9-1-1 ཇོ་ནང་ཆོས་མཛོད་ཆེན་མོ་ལས། ངག་དབང་བློ་གྲོས་གྲ གས་པའི་གསུང་འབུམ། ༼པོད་དགུ་པ།༽ 9-1-2 དཀར་ཆག ཐོག་མའི་གླེང་བརྗོད།......................................................................................(1) ཤར་འཛམ་ཐང་པ་ངག་དབང་བློ་གྲོས་གྲགས་པའི་རྣམ་ཐར་ཉུང་བསྡུས།.......................(1) དཔལ་ལྡན་བླ་མ་ལ་མཆོད་པ་ཕུལ་བའི་ཕན་ཡོན།...................................................(1) སྦྱོར་དྲུག་བརྒྱུད་པའི་གསོལ་འདེབས་བྱིན་རླབས་འཕོ་བྱེད་ ཅེས་བྱ་བ་བཞུགས་སོ།།.................................................................................(2) བླ་མ་བརྒྱུད་པའི་གསོལ་འདེབས་བྱིན་རླབས་འདོད་པ་འཇོ་བའི་ བུམ་བཟང་ཞེས་བྱ་བ་བཞུགས་སོ།།....................................................................(4) བླ་མའི་དོན་དམ་ཆོས་སྐུ་ལ་མཉམ་པར་འཇོག་ཐབས་བྱིན་རླབས་མྱུར་ནས་ འབེབས་བྱེད་ཅེས་བྱ་བ་བཞུགས་སོ།།...............................................................(10) བླ་མ་རྣམས་ཀྱི་རྣལ་འབྱོར་ཉམས་སུ་ལེན་ཚུལ་སྒྲིབ་སྦྱངས་ཚོགས་ཆེན་ རྫོགས་ཐབས་བཞུགས་སོ།།............................................................................(12) བླ་མ་རྣམ་གསུམ་གྱི་རྣལ་འབྱོར་དང་འབྲེལ་བའི་རྒྱང་འབོད་བཅས་ཀྱི་ ལག་ལེན་ཉམས་བཟང་མྱུ་གུ་བསྐྲུན་བྱེད་ ཅེས་བྱ་བ་བཞུགས་སོ།།............................................................................(17) རྩ་བའི་བླ་མ་རྡོར་སེམས་དབྱེར་མེད་ཀྱི་སྒོམ་བཟླས་བྱེད་ཐབས་བསྡུས་པ་ ཞེས་བྱ་བ་བཞུགས་སོ།།...............................................................................(20) རྩ་བའི་བླ་མའི་རྣལ་འབྱོར་ཉེར་བསྡུས།...............................................................(24) བླ་མའི་རྣལ་འབྱོར་བསྡུས་པ།...........................................................................(28) བླ་མ་རིན་ཆེན་བཟང་པོའི་གསོལ་འདེབས་བྱང་ཆུབ་ལམ་བཟང་སྩོལ་པའི་བུམ་བཟང༌།....(29) 9-1-3 ཁྱབ་བདག་བླ་མ་སྨོན་ལམ་བཟང་པོའི་རྒྱང་འབོད་བྱིན་རླབས་མྱུར་ནས་ འབེབས་བྱེད་ཅེས་བྱ་བ་བཞུགས་སོ།།...............................................................(30) རྩ་བའི་བླ་མ་ཀུན་དགའ་ངག་གི་དབང་པོའི་བྱིན་རླབས་འབེབས་བྱེད་ཀྱི་ རྣལ་འབྱོར་བླ་མའི་དགོངས་ཆེན་མཇལ་བྱེད་ཅེས་བྱ་བ་བཞུགས་སོ།།........................(32) རྩ་བའི་བླ་མ་ངག་དབང་བསྟན་པ་གསལ་བྱེད་གང་གི་བླ་མའི་རྣལ་འབྱོར་ བྱིན་རླབས་མྱུར་སྩོལ་ཞེས་བྱ་བ་བཞུགས་སོ།།......................................................(38) རྡོ་རྗེ་བཟང་པོའི་བླ་སྒྲུབ་བྱིན་རླབས་ལེགས་སྩོལ་ཞེས་བྱ་བ་བཞུགས་སོ།།.......................(41) རྡོ་རྗེ་བཟང་པོའི་བླ་རྣམ་བྱིན་རླབས་མྱུར་འགུགས་ཞེས་བྱ་བ།...................................(44) རྡོ་རྗེ་བཟང་པོའི་བླ་མ་རྒྱང་འབོད་བྱིན་རླབས་སྒོ་འབྱེད།.........................................(46) རྡོ་རྗེ་བཟང་པོའི་བླ་མ་རྒྱང་འབོད།...................................................................(48) བླ་མ་རྒྱང་འབོད་བསྡུས་པ་གསང་སྔགས་དགའ་སྟོན་སྟེར་བྱེད་ཅེས་བྱ་བ་བཞུགས་སོ།།......(51) རྡོ་རྗེ་འཆང་ངག་དབང་དཀོན་མཆོག་དར་རྒྱས་ཀྱི་བླ་མའི་རྣལ་འབྱོར་བྱ་ཐབས་ མདོར་བསྡུས་སུ་བཀོད་པ་བྱིན་རླབས་སྒོ་འབྱེད་ཅེས་བྱ་བ་བཞུགས་སོ།།.....................(53) ངག་དབང་དཀོན་མཆོག་དར་རྒྱས་ཀྱི་བླ་རྣམ་རྡོར་སེམས་སྒོམ་བཟླས།.........................(59) རྡོ་རྗེ་འཆང་ངག་དབང་དཀོན་མཆོག་དར་རྒྱས་ཀྱི་བླ་མ་རྒྱང་འབོད་བཞུགས་སོ།།..........(61) རྡོ་རྗེ་འཆང་ངག་དབང་དཀོན་མཆོག་དར་རྒྱས་ལ་གསོལ་འདེབས་ དགོས་དོན་ལྷུན་གྲུབ་ཅེས་བྱ་བ།.....................................................................(65) བླ་མ་རྒྱང་འབོད་བྱིན་རླབས་མྱུར་འབེབས་ཞེས་བྱ་བ།.............................................(67) དཀོན་མཆོག་དར་རྒྱས་ཀྱི་རྒྱང་འབོད་བཞུགས།....................................................(68) ངག་དབང་བློ་གྲོས་གྲགས་པའི་སྐྱེ་ཕྲེང་གསོལ་འདེབས་དང་བླ་མའི་རྣལ་འབྱོར་ བླ་མ་རྒྱང་འབོད་སོགས།............................................................................(70) བླ་མ་རིན་པོ་ཆེ་ངག་དབང་བློ་གྲོས་གྲགས་པའི་སྐྱེ་ཕྲེང་གསོལ་འདེབས་ནོར་བུ་ཀེ་ཏ་ཀའི་ཕྲེང་བ་ཡིད་གཉིས་ཀྱི་ རྙོག་མ་གསལ་བྱེད་ཅེས་བྱ་བ་བཞུགས་སོ།།.....................................(70) བླ་མ་ངག་དབང་བློ་གྲོས་གྲགས་པའི་གསོལ་འདེབས་བྱིན་རླབས་ 9-1-4 མྱུར་འབེབས་ཞེས་བྱ་བ་བཞུགས་སོ།།...............................................................(75) རྡོ་རྗེ་འཆང་ངག་དབང་བློ་གྲོས་གྲགས་པའི་ཞབས་ཀྱི་བླ་མའི་རྣལ་འབྱོར་བྱིན་རླབས་ འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ་བཞུགས་སོ།།...................................................(79) བླ་མ་དྲན་པའི་གསོལ་འདེབས།........................................................................(87) ལྷ་རྩེའི་དགེ་སློང་བློ་གྲོས་རྒྱ་མཚོའི་བླ་རྣམ་ཉེར་བསྡུས་བྱིན་རླབས་ སྒོ་འབྱེད་ཅེས་བྱ་བ་བཞུགས་སོ།།...................................................................(88) ལྷ་རྩེའི་དགེ་སློང་བློ་གྲོས་རྒྱ་མཚོའི་བླ་མ་རྒྱང་འབོད།..............................................(89) ལྷ་རྩེའི་དགེ་སློང་བློ་གྲོས་རྒྱ་མཚོའི་གསོལ་འདེབས།................................................(90) བླ་མ་རྡོ་རྗེ་འཆང་སྐྱབས་རྗེ་ཟླ་བ་གྲགས་པ་ཁོང་ལ་བརྟེན་ནས་མོས་གུས་དག་སྣང་གི་ སྒོ་ནས་དོན་དམ་པའི་སངས་རྒྱས་དངོས་དང་དབྱེར་མེད་ཀྱི་དག་མཉམ་ ཟབ་མོས་བྱིན་རླབས་འབེབས་ཐབས་གྲུབ་གཉིས་མྱུར་སྩོལ་ ཞེས་བྱ་བ་བཞུགས་སོ།།...........................................................................(91) རྗེ་བཙུན་དཔལ་ལྡན་བླ་མ་དམ་པ་ངག་དབང་རིན་ཆེན་བཟང་པོའི་བླ་མ་རྒྱང་ འབོད་བྱིན་རླབས་མྱུར་འབེབས་ཞེས་བྱ་བ་བཞུགས་སོ།།........................................(96) བླ་མ་རིན་ཆེན་བཟང་པོའི་བླ་རྣམ་མདོར་བསྡུས།...................................................(98) བླ་མ་རིན་ཆེན་བཟང་པོའི་བླ་རྣམ་མདོར་བསྡུས་ཞེས་བྱ་བ་བཞུགས།.........................(101) བླ་མ་རིན་ཆེན་བཟང་པོའི་གདུང་འབོད།..........................................................(103) འཇམ་མགོན་བླ་མ་མཆོག་གི་བླ་མའི་རྣལ་འབྱོར་བྱ་ཐབས་གསང་ཆེན་ཉམས་མྱོང་ སྐྲུན་བྱེད་གྲུ་ཆར་ཞེས་བྱ་བཞུགས།..............................................................(105) ཁྱབ་བདག་དཔལ་ལྡན་བླ་མ་དཀོན་མཆོག་བསྟན་པའི་ཉི་མ་ཞེས་བྱ་བ་གང་གི་བླ་སྒྲུབ་ བསྡུས་པ་བྱིན་རླབས་མྱུར་འགུགས་ཞེས་བྱ་བ་བཞུགས་སོ།།..................................(111) དཀོན་མཆོག་གསང་བ་མཐའ་ཡས་ཀྱི་བླ་མའི་རྣལ་འབྱོར་བྱིན་རླབས་ སྒོ་འབྱེད་ཅེས་བྱ་བ་བཞུགས་སོ།།.................................................................(114) དཀོན་མཆོག་གསང་བ་མཐའ་ཡས་ཀྱི་རྒྱང་འབོད་བཞུགས།....................................(119) 9-1-5 བླ་མའི་རྣལ་འབྱོར་མདོར་བསྡུས་བྱ་བའི་ཚུལ་བྱིན་རླབས་སྒོ་འབྱེད་ཅེས་བྱ་བ་བཞུགས་སོ།།(120) སྐྱབས་རྗེ་ཀུན་དགའ་རྒྱ་མཚོའི་བླ་སྒྲུབ་བྱིན་རླབས་མྱུར་འབེབས་ཞེས་བྱ་བ་བཞུགས་སོ།།.(123) སྐྱབས་རྗེ་ཀུན་དགའ་རྒྱ་མཚོའི་སྐྱེ་ཕྲེང་གསོལ་འདེབས།.......................................(126) བླ་མ་རིན་ཆེན་དར་རྒྱས་ཀྱི་བླ་སྒྲུབ་ཟབ་མོ་བྱིན་རླབས་འབེབས་པའི་ ཐབས་མཆོག་ཅེས་བྱ་བ་བཞུགས་སོ།།..............................................(127) བླ་མ་ངག་དཔལ་གྱི་བླ་མའི་རྣལ་འབྱོར།...........................................................(130) བླ་མའི་རྣལ་འབྱོར་དང་འབྲེལ་བའི་སྒོམ་སྒྲུབ་བྱེད་ཐབས་བྱིན་རླབས་ མཆོག་སྩོལ་ཞེས་བྱ་བ་བཞུགས་སོ།།..............................................(131) རྡོ་རྗེ་འཆང་ས་དམར་བླ་མ་ངག་དཔལ་གྱི་བླ་མ་རྒྱང་འབོད་དང་ གསོལ་འདེབས་འགའ་བཞུགས་སོ།།....................................................(134) བླ་མ་རང་གསལ་བླ་རྣམ་མདོར་བསྡུས།......................................................(136) བླ་མ་རང་གསལ་གྱི་རྒྱང་འབོད་བྱིན་རླབས་མྱུར་འབེབས།......................................(138) ངག་དབང་བསོད་ནམས་བཟང་པོ་ཉེར་མཁོ་བླ་མ་རྒྱང་འབོད་བཞུགས།...................(139) དབོན་བསོ༵ད་ན༵མས་རྒྱ༵་མཚོ༵་དང་མཆོག་སྤྲུལ་ཀུན་དགའ་རྣམ་གཉིས་ཀྱི་བླ་སྒྲུབ་བཞུགས།(141) དབོན་བསོད་ནམས་རྒྱ་མཚོ་བླ་མ་རྒྱང་འབོད་བསྡུས་པ་དད་པ་བསྐྱེད་པའི་ དགའ་སྟོན་ཞེས་བྱ་བ་བཞུགས་སོ།།................................................(143) མཆོག་སྤྲུལ་ཀུན་དགའ་དཔལ་གྱི་རྒྱང་འབོད་བཞུགས།........................................(145) སྤྲུལ་སྐུ་མྱུར་བྱོན་སྨོན་ཚིག་ལེགས་བསྡུས་འདོད་པ་མྱུར་འགྲུབ།.........................(147) བསྟན་པ་རབ་རྒྱས་ཀྱི་རྒྱང་འབོད་བཞུགས།.................................................(148) ངག་དབང་གསལ་བཟང་གི་བླ་སྒྲུབ་ཉུང་བསྡུས་བྱིན་རླབས་འབེབས་བྱེད་ཅེས་བྱ་བ་བཞུགས་སོ།།......(151) བླ་མ་ངག་དབང་གསལ་བཟང་གི་རྒྱང་འབོད་བཞུགས།........................................(152) བླ་མ་ངག་དབང་གསལ་བཟང་གི་རྒྱང་འབོད།....................................................(154) བླ་མ་མཚན་ལྡན་གྱི་རྣལ་འབྱོར་བྱིན་རླབས་འོད་བརྒྱའི་སྣང་བ་སྩོལ་བའི་ ཉིན་བྱེད་ཅེས་བྱ་བ་བཞུགས།...............................................(154) 9-1-6 བླ་མ་བསྟན་འཛིན་དཔལ་བཟང་གི་གདུང་འབོད་བཞུགས།..................................(158) རྣལ་འབྱོར་མཆོག་ཉེ་བར་མངའ་བའི་གསང་སྔགས་རྡོ་རྗེ་འཛིན་པ་ཀརྨ་ ནོར་བུ་གང་ཉིད་ཀྱི་བླ་སྒྲུབ་གསང་བ་ཟབ་མོའི་སྒོ་འབྱེད་ ཅེས་བྱ་བ་བཞུགས་སོ།།..........................................................................(160) བླ་མ་ཕུན་ཚོགས་ཀྱི་རྒྱང་འབོད་བཞུགས།...................................................(164) ཁྲ་བླ་མ་རིག་འཛིན་རྡོ་རྗེའི་གསོལ་འདེབས།..................................................(166) ས་མར་བླ་མ་སྙན་གྲགས་ཀྱི་གསོལ་འདེབས།....................................................(167) སྤྲུལ་སྐུ་རིན་པོ་ཆེ་ཀུན་དགའ་རིན་ཆེན་གྲགས་པར་གསོལ་བ་འདེབས་པ།...............(167) ཆོས་རྗེ་སྐུ་མཆོག་རིན་པོ་ཆེ་ཀུན་དགའ་འཇིགས་མེད་ཆོས་ཀྱི་དབང་པོར་གསོལ་འདེབས།(168) ཀུན་དགའ་མཁས་བཟང་ལ་ཕུལ་བའི་ཞབས་བརྟན་སྨོན་ཚིག.................................(168) ཀུན་དགའ་ཐུ༵གས་རྗེ༵་དཔ༵ལ་ལ་ཕུལ་བའི་ཞབས་བརྟན་སྨོན་ཚིག.......................(168) གསོལ་འདེབས།.........................................................................(169) གཙང་སྤྲུལ་ངག་དབང་བསོད་ནམས་དཔལ་ལྡན་ཕྱོགས་ལས་རྣམ་རྒྱལ་ལ་ ཕུལ་བའི་ཞབས་བརྟན་སྨོན་ཚིག......................................................(169) གསོལ་འདེབས་སྣ་ཚོགས།....................................................................(169) རྗེ་བཙུན་སྒྲོལ་མ་བླ་མ་དབྱེར་མེད་ལ་རེ་གསོལ།............................................(170) སྨོན་ཚིག་འདོད་དོན་ལེགས་འགྲུབ་བཞུགས།......................................................(175) རྡོར་སེམས་ཧེ་རུ་ཀའི་བསྙེན་ཆོག་བསྟན་འགྲོར་ཕན་བྱེད་ཅེས་བྱ་བ་བཞུགས་སོ།།..........(177) གསུང་ཐུགས་ཡེ་ཤེས་རྡོ་རྗེའི་དམིགས་བསྡུས།.................................................(187) དཔལ་ལྡན་རྡོ་རྗེ་སེམས་དཔའི་བསྐྱེད་བསྡུས།...........................................(188) རྡོ་རྗེ་སེམས་དཔའ་ལ་ཚོགས་མཆོད་འབུལ་ཐབས་དགའ་ཆེན་སྟོན་མོ་ཞེས་བྱ་བ་བཞུགས་སོ།།..........(189) བླ་རྣམ་དང་འབྲེལ་བའི་ཚོགས་མཆོད་འཇམ་མགོན་བླ་མ་དགྱེས་བྱེད་བཞུགས།...........(190) ཟབ་མོ་གཅོད་ཀྱི་སྐོར།.......................................................................(193) ལུས་སྦྱིན་ངེས་དོན་རབ་གསལ་བཞུགས།....................................................(194) 9-1-7 ཀུན་མཁྱེན་འཇམ་དབྱངས་བཞད་པའི་གསོལ་འདེབས་ཀྱི་ཚིག་འགྲེལ་མདོར་བསྡུས།...(197) མ་ཎིའི་བདག་བསྐྱེད་སྐབས།.....................................................................(206) སྨོན་ལམ་ཁྱད་པར་ཅན་གདབ་ཚུལ།.................................................(211) ཁྲོ་བ་འགོག་བྱེད་ཀྱི་ཐབས་ཚུལ་གདུག་སེམས་གདུང་བ་འཕྲོག་པའི་བདུད་རྩིའི་ ཟེགས་མ་ཞེས་བྱ་བ་བཞུགས་སོ།།.............................................(214) སེམས་དད་གུས་ཀྱི་བློ་འདྲེན་གྱི་མགུར་གླུ་ཀུ་ཧུའི་མགྲིན་དབྱངས་ཞེས་བྱ་བ་བཞུགས་སོ།།(219) པདྨོའི་ཚལ་ལ་དགྱེས་ལྡན་བུང་བའི་ཚོགས་རྣམས་མགྲོན་དུ་འབོད་པའི་ གླུ་དབྱངས་དྲི་ཟའི་རྒྱུད་མངས་ཞེས་བྱ་བ་བཞུགས།...................................(229) ཡིད་སེམས་ཆོས་ལ་བསྐུལ་བྱེད་ཀྱི་གཏམ།.............................................(237) མི་རྟག་སྟོན་པའི་གཏམ།.....................................................................(238) སེམས་ཀྱི་ཆོས་ཉིད།..........................................................................(239) སེམས་ངོ་བསྟེན་ཚུལ།........................................................................(241) ཡང་དག་ཆོས་ལས་བརྩམས་པའི་གཏམ་བཟང་རྣ་བའི་བཅུད་ལེན་ཞེས་བྱ་བ།.............(247) མི་རྟག་རྒྱུད་བསྐུལ་ཞེས་བྱ་བ་བཞུགས་སོ།།......................................(279) ཉིན་རེར་དགེ་བ་བསྔོ་ཞིང་སྨོན་ལམ་རྣམ་པར་དག་པས་མཐའ་བརྒྱན་པ།..................(289) ཞབས་བརྟན་སྨོན་ཚིག...................................................................(291) ཚེ་དཔག་མེད་ལྷ་དགུའི་ཤིས་བརྗོད་ཡེ་ཤེས་སྣང་བའི་རྒྱན་ཞེས་བྱ་བ་བཞུགས་སོ།།........(292) རྒྱལ་བ་མི་འཁྲུགས་པའི་ཤིས་བརྗོད་ལེགས་ཚོགས་གྲུ་ཆར་འཇོ་བའི་ཆུ་འཛིན་ ཞེས་བྱ་བ་བཞུགས་སོ།།.............................................................................(296) རྒྱལ་བ་རྣམ་པར་སྣང་མཛད་ཀྱི་སྐུ་གསུང་ཐུགས་ལ་བསྟོད་པ་ཉུང་བསྡུས་ཞེས་བྱ་བ་བཞུགས་སོ།།......(300) བགེགས་བསྐྲད་བསྡུས་པ།.......................................................................(305) མར་མེའི་སྨོན་ལམ།.............................................................................(307) ཡོན་ཆབ་འབུལ་བ་ནི།........................................................................(309) འཇམ་དཔལ་ནཱ་ག་རཀྴའི་བུམ་བསྒྲུབ་སྦྱིན་སྲེག་ཉུང་བསྡུས་སྤྲོས་མེད་ 9-1-8 རྒྱུན་ཁྱེར་གྱི་མན་ངག་བཞུགས་སོ།།............................................................(309) ཤེར་མདོ་བཀླག་ཚུལ་ཉུང་བསྡུས་སུ་བཀོད་པ་ཞེས་བྱ་བ་བཞུགས་སོ།།.......................(313) གདུགས་དཀར་གཟུངས་མདོའི་བཀླག་ཆོག་མདོར་བསྡུས་སུ་བཀོད་པ་ དོན་མཆོག་མྱུར་ལྡན་ཞེས་བྱ་བ་བཞུགས་སོ།།.................................................(315) གསང་བདག་འབྱུང་པོ་འདུལ་བྱེད་གྱི་བསྙེན་བཟླས་བྱ་བའི་ཐབས་བསྡུས་ དངོས་གྲུབ་ཉེར་སྩོལ་བཞུགས་སོ།།..............................................(319) མན་ངག་ལས་བྱུང་བླ་མེད་དང་འབྲེལ་བའི་གསང་བདག་འབྱུང་པོ་འདུལ་བྱེད་ བསྐང་བ་གྲུབ་གཉིས་མྱུར་འབྱིན་ཞེས་བྱ་བ།..........................................(322) མགོན་པོ་དྲག་ཤད་བསྐང་བསྡུས།.......................................................(327) ངེས་དོན་ཕུར་བའི་ལུས་དཀྱིལ་མདོར་བསྡུས་དགོངས་ཆེན་བཅུད་བསྡུས་ ཞེས་བྱ་བ་བཞུགས་སོ།།......................................................................(328) རྡོ་རྗེ་ཕུར་བའི་བསྐང་བསྡུས་བར་ཆད་ཀུན་སེལ་ཞེས་བྱ་བ་བཞུགས་སོ།།.....................(333) མི་འཁྲུགས་པའི་བདག་བསྐྱེད་མདོར་བསྡུས་ནི།............................................(335) རྣམ་རྒྱལ་མའི་བདག་བསྐྱེད་མདོར་བསྡུས།..............................................(336) ལེགས་ལྡན་ནག་པོ་ཆེན་པོའི་བསྐྱེད་བསྡུས།................................................(337) ཁྱུང་ནག་གི་བསྐྱེད་པ།............................................................................(338) ཆེ་མཆོག་བསྐྱེད་བཟླས།......................................................................(339) ཚེ་ལྷ་གསུམ་སྦྲེལ་གྱི་སྒྲུབ་ཐབས་ཡང་ཟབ་ངེས་དོན་དགོངས་བཅུད་ཅེས་བྱ་བ་བཞུགས་སོ།།............(340) ལྷ་མོ་སྔགས་སྲུང་མའི་གསོལ་བསྡུས་འདོད་དོན་མྱུར་སྟེར་ཞེས་བྱ་བ།...................(343) ཐར་མདོའི་བཀླག་ཆོག་ཉུང་བསྡུས་ཞེས་བྱ་བ་བཞུགས་སོ།།.................................(351) ལྷག་པའི་ལྷ་རྣམས་ལ་བསྟོད་ཚིག་བསྡུས་པ་དད་པའི་ཆུ་སྐྱེས་དགྱེས་པའི་གེ་སར་ཞེས་བྱ་བ།............(357) རྗེ་བཙུན་འཇམ་པའི་དབྱངས་ལ་བསྟོད་པའི་རབ་བྱེད་འཇམ་མགོན་དགྱེས་བསྐྱེད་ ཀུན་བཟང་མཆོད་སྤྲིན་ཞེས་བྱ་བ་བཞུགས་སོ།།.......................................(359) འཕགས་མ་ལྷ་མོ་དབྱངས་ཅན་ལ་བསྟོད་པའི་རབ་བྱེད་རིག་གསང་ 9-1-9 དཔལ་སྟེར་ཞེས་བྱ་བ་བཞུགས་སོ།།........................................................(363) འཇམ་དཔལ་གཟུངས་བསྟོད་བློ་གྲོས་མྱུར་སྩོལ།................................................(367) དབྱངས་ཅན་ལྷ་མོ་གང་ལ་བསྟོད་པ་བྱ་ཐབས་སྨྲ་བའི་སྒོ་འབྱེད།..........................(369) དུས་འཁོར་གྱི་སྒོ་ནས་བསྲེག་ཆོག་སོགས་ལ་བརྟེན་ཏེ་འགྲོ་ཕན་བྱེད་ཚུལ་ སྤྲོས་མེད་ཉུང་བསྡུས་སུ་བཀོད་པ་ཞེས་བྱ་བ་བཞུགས་སོ།།....................(371) རྟ་མགྲིན་གཞལ་ཡས་ཁང་བསྐྱེད་པ།..................................................(379) ཕུང་པོ་གསུམ་པའི་མདོའི་བཀླག་ཆོག་འགྲོ་ཕན་སྣང་བ།..................................(384) གྲོག་མ་ཉ་སོགས་ལ་ཟས་གཏོང་ཚུལ་བཞུགས་སོ།།...................................(385) ཕྱག་རྡོར་གོས་སྔོན་གྱི་བསྐང་བསྡུས་གྲུབ་གཉིས་འདོད་འཇོ་ཞེས་བྱ་བ་བཞུགས་སོ།།.....(390) ནག་པོ་ཆེན་པོའི་སྒོ་ནས་དགྲ་མནན་བྱ་ཚུལ་བསྡུས་པ་ཞེས་བྱ་བ་བཞུགས་སོ།།......(392) གསུར་མཆོད་བདུད་རྩིའི་ཆར་འབེབས་ཞེས་བྱ་བ་བཞུགས་སོ།།...................(394) དཔལ་སྤྲུལ་རིན་པོ་ཆེའི་གསུར་མཆོད་ཆེན་མོའི་ཆ་ལག་ཁ་སྐོང་ལྷན་ཐབས་ འགྲོ་ཕན་སྤེལ་བྱེད་ཅེས་བྱ་བ་བཞུགས་སོ།།.....................(403) ཆུ་གཏོར་ཉེར་བསྡུས་ཞེས་བྱ་བ་བཞུགས་སོ།།..............................................(415) འདིར་དག་ཞིང་ཡིད་བྱེད་ཀྱི་སྒོ་ནས་འོད་དཔག་མེད་ཀྱི་མཚན་དོན་ སྒོམ་བཟླས་ཆོག་ཞེས་བྱ་བ་བཞུགས་སོ།།..................................(418) བླ་མ་དང་དབྱེར་མེད་པའི་འོད་དཔག་མེད་ལ་བརྟེན་ནས་མཚན་སྔགས་བཟླ་ཚུལ་ དོན་གཉིས་མྱུར་འགྲུབ་ཅེས་བྱ་བ་བཞུགས་སོ།།..................................(420) རྒྱུ་བཞིའི་ངག་འདོན་ཉེར་བསྡུས་ཞིང་མཆོག་བགྲོད་བྱེད་ཅེས་བྱ་བ།.......................(423) ཚེ་འགུགས་བསྡུས་པ་བཞུགས།.....................................................(430) བསྙུང་གནས་རྒྱུན་ཁྱེར་བྱ་ཐབས་བསྡུས་པ་བཞུགས་སོ།།....................................(431) འཇིགས་བྱེད་ཀྱི་བསྐང་བསྡུས་དངོས་གྲུབ་ཉེར་སྩོལ།.......................................(433) ཚོགས་གླུ་འཇམ་པའི་རྡོ་རྗེ་དགྱེས་པའི་གསང་ཚིག............................................(435) ལས་མགོན་ཟངས་གྲི་ཅན་གྱི་བསྐང་བཤགས་འདོད་དོན་མྱུར་འགྲུབ་ཅེས་བྱ་བ་བཞུགས་སོ།།...........(436) 9-1-10 ལས་མགོན་ཟངས་གྲི་ཅན་གྱི་མངའ་གསོལ་ཉེར་བསྡུས།........................................(439) རྟེན་འབྲེལ་སྙིང་པོའི་བཀླག་ཆོག་ཉེར་མཁོ་བསྟན་འགྲོར་ལེགས་སྤེལ་ཞེས་བྱ་བ་བཞུགས་སོ།།.........(448) སྔོན་འགྲོའི་ངག་འདོན་བསྡུས་པ་མཁའ་སྤྱོད་བགྲོད་བྱེད་ཅེས་བྱ་བ་བཞུགས་སོ།།.....(452) མི་འཁྲུགས་པའི་བདག་བསྐྱེད་བསྡུ་པ།.....................................(455) ཀུན་རིག་གཙོ་རྐྱང་ཙམ་ལ་བརྟེན་པའི་རུས་སྒྲུབ་སོགས་ཀྱི་ཚུལ་མདོར་བསྡུས་ཚེ་འདས་ སྡིག་སེལ་རང་སྣང་ལེགས་ཤར་ཞེས་བྱ་བ་བཞུགས་སོ།།........................(457) བསྙུང་གནས་རྒྱུན་གྱི་ཉམས་ལེན་བྱ་ཚུལ་མདོར་བསྡུས་སྒྲིབ་སྦྱོང་ངེས་གསང་ ལེགས་འབྱེད་ཅེས་བྱ་བ་བཞུགས་སོ།།............................................(464) གཏོར་ཆོག་ཆེས་བསྡུས་ཀྱི་ལག་ལེན་ཡང་སྙིང་རྒྱུན་ཁྱེར་དུ་བྱེད་བདེ་ཆོས་སྐྱོང་ དགྱེས་བསྐྱེད་ཅེས་བྱ་བ་བཞུགས་སོ།།...............................................(479) རྨ་ཆེན་སྤོམ་རའི་གསོལ་བསྡུས་ལྷ་ཆེན་དགྱེས་པ་སྐོང་བྱེད་ཅེས་བྱ་བ་བཞུགས་སོ།།.......(486) གླིང་རྗེ་གེ་སར་འཁོར་བཅས་ལ་གསོལ་མཆོད་མདོར་བསྡུས།..................................(494) དགྲ་ལྷའི་དབང་ཕྱུག་འཛམ་གླིང་སེང་ཆེན་རྒྱལ་པོའི་གསོལ་མཆོད་བསྡུས།..............(497) ཇ་མཆོད་དགེ་ལེགས་ཀུན་སྩོལ་ཞེས་བྱ་བ།.............................................(504) རྒྱལ་ཆེན་སྐུ་ལྔའི་གསོལ་མཆོད།..............................................................(507) དབེན་གནས་དར་རྔའི་གནས་བདག་ལྷ་ཆེན་རྡོ་རྗེ་དྲག་རྩལ་གཉན་པོའི་བསང་མཆོད་ འདོད་དགུའི་དཔལ་སྟེར་ཞེས་བྱ་བ་བཞུགས།..............................................(517) གཏད་སྤྲུག་གི་དཀྱིལ་འཁོར་ཐིག་ཚོན་རབ་གསལ་མེ་ལོང༌།...................................(520) མི་འཁྲུགས་པའི་སློབ་མ་སྟ་གོན་གྱི་ལག་ལེན།...............................................(523) རྩ་བསྐྱེད་བསྡུས་པ་ནི།..............................................................................(527) བཅའ་ཁྲི མས་ཉུང་བསྡུས།...........................................................................(527) སྐབས་སུ་བབ་པའི་ལུགས་གཉིས་ཀྱི་བསླབ་བྱའི་ཞལ་ཏ་འགའ།..............................(532) མགོན་པོའི་ཕྱྭ་སྐད་བསྡུས་པ།......................................................................(536) མགོན་པོའི་ཕྱྭ་སྐད།....................................................................................(537) 9-1-11 འཛམ་གླིང་བདེ་བའི་སྨོན་ལམ།.....................................................................(538) པར་བྱང་སྨོན་ཚིག..................................................................................(540) 9-1-12 དཔལ་ལྡན་བླ་མ་ལ་མཆོད་པ་ཕུལ་བའི་ཕན་ཡོན། ༄༅། །དེ་ཡང་སྤྱིར་ན་སོར་བྱང་སྔགས་གསུམ་གྱི་ལམ་ཡང་དག་པའི་ཆོས་ཚུལ་བཞིན་ རང་རྒྱུད་ལ་ལེགས་པར་སྐྱེ་བའི་ཐབས་ནི་དེ་ལུགས་ཀྱི་ཆོས་སྟོན་པའི་དགེ་བའི་བཤེས་ གཉེན་ཉིད་ལ་རག་ལས་ཤིང་ཁྱད་པར་གསང་བ་སྔགས་ཀྱི་ཟབ་ལམ་རིམ་གཉིས་ཀྱི་མངོན་ པར་རྟོགས་པ་ཞིག་རང་རྒྱུད་ལ་སྐྱེ་ཐུབ་མི་ཐུབ་ནི་དབང་ལུང་རྒྱུད་བཤད་མན་ངག་གནང་ བར་མཛད་པའི་བླ་མ་རྡོ་རྗེ་འཛིན་པ་གང་གི་བྱིན་རླབས་འཇུག་མི་འཇུག་ལ་ངེས་པར་རག་ ལས་ཕྱིར་དེ་འཇུག་པའི་ཐབས་སུ་རང་གི་རྩ་བའི་བླ་མ་དེ་ཉིད་ཐ་མལ་རང་ག་བའི་རྣམ་པ་མ་ ཡིན་པར་རིགས་ཀུན་འདུས་པའི་རྡོ་རྗེ་སེམས་དཔའ་སོགས་ཀྱི་རྣམ་པར་སེམས་ཐག་བཅད་ ནས་དེ་ལ་གུས་པས་མཆོད་པ་འབུལ་ཞིང་མཚན་སྔགས་ཀྱི་ཐུགས་རྒྱུད་བསྐུལ་ཏེ་བྱིན་རླབས་ ཞུ་བའི་ཆེད་དུ་དབང་བཞི་བླངས་པ་སོགས་ལ་རྟག་ཏུ་རེམ་ན་རང་རྒྱུད་ལ་ཡོད་པའི་སྡིག་ལྟུང་ དག་ཅིང་བྱིན་རླབས་འཇུག་སྒོ་རྙེད་ནས་ལམ་རིམ་གཉིས་ཀྱི་རྟོགས་པ་དབྱར་གྱི་ཆུ་གཏེར་ ལྟར་སྒོ་ཐམས་ཅད་ནས་ཆེས་ཆེར་རྒྱས་པར་འགྱུར་ངེས་དང་ཁྱད་པར་དཔལ་ལྡན་བླ་མ་གང་ ཉིད་མཆོད་པའི་བསོད་ནམས་ནི་ཕྱོགས་བཅུའི་ཞིང་ཤིན་ཏུ་མང་པོ་ན་བཞུགས་པའི་རྒྱལ་ བ་སྲས་དང་བཅས་པ་ལ་མཆོད་པ་ཕུལ་བའི་བསོད་ནམས་དང་མཉམ་ཞིང་མཚན་དང་དཔེ་ བྱད་ཀྱི་བརྒྱན་པའི་ལྷ་བསྐལ་པ་སྟོང་གི་རིང་དུ་བསྒོམས་པ་བས་ཀྱང་རང་ལ་གསང་སྔགས་ ཀྱི་ཆོས་སྟོན་པའི་བླ་མ་དེ་ཉིད་ཀྱི་སྐུའི་རྣམ་པ་ཡིད་ལ་དྲན་པའི་བསོད་ནམས་རྒྱ་ཆེ་བ་སོགས་ ཕན་ཡོན་རྣམ་པ་མཐའ་ཡས་པ་རྒྱལ་བ་མཆོག་གི་བཀའ་ལས་ལེགས་པར་ཡང་ཡང་གསུངས་ པའི་ཚུལ་ལ་བསམ་ནས་བླ་མའི་རྣལ་འབྱོར་ལ་ནན་ཏན་སྙིང་པོ་བྱ་བ་ལ་ཅི་ནས་ཀྱང་འབད་ རིགས་སོ།། །། 9-1-13 ༄༅། །སྦྱོར་དྲུག་བརྒྱུད་པའི་གསོལ་འདེབས་ བྱིན་རླབས་འཕོ་བྱེད་ཅེས་བྱ་བ་ བཞུགས་སོ།། ༄༅། །ན་མོ་གུ་རུ་བྷྱཿ ཀུན་ཁྱབ་དང་པོའི་སངས་རྒྱས་རྟག་པའི་སྐུ། །འཕོ་མེད་གཞོམ་ བྲལ་ཆོས་སྐུ་རྡོ་རྗེ་འཆང༌། །ལོངས་སྤྱོད་རྫོགས་སྐུ་བདེ་སྟོང་དུས་འཁོར་ལོ། །སྤྲུལ་སྐུ་ཐུབ་ དབང་མཆོག་ལ་གསོལ་བ་འདེབས། །ས་བཅུའི་དབང་ཕྱུག་མི་བདག་སྤྲུལ་པའི་སྐུ། །ཆོས་ རྒྱལ་རིགས་ལྡན་ཐུགས་སྤྲུལ་བཀའ་བློན་བཅས། །ཁྱད་པར་འཇམ་པའི་རྡོ་རྗེ་དུས་འཁོར་ ཞབས། །དུས་ཞབས་ཆུང་བར་བཅས་ལ་གསོལ་བ་འདེབས། །རྒྱལ་བའི་སྲས་པོ་བྱང་ཆུབ་ བཟང་པོ་རྗེ། །པཎ་ཆེན་ཟླ་མགོན་རྡོ་རྗེའི་རྒྱུད་ཀྱི་མཛོད། །འགྲོ་སྟོན་ལོ་ཙཱ་ཆེན་པོ་ཤེས་རབ་ གྲགས། །ལྷ་རྗེ་སྒོམ་པ་མཆོག་ལ༴ གསང་ཆེན་མཛོད་ཀློང་སྒྲོ་སྟོན་གནམ་ལ་བརྩེགས། །མི་ བསྐྱོད་རྡོ་རྗེ་གྲུབ་ཆེན་ཟླ་བྲལ་བ། །སྲས་མཆོག་ཆོས་ཀྱི་དབང་ཕྱུག་གསང་སྔགས་བདག ། ནམ་མཁའ་འོད་ཟེར་རྣམས་ལ༴ མ་ཅིག་སྤྲུལ་པའི་སྐུ་མཆོག་ཇོ་འབུམ་རྗེ། །གྲུབ་ཐོབ་སེ་ཆེན་ མངོན་ཤེས་རྫུ་འཕྲུལ་ལྡན། །ཆོས་རྗེ་འཇམ་གསར་ཟབ་ཆོས་གཏེར་གྱི་བདག །ཆོས་སྐུ་འོད་ ཟེར་རྣམས་ལ༴ རིགས་ལྡན་རྣམ་འཕྲུལ་ཀུན་སྤངས་ཀུན་ཏུ་བཟང༌། །བྱང་སེམས་རྒྱལ་བ་ཡེ་ ཤེས་འགྲོ་འདྲེན་དཔལ། །ཡོན་ཏན་རྒྱ་མཚོ་མཁས་བཙུན་བཟང་པོའི་ཕུལ། །ཀུན་མཁྱེན་ཆེན་ པོར་བཅས་ལ༴ ཕྱོགས་ལས་རྣམ་རྒྱལ་མཁས་པའི་གྲགས་པ་རྒྱས། །ཉ་དབོན་ཀུན་དགའ་ 9-1-14 ལུང་དང་རིགས་པའི་མཛོད། །ཀུན་དགའ་བློ་གྲོས་གྲུབ་པའི་བརྟུལ་ཞུགས་ཅན། །འཇམ་ དབྱངས་དཀོན་བཟང་རྣམས་ལ༴ ནམ་མཁའི་མཚན་འཆང་འགྲོ་འདྲེན་དམ་པའི་ཕུལ། །ནམ་ མཁའ་དཔལ་བཟང་ལྔ་རིག་པཎྜི་ཏ། །སྐད་གཉིས་སྨྲ་བ་རཏྣ་བྷ་དྲའི་མཚན། །ཀུན་དགའ་ གྲོལ་མཆོག་རྣམས་ལ༴ ལུང་རིགས་རྒྱ་མཚོ་ཟབ་མོའི་ཆོས་ཀྱི་མཛོད། །ཀུན་དགའ་སྙིང་པོ་ གསང་སྔགས་བསྟན་པའི་བདག །རིན་ཆེན་རྒྱ་མཚོ་རྒྱལ་ཚབ་ཆོས་སྤེལ་མཁན། །བློ་གྲོས་ རྣམ་རྒྱལ་རྣམས་ལ༴ ངག་དབང་ཕྲིན་ལས་གྲུབ་པའི་མཚན་སྙན་རྒྱས། །ངག་དབང་རྣམ་རྒྱལ་ མདོ་སྨད་བསྟན་པའི་གཉེན། །མཁས་བཙུན་དར་རྒྱས་ཟབ་ཆོས་བརྒྱུད་འཛིན་པ། །ཕྲིན་ལས་ རྣམ་རྒྱལ་རྣམས་ལ༴ ལྷུན་གྲུབ་རྒྱ་མཚོ་མཐུ་ནུས་ཡོན་ཏན་ཅན། །དཀོན་མཆོག་འཇིགས་མེད་ ཟབ་དོན་རྒྱུན་སྤེལ་མཁན། །ངག་དབང་ཆོས་འཕེལ་གདམས་ངག་རྒྱ་མཚོའི་མཛོད། །ཆོས་ ཀྱི་འཕགས་པ་རྣམས༴ ཀུན་དགའ་དཔལ་ལྡན་གསང་སྔགས་རྟོགས་བཅུད་རྒྱས། །ངག་ དབང་ཆོས་འབྱོར་དབང་ལུང་རྒྱ་མཚོའི་བདག །ཟླ་བ་གྲགས་པ་སྐྱབས་མཆོག་བཟང་པོའི་ ཕུལ། །རྩ་བའི་བླ་མ་རྣམས་ལ་གསོལ་བ༴ དེ་ལྟར་ཟབ་ལམ་བརྒྱུད་རིམ་གང་དག་ལ། །མི་ ཕྱེད་དད་པས་རྩེ་གཅིག་གསོལ་བཏབ་མཐུས། །སྨིན་བྱེད་དབང་གིས་བདག་སོགས་རྒྱུད་ སྨིན་ཏེ། །རིམ་པ་དང་པོའི་རྣལ་འབྱོར་མཐར་ཕྱིན་ཤོག །ཁྱད་པར་སྟོང་གཟུགས་ཕྱག་ཆེན་ མངོན་བྱེད་པའི། །སོར་བསམ་སྐུ་དང་སྲོག་འཛིན་གསུང་སྒྲུབ་བྱེད། །དྲན་འཛིན་ཐུགས་ཀྱི་ རྣལ་འབྱོར་ལ་བརྟེན་ནས། །རིམ་པ་གཉིས་པའི་ཡན་ལག་ཀུན་བགྲོད་ཤོག །དེ་ནས་ཟུང་ འཇུག་གདོད་མ་ཆོས་སྐུའི་དབྱིངས། །ཇི་བཞིན་མངོན་བྱས་གཞན་དོན་ལྷུན་འགྲུབ་ཀྱི། །འགྲོ་ ཕན་རླབས་ཆེན་ནམ་མཁའི་མཐར་མཉམ་ཏེ། །འཁོར་བ་སྲིད་དུ་སེམས་ཅན་དོན་བྱེད་ཤོག །ཇི་སྲིད་དེ་མ་ཐོབ་པའི་གནས་སྐབས་སུ། །རྩ་བརྒྱུད་བླ་མ་རྣམས་ཀྱི་ཐུགས་རྗེ་ཡིས། །བདག་ སོགས་གཡེལ་བ་མེད་པར་རྗེས་བཟུང་ནས། །བྱིན་རླབས་རིམ་འཇུག་ཆོས་ལ་གེགས་མེད་ 9-1-15 ཤོག །ཅེས་སྦྱོར་དྲུག་བརྒྱུད་པའི་གསོལ་འདེབས་བྱིན་རླབས་འཕོ་བྱེད་ཅེས་བྱ་བ་འདི་ཡང་རབ་དགའ་ལ་མཁོ་ནས་མ་ཏིས་ སྦྱར་པ་ལྟར་ཡི་གེ་པ་མཆེད་གྲོགས་དམ་པས་ཉེ་བར་བགྱིས་སོ།། །། 9-1-16 ༄༅། །བླ་མ་བརྒྱུད་པའི་གསོལ་འདེབས་བྱིན་རླབས་འདོད་པ་ འཇོ་བའི་བུམ་བཟང་ཞེས་བྱ་བ་ བཞུགས་སོ།། ༄༅། །ན་མོ་གུ་རུ་བྷྱཿ དཔལ་རིགས་ཀུན་འདུས་པའི་བདག་ཉིད་རྗེ། །གནས་འོག་ མིན་ཞིང་གི་གཙོ་བོ་མཆོག །ལྷ་ཁ་སྦྱོར་བདུན་གྱི་དབང་ཕྱུག་ཆེ། །མགོན་རྒྱལ་བ་རྡོ་རྗེ་འཆང་ དབང་ལ། །སེམས་མི་ཕྱེད་དད་པས་གསོལ་བ་འདེབས། །མཐུ་རླབས་ཆེན་སྣང་བ་བདག་ སྙིང་ཞུགས། །གཉུག་ཁམས་ཀྱི་འོད་གསལ་མངོན་གྱུར་ཏེ། །མཐར་ཐུག་གི་ཟུང་འཇུག་ མངོན་བྱེད་ཤོག །ཐུགས་བདེ་སྟོང་ཡེ་ཤེས་རང་མདངས་ལས། །རྣམ་ཀུན་གྱི་མཆོག་ལྡན་ སྟོང་པའི་གཟུགས། །དཔལ་སྒྱུ་འཕྲུལ་དྲ་བའི་རོལ་གར་མཁན། །དཀྱིལ་འཁོར་གྱི་ཁྱབ་ བདག་དུས་འཁོར་ལོ། །སེམས་མི་ཕྱེད་དད་པས༴ སོགས་ཚིག་རྐང་བཞི་གོང་བཞིན་འགྲེས། མགོན་ས་ བཅུའི་དབང་ཕྱུག་སྒྱུ་མའི་འཕྲུལ། །རྗེ་མི་བདག་ཆོས་རྒྱལ་རིགས་ལྡན་ཚུལ། །ཆོས་གསང་ ཆེན་རྒྱ་མཚོའི་མཛོད་འཆང་བ། །ཀ་ལཱ་པའི་གཙོ་མཆོག་འགྲོ་འདྲེན་དཔལ། །སེམས་མི་ཕྱེད༴ སོགས། འཇམ་དབྱངས་ཀྱིས་རྗེས་བཟུང་དུས་ཞབས་པ། རྫུ་འཕྲུལ་གྱི་མཛད་བཟང་ངོ་མཚར་ བས། །དཔལ་དང་པོའི་རྒྱུད་སྡེའི་མཛོད་ཕྱེས་ཏེ། །ལུས་ཅན་ལ་སྐལ་བཟང་བྱེད་པའི་གཉེན། །སེམས་མི་ཕྱེད༴ སོགས། མགོན་དེ་ཡི་ཐུགས་སྲས་སྔགས་ཀྱི་བདག །གསང་ཆེན་གྱི་མཛོད་ བརྙེས་དཔལ་བཟང་པོ། །བླ་མེད་ཀྱི་ཐེག་པ་གསལ་མཛད་པ། །རྗེ་དུས་ཞབས་ཆུང་བ་མཁས་ 9-1-17 གྲུབ་ཕུལ། །སེམས་མི་ཕྱེད༴ སོགས། རླུང་སེམས་ལ་དབང་འབྱོར་ཏིང་འཛིན་གྱིས། །ལས་ བཞི་ཡི་ཕྲིན་ལས་རབ་འབྱམས་མཛད། །ངོ་མཚར་གྱི་བཀོད་པ་སྟོན་པའི་བདག །མགོན་ རྒྱལ་བའི་སྲས་པོ་བྱང་ཆུབ་བཟང༌། །སེམས་མི་ཕྱེད༴ སོགས། སྲོག་འཛིན་གྱི་ཡེ་ཤེས་མཐར་ ཕྱིན་ཅིང༌། །ཟབ་དོན་གྱི་མན་ངག་རྒྱ་མཚོའི་བདག །ཡང་དག་པའི་སྐུ་ལུས་མཆོག་བརྙེས་པ། །ཁ་ཆེའི་པནྚི་ཏ་ཟླ་བ་མགོན། །སེམས་མི་ཕྱེད༴ སོགས། སྐད་གཉིས་ཀྱིས་སྨྲ་མཁས་འཇིག་ རྟེན་མིག །རྗེ་པཎ་ཆེན་མཆོག་གི་རྡོ་རྗེའི་ཚིག །དེ་ལེགས་པར་བཀྲོལ་བའི་བཀའ་དྲིན་ཅན། །འབྲོ་སྟོན་པ་ལོ་ཙཱ་ཤེས་རབ་གྲགས། །སེམས་མི་ཕྱེད༴ སོགས། མཐུ་ཆེན་ཀུན་བཀའ་ཡིས་ དམ་ལ་བཞག །རྫུ་འཕྲུལ་ལ་ཐོགས་པ་མི་མངའ་ཞིང༌། །གསོ་དཔྱད་ཀྱིས་འགྲོ་ཕན་སྤེལ་ བའི་གཉེན། །སྐྱབས་ལྷ་རྗེ་སྒོམ་པ་དཀོན་མཆོག་བསྲུངས། །སེམས་མི་ཕྱེད༴ སོགས། ཡི་དམ་ གྱི་ལྷ་ཞལ་མང་པོ་མཇལ། །མངོན་ཤེས་ཀྱིས་ལེགས་ཉེས་ཇི་བཞིན་གཟིགས། །ཐུགས་ བཞེད་ཀུན་མ་དང་མཁའ་འགྲོས་བསྒྲུབ། །རྗེ་སྒྲོ་སྟོན་གནམ་བརྩེགས་འགྲོ་བའི་མགོན། །སེམས་མི་ཕྱེད༴ སོགས། སྣ་ཚོགས་སུ་སྤྲུལ་བསྒྱུར་དུ་མ་མཛད། །ངོ་མཚར་གྱི་མཛད་པ་ལུས་ ལ་དབང༌། །གྲུབ་དབང་གི་མཚན་སྙན་ཡོངས་རྒྱས་པ། །ཡུ་མོ་པ་མི་བསྐྱོད་རྡོ་རྗེའི་ཞབས། །སེམས་མི་ཕྱེད༴ སོགས། གྲུབ་ཆེན་གྱི་སྲས་མཆོག་ངོ་མཚར་ཅན། །མདོ་སྔགས་ཀྱི་དགོངས་ དོན་ཐུགས་སུ་ཆུད། །འཇམ་དཔལ་གྱི་སྤྲུལ་པ་རབ་བསྔགས་པ། །རྗེ་ཆོས་ཀྱི་དབང་ཕྱུག་ མཁྱེན་སྤྱན་ལྡན། །སེམས་མི་ཕྱེད༴ སོགས། མདོ་སྔགས་ཀྱི་དོན་ལ་མཁྱེན་པ་རྒྱས། །ལྷ་རྡོ་རྗེ་ ཕག་མོའི་ཞལ་གཟིགས་ཤིང༌། །དབྱངས་ཅན་གྱི་ལྷ་མོས་རྗེས་བཟུང་བ། །དཔལ་མཁས་པ་ ནམ་མཁའ་འོད་ཟེར་རྗེ། །སེམས་མི་ཕྱེད༴ སོགས། གནས་ལུགས་ཀྱི་ཡེ་ཤེས་མཆོག་དང་ ལྡན། །མཐུ་ནུས་ཀྱིས་ཞི་དྲག་གང་དགོས་འགྲུབ། །གྲུབ་རྟགས་ཀྱིས་འགྲན་ཟླ་བྲལ་བའི་མ། །ལྕམ་ཡེ་ཤེས་མཁའ་འགྲོ་ཇོ་འབུམ་རྗེ། །སེམས་མི་ཕྱེད༴ སོགས། གསང་སྔགས་ཀྱི་ཉམས་ 9-1-18 རྟོགས་ཀློང་ནས་རྡོལ། །མཁྱེན་རབ་ཀྱིས་རྒྱུད་སྡེའི་དགོངས་དོན་རྟོགས། །ཐུགས་མངོན་ཤེས་ མཆོག་གིས་ལྐོག་གྱུར་གཟིགས། །སེ་མོ་ཆེ་གྲུབ་ཐོབ་ནམ་མཁའི་མཚན། །སེམས་མི་ཕྱེད༴ སོགས། དཔལ་ཕྱག་ན་རྡོ་རྗེའི་རྣལ་འབྱོར་པ། །རིགས་སྔགས་ཀྱི་ནུས་མཐུ་དཔགུ་མེད་མངའ། །བཤད་སྒྲུབ་ཀྱིས་གསང་སྔགས་བསྟན་པ་སྤེལ། །ཆོས་རྗེ་འཇམ་གསར་བ་ཤེས་རབ་འོད། །སེམས་མི་ཕྱེད༴ སོགས། དོན་དམ་གྱི་ཆོས་སྐུའི་རང་ཞལ་མཇལ། །མདོ་སྔགས་གྱི་གཞུང་ དོན་ཀུན་ཆུབ་ཅིང༌། །མ་རིག་པའི་རྨོངས་མུན་རབ་ཞི་བ། །དཔལ་ཀུན་མཁྱེན་ཆོས་སྐུ་འོད་ ཟེར་ཆེ། །སེམས་མི་ཕྱེད༴ སོགས། སྲོག་རྩོལ་གྱི་མན་ངག་འཕྲུལ་བཟང་གིས། །རླུང་འབྱུང་བ་ ལྔ་ཀ་སྟོབས་སུ་གྱུར། །དགེ་ལེགས་ཀྱི་མཚན་མ་ལེགས་མངའ་བ། །ཀུན་སྤངས་པ་ཐུགས་རྗེ་ བརྩོན་འགྲུས་མཆོག །སེམས་མི་ཕྱེད༴ སོགས། གཡོ་མེད་ཀྱི་ཏིང་འཛིན་མཆོག་གི་ངང༌། །གདུལ་བྱ་ཀུན་ཡང་དག་ལམ་དུ་བཙུད། །ཐུགས་སྙིང་རྗེ་ཆེན་པོའི་རང་བཞིན་ཅན། །རྗེ་རྒྱལ་ བ་ཡེ་ཤེས་བྱང་སེམས་ཆེ། །སེམས་མི་ཕྱེད༴ སོགས། སྐུ་བཙུན་པ་རབ་ཀྱི་མཐར་ཐུག་པ། །ཚུལ་ཁྲི མས་ཀྱི་དྲི་བསྲུང་རྒྱ་ཆེར་འཕྲོ། །གསང་སྔགས་ཀྱི་མངོན་རྟོགས་མཐར་ཕྱིན་པ། །མཁས་བཙུན་གྱི་ཡོན་ཏན་རྒྱ་མཚོའི་བདག །སེམས་མི་ཕྱེད༴ སོགས། དུས་གསུམ་གྱི་སངས་ རྒྱས་ཀུན་འདུས་དངོས། །རིགས་ལྡན་གྱི་སྤྲུལ་པའི་ཚུལ་འཛིན་པ། །གསང་གསུམ་གྱི་ཡོན་ ཏན་ཟད་མེད་ཀློང༌། །མཚན་ཀུན་མཁྱེན་ཤེས་རབ་རྒྱལ་མཚན་དཔལ། །སེམས་མི་ཕྱེད༴ སོགས། མདོ་སྔགས་ཀྱི་དགོངས་དོན་གཏིང་དཔོག་སྟེ། །བཤད་སྒྲུབ་ཀྱིས་ངེས་དོན་བསྟན་པ་ བསྐྱངས། །རང་གཞན་གྱི་དོན་གཉིས་མཆོག་མངའ་བ། །རྗེ་ཕྱོགས་ལས་རྣམ་རྒྱལ་འགྲོ་བའི་ མགོན། །སེམས་མི་ཕྱེད༴ སོགས། དྲི་མེད་ལུང་རིགས་ཀྱི་དབང་ཕྱུག་ཆེ། །གསང་ཆེན་གྱི་ ཉམས་བཟང་ཡོངས་རྒྱས་པ། །མཁས་དབང་བྱེ་བ་ཡི་གཙུག་ནོར་མཆོག །ཉ་དབོན་མཚུངས་ བྲལ་གྱི་ཀུན་དགའ་དཔལ། །སེམས་མི་ཕྱེད༴ སོགས། དབང་ལུང་གདམས་ངག་གི་མཛོད་ 9-1-19 འཆང་བ། །ཐུགས་དབེན་པར་སྒྲུབ་ལ་རྟག་ཏུ་གཞོལ། །འགྲོ་ལ་ཀུན་ཕན་གྱི་མཛད་ཕྲིན་ཅན། །རྗེ་གྲུབ་ཆེན་ཀུན་དགའ་བློ་གྲོས་མཆོག །སེམས་མི་ཕྱེད༴ སོགས། རླུང་རྡོ་རྗེའི་བཟླས་པ་ དབང་འབྱོར་ཞིང༌། །འབད་མེད་ཀྱིས་གནོད་པ་ཀུན་བཟློག་ནས། །གསང་སྔགས་ཀྱི་ཉམས་ བཟང་སྤེལ་མཛད་པ། །རྗེ་འཇམ་དབྱངས་དཀོན་མཆོག་བཟང་པོའི་མཚན། །སེམས་མི་ཕྱེད༴ སོགས། ངེས་དོན་གྱི་ལྟ་བ་ཐུགས་ལ་འཁྲུངས། །གསང་ཆེན་གྱི་རྟོགས་པ་མཆོག་ཏུ་རྒྱས། །སྔགས་རྒྱུད་ཀྱི་དགོངས་དོན་མངོན་བྱས་པ། །མཁས་གྲུབ་ཀྱི་དབང་པོ་ཆོས་སྐྱོང་མཚན། །སེམས་མི་ཕྱེད༴ སོགས། མཁས་བཙུན་བཟང་གསུམ་ཀྱི་ཕུལ་དུ་ཕྱིན། །གཞུང་ལུགས་རིན་ ཆེན་གྱི་བང་མཛོད་འཛིན། །ཟབ་མོའི་ལམ་མཆོག་གིས་མངོན་མཛེས་པ། །རྗེ་པཎ་ཆེན་ནམ་ མཁའ་དཔལ་བཟང་པོ། །སེམས་མི་ཕྱེད༴ སོགས། ཆོས་དོན་གྱི་རྨོངས་པ་རབ་བསལ་ཞིང༌། །གངས་ཅན་གྱི་འགྲོ་བློས་དཔལ་གྱུར་པ། །རྗེ་སྐད་གཉིས་སྨྲ་བའི་དབང་པོ་མཆོག །ལོ་ཆེན་ གྱི་མཚན་འཆང་རིན་ཆེན་བཟང༌། །སེམས་མི་ཕྱེད༴ སོགས། སྒྲུབ་བརྒྱུད་ཀྱི་བསྟན་པའི་མཛོད་ ཆེན་འཛིན། །ལུང་རྟོགས་ཀྱི་ཡོན་ཏན་མཆོག་རྒྱས་པ། །དཔལ་ཀུན་ཏུ་དགའ་བའི་རྣམ་གྲོལ་ རྗེ། །འཇམ་མགོན་གྱི་བླ་མ་མཆོག་གྱུར་པ། །སེམས་མི་ཕྱེད༴ སོགས། གདམས་ངག་རིན་ཆེན་ གྱི་གཏེར་གྱུར་ཞིང༌། །ངོ་མཚར་ཡོན་ཏན་གྱིས་མངོན་བརྗིད་པ། །རྣམ་མང་འགྲོ་འདྲེན་གྱི་ དཔལ་གྱུར་པའི། །མཁན་ཆེན་ལུང་རིགས་ཀྱི་མཚན་མཆོག་ཅན། །སེམས་མི་ཕྱེད༴ སོགས། གསང་ཆེན་མཐའ་དག་གི་དཔལ་གྱུར་པ། །འགྲོ་ཀུན་དགའ་མཛད་ཀྱི་སྙིང་པོ་མཆོག །ངེས་ དོན་ཟབ་གསང་གི་བསྟན་པའི་གཉེན། །འཇམ་མགོན་མཚུངས་བྲལ་གྱི་བླ་མ་རྗེ། །སེམས་མི་ ཕྱེད༴ སོགས། གང་དེའི་གདམས་ངག་གི་མཛོད་གཅིག་པུ། །རྒྱལ་ཚབ་སྒྲུབ་བརྒྱུད་ཀྱི་བསྟན་ པའི་གཙོ། །ངོ་མཚར་ཡོན་ཏན་གྱི་ཕུང་པོ་ཅན། །རྗེ་རིན་ཆེན་རྒྱ་མཚོ་འགྲོ་བའི་མགོན། །སེམས་མི་ཕྱེད༴ སོགས། མཁས་ཤིང་གྲུབ་བརྙེས་ཀྱི་སྐྱེས་བུ་མཆོག །མདོ་སྔགས་ཆོས་ཀུན་ 9-1-20 ལ་བློ་གྲོས་རྒྱས། །མི་མཐུན་ཉེས་ཚོགས་ལས་རྣམ་རྒྱལ་བ། །དཔལ་ལྡན་ཐབས་མཁས་ཀྱི་ མཛད་པ་ཅན། །སེམས་མི་ཕྱེད༴ སོགས། གྲུབ་པའི་དབང་ཕྱུག་གི་མཚན་སྙན་རྒྱས། །རྒྱ་ཆེན་ ཡོན་ཏན་གྱིས་ཀུན་ནས་མཛེས། །ངག་གི་དབང་ཕྱུག་གི་ཕྲིན་ལས་ཅན། །མཚན་མཆོག་དོན་ ལྡན་གྱི་དམ་པ་མཆོག །སེམས་མི་ཕྱེད༴ སོགས། གང་དེའི་ཕྲིན་ལས་ཀྱི་དཔལ་གྱུར་པ། །ཟབ་ ཆོས་ཡོན་ཏན་གྱི་མངའ་བདག་རྗེ། །ངེས་དོན་བསྟན་པ་ཡི་རྩ་ལག་མཆོག །རྗེ་ངག་དབང་ རྣམ་རྒྱལ་འགྲོ་བའི་མགོན། །སེམས་མི་ཕྱེད༴ སོགས། ཟབ་ལམ་གྱི་རྒྱུན་བཟང་སྤེལ་བྱེད་ཅིང༌། །གཞན་ཕན་ལ་ཐུགས་མཆོག་གཞོལ་བའི་གཤེས། །རྗེ་བཀའ་དྲིན་གསུམ་ལྡན་དམ་པ་མཆོག །མཁས་བཙུན་དར་རྒྱས་ཀྱི་མཚན་འཆང་བ། །སེམས་མི་ཕྱེད༴ སོགས། གཞན་དོན་ལ་རླབས་ ཆེན་མཐུ་ལྡན་ཞིང༌། །འགྲོ་ཁམས་ལ་ཐུགས་རྗེའི་བརྩེ་བ་ཅན། །རྗེ་ཀུན་བཟང་ཕྲིན་ལས་ རྣམ་རྒྱལ་མཚན། །སྐལ་ལྡན་གྱི་གདུལ་བྱ་ཡོངས་ཀྱི་མགོན། །སེམས་མི་ཕྱེད༴ སོགས། ཐོས་ བསམ་སྒོམ་གསུམ་གྱིས་སྒྲུབ་ལ་གཞོལ། །ནང་རྟོགས་ཡོན་ཏན་གྱི་དཔལ་མངའ་བ། །མཐུ་ ནུས་ཕུལ་བྱུང་གི་མཛད་པ་ཅན། །རྗེ་དམ་པ་ལྷུན་གྲུབ་རྒྱ་མཚོའི་ཞབས། །སེམས་མི་ཕྱེད༴ སོགས། ངེས་དོན་གྱི་ཟབ་ལམ་རྩེ་གཅིག་སྒྲུབ། །གཞན་དོན་གྱི་མཛད་ཕྲིན་ཡོངས་རྒྱས་པ། །ངོ་ མཚར་བའི་རྣམ་དཀར་བསྐྲུན་པའི་གཉེན། །མགོན་དཀོན་མཆོག་འཇིགས་མེད་རྣམ་རྒྱལ་ མཚན། །སེམས་མི་ཕྱེད༴ སོགས། དབང་ལུང་གདམས་ངག་གི་བཅུད་བསྡུས་ནས། །སྐལ་ བཟང་སྐྱེ་དགུ་ཀུན་ཚིམས་བྱས་ཏེ། །འགྲོ་ལ་ཡོན་ཏན་གྱི་སྒོར་གྱུར་པ། །རྗེ་ངག་དབང་ཆོས་ འཕེལ་བཀའ་དྲིན་ཅན། །སེམས་མི་ཕྱེད༴ སོགས། དམིགས་མེད་ཆོས་དབྱིངས་ཀྱི་རང་ མདངས་ལས། །ཟབ་མོའི་དེ་ཉིད་ལ་མཁྱེན་པ་རྒྱས། །དབང་ལུང་མན་ངག་གི་བརྒྱུད་འཛིན་ སྟེ། །མགོན་ངག་དབང་ཆོས་ཀྱི་འཕགས་པ་མཆོག །སེམས་མི་ཕྱེད༴ སོགས། རིམ་གཉིས་ རྣལ་འབྱོར་གྱིས་ཐུགས་མཛོད་འཆང༌། །འོད་གསལ་ཡེ་ཤེས་ཀྱི་དགོངས་པ་བརྙེས། །གསང་ 9-1-21 ཆེན་ཉམས་བཟང་གི་རྟོགས་པ་ཅན། །རྗེ་ཀུན་དགའ་དཔལ་ལྡན་དགེ་བའི་བཤེས། །སེམས་ མི་ཕྱེད༴ སོགས། གང་དེའི་རྗེས་འཇུག་གི་ཚུལ་བཟུང་བ། །ལམ་བཟང་རིམ་གཉིས་ཀྱི་དབང་ ཕྱུག་ཆེ། །རྟོགས་ལྡན་འཁྲུལ་ཞིག་གི་སྤྱོད་པ་ཅན། །རྗེ་ཀུན་དགའ་ལུང་རྟོགས་བྱིན་རླབས་ གཏེར། །སེམས་མི་ཕྱེད༴ སོགས། ཟབ་ལམ་སྒྲུབ་བརྒྱུད་ཀྱི་སྙིང་པོ་བཟུང༌། །མངོན་རྟོགས་ ཉམས་མྱོང་གིས་ཐུགས་རྒྱུད་གཏམས། །གཞན་ཕན་ཕྲིན་ལས་ཀྱིས་འགྲོ་ཁམས་སྐྱོང༌། །ཀུན་ དགའ་སྙན་གྲགས་ཀྱི་མཚན་ཅན་རྗེ། །སེམས་མི་ཕྱེད༴ སོགས། གདམས་ངག་མཐའ་དག་གི་ མངའ་བདག་མཆོག །རྗེ་བཀའ་དྲིན་གསུམ་ལྡན་རྡོ་རྗེ་འཛིན། །ཕ་རྩ་བའི་བླ་མ་སངས་རྒྱས་ དངོས། །མགོན་ཀུན་དགའ་ངག་དཔལ་བཟང་པོའི་ཞབས། །སེམས་མི་ཕྱེད་དད་པས༴ སོགས་ འགྲེས། རྗེ་རྩ་བརྒྱུད་བླ་མའི་ཚོགས་རྣམས་ལ། དུས་ཡང་ཡང་གསོལ་བ་ལན་མང་འདེབས། །སེམས་གུས་འདུད་རེ་ཆེན་ལྷོ ད་མེད་ངང༌། །སྙིང་རུས་པའི་གཏིང་ནས་རེ་ལྟོས་འཆའ། །ཕ་བླ་ མའི་ཚོགས་ཀྱི་དགོངས་མཛོད་ལ། །དུས་ད་ལྟ་ཉིད་དུ་བྱིན་གྱིས་རློབས། །རང་བློ་སེམས་ཆོས་ ལ་སྐོར་བར་མཛོད། །སེམས་ཉེས་ཚོགས་དྲི་མས་མ་གོས་པར། །བློ་ལས་རུང་ཆོས་དང་འདྲེས་ པར་ཤོག །ཚེ་འདི་དང་སྐྱེ་བའི་ཕྲེང་བ་ཀུན། །མགོན་བརྒྱུད་ལྡན་བླ་མ་དེ་དག་གི །ཐུགས་ བརྩེ་ཆེན་མཐུ་དཔུང་གཡེལ་མེད་པས། དུས་ནམ་ཡང་བདག་སོགས་མ་གཏོང་ཅིག །ཅེས་བླ་མ་ བརྒྱུད་པའི་གསོལ་འདེབས་བྱིན་རླབས་འདོད་པ་འཇོ་བའི་བུམ་བཟང་ཞེས་བྱ་བ་འདི་ཡང་གྲྭ་བཙུན་རིན་ཆེན་དོན་གྲུབ་ཅེས་པས་ བསྐུལ་ངོར། མ་ཏི་ཀིརྟིས་བྲིས་པ་དགེ། །། ༈ འཕོ་བ་ལ་སྤྲོ་ན། སེམས་མོས་གུས་གདུང་བས་གསོལ་འདེབས་ན། །ལུས་རྣམ་སྨིན་ ཕུང་པོའི་སྦུབས་རྒྱ་ནས། །གཉུག་ཁམས་ཀྱི་ཤེས་རིག་དྭངས་བ་དེ། །ཕ་བླ་མའི་ཐུགས་ཀར་ འཕོ་བར་ཤོག ། 9-1-22 ༄༅། །བླ་མའི་དོན་དམ་ཆོས་སྐུ་ལ་མཉམ་པར་འཇོག་ཐབས་ བྱིན་རླབས་མྱུར་ནས་འབེབས་བྱེད་ ཅེས་བྱ་བ་བཞུགས་སོ། ། ༄༅། །ན་མོ་གུ་རུ་དྷརྨ་དྷཱ་ཏུ་བྷྱཿ བླ་མ་ཆོས་དབྱིངས་ཀུན་ཁྱབ་རང་བཞིན་ལ། །ཐུགས་ ཡིད་དབྱེར་མེད་ངང་ནས་གུས་གསོལ་འདེབས། །གཞི་དབྱིངས་དགོངས་ཆེན་མྱུར་ནས་ མངོན་བྱས་ཏེ། །རྩ་བྲལ་ལྷུན་གྲུབ་གཤིས་སུ་གྲོལ་བྱིན་རློབས། །ཕ་མཆོག་ཐུགས་རྗེའི་ མཐུ་ལ་བརྟེན་ནས་སུ། །ཐ་མལ་ཡིད་ཤེས་འགྱུར་ལྡོ ག་འཕྲོ་བཅད་དེ། །ཀུན་གཞི་གསལ་ ཆ་རང་དྭངས་ངོ་ཤེས་སྐབས། །གོ་བྱ་གོ་བྱེད་རང་ལ་གསལ་ཙམ་པ། །ངར་སྣང་ཉོན་ཡིད་ ཟུང་དུ་འབྲེལ་བ་ཅན། །རྣམ་ཤེས་གཟུང་འཛིན་ཆུ་རྙོག་རང་དྭངས་དཔེས། །བལྟ་ལུགས་ མ་འཆུགས་སོ་མར་བསྐྱང་བའི་ཚེ། །གཤིས་ལུགས་གཉུག་མ་ལམ་ལམ་གློག་འགྱུ་བཞིན། །རྣལ་འབྱོར་མྱོང་བར་རང་ངོ་ཟིན་པ་ནས། །རང་བཞིན་འོད་གསལ་སྣེ་ལ་རིམ་འཇུས་ཏེ། །ཇི་ བཞིན་རང་གསལ་རྗེན་ཆར་མངོན་བྱས་ཤིང༌། །གཤིས་བཟང་རབ་དྭངས་ཡེ་ཤེས་འཆར་སྒོ་ བཀྲ། །དེ་ཉིད་གདོད་མ་ཆོས་དབྱིངས་དོན་དམ་ཁམས། །རྩ་བའི་བླ་མ་ཀུན་གྱི་ཆོས་སྐུ་དང༌། །ཡི་དམ་རྒྱ་མཚོ་སྐྱབས་མཆོག་རིན་ཆེན་གསུམ། །མཁའ་འགྲོ་ཆོས་སྐྱོང་དང་བཅས་མཆོད་ ཡུལ་ཚོགས། །གང་ན་བཞུགས་ཚོགས་དག་གི་ཐུགས་གཤིས་ཉིད། །ནམ་ཡང་འགྱུར་མེད་ གནས་ལུགས་གཅིག་པུར་ངེས། །སྐྱབས་གནས་རྒྱ་མཚོའི་ངེས་པ་དོན་གྱི་ཐུགས། །དོན་དམ་ 9-1-23 དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་བཞུགས། །ཐག་རིང་མ་ཡིན་ད་ལྟའི་སེམས་ཀྱི་གཤིས། །གཉུག་མ་ནམ་ངོས་ཟིན་ཚེ་རང་རྩལ་ཉིད། །དེ་ཀ་སྐྱབས་མཆོག་མཆོད་ཡུལ་མཚུངས་མེད་ པ། །སུ་ལས་ཟླ་བྲལ་ཉིད་དུ་ཐག་བཅད་དེ། །གཞི་དབྱིངས་དེ་འདྲ་རྩ་བའི་བླ་མའི་ཐུགས། །ཡེ་ཤེས་དགོངས་པ་ཟབ་མོར་ངོ་ཤེས་ནས། །དགོངས་ཡིད་རོ་གཉམ་ངང་དུ་ལེགས་བཞག་ སྟེ། །མ་བཅོས་རང་བབས་ཤུགས་ཀྱིས་ཕྱག་འཚལ་ལོ། །བླ་མའི་དོན་དམ་དབྱིངས་ཀྱི་ཐུགས་ མཆོག་ཉིད། །སྤྲོས་བྲལ་འོད་གསལ་རང་མདངས་ཅི་གསལ་ཙམ། །ངེས་ཆ་ཡོད་པའི་གནས་ ལུགས་མཆོད་ཆེན་པོ། །རབ་ཏུ་དགྱེས་བསྐྱེད་དམ་པའི་བསགས་སྒོ་སྤེལ། །དམིགས་བྲལ་ བཅོས་མ་སྤངས་པའི་བཞག་ཐབས་ཀྱིས། །རྩེ་གཅིག་བླ་མའི་ཆོས་དབྱིངས་དོན་དམ་དུ། །རྩོལ་བྲལ་ལྷུག་བཞག་སྒྲུབ་པའི་མཆོད་པ་འདིས། །གནས་ལུགས་ཚོགས་ཆེན་གཤིས་ནས་ ཆེར་འཕེལ་མཛོད། །དཔལ་ལྡན་རྩ་བའི་བླ་མའི་ཆོས་སྐུ་ཉིད། །ངེས་དོན་དོན་དམ་དབྱིངས་ ཀྱི་དཀྱིལ་འཁོར་རྫོགས། །རྣལ་འབྱོར་རང་འཚམ་སྟོང་གཟུགས་རབ་འབྱམས་སུ། །གང་ སྣང་སྒྱུ་འཕྲུལ་སྟོན་མོས་ལེགས་དགྱེས་བསྐྱེད། །བདེ་ཆེན་མི་འགྱུར་བླ་མའི་ཐུགས་ཀྱི་བཅུད། །ནང་དབྱིངས་སྙིང་གི་ཟིལ་དུ་ཡོངས་མངོན་ཞིང༌། །བདེ་གསལ་དགའ་བ་འཁྱི ལ་བའི་གསང་ མཆོད་ཆེ། །རང་རིག་གཤིས་སུ་མཆོད་འབུལ་བདེ་ཆེན་སྦོར། ། ཨེ་མ་ངོ་མཚར་ཕ་ཅིག་བླ་མའི་ཐུགས། །རང་སེམས་གསལ་བའི་མདངས་སུ་ཆེར་མངོན་ ཏེ། །གཉུག་མ་དགའ་ཆེན་ཡེ་ཤེས་རབ་གསལ་བ། །ཅི་དགར་རང་བབས་སྐྱོང་ལ་མཉམ་ བཞག་བྱ། །བླ་མའི་དགོངས་ཆེན་མཉམ་བཞག་ལ་བརྟེན་ནས། །ཐུགས་ཡིད་གཅིག་འདྲེས་ ཉམས་བཟང་གསར་བ་ཤར། །ཆོས་ཉིད་རང་གསལ་ཅི་ཡང་འཆར་རུང་བ། །ད་ལྟར་མངོན་ དུ་གྱུར་པར་བྱིན་གྱི་རློབས། །རྩ་བའི་བླ་མ་སྟོང་གཟུགས་རྡོ་རྗེའི་སྐུ། །གང་གི་གསང་གསུམ་ སྒོ་གསུམ་དབྱེར་མེད་དུ། །ནམ་ཡང་འདུ་འབྲལ་མེད་པའི་གཤིས་ལུགས་ངང༌། །སེམས་ 9-1-24 ཉིད་རང་གསལ་གཉུག་མ་ཤུགས་འབྱུང་འཆར། །དེ་ལྟར་ལས་ཐ་མའི་ཚིག་བཞི་གསུམ་ཡང་ཡང་བསྐྱར་ བཞིན་སེམས་ངོ་བལྟ་ཞིང་མཉམ་པར་འཇོག་མཐར། བླ་མའི་ཆོས་སྐུ་རང་སེམས་རབ་གསལ་ངང༌། །སྟོང་ གཟུགས་འཆར་སྒོའི་སྣང་བ་མཆེད་པ་ལས། །བུམ་དབང་ཐོབ་ཅིང་སྐུ་ཡི་བྱིན་རླབས་ཞུགས། །སྐུ་དང་རང་ལུས་དབྱེར་མེད་ཉིད་དུ་བསམ། །བླ་མའི་ཆོས་སྐུའི་དབྱིངས་ནས་གཞོམ་མེད་ སྒྲ། །གང་སྣང་སྒྱུ་མར་འཆར་སྒོ་ངོམ་པ་ལས། །གསང་དབང་ཐོབ་ཅིང་གསུང་གི་བྱིན་རླབས་ ཞུགས། །གསུང་དང་རང་ངག་དབྱེར་མེད་ཉིད་དུ་བསམ། །བླ་མའི་ཐུགས་མཆོག་དྲི་བྲལ་ གཤིས་ལུགས་ཆེ། །རང་གསལ་རྗེན་ཆར་མངོན་པའི་བྱེད་པ་ལས། །ཤེར་དབང་ཐོབ་ཅིང་ ཐུགས་ཀྱི་བྱིན་རླབས་ཞུགས། །ཐུགས་དང་རང་ཡིད་དབྱེར་མེད་ཉིད་དུ་བསམ། །བླ་མ་འོད་ གསལ་འཕོ་མེད་བདེ་ཆེན་ངང༌། །རིག་པ་རང་གྲོལ་འཛིན་བྲལ་བལྟ་བ་ལས། །བཞི་དབང་ ཐོབ་ཅིང་ཡེ་ཤེས་བྱིན་རླབས་ཞུགས། །གསང་གསུམ་སྒོ་གསུམ་དབྱེར་མེད་ཉིད་དུ་བསམ། །ལེགས་སྒོའི་བསོད་ནམས་བསགས་ཐབས་འདི་ལ་བརྟེན། །རང་སེམས་གཤིས་ལུགས་བླ་ མའི་ཐུགས་སུ་ངེས། །ནམ་ཡང་གཡེལ་མེད་ཡིད་ཆེས་གཏིང་ནས་རྙེད། །གཞི་རྩ་གཅིག་པུར་ མྱུར་ནས་གྲོལ་བར་སྨོན། །ཞེས་བླ་མའི་དོན་དམ་ཆོས་སྐུ་ལ་མཉམ་པར་འཇོག་ཐབས་བྱིན་རླབས་མྱུར་ནས་འབེབས་ བྱེད་འདི་ཡང་ངག་དབང་འཇིགས་མེད་འོད་ཟེར་ལ་ཆོས་སྣང་གི་བློ་ཉམས་མྱོང་གསར་བ་འཕེལ་རྐྱེན་དུ། མ་ཏིས་སྤེལ་བས་ ལེགས་དོན་དེ་བཞིན་མྱུར་འགྲུབ་ཏུ་གྱུར་ཅིག་གུ། །། 9-1-25 ༄༅། །བླ་མ་རྣམས་ཀྱི་རྣལ་འབྱོར་ཉམས་སུ་ལེན་ཚུལ་ སྒྲིབ་སྦྱངས་ཚོགས་ཆེན་རྫོགས་ཐབས་ བཞུགས་སོ། ། ༄༅། །འདིར་བླ་མ་རྣམས་ལ་ཕྱག་འཚལ་ནས་གང་དག་གི་རྣལ་འབྱོར་ཉམས་སུ་ལེན་པ་ལ་ཐོག་མར་སྐྱབས་སེམས་ ནི། དཔལ་ལྡན་རྒྱལ་ཀུན་འདུས་པའི་བདག་ཉིད་རྗེ། །རྩ་བརྒྱུད་བླ་མ་རྣམས་ལ་སྐྱབས་སུ་ མཆི། །མར་གྱུར་འགྲོ་ཀུན་བྱང་ཆུབ་ལ་འགོད་ཕྱིར། །བླ་མ་རྣམས་ཀྱི་རྣལ་འབྱོར་ཟབ་སྒོམ་ བགྱིད། །ལན་གསུམ་སོགས་བྱ། དེ་ནས་བསྐྱེད་ཡུལ་ནི། སྐད་ཅིག་གིས་རང་སྣང་དག་པའི་མཁའ་དབྱིངས་ སུ་འཕགས་པ་ཀུན་ཏུ་བཟང་པོའི་མཆོད་བཀོད་ལ་ཉེ་བར་འགྲན་པའི་རབ་ཏུ་མཛེས་པ་ཆེས་ ཁྱད་པར་བ་ཡོངས་སུ་རྫོགས་པའི་ཀློང་ཡངས་སུ་དམ་པ་དང་པོའི་སངས་རྒྱས་ཡེ་ཤེས་སྒྱུ་ མའི་རོལ་གར་ལས་རང་ཤར་བ་འགྲོ་འདུལ་དུས་སུ་བབ་པ། རང་ཅག་གི་བླ་མའི་སྐལ་པ་ཕ་ མཆོག་རྡོ་རྗེ་འཆང་ཆེན་པོ་དང་གཉིས་སུ་མེད་པ་རྩ་བརྒྱུད་དཔལ་ལྡན་བླ་མའི་ཚོགས་གང་ དག་གདུལ་བྱའི་དཔལ་དུ་ཆོ་འཕྲུལ་ངོ་མཚར་བའི་གསང་གསུམ་ཆེ་བའི་དག་སྣང་གི་ཡུལ་ ཉེ་བར་རོལ་པའང༌། བཞུགས་གནས་གཞལ་མེད་ཁང་མཚན་ཉིད་ཡོངས་སུ་རྫོགས་པ་རྒྱ་ ཆེ་བའི་ནང་དུ་དབུས་གང་དག་ན་གདན་སེང་ཁྲི་པད་ཟླ་དང་བཅས་པ་གཉིས་གཡས་གཡོན་ བསྒྲིགས་པ་ལས་གཡས་ཕྱོགས་ཀྱི་གདན་གྱི་སྟེང་དུ་རིགས་ཀུན་གྱི་ཁྱབ་བདག་ངག་དབང་ ཆོས་འཛིན་དཔལ་བཟང་པོ་ཡེ་ཤེས་སྒྱུ་མའི་སྐུ་དཀར་ལ་དམར་བའི་མདངས་ཆགས་ཤིང༌། 9-1-26 ཞལ་གཅིག་ཞི་བའི་འཛུམ་དཀར་གཡོ་བཞིན་པའི་སྤྱན་ཟུང་གིས་མཛེས་པ། ཕྱག་གཡས་ ཐུགས་ཀར་ཆོས་འཆད་ཀྱི་ཕྱག་རྒྱས་རྡོ་རྗེ་དང༌། གཡོན་པ་ན་མཉམ་བཞག་གིས་དྲིལ་བུའི་ ཁ་ནང་དུ་ཕྱོགས་ཏེ་འཛིན་ཅིང༌། ཞབས་གཉིས་སྐྱིལ་ཀྲུང་གིས་བཞུགས་པ་ལ་ནབ་འགག་ ཆོས་གོས་རྣམ་གསུམ་བཀླུབས་བཞིན་དབུ་ལ་མཚན་ལྡན་མཁན་ཞྭ་སྙན་ཤལ་དང་ལྡན་པས་ ཉེ་བར་མཛེས་ཤིང་དེ་སོགས་བླ་ཆས་ཡོངས་རྫོགས་ཀྱི་སྐུ་ལྟ་བས་ཆོག་མི་ཤེས་པ་འོད་ཟེར་ འབར་བའི་ཕུང་པོ་ཅན་དུ་བཞུགས་པ། གང་དེའི་གཡོན་ཕྱོགས་ཀྱི་གདན་ལ་འཇམ་པའི་ དབྱངས་དངོས་ཐུབ་བསྟན་དགེ་ལེགས་རྒྱ་མཚོ་སྐུ་མདོག་དཀར་ལ་དམར་མདངས་ཅན། ཞལ་གཅིག་ཞི་བའི་སྤྱན་ཟུང་གིས་ཉེ་བར་བརྗིད་པ། ཕྱག་གཡས་ཐུགས་ཀར་ཆོས་འཆད་ ཀྱིས་རལ་གྲིའི་མཚན་མ་ཕྲ་མོ་དང༌། གཡོན་པ་མཉམ་བཞག་གིས་གླེགས་བམ་བསྣམས་པ། ཞབས་གཉིས་སྐྱིལ་ཀྲུང་གིས་བཞུགས་ཤིང་ནབ་འགག་ཆོས་གོས་རྣམ་གསུམ་དང་མཁན་ ཞྭ་སོགས་བླ་ཆས་ཡོངས་རྫོགས་ཀྱིས་མཛེས་བཞིན་འོད་ཟེར་འབར་བའི་མངའ་བདག་ཏུ་ བཞུགས་པ། དེ་གཉིས་ཀྱི་སྐུའི་མཐའ་བསྐོར་ཕྱོགས་མཚམས་རྣམས་སུ་གདན་ཁྲི་རང་རང་ དང་འཚམ་པ་ལ་དབུས་ཀྱི་བླ་མ་མཆོག་ཟུང་དང་མི་གཉིས་པའི་ཡེ་ཤེས་ཆོས་སྐུ་གཅིག་གི་ རྩལ་ལས་ཤར་བ་གཡས་བསྐོར་གྱི་རིམ་པས་ཐུགས་སྲས་ཀྱི་ཚོགས། ཀུན་དགའ་མཉམ་ ཉིད་དཔལ་བཟང༌། རྟོགས་ལྡན་མཁས་གྲུབ་དབང་ཕྱུག ངག་དབང་ཚོགས་གཉིས་རྒྱ་མཚོ། སྐྱབས་མགོན་མཚན་བཟང་དབང་པོ་རྣམས་དང༌། རྩ་བའི་བླ་མ་འདུལ་འཛིན་བསོད་ནམས་ བཟང་པོ་ངོ་མཚར་སྐུའི་བཀོད་པ་མཐའ་ཡས་ཤིང་གསང་བ་གསུམ་གྱི་ཆོ་འཕྲུལ་ནམ་མཁའ་ དང་མཉམ་བཞིན་ཐུགས་བརྩེ་བས་དགྱེས་བཞིན་རྩ་བརྒྱུད་བླ་མ་ཀུན་འདུས་སུ་བཞུགས་ པ། གཞན་ཡང་སློབ་དཔོན་བསྟན་པ་རབ་རྒྱས། ངག་དབང་རྡོ་རྗེ་བཟང་པོ། འགྲོ་འདུལ་ གསལ་བཟང་རྒྱ་མཚོ། བཤེས་གཉེན་ཡོན་ཏན་དཔལ་བཟང༌། འདྲེན་པ་ཤེས་རབ་དཔལ་ 9-1-27 ལྡན། དམ་པ་མཚན་མཆོག་དོན་ལྡན། སྐྱེས་ཆེན་བསྟན་འཛིན་དཔལ་བཟང༌། བཤེས་གཉེན་ རིན་ཆེན་བཟང་པོ། ཆོས་ལྡན་གྲགས་པ་བཟང་པོ་རྣམས་དང༌། གཞན་ཡང་ཀུན་དགའ་ངག་ དབང་དཔལ་བཟང༌། བླ་མ་བསྟན་པ་གསལ་བྱེད། འགྲོ་འདྲེན་སྨོན་ལམ་བཟང་པོ། དཀོན་ མཆོག་དར་རྒྱས་མཚན་ཅན་སོགས་ཆོས་འབྲེལ་གང་ཐོབ་པའི་དཔལ་ལྡན་བླ་མ་ཐུགས་རྗེ་ ཅན་སྐྱབས་གནས་མཆོག་གང་དག་ཞལ་མདུན་དུ་མངོན་པར་ཕྱོགས་ཏེ་སྐུ་བཀྲག་མདངས་ འབར་བཞིན་ཆོས་གོས་རྣམ་གསུམ་གྱི་ན་བཟའ་སོགས་བླ་ཆས་ཡོངས་རྫོགས་བཞུགས་ སྟངས་སྣ་ཚོགས་པའི་བཀོད་ཆེན་དང་བཅས་ཐམས་ཅད་གསུང་ཆོས་སྒྲ་སྒྲོག་ཅིང་ཐུགས་ བརྩེ་བ་ཆེན་པོའི་ངང་ནས་དགྱེས་བཞུགས་ཀྱི་ཚུལ་བླ་མ་ཡི་དམ་མཆོག་གསུམ་ཀུན་འདུས་ སུ་ཐག་བཅད་དེ་དེ་དག་གི་རྣམ་པར་རོལ་པའི་ཆོ་འཕྲུལ་རྩ་བརྒྱུད་ཀྱི་བླ་མ་རྣམས་དང་ཡི་ དམ་དཀྱིལ་འཁོར་གྱི་ལྷ་ཚོགས་དཀོན་མཆོག་གསུམ་དང་མཁའ་འགྲོ་ཆོས་སྐྱོང་ནམ་མཁའ་ བར་སྣང་ཀུན་ཏུ་བཞུགས་པ་ཇི་བཞིན་མངོན་སུམ་ལྟར་གསལ་བར་གྱུར། ཡན་ལག་བདུན་པ་ནི། དཔལ་ལྡན་ཡེ་ཤེས་སྒྱུ་མའི་གར་གྱི་འཕྲུལ། །རྣམ་པ་རིས་སུ་མ་ཆད་ བླ་མར་ཤར། །འགྲོ་མགོན་སྐྱབས་གནས་རྣམས་ལ་ཕྱག་འཚལ་ཏེ། །དངོས་འབྱོར་ཡིད་སྤྲུལ་ མཆོད་སྤྲིན་རྒྱ་མཚོས་མཆོད། །ཐོག་མེད་ནས་བསགས་སྡིག་ལྟུང་ཡོད་ཚད་བཤགས། །སྐྱེ་ འཕགས་བསོད་ནམས་ཚོགས་ལ་རྗེས་ཡི་རང༌། །ཟབ་དང་རྒྱ་ཆེའི་ཆོས་འཁོར་ཆད་མེད་སྐོར། །མྱ་ངན་མི་འདའ་གང་འདུལ་འགྲོ་ངོར་བཞུགས། །རབ་དཀར་བསགས་སྒོ་འདིས་ནི་རིང་ མིན་པར། །བདག་ཀྱང་འཁོར་བའི་མཚོ་ལས་ཡོངས་ཐར་ཏེ། །དཔལ་ལྡན་བླ་མ་གང་དག་ བཞུགས་ཞིང་དུ། །ཡོངས་འཕོས་ཚེ་དེར་གདོད་མའི་སངས་རྒྱས་ཤོག ། དེ་ནས་གསོལ་བ་འདེབས་པ་ནི། སངས་རྒྱས་ཀུན་གྱི་ཡེ་ཤེས་ཆོས་སྐུའི་འཕྲུལ། །ཡོངས་ཤར་ དཔལ་ལྡན་རྩ་བརྒྱུད་བླ་མའི་ཚོགས། །རྡོ་རྗེ་འཆང་ངོས་ངག་དབང་ཆོ༵ས་འཛི༵ན་དཔལ། 9-1-28 །འཇམ་དབྱངས་ཐུ༵བ་བསྟན༵་དགེ༵་ལེ༵གས་རྒྱ༵་མཚོ༵་རྗེ། །མ༵ཉམ་ཉིད༵་མཁ༵ས་གྲུབ་དབང༵་ཕྱུག་ ཚོ༵གས་གཉིས༵་ཞབས། །མཚ༵ན་བཟ༵ང་རྩ་བའི་བླ་མ་བསོ༵ད་ན༵མས་བཟ༵ང༌། །བསྟན༵་པ༵་རབ༵་ རྒྱ༵ས་རྡོ༵་རྗེ༵་བཟ༵ང་པོ་དང༌། །གས༵ལ་བཟ༵ང་ཡོ༵ན་ཏ༵ན་དཔ༵ལ་དང་ཤེ༵ས་ར༵བ་དཔ༵ལ། །མཚ༵ན་ ལྡན༵་བསྟན༵་འཛི༵ན་དཔ༵ལ་དང་རིན༵་ཆེན་བཟ༵ང༌། །གྲག༵ས་པ་བཟ༵ང་པོ་ལ་སོགས་བརྒྱུད་ རིམ་དང༌། །གཞན་ཡང་ཀུན་དགའ་ངག༵་གི་དབ༵ང་པོ་དང༌། །བསྟན༵་གས༵ལ་སྨོ༵ན་ལ༵མ་བཟང་ པོ་དཀོ༵ན་མཆོ༵ག་མཚན། །དེ་སོགས་ཆོས་འབྲེལ་གང་ཐོབ་བླ་མའི་ཚོགས། །སྐྱབས་མཆོག་ ཡབ་སྲས་སློབ་བརྒྱུད་དང་བཅས་པ། །དཀྱིལ་འཁོར་རྒྱ་མཚོའི་རིགས་བརྒྱའི་ཁྱབ་བདག་ཏུ། །རབ་གུས་དང་འདོད་ཡིད་ཆེས་དྲག་པོ་ཡིས། །སྙིང་ནས་གསོལ་བ་འདེབས་སོ་ཐུགས་རྗེས་ གཟིགས། །བདག་གི་སྒོ་གསུམ་སྡིག་སྒྲིབ་ཀུན་སྦྱངས་ཤིང༌། །བསོད་ནམས་ཚོགས་ཆེན་ མྱུར་དུ་རྫོགས་གྱུར་ཏེ། གཏན་བདེ་ཐར་པ་མཆོག་ལ་ལེགས་བགྲོད་ཤོག །ཅེས་པ་ལན་མང་དུ་ བརྗོད་པའི་སྒོ་ནས་གསོལ་འདེབས་བྱས་མཐར། དཔལ་ལྡན་རྩ་བརྒྱུད་བླ་མ་ཁྱེད་རྣམས་ཀྱིས། །བདག་ གི་སྒོ་གསུམ་སྒྲིབ་པ་སྦྱང་དུ་གསོལ། །བླ་མ་རྣམས་ཀྱི་སྐུ་ལས་འོད་དཀར་ཚོགས། །རབ་ཏུ་ སྤྲོས་པས་བདག་གི་ལུས་ལ་ཐིམ། །རྐྱེན་དེས་ལུས་ཀྱི་སྡིག་ལྟུང་གང་བསགས་པ། །བ་མོར་ ཉི་ཟེར་ཕོག་བཞིན་རབ་སྦྱངས་ཤིང༌། །སླར་ཡང་འོད་དམར་མཐིང་ག་སྐུ་ལུས་ནས། །རིམ་ བཞིན་རང་གི་ལུས་ལ་ཐིམ་པའི་མཐུས། །ངག་དང་ཡིད་ཀྱིས་གང་བསགས་སྡིག་ལྟུང་སྦྱངས། །དག་ཚངས་མཆོག་གི་དངོས་གྲུབ་ཁྱད་པར་བ། །ཐོབ་ནས་ལས་ངན་མཐའ་དག་ཡོངས་ཟད་ དེ། །དབང་བཞི་ལེགས་ཐོབ་སྐུ་བཞིའི་ས་བོན་བཞག །བྱིན་རླབས་བཞི་རྫོགས་ཕྲིན་ལས་ རྣམ་བཞིར་དབང༌། །མཐར་ཐུག་བླ་མ་རྣམས་བཞུགས་དག་ཞིང་དུ། །སྐྱེས་ནས་ཐུགས་ཡིད་ རོ་གཅིག་ཏུ་གྱུར་ཏེ། །ཁམས་གསུམ་འཁོར་བའི་སྡུག་ཀུན་ཆད་པར་ཤོག ། བསྡུ་རིམ་ནི། གཞལ་ཡས་ཁང་གི་མཐའ་སྐོར་གྱི་བླ་མ་ཐམས་ཅད་དབུས་ཀྱི་བླ་མ་རྣམ་ 9-1-29 གཉིས་ལ་ཐིམ་ཞིང་དེ་གཉིས་ཀྱང་མཉམ་དུ་རང་གི་སྤྱི་བོར་ཐིམ་པས་སྒོ་གསུམ་སྐུ་གསུང་ ཐུགས་སུ་བྱིན་གྱི་རླབས་པར་གྱུར། བསྔོ་བ་ནི། དགེ་བ་སྟོབས་ཆེན་བསགས་པ་འདིའི་མཐུ་ཡིས། །སྐྱེ་ལུས་འདི་ལ་ཉམས་ ཆགས་སྒྲིབ་སྦྱངས་ཤིང༌། །དཔལ་ལྡན་བླ་མ་རྣམས་ཀྱི་བྱིན་རླབས་ཞུགས། །དམ་ཆོས་ཟབ་ མོ་རྒྱུད་ལ་ལེགས་འབྱོར་ཤོག །དེ་ནས་བཟུང་སྟེ་སྐྱེ་སྲིད་ཕྱི་མ་ཡི། །ཚེ་རབས་ཕྲེང་བ་རྣམས་ སུ་ཆོས་དང་འཕྲད། །བར་ཆད་གེགས་བྲལ་ཆོས་མཐུན་ཇི་བཞིན་འགྲུབ། །རྒྱལ་བསྟན་ མཆོག་དང་ནམ་ཡང་གཡེལ་མེད་ཤོག །རིམ་པ་དེ་ལ་བརྟེན་ནས་ཟབ་ཆོས་ལ། །རྟག་པར་ ཐོས་བསམ་སྒོམ་པས་ལེགས་ཞུགས་ནས། །སྤངས་དང་རྟོགས་པའི་འཕེལ་ཁ་རབ་རྒྱས་ ཤིང༌། །མཐར་ཐུག་བྱང་ཆུབ་ཆེན་པོར་གྲོལ་གྱུར་ཅིག །ཅེས་པའི་བླ་མ་རྣམས་ཀྱི་རྣལ་འབྱོར་ཉམས་སུ་ལེན་ ཚུལ་སྒྲིབ་སྦྱངས་ཚོགས་ཆེན་རྫོགས་ཐབས་འདི་ཡང་བྱང་བཟང་ལ་ཉེ་བར་མཁོ་ནས། མ་ཏིའི་མིང་གིས་ལྷག་བསམ་ཕན་སེམས་ ཀྱིས་འཕྲལ་དུ་སྨྲས་པ་དགེ་བར་གྱུར་ཅིག། །། 9-1-30 ༄༅། །བླ་མ་རྣམ་གསུམ་གྱི་རྣལ་འབྱོར་དང་འབྲེལ་བའི་རྒྱང་འབོད་ བཅས་ཀྱི་ལག་ལེན་ཉམས་བཟང་མྱུ་གུ་བསྐྲུན་བྱེད་ ཅེས་བྱ་བ་བཞུགས་སོ། ། ༄༅། །འདིར་བླ་མ་རྣམ་གསུམ་གྱི་རྣལ་འབྱོར་དང་འབྲེལ་པའི་རྒྱང་འབོད་བཅས་ཀྱི་ལག་ལེན་ལ་འདི་ལྟ་སྟེ། ཕུན་ ཚོགས་དགེ་ལེགས་རིན་ཆེན་རྣམ་གསུམ། །འགྲོ་ཀུན་འཇིགས་ལས་སྐྱོབས་པར་མཛོད་ཅིག །སྡུག་གི་མནར་བའི་ཉམ་ཐག་གང་དག །ཡང་དག་གནས་ལ་བདག་གིས་འགོད་ཕྱིར། །རྣམ་ དག་དད་པའི་ཡིད་ཀྱིས་དྲངས་ཏེ། །དག་སྣང་སྒྱུ་མའི་འཁོར་ལོར་རོལ་པ། །མཁའ་ཀུན་ངོ་ མཚར་འཇའ་ཟེར་སྣང་བའི། །ཡ་མཚན་བཀོད་པ་ཅིར་ཡང་བཀྲ་བར། །ཡིད་འཕྲོག་སེང་ཁྲི་ པད་ཟླའི་གདན་མཆོག །གཙོ་འཁོར་ཚུལ་གྱིས་རྣམ་གསུམ་བཀོད་པར། །སྐྱབས་གནས་ ཀུན་འདུས་རྡོ་རྗེ་འཆང་ཆེན། །མཁྱེན་མཆོག་གསང་ཆེན་བསྟན༵་པ་ར༵བ་རྒྱས། །རྡོ་རྗེ༵་བཟ༵ང་ པོ་མཚན་མཆོག་དོན་ལྡན། །རབ་གས༵ལ་དཔལ་བཟ༵ང་འདྲེན་མཆོག་མཚུངས་མེད། །རྣམ་ གསུམ་ཡེ་ཤེས་ཆོས་སྐུ་ཉག་གཅིག །དང་པོ་སངས་རྒྱས་དུས་ཀྱི་འཁོར་ལོ། །བདེ་སྟོང་ཟུང་ འཇུག་རིགས་བརྒྱའི་ཁྱབ་བདག །ཆོས་དབྱིངས་གསུང་གི་དབང་ཕྱུག་ཆེན་པོ། །ཡེ་ཤེས་ དགོངས་ཀློང་གཅིག་གི་ངང་ནས། །རྣམ་གསུམ་དགེ་བའི་བཤེས་སུ་བརྫུ་བ། །དཀར་གསལ་ དྭངས་མའི་སྐུ་མདོག་རྒྱས་པ། །ཕྱག་གཉིས་ཆོས་འཆད་ཞབས་ཟུང་སྐྱིལ་ཀྲུང༌། །དམར་སེར་ ཆོས་གོས་རྣམ་གསུམ་གསོལ་ཞིང༌། །དབུ་ལ་མཁན་ཞྭ་སྙན་ཤལ་དང་ལྡན། །རྣམ་པ་གསུམ་ 9-1-31 པོ་ཁྱད་པར་མེད་པར། །ཟག་མེད་ཏིང་འཛིན་ཉམས་བཟང་འབར་བ། །བདེ་སྟོང་དགའ་ བའི་ལང་ཚོ་རྒྱས་པའི། །རྡུལ་བྲལ་ཡེ་ཤེས་སྒྱུ་མའི་སྐུ་བཟང༌། །མཐོང་ན་མི་མཐུན་མེད་ པའི་གཟུགས་སྐུ། །རྣམ་བྱང་ཆོས་སྐུའི་རང་རྩལ་རྫོགས་པ། །རྣམ་མང་འོད་ཟེར་འབར་བའི་ ཕུང་པོ། །རྣམ་གསུམ་སྐུ་ཡི་བཀོད་པའི་རྣམ་རོལ། །མཁའ་དབྱིངས་ཀུན་ཏུ་ཆོ་འཕྲུལ་མཛད་ པ། །རབ་འབྱམས་རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར། །ངོ་མཚར་བཀོད་པ་སྤྲིན་ལྟར་གཏིབས་ ཤིང༌། །རབ་འབྱམས་རྒྱལ་བའི་རིགས་ཀྱི་ཁྱབ་བདག །རྡོ་རྗེ་སློབ་དཔོན་འཇམ་མགོན་རྣམ་ གསུམ། །དབྱིངས་དང་ཡེ་ཤེས་རོ་གཅིག་གྱུར་ཀྱང༌། །གདུལ་བྱས་མོས་བློ་འཚམ་པའི་སློབ་ དཔོན། །ངོ་མཚར་དག་སྣང་རྒྱན་གྱི་འཁོར་ལོ། །སྐྱབས་མགོན་རྣམ་གསུམ་སྒྱུ་མའི་རོལ་ གར། །ངོ་མཚར་བསམ་མི་ཁྱབ་པ་ཉིད་གྱུར། །ཀུན་གཟིགས་ཡེ་ཤེས་ཆོས་དབྱིངས་གཅིག་ ཀྱང༌། །དག་སྣང་མོས་བློའི་ཡུལ་དང་འཚམ་པར། །སྐྱེ་དགུའི་རེ་འདོད་མ་ལུས་སྐོང་མཛོད། །ཐུགས་རྗེའི་འཇུག་པ་ནམ་ཡང་མ་ལྷོ ད། །དཔལ་མཆོག་དུས་ཀྱི་འཁོར་ལོའི་རྣམ་འཕྲུལ། །སྒྱུ་འཕྲུལ་དྲ་བའི་ཡེ་ཤེས་རོལ་པ། །རྣམ་པ་ཐམས་ཅད་སྐུ་ཡི་རྣམ་རོལ། །སྟོང་པའི་གཟུགས་ ཀྱི་འཆར་སྒོ་ཕྱེ་མཛོད། །གཞོམ་མེད་གསུང་མཆོག་ནཱ་དའི་སྒྲ་དབྱངས། །གང་འདུལ་ཡིད་ཀྱི་ རྗེས་འགྲོའི་མཛད་ཆེན། །ཚངས་དབྱངས་རྡོ་རྗེ་གསུང་གི་སྣང་བརྙན། །དམིགས་མེད་སྟོང་ པའི་ངང་ནས་ངོམ་མཛོད། དྲི་བྲལ་ཞི་བ་ཆེན་པོའི་ཡེ་ཤེས། །མི་འགྱུར་བདེ་ཆེན་ཀུན་ནས་ རྫོགས་པ། །ཐུགས་རྗེ་རིས་སུ་ཆད་པ་མི་མངའ། །གནས་ལུགས་རང་ཞལ་མཇལ་བར་མཛོད་ ཅིག །འདྲེན་མཆོག་དཔལ་ལྡན་བླ་མ་རྣམ་གསུམ། །ད་ལྟ་གདུལ་བྱའི་སྣང་ངོ་ཙམ་དུ། །དག་ པའི་ཞིང་མཆོག་གང་ན་བཞུགས་ཀྱང༌། །སློབ་བུའི་གུས་འདུན་ཡུལ་དུ་ཕེབས་ཤོག །སྟོང་ གཟུགས་རྡོ་རྗེའི་སྐུ་ཡི་སྣང་བ། །འགགས་མེད་དབྱངས་ཀྱི་སྙན་པ་དང་བཅས། །ཡེ་ཤེས་ཆོ་ འཕྲུལ་ཆེན་པོའི་ཟློས་གར། །རྡོ་རྗེ་སྤུན་གྱི་དགའ་སྟོན་མྱོང་མཛོད། །རྡོ་རྗེ་འཆང་ཆེན་སྐྱབས་ 9-1-32 མཆོག་རྣམ་གསུམ། །སྙིང་ནས་གུས་པ་གདུང་ཡུས་དྲག་པོས། །རྩེ་གཅིག་དད་པའི་སེམས་ ཀྱིས་འབོད་ན། །བྱིན་རླབས་ལེགས་ཚོགས་དེང་འདིར་ཕོབ་ཤོག །སྐད་ཅིག་བླ་མ་རྣམ་ གསུམ་གནས་འགྱུར། །རྡོ་རྗེ་འཆང་ཆེན་ལོངས་སྐུའི་རྣམ་རོལ། །རང་སྣང་ཤེས་རབ་མ་ཡིས་ དགྱེས་པ། །སྐྱབས་མཆོག་གཅིག་པའི་ངོ་བོར་བཞུགས་པ། །གང་གི་སྐུ་ལས་བདུད་རྩིའི་རྒྱུན་ གྱིས། །བདག་ལུས་རབ་གང་བུམ་པའི་དབང་མཆོག ། བདེ་བ་ཆེན་པོའི་ཐོག་མའི་འཇུག་སྒོ། །བྱིན་རླབས་སྣང་བའི་དགའ་སྟོན་དང་པོས། །སྟོང་གཟུགས་ཡེ་ཤེས་རབ་འབྱམས་སྣང་བ། །གཟུགས་སེམས་དབྱེར་མེད་ཡན་ལག་ལྔ་ལྡན། །སོར་བསམ་སྐུ་ཡི་རྡོ་རྗེ་རྣལ་འབྱོར། །མྱུར་ ནས་སྐྱེ་བའི་ས་བོན་ཐེབས་མཛོད། །བདེ་ཆེན་དགྱེས་པའི་རོལ་གར་ངོམས་པའི། །བླ་མ་ཡབ་ ཡུམ་ཟག་མེད་བདེ་མཆོག །སྙོ མས་འཇུག་དགའ་བའི་བྱང་ཆུབ་སེམས་ཀྱིས། །གསང་བ་ ཆེན་པོའི་བྱིན་རླབས་བསྩལ་བས། །ལས་རླུང་དྭངས་མའི་གཟུགས་ཆེན་རབ་འབྱམས། །བདེ་ ཆེན་སྒྱུ་མའི་ལྷ་སྐུར་བཞེངས་པ། །སྲོག་འཛིན་གསུང་གི་རྡོ་རྗེའི་རྣལ་འབྱོར། །སྐྱེ་མ་རག་གི་ སྐལ་བཟང་སྩོལ་ཅིག །བླ་མའི་སྐུ་ལས་སྒྱུ་མའི་ཆོ་འཕྲུལ། །བདེ་ཆེན་རིག་མ་གར་གྱིས་རོལ་ པ། །སྙོ མས་འཇུག་དགའ་ཆེན་འདྲེན་པ་མཆོག་གྱུར། །ཤེས་རབ་ཡེ་ཤེས་ཟབ་མོའི་དབང་ གིས། །མ་དག་སྣང་བ་དག་ཆེན་དབྱིངས་སུ། །འོད་གསལ་སྒྱུ་མའི་ལྷ་སྐུའི་ངོ་བོར། །དགའ་ བཞི་མཆོག་གིས་དྭངས་མར་བསྒྱུར་བ། །རྗེས་དྲན་ཐུགས་ཀྱི་རྡོ་རྗེར་གྲུབ་མཛོད། །ཁྱབ་ བདག་རིགས་ཀྱི་བདག་པོ་མཆོག་གིས། །བདེ་སྟོང་ཟུང་འཇུག་ཡེ་ཤེས་སྤྲོས་བྲལ། །བཞི་ བ་ཆེན་པོའི་དབང་གི་དེ་ཉིད། །དགོངས་ཆེན་ཐུགས་ཀྱིས་བརྡ་དབང་བསྐུར་བས། །གདོས་ བཅས་བེམ་པོ་འོད་སྐུར་དྭངས་བས། །མི་འགྱུར་བདེ་བའི་ཆ་ཤས་ཡོངས་རྒྱས། །སྐུ་ཐུགས་ ཟུང་འཇུག་ཆེན་པོའི་ངོ་བོ། །ཏིང་འཛིན་ཡེ་ཤེས་རྡོ་རྗེར་བསྐྲུན་མཛོད། །རྡོ་རྗེ་འཆང་ཆེན་ འོད་ཕུང་རང་བཞིན། །བདག་དང་དབྱེར་མེད་རོ་གཅིག་གྱུར་པས། །ཡན་ལག་དྲུག་གི་རྣལ་ 9-1-33 འབྱོར་མཐའ་དག །ཚེ་གཅིག་ཉིད་ནས་རྫོགས་པར་མཛོད་ཅིག །དེ་མ་ཐོབ་པའི་གནས་ སྐབས་ཀུན་ཏུ། །རྣམ་གསུམ་བླ་མས་ཉེ་བར་གཟིགས་ཏེ། །སྐད་ཅིག་ཙམ་ཡང་འབྲལ་བ་མེད་ པར། །ཟབ་ལམ་གདམས་པས་སྐྱོང་བར་གྱུར་ཅིག །ཅེས་བླ་མ་རྣམ་གསུམ་གྱི་རྣལ་འབྱོར་དང་འབྲེལ་བའི་ རྒྱང་འབོད་བཅས་ཀྱི་ལག་ལེན་ཉམས་བཟང་མྱུ་གུ་བསྐྲུན་བྱེད་ཅེས་བྱ་བ་འདི་ཡང་ངག་དབང་བློ་གྲོས་ཀྱི་མོས་འདུན་བཞིན་འདི་ ལྟར་བསྐུལ་ངོར་མ་ཏིས་སྤེལ་བ་ཛ་ཡནྟུ།། །། དགེའོ།། 9-1-34 ༄༅། །རྩ་བའི་བླ་མ་རྡོར་སེམས་དབྱེར་མེད་ཀྱི་སྒོམ་བཟླས་ བྱེད་ཐབས་བསྡུས་པ་སོགས་རྡོར་སེམས་ སྒོམ་བཟླས་ཀྱི་སྐོར་བཞུགས་སོ། ། ༄༅། །བླ་མའི་རྣལ་འབྱོར་རྡོར་སེམས་སྒོམ་བཟླས་མདོར་བསྡུས་ཀྱིས་སྒྲིབ་སྦྱངས་དང་བྱིན་རླབས་འབེབས་ཚུལ་ ལ་འདི་སྐད། སྐྱབས་སེམས་ནི། བླ་མ་སངས་རྒྱས་ཀུན་འདུས་དངོས། །གང་ལ་གུས་པས་སྐྱབས་སུ་ མཆི། །མ་གྱུར་སེམས་ཅན་ཀུན་དོན་དུ། །ཟབ་ལམ་བླ་མའི་རྣལ་འབྱོར་བསྒོམ། །ལན་གསུམ། དག་སྣང་གི་ཡུལ་ནི། མདུན་མཁར་འཇའ་ཟེར་འོད་ཕུང་ཀློང༌། །པད་ཟླའི་གདན་ལ་ཧཱུཾ་དཀར་ ཉིད། །རྩ་བའི་བླ་མའི་ཐུགས་རང་བཞིན། །སྐད་ཅིག་གནས་འགྱུར་ཡོངས་གྱུར་ལས། །ཧེ་ རུ་ཀ་དཔལ་རྡོ་རྗེ་སེམས། །རབ་དཀར་སྟོན་ཟླ་འབུམ་འོད་འཕྲོ། །མཛེས་འཛུམ་ཞི་བའི་ཞལ་ བཟང་ཅན། །ཕྱག་ཟུང་རྡོར་དྲིལ་ཐུགས་ཀར་བསྣོ ལ། །པང་ན་ལྷ་མོ་སྙེ མས་མར་འཁྱུད། །དེ་ ཡང་གྲི་ཐོད་ཕྱག་མཚན་ཐོགས། །ཡབ་དང་སྙོ མས་འཇུག་དགའ་བདེའི་ངང༌། །རྡོ་རྗེ་པདྨའི་ སྐྱིལ་ཀྲུང་གིས། །ལེགས་བཞུགས་སྐུ་ལ་རུས་པ་དང༌། །རིན་ཆེན་རྒྱན་བཟང་དྲ་བས་མཛེས། །ཡབ་ཀྱི་གནས་བཞིར་རྡོ་རྗེ་ཡི། །རྣམ་བཞིའི་ས་བོན་འབྲུ་བཞི་གསལ། །ཐུགས་ལས་སྤྲོས་ པའི་འོད་ཟེར་གྱིས། །རང་བཞིན་དབྱིངས་ནས་མཁའ་མཉམ་དཔལ། །ཡེ་ཤེས་གསང་ཆེན་ གཉུག་མའི་ལྷ། །སྐད་ཅིག་སྤྱན་དྲངས་དམ་ཡེ་གཉིས། །ཁམ་གསུམ་དབང་བསྐུར་གཉིས་ མེད་གྱུར། །ཐུགས་ཀར་ཟླ་བར་ཧཱུཾ་ཡིག་མཐར། །ཡིག་བརྒྱའི་སྔགས་ཕྲེང་ལེགས་བསྐོར་བ། 9-1-35 །རང་གསལ་དེ་ཉིད་ངང་ལ་བཞག །ཧེ་རུ་ཀའི་ཡིག་བརྒྱ་ཅི་ནུས་བཟླ། བདུད་རྩི་འབེབས་སྦྱོང་ནི། དཔལ་ ལྡན་རྡོར་སེམས་ཡབ་ཡུམ་གྱི། །སྦྱོར་མཚམས་ལས་བབས་བདུད་རྩིའི་རྒྱུན། །འོ་མ་ལུད་ བཞིན་རང་ལ་ཐིམ། །ལུས་བཀྲུས་སྡིག་སྒྲིབ་ཀུན་སྦྱངས་གྱུར། །ཡིག་བརྒྱ་བཟླ། སུན་འབྱིན་ནི། རྡོ་ རྗེ་སེམས་དཔའ་ཡབ་ཡུམ་མདུན། །རང་གིས་ཐོག་མེད་ནས་བསགས་པའི། །སྡིག་ལྟུང་ ཀུན་ལ་ཡིད་གཏིང་ནས། །གནོང་ཞིང་འགྱོད་པ་དྲག་པོ་བྱ། །ཡིག་བརྒྱ་བཟླ། སླར་ལྡོ ག་ནི། ཧེ་རུ་ཀ་ དཔལ་ཡབ་ཡུམ་དགོངས། །ད་ནི་ཅི་ལ་ཐུག་གྱུར་ཀྱང༌། །མི་དགེ་སྡིག་ལས་གཏན་མི་བགྱིད། །ལས་སྒྲིབ་མཐའ་དག་ཡོངས་བྱང་མཛོད། །ཡིག་བརྒྱ་བཟླ། དངོས་གཞི་ནི། བླ་མ་རྡོར་སེམས་ཆོས་ སྐུའི་དབྱིངས། །རང་སེམས་གསལ་སྟོང་ཉིད་ལས་མེད། །དེ་ཉིད་རང་ངོ་ཤེས་པའི་ངང༌། །མ་ བཅོས་རང་བབས་སོ་མ་བསྐྱང༌། །ཡིག་བརྒྱ་བཟླ། དབང་བླངས་ནི། རྡོ་རྗེ་སེམས་དཔའ་ཁྱེད་མཁྱེན་ ནོ། །བརྩེ་བ་ཆེན་པོས་རྗེས་སུ་ཟུང༌། །ཉེས་ལྟུང་མཐའ་དག་སྦྱང་དུ་གསོལ། །བྱིན་རླབས་ དབང་མཆོག་ལེགས་བསྐུར་མཛོད། །གང་གི་གནས་བཞིའི་འབྲུ་བཞི་ལས། །དཀར་དམར་ མཐིང་སེར་འོད་ཟེར་སྤྲོས། །རང་གི་གནས་བཞི་ལ་ཐིམ་པས། །དབང་བཞི་ཡོངས་རྫོགས་ བྱིན་རླབས་ཐོབ། །བསྡུ་རིམ་ནི། རྡོར་སེམས་ཡབ་ཡུམ་འོད་ཕུང་ཞུ། །བདག་གི་སྤྱི་བོར་ཐིམ་པ་ ཡིས། །གསང་གསུམ་སྒོ་གསུམ་དབྱེར་མེད་དུ། །གྱུར་ཏེ་བྱིན་གྱི་རླབས་པར་གྱུར། །བསྔོ་བ་ ནི། རབ་དཀར་དགེ་བའི་ཕུང་པོ་དེས། །ཁྱབ་བདག་ཧེ་རུ་ཀ་དཔལ་གྱི། །དགོངས་ཆེན་ཆོས་ དབྱིངས་ཀློང་ཆེན་དུ། །འགྲོ་ཀུན་རང་མདངས་གཅིག་གྲོལ་ཤོག །ཅེས་རྩ་བའི་བླ་མ་རྡོར་སེམས་དབྱེར་ མེད་ཀྱི་སྒོམས་བཟླས་བྱེད་ཐབས་བསྡུས་པ་འདི་དངོས་གྲུབ་དཔལ་ལ་དགོས་མཁོ་བྱུང་བའི་ངོར། མ་ཏིས་སོ།། །། 9-1-36 ༄༅། །སྐྱབས་སེམས་སྤྱི་ལྟར་འདི་སྐད། རང་གི་སྤྱི་བོ་པད་ཟླའི་གདན་སྟེང་དུ། །རྩ་བའི་བླ་ མའི་ངོ་བོ་རྡོ་རྗེ་སེམས། །སྐུ་མདོག་རབ་དཀར་སྟོན་ཟླ་རྒྱས་པ་ལྟར། །སྙེ མས་མ་དཀར་མོ་ ཡུམ་དང་མཉམ་པར་སྦྱོར། །རིན་ཆེན་རུས་པའི་རྒྱན་བཟང་དྲ་བས་བཀླུབས། །ཡབ་ཡུམ་ ཕྱག་མཚན་ཡོངས་རྫོགས་ཐབས་ཤེས་ལྷ། །གནས་བཞིར་རྡོ་རྗེ་རྣམ་བཞིའི་མཚན་པར་ གྱུར། །དམ་ཡེ་གཉིས་མེད་རང་བཞིན་དག་མཉམ་ངང༌། །བླ་མ་རྡོ་རྗེ་སེམས་དཔའ་བདག་ ལ་དགོངས། །རང་གིས་ཐོག་མེད་ནས་བསགས་སྡིག་ལྟུང་ལ། །སྙིང་ནས་འགྱོད་དེ་སླན་ཆད་ ལེགས་སྡོམ་བགྱིད། །ཐུགས་ཡིད་གཉིས་མེད་ངང་དུ་ཡིག་བརྒྱ་བཟླ། །ཧེ་རུ་ཀའི་ཡིག་བརྒྱ་ཅི་ནུས་ བཟླ། མཐར། དཔལ་ལྡན་རིགས་ཀུན་ཁྱབ་བདག་བླ་མ་རྗེ། །བདག་གི་ཉམས་ཆག་མ་ལུས་སྦྱང་ དུ་གསོལ། །མགོན་པོ་འོད་ཞུ་ལུས་སེམས་དབྱེར་མེད་པར། །མ་བཅོས་གཉུག་མའི་རང་ཞལ་ མྱུར་མངོན་ཤོག །ཅེས་པ་འདི་ཡང་ཚུལ་ཁྲི མས་རྒྱ་མཚོའི་ངོར། མ་ཏིས་སོ།། །། ༄༅། །སྐད་ཅིག་མཁའ་དབྱིངས་གནས་འདིར་འཇའ་ཟེར་སྦུབས། །བླ་མ་རྡོ་རྗེ་སེམས་ དང་གཉིས་མེད་པར། །སངས་རྒྱས་བྱང་སེམས་འཕགས་ཚོགས་རྒྱ་མཚོའི་སྡེ། །མངོན་གསུམ་ ཇི་བཞིན་དག་སྣང་ཡུལ་དུ་བཞུགས། །རྡོ་རྗེ་སེམས་དཔའ་འཕགས་པའི་ཚོགས་བཅས་ དགོངས། །བདག་གིས་ཐོག་མེད་ནས་བསགས་སྡོམ་གསུམ་དང༌། །འགལ་བའི་ཉེས་ལྟུང་ གང་མཆིས་སྙིང་ནས་བཤགས། །ཉེས་སྒྲིབ་དྲི་མ་བྱང་ཞིང་དག་མཛད་གསོལ། །ཁྱད་པར་ཚེ་ འདིར་དཔལ་ལྡན་བླ་མའི་མདུན། །རང་གིས་བསླབ་སྡོམ་བྱུང་བ་གང་རལ་ཀུན། །ཉམས་པ་ གང་བྱུང་དེ་དག་མཐོལ་བགྱིད་ན། །དམ་ཚིག་ཉམས་པའི་ལྟུང་བ་སྦྱང་དུ་གསོལ། །དེང་ནས་ ཕྱིན་ཆད་བདག་གིས་སླར་གསོའི་རིམ། །བསླབ་པ་གཞི་ལྔ་ལེགས་བསྲུང་གང་བགྱིས་པ། །ནམ་ཡང་མི་འདའ་སྒོ་གསུམ་བག་ཡོད་ཀྱིས། །ཚེ་མཐར་ལེགས་ཕྱིན་བྱེད་པ་དམ་བཅའ་འོ། 9-1-37 །འདི་ཡང་བརྩོན་འགྲུས་ཀྱིས་ངོར། མ་ཏིས་སྨྲས་སོ།། །། ༄༅། །བླ་མའི་ངོ་བོ་རྡོ་རྗེ་སེམས། །གང་ལ་སྐྱབས་གསོལ་འགྲོ་ཀུན་གྱི། །སྡིག་སྒྲིབ་སྦྱང་ ཕྱིར་སྒོམ་བཟླས་ཐབས། །རྣལ་འབྱོར་ཟབ་མོ་ལེགས་བགྱིད་དོ། །ལན་གསུམ། སྐད་ཅིག་ རང་གི་སྤྱི་བོའི་སྟེང༌། །རྩ་བའི་བླ་མའི་ངོ་བོ་ཉིད། །དཔལ་ལྡན་ཧེ་རུ་ཀ་དཔལ་ཆེ། །རིགས་ ཀུན་ཁྱབ་བདག་རྡོ་རྗེ་སེམས། །ཡབ་ཡུམ་ཐབས་ཤེས་ཟུང་འཇུག་པ། །གཅེར་བུ་རིན་ཆེན་ རུས་པས་བརྒྱན། །གཉིས་ཀ་རྡོར་པད་སྐྱིལ་ཀྲུང་བཞུགས། །དམ་ཡེ་གཉིས་མེད་བདག་ཉིད་ ཅན། །ཡབ་ཀྱི་གནས་བཞིར་འབྲུ་བཞིས་མཚན། །ཐུགས་ཀར་ཧཱུཾ་མཐར་ཡིག་བརྒྱ་གསལ། །སྐུ་ལས་བྱུང་བའི་བདུད་རྩིའི་ཆུས། །བདག་སྡིག་བཀྲུས་ཤིང་བྱིན་རླབས་གྱུར། ཡིག་བརྒྱ་ བཟླ། མགོན་པོ་སེམས་དཔའ་དགོངས་སུ་གསོལ། །འགྲོ་ཀུན་ཉེས་ལྟུང་ལེགས་སྦྱོང་མཛོད། །ཡབ་ཡུམ་འོད་ཞུ་རང་ལ་ཐིམ། །ཐུགས་ཡིད་དབྱེར་མེད་ངང་ལ་བཞག །དགེ་བ་འདི་ཡིས་ བདག་སོགས་ཀྱིས། །འཁོར་ཚེ་ཐོག་མེད་ནས་བསགས་པའི། །སྡིག་སྒྲིབ་ཉམས་ཆག་ཀུན་ བྱང་སྟེ། །རྡོར་སེམས་གོ་འཕང་མྱུར་ཐོབ་ཤོག །ཅེས་པའང་ངག་དབང་ཡེ་ཤེས་ཀྱི་ངོར་མ་ཏིས་སོ།། །། ༄༅། །རབ་འབྱམས་རྒྱལ་ཀུན་འདུས་པའི་བདག་ཉིད་རྗེ། །རྩ་བའི་བླ་མའི་ངོ་བོ་རྡོ་རྗེ་ སེམས། །སྒོ་གསུམ་གུས་པས་སྙིང་ནས་སྐྱབས་སུ་མཆི། །ཉེས་ལྟུང་སྡིག་སྒྲིབ་མ་ལུས་དག་ མཛད་གསོལ། །གང་གི་ཐུགས་ཀར་ས་བོན་སྔགས་ཕྲེང་ལས། །བདུད་རྩི་འོ་མའི་རྒྱུན་ལྟར་ རབ་ལུད་པས། །རང་ལུས་སྤྱི་བོ་ནས་ཞུགས་ཡོངས་གང་སྟེ། །ཉམས་ཆག་དྲི་མ་ཀུན་བཀྲུས་ བྱང་ཞིང་དག །ཐོག་མེད་དུས་ནས་ཉོན་མོངས་ཤུགས་བཙན་པས། །དབང་མེད་སྡིག་ལྟུང་ ལས་ལ་རབ་གཞོལ་པས། །ཤིན་ཏུ་བརྣག་དཀའི་རྣམ་སྨིན་ཁུར་བ་ལ། །ཁ་མིན་སྙིང་ནས་ 9-1-38 གནོང་འགྱོད་དྲག་པོ་བསྐྱེད། །དེང་ནས་ཕན་ཆད་ཅི་ལ་ཐུག་ཀྱང་རུང༌། །རྣམ་སྨིན་གནག་ པའི་སྡིག་ལས་མཐའ་དག་ལ། །ངེས་པར་འཛེམ་ཤིང་སླན་ཆད་མི་བགྱིད་དོ། །སྒྲིབ་པ་མ་ ལུས་བྱང་ཞིང་དག་གྱུར་ཅིག །བློ་འོད་ལ་མཁོ་ཕྱིར་མ་ཏིས་སོ།། །། ༄༅། །སངས་རྒྱས་བྱང་སེམས་རིག་པ་འཛིན། །ཉན་རང་སློབ་མར་བཅས་པ་དགོངས། །སོ་བྱང་སྔགས་གསུམ་བཅས་མཚམས་ལས། །འགལ་བ་གང་བྱུང་སྙིང་ནས་བཤགས། །ཧེ་རུ་ ཀའི་ཡིག་བརྒྱ་ཅི་ནུས་བཟླ། འདིར་འབད་དགེ་བས་ཚེ་འདི་འཕོས་མ་ཐག །བླ་མ་རྡོ་རྗེ་སེམས་དཔའ་ གང་བཞུགས་དྲུང༌། །སྐྱེས་ནས་གདམས་ཐོབ་ས་ལམ་རབ་རྫོགས་ཏེ། །འགྲོ་ཀུན་འབད་མེད་ འདྲེན་པའི་རྒྱུ་རུ་བསྔོ། །མ་ཏིས་སོ།། །། 9-1-39 ༄༅། །བླ་སྒྲུབ་བསྡུས་པ་བཞུགས། ༄༅། །བླ་སྒྲུབ་བསྡུས་པ་ནི། སྐད་ཅིག་རང་མདུན་འཇའ་ཟེར་དབུས། །པད་ཟླའི་གདན་ལ་ བླ་མ་རྗེ། །རྣམ་གསུམ་ན་བཟའ་གསོལ་བའི་སྐུ། །དཀར་ལ་དམར་བའི་མདངས་འོད་ཅན། །ཞལ་གཅིག་ཕྱག་ཟུང་ས་གནོན་བཅས། །གཡས་གཡོན་འདབ་ལྡན་ཆུ་སྐྱེས་དང༌། །བླ་ཆས་ ཀུན་ནས་ཡོངས་སུ་རྫོགས། །ཞབས་གཉིས་སྐྱིལ་ཀྲུང་གིས་བཞུགས་པ། །མཁྱེན་བརྩེ་ནུས་པ་ རྒྱ་མཚོའི་བདག །འོད་ཟེར་ཕུང་པོའི་དབུས་ན་བརྗིད། །བླ་མ་ཡི་དམ་མཆོག་གསུམ་སོགས། །སྐྱབས་གནས་ཀུན་གྱི་ངོ་བོ་གསལ། །གང་ལ་ཕྱག་འཚལ་མཆོད་ཚོགས་འབུལ། །སྡིག་པ་ བཤགས་ཤིང་དགེ་ཡི་རང༌། །ཆོས་བསྐུལ་རྟག་བཞུགས་གསོལ་བ་འདེབས། །དགེ་གང་བླ་ མར་ཐོབ་ཕྱིར་སྨོན། །སངས་རྒྱས་ཀུན་འདུས་ཐུགས་རྗེ་ཅན། །བླ་མ་མཆོག་ལ་གསོལ་བ་ འདེབས། །འདི་ཕྱི་ཀུན་ཏུ་རྗེས་སུ་ཟུང༌། །གསང་གསུམ་བྱིན་རླབས་བསྩལ་དུ་གསོལ། །ཞེས་ པ་སོགས་གསོལ་འདེབས་གང་འོས་འདོན་མཐར། དཔལ་ལྡན་བླ་མ་བྱིན་རླབས་གཏེར། །དབང་བཞི་ བདག་ལ་བསྐུར་ཏུ་གསོལ། །སྐུ་གསུང་ཐུགས་ཀྱི་བྱིན་གྱིས་རློབས། །ཐུགས་ཡིད་དབྱེར་ མེད་རོ་མཉམ་ངང༌། །དགེ་འདིས་སྐྱེ་བ་ཚེ་རབས་ཕྲེང༌། །བླ་མ་རིགས་ཀྱི་བདག་པོར་བཅིང༌། །དམ་ཚིག་ཐམས་ཅད་ལ་གནས་སྟེ། །གང་གི་གོ་འཕང་མྱུར་འཛིན་ཤོག །ཅེས་ཆོས་རིན་ལ་མཁོ་ཕྱིར་ མ་ཏིས་སོ།། །། 9-1-40 ༄༅། །རྩ་བའི་བླ་མའི་རྣལ་འབྱོར་ཉེར་བསྡུས། ༄༅། །མདུན་གྱི་ནམ་མཁར་འཇའ་ཟེར་དབུས། །པད་ཟླ་ཉི་མ་སྒྲ་གཅན་སྟེང༌། །ཟབ་ ཆོས་གདམས་པའི་བླ་མ་རྗེ། །ངོ་བོ་གནས་འགྱུར་དུས་འཁོར་སྐུ། །མཐིང་སྔོན་ཨིནྡྲ་ནཱི་ལའི་ མདངས། །གཡས་དམར་གཡོན་དཀར་ཞབས་གཉིས་བཞེངས། །འདོད་ལྷ་དབང་ཕྱུག་ མནན་པའི་ཚུལ། །ཕྱག་ཟུང་རྡོར་དྲིལ་བསྣོ ལ་ནས་སུ། །ལྷ་མོ་གསེར་མདོག་དང་སྦྱོར་བ། །ཡབ་ཞལ་སྤྱན་གསུམ་ཞི་མ་ཁྲོ ། །སྟག་ཤམ་རྡོ་རྗེའི་རྒྱན་ལྡན་ཅིང༌། །ཡུམ་ཞལ་སྤྱན་གསུམ་ ཕྱག་རྒྱ་ལྔས། །རབ་བརྒྱན་ཕྱག་གཉིས་གྲི་ཐོད་བཅས། །གཡས་བསྐུམ་གཡོན་བརྐྱང་བདེ་ བས་དགྱེས། །བདེ་སྟོང་ཟུང་འཇུག་ཡབ་ཡུམ་ལས། །འོད་ཟེར་སྣ་ཚོགས་ཕྱོགས་བཅུར་ འཕྲོ། །གསང་གསུམ་དཀྱིལ་འཁོར་རིགས་ཀྱི་བདག །བརྟན་གཡོའི་དཔལ་གྱུར་དུས་འཁོར་ ལོ། །ཁྱེད་ལ་ཕྱག་འཚལ་མཆོད་ཚོགས་འབུལ། །ཉེས་བཤགས་དགེ་ལ་རྗེས་ཡི་རང༌། །ཆོས་ འཁོར་བསྐོར་བསྐུལ་མྱ་ངན་ལས། །འདའ་ཚུལ་མི་མཛད་རྟག་བཞུགས་གསོལ། །དགེ་བས་ བླ་མ་དུས་འཁོར་ཐུགས། །རང་གི་སེམས་གཤིས་སུ་མངོན་ཏེ། །ཀུན་རྟོག་སྒྲིབ་པ་ལས་གྲོལ་ ནས། །ནང་རིག་འོད་གསལ་ཆེན་པོའི་དབྱིངས། །ཉེར་མཇལ་བདེ་ཆེན་རབ་རྒྱས་ཤིང༌། །གདོད་མའི་མགོན་པོར་མྱུར་གྱུར་ཅིག །ཧ་ཀྵ་ཅི་རིགས་དང་གསོལ་སྨོན་ཀྱང་འདོན་ཆོག རྩ་བའི་བླ་མའི་རྣལ་ འབྱོར་ཉེར་བསྡུས་ཞེས་པའང་འཇིགས་འོད་ཀྱི་ངོར། མ་ཏིས་སོ།། །། 9-1-41 ༄༅། །རྩ་བའི་བླ་མ་རྡོར་སེམས་དང་དུས་འཁོར་དབྱེར་མེད་ཀྱི་ སྒོམ་བཟླས་སོགས་བཞུགས་སོ། ། ༄༅། །ༀ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ རང་མདུན་དག་པ་འཇའ་ཟེར་འཁྲི གས་པའི་དབུས། །སེང་ ཁྲི་པད་ཟླ་ཉི་མ་སྒྲ་གཅན་སྟེང༌། །རང་གི་རྩ་བའི་བླ་མའི་ངོ་བོ་སྟེ། །རིགས་བརྒྱའི་ཁྱབ་བདག་ རྒྱལ་བ་རྡོ་རྗེ་འཆང༌། །སྐུ་མདོག་སྔོན་པོ་ཞབས་གཉིས་སྐྱིལ་ཀྲུང་བཞུགས། །ཞལ་གཅིག་ ཕྱག་གཉིས་རྡོར་དྲིལ་ཐུགས་ཀར་བསྣོ ལ། །མཚན་དཔེ་གསལ་རྫོགས་དར་དང་རིན་ཆེན་ རྒྱན། །ལོངས་སྤྱོད་རྫོགས་པའི་ཆས་ཀྱིས་རབ་ཏུ་བརྗིད། །གང་གི་གསང་བ་གསུམ་གྱི་ཆོ་ འཕྲུལ་ལས། །མཐའ་བསྐོར་རིམ་བཞིན་རྩ་བརྒྱུད་བླ་མ་དང༌། །ཡི་དམ་ལྷ་ཚོགས་སྐྱབས་ གནས་དཀོན་མཆོག་གསུམ། །མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས། །རང་རང་ འཁོར་དང་ངོ་མཚར་མཛད་པའི་འཕྲུལ། །དཔག་མེད་རོལ་པས་ཆོས་དབྱིངས་མཁའ་ཀུན་ ཁྱབ། །དེ་དག་ཐམས་ཅད་བླ་མའི་རྣམ་འཕྲུལ་སྟེ། །བདག་གི་བསོད་ནམས་བསགས་པའི་ ཞིང་དུ་གསལ། །རིགས་ཀུན་འདུས་པའི་བླ་མ་རྡོ་རྗེ་འཆང༌། །བརྒྱུད་རིམ་དང་བཅས་རྩ་བའི་ བླ་མའི་བར། །དེ་དག་ཀུན་ལའང་གུས་པས་གསོལ་བ་འདེབས། །བདག་གི་ལྟུང་བ་ཉམས་ ཆགས་ཐམས་ཅད་བྱང༌། །སེམས་རྒྱུད་ཆོས་དང་འདྲེས་པར་བྱིན་གྱིས་རློབས། །སྐྱབས་གནས་ བླ་མ་ཡི་དམ་དཀོན་མཆོག་གསུམ། །མཁའ་འགྲོ་ཆོས་སྲུང་ཡེ་ཤེས་སྤྱན་ལྡན་རྣམས། །དེང་ ནས་བྱང་ཆུབ་བར་དུ་སྐྱབས་སུ་བསྟེན། །རེ་ས་གཞན་ན་མེད་དོ་ཐུགས་རྗེས་ཟུང༌། །བདག་ སོགས་སྲིད་ཞིའི་འཇིགས་ལས་བསྐྱབ་ཏུ་གསོལ། །ནམ་མཁའ་དང་མཉམ་སེམས་ཅན་མ་ 9-1-42 ལུས་པ། །ཡང་ཡང་ཕ་མར་གྱུར་པའི་དྲིན་ཅན་སྟེ། །དེ་ཀུན་རྫོགས་བྱང་གནས་ལ་འགོད་པའི་ ཕྱིར། །བདག་གིས་བྱང་ཆུབ་གོ་འཕང་སྔོན་དུ་བསྒྲུབ། ། སྐད་ཅིག་བླ་མའི་ཆོ་འཕྲུལ་ཀུན་བསྡུས་ནས། །རང་གི་སྤྱི་བོར་པདྨ་ཟླ་གདན་སྟེང༌། །བླ་མ་རྡོ་རྗེ་སེམས་དཔའི་སྐུར་བཞེངས་ཏེ། །དུང་མདོག་འོད་དཀར་འབར་བའི་ཕུང་པོ་ ཅན། །ཧེ་རུ་ཀ་དཔལ་ཡབ་ཡུམ་ཟུང་འཇུག་རོལ། །རུས་པའི་རྒྱན་དང་རང་རིགས་ཕྱག་ མཚན་བསྣམས། །གནས་བཞིར་རྡོ་རྗེ་བཞི་ཡི་ས་བོན་བཅས། །དམ་ཡེ་གཉིས་མེད་ཚུལ་ གྱིས་བཞུགས་པར་གྱུར། །གང་གི་ཐུགས་ཀར་ཉ་རྒྱས་ཟླ་བའི་དབུས། །རྡོ་རྗེའི་ལྟེ་བར་ཧཱུཾ་ མཐར་ཡིག་བརྒྱས་བསྐོར། །དཀར་ལམ་འོད་ཟེར་བཅས་ལ་རང་སེམས་བཟུང༌། །སླར་ཡང་ སྔར་བྱས་སྡིག་ལ་ཞེ་གནོང་དང༌། །ཕྱིན་ཆད་སྡོམ་སེམས་བརྟན་པོའི་ཐ་ཚིག་བཅས། །སྦྱོར་ མཚམས་བདུད་རྩི་ལུད་པས་ལུས་ཀུན་བཀྲུ། །དྭང་གསལ་ཡིད་ཀྱི་མོས་འདུན་ལྷག་གེའི་ ངང༌། །མ་ཡེངས་དྲན་པས་ཡི་གེ་བརྒྱ་པ་བཟླ། །འདིར་ཧེ་རུ་ཀའི་ཡིག་བརྒྱ་ཅི་འགྲུབ་མཐར། མགོན་པོ་ བདག་གི་སྡིག་པ་སྦྱང་དུ་གསོལ། །སྔར་བྱས་ལ་འགྱོད་ཕྱིན་ཆད་མི་བགྱིད་པའི། །བདག་ལ་ རྣམ་སྨིན་གནག་པ་མེད་པར་མཛོད། །བླ་མ་རྡོ་རྗེ་སེམས་དཔས་བྱིན་གྱིས་རློབས། ། སྐད་ཅིག་རང་མདུན་མཁའ་ལ་འཇའ་ཟེར་དབུས། །པད་ཟླ་ཉི་མ་སྒྲ་གཅན་གདན་སྟེང་ ན། །རྡོ་རྗེ་སེམས་དཔའ་དུས་འཁོར་སྐུར་བཞེངས་པ། །བདེ་སྟོང་གཉིས་མེད་ཡབ་ཡུམ་ ལྷན་ཅིག་སྐྱེས། །བཅོམ་ལྡན་དུས་ཀྱི་འཁོར་ལོ་ནམ་མཁའི་མདོག །དཔའ་བོ་གཅིག་པ་ཁྲོ་ ཆགས་འདྲེས་པའི་ཉམས། །རྡོ་རྗེའི་རྒྱན་ལྡན་སྟག་ལྤགས་ན་བཟའ་ཅན། །གཡས་དམར་ གཡོན་དཀར་ཞབས་གཉིས་བཞེངས་སྟབས་ཀྱིས། །བདུད་དང་དྲག་པོ་བསྒྱེལ་བའི་སྙིང་གར་ བརྫིས། །རི་དྭགས་ཅན་ཞལ་སྤྱན་གསུམ་ཞི་མ་ཁྲོ ། །རལ་བའི་ཐོར་ཅོག་ཟླ་ཕྱེད་ནོར་བུས་ ཏོག །ཐབས་ཤེས་རྟགས་མཆོག་དང་བཅས་ཕྱག་ཟུང་གིས། །གསེར་མདོག་ལྷ་མོ་འཁྱུད་ 9-1-43 པའི་སྙོ མས་འཇུག་སྦྱོར། །གནས་དྲུག་རྒྱལ་བ་དྲུག་གི་ས་བོན་དང༌། །ཡབ་ཀྱི་ཐུགས་ཀར་ཟླ་ ཉི་སྒྲ་གཅན་སྟེང༌། །རྣམ་བཅུ་དབང་ལྡན་ཁམས་དྲུག་འདུས་པའི་དཔལ། །རང་བྱུང་གདོད་ མའི་ངོ་བོར་རང་ཆས་སུ། །མ་འདྲེས་ལྷག་གེར་གསལ་བའི་དྲན་འདུན་གྱིས། །རྣམ་པ་བཅུ་ པོའི་ཡི་གེ་དག་པར་བཟླ། །འདིར་ཧ་ཀྵ་ཅི་ནུས་འབད་དེ་བཟླ་བར་བྱའོ། །དེའི་མཐར། བླ་མ་དུས་ཀྱི་འཁོར་ ལོ་རང་ལ་ཐིམ། །སྐུ་གསུང་ཐུགས་དང་སྒོ་གསུམ་དབྱེར་མེད་པར། །མི་ཕྱེད་རྡོ་རྗེ་གསུམ་ གྱིས་རྒྱས་གདབ་སྟེ། །ཐུགས་ཡིད་གཉིས་མེད་ཡེ་ཤེས་གཅིག་གི་ངང༌། །དགེ་བ་འདི་ཡིས་ཚེ་ འདི་འཕོས་མ་ཐག །གནས་སྐབས་སྐྱེ་སྲིད་གཞན་གྱིས་མ་ཆོད་པར། །སྔགས་ཀྱི་ཞིང་མཆོག་ དཔལ་ལྡན་ཤམྦྷ་ལར། །རིགས་ལྡན་མ་འགགས་མཆོག་གི་ཞབས་དྲུང་དུ། །སྐྱོན་བྲལ་རྡོ་ རྗེའི་ལུས་རྟེན་ཁྱད་པར་བ། །རྩ་བཟང་ཁམས་དྲུག་ལྡན་ཞིང་རླུང་ཐིག་རབ། །གསང་སྔགས་ ཆོས་ཀྱི་སྣོ ད་རུང་དབང་པོ་རྣོ། །སྐལ་བཟང་གདུལ་བྱ་མཆོག་ཏུ་སྐྱེ་བར་ཤོག །དེ་ནས་རིགས་ ལྡན་རྒྱལ་པོའི་ཞལ་མཇལ་ཏེ། །ཟབ་གསང་ཐུན་མོང་མིན་པའི་གདམས་ངག་གིས། །སྐལ་ ལྡན་རྡོ་རྗེའི་སློབ་མར་རྗེས་བཟུང་ནས། །རིམ་གཉིས་ལམ་གྱི་དགའ་སྟོན་མྱོང་བར་ཤོག །དེ་ བཞིན་ཐོས་བསམ་བསྒོམ་པའི་འབད་པ་ཡིས། །ཚེ་འདིར་རིམ་གཉིས་རྟོགས་པ་མཐར་ཕྱིན་ ནས། །མཐར་ཐུག་ཟུང་འཇུག་མཆོག་གི་གོ་འཕང་ལ། །རིགས་ལྡན་རྒྱལ་བ་ཉིད་བཞིན་སྤྱོད་ གྱུར་ཅིག །གལ་ཏེ་ལས་ངན་དབང་གི་ཤུགས་བཙན་པས། །དེ་འདྲའི་སྐལ་བཟང་མྱུར་ནས་ མ་འགྲིགས་ན། །ནམ་ཞིག་རིགས་ལྡན་དྲག་པོའི་གདུལ་ཞིང་ལས། །མི་འགྱང་འཁོར་བ་རྒྱབ་ ཀྱིས་ཕྱོགས་པར་ཤོག །ཕྱོགས་བཅུའི་ཞིང་གི་རྒྱལ་བ་སྲས་བཅས་དང༌། །ཁྱད་པར་བླ་མ་ དུས་ཀྱི་འཁོར་ལོ་ཡི། །གསང་གསུམ་མཛད་པའི་མཐུ་ནུས་དཔག་མེད་པས། །བདག་གིས་ བསྔོ་སྨོན་ཇི་བཞིན་འགྲུབ་གྱུར་ཅིག །འདིར་ར་འོབ་ཀུན་བཟང་ལ་ཉེར་མཁོའི་ཆེད་དུ་དམིགས་ནས། མ་ཏིའི་མིང་ གིས་བྲིས་སོ།། །། 9-1-44 ༄༅། །རྩ་བའི་བླ་མའི་རྣལ་འབྱོར་བསྡུས་པ་ བཞུགས། ༄༅། །རྩ་བའི་བླ་མའི་རྣལ་འབྱོར་བསྡུས་པ་ནི། ན་མོ། སྐྱབས་གནས་ཀུན་འདུས་བླ་མ་ལ། །སྙིང་ ནས་གུས་པས་སྐྱབས་སུ་མཆི། །མ་ལུས་སེམས་ཅན་དོན་བསྒྲུབ་ཆེད། །བླ་མའི་རྣལ་འབྱོར་ བསྒོམ་པར་བགྱིད། །ལན་གསུམ། སྐད་ཅིག་རང་མདུན་ནམ་མཁའ་ལ། །འཇའ་ཟེར་དབུས་ན་ པད་ཟླའི་གདན། །དེ་སྟེང་རྩ་བའི་བླ་མ་ཉིད། །རྒྱལ་ཀུན་སྤྱི་གཟུགས་རིན་པོ་ཆེ། །སྐུ་མདོག་ དཀར་ལ་དམར་བའི་མདངས། །ཕྱག་ཟུང་ཐུགས་ཀར་རྡོར་དྲིལ་བསྣོ ལ། །དབུ་ལ་མཁན་ ཞྭ་རྣམ་གསུམ་གོས། །ལེགས་མནབས་ཞབས་གཉིས་སྐྱིལ་ཀྲུང་བཞུགས། གནས་བཞིར་ ཡི་གེ་རྣམ་བཞིས་མཚན། །སྐུ་ལས་འོད་ཟེར་དཔག་ཡས་སྤྲོ། །བླ་མ་ཡི་དམ་དཀོན་མཆོག་ གསུམ། །མཁའ་འགྲོ་ཆོས་སྐྱོང་ཕྱོགས་མཚམས་གང༌། །དེ་ཀུན་བླ་མའི་རྣམ་རོལ་ཉིད། །གང་ འདུལ་སྤྲུལ་པའི་མགོན་པོ་མཆོག །མ་འདྲེས་དག་སྣང་དད་པའི་ཡུལ། །མངོན་སུམ་ཇི་ བཞིན་ལྷམ་མེར་གསལ། །སྐྱབས་ཀུན་ངོ་བོར་གུས་ཕྱག་འཚལ། །ཕྱི་ནང་གསང་བའི་མཆོད་ ཚོགས་འབུལ། །ཉེས་ལྟུང་གང་མཆིས་མཐོལ་ཞིང་བཤགས། །རང་གཞན་དགེ་ལ་རྗེས་ཡི་ རང༌། །ཆོས་འཁོར་བསྐོར་བར་ལེགས་བསྐུལ་ལོ། །མྱ་ངན་མི་འདར་གསོལ་བ་འདེབས། །དགེ་བ་བྱང་ཆུབ་ཆེན་པོར་བསྔོ། །བསོད་ནམས་ཚོགས་ཆེན་རྫོགས་གྱུར་ཅིག །སངས་ རྒྱས་ཀུན་དངོས་ཐུགས་རྗེའི་གཏེར། །རྩ་བའི་བླ་མ་བཀའ་དྲིན་ཅན། །ཉིད་ལ་གུས་པས་ གསོལ་འདེབས་ན། །བདག་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། །བླ་མའི་གནས་བཞིའི་ཡི་གེ་ 9-1-45 ལས། །འོད་ཟེར་དཀར་དམར་མཐིང་སེར་འཕྲོས། །རང་གི་གནས་བཞིར་ལེགས་ཐིམ་པས། །དབང་བཞི་རབ་ཐོབ་བྱིན་རླབས་ཞུགས། །བླ་མ་རྣམ་འཕྲུལ་བཀོད་པ་བཅས། །སྐད་ཅིག་ ཉིད་ལ་འོད་ཕུང་ཞུ། །བདག་གིས་སྤྱི་བོར་ཐིམ་ནས་ཀྱང༌། །ཐུགས་ཡིད་དབྱེར་མེད་ཉིད་དུ་ སྨོན། །རབ་དཀར་དགེ་བ་འདིའི་སྟོབས་ཀྱིས། །ཚེ་འདིར་བྱིན་རླབས་རྒྱུད་ལ་འཕོས། །ཐུན་ མོང་ཐུན་མིན་ཆོས་ཀྱིས་གྲོལ། །དལ་འབྱོར་དོན་ཡོད་བྱེད་པར་ཤོག །དེ་ཡང་རིམ་གཉིས་ མངོན་རྟོགས་འཁྲུངས། །གསང་ཆེན་ཐེག་པའི་སྐལ་བཟང་ཐོབ། །རང་གཞན་དོན་གཉིས་ ཆེར་འཕེལ་ཏེ། །མཛད་པ་ཕྲིན་ལས་ཡོངས་རྒྱས་ཤོག །འདི་ནས་སྐྱེ་འདི་འཕོས་མ་ཐག །བྱང་ཕྱོགས་ཀ་ལཱ་པར་སྐྱེ་ནས། །རིགས་ལྡན་བླ་མའི་ཞལ་ལུང་ལས། །ཚེ་དེར་ཟུང་འཇུག་ མཆོག་འགྲུབ་ཤོག །ཅེས་པ་འདི་ཡང་དངོས་གྲུབ་དཔལ་ལ་མཁོ་ནས། མ་ཏིས་སོ།། །། 9-1-46 ༄༅། །བླ་མ་རིན་ཆེན་བཟང་པོའི་གསོལ་འདེབས་བྱང་ཆུབ་ ལམ་བཟང་སྩོལ་པའི་བུམ་བཟང༌ ཞེས་བྱ་བ་བཞུགས་སོ། ། ༄༅། །བླ་མ་དང་དབྱེར་མེད་པ་མགོན་པོ་སྣང་བ་མཐའ་ཡས་ལ་ཕྱག་འཚལ་ལོ། །ཚོགས་གཉིས་འབྲས་བཟང་སྨིན་པའི་མཛེས་སྐུ་ལས། །ལེགས་འབྱིན་མཚར་སྡུག་འོད་ དམར་སྣང་བ་ཡིས། །མཐའ་ཡས་སྐྱེ་དགུ་སྲིད་མཚོར་སྒྲོལ་བའི་མཆོག །ལྷ་མིའི་བླ་མ་གང་ དེ་བདག་ལ་དགོངས། །ལེགས་བཤད་སྨྲ་བའི་ངག་གི་དབང་ཕྱུག་ཆེ། །རྒྱལ་སྲས་སྤྱོད་པས་ ཚོགས་གཉིས་ཡོངས་རྫོགས་ཏེ། །ཐུགས་རྗེས་རྒྱ་མཚོའི་དཔལ་ལ་རྟག་རོལ་པའི། །མཚུངས་ མེད་བླ་མ་བདག་སྙིང་པདྨོར་བཞུགས། །མི་བཟད་སྡུག་བསྔལ་རྦ་རླབས་ཆེར་འཁྲུགས་པའི། །སྲིད་མཚོར་གནས་པའི་ཉམ་ཐག་བདག་སོགས་འགྲོ། །སྐྱབས་མགོན་ཉི་མ་གློ་བུར་ནུབ་ པ་ལ། །ཁྱེད་ཀྱི་ཐུགས་རྗེའི་འོད་ཀྱིས་བསྐྱང་དུ་གསོལ། །ཡང་དག་ཆོས་ཀྱི་སྐལ་བ་དམན་ པ་བདག །གྲངས་མང་ཉོན་མོངས་འབྱུང་པོས་རྒྱུད་རླབས་པས། །མཐུ་ཆེན་ཐོབ་དང་དབྱེར་ མེད་བླ་མ་རྗེ། །གསོལ་བ་འདེབས་སོ་འཁོར་བའི་གཞི་རྩ་སྒྲོལ། །བླ་མེད་གོ་འཕང་མཆོག་ གི་རྒྱུ་གཅིག་པུ། །རིན་ཆེན་བྱང་ཆུབ་སེམས་དང་བདག་འགལ་ཕྱིར། །སྤྱན་རས་གཟིགས་ དང་དབྱེར་མེད་བླ་མ་རྗེ། །གསོལ་བ་འདེབས་སོ་རྒྱལ་སྲས་ལམ་བཟང་སྩོལ། །སྐལ་དམན་ ཉམ་ཐག་བདག་ཅག་ལྟ་བུས་ཀྱང༌། །གསོལ་བ་བཏབ་ན་ནམ་ཡང་མི་བསླུའི་མགོན། །རྒྱལ་ 9-1-47 སྲས་རྒྱ་མཚོའི་མངའ་བདག་བདེ་བར་གཤེགས། །གང་དང་དབྱེར་མེད་དཔལ་ལྡན་བླ་མའི་ ཞབས། །སྙིང་ཁུང་རུས་པའི་གཏིང་ནས་གསོལ་འདེབས་ན། །སྲིད་མཚོ་འདིར་འཁྱམས་ བདག་དང་མ་གྱུར་འགྲོ། །ཁྱེད་ཀྱིས་ཐུགས་རྗེས་ཞིང་དེར་མྱུར་དྲངས་ནས། །རིང་མིན་ ཐམས་ཅད་མཁྱེན་པའི་གོ་འཕངས་སྩོལ། །དཔག་མེད་འོད་མཐའ་ཡས་དང་དབྱེར་མེད་པའི། །མཚུངས་མེད་རྗེ་བཙུན་བླ་མ་དམ་པ་དེའི། །ཞལ་ཀྱི་དཀྱིལ་འཁོར་རྒྱས་པའི་སྣང་བ་ཡིས། །བདག་བློའི་དགའ་བདེའི་པདྨོ་བཞད་པར་མཛོད། །སྐྱེ་བ་འདི་དང་ཚེ་རབས་ཐམས་ཅད་དུ། །འཇམ་མགོན་བླ་མ་དམ་པ་ཁྱེད་ཉིད་དང༌། །སྐད་ཅིག་ཙམ་ཡང་འབྲལ་བར་མི་བྱེད་པར། །གསུང་གི་བདུད་རྩིས་བདག་སོགས་འཚོ་གྱུར་ཅིག །ཅེས་བདག་ཅག་གི་དཔལ་ལྡན་བླ་མ་དམ་པ་ཉིད་ཀྱི་ གསོལ་འདེབས་བྱང་ཆུབ་ལམ་བཟང་རྩོལ་པའི་བུམ་བཟང་ཞེས་བྱ་བ་འདི་ཡང་བསྟན་རྒྱམ་གྱི་ངོ་མ་ལྡོག་ཙམ་དུ་སྐྱེས་མཆོག་གང་ གི་ཞབས་རྡུལ་སྤྱི་བོས་ལེན་པའི་སློབ་བུ་ཐ་ཤལ་བ་མ་ཏི་ཀིརྟི་ཞེས་སུ་འབོད་པའི་སོར་རྩེའི་ཡལ་འདབ་བསྐྱོད་པས་ལེགས་བྱས་ འདི་ནི་དགེ་བར་གྱུར་ཅིག་གུ། །། 9-1-48 ༄༅། །ཁྱབ་བདག་བླ་མ་སྨོན་ལམ་བཟང་པོའི་རྒྱང་འབོད་ བྱིན་རླབས་མྱུར་ནས་འབེབས་བྱེད་ ཅེས་བྱ་བ་བཞུགས་སོ། ། ༄༅། །དཔལ་ལྡན་ཡེ་ཤེས་རྡོ་རྗེའི་འཕྲུལ་བཀོད་ཀྱི་རོལ་གར། །གང་འདུལ་སྒྱུ་མའི་ གཟུགས་སུ་སྣ་ཚོགས་པར་བཞེངས་པ། །མཚུངས་བྲལ་རིགས་ཀུན་ཁྱབ་བདག་རྡོར་སེམས་ དང་དབྱེར་མེད། །ཐུགས་རྗེའི་གཟིགས་ལ་གང་འདུལ་བྱིན་རླབས་རང་ཕོབ་ཤོག །རྒྱུད་སྡེ་ རྒྱ་མཚོའི་གསང་ཆེན་གྲུབ་གཉིས་ཀྱི་དངོས་གྲུབ། །སྐལ་ལྡན་རང་རང་ལ་འོས་ཇི་བཞིན་དུ་ སྩོལ་མཛད། །སྔགས་ཀྱི་སློབ་དཔོན་ཀུན་གྱི་སྤྱི་གཟུགས་སུ་གྱུར་པ། །བརྒྱུད་རིམ་བླ་མ་ཀུན་ འདུས་གཅིག་ཆོག་གི་རྒྱལ་པོ། །རེ་ས་གཞན་ན་མེད་པའི་སྐྱབས་བཟང་གི་ཆོས་རྗེ། །དུས་ གསུམ་སངས་རྒྱས་ཀུན་དངོས་དཔལ་ལྡན་གྱི་བླ་མ། །ང༵ག་དབ༵ང་སྨོན༵་ལ༵མ་བཟ༵ང་པོ༵་ཁྱེད་ ཉིད་རང་མཁྱེན་ནོ། །གསང་གསུམ་བྱིན་རླབས་སློབ་བུའི་སེམས་རྒྱུད་ལ་ཕོབ་ཤོག །དུས་ཀྱི་ འཁོར་ལོ་བདེ་གསང་འཇིགས་གསུམ་སོགས་གསང་ཆེན། །རྒྱུད་སྡེའི་མངའ་བདག་དཔའ་བོ་ དཔའ་མོ་ཡི་ལྷ་ཚོགས། །རྣམ་གསུམ་གསང་བ་མཆོག་གི་དཔལ་ཡོན་གྱི་བཀོད་པ། །རིགས་ བདག་སེམས་དཔའ་ཆེན་པོའི་རྣམ་འཕྲུལ་གྱི་རོལ་གར། །རེ་ས་གཞན་ན༴ སོགས་ཚིག་རྐང་བཞི་ འགྲེས། དོན་གཉིས་ལྷུན་གྲུབ་འབད་མེད་འགྲོ་དོན་གྱི་བྱེད་པོ། །སྐུ་བཞིའི་དབང་ཕྱུག་སྤངས་ རྟོགས་མཐར་ཕྱིན་གྱི་མངའ་བདག །གསང་གསུམ་ཡོན་ཏན་ནམ་མཁའི་ཕ་མཐའ་ལས་ བརྒལ་བ། །སྐྱབས་མཆོག་སངས་རྒྱས་ཀུན་འདུས་རྗེ་བཙུན་གྱི་བླ་མ། །རེ་ས་གཞན་ན༴ སོགས། 9-1-49 ཟབ་ཞི་སྤྲོས་བྲལ་འོད་གསལ་བདེ་ཆེན་གྱི་ཆོས་དབྱིངས། །ཟུང་འཇུག་བདེ་བའི་ཡེ་ཤེས་ འབྱམས་ཀླས་པའི་དགོངས་ཆེན། །ཉེས་པའི་དྲི་མ་མ་ལུས་གཤིས་དག་ཏུ་སོང་བ། །ཀུན་ཁྱབ་ རང་བཞིན་ཟག་མེད་དམ་ཆོས་ཀྱི་དཔལ་མངའ། །རེ་ས་གཞན་ན༴ གནས་ལུགས་མཐར་ ཐུག་ཟབ་གནད་ཇི་བཞིན་དུ་རེག་ཅིང༌། །གློ་བུར་སྒྲིབ་གཉིས་དྲི་མ་ཅི་རིགས་ལས་གྲོལ་བ། །དེ་ཁོ་ན་ཡི་གཏིང་མཐའ་རང་འཚམ་དུ་མངོན་པའི། །སོ་སྐྱེས་ས་ལས་འཕགས་པའི་ཚོགས་ མཆོག་གི་གཙོ་བོ། །རེ་ས་གཞན་ན༴ བདེ་ཆེན་ཡེ་ཤེས་རང་གཟུགས་གནས་གསུམ་གྱི་དཔའ་ མོ། །འབུམ་ཕྲག་བགྲང་ཡས་མ་ཚོགས་ཌ་ཀི་ཡི་དབང་ཕྱུག །དགའ་ཆེན་གཡོ་བ་མེད་པའི་ ཡེ་ཤེས་ཀྱི་ཐུགས་ལྡན། །ག་ཎ་ཙཀྲའི་གཙོ་ཆེན་བརྟུལ་ཞུགས་ཀྱི་སེམས་དཔའ། །རེ་ས་ གཞན༴ གང་འདུལ་ཐབས་མཁས་འདུལ་ལ་ཐོགས་མེད་ཀྱི་མཛད་བཟང༌། །ཡེ་ཤེས་སྤྱན་ ལྡན་དྲེགས་བྱེད་ཆོས་སྐྱོང་གི་སྡེ་རིགས། །འཇིག་རྟེན་འདས་དང་མ་འདས་དཔལ་མགོན་གྱི་ མཚར་བཀོད། །ཨེ་མ་སྐྱབས་གནས་རྒྱ་མཚོ་སྤྲུལ་བྱེད་ཀྱི་བླ་མ། །རེ་ས་གཞན་ན༴ རིགས་ ཀུན་བདག་པོ་ཆོས་དབྱིངས་སྟོང་གཟུགས་ཀྱི་འཁོར་ལོ། །ཕ་ཅིག་བླ་མས་ཐ་མལ་རྟོག་ ཚོགས་ཀུན་ཆོམ་ལ། །འོད་གསལ་ཡེ་ཤེས་ངང་དུ་རོ་མཉམ་གྱི་དགོངས་ཡིད། །གཅིག་འདྲིས་ བྱིན་རླབས་དམ་པས་བདག་ཡིད་ཚོ་ཚིམས་མཛོད། །ཅེས་ཁྱབ་བདག་བླ་མ་སྨོན་ལམ་བཟང་པོའི་རྒྱང་འབོད་ བྱིན་རླབས་མྱུར་ནས་འབེབས་བྱེད་འདི་ཡང་ངག་དབང་ཚོགས་གཉིས་མིང་ཅན་གྱི་ཐུགས་མོས་ལྟར། མ་ཏིས་སྦྱར་བའོ།། །། ༈ དཔལ་ལྡན་བཞད་པ་རྡོ་རྗེའི་སྒྱུ་འཕྲུལ་གར། །ཚོགས་དྲུག་རང་གྲོལ་འགྲོ་འདྲེན་དམ་ པའི་ཕུལ། །ཡང་སྤྲུལ་རྩ་བའི་བླ་མ་སྨོན་ལམ་བཟང༌། །གང་ལ་གསོལ་འདེབས་ཐུགས་ཡིད་ དབྱེར་མེད་ཤོག །ཞེས་རྩ་བའི་བླ་མ་ངག་དབང་སྨོན་ལམ་བཟང་པོའི་གསོལ་འདེབས་མ་ཏིའི་མིང་གིས་བྲིས་པ་དགེ་ ལེགས་འཕེལ། ༀ་ཨཱཿཔྲ་ཎི་དྷ་ན་བྷ་དྲ་ཧཱུཾ། 9-1-50 ༄༅། །རྩ་བའི་བླ་མ་ཀུན་དགའ་ངག་གི་དབང་པོའི་བྱིན་རླབས་ འབེབས་བྱེད་ཀྱི་རྣལ་འབྱོར་བླ་མའི་དགོངས་ཆེན་ མཇལ་བྱེད་དང་གསོལ་འདེབས་ སོགས་བཞུགས་སོ། ། ༄༅། །ན་མོ་གུ་རུ་བུདྡྷ་བྷྱཿ འདིར་རྩ་བའི་བླ་མའི་རྣལ་འབྱོར་ཉམས་སུ་ལེན་པ་ལ། སྦྱོར་དངོས་རྗེས་གསུམ་ ལས། དང་པོ་སྦྱོར་བ་ནི། དཔལ་ལྡན་དང་པོའི་སངས་རྒྱས་ཆོས་ཀྱི་སྐུ། །ངོ་མཚར་གང་འདུལ་བཀོད་ ཆེན་འགྲོ་མགོན་རྗེ། །གསང་སྔགས་མཛོད་བརྙེས་རྡོ་རྗེ་སློབ་དཔོན་མཆོག །གང་ལ་རེའོ་ འགྲོ་ཀུན་འཇིགས་ལས་སྐྱོབས། །ལན་གསུམ། བླ་མའི་དགོངས་ཆེན་ཡེ་ཤེས་ཆོས་སྐུ་ཉིད། །ཡེ་ ནས་མཁའ་ཁྱབ་ངོ་བོར་རྟག་བཞུགས་ཀྱང༌། །ངོ་མ་འཕྲོད་ཅིང་རྨོངས་པའི་འགྲོ་འདི་ཀུན། །རིང་མིན་ཆོས་སྐུར་གྲོལ་བར་སེམས་བསྐྱེད་དོ། །ལན་གསུམ། གཉིས་པ་དངོས་གཞི་བསྐྱེད་ཡུལ་ནི། ཀུན་རྫོབ་རྣམ་ཤེས་རང་དྭངས་ཡེ་གཞིའི་གཤིས། །དང་པོའི་ སངས་རྒྱས་ཆོ་འཕྲུལ་རོལ་པའི་གར། །མཁའ་དབྱིངས་རྨད་བྱུང་ཀུན་བཟང་མཆོད་བཀོད་ དབུས། །པདྨ་ཟླ་ཉི་སྒྲ་གཅན་དུས་མེའི་སྟེང༌། །རིགས་ཀུན་ཁྱབ་བདག་དུས་འཁོར་སྒྱུ་མའི་ འཕྲུལ། །དོན་དམ་རང་སྣང་ངེས་དོན་རིགས་ཀྱི་བདག །ཀུན་དགའ་ངག་གི་དབང་ཕྱུག་ རྡོ་རྗེ་འཆང༌། །དྲི་བྲལ་ཆོས་དབྱིངས་དག་པའི་རང་གཟུགས་ཉིད། །དཀར་ལ་དམར་བའི་ མདངས་འཛིན་འོད་བཟང་སྐུ། །ཀུན་ཁྱབ་ཞི་བའི་ཞལ་གཅིག་འཛུམ་དཀར་ལ། །བདེན་ གཉིས་གཟིགས་པའི་སྤྱན་ཟུང་ཧྲིག་གེར་བཀྲ། །ཟག་མེད་ཏིང་འཛིན་འབུམ་གྱི་ཉམས་འབར་ 9-1-51 བ། །གཟུགས་སྐུ་རབ་བརྗིད་འོད་བཟང་ཕུང་པོ་ཅན། །མཐའ་གཉིས་ཀུན་སྤངས་ཞབས་ཟུང་ སྐྱིལ་ཀྲུང་བཞུགས། །ཐབས་ཤེས་གཉིས་མེད་ཕྱག་གི་རྡོར་དྲིལ་བསྣོ ལ། །དེ་ལས་གཡས་ གཡོན་ལ་གྱེས་པདྨོའི་རྩེར། །དམར་དཀར་འོད་འཕྲོ་ཧྲཱིཿཡིག་རེ་རེས་མཚན། །དཔག་མེད་ འོད་མངའ་གྲུ་འཛིན་བདག་པོའི་འཕྲུལ། །ཚུལ་ཁྲི མས་ཕ་རོལ་ཕྱིན་རྫོགས་དག་པའི་སྐུར། །ནབ་འགག་དང་བཅས་རྣམ་གསུམ་ན་བཟས་མཛེས། །ངེས་དོན་ཆོས་སྒོ་རྒྱ་མཚོའི་མངའ་ བདག་ཏུ། །རྣམ་འཕྲུལ་དམ་པ་དབུ་ལ་མཁན་ཞྭས་བརྒྱན། །རྡོ་རྗེ་རྣམ་བཞིའི་རང་མདངས་ ལས་ཤར་བ། །གང་གི་གནས་དྲུག་རྒྱལ་བ་དྲུག་གི་ལྷ། །དྲུག་བརྒྱ་སོ་དྲུག་རོལ་བ་ཀུན་རྫོགས་ ཤིང༌། །སྐུ་ལས་སྤྲོས་པའི་འོད་ཟེར་ཕྱོགས་མཚམས་འགྱེད། །དེ་ལས་རབ་སྤྲུལ་བླ་མ་ཡི་དམ་ ཚོགས། །སྐྱབས་གནས་རྣམ་གསུམ་མཁའ་འགྲོ་ཆོས་སྐྱོང་བཅས། །ངོ་མཚར་ཆོ་འཕྲུལ་རོལ་ པས་ཕྱོགས་མཚམས་གང༌། །ཀུན་གྱི་རིགས་བདག་བླ་མའི་གནས་བཞི་རུ། །སྐུ་བཞིའི་ངོ་བོ་ ཡི་གེ་རྣམ་བཞིས་མཚན། །དམ་ཡེ་གཉིས་མེད་ཆོས་སྐུ་གཅིག་གི་རྩལ། །རང་གསལ་དག་ ཆེན་བླ་མའི་ལྷ་ཚོགས་ཀུན། །སྣང་ལ་རང་བཞིན་མེད་པའི་བདག་ཉིད་ཅན། །གདོད་ནས་ཡེ་ བཞུགས་དག་སྣང་ཡུལ་དུ་ཤར། །ཀུན་ཁྱབ་རྣམ་ཀུན་གཟུགས་མཆོག་ཉིད་དུ་གསལ། ། དེ་ནས་ཡན་ལག་བདུན་པ་ནི། བདེ་སྟོང་ཟུང་འཇུག་སྤྲུལ་པའི་ཟློས་གར་རྗེ། །སློབ་དཔོན་བླ་མའི་ རྣམ་རོལ་ཆོས་སྐུའི་གཟུགས། །དཀྱིལ་འཁོར་རྒྱ་མཚོ་ཅིར་ཡང་སྤྲོ་བའི་མགོན། །ཁྱབ་བདག་ རྡོ་རྗེ་འཆང་ལ་གུས་ཕྱག་འཚལ། །དངོས་འབྱོར་ཡིད་ཀྱིས་རབ་སྤྲུལ་མཆོད་པའི་ཚོགས། །ཕྱི་ནང་གསང་བ་དེ་བཞིན་ཉིད་ཀྱི་འཕྲུལ། །འཕགས་པ་ཀུན་ཏུ་བཟང་པོའི་སྤྱོད་མཆོག་ གིས། །བླ་མའི་ལྷ་ཚོགས་ཡོངས་ལ་གུས་པར་མཆོད། །ཐོག་མ་མེད་ནས་རང་བཞིན་སྡིག་ ལས་ཚོགས། །སྡོམ་གསུམ་དང་འགལ་མི་དགེ་མཚམས་མེད་ལས། །ཉེས་ལྟུང་དྲི་མར་གྱུར་ པ་གང་མཆིས་པ། །སུན་འབྱིན་སླར་ལྡོ ག་བཅས་ཏེ་སྙིང་ནས་བཤགས། །ངོ་མཚར་མཛད་ 9-1-52 པས་ཕྱོགས་བཅུའི་ཞིང་རྣམས་སུ། །རྣམ་དཀར་རླབས་ཆེན་བགྱི་བ་གང་སྤྲོ་ཞིང༌། །ཕྲིན་ལས་ གཡེལ་བ་མེད་པས་འགྲོ་མང་འདུལ། །དེ་དག་ལ་ཡང་རྗེས་སུ་ཡི་རང་ངོ༌། །དཔལ་ལྡན་བླ་ མས་དག་དང་མ་དག་ཞིང༌། །གང་དག་ལ་ཡང་གདུལ་བྱའི་ཁམས་དབང་བཞིན། །ཟབ་དང་ རྒྱ་ཆེའི་ཆོས་འཁོར་གང་བསྐོར་བ། །དེ་དག་ཇི་བཞིན་སླར་ཡང་ནུབ་མེད་མཛོད། །ད་དུང་ འཁོར་བ་ཇི་སྲིད་གནས་ཀྱི་བར། །གང་འདུལ་སྤྲུལ་པའི་ཟློས་གར་ཆད་མེད་དུ། །གདུལ་ བྱ་དེ་འཚམ་རྣམས་ལ་སྤྲུལ་སྐུའི་འཕྲུལ། །ནམ་ཡང་འདའ་ཚུལ་མི་མཛད་རྟག་པར་སྟོན། །བསོད་ནམས་གང་དེས་དོན་གཉིས་རླབས་ཆེན་སྐུ། །ནང་དབྱིངས་དང་པོའི་སངས་རྒྱས་ཕྲིན་ ལས་དཔལ། །བླ་མའི་ཐུགས་དགོངས་གཤིས་སུ་ལེགས་མངོན་ཏེ། །ལྷུན་གྱིས་གྲུབ་པའི་ མཛད་ཆེན་སྤྱོད་གྱུར་ཅིག ། གསོལ་བ་འདེབས་པ་ལ་བཞི་ལས་དང་པོ་སྐུ་རྡོ་རྗེའི་གསོལ་འདེབས་ནི། ཀུན་ནས་རབ་རྒྱས་སྟོང་གཟུགས་ ལ་ཆེན་འཕྲུལ། །ང༵ག་གི༵ས་བརྗོད་འདས་གདུལ་བྱའི་ཁམས་དབ༵ང་བཞིན། །སྣ་ཚོགས་སྒྱུ་ མའི་རོལ་ཆེན་ཅིར་ཡང་བསྒྱུར། །ཕྲིན་ལས་བཟང་པོ༵འི་དཔལ་ལ་གསོལ་བ་འདེབས། །ཞེས་ པ་ཅི་ནུས་མཐར། དུས་འཁོར་སྐུ་ཡི་རྡོ་རྗེ་སྟོང་པའི་གཟུགས། །རྣམ་ཀུན་མཆོག་ལྡན་རིས་སུ་ཆད་ མེད་པ། །སེམས་ཀྱི་རང་གཤིས་འདུ་བྲལ་མེད་པའི་དབྱིངས། །མ་བཅོས་རང་གསལ་ངང་ ནས་མཚན་སྔགས་བཟླ། །ༀ་ༀ་ཀཱ་ཡ་བཛྲ་གུ་རུ་ཨ་ནནྟ་ཝཀྐིནྡྲ་སིདྡྷི་ཕ་ལ་ༀ། ཞེས་པ་ཅི་འགྲུབ་ བཟླའོ། ། གཉིས་པ་གསུང་རྡོ་རྗེའི་གསོལ་འདེབས་ནི། གང་འདུལ་གདུལ་བྱ་ཀུ༵ན་ལ་རབ་དག༵འི་ཕུལ། །སྣ་ ཚོགས་ང༵ག་གི༵ས་རང་རང་སྐད་བཞིན་དུ། །དབ༵ང་པོ༵་དང་འཚམ་ཟབ་རྒྱས་ཕུལ་བྱུང་བས། །འགྲོ་མང་གྲོལ་བར་མཛད་ལ་གསོལ་བ་འདེབས། །ཅི་ནུས་མཐར། དུས་འཁོར་གསུང་གི་རྡོ་རྗེ་ གཞོམ་མེད་སྒྲ། །རང་གདངས་འགགས་མེད་རྗོད་བྱེད་ཐམས་ཅད་པ། །མཁའ་དང་མཉམ་ 9-1-53 པར་ཡོངས་བརྡལ་སྟོང་པའི་དབྱིངས། །སྒྲ་བསྙན་ཚུལ་ཤེས་ངང་ནས་མཚན་སྔགས་བཟླ། །ༀ་ཨཱཿཝཀ་བཛྲ་གུ་རུ་ཨ་ནནྟ་ཝཀྐིནྡྲ་སིདྡྷི་ཕ་ལ་ཨཱཿ ཅི་འགྲུབ་བཟླའོ། ། གསུམ་པ་ཐུགས་རྡོ་རྗེའི་གསོལ་འདེབས་ནི། སྤྲོས་ཀུ༵ན་བྲལ་བ་དག༵འ་ཆེན་ཡེ་ཤེས་དབྱིངས། །གདམས་ངག༵་མཆོག་གིས་དེ་ཉིད་མངོན་བྱས་ཤིང༌། །གྲུབ་པའི་དབ༵ང་ཕྱུག་གསུམ་ལྡན་རྡོ་ རྗེ་འཛིན། །རྩ་བའི་བླ་མ་ཆེན་པོར་གསོལ་བ་འདེབས། །ཅི་ནུས་མཐར། དུས་འཁོར་ཐུགས་ཀྱི་ རྡོ་རྗེ་དག་ཆེན་ཁམས། །འོད་གསལ་འཁོར་འདས་རོལ་པ་ཅི་ཡང་བཀྲ། །དོན་དམ་གནས་ ལུགས་སོ་སོར་རང་རིག་དབྱིངས། །རྩོལ་བྲལ་ཤུགས་འབྱུང་ངང་ནས་མཚན་སྔགས་བཟླ། །ༀ་ཧཱུཾ་ཙིཏྟ་བཛྲ་གུ་རུ་ཨ་ནནྟ་ཝཀྐིནྡྲ་སིདྡྷི་ཕ་ལ་ཧཱུཾ། ཅི་འགྲུབ་མཐར། བཞི་པ་ཡེ་ཤེས་རྡོ་རྗེའི་གསོལ་འདེབས་ནི། དཔལ་ལྡན་ཀུ༵༵ན་ནས་རབ་དག༵འ་བདེ་ཆེན་དཔྱིད། །ཡོངས་འཕེལ་གསུང་ང༵ག་རྡོ་རྗེའི་གླུ་སྒྲ་སྒྲོགས། །ལྷན་སྐྱེས་མཆོག་གི༵་ཡེ་ཤེས་ཆེར་སྤེལ་ མཁན། །དབ༵ང་ཕྱུག་རིགས་ཀྱི་བདག་པོ༵ར་གསོལ་བ་འདེབས། །ཅི་ནུས་མཐར། དུས་འཁོར་ཡེ་ ཤེས་རྡོ་རྗེ་མི་འགྱུར་བ། །རང་བྱུང་ལྷན་ཅིག་སྐྱེས་པ་སྲོག་ཆེན་ཁམས། །སྲིད་གསུམ་དྭངས་ པ་བདེ་ཆེན་གཉུག་མའི་དབྱིངས། །འདུ་འབྲལ་མེད་པའི་ངང་ནས་མཚན་སྔགས་བཟླ། །ༀ་ ཧོཿཛྙཱ་ན་བཛྲ་གུ་རུ་ཨ་ནནྟ་ཝཀྐིནྡྲ་སིདྡྷི་ཕ་ལ་ཧོཿ ཅི་འགྲུབ་བཟླའོ། ། དེ་ནས་མོས་གུས་གསོལ་བཏབ་ཀྱིས་དབང་བཞི་ལེན་པའི་སྒོ་ནས་གནས་ལུགས་ལ་མཉམ་པར་འཇོག་པ་ནི། དུས་ གསུམ་སངས་རྒྱས་ཀུན་གྱི་སྤྲུལ་པའི་སྐུ། །བཀའ་དྲིན་གསུམ་ལྡན་ཀུ༵ན་དག༵འ་ང༵ག་གི༵་ དབ༵ང༌། །སྙིང་ནས་དྲན་ནོ་གུས་པས་གསོལ་འདེབས་ན། །དབང་བཞི་རབ་བསྐུར་བདག་ རྒྱུད་བྱིན་གྱིས་རློབས། །ལན་གསུམ། དཔལ་ལྡན་རྡོ་རྗེ་རྣམ་བཞིའི་བདག་ཉིད་ཅན། །བླ་མའི་ གནས་བཞིར་ཡིག་འབྲུ་སྣ་ཚོགས་མདོག །དཀར་དམར་མཐིང་སེར་རང་མདོག་འོད་འཕྲོ་བ། །སློབ་མར་བྱིན་རླབས་འབེབས་པའི་ཡུལ་དུ་གསལ། །སྐུ་ཡི་རྡོ་རྗེའི་ངོ་བོ་ༀ་ཡིག་ལས། །འོད་ 9-1-54 ཟེར་ཟླ་འོད་ལྟ་བུ་རབ་འཕྲོས་པ། །རང་གི་དཔྲལ་བར་ཐིམ་པས་ལུས་སྒྲིབ་དག །དགའ་བ་ རབ་མྱོང་སྐུ་རྡོར་མངོན་རུང་གྱུར། །གསུང་གི་རྡོ་རྗེའི་བདག་པོ་ཨཱཿཡིག་ལས། །འོད་ཟེར་པདྨ་ རཱ་གའི་མདོག་ལྟར་འཕྲོས། །རང་གི་མགྲིན་པར་ཐིམ་པས་ངག་སྒྲིབ་སྦྱངས། །མཆོག་དགའ་ རབ་མྱོང་གསུང་རྡོར་མངོན་དུ་གྱུར། །ཐུགས་ཀྱི་རྡོ་རྗེའི་རང་བཞིན་ཧཱུཾ་ཡིག་ལས། །འོད་ཟེར་ བཻ་ཌཱུརྱ་ཡི་མདོག་ལྟར་འཕྲོས། །རང་གི་སྙིང་ཁར་ཐིམ་པས་ཡིད་སྒྲིབ་དག །ཁྱད་དགའ་རབ་ མྱོང་ཐུགས་རྡོར་མངོན་རུང་གྱུར། །ཡེ་ཤེས་རྡོ་རྗེའི་ངོ་བོ་ཧོཿཡིག་ལས། །འོད་ཟེར་གསེར་གྱི་ མདོག་ལྟར་ཡོངས་འཕྲོས་པ། །རང་གི་ལྟེ་བར་ཐིམ་པས་ཆགས་རྟོག་ཞི། །ལྷན་སྐྱེས་རབ་ མྱོང་ཡེ་རྡོར་མངོན་རུང་གྱུར། །བླ་མས་དབང་བཞིའི་བྱིན་རླབས་རབ་ཕབ་པས། །སྐུ་གསུང་ ཐུགས་དང་སྒོ་གསུམ་དབྱེར་མེད་པར། །ཐུགས་ཡིད་རོ་མཉམ་རང་གསལ་འཛིན་མེད་དུ། །མ་བཅོས་སོ་མ་རང་ཤར་ལྷན་ནེར་བཞག །ཅེས་པའི་ངང་ནས་ཐུགས་ཡིད་དབྱེར་མེད་དུ་སེམས་བཟོ་བཅོས་ མེད་པར་རང་བབས་ལྷུག་པར་བསྐྱངས་སྟེ་མཉམ་བཞག་རང་ཉམས་དང་བསྟུན་ཏེ་དངོས་གཞིའི་ཚུལ་དུ་ཡུན་ཅི་གནས་སུ་འདུག་ པར་བྱ། དེ་ནས་བསྡུ་རིམ་ནི། སྐད་ཅིག་བླ་མས་ཆོ་འཕྲུལ་ཁོང་ལ་བསྡུ། །དེ་ཉིད་གཟུགས་སྐུ་ཚོན་གང་ ལྟ་བུར་གྱུར། །རང་གི་སྤྱི་བོར་ལེགས་ཞུགས་ལུས་ནང་བརྒྱུད། །སྙིང་གའི་པདྨོའི་ཟེའུ་འབྲུར་ རྟག་བཞུགས་བསམ། ། གསུམ་པ་རྗེས་བསྔོ་བ་དང་བཀྲ་ཤིས་བཅས་ནི། རབ་དཀར་དགེ་བའི་ཕུང་པོ་ཇི་མཆིས་དེས། །དཔལ་ལྡན་བླ་མའི་བྱིན་རླབས་སྙིང་ལ་ཞུགས། །ལེགས་བྱས་དེར་བརྟེན་སེམས་རྒྱུད་ན་ འཕགས་ཏེ། །ཆོས་ཀྱི་འཇུག་སྒོ་ཐོག་མ་མྱུར་མངོན་ཤོག །དེ་ནས་རིམ་པར་སེམས་གཤིས་ ཆོས་ཉིད་ཁམས། །གློ་བུར་དྲི་མའི་སྦུབས་ལས་ཆེར་གསལ་ནས། །རང་འཚམ་འོད་གསལ་ སྣང་བ་རབ་རྒྱས་ཤིང༌། །ཆོས་སྐུའི་དགོངས་ཀློང་མཆོག་ལ་སླེབ་གྱུར་ཅིག །དེ་ཉིད་བླ་མའི་ 9-1-55 ཆོས་སྐུར་ཐག་ཆོད་ནས། །སྤྲོས་བྲལ་འབད་མེད་ངང་ནས་དོན་གཉིས་རླབས། །རང་གཞན་ སྣང་ངོར་འཛད་མེད་ཡོངས་འཕེལ་བས། །ཀུན་ཏུ་བཟང་པོའི་མཛད་ཆེན་མྱུར་སྤྱོད་ཤོག །གཞི་དབྱིངས་དོན་དམ་སྐུ་གསུམ་ལྷུན་གྲུབ་པ། །གདོད་ནས་ཡེ་བཞུགས་བླ་མའི་ཆོས་སྐུ་ ཉིད། །རྟག་པར་འཁོར་འདས་གཤིས་སུ་བདེན་སྟོབས་ཀྱིས། །བཀྲ་ཤིས་དགེ་མཚན་རིང་དུ་ འབར་གྱུར་ཅིག །ཅེས་རང་གི་རྩ་བའི་བླ་མ་ཀུན་དགའ་ངག་གི་དབང་པོའི་བྱིན་རླབས་འབེབས་བྱེད་ཀྱི་རྣལ་འབྱོར་བླ་ མའི་དགོངས་ཆེན་མཇལ་བྱེད་ཅེས་བྱ་བ་འདི་ཡང་བླ་མ་གང་གི་ཐུགས་སློབ་ཉམས་ལེན་ལ་བརྩོན་ཞིང་བསླབ་ཁྲིམས་ཉེར་འཆང་ ངག་དབང་མཁས་གྲུབ་ཚུལ་ཁྲིམས་ཀྱི་ཐུགས་མོས་བཞིན་རྗེ་དམ་པའི་སློབ་འབངས་ཀྱི་ཐ་ཤལ་དུ་གྱུར་པ་མ་ཏིའི་མིང་གིས་ཤར་ མར་སྤེལ་བ་ཛ་ཡནྟུ།། །། ༈ འདི་ཕྱིའི་སྐྱབས་ཡུལ་གཅིག་པུ། །བླ་མ་དམ་པ་ཁྱེད་གཉིས། །འདི་དང་ཕྱི་མར་རེ་ན། །ཐུགས་རྗེས་གཡེལ་མེད་ཞུ་ལགས། །ཞེས་པ་འདི་ནི་དགེ་མ་ཚུལ་ཁྲི མས་ལྷ་མོ་ལ་མཁོ་ནས་མ་ཏིས་ཤར་མར་ བྲིས།། །། ༈ རྩ་བའི་བླ་མ་ཀུན་དགའ་ངག་དབང་དང༌། །ལུང་རྟོགས་གཏེར་མཛོད་ངག་དབང་ ཚོགས་གཉིས་སོགས། །ཐུགས་ཡིད་དབྱེར་མེད་གནས་ལུགས་མཉམ་བཞག་ངང༌། །ཕྱི་མར་ བླ་མའི་ཞབས་དྲུང་སྐྱེ་བར་ཤོག །འདི་ཡང་མ་ཏིས་འཆི་ཁར་སྨོན་ལམ་བཏབ་པའོ།། །། ༈ དུས་གསུམ་སངས་རྒྱས་ཀུན་གྱི་སྤྲུལ་པའི་སྐུ། །བཀའ་དྲིན་གསུམ་ལྡན་ཀུན་དགའ་ ངག་གི་དབང༌། །སྙིང་ནས་དྲན་ནོ་གུས་པས་གསོལ་འདེབས་ན། །དབང་བཞི་རབ་བསྐུར་ བདག་རྒྱུད་བྱིན་གྱིས་རློབས། །འདི་ཡང་ཡེ་ཤེས་ལྷ་མོ་ལ་མཁོ་ནས་མ་ཏིས་བྲིས་པའོ།། །། ༈ རྒྱལ་ཀུན་སྤྱི་གཟུགས་གང་འདུལ་རྗེ། །ཆོས་སྨྲར་བཤེས་གཉེན་འདྲེན་པ་ཟུང༌། །སྙིང་ ནས་གུས་པས་གསོལ་བ་འདེབས། །འདི་ཕྱི་གཏན་དུ་འབྲལ་མེད་ཤོག །འདི་ཡང་ཚུལ་ཁྲི མས་ལྷ་ མོ་ལ་མཁོ་ནས་མ་ཏིས་སོ།། །། 9-1-56 ༄༅། །རྩ་བའི་བླ་མ་ངག་དབང་བསྟན་པ་གསལ་བྱེད་གང་གི་ བླ་མའི་རྣལ་འབྱོར་བྱིན་རླབས་མྱུར་སྩོལ་ ཞེས་བྱ་བ་བཞུགས་སོ། ། ༄༅། །ན་མོ་གུ་རུ། འདིར་རྩ་བའི་བླ་མ་ངག་དབང་བསྟན་པ་གསལ་བྱེད་གང་གི་བླ་མའི་རྣལ་འབྱོར་བསྒོམ་པ་ལ་ ཐོག་མར་འདི་ལྟ་སྟེ། བསླུ་མེད་སྐྱབས་གནས་རིན་ཆེན་རྣམ་པ་གསུམ། །སྙིང་རྗེ་འཇིགས་དང་དད་ པ་དང་བཅས་པས། །རང་གཞན་སྲིད་ཞིའི་འཇིགས་པས་མནར་བ་ཡི། །སྐྱབས་སུ་བསྟེན་ནོ་ བྱང་ཆུབ་བར་དུ་སྐྱོངས། །ལན་གསུམ། མར་གྱུར་མཁའ་མཉམ་འགྲོ་བ་མ་ལུས་པ། །མྱུར་ནས་ རྡོ་རྗེ་འཆང་གི་གནས་འགོད་ཕྱིར། །སྙི གས་ཚེ་གཅིག་ལ་སྐུ་བཞི་ཐོབ་སླད་དུ། །སྐྱབས་མགོན་ མཆོག་ལ་དད་གུས་བསྐྱེད་པར་བགྱི། །ལན་གསུམ། ཕྱི་ནང་ཆོས་ཀུན་ཆུ་ཟླ་སྒྱུ་མའི་འཕྲུལ། །བཞིན་དུ་མིང་རྐྱང་བཏགས་ཡོད་ཙམ་ཞིག་ལས། །བདེན་པར་གྲུབ་པ་མེད་པའི་རང་བཞིན་ ལ། །རང་སྣང་དག་ཞིང་རྒྱན་བཀོད་ཡོངས་རྫོགས་དབུས། །རྣམ་བྱང་བྱང་ཆུབ་ཕྱོགས་ཀྱི་ ཆོས་རང་བཞིན། །ངོ་མཚར་གཞལ་མེད་ཁང་བཟང་ཉམས་དགའ་བ། །རབ་ཡངས་རྒྱ་ཆེར་ གསལ་བའི་རང་མདུན་མཁར། །སྣ་ཚོགས་ཆུ་སྐྱེས་འདབ་སྟོང་ཟེའུ་འབྲུའི་རྩེར། །རི་བོང་ ཅན་གྱི་དཀྱིལ་འཁོར་རྫོགས་པ་ལ། །རྒྱལ་ཀུན་སྤྱི་གཟུགས་སངས་རྒྱས་ལས་ལྷག་པའི། །རང་ལ་བཀའ་དྲིན་ཆེ་བའི་རྡོ་རྗེ་འཆང༌། །འགྲོ་མགོན་ངག་དབང་བསྟན་པ་གསལ་བྱེད་རྗེ། །སྲོག་རླུང་དྭངས་མའི་ལེགས་ཆ་རྫོགས་པ་ལས། །ཉེ་བར་ཤར་བའི་མཛེས་སྐུ་དྲི་མེད་མཆོག །དཀར་ལ་དམར་བའི་མདངས་ཀྱིས་ལྷག་པར་བརྗིད། །བདེ་ཆེན་ལྷན་སྐྱེས་འཛུམ་མདངས་ 9-1-57 གཡོ་བ་ཅན། །ཏིང་འཛིན་སྒོ་བརྒྱས་ལང་ཚོ་ཅིར་ཡང་རྒྱས། །རྨད་བྱུང་ཆོས་བློ་བཀྲ་བས་ཤ་ ཚུགས་ལེགས། །ངུར་སྨྲིག་རྒྱལ་མཚན་གོས་ཀྱིས་ཉེ་བར་བཀླུབས། །ཕྱག་ཟུང་ཆོས་འཆད་ ཕྱག་རྒྱ་དང་བཅས་པ། །ཐབས་ཤེས་རྟགས་ཀྱི་ཕྱག་མཚན་ལེགས་པར་བསྣམས། །ཞབས་ གཉིས་སྐྱིལ་ཀྲུང་དབུ་ལ་པཎ་ཞྭས་མཛེས། །མཚན་དཔེ་གསལ་རྫོགས་རང་འོད་དཀྱིལ་ན་ བཞུགས། །དབྱིངས་ཡེ་གཉིས་མེད་ཆེན་པོའི་རྣམ་རོལ་དུ། །བླ་མ་ཡི་དམ་སངས་རྒྱས་རྒྱལ་ སྲས་སོགས། །ངོ་མཚར་སྐྱབས་གནས་རབ་འབྱམས་བཀོད་པ་ཤར། །མཁྱེན་བརྩེ་ནུས་ པའི་མངའ་བདག་འགྲོ་བའི་སྐྱབས། །གང་གི་གནས་གསུམ་འབྲུ་གསུམ་གྱིས་མཚན་ཞིང༌། །སྐྱབས་གནས་ཐམས་ཅད་འདུས་པའི་ངོ་བོར་གྱུར། །ཞེས་པས་གསལ་བཏབ་ལ། མི་འགྱུར་བདེ་ བ་ཆེན་པོའི་ཡེ་ཤེས་མདངས། །རྣམ་ཀུན་མཆོག་གི་སྟོང་གཟུགས་རབ་རྒྱས་པས། །མཐའ་ གཉིས་སྤངས་པའི་སེམས་དཔའ་དམ་པའི་སྐུར། །གཡོ་མེད་རྟག་པར་བཞུགས་ལ་གུས་ཕྱག་ འཚལ། །ཕྱོགས་བཅུའི་ཞིང་དུ་མཆོད་རྫས་གང་ཡོད་དང༌། །ཡིད་ཀྱིས་སྤྲུལ་པའི་མཆོད་པ་རྒྱ་ མཚོའི་མཆོད། །ཐོག་མེད་ནས་བསགས་སྡིག་ལྟུང་མ་ལུས་པ། །དེང་ནས་མགོན་གྱི་སྤྱན་སྔར་ གནོང་བས་འཆགས། །གང་གི་རྨད་བྱུང་གསང་གསུམ་མཛད་པ་དང༌། །སྐྱེ་འཕགས་ཡོངས་ ཀྱི་དགེ་ལ་རྗེས་ཡི་རང༌། །རྡོ་རྗེའི་གསུང་གིས་གསང་སྔགས་ཐབས་མཁས་ཀྱིས། །སྐལ་ བཟང་བློ་ལ་རིམ་གཉིས་དགའ་སྟོན་སྩོལ། །ཟུང་འཇུག་ཡེ་ཤེས་སྒྱུ་མའི་རོལ་གར་གྱིས། །རྣམ་མང་འགྲོ་རྣམས་ཡུན་རིང་སྐྱོང་བ་དང༌། །འདིས་མཚོན་རྣམ་དཀར་གང་བསགས་འགྲོ་ བའི་ཆེད། །རྒྱལ་བ་སྐུ་བཞིའི་དབང་ཕྱུག་ཐོབ་ཕྱིར་བསྔོ། །ཞེས་ཡན་ལག་བདུན་པ་འབུལ། དེ་ནས། གདམས་ངག་རྒྱ་མཚོའི་དབང་ཕྱུག་སྤྲུལ་པའི་སྐུ། །ངེས་དོན་བསྟན་པ་གསལ་བར་བྱེད་པའི་ གསུང༌། །སྤངས་རྟོགས་དཔལ་གྱིས་ལེགས་མཛེས་བཟང་པོའི་ཐུགས། །དཔལ་ལྡན་བླ་མའི་ ཞབས་ལ་གསོལ་བ་འདེབས། །ཐ་མལ་ལུས་ངག་ཡིད་ཀྱི་ཉེས་ཀུན་བསྡམས། །ཟག་མེད་ 9-1-58 ཏིང་འཛིན་མཆོག་ལ་དབང་འབྱོར་ཞིང༌། །གསང་སྔགས་བསྟན་ལ་མཁྱེན་པ་རབ་གསལ་ བའི། །བསླབ་གསུམ་འཛིན་བྱེད་དམ་པར་གསོལ་བ་འདེབས། །མ་དག་བརྗོད་བྱེད་ངག་གི་ རྒྱུ་བ་སྤངས། །ཆོས་དབྱིངས་གསུང་གི་དབང་ཕྱུག་རྡོ་རྗེ་སེམས། །ཟབ་ལམ་བསྟན་པ་གསལ་ ཞིང་རྒྱས་བྱེད་པ། །རྡོ་རྗེ་འཆང་དངོས་ཁྱེད་ལ་གསོལ་བ་འདེབས། །སྐྱེ་ཀུན་དལ་འབྱོར་རྟེན་ དང་མི་འབྲལ་ཞིང༌། །བཤེས་གཉེན་མགོན་གྱིས་བཟུང་ཞིང་བསླབ་གསུམ་ལྡན། །རིམ་པ་ གཉིས་ཀྱི་ལམ་བཟང་མཐར་ཕྱིན་ཏེ། །རིང་མིན་ཟུང་འཇུག་སྐུ་མཆོག་ཐོབ་པར་ཤོག །ཅེས་ ལན་མང་དུ་གསོལ་བ་བཏབ། དེ་ནས། དེང་ནས་བཟུང་སྟེ་ཚེ་རབས་ཐམས་ཅད་དུ། །ལས་ཀྱི་དབང་ གིས་འཁོར་བའི་གནས་སྐབས་སུ། །སྐྱིད་སྡུག་ཇི་ལྟར་གྱུར་ཀྱང་བདག་ལ་ནི། །ཁྱེད་ལས་ གཞན་བའི་རེ་ས་མ་མཆིས་པས། །འབྲལ་མེད་བཤེས་གཉེན་མཛད་ནས་ཐུགས་རྗེས་ཟུང༌། །མགོན་ལ་གུས་བསྟེན་འཁོར་བར་ཞེན་པ་ལོག །དམ་པའི་ཆོས་ལ་རྟག་པར་བརྩོན་བྱས་ཏེ། །དལ་འབྱོར་སྙིང་པོ་ལོན་པར་བྱིན་གྱིས་རློབས། །འདོད་ཅིང་ཆགས་པས་འཁོར་བའི་གཏིང་ དུ་འཕེན། །ཞེ་སྡང་འབར་བས་རྣམ་དཀར་དགེ་རྩ་འཇོམས། །གཏི་མུག་རྨོངས་པས་ཉེས་པའི་ གཞི་ཀུན་བསྐྱེད། །དུག་གསུམ་རྒུད་པ་ཞི་བར་བྱིན་གྱིས་རློབས། །ལས་ངན་བདག་གིས་གང་ བྱས་མི་དགེའི་རྒྱུ། །རྣམ་དཀར་ཆོས་ཀྱི་བློ་ནི་ཤིན་ཏུ་དཀོན། །དེ་ཕྱིར་གང་གི་ཐུགས་རྗེའི་ སྤྲིན་དཔུང་གིས། །བདག་རྒྱུད་འདུལ་བར་བྱིན་གྱིས་བརླབ་ཏུ་གསོལ། །སྙམ་དུ་གསོལ་བ་བཏབ་ སྟེ་ཐུགས་ཡིད་དབྱེར་མེད་དུ་བསྲེ་བའི་ངང་ནས། ༀ་ཨཱཿབཛྲ་དྷ་ར་ཝཀྐིནྡྲ་ཤཱ་ས་ན་པྲ་ཀཱ་ས་ཀ་ར་ཧཱུཾ། ཞེས་པའི་ མཚན་སྔགས་ཅི་ནུས་བཟླས་མཐར་དབང་བཞི་བླང་བ་ནི། དེ་ལྟར་རྩེ་གཅིག་གསོལ་བ་ལེགས་བཏབ་པས། །མགོན་པོ་གང་གིས་བརྩེ་བས་ཉེར་དགོངས་ཏེ། །རིག་མ་གཏད་པའི་ནུ་མ་ལ་རེག་པས། །བུམ་དབང་ཐོབ་ཅིང་རང་སྣང་ཤེས་རབ་མར། །མཉམ་སྦྱོར་བྱང་སེམས་མྱང་བས་གསང་ དབང་ཐོབ། །བླ་མས་ལེགས་པར་གཏད་པའི་རིག་མ་དང༌། །རང་གིས་སྙོ མས་འཇུག་བྱས་ 9-1-59 པས་ཤེར་དབང་ཐོབ། །ཚིག་གིས་བསྟན་པས་སྐད་ཅིག་དེ་ཉིད་ལ། །ཟུང་འཇུག་མངོན་དུ་ གྱུར་པའི་བཞི་དབང་ཐོབ། །དེ་ནས་བླ་མ་འོད་ཕུང་རང་བཞིན་ཞུ། །རང་ལ་ཐིམ་པས་ཐུགས་ ཡིད་དབྱེར་མེད་གྱུར། །པར་བསམ་ལ། དཔལ་ལྡན་བླ་མའི་རྣམ་པར་ཐར་པ་ལ། །སོགས་བརྗོད། ཅེས་ རྩ་བའི་བླ་མ་ངག་དབང་བསྟན་པ་གསལ་བྱེད་གང་གི་བླ་མའི་རྣལ་འབྱོར་བྱིན་རླབས་མྱུར་སྩོལ་ཞེས་བྱ་བ་འདི་ཡང་གང་གི་སློབ་ བུ་གྱང་སྒང་གི་དགོན་དཔོན་བླ་མ་མཁས་རྒྱམ་ནས་སྔར་ཆོས་རྗེའི་ཏོ་ཙ་བླ་མའི་བླ་རྣམ་དད་པའི་མྱུ་གུ་ཞེས་བྱ་བ་རང་གི་རྩ་བའི་ བླ་མ་འཇམ་མགོན་ངག་དབང་ཚོགས་གཉིས་རྒྱ་མཚོའི་གསུང་རྩོམ་ཞིག་ཡོད་པ་འདི་ལ་ཁ་བསྒྱུར་ཙམ་བྱས་པའི་བླ་རྣམ་ཞིག་འབྲི་ དགོས་ཚུལ་གསུངས་པ་ལ་བརྟེན་བླ་རྣམ་དད་པའི་མྱུ་གུའི་གསུང་རྣམས་གཞི་བྱས་ཚིག་ཅུང་ཟད་ཙམ་བསྒྱུར་ཏེ་སྙོམ་ལས་པ་མ་ཏི་ ཀིརྟིས་བྲིས་པ་དགེ། །། 9-1-60 ༄༅། །རྡོ་རྗེ་བཟང་པོའི་བླ་སྒྲུབ་བྱིན་རླབས་ལེགས་སྩོལ་ ཞེས་བྱ་བ་བཞུགས་སོ། ། ༄༅། །ན་མོ། སྐྱབས་གནས་ཀུན་འདུས་པའི་བླ་མ་མཆོག་ལ་དེང་ནས་བྱང་ཆུབ་སྙིང་ པོའི་བར་དུ་སྐྱབས་སུ་མཆིའོ། །བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། །མ་སེམས་ཅན་ ཐམས་ཅད་ཀྱི་དོན་དུ་བདག་སངས་རྒྱས་ཐོབ་པར་བྱའོ། །ལན་གསུམ། སྐད་ཅིག་གིས་རང་གི་ མདུན་གྱི་ནམ་མཁར་འཇའ་འོད་སྣ་ལྔ་འཁྲིགས་པའི་དབུས་སུ་པདྨ་དང་ཟླ་བའི་གདན་གྱི་ སྟེང་ན་རང་གི་རྩ་བའི་བླ་མ་རིན་པོ་ཆེ་ངག་དབང་རྡོ་རྗེ་བཟང་པོ་(རིན་ཆེན་བཟང་པོ། རིན་ཆེན་དཔལ་ ལྡན། བློ་གྲོས་གྲགས་པ།)དེ་ཉིད་ཀྱི་ངོ་བོ་ཡིན་པ་ལ་རྣམ་པའི་ཚུལ་ཁྱབ་བདག་རྒྱལ་བ་རྡོ་རྗེ་སེམས་ དཔའ་སྐུ་མདོག་དུང་གི་རི་ལ་ཉི་འོད་འཚེར་བ་ལྟ་བུའི་རབ་ཏུ་དཀར་ཞིང་འོད་འབར་བ་ཞལ་ གཅིག་ཕྱག་གཉིས་ཀྱིས་ཐུགས་ཀར་རྡོར་དྲིལ་བསྣོ ལ་ནས་འཛིན་པ། ཞབས་གཉིས་སྐྱིལ་ ཀྲུང་གིས་བཞུགས་པའི་པང་ན་རང་འདྲ་ཡུམ་ལྷ་མོ་སྙེམས་མ་དཀར་མོ་ཕྱག་གཉིས་ཀྱི་གྲི་ ཐོད་འཛིན་པས་ཡབ་ལ་འཁྱུད་པ་ཡབ་ཡུམ་གཉིས་ཀའང་རུས་པ་དང་རིན་པོ་ཆེའི་རྒྱན་གྱི་ རྣམ་པར་བརྒྱན་ཞིང༌། ཧེ་རུ་ཀའི་རྣམ་པ་ཅན་བདེ་ཆེན་ཡེ་ཤེས་དང་བརྩེ་བ་ཆེན་པོའི་མཁྱེན་ པ་ཟུང་དུ་འཇུག་ཅིང་རབ་དཀར་འོད་ཟེར་གྱི་ཕུང་པོ་མུ་མཐའ་མེད་པ་ཕྱོགས་ཀུན་ཏུ་ཡོངས་ སུ་འབར་བ་ཐུགས་དགྱེས་པའི་ཞལ་རས་འཛུམ་བག་དང་བཅས་བཞུགས་པའི་དཔྲལ་བར་ ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། ལྟེ་བར་ཧོཿསེར་པོས་ལེགས་ པར་མཚན་པ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་གྱི་ཚོགས་ཕྱོགས་བཅུར་འཕྲོས་པས་ཞིང་རབ་ 9-1-61 འབྱམས་ན་བཞུགས་པའི་རྒྱལ་བ་སྲས་དང་བཅས་པའི་སྐུའི་བྱིན་རླབས་ཐམས་ཅད་རྡོར་ སེམས་ཀྱི་སྐུའི་རྣམ་པ་མཐའ་ཡས་པ་དང༌། གསུང་གི་བྱིན་རླབས་གང་དག་ཡི་གེ་སྔགས་ ཕྲེང་གྲངས་མེད་པ་དང༌། ཐུགས་ཀྱི་བྱིན་རླབས་མ་ལུས་པ་རྡོར་དྲིལ་སོགས་ཕྱག་མཚན་གྱི་ རྣམ་པར་སྤྱན་དྲངས་ཏེ་བླ་མ་རྡོར་སེམས་ཡབ་ཡུམ་ལ་ཐིམ་པས་དམ་ཡེ་དབྱེར་མེད་ཀྱི་ངོ་བོ་ སྐྱབས་ཀུན་འདུས་པའི་བདག་ཉིད་དུ་གྱུར་པར་བསམ། བླ་མ་རྡོ་རྗེ་སེམས་དཔའི་ཐུགས་ ཀར་རྡོ་རྗེ་རྩེ་ལྔ་པའི་ལྟེ་བར་ཟླ་གདན་ལ་ཐུགས་སྲོག་ཧཱུཾ་ཡིག་དཀར་གསལ་གྱི་མཐར་ནང་དུ་ བླ་མའི་མཚན་སྔགས་ཀྱི་ཕྲེང་བ་དང་ཕྱི་རུ་ཡི་གེ་བརྒྱ་པའི་སྔགས་ཕྲེང་བཀོད་པ་ལ་དམིགས་ ཏེ། མཚན་སྔགས་བཟླ་བ་ནི། ༀ་ཨཱཿབཛྲ་དྷ་ར་བཛྲ་བྷ་དྲ་ཧཱུཾ་སྭཱཧཱ། (ༀ་ཨཱཿཝཀྐིནྡྲ་རཏྣ་བྷ་དྲ། རརྣ་ཤྲཱི། མ་ཏི་ཀིརྟི་ ཧཱུཾ།) ཞེས་བཟླས་པས། བླ་མ་ཡབ་ཡུམ་གྱི་ཐུགས་རྒྱུད་བསྐུལ་བས་ཐུགས་སྲོག་ལས་འོད་ཟེར་སླར་ སྤྲོས་ཏེ་སངས་རྒྱས་ཐམས་ཅད་ཀྱི་བྱིན་རླབས་བདུད་རྩིའི་རྣམ་པར་བཀུགས་ཏེ་བླ་མ་ཡབ་ ཡུམ་གྱི་སྤྱི་བོར་ཐིམ་པས་སྐུ་ལུས་སྦྱོར་མཚམས་ནས་བདུད་རྩི་དཀར་པོ་འོ་མའི་རྒྱུན་ལྟར་ ལུད་པས་རང་གི་ཚངས་བུག་ཏུ་ཞུགས་ནས་ལུས་གང་སྟེ་ཐོག་མེད་ནས་བསགས་པའི་དཔལ་ ལྡན་བླ་མའི་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་ཆག་མ་ལུས་པ་ལེགས་པར་བཀྲུས་ཏེ་རང་ ལུས་ཤེལ་སྒོང་ལྟར་གྱུར་པར་བསམ་པའི་ངང་ནས་བླ་མ་ལ་སངས་རྒྱས་དངོས་མཐོང་གི་ དད་པ་དང་མ་བྲལ་བར་ཡིད་རྩེ་གཅིག་པས་ཐུགས་ཡིད་དབྱེར་མེད་དུ་བསྲེས་ཏེ་རང་གསལ་ འཛིན་མེད་དུ་མཉམ་པར་བཞག་བཞིན་ཕུར་ཚུགས་སུ་གསོལ་བ་འདེབས་པ་ནི། རྩ་བའི་བླ་ མ་བྱིན་རླབས་ཐུགས་རྗེའི་གཏེར། །བདེ་སྟོང་ཟུང་འཇུག་ཧེ་རུ་ཀ་དཔལ་དངོས། །ངག་དབང་ རྡོ་རྗེ་བཟང་པོར་(རིན་ཆེན་བཟང་པོར། རིན་ཆེན་དཔལ་ལ། བློ་གྲོས་གྲགས་པར།)གསོལ་བ་འདེབས། །སྒོ་ གསུམ་ཉམས་ཆག་མ་ལུས་སྦྱང་དུ་གསོལ། །ཞེས་པ་སོགས་གསོལ་འདེབས་གང་མོས་འདོན། བླ་མ་རྡོ་ རྗེ་སེམས་དཔའི་ཐུགས་བརྩེ་བ་ཆེན་པོས་ལེགས་པར་དགོངས་ལ། བདག་གིས་ཚེ་འཁོར་བ་ 9-1-62 ཐོག་མ་མེད་པ་ནས་བསགས་པའི་སྡིག་ལྟུང་དམ་ཚིག་ཉམས་ཆག་ཐམས་ཅད་ལ་ཡིད་རབ་ཏུ་ འགྱོད་པའི་སྒོ་ནས་སྙིང་ཐག་པར་བཤགས་པ་འབུལ་ལོ་མ་ལུས་པ་བྱང་ཞིང་དག་པར་མཛད་ དུ་གསོལ། སྙམ་པའི་སྒོ་ནས་ཧེ་རུ་ཀའི་ཡིག་བརྒྱ་ཅི་འགྲུབ་དང༌། བླ་མ་རྡོ་རྗེ་སེམས་དཔའི་མདུན་དྲུང་ནས་ དེ་རིང་ཕན་ཆད་ཅི་ལ་ཐུག་ཀྱང་སྔོན་ཆད་ཀྱི་སྡིག་ལྟུང་དེ་འདྲ་སླར་མི་བགྱིད་པ་ལགས་སོ། །ཞེས་པའི་ངང་ནས་ཡིག་བརྒྱ་བཟླ། སླར་ཡང་རང་སེམས་གཉུག་མ་ཆེན་པོ་རྩ་བྲལ་བརྗོད་མེད་རང་ གསལ་གྱི་གཤིས་རང་བཞིན་དྭངས་པ་ཉིད་ནི་ངེས་པ་དོན་གྱི་བླ་མའི་ཆོས་སྐུ་ཉག་གཅིག་ ཡིན་པས་མ་བཅོས་སོ་མའི་རིག་གདངས་བླ་མའི་ཐུགས་སུ་ངོ་ཤེས་པའི་ངང་ནས་སེམས་ གནས་རང་བབས་སུ་བསྐྱང་ལ། ཅི་གནས་ཀྱི་མཐར་ཡི་གེ་བརྒྱ་པ་བཟླ་བཞིན་ལུས་སེམས་ལྷོ ད་ཆགས་པར་བྱ། གོང་ མཚན་སྔགས་ཀྱིས་ཐུགས་བརྒྱུད་བསྐུལ་བ་ནས་འདི་བར་བློ་ལ་གང་འཚམ་བསྐྱར་དགོས། མཐར། བླ་མ་རྡོ་རྗེ་སེམས་ དཔའི་དཔྲལ་བའི་ༀ་ཡིག་ལས་འོད་ཟེར་དཀར་པོའི་ཚོགས་སྤྲོས་རང་གི་དཔྲལ་པར་ཐིམ་ པས་བུམ་དབང་ཐོབ། ལུས་ཀྱི་སྒྲིབ་པ་དག་སྐུ་རྡོ་རྗེ་མངོན་དུ་འགྱུར་རུང་གི་བག་ཆགས་ཁྱད་ པར་ཅན་བཞག མགྲིན་པའི་ཨཱཿཡིག་གི་འོད་ཟེར་དམར་པོ་རང་གི་མགྲིན་པར་ཐིམ་པས་ གསང་དབང་ཐོབ་ཅིང༌། ངག་གི་དྲི་མ་དག་གསུང་རྡོ་རྗེ་མངོན་དུ་འགྱུར་རུང་གི་བག་ཆགས་ བཞག ཐུགས་ཀའི་ཧཱུཾ་ཡིག་གི་འོད་ཟེར་སྔོན་པོ་རང་གི་སྙིང་གར་ཐིམ་པས་ཤེར་དབང་ ཐོབ། ཡིད་ཀྱི་སྒྲིབ་པ་དག་ཐུགས་རྡོ་རྗེ་མངོན་དུ་འགྱུར་རུང་གི་ནུས་པ་ཁྱད་པར་ཅན་བཞག ལྟེ་བའི་ཧོཿཡིག་གི་འོད་ཟེར་སེར་པོའི་ཚོགས་རང་གི་ལྟེ་བར་ཐིམ་པས་བཞི་དབང་ཡེ་ཤེས་ གཅེར་མཐོང་གི་བརྡ་དོན་གྱི་དབང་ཐོབ། ཆགས་རྟོག་གི་དྲི་མ་དག་ཡེ་ཤེས་རྡོ་རྗེ་མངོན་དུ་ འགྱུར་རུང་གི་བག་ཆགས་ཁྱད་པར་དུ་འཕགས་པ་བཞག པར་མོས་ཏེ་སེམས་གཉུག་མ་ལ་བལྟ་ཤེས་ ཙམ་བྱས་ཏེ་ཅི་ནུས་སུ་མཉམ་པར་བཞག་མཐར། བླ་མ་ཡབ་ཡུམ་འོད་ཕུང་གི་རྣམ་པར་ཞུ་སྟེ་རང་གི་སྤྱི་ བོར་ཐིམ་པས་སྒོ་གསུམ་སྐུ་གསུང་ཐུགས་ཀྱི་ངོ་བོ་དང་དབྱེར་མེད་པར་བསམ་སྟེ། བསམ་ 9-1-63 ཚུལ་གྱི་མན་ངག་འདིའི་མཐུ་ལས་རང་གི་ཚེ་འདི་འཕོས་མ་ཐག་བྱང་ཕྱོགས་ཀ་ལཱ་པའི་གྲོང་ དུ་རིགས་ལྡན་མ་འགགས་པའི་མདུན་དུ་རྩ་བའི་བླ་མའི་ཞལ་རས་མྱུར་ནས་མཇལ་བར་ ཤོག་ཅིག །སྙམ་པའི་དགེ་བསྔོས་བྱའོ། །ཞེས་པ་ཉམས་ལེན་ལ་གཞོལ་བ་སྐལ་ལྡན་གྱི་དོན་དུ་མ་ཏིས་སོ།། །། ༈ ༀ་ཨཱཿཨ་ནནྟ་ཝཀྐཱ་ཨིནྡྲ་ཧཱུཾ། ཀུན་དགའ་ངག་གི་དབང་པོའི་སྐུ་གསུང་ཐུགས་ཀྱིས་ བྱིན་གྱིས་རློབས། ༀ་ཨཱཿཝཀྐཱ་ཨིནྡྲ་ཤ་ས་ན་པྲ་ས་ཀ་ཧཱུཾ། ངག་དབང་བསྟན་པ་རབ་གསལ་ གྱི་སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་རློབས། ༀ་ཨཱཿཔྲ་ནི་དྷ་ན་བྷ་དྲ་ཧཱུཾ། ངག་དབང་སྨོན་ལམ་ བཟང་པོའི་སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་རློབས། ༀ་ཨཱཿབཛྲ་བྷ་དྲ་ཧཱུཾ། ངག་དབང་རྡོ་རྗེ་ བཟང་པོའི་སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་རློབས། ཞེས་པའང་ངག་མཁས་ལ་མཁོ་ཕྱིར་གྲགས་པའི་མིང་ གིས་བྲིས་སོ།། །། 9-1-64 ༄༅། །རྡོ་རྗེ་བཟང་པོའི་བླ་རྣམ་བྱིན་རླབས་མྱུར་ འགུགས་ཞེས་བྱ་བ་བཞུགས། ༄༅། །དཔལ་ལྡན་བླ་མ་ལ་ཕྱག་འཚལ་ནས་འདིར་བླ་རྣམ་བྱེད་ཚུལ་མདོར་བསྡུས་ལ་འདི་ལྟ་སྟེ། དང་པོ་སྐྱབས་འགྲོ་ ནི། གང་ཞིག་ཕུན་ཚོགས་མ་ལུས་འབྱུང་བའི་གཞི། །དཀོན་མཆོག་རིན་ཆེན་གསུམ་ལ་སྐྱབས་ སོང་ནས། །མཁའ་མཉམ་འགྲོ་ཀུན་བྱང་ཆུབ་མཆོག་འགོད་ཕྱིར། །ཟབ་ལམ་བླ་མའི་རྣལ་ འབྱོར་བསྒོམ་པར་བྱ། །ལན་གསུམ། རང་མདུན་ནམ་མཁར་འཇའ་ཟེར་འཁྲི གས་པའི་སྦུབས། །སེང་ཁྲི་པད་ཟླ་སྒྲ་གཅན་བརྩེགས་པའི་སྟེང༌། །མ་ལུས་རིགས་ཀྱི་སྤྱི་དཔལ་འཁོར་ལོའི་ མགོན། །ཁྱབ་བདག་རྗེ་བཙུན་ངག་དབང་རྡོ་རྗེ་བཟང༌། །མི་འགྱུར་བདེ་ཆེན་རྒྱས་པའི་སྐུ་ མདོག་དཀར། །ཐབས་ཤེས་ཟུང་འཇུག་ཕྱག་གཉིས་ཆོས་འཆད་མཛད། །བསླབ་གསུམ་རྩེར་ སོན་རྣམ་གསུམ་ཆོས་གོས་གསོལ། །རླབས་ཆེན་མཐུ་མངའ་དབུ་ལ་པད་ཞྭས་མཛེས། །སྲིད་ ཞིའི་མཐའ་གནོན་ཞབས་གཉིས་སྐྱིལ་ཀྲུང་བཞུགས། །ཟག་མེད་ཏིང་འཛིན་མཆོག་གི་ཉམས་ བརྒྱ་འབར། །རྨད་བྱུང་འོད་ཕུང་སྣང་བ་འབུམ་འཕྲོ་བ། །བརྩེ་ཆེན་ཞལ་རས་འཛུམ་དཀར་ གཡོ་བཞིན་དུ། །མཁའ་དབྱིངས་ཀུན་ཏུ་རྣམ་འཕྲུལ་འབྱམས་ཀླས་པ། །རྒྱལ་དང་རྒྱལ་སྲས་ དཔག་མེད་བཀོད་པ་ཤར། །གང་དེའི་གནས་བཞིར་ཡི་གེ་བཞི་ཡིས་མཚན། །སྐྱབས་མཆོག་ འདུས་པའི་བདག་ཉིད་ཅན་དུ་གྱུར། །དེ་ནས། སྐུ་བཞིའི་བདག་ཉིད་རྗེ་ལ་གུས་ཕྱག་འཚལ། །ལུས་དང་ལོངས་སྤྱོད་ཐམས་ཅད་མཆོད་པར་འབུལ། །ཐོག་མེད་ནས་བསགས་ཉེས་ཀུན་ ནོངས་པས་འཆགས། །སྐྱེ་འཕགས་ཀུན་གྱི་དགེ་ལ་རྗེས་ཡི་རང༌། །རྒྱ་ཆེན་ཟབ་རྒྱའི་གདམས་ 9-1-65 པའི་ཆོས་འཁོར་བསྐོར། །ནམ་ཡང་མི་བསྡུ་གཟུགས་སྐུའི་བཀོད་པ་སྟོན། །འདིའི་མཚོན་དགེ་ འདིའི་བླ་མའི་ས་ནོན་ཤོག །མི་འགྱུར་རྡོ༵་རྗོ༵འི་སྐུ་མཆོག་དྲི་མ་མེད། །རྣམ་པ་ཀུན་ལྡན་སྟོང་ གཟུགས་སྒྱུ་མའི་ལྷ། །ཟུང་འཇུག་གོ་འཕང་བཟ༵ང་པོ༵་མངོན་བྱས་པའི། །དཔལ་ལྡན་བླ་མ་ རྗེ་ལ་གསོལ་བ་འདེབས། །མགོན་ཁྱོད་ཉིད་ལས་གཞན་པའི་བདག་ལ་ནི། །རེ་བའི་སྐྱབས་ གནས་གཉིས་པ་མ་མཆིས་པས། །ད་དུང་བདག་ནི་གཡེང་མེད་ཐུགས་རྗེ་ཟུང༌། །ཐུགས་ཡིད་ དབྱེར་མེད་འདྲེས་པར་བྱིན་གྱིས་རློབས། །དེ་ནས་མོས་གུས་དྲག་པོའི་ངང་ནས། ༀ་ཨཱཿབཛྲ་དྷ་ར་ཤྲཱི་ བྷ་དྲ་ཧཱུཾ། ཞེས་པ་ཅི་ནུས་བཟླས་མཐར། དེ་ལྟར་རྩེ་གཅིག་གུས་པས་གསོལ་བཏབ་མཐུས། །བླ་མའི་ གནས་བཞིའི་ཡི་གེ་བཞི་པོ་ལས། །འོད་ཟེར་དཀར་དམར་མཐིང་སེར་ལེགས་འཕྲོས་པས། །བདག་གི་གནས་བཞིར་རིམ་བཞིན་ཐིམ་པ་ཡིས། །སྒྲིབ་པ་བཞི་དག་སྐུ་བཞིས་ས་བོན་ཐེབ། །དབང་བཞི་ཡོངས་རྫོགས་ཐོབ་ནས་རྒྱུད་སྨིན་ཏེ། །རིམ་གཉིས་ལམ་མཆོག་མྱུར་དུ་སྐྱེ་གྱུར་ ཅིག །རིགས་བརྒྱའི་ཁྱབ་བདག་བླ་མ་རིན་པོ་ཆེ། །བྱང་ཕྱོགས་ཀ་ལཱ་པ་ཡི་གྲོང་ཁྱེར་དུ། །ཟབ་གསང་བསྟན་པའི་བདག་པོར་མངའ་གསོལ་ཏེ། །རིགས་ཅན་ཡོངས་ལ་ཐེག་མཆོག་ བསྩལ་བའི་སྐབས། །བདག་སོགས་འཁོར་གྱི་ཐོག་མར་སྐྱེ་བར་ཤོག །ཅེས་རྡོ་རྗེ་འཆང་དངོས་བླ་ མ་དམ་པ་ངག་དབང་རྡོ་རྗེ་བཟང་པོའི་གང་གི་བླ་རྣམ་བྱིན་རླབས་མྱུར་འགུགས་ཞེས་བྱ་བ་འདི་ཡང་མཆེད་གྲོགས་མཆོག་དཔལ་ སང་ནས་གསུང་ངོ་མི་ལྡོ ག་ཙམ་དུ་སྙོ མ་ལས་པ་མ་ཏི་ཀིརྟི་ཞེས་པས་བྲིས་པ་དགེ།། །། 9-1-66 ༄༅། །རྡོ་རྗེ་བཟང་པོའི་བླ་མ་རྒྱང་འབོད་བྱིན་རླབས་སྒོ་འབྱེད་ ཅེས་བྱ་བ་བཞུགས་སོ། ། ༄༅། །ན་མོ་གུ་རུ། འཕོ་མེད་གཞོམ་བྲལ་བདེ་བ་ཆེན་པོ། །འོད་གསལ་ལྷུན་གྲུབ་སྐུ་ གསུམ་བདག་ཉིད། །ནང་རིག་འགྱུར་མེད་དོན་གྱི་བླ་མ། །དོན་དམ་ཆོས་སྐུའི་དབྱིངས་ནས་ གཟིགས་ཤིག །རབ་འབྱམས་རྒྱལ་ཀུན་འདུས་པའི་སྤྱི་གཟུགས། །ཡི་དམ་རྒྱུད་སྡེ་རྒྱ་མཚོའི་ མངའ་བདག །བསྟན་སྲུང་ཆོས་སྐྱོང་ཡོངས་ཀྱི་ངོ་བོ། །རྡོ་རྗེ་འཆང་དངོས་སྐྱབས་མཆོག་བླ་ མ། །མི་མངོན་དབྱིངས་ནས་ཐུགས་རྗེས་གཟིགས་ལ། །རླབས་ཆེན་བྱིན་འོད་སྣང་བའི་ཡེ་ ཤེས། །སྐལ་བཟང་ཡིད་ཀྱི་གསོས་སུ་ཕེབས་ཏེ། །མ་དག་སྣང་ཤེས་མཐའ་དག་ཆོམ་མཛོད། །བེམ་ཆོས་དབྱིངས་ནས་དྭངས་པའི་ལུས་བཟང༌། །སྐུ་ཐུགས་དབྱེར་མེད་ཟུང་འཇུག་ཆེན་ པོ། །འཇའ་ལུས་འཕོ་འགྱུར་བྲལ་བའི་མངའ་བདག །རྗེ་བཙུན་བླ་མ་རྡོ་རྗེ་བཟང་པོ། །སྐྱེ་ དང་ཚེ་རབས་ཀུན་ཏུ་མཁྱེན་ནོ། །བདག་ཅག་འཁོར་བའི་སྦུབས་རྒྱ་དྲལ་ནས། །བགྲེས་རྒུད་ སྤངས་པའི་ལུས་མཆོག་དམ་པ། །སྡུག་བདེན་བྲལ་བའི་གོ་འཕང་ཐོབ་མཛོད། །ཆོས་ཉིད་ འོད་གསལ་དོན་གྱི་ཡིན་ལུགས། །སྒྲིབ་མེད་གཟིགས་པའི་ཡེ་ཤེས་མཆོག་མངའ། །ཉེས་ ཀུན་ཟད་པའི་སྐྱབས་གནས་མཐར་ཐུག །རྗེ་བཙུན་བླ༴ འདི་དང་ཕྱི་མ་རྣམས་སུ་མཁྱེན་ནོ། །བདག་རྨོངས་འཆིང་བ་དམ་པོ་བཀྲོལ་ནས། །ཀུན་ཉོན་ཞི་བ་ཆེན་པོའི་གོ་འཕང༌། །རིང་མིན་ མྱུར་ནས་ཐོབ་པར་མཛོད་ཅིག །སྐུ་གསུང་ཐུགས་དང་ཡེ་ཤེས་རྡོ་རྗེ། རྣམ་བྱང་ཆོས་སྐུའི་ཆ་ 9-1-67 ཤས་ཡོངས་རྫོགས། །ཡོན་ཏན་ཕྲིན་ལས་གཏེར་གྱི་མངའ་བདག །རྗེ་བཙུན་བླ་མ༴ དེང་ ནས་བྱང་ཆུབ་བར་དུ་མཁྱེན་ནོ། །བདག་དང་སྐད་ཅིག་འབྲལ་བ་མེད་པར། །ཁྱོད་ཐུགས་ རང་སེམས་རོ་གཅིག་དབྱེར་མེད། །བླ་མའི་དགོངས་པར་བདག་ཡིད་ཐིམ་མཛོད། །གསང་ གསུམ་ཡོན་ཏན་བྱེ་བའི་མཛོད་འཛིན། །ཕྲིན་ལས་གདུལ་བྱ་སྐྱོབས་པའི་མཐུ་ཅན། །ཟླ་དང་ བྲལ་བའི་སྐྱབས་གནས་ཆེན་པོ། །རྗེ་བཙུན་བླ་མ༴ བདག་སོགས་འགྲོ་བའི་མགོན་སྐྱབས་ མཛད་དེ། །ཐུགས་རྗེའི་ཞགས་པ་ནམ་ཡང་མ་ལྷོ ད། །བརྩེ་བ་ཆེན་པོས་རྟག་ཏུ་གཟིགས་ལ། །འབྲལ་མེད་རིགས་ཀྱི་བདག་པོར་བཞུགས་ཤིག །སྟོང་གཟུགས་རྡོ་རྗེའི་སྐུ་མཆོག་མངའ་བ། །གཞོམ་མེད་དྲུག་ཅུའི་དབྱངས་དང་ལྡན་ཞིང༌། དྲི་བྲལ་ཀུན་མཁྱེན་ཐུགས་བཟང་འཛིན་པའི། །རྗེ་བཙུན་བླ་མ༴ སྙིང་ནས་གུས་འདུན་ཟབ་མོས་འབོད་ན། །བྱིན་རླབས་འཇའ་ཟེར་སྣང་ བའི་སྦུབས་ནས། །ཁྱོད་ཞལ་དགྱེས་པའི་འཛུམ་དཀར་བསྟན་ཏེ། །གསུང་མཆོག་རྡོ་རྗེའི་གླུ་ དབྱངས་སྒྲོགས་ཤོག །གསང་ཆེན་ཟབ་ཆོས་འབུམ་གྱིས་གཏེར་ཆེན། །རང་ལ་སངས་རྒྱས་ དངོས་ལས་ལྷག་པའི། །བླ་ན་མེད་པའི་བཀའ་དྲིན་ཅན་ཁྱོད། །དག་པའི་ཞིང་མཆོག་གང་ན་ བཞུགས་ཀྱང༌། །བདག་ལ་ཁྱེད་ལས་རེ་ས་གཞན་མེད། །ཐུགས་རྗེས་གཟིགས་ཤིག་རྡོ་རྗེ་ བཟང་པོ། །བྱིན་གྱིས་རློབས་ཤིག་རྩ་བའི་བླ་མ། །སྙིང་ནས་རེ་འོ་རེ་འབྲས་སྩོལ་ཅིག །ཁྱོད་ ཀྱི་སྤྲུལ་པ་ནམ་མཁའ་རབ་འབྱམས། །དག་དང་མ་དག་ཞིང་ཀུན་བཀང་ནས། །གདུལ་བྱ་ འདུལ་བའི་མཛད་པ་རྒྱ་ཆེན། །ནམ་ཡང་རེས་འཇོག་བྲལ་བ་ལགས་ན། །བདག་ཅག་བསོད་ ནམས་སྐལ་པའི་ཞིང་མཆོག །གཟུགས་སྐུ་སྒྱུ་མའི་གར་གྱི་རྣམ་རོལ། །མཛད་བཟང་འགྲོ་ ཁམས་འདུལ་བའི་སྐུ་སྐྱེས། །མྱུར་ནས་བསྟན་འགྲོའི་དོན་དུ་བྱོན་ཅིག །སྐྱབས་མཆོག་བླ་མ་ རྒྱང་ནས་འབོད་པའི། །གུས་འདུན་རེ་ལྟོ ས་ཟབ་མོ་ཕུལ་ན། །ཁྱེད་ཀྱི་གཟིགས་པ་འདུ་འགོག་ མེད་པར། །ཀུན་མཁྱེན་དགོངས་མཚོར་ལེགས་བཞེས་མཛོད་ཅིག །ཅེས་ངག་དབང་རྡོ་རྗེ་བཟང་པོའི་ 9-1-68 བླ་མ་རྒྱང་འབོད་བྱིན་རླབས་སྒོ་འབྱེད་ཅེས་བྱ་བ་འདི་ཡང་གང་གི་སློབ་འབངས་རབ་བྱུང་གཙང་མ་ལ་བརྩོན་པ་གྲྭ་བཙུན་ཆོས་ བཟང་གི་ངོར་མ་ཏིའི་མིང་གིས་འཕྲལ་དུ་སྨྲས་པ་ལྟར་ཡིག་རིས་གང་གི་སློབ་འབངས་ཡོན་ཏན་བཟང་པོས་བགྱིས་པའོ།། །། 9-1-69 ༄༅། །ངག་དབང་རྡོ་རྗེ་བཟང་པོའི་བླ་མ་རྒྱང་འབོད་ བསྡུས་པ་བཞུགས། ༄༅། །ན་མོ་གུ་རུ་བཛྲ་བྷ་དྲ་ཡེ། སངས་རྒྱས་ཀུན་འདུས་ཕ་ཅིག་དམ་པ། །བཀའ་དྲིན་ འཁོར་མཐའ་མེད་པའི་བླ་མ། །བདག་ཅག་སློབ་བུའི་སྐྱབས་གནས་གཅིག་པུ། །བརྩེ་ཆེན་ ཐུགས་ཀྱིས་ཡུད་ཙམ་དགོངས་མཛོད། །གནས་ཆེན་གོང་མའི་སྒྲུབ་གནས་འདི་རུ། །རྒྱལ་ ཀུན་སྤྱི་གཟུགས་དྲིན་ཅན་བླ་མ། །སྐྱབས་གནས་རྗེ་བཙུན་རྡོ་རྗེ་བཟང་པོ། །སློབ་བུའི་འཁོར་ གྱིས་བསྐོར་བའི་དབུས་ན། །མཐོང་ན་མི་མཐུན་མེད་པའི་སྐུ་མཆོག །རབ་དགྱེས་མཛེས་ འཛུམ་སྤྱན་རས་གཡོ་བཞིན། །ངེད་ཅག་སློབ་བུའི་མགོན་དུ་མི་བཞུགས། །ཞིང་ཁམས་ གཞན་དུ་ཅིའི་ཕྱིར་ཕེབས་སོང༌། །ཀྱེ་མ་ཀྱེ་ཧུད་ད་ནི་ཅི་བྱ། །ཕ་ཅིག་བླ་མའི་མཛེས་པའི་སྐུ་ བཟང༌། །ངུར་སྨིག་ན་བཟའི་རྒྱན་གོས་བཀླུབས་པས། །གདུལ་བྱའི་ཡིད་ལ་དྭངས་བ་འདྲེན་ ཞིང༌། །ངོ་མཚར་མིག་གི་དགའ་སྟོན་འདིས་མཚོན། །ཁྱེད་ཀྱི་སྐུ་ཡི་ཡོན་ཏན་དྲན་ཚེ། །སྡུག་ བསྔལ་གདུང་བས་ཡིད་ལ་ཟིན་ནས། །དབང་མེད་མིག་ལམ་མཆི་མས་གང་བཞིན། །གནས་ འདིར་སྡོད་མི་ནུས་པར་འདུག་གོ །ཀྱེ་ཧོ་དྲིན་ཅན་རྩ་བའི་བླ་མ། །ངག་དབང་རྡོ་རྗེ་བཟང་པོ་ མཁྱེན་ནོ། །དག་པ་མི་མངོན་ཆོས་ཀྱི་དབྱིངས་ནས། །ཕ་ཅིག་བླ་མའི་ཞལ་བཟང་བསྟན་ཏེ། །ངེད་ཅག་སློབ་བུའི་གདུང་བ་སོལ་ཅིག །སྐལ་བཟང་ལུས་ཅན་སློབ་མའི་ཚོགས་ལ། །ཚེ་ གཅིག་སྐུ་བཞིའི་འབྲས་བུ་སྩོལ་བའི། །གསང་ཆེན་སྔགས་ཀྱི་ཉེ་ལམ་ཟབ་མོ། །དབང་ལུང་ 9-1-70 མན་ངག་ཐབས་མཁས་ལེགས་པས། །བརྩེ་ཆེན་ཞལ་ནས་འདོམས་པའི་དགའ་སྟོན། །ད་ལྟ་ གློ་བུར་ནུབ་པ་འདི་ཅི། །གནས་སྐབས་འདི་ལ་བློ་རྩེ་ཕྱོགས་ཚེ། །དབང་མེད་མིག་མཐའ་མཆི་ མ་ཁོལ་ཞིང༌། །སྙིང་ལ་གདུང་བའི་ཟུག་རྔུས་ཐེབས་སོང༌། །ཀྱེ་མ་སྙིང་རྗེའི་དབང་ཕྱུག་ཆེན་ པོ། །རྗེ་བཙུན་བླ་མ་རྡོ་རྗེ་བཟང་པོ། །ངེད་ཚོའི་གནས་སྐབས་འདི་ལ་དགོངས་ཏེ། །མི་མངོན་ ཆོས་དབྱིངས་དྭངས་པའི་དཀྱིལ་ནས། །ཕ་ཡི་གཞོམ་མེད་གསུང་མཆོག་སྒྲོགས་ལ། །ངེད་ ཅག་སློབ་བུའི་སྡུག་བསྔལ་སོལ་ཅིག །བླ་མེད་གསང་སྔགས་ལམ་གྱི་ཉིང་ཁུ། །མ་བཅོས་ སྤྲོས་བྲལ་སེམས་ཀྱི་གཤིས་ལུགས། །ནོར་འཁྲུལ་གོལ་ས་བྲལ་བའི་མན་ངག །སྐལ་ལྡན་ སློབ་བུའི་སེམས་ལ་ཀླན་ཏེ། །སློབ་རྒྱུད་ག་དར་བྱས་པའི་སྐལ་བཟང༌། །ད་ཙམ་ཡིད་ཡུལ་ ཙམ་ལས་མ་ལྷག །སྙིང་གི་ཉི་མ་གློ་བུར་ནུབ་སོང༌། །ཀྱེ་མ་ཀྱེ་ཧུད་ད་ནི་ཅི་བྱ། །ཕ་ཅིག་ཡིད་ བཞིན་ནོར་བུ་ཁྱོད་ཀྱིས། །ངེད་ཚོའི་གནས་ཚུལ་འདི་འདྲ་དགོངས་སམ། །སྐལ་ཆད་ཆོས་ དང་བྲལ་བ་ངེད་ཅག །ཁྱོད་ཀྱི་ཐུགས་རྗེས་བཏང་བ་མིན་ན། །ངེད་ཚོའི་གདུང་ཡུས་འདི་ ལ་དགོངས་ཏེ། །བདེ་ཆེན་བྱིན་རླབས་སྣང་བ་གཡོ་བཞིན། །གཟུགས་སྐུ་དགྱེས་པའི་ལྟད་མོ་ སྟོན་ཤོག །གང་གི་བཀའ་འབངས་བདག་སོགས་ཡོངས་ལ། །ཁྱེད་ལས་གཞན་པའི་སྐྱབས་ གནས་མ་མཆིས། །ད་ལན་ཁྱེད་ལ་རེ་ལྟོ ས་བྱས་ཏེ། །གདུང་བའི་ཡུས་ཀྱིས་འོ་དོད་འབོད་ ན། །རེ་ཞིག་ཐུགས་ཀྱིས་བཏང་སྙོ མས་མ་མཛད། །ངེད་ཅག་ཉིན་དང་མཚན་མོ་ཀུན་ཏུ། །ཕ་ ཅིག་བླ་མ་དྲན་པས་མི་འབོར། །མགོན་ཁྱོད་གཟུགས་སྐུ་ཆོས་དབྱིངས་ཟུམ་ཁར། །འགྱུར་ མེད་བཀའ་ཡིས་གནང་བའི་ཐ་ཚིག །བརྩེ་ཆེན་མཁྱེན་པའི་ཀློང་དུ་བཞག་ནས། །ངེད་ཚོ་ཁྱེད་ ཀྱི་ཐུགས་རྗེས་མ་འདོར། །ཕ་གཅིག་དམ་པ་རྡོ་རྗེ་བཟང་པོ། །རེ་ཞིག་ལྗོངས་འདིར་གདུལ་ བྱ་རྫོགས་ནས། །ཞིང་ཁམས་གཞན་དུ་གཤེགས་པ་ལགས་མོད། །འོན་ཀྱང་སྐལ་བ་དམན་ པ་ངེད་ཅག །ནམ་ཞིག་ཚེ་འདིའི་སྣང་བ་ནུབ་ཚེ། །མགོན་ཁྱེད་བཞུགས་པའི་ཆོས་ཀྱི་ཡུལ་ 9-1-71 ལྗོངས། །བྱང་ཕྱོགས་གངས་ཀྱི་རི་བོས་བསྐོར་དབུས། །འདབ་བརྒྱད་པདྨོའི་དབྱིབས་ཀྱི་ལྟེ་ བར། །གསང་ཆེན་བསྟན་པ་དར་བའི་གནས་སུ། །མཚུངས་མེད་ཐུགས་རྗེའི་བདག་ཉིད་ཁྱོད་ ཀྱིས། །རིགས་ལྡན་རྒྱལ་པོའི་གདུལ་བྱར་ཁྲི ད་ནས། །ཟབ་ཆོས་ནོར་བུའི་མཛོད་སྒོ་ཕྱེས་ཏེ། །རིམ་གཉིས་ལམ་བཟང་རྒྱུད་ལ་ཞོག་མཛོད། དེ་མ་ཐོབ་པའི་ཚེ་འདིའི་རིང་ལ། བྱིན་རླབས་ མཐུ་ནུས་ལྡན་པ་ཁྱོད་ཀྱིས། །ཐུགས་རྗེས་བདག་སོགས་རྒྱུན་དུ་མ་བཏང༌། །རེ་འདོད་སྐོངས་ ཤིག་རྗེ་བཙུན་དམ་པ། །སྙིང་ནས་རེའོ་རྩ་བའི་བླ་མ། །གདུང་བས་འབོད་དོ་སྙིང་རྗེའི་དབང་ ཕྱུག །རེ་ས་གཞན་མེད་ཁྱོད་ཉིད་གཅིག་པུ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག །ཅེས་ངག་དབང་རྡོ་རྗེ་བཟང་པོའི་བླ་མ་རྒྱང་འབོད་བསྡུས་པ་འདི་ཡང་རྗེ་བླ་མ་ཞི་བར་གཤེགས་པའི་གདུང་མདུན་དུ་ཡིད་ཁ་ མིན་གཏིང་ནས་སྐྱོ་བའི་གདུང་ཤུགས་ཀྱི་སྒོ་ནས་ཚིག་ཟློས་པ་དང་བཅས་པའི་དད་པ་ཅུང་ཙམ་གྱིས་ཀུན་ནས་བསླངས་ཏེ་ཉིད་ ཀྱི་སློབ་འབངས་ཐ་ཤལ་བ་ཞིག་གིས་ཚིག་སྦྱོར་དམན་པའི་རྐང་ཆག་གི་སྒོ་ནས་རྨོངས་ཚིག་ཏུ་སྦྱར་བ་ཕྱིས་སུ་གང་སློབ་ཡོན་ཏན་ མིང་གིས་ཡི་གེ་བགྱིས་པ་འདི་ནི་དགེ་བར་གྱུར་ཅིག་གུ། 9-1-72 ༄༅། །བླ་མ་རྡོ་རྗེ་བཟང་པོའི་གསོལ་འདེབས་བཞུགས། ༄༅། །མི་འགྱུར་བདེ་ཆེན་རྒྱས་པའི་ཟློས་གར་གྱིས། །རྣམ་ཀུན་མཆོག་ལྡན་སྟོང་ གཟུགས་རྡོ་རྗེའི་སྐུ། །སྣང་ལ་རང་བཞིན་མེད་པའི་པྲ་ཕབ་གཟུགས། །དྲི་བྲལ་ཐུགས་ཀྱི་ སྣང་ཆ་བཟང་པོ་རྒྱས། །རྡོ་རྗེ་ལྟ་བུར་བརྟན་པའི་ཏིང་འཛིན་ཐོབ། །ཀུན་རྟོག་ཐ་མལ་སྣང་ བ་རིང་དུ་དོར། །མི་ཤིགས་དྭངས་མའི་ལྷ་སྐུ་མངོན་བྱས་པ། །བཟང་པོའི་ཐུགས་མངའ་ཁྱེད་ ལ་གསོལ་བ་འདེབས། །གང་གི་ཐུགས་རྗེའི་སྤྲིན་དཔུང་འཐིབས་པ་ལས། །རླབས་ཆེན་བྱིན་ རླབས་གྲུ་ཆར་ལེགས་འཇོ་བས། །བདག་རྒྱུད་སེམས་ཀྱི་འཛིན་མ་ཚིམ་བྱས་ཏེ། །གསང་ སྔགས་ལམ་གྱི་རིགས་ཁམས་སད་པ་ལས། །ངེས་འབྱུང་བྱང་ཆུབ་སེམས་ཀྱི་གཞི་རྩ་བརྟན། །རིམ་གཉིས་ལམ་གྱི་ལོ་འདབ་ཕྱོགས་བརྒྱར་བཀྲ། །ཉམས་བཟང་འབུམ་གྱི་འབྲས་བུ་ གཡུར་ཟ་བའི། །དགེ་ལེགས་ལྗོན་བཟང་གསར་བ་འཁྲུངས་གྱུར་ཅིག ། ༈ མི་ཤིགས་དྭངས་མའི་ལུས་མཆོག་རྡོ༵་རྗེ༵འི་སྐུ། །རབ་འབྱམས་ལྷ་ཚོགས་སྣང་བ་འདུ་ འཕྲོ་བ། །རྨད་བྱུང་མཛད་པའི་རྣམ་རོལ་བཟ༵ང་པོ༵་ཅན། །ཁྱབ་བདག་དཔལ་ལྡན་བླ་མར་ གསོལ་བ་འདེབས། །ཞེས་རྡོ་རྗེ་བཟང་པོའི་གསོལ་འདེབས་དེ་གཉིས་མ་ཏིས་ཇི་སྐད་སྨྲས་པ་བཞིན་ཆོས་མཆེད་དམ་ པས་ཡི་གེར་ཉེ་བར་ཕབ་པའོ།། །། 9-1-73 ༄༅། །བླ་མ་རྒྱང་འབོད་བསྡུས་པ་གསང་སྔགས་དགའ་སྟོན་ སྟེར་བྱེད་ཅེས་བྱ་བ་བཞུགས་སོ། ། ༄༅། །རྨད་བྱུང་དགེ་ལེགས་བྱེ་བའི་གཏེར་གྱུར། །དཔལ་ལྡན་སྒྱུ་འཕྲུལ་དྲ་བའི་རོལ་ པ། །གསང་གསུམ་ཆོ་འཕྲུལ་མཁའ་མཐར་སྤྲོ་མཛད། །ཁྱབ་བདག་སེམས་དཔའ་མཆོག་ གི་དགོངས་མཛོད། །སྲིད་གསུམ་དྭངས་པའི་ཡེ་ཤེས་ཆེན་པོ། །གློ་བུར་དྲི་མས་བསླད་པ་ མེད་པར། །ལྷུན་གྲུབ་ཕྲིན་ལས་རྒྱས་པའི་དབྱིངས་ནས། །ངོ་མཚར་རབས་འབྱམས་སྣང་བ་ སྟོན་ཤོག །རྣམ་མང་ཆོས་སྐུ་ཅིག་ཆར་གསལ་བའི། །བདེ་ཆེན་ཡེ་ཤེས་རྒྱས་པའི་དཀྱིལ་ འཁོར། །ནམ་ཡང་གཟིགས་པ་འདུ་འགོག་བྲལ་བཞིན། །ཀུན་མཁྱེན་ཐུགས་ཀྱིས་བརྩེ་བས་ དགོངས་ཤིག །ངེས་པ་ལྔ་ལྡན་དག་པའི་ཞིང་ནས། །ཁ་སྦྱོར་བདུན་ལྡན་ལོངས་སྤྱོད་རྫོགས་ སྐུ། །རྒྱལ་སྲས་རྒྱ་མཚོའི་འཁོར་དང་བཅས་ཏེ། །གཟུགས་སྐུ་དགྱེས་པའི་ལྟད་མོ་སྟོན་མཛོད། །འབད་མེད་འཇུག་པའི་ཡ་མཚན་བཀོད་པ། །མཁའ་དབྱིངས་ཀུན་ཏུ་ཅིག་ཆར་བརྡལ་ བས། །ཕྱོགས་ཀྱི་འཁོར་ལོ་དགེས་པར་བྱེད་བཞིན། །སྤྲུལ་བའི་སྣང་བ་འབྲལ་མེད་མཛོད་ ཅིག །མི་འགྱུར་བདེ་བའི་ཡེ་ཤེས་རང་གཟུགས། །རྣམ་ཀུན་བཀོད་པ་ཡོངས་སུ་རྫོགས་པའི། །བེམ་མིན་སྐུ་ཡི་རྡོ་རྗེ་མཆོག་གིས། །སྟོང་པའི་གཟུགས་ཀྱི་སྣང་བ་ཕེབས་ཤོག །མཁྱེན་པའི་ རང་གདངས་གཞོམ་མེད་སྒྲ་དབྱངས། །མ་ལུས་སྐད་རིག་གྲུབ་པའི་རང་བཞིན། །ཐུགས་དང་ དབྱེར་མེད་གསུང་གི་རྡོ་རྗེས། །རྒྱུད་ཚིག་སྙན་པའི་གླུ་དབྱངས་སྒྲོགས་མཛོད། །རྣམ་མང་ཆོས་ 9-1-74 ཀུན་གཟིགས་པའི་ཡེ་ཤེས། །འབད་རྩོལ་བྲལ་བའི་ངང་ནས་བཞུགས་ཏེ། །དུ་མའི་རྣམ་རོལ་ ཐུགས་ཀྱི་རྡོ་རྗེས། །ཟབ་གསང་རྟོགས་པའི་འཆར་སྒོ་ཕྱེས་ཤིག །འཕོ་མེད་བདེ་བ་ཆེན་པོའི་ བདག་ཉིད། །དཔག་ཡས་དགའ་བདེའི་ཏིང་འཛིན་རྡོལ་བའི། །དྲི་བྲལ་ཡེ་ཤེས་མཆོག་གིས་ རྡོ་རྗེས། །བདེ་ཆེན་སྣང་བ་ཆར་བར་བསྙི ལ་ཤོག །ཁྱབ་བདག་རིགས་ཀུན་འདུས་པའི་སྤྱི་ དཔལ། །དཔལ་མཆོག་དང་པོའི་རྡོ་རྗེ་མཁྱེན་ནོ། །བདག་བློའི་ཐ་མལ་ཀུན་རྟོག་སྦྱངས་ནས། །སྟོང་པའི་གཟུགས་དང་སྣང་སེམས་འདྲེས་མཛོད། །ཟབ་གསང་མངོན་རྟོགས་བྱེ་བའི་གཏེར་ གྱུར། །དཔལ་མཆོག་དང་པོའི་རྡོ་རྗེ་མཁྱེན་ནོ། །བདག་གི་སྲོག་གཟུགས་དབྱེར་མེད་གྱུར་ ཏེ། །ཐིག་ལེ་གཟུགས་སེམས་གཅིག་ཏུ་འདྲེས་མཛོད། །རྡོ་རྗེ་སེམས་དཔའ་གང་དང་གཉིས་ མེད། །དཔལ་མཆོག་དང་པོའི་རྡོ་རྗེ་མཁྱེན་ནོ། །བདག་ལུས་སྒྱུ་མའི་སྐུ་བཟང་འཛིན་ཏེ། །མ་ དག་གདོས་བཅས་རིང་དུ་དོར་མཛོད། །རིགས་དང་དཀྱིལ་འཁོར་ཀུན་གྱི་དབང་ཕྱུག །ཁྱབ་ བདག་བླ་མ་རྡོ་རྗེ་སེམས་དཔའ། །གང་དེས་རབ་འབྱམས་ལྷ་ཚོགས་སྤྲོ་བས། །ཐ་མལ་སྣང་ ཤེས་དབྱིངས་སུ་ཟུམ་མཛོད། །མ་ལུས་རིགས་ཀྱི་བདག་པོ་ཆེན་པོས། །བརྟན་གཡོའི་དངོས་ སྣང་ཅིར་ཡང་བརྫུ་བས། །མཐའ་ཡས་གདུལ་བྱ་གྲོལ་བར་བྱས་ཏེ། །འགྲོ་རྒྱུད་བདེ་བས་ སིམ་པར་མཛོད་ཅིག །ཁྱད་པར་ལས་ཉོན་བཙན་པོའི་ཤེད་ཀྱིས། །དབང་མེད་སྲིད་པར་ འཕྱན་པའི་འགྲོ་ཀུན། །འདྲེན་པ་མཆོག་གི་རྗེས་སུ་བཟུང་ནས། །རང་མིན་སྡུག་རྒྱུན་གཅོད་ པར་མཛོད་ཅིག །ཇི་སྲིད་དེ་མ་ཐོབ་པའི་བར་དུ། །ཉམ་ཆུང་སྡུག་གིས་མནར་བའི་འགྲོ་འདི། །ཐུགས་རྗེ་ཆེ་མངའི་སྐྱབས་ཞབས་ཚུད་ནས། །ངན་སོང་འཇིགས་དང་བྲལ་བར་གྱུར་ཅིག །ཅེས་བླ་མ་རྒྱང་འབོད་བསྡུས་པ་གསང་སྔགས་དགའ་སྟོན་སྟེར་བྱེད་ཅེས་བྱ་བ་འདི་ཡང་ལྷ་རྗེ་དགེ་བཟང་ལ་ཉེ་བར་མཁོ་ཕྱིར་མ་ ཏི་ཀིརྟི་ཞེས་པས་འཕྲལ་དུ་བྲིས།། །། 9-1-75 ༄༅། །རྡོ་རྗེ་འཆང་ངག་དབང་དཀོན་མཆོག་དར་རྒྱས་ཀྱི་བླ་མའི་ རྣལ་འབྱོར་བྱ་ཐབས་མདོར་བསྡུས་སུ་བཀོད་པ་ བྱིན་རླབས་སྒོ་འབྱེད་ཅེས་བྱ་བ་ བཞུགས་སོ།། ༄༅། །ན་མོ་གུ་རུ། འདིར་དཔལ་ལྡན་བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ཏེ། བླ་མའི་རྣལ་འབྱོར་བྱ་བའི་ ཐབས་ལ་ཐོག་མར་སྐྱབས་འགྲོ་ནི། ཀུན་ཁྱབ་ནང་དབྱིངས་འོད་གསལ་དྭངས་པའི་སྐུ། །ཡེ་ནས་དོན་ དམ་སྐྱབས་གསུམ་ལྷུན་རྫོགས་པ། །གཞི་འབྲས་དབྱེར་མེད་དགོངས་ཀློང་གཅིག་གི་ངང༌། །ངེས་དོན་ཕྱིར་མི་ལྡོ ག་པར་སྐྱབས་སུ་བསྟེན། །ལན་གསུམ། སེམས་བསྐྱེད་ནི། རིང་ནས་འགྲོགས་ པའི་ཆོས་ཉིད་གཤིས་ཀྱི་ཁམས། །ཀུན་རྟོག་རྨོངས་པའི་དབང་གིས་ངོ་མ་ཟིན། །འགྲོ་རྣམས་ མྱུར་ནས་རང་གསལ་མངོན་གྱུར་ཆེད། །གནས་ལུགས་བླ་མའི་རྣལ་འབྱོར་བསྒོམ་པར་བྱ། །ལན་གསུམ། དེ་ནས་རྟེན་ཡུལ་བསྐྱེད་པ་ནི། གདོད་མ་ཆོས་སྐུའི་འཕྲུལ་ཆེན་སྣང་བའི་གར། །དག་ མཉམ་ཡེ་ཤེས་ཆེན་པོའི་རོལ་པ་ལས། །མ་འགགས་སྒྱུ་མའི་བཀོད་པ་ངོ་མཚར་བ། །མདུན་ མཁར་འཇའ་ཟེར་འཁྲི གས་པའི་འོད་ཕུང་སྦུབས། །སྣ་ཚོགས་ཆུ་སྐྱེས་ཟེའུ་འབྲུར་ཟླ་གདན་ སྟེང༌། །དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །རང་ལ་སྟོན་པ་ལས་ལྷག་བཀའ་དྲིན་ ཅན། །གསུམ་ལྡན་རྡོ་རྗེ་འཛིན་པ་ཐུགས་རྗེའི་གཏེར། །རྩ་བའི་བླ་མ་འགྲོ་འདྲེན་དམ་པའི་ ཕུལ། །ངག་དབང་དཀོན་མཆོག་དར་རྒྱས་མཚན་འཆང་བ། །གང་སྐུ་དཀར་ལ་དམར་ 9-1-76 བའི་མདངས་འབར་ཞིང༌། །སྣང་བྱེད་འོད་ཟེར་སྟོང་གི་གཟི་འཕྲོ་བ། །ཞལ་བཟང་ཟླ་བའི་ དཔལ་ལས་འཕོས་པའི་མདངས། །དཀྱུས་རིང་ཨུཏྤལ་འདྲེན་བྱེད་ཟུང་གིས་མཛེས། །ཞི་ བའི་ཉམས་ལྡན་བརྩེ་ཆེན་འཛུམ་དམུལ་བ། །ཕྱག་གཉིས་ས་གནོན་ཕྱག་རྒྱའི་མཐེབ་མཛུབ་ ཀྱིས། །འདབ་ལྡན་ཆུ་སྐྱེས་ཡུ་བ་ནས་འཛིན་ཅིང༌། །གཡས་གཡོན་པདྨོའི་གེ་སར་བཞད་པའི་ སྟེང༌། །ཐབས་ཤེས་རྟགས་མཆོག་ཕྱག་རྒྱས་རྣམ་པར་མཛེས། །ཞབས་ཟུང་རྡོ་རྗེའི་སྐྱིལ་མོ་ ཀྲུང་གིས་བཞུགས། །དབུ་ལ་མཁན་ཞྭ་སྐུ་བཟང་ནབ་འགགས་དང༌། །བཅས་པའི་ངུར་སྨིག་ ན་བཟས་ལེགས་པར་མཛེས། །ངོ་མཚར་ཏིང་འཛིན་འབུམ་གྱི་ཉམས་ལྡན་ཞིང༌། །བརྩེ་ཆེན་ ཞལ་རས་དགྱེས་པའི་ལང་ཚོ་ངོམ། །གང་གི་གསང་གསུམ་ཡོན་ཏན་རྣམ་སྤྲུལ་ལས། །མཁའ་ དབྱིངས་ཕྱོགས་མཚམས་ཀུན་ཏུ་རོལ་པའི་གར། །རྩ་བརྒྱུད་བླ་མ་ཡི་དམ་ལྷ་ཚོགས་དང༌། །སངས་རྒྱས་བྱང་སེམས་ཉན་རང་འཕགས་ཚོགས་བཅས། །གོ་མཚམས་མེད་པར་སྒྱུ་མའི་ཆོ་ འཕྲུལ་འགྱེད། །དེ་ཀུན་བླ་མའི་རྣམ་རོལ་ཉིད་དུ་མོས། །(བླ་མའི་གནས་བཞིར་ཡི་གེ་འབྲུ་བཞིའི་མཚན།།) གཉུག་མ་ཆོས་སྐུའི་རང་མདངས་ཉིད་ལས་བཞེངས། །དག་སྣང་མཆོག་གི་ཡུལ་དུ་ལྷག་གེར་ གསལ། ། དེ་ནས་ཡན་ལག་བདུན་པ་ནི། མ་ལུས་རིགས་ཀྱི་ཁྱབ་བདག་དང་པོའི་མགོན། །གསང་གསུམ་ འཁོར་ལོའི་དབང་ཕྱུག་བརྟན་གཡོའི་བདག །རབ་འབྱམས་རྣམ་སྤྲུལ་བཀོད་པའི་སྤྲོ་བསྡུ་ ཅན། །དཔལ་ལྡན་བླ་མའི་ཞབས་ལ་མགོས་ཕྱག་འཚལ། །འཇིག་རྟེན་རབ་འབྱམས་ཁམས་ ཀྱི་ཡིད་འོང་གི །ཡོན་ཆབ་དྭངས་མའི་རྒྱུན་བཟང་གང་ཡོད་དང༌། །ལེགས་མཛེས་འདབ་ལྡན་ མེ་ཏོག་པདྨོའི་རིགས། །སྣ་བའི་བཅུད་ལེན་དྲི་བསུང་རབ་དཀྲིགས་པ། །སྣང་ལྡན་འོད་བཟང་ འབར་བ་གང་ཡོད་དང༌། །དྲི་ངད་ལྡན་པའི་རྒྱུན་བཟང་ལྷ་རྫས་བཤོས། །སྣ་ཚོགས་རོལ་མོའི་ སྙན་ཆ་གང་མཆིས་དང༌། །གཞན་ཡང་བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན། །ལྷ་མིའི་ 9-1-77 དཔལ་འབྱོར་མ་ཚང་མེད་པ་དང༌། །རྣལ་འབྱོར་སྔགས་བརྒྱའི་ཏིང་འཛིན་ལས་བྱུང་བའི། །ངོ་ མཚར་བཀོད་པའི་མཆོད་པ་ཇི་སྙེ ད་པས། །ནམ་མཁའ་རབ་འབྱམས་མ་ལུས་ཡོངས་བཀང་ ནས། །སྦྱངས་རྟོགས་སྦར་བའི་དམ་རྫས་རྒྱ་ཆེན་དང༌། །བླ་མེད་བདེ་ཆེན་གསང་བ་ཟབ་ མོ་ཉིད། །མཚན་འཛིན་སྤྲོས་བྲལ་ལྟ་བས་རྒྱས་བཏབ་སྟེ། །གུས་པས་འབུལ་ལོ་བརྩེ་བས་ བདག་གིར་བཞེས། །རང་གི་སྔོན་ཚེ་ཐོག་མ་མེད་པ་ནས། །ཉོན་མོངས་དབང་གྱུར་སྡིག་ལས་ གང་བགྱིས་པ། །དེང་ནས་འཆགས་སོ་ཕྱིན་ཆད་ངེས་པར་སྡོམས། །མ་ལུས་བྱང་ཞིང་དག་ པར་མཛད་དུ་གསོལ། །རྒྱ་ཆེན་ཕྱོགས་བཅུའི་ཞིང་ན་ལེགས་བཞུགས་པ། །གང་དག་གིས་ནི་ རྣམ་དཀར་གང་བསྐྲུན་པ། །དེ་དག་ལའང་སྙིང་ནས་དགའ་བ་ཡི། །ཡིད་རབ་དྭངས་བའི་ངང་ ནས་ཡི་རང་ངོ༌། །རྣམ་སྤྲུལ་མཛད་པའི་བཀོད་པ་མཐའ་ཀླས་པས། །དག་དང་མ་དག་ཞིང་ གི་གདུལ་བྱ་ལ། །རང་རང་འཚམ་པའི་ཆོས་ཀྱི་འཁོར་ལོ་ཡིས། །ཁམས་དབང་མཐུན་པའི་ མངོན་རྟོགས་བསྐྱེད་དུ་གསོལ། །རྟག་བརྟན་གཞོམ་གཞིག་བྲལ་བ་ཆོས་སྐུ་ཉིད། །འཕོ་མེད་ རྡོ་རྗེའི་ཁམས་སུ་བརྟན་མོད་ཀྱང༌། །འགྲོ་ངོར་རེས་འཇོག་ཚུལ་གྱིས་མི་བཞུགས་པར། །དུས་ ཀུན་མངོན་གྱུར་སྐལ་བཟང་ནུབ་མེད་མཛོད། །རབ་དཀར་བསོད་ནམས་གང་དེའི་ལེགས་ བྱས་ཀྱིས། །ནང་དབྱིངས་ཆོས་སྐུའི་དགོངས་ཀློང་མྱུར་མཇལ་ཏེ། །རིང་མིན་གཤེགས་སྙིང་ དེ་ཉིད་མངོན་བྱས་ནས། །དོན་དམ་བླ་མའི་མཛད་སྒོ་ཡོངས་མཉམ་ཤོག ། དེ་ནས་གསོལ་བ་འདེབས་པ་ནི། རྒྱལ་ཀུན་ཆོས་སྐུ་ཉག་གཅིག་དགོངས་ཡངས་ནས། །ངེས་པ་ དོན་གྱི་རང་མདངས་ལས་ཤར་བའི། །རྣམ་ཀུན་མཛད་པ་རྒྱ་ཆེའི་འཕྲུལ་བཟང་གིས། །སྤྲུལ་ སྐུ་བཤེས་གཉེན་དམ་པར་གསོལ་བ་འདེབས། །ཟབ་རྒྱས་གདམས་པའི་ངག་གི་དབང་ཕྱུག་ ཆེ། །སྐྱབས་གནས་དཀོན་མཆོག་ཀུན་དངོས་འགྲོ་འདྲེན་དཔལ། །སྒྲུབ་བརྒྱུད་ངེས་གསང་ དར་ཞིང་རྒྱས་མཛད་པའི། །དཔལ་ལྡན་རྡོ་རྗེ་འཛིན་ལ་གསོལ་བ་འདེབས། །སྐྱེ་བ་འདི་དང་ 9-1-78 མ་འོངས་ཚེ་རབས་ཕྲེང༌། །བདག་སོགས་བཤེས་གཉེན་མཆོག་གི་ཐུགས་རྗེ་ཡིས། །ནམ་ ཡང་གཡེལ་མེད་རྟག་པར་ལེགས་བསྐྱངས་ཏེ། །རིམ་གཉིས་ལམ་བཟང་ཀུན་ནས་ཡོངས་ རྒྱས་མཛོད། །ཅེས་པའམ་བསྡུ་ན། སངས་རྒྱས་ཀུན་དངོས་བརྩེ་གཟིགས་ཟླ་མེད་པ། །བཀའ་དྲིན་ གསུམ་ལྡན་རྩ་བའི་བླ་མ་མཆོག །ངག་དབང་དཀོན་མཆོག་དར་རྒྱས་མཚན་ཅན་ལ། །སྙིང་ ནས་གསོལ་འདེབས་བདག་རྒྱུད་བྱིན་གྱིས་རློབས། །ཞེས་པ་གཉིས་གང་རུང་ཅི་འགྲུབ་ཀྱིས་གསོལ་བ་ བཏབ་མཐར། དེ་ལྟར་རྩེ་གཅིག་གསོལ་བ་བཏབ་པའི་མཐུས། །རིགས་བདག་བླ་མའི་གཟུགས་སྐུ་ གནས་འགྱུར་ཏེ། །སྐད་ཅིག་ཉིད་ལ་བདེ་སྟོང་ཟུང་འཇུག་སྐུ། །ཧེ་རུ་ཀ་དཔལ་དཔའ་བོ་རྡོ་རྗེ་ སེམས། །རབ་དཀར་སྟོན་ཟླ་འབུམ་གྱི་འོད་འབར་བ། །དྲི་མེད་ཡེ་ཤེས་སྐུ་བཟང་ལྷམ་མེ་བ། །སྙེ མས་མ་དཀར་མོ་ཤེས་རབ་མ་དང་བཅས། །ཡབ་ཡུམ་ཞལ་སྦྱོར་བདེ་སྟོང་གར་གྱིས་རོལ། །རང་རིག་ཕྱག་མཚན་དང་བཅས་སྙོ མས་པར་ཞུགས། །རིན་ཆེན་རུས་པའི་རྒྱན་བཟང་དྲ་ བ་ཅན། །འོད་དཀར་ལྡི ང་ཁང་དབུས་ན་ལེགས་བཞུགས་པ། །གང་དེའི་གནས་བཞིར་རྡོ་རྗེ་ རྣམ་བཞིའི་མཚན། །དམ་ཡེ་གཉིས་སུ་མེད་པའི་བདག་ཉིད་གྱུར། །བླ་མ་རྡོ་རྗེ་སེམས་དཔའ་ བདག་ལ་དགོངས། །རྨོངས་པའི་དབང་གྱུར་བདག་གིས་ཐོག་མེད་ནས། །སྐུ་གསུང་ཐུགས་ ཀྱི་ཉམས་ཆགས་གང་བསགས་པ། །དེ་དག་བླ་མ་མགོན་པོའི་དྲུང་དུ་བཤགས། །བྱང་ཞིང་ དག་ནས་ཚངས་པའི་དངོས་གྲུབ་སྩོལ། །ཧེ་རུ་ཀའི་ཡིག་བརྒྱ་ཅི་ནུས་བཟླས། བདག་གིས་ཐོག་མ་མེད་ ནས་ད་ལྟའི་བར། །ཉོན་མོངས་དབང་གིས་བཟོད་དཀའ་སྡིག་པའི་ལས། །མི་དགེ་བཅུ་དང་ མཚམས་མེད་ཉེ་བ་ལྔ། །སོ་བྱང་སྔགས་ཀྱི་བཅས་མཚམས་དང་འགལ་བའི། །ཉེས་ལྟུང་དྲི་ མའི་ཚོགས་རྣམས་གང་མཆིས་པ། །སྙིང་ནས་ཆེས་ཆེར་འགྱོད་པ་དྲག་པོའི་སྒོས། །སྦ་གསང་ མེད་པར་མཐོལ་ཞིང་བཤགས་བགྱིད་དོ། །སླན་ཆད་མི་བགྱིད་བྱང་ཞིང་དག་མཛད་གསོལ། 9-1-79 །ཡང་ཧེ་རུ་ཀའི་ཡིག་བརྒྱ་ཟླ། ཁྱབ་བདག་དཔལ་ལྡན་བླ་མ་ངག་དབང་དཀོན་མཆོག་དར་རྒྱས་གང་ དང་དབྱེར་མ་མཆིས་པའི་དཔལ་ཧེ་རུ་ཀ་ཆེན་པོའི་སྐུའི་དཔྲལ་བ་ནས་ཡི་གེ་བརྒྱ་པའི་སྔགས་ ཕྲེང་ཁ་དོག་དཀར་པོ་འོད་ཟེར་གྱི་ཚོགས་དང་བཅས་པ་སྐད་ཅིག་གིས་ཆད་དེ་རང་གི་དཔྲལ་ བར་ཐིམ་པས་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་དཔལ་ལྡན་བླ་མའི་སྐུའི་དམ་ ཚིག་ཉམས་ཆག་ཐམས་ཅད་བྱང་ཞིང་དག་པར་གྱུར་པར་བསམ་བཞིན་ཡིག་བརྒྱ་བཟླ། ཡང་དཔལ་ ལྡན་བླ་མ་གང་དང་དབྱེར་མ་མཆིས་པའི་དཔལ་ཧེ་རུ་ཀ་ཆེན་པོའི་སྐུའི་མགྲིན་པ་ནས་ཡི་གེ་ བརྒྱ་པའི་སྔགས་ཕྲེང་ཁ་དོག་དམར་པོ༴ སོགས་ནས། མགྲིན་པ་དང་གསུང་ལ་འདོན་པ་སྤོ་བཞིན་ཡིག་བརྒྱ་བཟླ། ཡང་དཔལ་ལྡན་བླ་མ་གང་དང་དབྱེར་མ་མཆིས༴ སོགས་ནས། སྔོན་པོ་སྙིང་ག་དང་ཐུགས་ལ་འདོན་པ་སྤོ་ བཞིན་ཡིག་བརྒྱ་བཟླའོ། ། དེ་ནས་དབང་བཞི་བླང་པ་ནི། མི་ཤིགས་བདེ་སྟོང་རང་བཞིན་ཆོས་ཀྱི་སྐུ། །ཁ་སྦྱོར་བདུན་ལྡན་ ལོངས་སྐུ་རྡོ་རྗེ་སེམས། །བརྩེ་བ་ཆེན་པོས་རྗེས་ཆགས་རབ་གཡོ་བས། །བླ་མེད་དབང་བཞིའི་ ཐུགས་དགོངས་གཏད་པར་གྱུར། །མགོན་པོས་གཏད་པའི་བདེ་ཆེན་རིག་མ་ཡི། །འོ་འཛིན་ རང་གིས་རེག་པའི་ཉམས་མྱོང་གིས། །དགའ་བ་དང་པོའི་ཡེ་ཤེས་ལེགས་འཕོས་ཏེ། །བུམ་ པའི་དབང་གིས་སད་སྒྲིབ་ལེགས་སྦྱང་མཛོད། །བླ་མ་ཡབ་ཡུམ་སྙོ མས་པར་ཞུགས་པ་ལས། །ཀུན་ད་མིང་མེད་ཀྱིས་བླང་རང་ལྕེ ར་བཞག །མཆོག་དགའི་ཡེ་ཤེས་ཉམས་བཟང་གསར་ བ་ཕྱེས། །གསང་བའི་དབང་གིས་རྨི་ལམ་སྒྲིབ་པ་སྦྱོངས། །བླ་མས་རང་ལ་གཏད་པའི་རིག་ མ་དང༌། །མཉམ་སྦྱོར་འཛག་མེད་བྱེད་པའི་དགའ་སྟོན་ལས། །ཤེས་རབ་ཡེ་ཤེས་ཞི་བདེ་ རབ་རྒྱས་ཤིང༌། །ཤེར་དབང་ཟབ་མོས་གཉིད་འཐུག་སྒྲིབ་པ་སོལ། །འཁོར་ལོའི་དབང་ཕྱུག་ རྗེ་ཡི་ཞལ་བཟང་ལས། །སྤྲོས་མེད་དོན་དམ་བརྡ་དབང་ལེགས་བསྐུར་བས། །ཟུང་འཇུག་ ལྷན་སྐྱེས་ཡེ་ཤེས་ངོ་འཕྲོད་ནས། །བཞི་པའི་དབང་གིས་གནས་ལུགས་རིམ་མངོན་ཤོག །དེ་ 9-1-80 ནས་བསྡུ་རིམ་ནི། རིགས་ཀྱི་བདག་པོ་བླ་མ་རྡོ་རྗེ་སེམས། །གང་གིས་རྣམ་པར་རོལ་པ་ཀུན་ བསྡུས་ནས། །ཁོང་ཉིད་ཀུན་རྫོབ་བླ་མའི་ངོ་བོར་འཕོས། །རང་གི་སྤྱི་བོར་ནས་ཞུགས་སྙིང་ ནང་བཞུགས། །རྐྱེན་དེས་རང་གི་ཐ་མལ་སྒོ་གསུམ་དང༌། །དཔལ་ལྡན་བླ་མའི་རྡོ་རྗེ་བཞིའི་ ངོ་བོ། །དབྱེར་མེད་རོ་མཉམ་གཉུག་མ་གཅིག་གི་ངང༌། །ནང་རིག་བླ་མའི་རང་ཞལ་མངོན་ གྱུར་ཅིག ། བསྔོ་བ་ནི། རབ་དཀར་དགེ་བའི་ཕུང་པོ་འདིས་མཚོན་པའི། །རང་གཞན་དུས་གསུམ་ བསགས་དགེ་ཇི་སྙེ ད་དེས། །ནམ་ཞིག་བླ་མ་མངོན་བྱང་ཆུབ་པའི་ཞིང༌། །གང་དེར་འཁོར་ གྱི་ཐོག་མར་བདག་སྐྱེ་ཤོག །སྐྱེས་མ་ཐག་ཏུ་བརྩེ་བས་རྗེས་བཟུང་ནས། །ཟབ་གསང་རིམ་ གཉིས་གདམས་པའི་བཅུད་ཀྱིས་བསྐྱངས། །ཚེ་དེར་གསང་ཆེན་ལམ་བཟང་མཐར་ཕྱིན་ནས། །ཟུང་འཇུག་གདོད་མ་ཆོས་སྐུར་གྲོལ་གྱུར་ཅིག །དེ་ནས་གསང་གསུམ་ཡོན་ཏན་ལྷུན་གྲུབ་ ཀྱིས། །འབད་མེད་འགྲོ་དོན་གཞན་ངོར་མཛད་བཟང་ཆེ། །འཁོར་བ་ཇི་སྲིད་རྟག་པར་ཁྱབ་ བརྡལ་བས། །འགྲོ་ཀུན་རྨོངས་སངས་གཤེགས་སྙིང་དོན་རྟོགས་ཤོག །ཅེས་སོགས་ཀྱིས་དགེ་བ་ བསྔོ་ལ། འདིར་རྡོར་སེམས་སྒྲུབ་པར་མི་སྤྲོ་ན། གོང་རྟེན་བསྐྱེད་སྐབས་ཀྱི། བླ་མའི་རྣམ་རོལ་ཉིད་དུ་མོས། །ཞེས་ མཐར། བླ་མའི་གནས་བཞིར་ཡི་གེ་འབྲུ་བཞིས་མཚན། །ཞེས་པ་བཙུད་ལ་གསོལ་འདེབས་མཐར། དཔལ་ ལྡན་བླ་མ་མཆོག་གི་ཐུགས་དགོངས་དབྱིངས། །འོད་གསལ་མ་བཅོས་གཉུག་མའི་ཡེ་ཤེས་ སུ། །རང་གསལ་འབྲལ་མེད་ངང་ནས་ལྷུག་པར་བཞག །མ་གཡེང་ཤུགས་འབྱུང་གཤིས་ ནས་མཚན་སྔགས་བཟླ། །དེ་ནས་མཚན་སྔགས་ནི། ༀ་ཨཱཿ་གུ་རུ་ཝཀྐིནྡྲ་རཏྣ་ཤ་ས་ན་པུཥྚ່་སིདྡྷི་ཕ་ལ་ ཧཱུཾ། ཞེས་པ་ཅི་ནུས་བཟླ། བླ་མའི་གནས་བཞིའི་ཡི་གེ་བཞི་པོ་ལས། །འོད་ཟེར་དཀར་དམར་མཐིང་ སེར་བཞི་སྤྲོས་ཏེ། །རང་གི་གནས་བཞིར་ཐིམ་པས་སྒྲིབ་བཞི་དག །དབང་བཞིས་རྡོ་རྗེ་རྣམ་ 9-1-81 བཞི་མངོན་བྱེད་གྱུར། ། བསྡུ་རིམ་ནི། རིགས་ཀྱི་བདག་པོ་བླ་མ་རིན་པོ་ཆེ། གང་གིས་རྣམ་པར་རོལ་པ་ཀུན་བསྡུས་ ནས། །རང་གི་སྤྱི་བོར༴ ཞེས་སོགས། གོང་སྨོས་དག་གིས་མཐར་དབྱུང་བར་བྱས་ཀྱང་ཆོག་གོ །ཞེས་རྡོ་རྗེ་འཆང་ངག་ དབང་དཀོན་མཆོག་དར་རྒྱས་ཀྱི་བླ་མའི་རྣལ་འབྱོར་བྱ་ཐབས་མདོར་བསྡུས་སུ་བཀོད་པ་བྱིན་རླབས་སྒོ་འབྱེད་ཅེས་བྱ་བ་འདི་ ཡང་དཔལ་ལྡན་བླ་མ་གང་གི་སློབ་བུ་རབ་བྱུང་གཙང་མར་བརྩོན་པ་གྲྭ་བཙུན་སངས་རིན་དོན་ཡོད་བཟང་ཕྲིན་རྒྱམ་གསུམ་གྱི་ མོས་འདུན་མ་བཟློག་ཙམ་དུ། མ་ཏིས་སྨྲས་པ་དགེ། །། 9-1-82 ༄༅། །ངག་དབང་དཀོན་མཆོག་དར་རྒྱས་ཀྱི་བླ་རྣམ་ རྡོར་སེམས་སྒོམ་བཟླས་བཞུགས། ༄༅། །ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་ངག་དབང་དཀོན་མཆོག་དར་རྒྱས་ཀྱི་བླ་རྣམ་རྡོར་སེམས་སྒོམ་བཟླས་ལ། ཐོག་ མར་སྐྱབས་སེམས་ནི། རྩ་བའི་བླ་མ་དཀོན་མཆོག་གསུམ་གྱི་མངའ་བདག་ལ་གུས་པས་སྐྱབས་སུ་ འཆིའོ། །སེམས་ཅན་མ་ལུས་པའི་དོན་དུ་བླ་མ་མཆོག་གི་གོ་འཕང་མངོན་བྱེད་ཀྱི་ཆེད་ཉིད་ཀྱི་ རྣལ་འབྱོར་བསྒོམ་པར་བགྱི། ལན་གསུམ། དེ་ནས་སྒོམ་བཟླས་དངོས་ནི། སྐད་ཅིག་གིས་མདུན་གྱི་ནམ་ མཁར་དཔལ་ལྡན་བླ་མའི་ཐུགས་ཆོས་སྐུའི་རོལ་པ་ལས་པད་ཟླའི་གདན་འཕྲལ་དུ་གྲུབ་པའི་ སྟེང་དུ་དཔལ་ཧེ་རུ་ཀ་རྡོ་རྗེ་སེམས་དཔའི་སྐུ་ཟླ་བ་ཆུ་ཤེལ་འོད་དཀར་སྟོང་འབར་གྱི་ཕུང་ པོ་ལྟར་རབ་ཏུ་དཀར་བ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོར་དྲིལ་ཐུགས་ཀར་བསྣོལ་བཞིན་ ཡུམ་སྙེ མས་མ་དཀར་མོ་རང་མཚུངས་ལ་འཁྱུད་ཅིང༌། ཡུམ་གྱིས་གྲི་ཐོད་བཅས་ཡབ་དང་ སྦྱོར་བ་ཡབ་རྡོ་རྗེ་ཡུམ་པདྨའི་སྐྱིལ་ཀྲུང་གིས་བཞུགས་བཞིན་དར་གོས་སྤང་བ་རུས་པ་དང༌། རིན་པོ་ཆེ་རྒྱན་དྲུག་གིས་མཛེས་ཤིང་གནས་བཞིར་རྡོ་རྗེ་རྣམ་བཞིའི་ས་བོན་གྱིས་མཚན་པ། གདོད་ནས་དམ་ཡེ་དབང་བསྐུར་ཆེན་པོ་རང་རྩལ་དུ་གཤིས་ནས་རྫོགས་པའི་ཐུགས་ཀར་ ཟླ་གདན་ཐུགས་ཀྱི་ས་བོན་དང་མེ་ལོང་ལ་གཟུགས་བརྙན་ལྟར་ཧཱུཾ་ཡིག་དཀར་པོའི་མཐར་ ནང་དུ་མཚན་སྔགས་དང་ཕྱིར་ཡིག་བརྒྱའི་སྔགས་ཕྲེང་དཀར་གསལ་གྱིས་བསྐོར་བར་གྱུར། སྔགས་བཟླ་བ་ལ་གཉིས་ལས། དང་པོ་མཚན་སྔགས་བཟླ་བ་ནི། དཔལ་ལྡན་རྩ་བའི་བླ་མའི་ 9-1-83 ངོ་བོ་ལ་རྣམ་པ་དཔལ་ཧེ་རུ་ཀ་ཡབ་ཡུམ་དུ་བཞེངས་པའི་ཡབ་ཀྱི་ཐུགས་སྲོག་མཐར་མཚན་ སྔགས་ཀྱི་ཡིག་ཕྲེང་བཀོད་པ་ལ་དམིགས། ༀ་ཨཱཿཝཀྐིནྡྲ་རཏྣ་ཤ་ས་ན་པཱུཥྚ່་ཀུ་རུ་སིདྡྷི་ཕ་ལ་ ཧཱུཾ། ཞེས་པ་ཅི་ནུས་བཟླ་མཐར་གསོལ་བ་འདེབས་པ་ནི། སངས་རྒྱས་ཀུན་འདུས་བླ་མ་རིན་པོ་ཆེ། །སྐྱབས་ མཆོག་ཡོངས་ཀྱི་མངའ་བདག་བཀའ་དྲིན་ཅན། །དཀོ༵ན་མཆོ༵ག་ད༵ར་རྒྱ༵ས་མཚན་ལ་གསོལ་ བ་འདེབས། །བདག་སྒྲིབ་སྦྱངས་ཤིང་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་པའི་གསོལ་འདེབས་ཕུར་ ཚུགས་སུ་ཡང་ཡང་བྱ། གཉིས་པ་ཡིག་བརྒྱ་བཟླ་བ་ནི། བླ་མ་དཔལ་ཧེ་རུ་ཀའི་ཐུགས་སྲོག་མཚན་སྔགས་ བཅས་མཐར་གྱི་ཡིག་བརྒྱའི་སྔགས་ཕྲེང་ལ་ཉེ་བར་དམིགས་ཏེ། འདིར་ཧེ་རུ་ཀའི་ཡིག་བརྒྱ་བཟླ། བླ་ མ་ཧེ་རུ་ཀ་ཡབ་ཡུམ་ཀྱི་སྦྱོར་མཚམས་ནས་བདུད་རྩི་དཀར་པོ་འོ་མའི་རྒྱུན་བཞིན་ལུད་པས་ རང་གི་སྤྱི་བོ་ནས་ཞུགས་ལུས་ཕྱི་ནང་ཐམས་ཅད་བཀྲུས་སྡིག་སྒྲིབ་ཉམས་ཆགས་ཐམས་ཅད་ དུད་ཁུ་དང་སོལ་ཁུའི་རྣམ་པ་འོག་སྒོ་རྐང་མཐིལ་སོགས་ནས་བྱུང༌། ས་འོག་རིམ་པ་དགུའི་ འོག་ཏུ་སོང་ནས་དབང་ཆེན་གསེར་གྱི་ས་གཞི་ལ་ཐིམ་པར་བསམ། ཡི་གེ་བརྒྱ་པ་བཟླ། དཔལ་ ལྡན་བླ་མ་ཡབ་ཡུམ་གྱི་ཐུགས་བརྩེ་བ་ཆེན་པོས་ལེགས་པར་དགོངས་ཤིག བདག་གིས་ འཁོར་བ་ཐོག་མ་མེད་པ་ནས་ད་ལྟ་ལ་ཐུག་གི་བར་མི་དགེ་བ་བཅུ། མཚམས་མེད་པ་ལྔ། དེ་ དང་ཉེ་བ་ལྔ་བཅས་པ་དང་སོ་བྱང་སྔགས་གསུམ་གྱི་སྡོམ་པའི་མི་མཐུན་ཕྱོགས་གང་བྱུང་ཚད་ ཐམས་ཅད་ལ་ཡིད་གཏིང་ནས་རབ་ཏུ་འགྱོད་དེ་གནོང་བ་ངོས་བཟུང་བ་ལགས་ཏེ་ཉེས་ལྟུང་ དེ་དག་དག་པར་མཛད་དུ་གསོལ། ཡི་གེ་བརྒྱ་པ་བཟླ། དཔལ་ལྡན་བླ་མ་རྡོ་རྗེ་སེམས་དཔས་བརྩེ་ བར་དགོངས་ལ། བདག་གིས་དུས་དེ་རིང་ཕན་ཆད་ནས་སྲོག་ལ་བབས་ཀྱང་སྡིག་ལས་ཉེས་ ལྟུང་གི་སྒོ་དེ་འདྲ་ངེས་པར་མི་བགྱི་ཞིང་ཤིན་ཏུ་བསྡོམས་པར་ངེས་པས་སྒྲིབ་ཀུན་སྦྱངས་པར་ མཛད༴ ཡིག་བརྒྱ་བཟླ། འཁོར་ལོའི་དབང་ཕྱུག་ཧེ་རུ་ཀ་ཡབ་ཡུམ་གྱི་ཐུགས་ཆོས་སྐུ་ཀུན་ཁྱབ་ ཀྱི་དབྱིངས་ནི་རྩ་བའི་བླ་མའི་ཐུགས་ཡིན་ཞིང་དེ་ཉིད་རང་སེམས་གསལ་སྟོང་གི་གཤིས་སུ་ 9-1-84 ངོ་ཤེས་པར་བྱས་ནས་རང་གསལ་དེའི་ངང་དུ་རང་བབས་ཤུགས་འབྱུང་གིས་བལྟ་ཤེས་ཙམ་ བཞག་ལ། ཡིག་བརྒྱ་བཟླ། མཐར། བླ་མ་རྡོ་རྗེ་སེམས་དཔའི་གནས་བཞིར་ༀ་ཨཱཿཧཱུཾ་ཧོཿབཞི་དཀར་ དམར་མཐིང་སེར་གྱི་མདོག་རྣམས་ལས་འོད་ཟེར་རང་མདོག་རེ་རེ་རིམ་པས་འཕྲོས་ཏེ་རང་ གི་གནས་བཞི་ལ་ཐིམ་པས་དབང་བཞི་ཐོབ་ཅིང་སྒྲིབ་བཞི་ལེགས་དག་གི་སྐུ་བཞི་མངོན་ གྱུར་དུ་མོས་ལ་མཉམ་པར་འཇོག དེ་ནས་རྡོར་སེམས་ཡབ་ཡུམ་རང་གི་སྤྱི་བོར་ཐིམ་པས་གསང་ གསུམ་སྒོ་གསུམ་དབྱེར་མེད་ཀྱི་ངང་ནས་དགེ་བ་བསྔོ་བ་ཡང༌། དགེ་བ་འདི་ཡིས་ལུས་འདི་བོར་ མ་ཐག་ནས་དཔལ་ལྡན་བླ་མ་ཞིང་ཁམས་གང་བཞུགས་ཀྱི་དྲུང་དུ་སྐྱེས་དེ་དོན་གཉིས་ཡོངས་ རྫོགས་ཀྱིས་གཞན་ཕན་འབྱུང་བར་ཤོག སྙམ་དུ་དགེ་བསྔོ་བྱའོ། །ཞེས་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་ངག་ དབང་དཀོན་མཆོག་དར་རྒྱས་ཀྱི་བླ་རྣམ་རྡོར་སེམས་སྒོམ་བཟླས་དང་འབྲེལ་བ་འདི་ཡང་ངག་དབང་ཤེས་རབ་ལྡན་གྱི་ངོར། མ་ ཏིས་སྨྲས་སོ།། །། 9-1-85 ༄༅། །རྡོ་རྗེ་འཆང་ངག་དབང་དཀོན་མཆོག་དར་རྒྱས་ཀྱི་ བླ་མ་རྒྱང་འབོད་དང་གསོལ་འདེབས་ སོགས་ཀྱི་སྐོར་བཞུགས་སོ། ། ༄༅། །འཕོ་བྲལ་བདེ་བ་ཆེན་པོའི་ཡེ་ཤེས། །རང་བྱུང་ལྷན་སྐྱེས་བརྟན་གཡོ་ཀུན་ཁྱབ། །གདོད་ནས་བཞུགས་པའི་ཆོས་སྐུ་ཆེན་པོ། །སྒྱུ་འཕྲུལ་མཛད་བཟང་གསར་བ་ངོམ་མཛོད། །ཆོས་སྐུ་གཅིག་པུའི་རྣམ་འཕྲུལ་རབ་འབྱམས། །མཁའ་དབྱིངས་ཀུན་ཏུ་མཛད་པ་མི་མངའ། །འོན་ཀྱང་གདུལ་བྱའི་སྣང་ངོར་འཚམ་པའི། །མཛད་བཟང་གཟུགས་སྐུའི་སྣང་བ་སྟོན་ཤོག །ངེས་པ་ལྔ་ལྡན་ཞིང་གི་མགོན་པོ། །རིགས་བརྒྱའི་ཁྱབ་བདག་རྡོ་རྗེ་འཆང་ཆེན། །གང་འདུལ་ མཛད་པས་འགྲོ་ཁམས་འདུལ་ཆེད། །བཤེས་གཉེན་མི་ཡི་ཤ་ཚུགས་འཛིན་པ། །བཀའ་དྲིན་ གསུམ་ལྡན་རྩ་བའི་བླ་མ། །ངག་དབང་དཀོན་མཆོག་དར་རྒྱས་མཁྱེན་ནོ། །གསང་གསུམ་ རླབས་ཆེན་བྱིན་རླབས་སྒོ་བརྒྱས། །བདག་སོགས་སློབ་བུའི་སེམས་རྒྱུད་དུལ་མཛོད། །བདེ་ སྟོང་སྒྱུ་མའི་ལང་ཚོ་རྒྱས་པ། །གསང་གསུམ་དཀྱིལ་འཁོར་རིགས་ཀྱི་བདག་པོ། །དུས་ཀྱི་ འཁོར་ལོ་ཤེར་ཕྱིན་ལྷ་མོ། །གང་དག་རྣམ་དབྱེར་མེད་པའི་འདྲེན་མཆོག །བཀའ་དྲིན་གསུམ་ ལྡན༴ སོགས་འགྲེས། སྒྱུ་འཕྲུལ་སྲས་པོ་ལྷ་བརྒྱའི་གཙུག་རྒྱན། །ཀུན་གཟིགས་སྟོན་པ་བུ་རམ་ ཤིང་པ། །བསྟན་པ་ཡོངས་ཀྱི་མངའ་བདག་ཆེན་པོ། །གང་གི་འཕྲིན་ལས་སྤྲུལ་པའི་བཤེས་ གཉེན། །བཀའ་དྲིན་གསུམ༴ སོགས། ས་བཅུའི་དབང་ཕྱུག་སྤྲུལ་པའི་རོལ་གར། །ཟླ་བ་བཟང་ 9-1-86 སོགས་ཆོས་ཀྱི་རྒྱལ་པོ། །གསང་སྔགས་བསྟན་པའི་མངའ་བདག་ཆེ་བ། །གང་དག་གི་ནི་ རྣམ་པར་རོལ་པ། །བཀའ་དྲིན་གསུམ༴སོགས། འཕགས་ཡུལ་ཟབ་དགུའི་གཞུང་ལུགས་དྲངས་ མཛད། །དུས་ཞབས་པ་སོགས་ལོ་པཎ་སྐྱེས་ཆེན། །བསིལ་ལྗོངས་མདོ་སྔགས་བསྟན་འཛིན་ སྤྱི་དང༌། །ཁྱད་པར་གསང་ཆེན་བརྒྱུད་པའི་རྣམ་སྤྲུལ། །བཀའ་དྲིན་གསུམ༴ སོགས། ཡང་སྒོས་ རིགས་ལྡན་སྤྲུལ་པའི་སྐུ་མཆོག །ངེས་དོན་བསྟན་པའི་ཤིང་རྟའི་སྲོལ་འབྱེད། །དུས་གསུམ་ སངས་རྒྱས་ཀུན་མཁྱེན་དོལ་པོ། །ཡབ་སྲས་བརྒྱུད་པར་བཅས་པའི་ངོ་བོ། །བཀའ་དྲིན་ གསུམ༴ སོགས། མགོན་དེའི་བསྟན་པ་ཡོངས་ཀྱི་མངའ་བདག །སྤྱོད་འཆང་དབང་པོ་བླ་མའི་ རྣམ་རོལ། །གསང་བདག་རྗེ་བཙུན་སྒྲོལ་བའི་མགོན་པོ། །ཡབ་སྲས་བརྒྱུད་འཛིན་བཅས་ པའི་བདག་ཉིད། །བཀའ་དྲིན༴ སོགས། གཞན་ཡང་ཡི་དམ་རྒྱུད་སྡེ་རབ་འབྱམས། །གཏན་གྱི་ སྐྱབས་མཆོག་རིན་ཆེན་རྣམ་གསུམ། །གནས་གསུམ་དཔའ་མོ་ཆོས་སྐྱོང་ལ་སོགས། །སྐྱབས་ ཡུལ་ཡོངས་ཀྱི་སྤྱི་གཟུགས་བླ་མ། །བཀའ་དྲིན༴ སོགས། ཆོས་ཀྱི་ས་བོན་སྐྲུན་བྱེད་ཕ་མཆོག །ཟག་མེད་ལུས་བཟང་བསྐྱེད་པའི་ཕ་མ། །བདག་སོགས་སྡུག་བསྔལ་དབུགས་དབྱུང་མགོན་ པོ། །ལྷག་པར་བྱམས་བརྩེས་སྐྱོང་བའི་གཉེན་བཟང༌། །བཀའ་དྲིན༴ སོགས། བྱིས་བློ་རྨོངས་ པའི་ངང་ཚུལ་འཛིན་པ། །བདག་སོགས་སློབ་འབངས་ཡོང་ལ་བརྩེ་བས། །ལེགས་ཉེས་བླང་ དོར་སྟོན་པའི་བླ་མ། །བཀའ་དྲིན་འཁོར་མཐའ་བྲལ་བའི་དྲིན་ཅན། །བཀའ་དྲིན༴ སོགས། ཉིན་ བྱེད་འོད་ཀྱིས་དོར་བའི་ཆུ་སྐྱེས། །པདྨོའི་མཚོ་དང་བྲལ་བའི་ངང་མོ། །དེ་བཞིན་བླ་མས་བོར་ བའི་སློབ་འབངས། །ནམ་ཡང་གཡེལ་མེད་ཐུགས་རྗེས་མ་དོར། །དད་དོ་དད་དོ་སྙིང་ནས་ དད་དོ། །རེའོ་རེའོ་ཉིད་ལ་རེའོ། །མཁྱེན་ནོ་མཁྱེན་ནོ་བརྩེ་བས་གཟིགས་མཛོད། །ལྷང་ལྷང་ ཚིག་གིས་རྒྱང་ནས་འབོད་དོ། །གང་ཐུགས་དགོངས་ཡངས་ཆོས་སྐུའི་དབྱིངས་ནས། །བརྩེ་ ཆེན་མཁྱེན་པའི་གཟིགས་རྒྱ་བསྐྱེད་དེ། །ཉམ་ཐག་སློབ་བུས་གདུང་དབྱངས་ང་རོས། །ཇི་ 9-1-87 བཞིན་འབོད་ན་རེ་འདོད་སྐོང་མཛོད། །བདག་སོགས་ཚེ་འདི་འཕོས་མ་ཐག་ཏུ། །མགོན་ཁྱོད་ གང་དུ་བཞུགས་པའི་ཞིང་དེར། །སྲས་ཀྱི་ཐུ་བོ་ཉིད་དུ་གྱུར་ཏེ། །གདམས་ཟབ་བཅུད་ཀྱིས་ རྟག་སྐྱོང་མཛོད་ཅིག །ཅེས་པའི་བླ་མ་རྒྱང་འབོད་འདི་ཡང་སངས་རིན་སོགས་སློབ་བུ་གསུམ་གྱི་ངོར་མ་ཏིས་སོ།། །། ༄༅། །དཔལ་ལྡན་ཡེ་ཤེས་འཁོར་ལོ་ཀུན་ཁྱབ་པ། །རྣམ་ཀུན་མཆོག་ལྡན་གསང་ གསུམ་སྤྲུལ་པའི་གར། །གང་འདུལ་གཟུགས་སྐུའི་བཀོད་པ་རབ་འབྱམས་འཕྲུལ། །རིས་ བྲལ་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས། །གང་གི་ཐུགས་རྗེའི་རོལ་པ་ལས་ཤར་པས། ངོ་ མཚར་དགེ་བའི་བཤེས་གཉེན་མཆོག་གི་ཕུལ། །མདོ་སྔགས་ཟབ་རྒྱས་ཆོས་ཆར་འབེབས་ མཛད་པའི། །བཀའ་དྲིན་འཁོར་མེད་བླ་མར་གསོལ་བ་འདེབས། །བདག་ཅག་སེམས་ རྒྱུད་ཁྱེད་ཀྱིས་བྱིན་རླབས་ཏེ། །ཚེ་འདིར་རིམ་གཉིས་རྟོགས་པ་མྱུར་སྐྱེ་ཞིང༌། །ཕྱི་མར་ཁྱེད་ བཞུགས་དག་པའི་ཞིང་ཁམས་སུ། །ཐུགས་སློབ་གྱུར་ཏེ་གསང་ཆེན་མཐར་ཕྱིན་ཤོག །འདི་ དངོས་གྲུབ་ལ་མཁོ་ཕྱིར་མ་ཏིས་སྨྲས།། །། ༄༅། །དཔལ་ལྡན་རྡོ་རྗེ་རྣམ་བཞིའི་མངའ་བདག །རབ་འབྱམས་གསང་གསུམ་ འཁོར་ལོའི་མགོན་པོ། །ཁྱབ་བདག་རྡོ་རྗེ་སེམས་དཔའི་ངོ་བོ། །རྩ་བའི་བླ་མའི་ཐུགས་ རྗེས་གཟིགས་ཤིག །དུས་གསུམ་སངས་རྒྱས་རྣམ་པར་འཕྲུལ་ཆེན། །གང་འདུལ་མཛད་ བཟང་བསམ་མི་ཁྱབ་པ། །གང་ལས་དུས་མཐར་རྡོ་རྗེ་འཛིན་པ། །བདག་ཅག་ཡོངས་ཀྱི་ སྐྱབས་གནས་གཅིག་པུ། །སྐུ་དྲིན་འཁོར་མེད་ཕ་ཅིག་དམ་པ། །རྩ་བའི་བླ་མ་ཐུགས་རྗེའི་ གཏེར་གྱུར། །དཀོན་མཆོག་དར་རྒྱས་མཚན་ཅན་ཁྱེད་མཁྱེན། །དུས་རྣམ་ཀུན་ཏུ་ཐུགས་ རྗེས་ཟུངས་ཤིག །ཀུན་གཟིགས་སྟོན་པའི་གསུང་རབ་ཆོས་སྒོ། །མདོ་དང་སྔགས་ཀྱི་ཐེག་ 9-1-88 པ་མ་ལུས། །བརྩེ་ཆེན་གསུང་གི་མཛད་པ་བཟང་པོས། །གདུལ་བྱའི་རྒྱུད་དང་འཚམ་པར་ སྩོལ་མཛོད། །སྐུ་དྲིན་འཁོར་མེད༴ སོགས་འགྲེས། རླབས་ཆེན་ཕུན་ཚོགས་འབྱུང་བའི་སྒོ་གཅིག །འོད་གསལ་ཡེ་ཤེས་དམ་པའི་ཐུགས་མཆོག །འཁོར་འདས་ཡོངས་ཁྱབ་དོན་དམ་ཆོས་སྐུ། །ངོ་མཚར་ཆོ་འཕྲུལ་སྒྱུ་མའི་དཔལ་གྱུར། །སྐུ་དྲིན༴ སོགས། མི་འགྱུར་བདེ་ཆེན་ཡེ་ཤེས་ཕུལ་ བྱུང༌། །སྟོང་གཟུགས་རྣམ་ཀུན་མཆོག་ལྡན་ཟུང་འཇུག །མ་ལུས་རིགས་ཀྱི་དཀྱིལ་འཁོར་སྤྲོ་ མཛད། །དགའ་ཆེན་འཁོར་ལོའི་དབང་ཕྱུག་ཉག་གཅིག །སྐུ་དྲིན༴ སོགས། གང་འདུལ་སྤྲུལ་ པའི་རོལ་གར་སྟོན་པ། །སྙི གས་དུས་རྨོངས་མུན་ཁྲོ ད་དུ་བྱོན་ཏེ། །བདག་སོགས་བརྩེ་བས་ རྗེས་སུ་བཟུང་ནས། །བློ་ཁ་ཆོས་ལ་སྐོར་འདི་ཁྱོད་དྲིན། །སྐུ་དྲིན༴ སོགས། རང་ཉིད་ད་རེས་ ཁྱེད་དང་མཇལ་ཡང༌། །ལས་ཉོན་དབང་གིས་ཉམས་ཆག་གང་བྱུང༌། །ཚུལ་འདི་ཀུན་མཁྱེན་ ཐུགས་ཀྱིས་གཟིགས་ལ། །སྐུ་གསུང་ཐུགས་ཀྱི་ནོངས་འགལ་སྐོང་མཛོད། །ད་ཡན་སྡིག་ལྟུང་ གང་ཕོག་ལ་འགྱོད། །ཕྱིན་ཆད་སྲོག་ལ་ཐུག་ཀྱང་ཉེས་སྡོམ། །དེ་སླད་ཐུགས་དགོངས་བརྩེ་ ཆེན་ཀློང་ནས། །གཟིགས་པ་ནམ་ཡང་འདོར་བ་མ་མཛད། །མཁྱེན་ནོ་རྩ་བའི་བླ་མ་ཁྱེད་ཉིད། །འབོད་དོ་ཞིང་ཁམས་གང་ན་བཞུགས་ཀྱང༌། །རེ་འོ་བདག་ལ་ལེགས་ཉེས་ཅི་བྱུང༌། །སྐྱབས་ མགོན་ཁྱེད་ལས་རེ་ཡུལ་གཞན་མེད། །དཔལ་ལྡན་བླ་མའི་ཐུགས་རྗེས་གཟིགས་ལ། །འདི་ ཕྱི་ཀུན་ཏུ་འབྲལ་བ་མེད་པར། །བདག་གི་རིགས་ཀྱི་བདག་པོར་བཞུགས་ཏེ། །སྒོ་གསུམ་སྐུ་ གསུང་ཐུགས་སུ་ཤོག་ཅིག །ཅེས་པའི་བླ་མ་རྒྱང་འབོད་འདི་ཡང་ཤེས་རབ་བཟང་གི་མོས་འདུན་བཞིན། མ་ཏིས་ སྨྲས་སོ།། །། ༈ གསང་ཆེན་ང༵ག་གི་དབ༵ང་ཕྱུག་རྡོ་རྗེ་འཆང༌། །སྐྱབས་གནས་དཀོ༵ན་མཆོ༵ག་འགྲོ་ཕན་ ད༵ར་བའི་གཉེན། །དབྱེར་མེད་བདག་སོགས་ཆོས་བློ་རྒྱ༵ས་མཛད་པ། །དཔལ་ལྡན་རྩ་བའི་བླ་ མར་གསོལ་བ་འདེབས། ། 9-1-89 ༈ མི་འགྱུར་བདེ་སྟོང་ཟུང་འཇུག་དག་པའི་སྐུ། །གསང་གསུམ་རབ་འབྱམས་ལྷ་ཚོགས་ སྤྲོ་བའི་མགོན། །རིགས་བརྒྱའི་ཁྱབ་བདག་དུས་ཀྱི་འཁོར་ལོ་ལ། །གསོལ་བ་འདེབས་སོ་ ཆོས་སྐུ་མངོན་གྱུར་ཤོག །ཅེས་གསོལ་འདེབས་འདི་གཉིས་ཀུན་དཔལ་ལ་མཁོ་ཕྱིར་མ་ཏིས་སོ།། །། ༈ རྨད་བྱུང་ངག་གི་གདམས་ངག་ཟབ་མོ་སྤེལ། །རིམ་གཉིས་རྟོགས་པའི་དབང་ཕྱུག་ རྡོ་རྗེ་འཛིན། །རབ་ཏུ་དཀོ༵ན་པའི་གསང་ཆེན་མཆོ༵ག་ད༵ར་མཛད། །བསྟན་པ་རྒྱ༵ས་བྱེད་རྗེ་ ལ་གསོལ་བ་འདེབས། །བདག་གིས་སྙིང་ནས་རེ་ལྟོ ས་ལེགས་བྱ་བ། །ཚུལ་འདི་མགོན་པོའི་ མཆོག་གི་ལེགས་དགོངས་ཏེ། །སྐུ་གསུང་ཐུགས་ཀྱིས་བདག་རྒྱུད་བྱིན་རློབས་ལ། །ནམ་ཞིག་ བླ་མའི་དྲུང་དུ་ཡོང་འཕོས་ཤོག །ཅེས་འདི་ཡང་ངག་དབང་རིགས་ལྡན་ལ་མཁོ་ནས། མ་ཏིས་སོ།། །། 9-1-90 ༄༅། །རྡོ་རྗེ་འཆང་ངག་དབང་དཀོན་མཆོག་དར་རྒྱས་ལ་གསོལ་ འདེབས་དགོས་དོན་ལྷུན་གྲུབ་ཅེས་བྱ་བ་ བཞུགས་སོ། ། ༄༅། །ན་མོ་གུ་རུ། དཀྱིལ་འཁོར་རྒྱ་མཚོའི་གཙོ་བོ་རིགས་ཀུན་གྱི་ཁྱབ་བདག །ཁ་ སྦྱོར་བདུན་གྱི་དབང་ཕྱུག་ལོངས་སྤྱོད་ཀྱི་སྐུ་བཟང༌། །ངེས་པ་ལྔ་ལྡན་དག་པའི་ཞིང་མཆོག་གི་ གནས་ནས། །རྣལ་འབྱོར་དག་སྣང་ཡུལ་དུ་བྱིན་འོད་ཅིག་ཕོབ་ཤོག །རང་མདུན་མཁའ་ལ་ ཀུན་བཟང་འཇའ་ཟེར་གྱི་ཀློང་དུ། །རྡོ་རྗེ་འཆང་ཆེན་ཆོས་རྒྱལ་རྩ་བརྒྱུད་ཀྱི་བླ་མ། །ཡི་དམ་ རྒྱུད་སྡེ་སྐྱབས་མཆོག་རྣམ་གསུམ་གྱི་རོལ་པ། །མཐུ་ཆེན་ཆོས་སྐྱོང་དཔུང་བཅས་ངོ་མཚར་ གྱི་བཀོད་པ། །ཟད་མེད་མཆོད་སྤྲིན་རྨད་དུ་བྱུང་བ་ཡི་དགྱེས་བསྐྱེད། །ཀུན་བཟང་འཕྲུལ་ ལ་འགྲན་པའི་ཞིང་མཆོག་ཏུ་གྱུར་ཅིག །སྒོ་གསུམ་གུས་པས་ཕྱག་འཚལ་མཆོད་ཚོགས་ ཀུན་འབུལ་ལོ། །ཉམས་པ་འཆགས་སོ་རྒྱ་ཆེན་དགེ་བ་ལ་ཡི་རང༌། །གང་འདུལ་ཆོས་འཁོར་ བསྐོར་ཞིང་འགྲོ་འདྲེན་དུ་རྟག་བཞུགས། །རིང་མིན་བླ་མའི་ཆོས་སྐུ་མངོན་གྱུར་དུ་ཤོག་ཅིག །རྡོ་རྗེ་འཆང་ཆེན་སྐྱབས་གནས་ཀུན་འདུས་ཀྱི་བདག་ཉིད། །མི་ཕྱེད་དད་པས་སྙིང་ནས་ གསོལ་བ་ཞིག་འདེབས་སོ། །གསང་རྒྱུད་མཐའ་དག་འཛིན་པའི་ཆོས་མཆོག་གི་དབང་ཕྱུག །ཆོས་རྒྱལ་རིགས་ལྡན་སྤྲུལ་པའི་བཀོད་པ་རུ་སྤྲོ་བའི། །ཁྱབ་བདག་རྡོ་རྗེ་འཆང་ཆེན་ཆོས་ རྒྱལ་གྱི་དབང་པོ། །གསོལ་བ་འདེབ་སོ་བདག་རྒྱུད་བྱིན་གྱིས་རང་རློབས་ཤིག །བྱིན་རླབས་ 9-1-91 དོན་གྱི་བརྒྱུད་པའི་དཔལ་ལྡན་གྱི་བླ་མ། །རྣམ་མང་ངུར་སྨྲིག་འཛིན་པའི་སྐྱབས་གནས་ཀྱི་ རྣམ་རོལ། །རྩ་བརྒྱུད་བླ་མའི་ངོ་བོ་བྱིན་རླབས་ཀྱི་གཏེར་མཛོད། །གསོལ་བ་འདེབ་སོ་རང་ རྒྱུད་སྨིན་པ་རུ་མཛོད་ཅིག །དུས་ཀྱི་འཁོར་ལོ་བདེ་དགྱེས་གསང་གསུམ་གྱི་དཀྱིལ་འཁོར། །རྣམ་བཞི་རྒྱུད་སྡེའི་ལྷ་ཚོགས་བགྲང་ཡས་ཀྱི་མངའ་བདག །ཡི་དམ་ཀུན་དང་གཉིས་མེད་ རིགས་བདག་གི་གཙོ་བོ། །གསོལ་བ་འདེབས་སོ་རྣམ་གཉིས་དངོས་གྲུབ་ཀུན་སྩོལ་ཅིག །སྲིད་ཞིའི་མཐའ་ལས་འདས་པའི་ཡང་དག་གི་གོ་འཕང༌། །སྤངས་རྟོག་མཐར་ཕྱིན་བདུད་ བཞིའི་གཡུལ་ཆེན་ལས་རྒྱལ་བ། །དུས་གསུམ་སངས་རྒྱས་ཀུན་དངོས་རྗེ་བཙུན་གྱི་བླ་མ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྐྱབས་འོག་ནས་མ་འདོར། །དྲི་བྲལ་འདུས་མ་བྱས་པ་ ཡེ་ཤེས་ཀྱི་ཆོས་སྐུ། །ཞི་བསིལ་བདུད་རྩིའི་དགའ་སྟོན་ངོ་མཚར་གྱི་སྐྱབས་གནས། །ཡང་ དག་དམ་པའི་ཆོས་ཀྱི་བང་མཛོད་ཀྱི་རྗེ་བོ། །གསོལ་བ་འདེབས་སོ་སྨིན་གྲོལ་ལམ་མཆོག་ ལ་དབང་མཛོད། །རིགས་དང་གྲོལ་བའི་ཡོན་ཏན་མཐའ་ཀླས་པའི་བདག་ཉིད། །ཚོགས་ མཆོག་དགེ་འདུན་འདུས་པ་ལྷ་མི་ཡི་མཆོད་འོས། །གང་གི་ཐུགས་རྗེའི་དཔལ་ལས་ལེགས་ འོང་གི་སྐྱབས་གནས། །གསོལ་བ་འདེབས་སོ་ཐར་བའི་སྒོ་འབྱེད་རང་མཛོད་ཅིག །ཡེ་ཤེས་ འཕྲུལ་གྱིས་ཆོས་སྐྱོང་མཐུ་ལྡན་དུ་བཞེངས་པ། །བསྟན་བསྲུང་ནག་པོ་ཆེ་སོགས་ཡེ་ཤེས་ ཀྱི་སྤྱན་ལྡན། །གང་འདུལ་ཐབས་ཀྱི་མཛད་ཕྲིན་སྣ་ཚོགས་ཀྱི་བྱེད་པོ། །གསོལ་བ་འདེབས་ སོ་བར་ཆད་མཐའ་དག་ལས་རྒྱལ་མཛོད། །གཞན་ཡང་བརྟན་གཡོ་སྣ་ཚོགས་མ་ལུས་པའི་ སྣང་བ། །རབ་འབྱམས་སྒྱུ་མའི་འཕྲུལ་བཟང་ནམ་མཁའ་དང་མཉམ་པ། །ལུས་ཅན་འགྲོ་ བ་འདྲེན་པའི་དགའ་སྟོན་དུ་སྩོལ་བའི། །དོན་དམ་ཆོས་སྐུའི་བླ་མ་ཉག་གཅིག་རང་མཁྱེན་ ནོ། །གུས་གདུང་བརྩེ་བས་འབོད་པའི་ཉམ་ཆུང་གི་བུ་སློབ། །མ་རིག་ཚང་ཚིང་སྡུག་པའི་ མུན་གྲོལ་ན་ལུས་པ། །ཀུན་མཁྱེན་ཡེ་ཤེས་སྣང་བའི་འོད་བཟང་གིས་བསྐྱངས་ཏེ། །གཞི་རྩ་ 9-1-92 རྨོངས་མུན་མྱུར་ནས་སེལ་བ་རང་མཛོད་ཅིག །ཡེ་བཞུགས་གདོད་མའི་གནས་ལུགས་སྲོག་ ཆེན་གྱི་དྭངས་མ། །ནང་དབྱིངས་ཆོས་སྐུ་ཉག་གཅིག་ངེས་དོན་གྱི་བླ་མ། །བསལ་བཞག་སྒྲིབ་ མེད་ངང་ནས་རང་ཞལ་ཉིད་མཇལ་བའི། །གདོད་མ་ཆོས་སྐུའི་གཏན་སྲིད་ཟིན་པ་རུ་མཛོད་ ཅིག །ཇི་སྲིད་དེ་མངོན་བར་གྱི་གནས་སྐབས་ཀྱི་ཕྲེང་བ། །སྐྱབས་ཀུན་འདུས་པའི་ཐུགས་རྗེ་ གཡེལ་མེད་ཀྱི་ངང་ནས། །མི་འབྲལ་སྤྱི་བོའི་རྒྱན་དུ་རིགས་བདག་གི་རྣམ་པར། །ནམ་ཡང་ རྗེས་བརྩེ་ལྷོ ད་པ་མི་མངའ་བར་གྱུར་ཅིག །ཅེས་བླ་མ་རྡོ་རྗེ་འཆང་ངག་དབང་དཀོན་མཆོག་དར་རྒྱས་ལ་གསོལ་ འདེབས་དགོས་དོན་ལྷུན་གྲུབ་ཅེས་བྱ་བ་འདི་ཡང་གཙང་སྤྲུལ་ངག་དབང་བསོད་ནམས་དཔལ་ལྡན་ཕྱོགས་ལས་རྣམ་རྒྱལ་གྱིས་ འདི་ལྟ་བུ་དགོས་ཞེས་ཆེད་གཉེར་མཛད་པ་བཞིན་མ་ཏིའི་མིང་གིས་བྲིས།། །། 9-1-93 ༄༅། །བླ་མ་རྒྱང་འབོད་བྱིན་རླབས་མྱུར་འབེབས་ ཞེས་བྱ་བ་བཞུགས། ༄༅། །འཕོ་མེད་གཞོམ་བྲལ་བདེ་བ་ཆེན་པོ། །འོད་གསལ་རྣམ་ཀུན་མཆོག་ལྡན་རང་ གཟུགས། །དཀྱིལ་འཁོར་རྒྱ་མཚོ་རིགས་བརྒྱའི་ཁྱབ་བདག །ཆོས་དབྱིངས་གདོད་མའི་ དབྱིངས་ནས་གཟིགས་ཤིག །མི་རྟོག་ཡེ་ཤེས་གནས་ལུགས་ཟབ་མོར། །སྟོང་གཟུགས་སྒྱུ་ མའི་ལྷ་སྐུར་བཞེངས་པ། །སྐུ་ཡི་རྡོ་རྗེ་སྒྱུ་འཕྲུལ་དྲ་བས། །མ་དག་གདོས་བཅས་སྦུབས་རྒྱ་ ཆོམ་མཛོད། །ཡེ་རླུང་གཞོམ་མེད་ནཱ་དའི་སྒྲ་དབྱངས། །བདེ་ཆེན་དྭངས་མའི་གཟུགས་སུ་ ངོམ་པ། །གསུང་གི་རྡོ་རྗེ་ལོངས་སྤྱོད་རྫོགས་པས། །ཐ་མལ་ངག་ལ་དབང་བསྒྱུར་མཛོད་ཅིག །ཟག་བྲལ་སྒྱུ་མའི་སྐུ་ཡི་ལང་ཚོ། །རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་སྤྲོ་བཞིན། །མི་རྟོག་ ཐུགས་ཀྱི་རྡོ་རྗེ་མཆོག་གི །སྣང་གསུམ་འཕོ་བའི་རྨོངས་པ་སོལ་ཅིག །ཟུང་འཇུག་ཡེ་ཤེས་ གསར་བའི་སྐུ་བཟང༌། །འགྱུར་མེད་བདེ་ཆེན་རྒྱས་པའི་གར་བསྒྱུར། །དོན་གྱི་འོད་གསལ་ ཡེ་ཤེས་རྡོ་རྗེ། །རིགས་ཀྱི་བདག་པོའི་གོ་འཕང་སྩོལ་ཤོག །ཀྱེ་ཧོ་རང་རིག་དོན་གྱི་བླ་མ། །གནས་ལུགས་ཆོས་ཉིད་གསལ་བའི་གཤིས་ནས། །སྟོང་གཟུགས་སྒྱུ་མའི་ལྷ་རུ་བཞེངས་ལ། །ཐུགས་ཡིད་དབྱེར་མེད་འདྲེས་པར་མཛོད་ཅིག །ཅེས་བླ་མ་རྒྱང་འབོད་བྱིན་རླབས་མྱུར་འབེབས་ཞེས་བྱ་ བའི་ཚིག་ཚོགས་ཉུང་བསྡུས་སུ་བཀོད་པ་འདི་ཡང་རབ་བྱུང་གཙང་མ་ལ་བརྩོན་པའི་གྲྭ་བཙུན་དངོས་གྲུབ་བཟང་སོགས་གྲྭ་གཞོན་ འགའ་ཞིག་གིས་མོས་འདུན་མ་བཟློག་ཙམ་དུ་མ་ཏིའི་མིང་གིས་འཕྲལ་དུ་བྲིས།། །། 9-1-94 ༄༅། །ངག་དབང་བློ་གྲོས་གྲགས་པའི་སྐྱེ་ཕྲེང་ གསོལ་འདེབས་བཞུགས། ༄༅། །ཀ་དག་སྐྱེ་མེད་ལྷུན་གྲུབ་རོལ་པ་ལས། །ངོ་མཚར་སྒྱུ་མའི་སྤྲུལ་བསྒྱུར་གུ་རུ་ རྗེ། །གང་འདུལ་བཀོད་ཆེན་ནམ་མཁའ་རབ་འབྱམས་བརྡལ། །རྩ་གསུམ་རིགས་ཀྱི་བདག་ པོར་གསོལ་བ་འདེབས། །གང་གི་ཐུགས་རྗེའི་མཐུ་ལས་འགྲོ་འདྲེན་མཁན། །དངོས་བརྒྱུད་ མང་བྱོན་རྣམས་དང་ཁྱད་པར་དུ། །གངས་རིའི་ལྗོངས་འདིར་སྔ་འགྱུར་གསང་ཆེན་སྐབས། །བཀའ་ཕྱོགས་དགོངས་བརྙེས་སྤ་མི་མི་ཕམ་མགོན། །གླིང་རྗེའི་དུས་སུ་སྣང་ཆུང་གཡུ་སྟག་ མཚན། །དུས་ཕྱིའི་བཀའ་གཏེར་ཆོས་འཛིན་ངྷི་མིང་ཅན། །གཏེར་སྟོན་མཁའ་སྤྱོད་གླིང་ སོགས་གང་བརྫུ་བ། །དུས་མཐར་བསྟན་འགྲོའི་ཁུར་འཛིན་དེ་དག་ལ། །སྙིང་ནས་མོས་གུས་ དང་བཅས་གསོལ་འདེབས་ན། །བདག་རྒྱུད་བྱིན་རློབས་ནང་དབྱིངས་བུམ་པའི་སྐུ། །འོད་ གསལ་རིག་པའི་གཤིས་སུ་རབ་མངོན་ཏེ། །ཆོས་སྐུ་ཀུན་བཟང་དགོངས་ཆེན་མྱུར་མཇལ་ ཤོག །འདི་ཡང་སེམས་ཉིད་རང་གྲོལ་གྱི་ཐུགས་འདུན་མ་བཟློག་ཙམ། མ་ཏིས་སོ།། །། 9-1-95 ༄༅། །བླ་མ་རིན་པོ་ཆེ་ངག་དབང་བློ་གྲོས་གྲགས་པའི་སྐྱེ་ཕྲེང་ གསོལ་འདེབས་ནོར་བུ་ཀེ་ཏ་ཀའི་ཕྲེང་བ་ཡིད་གཉིས་ཀྱི་ རྙོག་མ་གསལ་བྱེད་ཅེས་བྱ་བ་ བཞུགས་སོ། ། ༄༅།། དུས་གསུམ་སངས་རྒྱས་ཀུན་གྱི་ཆོས་སྐུ་གཅིག །འཁོར་འདས་གནས་ལུགས་ དོན་ལ་བཟང་ངན་མེད། །བྱམས་དང་བརྩེ་བས་གཞན་ཕན་འབད་མེད་སྤྱོད། །རིན་ཆེན་ རྣམ་གསུམ་བླ་མར་གསོལ་བ་འདེབས། །གཞི་རྒྱུད་དང་པོའི་སངས་རྒྱས་རྟག་པའི་བདག །མི་འགྱུར་བདེ་སྟོང་ཟུང་འཇུག་ལྷུན་གྱིས་གྲུབ། །གསང་གསུམ་རབ་འབྱམས་མཛད་པ་ མཐའ་ཡས་གཏེར། །བླ་མ་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །བླ་མའི་ཆོས་སྐུས་སྤྲུལ་ པའི་སྒྱུ་འཕྲུལ་ལས། །ཐབས་ཤེས་ཨིནྡྲ་ནཱི་ལའི་ལྷུན་པོ་ལ། །གསེར་མདོག་སྤྲིན་གྱི་མེ་ཏོག་ འཁྱི ལ་བ་བཞིན། །ཟུང་འཇུག་དུས་ཀྱི་འཁོར་ལོར་གསོལ་བ་འདེབས། །དཔལ་ལྡན་བླ་ མས་གང་ལ་གང་འདུལ་གྱི། །གདུལ་བྱ་སོ་སོའི་ཁམས་དང་མོས་མཐུན་ལྟར། །གཟིངས་ དང་ཟམ་པ་སེམས་ཅན་སེམས་མེད་སོགས། །ཤཱཀྱ་སེང་གེར་སྤྲུལ་ལ་གསོལ་བ་འདེབས། །བླ་མས་སེམས་དཔའ་སྣ་ཚོགས་སྣང་བའི་འཕྲུལ། །སྔགས་ཀྱི་ཞིང་གཙོ་མི་བདག་ཚུལ་དུ་ བརྫུ། །རྫོགས་ལྡན་བསྟན་པའི་གདུགས་འདེགས་པདྨ་དཀར། །ཆོས་རྒྱལ་ཡབ་སྲས་སྤྲུལ་ ལ་གསོལ་བ༴ བླ་མས་ཤཱཀྱ་སེངྒེས་རྫོགས་ལྡན་མདོ། །གང་གསུངས་ཐམས་ཅད་མི་བརྗེད་ 9-1-96 གཟུངས་ཀྱིས་འཛིན། །གདུལ་ཞིང་རྣམས་ལ་ཆོས་སྦྱིན་འགྲོ་ཕན་སྟེར། །ལི་ཙཱ་མཐོང་དགར་ སྤྲུལ་ལ་གསོལ་བ༴ བླ་མས་བསིལ་ལྡན་ལྗོངས་སུ་སླར་སྤྲུལ་བཀྱེ། །ཆོས་སྲིད་ཟུང་འབྲེལ་ ཁྲི མས་བཟང་ས་གཞི་ལ། །བདེ་སྐྱིད་ཨུཏྤལ་དཀར་པོའི་ཕྲེང་བ་འཁྲི གས། །སྲོང་བཙན་སྒམ་ པོ་ཁྱེད་ལ་གསོལ་བ་འདེབས། །བླ་མས་སྔ་འགྱུར་གསང་ཆེན་བཀའ་ཕྱོགས་ལས། །གསང་ བ་མན་ངག་ཐེག་དགུའི་རྫོགས་པ་ཆེ། །ཨ་ཏི་ཡོ་གའི་རྒྱུད་བཞིན་བརྡ་དོན་རྟོགས། །སྤ་ མི་མི་ཕམ་སྤྲུལ་ལ་གསོལ་བ་འདེབས། །བླ་མས་དམུ་རྒོད་སྐྱེ་བོ་བཏུལ་བའི་ཆེད། །པད་ དཀར་འཛིན་པས་སེང་ཆེན་གླིང་རྗེར་སྤྲུལ། །དེ་དུས་སྤྱི་དཔོན་སྐུ་སྲས་འཕྲུལ་སྟོབས་ལྡན། །སྣང་ཆུང་གཡུ་སྟག་སྤྲུལ་ལ་གསོལ་བ་འདེབས། །བླ་མས་གང་འདུལ་མཛད་ཆེན་ལེགས་ བསྐྱོད་དེ། །པདྨས་མ་འོངས་དོན་དུ་ཆོས་ནོར་སྦས། །དེ་རྣམས་འདོན་པའི་གཏེར་ཆེན་ མང་བྱོན་ལས། །སྤྲུལ་བསྒྱུར་དུ་མར་མཛད་ལ་གསོལ་བ་འདེབས། །བླ་མས་སྤྲུལ་གར་སྣ་ ཚོགས་མཛད་གནང་བས། །ཁམས་འདིར་རྒྱལ་བསྟན་ལྗོན་བཟང་རྒྱས་སྤེལ་ཆེད། །སློབ་ ཚོགས་བསྡུས་ནས་ཆོས་ཀྱི་ཆར་ཆེན་ཕབ། །དབང་ཕྱུག་ལྷ་མོར་སྤྲུལ་ལ་གསོལ་བ་འདེབས། །གདམས་ཟབ་བཀའ་གཏེར་ཆུ་ཀླུང་གཅིག་འདྲེས་རྒྱུན། །འདྲེན་མཛད་མང་བྱོན་རྣམས་ ལས་ཁྱད་འཕགས་པ། །ཀུན་མཁྱེན་ཀློང་ཆེན་རང་ལུགས་སླར་གསལ་མཁན། །འཇམ་ དཔལ་དགྱེས་པའི་རྡོ་རྗེར་གསོལ་བ་འདེབས། །བླ་མས་མདོ་སྨད་གསེར་ལྡན་དཀྱིལ་འཁོར་ དུ། །བསྟན་འགྲོའི་ཁུར་འདེགས་གླང་པོའི་ཁྱུ་ཚོགས་ལས། །ཁྱད་འཕགས་ས་སྲུང་ལྟ་བུའི་ མཁའ་སྤྱོད་གླིང༌། །བསྟན་འགྲོའི་ཁུར་ཆེན་འཛིན་ལ་གསོལ་བ་འདེབས། །ཕྱག་ཆེན་བསྟན་ པའི་རྒྱ་མཚོ་འཁྱི ལ་བ་ལ། །སྐྱེས་ཆེན་ནོར་བུའི་ཚོགས་ཀྱིས་རབ་ཏུ་གཏམས། །བརྩེ་ཆེན་ རླབས་ཕྲེང་ཕྱོགས་བཅུར་ཆད་མེད་གཡོ། །བཀའ་བརྒྱུད་བསྟན་འཛིན་མཛད་ལ་གསོལ་ བ་འདེབས། །ས་སྐྱའི་ལུགས་བཟང་ལྷ་ལམ་ཡངས་པ་ལ། །བསྟན་འཛིན་ནམ་མཁའི་རྒྱལ་ 9-1-97 མཚན་ཕྱོགས་བཅུར་འཁྲི གས། །དམ་ཆོས་བདུད་རྩི་ཆར་དུ་བསྙི ལ་བར་བྱེད། །འགྲོ་རྒྱུད་ སྨན་ལྗོན་བསྐྱེད་ལ་གསོལ་བ་འདེབས། །དགེ་ལྡན་རྒྱལ་བསྟན་རི་རབ་ལྷུན་པོ་ལ། །བསྟན་ འཛིན་ཉི་ཟླའི་འོད་སྟོང་ཕོག་པ་ལས། །རིགས་ཁམས་སད་པའི་ཙན་དན་ལྗོན་བཟང་རྒྱས། །རིས་མེད་འགྲོ་འདྲེན་སྤྲུལ་ལ་གསོལ་བ་འདེབས། །བླ་མའི་སྤྲུལ་པས་ལུང་རིགས་སེངྒེའི་ སྒྲས། །ཕས་རྒོ ལ་འཇོམས་ནས་གཤེགས་སྙིང་དོན་སྟོན་པས། །ལྗོངས་འདིར་རྫོགས་ལྡན་ དར་ཆེན་གསར་དུ་བསྒྲེངས། །ཀུན་མཁྱེན་ཆེན་པོར་སྤྲུལ་ལ་གསོལ་བ་འདེབས། །བླ་མས་ གདུལ་བྱའི་སྣང་ངོར་སྤྲུལ་པའི་སྐུ། །བྱིས་པའི་རྒུད་པ་དང་བྲལ་ཐོས་བསམ་རྒྱས། །འཆད་ རྩོད་རྩོམ་པས་རྒྱལ་བསྟན་ཕྱོགས་བཅུར་སྤེལ། །ཀུན་དགའ་གྲོལ་མཆོག་རྗེ་ལ་གསོལ་བ་ འདེབས། །བླ་མས་མདོ་རྒྱུད་རྒྱ་མཚོའི་བཅུད་བསྡུས་ནས། །དབང་ལུང་མན་ངག་མཛོད་ཀྱི་ ཆོས་ཆར་ཕབ། །གངས་ཅན་འདིར་ནི་བརྒྱུད་ལྡན་ཁུངས་སུ་འཛིན། ཏཱ་ར་ནཱ་ཐར་སྤྲུལ་ལ་ གསོལ་བ་འདེབས། །ཐོས་བསམ་བྱས་པས་ཕྱི་ནང་སྒྲོ་འདོགས་བཅད། །རྩེ་གཅིག་བསྒོམ་ པས་ལས་ཉོན་དྲི་མ་སྤངས། །བདེ་སྟོང་ཟབ་མོའི་ཟུང་འཇུག་གཤིས་ནས་མངོན། །རྣམ་སྣང་ རྡོ་རྗེར་སྤྲུལ་ལ་གསོལ་བ་འདེབས། །དཔལ་ལྡན་བླ་མས་ཅིག་ཆར་མཛད་གནང་བ། །གཙང་ ཆེན་སྒྲུབ་གནས་གསེར་གྱི་ཁྲི་རྐང་ལ། །སྒྲུབ་བརྒྱུད་བསྟན་པའི་གདུགས་ཆེན་སྲིད་འདིར་ བསྒྲེངས། །དཀོན་མཆོག་དར་རྒྱས་ཞབས་ལ་གསོལ་བ་འདེབས། །འདུལ་ཁྲི མས་གཙང་ མའི་གསེར་གྱིས་ས་གཞི་ལ། །རྫོགས་ལྡན་དམ་པའི་ཆོས་ཆར་རབ་ཕབ་པས། །གྲྭ་བཙུན་ གསར་བའི་ཨུཏྤལ་རབ་རྒྱས་བྱེད། །མཆོག་སྤྲུལ་ཀུན་དགའ་དཔལ་ལ་གསོལ་བ་འདེབས། །སྔོན་རིགས་སད་པས་ལུང་རིགས་གཡུ་རལ་རྒྱས། །ཉམས་དང་རྟོག་པའི་རྩལ་ཆེན་ལུས་ལ་ རྫོགས། །གདུལ་བྱ་གངས་ཆེན་རི་ལ་འགྱིང་བཞིན་བཞུགས། །བློ་གྲོས་གྲགས་པའི་ཞབས་ ལ་གསོལ་བ་འདེབས། །འཆད་པས་སྐལ་ལྡན་གདུལ་བྱའི་བློ་མུན་སེལ། །རྩོད་པས་ལྟ་ངན་ 9-1-98 ཚོགས་རྣམས་དབང་དུ་བསྡུས། །རྩོམ་པས་ངེས་དོན་ལུགས་བཟང་གསལ་བྱེད་པའི། །བློ་ གྲོས་གྲགས་པའི་ཞབས་ལ་གསོལ་བ་འདེབས། །གསོ་དཔྱད་མཁས་པས་ནད་ལ་སྨན་སྦྱོར་ བཞིན། །སེམས་ཅན་ཀུན་གྱི་ཁམས་དབང་མོས་པ་ལྟར། །ཟབ་ཆོས་སྟེར་ནས་ཉོན་མོངས་ ནད་སེལ་མཁན། །བློ་གྲོས་གྲགས་པའི་ཞབས་ལ་གསོལ་བ་འདེབས། །བསྟན་པའི་ཁུར་ ཆེན་བཞེས་ནས་གཞན་དོན་ལ། །སྤྱོད་པས་ལུས་སྲོག་དོར་བའི་སྙིང་སྟོབས་འཁྲུངས། །ཁྱད་ འཕགས་བྱང་ཆུབ་སེམས་དཔའི་སྤྱོད་ཚུལ་བཞེས། །བློ་གྲོས་གྲགས་པའི་ཞབས་ལ་གསོལ་ བ་འདེབས། །ལྷག་པར་ཆགས་སྡང་རྨོངས་པས་རྒྱུད་བསྡམས་པས། །འབྲས་རྟགས་ལུས་ ངག་ཡིད་གསུམ་སྤྱོད་པ་རྩིང༌། །དེ་དག་ཐབས་མཁས་ལེགས་པས་ཆོས་དང་སྦྱར། །བློ་གྲོས་ གྲགས་པའི་ཞབས་ལ་གསོལ་བ་འདེབས། །དེ་མིན་ཅིག་ཆར་རིམ་པར་མཛད་གནང་བ། །ཉི་ ཟླའི་འོད་དང་ནོར་བུར་ཆོས་མཚུངས་ལྟར། །སྐྱེ་རྒུའི་རེ་བ་ཀུན་སྐོང་མཚུངས་མེད་རྗེ། །བློ་ གྲོས་གྲགས་པའི་ཞབས་ལ་གསོལ་བ་འདེབས། །དུས་གསུམ་རབ་འབྱམས་སྤྲུལ་པ་མཛད་ མེད་པས། །ནམ་མཁའི་མཐའ་མཉམ་སེམས་ཅན་ཐམས་ཅད་ལ། །འབད་མེད་སྒོ་ནས་འགྲོ་ དོན་རྒྱུན་མི་ཆད། །བློ་གྲོས་གྲགས་པའི་ཞབས་ལ་གསོལ་བ་འདེབས། །ལྷ་དབང་རྒྱལ་པོ་ བཙུན་མོ་བློན་པོ་དང༌། །ཉི་མ་ཟླ་བ་ཆུ་དང་རི་ཐང་སོགས། །སྤྲུལ་ནས་སེམས་ཅན་དབང་ ཡིད་ཚིམ་པར་མཛད། །བློ་གྲོས་གྲགས་པའི་ཞབས་ལ་གསོལ་བ་འདེབས། །འཁོར་འདས་ སྲོག་གི་དྭངས་མ་བདེ་གཤེགས་སྙིང༌། །རྒྱལ་བ་ཐམས་ཅད་ཡེ་ཤེས་སྒྱུ་འཕྲུལ་གར། །དཔལ་ ལྡན་བླ་མའི་ཚོགས་ཀྱི་རྣམ་པར་བཞེངས། །དེ་དག་དགོངས་པ་གཅིག་ལ་གུས་ཕྱག་འཚལ། །བདག་པོས་མ་བཟུང་ལྷ་མིའི་དཔལ་འབྱོར་དང༌། །ཟག་མེད་བདེ་ཆེན་ཡེ་ཤེས་དམ་པའི་ བདག །རྣམ་ཀུན་མཆོག་ལྡན་འོད་གསལ་འདུས་མ་བྱས། །དམིགས་མེད་གུས་པ་ཆེན་པོས་ ལེགས་བཞེས་མཛོད། །བདག་སོགས་འཁོར་བར་བཅིངས་པའི་འགྲོ་ཀུན་གྱིས། །སྐུ་གསུང་ 9-1-99 ཐུགས་ཀྱི་ཉམས་ཆག་གང་བསགས་རྣམས། །དེ་དག་ལའང་སྙིང་ནས་འགྱོད་ཅིང་སྡོམ། །དེང་ནས་བྱང་ཞིང་དག་པར་མཛད་དུ་གསོལ། །ཀུན་གྱིས་ལེགས་ཚོགས་མཛད་པ་རྒྱ་ཆེན་ གྱི། །རྣམ་དཀར་བསོད་ནམས་དཔག་ཡས་ཉེར་བསྐྲུན་དང༌། །ཟག་མེད་བདེ་ཆེན་སྟོང་ཉིད་ དོན་རྟོགས་ལ། །རབ་དྭངས་གུས་པས་རྗེས་སུ་ཡི་རང་ངོ༌། །རྟག་བརྟན་ཐེར་ཟུག་མི་འགྱུར་ བདེ་ཆེན་རྒྱས། །སྐུ་གསུམ་གཤིས་བཞུགས་ཡེ་ཤེས་རྒྱ་མཚོའི་ཀློང༌། །འཁོར་ལོ་གསུམ་གྱི་ དགོངས་དོན་དབུ་མ་ཆེ། །ངེས་པ་དོན་གྱི་ཆོས་འཁོར་བསྐོར་དུ་གསོལ། །ཆོས་སྐུའི་དབྱིངས་ ལས་བླ་མར་ལེགས་བཞེངས་པ། །གཟུགས་སྐུ་གང་འདུལ་མོས་ངོར་འཚམ་པའི་འཕྲུལ། །འཇིག་མེད་རྡོ་རྗེའི་ཁམས་སུ་རྟག་བརྟན་གནས། །ནམ་ཡང་མི་བསྡུ་འགྲོ་ངོར་རྟག་བཞུགས་ གསོལ། །གང་ཞིག་དཔལ་ལྡན་བླ་མ་འདི་དག་གི །མཚན་ནས་བརྗོད་ཅིང་གསོལ་བ་བཏབ་ པའི་མཐུས། །ཅི་མཛད་ལེགས་མཐོང་མོས་གུས་དད་པ་ཐོབ། །མཐར་ཐུག་དགོངས་ཡིད་ གཅིག་ཏུ་འདྲེས་པར་སྨོན། །ཞེས་བླ་མ་རིན་པོ་ཆེ་ངག་དབང་བློ་གྲོས་གྲགས་པའི་སྐྱེ་ཕྲེང་གསོལ་འདེབས་ནོར་བུ་ཀེ་ཏ་ ཀའི་ཕྲེང་བ་ཡིད་གཉིས་ཀྱི་རྙོག་མ་བསལ་བྱེད་འདི་ཡང་སྔ་སོར་ཕུན་ཚོགས་རྡོ་རྗེ་དང་བཛྲ་ཟུང་ལ་འདི་ལྟ་བུ་མཁོ་བའི་ཁར་སླད་ ནས་དད་གསུམ་ལྡན་པ་བརྩོན་འགྲུས་རྒྱ་མཚོ་དང་བློ་གྲོས་འོད་ཟེར་ཟུང་གིས་ཆེད་གཉེར་གྱི་བསྐུལ་མ་མ་བཟློག་པས་ཉེ་གནས་ ཐ་མ་གུ་ཎ་བྷ་དྲས་བྲིས་པ་ལྟར་རྗེས་སོར་བརྩོན་འགྲུས་དཔལ་གྱིས་ཡི་གེར་བྲིས་པའོ།། །།དགེའོ།། 9-1-100 ༄༅། །བླ་མ་ངག་དབང་བློ་གྲོས་གྲགས་པའི་གསོལ་འདེབས་ བྱིན་རླབས་མྱུར་འབེབས་དང་གསོལ་འདེབས་ སོགས་ཀྱི་སྐོར་བཞུགས་སོ། ། ༄༅། །ན་མོ་གུ་རུ། དཔལ་ལྡན་ཐུགས་ཀྱི་རྡོ་རྗེ་དང་པོ་ཡི་སངས་རྒྱས། །འོག་མིན་ཞིང་ བཞུགས་རྡོ་རྗེ་འཆང་ཆེན་གྱི་རྣམ་རོལ། །ཐུགས་སྲས་སློབ་ཚོགས་འདུལ་བྱེད་བླ་མ་རུ་སྤྲུལ་ པ། །སྐྱབས་མཆོག་ངག་དབང་བློ་གྲོས་གྲགས་པ་ཉིད་མཁྱེན་ནོ། །རབ་འབྱམས་དཀྱིལ་ འཁོར་རྒྱ་མཚོའི་རིགས་བདག་ཏུ་བཞུགས་པ། །བླ་མ་ཡི་དམ་དཀོན་མཆོག་རྣམ་གསུམ་གྱི་ ངོ་བོ། །མཁའ་འགྲོ་ཆོས་སྐྱོང་ཀུན་འདུས་ཐུགས་རྗེ་ཡི་གཏེར་གྱུར། །བློ་གྲོས་གྲགས་པ་ཉིད་ མཁྱེན་བྱིན་གྱིས་རང་རློབས་ཤིག །ཁྱད་པར་སངས་རྒྱས་ཀུན་གྱི་ཆོས་སྐུ་ཡི་རང་མདངས། །ཕ་ཅིག་བླ་མའི་ཐུགས་དང་མི་གཉིས་པར་གདའ་བས། །དེ་ཡང་རང་རིག་རང་གསལ་སྤྲོས་ བྲལ་དུ་ངེས་ཕྱིར། །བློ་གྲོས་གྲགས་པ་ཉིད་མཁྱེན་བྱིན་གྱིས་རང་རློབས་ཤིག །སངས་རྒྱས་ ཀུན་གྱིས་གདུལ་བྱའི་ཁམས་དབང་དང་མཐུན་པར། །ངེད་ཅག་སློབ་བུའི་མགོན་དུ་ཁྱེད་ རང་ཉིད་ཕེབས་པས། །རྩ་བའི་བླ་མ་མཆོག་ཁྱོད་བཀའ་དྲིན་རང་ཆེའོ། །བློ་གྲོས་གྲགས་པ༴ བདག་ཅག་ལས་དབང་བཙན་པོས་འཁོར་མཚོ་རུ་འཁྱམས་པས། །སྔོན་བྱོན་སངས་རྒྱས་ རྣམས་ཀྱི་གདུལ་ཞིང་དུ་མ་གྱུར། །ད་ལྟ་སངས་རྒྱས་དངོས་སྤྲུལ་བླ་མ་ཁྱེད་བྱོན་ཕྱིར། །བློ་ གྲོས་གྲགས་པ༴ ཚེ་འདིར་ཕ་མས་བུ་ཕྲུག་ལ་བརྩེ་བ་ཆེ་ཡང༌། །མཐར་ཐུག་གཏན་བདེ་ཐོབ་ 9-1-101 ཐབས་ཁོ་རང་ཚོས་མི་ཤེས། །བླ་མས་གནས་སྐབས་མཐར་ཐུག་བདེ་བ་ལ་འགོད་པས། །བློ་ གྲོས་གྲགས་པ༴ གཞན་ལས་བཀའ་དྲིན་ཆེའོ་ཕ་མ་ལས་ལྷག་པ། །སློབ་བུ་རྣམས་ལ་ཕན་ ཆེན་གང་དང་ཡང་མི་མཐུན། །དེ་ཕྱིར་བླ་མས་ཅི་མཛད་མོས་གུས་ཀྱི་རྐྱེན་ཉིད། །བློ་གྲོས་ གྲགས་པ༴ ཚེ་འདིར་མདོ་སྔགས་ཟབ་ཆོས་ཇི་ལྟར་དུ་རིགས་པ། །བླ་མ་མཆོག་གི་མན་ངག་ ཁོ་ན་ལ་བརྟེན་ཕྱིར། །ད་སྐབས་སུ་ལས་དཔལ་ལྡན་བླ་མ་ཉིད་གཙོ་བས། །བློ་གྲོས་གྲགས་ པ༴ དཔལ་ལྡན་བླ་མའི་ཀུན་རྫོབ་སྐུ་གཟུགས་ཀྱི་ཚུལ་ཙམ། །དབང་པོའི་ཡུལ་དུ་བཞུགས་ དང་མ་བཞུགས་པའི་ཁྱད་མེད། །ཐུགས་རྗེ་ཉེ་རིང་མེད་པ་གདུལ་བྱ་ཡི་འདྲེན་མཛད། །བློ་ གྲོས་གྲགས་པ༴ རྩ་བའི་བླ་མ་སངས་རྒྱས་ཀུན་འདུས་སུ་མཐོང་ནས། །གསོལ་བ་སྙིང་ནས་ བཏབ་ན་གང་བསམ་ཀུན་འགྲུབ་ཡོང༌། །དད་པའི་སྟོབས་ཀྱིས་ཆོས་ལ་བར་ཆད་ཀུན་སེལ་ ངེས། །བློ་གྲོས་གྲགས་པ༴ ཐོག་མེད་ནས་བསགས་སྡིག་ལྟུང་མ་ལུས་པ་བཤགས་བྱེད། །བླ་ མར་རྡོར་སེམས་སུ་བསྒོམ་སྟོབས་བཞི་ཡིས་བཤགས་བསྡམས། །ཡིད་བཞིན་ནོར་ལྷག་འདི་ ཕྱིའི་བདེ་བ་ཀུན་སྩོལ་མཛད། །བློ་གྲོས་གྲགས་པ༴ བླ་མ་འདི་ཕྱིའི་ལེགས་དོན་འབྱུང་གནས་ ཀྱི་ནོར་བུ། །འཇིག་རྟེན་འདི་ངོགས་ཕན་པ་སྩོལ་བ་ཡི་ལྷག་པའི། །འདི་ཕྱི་གཏན་གྱི་སྐྱབས་ གནས་ཁྱེད་རང་ཉིད་ལགས་པས། །བློ་གྲོས་གྲགས་པ༴ རང་གཞན་སྲིད་ཞིའི་འཇིགས་ ལས་སྐྱོབ་བྱེད་ཀྱི་གཉེན་གཅིག །བསྐལ་པར་ཡི་དམ་གཞན་རྣམས་བསྒོམ་པ་བས་ལྷག་ པ། །བསོད་ནམས་གཞན་ཀུན་ལས་འཕགས་བླ་མ་ཉིད་དགྱེས་འདོད། །བློ་གྲོས་གྲགས་པ༴ སྤྱིར་ན་བླ་མའི་སྐུ་གསུང་ཐུགས་གསུམ་གྱི་དམ་ཚིག །སྔགས་ཀྱི་སྡོམ་པ་ཀུན་ལས་ཆེས་ཟབ་ ཏུ་གྱུར་པ། །གང་དང་འགལ་བར་བགྱིས་ན་མནར་མེད་ཀྱི་དངོས་རྒྱུ། །བློ་གྲོས་གྲགས་པ༴ བླ་ མ་ཁྱེད་ནི་ཐུགས་རྗེ་མི་ཆེ་རང་མི་བསམ། །རང་གི་དམ་ཚིག་ཉམས་པའི་དབང་མེད་ཀྱི་གནོད་ འགལ། །མི་བསམ་བཞིན་དུ་ཐོག་བབས་འདི་དག་ལ་འཇིགས་སོ། །བློ་གྲོས་གྲགས་པ༴ 9-1-102 དམ་ཆོས་ཀུན་ལས་བླ་མ་སངས་རྒྱས་སུ་མཐོང་ཞིང༌། །ཐུགས་ཡིད་དབྱེར་མེད་ཁོ་ནའི་རྣལ་ འབྱོར་ལ་འབད་དེ། །སེམས་ཀྱི་རང་གསལ་བླ་མའི་ཆོས་སྐུ་རུ་ཤེས་ནས། །བློ་གྲོས་གྲགས་ པ༴ དེང་སང་རང་རང་ལ་འཚམ་དམ་ཆོས་ཤིག་འདོད་ན། །བླ་མའི་གསང་གསུམ་དམ་ཚིག་ ལེགས་བསྲུང་གི་སྒོ་ནས། །ཅི་མཛད་ལེགས་པར་མཐོང་བ་ཆོས་ཀུན་གྱི་གཞི་མ། །བློ་གྲོས་ གྲགས་པ༴ བླ་མ་ཁྱོད་ཉིད་འདི་ཕྱིའི་ཕ་མ་ལས་ལྷག་ཅིང༌། །རྡོ་རྗེའི་ཆོས་མཆེད་རྣམས་ཀྱང་ འདི་ངོགས་ཀྱི་སྤུན་ལས། །བརྒྱ་སྟོང་ལྷག་པའི་ཕྱི་མར་བཀའ་དམ་ཡང་གཉན་ཕྱིར། །བློ་གྲོས་ གྲགས་པ༴ ཟབ་ཆོས་ལྷན་ཅིག་ཉམས་ལེན་སྤྱིར་བཏང་གི་བླ་སློབ། །ཕ་མ་གཅིག་པའི་སྤུན་ དང་ཉེ་སྐོར་དང་མཚུངས་པ། །དམ་ཚིག་སྐྱོན་ཡོད་ཀུན་ཀྱང་ཉེས་འགྱུར་དུ་འཕེལ་བ། །བློ་ གྲོས་གྲགས་པ༴ དེ་ལྟར་སྐྱབས་གནས་ཀུན་དངོས་བླ་མ་ལ་དད་དེ། །སུ་ལས་བསོད་ནམས་ བསགས་ཐབས་ཁྱོད་རང་ཉིད་ལྷག་པས། །སྒོ་གང་ཐད་ནས་བླ་མའི་རྣལ་འབྱོར་ལ་རེམ་ངེས། །དེ་ཕྱིར་མི་འགྱངས་བྱིན་བརླབས་བདག་རྒྱུད་ལ་འཕོས་ཤིག །བླ་མ་རྡོ་རྗེ་འཆང་ངག་དབང་བློ་གྲོས་ གྲགས་པའི་གསོལ་འདེབས་བྱིན་བརླབས་མྱུར་འབེབས་འདི་ཡང་ངག་དབང་ཡོན་ཏན་བཟང་པོ་དང༌། འཇིགས་མེད་འོད་ཟེར་ གཉིས་ལ་མཁོ་ནས་མ་ཏིས་སྨྲས་པའོ།། །། ༈ རྒྱལ་ཀུན་ཕྲིན་ལས་འཕགས་མས་བློ་གྲོས་གཏེར། །གསང་གསུམ་གྲགས་སྙན་ བསྟན་ལ་སྨན་པའི་ཟིལ། །ཆེར་སྙི གས་རྨོངས་མུན་ཅུང་ཙམ་གཞིལ་བའི་འོད། །ཀུན་ནས་ ཉེར་འཆང་རྗེ་ལ་གསོལ་བ་འདེབས། །འདི་ཡང་བརྩོན་འགྲུས་དཔལ་གྱི་མོས་འདུན་བཞིན་མ་ཏིས་སྨྲས་པའོ།། །། ༈ འོད་དཔག་མེད་མགོན་ཀུན་དགའ་ངག་གི་དབང༌། །འཇམ་པའི་དབྱངས་དངོས་ ཚོགས་གཉིས་རྒྱ་མཚོ་རྗེ། །རྣམ་གཉིས་རྗེས་བཟུང་རྩ་བའི་བླ་མ་ལ(བློ་གྲོས་གྲགས་པ་ལ)། །སྙིང་ ནས་གསོལ་འདེབས་བདག་རྒྱུད་བྱིན་གྱི་རློབས། །འདི་ཡང་ཏིང་འཛིན་ལ་མཁོ་ནས་མ་ཏིས་སོ།། །། ༈ ངེས་དོན་སྙིང་པོའི་ལུགས་བཟང་དྭངས་མའི་བཅུད། །མི་འབྲལ་བློ༵་གྲོ༵ས་རྩལ་གྱིས་ 9-1-103 ཉེར་འཆང་བའི། །མ་སྨད་དགེ་མཚན་གྲག༵ས་པ༵ས་འགེངས་བྱེད་པ། །རང་ལུགས་འཛིན་ པའི་བཤེས་ལ་གསོལ་བ་འདེབས། །རང་བཞིན་དག་པ་ཆོས་དབྱིངས་བརྟན་གཡོའི་ཁམས། །ཡོངས་གྲུབ་གཤིས་ནས་གནས་ལུགས་འགྱུར་མེད་མཐུས། །སྙིང་པོའི་དོན་གྱི་རང་ལུགས་ སྐྱོང་བཞིན་དུ། །ཡུན་རིང་འཚོ་གཞེས་རྡོ་རྗེའི་ཁམས་སུ་ཤོག །ཅེས་རང་རེའི་བླ་མ་སྤྱི་ལ་སྦྱར་ཆོག་པའི་ གསོལ་འདེབས་ཞབས་བརྟན་འདི་ཡང་ངག་དབང་ཚུལ་ཁྲི མས་ཀྱིས་ངོར་མ་ཏིས་སོ།། །།ཤུ་བྷམ། ༈ ལེགས་ལམ་བདུད་རྩིའི་ཟེག་མས་བློ༵་བསྒྱུར་ཞིང༌། །ཡིན་ལུགས་གྲོ༵ས་ཀྱིས་གཞན་ ཕན་བརྩོན་པ་ཡི། །རྣམ་དཀར་གྲག༵ས་སྙན་འཛིན་པའི་བཤེས་གཉེན་ཚུལ། །ངང་བཟང་ཉེ་ བར་འཆང་ལ་གསོལ་བ་འདེབས། །ཞེས་པ་གྲོགས་ཀྱི་ངོར་མ་ཏིས་སོ།། །། ༈ ཨེ་སྔོན་ལས་ཤུགས་བཙན་གྱིས་འཕང་བའི་གནས་ཚུལ། །བཟང་ངན་གང་ཡིན་ཀྱང་ དུས་ཐོག་ཐོན་ཉིན། །མ་བསམ་བཞིན་རང་དབང་ཡོད་རྒྱུ་མ་རེད། །ད་ཅི་ཡོང་ན་བླ་མ་དཀོན་ མཆོག་གསུམ་མཁྱེན་ནོ། །འདི་ཡང་མ་ཏིས་སོ།། །། ༈ སེམས་ཀྱི་དགའ་ཆེན། །ཨ་ལ་ལ་ཧོ། །རང་འཚམས་མངོན་པ། །དེ་ངོ་ཤེས་ནས། །བསམ་མེད་ལྷོ ད་ཅིག །མ་ཏིས་སྨྲས།། །། ༈ ཨེ་མ་འདི་སྣང་ལྟད་མོ། །སྣོ ད་བཅུད་གཡོ་འགུལ་ཡོམ་ཡོམ། །རང་གཤིས་མི་འགྱུར་ བདེ་ཆེན། །འཕགས་མའི་ཐུགས་སུ་གོ་སོང༌། །མ་ཏིས་བྲིས།། །། ༈ སྔོན་ལས་ཤུགས་ཀྱི་མཐུ་བཙན། །ད་ལྟ་དབང་མེད་འཕྲད་བྱུང༌། །ཐོག་མར་ཆོས་ལ་ ཞུགས་དུས། །རྣམ་གཡེང་ཞེ་སྡང་འཇིགས་སྐྲག །མངོན་གྱུར་མཐའ་དག་འཕྲལ་ལ། །རང་ ཞིར་བདེ་སྐྱིད་ལོངས་སྤྱོད། །སེམས་ལ་རང་དབང་ཐོབ་སོང༌། །དེ་ནས་རིམ་འགྱུར་བྱུང་བ། །ཐུན་མོང་ཆོས་དད་སྙིང་རྗེ། །གང་འཚམས་ཡིད་འགྱུར་རེ་ཐོན། །མཚམས་ཤིག་རྐྱེན་སྣང་སྣ་ ཚོགས། །དངོས་རྨིས་ཟ་ཟའི་རྣམ་འགྱུར། །འཆར་སྒོ་འདྲ་མིན་དོད་སོང༌། །དེར་བརྟེན་ཡིད་ 9-1-104 ཀྱི་རོལ་པ། །ཟུང་འཇུག་ཕྱོགས་ལ་མྱོང་ཆ། །དུས་མཐུན་རབ་འབྲིང་ཐ་མ། །ཅི་རིགས་ལས་ འཕྲོ་སྲིད་མོད། །འོན་ཀྱང་རྐྱེན་གྱིས་ཅི་ཆ། །མ་ཏིས་བྲིས།། །། ༈ སྔར་ཆོས་གཉུག་མ་བསྐྱངས་རུང༌། །བག་འཁུམ་རྩོལ་བས་རི་གདུག །ད་ལན་གློ་བུར་ གནོད་འཚེ། །ཐབས་ཀྱིས་འཆོས་ན་ཅུང་བདེ། །མ་ཏིས་བྲིས།། །། ༈ བསྐལ་པ་གསུམ་གྱི་ཐ་མར། །འཕྲལ་བྱུང་རྐྱེན་མ་འཛོམས་ན། །སྐོར་ཞིག་གདུལ་བྱ་ རྫོགས་སོང༌། །དེ་ཕན་རེ་བ་མ་བྱ། །མ་ཏིས་བྲིས།། །། ༈ སྔོན་དུས་མཁས་གྲུབ་མང་སྤྲུལ་སེམས་ཅན་འདྲེན། །ད་ལྟ་སྙི གས་མར་བསྟན་འགྲོར་ ཕན་མཛད་མཐར། །ཤམྦྷ་ལར་བྱོན་འགྲོ་ཕན་རླབས་ཆེ་གསུངས། །མཛད་མངའ་ཁྱེད་ལ་ སྙིང་ནས་གསོལ་བ་འདེབས། །ཅི་མང་མཐར། སྐྱེ་ཞིང་སྐྱེ་བ༴ སོགས་སྨོན་ལམ་བརྗོད། ཅེས་པའང་བླ་མ་རིན་ པོ་ཆེ་ངག་དབང་བློ་གྲོས་གྲགས་པ་འོད་གསལ་མ་བུ་གཅིག་འདྲེས་སུ་བཞུགས་སྐབས་མདུན་དྲུང་དུ་གུ་ཎའི་སྙིང་ནས་གསོལ་བ་ བཏབ་པའོ།། །། ༈ སྔོན་ནས་སྤངས་རྟོགས་མཐར་ཕྱིན་ཀྱང༌། །ཁམས་དབང་མཐུན་པའི་བཤེས་གཉེན་ ཚུལ། །བཟུང་ནས་བསྟན་འགྲོར་ཕན་མཛད་མཐར། །གདུལ་བྱ་རྫོགས་ནས་ཞིང་གཞན་ བྱོན། །ཁྱེད་ལ་རེ་བའི་སློབ་འབངས་འགས། །ཉིད་གསུངས་འབྲི་ཀློ ག་དང་བསྒོམ་པ། །བྱས་ པའི་མཐུ་བཟང་ལ་བརྟེན་ནས། །སྐྱེ་དང་ཚེ་རབས་འབྲལ་མེད་ཤོག །ཅེས་པ་འདི་ཡང་ངག་དབང་བློ་ གྲོས་གྲགས་པའི་གདུང་མདུན་དུ་གུ་ཎས་སློབ་འབངས་ཡོངས་ཀྱི་དོད་བྱས་ནས་གསོལ་བ་བཏབ་པའོ།། །། ༈ ཐུགས་རྗེས་གཏེར་མཛོད་ང༵ག་དབ༵ང་བློ༵་གྲོ༵ས་གྲག༵ས། །ཁྱེད་ལ་སྙིང་ནས་གསོལ་ བ་འདེབས་པ་ཡིས། །བདག་སོགས་སྐྱེ་བའི་ཕྲེང་བ་རྣམས་སུ་ཡང༌། །བླ་མ་ཁྱེད་ཀྱི་རྗེས་སུ་ འཛིན་པར་མཛོད། །འདི་ཡང་ངག་དབང་བློ་གྲོས་གྲགས་པའི་གདུང་མདུན་དུ་གུ་ཎའི་མིང་གིས་གསོལ་བ་བཏབ་པའོ།། ༈ དུས་དང་གནས་སྐབས་ཐམས་ཅད་དུ། །བླ་མའི་ཕྲིན་ལས་ཀུན་སྒྲུབ་ནས། །ཐུགས་ 9-1-105 ཀྱི་དགོངས་དོན་གཏིང་དཔོག་ཏེ། །ཚེ་རབས་ཀུན་ཏུ་རྗེས་སུ་ཟུང༌། །འདི་ཡང་བླ་མ་བློ་གྲོས་གྲགས་ པའི་མདུན་དྲུང་དུ་གུ་ཎའི་གསོལ་བ་བཏབ་པའོ།། །། ༈ རང་གི་ཚེ་མཇུག་ཅི་ཡོད་རིང༌། །ཁྱེད་ཀྱི་ཤུལ་ནས་བསྟན་འགྲོ་ལ། །ཕན་ཁུལ་ཅི་འོང་ འབད་བྱེད་ན། །བར་ཆད་མཐའ་དག་ཞི་བར་མཛོད། །ཅེས་པ་འདི་གུ་ཎས་བར་ཆད་སེལ་བར་གསོལ་བ་ བཏབ་པའོ།། །། ༈ བདག་གིས་ཁྱོད་ཀྱི་ཤུལ་ནས་ཀྱང༌། །སྙིང་སྟོབས་བསྐྱེད་ནས་བསྟན་དོན་ལ། །ལུས་ ངག་ཡིད་ཀྱིས་གང་ནུས་པས། །ཞབས་འདེགས་ཞུ་བར་ཁས་བླང་ལགས། །འདི་གུ་ཎས་དམ་བཅས་ སོ།། །། ༈ རྗེ་བཙུན་སྒྲོལ་མ་བླ་མ་དབྱེར་མེད་ལ། །སྙིང་ནས་རེ་འོ་སྐྱེ་བ་རྗེས་མར་ཡང༌། །ཤམྦྷ་ ལར་སྐྱེས་བླ་མའི་རྗེས་བཟུང་ནས། །གདམས་ནོད་ས་ལམ་མཐར་ཕྱིན་སངས་རྒྱས་ཤོག ། འདི་གུ་ཎས་སྨོན་ལམ་བཏབ་བོ།། །། 9-1-106 ༄༅། །རྡོ་རྗེ་འཆང་ངག་དབང་བློ་གྲོས་གྲགས་པའི་ཞབས་ཀྱི་བླ་མའི་ རྣལ་འབྱོར་བྱིན་རླབས་འགུགས་པའི་ལྕགས་ཀྱུ་ ཞེས་བྱ་བ་བཞུགས་སོ།། ༄༅། །རིགས་ཀུན་འདུས་པའི་བདག་ཉིད་རྡོ་རྗེ་འཆང་དང་དབྱེར་མེད་པ་རྩ་བའི་བླ་མ་ལ་གསོལ་བ་འདེབས་སོ་ བདག་གི་རྒྱུད་བྱིན་གྱི་བརླབ་ཏུ་གསོལ། སྒྲིབ་གཉིས་ནད་བརྒྱ་འཇོམས་པའི་བདུད་རྩིའི་གཏེར། །རྣམ་པ་ཐམས་ཅད་མཁྱེན་པ་ སྒྲུབ་པའི་སྲོག །མཐར་ཐུག་སྐུ་བཞིའི་པད་དཀར་བཞད་པའི་གཉེན། །བཤེས་གཉེན་བསྟེན་པ་མ་གཏོགས་གཞན་དུ་ཅི། །དེ་ ཕྱིར་དངོས་གྲུབ་འབྱུང་གནས་བླ་མ་ཉིད། །དཀོན་མཆོག་ཀུན་འདུས་ངོ་བོར་མཐོང་བ་དང༌། །མོས་གུས་དག་སྣང་སྒོ་ནས་སྒྲུབ་ པའི་ཐབས། །སྐལ་བཟང་གདུལ་བྱའི་དཔལ་དུ་དེང་འདིར་སྒྲོགས། །དེ་ལ་འདིར་སྦྱོར་དངོས་རྗེས་གསུམ་ལས། དང་པོ་ནི། སྡུག་བསྔལ་རྒྱ་མཚོར་བྱིང་བའི་བདག་སོགས་འགྲོ། །མི་བཟོད་སྡུག་བསྔལ་འཇིགས་ལས་ སྐྱོབ་པའི་མགོན། །དཀོན་མཆོག་གསུམ་ལས་གཞན་དུ་མ་མཆིས་པས། །དེང་བཟུང་བྱང་ ཆུབ་བར་དུ་སྐྱབས་སུ་བསྟེན། །ཞེས་སྐྱབས་འགྲོ་ལན་གསུམ། སྤྲོས་བྲལ་གནས་ལུགས་ཆོས་ཉིད་མ་ རྟོགས་ཅིང༌། །ཀུན་རྫོབ་གློ་བུར་དྲི་མའི་སྦུབས་ཚུད་པའི། །འགྲོ་རྣམས་བསྒྲལ་ཕྱིར་ཐོག་མར་ སངས་རྒྱས་ཀྱི། །གོ་འཕང་ཐོབ་ཆེད་བླ་མའི་རྣལ་འབྱོར་བསྒོམ། །ཞེས་སེམས་བསྐྱེད་ལན་གསུམ་བྱའོ། ། གཉིས་པ་དངོས་གཞི་ནི། སྭ་བྷཱ་ཝས་ཆོས་ཐམས་ཅད་སྟོང་པར་སྦྱང༌། ཆོས་ཀུན་གནས་ལུགས་སྤྲོས་ མཐའ་བྲལ་བའི་དབྱིངས། །འགག་མེད་འོད་གསལ་ལས་གྲུབ་རང་མདུན་མཁར། །ཕུལ་ 9-1-107 བྱུང་མཆོད་སྤྲིན་བཀོད་པས་ལྷ་ལམ་ཁྱབ། །ཡེ་ཤེས་ལྔ་ཡི་འོད་གུར་འཁྲི གས་པའི་དབུས། །སེང་ཁྲི་པད་ཟླ་ཉི་མ་སྒྲ་གཅན་སྟེང༌། །རིགས་ཀུན་འདུས་པ་རྡོ་རྗེ་འཆང་ཆེན་གྱི། །ཡེ་ཤེས་ སྒྱུ་འཕྲུལ་དྲ་བའི་རོལ་གར་ལས། །དཀྱིལ་འཁོར་འཁོར་ལོ་ཀུན་བདག་གཏན་གྱི་སྐྱབས། །བློ་གྲོས་གྲགས་པ་སྙི གས་དུས་འགྲོ་བའི་མགོན། །འཁོར་བའི་སྐྱོན་སྤངས་དག་གསལ་སྐུ་ མདོག་དཀར། །ཐུགས་རྗེས་འགྲོ་ལ་ཆགས་པའི་དམར་མདངས་རྒྱས། །ཆོས་ཀུན་དེ་བཞིན་ ཉིད་དུ་གཅིག་པའི་བརྡར། །ཞལ་གཅིག་ཐབས་ཤེས་ངོ་བོ་ཕྱག་གཉིས་ཀྱིས། །ཆོས་འཆད་ ཕྱག་རྒྱས་ཐུགས་ཀར་ཨུཏྤལ་ལའི། །ཡུ་བ་ནས་བཟུང་སྙན་ཐད་ཁ་ཕྱེ་སྟེང༌། །བདེ་སྟོང་ཟུང་ འཇུག་མཚོན་པའི་རྡོར་དྲིལ་བསྣམས། །མཐའ་གཉིས་འགོག་པའི་ཞབས་གཉིས་སྐྱིལ་ཀྲུང་ བཞུགས། །ལེགས་ཚོགས་བྱེ་བས་བསྐྲུན་པའི་རབ་མཛེས་སྐུ། །བལྟ་བས་མི་ངོམས་མཚན་ དཔེའི་གཟི་འོད་འབར། །ངུར་སྨྲིག་ཆོས་གོས་རྣམ་གསུམ་པད་ཞྭ་གསོལ། །བསླབ་གསུམ་ གསེར་གྱི་འོད་སྟོང་དྲ་བས་མཛེས། །རྣམ་ཀུན་མཆོག་ལྡན་སྟོང་གཟུགས་རྡོ་རྗེ་སྐུ། །ཆོས་སྒོ་རྒྱ་ མཚོའི་བདག་ཉིད་གཞོམ་མེད་གསུང༌། །སྤྲོས་བྲལ་ཆོས་ཀྱི་དབྱིངས་དང་དབྱེར་མེད་ཐུགས། །བསྟན་གཡོ་ཀུན་ཁྱབ་སྐྱབས་མགོན་ཁྱོད་ཉིད་ཀྱི། །ཐུགས་ཀར་ཐུགས་ཀྱི་རྡོ་རྗེ་ཡབ་ཡུམ་ལ། །སྙིང་ཁའི་རྩ་འདབ་བརྒྱད་དག་ཡེ་ཤེས་ཀྱི། །ངོ་བོར་ཤར་བའི་བུམ་པ་བརྒྱད་དང་ནི། །དུ་ བ་མ་སོགས་ནུས་མ་བརྒྱད་ཀྱིས་བསྐོར། །གཙུག་ཏོར་གཙོ་བོ་དུས་འཁོར་ཡབ་ཡུམ་ལ། །རྩ་ འདབ་བཞི་དག་རྡོ་རྗེ་བཞི་ཡིས་བསྐོར། །དཔྲལ་བར་སྐུའི་རྡོ་རྗེ་ཡབ་ཡུམ་ལ། །དཔྲལ་བའི་ རྩ་འདབ་བཅུ་དྲུག་དག་པའི་སྐུ། །ལུས་བསམ་གྱིས་ཕྱེ་ཕུང་ཁམས་ལྷ་ཡིས་བསྐོར། །མགྲིན་ པར་གསུང་གི་རྡོ་རྗེ་ཡབ་ཡུམ་ལ། །མགྲིན་པའི་རྩ་འདབ་སོ་གཉིས་དག་པའི་སྐུ། །དབང་ ཡུལ་རྣམ་དག་སེམས་དཔའ་སེམས་མ་དང༌། །ཐུགས་སྒོའི་ཁྲོ་བོ་བཞི་སོགས་ལུས་བསམ་ གྱིས། །ཕྱེ་བའི་བཅུ་དྲུག་ཉིས་འགྱུར་སོ་གཉིས་བསྐོར། །ལྟེ་བར་ཡེ་ཤེས་རྡོ་རྗེ་ཡབ་ཡུམ་ལ། 9-1-108 །ལྟེ་རྩ་དྲུག་ཅུ་རྩ་བཞི་དག་པའི་སྐུ། །གསུང་གི་ལྷ་མོ་དྲུག་ཅུ་རྩ་བཞིས་བསྐོར། །ཚིགས་ཆེན་ བཅུ་གཉིས་རྩ་འདབ་སུམ་བརྒྱ་དང༌། །དྲུག་ཅུ་རྣམ་དག་ལྷ་ཆེན་བཅུ་གཉིས་སོགས། །ཚེས་ ཀྱི་ལྷ་མོ་སུམ་བརྒྱ་དྲུག་ཅུ་དང༌། །གསང་བའི་རྩ་འཁོར་སོ་གཉིས་རྣམ་དག་པ། །གསུང་གི་ མ་མོ་བརྒྱད་དང་གཟུངས་མ་བརྒྱད། །དེ་རྣམས་ཐབས་བཅས་སུམ་ཅུ་སོ་གཉིས་བཞུགས། །མཐིལ་བཞི་གསང་གཙུག་ཁྲོ་རྒྱལ་ཡབ་ཡུམ་དང༌། །རྐང་སོར་བྱ་བའི་འཁོར་ལོ་རྣམ་དག་ པ། །ཀླུ་དང་ཕྱག་སོར་རྣམ་དག་རབ་གཏུམ་མ། །སྐྲ་སྤུ་རྣམ་དག་གྲུབ་པ་འབྱུང་པོ་སྟེ། །རྟེན་ དང་བརྟེན་པར་བཅས་པའི་ལྷ་ཚོགས་རྣམས། །རྣམ་ཀུན་མཆོག་ལྡན་ཆོས་སྐུའི་བདག་ཉིད་ དུ། །རྣམ་པ་མ་འགགས་ཆུ་ཟླ་ལྟ་བུར་གསལ། །མཐའ་སྐོར་རིམ་བཞིན་དངོས་བརྒྱུད་བླ་མ་ དང༌། །ཡི་དམ་དཀྱིལ་འཁོར་རྒྱལ་བ་རྒྱ་མཚོའི་ཚོགས། །ཤཱཀ་ཐུབ་ལ་སོགས་སངས་རྒྱས་ བྱང་སེམས་དང༌། །མཁའ་འགྲོ་བསྟན་སྲུང་རྒྱ་མཚོས་ཚོགས་ཐམས་ཅད། །སྤྲིན་དཔུང་འཐིབ་ བཞིན་མཁྱེན་བརྩེའི་ནུས་གསུམ་གྱི། །སྒོ་ནས་བརྩེ་བའི་སྤྱན་གྱིས་བདག་གཞན་ལ། །བྱིན་ གྱི་རློབས་པའི་ཚུལ་དུ་གཟིགས་པར་གྱུར། གནས་བཞིར་རྡོ་རྗེ་བཞིའི་དཔྲལ་མགྲིན་དང༌། །སྙིང་ལྟེ་རྣམས་སུ་ཟླ་ཉི་སྒྲ་གཅན་དང༌། །དུས་མའི་གདན་ལ་ས་བོན་བཞི་ཡིས་མཚན། །ཡི་ གེ་རྣམས་ལས་འོད་འཕྲོས་རང་བཞིན་གྱི། །དབྱིངས་ན་བཞུགས་པའི་ཡེ་ཤེས་པ་ཐམས་ཅད། །རྡོ་རྗེ་བཞིའི་རྣམ་པར་སྤྱན་དྲངས་ནས། །ཛཿ་ཧཱུཾ་བཾ་ཧོཿགཉིས་སུ་མེད་པར་ཐིམ། ། ཡན་ལག་བདུན་པས་ཚོགས་བསགས་པ་ནི། རྡུལ་བྲལ་བལྟ་ན་སྡུག་པ་མཚན་དཔེའི་སྐུ། །འཆོས་ སྐྱོབ་དྲུག་ཅུའི་སྙན་འཇེབས་ཚངས་དབྱངས་གསུངས། །ཟབ་གསལ་བདེ་སྟོང་གཉིས་མེད་ ཡེ་ཤེས་ཐུགས། །གསང་གསུམ་རྒྱན་གྱི་འཁོར་ལོར་རྟག་ཏུ་འདུད། །རྗེ་བཙུན་ཨཱརྱ་ཏཱ་རེས་ རྗེའི་བཟུང་ནས། །མདོ་སྔགས་རྒྱུད་སྡེ་རྒྱ་མཚོའི་དགོངས་དོན་རྟོགས། །འཆད་རྩོད་རྩོམ་པས་ ཐུབ་བསྟན་གསལ་བར་མཛད། །བློ་གྲོས་གྲགས་པའི་ཞབས་ལ་ཕྱག་འཚལ་ལོ། །སྲིད་ཞིའི་ 9-1-109 བསོད་ནམས་ལས་བྱུང་མཆོད་པའི་ཚོགས། །ཕྱི་ནང་གསང་བའི་མཆོད་སྤྲིན་འདོད་དགུའི་ གཏེར། །དང་བའི་ཡིད་ཀྱིས་ཕུལ་བྱུང་ཞིང་གི་མཆོག །ཐུགས་རྗེའི་གཏེར་ཆེན་སྐྱབས་མགོན་ ཁྱེད་ལ་འབུལ། །ཐོག་མེད་དུས་ནས་ད་བར་དུག་གསུམ་གྱི། །དབང་གིས་སྤྱི་དང་བྱེ་བྲག་ སྡིག་པའི་ཚོགས། །བགྱིས་དང་བགྱིད་བསྩལ་ཡི་རང་ཅི་མཆིས་པ། །འཇིགས་སྐྲག་འགྱོད་ པས་བཤགས་ཤིང་སྡོམ་པ་ནོད། །ཆོས་རྣམས་རང་བཞིན་བྲལ་ཡང་གཟུགས་བརྙན་བཞིན། །སྐྱེ་འཕགས་ཟག་བཅས་ཟག་མེད་དགེ་ཚོགས་ལས། །སྲིད་ཞིའི་བདེ་དགའ་ཅིར་ཡང་འཆར་ བའི་ཕྱིར། །བདག་ཅག་བསམ་པ་ཐག་པས་ཡི་རང་ངོ༌། །རིགས་ཅན་གསུམ་གྱི་བློ་གྲོས་ཀུན་ དའི་ཚལ། །སྐྱེད་དང་ཡུན་དུ་གནས་དང་སྤེལ་བའི་ཕྱིར། །མཁྱེན་དང་བརྩེ་བའི་ཆུ་འཛིན་ འབུམ་དཀྲིགས་ཏེ། །ཞི་བསིལ་ཆོས་ཀྱི་འཁོར་ལོ་བསྐོར་ཏུ་གསོལ། །རྡོ་རྗེའི་སྐུ་ལ་སྐྱེ་འཆི་ མི་མངའ་ཡང༌། །མཐའ་ཡས་འགྲོ་བའི་མོས་ངོར་སྒྱུ་མའི་སྐུ། །མི་ནུབ་བསྐལ་པ་ཞིང་གི་རྡུལ་ སྙེ ད་དུ། །མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས། །འདིས་མཚོན་དགེ་བས་བླ་ མས་རྗེས་བཟུང་ནས། །བསྐྱེད་རིམ་རྣལ་འབྱོར་ཕྲ་རགས་བརྟན་པ་དང༌། །རྫོགས་རིམ་ཡན་ ལག་དྲུག་པོ་མཐར་ཕྱིན་ཏེ། །རྡོ་རྗེ་འཆང་ཆེན་མྱུར་དུ་ཐོབ་ཕྱིར་བསྔོ། ། རྩེ་གཅིག་ཏུ་གསོལ་བ་གདབ་པ་ནི། གྲངས་མེད་རྒྱལ་བ་བྱོན་ཀྱང་མ་ཐུལ་བའི། །མ་རུངས་ སྙི གས་དུས་འགྲོ་ལ་ལམ་སྟོན་པའི། །བཤེས་གཉེན་ཚུལ་བཟུང་སྐྱབས་མགོན་ཐུགས་རྗེ་ཅན། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཁྱོད་ཀྱི་ཕུང་ཁམས་སྐྱེ་མཆེད་ཡན་ ལག་རྣམས། །གཤེགས་པ་ཡབ་ཡུམ་སེམས་དཔའ་སེམས་མ་དང༌། །ཁྲོ་བོའི་དབང་པོ་ལ་ སོགས་དཀྱིལ་འཁོར་གྱི། །བདག་ཉིད་བླ་མ་མཆོག་ལ་གསོལ་བ་འདེབས། །དལ་འབྱོར་རྙེད་ དཀའ་འཇིག་པའི་ཚུལ་རྟོགས་ནས། །དོན་ལྡན་སྙིང་པོ་ལེན་དང་སྡུག་བསྔལ་ལས། །སྐྱོབ་ ཕྱིར་གསུམ་ལ་སྐྱབས་སུ་འགྲོ་བ་དང༌། །སྡིག་སྤོང་དགེ་བསྒྲུབ་བརྩོན་པར་བྱིན་གྱིས་རློབས། 9-1-110 །བཟོད་དཀའ་མཐའ་མེད་འཇིགས་རུང་འཁོར་བ་ལས། །ཐར་འདོད་ངེས་འབྱུང་བསམ་པས་ གཞི་བཟུང་སྟེ། །མ་རྣམས་དོན་དུ་སངས་རྒྱས་ཐོབ་འདོད་ཀྱི། །བྱང་ཆུབ་སེམས་མཆོག་སྐྱེ་ བར་བྱིན་གྱིས་རློབས། །ཀུན་རྫོབ་གློ་བུར་དྲི་མ་བྲལ་བའི་དབྱིངས། །གཞི་འབྲས་དབྱེར་མེད་ འདུས་མ་བྱས་པའི་སྐུ། །ཡེ་ནས་སྐུ་གསུམ་ཡོངས་རྫོགས་འཁོར་འདས་སྲོག །བདེ་གཤེགས་ སྙིང་པོ་མངོན་དུ་འགྱུར་བྱིན་རློབས། །དེ་ནས་རྡོ་རྗེ་འཛིན་པའི་རྗེས་བཟུང་སྟེ། །རྒྱུད་སྡེའི་ སྙིང་པོ་སྨིན་བྱེད་དབང་ཐོབ་ནས། །ནུས་པ་བརྟན་བྱེད་དམ་ཚིག་སྡོམ་པ་རྣམས། །སྲོག་ལས་ གཅེས་པར་འཛིན་པར་བྱིན་གྱིས་རློབས། །འཁོར་བའི་སྐྱེ་ཤི་བར་དོ་སྐུ་གསུམ་དུ། །སྒྱུར་བའི་ རྒྱལ་མཆོག་བཞིའི་བསྐྱེད་རིམ་གྱིས། །ཐ་མལ་སྣང་ཞེན་དྲི་མ་ཀུན་སྦྱངས་ཏེ། །སྣོ ད་བཅུད་ལྷ་ སྐུར་འཆར་བར་བྱིན་གྱིས་རློབས། །དེ་ནས་སྦྱོར་བ་ཡན་ལག་དྲུག་བསྒོམ་ཏེ། །ཆོས་དབྱིངས་ མཁའ་ལ་ཉི་ཟླའི་རྒྱུ་བ་དག །སྒྲ་གཅན་ཁམས་ཞུགས་རྟགས་བཅུའི་སྟོང་པའི་གཟུགས། །པྲ་ ཕབ་བརྒྱད་འདྲར་གྱུར་པ་རང་སེམས་དང༌། །རོ་གཅིག་འདྲེས་པས་སྲིད་མེད་སྲིད་དུ་ཤར། །དེ་ཚེ་སྣང་བར་སྟོང་པའི་གཟུགས་འདྲེས་པས། །ལས་སྣང་པྲ་ཕབ་ལྟར་འཆར་བདག་སྣང་ འགག །སྟོང་གཟུགས་ཉི་ཟླ་མུན་ཅན་ལ་འབབ་པའི། །ཡེ་ཤེས་རླུང་གི་ཆ་ཤས་དང་འདྲེས་ པས། །འཕོ་རྟོག་ལས་རྒྱལ་འཕོ་མིན་སྲོག་གཟུགས་ཀྱི། །རྡོ་རྗེ་ལྷ་ཡི་འཁོར་ལོར་སད་པར་ གྱུར། །སྟོང་གཟུགས་ལྷ་དེ་འཁོར་དྲུག་དཀར་དམར་གྱི། །ཐིག་ལེར་ཐིམ་པས་བདེ་བའི་ཆུས་ བརླན་པས། །འབར་སྣང་རང་བཞིན་ཕྱག་ཆེན་འདོད་ལྷར་སྨིན། །དེ་ཉིད་དཀར་དམར་རླུང་ གི་ཆ་ཉི་ཁྲི ། །ཆིག་སྟོང་དྲུག་བརྒྱའི་དཀྱིལ་འཁོར་དང་རོ་གཅིག །སྟོང་གཟུགས་འོད་ཀྱི་ དཀྱིལ་འཁོར་རྣམས་སུ་གྲུབ། །རབ་འབྱམས་རྟགས་བཅུའི་ལྷ་མོ་དང་རྗེས་ཆགས། །དགའ་ བས་ཁམས་རྣམས་དྭངས་བྱེད་དྭངས་མའི་ཁམས། །ཐམས་ཅད་མི་འགྱུར་བདེ་སྟོང་མཁར་ དག་ནས། །བདེན་དོན་བཅུ་གཉིས་ཉི་མ་གནམ་སྟོང་དང༌། །དེ་ཉིད་བཅུ་དྲུག་ཟླ་བ་ཉ་གང་ 9-1-111 བ། །དུས་གཅིག་བྱུང་བ་བདེ་སྟོང་དུས་འཁོར་ལོ། །རིང་པོར་མི་ཐོགས་མངོན་དུ་འགྱུར་བྱིན་ རློབས། ། དེ་ནས་བྱིན་རླབས་དབང་བཞི་བླང་བ་ནི། མཆོག་གསུམ་བདག་གི་བླ་མ་ཁྱེད་ཉིད་ཀྱིས། །སྐུ་གསུང་ ཐུགས་ཀྱི་བྱིན་གྱི་རླབས་པ་དང༌། །སྨིན་བྱེད་དབང་བཞི་ད་ལྟར་བསྐུར་དུ་གསོལ། །དེ་ལྟར་ གསོལ་བ་བཏབ་པས་བྱིན་རླབས་ཀྱིས། །བླ་མས་གཏད་པའི་རིག་མའི་འོ་འཛིན་ལ། །རེག་ པའི་སྤྱི་བོའི་ཐིག་ལེ་དབུ་མ་སོགས། །རྩར་འབབ་བདེ་བ་ཆོས་ཀུན་སྟོང་པ་དང༌། །སྦྱོར་བས་ བུམ་དབང་ཐོབ་པའི་དབང་དོན་གྱི། །ཡེ་ཤེས་དགའ་བའི་དགའ་བ་བཞིའི་བདེ་བ། །ཆོས་ ཀྱི་དབྱིངས་སུ་ཞུགས་པ་བསྒོམ་སྟོབས་ཀྱིས། །དཔྲལ་བར་སྐུ་ཡི་རྡོ་རྗེ་སྒྲིབ་བྱེད་པའི། །ལུས་ དང་སད་པའི་སྒྲིབ་དག་སྤྲུལ་སྐུ་ཐོབ། དུས་ཀྱི་འཁོར་ལོའི་ངོ་བོར་བླ་མ་ནི། །རིག་མ་སྣ་ ཚོགས་ཡུམ་དང་མཉམ་སྦྱོར་བའི། །བྱང་སེམས་ལྕེ ར་བཞག་ཆུ་སྐྱེས་མཐོང་བ་ཡིས། །སྤྱི་བོའི་ ཐིག་ལེའི་མགྲིན་པའི་ཐིག་ལེ་དང༌། །འདྲེས་པ་མགྲིན་པ་མན་ཆད་རྩར་འབབ་པའི། །མཆོག་ དགའ་སྟོང་ཉིད་སྦྱོར་བས་གསང་དབང་ཐོབ། །དབང་དོན་ཡེ་ཤེས་མཆོག་དགའ་བཞི་བསྒོམ་ པས། །མགྲིན་པར་གསུང་གི་རྡོ་རྗེ་སྒྲིབ་བྱེད་པའི། །ངག་སྨྲས་སྒྲིབ་དག་གསུང་གི་རྡོ་རྗེ་དང༌། །ལོང་སྤྱོད་རྫོགས་པའི་སྐུ་ཐོབ་བག་ཆགས་བཞག །རིག་མ་མཚན་ལྡན་གཏད་ལ་གསུམ་ བཅས་སུ། །རོལ་པས་དཔྲལ་མགྲིན་ཐིག་ལེ་སྙིང་ཐིག་དང༌། །འདྲེས་པ་རྡོ་རྗེ་ནོར་བུའི་བར་ འབབ་པའི། །ལྷན་སྐྱེས་དགའ་བ་ཆོས་ཉིད་ལ་ཞུགས་པས། །ཤེར་དབང་ཐོབ་ཅིང་ཡེ་ཤེས་ སྐད་ཅིག་མའི། །ཁྱད་པར་དགའ་བཞི་གོམས་པས་ཐུགས་རྡོ་རྗེ། །སྒྲིབ་བྱེད་ཡིད་དང་གཉིད་ འཐུག་སྒྲིབ་དག་ནས། །ཡེ་ཤེས་ཐུགས་དང་ཆོས་སྐུའི་ས་བོན་ཐེབས། །བཞི་པའི་དོན་སྟོན་ བརྡ་ཡིས་རྐྱེན་ཉིད་ཀྱིས། །ལྷན་སྐྱེས་ཡེ་ཤེས་སྐད་ཅིག་མ་དང་ནི། །ལྷན་སྐྱེས་པ་ཡི་དགའ་ བཞི་མཆོག་མི་འགྱུར། །བདེ་བ་རྣམ་ཀུན་མཆོག་ལྡན་སྟོང་གཟུགས་དང༌། །མཉམ་པར་སྦྱོར་ 9-1-112 བའི་ཡེ་ཤེས་གོམས་སྟོབས་ཀྱིས། ལྟེ་བར་ཡེ་ཤེས་རྡོ་རྗེ་སྒྲིབ་བྱེད་པའི། །ཆགས་པའི་བག་ ཆགས་ཕྲ་མོའི་དྲི་དག་ནས། །མ་དག་སྣང་འགོག་ཡེ་ཤེས་རྡོ་རྗེ་དང༌། །ངོ་བོ་ཉིད་སྐུ་ཐོབ་པའི་ ས་བོན་ཐེབས། །སླར་ཡང་སྐུ་ལས་ཟག་མེད་ཡེ་ཤེས་ཀྱི། །རང་བཞིན་ལས་གྲུབ་འོད་ཟེར་ དཔག་ཡས་འཕྲོས། །བདག་སོགས་འགྲོ་རྣམས་ལ་ཕོག་སྒོ་གསུམ་གྱི། །བསགས་པའི་བཅས་ རང་སྒྲིབ་པ་དག་བྱིན་རློབས། །ཞེས་དང༌། སྤྱི་བཤགས་དང༌། རྩ་ལྟུང་བཤགས་པ་དང༌། ཡི་གེ་བརྒྱ་པ་དང༌། མཚན་ སྔགས། ༀ་ཨཱཿཝཀྐིནྡྲ་མ་ཏི་ཀིརྟི་ཧཱུཾ། ཅི་ནུས་སྟོབས་བཞི་ཚང་བའི་སྒོ་ནས་བཟླ། གསུམ་པ་རྗེས་ནི། འཁོར་རྣམས་འོད་ཞུ་བླ་མ་ཉིད་ལ་ཐིམ། །བླ་མ་རང་གི་ཚངས་བུག་ ནས་བཞུགས་ཏེ། །སྐུ་གསུང་ཐུགས་དང་རང་སེམས་དབྱེར་མེད་པའི། །སྤྲོས་བྲལ་ཆོས་ཀྱི་ དབྱིངས་དང་རོ་གཅིག་གྱུར། །ཅེས་མཉམ་པར་བཞག དཔལ་ལྡན་བླ་མའི་རྣམ་པར་ཐར་པ་ལ། །ཞེས་སོགས་བརྗོད་དོ། །ཞེས་པ་རྡོ་རྗེ་འཆང་ངག་དབང་བློ་གྲོས་གྲགས་པའི་ཞབས་ཀྱི་བླ་མའི་རྣལ་འབྱོར་བྱིན་རླབས་འགུགས་ པའི་ལྕགས་ཀྱུ་ཞེས་བྱ་བ་འདི་ཡང༌། རྗེ་གང་གི་སློབ་བུ་ཚོགས་གཉིས་དཔལ་གྱིས་དངོས་རྫས་དང་བཅས་བསྐུལ་བ་དང༌། སླད་ ནས་ཀྱང་སློབ་བུ་མཁས་དབང༌། བདེ་སྟོང་སོགས་དུ་མས་བསྐུལ་ངོར་མ་ཏི་ཀིརྟིས་སྨྲས་པའོ།། །། 9-1-113 ༄༅། །གདུང་དབྱངས་ཀྱི་བླ་མ་རྒྱང་འབོད་ སོགས་བཞུགས། ༄༅། །ཀྱེ་ཧོ་མཚུངས་མེད་བླ་མ་དྲིན་ཅན། །ད་སྐབས་ཁྱོད་འདྲིའི་བསྟན་རྩ་ཆེ་བ། །གདུལ་བྱ་རྫོགས་ནས་ཞིང་གཞན་ཕེབས་སྐབས། །བསོད་ནམས་ཟད་པའི་བདག་སོགས་ ཤུལ་ལྷག །ཞིང་གཞན་གློ་བུར་བྱོན་པས་སྐལ་ཟད། །ནོར་བུ་འདམ་དུ་ཤོར་བའི་དུས་བྱུང༌། །སེམས་ཤེས་རྣམས་ཀྱིས་གློ་སྙིང་འདར་ནས། །མིག་མཐར་མཆི་མ་ནར་མར་རྒྱུན་བྱུང༌། ད་ ལྟ་སྙི གས་མ་ལྔ་བདོའི་སྐབས་ན། །སྙིང་སྟོབས་གཞན་ལྷག་བསྟན་པའི་འབྱུང་གནས། །ཟབ་ ཆོས་མང་པོའི་མཛད་སྒོ་ཕྱེས་ཀྱང༌། །རྩར་གནས་སེམས་ཅན་མང་ཙམ་ཐོས་པ། །དཀོན་ན་ རྒྱུད་ལ་འབྱོར་བ་སུ་ཡིན། །སྟོན་པ་སངས་རྒྱས་ལྟ་བུ་ལ་ཡང༌། །འགྲན་རྒོལ་བྱེད་པ་མང་དུ་ བྱུང་ན། །ལོག་ལྟ་ཆགས་སྡང་དར་ལ་བདོ་སྐབས། །དེ་འདྲ་མང་བ་སེམས་ཅན་ངང་ཚུལ། །ད་ སྐབས་བསྟན་པའི་ཉི་མ་ནུབ་པས། །བདག་སོགས་མུན་པའི་ཁྲོ ད་དུ་ལྷག་སོང༌། །ད་སྐབས་ ཐར་ལམ་བགྲོད་པའི་རྐང་པ། །ཆག་ནས་བདག་སོགས་ཞ་བོར་གྱུར་འདུག །ད་སྐབས་ཐར་ པའི་ཀ་ཆེན་འགྱེལ་ནས། །བདག་སོགས་ས་རྡུལ་ཁྲོ ད་དུ་འཐུབ་འདུག །ད་སྐབས་མིག་གི་ འབྲས་གཉིས་བྲལ་བས། །བདག་སོགས་ལོང་བ་ཐང་སྟོང་ལྷག་སོང༌། །ད་སྐབས་བསྟན་ པའི་མཛོད་ཆེན་སྟོང་ནས། །བདག་སོགས་ཆོས་དབུལ་སེལ་བྱེད་སུ་ཡིན། །ད་སྐབས་ཐར་ པའི་སྒྲོན་མེ་མནལ་བས། །བདག་སོགས་མུན་པའི་ཁང་བུར་ཆུད་འདུག །ད་སྐབས་བདུད་ རྩིའི་བུམ་བཟང་ཆགས་པས། །བདག་སོགས་དམ་ཆོས་སྐོམ་གྱིས་གདུང་ངོ༌། །ད་སྐབས་ཆོས་ མཛོད་བཤེས་གཉེན་དང་བྲལ། །བདག་སོགས་གྲོགས་མེད་གཅིག་པུར་ལྷག་འདུག །ད་ སྐབས་ཆོས་སྒྲ་སྒྲོགས་པའི་རྒྱུན་ཆད། །བདག་སོགས་ཆོས་ཉན་སྐལ་བ་ཟད་འདུག །ད་ 9-1-114 སྐབས་བརྩེ་སེམས་བྱེད་མཁན་མེད་ན། །བདག་སོགས་སེམས་ཀྱི་གཏད་སོ་སུ་ཡིན། །ད་ སྐབས་རང་གི་རེ་ཆེན་བྱས་ན། །མྱུར་དུ་རྗེས་བཟུང་འཛིན་པར་མཛོད་ཅིག །བདག་སོགས་ ཚེ་རབས་ཕྲེང་བ་རྣམས་སུ། །བླ་མ་བསྟེན་པའི་མདོ་རྒྱུད་ལུང་མང༌། །དང་མཐུན་ཅུང་ཟད་ འདའ་བར་མ་གྱུར། །དཀོན་མཆོག་གསུམ་གྱིས་བྱིན་གྱིས་རློབས་ཤིག །ད་ནི་སྐྱེ་བའི་ཕྲེང་ བ་རྣམས་སུ། །དཔལ་ལྡན་བླ་མ་གང་བཞུགས་དྲུང་དུ། །བདག་སོགས་སྐྱེ་བའི་རེ་སྨོན་བྱས་ ན། དེ་ལྟར་འགྲུབ་པར་བྱིན་གྱིས་རློབས་ཤིག །ཞེས་པའི་གདུང་དབྱངས་ཀྱི་བླ་མ་རྒྱང་འབོད་ཚིག་ཟློས་པའི་ སྐྱོན་སོགས་དང་བཅས་པའི་སྒོ་ནས་རེ་འབོད་ཞུ་མཁན་ནི་གུ་ཎའི་མིང་ཅན་ནོ།། །།སརྦ་མངྒ་ལཾ། དགེའོ།། ༄༅། །བླ་མ་དྲན་པའི་གསོལ་འདེབས། གང་ཐུགས་མཁྱེན་པའི་མཁའ་ཀློང་ཡངས་པ་རུ། །བརྩེ་ ཆེན་རླུང་གི་ཤིང་རྟ་འབུམ་འཁྲིགས་ཏེ། །ལེགས་བཤད་ཆར་གྱིས་གདུལ་བྱ་པདྨོའི་ཚལ། །སྨིན་མཛད་བློ་གྲོས་གྲགས་པར་གསོལ་བ་འདེབས། །རང་དོན་ཞི་བའི་གོ་འཕང་མཆོག་ བརྙེས་ཀྱང༌། །སྙི གས་དུས་གདུལ་བྱ་རྣམ་གྲོལ་སར་འགོད་ཕྱིར། །ངུར་སྨྲིག་གར་གྱི་རྣམ་རོལ་ སྤྲུལ་པའི་སྐུ། །བློ་གྲོས་གྲགས་པའི་ཞབས་ལ་གསོལ་བ་འདེབས། །བསླུ་མེད་བླ་མ་མཆོག་ གསུམ་ཐུགས་རྗེ་དང༌། །སློབ་འབངས་ཡོངས་ཀྱིས་གང་བསགས་དགེ་བའི་མཐུས། །གང་ གི་ཞབས་པད་རྟག་བརྟན་རྡོ་རྗེའི་ཁྲི ར། །བདག་སོགས་མོས་ངོར་བསྐལ་བརྒྱར་བཞུགས་ གསོལ་འདེབས། །བདག་ཀྱང་སྐྱེ་ཀུན་ཁྱེད་དང་མི་འབྲལ་ཞིང༌། །ཟབ་རྒྱས་གསུང་གི་བདུད་ རྩི་འཐུང་བ་དང༌། །སྤངས་རྟོགས་ཡོན་ཏན་མ་ལུས་ཀུན་རྫོགས་ནས། །མཁའ་མཉམ་འགྲོ་ བའི་དེད་དཔོན་བྱེད་པར་ཤོག །ཅེས་པའང་དྲང་སྲོང་ཞི་བའི་བརྟུལ་ཞུགས་འཆང་བ་ངག་དབང་མཁས་གསལ་གྱིས་ ཐུགས་བཞེད་ལྟར་རྨོངས་རྒན་ལོག་ལྟའི་ཁོལ་བས་གང་དྲན་ལྷུག་པར་བྲིས་པ་དགེ་བར་གྱུར་ཅིག། །། 9-1-115 ༄༅། །ལྷ་རྩེའི་དགེ་སློང་བློ་གྲོས་རྒྱ་མཚོའི་བླ་རྣམ་ཉེར་བསྡུས་ བྱིན་རླབས་སྒོ་འབྱེད་དང་བླ་མ་རྒྱང་འབོད་ གསོལ་འདེབས་སོགས་ བཞུགས་སོ། ། ༄༅། །བླ་མ་སངས་རྒྱས་ཀུན་དངོས་ལ། །བདག་གཞན་གུས་པས་སྐྱབས་སུ་མཆི། །མར་གྱུར་སེམས་ཅན་ཀུན་དོན་དུ། །བླ་མའི་རྣལ་འབྱོར་ཉམས་ལེན་བགྱི། །ལན་གསུམ། རང་ མདུན་མཁའ་ལ་འཇའ་ཟེར་ཀློང༌། །པད་ཟླའི་གདན་ལ་སྐད་ཅིག་གིས། །རྩ་བའི་བླ་མ་ཐུགས་ རྗེའི་གཏེར། །རྒྱལ་ཀུན་ཡེ་ཤེས་ལས་ཤར་བ། །དགེ་སློང་རྡོ་རྗེ་འཛིན་པའི་ཚུལ། །བློ་གྲོས་རྒྱ་ མཚོའི་མཚན་མཆོག་ལྡན། །སྐུ་མདོག་དཀར་དམར་འོད་ཟེར་འཕྲོ། །ནབ་འགག་ངུར་སྨྲིག་ རྣམ་གསུམ་གསོལ། །དབུ་རེག་ཞལ་གཅིག་ཕྱག་ཟུང་གིས། །ཐུགས་ཀའི་ཐད་དུ་ཆོས་འཆད་ མཛད། །ཞབས་གཉིས་སྐྱིལ་ཀྲུང་གིས་བཞུགས་པ། །གནས་བཞིར་ཡི་གེ་རྣམ་བཞིས་མཚན། །སྐྱབས་ཀུན་འདུས་པའི་ངོ་བོར་གསལ། །བླ་མ་མཆོག་ལ་གུས་ཕྱག་འཚལ། །མཆོད་ཚོགས་ ཀུན་འབུལ་སྡིག་ལྟུང་བཤགས། །དགེ་ལ་ཡི་རང་ཆོས་འཁོར་སྐོར། །མྱ་ངན་མི་འདའ་རྟག་ བཞུགས་གསོལ། །དགེ་འདིས་ཐུགས་ཡིད་གཅིག་གྱུར་ཏེ། །རླབས་ཆེན་གཟིགས་སྒོ་གཡེལ་ མེད་པར། །བདག་ལ་བྱིན་རླབས་མྱུར་འཕོས་ཤོག ། དཔལ་ལྡན་བླ་མ་དགེ་བའི་བཤེས། །བློ་གྲོས་རྒྱ་མཚོར་གསོལ་བ་འདེབས། །བདག་ རྒྱུད་བྱིན་རློབས་ཐུགས་རྗེས་གཟིགས། །ཕྱི་མར་ཁྱེད་བཞུགས་ཞིང་དུ་དྲོངས། །གསོལ་འདེབས་ ཚིགས་བཞི་ཅི་ནུས་མཐར། བླ་མའི་གནས་ཀྱི་ཡི་གེ་ལས། །འོད་ཟེར་དཀར་དམར་མཐིང་སེར་ 9-1-116 འཕྲོས། །རང་གི་གནས་བཞིར་ལེགས་ཐིམ་པས། །སྒྲིབ་དག་དབང་བཞིའི་བྱིན་རླབས་ཐོབ། །དེ་ནས་བླ་མ་འོད་ཕུང་དུ། །ཞུ་བ་བདག་གི་སྤྱི་བོར་ཐིམ། །སྙིང་དབུས་ཐིག་ལེའི་འོད་ཀློང་ དུ། །བྱིན་རླབས་ཤིན་ཏུ་རབ་བརྟན་གྱུར། །རབ་དཀར་བསོད་ནམས་ཕུང་པོ་འདིས། །ཚེ་ འདིར་དམ་ཆོས་ལེགས་འགྲུབ་ཅིང༌། །བླ་མའི་བྱིན་རླབས་སྙིང་ལ་ཞུགས། །རིང་མིན་འཁོར་ བ་ལས་ཐར་ཤོག །ཅེས་པའི་བླ་རྣམ་ཉེར་བསྡུས་བྱིན་རླབས་སྒོ་འབྱེད་འདི་ཡང༌། བླ་མ་གང་གི་ཐུགས་སློབ་དགེ་མ་ཞིག་ གི་མོས་འདུན་བཞིན། མ་ཏིས་སོ།། །། ༄༅། །ལྷ་རྩེའི་དགེ་སློང་བློ་གྲོས་རྒྱ་མཚོའི་བླ་མ་རྒྱང་འབོད། ཀུན་ཁྱབ་ཆོས་སྐུ་བདེ་བ་ཆེན་པོ། །འོད་ གསལ་ལྷུན་གྲུབ་སྒྱུ་འཕྲུལ་དྲ་བ། །གསང་གསུམ་འཁོར་ལོའི་རོལ་བ་ཆེན་པོ། །ནང་དབྱིངས་ ཆོས་སྐུའི་དེ་ཉིད་མངོན་ཤོག ། དཔལ་ལྡན་ཀུན་གཟིགས་ཡེ་ཤེས་འཕྲུལ་ཆེན། །སྐྱེ་དགུའི་ རེ་སྐོང་ཡིད་བཞིན་ནོར་བུ། །སྔོན་ལས་དང་འབྲེལ་ཡིད་འདོད་ཇི་ལྟར། །ནམ་ཡང་དུས་སུ་ གཡེལ་བ་མེད་མཛོད། །རྨད་བྱུང་བྱིན་རླབས་བྱེ་བའི་གཏེར་གྱུར། །རྩ་བརྒྱུད་བླ་མ་ཀུན་ འདུས་བདག་ཉིད། །གང་འདུལ་རྣམ་རོལ་གདུལ་བྱའི་ཁམས་བཞིན། །ཟབ་ཆོས་གདམས་ པའི་བཤེས་གཉེན་དམ་པ། །བཀའ་དྲིན་འཁོར་མེད་རྩ་བའི་བླ་མ། །སྐྱབས་གནས་ཕུལ་བྱུང་ བློ་གྲོས་རྒྱ་མཚོ། །ད་ལྟ་ཞིང་མཆོག་གང་ན་བཞུགས་ཀྱང༌། །མི་མངོན་དབྱིངས་ནས་ཐུགས་ རྗེས་གཟིགས་ཤིག །རབ་འབྱམས་དཀྱིལ་འཁོར་སྤྲོ་བའི་དབང་ཕྱུག །དུས་ཀྱི་འཁོར་ལོ་ ལ་སོགས་རྒྱུད་སྡེ། །རྣམ་བཞིའི་རིགས་བདག་གཙོ་བོ་གང་གྱུར། །རྣམ་ཀུན་གཉིས་སུ་མེད་ པའི་ངོ་བོ། །བཀའ་དྲིན༴ སྤངས་རྟོགས་ཡོངས་རྫོགས་སྟོབས་བཅུའི་མངའ་བདག །དོན་ དམ་ཆོས་སྐུ་འགོག་ལམ་རང་བཞིན། །རིག་དང་གྲོལ་བའི་ཚོགས་མཆོག་དམ་པ། །རིན་ཆེན་ རྣམ་གསུམ་སྐྱབས་ཀྱི་བདག་ཉིད། །བཀའ་དྲིན༴ དཔལ་ལྡན་ཞིང་སྔགས་ལྷན་སྐྱེས་མཁའ་ 9-1-117 འགྲོ། །མ་ཅིག་དཔའ་མོ་འབུམ་གྱི་རང་བཞིན། །ཡེ་ཤེས་སྤྱན་ལྡན་ཆོས་བཞིན་སྐྱོང་བ། །བསྟན་སྲུང་རྒྱ་མཚོ་བླ་མའི་ཆོ་འཕྲུལ། །བཀའ་དྲིན༴ སྐལ་བཟང་གདུལ་བྱ་མཆོག་གི་དཔལ་ གྱུར། །གསང་ཆེན་རིམ་གཉིས་དབང་ལུང་མན་ངག །རང་དང་གང་འཚམ་ལེགས་པར་སྩོལ་ བ། །སྔགས་ཀྱི་རྡོ་རྗེ་སློབ་དཔོན་གང་ཉིད། །བཀའ་དྲིན༴ དབང་འབྲིང་གདུལ་བྱ་སྐྱོང་བའི་ གཉེན་གཅིག །སྨོན་དང་འཇུག་པའི་བྱང་ཆུབ་སེམས་མཆོག །ཟབ་དང་རྒྱ་ཆེའི་དགོངས་ བཞེད་སྲོལ་བཟང༌། །ཁམས་དབང་མཐུན་པར་གནང་བ་ཁྱེད་ཉིད། །བཀའ་དྲིན༴ གདུལ་ བྱ་ཐ་མ་རྗེས་སུ་བཟུང་ཆེད། །ཉེས་སྤྱོད་ལེགས་འདུལ་སོ་སོར་ཐར་པ། ཇི་བཞིན་ལེགས་ འདོམས་འདྲེན་མཆོག་བཤེས་གཉེན། ངུར་སྨིག་འཛིན་པ་དགེ་སློང་ཆེན་པོ། །བཀའ་དྲིན༴ སྔོན་ལས་འབྲེལ་གྱི་བྱེད་པ་ལ་བརྟེན། །དེང་སྐབས་སྙིགས་མའི་དུས་ཀྱི་འདྲེན་པ། །ཁྱེད་ དང་འཕྲད་པས་བདག་ལ་སྐལ་བཟང༌། །ཕུན་ཚོགས་ལེགས་སྒོ་བྱུང་འདི་ཁྱོད་དྲིན། །བཀའ་ དྲིན༴ རྨོངས་མུན་ཁྲོ ད་དུ་ཆོས་ཀྱི་ལེགས་སྣང༌། །ཅུང་ཙམ་སྦྱིན་པའི་དུས་ཀྱི་བཤེས་གཉེན། །བདག་ཅག་ཡོངས་ཀྱི་བླ་མའི་སྐལ་བ། །ད་ལྟ་ཞིང་ཁམས་གང་དུ་བཞུགས་ཀྱང༌། །གདུང་ བའི་དབྱངས་ཀྱིས་སྙིང་ནས་འབོད་ན། །གཡེལ་མེད་བྱིན་རླབས་དུས་སུ་སྩོལ་ཏེ། །ཁྱོད་ཉིད་ གང་བཞུགས་ཞིང་དུ་ཁྲི ད་པའི། །བསུ་མ་མཛོད་ལ་ཐུགས་རྗེས་གཟིགས་ཤིག །ཅེས་པའི་བླ་མ་ རྒྱང་འབོད་འདི་ཡང་ཆོས་འབྱོར་གྱིས་ངོར་མ་ཏིས་སོ།། །། ༄༅། །ལྷ་རྩེའི་དགེ་སློང་བློ་གྲོས་རྒྱ་མཚོའི་གསོལ་འདེབས། སྐྱབས་ཀུན་ངོ་བོ་བློ༵་གྲོས༵་གཏེར་གྱི་ བདག །བརྩེ་ཆེན་ནུས་པ་རྒྱ༵་མཚོ༵འི་དཔལ་མངའ་བ། །རྩ་བའི་བླ་མ་རྗེ་ལ་གསོལ་བ་ འདེབས། །སྒོ་གསུམ་སྐུ་གསུང་ཐུགས་ཀྱི་བྱིན་གྱིས་རློབས། །ཅེས་ཆོས་འབྱོར་གྱིས་ངོར། མ་ཏིས་བྲིས་ པའོ།། །། 9-1-118 ༈ སྐྱབས་མཆོག་ཀུན་འདུས་བླ་མ་རིན་པོ་ཆེ། །ཆོ༵ས་ཀྱི་སྣང༵་བ་བརྩེ་གཟིགས་མཁྱེན་ པའི་གཏེར། །ཁྱེད་ལ་སྙིང་ནས་གུས་པས་གསོལ་བ་འདེབས། །བདག་རྒྱུད་ཆོས་དང་འདྲེས་ པར་བྱིན་གྱིས་རློབས། །ཅེས་པ་འདི་ཡང་ཚུལ་ཁྲི མས་སྒྲོན་ལ་མཁོ་ནས། མ་ཏིས་སོ།། །། ༈ མཁྱེན་བརྩེ་ཕུལ་བྱུང་ཆོ༵ས་ཀྱི་སྣང༵་བའི་མགོན། །བློ༵་གྲོ༵ས་རྒྱ༵་མཚོ༵་ངག༵་དབང་ཕྲི༵ན་ ལས་དཔལ། །རྣམ་གསུམ་དབྱེར་མེད་དགོངས་ཀློང་གཅིག་གི་ངང༌། །རྩེ་གཅིག་གསོལ་ འདེབས་ཐུགས་ཡིད་རོ་མཉམ་མཛོད། །དགེ་མ་ཚུལ་སྒྲོན་གྱི་དག་སྣང་བཞིན། མ་ཏིས་སྨྲས།། །། 9-1-119 ༄༅། །བླ་མ་རྡོ་རྗེ་འཆང་སྐྱབས་རྗེ་ཟླ་བ་གྲགས་པ་ཁོང་ལ་བརྟེན་ནས་ མོས་གུས་དག་སྣང་གི་སྒོ་ནས་དོན་དམ་པའི་སངས་རྒྱས་ དངོས་དང་དབྱེར་མེད་ཀྱི་དག་མཉམ་ཟབ་མོས་ བྱིན་རླབས་འབེབས་ཐབས་གྲུབ་གཉིས་ མྱུར་སྩོལ་ཞེས་བྱ་བ་ བཞུགས་སོ། ། ༄༅། །བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ཏེ་འདིར་རྩ་བའི་བླ་མར་མོས་གུས་ཀྱིས་སྒྲུབ་ཅིང་མཆོད་ཐབས་བྱ་བའི་ རིམ་པ་ཉུང་བསྡུས་སུ་བཀོད་པ་ལ། ཐོག་མར་སྐྱབས་འགྲོ་ནི། ཀུན་ཁྱབ་གཉུག་མ་གཞི་དབྱིངས་དེ་བཞིན་ཉིད། །འོད་གསལ་དོན་དམ་སྐྱབས་གསུམ་ཡེ་བཞུགས་པ། །མི་འགྱུར་དགོངས་ཀློང་རོ་གཅིག་ དབྱེར་མེད་ངང༌། །ནམ་ཡང་འདུ་འབྲལ་མེད་པས་སྐྱབས་སུ་བསྟེན། །ལན་གསུམ། སེམས་བསྐྱེད་ ནི། མ་དག་མཚན་མར་འཛིན་པའི་རྟོག་ཚོགས་ལས། །ཀུན་རྫོབ་འཁྲུལ་སྣང་ཨ་འཐས་ལ་ ཞེན་པའི། །མ་གྱུར་འགྲོ་འདིའི་རྨོངས་པ་བསལ་བའི་ཆེད། །ཡང་དག་ལམ་ཟབ་ཐབས་ཆེན་ མྱུར་བསྒྲུབ་བྱ། །ལན་གསུམ། དེ་ནས་བསྐྱེད་པ་དངོས་ནི། ཨེ་ཡིག་སྟོང་ཆེན་གདོད་མའི་གནས་ལུགས་ ཡོངས་གྲུབ་འགྱུར་མེད་མདངས། །གློ་བུར་རྣམ་ཤེས་སྤྲོས་པའི་སྣང་ཆ་ཀུན་ནས་རབ་དྭངས་ པ། །ཡེ་ཤེས་འོད་ལྔའི་འཇའ་ཟེར་དབུས་ན་གཞོམ་མེད་ཕོ་བྲང་ནང༌། །སྣ་ཚོགས་འདབ་ ལྡན་ཆུ་སྐྱེས་ལྟེ་བར་ཟླ་ཉི་སྒྲ་གཅན་སྟེང༌། །འོད་གསལ་ཆོས་སྐུ་ཟག་མེད་འཕྲུལ་བཟང་གང་ 9-1-120 འདུལ་སྤྲུལ་པའི་གར། །སྐྱབས་རྗེ་དཔལ་ལྡན་རྡོ་རྗེ་འཛིན་པ་ཟླ་བ་གྲགས་པའི་མཚན། །ངོ་ མཚར་གཟུགས་སྐུ་དཀར་ལ་དམར་མདངས་ཞབས་ཟུང་སྐྱིལ་ཀྲུང་བཞུགས། །མཛེས་ལྡན་ ཤ་འགག་དང་བཅས་ངུར་སྨྲིག་ན་བཟའི་རྒྱན་བཟང་དང༌། །ཕྱག་ཟུང་གཡས་གཡོན་ཆོས་ འཆད་དང་བཅས་མཉམ་བཞག་ཕྱག་བརྒྱ་ཡིས། །གསང་སྔགས་ཆོས་མཛོད་གླེགས་བམ་ རྟགས་མཚན་འཛུམ་དཀར་གཡོ་བའི་ཞལ། །བརྩེ་ཆེན་སྤྱན་གཉིས་ཧྲིག་གེར་གཟིགས་ཤིང་ དབུ་ལ་མཁན་ཞྭས་མཛེས། །ཟག་བྲལ་ཡེ་ཤེས་གསར་བའི་སྐུ་མཆོག་ཏིང་འཛིན་འབུམ་ ཉམས་ལྡན། །ཚངས་དབྱངས་མཁའ་མཉམ་ཀུན་ཁྱབ་འོད་གསལ་རྡོ་རྗེའི་ཐུགས་མངའ་ བ། གཙུག་ཏོར་རྩ་ཡི་འདབ་མར་གཙོ་བོ་ཡབ་ཡུམ་མཚན་མ་བཞི། །སྙིང་ག་ཆོས་ཀྱི་འཁོར་ ལོར་ཐུགས་ཀྱི་རྡོ་རྗེ་ནུས་མ་བརྒྱད། །དཔྲལ་བར་སྐུ་ཡི་རྡོ་རྗེ་སངས་རྒྱས་ཡབ་ཡུམ་དྲུག་ལྷག་ བཅུ། །མགྲིན་པར་གསུང་གི་རྡོ་རྗེ་སེམས་ཁྲོ་ཐབས་ཤེས་ལྷ་སོ་གཉིས། །ལྟེ་བར་ཡེ་ཤེས་རྡོ་ རྗེ་རྣལ་འབྱོར་མ་རྣམས་དྲུག་ཅུ་བཞི། །གསང་གནས་སྐུ་ཡི་ཁྲོ་རྒྱལ་གཟུངས་མ་བུམ་རྣམས་ སོ་གཉིས་གྲངས། །བཅུ་གཉིས་ཚིག་ལ་སུམ་བརྒྱ་དྲུག་ཅུའི་ལྷ་མོ་དང་བཅས་པའི། །ལྷ་ཆེན་ ཚོགས་དང་ཕྱག་ཞབས་སོར་མོ་ཀླུ་དག་རབ་གཏུམ་བཅུ། །སྐྲ་སྤུ་གྲུབ་པ་འབྱུང་པོའི་ཚོགས་ཏེ་ གསང་གསུམ་ལྷའི་འཁོར་ལོ། །ཡོངས་རྫོགས་དཀྱིལ་འཁོར་རིགས་ཀྱི་སྤྱི་དཔལ་རྡོ་རྗེ་རྣམ་ བཞིའི་བདག །གང་གི་སྤྲུལ་པའི་རབ་འབྱམས་བཀོད་པ་བརྒྱུད་རིམ་བླ་མའི་ཚོགས། །ཡི་ དམ་མཆོག་གསུམ་ཆོས་སྲུང་རྣམ་འཕྲུལ་མཛད་པ་མཐའ་ཡས་པས། །ཆོས་ཀྱི་ཕོ་བྲང་ནང་ གི་བར་སྣང་གཞི་ཀུན་ཡོངས་ཁྱབ་པ། །མ་ལུས་བླ་མ་ཉིད་དང་རྣམ་པ་ཙམ་ལས་དབྱེར་མེད་ བསྒོམས། །དེ་ནས་སྤྱན་འདྲེན་གྱི་དོད། གཞི་དབྱིངས་ཆོས་སྐུ་ཉག་གཅིག་དྭངས་པའི་ཁམས། །ཡེ་ ནས་བཞེངས་བཞུད་བྲལ་བ་གནས་ལུགས་ཉིད། །མོས་འདུན་དག་པས་དམ་ཡེའི་རྣམ་པ་ རུ། །བསྒྱུར་བ་ཙམ་ལས་དོན་ལ་གཉིས་སུ་མེད། །འོན་ཀྱང་གང་འདུལ་དག་སྣང་མོས་པའི་ 9-1-121 ངོར། །སྣ་ཚོགས་བཀོད་པའི་སྣང་བ་རབ་འབྱམས་ཀྱིས། །ཚོགས་རྫོགས་ཡིད་ལ་དགའ་བ་ ཆེར་སྤེལ་སླད། །ངོ་མཚར་སྤྲུལ་བཀོད་མཆོག་གིས་དགྱེས་པར་བཞུགས། །ཡན་ལག་བདུན་པ་ནི། མཁའ་ཁྱབ་རྡོ་རྗེ་རྣམ་བཞིའི་ངོ་བོ་ཉིད། །ཡི་དམ་རྒྱལ་བ་རྒྱ་མཚོའི་རིགས་ཀྱི་བདག །ཆོས་ དབྱིངས་གསུང་གི་དབང་ཕྱུག་རྡོ་རྗེ་འཆང༌། །འཁོར་ལོའི་མགོན་པོ་མཆོག་ལ་གུས་ཕྱག་ འཚལ། །རྨད་བྱུང་ཟབ་ཡངས་ཏིང་འཛིན་དག་པའི་འཕྲུལ། །ངོ་མཚར་ཡིད་དུ་འོང་བའི་ཉེར་ སྤྱོད་ཚོགས། །དྭངས་བསིལ་མཆོད་ཡོན་སྣ་ཚོགས་མེ་ཏོག་རིགས། །ལ་སོགས་ཕྱི་ཡི་མཆོད་ པ་དཔག་མེད་འབུལ། །ཟག་མེད་ཐུགས་མཆོག་དགྱེས་པ་བསྐྱེད་པའི་རྫས། །སྦྱང་རྟོགས་ སྦར་བའི་དམ་ཚིག་བཅུད་ཆེན་པོ། །རབ་ཡངས་བྷནྡྷ་ལེགས་པར་བཀང་བ་འདི། །མགོན་ ཁྱོད་མཉེས་པའི་སླད་དུ་འབུལ་བར་བགྱི། །མི་འགྱུར་བདེ་ཆེན་དཔག་ཡས་ལེགས་སྤེལ་བ། །མཚར་སྡུག་སྒེག་ཉམས་ལང་ཚོ་བདེ་བའི་དཔལ། །གསང་ཆེན་བདེ་སྟོང་ཡེ་ཤེས་རིག་མའི་ མཆོག །ཧེ་རུ་ཀ་དཔལ་སྤྱོད་པ་སྐྱོང་དེར་ཕུལ། །རྣམ་ཀུན་མཆོག་ལྡན་སྟོང་གཟུགས་ཕྱག་ རྒྱ་ཆེ། །དོན་དམ་སྲིད་གསུམ་དྭངས་མར་ཤར་བའི་དབྱིངས། །སྤྲོས་མཚན་ཉེར་ཞི་གནས་ ལུགས་ལྟ་བའི་མཆོག །དེ་ཁོ་ན་ཉིད་དམིགས་པ་མེད་པའི་ཕྱིར། །གཞན་ཡང་བདག་པོས་ ཡོངས་སུ་མ་བཟུང་བའི། །ལྷ་དང་མི་ཡི་དཔལ་འབྱོར་ཇི་སྙེ ད་པ། །ཡིད་དུ་འོང་བའི་དངོས་ རྫས་མཐའ་དག་ཀུན། །གུས་པས་འབུལ་ལོ་བརྩེ་བས་ལེགས་བཞེས་མཛོད། །སྔོན་ཚེ་ཐོག་ མ་མེད་པ་ནས་བཟུང་སྟེ། །ད་བར་ཉོན་མོངས་དབང་གིས་ནོངས་བགྱིས་པ། །སྡིག་ལྟུང་དྲི་ མ་གང་བསགས་དེ་དག་ཀུན། །བཤགས་བསྡམས་དག་ནས་བྱིན་ཆེན་དབབ་ཏུ་གསོལ། །རིགས་བདག་རྒྱལ་བའི་རབ་འབྱམས་སྤྲུལ་པའི་གར། །དག་དང་མ་དག་ཞིང་དུ་གང་འདུལ་ གྱིས། །རླབས་ཆེན་མཛད་བཟང་རྒྱ་མཚོ་ལེགས་བསྒྲུབ་པའི། །རྣམ་པར་དཀར་བའི་ཚོགས་ ལ་རྗེས་ཡི་རང༌། །ཀུན་རྫོབ་རང་རང་ངོ་བོས་གདོད་ནས་སྟོང༌། །གནས་ལུགས་དོན་དམ་ 9-1-122 གཤིས་ནས་ཡོངས་གྲུབ་པའི། །རྟག་ཆད་སྤང་བའི་དབུ་མ་ཆེན་པོའི་དོན། །ཟབ་མོའི་ཆོས་སྒོ་ འཛད་མེད་ལེགས་ཕྱིན་མཛོད། །གདོད་ནས་བཞུགས་པའི་ཆོས་སྐུ་རྟག་པའི་བདག །ནམ་ ཡང་འཕོ་འགྱུར་ཆོས་སུ་ཡོད་མིན་ཀྱང༌། །གང་འདུལ་མོས་ངོར་འཚམ་པའི་གཟུགས་སྐུའི་ འཕྲུལ། །གདུལ་བྱའི་ཡིད་ཀྱིས་རེ་འདོད་རྟག་པར་སྐྱོངས། །མགོན་ཁྱོད་གུས་མཆོད་ལེགས་ བསྔགས་གང་བྱེད་པ། །རྒྱལ་བ་ཀུན་ལ་བསོད་ནམས་བགྱིས་འདྲ་ཞེས། །བསླུ་མེད་དཔལ་ གྱི་མགུར་ནས་ཆེར་བསྔགས་འདིས། །ཡིད་ཀྱི་དད་པ་གཏིང་ནས་བསྐྱེད་པར་བྱེད། །གང་ལ་ མ་གུས་བག་མེད་དབང་གྱུར་ཏེ། །མགོན་ལ་བརྙེས་ཤིང་མི་མཚམས་སྨད་བྱེད་གང༌། །དུས་ གསུམ་རྒྱལ་ལ་བརྙས་སྨོད་བསོད་ནམས་ཟད། །དམ་པས་སྨད་པར་མདོ་རྒྱུད་དགོངས་ གཅིག་ངེས། །དེ་སླད་སྐྱབས་མཆོག་ཉིད་ལ་སྒོ་གང་ནས། །བསོད་ནམས་ཉེར་བསགས་མི་ འཚམས་ལས་ཀུན་སྤངས། །བགྱི་བ་དོན་ལྡན་གང་བྱས་རྣམ་དཀར་འདིས། །ནང་དབྱིངས་ ཆོས་སྐུའི་བླ་མ་མྱུར་མཇལ་ཤོག །དཔལ་ལྡན་བླ་མ་རྣམ་པར་སྤྲུལ་པའི་ཚོགས། །བརྩེ་ཆེན་ དགྱེས་པའི་ཡེ་ཤེས་དགོངས་གཅིག་གིས། །གསང་གསུམ་རླབས་ཆེན་བྱིན་རླབས་སྒོ་བརྒྱའི་ གཏེར། །ཡོངས་ཕྱེ་བདག་རྒྱུད་སྨིན་པ་མཆོག་ཏུ་གྱུར། །དེ་ནས་གསོལ་བ་འདེབས་པ་ནི། ཟབ་རྒྱས་ གདམས་ངག་རྒྱ་མཚོའི་བཅུད་བཟང་གིས། །དབང་བསྒྱུར་ནང་དབྱིངས་ཡེ་ཤེས་མངོན་བྱས་ ནས། །དྲི་བྲལ་ཟླ་ལྟར་དཀར་བའི་ཟུང་འཇུག་སྐུ། །མཚན་སྙན་གྲགས་པ་མཁའ་ལྟར་ཁྱབ་ པའི་མགོན། །གང་ལ་རྩེ་གཅིག་མི་ཕྱེད་དད་པའི་སྒོས། །སྙིང་ནས་རེ་ལྟོ ས་དང་བཅས་གསོལ་ འདེབས་ན། །བྱིན་རླབས་ཡེ་ཤེས་སྣང་བའི་མཐུ་ནུས་ཀྱིས། །བདག་བློས་ཟབ་ཆོས་དགའ་ སྟོན་ལེགས་མྱོང་མཛོད། ཅེས་སོགས་གསོལ་འདེབས་གང་འོས་འདོན། ཆོས་སྐུ་གདོད་ནས་ འཁོར་འདས་རྟག་ཁྱབ་པ། །ཟག་བྲལ་འདུས་མ་བྱས་པའི་ཡེ་ཤེས་དབྱིངས། །རྩོལ་མེད་རང་ བབ་རིག་གདངས་མངོན་བྱས་ཏེ། །འོད་གསལ་གཉུག་མའི་ངང་ནས་མཚན་སྔགས་བཟླ། 9-1-123 །མཚན་སྔགས་ནི། ༀ་ཨཱ་གུ་རུ་བཛྲ་དྷ་ར་ཝཀྐིནྡྲ་ཙནྡྲ་ཀིརྟི་ཧཱུཾ། ཞེས་པ་ཅི་ནུས་མཐར། ཀུན་རྟོག་སྤྲོས་ ཚོགས་གཤིས་ལ་མ་ཞུགས་པའི། །གཞི་འབྲས་དབྱེར་མེད་རང་བྱུང་ཡེ་ཤེས་ལས། །ངེས་པ་ དོན་གྱི་བླ་མ་ལོགས་ན་མེད། །ལྷན་སྐྱེས་བདེ་ཆེན་བླ་མའི་ངོ་བོར་བཟུང༌། །དབང་བཞི་བླངས་པ་ ནི། རྒྱལ་ཀུན་སྤྱི་གཟུགས་མ་ལུས་རིགས་ཀྱི་བདག །གང་གི་གཟུགས་སྐུའི་བཀོད་པ་གནས་ འགྱུར་ཏེ། །རྡོ་རྗེ་འཆང་ཆེན་ལོངས་སྤྱོད་རྫོགས་པའི་ཚུལ། །རང་སྣང་ཤེས་རབ་མཆོག་གིས་ དགྱེས་པར་གྱུར། །བླ་མེད་གསང་བ་ཆེན་པོའི་སྒོ་ཕྱེས་ནས། །དགོངས་ཆེན་མཆོག་གི་གཏད་ པའི་ཤེས་རབ་མའི། །འོ་འཛིན་རེག་བདེས་བུམ་པའི་དབང་མཆོག་གིས། །ལས་སྒྲིབ་སྦྱངས་ ཤིང་སྐུ་ཡི་བྱིན་རླབས་ཐོབ། །འགྱུར་མེད་བདེ་སྟོང་ཟུང་འཇུག་ངོ་བོའི་སྐུ། །བླ་མ་ཡབ་ཡུམ་ སྙོ མས་པར་ཞུགས་པ་ལས། །བྱང་ཆུབ་སེམས་ཀྱི་གསང་བའི་དབང་མཆོག་གིས། །ངག་སྒྲིབ་ སྦྱངས་ཤིང་གསུང་གི་བྱིན་རླབས་ཐོབ། །མགོན་པོ་གང་གིས་གཏད་པའི་རིག་མ་དང༌། །རང་ དང་སྙོ མས་འཇུག་ཤེས་རབ་ཡེ་ཤེས་ཀྱི། །དབང་གི་ནུས་པས་བདག་རྒྱུད་བདེ་བའི་སིམ། །ཡིད་སྒྲིབ་སྦྱངས་ཤིང་ཐུགས་ཀྱི་བྱིན་རླབས་ཐོབ། །རིགས་ཀྱི་བདག་པོའི་དགོངས་ཆེན་ཡེ་ ཤེས་ཀྱིས། །དམིགས་མེད་བརྡ་ཡིས་ལེགས་མཚན་ཚིག་དབང་གིས། །འོད་གསལ་ལྷན་སྐྱེས་ རྗེན་ཆར་ངོ་སྤྲད་ཏེ། །ཆགས་རྟོག་སྦྱངས་ཤིང་སྐུ་བཞིའི་བྱིན་རླབས་ཐོབ། །བསྡུ་རིམ་ནི། བླ་མ་ མཆོག་གིས་སྤྲུལ་བའི་བཀོད་པ་བསྡུ། །ཁོང་ཡང་འོད་ཕུང་བདེ་བའི་རང་བཞིན་ཞུ། །རང་གི་ སྤྱི་བོར་ཐིམ་པའི་གསང་གསུམ་དང༌། །སྒོ་གསུམ་དབྱེར་མེད་རོ་མཉམ་ཆེན་པོར་གྱུར། །བསྔོ་ བ་ནི། རྣམ་པར་དཀར་བའི་ལེགས་བྱས་མི་དམན་པའི། །རབ་དགེ་བསོད་ནམས་ཕུང་པོ་ཇི་ མཆིས་དེས། །རིང་མིན་སྐྱེ་དགུ་རྒྱ་མཚོ་འདྲེན་བྱེད་དུ། །བདག་གིས་བླ་མའི་གོ་འཕང་འཛིན་ གྱུར་ཅིག །དེ་བར་གནས་སྐབས་ཀུན་ཏུ་ཆོས་མཐུན་དང༌། །ལེགས་འགྲོགས་ཆོས་མིན་སྤྱོད་ པས་ནམ་ཡང་དབེན། །གང་བྱས་རྣམ་དཀར་འབའ་ཞིག་ཉིད་གྱུར་ཏེ། །དལ་འབྱོར་སྙིང་ 9-1-124 པོ་རྟག་ཏུ་ལེན་ནུས་ཤོག །ཁྱད་པར་འདི་དང་ཕྱི་མའི་ཚེ་རབས་སུ། །མགོན་ཁྱོད་དགེ་བའི་ བཤེས་སུ་ཉེར་བསྟེན་ནས། །ཡང་དག་གདམ་བཟང་ཟབ་མོས་རྟག་བསྐྱངས་ཏེ། །རིགས་ བདག་བླ་མ་མི་འབྲལ་འགྲོགས་གྱུར་ཅིག །ཅེས་བླ་མ་རྡོ་རྗེ་འཆང་སྐྱབས་རྗེ་ཟླ་བ་གྲགས་པ་ཁོང་ལ་བརྟེན་ ནས་མོས་གུས་དག་སྣང་གི་སྒོ་ནས་དོན་དམ་པའི་སངས་རྒྱས་དངོས་དང་དབྱེར་མེད་ཀྱི་དག་མཉམ་ཟབ་མོས་བྱིན་རླབས་ འབེབས་ཐབས་གྲུབ་གཉིས་མྱུར་སྩོལ་ཞེས་བྱ་བ་འདི་ཡང་རྗེ་གང་གི་སློབ་བུ་བཞིན་རྒྱམ་གྱིས་འདི་ལྟར་དགོས་ཞེས་རེ་འདུན་མ་ བཟློག་ཙམ་དུ་མ་ཏི་ཀིརྟི་ཞེས་པས་ཤར་མར་སྤེལ་བ་ཛ་ཡནྟུ།། །། 9-1-125 ༄༅། །རྗེ་བཙུན་དཔལ་ལྡན་བླ་མ་དམ་པ་ངག་དབང་རིན་ཆེན་བཟང་ པོའི་བླ་མ་རྒྱང་འབོད་བྱིན་རླབས་མྱུར་འབེབས་ ཞེས་བྱ་བ་བཞུགས་སོ། ། ༄༅། །ན་མོ་གུ་རུ་རཏྣ་བྷ་དྲ་བྷྱཿ དཔལ་སྒྱུ་འཕྲུལ་དྲ་བའི་རོལ་གར་མཁན། །གནས་ ངེས་པ་ལྔ་ལྡན་ཞིང་གི་གཙོ། །རིགས་ཀུན་གྱི་ཁྱབ་བདག་རྡོ་རྗེ་འཆང༌། །ཐུགས་ཆོས་དབྱིངས་ སྐྱེ་མེད་ངང་ནས་དགོངས། །བུ་སྐལ་ལྡན་རྡོ་རྗེ་སྤུན་གྱི་གྲོགས། །གནས་འདིར་འཚོགས་སློབ་ འབངས་མཐའ་དག་གི །ཡིད་འདོད་ཀྱི་རེ་བ་མ་ལུས་པ། །ཇི་བཞིན་དུ་སྐོང་བའི་མགོན་པོ་ མཛོད། །རྨད་བྱུང་བྱིན་རླབས་ཀྱི་མཛོད་འཛིན་པ། །སྔགས་ཀྱི་ཞིང་མཆོག་གི་གཙོ་བོ་རྗེ། །ཀ་ ལ་པའི་ཆོས་རྒྱལ་རིགས་ལྡན་ཚོགས། །རྗེ་མགོན་གྱིས་མཛད་པའི་རྣམ་རོལ་པ། །དཔལ་རྡོ་ རྗེ་སེམས་དཔའི་ངོ་བོ་སྟེ། །རྗེ་བླ་མ་རིན་ཆེན་བཟང་པོ་མཁྱེན། །ཆོས་གསང་སྔགས་རྟོགས་ པའི་སྒོ་ཕྱེས་ལ། །སློབ་འབངས་ཀྱི་སེམས་རྒྱུད་མྱུར་སྨིན་མཛོད། །སྐལ་བཟང་ལ་བྱིན་གྱིས་ རླབས་པའི་གཉེན། །གསང་ཆེན་གྱི་རིམ་གཉིས་བརྒྱུད་རིམ་མཆོག །རྗེ་ཀུན་མཁྱེན་དོལ་པོ་ ཡབ་སྲས་སོགས། །རྩ་བརྒྱུད་ཀྱི་བླ་མའི་རྣམ་རོལ་པ། །དཔལ་རྡོ་རྗེ་སེམས་དཔའི༴ སོགས་གོང་ བཞིན་འགྲེས། དཔལ་དང་པོའི་སངས་རྒྱས་དུས་འཁོར་ལོ། །བདེ་གསང་འཇིགས་གསུམ་གྱི་ལྷ་ ཚོགས་བཅས། །རིགས་ཀུན་འདུས་པ་ཡི་འཁོར་ལོའི་མགོན། །ཡི་དམ་ཀུན་འདུས་ཀྱི་བདག་ ཉིད་རྗེ། །དཔལ་རྡོ་རྗེ་སེམས་དཔའི༴ སོགས་འགྲེས། མགོན་གཏན་གྱི་སྐྱབས་གནས་རིན་ཆེན་ 9-1-126 གསུམ། །གང་འདུལ་གྱི་གསང་གསུམ་ནམ་མཁའི་མཐའ། །ཕུལ་བྱུང་གི་མཛད་པ་ངོ་མཚར་ ཅན། །སྐྱབས་གསུམ་གྱི་བདག་ཉིད་བླ་མ་རྗེ། །དཔལ་རྡོ་རྗེ༴ སོགས། ལྷ་ཡེ་ཤེས་སྤྱན་ལྡན་ ཆོས་སྐྱོང་ཚུལ། །མཐུ་ལྡན་གྱི་ངོ་བོར་ཡོངས་བཞེངས་སྟེ། །ཕྱི་ནང་གསང་གསུམ་གྱི་བར་ཆད་ བསལ། །མགོན་བསྟན་སྐྱོང་གི་ཚུལ་གྱིས་འགྲོ་ཕན་སྤེལ། །དཔལ་རྡོ་རྗེ༴ སོགས། གཞོམ་མེད་ ཀྱི་སྟོང་གཟུགས་རྡོ་རྗེ་སྐུ། །རྣམ་ཀུན་གྱི་རོལ་པའི་མཛད་བཟང་ཅན། །རྡུལ་བྲལ་གྱི་འཕགས་ པའི་ཡེ་ཤེས་སྐུ། །གང་འདོད་ཀྱི་རེ་བ་སྐོང་བའི་གཉེན། །དཔལ་རྡོ་རྗེ༴ སོགས། ཡེ་ཤེས་ ཀྱིས་རྩལ་ལས་འཕོས་པའི་མདངས། །གཞོམ་མེད་ཀྱི་ནཱ་དའི་སྒྲ་དབྱངས་ཅན། །ཟབ་དོན་ ཀུན་ཅིག་ཆར་སྟོན་པའི་གསུང༌། །རྟོག་བྲལ་གྱི་ལྷ་ཡི་རྔ་ཆེན་བཞིན། །དཔལ་རྡོ་རྗེ༴ སོགས། ཟག་མེད་ཀྱི་ཏིང་འཛིན་འབུམ་ལྡན་ཞིང༌། །ངོ་མཚར་བའི་གཟུངས་སྤོབས་མཐའ་ཡས་ཅན། །བདེ་སྟོང་གི་རྟོགས་པའི་བཅུད་རྒྱས་པ། །ཀུན་མཁྱེན་གྱི་དབང་ཕྱུག་ཆོས་ཀྱི་རྗེ། །དཔལ་རྡོ་ རྗེ༴ སོགས། དཀྱིལ་འཁོར་གྱི་གཙོ་བོ་རྡོ་རྗེ་སེམས། །སྣ་ཚོགས་ཀྱི་སྒྱུ་འཕྲུལ་བཀོད་པ་ཅན། །གང་འདུལ་གྱི་གདུལ་བྱ་རྗེས་བཟུང་བ། །མགོན་ངུར་སྨྲིག་གར་གྱི་རྣམ་རོལ་བ། །རང་ཅག་ ལ་སངས་རྒྱས་ལས་ལྷག་པའི། །བཀའ་དྲིན་ལ་གཞལ་དུ་མ་མཆིས་ཤིང༌། །ཐུགས་རྗེ་ལ་ཉེ་ རིང་མེད་པའི་མགོན། །དཔལ་ལྡན་གྱི་བླ་མ་རིན་ཆེན་བཟང༌། །ཞིང་དག་པ་འོག་མིན་གནས་ མཆོག་ནས། །ཐུགས་ཆོས་དབྱིངས་ཀྱི་ངང་ལས་མ་གཡོས་བཞིན། །ཉམ་ཐག་གི་གདུངས་ དབྱངས་འདི་དགོངས་ལ། །ཉམས་བཟང་གི་རྟོགས་པའི་འཆར་སྒོ་ཕོབ། །དབང་བཞི་ཡིས་ རྒྱུད་སྨིན་རྡོ་རྗེ་སྤུན། །དམ་ཚིག་གི་གཙང་མའི་ས་གཞི་ལ། །རིམ་གཉིས་ཀྱི་ལྗོན་བཟང་ ལེགས་འཁྲུངས་ཏེ། །སྐུ་བཞི་ཡི་འབྲས་བུ་གཡུར་ཟ་ཤོག །ཅེས་བླ་མ་རྒྱང་འབོད་བྱིན་རླབས་མྱུར་ འབེབས་ཞེས་བྱ་བ་འདི་ཡང་གྲྭ་བཙུན་ཚོགས་གཉིས་ཀྱི་མོས་འདུན་བཞིན་མ་ཏིའི་མིང་གིས་སོ།། །། 9-1-127 ༄༅། །བླ་མ་རིན་ཆེན་བཟང་པོའི་བླ་རྣམ་ མདོར་བསྡུས་བཞུགས། ༄༅། །འདིར་བླ་རྣམ་མདོར་བསྡུས་བྱ་ཐབས་ལ་འདི་སྐད། ཕུལ་བྱུང་གསང་གསུམ་རླབས་ཆེན་མངའ་ བའི་མགོན། །སྐྱབས་ཀུན་ཐུགས་རྗེའི་རང་གཟུགས་བླ་མ་ལ། །སྙིང་ནས་སྐྱབས་གསོལ་ འགྲོ་ཁམས་ལེགས་སྒྲོལ་ཆེད། །ཡང་དག་ལམ་ཟབ་རྣལ་འབྱོར་ཉམས་བླང་བགྱིད། །ལན་ གསུམ། མདུན་མཁར་ཀུན་བཟང་མཆོད་སྤྲིན་འཁྲི གས་པའི་ཀློང༌། །པད་ཟླའི་གདན་ལ་སྐྱབས་ གནས་འདུས་པའི་བདག །རྩ་བའི་བླ་མ་རིན་ཆེན་བཟང་པོའི་སྐུ། །ཟག་བྲལ་ཡེ་ཤེས་འཕྲུལ་ ལས་ཤར་བའི་དཔལ། །དཀར་དམར་མདངས་ལ་འོད་འབར་དགྱེས་འཛུམ་ཉམས། །ཞལ་ གཅིག་ཕྱག་ཟུང་ཐུགས་ཀར་ཆོས་འཆད་མཛད། །ཞབས་གཉིས་སྐྱིལ་ཀྲུང་གིས་བཞུགས་ མཛེས་སྐུ་ལ། །ནབ་འགག་རྣམ་གསུམ་ངུར་སྨྲིག་ན་བཟས་བཀླུབས། །དབུ་རེག་དགེ་སློང་རྡོ་ རྗེ་འཛིན་པའི་ཚུལ། །གནས་བཞིར་ཡི་གེ་རྣམ་བཞིས་ལེགས་མཚན་པ། །སྐུ་ལས་རྣམ་འཕྲུལ་ བཀོད་ཆེན་རོལ་བའི་རྒྱན། །ཕྱོགས་མཚམས་ཀུན་ཏུ་སྤྲིན་དཔུང་གཏིབས་བཞིན་གྱུར། །སྲས་ བཅས་རྒྱལ་པའི་ཡེ་ཤེས་མཛད་ཆེན་གར། །གང་འདུལ་བླ་མར་བཞེངས་ལ་གུས་ཕྱག་ འཚལ། །དངོས་འབྱོར་ཡིད་ཀྱིས་རབ་སྤྲུལ་མཆོད་ཚོགས་འབུལ། ཉེས་ལྟུང་ཀུན་བཤགས་ དགེ་ལ་རྗེས་ཡི་རང༌། །ཟབ་རྒྱས་ཆོས་འཁོར་བསྐོར་བསྐུལ་གདུལ་བྱའི་ངོར༌། །གཟུགས་སྐུ་ འདའ་ཚུལ་མི་མཛད་རང་འཚམས་སུ། །དེར་སྣང་སྤྲུལ་པའི་ཟློས་གར་མི་བསྡུ་བར། །རྟག་ བཞུགས་བདག་སོགས་ཚོགས་གཉིས་ཡོངས་རྫོགས་ཤོག །མདོ་སྔགས་ཡོངས་སྨྲ་ངག་གི་ དབང་ཕྱུག་ཆེ། །སྐྱབས་མཆོག་རིན་ཆེན་རྣམ་གསུམ་ངོ་བོ་ཉིད། །རྩ་བའི་བླ་མ་ཆོས་དཔལ་ 9-1-128 བཟང་པོའི་བདག །ཁྱེད་ལ་གསོལ་འདེབས་བདག་རྒྱུད་བྱིན་གྱི་རློབས། །མཚན་སྔགས། ༀ་ ཨཱཿགུ་རུ་ཝཀྐིནྡྲ་རཏྣ་བྷ་དྲ་ཧཱུཾ། ཞེས་པ་ཅི་ནུས་བཟླ་མཐར། དཔལ་ལྡན་བླ་མའི་གནས་བཞིའི་ཡི་གེ་ ལས། །དཀར་དམར་མཐིང་སེར་འོད་ཟེར་རབ་སྤྲོས་པ། །རང་གི་གནས་བཞིར་ཐིམ་པས་ སྒྲིབ་བཞི་དག །དབང་བཞི་ཡོངས་ཐོབ་སྐུ་བཞིའི་ས་བོན་ཐེབས། །དེ་ནས་བླ་མ་འོད་ཕུང་ རང་བཞིན་ཞུ། །བདག་གི་སྤྱི་བོར་ཐིམ་པས་རྒྱུད་བྱིན་བརླབས། །དགེ་འདིས་རིང་མིན་བླ་ མའི་གསང་གསུམ་དང༌། །རང་གི་སྒོ་གསུམ་དབྱེར་མེད་ཉིད་གྱུར་ཅིག །ཅེས་པའི་བླ་རྣམ་མདོར་ བསྡུས་འདི་ཡང་ནོར་བཟང་གི་ངོར་མ་ཏིས་སྨྲས་པའོ།། །། 9-1-129 ༄༅། །བླ་མ་རྣམ་གསུམ་གྱི་གསོལ་འདེབས་དང་ འབྲེལ་བའི་བསོད་ནམས་ བསགས་ཐབས་ བཞུགས། ༄༅། །ན་མོ་གུ་རུ་བྷྱཿ རྒྱལ་ཀུན་ངོ་བོ་དབྱེར་མེད་ཆོས་ཀྱི་རྗེ། །རང་ལ་སངས་རྒྱས་ ལས་ལྷག་བཀའ་དྲིན་ཅན། །རྩ་བའི་བླ་མ་རི༵ན་ཆེ༵ན་བཟ༵ང་པོ་ལ། །གུས་པས་འདུད་དོ་སྙིང་ ནས་གསོལ་བ་འདེབས། །ཚེ་འདིར་བརྩེ་བའི་ཐུགས་རྗེས་ལེགས་བཟུང་ནས། །ཆོས་མིན་ ལོག་པའི་ལམ་དུ་མི་འགྲོ་ཞིང༌། །ཡང་དག་རིམ་གཉིས་ལམ་གྱི་གཞི་ཚུགས་ནས། །རིང་མིན་ ཟུང་འཇུག་མཐར་ཐུག་མངོན་བྱིན་རློབས། །རྨད་བྱུང་སོ་ཐར་རབ་བྱུང་ལེགས་ལམ་སྒོ། །ཐོག་ མར་ཇི་བཞིན་འབྱེད་མཛད་བཤེས་གཉེན་རྗེ། །བསྟན༵་པ༵་ར༵བ་རྒྱ༵ས་འགྲོ་འདྲེན་མཆོག་གི་ གཙོ། །གང་ལ་བཀའ་དྲིན་དྲན་པས་གསོལ་བ་འདེབས། །བརྩེ་ཆེན་གཟིགས་པས་བསྙེན་ པར་རྫོགས་མཛད་ཅིང༌། །གཞན་ཡང་ཡབ་བཀའ་དུ་མས་རྗེས་བཟུང་མཁན། །སྐྱབས་ མཆོག་སྨོ༵ན་ལ༵མ་བཟ༵ང་པོ༵་ཐུགས་རྗེའི་གཏེར། །གུས་པས་གསོལ་བ་འདེབས་སོ་བྱིན་གྱིས་ རློབས། །དུས་གསུམ་སངས་རྒྱས་ཀུན་དང་དབྱེར་མེད་པ། །རྣམ་གསུམ་རྩ་བའི་བླ་མ་བཀའ་ དྲིན་ཅན། །མི་ཕྱེད་མོས་གུས་དྲག་པོའི་གཙུག་གིས་བཟུང༌། ལུས་ངག་ཡིད་ཀྱི་སྒོ་ནས་ཕྱག་ འཚལ་ལོ། །བདག་གིས་ལུས་དང་ལོངས་སྤྱོད་གང་ཡོད་དང༌། །དུས་གསུམ་བསགས་པའི་ 9-1-130 རབ་དཀར་དགེ་ཚོགས་བཅས། །དེ་ཀུན་རྣམ་གསུམ་བླ་མ་མཉེས་ཕྱིར་འབུལ། །ཐུགས་རྗེའི་ བརྩེ་བ་ཆེན་པོས་ལེགས་བཞེས་མཛོད། །རང་གི་འཁོར་ཚེ་ཐོག་མ་མེད་པ་ནས། །ཉོན་མོངས་ དབང་གི་སྡིག་ལྟུང་གང་བགྱིས་པ། །སྙིང་ནས་འཆགས་སོ་ཕྱིན་ཆད་ལེགས་པར་སྡོམས། །མ་ ལུས་བྱང་ཞིང་དག་པར་མཛད་དུ་གསོལ། །དེ་ནས་ཡིག་བརྒྱ་ཅི་འགྲུབ་མཐར། དག་པའི་ཞིང་དུ་དཔག་ མེད་མཛད་པའི་འཕྲུལ། །རྟག་པར་བཀྱེ་བའི་རྣམ་གསུམ་བླ་མ་རྗེའི། །རབ་དཀར་བསོད་ ནམས་རྒྱ་མཚོའི་མཛད་བཟང་ལ། །ཡིད་རབ་དྭངས་པས་ངང་ནས་ཡི་རང་ངོ༌། །ཕྱོགས་ བཅུའི་ཞིང་དུ་གང་འདུལ་མཛད་ཆེན་གྱིས། །གདུལ་བྱའི་ཡིད་ཀྱི་རེ་འདོད་སྐོང་བའི་ཆོས། །ཟབ་དང་རྒྱ་ཆེའི་མཛོད་སྒོ་ལེགས་ཕྱེས་ནས། །མཛད་བཟང་གང་དེས་འགྲོ་རྣམས་རྗེས་ འཛིན་ཤོག །རྣམ་གསུམ་བླ་མའི་ཆོ་འཕྲུལ་སྤྲུལ་པའི་གར། །མཐའ་ཡས་ཞིང་དུ་གདུལ་བྱའི་ བློར་འཚམས་པར། །རང་རང་ཡིད་ལ་མཛད་པ་དེར་སྣང་སྟེ། །སྤྲུལ་བཀོད་རབ་འབྱམས་ མི་བསྡུ་རྟག་པར་སྟོན། །རབ་དཀར་དགེ་འདིས་བདག་ནི་ཚེ་རབས་སུ། །དཔལ་ལྡན་བླ་མ་ རྣམ་གསུམ་བཞུགས་པའི་ཞིང༌། །གང་རུང་ཞིག་ཏུ་རྟག་པར་ལེགས་སྐྱེས་དེར། །ཟབ་དགུའི་ གདམས་དོན་ཕ་མཐར་ཕྱིན་གྱུར་ཅིག །ཅེས་བླ་མ་རྣམ་གསུམ་གྱི་གསོལ་འདེབས་དང་འབྲེལ་བའི་བསོད་ནམས་ བསགས་ཐབས་འདི་ཡང་གྲྭ་བཙུན་དཔལ་ཤེར་གྱི་འདི་ལྟ་བུའི་མོས་འདུན་བཞིན་མ་ཏིའི་མིང་གིས་སོ།། །། 9-1-131 ༄༅། །བླ་མ་རིན་ཆེན་བཟང་པོའི་གསོལ་འདེབས་ སྐོར་བཞུགས། ༄༅། །རང་མདུན་ནམ་མཁར་འཇའ་ཟེར་འཁྲི གས་པའི་སྦུབས། །རབ་རྒྱས་པདྨོར་ཉ་ གང་ཟླ་གདན་སྟེང༌། །རང་གི་རྩ་བའི་བླ་མའི་ངོ་བོ་སྟེ། །རྣམ་པ་ཧེ་རུ་ཀ་དཔལ་རྡོ་རྗེ་སེམས། །སྐུ་མདོག་སྟོན་ཟླ་འབུམ་གྱི་གཟི་འོད་འབར། །ཐབས་ཤེས་ཟུང་འཇུག་བདེ་སྟོང་དགའ་བའི་ རོལ། །རིན་ཆེན་རུས་པའི་རྒྱན་བཟང་མཛེས་པ་ཅན། །རབ་འབྱམས་རྒྱལ་ཀུན་འདུས་པའི་ ངོ་བོར་གསལ། །དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་རྡོ་རྗེ་སེམས། །གང་དང་དབྱེར་མེད་ རྩ་བའི་བླ་མ་མཆོག(རིན་ཆེན་བཟང་པོ)། །སྙིང་ནས་མོས་གུས་གདུང་བས་གསོལ་བ་འདེབས། །སྒོ་གསུམ་གུས་པས་ཕྱག་འཚལ་མཆོད་ཚོགས་འབུལ། །སྡིག་ལྟུང་ཀུན་བཤགས་བསོད་ ནམས་ལ་ཡི་རང༌། །ཆོས་འཁོར་བསྐོར་བསྐུལ་མྱ་ངན་མི་འདར་གསོལ། །དགེ་འདིས་བླ་མ་ ཉིད་དང་དབྱེར་མེད་ཤོག །བླ་མ་རྡོ་རྗེ་སེམས་དཔའ་བདག་ལ་དགོངས། །བདག་གིས་ཐོག་ མེད་སྔོན་ནས་ད་ལྟའི་བར། །ཚབ་ཆེན་སྡིག་པ་གང་བསགས་མ་ལུས་བཤགས། །ཕྱིན་ཆད་ཅི་ ལ་ཐུག་ཀྱང་མི་བྱེད་པས། །ཉེས་ལྟུང་མ་ལུས་བྱང་ཞིང་དག་པར་མཛོད། །བླ་མ་འོད་ཕུང་བདེ་ བའི་རང་བཞིན་ཞུ། །སྤྱི་བོ་ནས་ཞུགས་སྙིང་གི་ནང་དུ་བཞུགས། །སྒོ་གསུམ་རྡོ་རྗེ་གསུམ་དང་ དབྱེར་མེད་པར། །མཛད་པ་ཕྲིན་ལས་ཉིད་དང་མཚུངས་པར་ཤོག །ཅེས་པ་འདི་ཡང་ངག་དབང་ཡོན་ ཏན་ནོར་བུའི་ངོར་མ་ཏིས་སོ།། །། 9-1-132 ༈ ཕུལ་བྱུང་གདམས་ང༵ག་སྨིན་བྱེད་དབ༵ང་གི་མཛོད། །གྲོལ་ལམ་རི༵ན་ཆེ༵ན་དབྱིག་གི་ སྒོ་ཕྱེ་བ། །རྗེ་བཙུན་བླ་མ་འགྲོ་འདྲེན་བཟ༵ང་པོ༵འི་སྐྱབས། །གུས་གསོལ་འདེབས་ལ་བདག་ རྒྱུད་བྱིན་གྱིས་རློབས། །ཚེ་འདིར་སེམས་རྒྱུད་ཆོས་ལ་ལེགས་བཀོལ་བས། །རིམ་གཉིས་ རྣལ་འབྱོར་བག་ཆགས་མཐུ་སྨིན་ཏེ། །ཕྱི་མར་སྔགས་རིག་འཛིན་པའི་ཞིང་མཆོག་ཏུ། །སྐྱེ་ དེར་ཟུང་འཇུག་གོ་འཕང་མངོན་བྱེད་ཤོག །ཅེས་པ་འཇམ་དབྱངས་མིང་གི་ངོར། མ་ཏིས་སོ།། །། ༈ རླབས་ཆེན་ཐུགས་རྗེ་མཚུངས་མེད་འགྲོ་བའི་མགོན། །ཕུལ་བྱུང་རིན་ཆེན་རྣམ་ གསུམ་འདུས་པའི་སྐྱབས། །རྩ་བའི་བླ་མ་རི༵ན་ཆེན་བཟ༵ང་པོ་ལ། །གུས་པས་གསོལ་བ་ འདེབས་སོ་ཐུགས་རྗེས་ཟུང༌། །ཞེས་པ་འདི་ཡང་ཀུན་བཟང་དཔལ་ལ་མཁོ་ནས་མ་ཏིས་སོ།། །། ༈ ཕུན་ཚོགས་ལེགས་བྱས་ཀུན་གྱི་གཞི་གཅིག་པུ། །དམ་ཆོས་སོ་ཐར་བསླབ་ཁྲི མས་ སྩོལ་བའི་གཉེན། །མཁན་ཆེན་དམ་པ་རི༵ན་ཆེ༵ན་བཟ༵ང་པོ༵་ལ། །གུས་པས་གསོལ་འདེབས་ བདག་རྒྱུད་བྱིན་གྱིས་རློབས། །ཞེས་པའང་མཐའ་བྲལ་ལ་མཁོ་ནས་མ་ཏིས་སྨྲས་པའོ།། །། ༈ བདེ་ཆེན་ཞིང་གཙོ་རྣམ་འདྲེན་འོད་དཔག་མེད། །མ་ལུས་འགྲོ་བའི་སྡུག་བསྔལ་སེལ་ བའི་མགོན། །གང་དང་དབྱེར་མེད་(རྩ་བའི་བླ་མ་ལ)རིན༵་ཆེ༵ན་བཟ༵ང་པོ༵་ལ། །མོས་གུས་གདུང་ ཤུགས་དྲག་པོས་གསོལ་བ་འདེབས། །ཚེ་འདིར་ཐུགས་རྗེ་ནམ་ཡང་མི་གཡེལ་ཞིང༌། །ཕྱི་མ་ ཁྱོད་ཉིད་བཞུགས་པའི་ཞིང་ཁམས་སུ། །ལུས་འདི་བོར་མ་ཐག་ཏུ་སྐྱེ་ནས་ཀྱང༌། །འདྲེན་པ་ མཆོག་གི་གདུལ་བའི་ཞིང་དུ་ཤོག །ཅེས་པའང་དཔལ་དགའ་ལ་མཁོ་ནས་མ་ཏིས་སྨྲས་པའོ།། །། 9-1-133 ༄༅། །བླ་མ་རིན་ཆེན་བཟང་པོའི་བླ་རྣམ་མདོར་བསྡུས་ ཞེས་བྱ་བ་བཞུགས། ༄༅། །འདིར་བླ་རྣམ་མདོར་བསྡུས་བྱ་བ་ལ་སྐྱབས་སེམས་སྤྱི་ལྟར་བྱས་ནས་འདི་སྐད། སྐད་ཅིག་རང་མདུན་ མཁའ་ལ་འཇའ་ཟེར་སྦུབས། །ཡིད་འཕྲོག་པདྨོར་ཉ་གང་ཟླ་བའི་དབུས། །རྩ་བའི་བླ་མ་ རིན་ཆེན་བཟང་པོ་དང༌། །ངོ་བོ་དབྱེར་མེད་རྣམ་པ་རྡོ་རྗེ་སེམས། །ཡབ་ཡུམ་ཟུང་སྦྱོར་བདེ་ ཆེན་དགའ་བདེས་དགྱེས། །རིན་ཆེན་རུས་པའི་རྒྱན་བཟང་དྲ་བས་བཀླུབས། །ཡབ་ཀྱིས་ ཕྱག་ཟུང་རྡོར་དྲིལ་བསྣོ ལ་མར་འཛིན། །ཡུམ་གྱིས་གྲི་ཐོད་ཡབ་ཀྱི་མགུལ་ནས་འཁྱུད། །རྡོ་ རྗེའི་སྐྱིལ་ཀྲུང་པདྨའི་འདུག་སྟངས་ཀྱིས། །ལེགས་བཞུགས་ཤེལ་དཀར་རི་དབང་ལྟ་བུའི་སྐུ། །ཡབ་ཡུམ་ཐབས་ཤེས་དམ་ཡེ་གཉིས་མེད་ཚུལ། །གནས་བཞིར་རྡོ་རྗེ་འབྲུ་བཞིས་ལེགས་ མཚན་གྱུར། །རྩ་བའི་བླ་མ་དཔལ་ལྡན་རྡོ་རྗེ་སེམས། །སངས་རྒྱས་ཀུན་དང་དབྱེར་མེད་ ཆོས་ཀྱི་རྗེ། །སྙིང་ནས་དད་པས་ཕྱག་འཚལ་སྐྱབས་སུ་མཆི། །ཐོག་མེད་ནས་བསགས་ཉེས་ ལྟུང་སྡིག་པའི་ཚོགས། །ཤུགས་ཆེན་ཉོན་མོངས་སྟོབས་ཀྱིས་དབང་མེད་བསགས། །འདི་ཕྱི་ ཀུན་ཏུ་སྡུག་བསྔལ་ལས་དང་སྦྱར། །རང་བདེ་འདོད་ཀྱང་གོ་ལོག་བཞིན་དུ་བྱུང༌། །དབང་ མེད་ངན་སོང་དུཿཁས་རབ་གདུང་བྱེད། །རང་དང་འགྲོ་བས་འདི་འདྲའི་སྡུག་བསྔལ་མྱོང༌། །སྐྱབས་གནས་རེ་ཡུལ་ཁྱེད་ལས་གཞན་མེད་པས། །བརྩེ་བ་ཆེན་པོའི་ཐུགས་རྗེས་བཟུང་ དུ་གསོལ། །འཁོར་བ་ཐོག་མ་མེད་ནས་གང་བསགས་པ། །མ་ལུས་སྡིག་པ་སྟོབས་ཆེན་མི་ 9-1-134 བཟད་པ། །དེ་དག་ལ་ཡང་ཞེ་གཏིང་ནས་འགྱོད་ཅིང༌། །ཕྱིན་ཆད་སྲོག་ལ་བབས་ཀྱང་ངེས་ པར་སྡོམས། །སྒྲིབ་ཀུན་བྱང་ཞིང་དག་པར་མཛད་དུ་གསོལ། །ཞེས་གསོལ་བ་བཏབ་པའི་ རྐྱེན་གྱིས་དཔལ་ལྡན་བླ་མ་རིན་ཆེན་བཟང་པོ་དང་དབྱེར་མ་མཆིས་པའི་དཔལ་རྡོ་རྗེ་སེམས་ དཔའ་མཆོག་གིས་བདག་སོགས་མཐའ་ཡས་པའི་སྡིག་སྒྲིབ་ཐམས་ཅད་རྩ་བ་ནས་བྱང་ཞིང་ དག་པར་མཛད་དུ་གསོལ། དེ་ནས་མཚན་སྔགས་བཟླ་བ་ནི། ༀ་ཤྲི་བཛྲ་ཧེ་རུ་ཀ་སཏྭ་རཏྣ་བྷ་དྲ་ཨཱཿཧཱུཾ། ཞེས་པ་ཅི་ནས་སུ་བཟླ་ལ། མཐར། དཔལ་ལྡན་རྡོ་རྗེ་སེམས་དཔའ་ཧེ་རུ་ཀ །བདེ་སྟོང་རང་བཞིན་ ཡེ་ཤེས་ཐུགས་རྡོ་རྗེ། །སྐུ་གསུམ་རྩལ་རྫོགས་དང་པོའི་སངས་རྒྱས་སྐུ། །རྩ་བའི་བླ་མའི་ངོ་ བོ་རིགས་བདག་སྟེ། །གང་གི་གསང་བ་གསུམ་དང་མི་གཉིས་པར། །བདག་གི་སྒོ་གསུམ་ ཡེ་ཤེས་རང་བཞིན་དུ། །བརྗོད་བྲལ་གསལ་སྟོང་ཀུན་ཁྱབ་དབྱིངས་ཀྱི་ངང༌། །མ་འགགས་ གནས་ལུགས་རྗེན་ཆར་ཉིད་དུ་བལྟ། །ཞེས་པའི་ངང་ནས་དར་གཅིག་ལ་ཐུགས་ཡིད་བསྲེ་སྟེ་འཇོག བླ་མ་ རྡོ་རྗེ་སེམས་དཔའི་གནས་བཞི་ཡི། །ཡི་གེ་བཞི་ལས་འོད་ཟེར་རབ་འཕྲོས་པས། །བདག་ གི་གནས་བཞིར་ཐིམ་པས་དབང་བཞི་ཐོབ། །སྒྲིབ་བཞི་ཡོངས་དག་སྐུ་བཞི་མྱུར་མངོན་ཤོག །སྐད་ཅིག་བླ་མ་རང་བསྡུ་དབྱེར་མེད་ངང༌། །མ་བཅོས་རང་བབས་གཤིས་སུ་ལྷན་ནེར་བཞག །དགེ་དེས་འགྲོ་བ་མ་ལུས་མི་རིང་བར། །ཟུང་འཇུག་གདོད་མའི་ས་ལ་ཕྱིན་གྱུར་ཅིག །ཅེས་པ་ འདི་ཡང་ཐུབ་བཟང་གིས་ངོར། མ་ཏིས་སོ།། །། 9-1-135 ༄༅། །བླ་མ་རིན་ཆེན་བཟང་པོའི་གདུང་འབོད་བཞུགས། ༄༅། །ཕ་དུས་གསུམ་རྒྱལ་ཀུན་གྱི་ངོ་བོ་རྗེ། །བདག་བུ་སློབ་ཀྱི་ཚོགས་ལ་ཐུགས་རྗེས་ གཟིགས། །དུས་ནམ་ཡང་ཁྱེད་ལས་སྐྱབས་གཞན་མེད། །གནས་འདི་རུ་བྱིན་གྱི་རླབས་ ཏུ་གསོལ། །རྗེ་དུས་གསུམ་སངས་རྒྱས་མི་ཡི་གར། །ཕ་བླ་མ་རི༵ན་ཆེན༵་བཟང༵་པོ་མཁྱེན། །བདག་སློབ་བུའི་སེམས་ལ་བྱིན་རླབས་ཕོབ། །ལམ་རིམ་གཉིས་མྱུར་ནས་སྐྱེ་བར་མཛོད། །རྗེ་རྒྱལ་ཀུན་སྤྱི་གཟུགས་རྡོ་རྗེ་འཆང༌། །དཔལ་དུས་ཀྱི་འཁོར་ལོ་རྡོ་རྗེ་སེམས། །ལྷ་རྒྱལ་ བ་རྒྱ་མཚོའི་དཀྱིལ་འཁོར་གཙོ། །སྐྱབས་རིགས་བརྒྱའི་ཁྱབ་བདག་འདྲེན་པ་རྗེ། །རྗེ་དུས་ གསུམ༴ སོགས་འགྲེས། ཆོས་གསང་ཆེན་ཐེག་པའི་མཛོད་འཛིན་པ། །གནས་ཀ་ལཱ་པ་ཡི་ཆོས་ རྒྱལ་ཚོགས། །ཕ་བླ་མའི་རྣམ་པར་རོལ་པ་སྟེ། །རྗེས་གང་ལས་མི་གཉིས་ཁྱོད་དང་གཅིག རྗེ་དུས་གསུམ༴ སོགས། ཆོས་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི། །ལམ་རིམ་པ་གཉིས་ཀྱི་བཀའ་ བརྒྱུད་ཆེ། །མགོན་བླ་མའི་སྤྲུལ་པ་ཤ་སྟག་ལགས། །ཚུལ་རྣམ་པ་ཙམ་ལས་དོན་ལ་གཅིག །རྗེ་དུས་གསུམ༴ སོགས། དཔལ་བདེ་གསང་འཇིགས་མཛད་སྒྱུ་འཕྲུལ་ཆེ། །ལྷ་ཡི་དམ་ཞི་ཁྲོ་ རབ་འབྱམས་ཚོགས། །མགོན་མཆོག་གིས་རྣམ་པར་བཞེངས་པའི་འཕྲུལ། །གཙོ་མཆོག་ གི་རིགས་བདག་སོ་སོའི་ཚུལ། །རྗེ་དུས་གསུམ༴ སོགས། མ་འགྲོ་ཀུན་འདྲེན་པའི་ཐུགས་རྗེ་ ཅན། །སྐྱབས་བསླུ་བ་མེད་པའི་དཀོན་མཆོག་གསུམ། །རྗེ་བླ་མ་དམ་པའི་ཆོ་འཕྲུལ་འགྱེད། །ཁོང་སྐྱབས་གནས་རྣམ་གསུམ་མཛད་པ་མཉམ། །རྗེ་དུས་གསུམ༴ སོགས། གནས་གསུམ་ གྱི་དཔའ་མོ་རྣལ་འབྱོར་མ། །མ་མཁའ་འགྲོ་ཡེ་ཤེས་གསང་བའི་ཡུམ། །བགྲངས་འདས་ ཀྱི་ཌཱ་ཀི་ཐམས་ཅད་ཀྱང༌། །སྐྱབས་རྗེ་བཙུན་གྱི་ངོ་བོའི་རྣམ་པར་འཕྲུལ། རྗེ་དུས་གསུམ༴ སོགས། མགོན་ཡེ་ཤེས་ཀྱི་སྤྱན་ལྡན་མཐུ་སྟོབས་ཅན། །དཔལ་སངས་རྒྱས་ཀྱི་བསྟན་པ་ཡོངས་ 9-1-136 བསྲུང་བའི། །རྩལ་དྲག་ལྡན་གྱི་དབང་ཕྱུག་ནུས་མཐུའི་བདག །ཕ་མཆོག་གི་ཐབས་མཁས་ མཛད་པ་སྟེ། །རྗེ་དུས་གསུམ༴ སོགས། བརྟན་གཡོ་དང་འདི་སྣང་མ་ལུས་པའི། །ཆེ་བཙན་གྱི་ སྟོབས་ལྡན་དྲེགས་ཚོགས་དང༌། །ལྷ་གང་དང་འཚམ་པ་ཐམས་ཅད་ཀུན། །རྗེ་གང་འདུལ་གྱི་ མཛད་པའི་རྣམ་རོལ་སྟེ། །རྗེ་དུས་གསུམ༴ སོགས། གང་སྣང་བ་ཐམས་ཅད་བླ་མའི་སྐུ། །སྒྲ་ གང་གྲགས་བླ་མའི་གསུང་བདག་ཉིད། །སེམས་འགྱུ་ཀུན་གྱི་རང་རྩལ་བླ་མའི་ཐུགས། །རྗེ་ གསང་གསུམ་གྱི་མཛད་པ་ངོ་མཚར་ཅན། །རྗེ་དུས་གསུམ༴ སོགས། ད་དུས་རྣམས་ཀུན་ཏུ་ བྱིན་གྱིས་རློབས། ཁྱེད་དག་པའི་གནས་ཡུལ་གར་བཞུགས་ཀྱང༌། །སྤྲང་ཉམ་ཐག་གི་ང་རོས་ འབོད་ལགས་ན། །དུས་ནམ་དུ་ཡང་གཡེལ་མེད་ཐུགས་རྗེས་སྐྱོངས། །ཞེས་པའང་ཐུབ་བཟང་ལ་མཁོ་ ནས། མ་ཏིས་སོ།། །། 9-1-137 ༄༅། །འཇམ་མགོན་བླ་མ་མཆོག་གི་བླ་མའི་རྣལ་འབྱོར་བྱ་ཐབས་ གསང་ཆེན་ཉམས་མྱོང་སྐྲུན་བྱེད་གྲུ་ཆར་ ཞེས་བྱ་བཞུགས། ༄༅། །རྗེ་འཇམ་མགོན་བླ་མ་འཁོར་ལོ་སྡོམ་པ་དང་དབྱེར་མེད་པའི་མངའ་བདག་ལ་གུས་པས་ཕྱག་འཚལ་ནས། འདིར་གང་གི་བླ་མའི་རྣལ་འབྱོར་ལ། སྦྱོར་དངོས་རྗེས་གསུམ་ལས། དང་པོ་སྦྱོར་བ་སྐྱབས་འགྲོ་དང༌། སེམས་བསྐྱེད་གཉིས་ ལས། དང་པོ་སྐྱབས་འགྲོ་ནི། ལྷུན་གྲུབ་གཉུག་མ་རང་བྱུང་ལྷན་ཅིག་སྐྱེས། །གདོད་ནས་མི་ཤིགས་སྐུ་ གསུམ་ཡོངས་རྫོགས་བདག །དོན་དམ་སྐྱབས་གསུམ་ངོ་བོ་བླ་མའི་ཐུགས། །ཀུན་ཁྱབ་འདུ་ འབྲལ་མེད་པར་སྐྱབས་སུ་མཆི། །ལན་གསུམ། གཉིས་པ་སེམས་བསྐྱེད་ནི། རང་གཞིན་གཤིས་ལུགས་ དེ་བཞིན་ཉིད་ཀྱི་ཁམས། །ནང་དབྱིངས་ཆོས་སྐུའི་རྩལ་དུ་ཡེ་རྫོགས་ཀྱང༌། །ཇི་བཞིན་ངོ་མ་ ཤེས་པའི་འགྲོ་འདིའི་རྨོངས། །རང་གསལ་གཤིས་སུ་བལྟ་བས་འགྲོ་ཁམས་སྒྲོལ། །ལན་གསུམ། གཉིས་པ་དངོས་གཞི་བླ་མའི་རྣལ་འབྱོར་ནི། གདོད་མ་གཤིས་ལུགས་ཆོས་སྐུ་བདེ་གཤེགས་སྙིང་། །རྣམ་པ་མཐའ་ཀླས་བླ་མའི་རྣམ་རོལ་གར། །ཅི་དགར་མཁའ་དང་མཉམ་པར་ཡོངས་སྤྲོ་བ། །སྣ་ཚོགས་བསམ་པའི་བྱེ་བྲག་དེ་བཞིན་འཇུག །ལྷན་སྐྱེས་གཉུག་མ་བདེ་མཆོག་འཁོར་ ལོའི་འཕྲུལ། །རྣམ་བཀོད་བསམ་མི་ཁྱབ་པའི་རོལ་བ་ལས། །འབར་བའི་གཙོ་བོ་སྤྱོད་འཆང་ དབང་པོ་སོགས། །གདུལ་བྱའི་ངོར་དང་འཚམ་པའི་མཛད་བཟང་སྟོན། །རྣམ་པ་གང་ལས་ དག་སྣང་མོས་པའི་རྒྱན། །མདུན་མཁར་དབྱིངས་སུ་འཇའ་ཟེར་འཁྲི གས་པའི་ཀློང༌། །རིན་ 9-1-138 ཆེན་ཁྲི་ལ་པད་ཟླ་རྒྱས་པའི་སྟེང་། །སྡོམ་པ་ཆེན་པོ་བླ་མའི་རྣམ་རོལ་སྐུ། །གསང་བདག་སྒྲོལ་ མགོན་དཀྱིལ་འཁོར་རྒྱ་མཚོའི་བདག །རྣམ་སྣང་རྡོ་རྗེའི་(རྩ་བའི་བླ་མའི་) (བློ་གྲོས་གྲགས་པའི་) ངོ་བོར་དབྱེར་མེད་པ། །མཛེས་སྐུ་དཀར་ལ་དམར་བའི་གཟི་མདངས་འབར། །ཞལ་རས་ དགྱེས་འཛུམ་ཕྱག་གཡས་ཆོས་འཆད་དང༌། །གཡོན་པས་མཉམ་བཞག་ཕྱག་རྒྱ་མཛད་པའི་ བླར། །གསང་ཆེན་ཆོས་ཀྱི་བཅུད་བཟང་འཛད་མེད་གཏེར། །ངེས་པ་དོན་གྱི་བདུད་རྩིའི་བུམ་ བཟང་བསྣམས། །སྐུ་ལ་ནབ་འགག་ངུར་སྨིག་ན་བཟའ་དང༌། །དབུ་ཡི་མཁན་ཞྭ་ལ་སོགས་ བླ་ཆས་རྫོགས། །ཞབས་ཟུང་སྐྱིལ་ཀྲུང་འོད་ཕུང་དབུས་ན་བཞུགས། །ཐུགས་ཀར་པད་ཉིའི་ གདན་ལ་ཡེ་ཤེས་སེམས། །འཁོར་ལོ་སྡོམ་པ་ལྷན་ཅིག་སྐྱེས་པའི་སྐུ། །མ་ལུས་དཀྱིལ་འཁོར་ སྤྲོ་བའི་བྱེད་པོ་རུ། །ལེགས་བཞུགས་རྣམ་རོལ་མཆོག་གི་མཛད་སྒོ་ཅན། །གང་ལས་འོད་ ཟེར་ཕྱོགས་མཚམས་ལེགས་འཕྲོས་པས། །དཔལ་ལྡན་འཁོར་ལོ་སྡོམ་པའི་གསང་གསུམ་ གྱི། །རབ་འབྱམས་དཀྱིལ་འཁོར་མཁའ་དབྱིངས་ཀུན་ཏུ་ཁྱབ། །དེ་ལས་རྣམ་པར་འཕྲུལ་ བ་སྣ་ཚོགས་པ། །རྩ་བརྒྱུད་བླ་མ་ཡི་དམ་ལྷ་ཚོགས་དང༌། །སངས་རྒྱས་བྱང་སེམས་ཉན་རང་ འཕགས་པའི་སྡེ། །མཁའ་འགྲོ་ཆོས་སྐྱོང་ལ་སོགས་རྣམ་བཀོད་གཞན། །གང་འདུལ་ཡིད་ ལ་མཛའ་བ་དེར་སྣང་བཞིན། །ངོ་མཚར་སྒྱུ་མའི་ཆོ་འཕྲུལ་ཅིར་ཡང་འགྱེད། །དེ་ཀུན་བླ་མ་ མཆོག་གི་རྣམ་རོལ་སྟེ། །སྐྱབས་གནས་ཀུན་འདུས་སྤྱི་དཔལ་རིགས་ཀྱི་བདག །ཆོས་སྐུ་ གདོད་མའི་གཤིས་ལས་མཚར་བཀོད་ཆ། །རླབས་ཆེན་མཛད་པའི་ཆེ་བ་དང་བཅས་པར། །མོས་གུས་དག་སྣང་ཡུལ་དུ་ཇི་བཞིན་གསལ། །དེ་ནས་ཡན་ལག་བདུན་པ་ནི། དཔལ་ལྡན་བརྟན་ གཡོའི་རང་བཞིན་ཆོས་སྐུའི་ཐུགས། །གང་འདུལ་བླ་མའི་ངོ་བོར་ཡོངས་འཕོས་པ། །དཀྱིལ་ འཁོར་རྒྱ་མཚོའི་རོལ་པ་འཛད་མེད་ཀློང༌། །རིགས་ཀྱི་བདག་པོ་མཆོག་ལ་གུས་ཕྱག་འཚལ། །ནམ་མཁའ་རབ་འབྱམས་ཀུན་ཏུ་ཡོངས་ཁྱབ་པ། །དག་དང་མ་དག་ཞིང་གི་ལེགས་ཚོགས་ 9-1-139 སྒོ། །མ་ལུས་མོས་ངོར་བླངས་ཏེ་གུས་འབུལ་ན། །དགྱེས་བཞེས་བདག་སོགས་བསོད་ནམས་ བསགས་སླད་མཛོད། །རྡོ་རྗེ་འཛིན་པ་མཆོག་གི་གསང་གསུམ་དང༌། །འགལ་བའི་ཉམས་ ཆགས་རང་གིས་ཐོག་མེད་ནས། །གང་བསགས་ཀུན་ལ་ད་སྐབས་གནོང་ཞིང་འགྱོད། །ཕྱིན་ ཆད་སྡོམ་པར་བགྱིད་དོ་དག་མཛད་གསོལ། །ཆོས་སྐུའི་བླ་མས་རྣམ་འཕྲུལ་བཀོད་ཆེན་ གྱིས། །རྣམ་མང་ཞིང་དུ་འགྲོ་འདྲེན་མཛད་པའི་ཕུལ། །གང་འདུལ་ཕྲིན་ལས་སྐལ་བ་ཤར་ བའི་དུས། །གདུལ་བྱས་ཚོགས་ཆེན་བསགས་ལ་རྗེས་ཡི་རང༌། །མཁའ་མཉམ་གདུལ་བྱ་ གང་ཡོད་དེ་ཀུན་ལ། །རང་འཚམ་གང་འདུལ་མཛད་སྒོ་མི་དམན་པར། །ཞི་བསིལ་དགའ་ སྟོན་དུས་སུ་ལེགས་སྟེར་བའི། །འགྲོ་ཕན་ཆོས་སྣང་སྤྲོ་ལ་ཆད་མེད་མཛོད། །དོན་དམ་ཆོས་ སྐུ་རྟག་བརྟན་ཐེར་ཟུག་ཏུ། །ནམ་ཡང་རིས་བྲལ་གདོད་ནས་ལྷུན་གྲུབ་ལ། །ཀུན་ནས་སྐྱེ་ འགག་བྲལ་ཡང་གཞན་སྣང་ངོར། །ཀུན་རྫོབ་གཟུགས་སྐུ་མི་བསྡུ་རྟག་པར་སྟོན། །བསགས་ སྒོ་གང་དེས་ཆོས་སྐུའི་རང་ཞལ་ཉིད། །ཡེ་བཞུགས་གཤིས་ཀྱི་ཚུལ་ལ་མི་རྨོངས་པར། །གློ་ བུར་བཅོས་མའི་འདུ་རྟོག་རིམ་བསལ་ཏེ། །གནས་ལུགས་དགོངས་ཆེན་དོན་ལ་མྱུར་རེག་ ཤོག །དེ་ནས་བྱིན་རླབས་འབེབས་སླད་གཟུགས་སྐུ་གནས་འགྱུར་ལ་སྒོས་མཆོད་ཀྱི་ཚུལ་ནི། རིག་ཀུན་ཁྱབ་བདག་ འཇམ་མགོན་གྲུབ་པའི་དབང༌། །རྣམ་དཀར་བསོད་ནམས་སྟོབས་དེས་ཐུགས་མཉེས་ནས། །སྐད་ཅིག་ཉིད་ལ་གཟུགས་སྐུ་གནས་འགྱུར་ཏེ། །དཔལ་ལྡན་འཁོར་ལོ་སྡོམ་པའི་སྒྱུ་མའི་ གར། །ཆེ་བའི་ཆེ་མཆོག་ཀུན་བཟང་ཧེ་རུ་ཀ །རྣམ་པ་རབ་ཞི་ཨིནྡྲ་ནཱི་ལའི་མདོག །མདངས་ སྔོན་དྭངས་གསལ་འོད་ཟེར་ཕུང་པོ་ཅན། །མཛེས་འཛུམ་ཞི་བའི་ཞལ་བཟང་རྣམ་རྒྱས་ཤིང༌། །ཕྱག་ཟུང་གིས་ནི་ཡུམ་ལ་འཁྱུད་བཞིན་དུ། །ཐབས་ཤེས་རྟགས་མཆོག་རྡོར་དྲིལ་ཐུགས་ ཀར་བསྣོ ལ། །རལ་པའི་རྩེ་མོར་ནོར་བུའི་ཏོག་གིས་མཚན། །རིན་ཆེན་རུས་པའི་རྒྱན་གྱིས་ རབ་སྒེག་པ། །མཛེས་སྐུ་འགྱིང་བརྗིད་ཞབས་གཉིས་སྐྱིལ་ཀྲུང་གིས། །ཉ་རྒྱས་རི་བོང་ཅན་ 9-1-140 ལ་དགྱེས་བཞིན་བཞུགས། །ཧེ་རུ་ཀ་དཔལ་པང་ན་དགྱེས་རོལ་ཞིང༌། །བདེ་བསྐྱེད་མཛད་མ་ ཕག་མོ་ཞི་བའི་སྐུ། །མཛེས་ཞལ་རྗེས་ཆགས་འབུམ་གྱིས་སྒེག་པ་མོ། །ཕྱག་ཟུང་གྲི་ཐོད་དང་ བཅས་ཡབ་ལ་འཁྱུད། །རལ་པ་ཕྱེད་བཅིངས་ལྷག་མས་སྐུ་རྒྱབ་ཁེབ། །རུས་པའི་ཕྱག་རྒྱ་ལྔ་ ཡིས་རྣམ་བརྒྱན་ཞིང༌། །སྤྱི་བོར་ནོར་བུའི་ཏོག་དང་ཞབས་གཉིས་ཀྱིས། །པདྨའི་སྐྱིལ་མོ་ཀྲུང་ གིས་དགྱེས་འཁྱུད་པས། །མི་འགྱུར་བདེ་བ་སྟོང་ཆེན་ཡེ་ཤེས་མདངས། །ཐབས་ཤེས་གཉིས་ མེད་བདེ་སྟོང་དགའ་བས་རོལ། །གནས་བཞིར་རྡོ་རྗེ་རྣམ་བཞིའི་ས་བོན་བཅས། །རང་ བཞིན་དམ་ཡེ་རོ་མཉམ་ཆོས་སྐུའི་གཤིས། །དོན་དམ་དཀྱིལ་འཁོར་རྒྱ་མཚོའི་བདག་ཉིད་ ཅན། །ངོ་མཚར་བཀོད་ཆེན་དག་གི་སྤྲུལ་པའི་གཞི། །འཇམ་མགོན་བླ་མའི་རྣམ་པར་གནས་ འགྱུར་སྟེ། །ནང་དབྱིངས་ཡེ་ཤེས་རང་གཟུགས་ཧེ་རུ་ཀ །ཐབས་ཤེས་སྒྱུ་མའི་ལྷ་རུ་ལེགས་ བཞེངས་པ། །གང་འདི་འཁོར་འདས་སྲོག་ཆེན་ཡེ་གཞི་ཉིད། །རང་བྱུང་ལྷན་སྐྱེས་བདེ་སྟོང་ མཆོག་གི་གར། །དག་སྣང་བསོད་ནམས་ཞིང་དུ་ཆོ་འཕྲུལ་འགྱེད། །ཁྱབ་བདག་འཁོར་ལོའི་ དབང་ཕྱུག་ཡབ་ཡུམ་ཟུང༌། །རྣམ་འཕྲུལ་རོལ་པ་ཀུན་གྱི་གཞིར་གྱུར་ཅིང༌། །རླབས་ཆེན་བྱིན་ འོད་རང་འཚམ་འཇོ་བའི་དཔྱིད། །དཔལ་ལྡན་རིགས་ཀྱི་བདག་པོར་ལྷམ་མེར་བཞུགས། །དེ་ ནས་ཕྱག་མཆོད་ཀྱིས་ཉམས་པ་ལེགས་བྱང་གི་སྒོ་ནི། བདེ་སྟོང་སྒྱུ་མ་ཟག་བྲལ་དོན་དམ་གཤིས། །མ་ལུས་ བརྟན་གཡོ་མཉམ་པར་ཡོངས་བརྡལ་ཞིང༌། །དཔལ་ལྡན་རིགས་ཀྱི་མགོན་དུ་རྟག་བདེའི་ སྐུ། །གསང་གསུམ་འཁོར་ལོའི་རྗེ་ལ་མགོས་ཕྱག་འཚལ། །སྔགས་རྒྱས་ཡོངས་སྤེལ་ལྷ་རྫས་ ཉེར་སྤྱོད་ཚོགས། །མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྦོས་དང༌། །མར་མེ་དྲི་ཆབ་ ཞལ་ཟས་རོལ་མོ་སོགས། །རྒྱ་ཆེན་ཀུན་བཟང་འཕྲུལ་ལ་འགྲན་བཞིན་འབུལ། །རྣལ་འབྱོར་ སྦྱངས་རྟོགས་སྦར་བའི་དམ་ཚིག་རྫས། །ཤ་ཆེན་བདུད་རྩི་རྣམ་ལྔའི་བཅུད་ཆེན་པོ། །འཁོར་ ལོའི་དབང་ཕྱུག་ཡབ་ཡུམ་མཉེས་བྱེད་མཆོག །ཇི་བཞིན་བདག་གིས་གུས་འབུལ་དགྱེས་ 9-1-141 པས་བཞེས། །མི་འགྱུར་བདེ་ཆེན་ཉེར་བསྐྲུན་ལང་ཚོའི་དཔལ། །ཀུན་ནས་དར་བའི་མཛེས་ སྡུག་སྒེག་མོའི་ཚོགས། །མཁའ་དབྱིངས་གང་བའི་གསང་ཆེན་མཆོད་པ་འདིས། །དཔའ་བོ་ཧེ་ རུ་ཀ་ཁྱོད་ཐུགས་དགྱེས་མཛོད། །རྣལ་འབྱོར་བདེ་སྟོང་ཏིང་འཛིན་ཟབ་མོའི་འཕྲུལ། །ཐབས་ ཤེས་གཉིས་མེད་དཔའ་བོའི་དགའ་སྟོན་ཆེ། །བྱིན་ཆེན་དགའ་བཞིས་རབ་མྱོས་འཁོར་ལོའི་ རྫས། །དག་པའི་རོལ་བ་མཆོག་གིས་མཉེས་གྱུར་ཅིག །འཁོར་ལོའི་རྗེ་ལ་བསོད་ནམས་ ལེགས་བསྐྲུན་འདིས། །མགོན་པོའི་གསང་བ་གསུམ་གྱི་བྱིན་ཆེན་འོད། །རྣལ་འབྱོར་སྒྲུབ་ པོའི་སྙིང་ལ་ལེགས་ཞུགས་ཏེ། །ཉམས་ཆག་ཀུན་བྱང་ཚངས་པའི་དངོས་གྲུབ་སྩོལ། །ཞེས་ སོགས་མཆོད་བཤགས་ཅི་འཛོམས་ཀྱི་མཐར་བྱིན་རླབས་དབང་བཞི་བླང་བ་ནི། དཔལ་ལྡན་བདེ་བ་མཆོག་གི་སྐུ་ མངའ་བ། །མཁའ་འགྲོ་ཌཱ་བའི་དབང་ཕྱུག་སྡོམ་པ་ཆེ། །བདེ་སྟོང་ལྷན་སྐྱེས་དཔའ་བོ་ཡབ་ ཡུམ་ཟུང༌། །རླབས་ཆེན་དཔྱིད་ཐིག་དགའ་བཞིའི་དབང་ཆེན་བསྐུར། །སྐད་ཅིག་ཉིད་ལ་ མགོན་པོ་ཡབ་ཡུམ་གྱི། །སྐུ་ལས་བདུད་རྩིའི་རྒྱུན་བཟང་རབ་ལུད་པས། །སྒྲུབ་པོའི་སྤྱི་བོ་ ནས་ཞུགས་ལུས་ནང་གང༌། །བདེ་ཆེན་རབ་རྒྱས་བུམ་པའི་དབང་བསྐུར་ཐོབ། །བླ་མ་ཡབ་ ཡུམ་སྙོ མས་པར་ཞུགས་པ་ལས། །གསང་བའི་སྦྱོར་མཚམས་ནས་བྱུང་བྱང་ཆུབ་སེམས། །བདུད་རྩི་མཆོག་གི་བཅུད་ཆེན་རོ་འཛིན་གྱིས། །ལེགས་མྱོང་དགའ་ཆེན་འཕེལ་བས་གསང་ དབང་ཐོབ། །མགོན་པོས་རང་གི་སྐུ་ལས་སྤྲོས་པ་ཡི། །མཚན་ལྡན་རིག་མ་བདེ་ཆེན་ཡོངས་ སྤེལ་མོ། །རང་ལ་གཏད་པས་སྙོ མས་འཇུག་སྦྱོར་བའི་མཐུས། །ལྷན་སྐྱེས་དགའ་བས་ཤེས་ རབ་ཡེ་ཤེས་ཐོབ། །བླ་མས་དགོངས་ཆེན་གཏད་པའི་ཚིག་དབང་གིས། །སྒྲུབ་པོ་རང་ལ་ཟུང་ འཇུག་འོད་གསལ་མཆོག ། དེ་ཁོ་ན་ཉིད་རྗེན་ཆར་ངོ་འཕྲོད་དེ། །བཞི་པ་སྤྲོས་བྲལ་གཤིས་ སུ་མཉམ་པར་བཞག །དེ་ལྟར་དབང་བཞི་བླ་མེད་བྱིན་རླབས་ཕུལ། །རྗེ་བཙུན་འཁོར་ལོའི་ མགོན་དེས་ལེགས་བསྩལ་པས། །རང་གི་སྒྲིབ་པ་རྣམ་བཞི་དག་རུང་དང༌། །མཐར་ཐུག་སྐུ་ 9-1-142 བཞི་མྱུར་ནས་མངོན་རུང་གྱུར། །པར་བསམ་ལ་དར་ཅིག་ཏུ་མཉམ་པར་འཇོག་གོ ། གསུམ་པ་རྗེས་ལ། བསྡུ་རིམ་བསྔོ་བ། བཀྲ་ཤིས་དང་གསུམ་ལས། དང་པོ་བསྡུ་རིམ་ནི། དཔལ་ལྡན་བླ་མ་ རིགས་ཀུན་འཁོར་ལོའི་བདག གང་གི་རྣམ་འཕྲུལ་བཀོད་པ་ཀུན་བསྡུས་སྟེ། ཁྱབ་བདག་ཧེ་ རུ་ཀ་དཔལ་ཡབ་ཡུམ་ཟུང༌། །ཟླ་བ་འོད་ཕུང་རྣམ་པར་ཞུ་བ་ལྟར། །སྐད་ཅིག་ཉིད་ལ་རང་གི་ སྤྱི་བོར་ཞུགས། །སྐུ་གསུང་ཐུགས་དང་སྒོ་གསུམ་དབྱེར་མེད་པར། །གཤིས་ལུགས་དོན་དམ་ བླ་མའི་ངོ་བོ་དང༌། །རོ་མཉམ་གཉུག་མའི་རང་ཞལ་ལྷག་གེར་གྱུར། །པར་བསམ་པའི་ངང་ དུ་ཅུང་ཙམ་མཉམ་བཞག་བྱ། གཉིས་པ་བསྔོ་བ་ནི། རབ་དཀར་མོས་དགེ་རྒྱ་ཆེར་འདི་བསགས་ པས། །གནས་སྐབས་སུའང་བདག་ཅག་རྡོ་རྗེའི་སྤུན། །གསང་ཆེན་ཐེག་པར་ལེགས་ཞུགས་ དམ་ཚིག་ལྡན། །སྨིན་བྱེད་དབང་གིས་ཆོས་སྒོར་ཡོངས་འབྱེད་མཛོད། །ཁྱད་པར་སྡོམ་པ་ ཆེན་པོའི་གསང་གསུམ་གྱི། །འོད་གསལ་འཁོར་ལོ་རྣམ་བཞིའི་ལྷ་ཚོགས་ལ། །དག་རྫོགས་ སྨིན་པའི་སྦྱོར་བས་རྒྱས་ཐེབས་ཤིང༌། །རིམ་པ་དང་པོའི་རྣལ་འབྱོར་མཐར་ཕྱིན་ཤོག །རྩ་ རླུང་ཐིག་ལེ་གནད་བསྣུན་ཐབས་མཆོག་གིས། །དབུས་ཀྱི་ཁང་བུར་མཐའ་ཡི་དམག་དཔུང་ ཚོགས། །ཨ་ཧཾ་གྱིས་བཀུར་ཟུང་འཇུག་བདེ་ཆེན་ལམ། །རིམ་པ་གཉིས་པའི་རྣལ་འབྱོར་ ཡོངས་བགྲོད་ཤོག །དེར་བརྟེན་མ་དག་བེམ་པོའི་ཆ་ཀུན་སྦྱང༌། །སྙིང་ཁར་ཆུ་ཤིང་མེ་ཏོག་ ལྟ་བུའི་སྦུབས། །མི་ཤིགས་ཐིག་ལེ་དྭངས་མའི་ཁ་སྦྱོར་ལྷ། །ཡོངས་བཞེངས་གཉུག་མའི་ གཤིས་སུ་སྡོམ་གྱུར་ཅིག །གང་ལས་རིང་མིན་མཐར་ཐུག་ཟུང་འཇུག་ཆེ། །ངེས་པ་དོན་གྱི་ ཧེ་རུ་ཀ་དཔལ་སྐུ། །ནང་དབྱིངས་གདོད་མའི་དེ་ཉིད་ཚུལ་དུ་བཞུགས། །ཡེ་གཞི་གང་དེ་མྱུར་ ནས་ཡོངས་མངོན་ཤོག །གསུམ་པ་བཀྲ་ཤིས་ནི། དཔལ་ལྡན་རྡོ་རྗེ་འཆང་བར་འཁོར་ལོ་སྡོམ། །མཁའ་འགྲོ་ཌཱ་བའི་དབང་ཕྱུག་བདེ་མཆོག་སྐུ། །གཞོམ་མེད་གསུང་དང་བདེ་ཆེན་དབྱེར་ མེད་བདག །གསང་གསུམ་མཁའ་དང་མཉམ་པའི་བཀྲ་ཤིས་ཤོག །མིང་གི་རྣམ་རོལ་ 9-1-143 འཇམ་མགོན་གྲུབ་པའི་ཕུལ། །གསང་ཆེན་འཁོར་ལོས་སྒྱུར་བའི་དབང་ཕྱུག་ཆེ། །འཇམ་ དབྱངས་མཁྱེན་གཏེར་མཆོག་གི་རོལ་པ་ཅན། །ཀུན་དགའ་སྙིང་པོས་ལེགས་དགེའི་དཔལ་ སྩོལ་ཅིག །འཇམ་མགོན་བླ་མའི་རྣམ་འཕྲུལ་མཐའ་ཡས་ལས། །དུས་མཐར་ངུར་སྨིག་ཟོལ་ ལ་ཉེར་བརྟེན་ཏེ། །ངེས་དོན་བསྟན་པའི་དབུ་འཕང་ལེགས་འདེགས་མཁན། །རྣམ་སྣང་རྡོ་ རྗེའི་(རྩ་བའི་བླ་མའི་) (བློ་གྲོས་གྲགས་པའི་)སློབ་བརྒྱུད་ཡོངས་རྒྱས་ཤོག ། ཅེས་འཇམ་མགོན་བླ་མ་མཆོག་གི་ བླ་མའི་རྣལ་འབྱོར་བྱ་ཐབས་གསང་ཆེན་ཉམས་མྱོང་སྐྲུན་བྱེད་གྲུ་ཆར་ཞེས་བྱ་འདི་ཡང་རྔ་བའི་སེ་དགོན་གྱི་གྲྭ་རིགས་པ་ནོར་བུའི་ མོས་འདུན་བཞིན། མ་ཏིས་ལེགས་སྤེལ་བགྱིས་པ་ཛ་ཡནྟུ།། །། 9-1-144 ༄༅། །ཁྱབ་བདག་དཔལ་ལྡན་བླ་མ་དཀོན་མཆོག་བསྟན་པའི་ཉི་མ་ ཞེས་བྱ་བ་གང་གི་བླ་སྒྲུབ་བསྡུས་པ་བྱིན་རླབས་ མྱུར་འགུགས་ཞེས་བྱ་བ་ བཞུགས་སོ། ། ༄༅། །དཔལ་ལྡན་བླ་མ་མཆོག་ལ་གུས་པས་ཕྱག་འཚལ་ནས། འདིར་གང་གི་བླ་སྒྲུབ་བྱ་བ་ལ་ཐོག་མར་འདི་ལྟ་སྟེ། སྟོབས་བཅུའི་དབང་ཕྱུག་རྒྱལ་བ་བཅོམ་ལྡན་འདས། །ཟབ་ཞི་སྤྲོས་བྲལ་བདུད་རྩི་ལྟ་བུའི་ ཆོས། །རབ་འབྱམས་འཕགས་ཚོགས་གོ་འཕང་མཆོག་བཞུགས་པ། །རྣམ་གསུམ་བྱང་ཆུབ་ བར་དུ་སྐྱབས་སུ་བསྟེན། །ལན་གསུམ། ཀུན་གསལ་དྭངས་བའི་རིག་པ་ཆོས་ཉིད་ཁམས། །ཡེ་ ནས་རྒྱལ་བའི་ཡོན་ཏན་རང་ཆས་སུ། །ཡོངས་སུ་རྫོགས་པའི་ཚུལ་ལ་རྨོངས་པའི་འགྲོ། །གང་ དག་གདོད་མའི་ས་ལ་འགོད་པར་བྱ། །ལན་གསུམ། སྐད་ཅིག་རང་མདུན་ནམ་མཁར་འཇའ་ འོད་ཀློང༌། །གདོང་ལྔས་ལེགས་བཏེགས་རིན་ཆེན་ཁྲི་བཟང་སྟེང༌། །པད་ཟླ་ཉི་མ་སྒྲ་གཅན་ དུས་མེའི་དབུས། །མ་ལུས་རིགས་ཀྱི་བདག་པོ་གྲུབ་དབང་རྗེ། །དཀོན་མཆོག་བསྟན་པའི་ ཉི་མ་གང་དེ་ཉིད། །རྣམ་པ་ཁྱབ་བདག་འཁོར་ལོའི་དབང་ཕྱུག་ཆེ། །རིགས་རྣམས་ཀུན་གྱི་ བདག་པོ་རྡོ་རྗེ་སེམས། །ཡེ་ཤེས་ཁམས་ཀྱི་རང་མདངས་རྒྱས་པའི་སྐུ། །དྭངས་གསལ་དབང་ སྔོན་འོད་མདངས་འཕྲོ་བ་ཅན། །ཞབས་གཉིས་སྐྱིལ་ཀྲུང་སྐུ་མཉམ་འགྱིང་བས་སྒེག །ཞལ་ གཅིག་དགྱེས་པའི་འཛུམ་དཀར་གཡོ་བཞིན་དུ། །ཕྱག་གཉིས་ཐབས་ཤེས་ཕྱག་མཚན་ཟུང་ 9-1-145 གིས་མཛེས། །ཤེར་ཕྱིན་དགའ་མ་ནམ་མཁའི་མདོག་ཅན་མས། །ཕྱག་མཚན་གྲི་ཐོད་བཅས་ བཞིན་པང་ནས་འཁྱུད། །བདེ་སྟོང་མཆོག་གི་དགྱེས་པའི་ཡབ་ཡུམ་གཉིས། །རིན་ཆེན་རུས་ པའི་རྒྱན་བཟང་དྲ་བས་བཀླུབས། །དྲི་མེད་འོད་ཟེར་སྣང་བས་འཁོར་ཡུག་ཁྱབ། །གནས་ བཞིར་རྡོ་རྗེ་བཞི་ཡི་ས་བོན་གྱིས། །ལེགས་པར་མཚན་པའི་བདག་ཉིད་ཅན་དུ་གྱུར། །གང་ དེའི་ཐུགས་ཀའི་འོད་ཟེར་དཔག་ཡས་ཚོགས། །མུ་མཐའ་མེད་པའི་ཞིང་དུ་ལེགས་འཕྲོས་ པས། །རྒྱལ་ཀུན་རིགས་བདག་བླ་མའི་ངོ་བོ་རུ། །བཀུག་ནས་མགོན་པོ་མཆོག་གི་སྐུ་ལ་ བསྟིམས། །རྨད་བྱུང་ཞི་བའི་ཐུགས་མཆོག་རྒྱས་པ་ལས། །མཛད་པ་ལྷུན་གྲུབ་སྣང་བའི་སྒྱུ་ འཕྲུལ་གར། །གང་འདུལ་འགྲོ་ལ་ཡིད་ཀྱི་རྗེས་མཐུན་པ། །དཔག་ཡས་མཛད་བཟང་སྟོན་ ལ་གུས་ཕྱག་འཚལ། །རབ་འབྱམས་ཞིང་དུ་འཛད་མེད་ཏིང་འཛིན་གྱིས། །ལེགས་པར་ བསྐྲུན་པའི་འཇམ་ཀླས་མཆོད་སྤྲིན་ཚོགས། །ཕྱི་ནང་གསང་བའི་བཀོད་པས་མཛེས་པ་འདི། །འཁོར་ལོའི་དབང་ཕྱུག་བླ་མ་མཆོག་ལ་འབུལ། །ཐོག་མ་མེད་ནས་ལས་ཉོན་གཞན་དབང་ གིས། །དབང་དུ་སོང་བའི་སྡིག་ཅན་བདག་སོགས་ཀྱིས། །བརྣགས་པའི་ལས་གང་བགྱིས་ པ་དེ་དག་ཀུན། །དེང་ནས་མགོན་གྱི་སྤྱན་སྔར་ནོངས་པས་བཤགས། །བདེ་གཤེགས་རྣམས་ ཀྱིས་དཔག་མེད་ཕྲིན་ལས་ཀྱིས། །རྣམ་མང་འགྲོ་ཁམས་འདུལ་བའི་མཛད་པ་དང༌། །རྒྱལ་ སྲས་ཉན་རང་སོ་འཕགས་དང་བཅས་པའི། །རྣམ་དཀར་བསོད་ནམས་བསགས་ལ་བདག་ ཡི་རང༌། །ངོ་མཚར་ཞི་བ་ཆེན་པོའི་དབྱིངས་ཉིད་ལས། །ཀུན་ཏུ་སྣང་བའི་བཀོད་པ་དཔག་ ཡས་ཀྱིས། །སྣ་ཚོགས་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ། །རྟག་པར་རྒྱུན་མི་འཆད་པར་བསྐོར་ དུ་གསོལ། །ཆོས་སྐུ་ལྷུན་གྱིས་གྲུབ་པའི་མཛད་པ་ཅན། །གང་དེ་འཕེལ་འགྲིབ་ཡོད་པ་མ་ ལགས་མོད། །གདུལ་བྱའི་མོས་ངོར་གཟུགས་སྐུའི་བཀོད་པའི་འཕྲུལ། །ནམ་ཡང་མི་བསྡུ་ རྟག་པར་རྒྱུན་དུ་སྟོན། །རྒྱལ་བ་དབང་ཕྱུག་མཆོག་གི་སྤྱན་སྔ་རུ། །རླབས་ཆེན་བསོད་ནམས་ 9-1-146 བསགས་པའི་རྣམ་དཀར་འདིས། །གློ་བུར་དྲི་མས་འཆིང་བའི་བདག་གི་ཡིད། །བླ་མ་མཆོག་ གི་ཐུགས་དང་དབྱེར་མེད་ཤོག །རབ་ཏུ་དཀོ༵ན་པའི་གསང་སྔགས་ཉེ་ལམ་མཆོག༵ །བླ་ མེད་བསྟན༵་ལ་ལྷག་པར་ལེགས་མཁས་པའི༵། །ཆོས་ཀྱི་ཉི༵་མ༵་ཟབ་ལམ་རྒྱས་པའི་དཔ༵ལ། །གོ་འཕང་བཟང༵་པོར༵་བཞུགས་དེའི་ཐུགས་རྗེས་ཟུང༌། །དེ་ནས་སྤྲོ་ན་བླ་མ་རྒྱང་འབོད་འདིར་འདོན་པར་ བྱ་ལ། མ་ལུས་རིགས་རྣམས་འདུས་པའི་སྤྱི་དཔལ་རྗེ། །གང་གི་ཐུགས་ཀར་ཟླ་ཉི་སྒྲ་གཅན་ སྟེང༌། །ཐུགས་ཀྱི་རྡོ་རྗེའི་ས་བོན་ཧཱུཾ་མཐིང་སྔོན། །ལེགས་པར་གནས་པ་དེ་ལ་རང་སེམས་ གཏད། །དེ་ནས་སྔགས་འདི་ཡང་བཟླ་བར་བྱ་སྟེ། ༀ་གུ་རུ་ཤྲི་བཛྲ་སཏྭ་ཨཱཿཧཱུཾ། (ༀ་གུ་རུ་ཤྲཱི་རཏྣ་ཤ་ས་ན་སུརྱ་ བཛྲ་ས་ཏྭ་ཨཱཿཧཱུཾ།) ཞེས་པ་ཅི་ནུས་བཟླས་ལ། དེ་ཡང་བར་སྐབས་སུ་འདི་ལྟར་བརྗོད། བླ་མ་ཡབ་ཡུམ་སྐུ་ལས་བདུད་ རྩིའི་རྒྱུན། །བྱུང་བས་རང་གི་ལུས་ཀྱི་སྤྱི་བོར་ཞུགས། །ལུས་གང་སྡིག་སྒྲིབ་མ་ལུས་ལེགས་ བཀྲུས་ཏེ། །དུད་ཁའི་རྣམ་པ་འོག་ནས་འབྱུང་བར་གྱུར། །ཅེས་བསམ་བཞིན་བཟླ། ཡང་། བླ་མའི་ གནས་ཀྱི་ཡི་གེ་གསུམ་པོ་ལས། །འོད་ཟེར་དཀར་དམར་མཐིང་གསུམ་འབྲུ་གསུམ་ཚོགས། །འཕྲོས་པས་རང་གི་གནས་གསུམ་ལ་ཐིམ་པས། །སྒོ་གསུམ་སྒྲིབ་དག་གསང་གསུམ་བྱིན་ རླབས་གྱུར། །ཅེས་པའང་བརྗོད་བཞིན་བཟླའོ། །མཐར་ཡང་དབང་བཞི་བླང་བ་ནི། རིགས་བདག་སེམས་དཔའ་ ཆེན་པོའི་མཛེས་སྐུ་ལས། །ཉེ་བར་ཐོན་པའི་རབ་དཀར་བདུད་རྩིའི་རྒྱུན། །བདག་གི་སྤྱི་བོར་ ཞུགས་པས་རང་ལུས་གང༌། །བུམ་དབང་ཐོབ་ནས་དགའ་བཞིའི་ཡེ་ཤེས་སྐྱེས། །བླ་མ་ཡབ་ ཡུམ་བྱང་སེམས་དྭངས་མས་རྫས། །རང་གིས་མྱོང་བས་གསང་དབང་ལེགས་ཐོབ་པས། །དེ་ ལས་ལྷག་པའི་མཆོག་དགའི་བདེ་བ་ཆེ། །སྔར་མེད་གསར་བའི་ཡེ་ཤེས་སྣང་བ་འཕེལ། །དཔལ་ལྡན་རིགས་ཀྱི་བདག་པོ་རྡོ་རྗེ་སེམས། །གང་གི་མཚན་ལྡན་རིགས་མ་གཏད་པ་དང༌། །སྙོ མས་པར་འཇུག་པས་ཤེར་དབང་རབ་ཐོབ་ནས། ཁྱད་པར་དགའ་བས་སེམས་རྒྱུད་དག་ པར་བྱས། །ཟུང་འཇུག་མཆོག་གི་གོ་འཕང་བརྙེས་པའི་དཔལ། །བླ་མ་ཡབ་ཡུམ་འོད་ཕུང་ 9-1-147 རང་བཞིན་ཞུ། །བདག་ལ་ཐིམ་པས་བཞི་པའི་དབང་བསྐུར་ཐོབ། ཕྱག་ཆེན་ཡེ་ཤེས་མཆོག་ གི་རང་ཞལ་མཇལ། །རྣམ་པར་དཀར་བའི་ལེགས་བྱས་འདིས་མཚོན་པའི། །དུས་གསུམ་ བསགས་པའི་བསོད་ནམས་རྒྱ་ཆེ་བས། །འགྲོ་ཀུན་སེམས་རྒྱུད་དྲི་མ་དྲུངས་ཕྱུང་ནས། །ཁྱབ་ བདག་བླ་མའི་གོ་འཕང་འཛིན་གྱུར་ཅིག །ཅེས་ཁྱབ་བདག་དཔལ་ལྡན་བླ་མ་དཀོན་མཆོག་བསྟན་པའི་ཉི་མ་ཞེས་ བྱ་བ་གང་གི་བླ་སྒྲུབ་བསྡུས་པ་བྱིན་རླབས་མྱུར་འགུགས་ཞེས་བྱ་བ་འདི་ཡང་གང་གི་སློབ་མ་ལྷ་རྗེ་དགེ་བཟང་ཞེས་པས་ལྷ་རེག་ བཅས་བསྐུལ་ངོར་སྙོ མ་ལས་པ་མ་ཏི་ཀིརྟི་ཞེས་པས་བྲིས།། །། 9-1-148 ༄༅། །དཀོན་མཆོག་གསང་བ་མཐའ་ཡས་ཀྱི་བླ་མའི་ རྣལ་འབྱོར་བྱིན་རླབས་སྒོ་འབྱེད་ ཅེས་བྱ་བ་བཞུགས་སོ། ། ༄༅། །དཀོན་མཆོག་ཀུན་དངོས་བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ནས། གང་དེའི་རྣལ་འབྱོར་ཟབ་མོ་སྒྲུབ་པའི་ ཐབས་ལ། སྦྱོར་དངོས་རྗེས་གསུམ་ལས། དང་པོ་སྦྱོར་བ་སྐྱབས་སེམས་ནི། མཁའ་ཁྱབ་མཁའ་ཡི་རྡོ་རྗེ་ཤེར་ཕྱིན་ དབྱིངས། །གནས་ལུགས་རང་གསལ་ངང་ནས་སྐྱབས་སུ་བསྟེན། །བླ་མའི་ཆོས་སྐུ་ཤེར་ཕྱིན་ ལ་རྨོངས་འགྲོ། །རང་གཤིས་མྱུར་ནས་མཇལ་ཕྱིར་རྣལ་འབྱོར་བསྒོམ། །ལན་གསུམ། གཉིས་པ་དངོས་གཞི་བླ་མའི་རྣལ་འབྱོར་ནི། ཁྱབ་བརྡལ་གཞི་དབྱིངས་གདོད་མ་ཆོས་སྐུའི་གཤིས། །ངོ་མཚར་སྒྱུ་འཕྲུལ་དྲ་བའི་བཀོད་ཆེན་རྫོགས། །རྣལ་འབྱོར་རང་སྣང་འཚམས་པའི་མཛད་ བཟང་ཅན། །དེ་ལས་སྤྲུལ་བསྒྱུར་གར་གྱི་རོལ་པ་ཉིད། །མདུན་མཁར་འཇའ་ཟེར་སྣང་བའི་ འོད་ཀློང་དུ། །ཆོས་སྐུ་ཡེ་ཤེས་འཕྲུལ་གྱི་དགའ་སྟོན་ཤར། །ངོ་མཚར་གཞལ་མེད་ཕོ་བྲང་ མཛེས་འབར་བ། །ཕྱི་ནང་མཚན་ཉིད་བཀོད་ཆེན་ཡོངས་རྫོགས་ཤིང༌། །ཕྱོགས་མཚམས་ ཀུན་ཏུ་བཟང་པོའི་མཆོད་སྤྲིན་འཁྲི གས། །དབུས་ཀྱི་གཞི་ལ་སྡོང་བུ་དང་བཅས་པའི། །ཆུ་ སྐྱེས་ཟེའུ་འབྲུར་ཉ་རྒྱས་ཟླ་བ་ལ། །དཀོན་མཆོག་སྐྱབས་གནས་ཀུན་དངོས་རྩ་བའི་བླ་མ་ རྗེ། །དཀོན་མཆོག་གསང་བ་མཐའ་ཡས་རིགས་ཀུན་བདག སྐུ་མདོག་དཀར་གསལ་འོད་ བཟང་ཆེར་འབར་ཞིང༌། །ཞལ་གཅིག་ཞི་འཛུམ་ཆོས་འཆད་ཕྱག་གི་རྒྱ། །ཞབས་ཟུང་སྐྱིལ་ ཀྲུང་འགག་སྨད་ཤམ་ཐབས་སོགས། །ངུར་སྨྲིག་ན་བཟའ་ལེགས་མཛེས་ཕྱག་མཐིལ་ནས། 9-1-149 །གཡས་གཡོན་ཕྱོགས་སུ་ཉེར་བསྐྱོད་ཡུ་བའི་རྩེར། །ལོ་འདབ་དང་བཅས་པདྨོའི་གེ་སར་ སྟེང༌། །ཐབས་ཤེས་རྟགས་མཚོན་རྡོར་དྲིལ་ཟུང་གིས་མཛེས། །མཁན་ཞྭས་དབུ་ལ་ལེགས་ བརྒྱན་གཟུགས་སྐུ་མཆོག།ཟག་མེད་ཏིང་འཛིན་འབུམ་གྱི་ཉམས་བཟང་རྒྱས། །ཐུགས་ཀར་ ཉིན་བྱེད་འོད་སྣང་འབར་བའི་སྟེང༌། །མཁའ་སྤྱོད་བདེ་ཆེན་དབང་མོ་བཞེངས་སྟབས་ཅན། །རང་རིགས་རྒྱན་ཆས་ཡོངས་རྫོགས་དམར་གསལ་མདངས། །འོད་ཟེར་ཕུང་པོའི་དབུས་ ན་དགྱེས་བཞུགས་པ། དེ་ལས་སྤྲོས་པའི་རྣམ་རོལ་སྒྱུ་མའི་འཕྲུལ། །རྩ་བརྒྱུད་བླ་མ་རྒྱུད་ སྡེ་རབ་འབྱམས་ཚོགས། །མཆོག་གསུམ་ཌཱ་ཀི་ཆོས་སྲུང་དང་བཅས་པ། །སྟེག་འོག་ཕྱོགས་ མཚམས་ཀུན་ཏུ་ཁྲི ག་མེར་གང༌། །དེ་ཀུན་རིགས་ཀྱི་བདག་པོ་རྡོ་རྗེ་འཆང༌། །རྒྱལ་ཀུན་ཆོས་ སྐུའི་རོལ་པ་ཉིད་དུ་གསལ། །དེ་ནས་ཚོགས་བསགས་ཡན་ལག་བདུན་པ་ནི། ཕུལ་བྱུང་གསང་གསུམ་ འཁོར་ལོ་མཁའ་མཉམ་དུ། །ཅི་དགར་བརྡལ་བའི་བྱེད་པོ་ངོ་མཚར་ཅན། །མཁྱེན་བརྩེ་ ནུས་པ་རྒྱ་མཚོས་དཔལ་མངའ་བ། །གང་འདུལ་རོལ་གར་སྟོན་ལ་མགོས་ཕྱག་འཚལ། །ཕྱི་ ནང་གསང་བའི་མཆོད་བཀོད་མཐའ་ཀླས་པས། །ཕྱོགས་ཀྱི་འཁོར་ལོའི་ཕ་མཐར་ཡོངས་ བརྒལ་ཞིང༌། །སྲིད་ཞིའི་ལེགས་ཚོགས་གང་ཡོད་བློས་སྤྲུལ་ཏེ། །མཚན་འཛིན་དྲི་བྲལ་བདེ་ ཆེན་ངང་ནས་འབུལ། །ཀུན་ཉོན་དབང་གིས་འཁོར་ཚེ་ཐོག་མེད་ནས། །ཉེས་ལྟུང་ཚབས་ ཆེན་བསགས་ལ་མ་སྦྱངས་པ། །གང་མཆིས་སྔར་བྱས་ལ་ཡང་གནོད་འགྱོད་དང༌། །ཕྱིན་ ཆད་སྡོམ་སེམས་དྲག་པོས་སྙིང་ནས་བཤགས། །མགོན་པོས་དག་དང་མ་དག་གདུལ་བྱའི་ ཁམས། །གསང་བ་གསུམ་གྱི་མཛད་ཆེན་ལ་བརྟེན་ནས། །རྣམ་པར་དཀར་བ་མཐའ་མེད་ ཡོངས་སྤེལ་ཞིང༌། །རླབས་ཆེན་གྲོལ་བ་མཆོག་ལ་རྗེས་ཡི་རང༌། །ཟབ་དང་རྒྱ་ཆེས་གང་ འདུལ་ཡིད་ཅན་ཚོགས། །རང་རང་ལ་འཚམས་ཆོས་ཀྱི་འཁོར་ལོའི་ཚུལ། །ལྷུན་གྲུབ་མཛད་ པས་དུས་སུ་ཆད་མེད་པར། །ཁམས་དབང་དང་མཐུན་རེ་འདོད་ལེགས་སྐོང་མཛོད། །རང་ 9-1-150 སྣང་ཆོས་སྐུ་རྟག་བརྟན་ཐེར་ཟུག་ཀྱང༌། །གཞན་སྣང་ལོངས་སྤྲུལ་གར་བསྒྱུར་སྣ་ཚོགས་པས། །མོས་ངོར་འདའ་ཚུལ་མི་མཛད་གཟུགས་སྐུའི་འཕྲུལ། །དུས་རྒྱུན་ཡ་མཚན་ལེགས་སྣང་ཆད་ མེད་གསོལ། །བསོད་ནམས་བསགས་དགེས་བདག་སོགས་རིང་མིན་དུ། གནས་ལུགས་ བླ་མའི་ཆོས་སྐུ་མྱུར་མཇལ་ཏེ། །ཁམས་གསུམ་དབང་ཕྱུག་རྟག་བདེའི་དགོང་ཆེན་གྱིས། །གདུལ་བྱ་ཀུན་ལ་གཡེལ་བ་མེད་གྱུར་ཅིག །གསོལ་བ་འདེབས་པ་ནི། ཀུན་ཁྱབ་ཡེ་བཞུགས་སྒྱུ་ འཕྲུལ་དྲ་བའི་བདག །གནས་ལུགས་འཕོ་བྲལ་དོན་དམ་དཀོན་མཆོག་གསུམ། །ཐུགས་ རྗེ་མཁའ་མཉམ་ཟླ་དང་མཚུངས་མེད་པས། །ཕུལ་བྱུང་སྐྱབས་གནས་མཆོག་ལ་གུས་པས་ འདུད། །བདེ་ཆེན་མཁའ་ལ་སྤྱོད་པ་སྤྲོས་བྲལ་ཐུགས། །འོད་གསལ་ཡེ་ཤེས་དབང་མོ་ཤེར་ ཕྱིན་གསང༌། །ཆོས་དབྱིངས་དགའ་མ་རྣམ་ཀུན་མཆོག་གི་གཟིགས། །རྡོ་རྗེ་སློབ་དཔོན་ཆེ་ བར་གསོལ་བ་འདེབས། །མཁྱེན་གསུམ་ཟབ་མོའི་དགོངས་ཆེན་རབ་བརྙེས་ཤིང༌། །བརྩེ་ བ་ཆེན་པོའི་གཏེར་གྱུར་རླབས་ཆེན་མགོན། །ནུས་མཐུས་གདུལ་བྱ་མཐའ་ཡས་འདྲེན་པའི་ ཕུལ། དཔལ་ལྡན་བླ་མ་མཆོག་ལ་གསོལ་བ་འདེབས། །གང་གི་ཐུགས་རྗེ་མཁའ་ལྟར་རབ་ ཡངས་ལས། །བྱིན་རླབས་སྨིན་བྱེད་སྣང་བ་ཆེར་གཡོས་ཏེ། །སློབ་ཚོགས་རྣམ་ཤེས་སྦུབས་ ནས་ཡེ་ཤེས་མདངས། །མྱུར་དུ་ཆོས་མངོན་འོད་གསལ་འཆར་བར་མཛོད། །མཚན་སྔགས་བཟླ་བ་ ནི། རིགས་ཀུན་བདག་པོའི་ཐུགས་ཀའི་མཁའ་སྤྱོད་མ། །དམ་ཡེ་གཉིས་མེད་རང་གཤིས་ལྷུན་ གྲུབ་ཏུ། །རང་གསལ་ཚུལ་གྱི་ཐུགས་ཡིད་དབྱེར་མེད་པར། །མ་བཅོས་སོ་མ་ཤུགས་འབྱུང་ངོ་ བོ་བསྐྱང༌། །བླ་མ་མཁའ་སྤྱོད་དབྱེར་མེད་ཀྱི་མཚན་སྔགས་ནི། ༀ་ཨཱཿགུ་རུ་རཏྣ་གུ་ཧྱ་བཛྲ་ཝརྞི་ནི་ཧཱུཾ་སྭཱཧཱ། ཞེས་པ་ཅི་ནུས་བཟླ་ཞིང༌། བླ་སྒྲུབ་ལ་བརྟེན་པའི་རྡོར་སེམས་སྒོམ་བཟླས་སྤྲོ་ན། རིགས་བདག་བླ་མས་གཟུགས་སྐུ་ གནས་འགྱུར་ཏེ། །རྡོ་རྗེ་སེམས་དཔའ་ཧེ་རུ་ཀ་དཔལ་སྐུར། །ཡོངས་བཞེངས་སྟོན་ཟླ་འབུམ་ གྱི་ཕུང་པོ་ལྟར། །སྐུ་མདོག་དཀར་གསལ་ཡབ་ཡུམ་ཟུང་དུ་འཇུག །རང་ཆས་ཡོངས་རྫོགས་ 9-1-151 གནས་བཞིར་འབྲུ་བཞིས་མཚན། །དེ་རྣམས་ལས་སྤྲོས་འོད་ཟེར་དཀར་དམར་མཐིང༌། །སེར་ པོའི་རྣམ་པ་རང་གི་གནས་བཞི་རུ། །ཐིམ་པས་གནས་སྐབས་སྒྲིབ་བཞི་ཡོངས་དག་གྱུར་པར་ བསམ། ཧེ་རུ་ཀའི་ཡིག་བརྒྱ་ཇི་ལྟར་མོས་པ་བཟླས་པར་བྱ། མཐར་དབང་བཞི་བླང་བ་ནི། དཔའ་བོ་ཧེ་རུ་ཀ་དཔལ་ རྡོ་རྗེ་སེམས། །གང་གི་དཔྲལ་མགྲིན་ཐུགས་ཀ་ལྟེ་བ་བཞིར། །ཡི་གེ་ༀ་ཨཱཿཧཱུཾ་དང་ཧོཿཡིས་ མཚན། །དེ་དག་རྣམས་ལས་དབང་བཞིའི་བྱིན་རླབས་ལེན། །དཔྲལ་བའི་ༀ་ཡིག་ལས་སྤྲོས་ འོད་ཟེར་གྱིས། །རང་གི་སད་སྒྲིབ་སྦྱངས་ཤིང་བུམ་དབང་ཐོབ། །མགྲིན་པའི་ཨཱཿཡིག་ལས་ སྤྲོས་འོད་ཟེར་གྱིས། །རང་གི་རྨི་ལམ་ལེགས་སྦྱངས་གསང་དབང་ཐོབ། །ཐུགས་ཀའི་ཧཱུཾ་ ཡིག་ལས་སྤྲོས་འོད་ཟེར་གྱིས། །རང་གི་གཉིད་འཐུག་སྒྲིབ་བྲལ་ཤེར་དབང་ཐོབ། །ལྟེ་བའི་ ཧོཿཡིག་ལས་སྤྲོས་འོད་ཟེར་གྱིས། །རང་གི་ཆགས་རྟོག་རབ་དག་བཞི་དབང་ཐོབ། །དེ་ལས་ དགའ་བཞིའི་ཡེ་ཤེས་རིམ་པས་འཕེལ། །དོན་དམ་རྡོ་རྗེ་རྣམ་བཞི་མངོན་རུང་གི །ནུས་པ་དེ་ ལུགས་རབ་རྒྱས་ཀུན་རྫོབ་དང༌། །འབྲེལ་བའི་མ་དག་སྣང་ཆ་རང་འཚམ་འགགས། །སླར་ ཡང་རྡོར་སེམས་གནས་འགྱུར་བླ་མར་བཞེངས། །རྣམ་རོལ་ཀུན་བསྡུས་གཟུགས་སྐུ་ཚོན་ གང་ཙམ། །སྐད་ཅིག་བདག་གི་སྤྱི་བོར་ཐིམ་ནས་ཀྱང༌། །སྙིང་གའི་པདྨོར་བཞུགས་ཏེ་བདག་ བྱིན་རློབས། ། གསུམ་པ་རྗེས་བསྔོ་བ་སྨོན་ལམ་ནི། རབ་དཀར་བསོད་ནམས་བགྱི་བ་རླབས་པོ་ཆེས། །དེང་ནས་ བདག་ཅག་སྒྲུབ་པ་ཐམས་ཅད་ལ། །གནས་སྐབས་ཕྱི་ནང་གསང་བའི་མཐུན་རྐྱེན་འགྲིགས། །ཟབ་ལམ་རིམ་གཉིས་སྐྱེ་མ་རག་ཏུ་ཤོག །དེ་ཡང་བླ་མ་རིགས་ཀྱི་བདག་པོར་བཀུར། །སྤྱི་ བོས་གུས་བསྟེན་དམ་ཚིག་མཐའ་དག་བསྲུང༌། །ཅི་མཛད་ལེགས་མཐོང་མོས་གུས་ཟབ་ མོ་ཡིས། །གསང་ཆེན་བྱིན་རླབས་མི་འགྱང་འབེབས་གྱུར་ཅིག །སྐྱབས་སུ་ཡིད་ཆེས་འགྲོ་ ཀུན་ཕན་འདོད་བློ། །ཉེས་ལྟུང་བཤགས་བསྡམས་བསོད་ནམས་ཚོགས་རབ་བསགས། །བླ་ 9-1-152 མའི་བྱིན་རླབས་ལེགས་བཞུགས་མ་དག་སྦྱངས། །ཐུན་མོང་ཐུན་མིན་ཆོས་ལམ་ཉེར་འཕེལ་ ཤོག །གསང་བ་ཟབ་ལམ་མཐར་ཐུག་གོ་འཕང་མཆོག །བདེ་སྟོང་ཟུང་འཇུག་སྒྲུབ་བྱེད་ཡན་ ལག་དྲུག །སྐུ་གསུང་ཐུགས་དང་ཡེ་ཤེས་རྡོ་རྗེ་བཞིའི། །རྣལ་འབྱོར་རྫོགས་པའི་རིམ་པ་མྱུར་ བགྲོད་ཤོག །དེ་སྐབས་ཡུལ་ཆེན་ཉེར་བཞིའི་གནས་སོགས་སུ། །རང་གཞན་སྣང་ངོར་མཛད་ པ་རླབས་ཆེན་གྱིས། །གང་འདུལ་རོལ་པ་ཆེར་ངོམས་ཀུན་ཏུ་བཟང༌། །རབ་དགའི་སྤྱོད་ལ་ དབང་ཐོབ་མཛད་སྐྱོང་ཤོག །མཐུ་དེས་སྐུ་བཞིའི་དབང་ཕྱུག་བདག་གིར་བྱས། །གང་འདུལ་ འགྲོ་ལ་ནམ་ཡང་རིས་བྲལ་དུ། །རྟག་པར་རྒྱུན་མི་འཆད་པའི་ཕྲིན་ལས་ཀྱིས། །དོན་གཉིས་ རྒྱ་མཚོའི་དཔལ་ཡོན་ཆེས་བརྡལ་ཤོག།ཡེ་བཞུགས་དོན་དམ་ཆོས་སྐུ་བླ་མའི་ཐུགས། །ཀུན་ ཁྱབ་གཤིས་ལ་ཀུན་རྫོབ་དྲི་མས་དབེན། །སྐྱབས་གནས་ཡོངས་ཀྱི་ངོ་བོར་བདེན་གང་གིས། །ཡིད་སྨོན་དོན་ལ་གཡེལ་བ་མེད་གྱུར་ཅིག །ཅེས་དཀོན་མཆོག་གསང་བ་མཐའ་ཡས་ཀྱི་བླ་མའི་རྣལ་འབྱོར་ བྱིན་རླབས་སྒོ་འབྱེད་ཅེས་བྱ་བ་འདི་ཡང་གང་གི་ཐུགས་སློབ་དགེ་སློང་བློ་གསལ་གྱི་བསྐུལ་ངོར། མ་ཏིས་ཤར་མར་སྤེལ་བ་ཛ་ ཡནྟུ།། །། 9-1-153 ༄༅། །དཀོན་མཆོག་གསང་བ་མཐའ་ཡས་ཀྱི་ རྒྱང་འབོད་བཞུགས། ༄༅། །འཕོ་མེད་ཆོས་དབྱིངས་གནས་ལུགས་རང་བཞིན། །རྒྱལ་ཀུན་ཆོས་སྐུ་གཅིག་ གི་དགོངས་ཆེན། །གང་འདུལ་དེར་སྣང་གར་བསྒྱུར་མཛད་པ། །ཕ་ཅིག་བླ་མའི་ཐུགས་རྗེའི་ གཟུགས་ཤིག །བྱིན་རླབས་དོན་བརྒྱུད་དཔལ་ལྡན་བླ་མ། །གྲུབ་གཉིས་མངའ་བདག་ཡི་དམ་ རྒྱ་མཚོ། །བསླུ་མེད་སྐྱབས་གནས་མཆོག་གསུམ་རིན་ཆེན། །མཁའ་འགྲོ་ཆོས་སྐྱོང་ཡོང་ཀྱི་ངོ་ བོ། །རྩ་བའི་བླ་མ་སངས་རྒྱས་ཀུན་དངོས། །དཀོན་མཆོག་གསང་བ་མཐའ་ཡས་མཁྱེན་ནོ། །དག་པ་མི་མངོན་དབྱིངས་ནས་གཟིགས་ལ། །མཐུ་ཆེན་བྱིན་རླབས་སྣང་བ་ཕོབ་ཤོག །ཐོག་ མར་བླང་དོར་ལེགས་འདོམས་མཛད་ཅིང༌། །བར་དུ་ཟབ་ལམ་གདམས་པས་བསྐྱངས་པ། །ཐ་མར་རང་ཚོད་སེམས་རྒྱུད་གྲོལ་མཛད། །སྙི གས་དུས་འགྲོ་འདུལ་ཟླ་དང་བྲལ་བ། །རྩ་ བའི་བླ་མ་སངས་རྒྱས་ཀུན་དངོས། །དཀོན་མཆོག་གསང་བ་མཐའ་ཡས་མཁྱེན་ནོ། །དག་པ་ མི་མངོན་དབྱིངས་ནས་གཟིགས་ལ། །མཐུ་ཆེན་བྱིན་རླབས་སྣང་བ་ཕོབ་ཤོག །བདག་ཅག་ ཉམ་ཆུང་ལས་དབང་ཤུགས་ཀྱིས། །དབང་མེད་འཁོར་བར་ཡང་ཡང་འཁོར་ཞིང༌། །སྡུག་ ལས་ཐར་བའི་སྐལ་བ་མེད་པ། །མགོན་ཁྱོད་ལས་གཞན་སྐྱབས་གནས་མེད་ཕྱིར། །རྩ་བའི་ བླ་མ༴ སྔོན་ལས་བཙན་པོས་ལྟ་བའི་གནས་ཚུལ། །རྣམ་དཀར་དགེ་ལ་རྒྱབ་ཀྱིས་ཕྱོགས་ ཤིང༌། །བརྣག་དཀའ་སྡིག་ལས་ངང་གི་འཕེལ་བས། །ད་ཕན་མངོན་མཐོའི་རྟེན་ཡང་རྙེད་ དཀའ། །རྩ་བའི་བླ་མ༴ ཚེ་འདིར་ཆོས་དང་མཇལ་འདི་ཁྱེད་དྲིན། །རང་ལ་སངས་རྒྱས་ཀུན་ 9-1-154 ལས་ལྷག་པའི། །བཀའ་དྲིན་འཁོར་ཐབས་མེད་པའི་སྐྱབས་མགོན། །དུས་རྒྱུན་རེ་ཡུལ་ཁྱེད་ ཉིད་གཅིག་པུ། །རྩ་བའི་བླ་མ༴ ཕ་ཅིག་བླ་མ་བཞུགས་པའི་གནས་ཡུལ། །ད་ལྟ་ཞིང་མཆོག་ གང་དུ་བདག་ཅག།ནམ་ཞིག་སྐྱེ་འདི་འཕོས་མ་ཐག་ནས། །མགོན་ཁྱོད་གདུལ་ཞིང་མཆོག་ཏུ་ གྱུར་ཅིག །ཅེས་པའི་བླ་མའི་རྒྱང་འབོད་འདི་ཡང་དགེ་སློང་བློ་གསལ་ལ་མཁོ་ནས་མ་ཏིས་སོ།། །། 9-1-155 ༄༅། །བླ་མའི་རྣལ་འབྱོར་མདོར་བསྡུས་བྱ་བའི་ཚུལ་ བྱིན་རླབས་སྒོ་འབྱེད་ཅེས་བྱ་བ་ བཞུགས་སོ། ། ༄༅། །བླ་མ་ལ་ཕྱག་འཚལ་ནས་འདིར་བླ་མའི་རྣལ་འབྱོར་མདོར་བསྡུས་བྱ་ཚུལ་ནི། ན་མོ་གུ་རུ། དེང་ནས་ བཟུང་སྟེ་ནམ་ཞིག་བྱང་ཆུབ་བར། །མཆོག་གསུམ་སྤྱི་གཟུགས་སྐྱབས་མགོན་བླ་མ་ལ། །མི་ ཕྱེད་དད་བརྒྱས་སྙིང་ནས་སྐྱབས་སུ་མཆི། །སྲིད་ཞིའི་འཇིགས་ལས་འགྲོ་ཀུན་བསྐྱབ་ཏུ་ གསོལ། །ལས་ཉོན་ཀུན་འབྱུང་བཙན་པོའི་དབང་ཤེད་ཀྱིས། །ཐར་དཀའ་འཁོར་བའི་རྒྱ་ མཚོར་འཕྱན་པའི་འགྲོ། །ཡང་དག་གོ་འཕང་མཆོག་ལ་ཉེར་འགོད་ཕྱིར། །ཟབ་ལམ་བླ་མའི་ རྣལ་འབྱོར་བསྒོམ་པར་བྱ། །རང་མདུན་ནམ་མཁར་འཇའ་ཟེར་འཁྲི གས་པའི་ཀློང༌། །གདོང་ ལྔས་རབ་བཏེགས་རིན་ཆེན་ཁྲི་བཟང་སྟེང༌། །སྣ་ཚོགས་པད་ཟླ་ཉི་མ་སྒྲ་གཅན་དབུས། །སྐྱབས་གནས་ཀུན་འདུས་རྗེ་བཙུན་བླ་མ་རྗེ། །ངེ༵ས་དོན༵་བསྟན༵་པའི༵་རྒྱ༵ལ་མཚ༵ན་ལེགས་ འཛིན་པ། །སངས་རྒྱས་དངོས་ལས་ལྷག་པའི་བཀའ་དྲིན་ཅན། །སྟོང་གཟུགས་སྒྱུ་མའི་སྐུ་རུ་ ལེགས་བཞེངས་པ། །དཀར་དམར་མདངས་ལ་མཚན་དཔེ་གསར་བ་འཁྲུངས། །རྣམ་གསུམ་ ངུར་སྨྲིག་ན་བཟས་རབ་མཛེས་ཤིང༌། །ཕྱག་ཟུང་ཆོས་འཆད་ཕྱག་རྒྱའི་རོལ་བ་ལས། །གཡས་ གཡོན་པདྨོའི་འཁྲི་ཤིང་བསྐྱོད་པའི་རྩེར། །ཐབས་ཤེས་རྟགས་ཀྱི་ཕྱག་མཚན་ཟུང་གིས་ མཛེས། །མཁན་ཞྭ་དབུར་མནབས་ཞབས་གཉིས་སྐྱིལ་ཀྲུང་བཞུགས། །ཟག་མེད་ཏིང་འཛིན་ 9-1-156 འབུམ་གྱིས་མངོན་པར་བརྗིད། །གསུང་དབྱངས་ཆོས་སྒྲ་ནམ་མཁའི་མཐའ་དང་མཉམ། །དྲི་ མེད་འོད་བཟང་སྟོང་གི་ཕུང་པོ་ཅན། །མཁྱེན་རྩེ་ནུས་པ་རྒྱ་མཚོའི་བདག་ཉིད་དུ། །རྡུལ་བྲལ་ ཡེ་ཤེས་མཆོག་གི་སྐུ་རུ་གསལ། །གང་གི་གནས་བཞིར་ཡི་གེ་འབྲུ་བཞིས་མཚན། །གསང་ གསུམ་མཛད་པས་ལྷ་ཚོགས་སྤྲོ་ཞིང་སྡུད། །ངོ་མཚར་བསམ་མི་ཁྱབ་པའི་ཞིང་དུ་བྱུང༌། །རྨད་ བྱུང་མཁྱེན་བཟང་ཐུགས་ཀློང་ཡངས་པའི་འཕྲུལ། །རབས་འབྱམས་དཀྱིལ་འཁོར་ཡོངས་ཀྱི་ ངོ་བོར་བཞེངས། །སྣ་ཚོགས་གསང་ཆེན་ཐེག་པའི་དགའ་སྟོན་འགྱེད། །རྡོ་རྗེ་འཆང་དངོས་ བླ་མར་གུས་ཕྱག་འཚལ། །ངེས༵་པ་དོ༵ན་གྱི་མི་འགྱུར་བདེ་ཆེན་ཁམས། །རྣམ་ཀུན་ཕྱག་རྒྱའི་ གཟུགས་སུ་ཉེར་བསྟན༵་པ༵འི། །རྒྱ༵ལ་པའི་སྙིང་པོ་རིགས་ཁམས་དག་པའི་མཚ༵ན། །ཇི་བཞིན་ མངོན་གྱུར་བླ་མ་མཆོག་ལ་འདུད། །སྔགས་ཀྱི་ངེས་གསང་ཟབ་མོའི་གདམས་པ་མཆོག །སྐལ་བཟང་སློབ་བུའི་མོས་ངོ་དང་མཚམས་པར། །རྒྱལ་བའི་དགོངས་པ་ཇི་བཞིན་འདོམས་ པའི་བཤེས། །མཚན་ལྡན་བླ་མ་དམ་པར་གསོལ་བ་འདེབས། །ཡིད་ཀྱི་མོས་འདུན་རྣམ་པར་ དག་པ་ལས། །ཉེར་བསྐྲུན་ཆོས་དབྱིངས་མཁའ་རྒྱ་དང་མཉམ་པར། །ཀུན་བཟང་འཕྲུལ་ལ་ འགྲན་པའི་མཆོད་སྤྲིན་ཚོགས། །ཞེན་བྲལ་འཁོར་གསུམ་དག་པའི་ངང་ནས་འབུལ། །བདག་ སོགས་འགྲོ་བས་འཁོར་ཚེ་ཐོག་མེད་ནས། །ཀུན་ཉོན་དབང་གིས་སྡིག་ལྟུང་གང་བསགས་པ། །དེ་ཀུན་མགོན་གྱི་སྤྱན་སྔར་སྙིང་ནས་བཤགས། །ཉེས་སྒྲིབ་མཐའ་དག་བྱང་ཞིང་དག་མཛད་ གསོལ། །གང་གི་གསང་གསུམ་ཡོན་ཏན་ནམ་མཁའི་མཐའ། །དཔག་མེད་མཛད་པས་འགྲོ་ ཁམས་འདུལ་བ་དང༌། །གཞན་ཡང་རྣམ་དཀར་སྤྱོད་བཟང་གང་བགྱིད་པ། །དེ་དག་ཀུན་ལ་ དགའ་བས་རྗེས་ཡི་རང༌། །ཀུན་གཟིགས་བརྩེ་བ་ཆེན་པོའི་ཀློང་ཡངས་ནས། །རིགས་ཅན་ གསུམ་གྱི་གདུལ་བྱ་མཐའ་དག་ལ། །ཁམས་དབང་མོས་པ་མཐུན་པའི་ཆོས་ཀྱི་ཆར། །ནམ་ ཡང་འཛད་མེད་གངྒཱའི་ཀླུང་བཞིན་ཕོབ། །མགོན་ཁྱོད་ཆོས་དབྱིངས་དག་པའི་རོལ་པ་ལས། 9-1-157 །སྣ་ཚོགས་གཟུགས་སྐུའི་ཆོ་འཕྲུལ་མཐའ་ཡས་པ། །སྐྱེ་དགུའི་བསོད་ནམས་ཞིང་གི་དགའ་ སྟོན་དུ། །ནམ་ཡང་མི་བསྡུ་རེས་འཇོག་མེད་པར་སྟོན། །བེམ་ཆོས་ལས་འདས་རྣམ་ཀུན་ མཆོག་ལྡན་གཟུགས། །སྲིད་གསུམ་དྭངས་མའི་རྣམ་པ་ཐམས་ཅད་པར། །སྣང་སྟོང་ཡེ་ཤེས་ འཁོར་འདས་སྲོག་ཆེན་པོ། །གློ་བུར་དྲི་མའི་སྦུབས་ལས་མངོན་གྱུར་ཤོག །རིགས་ཀྱི་ཁྱབ་ བདག་འཁོར་ལོའི་དབང་ཕྱུག་རྗེའི། །གནས་བཞིའི་རྡོ་རྗེ་རྣམ་བཞིའི་ས་བོན་ལས། །མཚར་ སྡུག་དྲི་མ་མེད་པའི་འོད་ཕུང་ཚོགས། །དཀར་དམར་མཐིང་སེར་ཁ་དོག་གསལ་མཚེར་བ། །རབ་འཕྲོས་རང་གི་གནས་བཞིར་ཐིམ་པ་ཡིས། །དབང་བཞི་ཐོབ་པས་གནས་སྐབས་སྒྲིབ་ བཞི་དག །མཐར་ཐུག་སྐུ་བཞི་ཐོབ་རུང་ཁྱད་པར་བའི། །གནས་ལ་དབང་བར་བྱིན་གྱིས་ བརླབ་ཏུ་གསོལ། །དེ་ནས་སྐད་ཅིག་མདུན་མཁར་ལེགས་བཞུགས་པའི། །བླ་མ་འོད་ཕུང་ བདེ་བའི་རྣམ་པར་ཞུ། །རང་གི་སྤྱི་བོའི་གཙུག་ཏུ་རབ་ཐིམ་ནས། །ལུས་ངག་ཡིད་གསུམ་སྐུ་ གསུང་ཐུགས་སུ་གྱུར། །བདེ་གསལ་སྟོང་པའི་རང་མདངས་བླ་མའི་ཐུགས། །རང་རིག་སེམས་ ཀྱི་གཤིས་སུ་མངོན་བྱས་ཏེ། །ངོ་བོ་བརྗོད་བྲལ་མི་རྟོག་ཆོས་དབྱིངས་ངང༌། །མ་བཅོས་ལྷུན་ གྲུབ་རང་བཞིན་ལྷུག་པར་བཞག །དེ་ལྟར་ལེགས་བྱས་རྣམ་པར་དཀར་པའི་མཐུས། །མཁའ་ དང་མཉམ་པའི་སྐྱེ་འགྲོ་མཐའ་དག་གིས། །རང་རིག་བླ་མའི་རང་ཞལ་ལེགས་མཇལ་ནས། །རིང་མིན་ནང་དབྱིངས་ཆོས་སྐུ་མངོན་བྱེད་ཤོག །ཇི་སྲིད་དེ་མ་ཐོབ་པའི་ཚེ་རབས་སུ། །ཕ་ ཅིག་བླ་མའི་རླབས་ཆེན་ཕྲིན་ལས་ཀྱི། །ཐུགས་རྗེའི་འཇུག་པ་ནམ་ཡང་ལྷོ ད་མེད་པས། །འགྲོ་ ཁམས་རྒྱ་མཚོ་རྟག་ཏུ་སྐྱོངས་གྱུར་ཅིག །ཅེས་བླ་མའི་རྣལ་འབྱོར་མདོར་བསྡུས་བྱ་བའི་ཚུལ་བྱིན་རླབས་སྒོ་འབྱེད་ ཅེས་བྱ་བ་འདི་ཡང་རྔ་པའི་རྩི་ནང་དགོན་གྱི་གྲྭ་བཙུན་དཀོན་མཆོག་ཅེས་པས་ལྷ་རྫས་དར་བཟང་སོགས་ཀྱི་སྐྱེས་དང་བཅས་ཏེ་ རང་གི་རྩ་བའི་བླ་མའི་རྣལ་འབྱོར་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་བའི་གསུང་ངོ་མི་ལྡོག་ཙམ་དུ་སྙོམ་ལས་པ་རྨོངས་བན་མ་ཏི་ ཀིརྟི་ཞེས་པས་འཕྲལ་དུ་བྲིས་པ་དགེའོ།། །།སརྦ་མངྒ་ལཾ། 9-1-158 ༄༅། །སྐྱབས་རྗེ་ཀུན་དགའ་རྒྱ་མཚོའི་བླ་སྒྲུབ་བྱིན་རླབས་ མྱུར་འབེབས་དང་གསོལ་འདེབས་བཞུགས། ༄༅། །སྐྱབས་རྗེ་དམ་པ་མཆོག་ལ་གུས་པས་ཕྱག་འཚལ་ཏེ་གང་གི་བྱིན་རླབས་འབེབས་པའི་ཐབས་བླ་མ་སངས་རྒྱས་ ཀུན་དངོས་རྡོར་འཆང་དུ་བསྒྲུབས་ཏེ་རྣལ་འབྱོར་ཉམས་ལེན་གྱི་ཚུལ་ལ། སྦྱོར་དངོས་རྗེས་གསུམ་ལས། དང་པོ་སྦྱོར་བ་སྐྱབས་ སེམས་གཉིས་ལས། དང་པོ་སྐྱབས་འགྲོ་ནི། རྨད་བྱུང་རྒྱལ་བ་ཀུན་གྱི་ཡེ་གཞིའི་དབྱིངས། །ཕ་ཅིག་རྩ་ བའི་བླ་མའི་དགོངས་ཆེན་དུ། །རང་ངོ་ལེགས་ཤེས་ཐུགས་ཡིད་གཅིག་སྐྱབས་སུ། །མ་བཅོས་ རང་བབས་ངང་ནས་གུས་པས་བསྟེན། །ལན་གསུམ། གཉིས་པ་སེམས་བསྐྱེད་པ། གཤིས་ལུགས་གང་ འདི་ལ་རྨོངས་འགྲོ་བའི་ཁམས། །རང་ངོ་མ་ཟིན་ཀུན་ཉོན་དབང་སོང་སྟེ། །འཁོར་བའི་སྡུག་ བསྔལ་ཡོ་ལང་ཚབས་ཆེ་བ། །དེ་ཀུན་འཁྲུལ་བ་སངས་ཐབས་ལ་འབད་དོ། །ལན་གསུམ། གཉིས་པ་དངོས་གཞི་ལ། གནས་ལུགས། ཚོགས་བསགས། རྣལ་འབྱོར། བྱིན་འབེབས་བཞི་ལས། དང་པོ་གནས་ ལུགས་རང་གསལ་འདེབས་པ་ནི། འཁོར་འདས་སྲོག་གི་དྭངས་མ་སྙིང་པོའི་མགོན། །ངེས་པ་དོན་གྱི་ སྐུ་གསུམ་ལྷུན་རྫོགས་པ། །རང་མདངས་ཅི་རིགས་ལ་མངོན་གང་འདུལ་གར། །ཕྲིན་ལས་ ཁམས་དབང་དང་མཐུན་ཡ་མཚན་གནས། །དེ་ཕྱིར་སངས་རྒྱས་ཀུན་གྱི་ཆོས་སྐུ་ཆེ། །དུས་ དང་ལེགས་འཚམས་རང་རང་མོས་ངོ་ལྟར། །འགྲོ་བ་འདྲེན་པའི་མགོན་དུ་བསླུ་བ་མེད། །འདིར་ཡང་རང་ཅག་བསོད་ནམས་ཞིང་གི་ཕུལ། །དཔལ་ལྡན་བླ་མ་ཀུན་དགའ་རྒྱ་མཚོའི་ དཔལ། །སྐལ་བ་ལྡན་ཙམ་སྨིན་གྲོལ་མཛད་པའི་མགོན། །གང་གི་དག་སྣང་སྒྱུ་མའི་ཟློས་ གར་བསྒྱུར། །རང་གཟུགས་འོག་མིན་ཞིང་གཙོའི་སྐུར་བཞེངས་པ། །རིགས་ཀུན་ཁྱབ་བདག་ 9-1-159 རྡོ་རྗེ་འཆང་ཆེན་པོ། །ལོངས་སྤྱོད་རྫོགས་པའི་ཆས་ཀྱི་སྒྱུ་འཕྲུལ་ངོམ། །དེ་ཡང་དག་སྣང་མོས་ འདུན་ལེགས་སྦྱངས་པ། །གཟུགས་སྐུ་དབང་སྔོན་ཨིནྡྲ་ནཱི་ལའི་མདངས། །ངོ་མཚར་མཛེས་ སྡུག་མཚན་དཔེའི་དཔལ་འབར་བ། །མཁའ་ཁྱབ་སྐུ་མཆོག་འོད་བཟང་ཕུང་པོ་ཅན། །ཆོས་ ཉིད་ཞལ་གཅིག་ཐབས་ཤེས་ཕྱག་ཟུང་གིས། །མཚན་མ་དང་བཅས་ཞབས་གཉིས་མཐའ་ བྲལ་རྟགས། །མི་གཡོ་སྐྱིལ་ཀྲུང་དར་དང་རིན་ཆེན་རྒྱན། །ཡོངས་རྫོགས་བྱང་སེམས་སྐྱོན་ བྲལ་པད་ཟླར་བཞུགས། །གསང་བ་གསུམ་གྱི་ཡོན་ཏན་མཐའ་ཡས་ཤིང༌། །ཡི་དམ་རྒྱལ་བ་ རྒྱ་མཚོའི་སྤྲུལ་གཞིའི་བདག །གདོད་ནས་དམ་ཡེ་དབྱེར་མེད་སྙིང་པོའི་གཤིས། །ཀུན་ཁྱབ་ ཆོས་དབྱིངས་རྣམ་ཀུན་འཆར་རུང་བ། །གང་ལས་ཆོ་འཕྲུལ་སྒྱུ་མའི་རོལ་པ་འགྱེད། །ཕྱོགས་ མཚམས་ཀུན་ཏུ་རྩ་བརྒྱུད་བླ་མ་དང༌། །ཡི་དམ་མཆོག་གསུམ་མཁའ་འགྲོ་ཆོས་སྐྱོང་ཚོགས། །སྐྱབས་གནས་ཀུན་གྱི་རོལ་པ་མཆོག་ཏུ་རྩེན། །མ་འགགས་གཤིས་ལས་རང་གསལ་ཐབས་ ཚུལ་གྱིས། །གནས་ལུགས་རང་ངོ་ཟིན་པའི་ཐབས་སུ་བསྐྱེད། ། གཉིས་པ་ཚོགས་བསགས་ནི། རྒྱལ་བ་རྒྱ་མཚོའི་སྤྲོ་གཞི་སྙིང་པོའི་ཕུལ། །རྒྱུད་སྡེ་རྣམ་བཞིའི་ ཆོས་ཆར་ཁམས་དབང་བཞིན། །རང་རང་ལ་འོས་རྩོལ་མེད་ལྷུན་གྲུབ་པ། །བླ་མའི་ཐུགས་ བཟང་ཆོས་སྐུར་གུས་ཕྱག་འཚལ། །ཕྱི་ནང་གསང་བའི་མཚར་བཀོད་ཁྱད་པར་བ། །མཆོད་ ཡུལ་རྒྱ་མཚོའི་དགོངས་བཞེད་དེར་འཆར་ཞིང༌། །ཀུན་བཟང་འཕྲུལ་ལ་འགྲན་པའི་དཔལ་ ཡོན་གང༌། །བསོད་ནམས་བསགས་སྒོ་ཚོགས་ཆེན་ཡོངས་སུ་རྫོགས། །གནས་ལུགས་ལ་ རྨོངས་མི་ཤེས་དབང་གྱུར་པས། །ལེགས་ཉེས་ཇི་བཞིན་མི་དཔྱོད་ལོག་སྣང་གིས། །རྒྱུ་འབྲས་ ཕྱིན་ཅི་ལོག་ཏུ་སྤྱོད་གང་དག །སྙིང་ནས་གནོང་འགྱོད་དང་བཅས་མཐོང་སྡོམ་བགྱིད། །གང་ འདུལ་དབང་གིས་དེར་སྣང་ཕུན་སུམ་ཚོགས། །གདུལ་བྱའི་ཡིད་ཀྱི་རྗེས་འགྲོ་ཆོས་ཚུལ་ གནད། །དེར་མི་འཆུག་ཅིང་ཕན་ཐོགས་བསླུ་མེད་པ། །རྒྱ་ཆེར་སྤེལ་ལ་སྙིང་ནས་ཡི་རང་ 9-1-160 ངོ༌། །ཆོས་དབྱིངས་བདེ་ཆེན་ཁྱབ་བརྡལ་རང་བཞིན་ལས། །གནས་སྐབས་རྗེས་སུ་བཟུང་ བ་ལ་བརྟེན་ནས། །འབྲས་བུ་བྱང་ཆུབ་གནས་ཚུལ་སྣ་ཚོགས་པ། །ཁམས་དབང་དང་མཐུན་ ཆོས་འཁོར་བསྐོར་དུ་གསོལ། །ནམ་མཁའ་རབ་འབྱམས་ཞིང་དུ་སྐུ་གསུམ་གྱིས། །གདུལ་ ཞིང་གང་གྱུར་ཚོགས་ལ་དེར་མཐུན་པའི། །ཆོས་སྟོན་གཟུགས་སྐུ་གང་དང་འཚམས་པ་ཀུན། །ཡུན་རིང་མི་བསྡུ་འཚོ་བཞེས་རེ་འདོད་སྐོང༌། །རབ་དཀར་བསགས་སྒོས་མཁའ་ཁྱབ་འགྲོ་ བ་ཀུན། །གནས་ལུགས་བླ་མའི་ཆོས་སྐུ་མྱུར་མཇལ་ཏེ། །ཟུང་འཇུག་དང་པོའི་སངས་རྒྱས་ དགོངས་ཆེན་མངོན། །ལྷུན་གྲུབ་མཛད་བཟང་དུས་ཀུན་འགོག་མེད་ཤོག ། གསུམ་པ་རྣལ་འབྱོར་ནི། བཀའ་དྲིན་གསུམ་ལྡན་རྩ་བའི་བླ་མ་རྗེ། །རྒྱལ་ཀུན་ངོ་བོ་མཁྱེན་བརྩེ་ ནུས་གསུམ་མངའ། །ཀུན་དགའ་རྒྱ་མཚོ་གང་ལ་གསོལ་བ་འདེབས། །སེམས་རྒྱུད་སྨིན་ཅིང་ གྲོལ་བར་བྱིན་གྱིས་རློབས། །གསང་གསུམ་མཐུ་ནུས་རླབས་ཆེན་འབར་བ་ཡིས། །སྒོ་གསུམ་ ཡེ་ཤེས་དབྱིངས་སུ་རོ་མཉམ་པར། །ཐ་མལ་འདི་སྣང་སྟོང་གཟུགས་བདེ་ཆེན་དུ། །རབ་གྲོལ་ ཞི་བ་ཆེན་པོའི་གཤིས་མཐོང་སྟེ། །ཀུན་ནས་དགའ་ཆེན་དང་པོའི་སངས་རྒྱས་ཉིད། །སྣང་ སྟོང་ཟུང་འཇུག་ཡེ་བརྡལ་རྡོ་རྗེ་འཆང༌། །བདེན་གཉིས་རང་བཞིན་གློ་བུར་དྲི་མའི་ཚུལ། །ཀུན་ཁྱབ་སེམས་གཤིས་རང་གསལ་མཆོག་ཏུ་ཤོག །མཚན་སྔགས། ༀ་ཨཱཿབཛྲ་དྷཱ་ར་ཨ་ནནྟ་ས་ ག་ར་སིདྡྷི་ཕ་ལ་ཧཱུཾ། ཞེས་པ་ཐུགས་ཡིད་དབྱེར་མེད་ཀྱི་ངང་བསྐྱང་བཞིན་ཅི་ནུས་བཟླ་བར་བྱའོ། ། བཞི་པ་བྱིན་འབེབས་ནི། དཔལ་ལྡན་རིགས་ཀྱི་བདག་པོ་ཀུན་ཁྱབ་པ། །ཡེ་ཤེས་འཁོར་ལོ་ དགའ་ཆེན་རོལ་པའི་འཕྲུལ། །གསང་གསུམ་ཡོན་ཏན་ལྷ་ཚོགས་རབ་འབྱམས་སྤྲོ། །དཀྱིལ་ འཁོར་རྒྱ་མཚོའི་གཙོ་ལ་གུས་གསོལ་འདེབས། །རྩ་བའི་བླ་མ་གང་གིས་སྒྱུ་འཕྲུལ་གར། །ཁྱབ་བདག་རྡོ་རྗེ་འཆང་ཆེན་སྐུར་བཞེངས་པ། །གནས་བཞིར་རྡོ་རྗེ་རྣམ་བཞིའི་ས་བོན་ཅན། །ཡོངས་གསལ་འོད་ཟེར་དཀར་དམར་མཐིང་སེར་བཞི། །རིམ་སྤྲོས་རང་གི་གནས་བཞིར་ 9-1-161 ལེགས་ཐིམ་པས། །དབང་བཞི་ཐོབ་པས་གནས་སྐབས་སྒྲིབ་བཞི་སྦྱངས། །དགའ་བ་བཞི་ སྤེལ་མཐར་ཐུག་རྡོ་རྗེ་བཞི། །རིང་མིན་མངོན་པའི་ནུས་པ་མཆོག་ཐོབ་གྱུར། ། གསུམ་པ་རྗེས་ལ་བསྡུ་བསྔོ་བཀྲ་ཤིས་གསུམ་ལས། དང་པོ་བསྡུ་རིམ་ནི། བླ་མས་ཆོས་སྐུའི་དབྱིངས་ལས་ ཉེར་བཞེངས་པ། །རྡོར་འཆང་རྣམ་འཕྲུལ་བཀོད་ཆེན་གཤིས་ལུགས་སུ། །རྒྱལ་ཀུན་དགོངས་ ཀློང་གཅིག་པར་རོ་མཉམ་བསྡུ། །རང་གསལ་འཛིན་མེད་ངང་དུ་དར་ཅིག་བཞག །གཉིས་པ་ བསྔོ་བ། རབ་དཀར་བསོད་ནམས་མཆོག་གིས་མཁའ་མཉམ་འགྲོ །རང་རང་སྙིང་ནང་ལ་ བཞུགས་གདོད་མའི་སྐུ། །རིགས་བདག་བླ་མའི་དེ་ཉིད་མྱུར་མངོན་ནས། །མཐར་ཐུག་རྣམ་ གྲོལ་མཆོག་ལ་རྟག་གཞོལ་ཤོག །གསུམ་པ་བཀྲ་ཤིས། དཔལ་ལྡན་རིགས་ཀུན་ཁྱབ་བདག་ འཁོར་ལོའི་མགོན། །རྒྱུད་སྡེ་རྒྱ་མཚོའི་དཔལ་ཡོན་ཕུན་སུམ་ཚོགས། །གང་འདུལ་རེ་སྐོང་ ཡིད་བཞིན་དབང་གི་རྒྱལ། །ཕྲིན་ལས་དགེ་མཚན་སྣང་བས་སྐྱོང་གྱུར་ཅིག །ཅེས་སྐྱབས་རྗེ་ཀུན་ དགའ་རྒྱ་མཚོའི་བླ་སྒྲུབ་རྣལ་འབྱོར་ཉམས་ལེན་གྱི་ཚུལ་བྱིན་རླབས་མྱུར་འབེབས་ཞེས་བྱ་བ་འདི་ཡང་གང་སློབ་ཤེས་རབ་རྒྱལ་ མཚན་དང་ཚེ་རིང་བཀྲ་ཤིས་ཟུང་གིས་སྐུ་གསུང་རྟེན་དང་རིན་ཆེན་དང་པོ་ཟབ་གོས་ཀྱི་སྐྱེས་བཅས་བསྐུལ་མ་ཆེད་གཉེར་མཛད་ པ་ལྟར། མ་ཏིས་སྦྱར་བ་དགེ་བར་གྱུར་ཅིག་གུ། ༈ དུས་གསུམ་སངས་རྒྱས་ཀུན་དངོས་བླ་མ་རྗེ། །གང་འདུལ་ཆོས་སྒོ་གནང་བའི་འདྲེན་ པ་མཆོག །གསང་གསུམ་སྒོ་གསུམ་དབྱེར་མེད་བྱིན་རླབས་ཕོབ། །སྙིང་ནས་གསོལ་བ་ འདེབས་སོ་ཐུགས་རྗེས་གཟིགས། །དཔལ་ལྡན་བླ་མ་བདག་ཅག་མགོན་གཅིག་པུ། །འདི་ དང་ཕྱི་མར་ནམ་ཡང་འབྲལ་མེད་པར། །གསུང་གི་བདུད་རྩིས་རྟག་པར་ཚིམ་མཛད་ནས། །ཆོས་བློ་སྣང་བས་དོན་གཉིས་མཆོག་འགྲུབ་ཤོག །འདི་ཡང་ཤེས་རབ་རྒྱལ་མཚན་ཚེ་རིང་བཀྲ་ཤིས་ཟུང་ ལ་གསོལ་སྨོན་དུ། མ་ཏིས་སྨྲས་སོ།། །། 9-1-162 ༄༅། །སྐྱབས་རྗེ་ཀུན་དགའ་རྒྱ་མཚོའི་སྐྱེ་ཕྲེང་ གསོལ་འདེབས་བཞུགས། ༄༅། །གསང་སྔགས་སློབ་དཔོན་བརྟུལ་ཞུགས་མཆོག་གྲུབ་པ། །པད་འབྱུང་སྤྲུལ་སྐུའི་ ཐུགས་སྲས་བདུད་འདུལ་མཆོག །ལྷ་ལུང་དཔལ་གྱི་རྡོ་རྗེའི་མཚན་འཆང་བ། །རྗེ་འབངས་ གྲལ་བཞུགས་དཔའ་བོ་འཇིགས་མེད་དབང༌། །གང་གི་རྣམ་འཕྲུལ་སྤྱི་དང་ཁྱད་པར་དུ། །རྙིང་ཕྱོགས་བཀའ་གཏེར་ཕྱོགས་ཀྱི་སློབ་དཔོན་དང༌། །སྤྲུལ་པའི་གཏེར་ཆེན་སྣ་ཚོགས་ གྲངས་མང་བ། །ཡང་སྒོས་ཇོ་ནང་རྗེ་བཙུན་སྒྲོལ་བའི་མགོན། །དེ་ཡི་སྐུ་ཕྲེང་སྔ་ཕྱིར་བྱོན་ གང་དག །རྣམས་ལས་མདོ་སྨད་ངེས་དོན་རྩ་ལག་ཆེ། །དཔལ་ལྡན་རྣམ་སྣང་རྡོ་རྗེ་ཆོས་ཀྱི་ མཛོད། །སྒྲུབ་བླ་རྣལ་འབྱོར་ཀརྨ་ཀུན་དགའི་མཚན། །དུས་མཐར་ཆོས་སྣང་སྤྲོ་མཛད་དགེ་ བའི་བཤེས། །ཀུན་དགའ་རྒྱ་མཚོ་སྐྱབས་མཆོག་བླ་མ་རྗེ། །དེ་དག་ཀུན་ལ་གུས་པས་གསོལ་ བ་འདེབས། །བདག་རྒྱུད་ཐོག་མར་དབང་གི་སྨིན་བྱས་ཤིང༌། །བར་དུ་རིམ་གཉིས་ལམ་གྱི་ མངོན་རྟོགས་འཁྲུངས། །ཐ་མར་རྣལ་འབྱོར་རིམ་པས་གོང་འཕེལ་ཏེ། །དོན་གཉིས་ཕུན་ ཚོགས་དཔལ་གྱི་རྩེར་སོན་ཅིང༌། །ཟུང་འཇུག་རྡོ་རྗེ་འཆང་དབང་མྱུར་ཐོབ་ཤོག །ཅེས་པ་སྐྱབས་ རྗེ་ཀུན་དགའ་རྒྱ་མཚོའི་སྐྱེ་ཕྲེང་གསོལ་འདེབས་འདི་ཡང་སློབ་བུ་ཤེས་རབ་རྒྱལ་མཚན་ཚེ་རིང་བཀྲ་ཤིས་གཉིས་ཀྱིས་རིན་ཆེན་ གཉིས་པའི་སྐྱེས་བཅས་བསྐུལ་ངོར། མ་ཏིས་སོ།། །། 9-1-163 ༄༅། །བླ་མ་རིན་ཆེན་དར་རྒྱས་ཀྱི་བླ་སྒྲུབ་ཟབ་མོ་བྱིན་རླབས་ འབེབས་པའི་ཐབས་མཆོག་དང་ གསོལ་འདེབས་བཞུགས། ༄༅། །བླ་མ་མཆོག་ལ་ཕྱག་འཚལ་ལོ། །འདིར་བླ་སྒྲུབ་ཟབ་མོས་བྱིན་རླབས་འབེབས་པའི་ཐབས་ལ་འདི་ལྟར་སྟེ། ཐོག་ མར་སྐྱབས་སེམས་ནི། སངས་རྒྱས་ཀུན་དངོས་གསང་གསུམ་མཛད་ཆེན་པོ། །བླ་མ་མཆོག་ལ་གུས་ པས་སྐྱབས་སུ་མཆི། །འགྲོ་ཀུན་དོན་དུ་བླ་མེད་མཆོག་སྒྲུབ་ཕྱིར། །ཟབ་ལམ་བླ་སྒྲུབ་རྣལ་ འབྱོར་ལ་འཇུག་གོ །ལན་གསུམ། དྲི་བྲལ་ཀུན་ཁྱབ་ཐུགས་རྗེའི་རང་རྩལ་ལས། །མ་འགགས་ ཆོ་འཕྲུལ་བཀོད་པ་ངོ་མཚར་བ། །མཁའ་དབྱིངས་འཇའ་ཟེར་སྦུབས་ན་སེང་ཁྲི འི་སྟེང༌། །གདན་གསུམ་བརྩེགས་པར་སྙིང་རྗེའི་རང་གཟུགས་མཆོག །འཕགས་མཆོག་པད་དཀར་ འཛིན་པའི་སྒྱུ་མའི་འཕྲུལ། །མཚུངས་མེད་དགེ་བའི་བཤེས་གཉེན་ཐུགས་རྗེ་ཅན། །རི༵ན་ ཆེ༵ན་ད༵ར་ཞི༵ང་རྒྱས་པའི་མཚན་འཆང་བ། །སྐུ་མདོག་དཀར་ལ་དམར་བའི་གཟི་མདངས་ འབར། །ཞལ་གཅིག་ཕྱག་གཉིས་ཞབས་ཟུང་སྐྱིལ་ཀྲུང་བཞུགས། །ཕྱག་གཡས་ཐུགས་ ཀར་ཆོས་འཆད་ཕྱག་རྒྱ་དང༌། །གཡོན་པར་མཉམ་བཞག་དབུས་ན་ཆོས་འཁོར་བསྣམས། །དབུ་ལ་པད་ཞྭ་ཞལ་རས་འཛུམ་བག་ཅན། །མཛེས་སྐུ་ངུར་སྨྲིག་ན་བཟས་ཉེ་བར་བཀླུབས། །དྲི་མེད་ཡེ་ཤེས་སྐུ་ཡི་ལང་ཚོ་ངོམ། །ཟག་མེད་ཏིང་འཛིན་འབུམ་གྱི་ཉམས་བཟང་འབར། །དམིགས་མེད་སྙིང་རྗེ་མཆོག་གིས་འགྲོ་ལ་གཟིགས། །མཐའ་མེད་ཕྱོགས་མཚམས་ཀུན་ 9-1-164 ཏུ་འོད་ཟེར་སྤྲོ། །གསང་གསུམ་མཛད་པ་ནམ་མཁའི་མཐའ་དང་མཉམ། །ཕྱོགས་མཚམས་ བླ་མ་ཡི་དམ་སངས་རྒྱས་དང༌། །བྱང་སེམས་ཉན་རང་མཁའ་འགྲོ་ཆོས་སྐྱོང་ཚོགས། །བར་ མཚམས་མེད་པར་མཁའ་དབྱིངས་ཀུན་ཏུ་ཁྱབ། །དེ་ཀུན་བླ་མའི་གསང་གསུམ་ཆོ་འཕྲུལ་ ཏེ། །གང་གི་གནས་བཞིར་རྡོ་རྗེ་འབྲུ་བཞིས་མཚན། །རྨད་བྱུང་བྱང་ཆུབ་སེམས་མཆོག་རིན་ ཆེན་དབྱིག །དཔག་ཡས་བསོད་ནམས་དར་བའི་དཔལ་ཡོན་གྱིས། །གདུལ་བྱའི་ཕན་བདེ་ ཀུན་ནས་རྒྱས་མཛད་པ། །རྣམ་མང་འགྲོ་བའི་འདྲེན་པ་ལ་ཕྱག་འཚལ། །ལུས་དང་ལོངས་ སྤྱོད་དགེ་ཚོགས་གང་ཡོད་འབུལ། །ཐོག་མེད་ནས་བསགས་ཉེས་ལྟུང་མཐའ་དག་བཤགས། །རང་གཞན་དགེ་བ་ཀུན་ལ་རྗེས་ཡི་རང༌། །ཟབ་རྒྱས་ཆོས་འཁོར་འགྲོ་ལ་རྟག་པར་སྐོར། །གཟུགས་སྐུ་མྱ་ངན་མི་འདའ་གསོལ་བ་འདེབས། །དགེ་འདིས་བླ་མ་མཆོག་དང་དབྱེར་མེད་ ཤོག །དཔལ་ལྡན་གང་ཐུགས་ཀུན་བཟང་བདེ་ཆེན་དབྱིངས། །འཁོར་འདས་ཀུན་ཁྱབ་ གདོད་མ་ཆོས་སྐུའི་ངང༌། །རང་རིག་དབྱེར་མེད་མ་བཅོས་ལྷུན་གྲུབ་ཏུ། །བརྗོད་བྲལ་སོ་ མའི་རང་གདངས་ཇི་བཞིན་བསྐྱངས། །དར་ཅིག་ལ་མཉམ་པར་བཞག་མཐར། འཕགས་མཆོག་འཇིག་ རྟེན་དབང་ཕྱུག་དང་ངོ་བོ་རྣམ་དབྱེར་མི་མངའ་ཞིང་རྣམ་པ་ངུར་སྨྲིག་དགེ་བའི་བཤེས་སུ་ མངོན་པར་སྤྲུལ་པའི་སྐྱབས་མགོན་དཔལ་ལྡན་བླ་མ་གང་གི་དཔྲལ་བའི་ༀ་ཡིག་ལས་འོད་ ཟེར་དཀར་པོ་བྱུང་བ་རང་གི་དཔྲལ་བར་ཐིམ་པས་བུམ་དབང་ཁྱད་པར་བ་ཐོབ་ཅིང་ཐོག་ མེད་ནས་ལུས་ཀྱིས་སྒོ་ནས་བསགས་པའི་སྡིག་ལྟུང་མ་ལུས་པ་བྱང་ཞིང་དག་པར་གྱུར་པར་ བསམ་བཞིན། མཚན་སྔགས་བཟླ་བ་སྟེ། དེ་ཡང༌། ༀ་ཨཱཿརཏྣ་པྲ་པུཥྚ་ཤྲཱི་བྷ་དྲ་སིདྡྷི་ཕ་ལ་ཧཱུཾ། ཞེས་པ་ཅི་ ནུས་བཟླ། ཡང་བླ་མའི་མགྲིན་པའི་ཨཱཿཡིག་ལས་འོད་ཟེར་དམར་པོ་བྱུང་བ་རང་གི་མགྲིན་པར་ ཐིམ་པས་གསང་དབང་ཁྱད་པར་བ་ཐོབ། ཐོག་མེད་ནས་ངག་གི་སྒོ་ནས་བསགས་བའི་སྡིག་ ལྟུང་མ་ལུས་པ་བྱང་ཞིང་དག་པར་བསམ་བཞིན། མཚན་སྔགས་གོང་བཞིན་བཟླ། ཡང་བླ་མའི་ཐུགས་ 9-1-165 ཀའི་ཧཱུཾ་ཡིག་ལས་འོད་ཟེར་མཐིང་ཁ་བྱུང་བ་རང་གི་སྙིང་ཁར་ཐིམ་པས་ཤེར་དབང་ཁྱད་པར་ བ་ཐོབ། ཐོག་མེད་ནས་ཡིད་ཀྱི་སྒོ་ནས་བསགས་པའི་སྡིག་ལྟུང་མ་ལུས་པ་བྱང་ཞིང་དག་པར་ བསམ་བཞིན། མཚན་སྔགས་བཟླ། ཡང་བླ་མའི་ལྟེ་བའི་ཧོཿཡིག་ལས་འོད་ཟེར་སེར་པོ་བྱུང་བ་ རང་གི་ལྟེ་བར་ཐིམ་པས་བཞི་དབང་ཁྱད་པར་བ་ཐོབ། ཐོག་མེད་ནས་བསགས་པའི་ཆགས་ རྟོག་བག་ཆགས་དང་བཅས་པ་བྱང་ཞིང་དག་པར་བསམ་བཞིན། མཚན་སྔགས་བཟླས་སོ། །ཐུགས་ རྗེའི་དབང་ཕྱུག་རྗེ་བཙུན་སྙིང་རྗེའི་གཏེར། །འཕགས་མཆོག་གང་དང་དབྱེར་མེད་བླ་མ་རྗེ། །མཐའ་ཡས་གདུལ་བྱའི་སྐྱབས་གྱུར་འགྲོ་བའི་མགོན། །ཉིད་ལ་གསོལ་འདེབས་བདག་ སོགས་བྱིན་གྱིས་རློབས། །ཞེས་པའང་ཅི་ནུས་སུ་འདོན། སྐྱབས་མགོན་འགྲོ་བའི་དཔལ་གྱུར་འདྲེན་ པ་མཆོག །ཁྱེད་ཀྱི་གསུང་གསུམ་ཡོན་ཏན་ནམ་མཁའི་མཐའ། །ཆོས་སྐུ་སྤྲོས་བྲལ་གདོད་ ནས་གཞི་དབྱིངས་སུ། །བདག་གི་སྒོ་གསུམ་དབྱེར་མེད་ཉིད་དུ་མཛོད། །ཁྱབ་བདག་བླ་མའི་ ཆོ་འཕྲུལ་རོལ་བ་བསྡུ། །གང་ཉིད་མི་ཤིགས་ཐིག་ལེའི་ཀློང་དུ་ཐིམ། །མི་ཕྱེད་བྱིན་རླབས་ བརྟན་པའི་དགའ་སྟོན་གྱིས། །བདག་ལ་ཡེ་ཤེས་སྣང་བ་མངོན་གྱུར་ཅིག །འདིར་འབད་དགེ་ བའི་དངོས་པོ་གང་བསགས་དེས། །རིང་མིན་བདག་ལ་བླ་མའི་བྱིན་རླབས་འཇུག །རང་རིག་ དོན་གྱིས་ཡེ་ཤེས་མངོན་གྱུར་ཏེ། །ཆོས་སྐུ་མཆོག་གི་དགོངས་པར་དབྱེར་མེད་ཤོག །ཅེས་བླ་ སྒྲུབ་ཟབ་མོ་བྱིན་རླབས་འབེབས་པའི་ཐབས་མཆོག་ཅེས་བྱ་བ་འདི་ཡང་བླ་མ་དམ་པ་ལ་མོས་གུས་དང་ལྡན་པ་ཕྱག་འཚལ་བླ་མ་ རིན་ཆེན་བསོད་ནམས་ཞེས་བྱ་བའི་མོས་འདུན་བཞིན། མ་ཏིས་ཤར་མར་སྤེལ་བ་ཛ་ཡནྟུ།། །། དགེའོ།། ༈ འཕགས་མཆོག་སྤྱན་རས་གཟིགས་དབང་བྱིན་རླབས་པ། །རྣམ་མང་འགྲོ་བ་འདྲེན་ པའི་དེད་དཔོན་མཆོག །རི༵ན་ཆེ༵ན་ད༵ར་རྒྱ༵ས་རྗེ་ལ་གསོལ་བ་འདེབས། །མི་འབྲལ་རྟག་པར་ བདག་སོགས་སྐྱབས་དུ་གསོལ། །འདི་ཡང་ཀུན་བཟང་དཔལ་ལ་མཁོ་ནས་མ་ཏིས་སོ།། །། ༈ བསླུ་མེད་དཀོ༵ན་མཆོ༵ག་རིན་ཆེན་གསུམ་གྱི་བདག །གསང་ཆེན་བསྟན་པ་ད༵ར་ཞིང་ 9-1-166 རྒྱ༵ས་པའི་གཉེན། །མཚུངས་བྲལ་དགེ་བའི་བཤེས་གཉེན་བཀའ་དྲིན་ཅན། །རྩ་བའི་བླ་མ་མཆོག་ ལ་གསོལ་བ་འདེབས། །ཞེས་པའི་གསོལ་འདེབས་འདི་ཡང་ངག་དབང་ལ་མཁོ་ནས། མ་ཏིས་སོ།། །། 9-1-167 ༄༅། །བླ་མ་ངག་དཔལ་གྱི་བླ་མའི་རྣལ་འབྱོར་ མདོར་བསྡུས་བཞུགས། ༄༅། །འདིར་བླ་མ་ངག་དཔལ་གྱི་བླ་མའི་རྣལ་འབྱོར་མདོར་བསྡུས་བྱ་ཐབས་ནི། ན་མོ། སངས་རྒྱས་ཀུན་ དངོས་བླ་མ་ལ། །སྒོ་གསུམ་གུས་པས་སྐྱབས་སུ་མཆི། །འགྲོ་ཀུན་སྡུག་བསྔལ་བསལ་བའི་ སླད། །བླ་མའི་རྣལ་འབྱོར་བསྒོམ་པར་བྱ། ལན་གསུམ། རང་མདུན་མཁའ་དབྱིངས་འཇའ་ཟེར་ སྦུབས། །པད་ཟླའི་གདན་ལ་བླ་མ་མཆོག །སངས་རྒྱས་ཀུན་དངོས་བཀའ་དྲིན་ཅན། །རྩ་བའི་ བླ་མ་ཆོས་ཀྱི་རྗེ། །ངག༵་དཔ༵ལ་བཟང་པོ་ཐུགས་རྗེའི་གཏེར། །སྐུ་མདོག་དཀར་ལ་དམར་ མདངས་ཅན། །ཞབས་ཟུང་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །ཕྱག་གཉིས་ཆོས་འཆད་ཕྱག་རྒྱ་ བཅས། །སྐུ་ལ་ཆོས་གོས་རྣམ་གསུམ་གསོལ། །དགེ་སློང་རྡོ་རྗེ་འཛིན་པའི་ཚུལ། །འོད་ཟེར་ ཕུང་པོའི་དབུས་ན་བཞུགས། །གནས་བཞིར་འབྲུ་བཞིས་མཚན་པར་གྱུར། །བླ་མ་མཆོག་ལ་ གུས་ཕྱག་འཚལ། །མཆོད་པ་ཀུན་འབུལ་སྡིག་ལྟུང་བཤགས། །དགེ་ལ་ཡི་རང་ཆོས་འཁོར་ སྐོར། །མྱ་ངན་མི་འདའ་བཞུགས་གསོལ་འདེབས། །བདག་གཞན་བྱང་ཆུབ་མྱུར་ཐོབ་ཤོག ། སྐྱབས་གནས་ཐམས་ཅད་འདུས་པའི་བདག །རྩ་བའི་བླ་མར་གསོལ་བ་འདེབས། །སྒོ་ གསུམ་སྐུ་གསུང་ཐུགས་ཉིད་དུ། །དབྱེར་མེད་རོ་མཉམ་ཆེན་པོར་མཛོད། །གསོལ་འདེབས་ཚིགས་ བཞི་འདི་ཅི་ནུས་འདོན་མཐར། བླ་མའི་གནས་བཞིའི་ཡི་གེ་ལས། །འོད་ཟེར་དཀར་དམར་མཐིང་ སེར་འཕྲོས། །བདག་གི་གནས་བཞིར་རབ་ཐིམ་པས། །སྒྲིབ་དག་དབང་བཞི་ཡོངས་རྫོགས་ གྱུར། །བླ་མ་རང་སེམས་དབྱེར་མེད་ངང༌། །དགེ་རྩ་བྱང་ཆུབ་ཆེན་པོར་བསྔོ། །འདིས་ནི་རིང་ 9-1-168 མིན་བདག་སོགས་འགྲོ །བླ་མའི་དགོངས་ཆེན་སྤྱོད་གྱུར་ཅིག །འདི་ཡང་ཚུལ་ཁྲི མས་རྒྱ་མཚོ་ལ་མཁོ་ ནས་མ་ཏིས་སོ།། །། 9-1-169 ༄༅། །བླ་མའི་རྣལ་འབྱོར་དང་འབྲེལ་བའི་སྒོམ་སྒྲུབ་བྱེད་ཐབས་ བྱིན་རླབས་མཆོག་སྩོལ་ཞེས་བྱ་བ་ བཞུགས་སོ། ། ༄༅། །བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ནས་འདིར་བླ་མའི་རྣལ་འབྱོར་དང་འབྲེལ་བའི་སྒོམ་སྒྲུབ་བྱེད་པར་ སྤྲོ་ན། འདི་ལྟ་སྟེ། གང་ཞིག་འགྲོ་བ་མ་ལུས་པ་ཡི་སྐྱབས། །སྲིད་ཞིའི་འཇིགས་ཀུན་སེལ་བའི་ ཐུགས་རྗེ་ཅན། །དཔལ་ལྡན་བླ་མ་སངས་རྒྱས་ཀུན་འདུས་དངོས། །དེང་ནས་བྱང་ཆུབ་བར་ དུ་སྐྱབས་སུ་བསྟེན། །མཁའ་དང་མཉམ་པའི་འགྲོ་བ་གང་དག་གི །ཡང་དག་དོན་ཆེན་སྒྲུབ་ པར་བྱ་བའི་ཕྱིར། །ཐོག་མར་བདག་གིས་བླ་མེད་གོ་འཕང་ཆེད། །ཟབ་ལམ་བླ་མའི་རྣལ་ འབྱོར་བསྒོམ་པར་བྱ། །སྐད་ཅིག་རང་མདུན་ནམ་མཁར་འཇའ་ཟེར་སྦུབས། །སེང་ཁྲི་པདྨ་ ཟླ་བའི་གདན་གྱི་སྟེང༌། །རང་ལ་སངས་རྒྱས་ལས་ལྷག་བཀའ་དྲིན་ཅན། །སྐྱབས་མཆོག་བླ་ མ་ང༵ག་དབང་དཔ༵ལ་ལྡན་རྗེ། །འོད་གསལ་སྒྱུ་མའི་སྐུ་བཟང་ལྷམ་མེ་བ། །མཛེས་གཟུགས་ དཀར་ལ་དམར་བའི་མདོག་བཟང་འཆང༌། །ཟག་མེད་ཏིང་འཛིན་འབུམ་གྱི་ཉམས་འབར་ ཞིང༌། །འགྱུར་མེད་བདེ་བའི་ཤ་ཚུགས་རབ་རྒྱས་པ། །ཡིད་འོང་གཞོན་པའི་ལང་ཚོ་ཀུན་ ནས་རྫོགས། །མཛེས་སྐུ་འགྱིང་བརྗིད་ཞབས་ཟུང་སྐྱིལ་ཀྲུང་བཞུགས། །ཕྱག་གཉིས་ཐབས་ ཤེས་རྟགས་མཚན་རྡོར་དྲིལ་བཅས། །ཐུགས་ཀའི་དབུས་སུ་ཆོས་འཆད་ཕྱག་རྒྱ་མཛད། །ཤ་ འགག་དང་བཅས་རྣམ་གསུམ་གོས་ཀྱིས་བཀླུབས། །ངོ་མཚར་འོད་ཀྱི་ཕུང་པོ་ཕྱོགས་བརྒྱར་ 9-1-170 འགྱེད། །གང་གི་གཟུགས་སྐུའི་བཀོད་པ་འབྱམས་ཀླས་པ། །ཕྱོགས་མཚམས་ཀུན་ཏུ་རྩ་རྒྱུད་ བླ་མ་དང༌། །ཡི་དམ་ལྷ་ཚོགས་སངས་རྒྱས་བྱང་སེམས་དང༌། །མཁའ་འགྲོ་ཆོས་སྐྱོང་སྲུང་ མའི་ཚོགས་དང་བཅས། །རང་རང་འཁོར་དང་ཆོ་འཕྲུལ་འཛད་མེད་པ། །མཁའ་ལ་སྐར་ ཚོགས་བཀྲམ་པ་ལྟ་བུར་བཞུགས། །དེ་ཀུན་རྗེ་བཙུན་བླ་མའི་རྣམ་འཕྲུལ་སྟེ། །ངོ་མཚར་ བཀོད་པ་སྟོན་པའི་རིགས་ཀྱི་བདག །འཁོར་ལོའི་དབང་ཕྱུག་མཆོག་གི་གནས་བཞི་རུ། །རྡོ་ རྗེ་བཞི་ཡི་ས་བོན་ཡི་གེའི་གཟུགས། །སྣང་ལ་རང་བཞིན་མེད་པའི་ཚུལ་དུ་བཀོད། གཞོམ་ བྲལ་སྟོང་གཟུགས་རྡོ་རྗེའི་རང་བཞིན་སྐུ། །འགགས་མེད་ནཱ་དའི་སྒྲ་དབྱངས་གསལ་བའི་ གསུང༌། །མི་རྟོག་ཐུགས་ཀྱི་རྡོ་རྗེ་མཆོག་མངའ་བ། །གསུམ་ལྡན་རྡོ་རྗེ་འཛིན་ལ་མགོས་ཕྱག་ འཚལ། །སྲིད་ན་ལེགས་ཚོགས་ཡིད་འོང་ཇི་སྙེ ད་དང༌། །བླ་མའི་བཀའ་བཞིན་གནས་ལུགས་ དོན་བསྒོམ་པས། གསང་ཆེན་ཉམས་སྤེལ་སྒྲུབ་པའི་མཆོད་པ་འདི། །རྗེ་བཙུན་དཔལ་ལྡན་བླ་ མ་མཉེས་ཕྱིར་འབུལ། །ཐོག་མ་མེད་ནས་ཀུན་རྨོངས་བདག་འཛིན་གྱི། །དབང་གིས་ཆགས་ སྡང་ལ་སོགས་སྡིག་ལས་ལ། །ཆེར་གཞོལ་ཉེས་ལྟུང་སྒྲིབ་པས་གང་གོས་པ། དེ་ཀུན་མགོན་ གྱི་སྤྱན་སྔར་འཆགས་ཤིང་སྡོམ། །མགོན་པོ་གང་གི་གསང་གསུམ་མཛད་པ་ཡི། །དག་དང་མ་ དག་ཞིང་གི་གདུལ་བྱ་ལ། །སྨིན་གྲོལ་ལམ་གྱི་དགའ་སྟོན་ལེགས་འཇོ་བ། །བསོད་ནམས་བྱ་ བའི་ལས་ལ་རྗེས་ཡི་རང༌། །གང་འདུལ་འགྲོ་ལ་ཁམས་དབང་དང་མཐུན་པའི། །སྣ་ཚོགས་ བསམ་པའི་རྗེས་འགྲོ་ཆོས་ཀྱི་སྒོ། །ལུས་ཅན་ཡོངས་ཀྱི་སྙིང་གི་བདུད་རྩིའི་བཅུད། །ཟབ་རྒྱས་ ཐང་མར་བརྡལ་བའི་སྒོ་འབྱེད་མཛོད། །ཆོས་ཀྱི་སྐུ་ལ་སྐྱེ་འཇིག་མི་མངའ་ཡང༌། །གཟུགས་ སྐུ་མཚན་དཔེའི་འོད་སྣང་སྟོང་འབར་བ། །སྐལ་བཟང་སྐྱེ་དགུའི་བསོད་ནམས་ཞིང་མཆོག་ ཏུ། །ནམ་ཡང་རེས་འཇོག་དང་བྲལ་རྟག་བཞུགས་གསོལ། །རབ་དཀར་གང་དེས་སྐྱབས་ མཆོག་ཆོས་ཀྱི་རྗེ། །མི་འབྲལ་ཡིད་ཀྱི་ཁམས་སུ་ལེགས་གནས་ཏེ། །རང་རིག་བླ་མའི་རང་ 9-1-171 ཞལ་མངོན་བྱས་ནས། །གདོད་མ་ཆོས་སྐུའི་རང་ངོ་འཕྲོད་པར་ཤོག །ཀུན་གཟིགས་མཁྱེན་ པ་བཟང་པོའི་ཐུགས་ལྡན་པ། །གང་གི་དགོངས་ཀློང་ཆོས་དབྱིངས་དག་པའི་ཁམས། །རང་ རིག་གཉིས་མེད་རྩ་བྲལ་ལྷུག་པའི་ངང༌། །མ་བཅོས་རང་བཞག་བྱས་ལ་མཚན་སྔགས་བཟླ། །དེ་ནས་མཚན་སྔགས། ༀ་ཨཱཿགུ་རུ་བཛྲ་ངྷ་ར་ཝཀྐིནྡྲ་ཤྲཱི་བྷ་དྲ་ཧཱུཾ། ཞེས་པ་ཅི་ནུས་བཟླ་བཞིན་བླ་མའི་ཐུགས་དང་ རང་སེམས་དབྱེར་མེད་ཀྱི་ངང་ནས་མཉམ་པར་འཇོག་གོ །དེ་ནས་དབང་བཞི་བླངས་པ། དཔལ་ལྡན་བླ་མ་སྐུ་བཞིའི་ དབང་ཕྱུག་ཆེ། །གང་གི་གནས་བཞིའི་ཡི་གེ་འབྲུ་བཞི་ལས། །འོད་ཟེར་དཀར་དམར་མཐིང་ སེར་རབ་འཕྲོས་པས། །རང་གི་གནས་བཞིར་ཐིམ་པས་སྒྲིབ་བཞི་དག །དབང་བཞི་ཐོབ་ ཅིང་སྐུ་བཞིའི་ས་བོན་ཐེབས། །རིམ་གཉིས་ལམ་གྱི་མངོན་རྟོགས་གསར་བའི་ཁམས། །ཟུང་ འཇུག་ཡེ་ཤེས་དགའ་སྟོན་བཞད་པའི་དཔལ། །གཞི་རྒྱུད་དག་པའི་ངོ་བོར་ཡོངས་སྨིན་བྱས། །སོ་སོར་རང་རིག་ནང་དབྱིངས་ཆོས་ཀྱི་སྐུ། །འོད་གསལ་ཕྱག་རྒྱ་ཆེན་པོ་རྟག་པའི་བདག །དོན་དམ་ཆོས་ཉིད་ཇི་བཞིན་འཆར་བའི་མཐུ། །ཡོངས་རྫོགས་སེམས་རྩལ་དག་པའི་གཞི་རུ་ བསྒྱུར། །དཔལ་ལྡན་ཡེ་ཤེས་འཕྲུལ་གྱི་བཀོད་པ་བསྡུ། །མཁའ་དབྱིངས་གང་བཞུགས་གང་ དག་བླ་མར་ཐིམ། །བླ་མ་དེ་ཉིད་འོད་ཕུང་རང་བཞིན་ཞུ། །རང་སེམས་བླ་མའི་ཐུགས་དང་ དབྱེར་མེད་གྱུར། །དགེ་བ་གང་དེས་མ་གྱུར་འགྲོ་བ་ཀུན། །འཇིགས་ཆེན་འཁོར་བའི་མཚོ་ ལས་སྒྲོལ་སླད་དུ། །སྐྱབས་མགོན་རྗེ་བཙུན་བསྒྲུབ་པའི་ཐབས་མཁས་ཀྱིས། །མཐར་ཐུག་བླ་ མའི་གོ་འཕང་མངོན་བྱེད་ཤོག །སྐྱེ་ཀུན་བླ་མ་རིགས་ཀྱི་ཅོད་པན་འཆང༌། །གསང་སྔགས་ རྒྱལ་པོ་རྟག་ཏུ་བཟླ་བགྱིད་ཅིང༌། །བདེ་སྟོང་ཟུང་འཇུག་སྒོམ་པའི་ནན་ཏན་གྱིས། །སྐུ་བཞིའི་ རྒྱལ་ས་མྱུར་དུ་ཟིན་གྱུར་ཅིག །ཇི་སྲིད་དེ་མ་ཐོབ་པའི་གནས་སྐབས་སུ། །དཔལ་ལྡན་བླ་ མའི་རླབས་ཆེན་མཛད་ཕྲིན་གྱིས། །ནམ་ཡང་གཡེལ་བ་མེད་པར་ལེགས་བསྐྱངས་ཏེ། །ཆོས་ མིན་སྤྱོད་པས་རྟག་ཏུ་དབེན་པར་ཤོག །འཁོར་ལོའི་དབང་ཕྱུག་སྤངས་རྟོགས་དམ་པའི་ 9-1-172 དཔལ། །མཁྱེན་བརྩེ་ནུས་པའི་ཡོན་ཏན་དཔེ་མེད་པ། གསང་བ་གསུམ་གྱི་དགེ་མཚན་ཟླ་ བྲལ་བའི། དཔལ་ཡོན་བཟང་པོས་སྲིད་མཐར་ཁྱབ་གྱུར་ཅིག །ཅེས་བླ་མའི་རྣལ་འབྱོར་དང་འབྲེལ་ བའི་སྒོམ་སྒྲུབ་བྱེད་ཐབས་བྱིན་རླབས་མཆོག་སྩོལ་ཞེས་བྱ་བ་འདི་ཡང་རབ་བྱུང་གཙང་མ་ལ་ཉེ་བར་བརྩོན་པའི་གྲྭ་བཙུན་འཇམ་ དབྱངས་བཟང་པོའི་མོས་འདུན་མ་བཟློག་ཙམ་དུ། རྨོངས་བན་མ་ཏི་ཀིརྟི་ཞེས་པས་འཕྲལ་དུ་བྲིས་པ་ཛ་ཡནྟུ།། །། བཀྲ་ཤིས། 9-1-173 ༄༅། །རྡོ་རྗེ་འཆང་ས་དམར་བླ་མ་ངག་དཔལ་གྱི་བླ་མ་རྒྱང་འབོད་ དང་གསོལ་འདེབས་སོགས་བཞུགས། ༄༅། །དཔལ་ལྡན་རྡོ་རྗེ་གསུམ་གྱི་མངའ་བདག །ཀུན་གཟིགས་མཁྱེན་པ་བཟང་པོའི་ ཐུགས་ལྡན། །ཐུགས་རྗེ་ཉེ་རིང་མེད་པའི་སྐྱབས་མགོན། །དཀྱིལ་འཁོར་རྒྱ་མཚོའི་རིགས་ཀྱི་ བདག་པོ། །རྗེ་བཙུན་ཀུན་དགའ་ངག་དབང་དཔལ་ལྡན། །ད་ལྟ་དག་ཞིང་གང་ན་བཞུགས་ ཀྱང༌། །ཉམ་ཆུང་སློབ་བུས་གདུང་འབོད་བྱེད་ན། །རླབས་ཆེན་མཁྱེན་བརྩེའི་གཟིགས་པ་ མ་གཡེལ། །རྣམ་ཀུན་མཆོག་ལྡན་སྟོང་གཟུགས་རང་མདངས། །འཕོ་མེད་སྒྱུ་འཕྲུལ་དྲ་ བའི་བཀོད་པ། །མགོན་པོ་མཆོག་གི་གཟུགས་སྐུར་བཞེངས་ནས། །སོར་བསམ་སྐུ་ཡི་རྣལ་ འབྱོར་གྲུབ་མཛོད། །རྗེ་བཙུན་བླ་མ་ངག༵་དཔ༵ལ་བཟང་པོ། །ད་སྐབས་གནས་མཆོག་གང་ ན་བཞུགས་ཀྱང༌། །ཀུན་གཟིགས་མཁྱེན་པ་ཟབ་མོའི་དགོངས་ལ། །བདག་སོགས་ཡོངས་ ལ་བྱིན་གྱིས་རློབས་ཤིག །རྣམ་པ་ཀུན་ལྡན་གསུང་གི་དབང་ཕྱུག །ཆོས་ཕུང་བརྒྱད་ཁྲི འི་ གཏེར་མཛོད་ཆེ་བ། །གསུང་གི་འཁོར་ལོའི་རྒྱན་དུ་བྱས་ཏེ། །སྲོག་འཛིན་གསུང་གི་རྣལ་ འབྱོར་སྩོལ་ཅིག །རྗེ་བཙུན་བླ་མ༴ སོགས་གོང་བཞིན། ཆོས་དབྱིངས་སྤྲོས་ཀུན་བྲལ་བའི་གཤིས་ ནས། །དྲི་མེད་ཐུགས་མཆོག་ཡེ་ཤེས་རྡོ་རྗེ། །ཀུན་མཁྱེན་དགོངས་ཀློངས་ཡངས་པའི་མཛད་ ཕྲིན། །རྗེས་དྲན་ཐུགས་ཀྱི་རྣལ་འབྱོར་སྟེར་ཤོག །རྗེ་བཙུན་བླ་མ༴ སོགས་དང༌། སྐུ་ཐུགས་ དབྱེར་མེད་ཟུང་འཇུག་ཆེན་པོ། །མི་འགྱུར་བདེ་བའི་ཆ་ཤས་ཡོངས་རྫོགས། །གསང་གསུམ་ རྒྱན་གྱི་འཁོར་ལོར་བཀོད་ཏེ། །ཏིང་འཛིན་ཡེ་ཤེས་རྣལ་འབྱོར་མངོན་མཛོད། །རྗེ་བཙུན་ 9-1-174 བླ་མ༴ སོགས་དང༌། གཟུགས་སྐུ་སྒྱུ་མའི་འཕྲུལ་བཟང་གསར་བ། །འོད་གསལ་དབྱིངས་ནས་ སྟོང་གཟུགས་ཚུལ་དུ། །སྐལ་ལྡན་ཐུགས་སྲས་ཉམས་ཀྱི་དགའ་སྟོན། །དེང་སྐབས་ཡིད་ཀྱི་ རེ་འདོད་སྐོངས་ཤིག །ཀྱེ་ཧོ་ཐུགས་རྗེ་ཆེ་བའི་སྐྱབས་གནས། །དད་ལྡན་ངེད་ཅག་བུ་སློབ་ ཡོངས་ལ། །ཁྱེད་ལས་གཞན་པའི་རེ་ས་མེད་པས། །བརྩེ་ཆེན་གཟིགས་པ་ནམ་ཡང་མ་ འདོར། །ཁྱད་པར་སྐྱེ་ལུས་འདི་ཡི་སྟེང་ནས། །དལ་འབྱོར་རྟེན་ལ་སྙིང་པོ་ལེན་ཞིང༌། །ཉེས་ ལྟུང་རྙོག་གིས་བསླད་པ་མེད་པར། །བསླབ་ཁྲི མས་གཙང་མས་སེམས་རྒྱུད་དག་མཛོད། །རྗེ་ བཙུན་བླ་མ་ངག་དབང་དཔལ་བཟང༌། །ལོངས་སྤྱོད་རྫོགས་སྐུའི་ཞིང་གི་གཙོ་བོ། །མ་ལུས་ རིགས་ཀྱི་བདག་པོར་བཞུགས་ནས། །རབ་འབྱམས་སྤྲུལ་པས་འགྲོ་ཁམས་སྐྱོངས་མཛོད། །བརྩེ་ཆེན་མཁྱེན་པ་ཟབ་མོའི་དབྱིངས་ནས། །ཐུགས་རྗེས་ཕྲིན་ལས་མཐུ་དཔུང་བསྐྱེད་དེ། །བྱིན་རླབས་སྣང་བའི་གཟི་འོད་ཕོབ་ལ། །ཉམས་མྱོང་གསར་བའི་འཆར་སྒོ་ཕྱེས་ཤིག །ཐ་ མལ་རྟོག་ཚོགས་དབྱིངས་སུ་དྭངས་ནས། །འོད་གསལ་བདེ་བ་ཆེན་པོའི་གནས་ལུགས། །སྒྲིབ་མེད་མངོན་དུ་གྱུར་པའི་སྐལ་བཟང༌། །གུས་ལྡན་བུ་སློབ་ཡོངས་ལ་སྩོལ་ཤོག །ཅེས་བླ་ མ་རྒྱང་འབོད་འདི་ཡང་བཙུན་པ་འཇམ་དབྱངས་བཟང་པོའི་ངོར་མ་ཏིའི་མིང་གིས་བྲིས།། །། ༈ གསང་ཆེན་གདམས་ངག་ཟབ་མོ་ཐུགས་མཛོད་རྒྱས། །རིམ་གཉིས་དབང་ཕྱུག་རྡོ་ རྗེའི་སློབ་དཔོན་རྗེ། །འགྲོ་ཕན་སྣང་བའི་དཔལ་ཡོན་མཐའ་ཡས་པ། །ཁྱབ་བདག་བླ་མ་ མཆོག་ལ་གསོལ་བ་འདེབས། །ཞེས་པའང་འཇམ་དབྱངས་བཟང་པོའི་ངོར་མ་ཏིའི་མིང་གིས་སོ།། །།བཀྲ་ཤིས་པར་ གྱུར་ཅིག ༈ དཔལ་ལྡན་རིམ་གཉིས་ཐེག་པའི་འོད་སྣང་གིས། །སྐལ་བཟང་ཡིད་ཀྱི་རྨོངས་མུན་ རབ་བསལ་ཏེ། །འོད་གསལ་སྙིང་གི་དགའ་སྟོན་ལེགས་སྟེར་བ། །ཀུན༵་དག༵འ་ངག༵་དཔ༵ལ་ བཟ༵ང་པོ༵ར་གསོལ་བ་འདེབས། །དེང་ནས་བླ་མེད་གོ་འཕང་ཐོབ་བར་དུ། །བདག་སོགས་ 9-1-175 སྐྱབས་མགོན་མཆོག་གིས་རྗེས་བཟུང་ནས། །ཟབ་རྒྱས་གདམས་པ་རྒྱ་མཚོས་ཉེར་བསྐྱང་ ཞིང༌། །དུས་ཀུན་མི་གཡེལ་ཐུགས་རྗེས་རྟག་གཟིགས་མཛོད། །ཅེས་པ་འདི་ཡང་འཇམ་དབྱངས་བཟང་ པོའི་ངོར་མ་ཏིའི་མིང་གིས་སོ།། །།བཀྲ་ཤིས། ༈ རྡོ་རྗེ་འཆང་དངོས་ངག༵་དཔ༵ལ་བཟང་པོ་དང༌། །བཤེས་གཉེན་རིན་ཆེན་བཟ༵ང་པོ་ བློ༵་གྲོ༵ས་མཚན། །ཆོས་འབྲེལ་གང་ཐོབ་འདྲེན་མཆོག་ཐམས་ཅད་ལ། །སྙིང་ནས་གསོལ་བ་ འདེབས་སོ་བྱིན་གྱི་རློབས། །འདི་ཡང་ཚུལ་ཁྲི མས་རྒྱ་མཚོའི་ངོར། མ་ཏིས་སོ།། །། 9-1-176 ༄༅། །བླ་མ་རང་གསལ་གྱི་བླ་རྣམ་མདོར་བསྡུས་བཞུགས། ༄༅། །བླ་རྣམ་མདོར་བསྡུས་བྱ་བ་ལ། སྐྱབས་སེམས་ནི། ན་མོ་སྐྱབས་གནས་ཀུན་འདུས་བདག་ ཉིད་རྗེ། །རྩ་བའི་བླ་མར་སྐྱབས་སུ་མཆི། །འགྲོ་ཀུན་བྱང་ཆུབ་ལ་འགོད་ཕྱིར། །བླ་མའི་རྣལ་ འབྱོར་ཟབ་མོ་སྒོམ། །ལན་གསུམ། རང་མདུན་ནམ་མཁར་འཇའ་འོད་ཀློང༌། །སེང་ཁྲི་པད་ཟླའི་ གདན་སྟེང་དུ། །སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །རྩ་བའི་བླ་མ་རིན་པོ་ཆེ། །རང༵་བཞིན་འོད་ གས༵ལ་དམ་པའི་སྐུ། །དཀར་ལ་དམར་མདངས་འོད་ཟེར་འབར། །ཞལ་གཅིག་མཛེས་འཛུམ་ བརྩེ་གཟིགས་ཅན། །ཕྱག་གཉིས་རྡོར་དྲིལ་ཐུགས་ཀར་བསྣོ ལ། །ཞབས་ཟུང་སྐྱིལ་ཀྲུང་གིས་ བཞུགས་པ། །ནབ་འགག་ཆོས་གོས་རྣམ་གསུམ་གསོལ། །པད་ཞྭས་དབུར་མཛེས་བླ་ཆས་ རྫོགས། །གསང་གསུམ་མཛད་བཟང་རོལ་པ་ལས། །བླ་མ་ཡི་དམ་མཆོག་གསུམ་དང༌། །མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས། །མཁའ་དང་བར་སྣང་ཡོངས་ལ་ཁྱབ། །ཐམས་ཅད་ བཀྲག་མདངས་འོད་ཟེར་འཕྲོ། །དཔག་ཡས་རྣམ་འཕྲུལ་བཀོད་ཆེན་ངོམ། །དེ་ཀུན་བླ་མའི་ མཛད་བཟང་གི །ཕྲིན་ལས་རོལ་གར་ཅིར་ཡང་འཆར། །བླ་མའི་གནས་བཞིར་རྡོ་རྗེ་བཞིའི། །ས་བོན་རྣམ་བཞིས་མཚན་པར་གྱུར། །ལུས་ངག་ཡིད་ཀྱིས་གུས་ཕྱག་འཚལ། །དངོས་ འབྱོར་ཡིད་སྤྲུལ་མཆོད་ཚོགས་འབུལ། །བསླབ་གསུམ་དང་འགལ་ཉེས་ལྟུང་བཤགས། །སོ་ འཕགས་དགེ་ལ་རྗེས་ཡི་རང༌། །འགྲོ་ལ་ཆོས་འཁོར་ཆད་མེད་སྐོར། །མྱ་ངན་མི་འདའ་རྟག་ བཞུགས་གསོལ། །དགེ་འདིས་ཆོས་སྐུར་མྱུར་གྲོལ་ཤོག །དེ་ནས་གསོལ་འདེབས་ནི། རྒྱལ་ཀུན་ གསང་གསུམ་འདུས་པའི་བདག །བཀའ་དྲིན་ཚད་མེད་ཐུགས་རྗེའི་གཏེར། །རང༵་བཞིན་ 9-1-177 འོད་གས༵ལ་མཚན་འཆང་ལ། །གུས་གསོལ་འདེབས་ཤིང་བདག་བྱིན་རློབས། །ཞེས་པ་ཅི་ནུས་ མཐར། དབང་བཞི་བླང་བ་ནི། བླ་མའི་གནས་ཀྱི་ཡིག་བཞི་ལས། །འོད་ཟེར་དཀར་དམར་མཐིང་ སེར་འཕྲོས། །རང་གི་གནས་བཞིར་ལེགས་ཐིམ་པས། །དབང་བཞི་ཡོངས་རྫོགས་ཐོབ་པར་ གྱུར། །སྐད་ཅིག་སྐྱབས་གནས་འོད་ཕུང་དུ། །བླ་མའི་ཐུགས་ཀར་ལེགས་བསྡུས་ཏེ། །གང་ ཉིད་བདག་སོགས་སྤྱི་བོར་ཐིམ། །ཐུགས་ཡིད་དབྱེར་མེད་ཆེན་པོའི་ངང༌། །བསོད་ནམས་ ལེགས་དགེའི་མཐུ་ལ་བརྟེན། །བླ་མའི་བྱིན་རླབས་མྱུར་ཞུགས་ནས། །རིང་མིན་བླ་མའི་གོ་ འཕང་ཐོབ། །རླབས་ཆེན་ཕྲིན་ལས་འགྲོ་འདྲེན་ཤོག །ཅེས་རྩ་བའི་བླ་མའི་རྣལ་འབྱོར་མདོར་བསྡུས་འདི་ ཡང་ཡེ་ཤེས་དང༌། ཚུལ་ཁྲི མས་ཟུང་གི་ངོར། མ་ཏིས་སོ།། །། 9-1-178 ༄༅། །བླ་མ་རང་གསལ་གྱི་རྒྱང་འབོད་བྱིན་རླབས་མྱུར་འབེབས་དང་ གསོལ་འདེབས་སོགས་བཞུགས། ༄༅། །ན་མོ་གུ་རུ། ཀུན་ཁྱབ་དག་ཆེན་འོད་གསལ་དབྱིངས་ནས། །སྐུ་གསུམ་ལྷུན་ གྲུབ་གདོད་ནས་བཞུགས་པ། །གང་འདུལུ་འགྲོ་ངོར་སྤྲུལ་པའི་བཀོད་ཆེན། །རང་རང་འཚམ་ པའི་ཐུགས་རྗེས་གཟིགས་མཛོད། །དག་པའི་ཞིང་བཞུགས་ཕ་གཅིག་བླ་མ། །བརྩེ་བ་ཆེན་ པོས་ལེགས་སྐྱོང་མཛད་བཞིན། །རྒྱལ་ཀུན་སྐུ་ཡི་རྡོ་རྗེའི་ངོ་བོ། །ངོ་མཚར་རྨད་བྱུང་དག་པའི་ འཁོར་ལོ། །རྩ་བའི་བླ་མ་ཡིད་བཞིན་ནོར་བུ། །ར༵ང་བཞིན་འོད་གས༵ལ་ཐུགས་རྗེའི་གཏེར་ གྱུར། །མཁྱེན་ནོ་མི་མངོན་དབྱིངས་ནས་གཟིགས་ཤིག །བདག་ཅག་ཡོངས་ལ་བྱིན་རླབས་ ཕོབ་ཤོག །གང་འདུལ་ཞིང་གི་དག་ཆེན་རྣམ་རོལ། །རྣམ་ཀུན་རྫོགས་པའི་གསུང་གི་རྡོ་རྗེ། གདུལ་བྱའི་ཁམས་དང་མཐུན་པའི་རང་བཞིན། །གང་དང་དབྱེར་མེད་ཕ་མཆོག་དམ་པ། །རྩ་ བའི་བླ་མ༴ སོགས། ཐུགས་མཆོག་ཆོས་སྐུ་མཁའ་ཁྱབ་འོད་གསལ། །རྣམ་པར་མི་རྟོག་ཐུགས་ ཀྱི་རྡོ་རྗེ། །གསང་ཆེན་མངོན་རྟོགས་རྒྱ་མཚོའི་ཀློང་ཆེན། །འོད་གསལ་གཤིས་ལུགས་གཅིག་ པའི་མངའ་བདག །རྩ་བའི་བླ་མ༴ སོགས། མི་འགྱུར་བདེ་བ་ཆེན་པོའི་དེ་ཉིད། །རྣམ་པ་ཀུན་ ལྡན་སྟོང་པའི་གཟུགས་བརྙན། །ཡེ་ཤེས་རྡོ་རྗེ་སྤྲུལ་བཀོད་བྱེད་པོ། །ཕ་མཆོག་བདེ་ཆེན་ དབང་ཕྱུག་སྐྱབས་རྗེ། རྩ་བའི་བླ་མ༴ སོགས། ཕྲིན་ལས་མཛད་ཆེན་བསམ་མི་ཁྱབ་པ། །རེ་ ལྟོ ས་གང་བྱས་བསླུ་མེད་མགོན་གཅིག །རྗེ་བཙུན་བླ་མ་སངས་རྒྱས་ཀུན་དངོས། །བཀའ་ 9-1-179 དྲིན་ཐུགས་རྗེའི་དཔལ་གྱུར་ཆེ་བ། རྩ་བའི་བླ་མ༴ སོགས། སྐྱབས་གནས་ཀུན་འདུས་རྗེ་བཙུན་ དམ་པ། །སྙིང་ཁོང་རུས་པའི་གཏིང་ནས་དྲན་ནོ། །ཁྱེད་ལས་གཞན་པའི་རེ་ཡུལ་གཞན་མེད། །རྣམ་པ་ཀུན་ཏུ་ཐུགས་རྗེས་མ་དོར། །མཁྱེན་ནོ་རྩ་བའི་བླ་མ་ཁྱེད་ཉིད། །དྲན་ནོ་བཀའ་དྲིན་ གསུམ་ལྡན་ཕ་མཆོག །འབོད་དོ་གདུང་བའི་དབྱངས་ཀྱིས་གསོལ་འདེབས། །བྱེད་དོ་བརྩེ་ བས་ལེགས་གཟིགས་མཛོད་ཅིག །ཅེས་བླ་མ་རྒྱང་འབོད་བྱིན་རླབས་མྱུར་འབེབས་འདི་ཡང་ཡེ་ཤེས་ཚུལ་ཁྲི མས་ གཉིས་ཀྱི་མོས་འདུན་བཞིན་མ་ཏིས་སོ།། །། ༈ སངས་རྒྱས་ཀུན་འདུས་རྡོ་རྗེ་འཆང་ཆེན་དང༌། །རྣམ་དབྱེར་མེད་པ་བཀའ་དྲིན་ གསུམ་ལྡན་རྗེ། །ར༵ང་བྱུང་ཡེ་ཤེས་རབ་གས༵ལ་མཁྱེན་རླབས་ཅན། །བདག་ཅག་རྣམས་ཀྱི་ མགོན་ལ་གུས་གསོལ་འདེབས། །ཞེས་པ་འདི་ཡང་ཚུལ་ཁྲི མས་ཀྱི་ངོར་མ་ཏིས་སོ།། །། ༈ ཀུན༵་ནས་དག༵འ་ཆེན་དམ་པའི་མཛད་སྒོ་ཅན། །རང༵་བཞིན་འོད་གས༵ལ་གཤིས་ ལུགས་མངོན་བྱས་ཤིང༌། །ཐུགས་རྗེ་མཛད་རླབས་མཆོག་གི་དཔལ་གྱི་བདག །རྡོ་རྗེ་འཆང་ དངོས་བླ་མར་གསོལ་བ་འདེབས། །བདག་ཅག་རྣམས་ཀྱི་སྒོ་གསུམ་བྱིན་རློབས་ལ། །སྐུ་ གསུང་ཐུགས་ཀྱི་དབང་ཆེན་བསྐུར་དུ་གསོལ། །སྐྱེ་འདི་འཕོས་མ་ཐག་ནས་ཁྱེད་བཞུགས་ ཞིང༌། །གང་དེར་ཐུགས་སྲས་དགོངས་པ་སྤྱོད་གྱུར་ཅིག །ཅེས་པ་འདི་ཡང་དཀོན་གསལ་ངོར། མ་ཏིས་ སྨྲས་སོ།། །། 9-1-180 ༄༅། །ངག་དབང་བསོད་ནམས་བཟང་པོ་ཉེར་མཁོ་ བླ་མ་རྒྱང་འབོད་བཞུགས། ༄༅། །ན་མོ་གུ་རུ། ཡེ་གདོད་མ་ནས་བཞུགས་པའི་ཀུན་ཁྱབ་ཆོས་སྐུ་བདེ་གཤེགས་སྙིང་པོ་ནི་སངས་རྒྱས་སྲས་ དང་བཅས་པ་ནས་བཟུང་སེམས་ཅན་མ་ལུས་པའི་རྒྱུད་ན་དོན་དམ་གཤིས་ལུགས་སུ་ནམ་ཡང་འདུ་འབྲལ་ཡོད་མ་མྱོང་བའི་རྒྱུ་ མཚན་གྱིས་དོན་གྱི་སྡོད་ལུགས་ལྟར་ན་ཕ་རྩ་བའི་བླ་མའི་རང་བཞིན་ཆོས་སྐུ་དེ་རྒྱལ་ཀུན་ཆོས་ཀྱི་སྐུ་དང་ཁྱད་པར་མེད་པ་ཡིན། དེ་འདྲའི་རྩ་བའི་བླ་མའི་ཡེ་ཤེས་ཀྱི་དགོངས་པ་ལས་ནི་རབ་འབྱམས་རྒྱུད་སྡེ་རྒྱ་མཚོའི་ལྷ་གང་དང་གང་སྤྲུལ་དགོས་ན་དགོངས་ པར་མཉམ་བཞག་ཙམ་གྱིས་སྤྲུལ་མི་ནུས་པ་གཅིག་ཀྱང་མེད་པའི་རྒྱུ་མཚན་གྱིས་རྩ་བའི་བླ་མ་ཉིད་རིགས་བདག་དང་རྒྱུད་སྡེའི་ ལྷ་ཚོགས་སྤྲུལ་གཞིའང་ཡིན། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ནི་སྤྱིར་ཐུགས་རྗེ་ཆེ་ཡང་ད་སྐབས་རང་འདུལ་བའི་སྐལ་ བ་མ་ཡོད་ནས་དེ་དག་གི་ཞལ་མཇལ་གསུང་ཐོས་མ་བྱུང་སྐྱེ་ལུས་འདིའི་སྟེང་འདི་ཕྱིའི་སྡུག་བསྔལ་ཀུན་ལས་སྐྱོབ་ཅིང་ཕན་པ་ དཔག་མེད་ལེགས་མཛད་ཀྱི་མགོན་གཅིག་ཆོག་ནི་རང་ལ་ཆོས་དབང་ལུང་གདམས་པས་རྗེས་སུ་བཟུང་བས་སངས་རྒྱས་ཀྱི་ བསྟན་པ་ལ་ཞུགས་པའི་སྐལ་བཟང་དུས་སུ་སྩོལ་བར་མཛད་པ་པོ་ནི་རྩ་བའི་བླ་མ་མཆོག་ཉིད་ཡིན་པའི་རྒྱུ་མཚན་གྱིས་སུ་ལས་ བཀའ་དྲིན་ཆེ་བ་ཡིན། དེ་འདྲའི་བླ་མ་དེ་སྐྱབས་གནས་ཐམས་ཅད་ཀྱིས་བདག་ཅག་འདུལ་བྱེད་དུ་སྤྲུལ་པའི་དགེ་བའི་བཤེས་ གཉེན་ཡིན་པའི་རྒྱུ་མཚན་གྱིས་བླ་མ་ཁོ་ན་ལ་དད་ཕྱག་སོགས་བགྱིས་པས་སྐྱབས་ཀུན་ལ་བསོད་ནམས་བསགས་གོ་ཆོད་པ་ ཡིན། དེ་བས་ན་རྩ་བའི་བླ་མ་ལ་ཡིད་ཁྱེད་ཤེས་ཀྱིས་གསོལ་འདེབས་རྒྱང་འབོད་བྱ་བ་གལ་ཆེ་སྟེ། འདི་སྐད། རྨད་བྱུང་བྱིན་ རླབས་རྒྱ་མཚོའི་དཔལ་གྱུར། །རྩ་བརྒྱུད་བླ་མ་ཀུན་འདུས་ངོ་བོ། །ཡི་དམ་རྒྱུད་སྡེ་རྒྱ་མཚོའི་ རིགས་བདག །དཀོན་མཆོག་གསུམ་དངོས་རྗེ་བཙུན་བླ་མ། །ང༵ག་དབ༵ང་བསོ༵ད་ནམ༵ས་ 9-1-181 བཟ༵ང་པོ་མཁྱེན་ནོ། །ཁྱེད་ལས་གཞན་པའི་སྐྱབས་གནས་མ་མཆིས། །ད་ལྟ་ཞིང་ཁམས་གང་ དུ་བཞུགས་ཀྱང༌། །བདག་ཅག་དེར་ཁྲི ད་བསུ་མ་མཛོད་ཅིག །མཁའ་འགྲོ་ཆོས་སྐྱོང་སྤྲུལ་ པའི་དབང་ཕྱུག །སྙི གས་དུས་འགྲོ་འདྲེན་ཟླ་དང་བྲལ་བ། །ཚུར་མཐོང་ངུར་སྨྲིག་གར་གྱི་ རྣམ་རོལ། །གདུལ་བྱ་རྣམས་ལ་འཚམ་པའི་འདྲེན་མཆོག ། ངག་དབང་བསོད་ནམས་བཟང་ པོ༴ སོགས། ཕ་ཅིག་བླ་མས་བདག་ཅག་ཡོངས་ལ། །བརྩེ་ཆེན་ཐུགས་རྗེས་ཉེ་བར་བསྐྱངས་ ཏེ། །ཚེ་འདིར་ཆོས་དང་འཕྲད་པར་མཛད་ནས། །སྐལ་བཟང་ཐོག་མའི་རྟེན་འབྲེལ་མཛད་ མཁན། །ངག་དབང་བསོད་ནམས༴ དེ་ལ་བརྟེན་ནས་སྐྱེ་འདི་ཉིད་ལ། །སྔོན་བསགས་ལས་ ཀྱིས་ཇི་ལྟར་གྱུར་ཀྱང༌། །རང་བློ་ཆོས་དང་བྲལ་བར་མ་གྱུར། །དེ་ཕྱིར་སྐུ་དྲིན་འཁོར་མེད་བླ་ མ། །ངག་དབང་བསོད་ནམས༴ སྐྱབས་མཆོག་བླ་མ་ཁྱེད་ཀྱི་ཐུགས་རྗེས། །ད་སྐབས་བདག་ ལ་བཟང་འབྲེལ་སྐལ་བ། །རྒྱལ་བའི་བསྟན་དང་ལེགས་འཇལ་བྱེད་འདི། །དགོས་ཆུང་ཕན་ གྱི་དོ་ཟླ་མ་ཡིན། །ངག་དབང་བསོད་ནམས༴ རང་བཞིན་གཤིས་ཀྱི་སྡོད་ལུགས་ལྟར་ན། །རྒྱལ་ཀུན་ཆོས་སྐུ་ཉག་གཅིག་དགོངས་ཆེན། །རྩ་བའི་བླ་མའི་ཐུགས་ཀྱི་གཤིས་ཉིད། །དོན་ ལ་བཟང་ངན་ཁྱད་པར་མེད་པ། །ངག་དབང་བསོད་ནམས༴ ཡེ་ཤེས་དགོངས་པ་མངོན་དུ་ བྱས་ཚེ། །རྒྱུད་སྡེ་རྒྱ་མཚོའི་སྤྲུལ་པའི་བཀོད་ཆེན། །ངོ་མཚར་རིས་སུ་མ་ཆད་མཛད་བཟང༌། །གང་འདུལ་དེར་སྣང་རྒྱུན་ཆད་བྲལ་བ། །ངག་དབང་བསོད་ནམས༴ དུས་གསུམ་རྒྱལ་བའི་ གདུལ་བྱར་མ་གྱུར། །སྐལ་ཆད་ཆོས་དང་བྲལ་བ་ངེད་ཚོ། །འདྲེན་པ་བཤེས་གཉེན་མཆོག་ ཁྱོད་མིན་ན། །ཐུགས་རྗེས་འཛིན་མཁན་སུ་ཡང་མ་མཆིས། །ངག་དབང་བསོད་ནམས་ བཟང་པོ༴ དེ་ཕྱིར་སངས་རྒྱས་སྲས་བཅས་ཀུན་ལས། །རང་ལ་བཀའ་དྲིན་སྒོས་སུ་ཆེ་བ། །ཕ་མཆོག་རྩ་བའི་བླ་མ་རིན་ཆེན། །ཉིད་ལས་རེ་ས་གཞན་ན་མེད་དོ། །ངག་དབང་བསོད་ ནམས༴ སྐྱེ་ལུས་འདི་བླངས་ནས་བཟུང་མགོན་ཁྱོད། །བདག་གི་སྐྱབས་གནས་གཅིག་པུར་ 9-1-182 གྱུར་ཏེ། །བསོད་ནམས་ཆེས་ཕྲ་བསགས་སྐབས་གང་ལྡན། །ཉེས་སྒོ་ཅུང་ཟད་མངའ་བ་ཚུན་ ཆད། །རྩ་བའི་བླ་མ་ཁྱེད་ཀྱི་དྲིན་ཡིན། །འདི་འདྲ་ཕན་ཐོགས་སུས་ཀྱང་མ་བགྱིས། །ཕ་མ་ ལས་ལྷག་སྐྱབས་མགོན་ཆེ་བ། །སྙིང་ནས་དྲན་ནོ་གསོལ་བ་འདེབས་སོ། །འདི་ནས་ཕྱི་མ་ སྐྱེ་མཐའ་རིང་པོ། །ཇི་ལྟར་ཡོད་ཚད་དེ་དག་ཀུན་ལ། །མགོན་ཁྱོད་བདག་གི་བླ་མར་གྱུར་ཏེ། །ཐུགས་བརྩེས་ལེགས་སྐྱོང་གཡེལ་མེད་མཛོད་ཅིག །ཅེས་པའི་ཉེར་མཁོ་བླ་མ་རྒྱང་འབོད་བཅས་འདི་ཡང་ བྱང་བཟང་གི་རེ་འདུན་མ་བཟློག་ཙམ་མ་ཏིས་སོ།། །། 9-1-183 ༄༅། །རྩ་བའི་བླ་མ་དང་དབྱེར་མེད་པ་རྡོར་སེམས་སྒོམ་བཟླས་ཀྱི་ ཐབས་མདོར་བསྡུས་བཞུགས། ༄༅། །རྩ་བའི་བླ་མ་དང་དབྱེར་མེད་པ་རྡོར་སེམས་སྒོམ་བཟླས་ཀྱི་ཐབས་མདོར་བསྡུས་ནི། ཐོག་མར་སྐྱབས་སེམས་ ནི། ན་མོ། མ་ལུས་རྒྱལ་རྣམས་ཆོས་སྐུའི་གཞི་དབྱིངས་ཉིད། །འོད་གསལ་འཕོ་འགྱུར་བྲལ་ བར་སྐྱབས་སུ་བསྟེན། །གཤིས་ལུགས་རང་གསལ་དོན་དམ་སེམས་དཔའི་ཚུལ། །གང་ རྨོངས་འགྲོ་ལ་མྱུར་ནས་མངོན་སེམས་བསྐྱེད། །ལན་གསུམ། སྒོམ་བཟླས་དངོས་ནི། དཔལ་ལྡན་སྒྱུ་ འཕྲུལ་དྲ་བའི་རོལ་ཆེན་གར། །ངོ་མཚར་ཐབས་མཁས་བླ་མར་ཡོངས་བཞེངས་པ། །རྩ་བའི་ བླ་མ་བསོ༵ད་ན༵མས་མགོ༵ན་པོ༵་དང༌། །མཆོག་སྤྲུལ་ཀུ༵ན་དག༵འ་དཔ༵ལ་གྱི་ཉི་ཟླ་ཟུང༌། །ཡེ་ ཤེས་སྒྱུ་མའི་སྐུ་བརྙེས་རྡོ་རྗེ་སེམས། །སྤྱི་བོར་པད་ཟླའི་གདན་ལ་གཟུགས་སྐུའི་འཕྲུལ། །ཧེ་ རུ་ཀ་དཔལ་སྟོན་ཟླ་འབུམ་ཀྱི་མདངས། །བདེ་སྟོང་ཟུང་འཇུག་སྙེ མས་མ་ལྷ་མོ་དང༌། །མཉམ་ སྦྱོར་ཡབ་ཡུམ་ཞལ་གཅིག་ཕྱག་ཟུང་གིས། །ཕན་ཚུན་རང་རིགས་ཕྱག་མཚན་རྟགས་ཀྱིས་ འཁྱུད། །ཡབ་ཀྱིས་གནས་བཞིར་རྡོ་རྗེ་རྣམ་བཞི་ཡི། །ས་བོན་རང་གསལ་དམ་ཡེ་གཉིས་ མེད་པ། །རིན་ཆེན་རུས་པའི་རྒྱན་བཟང་དྲ་བས་བཀླུབས། །རབ་འབྱམས་དཀྱིལ་འཁོར་ སྤྲོ་བའི་རིགས་བདག་ཏུ། །སྐྱབས་མགོན་རྣམ་གཉིས་ཡེ་ཤེས་སྤྲུལ་བཀོད་འཆར། །ཁྱབ་ བདག་དང་པོའི་མགོན་ལ་གུས་ཕྱག་འཚལ། །མཆོད་ཚོགས་ཀུན་འབུལ་ཐོག་མེད་སྡིག་ལྟུང་ བཤགས། །དགེ་ལ་ཡི་རང་ཆོས་འཁོར་བསྐོར་བར་བསྐུལ། །མྱ་ངན་མི་འདའ་བཞུགས་ 9-1-184 གསོལ་རབ་དཀར་མཐུས། །ཆོས་སྐུའི་དགོངས་ཀློང་མྱུར་མཇལ་ཕྱིར་དུ་བསྔོ། །དཔལ་ལྡན་ ཧེ་རུ་ཀ་དཔལ་ཐུགས་ཀའི་ནང༌། །མེ་ལོང་གཟུགས་བརྙན་ཇི་བཞིན་སྒྲིབ་མེད་པར། །ཟླ་ དཀྱིལ་དབུས་སུ་ཧཱུཾ་ཡིག་དཀར་གསལ་མཐར། །ཡི་གེ་བརྒྱ་པ་ཤེལ་དཀར་ཞུན་མའི་མདོག །འགྲེང་ཐབས་གསང་སྔགས་ཕྲེང་བས་ལེགས་བསྐོར་ཞིང༌། །དེ་འདྲའི་བླ་མའི་རྣམ་འཕྲུལ་ རྡོ་རྗེ་སེམས། །དཀྱིལ་འཁོར་རྒྱ་མཚོའི་གཙོ་ལ་གུས་ཕྱག་འཚལ། །དམ་ཚིག་ཉམས་ཆག་ མ་ལུས་སྦྱང་དུ་གསོལ། །ཡིག་བརྒྱ་བཟླ། མགོན་པོའི་ཐུགས་སྲོག་སྔགས་ཕྲེང་བཅས་པ་ཉིད། །རང་གསལ་ངང་ནས་འཛིན་མེད་ཚུལ་དུ་བཀྲ། །ཐུགས་ཡིད་དབྱེར་མེད་མཉམ་བཞག་རང་ བབས་ལ། །ཅི་གནས་དངོས་གཞིའི་དེ་ཁོ་ན་ཉིད་བསྐྱངས། །ཡིག་བརྒྱ་བཟླ། དེ་ལྟར་རྩེ་གཅིག་ གསོལ་བཏབ་མཉམ་བཞག་སྟོབས། །རྡོར་སེམས་ཡབ་ཡུམ་སྐུ་ལས་འོད་སྤྲོས་ཏེ། །ཕྱོགས་ བཅུའི་རྒྱལ་ཀུན་བྱིན་རླབས་བདུད་རྩིའི་ཚུལ། །ལེགས་གཟུགས་སེམས་དཔའ་ཡབ་ཡུམ་ལ་ བསྟིམས་ནས། །སྐུ་ཡི་སྦྱོར་མཚམས་ནས་ལུད་འོ་མ་ལྟར། །བདུད་རྩི་དཀར་པོའི་རྒྱུན་བཟང་ གང་བྱུང་བ། །སྤྱི་བོ་ནས་བརྒྱུད་ལུས་ནང་ཐམས་ཅད་བཀྲུས། །སྡིག་སྒྲིབ་གང་དག་དུད་སོལ་ ཁུ་བ་ལྟར། །འོག་སྒོ་རྐང་ལག་སེན་མོའི་རྩེ་སོགས་ནས། །བྱུང་སྟེ་ས་འོག་རིམ་དགུར་མར་ སོང་བ། །ལས་ཀྱི་གཤིན་རྗེ་ངོམས་ཤིང་ཚིམ་བྱེད་དུ། །གྱུར་ནས་ལན་ཆགས་རེ་ངན་ཟད་ པར་བསམ། །ཡིག་བརྒྱ་བཟླ། ཕྱིན་ཆད་ཅི་ལ་ཐུགས་ཀྱང་ཡོངས་སྡོམ་བགྱིད། །བྱང་དག་ཚངས་ པའི་དངོས་གྲུབ་ཡང་ཡང་ཞུ། །ཡང་བཟླ་མཐར། བླ་མའི་གནས་བཞིའི་ཡི་གེའི་འོད་ཟེར་གྱིས། །དབང་བཞིར་རབ་བསྐུར་ཁོང་ཉིད་འོད་ཕུང་ཞུ། །རང་ལ་ཐིམ་པས་ཐུགས་ཡིད་དབྱེར་མེད་ གྱུར། །དགེ་འདིས་ཧེ་རུ་ཀ་དཔལ་མྱུར་མངོན་ཤོག །འདི་ཡང་གཞོན་རྒྱམ་ལ་མཁོ་ནས། མ་ཏིས་སྨྲས་པའོ།། །། 9-1-185 ༄༅། །དབོན་བསོད་ནམས་རྒྱ་མཚོ་དང་མཆོག་སྤྲུལ་ཀུན་དགའ་ རྣམ་གཉིས་ཀྱི་བླ་སྒྲུབ་བཞུགས། ༄༅། །འདིར་བླ་སྒྲུབ་མདོར་བསྡུས་བྱ་བ་ལ། ཐོག་མར་སྐྱབས་སེམས་ནི། ཆོས་ཀུན་གདོད་ནས་མི་ ཤིགས་དྭངས་མའི་ཁམས། །དོན་དམ་མཆོག་གསུམ་ངོ་བོར་ཡེ་བཞུགས་པས། །རང་གཤིས་ ཇི་བཞིན་མངོན་པར་སྐྱབས་སུ་བསྟེན། །འགྲོ་བློ་དེར་རྨོངས་འཁྲུལ་བ་ལེགས་བསལ་བགྱིད། །ལན་གསུམ། དེ་ནས་དངོས་གཞི་ནི། དག་སྣང་འཕྲུལ་གྱི་དགའ་སྟོན་ལེགས་ཤར་བས། །གཞི་ དབྱིངས་ཆོས་སྐུའི་བླ་མའི་འཕྲུལ་ཆེན་གར། །ངོ་མཚར་འཇའ་ཟེར་ཆུ་འཛིན་འཁྲི གས་པའི་ མཁར། །གདོང་ལྔས་ལེགས་བཏེགས་རིན་ཆེན་ཁྲི་ཟུང་སྟེང༌། །ཆུ་སྐྱེས་ཟླ་ཉི་སྒྲ་ཅན་རེ་རེའི་ ཁར། །རྣམ་གཉིས་སྐྱབས་ཀྱི་ངོ་བོ་བླ་མ་རྗེ། །གཡས་ཁྲིར་རྗེ་བཙུན་བསོ༵ད་ན༵མས་རྒྱ༵་མཚོ༵འི་ མཚན། །དཀར་གསལ་དྭངས་མའི་སྐུ་བཟང་ལྷམ་མེ་བ། །ཕྱག་གཉིས་ཆོས་འཆད་ཞབས་ ཟུང་སྐྱིལ་ཀྲུང་བཞུགས། །ཤ་འགག་དང་བཅས་རྣམ་གསུམ་གོས་ཀྱིས་བཀླུབས། །དབུ་ལ་ མཁན་ཞྭས་མཛེས་བཞིན་བརྩེ་བས་གཟིགས། །གཡོན་ཁྲི ར་རྗེ་བཙུན་མཆོག་གི་ཐུགས་ཀྱི་ གར། །མཆོག་སྤྲུལ་ཀུན༵་དགའི༵་མཚན་ཅན་བཀའ་དྲིན་ཅན། །དཀར་ལ་དམར་བའི་མདངས་ འཛིན་གཟུགས་སྐུའི་མདོག །རྣམ་གསུམ་གོས་བཅས་ཤ་འགག་སྐུ་ལ་གསོལ། །ཞབས་ཟུང་ དཀྱིལ་ཀྲུང་ཕྱག་གཡས་ཆོས་འཆད་དང༌། །ཕྱག་གཡོན་མཉམ་བཞག་སྟེང་ན་ཆོས་འཁོར་ བསྣམས། །དབུ་ལ་མཁན་ཞྭ་ཞལ་རས་འཛུམ་བག་ཅན། །བླ་ཆས་ཡོངས་རྫོགས་བླ་མ་རྣམ་ 9-1-186 གཉིས་པོའི། །སྐུ་ལས་འོད་ཟེར་ཕྱོགས་ཀུན་འགྱེད་པའི་རྩེར། །བརྒྱུད་ལྡན་བླ་མ་ཡི་དམ་ མཆོག་གསུམ་དང༌། །མཁའ་འགྲོ་ཆོས་སྲུང་སྤྲུལ་པས་ཕྱོགས་མཚམས་ཁྱབ། །དེ་ཀུན་སྤྲུལ་ པའི་བྱེད་པོ་རྡོ་རྗེ་འཆང༌། །རྩ་བའི་བླ་མ་ཟུང་གི་རྣམ་པར་བཞུགས། །རྣམ་གཉིས་གནས་ བཞིར་ཡི་གེ་འབྲུ་བཞིས་མཚན། །བརྩེ་བ་ཆེན་པོས་གཟིགས་པ་ལྷག་གེར་གསལ། །དེ་ནས་ ཡན་ལག་བདུན་པ་ནི། དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །རང་ལ་སྟོན་པ་ལས་ལྷག་ བཀའ་དྲིན་ཅན། །རྩ་བའི་བླ་མ་རྣམ་གཉིས་འདྲེན་པ་མཆོག །ཞབས་ཀྱི་པདྨོར་གུས་པས་ ཕྱག་འཚལ་ལོ། །རང་གིས་དངོས་འབྱོར་ཡིད་སྤྲུལ་མཆོད་ཚོགས་འབུལ། །འཁོར་བ་ཐོག་མ་ མེད་ནས་གང་བསགས་པའི། །ཉེས་ལྟུང་སྡིག་སྒྲིབ་དམ་ཚིག་ཉམས་ཆག་ཀུན། །སྙིང་ནས་ བཤགས་སོ་བྱང་ཞིང་དག་མཛད་གསོལ། །དགེ་ལ་ཡི་རང་ཆོས་འཁོར་བསྐོར་བར་བསྐུལ། །གཟུགས་སྐུ་འགྲོ་ངོར་འཚོ་གཞེས་གསོལ་འདེབས་བཅས། །རྣམ་དཀར་བསགས་འདིས་ ནང་དབྱིངས་བླ་མའི་ཞལ། །གདོད་མ་ཆོས་སྐུའི་ངོ་བོར་མྱུར་མཇལ་ཤོག །དེ་ནས་གསོལ་འདེབས་ ནི། གཞི་དབྱིངས་ཆོས་སྐུའི་རང་རྩལ་བླ་མའི་འཕྲུལ། །རྣམ་གཉིས་འདྲེན་པ་མཆོག་གི་རྣམ་ པར་འཕོས། །མཁྱེན་བརྩེ་ནུས་པའི་མངའ་བདག་ཐུགས་རྗེ་ཅན། །གསོལ་བ་འདེབས་སོ་ བདག་རྒྱུད་བྱིན་གྱིས་རློབས། །ཞེས་ཅི་ནུས་དང༌། མཚན་སྔགས་བཟླ་བར་སྤྲོ་ན་བླ་མ་རྣམ་གཉིས་ཀྱི་ཐུགས་དང་ རང་སེམས་དབྱེར་མེད་ཀྱི་ངང་ནས། ༀ་ཨཱཿགུ་རུ་པུཎྱཻ་ཨ་ནནྟ་ཤྲི་ཧཱུཾ། ཞེས་པའང་ཅི་རིགས་པ་བཟླས་མཐར། རྡོ་རྗེ་ འཆང་ཆེན་འདྲེན་པ་རྣམ་གཉིས་ཀྱི། །གནས་བཞིའི་ཡི་གེ་བཞི་ལས་འོད་ཟེར་བྱུང༌། །རང་གི་ གནས་བཞིར་ཐིམ་པས་སྒོ་གསུམ་དང༌། །ཆགས་རྟོག་ཁམས་ཀུན་རྡོ་རྗེ་རྣམ་བཞིར་གྱུར། །བླ་ མ་རྣམ་གཉིས་སྤྲུལ་བཀོད་ཀུན་བསྡུས་ཏེ། །ཟླ་བ་ཞུ་ལྟར་འོད་ཕུང་རྣམ་པར་གྱུར། །རང་གི་ ཚངས་བུག་ནས་ཞུགས་སྙིང་ནང་བཞུགས། །ཐུགས་ཡིད་རོ་མཉམ་ཆེན་པོའི་ངང་དུ་བཞག །དགེ་འདིའི་སྐྱེ་བ་འདི་དང་ཚེ་རབས་སུ། །རྣམ་གཉིས་བླ་མ་རིགས་ཀྱི་བདག་པོར་བཅིངས། 9-1-187 །ཟབ་རྒུའི་གདམས་པས་རྟག་པར་ལེགས་བསྐྱངས་ཏེ། །བདག་གིས་འདྲེན་པ་གཉིས་ཀྱི་ དཔལ་ཐོབ་ཤོག །ཅེས་བླ་སྒྲུབ་མདོར་བསྡུས་འདི་ཡང་རྣམ་གཉིས་ཀྱི་སློབ་བུ་མཚན་ལྡན་གྱི་མོས་འདུན་བཞིན་མ་ཏིས་ བྲིས་པའོ།། །། 9-1-188 ༄༅། །དབོན་བསོད་ནམས་རྒྱ་མཚོ་བླ་མ་རྒྱང་འབོད་བསྡུས་པ་ དད་པ་བསྐྱེད་པའི་དགའ་སྟོན་ཞེས་བྱ་བ་ བཞུགས་སོ། ། ༄༅། །ན་མོ་གུ་རུ། རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག །གསང་སྔགས་ལམ་ གྱི་བང་མཛོད་ཆེན་པོ། །རིམ་གཉིས་མན་ངག་གནང་བའི་བླ་མ། །སྙིང་ནས་འབོད་དོ་ཐུགས་ རྗེའི་དགོངས་མཛོད། །རྡོ་རྗེ་སེམས་དཔའི་སྤྲུལ་པའི་ཟློས་གར། །ངོ་མཚར་སྣང་བའི་བཀོད་ པ་འབྱམས་ཀླས། །གདུལ་བྱའི་ཡིད་ཀྱི་རྗེས་འགྲོར་སྟོན་མཛད། །ཁྱབ་བདག་བླ་མ་ཡང་ ཡང་དྲན་ནོ། །དགེ་ལེགས་རྨད་བྱུང་གསར་བའི་དགའ་སྟོན། །ངེས་དོན་བསྟན་པའི་ཁུར་ཆེན་ འདེགས་པའི། །མཁས་གྲུབ་གཉིས་ལྡན་བསྟན་པའི་རྩ་ལག །རྗེ་བཙུན་ཀུན་དགའ་བསོ༵ད་ ནམ༵ས་རྒྱ་མཚོ། །ཁ་མིན་གཏིང་ནས་མགོན་ཁྱོད་འབོད་ན། །དྲི་བྲལ་ཆོས་དབྱིངས་དག་པའི་ ཀློང་ནས། །བརྩེ་ཆེན་མཁྱེན་པ་ཟབ་མོའི་ཐུགས་རྗེ། །ནམ་ཡང་གཡེལ་མེད་རྟག་ཏུ་གཟིགས་ མཛོད། །ཉམ་ཐག་མགོན་དང་བྲལ་བ་ངེད་ཅག །ཤུགས་ཆེན་ལས་དབང་བཙན་པོའི་རླུང་ གིས། །དབང་མེད་སྲིད་མཚོར་བསྐྱོད་པའི་གནས་ཚུལ། །མགོན་པོ་གང་གིས་ཐུགས་ཀྱིས་ དགོངས་སམ། །འདྲེན་པ་མཆོག་གི་གཟུགས་སྐུ་དམ་པ། །ངེད་ཅག་སློབ་བུའི་བསོད་ནམས་ ཞིང་མཆོག །ལྗོང་འདིར་མིག་གིས་བདུད་རྩིར་གྱུར་ཚེ། །གསང་ཆེན་བསྟན་པའི་མན་ངག་ ཆེས་གསལ། །ཀྱེ་མ་བསོད་ནམས་སྐལ་བས་མ་ཐེག །ཆོས་ཀྱི་ཉིན་བྱེད་གློ་བུར་ནུབ་ནས། 9-1-189 །ངེད་ཚོ་སློབ་བུ་ཤུལ་དུ་ལྷག་ན། །ཚུལ་འདི་དགོངས་ལ་ཐུགས་རྗེས་མ་འདོར། །བཀའ་དྲིན་ འཁོར་མེད་རྩ་བའི་བླ་མ། །རྗེ་བཙུན་ཀུན་དགའ་བསོད་ནམས་རྒྱ་མཚོ། །མཁྱེན་ནོ་གདུང་ བའི་ཡུས་ཀྱིས་འབོད་ན། །དགྱེས་པའི་ཞལ་བཟང་མྱུར་ནས་སྟོན་ཤོག །ལས་ངན་ལམ་དང་ བྲལ་བ་ངེད་ཚོ། །བཟོད་དཀའ་འཁོར་བའི་དོང་རིང་ཟབ་མོར། །ཡུན་རིང་སྡུག་བསྔལ་ཁུར་ གྱིས་ནོན་སོང༌། །ད་དུང་ཐུགས་རྗེས་ཅིས་ཕྱིར་མི་སྐྱོང༌། །སྐྱོབས་པ་གང་གི་སློབ་འབངས་ ངེད་ཅག །རྗེ་བཙུན་ཁྱེད་ལས་རེ་ས་གཞན་མེད། །དེ་སླད་ཁྱོད་ཀྱི་ཐུགས་རྗེའི་ཞགས་པས། །ངེད་ཚོ་ནམ་ཡང་ལྷོ ད་པ་མ་མཛད། །ཉམ་ཆུང་སྐྱབས་དང་བྲལ་བའི་བུ་ཕྲུག །གདུང་བའི་ ཡུས་ཀྱིས་ཕ་མར་འབོད་ལྟར། །ངེད་ཅག་སློབ་བུའི་དད་པའི་ཡུས་ཀྱིས། །རྗེ་བཙུན་བླ་མ་ ཁྱེད་ཉིད་འབོད་ན། །མཚུངས་མེད་ཐུགས་རྗེའི་གཏེར་གྱུར་གང་དེ། །དག་པའི་ཞིང་ཁམས་ གང་དུ་བཞུགས་ཀྱང༌། །བརྩེ་བ་ཆེན་པོས་ཐུགས་རྒྱུད་བསྐུལ་ཏེ། །བྱིན་རླབས་སྣང་བ་ཆར་ ལྟར་སྙི ལ་ཤོག །ཆོས་དབྱིངས་དག་པའི་གཞལ་ཡས་ཉམས་དགར། །ཟུང་འཇུག་ཡེ་ཤེས་སྐུ་ བཟང་རྒྱས་པ། །ཡ་མཚན་སྣ་ཚོགས་འཕྲུལ་ཆེན་འགྱེད་བཞིན། །འདི་སྣང་གཞོམ་པའི་ལྟད་ མོ་སྟོན་ཅིག །དཔལ་ལྡན་བླ་མ་བསོད་ནམས་རྒྱ་མཚོ། །ངེད་ཅག་སློབ་བུའི་སྐྱབས་གནས་ གཅིག་པུ། །སྙིང་ནས་རེ་བའི་ཚིག་གི་ཁྱེད་འབོད། །གཞོམ་མེད་གསུང་མཆོག་དབྱིངས་ནས་ སྒྲོགས་མཛོད། །དྲི་མེད་བདེ་སྟོང་མཁྱེན་པའི་ཕུང་པོ། །སྙིང་རྗེའི་ཆ་ཤས་ཀུན་ནས་རྫོགས་ པ། །མཁྱེན་བརྩེ་ཟླ་བྲལ་ཕ་ཅིག་བླ་མས། །དགའ་བ་བཞི་ཡི་ཉམས་མྱོང་སྩོལ་མཛོད། །རྨད་ བྱུང་སྟོང་པའི་གཟུགས་བཟང་དམ་པ། །ངོ་མཚར་མཛེས་པ་འབྱིན་པའི་སྒྱུ་འཕྲུལ། །ཟག་ མེད་ལུས་མཆོག་འཛིན་པ་གང་གིས། །རབ་འབྱམས་སྟོང་གཟུགས་སྣང་བ་འཕེལ་མཛོད། །བདག་སོགས་འདི་དང་ཚེ་རབ་ཀུན་ཏུ། །སྐུ་བཞིའི་གོ་འཕང་མཆོག་ལ་རེག་པར། །དཔལ་ ལྡན་བླ་མའི་ཐུགས་རྗེས་མ་བཏང༌། །རྒྱུན་དུ་གཡེལ་མེད་མགོན་སྐྱབས་མཛོད་ཅིག །དཀྱིལ་ 9-1-190 འཁོར་གཙོ་དང་ཐ་མི་དད་པའི། །བྱིན་རླབས་དབང་ཕྱུག་རིགས་བདག་བླ་མའི། །ནུས་མཐུ་ ཟླ་དང་བྲལ་བའི་བྱེད་པོ། །མི་ཤིགས་སྙིང་ལ་འཇུག་པར་གྱུར་ཅིག །ཅེས་བླ་མ་རྒྱང་འབོད་བསྡུས་པ་ དད་པ་བསྐྱེད་པའི་དགའ་སྟོན་ཞེས་བྱ་བ་འདི་ཡང་དཔལ་ལྡན་བླ་མ་གང་གི་སློབ་བུ་དད་ཅན་འགས་ངོར་རྨོངས་བན་ཀིརྟིའི་མིང་ མཐའ་འཛིན་པས་འཕྲལ་དུ་བྲིས།། །། 9-1-191 ༄༅། །མཆོག་སྤྲུལ་ཀུན་དགའ་དཔལ་གྱི་རྒྱང་འབོད་མདོར་བསྡུས་ བྱིན་རླབས་དཔལ་སྩོལ་ཞེས་བྱ་བ་བཞུགས་སོ། ། ༄༅། །དཔལ་ལྡན་མི་ཤིགས་ཐུགས་ཀྱི་རྡོ་རྗེ། །གཞི་འབྲས་དབྱེར་མེད་དང་པོའི་ སངས་རྒྱས། །སྣ་ཚོགས་གང་འདུལ་ངོར་དང་འཚམས་པའི། །མཛད་བཟང་དུས་སུ་ཅི་དགར་ སྟོན་ཤོག །དག་ཆེན་དབྱིངས་ནས་སྒྱུ་མའི་རོལ་པ། །ལོངས་སྤྱོད་རྫོགས་དང་སྤྲུལ་པའི་རྣམ་ བཀོད། །དག་དང་མ་དག་འཁོར་ལ་ངོམ་པའི། །གང་འདུལ་ལྟད་མོས་ཆོས་སྣང་སྤེལ་མཛོད། །གཤིས་ལུགས་ཆོས་ཉིད་བདེ་གཤེགས་སྙིང་པོ། །ཡོངས་གྲུབ་ཡེ་ཤེས་རོལ་པའི་འཕྲུལ་ཆེན། །འགྲོ་འདྲེན་མཆོག་གི་རྣམ་པར་སྣང་འདི། །ཨ་ཧོ་གཟུགས་སྐུའི་ཞལ་བཟང་སྟོན་ཤོག །རྡོ་ རྗེ་འཆང་ཆེན་ཆོས་རྒྱལ་རིགས་ལྡན། །དུས་ཞབས་པ་སོགས་བརྒྱུད་རིམ་བླ་མ། །མཆོག་སྤྲུལ་ ཡེ་ཤེས་རོལ་པར་ཤར་ཏེ། །བླ་མ་ཀུན་འདུས་ངོ་བོར་བཞེངས་པ། །དཔལ་ལྡན་རྡོ་རྗེ་རྣམ་ བཞིའི་མངའ་བདག །མཆོག་སྤྲུལ་ཀུན་དགའ་དཔལ་གྱི་མཚན་ཅན། །མི་མངོན་དབྱིངས་ ནས་ཐུགས་རྗེས་གཟིགས་ལ། །སློབ་འབངས་ཡོངས་ལ་བྱིན་གྱིས་རློབས་ཤིག །སངས་ རྒྱས་ཀུན་དངོས་རིགས་ལྡན་སྤྲུལ་སྐུ། །མ་ལུས་དཀྱིལ་འཁོར་སྤྲོ་བའི་དབང་ཕྱུག །ངེས་དོན་ བསྟན་པའི་མངའ་བདག་གཅིག་ཉིད། །གང་དང་རྣམ་དབྱེར་མེད་པའི་ཆོས་རྗེ། །དཔལ་ལྡན་ རྡོ་རྗེ༴ སོགས་ཚིག་རྐང་བཞི་འགྲེས། ནག་པོ་སྤྱོད་འཆང་སྒྱུ་མའི་རོལ་གར། །གསང་ཆེན་ངེས་དོན་ བསྟན་པའི་གཉེན་གཅིག །འཇམ་མགོན་བླ་མ་མཆོག་གི་མཛད་ཆེན། །ལྗོངས་འདིར་ངུར་ 9-1-192 སྨྲིག་བཤེས་སུ་བརྫུ་བ། །དཔལ་ལྡན༴ ཀུན་མཁྱེན་ཐུགས་རྗེ་བཟང་པོའི་རྣམ་འཕྲུལ། །འགྲོ་ འདྲེན་ཀུན་དགའ་ངེས་དོན་སྐྱབས་མཆོག །གང་ཉིད་ཐ་དད་རོལ་པའི་མཆོག་སྤྲུལ། །ཟླ་དང་ བྲལ་བའི་ཐུགས་རྗེའི་མངའ་བདག །དཔལ་ལྡན༴ མ་ལུས་དཀྱིལ་འཁོར་སྤྲོ་བའི་རིགས་ བདག །བདེ་སྟོང་གཉིས་མེད་དུས་ཀྱི་འཁོར་ལོ། །གསང་གསུམ་ཆེ་བའི་མགོན་དུ་བཞུགས་ པ། །གང་ཐུགས་རོ་མཉམ་རྡོ་རྗེ་འཛིན་པ། །དཔལ་ལྡན༴ གསང་བ་འདུས་དང་བདེ་དགྱེས་ ལ་སོགས། །ཡི་དམ་རྒྱུད་སྡེ་རབ་འབྱམས་ལྷ་ཚོགས། །ཐུགས་མཆོག་དགོངས་ཀློང་དབྱིངས་ ལས་ཤར་བ། །འཁོར་ལོའི་མགོན་པོ་ཁྱབ་བདག་བླ་མ། །དཔལ་ལྡན༴ སྐལ་བཟང་རྣམ་ འདྲེན་སྟོང་རྩ་གཉིས་དང༌། །ཕྱོགས་བཅུའི་བདེ་གཤེགས་འབྱམས་ཀླས་གང་དག །སྤངས་ རྟོགས་ཡོན་ཏན་ཡོངས་སུ་རྫོགས་པ། །མགོན་མཆོག་དག་གིས་སྤྲུལ་པའི་བཤེས་གཉེན། །དཔལ་ལྡན༴ གནས་ལུགས་ཆོས་དབྱིངས་དྲི་བྲལ་དྭངས་པ། །འོད་གསལ་ཞི་བ་ཆེན་པོའི་ དེ་ཉིད། །གང་ལས་ལུང་རྟོགས་སྣང་བའི་ཆོས་ཚུལ། །ཇི་བཞིན་འཛིན་པའི་སྐྱེས་ཆེན་དམ་ པ། །དཔལ་ལྡན༴ ཆོས་ཉིད་རིམ་མཐོང་ཡེ་ཤེས་མཆོག་བརྙེས། །ཚོགས་མཆོག་འདུས་པ་ བསོད་ནམས་ཞིང་གཙོ། །རླབས་ཆེན་ཐུགས་མངའ་འགྲོ་བའི་འདྲེན་པ། །དགེ་འདུན་ཀུན་གྱི་ ཕུལ་གྱུར་སྤྱི་རྗེ། །དཔལ་ལྡན༴ མ་སྲིང་མཁའ་འགྲོ་འབུམ་སྡེའི་རིགས་དང༌། །ཡེ་ཤེས་སྤྱན་ ལྡན་ཆོས་སྐྱོང་བསྲུང་ཚོགས། །མ་ལུས་གང་དག་ཁྱེད་ཀྱི་སྤྲུལ་པ། །སྐྱབས་གནས་ཐམས་ཅད་ འདུས་པའི་བདག་ཉིད། །དཔལ་ལྡན༴ ཐབས་མཁས་མདོ་བཟང་རྒྱུན་ཆད་བྲལ་བ། །གང་ ལ་གང་འདུལ་སྤྲུལ་པའི་རོལ་གར། །ནམ་མཁའ་རབ་འབྱམས་ཀུན་ཏུ་བརྡལ་ཞིང༌། །རྣམ་ འཕྲུལ་རླབས་ཆེན་འགྲོ་མགོན་ཉག་གཅིག །དཔལ་ལྡན༴ གང་ཐུགས་ཆོས་དབྱིངས་ བདེ་བ་ཆེན་པོར། །ནམ་ཡང་གཡོ་མེད་རྟག་བཞུགས་ངང་ནས། །ཇི་བཞིན་རེ་བའི་འདོད་ པ་བསྐང་ཏེ། །སྐྱབས་མགོན་དམ་པས་རྗེས་སུ་བཟུང་མཛོད། །རྗེ་བཙུན་བླ་མ་ཐུགས་རྗེའི་ 9-1-193 དབང་ཕྱུག །རྒྱང་ནས་འབོད་པའི་དད་ལྡན་ཡོངས་ལ། །བརྩེ་ཆེན་གཟིགས་པ་གཡེལ་མེད་ བཞིན་དུ། །ཁྱེད་ཀྱིས་བྱིན་རླབས་གང་འཚམས་སྩོལ་ཅིག །ཅེས་དཔལ་ལྡན་བླ་མ་སྤྲུལ་པའི་སྐུ་གང་གི་ བླ་མ་རྒྱང་འབོད་མདོར་བསྡུས་བྱིན་རླབས་དཔལ་སྩོལ་ཞེས་བྱ་བ་འདི་ཡང་ཉིད་ཀྱི་ཐུགས་སློབ་གྲྭ་བཙུན་ཚོགས་མཆོག་གི་མོས་ འདུན་བཞིན་མ་ཏིས་སྤེལ་བ་ཛ་ཡནྟུ། 9-1-194 ༄༅། །མཆོག་སྤྲུལ་ཀུན་དགའ་དཔལ་གྱི་སྤྲུལ་སྐུ་མྱུར་བྱོན་ སྨོན་ཚིག་ལེགས་བསྡུས་འདོད་པ་ མྱུར་འགྲུབ་དང་གསོལ་འདེབས་ སོགས་བཞུགས། ༄༅། །གདོད་ནས་ལྷུན་གྲུབ་ནང་དབྱིངས་ཆོས་ཀྱི་སྐུ། །འོད་གསལ་འཁོར་འདས་ དེ་ཉིད་ཉག་གཅིག་པ། །སྤྲོས་ཀུན་གཤིས་ནས་དྭངས་པའི་བདེ་ཆེན་ཁམས། །མཁའ་ཁྱབ་ མཁའ་ཡི་རྡོ་རྗེ་རྒྱལ་གྱུར་ཅིག །རྣམ་ཀུན་ཕྱག་རྒྱའི་གཟུགས་ཀྱི་འཁོར་ལོ་དང༌། །དབྱེར་ མེད་མི་འགྱུར་དགའ་ཆེན་བདེ་བའི་དོན། །ནམ་ཡང་གཡེལ་བ་མི་མངའི་མཛད་ཕྲིན་གྱིས། །རྟག་པར་ཕྱོགས་ཀྱི་འཁོར་ལོའི་རོལ་པ་ལས། །གང་འདུལ་འགྲོ་ལ་རེ་འདོད་མྱུར་སྐོངས་ མཛོད། །ཀུན་མཁྱེན་རྟོན་བཞི་ལྡན་པའི་དགོངས་བཅུད་ཆེ། །གསང་ཆེན་ངེས་དོན་དབུ་མའི་ སྒྲུབ་བརྒྱུད་བསྟན། །དུས་འདིར་ཡོངས་སྤེལ་བསྟན་པའི་རྩ་ལག་ཏུ། །གཟུགས་སྐུའི་འཕྲུལ་ གྱིས་བདག་སོགས་མྱུར་སྐྱོང་ཤོག །དེ་མཐུས་ལྗོངས་འདིར་སྐྱེ་རྒུའི་བསོད་ནམས་ཞིང༌། །ངེས་དོན་བསྟན་པའི་ཉི་མ་ལེགས་ཤར་ཏེ། །ཕན་བདེ་སྣང་བའི་བཀྲ་ཤིས་དཔལ་འབར་བ། །ནམ་ཞིག་སྲིད་མཐའི་བར་དུ་གནས་གྱུར་ཅིག །ཅེས་པ་འདི་ཡང་རྡོ་རྗེ་འཆང་མཆོག་གི་སྤྲུལ་པའི་སྐུ་གང་གི་ གསོལ་འདེབས། སྤྲུལ་སྐུ་མྱུར་བྱོན་སྨོན་ཚིག་ལེགས་བསྡུས་འདོད་པ་མྱུར་འགྲུབ་ཞེས་བྱ་བ་འདི་ཡང༌། ལུང་རིགས་སྨྲ་བའི་སྐྱེས་ ཆེན་བླ་མ་བློ་ལྡན་གྱི་ཐུགས་བཞེད་ལྟར་མ་ཏིའི་མིང་གིས་སྦྱར་བ་ཛ་ཡན་ཏུ།། །། བཀྲ་ཤིས། ༈ ཀུན་བཟང་བདེ་ཆེན་ཡེ་ཤེས་ཐུགས་རབ་ཀྱི། །འོད་གསལ་སྟོང་པའི་གཟུགས་བརྙན་ 9-1-195 མངོན་བྱས་པ། །ཟབ་ལམ་གདམ་བཟང་མངའ་བའི་བཤེས་གཉེན་རྗེ། །དཔལ་ལྡན་བླ་ལ་ མཆོག་ལ་གསོལ་བ་འདེབས། །ཅེས་པ་འདི་ཡང༌། མ་ཏིས་སོ།། །། ༈ རྣམ་ཀུན་ཕྱག་རྒྱའི་གཟུགས་ཀྱི་འཁོར་ལོ་དང༌། །དབྱེར་མེད་མི་འགྱུར་དགའ་ཆེན་ བདེ་བའི་འཕྲུལ། །དག་སྣང་རོལ་པའི་དཔལ་དུ་ལེགས་ངོམ་པ། །ཁྱབ་བདག་རྡོ་རྗེ་འཆང་ལ་ གསོལ་བ་འདེབས། །མ་ཏི་ཀིརྟིས་སྦྱར་བའོ།། །། ༈ དུས་གསུམ་རྒྱལ་ཀུན་ངོ་བོ་སྤྲུལ་པའི་སྐུ། །མཁྱེན་དང་བརྩེ་བ་མཆོག་གི་བདག་ཉིད་ རྗེ། །རང་ལ་སངས་རྒྱས་ལས་ལྷག་བཀའ་དྲིན་ཅན། །སྐྱབས་མགོན་ཀུན་དགའ་དཔལ་ལ་ གསོལ་བ་འདེབས། །མོས་ལྡན་བདག་གི་སེམས་རྒྱུད་བྱིན་རློབས་ལ། །རྟག་ཏུ་གཡེལ་བ་ མེད་པར་ཐུགས་རྗེས་ཟུང༌། །ནམ་ཞིག་ཁོ་བོ་འདི་སྣང་ནུབ་མ་ཐག །ཁྱེད་དྲུང་སྐྱེས་ཏེ་ལམ་ ཟབ་མཐར་ཕྱིན་ཤོག །ཅེས་གསོལ་འདེབས་འདི་ཡང་ཇོ་མོ་ལབ་སྒྲོན་ལ་མཁོ་ཕྱིར་མ་ཏིས་སོ།། །། 9-1-196 ༄༅། །བསྟན་པ་རབ་རྒྱས་ཀྱི་རྒྱང་འབོད་བཞུགས། ༄༅། །ན་མོ་གུ་རུ་བྷྱཿ དཔལ་ལྡན་ཀུན་གཟིགས་མཁྱེན་པའི་དབང་ཕྱུག །ངེས་པ་ ལྔ་ལྡན་ཞིང་གི་གཙོ་བོ། །ཁྱབ་བདག་རྒྱལ་བ་རྡོ་རྗེ་འཆང་ཆེན། །ངོ་མཚར་སྒྱུ་མའི་གར་གྱི་ རྣམ་རོལ། །བཀའ་དྲིན་གསུམ་ལྡན་རྗེ་བཙུན་དམ་པ། །ཀུན་དགའ་ངེས་དོན་བསྟན༵་པ་རབ༵་ རྒྱས། །ཆོས་སྐུ་དགོངས་ཀློང་ཟབ་མོའི་དབྱིངས་ནས། །བྱིན་རླབས་སྣང་བས་བདག་རྒྱུད་ སྨིན་མཛོད། །སྔགས་ཀྱི་ཞིང་མཆོག་ཀ་ལཱ་པ་རུ། །གསང་ཆེན་སྔགས་ཀྱི་མཛོད་སྒོ་འབྱེད་ མཛད། །ཆོས་རྒྱལ་རིགས་ལྡན་ས་བཅུའི་མངའ་བདག །དགེ་མཚན་བླ་མའི་ངོ་བོར་རོལ་བ། །བཀའ་དྲིན་གསུམ་ལྡན༴ སོགས་འགྲེས། བྱིན་རླབས་དོན་གྱི་བརྒྱུད་ལྡན་བླ་མ། །དུས་ཞབས་ པ་སོགས་གསང་ཆེན་མཛོད་འཛིན། །ངོ་མཚར་རིམ་པར་བྱོན་པའི་སྐྱེས་ཆེན། །ངུར་སྨྲིག་ དགེ་བའི་བཤེས་སུ་སྤྲུལ་པ། །བཀའ་དྲིན༴ བདེ་སྟོང་ཡེ་ཤེས་འཕྲུལ་གྱི་ལང་ཚོ། །རྣམ་བྱང་ གཟུགས་སྐུ་ཁ་སྦྱོར་བདུན་ལྡན། །དང་པོའི་སངས་རྒྱས་དུས་གྱི་འཁོར་ལོ། །འགྲོ་བ་འདྲེན་ པའི་མགོན་དུ་ཤར་བ། །བཀའ་དྲིན༴ གཞན་ཡང་ཡི་དམ་རྒྱུད་སྡེའི་ལྷ་ཚོགས། །བདེ་གསང་ འཇིགས་སོགས་དཀྱིལ་འཁོར་འཁོར་ལོ། །རབ་འབྱམས་རིགས་ཀྱིས་མངའ་བདག་ཆེན་པོ། །རང་ཅག་བསོད་ནམས་སྐལ་བའི་བླ་མ། བཀའ་དྲིན༴ སྤངས་རྟོགས་མཐར་ཕྱིན་བླ་མེད་ སྟོན་པ། །ཀུན་གཟིགས་བརྩེ་བ་རྒྱ་མཚོའི་བདག་ཉིད། །གསང་གསུམ་ཡོན་ཏན་ཕ་མཐའ་ བྲལ་བ། །བདེ་གཤེགས་རྒྱལ་བའི་རྣམ་འཕྲུལ་ཆེ་བ། །བཀའ་དྲིན༴ ཞི་བསིལ་གྲོལ་བའི་ ཆོས་དབྱིངས་དྭངས་པ། གཉུག་མ་གཤིས་ནས་ཤར་བའི་དག་ཆེན། །མ་ལུས་སྤྲོས་ཚོགས་ གདོད་ནས་ཞི་བ། །ཇི་བཞིན་མངོན་གྱུར་ཆོས་ཀྱི་མཛོད་འཛིན། །བཀའ་དྲིན༴ རིགས་དང་ གྲོལ་བའི་དགའ་སྟོན་རྒྱས་ཤིང༌། །ཚོགས་མཆོག་ཡོངས་ཀྱི་གཙུག་གི་རྒྱན་གཅིག །ཡང་དག་ 9-1-197 གནས་ལུགས་ཇི་བཞིན་འདོམ་མཛད། །དགེ་འདུན་ངུར་སྨྲིག་གར་གྱི་རོལ་པ། །བཀའ་དྲིན༴ ཀུན་གཟིགས་ཡེ་ཤེས་ཞི་བ་ཆེན་པོ། །རང་བཞིན་དམིགས་མེད་མཁའ་ལྟར་ཁྱབ་པ། །ཐབས་ ཚུལ་མཐུ་ལྡན་བསྟན་བསྲུང་དྲེགས་ལྡན། །ཡེ་ཤེས་སྤྱན་ལྡན་ཆོས་སྐྱོང་སྤྲུལ་མཛད། །བཀའ་ དྲིན༴ ངེས་པ་དོན་གྱི་རང་བྱུང་གནས་ལུགས། །འཁོར་འདས་གཞི་དབྱིངས་ཉག་གཅིག་གྱུར་ པ། །འོད་གསལ་བདེ་ཆེན་ཡེ་ཤེས་རྡོ་རྗེ། །དོན་དམ་ཆོས་སྐུའི་བླ་མ་ཆེན་པོ། །བཀའ་དྲིན༴ དོན་ལ་གཤེགས་བཞུད་མཛད་པ་མི་མངའ། །དག་དང་མ་དག་ཞིང་གི་འགྲོ་ལ། །སྣ་ཚོགས་ ཁམས་མཐུན་ཆོས་སྒོ་རྒྱ་མཚོ། །ཅིག་ཆར་མཛད་པས་འགྲོ་ཁམས་སྐྱོང་མཛད། །བཀའ་དྲིན༴ གདུལ་བྱའི་རྟག་འཛིན་གཞོམ་པའི་ཐབས་མཁས། །གང་འདུལ་འགྲོ་ངོར་གཟུགས་སྐུ་བསྡུ་ ཚུལ། །དོན་དམ་པར་ན་ཀུན་ཁྱབ་རང་བཞིན། །ཐུགས་རྗེ་མཁྱེན་བརྩེ་རྒྱ་མཚོའི་བདག་ཉིད། །བཀའ་དྲིན༴ ཚུལ་དེ་ལྟར་ན་འགྲོ་མགོན་མཆོག་གི །གཟུགས་སྐུའི་འཕྲུལ་བཟང་གང་དུ་ བཞེངས་པའི། །དག་པའི་ཞིང་མཆོག་དེ་ནས་ཕེབས་ལ། །དེང་སྐབས་བུ་སློབ་ཡིད་འདོད་ སྐོང་མཛོད། །ཀྱེ་ཧོ་ཕ་ཅིག་ཡིད་བཞིན་ནོར་བུ། །གང་བསམ་ཡིད་ཀྱི་རེ་བ་སྐོང་བའི། །བཀའ་ དྲིན་འཁོར་མཐའ་བྲལ་བའི་བླ་མ། །དུང་དུང་སྙིང་ནས་དད་གུས་མི་ལྷོ ད། །དགོས་འདོད་འཇོ་ བའི་དབྱིག་གི་གཏེར་ཆེན། །ད་ལྟ་ཞིང་མཆོག་གང་ན་བཞུགས་ཀྱང༌། །ཉམས་ཆུང་སློབ་བུའི་ ཡུས་ཀྱིས་འབོད་ན། །དག་སྣང་ཡུལ་དུ་གཟུགས་སྐུ་སྟོན་ཤོག །བྱིན་རླབས་སྣང་བའི་གཏེར་ ཁ་ཕྱེས་ཏེ། །བདག་སོགས་སློབ་བུའི་སེམས་རྒྱུད་ཞིང་སར། །ཉམས་མྱོང་བཟང་པོའི་དྲོད་ ཚད་མངོན་ནས། །རིམ་གཉིས་མྱུ་གུ་ཡོངས་འཕེལ་མཛོད་ཅིག །སྐྱེ་བ་འདི་དང་ཚེ་རབས་ ཀུན་ཏུ། །དཔལ་ལྡན་བླ་མའི་ཐུགས་རྗེས་མ་འདོར། །སྐྱིད་སྡུག་ལེགས་ཉེས་ཇི་ལྟར་འབྱུང་ ན། །མགོན་ཁྱོད་དགོངས་ཀློང་ཟབ་མོར་མཁྱེན་མཛོད། །རེ་བ་ཆེའོ་རྩ་བའི་བླ་མ། །དུང་དུང་ འབོད་དོ་ཐུགས་རྗེའི་གཏེར་ཆེན། །སྐྱབས་གཞན་མེད་དོ་སྐྱབས་གནས་གཅིག་པུ། །བསླུ་བ་ 9-1-198 མི་མངའ་དུས་ཀུན་གཟིགས་ཤིག །ཅེས་པ་འདི་ཡང་དཔལ་ལྡན་བླ་མ་མཆོག་གི་སློབ་བུ་ཆོས་ཉིད་བཟང་གི་ཆེད་དུ་ མ་ཏིས་བྲིས་པ་དགེའོ།། །། 9-1-199 ༄༅། །ངག་དབང་གསལ་བཟང་གི་བླ་སྒྲུབ་ཉུང་བསྡུས་ བྱིན་རླབས་འབེབས་བྱེད་ཅེས་བྱ་བ་ བཞུགས་སོ། ། ༄༅། །བླ་མ་དམ་པ་ལ་ཕྱག་འཚལ་ནས་འདི་བླ་སྒྲུབ་ཉུང་བསྡུས་བྱ་བའི་ཐབས་ལ་འདི་སྐད་དོ། །ཕུལ་བྱུང་ སྐྱབས་ཀུན་འདུས་པའི་བདག་ཉིད་རྗེ། །བླ་མ་དུས་གསུམ་སངས་རྒྱས་ཀུན་གྱི་དངོས། །དེང་ ནས་བྱང་ཆུབ་བར་དུ་སྐྱབས་སུ་བསྟེན། །བདག་སོགས་འགྲོ་ཀུན་སྲིད་ཞིའི་འཇིགས་ལས་ སྐྱོབས། །མ་རིག་ཀུན་རྟོག་འཁྲུལ་བའི་གཞན་དབང་གིས། །བདག་མེད་བདག་ཏུ་ཞེན་པས་ རྨོངས་འགྲོ་ཀུན། །རང་རིག་བླ་མའི་རང་ཞལ་མྱུར་མཇལ་ནས། །གདོད་མའི་དབྱིངས་སུ་ གྲོལ་བར་སེམས་བསྐྱེད་དོ། །རང་མདུན་ཀུན་གསལ་མཁའ་ལ་འཇའ་ཟེར་དབུས། །ཡིད་ འཕྲོག་གདོང་ལྔས་བཏེགས་པའི་ཁྲི་འཕང་སྟེང༌། །རབ་རྒྱས་པདྨོར་ཉ་གང་ཟླ་བའི་དབུས། །དུས་གསུམ་རྒྱལ་ཀུན་ངོ་བོ་བླ་མ་རྗེ། །ངག་དབང་རབ་གསལ་བཟང་པོ་འགྲོ་བའི་མགོན། །མཛེས་སྡུག་སྒྱུ་མའི་སྐུ་མཆོག་ངོ་མཚར་པ། །དཀར་གསལ་དམར་མདངས་རྫོགས་པའི་ མཚར་སྡུག་སྐུ། །ཞལ་གཅིག་ཕྱག་གཉིས་རྡོར་དྲིལ་ཐུགས་ཀར་བསྣོལ། །ཞབས་ཟུང་དཀྱིལ་ ཀྲུང་དབུ་ལ་པན་ཞྭས་མཛེས། །ཆོས་གོས་རྣམ་གསུམ་ངུར་སྨྲིག་རྒྱལ་མཚན་འཛིན། །གཡས་ གཡོན་མཛེས་སྡུག་འདབ་བརྒྱའི་འཁྲི་ཤིང་སྟེང༌། །ངོ་མཚར་བུམ་བཟང་གླེགས་བམ་ཟུང་ གིས་བརྒྱན། །གསང་བ་གསུམ་གྱི་མཛད་པ་མཁའ་དང་མཉམ། །གནས་བཞིར་རྡོ་རྗེ་འབྲུ་ བཞིས་མཚན་པར་གྱུར། །དཔལ་ལྡན་ངག་གི་དབང་ཕྱུག་རྡོ་རྗེ་འཛིན། །བདེ་སྟོང་ཡེ་ཤེས་ སྣང་བ་རབ་གསལ་བ། །སྐལ་བཟང་འགྲོ་བའི་མགོན་གྱུར་ཐུགས་རྗེའི་གཏེར། །སྐྱབས་ 9-1-200 མགོན་དམ་པའི་ཞབས་ལ་གུས་ཕྱག་འཚལ། །ལུས་དང་ལོངས་སྤྱོད་དུས་གསུམ་དགེ་ཚོགས་ མཆོད། །ཐོག་མེད་ནས་བསགས་ཉེས་ལྟུང་མཐའ་དག་བཤགས། །རྒྱ་ཆེན་དགེ་ཚོགས་སྤྱོད་ ལ་རྗེས་ཡི་རང༌། །ཟབ་དང་རྒྱ་ཆེའི་གང་འདུལ་ཆོས་འཁོར་སྐོར། །མྱ་ངན་མི་འདའ་འགྲོ་ བའི་དོན་ལ་བཞུགས། །རབ་དགེས་མགོན་པོ་མཆོག་ཉིད་མྱུར་ཐོབ་ཤོག །ཁྱབ་བདག་ རྡོ་རྗེ་འཛིན་པའི་སྐུ་གསུང་ཐུགས། །བདག་གི་སྒོ་གསུམ་དབྱེར་མེད་མི་ཕྱེད་པར། །རྣམ་ གསུམ་དག་པའི་འཁོར་ལོའི་རྒྱན་དུ་ཤར། །དག་སྣང་དགོངས་ཀློང་ཟབ་མོའི་དབྱིངས་སུ་ བཞག །པར་བསམ་ལ། མཚན་སྔགས་བཟླ་བ་ནི། ༀ་ཨཱཿཝཀྐིནྡྲ་པྲ་ཀ་ས་བྷ་དྲ་ཧཱུཾ། ཞེས་པ་ཅི་ནུས་བཟླས། དཔལ་ལྡན་བླ་མའི་གནས་བཞིའི་ཡི་གེ་ལས། །འོད་ཟེར་དཀར་དམར་མཐིང་སེར་རབ་ འཕྲོས་པས། །བདག་གི་གནས་བཞིར་ཐིམ་པས་སྒྲིབ་བཞི་དག །དབང་བཞི་ཡོངས་རྫོགས་ སེམས་རྒྱུད་རབ་སྨིན་གྱུར། །མཁའ་དབྱིངས་བཞུགས་པའི་དཔལ་ལྡན་བླ་མ་ཉིད། །འོད་ ཕུང་བདེ་བའི་རང་བཞིན་སྐད་ཅིག་གིས། །བདག་གི་ཚང་བུག་ནས་ཞུགས་ལུས་ནང་བརྒྱུད། །སྙིང་གི་པདྨོར་རྟག་བཞུགས་རྒྱུད་བྱིན་རློབས། །རབ་དཀར་ལེགས་ཚོགས་འདི་ལས་བྱུང་བ་ ཡི། །བསོད་ནམས་དྲི་མ་མེད་པའི་ལེགས་བྱས་ཀྱིས། །བདག་སོགས་རྣམས་ཀྱི་ཉེར་ཕུང་འོད་ སྐུར་དྭངས། །གནས་ལུགས་བླ་མའི་དགོངས་ཆེན་མྱུར་མངོན་ཤོག །ཅེས་བླ་སྒྲུབ་ཉུང་བསྡུས་བྱིན་ རླབས་འབེབས་བྱེད་ཅེས་བྱ་བ་འདི་ཡང་གྲྭ་བཙུན་དབྱངས་སྙན་ཞེས་པའི་ངོར་མ་ཏིས་སོ།། །། 9-1-201 ༄༅། །བླ་མ་ངག་དབང་གསལ་བཟང་གི་རྒྱང་འབོད་ རྒྱས་བསྡུས་གཉིས་བཞུགས། ༄༅། །སྐུ་བཞིའི་དབང་ཕྱུག་རྡོ་རྗེ་གསུམ་ལྡན། །གསང་གསུམ་རབ་འབྱམས་ལྷ་ཡི་ རྣམ་རོལ། །འཁོར་ལོའི་མགོན་པོ་ཁྱབ་བདག་རྗེ་བཙུན། །ཡེ་ཤེས་ཆོས་སྐུའི་དབྱིངས་ནས་ གཟིགས་ཤིག །འབད་རྩོལ་མཚན་མ་བྲལ་བའི་གཞི་དབྱིངས། །འོད་གསལ་གནས་ལུགས་ འགྱུར་བ་མེད་པ། །གཞི་འབྲས་དབྱེར་མེད་ཆོས་སྐུའི་ཀློང་ནས། །ཐུགས་རྗེའི་མཛད་པ་ མཁའ་ལྟར་སྤྲོས་ཤིག །ངེས་པ་ལྔ་ལྡན་ཞིང་གི་གཙོ་བོ། །ཁ་སྦྱོར་བདུན་ལྡན་རྡོ་རྗེ་འཆང་ ཆེན། །རིགས་བརྒྱའི་ཁྱབ་བདག་མཆོག་གི་ངོ་བོར། །གསོལ་བ་འདེབས་སོ་བྱིན་གྱི་རློབས་ ཤིག །གང་འདུལ་སྤྲུལ་པའི་མཛད་པ་མཐའ་ཡས། །གདུལ་བྱའི་བློ་དང་འཚམ་པའི་ཆོ་ འཕྲུལ། །དཔག་མེད་ཞིང་དུ་འགྲོ་འདྲེན་མཛད་པས། །ནམ་ཡང་བདག་སོགས་འཁོར་བར་མ་ མཛད། །མཁྱེན་དང་བརྩེ་བ་རྒྱ་མཚོའི་མངའ་བདག །ཀུན་གཟིགས་ཡེ་ཤེས་སྣང་བའི་ཟློས་ གར། །གདུལ་བྱ་མཐའ་ཡས་འདྲེན་པའི་མགོན་དུ། །སྐལ་བཟང་སློབ་བུའི་རེ་འདོད་སྐོང་ མཛོད། །འཁོར་བའི་བདེ་འབྱོར་མཐའ་དག་ཡིད་ཀྱིས། །སྙིང་པོ་མེད་པར་ངེས་པ་འདྲོངས་ཏེ། །གང་ལའང་ཞེན་པ་མེད་པའི་བློ་མཆོག །བཅོས་མིན་ངེས་འབྱུང་སྐྱེ་བར་མཛོད་ཅིག །རྗེ་ བཙུན་བླ་མ་ངག་དབང་གསལ་བཟང༌། །དེང་ནས་བྱང་ཆུབ་བར་དུ་མཁྱེན་ནོ། །ཁྱེད་ལས་ གཞན་པའི་རེ་ས་མེད་པས། །ནམ་ཡང་ཀུན་ཏུ་ཐུགས་རྗེས་གཟིགས་ཤིག །མ་གྱུར་འགྲོ་ལ་ ཕན་པའི་བསམ་པ། །སྨོན་དང་འཇུག་པའི་བྱང་ཆུབ་སེམས་མཆོག །རྒྱལ་སྲས་སྤྱོད་པའི་ མཛད་བཟང་བཅས་ཏེ། །ལྷག་བསམ་བློ་ཡིས་ཡིད་ཁ་གང་མཛོད། །རྗེ་བཙུན་བླ་མ༴ སོགས། 9-1-202 དམིགས་མེད་སྤྲོས་བྲལ་དྭངས་བའི་ཡེ་ཤེས། །རྣམ་པར་མི་རྟོག་སོར་སོར་རང་རིག །ཀུན་ རྫོབ་མཚན་མ་ཞུ་བའི་དེ་ཉིད། །ཟབ་མོ་ལྟ་བ་རྒྱུད་ལ་སྐྱེས་མཛོད། །རྗེ་བཙུན་བླ་མ༴ སོགས། ཁྱད་པར་གསང་ཆེན་རྡོ་རྗེ་ཐེག་པ། །རིམ་གཉིས་ལམ་གྱི་རྣམ་འབྱོར་ཆེན་པོ། །དགའ་སྟོན་ ཡིད་ཀྱི་དཔལ་དུ་ཤར་ཏེ། །ཟུང་འཇུག་ལམ་མཐར་མྱུར་ནས་ཕྱིན་མཛོད། །རྗེ་བཙུན་བླ་མ༴ སོགས། སྐྱེ་བ་འདི་དང་ཚེ་རབས་ཕྲེང་བ། །བླ་མའི་རིགས་ཀྱི་ཅོད་པན་བཅིངས་ཏེ། །ཟབ་རྒྱའི་ གདམས་པས་རྟག་ཏུ་འཚོ་ཞིང༌། །མཐར་ཐུག་སྐུ་བཞིའི་རྒྱལ་སར་འཁོད་མཛོད། །ཅེས་པའི་བླ་མ་ རྒྱང་འབོད་འདི་ཡང་དབྱངས་སྙན་ལ་མཁོ་ཕྱིར་མ་ཏིས་སོ།། །། ༄༅། །ན་མོ་གུ་རུ་ཀྱེ་མ་ཧོ་བླ་མ་མཁྱེན་ནོ། ལན་གསུམ། དཔལ་ལྡན་ཀུན་ཁྱབ་སྐུ་བཞིའི་ དབང་ཕྱུག །རྣམ་ཀུན་མཆོག་ལྡན་འོད་གསལ་དབྱིངས་ནས། །གང་འདུལ་འགྲོ་བའི་སྐྱབས་ སུ་བཞེངས་ལ། །སྙིང་ནས་རེ་བའི་འདོད་པ་སྐོང་མཛོད། །བརྩེ་བ་རླབས་ཆེན་མངའ་བའི་ མགོན་གཅིག །གདུང་དབྱངས་ང་རོས་འབོད་འདི་དགོངས་ལ། །སྙིང་ནང་གཏིང་ཟབ་དད་ པས་བསྐུལ་ཏེ། །ཁྱོད་སྐུའི་མཛད་བཟང་གསར་བ་སྟོན་ཤོག །འདི་ངོགས་སྐྱབས་གནས་ བཀའ་དྲིན་གསུམ་ལྡན། །ཐུགས་རྗེའི་གཏེར་ཆེན་རྩ་བའི་བླ་མ། །སངས་རྒྱས་ཀུན་དངོས་ གསལ་བཟང་རྒྱ་མཚོ། །དགེ་བའི་བཤེས་མཆོག་མཚན་ཉིད་ལྡན་པ། །ད་ལྟ་མཛད་ཚུལ་ གང་དུ་བཞུགས་ཀྱང༌། །མོས་པའི་བུ་ལ་ཐུགས་རྗེ་བསྐྱོད་ནས། །བྱིན་རླབས་སྣང་བ་སྙིང་ ལ་ཞུགས་ཏེ། །རྨོངས་མུན་རྟོགས་ཚོགས་དབྱིངས་སུ་བསལ་མཛོད། །འཁོར་བར་སྐྱོ་ཤས་ ཤུགས་ཀྱིས་སེམས་བརླན། །བླ་མ་སངས་རྒྱས་དངོས་མཐོང་ཆེར་འཕེལ། །དགོངས་ཡིད་ སྤྲོས་བྲལ་དབྱིངས་སུ་གཅིག་སྟེ། །དག་མཉམ་མྱུར་ནས་འཆར་བར་ཤོག་ཅིག །ཅེས་པ་གྲགས་པ་ ལ་མཁོ་ནས། མ་ཏིས་སྨྲས་སོ།། །། 9-1-203 9-1-204 ༄༅། །བླ་མ་མཚན་ལྡན་གྱི་རྣལ་འབྱོར་བྱིན་རླབས་ འོད་བརྒྱའི་སྣང་བ་སྩོལ་བའི་ཉིན་བྱེད་ ཅེས་བྱ་བ་བཞུགས་སོ། ། ༄༅། །འདིར་བླ་མའི་རྣལ་འབྱོར་བྱིན་རླབས་འོད་བརྒྱའི་སྣང་བ་སྩོལ་བའི་ཉིན་བྱེད་ཅེས་བྱ་བ་བླ་མ་དམ་པའི་ཞབས་ ལ་ཕྱག་འཚལ་ལོ། །ཕུལ་བྱུང་འགྲོ་འདྲེན་མཛད་པ་མཁའ་མཐའ་ཡས། །བསླུ་མེད་སྐྱབས་ཀུན་ འདུས་པའི་བླ་མ་རྗེ། །གུས་པས་རེའོ་བདག་དང་མ་གྱུར་འགྲོ། །གོ་འཕང་མཆོག་ཆེད་ཟབ་ མོའི་རྣལ་འབྱོར་བགྱིད། །ལན་གསུམ། མ་ལུས་རྒྱལ་བའི་གསང་གསུམ་སྒྱུ་མའི་འཕྲུལ། །ངོ་ མཚར་དག་སྣང་ཡ་མཚན་ལྟད་མོར་བཞེངས། །དཔལ་ལྡན་བླ་མ་མཆོག་གི་ངོ་བོ་རུ། །ཡེ་ ཤེས་ཆོ་འཕྲུལ་སྣང་བས་མཁའ་མཐར་ཁྱབ། །སྐད་ཅིག་རང་མདུན་མཁའ་ལ་འཇའ་ཟེར་ སྦུབས། །ཡིད་འཕྲོག་གདོང་ལྔས་རབ་བཏེགས་ཁྲི་འཕང་སྟེང༌། །ཆུ་སྐྱེས་ཟེའུ་འབྲུར་ཉ་ རྒྱས་ཟླ་བའི་དབུས། །དུས་གསུམ་རྒྱལ་བའི་སྤྱི་གཟུགས་དགེ་བའི་བཤེས། །གསུམ་ལྡན་ རྡོ་རྗེ་འཛིན་པ་བཀའ་དྲིན་ཅན། །མཚ༵ན་མཆོག་དོན་ལྡན༵་རྩ་བའི་བླ་མའི་སྐུ། །དག་ཆེན་ཡེ་ ཤེས་རོལ་པའི་འཕྲུལ་བཟང་གིས། །ངོ་མཚར་སྒྱུ་མའི་བཀོད་པ་ཅིར་ཡང་འཛིན། །གཟུགས་ སྐུ་དཀར་ལ་དམར་བའི་མདངས་གསལ་ལ། །ཡེ་ཤེས་ཏིང་འཛིན་འབུམ་གྱི་ཉམས་བཟང་ འབར། །རི་དྭགས་ཅན་ཞལ་འཛུམ་དཀར་རབ་གཡོ་ཞིང༌། །ཕྱག་གཉིས་ཐུགས་ཀར་ཆོས་ འཆད་ཕྱག་རྒྱ་ཡིས། །མཛེས་སྡུག་འདབ་མའི་འཁྲི་ཤིང་ལྡེ མ་པ་ལ། །ངོ་མཚར་པདྨོ་གསར་ བས་གཡས་གཡོན་མཛེས། །ཟེའུ་འབྲུའི་དབུས་སུ་ཐབས་ཤེས་རྟགས་ཀྱིས་མཚན། །ཞབས་ 9-1-205 ཟུང་སྐྱིལ་ཀྲུང་རྣམ་གསུམ་གོས་ཀྱིས་བཀླུབས། །དབུ་ལ་མཁན་ཞྭ་སྙན་ཤལ་མཛེས་པས་ བརྒྱན། །རབ་འགྱིང་བརྗིད་པའི་གཟི་འོད་ཆེས་འབར་བ། །གསང་བ་གསུམ་གྱི་ཡ་མཚན་ བཀོད་པའི་འཕྲུལ། །མཁའ་དབྱིངས་ཀུན་ཏུ་རྩ་བརྒྱུད་བླ་མ་དང༌། །འཁོར་ཡུག་ཡི་དམ་ དཔའ་བོ་དཔའ་མོའི་ཚོགས། །སྲས་བཅས་རྒྱལ་བ་སྤྲིན་དཔུང་འཐིབ་པ་བཞིན། །གཞི་ ཀུན་ཆོས་སྲུང་རྒྱ་མཚོས་རབ་བཀང་བ། །མ་ལུས་རང་རང་འཁོར་ཚོགས་དང་བཅས་ཀུན། །རིགས་བདག་བླ་མའི་ཡེ་ཤེས་རོལ་བར་ཤར། །སྣང་ལ་རང་བཞིན་མེད་པ་ཆོས་ཀྱི་སྐུ། །གང་ འདུལ་སྤྲུལ་པའི་མཛད་པ་མཐའ་ཡས་པ། །ངོ་མཚར་རིས་སུ་ཆད་པ་མི་མངའ་བའི། །གང་ གི་གནས་བཞིར་རྡོ་རྗེ་བཞི་ཡིས་གཏམས། །བརྩེ་བ་ཆེན་པོས་དགྱེས་བཞིན་བཞུགས་པར་ གྱུར། །དེ་ཡང་ཀུན་རྟོག་སྤྲོས་པས་བསླད་མེད་དུ། །མ་འགགས་དག་སྣང་འཁོར་ལོའི་རྒྱན་ དུ་གསལ། །མཚན་འཛིན་སྣང་བས་རབ་དབེན་དེ་ཉིད་དབྱིངས། །མ་ལུས་ཆོས་ཀྱི་གཤིས་སུ་ མངོན་གྱུར་ཏེ། །ནང་རིག་ཡེ་ཤེས་མཆོག་གི་དཔལ་ལྡན་པ། །ངེས་པ་དོན་གྱི་བླ་མར་གསོལ་ བ་འདེབས། །ཀུན་བཟང་སྒྱུ་འཕྲུལ་དྲ་བའི་མཛེས་སྡུག་སྐུ། །གཞོམ་མེད་ཚངས་དབྱངས་ངག་ གི་དཔལ་འབར་བ། །ཟག་མེད་ཀུན་མཁྱེན་ཐུགས་མཆོག་མངའ་བའི་གཏེར། །འཁོར་ལོའི་ དབང་ཕྱུག་རྗེ་ལ་གུས་ཕྱག་འཚལ། །སྨོན་ལམ་སྔགས་རྒྱས་ཏིང་འཛིན་ལས་བྱུང་བའི། །རྣམ་ པ་ཀུན་ནས་བཟང་པོའི་མཆོད་པའི་སྤྲིན། །རབ་འབྱམས་ཞིང་དུ་ཕྱིར་བུར་བཀང་བ་འདི། །རྗེ་བཙུན་བླ་མ་འཁོར་བཅས་མཉེས་ཕྱིར་འབུལ། །ཐོག་མེད་ནས་བསགས་རང་གཞན་ སྡིག་ལྟུང་ཀུན། །དེང་ནས་བཟུང་སྟེ་བསོད་ནམས་ཞིང་མཆོག་གི །སྤྱན་སྔར་གནོང་བས་ འཆག་ཅིང་ཕྱིན་ཆད་སྡོམ། །མ་ལུས་བྱང་ཞིང་དག་པར་མཛད་དུ་གསོལ། །དཔག་ཡས་ཞིང་ དུ་དགེ་ཚོགས་རྒྱ་མཚོའི་བདག །རྨད་བྱུང་མཛད་པའི་ཚོགས་ཆེན་རབ་རྫོགས་པ། །ཡོངས་ སུ་བསྒྲུབ་པའི་རྣམ་དཀར་དེ་ཀུན་ལ། །སྙིང་ནས་དགའ་བའི་རྗེས་སུ་ཡི་རང་ངོ༌། །མགོན་ 9-1-206 པོ་མཆོག་གི་གང་འདུལ་མཛད་པ་ཡིས། །རིགས་ཅན་ཡོངས་ཀྱི་དབང་པོ་དང་འཚམ་པའི། །ཟབ་རྒྱས་ཆོས་ཀྱི་སྒོ་འཕར་རྒྱ་ཆེ་བ། །ཀུན་ནས་རྒྱས་པའི་དཔལ་ཡོན་བཟང་པོ་སྩོལ། །གང་ གི་གཟུགས་སྐུ་སྒྱུ་མའི་རོལ་གར་གྱིས། །ངོ་མཚར་ཅིར་ཡང་བསྐྲུན་པའི་རབ་དགའི་དཔལ། །འགྲོ་ཁམས་རྨོངས་པ་སེལ་བའི་ཞིང་མཆོག་ཏུ། །ནམ་ཡང་བཀོད་པ་མི་བསྡུ་རྟག་པར་སྟོན། །རྣམ་པར་དཀར་བའི་ལེགས་ཚོགས་གང་གི་སྟོབས། །དབང་ཕྱུག་རྒྱལ་བ་མ་ལུས་རིགས་ ཀྱི་བདག །འབྲལ་མེད་སྙིང་གི་དགའ་སྟོན་ལེགས་སད་ཏེ། །ངོ་མཚར་ཆོས་ཀྱི་ཉི་མ་ཡོངས་ གྱུར་ཤོག །རབ་འབྱམས་དཀྱིལ་འཁོར་སྤྲོ་ཞིང་སྡུད་པའི་མགོན། །ཁྱབ་བདག་རྡོ་རྗེ་འཆང་ དང་དབྱེར་མེད་པར། །དག་སྣང་ཡེ་ཤེས་སྒྱུ་མའི་རྣམ་རོལ་ཏུ། །ནམ་ཡང་གུས་འདུན་ཟབ་མོ་ མི་ལྷོ ད་ན། །གང་ཐུགས་མཁའ་ལས་མཁྱེན་བརྩེའི་སྤྲིན་རུམ་ནས། །ལེགས་པར་འཇོ་བའི་ བྱིན་རླབས་གྲུ་ཆར་གྱིས། །བདག་རྒྱུད་ཞིང་ས་མྱུར་དུ་བརླན་བྱས་ཏེ། །ས་བོན་རིགས་ཀྱི་ནུས་ པ་ཡོངས་འཕེལ་ཤོག །དྲི་བྲལ་ཆོས་དབྱིངས་བདེ་གཤེགས་སྙིང་པོའི་ཁམས། །ཡེ་བཞུགས་ གདོད་མའི་ནང་རིག་དྭངས་བའི་གཤིས། །སྐུ་དང་ཡེ་ཤེས་རྒྱ་མཚོའི་ངོ་བོ་རུ། །མངོན་གྱུར་ ཡེ་ཤེས་སྣང་བའི་དགའ་སྟོན་ཕོབ། །གང་གི་ཐུགས་མཆོག་ཆོས་དབྱིངས་དྲི་བྲལ་དང༌། །རང་ སེམས་དབྱེར་མེད་མཉམ་བཞག་ཆེན་པོ་ལས། །རྩ་བྲལ་ལྷུག་པའི་རང་མདངས་གསལ་བའི་ གཤིས། གཉུག་མ་སེམས་ཀྱི་གནས་ལུགས་རྟོགས་པར་ཤོག །དེ་ཚེ་ཀུན་རྟོག་སྤྲོས་པའི་གྲྭ་ ཟུར་འབུམ། །ནང་དབྱིངས་དྭངས་པའི་རང་བཞིན་ཉིད་དུ་ཟད། །འགགས་མེད་གསལ་སྟོང་ ཟུང་འཇུག་ཀུན་ཁྱབ་པ། །གཞི་ཡི་དེ་ཉིད་ཇི་བཞིན་མངོན་གྱུར་ཅིག །གཡོ་མེད་སེམས་ཀྱི་ རང་གདངས་བཅོས་མེད་པ། །མཚན་མས་ལེགས་དག་དོན་གྱི་འོད་གསལ་ཆེ། །རང་རིག་ བླ་མའི་རང་ཞལ་རང་སང་ནས། །མི་རིང་མྱུར་དུ་འཇལ་བའི་བྱིན་འོད་ཕོབ། །དཔལ་ལྡན་ འཁོར་ལོའི་མགོན་པོ་གང་ཉིད་ཀྱི། །གནས་བཞིར་རྡོ་རྗེ་རྣམ་བཞིའི་ས་བོན་གྱིས། །ལེགས་ 9-1-207 པར་མཚན་པའི་བྱིན་རླབས་འོད་ཀྱི་དཔུང༌། །དཀར་དམར་མཐིང་སེར་རང་གི་གནས་བཞིར་ ཐིམ། །བྱེད་ལས་དེ་བརྟེན་དབང་བཞིའི་ངོ་བོ་ནི། །གནས་སྐབས་སྒྲིབ་པ་རྣམ་བཞི་གང་རུང་ དང༌། །མཐར་ཐུག་སྐུ་བཞི་མངོན་དུ་འགྱུར་རུང་གི །ཁྱད་འཕགས་རིགས་ཁམས་སད་པའི་ རྐྱེན་དུ་གྱུར། །འོད་གསལ་བླ་མའི་ཆོས་སྐུ་ཀུན་ཁྱབ་བདག །བརྟན་གཡོའི་སྲོག་དང་མགོན་ དུ་ལེགས་བཞུགས་པ། །རང་ཞལ་མངོན་བྱེད་ཐབས་མཁས་འཕྲུལ་བཟང་གིས། །ཆོས་སྐུ་ ཀུན་ཁྱབ་དགོངས་དོན་གཏིང་དཔོག་ཤོག །ཁྱབ་བདག་དམ་པའི་ཆོ་འཕྲུལ་བཀོད་པའི་ ཚོགས། །སྣ་ཚོགས་འོད་ཕུང་དྲ་བས་དབྱིངས་སུ་བསྡུ། །ལེགས་མཛེས་གཟུགས་སྐུ་ཚོན་གང་ ཉིད་དུ་གྱུར། །སྤྱི་བོ་ནས་བརྒྱུད་སྙིང་གི་པདྨོར་བཞུགས། །རོ་གཅིག་དོན་དམ་ཆོས་དབྱིངས་ རྟག་གཅིག་དང༌། །གདོད་མ་ཉིད་ནས་སེམས་ཀྱི་རང་གཤིས་སུ། །ཡོད་པ་འདི་ལས་སངས་ རྒྱས་ལོག་ན་མེད། །དེ་ཕྱིར་དེ་དོན་ཇི་བཞིན་ངང་ལ་བཞག །རྣམ་དཀར་འདིས་མཚོན་དོན་ དམ་དགེ་ཚོགས་རྒྱུན། །སོ་སོར་རང་རིག་ངོ་བོར་ཡོངས་འཕོས་ཏེ། །ཡེ་གཞི་ཆོས་ཉིད་རྟེན་ པར་ཤར་བ་ཡི། །ལྷུན་གྲུབ་མཛད་པས་འགྲོ་ཀུན་རྟག་སྐྱོང་ཤོག །དེ་མ་ཐོབ་པའི་གནས་ སྐབས་ཀུན་ཏུ་ཡང༌། །བླ་མ་སངས་རྒྱས་དངོས་ཀྱི་འདུ་ཤེས་དང༌། །ཅི་མཛད་ལེགས་མཐོང་ དག་སྣང་མོས་གུས་ཀྱིས། །བླ་མའི་དམ་ཚིག་རིགས་ཀུན་འཛིན་གྱུར་ཅིག །ཅེས་བླ་མའི་རྣལ་ འབྱོར་བྱིན་རླབས་འོད་བརྒྱའི་སྣང་བ་སྩོལ་བའི་ཉིན་བྱེད་ཅེས་བྱ་བ་འདི་ཡང་རབ་བྱུང་གཙང་མར་བརྩོན་པའི་བཙུན་ཆུང་བཟོད་ པ་ཞེས་པས་ལྷ་རེག་བཅས་ཀྱིས་བསྐུལ་ངོར་རྨོངས་བན་མ་ཏི་ཀིརྟིས་བྲིས་པ་དགེའོ།། ༈ ཀུན་ནས་དགའ་བའི་ཟབ་རྒྱས་ལམ་བཟང་གིས། །སྤྲོས་མཚན་བྲལ་བའི་གནས་ ལུགས་མངོན་བྱས་ཤིང༌། །རྣམ་ཀུན་མཆོག་ལྡན་དབྱིངས་སུ་རྟག་རོལ་བ། །དཔལ་ལྡན་བླ་ མའི་ཞབས་ལ་གསོལ་བ་འདེབས། །ཅེས་པའང་རབ་བྱུང་གཙང་མ་ལ་བརྩོན་པའི་གྲྭ་བཙུན་དངོས་གྲུབ་བཟང་ སོགས་གྲྭ་གཞོན་འགའ་ཞིག་གིས་མོས་འདུན་མ་བཟློག་ཙམ་དུ་མ་ཏིའི་མིང་གིས་འཕྲལ་དུ་བྲིས།། །།བཀྲ་ཤིས། 9-1-208 9-1-209 ༄༅། །བླ་མ་བསྟན་འཛིན་དཔལ་བཟང་གི་ གདུང་འབོད་བཞུགས། ༄༅། །རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་མངའ་བདག །མཚུངས་བྲལ་རིགས་ ཀུན་འདུས་པའི་སྤྱི་དཔལ། །རྡོ་རྗེ་འཆང་དངོས་དྲིན་ཅན་བླ་མ། །མི་མངོན་དབྱིངས་ནས་ ཐུགས་རྗེས་གཟིགས་ཤིག །ཆོས་སྐུ་སྤྲོས་བྲལ་བདེ་བ་ཆེན་པོ། །འོད་གསལ་འཁོར་འདས་ དྭངས་མའི་སྲོག་ཆེན། །གཉུག་མ་ཆོས་ཉིད་བདེ་གཤེགས་སྙིང་པོ། །གང་གི་རྣམ་པར་འཕྲུལ་ བའི་རོལ་པ། །དུས་ཀྱི་གདུལ་བྱ་འདུལ་བའི་ཐབས་ཚུལ། །བཤེས་གཉེན་མི་ཡི་ཤ་ཚུགས་ འཛིན་པ། །དཔལ་ལྡན་བླ་མ་བསྟན་འཛི༵ན་དཔ༵ལ་བཟང༌། །གདུང་བས་འབོད་དོ་བྱིན་གྱིས་ རློབས་ཤིག །ངེས་པ་ལྔ་ལྡན་ལོངས་སྐུའི་ཞིང་གཙོ། །ཐེག་མཆོག་ཆོས་སྒོ་འབྱེད་པའི་གཏེར་ ཆེན། །མཛད་བཟང་བསམ་མི་ཁྱབ་པའི་བདག་ཉིད། །སྙི གས་མའི་འགྲོ་བ་འདྲེན་པའི་དེད་ དཔོན། དུས་ཀྱི་གདུལ་བྱ༴ སོགས་ཚིག་རྐང་བཞི་འགྲེས། རྨད་བྱུང་ཕྲིན་ལས་རྒྱ་མཚོ་མཛད་ཆེན། །ཡིད་བཞིན་ནོར་བུས་རེ་སྐོང་ཇི་ལྟར། །གང་ལ་གང་འདུལ་དེར་སྣང་ཚུལ་གྱིས། །ཡེ་ཤེས་སྒྱུ་ འཕྲུལ་མཚར་བཀོད་འཆང་བ། །དུས་ཀྱི་གདུལ་བྱ༴ མ་ལུས་བྱིན་རླབས་འབྱུང་བའི་སྒོ་གཅིག །རྩ་བ་བརྒྱུད་པའི་དཔལ་ལྡན་བླ་མ། །གང་དག་རིམ་པར་བྱོན་པའི་ངོ་བོར། །སྙིང་ནས་དད་ པས་གསོལ་འདེབས་བྱེད་ན། །དུས་ཀྱི་གདུལ་བྱ༴ གསང་ཆེན་སྒྱུ་མའི་འཁོར་ལོའི་རོལ་པ། །གྲུབ་གཉིས་འདོད་པ་འཇོ་བའི་བུམ་བཟང༌། །ཡི་དམ་རྒྱ་མཚོའི་སྤྱི་དཔལ་ཆེ་བ། །དག་སྣང་ བློ་ཡི་རྒྱན་དུ་བཀོད་ན། དུས་ཀྱི༴ ནམ་ཡང་མི་བསླུ་གཏན་གྱི་སྐྱབས་གནས། །རིན་ཆེན་རྣམ་ 9-1-210 གསུམ་ཡིད་བཞིན་དབང་པོ། །མ་ལུས་འགྲོ་བའི་རེ་ཡུལ་ཆེན་པོ། །གང་དང་གཉིས་མེད་རེ་ ལྟོ ས་འཆའ་ན། དུས་ཀྱི༴ མཁའ་འགྲོ་ཆོས་སྐྱོང་ཡོངས་ཀྱི་མངའ་བདག །མདོར་ན་བརྟན་ གཡོའི་རྣམ་རོལ་ལ་སོགས། །གང་དང་འཚམ་པའི་འདྲེན་མཆོག་བཟང་པོ། །རྩ་བའི་བླ་མ་ ཁྱེད་ཉིད་མཁྱེན་ནོ། །ཞེས་པའི་བླ་མ་རྒྱང་འབོད་འདི་ཡང་ལྷུན་གྲུབ་རྡོ་རྗེས་བསྐུལ་བའི་ངོར་མ་ཏིས་སྨྲས་པ་སྟེ། ཡི་གེ་པ་ ནི་ངག་དབང་གྲུབ་པའི་དབང་ཕྱུག་གོ། །། 9-1-211 ༄༅། །རྣལ་འབྱོར་མཆོག་ཉེ་བར་མངའ་བའི་གསང་སྔགས་རྡོ་རྗེ་འཛིན་ པ་ཀརྨ་ནོར་བུ་གང་ཉིད་ཀྱི་བླ་སྒྲུབ་གསང་བ་ ཟབ་མོའི་སྒོ་འབྱེད་ཅེས་བྱ་བ་ བཞུགས་སོ། ། ༄༅། །ན་མོ་གུ་རུ། འདིར་དཔལ་ལྡན་བླ་མ་མཆོག་གི་བྱིན་རླབས་འབེབས་པའི་ཐབས་བླ་སྒྲུབ་ཇི་ལྟར་བྱ་བའི་ ཚུལ་ལ། སྦྱོར་དངོས་རྗེས་གསུམ་ལས། དང་པོ་སྦྱོར་བ་སྐྱབས་འགྲོ་ནི་འདི་སྐད། འོད་གསལ་ཕྱག་ཆེན་ཡེ་ནས་ སྐྱབས་གསུམ་བདག །ངེས་པ་དོན་གྱི་བླ་མའི་ཆོས་སྐུ་ཉིད། །ནང་དབྱིངས་རང་གསལ་ཆེན་ པོར་སྐྱབས་སུ་བསྟེན། །གཉུག་ཁམས་སྐུ་གསུམ་དགོངས་པས་སྐྱབས་པར་མཛོད། །ལན་གསུམ། སེམས་བསྐྱེད་ནི། རང་བཞིན་གཤིས་ལུགས་སྟོང་གསལ་མི་འགྱུར་མདངས། །མ་ལུས་འགྲོ་ལ་དེ་ ཉིད་ཚུལ་དུ་བཞུགས། །གང་དེར་རབ་རྨོངས་ངོ་མ་འཕྲོད་པའི་འགྲོ། །རིང་མིན་དགོངས་ཆེན་ མངོན་ཕྱིར་ཉམས་ལེན་བགྱིད། །ལན་གསུམ། གཉིས་པ་དངོས་གཞི་ཡུལ་བསྐྱེད་པ་ནི། གནས་ལུགས་ཀུན་ཁྱབ་བླ་མའི་ཆོས་ཉིད་རྩལ། །གང་ འདུལ་མོས་བློར་འཚམ་པར་དེར་སྣང་བ། །རང་མདུན་མཁའ་ལ་འཇའ་ཟེར་འཁྲི གས་པའི་ སྦུབས། །ཀུན་བཟང་མཆོད་སྤྲིན་འཛད་མེད་རོལ་པའི་གནས། །ངོ་མཚར་དག་སྣང་སྒྱུ་མའི་ བཀོད་ཆེན་ལས། །སྣ་ཚོགས་ཆུ་སྐྱེས་ཟེའུ་འབྲུ་ཟླ་གདན་སྟེང༌། །ཆོས་སྐུའི་རང་རྩལ་རྡོ་རྗེ་ འཛིན་པའི་གར། །མ་ལུས་རྒྱལ་བའི་སྤྱི་གཟུགས་སྐྱབས་ཀྱི་རྗེ། །གསུམ་ལྡན་རྡོ་རྗེ་འཛིན་ 9-1-212 པ་བཀའ་དྲིན་ཅན། །ཀརྨ་ནོར་བུ་བདེ་ཆེན་དབང་ཕྱུག་སྐུ། །རྣམ་པ་བདེ་མཆོག་དཔའ་བོ་ གཅིག་པའི་ཚུལ། །ཞི་བ་ཆེན་པོ་ཞབས་གཉིས་སྐྱིལ་ཀྲུང་བཞུགས། སྐུ་མདོག་མཐིང་སྔོན་ ཨིནྡྲ་ནི་ལའི་མདངས། །ཞལ་གཅིག་རབ་ཞི་དགྱེས་པའི་ཉམས་བཟང་ཅན། །ཕྱག་ཟུང་རྡོར་ དྲིལ་དང་བཅས་ཡུམ་ལ་འཁྱུད། །པང་ན་ཡུམ་ཆེན་ཕག་མོ་ར་གའི་མདོག །ཕྱག་གཉིས་གྲི་ ཐོད་བསྣམས་བཞིན་དགྱེས་རོལ་པ། །པདྨའི་སྐྱིལ་མོ་ཀྲུང་གི་སྙོ མས་པར་ཞུགས། །གཉིས་ ཀ་རུས་པའི་རྒྱན་ལྡན་ཧེ་རུ་ཀ །དཔའ་བོ་ཡབ་ཡུམ་གཉིས་མེད་ཚུལ་དུ་འགྱིང༌། །གང་གི་ གསང་བ་གསུམ་གྱི་རྣམ་རོལ་ལས། ཕྱོགས་མཚམས་མཁའ་དབྱིངས་ཀུན་ཏུ་ཆོ་འཕྲུལ་གར། །རྩ་བརྒྱུད་བླ་མ་ཡི་དམ་ལྷ་ཚོགས་དང༌། །སྐྱབས་མཆོག་རིན་ཆེན་རྣམ་གསུམ་མཁའ་འགྲོའི་ རིགས། །ཡེ་ཤེས་སྤྱན་ལྡན་ཆོས་སྐྱོང་སྲུང་ཚོགས་བཅས། །ནམ་མཁའ་བར་སྣང་ས་གཞི་ཀུན་ ཏུ་བརྡལ། །རྣམ་འཕྲུལ་ཡང་སྤྲུལ་བསམ་མི་ཁྱབ་པའི་ཚུལ། །བཀོད་པ་རབ་འབྱམས་འོད་ ཟེར་སྣང་བའི་ཀློང༌། །མ་ལུས་དཔའ་བོ་ཐབས་ཤེས་གཉིས་མེད་ལས། །རྣམ་པ་སྣ་ཚོགས་ མཛད་པ་མཚར་བཀོད་ཙམ། །ཀུན་གྱི་སྤྲུལ་གཞི་ཁྱབ་བདག་འཁོར་ལོའི་བདག །རིགས་ ཀུན་འདུས་པའི་སྤྱི་དཔལ་བདེ་སྟོང་སྐུ། གདོད་མ་ཕྱག་ཆེན་ཆོས་སྐུའི་དེ་ཉིད་དུ། །དམ་ཡེ་ གཉིས་མེད་གཤིས་ལུགས་གཅིག་པའི་བདག །དཔལ་ལྡན་རྡོ་རྗེ་གསུམ་གྱི་རང་བཞིན་ མཆོག །སྣང་ལ་རང་བཞིན་སྤྲོས་པ་བྲལ་བར་གསལ། །དེ་ནས་ཡན་ལག་བདུན་པ་ནི། འཁོར་འདས་ དག་ཆེན་ཡེ་གཞི་ཕྱག་རྒྱ་ཆེ། །ཀུན་བཟང་འཁོར་ལོའི་རོལ་པ་ཅི་ཡང་འཛིན། །སྐྱབས་གནས་ མ་ལུས་སྤྲོ་བའི་རིགས་ཀྱི་བདག །དཔལ་ལྡན་འགྲོ་བའི་མགོན་ལ་གུས་ཕྱག་འཚལ། །རྨད་ བྱུང་ཟླ་བྲལ་སེམས་དཔའ་མཆོག་གི་ཕུལ། །ཀུན་ཏུ་བཟང་པོའི་རྒྱ་ཆེན་སྤྱོད་པའི་རླབས། །ངོ་ མཚར་མཆོད་བཀོད་ཞིང་རྣམས་ཡོངས་འགེངས་པ། རིས་སུ་མ་ཆད་ཀུན་ནས་མཛེས་པའི་ དཔལ། དེ་ལའང་བདག་གིས་དག་སྣང་མོས་པའི་བློས། །ཡོངས་འགྲན་ཕྱི་ནང་གསང་བའི་ 9-1-213 མཆོད་སྤྲིན་ཚོགས། །མཁའ་དབྱིངས་ཀུན་ཏུ་ལེགས་པར་བཀང་བ་འདི། །འཁོར་ལོའི་དབང་ ཕྱུག་འཁོར་དང་བཅས་ལ་འབུལ། །བདག་སོགས་རྣམས་ཀྱིས་བསོད་ནམས་བསགས་པའི་ སླད། །ཐུགས་རྗེས་བདག་གིར་ཇི་བཞིན་བགྱིས་ནས་སུ། །རང་གཞན་ཉམས་ཆགས་མཐའ་ དག་བྱང་བ་དང༌། །རྣམ་གཉིས་ཚོགས་ཆེན་ཡོངས་སུ་རྫོགས་པར་ཤོག །རང་གི་ཐོག་མ་མེད་ ནས་ད་ལྟའི་བར། །མི་ཤེས་མ་གུས་ཉོན་མོངས་མང་དབང་གིས། །སྡོམ་པ་གསུམ་གྱི་བཅས་ འཚམས་གང་འགལ་བ། །མ་ལུས་སྙིང་ནས་འཆགས་སོ་ཕྱིན་ཆད་སྡོམ། །དཔལ་ལྡན་ཧེ་རུ་ཀ་ དཔལ་གསང་གསུམ་གྱིས། །མཛད་པ་ནམ་མཁའ་རབ་འབྱམས་ཡོངས་ཁྱབ་ཅིང༌། །རླབས་ ཆེན་ཕྲིན་ལས་འགྲོ་ཕན་ཆེར་སྤེལ་བ། དེ་ཀུན་ལའང་དགའ་བས་ཡི་རང་ངོ༌། །རང་བཞིན་ གནས་ལུགས་ཕྱག་ཆེན་ཆོས་སྐུ་ལ། །རེས་འཇོག་མེད་ཀྱང་གང་འདུལ་སྣང་བའི་ངོར། །རང་ རང་འཚམ་པའི་འགྲོ་མགོན་སྤྲུལ་གར་གྱིས། །དེ་མཐུན་ཆོས་འཁོར་རྒྱ་ཆེན་བསྐོར་དུ་གསོལ། །རང་སྣང་དགོངས་ཆེན་ཡེ་ཤེས་རོལ་བའི་རྒྱན། །ནམ་ཡང་གཞོམ་བྲལ་འཇིག་མེད་རྡོ་རྗེའི་ ཁམས། །འོན་ཀྱང་འགྲོ་ངོར་འདྲེན་མཆོག་གཟུགས་སྐུའི་འཕྲུལ། །བཀོད་པ་མི་བསྡུ་ལེགས་ དགེའི་སྣང་བ་སྩོལ། །རབ་དཀར་ཚོགས་ཀྱིས་མ་ལུས་ཡིད་ཅན་ཀུན། །གློ་བུར་རྣམ་ཤེས་ འཕྲུལ་བག་ཡོངས་དག་སྟེ། །འོད་གསལ་ཕྱག་ཆེན་རང་མདངས་མྱུར་མངོན་ནས། །གདོད་མ་ ཆོས་སྐུའི་གཏན་སྲིད་ཟིན་གྱུར་ཅིག །དེ་ནས་གསོལ་བ་འདེབས་པ་ནི། མཁའ་འགྲོ་མ་དཔལ་དྲ་བའི་ དབང་ཕྱུག་ཆེ། །དཔལ་ལྡན་ཀུན་བཟང་ཞི་བ་ཆེན་པོའི་སྐུ། །ངོ་མཚར་གསང་གསུམ་རབ་ འབྱམས་འཁོར་ལོའི་མགོན། །རིགས་བདག་བླ་མའི་ངོ་བོར་གསོལ་བ་འདེབས། །མི་འགྱུར་ བདེ་ཆེན་དབྱིངས་ལས་སྒྱུ་མའི་འཕྲུལ། །བཀའ་བརྒྱུད་ཀརྨའི་གསང་ཆེན་ཟབ་མོའི་མཛོད། །དགོས་འདོད་བྱིན་རླབས་ཉེར་སྩོལ་ནོར་བུ་མཆོག །བཤེས་གཉེན་རྡོ་རྗེ་འཛིན་ལ༴ སངས་ རྒྱས་ཀུན་དངོས་བླ་མ་རིན་པོ་ཆེ། །སློབ་འབངས་ཡོངས་ལ་གཟིགས་བརྩེ་བཀའ་དྲིན་ཅན། 9-1-214 །སྐྱབས་རྗེ་འགྲོ་བའི་འདྲེན་པ་ཕུལ་བྱུང་བ། །ཟླ་བྲལ་ཐུགས་རྗེའི་དཔལ་ལ༴ གང་གི་གསང་ བ་གསུམ་གྱི་བྱིན་འོད་ཟིལ། །བདག་སོགས་སློབ་བུའི་སྙིང་ལ་ཡོངས་འཕོས་སྟེ། །གསང་ ཆེན་ཟབ་མོའི་ཡེ་ཤེས་འཆར་སྒོ་ཕྱེས། །ཡེ་གཞི་ཕྱག་ཆེན་དགོངས་པ་མྱུར་མངོན་ཤོག །ཅེས་ སོགས་གསོལ་འདེབས་གང་སྤྲོ་བྱ་ལ། མཚན་སྔགས་བཟླ་བར་མོས་ན། དཔལ་ལྡན་བླ་མ་ཧེ་རུ་ཀ་དཔལ་དངོས། །ཐབས་ཤེས་གཉིས་མེད་དཔའ་བོ་ཡབ་ཡུམ་སྐུ། །གང་ལས་བྱིན་རླབས་བདུད་རྩིའི་རྣམ་པ་ བྱུང༌། །རང་གི་སྤྱི་བོར་ཞུགས་པས་ལས་ཀུན་གང༌། །སྐུ་གསུང་ཐུགས་ཀྱི་ཉམས་ཆགས་བྱུང་ ངོ་ཅོག །མི་གཙང་དྲི་མའི་རྣམ་པར་ལུས་ལས་ཐོན། །རང་ལས་དྲི་མེད་ཤེལ་གོང་བཞིན་སོང་ ནས། །བྱང་དག་ཚངས་པའི་དངོས་གྲུབ་ཐོབ་པར་གྱུར། །བར་བསམ་བཞིན། ༀ་ཨཱཿགུ་རུ་ཀརྨ་མ་ ཎི་ཧེ་རུ་ཀ་ཌཱ་ཀི་ནི་སརྦ་སིདྡྷི་ཕ་ལ་ཧཱུཾ། ཞེས་པ་ཅི་ནུས་བཟླ་བ་དང༌། ཁྱབ་བདག་བླ་མ་བདེ་ཆེན་ཡེ་ ཤེས་བདག །བརྩེ་བ་ཆེན་པོས་ལེགས་དགོངས་མཛད་དུ་གསོལ། །བདག་གིས་ཐོག་མེད་ ནས་བསགས་སྡིག་ལྟུང་ལ། །སྙིང་ནས་འགྱོད་དེ་ཕྱིན་ཆད་སྡོམ་བགྱིད་དོ། །ཞེས་པའི་ངང་ནས་བཟླ་ བ་དང༌། ཀུན་བཟང་ཆོས་སྐུའི་དགོངས་ཀློང་ཡེ་ནས་དག །འོད་གསལ་ཕྱག་རྒྱ་ཆེན་པོ་ལྷུན་ གྱི་གྲུབ། །སྤྲོས་བྲལ་འགག་མེད་བླ་མའི་ཐུགས་མཆོག་ངང༌། །མ་བཅོས་སོ་མ་རང་ཤར་ཉིད་ དུ་བཞག །ཞེས་པས་མཚན་སྔགས་བཟླ་མཐར། དབང་བཞི་བླངས་པ་ནི། སྐུ་བཞིའི་བདག་ཉིད་བདེ་སྟོང་ ཟུང་འཇུག་ལྷ། །རབ་འབྱམས་དཀྱིལ་འཁོར་སྤྲོ་བསྡུས་མཛད་བཟང་ཅན། །ཡེ་ཤེས་སྒྱུ་མའི་ འཕྲུལ་ཆེན་རིགས་ཀུན་བདག །གང་ལ་གུས་པས་གསོལ་འདེབས་བྱིན་ཆེན་ཕོབ། །སྐད་ ཅིག་ཉིད་ལ་བླ་མ་ཡབ་ཡུམ་ཀྱི། །སྐུ་ལས་བདུད་རྩིའི་རྒྱུན་བཟང་ལུད་པ་ཡིས། །རང་ལུས་ གང་བས་བུམ་པའི་དབང་བསྐུར་ཐོབ། །གཞོམ་མེད་སྐུ་མཆོག་བྱིན་རླབས་ཞུགས་པར་གྱུར། །བླ་མ་ཡབ་ཡུམ་བྱང་སེམས་གསང་བའི་རྫས། །སློབ་མའི་ལྕེ་ལ་རེག་པའི་ཞུ་བདེའི་སེམས། །ཆེར་འཕེལ་གསང་བ་ཟབ་མོའི་དབང་ཐོབ་པས། །འགག་མེད་གསུང་གི་བྱིན་ཆེན་ལེགས་ 9-1-215 པར་དབབ། །མགོན་པོས་ཉེ་བར་གཏད་པའི་རིག་མ་དང༌། །མཉམ་པར་སྦྱོར་བས་བདེ་ཆེན་ སྔར་ལས་རྒྱས། །ཤེས་རབ་ཡེ་ཤེས་དབང་གི་རྒྱུད་སིམ་སྟེ། །སྤྲོས་བྲལ་ཐུགས་ཀྱི་བྱིན་རླབས་ སེམས་ལ་ཞུགས། །དཔལ་ལྡན་རིགས་ཀུན་འདུས་པའི་སྤྱི་དཔལ་གྱིས། །ཕྱག་རྒྱ་ཆེན་པོ་ གསང་ཆེན་དེ་ཉིད་གཤིས། །ཇི་བཞིན་རྗེན་པར་འདོམས་པའི་ཚིག་དབང་གིས། །བརྡ་དོན་ གནས་ལུགས་རང་ངོ་འཕྲོད་པར་གྱུར། ། གསུམ་པ་རྗེས་བསྡུ་རིམ་ནི། དེ་ནས་སྐད་ཅིག་བསོད་ནམས་ཞིང་གི་ཚོགས། །མཐའ་ནས་རྣམ་ འཕྲུལ་བཀོད་པ་ཀུན་བསྡུས་སྟེ། །རིགས་ཀྱི་ཁྱབ་བདག་ཡབ་ཡུམ་ཉིད་དུ་གྱུར། །དེ་ཡང་རང་ དང་གཉིས་མེད་རོ་མཉམ་ངང༌། །བསྔོ་སྨོན་ནི། རྣམ་པར་དཀར་བའི་ལེགས་བྱས་ལ་བརྟེན་ནས། །བདག་སོགས་མ་ལུས་ཡིད་ཅན་གང་དག་ཀྱང༌། །རིང་མིན་གསང་ཆེན་ཐེག་པར་ཡོངས་ ཞུགས་སྟེ། །བླ་མེད་རིམ་གཉིས་དགའ་སྟོན་སྤྱོད་པར་ཤོག །དེ་ཡང་སྐྱེ་འཆི་བར་དོ་སྐུ་ གསུམ་དང༌། །ལེགས་སྦྱར་དག་རྫོགས་སྨིན་པའི་མཚན་ཉིད་ཅན། །མ་དག་ཐ་མལ་སྣང་ཞེན་ སྦྱོང་བྱེད་ལས། །བསྐྱེད་རིམ་མཆོག་གི་རྣལ་འབྱོར་མཐར་ཕྱིན་ཤོག །ཐབས་མཁས་རྩ་རླུང་ ཐིག་ལེའི་རྣལ་འབྱོར་ལ། །ཉེར་བརྟེན་དབུ་མར་རླུང་ཐིག་བཅིངས་པའི་མཐུས། བདེ་སྟོང་ ཟུང་འཇུག་འོད་གསལ་ཕྱག་རྒྱ་ཆེ། །མྱུར་ནས་མངོན་བྱེད་རྫོགས་རིམ་མཐར་ཕྱིན་ཤོག །དེ་ མཐར་ཟུང་འཇུག་ཕྱག་ཆེན་དམ་པའི་ཕུལ། །སྐུ་གསུམ་ལྷུན་གྱི་གྲུབ་པ་ཆོས་སྐུའི་དབྱིངས། །ཡོངས་རྫོགས་གཤིས་ལུགས་ཇི་བཞིན་མངོན་གྱུར་ཏེ། །འབད་མེད་མཛད་པས་འགྲོ་ཁམས་ སྐྱོང་གྱུར་ཅིག །ཅེས་རྣལ་འབྱོར་མཆོག་ཉེ་བར་མངའ་བའི་གསང་སྔགས་རྡོ་རྗེ་འཛིན་པ་ཀརྨ་ནོར་བུ་གང་ཉིད་ཀྱི་བླ་སྒྲུབ་ གསང་བ་ཟབ་མོའི་སྒོ་འབྱེད་ཅེས་བྱ་བ་འདི་ཡང་རྗེ་ཉིད་ཀྱི་ཐུགས་སློབ་ཏུ་གྱུར་པ་དམ་པའི་ངང་ཚུལ་མ་སྨད་པ་མཆོག་གི་ཉེ་བར་ མཛེས་པ། ལྕགས་སྐོང་བླ་མ་སེང་གེའི་བཀའ་ནན་མི་ལྡོ ག་ཙམ་དུ་མ་ཏིས་འཕྲལ་དུ་སྤེལ་བ་ཛ་ཡནྟུ།། །། 9-1-216 ༄༅། །བླ་མ་ཕུན་ཚོགས་ཀྱི་རྒྱང་འབོད་དང་ གསོལ་འདེབས་བཞུགས། ༄༅། །ཀ་དག་སྐྱེ་མེད་ཆོས་དབྱིངས་གཤིས་ནས། །འོད་གསལ་གཞོན་ནུ་བུམ་པའི་སྐུ་ ཅན། །གང་འདུལ་མོས་ངོར་མཛད་བཟང་སྣང་བ། །ཁྱབ་བདག་བླ་མའི་རྣམ་པར་བཞེངས་ མཛོད། །རྒྱལ་དབང་ཡབ་རྗེ་རྔ་ཡབ་གླིང་པ། །གསང་ཆེན་རིག་འཛིན་ཡོངས་ཀྱི་མངའ་བདག །གང་དང་གཉིས་མེད་སྤྲུལ་པའི་རོལ་གར། །ཕུན༵་ཚོ༵གས་གསང་ཆེན་རྒྱ་མཚོའི་གཏེར་གྱུར། །མི་མངོན་དབྱིངས་ནས་དགོངས་པ་ཟབ་མོས། །རིག་སྟོང་ཡེ་ཤེས་འཆར་སྒོ་ཕྱེས་ལ། །ཐ་ མལ་འཛིན་སྒོ་རང་དྭངས་གཤིས་སུ། །འཕོ་ཆེན་འཇའ་ལུས་འགྲུབ་པར་མཛོད་ཅིག །ཟབ་ གསང་ཐེག་མཆོག་ཐུགས་མཛོད་རྒྱས་པ། །གསང་སྔགས་རིག་འཛིན་འཇིགས་མེད་ནམ་ མཁའ། །གང་གི་རྣམ་པར་རོལ་བའི་སྐྱབས་རྗེ། །སྙི གས་མའི་འགྲོ་འདུལ་དུས་བབ་ཆེ་བ། །མི་མངོན་དབྱིངས་ནས༴ སོགས་ཚིགས་བཞི་འགྲེས། རབ་འབྱམས་རྩ་གསུམ་སྤྲོ་བའི་མགོན་གཅིག །མ་ལུས་བྱིན་རླབས་འདུས་པའི་དཔལ་གྱུར། །སྨིན་གྲོལ་ཟབ་མོའི་ཆོས་མཛོད་འཛིན་པ། དཔལ་ལྡན་རྡོ་རྗེ་འཛིན་མཆོག་དམ་པ། །མི་མངོན་དབྱིངས་ནས༴ ཐེག་དགུའི་ཡང་རྩེ་འོད་ གསལ་རྫོགས་ཆེན། །གནས་ལུགས་གཤིས་ལ་ངེས་པ་མཆོག་བརྙེས། །ནང་དབྱིངས་ཡེ་ཤེས་ གསལ་བའི་མངའ་བདག །ཁྱད་འཕགས་རྩ་བའི་བླ་མ་དམ་པ། །མི་མངོན་དབྱིངས་ནས༴ མཐུ་ཆེན་རིག་སྔགས་གསང་མཛོད་འཛིན་པ། །ཕན་ཐོགས་ཕྲིན་ལས་མཛད་བཟང་བྱེད་པོ། 9-1-217 །རྨད་བྱུང་ཡོན་ཏན་ཀུན་ནས་བརྗིད་པའི། །བཀའ་དྲིན་གསུམ་ལྡན་ཆོས་ཀྱི་རྗེ་བོ། །མི་མངོན་ དབྱིངས་ནས༴ རྒྱལ་བའི་ཕྲིན་ལས་སྒྲུབ་པའི་མགོན་གཅིག །ཁྱད་པར་གསང་ཆེན་ཆོས་ ཆར་འབེབས་མཛད། །སྔགས་ཀྱི་རྡོ་རྗེ་སློབ་དཔོན་ཆེན་པོ། །ཐུགས་རྗེ་ཆེས་ལྷག་སྐྱབས་ མགོན་ཟླ་བྲལ། །མི་མངོན་དབྱིངས་ནས༴ པདྨའི་རྒྱལ་ཚབ་འགྲོ་བའི་འདྲེན་མཆོག །ད་ལྟ་ ཞིང་ཁམས་གང་ན་བཞུགས་ཀྱང༌། །སྙིང་ནས་འབོད་དོ་ཐུགས་རྗེས་གཟིགས་མཛོད། །པདྨ་ འོད་དུ་ལམ་སྣ་དྲོངས་ཤིག །ཅེས་པའི་བླ་མ་རྒྱང་འབོད་འདི་བླ་མ་སྦྱིན་པ་དཔལ་གྱི་གསུང་ངོར་མ་ཏིས་སོ།། །། ༈ གཉུག་མ་ཀ་དག་གཞོན་ནུ་བུམ་སྐུའི་ཞལ། །ཁྱབ་བརྡལ་རོལ་པ་ཕུན་ཚོགས་འཁོར་ ལོའི་རྒྱན། །མཉམ་མེད་གུ་རུ་རྗེ་དང་དབྱེར་མེད་པར། །གུས་པས་གསོལ་བ་འདེབས་སོ་ བདག་བྱིན་རློབས། །ཞེས་པའི་གསོལ་འདེབས་འདི་ཡང་བླ་མ་སྦྱིན་པ་དཔལ་གྱི་ཐུགས་བཞེད་ངོར་མ་ཏིས་ལེགས་སྨྲས་ བཞིན་ཡི་གེ་པ་ངག་གྲུབ་པས་བགྱིས་པ་དགེ། །། ༈ པདྨ་ལས་འཁྲུངས་ཟག་བྲལ་རྡོ་རྗེའི་སྐུ། །རྩ་གསུམ་རིགས་བདག་རླབས་ཆེན་མཐུ་ བཟང་ཅན། །ཕྲིན་ལས་ལྷུན་གྲུབ་མངའ་ལ་གུས་གསོལ་འདེབས། །དགོངས་ཡིད་རོ་མཉམ་ ཀ་དག་མྱུར་མངོན་མཛོད། །ཅེས་པ་འདི་ཡང་དབོན་སངས་རྒྱམ་ལ་མཁོ་ནས། མ་ཏིས་སོ།། 9-1-218 ༄༅། །གསོལ་འདེབས་དང་ཞབས་བརྟན་སྨོན་ཚིག་ སོགས་ཐོར་བུའི་སྐོར་བཞུགས། ༄༅། །རང་བཞིན་གཤིས་ལུགས་དེ་བཞིན་ཉིད་ཀྱི་ཁམས། །ནང་དབྱིངས་ཆོས་སྐུའི་ རྩལ་དུ་ཡེ་ནས་རྫོགས། །མ་ལུས་ཞིང་དུ་སྤྲུལ་པའི་སྤྲིན་སྤྲོ་བ། །ཤཱཀྱ་སེང་གེ་ཁྱེད་ལ་གསོལ་ བ་འདེབས། །འདི་ཡང་ཚེ་རིང་རྡོ་རྗེ་ལ་མཁོ་ཕྱིར་མ་ཏིས་སྨྲས་ལྟར་མཆེད་ཀྱིས་བྲིས།། །། ༈ གངས་ལྗོང་རྒྱལ་བསྟན་རྙིང་མ་བཀའ་གཏེར་ཟུང༌། །བཀའ་གདམས་སྒྲུབ་བརྒྱུད་ཞི་ བྱེད་གཅོད་ཡུལ་ཆེ། །དུས་འཁོར་ལམ་འབྲས་དབུ་མ་ཕྱག་རྫོགས་ཀྱི། །ཆོས་ལུགས་ཡོངས་ རྫོགས་རིས་བྲལ་རྟག་འཛིན་ཤོག །ཅེས་པ་བརྩོན་འགྲུས་དཔལ་ལ་མཁོ་ནས། མ་ཏིས་སོ།། །། ༈ ཡང་དག་ཆོས་ཉིད་ཀུ༵ན་ནས་མཁྱེ༵ན་པའི་སྤྱན། །ཤེ༵ས་ར༵བ་ཟབ་མོས་རྒྱལ་དགོངས་ མཐར་ཐུག་གཟིགས། །བཀའ་བསྡུ་བཞི་པའི་རྒྱ༵ལ་མཚ༵ན་ལེགས་བསྒྲེངས་མཁན། །རྫོགས་ ལྡན་ཆོས་དཔ༵ལ་བཟ༵ང་པོ༵ར་གསོལ་བ་འདེབས། །ཞེས་པའང་ཚེ་རིང་རྡོ་རྗེ་ལ་མཁོ་ཕྱིར་མ་ཏིས་སྨྲས་པའོ།།།། ༈ ལྷུན་གྲུབ་གཉུག་མ་རང་བྱུང་ལྷན་ཅིག་སྐྱེས། །གདོད་ནས་མི་ཤིགས་སྐུ་གསུམ་ཡོངས་ རྫོགས་བདག །ཀུན་མཁྱེན་ཆེན་པོ་ཤེས་རབ་རྒྱལ་མཚན་དཔལ། །ཀུན་ཁྱབ་འདུ་འབྲལ་ མེད་པར་གསོལ་བ་འདེབས། །འདི་དབང་ལྷ་ལ་མ་ཏིས་སྨྲས་པའོ།། །། ༈ འཁོར་ལོ་སྡོམ་པའི་རྣམ་རོལ་གྲུབ་པའི་ཕུལ། །གསང་ཆེན་འཁོར་ལོས་སྒྱུར་བའི་ 9-1-219 དབང་ཕྱུག་རྗེ། །འཇམ་དབྱངས་མཁྱེན་གཏེར་མཆོག་གི་རོལ་པ་ཅན། །ཀུན་དགའ་སྙིང་པོ་ མཆོག་ལ་གསོལ་བ་འདེབས། །འདི་ཡང་མཆོག་གྲུབ་ལ་མཁོ་ཕྱིར། མ་ཏིས་སྨྲས་ལྟར་མཆེད་ནས་བྲིས།། །། ༈ ཀུན་ཁྱབ་ནང་དབྱིངས་འོད་གསལ་དྭངས་པའི་སྐུ། །ཡེ་ནས་དོན་དམ་སྐྱབས་གསུམ་ ལྷུན་རྫོགས་པ། །གཞི་འབྲས་དབྱེར་མེད་དགོངས་ཀློང་གཅིག་གི་ངང༌། །བརྒྱུད་པའི་བླ་མ་ རྣམས་ལ་གསོལ་བ༴ འདི་ནི་དགེ་མ་ཚུལ་ཁྲི མས་མཚོ་ལ་མཁོ་ཕྱིར་མ་ཏིས་སྨྲས་པའོ།། །། ༈ ཁྲ་བླ་མ་རིག་འཛིན་རྡོ་རྗེའི་གསོལ་འདེབས། དཔལ་ལྡན་ང༵ག་གི་དབ༵ང་ཕྱུག་རྡོ་རྗེ་འཆང༌། །རི༵ག་ འཛི༵ན་རྒྱལ་བའི་གདུང་འཚོབ་ཐུགས་རྗེའི་གཏེར། །རྡོ་རྗེ་ཐེག་པའི་ཆོས་མཛོད་དམ་པའི་ ཕུལ། །འདྲེན་པ་མཚུངས་མེད་རྗེ་ལ་གསོལ་བ་འདེབས། །འདི་ཡང་བློ་གྲོས་སྣང་བའི་ངོར། མ་ཏིས་སོ།། །། ༈ ན་མོ་གུ་རུ་ཤྲཱི་ཀ་ལ་ཙཀྲ་བྷྱཿ རྣམ་ཀུན་སྟོང་གཟུགས་མི་འགྱུར་བདེ་ཆེན་གར། །ཁམས་དྲུག་ཡེ་ཤེས་རང་མདངས་དུས་འཁོར་ལོ། །རབ་འབྱམས་ལྷ་ཚོགས་སྤྲོ་བའི་རིགས་ ཀྱི་བདག །གང་དང་དབྱེར་མེད་རིགས་ལྡན་སྤྲུལ་པའི་སྐུ། །བཀའ་དྲིན་གསུམ་ལྡན་སངས་ རྒྱས་ཀུན་འདུས་དངོས། །རྩ་བའི་བླ་མ་རྡོ་རྗེ་འཛིན་པའི་གཙོ། །དགོངས་ཡིད་དབྱེར་མེད་ ངང་ནས་གསོལ་བ་འདེབས། །སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབ་ཏུ་གསོལ། །ད་ལྟ་ཉིད་དུ་ དབང་མཆོག་བསྐུར་དུ་གསོལ། །སེམས་རྒྱུད་ཆོས་དང་རིམ་གྱིས་འདྲེས་པར་མཛོད། །རྣམ་ ཤེས་ཡེ་ཤེས་དབྱིངས་སུ་མྱུར་སངས་ཤོག །འོད་གསལ་གནས་ལུགས་དོན་ལ་འབྱོར་གྱུར་ ཅིག །ཅེས་པ་འདི་ཡང་ངག་དབང་ཀུན་དགའ་ལྷུན་གྲུབ་ལ་མཁོ་ནས་མ་ཏིས་སོ།། །།དགེའོ།། ༈ དཔལ་ལྡན་ཡེ་ཤེས་རིག་པའི་དེ་ཉིད་གཟིགས། །གནས་ལུགས་གསང་ཆེན་རྡོ་རྗེའི་ མངོན་རྟོག་བརྙེས། །རྩ་བའི་བླ་མ་སྐྱབས་ཀུན་འདུས་པའི་བདག །སྙིང་ནས་གསོལ་བ་ འདེབས་སོ་བདག་བྱིན་རློབས། །རྨད་བྱུང་འཆི་མེད་དབང་ཕྱུག་ཚེ་མཆོག་གཏེར། །གཙུག་ ཏོར་རྣམ་རྒྱལ་ཚེ་ཡི་དཔལ་ལྷ་མོ། །འཕགས་མ་ཡིད་བཞིན་འཁོར་ལོའི་མཐུ་བྱིན་གྱིས། །བླ་ 9-1-220 མ་མཆོག་ཉིད་ཡུན་རིང་ཞབས་བརྟན་ཤོག །ཅེས་པ་ངག་མཆོག་གི་ངོར་མ་ཏིས་སོ།། །། ༈ ས་དམར་བླ་མ་སྙན་གྲགས་ཀྱི་གསོལ་འདེབས། སྟོང་གཟུགས་ཕྱག་ཆེན་སྙན༵་པ་རབ་རྒྱས་པས། །ཟུང་འཇུག་གྲག༵ས་ཆེན་མཆོག་ལ་དབང་བསྒྱུར་མཁན། །དཔལ་ལྡན་བླ་མའི་ཞབས་ལ་ གསོལ་བ་འདེབས། །འདི་ཡང་བླ་མ་རབ་གསལ་གྱི་ཐུགས་མོས་བཞིན། མ་ཏིས་སོ།། །། ༈ སྤྲུལ་སྐུ་རིན་པོ་ཆེ་ཀུན་དགའ་རིན་ཆེན་གྲགས་པར་གསོལ་བ་འདེབས་པ། རྒྱལ་ཀུ༵ན་སྙིང་རྗེའི་རང་ གཟུགས་དག༵འ་ཆེན་གཏེར། །རི༵ན་ཆེ༵ན་རྣམ་གསུམ་སྐྱབས་ཀྱི་བདག་ཉིད་དུ། །འགྲོ་འདྲེན་ གྲག༵ས་པ༵་མཆོག་དེར་གསོལ་བ་འདེབས། །སྐུ་གསུང་ཐུགས་ཀྱིས་བདག་རྒྱུད་བྱིན་གྱིས་ རློབས། །ཞེས་པ་འདི་ཡང་དཀོན་གསལ་གྱི་ངོར་མ་ཏིས་སོ།། །། ༈ ཀུ༵ན་ནས་དག༵འ་བའི་ཡེ་ཤེས་རོལ་པ་ཅན། །རི༵ན་ཆེ༵ན་རྣམ་གསུམ་སྐྱབས་ཀྱི་མངའ་ བདག་ཏུ། །ཡོངས་སུ་གྲག༵ས་པ༵ས་འཁོར་སྡུག་བཅིལ་བའི་གཉེན། །སྤྲུལ་སྐུ་རིན་པོ་ཆེ་ལ་ གསོལ་བ་འདེབས། །བརྩོན་འགྲུས་ཀྱི་ངོར་མ་ཏིས་སོ།། །། ༈ ཆོས་རྗེ་སྐུ་མཆོག་རིན་པོ་ཆེ་ཀུན་དགའ་འཇིགས་མེད་ཆོས་ཀྱི་དབང་པོར་གསོལ་འདེབས། མྱུར་མ་དཔའ་ མོའི་རྗེས་བཟུང་མི་ཕམ་མཚན། །གསང་ཆེན་རྟོགས་པའི་ཉམས་བཟང་རབ་རྒྱས་པས། །གང་འདུལ་འགྲོ་ལ་ཕན་བདེ་སྤེལ་མཛད་པ། །འཇིགས་མེད་ཆོས་ཀྱི་དབང་པོར་གསོལ་བ་ འདེབས། །ཅེས་པ་མི་ཕམ་མགོན་གྱི་རྣམ་འཕྲུལ་ཆོས་རྗེ་སྐུ་མཆོག་རིན་པོ་ཆེའི་གསོལ་འདེབས་འདི་ནི་ཀརྨ་ནོར་བུས་བསྐུལ་ ངོར་ཀིརྟིའི་སྦྱར་བའོ།། །། ༈ ཀུན་དགའ་མཁས་བཟང་ལ་ཕུལ་བའི་ཞབས་བརྟན་སྨོན་ཚིག ན་མོ་གུ་རུ་བྷྱཿ མི་འགྱུར་ཀུ༵ན་ནས་ དག༵འ་བའི་བདེ་སྟོང་ཆེ། །ཟབ་ལམ་ཐབས་མཁ༵ས་འཕྲུལ་བཟ༵ང་ལ་བརྟེན་ནས། །འོད་ གསལ་ཆོས་ཉིད་ཇི་བཞིན་མངོན་གྱུར་པ། །ངེས་དོན་བཤེས་གཉེན་དམ་པར་གསོལ་བ་ 9-1-221 འདེབས། །བསླུ་མེད་མཆོག་གསུམ་བདེན་མཐུ་ཡང་དག་དང༌། །རིགས་ཁམས་གནས་ ལུགས་འགྱུར་བ་མེད་པའི་སྟོབས། །ཁྱད་པར་བདག་གིས་ལྷག་བསམ་སྨོན་པའི་མཐུས། །དཔལ་ལྡན་བླ་མ་བསྐལ་བརྒྱར་ཞབས་བརྟན་ཤོག །འདི་ནས་སྐྱེ་བའི་ཕྲེང་བ་ཐམས་ཅད་དུ། །མགོན་ཁྱོད་དགེ་བའི་བཤེས་སུ་ཉེར་བསྟེན་ནས། །ཟབ་རྒྱས་གདམས་པས་བདག་རྒྱུད་རབ་ སྨིན་ནས། །རིང་མིན་སྤངས་རྟོགས་ཕ་རོལ་ཕྱིན་གྱུར་ཅིག །ཅེས་པ་འདི་ཡང་དཀོན་མཆོག་གིས་བསྐུལ་ ངོར་མ་ཏིའི་མིང་གིས་བྲིས།། །། ༈ ཀུན་དགའ་ཐུགས་རྗེ་དཔལ་ལ་ཕུལ་བའི་ཞབས་བརྟན་སྨོན་ཚིག ༀ་སྭ་སྟི། རྒྱལ་ཀུན་སྤྱི་གཟུགས་ཀུན་ མཁྱེན་ཇོ་ནང་པ། །ཡབ་སྲས་བརྒྱུད་འཛིན་བཅས་པའི་བྱིན་འོད་ཟིལ། །ཐུ༵གས་རྗེ༵ས་ཆོས་ སྣང་དཔ༵ལ་ལ་སྤྱོད་པ་ཅན། །ཞབས་བརྟན་མཛད་པ་མཐར་ཕྱིན་བྱིན་གྱིས་རློབས། །ཞེས་པ་ འདི་ཡང་ཤེར་བཟང་ནས་ནན་ཆེར་བསྐུལ་བའི་ངོར། མ་ཏིས་སྦྱར་བ་ཛ་ཡནྟུ།། །།སརྦ་མངྒ་ལཾ། ༈ ཀུན་དགའ་ཐུགས་རྗེ་དཔལ་གྱི་གསོལ་འདེབས། བདེ་ཆེན་ཞིང་མགོན་རྒྱལ་བ་འོད་དཔག་མེད། །གང་གི་ཐུག༵ས་རྗེ༵འི་དཔ༵ལ་ལས་ལེགས་ཤར་བ། །ངུར་སྨྲིག་འཛིན་པ་འགྲོ་བ་ཡོངས་ཀྱི་ སྐྱབས། །མཚུངས་བྲལ་དཔལ་ལྡན་བླ་མར་གསོལ་བ་འདེབས། །ཞེས་པ་འདི་ཡང་ཚུལ་ཁྲི མས་ཀྱི་ངོར། མ་ཏིས་སོ།། །། ༈ གཙང་བ་སྐུ་ངག་འཇིགས་མེད་ཕྱོགས་ལས་རྣམ་རྒྱལ་ལ་ཕུལ་བའི་ཞབས་བརྟན་སྨོན་ཚིག དཔལ་ལྡན་ཀུན་ གཟིགས་འཆི་མེད་དབང་པོའི་ཕུལ། །ཚེ་དང་ཡེ་ཤེས་མཆོག་སྩོལ་རྣམ་པར་རྒྱལ། །འཕགས་ མ་ཡིད་བཞིན་འཁོར་ལོ་ཚེ་ཡི་དཔལ། །རྣམ་གསུམ་ལྷ་རྣམས་བསླུ་མེད་མཐུ་བྱིན་གྱི། །བསྟན་ ལ་སྨན་པའི་མཆོག་སྤྲུལ་གསང་གསུམ་ཁམས། །དགེ་ལེགས་དཔལ་ཡོན་ཀུན་ནས་རབ་དར་ བཞིན། །བགྲེས་རྒུད་བྲལ་བའི་སྐུ་ལ་དབང་ཐོབ་སྟེ། །མཛད་ཕྲིན་བཟང་པོ་ཕྱོགས་མཐར་ ཡོངས་ཁྱབ་ཤོག །ཅེས་གཙང་སྤྲུལ་གང་གི་ཞབས་བརྟན་སྨོན་ཚིག་འདི་ཡང༌། མ་ཏིས་སོ།། །། 9-1-222 ༄༅། །ཕུན་ཚོགས་ལེགས་ལམ་ཟབ་མོའི་དེ་ཉིད་ལ། །ཤེ༵ས་ར༵བ་མཆོག་གིས་སྒྲོ་ འདོགས་ཆོད་པའི་འཕྲུལ། །ཉམས་མྱོང་བཟང་པོའི་ཆོ༵ས་རབ་འཕེ༵ལ་བའི་བཤེས། །འགྲོ་ བའི་འདྲེན་པ་མཆོག་ལ་གསོལ་བ་འདེབས། །རྒྱལ་བ་འཆི་མེད་རྣམ་གསུམ་བྱིན་འོད་ཀྱིས། །གང་ཉིད་ཞབས་ཟུང་འཇིགས་མེད་རྡོ་རྗེའི་ཁྲི ར། །ཡུན་རིང་འཚོ་གཞེས་བསྟན་འགྲོའི་དོན་ ཆེན་གྱིས། །ཕན་བདེའི་ལེགས་མཚན་སྣང་བ་འབར་གྱུར་ཅིག །ཅེས་པ་འདི་ཡང་གྲྭ་བཙུན་ནོར་བུའི་ མོས་འདུན་བཞིན་མ་ཏིས་བྲིས་པའོ།། །། ༈ གསང་ཆེན་སྙིང་པོའི་ཟབ་ངག༵་དམ་པའི་ཕུལ། །གང་འདུལ་ཡིད་ཅན་ཚོགས་ལ་ དབ༵ང་བསྒྱུར་བྱེད། །ཕྲིན་ལས་རྒྱ༵་མཚོ༵འི་དཔལ་གྱུར་བསྟན་འགྲོའི་སླད། །སྐུ་སྐྱེས་མཆོག་ གིས་སླར་ཡང་ཆོས་ཆར་ཕོབ། །ཅེས་པའི་བསྭེ་མཆོག་སྤྲུལ་གྱི་སྤྲུལ་སྐུ་མྱུར་བྱོན་འདི་ཡང་ནོར་བུའི་མོས་འདུན་མ་ ལྡོ ག་ཙམ་དུ་མ་ཏིས་སོ།། །། ༈ རིག་པ་མཆོག་གི་བརྟུལ་ཞུགས་རོལ་པའི་གར། །མཉམ་མེད་གུ༵་རུ༵འི་བྱིན་གྱིས་ རླབས་པའི་མགོན། །རང་ལུགས་བསྟན༵་ལ་ཉེར་ཕན་མཛ༵ད་པའི་ཕྱིར། །དུས་འདིར་སྤྲུལ་ པའི་བཀོད་བཟང་ཉེ་བར་སྟོན། །ཅེས་པའང་ནོར་བུའི་ངོ་མ་ལྡོ ག་ཙམ་ལ་མ་ཏིས་སོ།། །། ༈ གསོལ་འདེབས་སྣ་ཚོགས། གསང་གསུམ་མཁའ་མཉམ་མཛད་ཕྲིན་རླབས་ཆེ་བ། །གདུལ་ བྱར་དུས་མི་ཡོལ་བའི་འགྲོ་མགོན་རྗེ། །རྣམ་འདྲེན་ཀུན་གཟིགས་ཐབས་མཁས་སྣ་ཚོགས་ ཅན། །ཐུགས་རྗེ་ཆེ་མངའ་གང་བཞུགས་ཚོགས་ལ་འདུད། །སེམས་ཅན་འདུལ་ལ་དེ་ལུགས་ སྤྲུལ་བསྒྱུར་གར། །ནམ་ཡང་རིས་སུ་ཆད་མིན་སྐྱབས་ཀྱི་མཆོག །རང་རང་ལ་འཚམ་བཤེས་ གཉེན་ཚུལ་བཟུང་བ། །ཆོས་སྣང་གང་བཞུགས་དག་ལ་གསོལ་བ་འདེབས། །དེང་སྐབས་ བདག་གི་བློ་སྣ་ཆོས་ལ་བསྒྱུར། །ཡང་དག་ལམ་གསུམ་སེམས་ཀྱིས་ནུས་ཙམ་ལ། །ཅི་དགར་ སྤྱོད་ནས་དལ་འབྱོར་སྙིང་པོ་ལོན། །རིང་མིན་གྲོལ་བ་མཆོག་ལ་རེག་བྱིན་རློབས། །འདི་ཡང་ 9-1-223 ངེས་ཕུན་ལ་ཉེར་མཁོ་ཙམ། མ་ཏིས་སོ།། །། ༈ རྗེ་བཙུན་སྒྲོལ་མ་བླ་མ་དབྱེར་མེད་ལ་རེ་གསོལ། ཡེ་ཤེས་ལྷ་མོའི་རྣམ་པ་སྐྱབས་ཀུན་དངོས། །རྩ་ བའི་བླ་མ་དབྱེར་མེད་གུས་གསོལ་འདེབས། །མྱུར་ནས་ཐུགས་རྗེའི་བྱིན་རླབས་འཇུག་པར་ མཛོད། །བསམ་དོན་ཆོས་བཞིན་ལེགས་འགྲུབ་དགའ་སྟོན་སྩོལ། །སྔོན་ལས་ཀྱིས་འཕངས་ ལ་རྟེན་ལུས་འདི་ལ། །བྱ་བ་གང་ཐད་ཆོས་དང་ཁོ་ནར་མཐུན། །བར་ཆད་རྐྱེན་ངན་གང་གིས་ འཚེ་མེད་པར། །ལེགས་ལམ་བསམ་དོན་གཡེལ་བ་བྲལ་གྱུར་ཅིག །རིང་མིན་ཟབ་ཆོས་སྤྱོད་ པའི་སྐལ་ལྡན་ཏེ། །སྒོ་གསུམ་ཆོས་ཀྱི་བྱ་བར་ཞུགས་ནས་ཀྱང༌། །ལུང་རྟོགས་བསྟན་ལ་ཐོས་ བསམ་སྒོམ་པ་ཡིས། །སངས་རྒྱས་ཆོས་ཚུལ་ཚེ་འདིར་སྤྱོད་པར་ཤོག །དེ་ཡང་བསླབ་པ་ གསུམ་གྱི་ཉམས་ལེན་ལ། །རྟག་པར་གཞོལ་བའི་ཆོས་སྣང་ཡོངས་འཕེལ་ནས། །ཐུན་མོང་ ཐུན་མོང་མིན་པའི་མངོན་རྟོགས་ཀྱིས། །སྐལ་བཟང་ལས་ཅན་མཆོག་ཏུ་རེད་གྱུར་ཅིག །དེ་ ནས་བཟུང་སྟེ་འདི་དང་སྐྱེ་བའི་ཕྲེང༌། །མངོན་མཐོ་ལ་བསྟེན་ཆོས་ལམ་ཇེ་མཐོར་སོང༌། །རིམ་ པས་མཐར་ཐུག་གཏན་བདེར་སོན་ནས་ཀྱང༌། །དོན་གཉིས་ལྷུན་གྲུབ་དཔལ་ལ་རོལ་པར་ ཤོག །ཅེས་རྗེ་བཙུན་སྒྲོལ་མ་བླ་མ་དབྱེར་མེད་ལ་རེ་གསོལ་འདི་ཡང་བཛྲ་མིང་ཅན་ལ་མཁོ་ནས། མ་ཏིས་སོ།། །། ༈ ཆོས་སྐུ་དང་པོའི་སངས་རྒྱས་རྡོ་རྗེ་འཆང༌། །རྩ་རྒྱུད་བླ་མ་ཡི་དམ་རྒྱུད་སྡེ་བཞི། །རིན་ ཆེན་རྣམ་གསུམ་མཁའ་འགྲོ་ཆོས་སྐྱོང་གིས། །གང་བསམ་ཆོས་མཐུན་དོན་ཀུན་འགྲུབ་བྱིན་ རློབས། །བསམ་ལྷུན་བསྡུས་པ་འདི་ཡང་མ་ཏིས་སོ།། །། ༈ རབ་འབྱམས་རྩ་གསུམ་སྤྲོ་གཞི་གུ་རུ་རྗེ། །དུས་གསུམ་རྒྱལ་ཀུན་ངོ་བོར་གསོལ་བ་ འདེབས། །གསང་གསུམ་མཐུ་ཡིས་བདག་གི་བསམ་པའི་དོན། །མ་ལུས་དུས་སུ་ལྷུན་གྱིས་ འགྲུབ་བྱིན་རློབས། །བསམ་ལྷུན་བསྡུས་པ་འདི་མཁྱེན་ལོའི་ངོར། མ་ཏིས་སོ།། ༈ རབ་འབྱམས་རྒྱལ་བའི་ཕྲིན་ལས་རང་གཟུགས་ཆེ། །མི་མཐུན་འཇིགས་ཀུན་སྐྱོབ་ 9-1-224 མཛད་མྱུར་མའི་ལྷ། །གང་དང་དབྱེར་མེད་རྩ་བའི་བླ་མ་ལ། །གུས་གསོལ་འདེབས་ལ་བསམ་ དོན་ཆོས་བཞིན་མཛོད། །ཅེས་པའང་ངག་མཆོག་ལ་མཁོ་ནས་མ་ཏིས་སོ།། །། ༈ དོན་གཉིས་དཔལ་གྱི་དབང་ཕྱུག་དགེ་བའི་བཤེས། །རྒྱལ་བའི་བསྟན་ལ་ལེགས་ ཞུགས་མཛད་པའི་གཉེན། །བདག་སོགས་ཀུན་ལ་བརྩེ་བའི་བཀའ་དྲིན་དཔལ། །གང་ལ་ གསོལ་འདེབས་བདག་རྒྱུད་བྱིན་གྱིས་རློབས། །འདི་ཡང་བརྩོན་འགྲུས་ཀྱི་ངོར་མ་ཏིས་སོ།། །། ༈ རྨད་བྱུང་དགེ་ལེགས་བསྙེན་རྫོགས་བསླབ་པ་ཆེ། །རྒྱལ་བའི་སྲས་ཀྱི་ཁྲི མས་བཟང་ དྲི་མ་མེད། །བརྩེ་བས་ལེགས་འདོམས་བཀའ་དྲིན་ཟླ་བྲལ་བ། །རྣམ་གཉིས་དམ་པའི་ཞབས་ ལ་གུས་གསོལ་འདེབས། །བཤེས་གཉེན་ཟུང་གི་རླབས་ཆེན་བྱིན་འོད་ཀྱིས། །བདག་ནི་འདི་ ནས་འཕོས་མ་ཐག་ཉིད་དུ། །སྔགས་ཀྱི་ཞིང་མཆོག་ཤམྦྷ་ལར་སོང་ཏེ། །གསང་ཆེན་ལམ་ མཆོག་ཕ་མཐར་ཕྱིན་གྱུར་ཅིག །ཅེས་པ་འདི་ཡང་བརྩོན་འགྲུས་ཀྱི་ངོར་མ་ཏིས་སོ།། །། ༈ དཔལ་ལྡན་དུས་གསུམ་སངས་རྒྱས་ཀུན་དངོས་བདག །མཁྱེན་བརྩེ་ནུས་པ་རྒྱ་མཚོ་ མངའ་བའི་དཔལ། །དབང་ལུང་མན་ངག་གང་ཐོབ་བཀའ་དྲིན་ཅན། །བླ་མ་རྣམས་ལ་གུས་ པས་གསོལ་བ་འདེབས། །འདི་ཡང་ངག་དབང་ཡེ་ཤེས་ལ་མཁོ་ནས་མ་ཏིས་སོ།། །། ༈ སྐྱབས་གནས་མ་ལུས་འདུས་པའི་བདག་ཉིད་མཆོག །རྩ་བའི་བླ་མ་རྗེ་ལ་གསོལ་ བ་འདེབས། །མྱུར་དུ་བྱིན་རླབས་བདག་རྒྱུད་ལ་ཞུགས་ཏེ། །ཐུགས་ཡིད་དབྱེར་མེད་ངང་དུ་ གྲོལ་བར་མཛོད། །རྩ་བའི་བླ་མའི་གསོལ་འདེབས་འདི་རྟོགས་ལྡན་ལ་མཁོ་ནས་མ་ཏིས་སོ།། །། ༈ རྩ་གསུམ་རྒྱ་མཚོའི་སྤྱི་རྗེ་པདྨ་འབྱུང༌། །གང་འདུལ་ཟློས་གར་རྟོན་པ་བཞི་ལྡན་མཆོག །ཤེས་རབ་རྒྱལ་མཚན་ཞབས་ལ་གུས་གསོལ་འདེབས། །བྱིན་རླབས་སྙིང་ནས་ཞུགས་པར་ ཐུགས་རྗེ་གཟིགས། །སྐྱེ་འདིར་བདག་གིས་ཟབ་མོ་གསང་ཆེན་ཐེག །ཀུན་བཟང་ཐུགས་ ཀྱི་གསང་བཅུད་རྗོགས་པ་ཆེ། །མངོན་གྱུར་ཁྱད་པར་ངེས་དོན་དབུ་མའི་ལམ། །མཐའ་བྲལ་ 9-1-225 གནས་ལུགས་མྱུར་དུ་རྟོགས་པར་ཤོག །དེར་བརྟེན་ཕྱི་མར་ལས་འབྲེལ་གང་ཡོད་ཞིང༌། །པདྨ་འོད་དང་དཔལ་ལྡན་ཤམྦྷ་ལར། །ཟབ་དགོངས་སྔགས་རིག་འཛིན་པར་ཡོངས་འཕོས་ ནས། །ཚེ་དེར་གསང་ཆེན་ལེགས་མཐར་ཕྱིན་གྱུར་ཅིག །ཅེས་པ་རྣམ་ཐར་འབྲི་བཞེངས་མཁན་ངེས་དོན་ ཆོས་སྣང་ཞེས་པའི་དོན་དུ། མ་ཏིས་སྨྲས་པའོ།། །། ༈ ཆོས་སྐུ་འོད་མི་འགྱུར་བ་འོད་དཔག་མེད། །ལོངས་སྐུ་སྙིང་རྗེའི་རང་གཟུགས་སྤྱན་ རས་གཟིགས། །སྤྲུལ་པའི་སྐུ་མཆོག་ཨོ་རྒྱན་རིན་པོ་ཆེ། །རྣམ་གསུམ་རྩ་བའི་བླ་མའི་ངོ་བོ་ རུ། །མོས་ཏེ་སྙིང་ནས་གུས་པས་གསོལ་བ་འདེབས། །ནམ་ཞིག་འདི་ནས་ལུས་འདི་བོར་མ་ ཐག །བདེ་ཆེན་ཞིང་དུ་པདྨོར་ལེགས་འཁྲུངས་ནས། །མ་རུངས་འཁོར་བའི་སྡིག་རྒྱུན་གཏན་ ཆད་ཤོག །ཅེས་པ་འདི་ནི་ངག་དབང་ཡོན་ཏན་བཟང་ལ་མཁོ་ཕྱིར་མ་ཏི་ཀིརྟིས་ཤར་མར་སྤེལ་བའོ།། །། ༈ མི་ཤིགས་གཉུག་མ་བདེ་ཆེན་དྭངས་མའི་ཁམས། །འོད་གསལ་རིག་སྟོང་རྗེན་པར་ ཤར་བའི་འཕྲུལ། །རང་བྱུང་ཡེ་ཤེས་དགོངས་དོན་མངོན་བྱས་པ། །ཁྱབ་བདག་ཀུན་བཟང་ བླ་མར་གསོལ་བ་འདེབས། །བདག་སོགས་འདི་སྣང་ཀུན་རྟོག་རིག་པའི་རྩལ། །རིག་ གདངས་འགག་མེད་ཆོས་དབྱིངས་དྲི་བྲལ་བ། །ལྷུན་གྲུབ་གཞོན་ནུ་བུམ་སྐུའི་དགོངས་ཀློང་ དུ། །ཚེ་འདིར་འབད་མེད་གྲོལ་བར་བྱིན་གྱིས་རློབས། །ཅེས་པ་འདི་ཡང་མ་ཏིས་སོ།། །། ༈ མ་ལུས་རྒྱལ་བའི་ཆོས་སྐུ་ཉག་གཅིག་ཆེ། །རབ་འབྱམས་གསང་བ་གསུམ་གྱི་མཛད་ རླབས་ཅན། །བརྟན་གཡོའི་དངོས་ཀུན་རང་གཤིས་རྟག་པའི་བདག །དང་པོའི་སངས་རྒྱས་ མཆོག་ལ་གསོལ་བ་འདེབས། །འདི་ཡང་མ་ཏིས་བྲིས་པའོ།། །། ༈ ཤེར་ཕྱིན་རང་གཟུགས་རྒྱལ་ཡུམ་འཕགས་མའི་ཐུགས། །རྩ་བའི་བླ་མའི་དགོངས་ ཆེན་རོ་མཉམ་པར། །ཐུགས་ཡིད་དབྱེར་མེད་ངང་དུ་གསོལ་བ་འདེབས། །རང་གསལ་གནས་ ལུགས་རྗེན་ཆར་མྱུར་མངོན་ཤོག །ཆོས་རིན་གྱི་དོན་དུ་མ་ཏིས་སོ།། །། 9-1-226 ༈ བླ་མ་དཀོན་མཆོག་གསུམ་པོ་མཁྱེན། །འབྲལ་མེད་རྒྱུན་དུ་ཐུགས་རྗེས་གཟིགས། །འདི་ཕྱི་དགེ་བ་ལ་ཕྱོགས་ནས། །སེམས་རྒྱུད་ཆོས་དང་འདྲེས་བྱིན་རློབས། །འདི་ཡང་ཚུལ་ཁྲི མས་ ལྷ་མོ་ལ་མཁོ་ནས་མ་ཏིས་སོ།། །། ༈ རིགས་ཀུན་ཁྱབ་བདག་དང་པོའི་སངས་རྒྱས་དཔལ། །གསང་གསུམ་འཁོར་ལོའི་ དབང་ཕྱུག་བརྟན་གཡོའི་བདག །རབ་འབྱམས་ལྷ་ཚོགས་མ་ལུས་སྤྲོ་བསྡུ་ཅན། །རྡོ་རྗེ་འཆང་ ཆེན་ཁྱེད་ལ་གསོལ་བ་འདེབས། །འདི་ཡང་སངས་རྒྱས་མཚོ་ཚེ་རིང་རྡོ་རྗེ་ཟུང་ལ་མཁོ་ནས་མ་ཏིས་སྨྲས་པ་ལྟར་ཆོས་ མཆེད་ཀྱིས་བྲིས།། །། ༈ སྐྱབས་གནས་ཀུན་དངོས་བླ་མ་རིན་པོ་ཆེ། །འདི་དང་ཕྱི་མའི་མགོན་དུ་ཁྱོད་ཉིད་ བསྟེན། །རེ་ས་གཞན་མེད་ཐུགས་རྗེས་ལེགས་བཟུང་སྟེ། །སྲིད་ཞིའི་འཇིགས་ལས་སྲུངས་ ཤིག་བཀའ་དྲིན་ཅན། །གསོལ་འདེབས་འདི་ཡང་པད་ལེགས་ལ་མཁོ་ནས་མ་ཏིས་སོ།། །། ༈ ཆོས་དབྱིངས་གསུང་གི་དབང་ཕྱུག་ཞལ་སྔ་ནས། །རྒྱུད་རྒྱལ་ཞུ་དང་སྡུད་འགྲེལ་ཆེར་ སྟོན་པ། །ཟླ་བཟང་ནས་བཟུང་རྒྱལ་དཀའི་བར་དག་དང༌། །ཆོས་རྒྱལ་རིགས་ལྡན་ཡོངས་ལ་ གསོལ་བ་འདེབས། །འདི་ཡང་དགེ་ཚུལ་མ་བྱང་ཆུབ་མཚོ་ལ་མཁོ་ནས་མ་ཏིས་སྨྲས་པ་ལྟར་ཆོས་མཆེད་ཀྱིས་བྲིས།། །། ༈ འདི་ཕྱིའི་སྐྱབས་ཡུལ་གཅིག་པུ། །བླ་མ་དམ་པ་ཁྱེད་གཉིས། །འདི་དང་ཕྱི་མར་རེ་ན། །ཐུགས་རྗེས་གཡེལ་མེད་ཞུ་ལགས། །ཅེས་པ་འདི་ནི་དགེ་མ་ཚུལ་ཁྲི མས་ལྷ་མོ་ལ་མཁོ་ནས། མ་ཏིས་ཤར་མར་ བྲིས།། །། ༈ དུས་འཁོར་གསུང་གི་རྡོ་རྗེ་རིན་ཆེན་འབྱུང༌། །ཡེ་ཤེས་ཁྲོ་རྒྱལ་རྨུགས་བྱེད་མཆོག་ གིས་གར། །ཤམྦྷ་ལ་ཡི་གཙོ་བོར་མངོན་སྤྲུལ་པ། །རིགས་ལྡན་མ་འགགས་པ་ལ་གསོལ་བ་ འདེབས། །གསོལ་འདེབས་འདི་ཡང་བརྩོན་འགྲུས་དཔལ་ལ་མཁོ་ཕྱིར་མ་ཏིས་སྨྲས་པའོ།། །། ༈ དཔལ་ལྡན་དབྱིངས་ཡེ་ཟུང་འཇུག་སྒྱུ་འཕྲུལ་ཆེ། །གང་ཐུགས་གཉུག་ཁམས་གཤིས་ 9-1-227 སུ་དགོངས་ཆུབ་སྲིད། །དེ་མཐུན་ཕྲིན་ལས་རོལ་པ་མངོན་མཛད་ཅིང༌། །དོན་གཉིས་མཆོག་ མངའ་བླ་མར་གསོལ་བ་འདེབས། །འདི་ཡང་ཏིང་འཛིན་གྱི་ངོར། མ་ཏིས་སོ།། ༈ གདོད་ནས་ལྷུན་གྲུབ་སྐུ་གསུམ་བདག་ཉིད་ཅན། །གང་འདུལ་ཐུགས་རྗེའི་རོལ་བ་ ཅིར་ཡང་འཆར། །ཁམས་དབང་དང་མཐུན་འགྲོ་འདྲེན་དགེ་བའི་བཤེས། །རྩ་བའི་བླ་མ་ མཆོག་ལ་སྙིང་ནས་འདུད། །རྒྱལ་བསྟན་ངེས་གསང་ཉམས་ལེན་ཟབ་མོ་ལ། །ཆོས་ཀྱིས་ དགོང་བཅུད་ལྷུར་བཞེས་གཞན་ཕན་གྱིས། །དུས་མཐར་མཛད་རབ་ཉེར་འཆང་བཀའ་དྲིན་ ཅན། །ཁྱེད་ལ་གུས་པས་གསོལ་འདེབས་བདག་བྱིན་རློབས། །ཐུགས་དགོངས་ཞི་བའི་ དབྱིངས་ལས་སྙིང་རྗེའི་མཐུས། །སླར་ཡང་སྙི གས་འགྲོར་ཕན་ཕྱིར་སྤྲུལ་པའི་གར། །དུས་ མཐུན་བསྟན་རྩར་མྱུར་ཕེབས་མཛད་བཟང་གིས། །ཕན་རླབས་གང་འདུལ་གཡེལ་མེད་སྤྱོད་ གྱུར་ཅིག།ཅེས་པ་འདི་ཡང་གྲ་བཙུན་ཐུབ་ཀོ་ཞེས་པའི་མོས་འདུན་བཞིན་མ་ཏིས་སོ།། །། ༈ བསོད་ནམས་དགེ་བས་བདག་ཅག་གིས། །འདི་དང་ཚེ་རབས་ཐམས་ཅད་དུ། །རྒྱལ་ བསྟན་རིན་ཆེན་གུས་བཀུར་ཏེ། །སྒོ་གང་ཐད་ནས་རྟག་འཛིན་ཤོག །འདི་ཡང་ཆོས་མཆེད་ལ་མཁོ་ ནས་མ་ཏིས་བྲིས།། །། ༈ བསོད་ནམས་དགེ་བའི་ཟླ་ཟེར་གྱིས། །བསྟན་འགྲོའི་ལེགས་སྒོ་ཀུ་མུད་ཚལ། །ཡོངས་ རྒྱས་དགའ་སྟོན་གསར་བའི་དཔལ། །སྲིད་མཐའི་བར་དུ་ཉམས་མེད་ཤོག །ཅེས་པའང་ཆོས་མཆེད་ དམ་པ་གུ་ཎ་བྷ་དྲ་ལ་མཁོ་ཕྱིར་མ་ཏིས་སྨྲས།། །། ༈ དགེ་འདིས་རྣལ་འབྱོར་ཡན་ལག་དྲུག །རིམ་པས་མཐར་ཕྱིན་ཟུང་འཇུག་སྐུ། །དུས་ ཀྱི་འཁོར་ལོ་མྱུར་འགྲུབ་སྟེ། །མ་ལུས་འགྲོ་ལ་ཕན་ཐོགས་ཤོག །ཅེས་པའི་དུས་འཁོར་སྨོན་ལམ་ཉེར་ བསྡུས་འདི་དགེ་མ་བྱང་ཆུབ་སྒྲོན་ལ་མཁོ་ནས་མ་ཏིས་སོ།། ༈ རབ་དགེས་ཚེ་འདི་འཕོས་མ་ཐག་པ་རུ། །ཤམྦྷ་ལ་རུ་ཆོས་རྒྱལ་གདུལ་ཞིང་དུ། །ཚེ་ 9-1-228 ལུས་དེ་ལ་གསང་ཆེན་ལམ་མཐར་ཕྱིན། །དུས་འཁོར་རྡོར་འཆང་གོ་འཕང་མྱུར་ཐོབ་ཤོག ། ཅེས་ཤམྦྷ་ལའི་སྨོན་ལམ་བསྡུས་པ་འདི་དགེ་མ་བྱང་ཆུབ་སྒྲོན་ལ་མཁོ་ཕྱིར་མ་ཏིས་སོ།། །། ༈ བདག་གིས་སྐྱེ་བ་འདི་ནས་འཕོས་མ་ཐག །སྔགས་ཀྱི་ཞིང་དེར་མ་འགགས་བཞུགས་ པའི་དྲུང༌། །ཐུགས་སྲས་མཆོག་གི་ཐུ་བོར་སྐྱེས་ནས་ཀྱང༌། །ཚེ་གཅིག་གསང་ཆེན་ལམ་བཟང་ མཐར་ཕྱིན་ཤོག །ཅེས་པའི་སྨོན་ལམ་འདི་ཡང་བརྩོན་འགྲུས་དཔལ་གྱི་ངོར་མ་ཏིས་སྨྲས།། །། ༈ དུས་ཀྱི་འཁོར་ལོ་བླ་མ་དབྱེར་མེད་ལ། །གུས་པའི་སྐྱབས་གསོལ་འདིར་བསགས་ རབ་དཀར་མཐུས། །ཤམྦྷ་ལ་རུ་རིགས་ལྡན་སྲས་གྱུར་ཏེ། །བསྟན་འགྲོ་ཡོངས་ལ་རླབས་ཆེན་ ཕན་ཐོགས་ཤོག །ཅེས་པའང་མ་ཏིས་སོ།། །། ༈ བསོད་ནམས་བསགས་དགེས་བདག་སོགས་འགྲོ། །འདི་ཕྱི་ཀུན་ཏུ་ཡང་དག་གི ། ཆོས་མཐུན་ཁོ་ནས་ལེགས་འཚོ་ཞིང༌། །རྐྱེན་ངན་གང་གིས་བསྒྱུར་མེད་ཤོག །ཅེས་པའང་མ་ཏིས་ སོ། ། ༈ རབ་དཀར་འདིས་མཚོན་སྐྱེ་འཕགས་དགེ་ཆེན་གྱིས། །དུས་མཐར་རྒྱལ་བསྟན་དབུ་ འཕང་མཐོ་བ་དང༌། །ཆབས་གཅིག་འགྲོ་ལ་ཕན་བདེ་ཡོངས་སྤེལ་ཞིང༌། །བསྟན་འགྲོའི་སྲུང་ རིམ་རླབས་ཆེན་སྤྱོད་གྱུར་ཅིག །འདི་ཡང་མ་ཏིས་སོ།། །། ༈ ལེགས་རྐྱེན་དེར་བརྟེན། །ཚོགས་གཉིས་མྱུར་རྫོགས། །དོན་གཉིས་སྤྱོད་པས། །འགྲོ་ སྒྲོལ་གྱུར་ཅིག །མ་ཏིས་སོ།། །། ༈ རབ་དཀར་བསོད་ནམས་བསགས་དགེ་རྒྱ་ཆེན་འདིས། །རིང་མིན་འཕགས་མཆོག་ པད་དཀར་འཛིན་པ་ཡི། །མ་ལུས་འགྲོ་བ་གདུལ་ཞིང་ཉིད་གྱུར་ཏེ། །གང་བཞུགས་དེར་ཆོས་ སྤྱོད་ལ་རྟག་འགྲོགས་ཤོག །འདི་ཕྲིན་ལས་ལ་མཁོ་ཕྱིར་མ་ཏིས་སྨྲས་པ་ལྟར་ཆོས་མཆེད་ཀྱིས་བྲིས།། །། ༈ བསོད་ནམས་བསགས་དགེ་འདི་དང་ཕྱོགས་བཅུ་ཡི། །དགེ་ཚོགས་རྣམས་དང་གཅིག་ 9-1-229 ཏུ་བསྡོམས་བྱས་ཏེ། །སྐྱེ་དང་སྐྱེ་བར་བླ་མས་རྗེས་བཟུང་ནས། །གདམས་ནོད་ས་ལམ་མཐར་ ཕྱིན་སངས་རྒྱས་ཤོག །ཅེས་བླ་མས་རྗེས་སུ་འཛིན་པའི་སྨོན་ལམ་འདི་ཡང་དགེ་མ་ལྷ་སྐྱིད་ལ་མཁོ་ནས་གུ་ཎས་སོ།། ༈ ལྷག་བསམ་དགེ་བས་རབ་དཀར་བསོད་ནམས་འདིས། །རྩ་བའི་བླ་མ་དགྱེས་བྱེད་ མཆོད་སྤྲིན་དང༌། །བདག་གཞན་སྒྲིབ་སྦྱངས་ཚོགས་ཆེན་རབ་རྫོགས་ཤིང༌། །དོན་གཉིས་རྒྱ་ མཚོའི་དཔལ་ཡོན་མྱུར་སྤྱོད་ཤོག །ཅེས་པའི་བསྔོ་སྨོན་ཉེར་བསྡུས་འདི་ཆོས་མཆེད་གུ་ཎ་བྷ་དྲ་ཉིད་ལ་མཁོ་ཕྱིར་ མ་ཏིས་བྲིས་པའོ།། །། ༈ ལེགས་རྐྱེན་དེར་བརྟེན། །ཚོགས་གཉིས་མྱུར་རྫོགས། །དོན་གཉིས་སྤྱོད་པས། །འགྲོ་ སྒྲོལ་གྱུར་ཅིག །མ་ཏིས་སོ།། །། ༈ རབ་དཀར་བསོད་ནམས་བསགས་དགེ་རྒྱ་ཆེན་འདིས། །རིང་མིན་འཕགས་མཆོག་ པད་དཀར་འཛིན་པ་ཡི། །མ་ལུས་འགྲོ་བ་གདུལ་ཞིང་ཉིད་གྱུར་ཏེ། །གང་བཞུགས་དེར་ཆོས་ སྤྱོད་ལ་རྟག་འགྲོགས་ཤོག །འདི་ཕྲིན་ལས་ལ་མཁོ་ཕྱིར་མ་ཏིས་སྨྲས་པ་ལྟར་ཆོས་མཆེད་ཀྱིས་བྲིས།། །། ༈ བསོད་ནམས་བསགས་དགེ་འདི་དང་ཕྱོགས་བཅུ་ཡི། །དགེ་ཚོགས་རྣམས་དང་གཅིག་ ཏུ་བསྡོམས་བྱས་ཏེ། །སྐྱེ་དང་སྐྱེ་བར་བླ་མས་རྗེས་བཟུང་ནས། །གདམས་ནོད་ས་ལམ་མཐར་ ཕྱིན་སངས་རྒྱས་ཤོག །ཅེས་བླ་མས་རྗེས་སུ་འཛིན་པའི་སྨོན་ལམ་འདི་ཡང་དགེ་མ་ལྷ་སྐྱིད་ལ་མཁོ་ནས་གུ་ཎས་སོ།། །། ༈ དུས་གསུམ་སངས་རྒྱས་ཀུན་དངོས་བླ་མ་རྗེ། །གང་འདུལ་ཆོས་སྒོ་གནང་བའི་འདྲེན་ པ་མཆོག །གསང་གསུམ་སྒོ་གསུམ་དབྱེར་མེད་བྱིན་རླབས་ཕོབ། །སྙིང་ནས་གསོལ་བ་ འདེབས་སོ་ཐུགས་རྗེས་གཟིགས། །དཔལ་ལྡན་བླ་མ་བདག་ཅག་མགོན་གཅིག་པུ། །འདི་ དང་ཕྱི་མར་ནམ་ཡང་འབྲལ་མེད་པར། །གསུང་གི་བདུད་རྩིས་རྟག་པར་ཚིམ་མཛད་ནས། །ཆོས་བློ་སྣང་བས་དོན་གཉིས་མཆོག་འགྲུབ་ཤོག །འདི་ཡང་ཤེས་རབ་རྒྱལ་མཚན་ཚེ་རིང་བཀྲ་ཤིས་ཟུང་ལ་ གསོལ་སྨོན་དུ། མ་ཏིས་སྨྲས་པའོ།། །། 9-1-230 ༈ ལེགས་ཚོགས་ཕན་བདེ་ཀུན་གྱི་གཞི་གཅིག་པུ། །ཐུབ་པའི་བསྟན་པ་ལུང་དང་ རྟོགས་པའི་ཆོས། །ཡོངས་རྫོགས་སྒོ་གང་ཐད་ནས་འཛིན་པ་ལ། །ལུས་སྲོག་འདོར་ལ་ཐུག་ ཀྱང་ཞུམ་མེད་ཤོག །ཁྱད་པར་རྒྱལ་བའི་དགོངས་པ་མཐར་ཐུག་པ། །འཁོར་ལོ་ཕྱིར་མི་ ལྡོ ག་པའི་བརྗོད་བྱའི་དོན། །ངེས་དོན་དབུ་མ་ཟབ་གསང་ཐེག་པའི་ཕུལ། །བསྟན་པའི་སྙིང་ པོ་མཆོག་དེ་རྟག་འཛིན་ཤོག །ཅེས་པའང་མ་ཏིས་སོ།། །། 9-1-231 ༄༅། །སྨོན་ཚིག་འདོད་དོན་ལེགས་འགྲུབ་བཞུགས། ༄༅། །གནས་ལུགས་ཆོས་སྐུ་དང་པོའི་སངས་རྒྱས་ཉིད། །མཆོག་གསུམ་སྤྱི་གཟུགས་ དུས་ཀྱི་འཁོར་ལོ་ཆེ། །བྱིན་རླབས་གཏེར་མཛོད་ཆོས་རྗེ་ཡབ་སྲས་ཚོགས། །ཐུགས་རྗེས་ མངའ་བདག་འཇམ་མགོན་བརྒྱུད་རིམ་བཅས། །མ་ལུས་གང་དག་ཡེ་གཞི་ཆོས་སྐུ་གཅིག ། རོལ་བའི་རྣམ་འཕྲུལ་མོས་ངོར་ཐ་དད་པ། །རང་རང་ལེགས་འཚམ་གང་འདུལ་སྤྲུལ་བའི་ གར། །རྩ་བའི་བླ་མ་གསུམ་ལྡན་རྡོ་རྗེ་འཛིན། །གཞི་དབྱིངས་དགོངས་ཀློང་གཅིག་པར་གུས་ གསོལ་འདེབས། །བདག་གིས་རྣམ་དཀར་འདིར་འབད་ལེགས་བྱས་མཐུ། །འབྲས་བུ་དུས་སུ་ སྨིན་པར་བྱིན་གྱིས་རློབས། །དགེ་མཐུ་གང་དེས་བདག་སོགས་ཚེ་འདིས་རིང༌། །དལ་འབྱོར་ རྟེན་ལ་བཤེས་གཉེན་མཆོག་མཇལ་ནས། །ཟབ་མོའི་གདམས་པ་ཐོབ་སྟེ་ཉམས་བླང་གིས། །བསླབ་ཁྲི མས་གཞི་བཟུང་ངེས་འབྱུང་བྱང་ཆུབ་སེམས། །ཡང་དག་ལྟ་བའི་ལམ་སྣེ་ཟིན་གྱུར་ ཅིག །དེ་ནས་རིམ་པར་ཐོས་བསམ་སྒོམ་གསུམ་གྱི། །མི་མཐུན་གེགས་བྲལ་ཆོས་མཐུན་ ལེགས་ངེས་སུ། །བསྟན་ལ་བག་ཆགས་ཟབ་མོ་ཡོངས་ཞོག་ནས། །རྨད་བྱུང་དལ་འབྱོར་དོན་ ཡོན་བྱེད་པར་ཤོག །ཚེ་འདིར་ཆོས་ལམ་དོན་གཉེར་ལ་བརྟེན་ཏེ། །རང་བློའི་མཐུ་ཡིས་གང་ མཆུན་རིམ་གཉིས་ལམ། །སྒོ་གང་ཐད་ལ་ཉམ་ལེན་ཅི་ནུས་ཀྱིས། །དེང་དུས་ལ་བསྟུན་ཆོས་ བློ་ལེགས་འཁྲུངས་ཤོག །དེ་མཐར་ནམ་ཞིག་སྐྱེས་ཆེན་འདེགས་པ་ལ། །ཉེ་བར་གྱུར་སྐབས་ ནད་གཅོད་སྡུག་བསྔལ་ཞི། །བར་སྲིད་དུས་སུ་འཁྲུལ་སྣང་ཚབས་ཆུང་གིས། །སྔགས་རིགས་ ཞིང་དུ་སྐྱེ་སྲིད་ལེགས་འཕོས་ཤོག །གནས་བཟང་གང་དེར་རིགས་ལྡན་བཞུགས་པའི་དྲུང༌། །དྲུག་ལྡན་རྟེན་བཟང་ལེགས་ཐོབ་ཐུགས་སྲས་ཀྱིས། །གསང་བ་མཆོག་གི་ཉམས་མྱོང་དགའ་ སྟོན་དཔལ། །སྐྱིད་དགའ་སྤྱོད་པའི་སྲས་ཀྱི་ཐུ་བོར་ཤོག །རྟེན་དེར་སྔོན་གྱི་ཆོས་ལ་གོམས་ 9-1-232 པའི་སྲོག །ནར་སོན་མཐུ་ཡིས་སྔགས་རིགས་འཛིན་པའི་ཕུལ། །རིམ་གཉིས་མངོན་རྟོགས་ སྐྱེས་སྟོབས་ཁྱད་པར་བ། །སྐལ་བཟང་རྡོ་རྗེའི་ཐུགས་སློབ་མཆོག་ཏུ་ཤོག །ལེགས་དགེས་ སྤྱོད་བཟང་ཀུན་ནས་ངོ་མཚར་བ། །ཟབ་གསང་ལམ་གྱིས་མཐུ་ལྡན་རྡོ་རྗེའི་སྤུན། །གྲུབ་ བརྙེས་རིག་འཛིན་ཕོ་མོ་ཆེས་མང་དང༌། །མཉམ་དུ་གསང་ཆེན་བརྟུལ་ཞུགས་རྟག་སྐྱོང་ཤོག །ཐབས་མཁས་ཚུལ་ལ་ཉེར་བརྟེན་ཚེ་དེ་ཉིད། །རྡོ་རྗེ་བཞི་ཡི་རྣལ་འབྱོར་ལེགས་མཐར་ཕྱིན། །ཟག་ཟད་ཟུང་འཇུག་འོད་སྐུར་དགོངས་ཆུབ་སྟེ། །དཔལ་ལྡན་སྐུ་བཞིའི་དབང་ཕྱུག་ཡོངས་ མངོན་ཤོག །གོ་འཕང་གང་དེས་འཁོར་བ་ཇི་སྲིད་བར། །བསྟན་འགྲོའི་ལེགས་སྒོ་འབད་ མེད་ཤུགས་འབྱུང་གིས། །མཁའ་མཉམ་འགྲོ་ལ་ཕན་བདེ་འཛད་མེད་ངང༌། །སྒོ་མཐའ་ཀུན་ ནས་མཛད་བཟང་སྤྱོད་གྱུར་ཅིག །ཅེས་པའི་སྨོན་ཚིག་འདོད་དོན་ལེགས་འགྲུབ་འདི་ཡང་ཆོས་ལ་མོས་འདུན་ཅན་ མཆོག་དཔལ་གྱི་ངོར། མ་ཏིས་ཤར་མ་སྤེལ་བ་དགེ། །། 9-1-233 ༄༅། །རྡོར་སེམས་ཧེ་རུ་ཀའི་བསྙེན་ཆོག་བསྟན་འགྲོར་ ཕན་བྱེད་ཅེས་བྱ་བ་བཞུགས་སོ། ། ༄༅། །བླ་མ་དང་དབྱེར་མེད་པ་ཁྱབ་བདག་རྡོ་རྗེ་སེམས་དཔའ་ལ་གུས་པས་ཕྱག་འཚལ་ཏེ། འདིར་གང་དེ་བསྙེན་ བཟླས་སྒྲིབ་སྦྱོང་གི་ཐབས་ལ། ཐོག་མར་གནས་ཁང་ག་དར་དང་ཉེར་སྤྱོད་སོགས་ཅི་འབྱོར་བའི་མཆོད་པ་འདུ་བྱས་ལ་སྐྱབས་ སེམས་ནི་འདི་སྐད། ན་མོ་སངས་རྒྱས་ཀུན་འདུས་པའི་མངའ་བདག་མཚུངས་མེད་དཔལ་ལྡན་ རྩ་བའི་བླ་མ་དང་རྣམ་དབྱེར་མ་མཆིས་པ་དཔལ་ཧེ་རུ་ཀ་ཁྱབ་བདག་སྐུ་བཞིའི་དབང་ཕྱུག་ ཐུགས་རྗེ་རྒྱ་མཚོའི་བདག་ཉིད་ལ། བདག་དང་སེམས་ཅན་ཐམས་ཅད་ཀྱིས་སྙིང་ནས་གུས་ པས་གསོལ་བ་འདེབས་ཤིང་སྲིད་ཞིའི་འཇིགས་པ་ལས་སྐྱབས་སུ་བསྟེན་ནོ། །མ་སེམས་ ཅན་མ་ལུས་པའི་སྡུག་བསྔལ་ཉེ་བར་བསལ་ཆེད་དཔལ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ ཟབ་མོ་ལ་འཇུག་པར་བྱའོ། །ཞེས་པ་ལན་གསུམ་སོགས་ཇི་ལྟར་འོས་པའི་མཐར་མཆོད་པ་ཅི་འབྱོར་ཡོད་ན་དེ་ལ་ དམིགས་ནས་བྱིན་གྱིས་བརླབ་པ་ནི། ༀ་ཨཱཿཧཱུཾ། ཕུལ་བྱུང་ཟག་པ་མེད་པའི་མཆོད་སྤྲིན་རྒྱ་ཆེན་པོ་ནམ་ མཁའ་རབ་འབྱམས་ཀུན་ཏུ་ཡོངས་སུ་གང་ཞིང་མཆོད་ཡུལ་རྒྱ་མཚོ་ལ་ཇི་ལྟར་འོས་པའི་ དགྱེས་བསྐྱེད་ཁྱད་པར་བ་དུས་འཁོར་བ་ཇི་སྲིད་བར་ནམ་ཡང་ཟད་པ་མི་མངའ་བའི་གཏེར་ ཆེན་པོ་འཕགས་པ་ཀུན་ཏུ་བཟང་པོའི་རྣམ་འཕྲུལ་ལ་ཉེ་བར་འགྲན་ནུས་པའི་མཆོད་རྫས་མ་ ཚང་བ་མེད་པ། དག་ཅིང་ཕུན་སུམ་ཚོགས་པའི་མཁོ་དགུའི་ལོངས་སྤྱོད་བཟང་ཞིང་གྱ་ནོམ་ པ་སྔགས་དང་ཏིང་ངེ་འཛིན་གྱི་འཕྲུལ་ལས་བྱུང་བ་དཔལ་སྡུག་ཕྱོགས་ཀྱི་འཁོར་ལོའི་རྒྱན་ ཆེན་པོའི་ཀུན་ནས་ཡོངས་སུ་དཀྲིགས་པར་གྱུར་ཅིག ༀ་བཛྲ་སྥ་རཏྣ་ཁཾ། ལན་གསུམ། སྤྲོ་ན་མཆོད་ པའི་སྤྲིན་གཟུངས་ཀྱང་བརྗོད། དེ་ནས་རྟེན་ཡུལ་བསྐྱེད་པ་ནི། སྐད་ཅིག་རང་སེམས་དག་སྣང་མོས་འདུན་གྱི་ ཡུལ་རྒྱ་ཆེ་བར། བདག་དང་སེམས་ཅན་ཐམས་ཅད་ལྷན་ཅིག་ཏུ་འཁོད་པར་མོས་པའི་མདུན་ 9-1-234 ཕྱོགས་ཐད་ཀྱི་སྟེང་གི་ནམ་མཁའི་དབྱིངས་སུ་འཇའ་ཟེར་ཀུན་ནས་འཁྲི གས་པའི་ཀློང་དུ། པཾ་ ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་གདན་ལ་ཁྱབ་བདག་གདོད་མའི་མགོན་པོ་ དང་པོའི་སངས་རྒྱས་རྩ་བའི་བླ་མའི་ཐུགས་ཆོས་སྐུ་འོད་གསལ་གྱི་རང་མདངས་དང་གཉིས་ སུ་མེད་པ། ཐུགས་རྡོ་རྗེ་ཧཱུཾ་གིས་མཚན་པ་ཡོངས་སུ་གྱུར་པ་ལས་དཔལ་ཧེ་རུ་ཀ་རྡོ་རྗེ་སེམས་ དཔའ་མཆོག་གི་ལོངས་སྤྱོད་སྒྱུ་མའི་གཟུགས་སྐུར་ཉེ་བར་བཞེངས་པ་སྐུ་མདོག་སྟོན་ཟླ་ འབུམ་གྱི་ཕུང་པོ་ལྟར་རབ་ཏུ་གསལ་ཞིང་འོད་དཀར་གྱི་སྣང་བ་ཕྱོགས་ཐམས་ཅད་དུ་ཡོངས་ སུ་ཁྱབ་པ་ཞལ་གཅིག་ཞི་བའི་འཛུམ་མདངས་དང་བཅས་ཕྱག་གཉིས་རྡོར་དྲིལ་ཐུགས་ཀར་ བསྣོ ལ་བཞིན་ཞབས་ཟུང་སྐྱིལ་ཀྲུང་གིས་བཞུགས་པ། དེའི་པང་ན་ཡུམ་སྙེ མས་མ་དཀར་མོ་ ཞལ་གཅིག་ཕྱག་གཉིས་གྲི་ཐོད་འཛིན་པས་ཡབ་ལ་འཁྱུད་ཅིང་ཞབས་པདྨའི་སྐྱིལ་མོ་ཀྲུང་ གིས་མཉམ་སྦྱོར་མཛད་པའི་བདེ་སྟོང་ཟུང་འཇུག་ཡེ་ཤེས་ཆེན་པོ་ཀུན་ནས་འབྱམས་ཀླས་ ཤིང༌། གཉིས་ཀ་རུས་པ་དང་རིན་པོ་ཆེའི་རྒྱན་ཆ་དྲུག་གིས་ལེགས་པར་མཛེས་པ། དུས་ ཀྱི་འཁོར་ལོ་སོགས་ཡི་དམ་རྒྱུད་སྡེ་རྒྱ་མཚོའི་རྡོ་རྗེ་རྣམ་བཞིའི་ངོ་བོ་ཡབ་ཀྱི་དཔྲལ་བར་ༀ་ དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། ལྟེ་བར་ཧོཿསེར་པོས་མཚན་པ། དེ་ལྟ་བུའི་དཔལ་ཧེ་རུ་ཀ་ཡབ་ཡུམ་རྒྱལ་བ་རྡོ་རྗེ་དྲུག་གི་གདོད་མའི་ཐུགས་ཆོས་སྐུའི་ཡེ་ཤེས་ རང་རྩལ་ཉེ་བར་རྫོགས་པས་རྒྱལ་ཀུན་མཁྱེན་པའི་ཀློང་ཉག་གཅིག་ཏུ་བཞུགས་པ། དཔལ་ ལྡན་རྡོ་རྗེ་གསུམ་གྱི་དབང་བསྐུར་ཡེ་ནས་གཉིས་སུ་མེད་པར་བརྡལ་བས་རིགས་ཐམས་ཅད་ ཀྱི་མངའ་བདག་གཅིག་པུར་གྱུར་ཅིང༌། གསང་བ་གསུམ་གྱི་རྣམ་པར་རོལ་པ་ལས་བླ་མ་ཡི་ དམ་མཆོག་གསུམ་མཁའ་འགྲོ་ཆོས་སྐྱོང་དང་བཅས་ངོ་མཚར་སྒྱུ་མའི་བཀོད་ཆེན་ཕྱོགས་ མཚམས་སྟེང་འོག་ཐམས་ཅད་དུ་འགྱེད་པ། ཀུན་གྱི་བྱེད་པོ་མ་ལུས་རྒྱལ་བའི་སྤྱི་གཟུགས་ མཚུངས་པ་མ་མཆིས་པའི་ཐུགས་རྗེའི་གཏེར་ཆེ་བ་བདག་གཞན་སེམས་ཅན་ཐམས་ཅད་ཀྱི་ 9-1-235 མགོན་སྐྱབས་མཆོག་ཏུ་ཉེར་བཞུགས་མཛད་པར་གྱུར། དེ་ནས་བསོད་ནམས་བསགས་སྒོ་ཡན་ལག་བདུན་ པ་ནི། ༀ་དཔལ་ལྡན་དང་པོའི་སངས་རྒྱས་རྡོ་རྗེ་སེམས། །མ་ལུས་རྒྱལ་བའི་ཆོས་སྐུའི་རང་ གཟུགས་ཆེ། །རབ་འབྱམས་དཀྱིལ་འཁོར་ཡོངས་ཀྱི་སྤྱི་དཔལ་བདག །ཁྱབ་བདག་བརྟན་ གཡོའི་དཔལ་གྱུར་གང་ལ་འདུད། །རྨད་བྱུང་གསང་གསུམ་སྒྱུ་མའི་རོལ་གར་མཆོག །ཀུན་ ཏུ་བཟང་པོའི་མཛད་ཆེན་མཁའ་མཐར་ཁྱབ། །གང་འདུལ་དེར་སྣང་སྣ་ཚོགས་ཐབས་མཁས་ དཔལ། །ཅིར་ཡང་འཕྲུལ་བའི་མགོན་ལ་གུས་ཕྱག་འཚལ། །ཐུགས་རྗེ་ཆེ་མངའ་མཆོད་ཡུལ་ རྒྱ་མཚོ་ལ། །རབ་སྔགས་ཏིང་འཛིན་གྱིས་བསྐྲུན་མཆོད་པའི་སྤྲིན། །བསིལ་དྭངས་སྔོ་བའི་ ཡན་ལག་བརྒྱད་ལྡན་ཆུ། །རྙོག་བྲལ་དྲི་མ་འཁྲུད་བྱེད་གང་ཡོད་འབུལ། །ལེགས་མཛེས་གེ་ སར་ཟིལ་མངར་རབ་གཡོ་ཞིང༌། །ཕུལ་བྱུང་འདབ་སྟོང་ཕྱོགས་ཀུན་མངོན་པར་བཀྲ། །སྣ་ ཚོགས་ཁ་དོག་དཔལ་བརྗིད་འོད་བཟང་སྤྲོ། །འཇིག་རྟེན་དག་ན་གང་མཆིས་གུས་པས་ འབུལ། །ངོ་མཚར་དྲི་ངད་ཀུན་ནས་འཕྱུར་བའི་ཕུལ། །བདུག་པའི་སྤོས་སྤྲིན་མཁའ་ཀུན་ ཡོངས་འགེངས་བ། །བྱེད་ལས་ཟག་བྲལ་བདེ་བ་སྐྱེད་བྱེད་མཆོག །དངོས་འབྱོར་ཡིད་ཀྱི་ སྤྲུལ་པ་མཐའ་དག་འབུལ། །མི་ཤེས་རྨོངས་མུན་ཀུན་ནས་གཞིལ་བའི་གཉེན། །འོད་གསལ་ ཏིང་འཛིན་འཕྲུལ་ལས་ཉེར་འཆར་བ། །ཞིང་ཀུན་ཁྱབ་པའི་སྣང་གསལ་བླ་ན་མེད། །གཞན་ ཡང་ཉི་ཟླ་ནོར་བུའི་འོད་སོགས་མཆོད། །དག་པའི་ཞིང་དང་འཇིག་རྟེན་མཐོ་རིས་ན། །ཆེས་ མཆོག་བཟང་པོའི་དྲི་ཡིས་ཉེར་སྦགས་པ། །ཡོན་ཆབ་བསིལ་བྱེད་རྒྱུན་ཀླུང་རབ་གཙང་ ཆུ། །ཇི་སྙེ ད་ཡིད་དུ་འོང་བའི་ཚོགས་ཀྱང་འབུལ། །ལྷ་མིས་ལེགས་སྦྱར་བཅུད་ཆེན་ཟས་ཀྱི་ མཆོག །ཁ་དོག་རབ་མཛེས་རོ་བཅུད་དུ་མའི་དཔལ། །ཡོངས་འཛིན་དགྱེས་པ་སྤེལ་བྱེད་ ལྷ་མིའི་ཟས། །རོ་མཆོག་བཅུད་བཟང་མཐའ་དག་འབུལ་བར་བགྱི། །སྙན་པའི་དབྱངས་ ལྡན་རྗོད་བྱེད་རྣམ་པར་དག །བརྗོད་བྱ་ལེགས་དོན་ཕུལ་བྱུང་སྟོན་པའི་གཏམ། །ཡིད་འོང་ 9-1-236 སྒྲ་སྙན་གླུ་དབྱངས་རོལ་མོའི་རིགས། །རྣ་བའི་དཔལ་བསྐྱེད་དེ་ཀུན་མཆོད་པ་འབུལ། །བཀྲ་ ཤིས་རྫས་རྟགས་བརྒྱད་དང་རིན་ཆེན་བདུན། །འདོད་འཇོའི་དཔག་བསམ་ལྗོན་སོགས་ཆེ་ དགུའི་དཔལ། །དཔག་ཡས་བསོད་ནམས་སྟོབས་ལས་གང་འཁྲུངས་པ། །མཐའ་དག་ཞེན་ མེད་ངང་ནས་གུས་པས་འབུལ། །རྣལ་འབྱོར་དག་པས་སྦྱངས་རྟོགས་སྦར་བའི་རྫས། །དམ་ ཚིག་མཆོག་གི་མཆོད་པ་ཁྱད་པར་བ། །དཔའ་བོ་ཡབ་ཡུམ་དགྱེས་རྫས་རྨད་བྱུང་གི །མཉེས་ བྱེད་དམ་པའི་དགྱེས་པ་ཡོངས་བསྐྱེད་གསོལ། །བདེ་ཆེན་དགའ་བ་ཅིར་ཡང་སྤེལ་བྱེད་པ། །ངོ་མཚར་ལང་ཚོ་དར་བའི་སྒེག་པ་མོ། །སྐེད་མེད་ན་ཆུང་སྒྱུ་རྩལ་དམ་པའི་ཕུལ། །མཚན་ ལྡན་རིག་མས་བདེ་ཆེན་ཡེ་ཤེས་སྦོར། །ནང་དབྱིངས་དོན་གྱི་འོད་གསལ་གཉུག་མའི་ཁམས། །མ་བཅོས་རང་བབས་སྐྱོང་བས་མངོན་གྱུར་ཏེ། །གནས་ལུགས་རང་ཞལ་ལེགས་མཇལ་ ལྟ་བའི་མཆོག །དེ་ཁོ་ན་ཡིས་དགོངས་ཆེན་རབ་དགྱེས་མཛོད། །དེ་ལྟར་ཕྱི་ནང་གསང་བ་ དེ་ཉིད་ཀྱིས། །ཁྱབ་བདག་འཁོར་ལོའི་མགོན་ལ་དགྱེས་བསྟར་བ། །གང་འདིས་ཡེ་ཤེས་ དགོངས་པ་ཀློང་རྡོལ་ཏེ། །ཆོས་སྐུའི་གཤིས་ལ་མྱུར་རེག་སྐལ་བཟང་སྩོལ། ། ཀྱེ་ཧོ། ཁྱབ་བདག་ཐུགས་རྗེའི་གཏེར་གྱུར་འགྲོ་བའི་མགོན། །མ་ལུས་འགྲོ་ལ་བརྩེ་བས་ ཉེར་དགོངས་ཏེ། །བདག་གཞན་ཀུན་གྱི་སྒྲིབ་ཀུན་སྦྱོང་བའི་ཐབས། །དགོངས་ཀློང་ཡངས་ པས་ཕྲིན་ལས་མཛད་དུ་གསོལ། །རང་དང་གཞན་གྱིས་ཐོག་མེད་ནས་བསགས་པའི། །མི་ དགེ་བཅུ་དང་མཚམས་མེད་ཉེ་བ་ལྔ། །སོ་བྱང་སྔགས་ཀྱི་དམ་ཚིག་དང་འགལ་བའི། །ཉེས་ ལྟུང་དྲི་མའི་ཚོགས་དག་མཐོལ་ཞིང་བཤགས། །རང་གཞན་ཀུན་གྱིས་སྡིག་པ་གང་བསགས་ ཚད། །དེ་དག་ལ་ཡང་གནོང་འགྱོད་སྡོམ་སེམས་བགྱིད། །བཤགས་བསྡམ་གང་དེས་རླབས་ ཆེན་ཕན་ཐོགས་སྒོ། །ཡོངས་འཕེལ་རྒྱལ་སྲས་མཛད་བཟང་ལེགས་སྤྱོད་ཤོག །སེམས་ དཔའ་ཆེན་པོའི་རྣམ་པར་རོལ་པ་ཡིས། །དག་དང་མ་དག་ཞིང་དུ་དགེ་ཆེན་ཚོགས། །ཅིར་ 9-1-237 ཡང་སྤེལ་བའི་མཛད་པ་རྒྱ་ཆེན་ལ། །ཡིད་རབ་དང་བའི་ངང་ནས་རྗེས་ཡི་རང༌། །འགྲོ་ མགོན་གདུལ་བྱ་རང་འཚམ་ལྟར་གྱི་འཕྲུལ། །གང་འོས་གསུང་རབ་ཅིག་ཆར་ལེགས་སྟོན་ པའི། །ཟབ་རྒྱས་བརྗོད་སྒོ་ནམ་ཡང་ཉམས་མེད་པར། །གང་འདུལ་ཆོས་འཁོར་རླབས་ཆེན་ སྐོར་བར་བསྐུལ། །ཆོས་སྐུ་གདོད་མ་གཤིས་ལུགས་མི་འགྱུར་བ། །ཡོངས་གྲུབ་ཐེར་ཟུག་ འཕོ་འགྱུར་མི་མངའ་ཡང༌། །གཞན་སྣང་ངོར་ཙམ་གཟུགས་སྐུ་སྒྱུ་མའི་འཕྲུལ། །རེས་འཇོག་ ནུབ་མེད་འཚོ་གཞེས་མཛད་བཟང་སྟོན། །བསོད་ནམས་ཉེར་བསགས་འདིས་ནི་རིང་མིན་ དུ། །རང་གཞན་མཐའ་དག་ཆོས་སྐུའི་དགོངས་པར་གྲོལ། །རྫུན་སྣང་འཕྲུལ་བའི་ཡོ་ལང་ ཀུན་བསལ་ཏེ། །རྡོར་སེམས་དག་ཆེན་དགོངས་མཉམ་སྤྱོད་གྱུར་ཅིག །ཅེས་པ་ལན་ཅི་རིགས་པའི་ མཐར་གསོལ་བ་འདེབས་པའང༌། བདེ་ཆེན་ཡེ་ཤེས་སྒྱུ་མའི་གར་གྱི་འཕྲུལ། །དཀྱིལ་འཁོར་རྒྱ་མཚོའི་ རིགས་གཅིག་རྡོ་རྗེ་སེམས། །ཧེ་རུ་ཀ་དཔལ་ཐབས་ཤེས་ཟུང་འཇུག་ལྷ། །གསང་གསུམ་ མཛད་རླབས་ཅན་ལ་གསོལ་བ་འདེབས། །བདག་དང་ཁམས་གསུམ་སེམས་ཅད་ཐམས་ ཅད་ཀྱིས། །བསགས་སྡིག་མཐའ་དག་ཡོངས་སུ་སྦྱོང་བ་དང༌། །མ་ལུས་རྣམ་གྲོལ་མཆོག་ལ་ མྱུར་རེག་སྟེ། །བྱང་ཆུབ་གོ་འཕང་དམ་པ་དབང་བར་གསོལ། །ཞེས་པ་ལན་གསུམ་སོགས་བརྗོད། དེ་ ལྟར་ཚོགས་ཆེན་བསགས་ཤིང་གསོལ་བ་དྲག་ཏུ་བཏབ་པའི་མཐུ་ལས་རང་གཞན་གྱི་མདུན་ མཁར་བཞུགས་པའི་དཔལ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་སྐུ་ལས་རང་འདྲ་རྡོར་སེམས་ཀྱི་ སྐུ་མཐའ་ཀླས་པ་སྤྲོས། རང་གཞན་སེམས་ཅན་ཐམས་ཅད་ཀྱི་སྤྱི་བོར་པད་ཟླའི་གདན་རེ་རེ་ ལ་དེ་སྙེ ད་དུ་བཞུགས་པར་གྱུར། རྡོ་རྗེ་སེམས་དཔའ་སྤྲུལ་གཞི་སྤྲུལ་པ་ཐམས་ཅད་ཀྱི་ཐུགས་ ཀར་ཟླ་བ་ལ་གནས་པའི་རྡོ་རྗེ་དཀར་པོ་རྩེ་ལྔ་པའི་ལྟེ་བར་ཟླ་གདན་གྱི་སྟེང་དུ་ཐུགས་སྲོག་ ཧཱུཾ་ཡིག་དཀར་གསལ་གྱི་མཐར་ཡི་གེ་བརྒྱ་པ་དུང་གི་ཕྲེང་བ་བསྒྲིག་པ་ལྟར་འོད་དཀར་གྱི་ ཕུང་པོ་དཀར་གྱི་ལེ་བ་འགྲེང་ཐབས་སུ་ཡིག་ངོ་ཕྱིར་བསྟན་ཏེ་གཡས་བསྐོར་དུ་འཁོད་པར་ 9-1-238 དམིགས་ལ། ཡིག་བརྒྱ་ཅི་ནུས་བཟླ། སྤྲུལ་གཞི་རྡོ་རྗེ་སེམས་དཔའི་ཐུགས་ཀ་ནས་སྤྲོས་པའི་འོད་ ཟེར་གྱིས་རང་གཞན་ཀུན་གྱི་སྤྱི་གཙུག་ན་བཞུགས་པའི་སྤྲུལ་པ་རྡོར་སེམས་ཐམས་ཅད་ཀྱི་ ཐུགས་རྒྱུད་བསྐུལ། ཡབ་ཡུམ་དེ་ཐམས་ཅད་ཀྱི་སྦྱོར་མཚམས་ནས་ཡེ་ཤེས་ཀྱི་རང་བཞིན་ བདུད་རྩི་དཀར་པོ་འོ་མའི་རྒྱུན་བཞིན་ལུད་པ་རང་གཞན་ཐམས་ཅད་ཀྱི་སྤྱི་བོ་ནས་ཞུགས། ལུས་ཐམས་ཅད་གང་བས་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་ དྲི་མའི་ཚོགས་ཐམས་ཅད་དུད་ཁུ་དང་སོལ་ཁུའི་རྣམ་པར་འོག་སྒོ་དང་རྐང་མཐིལ་སོགས་ ནས་ཐོན་ཏེ་ས་འོག་རིམ་པ་དགུའི་བར་སོང་ནས་དབང་ཆེན་གསེར་གྱི་ས་གཞི་ལ་ཐིམ་པར་ བསམ་ལ་བཟླ། ཡང་རང་གཞན་ཐམས་ཅད་ཀྱིས་སྤྲུལ་གཞི་སྤྲུལ་པའི་རྡོ་རྗེ་སེམས་དཔའ་གང་ དག་ལ་སྡིག་སྒྲིབ་ལེགས་པར་སྦྱོང་བ་དང་མྱུར་དུ་སྐུ་གསུང་ཐུགས་དང་སྒོ་གསུམ་དབྱེར་མེད་ དུ་བྱིན་གྱིས་བརླབ་པར་གསོལ་བ་སྙིང་ཐག་པ་ནས་འདེབས་བཞིན་ཡི་གེ་བརྒྱ་པ་གསང་ སྔགས་སྙིང་པོའི་སྒྲ་དབྱངས་མཁའ་མཐར་ཁྱབ་པ་འུར་ལྡིར་གྱིས་སྒྲོག་པར་བསམ་ལ་བཟླ། ཡང་རང་གཞན་ཐམས་ཅད་ཀྱིས་དཔལ་རྡོ་རྗེ་སེམས་དཔའ་གང་དག་གི་དྲུང་དུ་སྔར་བྱས་ཀྱི་ སྡིག་ལྟུང་ལ་སྙིང་ནས་གནོང་འགྱོད་དྲག་པོ་དང་ཕྱིན་ཆད་ལེགས་སྡོམ་གྱི་བསམ་པ་བརྟན་པོ་ བསྐྱེད་པའི་སྒོ་ནས་བཤགས་བསྡམ་ཡང་དག་པ་བྱེད་པར་མོས་ལ་བཟླ། ཡང་གཟུགས་སུ་གང་ སྣང་ཐམས་ཅད་རྡོ་རྗེ་སེམས་དཔའི་སྐུ་དང་སྒྲ་གྲགས་ཚད་རྡོ་རྗེ་སེམས་དཔའི་གསུང་དང་ དྲན་རྟོགས་འགྱུ་སྒོ་མཐའ་དག་རྡོ་རྗེ་སེམས་དཔའི་ཐུགས་སུ་རང་གསལ་དེའི་ངང་དུ་འཛིན་ མེད་དུ་མཉམ་པར་བཞག་ལ་བཟླ། ཡང་དཔལ་ཧེ་རུ་ཀ་ཐམས་ཅད་ཀྱི་གནས་ལུགས་ཆོས་སྐུའི་ རང་གཤིས་དང་སེམས་ཅན་མ་ལུས་པའི་སེམས་དྲི་བཅས་ཀྱི་ཆོས་ཉིད་དོན་ཀྱི་སྡོད་ལུགས་ ལ་རང་བཞིན་དག་མཉམ་འབའ་ཞིག་ཏུ་ངོ་ཤེས་པའི་ངང་ནས་རང་གསལ་གཤིས་ལུགས་ གཅིག་པ་ལ་མཉམ་པར་བཞག་སྟེ་རང་སེམས་གསལ་སྟོང་འཛིན་མེད་བཟོ་བཅོས་དང་བྲལ་ 9-1-239 བ་དེའི་ངང་ལེགས་པར་བསྐྱང་ལ། བཟླ་བའི་མཐར་སྤྲོ་ན་གོང་གི་ཡན་ལག་བདུན་པ་ལན་གཅིག་བྱ། བསྡུས་ན་ འདི་ཙམ་སྟེ། ཁྱབ་བདག་ཧེ་རུ་ཀ་དཔལ་རྡོ་རྗེ་སེམས། །གང་ལ་གུས་ཕྱག་འཚལ་ཞིང་མཆོད་ ཚོགས་འབུལ། །སྡིག་ལྟུང་ཀུན་བཤགས་དགེ་ལ་རྗེས་ཡི་རང༌། །ཆོས་བསྐུལ་རྟག་བཞུགས་ འགྲོ་ཀུན་སངས་རྒྱས་ཤོག །གང་ལྟར་ཡང་མཐར། དཔལ་ལྡན་རྡོར་སེམས་ཡེ་ཤེས་སྒྱུ་མའི་ འཕྲུལ། །གང་འདུལ་སྤྲུལ་པའི་རོལ་གར་འཛད་མེད་པ། །ནམ་མཁའ་རབ་འབྱམས་ཀུན་ཏུ་ བརྡལ་བ་ལ། །གུས་པས་གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །བདག་གཞན་ཀུན་ གྱི་སྡིག་ལྟུང་སྦྱང་དུ་གསོལ། །ལས་སྒྲིབ་ངན་པ་ཟད་པར་བྱིན་གྱིས་རློབས། །མ་དག་འཁྲུལ་ སྣང་དབྱིངས་སུ་དག་པར་མཛོད། །ཆོས་སྐུ་དགོངས་ཆེན་གཅིག་པར་རོ་མཉམ་ཤོག །ཅེས་ པའི་གསོལ་བ་བཏབ་པ་ལ་བརྟེན་སྐད་ཅིག་གིས་དཔལ་རྡོ་རྗེ་སེམས་དཔའི་སྤྲུལ་པ་གང་ དག་སེམས་ཅན་ཐམས་ཅད་ལ་ཐིམ་པས་གསང་གསུམ་སྒོ་གསུམ་དབྱེར་མེད་ཀྱི་ངང་ནས་ གྲོལ་བ་ཆེན་པོའི་གནས་ལ་བཀོད་ཅིང༌། (སྤྲོ་ན་བར་འདིར་ཚོགས་མཆོད་བྱ།) སྤྲུལ་གཞི་ཧེ་རུ་ཀ་ཡབ་ ཡུམ་རང་གི་སྤྱི་བོར་ཐིམ་པས་རྒྱུད་བྱིན་གྱིས་བརླབ་པར་གྱུར། དེ་ནས་བསྔོ་སྨོན་ནི། རབ་དཀར་ དགེ་བའི་ཕུང་པོ་འདིས་མཚོན་ཏེ། །སྐྱེ་འཕགས་ཡོངས་ཀྱི་བསོད་ནམས་སྟོབས་ཆེན་དང༌། །མངོན་པར་སྦྲེལ་བའི་དགེ་ཚོགས་རྒྱ་མཚོ་ལས། །ལེགས་འབྱུང་དགེ་སྟོབས་ཆེན་པོ་རབ་ འཕེལ་ཤོག །དེ་ཡང་རླབས་ཆེན་སྒྲིབ་སྦྱངས་ཟབ་མོ་ཡིས། །མདོ་སྔགས་སྤྱོད་པ་རྒྱ་མཚོའི་ དོད་ཐོབ་སྟེ། །ཚེ་འདིར་སྒྲིབ་པ་བྱང་ཞིང་ཚོགས་ཆེན་རྫོགས། །བྱང་ཆུབ་དམ་པའི་གཞི་རྩ་ ལེགས་ཚུགས་ཤོག །དེར་བརྟེན་བསྟན་འགྲོ་ཡོངས་ཕན་སྤེལ་བྱས་ཤིང༌། །དུས་མཐར་ རྫོགས་ལྡན་གསར་བའི་དཔལ་ཡོན་སྒོ། །ཀུན་ནས་འཕྱུར་བའི་ལྟས་བཟང་ལེགས་ཤར་ཏེ། །དེང་སྐབས་ལྗོངས་འདིར་གནས་སྐབས་གསར་ཐོབ་ཤོག །ཚུལ་དེའི་བྱེད་ལས་ལ་བརྟེན་ བདག་སོགས་ཀྱི། །རྒྱུད་ལ་ཐོག་མར་འཁོར་བར་ཞེན་ལོག་དང༌། །བར་དུ་བྱང་ཆུབ་སེམས་ 9-1-240 མཆོག་རྒྱལ་སྲས་སྤྱོད། །ཐ་མར་གནས་ལུགས་ཟབ་མོའི་དོན་རྟོགས་ཤོག །དེ་ནས་གསང་ ཆེན་ཐེག་པའི་སྨིན་བྱེད་སྒོ། །ལེགས་མནོས་དམ་ཚིག་རྣམ་པར་དག་པ་ཡིས། །གཞི་བཟུང་ སེམས་རྒྱུད་ལས་རུང་རིམ་གཉིས་ཀྱི། །རྣལ་འབྱོར་སྐྱེ་མ་རག་ཏུ་ཡོངས་སླེབ་ཤོག །མ་དག་ ཐ་མལ་གསང་གསུམ་ལྷའི་འཁོར་ལོ། །སྐྱེ་འཆི་བར་དོ་ཆོས་ལོངས་སྤྲུལ་གསུམ་གྱི། །ཡོངས་ སྦྱངས་དག་ཆེན་སྒྱུ་མའི་རྣལ་འབྱོར་ཆེ། །རིམ་པ་དང་པོའི་ལམ་མཆོག་མཐར་ཕྱིན་ཤོག །གཉུག་མ་དོན་གྱི་ཡེ་ཤེས་རང་ཐད་དུ། །ཇི་བཞིན་མངོན་ཐབས་རྩ་ཐིག་རླུང་གསུམ་ཚོགས། །དབུ་མར་ལེགས་འཆིང་རྫོགས་རིམ་ཡང་ཟབ་ཀྱི། །རིམ་པ་གཉིས་པ་ཇི་བཞིན་ཡོངས་སྨིན་ ཤོག །དེ་ནས་མཐར་ཐུག་སྐུ་བཞི་རྡོ་རྗེ་བཞི། །གསང་གསུམ་མཛད་པ་ལྷུན་གྲུབ་ཡོན་ཏན་ གྱིས། །འཁོར་བ་སྲིད་དུ་འགྲོ་བའི་དཔལ་གྱུར་ཏེ། །དོན་གཉིས་མཛད་བཟང་ནམ་ཡང་ནུབ་ མེད་ཤོག །དེ་ལྟར་གང་སྨོན་དོན་ཀུན་ཇི་བཞིན་དུ། །འགྲུབ་ལ་རྐྱེན་གེགས་གང་གིས་འཚེ་ མེད་པར། །རིམ་པས་ཕ་མཐར་ལེགས་ཕྱིན་བསམ་པའི་དོན། །མ་ལུས་འགྲོ་ལ་བདེ་དགར་ སྤྱོད་གྱུར་ཅིག །ཅེས་སོགས་བསྔོ་སྨོན་གང་འོས་བྱ་ཞིང༌། བྱིན་རླབས་དབང་བཞི་ལེན་པར་སྤྲོ་ན་གོང་ཡན་ལག་བདུན་པ་རྒྱས་བསྡུས་གང་རུང་སོང་མཚམས་སུ། དཔལ་ཧེ་རུ་ ཀ་ཆེན་པོའི་དཔྲལ་བར་སྐུ་རྡོ་རྗེའི་ངོ་བོ་ༀ་ཡིག་ལས་འོད་ཟེར་དཀར་པོ་བྱུང༌། རང་གི་དཔྲལ་ བར་ཐིམ་པས་བུམ་པའི་དབང་བསྐུར་ཐོབ་སད་པའི་གནས་སྐབས་ཀྱི་སྒྲིབ་པ་སྦྱངས། མཐར་ ཐུག་སྐུ་རྡོ་རྗེ་མངོན་དུ་འགྱུར་རུང་གི་བག་ཆགས་ཁྱད་པར་ཅན་བཞག་པར་གྱུར། དེའི་འགྲེས་ ཏེ་མགྲིན་སྙིང་ལྟེ་གསུམ་ལ། སྐུ་རྡོ་རྗེའི་དོད་དུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་གསུམ་དང༌། ༀ་ཡིག་གི་དོད་དུ། ཨཱཿཧཱུཾ་ཧོཿགསུམ་འོད་ཟེར་རང་མདོག་དམར་ནག་སེར་གསུམ་བཅས་དང༌། བུམ་དབང་དོད། གསང་ཤེར་ བཞི་པའི་དབང༌། སད་པའི་དོད། རྨི་ལམ་གཉིད་འཐུག་ཆགས་རྟོགས་གསུམ། ཐ་མའི་སྐུ་རྡོར་གྱི་ དོད། གསུང་ཐུགས་ཡེ་ཤེས་གསུམ་དེ་བཞིན་སྦྱར་བས་དབང་བཞི་ལེན། སྤྲོས་བཅས་ལ་གོང་དཀྱུས་བཞིན་དེ་ལྟར་དང༌། 9-1-241 གཞན་ཡང་ཕྱི་ནང་གསང་གསུམ་གྱི་མཎྜལ་འབུལ་བར་སྤྲོ་ན་གོང་ཡན་ལག་བདུན་པ་རྒྱས་པའི་མཆོད་པ་འབུལ་བའི་ ཡན་ལག་སོང་མཐར། ཆོས་སྐུའི་གཤིས་ལ་མྱུར་རེག་སྐལ་བཟང་སྩོལ། །ཞེས་པའི་མཚམས་སུ་ཕྱིའི་མཎྜལ་ འབུལ་བ་ནི། གཞན་ཡང་མཆོད་ཡུལ་རྒྱ་མཚོའི་སྤྱན་ལམ་དུ། །ཕྱིའི་མཎྜལ་བདག་གཞན་སེམས་ ཅན་གྱི། །དགེ་ཚོགས་སྟོབས་ཆེན་ལས་གྲུབ་ཡོངས་ཁྱབ་པ། །དབང་ཆེན་གསེར་གྱི་ས་གཞི་ མཛེས་སྡུག་འབར། །ཕྱོགས་མཐར་མུ་འཁྱུད་ལྕགས་རིས་ཡོངས་བསྐོར་དབུས། །རིན་ཆེན་ སྣ་ཚོགས་ཁམས་ལས་ལེགས་གྲུབ་པའི། །རི་རྒྱལ་ལྷུན་པོ་དཔལ་བརྗིད་བརྟན་ཆགས་པ། །ཁ་དོག་སྣ་ཚོགས་འོད་བཟང་ཕྱོགས་བརྒྱར་འབར། །ཤར་དུ་ལུས་འཕགས་ལྷོ་རུ་འཛམ་བུའི་ གླིང༌། །བྱང་ཕྱོགས་སྒྲ་མི་སྙན་དང་ནུབ་བ་གླང༌། །སྤྱོད་དེ་གླིང་ཆེན་ཕྱོགས་བཞིར་ལེགས་ བཀོད་ཅིང༌། །ལུས་འཕགས་གླིང་སྟེ་སྒྲ་གཅན་བཻཌཱུར་མདངས། །འཛམ་གླིང་ནམ་མཁར་ཉིན་ བྱེད་འོད་སྟོང་འབར། །བྱང་ཕྱོགས་བར་སྣང་ཟླ་ཤེལ་འོད་དཀར་ཅན། །ནུབ་ཀྱི་མཁའ་ལ་ དུས་མེ་གསེར་འོད་འཕྲོ། །དབུས་སུ་ལྷ་མའི་དཔལ་འབྱོར་མ་ཚང་མེད། །འཕགས་པ་ཀུན་ ཏུ་བཟང་པོའི་རྣམ་འཕྲུལ་ལྟར། །ངོ་མཚར་མཆོད་སྤྲིན་རྒྱ་མཚོས་དཔལ་ཡོན་འདི། །བདག་ གཞན་ཀུན་གྱི་དགེ་ཚོགས་དང་བཅས་ཏེ། །བསོད་ནམས་ཞིང་མཆོག་དམ་པར་གང་བཞུགས་ པ། །འགྲོ་བ་ཡོངས་ཀྱི་སྐྱབས་གནས་མཆོག་རྣམས་ལ། །གུས་པས་འབུལ་ལོ་བརྩེ་བས་ བདག་གིར་བཞེས། །མཆོད་ཡུལ་གང་དག་གསང་གསུམ་མཐུ་བྱིན་གྱིས། །བདག་སོགས་ རྣམས་ཀྱི་ཚོགས་ཆེན་རྫོགས་པར་ཤོག །ཨེ་དམ་རཏྣ་གུ་རུ་ཊཾ་མཎྜལ་ལ་ཁཾ་ནིཏྱ་ཏ་ཡ་མི། དེ་ ནས་ནང་གི་མཎྜལ་འབུལ་བ་ནི། བསོད་ནམས་ཞིང་དུ་ནང་གི་མཎྜལ་ནི། །བདག་གཞན་རྣམས་ཀྱི་ རྩ་རླུང་ཐིག་ལེའི་ཁམས། །ཡོངས་གྱུར་གསེར་བཟང་འཛིན་མ་དགེ་བའི་གཞིར། །བ་སྤུ་བྱེ་ བའི་ལྕགས་རིས་ལེགས་བསྐོར་དབུས། །རྩ་མཆོག་དབུ་མ་རི་རྒྱལ་ལྷུན་པོའི་མཐར། །ཤར་ དུ་ཆོས་ཀྱི་འཁོར་ལོ་ལུས་འཕགས་གླིང༌། །ལྷོ་རུ་ལོངས་སྤྱོད་འཁོར་ལོ་འཛམ་བུའི་གླིང༌། 9-1-242 །བྱང་ཕྱོགས་པདྨའི་འཁོར་ལོ་སྒྲ་མི་སྙན། །ནུབ་ལ་སྤྲུལ་པའི་འཁོར་ལོ་བ་གླང་སྤྱོད། །དབུ་ མའི་མདུན་ཕྱོགས་སྒྲ་གཅན་མཐིང་སྔོན་མདོག །གཡས་ཕྱོགས་རོ་མ་ཉི་གཞོན་འཆར་ཀའི་ མདངས། །གཡོན་ཕྱོགས་རྐྱང་མ་འོད་དཀར་ཟླ་བའི་དཔལ། །དབུ་མའི་རྒྱབ་ཕྱོགས་དུས་ མེ་གསེར་བཟང་མདོག །རྡོ་རྗེའི་ལུས་ཀྱི་གཏུམ་མོའི་འོད་སྣང་གིས། །ཀུནྡ་བྱང་སེམས་ འོད་དཀར་ཟིལ་བའི་ཐིག །རབ་ཞུ་འཁོར་ལོ་དྲུག་གིས་བསྡུས་པ་ཡིས། །སྟོང་ཕྲག་བདུན་ ཅུ་རྩ་གཉིས་རྩ་ཁམས་ལ། །རླུང་སེམས་དྭངས་མ་བདེ་བའི་ཡོན་ཏན་ཚོགས། །ཅི་དགར་ འཕེལ་བའི་བདེ་ཆེན་རབ་དགའི་དཔྱིད། །ཕུལ་བྱུང་དགའ་བཞིའི་འཁོར་ལོ་ལེགས་བསྐོར་ བ། །ཟག་མེད་དཔལ་འབྱོར་ནམ་ཡང་ཟད་མེད་པའི། །ཟླ་དང་བྲལ་བའི་སྤྲོས་མེད་མཆོད་ སྤྲིན་ཆེ། །བདེ་ཆེན་འགྱུར་མེད་དབང་ཕྱུག་ཡེ་ཤེས་སྐུ། །རབ་འབྱམས་དཀྱིལ་འཁོར་སྤྲོ་བའི་ རིགས་ཀྱི་བདག །མཚུངས་མེད་མཆོད་ཡུལ་དམ་པར་གུས་པས་འབུལ། །བརྩེ་བ་ཆེན་པོའི་ དགྱེས་བཞེས་བྱིན་རླབས་ཀྱིས། །བདག་སོགས་རྩ་རླུང་ཐིག་ལེའི་རང་གཤིས་ཁམས། །མི་ འགྱུར་བདེ་ཆེན་ངོ་བོར་ཡོངས་གྲོལ་མཛོད། །ཨེ་དམ་རཏྣ་གུ་རུ་ཊཾ་མཎྜལ་ལ་ཁཾ་ནིཏྱ་ཏ་ཡ་མི། དེ་ནས་གཞན་མཆོག་གི་མཎྜལ་འབུལ་བ་ནི། ཀུན་ཁྱབ་གདོད་མའི་རང་བཞིན་ལས་ཤར་བའི། །མཆོད་ ཡུལ་མཁའ་དང་མཉམ་པའི་སྤྲུལ་བཀོད་བདག །གང་དག་ལ་ཡང་གཞན་མཆོག་མཎྜལ་ནི། །རབ་དྭངས་གཤིས་ལུགས་དོན་དམ་འོད་གསལ་དབྱིངས། །བདེ་གཤེགས་སྙིང་པོ་གཙང་ བདག་རྟག་བདེ་བ། །འདུས་མ་བྱས་པའི་ཡེ་ཤེས་ལྔ་ཡི་གར། །རྡོ་རྗེ་པདྨས་བསྐོར་བ་མཛེས་ རྒྱན་ཅན། །རྣམ་མང་འོད་ཟེར་འཕྲོ་བའི་གཞལ་ཡས་ཁང༌། །ཁམས་གསུམ་རྣམ་ཅན་དྭངས་ གསལ་རྒྱ་ཆེན་གཞིར། །དབུས་སུ་རྡོ་རྗེ་གྲི་གུག་རི་རབ་ལྷུན། །ཤར་དུ་རལ་གྲིའི་ཕྱག་མཚན་ ལུས་འཕགས་གླིང༌། །ལྷོ་རུ་རིན་ཆེན་ཕྱག་མཚན་འཛམ་བུའི་གླིང༌། །བྱང་དུ་པདྨའི་ཕྱག་ མཚན་སྒྲ་མི་སྙན། །ནུབ་ཕྱོགས་འཁོར་ལོའི་ཕྱག་མཚན་བ་གླང་སྤྱོད། །ཡེ་ཤེས་སྒྲོན་མེ་སྒྲ་ 9-1-243 གཅན་སྣང་བའི་གར། །རྡོ་རྗེ་ཉི་མ་འོད་གསལ་ཕུང་པོ་ཅན། །རྡོ་རྗེ་ཟླ་བ་དྲི་མེད་དཀར་བའི་ མདངས། །ཆོས་དབྱིངས་རྙོག་བྲལ་དུས་མེའི་དཀྱིལ་འཁོར་མཆོག །གནས་ལུགས་འཁོར་ འདུས་ཡོངས་ཁྱབ་དག་པའི་བདག །སྒྲིབ་མེད་རོ་མཉམ་བདེ་བ་ཆེན་པོའི་ཕུལ། །གང་འདི་ གཤིས་ཀྱི་གཉུག་མ་གཅིག་གི་དབྱིངས། །རང་གསལ་ཞེན་མེད་ངང་ནས་ཅི་དགར་འབུལ། །དོན་དམ་དགེ་བའི་མཛད་པ་རྨད་བྱུང་བའི། །བདག་སོགས་རྣམ་ཤེས་ཡེ་ཤེས་ཉག་གཅིག་ ཤོག །ཨི་དམ་རཏྣ་གུ་རུ་ཊཾ་མཎྜལ་ལ་ཁཾ་ནིཏྱ་ཏ་ཡ་མི། དེ་འདྲའི་ཕྱི་ནང་གཞན་གསུམ་གྱི་མཎྜལ་ཅི་ནུས་ འབུལ་མཐར། ཀྱེ་ཧོ། ཁྱབ་བདག་ཐུགས་རྗེས་གཏེར་གྱུར་འགྲོ་བའི་མགོན། །སོགས་ལ་འཇུས་ནས་ རང་དཀྱུས་བཞིན་བྱས་ན་ཆོག་ཅིང༌། སྤྲོས་མེད་ལ་མཆོད་པ་བྱིན་རླབས་དོར་ཡན་ལག་བདུན་པ་རྒྱས་པའི་ཚབ་བསྡུས་པས་བྱས་ པ་ཙམ་ཁྱད་པར་རོ། །དེ་ལྟ་བུའི་རྡོར་སེམས་ཧེ་རུ་ཀའི་བསྙེན་ཆོག་བསྟན་འགྲོར་ཕན་བྱེད་ཅེས་བྱ་བ་འདི་ཡང་འདུས་སྡེ་ཆོས་ལ་ གཞོལ་བ་འགའི་ཐུགས་བཞེད་ལྟར། མ་ཏིས་ཤར་མར་སྤེལ་བ་ཛ་ཡནྟུ།། །། ༈ གསུང་ཐུགས་ཡེ་ཤེས་རྡོ་རྗེའི་དམིགས་བསྡུས་ལྡེ བ་ཤར། དཔལ་ཧེ་རུ་ཀ་ཆེན་པོའི་མགྲིན་པར་གསུང་ རྡོ་རྗེའི་ངོ་བོ་ཨཱཿཡིག་ལས་འོད་ཟེར་དམར་པོ་བྱུང༌། རང་གི་མགྲིན་པར་ཐིམ་པས་གསང་བའི་ དབང་བསྐུར་ཐོབ་རྨི་ལམ་གནས་སྐབས་ཀྱི་སྒྲིབ་པ་སྦྱངས། མཐར་ཐུག་གསུང་རྡོ་རྗེ་མངོན་དུ་ འགྱུར་རུང་གི་བག་ཆགས་ཁྱད་པར་ཅན་བཞག་པར་གྱུར། ༈ དཔལ་ཧེ་རུ་ཀ་ཆེན་པོའི་ཐུགས་ཀར་ཐུགས་རྡོ་རྗེའི་ངོ་བོ་ཧཱུཾ་ཡིག་ལས་འོད་ཟེར་ནག་ པོ་བྱུང༌། རང་གི་སྙིང་གར་ཐིམ་པས་ཤེས་རབ་ཡེ་ཤེས་དབང་བསྐུར་ཐོབ་གཉིད་འཐུག་ གནས་སྐབས་ཀྱི་སྒྲིབ་པ་སྦྱངས། མཐར་ཐུག་ཐུགས་རྡོ་རྗེ་མངོན་དུ་འགྱུར་རུང་གི་བག་ ཆགས་ཁྱད་པར་ཅན་བཞག་པར་གྱུར། ༈ དཔལ་ཧེ་རུ་ཀ་ཆེན་པོའི་ལྟེ་བར་ཡེ་ཤེས་རྡོ་རྗེའི་ངོ་བོ་ཧོཿཡིག་ལས་འོད་ཟེར་སེར་པོ་ བྱུང༌། རང་གི་ལྟེ་བར་ཐིམ་པས་བཞི་པའི་དབང་བསྐུར་ཐོབ་ཆགས་རྟོག་གནས་སྐབས་ཀྱི་ 9-1-244 སྒྲིབ་པ་སྦྱངས། མཐར་ཐུག་ཡེ་ཤེས་རྡོ་རྗེ་མངོན་དུ་འགྱུར་རུང་གི་བག་ཆགས་ཁྱད་པར་ཅན་ བཞག་པར་གྱུར། 9-1-245 ༄༅། །དཔལ་ལྡན་རྡོ་རྗེ་སེམས་དཔའི་བསྐྱེད་བསྡུས་བཞུགས། ༀ། དཔལ་ལྡན་རྡོ་རྗེ་སེམས་དཔའ་དུང་གི་མདོག །རབ་དཀར་འོད་ཀྱི་ཕུང་པོ་ལྷམ་མེ་ བ། །པད་ཟླའི་གདན་ལ་སྐྱིལ་མོ་ཀྲུང་གིས་བཞུགས། །ཕྱག་གཉིས་ཐབས་ཤེས་ཟུང་གི་ཕྱག་ མཚན་བསྣམས། །སྙེ མས་མ་དཀར་མོ་པདྨའི་སྐྱིལ་ཀྲུང་གིས། །དེ་ཡི་པང་ན་གྲི་ཐོད་འཛིན་ བཞིན་འཁྱུད། །ཡབ་ཡུམ་གཉིས་ཀ་རིན་ཆེན་རུས་པའི་བརྒྱན། །དཀར་འོད་སྣང་བའི་མཁའ་ ལྡི ང་ཕུབ་དབུས་ན། །གནས་བཞིར་ཡིག་འབྲུ་བཞི་ཡིས་མཚན་བཞིན་བཞུགས། །ཐུགས་ ཀའི་ཧཱུཾ་ལས་འོད་ཟེར་རབ་འཕྲོས་པས། །ཕྱོགས་བཅུའི་ཞིང་ནས་བདེ་གཤེགས་སྤྱན་དྲངས་ ནས། །གཉིས་མེད་བསྟིམས་པས་རྒྱལ་ཀུན་སྤྱི་རྗེར་གྱུར། །ཀྱེ་མ་ཧོ། སྔོན་ཆད་ལས་ཉོན་ བཙན་པའི་གཞན་དབང་གིས། །སྡིག་ལས་མི་བཟད་གང་བགྱིས་དེ་དག་ལ། །ཤིན་ཏུ་གནོང་ ཞིང་སྙིང་ནས་འགྱོད་པ་སྐྱེས། །དེང་ནས་ཕྱིན་ཆད་སྲོག་ལ་ཐུག་གྱུར་ཀྱང༌། །སྡིག་ལས་དེ་འདྲ་ གཏན་ནས་མི་བགྱིད་དོ། །དེ་ཕྱིར་བཅོམ་ལྡན་རྡོ་རྗེ་སེམས་དཔའ་ཀྱེ། །བདག་གི་སྡིག་ལྟུང་མ་ ལུས་སྦྱང་དུ་གསོལ། །ཧེ་རུ་ཀའི་ཡིག་བརྒྱ་གང་འགྲུབ་བཟླ་མཐར། ཧོ། མགོན་པོ་སེམས་དཔའ་ཆེན་པོ་ སྟོབས་བཅུའི་བདག །གང་ལ་རྟག་ཏུ་བདག་གིས་རེ་འཆའ་ན། །དམ་ཚིག་ཉམས་ཆག་མཐའ་ དག་ཀུན་བྱང་སྟེ། །བདེ་སྟོང་ཡེ་ཤེས་སྐྱེ་བར་བྱིན་གྱིས་རློབས། །ཞེས་པ་འདི་ཡང་དགོས་ཆེད་དམིགས་ བསལ་ཡོད་པ་ལ་བསྟེན་ནས། མ་ཏི་ཀཱི རྟི་ཞེས་པས་བསྐལ་པ་ལྕགས་སྟག་ལོའི་ཟླ་༨་ཚེས་༡༢ལ་བྲིས།། །།དགེའོ། མངྒ་ལཾ། 9-1-246 ༄༅། །རྡོ་རྗེ་སེམས་དཔའ་ལ་ཚོགས་མཆོད་འབུལ་ཐབས་ དགའ་ཆེན་སྟོན་མོ་ཞེས་བྱ་བ་བཞུགས་སོ། ། ༄༅། །རྡོ་རྗེ་སེམས་དཔའ་ལ་ཚོགས་མཆོད་འབུལ་ཐབས་བསྡུས་པ་ཚོགས་རྫས་ཡོ་བྱད་ལེགས་འདུ་བྱས་ལ། ཐོག་ མར་བྱིན་རླབས་ནི། རང་ཡི་དམ་གསལ་བའི་ཐུགས་སྲོག་ལས། །ༀ་ཨཱཿཧཱུཾ་གསུམ་གྱི་ཡིག་འབྲུ་ སྤྲོས། །ཉེས་སྐྱོན་ཀུན་རབ་སྦྱངས་ཟག་མེད་ཆེ། །ཁ་དོག་དང་དྲི་རོ་ཕུན་ཚོགས་གྱུར། །ལན་ གསུམ། ཚོགས་མགྲོན་སྤྱན་དྲངས་པ་ནི། དབྱིངས་དག་ཆེན་དགོངས་ཀློང་མཁའ་མཉམ་ནས། །དཔལ་ཧེ་ རུ་ཀ་ཉིད་འཕྲུལ་ཆེན་བཀོད། །ཐབས་ཤེས་རབ་གཉིས་མེད་ཚོགས་མཆོད་མཆོག །ལེགས་ བཞེས་ཀྱི་སླད་དུ་འདིར་བྱོན་བཞུགས། །ཚོགས་མཆོད་འབུལ་བ་ནི། ཟག་མེད་ཕུལ་བྱུང་གི་ཚོགས་ ཀྱི་མཆོད་པ་འདི། །གཞི་དབྱིངས་དོན་དམ་གྱི་སེམས་དཔའ་དང་པོའི་མགོན། །རྩ་བརྒྱུད་བླ་ མ་ཀུན་འདུས་པའི་ངོ་བོར་མཆོད། །རླབས་ཆེན་མཐུ་བྱིན་གྱི་སྣང་བ་འགོག་མེད་སྩོལ། །ཟག་ མེད་ཕུལ་བྱུང་གི་ཚོགས་ཀྱི་མཆོད་པ་འདི། །བདེ་སྟོང་ཟུང་འཇུག་གི་ངོ་བོར་ཡེ་སངས་རྒྱས། །ཡི་དམ་རབ་འབྱམས་ཀྱི་རིགས་བདག་མཆོག་ཏུ་མཆོད། །མཆོག་ཐུན་གང་འོས་ཀྱི་དངོས་ གྲུབ་དུས་སུ་སྩོལ། །ཟག་མེད་ཕུལ་བྱུང་གི་ཚོགས་ཀྱི་མཆོད་པ་འདི། །དོན་དམ་སྐྱབས་གསུམ་ གྱི་ངོ་བོར་རྟག་བཞུགས་པ། །དཀོན་མཆོག་རིན་ཆེན་གྱི་སྐྱབས་ཀུན་འདུས་པར་མཆོད། །སྲིད་ཞིའི་འཇིགས་པ་ལས་སྐྱོབས་ཤིག་ཐུགས་རྗེ་ཅན། །ཟག་མེད་ཕུལ་བྱུང་གི་ཚོགས་ཀྱི་ མཆོད་པ་འདི། །མི་འགྱུར་བདེ་ཆེན་གྱི་མཁའ་འགྲོའི་དབང་ཕྱུག་ཆེ། །མ་སྲིང་རྒྱ་མཚོ་ཡི་གཙོ་ བོ་ཉིད་དུ་མཆོད། །ཌཱ་ཀིའི་དགའ་སྟོན་གྱི་རོལ་པ་ཆེར་ངོམ་མཛོད། །ཟག་མེད་ཕུལ་བྱུང་གི་ ཚོགས་ཀྱི་མཆོད་པ་འདི། །གདོད་ནས་ཞི་བ་ཡི་ཡེ་ཤེས་མཁྱེན་སྤྱན་མངའ། །ཆོས་སྲུང་དམ་ ཅན་གྱི་སྤྲུལ་པའི་བྱེད་པོར་མཆོད། །འཕྲལ་སྣང་རྐྱེན་ངན་ཀུན་དབྱིངས་སུ་ཉེར་ཞིར་མཛོད། 9-1-247 །བསྐང་བཤགས་ནི། ངོ་མཚར་ཚོགས་འཁོར་གྱི་དགའ་སྟོན་ཆེན་པོ་ཡིས། །རིགས་ཀུན་ཁྱབ་ བདག་གི་དགོངས་ཆེན་དགྱེས་བསྐང་ནས། །ཉམས་ཆག་གློ་བུར་གྱི་བརྫུན་རིས་དབྱིངས་སུ་ ཡལ། །བསགས་སྦྱངས་དཔལ་ཡོན་གྱི་འཕེལ་ཁ་དུས་སུ་ཕོབ། །དྲང་བ་ནི། ཨེ་མ་ཧོ་དགའ་ཆེན་ དགྱེས་སྟོན་གྱི་མཆོད་ཆེན། །ཨ་ལ་ལ་ངོ་མཚར་ཐབས་ཤེས་ཀྱི་བཅུད་མཆོག །རྣལ་འབྱོར་ ཕོ་མོ་ཡི་བདེ་སྟོང་མངོན་རྟོགས་བསྐྱེད། །ཐ་མལ་འདུ་ཤེས་ཚོ་སྤོངས་ལ་ཅི་དགར་རོལ། །ལྷག་ མ་ནི། ༀ་ཨཱཿཧཱུཾ་ལྷག་མ་ལ་དབང་བ། །དམ་ཅན་ཀུན་རྫས་ལ་རོལ་ནས་ཀྱང༌། །རང་རང་གི་ རེ་འདོད་སྐོང་མཛོད་ལ། །ཆོས་མཐུན་གྱི་སྡོང་གྲོགས་མཛད་དུ་གསོལ། །ཨུ་ཙི་ཊཱ་བ་ལིང་ཏཱ་ ཁ་ཧཱི། བསྔོ་བ་ནི། ག་ཎ་ཙཀྲ་ཡི་དགའ་སྟོན་གྱིས། །བདག་ཅག་བསོད་ནམས་ཀྱི་ཚོགས་ཆེན་ རྫོགས། །དམ་ཚིག་ཉམས་ཆག་ཀུན་ཡོངས་བྱང་ནས། །རིང་མིན་ཟུང་འཇུག་མཆོག་ལེགས་ སྤྱོད་ཤོག །འདི་རང་དཀྱུས་མགོ་ཐུབ་བྱེད་ན་ཁ་ཚང་དེ་ལུགས་ལྟར་དང༌། རྡོར་སེམས་བསྙེན་ཆོག་ལ་སྤྲད་ན་སྤྱན་འདྲེན་མི་ དགོས། དེ་ལྷག་ཚོགས་ཡོངས་རྫོགས། བསྙེན་ཆོག་མཇུག་གི གྲོལ་བ་ཆེན་པོའི་གནས་ལ་བཀོད་ཅིང༌། ཞེས་ པའི་མཚམས་སུ་བྱ། མཐར། སྤྲུལ་གཞི་ཧེ་རུ་ཀ་སོགས་བསྔོ་སྨོན་བྱའོ། །ཞེས་རྡོ་རྗེ་སེམས་དཔའ་ལ་ཚོགས་མཆོད་འབུལ་ ཐབས་དགའ་ཆེན་སྟོན་མོ་ཞེས་བྱ་བ་འདི་ཡང་བསོད་ནམས་དཔལ་བཟང་དགེ་བའི་མོས་འདུན་བཞིན། མ་ཏིས་ཤར་མར་སྤེལ་ བའོ།། །། ༄༅། །བླ་རྣམ་དང་འབྲེལ་བའི་ཚོགས་མཆོད་འཇམ་མགོན་ 9-1-248 བླ་མ་དགྱེས་བྱེད་ཅེས་བྱ་བ་བཞུགས་སོ། ། ༄༅། །བླ་མ་ལ་ཕྱག་འཚལ་ནས་འདིར་ཚོགས་མཆོད་མདོར་བསྡུས་ཀྱི་ཚུལ་ལ། ཚོགས་རྫས་ལེགས་འདུ་བྱས་ནས་ དེ་ལ། སུམྦྷ་ནིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨཱཿལས་ཀ་པཱ་ལ་ཡངས་ཤིང་རྒྱ་ ཆེ་བར་ཚོགས་རྫས་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་དུ་གྱུར། ༀ་ཨཱཿཧཱུཾ་ ཧ་ཧོཿཧྲཱིཿ ལན་གསུམ་གྱིས་བྱིན་གྱིས་བརླབས། འདིར་མཆོད་ཡུལ་བསྐྱེད་ཆོག་དང་མ་འབྲེལ་ན། སྐད་ཅིག་གིས་ རང་ཡི་དམ་གྱི་ཐུགས་སྲོག་ལས་འཕྲོས་པའི་འོད་ཟེར་གྱིས་དབྱིངས་དག་ཆེན་གྱི་རང་བཞིན་ དོན་དམ་པའི་དཀྱིལ་འཁོར་མཆོག་གི་ལྷ་ཚོགས་ཡོངས་སུ་རྫོགས་པ་སད་པར་བྱས་པའི་ཚུལ་ གྱིས་མཆོད་ཡུལ་དུ་ཇི་བཞིན་མངོན་སུམ་ལྟ་བུར་བཞུགས་པར་གྱུར། ཅེས་བརྗོད། མཆོད་ཡུལ་དང་ འབྲེལ་ན་མི་དགོས་ཤིང༌། གང་ལྟར་ཡང་ཚོགས་མཆོད་ནི། ༀ་ཨཱཿཧཱུཾ། རྨད་བྱུང་ཟག་མེད་བདེ་ཆེན་ཚོགས་ འཁོར་འདི། །ཁྱབ་བདག་དཔལ་ལྡན་བླ་མ་མཆོག་ལ་འབུལ། །ཨེ་མ་ཧོ། ཐུགས་རྗེའི་བརྩེ་ བ་ཆེན་པོས་ལེགས་བཞེས་ནས། །གསང་བ་གསུམ་གྱི་བྱིན་རླབས་བསྩལ་དུ་གསོལ། །ༀ་ ཨཱཿཧཱུཾ། རྨད་བྱུང་ཟག་མེད༴ སོགས་གོང་བཞིན་འགྲེས་སྦྱར་ཏེ། འཁོར་ལོའི་དབང་ཕྱུག་ཧེ་རུ་ཀ་ལ་ འབུལ། །ཨེ་མ་ཧོ། ཐུགས་རྗེའི་བརྩེ་བ༴ སོགས་ཀྱང་འགྲེས་ནས། རྣམ་གཉིས་དངོས་གྲུབ་ཆར་ ལྟར་ལེགས་ཕབ་མཛོད། །དེ་ལྟ་བུས་རིམ་པར། བདེ་ཆེན་ཕག་མོ་དགའ་མ་མཆོག་ལ་འབུལ། །རྣལ་འབྱོར་བདེ་ཆེན་རྟོགས་པ་སྦར་དུ་གསོལ། །ཞེས་དང༌། གསང་བའི་ཡུམ་ཆེན་མཁའ་འགྲོ་ བཞི་ལ་འབུལ། །དགའ་བཞིའི་ཡེ་ཤེས་རང་ཤར་ཉིད་དུ་མཛོད། །ཅེས་དང༌། ཐུགས་རིགས་ དཔའ་བོ་དཔའ་མོའི་ཚོགས་ལ་འབུལ། །སྤྲོས་མེད་ཐུགས་མཆོག་ཉིད་དང་རོ་མཉམ་མཛོད། །ཅེས་དང༌། གསུང་རིགས་དཔའ་བོ་དཔའ་མོའི་ཚོགས་ལ་འབུལ། །གཞོམ་བྲལ་ནཱ་དའི་དབྱངས་ ལ་སྤྱོད་ནུས་ཤོག །ཅེས་དང༌། སྐུ་རིགས་དཔའ་བོ་དཔའ་མོའི་ཚོགས་ལ་འབུལ། །ཟུང་འཇུག་ 9-1-249 སྒྱུ་མའི་སྐུ་བཟང་མྱུར་ཐོབ་མཛོད། །ཅེས་དང༌། གཞན་ཡང་རྩ་བརྒྱུད་བླ་མའི་ཚོགས་ལ་འབུལ། །རང་རང་ལེགས་འཚམ་བྱིན་རླབས་སྣང་བ་སྩོལ། །ཞེས་དང༌། ཡི་དམ་རྒྱ་མཚོ་འཁོར་ཚོགས་ བཅས་ལ་འབུལ། །རབ་འབྱམས་ལས་བཞིའི་དངོས་གྲུབ་མཐའ་དག་སྩོལ། །ཞེས་དང༌། སངས་ རྒྱས་སྲས་བཅས་སློབ་ཚོགས་ཡོངས་ལ་འབུལ། །ཐུན་མོང་ལམ་གྱིས་བདག་རྒྱུད་འཚོ་བར་ མཛོད། །ཅེས་དང༌། མཁའ་འགྲོ་ཆོས་སྐྱོང་ཀེང་ཆེན་སྡེ་ལ་འབུལ། །ཆོས་མཐུན་སྡོང་གྲོགས་དམ་ པ་མཛད་དུ་གསོལ། །ཞེས་པ་རྣམས་ལ་འབྲུ་གསུམ་བཅས་ཀྱི་ཚིག་རྐང་ཐོག་མ་དང༌། ཡང་འབྲུ་གསུམ་གཞན་བཅས་ གསུམ་པ་གཉིས་རེ་རེ་སྦྱར་བཞིན་རྫོགས་པར་བྱས་རྗེས་སུ། དེ་ལྟར་མཆོད་ཡུལ་ཀུན་གྱི་ཐུགས་མཉེས་ཤིང༌། །སྒྲུབ་པོའི་བསོད་ནམས་ཚོགས་ཆེན་ཡོངས་རྫོགས་སྟེ། །དགྱེས་བསྐང་མཆོག་གིས་ཉམས་ ཆགས་ཀུན་བྱང་ནས། །དག་ཚངས་རབ་ཀྱི་དངོས་གྲུབ་དེང་འདིར་སྩོལ། །བར་བཤགས་ནི། ཀྱེ་ ཧོ། མཆོད་ཡུལ་རྒྱལ་མཚོའི་ཚོགས་རྣམས་དགོངས་སུ་གསོལ། །བདག་གིས་ཐོག་མེད་དུས་ ནས་ད་ལྟའི་བར། །མ་རིག་དབང་གིས་ནོངས་བགྱིས་སྡོམ་གསུམ་དང༌། །འགལ་ཞིང་ཉམས་ ཆགས་ལྟུང་བ་བྱུང་ངོ་ཅོག །སྙིང་ནས་འཆགས་སོ་བྱང་ཞིང་དག་མཛད་གསོལ། །དེ་ཕྱིན་རང་ ལ་སྒྲིབ་པས་གོས་མེད་པར། །གསང་ཆེན་རིམ་གཉིས་མངོན་རྟོགས་མྱུར་འཁྲུངས་ཏེ། །ཟབ་ མོའི་ལམ་གྱི་དགའ་སྟོན་སྤྱོད་འདི་ཧོ། །དྲངས་པ་ནི། ཡ་མཚན་རྨད་བྱུང་ཚོགས་འཁོར་རྒྱ་ཆེན་ པོ། །དེང་འདིར་རྣལ་འབྱོར་ཕོ་མོའི་མྱོང་གྲོལ་རྫས། །ཞེན་མེད་བདེ་སྟོང་ངང་དུ་རོལ་ནས་ ཀྱང༌། །ཐབས་ཤེས་དགའ་བས་དགྱེས་པ་ཡོངས་བསྐྱེད་མཛོད། །ཨ་ལ་ལ་ཧོ། ལན་གསུམ་གྱིས་ རོལ། ལྷག་མ་ནི་གོང་སྨོས་བསང་སྦྱངས་འབྲུ་དྲུག་གིས་བྱིན་རླབས་ལ། ལྷག་མགྲོན་དམ་ཅན་སྡེ་རིགས་འདིར་ བྱོན་ལ། །རང་རང་འདོད་པའི་དགྱེས་རྫས་གང་དག་གིས། །ཇི་བཞིན་རེ་འདོད་སྐོང་ལ་ཕྲིན་ ལས་བསྒྲུབས། །དཔལ་གྱི་ཕོ་ཉ་གང་དག་སོ་སོར་བཞུད། ཨུ་ཙིཥྚ་བཱ་ལིང་ཏ་ཁཱ་ཧི། བསྔོ་བ་ནི། དགའ་སྟོན་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་བསྐོར། །མཆོད་སྦྱིན་བསོད་ནམས་དམ་པའི་ལེགས་ 9-1-250 དགེ་འཕེལ། །རྒྱ་ཆེན་བསྟན་པ་ཀུན་ནས་ཡོངས་འཕེལ་ཞིང༌། །འགྲོ་ཀུན་རྡོ་རྗེའི་ཐེག་པར་ སྤྱོད་གྱུར་ཅིག །དེ་ལ་དཀྱུས་ཀྱི་འཁོར་ལོ་སྡོམ་པའི་སྒོས་མཆོད་དོར་ན་རྒྱུད་སྡེ་སྤྱི་ལ་སྦྱར་ཀྱང་ཆོག ཅེས་རྗེ་བཙུན་བླ་ རྣམ་དང་འབྲེལ་བའི་ཚོགས་མཆོད་མདོར་བསྡུས་འཇམ་མགོན་བླ་མ་དགྱེས་བྱེད་ཅེས་བྱ་བ་འདི་ཡང་སེ་དགོན་གྱི་གྲྭ་བཙུན་ནོར་ བུའི་ངོར། མ་ཏིས་འཕྲལ་དུ་སྤེལ་བའོ།། །།བཀྲ་ཤིས། ༄༅། །འོད་དཔག་མེད་ཀྱི་བཀླག་ཆོག་ བསྡུས་པ་བཞུགས། 9-1-251 ༄༅། །ནུབ་ཕྱོགས་བདེ་ཆེན་ཞིང་གི་རྣམ་འདྲེན་མགོན། །འོད་དཔག་མེད་དང་རྒྱལ་ སྲས་ཐུ་བོ་གཉིས། །བྱང་སེམས་ཚོགས་དང་ཐེག་དམན་དགེ་འདུན་སྡེ། །བཞུགས་གནས་ ཕོ་བྲང་དག་ཞིང་རྒྱ་ཆེ་བ། །མངོན་སུམ་མིག་གིས་མཐོང་བཞིན་ཡིད་ལ་སོམས། །འདི་ ཕྱིའི་གཏན་གྱི་སྐྱབས་སུ་སེམས་ཐག་ཆོད། །ཞིང་དེར་སྐྱེ་འདོད་དོན་གཉེར་བསྐྱེད་བཞིན་ དུ། །སེམས་ཅན་དོན་དུ་སངས་རྒྱས་ཐོབ་པའི་ཆེད། །བདེ་བ་ཅན་དུ་སྐྱེ་བའི་རྒྱུ་ཚོགས་སུ། །རྣམ་དཀར་དགེ་ཆེན་རྫོགས་པའི་སངས་རྒྱས་མཚན། །འོད་དཔག་མེད་ལ་དད་གུས་ཤུགས་ དྲག་ངང༌། །ཁྱེད་བཞུགས་ཞིང་དེར་སྐྱེ་བར་གསོལ་བ་འདེབས། །ཐུགས་རྗེའི་སྟོབས་ཀྱིས་ ཇི་བཞིན་ལེགས་འགྲུབ་མཛོད། །མཚན་འདོན་ན་ཆོག སྐྱབས་གནས་ཀུན་འདུས་རྒྱལ་བ་འོད་ དཔག་མེད། །སྙིང་ནས་དྲན་ནོ་ཐུགས་ཡིད་གཅིག་ཏུ་བསྲེ། །རྣམ་རིག་ཁྱེད་ཀྱི་ཐུགས་ཀར་ མྱུར་འཕོས་ནས། །ཟབ་ལམ་འཕོ་བ་ཐེབས་པར་བྱིན་གྱིས་རློབས། །སངས་རྒྱས་འོད་དཔག་ མེད་དང་སྤྱན་རས་གཟིགས། །རྩ་བའི་བླ་མ་རྣམས་དང་དབྱེར་མེད་པར། །མོས་གུས་གདུང་ ཤུགས་དྲག་པོའི་གསོལ་བ་འདེབས། །བདག་རྒྱུད་སྒྲིབ་སྦྱངས་ཚོགས་རྫོགས་བྱིན་རླབས་ སྩོལ། །དེ་དག་མ་ཎི་བའི་ཆེད། མ་ཏིས་སོ།། །། ༈ མདུན་མཁར་དག་སྣང་མཆོག་གི་ཡུལ། །ཞིང་ཁམས་བདེ་ཆེན་གཙོ་བོའི་ཕུལ། །འོད་ དཔག་མེད་མགོན་འཁོར་ཐུ་བོ། །རྒྱལ་སྲས་ཆེ་སོགས་མ་ལུས་གསལ། །མཚན་འདོན། དགེ་ འདིས་གདོས་བཅས་བོར་མ་ཐག །བདེ་བ་ཅན་དུ་པདྨོའི་སྦུབས། །སྐྱེ་སྲིད་ཡང་དག་ལེགས་ བཟུང་སྟེ། །འཁོར་བ་རྒྱབ་ཀྱིས་གཏན་ཕྱོགས་ཤོག །འདི་ཡང་འབའ་ལོ་ལ་མཁོ་ནས། མ་ཏིས་སོ།། །། 9-1-252 9-1-253 ༄༅། །ཟབ་མོ་གཅོད་ཀྱི་ཟིལ་གནོན་དང་ལུས་སྦྱིན་ ངེས་དོན་རབ་གསལ་བཞུགས། ༄༅། །ཕཊ་ཕཊ་ཕཊ། སྐད་ཅིག་ལ་གསལ་སྟོང་རིག་གདངས་ལས། །རང་གནས་ འགྱུར་ཁྲོ ས་མ་ནག་མོའི་སྐུ། །ཆེས་རབ་བརྗིད་དཔའ་ལ་རི་རབ་ཙམ། །མ་མཁའ་འགྲོ་འབུམ་ ཕྲག་སྤྲོ་བའི་གཞི། །རུས་རྒྱན་དང་མི་ལྤགས་གླིང་བུ་སོགས། །རྔམ་འཇིགས་ཀྱི་ཆ་ལུགས་ ཡོངས་བཟུང་ངང༌། །སྣང་སྲིད་ཀྱི་ལྷ་འདྲེ་ཀུན་བསྡུས་ནས། །དེ་ཐམས་ཅད་ཟིལ་གྱིས་གནོན་ པར་གྱུར། །ཕཊ་ཕཊ་ཕཊ། དངོས་སྣང་ཀུན་དག་ཆེན་བླ་མའི་ཐུགས། །རང་རིག་གི་གཤིས་ སུ་ངོ་ཤེས་ནས། །དུས་ནམ་ཡང་འབྲལ་མེད་དཔའ་གདེང་གིས། །གཤིས་ཐོག་ཏུ་རང་སེམས་ རྣལ་དུ་ཕབ། །ཕཊ་ཕཊ་ཕཊ། ཅེས་པའི་མཐར་ལུས་སྦྱིན་དངོས་ལ་འཇུག འདི་ཡང་མ་ཏིས་སོ།། །། ༄༅། །རང་བཞིན་ཤེས་རབ་ཕ་རོལ་ཕྱིན་མ་ལ་ཕྱག་འཚལ་ནས། འདིར་ཟབ་མོ་གཅོད་ཀྱི་དམིགས་གནད་མདོར་ བསྡུས་བྱེད་པ་ལ་དབྱིངས་དག་ཆེན་ལ་མཉམ་པར་འཇོག་བཞིན་པར། ཕཊ། དབྱིངས་དག་མཉམ་ཀུན་རྫོབ་སྟོང་ པའི་གཞིར། །གནས་ཆོས་ཉིད་བདེ་གཤེགས་སྙིང་པོའི་སྐུ། །དོན་དམ་པའི་སྐྱབས་མཆོག་ རྣམ་གསུམ་བདག །སེམས་དབྱིངས་ཡེ་དབྱེར་མེད་སྐྱབས་སུ་བསྟེན། །ཕཊ། ཕཊ། ཕཊ། མ་ འགྲོ་ཀུན་རྣམ་ཤེས་འཁྲུལ་སྣང་ལས། །གཤིས་གདོད་མའི་རང་བཞིན་མ་རྟོགས་ཕྱིར། །སྡུག་ བསྔལ་གྱི་སྣང་བ་སྣ་ཚོགས་པས། །ཆེས་རྨོངས་པ་བསལ་ཕྱིར་གནས་ལུགས་སྐྱོངས། །ཕཊ། ཕཊ། ཕཊ། མདངས་སྐྱེ་བ་མེད་པའི་ཀློང་ཡངས་ན། །མ་དུས་གསུམ་རྒྱལ་ཡུམ་ཤེར་ཕྱིན་མོ། 9-1-254 །གཞི་དགོངས་པ་གཅིག་པར་ངོ་ཤེས་ནས། །དབྱིངས་དེ་ཀར་རོ་མཉམ་གསོལ་བ་འདེབས། །ཕཊ། ཕཊ། ཕཊ། ཐབས་ལེགས་ཚོགས་སྒྱུ་མའི་རོལ་པ་ལས། །མགོན་རྒྱལ་བ་སྲས་བཅས་ དགྱེས་བསྐྱེད་ཕུལ། །མཆོད་སྤྲིན་གྱི་ཕུང་པོ་མཎྜལ་ཆེ། །རྟེན་འབྲེལ་གྱི་སྣང་ངོར་འབུལ་ འདི་བཞེས། །ཕཊ། ཕཊ། ཕཊ། དབྱིངས་དག་ཆེན་གདོད་མའི་མགོན་དེ་ཉིད། །ཕ་དམ་པ་ དང་པོའི་སངས་རྒྱས་དཔལ། །དགོངས་ཡིད་ཀྱི་གཤིས་ལུགས་གཉིས་མེད་པར། །དོན་དམ་ གྱི་དབང་མཆོག་མྱུར་མངོན་མཛོད། །ཕཊ། ཕཊ། ཕཊ། གདོས་བཅས་ཀྱི་ལུས་འདིའི་སྙིང་ དབུས་ནས། །དབྱིངས་དྭངས་མའི་རིག་པ་མཁའ་འགྲོའི་ཚུལ། །སྐད་ཅིག་གིས་ཕཊ་ཀྱིས་ ནམ་མཁར་སྤར། །ཕྱག་གཅོད་བྱེད་གྲི་གུག་འཛིན་པར་གྱུར། །ཕཊ། ཕཊ། ཕཊ། ཆེས་ཀུན་ རྫོབ་སྒྱུ་མའི་འཕྲུལ་ཆེན་གྱིས། །མཁའ་དབྱིངས་ཀྱི་ཌཱ་ཀིའི་གྲི་གུག་གིས། །བེམ་ཐོད་དེ་སྟོང་ གསུམ་ཁྱོན་གྱི་ཚུལ། །རབ་བྲེག་གིས་ཐོད་སྒྱེད་གསུམ་སྟེང་བཤམས། །ཕཊ། ཕཊ། ཕཊ། སྣོ ད་རབ་ཡངས་བྷན་དྷར་གཟུགས་ཕུང་གཏུབ། །མཆོད་སྦྱིན་ལ་གང་དགྱེས་ཁྱད་པར་རྫས། །ཟག་བྲལ་དང་ཕན་ནུས་ཆེར་ལྡན་པ། །ཐབས་ཅི་མཁོའི་ལོངས་སྤྱོད་ཟད་མེད་གྱུར། །ཕཊ། ཕཊ། ཕཊ། སྐྱབས་མཆོད་ཡུལ་དཀོན་མཆོག་རྒྱ་མཚོ་ལ། །ཕྱི་ནང་སྔགས་གསུམ་གྱི་མཆོད་ རྫས་ཚོགས། །མཁའ་མཉམ་ཟག་མེད་ཀྱི་དགྱེས་བྱེད་འདི། །ལེགས་འབུལ་མཆོག་ཐུན་གྱི་ དངོས་གྲུབ་སྩོལ། །ཕཊ། ཕཊ། ཕཊ། དམ་ཅན་ཆོས་སྲུང་གི་སྡེ་རིགས་ཚོགས། །རང་རང་དང་ མཐུན་པའི་མཉེས་རྫས་ཀྱིས། །ཀུན་དགྱེས་པ་མཆོག་གི་དཔལ་ལ་རོལ། །ཆོས་མཐུན་གྱི་སྡོང་ གྲོགས་རྒྱ་ཆེན་མཛོད། །ཕཊ། ཕཊ། ཕཊ། ལུས་ཤ་ཁྲག་བམ་ཆེན་སྟོན་མོ་འདི། །སྣང་སྲིད་ཀྱི་ ལྷ་འདྲེ་ཤ་ཟན་རིགས། །ཁྱོད་ཅག་ཚོར་བཅུད་ཆེན་ལྟོ ས་མེད་འགྱེད། །ཐམས་ཅད་ཀྱིས་གང་ འདོད་བཞིན་ཏུ་ཁྱེར། །ཕཊ། ཕཊ། ཕཊ། ཕྱིའི་ཤ་ཚོགས་དེ་ལ་དབང་བས་རོལ། །བར་ཤ་ ཆེན་རང་རང་ཚོད་དང་རོལ། །ནང་བཅུད་ཆེན་གསང་བའི་ལྷ་འདྲེས་རོལ། །ཀུན་དགྱེས་སྒྲ་ཀུ་ 9-1-255 ཅོ་ལྷང་ལྷང་འབོད། །ཕཊ། ཕཊ། ཕཊ། རང་རང་ལ་དབང་བའི་བཟའ་བཏུང་ཚོགས། །ཆེས་ ཟད་མེད་གཏེར་ཆེན་ཕུང་པོ་འདི། །ཕྱི་ནང་གསང་གསུམ་གྱི་ལྷ་འདྲེའི་རིགས། །ཀུན་སྙོ མས་ པའི་ཕམ་རྒྱལ་མེད་པར་རོལ། །ཕཊ། ཕཊ། ཕཊ། ཐམས་ཅད་ཀྱི་རང་འདོད་བཞིན་ཚིམས་ ནས། །ཀུན་དགའ་ཞིང་མགུ་བའི་སེམས་དང་ལྡན། །ལས་ཤ་མཁོན་མ་ལུས་ཡོངས་བྱང་སྟེ། །བསོད་ནམས་ཀྱི་ཚོགས་ཆེན་རབ་རྫོགས་ཤོག །ཕཊ། ཕཊ། ཕཊ། སེམས་སྟོང་གསལ་ རང་མདངས་འདི་ཀ་ཉིད། །ཆོས་ཀུན་གྱི་གཤིས་ལུགས་གཅིག་པུར་ངེས། །དེ་བཟང་ངན་རོ་ སྙོ མས་དག་ཆེན་མཆོག །ལར་འདི་ལ་འཚེ་བ་གང་ཡང་མེད། །ཕཊ། ཕཊ། ཕཊ། ཀུན་བཟང་ ཀྱི་འཁྲུལ་སྣང་ཨ་འཐས་ལས། །བཟང་ངན་གྱི་རྟོགས་ཚོགས་བྱུང་བའི་རྐྱེན། །ཕན་གནོད་ ཀྱི་སྣང་ཚབས་མཐུག་པོ་ངོམ། །འདི་དོན་ལ་ཅང་མེད་སྟོང་པ་ཉིད། །ཕཊ། ཕཊ། ཕཊ། ཕྱི་ འབྱུང་བ་ལས་བྱུང་གནོད་བྱེད་རྐྱེན། །སྣ་ཚོགས་པའི་འདུ་ལོང་ཆེས་ཆེར་གཡོ། །དེར་ཞེན་པ་ ཐོགས་བཅས་བདུད་ཡིན་པས། །ཚུལ་གང་འདི་ཞེན་བྲལ་རང་གྲོལ་ངང༌། །ཕཊ། ཕཊ། ཕཊ། ནང་སྒྱུ་ལུས་འབྱུང་འདུས་ལས་བྱུང་བ། །ཁམས་མི་བདེ་ཟུག་ངུའི་འཚེ་བ་ཀུན། །ཐོགས་ མེད་ཀྱི་བདུད་རིགས་གང་འདི་ལ། །ཆེས་གནོད་བཟུང་བསམ་པ་ཡོངས་བོར་ཐོང༌། །ཕཊ། ཕཊ། ཕཊ། སེམས་རང་བབས་ཤུགས་འབྱུང་བདེ་བ་ལ། །འཛིན་ཞེན་གྱི་ངོམ་པ་གཤིས་སུ་ ཐལ། །རང་དྭངས་ཀྱི་གཉུག་མ་ཆེན་པོ་ལ། །བཟོ་བཅོས་དང་བྲལ་བས་དགའ་བྲོད་ཆོད། །ཕཊ། ཕཊ། ཕཊ། རང་གསལ་ལ་འགྱུར་རྟོག་ཆེར་མེད་ཀྱང༌། །གནས་ཆ་ལ་འཛིན་ཞེན་ མི་ལྷོ ད་པ། །བཟང་ཞེན་གྱི་སྙེ མ་ཕྲུག་འཛིན་སྒོ་འདི། །ཡེ་གྲོལ་གྱི་གཤིས་སུ་གནས་ལུགས་ འཚོལ། །ཕཊ། ཕཊ། ཕཊ། དབྱིངས་ཟག་བྲལ་གདོད་མའི་དེ་ཉིད་ངང༌། །དག་མ་དག་ཁྱད་ པར་གཞི་ན་མེད། །རྣལ་འབྱོར་པའི་རང་སྣང་མཐོ་དམན་ལ། །ཚུལ་བཟང་ངན་རྟེན་འབྲེལ་ ཨེ་མ་ཧོ། །ཕཊ། ཕཊ། ཕཊ། གཞི་རང་བྱུང་བདེ་ཆེན་འགྱུར་བ་མེད། །དབྱིངས་སྟོང་ཆེན་ 9-1-256 ཆོས་སྐུ་རྣམ་ཀུན་བདག །ཡེ་གདོད་མ་ཉིད་ནས་ལྷུན་གྲུབ་པ། །གཤིས་ཟུང་འཇུག་ཆེན་པོའི་ གོ་དོན་ཕཊ། །ཕཊ། ཕཊ། ཕཊ། ཆེས་འོད་གསལ་ལྟ་བ་མཉམ་ཡངས་པ། །འཁོར་འདས་ ཀྱི་གཤིས་ལ་བཟང་ངན་མེད། །ཐམས་ཅད་ཀྱི་གཤིས་ལུགས་དག་ཆེན་དེ། །དབྱིངས་ཆོས་ སྐུ་གཅིག་ཏུ་སེམས་ཐག་ཆོད། །ཕཊ། ཕཊ། ཕཊ། དེ་གདོད་མའི་སངས་རྒྱས་གནས་ལུགས་ ཆེ། །ལམ་ཟབ་མོའི་དགོངས་ཆེན་མཐར་དག་པ། །ཡེ་བཞུགས་ཀྱི་གཤེགས་སྙིང་ཤེར་ཕྱིན་ མཆོག །འདི་ལམ་ཟབ་གཅོད་ཀྱི་གཤིས་སུ་ལྟོ ས། །ཕཊ། ཕཊ། ཕཊ། འདིར་སྣང་ཞིང་སྲིད་ པའི་ལྷ་འདྲེའི་ཚོགས། །མདངས་སྒྱུ་མ་རྨི་ལམ་སྣང་བའི་གར། །དེ་ཐམས་ཅད་ཡེ་གྲོལ་གཅིག་ གི་ངང༌། །མཐའ་ཀུན་ཁྱབ་ཉག་གཅིག་འགྱུར་བ་མེད། །ཕཊ། ཕཊ། ཕཊ། རྣལ་འབྱོར་གྱི་ ལྟ་བ་འཁོར་འདས་རྒྱན། །མཐོ་ནམ་མཁའ་རབ་ཡངས་སྤྲོས་བྲལ་ཆོས། །གཤིས་དམིགས་བྱ་ དམིགས་བྱེད་རང་མདངས་སུ། །བསྔོ་ཆེན་གྱིས་རྒྱས་གདབ་མཆོག་གྱུར་ཅིག །ཅེས་པའི་དམིགས་ བྲལ་ལྟ་བའི་ངར་བསྐྱེད་ནས་རང་བཞིན་འཁོར་གསུམ་དམིགས་མེད་དེ་ལུགས་ཀྱི་ངང་དུ་གཅོད་དམིགས་ལུས་སྦྱིན་བྱའོ། །ཞེས་ ལུས་སྦྱིན་ངེས་དོན་རབ་གསལ་འདི་ཡང་མ་ཏིས་གང་ཤར་ལྷུག་པར་སྨྲས་ལྟར་ཆོས་མཆེད་ཀྱིས་ཡི་གེ་པ་བགྱིས།། །། 9-1-257 ༄༅། །ཀུན་མཁྱེན་འཇམ་དབྱངས་བཞད་པའི་ གསོལ་འདེབས་ཀྱི་ཚིག་འགྲེལ་ མདོར་བསྡུས་བཞུགས། ༄༅། །དཔལ་འཇམ་པའི་རྡོ་རྗེ་མཆོག་ལ་གུས་པས་ཕྱག་དང་བཅས་འདིར་གང་གི་ རྣམ་པར་རོལ་བའི་འགྲོ་འདུལ་དུས་བབ་ཀྱི་མགོན་པོ་དེང་དུས་སུ་ཟླ་དང་བྲལ་བའི་ངོ་མཚར་ གསང་གསུམ་གྱི་མཛད་སྒོ་ཅན་འགྲོ་འདྲེན་དམ་པ་ཕུལ་གྱུར་རང་གི་དུས་བསྟུན་གྱི་མཛད་ བཟང་ལེགས་གནང་གི་གསོལ་བ་འདེབས་པའི་ཚིགས་སུ་བཅད་པ་བཞིའི་གོ་དོན་མདོ་ཙམ་ ལའང༌། སྤྱིར་གྱི་ཚུལ་དང་སྐབས་བབ་གཉིས་ལས། དང་པོ་ནི། མ་ལུས་པའི་རྒྱལ་བ་གང་གི་མཁྱེན་རབ་ཡེ་ཤེས་ཀྱི་རང་གཟུགས་དོན་གྱི་ གནས་ཚུལ་སྤྱིར་ནི་ཆོས་སྐུ་ཡེ་ཤེས་མཆོག་གི་དགོངས་ཆེན་ཀུན་ནས་མངོན་པར་བྱང་ཆུབ་སྟེ་ དོན་ལ་སངས་རྒྱས་ཟིན་ཀྱང་སྣ་ཚོགས་གང་ལ་གང་འདུལ་གྱི་མཛད་པ་མཆོག་གི་བཀོད་རིམ་ ནམ་མཁའ་རབ་འབྱམས་ཀུན་ཏུ་ཡོངས་སུ་ཁྱབ་པ་ལས། ཐབས་ཚུལ་ངོར་སེམས་དཔའ་ རྒྱལ་སྲས་གཞོན་ནུའི་ཚུལ་མཁྱེན་རབ་ཀྱི་གཏེར་ཆེ་བ་གང་ཉིད་ངུར་སྨྲིག་གར་གྱི་རྣམ་པར་ རོལ་བ་དེང་དུས་སྙིགས་མ་ཆེས་བདོ་བའི་སྐབས་སུ་བསྟན་འགྲོ་ལ་ཕན་པའི་མཛད་རླབས་ ཀྱི་སྒོ་ངེས་པར་ཡངས་པའི་ཡོངས་ཀྱི་འདྲེན་པ་བླ་མེད་དུ་གྱུར་ཅིང་མཚུངས་པ་མ་མཆིས་པའི་ སྐྱབས་མཆོག་དོན་གྱི་སླད་དུ་མཚན་སྨོས་ན་འཇིགས་བྲལ་ཕྱོགས་ལས་རྣམ་པར་རྒྱལ་བའི་ 9-1-258 སྡེ་ཞེས་ལྗོངས་འདིར་ཡོངས་སུ་གྲགས་པའི་སྙན་པ་ཀུན་ནས་མངོན་པར་མཐོ་བ་བསྟན་དང་ འགྲོ་བ་ཡོངས་ཀྱི་དཔལ་མགོན་དུ་འཇིགས་མེད་རྡོ་རྗེའི་ཁམས་སུ་རྟག་བཞུགས་ཀྱི་མཛད་པ་ བཟང་པོ་དང་བཅས་གང་འདུལ་སྒྱུ་མའི་རོལ་གར་ཡ་མཚན་པས་གདུལ་བྱ་དུས་སུ་མི་འདོར་ བའི་ངང་ཚུལ་ཟླ་དང་བྲལ་བའི་མཛད་སྒོ་མཆོག་ཏུ་ངེས་པ་འདི་ཀ་ལྟར་རོ། ། གཉིས་པ་སྐབས་བབ་ལ། དེ་ལྟ་བུའི་སྐྱབས་མགོན་མཚུངས་མེད་གང་ཉིད་ཕྲིན་ལས་ ཀྱིས་མཛད་ཆེན་བསྟན་འགྲོའི་ཉེར་འཚེ་ཀུན་ནས་གཞོམ་ནུས་ཀྱི་མཐུ་སྟོབས་ཉེ་བར་མངའ་ ཚུལ་གྱི་ཆེ་བ་དང༌། རྗེ་ཁོང་ཉིད་ཀྱི་རང་བཞིན་སེམས་དཔའ་ཆེན་པོའི་སྒྱུ་མའི་རོལ་གར་ དུ་ངེས་ཚུལ་ནམ་ཡང་མི་བསླུ་བའི་ཆེ་བ་དང་། མཛད་ཕྲིན་ཟླ་དང་བྲལ་བའི་བྱེད་ལས་ཀྱིས་ བསྟན་འགྲོ་ལ་ཕན་པ་དུས་སུ་ལེགས་པར་རྩོལ་བའི་ཆེ་བ་སྟེ། དེ་འདྲའི་ཆེ་བ་རྣམ་གསུམ་གྱི་ མངའ་བདག་མཆོག་ཉིད་དུ་རིམ་པས་ཆེ་བསྔགས་ཀྱི་ཚུལ་ལས་བརྩམས་ཏེ་འདིར་བརྗོད་ པར་བྱ་བ་གསོལ་འདེབས་ཀྱི་ཚིག་འབྲུ་གནོན་ཙམ་ལ། སྤྱིར་དུས་མཐར་མགོན་དུ་བསམ་ བཞིན་ལེགས་བྱོན་གྱི་སྐྱབས་མགོན་གང་ཉིད་ཆེར་སྙིགས་དུས་ཀྱི་མནར་བ་དེང་སྐབས་སུ་ བསྟན་དང་འགྲོ་བ་ཡོངས་ལ་འཚེ་བའི་དུས་ཀྱི་རང་རྟགས་མི་ཟད་པ་གང་དག་གིས་གཙོ་བོར་ གྱུར་ཅིང་ཁྱད་པར་འཇིགས་པ་ཆེན་པོ་སེམས་ལྡན་དུད་འགྲོའི་རིགས་གྱུར་གཅན་གཟན་ སྟོབས་ཆེན་སེངྒེ་དང༌། གླང་ཆེན་མ་དུལ་བ་དུག་སྦྲུལ་འཇིགས་པའི་གཟུགས་ཅན་རྣམས་ དང༌། མིའི་རིགས་འཚེ་བྱེད་ཆོམ་རྐུན་གདུག་རྩུབ་ཅན་དང༌། རྒྱལ་པོ་སོགས་སྟོབས་ཆེན་གྱིས་ བཀོལ་བ་གང་དག ཁྲི་མོན་དུ་འཆིང་བྱེད་ལྕགས་སྒྲོག་དང༌། མི་མིན་རིགས་ཀྱི་འཚེ་བ་བྱེད་ པའི་ཤ་ཟ་རྣམས་དང༌། སེམས་མེད་འབྱུང་བ་བསྲེག་བྱེད་མེ་དཔུང་གི་ཚོགས་དང༌། བཤིག་ བྱེད་རྒྱ་མཚོའི་ཀློང་ཤུགས་བཙན་པ་རྣམས་འཇིགས་ཆེན་དེ་བརྒྱད་དང༌། སོགས་པས་བསྡུས་ པ་གཞན་ཡང་འཇིགས་པ་ཆེན་པོ་ཕ་རོལ་རྒོ ལ་བ་དགྲ་སྡེའི་ཚོགས་དང༌། འཆི་བར་བྱེད་པའི་ 9-1-259 ནད་རིམས། དབང་པོ་ལྷ་གདོན་གྱི་རིགས་གྱུར་གང་དག་དང༌། དབུལ་ཞིང་ཕོངས་པས་ཉམ་ ང་བ། ཁྱད་པར་བུད་མེད་སོགས་དང་བྲལ་བ། ཡང་སྒོས་སུ་ས་སྐྱོང་མི་དབང་འཁྲུགས་པས་ ཡུལ་ཆེན་དབལ་ཟུར་བཟློག་དཀའ་བ་རྣམས་དང༌། རྣོ་ཟིལ་ཤུགས་ཆེན་གནམ་ལྕགས་ལྷུང་ བ་དང༌། གནས་སྐབས་མཐར་ཐུགས་གི་ལེགས་དོན་ཉམས་པའི་མི་འདོད་པའི་ཉེར་འཚེ་མི༷་ མཐུ༷ན་པའི་གཡུ༷ལ་ངོ༷་ཆེ་བ་དེ་རྣམ༷ས་དུས་མཐར་འདིར་འགྲོ་བའི་མགོན་པོ་གང་གི་གསང་ གསུམ་སྟོབས་ཀྱི་ལྗོངས་འདིར་གཞན་ངོར་སྣང་བ་དང་མི་སྣང་བའི་ཚུལ་གང་ཡང་རུང་བའི་ སྒོ་ནས་ཇི་བཞིན་འཇོ༷མས་པ་ལ༷་མཐུ་ནུས་མཚུ༷ངས་པའི་ཟླ་ཀུན་ནས་བྲལ་བ༷འི་དཔ༷ལ་ཡོན་ ཆེར་རྒྱས་པ་མ་ཟད་ནམ་ཞིག་མ་འོངས་པར་སེམས་དཔའ་མཆོག་གིས་དྲག་པོའི་སྟོབས་ ཀྱི་འཁོར་ལོས་སྒྱུར་བ་ཆེན་པོ་ལ་སོགས་པར་བཞེངས་ཏེ་གཡུལ་ཆེན་དཔུང་གིས་ཆོས་ཀླ་ ཀློ་གཞོམ་པར་མཛད་པའི་སྒོ་ནས་འཛམ་གླིང་ས་ཆེན་དུམ་བུ་བཅུ་གཉིས་པོ་མངའ་དབང་ ལེགས་བསྒྱུར་གྱི་མཛད་ཆེན་དེ་དུས་སུ་གནང་བའི་ཕྲིན་ལས་རྒྱ་ངེས་པར་ཆེ་བ་ཡིན་ཞིང༌། ཚུལ་དེ་འདྲའི་མཛད་ཕྲིན་གྱི་ཆེ་བ་ལེགས་པར་མངའ་བའི་དེང་དུས་སྙིགས་མའི་མགོན་པོ་ རང་ཅག་གི་སྐྱབས་གནས་སུ་ཉེ་བར་བྱོན་པ་གང་གི་གཤིས་ཀྱི་སྡོད་ལུགས་ནི་མཁྱེན་པའི་ གཏེར་ཆེན་རྗེ་བཙུན་འཇ༷མ་པ༷འི་དབྱང༷ས་དངོས་དང་མི་གཉིས་པའི་བདག་ཉིད་ཡིན་ནའང༌། གང་འདུལ་གྱིས་གདུལ་བྱ་འདྲེན་པའི་ཐབས་ཚུལ་ཙམ་ལ་སྤྲུལ་བའི་སྐུ་མཆོག་མིའི་ཤ་ ཚུགས་སུ་ཤར་ཏེ་དུས་མཐར་གྱི་ཉམ་ཐག་གི་འགྲོ་བ་རྣམས་སྡུག་བསྔལ་ལས་དབྱུགས་དབྱུང་ བའི་མགོན་གཅིག་ཆོག་ཏུ་རྣམ་པར་འཕྲུལ་བའི་རོལ་གར་གྱི་མཛད་བཟང་དུས་སུ་ངེས་པར་ བྱུང་བ་ཡིན་ལ་འགྲོ་འདྲེན་མཛད་ཆེན་དེ་ལྟ་བུའི་སྒོ་ནས་དུས་ཀྱི་མཐའ་མ་འདིར་རྗེ་སྐྱབས་ མགོན་གང་གི་བོད་གངས་རིའི་ལྗོངས་སུ་སྔོན་བྱོན་རྒྱལ་བ་གཉིས་པ་བློ་བཟང་གྲགས་པའི་ རང་ལུགས་ཀྱི་ཆོས་ཚུལ་གཙོ་བོར་གྱུར་པའི་ནང་པ་སངས་རྒྱས་པའི་བསྟན་པ་སྤྱི་ལ་རིས་སུ་ 9-1-260 མ་ཆད་པའི་ཐུགས་བསྐྱེད་སྒོ་རབ་ཏུ་ཡངས་པ་དང་བཅས་ཀྱིས་འཛིན་སྐྱོང་སྤེལ་བའི་རླབས་ ངེས་པར་ཆེ་བ་མ་ཟད་མ་འོངས་དུས་བཞི་ཕྱི་མའི་སྐབས་སུ་འཇམ་དཔལ་དྲག་པོའི་འཁོར་ སྒྱུར་གྱི་རོལ་པས་བླ་མེད་དུས་ཀྱི་འཁོར་ལོ་གཙོ་བོར་གྱུར་བའི་གསང་ཆེན་ཐེག་པའི་ཟབ་སྒོ་ འབྱམས་ཀླས་པ་ལེགས་བསྩལ་གྱིས་སྐལ་བ་བཟང་པོ་དང་ལྡན་པའི་སྐྱེ་དགུ་ཡོངས་ཚེ་ལུས་ གཅིག་ཏུ་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ལ་ཉེར་འཇོག་མཛད་པའི་གོང་སྨོས་ལྟར་མི་ མཐུན་ཕྱོ༷གས་ལ༷ས་རྣམ་༷པར་རྒྱལ་བའི་འགྲོ་བ་ཡོངས་ཀྱི་སྐྱབས་མགོ༷ན་ཉག་གཅིག་སྙིགས་ དུས་ཀྱི་མགོན་མེད་རྣམས་ལ་ཐུགས་ལྷག་པར་བརྩེ་བ་ལྷོད་མེད་ཉེ་བར་མངའ་བའི་བདག་པོ་ གང་ཉིད་ལ༷། རྗེས་འཇུག་སྐྱབས་འོག་པ་རང་ཅག་གིས་ཡིད་གཏིང་ནས་ཁ་ཙམ་མ་ཡིན་པར་ གུས་པས་གསོ༷ལ་བ་རྩེ་གཅིག་ཏུ་འདེབས་པ་ལགས་ན་དེང་སྐབས་སུ་རྗེ་མགོན་པོ་ཁྱེད་ཀྱི་ སྐུ་གསུང་ཐུགས་ཀྱི་བྱིན་རླབས་མཐུ་ཆེ་བའི་སྟོབས་ཀྱིས་བདག་ཅག་ལ་མི་མཐུན་པའི་རྐྱེན་ ངན་ཕྱོགས་ཕྱི་ནང་གསང་བའི་བར་ཆད་ཀྱི་རིགས་སུ་གྱུར་པ་མཐའ་དག་ཉེ་བར་ཞི་ཞིང་གང་ བས༷མ་པ༷འི་དོན་ཆོས་སྲིད་ཟུང་གི་ལེགས་འབྱོར་གྱི་དཔལ་ཁ་སྒོ་ཐམས་ཅད་ནས་གེགས་ མེད་ཇི་བཞིན་མྱུར་དུ་འགྲུབ་པར་ཇི་བཞིན་མྱུར་དུ་འགྲུབ་པར་མཛོད་ཅིག ཅེས་པའོ། །ཞེས་ པའི་གསོལ་འདེབས་ཚིག་འགྲེལ་མདོར་བསྡུས་འདི་ཡང་སྡེ་སྣོད་འཛིན་པའི་བཙུན་པ་བློ་བཟང་སྨོན་ལམ་དང་སྐལ་ལྡན་ཟུང་གི་ མོས་འདུན་བཞིན་མ་ཏིས་ཤར་མར་སྤེལ་བ་ཛ་ཡནྟུ།། །། 9-1-261 ༄༅། །ཆོས་བཤད་ངོ་སྤྲོད་བཞུགས། ༄༅། །འོ་ཡ་ཡ། ད་རེས་རང་ཅག་ཚོ་སྐྱེ་བར་དཀའ་བའི་ལྷོ་རྒྱལ་འཛམ་བུའི་གླིང་དུ་ སྐྱེས། མཇལ་བར་དཀའ་བའི་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་མཇལ། འཕྲད་པར་ དཀའ་བའི་ཆོས་གསུང་བའི་བླ་མ་དང་འཕྲད་པའི་སྐལ་བ་དང་ལྡན་དུས་དེ་ཆོས་རེ་ཨེ་འགྲུབ་ གི་མ་བལྟས་ན་རྗེས་སོར་འདི་འདྲ་ཡང་ཡང་ལྡན་ཐབས་ཨེ་འགྲིག་མི་ཤེས་པས་ད་རེས་ཆོས་ ལ་དོན་གཉེར་དགོས་པའི་དུས་ལ་བབ་པ་ཡིན། ད་ནི་ཁྱེད་ཆ་ཀའི་སེམས་ལ་འཛིན་རྒྱུའི་ ཚིག་བཤད་ན། སྤྱིར་འུ་ཆ་ཀ་ཤི་ན་གསོན་ན་ལེགས་ན་ཉེས་ན་བླ་མ་དཀོན་མཆོག་གསུམ་ ལས་རེ་ས་སྐྱབས་གནས་གཞན་ཡོད་ནི་མ་རེད། དཀོན་མཆོག་གསུམ་ལ་སྐྱབས་གནས་རེ་ ལྟོས་བྱས་ན་འཇིག་རྟེན་པའི་མྱི་དཔོན་ལྟ་བུའི་ཁ་ཕོངས་ཕྱུག་ངོ་མཐོ་དམན་གྱི་ཕྱོགས་ལ་མི་ ལྟ་བར་ཐུགས་རྗེ་ཉེ་རིང་མེད་པར་འགྲོ་བ་མཐའ་དག་ལ་ངོ་སྙོམས་པའི་སྒོ་ནས་ད་ངོགས་ གྱི་འཇིགས་སྐྱོབས་དང་ཕྱི་མར་ཐར་པའི་ལམ་མཁན་གྱི་དེ་དཔོན་མཛད་དེ་འདི་ཕྱིའི་གཏན་ གྱི་སྐྱབས་གནས་བྱེད་པ་ལ་ནམ་ཡང་བསླུ་བ་མེད་པ་ཞིག་ཡིན་ནི་རེད། དེ་འདྲ་བའི་སྐྱབས་ གནས་དཀོན་མཆོག་གསུམ་པོ་དེ་གང་ཡིན་ན། སྟོབས་བཅུའི་གོ་འཕང་ན་བཞུགས་པའི་ ཐུགས་བརྩེ་བ་རྒྱ་མཚོའི་བདག་ཉིད་སངས་རྒྱས་བཅོམ་ལྡན་འདས་རྣམས་དང༌། སྡུག་བསྔལ་ མ་ལུས་པའི་རྩ་བ་ཉོན་མོངས་པའི་དྲི་མ་འཇོམས་པའི་འགོག་ལམ་གྱིས་བསྡུས་པའི་སྐྱབས་ མཆོག་དམ་པའི་ཆོས་དང༌། རིག་དང་གྲོལ་བའི་ཡོན་ཏན་གྱི་མཛོད་འཆང་བ་འཕགས་ཚོགས་ འདུས་པ་རྒྱ་མཚོ་སྟེ། བསླུ་མེད་ཀྱི་སྐྱབས་གནས་དེ་གསུམ་ལ་ཁྱེད་རྣམས་ཀྱིས་ཡིད་ཁ་མིན་ 9-1-262 གཏིང་ནས་ཚེ་འདི་ཕྱིའི་སྡུག་བསྔལ་མཐའ་དག་ལས་སྐྱོབ་པའི་སྐྱབས་སུ་བསྟེན་པའི་རེ་ལྟོས་ དང་བཅས་ཏེ་སྐྱབས་འགྲོའི་ཚིག་རྣམས་འདོན་པར་གྱིས་ཤིག འོ་ཡ། ད་མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་སངས་ རྒྱས་ཀྱི་གོ་འཕང་ཐོབ་པའི་ཆེད་དུ་དེ་རིང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྱན་ སྔར་དུས་ཁྲི མས་ཀྱི་བསྲུང་བྱ་སྲོག་གཅོད་པ། མ་བྱིན་པ་ལེན་པ། མི་ཚང་བ་སྤྱོད་པ། རྫུན་ སྨྲ་བ་སྟེ་རྩ་བ་བཞི་དང༌། མྱོས་བྱེད་ཀྱི་ཆང་འཐུང་བ། ཁྲི་སྟན་ཆེ་མཐོར་འདུག་པ། ཕྱི་དྲོས་ཁ་ ཟས་ཟ་བ། ཕྲེང་སོགས་རྒྱན་གྱི་རིགས་དང༌། གར་སོགས་རྩེད་མོའི་རིགས་རྣམས། སང་ཉིན་ ཉི་མ་མ་ཤར་བར་དུ་ (ནམ་ཡང་།) མི་བྱ་བའི་ཁས་བླངས་པ་ལས་ཅུང་ཟད་ཙམ་ཡང་ཉམས་པར་ མི་བྱ་སྙམ་པའི་བསྲུང་སེམས་ཀྱི་སྡོམ་པ་ལ་ལེགས་པར་གནས་པའི་ཕན་ཡོན་ནི། ཚེ་འདིར་ ལུས་འདི་ཉིད་ལ་ཀླུ་ནད་སོགས་ནད་རིགས་སྣ་ཚོགས་དང་རྒྱལ་གདོན་སོགས་འབྱུང་པོ་མི་ མ་ཡིན་གྱི་གནོད་པས་མི་ཚུགས་པར་ལུས་ངག་ཡིད་གསུམ་བདེ་བར་གནས་པ་དང༌། རྣམ་ དཀར་དགེ་བ་གང་བྱས་ཐམས་ཅད་འགྱུར་སྟོབས་ཆེ་བ་དང༌། སངས་རྒྱས་བྱང་སེམས་རྣམས་ ཀྱི་ཐུགས་དགྱེས་པའི་སྒོ་ནས་བརྩེ་བས་སྲུང་སྐྱོབ་མཛད་པ་དང༌། ལེགས་པའི་སྨོན་ལམ་གང་ བཏབ་ཇི་བཞིན་འགྲུབ་པ་སོགས་ཕན་ཡོན་རྒྱ་ཆེ་ཞིང་ཚེ་རབས་ཕྱི་མ་རྣམས་སུ་ཡང་དམྱལ་ བ་ཡི་དྭགས་དུད་འགྲོ་སྟེ། ངན་སོང་གསུམ་གྱི་སྐྱེ་སྒོ་ཆོད་ཅིང༌། མངོན་པར་མཐོ་བའི་ལྷ་དང་ མིའི་ལུས་རྟེན་བཟང་པོ་མཐོ་རིས་ཀྱི་ཡོན་ཏན་བདུན་གྱིས་ཉེ་བར་མཛེས་པ་ཐོབ་ནས་བདེ་ སྐྱིད་ཀྱི་དཔལ་ལ་ལོངས་སྤྱོད་ཆོག་པ་དང༌། མ་འོངས་པ་ན་རྒྱལ་བ་བྱམས་པ་མགོན་པོའི་ བསྟན་པ་དང་མཇལ་ནས་དེའི་གདུལ་ཞིང་དུ་གྱུར་པའམ་རི་བོ་པོ་ཊཱ་ལའི་ཞིང་ཁམས་སུ་སོང་ ནས་རྗེ་བཙུན་ཐུགས་རྗེ་ཆེན་པོའི་ཞབས་དྲུང་དུ་འཕགས་པའི་གདུལ་བྱར་གྱུར་ཏེ་ཁམས་ གསུམ་འཁོར་བར་རྒྱབ་ཀྱིས་ཕྱོགས་ནས་ཡང་དག་པའི་ཐར་པའི་ལམ་དུ་བདེ་ནས་བདེ་བར་ 9-1-263 འགྲོ་བ་དང༌། ཁྱད་པར་བྱང་ཆུབ་སེམས་ཀྱི་ཀུན་སློང་དང་བཅས་པའི་སྒོ་ནས་སྡོམ་པ་ལེགས་ པར་བསྲུང་ན་ཐེག་པ་ཆེན་པོའི་སྡོམ་པའི་ཚུལ་ཁྲིམས་སུ་ངེས་པར་འགྲོ་བས་མཐར་ཐུག་བླ་ ན་མེད་པ་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་རྒྱུ་ཁྱད་པར་ཅན་ཡིན་ལ། དེ་ཡང་གསང་སྔགས་ ཀྱི་ཆོ་ག་དང་འབྲེལ་ནས་ལྷ་སྔགས་ཏིང་ངེ་འཛིན་ཚང་བར་བྱས་ན་རིང་པོར་མི་ཐོགས་པར་ གསང་སྔགས་རིག་འཛིན་གྱི་གྲལ་དུ་སླེབས་ནས་བླ་མེད་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ཀྱི་སྐུ་ཐོབ་ པ་སོགས་ཕན་ཡོན་དཔག་ཏུ་མེད་པ་དང་ལྡན་པ་ཡིན་ཕྱིར་ད་ལན་ཁྱེད་རྣམས་ཀྱིས་སེམས་ བག་ཕོབ་ལ་འགྲོ་བ་མཐའ་དག་ལ་ཕན་སེམས་ཀྱི་ཀུན་སློང་དང་བཅས་ཏེ། མདུན་འདི་ན་ དག་པའི་ཡིད་ཀྱི་སྣང་ངོར་མཁའ་དབྱིངས་འཇའ་འོད་ཀྱིས་ཁྱབ་པའི་དབུས་ན་འཕགས་ མཆོག་ཐུགས་རྗེ་ཆེན་པོ་སྐུ་རབ་དཀར་དུང་གི་རི་བོ་ལ་ཉི་མ་འབུམ་གྱི་གཟི་འོད་ཕོག་པ་ལྟ་ བུ་རྒྱལ་སྲས་རྒྱ་མཚོའི་འཁོར་དང་བཅས་པ་ལེགས་པར་བཞུགས་ཡོད་པའི་དྲུང་དུ་ཁྱེད་ཅག་ རྣམས་ཀྱང་མ་དག་ཐ་མལ་གྱི་རྣམ་པ་མ་ཡིན་པར་འཕགས་པ་སྤྱན་རས་གཟིགས་ཀྱི་སྐུའི་ རྣམ་པ་མོས་པ་ལམ་ཁྱེར་བྱས་ཏེ་གང་སྣང་ཐམས་ཅད་ཐུགས་རྗེ་ཆེན་པོའི་སྐུ་དང་སྒྲ་གང་ གྲགས་གསུང་མཆོག་ཡི་གེ་དྲུག་མའི་སྒྲ་དང་དྲན་རྟོག་གང་འགྱུ་ཐམས་ཅད་འཕགས་པ་སྤྱན་ རས་གཟིགས་ཀྱི་ཐུགས་སུ་ཐག་བཅད་པའི་ངང་ནས་རབ་ན་བསྙུང་གནས་ཀྱི་ཆོ་ག་ལྷག་ཆད་ མེད་པ་དང་ཐ་ན་མ་ཎིའི་བདག་བསྐྱེད་འདོན་ནས་མ་ཎི་ཆད་ལྷག་མེད་པ་ཡག་པ་ཡང་དག་རེ་ འདོན་ཐབས་རེམ་རེམ་ཞུ། ད་ནི་ཁྱེད་རང་རྣམས་ཀྱི་ཚེ་འདི་ཕྱིའི་སྐྱབས་གནས་དམ་པ་འཕགས་མཆོག་སྤྱན་རས་ གཟིགས་དབང་ཕྱུག་མདུན་འདི་ན་ལེགས་པར་བཞུགས་པའི་དྲུང་དུ་གུས་ཕྱག་འབུལ་བ་ ལ། ཐོག་མར་ཐལ་མོ་སྤྱི་བོར་སྦྱར་བའི་དུས་སུ་འཕགས་པའི་སྐུ་ལ་ཕྱག་འཚལ་བས་བདག་ སོགས་སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་སྒོ་ནས་སྡིག་པ་གང་བྱས་རྣམས་དག་པར་བསམ་ 9-1-264 པ་དང༌། ཡང་ཐལ་མོ་མགྲིན་པར་སྦྱར་བའི་དུས་སུ་འཕགས་པའི་གསུང་ལ་ཕྱག་འཚལ་བས་ བདག་སོགས་སེམས་ཅན་ཐམས་ཅད་ཀྱི་ངག་གི་སྒོ་ནས་སྡིག་པ་གང་བྱས་རྣམས་དག་པར་ བསམ་པ་དང༌། ཡང་ཐལ་མོ་སྙིང་གར་སྦྱར་བའི་དུས་སུ་འཕགས་པའི་ཐུགས་ལ་ཕྱག་འཚལ་ བས་བདག་སོགས་སེམས་ཅན་ཐམས་ཅད་ཀྱི་ཡིད་ཀྱི་སྒོ་ནས་སྡིག་པ་གང་བྱས་རྣམས་དག་ པར་བསམ་པའི་ངང་ནས་དད་གུས་དྲག་པོ་དང་བཅས་ཏེ་གནས་གསུམ་དུ་ཐལ་མོ་སྦྱར་ནས་ ཕྱག་ལེགས་པར་འཚོལ་ཅིག འོ། ད་སྔོན་དགེ་སློང་ཆོས་ཀྱི་འབྱུང་གནས་ཞེས་བྱ་བའི་བྱང་ཆུབ་སེམས་དཔའ་དེས་ སློབ་པ་ལམ་གྱི་སྐབས་སུ་སངས་རྒྱས་འཇིག་རྟེན་དབང་ཕྱུག་རྒྱལ་པོའི་ཞབས་དྲུང་དུ་ངོ་ མཚར་བའི་དམ་བཅའ་བཞི་བཅུ་ཞེ་བརྒྱད་མཛད་ནས་དམ་བཅའ་དེ་དག་མཐར་ཕྱིན་པའི་ དག་ཞིང་ཁྱད་པར་ཅན་ལེགས་པར་བཟུང་བའི་ཞིང་ཁམས་དམ་པ་དེ་གང་ཡིན་ན། ནུབ་ ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་དེ་ཡིན། ཞིང་དེར་སྐྱེ་འདོད་པ་དག་གིས་སྐྱེ་བའི་རྒྱུ་ཚོགས་ བཞི་ལེགས་པར་བསྒྲུབ་ན་ཆོས་སྤོང་དང་མཚམས་མེད་ཀྱི་ལས་བྱས་པ་མ་གཏོགས་པའི་ སྐྱེ་བའི་རྒྱུ་ཚོགས་སྒྲུབ་པ་གང་དག་ཞིང་དེར་སྐྱེ་ངེས་ཀྱི་མཐུ་གྲུབ་པའི་དག་པའི་ཞིང་ཁམས་ ཁྱད་པར་ཅན་ཆོས་སྐུ་སྣང་བ་མཐའ་ཡས་ཀྱི་ཐུགས་ཡེ་ཤེས་ཆེན་པོའི་སྣང་ཆ་ལས་ཤར་ བའི་སྣོད་བཅུད་ཀྱི་བཀོད་པ་ཡ་མཚན་པ་ཉེ་བར་བསྟན་པ་ཡིན་པས་ལས་ངན་དང་མི་ལྡན་ པའི་ཞིང་དེར་སྐྱེ་འདོད་ཀྱི་འགྲོ་བ་གང་དག་བདེ་བ་ཅན་དུ་སྐྱེ་མི་སྐྱེའི་ཐེ་ཚོམ་བྱ་མི་དགོས་ པ་ཡིན། དེ་ཡང་ཞིང་དེར་སྐྱེ་བའི་རྒྱུ་ཚོགས་ལ་ཐོག་མར་ཞིང་ཁམས་ཀྱི་རྣམ་པ་ཡིད་ལ་བྱ་ ཚུལ་ནི། འདི་ནས་ནུབ་ཕྱོགས་སུ་འཇིག་རྟེན་གྱི་ཁམས་མང་པོ་བརྒལ་བའི་མཚམས་ན་ཡོད་ པའི་ཞིང་ཁམས་བདེ་བ་ཅན་ཞེས་བྱ་བ་དེ་ནི། ས་གཞི་ཐམས་ཅད་རིན་པོ་ཆེའི་རང་བཞིན་ མཐའ་རྒྱ་རབ་ཏུ་ཡངས་པའི་ཕྱོགས་ཀུན་ནས་རིན་ཆེན་སྣ་ལྔའི་རི་བོས་ཡོངས་སུ་བསྐོར་བ་ 9-1-265 ལ་རིན་པོ་ཆེའི་རང་བཞིན་གྱི་ལྗོན་ཤིང་ཏ་ལའི་ཕྲེང་བས་ཕྱོགས་མཚམས་ཐམས་ཅད་ཉེ་བར་ མཛེས་པ། ཞིང་དེའི་དབུས་ན་བདེ་ལྡན་ཆོས་ཀྱི་ཕོ་བྲང་ཆེན་པོ་ངོ་མཚར་བའི་རྒྱན་བཀོད་ ཕུན་སུམ་ཚོགས་པ་རྒྱ་དང་ཚད་བསམ་པའི་ཡུལ་ལས་འདས་པ་ཁང་ཆེན་ཁང་ཕྲན་བརྒྱ་སྟོང་ གིས་ཕྱོགས་ཀུན་ནས་མཛེས་ཤིང་ལྟ་བས་ཆོག་མི་ཤེས་པའི་དགེ་ལེགས་ཡ་མཚན་ཉེ་བར་ འཆར་བའི་ཆོས་ཀྱི་ཁང་བཟང་ཉམས་དགའ་བའི་གནས་ན་ཕྲིན་ལས་ཐམས་ཅད་རྫོགས་ པའི་བདེ་གཤེགས་མགོན་པོ་འོད་དཔག་མེད་པ་སྐུ་མདོག་བྱི་རུའི་རི་བོ་ལ་ཉི་མ་འབུམ་གྱི་ འོད་མདངས་འཕྲོ་བ་ལྟ་བུའི་གཟི་བརྗིད་འབར་བ། མཚན་དང་དཔེ་བྱད་ཀྱི་མེ་ཏོག་གསར་ བ་མངོན་པར་བཞད་པ། མཚམས་སྤྲིན་གསར་བའི་མདངས་འཛིན་ངུར་སྨྲིག་ཆོས་གོས་རྣམ་ གསུམ་གྱིས་ཉེ་བར་མཛེས་བཞིན་རྨ་བྱས་བཏེག་པའི་རིན་པོ་ཆེའི་ཁྲི་མཐོ་ཞིང་ཡངས་པའི་ སྟེང་ན་ལེགས་པར་བཞུགས་པའི་སྒོ་ནས་ངོ་མཚར་བའི་ཆོ་འཕྲུལ་གྱི་མཛད་པ་རྒྱུན་ནམ་ཡང་ ཆད་པ་མེད་པར་གང་ལ་གང་འདུལ་གྱི་གདུལ་བྱའི་མོས་ངོ་དང་འཚམས་པའི་ཕྲིན་ལས་རྒྱ་ ཆེར་སྟོན་པ། གསུང་གཅིག་གིས་རིགས་ཅན་གསུམ་གྱི་གདུལ་བྱའི་ཁམས་དབང་དང་མཐུན་ པའི་ལེགས་བཤད་བདུད་རྩིའི་ཆོས་སྒོ་ཡང་དག་པར་ཕྱེ་བས་རིགས་ཅན་མཐའ་དག་གྲོལ་ བའི་ལམ་ལ་བཀོད་ཅིང༌། ཐུགས་ཀུན་མཁྱེན་ཡེ་ཤེས་ཀྱིས་འགྲོ་བ་མ་ལུས་པའི་ལེགས་ཉེས་ ཇི་བཞིན་གཟིགས་ཤིང་མཁྱེན་བརྩེ་ནུས་པའི་ཡོན་ཏན་མཐའ་ཡས་པའི་མངའ་བདག་དེ་ ཞིང་ཁམས་འདིའི་གཙོ་བོ་ཡིན། རྒྱལ་བ་མཆོག་གི་འཁོར་ན་ལེགས་པར་བཞུགས་པའི་རྒྱལ་ སྲས་སྤྱན་རས་གཟིགས་དང་མཐུ་ཆེན་ཐོབ་པ་སོགས་བྱང་ཆུབ་སེམས་དཔའ་ཁྲི་ཕྲག་དུ་མས་ རླབས་ཆེན་གྱི་འགྲོ་དོན་མཛད་དེ་རྒྱལ་སྲས་ཀྱི་ལམ་རྒྱ་ཆེར་སྤྱོད་པས་དུས་འདའ་བ། ཉོན་ མོངས་པའི་དགྲ་བཅོམ་པའི་རབ་བྱུང་འཕགས་པའི་དགེ་འདུན་གྱི་འདུས་སྡེ་འབྱམས་ཀླས་ པ་ལི་ཁྲིའི་མཚོ་ཆེན་ས་སྟེང་ལ་འཕྱུར་བ་བཞིན་དུ་དམར་སེར་ངུར་སྨྲིག་གི་ན་བཟས་མཛེས་ 9-1-266 བཞིན་ཡང་དག་དམ་པའི་ཆོས་ཁོ་ན་ལ་གཞོལ་བ། ཞིང་དེ་ན་ངན་སོང་གི་འགྲོ་བ་དང་སྡིག་ ལས་བྱ་བའི་འགྲོ་བ་ལས་ངན་གྱི་མིང་ཙམ་མེད་ཅིང་བདུད་རྩིའི་རྫིང་བུ་ཡན་ལག་བརྒྱད་ ལྡན་གྱི་མཚོ་མེ་ཏོག་པདྨོས་ཁེབས་པའི་ཆུ་ཀླུང༌། བདེ་གཤེགས་སྤྲུལ་པའི་ལྷ་མོ་བྱ་རིགས་ སོགས་སྣོ ད་བཅུད་གང་ཐད་ནས་རྣམ་དཀར་ཆོས་ཀྱི་དམིགས་རྐྱེན་བྱེད་པ། གཞན་ཡང་རྒྱལ་ བ་འཁོར་བཅས་ཀྱི་ཉེ་འཁོར་གྱི་ཕྱོགས་གཞན་བྱང་ཆུབ་ཤིང་དྲུང་ཆེན་པོ་རིན་པོ་ཆེའི་ལྗོན་ བཟང་གིས་གང་བའི་དབུས་ན་ཞིང་དེའི་མགོན་པོའི་སྐུ་རྒྱབ་བརྟེན་པའི་བྱང་ཆུབ་ཤིང་མཆོག་ དམ་པ་ཁམས་གསུམ་གྱི་སྣང་བརྙན་བཀྲ་བའི་ངོ་མཚར་བའི་ལོ་མ་འབྲས་བུ་ཕུན་སུམ་ ཚོགས་པ་གདུལ་བྱའི་ཡིད་ཀྱི་རྗེས་འགྲོའི་དྲུང་ན་འདུས་པ་རྒྱ་མཚོ་ལ་ཆོས་གསུངས་པའི་ རྒྱལ་བ་གང་ཉིད་བཞུགས་གནས་ཀྱི་ཆོས་ཁྲི་རྒྱ་ཆེ་བ་སོགས་ངོ་མཚར་བཀོད་པ་ནམ་མཁའ་ དང་མཉམ་པའི་དག་པའི་ཞིང་ཁམས་ཀྱི་སྣོད་བཅུད་མཐའ་དག་གི་རྣམ་པ་དག་སྣང་མོས་ གུས་ཀྱི་ངོར་ལེགས་པར་སོམས་ལ་ཞིང་དེར་སྐྱེ་འདོད་ཀྱི་དོན་གཉེར་དང་བཅས་ཏེ་འདུན་པ་ ཁ་མིན་གཏིང་ནས་གཏད་དགོས་པ་ཡིན། ད་ལན་རྒྱལ་བ་འོད་དཔག་མེད་འཁོར་བཅས་ལ་ དད་གུས་ཀྱི་སྒོ་ནས་སངས་རྒྱས་ཀྱི་མཚན་བརྗོད་པས་ཕྱག་མཆོད་འབུལ་བ་སོགས་དགེ་བའི་ རྩ་བ་སྒོ་མཐའ་དག་ནས་སྐྱེས་རྩལ་ཅི་ཡོད་ཀྱིས་འབད་དགོས་པ་དང༌། དགེ་རྩ་གང་བསགས་ ཐམས་ཅད་ཞིང་ཁམས་དེར་སྐྱེ་བའི་རྒྱུ་རུ་བསྔོ་དགོས་པ་དང༌། གཞན་འགྲོ་བ་མ་ལུས་པའི་ དོན་དུ་བདག་མགོན་པོ་འོད་དཔག་མེད་ལྟ་བུའི་གོ་འཕང་མཆོག་ཐོབ་འདོད་ཀྱི་ཀུན་སློང་ ཡང་དག་བསྐྱེད་པ་རྣམས་ལེགས་པར་བྱས་ན་ཞིང་ཁམས་དེར་སྐྱེ་བའི་རྒྱུ་ཚོགས་ཉེ་བར་ ཚང་ཞིང༌། དེ་ལ་བརྟེན་ན་ལས་ངན་གྱི་འགྲོ་བ་འགའ་ཞིག་མ་གཏོགས་ཞིང་ཁམས་དེར་སྐྱེ་ བར་ངེས་པ་ལ་ཐེ་ཚོམ་མི་དགོས་པའི་གནས་སུ་སངས་རྒྱས་ཐུགས་རྗེ་ཅན་གྱིས་ལེགས་པར་ བཀའ་བསྩལ་བ་ཡིན་པས་ད་ལན་ཁྱེད་ཅག་རྣམས་ཀྱིས་དད་གུས་དག་སྣང་དང་བཅས་པའི་ 9-1-267 སྒོ་ནས་རྒྱལ་བ་འོད་དཔག་མེད་འཁོར་བཅས་ལ་ཕྱག་འཚལ་བ་དང་བདེ་ཆེན་ཞིང་དུ་སྐྱེ་བའི་ སྨོན་ལམ་རྣམ་པར་དག་པ་འདི་ལྟར་བཏབ་པར་མཛོད་ཅིག ཅེས་པ་འདི་དག་བཟང་དགའ་ལ་མཁོ་ནས་ བློས་གྲགས་ནས་བརྩམས།། 9-1-268 ༄༅། །འཕགས་མཆོག་ཐུགས་རྗེ་ཆེན་པོའི་བདག་བསྐྱེད་དང་ མདུན་བསྐྱེད་བསྟོད་པའི་སྐབས་རྣམས་ཀྱི་ དམིགས་བཞུགས། ༄༅། །མ་ཎིའི་བདག་བསྐྱེད་སྐབས། ད་ནི་ཁྱེད་རང་རྣམས་སྐད་ཅིག་གིས་པད་ཟླའི་གདན་ལ་ འཕགས་མཆོག་ཐུགས་རྗེ་ཆེན་པོ་སྐུ་རིའི་རྒྱལ་པོ་རི་རབ་ཙམ་གསལ་བའི་སྐུའི་ཐུགས་ཀར་ པདྨ་འདབ་དྲུག་གི་ལྟེ་བར་ཧྲཱིཿཡིག་དཀར་པོའི་མཐར་ཡི་གེ་དྲུག་མ་དཀར་གསལ་དྭངས་ པའི་རང་བཞིན་གསལ་ཞིང་འཚེར་བ་གཡས་བསྐོར་གྱི་རྣམ་པར་ཡོད་པ་ལ་སེམས་གཏད་དེ་ སྐུའི་འོད་ཟེར་ཕྱོགས་མཐར་ཁྱབ་པས་གང་སྣང་མཐའ་དག་སྤྱན་རས་གཟིགས་ཀྱི་སྐུ་ཤ་སྟག་ ཏུ་གནས་འགྱུར་ཞིང༌། ཐུགས་ཀའི་ཡིག་དྲུག་ལས་འོད་ཕུང་གི་ཚོགས་སྤྲོས་པ་སྣོ ད་བཅུད་ ལ་ཕོག་པས་འབྱུང་བ་བཞིའི་སྒྲ་དང་སྐྱེ་འགྲོ་ཀུན་གྱི་སྒྲ་སྐད་གང་གྲགས་གསུང་མཆོག་ཡི་ གེ་དྲུག་མའི་སྒྲ་དབྱངས་སུ་རེད་ནས་སེམས་ཀྱི་དྲན་རྟོག་འགྱུ་བ་མཐའ་དག་འཕགས་པའི་ ཐུགས་སྣང་སྟོང་འགག་མེད་དུ་རང་ཤར་བའི་ངང་ནས་མ་ཎིའི་བདག་བསྐྱེད་ལེགས་པར་ ཐོན་ཅིག མ་ཏིས་སོ།། །། ༄༅། །མ་ཎིའི་མདུན་བསྐྱེད་སྐབས། འོ་ཁྱོད་རང་དག་གིས་མོས་པ་འདི་ལྟར་བྱ་དགོས་ཏེ། དེ་ ཡང་ཁྱོད་ཅག་གི་གནས་ཡུལ་དག་པ་བདེ་ཆེན་ཞིང་དུ་མོས་ནས་རང་མདུན་གྱི་ནམ་མཁའ་ ན་འཇའ་འོད་ཀྱི་ཕུང་པོའི་དབུས་སུ་པད་དཀར་ཟླ་བའི་གདན་རྒྱ་ཆེ་བའི་ཐོག་ཏུ་བླ་མ་སྤྱན་ 9-1-269 རས་གཟིགས་དབང་ཕྱུག་སྐུ་མདོག་དཀར་པོ་སྟོན་ཟླ་རྒྱས་པའི་གཟི་འོད་ལྟར་རབ་ཏུ་དཀར་ ཞིང་ཞི་བ་ཆེན་པོའི་ཉམས་བཟང་གིས་མཛེས་ཤིང་དར་དང་རིན་པོ་ཆེའི་རྒྱན་ཆས་ཡོངས་ སུ་རྫོགས་པའི་སྐུ་ཞལ་གཅིག་ཕྱག་བཞི་ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་ཞིང་ གཡས་འོག་མས་ཤེལ་དཀར་གྱི་ཕྲེང་བ་འདྲེན་པ་གཡོན་འོག་མས་པདྨ་དཀར་བོའི་ཡུ་བ་ནས་ བཟུང་སྟེ་སྤྱི་བོར་རིགས་བདག་འོད་དཔག་མེད་ཀྱིས་བརྒྱན་བཞིན་ཞབས་གཉིས་སྐྱིལ་ཀྲུང་ དུ་བཞུགས་པ་ལ་རང་གཞན་མཐའ་དག་གང་གི་མདུན་དུ་འཁོད་དེ་མོས་གུས་ཀྱིས་གསོལ་ བ་བཏབ་པས་འཕགས་པ་མཆོག་གི་སྐུ་ལུས་ལས་སྤྲོས་པའི་འོད་ཟེར་གྱི་ཕུང་པོ་མཐའ་ཀླས་ པ་རང་གཞན་ཐམས་ཅད་ལ་ཕོག་པས་རང་དང་གཞན་མ་ལུས་པས་ཐོག་མེད་ནས་བསགས་ པའི་སྡིག་པ་ཆེས་མི་བཟད་པ་གང་དག་བ་མོ་ལ་ཉི་འོད་ལྟར་ཡོངས་སུ་ཞི་བ་ཆེན་པོར་གྱུར་ པའི་མོས་འདུན་གྱི་ངང་ནས་བླ་མ་ཞབས་དཀར་བའི་གསུང་གི་ཡི་གེ་དྲུག་མའི་མདུན་བསྐྱེད་ འདོན་པའི་སྒོ་ནས་མ་ཎི་ལེགས་པར་ཐོན་ཅིག རང་གནས་ས་ཕྱོགས༴ སོགས་འདོན། འདི་ཡང་མ་ ཏིས་སོ།། །། ༄༅། །བསྟོད་པའི་སྐབས་འདི་ལྟར། ད་ཁྱོད་རང་རྣམས་ཀྱིས་མདུན་གྱི་ནམ་མཁར་འཇའ་ཟེར་ འོད་ལྔ་འཁྲིགས་པའི་ཀློང་ན་པད་ཟླའི་དབུས་སུ་མགོན་པོ་སྤྱན་རས་གཟིགས་དབང་ཕྱུག་སྐུ་ མདོག་དུང་གི་རི་བོ་ལ་ཟླ་ཟེར་འབུམ་དཀྲིགས་ཀྱི་འོད་མདངས་ཆེས་གསལ་རབ་ཏུ་འབར་བ་ ལྟར་གཟི་འོད་འཕྲོ་བ་སྣ་ཚོགས་པའི་དར་གྱི་ན་བཟའ་དང་རི་དྭགས་ཀྱི་པགས་པས་ནུ་གཡོན་ བཀབ་པ་རིན་པོ་ཆེའི་རྒྱན་བཟང་པོས་ལེགས་པར་སྤྲས་པ་སྐུའི་རྣམ་པར་འཕྲུལ་པ་ཆེན་ པོས་བར་འགའ་ཞལ་གཅིག་ཕྱག་བཞི་རྣམ་པ་དང་བར་འགའ་བཅུ་གཅིག་ཞལ་ཕྱག་སྟོང་གི་ སྤྱན་སྟོང་གི་རྣམ་པ་སོགས་ངོ་མཚར་བའི་དགེ་ལེགས་ཀྱི་མཚན་མ་ཕྱོགས་གཅིག་ཏུ་མ་ངེས་ ཤིང་སྤྲུལ་བཀོད་གྱི་རྣམ་པ་འདྲ་མིན་བརྒྱ་ཕྲག་དུ་མའི་རོལ་གར་གདུལ་བྱ་མཐའ་ཡས་པ་ 9-1-270 གང་འདུལ་གྱི་མཛད་པ་རླབས་ཆེ་བ་ཉེ་བར་སྟོན་པ་སོགས་གསང་བ་གསུམ་གྱི་ཡོན་ཏན་གྱི་ ཕུང་པོ་འབྱམས་ཀླས་པ་དུས་ཀུན་འདུ་འགོག་རེས་འཇོག་དང་བྲལ་བའི་ཆ་ལ་རང་གཞན་ སེམས་ཅན་ཐམས་ཅད་ཀྱི་སེམས་རབ་ཏུ་དྭང་ཞིང་ངོ་མཚར་བའི་གུས་འདུད་རྒྱ་ཆེ་བ་དང་ བཅས་པའི་སྒོ་ནས་རང་གཞན་གང་དག་སྲིད་ཞིའི་འཇིགས་པ་ལས་སྐྱོབས་པའི་རེ་ལྟོས་ནམ་ ཡང་མི་ལྷོད་པའི་ངང་ནས་འཕགས་པ་མཆོག་གི་སྐུ་གསུང་ཐུགས་ཀྱི་ཆེ་བ་ལེགས་བརྗོད་ ཀྱི་བསྟོད་པ་ཕུལ་བའི་མོས་པ་མཛོད་ལ་པོ་བསྟོད་འདི་དག་གྲུབ་མཆོག་དགེ་སློང་མ་དཔལ་ མོས་འཕགས་པ་མཆོག་གི་ཞལ་རས་དངོས་སུ་མཇལ་ཏེ་མགོན་པོ་སྤྱན་རས་གཟིགས་ལ་ཆེ་ བསྟོད་མཛད་པ་ལྟར་ཁྱེད་རང་རྣམས་ཀྱིས་དེ་ལུགས་ལྟར་གྱིས་བསྟོད་པ་ལེགས་པར་ཕུལ་ ཅིག པོ་བསྟོད་འདོན། མ་ཏིས་སོ།། །། 9-1-271 ༄༅། །སངས་རྒྱས་ཀྱི་མཚན་འདོན་སྐབས་ཀྱི་ དམིགས་སོགས་བཞུགས། ༄༅། །སངས་རྒྱས་ཀྱི་མཚན་འདོན་སྐབས། འོ་རང་ཅག་རྣམས་ནི་མགོན་པོ་འོད་དཔག་མེད་དང་ འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་ཁྱད་པར་བ་ཡིན་པས་ད་སྐབས་དེ་ལུགས་ཀྱི་ རེ་ལྟོ ས་བྱ་བ་ལ། ཐོག་མར་དག་སྣང་འདི་ལྟར་སྦྱངས་ཏེ་ཁྱོད་རང་རྣམས་གང་དུ་ཡོད་པའི་ ས་ཕྱོགས་དག་པའི་ཞིང་བདེ་བ་ཅན་དངོས་སུ་བསམ་ལ་མདུན་གྱི་ནམ་མཁར་འཇའ་སྤྲིན་ གྱི་སྦུབས་སུ་ཆོས་ཀྱི་ཕོ་བྲང་རྒྱ་ཆེ་བ་རྒྱན་བཀོད་ཚད་ལས་འདས་པའི་ནང་དུ་རྨ་བྱས་བཏེག་ པའི་ཁྲི་ལ་པད་ཟླའི་གདན་གྱིས་མཛེས་པའི་སྟེང་ན་སྐྱབས་གནས་ཀུན་འདུས་པའི་བདག་ ཉིད་རྒྱལ་བ་མགོན་པོ་འོད་དཔག་མེད་སྐུ་མདོག་ཉི་གཞོན་འཆར་ཁའི་མདངས་ལྟར་རབ་ཏུ་ གསལ་ཞིང་འོད་དམར་གྱི་སྣང་བ་ཆེན་པོས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པ་དབུ་ ལ་གཙུག་ཏོར་དཔྲལ་བའི་མཛོད་སྤུ་ཕྱག་ཞབས་འཁོར་ལོའི་མཚན་གྱི་རྣམ་པ་སོགས་ངོ་ མཚར་བའི་མཛེས་ཆ་ཡོངས་སུ་རྫོགས་པ་ཞལ་རས་དགྱེས་པའི་འཛུམ་དཀར་གཡོ་བཞིན་ སྐུ་ལ་ཆོས་གོས་རྣམ་གསུམ་གསོལ་ཞིང་ཞབས་གཉིས་སྐྱིལ་ཀྲུང་གིས་བཞུགས་པ་ཕྱག་ གཉིས་མཉམ་བཞག་གི་ཕྱག་རྒྱས་ལྷུང་བཟེད་བསྣམས་ཞིང་མཆོག་གི་སྤྲུལ་སྐུ་ཚངས་པར་ སྤྱོད་པའི་ཆ་ལུགས་ཅན་དུ་བཞུགས་པ་དེའི་སྐུའི་གཡས་སུ་རྒྱལ་སྲས་སྤྱན་རས་གཟིགས་སྣ་ ཚོགས་དར་གྱི་ན་བཟའ་གསོལ་བ་ཕྱག་གཡས་པད་དཀར་འཛིན་ཞིང་ཕྱག་གཡོན་སྐྱབས་ སྦྱིན་མཛད་པ་དང༌། སྐུའི་གཡོན་དུ་རྒྱལ་སྲས་མཐུ་ཆེན་ཐོབ་སྣ་ཚོགས་དར་གྱི་ན་བཟའ་ 9-1-272 ཅན་ཕྱག་གཡོན་པས་པདྨ་དང་གཡས་པས་སྐྱབས་སྦྱིན་མཛད་དེ་དགྱེས་བཞིན་བཞུགས་པ་ རྒྱལ་བ་གཙོ་འཁོར་གསུམ་གྱི་མཐའ་སྐོར་དུ་ཐེག་པ་ཆེན་པོའི་བྱང་ཆུབ་སེམས་དཔའི་འདུས་ པ་ཆགས་བཅས་ཀྱི་རྣམ་པ་རྒྱ་ཆེ་བ་གྲངས་མེད་པའི་ཚོགས་དང་ཐེག་དམན་ཉན་ཐོས་ངུར་ སྨྲིག་ཆགས་བྲལ་གྱི་སྡེ་ལི་ཁྲིའི་མཚོ་ཆེན་ཀུན་ནས་འཕྱུར་བ་ལྟ་བུའི་འཁོར་ཚོགས་རྒྱ་མཚོའི་ གཟི་མདངས་ཕྱོགས་མཐའ་དག་ནས་འབར་བཞིན་ལེགས་པར་བཞུགས་ཡོད་ངེས་ཀྱི་མོས་ འདུན་གསལ་བོ་བྱོས་ལ། སྐྱབས་གནས་དེ་དག་གི་དྲུང་དུ་རང་གཞན་ནམ་མཁའ་དང་མཉམ་ པའི་སེམས་ཅན་རྣམས་འཁོད་དེ་སྒོ་གསུམ་གུས་པས་ཐལ་མོ་གནས་གསུམ་དུ་སྦྱར་ཏེ་རྒྱལ་ བ་གཙོ་འཁོར་མཐའ་དག་གི་སྐུ་གསུང་ཐུགས་ལ་ཕྱག་འཚལ་བས་རང་གཞན་ཐམས་ཅད་ ཀྱིས་ཚེ་རབས་ཐོག་མེད་ནས་བསགས་པའི་ལུས་ངག་ཡིད་གསུམ་གྱིས་སྡིག་པ་གང་བྱས་ པ་ཐམས་ཅད་རྩ་བ་ནས་བྱང་ཞིང་དག་པའི་རེ་འདུན་སྙིང་ནས་བྱེད་དགོས་པ་དང༌། ཚེ་འདི་ འཕོས་པའི་ཕྱི་མ་དེ་ཉིད་དུ་སྐྱེ་བ་གཞན་གྱིས་བར་མ་ཆོད་པར་ནུབ་ཕྱོགས་བདེ་བ་ཅན་དུ་ རྒྱལ་བ་གཙོ་འཁོར་གྱི་ཞབས་དྲུང་དུ་སྐྱེ་བའི་འདུན་པ་དྲག་པོ་བསྐྱེད་པ་དང༌། དེ་ལྟར་སྐྱེ་བའི་ ཆེད་འོད་དཔག་མེད་ཀྱི་མཚན་འདོན་པ་དང༌། སྤྱན་རས་གཟིགས་ཀྱི་སྙིང་པོ་ཡི་གེ་དྲུག་མ་ བཟླ་བ་སོགས་དགེ་བའི་རྩ་བ་སྒོ་དུ་མ་ནས་བསགས་པ་དང༌། མཐར་དགེ་བ་གང་བྱས་བདེ་ ཆེན་ཞིང་དུ་སྐྱེ་བའི་རྒྱུར་ལེགས་བསྔོ་བྱེད་ཅིང་གཞན་དོན་དུ་རིང་པོར་མི་ཐོགས་པར་བདག་ བྱང་ཆུབ་ཆེན་པོ་ཐོབ་པའི་མོས་འདུན་གྱི་བསམ་པ་རྣམ་པར་དག་པ་སོགས་ལེགས་སྒོ་རྒྱ་ ཆེ་བས་བདེ་བ་ཅན་གྱི་རྒྱུ་བཞི་ལེགས་སྒྲུབ་ཀྱི་ངང་ནས་མགོན་པོ་འོད་དཔག་མེད་དང་རྒྱལ་ སྲས་སྤྱན་རས་གཟིགས་རྣམ་གཉིས་ལ་ཡིད་མོས་གུས་གདུང་ཤུགས་ཆེས་ཆེ་བ་ནམ་ཡང་མི་ ལྷོད་པའི་སྒོ་ནས་ཀྱང་དེ་ལྟར་མོས་འདུན་དག་སྣང་སྦྱོང་ལ་སངས་རྒྱས་ཀྱི་མཚན་དང་སྨོན་ ལམ་སོགས་འདོན་པའི་ཐབས་ལ་རེམ་པར་མཛོད་ཅིག་མཚན་སྨོན་གང་འོས་འདོན། ཞེས་པ་མ་ 9-1-273 ཏིས་སོ། །དེ་དག་གི་ཡིག་རིས་པའང་ཡོན་ཏན་མིང་ཅན་ནོ།། །། ༄༅། །ཚེ་བསོད་ལ་གནོད་བྱེད་མི་མིན་འབྱུང་པོའི་རིགས་གདོན་རིགས་སྟོང་ཕྲག་བཅོ་ བརྒྱད་དང་ཆོས་སྲིད་ལ་གེགས་བྱེད་བགེགས་རིགས་སུམ་བརྒྱ་དྲུག་ཅུ། ཡེ་ཤེས་ལྔ་ནི། སྤྲོས་པ་ཀུན་བྲལ་ཆོས་དབྱིངས་ཡེ་ཤེས། རྣམ་པར་སྣང་མཛད། རྣམ་ཀུན་ མཁྱེན་གཟིགས་མེ་ལོང་ཡེ་ཤེས། མི་བསྐྱོད་པ། འཁོར་འདས་གཤིས་ལུགས་མཉམ་ཉིད་ཡེ་ ཤེས། རིན་འབྱུང༌། བདེན་གཉིས་རབ་འབྱེད་སོར་རྟོགས་ཡེ་ཤེས། སྣང་མཐའ། ལྷུན་གྲུབ་ མཛད་ཆེན་བྱ་གྲུབ་ཡེ་ཤེས། དོན་གྲུབ་དང་ལྔའོ། ། ཉོན་མོངས་དུག་ལྔ་ནི། ཟག་བཅས་ཡིད་འོང་ལ་ཆགས་པའི་འདོད་ཆགས། ཡིད་མི་འོང་ ལ་སྡང་བའི་ཞེ་སྡང༌། བར་མར་ཡིན་ལུགས་མི་གསལ་བའི་གཏི་མུག ཁེངས་སེམས་ཀྱི་ང་ རྒྱལ། གཞན་ཕན་ཡིད་ལ་མི་ཤོང་བའི་ཕྲག་དོག་དང་ལྔའོ། ། བགེགས་རིགས་ལྔ་ནི། འདོད་ཆགས་ལས་བྱུང་བའི་བགེགས་རིགས་མོ་གདོན། ཞེ་ སྡང་ལས་བྱུང་བའི་བགེགས་རིགས་ཕོ་གདོན། གཏི་མུག་ལས་བྱུང་བའི་བགེགས་རིགས་མ་ ནིང་གདོན། ང་རྒྱལ་ལས་བྱུང་བའི་བགེགས་རིགས་རྒྱལ་གདོན། ཕྲག་དོག་ལས་བྱུང་བའི་ བགེགས་རིགས་དམ་སྲི་དང་ལྔའོ། ། ཕུང་པོ་ལྔ་ནི། དབང་དོན་གྱི་གཟུགས་བཅུ་པོ་དེ་གཟུགས་ཕུང་རེད། བདེ་སྡུག་བཏང་ སྙོ མས་ཉམས་སུ་མྱོང་བའི་ཚོར་བ་རྣམས་ཚོར་ཕུང་རེད། ཡུལ་གྱི་མཚན་མ་སོ་སོར་འབྱེད་ པའི་ཤེས་པའི་ཆ་གང་དག་འདུ་ཤེས་ཀྱི་ཕུང་པོ་རེད། དེ་ཡིན་ཡུལ་གྱི་ཁྱད་པར་སོ་སོར་འབྱེད་ མཁན་རྣམས་དང་བྱ་བའི་ཚོགས་ཐམས་ཅད་འདུ་བྱེད་ཀྱི་ཕུང་པོ་རེད། ཡུལ་གྱི་ངོ་བོ་རྣམས་ སོ་སོར་ཤེས་མཁན་དག་རྣམ་ཤེས་ཀྱི་ཕུང་པོ་རེད། མཆོག་གི་དོན་ཐུན་མོང་ཐར་པ་དང་ཐུན་ མིན་ཐམས་ཅད་མཁྱེན་པའི་གོ་འཕང་དེ་ཡིན། ནོར་ནི་ཁ་རྗེ་བསོད་ནམས་ཀྱི་རྒྱུ་རྫས་ཕྱི་ནང་ 9-1-274 གི་ལོངས་སྤྱོད་རྣམས་ཡིན། གཏེར་ནི་ལོངས་སྤྱོད་འབྱུང་བའི་རྒྱུ་སྔོན་བསགས་ཀྱི་དགེ་བ་ རྣམས་ཡིན། དཔལ་ནི་འཁོར་བ་ཕྱོགས་ཀྱི་ལྷ་མིའི་བདེ་སྐྱིད་རྣམས་དང༌། ཐར་པ་ཕྱོགས་ཀྱི་ ས་ལམ་གྱི་ཡོན་ཏན་གང་དག་ཡིན། གཡང་ནི་ལུས་ལ་ནད་མེད་པ་དང་སེམས་ལ་བདེ་བ་ བསྐྱེད་པ་དེ་དག་ཡིན། ཡུལ་ངེས་པ་སྟུག་པོ་བཀོད་པའི་ཞིང༌། སྐུ་ངེས་པ་མཚན་དཔེ་གསལ་ རྫོགས། གསུང་ངེས་པ་ཐེག་པ་ཆེན་པོ། འཁོར་ངེས་པ་བྱང་ཆུབ་སེམས་དཔའ། དུས་ངེས་པ་ འཁོར་བ་ཇི་སྲིད། མ་ཏིས་སོ།། །། 9-1-275 ༄༅། །སྨོན་ལམ་ཁྱད་པར་ཅན་གདབ་ཚུལ། ༄༅། །ནམ་ཡང་བསླུ་བ་མེད་པའི་སྐྱབས་གནས་དཀོན་མཆོག་གསུམ་པོ་ནི་ཐབས་ མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་ཞིང་འགྲོ་བ་སེམས་ཅན་རྣམས་ལ་ཐུགས་ཉེ་བར་བརྩེ་ བའི་ཕ་མ་ལྟ་བུའི་བཀའ་དྲིན་ཤིན་ཏུ་ཆེ་བ་ཡིན་པས་རེ་སའི་སྐྱབས་གནས་གཞན་གང་དང་ མི་མཉམ་པ་ཡིན་ངེས་པ་ཡིན། བླ་མ་དཀོན་མཆོག་གསུམ་ནི་ངེད་ཅག་འགྲོ་བ་རྣམས་ལ་ སྐྱིད་སྡུག་ལེགས་ཉེས་གང་བྱུང་བ་རྣམས་སོ་སོར་ཤེས་པའི་མཁྱེན་པ་མཆོག་ནི་མངའ། ངེད་ ཅག་ལྟ་བུའི་ཉམ་ཐག་པ་རྣམས་ལ་ཤ་ཚ་སྙིང་བརྩེ་བའི་མཁྱེན་པའི་སྙིང་རྒྱ་ཆེ་བ་ནི་རང་ཅག་ ལ་རྩ་བའི་ཕ་མ་དང་ཁྱད་ཐང་མེད་པ་ཡིན། མི་འདོད་པའི་གནོད་པ་ཆེས་ཤིན་ཏུ་ལྕི་བ་གང་ དང་གང་གི་འཇིགས་པ་མཐའ་དག་སྐྱོབས་ཐུབ་པའི་ནུས་མཐུ་གཞན་སུ་དང་མི་མཉམ་པའི་ རྒྱ་ཆེར་མངའ་བའི་བདག་ཉིད་ཡིན་ངེས་པ་ཅན་ཡིན་པས། ད་ནི་བདག་ལ་མཁྱེན་བརྩེ་ནུས་ གསུམ་མངའ་བདག་བླ་མ་དཀོན་མཆོག་ཁྱེད་ཉིད་མ་གཏོགས་རེ་ས་སྐྱབས་གནས་གཞན་ གང་ཡང་མེད་པས་ཚེ་འདི་དང་ཕྱི་མ་རྣམས་སུ་ལེགས་ན་ཉེས་ན་བདག་ཅག་གི་དཀོན་མཆོག་ གི་ཐུགས་རྗེས་མ་འདོར། བདག་གི་སེམས་རྒྱུད་ལ་ཆོས་ཡང་དག་པ་ཞིག་སྐྱེ་བར་བྱིན་གྱིས་ བརླབ་ཏུ་གསོལ། ཁྱད་པར་ད་རེས་ལུས་འདིའི་སྟེང་དུ་ནད་སོགས་མི་འདོད་པ་ཅི་བྱུང་ན་ དེ་དག་གིས་རང་གཞན་སེམས་ཅན་ཐམས་ཅད་ཀྱི་ལས་ངན་པའི་རྣམ་སྨིན་མ་ལུས་པ་སྨིན་ པའི་གོ་ཆོད་པར་ཤོག་ཅིག དེ་ལྟ་བུ་འོང་བར་བླ་མ་དཀོན་མཆོག་གི་བྱིན་གྱིས་རློབས། ཞེས་ པ་རེ་ཁ་མིན་སྙིང་ཐག་པ་ནས་བསམ་ན་བཟང་། ཡང་བར་སྐབས་སུ་ཚེ་འདི་སྣང་གི་རྒྱུ་རྫས་ 9-1-276 ལོངས་སྤྱོད་འབྱོར་བ་གཉེན་ཉེ་མཛའ་སོགས་གང་ལ་འང་སེམས་ཀྱི་ཞེན་པ་ཆོད་པའི་ཐབས་ ལ་འདི་སྣང་ཚེ་འདིའི་འདུག་ཐབས་ཀྱི་བྱ་བ་ཙམ་ལ་གང་ཐད་ནས་བསམ་རུང་ནམ་ཕུགས་ ཀྱི་བདེ་བ་བརྟན་ཚུགས་པ་ཞིག་འོང་བའི་ཐབས་མེད་ངེས་སུ་རེད་འདུག་པ་ཡིན་པས་ད་ནི་ཅི་ ལ་ཐུག་ཀྱང་ཚེ་འདི་ངོགས་ཀྱི་བྱ་བ་ཙམ་ལ་སྙིང་པོ་ཅི་ཡང་མི་འདུག་པས་འདི་ངོགས་ཙམ་གྱི་ བདེ་དགའ་ལ་བློས་ཞེན་མི་ཉན་ངེས་པ་ཡིན་སྙམ་དུ་ཡང་ཡང་བསམ་དགོས་པ་ཡིན་ཏེ་འདི་ སྣང་ལ་ཞེན་པ་མ་ཆོད་ན་འཆི་ཆོས་གཤའ་མ་འགྲུབ་ལུགས་གཏན་ནས་མེད་དོ། །དེ་ནས་ ཡང་དགེ་སྡུག་གཏོང་ལེན་གྱིས་བློ་སྦྱོང་ཚུལ་ནི་དབུ་མ་རིན་ཆེན་ཕྲེང་བ་ལས། བདག་ལ་དེ་ དག་སྡིག་སྨིན་ཅིང༌། །བདག་དགེ་མ་ལུས་དེར་སྨིན་ཤོག །ཅེས་དང༌། གཞན་ཡང་བཀའ་ གདམས་གོང་མའི་གསུངས་ལས། ཁེ་དང་རྒྱལ་ཁ་གཞན་ལ་བྱིན། །གྱོང་དང་བུབ་ཁ་རང་ གིས་བླངས། །ཞེས་པ་ལྟ་བུ་དེ་གཉིས་གང་རུང་རེ་ཡང་ཡང་བརྗོད་པར་བྱ་བཞིན་དུ་འདི་ལྟར་ བསམ་དགོས་ནི་རེད། རང་རྒྱུད་ཀྱི་འབྲས་བུ་བདེ་བ་དང་རྒྱུ་དགེ་བ་གང་ཡོད་ཚད་ཐམས་ ཅད་ལ་ཡིད་ཁ་མིན་གཏིང་ནས་ཕངས་པ་མེད་པར་སྦྱིན་བཏང་ནི་ཡིན་པས་མ་གྱུར་སེམས་ ཅན་དེ་དག་ལ་འབྲས་བུ་བདེ་བ་དང་རྒྱུ་དགེ་བ་ཐམས་ཅད་ལྡན་པར་གྱུར་ཅིག་བསམ་པ་དང་། ཡང་མ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཡོད་པའི་རྒྱུ་མི་དགེ་བ་དང་འབྲས་བུ་སྡུག་བསྔལ་ གང་ཡོད་ཚད་ཐམས་ཅད་ཡིད་ཁ་མིན་གཏིང་ནས་རང་གི་སྟེང་དུ་བླངས་ཏེ་མ་གྱུར་སེམས་ ཅན་དེ་དག་རྒྱུ་སྡིག་པ་དང་འབྲས་བུ་སྡུག་བསྔལ་མ་ལུས་པ་དང་བྲལ་བར་གྱུར་ཅིག་སྙམ་ དུ་ཡང་ཡང་བསམ་པ་ཡིན། དམིགས་པ་འདི་གཉིས་དགེ་སྡུག་གཏོང་ལེན་གྱི་དམིགས་པ་ དངོས་ཡིན་པས་འདི་ཡིད་ཁ་མིན་གཏིང་ནས་ཡང་ཡང་བསམ་པ་གལ་ཆེ། འདི་ལ་དམིགས་ པ་གསལ་བའི་ཆེད་དུ་ཡང་རང་གི་དབུགས་ནང་དུ་རྔུབ་པ་དང་མཉམ་དུ་མ་སེམས་ཅན་ ཐམས་ཅད་ཀྱི་སྡུག་བསྔལ་རྒྱུ་དང་བཅས་པ་འོད་ནག་པོའི་ཚུལ་དུ་རང་གི་སྣ་སྒོར་ཞུགས་ཏེ་ 9-1-277 སྙིང་གར་བདག་གཅེས་འཛིན་མར་མེའི་གཟུགས་སུ་གནས་པ་ལ་ཐིམ་པས་བདག་འཛིན་དེ་ བརླག་པར་བསམ། ཡང་རང་གི་དབུགས་ཕྱིར་འགྲོ་བ་དང་མཉམ་དུ་རང་གི་བདེ་བ་རྒྱུ་དང་ བཅས་པ་འོད་དཀར་པོའི་ཚུལ་དུ་སྣ་སྒོ་ནས་ཕྱིར་ཐོན་ཏེ་མ་སེམས་ཅན་ཐམས་ཅད་ལ་ཕོག་ པས་སེམས་ཅན་དེ་དག་གནས་སྐབས་ལྷ་མིའི་བདེ་བ་ནས་མཐར་ཐུག་གི་སངས་རྒྱས་ཀྱི་ སའི་བར་གྱི་བདེ་བ་ཐམས་ཅད་དང་ལྡན་པར་བསམ་དགོས་པ་ཡིན། འདིའི་སྐབས་སུ་རླུང་ འབྱུང་འཇུག་ཅུང་ཟད་ཙམ་རེ་རིང་བར་བྱ་བ་ལས་རུང་སྟོབས་ཆེན་འཛིན་དགོས་པ་ཡིན། གཏོང་ལེན་གྱི་དམིགས་པ་འདི་ནི་མཉམ་མེད་ཇོ་བོ་རྗེ་དང་འབྲོམ་སྟོན་རྒྱལ་བའི་འབྱུང་ གནས་སོགས་བཀའ་གདམས་གོང་མ་རྣམས་ཀྱི་ཉམས་ལེན་གྱི་མཐིལ་དུ་བྱས་ཏེ་བྱང་ཆུབ་ ཀྱི་སེམས་ལ་བློ་སྦྱོང་ཚུལ་ཡིན་པས་གལ་ཤིན་ཏུ་ཆེ་བའི་ཆོས་ཉེར་མཁོ་ཁྱད་པར་ཅན་ཡིན་ ངེས་ལགས། གཞན་ཡང་འདི་ལྟར་བསམ་དགོས་ཏེ་ད་ལྟའི་ལུས་འདི་ལ་ན་ཚ་སྡུག་བསྔལ་ སོགས་མི་འདོད་པའི་རྐྱེན་ངན་ཅི་བྱུང་བ་ཐམས་ཅད་ཚེ་རབས་སྔོན་ནས་བསགས་པའི་སྡིག་ སྒྲིབ་ཀྱི་རྣམ་སྨིན་ཐམས་ཅད་ཕྱགས་པའམ་དག་པར་བྱེད་པའི་ཟེད་པོ་ལྟ་བུ་ཡིན་པས། འདྲེ་ དང་གདོན་སོགས་གསལ་བ་རྫོགས་པའི་སངས་རྒྱས་རྣམས་ཀྱིས་རང་ལ་རྣམ་སྨིན་གྱི་ཁུར་ ཆེན་ཟད་པའི་ཐབས་སུ་ཐུགས་བརྩེ་བའི་རྣམ་པར་འཕྲུལ་བ་ཡིན་པར་བསམ་པའི་སྒོ་ནས་ གནོད་པ་བྱུང་བ་ལ་ཡིད་སྡུག་བསྔལ་བར་མི་བྱ་བར་སེམས་དགའ་ཞིང་སྤྲོ་བ་བྱ་དགོས། ཡང་ བར་སྐབས་རྒྱུན་དུ་བླ་མ་དཀོན་མཆོག་གསུམ་རང་རང་གི་ཡིད་ཡུལ་དུ་ལེགས་པར་བསམས་ དེ་བདག་ནི་ཚེ་ཕྱི་མ་གང་དུ་སྐྱེས་ཀྱང་མི་ལུས་ཆོས་ལྡན་དུ་སྐྱེ་ཞིང་དམ་པའི་ཆོས་རྒྱུད་ལ་ཞོག་ ནས་རྒྱལ་བ་རྫོགས་པའི་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ལ་ཐོས་བསམ་སྒོམ་གསུམ་གྱི་ སྒོ་ནས་རྒྱ་ཆེར་སྤེལ་བའི་ཡང་དག་ཆོས་ཀྱི་སྐྱེས་བུ་དམ་པ་ཞིག་ཏུ་དུས་ནམ་ཡང་སྐྱེ་བར་ཤོག་ ཅིག བླ་མ་དཀོན་མཆོག་ཐུགས་རྗེ་ཅན་གྱི་སྨོན་ལམ་དེ་ལྟ་བུའི་ཚུལ་འགྲུབ་པར་མཛད་དུ་ 9-1-278 གསོལ་སྙམ་དུ་ཁ་མིན་གཏིང་ནས་སྨོན་ལམ་ཁྱད་པར་ཅན་གདབ་པ་འདི་ཡང་གལ་ཆེ་ངེས་ ལགས། མ་ཏིས་སོ།། །། 9-1-279 ༄༅། །ཁྲོ་བ་འགོག་བྱེད་ཀྱི་ཐབས་ཚུལ་གདུག་སེམས་གདུང་བ་ འཕྲོག་པའི་བདུད་རྩིའི་ཟེགས་མ་ ཞེས་བྱ་བ་བཞུགས་སོ། ། ༄༅། །བྱམས་དང་བརྩེ་བ་ཆེན་པོའི་འཁོར་ཡུག་ཅན། །མ་ལུས་འགྲོ་ལ་བུ་བཞིན་ གཟུགས་པའི་གཉེན། །སྙིང་རྗེའི་རང་གཟིགས་ལག་ན་པདྨོ་འཛིན། །འཕགས་མཆོག་ འཇིག་རྟེན་མགོན་པོས་དུས་ཀུན་སྐྱོངས། །གང་དང་དབྱེར་མེད་ཐུགས་རྗེ་མངའ་བའི་གཏེར། །བྱམས་བརྩེས་ཆོས་ཀྱི་དགའ་སྟོན་འགྱེད་པའི་གཉེན། །སངས་རྒྱས་དངོས་ལས་ལྷག་པའི་ བཀའ་དྲིན་ཅན། །མཚན་ལྡན་རྩ་བའི་བླ་མ་མཆོག་ལ་འདུད། །རྣམ་པ་ཀུན་ནས་ཕན་དང་ བདེ་བའི་བློ། །བསོད་ནམས་རྣམ་དཀར་དགེ་བ་རྒྱ་མཚོའི་གཞི། །མཛད་བཟང་ཞི་བའི་སྤྱོད་ ཀུན་འབྱུང་བའི་སྒོ། །གཞན་གནོད་བཟོད་པའི་བློ་འདི་ཨེ་མ་རྨད། །ཆོས་ཚུལ་འདི་ཉིད་ཇི་ བཞིན་སྒོམ་པ་ལ། །ཐོག་མར་མི་མཐུན་ཕྱོགས་ཀྱི་ཉེས་དམིགས་དང༌། །དེ་ཀུན་ལེགས་ པར་སྤངས་པའི་ཕན་ཡོན་དང༌། །ཇི་ལྟར་སྤོང་བའི་ཚུལ་གྱི་ཡིན་ལུགས་རྣམས། །སྙིང་ནས་ བརྩེ་བའི་ཐ་ཚིག་མི་ལྷོ ད་པའི། །མཆེད་པོའི་ཐུགས་བཟང་ག་དར་བྱ་བའི་ཆེད། །ཚིགས་སུ་ བཅད་པའི་གླུ་རུ་བསྡེབས་ལགས་ན། །ཚིགས་དོན་ལེགས་པར་ཉོན་ལ་ཡིད་ཀྱིས་ཟུང༌། །དེ་ ཡང་དང་པོ་ཁོང་ཁྲོ ས་ཉེས་དམིགས་ནི། །རང་རྒྱུད་བདེ་བ་རྒྱུ་བཅས་འཇོམས་བྱེད་ཅིང༌། །ཕྱི་ མར་རྣམ་སྨིན་གནག་པ་བསྐྱེད་བྱེད་པའི། །གདུག་ཅིང་རྩུབ་པ་ཀུན་ནས་མནར་བའི་སེམས། 9-1-280 །མཐོ་དམན་གང་ལ་ཡོད་པས་རང་རྒྱུད་བསྲེག །བྱང་ཆུབ་ལམ་གྱིས་ས་བོན་དང་བྲལ་ཏེ། །ཕན་བདེའི་འབྲས་བུ་མ་ལུས་ཟད་པར་བྱེད། །དེ་སླད་འགོ་བའི་ཡམས་བཞིན་འཛེམ་པར་ མཛོད། །མནར་སེམས་བསྐྱེད་ན་མེ་དཔུང་ཆེར་འབར་འདྲ། །རྣམ་དཀར་ལོ་འབྲས་མཐའ་ དག་སྲེག་པར་བྱེད། །ཁོང་ནས་འཁྲུགས་པ་དུག་སྡོང་རྒྱས་པ་འདྲ། །གང་དང་འབྲེལ་ཚད་ དེ་ཀུན་ཕུང་བར་བྱེད། །ཁོང་ནས་ཁྲོ ས་པ་རླུང་སྟོབས་ཆེན་པོ་འདྲ། །རང་རྒྱུད་བདེ་བའི་ཆུ་ འཛིན་གཏོར་ཅིང་བརླག །གདུག་སེམས་ཁོང་ཁྲོ ས་སྦྲུལ་གདུག་ངར་མ་འདྲ། །གཞན་ལ་ འཇིགས་སྐྲག་ཡིད་མི་འོང་བ་བསྐྱེད། །ཁོང་ཁྲོ ས་རབ་འབར་སྨྱོ་ཆུ་འཐུང་བ་འདྲ། །བག་ཡོད་ སྒོ་ཀུན་རང་དབང་མེད་པར་ལྷོ ད། །ཁྲོ་བ་མནར་སེམས་བསྐལ་པའི་མུན་ནག་འདྲ། །སེམས་ ལ་རྨོངས་མུན་འཐིབ་པོ་འཕེལ་བར་བྱེད། །ཁྲོ་ཞིང་རྩུབ་པ་རྡུལ་གྱི་འཚུབ་མ་བཞིན། །རབ་ དྭངས་སེམས་ཀྱི་གསལ་ཆ་རྙོག་པར་དཀྲུགས། །གློ་བུར་གདུག་སེམས་རླུང་འཚུབ་ངར་མ་ བཞིན། །ཕན་སེམས་མར་མེའི་འོད་སྣང་འཕྲོག་པར་བྱེད། །གནོད་པའི་མཚན་འཛིན་ཞགས་ ནག་ཁུག་པ་བཞིན། །ཕྱི་མར་ངན་འགྲོའི་གནས་སུ་དབང་མེད་བསྡམས། །ཞེ་སྡང་བརྩེ་བ་ མེད་པའི་བདུད་དང་མཚུངས། །རྣམ་དཀར་ཆོས་བློ་ཀུན་ལ་རྟག་ཏུ་འཚེ། །ཁོང་འཁྲུགས་ སྡུག་བསྔལ་ཀུན་འབྱུང་མཚོ་དང་མཚུངས། །ན་རྒ་འཆི་བའི་རྦ་རླབས་ཀུན་ནས་གཡོ། །ཁོང་ ཁྲོ་སྟོབས་ཆེན་རྒྱ་སྟར་ངར་མ་འདྲ། །ལེགས་ཚོགས་བསོད་ནམས་སྡོང་པོ་གཏིང་ནས་བསྒྱེལ། །གཞན་ཡང་ཞེ་སྡང་སྐད་ཅིག་གཅིག་གིས་ཀྱང༌། །སྐལ་བར་བསགས་པའི་དགེ་རྩ་འཇོམས་ པ་སོགས། །ཉེས་པ་མཐའ་ཡས་རྒྱལ་བའི་བཀའ་ལས་གསུངས། །གཉིས་པ་དེ་ཀུན་སྤངས་ པའི་ཕན་ཡོན་ནི། །ལམ་འབྲས་མ་ལུས་འབྱུང་བའི་སྒོར་གྱུར་པ། །མི་མཐུན་ཉེས་པས་བརྫི་ བར་མི་ནུས་པའི། །ཡང་དག་དགེ་བའི་གོ་ཆ་ཕུན་སུམ་ཚོགས། །འཁྲུགས་པ་མི་མངའི་བློ་ མཆོག་འདི་ཡ་མཚན། །གང་ཞིག་ཁྲོ་མེད་བརྟན་པའི་ས་དང་འདྲ། །ཡོན་ཏན་ལོ་འབྲས་ཀུན་ 9-1-281 གྱི་གཞི་རྟེན་བྱེད། །ཁྲོ་བ་མེད་པ་དྲི་མེད་ཆུ་དང་འདྲ། །གདུག་རྩུབ་དྲི་མ་མཐའ་དག་སེལ་ བར་བྱེད། །འཚེ་བྲལ་ཞི་བའི་སེམས་མཆོག་མེ་དང་འདྲ། །ཉེས་སྐྱོན་ལྗན་ལྗིན་ཐམས་ཅད་ སྲེག་པར་བྱེད། །བསམ་པ་དགེ་བ་རླུང་གི་ཆོས་དང་མཚུངས། །སྙན་དང་གྲགས་པའི་བ་དན་ ཕྱོགས་བཅུར་བསྐྱོད། །གནོད་པ་ལེགས་བཟོད་སྨན་གྱི་ལྗོན་བཟང་འདྲ། །དེ་མཐུས་རང་ གཞན་ཀུན་ལ་བདེ་དགའ་འབྱིན། །ཁོང་མི་འཁྲུགས་པ་མཁའ་ལམ་ཡངས་པ་འདྲ། །བཟང་ ངན་གང་ཡིན་ཐམས་ཅད་མི་ཤོང་མེད། །གདུག་སེམས་ཞི་བ་འཆི་མེད་དབང་པོ་འདྲ། །ཁྲོ་ མེད་ཞི་བའི་ངང་ནས་འགྲོ་ཀུན་སྡུད། །མནར་སེམས་མེད་པ་ཞི་དུལ་སྤྱོད་པས་མཛེས། །སྒོ་ གསུམ་ལེགས་ཉེས་བྱ་བ་ཞིབ་ཏུ་རྟོགས། །ཁྲོ་བའི་དབང་དུ་མ་སོང་རང་དབང་ཐོབ། །རང་ སེམས་ཆོས་ལ་བཀོལ་ཀྱང་ལས་སུ་རུང༌། །ཁྲོ་བ་མི་མངའི་སྐྱེས་ཆེན་དམ་པ་དེ། །མཐོང་བའི་ མོད་ནས་དད་གུས་དབང་མེད་འབྱུང༌། །ཁྲོ་མེད་ཞི་བ་བྱམས་བརྩེའི་ཕ་མ་འདྲ། །འགྲོ་ཀུན་ བུ་བཞིན་དགའ་འདུན་དུང་བས་འདུད། །ཁྲོ་བ་རབ་ཞི་མཛེས་སྡུག་དགའ་ཚལ་འདྲ། །སྐྱེ་བོ་ གཞན་དག་རང་དབང་མེད་པར་འཁོར། །ཞེ་སྡང་ཆུང་བའི་བློ་ནི་ཞི་དུལ་ལྡན། །ས་དང་ལམ་ གྱི་ཡོན་ཏན་མྱུར་དུ་སྐྱེ། །སྡང་སེམས་དམན་ལ་དད་གུས་འཕེལ་སླ་ལས། །སྲས་བཅས་རྒྱལ་ བའི་བྱིན་རླབས་མྱུར་ནས་འཇུག །མནར་སེམས་ཞི་བས་བློ་གསལ་ཆོས་བློ་རྒྱས། །གཞུང་ ལུགས་དོན་ཀུན་དཀའ་ཚེགས་མེད་པར་རྟོགས། །ཀུན་རྟོགས་ཞེ་སྡང་རྩུབ་རག་དང་བྲལ་ན། །གནས་ལུགས་དོན་གྱི་ཆོས་ཉིད་རིམ་བཞིན་མཇལ། །གདུག་སེམས་སྡང་བའི་ངད་ཤུགས་ དྭངས་པའི་ཚེ། །གཞན་ལ་ཕན་པའི་བསམ་པ་རིམ་གྱིས་འབྱུང༌། །ཕན་པའི་སེམས་ཀྱིས་གོ་ སྐབས་ཕྱེ་བའི་མཐུས། །ལུས་ཅན་གང་དེ་གོང་མའི་ས་ལ་སྙེ ག །སྡང་མེད་བརྩེ་བས་རྒྱལ་ སྲས་ངང་ཚུལ་འཆང༌། །གཞན་ཕན་ལྷག་བསམ་བློ་སྒོ་རབ་ཏུ་ཡངས། །མནར་སེམས་མེད་ པའི་འགྲོ་ཕན་བློ་ཡིས་ནི། །བདེ་སྐྱིད་ཐམས་ཅད་འབད་མེད་ངང་གིས་སྡུད། །སྡང་བ་ཀུན་ 9-1-282 བྲལ་བྱམས་པ་ཆེན་པོ་དེས། །ལྷག་བསམ་བྱང་ཆུབ་སེམས་མཆོག་བསྐྱེད་བྱས་ཏེ། །རྒྱལ་ སྲས་ལམ་ཀུན་བདེ་བླག་ཉིད་རྫོགས་ནས། །རིང་མིན་བླ་མེད་སྐུ་བཞིའི་གོ་འཕང་སྩོལ། །དེ་ སོགས་ཁྲོ་བ་སྤངས་པའི་ཕན་ཡོན་སྒོ། །ས་ཡི་རྡུལ་སྙེ ད་འདྲ་བ་ལུང་ལས་གསུངས། །དེ་ནས་ གསུམ་པ་ཇི་ལྟར་སྤོང་བའི་ཚུལ། །དེ་ཡང་གནོད་པ་ཆེ་ཆུང་ཅི་རིགས་པའི། །རྐྱེན་དང་འཕྲད་ ཚེ་བློ་ཡིས་མི་བཟོད་པས། །ཞེ་སྡང་མནར་སེམས་རྟོག་པ་ཆེར་མངོན་ནས། །ཁོང་ཁྲོ་བྱུང་ཚེ་ སྣང་ཤེས་འདི་ལྟར་བསྒྱུར། །བླ་མ་སྲས་བཅས་རྒྱལ་བ་མདུན་དཔང་བཞག །ངོ་ཚ་གནོང་ བཅས་ཡིད་ཀྱིས་ཞུ་གསོལ་བ། །ཀྱེ་མ་ཆུང་ནས་ད་ལྟའི་དུས་ཡན་དུ། །གུས་པས་མགོན་ལ་ གདམས་པ་གང་ཞུས་པ། །ད་ལན་ཁོང་ཁྲོ་གཅིག་གིས་མེད་པར་བྱས། །བློ་སྣ་དམ་པའི་ཆོས་ ལ་གང་སྐོར་བ། །ད་ནི་ཁྲོ་བས་སེམས་རྒྱུད་རྒོ ད་པར་བཏང༌། །ད་ཡན་ལུས་ངག་དགེ་བ་སྒྲུབ་ ཚད་དེ། །ད་ནི་མནར་སེམས་གཅིག་གིས་བརླག་ཅིང་རེད། །ད་ཡན་བཟླས་བརྗོད་གྲངས་ མང་བགྲང་བ་དེ། །ད་ནི་འཕྲལ་རྐྱེན་གཅིག་གིས་ནུབ་མེད་བྱས། །ད་ཡན་དགེ་བའི་སེམས་ ལ་རེམ་ཚད་དེ། །ད་ནི་སྡིག་སེམས་གཅིག་གིས་འཇོམས་ཤིང་རེད། །ད་ཡན་ཆོས་ཀྱིས་རང་ དོན་གང་སྒྲུབ་པ། །ད་ནི་འཕྲལ་རྐྱེན་གཅིག་གིས་དོན་མེད་བྱས། །ཀྱེ་ཧུད་གནོད་བྱེད་དགྲ་ བོ་ངོས་དྲག་ཅན། །སྐད་ཅིག་ཉིད་ལ་འདི་ཕྱིའི་ཕན་བདེ་འཕྲོག །ཐ་མལ་དགྲ་བོ་ཕལ་གྱི་ དོ་ཟླ་མིན། །འདི་ངོགས་གཤེད་མ་ལས་ཀྱང་ཆེས་སྡུག་པའི། །གནོད་བྱེད་སྙིང་མི་བརྩེ་བ་ དེ་རིང་ཤེས། །དེ་ངོ་གོང་བཞིན་དེའི་དབང་གཏོང་བ་ནི། །འཇིག་རྟེན་ནོར་ཕྱུགས་པས་ཀྱང་ ལྷག་པར་བླུན། །ད་ཕན་ཁྱོད་དབང་མི་གཏོང་ཞེ་དམ་འཆའ། །དེ་ལུགས་སྙམ་པའི་བསམ་ པ་འགྱུར་མེད་དང༌། །གཞན་ཡང་ཁྲོ་བའི་ཡུལ་ཀུན་ཆེར་བཙལ་ཏེ། །ཁྲོ་བྱེད་རིག་པའི་རང་ ངོ་ཤེས་ཙམ་དུ། །ཅི་ཡང་གྲུབ་པ་མེད་པའི་གནས་ལུགས་ལ། །མ་བཅོས་རང་བབས་ཤུགས་ ཀྱིས་བསྐྱངས་བྱས་ནས། །ཀུན་རྟོག་ཞི་བ་ཆེན་པོའི་དབྱིངས་སུ་བཞག །དེ་སོགས་ཁོང་ཁྲོ་ 9-1-283 ཞི་བའི་ཐབས་ཚུལ་ལ། །རྣམ་པ་ཀུན་ནས་རྟག་ཏུ་འབད་བྱས་ཏེ། །རྒྱུན་དུ་སེམས་རྒྱུད་ཁོང་ ཁྲོ ས་མ་དཀྲུགས་པར། །གཞན་གནོད་བཟོད་པའི་གོ་ཆ་བརྟན་པར་མཛོད། །དེ་ལྟར་མནར་ སེམས་སྤོང་བའི་ཡིན་ལུགས་ཀྱི། །ཆོས་ཚུལ་དབྱངས་སུ་འཐེན་པའི་མགུར་གླུ་འདི། །ཆོས་ མཛད་གྲོགས་ཀྱི་སྒྲ་འཛིན་རྒྱན་དུ་བཞེས། །དེ་མཐུན་ཉིད་ཐུགས་བཟོད་པས་རྟག་མཛེས་ ཤོག །དེང་ནས་བཟུང་སྟེ་བཟོད་པའི་བློ་འཁྲུངས་ཏེ། །རྣམ་མང་བཟོད་པའི་གོ་ཆ་རབ་རྒྱས་ ཤིང༌། །མཐའ་ཡས་བཟོད་པའི་དམིགས་རྣམ་མཐའ་མེད་འཕེལ། །ཀུན་གཟིགས་བཟོད་པའི་ ངོ་བོར་ཕྱིན་གྱུར་ཅིག །ཅེས་ཁྲོ་བ་འགོག་བྱེད་ཀྱི་ཐབས་ཚུལ་གདུག་སེམས་ཀྱི་གདུང་བ་འཕྲོག་པའི་བདུད་རྩིའི་ཟེགས་ མ་ཞེས་བྱ་བ་འདི་ཡང་རང་གི་ཉེ་ཆར་དུ་རྒྱུན་དུ་གནས་ཤིང་རིང་ནས་དྲིན་གྱིས་བསྐྱངས་པའི་བརྩེ་ཟླ་མཆོག་ཏུ་གྱུར་པ་གང་གི་ ཡིད་ཀྱི་ཉེས་སྒོ་ལེགས་པར་བསྡམ་པའི་ཆེད་དུ་མོས་འདུན་གྱིས་བསྐུལ་བ་ལྟར་ངག་དབང་བློ་གྲོས་གྲགས་པ་ཞེས་བྱ་བས་མེ་ སྤྲེལ་ལོའི་ཟླ་ཚེས་ལ་བྲིས་པ་འདི་ནི་དགེ་བར་གྱུར་ཅིག། །། 9-1-284 ༄༅། །སེམས་དད་གུས་ཀྱི་བློ་འདྲེན་གྱི་མགུར་གླུ་ཀུ་ཧུའི་མགྲིན་ དབྱངས་ཞེས་བྱ་བ་བཞུགས་སོ། ། ༄༅། །ཨེ་མ། ཀུན་གསལ་དབང་སྔོན་དྭངས་པའི་མཁའ་དབྱིངས་ཀྱི་དཀྱིལ་ན། །འོད་ བརྒྱའི་སྣང་བ་འབར་བའི་མེ་ཤེལ་གྱི་ནོར་བུ། །མ་རུངས་ལྷགས་པ་སྐྱོབ་བྱེད་ཚ་ཟེར་གྱི་ཕ་ འབབ། །འཛམ་གླིང་ལུས་ཅན་ཡོངས་ལ་གནང་བ་འདི་ཨ་ཧོ། །དགུང་སྔོན་མཐོན་པོའི་བར་ སྣང་མཛེས་བྱེད་ཀྱི་རྒྱན་བཟང༌། །རབ་དཀར་ཞོ་གསར་སྤུངས་འདྲའི་ཆུ་འཛིན་གྱི་ཕུང་པོ། །དྲི་མེད་ཁ་དོག་དཀར་པོའི་སྣང་བྱེད་དང་བཅས་ཏེ། །ཟིལ་ཐིགས་ཆར་གྱི་དགའ་སྟོན་རྩོལ་ པ་འདི་ངོ་མཚར། །རབ་ཡངས་སྔོ་ལ་དྭངས་པའི་འོད་གསལ་གྱི་ནམ་མཁའ། །ཕྱོགས་ཀུན་ ཐ་གྲུ་ཡངས་པའི་མཛེས་སྡུག་གི་བླ་བྲེ། །དབང་སྔོན་མུ་ཏིག་དྲ་བའི་འཇོ་སྒེག་དང་བཅས་ ཏེ། །གཉུག་མའི་ཡེ་ཤེས་མཚོན་པའི་དཔེ་ཟླ་རུ་རིགས་སོ། །རྐྱེན་དེས་རིག་པའི་སྣང་བ་རང་ ཤུགས་ནས་འགྱུར་ཏེ། །ཕ་གཅིག་བླ་མའི་མཛད་ཕྲིན་ཡིད་ཀྱི་ངོར་ཤར་ནས། །དུང་དུང་དད་ པས་ལུས་ཀྱི་སྤུ་ལོང་ཀུན་གཡོ་བཞིན། །རེ་ཆེན་རྒྱང་གླུས་ཁྱོད་ཉིད་འབོད་པ་རང་ལགས་ ན། །རྒྱལ་ཀུན་སྤྱི་གཟུགས་མཚན་ལྡན་རྗེ་བཙུན་གྱི་བླ་མ། །མི་མངོན་དབྱིངས་ནས་ཐུགས་ རྗེས་སྐད་ཅིག་གིས་བྱོན་ཏེ། །མཁའ་དབྱིངས་སྤྲིན་དཀར་སྤུངས་པའི་རྩེ་མོ་རུ་སླེབས་ནས། །ཉམ་ཆུང་བདག་གི་རེ་འདོད་ཚུལ་བཞིན་དུ་སྐོང་མཛོད། །དེ་ཡང་མགོན་གྱི་གཟུགས་སྐུའི་ སྒྱུ་འཕྲུལ་གྱི་བཀོད་པ། །དཀར་ལ་དམར་བའི་མདངས་འཛིན་ན་གཞོན་གྱི་སྐུ་བཟང༌། །རྣམ་ གསུམ་ངུར་སྨྲིག་ན་བཟའི་རྒྱན་བཟང་གིས་ཀླུབ་བཞིན། །གདོང་ལྔའི་བཏེག་པའི་ཁྲི་ལ་སྐྱིལ་ 9-1-285 ཀྲུང་གིས་བཞུགས་པ། །མཚམས་སྤྲིན་མདངས་ལྡན་མཁན་ཞྭས་དབུ་ལོ་ཡང་མཛེས་མོ། །ཕྱག་གཉིས་ཆོས་འཆད་ཕྱག་རྒྱའི་མཐིལ་ཟུང་ནས་འོང་བའི། །ལྗང་གསལ་ཡལ་གས་མཛེས་ པའི་འཁྲི་ཤིང་གི་ལྗོན་པ། །གཡས་གཡོན་ཕྱོགས་ནས་གྱེན་དུ་མཆེད་པ་ཡི་རྩེ་མོར། །རྣམ་ མང་འདབ་མ་བཞད་པའི་གེ་སར་གྱི་དབུས་ན། །ཐབས་ཤེས་རྟགས་ཀྱི་མཚན་མ་ཟུང་འབྲེལ་ དུ་ངོམ་པ། །མཚར་སྡུག་འོད་ཟེར་དྲ་བའི་འཁོར་ཡུག་གི་སྦུབས་ནས། །མཚན་དཔེའི་མེ་ཏོག་ གསར་བའི་མཛེས་བརྗིད་ཀྱི་སྐུ་མཆོག །ཟག་མེད་ཏིང་འཛིན་འབུམ་གྱི་ཉམས་བཟང་དང་ ལྡན་ཞིང༌། །ཐུགས་རྗེ་བརྩེ་ཆེན་སྟོང་གི་འཛུམ་དཀར་གྱི་ཞལ་རས། །མོས་པའི་བུ་ལ་བརྩེ་ བས་དགྱེས་བཞིན་ཏུ་གཟིགས་ནས། །མཁའ་དབྱིངས་ཀུན་ཏུ་གང་གི་རྣམ་འཕྲུལ་གྱི་བཀོད་ པ། །ཡི་དམ་དཔའ་བོ་དཔའ་མོ་རབ་འབྱམས་ཀྱི་ལྷ་ཚོགས། །སངས་རྒྱས་བྱང་སེམས་ཉན་ རང་འཕགས་ཚོགས་དང་བཅས་པ། །རང་རང་རིགས་ཀྱི་འཁོར་ཚོགས་གྲངས་མེད་ཀྱིས་ བསྐོར་བཞིན། །སྣང་ལ་རང་བཞིན་མེད་པའི་ཡ་མཚན་གྱི་ལྟད་མོ། །ཨ་ཧོ་དག་སྣང་དགའ་ བའི་མོས་འདུན་གྱི་ཡུལ་དུ། །སྐད་ཅིག་སྣང་སྟོང་འདུ་འགོག་ཀུན་བྲལ་གྱི་ཚུལ་དུ། །རང་ སྣང་དག་པའི་ཟློས་གར་ཅིག་ཆར་དུ་བསྒྱུར་བ། །སྒྱུ་མའི་འཕྲུལ་བཞིན་ཅི་དགར་རྩེད་འཇོ་རུ་ ཕེབས་དང༌། །ང་ཚོའི་སྣང་ཤེས་དགའ་བདེའི་རང་བཞིན་གྱིས་མྱོས་ནས། །དད་གུས་དཔག་ མེད་འཕེལ་བའི་ངད་ཤུགས་ཀྱིས་དྲངས་ཏེ། །ཉམས་དགའི་མགུར་དབྱངས་སྙན་པོ་ངག་ལམ་ ནས་སྒྲོགས་བཞིན། །ཀུན་ནས་དགའ་བའི་རྐང་བྲོ་ལམ་ལམ་དུ་འཁྲབ་བོ། །རྗེས་ནས་གནས་ ཚུལ་དེ་ག་ཡིད་ཡུལ་དུ་བཞག་པས། །ཁྱབ་བདག་མཆོག་གི་གསང་གསུམ་ཡོན་ཏན་ལ་མོས་ ཏེ། །ལྷང་ལྷང་གདུང་བའི་ཚིག་གིས་འབོད་པ་དང་བཅས་ནས། །རྒྱུན་དུ་རེ་བའི་ཡུལ་གཅིག་ ཁྱེད་ཉིད་ལས་མེད་ན། །རྣམ་པ་ཀུན་ཏུ་ཐུགས་རྗེའི་གཟིགས་པ་ཡིས་མ་འདོར། །འདི་དང་ ཕྱི་མ་ཀུན་ཏུ་གཡེལ་མེད་པར་བྱས་ཏེ། །སྙིང་ནས་རེ་བའི་བུ་ལ་རེ་འབྲས་ཀྱང་གནང་བཞིན། 9-1-286 །རྟག་ཏུ་སྐྱོབ་པའི་མགོན་དང་དཔུང་གཉེན་དུ་མཁྱེན་མཁྱེན། །ཞེས་སེམས་ལ་དད་གུས་ཀྱི་བློ་འདྲེན་བྱེད་ ཀྱི་མགུར་གླུ་ཀུ་ཧུའི་མགྲིན་དབྱངས་ཞེས་བྱ་བ་འདི་ཡང་གྲོགས་ཀྱི་ཆེད་དུ་མ་ཏི་ཀིརྟིའི་ཞེས་པས་འཕྲལ་དུ་བྲིས།། །། 9-1-287 ༄༅། །དཀོན་མཆོག་གསུམ་རྗེས་སུ་དྲན་པའི་གདུང་འབོད་དང་ བླ་མ་གདུང་འབོད་བཞུགས། ༄༅། །ནམ་ཡང་བསླུ་བ་མེད་པའི་སྐྱབས་གནས། །ཉམ་ཐག་འགྲོ་ལ་བརྩེ་བས་ གཟིགས་མཛད། །འདི་དང་ཕྱི་མའི་འཇིགས་ཀུན་སེལ་བའི། །རིན་ཆེན་རྣམ་གསུམ་ཡིད་ བཞིན་དབང་པོ། །འཇིགས་རུང་འཁོར་བའི་སྡུག་བསྔལ་ཟབ་མོར། །དུས་ཀུན་ཐར་མེད་ བཅིངས་པའི་ཉམ་ཐག །རང་ལ་སྐྱབས་གནས་གཉིས་པ་མེད་པས། །རེ་བ་བྱ་ཡུལ་དཀོན་ མཆོག་གསུམ་ཉིད། །ཀུན་ཉོན་ལས་དབང་བཙན་པོས་དེད་པའི། །རང་དབང་རང་ལ་མེད་ པའི་ལས་ངན། །ནམ་ཞིག་ཅི་མཐའ་རང་ཡང་མི་ཤེས། །མཁྱེན་ནོ་དཀོན་མཆོག་རྣམ་གསུམ་ མཁྱེན་ནོ། །རྣམ་དཀར་ཆོས་ལ་གོམས་ཆ་ཆུང་ཞིང༌། །ཐོག་མེད་སྔོན་ནས་སྡིག་ལ་གཞོལ་ བའི། །ཡང་དག་ཐར་པའི་གོ་སྐབས་བྲལ་བ། །དེ་རིང་དྲན་ནོ་དཀོན་མཆོག་གསུམ་དྲན། །མཐོ་དམན་སྐྱེ་དགུའི་རྗེས་སུ་མི་འགྲོ། །ཀུན་ལ་སྙོ མས་པའི་ཐུགས་རྗེ་མངའ་བ། །ལྷག་པར་ ཉམ་ཐག་འགྲོ་ལ་བརྩེ་བའི། །ཀུན་ལ་ཕན་པའི་སྐྱབས་གནས་མཐར་ཐུག །དད་གུས་གདུང་ ཤུགས་ཉམས་པ་མེད་པར། །རེ་བའི་ཡུལ་གྱི་སྐྱབས་གནས་གཅིག་པུ། །ཁྱེད་ལས་གཞན་ པའི་སྐྱབས་གནས་མི་འཚོལ། །ནམ་ཡང་ཐུགས་རྗེས་བདག་སོགས་མ་བཏང༌། །ནམ་ཞིག་ འདི་སྣང་ནུབ་པའི་རྗེས་ནས། །ཕྱི་མའི་ཡུལ་དུ་གཅིག་པུར་ཆས་ཚེ། །ཉམ་ཆུང་ལམ་སྣ་ཁྲི ད་ པའི་བསུ་མ། །དཀོན་མཆོག་ཉག་གཅིག་མ་གཏོགས་མེད་དོ། །དེ་ཕྱིར་དེང་ནས་བྱང་ཆུབ་ བར་དུ། །སྐྱབས་གནས་རྣམ་གསུམ་གཙུག་གིས་བཀུར་ཏེ། །བདག་ལ་ལེགས་ཉེས་གང་བྱུང་ 9-1-288 ཁྱེད་མཁྱེན། །དུས་ཀུན་ཕྲིན་ལས་འཇུག་པ་མ་ལྷོ ད། །ཅེས་པའང་གྲོགས་ལ་མཁོ་ནས་མ་ཏིའི་མིང་གིས་སྨྲས་ པ་བཞིན་གྲོགས་ཀྱིས་ཡི་གེར་བྲིས།། །། ༄༅། །ཀུན་གཟིགས་བརྩེ་ཆེན་ཀློང་ཡངས་ཟབ་མོ། །ནམ་ཡང་འདུ་འགོག་མེད་པའི་ རང་བཞིན། །སངས་རྒྱས་ལས་ལྷག་བཀའ་དྲིན་ཆེ་བ། །གདམས་བཟང་དངོས་སུ་སྩོལ་བའི་ བླ་མ། །གསང་གསུམ་ཡོན་ཏན་མཁའ་དང་མཉམ་པ། །ཐུགས་རྗེ་ཉེ་རིང་མེད་པའི་འགྲོ་ མགོན། །དྲིན་ཅན་བླ་མ་སངས་རྒྱས་ཀུན་དངོས། །སྙིང་ཁོང་རུས་པའི་གཏིང་ནས་དྲན་ནོ། །ཁྱོད་ཀྱི་ལེགས་བཤད་གསུང་གིས་བསྐྱངས་པས། །བདག་གི་མི་ཤེས་རྨོངས་མུན་བསལ་ཏེ། །སྐལ་བཟང་བློ་གྲོས་དགའ་སྟོན་མྱོང་བྱེད། །སྐུ་དྲིན་འཁོར་མེད་བླ་མ་ཁྱེད་མཁྱེན། །བྱམས་ བརྩེའི་ཐུགས་ཀྱི་འཇུག་པ་མི་ལྷོ ད། །བྱིན་རླབས་སྣང་བས་བདག་རྒྱུད་འཚོ་མཛད། །ཡང་ དག་ཆོས་བློ་གསར་བའི་གཉེན་གཅིག །མ་འདྲིས་མཛའ་བཤེས་ཆེ་བ་ཁྱེད་ཡིན། །བླང་དོར་ གནས་ལ་བློ་མིག་སད་ཅིང༌། །བག་ཡོད་གཟོབ་པའི་གནས་སྐབས་ཐོབ་འདི། །མཚུངས་བྲལ་ བླ་མ་མཆོག་གི་དྲིན་ཡིན། །དེ་སླད་བཀའ་དྲིན་ཡང་ཡང་དྲན་བྱུང༌། །འདི་ངོགས་ཕན་པ་སྒྲུབ་ བྱེད་ཕ་མས། །ཚེ་འདིར་བདེ་བའི་གོ་སྐབས་སྦྱིན་ཀྱང༌། །ཕྱི་མར་ཕན་ཐོགས་སྒྲུབ་བྱེད་མི་ ནུས། །ཐུགས་རྗེའི་གཏེར་གྱུར་བླ་མའི་དྲིན་ལས། །འདི་ཕྱིའི་བདེ་དགའ་རྒྱ་མཚོ་གནང་བའི། །ལེགས་ལམ་གསུང་གི་བདུད་རྩི་སྦྱིན་པས། །བདག་སོགས་སྐལ་བ་བཟང་པོར་གྱུར་ཏེ། །ནམ་ཞིག་གཏན་བདེར་འཁྲི ད་པའི་ཕ་མ། །དེ་ཕྱིར་བཀའ་དྲིན་བསམ་མི་ཁྱབ་པ། །མཁྱེན་ བརྩེ་ནུས་པའི་མངའ་བདག་ཆེ་བ། །ཁྱེད་ལས་མགོན་གཞན་རང་ལ་མེད་པས། །རྣམ་པ་ཀུན་ ཏུ་ཐུགས་རྗེས་ཟུང་ཞིག །ཅེས་པའང་ཆོས་གྲོགས་དམ་པའི་ཡིད་ཆོས་ལ་བསྐུལ་ཆེད་མ་ཏི་ཀིརྟི་ཞེས་པས་འཕྲལ་སྨྲས་ ལྟར་ཆོས་མཆེད་རང་ནས་ཡི་གེའི་ལམ་དུ་བྲིས།། །། 9-1-289 ༄༅། །ཞལ་གདམས་བཞུགས། ༄༅། །གང་ཞིག་ལེགས་ཚོགས་ཀུན་གྱི་འབྱུང་བའི་སྒོ། །ཞི་བསིལ་དགའ་བའི་དཔལ་ སྟེར་ཆོས་ཀྱི་གཏམ། །རྣ་བར་ལྷུང་ཙམ་གྱིས་ཀྱང་སྡིག་འཕྲོག་པའི། །ལེགས་གསུང་ལུང་གི་ བསྟན་པ་སྐྱེ་དགུའི་སྨན། །དེང་སྐབས་རྒ་བའི་རྒུད་པས་མ་གཙེས་པར། །ལང་ཚོ་བློ་སྟོབས་ དར་བའི་དུས་སྐབས་སུ། །གསུང་རབ་ལུང་ལ་དགའ་བས་རབ་ཞུགས་ཏེ། །ཐོས་བསམ་ བརྩོན་པའི་འབད་པ་མ་དམན་ན། །བླང་དོར་ཚུལ་ལ་བློ་མིག་ཡོངས་རྒྱས་ནས། །སྐྱོན་བྲལ་ ཁྲི མས་ཀྱི་ངང་ཚུལ་ལེགས་བཟུང་སྟེ། །ཡང་དག་ཡོ༵ན་ཏ༵ན་རབ་ཏུ་བཟ༵ང་པོ༵འི་བརྗིད། །དད་ ལྡན་སྐྱེ་དགུའི་མིག་གི་རྒྱན་དུ་འགྱུར། །བླང་དོར་གསལ་བའི་བློ་མཆོག་མངའ་བ་དེས། །རྣམ་ མང་ལུང་གི་བསྟན་ལ་ཉེར་ཞུགས་ནས། །ཐོས་བསམ་བརྩོན་པས་ལྟད་མོར་བྱས་པ་ན། །སྔར་ མ་མཐོང་བའི་དེ་ཉིད་མང་པོ་གཟིགས། །འདིས་ཀྱང་ཡིད་དགའ་འཕེལ་བའི་གཉེན་གྱུར་ཏེ། །ཆོས་ཚུལ་ཟབ་མོའི་དོན་ལ་ངེས་པ་རྙེད། །རྒྱལ་བའི་གསུང་ལ་ཡིད་ཆེས་གསར་བ་འཁྲུངས། །རང་གི་འདུན་མ་གང་ནས་འཆུགས་མེད་སྙམ། །དབྱར་སྐྱེས་རྐང་འཐུང་ལྗོན་པ་ཇི་བཞིན་དུ། །ཆོས་རབ་འབྱེད་པའི་བློ་གྲོས་གསར་བ་ཡང༌། །ཆོས་ལུགས་སྦྱངས་པས་རིམ་གྱིས་འཕེལ་ པ་དང༌། །ཆབས་གཅིག་རྨོངས་པའང་དེ་བཞིན་འཇོམས་པར་བྱེད། །ཀུན་རྨོངས་བློ་ཡིས་ལོ་ བརྒྱར་སྒོམ་པ་དང༌། །ཐབས་ཚུལ་མཁས་པས་ཆུ་ཚོད་གཅིག་སྒོམ་གཉིས། །ཆོས་ཀྱི་གནས་ ལུགས་མཐོང་སྟོབས་ཕྱི་མས་འཕེལ། །དེ་ཕྱིར་བློ་གྲོས་བསྐྱེད་ལ་ཐབས་བརྒྱས་འབོད། །དེང་སྐབས་སྔོན་བསགས་དཀར་བའི་རྣམ་སྨིན་གྱི། །ཉིད་བློ་གཞོན་དུས་ཆོས་ལ་ཕྱོགས་ 9-1-290 པ་འདི། །ཚེ་འདིར་བསྟན་ལ་ལག་རྗེས་འཇོག་པ་ལ། །སྒོ་གང་ཉིད་ནས་རྟེན་འབྲེལ་མཚོན་ ཙམ་ཡིན། །ད་ལན་ཆོས་ཀྱི་ཐ་ཚིག་མི་ལྷོ ད་པའི། །ལེགས་བཤད་འཚོལ་ལ་འབད་པ་བཟང་ རབ་འདི། །ཆོས་ཀྱི་ཚུལ་ལ་བློ་མཐུ་མི་རྨོངས་པའི། །བློ་གསལ་ཆོས་འཛིན་སྐྱེས་བུའི་སྔ་ལྟས་ ལགས། །སྣ་ཚོགས་བརྩོན་པའི་བྱ་བ་མི་མང་ཞིང༌། །གསུང་མཆོག་ཆོས་ལ་བློ་རྩེ་གཅིག་དྲིལ་ འདི། །བློ་ཕུགས་བརྟན་ལ་ངང་ཚུལ་བཟང་བའི་རྟགས། །འདི་ཡང་ཆོས་མཐའ་འཁྱོལ་བའི་ གཞི་གཅིག་ཡིན། །ཞེ་སེམས་ཀུན་ནས་གཏད་སོའི་རྩ་བ་དེ། །ཡང་དག་ཆོས་ལ་རེ་བ་ཡོངས་ བྱས་ནས། །ནམ་ཞིག་བསྟན་ལ་བག་ཆགས་འཇོག་འདོད་འདི། །བློ་སྣ་ནང་ལ་འཁོར་བའི་ རྟགས་མཚོན་ཙམ། །དེ་སླད་ཉིད་ལ་ཆོས་ཀྱི་མཐུན་རྐྱེན་ཞིག །ད་ལན་ཕྱོགས་ཙམ་ནས་ནི་ འགྲིགས་ཡོད་པས། །དུས་ཀྱི་དབང་གི་རྐྱེན་གྱིས་མ་བསྒྱུར་ན། །ནམ་ཞིག་ཆོས་བློ་ཅན་ཞིག་ འོང་བར་ངེས། །བློ་གྲོས་རིམ་གྱིས་རྒྱ་ཆེར་འཕེལ་དགོས་ཕྱིར། །སྐད་ཅིག་ཉིད་ལ་བློ་མཐུ་སྐྱེ་ དཀའ་ཡང༌། །ངང་ཐུང་ཡིད་ཀྱི་རེ་འདུན་མི་ལྷོ ད་པར། །ཐོག་མར་རིམ་གྱིས་ཡུན་རིང་བསླབ་ སྦྱངས་དགོས། །སྐོར་གཅིག་དཔྱད་པའི་འགྱུ་སྒོའི་ཡིན་ལུགས་ལ། །བློ་རྩལ་རྫོགས་པའི་ སྣང་བ་མེད་ནའང༌། །འགྱུ་སྒོ་བློ་ཡི་འགྱུར་བག་ཙམ་མ་གཏོགས། །སྦྱངས་སྟོབས་བློ་འདིའི་ དཔྱད་སྒོ་ཕུགས་མི་འདྲ། །དེས་ན་བསྟན་ལ་དང་འདོད་ཡིད་ཆེས་ཀྱིས། །སེམས་ལ་ག་དར་ བྱེད་བཞིན་སྤྲོ་བའི་ངང༌། །གཟུར་གནས་བློ་ཡིས་རིགས་པའི་འཁྱོག་བསྲངས་ཏེ། །སེམས་ ཁོང་ཡངས་མོས་གཞུང་ལུགས་དོན་ལ་དཔྱོད། །ཆོས་ཀྱི་ཕྱོགས་ལ་བློ་རྩེ་གཅིག་ཕྱོགས་ཀྱང༌། །རྣམ་དཀར་བསོད་ནམས་ཕུང་པོ་ཚད་མེད་ན། །དུས་རྒྱུན་བློ་མིག་བསྟན་ལ་གཏོད་པ་ནི། །ལེགས་བྱས་ཡོན་ཏན་གང་གིས་འགྲན་ཟླར་འོས། །འཇིག་རྟེན་མི་ཆོས་གང་ཡང་མ་འགྲུབ་ ཀྱང༌། །ཡང་དག་ལུང་ལ་བློ་མཐུ་ཅུང་རྒྱས་ནས། །རིག་པའི་གནས་ལ་གོ་བའི་ཟུར་ངོམ་ཚེ། །ལུས་རྟེན་འདི་ཀ་སྙིང་པོ་མེད་པ་ཡིན། །དེ་སླད་ཅི་ལ་ཐུག་ཀྱང་ཆོས་མ་འདོར། །ཆོས་ཀྱི་ 9-1-291 ནང་ནས་ཡང་དག་རིགས་ལམ་སློབས། །ལེགས་བཤད་ཆོས་ལ་མཁས་ན་རང་དོན་འགྲུབ། །གཞན་ཕན་བྱ་བ་སྒྲུབ་ན་འདི་ནས་ཡོང༌། །གསུང་རབ་ཆོས་ཀྱིས་ཕྱུག་པའི་སྐྱེས་བུ་དེས། །མ་ བོས་འཁོར་འདུ་མ་བསགས་འབྱོར་བ་རྒྱས། །རང་ཤུགས་སྙན་པའི་གྲགས་པ་སྲིད་ན་འཕེལ། །ཡ་རབ་སྐྱེ་བོ་རྣམས་ཀྱིས་གཙུག་གིས་བཀུར། །འདི་དང་ཕྱི་མ་ཀུན་གྱི་དོན་ཆེན་འགྲུབ། །བླ་ མའི་སྐུ་དྲིན་ཆོས་ཀྱིས་གསོ་བ་དང༌། །ཕ་མའི་དྲིན་ལན་ཆོས་ཀྱིས་འཇལ་བ་ཡིན། །དེའི་ཕྱིར་ བློ་སྣ་མ་མང་ཕྱོགས་གཅིག་རེམ། །རིང་མོའི་དུས་ནས་རང་ལ་བརྩེ་བ་ཅན། །གཞོན་པར་ ཡོ༵ན་ཏ༵ན་བསྒྲུབ་ལ་དགའ་བས་གཞོལ། །ཆོས་བློ་མྱུ་གུ་གསར་བའི་འཕེལ་ངོམ་པ། །ཡིད་ བཟ༵ང་མཆེད་པོ༵འི་ཐུགས་འདུན་སྤྲོ་བའི་ཆེད། །ཀུན་རྨོངས་འཐིབ་པས་སེམས་རྒྱུད་ཉེ་བར་ དཀྲུགས། །ཆོས་ཀྱི་བློ༵་གྲོ༵ས་སྣང་བ་ཉག་ཕྲ་ཡང༌། །ཁ་ནས་གྲག༵ས་སྐམ་སྒྲོག་པ༵འི་སྙོ མ་ལས་ པ། །གང་ནས་དགའ་ཚིག་ཕན་སེམས་ཀྱིས་བྲི༷ས་སོ།། །། 9-1-292 ༄༅། །ལུགས་སྲོལ་སོ་སོའི་ལྟ་བའི་མིང་ཙམ་བཞུགས། ༄༅། །རང་ལུགས་ཀྱི་ལྟ་བ་ནི། རང་སེམས་གསལ་བའི་རང་མདངས་ལ་འཕྲོ་རྒོ ད་ཕྲ་ རགས་བྱིང་བ་ཕྲ་རགས་ཀྱི་བློས་བྱས་རགས་པ་རྣམས་དང་རང་སེམས་ཀྱི་ངོ་བོ་ལ་གཏད་པ་ མྱོང་བ་གནས་པ་ལ་ཆེད་དུ་རྩོལ་བ་ལ་སོགས་པའི་བློས་བྱས་ཕྲ་བ་མཐའ་དག་དང་བྲལ་བའི་ མ་བཅོས་རང་བབས་ཁོ་ནར་གནས་པའི་འོད་གསལ་རང་བྱུང་མི་རྟོག་པའི་འཛིན་མེད་གཏད་ མེད་ཀྱི་ཡེ་ཤེས་འདི་ག་སྐལ་དམན་བློ་ཆུང་དག་གི་ཡིད་ངོར་ཤོང་དཀའ་ཞིང་ཀུན་རྫོབ་སྒྲ་ རྟོག་གིས་བརྗོད་བྱས་ཡུལ་ལས་འདས་པ་ཞིག་ཡིན་ནི་རེད། རང་སྟོང་པའི་ལྟ་བ་ནི། བདེན་པ་ཚུགས་ཐུབ་ཀྱི་རྣམ་པར་འཛིན་པ་ཀུན་དང་བྲལ་བའི་ གཉིས་མེད་ཀྱི་ཡེ་ཤེས་ཞིག་ཡིན། ཕྱག་ཆེན་པའི་ལྟ་བ་ནི། གཟུང་འཛིན་གྱི་སྤྲོས་པ་མཐའ་དག་ཉེ་བར་ཞི་བའི་མ་བཅོས་ རིག་ཙམ་ས་ལེ་བའི་ཡེ་ཤེས་ཞིག་ཡིན། རྫོགས་ཆེན་པའི་ལྟ་བ་ནི། འོད་གསལ་ཀ་དག་རང་བྱུང་གི་ཡེ་ཤེས་ཡིད་བྱེད་མཚན་མས་ མ་སླད་པའི་དབྱིངས་རིག་གཉིས་མེད་ཀྱི་རིག་གདངས་ནམ་ཡང་མི་འགྱུར་བའི་ཡེ་གཞི་ཆོས་ ཉིད་ཀྱི་དགོངས་པ་ཁྱབ་བརྡལ་ཀློང་ཡངས་ཆེན་པོ་ཡེ་གྲོལ་གཉུག་མ་ལྷན་ཅིག་སྐྱེས་པའི་ཡེ་ ཤེས་ཞིག་ཡིན། ཞེས་པའང་སྦྱོར་དྲུག་སྤྱི་དོན་དུ་རང་གཞན་གྱི་ལྟ་བའི་ཤན་འབྱེད་སྐབས་ལུགས་སྲོལ་སོ་སོའི་ལྟ་བའི་མིང་ ཙམ་མ་ཏི་ཀིརྟིས་ཉེ་བར་བཀོད་པའོ།། །། 9-1-293 ༄༅། །འོད་གསལ་སེམས་ཀྱི་དེ་ཉིད་སྒོམ་ཚུལ་དམ་པའི་ མན་ངག་ཅེས་བྱ་བ་བཞུགས། ༄༅། །མ་བཅོས་ཞེན་མེད་ཀྱི་ཤེས་པ། རྣམ་པར་མི་རྟོག་པའི་ཡེ་ཤེས། སྤྲོས་བྲལ་ མི་རྟོག་པའི་ཐུགས། སོ་སོར་རང་རིག་པའི་ཡེ་ཤེས། བློས་བྱས་ཀུན་བྲལ་གྱི་མཉམ་བཞག འཛིན་ཞེན་གཏིང་ནས་ཞིག་པའི་སྒོ་ནས་རིག་པའི་རང་གདངས་ལ་ལྟ་བ་རྣམས་སོ། ། སྤྲོས་ཀུན་ཞི་བའི་དབྱིངས་སུ། །བདེ་ཆེན་གཟི་མདངས་རྒྱས་པ། །མ་བཅོས་རིག་པའི་ ཀློང་ནས། །དྲི་བྲལ་ཆོས་སྐུ་མཇལ་བྱུང༌། ༼༡༽ །ཀུན་གསལ་དབང་སྔོན་དྭངས་པ། །གཉུག་ མ་སེམས་ཀྱི་སྤྱོད་ཡུལ། །ཀུན་རྟོག་མཚན་མས་མ་བསླད། །རང་དྭངས་ཞི་བ་ཆེན་པོ། ༼༢༽ །ངོ་མཚར་སྣང་བ་རབ་འབྱམས། །ཕྲ་བའི་གཟུགས་ཀྱི་ལྟད་མོ། །བསམ་པའི་ཡུལ་ལས་ འདས་པ། །སྣང་བའི་དགོངས་ཀློང་ཡངས་སོ།༼༣༽།སྣང་སེམས་དབྱེར་མེད་འདྲེས་ནས། །གཉིས་མེད་འཛིན་པ་རང་ཞིག །གཏད་སོ་མྱོང་ཞེན་བྲལ་བ། །མ་བཅོས་སེམས་གྱི་གཤིས་ ལུགས།༼༤༽ །སྣང་སྟོང་གསལ་བའི་རིག་གདངས། །སྐྱེ་མེད་རོལ་བ་ཆེན་པོ། །སྟོང་པའི་ གཟུགས་སྣང་རབ་འབྱམས། །ཚད་བཟུང་བྲལ་བའི་འཆར་སྒོ། ༼༥༽ །མི་རྟོག་ཡེ་ཤེས་ཆེན་ པོ། །བཅོས་བསྒྱུར་འཛིན་པས་མ་བསླད། །རྩ་བྲལ་ལྷུག་པའི་ངང་ལ། །རང་བབས་བཞག་ པ་གལ་གནད། ༼༦༽ །གཞི་རྩ་སེམས་ཀྱི་ཆོས་ཉིད། །ཀུན་རྟོག་རྙོག་དང་མ་འདྲེས། །རང་ གསལ་དྭངས་པའི་རང་བཞིན། །ཡེ་ནས་བཞུགས་པ་འདི་ག ༼༧༽ །མན་ངག་ཐབས་ཚུལ་ ལེགས་པས། །རང་ངོ་རང་གིས་བཙལ་ན། །ལོགས་སུ་འཚོལ་ལུགས་དཀའ་མོའི། །ངལ་ 9-1-294 བ་འབྲས་མེད་མི་དགོས། ༼༨༽ །དྲི་བྲལ་གསལ་བའི་རིག་པ། །རང་གསལ་ཆེན་པའི་ངོ་བོ། །རང་རིག་དོན་གྱིས་སྐྱོངས་དང༌། །སེམས་ཀྱི་གཞི་རྩ་མངོན་ཡོང༌། ༼༩༽ །རང་བྱུང་བཅོས་ མེད་བསྐྱངས་པས། །རང་གསལ་སེམས་ཀྱི་ངོ་བོ། །གཤིས་ནས་ཤར་བའི་ཚུལ་འདི། །རྟོག་ གེ་ཕལ་གྱི་ཡུལ་མིན། ༼༡༠༽ །གཉུག་མ་དོན་གྱི་འོད་གསལ། །ཚིག་གིས་མཚོན་ཐབས་ དཀའ་ཡང༌། །དཔལ་ལྡན་བླ་མའི་མན་ངག །གང་ལ་བརྟེན་ན་གོ་ནུས། ༼༡༡༽།ཨ་ཧོ་སེམས་ ཀྱི་རོལ་པ། །བཟང་ངན་སྣང་བ་གང་ཤར། །རང་གསལ་དེ་གའི་ངང་དུ། །མ་བཅོས་ལྷུག་ པར་སྐྱོང་མཛོད། ༼༡༢༽ །སེམས་ཀྱི་ཡིན་ལུགས་གསལ་བའི། །ཉམས་མགུར་ཚིག་ཚོགས་ བསྡུས་པ། །ཉམས་ལེན་སྐྱོང་བའི་ཆེད་དུ། །སྣང་བ་གང་ཤར་སྨྲས་སོ། །ཞེས་འོད་གསལ་སེམས་ཀྱི་ དེ་ཉིད་སྒོམ་ཚུལ་དམ་པའི་མན་ངག་ཅེས་བྱ་བ་འདི་ཡང་ཀིརྟིའི་མིང་ཅན་གྱིས་སོ། ། 9-1-295 ༄༅། །ལྟ་བའི་ཉམས་མགུར་ནང་རིག་འགྱུར་མེད་ཀྱི་ ཡིན་ལུགས་གསལ་བྱེད་ཅེས་བྱ་བ་ བཞུགས་སོ། ། ༄༅། །ཨ་ཧོ། གདོད་ནས་ཞི་བ་ཆེན་པོ་ཡེ་ཤེས་ཀྱི་རང་རྩལ། །མ་འགགས་སྣང་བ་རབ་ འབྱམས་དུས་ཀུན་ནས་ངོམ་པ། །འཛད་པ་མེད་པའི་ཀློང་ནས་ཡེ་ཤེས་ཀྱི་རོལ་པའི། །སྐུ་ དང་ཐིག་ལེའི་བཀོད་པའི་བྱིན་འོད་ཅིག་ཕོབ་ཤོག ༼༡༽ །མ་དག་ཐ་མལ་སྣང་བ་ཕྱོགས་ ཀུན་ནས་ཟུམ་ཞིང༌། །རྟོག་ཚོགས་སྤྲོས་པའི་འཛིན་སོ་རང་དྭངས་སུ་སོང་བའི། །གཉུག་མ་ ལྷན་ཅིག་སྐྱེས་པའི་རིག་གདངས་ཀྱི་ལྟད་མོ། །ཨེ་མ་ཞེན་པའི་འཆིང་བའི་སྣང་ཤེས་ཀྱི་ཡུལ་ མིན། ༼༢༽ །འཛིན་མེད་ཕྱོགས་ལྷུང་བྲལ་བའི་རང་བྱུང་གི་རིག་པ། །མྱོང་སྣང་འཛིན་པའི་ དྲི་མ་རང་གཤིས་ན་མི་འདུག །གཞི་རྩ་སེམས་ཀྱི་ཆོས་ཉིད་གདོད་མ་ནས་དྭངས་པ། །འོད་ གསལ་ནང་དབྱིངས་ཆེན་པོ་ཡེ་བཞུགས་ཀྱི་ཆོས་སྐུ། ༼༣༽ །བདེ་ཆེན་དགའ་བ་འཁྱི ལ་བའི་ རང་བྱུང་གི་ཐིག་ལེ། །བརྟན་དང་གཡོ་བའི་འདི་སྣང་སྣ་ཚོགས་པའི་འཆར་གཞི། །ཀུན་ཁྱབ་ འཁོར་འདས་རང་བཞིན་གདོད་མ་ཡི་ཆོས་ཉིད། །སྣང་ཤེས་གསལ་བའི་སེམས་ལས་ཐག་ རིང་ན་མི་བཞུགས། ༼༤༽ །དྲི་བྲལ་མ་བཅོས་རིག་པ་རང་གསལ་གྱི་གཤིས་ན། །ཀུན་རྟོག་ རགས་པའི་སྣང་བ་མ་ལུས་པ་ཞི་བའི། །རང་མདངས་འགག་པ་མེད་པ་དོན་དམ་གྱི་དགོངས་ པ། །བསལ་བཞག་མེད་པའི་ངང་ནས་རང་ཞལ་ཉིད་མཇལ་འདོད།༼༥༽ །འགྱུར་མེད་རང་ 9-1-296 བྱུང་རིག་པའི་རང་གདངས་ལས་ཤར་བའི། །ཤིན་ཏུ་ཕྲ་བའི་གཟུགས་བཟང་ཡ་མཚན་གྱི་ རོལ་པ། །གཏད་སོ་འཛིན་ཞེན་བྲལ་བའི་ཡེ་ཤེས་ཀྱིས་སྤྱོད་ཡུལ། །བཅོས་མའི་བློ་ཡི་ཡུལ་དུ་ གོ་ཐུབ་ཞིག་མ་རེད། ༼༦༽ །རང་གསལ་ཞི་བ་དམ་པའི་ཡིན་ལུགས་འདི་ཤེས་ན། །ཡེ་གཞི་ དགོངས་ཀློང་མཆོག་གི་རང་གཤིས་སུ་གྲོལ་བའི། །ཡང་དག་རྩ་བྲལ་ལྷུག་པའི་ངེས་དོན་ གྱི་ལྟ་བ། །ཚུགས་ཐུབ་འཛིན་ཞེན་དམ་པོ་ཡོད་ཚོད་རང་མི་གདའ། ༼༧༽ །ཞེན་བྲལ་ཆོས་ དབྱིངས་ཆེན་པོ་དེ་ཉིད་ཀྱི་དགོངས་པ། །བཅོས་མ་ཀུན་སྤངས་རྩོལ་མེད་བག་ཡངས་ཀྱིས་ གནས་པ། །གྲུབ་དབང་རིག་འཛིན་མཆོག་གི་ཐུགས་བཅུད་ཀྱི་དྭངས་མ། །སྒྲ་རྟོག་སྤྲོས་པས་ ཇི་བཞིན་བརྗོད་ཐབས་ཀྱང་དཀའ་མོད། ༼༨༽ །འཁོར་འདས་ཆོས་ཀུན་སེམས་ཀྱི་རྣམ་རོལ་ ཏུ་ཤར་ཞིང༌། །ཕྱི་རོལ་དོན་གྱི་དངོས་པོ་བདེན་པ་ཡང་མེད་པས། །གཟུང་འཛིན་འབྲེལ་མེད་ སྣང་བའི་འཁྲུལ་ཤེས་ཀྱི་མ་བསླད། །གཉིས་མེད་སེམས་སུ་གོ་ན་དེ་ཀ་རང་ལེགས་འདུག ༼༩༽ །ཀུན་རྫོབ་འཁྲང་འཁྲང་སྣང་བའི་ཡིན་ལུགས་འདི་མི་བདེན། །དོན་དམ་འགྱུར་མེད་ ཆོས་ཉིད་གནས་ལུགས་ཀྱི་མཐར་ཐུག །ཨ་ཧོ་ཀུན་མཁྱེན་རྒྱལ་བའི་ཡེ་ཤེས་ཀྱི་དགོངས་ སྤྱོད། །འདི་ག་ནམ་ཞིག་དུས་ན་རྗེན་ཆར་དུ་ཡོང་སྙམ། ༼༡༠༽།ཚུལ་འདིའི་གོ་བ་བྱིས་བློའི་ ཡིད་ཡུལ་ན་མེད་ཀྱང༌། །ཨ་འཐས་ཞེན་པའི་བློ་སྒོ་ཡངས་ཐབས་ལ་བརྩོན་ཚེ། །སྣང་བ་གང་ ཤར་མ་འགགས་ཤུགས་འབྱུང་གི་གླུ་དབྱངས། །བྱུང་རྒྱལ་ངག་གིས་འགྱུར་ཁུག་འཐེན་སྣང་ ཞིག་ཤར་ལགས། །ཞེས་ལྟ་བའི་ཉམས་མགུར་ནང་རིག་འགྱུར་མེད་ཀྱི་ཡིན་ལུགས་གསལ་བྱེད་ཅེས་བྱ་བ་འདི་ཡང་ ཀིརྟིའི་མིང་ཅན་གྱིས་སྤེལ་བའོ།། །། 9-1-297 ༄༅། །སྤྲིན་གྱི་གཏམ་བཟང་རྣ་བའི་བཅུད་ལེན་ ཞེས་བྱ་བ་ལགས། ༄༅། །མཚར་སྡུག་འཛུམ་པའི་སྔོ་བསངས་ན་ཆུང་གི་བཞིན་རས། །སྒེག་པའི་མདངས་ བརྒྱའི་ཟོལ་གྱིས་དགྱེས་དགྱེས་རང་མཛོད་དང༌། །ངོ་མཚར་དབྱར་གྱི་མཛེས་མས་མགྲོན་པོ་ རུ་བོས་པའི། །དར་དཀར་དྲེགས་པ་ངོམ་པའི་གཞོན་ནུ་ཚོ་ཕེབས་བྱུང༌། ༼༡༽ །ད་ལོ་དབྱར་ ཟླ་ར་བའི་རྟེན་འབྲེལ་གྱི་དུས་བཟང༌། །ས་འཛིན་དགུང་ལ་སྙེ གས་པའི་དབུ་འཕང་གི་སྤོ་ ན། །དུང་མདོག་བླ་བྲེའི་རྒྱན་བཟང་འཁོར་ཡུག་ཏུ་གཡོ་བཞིན། །འཛིན་མར་རབ་གསར་སྙེ་ མ་ཕམ་ཕབ་ཅིག་ལོས་སྩོལ། ༼༢༽ །བར་སྣང་མཁའ་ཀུན་འགེངས་པའི་སྟོབས་འབྱོར་གྱི་ མངའ་བདག །བསིལ་ཆབ་རྒྱུན་བཟང་འཛིན་པའི་འོད་དཀར་གྱི་ལུས་ཅན། །དྭངས་གསལ་ ཟེགས་མའི་རྩེད་འཇོའི་ཟློས་གར་ལ་རོལ་ན། །ནོར་འཛིན་དགའ་མའི་གཡུ་བཞིན་ཅིའི་ཕྱིར་ རང་མི་འཛུམ། ༼༣༽ །ཆུ་ཤེལ་ལྡོ ག་པོ་སྤུངས་པའི་ཁ་དོག་གིས་ཁེངས་པའི། །དགུང་སྔོན་ ལམ་ལ་ལྡི ང་བའི་རབ་གསར་གྱི་གཞོན་ཆུང༌། །དྲི་མེད་གཙང་བའི་ཡོན་ཆབ་ཟིམ་བུ་རུ་སྦྱིན་ དང༌། །དགའ་སྐྱིད་བདེ་བས་སྐྱེ་དགུ་འདི་དག་ཀུན་འཚོ་འདུག ༼༤༽ །འོད་དམར་ཞགས་ པས་འཁྱུད་པའི་དབྱར་སྐྱེས་ཀྱི་རྔ་གསང༌། །གྲུ་ཆར་ཁུར་གྱིས་ནོན་པའི་རབ་དཀར་གྱི་ཁང་ བཟང༌། །རབ་ཡངས་ལྗོངས་འདིའི་བླ་ན་ཡང་ཡང་དུ་ངོམ་ན། །ལྗང་གསལ་མྱུ་གུའི་ཚོགས་ཀྱི་ སྒེག་པ་ཡང་ཇེ་རྒྱས། ༼༥༽།མྱུར་མགྱོགས་དྲག་ཤུལ་སེར་བུ་ཞོན་པ་རུ་བྱས་ནས། །མཐོ་རིས་ ལམ་བཟང་ཡངས་པར་ཕྱོགས་ཀུན་ཏུ་རྒྱུ་བཞིན། །བར་སྣང་འོད་དམར་སྣང་བའི་རྩེད་འཇོ་ 9-1-298 དང་འགྲོགས་ཏེ། །རབ་འཇིགས་སྒྲ་དབྱངས་སྒྲོགས་འདི་ཀླད་འགེམས་ཀྱི་རོལ་མོ། ༼༦༽ །སྣ་ཚོགས་དྲེགས་པ་རྒྱས་པའི་ཆུ་རྡུལ་གྱི་ཕུང་པོ། །ཕྱོགས་ཀྱི་འཁོར་ལོར་གུར་ཁང་ཕྱོགས་ ཀུན་ལ་ཕུབ་ཏེ། །རྟ་ལྗང་ཟེར་གྱིས་གདུང་རྣམས་བསིལ་གྲིབ་ཀྱི་སྐྱོབ་བཞིན། །ཕན་བདེའི་ ཆར་གྱི་སྣང་བ་འཛད་མེད་དུ་སྩོལ་ཤོག །ཅེས་པའང་ཀིརྟིའི་མིང་ཅན་གྱིས་ཀུ་རེའི་ཚུལ་དུ་བྲིས།། །། 9-1-299 ༄༅། །པདྨོའི་ཚལ་ལ་དགྱེས་ལྡན་བུང་བའི་ཚོགས་རྣམས་མགྲོན་དུ་ འབོད་པའི་གླུ་དབྱངས་དྲི་ཟའི་རྒྱུད་མངས་ ཞེས་བྱ་བ་བཞུགས། ༄༅། །ཡ་མཚན་དགའ་བའི་དཔལ་གྱི་དྲེགས་པ་ལ་རོལ་པའི། །མཚར་སྡུག་སྒྱུ་མའི་ ལྟད་མོ་སྣང་བ་འདིའི་གནས་ཚུལ། །རབ་ཡངས་མགྲིན་པའི་ལམ་ནས་འགོག་མེད་དུ་འཇོ་བ། །ཀ་ཡེ་ཡིད་ཅན་ཚོགས་ཀྱིས་སྒྲ་འཛིན་གྱི་རྒྱན་མཛོད། ༼༡༽ །ཕུལ་བྱུང་ལེགས་བྱས་གཡུ་ཡི་ འཁྲི་ཤིང་གི་ལང་ཚོ། །སྣ་ཚོགས་དྲ་བའི་རི་མོའི་རྒྱན་བཟང་གིས་མཛེས་པའི། །འཇམ་མཉེན་ ལྗང་གསལ་ཡལ་ག་ལམ་ལམ་དུ་གཡོ་བཞིན། །རྣམ་མང་མཛེས་པའི་རྣམ་འགྱུར་ངོམ་པ་ འདིས་དགའ་བསྐྱེད། ༼༢༽ །མཛེས་སྡུག་ལྡེ མ་པའི་ལྕུག་ཕྲན་གཟི་བརྗིད་ཀྱི་དཔལ་འཕྲོག །རིང་མོའི་ལམ་ནས་ནམ་མཁའི་ཁོར་ཡུག་ལ་གཡོ་བཞིན། །སེར་བུའི་བསྐུལ་མ་དྲག་པོས་ ལྡེ མ་བག་གི་འཁྲུལ་འཁོར། །རབ་གསལ་མིག་ཡངས་བཞད་པའི་དགའ་སྟོན་ཞིག་ལོས་ ཡིན། ༼༣༽ །སྣ་ཚོགས་མདངས་བརྒྱ་འབྱིན་པའི་སྲབ་འཇམ་གྱི་འདབ་མ། །གསེར་མདོག་ ཉི་གཞོན་ཟེར་གྱི་རྩེད་འཇོ་དང་འགྲོགས་ནས། །དགའ་བདེའི་འགྱུར་བ་འབུམ་གྱི་འཛུམ་ བག་དང་ཆབས་གཅིག །གེ་སར་སོ་ཕྲེང་གསར་བའི་ཁ་དོག་ཚོ་ལོས་ངོམ།༼༤༽ །བར་སྣང་ ཡངས་པར་གཤོག་པས་འགྲོས་སྟབས་ཀྱིས་བགྲོད་པའི། །སྒྲ་དབྱངས་གླུ་ཡི་རོལ་མོའི་སྒེག་ པ་དང་འགྲོགས་ཏེ། །རྩི་བཅུད་ཟིལ་མངར་འཐུང་བའི་རྐང་དྲུག་གི་གཞོན་ཆུང༌། །རབ་མཛེས་ 9-1-300 པདྨོའི་ཚལ་འདིར་འོང་བ་ནི་ལེགས་སོ། ༼༥༽ །ཁོ་བོའི་ཁྱི མ་གྱི་བླ་ན་རབ་རྒྱས་ཀྱི་སྐྱེད་ཚལ། །ལེགས་མཛེས་སྦྲ་མ་ར་ཡི་ཁྱུ་ཚོགས་ཀྱི་ཁང་བཟང༌། །དེང་འདིར་པདྨོའི་ཚལ་འདིར་དགྱེས་ བཞིན་དུ་རོལ་རྣམས། །སྙན་འཇེབས་དགའ་གླུ་རིང་མོའི་ཟློས་གར་ལ་རྩེན་བཞིན། ༼༦༽ །རབ་འབར་འདབ་མ་གཡོ་བའི་གེ་སར་གྱི་དབུས་ན། །ལྷ་ཡི་བདུད་རྩིའི་བཅུད་ལ་འགྲན་ བཟོད་ཀྱི་ཟིལ་མངར། །རྣམ་མང་བུང་བའི་ཚོགས་ལ་ཞལ་ཟས་སུ་བསྒྲིགས་ཡོད། །མཁའ་ ལམ་གཤོག་རྩལ་འགྲོས་ཀྱིས་མགྲོན་པོ་རུ་སླེབས་ཤོག ༼༧༽ །ཅེས་པའང་དབྱར་ཉི་རིང་བའི་སྟབས་ལ་ བྱིས་པ་བློ་གྲོས་མིང་ཅན་གྱི་བླངས་པའོ།། །། ༄༅། །མཛེས་མཛེས་དཔལ་གྱི་ལང་ཚོ། །ལེགས་ལེགས་མཆོག་གི་དགའ་སྟོན། །ལམ་ ལམ་མིག་གི་བདུད་རྩི། །མང་མང་བསོད་ནམས་ཕུང་པོ། ༼༡༽ །རྒྱས་རྒྱས་རབ་མཛེས་ཡིད་ འོང༌། །དྲང་དྲང་རོལ་པའི་རྐང་སྟབས། །མྱུར་མྱུར་འགྲོས་བཟང་མཆོག་གིས། །ཡང་ཡང་ འཛིན་མར་ལོས་རྩེན། ༼༢༽།ཐུང་ཐུང་དབྱིབས་གཟུགས་ཉེར་འཆང༌། །དཀར་དཀར་ཕྲ་ཡིས་ ལེགས་མཛེས། །བཀྲ་བཀྲ་རྒྱས་པའི་སོར་མོ། །འགྲིག་འགྲིག་གཞི་འདིར་ལོས་རོལ།༼༣༽། འབྱོར་འབྱོར་ལྷུན་གྱིས་གྲུབ་པའི། །ལྕུག་ལྕུག་སྟ་ཟུར་འཁྲུལ་འཁོར། །མཉེན་མཉེན་རྣམ་ འགྱུར་ངོམ་འདི། །མཚར་མཚར་ལྟད་མོ་ལོས་ཡིན། ༼༤༽ །རབ་རབ་ཡངས་པའི་དོ་རར། །འབུར་འབུར་ལྷུག་པར་རོལ་གཟུགས། །འཁྱི ལ་འཁྱིལ་དགའ་བདེའི་བདུད་རྩི། །མེར་ མེར་བལྟམས་སྣོ ད་ལོས་ཡིན། ༼༥༽ །ལྷུག་ལྷུག་རྐྱང་བའི་ལག་ཟུང༌། །དམར་དམར་དཀར་ མདངས་ཆགས་པ། །འཁྱོག་འཁྱོག་རྒུད་པས་མ་གཙེས། །འཕྱོར་འཕྱོར་ལྡེ མ་བག་ལོས་ངོམ། ༼༦༽ །སྒེག་སྒེག་མཛེས་པའི་འདབ་མ། ཁོར་ཁོར་བསྐྱོད་པའི་མཛད་བཟང༌། །ལྗང་ལྗང་ གསལ་བའི་རྐང་འཐུང༌། །ཕུང་ཕུང་ཡལ་གར་ལོས་འགྲན། ༼༧༽ །ཟླུམ་ཟླུམ་འཁྱི ལ་བའི་ མགྲིན་བཟང༌། །སྙན་སྙན་གླུ་ཡི་བང་མཛོད། །ཕྱེད་ཕྱེད་ཟླ་ཕྱེད་རི་མོ། །དག་དག་མ་འདྲེས་ 9-1-301 ལོས་གསལ། ༼༨༽ །གསལ་གསལ་དཀར་དམར་མདངས་ལ། །ཞི་ཞི་ཁྲོ་གཉེར་རབ་དྭངས། །འཛུམ་འཛུམ་བཞིན་རབ་འཛུམ་པ། །དགའ་དགའ་གཟུགས་འཛིན་ལོས་དགའ། ༼༩༽ །གནག་གནག་བུང་བའི་མདངས་ལ། །སྣུམ་སྣུམ་འོད་ཀྱིས་ཉེར་ཕྱུག །ཡུག་ཡུག་འཇམ་ མཉེན་མཛེས་པ། །བཟང་བཟང་བསུང་ངད་ལོས་འཐུལ། ༼༡༠༽ །ལྷག་ལྷག་ཨུཏྤལ་མདངས་ འཛིན། །དྭངས་དྭངས་རབ་གསར་འདྲེན་བྱེད། །རིག་རིག་ཟུར་མིག་གཡོ་ན། །དགྱེས་དགྱེས་ གཞོན་ཆུང་ལོས་དགའ། ༼༡༡༽ །ཡག་ཡག་མཛེས་པར་གྲུབ་ཅིང༌། །མངོན་མངོན་ཟླུམ་པོར་ གསལ་བ། །ཡལ་ཡལ་དྲི་བཞོན་མགྲོན་པོའི། །གསར་གསར་ཁང་བཟང་ལོས་ཡིན། ༼༡༢༽ །འབར་འབར་བྱུ་རུའི་སྒོ་འཕར། །བཀྲག་བཀྲག་ག་བུར་ཕྲེང་བ། །འཁྱུག་འཁྱུག་པད་མའི་ ལོ་མ། །འདོད་འདོད་མཐོང་འདོད་ལོས་ཡོད། ༼༡༣༽ །དགེ་དགེ་དགེ་ལེགས་མཚན་མ། །བཞད་བཞད་སྣ་ཟུང་ཤལ་བཟང༌། །ཟབ་ཟབ་རི་མོས་མཛེས་འདི། །ཡ་ཡ་ཡ་མཚན་ལོས་ སྐྱེ། ༼༡༤༽ །གཟུགས་གཟུགས་བཟང་པོའི་དཔལ་གྱིས། །རྒྱན་རྒྱན་མཛེས་པར་གྱུར་འདི། །རྒོ ད་རྒོ ད་ཡིད་དབང་གཡོ་བས། །ལྷང་ལྷང་རྒྱང་གླུ་བླངས་སོ། ༼༡༥༽། གླུ་དབྱངས་མནྡཱ་ར་བའི་ཆུན་ འཕྱངས་ཞེས་བྱ་བ་འདི་ཡང་ཀིརྟིའི་མིང་གིས་ཨ་མཚར་དུ་བླངས་པ་ལགས།། ༄༅། །གང་གི་ཚེ་ཡིད་དུ་འོང་བའི་ལྗོན་བཟང་གི་ཚལ་ཆེན་པོས་མདུན་གྱི་རི་བོ་རྣམ་པར་བརྒྱན་ཞིང་ཚལ་དེ་དག་གི་ གནས་སུ་ཡིད་མཐུན་བྱ་རིགས་རི་དྭགས་ཀྱི་ཚོགས་ཀྱིས་རྩེ་དགའ་ཅིར་ཡང་རྒོད་པའི་གནས་ན་དཔྱིད་དུས་ས་གཞི་རི་ཀླུང་ཀུན་ ཀྱང་ལྗང་གསལ་ཁ་དོག་རྒྱས་ཤིང་རྩི་བཅུད་ཀྱི་ནུས་པ་འཕེལ་བའི་སྐབས་སུ་ཉིན་གཅིག་ཤིང་ལོའི་རྩེར་ཉེ་བར་གནས་པའི་ཁུ་ བྱུག་དབྱངས་ལྡན་ཞིག་གིས་གདངས་སྙན་པའི་ཀུད་པོས་ལན་གསུམ་སྒྲོག་མཐར་འདི་ལྟར་སྨྲ་བ་སྟེ། རབ་མཛེས་འདུས་ སྡེ་འདུ་བའི་དགོན་པར། །ཆོས་ལྡན་བྱ་བའི་ཐུགས་ཁུར་བཞེས་པའི། །རྣམ་མང་བསྟན་འཛིན་ སྐྱེས་བུའི་ལད་མོ། །ཁོང་ཚོས་འཛིན་རློམས་ཀ་འདི་སུ་ཞིག །ཅེས་པའི་ལན་དུ་རང་ནས། མཛེས་ 9-1-302 སྡུག་ནགས་ལྗོན་འཐུག་པོའི་ཚལ་ན། །སྙན་པའི་ངག་གིས་གོ་དོན་སྟོན་པའི། །འདབ་བཟང་ མགྲིན་སྔོན་ཟླ་བ་གཞོན་ནུ། །དེ་རིང་སླེབས་ཚེ་ཆོས་ཚིག་གསུང་མོད། །བྱས་པའི་ལན་དུ་ཁོ་ཡིས། སྨྲ་ ཤེས་དོན་གོ་མི་ཡི་ལུས་རྟེན། །ཟབ་ཆོས་བགོ་སྐལ་སྤྱད་དབང་ཡོད་པའི། །བཙུན་གཟུགས་བླ་ མའི་གོ་སར་སླེབས་པ། །ཉིད་ལ་ལུང་རྟོགས་ཡོན་ཏན་གང་བཞུགས། །ཞེས་སྨྲ་བ་ལ་རང་ནས། ད་ སྐབས་ཚེ་འདིའི་ལུས་རྟེན་འདི་ཉིད། །རྒྱལ་བསྟན་ནང་པའི་བཤེས་དང་མཇལ་ཡང༌། །ད་དུང་ ལུང་རྟོགས་གོ་ཡུལ་ཙམ་ལས། །འཆི་ཆོས་གཤའ་མ་ཅི་ཡོད་མ་མཆིས། །བྱས་པ་ལ་ཁོ་ཡིས། ཆོས་ ལྡན་ལུས་རྙེད་རྒྱལ་བརྟན་མཇལ་ཡང༌། །ལུང་རྟོགས་གོ་ཡུལ་ཙམ་གྱི་སྟེང་ནས། །གཞན་ཕན་ གྲགས་སྐམ་རླུང་ལ་ཕྱར་མོད། །འདིས་ནི་དོན་གཉིས་ཅི་འགྲུབ་མི་གདའ། །ཞེས་སྨྲ་བ་ལ་རང་ནས། འོ་ན་མགྲིན་སྔོན་ཟླ་བ་གཞོན་ནུ། །ཡང་དག་ཆོས་ཚུལ་འདོམས་པའི་བཤེས་གཉེན། །རང་ ལ་ཕན་ངེས་དམ་ཆོས་རྣལ་མ། །ག་འདྲ་བྱས་ནས་འགྲུབ་ལུགས་གསུངས་དང༌། །བྱས་པ་ལ་ཁོ་ ཡིས། འདི་སྣང་བྲེལ་ཏོའི་གཡེང་བ་མཆེད་པའི། །ཆོས་བརྒྱད་གཞན་དོན་སྒྲུབ་པའི་ངལ་བ། །རེ་ཞིག་རྒྱངས་ཀྱིས་བསྐྱུར་ནས་ཞོག་ལ། །འདུ་འཛི་སྤངས་པའི་གནས་སུ་བཞུད་ཅིག །ཟེར་ བ་ལ་རང་ནས། དགེ་བའི་ཆོས་ཚུལ་དབྱངས་སྙན་སྒྲོག་པའི། །རབ་མཛེས་འདབ་ཟུང་མཁའ་ལ་ སྐྱོད་བྱེད། །དྲི་མེད་མུ་ཏིག་སྔོན་པོའི་མདངས་འཛིན། །ཁྱེད་ཉིད་དབེན་པའི་རི་ནས་འོང་ངམ། །བྱས་པ་ལ་ཁོ་ཡིས། བསམ་གཏན་ཁང་བུར་སྡོད་པའི་བཙུན་གཟུགས། །ཉིད་ལ་ཕན་པའི་ཆོས་ ཚིག་སྒྲོག་སླད། །ཉམས་དགའ་ཡིད་འོང་དབེན་པའི་རི་ནས། །ཁོ་རང་གཤོག་རྩལ་འགྲོས་ ཀྱིས་སླེབས་བྱུང༌། །ཟེར་བ་ལ་རང་ནས། སྔོན་ཆད་རྒྱལ་བུ་དགེ་འདུན་འབངས་ཀྱིས། །མགྲིན་ སྔོན་གཟུགས་ཀྱིས་འགྲོ་དོན་བྱས་ལྟར། །དེང་སྐབས་སྤྲུལ་པའི་འདབ་བཟང་དབང་པོ། །ཉིད་ཀྱི་བཞུགས་ཡུལ་ལོ་རྒྱུས་གསུང་མཛོད། །བྱས་པ་ལ་ཁོ་ཡིས། ལྗང་གསལ་གཡུ་ཡི་མདངས་ འོད་འབར་བའི། །རྐང་འཐུང་འཁྲི གས་པའི་དབེན་རི་མཆོག་ན། །ང་ཚོས་ཆོས་ཀྱི་མཐུན་རྐྱེན་ 9-1-303 མང་ཞིང༌། །ཡ་མཚན་ལྟད་མོའི་སྣང་བ་མཐའ་ཀླས། །ཟེར་བ་ལ་རང་ནས། ཡིད་འོང་ཉམས་དགའ་ དབེན་པའི་རི་ངོགས། །ཡང་དག་ཆོས་ཀྱི་མཐུན་རྐྱེན་ཡོད་ལུགས། །འདབ་ཆགས་གཟུགས་ ལ་དྲང་སྲོང་ཐུགས་མངའ། །གང་གིས་དབྱངས་སྙན་ལམ་ནས་སྒྲོག་མཛོད། །བྱས་པ་ལ་ཁོ་ཡིས། འདུ་འཛིའི་བྱ་བས་དབེན་པའི་རང་བཞིན། །ཆགས་སྡང་སྤེལ་བའི་དགྲ་གཉེན་མེད་ཕྱིར། །གང་གི་ཉོན་མོངས་ངང་གིས་ཞི་སྟེ། །མི་རྟོག་ཏིང་འཛིན་ཤུགས་ཀྱི་འཕེལ་ཡོང༌། །ཟེར་བ་ལ་ རང་ནས། མཁའ་ལམ་གཤོག་རྩལ་འགྲོས་ཀྱིས་བགྲོད་ཅིང༌། །སྙན་འཇེབས་རྒྱུད་མངས་སྒྲོག་ པའི་འདབ་བཟང༌། །དབེན་རིར་ངོ་མཚར་ལྟད་མོ་ཡོད་ཚུལ། །བདག་བློ་བསྐུལ་ཆེད་ལེགས་ པར་གསུངས་ཤིག །བྱས་པ་ལ་ཁོ་ཡིས། ཨེ་མ་ངོ་མཚར་རི་ཡི་ཁྱད་ཆོས། །ལྗོན་བཟང་ར་བས་ ཕྱོགས་མཐའ་བསྐོར་ཞིང༌། །ན་བུན་སྤྲིན་གྱི་ལྡི ང་ཁང་ཕུབ་དབུས། །ཆོས་ཀྱི་དམིགས་རྐྱེན་ བརྗོད་ཀྱི་མི་ལང༌། །ཟེར་བ་ལ་རང་ནས། འདབ་བཟང་རྒྱལ་པོ་ཁུ་བྱུག་གཞོན་ནུ། །དགུན་དུས་ མོན་ཡུལ་ཕྱོགས་སུ་མ་བཞུད། །མགྲིན་སྙན་དབྱངས་ཀྱིས་ཟབ་ཆོས་སྒྲོག་བཞིན། །ལྗོངས་ འདིའི་ཕྱོགས་སུ་ཡུན་རིང་བཞུགས་མཛོད། །བྱས་པ་ལ་ཁོ་ཡིས། ཡུལ་གཅིག་ཕྱོགས་ལ་ཞེན་པ་ ཆེ་བས། །ཕ་ཡུལ་སྤངས་པའི་རབ་བྱུང་མི་འོང༌། །ངེས་མེད་ཕྱོགས་སུ་ཞེན་མེད་རྒྱུ་ན། །གང་ ལ་གནས་ཀྱང་གུ་ཡངས་བློ་བདེ། །ཟེར་བ་ལ་རང་ནས། མཛེས་སྡུག་བཻཌཱུར་ཞུན་མའི་མདངས་ ཅན། །སྙན་པའི་འགྱུར་ཁུག་ངག་ནས་འཐེན་ཞིང༌། །ཆོས་དང་མཐུན་པའི་གཏམ་བཟང་ སྨྲ་བ། །འདབ་ཟུང་བསྐྱོད་པ་འགྲོ་ཕན་བྱེད་པོ། །བྱས་པ་ལ་ཁོ་ནས། སེམས་རྒྱུད་ཉོན་མོངས་དྲི་ མས་སྦགས་ན། །ཕྱི་ཚུལ་ཆ་ལུགས་མཛེས་ཀྱང་དོན་མེད། །སྣང་ཤེས་ཆོས་ཀྱིས་མ་འགྱུར་ ཆོས་གཏམ། །ཁ་ནས་སྙན་སྙན་བསྒྲགས་ཀྱང་མི་ཕན། །ཟེར་པ་ལ་རང་གིས། མཚར་སྡུག་ལང་ཚོ་ དབྱར་གྱི་ལོངས་སྤྱོད། །རྐང་འཐུང་ལྗོན་བཟང་ལོ་འདབ་བཀྲ་བ། །སྣ་ཚོགས་མེ་ཏོག་འབྲས་ བུས་བརྗིད་ཆགས། །ཁུ་བྱུག་གསུང་སྙན་སྒྲ་འཛིན་བདུད་རྩི། །བྱས་པ་ལ་ཁོ་ཡིས། འདི་སྣང་བདེ་ 9-1-304 སྐྱིད་དབྱར་ཟླའི་དཔལ་བཞིན། །སྙན་དང་གྲགས་པ་སྒྲ་སྙན་ལྟ་བུ། །གང་ལ་དགོས་དོན་ ཡང་དག་མ་མཆིས། །གནས་ལུགས་ཟབ་མོའི་དོན་ལ་རེམ་མཛོད། །ཟེར་བ་ལ་རང་ནས། ལེགས་ སོ་ཆོས་མཛད་དགེ་བའི་བཤེས་གཉེན། །ཆོས་མཐུན་གཏམ་གྱི་དབྱངས་སྙན་སྒྲོག་མཁས། །ཁུ་བྱུག་གཞོན་ནུ་དེ་རིང་སླེབས་ཚེ། །ཡིན་ལུགས་ཆོས་ཀྱི་གོ་བརྡའ་འཕྲོད་སོང༌། །བྱས་པ་ལ་ ཁོ་ཡིས། ཀུད་པོས་དབྱངས་ཀྱི་ལྟ་ལ་དྲངས་ནས། །ཁྱོད་ལ་ཕན་པའི་གདམས་ངག་བརྗོད་པ། །འདི་དོན་ཡིད་ཀྱི་དྲན་པས་ཟུང་ལ། །འཆི་ཆོས་གཤའ་མ་བསྒྲུབ་ན་ང་འཐད། །ཅེས་སྨྲས་མ་ཐག་ ནས་མཁའ་ལམ་ལ་གཤོག་པས་ལྡི ང་སྐོར་བྱེད་བཞིན་འདི་ལྟར། གང་ལའང་ཆགས་པ་མེད་པའི་རྣལ་འབྱོར། །ཕྱོགས་གཅིག་ཏུ་ངེས་མེད་གར་འགྲོ་ཆ་མེད། །ང་བཞིན་དུ་གྱིས་ལ་ལྷ་ཆོས་སྒྲུབ་དང༌། །རྟེན་ དལ་འབྱོར་ཐོབ་ལ་སྙིང་པོ་མཆིས་སོ། །ཞེས་དབྱངས་སྙན་པོའི་གདངས་ལ་དྲངས་བཞིན་གར་སོང་ཆ་མ་མཆིས་ པར་འཕུར་སོང་བ་ལགས། ཞེས་པའང་བྱིས་བློ་ཀིརྟིའི་མིང་ཅན་གྱིས་མཆེད་གྲོགས་ལ་ཕན་པའི་ཆེད་དུ་བྲིས།། ༄༅། །ངས་འོལ་བ་ལ་འདི་བྱས། བྱ་སྨུག་ཆུང་འདབ་ཟུང་བསྐྱོད་པ་ཅན། །དགུན་འདི་ན་ འདུག་འདོད་མ་བྱུང་ཚེ། །དབྱར་འདི་རུ་འོང་དོན་ཅི་ལ་སླེབས། །ཁྱོད་གནས་གཅིག་ཏུ་འདུག་ ན་མི་དགའ་འམ། །ཞེས་པའི་ལན་དུ། ཁོས། བན་བླ་མ་དཀོར་ཁ་གྲོང་ཆོག་ཅན། །དགུན་སྟོན་ཁར་ མཚམས་སྒྲུབ་མ་བྱུང་ཚེ། །དབྱར་བསྲུང་འདོན་མེད་ཚེ་ཅི་ལ་སླེབས། །ཁྱེད་ཁྱི མ་དུ་འདུག་ན་ མི་དགའ་འམ། །ཟེར་བའི་ལན་དུ། ངས། སེམས་ཕོ་ཚོད་འདབ་ཆགས་གཞན་ལས་ཆེ། །ཁ་ལག་ པའི་བར་ནས་ཟས་འཕྲོག་མཁན། །རྩལ་མྱུར་མོའི་སྦར་སྡེར་ངར་མ་ཅན། །ཁོའི་སེམས་ དཔངས་ཧ་ཅང་མཐོ་ཆེས་སྙམ། །བྱས་པའི་ལན་དུ། ཁོས། སེམས་མཐོ་ཁེངས་ང་རྒྱལ་གཞན་ལས་ ཆེ། །ཁ་ལག་པ་དལ་མེད་གཏོ་བྱེད་མཁན། །ཐུགས་ཡོན་བདག་རྫས་ལ་རྔམ་སེམས་ཅན། །ཁོང་ཐུགས་དགོངས་དེ་འདྲ་དམ་ཆེས་སྙམ། །ཟེར་བའི་ལན་དུ། ངས། ནགས་ཐང་ཤིང་ཕྱུག་མོའི་ 9-1-305 རྩེ་མོ་ན། །ཁོ་ཟུམ་ཟུམ་འདུག་པ་མཛེས་མོད་ཀྱང༌། །ཡིད་རིག་རིག་ཕྱོགས་ཀུན་ཡན་པ་འདི། །གླགས་རྙེད་ཚོལ་རི་གདུག་མ་ཡིན་ནམ། །བྱས་པའི་ལན་དུ། ཁོས། རྒྱུ་འབྱོར་ལྡན་ཕྱུག་པོའི་ཡ་ ལོག་ན། །ཁོང་ན་བཟའ་འཇའ་ལྟར་འཕྱོར་མོ་དེ། །ཐུགས་བཟའ་བཏུང་འབུལ་བས་མགུ་ མེད་འདི། །གདངས་ཆེས་པའི་རྔམ་སེམས་མ་ཡིན་ནམ། །ཟེར་བའི་ལན་དུ། ངས། རྫས་རྙེད་པ་ཆེ་ རུང་གསོ་དཀའ་བའི། །བྱ་འོལ་བའི་ཕྲུ་གུའི་ཁྱུ་ཚོགས་ནི། །དུས་ནམ་ཞིག་ཕན་སྙམ་དཀའ་ མོད་ཀྱི། །འདིར་ཁྱོད་ལ་བཙལ་སྒྲུབ་ངལ་བ་ཆེ། །བྱས་པའི་ལན་དུ། ཁོས། དཀོར་གྲོང་ཆོག་རྫས་ ཀྱིས་གསོ་དཀའ་བའི། །ཁོང་གཏོ་བྱེད་རྒན་པོའི་རྩ་ཕྱིས་ཚོ། །ཕྱིས་ཕན་ལས་གནོད་པ་བསྐྱེད་ ཤས་ཆེ། །ཁྱེད་འོ་བརྒྱལ་ང་རང་ལས་ཀྱང་ཆེ། །ཟེར་བའི་ལན་དུ། ངས། མཆུ་ར་ཀྱོག་རྣོན་པོས་མ་ མཆུ་བསྡམས། །ལུས་མི་སྡུག་སྤུ་ལོང་ཁམ་སེར་འཆང༌། །ཁོང་གཤོག་རྩལ་འགྲོས་ཀྱི་ཞན་ ལུགས་ལ། །ནང་ལྟོ་མུག་ཡིད་ལ་བཅགས་མིན་ནམ། །བྱས་པའི་ལན་དུ། ཁོས། ཁ་རྒོ ད་པོ་འདར་ བའི་གསུང་སྒྲོག་འཆད། །ལུས་དུག་པོའི་གོས་རྙིང་ཧྲལ་ཐག་ཅན། །ཁྱོད་དགོན་པར་ཞེ་བྲོད་ མེད་ལུགས་ལ། །ནང་ཞལ་སྐྱིད་ཐུགས་ལ་བཞག་མིན་ནམ། །ཟེར་བའི་ལན་དུ། ངས། ནངས་སྔ་ མོ་ནམ་ལངས་ནས་བཟུང་སྟེ། །ཚོགས་སོད་མེད་རི་སྡེའི་སྒོ་ཉུལ་ཡང༌། །ཟས་རྙེད་པ་དོན་གོ་ ཆུང་བ་འདི། །ཁྱོད་སྔོན་ནས་བསགས་པ་མེད་རྟགས་རེད། །བྱས་པའི་ལན་དུ། ཁོས། ཆུང་ཀློ ག་ འདོན་ཤེས་པ་ནས་བཟུང་སྟེ། །རྒྱུན་ཆད་མེད་གྲོང་ཆོག་འགྲིམ་ནའང༌། །མདོག་ཁ་ལག་སྣུམ་ ཙམ་མི་ཡོང་ན། །ཁོང་སྐུ་བསོད་ང་ལས་འོག་མ་རེད། །ཟེར་བའི་ལན་དུ། ངས། སེམས་བརྩེ་བས་ བྱ་ཕྲུག་བསྐྱངས་གྱུར་ཀྱང༌། །ནམ་དུས་མཐར་རང་མགོ་ཐོན་ཙ་ན། །རང་རོགས་ཁྱད་ཙམ་ ཡང་མི་ཤེས་པས། །ཁོང་བུ་རྒྱུད་དུ་རློམས་ཀྱང་ཅི་ལ་ཕན། །བྱས་པའི་ལན་དུ། ཁོས། ཐུགས་ཤ་ཚས་ སྐུ་ཚེ་ཉེ་དུ་རྣམས། །དཀོར་དུག་ཟས་ནག་པོས་གསོ་འགེབས་བྱས། །དུས་ནམ་ཞིག་ཕྱི་མར་ སླེབས་ཙ་ན། །ཁོང་གཅིག་པུས་སྡུག་ཁུར་ཁེ་ཡིན་ནམ། །ཟེར་བའི་ལན་དུ། ངས། རྫས་བཅའ་ལག་ 9-1-306 རྔམ་ལ་ཐུག་པའི་ཚེ། །བྱ་འདབ་ཆགས་ཀུན་ལས་སྙིང་བསྲན་ཅན། །ཁོ་དཔའ་ངར་གཞན་ ལས་ཆེ་མོད་དེ། །དུས་གློ་བུར་ཉེས་པ་ཁུར་དོགས་ཡོད། །བྱས་པའི་ལན་དུ། ཁོས། ཡུལ་སྡེ་བ་ཆག་ གོད་འབྱུང་བའི་ཚེ། །བན་གཞན་ལས་བཀོར་ཧེབ་ཆེ་བ་ཅན། །ཁྱེད་ཐུགས་དཔངས་མཐོ་བ་ ཚོད་མེད་ཀྱང༌། །སྐུས་རང་ཚོད་མ་ཟིན་འདས་འདྲ་ཐང༌། །ཟེར་བའི་ལན་དུ། ངས། ངན་གཡོ་ཐབས་ མཁན་གྱི་རྒྱུ་བྱས་ཏེ། །ཟས་བྱ་རྒྱ་ཐོབ་ཤ་འགྱེད་པའི་དུས། །ཁོང་སྙིང་སྟོབས་རྩལ་ཁ་སྔ་ཆེས་ ན། །ཟས་མེ་དཔུང་འབར་བས་བསྲེག་ཉེན་ཡོད། །བྱས་པའི་ལན་དུ། ཁོས། སེམས་ཟ་འདོད་རྙེད་ འཚོལ་ངན་ཞེན་གྱིས། །ཚེ་གང་པོ་དཀོར་ལ་བསྐྱལ་བ་འདིས། །ཐུགས་ཧ་ཅང་ཚིམས་པ་མི་ གདའ་ན། །ཚེ་ཕྱི་མར་མྱལ་མེས་བསྲེག་ཉེན་ཡོད། །ཟེར་བའི་ལན་དུ། ངས། གསུང་མཚེར་སྐད་ ལྷང་ལྷང་སྙན་ནའང༌། །ལུས་རྐང་གཉིས་གང་འདོད་བསྐྱེལ་མི་ཐུབ། །མདོ་གྱི་ལིང་ལད་མོ་ མཛད་ནའང༌། །དོན་དགོས་པ་མེད་དམ་འདབ་ཆགས་བུ། །བྱས་པའི་དུ། ཁོས། གསུང་ཆོས་སྒྲོག་ ལྷང་ལྷང་སྙན་མོད་ཀྱང༌། །ཐུགས་གསོན་གཤིན་སྐྱོབ་པའི་མཐུ་ནུས་སྡུག །ཁོང་འདྲེན་པའི་ ལད་མོ་མཛད་གྱུར་ཀྱང༌། །དོན་འགྲོ་དོན་དཀའ་འམ་སྐྱབས་མགོན་ཡང༌། །ཟེར་བའི་ལན་དུ། ངས། རྨོངས་དུད་འགྲོའི་ཡིད་ཅན་མ་ཡིན་པའི། །ཚུལ་གོ་བརྡ་སྨྲ་བའི་འདབ་བཟང་ཁྱོད། །གང་ གསུང་བའི་ཚིག་ལ་བརྫུན་པ་མེད། །དོན་དེ་སླད་བདེན་རིགས་ཉིད་ལ་མངའ། །བྱས་པའི་ལན་ དུ། ཁོས། དོན་བདེན་པ་ང་ལ་ཡོད་གྱུར་ན། །དཀོར་དུག་ཟས་ཕྱོགས་ལ་རེ་མ་བྱེད། །སྐུ་བསམ་ གཏན་ཁང་བུར་ངལ་བསོས་ལ། །ཐུགས་མི་རྟོག་ཏིང་འཛིན་སྒོམས་ཤིག་ཀྱེ། །ཟེར་ནས་འཕུར་ སོང༌། ཞེས་པའང་གྲོགས་དམ་པའི་བཀའ་ནན་གསོ་ཕྱིར་ཙམ་བྱིས་བློ་མ་ཏི་ཀིརྟི་ཞེས་པས་རྩེ་མཚར་ལ་འཕྲལ་དུ་བྲིས།། །། 9-1-307 ༄༅། །ཡིད་སེམས་ཆོས་ལ་སྐུལ་བྱེད་ཀྱི་གཏམ་བཞུགས། ༄༅། །ཨེ་མ། ངོ་མཚར་དབྱར་གྱི་དཔལ་མོས་ལེགས་བྱས་ཀྱི་བསོད་ནམས། །ལྗང་ གསལ་གཡུ་མདོག་འཛིན་པའི་རྐང་ཐུང་གི་ཕྲེང་བ། །འཇམ་མཉེན་འདབ་མའི་ལོ་མ་ཕང་ ཕུང་དུ་གཡོ་ཞིང༌། །ཡ་མཚན་འབྲས་བུ་གསར་བའི་དཔལ་སྡུག་འདི་མཛེས་མོད། །མཐུ་ཆེན་ གྲང་རེག་ངར་མའི་ཁ་ཤེད་འདི་བཙན་པས། །ནམ་ཞིག་རིང་དུ་མི་གནས་གློ་བུར་གྱི་འགྱུར་ བག །གནས་སྐབས་ཡིད་མི་འོང་བའི་ངང་ཚུལ་འདི་མཐོང་ནས། །ད་སྐབས་ཡུད་ཙམ་བདེ་ ལ་ནམ་ཕུགས་ནི་མེད་ངེས། དེང་སང་སོས་དལ་བདེ་བའི་སྣང་བ་ལ་གཡེང་ནས། །ཉིན་ མཚན་ཀུན་ཏུ་ཟིན་མེད་བྱ་བ་ཡིས་བྲེལ་ཞིང༌། །འདི་ཕྱིའི་སྙིང་པོ་ཅི་ཡང་མ་ལོན་པའི་བྱིས་པ། །ང་ཚོའི་གནས་ཚུལ་ལྟ་བུའི་སྐལ་ངན་ཚོ་སྡུག་མོད། །ན་ཚོད་ཉུང་སྣང་འཆར་བའི་ན་གཞོན་གྱི་ བརྩེ་ཟླ། །ཡུན་རིང་ཁོམ་ཁོམ་འདྲ་བའི་སྣང་ཚུལ་འདི་མི་བདེན། །འཕྲལ་དུ་འགྱུར་བག་སྣང་ བས་ཅི་མཐའ་རང་མི་ཤེས། །བརྡ་དོན་ཐུགས་ལ་ཨེ་འཕྲོད་ཡིད་འཛིན་གྱི་གྲོགས་པོ། །ཡིན་ ཡིན་སྨྲ་ཚད་བདེན་པའི་ངེས་པ་ཡང་མེད་ཅིང༌། །མིན་མིན་ཟུར་གྱིས་བཤད་ལ་གོ་རྒྱུ་ཞིག་ གདའ་བས། །ཡང་ཡང་ཚུལ་འདི་དཔྱོད་དང་གསལ་དུས་ཞིག་འོང་ཐང༌། །ཧ་ཧ་ཨ་མཚར་ ཡིན་གྱི་བདེན་དོན་རང་མི་འདུག །གང་ལྟར་ནའང་ཉིད་ནས་ཡེངས་མེད་ཀྱི་བརྩོན་པས། །ལེགས་བྱས་བསོད་ནམས་ཕྱོགས་ལ་འབད་ཐབས་ཞིག་མ་འཆུགས། །སླད་ནས་མཛད་ བཟང་དམ་པས་ཚེ་མཐའ་རུ་འཁྱོལ་ཚེ། །གཞན་དག་སུ་མ་མགུ་ཡང་རང་དོན་ཞིག་འགྲུབ་ ཡོད། །གཏམ་འདི་མཆེད་ཟླ་མཆོག་གི་དགྱེས་ཞལ་གྱི་དྲུང་དུ། །མཚར་ཚིག་རྩེད་མོའི་ཚུལ་ 9-1-308 དུ་སྨྲས་པ་ནི་ལགས་ཀྱང༌། །ཀུ་རེ་ཁོ་ནའི་ཕྱོགས་སུ་འཇོག་པ་ཡང་མ་མཛད། །ཕྱོགས་ཙམ་ མཐུན་པའི་དོན་ལ་འབྱོར་ཐབས་རེ་མཛོད་ཅིག །ཅེས་མཆེད་པོའི་ཡིད་སེམས་ཆོས་ལ་སྐུལ་བྱེད་ཀྱི་གཏམ་ འདི་ཀིརྟིའི་མིང་གིས་སོ།། །། 9-1-309 ༄༅། །མི་རྟག་སྟོན་པའི་གཏམ་བཞུགས། ༄༅། །ཀྱེ་མ། མི་རྟག་འཁོར་བའི་མཚན་ཉིད། །གང་ལ་ངེས་པ་མེད་ཕྱིར། །ཡུན་རིང་ འདུག་བློ་བྱས་ཀྱང༌། །རིང་འདུག་ཨེ་ཡོང་མི་ཤེས། །ན་ཚོད་རང་དང་ན་མཉམ། །ཚེ་མཐའ་ རིང་མོ་མ་སླེབས། །བརྩེ་སེམས་ཅན་གྱི་མཆེད་གྲོགས། །གློ་བུར་ཕྱི་མར་བྱོན་སོང༌། །ཁོང་ ཚོ་རང་གི་ཞེ་འདང༌། །ད་རུང་ཁོམ་སྣང་ཤར་ནས། །འདུག་པའི་བཅའ་ལག་བསྒྲིགས་ཀྱང༌། །ལོང་མེད་འགྲོ་དགོས་བྱུང་ངོ༌། །ང་ཚོའི་བསམ་པའི་ཀུན་སློང༌། །ཡིད་ཆེས་ཅན་གྱི་བརྩེ་ཟླ། །རང་ལ་ཕན་ཐོགས་བྱེད་པ། །གང་དང་འབྲལ་འདོད་མེད་ཀྱང༌། །དུས་ཀྱི་བསུ་མ་སླེབས་ ཚེ། །ཕན་ཚུན་མི་འདོད་བཞིན་དུ། །ལས་ཀྱི་ལམ་ཆེན་བླངས་ནས། །རང་དབང་ཅུང་ཙམ་མ་ ཡོད། །གློ་བུར་སོ་སོར་གྱེས་ཡོང༌། །ལམ་ཆེན་བཞི་མདོའི་ཚོགས་འདུས། །སྐོར་གཅིག་ལྷན་ དུ་འཚོགས་ཀྱང༌། །གནས་གཅིག་ཡུན་རིང་མི་སྡོད། །རང་ཡུལ་སོ་སོར་གྱེས་བཞིན། །འདི་ སྣང་ཕྱོགས་ཀྱི་མཛའ་གྲོགས། །སྔོན་བསགས་ལས་ཀྱིས་འཕང་བས། །དེང་སྐབས་ལྷན་དུ་ འཚོགས་འདི། །གློ་བུར་ནམ་འབྲལ་མི་ཤེས། །དབྱར་ཁའི་མེ་ཏོག་བཞིན་དུ། །ལང་ཚོ་ན་ཚོད་ དར་བ། །རྒྱན་ཕྲེང་མཛེས་པས་ཀླུབ་ཚེ། །ཁོང་ཚོ་བདེ་སྐབས་ཤར་ཡང༌། །འཇིགས་རྔམ་སྙིང་ རྗེ་བྲལ་བ། །མ་རུངས་འཆི་བདག་བང་ཆེན། །གློ་བུར་སླེབས་པའི་ཚེ་ན། །མཛེས་གཟུགས་ བསྐྱུར་ནས་འགྲོ་དགོས། །འཛམ་གླིང་ཡུལ་གྲུ་དབང་བའི། །བསོད་ནམས་སྟོབས་འབྱོར་ ཆེ་ཡང༌། །ནམ་ཞིག་ཤི་བའི་ནངས་མོ། །གང་གིས་ཕན་པ་མི་ཡོང༌། །ཁེ་དྲག་བཙན་པོའི་ང་ རོས། །སྡེ་དཔུང་གཞོམ་པའི་མཐུ་ལྡན། །འཇིགས་གཟུགས་ལུས་ལ་མངོན་པའི། །ས་སྐྱོང་མི་ 9-1-310 དབང་ཡིན་ཀྱང༌། །ཆེས་འཇིགས་དུས་ཀྱི་དགྲ་ཆེན། །སྟོབས་ལྡན་འཆི་བདག་དམག་དཔུང༌། །དཔའ་བོའི་རུ་དར་ངོམ་ཚེ། །ས་སྐྱོང་རང་ཡུལ་མི་དབང༌། །ཀྱེ་ཧུད་འཁོར་བའི་ཕུན་ཚོགས། །གང་ལ་ཡིད་བརྟན་མེད་པ། །འདི་སྣང་རྟག་པར་བཟུང་ནས། །ཡིད་ཅན་འགྲོ་ཀུན་བསླུས་ སོང༌། །ཚེ་འདིའི་བདེ་ལ་ཆགས་ནས། །ཞེན་འཛིན་དམ་པོས་བཅིངས་ཏེ། །འཁོར་བའི་ གཏིང་རྡོར་འཕངས་ལ། །ཐར་པའི་གོ་སྐབས་དཀའ་མོ། །མི་ཤེས་རྨོངས་མུན་འཐིབ་པས། །བླང་དོར་ཡིན་ལུགས་བསྒྲིབས་ཤིང༌། །ཉོན་མོངས་གདོན་གྱིས་ཟིན་ཕྱིར། །འཛེམ་མེད་སྡིག་ ལ་གཞོལ་བས། །སྲིད་པའི་རྒྱ་མཚོར་ལྷུང་ནས། །བཟོད་དཀའི་སྡུག་བསྔལ་ཁུར་བའི། །རང་ ཅག་འགྲོ་བ་འདི་ཀུན། །སྐྱིད་སྡུག་རེས་མོས་མ་གཏོགས། །སླར་མི་ལྡོ ག་པའི་ཐར་པ། །ད་ དུང་ཐོབ་ཚོད་མ་རེད། །བདེ་སྡུག་རེས་མོས་བྱས་ཏེ། །འཁོར་བར་ཡུན་རེ་ལོས་རིང༌། །རྟག་ པ་མེད་པའི་འཁོར་བ། །གང་དུ་སྐྱེས་ཀྱང་མི་བདེ། །སྡུག་བསྔལ་འབའ་ཞིག་མ་གཏོགས། །མེད་པའི་གནས་ཚུལ་དེ་ག །ད་ནི་ཅིས་ཀྱང་དགོས་མེད། །འཁོར་བ་ཕྱོགས་ཀྱི་ཡིན་ལུགས། །དགོས་ངོ་ཤེས་པ་ལྷ་ཆོས། །འདི་ལ་སྙིང་ནས་བརྩོན་རིང༌། །རང་སེམས་ནང་ལ་བསྐོར་ནས། །འདི་སྣང་དགོས་མེད་མཐོང་སྟེ། །ཚེ་འདིའི་འདུག་ཆས་མཐའ་དག །ཧ་ཅང་སྟོབས་ཆེན་མ་ བྱེད། །གྱི་ནས་སྲོག་འཚོ་ཙམ་གྱིས། །འདོད་ཆུང་ཆོག་ཤེས་མ་འཆུགས། །མི་རྟག་སྟོན་པའི་ གཏམ་འདི། །རང་བཞིན་ཤུགས་འབྱུང་མ་ཡིན། །མཆེད་གྲོགས་ཤི་བའི་རྐྱེན་བྱས། །གློ་བུར་ བློ་ཡི་འགྱུར་བག །ལྟར་སྣང་འཕྲལ་གྱི་བརྗོད་ལུགས། །བློ་ལ་འགྱུ་སྒོ་གང་ཤར། །ཙབ་ཙོབ་ ཁ་རུ་ཕུད་ནས། །ཤར་མར་ཡི་གེར་སྤེལ་ལོ། །ཞེས་པའང་འཕྲལ་རྐྱེན་ལ་བརྟེན་ནས་མ་ཏིའི་མིང་གིས་བྲིས།། །། 9-1-311 ༄༅། །སེམས་ཀྱི་ཆོས་ཉིད་བཞུགས། ༄༅། །ཟབ་མོ་ལྟ་བའི་དེ་ཉིད་ཇི་བཞིན་པ། །རང་སེམས་གསལ་སྟོང་རྗེན་པའི་གནས་ ལུགས་མཆོག །ཇི་སྙེ ད་ལེགས་པར་འདོམས་པའི་བཀའ་དྲིན་ཅན། །རྩ་བའི་བླ་མ་མཆོག་ལ་ གུས་ལས་འདུད། །མཆོག་གསུམ་འདུས་པའི་བདག་ཉིད་གང་དེ་ལ། །གཏིང་ནས་ཡིད་ཆེས་ ནམ་ཡང་ལྷོ ད་མེད་པར། །མཐའ་ཡས་འགྲོ་ལ་བརྩེ་སེམས་དེ་བཞིན་དུ། །ཡིད་ལ་བཞག་ པའི་ངང་ནས་ཀུན་སློང་བཅོས། །དེ་ནས་རང་བློ་འགྱུ་བའི་བདག་ཉིད་ཅན། །འདི་ག་རང་ བབས་ཉིད་དུ་བཞག་བྱས་ཏེ། །འདས་དང་མ་འོངས་ད་ལྟའི་གནས་ཚུལ་ལ། །རྗེས་སུ་འབྲང་ བའི་འགྱུ་སྒོ་ལེགས་པར་སྡོམས། །རང་སེམས་གསལ་བའི་ངོ་བོ་གོ་ཙམ་དུ། །མ་བཅོས་རང་ བབས་གང་ཤར་ལྷུག་པའི་ངང༌། །རྟོག་ཚོགས་རང་དྭངས་མཁའ་ལ་བྱ་རྗེས་བཞིན། །སྟོང་ གསལ་འཛིན་མེད་དབྱིངས་ནས་རང་ས་ཟུང༌། །གསལ་རིག་ངོ་བོ་བརྗེད་མེད་དྲན་པ་དང༌། །སེམས་ཀྱི་གནས་ཚུལ་གོ་བའི་ཤེས་བཞིན་གཉིས། །བློ་ཡི་ཟུར་ཆའི་སྟེང་ནས་མ་ཉམས་ པར། །རྒྱུན་དུ་གནས་ཐབས་བྱེད་མཁན་མེད་མི་རུང༌། །དེ་ལྟར་གནས་པ་བསྐྱང་སྐབས་རེ་ ཞིག་ན། །ཧ་ཅང་བསྒྲིམས་པའི་རྐྱེན་གྱིས་རོ་སྟོད་འཚང༌། །མིག་རུས་ན་ཞིང་མགོ་ཐོད་གཟེར་ བ་དང༌། །གུ་དོག་འཚུབ་སྣང་འཆར་བ་སོགས་བྱུང་ན། །རང་སེམས་རྒྱ་བསྐྱེད་སྣང་བ་ཡང་ པོ་དང༌། །བློ་ཡི་གཏད་སོའི་འཛིན་ཞེན་ལྷོ ད་བྱས་ཏེ། །རྩོལ་བྲལ་ཤུགས་འབྱུང་ངང་ནས་ཅི་ བདེར་ལྟོ ས། །དེ་ཚེ་བར་སྐབས་བློ་འཕང་ཉམས་སྨད་ནས། །རིག་པའི་གསལ་ངར་ཞན་པའི་ 9-1-312 བྱིང་བ་བྱུང༌། །འདི་དུས་སེམས་ཀྱི་གསལ་ངར་འདོན་པར་བྱ། །སྐབས་རེ་འདོད་པའི་ཡུལ་ལ་ རྒོ ད་དྲག་ན། །རང་ཐོག་བཞག་དང་རྩོལ་བ་ལྷོ ད་པ་གཉིས། །ཁམས་དང་བསྟུན་ནས་གནད་ ལ་གང་ཞོག་བལྟ། །དེ་ལྟར་ཐབས་མཁས་ལེགས་པས་རྒྱུན་བསྐྱངས་ཚེ། །རིང་མིན་མྱུར་ནས་ གནས་ལུགས་རང་ངོ་ཟིན། །དུས་ཀུན་རེ་དང་དོགས་པའི་མཚན་འཛིན་སྤོངས། །སེམས་ཀྱི་ ཆོས་ཉིད་སྒོམ་ན་དེ་ལུགས་མཛོད། །ཅེས་པ་འདི་ཡང་རིན་ཆེན་བཟང་གི་མོས་འདུན་མ་བཟློག་ཙམ་དུ་མ་ཏི་ཀིརྟི་ ཞེས་པས་འཕྲལ་དུ་བྲིས།། །། 9-1-313 ༄༅། །ཡང་དག་ཆོས་ལས་བརྩམས་པའི་གཏམ་བཟང་ རྣ་བའི་བཅུད་ལེན་ཞེས་བྱ་བ་ བཞུགས་སོ། ། ༄༅། །གང་གི་ཆོས་སྐུ་ཀུན་ཁྱབ་ནམ་མཁའི་དབྱིངས། །བརྩེ་ཆེན་ཐུགས་རྗེའི་ཆུ་འཛིན་ འབུམ་དཀྲིགས་པ། །རླབས་ཆེན་བྱིན་རླབས་གྲུ་ཆར་འཇོ་བའི་དཔྱིད། །མཚུངས་བྲལ་བླ་ མས་དགེ་མཚན་སྦྱིན་གྱུར་ཅིག །ཐུགས་བཟང་ནོར་འཛིན་དཔལ་གྱི་ཞིང་ས་ལ། །རྒྱས་འགྱུར་ རིགས་ཀྱི་ས་བོན་ཡོངས་བཏབ་པས། །རྟེན་མཆོག་ལྗོན་བཟང་གསར་བའི་དཔལ་ཡོན་ཅན། །སྐུ་སྐྱེས་ན་གཞོན་སྒྲ་འཛིན་དགྱེས་བསྐྱེད་འབུལ། །གནས་སྐབས་མཐར་ཐུག་ལེགས་ཚོགས་ གང་འདོད་པ། །ད་རེས་རང་དབང་ཡོད་པའི་དུས་མཚམས་འདིར། །དོན་མཆོག་སྙིང་པོས་ རང་དོན་མ་གྲུབ་ན། །དེ་ལས་ལྷག་པའི་བུབ་ཁ་སྲིད་ན་མེད། །སྔོན་བསགས་རྣམ་པར་དཀར་ བའི་ལེགས་བྱས་ཀྱིས། །རྒྱལ་བསྟན་མཇལ་ཞིང་བླ་མའི་མན་ངག་ཐོབ། །སྙིང་པོ་ལེན་པ་ རང་གི་ལག་ཡིན་པས། །བཤད་དང་སྒྲུབ་པའི་རྒྱལ་མཚན་འཛིན་ལ་རེམ། །གཞོན་ནུའི་དུས་ ནས་ཆོས་ལ་མ་གོམས་ན། །ལང་ཚོ་ཡོལ་ཚེ་སྒོ་གསུམ་སྟོབས་ཞན་ཕྱིར། །ནམ་ཞིག་དུས་ན་ འགྲུབ་སྙམ་དབུ་ཡུལ་འཁོར། །དེ་སླད་མྱུར་ནས་ཡོན་ཏན་ཅི་ལོབ་མཛོད། །རྣམ་དག་ཡོན་ ཏན་པད་ཚལ་བཞད་པའི་གཞི། །ཁྲི མས་གཙང་ས་ཆེན་རྒྱས་པའི་དགེ་མཚན་འདི། །ནམ་ ཡང་བརྟན་པའི་གོ་ཆ་འགྱུར་མེད་པ། །མ་ཞུམ་སྙིང་སྟོབས་མཆོག་གིས་འཛིན་པ་གལ། །བླང་ 9-1-314 དོར་ཅི་ཡང་མི་ཤེས་རྨོངས་ཡིད་ཅན། །ཐ་ཆད་དུད་འགྲོའི་རྟེན་དང་ཁྱད་མེད་པ། །འདི་ཀོ་ དམ་པས་ཤིན་ཏུ་སྨད་པའི་གནས། །དེ་ཕྱིར་བླང་དོར་ཚུལ་ལ་མཁས་པར་མཛོད། །ཀུན་གྱིས་ བཀུར་འོས་སྐུ་སྐྱེས་གཞོན་ནུའི་ལུས། །ཆེན་པོ་གོང་མའི་མཚན་གྱིས་ལེགས་བརྒྱན་པ། །འདི་ ཡང་སེར་གཟུགས་ཕལ་གྱི་དོ་ཟླ་མིན། །མཁས་བཙུན་བཟང་པོའི་རྣམ་ཐར་སྐྱོངས་ཤིག་ཀྱེ། །ཐུན་མོང་རིག་པའི་གནས་ལ་སྦྱངས་པ་དང༌། །ཐུན་མོང་མ་ཡིན་མདོ་སྔགས་ཟབ་མོའི་ཆོས། །རང་ལུགས་དམ་པའི་དགོངས་པ་རྨ་མེད་པ། །མཁས་པའི་ཞལ་ལུང་བརྩོན་པའི་ཤུགས་ ཀྱིས་འཚོལ། །རྣམ་དག་ཁྲི མས་བཟང་ཉེས་པའི་སྐྱོན་དང་བྲལ། །རབ་བྱུང་ངུར་སྨྲིག་རྟགས་ ཀྱིས་ཉེས་མཛེས་པ། །དད་ལྡན་དང་བ་འདྲེན་པའི་དམིགས་རྐྱེན་མཆོག །བཙུན་པའི་ངང་ ཚུལ་ལེགས་པས་གཞན་ཡིད་འགུགས། །ཉེས་ལྟུང་རྙོག་བྲལ་ཁྲི མས་གཙང་པདྨོའི་མཚོར། །ལུང་རྟོགས་ནོར་བུའི་ཚོགས་ཀྱིས་ཡོངས་གཏམས་ཤིང༌། །བསྟན་འགྲོའི་དོན་ཆེན་རླབས་ ཕྲེང་ཕྱོགས་ཀུན་གཡོ། །མཛད་བཟང་དེ་གང་སྐྱེས་བུ་དམ་པའི་རྒྱན། །ཡང་ཅིག་གསོན་དང་ སྤྲུལ་པའི་སྐུ་སྐྱེས་མཆོག །བསྟན་པའི་ཡང་རྩེ་གསང་སྔགས་ཐེག་པའི་བཅུད། །མི་འབྲལ་ ཐུགས་ཀྱི་སྙིང་པོར་རྟག་བཅིངས་ཏེ། །ཚེ་གཅིག་བླ་མེད་ཟུང་འཇུག་ཐོབ་ལ་འབོད། །དེ་ཡང་ ཐུན་མོང་ལམ་གྱིས་རྒྱུད་སྦྱང་བ། །བློ་ལྡོ ག་རྣམ་བཞིས་སྲིད་ལ་ཞེན་ལོག་ནས། །ཐར་པའི་ ཡོན་ཏན་མཆོག་གིས་ཡིད་འཕྲོག་སྟེ། །ཐུན་མོང་ལམ་གྱི་འཇུག་སྒོར་ཕྱིན་པར་མཛོད། །བསླུ་ མེད་སྐྱབས་གནས་རིན་ཆེན་རྣམ་གསུམ་ལ། །སྟོན་ལམ་གྲོགས་ཀྱི་ཚུལ་དུ་སྐྱབས་སོང་ནས། །ཐེག་ཆེན་རྒྱུ་འབྲས་མན་ངག་བདུན་གྱི་སྒོས། །གཞན་ཕྱིར་སངས་རྒྱས་ཐོབ་འདོད་བློ་མཆོག་ བསྐྱེད། །རྡོར་སེམས་སྒོམ་བཟླས་སྟོབས་བཞི་ཚང་བྱས་ཏེ། །སྒྲིབ་སྦྱོང་ཟབ་མོས་རང་རྒྱུད་ དྲི་མ་བཀྲུ། །བསོད་ནམས་ཞིང་དུ་ཚོགས་ཆེན་རབ་རྫོགས་ཕྱིར། །རབ་འབྱམས་གླིང་བཞིའི་ མཎྜལ་རྒྱ་ཆེར་མཆོད། །བླ་མ་སངས་རྒྱས་དངོས་ཀྱི་འདུ་ཤེས་ཀྱིས། །དབང་བཞི་རབ་བླངས་ 9-1-315 རླབས་ཆེན་བྱིན་རླབས་འབེབས། །མ་དག་ཐ་མལ་སྣང་བ་ཀུན་སྦྱངས་ཤིང༌། །དག་རྫོགས་ སྨིན་པའི་བསྐྱེད་རིམ་གནད་དུ་གལ། །བྱེད་བཅིངས་ཟབ་མོ་ལྟོ ས་མེད་རྣམ་བཞིའི་སྒོས། །རྣམ་པར་མི་རྟོག་ཡེ་ཤེས་རང་གསལ་བ། །ཇི་བཞིན་མངོན་དུ་འགྱུར་བྱེད་མན་ངག་ཐབས། །གཡོ་ཐོབ་གོམས་བརྟན་མཐར་ཕྱིན་རིམ་པས་སོ། །ཐུན་མིན་གསང་ཆེན་རྫོགས་པའི་རིམ་པ་ མཆོག །སྨིན་མཚམས་སོར་བཅུ་དྲུག་གི་ནམ་མཁའ་ལ། །ཀུན་རྟོག་ཟད་པའི་དབྱིངས་སུ་བལྟ་ བྱས་ཏེ། །མི་རྟོག་ཡེ་ཤེས་སྒོམ་པ་སོ༷ར་སྡུ༷ད་ལགས། །རང་སེམས་ངོ་བོ་སྟོང་གཟུགས་བྱེད་ མེད་པ། །ཤེས་རབ་རྟོག་དཔྱོད་དགའ་བདེའི་ཡན་ལག་ལྔ། །ཡོངས་རྫོགས་གཟུགས་སེམས་ དབྱེར་མེད་བདག་ཉིད་ཅན། །ཡེ་ཤེས་རང་གཟུགས་ཤར་བ་བས༷མ་གཏ༷ན་མཆོག །ཐབས་ མཁས་བྱེད་པས་རོ་རྐྱང་རྒྱུ་བའི་རླུང༌། །ཨ་ཝ་དྷཱུ་ཏིར་སྲོག་ཐུར་ཁ་སྦྱོར་དུ། །མི་ཤིགས་སྲོག་ གཟུགས་ངོ་བོར་ཡོངས་བསྡམས་ཏེ། །ཡེ་རླུང་སྟོང་གཟུགས་གཉིས་མེད་སྲོག༷་རྩོ༷ལ་ཆེ། །རྡོ་ རྗེའི་ལུས་ཀྱི་འཁོར་ལོ་དྲུག་གི་སྦུབས། །མི་ཤིགས་བདེ་བའི་རང་བཞིན་དངས་མའི་ཁམས། །འབར་འཛག་ཞུ་བདེའི་རང་མདངས་སྟོང་པའི་གཟུགས། །མི་ཕྱེད་སེམས་ཀྱི་རྩལ་རྫོགས་ འཛི༷ན་པ༷འི་ལམ། །རང་བཞིན་དྭངས་པའི་ཐིག་ལེ་བཞུ་བཏུལ་ཁམས། །ངོ་མཚར་ཕྱག་རྒྱའི་ འཕྲུལ་གྱིས་ལེགས་བསྒྱུར་བ། །སྟོང་གཟུགས་སྒྱུ་མའི་སྐུ་རུ་སྣང་བའི་དཔལ། །རབ་འབྱམས་ འོད་སྣང་ཡོངས་འབར་རྗེས༷་དྲན༷་རྩེ། །མ་དག་རྩ་ཐིག་རླུང་གསུམ་བེམ་རྫས་ཆ། །ཉི་ཁྲི་ ཆིག་སྟོང་དྲུག་བརྒྱ་རིམ་གྱིས་འགགས། །འཕོ་མེད་བདེ་ཆེན་དེ་སྙེ ད་གྲངས་ལྡན་པ། །སྐུ་ ཐུགས་ཟུང་འཇུག་མངོན་བྱས་ཏི༷ང་ངེ་འཛི༷ན། །དེ་ནས་རང་ལུགས་འཕགས་པ་ཀུན་རྫོགས་ ཏེ། །མཐར་ཐུག་བདེ་སྟོང་ཡེ་ཤེས་མཆོག་གི་ལུས། །གསང་གསུམ་ཡོན་ཏན་ཟད་མེད་ལྷུན་ གྲུབ་པ། །རིགས་བདག་རྡོ་རྗེ་སེམས་དཔའ་མངོན་དུ་གྱུར། །ལམ་མཆོག་དེ་འདྲ་སྐལ་བཟང་ དཔལ་དུ་ཤར། །དེ་ལྟ་བས་ན་ཐོག་མར་སྨིན་བྱེད་སྒོ། །ཕ་ཅིག་བླ་མའི་ཞལ་གྱི་བུམ་བཟང་ 9-1-316 ལས། །ལེགས་པར་འོང་བའི་དབང་གི་ཆུ་བོའི་རྒྱུན། །ལས་ལྡན་སློབ་བུའི་སེམས་རྒྱུན་འཛིན་ མའི་གཞིར། །རིམ་གཉིས་དཔག་བསམ་ལྗོན་བཟང་ཉེར་བསྐྲུན་སླད། །ཐུགས་རྗེ་བརྩེ་བས་ ཡོངས་འཕོས་ནས་བཟུང་སྟེ། །དམ་སྡོམ་མཐའ་དག་ནམ་ཡང་ཉམས་མེད་མཛོད། །དམ་པའི་ ཡང་སྲིད་བསྟན་ལ་སྨན་པའི་སྐུ། །ཕན་བདེའི་གཞི་གཅིག་བསྟན་པའི་རྩ་ལག་ཏུ། །རིང་ནས་ ཡིད་ཀྱིས་རེ་འདུན་ཆེས་བགྱིད་ན། །རེ་འབྲས་ཇི་བཞིན་འབྱུང་ཐབས་ཉིད་མཁྱེན་ཞུ། །འདི་ བྱས་རྣམས་དཀར་ལེགས་ལམ་གང་མཆིས་དེས། །བསྟན་འཛིན་སྐུ་སྐྱེས་ཐུགས་མཚོར་ཆོས་ འཕེལ་ཏེ། །རང་གཞན་དོན་གཉིས་འགྲུབ་པའི་མཛད་བཟང་གིས། །སྐྱེ་དགུའི་རེ་བ་སྐོང་ བའི་བྱེད་པོར་ཤོག །ཅེས་ཡང་དག་ཆོས་ལས་བརྩམས་པའི་གཏམ་བཟང་རྣ་བའི་བཅུད་ལེན་ཞེས་བྱ་བ་འདི་ཡང་གཙང་ སྤྲུལ་སྐུ་སྐྱེས་ངག་དབང་བསོད་ནམས་དཔལ་ལྡན་ཕྱོགས་ལས་རྣམ་རྒྱལ་གྱི་ཐུགས་ཀྱི་མོས་འདུན་མ་བཟློག་ཙམ་དུ་མ་ཏིའི་མིང་ གིས་ཤར་མར་སྤེལ་བ་དགེ་བར་གྱུར་ཅིག་གུ། །། 9-1-317 ༄༅། །སེམས་ངོ་བསྟེན་ཚུལ་སོགས་ཞལ་གདམས་ ཐོར་བུའི་སྐོར་བཞུགས། ༄༅། །དང་པོ་རང་གི་སེམས་ངོ་འདི་ལྟར་འཚོ་དགོས་ཏེ། སེམས་རང་གི་གནས་ཚུལ་ གསལ་སང་ངེ་བའི་ངོ་བོ་དེ་བློ་ཞབས་སུ་འབོར་དུ་མི་འཇུག་པར་ངོ་བོ་དེ་ཀ་དེ་གོ་བཞིན་པའི་ ངང་ནས་མ་བཅོས་རྣམ་རྟོག་གི་ཟུར་ཆ་ཀུན་དང་བྲལ་བའི་གནས་པ་ཁད་རང་ཤུགས་ཀྱིས་ ཆགས་པའི་དབྱིངས་སུ་རྩེ་གཅིག་ཏུ་གནས་ཅི་ཐུབ་ལ་འབད་དགོས་པ་ཡིན། དེ་ཡང་སེམས་ རང་གི་ངོ་བོ་དྲན་འདུག་པའི་དྲན་པ་དང༌། སེམས་གནས་མི་གནས་ངོ་ཤེས་པའི་ཤེས་བཞིན་ གཉིས་ནི་རྒྱུན་དུ་ཡོད་ངེས་པར་དགོས་པ་གལ་ཆེ་བས་མེད་དུ་མི་རུང་བ་ཡིན་པས་དྲན་ཤེས་ རྒྱུན་དུ་བསྟེན་པ་ལ་འཆུག་མི་ཉན། ཡང་བར་སྐབས་སུ་སེམས་ལྷོ ད་ཆེས་པའི་སྐྱོན་གྱིས་ སེམས་ཀྱི་གསལ་ཆ་ཞན་པའི་བྱིང་འཐིབ་སྐྱེ་འོང་ན་དེ་ངོ་ཤེས་པར་བྱས་ཏེ་ཤེས་པའི་གསལ་ ངར་བསྐྱེད་དེ་བསྒོམ་པ་དང༌། བར་སྐབས་སུ་སེམས་སྒྲིམས་ཆེས་པའི་སྐྱོན་གྱིས་སེམས་གུ་ དོག་འཇུར་བུའི་རྣམ་པར་གྱུར་ཏེ་གནས་ཆ་ཁད་ཆགས་པ་མི་འོང་ན་འདི་དུས་སུ་སེམས་བག་ ཡངས་སུ་ཀློད་ན་གནས་པའི་ཆ་བདེ་མོར་རང་སར་ཐོབ་ནས་རང་བབས་སུ་ངང་གིས་གནས་ རྒྱུ་ཞིག་ཡོང༌། མདོར་ན་འགྲོ་འདུག་སྤྱོད་ལམ་ཐམས་ཅད་དུ་དུས་རྒྱུན་ཏུ་དྲན་ཤེས་ཀྱི་བྱ་རས་ སེམས་ངོ་མི་འབོར་བ་ཞིག་གལ་ཤིན་ཏུ་ཆེ་བས་དེ་ལུགས་སེམས་ལ་བཞག་ནས་ཕ་རྗེས་བུ་ ཡིས་ཟིན་པ་ཞིག ཨེ་འོང་བལྟ་རྒྱུ་རེམ་རེམ། འདི་ནི་ལས་དང་པོ་པའི་སེམས་ངོ་བལྟ་ཚུལ་ 9-1-318 མདོ་ཙམ་ཉུང་བསྡུས་འདུ་བྱས་པ་ལགས། འདི་ཡང་ཀིརྟིའི་མིང་གིས་སོ།། །། ༄༅། །ལེགས་ལམ་སྟོང་གིས་ལེགས་བསྐྲུན་རྣམ་བྱང་སྐུ། །ཟག་བྲལ་ཡེ་ཤེས་སྣང་བའི་ ལེགས་ཆ་ཀུན། །གཟུགས་འཛིན་ཡ་མཚན་དཔལ་གྱི་གཉེན་དུ་རྫོགས། །གཏན་བདེའི་ཕུང་ པོ་འབའ་ཞིག་ཉིད་དུ་ངེས། །འགྱུ་བྱེད་རྟུལ་བོས་ཡིན་ལུགས་མ་ཆོད་པས། །ཡུལ་རྣམས་བཀྲ་ ཡང་རྫུན་པའི་ཟོལ་གྱིས་སྒྲིབ། །གང་དུ་གནས་ལུགས་དོན་ལ་འཕྱང་ཉུག་པ། །བློ་མཆོག་ཞན་ ལ་གནས་འདི་ཀྱེ་མ་ཧུད། །གེ་སར་འཛུམ་བསླུས་ཡིད་ངན་རང་རྒོ ད་ཅན། །ཀླལ་བས་ཡིད་ ཕམ་དགེ་ལྡན་གཟུ་ལུམ་པ། །མ་ཧཱ་ཆེ་མིང་འཛིན་འདི་དོན་ཉག་ཙམ། །ཕྱི་མཛེས་ཁོ་ནར་སྙིང་ བོར་སོང་བའོ། །ཀུན་མཁྱེན་བདེ་གཟུགས་སྒྲ་བཟང་རབ་ངོམ་པས། །ཡིད་དགའ་ཅན་དག་ ཉེར་འཚོའི་གཞིར་གྱུར་མོད། །སླད་མར་བདེ་བ་ནམ་མཁའི་ལུས་ཅན་ཡང༌། །པདྨའི་མངལ་ འཛིན་སིམ་པ་སྦྱིན་འདི་མཚར། །དྲང་སྲོང་ཞི་བ་བདུད་རྩིས་ཉེར་བལྟམས་པ། །བློ་ལྡན་ཡིད་ ཀྱི་ཡོལ་གོར་ལུད་པའི་གཏེར། །ཉེས་ཟུག་དྲེགས་པ་གཞི་ནས་གཙང་མཛད་པ། །འདི་ཀོ་ སྤྲོ་བའི་དཔལ་དུ་ལྷག་གིས་ཤར། །དོན་བཟང་འཕྲལ་ཕུགས་ངེས་བདེ་ལེགས་འཇོ་བ། །ཇི་ བཞིན་སྟོན་བྱེད་རྣམ་དག་ལུང་གི་སྒྲ། །མཉན་བྱ་འཛིན་ལ་མཆེད་པའི་ཡུལ་སྒོ་བྱས། འདིས་ ཀྱང་ཕན་བདེའི་བག་ཆགས་འཇོག་པར་ནུས། །གང་ཞིག་བསྙད་བྱའི་ཚུལ་མཆོག་ཁྱད་པར་ བ། །ཇི་བཞིན་དབྱེ་བའི་ལེགས་བྱས་ལ་བརྟེན་ནས། །ངེས་པ་ཆོས་ལ་འཁྲུངས་པའི་བློ་གྲོས་ ཆ། །བགྱི་བ་ལྷོ ད་མེད་གཉེར་བའི་གཡར་དམ་ཀྱིས། །ངེས་བློ་གསར་བའི་བཞིན་རས་མཇལ་ བ་ན། །སྣ་ཚོགས་བཀོད་པའི་གནས་ཚུལ་མཐའ་ཀླས་པ། །མ་འདྲེས་ལེགས་ངོམ་གསལ་ཆ་ སོ་སོར་སྟོན། །དེ་སླད་བླང་དོར་ཀུན་ཀྱང་གཤིས་སུ་བཀྲ། །རྣམ་པ་དེ་ཀུན་རིག་ཤེས་གསལ་ བའི་ངོར། །སྣང་བརྙན་ཇི་བཞིན་རི་མོའི་ཚུལ་དུ་འཇོག །ཀུན་ཤེས་གཟིགས་སྟོབས་མངའ་ 9-1-319 བ་ཉིད་གྱུར་ཏེ། །ཤེས་པ་རབ་ཀྱིས་ཉེས་རྩ་དྲུངས་ནས་འབྱིན། །རྐྱེན་དེས་གཅིག་དང་དུ་མར་ རོལ་པའི་འཕྲུལ། །རང་ཤུགས་མངའ་བའི་བློ་མཐུ་ཡོངས་རྒྱས་ནས། །འགྲོ་བློའི་རྗེས་འགྲོའི་ ཉམས་མཚར་འཆང་བ་ཡིས། །རང་འདོད་ཇི་བཞིན་རེ་འབྲས་སྦྱིན་བདག་བྱེད། །ལེགས་ འབྱོར་འདོད་ཀྱང་དེ་ལུགས་བཞིན་མིན་པར། །གོ་ལྡོ ག་ཚུལ་གྱི་ཡིན་ལུགས་ཤར་བ་ན། །བསམ་པ་མ་འགྲུབ་རེ་ཐག་ཆད་པ་འདི། །འཁོར་བར་འཕྱན་པའི་འགྲོ་འདིའི་གནས་ཚུལ་ ལགས། །འདི་ཡང་ཀིརྟིའི་མིང་གིས་རྩེ་མཚར་ལ་འཕྲལ་དུ་བྲིས།། །། ༄༅། །ཟབ་མོ་ལྟ་བའི་དེ་ཉིད་ཇི་བཞིན་པ། །རང་སེམས་གསལ་སྟོང་རྗེན་པའི་གནས་ ལུགས་མཆོག །ཇི་སྙེ ད་ལེགས་པར་འདོམས་པའི་བཀའ་དྲིན་ཅན། །རྩ་བའི་བླ་མ་མཆོག་ ལ་གུས་པས་འདུད། །མཆོག་གསུམ་འདུས་པའི་བདག་ཉིད་གང་དེ་ལ། །གཏིང་ནས་ཡིད་ ཆེས་ནམ་ཡང་ལྷོ ད་མེད་པར། །མཐའ་ཡས་འགྲོ་ལ་བརྩེ་སེམས་ཡང་དེ་བཞིན་དུ། །ཡིད་ལ་ བཞག་པའི་ངང་ནས་ཀུན་སློང་བཅོས། །དེ་ནས་རང་བློ་འགྱུ་བའི་བདག་ཉིད་ཅན། །འདི་ཀ་ རང་བབས་ཉིད་དུ་བཞག་བྱས་ཏེ། །འདས་དང་མ་འོངས་ད་ལྟའི་གནས་ཚུལ་ལ། །རྗེས་སུ་ འབྲང་བའི་འགྱུ་སྒོ་ལེགས་པར་བསྡམས། །རང་སེམས་གསལ་བའི་ངོ་བོ་གོ་ཙམ་དུ། །མ་ བཅོས་རང་བབས་གང་ཤར་ལྷུག་པའི་ངང༌། །རྟོག་ཚོགས་རང་དྭངས་མཁའ་ལ་བྱ་རྗེས་ བཞིན། །སྟོང་གསལ་འཛིན་མེད་དབྱིངས་ནས་རང་ས་ཟུང༌། །གསལ་རིག་ངོ་བོ་བརྗེད་མེད་ དྲན་པ་དང༌། །སེམས་ཀྱི་གནས་ཚུལ་གོ་བའི་ཤེས་བཞིན་གཉིས། །བློ་ཡི་ཟུར་ཆའི་སྟེང་ནས་ མ་ཉམས་པར། །རྒྱུན་དུ་གནས་ཐབས་བྱེད་མཁན་མེད་མི་རུང༌། །དེ་ལྟར་གནས་པ་སྐྱོང་ སྐབས་རེ་ཞིག་ན། །ཧ་ཅང་བསྒྲིམས་པའི་རྐྱེན་གྱིས་རོ་སྟོད་འཚངས། །མིག་རུས་ན་ཞིང་མགོ་ ཐོད་གཟེར་བ་དང༌། །གུ་དོག་འཚུབ་སྣང་འཆར་བ་སོགས་བྱུང་ན། །རང་སེམས་རྒྱ་བསྐྱེད་ 9-1-320 སྣང་བ་ཡངས་པོ་དང༌། །བློ་ཡིད་གཏད་སོའི་འཛིན་ཞེན་ལྷོ ད་བྱས་ཏེ། །རྩོལ་བྲལ་ཤུགས་ འབྱུང་ངང་ནས་ཅི་བདེར་ལྟོ ས། །དེ་ཚེ་བར་སྐབས་བློ་འཕང་ཉམས་སྨད་ནས། །རིག་པའི་ གསལ་ངར་ཞན་པའི་བྱིང་བ་བྱུང༌། །འདི་དུས་སེམས་ཀྱི་གསལ་ངར་འདོན་པར་བྱ། །སྐབས་ རེ་འདོད་པའི་ཡུལ་ལ་རྒོ ད་དྲག་ན། །རང་ཐོག་བཞག་དང་རྩོལ་བ་ལྷོ ད་པ་གཉིས། །ཁམས་ དང་བསྟུན་ནས་གནད་ལ་གང་ཞོག་བལྟ། །དེ་ལྟར་ཐབས་མཁས་ལེགས་པས་རྒྱུན་བསྐྱངས་ ཚེ། །རིང་མིན་མྱུར་ནས་གནས་ལུགས་རང་ངོ་ཟིན། །དུས་ཀུན་རེ་དང་དོག་པའི་མཚན་འཛིན་ སྤོང༌། །སེམས་ཀྱི་ཆོས་ཉིད་སྒོམ་ན་དེ་ལུགས་མཛོད། །ཅེས་པ་འདི་ཡང་རིན་ཆེན་བཟང་གི་མོས་འདུན་མ་ བཟློག་ཙམ་དུ་མ་ཏི་ཀིརྟི་ཞེས་པས་འཕྲལ་དུ་བྲིས།། །། ༄༅། །དམར་སེར་ལི་ཁྲི འི་འོད་བཟང་སྟོང་འཇོ་བ། །མཚན་དཔེའི་མེ་ཏོག་གསར་བ་ མངོན་བཞད་ཅིང༌། །མཛེས་སྡུག་དཔལ་གྱིས་འཁྱུད་པའི་ཡེ་ཤེས་སྐུ། །སྨྲ་བའི་ཟླ་བ་སེམས་ དཔའ་གཞོན་ནུའི་གཟུགས། །ཡིད་སྡུག་གསེར་བཟང་ས་འཛིན་རབ་རྒྱས་པར། །སྣང་བྱེད་ འཆར་ཁའི་འོད་མདངས་ལྷག་པ་བཞིན། །ཡེ་ཤེས་སྒྱུ་མའི་འཕྲུལ་གྱིས་ཟོལ་བསྒྱུར་བ། །ཡ་ མཚན་མཛེས་པ་འབྱིན་པའི་གཟུགས་སྐུར་བཞེངས། །ལེགས་བྱས་དཔལ་གྱི་མགུར་བཟང་ ཡངས་པ་ནས། །དྲུག་ཅུའི་སྙན་པའི་དབྱངས་རབ་འབྱིན་པ་ལས། །ཡུལ་དང་འཚམས་པའི་ ཆོས་དོན་གསལ་མཛད་པ། །ཀུན་ཕན་སྟེར་བའི་རྗོད་བྱེད་རྣམ་པར་དག །མ་ལུས་ཡུལ་གྱི་ དེ་ཉིད་ཇི་བཞིན་པ། །རྣམ་པ་ཅིག་ཆར་བཀྲ་བའི་མཁྱེན་བཟང་ཁམས། །མངོན་རྟོགས་རྒྱ་ མཚོས་ཀུན་ནས་རབ་གཏམས་པ། །བྱམས་བརྩེ་ཀློང་ཡངས་ཟབ་མོའི་མཛོད་ཀྱང་འཛིན། །རྒྱ་ཆེན་ཕྱོགས་ཀྱི་འཁོར་ལོ་དང་མཉམ་པའི། །གསང་བ་གསུམ་གྱི་ཡོན་ཏན་ཕ་མཐའ་ཡས། །གདུལ་བྱ་ཀུན་གྱི་རྨོངས་མུན་སེལ་བ་ལ། །རླབས་ཆེན་ཕྲིན་ལས་ནམ་ཡང་གཡེལ་བ་མེད། 9-1-321 །ལྷག་པའི་ལྷ་ཁྱོད་བདག་ཉིད་པདྨོའི་དབུས། །རྡུལ་བྲལ་མཛེས་སྐུ་གསར་བའི་ཞབས་བཀོད་ ཏེ། །རྣོ་གསལ་ཟབ་རྒྱས་བློ་སྒོ་རབ་ཕྱེས་ནས། །ཆོས་ཀུན་མཁྱེན་པ་མྱུར་དུ་ཐོབ་གྱུར་ཅིག ། ཅེས་པའང་ཀིརྟིའི་མིང་གིས་སོ།། །། ༄༅། །ལང་ཚོ་མིག་གི་དགའ་སྟོན་ལྷག་གེ་བ། །རབ་དཀར་དུང་ལ་དམར་མདངས་ འཕོས་པ་ཅན། །ན་ཆུང་སྒེག་མོ་ཟླ་བའི་སྣང་འོད་འབར། །མཛེས་སྡུག་ཉམས་ཀྱིས་རོལ་པའི་ ཚངས་སྲས་མ། །ཆུ་སྐྱེས་ཟེའུ་འབྲུའི་རྩེ་ལ་ཉེར་རྩེན་ཅིང༌། །ག་པུར་གཏེར་ལ་ཙོག་པུས་དགྱེས་ བཞུགས་པ། །མུ་ཏིག་དྲ་བའི་དཔྱངས་འཕྲུལ་རབ་གཡོ་བའི། །ཀུན་མཁྱེན་སྐེད་མེད་ངག་གི་ དབང་ཕྱུག་མ། །འཕྲུལ་ལྡན་རྒྱུད་མངས་སྒྲ་ལས་ཉེར་འོང་ཞིང༌། །སྙན་པའི་འགྱུར་ཁུག་སྟོང་ གི་རང་གདངས་ལ། །ལེགས་བཤད་རིག་གསང་ཟབ་གནད་ཀུན་ཚང་བ། །ངོ་མཚར་སྨྲ་བ་ རྒྱ་མཚོའི་མངའ་བདག་མ། །འོད་དཀར་འཁྱི ལ་བའི་སྦུབས་ན་འགྱིང་སྒེག་ངོམ། །ཡ་མཚན་ ལེགས་ཆ་ཀུན་འཛིན་ན་ཆུང་གཟུགས། །རྣམ་བྱང་ཆོས་སྐུ་རབ་རྒྱས་ཟག་བྲལ་བ། །ཡེ་ཤེས་ དྭངས་མའི་གཤིས་སུ་རབ་གསལ་མ། །གང་ལ་རེ་བའི་སྒྲུབ་པོ་མ་ལུས་པ། །གང་གིས་གཡེལ་ བ་ནམ་ཡང་མེད་བྱས་ཏེ། །གང་འདོད་དོན་འབྲས་མཐའ་དག་འབྱུང་བའི་གཉེན། །གང་ཉིད་ མཛད་ཕྲིན་གཞན་ལས་ཁྱད་འཕགས་མ། །གུས་གདུང་ལྷོ ད་མེད་ངང་ནས་འཕགས་མ་ཡི། །གསང་གསུམ་ཆེ་བའི་ཚུལ་ལ་ཉེར་དད་ན། །སྨྲ་དབང་ངག་གི་སྒོ་མོར་རབ་བཀྲོལ་ཏེ། །ཆོས་ ཚུལ་གང་ལ་གཟུངས་སྤོབས་ཐོགས་མེད་ཤོག །ཅེས་པའང་ཀིརྟིའི་མིང་གིས་སོ།། །། ༄༅། །འོད་གསལ་སེམས་ཀྱི་གནས་ལུགས་མཆོག །ཇི་བཞིན་རྗེན་པར་ལེགས་ འདོམས་པའི། །བླ་མའི་ཞབས་ལ་གུས་བཏུད་ནས། །སེམས་ཀྱི་ཉམས་ལེན་བསྡུས་ཙམ་ 9-1-322 འཆད། །དང་པོའི་ལས་ཅན་གང་དག་གིས། །འཁོར་འདས་རང་བཞིན་བླ་མའི་ཐུགས། །ཀུན་ ཁྱབ་འདུ་འབྲལ་མེད་པའི་ངང༌། །རང་སེམས་གསལ་བའི་མདངས་སུ་ལྟོས། །དེ་ནས་མཉམ་ བཞག་ཐོག་མའི་དུས། །ལུས་སེམས་བདེ་བར་གནས་བྱས་ཏེ། །ཀུན་རྟོག་སྣང་བའི་འགྱུ་བ་ ཀུན། །ཡིད་མི་འོང་དུ་བལྟ་བར་བྱ། །དེ་ཡང་འཁོར་ཚེ་ཐོག་མེད་ནས། །རྟོག་ཚོགས་འཆིང་ བ་དམ་པོ་ཡིས། །རང་གཞན་འགྲོ་ཀུན་རབ་བསྡམས་པས། །དབང་མེད་སྡུག་བསྔལ་འབའ་ ཞིག་སྤྱོད། །དེ་ཕྱིར་རྣམ་པར་རྟོག་པའི་ཚོགས། །སྡུག་བསྔལ་རང་བཞིན་དུ་མཐོང་ནས། །རྣམ་ པར་གཡེང་བ་ཀུན་སྤངས་ཏེ། །དམིགས་མེད་དོན་ལ་འཇུག་པར་འཚལ། །གང་ཞིག་ད་ལྟའི་ ཤེས་རིག་མདངས། །མ་འགགས་རང་གསལ་རྗེན་ནེ་བ། །མ་ཡེངས་དྲན་པའི་ཡུལ་དུ་ཟུང༌། །བཟོ་བཅོས་བྲལ་བའི་ངང་ལ་ཞོག །འདི་འདྲ་ཐོག་མར་མི་འོང་ན། །རིག་པའི་དམིགས་ རྟེན་མཁའ་དབྱིངས་སུ། །རྩེ་གཅིག་གཡོ་མེད་མཉམ་བཞག་ངང༌། །རྟོག་ཚོགས་མཐའ་དག་ བཅད་པར་བྱ། །དེ་སྐབས་ཧ་ཅང་གཏད་དྲག་པས། །གུ་དོག་སྣང་བ་འཚུབ་པ་སོགས། །ལུས་ སེམས་མི་བདེས་འཁྲུགས་གྱུར་ན། །རེ་ཞིག་རྩོལ་བྲལ་ངང་དུ་ཞོག །སེམས་ལྷོ ད་ཆེས་པས་ སྐྱོན་འབྱུང་སྟེ། །རིག་པ་བྱིང་ཞིང་འཐིབ་པ་སོགས། །རང་གསལ་གཤིས་ལ་སྐྱོན་ཞུགས་ན། །སེམས་འཕང་གཟེངས་བསྟོད་ཅེར་གྱིས་ལྟོ ས། །གྲིམ་ལྷོ ད་རན་པའི་མན་ངག་གིས། །རང་ སེམས་ངོ་བོར་བལྟ་ཤེས་ན། །སྐྱོན་མེད་སེམས་ཀྱི་གནས་ཆ་བརྟན། །རང་སེམས་ཇི་བཞིན་ གསལ་ནས་འོང༌། །སེམས་ཀྱི་ངོ་བོར་བལྟ་སྐབས་སུ། །རང་ངོ་ཤེས་པའི་དམིགས་རྣམ་དེ། །ནམ་ཡང་བརྗེད་མེད་དྲན་པ་མཆོག །མཉམ་བཞག་བློ་དང་འབྲལ་མི་རུང༌། །རྟོག་མེད་ སེམས་ཀྱི་ངོ་བོ་ཉིད། །ལེགས་པར་གནས་སམ་མི་གནས་པ། །ཇི་བཞིན་ཤེས་པའི་བློ་གྲོས་ འདི། །བསམ་གཏན་མཆོག་གི་བྱེད་རྐྱེན་ཡིན། །དམིགས་མེད་ངང་ལ་འཇོག་པའི་ཚེ། །བཟང་ ངན་རྣམ་རྟོག་ཅི་ཤར་ཡང༌། །རེ་དོགས་སེམས་ཀྱིས་རྗེས་མ་གཅོད། །རང་མདངས་ངང་ 9-1-323 ལ་རང་བབས་ཞོག །རེ་ཞིག་རྣམ་རྟོག་ཞི་བའི་ཚེ། །རྟོག་ཚོགས་རགས་པ་མེད་མོད་ཀྱང༌། །འགྱུར་བ་ཕྲ་མོ་མ་ཆོད་ནའང༌། །རྩོལ་བྲལ་རང་བབས་བསྐྱངས་པས་ཆོག །རང་སེམས་ངོ་ བོ་འདུ་འབྲལ་མེད། །རང་གསལ་རྗེན་ཆར་འགག་པ་མེད། །རང་མདངས་སྤྲོས་པས་གོས་པ་ མེད། །རང་ངོ་ནམ་ཡང་བརྗེད་མེད་མཛོད། །དུས་དང་གནས་སྐབས་ཐམས་ཅད་དུ། །དྲན་ དང་ཤེས་བཞིན་འབྲལ་མེད་ཀྱིས། །རང་སེམས་ངོ་བོ་ཞིབ་ཏུ་རྟོག །སྐྱོན་ཡོན་ཆ་ནི་ལེགས་ འབྱེད་མཛོད། །མདོར་ན་ད་ལྟའི་རིག་པ་འདི། །མ་བཅོས་སོ་མ་རང་ཤར་དུ། །འཇུར་བུས་མ་ བཅིངས་ཡེ་གྲོལ་ངང༌། །འབད་མེད་འཇོག་འདི་ལྟ་བའི་གནད། །དེ་སྐད་གནས་ལུགས་སྒོམ་ པའི་ཚུལ། །དེང་དུས་ཆོས་ལ་མོས་བློ་ཅན། །རཏྣ་བཛྲ་ཡིས་བསྐུལ་ངོར། །མ་ཏིའི་མིང་གིས་སྤེལ་བ་ དགེ། །། ༈ གནས་བདེ་མོ་ཤིང་ལོ་ལྗང་ལྡེ མ་ལྡེ མ། །ཆུ་བདེ་མོའི་རྫ་ཆུ་འཁྱགས་ལྷུང་ལྷུང༌། །གོས་ བདེ་མོའི་ཕྱིང་དཀར་ངང་ཟིལ་ཟིལ། །གནམ་བདེ་མོའི་སྦྲང་ཆར་ཟི་ལི་ལི། །སེམས་བདེ་མོའི་ ཞེ་རྩ་དགའ་དུང་དུང༌། །ལུས་བདེ་མོའི་ན་ཚོད་གཞོན་ཆུང་ཆུང༌། །གང་བསམ་ཀྱང་བདེ་བདེ་ སྐྱིད་སྐྱིད་རེད། །གར་བལྟས་རུང་དགའ་དགའ་ལྷག་ལྷག་རེད། །གླུ་བདེ་མོ་ཁ་ནས་ཤོར་ཐལ་ ལོ། །ཨ་བུ་བུ་ཚོ། རིག་གསལ་ལ་མ་ཏིས་སོ།། །། ༈ ཁྱད་པར་ཚེ་འདི་ཡུན་ཐུང་དགུན་ཉི་འདྲ། །འཁོར་བའི་བདེ་ལ་སྙིང་པོ་ཅི་ཡང་མེད། །དེ་སླད་འདི་སྣང་ཞེན་པ་ལྡོ ག་བྱས་ནས། །ཚེ་མཐར་ཆོས་ཀྱིས་འཁྱོལ་ཐབས་མ་འཕྱུགས་ རེམ། །ཞེས་མ་ཏིས་སོ།། །། 9-1-324 ༄༅། །འོ་ད་སྐབས་བློ་ནང་དུ་བསྐོར་ནས་ཆོས་ལ་བག་ཆགས་རེ་འཇོག་འདོད་ཡོད་ པ་ཚོས་ཡིད་ཡུལ་དུ་བཟུང་རྒྱུར། སྤྱིར་རྫོགས་པའི་སངས་རྒྱས་ཀྱིས་གང་གསུངས་པའི་ཆོས་ ཐམས་ཅད་མདོ་སྔགས་གཉིས་སུ་འདུ་བ་ཡིན། དེ་གཉིས་བློ་ལམ་གྱི་ཁྱད་པར་གདུལ་བྱའི་ དབང་གིས་མཐར་ཐུག་གདོད་མའི་གནས་ལུགས་མཆོག་ཏུ་གྲོལ་བ་ལ་ཡུན་རིང་ཐུང་ཡོད་པ་ མ་གཏོགས་ཕུགས་སུ། གོ་འཕང་བླ་མེད་བྱང་ཆུབ་ལ་བཟང་ངན་མེད་ཅིང་དོན་གནད་ཕུགས་ གཅིག་ཡིན། མདོ་སྔགས་ལམ་ལའང་སྤྱིར་ལྟ་སྤྱོད་སྒོམ་གསུམ་ཐད་ནས་ཁྱད་འབྱེད་ལུགས་ ཆེས་མང་ན་འདིར་རང་རེ་ཚོས་ཉམས་ལེན་བྱེད་ཚུལ་ཙམ་མདོར་བསྡུས་ནི། དེང་དུས་ཀྱི་རང་ རེ་ཚོས་རང་རང་དང་འཚམས་པའི་ཁམས་དབང་བློ་ཡིས་གང་འཆུན་ཙམ་གྱི་ལུས་ངག་ཡིད་ གསུམ་སྒོས་དགེ་སྦྱོར་ཆེ་ཕྲ་ལག་ལེན་ཅི་ཐེབ་ལ་འབད་ཅིང་སྡིག་ལྟུང་ལ་འགོག་བསྡམ་དྲག་ པོ་བྱ་བ་གལ་ངེས་པར་ཆེ་ལ། ཁྱད་པར་རང་ཅག་ལ་ལས་མཐུན་དུས་སུ་བབ་པ་ནི་ངེས་དོན་ སྒྲུབ་བརྒྱུད་ཀྱི་བསྟན་པ་འདི་ག་ལགས་པས་ཆོས་གང་ལའང་རང་ངོས་ནས་བཟང་ངན་མེད་ ཀྱང་ཉམས་ལེན་པ་གང་དག་ལ་རྒྱུད་ཚོད་དང་མཐུན་མི་མཐུན་ཡོད་པས་ད་སྐབས་སྔོན་སྟོན་ པ་སངས་རྒྱས་དངོས་ནས་རྩ་བའི་བླ་མའི་བར་ཟབ་མོའི་ཉམས་ལེན་རྒྱུན་མ་ཆད་པ་སེམས་ རང་གསལ་རྟོག་མེད་ལ་མཉམ་པར་བཞག་ནས་སྒོམ་ཐབས་འདི་རྒྱུན་ལེགས་པར་བསྐྱང་ན་ རང་རང་གི་ཁམས་དབང་དང་མཐུན་པའི་ཉམས་མྱོང་རེ་ནི་ལམ་ཐུན་མོང་པ་གཞན་གོམས་ པ་གང་ལས་ཀྱང་རྒྱུད་ལ་མངོན་ཚབས་ཆེ་བ་མྱོང་བས་གྲུབ་པ་ཡོད་ཕྱིར། ཚུལ་དེ་ལུགས་ ལྟར་ན་ད་ལན་དུས་རྒྱུན་དུ་རང་སེམས་ལ་བལྟ་ཤེས་བྱས་ནས་རྣམ་པར་རྟོག་པའི་ཚོགས་ ངོས་ཟིན་པར་བྱས་ཏེ་ཅི་དགར་རང་དྭངས་སུ་མཉམ་པར་འཇོག་ཅི་ཐུབ་ལ་འབད་དེ་རྟོག་ ཚོགས་ཀུན་བྲལ་གྱི་རང་རིག་རང་གསལ་གྱི་ཆ་ཅི་རིགས་རིམ་པས་མངོན་ཞིང་དེའི་ངང་རང་ ཉམས་དང་ཚོད་མཐུན་ལྟ་ལུགས་མ་འཆུག་ན་རྒྱལ་ཀུན་ཆོས་སྐུ་བླ་མའི་ཐུགས་དང་མི་གཉིས་ 9-1-325 པ་ཟེར་ན་དེ་འདིའི་རང་རྩལ་ལས་གཞན་དུ་མེད་པས་སེམས་སྟོང་གསལ་སྤྲོས་པ་ཐད་སོར་ ཞི་བ་མ་བཅོས་སོ་མ་འཛིན་བྲལ་རྗེན་ལྷང་གིས་འབུད་པ་མཐོང་རྒྱ་ཡངས་ཁྲོ་ལེ་ཡོད་པ་དེང་ དུས་ལས་དང་པོ་པ་འགའ་ལ་མྱོང་བ་དུས་སུ་ཐོན་པ་འདི་ཚོ་ནི་རྒྱུད་ཚོད་དེ་མཐུན་ཙམ་གྱི་ གནས་ལུགས་ཀྱི་རང་ཞལ་བླ་མའི་དོན་དམ་ཆོས་སྐུ་ལ་ཕྱོགས་ཆ་ཤས་རེའི་མྱོང་སྒོ་དོད་ཅིང་ བག་ཆགས་དེ་དག་རེ་ནི་ངེས་པར་མི་སླུ་བས་ཐེག་པ་སྤྱི་དང་མཐུན་པའི་སྟོང་ཉིད་ལ་བློ་ཁ་ ཕྱོགས་པས་སྲིད་པ་ཧྲལ་པོ་བྱེད་པའི་ཕན་ཡོན་དང༌། ཡང་སྒོས་སུ་ངེས་དོན་ཟབ་མོའི་ཆོས་ ཉིད་བདེ་གཤེགས་སྙིང་པོ་མངོན་བྱེད་ཀྱི་སྒོ་ལ་ངེས་པར་ཉེ་བས་ཡེ་ཤེས་ཀྱི་ཚོགས་ཁྱད་པར་ བ་བསགས་སྟོབས་ཆེ་ཞིང་སྡིག་ལྟུང་ཚབས་ཆེ་བ་སྦྱོང་བྱེད་ཀྱི་ཐབས་ཀྱང་འདི་ཤིན་ཏུ་བཟང་ ལ་མཐུ་ནུས་ཁྱད་པར་དུ་འཕགས་པ་ཡིན། འདི་ལ་རང་གིས་ཡིད་ཆེས་ཀྱིས་རེམ་པ་ཆེར་ བྱས་ཏེ་བློ་རྩེ་གཅིག་གྲིལ་ནུས་ན་ཚེ་ཇི་ལྟར་ཐུང་ཡང་རྒྱུད་ཚོད་དང་མཐུན་པའི་ཚེ་མཐར་རང་ རྣམས་ན་འཕར་བ་དང་ནམ་ཞིག་འཆི་བ་འོད་གསལ་སྐབས་རང་ངོ་ཟིན་ཚབས་ཆེ་བས་རྣམ་ ཤེས་ལས་བརྒལ་ཞིང་ཡེ་ཤེས་ཆེས་ཟབ་མངོན་དུ་གྱུར་ཅིང༌། སྐྱེ་སྲིད་ཕྱི་དེ་མ་ཐག་པ་ནས་ རང་རེའི་ལས་མཐུན་གྱི་སྔགས་རིག་འཛིན་པའི་ཞིང་མཆོག་ཁྱད་པར་བ་སྐྱེ་བ་འཛིན་བྱེད་ ཀྱི་དངོས་རྒྱུ་གཞན་གང་ལས་ཆེས་ཁྱད་པར་དུ་འཕགས་པ་ནི་བཤད་ཡམ་ཁ་ཕོ་ཙམ་མ་ཡིན་ པར་མྱོང་བ་ལག་བླང་དུ་ཐེབས་པ་དེང་དུས་སུའང་ཅི་རིགས་འདུག་པས་དེ་ལུགས་ཡིད་ཆེས་ མཛོད་ཅིག ཅེས་པ་མ་ཏིས་རང་དང་མཉམ་པ་ལ་ཕན་ཕྱིར་སྨྲས་པའོ།། །། ༈ སེམས་རིག་པ་རང་གསལ་ནི་ད་ལྟའི་ངོ་གོ་བཞིན་པ་དུས་གསུམ་གྱི་ཆོས་འཆར་རུང་ བ་འདི་ཡིན། དེ་རང་བབས་སུ་བསྐྱང་ཐུབ་ན་འགྱུ་རྟོག་རང་དྭངས་སུ་སོང་སྟེ་བྱིང་རྒོ ད་མེད་ པར་རང་གསལ་དུ་གནས་འོང་ཡོད། དེའི་གཤིས་འཛིན་པ་བཅོས་ཞེན་བྲལ་བར་བཏང་ 9-1-326 བཞག་ཀུན་ཀློད་ནུས་ན་ཕྱག་རྒྱ་ཆེན་པོ་རང་འཚམ་གཤིས་དེ་ཐོག་ནས་མཉམ་ཡངས་སུ་ མངོན་ཆོག་པ་ཡིན། ཞེས་བློ་བཞིན་ལ་མཁོ་ཕྱིར་མ་ཏིས་སོ།། །། ༄༅། །བླ་མ་སྒོམ་ཚུལ་ངོ་བོ་རང་རྩ་བའི་བླ་མ་གང་ཡོད་རྣམས་གཅིག་བསྡུས་སུ་མོས་ ནས་ཕར་ལྟ་ཚུལ་རྡོ་རྗེ་འཆང་གི་སྐུ་དངོས་བཞུགས་ཀྱི་རྣམ་པ་སེམས་དྲན་རྟེན་དུ་སྒོམ། སེམས་ནི་ནང་དུ་ཡུལ་སྣ་ཚོགས་གོ་ཡེ་འདུག་མཁན་དེ་ཡིན། དེའི་རང་གཤིས་གསལ་སང་ངེ་ རིག་པའི་ངོ་དེ་གོ་བཞིན་པའི་ངང་བསྐྱངས་ནས་བསམ་མེད་ཅི་གནས་སུ་ཞོག སྣང་བ་ལ་ཁ་ དོག་རྣམ་དབྱིབས་གང་ལྟར་ཤར་ཚད་ཐམས་ཅད་བདེ་གཤེགས་སྙིང་པོ་ཡེ་ནས་སེམས་རྒྱུད་ ལ་ཞུགས་པའི་རྟགས་སྣང་འཆར་བྱ་སྟོང་གཟུགས་མཚོན་བྱེད་དུ་ངོ་སྤྲད་པ་ཡིན། དགེ་བ་མ་ སེམས་ཅན་མཐའ་དག་གི་དོན་དུ་བདག་བླ་མེད་རྫོགས་བྱང་གི་གོ་འཕང་ཐོབ་པའི་ཆེད་ལ་ བསྔོ་ཞིང་དེ་ཡང་དམིགས་མེད་རང་གསལ་དུ་འཇོག་དགོས། ཁམས་དྲུག་དག་པས་ཁ་དོག་ རྣམ་དྲུག་འཆར། །ཁྱད་པར་ཆུ་ཁམས་རྟགས་སྣང་གཙོ་ཆེ་བ། །གང་ཤར་ཐམས་ཅད་རང་ངོ་ ཟིན་ཙམ་དུ། །རེ་དོགས་བྱིང་རྒོ ད་བྲལ་ལ་ཅི་གར་སྐྱོངས། །ཞེས་པ་བློ་གྲོས་ཚུལ་ཁྲི མས་ལ་མ་ཏིས་སོ།། །། ༄༅། །སྔོན་དགེ་སློང་ཆོས་ཀྱི་འབྱུང་གནས་ལམ་སློབ་པའི་ཚུལ་དུ་བཞུགས་པས་ ཚོགས་གཉིས་ཟབ་ཡངས་ཆེར་འཕེལ་བས་ལས་དང་ཉོན་མོངས་པ་དང་རྣམ་པར་སྨིན་པ་ ཟག་བཅས་ཉེ་བར་ལེན་པའི་ཕུང་པོ་དང་ལས་དབང་གི་འཆི་བ་དང་དཀར་ཆོས་འཚེ་བྱེད་ ལྷ་དགའ་རབ་དབང་ཕྱུག་ལྟ་བུ་སྟེ་ཉོན་མོངས་ཕུང་པོ་འཆི་བདག་ལྷའི་བུའི་བདུད་རགས་པ་ བཞི་དང་མ་རིག་བག་ཆགས་ཀྱི་ས་རྩོལ་དྲག་པོ་ཕྲ་མོ་བཅས་དང་ཟག་མེད་ཡིད་ལུས་དང་ བསམ་གྱིས་མི་ཁྱབ་པའི་འཆི་འཕོ་དང་ཆོས་ལམ་མཐོན་པོར་འཚོ་བའི་ལྷའི་བུ་སྟེ་ཉོན་ཕུང་ 9-1-327 འཆི་ལྷ་བཞིའི་བདུད་ཕྲ་བ་བཞི་ལེགས་པར་བཅོམ་པ་སྒྲིབ་ཀུན་སྤངས་ཤིང་འགོག་ལམ་ མཐར་ཐུག་དང་ལྡན་པ་དང་སྲིད་པ་འཁོར་བའི་མཐའ་དང་ཞི་བ་མྱ་འདས་ཀྱི་མཐའ་ལས་ ཡོངས་སུ་འདས་ཤིང་ཐུགས་གནས་ལུགས་དེ་བཞིན་ཉིད་གདོད་མ་ཆོས་དབྱིངས་ཆེན་པོར་ ཀུན་ནས་རོ་མཉམ་དུ་འདྲེས་པ་དེ་ལས་ནམ་ཡང་ལྡང་བ་མེད་པར་གཤེགས་པ་དང་ཐར་བའི་ གེགས་ཉོན་མོངས་པའི་སྒྲིབ་པ་དང་ཐམས་ཅད་མཁྱེན་པའི་གེགས་ཤེས་བྱའི་སྒྲིབ་པའི་དགྲ་ མཐའ་དག་བཅོམ་ཞིང་རྣམ་པར་དག་པ་རང་དོན་དམ་པ་ཆོས་སྐུ་དང་གཞན་དོན་དམ་པ་ གཟུགས་སྐུའི་ཡོན་ཏན་མཐའ་དག་ཡང་དག་པར་རྫོགས་པའི་མ་རིག་པ་གཉིད་ལྟ་བུ་སངས་ ཤིང་བློ་གྲོས་ཤེས་བྱའི་གནས་ལ་པདྨོའི་འདབ་མ་ལྟར་རྒྱས་པའི་གང་འདུལ་འགྲོ་བ་སྡུག་ བསྔལ་ལས་དབུགས་དབྱུང་བའི་མགོན་པོ་ད་ལྟ་བདེ་ཆེན་ཞིང་གཙོ་མཆོག་སྤྲུལ་གྱི་ཚུལ་སྐུ་ མཚན་དཔེ་གསལ་རྫོགས་འོད་དམར་གྱི་སྣང་བ་ནམ་མཁའི་མཐའ་དང་མཉམ་ཞིང་མཐའ་ ཚད་དཔག་ཏུ་མེད་པའི་མཛད་བཟང་ཅན་གང་ལ་ལུས་ངག་ཡིད་གསུམ་གྱི་གུས་པ་ཆེར་ བསྐྱེད་དེ་ཕྱག་འཚལ་ཞིང་སྙིང་ཁོང་རུས་པའི་གཏིང་ནས་རེ་ལྟོས་གསལ་ལ་དངོས་འབྱོར་ ཡིད་སྤྲུལ་གྱི་མཆོད་སྤྲིན་རྒྱ་ཆེར་མཆོད་དོ་སྲིད་ཞིའི་འཇིགས་པ་ལས་སྐྱོབ་པའི་སྐྱབས་སུ་ བསྟེན་ཅིང་མཆི་ན་ཇི་བཞིན་སྐྱོབ་ངེས་ཀྱི་སེམས་ཐག་བཅད་པའོ། །ཅེས་པ་དམ་པ་རྣམ་གཉིས་ངོར། མ་ཏིས་ཕུལ།། །། ༄༅། །རང་ཉིད་གང་དུ་གནས་པའི་ས་ཕྱོགས་དག་པའི་ཞིང་ཁམས་ལྟ་བུ་ས་གཞི་ ཐམས་ཅད་མནན་ན་ནེན་པ་བཏེག་ན་འཕར་བ་དེའི་སྟེང་དུ་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པའི་ གཞལ་ཡས་ཁང་གི་ནང་དུ་དཔག་བསམ་གྱི་སྡོང་པོ་ཡལ་ག་ལོ་འདབ་མེ་ཏོག་འབྲས་བུ་རབ་ ཏུ་རྒྱས་པའི་དཔག་བསམ་སྡོང་པོ་རྩེ་ལ་སྐུའི་ངོ་བོ་དྲིན་ཅན་རྩ་བའི་བླ་མ་ཡིན་པ་ལ་རྣམ་པ་ 9-1-328 རྒྱལ་བ་རྡོ་རྗེ་འཆང་སྐུ་མདོག་སྔོན་པོ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དཔེ་བྱད་བཟང་པོ་ བརྒྱད་ཅུ་ཚང་ཡོད་པས་གཡས་གསེར་གྱི་རྡོ་རྗེ་ཐབས་བདེ་བ་ཆེན་པོའི་མཚོན་དོན། གཡོན་ དངུལ་དཀར་གྱི་དྲིལ་བུ་ཤེས་རབ་སྟོང་པ་ཉིད་མཚོན་དོན་ཐུགས་ཀར་བསྣོལ་ནས་བཟུང་བ་ སྐུ་ཅུང་ཟད་འགྱིང་བག་གི་བཞུགས་པར་སྒོམ། དེ་ཅུང་འོག་གི་ཡལ་གའི་སྟེང་དུ་ལོངས་སྐུ་ དུས་ཀྱི་འཁོར་ལོ་ལྷ་དྲུག་བརྒྱ་དང་སོ་དྲུག་གི་བསྐོར་བར་བསྒོམ། དེ་ཅུང་འོག་གི་ཡལ་གའི་ སྟེང་དུ་སྤྲུལ་སྐུ་ཤཱཀྱ་ཐུབ་པ་སུམ་ཁྲི་དྲུག་སྟོང་གི་བསྐོར། དེ་ཅུང་འོག་གི་ཡལ་གའི་སྟེང་དུ་བྱང་ ཕྱོགས་ཤམྦྷ་ལ་ནས་བརྒྱུད་རིམ་གྱི་བླ་མ་སུམ་ཅུ་རྩ་ལྔས་བསྐོར། དེའི་མཐའ་བསྐོར་དུ་རིགས་ ལྡན་ཡེ་ཤེས་ལྷ་ཚོགས་སྤྲུལ་པའི་ལྷ་དགུ་བཅུ་རྩ་དྲུག་གིས་བསྐོར། དེའི་མཐའ་བསྐོར་དུ་ རིགས་ལྡན་པདྨ་དཀར་པོ་འཁོར་བྱེ་བ་དགུ་བཅུ་རྩ་དྲུག་གིས་བསྐོར། དེའི་ཅུང་འོག་གི་ཡལ་ གའི་སྟེང་དུ་ཕ་རྒྱུད་གསང་བ་འདུས་པ་མ་རྒྱུད་མཧཱ་མ་ཡ་ཡི་དམ་འཁོར་ལོ་བདེ་མཆོག་རྒྱུད་ སྡེ་བཞི་དྲུག་གི་ལྷ་ཚོགས་ཐམས་ཅད་ཀྱིས་བསྐོར། དེའི་ཅུང་འོག་གི་ཡལ་གའི་སྟེང་དུ་བྱ་རྒྱུད་ སྤྱོད་རྒྱུད་རྣལ་འབྱོར་རྒྱུད་རྣལ་འབྱོར་བླ་མེད་བརྒྱུད་པ་ཐམས་ཅད་ཀྱིས་བསྐོར། དེའི་ཅུང་ འོག་གི་ཡལ་གའི་སྟེང་དུ་ཆོས་སྐུ་རྒྱལ་བ་ཡུམ་ཆེན་མོ་སྐུ་མདོག་གསེར་བཙོ་མ་ལྟ་བུ་གཡས་ ཤེས་རབ་རལ་གྲི་བཟུང་བ་གཡོན་པོ་ཏི་བཟུང་བ་སེར་ལྡེམས་སེ་བཞུགས༴ གཡས་ཕྱོགས་ སུ་ཐེག་ཆེན་དགེ་འདུན་རྡུལ་ཕྲན་ལྟ་བུའི་གཡས་བསྐོར༴ གཡོན་ཕྱོགས་སུ་ཐེག་དམན་གྱི་ དགེ་འདུན་རྡུལ་ཕྲན་ལྟ་བུས་གཡོན་བསྐོར༴ དེའི་མདུན་དུ་བཀའ་ཆོས་བསྟན་ཆོས་ལ་སོགས་ པའི་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་པོ་ཏི་བྲག་རི་བརྩིགས་པ་ལྟར་དཔག་བསམ་གྱི་སྡོང་པོ་ འཁོར་སེ་བསྐོར༴ གདོང་དར་ཐམས་ཅད་ཁྲ་ཁྲི ག་གེ་ཁ་ཕྱིར་བསྟན་པར་བསྒོམ། ཆོས་བཀའ་ མདོ་རྒྱུད་འབྲུག་སྟོང་ལྡི ར་བ་ལྟར་རང་སྒྲ་འུ་རི་རི་གྲགས་པར༴ དེ་ཅུང་འོག་གི་ཡལ་གའི་སྟེང་ དུ་ཆོས་སྐྱོང་གི་གཙོ་བོ་དཔལ་ལྡན་གུར་གྱི་མགོན་པོ་རོ་ཡི་སྟེང་དུ་འགལ་རྐྱེན་སེལ་མཛད་ 9-1-329 དུ་བཞུགས་པར༴ གཡས་གྲི་གུག་གཡོན་ཐོད་པ་འཛིན་པ་ཐུགས་ཀར་སྟེང་འོག་ཏུ་བཟུང་ ནས་པང་ཤིང་གྲུ་བཞི་གཡས་གཡོན་གཉིས་ནོར་བུའི་མགོ་ཅན་པང་ནང་བཟུང་བ། གཡས་ ཕྱོགས་སུ་ནི་ཆོས་སྐྱོང་ཕོ་རྒྱུད་ཐམས་ཅད་རྡུལ་ཕྲན་ལྟ་བུས་གཡས་བསྐོར༴ གཡོན་ཕྱོགས་ སུ་ནི་ཆོས་སྐྱོང་མོ་རྒྱུད་ཐམས་ཅད་རྡུལ་ཕྲན་ལྟ་བུས་གཡོན་བསྐོར། ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་ ཐམས་ཅད་ལས་བཞིའི་སྒོ་ནས་སྐྱབས་འགྲོའི་ཚོགས་ཞིང་ལ་བཞུགས་པར་སྒོམ། དཔག་ བསམ་གྱི་སྡོང་པོའི་རྩ་བ་ན་གཞལ་ཡས་ཁང་གི་ཕྱོགས་བཞིར་སྒོ་བཞིར་མཆོད་ལྷ་བཅུ་དྲུག་ རྒྱལ་ཆེན་སྡེ་བཞི་བཞུགས་པར་སྒོམ། མཆོད་ལྷ་བཅུ་དྲུག་ཡང་ནང་འཁོར་མང་པོ་ཕྱི་མེ་ཏོག་ བདུད་སྤོས་མཆོད་པ། ནང་ཤ་ལྔ་བདུད་རྩི་ལྔ་ཡི་མཆོད་པ་གསང་བའི་རིགས་མ་དཀར་སེར་ དམར་ལྗང་གི་མཆོད་པ་འབུལ་བར་བསྒོམ། རྒྱལ་ཆེན་སྡེ་བཞི་ཡང་ཁ་ཕྱིར་འཁོར། ཕྱི་གདོན་ བགེགས་ནང་དུ་མི་བཙུད། ནང་དངོས་གྲུབ་ཕྱིར་མི་ཕུད་མཁན་གཞལ་ཡས་ཁང་གི་ཕྱོགས་ བཞིར་སྒོ་བསྲུང་བཞུགས་པར༴ རང་ཤར་སྒོ་ཐད་དུ་ཐ་མལ་པ་མང་པོ་དང་མཉམ་དུ་ཁ་ནང་ དུ་འཁོར་བར། གཡས་ཕྱོགས་སུ་ཕོ་རྒྱུད་ཕ་ཐམས་ཅད་གཡས་བསྐོར་དུ༴ གཡོན་ཕྱོགས་སུ་ མོ་རྒྱུད་མ་ཐམས་ཅད་གཡོན་བསྐོར་དུ༴ བགེགས་རིགས་འབྱུང་པོ་ཐམས་ཅད་རྒྱབ་ཕྱོགས་ སུ༴ ཡུལ་ལྷ་གཞི་བདག་ཐམས་ཅད་ཀླད་ཕྱོགས་སུ༴ ཉེར་འཚེ་ཉེ་འཁོར་ཐམས་ཅད་མདུན་ ཕྱོགས༴ དེ་རྣམས་ཀྱང་ཁམས་གསུམ་སྐྱེ་གནས་བཞི་འགྲོ་བ་རིགས་དྲུག་སྲིད་པ་བར་མ་ དབང་ཆེན་གསེར་གྱི་ས་གཞི་མ་ཐུག་གི་བར་དུ་སེམས་ཅན་ཐམས་ཅད་ས་ཆེན་པོ་རྡུལ་ཕྲན་ ཙམ་དུ་ཡང་ཡོད་པར་ཁྱབ། སེམས་ཅན་དེ་རྣམས་ཀྱང་ཡིད་འཁྲུལ་བ་མེད་པ་འཕགས་པ་ སྤྱན་རས་གཟིགས་ཐུགས་དང་མཉམ་པའི་སྐྱབས་འགྲོའི་ཚོགས་ཞིང་ལ་དད་པ་ཕུལ་བར༴ ངག་འགག་པ་མེད་པའི་རྗེ་བཙུན་འཇམ་པའི་དབྱངས་གསུང་སྒྲ་ལྟ་བུ་གསུང་སྒྲ་འུ་རི་རི་ བཟླས་པར༴ ལུས་བདག་འཛིན་མེད་པའི་རྗེ་བཙུན་མི་ལ་རས་པ་དང་འདྲ་བའི་ཐམས་ཅད་ 9-1-330 ཕྱག་འཚལ་བའི་དམིགས་པ་མཛོད། སེམས་ཅན་དེ་རྣམས་ཀྱང་དྲིན་ཅན་ཕ་མར་མ་གྱུར་པ་ ནི་གཅིག་ཀྱང་མེད། གྱུར་པའི་སེམས་ཅན་ཐམས་ཅད་འདོད། བདེ་བ་འདོད་ཀྱང་བདེ་བ་ བསྒྲུབ་པའི་ཐབས་མི་ཤེས། སྡུག་བསྔལ་འབའ་ཞིག་མྱོང༌། བདག་གི་བསམ་པ་དང་སྙིང་ རྗེས་ཕྲིན་ལས་མཛོད། ནུས་པ་བདག་ལ་མེད་པས་ནུས་པ་དང་ལྡན་པ་དྲིན་ཅན་རྩ་བའི་བླ་ མ་ཐུགས་རྣམ་མཁྱེན་དང་ལྡན་པ་བྱང་ཆུབ་སེམས་དཔའི་རྡུལ་ཕྲན་གྲངས་མཉམ་དག་གིས་ ལས་བཞིའི་རྫུ་འཕྲུལ་སྒོ་ནས་སེམས་ཅན་རྣམས་འཁོར་བ་ལས་འཛིན་ཅིང་སྐྱབས་མཛོད་ ཅིག འདི་བླ་མ་དགེ་ལེགས་ཀྱིས་རྩ་བའི་བླ་མའི་ཞལ་རྒྱུན་ཐུན་མོང་བ་མིན་པ་གསུངས་པའོ། །སླར་ཡང་མ་ཏིས་དག་བཅོས་བགྱིས་པའོ།། །། ༈ དཔྲལ་བར་ཆུ་ཁམས་སྣང་བ་མཐའ་ཡས་སྐུ་རྡོ་རྗེའི་ངོ་བོ་ༀ་དཀར་པོ། མགྲིན་པར་ མེ་ཁམས་རིན་ཆེན་འབྱུང་ལྡན་གསུང་རྡོ་རྗེའི་ངོ་བོ་ཨཱཿདམར་པོ། སྙིང་ཁར་རླུང་ཁམས་དོན་ ཡོད་གྲུབ་པ་ཐུགས་རྡོ་རྗེའི་ངོ་བོ་ཧཱུཾ་སྔོན་པོ། ལྟེ་བར་ས་ཁམས་རྣམ་པར་སྣང་མཛད་ཡེ་ཤེས་ རྡོ་རྗེའི་ངོ་བོ་ཧོཿསེར་པོ། གསང་བར་ཡེ་ཤེས་ཁམས་རྡོར་སེམས་སྭཱ་སྔོན་པོ། གཙུག་ཏོར་ མཁའ་ཁམས་མི་བསྐྱོད་པ་ཧཱ་ལྗང་ཁུ། མ་ཏིས་ཞལ་རྒྱུན་ཡིན། ༄༅། །སྤྱིར་ན་གསང་གསུམ་ཡོན་ཏན་གྱི་འཕེལ་ཁ་ཀུན་ནས་རྒྱས་པ་བླ་ན་མ་མཆིས་ པའི་སྟོན་པ་གང་དང༌། གཞན་ལ་འཚེ་བའི་ཆོས་མིན་གྱི་དྲི་མ་གཞི་ནས་བྲལ་བའི་བསྟན་ པ་དང༌། ལྟ་བ་བཀའ་བརྟགས་ཀྱི་ཕྱག་རྒྱ་བཞི་ལས་བརྩམས་པའི་ཡང་དག་པའི་ལྟ་བ་དང་ གསུམ་པོ་ལྡན་པའི་སྒོ་ནས་སྐྱོན་མེད་ཀྱི་ལུགས་བཟང་སྨྲ་བའི་གྲུབ་མཐའ་པ་དེ་ནང་པའི་ གྲུབ་མཐའ་པ་ཡིན་ལ། ནང་པ་དག་གིས་ནི་སངས་རྒྱས་སྐྱབས་སྟོན་པ་པོ་དང་ཆོས་སྐྱབས་ དངོས་དང་དགེ་འདུན་སྐྱབས་སྒྲུབ་པའི་ཟླ་གྲོགས་སུ་བསྟེན་པའི་སྒོ་ནས་མཆོག་གསུམ་ལ་ 9-1-331 སྐྱབས་སུ་འཛིན་པ་ཡིན་ལ། སྤྱིར་ན་སྐྱབས་འགྲོ་ལ་འཇིག་རྟེན་པའི་སྐྱབས་འགྲོ་དང་འཇིག་ རྟེན་ལས་འདས་པའི་སྐྱབས་འགྲོ་གཉིས་ཡོད། དང་པོ་ནི་འཇིག་རྟེན་གྱི་མི་དཔོན་ཁེ་དྲག་ དབང་བཙན་སོགས་ལ་དགྲ་སྡང་སོགས་ཀྱི་རྐྱེན་ཕྲན་ཚེགས་ལ་འཇིགས་ནས་དེ་ལས་སྐྱོབ་ པའི་རེ་ལྟོ ས་འཆའ་བ་ལྟ་བུ་དང༌། གཉིས་པ་ནི་ནམ་ཡང་མི་བསླུ་བའི་སྐྱབས་གནས་དམ་པ་ དཀོན་མཆོག་གསུམ་ལ་རེ་ལྟོ ས་འཆའ་བ་ཞིག་སྟེ། དེ་ལའང་སྐྱེས་བུ་ཆུང་ངུའི་སྐྱབས་འགྲོ་ དང༌། འབྲིང་པོའི་དེ་དང་ཆེན་པོའི་དེ་དང་གསུམ་ཡོད་པ་ལས་དང་པོ་ནི། རང་ཉིད་ངན་སོང་ གི་འཇིགས་པ་ལ་སྐྲག་ནས་དེ་ལས་སྐྱོབས་པའི་ནུས་པ་བླ་མ་དཀོན་མཆོག་ལ་ཡོད་པར་ཡིད་ ཆེས་པའི་སྒོ་ནས་འཇིགས་པ་དེ་ལས་སྐྱོབ་པའི་སྐྱབས་སུ་མཆོག་གསུམ་བསྟེན་པ་དེ་ཡིན། གཉིས་པ་ནི། རང་ཉིད་འཁོར་བའི་འཇིགས་པ་ལ་སྐྲག་ནས་དེ་ལས་སྐྱོབ་པའི་ནུས་པ་དཀོན་ མཆོག་ལ་ཡོད་པར་ཡིད་ཆེས་པའི་སྒོ་ནས་དེ་འདྲའི་སྐྱབས་སུ་བསྟེན་པ་དེ་ཡིན། གསུམ་པ་ ནི། རང་དང་མ་གྱུར་མཁའ་མཉམ་གྱི་འགྲོ་བ་མཐའ་དག་སྲིད་པ་འཁོར་བ་དང་ཞི་བ་མྱང་ འདས་ཀྱི་འཇིགས་པ་མཐའ་དག་ལས་སྐྱོབ་པའི་ནུས་པ་བླ་མ་དཀོན་མཆོག་ལ་ཡོད་པར་ ཡིད་ཆེས་པའི་སྒོ་ནས་འཇིགས་པ་དེ་དག་ལས་སྐྱོབ་པའི་དཀོན་མཆོག་གསུམ་བསྟེན་པ་དེ་ ཡིན། སྐྱབས་འགྲོ་དེ་དག་འབྱུང་བའི་རྒྱུ་ནི་འཇིགས་པ་དང་དད་པ་གཉིས་ལ་བརྟེན་ནས་ འབྱུང་བ་ཡིན་ཏེ། གོང་སྨོས་ཀྱི་སྡུག་བསྔལ་ཅི་རིགས་ལ་འཇིགས་ནས་དེ་དག་ལས་སྐྱོབ་ པའི་ནུས་པ་མཆོག་གསུམ་ལ་ཡོད་པར་ཡིད་ཆེས་པའི་དད་པ་ལ་བརྟེན་ནས་དཀོན་མཆོག་ལ་ རེ་ལྟོ ས་འཆའ་བའི་བློ་འབྱུང་བ་ཡིན་པའི་ཕྱིར་རོ། །དེ་ལས་དད་པ་ལ་དང་འདོད་ཡིད་ཆེས་ གསུམ་ཡོད་པ་ལས་ཕྱི་མ་གཙོ་བོ་ཡིན་པས་དེ་བསྐྱེད་ཐབས་ལ་འབད་དོ། །ཞེས་ཁྱེད་ཀྱི་རེ་འདོད་ ལྟར་མ་ཏི་ཀིརྟིས་བྲིས་པ་ལགས།། །། 9-1-332 ༄༅། །ཀུན་ཁྱབ་ཆོས་སྐུའི་རང་གཤིས། །དོན་དམ་དཀོན་མཆོག་གསུམ་ཡིན། །རབ་ འབྱམས་རྒྱུད་སྡེའི་དེ་ཉིད། །བླ་མའི་ཐུགས་སུ་ཤེས་དགོས། །གདོད་མའི་ཡིན་ལུགས་ལྟར་ ན། །རྩ་བའི་བླ་མའི་ཐུགས་དང༌། །རང་སེམས་གཤིས་ཀྱི་ཆོས་ཉིད། །དབྱེར་མེད་རོ་མཉམ་ གཅིག་པ། །ཡེ་ནས་འདུ་འབྲལ་མེད་ཀྱང༌། །གཟུང་འཛིན་འཁྲུལ་སྣང་དབང་གིས། །འཁོར་ འདས་སོ་སོར་ཆད་པ། །ཕན་ཚུན་ལྟོ ས་མེད་སྣང་བ། །ཀུན་རྫོབ་འཁྲུལ་བའི་ཡོ་ལང༌། །ལས་ ཉོན་རྐྱེན་ལས་གང་ཤར། །འདི་དག་སྒྱུ་མའི་འཕྲུལ་བཞིན། །མི་བདེན་བརྫུན་པ་ཁོ་ན། །གཤིས་ལུགས་སྤྲོས་བྲལ་བདེ་ཆེན། །ཡེ་ནས་འགྱུར་བ་མེད་པ། །རང་གསལ་ཐབས་ཀྱི་མན་ ངག །བཅོས་མ་བྲལ་བའི་རིག་གདངས། །རང་བབས་གཉུག་མར་སྐྱོང་དང༌། །ཆོས་ཉིད་ རང་དང་འཚམས་པར། །ཀུན་རྟོག་རྙོག་གིས་མ་བསླད། །སོ་མར་རང་ཤར་ཚུལ་གྱིས། །དྲན་ ཤེས་བྱ་རས་ལྟོ ས་ལ། །བྱིང་རྒོ ད་སྐྱོན་ལ་དྭོགས་ཟོན། །རང་གསལ་ཉམས་མྱོང་ངང་ནས། །སེམས་ཀྱི་ཟུར་ཆས་སྐྱོང་མཛོད། །དེ་ལ་གོམས་པ་ལྷུར་ལེན། །རྒྱུད་འཁྱོང་ཉམས་ལེན་ནུས་ ན། །ཆུ་རྙོགས་རང་དྭངས་ཇི་བཞིན། །རྣམ་ཤེས་ཡེ་ཤེས་རང་གཟུགས། །ཁད་ཀྱིས་རིམ་ པར་གསལ་ཏེ། །རྣམ་ཤེས་རྟོག་པའི་རྫུན་རིས། །ཁམས་དབང་དང་མཐུན་རིམ་ཡལ། །རྟོག་ ཚོགས་ཞེན་སྒོ་ལྷོ ད་དེ། །གཏད་སོ་མཐའ་དག་ཞི་བ། །རང་གསལ་རིག་པ་རྗེན་ཆར། །སྟོང་པ་ བདེ་ཆེན་དབྱེར་མེད། །རྣམ་ཀུན་སྟོང་ཆེན་གཟུགས་སྣང༌། །རང་ལ་གང་འཚམས་མངོན་འདི། །གསར་བྱུང་འགྱུར་བག་མ་ཡིན། །ཡིན་ལུགས་ཆོས་ཉིད་རང་གཟུགས། །ཀུན་རྫོབ་ལས་ བརྒལ་གནས་ལུགས། །དོན་དམ་དབྱིངས་སུ་གཏོགས་པ། །རྫོགས་ལྡན་གསང་ཆེན་འཆར་ སྒོ། །ཉམས་ལེན་གནད་དུ་ཐེབས་ན། །མཐར་ཐུག་གཤིས་སུ་ཇེ་ཉེ། །གདོད་ནས་ཞི་བའི་ནང་ དབྱིངས། །རང་བབས་ཤུགས་འབྱུང་ངང་ནས། །འོད་གསལ་འཛིན་མེད་བལྟ་ལུགས། །མན་ ངག་གནད་དང་མཐུན་ན། །མཚན་འཛིན་བདེན་སྣང་མཐའ་དག །རང་གསལ་གཤིས་སུ་ 9-1-333 ཟད་དེ། །བདེ་ཆེན་མཚན་མེད་ཡེ་ཤེས། །སྤྲོས་བྲལ་ཐུགས་ཀྱི་རྡོ་རྗེ། །དང་པོའི་སངས་རྒྱས་ མཆོག་གི །རྣམ་ཆ་རིམ་པས་ཇེ་མངོན། །སྐལ་ཆེན་མང་པོའི་བསགས་སྒོ། །སྙི གས་ཚེ་གཅིག་ ལ་རྫོགས་པ། །ཀུན་མཁྱེན་བརྒྱུད་པའི་ཕ་ཆོས། །ཤཱམྦྷ་ལ་ཡི་ཟབ་དགོངས། །བརྒྱུད་ལྡན་ བླ་མའི་དྲིན་ལས། །དེང་སྐབས་རྒྱུན་མ་ཆད་ཙམ། །བརྩོན་པས་གང་ནུས་རེམ་དང༌། །དེར་ འབད་བག་ཆགས་ལ་བརྟེན། །སྔགས་རིག་ཞིང་གི་ཆོས་སྐལ། །རང་རེའི་ཚོད་ལ་ལྟོ ས་པའི། །དུས་སྐབས་འདིར་ཡང་ཉམས་མྱོང༌། །སྨོན་ལམ་བཟང་པོའི་ལེགས་མཐུ། །ཀུན་ནས་བསླུ་ བ་མེད་ངེས། །ཚུལ་དེ་ཡིད་འཇོག་མཛོད་ཅིག །དེ་སྐད་ཀྱི་བརྗོད་སྒོ། །ཉམས་ལེན་ལ་བརྩོན་འདོད། །མཆོག་ མིང་གིས་བསྐུལ་སླད། །མ་ཏི་ཡིས་སྨྲས་སོ།། །། ༄༅། །འགྲོ་བ་ཀུན་གྱི་ཉེར་འཚོའི་གཞི། །རྒྱལ་བསྟན་རིན་ཆེན་འདི་མཇལ་ཚེ། །སྙིང་ པོ་ལྷུར་ལེན་དཀའ་མོད་ཀྱང༌། །དོན་མེད་ལོག་པར་མི་འགྲོ་བར། །ཡང་དག་ཕྱོགས་ལ་རེམ་ གྱུར་ནས། །ཆོས་ཚུལ་བཟུང་ལ་འབད་པ་ཞིག །ཅིས་ཀྱང་རེ་བ་ཆེའོ་ཀྱེ། །ཡོན་ཏན་གཞི་རྩ་ ཚུལ་ཁྲི མས་ཡིན། །མཛེས་རྒྱན་ངོ་ཚ་ཁྲེ ལ་ཡོད་སྟེ། །ཡ་རབ་ཀུན་སྤྱོད་གཙང་བ་ཞིག །རང་ གི་འདུན་མའི་རྩ་བར་ཟུང༌། །སྐྱབས་ཀུན་འདུས་པའི་བླ་མ་ལ། །སངས་རྒྱས་དངོས་ཀྱི་འདུ་ ཤེས་ནས། །ཐུགས་ཡིད་དབྱེར་མེད་རྩེ་གཅིག་ངང༌། །ཚུལ་འདིས་བློ་ཁ་ཡང་ཡང་བསྒྱུར། །ཁྱད་པར་སོས་དལ་མཉམ་བཞག་སྐབས། །རང་རིག་རང་གསལ་ངོས་ཟིན་དགོས། །རང་ ངོ་དེ་ཀའི་ངང་བསྐྱང་ཚེ། །གཡོ་མེད་སེམས་ཀྱི་རང་ངོ་ལ། །འགྱུ་རྟོག་བསླད་པ་མ་ཞུགས་ པར། །གོ་མཁན་གསལ་ཆ་ངོ་ཤེས་ཙམ། །གྲིམ་ལྷོ ད་རན་པའི་ས་བཟུང་ནས། །མ་བཅོས་ རང་བབས་འཇོག་པ་གནད། །བར་སྐབས་སེམས་ཀྱི་འགྱུར་ལྡོ ག་གིས། །འདོད་ཡོན་ཡུལ་ གྱི་དགའ་ཕྱོགས་ལ། །རྣམ་རྟོག་ལྷག་ལྷག་མཆེད་གྱུར་ན། །འདི་ནི་རྒོ ད་པ་ཞེས་བྱ་སྟེ། །དེ་ 9-1-334 ཡི་ཡིན་ལུགས་ངོས་ཟིན་ནས། །སེམས་ངོ་ཅེར་གྱི་བལྟ་བའམ། །རང་གསལ་འཛིན་མེད་ཀློ ད་ པ་སོགས། །ཁམས་དང་བསྟུན་ནས་འཚོ་ཤེས་དགོས། །བར་སྐབས་སེམས་ཀྱི་གསལ་ཆ་ ཞན། །འཐིབ་པའི་ངད་ཤུགས་འཇུག་གྱུར་ན། །གནས་སྐྱོན་སེམས་ཀྱི་བྱིང་བར་སོང༌། །འདི་ ལ་རིག་པ་གསལ་ངར་འདོན། །རྩེ་གཅིག་འཇོག་པའི་རྣལ་འབྱོར་གལ། །སེམས་ངོ་མི་བརྗེད་ དྲན་པ་དང༌། །གནས་དང་མི་གནས་ཚུལ་ཤེས་པའི། །ཤེས་བཞིན་ནམ་ཡང་མེད་མི་རུང༌། །ཚུལ་དེ་ཐུན་གྱི་སྐབས་སུ་མཛོད། །གཞན་ཡང་འགྲོ་འདུག་ཐམས་ཅད་དུ། །རང་སེམས་དྲན་ པས་མི་འབོར་བར། །གནས་ཚུལ་ལེགས་ཉེས་བལྟ་ཤེས་ན། །རྒྱུན་ཏུ་དྲན་ཤེས་བསྟེན་ཚུལ་ འོང༌། །འདི་ནི་ཀློང་ཡངས་ལ་མཁོ་ནས། །མ་ཏིས་མིང་གིས་སྨྲས་པ་དགེ། ༄༅། །ཆོས་ཚུལ་ཡང་དག་འབད་བསམ་ན། །ཡིན་ལུགས་དུས་དང་བསྟུན་བྱས་ཏེ། །མ་གཞི་རྩ་བཞི་ཆང་ལྔའི་སྡོམ། །མངོན་ལྐོག་མེད་པར་བསྲུང་བ་གལ། །དེ་ཡང་ཆོས་མཐུན་ གྲོགས་དག་གིས། །རང་རང་ཀུན་སྤྱོད་ཅི་མཛད་ལྟར། །ལྟོ ས་ཡུལ་དེ་ལ་འགྲན་བསྡུར་དགོས། །ཁ་མིག་ཡར་བལྟས་ཕྱོགས་ལ་འབོད། །དེའི་སྟེང་ཆོས་དང་མཐུན་པ་ཡི། །བྱ་བ་གང་ལ་ཀུན་ ནས་རེམ། །འདི་ཚུགས་མ་ཤོར་ཕུགས་ཐུབ་ན། །འདི་ཕྱིའི་ལེགས་སྒོ་འཕེལ་བར་ངེས། །ཁྱད་ པར་ཆོས་ལ་བློ་ཕྱོགས་སྐབས། །བཀའ་དྲིན་གསུམ་ལྡན་བླ་མ་ཉིད། །སངས་རྒྱས་ཀུན་གྱི་ སྤྱི་གཟུགས་སུ། །ཐག་བཅད་མོས་གུས་འབྲལ་མེད་ངང༌། །ཐུགས་ཡིད་དབྱེར་མེད་ལེགས་ བཞག་གིས། །རང་སེམས་གསལ་བའི་ངོ་བོ་ལ། །དྲན་པས་མི་འབོར་གནས་འགྱུའི་མཚམས། །ངོ་ཟིན་རང་གསལ་བསམ་མེད་དུ། །རྒྱུན་འཇོག་གོམས་པ་ལྷུར་བླངས་ཏེ། །རང་སེམས་ དྲན་ཤེས་བྱ་རས་བསྐྱང༌། །དུས་རྒྱུན་བལྟ་རྟོག་མ་ཞན་ན། །རྗེས་སོར་རིམ་པས་སེམས་ངོ་གོ །ལུས་རླུང་བློ་རྒྱུད་གནད་དུ་ཁེལ། །ཆོས་ཀྱི་སེམས་ཉིད་ཉག་ཙམ་ལ། །བརྟེན་ནས་ངང་རྒྱུད་ 9-1-335 ཇེ་དུལ་དུ། །ཚེ་མཐར་ཕྱིན་འདི་རེ་བ་ཡིན། །དེང་དུས་ཆོས་ལ་ཕྱོགས་འདོད་པའི། །གྲྭ་བཙུན་ ཀུན་འོད་ཀུན་ལྷུན་ཟུང༌། །དལ་རྟེན་རྙིང་པོ་ལོན་ནས་ཀྱང༌། །ཆོས་ཀྱི་སྐྱེས་བུར་སྨོན་སེམས་ བགྱིད། །དེ་སྐད་མ་ཏིས་སྨྲས་པའོ།། །། ༄༅། །ཁྱབ་བདག་ཡེ་ཤེས་གསང་ཆེན་སྒོ་ཕྱེས་ནས། །མན་ངག་རླུང་བཅོས་སྲོག་ གེགས་སེལ་བའི་ཐབས། །རང་ལུགས་མལ་དུ་རྡོ་རྗེ་སྐྱིལ་ཀྲུང་འདུག །རོ་བསྟོད་དྲང་བསྲང་ རོ་སྨད་བསྐྱིལ་ཐབས་སུ། །ལུས་ཚུགས་བཟུང་སྟེ་མིག་གཉིས་ཐད་ཀར་བལྟ། །ལག་གཉིས་ ས་གནོན་པུས་མོ་གཉིས་སྟེང་བཀབ། །ལུས་སེམས་ལྷོད་ཆགས་སོས་དལ་བག་ཕེབས་ཏེ། །ཁ་བཙུམ་སྣ་བུག་གཉིས་ནས་རླུང་དལ་བ། །ལན་གསུམ་བུས་མཐར་རེ་ཞིག་རང་བབས་ བཞག །རང་གི་སྨིན་མཚམས་ཐད་ཀྱི་ནམ་མཁའ་ལ། །སེར་དཀར་དམར་ནག་ལྗང་སྔོན་ འོད་ཟེར་མདངས། །ཕྱི་རིམ་ནས་བསྐོར་དྲུག་ལྡན་འོད་ཕུང་དབུས། །རྩ་བའི་བླ་མའི་ངོ་བོ་ ཀུན་མཁྱེན་རྗེ། །པད་ཟླའི་གདན་ལ་སྐུ་མདོག་དཀར་དམར་མདངས། །རབ་གསལ་འོད་ཟེར་ འབར་བའི་ཕུང་པོ་ཅན། །ཞལ་གཅིག་སྤྱན་ཟུང་བར་སྣང་ཧྲིག་གེར་གཟིགས། །ཆེས་དགྱེས་ འཛུམ་དམུལ་ཞི་ཉམས་ཕྱག་གཉིས་ཀྱིས། །ས་གནོན་མཛད་བཞིན་ཞབས་སྐྱིལ་ཀྲུང་གིས་ བཞུགས། །དབུ་ལ་དོལ་ཞུ་སྐུ་འགག་རྣམ་གསུམ་གོས། །ལ་སོགས་བླ་ཆས་ཡོངས་རྫོགས་ འོད་ཟེར་འཕྲོ། །གང་གི་ཐུགས་ཀར་རྣམ་བཅུའི་ཡི་གེ་གསལ། །དེ་ནས་གསལ་བཞིན་རླུང་ དལ་གཅིག་འབུད་མཐར། །ནང་དུ་རླུང་རྔུབ་སྐད་ཅིག་ལྟེ་བར་མནན། །འོག་རླུང་རང་ཤུགས་ འཐེན་བཞིན་སྲོག་ཐུར་ཁ། །རབ་སྦྱོར་བུམ་པ་ཅན་གྱི་རླུང་བཟུང་སྟེ། །དེ་དང་མཉམ་དུ་ཀུན་ མཁྱེན་ཐུགས་ཀ་ནས། །ཁམས་འདུས་ཡི་གེ་ལས་འཕྲོས་ས་ཁམས་ཀྱི། །དྭངས་མ་ཐིག་ལེ་ སེར་པོ་ཧྲིལ་གྱིས་བྱུང༌། །རང་གི་སྤྱི་བོ་ནས་ཞུགས་ལུས་ནང་བརྒྱུད། །ལྟེ་བར་ས་ཁམས་རང་ 9-1-336 བཞིན་ཐིག་ལེའི་གཟུགས། །སེར་ལམ་སྲོག་དང་དབྱེར་མེད་གསལ་སྟོང་དུ། །འཛིན་བྲལ་ རང་ངོ་ཟིན་ཙམ་ཅི་ནུས་བཞག །དེ་འདྲ་ཡུན་ཐུང་བྱས་ནས་རླུང་ཕྱིར་བཏང༌། །དེ་མཉམ་ས་ ཁམས་ཐིག་ལེ་ཡར་འཕར་ཞིང༌། །ཀུན་མཁྱེན་ཐུགས་ཀར་ཐིམ་པའི་དམིགས་གནད་བཅས། །སླར་ཡང་སྔར་བཞིན་རླུང་བཟུང་དམིགས་པ་བསྐྱར། །དེ་ནས་ཀུན་མཁྱེན་ཐུགས་ཀའི་ ཁམས་འདུས་ཀྱི། །ཡེ་གེ་ལས་འཕྲོས་ཁམས་དྲུག་དྭངས་མ་ཉིད། །ཐིག་ལེ་སེར་དཀར་དམར་ ནག་ལྗང་སྔོན་མདོག །རིམ་འཕྲོས་ཐམས་ཅད་སྤྱི་བོ་ནས་ཞུགས་ཏེ། །ལུས་ནང་བརྒྱུད་ནས་ ལྟེ་བར་ས་ཁམས་ཀྱི། །ཐིག་ལེ་སེར་མདངས་གཙོ་ཆེ་ཁམས་མདོག་གཞན། །དེའི་ནང་དུ་ འདྲེས་མི་མངོན་ཚུལ་གྱིས་ནི། །ལྗང་སེར་གསལ་བའི་འོད་འཚེར་རང་གསལ་ངང༌། །ཁམས་ ལྔ་ས་ཁམས་སུ་འདྲེས་དམིགས་གནད་བཅས། །གོང་བཞིན་ལྟེ་བར་བུམ་ཅན་ཅི་ཐུབ་བཟུང༌། །མཐར་ནི་ཀུན་མཁྱེན་ཐུགས་ཀར་སེམས་གཏད་དེ། །ཐུག་ཡིད་རོ་མཉམ་ཆེན་པོའི་ངང་ བསྐྱང་བཞིན། །གསལ་སྟོང་སེམས་ཀྱི་གཤིས་ལུགས་ངོ་ཟིན་ཙམ། །མ་བཅོས་དེ་ཀར་སོ་མ་ རང་བབས་སུ། །རྩ་བྲལ་ཤུགས་འབྱུང་ཅི་གནས་མཉམ་པར་འཇོག །དེ་མཐར་ཀུན་མཁྱེན་ རང་གི་སྤྱི་བོ་ཐིམ། །སྒོ་གསུམ་སྐུ་གསུང་ཐུགས་སུ་སེམས་ཐག་བཅད། །ཚུལ་འདིས་ཁམས་ ལྔ་ས་ཁམས་སྟོབས་སུ་བསྡུས། །སྲ་བརྟན་ཏིང་ངེ་འཛིན་མཆོག་དམིགས་རྣམས་འཕེལ། །མི་ རྟོག་ཡེ་ཤེས་གསར་བའི་འཆར་སྒོ་ངོམ། །གཞན་ཡང་དུས་བར་རྒྱུན་དུ་ཁ་སྣ་ཡི། །རླུང་གི་ འབྱུང་འཇུག་ལ་ནི་མི་གནོད་ཙམ། །ལྟེ་བར་སྲོག་ཐུག་རང་ཤུགས་ཁ་སྦྱོར་ངང༌། །དེ་ལ་དྲན་ པས་མི་འབོར་བྱ་ནུས་ན། །རླུང་ཤུགས་ཟིལ་དམའ་དྲན་ཤེས་རྒྱུན་བསྟེན་གྱི། །གོ་ཆོད་སེམས་ ལ་བོགས་སྐྱེད་ཐོན་པ་དང༌། །འཕྲལ་ཕུག་གང་ལ་དགོས་དོན་རེ་མཆིས་སྙམ། །དེ་སྐད་རླུང་ བཅོས་གེགས་སེལ་མཚོན་ཙམ་པ། །ཉམས་ལེན་རང་གས༵ལ་ངང་ལ་ཆེར་བརྩོན་པས། །མྱོང་ བ་རང་འཚམས་ལྡན༵་པ་གང་ཉིད་དྲུང༌། །བརྩེ་གསོལ་ཞུ་བའི་མཆིད་འདི་མ་ཏིས་སྤྲིངས། ། 9-1-337 ༄༅། །དུས་གསུམ་སངས་རྒྱས་ཆོས་སྐུ་གཅིག །གནས་ལུགས་དོན་ལ་བཟང་ངན་ མེད། །ཇི་བཞིན་མ་མཐོང་སེམས་ཅན་ཁམས། །རང་རང་ལ་འཚམས་དེ་ཉིད་མཐོང༌། །དེ་ ཕྱིར་སྐྱབས་གནས་གཅིག་པས་ཕུལ། །མཐར་ཐུག་ཆོས་སྐུ་གཅིག་ལས་མེད། །རང་གཤིས་ དེ་ཉིད་རྒྱལ་ཀུན་གྱི། །སྤྲོས་བྲལ་མི་རྟོག་ཐུགས་བཟང་ཡིན། །གནད་ཀྱི་ཡིན་ལུགས་དེ་ལྟར་ ན། །ད་ལྟའི་རང་སེམས་གསལ་བའི་མདངས། །མ་བཅོས་རང་བབས་སྐྱོང་ཤེས་ན། །རང་ གསལ་རྗེན་པ་གང་ཤར་བ། །སྟོང་གསལ་བདེ་ཆེན་ཟུང་འཇུག་ཉིད། །རྩ་བའི་བླ་མའི་ཐུགས་ དགོངས་དབྱིངས། །ཡེ་ནས་རང་དང་འབྲལ་མེད་ཡིན། །ཚུལ་དེ་ལེགས་པར་ངོ་ཤེས་ནས། །རང་རིག་ངང་དུ་ལྷན་གྱིས་ཞོག །དེ་ཡང་རང་སེམས་གསལ་བའི་མདངས། །འཛིན་མེད་ གཉུག་མ་བཟོ་བཅོས་བྲལ། །སོ་མ་རང་ཤར་ལྷན་ནེ་བ། །ཤུགས་འབྱུང་གདངས་སུ་རང་ བབས་བཞག །རྟོག་ཚོགས་རང་དྭངས་ཚུལ་གྱིས་བལྟ། །གཤིས་ནས་བཅོས་མེད་ལེགས་ སྐྱོང་སྐབས། །རང་གས༷ལ་བདེ་ཆེན་ལྷུག་པར་ཤར། །བདེ་སྟོང་ལྷན་སྐྱེས་རང་གཟུགས་ཉིད། །རྣམ་པ་ཀུན་ལྡ༷ན་བསམ་ཁྱབ་དཀའ། །མི་རྟོག་ནམ་མཁའ་ལྟར་ཡངས་པའི། །མཉམ་བཞག་ ཟབ་མོ་རྩེ་གཅིག་ངང༌། །བསམ་མེད་རྩོལ་བྲལ་རང་གྲོལ་དུ། །རྟག་པར་གཡེང་པ་སྤངས་ ནས་སུ། །རྒྱུན་འཇོག་ཐབས་ལ་རེམ་མཛོད་དང༌། །ཚེ་འདིར་གནས་ལུགས་གང་འོས་མཇལ། །མ་ཏིས་སོ།། །། ༄༅། །བླ་མ་སངས་རྒྱས་དངོས་ཀྱི་འདུ་ཤེས་ཀྱིས། །ཆོས་སྐུ་ཀུན་ཁྱབ་ཡེ་ཤེས་འོད་ གསལ་དབྱིངས། །ནམ་ཡང་འདུ་འབྲལ་མེད་པའི་གཤིས་སུ་ལྟོ ས། །རང་གསལ་འདི་ལས་ ལོགས་ན་བླ་མ་མེད། །རང་རིག་མ་བཅོས་གཤིས་ལུགས་རྗེན་ཆར་བ། །ངོ་བོ་ངོས་བཟུང་ 9-1-338 བྲལ་བའི་ངང་དུ་ཞོག །གློ་བུར་འགྱུ་བ་རང་ཤུགས་བསལ་བའི་ངང༌། །རྩོལ་བྲལ་ལྷུག་པའི་ ངང་ནས་རང་ས་ཟུང༌། །རང་ཤར་སོ་མ་བཟོ་བཅོས་མེད་པ་ལ། །རྒྱ་ཡངས་ནམ་མཁའ་ལྟ་ བུའི་རྒྱ་བསྐྱེད་དེ། །སྟོང་གསལ་འགག་མེད་གདངས་ལ་བལྟ་ཤེས་ན། །གཤིས་ལ་འགྱུ་རྟོག་ འཚུབ་མའི་རབ་རིབ་མེད། །བྱིང་འཐིབ་རྨོངས་པ་ཆུ་ལ་རྙོག་དྭངས་བཞིན། །རྣམ་རྟོག་རྗེས་ མེད་མཁའ་ལ་བྱ་རྗེས་ལྟར། །འདི་ཀོ་སྙམ་པའི་རྟོག་པ་གཤིས་སུ་ཡལ། །དེ་ནི་རིག་པ་རང་གི་ གནས་ལུགས་ཏེ། །གུ་དོག་འཇུར་བུས་མ་བཅིངས་ལྷོ ད་དེ་ཞོག །རྟོག་ཚོགས་འགྱུ་བའི་རྗེས་ ལ་མི་སྙེ ག་པར། །གཡོ་མེད་རང་གསལ་ངང་ནས་ཁོང་ཡངས་ལྷོ ད། །དྲན་ཤེས་ཟུང་འབྲེལ་ ཤུགས་ལ་འབྱུང་བ་གཅེས། །གཏད་སོའི་ཡུལ་སྒོ་ཕུར་ཚུགས་ངལ་བ་སྤོང༌། །གསལ་ངར་ རྗེན་ཆར་སྣང་བའི་གྲྭ་མ་ཉམས། །མ་འགགས་རིག་གདངས་བལྟ་ཤེས་ངོ་མ་བོར། །ཅི་དགར་ རང་བབས་འཁྱོང་ན་དེ་ཀ་རང༌། །རིག་ངོ་གོ་ཡང་གསལ་ངར་ཞན་པ་ན། །དེ་ནི་བྱིང་བ་ཕྲ་ མའི་ཚུལ་ལ་སོང༌། །གསལ་ཆ་ཁོག་ནས་ཉམས་ཚེ་བྱིང་བ་རགས། །ལུས་སེམས་སྤྱི་ཞིང་དྲན་ ཤེས་འཐིབས་པ་ན། །རྨུག་གཉིད་རིམ་པས་འདྲེན་པ་འདི་ནས་འོང༌། །དེ་ནས་ལུས་སེམས་ ལས་སུ་མི་རུང་བ། །ཉམས་ལེན་སེམས་ཀྱི་གནས་ལུགས་ཀུན་ནས་བསྒྲིབ། །བྱིང་བའི་ཆར་ གཏོགས་དེ་ཀུན་ངོས་ཟིན་གལ། །ཏིང་འཛིན་གནས་པ་གཡོ་བྱེད་ཀུན་རྟོག་སྒོ། །ཐོག་མ་བློ་ རྩེ་ཡུལ་ལ་འགྱུ་མ་རག །གང་ཞིག་སྣང་བ་འཆར་ལ་ཁད་པ་ཅན། །འདི་ནས་འཕྲོ་རྒོ ད་ཕྲ་ རགས་འཇུག་པ་སྟེ། །དེ་ནས་རིམ་གྱིས་འགྱུ་བ་ཆེས་འཕེལ་ཏེ། །འདོད་ཡོན་ཡུལ་ལ་དགའ་ བའི་རྒོ ད་བག་ངོམས། །བཟང་ངན་ཡུལ་ལ་འགྱུ་རྟོག་གྱ་གྱུ་ཅན། །གནས་པའི་གཞི་ཀུན་ གཏིང་ནས་དཀྲུགས་པར་བྱེད། །ཤེས་རྒྱུད་རྩུབ་པར་བྱེད་པའི་ཚེར་མ་འདི། །ནམ་ཟུག་ཙ་ ན་འཕྲོ་རྒོ ད་རང་ས་མཆེད། །གཞི་ཁོག་སེམས་ཀྱི་རང་ཚུགས་མི་ཤོར་བར། །ཡན་པའི་འགྱུ་ བ་ཞེན་མེད་ངང་ནས་ལྟོ ས། །མདོར་ན་བྱིང་ཚེ་གསལ་སྟོང་རིག་གདངས་བསྒྲིམ། །འཕྲོ་རྒོ ད་ 9-1-339 དྲག་ནས་དམིགས་མེད་རྩེ་གཅིག་བསྐྱངས། །དེ་ནས་གྲིམ་ལྷོ ད་རན་པས་རང་ས་བཟུང༌། །རང་བབས་ནམ་མཁའ་ལྟ་བུའི་རྣལ་འབྱོར་བྱ། །གསལ་རིག་ངོ་བོ་ཇི་བཞིན་རྗེན་པ་རུ། །མ་ བཅོས་སོ་མར་གོ་བའི་ཤེས་བཞིན་དང༌། །གསལ་སྟོང་དྲན་པས་མི་འབོར་བརྗེད་ངེས་སོལ། །རང་ཤུགས་དྲན་ཤེས་ཟུང་འབྲེལ་མེད་མི་རུང༌། །ངོ་བོ་མ་བོར་གནས་ལུགས་ཇི་བཞིན་ཤེས། །བྱིང་རྒོ ད་སྐྱོན་བྲལ་གསལ་སྟོང་འཛིན་མེད་སློངས། །རྩོལ་བྲལ་ཤུགས་འབྱུང་ངང་ནས་ བསྐྱངས་ནུས་ན། །རིང་མིན་འོད་གསལ་གནས་ལུགས་རང་ངོ་འཕྲོད། །ཆོས་ཉིད་ཡེ་ཤེས་ སེམས་གཤིས་རང་གི་རྩལ། །ཇི་བཞིན་མངོན་པའི་ཐབས་ཚུལ་ལ་རྨོངས་ནས། །ཡེ་ནས་རང་ དང་འགྲོགས་ཀྱང་དོན་མ་རྟོགས། །ཚུལ་དེས་མ་རིག་འཁོར་བར་འགྲོ་འདི་འཁྱམས། །ད་ རེས་སྔོན་བསགས་རྣམ་དཀར་ལས་འབྲེལ་ལས། །བླ་མའི་དྲིན་གྱིས་གདམས་ངག་ཟབ་མོ་ རྙེད། །གདམས་དོན་ཉམས་སུ་ལེན་ལ་མ་འབད་ན། །ཕྱིས་ནས་འདི་འདྲ་རྙེད་པ་སྲིད་མཐའ་ ཙམ། །དེ་སྐད་ཡིན་ལུགས་ཅུང་ཙམ་བསྙད་པ་པོ། །མ་ཏི་ཀིརྟི་ཞེས་པའི་སྙོ མ་ལས་པས། །གྲྭ་ བཙུན་གྲུབ་པའི་དབང་པོ་ཞེས་པ་འདིའི། །མོས་འདུན་མ་བཟློག་ཙམ་དུ་ཤར་མར་སྤེལ། ། ༄༅། །སྐད་ཅིག་ཡེ་གཞི་ཀ་དག་རང་ཞལ་ལས། །མདུན་མཁར་འཇའ་ཟེར་འོད་ལྔ་ འཁྲི གས་པའི་ཀློང༌། །རང་གསལ་རིག་སྟོང་རྩལ་ལས་ཤར་བའི་མགོན། །པད་ཟླའི་གདན་ ལ་མ་ཧཱ་གུ་རུ་རྗེ། །དཀར་གསལ་དག་པ་འོད་ལུས་ཕྱེད་སྐྱིལ་ཅན། །ཕྱག་གཡས་རྡོ་རྗེ་ གཡོན་པས་ཐོད་ཁྲག་བསྣམས། །མཛེས་འཛུམ་ཞལ་བཟང་དབུ་ལ་པད་ཞྭ་དང༌། །ཟ་བེར་ ཆོས་གོས་ན་བཟའ་སྐུ་ལ་བཀླུབས། །རྩེ་གསུམ་ཕྱག་མཚན་སྔགས་ཆས་ཡོངས་སུ་རྫོགས། །གསང་ཆེན་རིག་འཛིན་ཡོངས་ཀྱི་སྤྱི་དཔལ་བདག །རྩ་གསུམ་དཀྱིལ་འཁོར་མ་ལུས་སྤྲོ་ བའི་མགོན། །བདེ་ཆེན་མཁའ་འགྲོའི་འཁོར་ཚོགས་དང་བཅས་པ། །རང་གསལ་གཉུག་མའི་ 9-1-340 གཤིས་ལས་སྐད་ཅིག་ཤར། །གནས་གསུམ་ༀ་ཨཱཿཧཱུཾ་གི་འབྲུ་གསལ་བ། །རྒྱལ་ཀུན་གསང་ བ་གསུམ་དང་རྣམ་དབྱེར་མེད། །དགོངས་ཀློང་ཡེ་ཤེས་དག་མཉམ་ཀུན་ཁྱབ་ངང༌། །རང་གི་ སྒོ་གསུམ་མི་འབྲལ་ཡེ་གཞི་གཤིས། །ཕྱག་རྒྱ་འབྲུ་གསུམ་རྟགས་ཀྱིས་རྒྱས་གདབ་པས། །ཐ་ མལ་རང་སྣང་དག་ཆེན་འཁོར་ལོར་ཤར། །འོད་གསལ་འཛིན་བྲལ་ནམ་མཁའ་ལྟར་ཡངས་ པ། །ཟང་ཐལ་རྒྱ་ཡན་ཅོག་བཞག་རིག་པའི་གདངས། །རབ་དྭངས་གཤིས་སུ་སྣང་གྲགས་ རང་ཚུགས་བསྡུས། །ཀ་ནས་དག་པ་དམིགས་མཚན་ཡོངས་བྲལ་བ། །རྫོགས་པ་ཆེན་པོ་ ཁྲེ ག་ཆོད་གཉུག་མ་རུ། །རིག་སྟོང་རྗེན་ཆར་རང་གསལ་འཛིན་མེད་དུ། །གནས་ལུགས་རང་ བབས་མ་བཅོས་ཐད་ཀར་ཞོག །སྣང་བ་འཆར་སྒོ་མ་འགགས་ས་ལེ་བ། །ཅི་ཡང་མ་གྲུབ་ སྟོང་པའི་རང་བཞིན་འདི། །ཡེ་ནས་འཁྲུལ་བྲལ་སྡོད་ལུགས་དག་མཉམ་ཆེ། །ཀུན་བཟང་ རྒྱལ་བའི་ཐུགས་དགོངས་དབྱིངས་སུ་ལྟོ ས། །རིག་གདངས་གཤིས་ལས་མཚར་བཀོད་ཡ་ མཚར་ཆ། །ཀུན་ནས་མུ་མཐའ་མེད་པ་ཆོས་དབྱིངས་ཀྱི། །རྗེས་སུ་ཉེར་འགྲོ་ཐོད་རྒལ་རང་ རིག་རྩལ། །ཅིར་ཡང་སྣང་བ་གང་འདི་རིག་པའི་རྒྱན། །ཆོས་ཉིད་མངོན་སུམ་འོད་གསལ་ འཆར་སྒོ་ཆེ། །ཉམས་བཟང་སྣང་ཆ་གོང་དུ་འཕེལ་བའི་དཔྱིད། །ཡེ་དག་གཤིས་བརྡལ་སྟོང་ ཆེན་རིག་ཁམས་ཉིད། །ནམ་མཁའི་མཐར་བརྒལ་ཚད་མེད་རོལ་པའི་ཀློང༌། །ཆོས་སུ་སྣང་བ་ མཐའ་དག་ཡོངས་དྭངས་ཤིང༌། །དེ་ཀུན་མོ་གཤམ་བུ་ཡི་ཟློས་གར་བཞིན། །ཐེག་དགུའི་ཡང་ རྩེ་འོད་གསལ་རྫོགས་པ་ཆེ། །འཁོར་འདས་གཤིས་སུ་རང་བཞིན་ཡེ་བརྡལ་བ། །པདྨ་ཀ་རའི་ ཐུགས་མཆོག་ཆོས་སྐུའི་དབྱིངས། །ཟག་མེད་འོད་གསལ་ཡེ་ཤེས་རོལ་པའི་རྒྱན། །མཉམ་ བཞག་རྗེས་ཐོབ་གང་གི་སྐབས་སུའང༌། །གང་སྣང་ཐམས་ཅད་གུ་རུའི་སྐུ་དང་ནི། །སྒྲ་གྲགས་ ཀུན་ཀྱང་གཞོམ་མེད་གསུང་རང་བཞིན། །རྣམ་ཤེས་མཆུ་སྒོ་རིག་སྟོང་མཁྱེན་བཟང་ཐུགས། །གང་ཤར་ཐམས་ཅད་ཡེ་གཞི་ཀུན་བཟང་དང༌། །ཀུན་ནས་གཉིས་མེད་པདྨའི་དགོངས་ཀློང་ 9-1-341 ཆེ། །འཕོ་བྲལ་བདེ་བ་དག་ཆེན་ཉག་གཅིག་ཏུ། །གསང་གསུམ་འབྲལ་མེད་ངང་ལ་རྒྱུན་ འཇོག་མཛོད། །ཚིག་དོན་དེ་བཞིན་ཉམས་སུ་གང་ལོན་པ། །རང་ཉམས་དང་མཐུན་རིག་པའི་ རྩལ་དབང་ལ། །འབད་མེད་རང་ཤུགས་ངང་ནས་མྱོང་བ་ཐོན། །ཚུལ་འདི་འདོན་སྒོམ་སྦྲགས་ མས་རྒྱུན་ཁྱེར་གལ། །ཨ་ཧོ་སྣང་བ་གང་ཤར་འདི་བསྐྱངས་པས། །ཀུན་རྟོག་འགྱུ་སྒོ་མཐའ་ དག་རང་སངས་ཏེ། །འོད་གསལ་གཉུག་མ་རིག་སྟོང་རྗེན་ཆར་པ། །ཀ་དག་རྫོགས་པ་ཆེན་པོ་ གཤིས་འདི་མངོན། །རང་གསལ་ལྷུག་པའི་རིག་ངོ་ཀུན་ཏུ་བཟང༌། །མ་འགགས་སྟོང་པ་བདེ་ ཆེན་ཀུན་བཟང་མོ། །འཁོར་འདས་གཤིས་ལུགས་རོ་མཉམ་ལྷུན་གྱིས་གྲུབ། །ཡེ་གཞི་བཟང་ ངན་མེད་པའི་དག་པ་ཆེ། །རྣལ་འབྱོར་བློ་མཐུ་འཚམས་པར་ཡོངས་མངོན་པ། །ཐད་ཀར་ རིག་པའི་རང་ངོ་ཟིན་པ་འདིར། །བྱིང་རྒོ ད་སྤྲོས་མཚན་དོགས་པ་གཞི་ན་མེད། །ཅོག་བཞག་ ཟང་ཐལ་གནས་ལུགས་ཆེས་ངོ་མཚར། །ཞེས་པའི་རྫོགས་ཆེན་ཉམས་ལེན་མན་ངག་གི་ཚུལ་ལ་ཁེག་བསྟན་རྒྱམ་ གྱི་ངོར་དང༌། དེ་ལྷག་ཤོ་ལོ་ཀ་གསུམ་རང་ཤར་དུ་མ་ཏིས་སྨྲས་བཞིན་མཆེད་ཀྱིས་ཡི་གེར་ཕབ་བོ།། །། ༄༅། །དམ་ཚིག་པ་མཐའ་དག་བསྐྱེད་ཟིན་པའི་རྗེས་སུ་སྙིང་གའི་འོད་ཟེར་གྱིས་ཡེ་ ཤེས་དཀྱིལ་འཁོར་རང་འདྲ་སྐད་ཅིག་གིས་སྤྱན་དྲངས་པ་རྣམས་དང་ལྷན་ཅིག་ཕྱོགས་བཅུའི་ ཞིང་ཁམས་ཐམས་ཅད་ནས་བྱོན་པའི་སངས་རྒྱས་བྱང་སེམས་རྣམས་དང་བཅས་གཞལ་ ཡས་ཁང་གི་ནང་ཕྱོགས་སྟེང་ཐད་ཀྱི་ནམ་མཁར་བྱོན་ཡོད་པ་གང་དག་གིས། དམ་ཚིག་པར་ བསྐྱེད་ཟིན་པའི་ལྷ་རིགས་ལྔ་གཙོ་བོར་གྱུར་པའི་འཁོར་ཚོགས་དང་བཅས་པ་ལ་ཚུར་གུས་ ཕྱག་མཛད་པར་བསམ་ལ། ཡེ་ཤེས་པའི་ལྷ་ཚོགས་དེ་དག་གིས་དམ་ཚིག་པ་ལ་ཆེ་བརྗོད་ནི། ངོ་མཚར་བའི་ཡོན་ཏན་ཅན་དམ་ཚིག་པའི་གཙོ་བོ་རྣམ་སྣང་གིས་མཛད་ཆེན་སེམས་དཔའ་ ཀུན་བཟང་གི་རྣམ་པར་འཕྲུལ་བའི་སྤྱོད་པ་མཆོག་གནང་བཞིན་དེ་བཞིན་གཤེགས་པ་རྒྱལ་ 9-1-342 བ་རིགས་བཞིའི་འཁོར་གྱིས་བསྐོར་པའི་དབུས་ན་ལེགས་པར་བཞུགས་ཡོད་པ་འདི་ཆེས་ ཤིན་ཏུ་མཛེས་སོ། །ཞེས་ཆེ་བར་བརྗོད་པ་ཡིན། དེ་ནས་གཞལ་ཡས་ཁང་གི་ནམ་མཁར་ བཞུགས་པའི་ཡེ་ཤེས་པ་གཙོ་འཁོར་རྣམས་ལས་འཁོར་གྱི་རིགས་གང་དག་ཡེ་ཤེས་པའི་ གཙོ་བོ་རིགས་ལྔ་ལ་རང་ཕྱོགས་ཀྱི་ཚན་སོ་སོ་བྱས་ནས་རིགས་ལྔ་པོའི་ཐུགས་ཀར་བསྡུས་ ཏེ་རང་ཚན་ལྟར་སོ་སོར་ཐིམ། ཡེ་ཤེས་པའི་གཙོ་བོ་རིགས་ལྔ་དེ་ཡང་དམ་ཚིག་པའི་གཙོ་བོ་ རིགས་ལྔ་པོའི་ཐུགས་ཀར་རང་རང་སོ་སོར་དེ་ལུགས་ལྟར་ཞུགས། དེ་རྗེས་སུ་སླར་ཡང་དམ་ ཚིག་པའི་རིག་ལྔའི་ཐུགས་ཀ་ནས་ཡེ་ཤེས་པའི་རིགས་ལྔ་ཕྱིར་སྤྲོས། ཡེ་ཤེས་པའི་རིགས་ལྔ་ པོའི་ཐུགས་ཀ་ནས་འཁོར་ཚོགས་ཀྱི་ཡེ་ཤེས་པ་རྣམས་ཀྱང་ཚན་སོ་སོར་སྔར་ལྟར་ཕྱིར་སྤྲོས་ ཏེ། དམ་ཚིག་པ་གཙོ་འཁོར་ཐམས་ཅད་ལ་རང་རང་གི་ཡེ་ཤེས་པ་གང་དང་གང་ཡིན་པ་དེ་ དང་དེ་བཞིན་དུ་སོ་སོར་སྒོ་བ་བཞིའི་སྔགས་བཞི་པོས་རིམ་པར། དམ་ཚིག་པ་དག་གི་སྤྱི་བོར་ སྤྱན་དྲངས་པ་དང༌། སྐུ་རྣམས་ལ་ཞུགས་པ་ཙམ་དང༌། ཞུགས་ནས་སོ་སོར་མི་གསལ་བར་ ཞུགས་པ་དང༌། མི་གསལ་བར་དམ་ཡེ་གཅིག་པ་ལྟར་སོང་བ་དེ་ལ་ཤིན་ཏུ་དབྱེར་མེད་དུ་ མོས་དགོས་པ་ཡིན། དེ་འདྲའི་དམ་ཡེ་གཉིས་མེད་ཀྱི་གཙོ་བོའི་རང་སྣང་ལས་སྤྲུལ་པའི་ལྷ་མོ་ གང་དག་གིས་ཆེར་བརྗོད་ནི། ངོ་མཚར་བའི་སངས་རྒྱས་དུས་གསུམ་གྱིས་བསྡུས་པ་མཐའ་ དག་གི་ཡེ་ཤེས་ཆོས་སྐུ་རྒྱ་ཆེ་བ་ནམ་མཁའ་དང་མཉམ་པ་དེ་ནི་དོན་དམ་པར་ན་ཡེ་གདོན་མ་ ནས་སྐྱེ་འགག་མེད་པ་གཞི་འབྲས་དབྱེར་མེད་དུ་ཞུགས་ཀྱང་ཀུན་རྫོབ་རྣལ་འབྱོར་པའི་མོས་ ངོར་རྡུལ་སྙེད་ཀྱི་གྲང་ལྡན་ཡེ་ཤེས་པའི་ལྷ་ཚོགས་དམ་ཚིག་པའི་ལྷ་རྣམས་དང་འདིར་དབྱེར་ མེད་གཅིག་ཏུ་བྱས་པར་མོས་པ་ཙམ་གྱི་ཚུལ་ལ་ཆེ་བསྔགས་མཛད་པའོ། །ཏྲུཾ་དགུ་དང༌། དུཥྚ འི་སྔགས་རྣམས་ཀྱིས། དར་མདུད་དཀར་པོ་ལས་ལ་བཅིངས་པས་ཐ་མལ་སྒོ་གསུམ་རྣམ་ སྣང་གི་སྐུ་གསུང་ཐུགས་སུ་བྱིན་གྱིས་རླབས་ནས་བསྲུང་བ་ཆེན་པོ་བྱས་པར་མོས་དགོས་པ་ 9-1-343 ཡིན་ནོ། ། སྤྱིར་ཕྱག་རྒྱ་བཞིའི་སྐབས་སུ། ཀུན་རིག་རྣམ་པར་སྣང་མཛད་རྒྱལ་བ་མཆོག་གང་ཉིད་ ཀྱི་ཐུགས་རྣམ་མཁྱེན་ཀུན་ནས་གཟིགས་པའི་ཡེ་ཤེས་ནི་རྒྱས་ན་ཟག་པ་མེད་པའི་ཆོས་སྡེ་ ཚན་ཉེར་གཅིག་འབྲས་བུ་ཡེ་ཤེས་ལྔ། བསྡུས་པར་མཁྱེན་པ་གཉིས་ཀྱི་དབྱེ་བ་ཡོད་པ་དངོས་ དེ་རྣམས་དོན་དམ་པའི་དམ་ཚིག་གི་ཕྱག་རྒྱ་རེད། དེ་མཚོན་བྱེད་ནང་གི་དམ་ཚིག་ཕྱག་རྒྱ་ སྙིང་ཀར་དང་པོའི་རྡོ་རྗེ་སྒོམ་པ་དང༌། ཕྱིའི་དམ་ཚིག་གི་ཕྱག་རྒྱ་རྣམ་སྣང་དམ་རྒྱ་ལག་པའི་ ཕྱག་རྒྱ་དེ་ཡིན། དེ་འདྲའི་ཐུགས་དམ་ཚིག་གི་ཕྱག་རྒྱས་རང་ཡིད་རྣམ་པར་རྟོག་པ་གནས་ བསྒྱུར་སྟེ་ཐུགས་དེ་ཉིད་ཀྱི་རང་བཞིན་དུ་མི་འདའ་བར་ཡིད་རྟོག་ཐུགས་དངོས་སུ་གྱུར་པར་ བྱས་པ་དེ་རྒྱས་གདབ་པའི་དོན་རེད། དེ་བཞིན་དུ་རྣམ་པར་སྣང་མཛད་ཀྱི་གསུངས་དབྱངས་ ཡན་ལག་དྲུག་ཅུ་དང་ལྡན་པའི་རྗོད་བྱེད་རྣམ་པར་དག་པ་དེ་དོན་དམ་པའི་ཆོས་རྒྱ་དང༌། ནང་ གི་ཆོས་ཀྱི་ཕྱག་རྒྱ་ལྕེ་སྟེང་རྡོ་རྗེར་སྔགས་གཟུང་དང༌། ཕྱིའི་ཆོས་ཀྱི་ཕྱག་རྒྱ་དེ་སྐབས་ཀྱི་ལག་ པའི་ཕྱག་རྒྱ་རྣམས་སྟེ་དེ་འདྲའི་གསུང་རང་གི་ངག་ཏུ་གྱུར་པའི་རྒྱས་གདབ་དང༌། རྣམ་སྣང་ གི་མཛད་པ་ནི་སྐུ་གཅིག་གིས་སྐུ་སྣ་ཚོགས་པ་མང་པོ་སྤྲུལ་ཏེ་མཛད་པ་ཅིག་ཆར་སྟོན་པ་དང༌། གསུང་གཅིག་གིས་ཆོས་སྒོ་དུ་མ་ཅིག་ཆར་སྟོན་པའི་མཛད་པ་དང༌། ཐུགས་གཅིག་གིས་ ཤེས་བྱའི་གནས་ཐ་དད་པ་ཆེས་མང་པོ་ཅིག་ཆར་མཁྱེན་པའི་མཛད་པ་རྣམས་ཡིན། ཕྲིན་ ལས་ཡང་སྐུ་གསུང་ཐུགས་ཀྱི་མཛད་པ་དེ་འདྲའི་སྒོ་ནས་གདུལ་བྱ་མཐའ་ཡས་པ་ལ་གནས་ སྐབས་དང་མཐར་ཐུག་གི་ཕན་བདེ་གང་བྱུང་བ་ཐམས་ཅད་དང༌། ཕན་བདེ་དེ་དག་ཇི་བཞིན་ གདུལ་བྱ་ལ་ཉེ་བར་རྩོལ་ཐུབ་པའི་ནུས་མཐུ་རྒྱལ་བ་གང་གི་གསང་བ་གསུམ་ལ་ལེགས་ པར་མངའ་བའི་ཆེ་བ་ཡ་མཚན་གྱི་གནས་གང་དག་ཡིན་པས་འདི་དག་གི་ཆ་ནས་བྱ་བ་ཡུལ་ ལ་ཡོད་པ་དང༌། བྱེད་པ་པོ་ལ་ཡོད་པའི་ཕྲིན་ལས་ཉེར་བདུན་འཇོག་ཆོག་པ་ཡིན། དེ་འདྲའི་ 9-1-344 མཛད་ཕྲིན་དེ་དོན་དམ་པའི་ལས་རྒྱ་དང༌། ནང་གི་ལས་རྒྱ་རང་གི་ཐུགས་ཀའི་སྣ་ཚོགས་རྡོ་ རྗེ་དང༌། ཕྱིའི་ལས་རྒྱ་ལག་པའི་ཕྱག་རྒྱ་རྣམས་ཏེ། མཛད་ཕྲིན་དེ་འདྲ་རང་གི་སྒོ་གསུམ་གྱི་བྱ་ བ་དང་མི་གཉིས་པར་རྒྱས་གདབ་དགོས་ཤིང༌། རྒྱལ་བ་རྣམ་པར་སྣང་མཛད་ཀྱི་ཟག་པ་མེད་ པའི་རྡོ་རྗེའི་སྐུ་འཕོ་འགྱུར་ཀུན་བྲལ་མཚན་དཔེ་གསལ་རྫོགས་ཀྱི་བདག་ཉིད་དེ་དོན་དམ་ པའི་ཕྱག་ཆེན་དང༌། ནང་གི་ཕྱག་ཆེན་ཐུགས་ཀའི་དང་པོའི་རྡོ་རྗེ་དང༌། ཕྱིའི་ཕྱག་ཆེན་ལག་ པའི་ཕྱག་རྒྱ་རྣམས་སྟེ་དེ་འདྲའི་སྐུ་དེའི་རང་གི་ལུས་རྒྱས་གདབ་པའི་ལུས་སྐུའི་རང་བཞིན་ ལས་མི་འདའ་བར་བྱ་དགོས་པ་ཡིན་ནོ། །བསྙེན་དམིགས་སྐབས། །སངས་རྒྱས་ཀྱི་མཛད་ པ་བཅུ་གཉིས་ཏེ། མཆོག་གི་སྤྲུལ་སྐུའི་རྣམ་པར་རོལ་པ། བྱང་ཆུབ་སེམས་དཔའི་ཚུལ་གྱིས་ གདུལ་བྱ་འདུལ་བའི་ཆེད། དང་པོ་ལྷུམས་སུ་ཞུགས་པ། གཉིས་པ་སྐུ་བལྟམས་པ། གསུམ་ པ་སྒྱུ་རྩལ་བསྟན་པ། བཞི་པ་རྒྱལ་སྲིད་སྐྱོང་བ། ལྔ་པ་རབ་ཏུ་བྱུང་བ། དྲུག་པ་བསམ་གཏན་ མཆོག་བརྙེས་པ། བདུན་པ་བྱང་ཆུབ་མངོན་དུ་བྱས་པ། བརྒྱད་པ་ཆོས་འཁོར་བསྐོར་བ། དགུ་ པ་མུ་སྟེག་སྡེ་དྲུག་སོགས་བཏུལ་བ། བཅུ་པ་ཆོ་འཕྲུལ་བསྟན་པ། བཅུ་གཅིག་པ་མྱ་ངན་ལས་ འདས་པ། བཅུ་གཉིས་པ་བསོད་ནམས་ཞིང་དུ་རིང་བསེལ་གྱི་ཕུང་པོར་སྤྲུལ་པ་རྣམས་ཀྱི་སྒོ་ ནས་གདུལ་བྱ་འདུལ་བའི་ངག་དག་ཆོས་ཟབ་མོས་འགྲོ་དོན་བྱེད་པ་དང༌། གཞན་ཡང་སློབ་ དཔོན་དང་ཆོས་ཀྱི་རྒྱལ་པོ་སོགས་ཆོས་སྟོན་པ་ཅི་རིགས་པས་གང་ལ་གང་འདུལ་གྱི་མཛད་ པ་ཞེས་སོགས་སྦྱར་ཀྱང་ཆོག་གོ །འདི་རྣམས་བླ་མ་གྲགས་པ་ལ་མཁོ་ཕྱིར་མ་ཏིས་བྲིས།། །། ༄༅། །རང་ལུགས་ལ་མཚན་མེད་ཀྱི་སྟོང་ཉིད་སྤྲོས་བྲལ་མི་རྟོག་པའི་ཡེ་ཤེས་དང༌། མཚན་བཅས་ཀྱི་སྟོང་ཉིད་རྣམ་ཀུན་མཆོག་ལྡན་གྱི་སྟོང་གཟུགས་གཉིས་ཅིག་ཆར་དུ་བློས་ བཅས་ཀྱི་ཆ་མཐའ་དག་དང་བྲལ་ཞིང་འཛིན་པ་གཏད་པ་གང་ཡང་མེད་པར་མྱོང་སྣང་གི་ཆ་ 9-1-345 མ་ལུས་པ་དབྱིངས་སུ་ཟད་པའི་ངང་ནས་སྒྲིབ་མེད་མངོན་སུམ་དུ་མཐོང་པའི་ཁྱད་ཆོས་ཡོད་ པའི་ཆ་ནས་སོ། །མ་ཏིས་སོ།། །། ༄༅། །དམིགས་མེད་རང་རིག་ཡེ་ཤེས་མཆོག་གི་ངོ་བོ་ངེས་པ་དོན་གྱི་ནང་རིག་འགྱུར་ མེད་ཀྱི་བླ་མ་ནི། ལུས་ཅན་མཐའ་དག་གི་སྙིང་ནང་དུ་གཞི་འབྲས་དབྱེར་མེད་ཀྱི་ཚུལ་དུ་ནམ་ ཡང་འདུ་འབྲལ་མེད་ནའང༌། རང་ཞལ་ཇི་བཞིན་མཇལ་བ་ལ་ནི་ཉམས་མྱོང་དང་ལྡན་པའི་ བླ་མ་དམ་པའི་མན་ངག་ལ་བརྟེན་པ་གལ་ཤིན་ཏུ་ཆེ་བས་ན། ཇི་སྐད་དུ་རྒྱུད་ལས། སེམས་ ནི་བཅིངས་པར་གྱུར་པ་ཡིས། །རླུང་ནི་འཆིང་བར་འགྱུར་བའོ། །ཞེས་པའི་དགོངས་པ་དཔལ་ ས་ར་ཧས་གསུངས་པ། མཁའ་འདྲར་བྱས་ན་རླུང་རྣམས་མ་ལུས་འཆིང༌། །མཉམ་ཉིད་རབ་ ཏུ་རྟོགས་ན་རྣམ་པར་གྲོལ། །ཞེས་སེམས་ཀྱི་གནས་ལུགས་བསྒོམ་ཚུལ། མི་རྟོག་སྤྲོས་བྲལ་ ནམ་མཁའ་ལྟ་བུ་གསལ་སྟོང་འཛིན་མེད་རྗེན་ཆར་གྱི་ངོ་བོ་རང་རིག་རང་གསལ་གྱི་ངང་ བསྐྱངས་པ་ལ་གནད་ལྷག་པར་འབྱོར་བའི་ཚེ། ཆོས་ཉིད་ཀྱི་གཡོ་བ་རླུང་ཕྲ་མོའི་བྱེད་ལས་ ཞི་བའི་རང་མདངས་ངོམ་པ་ན་རྟོག་ཚོགས་རགས་པའི་གཡོ་བ་མཐའ་དག་གི་ཆ་རང་ཤུགས་ ཀྱིས་ཞི་བའི་རྐྱེན་གྱིས་ལུས་རླུང་ཆེས་རགས་པ་མ་ལུས་པ་ཀུན་ཀྱང་དབུ་མ་ཡེ་ཤེས་ཀྱི་རྩ་ལ་ ལེགས་པར་ཐིམ་པས་རང་གསལ་དྭངས་པའི་རིག་ངོ་ལྷག་པར་གང་སར་ལྷུན་གྲུབ་གྱི་ཚུལ་ དུ་གནས་ལུགས་ཀྱི་རང་ས་ཟིན་པ་ཞིག་འོང་བའི་ཐབས་ལ་འབད་དགོས་པ་དེ་བས་ན་ཐོག་ མར་གནས་པ་དེ་འདྲ་མི་ཡོང་བས། ལས་དང་པོ་པས་ཉམས་ལེན་གྱི་ཚུལ་ནི། རྗེ་ཏིལླི་པས། མ་བཅོས་གཉུག་མའི་ངང་དུ་ཀློ ད་ལ་ཞོག །བཅིངས་པ་ལྷོ ད་ན་གྲོལ་བར་ཐེ་ཚོམ་མེད། །ཅེས་ གསུངས་པ་ལྟ་བུའི་སེམས་རང་རིག་རང་གསལ་གྱི་ངོ་བོ་དེ་ཀ་གོ་བཞིན་པའི་ངང་ནས་མ་ བཅོས་རང་བབས་ཤུགས་འབྱུང་དུ་ལྷན་གྱིས་བཞག་སྟེ་དུས་གསུམ་དུ་གཏོགས་པའི་འགྱུར་ 9-1-346 རྟོག་ཐམས་ཅད་རང་ཞིར་བཏང་ནས་སོ་མ་རང་ཤར་གྱི་གསལ་གདངས་འགག་མེད་ཧྲིག་གེ་ བ་ཉམས་པ་མེད་པའི་དབྱིངས་དེ་ངོ་ཇི་བཞིན་ཤེས་པའི་ཤེས་བཞིན་དང༌། གནས་ཆ་དེ་ཉིད་ ཀྱི་རྣམ་པ་མི་འབོར་བའི་དྲན་པ་ཟུང་འབྲེལ་དུ་རང་བཞིན་གཤིས་དེ་ངོ་ཇི་ཟིན་ལ་མཉམ་པར་ འཇོག་གང་ཐུབ་བྱ་བ་ནི་མཉམ་བཞག་ཐུན་གྱི་སྐབས་སྟེ། དེ་འདྲ་ནམ་ཡང་རྩོལ་བས་འབད་ པ་རྒྱུན་རིང་མོས་ཡུན་རྟག་པ་རྒྱུན་མ་བཅད་ན་དུས་དབང་གིས་གློ་བུར་དྲོད་རྟགས་ཐོན་ དཀའ་ཡང་ཚེ་འདིའི་མཇུག་པར་སྐབས་ལ་ཉམས་མྱོང་གི་སྣེ་རེ་ཟིན་པ་དང༌། བོགས་བསྐྱེད་ འདྲ་མིན་རེ་ངེས་པར་འབྱུང་ཆོག་ལ། དེ་ལྟ་བུའི་འཆར་སྒོ་ཚེ་འདིར་དམན་སྲིད་ནའང༌། ནམ་ ཞིག་འཆི་བ་གཉུག་སེམས་ཀྱི་དུས་སུ་ནང་རིག་ཡེ་ཤེས་ཀྱི་གནས་ལུགས་ངོ་འཕྲོད་པར་གྱུར་ ཏེ་ཡུན་རིང་པོའི་བསྒོམ་པ་སྟོབས་འཕེལ་ཏེ་གྲོལ་བ་ཅི་རིགས་ཉམས་སུ་མྱོང་བ་ཐོན་ཞིང༌། དེ་ འདྲ་མ་འགྲིགས་ན་འདི་ནས་འཕོས་མ་ཐག་སྔགས་རིག་འཛིན་པའི་ཞིང་མཆོག་ཏུ་དྲུག་ལྡན་ རྡོ་རྗེ་ལུས་རྟེན་ལ། སེམས་དཔའ་མཆོག་གི་བཀའ་ལུང་ལས་ཟབ་དགུའི་གདམས་པ་མནོས་ ཏེ། གསང་ཆེན་ཉེ་ལམ་གྱི་རྟོགས་པ་དངོས་གནས་ལ་གཞོལ་བ་རང་རེའི་ཕ་ཆོས་དྲི་མ་མེད་ པའི་མན་ངག་ལ་རེམ་པའི་ཡོན་ཏན་ཁྱད་པར་བའི་ཕན་ཡོན་ཕུལ་བྱུང་ཞིག་ནི་ངེས་པར་གོར་ མ་ཆག་གོ །ཅེས་གྲྭ་བཙུན་གང་གསལ་གྱི་ངོར་མ་ཏིའི་མིང་གིས་སོ།། །།དགེའོ། ། ༄༅། །དཔལ་ལྡན་པདྨོའི་ཟེའུ་འབྲུ་ལས་འཁྲུངས་ཤིང༌། །བགྲེས་རྒུད་དང་བྲལ་འཇའ་ ལུས་རྡོ་རྗེ་སྐུ། །རིག་འཛིན་བླ་མའི་ཚོགས་ཀྱི་སྤྲིན་སྤྲོ་བ། །མཚོ་སྐྱེས་རྒྱལ་བའི་རླབས་ཆེན་ བྱིན་འོད་ཕོབ། །མ་ལུས་ཡོན་ཏན་འབྱུང་བའི་སྒོ་གཅིག་པུ། །རྣམ་པར་དག་པའི་བསླབ་ ཁྲི མས་གཙང་མ་མཆོག །མིག་གི་འབྲས་བཞིན་ལེགས་བསྲུང་བག་ཡོད་ཀྱིས། །སྒོ་གསུམ་ ག་དར་བྱ་བ་ཆོས་ཀྱི་གཞི། །རང་སེམས་གནས་ལུགས་བསླབ་ཚུལ་ཇི་བཞིན་དུ། །རྗེན་པར་ 9-1-347 རང་ངོ་སྤྲོད་པའི་བླ་མ་དེ། །སྐྱབས་ཀུན་འདུས་པའི་ངོ་བོར་ཐག་བཅད་ནས། །མོས་གུས་ འབྲལ་མེད་ངང་ནས་ཐུགས་ཡིད་བསྲེ། །གནས་ལུགས་འོད་གསལ་བསྐྱང་བའི་མན་ངག་ མཆོག །ད་ལྟའི་ཤེས་རིག་རང་མདངས་གསལ་བའི་གཤིས། །ཅིར་ཡང་སྒྲུབ་པ་མེད་པ་ སྟོང་པའི་ངང༌། །རིག་སྟོང་རྗེན་འཆར་བསྐྱང་བ་ལྟ་བུའི་གནད། །འོད་གསལ་ཀ་ནས་དག་ པའི་ཆོས་དབྱིངས་ལ། །གཟུང་འཛིན་སྤྲོས་པ་མཐའ་དག་རབ་ཞི་བའི། །གཞོན་ནུ་བུམ་སྐུའི་ རོལ་པ་འབྱམས་ཀླས་པ། །སྣང་སྲིད་དག་མཉམ་ཆེན་པོའི་ཆོས་ཉིད་རྩལ། །ཐག་རིང་ཡུལ་ ན་མི་བཞུགས་སེམས་ཀྱི་གཤིས། །ཡེ་ནས་རང་དང་འགྲོགས་པའི་རིག་གདངས་ལ། །རང་ གསལ་ཤུགས་འབྱུང་ངང་ནས་བལྟ་བྱས་ཏེ། །གུས་རྟག་བརྩོན་པས་ཉམས་ལེན་གནད་ཁེལ་ མཛོད། །ཀུན་ཁྱབ་འཁོར་འདས་ཡེ་གཞི་གཉུག་མའི་ཁམས། །རང་མདངས་ཇི་བཞིན་མངོན་ དུ་འགྱུར་བའི་ཐབས། །སེམས་རིག་ལ་ཤན་ཕྱེ་བའི་ཉམས་ལེན་གྱིས། །རྟོག་ཚོགས་གྲྭ་ཟུར་ མཐའ་དག་དབྱིངས་སུ་ཆོམས། །ནང་དབྱིངས་བརྡལ་བ་ཆེན་པོའི་རིག་རྩལ་ལས། །ལྷུན་ གྲུབ་སྐུ་དང་ཐིག་ལེའི་རོལ་པའི་གཤིས། །རྒྱ་ཆད་ཕྱོགས་ལྷུང་བྲལ་བའི་མཉམ་བཞག་གིས། །འོད་གསལ་གནས་ལུགས་རང་ངོ་ཟིན་ཐབས་རེམ། །ལྟ་བ་ནམ་མཁའ་འདྲ་སྟེ་རྒྱ་ཡངས་ ཏེ། །གང་ཤར་ཤུགས་འབྱུང་བསྐྱངས་ཏེ་ལྷོ ད་འབོ་ལེ། །འཛིན་པ་རང་སར་གྲོལ་ཏེ་བདེ་ ཆམ་མེ། །ཤེས་རིག་སྤྲོས་པ་གང་གིས་བསླད་མེད་ཀྱིས། །གསང་བ་ཟབ་མོའི་དགོངས་དོན་ ཐེག་དགུའི་རྩེ། །ཀུན་མཁྱེན་བརྒྱུད་པའི་ཕ་ཕོག་ཟབ་དགུའི་གཏམ། །ཏིང་འཛིན་བྱེ་བའི་ ཐུགས་ཀྱི་དགའ་སྟོན་འདི། །མེ་ཏོག་ལྷ་ལས་བབས་པའི་ཆོས་སྐལ་ལགས། །འདི་ཀོ་ཉག་ གཅིག་ཉམས་ལེན་མཐིལ་བྱས་ཏེ། །རང་རྒྱུད་དམ་ཚིག་གཙང་མའི་བསླབ་ཁྲི མས་བཟུང༌། །གྲུབ་དབང་གོང་མའི་གཤེགས་ཤུལ་ལེགས་བསྙེ གས་ནས། །འཇའ་ལུས་འཕོ་བ་ཆེན་པོར་ སླེབ་ངེས་མཛོད། །ཁྱད་པར་ཚེ་འདི་ཡུན་ཐུང་དགུན་ཉི་འདྲ། །འཁོར་བའི་བདེ་ལ་སྙིང་པོ་ཅི་ 9-1-348 ཡང་མེད། །དེ་སླད་འདི་སྣང་ཞེན་པ་ལྡོ ག་བྱས་ནས། །ཚེ་མཐར་ཆོས་ཀྱིས་འཁྱོལ་ཐབས་མ་ འཆུགས་རེམ། །ན་གཞོན་ལང་ཚོ་དར་བའི་དུས་སྐབས་སུ། །ལུས་སེམས་རྒུད་པ་གང་གིས་ གཅེས་མེད་པར། །དབང་པོ་བློ་མཐུ་བཟང་པོའི་ལག་རྗེས་སུ། །ཆོས་ཀྱི་སྙིང་པོ་ལོན་ཐབས་ ཅི་ནུས་མཛོད། །རབ་ན་གནས་ལུགས་ཟབ་མོ་རྟོགས་ཐབས་དང༌། །འབྲིང་ན་ཆོས་ལ་བློ་ གཏད་མི་འདོར་བ། །ཐ་ན་སྡིག་ལ་འཛེམས་བག་མི་བྱེད་ཙམ། །དེ་གསུམ་རང་གིས་གང་ ནུས་ཞིབ་དཔྱོད་གལ། །དེ་སྐད་དམ་པའི་རིགས་སུ་ལེགས་འཁྲུངས་པའི། །ཡ་རབས་ཆོས་ལ་ གཞོལ་བའི་མཛད་བཟང་ཅན། །སྐུ་སྐྱེས་བསྟན་འཛིན་རྡོ་རྗེའི་བཞེད་སྐོང་དུ། །མ་ཏི་ཀིརྟིས་ ཤར་མ་སྤེལ་བ་ལགས། །བཀྲ་ཤིས། ༄༅། །འདུལ་ཁྲི མས་ཀུན་གྱི་གཞི་རྩ་ཉིད། །རྩ་བཞི་ཆང་ལྔའི་སྲུང་སྡོམ་ཡིན། །དེའི་ ཕུགས་རལ་གཞི་བུད་མེད་ལ། །མི་ཚང་སྤྱོད་འདི་ཆེར་འཛེམ་གལ། །བྱང་སེམས་སྡོམ་པའི་ ཉེས་རྩ་ཆེ། །གཞན་ལ་ཞེ་གནག་བློ་ངན་ཡིན། །དེ་མིན་ཕན་སེམས་ཅི་ནུས་བསྐྱེད། །ཟབ་ མོ་སྔགས་ཀྱི་ལམ་འདི་ལ། །དཔལ་ལྡན་བླ་མའི་ཐུགས་དཀྲུགས་དང༌། །དེ་ཡི་བཀའ་བཅག་ སྤུན་ལ་འཁོན། །རྩ་ལྟུང་འདི་གསུམ་ཤིན་ཏུ་ངན། །བྱུང་ན་བཤགས་ཐབས་ནན་ཏན་མཛོད། །ཁྱད་པར་འགྲོ་འདུག་གང་གི་སྐབས། །རང་གི་བཀའ་དྲིན་གསུམ་ལྡན་གྱི། །རྩ་བའི་བླ་མ་ མཆོག་ཉིད་ལ། །སངས་རྒྱས་དངོས་ཀྱི་འདུ་ཤེས་ཀྱི། །ཐུགས་ཡིད་དབྱེར་མེད་རོ་མཉམ་ངང༌། །རང་གསལ་རིག་ངོ་མ་འབོར་བར། །མ་བཅོས་རང་བབས་གཤིས་ལུགས་ལ། །དུས་རྒྱུན་ བལྟ་ཤེས་ལ་རེམ་ན། །རང་མདངས་ཆེར་མངོན་བླ་མའི་ཐུགས། །ཆོས་སྐུ་རང་འཚམས་རིམ་ ངོ་འཕྲོད། །གོ་དོན་དེ་རྣམས་ཡིད་འཇགས་མཛོད། །ཅེས་པའང་ཚོགས་མཆོག་གི་ངོར་མ་ཏིས་སོ།། །། 9-1-349 ༄༅། །གདོད་ནས་གཉུག་མར་རང་བྱུང་ལྷན་སྐྱེས་ཀྱི་སྟོང་གཟུགས། །དོན་དམ་གསང་ གསུམ་འཁོར་ལོ་རབ་འབྱམས་ཀྱི་རྒྱུད་སྡེ། །ཡེ་གཞི་ཆོས་དབྱིངས་ཡེ་ཤེས་གཤིས་ལུགས་སུ་ བཀྲ་བ། །འོད་གསལ་ནང་རིག་འགྱུར་མེད་ཡེ་ཤེས་ཀྱི་རང་རྩལ། །སྲིད་གསུམ་དྭངས་མའི་ གཟུགས་བརྙན་སྣང་སྟོང་གི་ཟུང་འཇུག །སྟོང་གཟུགས་རྡོ་རྗེའི་སྣང་བ་དཔག་ཡས་ཀྱི་བཀོད་ ཆེན། །ཡི་དམ་ལྷ་སྔགས་སྒྲ་གདངས་རང་ཤུགས་ཀྱིས་འབྱུང་བ། །གང་སྣང་འདུ་འབྲལ་མེད་ འདི་ཆོས་ཉིད་ཀྱི་རང་གཟུགས། །རྩོལ་མེད་མ་བཅོས་གང་ཤར་ལྷུག་པ་ཡི་ངང་ནས། །ལྷ་དང་ བླ་མའི་རང་ཞལ་དེ་ཀ་རུ་ལྟོ ས་དང༌། །ཞི་ཁྲོ་དཔའ་བོ་དཔའ་མོའི་གཟུགས་སྣང་གི་ལྟད་མོ། །རང་གསལ་གཤིས་ནས་ངོམ་འདི་གཉུག་མ་ཡི་དེ་ཉིད། །བག་ཡངས་འཛིན་མེད་ངང་ནས་ བལྟ་ལུགས་དེ་ཡོང་ན། །རབ་རིབ་མོས་སྒོམ་མང་པོའི་དཀའ་ངལ་དེས་ཅི་བྱ། །འོད་གསལ་ ཆོས་ཉིད་གཟུགས་བཟང་རྗེན་འཆར་གྱི་ངང་ནས། །ཕ་གཅིག་བླ་མའི་གདམས་ཟབ་སྐྱོང་བ་ འདི་གལ་ཆེ། །གང་སྣང་སེམས་ཀྱི་གཤིས་ལུགས་འགྱུར་མེད་ཀྱི་རང་མདངས། །རྣམ་ཀུན་ སྟོང་པའི་གཟུགས་དང་གཉིས་མེད་ཀྱི་ཡེ་ཤེས། །དག་སྣང་བཟང་པོའི་ཡིད་དགའ་སྤེལ་ཆེད་ ཀྱི་གཏམ་འདི། །ཅི་དགར་བྱུང་རྒྱལ་ལམ་ནས་མ་ཏི་ཡིས་སྨྲས་སོ།། ༈ བཅོས་མའི་བློ་ཀུན་སྤོང་ལ་བག་ཡངས་སུ། །རང་བབས་ཤུགས་འབྱུང་སྣང་བ་བརྗོད་ མེད་ངང༌། །དུས་རྒྱུན་རྩོལ་སྒྲིམ་ཆ་ཀུན་ལྷོ ད་ནས་སུ། །ཅི་དགར་གཤིས་འདི་སྐྱོང་བ་དེང་ སྐབས་གལ། །འདི་ཡང་བརྩོན་འགྲུས་ངོར་མ་ཏིས་སོ།། །། ༈ ཆོས་ལ་ཞུགས་ནས་བསླབ་པ་བཟུང་ཕན་ཆད། །ཤི་མ་སོང་གི་བར་དུ་སྐྱོན་མེད་ དགོས། །ནམ་ཡིན་བླ་མར་མོས་གུས་འབྲལ་མེད་ངང༌། །རང་སེམས་གསལ་བའི་ངོ་བོར་དྲན་ ཤེས་བསྟེན། །རྒྱུན་དུ་སེར་ཚུགས་ལེགས་པོ་ཨེ་ཡོང་ལྟོ ས། །ཆོས་མཐུན་གྲོགས་དང་འགྲོགས་ 9-1-350 ལ་བཟང་འགྲན་རེམ། །ད་རེས་ཆོས་སྐལ་ཐོབ་ཚེ་འཆུག་མི་ཉན། །གྲྭ་བཙུན་གསར་བ་གསུམ་ གྱི་སེམས་ལ་ཟུང༌། །མ་ཏིས་ཀུན་ལྷུན་ལ་ཕུལ།། །། ༄༅། །ལེགས་ཚོགས་དཔག་ཡས་ཀུན་ནས་དར་བའི་གཉེན། །ངོ་མཚར་མཚུངས་ཟླ་ བྲལ་བའི་མགོན་གཅིག་པུ། །ནམ་ཡང་རིས་སུ་ཆད་མིན་སྐྱེ་དགུའི་སྐྱབས། །རྣམ་གསུམ་ མཆོག་གིས་དགེ་མཚན་ཆར་དུ་ཕོབ། །དྲི་བྲལ་པདྨ་དཀར་པོའི་མཛེས་འཛུམ་བཞིན། །ཆེས་ གསལ་ཀུན་ནས་འཕགས་པའི་ཐུགས་བསྐྱེད་ཕུལ། །སྐལ་བཟང་སྒྲོན་མེ་སྟོང་ལས་ལྷང་ངེ་ བ། །ཀུན་གཟིག་འདྲེན་མཆོག་མི་མཇེད་ཞིང་འདིའི་མགོན། །ཁྱད་པར་རྒྱལ་ཀུན་ཕྲིན་ལས་ གཅིག་བསྡུས་ལྷ། །མི་མཐུན་འཇིགས་པ་ཡོངས་ལས་སྐྱོབས་པའི་མ། །མྱུར་མ་དཔའ་མོ་མཐུ་ ཆེན་ནུས་པའི་བདག །བསླུ་མེད་མགོན་མཛད་དག་གིས་རྟག་སྐྱོངས་མཛོད། །དེང་སྐབས་ ཆོས་ལ་བློ་མིག་ཉེར་ཕྱོགས་ཤིང༌། །དུས་ཀྱིས་མནར་ཡང་རང་ཚུགས་མ་ཤོར་བའི། །བསླབ་ ལ་གཞོལ་པའི་བརྩེ་འདུན་ལྷོ ད་མེད་ཅན། །ཉིད་ཟུང་ཚེ་འདི་ཆོས་དང་འབྲལ་མེད་སྨོན། །སྔོན་ བསགས་ལེགས་དགའི་ལྟས་བཟང་གསར་པའི་ཁམས། །འདི་ན་ཅུང་སྨིན་དལ་རྟེན་འབྱོར་ འདི་ཡང༌། །དུས་ཀྱི་ངར་ཤུགས་ལྷག་པར་བདོ་བའི་སྐབས། །དལ་འབྱོར་དོན་ཡོད་བྱེད་ལ་ དཔའ་མ་ཞུམ། །སྤྱིར་ན་འཁོར་འདས་རྒྱུ་རྐྱེན་གང་བྱས་ཚད། །སྐད་ཅིག་མི་རྟག་འགྱུར་བག་ ཕྲེང་བ་ཅན། །འདུས་བྱས་རང་མཚང་སྐྱེ་འགག་རེས་མོས་འདི། །ནམ་ཡང་བཅོས་སུ་མེད་པ་ རང་གི་གཤིས། །ཁྱད་པར་འཁོར་བ་ཀུན་འབྱུང་ཡོ་ལང་གིས། །སྣ་ཚོགས་སྣང་བའི་འདུད་ སྒོ་མཐའ་ཀླས་པ། །གནས་སྐབས་སྡུག་བསྔལ་སྣང་བ་འབའ་ཞིག་ལས། །གཏན་བདེའི་གོ་ སྐབས་གཤིས་ན་མི་བདེན་བརྫུན། །འོན་ཀྱང་མ་རིག་ནོངས་དབང་སོང་བའི་འགྲོ །གང་དག་ གིས་ནི་ཀུན་རྫོབ་སྒྱུ་མའི་ཁམས། །སྣང་བ་འཁྲུལ་ངོར་རྨི་ལམ་ཡུལ་ཞེས་ལྟར། །བདེན་པར་ 9-1-351 མེད་ལ་ཨ་འཐས་ཚུགས་སུ་རློམ། །འདི་གང་འཕྲུལ་སྣང་འཁོར་བའི་ཡིན་ལུགས་ཏེ། །རྣམ་ པ་སྣ་ཚོགས་སྡུག་བསྔལ་བཟོད་དཀའི་ཀླུང༌། །གཏིང་ཟབ་ཐར་བར་དཀའ་བའི་སྦུབས་རྒྱ་ ལས། །མ་གྲོལ་བར་དུ་སྡུག་བསྔལ་འབའ་ཞིག་སྤྱོད། །དེ་མཐུས་འདི་ན་རང་ཅག་དུས་ཀྱི་ མཐར། །སྔོན་ལས་ཤུགས་ཀྱིས་འཕངས་པའི་དུས་སྐབས་སུ། །གང་གང་མྱོང་བ་ཨ་ཐང་ མི་ཆད་པར། །ལས་འབྲས་ཚུལ་ལ་ངེས་ཤེས་ཀུན་ནས་བསྐྱེད། །དབང་ཡུལ་ཚུར་མཐོང་རྒྱུ་ འབྲས་སྣང་བའི་ཚུལ། །འདི་ནི་ཧ་ཅང་རགས་པའི་གནས་ཚུལ་སྟེ། །བསླུ་མེད་དུས་སུ་ཇི་ལྟར་ ངེས་པ་བཞིན། །ཕྱི་ནང་རྒྱུ་འབྲས་གང་ལའང་དེ་ཁོ་ན། །དགེ་སྡིག་ལས་དེས་རང་འབྲས་བདེ་ སྡུག་ཀུན། །ཇི་བཞིན་རིམ་པས་སྐྱེ་བ་ཚེ་རབས་ཕྲེང༌། །ནམ་ཡང་ཆུད་ཟོས་མེད་པར་བསྐྱེད་ པའི་ཚུལ། །གསང་གནད་ཐམས་ཅད་མཁྱེན་སྤྱན་ཁོ་ནའི་ཡུལ། །ཚུལ་དེ་རྒྱལ་བས་ཇི་སྐད་ གདམས་པ་ལྟར། །ལྐོག་གྱུར་གནས་ལ་ཞིབ་པའི་བློ་གྲོས་རྩལ། །སྒོ་གང་ཐད་ནས་རང་གིས་ བློ་ཉམས་སུ། །གནད་ལ་ཅི་ཁེལ་བརྩོན་པ་ལྷོ ད་མེད་རེམ། །ཁྱད་པར་གསང་གསུམ་ཡོན་ ཏན་ཟླ་བྲལ་བ། །སྐྱབས་མཆོག་དམ་པའི་ཚུལ་ལ་ཡིད་གཉིས་སྒོ། །གང་ནས་རུང་མིན་ཐེ་ ཚོམ་ཆོད་པའི་བློས། །འདི་ཕྱིའི་རེ་ཡུལ་ཉིད་དུ་ཕུར་ཚུགས་གལ། །ད་ལན་ཡན་དུ་དུས་ཀྱི་ བྱེད་པ་ལས། །རང་རང་རྒྱུད་ལ་ཉེས་ལྟུང་གང་བྱུང་བ། །སེམས་རྒྱུད་རག་བློས་ག་དར་ལེགས་ འབྱེད་སྒོས། །སྟོབས་བཞིས་བཤགས་སྡོམ་བར་བར་བརྗེད་མི་ཉན། །གང་འདིར་རང་རེས་ སྐྱིད་སྡུག་མང་ཙམ་མྱོང༌། །བྱ་བ་གང་ལ་སྦྱོང་བདར་མྱོང་བས་ངེས། །ལེགས་ཉེས་གང་ཡིན་ ལའང་དཔྱོད་སྒོ་ཞུགས། །ད་ནི་རེམ་ཡུལ་གང་ཡིན་ངོས་ཟིན་རན། །ཚུལ་དེར་དཔག་ནས་ འདི་ཕྱིའི་ལེགས་སྒོ་ཀུན། །གང་ལ་རག་ལས་རང་གིས་ངེས་བྱས་ནས། །ངང་པས་ཆུ་ལས་འོ་ མ་ལེན་པ་ལྟར། །འདོད་དོན་ཚུལ་ལ་གང་ནས་མ་རྨོངས་མཛོད། །འདི་སྣང་ཡུན་ཐུང་དབྱར་ ཟླའི་དཔལ་ཡོན་བཞིན། །གང་ལ་ཡིད་བརྟན་ཕུགས་ཐུབ་མེད་ཚུལ་དང༌། །ཕྱི་མར་འཁོར་ 9-1-352 སྡུག་མྱོང་ཡུན་རིང་བའི་ཚུལ། །རྒྱལ་བའི་བཀའ་ལ་ཞིབ་འདྲིས་ནན་ཏན་རེམ། །ཡང་སྒོས་ ལེགས་ཚོགས་ཀུན་གྱི་གཞི་གཅིག་པུ། །དུས་བསྟུན་བསླབ་གཙང་ཁྲི མས་བཟང་མ་རལ་ བ། །གཞི་རྩའི་ཉེས་ལྟུང་བཞི་ལ་མ་སྤྱད་ཙམ། །ད་སྐབས་དུའང་ལག་ལེན་ཐེབས་པ་དགོས། །དེར་བརྟེན་སོ་ཐར་བསྲུང་མཚམས་མཐོ་དམན་ཀུན། །ཉེས་པས་རྙོག་མེད་དེང་ཆར་དཀའ་ མོད་ཀྱང༌། །མ་གཞི་མ་ཉམས་ཡན་ལག་བྱ་ཐབས་སླ། །དེ་ཕྱིར་རྩ་བཞིའི་བསྲུང་སྡོམ་གཅེས་ སྤྲས་མཛོད། །དེང་སྐབས་ངང་ཚུལ་འདི་ཙམ་ལ་བརྟེན་ནས། །ནང་གི་རང་ཉམས་ཁམས་དང་ བསྟུན་པ་ཡིས། །མཉམ་པར་འཇོག་པའི་ཚུལ་ལ་འདི་བཞིན་སྟེ། །ཐོག་མར་འགྲོ་འདུག་སྤྱོད་ ལམ་གང་གི་སྐབས། །རང་སེམས་མ་བཅོས་རང་གསལ་འདི་ཀ་ཉིད། །གཤིས་ལུགས་ལྷུག་ པར་བཞག་པས་ངང་བསྐྱངས་བཞིན། །རང་བབས་དྲན་ཤེས་བྱ་རས་མི་འབོར་བར། །གཉུག་ མ་བལྟ་ཤེས་གོ་བ་མ་ནོར་ན། །རིམ་པས་གནས་ལུགས་ཕྱོགས་ལ་མྱོང་བ་རྙེད། །རང་བཞིན་ འོད་གསལ་སེམས་ཀྱི་འཆར་སྒོའི་ཚོགས། །སྣ་ཚོགས་སྲིད་གསུམ་དྭངས་པའི་སྣང་བརྙན་གྱི། །དོན་དམ་སྟོང་པའི་གཟུགས་སྣང་འབྱམས་ཀླས་རྡོལ། །མན་ངག་གང་ལ་མྱོང་བ་མ་གོལ་ཚེ། །རྡོ་རྗེ་འཆང་གི་དགོངས་བཅུད་བསླད་མེད་ཉིད། །ནང་དབྱིངས་འོད་གསལ་ཆོས་སྐུ་མངོན་ བྱེད་ཐབས། །མཁས་གྲུབ་གོང་མའི་གདམས་དོན་སྙིང་ལ་ཐེབས། །གདོད་ནས་རང་གསལ་ མ་བཅོས་གཉུག་མ་འདི། །ཇི་བཞིན་རང་ངོ་འཕྲོད་པའི་ཐབས་མཆོག་ནི། །ཉམས་མྱོང་ ལྡན་པའི་བླ་མའི་མན་ངག་ལས། །གཞན་དུ་རྟོག་གེའི་བསམ་པའི་ཡུལ་ལས་འདས། །ནང་ རིག་རང་གསལ་རྗེན་ཆར་དྭངས་པའི་དབྱིངས། །སྐུ་དང་ཡེ་ཤེས་རྒྱ་མཚོའི་ཀློང་མཛོད་ཉིད། །ཐབས་མཁས་འཕྲུལ་གྱི་རང་གཤིས་མངོན་བྱས་ཏེ། །གློ་བུར་རྣམ་ཤེས་ཤུན་དང་ནམ་བྲལ་ སྐབས། །རྒྱལ་ཀུན་ཆོས་སྐུ་དོན་དམ་བླ་མའི་ཐུགས། །གཞི་འབྲས་དབྱེར་མེད་བདེ་གཤེགས་ སྙིང་པོའི་མདངས། །ཇི་བཞིན་རོ་མཉམ་དགོངས་ཆེན་གཅིག་གི་ངང༌། །གནས་ལུགས་གདོད་ 9-1-353 མ་ཉག་གཅིག་ཁོ་ནར་ངེས། །དེ་སྐད་ཆོས་དང་མཐུན་པའི་བསླབ་བྱའི་གཏམ། །སྙིང་ཉེ་ཡིད་ མཐུན་གྲྭ་བཙུན་ཟུང་གི་ངོར། །དུས་མཐར་སླར་ཡང་ཆོས་སྣང་སྤྲོ་བའི་ཆེད། །མ་ཏིས་མིང་ གིས་རྟེན་འབྲེལ་ཚུལ་དུ་བྲིས། །ལེགས་བྱས་ལ་བརྟེན་དེ་ཡིས་ཀྱང༌། །རྣམ་པར་དཀར་ལ་ཉེར་སྤྲོ་བའི། །ཤེས་རབ་ རྡོར་བཟང་མིང་ཅན་ཟུང༌། །བློ་སྣ་ཆོས་ལ་བསྐུལ་བྱེད་ཤོག། །། ༄༅། །དཀོན་མཆོག་ཡིད་བཞིན་དབང་པོ་ཟ་མ་ཏོག །གང་འདོད་འཇོ་ཞིང་ཉེས་དབུལ་ དྲུངས་འབྱིན་པ། །ཆོས་སྐུ་གཤིས་ལུགས་གཅིག་པའི་རང་མདངས་ལས། །སྣ་ཚོགས་གང་ འདུལ་རོལ་གར་འཛིན་དེས་སྐྱོངས། །སྙི གས་མར་ཆོས་ཀྱིས་རང་རྒྱུད་འདུལ་བ་ལ། །ཐོག་ མར་བསམ་པའི་ཀུན་སློང་ལེགས་བཅོས་ཐབས། །དལ་འབྱོར་རྙེད་དཀའ་དོན་ཆེར་སྙིང་པོ་ ལེན། །ངེས་འཆི་ཆ་མེད་ཆོས་ལས་ཕན་མེད་པ། །ལས་འབྲས་མི་བསླུ་མྱོང་བར་ངེས་མ་ངེས། །ཉེར་ཕུང་སྡུག་བསྔལ་དེ་ལས་ཐར་ཐབས་ཆོས། །ཡིད་ལ་གཞིགས་ནས་འདི་ཕྱིའི་འཁོར་བ་ ལ། །ཞེན་པ་གཏིང་ནས་བཅད་དེ་རྣམ་གྲོལ་གྱི། །ཡེ་ཤེས་རང་རིག་དེར་འཚམས་མངོན་བྱེད་ པ། །སྐྱེས་བུ་ཆུང་འབྲིང་བསམ་པའི་འཇུག་སྒོ་ཙམ། །བར་དུ་ཐུན་མོང་བྱང་སེམས་སྒོམ་པའི་ ཚུལ། །ཀུན་གཟིགས་རྒྱལ་བས་ལེགས་མཁྱེན་ཅི་ལྟ་བུར། །འཁོར་བ་ཐོག་མ་མེད་པའི་རིང་ ནས་ཀྱང༌། །སེམས་ཅན་ཕ་མར་མ་གྱུར་གཅིག་མེད་ཚུལ། །བསམ་ནས་མར་ཤེས་དྲིན་དྲན་ དྲིན་གཟོ་འདོད། །ཡིད་འོང་བྱམས་བརྩེ་ལྷག་བསམ་གྱིས་བརྒྱན་པ། །སྙིང་ལ་ལེགས་བཅང་ དེ་སླད་མར་གྱུར་ཀུན། །ནམ་ཞིག་བྱང་ཆུབ་མཆོག་ལ་འགོད་ཕྱིར་དུ། །བདག་གིས་བྱང་ཆུབ་ སྤྱོད་པ་རྒྱ་མཚོ་ཆེར། །ངེས་པར་སྤྱོད་འདོད་དེ་ཡང་ཕྱིན་དྲུག་དང༌། །བསྡུ་བཞིའི་སྤྱོད་མཆོག་ ལག་ལེན་རང་ཉམས་དང༌། །བསྟུན་ཏེ་གང་ཐེབས་གནད་ལ་ལྷུར་བཞེས་བཅས། །རང་ཚོད་ ལས་བརྒལ་དག་ལ་ཡིད་ཀྱིས་སྨོན། །ང་ཡི་གདགས་གཞི་ཕུང་ལྔའི་ཚོགས་པར་དེར། །བདག་ 9-1-354 ཏུ་ཚུགས་ཐུབ་གང་སྣང་ངོས་བཟུང་སྟེ། །བདེན་པའི་གཅིག་དང་དུ་མས་དེ་ཉིད་འཚོལ། །གང་ མ་རྙེད་པའི་ངོས་བཟུང་བྲལ་བ་ལ། །ངེས་པ་རང་བབས་ཤུགས་ཀྱིས་བསྐྱང་བ་ཙམ། །དེ་ འདྲ་ཡང་ཡང་གོམས་པས་གང་ཟག་གི །བདག་མེད་ལ་ནི་ངེས་པ་རང་འཚམས་རྙེད། །སྣོ ད་ བཅུད་སྣང་གྲགས་ཀུན་རྫོབ་བློས་གཞལ་ཡུལ། །གཟུགས་ནས་རྣམ་མཁྱེན་བར་གྱི་ཆོས་ ཐམས་ཅད། །ཆ་ཤས་མང་ལ་བརྟེན་ནས་ཆ་ཅན་སྣང༌། །དེ་ཉིད་བློ་ཡིས་གཞིགས་ན་བརྫུན་ པའི་འཕྲུལ། །མ་བརྟག་སྣང་བ་འདུ་འགོག་མེད་པའི་ཆོས། །རྟེན་འབྲེལ་རྐྱེན་བྱུང་མིང་རྐྱང་ བཏགས་ཡོད་ཙམ། །གཤིས་ལ་ལྟོ ས་ན་ཅང་མེད་མོ་གཤམ་བུ། །དུས་གསུམ་གྱིས་བསྡུས་དེ་ ཉིད་རིགས་ཤེས་ཀྱིས། །རྗེས་དེར་ཞིབ་བཙལ་སྤྲོས་བྲལ་སྟོང་པར་འཆར། །དེའི་ངང་འཛིན་ མེད་རང་བབས་ཅི་ནུས་འཇོག །དེ་གོམས་པས་ནི་ཆོས་ཀྱི་བདག་མེད་ལ། །ངེས་པ་བཟང་ ངན་རང་རང་ཁམས་དབང་གིས། །སྤྲོས་བྲལ་མཐོང་ཚུལ་དེ་ཡི་རྗེས་སུ་འགྲོ །ཐ་མར་ཐུན་ མིན་རང་ལུགས་ཉམས་ལེན་ཚུལ། །རང་བློ་ནང་ཕྱོགས་ད་ལྟའི་གསལ་བའི་སེམས། །ཡུལ་ གྱི་མ་བསྒྱུར་རང་ངོ་ཟིན་ཙམ་པ། །རྣམ་ཤེས་ཚོགས་བདུན་འབྱུང་བའི་ཀུན་གཞི་ལགས། །ཡུལ་ལ་མ་འགྱུ་རང་གསལ་འཛིན་བཅས་གང༌། །ཆུ་རྙོག་རང་དྭངས་དཔེ་ཡི་མན་ངག་གིས། །རང་གཤིས་ཡེ་ཤེས་འཚོལ་བར་གནད་ཞོག་ཚེ། །ཆེས་གསལ་འཛིན་བྲལ་ནམ་མཁའི་རྣལ་ འབྱོར་མངོན། །འདི་ནི་སོ་སོར་རང་རིག་ཤེར་ཕྱིན་ཏེ། །སྟོང་རྐྱང་དགག་ཙམ་དུ་ནི་མ་ཟད་ པར། །སྤྲོས་མེད་རང་གསལ་སྣང་སྟོང་ཟུང་འཇུག་འཕྲུལ། །རྣམ་ཀུན་གཟུགས་བཟང་མཚན་ མའི་རིས་བྲལ་བ། །རང་བཞིན་འོད་གསལ་དེ་ཉིད་རང་འཚམས་མངོན། །དེ་ཡི་མཐར་ཐུག་ ལེགས་རྟོགས་རྫོགས་སངས་རྒྱས། །ད་ལྟ་ཉམས་མྱོང་སྒོ་དང་མཐུན་ཙམ་གྱིས། །ལག་ལེན་ བྱེད་འདི་སྐྱེས་བུ་ཆེན་པོ་ལ། །སློབ་ཚུལ་ཡིན་ཞེས་དགེ་སློང་བློ་ལྡན་པ། །དཀོན་མཆོག་ འཕེལ་གྱི་རིང་ནས་མོས་འདུན་སླད། །རང་རེའི་གོང་མའི་ཕྱག་བཞེས་གདམས་ངག་ཏུ། །ཇི་ 9-1-355 སྐད་བསྩལ་བཞིན་བརྩེ་བས་མཚོན་ཙམ་བརྗོད། །མ་ཏིས་ལེགས་སྨྲས་དེ་ནི་དགེ་གྱུར་ཅིག། ༄༅། །ཏཱ་རེས་རྗེས་བཟུང་ཁོ་བོ་མ་ཏི་ཡི་རྨི་ལམ། །སྙིང་དབུས་དྭངས་མའི་འོད་གསལ་ སྙིང་ལ་དེ་ཤར་སོང༌། །ངོ་མཚར་གངས་དཀར་རི་རྩེར་ཟླ་བ་ཞིག་ཤར་ཚེ། །ཡ་མཚན་ཆེ་བའི་ གསེར་གྱི་རི་ཞིག་ལ་ཕོག་སོང༌། །འོད་ཟེར་འཇིག་རྟེན་མུན་པའི་སྨག་རུམ་དེ་སེལ་ལོ། །ལྷུན་ པོའི་རྩེ་ལ་གསེར་བྱ་སེར་པོ་ཞིག་བབས་ནས། །གསུང་སྐད་སྙན་མོས་བསྡོམས་ཚིག་འདི་འདྲ་ ཞིག་བསྒྲགས་སོ། །ཡ་ཧོ་ཧེ་ཧ། ཨེ་མ་ངོ་མཚར་ཆེ་འོ་རྒྱལ་བའི་བསྟན་པ་རིན་ཆེན་རྒྱས་སོ། །ཟེར་ནས་བདག་གི་སྙིང་དབུས་སུ་ཐིམ་པ་འདྲའོ། །རྨི་ལམ་འོད་གསལ་ལ་ཤར། དགོས་པ་ གལ་ཆེ། མ་འོངས་དོན་གནད་ཆེ་བ་ཞིག་ཡིན་པར་ཤེས་ནས་སྙིང་ཁམས་རླུང་གིས་སྤྲུགས་ ནས་དབང་མེད་དུ་བྲིས་སོ། །དེ་ཡིས་དོན་བཤད་ན། ཨ་ཡ་ཡ་མི་རྒན་དམར་པོ། །ཨོ་ཧོ་ཧོ་མི་ རྟག་རྙི་ཡི། །ཨེ་ཧེ་ཧེ་བཟུང་བའི་དུས་ཚོད། །ཨ་ཧ་ཧ་སྐལ་གསུམ་རྫོགས་ཐལ། ། ༈ ཨེ་ཨེ་བཅོ་ལྔའི་ལྷ་ཞལ། །མ་མ་མ་ཧའི་འཛི་ནས། །ངོ་ངོ་ལྷང་ངེ་ཤར་དུས། །མཚར་ མཚར་ལྷ་བྱ་ངང་སེར། །ཆེ་ཆེ་ཆེ་བའི་གདན་ས། །འོ་འོ་ཅང་ཤེས་ཤར་དུས། །རྒྱལ་རྒྱལ་ རྒྱལ་ས་འཁོད་དོ། །བའི་བའི་རྐང་གཉིས་མི་ལ། །བསྟན་བསྟན་ཆོས་སྲིད་ཟུང་འཇུག །པ་ པ་དབྱངས་སྙན་རོལ་མོ། །རིན་རིན་སྲིད་གསུམ་བསྒྲག་གོ །ཆེན་ཆེན་རྒྱལ་བའི་བསྟན་པ། །རྒྱས་རྒྱས་སྐལ་མཐར་བར་དུ། །སོ་སོ་མི་ནུབ་དར་སོ། ། ༈ རྫུ་འཕྲུལ་ཤུགས་ལྡན་གྱི་ཅང་ཤེས། །ཀུན་གཞི་བདེ་ཐང་དུ་འགྲིམ་ཚེ། །གེན་གླང་ སེར་པོ་རྭ་བདར། ཁ་རླུང་སྤྲིན་ནག་ཞིག་འཚུབ་བྱུང༌། །ཟིན་གྱི་སྟག་མོས་ངར་སྐད། །ཁ་ནས་ མེ་ལྕེ་ཞིག་འབར་རོ། །དུས་མཉམ་ཐང་ཆེན་ལ་མཆོང་ཚེ། །ཅང་ཤེས་སྙིང་ཁམས་དེ་འཕར་ རོ། །མཚེར་སྐད་ལྷང་ལྷང་ཡི་ངང་ནས། །བར་སྣང་སྤྲིན་གསེབ་ཏུ་ཐལ་ལོ། །རྐང་གཉིས་མི་ 9-1-356 ལ་ཡང་ཡམས་ནད། །ན་བུན་འཚུབ་པ་ཞིག་འབྱུང་རྟགས། །དེ་དུས་མདོ་གདུགས་དང་སྒྲོལ་ མ། །བསུར་དང་ལན་ཆགས་སོགས་གྲངས་མང༌། །ཡུལ་ཤོག་རེ་རེ་བཞིན་བསྒྲུབས་ནས། །ཉེར་འཚེ་ཞི་བ་ཡང་ཁོ་ཐག །དེ་འདྲ་ཉམས་སྣང་ལ་ཤར་ཚེ། །མ་བཟོད་འཕྲལ་དུ་ཡང་བྲིས་ སོ། །སྔོན་མ་ཏིས་བྲིས་སོ། །དགེའོ།། ༄༅། །རྒྱལ་ཀུན་ཕྲིན་ལས་རང་གཟུགས་རླབས་ཆེན་མགོན། །མ་ལུས་འགྲོ་འདི་ འཇིགས་ལས་སྒྲོལ་བའི་མ། །རྣམ་གསུམ་སྐྱབས་ཀྱི་ངོ་བོར་གཡེལ་མེད་དུ། །གུས་འདུད་ འབུལ་ལོ་ཁྱོད་ལ་དགེ་གྱུར་ཅིག །སྔོན་བསགས་དགེ་ལྟས་གསར་བའི་ས་བོན་ཁམས། །མངོན་མཐོའི་འབྱོར་པའི་དགའ་ཚལ་ལ་སྨིན་པ། །སྐུ་སྐྱེས་ན་གཞོན་པདྨོ་གསར་པའི་དྲུང༌། །རིང་ན་འདུག་ཀྱང་ཡིད་ཀྱིས་འབྲེལ་བ་དེར། །དམ་པའི་དྲིན་ལས་ཆོས་བློའི་འདབ་ཟུང་ བསྐྱོད། །བསྟེན་མཆོག་ཆུ་སྐྱེས་ཟེའུ་འབྲུ་ལ་འཁོར་ཀྱང༌། །ཟིལ་མངར་ནང་བཅུད་སྙེ མས་པ་ ཆེར་མེད་མོད། །འོན་ཀྱང་འགྲོགས་བཤེས་གཏམ་གྱི་མཆིད་འདི་སྤྲིངས། །ལྷར་བཅས་འགྲོ་ བའི་འདི་དང་ཕྱི་མའི་སྐྱབས། །བསྟན་པ་ཡོངས་ཀྱི་མངའ་བདག་ཐུབ་པའི་དབང༌། །གང་གི་ ལུགས་བཟང་སྐྱེ་དགུའི་ཉེར་འཚོའི་བཞིར། །སྒོ་གང་ཉིད་ནས་རེམ་ན་དོན་ཆེན་འགྲུབ། །དེ་ ཡང་བསྟན་པ་སྔ་དར་ཕྱི་དར་ལས། །སྔ་མའི་མཇུག་གི་ཆ་ལ་དེང་དུས་སླེབས། །འདི་ཉིད་བླ་ མའི་དྲིན་ལས་རང་ཅག་ལ། །ཅུང་ཙམ་བློ་ཁ་ཕྱོགས་པའི་དུས་འཛོམས་ཚེ། །དུས་ཀྱིས་ཅུང་ ཙམ་མནར་ཡང་བློ་སྟོབས་བསྐྱེད། །རང་གིས་ཕུགས་ཀྱི་འདུན་མ་ལ་དཔྱད་དེ། །ལེགས་ཉེས་ ཐད་ལ་ནོར་འཁྲུལ་མ་སོང་བར། །ཇི་བཞིན་དོན་ཐོག་ཁེལ་ཐབས་ལ་འབད་མཛོད། །ཉིད་ ཀྱི་ངོས་ནས་གྲྭ་བཙུན་ཕལ་བ་དང༌། །འགྲན་དུ་མེད་པར་བསྟན་ལ་ལག་རྗེས་ཞིག །སྒོ་གང་ ཐད་ནས་འཇོག་པའི་རེ་འདུན་ཆེ། །རང་གཞན་ཀུན་ལ་ཡོད་པས་དེ་ལུགས་རེམ། །ཡང་རབ་ 9-1-357 བསྟན་ལ་ཐོས་བསམ་སྒོམ་གསུམ་དང༌། །འབྲིང་དུ་སྒོ་གསུམ་ཚུལ་བཞིན་ལེགས་གནས་ ཙམ། །ཐ་ན་སེར་ཚུགས་འཛིན་ལ་སྙད་མེད་ཅིག །ངེས་པར་འོང་ཐབས་ཉིད་ནས་དགོས་ གལ་གནད། །ཁྱད་པར་དེང་དུས་ཚུལ་ལ་ཉེར་བསྟེན་ཏེ། །རྩ་བཞི་ཆང་ལྔའི་བསླབ་སྡོམ་མ་ རལ་ན། །ཕྱི་ཚུལ་གང་ལྟར་བྱས་ཀྱང་དོན་ཤོར་མེད། །དེ་ལུགས་ལྟར་གྱི་སྤྱོད་འཁྱོང་ཨེ་ཡོང་ ལྟོ ས། །དུས་རྒྱུན་ལོང་སྐབས་ཡོད་པའི་བྱ་ལུགས་ཡང༌། །སྟོབས་བཞིའི་བསམ་པས་རྡོར་ སེམས་སྒོམ་བཟླས་དང༌། །ལྷན་སྐྱེས་དུས་འཁོར་རྣལ་འབྱོར་ལ་བསྟེན་ནས། །རྣམ་བཅུ་ དབང་ལྡན་སྙིང་པོ་ཅི་འགྲུབ་རེ། །དུས་གཏོར་རྒྱུན་གསོལ་ཆག་མེད་མཛད་ན་གཅེས། །ཡང་ སྒོས་འགྲོ་འདུག་སྤྱོད་ལམ་གནས་སྐབས་སུ། །རང་རིག་གསལ་སྟོང་བརྗོད་བྲལ་བལྟ་ཤེས་ ཙམ། །དུས་རྒྱུན་དྲན་ཤེས་བྱ་རས་མི་འབོར་བར། །གནས་འགྱུ་རིག་གསུམ་ངོས་ཟིན་ངང་ ནས་འབོད། །ཚུལ་ལུགས་དེ་ཡིས་དུས་མཐར་རྒྱུན་འཁྱོངས་ཚེ། །རེ་ཆེའི་མགུ་བ་སྦྱིན་པར་མ་ ནུས་ཀྱང༌། །སྐུ་སྐྱེས་ལུས་རྟེན་དོན་མེད་མ་སོང་ཙམ། །འདི་ཙམ་ལག་ལེན་ཐེབས་ལ་བརྩོན་ པས་རེམ། །ད་ལན་བསྟན་དང་མཇལ་བའི་དགོས་ཆེད་དུ། །རང་གིས་བསྲུང་སྡོམ་རྩ་བ་ ཉམས་མེད་པར། །ཁྲི མས་གཙང་གཞི་མའི་རྩ་འཛུགས་མ་འཆུག་ན། །བླ་མ་ཕ་མའི་སྐུ་དྲིན་ དེ་ཡིས་འཁོར། །རང་དོན་འགྲུབ་ཅིང་གཞན་ལ་ཕན་པ་འབྱུང༌། །བསྟན་ལ་དད་ཀུན་སྤྱི་བོའི་ གཙུག་གི་བཀུར། །འདི་ཕྱིའི་ལེགས་ཚོགས་སྒོ་བརྒྱ་ཀུན་ནས་འཕྱུར། །དགའ་སྐྱིད་བདེ་ནས་ བདེ་བར་འགྲོ་ངེས་ལགས། །དེ་སྐད་དུས་དང་མཐུན་པའི་བརྗོད་བྱའི་གཏམ། །སྙིང་ནས་བརྩེ་ བདུན་ཁོལ་བའི་ཤུགས་དྲངས་ཏེ། །དེང་སྐབས་བྱ་བའི་ལམ་ལུགས་ཟུར་མཚོན་ཙམ། །སྐུ་ སྐྱེས་གཞོན་ནུའི་སྒྲ་འཛིན་རྒྱན་དུ་ཕུལ། །ཉམ་ཆུང་དུས་ཀྱི་རྒུད་པས་མནར་བ་བདག །གློ་ བུར་རྐྱེན་གྱིས་གཞན་དུ་མ་བསྒྱུར་ན། །རྗེས་ནས་འཕྲད་འདོད་ཡོད་ཅིང་ཆོས་གཏམ་སྨྲ། །དེ་ བར་ཁ་ཏའི་ཚིག་དོན་ཐུགས་ལ་ཟུང༌། །སྔོན་བྱོན་སྐྱེས་ཆེན་གསེར་རིའི་ཕྲེང་བ་ལྟར། །རིམ་ 9-1-358 བྱོན་ཞབས་སེན་ཁྲི་ལ་འགོད་པའི་གནས། །ལེགས་ཚོགས་དཔལ་གྱིས་ཕྱུར་བུར་ཡོངས་ གཏམས་པ། །དེང་ཆར་དགའ་སྟོན་ཟིན་པའི་རྗེས་ཤུལ་བཞིན། །རྣམ་སྨིན་དྲ་བའི་སྦུབས་ རྒྱར་ཉེར་འཐུམ་ཞིང༌། །ཀུན་འབྱུང་ལས་ཀྱིས་གར་བསྐྱོད་ཆ་མེད་པ། །ཡིད་ལ་གདུང་བའི་ ཟུག་རྔུས་ཐེབས་པ་དེས། །རྒྱང་རིང་ཡུལ་ནས་བསླབ་བྱ་འདི་སྤྲིངས་སོ། །ཆོས་ཚིག་ལེགས་ སྨྲ་ངག་གི་མཐུ་ཆུང་ཡང༌། །གཞན་དབང་བསྐུལ་བའི་མོས་འདུན་མ་བཟློག་ཙམ། །ནང་དོན་ ཆོས་ཀྱི་བློ་གྲོས་ཉག་ཕྲ་ཡང༌། །ཕྱི་ཚུལ་ཆོས་གཏམ་གྲགས་སྐམ་སྒྲོག་པ་ཙམ། །འདིས་ཀྱང་ སྐུ་སྐྱེས་ན་གཞོན་གསར་པའི་ཐུགས། །ཡང་དག་ཆོས་བློ་འཕེལ་བའི་རྐྱེན་བྱས་ཏེ། །མཛད་ ཕྲིན་ལེགས་སྒོའི་བྱ་བ་མི་དམན་པས། །བསྟན་འགྲོའི་དོན་ལ་བྱས་རྗེས་འཇོག་ནུས་ཤོག །མ་ ཏིའི་བྲིས་པ་ཛ་ཡནྟུ། ༄༅། །མ་ལུས་ཆོས་ཀུན་མཁྱེན་པའི་ཡེ་ཤེས་རྒྱས། །བརྩེ་ཆེན་དགོངས་ཀློང་ཟབ་མོའི་ མཛོད་འཛིན་པ། །དཔག་ཡས་འགྲོ་རྣམས་འདྲེན་པའི་མཐུ་མངའ་བའི། །མཚུངས་བྲལ་སྟོན་ པ་མཆོག་གི་དགེ་ལེགས་སྩོལ། །གང་དེའི་བསྟན་པ་ལེགས་ཚོགས་ཀུན་གྱི་གཞི། །རྨད་བྱུང་ ཡོན་ཏན་བྱེ་བའི་འབྱུང་གནས་ཆེ། །མ་ལུས་ཉེས་པ་མཐའ་དག་འཇོམས་པའི་སྨན། །འདི་ ཉིད་འགྲོ་ཀུན་བདེ་བའི་བྱེད་པོ་ལགས། །འཇིག་རྟེན་རྩ་ལག་གཞན་གྱིས་མི་ནུས་པའི། །ཡང་དག་ཐར་པའི་ལམ་ལ་ཉེར་འཇོག་མཁན། །བཤེས་གཉེན་དམ་པའི་དྲིན་ལས་ཆོས་དང་ མཇལ། །རང་ཡང་བློ་སྣ་ཆོས་ལ་ཕྱོགས་པའི་དུས། །དེང་དུས་ལང་ཚོ་ཉུང་སྣང་མི་འཆར་བར། །བག་ཡོད་བསླབ་པས་རང་རྒྱུད་བསྡམས་བྱས་ཏེ། །སེམས་འདི་ཆོས་དང་འདྲིས་པར་མ་ བྱས་ན། །ཚེ་འདིའི་མཐའ་ལ་ཇི་ལྟར་ཡོང་མི་ཤེས། །ད་ལན་ཚོགས་མཆོག་འདུས་པའི་གྲལ་ ཞུགས་སྟེ། །ལུས་སེམས་ཉེས་སྐྱོན་དྲི་མས་མ་བསླད་གོང༌། །བསླབ་ཁྲི མས་གཙང་མའི་རྒྱན་ 9-1-359 གྱིས་ལེགས་མཛེས་པའི། །ཆོས་གྲོགས་དམ་པ་གྲོགས་པོ་ཉེར་བརྟེན་ཏེ། །ཚུལ་མཐུན་ཀུན་ སྤྱོད་དག་པས་གཞི་བཟུང་ནས། ཡང་རབས་དམ་པའི་མཛད་སྤྱོད་ལ་ལྟོ ས་ཏེ། །སྒོ་གསུམ་ཞི་ དུལ་ལྡན་པའི་གྲྭ་བཙུན་ཞིག །འོང་བའི་ཐབས་ལ་འབད་པའི་དུས་ཚོད་ཡིན། །དབང་པོ་ན་ གཞོན་དར་བའི་སྐབས་འདི་ནས། །དམ་པའི་ཆོས་ལ་དོན་གཉེར་མ་བྱས་པར། །ལེ་ལོ་སྙོ མ་ ལས་ངང་དུ་ལུས་པའི་ཚེ། །རང་དོན་རྗེས་ནས་བསྒྲུབ་འདོད་ཡོད་ནའང༌། །དབང་པོ་སྟོབས་ རྣམས་རིམ་གྱིས་ཇེ་དམན་འགྲོ །སྔོན་གོམས་ངན་པའི་བློ་རྒོ ད་དུལ་དུས་མེད། །ཆོས་ཀྱི་བློ་ མིག་ནམ་ཡང་མི་སད་པར། །ཉོན་མོངས་སྐྱོན་གྱིས་སེམས་རྒྱུད་ཉམས་སྨད་ནས། །ནམ་ཞིག་ འཆི་བ་སླེབས་ཚེ་འགྱོད་དུས་ཡོང༌། དེ་སླད་ད་ཙམ་ན་ཚོད་གཞོན་པའི་དུས། །ཕ་ཅིག་བླ་མའི་ བཀའ་དྲིན་སྤྱི་བོས་འཁུར། །ད་ལྟའི་ཕ་མའི་དྲིན་ལན་སྙིང་ལ་བཞག །དམ་ཚིག་གཙང་མའི་ གྲོགས་དང་ལྷན་ཅིག་ཏུ། །འདུ་འཛི་སྤངས་པའི་གནས་སུ་ཉེར་འདུག་ཏེ། །རང་སེམས་བློ་ཁ་ ཆོས་ལ་ཕྱོགས་བྱས་ནས། །དལ་འབྱོར་རྟེན་ལ་སྙིང་པོ་ལེན་པ་དང༌། །མི་རྟག་འཆི་བའི་ཚུལ་ ལ་འཇིགས་སྐྲགས་ནས། །དོན་མེད་སོས་དལ་འདུག་མི་ལོང་བ་དང༌། །དྲན་ཤེས་བག་ཡོད་ ངོ་ཚ་ཁྲེ ལ་ཡོད་ཀྱིས། །སྒོ་གསུམ་སྤྱོད་པ་རྒྱུན་དུ་བསྡམས་བྱས་ནས། །དྲང་སྲོང་ཞི་བའི་ཚུལ་ ལ་ཉེར་ཞུགས་ཏེ། །མཁའ་མཉམ་འགྲོ་ཀུན་ཕ་མར་ཤེས་བྱས་ནས། །དེ་དག་ལའང་བདེ་དགེ་ རྒྱུན་འདོད་དང༌། །སྡུག་བསྔལ་རྒྱུ་བཅས་བྲལ་བར་བྱེད་འདོད་བློ། །དེ་ལ་བརྟེན་ནས་གཞན་ ཕྱིར་བྱང་ཆུབ་ཀྱི། །གོ་འཕང་དོན་དུ་གཉེར་བའི་ལྷག་བསམ་མཆོག །གུས་རྟག་བརྩོན་པས་ སེམས་ཀྱི་ངོ་བོར་བསྐྱེད། །ཁྱད་པར་སེམས་ཉིད་སྤྲོས་བྲལ་མི་རྟོག་པ། །གསལ་སྟོང་འགག་ མེད་རིག་གདངས་འགྱུར་བ་མེད། །མ་བཅོས་རང་བཞིན་འོད་གསལ་སེམས་ཀྱི་གཤིས། །ཡིན་ལུགས་ཇི་བཞིན་རྩ་བྲལ་ལྷུག་པའི་ངང༌། །རང་ཤར་བཟོ་བཅོས་སྤངས་པའི་ཏིང་ངེ་ འཛིན། །གང་དེ་དམ་པའི་མན་ངག་ལ་བརྟེན་ཏེ། །སྐྱོང་ཐབས་མཁས་པས་རང་གི་རྒྱུད་ཐོག་ 9-1-360 ཏུ། །གནད་ལ་ཐེབས་པའི་ཐབས་བརྒྱ་སྒོ་ཀུན་ནས། །སྐྱེ་རྩལ་ཅི་ཡོད་ཉིད་ཀྱིས་འབད་བྱས་ ཏེ། །འོད་གསལ་སེམས་ཀྱི་དེ་ཉིད་མཐོང་བ་ཞིག །ནམ་འོང་ཚེ་ན་རང་དོན་འགྲུབ་པ་ཡིན། །གོ་དོན་དེ་དག་ཡིད་ལ་བཟུང་བྱས་ཏེ། །སེར་གཟུགས་ཙམ་གྱིས་དོན་གོ་ཆེར་མི་འདུག།ཕྱི་ ནང་མ་འཛོལ་བ་ཞིག་ཨེ་ཡོང་ལྟོ ས། །རང་དོན་བསམ་ན་འདི་བཞིན་བྱས་ན་སྙམ། །བསམ་ པ་ནང་ལ་ཡོད་ན་རང་དོན་འབོད། །གོ་དོན་ཁ་ཏའི་ཚུལ་དུ་བཤད་པ་ཡིན། །ཁ་ཏ་དོན་དུ་ གཉེར་ན་འདི་བཞིན་མཛོད། །ཞེ་བློ་དྲང་མོའི་ལམ་ནས་བདེན་གཏམ་ལགས། །འདི་ནི་གྲྭ་ཆུང་ མོས་འདུན་མ་བཟློག་ཙམ། །རྨོངས་བན་མ་ཏི་ཀིརྟིས་བྲིས་པ་སྟེ། །འདིས་ཀྱང་གྲྭ་བཙུན་གཞོན་པའི་བློ་སྣ་ཉིད། །ཡང་དག་ཆོས་ ལ་གཏིང་ནས་ཕྱོགས་གྱུར་ཅིག། །། ༄༅། །ཡེ་ཤེས་ལྷ་མོའི་རྣམ་པ་སྐྱབས་ཀུན་དངོས། །རྩ་བའི་བླ་མ་དབྱེར་མེད་གུས་ གསོལ་འདེབས། །མྱུར་དུ་ཐུགས་རྗེའི་བྱིན་རླབས་འཇུག་པར་མཛོད། །བསམ་དོན་ཆོས་ བཞིན་ལེགས་འགྲུབ་དགའ་སྟོན་སྩོལ། །སྔོན་ལས་ཀྱིས་འཕང་དལ་རྟེན་ལུས་འདི་ལ། །བྱ་ བ་གང་ཐད་ཆོས་དང་ཁོ་ནར་མཐུན། །བར་ཆད་རྐྱེན་ངན་གང་གིས་འཚེ་མེད་པར། །ལེགས་ ལམ་བསམ་དོན་གཡེལ་བ་བྲལ་གྱུར་ཅིག།རིང་མིན་ཟབ་ཆོས་སྤྱོད་པའི་སྐལ་ལྡན་ཏེ། །སྒོ་ གསུམ་ཆོས་ཀྱི་བྱ་བར་ཞུགས་ནས་ཀྱང༌། །ལུང་རྟོགས་བསྟན་ལ་ཐོས་བསམ་སྒོམ་པ་ཡིས། །སངས་རྒྱས་ཆོས་ཚུལ་ཚེ་འདིར་སྤྱོད་པར་ཤོག །དེ་ཡང་བསླབ་པ་གསུམ་གྱི་ཉམས་ལེན་ལ། །རྟག་པར་གཞོལ་བའི་ཆོས་སྣང་ཡོངས་འཕེལ་ནས། །ཐུན་མོང་ཐུན་མོང་མིན་པའི་མངོན་ རྟོགས་ཀྱིས། །སྐལ་བཟང་ལས་ཅན་མཆོག་ཏུ་རེད་གྱུར་ཅིག།དེ་ནས་བཟུང་སྟེ་འདི་དང་སྐྱེ་ བའི་ཕྲེང༌། །མངོན་མཐོ་ལ་བསྟེན་ཆོས་ལམ་ཇེ་མཐོར་སོང༌། །རིམ་པས་མཐར་ཐུག་གཏན་ བདེར་སོན་ནས་ཀྱང༌། །དོན་གཉིས་ལྷུན་གྲུབ་དཔལ་ལ་རོལ་བར་ཤོག ། 9-1-361 ༄༅། །རྒྱལ་ཀུན་ཡེ་ཤེས་བརྟན་པའི་འཁོར་ལོ་ནི། །ངོ་མཚར་གསང་གསུམ་སྒྱུ་འཕྲུལ་ རོལ་པའི་གར། །ཆགས་མེད་ཉི་གཞོན་འབུམ་གྱི་གཟི་འབར་བ། །ཚེ་མཐའ་ཡས་པ་མ་ལུས་ འགྲོ་བའི་མགོན། །འཆི་མེད་ཡེ་ཤེས་དཔལ་སྟེར་ཚེ་འཛིན་ལ། །རབ་དཀར་སྟོན་ཟླ་རྒྱས་པའི་ ཕུང་པོ་ཅན། །མཛེས་སྡུག་མིག་གི་དགའ་སྟོན་མཛད་པའི་གཉེན། །རྗེ་བཙུན་གཙུག་ཏོར་རྣམ་ རྒྱལ་ལྷ་མོ་རྗེ། །མ་ལུས་རྒྱལ་བའི་ཕྲིན་ལས་རང་གཟུགས་མཆོག །དྲི་མེད་ཤེལ་དཀར་ཞུན་ མའི་རི་དབང་ལ། །སྣ་ཚོགས་དབང་གཞུས་བཀྲ་བའི་དཔལ་སྡུག་ཅན། །ཡིད་བཞིན་འཁོར་ ལོ་འཕགས་མ་ཚེ་ཡི་ལྷ། །ལྷ་མཆོག་རྣམ་གསུམ་མཛད་ཕྲིན་མི་གཡེལ་བས། །དཔལ་ལྡན་བླ་ མའི་ཞབས་པད་སྐལ་བརྒྱར་བརྟན། །བསྟན་འཛིན་འདུས་སྡེས་ནོར་འཛིན་གཞི་ཀུན་ཁྱབ། །བསྟན་འགྲོའི་དབུ་འཕང་ནམ་ཡང་ཉམས་མེད་ཤོག །རྣམ་གསུམ་ལྷ་ཡི་རླབས་ཆེན་ཐུགས་ རྗེ་དང༌། །བདག་གི་ལྷག་བསམ་རྣམ་པར་དག་པའི་མཐུས། །གང་སྨོན་ཡིད་ཀྱི་རེ་འདོད་མ་ ལུས་པ། །གེགས་མེད་ཇི་ལྟ་བ་བཞིན་འགྲུབ་གྱུར་ཅིག །འདི་ཡང་མཁས་དབང་གིས་མོས་འདུན་བཞིན་ མ་ཏིས་སོ།། །། 9-1-362 ༄༅། །མི་རྟག་རྒྱུད་བསྐུལ་ཞེས་བྱ་བ་བཞུགས་སོ། ། ༄༅། །ན་མོ་ལོ་ཀི་ཤྭ་ར་བྷྱཿ རྒྱལ་ཀུན་བརྩེ་བ་ཆེན་པོའི་ཡེ་ཤེས་སྐུ། །ཞལ་རས་འོད་ དཀར་སྣང་བ་འབུམ་གཡོ་བས། །འགྲོ་དྲུག་སྡུག་ལས་སྒྲོལ་བའི་མགོན་གཅིག་པུ། །ཀྱེ་ཧོ་ ཐུགས་རྗེ་ཅན་ཁྱེད་སྙིང་ནས་དྲན། །སྔོན་ཚེ་སྐལ་བཟང་ལེགས་ཤར་དུས་ཀྱི་སྐབས། །ཕྲིན་ ལས་བྱེ་བའི་གཟི་འབར་རྣམ་འདྲེན་གཙོ། །ཀུན་གཟིགས་སྒྱུ་འཕྲུལ་སྲས་མཆོག་ལྷ་མིའི་ མགོན། །མཛེས་སྡུག་ལང་ཚོ་གསར་བའི་མྱུ་གུའི་དཔལ། །འཇིག་རྟེན་མིག་གི་བདུད་རྩིར་ ཉེ་བར་འཕོས། །ལྷ་མིའི་བསོད་ནམས་ཞིང་གི་མཆོད་པའི་གནས། །ལེགས་ཚོགས་མཚར་ དགུའི་ལྟད་མོ་ཆེར་ངོམ་ཡང༌། །དེང་དུས་མཚན་གྱི་ལྷག་མར་གྱུར་ལ་ལྟོས། །བདེ་གཤེགས་ གཟུགས་སྐུ་མཚན་དཔེའི་གཟི་འོད་ཅན། །ཚངས་དབྱངས་དཔལ་ལས་གང་འདོད་ཆོས་ ཀྱི་སྒྲ། །འཁོར་ཚོགས་སྒྲ་འཛིན་བཅུད་དུ་སྤེལ་བ་ཡང༌། །འདི་ན་དྲན་པའི་ཡུལ་དུ་གྱུར་པ་ ཙམ། །ལེགས་ཚོགས་བསོད་ནམས་བརྒྱ་ལས་འཁྲུངས་པའི་སྐུ། །འཆི་མེད་དབང་པོས་ངོ་ མཚར་མཆོད་སྤྲིན་སྤྲོ། །ལེགས་མཛེས་དགའ་སྟོན་ཅིར་ཡང་བཞད་པའི་དཔྱིད། །ད་ནི་ངག་ གི་བརྗོད་སྒྲོས་ཙམ་དུ་ཟད། །ཀུན་གཟིགས་མཛད་པའི་འཕྲུལ་ཆེན་སྣང་བའི་གར། །ངོ་ མཚར་སྒྱུ་མའི་བཀོད་པ་འབྱམས་ཀླས་པས། །གཞན་སྡེའི་དྲེགས་པ་གཞི་ནས་གཞོམ་པའི་ ཚུལ། །དུས་འདིར་རྟོག་བློའི་སྤྱི་སྣང་ཤར་བ་ཙམ། །འཕགས་ཡུལ་འཛིན་མའི་ཐིག་ལེ་མཆོག་ གི་གཞིར། །རྣམ་འདྲེན་བཞི་པས་མཛད་བཟང་སྣང་བ་ཡང༌། །བསོད་ནམས་ལས་སྐལ་ཆད་ པའི་བདག་སོགས་འགྲོ། །མངོན་དུ་གྱུར་པའི་ལས་འཕྲོས་ད་དུང་དབེན། །རྒྱལ་བ་ཉིད་ཀྱི་ 9-1-363 སྐུ་འཁོར་རྒྱ་མཚོའི་ཚོགས། །བདེ་ཤེགས་སྲས་པོ་མཐའ་ལས་འདས་པ་དང༌། །དགྲ་བཅོམ་ འདུས་སྡེ་ལི་ཁྲི འི་མཚོ་ཆེན་བཞིན། །གང་མང་འདི་ན་མཚན་གྱི་ལྷག་མ་ཙམ། །བསྟན་པའི་ བརྒྱུད་འཛིན་གཏད་རབས་བདུན་ཕྲག་གིས། །ཐུན་མོང་ཆོས་སྣང་རྒྱ་ཆེར་སྤེལ་བ་དང༌། །ངོ་ མཚར་མཛད་པའི་ལེགས་སྒོ་ཆེ་བ་ཡང༌། །མི་རྟག་འགྱུར་བས་དེང་སྐབས་ཡིད་ཡུལ་ཙམ། །རྒྱ་ ཆེན་རྨད་བྱུང་མཛད་པའི་བརྒྱུད་འཛིན་མཁན། །སེམས་དཔའ་ཆེན་པོས་མཛད་ཁྱད་ངོམ་པ་ དང༌། །ཐེག་ཆེན་རྒྱུ་ཡི་ཆོས་བརྒྱུད་ལེགས་སྤེལ་བ། །གང་འདིར་མཚན་གྱི་གྲགས་སྙན་ཙམ་ དུ་ལུས། །རྨད་བྱུང་གསང་ཆེན་བསྟན་པའི་རྒྱུན་སྤེལ་བ། །གྲུབ་བརྙེས་རིག་འཛིན་ངོ་མཚར་ ཆེ་བའི་ཕུལ། །བླ་མེད་གསང་སྔགས་དགའ་སྟོན་སྤྱོད་པ་ཡང༌། །དུས་ཀྱི་དབང་གིས་ཤིན་ཏུ་ ཉག་ཕྲར་གྱུར། །ཁྱད་པར་གངས་རིའི་ལྗོངས་ཀྱི་འཛིན་མའི་ཆར། །རིགས་ལྡན་སྤྲུལ་པའི་སྐུ་ མཆོག་བླ་མ་རྗེས། །གསང་ཆེན་ངེས་དོན་ཆོས་སྒོ་ལེགས་ཕྱེ་བ། །དེང་སྐབས་དད་པའི་ཡུལ་ དུ་གྱུར་པ་ཙམ། །ཐུགས་སྲས་སྐྱེས་ཆེན་གསེར་རིའི་ཕྲེང་བ་ལྟར། །རིམ་བྱོན་ངེས་གསང་ཆོས་ སྒོ་ཆེར་སྤེལ་ཞིང༌། །ངོ་མཚར་མཛད་བཟང་སྣང་བའི་བཀོད་པ་ཡང༌། །ད་ལྟ་སྒྲ་འཛིན་ཡུལ་ དུ་མཚན་སྙན་ཙམ། །ཁྱད་པར་སྤྱོད་འཆང་སྒྱུ་མའི་རོལ་གར་ལས། །ངེས་དོན་བསྟན་ལ་སྨན་ པའི་སྐྱེས་ཆེན་མཆོག །ཀུན་དགའ་སྙིང་པོ་སྲས་བཅས་ཆོས་ཀྱི་མཛོད། །ཞལ་བཟང་མཇལ་ བའི་སྐལ་བ་འདི་ན་ཆད། །དེ་ཀུན་དོན་ལ་འཇིག་མེད་རྡོ་རྗེའི་སྐུ། །འོན་ཀྱང་རྟག་འཛིན་ རྨོངས་ཅན་བསྐུལ་བའི་སླད། །མི་རྟག་འགྱུར་བག་ཚུལ་དུ་བསྟན་པ་ཡང༌། །རྟག་ཞེན་འཐས་ ལ་བརྡ་མཚོན་ཐབས་མཁས་ཙམ། །ཀུན་འབྱུང་རྒྱུ་ཡིས་བསྐྱེད་པའི་འབྲས་བུ་དག །རང་གི་ ངོ་བོ་མི་རྟག་ཉོན་མོངས་རྐྱེན། །སྒྱུ་འཕྲུལ་ཇི་བཞིན་རྟེན་འབྲེལ་མཐུ་ལས་ཤར། །གང་འདི་ འཕགས་མཆོག་རྣམས་ཀྱི་ཡིད་འབྱུང་གནས། །དེ་ལུགས་ལྟར་གྱི་བསྟན་པའི་སྦྱིན་བདག་ ཡང༌། །འཕགས་བོད་ཀུན་ཏུ་ཆོས་སྲིད་རབ་རྒྱས་པའི། །སྟོབས་ཀྱི་འཁོར་ལོས་སྒྱུར་ལ་འགྲན་ 9-1-364 པའི་ཚུལ། །དེ་ཀུན་ད་ལྟ་མིང་ཙམ་ལས་མ་མཆིས། །སྤྱིར་ན་བཅུད་ཀྱི་སྐྱེ་འགྲོ་མཐའ་དག་ ཀྱང༌། །བསོད་ནམས་སྟོབས་འབྱོར་མངའ་ཐང་གང་གི་སྒོ། །སྔོན་སོང་དེ་དག་ད་ལྟ་གནས་ འགྱུར་ནས། །སྙི གས་དུས་རང་གཟུགས་ཆེས་ཆེར་ངོམ་ལ་ལྟོས། །སྣོ ད་ཀྱི་འཇིག་རྟེན་འབྱོར་ བའི་དཔལ་ཡོན་ཀྱང༌། །ཡར་ངོའི་ཟླ་བའི་དཔལ་ལྟར་རིམ་པས་འགྲིབ། །མི་རྟག་འགྱུར་བག་ དུས་དང་དུས་ཀྱི་ཚུལ། །ཡང་ཡང་ངོམ་འདི་དུས་བཞིའི་འགྱུར་ལྡོ ག་བཞིན། །མདོར་ན་འཁོར་ བས་བསྡུས་པའི་ཆོས་འདི་དག ། མི་རྟག་སྒྱུ་མའི་འཕྲུལ་ལྟར་ཡ་མ་བརླ། །སྙིང་པོ་མེད་ཅིང་ སྐྱིད་སྡུག་རེས་མོས་ཅན། །གང་ནས་བལྟས་ཀྱང་རྟག་པའི་གོ་སྐབས་བྲལ། །ཀྱེ་མ་སྙིང་རྗེའི་ དབང་ཕྱུག་འཇིག་རྟེན་མགོན། །བདག་སོགས་འགྲོ་བས་རེ་ལྟོ ས་ཁྱེད་ལ་འཆའ། །བསླུ་མེད་ ཐུགས་རྗེས་གཟིགས་པས་ཉེར་བསྐྱངས་ཏེ། །རིང་པོར་མི་ཐོགས་སྲིད་མཚོའི་འཇིགས་ལས་ སྒྲོལ། །ཞེས་པའི་མི་རྟག་རྒྱུད་བསྐུལ་འདི་ཡང་སངས་རིན་དང་ཕྲིན་རྒྱམ་ཟུང་གི་ངོར། མ་ཏིས་སྤེལ་བ་ཛ་ཡནྟུ།། །། 9-1-365 ༄༅། །རང་གི་ཉིན་རེར་དགེ་སྦྱོར་གང་བྱེད་ཀྱི་ཐོག་མཐར་ འདོན་སྒོམ་སྒྲགས་མ་བྱ་ཚུལ་བཞུགས། ༄༅། །རང་གི་ཉིན་རེར་དགེ་སྦྱོར་གང་བྱེད་ཀྱི་ཐོག་མཐར་འདོན་སྒོམ་སྒྲགས་མ་བྱ་ཚུལ་ནི་ཐོག་མར་འདི་སྐད། ན་ མོ། མ་ལུས་རབ་འབྱམས་ཕྱོགས་བཅུའི་ཞིང་ཁམས་ན། །ལེགས་བཞུགས་ཀུན་གཟིགས་ རྒྱལ་བ་ཐུགས་རྗེའི་གཏེར། །རྒྱལ་སྲས་རྒྱ་མཚོའི་འཁོར་དང་སློབ་མའི་ཚོགས། །མཁྱེན་ སྤྱན་མཆོག་མངའ་གང་དག་འདིར་དགོངས་ལ། །དེང་སྐབས་བདག་གིས་སྙིང་ནས་གུས་པ་ ཡིས། །ལུས་ངག་ཡིད་ཀྱི་སྒོ་ནས་ཕྱག་འཚལ་ལོ། །དངོས་འབྱོར་ཡིད་སྤྲུལ་མཆོད་སྤྲིན་རྒྱ་ ཆེར་འབུལ། །སྡིག་ལྟུང་ཀུན་བཤགས་དགེ་ལ་རྗེས་ཡི་རང༌། །གང་འདུལ་འགྲོ་ངོར་གཟུགས་ སྐུ་ཆད་མེད་པར། །ཆོས་འཁོར་རབ་བསྐོར་འདའ་ཚུལ་མི་མཛད་གསོལ། །ལེགས་ཚོགས་ བསོད་ནམས་འདི་ན་གང་བསགས་ཀུན། །དོན་གཉིས་མཆོག་གི་རྒྱུ་རུ་བྱིན་གྱིས་རློབས། །ཞེས་ པ་ལན་གསུམ་སོགས་ཀྱི་རྗེས་སུ་ཁ་འདོན་སོགས་དགེ་བ་ཅི་འགྲུབ་ཀྱི་མཐར་ཡང༌། རྨད་བྱུང་མཁྱེན་བརྩེ་ནུས་པ་རྒྱ་ མཚོའི་བདག །ངོ་མཚར་གསང་གསུམ་མཛད་པ་རྒྱ་ཆེ་བ། །ཕྱོགས་བཅུའི་ཞིང་གི་རྒྱལ་བ་ སྲས་སློབ་བཅས། །མ་ལུས་གང་བཞུགས་དག་གི་རླབས་ཆེན་གྱི། །རྣམ་དཀར་ཟླ་དང་བྲལ་ བའི་དགེ་ཚོགས་དང༌། །བདག་གིས་འདིར་འབད་ལེགས་ཚོགས་གང་མཆིས་ཀུན། །གཅིག་ ཏུ་བསྡོམ་པའི་དགེ་སྟོབས་ལ་བརྟེན་ནས། །མ་ལུས་འགྲོ་ལ་ཕན་ཐོགས་ལེགས་འབྱུང་ཤོག །དགེ་ཚོགས་གང་བྱས་ཐར་པའི་རྒྱུར་གྱུར་ཏེ། །འཁོར་བའི་སྡུག་བསྔལ་རབ་སྤངས་ཡང་དག་ 9-1-366 གི །ཟབ་ཞི་དམ་ཆོས་ཟབ་མོའི་དགའ་སྟོན་མྱོང༌། །ཚུལ་བཞིན་ལམ་གྱི་གཞི་སྒོ་ཚུགས་པར་ ཤོག །རིམ་པས་རླབས་ཆེན་བྱང་ཆུབ་སེམས་མཆོག་ལ། །ལེགས་སྦྱང་རྒྱལ་སྲས་སྤྱོད་པར་ ཡོངས་བསླབས་སྟེ། །མར་གྱུར་འགྲོ་ལ་ཕན་བདེ་རབ་སྤེལ་ཞིང༌། རང་གཞན་དོན་གཉིས་ མཛད་བཟང་སྤྱོད་པར་ཤོག །དེ་བར་གནས་སྐབས་ཀུན་ཏུ་གང་བྱས་ཀུན། །ལེགས་ལམ་ དགེ་བའི་ཕྱོགས་སུ་ཉེར་གྱུར་ཏེ། །རང་གཞན་ཡོངས་ལ་ཕན་པ་འབའ་ཞིག་ལས། །གནོད་ འཚེའི་ཉེས་པ་གང་གིས་གོས་མིན་ཤོག །བྱ་བ་གང་བརྩམ་ཆོས་དང་མཐུན་ནས་ཀྱང༌། །སྡིག་ལས་གང་གིས་ཉམས་པ་མེད་བཞིན་དུ། །རྣམ་དཀར་དྲི་མ་མེད་པའི་ལེགས་ལམ་ལ། །སྐྱེ་འདིར་དགེ་རྩ་འབད་ཚད་དེར་འགྱུར་ཤོག །རང་གིས་བསོད་ནམས་བསགས་སྒོ་འདི་ དག་གིས། །མ་ལུས་སེམས་ཅན་དོན་དུ་རིང་མིན་པར། །བླ་མེད་བྱང་ཆུབ་གོ་འཕང་བདག་ ཐོབ་ནས། །གང་འདུལ་འགྲོ་ཕན་མཆོག་གི་རྒྱུར་འགྲུབ་ཤོག །དེ་ཡང་སྐྱེ་འདི་ཉིད་ནས་ རབ་བསགས་པ། །བྱ་བ་དོན་ལྡན་ཁོ་ནའི་མཐུ་ལ་བརྟེན། །གདོས་བཅས་སྒྱུ་ལུས་འདི་གང་ བོར་མ་ཐག །འཁོར་བར་སྐྱེ་གནས་དམན་པ་ཀུན་ལྡོ ག་ཤོག །སྐྱེ་འདིའི་ཕྱི་མར་ལས་སྨོན་ དག་པའི་ཞིང༌། །མཁའ་སྤྱོད་རིགས་ལྔ་བཞུགས་གནས་ཁྱད་པར་བ། །འཛམ་གླིང་ས་ལ་སྤྱོད་ པའི་སྔགས་ཞིང་སོགས། །རང་གི་ལས་འབྲེལ་གང་ཡོད་དེར་འཕོས་ཤོག །གནས་བཟང་ གང་དེར་སྐྱེས་མ་ཐག་པ་ནས། །སྔོན་བསགས་བཟང་སྨོན་སྟོབས་ལས་ཆོས་བློ་འཁྲུངས། །ཕྱི་ ནང་འགལ་རྐྱེན་ཀུན་བྲལ་ལེགས་སྒོ་འཛོམས། །ཞིང་གཙོ་གང་དེའི་གདུལ་བྱ་མཆོག་ཏུ་ཤོག །དེར་བརྟེན་དམ་པའི་མགོན་གྱིས་རྗེས་སུ་བཟུང༌། །མདོ་སྔགས་མངོན་པར་རྟོགས་པའི་ འཕེལ་ཁ་རྒྱས། །དོན་གཉིས་དཔལ་ཡོན་ཀུན་ནས་ཡོངས་རྫོགས་ཤིང༌། །ལྷུན་གྲུབ་མཛད་ པའི་ཕྲིན་ལས་སྐྱོང་བར་ཤོག །དེ་ལྟར་གང་སྨོན་དོན་རྣམས་མ་ལུས་པ། །བླ་མ་མཆོག་ གསུམ་རྒྱལ་བའི་ཐུགས་རྗེ་ཡིས། །ཇི་བཞིན་གེགས་མེད་ཡོངས་འགྲུབ་དགེ་མཛད་དཔལ། 9-1-367 །སྲིད་ཞིའི་ལེགས་ཚོགས་འབྱུང་བའི་གནས་གྱུར་ཅིག །ཅེས་པས་དགེ་བ་བསྔོ་ཞིང་སྨོན་ལམ་རྣམ་པར་དག་ པས་མཐའ་བརྒྱན་པར་བྱའོ། །འགྲོ་བ་ལ་མཁོ་ནས་མ་ཏིས་སོ།། །། 9-1-368 ༄༅། །ཚེ་དཔག་མེད་ལྷ་དགུའི་ཤིས་བརྗོད་ཡེ་ཤེས་སྣང་བའི་ རྒྱན་ཞེས་བྱ་བ་བཞུགས་སོ། ། ༄༅། །བཀྲ་ཤིས་གང་ཞིག་ཀུན་གཟིགས་ཡེ་ཤེས་ཆེ་བའི་མདངས། །ངོ་མཚར་འོད་ དམར་སྣང་བ་དགེ་མཚན་འབུམ་བརྡལ་ཞིང༌། །དཔག་ཡས་ལེགས་ཚོགས་དབྱིག་གི་དབང་ ཕྱུག་འཆི་མེད་བདག །བདུད་བཞི་གཡུལ་རྒྱལ་གང་དེས་དགེ་མཚན་ཅིར་ཡང་ཕོབ། ། རྨད་དུ་བྱུང་བ་རླབས་པོ་ཆེའི་མཚན་གྱི་ཟེགས་མ་འགྲོ་བའི་རྣ་བར་ལྷུང་ཙམ་གྱིས་ཀྱང་ འཆི་བདག་གི་འཇིགས་པ་རིང་དུ་དོར་བར་མཛད་པའི་ཀུན་གཟིགས་འགྲོ་འདྲེན་རྒྱལ་བ་ཚེ་ དཔག་མེད་དང་གང་དེས་རྗེས་བཟུང་གྲུབ་དབང་སྙིང་པོའི་ལྷ། དེའི་ཐུགས་སྲས་ཆེན་པོ་ཛེ་ཏ་ རི་དགྲ་ལས་རྣམ་པར་རྒྱལ་བ། སློབ་དཔོན་བྱང་ཆུབ་བཟང་པོ། བློ་ལྡན་ཏིང་འཛིན་ཞབས། གྲུབ་ཆེན་རྡོ་རྗེ་གདན་སོགས་རྒྱལ་བ་ཚེ་མཐའ་ཡས་པ་ལྷ་དགུའི་བྱིན་གྱིས་རླབས་ཀྱི་ཟབ་ བཀའ་ཐུགས་ཉམས་སུ་རིམ་པར་བསྟར་བའི་འཆི་མེད་ཚེ་ལ་མངའ་བརྙེས་པའི་སྐྱེས་ཆེན་ མཆོག་གྱུར་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་གང་དག་ལ་དགེ་མཚན་སྣང་བའི་ལེགས་ སྒོ་ཇི་སྙེད་མངའ་བ་དེས་དེང་འདིར་སྐྱེ་དགུ་མཐའ་དག་བཀྲ་ཤིས་པའི་དགེ་ལེགས་གསར་ བས་ཡོངས་སུ་སྐྱོང་བར་གྱུར་ཅིག བཀྲ་ཤིས་གང་ཞིག་བྱིན་རླབས་བྱེ་བའི་གཏེར་གྱུར་པ། །འགྲོ་བའི་འདྲེན་མཆོག་རྒྱལ་བ་ མགོན་པོ་ཚེ་དཔག་མེད། །ཡེ་ཤེས་སྐུ་མཆོག་པདྨ་ར་གའི་མདངས་དང་ལྡན། །གསང་གསུམ་ 9-1-369 ཆེ་བ་ལྷུན་རྫོགས་གང་དེས་ལེགས་མཚན་སྩོལ། །བཀྲ་ཤིས་གང་ཞིག་བརྒྱུད་རིམ་བྱིན་ རླབས་འདུས་པའི་གཏེར། །མགོན་པོའི་ཞལ་བཟང་ཇི་བཞིན་མཐོང་བ་སྙིང་པོའི་ལྷ། །དགྲ་ ལས་རྣམ་རྒྱལ་ཚེ་མཆོག་དགོངས་པ་མཆོག་གི་ཕུལ། །བདེན་པ་དེས་ཀྱང་རྡོ་རྗེ་ཚེ་ཡི་ལེགས་ དགེས་སྩོལ། །བཀྲ་ཤིས་གང་ཞིག་ཚེ་མཆོག་བརྙེས་པ་བྱང་ཆུབ་བཟང༌། རླབས་ཆེན་བརྒྱུད་ འཛིན་ཏིང་འཛིན་ལེགས་བཟང་ཆེ་བའི་བདག །རྡོ་རྗེ་གདན་ས་རིགས་སྔགས་བཟང་པོའི་ མཐུ་བརྙེས་པ། །བདེན་པ་དེས་ཀྱང༴ བཀྲ་ཤིས་གང་ཞིག་སྐད་གཉིས་ལེགས་སྨྲ་བ་རི་པ། །རྡོ་རྗེའི་ཐུགས་ལྡན་བླ་ཆེན་ས་སྐྱ་སྐྱེ་དགུའི་མགོན། །འཆི་མེད་དབང་པོའི་བརྒྱུད་རིམ་བྱིན་ རླབས་མཛོད་འཛིན་པ། །བདེན་པ་དེས་ཀྱང་རྡོ་རྗེ་ཚེ་ཡི་ལེགས་དགེ་སྩོལ། ། དཔལ་ལྡན་སྐྱེ་འཆི་བགྲེས་རྒུད་ཀུན་དང་བྲལ་བའི་གཞོམ་མེད་རྡོ་རྗེའི་སྐུ་བརྙེས་པའི་ རྒྱལ་བ་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་མཆོག་གི་རླབས་ཆེན་སྐུ་གསུང་ཐུགས་ ཀྱི་གསང་བ་གསུམ་གྱི་མཛད་སྒོ་རྒྱ་ཆེ་ཞིང་རྣམ་པར་འཕྲུལ་བ་ཆེན་པོ་ནམ་ཡང་ཟད་པ་མི་ མངའ་བ་རྒྱན་གྱི་འཁོར་ལོ་དུས་རྣམས་ཀུན་དུ་ལེགས་པར་བྱུང་བས་གང་འདུལ་གྱི་འགྲོ་བ་ སྐལ་བཟང་མ་ལུས་པ་ཐུགས་རྗེ་ལྕགས་ཀྱུས་འཇུག་པ་ལས་ནམ་ཡང་མི་ལྷོད་པའི་མགོན་ པོ་ཐུགས་རྗེ་ཆེ་བ་དང་ལྡན་པ་གང་ཉིད་ལ་དགེ་མཚན་སྣང་བའི་ལེགས་སྒོ་ཇི་སྙེད་མངའ་བ་ དེས་དེང་འདིར་སྐྱེ་དགུ་མཐའ་དག་བཀྲ་ཤིས་པའི་དགེ་ལེགས་གསར་བས་ཡོངས་སུ་སྐྱོང་ བར་གྱུར་ཅིག བཀྲ་ཤིས་གང་ཞིག་གཞོམ་བྲལ་རྟག་པའི་སྐུ་མངའ་ཞིང༌། །དྲི་མེད་ར་གའི་མདངས་ ལྡན་དར་གོས་ཉེར་བཀླུབས་པ། །ཚེ་སྤེལ་ནོར་བུ་གཟི་འབར་མཚན་དཔེའི་དཔལ་མངའ་བ། །བདེན་པ་དེས་ཀྱང་རྡོ་རྗེ་ཚེ་ཡི་ལེགས་དགེ་སྩོལ། །བཀྲ་ཤིས་གང་ཞིག་བརྒྱད་ཁྲི་བཞི་སྟོང་ ཆོས་ཀྱི་མཛོད། །དྲུག་ཅུའི་དབྱངས་ལྡན་འགག་མེད་གསུང་སྙན་ནཱ་དའི་དབྱངས། །གདུལ་ 9-1-370 བྱའི་ཁམས་ལ་ཆོས་ཆར་འབེབས་མཁས་ཡ་མཚན་ཅན། །བདེན་པ་དེས་ཀྱང་རྡོ་རྗེ་ཚེ་ཡི་ ལེགས་དགེ་སྩོལ། །བཀྲ་ཤིས་གང་ཞིག་མི་རྟོག་སྤྲོས་བྲལ་ཆོས་ཀྱི་དབྱིངས། །སྤངས་རྟོགས་ ཡོངས་རྫོགས་གདོད་ནས་དག་པའི་བདག་ཉིད་ཅན། །ཀུན་ཁྱབ་ཆོས་སྐུའི་དགོངས་ཆེན་ཟླ་ བྲལ་མཁྱེན་བརྩེའི་ཐུགས། །བདེན་པ་དེས་ཀྱང་རྡོ་རྗེ་ཚེ་ཡི་ལེགས་དགེ་སྩོལ། ། རྒྱལ་བ་གང་དེའི་ཡེ་ཤེས་ཀྱི་རྣམ་པར་རོལ་བ་ལ་མངོན་པར་འཕྲུལ་ཞིང་སྐུའི་རྣམ་པ་ ཙམ་ཐ་དད་པའི་འཁོར་གྱི་ཚུལ་འཛིན་པ་རྡོ་རྗེ་ཚེ་དཔག་མེད་སོགས་ཕྱོགས་ན་བཞུགས་པ་ བཞི་དང༌། ཀུན་གཟིགས་ཚེ་དཔག་མེད་སོགས་མཚམས་བཞིར་ལེགས་བཞུགས་མཛད་པའི་ བཅོམ་ལྡན་འདས་འཆི་མེད་དབང་པོ་རྣམ་པ་བརྒྱད་པོ་གང་དག་ལ་དགེ་མཚན་སྣང་བའི་ ལེགས་སྒོ་ཇི་སྙེད་མངའ་བ་དེས་དེང་འདིར་སྐྱེ་དགུ་མཐའ་དག་བཀྲ་ཤིས་པའི་དགེ་ལེགས་ གསར་བས་ཡོངས་སུ་སྐྱོང་བར་གྱུར་ཅིག བཀྲ་ཤིས་གང་ཞིག་རྡོ་རྗེའི་རིགས་ཀྱི་ཚེ་ཡི་ལྷ། །འཇིག་མེད་གཞོམ་བྲལ་འོད་གསལ་ ཡེ་ཤེས་རང་གཟུགས་སྐུ། །ཡེ་ནས་ཆོས་སྐུ་འགྱུར་མེད་ངོ་བོར་རྟག་བཞུགས་པ། །བདེན་ པ་དེས་ཀྱང་རྡོ་རྗེ་ཚེ་ཡི་ལེགས་དགེ་སྩོལ། བཀྲ་ཤིས་གང་ཞིག་རིན་ཆེན་རིགས་ཀྱི་ཚེ་ཡི་ ལྷ། །གང་འདོད་རེ་བ་སྐོང་མཛད་ཡིད་བཞིན་དབང་རྒྱལ་ལྟར། །འགྲོ་བ་ཀུན་གྱི་ཉེར་འཚོའི་ དཔལ་གྱི་གཞིར་གྱུར་པ། །བདེན་པ་དེས་ཀྱང༴ །བཀྲ་ཤིས་གང་ཞིག་པདྨའི་རིགས་ཀྱི་ཚེ་ཡི་ ལྷ། །དགའ་ཆེན་བདེ་བའི་ཡེ་ཤེས་རོལ་གར་འཛད་མེད་པ། །སྐལ་བཟང་འགྲོ་འདིའི་སྙིང་ གི་བཅུད་དུ་སྤེལ་བའི་གཉེན། །བདེན་པ་དེས་ཀྱང༴ བཀྲ་ཤིས་གང་ཞིག་ལས་ཀྱི་རིགས་ གྱུར་ཚེ་ཡི་ལྷ། །གང་འདུལ་འགྲོ་ཁམས་མཐའ་ཀླས་འདུལ་མཛད་ཕྲིན་ལས་དབང༌། །ཡོན་ ཏན་ལྷུན་གྲུབ་རྟག་པར་རྒྱུན་མི་ཆད་པའི་བདག །བདེན་པ་དེས་ཀྱང༴ བཀྲ་ཤིས་གང་ཞིག་ ཀུན་གཟིགས་རྒྱལ་བ་འཆི་མེད་དབང༌། །མ་ལུས་འགྲོ་བའི་ཁམས་དབང་ཇི་བཞིན་ཡོངས་ 9-1-371 གཟིགས་ཏེ། །དབང་པོ་གང་འཚམས་ཆོས་ཀྱིས་འདུལ་མཛད་སྐྱེ་དགུའི་གཉེན། །བདེན་ པ་དེས་ཀྱང༴ བཀྲ་ཤིས་གང་ཞིག་ཡོན་ཏན་ཡོངས་རྫོགས་ཚེ་དཔག་མེད། །གསང་གསུམ་ མཛད་བཟང་མཁའ་མཐར་སྤྲོ་བའི་ལེགས་དགེ་ཅན། །ལུས་ཅན་འཇིགས་ལས་སྒྲོལ་མཛད་ ཕྲིན་ལས་རླབས་ཆེ་བ། །བདེན་པ་དེས་ཀྱང༴ བཀྲ་ཤིས་གང་ཞིག་ཡེ་ཤེས་ཚེ་ལ་དབང་བའི་ བདག །ཟབ་དང་རྒྱ་ཆེའི་སྤངས་རྟོགས་ཀུན་ནས་ཡོངས་རྫོགས་པ། །རྣམ་བྱང་ཆོས་སྐུ་དམ་ པའི་ཕ་རོལ་ཕྱིན་གྱུར་པ། །བདེན་པ་དེས་ཀྱང༴ བཀྲ་ཤིས་གང་ཞིག་མི་གཡོ་འཆི་མེད་དབང་ གི་སྐུ། །བགྲེས་རྒུད་གཞོམ་བྲལ་རྡོ་རྗེའི་ངོ་བོར་སོན་པའི་བདག །སྣམ་མང་འཇིག་མེད་འགྲོ་ ལ་ཚེ་གེགས་བསལ་བའི་མགོན། །བདེན་པ་དེས་ཀྱང་རྡོ་རྗེ་ཚེ་ཡི་ལེགས་དགེ་སྩོལ། ། གཞན་ཡང་རྒྱལ་བ་གཙོ་འཁོར་དག་གི་ཡེ་ཤེས་ཆེན་པོའི་རོལ་བ་ལས་ལེགས་པར་ཤར་ བའི་ཆོས་ཀྱི་ཕོ་བྲང་ཉམས་དགའ་བ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་མེད་ཁང་ རྒྱན་བཀོད་ཕུན་སུམ་ཚོགས་པ་མཚན་ཉིད་ཡོངས་སུ་རྫོགས་ཤིང་ངོ་མཚར་འོད་ཟེར་སྟོང་གི་ ཕུང་པོ་ཕྱོགས་མཐར་ཀུན་ནས་འབར་བའི་རྒྱ་ཆེན་རབ་ཡངས་ཀྱི་ཁང་བཟང་ཆེས་མཛེས་པ་ དེ་ལ་དགེ་མཚན་སྣང་བའི་ལེགས་སྒོ་ཇི་སྙེད་མངའ་བ་དེས་དེང་འདིར་སྐྱེ་དགུ་མཐའ་དག་ བཀྲ་ཤིས་པའི་དགེ་ལེགས་གསར་བས་ཡོངས་སུ་སྐྱོང་བར་གྱུར་ཅིག བཀྲ་ཤིས་གང་ཞིག་གཞལ་མེད་ཁང་བཟང་དག་པའི་འཕྲུལ། །ངོ་མཚར་བཀོད་ལེགས་ རྒྱ་ཆེན་རབ་ཡངས་ཡིད་འགྲོའི་དཔལ། །ཀུན་ནས་རྣམ་ཆ་རྫོགས་པ་མཚར་རྒྱུའི་ལྟད་མོའི་ ཕུལ། །བདེན་པ་དེས་ཀྱང༴ བཀྲ་ཤིས་གང་ཞིག་འཆི་མེད་རྒྱལ་བའི་དཀྱིལ་འཁོར་ཆེ། །འོད་ གསལ་དབྱིངས་ནས་ལེགས་བཞེངས་སྣང་ལ་རང་བཞིན་མེད། །ཡེ་ཤེས་སྒྱུ་མའི་བཀོད་པ་ ཡིད་འཕྲོག་དཔལ་འབར་བ། །བདེན་པ་དེས་ཀྱང༴ བཀྲ་ཤིས་གང་ཞིག་དགེ་ལེགས་གསར་ བའི་དཔལ་ཡོན་ཅན། རྣམ་པར་འཕྲུལ་བའི་ཆོ་འཕྲུལ་ཆེན་པོ་རིས་མེད་པ། །མགོན་པོ་ཚེ་ཡི་ 9-1-372 གཏེར་དེའི་རླབས་ཆེན་གང་འདུལ་གྱིས། །འགྲོ་ལ་དགེ་ལེགས་སྣང་བ་རྟག་པར་སྦྱིན་གྱུར་ ཅིག །ཅེས་ཚེ་དཔག་མེད་ལྷ་དགུའི་ཤིས་བརྗོད་ཡེ་ཤེས་སྣང་བའི་རྒྱན་ཞེས་བྱ་བ་འདི་ཡང་ཚོགས་གཉིས་ཀྱི་མོས་འདུན་ བཞིན་མ་ཏིས་སྤེལ་བ་སྟེ་ཡི་གེ་པ་ངག་དབང་ཡོན་ཏན་བཟང་པོའོ། ། །། 9-1-373 ༄༅། །རྒྱལ་བ་མི་འཁྲུགས་པའི་ཤིས་བརྗོད་ལེགས་ཚོགས་ གྲུ་ཆར་འཇོ་བའི་ཆུ་འཛིན་ཞེས་བྱ་བ་ བཞུགས་སོ། ། ༄༅། །བཀྲ་ཤིས་གང་ཞིག་ཆོས་དབྱིངས་དག་པའི་གཤིས་ལུགས་ཉིད། །མེ་ལོང་ཡེ་ ཤེས་རང་མདངས་ཅིར་ཡང་འཕྲུལ་བའི་གར། །ཆོས་སྐུའི་ངོ་མཚར་གསང་ཆེན་མཛད་སྒོ་ ཡོངས་བརྡལ་བ། །མ་ལུས་འགྲོ་ལ་ལེགས་མཚན་དེང་འདིར་ཆར་དུ་ཕོབ། ། ཡ་མཚན་དུས་ཀྱི་རོལ་པ་ཆེན་པོ་ཀུན་ནས་རིས་སུ་མ་ཆད་པའི་མཛད་པ་དང་ཕྲིན་ལས་ ཀྱི་འཇུག་པ་གདུལ་བྱ་གང་དག་ལ་དུས་སུ་ཡོལ་བ་མི་མངའ་བའི་བདག་ཉིད་ཐུགས་རྗེ་རྒྱ་ མཚོའི་དབང་ཕྱུག་རྒྱལ་བ་མི་བསྐྱོད་པ་དང༌། གང་གི་ཉེ་བའི་འཁོར་སེམས་དཔའ་ཆེན་པོའི་ ཚུལ་འཇམ་དབྱངས་གཞོན་ནུར་གྱུར་པ། ཛེ་ཏ་རི་དགྲ་ལས་རྣམ་པར་རྒྱལ་བ། མཉམ་མེད་ ཇོ་བོ་རིན་པོ་ཆེ། ལོ་ཆེན་རིན་ཆེན་བཟང་པོ། བྲག་སྟེང་པ་ཡོན་ཏན་ཚུལ་ཁྲི མས། མལ་ལོ་བློ་ གྲོས་གྲགས་པ། ས་ཆེན་ཀུན་དགའ་སྙིང་པོ་ལ་སོགས་པའི་བཅོམ་ལྡན་མི་འཁྲུགས་རྒྱལ་བའི་ ལྷ་གང་དེའི་ཆོས་བརྒྱུད་ན་ལེགས་པར་བཞུགས་པའི་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་ རྣམས་ལ་བྱིན་རླབས་ལེགས་ཚོགས་ཀྱི་མཚན་མ་ཇི་སྙེ ད་མངའ་བའི་བཀྲ་ཤིས་དམ་པ་རླབས་ ཆེ་བ་དེས་དེང་འདིར་སྐལ་བ་དང་ལྡན་པ་འདིར་འཁོད་པ་དག་གིས་གཙོར་གྱུར་ནམ་མཁའ་ དང་མཉམ་པའི་འགྲོ་བ་མཐའ་དག་ལྷག་པར་སྐྱོང་བར་གྱུར་ཅིག 9-1-374 བཀྲ་ཤིས་གང་ཞིག་མི་བསྐྱོད་རྒྱལ་པོ་བཅོམ་ལྡན་འདས། །འཇམ་དབྱངས་ཛེ་ཏཱ་རི་དང་ ཇོ་བོ་རིན་ཆེན་བཟང༌། །བྲག་སྟེང་མལ་ལོ་ས་ཆེན་ཐུགས་རྗེ་མཆོག་གི་ཕུལ། །བདེན་པ་དེས་ ཀྱང་འགྲོ་ལ་ལེགས་སྒོའི་བཀྲ་ཤིས་སྩོལ། །བཀྲ་ཤིས་གང་ཞིག་སྐུ་མཆེད་གདུང་རིང་རིན་ ཆེན་རྒྱལ། །ཡེ་ཤེས་མགོན་པོ་སེང་རྒྱལ་མ་ཎི་ས་བཟང་བ། །ངོར་པཎ་མཁན་ཆེན་བློ་གསལ་ མཆོག་སྡེ་འགྲོ་བའི་མགོན། །བདེན་པ་དེས་ཀྱང༴ བཀྲ་ཤིས་གང་ཞིག་རྡོ་རིང་བ་དང་སྒྲོལ་ བའི་མགོན། །བློ་གྲོས་རྣམ་རྒྱལ་ངག་དབང་ཕྲིན་ལས་ཀུན་བཟང་དབང༌། །ཚེ་དབང་ནོར་བུ་ གཙུག་ལག་སྣང་བ་ཀུན་ཁྱབ་རྗེ། །བདེན་པ་དེས་ཀྱང༴ བཀྲ་ཤིས་གང་ཞིག་རིན་ཆེན་འོད་ གསལ་ཕྲིན་ལས་སྡེ། །ཆོས་འཕེལ་རྒྱ་མཚོ་ཆོས་འཛིན་ཀུན་དགའ་མཉམ་ཉིད་དབང༌། །(ཆོས་ འཕེལ་རྒྱ་མཚོ་ཆོས་འཕགས་ལུང་རྟོགས་སྙན་གྲགས་དབང༌།།) བཀའ་དྲིན་གསུམ་ལྡན་རྡོ་རྗེ་བཟང་པོ་འགྲོ་ འདྲེན་གཙོ། །(བཀའ་དྲིན་གསུམ་ལྡན་ངག་དཔལ་བཟང་པོ་འགྲོ་འདྲེན་གཙོ།།) བདེན་པ་དེས་ཀྱང༴ དཔལ་ལྡན་རིགས་ཀྱི་མངའ་བདག་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་ཞིང་གང་འདུལ་ གྱི་མཛད་རླབས་ཆེས་ཤིན་ཏུ་མངའ་བའི་ཐུགས་རྗེ་མཐའ་ཀླས་པའི་དཔལ་གྱུར་དཀྱིལ་ འཁོར་གྱི་གཙོ་བོ་རིགས་ཀྱི་ལྷ་མཆོག་བཅོམ་ལྡན་འདས་རྒྱལ་བ་མི་འཁྲུགས་ཀུན་གཟིགས་ ཡེ་ཤེས་རྒྱ་མཚོའི་ཀློང་ཉག་གཅིག་ཏུ་གྱུར་པ་གང་གི་རྣམ་པ་ཐམས་ཅད་པའི་སྐུའི་བཀོད་པ་ རབ་འབྱམས་ཀྱི་སྣང་བ་དང༌། གསུང་དབྱངས་བརྗོད་བྲལ་འགག་མེད་ཀྱི་རོལ་པ་ཆེན་པོ་ དང༌། ཐུགས་ཆོས་དབྱིངས་ཀུན་ལ་ཁྱབ་པའི་བདག་ཉིད་ཡོན་ཏན་ཕྲིན་ལས་མཐའ་ཡས་པའི་ མཛད་ཆེན་ནམ་ཡང་རིས་སུ་ཆད་པ་མེད་པའི་རླབས་པོ་ཆེའི་དཔལ་ཡོན་ཕུན་སུམ་ཚོགས་པ་ ལ་བྱིན་རླབས་ལེགས་ཚོགས་ཀྱི་མཚན་མ་ཇི་སྙེ ད་མངའ་བའི་བཀྲ་ཤིས་དམ་པ༴ བཀྲ་ཤིས་གང་ཞིག་མི་འགྱུར་ཀུན་ནས་དག་པའི་སྐུར། །རབ་མཛེས་དབང་སྔོན་ནམ་ མཁའ་མདངས་ལས་ཆེས་གསལ་བ། །མཚན་དཔེའི་གཟི་འབར་འོད་ཟེར་འབུམ་ལྡན་ལོངས་ 9-1-375 སྤྱོད་རྫོགས། །བདེན་པ་དེས་ཀྱང་འགྲོ་ལ་ལེགས་སྒོའི་བཀྲ་ཤིས་སྩོལ། །བཀྲ་ཤིས་གང་ཞིག་ འགག་མེད་ཚངས་པའི་དབྱངས་ཀྱི་གསུང༌། །ལྷ་ཡི་རྔ་བཞིན་རྟོག་བྲལ་བརྗོད་དོན་ཀུན་སྟོན་ པས། །གང་འདུལ་ཡིད་ཅན་ཚོགས་ལ་ཁམས་དབང་དང་མཐུན་པ། །བདེན་པ་དེས་ཀྱང༴ བཀྲ་ཤིས་གང་ཞིག་ཟག་པ་མེད་པའི་ཆོས་སྐུའི་ཐུགས། །གདོད་ནས་ནང་དབྱིངས་ཞི་བའི་ངོ་ བོར་རྟག་བདེན་པ། །དོན་དམ་རྣམ་བྱང་ལེགས་ཆ་ཡོངས་རྫོགས་འཁོར་འདས་སྲོག །བདེན་ པ་དེས་ཀྱང༴ བཀྲ་ཤིས་གང་ཞིག་ངོ་མཚར་གསང་བ་གསུམ་གྱི་ཕུལ། །མཚར་བཀོད་ཡེ་ ཤེས་རོལ་པའི་རྒྱན་བཟང་ཀུན་ཏུ་བརྡལ། །དཔག་ཡས་ཡོན་ཏན་མཆོག་གི་གཏེར་གྱུར་འགྲོ་ བའི་མགོན། །བདེན་པ་དེས༴ བཀྲ་ཤིས་གང་ཞིག་མཁའ་དང་མཉམ་པའི་སྐུ་མངའ་ཞིང༌། །འགྲོ་འདུལ་མཛད་ཆེན་གདུལ་བྱ་དུས་ལས་གཡེལ་མེད་པ། །ཕྲིན་ལས་རྒྱ་མཚོའི་དཔལ་ གྱུར་མི་བསྐྱོད་ལྷ་ཡི་གཙོ། །བདེན་པ་དེས༴ གང་འདིར་ཡང་མི་བསྐྱོད་རྒྱལ་བའི་དབང་པོ་གང་གི་རྣམ་པར་འཕྲུལ་བ་ཆེན་པོའི་རོལ་ པ་ལས་བྱུང་བ་བཀྲ་ཤིས་དཔལ་གྱི་ལྷ་མོ་མཛེས་གཟུགས་སྒེག་པའི་ལང་ཚོ་ཀུན་ནས་བདོ་ ཞིང་སྣ་ཚོགས་དར་གོས་ཀྱིས་ཉེ་བར་བཀླུབས་པའི་ངོ་མཚར་རང་རྟགས་ཀྱི་ཕྱག་མཚན་ འཛིན་པ་ཅན་གྱི་ཡིད་འོང་མཆོད་པའི་མཛེས་མ་ཆེན་མོ་པདྨ་ཅན་དང༌། འོད་ལྡན་མ་མདངས་ ལྡན་མ། དྲི་མེད་མ་སྟེ་གཙོ་བོའི་ཕྱོགས་ན་བཞུགས་པ་བཞི་དང༌། འཇིགས་བྱེད་མ། གནས་ བྱས་མ། དཀར་ཤམ་མ། ཡིད་གཞུང་མ་སྟེ་མཚམས་ཀྱི་ཆ་ལ་ལེགས་པར་བཞུགས་པའི་ལྷ་མོ་ བཞི་རྣམས་སྟེ་ཤིན་ཏུ་ངོ་མཚར་བའི་བཅོམ་ལྡན་རྒྱལ་བ་མཆོག་གི་ཕྲིན་ལས་ཉེར་སྒྲུབ་མཛད་ མ་ཆེན་མོ་དེ་ཀུན་ལ་བྱིན་རླབས་ལེགས་ཚོགས་ཀྱི་མཚན་མ་ཇི་སྙེད་མངའ་བའི་བཀྲ་ཤིས་ དམ་པ༴ བཀྲ་ཤིས་གང་ཞིག་རྒྱལ་བའི་ཕྲིན་ལས་བསྒྲུབ་མཛད་མ། །པདྨ་ཅན་དང་འོད་ལྡན་ 9-1-376 མཛེས་མ་སྒེག་མོའི་གཟུགས། །མདངས་ལྡན་སྒྱུ་མའི་རོལ་པར་འཆང་བའི་མཛད་སྒོ་ཅན། །བདེན་པ་དེས་ཀྱང་འགྲོ་ལ་ལེགས་སྒོའི་བཀྲ་ཤིས་སྩོལ། །བཀྲ་ཤིས་གང་ཞིག་དྲི་མེད་ལྷ་ མོ་འཇིགས་བྱེད་མ། །གནས་བྱས་དཀར་ཤམ་ཡིད་གཞུང་མཛེས་གཟུགས་ཅིར་ཡང་བསྒྱུར། །ཀུན་ནས་རོལ་པ་ཆེན་པོའི་སྒེག་མཉམ་མཆོད་སྤྲིན་སྤྲོ། །བདེན་པ་དེས་ཀྱང༴ བཀྲ་ཤིས་ གང་ཞིག་རྒྱལ་བ་ལྷ་མོ་གཙོ་འཁོར་བཅས། །ཡ་མཚན་རྨད་བྱུང་འོད་བཟང་སྦུབས་ན་དགྱེས་ བཞུགས་པ། །ངོ་མཚར་ཆོ་འཕྲུལ་ཕྱོགས་མཚམས་འགྱེད་པའི་མཛད་བཟང་མངའ། །བདེན་ པ་དེས༴ གཞན་ཡང་རྒྱལ་བ་གཙོ་འཁོར་གང་དག་གི་བཞུགས་གནས་ཐུགས་རང་སྣང་གི་རོལ་པ་ ལས་ལེགས་པར་ཤར་བའི་ཡ་མཚན་མཚར་བཀོད་ཀྱི་མཛེས་ཁྱད་ཀུན་ནས་རྫོགས་པའི་ཆོས་ ཀྱི་ཕོ་བྲང་རིན་པོ་ཆེའི་རྩིགས་པ་རིམ་ལྔ། ཕ་གུ་དྲ་ཕྱེད་ཤར་བུ་མདའ་ཡབ་སྟེང་གི་ཐོག་ཕུབ་ སྒོ་བཞིའི་སྣམ་བུ་སོགས་གཞལ་མེད་མཆོག་གི་མཚན་ཉིད་ཡོངས་སུ་རྫོགས་ཤིང་ངོ་མཚར་ བལྟ་བས་ཆོག་མི་ཤེས་པའི་ཁང་བཟང་འོད་ཟེར་སྣང་བ་འབུམ་དང་ལྡན་པའི་ཕུན་ཚོགས་ཀྱི་ མཛེས་བཀོད་ལ་བྱིན་རླབས་ལེགས་ཚོགས་ཀྱི་མཚན་མ་ཇི་སྙེད་མངའ་བའི་བཀྲ་ཤིས་དམ་ པ༴ བཀྲ་ཤིས་གང་ཞིག་ཆོས་ཀྱི་ཕོ་བྲང་ཉམས་དགའ་བ། །ངོ་མཚར་གཞལ་མེད་ཐར་པའི་ ཁང་བཟང་མཚུངས་པ་མེད། །ཡེ་ཤེས་འོད་ལྔ་ཀུན་ནས་ཡོངས་འབར་ལེགས་ཆ་རྫོགས། །བདེན་པ་དེས་ཀྱང༴ བཀྲ་ཤིས་གང་ཞིག་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཆེ། །ཟག་ མེད་རོལ་པའི་རྣམ་བཀོད་ཆོ་འཕྲུལ་ཅིར་ཡང་ངོམ། །བེམ་བྲལ་ཡེ་ཤེས་སྣང་བའི་ཟློས་གར་ ཆད་མིན་པ། །བདེན་པ་དེས༴ བཀྲ་ཤིས་གང་ཞིག་གདོད་ནས་ཐེར་ཟུག་རྟག་པའི་སྐུ། །གང་ ལས་སྒྱུ་འཕྲུལ་རོལ་པའི་གར་ཆེན་དཀྱིལ་འཁོར་སྤྲོ། །སྣ་ཚོགས་མ་ངེས་གཞན་སྣང་དེར་ 9-1-377 འཚམ་གཡོ་བའི་འཕྲུལ། །བདེན་པ་དེས༴ བཀྲ་ཤིས་གང་ཞིག་ཀུན་གཟིགས་མེ་ལོང་ལྟ་ བུའི་ཐུགས། །མ་ལུས་འགྲོ་ལ་རྗེས་བརྩེའི་མགོན་དུ་ལེགས་ཤར་བ། །བཅོམ་ལྡན་མི་བསྐྱོད་ རྒྱལ་བའི་དབང་པོ་ཐུགས་རྗེའི་གཏེར། །བདེན་པ་དེས༴ བཀྲ་ཤིས་གང་ཞིག་ལེགས་ཚོགས་ མ་ལུས་འབྱུང་བའི་གནས། །བཀྲ་ཤིས་སྒོ་བརྒྱའི་སྣང་བ་ཅིར་ཡང་འཕེལ་བའི་གཉེན། །བཀྲ་ ཤིས་ལྷུན་གྲུབ་ཀུན་ནས་འཁྱི ལ་བའི་མཛད་བཟང་ཅན། །བཀྲ་ཤིས་ལེགས་མཚན་ཡོང་སྒོས་ འགྲོ་ལ་རྟག་སྐྱོང་ཤོག །ཅེས་རྒྱལ་བ་མི་འཁྲུགས་པའི་ཤིས་བརྗོད་ལེགས་ཚོགས་གྲུ་ཆར་འཇོ་བའི་ཆུ་འཛིན་ཞེས་བྱ་ བ་འདི་ཡང་གསོ་རིག་ལ་བརྟེན་ནས་ཕན་པ་མངའ་བ་བསླབ་ཁྲིམས་གཙང་མས་ཉེ་བར་མཛེས་པ་དམ་པའི་ངང་ཚུལ་མ་སྨད་པའི་ བརྟུལ་ཞུགས་འཆང་བ་ངག་དབང་ཀུན་དགའ་བརྩོན་འགྲུས་འབྱུང་གནས་ཀྱི་ཐུགས་མོས་བསྐུལ་མ་མི་ལྡོ ག་ཙམ་དུ། མ་ཏིས་ འཕྲལ་དུ་སྤེལ་བ་ཛ་ཡནྟུ། ༈ མི་འཁྲུགས་པའི་བཀྲ་ཤིས་ལ། ཆོས་འཕེལ་རྒྱ་མཚོ་ཆོས་ཀྱི་འཕགས་པ་རྗེ། །ཀུན་དགའ་ དཔལ་ལྡན་ཞབས་ཀྱི༴ ནུས་མཐུ་མཆོག་བརྙེས་ཀུན་དགའ་ལུང་རྟོགས་དབང༌། །ཟབ་ལམ་ གདམས་པའི་མཛོད་འཛིན་སྙན་གྲགས་སྡེ། །བརྩོན་འགྲུས་ངོར་མ་ཏིས་སོ།། །། 9-1-378 ༄༅། །བགེགས་བསྐྲད་བསྡུས་པ་དང་རབ་གནས་ མདོར་བསྡུས་བཞུགས། ༄༅། །ཧཱུཾ། སྐད་ཅིག་ཡི་དམ་རང་གསལ་ངང༌། །འདོད་རྫས་གེགས་བྱེད་ཡིད་མཐུན་ ལྟར། །ཅི་དགར་སྦྱིན་ལ་གནོད་མ་བྱེད། །རང་གནས་སོང་ལ་བྱམས་སེམས་མཛོད། །འབྲུ་ གསུམ་དང༌། ནམ་མཁའ་མཛོད་སྔགས་ཅི་རིགས་ཀྱི་མཐར། ཧཱུཾ། ཐུགས་ལས་སྤྲོས་པའི་ཁྲོ་ཚོགས་ཀྱིས། །བར་ ཆད་མཐའ་དག་དབྱིངས་སུ་བསྐྲད། །ཆོས་དབྱིངས་གསལ་སྟོང་བརྗོད་བྲལ་ངང༌། །རབ་ བརྟན་སྲུང་བའི་འཁོར་ལོར་གྱུར། །ཡི་དམ་བསྙེན་པའི་མཐར་བཛྲ་རཀྵ་རཀྵ་ཡེ་སྭཱཧཱ། ལན་གསུམ་བརྗོད། མ་ཏིས་སོ།། །། ༄༅། །རབ་གནས་མདོར་བསྡུས་ནི། སངས་རྒྱས་ཆོས་དང༴ སོགས་ཀྱི་སྐྱབས་སེམས་སྔོན་དུ་འགྲོ་བའི་སྒོ་ ནས་འདི་སྐད། བདག་ཉིད་སྐད་ཅིག་གིས་དུས་ཀྱི་འཁོར་ལོའི་སྐུར་གསལ་བར་གྱུར། ཐུགས་ ཀའི་འོད་ཟེར་གྱིས་ཡེ་ཤེས་ཁྲོ་བོའི་ཚོགས་སྐད་ཅིག་ལ་སྤྱན་དྲངས་ཏེ་མཆོད་བསྟོད་ཀྱིས་ ཐུགས་མཉེས་ནས་རབ་ཏུ་གནས་པ་ལ་བར་དུ་གཅོད་པའི་བགེགས་རྣམས་རིང་དུ་བསྐྲད་ པར་བསམ་ལ། དྲག་སྔགས་ཅི་རིགས་བརྗོད་ཅིང་ནས་གཏོར། དེ་ནས་ཁྲུས་གསོལ་ནི། དག་བྱེད་ཆུ་ཡིས་སྐུ་ཁྲུས་ འདིས། །དྲི་མ་མཐའ་དག་ཡོངས་སྦྱངས་ཏེ། །ཡེ་ཤེས་ཆབ་ཀྱི་སླར་ཁྲུས་གསོལ། །སྦྱིན་ བདག་སྒོ་གསུམ་སྒྲིབ་བྱང་ཤོག །རྟེན་རྣམས། སྭ་བྷཱ་ཝས་སྟོང་པར་སྦྱངས་ཏེ། སྟོང་པའི་ངང་ལས་རྟེན་ 9-1-379 རྣམས་པཾ་ལས་པདྨ་དང་ཨཱཿལས་ཟླ་བའི་སྟེང་དུ་ཧཱུཾ་ལས་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་ དཀར་པོ་ཞལ་གཅིག ཕྱག་གཉིས་པས་ཐུགས་ཀར་རྡོར་དྲིལ་བསྣོལ་བཞིན་ཡུམ་ལ་འཁྱུད་ པ། ཞབས་ཟུང་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ་ཡུམ་སྙེམས་མ་དཀར་མོ་རང་དང་མཚུངས་ པ། ཞལ་གཅིག་ཕྱག་གཉིས་ཀྱིས་གྲི་ཐོད་འཛིན་པས་ཡབ་ལ་འཁྱུད་བཞིན་ཞབས་པདྨའི་ སྐྱིལ་མོ་ཀྲུང་གིས་བཞུགས་པ། ཡབ་ཡུམ་གཉིས་རུས་པ་དང་རིན་པོ་ཆེའི་རྒྱན་ཆ་དྲུག་གིས་ མཛེས་ཤིང་དམ་ཡེ་གཉིས་སུ་མེད་པའི་བདག་ཉིད་ཡེ་ཤེས་དབང་བསྐུར་རང་རྩལ་དུ་རྫོགས་ པ་རྡོ་རྗེ་རྣམ་བཞིའི་གནས་བཞིར་མཚན་པའི་སྐུར་གྱུར་པ་དེ་ཉིད་སྐད་ཅིག་གིས་འོད་ཕུང་ དུ་ཞུ་སྟེ་རྟེན་རང་རང་སོ་སོའི་རྣམ་པ་ཇི་ལྟ་བ་བཞིན་དུ་གྱུར། དེ་ནས་མཆོད་པ་ནི། རབ་ཏུ་གནས་ པའི་རྟེན་རྣམས་ལ། །མེ་ཏོག་བདུག་སྤོས་མར་མེ་དྲི། །ཞལ་ཟས་རོལ་མོ་རིན་ཆེན་རིགས། །ཕུན་ཚོགས་འབྱོར་བ་རྣམས་ཀྱིས་མཆོད། །མཆོད་པའི་སྤྲིན་གཟུངས་ལན་གསུམ་བརྗོད། བརྟན་བཞུགས་ནི། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དགོངས་སུ་ གསོལ། སེམས་ཅན་མཐའ་དག་གི་དོན་དུ་ཇི་སྲིད་མྱ་ངན་ལས་མི་འདའ་ཞིང༌། ཁྱད་པར་རྟེན་ འདི་རྣམས་ལ་བསྐྱེད་ཅིང་སྤྱན་དྲངས་པའི་ལྷ་ཚོགས་ཐམས་ཅད་འབྱུང་བའི་གནོད་པས་མ་ ཞིག་གི་བར་བརྟན་པར་བཞུགས་སུ་གསོལ། བཞུགས་ནས་བདག་དང་ཡོན་བདག་སོགས་ སེམས་ཅན་ཐམས་ཅད་ཀྱི་མགོན་སྐྱབས་དཔུང་གཉེན་མཛད་དེ་གནས་གླིང་རྟེན་གྱི་བཀའ་ དྲིན་དམ་པ་ཉེ་བར་བསྩལ་པའི་སྒོ་ནས་མདོར་ན་འཁོར་བ་ཇི་སྲིད་བར་འགྲོ་དོན་རྒྱ་ཆེན་པོ་ མཛད་དུ་གསོལ། སུ་པྲ༴ ཡེ་དྷརྨ༴ དབྱངས་གསལ་དང་བཅས་ཅི་མང་བརྗོད་དེ། ནས་བསྔགས་བཞིན་རྟེན་ལ་འཐོར་ ཞིང༌། བླ་མ། ཡི་དམ། དཀོན་མཆོག་གསུམ། མཁའ་འགྲོ་ཆོས་སྐྱོང་གི་སྔགས་གང་ཤེས་ལ། སུ་པྲའི་སྔགས་བཏགས་པ་བརྗོད། མཐར། འདིར་ནི་རྟེན་དང༴ སོགས་དང༌། ཀྱེ་ཕྲིན་ལས་རྣམ་དག༴ སོགས་བསྔོ་སྨོན་བཀྲ་ཤིས་ཅི་རིགས་པས་ མཐར་དབྱུང་ངོ༌། །ཞེས་པ་རང་གྲོགས་ཟུང་གིས་བསྐུལ་ངོར། མ་ཏིས་སྨྲས་པ་ཆོས་མཆེད་ཀྱིས་ཡི་གེར་ཕབ་པའོ།། །། 9-1-380 ༄༅། །ཚེ་ཐར་གཏོང་ཐབས་བསྡུས་པ་བཞུགས། ༄༅། །ཚེ་ཐར་གཏོང་ཐབས་བསྡུས་པ་ནི། རང་སྐད་ཅིག་གིས་ཡི་དམ་དུ་གསལ་བའི་ཐུགས་ཀའི་ མེ་དཔུང་གི་ཚོགས་ཀྱིས་ཚེ་གེགས་བསལ་བའི་བར་ཆད་རིང་དུ་བསྐྲད་པར་གྱུར། དྲག་སྔགས་ བརྗོད་བཞིན་ནས་འཐོར། ཧྲཱིཿ ཡེ་ཤེས་ཚེ་མཆོག་ཀུན་ནས་ཡོངས་རྫོགས་པ། །ཚེ་དཔག་མེད་མགོན་ གཙུག་ཏོར་རྣམ་པར་རྒྱལ། །རྗེ་བཙུན་སྒྲོལ་དཀར་ཚེ་ལྷ་རྣམ་གསུམ་གྱིས། །ཐུགས་རྗེས་ བསྲུང་བྱ་འདི་དག་ལེགས་སྐྱོབས་མཛོད། །ལན་གསུམ་གྱི་མཐར། ཚེ་བསྙེན། རྣམ་རྒྱལ་མའི་གཟུངས། སྒྲོལ་ བསྙེན་ཇི་ལྟར་འོས་པས་ནས་བསྔགས་པ་འཐོར་བཞིན་བརྗོད་མཐར། ཚེ་ཡི་གེགས་དང་བྲལ་བའི་ཚེ་ཐར་འདི། །འཆི་མེད་ཚེ་ཡི་ལྷ་ཚོགས་རྣམས་ལ་འབུལ། །དུད་འགྲོ་འདི་རྣམས་ངེས་ལེགས་དཔལ་ཐོབ་ ནས། །སྦྱིན་པའི་བདག་པོའི་རྐྱེན་ངན་བར་ཆད་ཞི། །མཐུན་པའི་ལེགས་ཚོགས་ཡར་ངོའི་ཟླ་ ལྟར་འཕེལ། །ཚེ་ཐར་གང་དག་འདི་ངོགས་བདེ་ཞིང་སྐྱིད། །ཕྱི་མར་མངོན་མཐོའི་དཔལ་ལ་ རྟག་སྤྱོད་དེ། །རིམ་པས་མཐར་ཐུག་སངས་རྒྱས་ཐོབ་པར་ཤོག །དེ་ལྟར་བདག་གིས་ལེགས་ དོན་གང་སྨོན་ཀུན། །ཚེ་ལྷ་རྣམ་གསུམ་ཐུགས་རྗེ་མི་བསླུ་བས། །ཇི་བཞིན་གེགས་མེད་དུས་ སུ་ལེགས་འགྲུབ་སྟེ། །བཀྲ་ཤིས་དཔལ་གྱིས་སྐྱེ་དགུ་སྐྱོང་གྱུར་ཅིག །རྐང་གཉིས་ཁྱེད་ཅག༴ སོགས། བགེགས་རིགས་སྟོང་ཕྲག༴ སོགས། ཚངས་དང་ལྷ་དབང༴ སོགས་ཀྱང་བརྗོད་པར་བྱའོ། །ཞེས་ པ་འདི་ཡང་ཆོས་མཆེད་ཟུང་ལ་ཉེ་བར་མཁོ་ནས། མ་ཏིས་འཕྲལ་སྨྲས་ལྟར་མཆེད་དམ་པས་ཡི་གེ་བ་བགྱིས་སོ།། །། 9-1-381 ༄༅། །མར་མེའི་སྨོན་ལམ་བཞུགས། ༄༅། །ཨེ་མ་ཧོ། ཆེས་ཤིན་ཏུ་ངོ་མཚར་བའི་ཡ་མཚན་དཔལ་ཡོན་བསམ་ལས་འདས་ པས་མངོན་པར་བརྗིད་པ་མུན་སེལ་སྒྲོན་མེ་སྣང་གསལ་ཕྱོགས་བཅུའི་ཞིང་རབ་འབྱམས་ན་ ལེགས་པར་བཞུགས་པའི་སངས་རྒྱས་སྲས་སློབ་མར་བཅས་པ་སྤྱི་དང་ཁྱད་པར་རང་རེ་གང་ དག་གི་སྔོན་ལས་མེ་ཏོག་ལྷ་བབས་ཀྱི་སྐལ་བ་དཔལ་ལྡན་རྒྱལ་བ་ཇོ་ནང་པ་ཆེན་པོ་ཀུན་ མཁྱེན་ཤེས་རབ་རྒྱལ་མཚན་དཔལ་བཟང་པོ་ཡབ་སྲས་བརྒྱུད་རིམ་རྣམ་འཕྲུལ་བླ་མ་ཡི་དམ་ མཆོག་གསུམ་མཁའ་འགྲོ་ཆོས་སྲུང་དང་བཅས་པའི་ཐུགས་དགྱེས་པ་སྐོང་བྱེད་འཕགས་ མཆོག་ཀུན་ཏུ་བཟང་པོའི་རྣམ་འཕྲུལ་ལ་འགྲན་བཟོད་མར་ཁུའི་སྣོད་སྟོང་གསུམ་སྡོང་བུ་ རིའི་རྒྱལ་པོ་རི་རབ་མར་ཁུ་མཐའི་རྒྱ་མཚོ་ཆེན་པོ་ཙམ་སྟེ་མདོར་ན་དེ་ལུགས་ཁོང་རྣམས་ ལ་ཐུགས་དགྱེས་བསྐྱེད་ཁྱད་པར་བ་མཆོད་སྤྲིན་རྒྱ་ཆེན་བསམ་མི་ཁྱབ་ཅིང་མཐའ་ཀླས་པ་ སྲིད་གསུམ་མ་རིག་མུན་སེལ་སངས་རྒྱས་ཞིང་ཀུན་ཡོངས་སྣང་ཆེས་གསལ་བར་བྱེད་པའི་ ངོ་མཚར་མཆོད་བཀོད་ཕུན་སུམ་ཚོགས་པ་གང་དེ་ཐམས་ཅད་གུས་པས་ལེགས་པར་འབུལ་ ལོ། །བདག་སོགས་སེམས་ཅན་མ་ལུས་པའི་ཉེས་ལྟུང་མཐའ་དག་དྲུངས་ནས་ཕྱུང་སྟེ་རབ་ ཏུ་དཀར་བའི་བསོད་ནམས་ཚོགས་ཆེན་ཡོངས་སུ་རྫོགས་ནས་དོན་གཉིས་རྒྱ་མཚོའི་དཔལ་ ཡོན་ནམ་མཁའ་དང་མཉམ་པའི་མཛད་ཕྲིན་ལ་མྱུར་དུ་དབང་བར་ཤོག་ཅིག ༀ་བཛྲ་ཨ་ལོ་ ཀེ་ཨཱཿཧཱུཾ། འདི་ཡང་མ་ཏིས་སོ།། །། 9-1-382 ༄༅། །མར་མེ་འབུལ་བ་ནི། རང་བཞིན་དག་མཉམ་རབ་འབྱམས་ཞིང་བཞུགས་པ། །བླ་མ་ ཡི་དམ་སྐྱབས་གནས་རིན་ཆེན་གསུམ། །ཕུན་ཚོགས་མཆོད་ཡུལ་རྒྱ་མཚོ་གང་འདི་ཀུན། །ངོ་ མཚར་བཀོད་པ་རོལ་གར་མཐའ་ཀླས་བཅས། །ཡོངས་ཀྱི་སྤྱན་ལམ་སྣང་གསལ་མཆོད་པའི་ སྤྲིན། །ཕ་མཐའ་བྲལ་བའི་འོད་མདངས་ཆེར་བཀྲ་ཞིང༌། །ལེགས་མཛེས་ཟག་བྲལ་མ་ལུས་ ཞིང་བཀང་ན། །གུས་པས་ལེགས་མཆོད་དུས་སུ་བགྱི་བ་འདིས། །བདག་རྨོངས་མུན་པའི་གོ་ སྐབས་མྱུར་བསལ་ཏེ། །ཤེས་རབ་ཡེ་ཤེས་སྣང་བ་རབ་འབྱམས་པས། །འགྲོ་བློའི་རྨོངས་མུན་ ཡོངས་སུ་གཞིལ་བའི་གཉེན། །རླབས་ཆེན་འགྲོ་ཕན་སྤེལ་བའི་བྱེད་པོ་རུ། །གྱུར་ནས་དུས་ མཐར་ཆོས་སྣང་ལེགས་འགྱེད་བཞིན། །མི་ཤེས་མ་རིག་ཀུན་ནས་གཞོམ་པ་དང༌། །ལྷན་ ཅིག་འགྲོ་ཀུན་ཤེས་རབ་མཆོག་ཐོབ་ནས། །དོན་གཉིས་རྒྱ་མཚོའི་དཔལ་ལ་སྤྱོད་གྱུར་ཅིག །ༀ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུཾ། འདི་ཡང་བརྩོན་འགྲུས་ལ་མཁོ་ནས། མ་ཏིས་སོ།། །། 9-1-383 ༄༅། །ཡོན་ཆབ་འབུལ་བ་བཞུགས། ༄༅། །ཡོན་ཆབ་འབུལ་བ་ནི། མ་ལུས་ཕྱོགས་བཅུའི་ཞིང་ཁམས་ནས། །ཐུགས་རྗེ་ཆེ་མངའ་ མཆོད་ཡུལ་ཀུན། །དད་གུས་ངང་ནས་སྤྱན་འདྲེན་ན། །འདིར་གཤེགས་བསོད་ནམས་ཞིང་དུ་ བཞུགས། །ཕུལ་བྱུང༴ སོགས་བསོགས་མཐར། རབ་དཀར་ཕུང་པོ་ཇི་མཆིས་དེས། །བདག་ གིས་ཐོག་མེད་ནས་བསགས་པའི། །སྡིག་ལྟུང་མ་ལུས་ཡོངས་བྱང་སྟེ། །བསོད་ནམས་སྟོབས་ ཅན་རབ་རྒྱས་ཤོག །དེར་བརྟེན་དོན་གཉིས་རླབས་ཆེན་གྱིས། །རྨད་བྱུང་དགེ་ལེགས་དཔལ་ ཡོན་འབར། །མཁའ་མཉམ་སེམས་ཅན་འཁོར་མཚོ་ལས། །མྱུར་ནས་སྒྲོལ་བར་བྱེད་གྱུར་ ཅིག།དཀོན་མཆོག་གསུམ་གྱི་བདེན་སྟོབས་དང༌། །རང་བཞིན་ཆོས་དབྱིངས་གནས་ལུགས་ མཐུས། །བསམ་པའི་དོན་ཀུན་གེགས་མེད་པར། །ཡོངས་སུ་འགྲུབ་པར་བྱིན་གྱིས་རློབས། ། ༈ ཕུལ་བྱུང་ཀུན་བཟང་མཆོད་སྤྲིན་ཆེ། །ཟག་མེད་ཡེ་ཤེས་རང་སྣང་འཕྲུལ། །མ་ལུས་ མཆོད་ཡུལ་རྒྱ་མཚོ་ལ། །གུས་འབུལ་བདག་གཞན་ཚོགས་རྫོགས་ཤོག །ༀ་ཨརྒྷཾ་པཱུ་ཛ་ཧཱུཾ། འདི་ཡང་ཡོན་ཆབ་གྲངས་མང་འབུལ་སྐབས། དྲི་མེད་དཔལ་ལ་མཁོ་ནས་མ་ཏིས་སོ།། །། 9-1-384 ༄༅། །འཇམ་དཔལ་ནཱ་ག་རཀྴའི་བུམ་བསྒྲུབ་སྦྱིན་སྲེག་ ཉུང་བསྡུས་སྤྲོས་མེད་རྒྱུན་ཁྱེར་གྱི་ མན་ངག་བཞུགས་སོ། ། ༄༅། །བླ་མ་འཇམ་པའི་རྡོ་རྗེ་ལ་ཕྱག་འཚལ་ནས། འདིར་འཇམ་དཔལ་ནཱ་ག་རཀྴའི་བུམ་སྒྲུབ་འདོད་པ་ལ་ཐོག་མར་ བུམ་པ་ཚད་ལྡན་བཤམས་པ་དེ་ཉིད། ༀ་ནཱ་ག་རཀྴ་ཧཱུཾ་ཕཊ་ཅེས་པས་བསངས། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ ལས་པཾ་ལས་པདྨ་དང་ཨཿལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྷྲཱུཾ་ལས་བུམ་པ་མཚན་ཉིད་ དང་ལྡན་པའི་ལྟོ་བར་ཆུས་གང་བའི་དབུས་སུ་ཕེ་ཡིག་ནག་པོ་ཡོངས་སུ་གྱུར་པ་ལས་རིག་ པའི་རྒྱལ་པོ་ནཱ་ག་རཀྴ་སྐུ་མདོག་མཐིང་ནག་རྩ་ཞལ་སྲིན་པོའི་གདོང་ཤིན་ཏུ་ཁྲོ ས་པ། སྡང་ མིག་འབར་བའི་སྤྱན་གསུམ་བསྒྲད་ཅིང་ཞལ་གདངས་བ་ལས་དུག་ཅན་གྱི་མཆེ་བ་གཙིགས་ པ། སྦྲུལ་མགོ་དགུའི་གདེངས་ཀ་བར་སྣང་དུ་འཕྱོ་བ་སྦྲུལ་མགོ་དབུས་མའི་སྤྱི་བོར་རིན་པོ་ ཆེའི་སྲོག་ཞུའི་ཁང་བུར་བླ་མ་མི་བསྐྱོད་པ་བཞུགས་པ། ཕྱག་བཅུ་དྲུག་གི་གཡས་བརྒྱད་ཀྱིས་ གྲི་གུག་དང་གཡོན་བརྒྱད་ཀྱིས་སྦྲུལ་ཞགས་འཛིན་པའི་དང་པོ་གཉིས་ཐུགས་ཀར་བསྣོལ་ ཞིང་ལྷག་མ་རྣམ་གདེངས་བ། སྐུ་སྟོད་སྲིན་པོའི་གཟུགས་ཅན་སྨད་སྦྲུལ་མཇུག་ཏུ་འཁྱི ལ་ བ་ཞལ་ཐམས་ཅད་ནས་ཨིག་ཤའི་སྒྲ་སྒྲོགས་པ། རལ་པ་སྤྲུག་པ་ལས་སྡོམ་སྡིག་པའི་ཚ་ཚ་ འཕྲོ་བ་ཀླུ་རིགས་ལྔ་སྦྲུལ་གྱི་རྣམ་པའི་སྐུ་ལ་བརྒྱན་ཅིང༌། གདོལ་པ་ནག་པོ་འོག་ཏུ་མནན་ པ་ཀླུ་རིགས་ཐམས་ཅད་ཟས་སུ་ཟ་ཞིང་མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །དེའི་ ཐུགས་ཀར་ཕེ་ཡིག་ནག་པོས་མཚན་པ་དེ་ལས་འོད་ཟེར་འཕྲོས་པས་འོག་མིན་ནས་འཇམ་ དཔལ་ཀླུ་སྲིན་ནག་པོ་ཡེ་ཤེས་པའི་རྣམ་པར་ཕ໊་ཛཿ ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། ༀ་ནཱ་ག་རཀྴ་ས་པ་རི་ཝ་ར་ཨརྒྷཾ༴ ནས། ཤབྟས་བར་གྱིས་མཆོད། ཧཱུཾ། འཇམ་དཔལ་ཡེ་ཤེས་ཆེན་ 9-1-385 པོའི་རོལ་གར་གྱིས། །ཀླུ་སྲིན་ནག་པོ་གདུག་པའི་གཟུགས་འཛིན་པ། །མ་རུངས་ཀླུ་རིགས་ འཇོམས་མཛད་ལྷག་པའི་ལྷ། །ནཱ་ག་རཀྴའི་སྐུ་ལ་ཕྱག་འཚལ་བསྟོད། །རང་གི་སྙིང་ག་ནས་ སྔགས་ཕྲེང་གཟུངས་ཐག་ལ་བརྟེན་ནས་སོང་བས་བུམ་ལྷའི་ཐུགས་རྒྱུད་བསྐུལ་དེའི་སྟོབས་ ཀྱིས་སྐུ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་གྱུར། ༀ་ཕེ་ལཾ་ཧཱུཾ། ཞེས་ཡི་གེ་འབྲུ་བཞི་ པ་ཅི་ནུས་བཟླ་མཐར་གོང་བཞིན་མཆོད་བསྟོད་བྱ། དེ་ནས། བུམ་ལྷ་ཡེ་ཤེས་པ་གཤེགས་དམ་ཚིག་པ་འོད་དུ་ ཞུ་བ་ལས་བུམ་པའི་ཆུ་གཉན་ནད་སོགས་ཀྱི་དྲི་མ་དག་པར་བྱེད་པའི་ནུས་པ་ཀུན་དང་ལྡན་ པར་གྱུར། དེ་བརྟན་བྱེད་དུ་ཡིག་བརྒྱ་ལན་གསུམ་བརྗོད། དེ་ནས་ཁྲུས་བྱ་བར་འདོད་ན། ༀ་ནག་པོ་ཏི་པ་ཙ་ཡ་ནཱ་ ག་རཀྴ་ཕེ་ལཾ་ཧཱུཾ། དེང་འདིར་བསྒྲུབ་བྱ་ལ་ས་བདག་ཀླུ་གཉན་གྱི་གནོད་པ་ཐམས་ཅད་ཤནྟ່་ ཀུ་རུ་ཡེ་སྭཱཧཱ། ཁྱད་པར་རྒྱལ་རིགས་ཀྱི་ཀླུའི་གནོད་པ་ཐམས་ཅད༴ རྗེ་རིགས་ཀྱི་ཀླུའི་གནོད་ པ༴ བྲམ་ཟེའི་རིགས་ཀྱི་ཀླུའི་གནོད་པ་ཐམས་ཅད༴ དམངས་རིགས་ཀྱི་ཀླུའི་གནོད་པ་ཐམས་ ཅད༴ གདོལ་བའི་རིགས་ཀྱི་ཀླུའི་གནོད་པ་ཐམས་ཅད༴ གཟའ་བཙན་རྒྱལ་པོ་མ་མོའི་ རིགས་ཀྱི་གནོད་པ་ཐམས་ཅད༴ མདོར་ན་ལྷ་མ་སྲིན་སྡེ་བརྒྱད་ཀྱི་གནོད་པ་ཐམས་ཅད་ཤནྟ່་ ཀུ་རུ་ཡེ་སྭཱཧཱ། ཞེས་པ་ལན་གསུམ་དང༌། དེ་ནས་གོང་ལྟར་ལ། ཨ་པ་ན་ཡེ༴ སྦྱར་བའི་བྱབ་པ་དང༌། སྲུངས་ཤིག་ རཀྵ༴ སྦྱར་བའི་བསྲུང་བ་ལན་གསུམ་རེ་བྱས་མཐར། ཧཱུཾ། འཇམ་དཔལ་ཀླུ་སྲིན་ནག་པོའི་བྱིན་རླབས་ ཀྱིས། །བསྲུང་བྱ་བདག་ལ་སུས་ཀྱང་གནོད་མ་བྱེད། །གང་གི་མཐུ་སྟོབས་ཕྲིན་ལས་རང་ བཞིན་གྱི། །རབ་བརྟན་གཞོམ་མེད་སྲུང་བའི་འཁོར་ལོར་གྱུར། །རྟེན་སྙིང་མཐར། ༀ་བཛྲ་རཀྵ་ རཀྵཿཡེ་སྭཱཧཱ། ཞེས་བརྗོད་དོ། །ཡང་འདིའི་སྒོ་ནས་བསྲེགས་བླུགས་སྤྲོས་མེད་རྒྱུན་ཁྱེར་གྱི་གདམས་པ་ནི་དྲག་པོའི་ཧོམ་ ཐིག་སྟེང་དྲག་པོའི་ཤིང་གིས་མེ་ཧོམ་བརྩེགས། ཉེར་སྤྱོད། བ་ལིང་གཏོར་མ་ཟུར་གསུམ་བསྲེགས་རྫས་མར་འབྲུ་སོགས་ཉུང་ཙམ་ བསགས་ལ་རྣལ་འབྱོར་པས་ཐོག་མར་འདིའི་བརྒྱུད་འདེབས་སྐྱབས་སེམས་སྔོན་དུ་འགྲོ་བའི་སྒོ་ནས་བདག་བསྐྱེད་བཟླས་པ་ བཅས་གྲུབ་པའི་མཐར་བགེགས་བསྐྲད་པ་ནི། ཧཱུཾ། ང་ནི་འཇམ་དཔལ་ནག་པོ་སྟེ། །ཐུགས་ལ་སྤྲོས་པའི་ཁྲོ་ 9-1-386 ཚོགས་ཀྱིས། །གནས་འདིར་བསྲེག་བླུགས་བྱེད་པ་ལ། །འཁྲི་བའི་བགེགས་ཚོགས་རྒྱང་རིང་ བསྐྲད། །དྲག་སྔགས་བརྗོད། དེ་ནས་མཆོད་རྫས་རྣམས་བྱིན་རླབས་ནི་བསངས་སྦྱངས་གོང་བཞིན། མི་དམིགས་ངང་ ལས་ཉེར་སྤྱོད་ཚོགས། །རབ་འབར་དྲག་པོའི་རྣམ་ལྔ་དང༌། །ཀླུ་གཉན་འདུལ་བའི་བསྲེགས་ རྫས་ཚོགས། །དཔག་མེད་ནམ་མཁའི་མཐར་ཁྱབ་གྱུར། །ༀ་ཨཱཿཧཱུཾ། ཞེས་འབྲུ་གསུམ་ཅི་ནུས་བརྗོད། དེ་ནས་ཐབས་བསྐྱེད་ནི། བསངས་སྦྱངས་གོང་ལྟར། སྟོང་པའི་ངང་ལས་དྲག་པོའི་མེ་ཐབ་གྲུ་གསུམ་པ་ མུ་རན་ཁ་ཁྱེར་སྟེགས་བུ་དང་ལྡན་པ་མཚན་ཉིད་ཡོངས་སུ་རྫོགས་པའི་དབུས་སུ་མེ་དཔུང་ ཆེན་པོའི་ནང་དུ་སྟེང་འོག་ཐམས་ཅད་སྦྲུལ་ལས་བྱས་པའི་གཞལ་ཡས་ཁང་གི་དབུས་ན་ས་ བདག་ཀླུ་གཉན་གྱི་གདན་སྟེང་དུ་ཕེ་ཡིག་ནག་པོ་ཡོངས་སུ་གྱུར་པ་ལས་རིག་པའི་རྒྱལ་པོ་ནཱ་ ག་རཀྴ༴ ཞེས་པ་ནས། རྣམ་པའི་སྐུ་ལ་བརྒྱན་ཅིང་ཀླུ་རིགས་ཐམས་ཅད་ཟས་སུ་ཟ་བའི་བདག་ ཉིད་ཅན་དུ་གྱུར། དེའི་ཐུགས་ཀར་ཕེ་ཡིག་ནག་པོས༴ སོགས་ནས། ཛའི་བར་བརྗོད། ཧཱུཾ། བསྐལ་ པ་སྦྲུལ་ནག་འཁྱི ལ་བའི་དཀྱིལ་འཁོར་ནས། །རིག་པའི་རྒྱལ་པོ་འཇམ་དཔལ་ཀླུ་བདུད་ མཆོག །འདིར་གཤེགས་མེ་ཀློང་ཡངས་པར་བཞུགས་ནས་ཀྱང༌། །བསྲེག་བླུགས་བཞེས་ ལ་ཀླུ་གཉན་མ་ལུས་སྒྲོལ། །ཛཿཧཱུཾ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། དེ་ནས་གོང་ ལྟར་མཆོད་བསྟོད་བྱ། རིག་པའི་རྒྱལ་པོ་འཇམ་དཔལ་ནག་པོའི་ལྗགས་རྡོ་རྗེའི་སྦུ་གུ་ཅན་དུ་གྱུར་ཏེ་ དེའི་རྩེ་མོ་ནས་ཡེ་ཤེས་ཀྱི་འོད་སྣ་ལྔས་བསྲེགས་རྫས་རྣམས་དྲངས་ཏེ་གསོལ་བས་སྐུ་གསུང་ ཐུགས་ཀྱི་སྟོབས་ནུས་མི་བཟད་པ་རྒྱས་པས་བདག་ཅག་ལ་གནོད་པའི་ས་བདག་ཀླུ་གཉན་ ཀུན་ཚར་བཅད་པར་བསམ། ༀ་ཕེ་ལཾ་ནག་པོ་ཏི་པ་ཙ་ཡ་ནཱ་ག་རཀྴ་ཧཱུཾ་ཨགྣེ་ཛྭ་ལ་རཾ་ཁ་ཧི་ས་ བདག་ཀླུ་གཉན་གྱི་གནོད་པ་ཐམས་ཅད་མ་རཱ་ཡ་ཕཊ། ཅེས་པ་བརྒྱ་རྩ་བརྒྱད་ཀྱིས་མར་ཁུ་དང་བསྲེགས་ རྫས་རྣམས་ཕུལ་མཐར་གོང་བཞིན་མཆོད་བསྟོད་བྱ། དེ་ནས་གཏོར་མ་ལ། ན་མོ་བླ་མ་དཀོན་མཆོག་གསུམ་དང་ ཁྱད་པར་ཡི་དམ་འཇམ་དཔལ་ནག་པོའི་བདེན་པའི་སྟོབས་ཀྱིས་བསྒྲུབ་བྱ་ལ་གནོད་པའི་ས་ 9-1-387 བདག་ཀླུ་གཉན་མ་ལུས་པ་སྐད་ཅིག་ཉིད་ལ་དམར་གྱི་གཏོར་མ་འདི་ལ་ཁུག་ཅིག་ཛཿཛཿ ཞེས་ པ་ལན་གསུམ། ཧཱུཾ། མ་རུངས་འཚེ་བའི་ས་བདག་ཀླུ་གཉན་གྱི། །གཉུག་ཁམས་ཕྲ་བའི་ཤེས་པས་ ཨ་ཡིག་དཀར། །མཁྱེན་གཏེར་ཞི་བ་ཆེན་པོའི་དགོངས་ཀློང་དུ། །དབྱེར་མེད་རོ་གཅིག་ཉིད་ དུ་གྱུར་ཅིག་ཕཊ། །གང་དག་འཚེ་བའི་རྣམ་སྨིན་ཤ་ཁྲག་རུས། །དམ་རྫས་གཏོར་མའི་ངོ་བོར་ གྱུར་པ་འདི། །རིག་པའི་རྒྱལ་པོ་འཇམ་དཔལ་ཞལ་དུ་བསྟབས། །ལེགས་པར་བཞེས་ལ་ གཉན་ནད་ཀུན་ཞི་མཛོད། །ནཱ་ག་རཀྴ་ཨེ་དམ་བ་ལིང་ཏ་ཁ་ཧཱི། ཞེས་པས་གཏོར་མ་མེ་ཐབ་ཏུ་འབུལ། དེ་ ནས་བཟོད་གསོལ་ནི། ཧོ། འཇམ་དཔལ་ཀླུ་བདུད་འཇིགས་གཟུགས་འཛིན་པ་ལ། །མ་རིག་དབང་ གིས་འབྱོར་ཚོགས་ཆུང་བ་དང༌། །ལེ་ལོ་སེར་སྣའི་ཉེས་པས་ནོངས་བགྱིས་གང༌། །དེ་དག་ ཐམས་ཅད་བཤགས་པས་དག་མཛད་གསོལ། །ཡིག་བརྒྱ་ལན་གསུམ་བརྗོད། དེ་ནས། ༀ་སརྦ་སིདྡྷི་ ཧཱུཾ། ཞེས་པས་དངོས་གྲུབ་བླངས་ལ། གཤེགས་གསོལ་ནི། བཛྲ་མུཾཿ ཡེ་ཤེས་པ་རང་བཞིན་གྱིས་གནས་སུ་ གཤེགས། དམ་ཚིག་པ་རང་ལ་བསྡུའོ། །དེ་ནས་བསྔོ་བ་ནི། རྣམ་དཀར་དགེ་འདིས་འགྲོ་བ་ཀུན། །མི་བཟད་འཇིགས་ལས་རབ་གྲོལ་ནས། །འཇམ་དཔལ་དཔའ་བོས་རྗེས་བཟུང་སྟེ། །གསང་ སྔགས་ལམ་རྣམས་མཐར་ཕྱིན་ཤོག །དེ་ནས་བཀྲ་ཤིས་ནི། སྭ། བཀྲ་ཤིས་གང་ཞིག་འཇམ་ དབྱངས་ཐུགས་མཆོག་ཉེར་ཞི་བ། །ལྷུན་གྲུབ་འཇིགས་གཟུགས་རྔམ་པ་ཀླུ་བདུད་གར་གྱིས་ རོལ། །གཉན་རིགས་འཚེ་བ་མཐའ་དག་འཇོམས་མཛད་གཤེད་ཆེན་སྐུ། །སྟོབས་ལྡན་རིག་ པའི་རྒྱལ་པོ་གང་གིས་བཀྲ་ཤིས་ཤོག །དེ་སོགས་ཀྱིས་མཐའ་བརྒྱན་པར་བྱའོ། །འདིར་བུམ་བསྒྲུབ་སྲེག་བླུགས་ ལྷན་དུ་བྱ་སྐབས་གོང་གི་བདག་བསྐྱེད་ཀྱི་འཕྲོར་བུམ་བསྒྲུབ་བྱ་སྙམ་ནས་སྦྱིན་སྲེག་ལ་འཇུག དེ་མིན་སོ་སོར་ལོགས་སུ་བྱེད་ སྐབས་བུམ་བསྒྲུབ་ཀྱི་མགོར་གོང་ལྟར་བདག་བསྐྱེད་ནི་ངེས་པར་དགོས་སོ། །ཞེས་འཇམ་དཔལ་ནཱ་ག་རཀྴའི་བུམ་བསྒྲུབ་སྦྱིན་ སྲེག་ཉུང་བསྡུས་སྤྲོས་མེད་རྒྱུན་ཁྱེར་མན་ངག་འདི་ནི་རྔ་བའི་སེ་དགོན་གྱི་ལྷ་རྗེ་བདེ་ལེགས་རྒྱ་མཚོ་ལ་མཁོ་ཕྱིར་བནྡྷེ་མ་ཏི་ཀིརྟི་ ཞེས་པས་ཕྲལ་དུ་བྲིས་པས་དགེ། །། 9-1-388 9-1-389 ༄༅། །ཤེར་སྙིང་སྲུང་བཟློག་བསད་དམིགས་ གནད་བསྡུས་བཞུགས། ༄༅། །ཤེར་སྙིང་སྲུང་བཟློག་བསད་དམིགས་གནད་བསྡུས་ལ། གསུམ་ལས། དང་པོ་ནི། ཤེར་ཕྱིན་དབྱིངས་ལས་ གང་འདུལ་དུ་སྤྲུལ་པའི་ཐུབ་པ་གཙོ་འཁོར་བཅས་ལ་སྐྱབས་སུ་གསོལ་ཞིང༌། འགྲོ་ཀུན་དོན་དུ་བདག་བྱང་ཆུབ་མཆོག་ཐོབ་ མཛོད་ཅིག ལན་གསུམ། སྐད་ཅིག་སྟོང་པ་ཤེར་ཕྱིན་དབྱིངས་ལས་ཐུབ་པའི་ཡེ་ཤེས་ཀྱི་རོལ་བ་ སྲུང་འཁོར་སེར་པོ་ལྟེ་བ་དང་རྩིབས་སྟོང་ཅན་ཐམས་ཅད་སྦུབས་སྟོང་གི་རྣམ་པའི་དབུས་སུ་ རང་ཉིད་ཐུབ་པ་མཆོག་སྤྲུལ་ཆ་ལུགས་དབུས་གཙུག་ཏོར་ཤེར་ཕྱིན་ཀྱི་ངོ་བོ་གསེར་མདོག་ མཚན་དཔེ་རྫོགས་པ་ཕྱག་གཡས་སྐྱབས་སྦྱིན་གཡོན་མཉམ་བཞག་ཞབས་སྐྱིལ་ཀྲུང་གིས་ བཞུགས་པ་འཁོར་ཉན་ཐོས་མཆོག་ཟུང་སོགས་དགྲ་བཅོམ་སྟོང་གིས་བསྐོར་བ། ཐུབ་པའི་ སྤྲུལ་བཀོད་སྐལ་བཟང་སངས་རྒྱས་སྟོང་རྩིབས་རྣམས་སུ་ཞལ་ནང་དུ་ཕྱོགས་ཏེ་བཞུགས་ ཤིང༌། དེ་ཀུན་ཀྱི་ཞལ་ནས་མདོ་སྡེ་ཤེས་རབ་སྙིང་པོའི་སྒྲ་དབྱངས་སྒྲོགས་པས་བདག་སོགས་ བསྲུང་བྱ་མཐའ་དག་རང་བཞིན་བརྟན་ཅིང་མི་ཤིགས་སྲུང་བའི་དཔལ་ཉེ་བར་ཐོབ་པ་ལ་ དམིགས་ནས། ཟབ་མདོ་གང་འདོན་པ་ཐམས་ཅད་སྲུང་བའི་མཆོག་ཏུ་འགྱུར། མཐར། ཐུབ་པ་གཙོ་འཁོར་སངས་ རྒྱས་སྟོང་སྲུང་འཁོར་བཅས་རང་བཞིན་དམིགས་མེད་སྤྲོས་བྲལ་ཟབ་མོའི་དབྱིངས་སུ་རང་ རིག་གསལ་སྟོང་དུ་བལྟ་བར་བྱའོ། ། གཉིས་པ་ནི། སླར་སྐད་ཅིག་སྟོང་པ་ཤེར་ཕྱིན་དབྱིངས་ལས། ཞེས་པ་ནས་གོང་བཞིན་ལས། སྲུང་ འཁོར་དམར་པོ་ལྟེ་བ་དང༌། ཤེར་ཕྱིན་ཀྱི་ངོ་བོ་སེར་ལ་དམར་བའི་མདོག་མཚན་དཔེ་རྫོགས་ པ་ཕྱག་གཡས་པུས་མོའི་སྟེང་ནས་མཐིལ་ངོས་ཕྱིར་སྟོན་པ་གཡོན་མཉམ་བཞག་དང༌། རྩིབས་ རྣམས་སུ་ཞལ་ཕྱིར་ཕྱོགས་ཏེ། ཞེས་པའི་ཁ་བསྒྱུར་རྣམས་བྱ་ལ་མཐར། ཤེས་རབ་སྙིང་པོའི་སྒྲ་དབྱངས་ 9-1-390 སྒྲོགས་པས་བདག་སོགས་བསྲུང་བྱ་མཐའ་དག་ལ་རྐྱེན་ངན་མ་ལུས་པ་ངང་གིས་བཟློག་སྟེ་ ཕྱིན་ཆད་གནོད་པ་གང་གིས་མི་ཚུགས་པར་བསམ་ནས། ཟབ་མདོ་འདོན་པ་བཟློག་པའི་ཐབས་སུ་འགྱུར། མཐར་ཡང་རང་བཞིན་ལ་བལྟ་བ་གོང་ལྟར་བྱ། གསུམ་པ་ནི། སླར་ཡང་སྐད་ཅིག་སྟོང་པ་ཤེར་ཕྱིན་དབྱིངས་ལས་ནས། སྲུང་འཁོར་ནག་པོ་ལྟེ་བ་ དང༌། ཤེར་ཕྱིན་ཀྱི་ངོ་བོ་སེར་ལ་ནག་པའི་མདོག་མཚན་དཔེ་རྫོགས་པ་ཕྱག་གཡས་པུས་མོའི་ སྟེང་སྡིགས་མཛུབ་མཛད་པ་གཡོན་མཉམ་བཞག་དང༌། རྩིབས་རྣམས་སུ་ཞལ་ཅུང་ཟད་ཁྲོ ས་ ཉམས་ཀྱིས་ཕྱིར་ཕྱོགས་ཏེ། ཞེས་པ་རྣམས་ཀྱི་ཁ་བསྒྱུར། སྒྲ་དབྱངས་སྒྲོགས་པས་བདག་སོགས་ བསྲུང་བྱ་མཐའ་དག་ལ་ཉེར་འཚེའི་བགེགས་ཀྱི་རིགས་གང་ཡོད་ཚད་རྡུལ་བཞིན་བརླག་ ནས་ནམ་ཡང་ལྡང་མེད་ཀྱི་བསམ་པའི་ངང་ནས། ཟབ་མདོ་འདོན་པ་བསད་དམིགས་སུ་ཆོག་ལ། མཐར་རང་ བཞིན་སྤྲོས་བྲལ་ལ་བལྟ་ལུགས་གོང་ལྟར་བྱས་པས་སྲུང་བཟློག་བསད་དམིགས་གནད་བསྡུས་གྲུབ་བོ། །འདི་མདོ་ལུགས་རང་ རྐང་ཡིན། ཞེས་པ་འདི་ཡང་བཞིན་རྒྱམ་ལ་མཁོ་ཕྱིར་མ་ཏིས་སོ།། །། 9-1-391 ༄༅། །ཤེར་མདོ་བཀླག་ཚུལ་ཉུང་བསྡུས་སུ་བཀོད་པ་ ཞེས་བྱ་བ་བཞུགས་སོ། ། ༄༅། །ན་མོ་པྲ་ཛྙཱ་པ་ར་མི་ཏཱ་བྷྱཿ འདིར་ཤེས་རབ་སྙིང་པོའི་བཀླག་ཆོག་གི་སྒོ་ནས་བསྲུང་བཟློག་བསད་ གསུམ་མདོར་བསྡུས་ཙམ་བྱེད་པར་སྤྲོ་ན། ཐོག་མར་སྐྱབས་སེམས་སྤྱི་ལྟར་བྱས་ལ་འདི་སྐད་དོ། །ཨཱཿ གདོད་མ་ཉིད་ ནས་ཆོས་ཀུན་བདེན་པས་སྟོང༌། །སྣང་སྟོང་ཟུང་འཇུག་ཆུ་ནང་ཟླ་བརྙན་བཞིན། །རྟེན་འབྱུང་ སྒྱུ་མའི་འཕྲུལ་གྱི་འདུ་བྱེད་ལས། །མ་འགགས་རོལ་པར་ཤར་བའི་ཆོས་ཉིད་མདངས། །རང་ མདུན་མཁའ་ལ་ཡིད་འཕྲོག་སེང་གེའི་ཁྲི ། །དབུས་ན་རབ་མཐོ་མཐའ་སྐོར་དམའ་རིམ་ བཀོད། །རིན་ཆེན་ཁྲི་འཕང་མཐོ་ལ་པད་ཟླའི་གདན། །དེ་སྟེང་ཐུབ་དབང་མཆོག་གི་སྤྲུལ་ སྐུའི་ཚུལ། །ཟག་མེད་གསེར་འོད་འབར་བའི་སྐུ་བཟང་ལ། །ངོ་མཚར་མཚན་དཔེའི་མེ་ཏོག་ གསར་བས་བརྗིད། །རྣམ་གསུམ་ངུར་སྨིག་གོས་ཀྱིས་བཀླུབས་བཞིན་དུ། །ཕྱག་གཡས་ས་ གནོན་གཡོན་པའི་མཉམ་བཞག་བཅས། །ཞབས་གཉིས་མི་གཡོ་སྐྱིལ་མོ་ཀྲུང་གིས་བཞུགས། །གང་གི་ཐུགས་ཀར་ཉ་རྒྱས་ཟླ་བའི་དབུས། །ཆོས་སྐུ་ཤེར་ཕྱིན་ལྷ་མོ་གསེར་བཟང་མདོག །ཞལ་གཅིག་ཕྱག་བཞི་ཞབས་གཉིས་སྐྱིལ་ཀྲུང་བཞུགས། །རྩ་ཕྱག་མཉམ་བཞག་ཕྱག་ གཡས་རལ་གྲི་དང༌། །གཡོན་པས་གླེགས་བམ་ཆོས་ཕུང་མཛོད་འཛིན་པ། །ལོངས་སྤྱོད་ རྫོགས་པའི་རྒྱན་ཆས་ཡོངས་སུ་རྫོགས། །ཐུགས་ཀར་ཨ་ཡིག་དཀར་པོས་མཚན་པར་གྱུར། །ཐུབ་པའི་མཐའ་སྐོར་རིན་ཆེན་ཁྲི་གདན་སྟེང༌། །ཉེ་བའི་སྲས་སོགས་རྒྱལ་སྲས་བྱང་སེམས་ 9-1-392 དང༌། །མཆོག་ཟུང་ལ་སོགས་ཉན་ཐོས་འཕགས་པའི་ཚོགས། །གདན་ཁྲི་དང་འཚམ་རིམ་ པས་ལེགས་བཞུགས་ཏེ། །ཐེག་པ་ཆེ་ཆུང་འཕགས་པའི་འཁོར་ཚོགས་ཀུན། །རང་རང་ཆས་ ལྡན་ཐམས་ཅད་བཀྲག་མདངས་འབར། །རབ་བརྗིད་གཙོ་འཁོར་ཀུན་གྱིས་མཁའ་དབྱིངས་ བཀང༌། །ངོ་མཚར་བཀོད་པའི་ཁྱད་པར་མཆོག་ལ་བལྟ། །ཡུམ་ཆེན་ཐུགས་ཀའི་སྐྱེ་མེད་ཡི་ གེའི་མདངས། །རང་སེམས་ངོ་བོར་རྣམ་པ་ལམ་བྱེད་ཚུལ། །དར་ཅིག་མ་གཡེངས་དྲན་རིག་ ངང་ནས་བཞག །རྐྱེན་དེས་རང་གི་ལུས་སེམས་སྟོང་པའི་དབྱིངས། །ཆོས་ཉིད་སྐྱེ་བ་མེད་ པའི་ཀློང་ཆེན་དུ། །རིག་པས་ངེས་ཐག་བཅད་བཞིན་མདོ་སྡེ་བཀླག །ཅེས་ལུས་སེམས་སྐྱེ་མེད་ཀྱི་དོན་ བསམ་བཞིན་རྣམ་ཤེས་གཞན་དུ་མ་གཡེངས་བའི་ངང་ནས་ཡུམ་མདོ་འདོན་ན་བསྲུང་བའི་མཆོག་གོ །དེ་མཐར་བར་སྐབས་སུ་ བཟློག་དམིགས་ཡང༌། མདུན་གྱི་ཐུབ་དབང་གཙོ་འཁོར་མཐའ་དག་གི །ཞལ་ནས་ཤེས་རབ་སྙིང་ པོའི་མདོ་སྡེ་ཡི། །གསུང་སྒྲོག་ཟབ་མོས་ནམ་མཁའི་དབྱིངས་འགེངས་བས། །བྱད་སྟེམ་ཉེར་ འཚེའི་རིགས་ཀུན་བཟློག་པར་གྱུར། །པར་བསམ་བཞིན་མདོ་འདོན་ན་བཟློག་པའོ། །དེ་ནས་བསད་དམིགས་ ལ། རང་སེམས་ཟབ་མོ་སྣང་བའི་ཏིང་འཛིན་སྟོབས། །ཡོངས་སུ་རྒྱས་པས་བྱད་ཁ་རྦོད་གཏོང་ རིགས། །རང་ལ་གནོད་འཚེའི་རིགས་གྱུར་མཐའ་དག་ཀུན། །དམིགས་མེད་ཆོས་དབྱིངས་ ངང་དུ་རོ་མཉམ་གྱུར། །པར་བསམ་པའི་སྒོ་ནས་ཡུམ་མདོ་འདོན་ན་དམིགས་མེད་ཀྱི་བསད་པའོ། །མཐར་རྗེས་ཀྱི་བྱ་ བ་ནི། རང་གི་མདུན་གྱི་ཐུབ་པ་གཙོ་འཁོར་ཀུན། །འོད་ཕུང་ངང་ནས་དམིགས་མེད་སྟོང་བར་ ཡལ། །དགེ་འདིས་མར་གྱུར་འགྲོ་བ་ཡོད་དོ་ཅོག །རིང་མིན་ཡུམ་ཆེན་ཆོས་སྐུ་ཐོབ་གྱུར་ཅིག །ཅེས་ཤེར་མདོ་བཀླག་ཚུལ་ཉུང་བསྡུས་སུ་བཀོད་པ་འདི་ཡང་མཚན་ལྡན་ལ་མཁོ་ཕྱིར། མ་ཏིའི་མིང་གིས་ཤར་མར་སྤེལ་བ་ཛ་ ཡནྟུ།། །། འདི་བྲིས་ལེགས་དགེས། །ཚེ་རབས་ཀུན་ཏུ། །ངེས་དོན་ཟབ་མོར། །ཇི་བཞིན་སྤྱོད་ཤོག ། 9-1-393 ༄༅། །གདུགས་དཀར་གཟུངས་མདོའི་བཀླག་ཆོག་མདོར་ བསྡུས་སུ་བཀོད་པ་དོན་མཆོག་མྱུར་ལྡན་ ཞེས་བྱ་བ་བཞུགས་སོ། ། ༄༅། །འདིར་གདུགས་དཀར་གཟུངས་མདོའི་བཀླག་ཆོག་མདོར་བསྡུས་སུ་བྱ་བའི་ཐབས་ལ་འདི་སྐད། ན་ མོ། གདོད་ནས་མི་ཤིགས་དག་པ་ཆོས་སྐུའི་གཤིས། །ཀུན་ཁྱབ་ཤེར་ཕྱིན་སྒྱུ་མའི་གར་གྱི་ འཕྲུལ། །གཙུག་ཏོར་དཀར་མོ་རིག་སྔགས་ལྷ་མོའི་ཚོགས། །གུས་པས་སྐྱབས་གསོལ་འགྲོ་ ཀུན་འཇིགས་ལས་སྒྲོལ། །ལན་གསུམ། མ་ལུས་འགྲོ་འདིས་དེ་ཉིད་ཡིན་ལུགས་སུ། །ཤིན་ཏུ་ རྨོངས་པས་འཁོར་བར་འཁྱམས་པ་ཀུན། །ཕྱག་རྒྱ་སྔགས་ཀྱི་གསུང་བསྒྲགས་ཟབ་མོ་ཡིས། །ཤེས་རབ་ཕ་རོལ་ཕྱིན་པ་མྱུར་རྟོགས་ཤོག །ལན་གསུམ། རང་སྣང་དག་པ་འཆི་མེད་དགའ་བའི་ ཚལ། །ངོ་མཚར་བཀོད་པ་རྫོགས་པའི་གནས་འདི་རུ། །མོས་སྣང་མཆོག་གི་ཡུལ་དུ་ཡ་མཚན་ ཆ། །ཀུན་ནས་འབར་བའི་རོལ་པ་ཅིར་ཡང་བཀྲ། །མདུན་མཁར་སེང་ཁྲི འི་སྟེང་དུ་པད་ཟླའི་ གདན། །རྒྱ་ཆེན་རབ་རྫོགས་དབུས་ན་བཅོམ་ལྡན་འདས། །ཐུབ་པ་ཆེན་པོ་དྲི་མེད་གསེར་ བཟང་མདོག །ངོ་མཚར་མཚན་དཔེའི་མཛེས་སྡུག་འབར་བ་ལ། །ངུར་སྨྲིག་ན་བཟའ་ཉེར་ བཀླུབས་མཆོག་སྤྲུལ་ཚུལ། །ཕྱག་གཡས་ས་གནོན་ཕྱག་གཡོན་མཉམ་བཞག་ཅན། །ཞབས་ གཉིས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས། །གསེར་འོད་འབར་བའི་ཕུང་པོ་ཉིད་དུ་གསལ། །གཞན་ཡང་ཐུབ་དབང་འཁོར་གྱི་ཚུལ་འཛིན་པ། །ཐེག་པ་ཆེ་ཆུང་འཕགས་ཚོགས་འདུས་ 9-1-394 པའི་སྡེ། །ཡིད་ངོར་གང་འཚམས་དག་སྣང་ཡུལ་དུ་མོས། །སྟོན་པ་གང་དེའི་མདུན་ཕྱོགས་ ས་གཞི་ལ། །བདག་སོགས་འགྲོ་བ་སྐྱབས་འོག་པ་ཡི་ཚུལ། །གུས་པས་མདུན་བདར་ཕྱག་ མཆོད་དང་བཅས་བཞིན། །སྙིང་ནས་དད་དེ་གསོལ་འདེབས་བྱེད་པར་གྱུར། །བཅོམ་ལྡན་ ཐུབ་པས་དགོངས་ཆེན་ཟབ་མོ་ཡི། །གཙུག་ཏོར་རྣམ་པར་ལྟ་བའི་ཏིང་འཛིན་འཕྲུལ། །དབུ་ གཙུག་བལྟར་མི་མངོན་པའི་མཚན་བཟང་ལས། །ཅིར་ཡང་འཕྲུལ་བའི་དཀར་ཆེན་ལྷ་མོའི་ སྐུ། །དྲག་ཆེན་ཁམས་གསུམ་དབང་བསྡུད་དཔའ་མོ་རྗེ། །གཞན་གྱིས་མི་ཐུབ་གཙུག་ཏོར་ གདུག་དཀར་ཅན། །མདུན་མཁར་པད་ཟླའི་གདན་ལ་སྐྱིལ་ཀྲུང་བཞུགས། །ཞལ་གཅིག་ སྤྱན་གསུམ་ཁྲོ་ཆགས་རབ་འབར་ཞིང༌། །ཕྱག་གཡས་སྐྱབས་སྦྱིན་ཕྱག་རྒྱས་བདག་སོགས་ འགྲོ། །མི་འཇིགས་དབུགས་དབྱུང་ཉེ་བར་སྦྱིན་པ་དང༌། །ཕྱག་གཡོན་གདུགས་དཀར་ཡུ་ བ་ནས་འཛིན་ཅིང༌། །སྲུང་ཟློག་ཕྲིན་ལས་རྒྱ་ཆེའི་འཇུག་པ་ཅན། །སྟེང་གི་ཕྱོགས་རྣམས་ ཀུན་ཏུ་སངས་རྒྱས་ཚོགས། །བྱེ་བ་ཕྲག་བདུན་རྒྱལ་སྲས་འཕགས་ཚོགས་བཅས། །དྲང་ སྲོང་རིག་སྔགས་འཆང་དབང་ཚངས་ཆེན་གཙོ། །ལེགས་ལྡན་གདུང་བདུན་བདེ་གཤེགས་ བཅུ་ཕྲག་སོགས། །མཆོད་འོས་གུས་པའི་ཡུལ་ཆེན་བགྲང་ལས་འདས། །དེ་ཀུན་ཐུབ་དབང་ རྣམ་འཕྲུལ་རོལ་པའི་གར། །དང་བའི་ཡིད་ངོར་མཁའ་ལ་སྐར་ཚོགས་ལྟར། །མ་འདྲེས་ས་ ལེར་མོས་གུས་ཡུལ་དུ་བཞུགས། །དེ་ནས་ཐུབ་དབང་མཆོག་གི་གཙུག་ཏོར་ནས། །རིགས་ སྔགས་ཟབ་མོ་གཟུངས་ཆེན་རྡོ་རྗེའི་སྒྲ། །ནམ་མཁའ་རབ་འབྱམས་ཀུན་ཏུ་ཡོངས་ཁྱབ་པས། །གཙུག་ཏོར་དཀར་མོ་རྩ་བའི་རྣམ་པར་འཕྲུལ། །འཇིགས་བྱེད་ཆེན་མོ་དགྲ་སྡེ་འཇོམས་པའི་ གཤེད། །ཁམས་གསུམ་སྲིད་པ་ཡོངས་ལ་ཁྱབ་པའི་བདག།དྲག་མོ་དཀར་ཆེན་ཆོ་འཕྲུལ་ ནམ་མཁའི་མཐའ། །ཀུན་ནས་ཡོངས་བརྡལ་དབུ་སྟོང་ཕྱག་སྟོང་ཅན། །སྟོང་ཕྲག་ཞབས་ ཀྱིས་འགྱིང་སྟབས་ཅིར་ཡང་རོལ། །བྱེ་བ་བརྒྱ་སྟོང་སྤྱན་མངའ་འཇིགས་པའི་ཚུལ། །རྡོ་རྗེ་ 9-1-395 འབར་མཚན་གདུགས་རྟགས་ཀུན་ནས་བརྗིད། །རབ་འབར་ཕྱག་མཚན་སྟོང་ཕྲག་བསྐྱེད་པ་ ཡིས། །བདུད་སྡེ་མ་ལུས་ཆམ་ལ་འབེབས་པར་བྱེད། །དེ་ལྟར་རྩ་བ་རྣམ་འཕྲུལ་དང་བཅས་ པའི། །དཀར་མོ་གཙུག་ཏོར་ལྷ་མོ་འཕྲུལ་ཆེན་སྐུ། །ལྷ་རྫས་ན་བཟའ་ཞི་ཁྲོ འི་རྒྱན་ལྡན་པ། །རྒྱལ་བ་རིགས་ལྔའི་ཡེ་ཤེས་གདོད་མ་ནས། །རང་ཆས་ཉིད་དུ་རྫོགས་པའི་དཔའ་ཆེན་སྐུ། །དྲག་ཤུལ་ཆེ་སོགས་ཕྱག་རྒྱའི་འཁོར་ཚོགས་དང༌། །རྣམ་འཕྲུལ་ཡང་སྤྲུལ་བསམ་མི་ཁྱབ་ པ་ཅན། །བཀོད་པ་ནམ་མཁའ་ཀུན་ཏུ་ཡོངས་འགེངས་ཤིང༌། །རིག་སྔགས་ཟབ་མོ་ཕྱག་རྒྱ་ རླབས་ཆེན་གྱིས། །མི་ཤིགས་སྲུང་བའི་གུར་ཆེན་ཕུབ་པའི་ནང༌། །བདག་སོགས་བསྲུང་བྱ་ མ་ལུས་ཡོངས་ཚུད་དེ། །མི་མཐུན་ཉེ་བར་འཚེ་བའི་རིགས་གང་གྱུར། །ཕ་རོལ་དམོད་པའི་ རིག་སྔགས་མནན་གཏད་སོགས། །མཐུ་ཆེན་སྟོབས་ཀྱིས་དུས་ཀུན་ཕྱིར་བཟློགས་ཏེ། །སྲུང་ སྐྱོབ་ཕན་བདེའི་ལེགས་སྒོ་འགྱུར་མེད་པར། །རིག་སྔགས་གཟུངས་ཀྱི་སྒྲ་གདངས་འབར་ བ་དང༌། །དྲག་ཤུལ་ལྷ་མོའི་ཆོ་འཕྲུལ་རྩལ་རྒྱས་པ། །ཕན་ཚུན་འགྲན་པ་ལྟ་བུའི་དག་སྣང་ དུ། །ནམ་ཡང་གཡེང་མེད་དྲན་ཤེས་བྱ་རའི་ངང༌། །རྒྱལ་བའི་གཙུག་ཏོར་ནས་བྱུང་གཟུངས་ འདི་སྒྲོག །པར་བསམ་ལ། གདུགས་དཀར་གཟུངས་མདོ་ཡུལ་སྲོལ་བཞིན་ཇི་ལྟར་འོས་པས་གྲངས་བཟུང་སྟེ་ཟློག་འདོན་ བྱས་མཐར། རྨད་བྱུང་རིག་སྔགས་གཟུངས་ཆེན་ལེགས་བསྒྲགས་པས། །བདག་སོགས་འགྲོ་ ལ་གནས་སྐབས་ཉེར་འཚེའི་རྐྱེན། །ཕ་རོལ་རྦོད་གཏོང་འཁྲུལ་འཁོར་ངན་པ་དང༌། །བྱད་ ཁ་གཏད་མནན་ཕོངས་སེལ་ངན་སྦྱོར་རིགས། །རྨི་ལམ་མཚན་ལྟས་ངན་གྱུར་གང་ཡོད་ ཀུན། །མཐུ་ཆེན་སྟོབས་ཀྱིས་ཕྱིར་ཟློག་ཕྲིན་ལས་དང༌། །བདག་སོགས་ཡོངས་ལ་སྲུང་སྐྱོབ་ གཡེལ་མེད་ཀྱིས། །ནམ་ཞིག་བྱང་ཆུབ་བར་དུ་ཐུགས་རྗེས་ཟུང༌། །བདག་གིས་ཐོག་མ་མེད་ ནས་གང་བསགས་པའི། །མཚམས་མེད་ཉེ་བ་དང་བཅས་སྡིག་ལས་དང༌། །དཀར་པོའི་ཆོས་ དང་འགལ་བ་བགྱིས་སོ་ཅོག །མ་ལུས་བྱང་དག་དངོས་གྲུབ་སྩོལ་བ་དང༌། །བསྟན་ལ་ཐོས་ 9-1-396 བསམ་སྒོམ་པའི་བྱ་བ་ཡིས། །མདོ་སྔགས་ལམ་གྱི་མངོན་རྟོགས་མཐའ་དག་གི །ལེགས་སྒོ་ འབད་མེད་ཤུགས་ལས་འབྱུང་བ་དང༌། །བཅས་ཏེ་མཐར་ཐུག་བྱང་ཆུབ་མཆོག་ཐོབ་མཛོད། །དེ་ནས་བསྡུ་བསྔོ་ནི། འཕགས་མ་ལྷ་མོའི་རྣམ་འཕྲུལ་རོལ་པ་ཀུན། །རྩ་བའི་གཙུག་ཏོར་ལྷ་ མོའི་སྐུ་ལ་བསྡུ། །དེ་ཡང་སྲས་བཅས་རྒྱལ་བའི་མཚར་བཀོད་དང༌། །བཅས་ཏེ་ཐུབ་དབང་ རྒྱལ་བའི་གཙུག་ཏུ་ཐིམ། །ཐུབ་པ་གཙོ་འཁོར་བཅས་ཀུན་བདག་སོགས་ཀྱི། །སྒོ་གསུམ་སྐུ་ གསུང་ཐུགས་དང་རོ་མཉམ་གྱིས། །སེམས་ཀྱིས་གནས་ལུགས་རྗེན་འཆར་དེ་ཀ་རུ། །འོད་ གསལ་ཆེན་པོའི་ངང་ལ་མཉམ་པར་བཞག །དགེ་འདིས་བདག་སོགས་འདི་ནས་འཕོས་མ་ ཐག །འོད་མཐའ་ཡས་པའི་དག་ཞིང་ཁྱད་པར་བར། །པདྨོའི་སྦུབས་སུ་བརྫུས་ཏེ་སྐྱེས་ནས་ ཀྱང༌། །རྒྱལ་བའི་དམ་ཆོས་ཟབ་མོར་སྤྱོད་གྱུར་ཅིག །ཅེས་གདུགས་དཀར་གཟུངས་མདོའི་བཀླག་ཆོག་ མདོར་བསྡུས་སུ་བཀོད་པ་དོན་མཆོག་མྱུར་ལྡན་ཞེས་བྱ་བ་འདི་ཡང་ར་འོབ་ངག་དབང་བརྩོན་འགྲུས་རྒྱ་མཚོ་ལ་ཉེ་བར་མཁོ་ནས་ ཆེད་གཉེར་ལྟར་མ་ཏིས་སྤེལ་བ་ཛ་ཡནྟུ།། །། 9-1-397 ༄༅། །གསང་བདག་འབྱུང་པོ་འདུལ་བྱེད་གྱི་བསྙེན་བཟླས་བྱ་བའི་ ཐབས་བསྡུས་དངོས་གྲུབ་ཉེར་སྩོལ་ བཞུགས་སོ། ། ༄༅། །བླ་མ་དང་གཉིས་སུ་མེད་པ་གསང་བའི་བདག་པོ་ལ་ཕྱག་འཚལ་ནས་གང་དེའི་བསྙེན་བཟླས་ཐབས་ལ། དང་ པོ། གསོལ་འདེབས་སྐྱབས་སེམས་གཉིས་ནི། མདུན་མཁར་འཇའ་ཟེར་འཁྲི གས་པའི་འོད་ཀློང་དུ་རྩ་བའི་ བླ་མའི་ངོ་བོ་ལ་རྣམ་པ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད་དང༌། བསྟན་ པའི་བདག་པོ། རྡོ་རྗེ་མཁའ་འགྲོ་མ། གྲུབ་དབང་རྡོ་རྗེ་གདན་པ་སོགས་བརྒྱུད་རིམ་བླ་མ་ ཐམས་ཅད་སྐད་ཅིག་གིས་གསལ་བར་གྱུར། རྒྱལ་ཀུན་གསང་བའི་མངའ་བདག་རྡོ་རྗེ་འཛིན། །ཐུབ་པའི་དབང་པོ་ཡེ་ཤེས་མཁའ་འགྲོ་མ། །རྡོ་རྗེ་གདན་སོགས་གསང་བདག་བརྒྱུད་རིམ་ ལ། །གུས་པས་གསོལ་འདེབས་ཡི་དམ་བྱིན་རླབས་སྩོལ། །ཞེས་པའི་གསོལ་བ་བཏབ་པའི་ མཐར་བརྒྱུད་རིམ་བླ་མ་གང་དག་རང་ལ་ཐིམ། སླར་ཡང་མཁའ་དབྱིངས་སུ་གསང་བདག་ བརྒྱུད་རིམ་རྣམས་དང་འབྱུང་པོ་འདུལ་བྱེད་སོགས་ཡི་དམ་ལྷ་ཚོགས་སངས་རྒྱས་ཆོས་དགེ་ འདུན་མཁའ་འགྲོ་ཆོས་སྐྱོང་དང་བཅས་བཞུགས་པ་ལ། ན་མོ་བླ་མ་ཡི་དམ་དཀོན་མཆོག་ གསུམ། །མཁའ་འགྲོ་ཆོས་སྲུང་སྐྱབས་ཡུལ་གང་དག་ལ། །བདག་གཞན་རབ་གུས་ངང་ ནས་སྐྱབས་སུ་གསོལ། །སྲིད་ཞིའི་འཇིགས་ལས་སྐྱོབས་ཤིག་ཐུགས་རྗེས་གཟིགས། །ཅི་ནུས་ མཐར། སྐྱབས་ཡུལ་ཐམས་ཅད་རང་གི་སྤྱི་བོར་ཐིམ་ཞིང་མ་སེམས་ཅན་མཐའ་དག་གི་སྡུག་ 9-1-398 བསྔལ་བསལ་ཐབས་སུ་བདག་གིས་ཡི་དམ་ལྷའི་རྣལ་འབྱོར་བསྒོམ་པར་བྱ་བ་སྟེ། མ་ལུས་ སེམས་ཅན་སྡུག་བསྔལ་མཚོ་ཆེན་ལས། །ལེགས་པར་བསྒྲལ་ཕྱིར་ཡི་དམ་གསང་བའི་བདག །འབྱུང་པོ་འདུལ་བྱེད་ལྷ་ཡི་བསྙེན་སྒྲུབ་ལ། །རང་གིས་འབད་དེ་དོན་གཉིས་དཔལ་ལ་སྤྱོད། །ཅི་འགྲུབ་མཐར། སེམས་ཅན་ཐམས་ཅད་ལ་བྱམས་སྙིང་རྗེ་དགའ་བ་བཏང་སྙོ མས་བཞིའི་ངང་ ནས་སྐད་ཅིག་སྣོད་བཅུད་སྟོང་པར་སྦྱངས་ཏེ་གཤིས་ལུགས་ཡེ་ཤེས་ཆེན་པོ་རང་གསལ་ འཛིན་མེད་ཀྱི་ཚུལ་དུ་ལྷར་བཞེངས་པ་ནི། སེམས་ཅན་ཀུན་ལ་ཚད་མེད་བཞིའི་སེམས་ ངང༌། །སྐད་ཅིག་ཐ་མལ་འདི་སྣང་སྟོང་པར་སྦྱངས། །རང་གཞི་གཉུག་ཁམས་ཡེ་ཤེས་ལྷར་ ཤར་བ། །འབྱུང་པོ་འདུལ་བྱེད་གསང་བདག་ཡི་དམ་སྐུ། །ཐུགས་ཀྱི་རྡོ་རྗེའི་བདག་ཉིད་སྐུ་ མདོག་ནག །དེ་བཞིན་ཉིད་གཤིས་ཞལ་གཅིག་སྐུ་གསུམ་གྱི། །སྤྱན་གསུམ་འབྱུང་པོ་འདུལ་ བྱེད་གཏུམ་པའི་ཞལ། །རབ་བསྒྲད་ཁྲོ་གཉེར་མཆེ་གཙིགས་ལྗགས་འགྲིལ་ཞིང༌། །བདུད་ བཅོམ་ཕྱག་བཞི་ཐབས་ཤེས་ཞབས་ཟུང་ལྡན། །དང་པོའི་ཕྱག་གཉིས་འབྱུང་འདུལ་ཕྱག་ རྒྱ་ཅན། །འོག་གཡས་འབར་བའི་རྡོ་རྗེ་གཡོན་སྡིགས་མཛུབ། །ཡེ་ཤེས་བགེགས་ཚོགས་ འདུལ་བའི་ཆེ་རྟགས་མངའ། །གཏུམ་ཆེན་རལ་པ་གྱེན་བརྫེས་རིགས་བདག་ཏུ། །མི་བསྐྱོད་ རྒྱས་གདབ་ཞབས་གཉིས་ཚོགས་བདག་མནན། །དམ་ཡེ་དབང་བསྐུར་གཤིས་ནས་རྩལ་ རྫོགས་པ། །རུས་པའི་རྒྱན་སོགས་ཁྲོ་རྒྱལ་འབར་བའི་ཆས། །ཀུན་ནས་ཚང་བ་མེ་དཔུང་ཀློང་ དུ་བཞུགས། །ཐུགས་ཀར་ཉི་སྟེང་ཧཱུཾ་མཐར་སྔགས་ཀྱིས་བསྐོར། །འོད་སྤྲོས་རྒྱལ་ཀུན་བྱིན་ རླབས་བཀུགས་ནས་བསྟིམ། །སངས་རྒྱས་གསང་མཛོད་ཡོངས་འཛིན་བདག་པོར་གསལ། །ཐུགས་སྲོག་ལས་སྤྲོས་ལྷ་མོས་མཆོད་བསྟོད་ཕུལ། །སྣང་སྟོང་སྒྱུ་མའི་ལྷ་སྐུ་རང་ཤུགས་སུ། །གསལ་བའི་གདངས་སུ་རང་བབས་བསྐྱངས་བྱས་ཏེ། །ཡེང་མེད་ཆུ་བོའི་རྒྱུན་བཞིན་བསྙེན་ བཟླས་བྱ། །སྔགས་ཐུང་རིང་ཅི་ནུས་བཟླ། དེ་ནས་བསྡུ་བཞེངས་མཆོད་བསྔོ་ཡང༌། ཡེ་ཤེས་ལྷ་སྐུ་འོད་གསལ་ 9-1-399 དབྱིངས་སུ་བསྡུ། །སླར་བཞེངས་མཆོད་བསྟོད་རབ་དཀར་བསགས་སྒོ་འདི། །རིང་མིན་འགྲོ་ བའི་དོན་དུ་ཡི་དམ་ལྷ། །གསང་བདག་དགོངས་ཆེན་གཏན་སྲིད་ཟིན་གྱུར་ཅིག །གཏོར་མ་ འབུལ་བ་ནི། རང་བཞིན་དབྱིངས་ནས་ཡི་དམ་མངོན་གསལ་བ། །གང་ལ་རཾ་ཡཾ་ཁཾ་གིས་མཆོད་ གཏོར་ཚོགས། །སྤྱངས་སྤེལ་ལེགས་བསྒྱུར་བཞེས་ཤིག་ཁ་རཾ་ཁ་ཧཱི། །དངོས་གྲུབ་རབ་སྩོལ་ འཕྲིན་ལས་གཡེལ་མེད་མཛོད། །ཅེས་པའི་གསང་བདག་འབྱུང་པོ་འདུལ་བྱེད་ཀྱི་བསྙེན་བཟླས་བྱ་བའི་ཐབས་ བསྡུས་དངོས་གྲུབ་ཉེར་སྩོལ་འདི་ཡང་དངོས་གྲུབ་དཔལ་ལ་མཁོ་ནས་མ་ཏིས་སོ།། །། 9-1-400 ༄༅། །དཔལ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་འབྱུང་པོ་ འདུལ་བྱེད་ཀྱི་བདག་བསྐྱེད་ཉེར་མཁོ་ བསྡུས་པ་བཞུགས། ༄༅། །བླ་མ་གསང་བདག་དབྱེར་མེད་པ། །སྒོ་གསུམ་གུས་པས་སྐྱབས་སུ་མཆི། །མར་ གྱུར་འགྲོ་རྣམས་བསྒྲལ་བའི་ཆེད། །བླ་མེད་བྱང་ཆུབ་སེམས་བསྐྱེད་དོ། །ལན་གསུམ། རང་ཉིད་ སྐད་ཅིག་སྟོང་པར་སྦྱངས། །སྟོང་པའི་ངང་ལས་པད་ཉིའི་སྟེང༌། །ཚོགས་བདག་གླང་གདོང་ བརྫིས་པའི་བླར། །ཧཱུཾ་ཡིག་ལས་གྱུར་གཏུམ་ཆེན་སྐུ། །མིག་སྨན་མདངས་འཛིན་ཁྲོ་བོའི་ རྒྱལ། །ཞལ་གཅིག་ཕྱག་བཞི་འཇིགས་པའི་གཟུགས། །ཞལ་གདངས་ལྗགས་འདྲིལ་མཆེ་ བ་གཙིགས། །སྨ་ར་དབུ་སྐྲ་མེ་ལྟར་འབར། །དང་པོའི་ཕྱག་གཉིས་འབྱུང་འདུལ་གྱི། །ཕྱག་ རྒྱས་བགེགས་རྣམས་འཆང་བར་མཛད། །གཡས་འོག་འབར་བའི་རྡོ་རྗེ་འཕྱར། །གཡོན་ འོག་སྡིགས་མཛུབ་ཞགས་པ་འཛིན། །མི་བསྐྱོད་རྒྱལ་པོས་རྒྱས་གདབ་ཅན། །ཞབས་གཉིས་ གཡས་བསྐུམ་གཡོན་བརྐྱང་བཞུགས། །ཁྲོ་བོའི་ཆས་ཀུན་ཡོངས་སུ་རྫོགས། །མེ་དཔུང་ འབར་བའི་ཀློང་ན་འགྱིང༌། །སྲུང་བའི་གུར་ཁང་ཡོངས་རྫོགས་གྱུར། །ཐུགས་ཀར་ཉི་སྟེང་ཧཱུཾ་ ཡིག་མཐར། །བཟླས་བྱའི་སྔགས་ཀྱི་བསྐོར་བར་དམིགས། །དམ་ཡེ་གཉིས་མེད་བདག་ཉིད་ གསལ། །ཧཱུཾ་བཛྲ་ཕཊ། ཅེས་སོགས་ཅི་ནུས་བཟླ་མཐར། བདག་ཉིད་འོད་གསལ་དབྱིངས་སུ་བསྡུ། །སྟོང་པ་མཚན་འཛིན་དག་པའི་ཀློང༌། །རོ་མཉམ་དམིགས་མེད་ཐུགས་ཀྱི་ངང༌། །སླར་ཡང་ གསང་བདག་སྐུ་རུ་ལྡང༌། །བཟླས་པའི་སྟོབས་ལས་བྱུང་བ་ཡི། །མཐུ་སྟོབས་ནུས་པའི་མེ་ 9-1-401 དབལ་གྱིས། །ཉམས་ཆག་གྲིབ་སོགས་ཀུན་བསྲེགས་ཏེ། །གཏུམ་ཆེན་ཧེ་རུ་ཀར་ཐོབ་ཤོག །ཅེས་དཔལ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད་ཀྱི་བདག་བསྐྱེད་ཉེར་མཁོ་བསྡུས་པ་འདི་ཡང་ཤེས་རབ་ལ་ མཁོ་ནས་མ་ཏིས་སྦྱར་བའོ།། དགེའོ།། 9-1-402 ༄༅། །མན་ངག་ལས་བྱུང་བླ་མེད་དང་འབྲེལ་བའི་གསང་བདག་ འབྱུང་པོ་འདུལ་བྱེད་བསྐང་བ་གྲུབ་གཉིས་ མྱུར་འབྱིན་ཞེས་བྱ་བ་བཞུགས། ༄༅། །བླ་མ་དང་ལྷག་པའི་ལྷ་དབྱེར་མེད་ལ་ཕྱག་འཚལ་ནས་འདིར་བསྐང་རྫས་ཅི་འབྱོར་འདུ་བྱས་ལ་འདི་སྐད། ཧཱུཾ། དཔལ་ལྡན་གསང་བ་ཀུན་འཛིན་རིགས་སྔགས་བདག །ཆེ་བའི་དབང་ཕྱུག་གང་འདུལ་རྗེས་ འགྲོ་བ། །གསང་གསུམ་ཡེ་ཤེས་དཀྱིལ་འཁོར་རོལ་པའི་རྒྱན། །འོག་མིན་རང་སྣང་ཞིང་ནས་ བརྩེ་བས་བཞེངས། །མདུན་ཕྱོགས་མཁའ་དབྱིངས་པད་ཉི་ཚོགས་བདག་སྟེང༌། །སྤྲུལ་པའི་ ཟློས་གར་ཡེ་ཤེས་འཕྲུལ་ཆེན་སྐུ། །གཏུམ་ཆེན་མཐིང་ནག་མིག་སྨན་མདངས་རབ་སྤྲོ། །སྒྲུབ་ ལ་བརྩེ་བའི་ཚུལ་དུ་ལེགས་བཞུགས་གསོལ། །རྣལ་འབྱོར་སྔགས་རྒྱས་སྦྱངས་སྤེལ་སྦར་བ་ ཡི། །ཀུན་བཟང་འཕྲུལ་ལ་འགྲན་པའི་དགྱེས་བསྐང་རྫས། །ཟག་བྲལ་བདེ་ཆེན་ཀུན་ནས་ རྒྱས་བྱེད་པ། །ཕྱི་ནང་གསང་བའི་མཉེས་རྫས་མཁའ་དང་མཉམ། །ཡིད་འོང་ཡོན་ཆབ་རབ་ དྭངས་མཆོད་ཡོན་མཆོག །ཁྱད་པར་དམར་ཆེན་ཨརྒྷཾ་ཉེར་བསྒྲེང་བ། །གང་འཚམས་ཉེར་ སྤྱོད་ཐུགས་ལ་གང་བཞེད་པ། །དངོས་འབྱོར་ཡིད་སྤྲུལ་དགྱེས་བྱེད་དཔག་མེད་འདི། །ཡི་ དམ་གསང་བ་ཀུན་འཛིན་འཁོར་ལོའི་བདག །སྐུ་གསུང་ཐུགས་ཀྱི་རྣམ་འཕྲུལ་ཡང་སྤྲུལ་ བཅས། །མ་ལུས་འཁོར་དང་བཅས་ལ་དགྱེས་མཆོད་འབུལ། །དགྱེས་བསྐང་མཐུན་འཇུག་ རིགས་ཀྱི་དངོས་གྲུབ་སྩོལ། །རབ་འབྱམས་འཇིག་རྟེན་ཁམས་ཀྱི་མེ་ཏོག་དང༌། །ཉམས་ 9-1-403 པ་ལེགས་བསྒྲལ་སྙིང་གི་བཅུད་ཆེན་ཆེ། །ལྷ་ཚོགས་འཁོར་བཅས་དགྱེས་པ་བསྐང་བའི་ མཆོག །ཡི་དམ་འཁོར་བཅས་ཐུགས་དགོངས་བདེ་སྤེལ་རིགས། །ཡི་དམ་གསང་བ༴ སོགས་ ཚིགས་རྐང་བཞི་འགྲེས། སྣ་བའི་བཅུད་ལེན་བདུག་སྤོས་སྤྲིན་ཆེན་དང༌། །བསུར་ཆེན་དྲི་ཡི་དུད་ པ་མཁའ་ཀུན་འགེངས། །ཤ་ཆེན་སྙིང་བསྲེག་ངད་བཟང་ཕྱོགས་ཁྱབ་པ། །དྲི་འཛིན་དཔལ་ བསྐྱེད་ཉེར་མཁོ་གང་དག་ཀྱང༌། །ཡི་དམ་གསང་བ༴ མཛེས་སྡུག་ཉི་ཟླ་ནོར་བུ་འོད་འབར་ ཚོགས། །ཀུན་ནས་དགེ་བའི་ཡིད་འོང་སྣང་གསལ་དང༌། །ཞུན་ཆེན་མར་མེ་མདངས་གསལ་ ཆེས་བཀྲ་བ། །དྲག་པོའི་མ་རིག་མུན་སེལ་གང་ཡོད་ཚད། །ཡི་དམ་གསང་བ༴ ག་བུར་ལ་ སོགས་ལེགས་སྦྱར་དྲི་བཟང་དང༌། །རང་བྱུང་ལྷན་སྐྱེས་དྲི་ཆབ་ཁྱད་པར་བ། །ཉམས་པའི་ རོ་ཚིལ་ཞག་གི་རླབས་ཕྲེང་གཡོ། །དམར་ནག་ཁྲག་ཞག་དྲི་མཆོག་བཅུད་ལྡན་པ། །ཡི་དམ་ གསང་བ༴ རྣམ་མང་བཅུད་ཆེན་རོ་ནུས་ལྡན་པའི་ཕུལ། །རོ་ཞིམ་བཅུད་བཟང་ཁ་དོག་ཕུན་ སུམ་ཚོགས། །ཉམས་པའི་ཤ་རུས་སྤུངས་པའི་ཞལ་ཟས་སོགས། །དྲག་པོའི་དམ་རྫས་གཏོར་ མ་རྒྱ་ཆེ་བ། །ཡི་དམ་གསང་བ༴ ལྷ་དང་མི་ཡི་རིགས་གྱུར་སྙན་པའི་སྒྲ། །སྣ་ཚོགས་སྒྲ་འཛིན་ དབང་པོ་ཚིམས་བྱེད་པ། །ཐོད་རྔ་མི་རྐང་གླིང་བུའི་སྒྲ་ལ་སོགས། །ཡི་དམ་འཁོར་བཅས་སྙན་ དབང་དགྱེས་བྱེད་ཕུལ། །ཡི་དམ་གསང་བ༴ རྣལ་འབྱོར་མཆོག་གི་དྲི་མ་ལེགས་སྦྱངས་ཤིང༌། །ཟག་མེད་བདེ་བསྐྱེད་དམ་ཚིག་རྫས་ཆེན་མཆོག །ལྕགས་ཀྱུ་སྒྲོན་ལྔའི་རྣམ་པར་རོལ་པ་ གང༌། །རྒྱལ་བ་རིགས་ལྔའི་དམ་རྫས་རྨད་བྱུང་བ། །ཡི་དམ་གསང་བ༴ བདེ་སྟོང་ཟུང་འཇུག་ དགའ་བདེའི་ཡེ་ཤེས་མདངས། །ཐབས་ཤེས་དབྱེར་མེད་གསང་བ་བླ་མེད་པ། །རབ་ཡངས་ དགའ་ཆེན་ལེགས་སྤེལ་མཆོད་པ་མཆོག །དམིགས་བྲལ་རང་གསལ་ངང་ནས་རྒྱ་བསྐྱེད་པ། །ཡི་དམ་གསང་བ༴ དཔལ་ལྡན་འབྱུང་པོ་ཀུན་འདུལ་གསང་བའི་བདག །ཀུན་གཟིགས་ ཡེ་ཤེས་རོལ་པའི་ཐུགས་ཀྱི་རྟེན། །རྡོ་རྗེ་ཞགས་པ་ལ་སོགས་ཕྱག་མཚན་ཚོགས། །ཡེ་ཤེས་ 9-1-404 མཆོག་ཏུ་བྱིན་གྱི་རླབས་ནས་ཀྱང༌། །ཡི་དམ་གསང་བ༴ དམ་ཚིག་རྫས་ཆེན་སྔགས་རྒྱས་ རབ་སྤེལ་ཞིང༌། །དམར་གྱི་གཏོར་ཆེན་མཉམ་པའི་ཙིཏྟ་སོགས། །དགོས་ཆེན་བསྒྲལ་བའི་ཤ་ ཁྲག་ལས་གྲུབ་པ། །གསང་བདག་གཏུམ་ཆེན་དགྱེས་རྫས་ཁྱད་པར་ཚོགས། །ཡི་དམ་གསང་ བ༴ །ཕུལ་བྱུང་བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན། །བདག་པོས་མ་བཟུང་གླིང་བཞིའི་ ལེགས་ཚོགས་དང༌། །སྲིད་དང་ཞི་བའི་དངོས་པོ་ངོ་མཚར་བ། །མཐའ་དག་འཁོར་གསུམ་ དམིགས་བྲལ་ཆེན་པོའི་ངང༌། །ཡི་དམ་གསང་བ༴ དེ་ལྟར་ཡི་དམ་འབྱུང་འདུལ་གསང་བའི་ བདག །མ་ལུས་འཁོར་དང་བཅས་པའི་དགྱེས་པ་བསྐང༌། །གྲུབ་པོ་བདག་ཅག་གང་དང་ འཚམས་པའི་དོན། །ཇི་བཞིན་དུས་སུ་གཡེལ་མེད་དངོས་གྲུབ་སྩོལ། །ཁྱད་པར་རྣམ་ཀུན་ སྐུ་ཡི་བཀོད་ཆེན་གར། །མ་ལུས་ཤེས་བྱར་ཡོངས་ཁྱབ་གསུང་གི་གསང༌། །ཀུན་ཁྱབ་ཆོས་ སྐུ་ཐུགས་མཆོག་དམ་པའི་ཁམས། །གསང་བདག་ཡི་དམ་མི་འབྲལ་སྙིང་དབུས་བཞུགས། །འགྱུར་མེད་སྐུ་མཆོག་དངོས་གྲུབ་ལུས་ལ་སྩོལ། །འགག་མེད་གསུང་གི་གསང་བ་ངག་དང་ འདྲེས། །འཁྲུལ་མེད་ཕྱག་ཆེན་ཐུགས་དང་བདག་ཡིད་གཅིག །ཀུན་ནས་རོ་མཉམ་དགོངས་ གྲོལ་མྱུར་མངོན་མཛོད། །བདག་ནི་རྨོངས་པའི་དབང་གྱུར་ནོངས་པའི་ལས། །ཡི་དམ་ལྷ་ལ་ སྒོ་གསུམ་དང་འཚམས་པའི། །ལེགས་བགྱིས་དུས་སུ་མ་ཐོན་གང་ཇི་མཆིས། །དེ་དག་ཐམས་ ཅད་སྙིང་ནས་འཆགས་ཤིང་སྡོམ། །ཚུལ་འདིས་ཡི་དམ་ལྷ་ཡི་ཐུགས་མཉེས་ཏེ། །སྒོ་གསུམ་ ཉམས་ཆགས་སྦྱངས་ཤིང་ཚོགས་ཆེན་བསགས། །རིང་མིན་གསང་བདག་ལྷ་མཆོག་བྱིན་ རླབ་འཕོས། །སྐུ་བཞིའི་གོ་འཕང་གེགས་མེད་ཡོངས་འགྲུབ་ཤོག །རབ་འབྱམས་རྒྱལ་བའི་ གསང་བ་ཀུན་འཛིན་པ། །འབྱུང་པོ་འདུལ་བྱེད་མཐིང་སྔོན་ཁྲོ ས་པའི་ཉམས། །གར་དགུའི་ རབ་སྒེག་ཧཱུཾ་སྒྲ་འབྲུག་སྟོང་གསུང༌། །ཐུགས་མཆོག་འགྱུར་མེད་སྟོབས་ཀྱིས་དགེ་གྱུར་ཅིག །ཅེས་འབྱུང་འདུལ་བསྐང་བ་གྲུབ་གཉིས་མྱུར་འབྱིན་ཞེས་བྱ་བ་འདི་ཡང་དོན་ཡོད་བཟང་གི་ཆེད་མ་ཏིས་འཕྲལ་དུ་སྤེལ་བའོ།། །། 9-1-405 ༄༅། །ཕྱག་རྡོར་གོས་སྔོན་ཅན་གྱི་བསྐང་བསྡུས་གྲུབ་གཉིས་ འདོད་འཇོ་ཞེས་བྱ་བ་བཞུགས་སོ། ། ༄༅། །ཧཱུཾ། རྒྱལ་ཀུན་ཐུགས་མཆོག་དབྱིངས་ལས་ཉེར་བཞེངས་པ། །གསང་ཆེན་ཟབ་ མོའི་མཛོད་འཛིན་རིགས་སྔགས་བདག །རྣལ་འབྱོར་དག་པའི་སྣང་ཡུལ་གང་འཚམ་ལྟར། །བྱོན་བཞུགས་དགྱེས་རྫས་ལེགས་བཞེས་དངོས་གྲུབ་སྩོལ། །ༀ་ཨཱཿཧཱུཾ། ཏིང་འཛིན་སྔགས་ དང་ཕྱག་རྒྱས་རབ་སྤེལ་ཞིང༌། །ཕུལ་ཞིང་བསྐང་རྫས་ཡ་མཚན་དཔེ་བྲལ་བ། །ཕྱི་མཆོད་ཡོན་ ཆབ་མེ་ཏོག་བདུག་སྤོས་དང༌། །སྣང་གསལ་དྲི་ཆབ་ཞལ་ཟས་རོལ་མོའི་ཚོགས། །ནང་མཆོད་ ཤ་ཆེན་བདུད་རྩི་རྣམ་པ་ལྔ། །གསང་བ་ཡེ་ཤེས་ལྷ་མོ་བདེ་སྟོང་མཛོད། །དེ་ཁོ་ན་ཉིད་རྣམ་ ཀུན་ལྟ་བའི་ཕུལ། །བསྐང་རྫས་གང་དག་གིས་ནི་བསོད་ནམས་ཞིང༌། །གཏུམ་ཆེན་མཐིང་ ནག་ཁྲོ་ཞིང་དྲེགས་པའི་ཚུལ། །བཅུ་དྲུག་ལང་ཚོ་མཆེ་གཙིགས་བཞད་སྒྲ་ཅན། །སྐྲ་ཁམ་ གྱེན་བརྫེས་རྡོ་རྗེའི་ཅོད་པན་བཅས། །སྨ་ར་སྨིན་མ་མེ་ལྟར་རབ་འབར་བ། །སྤྱན་གསུམ་ཟླ་ ཉི་མེ་ཡི་རང་བཞིན་དང༌། །ཕྱག་གཡས་རྡོ་རྗེ་རྩེ་ལྔ་འཕྱར་བའི་སྟབས། །གཡོན་པས་ཐུགས་ ཀར་གནོད་བྱེད་ལ་སྡིགས་མཛུབ། །ཞབས་ཟུང་བརྐྱང་བསྐུམ་སྟག་ལྤགས་ཤམ་ཐབས་ དང༌། །དར་སྔོན་སྟོད་གཡོགས་རིན་ཆེན་ཅོད་པན་ལྡན། །ཀླུ་ཆེན་གྱིས་བརྒྱན་མེ་དཔུང་ཀློང་ ན་བཞུགས། །གནས་གསུམ་རྡོ་རྗེ་གསུམ་དང་དམ་ཡེ་ཡང༌། གདོད་ནས་དབྱེར་མེད་གསང་ བདག་རྡོ་རྗེ་འཛིན། །འཁོར་དང་ཡང་འཁོར་སྤྲུལ་བཀོད་མཐའ་ཀླས་པའི། །ཐུགས་མཆོག་ 9-1-406 དམ་པ་བདེ་སྟོང་ཡེ་ཤེས་ཁམས། །ཆེས་ཆེར་རབ་འཕེལ་བསོད་ནམས་ཚོགས་ཆེན་རྫོགས། །ཉམས་ཆག་བསྐང་ཞིང་གྲུབ་གཉིས་དངོས་གྲུབ་ཐོབ། །ཚེ་འདིར་གསང་ཆེན་ཐེག་པའི་ དགའ་སྟོན་གྱིས། །རིམ་གཉིས་ལམ་གྱི་སྤངས་རྟོགས་འཕེལ་ཁ་རྒྱས། །ཕྱག་རྒྱ་ཆེན་པོའི་ཡེ་ ཤེས་མཆོག་བརྙེས་ཏེ། །ཟུང་འཇུག་རྡོ་རྗེ་འཆང་ཆེན་མྱུར་ཐོབ་ཤོག །ཅེས་ཕྱག་རྡོར་གོས་སྔོན་ཅན་ གྱི་བསྐང་བསྡུས་གྲུབ་གཉིས་འདོད་འཇོ་ཞེས་བྱ་བ་འདི་ཡང༌། བསླབ་གཙང་མཆོག་མངའ་ཚོགས་གཉིས་དཔལ་གྱི་ཐུགས་བཞེད་ སྐོང་ཕྱིར། མ་ཏིས་སྨྲས་པའོ།། །། 9-1-407 ༄༅། །ཕྱག་རྡོར་གོས་སྔོན་གྱི་བསྐང་བསྡུས་བཞུགས། ༄༅། །ཧཱུཾ། ཕུལ་བྱུང་ངོ་མཚར་དགྱེས་བྱེད་མཆོག །བསྐང་རྫས་ནམ་མཁའ་མཛོད་ཀྱི་ འཕྲུལ། །དཔག་ཡས་བསམ་མི་ཁྱབ་པ་ཡིས། །གསང་བདག་ཕྱག་རྡོར་གོས་སྔོན་ཅན། །རང་ རིགས་རྣམ་བརྒྱད་འཁོར་ཚོགས་བཅས། །ཡི་དམ་གསང་བ་ཀུན་འཛིན་བདག །ཐུགས་ ལ་གང་དགྱེས་ཡ་མཚན་བཀོད། །མ་ཚང་མེད་པའི་དཔལ་ཡོན་འབར། །ཐུགས་དམ་རབ་ བསྐང་མཆོག་ཐུན་གྱི། །དངོས་གྲུབ་གང་འོས་ལེགས་སྩོལ་ཞིང༌། །ཁྱད་པར་གསང་ཆེན་ཆོས་ རབ་འཕེལ། །ལོངས་སྤྱོད་དབང་འགུགས་ལ་སོགས་པ། །དུས་ཀྱི་ཕྲིན་ལས་གང་བཅོལ་བ། །ཡོངས་གྲུབ་རིང་མིན་གསང་ཆེན་སྤྱོད། །མཐར་ཐུག་ཡི་དམ་གསང་གསུམ་དང༌། །བདག་གི་ སྒོ་གསུམ་དབྱེར་མེད་ཤོག །ཅེས་ཕྱག་རྡོར་བསྐང་བསྡུས་འདི་ཡང༌། མ་ཏིས་སོ།། །། 9-1-408 ༄༅། །རྟ་མགྲིན་གྱི་བསྐང་བསྡུས་བཞུགས། ༄༅། །ཧཱུཾ་ཧྲཱིཿ པདྨ་འོད་ཀྱི་གཞལ་ཡས་ཆེན་པོ་ནས། །སྣང་བ་མཐའ་ཡས་རབ་ཁྲོ ས་ དྲག་པོའི་སྐུ། །དབང་ཆེན་ཧེ་རུ་ཀ་དཔལ་སྤྲུལ་འཁོར་བཅས། །དབྱིངས་ནས་འདིར་གཤེགས་ དགྱེས་པའི་གདན་ལ་བཞུགས། །རྣལ་འབྱོར་སྔགས་རྒྱས་སྤེལ་བའི་བསྐང་རྫས་མཆོག ། མཆོད་ཡོན་མེ་ཏོག་ལ་སོགས་ཕྱི་མཆོད་དང༌། །ཤ་ལྔ་བདུད་རྩི་ལྔ་སོགས་ནང་གི་རྫས། །བདེ་ སྟོང་རིག་མ་གསང་ཆེན་མཆོད་པའི་སྤྲིན། །ནམ་མཁའ་གང་བར་ཡིད་ཀྱིས་མངོན་སྤྲུལ་ ཏེ། །པདྨ་དབང་གི་ལྷ་ཚོགས་འཁོར་བཅས་མཆོད། །ཐུགས་རྗེའི་བརྩེ་བ་ཆེན་པོས་ལེགས་ བཞེས་ནས། །དགྱེས་པ་རབ་ཀྱི་ཐུགས་དམ་བསྐང་གྱུར་ཅིག །རྣལ་འབྱོར་བདག་ཅག་སྒྲུབ་ པོ་འཁོར་བཅས་ལ། །ཉམས་ཆག་སྒྲིབ་པ་མ་ལུས་ཀུན་བྱང་ཏེ། །ཕྱི་ནང་གསང་བའི་བར་ཆད་ མཐའ་དག་སོལ། །མཆོག་ཐུན་དངོས་གྲུབ་དེང་འདིར་ཆར་ལྟར་ཕོབ། །ལྷག་པའི་ལྷ་ཡི་ཕྲིན་ ལས་གཡེལ་མེད་པར། །སྒྲུབ་ལ་ལུས་དང་གྲིབ་མ་ཇི་བཞིན་དུ། །རྟག་ཏུ་འགྲོགས་པའི་དགེ་ མཚན་གསར་བ་ཡིས། །དེས་ནས་བྱང་ཆུབ་བར་དུ་སྐྱོང་གྱུར་ཅིག །འདི་ཡང་ལྷ་འདིའི་བསྙེན་བཟླས་ སྐབས་མ་ཏིས་བྲིས་པའོ།། །། 9-1-409 ༄༅། །མགོན་པོ་ཕྱག་དྲུག་པའི་བསྐང་བསྡུས་བཞུགས། ༄༅། །ཧཱུཾ། རྣལ་འབྱོར་དམ་ཚིག་དག་པའི་སྤྱན་འདྲེན་གྱིས། །མྱུར་མཛད་མགོན་པོ་ལས་ མཁན་རྣམ་བཞིའི་ཚོགས། །དྲག་ཤུལ་དཔུང་གི་སྟོབས་ཀྱིས་གནས་འདིར་བྱོན། །མཁའ་ དབྱིངས་སྤྲིན་ནག་འཁྱི ལ་བའི་ཀློང་དུ་བཞུགས། །སྔགས་རྒྱས་བསྐྲུན་པའི་སྤྱན་གཟིགས་ སྣ་ཚོགས་པ། །རཀྟ་དམར་གྱི་ཨརྒྷཾ་རྒྱ་ཆེར་སྦྲེང༌། །དབང་པོ་ལྔ་ཡི་མེ་ཏོག་ཚར་དུ་དངར། །ཚིལ་ཆེན་སྤོས་ཀྱི་དུད་སྤྲིན་མཁའ་ལ་འཕྱོ། །ཞུན་ཆེན་སྣང་གསལ་མཆོག་གི་སྒྲོན་མེ་སྦར། །མཁྲི ས་པའི་དྲི་ཆབ་གངྒའི་རྒྱུན་ལ་འགྲན། །ཤ་རུས་ཞལ་ཟས་ཕུང་པོ་རི་ལྟར་སྤུང༌། །ཐོད་རྔ་ རྐང་གླིང་རོལ་མོའི་སྒྲ་ལ་སོགས། །ཕྱི་ནང་གསང་བའི་དམ་རྫས་དཔག་མེད་པས། །ཡེ་ཤེས་ མགོན་པོ་འཁོར་བཅས་ཐུགས་དམ་བསྐངས། །རྣལ་འབྱོར་བདག་གི་ཉམ་ཆགས་ཀུན་བྱང་ ནས། །བྱང་ཆུབ་ལམ་གྱི་བར་ཆད་མཐའ་དག་སོལ། །ཡེ་ཤེས་མགོན་པོའི་བྱིན་རླབས་བདག་ རྒྱུད་ལ། །ཡོངས་ཞུགས་སྤངས་རྟོགས་གསར་བའི་དགའ་སྟོན་ཀྱིས། །རང་རྒྱུད་ལེགས་པའི་ ཡོན་ཏན་མངོན་བྱས་ཏེ། །མྱུར་མཛད་མགོན་པོ་གང་དང་དབྱེར་མེད་ཤོག །དེ་མ་ཐོབ་པའི་ ཚེ་རབས་ཀུན་ཏུ་ཡང༌། །དཔལ་ལྡན་ཡེ་ཤེས་མགོན་པོའི་གསང་གསུམ་གྱི། །རླབས་ཆེན་ ཕྲིན་ལས་བདག་སོགས་གཡེལ་མེད་པར། །དུས་ཀུན་སྐྱོང་བའི་ཐ་ཚིག་མི་ལྷོ ད་པས། །ཀུན་ ནས་ཀུན་ཏུ་དགེ་བའི་སྡོང་གྲོགས་མཛོད། །ཅེས་པ་རིན་ཆེན་བཟང་ལ་མཁོ་ཕྱིར་མ་ཏིས་སོ།། །། 9-1-410 ༄༅། །མགོན་པོ་དྲཀྴད་ཀྱི་བསྐང་བསྡུས་སོགས་བཞུགས། ༄༅། །ཧཱུཾ། སྤྱན་རས་གཟིགས་དབང་ཐུགས་ཀྱི་རོལ་གར་ལས། །རྣམ་འཕྲུལ་ཞི་བའི་ དབྱིངས་ལས་ལེགས་ཤར་བ། །ཁྲོ་འཁྲུགས་རྔམ་པའི་ཉམས་བརྒྱས་བརྗིད་པའི་སྐུ། །ལེགས་ ལྡན་མ་ཧཱ་ཀ་ལའི་ཐུགས་དམ་བསྐང༌། །གང་གི་ཐུགས་ལས་ཤར་བའི་དཔལ་གྱི་ཡུམ། །ལྷ་མོ་ ཆེན་མོ་གཉན་གྱི་རེ་མ་ཏི། །མོན་པ་ཕོ་མོ་ལ་སོགས་བཀའ་ཡི་འཁོར། །ལས་བྱེད་ལྷ་དམག་ འབུམ་གྱིས༴ དཔལ་མགོན་གཙོ་འཁོར་དགྱེས་པ་བསྐྱེད་པའི་རྫས། །ཉེར་སྤྱོད་ལ་སོགས་ཕྱི་ ཡི་མཆོད་པ་དང༌། །ལྕགས་ཀྱུ་སྒྲོན་མེ་ལ་སོགས་ནང་གི་རྫས། །བདེ་སྟོང་རིག་མ་གསང་བའི་ བསྐང་རྫས་འདིས། །ལྷ་མཆོག་ཡེ་ཤེས་མགོན་པོའི༴ མ་ཅིག་དཔལ་ལྡན་ལྷ་མོའི༴ བཀའ་ སྡོད་ལྷ་དམག་འབུམ་གྱི༴ འཁོར་དང་བཅས་པའི་ཐུགས་དམ་ལེགས་བསྐང་ནས། །རྣལ་ འབྱོར་སྒྲུབ་པོའི་རྣམ་དཀར་བྱ་བའི་ལས། །གང་དང་གང་ལ་འབད་པའི་གནས་སྐབས་སུ། །དགྲ་གདོན་འབྱུང་པོའི་འཚེ་བ་ཕྱི་ཡི་གདོན། །འབྱུང་བ་ལུས་འཁྲུགས་ན་ཚ་ནང་གི་གདོན། །ཆོས་དང་འགལ་བའི་རྟོག་ངན་གསང་བའི་གདོན། །དེ་དག་མ་ལུས་དབྱིངས་སུ་ཞི་བྱས་ཏེ། །སྒྲུབ་པོའི་ཁམས་འདི་བློ་སྣ་ཆོས་ལ་འཁོལ། །ཉམས་ཆག་དྲི་མའི་ཚོགས་ཀུན་རྒྱང་བསྲིངས་ ཏེ། །བཤད་སྒྲུབ་འཁོར་ལོ་གསུམ་གྱི་ལས་དོན་འཕེལ། །ས་དང་ལམ་གྱི་ཡོན་ཏན་ཆེར་རྒྱས་ ནས། །རིང་མིན་བླ་མེད་གོ་འཕང་མངོན་བྱེད་ཤོག །འདི་ཡང་རིན་ཆེན་བཟང་ལ་མཁོ་ཆེད་མ་ཏིའི་མིང་གིས་ སོ།། །། 9-1-411 ༄༅། །ཧྲཱིཿ རྨད་བྱུང་ཆོས་སྐུ་ཞི་བའི་རང་མདངས་ལས། །ཕྲིན་ལས་ལྷུན་གྲུབ་ལྷ་ཆེན་ དཔལ་འབར་བ། །ལེགས་ལྡན་ཡབ་ཡུམ་འཁོར་བཅས་དགྱེས་བསྐང་རྫས། །རྣལ་འབྱོར་ སྔགས་རྒྱས་རབ་སྤེལ་མཆོད་པའི་སྤྲིན། །ཕྱི་མཆོད་མེ་ཏོག་བདུག་སྤོས་ལ་སོགས་དང༌། །ནང་ མཆོད་ཤ་ལྔ་བདུད་རྩི་ལྔ་ཡི་བཅུད། །གསང་མཆོད་ཉམས་པ་བསྒྲལ་བའི་ཤ་ཁྲག་རུས། །ཁྱད་ པར་དྲག་པོའི་གཏོར་ཆེན་ཉེར་སྤྱོད་སོགས། །ཐུགས་ལ་མགུ་བསྐྱེད་ཟག་བྲལ་ཁྱད་པར་བ། །ཀུན་བཟང་འཕྲུལ་ལ་འགྲན་པའི་དཔལ་ཡོན་འབར། །གང་འཚམས་དགྱེས་སྐོང་དམ་པ་ངོ་ མཚར་ཞིང༌། །ཀུན་ནས་མ་ཚང་མེད་པའི་མཉེས་རྫས་འདིས། །བདུད་མགོན་དྲཀྴད་ལྷ་མོ་རེ་ མ་ཏི། །སྤྲུལ་པའི་འཁོར་ཚོགས་ལྷ་དམག་བྱེ་བ་འབུམ། །འཁོར་དང་ཡང་འཁོར་བཅས་པའི་ ཐུགས་དམ་བསྐང༌། །རྣལ་འབྱོར་གནས་སྐབས་བར་ཆད་མཐའ་དག་སོལ། །མཐར་ཐུག་ཡེ་ ཤེས་མགོན་པོའི་སྐུ་གསུང་ཐུགས། །སྒོ་གསུམ་དབྱེར་མེད་ཆོས་སྐུའི་དགོངས་ཆེན་མཇལ། །གསང་བ་གསུམ་གྱི་ལྷུན་གྲུབ་མཛད་པའི་འཕྲུལ། །གདུལ་བྱ་ཀུན་ལ་ཐོགས་པ་མེད་པར་ མཛོད། །ཅེས་དྲཀྴད་བསྐང་བསྡུས་འདི་ཡང་གཙང་མཆོག་སྤྲུལ་གང་གི་ཐུགས་མོས་ལྟར། མ་ཏིས་སོ།། །། ༈ ༀ་ཨཱཿཧཱུཾ། རྣལ་འབྱོར་སྔགས་རྒྱས་རབ་སྤེལ་བསྐང་བའི་རྫས། །ལྷ་ཆེན་མགོན་ པོ་དྲཀྴད་ལྕམ་དྲལ་བཅས། །འཁོར་དང་ཡང་འཁོར་བཅས་ལ་དགྱེས་པའི་ཕྱིར། །ལེགས་ འབུལ་ཉམས་སྦྱང་མཆོག་ཐུན་དངོས་གྲུབ་སྩོལ། །ཅེས་པ་འདི་ཡང་མ་ཏིས་སོ།། །། 9-1-412 ༄༅། །ངེས་དོན་ཕུར་བའི་ལུས་དཀྱིལ་མདོར་བསྡུས་དགོངས་ཆེན་ བཅུད་བསྡུས་ཞེས་བྱ་བ་བཞུགས་སོ། ། ༄༅། །ན་མོ་བཛྲ་ཀུ་མ་ར་ཡེ་བྷྱཿ འདིར་ངེས་དོན་ཕུར་པའི་ལུས་དཀྱིལ་མདོར་བསྡུས་བྱ་བ་ལ་འདི་སྐད། མདུན་གྱི་ནམ་མཁར་པདྨ་འབྱུང་གནས་མཁའ་འགྲོའི་ཚོགས་བཅས་སྐད་ཅིག་གིས་བྱོན་ཏེ་ དགྱེས་བཞུགས་བྱིན་རླབས་ཀྱི་སྣང་བས་སྒྲུབ་པོ་གང་དག་ལ་རྗེས་བཟུང་མཆོག་གི་དངོས་ གྲུབ་ཉེ་བར་སྩོལ་ཞིང་དབང་བསྐུར་བྱེད་པར་གྱུར། རྔ་ཡབ་གླིང་ནས་སྐད་ཅིག་ལ། །མཚོ་ སྐྱེས་རྡོ་རྗེ་མཁའ་འགྲོའི་ཚོགས། །གནས་འདིར་བྱིན་འབེབས་ཆེད་དུ་ཕེབས། །བདག་ལ་ དབང་བསྐུར་བྱིན་གྱིས་རློབས། །ལན་གསུམ། དེ་ནས་སྐྱབས་ཡུལ་ནི། མཁའ་དབྱིངས་ཀྱི་བླ་མ་མཁའ་ འགྲོའི་ཚོགས་ཀྱི་སྤྲུལ་བཀོད་ལ་བརྟེན་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་ཡོངས་རྫོགས་བཀྲ་ ལམ་ཀྱི་རྣམ་པ་སྤྱི་ཁྱབ་ཙམ་གསལ་བཏབ་སྟེ་དེང་ནས་བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་ སུ་བསྟེན་ཅིང་འགྲོ་ཀུན་བྱང་ཆུབ་ལ་འགོད་ཕྱིར་བསྙེན་སྒྲུབ་ཟབ་མོ་བགྱིད་སྙམ་པའི་ངང་ ནས། སྐྱབས་སེམས་ནི། ན་མོ། བྱིན་རླབས་གཏེར་མཛོད་སྐྱབས་ཀུན་བདག །ཡི་དམ་མཆོག་ ལ་སྐྱབས་སུ་མཆི། །འགྲོ་ཀུན་བྱང་ཆུབ་ལ་འགོད་ཕྱིར། །བསྙེན་སྒྲུབ་ཟབ་མོ་ལེགས་པར་ བགྱིད། །ལན་གསུམ། སྐད་ཅིག་དེ་ཉིད་རང་གསལ་མདངས་ཆེར་མངོན་པར་བྱས་ཏེ་དབྱིངས་ སྤྲོས་བྲལ་ཉག་མ་གཅིག་གི་གཤིས་སུ་མ་དག་པའི་སྣང་ཆ་མཐའ་དག་རང་དྭངས་སུ་སོང་ བའི་ངང་ནས་གནས་ལུགས་དེའི་ཚུལ་ལ་རྨོངས་པ་གང་དག་མྱུར་ནས་འཁྲུལ་སྣང་ལེགས་ བསལ་གྱི་བསམ་པའི་སྙིང་རྗེའི་ངད་ཤུགས་མ་བྲལ་བའི་ཚུགས་བཟུང་བར་བྱས་ཏེ་གདོད་ མའི་དག་ཆེན་ཆོས་སྐུའི་གཤིས་རང་སེམས་ཀྱི་ཆོས་ཉིད་དང་དབྱེར་མེད་པ་དེ་ཉིད་ཐུགས་ སྲོག་ཧཱུཾ་ཡིག་གི་རྣམ་པར་གྱུར་པ་ལས་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་གྱི་གཟུགས་སྐུ་ཁྲོ་ 9-1-413 ཆེན་འབར་བའི་སྐུར་བཞེངས་པ་ནི། སྐད་ཅིག་མ་དག་འདི་སྣང་སྦྱངས། །སྟོང་གསལ་དེ་ཉིད་ ནམ་མཁའ་ལྟར། །དམིགས་བྲལ་སྙིང་རྗེ་ཆེན་པོའི་ངང༌། །དེ་ཉིད་ཧཱུཾ་ཡིག་ཡོངས་གྱུར་ལས། །པད་ཉིའི་གདན་ལ་རུ་ཏྲའི་སྟེང༌། །དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྐུ། །མཐིང་ནག་ཞལ་གསུམ་ ཕྱག་དྲུག་པ། །གཡས་དཀར་གཡོན་དམར་དབུས་མཐིང་ཞལ། །སྤྱན་གསུམ་ཞལ་གདངས་ མཆེ་བ་གཙིགས། །ལྗགས་འདྲིལ་ཁྲོ་གཉེར་རབ་བསྡུས་ཤིང༌། །སྨ་ར་སྨིན་མ་མེ་ལྟར་འབར། །དམར་སེར་རལ་བ་གྱེན་བསྐྱོད་དབུས། །རྡོ་རྗེ་རྩེ་ལྔ་འབར་བའི་བརྗིད། །ཕྱག་དྲུག་གཡས་ ཀྱི་དང་པོ་གཉིས། །རྩེ་དགུ་རྩེ་ལྔ་ཕྱག་མཚན་བཅས། །གཡོན་གྱི་དེ་བཞིན་མེ་དཔུང་ཆེ། །ཁ་ ཊྭཱཾ་ཕྱག་གི་མཚན་མར་བསྣམས། །ཐ་གཉིས་རི་རབ་ཕུར་བུ་འདྲིལ། །འཁོར་ལོ་རྒྱས་འདེབས་ དཔལ་གྱི་ཡུམ། །ཁྲོ་མོ་ཞལ་གཅིག་ཕྱག་གཉིས་མར། །སྙོ མས་འཇུག་བདེ་ཆེན་གར་གྱིས་ རོལ། །རྡོ་རྗེའི་གཤོག་པ་གཡས་གཡོན་གདེངས། །ཞབས་བཞི་བསྐྱང་བསྐུམ་བརྗིད་ཀྱིས་ འགྱིང༌། །དཔལ་དང་དུར་ཁྲོ ད་ཆས་ཀྱིས་བརྒྱན། །རུས་པའི་རྒྱན་ཆ་དྲུག་གིས་སྒེག །དཔའ་ བོའི་གར་དགུའི་ཉམས་ཀྱིས་བརྗིད། །ཡུམ་ཆེན་ཁྲོ་མོའི་ཕྱག་ཟུང་གིས། །ཨུཏྤལ་ཐོད་ཁྲག་ དང་བཅས་འཁྱུད། །འཇིགས་གཟུགས་མཐིང་སྐྱ་གཟིག་ཤམ་སོགས། །དཔལ་ཆེན་སྐུ་དང་ དགྱེས་པར་རོལ། །ཡབ་ཡུམ་གཉིས་མེད་སྦྱོར་བ་ལ། །ཁྲོ་བོ་ཁྲོ་མོའི་ཆས་ཀུན་ཚང༌། །རབ་ འཁྲི གས་མེ་དཔུང་ཀློང་ན་བཞུགས། །གདོད་ནས་དམ་ཡེ་གཉིས་སུ་མེད། །ཡེ་ཤེས་དབང་ བསྐུར་རང་རྩལ་རྫོགས། །ཐུགས་ཀར་ཉི་སྟེང་ཧཱུཾ་ཡིག་སྟེ། །དེ་ཡང་དཔལ་ཆེན་ཡབ་ཡུམ་སྲོག །ཡེ་ཤེས་དག་ཆེན་རང་གཟུགས་ཆེ། །གཡོ་བྲལ་ཏིང་འཛིན་མཆོག་གི་འཕྲུལ། །རྩ་གསུམ་ དཀྱིལ་འཁོར་རིགས་ཀྱི་བདག །ཡེ་བཞུགས་མི་བསྐྱོད་རང་ཆས་ཅན། །ཧེ་རུ་ཀ་ཡི་ཐུགས་ སྲོག་མཐར། །ཀཱི་ལ་ཡ་ཡི་སྔགས་ཕྲེང་བཀོད། །དག་མཉམ་རང་སྣང་སྒྱུ་མ་ལས། །ཅིར་ཡང་ སྤྲུལ་པའི་མཆོད་བསྟོད་ཚོགས། །སྣ་ཚོགས་སྒེག་མོའི་མཆོད་བསྟོད་ཀྱིས། །དགྱེས་བསྐང་ 9-1-414 དམ་པར་རབ་སྤེལ་ཞིང༌། །དཔལ་ཆེན་ཡབ་ཡུམ་ཡེ་ཤེས་འཕྲུལ། །སྣོ ད་བཅུད་དག་མཉམ་ འབའ་ཞིག་ངང༌། །ཐུགས་སྲོག་སྔགས་ཕྲེང་གང་དེ་ཡང༌། །ཡབ་ཡུམ་ཟུང་འཇུག་སྲོག་ཆེན་ དུ། །རང་གསལ་སེམས་ཀྱི་དེ་ཉིད་བཟུང༌། །གསང་གསུམ་ཡེ་ནས་བརྡལ་བ་ལ། །གཤིས་ སུ་བཞག་སྟེ་སྙིང་པོ་བཟླ། །དེ་ནས་ཡབ་ཡུམ་ཟུང་འཇུག་གི་སྙིང་པོའི་ཚུལ་དུ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་ བིགྷྣན་བཾ་ཧཱུཾ་ཕཊ། ཅེས་པའི་འབྲུ་བཅུ་དྲུག་པ་ཆུ་བོའི་རྒྱུན་བཞིན་བཟླ་ཞིང་འཛབ་ཀྱི་རྒྱུན་བསྐྱངས་ལ་དེའི་བར་བར་དུ་ བསྙེན་དམིགས་དང་པོ་སྔགས་དོན་སེམས་པ་ནི། རྡོ་རྗེ་གཞོན་ནུའི་གསང་གསུམ་གྱི། །རླབས་ཆེན་མཛད་ ཕྲིན་མཆོག་གི་མཐུས། །ཕྱི་ནང་གསང་བའི་བར་ཆད་བསལ། །སྒོ་གསུམ་གསང་གསུམ་རོ་ མཉམ་མཛོད། །ཅེས་ཡི་དམ་རྡོ་རྗེ་གཞོན་ནུའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་རླབས་པོ་ཆེས་ སྒྲུབ་པའི་ཕྱིའི་བར་ཆད་སྡང་དགྲའི་གནོད་པ་ནང་གི་བར་ཆད་སྒྱུ་ལུས་ཀྱི་ན་ཚ་གསང་བའི་ བར་ཆད་ཆོས་འགལ་གྱི་རྣམ་རྟོག་ཐམས་ཅད་དབྱིངས་སུ་བསལ་ཏེ་ལུས་ངག་ཡིད་གསུམ་ དཔལ་ཆེན་མཆོག་གི་སྐུ་གསུང་ཐུགས་སུ་གྱུར་པར་བསམ་ལ། བཟླ། གཉིས་པ་སྔགས་ཀྱི་དེ་ཉིད་བསམ་ པ་ནི། སྣང་སྲིད་དག་མཉམ་རོལ་པའི་གཤིས། །དཔལ་ཆེན་ཡབ་ཡུམ་ཆོས་སྐུ་ཆེ། །འཁོར་ འདས་ཡོངས་ལ་ཁྱབ་པའི་ངང༌། །རྡོ་རྗེ་སྙིང་པོའི་རང་སྒྲ་སྒྲོགས། །ཞེས་སྣང་སྲིད་དག་མཉམ་ གྱི་དཔལ་ཆེན་ཁྲོ་རྒྱལ་གཉུག་མའི་ལྷ་ཡབ་ཡུམ་གྱི་སྐུ་གསུང་ཐུགས་ཀྱི་དེ་ཉིད་ནི་འཁོར་བ་ མྱང་འདས་གཉིས་ལ་ཁྱབ་ཕྱིར་གཞོམ་དུ་མེད་པ་ངེས་དོན་སྙིང་པོའི་སྔགས་ཀྱི་སྒྲ་དབྱངས་ རྣམ་པ་ཐམས་ཅད་པ་ནམ་མཁའ་དང་མཉམ་པར་རིས་སུ་མ་ཆད་པའི་རང་སྒྲ་གྲགས་པར་ བསམ་ལ། བཟླ། གསུམ་པ་ཆོས་སྐུ་གཅིག་པུའི་དེ་ཉིད་བསམ་པ་ནི། དུས་གསུམ་རྒྱལ་བ་ཡོངས་ཀྱི་བདག །ཡི་དམ་རབ་འབྱམས་བདག་ཉིད་དུ། །སྣང་སྟོང་འགག་མེད་རོལ་པའི་ངང༌། །དག་པ་འབའ་ ཞིག་མཆོག་ཏུ་གསལ། །ཞེས་དཔལ་ཆེན་ཧེ་རུ་ཀ་དེ་ཉིད་ཡི་དམ་རྩ་གསུམ་རྒྱ་མཚོའི་མངའ་ བདག་གཅིག་གྱུར་སྣང་ལ་རང་བཞིན་མེད་པའི་སྐུར་བསམ་ལ། བཟླ་མཐར། ཡི་དམ་ཡབ་ཡུམ་ 9-1-415 ལ་རང་སྣང་དག་པའི་མཆོད་པ་དང་བཅས་གནས་ལུགས་གཤིས་སུ་བསྡུ་ཞིང་དགེ་རྩ་ཟག་ མེད་དུ་བསྔོ་བ་ནི། དཔལ་ཆེན་ཡབ་ཡུམ་རང་སྣང་ལས། །བསམ་མི་ཁྱབ་པའི་མཆོད་བསྟོད་ ཀྱིས། །ཟག་བྲལ་བདེ་ཆེན་ཅིར་ཡང་སྤེལ། །དམིགས་མེད་རང་གཤིས་དེ་ཉིད་ངང༌། །ཞེས་ པས་མཆོད་བསྡུ་བྱ། དེ་ནས་བསྔོ་བ་ནི། བསྙེན་སྒྲུབ་ཟབ་མོའི་ལེགས་དགེ་དེས། །ཆོས་དབྱིངས་གཉུག་ མའི་ཧེ་རུ་ཀ ། རང་བྱུང་གདོད་ནས་བཞུགས་པའི་ཞལ། །རིང་མིན་མྱུར་ནས་ཡོངས་མངོན་ ཤོག །ཅེས་སོགས་ཀྱི་དགེ་བ་བསྔོ་ཞིང༌། གཏོར་བསྐང་བྱ་བར་འདོད་ན། གཏོར་འབུལ་ནི། ༀ་ཨཱཿཧཱུཾ། སྣང་སྲིད་ དག་པའི་གཏོར་མཆོད་ཆེ། །དཔལ་ཆེན་འཁོར་འདས་ལྷུན་རྫོགས་ལ། །རོ་མཉམ་གཤིས་སུ་ ཅི་དགར་མཆོད། །རྣམ་གཉིས་དངོས་གྲུབ་མྱུར་སྩོལ་ཅིག །ཅེས་པས་གཏོར་མ་འབུལ། བསྐང་བསྡུས་ནི། ཧཱུཾ། ཟག་མེད་ཀུན་བཟང་མཆོད་བསྐང་རྫས། །ཡི་དམ་ཐུགས་དམ་ཉེར་བསྐང་བྱེད། །འདིས་ ཀྱང་དགྱེས་བསྐང་དངོས་གྲུབ་སྩོལ། །ཉམས་ཆགས་མ་ལུས་བྱང་གྱུར་ཅིག །ཅེས་པས་བསྐང་ བར་བྱའོ། །ཞེས་ངེས་དོན་ཕུར་བའི་ལུས་དཀྱིལ་མདོར་བསྡུས་དགོངས་ཆེན་བཅུད་བསྡུས་ཞེས་བྱ་བ་འདི་ཡང་ངག་དབང་བརྩོན་ འགྲུས་དཔལ་བཟང་གིས་བསྙེན་སྒྲུབ་བྱེད་པར་མཁོ་བ་ལ་བརྟེན་མ་ཏིས་འཕྲལ་སྨྲས་ལྟར་ཆོས་མཆེད་དམ་པས་ཡི་གེར་ལེགས་ ཕབ་བགྱིས་པའོ།། །། ༄༅། །ཕུར་བའི་བདག་བསྐྱེད་བསྡུས་པ་བཞུགས། 9-1-416 ༄༅། །ན་མོ། རྩ་གསུམ་ངོ་བོ་བླ་མ་རྗེ། །སྒོ་གསུམ་གུས་པས་སྐྱབས་སུ་མཆི། །མར་ གྱུར་འགྲོ་ཀུན་སྒྲོལ་བའི་ཆེད། །སྨོན་འཇུག་བྱང་ཆུབ་སེམས་བསྐྱེད་དོ། །ལན་གསུམ། སྐད་ཅིག་ ཆོས་དབྱིངས་དག་པའི་འཕྲུལ། །རང་སེམས་གནས་ལུགས་དཔལ་ཆེན་སྐུ། །ཞལ་གསུམ་ ཕྱག་དྲུག་ཞབས་བཞི་བགྲད། །ཁྲོ་བོའི་ཆས་ཀུན་ཡོངས་སུ་རྫོགས། །ཡུམ་ཆེན་འཁོར་ལོ་རྒྱས་ འདེབས་འཁྲི ལ། །ཡབ་ཡུམ་སྣང་སྟོང་སྒྱུ་མའི་ལྷ། །རྩ་གསུམ་མ་ལུས་སྤྲོ་བའི་གཞི། །དམ་ཡེ་ གཉིས་མེད་བདག་ཉིད་ཅན། །ཐུགས་ཀར་ཉི་སྟེང་ཧཱུཾ་སྔོན་མཐར། །ཡབ་ཡུམ་ཟུང་འཇུག་སྙིང་ པོའི་སྔགས། །རང་གསལ་སེམས་ཀྱི་གཤིས་ལུགས་སུ། །འཛིན་བྲལ་ངོ་བོ་དེ་གའི་ངང༌། །ཡི་ གེ་འབྲུ་བཅུ་དྲུག་པ་ཅི་འགྲུབ་མཐར། སྐུ་གཟུགས་སྟོང་གསལ་བདེ་ཆེན་ངང༌། །སླར་ལྡང་དགེ་འདིས་ རིང་མིན་དུ། །གཉུག་མའི་ཧེ་རུ་ཀར་ཐོབ་ནས། །འཁོར་བ་སྲིད་དུ་འགྲོ་འདྲེན་ཤོག །འདི་ཡང་ བརྩོན་འགྲུས་དཔལ་ལ་མཁོ་ནས་མ་ཏིས་སོ།། །། ༄༅། །རྡོ་རྗེ་གཞོན་ནུའི་གསོལ་བསྡུས་བཞུགས། 9-1-417 ༄༅། །རྡོ་རྗེ་གཞོན་ནུའི་གསོལ་བསྡུས། ཨ་མྲ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ མཆོད་སྒྲུབ་བསྐང་བའི་རྫས་རྟགས་བརྒྱད་སྣ་བདུན་སོགས་སྤྱན་གཟིགས་བསམ་གྱིས་མི་ ཁྱབ་པ་དང་ཁྱད་པར་དུ་དགྲ་བགེགས་བསྒྲལ་བ་ལས་བྱུང་བའི་མཆོད་པའི་བྱེ་བྲག་དཔག་ ཏུ་མེད་པས་ཡོངས་སུ་གང་བར་གྱུར། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་རང་བཞིན་ གྱི་གནས་ནས་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་དམ་ཅན་སྲུང་མའི་ཚོགས་དང་བཅས་པ་ བཛྲ་ས་མཱ་ཛཿ ༀ་བཛྲ་ཀུ་མ་ར་ས་པཱ་རི་ཝ་ར་ན་མཿསརྦ་ཏ་ཐ་ག་ཏ་སོགས། བ་ལིང་ཏ་ཁ་ཁ་ ཁཱ་ཧི་ཁཱ་ཧི། ཞེས་པའི་བར་གྱིས་ལན་ལྔའམ་བདུན་ཕུལ་ནང་མཆོད་ཀྱང་འབྲུ་གསུམ་གྱིས་ཕུལ་ནས། ཧཱུཾ། སྐྱེ་མེད་ ཆོས་དབྱིངས་དག་པའི་ཀློང་ཡང་ནས། །སྐྱེ་བའི་ཆོ་འཕྲུལ་རབ་ཁྲོ ས་འཇིགས་པའི་སྐུ། །རྡོ་ རྗེ་གཞོན་ནུ་ཁྲོ་རྒྱལ་ཀུན་གྱི་གཙོ། །འཁོར་ལོ་རྒྱས་འདེབས་གསང་བའི་ཡུམ་དང་སྦྱོར། །འཇིགས་བྱེད་ཆེན་པོའི་ཐུགས་སྲས་རིགས་ལྔ་དང༌། །ཡེ་ཤེས་རོལ་བར་ཤར་བའི་ཁྲོ་བོ་བཅུ། །སྤྲུལ་པའི་ཕོ་ཉ་ཁྲ་ཐབས་ཉི་ཤུའི་ཚོགས། །སྒོ་མ་བཞི་དང་ཕུར་སྲུང་དམ་ཅན་སོགས། །མ་ ལུས་འཁོར་དང་བཅས་ལ་གུས་པས་བསྟོད། །རྣལ་འབྱོར་སྒྲུབ་པོའི་སྔགས་རྒྱས་རབ་སྤེལ་ བའི། །དགྱེས་རྫས་ལེགས་པར་བཀོད་པའི་མཆོད་པ་འདི། །དཔལ་ཆེན་འཁོར་དང་བཅས་ པས་ཉེར་བཞེས་ནས། །བདག་ཅག་རྣམས་ལ་ཕྱི་ནང་གསང་བ་ཡི། །མི་མཐུན་འགལ་རྐྱེན་མ་ ལུས་ཞི་བ་དང༌། །ཆོས་ཀྱི་མཐུན་རྐྱེན་མཐའ་དག་ཡོངས་རྒྱས་ནས། །སྲིད་པ་རྡོ་རྗེ་ཕུར་བའི་ བསྙེན་སྒྲུབ་ལ། །བརྟེན་ནས་ལས་བཞིའི་འཕྲིན་ལས་ཀུན་འགྲུབ་ཏེ། །ཕུར་དགོངས་བཞི་ཡི་ རྣལ་འབྱོར་མཐར་ཕྱིན་མཛོད། །ཁྱད་པར་ཡང་དག་ལམ་བཟང་བསྒྲུབས་པའི་བགེགས། །མ་ རུང་དམ་སྲི་རྒྱལ་གདོན་ལ་སོགས་པ། །ཉེ་བར་འཚེ་བའི་རིགས་ནི་མཐའ་དག་ཀུན། །མིང་ གི་ལྷག་མར་མཐུ་དཔུང་སྟོབས་ཀྱིས་མཛོད། །ཅེས་པའི་འདོད་གསོལ་བྱའོ། །རྡོ་རྗེ་གཞོན་ནུའི་གསོལ་བསྡུས་ 9-1-418 འདི་ཡང་ལྷ་འདིའི་བསྙེན་མཚམས་པ་ཞིག་ལ་མཁོ་ནས་མ་ཏི་ཀིརྟིས་བྲིས།། །། ༄༅། །རྡོ་རྗེ་ཕུར་བའི་བསྐང་བསྡུས་བར་ཆད་ཀུན་སེལ་ 9-1-419 ཞེས་བྱ་བ་བཞུགས་སོ། ། ༄༅། །ཧཱུཾ། འོག་མིན་ཆོས་དབྱིངས་གནས་མཆོག་ནས། །རྡོ་རྗེ་གཞོན་ནུ་ཡབ་ཡུམ་ དང༌། །ཁྲོ་བཅུ་སྤྲུལ་པ་ཁྲ་ཐབས་ཚོགས། །སྒོ་སྐྱོང་དམ་ཅན་བསྲུང་མར་བཅས། །དད་དང་ དམ་ཚིག་དབང་གིས་ནི། །རྣལ་འབྱོར་དག་སྣང་མོས་པའི་རྒྱན། །སྐད་ཅིག་ཡུན་ལ་ཐོགས་ མེད་གཤེགས། །མདུན་མཁར་གདན་ལ་ལེགས་བཞུགས་གསོལ། །ༀ་ཨཱཿཧཱུཾ། སྒྲུབ་པོའི་ ཏིང་འཛིན་དག་པའི་འཕྲུལ། །ཕྱི་མཆོད་ཉེར་སྤྱོད་རྣམ་པ་ལྔ། །དམར་ཆེན་ཨརྒྷཾ་དབང་ལྔའི་ འབྲས། །ཚིལ་ཆེན་སྤོས་སྦྱར་ཞུན་ཆེན་སྒྲོན། །མཁྲི ས་པའི་དྲི་ཆབ་ཤ་ཆེན་བཤོས། །རྐང་གླིང་ རོལ་མོ་སྙན་པའི་དབྱངས། །དྲག་པོའི་ཆས་ཀྱིས་རྣམ་བརྒྱན་པ། །གཞན་ཡང་ནང་གི་དགྱེས་ པའི་རྫས། །རྩ་བརྒྱད་སྟོང་སྦྱར་ཨ་མྲ་ཏ། །དྲག་པོའི་དམར་ཆེན་རཀྟའི་སྐྱེམས། །དཔལ་གྱི་ གཏོར་ཆེན་བརྗིད་ལྡན་པ། །གསང་བ་སྦྱོར་སྒྲོལ་རྨད་དུ་བྱུང༌། །ཕྱི་ནང་གསང་བའི་མཆོད་ སྤྲིན་ཚོགས། །རབ་འབྱམས་འཛད་མེད་ནམ་མཁའ་མཛོད། །ཀུན་ནས་དགྱེས་པ་བསྐྱེད་ཕྱིར་ འབུལ། །མཆོད་ཡུལ་རྩ་གསུམ་འདུས་པའི་བདག །ཡི་དམ་རྡོ་རྗེ་གཞོན་ནུ་དང༌། །ཡུམ་ཆེན་ འཁོར་ལོ་རྒྱས་འདེབ་མ། །སྲས་མཆོག་རིགས་ལྔ་ཁྲོ་རྒྱལ་བཅུ། །ཟ་གསོད་ཁྲ་ཐབས་སྒོ་མ་ བཞི། །ཕུར་སྲུང་བཅུ་གཉིས་སྐྱེས་བཞི་སོགས། །མ་ལུས་འཁོར་བཅས་དགྱེས་བསྐངས་ནས། །རྣལ་འབྱོར་སྒྲུབ་པོའི་ཚོགས་ཆེན་རྫོགས། །ཉམས་ཆག་མཐའ་དག་ཀུན་བྱང་ཏེ། །མཆོག་ ཐུན་དངོས་གྲུབ་ལེགས་སྒོ་ཕྱེས། །དག་ཚངས་མཆོག་གི་དངོས་གྲུབ་སྩོལ། །གཞན་ཡང་ཕྲིན་ ལས་བཅོལ་བ་ནི། །གནས་སྐབས་དམ་ཆོས་སྒྲུབ་པའི་གེགས། །ཕྱི་ནང་གསང་བའི་བར་ཆད་ སོལ། །ཆོས་བློ་གསར་བའི་འཕེལ་ཁ་རྒྱས། །གསང་ཆེན་སྔགས་ལ་ནུས་མཐུ་སྙེ ད། །མངོན་ སྤྱོད་དྲག་པོའི་དབལ་ཟུར་རྣོ། །རིགས་སྔགས་ལས་ལ་ཐོགས་མེད་པས། །ཞིང་བཅུ་སྡིག་ཅན་ 9-1-420 གཞོམ་པ་དང༌། །ཆབས་ཅིག་བསྟན་འགྲོའི་བདེ་སྐྱིད་སྤེལ། །མཐུ་ནུས་ཟླ་དང་བྲལ་བ་ཡི། སྔགས་རིག་འཛིན་པའི་གོ་འཕང་ཉིད། །མི་འགྱངས་མྱུར་ནས་ཐོབ་པར་མཛོད། །དེ་འདྲའི་ གནས་སྐབས་ལ་བརྟེན་ནས། །བསྟན་འགྲོར་ལེགས་ཕན་སྒྲུབ་པའི་ངང༌། །རླབས་ཆེན་ ཚོགས་གཉིས་ཡོངས་རྫོགས་ཏེ། །དཔལ་ཆེན་དགོངས་ཀློང་མྱུར་མངོན་ཤོག །ཅེས་རྡོ་རྗེ་ཕུར་བའི་ བསྐང་བསྡུས་བར་ཆད་ཀུན་སེལ་ཞེས་བྱ་བ་འདི་ཡང་ཤི་ནང་བླ་མ་ཀུན་དགའ་ལ་མཁོ་ནས་མ་ཏིས་ཤར་མར་སྤེལ་བའོ།། །། ༄༅། །ཁྱུང་ཁྲའི་བདག་བསྐྱེད་མདོར་བསྡུས་སྐོར་བཞུགས། 9-1-421 ༄༅། །སྐད་ཅིག་ཡེ་ཤེས་བྱ་ཁྱུང་སྐུ། །ཁམས་དྲུག་རང་མདོག་སྣ་ཚོགས་ཅན། །ཀླུ་ གདོན་གཉན་འཇོམས་མཆོག་གི་བདག །སྣང་ལ་རང་བཞིན་མེད་པར་གསལ། །ༀ་པཱ་ཀྵ່་ སྭཱཧཱ། ཅི་ནུས་བཟླ། རབ་དཀར་བསོད་ནམས་བསགས་སྟོབས་ཀྱིས། །ཚེ་འདིར་ནད་གདོན་རྐྱེན་ ངན་ཀུན། །ཡེ་ཤེས་ཁྱུང་གི་བྱིན་རླབས་མཐུས། །རབ་འཇོམས་ཞི་བདེའི་རྟག་འཚོ་ཤོག ། འདི་ ཡང་རིན་ཆེན་ཚུལ་ཁྲི མས་ལ་མཁོ་ཕྱིར། མ་ཏིས་སོ།། ༈ ཁྱུང་ཁྲ་མདོར་བསྡུས་ནི། སྐྱབས་སེམས་སྤྱི་ལྟར་བྱས་ལ། རང་ཉིད་སྐད་ཅིག་ཐ་མལ་འདི་སྣང་སྦྱངས། །རང་གསལ་ཁམས་དྲུག་ཡེ་ཤེས་རང་མདངས་ཉིད། །བྱ་ཁྱུང་མཚན་ཉིད་ཀུན་ཚང་སྣ་ཚོགས་ མདོག །འོད་ཕུང་དབུས་ན་ཡོངས་རྫོགས་སྐད་ཅིག་གསལ། ༀ་པཱ་ཀྵ່་སྭཱཧཱ། ཅི་ནུས་མཐར། དགེ་འདིས་ལུས་འདི་བོར་མ་ཐག་ཉིད་དུ། །ཀ་ལཱ་པ་རུ་ཡེ་ཤེས་སྐུ་འགྲུབ་སྟེ། །རིང་མིན་དོན་ གཉིས་ལྷུན་གྲུབ་དཔལ་ལ་དབང༌། །འཕྲིན་ལས་འགྲོ་ཀུན་འདྲེན་པའི་མགོན་དུ་ཤོག ། ཅེས་ པ་འ་ཀྱོ་ལ་མཁོ་ནས། མ་ཏིས་སོ།། །། ༈ ཀྵཾ། སྐད་ཅིག་ཡེ་ཤེས་བྱ་ཁྱུང་སྐུ། །ཁམས་དྲུག་རང་མདོག་སྣ་ཚོགས་ཅན། ཀླུ་གདོན་ གཉན་འཇོམས་མཆོག་གི་བདག །སྣང་ལ་རང་བཞིན་མེད་པར་གསལ། ༀ་པཱ་ཀྵ່་སྭཱཧཱ། ཅི་ ནུས་བཟླ། རབ་དཀར་བསོད་ནམས་བསགས་སྟོབས་ཀྱིས། །ཚེ་འདིར་ནད་གདོན་རྐྱེན་ངན་ ཀུན། །ཡེ་ཤེས་ཁྱུང་གི་བྱིན་རླབས་མཐུས། །རབ་འཇོམས་ཞི་བདེས་རྟག་འཚོ་ཤོག །འདི་ཡང་ མ་ཏིས་སོ།། །། ༄༅། །མི་འཁྲུགས་པའི་བདག་བསྐྱེད་མདོར་བསྡུས་ 9-1-422 བཞུགས། ༄༅། །སྐྱབས་སེམས་ནི། ན་མོ། བླ་མ་དང་གཉིས་སུ་མེད་པ་སྐྱབས་གནས་ཀུན་འདུས་ མི་བསྐྱོད་རྒྱལ་པོར་སྐྱབས་སུ་མཆི་ཞིང་མ་ལུས་སེམས་ཅན་དོན་དུ་ལྷའི་རྣལ་འབྱོར་བསྒོམ་ པར་བགྱིའོ། །ལན་གསུམ། བདག་བསྐྱེད་ནི། བསོད་ནམས་ཞིང་མཆོག་ཡོངས་ལ་གུས་ཕྱག་འཚལ་ ཞིང་མཆོད་འབུལ་སྡིག་ཀུན་བཤགས་སོ། །སྐད་ཅིག་གིས་ཕུང་ཁམས་སྟོང་པར་སྦྱངས་པའི་ ངང་ནས་གླང་པོས་བཏེགས་པའི་ཁྲི་ལ་པད་ཟླའི་སྟེང་དུ་ཧཱུཾ་ཡིག་འཕྲོ་འདུ་ལས་བདག་ཉིད་ མི་འཁྲུགས་པ་སྐུ་མདོག་སྔོན་པོ། ཞལ་གཅིག་ཕྱག་གཉིས་ས་གནོན་མཉམ་བཞག་ཅན་རྡོ་ རྗེ་རྩེ་ལྔའི་ཕྱག་མཚན་རིན་ཆེན་དར་གོས་རྒྱན་ལྡན་མཚན་དཔེ་རབ་རྫོགས་སྐྱིལ་ཀྲུང་གིས་ བཞུགས་པ་དམ་ཚིག་སེམས་དཔའི་སྙིང་ཁར་རང་འདྲའི་མི་བསྐྱོད་པ་ཡེ་ཤེས་སེམས་དཔའ་ རང་གསལ་གྱི་ཐུགས་ཀར་ཧཱུཾ་ཡིག་སྔོན་པོ་ཏིང་ངེ་འཛིན་སེམས་དཔའི་ཚུལ་དུ་དམིགས་པ་ དེའི་མཐར་གཟུངས་སྔགས་སྔོ་མཐིང་གིས་བསྐོར་བ་ལས་འཕྲོས་པའི་འོད་ཟེར་གྱིས་ངན་ འགྲོའི་ལས་སྒྲིབ་སྦྱངས་པར་བསམ་ལ། ཀཱཾ་ཀ་ནི་ཅི་འགྲུབ་བཟླ་མཐར་བསྔོ་བ། རབ་དཀར་མཐུ་རླབས་ ཆེ་བ་འདིས་དམིགས་ཡུལ་ཆྒཻ་མོས། གཙོར་གྱུར་མཐའ་ཡས་པའི་འགྲོ་བ་སྡུག་བསྔལ་མཐའ་ དག་ལས་མྱུར་ནས་གྲོལ་བར་གྱུར་ཅིག ཅེས་པ་འདི་ཡང་དངོས་གྲུབ་དཔལ་དང་ཚུལ་ཁྲི མས་རྒྱ་མཚོ་ཟུང་ལ་ མཁོ་ནས། མ་ཏིས་སྨྲས་པའོ།། །། ༄༅། །རྣམ་རྒྱལ་མའི་བདག་བསྐྱེད་མདོར་བསྡུས་བཞུགས། 9-1-423 ༄༅། །རྣམ་རྒྱལ་མའི་བདག་བསྐྱེད་མདོར་བསྡུས་ཚིགས་བཅད་མ་ནི། ན་མོ་བྱིན་རླབས་མ་ལུས་འདུས་ པའི་གཏེར། །འཕགས་མ་བརྒྱུད་རིམ་བཅས་ལ་གུས་གསོལ་འདེབས། །རིག་སྔགས་ཟབ་ མོའི་མཐུ་ནུས་རབ་རྒྱས་ཤིང༌། །དོན་གཉིས་དཔལ་ཡོན་དངོས་གྲུབ་གང་འཚམ་སྩོལ། །ལན་ གསུམ། བླ་མ་ཡེ་ཤེས་ལྷ་མོ་བརྒྱུད་ལྡན་ཚོགས། །དཀོན་མཆོག་རིན་ཆེན་གསུམ་ལ་སྐྱབས་སུ་ མཆི། །མར་གྱུར་འགྲོ་ཀུན་དོན་དུ་བྱང་ཆུབ་ཆེད། །རྣམ་པར་རྒྱལ་མའི་བཟླས་སྒོམ་ཟབ་མོར་ བགྱིད། །ལན་གསུམ། སྐད་ཅིག་རང་གསལ་ཡེ་ཤེས་མདངས་ལས་འཕྲུལ། །མཆོད་རྟེན་མཚན་ ཉིད་ཡོངས་རྫོགས་བུམ་པའི་ནང༌། །བྷྲཱུཾ་ཡིག་གནས་འགྱུར་པད་ཟླའི་གདན་གྱི་སྟེང༌། །བདག་ ཉིད་འཕགས་མ་རྣམ་པར་རྒྱལ་མའི་སྐུ། །དཀར་གསལ་ཞལ་གསུམ་གཡས་སེར་གཡོན་སྔོ་ མ། །དབུས་དཀར་ཞི་བའི་སྤྱན་གསུམ་རེ་དང་བཅས། །ཕྱག་གཡས་བཞི་ཡིས་སྣ་ཚོགས་རྡོ་ རྗེ་དང༌། །པད་སྟེང་འོད་དཔག་མེད་དང་མདའ་མཆོག་སྦྱིན། །གཡོན་བཞིས་སྡིགས་མཛུབ་ གཞུ་དང་སྐྱབས་སྦྱིན་བུམ། །ཞབས་གཉིས་སྐྱིལ་ཀྲུང་རིན་ཆེན་དར་གྱིས་མཛེས། །གཡས་ གཡོན་སྤྱན་གཟིགས་ཕྱག་རྡོར་དཀར་སྔོན་མདོག །པད་སྡོང་ཨུཏྤལ་རྔ་ཡབ་རེ་རེ་འཛིན། །དར་དང་རིན་ཆེན་རྒྱན་ལྡན་བཞེངས་སྟབས་བཞུགས། །ཤར་ལྷོ་ནུབ་བྱང་ཕྱོགས་བཞིར་ ཁྲོ་ཆེན་བཞི། །མི་གཡོ་འདོད་རྒྱལ་དབྱུག་སྔོན་སྟོབས་པོ་ཆེ། །གཡས་རྣམས་རལ་གྲི་ལྕགས་ ཀྱུ་དབྱུག་པ་དང༌། །རྡོ་རྗེ་རྩེ་གསུམ་གཡོན་རྣམས་སྡིགས་མཛུབ་ཅན། །མཐིང་ཁ་རབ་ཁྲོ ས་ སྤྱན་གསུམ་མཆེ་བ་གཙིགས། །སྐྲ་ནག་ཐོར་ཚུགས་སྟག་ལྤགས་སྦྲུལ་རྒྱན་བཅས། །མེ་དཔུང་ ནང་བཞུགས་གཙོ་མོའི་སྟེང་གི་མཁར། །གནས་གཙང་ལྷའི་བུ་གཉིས་པོས་བུམ་ཁྲུས་གསོལ། །ཐམས་ཅད་གནས་གསུམ་ༀ་ཨཱཿཧཱུཾ་གསུམ་པོ། །དཀར་དམར་སྔོ་མདོག་དཔྲལ་བར་ཏྲཱཾ་སེར་ པོ། །ལྟེ་བར་ཧྲཱིཿདམར་བརླ་གཉིས་ཨཾ་ཨཱཿལྗང༌། །དམ་ཡེ་གཉིས་མེད་དབང་བསྐུར་རང་ཆས་ 9-1-424 རྫོགས། །གཙོ་མོ་རྣམ་སྣང་སྤྱན་གཟིགས་འོད་དཔག་མེད། །ཕྱག་རྡོར་ཁྲོ་བཞི་མི་བསྐྱོད་ལྷའི་ བུ་གཉིས། །རིན་འབྱུང་རིགས་སུ་རང་གསལ་ཚུལ་དུ་སྐྱེས། །ཡེ་ཤེས་རང་སྣང་མཆོད་བསྟོད་ དཔག་ཡས་སྤྲུལ། །ཐུགས་ཀར་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ། །བྷྲཱུཾ་ཡིག་སྲུང་སྔགས་གཟུངས་ རིང་སྔགས་ཐུང་གཉིས། །ཚེ་སྤེལ་སྔགས་བཅས་ནང་ནས་ཕྱི་རིམ་དུ། །དཀར་གསལ་དྭངས་ པའི་མདོག་ལ་ཡིད་གཏད་དེ། །ཤུགས་འབྱུང་རང་བབས་ངང་ནས་གསལ་བར་བསྐྱེད། །སྣང་ ལ་རང་བཞིན་མེད་པ་ཆུ་ཟླ་ལྟར། །འཛིན་བྲལ་གཉིས་སུ་བལྟ་བཞིན་རིགས་སྔགས་བཟླ། །སྲུང་སྔགས་གཟུངས་རིང་ཐུང་ཚེ་བསྙེན་རྣམས་ཅི་ནུས་བཟླ་མཐར། ལྷ་ཚོགས་རྟེན་བཅས་སྟོང་གསལ་ངང་དུ་ བསྡུ། །སླར་ཡང་ཞལ་གཅིག་ཕྱག་གཉིས་གཙོ་ལྷར་བཞེངས། །དགེ་བ་འདི་ཡིས་རིང་མིན་ འཕགས་མའི་སྐུ། །ཇི་བཞིན་མངོན་བྱས་དོན་གཉིས་ལྷུན་གྲུབ་ཤོག །འདི་ཡང་དངོས་གྲུབ་དཔལ་དང་ ཚུལ་ཁྲི མས་རྒྱ་མཚོ་ཟུང་ལ་མཁོ་ནས་མ་ཏིས་སོ།། །། 9-1-425 ༄༅། །ལེགས་ལྡན་ནག་པོ་ཆེན་པོའི་བསྐྱེད་བསྡུས་བཞུགས། ༄༅། །རབ་འབྱམས་རྒྱལ་ཀུན་བདག་ཉིད་རྡོ་རྗེ་འཆང༌། །བྲམ་ཟེ་ཆེན་པོ་ལ་སོགས་ བཀའ་བརྒྱུད་ཚོགས། །གུས་ཕྱག་འཚལ་ཞིང་མཆོག་གསུམ་སྐྱབས་སུ་བསྟེན། །བསྟན་དགྲ་ སྒྲོལ་ཕྱིར་ཆོས་སྐྱོང་བསྙེན་སྒྲུབ་བྱ། །ལན་གསུམ། སྐད་ཅིག་རང་མདུན་ནམ་མཁར་སྤྲིན་ནག་ ཀློང༌། །མེ་རི་དགུ་འཁྱི ལ་དབུས་ན་པད་ཉིའི་གདན། །དེ་སྟེང་ཧཱུཾ་ཡིག་ལས་བྱུང་ནག་པོ་ཆེ། །དམ་ཡེ་གཉིས་མེད་ཚུལ་གྱི་རང་བཞིན་སྐུ། །དཔའ་བོ་རབ་འཇིགས་སྟག་གི་ཤམ་ཐབས་ ཅན། །ཁྲོ་གཉེར་རབ་གཡོ་མི་ཐུང་གསུས་པོ་ཆེ། །སྤྱན་གསུམ་དམར་ཟླུམ་མཆེ་གཙིགས་ ལྗགས་འགྲིལ་བ། །སྨ་ར་སྨིན་མ་མེ་ལྕེ་རབ་བསྐྱོད་ཅིང༌། །རལ་པ་ཁམས་ནག་མཁའ་ལ་ འཕྱོ་བའི་གསེབ། །མི་བསྐྱོད་རིགས་ཀྱི་བདག་པོས་རྒྱས་གདབ་པ། །གྲི་ཐོད་དང་བཅས་ ཕྱག་དབུས་གཎྜི་བསྣམས། །སྦྲུལ་དང་རུས་རྒྱན་སྣ་ཚོགས་དར་གྱིས་བཀླུབས། །ཐོད་པ་སྐམ་ རློན་འཇིགས་པའི་ཆས་ཀུན་རྫོགས། །མཁའ་ལྡི ང་ལ་སོགས་སྤྲུལ་པའི་ཕོ་ཉ་དང༌། །འཁོར་ ཚོགས་དམ་ཅན་རྒྱ་མཚོའི་ཚོགས་བཅས་ཀུན། སྣང་ལ་རང་བཞིན་མེད་པའི་ཚུལ་དུ་གསལ། །མགོན་པོའི་ཐུགས་ཀར་ཉི་སྟེང་ཧཱུཾ་ཡིག་མཐར། །སྔགས་ཕྲེང་ཁ་དོག་སྔོ་མཐིང་བསྐོར་བ་ལ། །མ་ཡེངས་དྲན་པའི་ངང་ནས་སྙིང་པོ་བཟླ། །ཡི་གེ་བདུན་པ་སོགས་ཅི་འགྲུབ་བཟླ་མཐར། ཐུགས་སྲོག་ སྔགས་ཕྲེང་བཅས་ལས་འོད་ཀྱི་དཔུང༌། །མེ་ཞགས་འཁྱིལ་འདྲའི་ཚྭ་ཚྭ་མི་བཟད་པས། །མ་ རུང་བསྟན་ལ་སྡང་བའི་སྡིག་ཅན་ཚོགས། །རབ་བསྲེགས་རྣམ་སྨིན་ཤེས་པའི་སྒྲིབ་སྦྱང་གྱུར། །བར་བསམ་ལ། བཟླ་བར་བྱའོ། །ཐུན་མཐར། ཏིང་འཛིན་སྔགས་རྒྱས་རབ་སྤེལ་མཆོད་གཏོར་ཚོགས། །ཟག་མེད་བདེ་བསྐྱེད་མཁའ་དབྱིངས་ཀུན་ཁྱབ་པ། །གང་འདིས་ནག་པོ་ཆེན་པོའི་དགྱེས་པ་ བསྐངས། །དག་ཚང་མཆོག་གིས་སྒྲུབ་པོའི་བསམ་དོན་བསྒྲུབས། །ལེགས་ལྡན་སྲས་པོ་ཡེ་ 9-1-426 ཤེས་སྤྱན་མངའ་བ། །གང་གི་སྐུ་གསུང་ཐུགས་མཆོག་མི་ཟད་གཏེར། །བདག་གི་ལུས་ངག་ ཡིད་གསུམ་དབྱེར་མེད་པར། །ནམ་ཡང་མི་འཇིགས་བསྲུང་བ་ཆེན་པོར་གྱུར། །བསོད་ནམས་ གང་དེས་རིག་སྔགས་འཆང་བ་བདག །དྲག་པོ་བསྒྲལ་བའི་དགོངས་པ་མཆོག་བརྙེས་ཏེ། །ཞིང་བཅུ་ཚང་བའི་སྡིག་ཅན་ཀུན་བསྒྲལ་ནས། །ལས་ངན་སྐྱེ་དམན་སྒོ་རྣམས་ཆོད་གྱུར་ཅིག །ཅེས་པའང་བརྩོན་འགྲུས་དཔལ་ལ་ཉེར་མཁོའི་ཆེད་དུ་དམིགས་ནས་མ་ཏིས་མིང་གིས་བྲིས།། །། 9-1-427 ༄༅། །ཁྱུང་ནག་གི་བསྐྱེད་པ་བཞུགས། ༄༅། །ན་མོ། སྣང་སྲིད་དག་མཉམ་དབྱིངས་ནས་བྱ་ཁྱུང་རྒྱལ། །གཉན་འདུལ་ཁྲོ་ ཆེན་རྗེ་ལ་སྐྱབས་སུ་མཆི། །མ་རིག་རྨོངས་དབང་གྱུར་པའི་མ་གྱུར་ཚོགས། །འཁོར་བ་ཕྲ་ རགས་སྦུབས་རྒྱ་མྱུར་ནས་སྒྲོལ། །ལན་གསུམ། ཁྲ໌ཿ སྐད་ཅིག་རང་ལུས་གནས་འགྱུར་སྟོང་པའི་ ངང༌། །པད་ཉིའི་གདན་ལ་ཁྲ໌ཿཡིག་ཡོངས་གྱུར་ལས། །ཡེ་ཤེས་མཁའ་ལྡི ང་གཙོ་ཆེན་ག་རུ་ ཊ། །མདོག་ནག་དུས་མཐའི་མུན་ལ་འགྲན་པའི་མདངས། །གནམ་ལྕགས་རྭ་དང་མཆུ་སྡེར་ སྒྲོ་གཤོག་དང༌། །དབུ་ལ་ནོར་བུ་འབར་བའི་རབ་ཏུ་མཛེས། །མཇུག་སྒྲོ་རབ་འབར་ཁྱུང་ཞལ་ ཕྱག་གཉིས་ཀྱིས། །ཀླུ་གདོན་གཉན་རིགས་གཙོ་བོ་སྦྲུལ་གཟུགས་བཟུང༌། །མགོ་བསྣོལ་ ཞལ་དུ་གསོལ་ཞིང་ཀྲང་ཀྲང་སྒྲོག །ཡེ་ཤེས་མེ་དཔུང་ཀློང་ན་འགྱིང་ཞིང་བརྗིད། །གདོད་ ནས་དམ་ཡེ་གཉིས་མེད་ཆེན་པོར་གསལ། །ཐུགས་ཀར་ཉི་མའི་སྟེང་དུ་ཁྲ໌ཿཡིག་ནག །དེ་ མཐར་རང་སྔགས་ཁ་དོག་དེ་མཚུངས་སུ། །གཡས་བསྐོར་སྦྲུལ་ལྟར་འཁྱི ལ་ལ་དམིགས་ པ་བཟུང༌། །ཁྱུང་སྔགས་ཅི་ནུས་ཀྱི་མཐར། སྐུ་ལས་སྤྲུལ་པའི་བྱ་ཁྱུང་གྲངས་མེད་ཚོགས། །ཕྱོགས་ བཅུར་རབ་སྤྲོས་ཀླུ་གཉན་ས་བདག་ཀུན། །དབང་མེད་ལས་ལ་རབ་བཀོལ་དེ་ཐམས་ཅད། །ཡེ་ཤེས་ཁྱུང་གི་བཀའ་གཉན་གསུང་སྡོད་གྱུར། །ཁྱུང་ཆེན་འོད་གསལ་དབྱིངས་སུ་བསྡུས་ ནས་སླར། །དཔལ་ཆེན་ཁྱུང་གི་སྐུ་རུ་ལེགས་བཞེངས་ནས། །གསང་གསུམ་མི་ཤིགས་རྡོ་ རྗེས་ཉེར་གཏམས་སྟེ། །བར་ཆད་གང་གིས་གླགས་མི་རྙེད་པར་སྲུང༌། །ༀ་བཛྲ་ག་རུ་ཊ་རཀྵ་ རཀྵ་ཡེ་སྭཱཧཱ། ལན་གསུམ་གྱི་མཐར་བསྔོ་བ་ཅི་རིགས་བྱའོ། །འདི་ཡང་དངོས་གྲུབ་དཔལ་གྱི་ངོར་མ་ཏིས་སོ།། །། ༄༅། །ཆེ་མཆོག་བསྐྱེད་བཟླས་བཞུགས། 9-1-428 ༈ སྐད་ཅིག་དྲན་རྫོགས་ཀུན་བཟང་སྐུ། །ཡབ་ཡུམ་ཟུང་འཇུག་རྒྱན་ཆས་རྫོགས། །ཞི་ བའི་ལྷ་ཚོགས་སྤྲོ་བའི་གཞི། །གདོད་མའི་མགོན་པོར་རང་གསལ་གྱུར། །ༀ་ཨ་ལི་ཀ་ལི་ཛྙཱ་ ན་པཉྩ་ས་ཏྭ་ཨཱཿཧཱུཾ་སྭཱཧཱ། རང་ཉིད་གནས་འགྱུར་དཔལ་ཆེན་སྐུ། །ཆེ་མཆོག་ཡབ་ཡུམ་ཁྲོ་བོའི་ ཆས། །ཡེ་ཤེས་མེ་དཔུང་ཀློང་ན་བཞུགས། །རང་གསལ་འཛིན་མེད་རིག་ངོར་བསྐྱེད། །ༀ་ བཛྲ་ཀྲོ་ངྷ་མཧཱ་ཤྲཱི་ཧེ་རུ་ཀ་ཧཱུཾ་ཕཊཿ འདི་ཡང་བརྩོན་འགྲུས་དཔལ་ལ་མཁོ་ཕྱིར། མ་ཏིས་སོ།། །། ༈ སྐུ་གསུང་ཐུགས་ཡོན་ཕྲིན་ལས་དང༌། །རྦོད་གཏོང་རིག་འཛིན་མཆོད་བསྟོད་ལྷ། །དྲག་སྔགས་ཆེ་བཙན་དཔལ་དགུའི་བདག །ཆེ་མཆོག་ཧེ་རུ་ཀ་ལ་འདུད། །ༀ་བཛྲ་ཀྲོ་དྷ་མཧཱ་ ཤྲཱི་ཧེ་རུ་ཀ་ཧཱུཾ་ཕཊ། ཅི་ནུས་བཟླ། འདི་ཡང་བརྩོན་འགྲུས་དཔལ་ལ་མཁོ་ནས་མ་ཏིས་སོ།། །། 9-1-429 ༄༅། །ཚེ་ལྷ་གསུམ་སྦྲེལ་གྱི་སྒྲུབ་ཐབས་ཡང་ཟབ་ངེས་དོན་ དགོངས་བཅུད་ཅེས་བྱ་བ་བཞུགས་སོ། ། ༄༅། །འཆི་མེད་དབང་པོ་རྣམ་གསུམ་ལྷ་ལ་གུས་པས་ཕྱག་འཚལ་ཏེ། འདིར་ཚེའི་ལྷ་གསུམ་སྦྲེལ་གྱི་སྒྲུབ་ཐབས་མན་ ངག་ཟབ་བསྡུས་བྱ་བ་ལ། སྦྱོར་དངོས་རྗེས་གསུམ་ལས། དང་པོ་ལ། གསོལ་འདེབས་ནི། ཆོས་སྐུ་གདོད་མའི་རང་ མདངས་ལས་ཤར་བ། །འཆི་མེད་ཀུན་གཟིགས་རྒྱལ་བ་ཚེ་མཐའ་ཡས། །ཡིད་བཞིན་འཁོར་ ལོ་གཙུག་ཏོར་རྣམ་པར་རྒྱལ། །གཤིས་ལུགས་རང་གསལ་ངང་ནས་གུས་གསོལ་འདེབས། །སྐྱབས་སུ་འགྲོ་བ། དཔལ་ལྡན་དང་པོའི་སངས་རྒྱས་སྒྱུ་འཕྲུལ་གར། །སྐྱབས་ཀུན་འདུས་ པའི་ངོ་བོར་ཡོངས་བཞེངས་པ། །འཆི་མེད་དབང་པོ་རྣམ་གསུམ་ཐུགས་རྗེའི་གཏེར། །དེང་ ནས་བྱང་ཆུབ་བར་དུ་སྐྱབས་སུ་བསྟེན། །ལན་གསུམ། སེམས་བསྐྱེད་པ། དོན་དམ་གཤིས་ལ་སྐྱེ་འཆི་ ཡེ་དག་པ། །ཀུན་རྫོབ་དྲི་མས་རང་ངོ་ལ་རྨོངས་ཚུལ། །འགྲོ་ཀུན་ལ་ཡང་སྙིང་རྗེའི་སེམས་ བསྐྱེད་དེ། །འཆི་མེད་ཚེ་མཆོག་ལྷ་ཞལ་མྱུར་མངོན་བགྱི། །ལན་གསུམ་ཚོགས་བསགས་ཐབས། ཆོས་ དབྱིངས་གཉུག་མ་འཆི་མེད་ལྷར་ཤར་བ། །མངོན་གསལ་སད་ལ་གུས་ཕྱག་མཉེས་མཆོད་ འབུལ། །སྡིག་བཤགས་ཆོས་སྐུའི་འཕྲུལ་ལ་རྗེས་ཡི་རང༌། །ཆོས་ཉིད་ཚུལ་སྟོན་རང་མདངས་ རིས་བྲལ་ཞིང༌། །བསོད་ནམས་འཇིགས་མེད་རྡོ་རྗེའི་སྲོག་གི་ཕུལ། །ཚེ་དང་ཡེ་ཤེས་དཔག་ ཡས་རབ་དར་བ། །འཁོར་འདས་སྲོག་གི་དྭངས་མར་མྱུར་དབང་སྟེ། །འོད་གསལ་འཕོ་འགྱུར་ མེད་པའི་དགོངས་ཆེན་དུ། །རབ་གྲོལ་གཉུག་མ་ཚེ་ཡི་དཔལ་ཐོབ་ནས། །གཞི་དབྱིངས་ བགྲེས་རྒུད་བྲལ་བ་རྡོ་རྗེའི་སྐུ། །རྣམ་གསུམ་ལྷ་ཡི་ཟག་བྲལ་འཇའ་ལུས་སུ། །ཡོངས་དྭངས་ འཆི་མེད་དངོས་གྲུབ་མྱུར་མངོན་ཤོག །ལན་གསུམ། གཉིས་པ་དངོས་གཞི་ལ། ལྷ་བསྐྱེད། བཟླས་པ། བསྡུ་ལྡང༌གསུམ་ལས། དང་པོ་ནི། སྐད་ཅིག་རང་གསལ་ཆོས་ 9-1-430 སྐུའི་དགོངས་ཆེན་ལས། །མ་དག་བེམ་ལུས་རབ་དྭངས་སྟོང་པའི་དབྱིངས། །རང་གསལ་ སྟོང་གཟུགས་སྒྱུ་འཕྲུལ་དྲྭ་བའི་ལྷ། །འཆི་མེད་དབང་མོ་གཙུག་ཏོར་རྣམ་པར་རྒྱལ། །རབ་ དཀར་སྟོན་ཟླ་འབུམ་ལྟར་ཆེས་གསལ་བ། །ཞལ་གཅིག་ཞི་བའི་སྤྱན་ཟུང་གིས་མཛེས་ཤིང༌། །ཕྱག་གཡས་རྡོ་རྗེ་རྒྱ་གྲམ་མཁའ་ལ་ཕྱར། །གཡོན་པས་སྡིགས་མཛུབ་དང་བཅས་ཞགས་པ་ བསྣམས། །དར་དང་རིན་ཆེན་རྒྱན་རྫོགས་སྐྱིལ་ཀྲུང་བཞུགས། །ལང་ཚོ་རབ་རྒྱས་མཛེས་ སྡུག་སྒེག་མོའི་ཚུལ། །དམ་ཚིག་སེམས་དཔར་གསལ་བའི་ཐུགས་ཀ་རུ། །སྒྲོལ་དཀར་ཡིད་ བཞིན་འཁོར་ལོ་ཞལ་གཅིག་མ། །ཕྱག་གཉིས་ཞབས་ཟུང་སེམས་སྐྱིལ་རང་རིགས་ཀྱི། །ཕྱག་མཚན་རྒྱན་ཆས་ཀུན་རྫོགས་དེའི་ཐུགས་ཀར། །ཚེ་དཔག་མེད་མགོན་ལོངས་སྐུའི་ཆ་ ལུགས་ཅན། །མཉམ་བཞག་ཕྱག་གིས་ཚེ་བུམ་དང་བཅས་ཏེ། །གང་གི་ཐུགས་ཀར་ཉི་མ་ ལ་གནས་པའི། །ཀུན་གྱི་ས་བོན་དབུས་སུ་ཧྲཱིཿཡིག་དམར། །གཡས་གཡོན་ཏཱཾཿདང་བྷྲཱུཾཿཡིག་ དཀར་གསལ་མདོག །དེ་མཐར་ཚེ་ལྷ་གསུམ་གྱི་གཞི་སྙིང་གཅིག །གཟུངས་སྔགས་འཕྲེང་ བ་དཀར་ལ་དམར་བའི་མདངས། །གཡས་བསྐོར་སྦྲུལ་འཁྱིལ་ལྟ་བུའི་རྣམ་པར་གསལ། །དེ་ ཡང་དམ་ཚིག་ཡེ་ཤེས་ཏིང་འཛིན་སེམས། །གདོང་མ་ཉིད་ནས་རང་ཆས་ལྷུན་གྲུབ་ཏུ། །དམ་ ཡེ་གཉིས་སུ་མེད་ཅིང་དབང་བསྐུར་ཀྱང༌། །ཡེ་རྫོགས་ཆོས་ཉིད་རྩལ་དུ་གཤིས་ནས་ཤར། །དེ་གསུམ་རང་རང་པད་ཟླའི་གདན་ལ་བཞུགས། །སྣང་སྲིད་དག་མཉམ་མཆོད་སྤྲིན་རབ་ འབྱམས་སྤྲོ། །ཡེ་ཤེས་རོལ་པའི་རྒྱན་བཟང་ཅིར་ཡང་འགྱེད། །དེ་འདྲའི་སེམས་དཔའ་སུམ་ བརྩེགས་ཚུལ་གྱིས་སུ། །འཁོར་འདས་སྲོག་ཆེན་སྒྱུ་མའི་གཟུགས་སྐུ་ཉིད། །ཀུན་ཁྱབ་ཆོས་ དབྱིངས་ཀློང་དུ་འཛིན་མེད་བལྟ། །གཉིས་པ་བཟླས་པ་ནི། སུམ་བརྩེགས་སེམས་དཔའི་ཐུགས་ སྲོག་སྔགས་འཕྲེང་བཅས། །རང་གསལ་རིག་སྟོང་རྗེན་ངོ་གང་ཤར་དུ། །མ་བཅོས་སོ་མ་ མཉམ་བཞག་རྩེ་གཅིག་ངང༌། །ཡི་དམ་རྒྱ་མཚོའི་དགོངས་ཆེན་གཅིག་ཏུ་མོས། །ལ་ཚེ་ལྷ་རྣམ་ 9-1-431 གསུམ་ཀྱི་སྙིང་པོ་གཅིག་སྒྲིལ་འབྲུ་བཅོ་བརྒྱད་པ་ནི། ༀ་ཨ་ཡུརྫྙཱ་ན་ཏུཏྟཱ་རེ་ཨུཥྞི་ཥ་བི་ཛ་ཧྲཱིཿཏཱཾཿབྷྲཱུཾཿསྭཱཧཱ། ཞེས་པ་ ཅི་ནུས་བཟླ་ཞིང༌། བརྟན་གཡོའི་སྲོག་གི་དྭངས་མ་མི་འགྱུར་བ། །འོད་གསལ་བརྗོད་བྲལ་གཤིས་ འདི་ཡེ་ཤེས་ཀྱི། །རྡོ་རྗེའི་ཚེ་མཆོག་ཟླ་བྲལ་མི་ཤིགས་པ། །རང་ངོ་ཟིན་ཙམ་ངང་ནས་སྙིང་ པོ་བཟླ། །འབྲུ་བཅོ་བརྒྱད་པ་དངོས་གཞི་འདིའི་ངང་གཙོ་བོར་བསྙེན་བཟླས་གཟབ། གང་སྣང་རྣམ་གསུམ་ལྷ་ཡི་ ཆོས་སྐུར་ཤར། །རང་སྣང་དོན་དམ་རྣམ་ཀུན་བཀོད་མཚར་བ། །ཡི་དམ་རྒྱལ་བ་རྒྱ་མཚོའི་ དགོངས་ཉག་མར། །གཅིག་ཏུ་ཁོ་ཐག་ཆོད་ལ་རང་བབས་བཞག །ཡང་བཟླས་པ་ལ་འབད། རྒྱལ་ ཀུན་ཆོས་སྐུ་ཚེ་དཔག་མེད་པར་འཕྲུལ། །དེ་ལས་སྒྲོལ་མ་དཀར་མོའི་རྣམ་པར་རོལ། །གང་ ལས་རྣམ་རྒྱལ་ལྷ་མོའི་སྐུར་སྣང་བས། །མཁའ་མཉམ་རང་འདྲའི་སྤྲུལ་པས་གཟུངས་སྒྲ་ སྒྲོགས། །པར་བསམ་ལ་ཡང་བཟླ། དེ་མཐུས་ལས་བཞི་རབ་འབྱམས་དཔག་ཡས་ཀྱིས། །མ་ལུས་ འགྲོ་ལ་རང་རང་དང་འཚམས་པར། །རླབས་ཆེན་གེགས་བསལ་ཕན་པ་ཆེར་བསྒྲུབ་སྟེ། །ཡོངས་ལ་འཕྲལ་ཕུག་བདེ་སྐྱིད་ཆད་མེད་གྱུར། །པར་མོས་ལ་སྙིང་པོ་དེ་ཉིད་ཡང་བཟླ། གསུམ་པ་བསྡུ་ལྡང་ ནི། རྣམ་གསུམ་ལྷ་སྐུའི་སྣང་བརྙན་ཆེས་གསལ་བ། །དེ་ཡང་འོད་གསལ་བརྗོད་བྲལ་འབའ་ ཞིག་པར། །སྤྲོས་པ་ཀུན་ཟད་གཤིས་སུ་དར་གཅིག་འཇོག །སླར་ཡང་རྣམ་རྒྱལ་འཕགས་ མའི་རྣམ་པར་ལྡང༌། ། གསུམ་པ་རྗེས་བསྔོ་སྨོན་ནི། གང་འདིར་གཉུག་མ་ཆེ་མཆོག་སྟེར་བའི་ལྷ། །བསྙེན་སྒྲུབ་ཟབ་ མོའི་ལེགས་བྱས་མི་དམན་པ། །འདིས་མཚོན་སྐྱེ་འཕགས་ཡོངས་ཀྱི་དགེ་སྟོབས་ལས། །དེང་ སྐབས་འཆི་མེད་སྲོག་རྩ་རབ་བརྟན་ཤོག །དེར་བརྟེན་སྒོ་གསུམ་རླབས་ཆེན་མཐུ་རྒྱས་ ཏེ། །རྣམ་དཀར་མཛད་པ་བཟང་པོས་བསྟན་འགྲོ་སྐྱོང༌། །འཕྲལ་ཡུན་དགེ་མཚན་སྣང་བ་ འབུམ་བརྡལ་བས། །གང་འདུལ་སྤྱོད་མཆོག་ཉམས་པ་མེད་གྱུར་ཅིག །དེ་ནས་བཟུང་སྟེ་ ཀུན་བཟང་རྒྱ་ཆེར་སྤྱོད། །ནམ་མཁའ་ཇི་སྲིད་བར་དུ་འགྲོ་ཕན་གྱི། །མཛད་ཆེན་སྒོ་ཡང་ 9-1-432 ཕྱོགས་མཐར་ཡོངས་ཁྱབ་ཅིང༌། །འཕྲིན་ལས་འཇུག་པ་ཆེས་ཆེར་རྟག་འབར་ཤོག །རིམ་ པས་སྤངས་རྟོགས་ཕུན་སུམ་ཚོགས་གྱུར་ཏེ། །མཐར་ཐུག་གཏན་བདེ་དགོངས་པ་མངོན་བྱས་ ཚེ། །དོན་གཉིས་རྒྱ་མཚོའི་དཔལ་ཡོན་ཟད་མེད་པས། །གདུལ་བྱ་གང་ལ་གཡེལ་བ་བྲལ་ གྱུར་ཅིག །གོ་འཕང་འཆི་མེད་སྐུ་བཞིའི་དབང་ཕྱུག་གིས། །འཕྲིན་ལས་འཇིགས་སྐྱོབ་སྒྲོལ་ མའི་འཕྲུལ་ཆེན་གར། །རྣམ་རྒྱལ་དཔའ་མོའི་གསང་གསུམ་རླབས་དར་བས། །འཁོར་བ་ཇི་ སྲིད་འགྲོ་ཕན་ལེགས་འབྱུང་ཤོག །འདིའི་བསྙེན་གྲངས་བྱེ་བ་བཅོ་བརྒྱད་དང་ཁ་བསྐང་བྱེ་བ་གཉིས་ལེགས་འགྲུབ་ སྐལ་བ་ཡོད་ཚེ་གེགས་བྲལ་དོན་གཉིས་ཆེར་འཕེལ་དུ་སྣང་ངོ༌། །ཞེས་པའི་ཚེ་ལྷ་གསུམ་སྦྲེལ་གྱི་སྒྲུབ་ཐབས་ཡང་ཟབ་ངེས་དོན་ དགོངས་བཅུད་འདི། གཙང་ཆེན་མཆོག་སྤྲུལ་གང་གིས་བཀའ་ཕེབས་ལྟར། མ་ཏིས་ལྷག་བསམ་དགེ་བའི་ངང་གུས་པ་ཆེན་པོས་ ལེགས་ཕུལ་གྱིས་གང་ཉིད་མི་འཇིགས་གདོང་ལྔའི་ཁྲི་ལ་རྟག་བརྟན་དུ་གྱུར་ཅིག་གུ། །། ལྷག་བསམ་དག་པས་རབ་དཀར་རྟེན་བཞེངས་འདིས། །རྩ་བའི་བླ་མ་དགྱེས་བྱེད་མཆོད་སྤྲིན་དང༌། །བཞེངས་མཁན་སྒྲིབ་ སྦྱངས་ཚོགས་ཆེན་རབ་རྫོགས་ཤིང༌། །དོན་གཉིས་རྒྱ་མཚོའི་དཔལ་ཡོན་མྱུར་སྤྱོད་ཤོག །འདི་ཡང་མ་ཏིས་སོ།། །། ༄༅། །ལྷ་མོ་སྔགས་སྲུང་མའི་གསོལ་བསྡུས་འདོད་དོན་ 9-1-433 མྱུར་སྟེར་སོགས་ཀྱི་སྐོར་བཞུགས། ༄༅། །འདིར་བླ་མ་དང་ཧེ་རུ་ཀ་གཉིས་མེད་ལ་གུས་ཕྱག་བཅས་ཏེ་མ་མོ་ཨེ་ཀ་ཛཱའི་སྔགས་བསྲུང་མ་ལ་མཆོད་གཏོར་ བྲན་ཏེ། མཆོད་གསོལ་བྱ་བ་ལ་འདི་སྐད་དོ། །བྷྱོཿ བདག་ཉིད་ཡི་དམ་ཐུགས་ལས་འཕྲོས་པའི་ཟེར། །ཀུན་ ཏུ་བཟང་མོ་ཆོས་དབྱིངས་ཞིང་ནས་བསྐུལ། །གཉུག་མ་ཡེ་ཤེས་ཐིག་ལེ་གར་གྱི་འཕྲུལ། །སྲིད་ གསུམ་བདག་མོ་དཔའ་བའི་དཔུང་ཆེན་གྱིས། །བགྲང་ཡས་སྔགས་ཀྱི་ཞིང་ཀུན་མྱུལ་བ་ལས། །སྒྲུབ་པོའི་བསྲུང་མ་གསང་ཆེན་སྔགས་ཀྱིས་བདག །མ་མོར་རལ་གཅིག་ཁམས་གསུམ་ ཉུལ་ལེ་མ། །སྐད་ཅིག་ཡུད་ཀྱིས་བསྐུལ་ནས་གནས་འདི་རུ། །གློག་ལྟར་མྱུར་བར་འགུགས་ བྱེད་སྤྲོས་པ་ཡིས། །མདུན་འདིར་མེ་རླུང་འཚུབ་མ་འདྲེས་པའི་དཀྱིལ། །པད་ཉི་བམ་ཆེན་ བསྒྱེལ་བར་ཞབས་ཀྱིས་བརྫིས། །འཇིགས་རྔམས་མི་བཟད་ཁྲོ་མོ་རལ་གཅིག་མ། །དམར་ ཟླུམ་སྡང་མིག་མེ་ལྟར་འབར་བའི་སྤྱན། །དཔྲལ་བའི་དཀྱིལ་ནས་ཉི་མའི་ཟེར་ལས་འཚེར། །སྨིན་མ་མེ་ལྕེ་ཕྲེང་བའི་འཁྱུགས་ཞགས་ཅན། །ཞལ་གདངས་མཆེ་གཙིགས་དུང་གི་ཟླ་ཚེས་ ལྟར། །ལྗགས་ནི་སྐལ་བའི་གློག་དམར་འགྱུ་བ་བཞིན། །ནུ་གཅིག་ཁམས་ནག་རལ་བ་ས་ལ་ བཤལ། །དམར་ནག་འཇིགས་པས་གཟི་མདངས་སྟོང་གཡོ་བ། །ཕྱག་གཡས་གསེར་གྱི་སྤུ་ གྲི་མཁའ་ལ་བསྐྱོད། །གཡོན་གྱིས་ཉམས་པའི་ཞིང་གི་རྒྱུ་རློན་འདྲེན། །དར་ནག་ན་བཟའ་ རུས་རྒྱན་དྲ་བས་ཁེབས། །གཞན་ཡང་རྣམ་འཕྲུལ་མ་ངེས་ཅིར་ཡང་སྟོན། །རང་རང་ལས་ ཀྱི་མཐའ་ལ་རྣམ་པར་རྒྱུ། །ཁམས་གསུམ་དབང་བསྡུད་ཁྲོ་མོ་འཇིགས་གཟུགས་ཅན། །སྣ་ ཚོགས་སྤྲུལ་པས་མ་རུངས་ཀུན་འདུལ་བ། །སྣང་སྲིད་གཙོ་མོ་གཟུགས་ཀྱིས་དབྱིངས་ནས་ གཤེགས། །དམ་ཚིག་དགྱེས་པའི་གདན་ལ་ལེགས་བཞུགས་མཛོད། །ཨེ་ཀ་ཛཱ་ཏི་ས་མ་ཛ་ ཏིཥྛ་ལྷན། བྷྱོཿ རབ་འཇིགས་གཟི་འབར་དཔལ་ལྡན་སྔགས་བསྲུང་མ། །གུས་འདུད་དགྱེས་ 9-1-434 རྫས་ཕྱི་ནང་གསང་གསུམ་གྱི། །ཉེར་སྤྱོད་སྤྱན་གཟིགས་རྟེན་སྒྲུབ་བསྐང་བའི་རྫས། །གང་ དང་འཚམས་པའི་དགྱེས་བསྐྱེད་མ་ཚང་མེད། །རྣལ་འབྱོར་སྔགས་རྒྱས་རབ་སྤེལ་ཟག་མེད་ ཀྱིས། །དགྱེས་པ་བསྐང་ངོ་ལས་བཞིའི་འཕྲིན་ལས་སྒྲུབས། །ཡུམ་ཆེན་ཀུན་བཟང་མོ་དང་ དབྱེར་མེད་ཀྱང༌། །སྣང་སྲིད་གཙོ་མོའི་གཟུགས་ཀྱིས་འགྲོ་ཁམས་འདུལ། །ཐུགས་ཉིད་སྙིང་ རྗེས་ཞི་ཡང་གཞན་སྣང་ངོར། །དྲེགས་ལྡན་དཔའ་མོའི་ཚུལ་འཛིན་སྔགས་བསྲུང་མ། །དམ་ ཚིག་དབང་གིས་གནས་འདིར་བྱོན་བཞུགས་ནས། །དམ་རྫས་རྒྱ་ཆེན་གཏོར་མ་འདི་ཡིས་ མཆོད། །དམ་ལྡན་བདག་གིས་ཐ་ཚིག་བསྒྲགས་བཞིན་དུ། དམ་བཅས་ཇི་བཞིན་མཛོད་ལ་ གང་བཅོལ་བསྒྲུབས། །བརྩེ་བའི་ཐུགས་ཀྱིས་སྒྲུབ་པོའི་མཆོད་པ་བཞེས། །དངོས་གྲུབ་མྱུར་ སྩོལ་གདུག་ཅན་ཀུན་བསྒྲལ་ཏེ། །ལས་དང་མཐུན་པའི་གང་འདོད་བྱ་བའི་དཔལ། །རྒྱས་ པར་མཛོད་ཅིག་དཔལ་ལྡན་སྔགས་བསྲུང་མ། །ༀ་ཨེ་ཀ་ཛཱ་ཏཱི་རག་མོ་མ་མ་ཨེ་དམ་བཱ་ལིང་ ཏཱ་པཉྩ་རཀྟ་ཁ་ཧཱི། ཞེས་པའི་གཏོར་སྔགས་ཀྱིས་ལན་ལྔའམ་བདུན་གྱིས་མཆོད། བྷྱོཿ མ་ཅིག་དྲག་མོ་གཏུམ་ ཆེན་མཐུ་རྩལ་ཅན། །དམར་ནག་དབང་གི་གཟི་འོད་འཇིག་རྟེན་ཁྱབ། །ཁྲོ་མོའི་ཆ་ལུགས་ འཇིགས་པའི་ཆོ་འཕྲུལ་ཆེ། །མ་རུངས་གདུག་ཅན་བརླག་པའི་མྱུར་བའི་ལས། །ས་གསུམ་ དབང་བསྒྱུར་རྗེ་མོའི་ཐུགས་རྒྱུད་བསྐུལ། །འཇིགས་རྔམས་གཏུམ་ཆེན་དུས་མཐའི་མེ་བཞིན་ འབར། །ཁམས་ནག་རལ་གསེབ་རང་འདྲའི་ཁྲོ་མོ་འབུམ། །སྟོང་གསུམ་ཅིག་ཆར་འགེངས་ པའི་སྤྲུལ་འཁོར་གྱིས། །བདུད་རིགས་བགེགས་ཀུན་རང་དབང་མེད་པར་བསྡུ། །དམར་ཟླུམ་ སྤྱན་གཅིག་ཉི་མ་བྱེ་བའི་གཟི། །གང་ལ་གཟིགས་པས་སྣང་སྲིད་འབྱུང་པོ་སྔངས། །མི་བཟད་ བདུད་སྡེ་འཇོམས་པའི་ཁྲག་ཆར་གྱིས། །བསྟན་ལ་བརྣགས་ཀུན་མིང་གི་ལྷག་མར་མཛད། །ཁྲོ ས་པའི་ཞལ་ཆེན་གནམ་སའི་ཁྱོན་གདངས་ལས། །མཆེ་བ་གངས་རི་ཉག་ཅིག་གཟེངས་ པའི་མགུལ། །འཇིགས་པའི་གློག་དམར་འབུམ་གྱི་ལྗགས་འཁྱུགས་བཞིན། །ཁམས་གསུམ་ 9-1-435 ཟས་སུ་སྟོབ་ལ་རོལ་པའི་ཟོལ། །འཇིགས་གཟུགས་སྐུ་ཡི་ཆེ་བརྗིད་ས་གསུམ་ཁྱབ། །དམར་ ཆེན་ཁྲག་གིས་བཀང་བའི་རྐྱལ་བུ་བཞིན། །རབ་ཡངས་བྲང་ལ་རྒྱས་པའི་ནུ་གཅིག་གིས། །ས་ཆེན་འབྱུང་པོ་རྨུགས་པའི་དུག་རླང་གཏོང༌། །མ་བྷྱོ་རུ་ལུའི་སྒྲ་ཆེན་བཞད་པའི་དབྱིངས། །འཇིགས་མེད་ང་རོའི་གད་རྒྱང་དྲག་པོ་ཡིས། །མ་རུངས་བདུད་ཀྱི་ཀླད་འགེམ་དྲན་པ་བརྒྱལ། །ཞིང་བཅུའི་བསྟན་དགྲ་མཐའ་དག་རྩ་མེད་བརླག །འཕྲིན་ལས་དྲག་རྩལ་བཟོད་དཀའི་ དཔུང་གི་གཤེད། །ཆེས་ཆེར་དར་བའི་དྲེགས་པ་འབུམ་གྱི་གཟི། །ཁམས་གསུམ་དཔའ་མོས་ གདུག་ཅན་བསྒྲལ་བའི་འཕྲུལ། །མ་རུངས་གཤེད་དུ་བརྫུས་པའི་འཇིགས་གཟུགས་ཀྱིས། །བསྟན་འགྲོར་འཚེ་བའི་གནོད་བྱེད་དཔུང་གི་ཚོགས། །གནམ་ལྕགས་ངར་མས་བྲག་གི་ དེའུ་བཞིན། །རྡུལ་དུ་བརླག་མཛད་མཐུ་ནུས་དར་བའི་དཔལ། །ཤུགས་དྲག་རྩལ་ཆེན་ཕྱུང་ བའི་དུས་ལ་བབ། །སྒྲུབ་པོས་མ་གཡེལ་དྲག་པོའི་ལས་ལ་བསྐུལ། །དྲག་ཤུལ་སྟོབས་ཀྱིས་ བགེགས་ཀུན་ཆོམ་ལ་ཕོབ། །ཉམས་པའི་ཤ་རུས་ཁྲག་མཆོད་ཞལ་དུ་བཞེས། །བདུད་སྡེ་སྐྱེ་ མེད་དབྱིངས་སུ་ཀུན་བསྒྲལ་མཛོད། །ཐུགས་མཆོག་ཞི་ཡང་བསྟན་དགྲ་སྒྲོལ་བའི་སླད། །མི་ བསྲུན་སྲིན་མོའི་འཇིགས་ཁྲོ ས་ངོམ་པའི་ཚུལ། །ཡེ་ཤེས་ཌཱ་ཀི་རྗེ་མོའི་ཆོ་འཕྲུལ་སྟེ། །ཚུལ་ འདིས་མ་སྲིང་བཞིན་དུ་རྟག་སྐྱོངས་ཤོག །ཅེས་ལྷ་མོ་སྔགས་སྲུང་མའི་གསོལ་བསྡུས་འདོད་དོན་མྱུར་སྟེར་ཞེས་ བྱ་བ་འདི་ཡང་སྲུང་མ་མཆོག་གི་ཕྲིན་ལས་ཀྱི་གཟིགས་པའི་རྟགས་མཚན་དགེ་བར་ཤར་བ་སྒྲུབ་པོ་མཆོག་བླ་མ་བཟང་མཆོག་ དགའ་བའི་རྡོ་རྗེའི་ཐུགས་མོས་བཞིན་མ་ཏིས་ཤར་མར་སྤེལ་བ་ཛ་ཡནྟུ།། །། ༄༅། །དཔལ་ལྡན་སྔགས་ཀྱི་སྲུང་མ་ཆེན་མོ་མི་བཟད་འཇིགས་དྲག་གཏུམ་པའི་ སྐུ། །དམར་ནག་མེ་ཀློང་རབ་འབར་འཁྱུག་པའི་ཚ་དབལ་བཟོད་དཀའི་མེ་ཞགས་ཀྱིས། །འཇིགས་དུས་བསྐལ་མེ་སྟོང་གི་དྲེགས་པ་གཞི་ནས་གཞོམ་པའི་གཟི་ཆེན་འབར། །རླུང་ ནག་བུ་ཡུག་འཚུབ་མ་འདྲེས་པའི་བསྐལ་པའི་ཐོ་རླུང་ངམ་ནག་པར། །གཏུམ་ཆེན་མ་མོའི་ 9-1-436 གད་རྒྱངས་དྲག་པོ་མ་བྷྱོ་རུ་ལུའི་སྒྲ་ཆེན་དང༌། །གནམ་ས་ཆ་ལང་གཡོ་བའི་འཁྲུལ་འཁོར་ འཇིག་རྟེན་གཡོ་མགུལ་བསྒྱུར་མཛད་མ། །སྲིད་གསུམ་དཔའ་མོའི་འཇིགས་རྔམ་ཆེན་མོ་ དམར་ནག་ཁྲག་གི་རལ་གཡེང་བས། །ས་གསུམ་མ་ཚོགས་དྲེགས་བྱེད་ཉུལ་མཛད་ཨེ་ཀ་ སྲིང་མོ་རལ་གཅིག་གིས། །བསྟན་ལ་སྡང་བ་ཞིང་བཅུའི་དཔུང་ཚོགས་མིང་གི་ལྷག་མར་ བྱེད་པའི་འཕྲུལ། །མཆེ་གཙིགས་རྣོ་ཟངས་དུག་མཚོན་ངར་མས་ཉེས་བྱེད་གང་དག་ཞལ་དུ་ ཐོབ། །ཕུད་སྐྱེམས་འདི་ཡིས་དགྱེས་པ་སྐོང་ལ་མཐུ་ཆེན་ཤུགས་ཀྱི་རྩལ་ཕྱུང་ལ། །ཉམས་པ་ མ་ལུས་ཕོངས་པར་མཛོད་ཅིག་གསོད་བྱེད་ཆེན་མོ་དྲག་རྩལ་ཅན། །དམ་ལྡན་ལྷ་མོའི་ཐ་ཚིག་ བསྐུལ་ལོ་མྱུར་བའི་ལས་ལ་དུས་མ་གཡེལ། །ཕན་བདེའི་སྒོ་གཅིག་རྒྱལ་བསྟན་སྐྱོངས་ཤིག་ དེ་འཛིན་སྡེ་ཡིས་སྐུ་དགྲ་སོལ། །འགྲོ་ལ་བདེ་སྐྱིད་ལེགས་སྤེལ་དེས་ནི་ད་རེས་འདི་ལས་ འགྱངས་མི་འོས། །ཐུགས་དམ་གནད་ནས་དྲག་ཏུ་བསྐུལ་ན་རེ་འབྲས་དོན་དང་མྱུར་ལྡན་ མཛོད། །ཅེས་པ་འདི་ཡང་བླ་མ་བཟང་དགའི་ངོར། མ་ཏིས་སོ།། །། ༄༅། །རཾ་ཡཾ་ཁཾ། གཉུག་མ་ཀུན་བཟང་ལྷན་སྐྱེས་བདེ་བ་ཆེ། །ཞི་ཁྲོ་རབ་འབྱམས་སྒྱུ་ འཕྲུལ་གར་བསྒྱུར་བ། །སྒྲུབ་སྡེ་བརྒྱད་ཀྱི་དཀྱིལ་འཁོར་འཁོར་ལོའི་བདག །དཔལ་ལྡན་ སྔགས་ཀྱི་བསྲུང་མ་མཐུ་རྩལ་ཅན། །རྣམ་འབྱོར་ཏིང་འཛིན་དག་པས་དབྱིངས་ནས་འབོད། །དབང་སྔོན་ལམ་ནས་ཡ་མཚན་འཕྲུལ་བཟང་གིས། །ཐོགས་མེད་གློག་གི་ཤུགས་ཀྱིས་སྐད་ ཅིག་བྱོན། །དགྱེས་ཞལ་འོད་དཀར་མཛའ་ཟླས་རྟག་པར་སྐྱོངས། །ངོ་མཚར་སྔགས་རྒྱས་ ལེགས་བསྐྲུན་མཉེས་པའི་རྫས། །འདོད་ཡོན་ནམ་མཁའ་མཛོད་ཀྱི་གཏེར་ཆེན་པོ། །ཡིད་ མཐུན་བདའ་རྒུའི་དཔལ་སྡུག་མ་ཚང་མེད། །དགྱེས་མཆོད་འཆི་མེད་ལམ་བཟང་དྭོགས་བྱེད་ པ། །མཆོད་སྦྱིན་བརྒྱ་པའི་དཔལ་འབྱོར་སྐྱེངས་བྱེད་པའི། །འདོད་ཡོན་དགའ་བའི་རོལ་པ་ 9-1-437 འཛད་མེད་འདིས། །ལྷ་ཁྱོད་བརྩེ་ཞུར་བྱེད་དོ་དགྱེས་པས་རོལ། །བདེ་བ་མཆོག་གིས་ཐུགས་ བཟང་ཚིམ་པར་མཛོད། །མ་སྨད་དགེ་མཚན་དཔལ་གྱིས་ཡོངས་མཛེས་པའི། །བྱུ་རུའི་རྡུལ་ མང་བརྩེགས་པའི་ནོར་འཛིན་ཁྱོན། །མ་ལུས་སྐྱེ་དགུའི་ལེགས་འབྱོར་དབྱར་མཚོར་འགྲན། །ནམ་ཡང་ནུབ་མེད་སྙན་གྲགས་སྲིད་མཐར་ཁྱབ། །ཁྱད་པར་བུ་རམ་ཤིང་པའི་ཐུགས་ཀྱི་ བཅུད། །ངེས་གསང་ཟབ་མོའི་དེ་ཉིད་མཐར་ཐུག་པ། །རྟོན་བཞི་ལྡན་པའི་དགོངས་དོན་ཇི་ བཞིན་དུ། །འཁོར་བ་སྲིད་མཐའི་བར་དུ་གནས་པར་མཛོད། །ལྷ་བསྲུང་གཉན་པོའི་དགྱེས་ ཞལ་ག་བུར་གཏེར། །བརྩེ་ཆེན་ཕྲིན་ལས་འོད་དཀར་དང་འགྲོགས་ཏེ། །ཡངས་པའི་གཞི་ འདིའི་སྐྱེ་འགྲོ་ཀུ་མུད་ཚལ། །གཡེལ་མེད་སྐྱོང་བས་ཕན་བདེའི་འདབ་བཞད་ཤོག །ལྷ་ཆེན་ མཐུ་སྟོབས་ཕྲིན་ལས་གཟི་བརྗིད་ཀྱིས། །བསོད་ནམས་དབང་ཐང་དར་བའི་དགེ་མཚན་ མཆོག །སྟག་སེང་ཁྱུང་འབྲུག་རྒྱས་པའི་རླུང་རྟའི་དཔལ། །སྒྲུབ་པོའི་གྲགས་སྙན་སྲིད་ གསུམ་འབར་གྱུར་ཅིག །ཅེས་པ་འདི་ཡང་བླ་མ་བཟང་དགའི་མོས་འདུན་མ་བཟློག་ཙམ་མ་ཏིས་སོ།། །། ༄༅། །ཟ་བྱེད་མཁའ་འགྲོའི་བསྲེག་བླུགས་ བསྡུས་པ་བཞུགས། 9-1-438 ༄༅། །ཟ་བྱེད་མཁའ་འགྲོའི་བསྲེག་བླུགས་བསྡུས་པ་ནི། སྐད་ཅིག་རང་ཉིད་གནས་གྱུར་ཏེ། །རྡོ་ རྗེའི་མཁའ་འགྲོ་རྡོར་དྲིལ་འཛིན། །ཞབས་གཉིས་བཞེངས་སྟབས་ཚུལ་དུ་བཞུགས། །རྒྱན་ ཆས་ཀུན་རྫོགས་རང་གསལ་གྱུར། །དེ་ཡི་སྙིང་ནང་གཞོམ་མེད་ལྷ། །རྡོ་རྗེ་དབྱིངས་ཀྱི་མཁའ་ འགྲོ་དངོས། །རང་འདྲ་གཉིས་ཆད་ཐུགས་ནས་སྤྲོས། །ཐབ་དང་གཉིས་མེད་ཞལ་གདང་བར། །རང་གཞན་སེམས་ཅན་ཐམས་ཅད་ཀྱི། །སྡིག་སྒྲིབ་རྫས་ཀྱི་རྣམ་པར་དམིགས། །དེ་ཀུན་ ཞལ་དུ་གསོལ་བ་ཡིས། །སྒྲིབ་སྦྱངས་ཚོགས་ཆེན་རྫོགས་པར་བསམ། །ༀ་བཛྲ་ཌཱ་ཀི་ཁ་ཁ་ཁཱ་ ཧི་ཁཱ་ཧི་སརྦ་པཱ་པཾ་དཱ་ཧ་ན་བྷི སྨི་ཀུ་རུ་སྭཱཧཱ། ཞེས་པ་ཅི་ནུས་བཟླ་བཞིན་ཏིལ་བསྲེག་པར་བྱའོ། །མཐར། དེ་ལྟར་ དོན་དམ་མཁའ་འགྲོ་མར། །བསྲེག་བླུག་ལེགས་ཕུལ་རབ་དཀར་གྱིས། །དགྱེས་ཞལ་ཅི་ཡང་ ངོམས་པ་ཡིས། །ལྷ་ཉིད་སླར་ཡང་གདོད་མར་བསྡུ། །དགེ་འདིས་བདག་གཞན་ཐོག་མེད་ ནས། །རབ་བསགས་སྡིག་ལྟུང་བརྣགས་དཀའ་བ། །སྦྱངས་བསགས་ཐབས་བཟང་ལ་བརྟེན་ ཏེ། །ལས་ངན་མཐའ་དག་ཟད་པར་ཤོག །དེར་བརྟེན་ལན་ཆགས་བུ་ལོན་རིགས། །གང་མི་ མཐུན་པ་ཐམས་ཅད་བྱང༌། །ཆོས་གེགས་རྐྱེན་ངན་མིང་མེད་པར། །མཐུན་རྐྱེན་གང་བསམ་ འཛོམས་པར་ཤོག །ཕྱི་ནང་བཟང་མཐུ་ལ་བརྟེན་ནས། །རྒྱལ་བའི་བསྟན་པ་རིན་པོ་ཆེ། །མདོ་སྔགས་གང་འཚམ་ལ་ཞུགས་ཏེ། །རང་རང་ལམ་ལ་ལེགས་སློབ་ཤོག །དེ་ནས་བཟུང་ སྟེ་རིང་མིན་དུ། །སྤངས་རྟོགས་རིམ་པས་ཡོངས་རྫོགས་ཤིང༌། །ངོ་མཚར་ཕྲིན་ལས་འཕེལ་ཁ་ རྒྱས། །རླབས་ཆེན་དོན་གཉིས་སྤྱོད་པར་ཤོག །མཐར་ཐུག་མཛད་པ་ལྷུན་གྲུབ་ཀྱིས། །གང་ འདུལ་འགྲོ་ཀུན་སྡུག་བསྔལ་ལས། །མྱུར་སྒྲོལ་ཕན་བདེའི་དགའ་སྟོན་འགྱེད། །འགྲོ་ཁམས་ རྒྱ་མཚོ་འདྲེན་པར་ཤོག །མི་བསྐྱོད་རྡོ་རྗེ་དབྱིངས་ཀྱི་བདག །མཁའ་ཁྱབ་རྣམ་དག་བདེ་བ་ ཆེ། །འོད་གསལ་གཤིས་ལུགས་བདེན་གང་གིས། །བསམ་དོན་ཡིད་བཞིན་འགྲུབ་གྱུར་ཅིག 9-1-439 །ཅེས་པའང་ཤེས་རབ་བཟང་ལ་མཁོ་ནས། མ་ཏིས་སྨྲས་པའོ།། །། ༄༅། །ཐར་མདོའི་བཀླག་ཆོག་ཉུང་བསྡུས་ ཞེས་བྱ་བ་བཞུགས་སོ། ། 9-1-440 ༄༅། །འདིར་ཐར་མདོ་བཀླག་ཐབས་ལ་ཐོག་མར་འདི་སྐད་བརྗོད། ལྷར་བཅས་འགྲོ་བའི་གཙུག་གི་ རྒྱན་གྱུར་པ། །ཀུན་གཟིགས་བདེ་གཤེགས་སྟོན་པ་ཐུབ་པའི་དབང༌། །རྒྱལ་སྲས་འཕགས་ ཚོགས་འདུས་པ་རྒྱ་མཚོར་བཅས། །ཐལ་མོ་སྦྱར་ནས་གུས་པས་སྐྱབས་སུ་བསྟེན། །ལན་ གསུམ། སྐད་ཅིག་རང་གནས་དག་པ་ཡེ་ཤེས་ཀྱི། །བཀོད་པ་མཆོག་ཏུ་རྫོགས་པའི་རང་ མདུན་མཁར། །སེང་གེའི་ཁྲི་ལ་མཉམ་མེད་ཐུབ་པ་ཆེ། །རྒྱལ་བ་ཤཀྱཱ་ཐུབ་པ་གསེར་རིའི་ མདོག །ངོ་མཚར་མཚན་དཔེའི་མཛེས་ཆ་ཀུན་རྫོགས་ཤིང༌། །གསེར་འོད་སྣང་བས་ས་ གསུམ་ཁྱབ་མཛད་པ། །སྐུ་ལ་ཆོས་གོས་རྣམ་གསུམ་བཀླུབས་བཞིན་དུ། །ཕྱག་གཡས་ ས་གནོན་གཡོན་པས་མཉམ་བཞག་ཅན། །བརྩེ་བའི་ཞལ་འཛུམ་དང་བཅས་སྐྱིལ་ཀྲུང་ བཞུགས། །མཐའ་སྐོར་ཡོན་ཏན་རྒྱ་མཚོའི་གཏེར་གྱུར་པའི། །རྒྱལ་སྲས་ཆེས་མཆོག་འཇམ་ དབྱངས་བྱམས་པ་སོགས། །འཕགས་ཚོགས་འདུས་དང་ལྷ་ཀླུ་གནོད་སྦྱིན་ཚོགས། །མཐའ་ ཀླས་དག་གི་སྡེ་དཔོན་དང་བཅས་བཞིན། །སྟོན་པའི་བཀའ་ལ་ཉན་པ་འཁོར་གྱི་ཚུལ། །ཞུ་ བ་ཞུ་ལན་དང་བཅས་ཐུབ་དབང་གི །ཞལ་ནས་ཚངས་དབྱངས་ཡན་ལག་དྲུག་ཅུའི་གསུང༌། །མཁའ་མཐར་ཁྱབ་པའི་དབྱངས་ཀྱིས་ལྷང་ལྷང་སྒྲས། །མཆོག་གསུམ་མཚན་དང་བདེན་ གཉིས་ཟབ་རྒྱས་ཚུལ། །སྤྱི་དང་ཁྱད་པར་ངེས་དོན་སྙིང་པོའི་དོན། །ལེགས་པར་ཕྱེ་བས་ འཁོར་གྱི་གདུལ་བྱ་ཀུན། །རང་རང་དབང་པོ་ཇི་བཞིན་ཁོང་དུ་ཆུད། །སྟོན་པ་གཙོ་འཁོར་ མཛད་པའི་ཆོ་འཕྲུལ་གར། །ས་དང་བར་སྣང་མ་ལུས་ཡོངས་ཁྱབ་བཞིན། །མདོ་སྡེ་ཟབ་ མོའི་ཆོས་སྒྲ་ལེགས་སྒྲོགས་པས། །རང་གཞན་མཐའ་དག་སྒྲིབ་ཀུན་བྱང་བར་བསམ། །དེ་ ནས་མདོའི་དབུ་ནས་བཟུང་ཡོངས་རྫོགས་བཀླག རྗེས་སུ། རྨད་བྱུང་ངེས་དོན་འཁོར་ལོ་ཐ་མའི་དོན། །གཞི་ དབྱིངས་གཤེགས་སྙིང་གནས་ལུགས་ལས་བརྩམས་ཏེ། །ཟབ་དོན་ལེགས་ཕྱེ་མཆོག་གསུམ་ 9-1-441 མཚན་སོགས་ཀྱིས། །རྣམ་མང་འཁོར་བའི་སྒྲིབ་པ་སྦྱོང་བྱེད་མཆོག །རྒྱལ་བའི་གསུང་རབ་ ཟབ་དགོངས་སྟོན་པ་ཡི། །འཕགས་པ་ཐར་པ་ཆེན་པོའི་མདོ་སྡེ་གང༌། །ལྷག་བསམ་དག་ པས་ཀློ ག་འདོན་ལེགས་བགྱིས་པའི། །རྣམ་དཀར་དགེ་བའི་རྩ་བ་མཐུ་ཆེན་འདིའི། །བདག་ སོགས་འགྲོ་བ་སེམས་ཅན་ཐམས་ཅད་ཀྱིས། །ཚེ་རབས་ཐོགས་མེད་དུས་ནས་བསགས་པའི་ སྡིག །རྣམ་སྨིན་གནག་པའི་རྒྱུར་གྱུར་དེ་དག་ཀུན། །རིམ་པ་བཞིན་དུ་བྱང་ཞིང་དག་གྱུར་ཅིག །དེ་ཡང་སྡིག་པ་མི་དགེ་བ་ཡི་ལས། །སྲོག་གཅོད་ལ་སོགས་ལུས་ཀྱི་སྒོ་ནས་གསུམ། །རྫུན་དུ་ སྨྲ་སོགས་ངག་གི་ལས་ངན་བཞི། །བརྣབ་སེམས་ལ་སོགས་ཡིད་ལས་མི་དགེ་གསུམ། །དེ་ ཀུན་དག་ནས་དགེ་བཅུ་ལེན་པར་ཤོག །ཤིན་ཏུ་དག་དཀའ་ལས་མཐུ་བཙན་པོ་ཅན། །ཕ་ མ་སློབ་དཔོན་གསོད་པ་ལ་སོགས་པའི། །མཚམས་མེད་ལྔ་དང་དེ་དང་ཉེ་བ་ལྔ། །སྡིག་ལས་ ཚབ་ཆེན་གང་དག་བྱང་གྱུར་ཅིག །ཁྱད་པར་དགེ་རྩ་མཐའ་དག་གཞོམ་བྱེད་པའི། །ལས་ འབྲས་གཞི་དང་སྐྱབས་གསུམ་བྱས་ཚུལ་སོགས། །ཟབ་མོའི་དོན་ལ་ལོག་པར་ཞུགས་པའི་ བློ། །ཤེས་འཆལ་དྲི་མས་ཉེས་པར་ཡོངས་མ་གྱུར། །སོ་སོར་ཐར་བའི་བཅས་མཚམས་གང་ བྱས་པ། །ཕམ་ལྷག་སྤངས་ལྟུང་ལ་སོགས་ཉེས་པའི་སྒོ། །བག་མེད་དབང་གིས་གང་བྱུང་དེ་ ཐམས་ཅད། །བྱང་དག་བསླབ་ཁྲི མས་གཙང་མས་ཡོངས་མཛེས་ཤོག །རྒྱལ་བའི་སྲས་ཀྱི་ གཞན་ཕན་དང་འགལ་བའི། །ནག་པོའི་ཆོས་བཞི་ལ་སོགས་ལྟུང་བ་དང༌། །ཉེས་བྱས་སྡེར་ གཏོགས་གཞན་གནོད་བྱ་བའི་ལས། །གང་བྱས་དེ་ཀུན་འདི་ཡིས་དག་གྱུར་ཅིག །འབྲས་ ཐེག་གསང་ཆེན་ལམ་གྱི་མི་མཐུན་ཕྱོགས། །རྩ་ལྟུང་བཅུ་བཞི་སྦོམ་བརྒྱད་ལ་སོགས་པའི། །སྤྱི་དང་ཁྱད་པར་དམ་ཚིག་གང་མཚམས་ལས། །འདའ་གང་ཉེས་སྒྲིབ་མ་ལུས་ཡོངས་དག་ ཤོག །དེ་སོགས་རང་གཞན་འགྲོ་བའི་སྒྲིབ་པའི་ཁམས། །འཁོར་བའི་རྒྱུ་དང་ཁྱད་པར་ངན་ སོང་རྒྱུ། །ཐར་པ་བླ་མེད་བྱང་ཆུབ་ཐོབ་པའི་གེགས། །མདོ་མཆོག་ཀློ ག་འདོན་འདི་ཡིས་བྱང་ 9-1-442 གྱུར་ཅིག །སྡེ་སྣོ ད་གསུང་རབ་ཟབ་མོ་རབ་བསྒྲགས་པའི། །རབ་དཀར་དགེ་བའི་ཕུང་པོ་ཇི་ མཆིས་པ། །དེ་ཀུན་འགྲོ་བ་སེམས་ཅན་དོན་དུ་བསྔོ། །གནས་སྐབས་མཐར་ཐུག་ཕན་བདེའི་ རྒྱུ་རུ་སྨོན། །དེ་ལྟར་ཇི་བཞིན་འགྲུབ་ནས་སྐྱེ་དགུ་ཀུན། །ས་བཅུ་ལམ་ལྔའི་སྤངས་རྟོགས་ ཡོངས་རྫོགས་ཏེ། །སྐུ་བཞིའི་རྒྱལ་ས་མཆོག་ལ་དབང་བསྒྱུར་ནས། །ཕུན་ཚོགས་བདེ་དགའ་ རྒྱ་མཚོར་སྤྱོད་གྱུར་ཅིག ། བསྟན་པའི་མངའ་བདག་མཉམ་མེད་ཐུབ་པའི་དབང༌། །ལུང་ རྟོགས་བདག་ཉིད་ཞི་བསིལ་ཆོས་སྒོའི་གཏེར། །ཐེག་གསུམ་འཕགས་པའི་དགེ་འདུན་རྣམ་ གསུམ་མཐུས། །སྨོན་དོན་ཇི་བཞིན་གེགས་མེད་ལེགས་འགྲུབ་མཛོད། །ཅེས་ཐར་མདོའི་བཀླག་ ཆོག་ཉུང་བསྡུས་འདི་ཡང་འདིའི་ཀློག་འདོན་ལ་བརྩོན་པ་གྲྭ་བཙུན་གྲུབ་དབང་ངམ་ངག་གྲུབ་ཅེས་པ་ལ་མཁོ་ནས་མ་ཏིས་སྦྱར་བ་ དགེ་ལེགས་འཕེལ།། །། ༄༅། །ཕུང་པོ་གསུམ་པའི་མདོའི་བཀླག་ཆོག་འགྲོ་ ཕན་སྣང་བ་ཞེས་བྱ་བ་བཞུགས་སོ། ། 9-1-443 ༄༅། །ཕུང་པོ་གསུམ་པའི་མདོའི་བཀླག་ཆོག་ཉུང་བསྡུས་བྱེད་པ་ལ། རང་སྣང་གང་དག་སྲས་བཅས་རྒྱལ་བའི་ཕྲིན་ ལས་ཀུན་ཁྱབ་ཏུ་ཐག་ཆོད་པར་བྱས་ཏེ་སྣང་སེམས་དང་བའི་བློ་རྣལ་དུ་ཕབ་ལ་ཡིད་སྙིང་རྗེའི་ཤུགས་ཀྱིས་སྐུལ་མ་དང་བཅས་ འདི་ལྟར་བརྗོད། མཐའ་ཀླས་ཞིང་དུ་མཛད་ཕྲིན་ཡོངས་བརྡལ་བ། །འགྲོ་མགོན་སྟོབས་བཅུ་ མངའ་བ་སྲས་དང་བཅས། །གང་ལ་རབ་དང་ཡིད་ཀྱིས་སྐྱབས་བཅོལ་ཏེ། །མ་གྱུར་འགྲོ་ ལ་ཕན་བདེའི་སྒོ་འབྱེད་དོ། །ལན་གསུམ། ཆོས་དབྱིངས་སྟོང་པའི་མཁའ་ལ་ཐུགས་རྗེའི་ འཕྲུལ། །རབ་མཛེས་འཇའ་ཟེར་འདྲེས་མའི་ལྡི ང་ཁང་ན། །རྒྱ་ཆེན་གདོང་ལྔའི་ཁྲི་ལ་པད་ ཟླའི་གདན། །གང་འདིར་བདེ་གཤེགས་རྒྱལ་བ་སུམ་ཅུ་ལྔ། །རྣམ་འདྲེན་བཞི་པའི་གཙོ་གྱུར་ ཆགས་བྲལ་ཚུལ། །མཚན་དཔེའི་མཛེས་འབར་འོད་བཟང་ལྷམ་མེ་བ། །སྣ་ཚོགས་གཟུགས་ སྐུའི་ཆོ་འཕྲུལ་རྒྱ་ཆེན་བཅས། །མཆོག་སྤྲུལ་རྣམ་གསུམ་ངུར་སྨྲིག་གོས་ཀྱི་ཀླུབས། ཐུགས་ བཟང་སྤངས་རྟོགས་རྒྱ་མཚོའི་དགའ་སྟོན་ལས། །ཚངས་དབྱངས་དྲུག་ཅུས་ཟབ་རྒྱས་ཆོས་ སྒྲ་སྒྲོག །མཁྱེན་དང་བརྩེ་བ་ནམ་མཁའ་དང་མཉམ་ཞིང༌། །གང་འདུལ་མཛད་པས་གདུལ་ བྱ་འདྲེན་པའི་མགོན། །དཔག་ཡས་རྒྱལ་སྲས་སེམས་དཔའི་འཁོར་ཚོགས་བཅས། །ཀུན་ སྣང་དག་པའི་ཡུལ་དུ་བཞུགས་པའི་མདུན། །རྩ་བའི་ཕ་མའི་ཐོགས་དྲངས་འབྲེལ་ཐོགས་ ཀྱི། །གཙོ་གྱུར་ལས་ཉོན་རྒུད་པས་གང་མནར་བ། །དེ་དག་ཀུན་དང་རང་བཅས་ལེགས་ འཁོད་དེ། །ཞིང་གི་རྡུལ་སྙེ ད་ལུས་སྤྲུལ་གུས་ཕྱག་དང༌། །ཐོག་མ་མེད་ནས་བསགས་པའི་ སྡིག་ལས་ལ། །ཞེ་གནོང་དང་བཅས་ཕྱིན་ཆད་སྡོམ་སེམས་ཀྱིས། །སྙིང་ནས་འགྱོད་ཚང་ དྲག་པོས་མཐོལ་ལོ་བཤགས། །འདིས་མཚོན་རང་གཞན་བསོད་ནམས་གང་བསགས་ཀུན། །སྔོན་གྱི་སྲས་བཅས་རྒྱལ་བས་འགྲོ་ཕན་སླད། །རླབས་ཆེན་ཐུགས་སྨོན་རྒྱ་ཆེན་གང་མཛད་ ལྟར། །བདག་གིས་དེང་འདིར་ཡོངས་སུ་བསྔོ་བར་བགྱི། །སྐབས་འདིར་ཕུང་པོ་གསུམ་པའི་མདོ་ཅི་ནུས་ བཀླག་མཐར། འདིར་འབད་རྣམ་པར་དཀར་བའི་ལེགས་བྱས་ཀྱིས། །མཚོན་ཏེ་འཕགས་དང་སྐྱེ་ 9-1-444 བོས་དགེ་བསྐྲུན་གང༌། །ཕ་མ་འབྲེལ་ཐོགས་གཙོར་བྱས་འགྲོ་ཀུན་གྱིས། །རྗེས་སུ་ཞུགས་ཏེ་ འཁོར་མཚོ་གཏིང་རིང་ནས། །རིང་མིན་ཞི་བསིལ་ཆོས་ཀྱི་ནུས་མཐུ་ལས། །སྐལ་བཟང་སྙིང་ གི་དགའ་སྟོན་ལེགས་སད་དེ། །རྣམ་གྲོལ་དམ་པའི་ལམ་བཟང་ལ་བརྟེན་ནས། །སྲིད་པའི་ འཆིང་རྒྱ་དམ་པོ་ལས་ཐར་ཤོག །དེ་ནས་བཟུང་སྟེ་སྤངས་རྟོགས་གསར་བའི་ཁམས། །ཉིན་ བྱེད་འོད་སྣང་འབར་བའི་དཔལ་ཡོན་བཞིན། །ཀུན་ནས་རབ་རྒྱས་རྨོངས་མུན་རྒྱང་བསྲིངས་ ཏེ། །སྐུ་བཞིའི་གོ་འཕང་ཡོངས་ལ་དབང་གྱུར་ཅིག །རྒྱལ་བ་སྲས་བཅས་མཛད་ཕྲིན་མི་བསླུ་ བས། །བདག་གིས་གང་སྨོན་དོན་ཀུན་ལེགས་འགྲུབ་ཅིང༌། །དག་སྣང་ཆོས་ཀྱི་འཁོར་ལོ་ཉེར་ བསྡུས་ཏེ། །འཁོར་གསུམ་དམིགས་བྲལ་སྟོང་ཆེན་དབྱིངས་ལ་བཞག །ཅེས་ཕུང་པོ་གསུམ་པའི་ མདོའི་བཀླག་ཆོག་བསྡུས་པ་འགྲོ་ཕན་སྣང་བ་ཞེས་བྱ་བ་འདི་ཡང་མཁྱེན་དཔྱོད་རབ་ཡངས་མཆོག་སྤྲུལ་ཀརྨ་བཟང་སྐྱོང་བཀྲ་ ཤིས་ཀྱི་བཀའ་བསྐུལ་ལྟར་མ་ཏི་ཀིརྟི་ཞེས་པས་འཕྲལ་དུ་བྲིས་པ་དགེའོ།། །།བཀྲ་ཤིས། ༄༅། །ལྷག་པའི་ལྷ་རྣམས་ལ་བསྟོད་ཚིག་བསྡུས་པ་དད་པའི་ 9-1-445 ཆུ་སྐྱེས་དགྱེས་པའི་གེ་སར་ཞེས་བྱ་བ་བཞུགས་སོ། ། ༄༅། །རྨད་བྱུང་ཚོགས་གཉིས་བྱེ་བའི་དཔལ་ལས་འཕོས། །ལེགས་བྱས་རཱ་གའི་རྡུལ་ མང་བརྩེགས་འདྲའི་སྐུ། །མཚན་དཔེའི་མཛེས་ཆ་ཀུན་ནས་ཡོངས་རྫོགས་པའི། །འོད་མཐའ་ ཡས་པ་མ་ལུས་འགྲོ་བའི་མགོན། །ཀུན་གཟིགས་མཆོག་གི་མཛད་བཟང་རབ་འབྱམས་ཞིང་ དུ་གང་འདུལ་ཡིད་མཐུན་བསྒྱུར། །གང་ལས་ཞིང་འདིར་སྒྱུ་མའི་རོལ་པ་ཡ་མཚན་དཔལ་གྱི་ འཕྲུལ་འགྱེད་པ། །འཕགས་ཡུལ་འཛིན་མར་ཆུ་གཏེར་ཆེ་ལས་རབ་མཛེས་ཆུ་སྐྱེས་ཟེའུ་འབྲུ་ ལས། །ལེགས་འཁྲུངས་ན་གཞོན་གསར་བའི་ངང་ཚུལ་ལྗོངས་འདིའི་མིག་གི་བདུད་རྩིར་ འཕོས། །རིང་མོའི་དུས་ནས་སྐུ་བཞི་མངའ་དབང་བསྒྱུར་ཀྱང་འགྲོ་ཆེད་སྲིད་ན་བཞུགས། །བདེ་ཆེན་ཡེ་ཤེས་སྣང་བའི་ཕ་མཐར་སོན་ཡང་འགྲོ་སྡུག་ཁུར་གྱིས་བླང༌། །དཔག་ཡས་ཆོས་ ཀྱི་གནས་ལུགས་མཁྱེན་མཆོག་མངའ་ཡང་རིག་གནས་སྦྱངས་ཚུལ་མཛད། །བླ་ན་མེད་པའི་ གོ་འཕང་གང་ལ་གནས་ཀྱང་དམན་སྤྱོད་འགྲོ་འདིའི་སླད། །ཁྱད་པར་གངས་ལྗོངས་འགྲོ་ ཁམས་ཡོངས་ལ་བརྩེ་ཆེན་ལྷོ ད་མེད་མངའ་བ་ལས། །ཐུགས་རྗེའི་མཛད་ཕྲིན་རླབས་ཆེན་ འབར་བས་བོད་འབངས་ཀུན་གྱི་རྒུད་པ་བསལ། །དེ་དང་ལྷན་ཅིག་གསང་སྔགས་ཆོས་ཀྱི་ རྒྱལ་མཚན་བསྒྲེང་བཞིན་དུ། །བསྟན་འགྲོའི་ལེགས་ཚོགས་ཡར་ཟླའི་དཔལ་ལྟར་སྤེལ་བའི་ བྱེད་པོ་ཁྱོད་མིན་སུ། །གསང་ཆེན་ཆོས་གྱི་རྒྱུན་བཟང་ཀླུང་ཕྲན་འབྱམས་ཀླས་འགྲོ་ཁམས་ ཉེས་བརྒྱའི་དྲི། །དྲུངས་ནས་འཁྲུད་བྱེད་དལ་འགྲོའི་ཚོགས་འདི་གང་ཐུགས་ཟླ་བའི་མ་མ་ ལས། །ནམ་ཡང་འཛད་པ་ཡོངས་བྲལ་དགེ་མཚན་གསར་བའི་འདུ་བྱེད་ཉེར་བསྐྲུན་པས། །སྔགས་རིག་འཛིན་པའི་ན་གཞོན་ཕོ་མོ་རབ་དགའི་ས་ལ་ཅིར་ཡང་རྩེན། །ཕྱོགས་དང་དུས་ ཀྱི་རིས་སུ་མ་ཆད་འཁོར་འདས་ཀུན་ལ་ཁྱབ་པའི་ཐུགས། །ངོ་མཚར་ཟག་མེད་བདེ་ཆེན་ 9-1-446 མཐའ་ཡས་ཡེ་ཤེས་འཕྲུལ་ཆེན་སྟོང་འབར་བ། །གང་དེའི་དགའ་སྟོན་འཛད་མེད་ལེགས་ སྤེལ་ཡེ་ཤེས་དབྱིངས་ཀྱི་ཌཱ་ཀི་ཟུང༌། །གཟུངས་མ་ཡིད་འོང་མན་དཱ་ར་དང་མཁར་ཆེན་མཚོ་ རྒྱལ་དགེ་བསྐྱེད་ཡུམ། །འཕགས་གནས་ཀུན་གསལ་ལྟོ་བར་ཆོས་ཚུལ་འོད་བརྒྱའི་སྣང་བའི་ ཁོར་ཡུག་བཞད། །ཕུལ་བྱུང་དགེ་ལེགས་སྣང་བས་སྐྱེ་རྒུའི་རྨོངས་མུན་སེལ་མཛད་མཁན་ ཆེན་རྗེ། །ཉིད་ཀྱི་ཕྲིན་ལས་གངས་ལྗོངས་དཔལ་དུ་ལེགས་པར་བསྐྱོད་པའི་མཛད་བཟང་ ཅན། །བོད་འབངས་ཡོངས་ཀྱི་དབང་པོ་གཅིག་གྱུར་ལུགས་གཉིས་ཟུང་གི་ཁྲི མས་ཀྱི་བདག །ས་སྐྱོང་མི་བདག་ཆོས་ཀྱི་དབང་ཕྱུག་བསིལ་ལྡན་ལྗོངས་ཀྱི་འགྲོ་བའི་དཔལ། །བུ་རམ་ཤིང་ པའི་གསུང་རབ་མཐའ་དག་ཐུགས་ཀྱི་དགོངས་མཚོར་ལེགས་བསྐྱིལ་བས། །རྗོད་བྱེད་དག་ པས་བརྗོད་དོན་ཇི་བཞིན་སྟོན་མཁས་ཙནྡྲ་གོ་མིའི་མཚན། །རྣམ་གཉིས་བྱང་ཆུབ་སེམས་ཀྱི་ རྐང་ཐུང་རྒྱལ་སྲས་སྤྱོད་པའི་ལོ་འབྲས་ཅན། །གང་ཐུགས་གསེར་བཟང་འཛིན་མའི་གཞི་ལ་ ལེགས་པར་འབོད་མཁས་ཞི་བ་ལྷ། །སྟོབས་བཅུའི་དབང་ཕྱུག་བདེ་བར་གཤེགས་པ་རིན་ ཆེན་མིང་ཅན་རྒྱལ་བ་ཡིས། །ས་བརྒྱད་སེམས་དཔའ་ནོར་གྱི་མངའ་བདག་བྱང་ཕྱོགས་ལྷ་ ཡི་སྡེ་དཔོན་མཆོག།གང་དེའི་བཀའ་འཁོར་ནོར་ལྷའི་ཚུལ་འཛིན་དབང་གི་ཕྲིན་ལས་ཆེར་ རྒྱས་པ། །འབྲོག་གནས་གནོད་སྦྱིན་རྒྱལ་པོ་ཆེ་ཁྱོད་ནོར་གྱི་བདག་པོར་མངའ་གསོལ་ལོ། །དེ་ལྟར་ལྷག་པའི་ལྷ་ཡི་ཡོན་ཏན་གྱི། །ཆེ་བ་རྟ་ལྗང་བདག་པོའི་ཚ་ཟེར་གྱིས། །བདག་བློའི་ དད་པའི་པད་འདབ་ཕྱོགས་བརྒྱར་བཞད། །རྐྱེན་དེས་བསྟོད་ཚིག་ཟེའུ་འབྲུའི་སྒེག་པ་ངོམ། །ལེགས་བྱས་འདི་ལས་གང་བྱུང་བའི། །རྣམ་པར་དཀར་བའི་བསོད་ནམས་ཚོགས། །བསྟན་ འགྲོའི་ལེགས་ཚོགས་རྒྱུར་སྨོན་ན། །དེ་ལུགས་འགྲུབ་པར་གྱུར་ཅིག་གུ །ཞེས་ལྷག་པའི་ལྷ་རྣམས་ ལ་བསྟོད་ཚིག་བསྡུས་པ་དད་པའི་ཆུ་སྐྱེས་དགྱེས་པའི་གེ་སར་ཞེས་བྱ་བ་འདི་ཡང་ན་མདའི་ལས་ཁུང་གི་གཙོ་གྲྭལ་ན་བཞུགས་པ་ བརྩོན་འགྲུས་དཔལ་གང་གི་བཀའ་གསུང་མི་ལྡོ ག་ཙམ་དུ། རྨོངས་བན་སྙོ མ་ལས་པ་མ་ཏི་ཀིརྟི་ཞེས་པས་བྲིས།། །། 9-1-447 ༄༅། །འདིར་འཇམ་དཔལ་སྒྲུབ་ཐབས་མདོར་བསྡུས་བཞུགས། 9-1-448 ༄༅། །འདིར་འཇམ་དཔལ་སྒྲུབ་ཐབས་མདོར་བསྡུས་ནི། ན་མོ། རྒྱལ་ཀུན་ཡེ་ཤེས་བརྟན་པའི་བདག །འཇམ་དཔལ་དཔའ་བོར་སྐྱབས་སུ་མཆི། །མ་གྱུར་འགྲོ་ཀུན་དེར་འགོད་སླད། །ལྷ་ཡི་རྣལ་ འབྱོར་བསྒོམ་པར་བགྱི། །ལན་གསུམ། སྐད་ཅིག་རང་ལུས་གདོས་བཅས་སྦྱངས། །ཡེ་ཤེས་ སེམས་དཔའི་འཕྲུལ་ཆེན་གར། །དམར་སེར་འོད་བཟང་ཕུང་པོ་ཅན། །ཟག་བྲལ་མཛེས་ སྐུ་སྒྱུ་མའི་ལྷ། །འཇམ་དབྱངས་བརྒྱད་གཉིས་ན་ཚོད་ཉམས། །ལི་ཁྲི འི་ཁ་དོག་གསར་བའི་ དཔལ། །ཞལ་གཅིག་མཛེས་འཛུམ་སྒེག་པའི་བཞིན། །ཕྱག་གཡས་ཤེས་རབ་རལ་གྲི་ཕྱར། །གཡོན་པས་ཨུཏྤལ་གླེགས་བམ་བཅས། །ཞབས་ཟུང་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །དར་ གོས་རིན་ཆེན་རྒྱན་ལྡན་པ། །ལང་ཚོར་བབ་ཅིང་འོད་ཕུང་དབུས། །དམ་ཡེ་གཉིས་མེད་དེའི་ ཐུགས་ཀར། །ཟླ་བར་དྷི་ཡིག་གུར་ཀུམ་མདོག །དེ་མཐར་ཡིག་བདུན་སྙིང་པོས་བསྐོར། །དམར་སེར་རང་འོད་འཕྲོ་བར་གསལ། །བཟླ་བྱའི་སྔགས་ཡི་གེ་བདུན་པ་ནི། ༀ་ཨ་ར་པ་ཙ་ན་དྷིཿ ཞེས་ པ་ཅི་འགྲུབ་བཟླ་མཐར། འཇམ་དཔལ་ཡེ་ཤེས་སེམས་དཔའི་སྐུ། །སྐད་ཅིག་སྟོང་གསལ་དབྱིངས་ སུ་བསྡུ། །སླར་ལྡང་དགེ་འདིས་རིང་མིན་དུ། །མཁྱེན་གཏེར་གོ་འཕང་མཆོག་ཐོབ་ཤོག །ཅེས་ པའི་འཇམ་དཔལ་སྒྲུབ་ཐབས་ཉུང་བསྡུས་ཤེས་རབ་མྱུར་སྩོལ་ཞེས་བྱ་བ་འདི་ཡང་དགེ་སློང་ཚུལ་ཁྲིམས་རབ་ལྡན་གྱི་ཐུགས་མོས་ བཞིན། མ་ཏིས་སྨྲས་པ་དགེ།། །། 9-1-449 ༄༅། །འཇམ་དབྱངས་ཀྱི་གསང་གསུམ་ལ་བསྟོད་པའི་ རབ་བྱེད་ངེས་དོན་སྐུ་གསུམ་རང་གསལ་ ཞེས་བྱ་བ་བཞུགས་སོ། ། ༄༅། །ༀ་དྷཱི་སིདྷི་ཕ་ལ། ཕུན་ཚོགས་ལེགས་དགེ་ཀུན་གྱི་གཞི་གཅིག་ཉིད། །ངོ་མཚར་ སྒྱུ་འཕྲུལ་དྲ་བའི་འོད་ཟེར་དཔལ། །བརྟན་གཡོའི་སྲོག་གི་དྭངས་བཅུད་སེམས་དཔའ་ཆེ། །དོན་དམ་འཇམ་དཔལ་དཔའ་བོས་རྟག་པར་སྐྱོངས། །གང་ཞིག་གདོད་མ་ཆོས་ཀྱི་དབྱིངས་ ལས་གཟུགས་སྐུ་བསམ་པའི་ཡུལ་འདས་རླབས་ཆེན་འཕྲུལ། །ངོ་མཚར་སྒྱུ་མའི་བྱེད་པོ་ མཆོག་འདིས་གཟུགས་བཟང་དྲི་བྲལ་ནམ་མཁའི་མཐར་བརྒལ་བ། །རྟག་པར་རིས་སུ་མ་ ཆད་རྒྱན་གྱི་འཁོར་ལོ་ཀུན་ཁྱབ་གཤིས་ལ་མཆོག་དམན་བྲལ། །ངོ་བོ་སངས་རྒྱས་དང་པོའི་ དགོངས་མཉམ་དོན་དམ་འཇམ་དཔལ་ཆོས་སྐུའི་གཤིས་ལུགས་ཆེ། །གང་འདི་གཞན་གྱི་ སྣང་བར་རྗེས་འགྲོ་ས་བཅུའི་སེམས་དཔའི་ངོ་མཚར་རོལ་པ་སྟོན། །ལོངས་སྤྱོད་རྫོགས་སྐུ་ ངེས་པ་ལྔ་ལྡན་ཞིང་གི་གཙོར་གྱུར་གདུལ་བྱར་ཟློས་གར་མཁན། །ཁྱབ་བདག་མཛད་བཟང་ ལེགས་དགེ་སྣང་བ་དུས་དང་དུས་སུ་ཆད་མེད་ཡ་མཚན་པ། །ཕྱོགས་བཅུར་དགའ་སྟོན་ ལེགས་འགྱེད་རོལ་པ་འཇམ་དབྱངས་དམ་པའི་སྒྱུ་མའི་འཕྲུལ་བཟང་ཉིད། །དབང་པོ་རབ་ ཀྱི་དཔལ་ཡོན་ཕུལ་བྱུང་རང་རང་ལ་འཚམས་ཆོས་ཀྱི་བདུད་རྩིས་གྲོལ། །གསང་བ་ཟབ་མོའི་ དགོངས་ཆེན་ཉག་ཅིག་ཕལ་བས་རྟོགས་བྱའི་ཡུལ་འདས་ངོ་མཚར་བ། །རྒྱལ་བའི་སྲས་པོ་ མཆོག་གིས་བགོ་སྐལ་གཞན་ལས་ཁྱད་པར་རབ་འཕགས་གསང་བའི་སྲོལ། །ལེགས་ཕྱེ་ཐུན་ མིན་ཕྲིན་ལས་ཡོན་ཏན་ཀུན་ནས་རོལ་པ་འཛད་མེད་རང་རང་ཁམས། །དེ་ལས་མཆོག་སྤྲུལ་ སྒྱུ་མའི་གར་རོལ་བྱེ་བ་ཕྲག་བརྒྱའི་ཞིང་དུ་རྩེན་པའི་ཚུལ། །གདུལ་བྱ་རབ་འབྲིང་ཐ་མའི་ 9-1-450 རྗེས་འགྲོ་ཟབ་ཆོས་བདུད་རྩིས་ཚིམ་པ་རབ་སྟེར་བ། །བཅུ་གཉིས་མཛད་ལ་སོགས་པས་ གང་འདུལ་ཡིད་ཅན་གང་དག་ཀྱང་ནི་རང་རང་ལ། །གང་འོས་ཟབ་ཆོས་རྩོལ་མཛད་མཆོག་ གིས་སྤྲུལ་པའི་རྣམ་རོལ་ཅི་ཡང་སྟོན་པར་མཛད། །གཞོམ་མེད་གསུང་དབྱངས་རང་གསལ་ ཀུན་ཁྱབ་ནམ་མཁའ་ལྟར་ཡང་མཚོ་བཞིན་ཟབ་པའི་དཔལ། །སྟོན་འཁོར་ཡེ་གཞི་གཉུག་མ་ གཅིག་ཏུ་འདུ་འབྲལ་མེད་པར་བརྗོད་བྲལ་བྲག་ཆའི་སྒྲ། །ཕན་ཚུན་ཆོས་དབྱིངས་དགོངས་ ཆེན་དང་འདྲེས་ངོ་མཚར་དོན་རབ་མཐའ་དག་གསལ་ཞིང་སོགས། །ཆེས་ཟབ་དབྱིངས་ཀྱི་ དེ་ཉིད་མཆོག་འདི་ནམ་ཡང་རིས་སུ་ཆད་པ་མེད་བཞིན་འཇུག།རྗོད་བྱེད་ཐེག་ཆེན་ཆོས་ཚུལ་ ཟབ་མོ་སེམས་དཔའ་དམ་པའི་དགོངས་སྤྱོད་ཕུལ་བྱུང་བ། །ངོ་མཚར་མཚུངས་མེད་ཞི་བའི་ དེ་ཉིད་ཀུན་ནས་རིས་བྲལ་སྤྲོ་བའི་དཔལ་གྱུར་པ། །གང་ལ་ལོངས་སྤྱོད་སྐལ་བཟང་རབ་ དགའ་དམ་པའི་རིགས་ཅན་ཀུན་གྱི་གསོས་གྱུར་ཕུལ། །གཞན་ལས་ཁྱད་འཕགས་གསུང་གི་ གསང་བ་བླ་ན་མེད་པར་ཡོངས་བརྡལ་མཛད་ཆེན་ངོམ། །གསང་ཆེན་དགོངས་ཟབ་ངེས་པའི་ དེ་ཉིད་ཇི་བཞིན་རྗེན་ཆར་མངོན་བྱས་གནས་ལུགས་དོན། །ཀུན་ཁྱབ་ཆོས་དབྱིངས་ཆེས་ གསལ་མཁའ་ལྟར་དྲི་མེད་དགོངས་ཆུབ་རང་རིག་རབ་དག་ཅིང༌། །འདུས་མ་བྱས་པའི་གཞི་ དབྱིངས་ཆོས་ཉིད་གཞི་དང་འབྲས་བུ་དབྱེར་མེད་དེ་ཁོ་ན། །སྒྲོ་སྐུར་དང་བྲལ་འཇམ་དཔལ་ དགོངས་ཆེན་གཤེགས་སྙིང་དང་པོའི་སངས་རྒྱས་ཀྱིས་སྤྲུལ་པ། །ཡེ་ཤེས་ཟབ་མོའི་ཕྲིན་ལས་ འཇུག་པ་དུས་ཀུན་གཡེལ་བ་མི་མངའ་རྩོལ་བྲལ་ངང༌། །ཡིད་བཞིན་དབང་གི་རྒྱལ་པོར་ འདོད་འབྱུང་ཇི་བཞིན་གང་འདུལ་རེ་སྐོང་འབད་མེད་ཅན། །ཀུན་བཟང་མཛད་ཆེན་མཁའ་ མཐར་ཡོངས་བརྡལ་དེ་བཞིན་ཉིད་ལ་སྒྲིབ་བྲལ་སྟོང་པ་ཉིད། །མངོན་གཟིགས་ཡང་དག་ གནས་ལུགས་ཁོང་ཆུབ་ཡེ་ཤེས་སེམས་དཔའ་འཇམ་དཔལ་དབྱངས་ངོ་བོ། །མཁའ་མཉམ་ གང་འདུལ་རྗེས་འགྲོའི་བཀོད་པ་ངོ་མཚར་བརྗོད་འདས་ཞིང་རྣམས་ཀུན་ཏུ་བརྡལ། །ཁམས་ 9-1-451 དབང་ལ་འོས་བརྗོད་སྒོ་སྨིན་གྲོལ་དུས་སུ་སྐལ་ལྡན་ཀུན་ལ་གཡེལ་མེད་པ། །ལེགས་དགེ་མ་ ལུས་རྩོལ་བའི་བྱེད་པོ་གནས་སྐབས་མཐར་ཐུག་ཕུན་ཚོགས་འབྱུང་བའི་གནས། །བྱང་ཆུབ་ ལམ་སྟོན་ཟླ་དང་བྲལ་བ་འཇམ་མགོན་ངག་གི་དབང་ཕྱུག་མཛད་སྒོ་ཕུལ། །ཀུན་གྱི་གཞི་ གཅིག་ཆོས་དབྱིངས་ཡེ་ཤེས་སྣ་ཚོགས་རབ་སྣང་མེ་ལོང་སོ་སོར་གསལ། །བདེན་གཉིས་རང་ མདངས་དོན་དམ་རྣམ་པ་ཀུན་ལ་སྙོ མས་པར་སྒྲིབ་མེད་མངོན་གྱུར་པ། །རབ་བརྟན་འཁོར་ ལོ་མཛད་ཕྲིན་ཐོགས་མེད་ཕྱོགས་དང་དུས་སུ་རྒྱུན་ཆད་བྲལ་བའི་དཔྱིད། །ཤེར་རབ་ལྷག་ པའི་ལྷར་གྱུར་སེམས་དཔའ་འཇམ་དཔལ་གཞོན་ནུ་དང་པོའི་སངས་རྒྱས་འཕྲུལ། །དེ་འདྲའི་ སྐུ་གསུང་ཐུགས་གསུམ་ལ། །སྐུ་གསུམ་ལྷུན་གྲུབ་རང་ཆས་སུ། །ཡེ་རྫོགས་དོན་དམ་འཇམ་ དཔལ་དབྱངས། །རང་རིག་གཤིས་ནས་མྱུར་མངོན་ཤོག །ཅེས་པའི་འཇམ་དབྱངས་ཀྱི་གསང་གསུམ་ ལ་བསྟོད་པའི་རབ་བྱེད་ངེས་དོན་སྐུ་གསུམ་རང་གསལ་ཞེས་བྱ་འདི་ཡང་རྔ་ཡུལ་ཕྱོགས་ཀྱི་དམ་པ་མདོ་མིང་པའི་ཐུགས་བཞེད་ ལེགས་པར་སྐོང་བའི་ཆེད། མ་ཏིས་ཤར་མར་སྤེལ་བ་ཛ་ཡནྟུ།། །། 9-1-452 ༄༅། །འཇམ་པའི་དབྱངས་ཀྱི་བསྟོད་པ་བཞུགས། ༄༅། །རྒྱལ་བའི་མཁྱེན་པའི་ཡེ་ཤེས་གཅིག་བསྡུས་པ། །རང་མདངས་ཇི་བཞིན་ཤར་ བའི་འཕགས་པའི་སྐུ། །དམར་སེར་ལི་ཁྲི འི་མདོག་འཆང་གཞོན་ནུས་གཟུགས། །འཇམ་ དཔལ་ཡེ་ཤེས་སེམས་དཔའི་དགེ་ལེགས་སྩོལ། །གཞུང་ལུགས་སྨྲ་བའི་ངག་ལ་དབང་ཐོབ་ ཅིང༌། །ཟབ་རྒྱས་ཚོགས་གཉིས་མཆོག་གིས་ཐུགས་དགོངས་གཏམས། །ལེགས་བཤད་ གསུང་རབ་རྒྱ་མཚོ་སྤེལ་བའི་གཉེན། །ཕུལ་བྱུང་ཡོན་ཏན་དཔག་ཡས་མངའ་བའི་མགོན། །གང་གི་ཐུགས་རྗེས་བརྩེ་བ་མི་ལྷོ ད་པས། །སྐལ་བཟང་རིགས་ཀྱི་གདུལ་བྱ་རྗེས་བཟུང་སྟེ། །ཁམས་དབང་མཐུན་ཤིང་རང་རང་དང་མཚམས་པའི། །ཡང་དག་ཆོས་ཀྱི་བདུད་རྩི་ལེགས་ གནང་སྐབས། །ཆ་ཙམ་སྤྱོད་པའི་སྔོན་བསགས་བསོད་ནམས་ལྡན། །བླང་དོར་ཚུལ་ལ་བློ་ གྲོས་ཅུང་རྒྱས་ཤིང༌། །གཞན་ཕན་བྱ་བའི་གྲགས་པ་ཙམ་འཛིན་པ། །གང་ལ་རེ་བས་ལས་ དོན་ཇི་བཞིན་གསོལ། །རང་ཅག་ཐོག་མར་བསྟན་ལ་འཇུག་པའི་ཚེ། །ལེགས་ཉེས་གསལ་ བའི་བློ་མིག་སད་བྱས་ཏེ། །ཡ་རབ་ཆོས་ཀྱི་གྲལ་དུ་ཚུད་པའི་ཐབས། །རྣམ་དཀར་དགེ་བའི་ དམིགས་རྐྱེན་ལེགས་པར་མཛོད། །དེར་བསྟེན་ཚེ་འདིར་རང་ལ་ཆོས་བློ་རྒྱས། །སྐྱེ་ཀུན་དམ་ པའི་མགོན་དང་མི་འབྲལ་ཞིང༌། །བསྟན་ལ་ཐོས་བསམ་སྒོམ་པ་རབ་ཞུགས་ནས། །ལེགས་ བཤད་ཆོས་ཀྱི་འགྲོ་ཕན་བསྒྲུབ་ནུས་ཤོག །ཅེས་པ་འདི་ཡང་ཀུན་དགའ་སྐལ་ལྡན་གྱིས་ནན་གྱིས་བསྐུལ་བའི་ངོ་ མ་ལྡོ ག་ཙམ་དུ། མ་ཏིས་སྨྲས་པའོ།། །། ༈ ཕུན་ཚོགས་ལེགས་བྱས་རང་སྣང་དག་ཆེན་འཕྲུལ། །ངོ་མཚར་བཀྲ་ཤིས་ལྷ་མོ་སྐྱེ་ དགུའི་སྐྱབས། །གང་བརྩམས་དགེ་བ་འབའ་ཞིག་དུ་བསྒྱུར་ཏེ། །ཡ་མཚན་ཁོ་ནས་འཇིག་ རྟེན་རྟག་སྐྱོང་མཛོད། །ཅེས་པའང་ཀུན་དགའ་སྐལ་ལྡན་ལ་མཁོ་ནས། མ་ཏིས་སོ།། །། 9-1-453 ༄༅། །རྗེ་བཙུན་འཇམ་པའི་དབྱངས་ལ་བསྟོད་པའི་རབ་བྱེད་ འཇམ་མགོན་དགྱེས་བསྐྱེད་ཀུན་བཟང་མཆོད་སྤྲིན་ ཞེས་བྱ་བ་བཞུགས་སོ། ། ༄༅། །དཔལ་ཡོན་ཡོངས་དག་ཤིན་ཏུ་མཛེས་པའི་ཁམས། །བརྟན་གཡོའི་དྭངས་ བཅུད་འཁོར་འདས་སྲོག་གི་དཔྱིད། །ཡེ་བཞུགས་གདོད་མའི་མགོན་པོ་འཇམ་དཔལ་ ཐུགས། །ཡེ་ཤེས་ཆོས་སྐུའི་འཕྲུལ་ཆེན་རྨད་འདི་མཚར། །ཀུན་གཟིགས་མཁྱེན་བཟང་ མཆོག་གི་ཟློས་གར་གང་འདུལ་ཡིད་ཅན་ཚོགས་ལ་དེར་སྣང་སྒྱུ་འཕྲུལ་གར་བསྒྱུར་བ། །ངོ་ མཚར་གཅིག་དང་དུ་མའི་རྣལ་རོལ་མཛད་པ་མཁའ་མཐར་སྤྲོ་ལ་ཀུན་ནས་རིས་སུ་ཆད་པ་ མེད། །གང་འདི་འབད་མེད་ལྷུན་གྲུབ་ངང་ལས་ཡིད་བཞིན་དབང་པོར་འདོད་འཇོ་ཇི་བཞིན་ རེ་འབྲས་ལེགས་སྩོལ་བ། །ཨེ་མ་གང་ཕན་དོན་གྱི་སླད་དུ་ཡེ་ཤེས་སེམས་དཔའི་རོལ་བ་ གང་དག་ཡ་མཚན་དམ་པའི་གནས། ༼༡༽ །ཆོས་དབྱིངས་གཉུག་མའི་འཕྲུལ་ལས་ལེགས་ ཤར་ཀུན་བཟང་མཛད་ཆེན་ལོངས་སྤྱོད་རྫོགས་སྐུ་སྒྱུ་མའི་ངོ་བོར་འཕོས། །དཔལ་ལྡན་བློ་ གྲོས་དྷཱིཿལས་ལེགས་འཁྲུངས་ངོ་མཚར་གཟུགས་སྐུའི་རོལ་པ་ཅིར་ཡང་བསྒྱུར་བའི་དཔལ་ ཡོན་གང༌། །ཆུ་སྐྱེས་བསིལ་ཟེར་ཅན་དབུས་གཞོན་ནུའི་གཟུགས་འཆང་སྐྱིལ་མོ་ཀྲུང་གིས་ དགྱེས་རོལ་གུར་ཀུམ་གསར་བའི་མདོག །ཟུར་ཕུད་ལྔ་ལྡན་སྙན་གོང་ཨུཏྤལ་གྱིས་མཛེས་ རིན་ཆེན་རྒྱན་སྤྲས་ལྷ་ཡི་ན་བཟས་སྐུ་སྨད་བཀླུབས། ༼༢༽ །བྱི་རུའི་དུམ་བུ་བཞུས་པའི་ཁུ་ བ་དང་འདྲེས་གསེར་བཟང་ཞུན་མ་འབར་བའི་ས་འཛིན་རྡུལ་བརྩེགས་ལྟར། །ངོ་མཚར་ཡེ་ ཤེས་སྒྱུ་འཕྲུལ་ལང་ཚོ་དྲི་མེད་གཟུགས་སྐུ་དམར་སེར་འོད་བཟང་འདྲེས་པའི་ཕུང་པོ་ཅན། །སྲིད་ཞིའི་དཔལ་ཀུན་བསྡུས་པའི་དགེ་མཚན་ཟག་བྲལ་མཚན་དཔེའི་མཛེས་སྐུ་མིག་གི་ 9-1-454 བདུད་རྩིར་ལེགས་འཕོས་པ། །རྒྱལ་ཀུན་ཡེ་ཤེས་སེམས་དཔའི་མཛེས་གཟུགས་སྲིད་ན་ཆེ་ བ་ཀུན་ལས་འཕགས་པའི་གཟི་འོད་ཟླ་བྲལ་བ། ༼༣༽ །རིང་མོའི་དུས་ནས་སྟོབས་བཅུའི་ དབང་ཕྱུག་ཀུན་ནས་རྒན་ཡ༵ང་བརྒྱད་གཉིས་ལང་ཚོ་དར་ལ་བབ་པའི་གཟུགས། །སྣ་ཚོགས་ བསམ་པའི་རྗེ་འགྲོའི་བཀོད་བཟང་མཁའ་དང་མཉམ་ཡ༵ང་རྒྱལ་སྲས་འཇམ་དབྱངས་གཞོན་ ནུའི་རོལ་པར་བརྫུ། །རྨད་བྱུང་སྤངས་རྟོགས་ཆ་ཀུན་སྔོན་གྱི་དུས་ནས་རྫོགས་ཀྱ༵ང་ད་དུང་ རྒྱལ་སྲས་དཔའ་བོའི་མཛད་བཟང་སྐྱོང༌། །ཡིད་ཅན་འགྲོ་འདིས་རང་རང་ཁམས་བཞིན་རེ་ ལྟོ ས་འཆའ་ན་གང་འཚམ་རྣམ་དཔྱོད་གསར་བའི་དགའ་སྟོན་ཕོབ། ༼༤༽ །ལེགས་མཛེས་ ལི་ཁྲི འི་ཁ་དོག་གསར་བའི་མདངས་ལས་མ༵་འཕོས་ངོ་མཚར་མཚམས་སྤྲིན་ལང་ཚོ་འབུམ་གྱི་ གཟི། །བྱེད་པོ་རྣམ་སད་བཟོ་མཁས་འཕྲུལ་ལས་ལེགས་བགྱིས་མ༵་བྱས་མཛེས་སྡུག་མཚན་ དཔེའི་ལེགས་ཆ་ཀུན་ནས་རྫོགས་སྣང་བྱེད། །འོད་སྟོང་འབར་བའི་མུན་བསལ་ཟེར་གོས་མ༵་ འཕྲོག་དྲི་བྲལ་ཡེ་ཤེས་སྣང་བའི་གཟི་འོད་འབར། །ཕུལ་བྱུང་ཡེ་ཤེས་སྣང་བ་ཕྱོགས་མཐར་ རབ་རྒྱས་ངག་གི་དབང་པོས་འགྲོ་ལ་ལེགས་དགེ་ཅིར་ཡང་སྩོལ། ༼༥༽ །རབ་མཛེས་ཉི་ གཞོན་འཆར་ཁའི་མདངས་འབྱིན་ཞལ་རས་དགའ་ཚལ་ལས་འོང་སྤྱན་ཟུང་བུང་བ་གཡོ་ལྡན་ ཞིང༌། །ཞལ་སྒྲོས་རཱ་གའི་འདབ་མ་ཕྱོགས་ཀུན་གཡོ་བར་ཚེམས་དཀར་ཟླ་གཞོན་གསར་ བའི་མྱུ་གུ་ཅིར་ཡང་རྒོ ད། །སྙན་བཟང་ཆོས་དུང་འཁྱི ལ་བའི་སྦུབས་ལས་དཔག་བསམ་ཡལ་ ག་རིང་དུ་རྒྱས་བཞིན་སྙན་ཤལ་ཉེ་བར་འཕྱང༌། །ཀུན་མཁྱེན་ཡེ་ཤེས་མཆོག་མངའ་གང་དེ་ རིང་ནས་ཡི་དམ་ལྷར་བསྟེན་འདི་ཕྱི་ཀུན་ཏུ་རྗེས་བརྩེར་མཛོད། ༼༦༽ །འགྲོ་ཀུན་མི་ཤེས་ རྨོངས་མུན་འཇོམས་བྱེད་སྔོ་སངས་མཁའ་ཡི་མདོག་ལྟར་རབ་མཛེས་འོད་འབར་རལ་གྲིའི་ མཚོན། །ཆོས་ཕུང་བརྒྱད་ཁྲི འི་བང་མཛོད་གཅིག་གྱུར་གསུང་རབ་ཟེའུ་འབྲུར་རོལ་པའི་ འདབ་ལྡན་ཨུཏྤལ་སྡོང་བུ་བཅས། །རྒྱལ་སྲས་སེམས་དཔའ་གཞོན་ནུའི་གཟུགས་དེའི་ཕྱག་ 9-1-455 གི་མཚན་མའི་ཚུལ་གྱིས་མ་ལུས་ཡིད་ཅན་གང་དག་རྗེས་བཟུང་བས། །མི་ཤེས་རྨོངས་པ་ རིང་དུ་དོར་བཞིན་བློ་གྲོས་སྣང་བའི་དཔལ་ཁ་རིམ་གྱིས་རྒྱས་པའི་གཉེན་མཛོད་ཅིག ༼༧༽ །འདོད་ལྡན་འཆི་མེད་དགའ་བའི་དཔལ་ལ་ཆགས་པ་མི༵ན་ཡང་མཛེས་སྡུག་ཨུཏྤལ་ཕྲེང་བའི་ གདེངས་ཀ་བཞད། །ནོར་བུའི་དོ་ཤལ་མཆོག་ལ་འདོད་པས་ཞེན་པ་མི༵ན་ཡང་གསལ་འཚེར་ མུ་ཏིག་གསར་པའི་འཕྱང་འཕྲུལ་གཡོ། །སྣ་ཚོགས་རིན་ཆེན་རྒྱན་བཟང་དྲ་བས་སྒེག་འདོད་ མི༵ན་ཡང་ཕྱག་ཞབས་རིན་ཆེན་གདུབ་སྐོར་སིལ་འཁྲོ ལ་ཞིང༌། །རབ་ཞི་མཛེས་པའི་རྒྱན་ གྱིས་ལེགས་སྤུད་ལྷ་གཞོན་མཆོག་གི་སྐུ་ཅན་དེ་ཡིས་བློ་གྲོས་སྣང་བ་སྩོལ། ༼༨༽ །གདེངས་ ཅན་དབང་པོའི་ནོར་བུའི་བང་མཛོད་གང་ལས་མ༵་འཕྲོགས་དྲི་མེད་སྙན་ཟུང་གཟི་འབར་ནོར་ བུས་མཛེས། །གྲུབ་བདག་ན་ཆུང་མཛེས་མའི་ལུས་ཀྱི་རྒྱན་ཆ་མ༵་བླངས་སྐུ་སྐེད་འོག་པག་ དྲ་བའི་འཁོར་ཡུག་ཅན། །རྣམ་སད་ལྷ་མོའི་ལག་འཕྲུལ་སོར་གྱིས་འཐགས་སུ་མ༵་བསྐྲུན་ ལྷ་གོས་དར་བཟང་མཆོག་གི་སྨད་དཀྲིས་འཆང༌། །ལྷ་གཞོན་དམ་པའི་མཛེས་རྒྱན་ཀུན་ ནས་ཡོངས་སུ་རྫོགས་པ་གང་དེས་བློ་གསལ་ཡིད་ལ་དགའ་བ་ཕོབ། ༼༩༽ །དགེ་ལེགས་ ངོ་མཚར་མཚན་བཟང་རི་མོ་ཀུན་ནས་བཀྲ་ཡ༵ང་བྱེད་པོ་ཕལ་བས་པིར་གྱིས་བྲིས་པ་མི༵ན། །སྲིད་ན་ཆེ་དགུ་དྲེགས་ལྡན་ཀུན་གྱིས་སྤྱི་བོས་བཀུར་ཡ༵ང་དཔའ་གཏུམ་རུ་མཚོན་གདེངས་ བས་བསྡིགས་པ་མི༵ན། །རྣམ་བྱང་ཆོས་སྐུའི་མཆོད་སྡོང་མིག་གི་བདུད་རྩིར་སིམ་ཡ༵ང་ལྷ་ཡི་ ན་གཞོན་ལང་ཚོས་འགྲན་བཟོད་མི༵ན། །ཡེ་ཤེས་ཕུང་པོ་ཟག་མེད་སྐུ་བཟང་ཡོངས་འཛིན་ལྷ་ མཆོག་ཞལ་རས་རིང་མིན་མྱུར་ནས་མཇལ་བར་སྨོན། ༼༡༠༽ །མི་ཤེས་མུན་སྟུག་འཇོམས་ པའི་མཁྱེན་རབ་འོད་རྣོན་འབར་ཡ༵ང་འཇིག་རྟེན་སྣང་བྱེད་ཚ་ཟེར་ཅན་དེ་མི༵ན། །ཀུན་ཉོན་ཚ་ གདུང་བཅིལ་བའི་མཛད་ཕྲིན་བསིལ་ཟེར་རྒྱས་ཀྱང༵་མཚན་མོའི་གསལ་བྱེད་འོད་དཀར་ཅན་ དེ་མི༵ན། །གསང་གསུམ་མཐུ་ལས་འདོད་དགུ་འབད་མེད་ཉེ་བར་འབྱུང་ཡ༵ང་རིན་ཆེན་གླིང་ 9-1-456 གི་ལེགས་སྐྱེས་ནོར་བུ་མི༵ན། །ཐུགས་མཆོག་མཁྱེན་བཟང་དགོངས་ཆེན་ངང་ནས་མ་འབད་ ཤུགས་ཀྱིས་ལུས་ཅན་ཡོངས་ལ་ཞི་བསིལ་དཔྱ་ཕོབ་ཅིག ༼༡༡༽ །མཐའ་ཡས་གསུང་རབ་ ཆོས་ཀྱི་མཛོད་སྒོ་རྡོ་རྗེ་རྣོན་པོ་ཡིག་དྲུག་བཞད་པའི་གད་རྒྱངས་ཆེར་སྒྲོགས་པས། །ཆོས་ ཕུང་བརྒྱད་ཁྲིའི་གཏེར་ཆེན་ཀུན་ནས་རབ་བརྡོལ་ནམ་མཁའ་རབ་འབྱམས་ཀུན་ཏུ་རྟག་པར་ ཡོངས་བརྡལ་བ། །ལུས་ཅན་གང་དག་ལེགས་སྒོ་སྣང་བ་ཡ་མཚན་ཕུལ་བྱུང་ནམ་ཡང་ཟད་ པ་མེད་པའི་འཁོར་ལོའི་རྒྱན། །འཕགས་མཆོག་གསུང་གི་གསང་བའི་ཆེ་བ་སེམས་ཅན་ཇི་ སྙེ ད་པ་དག་ཀུན་གྱི་སྙིང་གི་མཛའ་བོར་ཤོག ༼༡༢༽ །གང༵་འདི་མཐའ་དག་དོན་ལ་གཉུག་ ཁམས་ཕྲ་བའི་ནང་དབྱིངས་ཆོས་སྐུ་ཉག་མ་གཅིག་གི་རོལ་པ་ལས། །ག༵ང་འཚམས་སྐྱེ་དགུ་ ཀུན་གྱི་རང་རང་སྣང་བའི་ཆ་ལས་རྣམ་པ་དུ་མའི་འཆར་སྒོ་འགག་པ་མེད། །ག༵ང་ཕྱིར་ལས་ སྣང་བསོད་ནམས་མཆོག་དམན་དབང་གིས་མཛད་སྒོ་བཟང་ངན་རྗེས་འགྲོའི་མཚར་བཀོད་ ཉེ་བར་སྟོན། །ག༵ང་ཉིད་གནས་ལུགས་ཀུན་ཀྱི་ཡེ་གཞི་ཁྱབ་བདག་དང་པོའི་སངས་རྒྱས་ཉིད་ དེ་འཇམ་དཔལ་གཞོན་ནུའི་ཐུགས། ༼༡༣༽ །དེ་ལྟར་དཔག་ཡས་མཛད་སྒོའི་བཀོད་པ་ཅན། །རྒྱལ་ཀུན་ཡེ་ཤེས་སེམས་དཔའ་གཞོན་ནུའི་གཟུགས། །ནང་རིག་གཤེགས་སྙིང་མཆོག་གི་ དགོངས་པར་བཞུགས། །ནམ་ཞིག་རང་གསལ་ཉིད་དུ་གྲོལ་གྱུར་ཅིག །མང་མང་རྒྱལ་ཀུན་ ཡེ་ཤེས་སྐུ་ཅན་གང་དེའི་ཟབ་ཟབ་གཏིང་དཔག་དཀའ་བའི་རྒྱ་ཆེར་མཛད་བཟང་ཚོགས། །གུས་གུས་དད་པའི་རྒྱན་དུ་ཉེ་བར་བཀོད་འདི་ཉུང་ཉུང་སྙན་པའི་ཚིག་གི་སྡེབ་སྦྱོར་ལ་བརྟེན་ ནས། །དུང་དུང་ལྷག་པར་བརྩེ་བའི་རང་གི་ཆོས་མཆེད་བཟང་བཟང་ཡིག་རིས་འདུ་བྱེད་ སོར་མོའི་འཕྲུལ་ལ་བརྟེན། །དམན་དམན་འཁོར་བར་ལུས་པའི་ཉམ་ཆུང་གང་དེས་ཡང་ཡང་ འཇམ་མགོན་ཆེ་བ་བརྗོད་འདི་དགེའོ་ཀྱེ། །ཞེས་རྗེ་བཙུན་འཇམ་པའི་དབྱངས་ལ་བསྟོད་པའི་རབ་བྱེད་འཇམ་ མགོན་དགྱེས་བསྐྱེད་ཀུན་བཟང་མཆོད་སྤྲིན་ཞེས་བྱ་བ་འདི་ཡང་དོན་དུ་གཉེར་བ་གཞན་འགའ་ཞིག་དང་རང་གི་ཆོས་གྲོགས་ 9-1-457 དམ་པས་བསྐུལ་མ་ཆེད་གཉེར་བགྱིས་པའི་རེ་འདོད་སྐོང་ཆེད་མ་ཏི་ཀིརྟིས་ལེགས་པར་སྨྲས་པ་ལྟར་མཆེད་ཟླ་མཆོག་གྱུར་ངག་ དབང་ཡོན་ཏན་བཟང་པོས་ཡི་གེ་ཉེ་བར་ཕབ་པ་འདིས་ཀྱང་འཇམ་མགོན་མཁྱེན་པའི་གཏེར་གྱི་བྱིན་རླབས་མྱུར་ནས་མངོན་དུ་ འཇུག་པར་གྱུར་ཅིག་གུ།། །། 9-1-458 ༄༅། །འཕགས་མ་ལྷ་མོ་དབྱངས་ཅན་ལ་བསྟོད་པའི་ རབ་བྱེད་རིག་གསང་དཔལ་སྟེར་ ཞེས་བྱ་བ་བཞུགས་སོ། ། ༄༅། །རྨད་བྱུང་གཉུག་མ་རང་བཞིན་ཤེར་ཕྱིན་ཀློང༌། །སྣ་ཚོགས་དུ་མའི་མཚར་བཀོད་ འབྱམས་ཀླས་ལས། །མཛེས་སྡུག་ཐིག་ལེ་མཆོག་མ་ན་ཆུང་གཟུགས། །ངག་གི་དབང་མོས་ ཚིག་ལ་སྤོབས་པ་སྩོལ། །རང་བཞིན་དག་ཆེན་ཤེར་ཕྱིན་དགའ་མ་ཀུན་ཁྱབ་བརྟན་གཡོའི་ ཆོས་ཉིད་ཚུལ། །རྣམ་འཕྲུལ་མཛད་སྒོ་ཅིར་ཡང་རོལ་འདིས་སྐེད་མེད་ན་ཆུང་རི་དྭགས་མིག །ངོ་མཚར་ལང་ཚོའི་དཔལ་གྱིས་རབ་སྒེག་སྒྱུ་རྩལ་བྱེ་བའི་མཛོད་འཛིན་པ། །དབྱངས་ཅན་ ལྷ་མོ་དབྱངས་ཀྱི་རྗེས་འགྲོ་ངག་གི་དཔལ་སྟེར་མ་མ་ཀྱེ། ༼༡༽ །གདོང་བཞིའི་སྲས་མོ་མུ་ ཏིག་འོད་ལྡན་མཁྱེན་གཏེར་སྙིང་གི་དབུལ་སེལ་མ། །ཟླ་བའི་སྲིང་མོ་ནང་གི་སྣང་བྱེད་བློ་སྒོ་ རྣམ་པར་འབྱེད་པའི་གཉེན། །ངག་དབང་ལྷ་མོ་སྨྲ་བའི་ངག་ལ་རང་དབང་ཐོབ་མཛད་ཚིག་ གི་གཏེར། །འཆི་མེད་སྒེག་མོའི་རྣམ་པར་རོལ་འདི་ཡིད་ཀྱི་རྨོངས་པ་སེལ་བའི་མཆོག ༼༢༽ །རབ་རྒྱས་པདྨོའི་ལྟེ་བར་རོལ་པའི་ཕྲ་ལྡེ མ་ལུས་མཆོག་ཤེལ་དཀར་མདངས། །ཟླ་ཟེར་ འབུམ་གྱི་འོད་སྣང་ལྷག་བཞིན་རབ་གསལ་དྲི་མེད་དཔལ་ཡོན་ཅན། །ཞལ་རས་ཉ་རྒྱས་ཟླ་ བའི་དཔལ་མངའ་དཀྱུས་རིང་ཨུཏྤལ་འདྲེན་བྱེད་ཟུང༌། །མཐོན་མཐིང་རལ་པའི་ལན་བུ་ཐུར་ དུ་འཕྱང་ལ་ངོ་མཚར་ནོར་བུས་སྤུད། ༼༣༽ །པད་དམར་མཆུ་དབུས་ཀུན་མུད་ཚེམས་ཕྲེང་ 9-1-459 ཀུན་ནས་དངར་བའི་གེ་སར་རྒོ ད། །མཉེན་ལེགས་སྙན་ཤལ་གཟི་འབར་ནོར་བུའི་རྣ་ཆ་ཟུང་ གིས་ཉེ་བར་མཛེས། །འོད་དཀར་སྣང་བའི་དགེ་མཚན་དང་བཅས་ཞལ་བཟང་འཛུམ་པའི་ རབ་དགའི་ཟོལ། །དྲང་སྲོང་རླབས་ཆེན་དཀའ་ཐུབ་གནས་རྣམས་ཡིད་ཀྱི་བརྟན་པ་དབང་ མེད་འཕྲོག ༼༤༽ །ངོ་མཚར་མཛེས་སྡུག་གཟུགས་སྐུའི་ལང་ཚོ་རབ་རྒྱས་ནུ་འབུར་ཟུང་ གིས་མཛེས། །དཀར་འཇམ་ཕྱག་ཟུང་སོར་མོས་ལེགས་བསྐྱོད་རྒྱུད་མངས་སྒྲ་ལས་དབྱངས་ སྙན་སྒྲོག །ལེགས་རྒྱས་ཞབས་གཉིས་ཙོག་པུའི་ཚུལ་བཞུགས་དེ་ཀུན་གསེར་སྦྱངས་གདུ་ བུས་སྤྲས། །མུ་ཏིག་འཛུམ་ལྡན་རིན་ཆེན་རྒྱན་འཆང་དར་གོས་སྨད་དཀྲིས་གསར་བས་སྒེག ༼༥༽ །འོད་དཀར་ལྡི ང་ཁང་དབུས་ན་ན་ཆུང་མཛེས་མའི་ཟོལ་འཆང་ཡིད་འཕྲོག་གཟུགས། །རྣམ་མང་སྒྱུ་རྩལ་བྱེ་བའི་ཉམས་རྒྱས་ཀུན་མཁྱེན་སྐེད་མེད་ཕྲེང་བའི་སྐུ། །མཚོ་བྱུང་ལྷ་མོས་ སྒེག་པ་ཆེར་ངོམ་རབ་མཛེས་ལྟད་མོ་ཆེ་བའི་ཕུལ། །ངག་གི་དབང་མོ་བློ་གསལ་སྙིང་གི་ཐིག་ ལེ་ཉག་གཅིག་ཡིད་འཛིན་མ། ༼༦༽ །ཕྲ་ལྡེ མ་ལུས་དཀར་ཚོགས་གཉིས་སྐུ་བཟང་མིན་ནམ་ སྒེག་ཉམས་ཅི་ཕྱིར་སྟོན། །པད་བཞིན་ཟུར་མིག་ཀུན་རྨོངས་འབིགས་བྱེད་མིན་ནམ་ཕྱོགས་ སུ་ཅི་ཕྱིར་གཡོ། །འོ་འཛིན་ཟུང་ལྡན་བདེ་ཆེན་བུམ་བཟང་མིན་ནམ་དྲ་བས་ཅི་ཕྱིར་འགེབས། །རབ་མཛེས་ལན་བུ་ལྷ་མོའི་ལྕང་ལོ་མིན་ནམ་ནོར་བུས་ཅི་ཕྱིར་སྤུད། ༼༧༽ །མཛེས་སྐུའི་ ལང་ཚོས་དཀའ་ཐུབ་ལྷོ ད་ཀྱི་དྭོ༵གས་ས༵མ་དར་ལ༵ས་ཅི་ཕྱིར་སྒྲིབ། །རྐང་གདུབ་སྒྲ་ཡིས་ཞི་ དབྱིངས་གཡོ་ཡི་དོག༵ས་ས༵མ་ཙོག་པུས་ཅི་ཕྱིར་བཞུགས། །རྨོངས་པ་ཅན་རྣམས་ཆེས་ཐིབ་ ནོན་གྱི་དོ༵གས་ས༵མ་རྒྱུད་མང་ཅི་ཕྱིར་སྒྲོག །ཉམ་ཆུང་འགྲོ་འདིར་སྐྲག་སྔངས་འབྱུང་གི་ དོགས་ས༵མ་ཞི་ཉམས་ཅི་ཕྱིར་བཏོད། ༼༨༽ །དྲི་མེད་རལ་པའི་ནོར་བུ་གདེངས་ཅན་དབང་ པོའི་མཛོད་ལས་འཕྲོག་ལགས་སམ། །ཕྱག་ཞབས་རིན་ཆེན་གདུབ་སྐོར་གྲུབ་བདག་བུ་མོས་ སྐྱེས་སུ་བསྐུར་ལགས་སམ། །རབ་མཛེས་སྣ་ཚོགས་དར་གོས་འཆི་མེད་སྒེག་མོས་ཐགས་ 9-1-460 སུ་བསྐྲུན་ལགས་སམ། །སྙན་པའི་སྒྲ་ལྡན་རྒྱུད་མངས་དྲི་ཟའི་རྒྱལ་པོས་གུས་པར་ཕུལ་ ལགས་སམ། ༼༩༽ །ཟབ་རྒྱས་ཆོས་ཚུལ་ཀློང་ནས་རྡོལ་བྱེད་དྲུག་ཅུའི་ཚངས་དབྱངས་སྙན་ པའི་གསུང༌། །ལུས་ཅན་གང་དག་སྒྲ་འཛིན་ལམ་དུ་ལན་ཅིག་སོན་པ་ཙམ་གྱི་མོད། །སྙིང་ གི་མུན་ཚོགས་སྐད་ཅིག་ཉིད་ལ་གཞིལ་དང་ཆབས་གཅིག་བློ་སྣང་སྤེལ། །སྨྲ་དབང་ངག་ལ་ ཅི་དགར་རང་དབང་སྦྱིན་མཛད་ཡང་དག་དགེ་བའི་ཕུལ།༼༡༠༽ །སྤྲོས་བྲལ་ཆོས་དབྱིངས་ རང་བཞིན་རྣམ་ཀུན་མཆོག་ལྡན་སྟོང་ཆེན་དགའ་མའི་གཟུགས། །འགྱུར་མེད་རང་བྱུང་ཡེ་ ཤེས་ངོ་བོ་གདོད་ནས་འཕོ་བྲལ་རྟག་པའི་བདག །ཚངས་སྲས་ལྷ་མོའི་སྒྱུ་འཕྲུལ་སྒེག་འཆང་ ཐིག་ལེ་མཆོག་མའི་རྣམ་པར་འཕོས། །ཡིད་འཕྲོག་ངག་གི་དཔལ་སྟེར་ཆེན་མོ་ཀུན་ཁྱབ་ ཤེར་ཕྱིན་ཆོས་སྐུའི་མདངས། ༼༡༡༽ །མ་སྨད་བསོད་ནམས་བྱེ་བའི་རང་གཟུགས་གཟུགས་ མཆོག་དམ་པའི་དཔལ་གྱུར་བ། །ངོ་མཚར་དགེ་ལེགས་མཚན་མས་རབ་མཛེས་མཛེས་སྡུག་ ལེགས་ཆ་རྫོགས་པའི་ལུས། །མུ་ཏིག་འཛུམ་ལྡན་དཀར་འཇམ་གསལ་འོད་འོད་བཟང་དྲ་ བས་མཛེས་པ་མོ། །ཕུལ་བྱུང་འདོད་པའི་སྒྱུ་རྩལ་རབ་རྒྱས་རྒྱས་པ་མཆོག་གི་དཔལ་མངའ་ བ། ༼༡༢༽ །ལེགས་གསུང་རྣ་བའི་བདུད་རྩི་སྙན་འཇེབས་ཚངས་པའི་དབྱངས་ལ་འགྲན་ པའི་ལེགས། །ཚོགས་ཆེན་རྒྱ་མཚོའི་དཔལ་ལ་དབང་བསྒྱུར་དགེ་ལེགས་གསར་བའི་ཡོན་ ཏན་ཚོགས། །འབྱོར་པ་གྱ་ནོམ་ངེས་ལེགས་སྟེར་བའི་ངག་མཆོག་ཟབ་རྒྱས་དོན་ཆེན་འབྱོར། །འཕགས་མ་རྒྱལ་ཡུམ་ཤེར་ཕྱིན་རང་མདངས་དབྱངས་ཅན་ལྷ་མོ་གཞན་ལས་འཕགས། ༼༡༣༽ །བཟང་བཟང་ཀུན་མཁྱེན་ཡེ་ཤེས་དགོངས་མཚོར་ལེགས་ལེགས་མངོན་རྟོགས་རྒྱ་ མཚོའི་ཀློང༌། །མཛེས་མཛེས་འཆི་མེད་སྒེག་མོའི་གཟུགས་འཆང་ལྷག་ལྷག་ཟུར་མིག་གཡོ་ བའི་ཟོལ། །གསལ་གསལ་ཁ་དོག་དཀར་འཇམ་མཛེས་འཛིན་མཉེན་མཉེན་ཕྱག་ཞབས་ ལེགས་ཆ་ཀུན། །གང་གང་སྣང་བའི་ལེགས་མཚན་འདི་དག་རགས་རགས་གདོས་བྲལ་ཡེ་ 9-1-461 ཤེས་གཟུགས། ༼༡༤༽ །ཤེར་ཕྱིན་སྒྱུ་འཕྲུལ་ཀུན་མཁྱེན་ལྷ་མོ་གསང་གསུམ་མཛད་བཟང་ རླབས་ཆེན་ལྡན། །སྒྲ་དབྱངས་ངག་གི་འདོད་པ་ལེགས་འཇོ་རིག་གསང་བྱེ་བའི་དཔལ་སྩོལ་ བ། །གང་དེ་འདི་དང་སྐྱེ་བ་ཀུན་ཏུ་ལྷག་པའི་ལྷར་བཟུང་གུས་བསྟེན་ན། །ཚིག་ལ་དབང་བའི་ ངག་གི་དབང་ཕྱུག་སྨྲ་མཁས་མཆོག་གི་དགའ་སྟོན་སྙི ལ། ༼༡༥༽ །དེ་ལྟར་ཡོན་ཏན་ཕུང་པོ་ རབ་དར་བའི། །དབྱང་ཅན་མཚོ་བྱུང་སྒེག་མོ་འཕགས་མའི་ཐུགས། །ནང་དབྱིངས་གདོད་ ནས་དག་པའི་རང་གཤིས་སུ། །འབད་མེད་དགོངས་ཆེན་ལྷུན་གྲུབ་མྱུར་མངོན་ཤོག །གང་ ཞིག་ཚངས་སྲས་ལྷ་མོའི་གསང་གསུམ་ཆེ་བའི་བསྔགས་བརྗོད་གཏམ་གྱི་ཕུལ། །གང་ལ་རེ་ ལྟོ ས་རབ་འཆའ་སྨྲ་བའི་ངག་མཆོག་དོན་དུ་གཉེར་བའི་སྒོས། །གང་དང་འགྲོགས་ན་ཆོས་ སྤྱོད་ཆེར་འཕེལ་མཆེད་ངས་ཡིག་རིས་ལེགས་པར་བསྐྲུན། །གང་དེར་ཉེར་བརྟེན་གུས་ལྡན་ རྨོངས་པས་བསྟོད་ཚིག་འདི་འབུལ་ཐུགས་བརྩེར་མཛོད། །ཅེས་འཕགས་མ་ལྷ་མོ་དབྱངས་ཅན་ལ་བསྟོད་ པའི་རབ་བྱེད་རིགས་གསང་དཔལ་སྟེར་ཞེས་བྱ་བ་འདི་ཡང་དོན་གཉེར་ཅན་གཞན་འགའ་དང་ཆོས་གྲོགས་ཀྱིས་ལེགས་བསྐུལ་ ངོར་འཇམ་དབྱངས་བསྟོད་པ་དང་མཉམ་དུ་མ་ཏིས་ལེགས་སྦྱར་བྱས་པ་ལྟར་ཡོན་ཏན་བཟང་པོས་ཡི་གེའི་ལམ་དུ་བཀོད་པ་ འདིས་རིང་མིན་དུ་ངག་དབང་ལྷ་མོ་སྙིང་ལ་མངོན་དུ་ཞུགས་པར་གྱུར་ཅིག་གུ།། །། 9-1-462 ༄༅། །འཇམ་དཔལ་གཟུངས་བསྟོད་བློ་གྲོས་མྱུར་སྩོལ་ ཞེས་བྱ་བ་བཞུགས་སོ། ། ༄༅། །འཇམ་དཔལ་ལ་བརྟེན་ནས་གཟུངས་དང་བསྟོད་པ་སོགས་བྱ་བར་འདོད་པས་ཐོག་མར་སྐྱབས་སེམས་ནི། ཀུན་གཟིགས་བརྩེ་བའི་གཏེར་གྱུར་གང་དེ་ལ། །རྨོངས་པའི་འཇིགས་ལས་སྐྱོབ་ཕྱིར་བདག་ སྐྱབས་མཆི། །མཁའ་མཉམ་འགྲོ་འདིའི་རྨོངས་པ་བསལ་བའི་ཆེད། །མཁྱེན་རབ་དབང་ ཕྱུག་ལྷ་ལ་བསྙེན་བསྟོད་བྱ། །རང་མདུན་ནམ་མཁར་འཇའ་ཟེར་འཁྲི གས་པའི་དབུས། །སྣ་ ཚོགས་པདྨ་ཟླ་བའི་གདན་སྟེང་ན། །རྒྱལ་ཀུན་མཁྱེན་པའི་དབང་ཕྱུག་ལྷག་པའི་ལྷ། །ཡེ་ཤེས་ སེམས་དཔའ་འཇམ་དཔལ་གཞོན་ནུའི་སྐུ། །དམར་སེར་འོད་བཟང་སྟོང་གི་ཕུང་པོ་ཅན། །མཚན་དཔེའི་ལང་ཚོ་གསར་བའི་དགའ་སྟོན་འབར། །མཛེས་འཛུམ་ཞི་བའི་ཞལ་རས་གུར་ ཀུམ་མདོག །གཡས་པའི་ཕྱག་གིས་རལ་གྲི་མཁའ་ལ་བསྐྱོད། །གཡོན་པས་ཐུགས་ཀ་ནས་ བཟུང་ཆུ་སྐྱེས་ཁར། །གསུང་རབ་ཆོས་ཀྱི་མཛོད་འཛིན་གླེགས་བུས་མཚན། །ལྔ་ཕྲག་རལ་ བའི་ཟུར་ཕུད་གཡོ་བཞིན་དུ། །དར་དང་རིན་ཆེན་རྒྱན་གྱིས་ཉེ་བར་བཀླུབས། །དཔག་ཡས་ མཁྱེན་པ་ཟབ་མོ་མངའ་བའི་གཏེར། །གཞོམ་བྲལ་སྐུ་ནི་སྐྱིལ་ཀྲུང་གིས་བཞུགས་པ། །གང་ གི་ཐུགས་ཀའི་སྙིང་པོ་དྷཱིཿཡིག་ལས། །དམར་སེར་འོད་ཕུང་སྔགས་ཀྱི་རང་སྒྲ་ཅན། །འཕྲོས་ པ་རང་གི་སྙིང་ནང་ཞུགས་པ་ཡིས། །མི་ཤེས་རྨོངས་པ་སྐད་ཅིག་ཉིད་ལ་བསལ། །ཟབ་རྒྱས་ བློ་གྲོས་སྣང་བ་རྒྱས་པར་གྱུར། །འདི་སྐབས་སུ་སྔགས་རིང་ཐུང་གང་མོས་བཟླ་མཐར། རྒྱལ་ཀུན་མཁྱེན་ 9-1-463 པའི་ཕུང་པོ་འཇམ་པའི་ལྷ། །མཛེས་སྡུག་ཡེ་ཤེས་སྒྱུ་མའི་སྐུ་བཟང་ཅན། །ངོ་མཚར་གསང་ གསུམ་མཛད་པ་ཕ་མཐའ་ཡས། །བློ་གྲོས་མཁྱེན་པ་མཆོག་གི་ཕྲིན་ལས་རྒྱས། །གང་འདུལ་ སྤྲུལ་པའི་རོལ་གར་དཔེ་མེད་པ། །རྩོལ་མེད་ལྷུན་གྱིས་གྲུབ་པའི་མཛད་པའི་དཔལ། །མཐའ་ མེད་གདུལ་བྱའི་སྣང་ངོར་རེས་འཇོག་བྲལ། །ཡ་མཚན་གཟུགས་སྐུའི་སྣང་བ་སྲིད་ན་འགྱེད། །མ་འགགས་སྒྲ་ཀུན་དབྱངས་ཀྱི་རྗེས་འགྲོ་བ། །སྙན་འཇེབས་ཡིད་ལ་འཐད་པའི་རྡོ་རྗེའི་ ངག །གང་མོས་ཡིད་ཀྱི་རེ་འདོད་སྐོང་བའི་གསུང༌། །བརྗོད་དོན་ཐམས་ཅད་ཅིག་ཆར་སྟོན་ འདི་མཚར། །མཁྱེན་བཟང་ཐུགས་དགོངས་ཆོས་དབྱིངས་དག་པའི་ཀློང༌། །ཆོས་ཀུན་སྣང་ བའི་གཟིགས་པ་འདུ་འགོག་མེད། །མཁྱེན་པའི་རྩལ་རབ་ཀུན་ནས་ཡོངས་རྫོགས་པ། །ཡེ་ ཤེས་སེམས་དཔའ་འཇམ་དཔལ་མཁྱེན་པའི་གཏེར། །སྐུ་གསུང་ཐུགས་ཀྱི་ཡོན་ཏན་ཟད་ མེད་པ། །གང་ལ་མངའ་བའི་ཚུལ་ལ་ཉེར་གུས་ཏེ། །ཁྱེད་ཀྱི་ཡོན་ཏན་ཆ་ལ་བསྔགས་པའི་ གཏམ། །བདག་ལ་བློ་གྲོས་རྩོལ་ཕྱིར་ཆེད་དུ་བསྒྲགས། །འདིར་མཚན་བརྗོད་དང་བསྟོད་པ་གང་བློ་མ་ སོགས་འདོན་མཐར། དེ་ལྟར་སྙིང་ནས་རེ་བས་ཁྱོད་བསྒྲུབས་ཏེ། །གུས་འདུན་ཡིད་ཀྱི་བརྩོན་པ་ མི་ལྷོ ད་ན། །དེ་སླད་ཐུགས་རྗེ་ཆེན་པོས་ལེགས་དགོངས་ནས། །བློ་གྲོས་སྤོབས་པས་བདག་ ཡིད་འཚོ་བར་མཛོད། །དེ་རྗེས་འཇམ་དཔལ་གཟུགས་སྐུའི་སྣང་བ་དེ། །སྐད་ཅིག་རང་གི་ སྤྱི་བོར་ལེགས་ཞུགས་ཏེ། །སྙིང་དབུས་མི་ཤིགས་ཐིག་ལེའི་འོད་ཀློང་དུ། །རྟག་བཞུགས་ བློ་གྲོས་སྣང་བ་རབ་རྒྱས་ཤོག །དེ་ནས་བཟུང་སྟེ་བློ་མཐུ་གོང་འཕེལ་ནས། །མི་ཤེས་རྨོངས་ པའི་གོ་སྐབས་བྲལ་བྱས་ཏེ། །བླང་དོར་ཇི་བཞིན་གསལ་བའི་བློ་མིག་མཆོག ། རྟེན་འབྲེལ་ ཐོག་མའི་སྐལ་བཟང་སྤྱོད་གྱུར་ཅིག །བར་དུ་བཀའ་དང་བསྟན་བཅོས་གཞུང་ལུགས་ཀྱི། །གནད་གསང་དོན་གྱི་ཡིན་ལུགས་ཀུན་རིག་ཏེ། །མ་རྟོགས་ལོག་པའི་དྲི་མ་བསལ་བྱས་ནས། །གནས་ཚུལ་དོན་གྱི་ཕ་མཐར་བརྒལ་བར་ཤོག །ཐ་མར་ལུང་དོན་ཁོང་དུ་ཆུད་པ་དག །ཡེང་ 9-1-464 མེད་བརྩོན་པས་ཉམས་སུ་བླངས་པ་ལས། །མངོན་པར་རྟོགས་པའི་ལམ་གྱི་ཡོན་ཏན་རྒྱས། །ཡེ་ཤེས་སེམས་དཔའི་གོ་འཕང་དབང་གྱུར་ཅིག །ཅེས་འཇམ་དཔལ་ལ་བརྟེན་ནས་གཟུངས་བསྟོད་སོགས་ བྱེད་ཚུལ་བློ་གྲོས་མྱུར་སྩོལ་ཞེས་བྱ་བ་འདི་ཡང་གྲྭ་བཙུན་སངས་རྒྱས་འོད་ཟེར་ལ་མཁོ་ཕྱིར་ཀིརྟིའི་མིང་གིས་ཤར་མར་སྤེལ་བ་ཛ་ ཡནྟུ།། །། 9-1-465 ༄༅། །དབྱངས་ཅན་ལྷ་མོ་གང་ལ་བསྟོད་སོགས་བྱ་ཐབས་སྨྲ་བའི་ སྒོ་འབྱེད་ཅེས་བྱ་བ་བཞུགས་སོ། ། ༄༅། །དབྱངས་ཅན་ལྷ་མོ་གང་ལ་བསྟོད་སོགས་བྱ་ཐབས་འདི་ལྟ་སྟེ། རྨད་བྱུང་ངག་གི་དགའ་སྟོན་སྩོལ་ བའི་ལྷ། །ཤེར་ཕྱིན་ལྷ་མོ་སྙིང་གི་དབུལ་སེལ་མ། །ཉིད་ལ་གུས་འདུན་རེ་བ་ལྷོ ད་མེད་ངང༌། །རབ་དྭངས་ཡིད་ངོར་གཟུགས་སྐུའི་སྣང་བརྙན་བཀོད། །མདུན་མཁར་ཆུ་སྐྱེས་འདབ་བརྒྱ་ བཞད་པའི་རྩེར། །ཉ་རྒྱས་བསིལ་ཟེར་སྤྲོ་བའི་གདན་དབུས་སུ། །སྨྲ་དབང་ངག་གི་འདོད་པ་ འཇོ་བའི་གཏེར། །མཚར་སྡུག་ཉམས་ཀྱིས་སྒེག་པའི་དབྱངས་ཅན་མ། །འོད་དཀར་སྣང་བའི་ མདངས་བརྒྱ་འབྱིན་པའི་སྐུ། །རྣམ་མང་རིན་ཆེན་རྒྱན་བཟང་དྲ་བས་མཛེས། །དར་སྣའི་གོས་ ཀྱིས་བཀླུབས་བཞིན་ཙོག་པུས་འགྱིང༌། །ཕྱག་ཟུང་འཕྲུལ་གྱིས་སྒྲོག་པའི་རྒྱུད་མངས་ལས། །ལེགས་བཤད་གླུ་དབྱངས་སྙན་པའི་སྒྲ་འབྱུང་བས། །སྒྲུབ་པོའི་བློ་ལ་གཞུང་ལུགས་དོན་ཀུན་ གསལ། །མཁྱེན་གཏེར་ལྷ་མོའི་ཞལ་རས་ཟླ་བ་ལས། །བརྩེ་ཆེན་འཛུམ་པའི་མདངས་བརྒྱ་ རབ་འབར་བ། །ཡེ་ཤེས་སྒྱུ་མའི་འཕྲུལ་གྱིས་བཞེངས་པའི་ལྷ། །གང་གི་རྒྱུད་མངས་སྒྲ་ཡིས་ ལེགས་བསྐུལ་བས། །བདག་བློ་རྣམ་དཔྱོད་གསར་བའི་སྐབས་ཕྱེས་ནས། །རྣམ་མང་གཞུང་ ལུགས་རྟོགས་པའི་མཐུ་ཐོབ་སྟེ། །དབྱངས་ཅན་ཐུགས་དགོངས་རང་སེམས་དབྱེར་མེད་བསྲེ། །དེ་ནས་མཚན་སྔགས། ༀ་སྭ་ར་སྭ་སྟི་སིདྡྷི་ཕ་ལ་ཧོ། ཞེས་པ་ཅི་ནུས་བཟླ་མཐར། འཕགས་མ་ལྷ་མོ་ ངག་ལ་དབང་བའི་བདག །རིག་པའི་གནས་ལ་བློ་གྲོས་རྒྱ་ཆེར་འཕེལ། །འཆད་རྩོད་རྩོམ་ 9-1-466 པའི་སྤོབས་པ་རྒྱས་པའི་ཕྱིར། །གང་གི་གསང་གསུམ་ཡོན་ཏན་ཚོགས་ལ་བསྟོད། །བསྟོད་ པ་ཅི་རིགས་འདོན་མཐར། མཛེས་སྡུག་ཤེལ་དཀར་ཞུན་མའི་རི་དབང་ལ། །ཟླ་ཟེར་སྣང་བ་ སྟོང་གིས་ཉེར་བྱུག་བཞིན། །གཟུགས་སྐུ་མིག་གི་དགའ་སྟོན་ལེགས་སྦྱིན་པ། །དབྱངས་ཅན་ ལྷ་མོས་བློ་གྲོས་སྤོབས་པ་སྩོལ། །ནམ་མཁར་བཞུགས་པའི་ཚངས་སྲས་ལྷ་མོའི་སྐུ། །སྐད་ ཅིག་ཉིད་ལ་རྣ་བའི་བུ་གར་ཞུགས། །མགྲིན་པ་ལོངས་སྤྱོད་འཁོར་ལོའི་དབུས་སུ་ཞུགས། །སྨྲ་བའི་ངག་ལ་ཐོགས་པ་མེད་པར་གྱུར། །དབྱངས་ཅན་མ་ལ་བསྟོད་སོགས་བྱ་ཐབས་བསྡུས་པ་སྨྲ་བའི་སྒོ་ འབྱེད་ཅེས་བྱ་བ་འདི་ཡང་སངས་རྒྱས་འོད་ཟེར་ལ་མཁོ་ཆེད་ཀིརྟིའི་མིང་གིས་བྲིས།། །། ༄༅། །མཛེས་སྡུག་མར་གད་འཁྲི་ཤིང་དར་བའི་དཔལ། །སྣ་ཚོགས་དབང་གཞུའི་ཁ་ དོག་ཉེར་ངོམ་ཞིང༌། །རྣམ་བྱང་ཡེ་ཤེས་གཟུགས་སྐུའི་ལང་ཚོ་ཡང༌། །མོས་ངོར་ཚུལ་དེའི་ མཚར་བཀོད་ཉེ་བར་འཛིན། །ཆེས་སྟུག་སྙིང་གི་རྨོངས་མུན་སངས་པའི་གཉེན། །ནང་གི་ སྣང་བྱེད་ལྗང་གསལ་མཛེས་སྡུག་མ། །རབ་དྭངས་ཡིད་ལ་རྙོག་སེལ་ཀེ་ཏའི་གཟུགས། །ཀུན་ མཁྱེན་མཛེས་མ་ཡེ་ཤེས་གསལ་བའི་གཏེར། །ཆོས་སྣང་ལྷ་མོའི་མཁྱེན་རབ་གཟི་འོད་དེས། །ཟབ་དོན་འབྱེད་པའི་བློ་གྲོས་པདྨོའི་ལྗོངས། །ཡོངས་རྒྱས་བཀྲ་བའི་འདབ་མ་ཆེར་བཀྲོལ་ ཏེ། །སྨྲ་དབང་ངག་ལ་སྤོབས་པ་མཆོག་སྩོལ་མཛོད། །དེ་སྐད་རང་ཤུགས་བྱུང་རྒྱལ་གཏམ། །འགག་མེད་དུས་ཀྱི་རྗོད་སྒོ་ལས། །མ་འབད་ཟུར་དུ་ཐལ་བ་གང༌། །གཉུག་མ་རང་གི་གཤིས་ འདི་འོ། །ཞེས་བྱ་བ་འདི་ཡང་གྲ་བཙུན་ནོར་བུའི་ངོར། མ་ཏིས་སོ།། །། 9-1-467 ༄༅། །དུས་འཁོར་གྱི་སྒོ་ནས་བསྲེག་ཆོག་སོགས་ལ་བརྟེན་ཏེ་འགྲོ་ཕན་ བྱེད་ཚུལ་སྤྲོས་མེད་ཉུང་བསྡུས་སུ་བཀོད་པ་ ཞེས་བྱ་བ་བཞུགས་སོ། ། ༄༅། །བླ་མ་དང་གཉིས་སུ་མེད་པ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ནས། འདིར་དུས་འཁོར་གྱི་སྒོ་ནས་སྤྲོས་མེད་སླ་ ཐབས་ཀྱིས་འགྲོ་ཕན་བྱེད་པའི་ཚུལ་ལ་ལྔ་སྟེ། བསྲེག་ཆོག ཚ་གདབ། ཚ་སྒྲུབ། བཞུགས་གསོལ། བསྔོ་བ་རྣམས་ལས། དང་ པོ་ནི་བསྲེག་བྱ་ཚེ་འདས་ལྡན་རྣམས་ཀྱི་མིང་བྱང་སྐྲ་སོགས་འདུ་བྱས་ཏེ་ཐོག་མར་འདི་སྐད། ན་མོ་དཔལ་ལྡན་བླ་མ་ དམ་པ་དང་དབྱེར་མེད་པའི་དང་པོའི་སངས་རྒྱས་ཁྱབ་བདག་རྟག་པའི་བདག་ཉིད་མཆོག་ གི་ཞབས་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །མ་ནམ་མཁའ་དང་མཉམ་པའི་ སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་མ་ལུས་པ་བདག་གིས་སྦྱངས་བར་བྱ་ན་དེ་ཀུན་བྱང་ ཞིང་དག་པར་མཛད་དུ་གསོལ། ལན་གསུམ། རང་ཉིད་སྐད་ཅིག་གིས་འབྱུང་བཞི་རི་རབ་པད་ཟླ་ ཉི་མ་སྒྲ་གཅན་གྱི་སྟེང་དུ་དཔལ་དུས་ཀྱི་འཁོར་ལོ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་ ཀྱིས་རྡོར་དྲིལ་ཐུགས་ཀར་བསྣོལ་བ་ཞབས་གཡས་དམར་པོ་བསྐྱང་བས་འདོད་ལྷ་དང༌། གཡོན་དཀར་པོ་བསྐུམ་པས་དབང་ཕྱུག་མནན་ཞིང༌། ཞལ་ཁྲོ་ཆགས་འདྲེས་པ། རལ་པའི་ ཐོར་ཚུགས་དང༌། ཟླ་བ་ཕྱེད་པས་དབུ་བརྒྱན་དང༌། རྡོ་རྗེ་སེམས་དཔའི་ཅོད་པན་ཅན། སྟག་ ལྤགས་ཀྱི་ཤམ་ཐབས་དང༌། རྡོ་རྗེའི་རྒྱན་གྱིས་རྣམ་པར་བརྒྱན་པ་སྐུ་དཔའ་བོ་གཅིག་པའི་ རྣམ་པ་ཅན་དུ་གྱུར་པའི་ཐུགས་ཀར་ཟླ་ཉི་སྒྲ་གཅན་གྱི་གདན་ལ་རྣམ་བཅུ་དབང་ལྡན་རང་ 9-1-468 མདོག་འཁོད་པར་བསྒོམས་ལ། ཧ་ཀྵ་ཅི་ནུས་ཀྱི་མཐར། རང་གི་ཐུགས་ཀ་ནས་སྤྲོས་པའི་མཆོད་ པའི་ལྷ་མོ་གང་དག་གིས་མཆོད་པ་སྣ་ཚོགས་པས་མཆོད་ནས་དབྱངས་སྙན་པོའི་ཡན་ལག་སྒྲ་ སྐད་ཀྱིས་ཀུན་ནས་བསྟོད་པར་གྱུར། དེ་ནས་མེ་ཇི་ལྟར་འོས་པ་སྦར་ལ། རང་ཡི་དམ་གྱི་ཐུགས་ཀའི་ རྣམ་བཅུ་དབང་ལྡན་ལས་གདོད་ནས་བཞུགས་པའི་ཡེ་ཤེས་པ་དུས་ཀྱི་འཁོར་ལོ་དཔའ་བོ་ གཅིག་པ་གསང་གསུམ་དཀྱིལ་འཁོར་མཐའ་དག་སྤྲོ་བའི་བྱེད་པོ་རིགས་ཀུན་འདུས་པའི་ བདག་ཉིད་དོན་དམ་རྡོ་རྗེའི་མེ་དཔུང་གི་དབུས་སུ་བཞུགས་པ་སྐད་ཅིག་ལ་ཐུགས་ཀའི་ཐད་ ནས་ཕྱིར་སྤྲོས་མདུན་དུ་སྤྱན་དྲངས་ཏེ་འཁོད་པར་བསྒོམས། དེ་ལ་མཆོད་པའི་ཕྱིར་རང་གི་ ཐུགས་ལས་འཕྲོས་པའི་ལྷ་མོ་མཐའ་ཡས་པ་དག་གིས་མཆོད་པའི་ཡོ་བྱད་དཔག་ཏུ་མེད་ པས་ཉེ་བར་མཆོད་བཞིན་བསྟོད་དབྱངས་སྣ་ཚོགས་པ་སྒྲོག་པར་གྱུར། བསྲེག་རྫས་མེ་ལ་བཏབ་ བཞིན། ཆྒཻ་མོའི། སྒོ་གསུམ་གྱིས་བསགས་པའི་སྡིག་སྒྲིབ་མ་ལུས་པ་བསྲེག་རྫས་འདི་དག་དང་ དབྱེར་མེད་དུ་སོང་ནས་རྫས་དེ་དག་དང་མཉམ་དུ་སྒྲིབ་པ་ཀུན་ཀྱང་ཡེ་ཤེས་རྡོ་རྗེའི་མེ་དཔུང་ གིས་དབྱིངས་སུ་སྦྱངས་པར་བསམ་ལ། སྙིང་པོ། ༀ་ཨཱཿཧཱུཾ་ཧོཿཧ??ྐྵྨླྺ ྼྻ ྂ་ཆྒཻ་མོས་གཙོར་བྱས་པའི་སེམས་ ཅན་ཐམས་ཅད་ཀྱི་སྒྲིབ་གཉིས་བག་ཆགས་དང་བཅས་པ་སརྦ་པ་པཾ་ད་ཧ་ན་བྷསྨི་ཤནྟ່་ཀུ་རུ་ སྭཱཧཱ། ཞེས་པ་བརྒྱ་ཕྲག་སོགས་ཅི་ནུས་དང༌། ཉེ་སྙིང༌། ༀ་ཧྲཱཾ་ཧྲ່ཱ་ཧྲྼཱྀ��� ཾ་ཧྲཱུཾ་ཧྲླཱ ྀ ��� ཾ་ཧྲཱཿ ཆྒཻ་མོས་གཙོར་ བྱས་པའི་སེམས་ཅན་ཐམས་ཅད་སོགས་གོང་བཞིན་ཤམ་བུ་སྦྱར་བའང་ཅི་ནུས་བཟླ་དགོས་ཤིང༌། དེ་དག་གི་བར་ བར་རྣམས་སུ། བཅོམ་ལྡན་འདས་དཔལ་མཆོག་དུས་ཀྱི་འཁོར་ལོའི་ཐུགས་ཡེ་ཤེས་ཆེན་པོའི་ ནུས་སྟོབས་ཀྱིས་ཆྒཻ་མོས་གཙོ་བོར་བྱས་པའི་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་གཉིས་སྦྱོང་ཞིང་ མྱུར་དུ་དོན་དམ་དབྱིངས་ཀྱི་རིགས་ཀུན་འདུས་པ་དང་པོའི་སངས་རྒྱས་མགོན་པོ་རྟག་པའི་ དཔལ་ཆེན་པོའི་དེ་ཉིད་མངོན་དུ་གྱུར་པའི་སྐལ་བཟང་དམ་པ་ཉེ་བར་བསྩལ་དུ་གསོལ། ཞེས་ པའི་འདོད་གསོལ་ཀྱང་སྦྱར། དེ་འདྲའི་སྒོ་ནས་ལེགས་གྲུབ་མཐར། ཡེ་ཤེས་མེ་ལྕེ་འོད་རབ་གསལ་གྱི་ནང་ 9-1-469 བཞུགས་ཆོས་དབྱིངས་མདངས་ལས་ཤར་བ་དེ་གང་རང་གི་ཐུགས་ཀར་ཞུགས་ནས་གདོད་ མའི་གཤིས་དང་དབྱེར་མེད་རོ་མཉམ་དུ་གཤེགས་པར་གྱུར། གཉིས་པ་ཚ་གདབ་ནི། ཚ་ཚ་སྐུ་གཟུགས་གང་ཡིན་གྱི་རྒྱུ་དང་གོང་གི་བསྲེགས་ཐལ་ལེགས་པར་ཆུས་སྦྲུས་ལ་དེ་སྐབས་ རྟེན་གྱི་རྒྱུ་བྱིན་རླབས་ནི། རང་དུས་ཀྱི་འཁོར་ལོའི་ཐུགས་ཀའི་འོད་ཟེར་གྱིས་མཆོད་རྟེན་ནམ་སྐུ་ གཟུགས་ཀྱི་རྒྱུ་གང་དག་ལ་ཕོག་པས་ཐུགས་རྟེན་ནམ་སྐུ་རྟེན་གྱི་རྒྱུ་ཕུན་སུམ་ཚོགས་པ་ཡེ་ ཤེས་ཀྱི་རང་བཞིན་རིན་པོ་ཆེའི་སྣ་ལྔའི་གོང་བུ་མི་ཤིགས་པ་རྡོ་རྗེའི་བདག་ཉིད་དུ་གྱུར། ༀ་ ཧ??ྐྵྨླྺ ྼྻ ྂ་རྫས་གང་དག་རྟེན་གྱི་རྒྱུ་ཕུན་སུམ་ཚོགས་པའི་རང་བཞིན་དུ་སྭཱཧཱ། ཞེས་པ་ཅི་ནུས་བཟླ་བཞིན་འབི་ འབིའམ་ས་ལེབ་གང་རུང་བྱ་བའི་བར་དུ་འང༌། དེ་ནས་སྐོལ་ཕོར་དུ་བཅུག་སྐབས། རང་ཡི་དམ་དུས་ཀྱི་འཁོར་ལོའི་ ཐུགས་ཀའི་རྣམ་བཅུ་དབང་ལྡན་ལས་འོད་ཟེར་གྱི་ཚོགས་སྤྲོས་པ་དེ་ཟུང་འཇུག་ལ་ཐིམ་པས་ ཆོས་དབྱིངས་གཤིས་ལུགས་ཀྱི་ཚུལ་ཀུན་ནས་གསལ་བར་གྱུར། ༀ་ཧཀྵ་སོགས་ལ་ཤམ་བུ་རྟེན་ ལ་ནང་བཅུད་ཡོངས་སུ་རྫོགས་པའི་བདག་ཉིད་དུ་སྭཱ་ཧཱ། ཞེས་བཏགས་པ་བཟླ་བཞིན་ཟུང་འཇུག་གཞུག་ ཅིང༌། ཡང་ཧཀྵའི་ཤམ་དུ་བདེ་སྟོང་ཟུང་འཇུག་གི་ངང་ནས་རྟེན་མཆོག་ཡོངས་རྫོགས་ཆ་ཀུན་ནས་ གསལ་བོར་སྭཱཧཱ། ཞེས་བཏགས་པ་བཟླ་བཞིན་གདབ་པར་བྱ་མཐར། ཐབས་དང་ཤེས་རབ་ཀྱི་རང་བཞིན་ ལག་པ་གཉིས་ཀྱིས་སྐོལ་ཕོར་ཆོས་དབྱིངས་ཀྱི་ངང་དུ་རྟེན་གྱི་རྒྱུ་ཚོགས་སྟོང་པའི་གཟུགས་ སུ་སྐུ་གསུམ་གྱི་ངོ་བོར་ལེགས་པར་བཞེངས་པས། ཐུགས་མཆོག་ཆོས་སྐུའི་རྟེན་ཁྱད་པར་བ་ མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པར་རྣམ་པར་བྱང་བའི་ཆོས་ཚུལ་མཐའ་ཀླས་པའི་ མངའ་བདག་ཏུ། ཞེས་པའམ། རྒྱལ་བའི་སྐུ་གཟུགས་མཚན་དཔེ་གསལ་རྫོགས་ཀྱི་བདག་ཉིད་ ཅན་དུ། ཞེས་སྦྱར་ནས། འགྲོ་བ་གདུལ་བྱ་གང་དག་གི་བསོད་ནམས་ཞིང་གི་རྟེན་ཕུལ་དུ་བྱུང་བ་ ཆོས་ལོངས་སྤྲུལ་གསུམ་གྱི་རང་བཞིན་མཛད་པ་ཕྲིན་ལས་ནམ་མཁའ་དང་མཉམ་པ་དུས་ འཁོར་བ་ཇི་སྲིད་ཀྱི་བར་དུ་འབྱུང་སྟེ་མ་ལུས་པའི་སེམས་ཅན་རྣམས་ཀྱི་དོན་རྒྱ་ཆེན་པོ་བྱེད་ 9-1-470 པར་གྱུར། ཅེས་སྐོལ་ཕོར་ནས་ཕྱུང་ལ། དེ་བཞིན་གྲངས་མང་གདབ་ན་གོང་རྟེན་གྱི་རྒྱུ་བྱིན་རླབས་ནས་འདིའི་བར་གྱིས་ བྱ་མཐར། རང་དུས་ཀྱི་འཁོར་ལོ་གསལ་བའི་ཐུགས་ཀ་ནས་འོད་ཕུང་གི་ཚོགས་སྤྲོས་པ་རྟེན་ མཆོག་གང་དག་ལ་ཐིམ་པས་རྐྱེན་དེས་རང་བཞིན་གཉུག་མ་ཡེ་ཤེས་ཀྱི་སྐུ་གསུམ་དམ་ཡེ་ གཉིས་མེད་ཆེན་པོར་གདོད་ནས་བཞུགས་པའི་བདག་ཉིད་མཆོག་མངོན་དུ་གྱུར་པར་བསམ། གསུམ་པ་ཚ་སྒྲུབ་ནི། ཚ་ཚ་སྐུ་གཟུགས་གང་ཡིན་ལ་རྟེན་རྣམས་སྟེགས་བུར་བཤམས་པའམ་སྐབས་གང་རུང་དུ་བཞག་ སྟེ། ཐུགས་ཀྱི་རྟེན་ནམ་སྐུ་གཟུགས་ཀྱི་རྟེན་གང་དག་སྐད་ཅིག་གིས་རང་བཞིན་སྟོང་པའི་ དབྱིངས་ནས་ཐར་པ་ཆེན་པོའི་ཆོས་ཀྱི་ཕོ་བྲང་རྒྱན་བཀོད་ཡོངས་སུ་རྫོགས་པའི་ནང་དུ་པདྨ་ དང་ཟླ་ཉི་སྒྲ་གཅན་བརྩེགས་པའི་གདན་ལ། ཆྒཻ་མོའི་རང་གཤིས་དག་མཉམ་གྱི་ཆོས་ཉིད་ལས་ ཤར་བའི་དང་པོའི་སངས་རྒྱས་དཔལ་དུས་ཀྱི་འཁོར་ལོ་རིགས་ཐམས་ཅད་ཀྱི་མངའ་བདག་ བདེ་སྟོང་གཉིས་སུ་མེད་པའི་རང་གཟུགས་ལྷ་དཔའ་བོ་དང་དཔའ་མོ་མཉམ་སྦྱོར་ལྷན་ཅིག་ སྐྱེས་པའི་སྐུ་ཞལ་ཕྱག་རྒྱན་སོགས་ཀྱི་རྣམ་པ་ཀུན་ནས་ཚང་ཞིང༌། འོད་ཟེར་སྣ་ལྔ་ཕྱོགས་ མཚམས་ཐམས་ཅད་དུ་འབར་བའི་དབུས་ན་བཞུགས་པ་དེའི་ཐུགས་ཀར་ཟླ་ཉི་སྒྲ་གཅན་གྱི་ སྟེང་དུ་རྣམ་བཅུ་དབང་ལྡན་སྔོན་པོ་དྭངས་ཤིང་གསལ་བ་ལས་འོད་ཟེར་གྱི་ཚོགས་ཞིང་རབ་ འབྱམས་ཀུན་ཏུ་ངེས་པར་བརྡལ་བས་རྒྱལ་བ་སྲས་བཅས་མ་ལུས་པའི་ཐུགས་རབ་དགྱེས་ ཀྱི་ངང་འོད་ཟེར་དེ་དག་སླར་འདུས། རྣམ་བཅུའི་ཡི་གེ་ལ་ཐིམ་པས་གློ་བུར་དྲི་མ་གང་དག་ དབྱིངས་སུ་དྭངས་སྟེ་གནས་ལུགས་དང་པོའི་སངས་རྒྱས་ཀྱི་རང་མདངས་ཆེས་ཀུན་ནས་ མངོན་དུ་གྱུར་སྟེ། ཆྒཻ་མོ་འཁྲུལ་སྣང་རང་སངས་ཀྱིས་གདོད་མ་མཆོག་གི་དེ་ཉིད་ལ་སླེབས་ པར་བསམ། འདིར་སྙིང་པོ་དང་ཉེ་སྙིང་གོང་བསྲེག་ཆོག་གི་སྐབས་ལྟར་ལ་ཤམ་བུ་དོར་བའི་སྒོ་ནས་རིམ་པས་ཚན་སོ་སོར་ སྐབས་དང་བསྟུན་ལ་བཟླ་བར་བྱས་མཐར། རང་ཉིད་ཡི་དམ་གྱི་ཐུགས་ཀ་ནས་མཆོད་པ་བཅུ་གཉིས་ཀྱི་ བཀོད་ཁྱད་སྟོན་པའི་ལྷ་མོ་མཐའ་མེད་པར་སྤྲུལ་པ་དེ་དག་གིས་དོན་དམ་དབྱིངས་ཀྱི་ལྷ་ལ་ 9-1-471 སྒོ་ཀུན་ནས་ཉེ་བར་མཆོད་དེ་བསྟོད་དབྱངས་སྣ་ཚོགས་པ་དུས་སུ་བྱེད་པར་གྱུར། བཞི་པ་བཞུགས་སུ་གསོལ་བ་ནི། རྟེན་དག་གནས་གཞན་དུ་སྤྱན་དྲངས་ཏེ་བཞུགས་གནས་གང་ལྟར་ལ། ངོ་མཚར་ བའི་རྟེན་མཆོག་ཁྱད་པར་བ་གང་དག་གདུལ་ཞིང་གང་གྱུར་གྱི་ཡུལ་དུ་མཆོད་པའི་རྟེན་ བསོད་ནམས་བསགས་པའི་ཞིང་གི་སླད་དུ་དེང་སྐབས་སྤྱན་དྲངས་ཏེ་ཡུལ་དེར་ལེགས་ བཞུགས་སུ་གསོལ་བས་འགྲོ་ཕན་བྱེད་པར་བསམ། ༀ་ཧཀྵ་སོགས་ཀྱི་ཤམ་དུ། རྟེན་མཆོག་དམ་ པ་གང་དག་ཡུལ་གང་དུ་གདན་དྲངས་པའི་ཕྱོགས་རྣམས་སུ་གནས་སྐབས་དང་མཐར་ཐུག་ གི་ཕན་བདེའི་སྒོ་ཀུན་ནས་ལེགས་སྤེལ་མཛད་པའི་བསོད་ནམས་ཀྱི་ཞིང་བླ་ན་མེད་པར་གྱུར་ ཅིག་སྭཱཧཱ། ཞེས་བཏགས་པ་ཅི་ནུས་བཟླ་བཞིན་རྟེན་རྣམས་རྟེན་ཁང་དུ་བཞུགས་སུ་གསོལ་བའམ་ཆུ་བོར་སྤྱན་དྲངས་ནས་རྒྱ་ མཚོར་བཞུགས་སུ་གསོལ་བ་གང་བྱས་ཀྱང་ཆོག མཐར། སྐུ་གསུམ་མཆོག་གི་རང་བཞིན་གྱི་རྟེན་ཁྱད་པར་ ཅན་བསོད་ནམས་ལེགས་བསྐྲུན་གྱི་དཔལ་ཡོན་མཆོག་གི་གནས་དམ་པ་གང་དག་གདན་ གང་དུ་དྲངས་པའི་ཡུལ་ཕྱོགས་ཀྱི་སྐྱེ་འགྲོ་ཐམས་ཅད་ལ་བཀྲ་ཤིས་ཤིང་བདེ་སྐྱིད་ཀྱི་དཔལ་ སྒོ་ཀུན་ནས་རྒྱས་པའི་རྐྱེན་དུ་གྱུར་ཅིང༌། ཚེ་རིང་ནད་མེད་ལོངས་སྤྱོད་འཕེལ་བ་སོགས་རེ་ འདོད་གང་སྨོན་ལེགས་གྲུབ་ཀྱི་དགེ་མཚན་ཕུན་སུམ་ཚོགས་པ་དུས་སུ་ཇི་བཞིན་འབྱུང་བར་ ཤོག་ཅིག ལྔ་པ་བསྔོ་བ་ནི། དེ་ལྟར་རྣམ་པར་དཀར་བའི་ལེགས་བྱས་ལ་བརྟེན་ནས། ཆྒཻ་མོ། གང་ཉིད་ ཀྱིས་གཙོ་བོར་གྱུར་པ་ལུས་ཅན་འགྲོ་བ་མ་ལུས་ཤིང་ལུས་པ་མེད་པ་དེ་རྣམས་ཀྱིས། རིང་ མིན་དྲུག་ལྡན་རྡོ་རྗེའི་ལུས་ཐོབ་ནས་རྡོ་རྗེ་འཛིན་པ་མཆོག་གང་དག་གི་ཞལ་བཟང་ཉེ་བར་ མཇལ་ཏེ་དེར་བརྟེན་གསང་ཆེན་གདམས་པའི་ཉེ་ལམ་ལ་སྤྱོད་པའི་སྐལ་བ་འགྲིག་བཞིན། དེ་ཐམས་ཅད་རིམ་པས་མངོན་པར་རྟོགས་པ་སྒོ་ཀུན་ནས་རབ་ཏུ་རྒྱས་ཤིང༌། ཀུན་རྫོབ་ འཁྲུལ་སྣང་མཐའ་དག་མིག་འཕྲུལ་བཞིན་རང་སངས་གྲོལ་བ་མཆོག་དམ་པ་དང་མཉམ་དུ། 9-1-472 དོན་དམ་བདེ་ཆེན་རྟག་པའི་གོ་འཕང་ཉིད་བདག་གིར་བཞེས་པའི་སྐལ་བ་ཅན་དུ་གེགས་ མེད་ཇི་བཞིན་པར་གྱུར་ཅིག ཅེས་བརྗོད་པར་བྱའོ། །གོང་དུ་མཆོད་ལྷ་གང་སྤྲོས་རང་རང་གི་མཐར་སླར་སྤྲོ་གཞི་དེ་ ཉིད་ལ་བསྡུ་བར་བྱ་ཞིང༌། དཀྱུས་སུ་དེ་ལུགས་ལྟར་ཐུགས་རྟེན་སྐུ་རྟེན་གང་རུང་གི་ཚུལ་དུ་བྱས་ལ་རྟེན་གཉིས་ཀ་འཛོམས་ཚེ་ གོང་གི་འདོན་ཆ་དག་ལས་ཐུགས་རྟེན་དང་སྐུ་གཟུགས་ཀྱི་རྟེན་གཉིས་ཞེས་པ་ལྟ་བུ་བསྒྱུར་ཏེ་ཚིག་གང་མཚམས་ལ་ཇི་ལྟར་འོས་ པ་སྦྱར་ནས་འདོན་ཆ་དེ་ལུགས་ལྟར་དུ་ཤེས་པར་བྱ་ལ། གོང་ཟུང་འཇུག་ཡང་ཤོག་གུ་ལ། ༀ་ཨཱཿཧཱུཾ་ཧོཿ ཆྒཻ་མོ། སྒྲིབ་པ་ ཐམས་ཅད་ཤནྟ່་ཀུ་རུ་སྭཱཧཱ། ཞེས་བྲིས་པ་མཇུག་ནས་དྲིལ་ལ་འཇོག་གོ །དེ་དག་ནི་ཤིན་ཏུ་བསྡུས་པ་ཙམ་སྟེ་ད་དུང་ རྒྱས་པ་འདོད་ན་རྗེས་ནས་ཀྱང་འབྲི་ན་ཆོག ཅེས་དུས་འཁོར་གྱི་སྒོ་ནས་བསྲེག་ཆོག་སོགས་ལ་བརྟེན་ཏེ་འགྲོ་ཕན་བྱེད་ཚུལ་ སྤྲོས་མེད་ཉུང་བསྡུས་སུ་བཀོད་པ་འདི་ཡང༌། རང་གི་ཉེ་ཆར་དུ་ཡོད་པ་རྣམ་པར་དཀར་བའི་ལས་ལ་གཞོལ་བ་ངག་དབང་བརྩོན་ འགྲུས་དཔལ་གྱིས་དེ་བཞིན་མོས་འདུན་གྱིས་ཡང་ཡང་བསྐུལ་མ་བྱེད་ཅིང་གཞན་དེ་འདྲ་འགའ་རེའི་འདོད་བློ་ཡོད་པ་ཅི་རིགས་ པའི་ངོ་མ་བལྡོ ག་ཙམ་དུ། མ་ཏིའི་སྨྲས་པ་སྟེ། ཡི་གེ་པའང་ངག་དབང་གྲུབ་པའི་དབང་ཕྱུག་གིས་ཉེ་བར་བྱས་པ་འདིས་ཀྱང་འགྲོ་ མང་ལ་ཕན་ཐོགས་དུས་སུ་འབྱུང་བར་གྱུར་ཅིག། །། 9-1-473 ༄༅། །དུས་འཁོར་སྒོ་ནས་སྐུ་འདྲ་སཱཙྪ་ཆུར་འདེབས་ ཚུལ་མདོར་བསྡུས་བཞུགས། ༄༅། །དུས་འཁོར་སྒོ་ནས་སྐུ་འདྲ། སཱཙྪ་ཆུར་འདེབས་ཚུལ་མདོར་བསྡུས་ནི། སྐད་ཅིག་རང་ཉིད་དུས་ འཁོར་ཕྱག་གཉིས་པ། །མཐིང་སྔོན་སྤྱན་གསུམ་རང་རིགས་ཕྱག་མཚན་བཅས། །སྟག་ཤམ་ རྡོ་རྗེའི་རྒྱན་སོགས་རང་ཆས་རྫོགས། །འོད་ཀློང་ཐུགས་སྲོག་གདན་བཅས་རང་གསལ་གྱུར། །ཧ་ཀྵ་ཅི་འགྲུབ་མཐར། སྐུ་འདྲ་ལ་རིགས་དྲུག་གི་ས་བོན་ལ་ཤམ་བུ་ཧ་ཀྵ་བཏགས་པ་ཚར་རེ་བཟླ་བཞིན། ཡེ་ཤེས་ལྷ་ཡི་ སྣང་བརྙན་ལེགས་ཤར་བས། །འབྱུང་བ་ཆུ་ལ་དབང་བསྒྱུར་ཆུ་རྡུལ་གྲངས། །རྣམ་པ་དེ་སྙེ ད་ ལྷ་སྐུའི་གཟུགས་སུ་འཕོས། སྔགས་རྒྱའི་མཐུ་ཡིས་ཕྲིན་ལས་རླབས་ཆེན་འབར། །འབྱུང་ བ་དེར་བརྟེན་སེམས་ཅན་མ་ལུས་པ། །གནས་སྐབས་མཐར་ཐུག་ལེགས་དགེ་གང་དང་ འཚམས། །དེ་དེ་བཞིན་དུ་འབད་མེད་ཤུགས་འབྱུང་བས། །འགྲོ་བ་མང་པོ་ཕན་བདེ་འབྱུང་ བར་ཤོག །བསོད་ནམས་གང་དེར་འབྲེལ་འཇོག་བྱེད་མཁན་རྣམས། །ཚེ་འདིར་མི་འདོད་ རྐྱེན་ཀུན་ཞི་བ་དང༌། །ཕྱི་མ་ཚོགས་ཆེན་རྫོགས་ནས་སྐྱེ་བཟང་ཐོབ། །མྱུར་དུ་རྣམ་གྲོལ་ མཆོག་ལ་རེག་གྱུར་ཅིག །ཅེས་པ་དང་སྦྲེལ་ནས་ཆུར་འདེབས་པ་རྫོགས་ཀྱི་བར་འདོན་སྒོམ་སྦྲགས་མ་ཅི་ནུས་བྱས་ པས་འཐུས། མཐར་ཡང༌། བསོད་ནམས་བསགས་དགེ་འདིས་ནི་ནམ་མཁའ་དང༌། །མཉམ་པའི་ སྡུག་བསྔལ་གྱིས་མནར་འགྲོ་འདི་ཀུན། །རིང་མིན་བདེ་དགའ་རྒྱ་མཚོའི་དཔལ་ཐོབ་སྟེ། །ཐར་པ་ཐམས་ཅད་མཁྱེན་པར་རིམ་སླེབས་ཤོག །ཅེས་སོགས་བསྔོ་སྨོན་ཅི་རིགས་པ་བྱ་ལ། འདིས་སཱཙྪ་ 9-1-474 ཆུར་འདེབས་བྱེད་སྐབས། ཡེ་ཤེས་ལྷ་ཡི༴ ཞེས་པར། ཡེ་ཤེས་ཐུགས་རྟེན༴ ཞེས་དང༌། ལྷ་སྐུའི། ཞེས་པར། མཆོད་རྟེན༴ ཞེས་བསྒྱུར་བ་ཁྱད་པར་རོ། །རླུང་འདེབས་དང་མེ་འདེབས་བྱེད་ཚེའང་དེས་འགྲེས་ན་ཆོག ཅེས་པ་འདི་ཡང་བླ་ མ་མདོ་སྔགས་ཀྱི་ངོར། མ་ཏིས་སྨྲས་པ་མཆེད་ཀྱིས་བྲིས།། །། 9-1-475 ༄༅། །དུས་འཁོར་དང་མཁའ་སྤྱོད་མའི་ ཚོགས་བསྡུས་བཞུགས། ༄༅། །དུས་འཁོར་ཚོགས་མཆོད་བསྡུས་པ། ༀཨཱཿཧཱུཾ་ཧོཿ ཕ້། དཔལ་ལྡན་དུས་ཀྱི་འཁོར་ལོའི་ལྷ་ ཚོགས་ལ། །ཚོགས་མཆོད་འདི་འབུལ་དགྱེས་བཞེས་ཉམས་ཆགས་བསྐང༌། །བར་ཆད་ཀུན་ སེལ་གྲུབ་གཉིས་དངོས་གྲུབ་སྩོལ། །ཚོགས་གཉིས་རབ་རྫོགས་ཟུང་འཇུག་མྱུར་ཐོབ་ཤོག །ཅེས་པས་གྲངས་བསགས་རྗེས་འབྲུ་གསུམ། ཨུ་ཙི་ཊཱ་བ་ལ່་ཏ་ཁཱ་ཧི། ལན་ཅི་རིགས་པས་ལྷག་གཏོར་གཏོང་ངོ༌། མདོ་ སྔགས་ཀྱི་ངོར། མ་ཏིས་སོ།། །། ༄༅། །མཁའ་སྤྱོད་མའི་ཚོགས་བསྡུས་ནི། ༀ་ཨཱཿཧཱུཾ་ཧོཿ བདེ་ཆེན་ཀུན་བཟང་ཚོགས་མཆོད་འདི། །རྗེ་བཙུན་མཁའ་སྤྱོད་མ་ལ་འབུལ། །ཉམས་ཆགས་བསྐང་ཞིང་སྒྲིབ་པ་སྦྱོངས། །མཆོག་དང་ ཐུན་མོང་དངོས་སྒྲུབ་སྩོལ། །ཕྱི་ནང་གསང་བའི་བར་ཆད་སོལ། །རིག་འཛིན་ཚོགས་ལ་རོལ་ པས་དགྱེས། །ལྷག་ལ་རེ་བའི་དམ་ཅན་ཀུན། །རང་རང་རེ་འདོན་སྐོང་གྱུར་ཅིག །ༀ་ཨུ་ཙི་ ཊཱ་བ་ལིང་ཏ་ཁཱ་ཧི། ཞེས་པའང་ངག་དབང་ཚུལ་ཁྲི མས་ཀྱི་ངོར་མ་ཏིའི་མིང་གིས་སོ།། །།བཀྲ་ཤིས། 9-1-476 ༄༅། །རྟ་མགྲིན་གཞལ་ཡས་ཁང་བསྐྱེད་ བཞུགས། ༄༅། །རིན་ཆེན་གཞལ་ཡས་ཁང༌། ཞེས་མཚམས་སུ། དེ་ཡང་ཡེ་ཤེས་རྟེན་གྱི་དཀྱིལ་འཁོར་ ནི། །ངོ་བོ་རྣམ་བྱང་ཆོས་སྐུའི་རང་བཞིན་ལས། །རྣམ་པ་བཀོད་པ་ཡོངས་རྫོགས་གཞལ་ ཡས་ཁང༌། །དག་མཉམ་ཡེ་ཤེས་རང་གཟུགས་མངོན་བྱས་པ། །རྡོར་དབྱིངས་དབང་ཕྱུག་ངོ་ བོ་ནམ་མཁའི་ཁམས། །རྣམ་ཐར་སྒོ་གསུམ་ཆོས་འབྱུང་ཟུར་གསུམ་པ། །དམ་ཚིག་སྒྲོལ་མ་ རླུང་དཀྱིལ་ཟླ་གམ་ཚུལ། །གོས་དཀར་ལྷ་མོའི་ངོ་བོ་མེའི་དཀྱིལ་འཁོར། །མ་མ་ཀི་བདག་ རཀྟའི་མཚོ་ཆེན་འཁྱི ལ། །སྤྱན་མ་མཾ་སའི་ས་ཆེན་རབ་ཡངས་པར། །ཡུམ་ཆེན་ཡེ་ཤེས་ཀེང་ རུས་རི་རབ་སྟེང༌། །རྣམ་སྣང་རང་བཞིན་དྲག་པོའི་གཞལ་མེད་ཁང༌། །རྣམ་ཐར་མཚོན་བྱེད་ ཟུར་རྩེ་གསུམ་བརྗིད་པ། །སྐུ་གསུམ་མི་མགོ་སྐམ་རློན་རྙིད་ལས་གྲུབ། །དེ་མཚུངས་ཕྱི་རུ་མུ་ ཁྱུད་ཟླུམ་པོ་བཅས། །བར་བར་ཐབས་ཤེས་ཉི་ཟླའི་སྐར་ཁུང་དང༌། །སྐུ་གསུམ་དབྱེར་མེད་ གནམ་ལྕགས་གཟེར་དང་བཅས། །སྙིང་རྗེ་རཀྟས་སྦྱར་ཞིང་རབ་གཏམས་པ། །ཡོན་ཏན་ ཀུན་རྟེན་མཾ་སས་བར་ཞལ་བཅས། །སྐུ་གསུམ་སྤྲུལ་འགྱེད་མི་སྐྲའི་ལྕང་ལོ་དང༌། །དབང་ གི་ཕྲིན་ལས་ཤིན་ཏུ་རྒྱས་པའི་རྟགས། །ཐོད་མཁར་མུ་ཁྱུད་ཉིས་རིམ་ཕྱི་ནང་བར། །ཟླ་གམ་ དམར་པོ་དབང་གི་རང་བཞིན་ལས། །དབང་སྡུད་ཆེ་རྟགས་དགེ་མཚན་ཅིར་ཡང་འབར། །དབང་ལྔ་ཡེ་ཤེས་ལྔ་ཡི་ངོ་བོ་དང༌། །གཉིས་མེད་ཕྱི་རུ་མཛེས་སྡུག་གཞལ་ཡས་ཁང༌། །རྩིག་ 9-1-477 པ་རིན་ཆེན་སྣ་ལྔས་ལེགས་བཞེངས་པ། །ནང་ངོས་དྲག་པོའི་རང་བཞིན་འཇིགས་གཟུགས་ ལྡན། །འཕགས་ལམ་བརྒྱད་ལྡན་རྩིག་སྟེང་ཕ་གུས་བསྐོར། །བྱང་ཆུབ་ཡན་ལག་དྲ་བ་དྲྭ་ཕྱེད་ འཕྱངས། །སྟོབས་ལྔའི་ངོ་བོ་མདའ་ཡབ་ཕྱོགས་ཀུན་བཀྲ། །ནང་དུ་གདུང་ཟླུམ་ཀླུ་གཟའི་ ཀ་གདུང་བཅས། །རྒྱུ་སྐར་ཉེར་བརྒྱད་གྲལ་ཕྱམ་བཏང་བའི་སྟེང༌། །རུས་པའི་གདུང་བཞིར་ རྒྱ་ཕིབས་རབ་ཕྱུར་བར། །པད་རིགས་མཚོན་བྱེད་པདྨའི་ཏོག་གིས་མཛེས། །རྣམ་ཐར་བཞི་ ཡི་ངོ་བོ་སྒོ་བཞི་དང༌། །དྲན་ཉེར་རྣམ་བཞི་སྒོ་ཐེམ་རིམ་པ་བཞི། །རྫུ་འཕྲུལ་རྐང་བཞི་སྒོ་ཡི་ ཁྱུད་མོ་བཞི། །ཡང་དག་སྤོང་བཞི་རྟ་བབས་བང་རིམ་བཞི། །པདྨའི་སྟེང་དུ་བཅུ་གསུམ་ཆོས་ འཁོར་ལོ། །གདུགས་དང་རི་དྭགས་ཕོ་མོས་བརྒྱན་དང་བཅས། །ཕྱི་རོལ་མཆོད་པའི་སྣམ་ བུས་ལེགས་མཛེས་ཤིང༌། །ཕྱི་ནང་ཞི་བ་དྲག་པོའི་ཆས་ཀུན་འཛོམ། །མ་དག་སྙིང་གའི་རྩ་ བརྒྱད་སོགས་དག་པ། །ཕྱི་རོལ་འཇིགས་རུང་དུར་ཁྲོ ད་གནས་བརྒྱད་རྫོགས། །བར་ཆད་ འཇིགས་བྲལ་བསྲུང་འཁོར་སྲ་བརྟན་ཕུབ། །ཕྱི་ནང་བགེགས་བསྲེགས་ཡེ་ཤེས་མེ་དཔུང་ འབར། །དེ་ལྟར་དབང་ཆེན་ཕོ་བྲང་མཛེས་ཁྱད་རྫོགས། །དག་པ་ཡེ་ཤེས་འཁོར་ལོ་རྒྱ་ཆེ་བ། །སྣང་ལ་རང་བཞིན་མེད་པ་ཆུ་ཟླ་ལྟར། །རང་བྱུང་ལྷུན་གྲུབ་ཁྱབ་བརྡལ་ཆེན་པོར་གསལ། །དབུས་སུ་པད་ཟླ་ཉི་མ༴ སོགས་སོ། །རྟ་མགྲིན་གཞལ་ཡས་ཁང་བསྐྱེད་འདི་ཡང་བླ་མ་ཡེ་ཤེས་ཕུན་ཚོགས་ལ་ མཁོ་ནས་མ་ཏིས་སོ།། །། 9-1-478 ༄༅། །གྲོག་མ་ཉ་སོགས་ལ་ཟས་གཏོང་ཚུལ་གྱི་ ལག་ལེན་བཞུགས་སོ། ། ༄༅། །འདིར་སྲོག་ཆགས་གྲོག་མ་དང་ཉ་སོགས་ལ་ཟས་གཏོང་ཚུལ་ནི། ཁ་ཟས་ཀྱི་ཁྱད་པར་གྲོག་མ་ལ་ནས་རྩམ་ ཕྱེ་གཙང་སྣུམ་སོགས་ཀྱི་དྲི་མའི་མ་སྦགས་ཤིང་བྱིན་རྟེན་དམ་རྫས་ཁྱད་པར་ཅན་བསྲེས་པའམ་གཟུངས་ཆུ་གཙང་མས་རླན་ཡོད་ ཙམ་བྱ་བ་དང༌། གཞན་ཉ་སོགས་ལའང་གོང་སྨོས་ལྟར་གྱི་ཆུས་ནས་ཕྱེ་གཙང་བ་ལེགས་པར་སྦྲུས་ནས་ཟན་ཁམ་བཅད་དེ་སྣོ ད་ གཙང་དུ་བཞག་པར་བྱ་ལ། སྤྲོ་ན་དེ་དག་སྦྱིན་པའི་སྔོན་དུ་ཁ་ཟས་རྣམས་སྟེགས་བུར་བཤམས་ནས་མདུན་དུ་ཉེར་སྤྱོད་དང་ བཅས། སྐྱབས་སེམས་སྤྱི་ལྟར་སྔོན་དུ་འགྲོ་བའི་སྒོ་ནས་འདི་སྐད། རང་ཉིད་སྐད་ཅིག་གིས་གནས་འགྱུར་ཏེ་ གླང་པོ་ཆེས་བཏེག་པའི་ཁྲིའི་སྟེང་ན་པད་ཟླའི་གདན་ལ་རྒྱལ་བ་མི་བསྐྱོད་པ་སྐུ་མདོག་སྔོན་ པོ་ཕྱག་གཡས་ས་གནོན་དང་གཡོན་མཉམ་བཞག་གི་སྟེང་ན་རྡོ་རྗེ་བསྣམས་ཤིང་ལོངས་སྤྱོད་ རྫོགས་པའི་ཆ་ལུགས་ཅན་ཞབས་གཉིས་སྐྱིལ་ཀྲུང་གིས་བཞུགས་པ་དམ་ཡེ་གཉིས་སུ་མེད་ པའི་བདག་ཉིད་དུ་གསལ་བའི་ཐུགས་ཀར་ཟླ་བ་ལ་ཧཱུཾ་ཡིག་གི་མཐར་གཟུངས་སྔགས་ཀྱི་ འཕྲེང་བས་བསྐོར་བར་དམིགས་ལ། ཀཾ་ཀ་ནི་ཅི་ནུས་བཟླས་མཐར། རང་གི་ཐུགས་ལས་སྤྲོས་པའི་ མཆོད་པའི་ལྷ་མོའི་ཚོགས་ཀྱིས་བདག་ཉིད་ལ་མཆོད་པར་གྱུར། ཡེ་ཤེས་སྐུ་མཆོག་སྒྱུ་མའི་ འཕྲུལ་བཟང་ལྟར། །སྣ་ཚོགས་གང་འདུལ་བཀོད་པ་རྨད་བྱུང་བ། །ནམ་མཁའི་མདངས་ ལས་ཆེས་གསལ་མཚན་དཔེའི་སྐུ། །མི་འཁྲུགས་རྒྱལ་པོའི་གསང་གསུམ་ཆེ་བར་བསྟོད། །དེ་ ནས་བཤམས་པའི་ཁ་ཟས་རྣམས་ལ་དམིགས་ཏེ། སྭ་བྷཱ་ཝས་དྲི་མ་སྦྱངས། དེའི་ངང་ལས་སྐད་ཅིག་ལ་སྦྱིན་བྱའི་ 9-1-479 ཟས་ཀྱི་དངོས་པོ་གང་གི་སྟེང་དུ་གླང་ཆེན་གྱིས་ཉེ་བར་བཏེག་པའི་ཁྲི་ལ་པད་ཟླའི་གདན་ སྟེང་དུ་ཧཱུཾ་ཡིག་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་མི་འཁྲུགས་པ་སྐུ་མདོག་གཡའ་ དག་ནམ་མཁའ་ལས་ཀྱང་བརྒྱ་འགྱུར་ལས་རབ་ཏུ་གསལ་ཞིང་དྭངས་པའི་འོད་བཟང་ ཕྱོགས་ཀུན་འཕྲོ་བ་སྐུ་ལ་མཚན་དང་དཔེ་བྱད་ཡོངས་སུ་རྫོགས་ཤིང་ཕྱག་གཡས་ས་གནོན་ དང་གཡོན་མཉམ་བཞག་གི་སྟེང་ན་རྡོ་རྗེ་རྩེ་ལྔ་བསྣམས་པ་རལ་པའི་ཐོར་ཚུགས་དང་དར་ སྣ་ཚོགས་པའི་ན་བཟའ་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་ལེགས་པར་བརྒྱན་ཞིང་ལོངས་ སྤྱོད་རྫོགས་པའི་ཆས་ལྡན་ཞབས་གཉིས་སྐྱིལ་ཀྲུང་གིས་བཞུགས་པ་ཡེ་ཤེས་སེམས་དཔའ་ གདོད་ནས་གཉིས་མེད་ཀྱི་ཚུལ་དུ་རང་ཆས་སུ་ཡོད་པའི་བདག་ཉིད་དུ་གྱུར། དེ་ལ་མཆོད་ པའི་ཕྱིར་མདུན་དུ་མཆོད་ཡོན་མེ་ཏོག་ལ་སོགས་པའི་ཉེ་བར་སྤྱོད་པ་དང་བར་སྣང་ཡོངས་སུ་ གང་བར་བསམ། སྔགས་རྒྱས་རབ་སྤེལ་མཆོད་སྤྲིན་དཔག་ཡས་ཚོགས། །མི་བསྐྱོད་ཡེ་ཤེས་ ལྷ་ལ་གུས་པའི་འབུལ། །རླབས་ཆེན་མཛད་ཕྲིན་ལེགས་མངའི་ཆེ་བར་བསྟོད། །འགྲོ་ལ་ཕན་ བདེའི་འབྱུང་སྒོ་བསྩལ་ཏུ་གསོལ། །མི་བསྐྱོད་རྒྱལ་བའི་ཐུགས་ཀར་ཟླ་གདན་ལ་ཧཱུཾ་ཡིག་ སྔོན་པོའི་མཐར་སྔགས་ཕྲེང་ཁ་དོག་སྔོན་པོ་གཡས་བསྐོར་སྦྲུལ་འཁྱིལ་བ་ལྟ་བུ་ལས་བྱིན་ རླབས་སྡིག་སྒྲིབ་འཁྲུད་པའི་དག་བྱེད་བདུད་རྩིའི་རྣམ་པ་བྱུང་སྟེ་སྦྱིན་བྱའི་ཟས་གང་དག་ལ་ ཐིམ་པས་ཟས་དེ་དག་འགྲོ་བ་གང་གི་ཁར་སོང་ཚད་སྡིག་པའི་ཕུང་པོ་ཡོངས་སུ་བྱང་ནུས་པའི་ རྫས་ཁྱད་པར་ཅན་དུ་གྱུར་པར་བསམ་ལ། ཀཾ་ཀ་ནི་ཆེས་མང་པོ་སྐབས་དང་བསྟུན་པར་བཟླ་ལ། མཐར་ཡང༌། མཆོད་བསྟོད་གོང་བཞིན་བྱས་ནས། བཅོམ་ལྡན་འདས་མི་འཁྲུགས་པ་དེ་ཉིད་ཐུགས་སྙིང་རྗེའི་ངང་ ལས་འགྲོ་བའི་དོན་དུ་འོད་ཕུང་གི་རྣམ་པར་ཞུ་སྟེ་ཟས་བཅུད་དག་ལ་ཐིམ་པས་ཁར་རེག་ཚད་ ཀྱི་འགྲོ་བའི་སྡིག་སྒྲིབ་ཆེས་སྦྱངས་ནུས་པའི་བྱིན་རླབས་ཤིན་ཏུ་བརྟན་པར་གྱུར། བར་བསམ་ལ་ ཡིག་བརྒྱ་ལན་གསུམ་བརྗོད། དེ་དག་མ་འཛོམས་ན་གོང་སྨོས་ཀྱི་ཟས་གཙང་ཙམ་སྦྱིན་པས་ཀྱང་ཆོག 9-1-480 དེ་ནས་སྦྱིན་ཚུལ་དངོས་ནི། གྲོག་མ་ཉ་སོགས་གནས་པའི་ཁྲོ ད་དུ་སོང་ལ་འདི་སྐད། ན་མོ་སྐྱབས་གནས་བླ་མ་ དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ལན་ གསུམ། མ་སེམས་ཅན་ཐམས་ཅད་བདེ་བ་རྒྱུ་བཅས་མཐའ་དག་དང་བདག་གིས་ལྡན་པར་ བྱ་ཞིང་སྡུག་བསྔལ་རྒྱུ་དང་བཅས་པ་མ་ལུས་པ་ལས་ཡོངས་སུ་བདག་གིས་བསྒྲལ་བར་བྱ་ བའི་ཆེད་དུ་དེང་འདིར་སྲོག་ཆགས་ཉམ་ཆུང་གང་དག་ལ་ཁ་ཟས་སྦྱིན་པ་རྣམ་དག་བསྒྲུབ་ པར་བྱའོ། །ལན་གསུམ། རང་ཉིད་སྐད་ཅིག་གིས་རྒྱལ་ཀུན་སྙིང་རྗེའི་རང་གཟུགས་འཕགས་ མཆོག་སྤྱན་རས་གཟིགས་དབང་ཕྱུག་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞི་པ་ཕྱག་དང་ པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ་གཡས་འོག་མས་སྐྱབས་སྦྱིན་གྱི་ཕྱག་རྒྱས་འགྲོ་ཀུན་ལ་ མི་འཇིགས་སྦྱིན་པ་མཛད་ཅིང་གཡོན་འོག་མས་མཆོག་སྦྱིན་གྱི་ཕྱག་རྒྱས་མྱོང་གྲོལ་གྱི་ཟས་ ཁྱད་པར་ཅན་ཟད་མེད་གཏེར་གྱི་ཕུང་པོ་འགྲོ་ལ་འགྱེད་པས་ཕན་བདེའི་སྒོ་འབྱེད་པར་དར་ དང་རིན་པོ་ཆེས་བརྒྱན་པ་སྤྱི་བོར་འོད་དཔག་མེད་ཀྱི་རིགས་བདག་ཅན་ཞབས་གཉིས་སྐྱིལ་ ཀྲུང་དུ་བཞུགས་ཤིང་ཞལ་ནས་གསུང་མཆོག་ཡི་གེ་དྲུག་མའི་སྒྲ་དབྱངས་སྒྲོག་པ་གང་ཐོས་ ཚད་ནམ་ཞིག་བདེ་བ་ཅན་དུ་འདྲེན་པའི་དེད་དཔོན་ཆེན་པོར་བཞུགས་པར་གྱུར། བར་བསམ་ ལ་ཡི་གེ་དྲུག་མའི་སྒྲ་དབྱངས་དང་བཅས་ཁ་ཟས་རྣམས་ཇི་ལྟར་འོས་པ་སྦྱིན་མཐར་གཟུངས་སྔགས་གཞན་དང་སངས་རྒྱས་ བྱང་སེམས་ཀྱི་མཚན་ཅི་རིགས་ཀྱང་བརྗོད་རྗེས་སུ་སྤྱིའི་བསྔོ་སྨོན་འདི་སྐད། འོ་བདག་གིས་དེ་རིང་སྲོག་ཆགས་ ཆྒཻ་མོ། གང་དག་ལ་ཁ་ཟས་ལེགས་སྦྱིན་བྱས་པ་དེས་སེམས་ཅན་འདི་དག་གིས་གཙོས་ནམ་ མཁའ་དང་མཉམ་པའི་འགྲོ་བ་མཐའ་དག་ངན་སོང་ལས་ཐར་ཏེ་མངོན་མཐོའི་བདེ་བ་ལ་ རང་དབང་གིས་ཅི་དགར་ལོངས་སྤྱོད་པར་གྱུར་ཅིག དེ་ནས་བཟུང་སྐྱེ་བའི་ཕྲེང་བ་ཀུན་ཏུ་ བདེ་འགྲོའི་ལུས་རྟེན་ཁོ་ན་ལ་བརྒྱུད་པ་མ་གཏོགས་ངན་སོང་གསུམ་དུ་ནམ་ཡང་མི་ལྷུང་བར་ ཤོག་ཅིག སྐྱེ་བའི་གནས་སྐབས་དེ་དག་ཏུ་དམ་པའི་ཆོས་དང་རིམ་གྱིས་འཕྲད་དེ་ལམ་ཐུན་ 9-1-481 མོང་གི་རྟོགས་པ་ཡོངས་སུ་རྫོགས་ནས་ཁམས་གསུམ་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་ མྱུར་དུ་ཐར་བར་ཤོག་ཅིག དེ་ནས་ཀྱང་ཐེག་པ་ཆེན་པོའི་ཐུན་མོང་མ་ཡིན་པའི་ས་ལམ་ ཡོངས་རྫོགས་ཀྱང་རིམ་པས་ལེགས་པར་མཐར་ཕྱིན་ཏེ་ཆོས་ཀྱི་རྒྱལ་པོ་སངས་རྒྱས་བཅོམ་ ལྡན་འདས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་གྱུར་ཅིག བྱེ་བྲག་དམིགས་བསལ་གྱི་བསྔོ་སྨོན། ཁྱད་ པར་གནས་སྐབས་དེ་བར་དེང་འདིར་སྲོག་ཆགས་གང་དག་ལ་ཟས་ལེགས་སྦྱིན་བྱེད་པའི་ སྦྱིན་བདག་རྣམས་ཀྱང་སྔོན་ཚེ་ཐོག་མ་མེད་པའི་དུས་ནས་ད་ལ་ཐུག་གི་བར་དུ་སེམས་ཅན་ གཞན་བསད་བསད་པ་ཚེ་ཐུང་བའི་ལན་ཆགས། བརྡུང་བརྡུང་བ་ནད་མང་བའི་ལན་ཆགས། འཕྲོག་འཕྲོག་པ་དབུལ་ཕོངས་པའི་ལན་ཆགས་མ་ལུས་པ་ཡོངས་སུ་བྱང་བར་གྱུར་ཅིག ཚེ་ རབས་དེ་དག་རྣམས་སུ་བསགས་པའི་སྡིག་པ་སྟོབས་ཆེན་ཆེས་མི་བཟད་པ་རྣམ་སྨིན་བཟོད་ བྲལ་བཟློག་ཐབས་དཀའ་བ་དག་ཀྱང་སྦྱིན་པ་འདིས་གོ་ལེགས་པར་ཆོད་ངེས་སུ་གྱུར་ཅིག གཞན་འགྲོ་བ་གང་དག་ལ་སྔོན་གྱི་བུ་ལོན་མ་འཇལ་བ་ཡོད་ཚད་ཐམས་ཅད་ད་ལན་འདིས་ སོད་པར་ཤོག་ཅིག ད་ལྟའི་ལུས་ཐོག་འདིར་ན་ཚ་ཟུག་ཟེར་སོགས་སྔོན་གྱི་ཤ་མཁོན་ཆགས་ པའི་རིགས་སུ་གྱུར་པ་མཐའ་དག་འདིས་འཕྲལ་དུ་ལེགས་པར་བྱང་བར་གྱུར་ཅིག དེ་དག་ གི་མཐུ་ལ་བརྟེན་ནས་ཚེ་འདིར་ཆོས་ཀྱི་མཐུན་རྐྱེན་སྒོ་ཀུན་ནས་འགྲིག་པར་ཤོག་ཅིག ཡང་ སྒོས་འདིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རིམ་གྱིས་ཡོངས་སུ་རྫོགས་པ་དང་ལྷན་ཅིག་ལམ་ ཚོགས་གཉིས་ཀྱི་བསགས་སྒོ་ཕྱོགས་མཐའ་ཀུན་ནས་ཡོངས་སུ་རྒྱས་པར་གྱུར་ཅིག དེ་ལྟ་ བུའི་སྒོ་ནས་སྦྱིན་བདག་གང་དག་རིང་པོར་མི་ཐོགས་པར་དོན་གཉིས་མཐར་ཕྱིན་པའི་མཐུ་ ལ་བརྟེན་ནས་ཚེ་འདིར་ཆོས་ཀྱི་མཐར་ཐུག་གི་གོ་འཕང་མཆོག་ལ་རེག་པར་ཤོག་ཅིག དེ་ གཉིས་གང་ལྟར་གྱི་མཐར། ཇི་ལྟར་བསྔོ་སྨོན་གྱི་ལེགས་དོན་ཐམས་ཅད་ཇི་བཞིན་འགྲུབ་པར་དཀོན་ མཆོག་གསུམ་གྱི་བདེན་པའི་སྟོབས་ཀྱིས་བྱིན་གྱིས་རློབས་ཤིག གང་གིས་སྦྱིན་པ་གང་ལ་ 9-1-482 སྦྱིན། །སོགས་དང༌། བསོད་ནམས་སྟོབས་ཆེན་གྱུར་པ་འདི་ཡི་མཐུས། །སོགས་དང༌། སྦྱིན་པ་རྒྱ་ ཆེན༴ སོགས་དང༌། སེམས་ཅན་ཐམས་ཅད་བདེ་བ་ཅན་དུ་སྐྱེ་བར་ཤོག །སོགས་དང༌། བླ་མེད་བླ་ མའི༴ སོགས་བརྗོད་ཅིང༌། འདིར་སྤྲོ་ན་བཟང་སྤྱོད་ཀྱང་འདོན་དེ་མིན་བསྔོ་སྨོན་ཅི་རིགས་པས་མཇུག་རྫོགས་པར་བྱས་ཏེ་སྦྱིན་ པ་པོ་ཡིག་དྲུག་གི་སྒྲ་དབྱངས་དང་བཅས་རང་གནས་སུ་ལོག་གོ ། སྦྱིན་ཚུལ་འདི་ཀ་མ་ལྕོ གས་ན་ཡིག་དྲུག་ཁོ་ན་འདོན་བཞིན་སྦྱིན་ཀྱང་ཆོག དེ་ལྟར་གྱི་ཆོ་གས་ཉ་གྲོག་བྱ་རིགས་སྤྱི་ལ་ ཁ་ཟས་སྦྱིན་ཀྱང་ཆོག་ལ། སྦྱིན་བྱའི་ཟས་ལའང་ཉ་དང་བྱ་རིགས་དག་གི་ཟན་ལ་གཙང་རྩོག་ཆེར་མེད་ཅིང་སྦྱིན་དུས་ནམ་གྲུབ་ ལས་མི་འདུག་ཀྱང༌། གྲོག་མའི་ཁ་ཟས་ནི་དབྱར་ཟླ་གསུམ་གྱི་བཅོ་ལྔ་ལྟ་བུ་ལ་ཕྱེ་ཕུད་གཙང་ཞིང་ཁ་རླངས་མ་ཤོར་བ་དཀར་ གསུམ་མངར་གསུམ་སྣུམ་རིགས་རྣམས་དང་ཆང་སངས་སྦང་མ་སོགས་སྐྱུར་རིགས་དང་ཡང་མ་འདྲེས་པ་སྣོད་གཙང་དུ་བླུགས་ པ་བྱིན་རྟེན་སྦྱར་བའམ་གཟུངས་ཆུས་ཕྱེ་སྐྱ་བུལ་ཙམ་བྱས་ཏེ། ཆོ་གས་དཀྱུས་ལྟར་བསྒྲུབས་ཟིན་པའི་རྗེས་སུ་གྲོག་ཚང་གི་ཁར་ ཐོན་པ་ན་ཐོག་མར་དུང་སྒྲ་རིང་པོ་ལན་གསུམ་དང༌། དེ་ནས། འོ་དེང་སྐབས་འདི་ན་གནས་པའི་སྲོག་ཆགས་ གྲོག་མ་གང་དག་ལ་ཁ་ཟས་ཀྱི་སྦྱིན་པ་ལེགས་པར་གཏོང་བར་བགྱིའོ། །ལན་གསུམ་གྱི་རྗེས་སུ་ སྦྱིན་ཆོག་ཡོངས་རྫོགས་དཀྱུས་བཞིན་གྲུབ་མཐར། ད་ནི་ངེད་ཅག་གི་སྦྱིན་པའི་འཕྲོ་རེ་ཞིག་རྫོགས་པ་ཡིན་ པས་ཕྱིན་ཆད་གནས་འདིར་ངེད་རྣམས་མི་འོང་བས་སྲོག་ཆགས་གྲོག་མ་གང་དག་གི་འདོད་ པ་ལེགས་ཚིམ་མཛོད་ལ་ད་ཕན་རེ་འདུན་མ་བྱེད་ཅིག ཅེས་བརྗོད་པའི་སྲོལ་ཡང་འདུག གོང་དཀྱུས་ ལྟར་ལས་བསྔོ་བསྡུས་གཞན་བྱེད་ཚུལ་ནི། འོ་ད་ལན་སྦྱིན་པའི་བསོད་ནམས་ཀྱི་ཕུང་པོ་གང་མཆིས་པ་ དེས་ནམ་ཞིག་བདག་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཚེ་ཁ་ཟས་ཀྱི་སྦྱིན་པ་འདི་ལ་འབྲེལ་ ཚད་ཀྱི་སེམས་ཅན་མ་ལུས་པ་འཁོར་གྱི་ཐོག་མ་ཉིད་དུ་སྐྱེས་ཏེ་ཆོས་ཀྱི་སྦྱིན་པས་རྣམ་པར་ གྲོལ་བ་མཐར་ཕྱིན་པར་གྱུར་ཅིག དེ་བར་དུ་སྐྱེ་བའི་གནས་སྐབས་རྣམས་སུ་ཐར་ལམ་གྱི་ ལུས་རྟེན་བཟང་པོ་འབའ་ཞིག་རྙེད་པ་ལ་བརྟེན་ནས་ཐེག་པ་ཐུན་མོང་དང་ཐུན་མོང་མ་ཡིན་ པའི་ས་དང་ལམ་གྱི་མངོན་པར་རྟོགས་པ་ཕུན་སུམ་ཚོགས་པ་རིམ་གྱིས་འཕེལ་བར་གྱུར་ཅིག 9-1-483 གནས་སྐབས་སྦྱིན་བདག་གང་དག་ཀྱང་ཚེ་འདིར་རྐྱེན་ངན་པའི་ཉེ་བར་འཚེ་བ་མཐའ་དག་ སྒོ་ཀུན་ནས་བཟློག་སྟེ་རྣམ་པར་དཀར་བའི་ཆོས་དང་མཐུན་པའི་ལེགས་ཚོགས་ཀྱི་བདེ་ཞིང་ སྐྱིད་པའི་སྒོ་གང་ཐད་ནས་རྒྱས་ཤིང་འཕེལ་བ་དང༌། ཚེ་ཕྱི་མ་རྣམས་སུའང་ཡང་དག་པའི་ ཆོས་ཁོ་ན་སྤྱོད་པའི་སྐལ་པ་འགྲིགས་ནས་ཚུལ་དེ་ལུགས་ཀྱིས་རིམ་པར་ས་ལམ་གྱི་མངོན་ རྟོགས་འཕེལ་ཏེ་རིང་མིན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་ཤོག་ཅིག ཅེས་བརྗོད་ ཀྱང་ཆོག ཟས་སྦྱིན་འདིས་ཁུངས། རྔ་བོ་ཆེ། འོད་ཟེར་ཅན། ཕལ་བོ་ཆེ་རྣམས་སུ་གསུངས་པའོ། །ཞེས་སྲོག་ཆགས་གྲོག་མ་ སོགས་ལ་ཟས་གཏོང་ཚུལ་གྱི་ལག་ལེན་འདི་ཡང་རང་གཞན་ལ་མཁོ་ནས་མ་ཏིས་ཤར་མར་སྤེལ་བ་ལྟར་ང༵ག་དབ༵ང་ཡོ༵ན་ཏན༵་ བཟ༵ང་པོ༵ས་ཆེད་གཉེར་གྱིས་ཡི་གེར་བཀོད་པའོ།། །། 9-1-484 ༄༅། །ནག་པོ་ཆེན་པོའི་སྒོ་ནས་དགྲ་མནན་བྱ་ཚུལ་བསྡུས་པ་ ཞེས་བྱ་བ་བཞུགས་སོ། ། ༄༅། །བླ་མ་དང་ཡེ་ཤེས་ཀྱི་མགོན་པོ་དབྱེར་མེད་པ་ལ་ཕྱག་འཚལ་ལོ། །དེ་ལ་འདིར་ནག་པོ་ཆེན་པོའི་སྒོ་ནས་ དགྲ་གྲུབ་བྱ་བ་ལ། གྲུབ་ཁུང་སོགས་ལེགས་འདུ་བྱས་ཏེ་འདི་སྐད་དོ། །ཧཱུཾ། སྐད་ཅིག་ཆོས་དབྱིངས་རོལ་པའི་ ཆོ་འཕྲུལ་ལས། །རང་ཉིད་རྣམ་པར་འགྱུར་བའི་ཡེ་ཤེས་ལྷ། །འཇིགས་མཛད་དཔའ་བོ་ གཅིག་པ་རྔམ་པའི་སྐུ། །ཕྱག་གཉིས་གྲི་ཐོད་འཛིན་པ་ཉིད་དུ་གྱུར། །ཧྲཱིཿཥྚི་ཅུང་ཙམ་བཟླས་མཐར། ཧཱུཾ། ཐུགས་ལས་སྤྲུལ་པའི་རྣམ་མང་མཆོད་པའི་ཚོགས། །གཤིན་རྗེའི་གཤེད་པོའི་དགྱེས་པ་ བསྐྱེད་ཕྱིར་འབུལ། །དཔའ་བོ་ཁྲོ་འཁྲུགས་གཡོ་བའི་ཉམས་བརྒྱ་འབར། །འཇིགས་ཟིལ་ བཟོད་པར་དཀའ་བ་དེ་ལ་བསྟོད། །མདུན་དུ་རབ་འཇིགས་སྤྲིན་ནག་འཁྱི ལ་བའི་ཀློང༌། །གཏུམ་ཆེན་མིག་སྨན་མདངས་འཛིན་ནག་པོ་ཆེ། །དམར་ནག་མེ་ཕྲེང་ཕྱོགས་བརྒྱར་སྤྲོ་བ་ ཅན། །མ་རུངས་སྲིན་པོ་ཁྲོ ས་པའི་འཇིགས་གཟུགས་གར། །སྟོབས་ལྡན་མཐུ་ཡིས་ངོམ་ བཞིན་དཔའ་ཆས་རྫོགས། །སྤྲུལ་པའི་འཁོར་ཚོགས་ཨེ་ཀ་ཛ་ཏི་དང༌། དཔལ་ལྡན་ལྷ་མོ་ གནོད་སྦྱིན་ཡབ་ཡུམ་ཟུང༌། །པུ་ཊ་མིང་སྲིང་ལ་སོགས་འཁོར་བཅས་བསྐྱེད། །ༀ་མ་ཧཱ་ཀཱ་ལ་ སྟྭཾ་བྷ་ཡ་མ་ར་ཡ་ཛ་ཛ་རྦད་རྦད་སོད་སོད། ཅེས་པའང་མ་ཧཱ་ཀ་ལ་ཤམ་བུ་མེད་པ་ཉིད་དང༌། ཤ་ས་ན་སོགས་ གང་འགྲུབ་ཅུང་ཙམ་བཟླས་མཐར། ཧཱུཾ། ཆོས་ཉིད་འཕྲུལ་ལས་ཤར་བའི་མཆོད་པའི་སྤྲིན། །ནག་པོ་ ཆེན་པོ་འཁོར་དང་བཅས་ལ་འབུལ། །ཁམས་གསུམ་སྟོབས་ཀྱིས་གནོན་པའི་གཟི་མདངས་ 9-1-485 རྒྱས། །བསྟན་དགྲ་འཇོམ་པའི་མཐུ་ལྡན་ཁྱོད་ལ་བསྟོད། །རང་གི་ཐུགས་ལས་སྐད་ཅིག་ཨེ་ ཆད་པས། །མདུན་དུ་ཁྲོ ན་དོང་གྲུ་གསུམ་གཏིང་ཟབ་པ། །གཤིན་རྗེའི་ཞལ་གདངས་རྔམ་ པའི་སྦུབས་ཚུད་ཅིང༌། །བྲུབ་ཁུང་དེའི་ནང་གནོད་བྱེད་དངོས་སུ་གསལ། །ན་མོ་བླ་མ་ཡི་དམ་ མཆོག་གསུམ་མཁའ་འགྲོ་དང༌། །ཁྱད་པར་དཔལ་ལྡན་རྡོ་རྗེ་ནག་པོ་ཆེ། །སྤྲུལ་པའི་འཁོར་ ཚོགས་བཅས་པའི་ནུས་སྟོབས་ཀྱིས། །ཉེས་བྱེད་སྡང་དགྲ་གཟུགས་ལ་མྱུར་དུ་ཁུག ། ཅེས་བརྒྱ་ རྩ་བྱས་མཐར། ཧཱུཾ། ཆོས་དབྱིངས་སྐྱེ་བ་མེད་པའི་ཀློང་ཡངས་ནས། །སྐྱེ་བའི་འཕྲུལ་ཆེན་སྟོབས་ ལྡན་ནག་པོ་ཆེ། །རབ་བརྗིད་གཏུམ་པའི་གཟི་མདངས་སྟོང་འབར་བ། །མི་བསྲུན་སྲིན་པོའི་ གཟུགས་ཅན་དབྱིངས་ནས་བཞེངས། །ཧ་ཧའི་གད་མོས་སྲིད་གསུམ་གཡོ་ཞིང་བསྐྱོད། །ཁྲོ་ གཉེར་འཇིགས་པས་འབྱུང་པོ་སྔངས་ཞིང་བརྒྱལ། །གནག་པའི་དགྲ་སྡེའི་སྲོག་ལ་ཆེས་རྔམ་ པ། །བསྟན་ལ་འཚེ་བའི་ཞིང་བཅུ་སྒྲོལ་བར་མཛོད། །རབ་འཇིགས་དུས་མཐའི་སྤྲིན་ནག་ འཁྲི གས་ཀློང་ནས། །རབ་དམར་མེ་ལྕེ འི་རྒྱང་ཞགས་འཁྱུག་བཞིན་དུ། །རབ་ཏུ་རྔམ་པའི་ ཆོ་འཕྲུལ་འགྱེད་པ་དང༌། །རབ་འབར་དྲག་རྩལ་ཆབ་གཅིག་དཔེ་མེད་སྟོན། །དཔག་ཡས་ སྤྲུལ་པའི་འཁོར་ཚོགས་དྲེགས་པའི་དཔུང༌། །མ་རུངས་བསྟན་དགྲ་སྒྲོལ་པའི་ལས་ལ་བརྩོན། །མཐུ་ཆེན་སྟོབས་ཀྱིས་བདུད་སྡེའི་གཡུལ་བཟློག་ཅིང༌། །བདེ་གཤེགས་བཀའ་ཡི་ཐ་ཚིག་མ་ བསྙེ ལ་ཅིག །ཁྱད་པར་སྒྲུབ་པོ་རྣལ་འབྱོར་འཁོར་བཅས་ལ། །ཁ་དཀར་སྙིང་ནག་བུ་ལྟར་ བཅོས་པའི་དགྲ། །སྲུང་མ་ལྷ་ལ་ཞེ་བརྙས་ཁུར་བ་རྣམས། །མ་གཡེལ་དྲག་པོའི་མཐུ་ཡིས་ དབྱིངས་སུ་ཆོམ། །བསམ་ངན་སྦྱོར་བ་རྩུབ་པའི་གདུག་པ་ཅན། །ཡིད་ལ་གནག་པའི་སྡང་ དགྲ་ཆེ་གེ་མོ། །ཆོས་སྐྱོང་སྲུང་མའི་མཐུ་ཡིས་ཉེར་བཀུག་ནས། །གཤིན་རྗེའི་ཞལ་བསྟབས་ གྲུ་གསུམ་འབར་བར་ཆུག །ས་འོག་རིམ་པ་བདུན་གྱི་འོག་རོལ་ཏུ། །ནམ་ཞིག་བྱང་ཆུབ་ སེམས་མཆོག་མ་སྐྱེས་བར། །ནམ་ཡང་ཐར་བའི་གོ་སྐབས་བྲལ་བྱས་ཏེ། །ལྡང་བ་མེད་པའི་ 9-1-486 ཀློང་དུ་སྟོབས་ཀྱིས་ནོན། །ༀ་ལཾ་ཨཱཿལཾ་ཧཱུཾ་ལཾ་སྟྭཾ་བྷ་ཡ་ནནཿནནཿ ཞེས་པས་མནན་པར་བྱའོ། །དེ་ནས་ བྲོ་བརྡུང་བ་ནི། ཧཱུཾ། རྣམ་འདྲེན་སྟོང་གི་བསྟན་བསྲུང་གུར་གྱི་མགོན། །ལྕམ་དྲལ་བྲན་གཡོག་ཡང་ སྤྲུལ་བསྲུང་མའི་ཚོགས། །བསྟན་དགྲ་འཇོམས་པའི་ལས་ལ་ཉེར་བཞེངས་ཏེ། །མཐུ་སྟོབས་ དྲག་རྩལ་འབུམ་གྱི་ཕྲིན་ལས་རྒྱས། །མ་རུངས་དགྲ་བགེགས་སྐྱེ་མེད་དབྱིངས་སུ་མནན། །འགག་མེད་རོལ་པའི་ཆོ་འཕྲུལ་ཆེན་པོའི་གར། །བསྟན་སྲུང་མཐུ་ལྡན་སྟོང་གི་དམག་ཚོགས་ འགྱེད། །གནོད་བྱེད་བདུད་སྡེ་མིང་གི་ལྷག་མར་མཛད། །ཆོས་སྐྱོང་སྲུང་མའི་ཡེ་ཤེས་མཆོག་ གི་སྤྱན། །དགེ་ལེགས་ལས་བཞིའི་ཕྲིན་ལས་དང་འགྲོགས་ཏེ། །བདག་ཅག་གཡེལ་བ་མེད་ པར་རྗེས་བཟུང་ནས། །ཕུན་ཚོགས་སྣང་བས་ས་གསུམ་ཁྱབ་གྱུར་ཅིག །འདིར་མནན་བསྡུས་ཙམ་ ལས་དམོད་བཅོལ་མེད་ཀྱང་ཆོག་ཅིང་དེའི་ལེགས་པར་འདྲ་སྙམ་ཕྱིར་དམོད་བཅོལ་མ་བྲིས་པ་ལགས་པས་འདི་ཙམ་ལ་དེ་ལས་ མ་སྤྲོས། ཅེས་ནག་པོ་ཆེན་པོའི་སྒོ་ནས་དགྲ་མནན་བྱ་ཚུལ་བསྡུས་པ་འདི་ཡང་རྣལ་འབྱོར་གྱི་དབང་ཕྱུག་བླ་མ་དཀོན་དཔལ་གང་ གིས་གསུང་ངོ་མི་ལྡོ ག་ཙམ་དུ་སྙོ མ་ལས་པ་རྨོངས་བན་མ་ཏི་ཀིརྟི་ཞེས་པས་ཤར་མར་སྤེལ་བ་ཛ་ཡནྟུ།། །། མངྒ་ལཾ། 9-1-487 ༄༅། །གསུར་མཆོད་བདུད་རྩིའི་ཆར་འབེབས་ ཞེས་བྱ་བ་བཞུགས་སོ། ། ༄༅། །ༀ་ཨཱཿཧཱུཾ། སྲེག་བྱེད་མེའི་དཀྱིལ་འཁོར་རྣམ་པར་དག་པའི་འོད་སྣང་དང་གཉིས་ སུ་མེད་པར་འདྲེས་པའི་དུ་བ་ཡེ་ཤེས་ཀྱི་བདུད་རྩིའི་སྤྲིན་ཆེན་པོ་དང༌། རྒྱལ་བ་དགྱེས་པའི་ མཆོད་སྤྲིན། འགྲོ་དྲུག་ཚིམས་པའི་ལོངས་སྤྱོད། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་ རྣམ་འཕྲུལ་དང་ནམ་མཁའ་མཛོད་ཀྱི་ཡོ་བྱད་ལས་བྱུང་བ། རྒྱལ་བ་སྲས་དང་བཅས་པའི་ བདེན་པའི་ཚིག་དང་ཏིང་ངེ་འཛིན་གྱི་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པས་བྱིན་གྱིས་ བརླབས་ཤིང་ཕུན་སུམ་ཚོགས་པ་ཟད་མི་ཤེས་པའི་རང་བཞིན་དུ་གྱུར་ཅིག ན་མཿསརྦ་ཏ་ཐཱ་ ག་ཏ་བྷྱོ༴ ལན་གསུམ་གྱིས་བྱིན་གྱིས་བརླབས། ན་མོ་རྒྱལ་བ་རྣམས་ཀྱི་ཐུགས་རྗེ་བསླུ་བ་མེད། །བསོད་ ནམས་ཞིང་ཏུ་རྫུ་འཕྲུལ་སྟོབས་ཀྱིས་འབྱོངས། །སེམས་དཔའ་མཆོག་རྣམས་གཞན་དོན་ རྟག་ཏུ་དགོངས། །ཡིད་ཀྱི་ཤུགས་ལྟར་འདིར་ནི་གཤེགས་མཛོད་ནས། །སྲས་བཅས་རྒྱལ་བ་ རྣམས་ཀྱི་བདེན་སྟོབས་ཀྱིས། །ལན་ཆགས་སྙིང་རྗེའི་མགྲོན་རྣམས་མཆིས་གྱུར་ཅིག །བཛྲ་ ས་མཱ་ཛཿ ༀ་ཨཱཿཧཱུཾ། སངས་རྒྱས་སྐུ་གསུམ་གྱི་ལྷ་ཚོགས་སྙིང་རྗེ་ཆེན་པོའི་རྒྱུ་ལས་འཁྲུངས་པ། སྨོན་ལམ་རྣམ་པར་དག་པ་ལ་མངའ་མཛད་པ། ཉིན་མཚན་དུས་དྲུག་ཏུ་ཐུགས་རྗེ་སེམས་ཅན་ ལ་གཟིགས་ཤིང་རྟག་ཏུ་ཕན་པ་འབའ་ཞིག་དགོངས་པ། ཞི་ཁྲོ་ཕྲ་མེན་ལ་སོགས་སྐུའི་རྣམ་ 9-1-488 འཕྲུལ། ཟབ་དང་རྒྱ་ཆེ་བ་གསུང་གི་རྣམ་འཕྲུལ། མངོན་ཤེས་བསམ་གྱིས་མི་ཁྱབ་པ་ཐུགས་ ཀྱི་རྣམ་འཕྲུལ་ལ་རོལ་བ་ཁྱེད་རྣམས་ལ་ཐོགས་མེད་ཀྱི་གཟིགས་པ་མངའ་བ་ཐབས་མཁས་ ཀྱི་མཛད་པ་བསམ་གྱི་མི་ཁྱབ་པ་ལགས་པས་གསུར་མཆོད་ཡེ་ཤེས་ཀྱི་བདུད་རྩིར་དགྱེས་ ཤིང་བཞེས་ནས་ཚོགས་གཉིས་ཀྱི་སྟོབས་ཀྱིས་བྱིན་གྱིས་བརླབས་པར་མཛད་དུ་གསོལ། ༀ་ཨཱཿཧཱུཾ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྒྱལ་བ་རྣམས་ཀྱིས་གདུང་ འཚོབ་པ། སེམས་ཅན་རྣམས་ཀྱི་མགོན་མཛད་པ། གྲངས་མེད་ཀྱི་ཞིང་དུ་སྤྲུལ་པའི་རོལ་པ་ མངོན་ཤེས་དང་ཡེ་ཤེས་ཚད་མེད་པ་ལ་དབང་བ་རྣམས་ཀྱང༌། གསུར་མཆོད་བདུད་རྩིའི་རང་ བཞིན་འདི་ཉིད་ཀྱི་མཐུས་བདག་དང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བཞེས་ལ། འཇམ་ དཔལ་དབྱངས་ཀྱི་མཁྱེན་པ། ཕྱག་ན་རྡོ་རྗེ་ནུས་སྟོབས། སྤྱན་རས་གཟིགས་ཀྱི་སྙིང་རྗེ། ཀུན་ ཏུ་བཟང་པོའི་སྤྱོད་པ། ནམ་མཁའ་མཛོད་ཀྱི་ལོངས་སྤྱོད། བྱམས་པ་མགོན་པོའི་རྣམ་ཐར། རྒྱལ་སྲས་རྣམས་ཀྱི་ཐུགས་བསྐྱེད་ངོ་མཚར་བླ་ན་མེད་པ་སྲིད་ཞིའི་ཁམས་ན་མཚུངས་པ་མེད་ པའི་བདེན་པ་དང༌། བདེན་པའི་ཚིག་དེས་བདག་གི་མཆོད་སྦྱིན་བཟང་ཞིང་འབྱོར་ལ་ཁྱབ་ཆེ་ བས་ཁམས་གསུམ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཚིམ་པར་བྱེད་ནུས་པར་བྱིན་གྱིས་ བརླབ་ཏུ་གསོལ། ༀ་ཨཱཿཧཱུཾ། ཉན་ཐོས་དང་རང་རྒྱལ། དགྲ་བཅོམ་པ་ཟག་པ་ཟད་པ། བྱ་བ་བྱས་པ། ཁུར་ བོར་བ། བསོགས་འཇོག་སྤངས་པ། སྲིད་པ་ལས་འདས་པའི་ཡེ་ཤེས་བརྙེས་པ་རྣམས་ཀྱང་ བདག་གི་བསམ་པ་རྣམ་པར་དག་པས་སྦྱར་བའི་གསུར་མཆོད་ཡེ་ཤེས་ཀྱི་བདུད་རྩི་འདིས་ བསོད་སྙོ མས་ཀྱི་བྱ་བ་མཛད་ནས། བདག་གི་ཡོན་བསྔོ་བ་མ་སེམས་ཅན་ཐམས་ཅད་ཀྱི་དོན་ དུ་འགྱུར་བར་མཛད་དུ་གསོལ། ༀ་ཨཱཿཧཱུཾ། གསང་སྔགས་དང་རིགས་སྔགས་གཟུངས་སྔགས་ཀྱི་དཀྱིལ་འཁོར་བསམ་ 9-1-489 གྱིས་མི་ཁྱབ་པའི་གཙོ་བོ་དང་གཙོ་མོ། འཁོར་དང་སྤྲུལ་པ་བཀའ་ཉན་དང༌། མགྲོན་ཐབས་ ཀྱི་ལྷ་ཚོགས་གྲངས་མེད་པ་རྣམས་དང༌། དེ་དག་གིས་རྗེས་སུ་བཟུང་བའི་རིག་པ་འཛིན་པ་ འདོད་པ་དང༌། གཟུགས་དང་གཟུགས་མེད་ལས་འདས་པའི་ཡེ་ཤེས་སྒྱུ་མའི་སྐུ་ཅན་ནམ་ མཁའ་ལ་སྤྱོད་པ་རྣམས་ཀྱང་རྫུ་འཕྲུལ་དང་སྙིང་རྗེའི་སྟོབས་ཀྱིས་གསུར་མཆོད་བདུད་རྩིའི་ རང་བཞིན་འདི་ཚོགས་ཀྱི་འཁོར་ལོར་བཞེས་ལ་བདག་གི་དམ་ཚིག་ཉམས་ཆགས་ཐམས་ ཅད་དག་ནས་སྔགས་དང་ཏིང་ངེ་འཛིན་གྱི་མཐུ་ཐོགས་པ་མེད་པ་བསྐྱེད་དུ་གསོལ། ༀ་ཨཱཿཧཱུཾ། སྲིད་པ་འདི་ན་ཆེ་ཞིང་དབང་བཙན་པའི་ལྷ་དང་ཀླུ་དང་ས་བདག་དང་སྲིན་ པོ་ལ་སོགས་པ་རང་རང་གི་སྡེ་ཚན་ལས་ཁྱད་པར་དུ་འཕགས་པའི་སྟོབས་དང༌། ལུས་དང་ ལོངས་སྤྱོད་ལ་དབང་བ། གཙོ་བོ་གཙོ་བོར་སྨོས་ཤིང་གཙོ་བོར་བཀུར་བ་ཇི་སྙེ ད་པ་རྣམས་ དང༌། དེ་དག་གི་སྡེ་དང་འཁོར་དུ་གཏོགས་པའི་འབྱུང་པོ་ཆེ་ཕྲ་ཐམས་ཅད་ལ་གསུར་མཆོད་ ཡེ་ཤེས་ཀྱི་བདུད་རྩི་འདི་རང་རང་གང་ལ་གང་དགོས་ཅི་ལ་ཅི་འདོད་ཀྱི་ཡོ་བྱད་དུ་རྒྱལ་བ་ སྲས་དང་བཅས་པའི་བདེན་ཚིག་གིས་བྱིན་གྱིས་བརླབས་ནས་འབུལ་གྱི་དེ་དེ་བཞིན་དུ་ བཞེས་ལ་རྒྱལ་བ་ཐུགས་རྗེས་བདག་ཉིད་དེས་བྱང་ཆུབ་ཀྱི་སེམས་འདོད་དགུའི་བང་མཛོད། འགྲོ་བ་ལྷ་དང་བཅས་པའི་བགོ་སྐལ་དུ་བཞག་པ་འདི་ལ་ཐུགས་མཉེས་པར་མཛད་དུ་ གསོལ། ༀ་ཨཱཿཧཱུཾ། འགྲོ་བ་རིགས་དྲུག་གི་སེམས་ཅན་བདག་དུ་འཛིན་པའི་རང་བཞིན་ལ་ཞེན་ ཅིང༌། བདག་གིར་འཛིན་པ་ལ་གདུང་བ་སྐྱེ་བ། ཡང་དང་ཡང་དུ་སྲིད་པར་སྐྱེ་བའི་ཆོས་ཅན། བདག་ལ་ཆགས། གཞན་ལ་སྡང༌། གཉིས་སུ་རྨོངས་པའི་རང་བཞིན་སྣང་བ་རགས་པ་ལ་ ཞེན་ཅིང༌། གདོས་བཅས་ཀྱི་ལུས་ཀྱིས་བཅིང་པ་རྣམས་སྐད་ཅིག་གིས་འདུ་མི་ནུས་ཤིང་ཕྲ་ མོའི་ཟས་ཀྱིས་ཚིམ་པར་མི་འགྱུར་ནའང་བདག་གིས་སྙིང་རྗེ་ཆེན་པོའི་སྟོབས་ཀྱིས་ཁམས་ 9-1-490 གསུམ་གྱི་སེམས་ཅན་ཐམས་ཅད་མདུན་ན་གནས་པ་བཞིན་དུ་བསམ་ནས། གསུར་མཆོད་ བདུད་རྩིའི་མཆོད་སྦྱིན་འདིས་མགྲོན་དུ་བགྱིད་ན་བདག་གི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ ཡོངས་སུ་རྫོགས་ཤིང༌། མ་སེམས་ཅན་ཐམས་ཅད་རང་རང་སོ་སོའི་ལས་སྣང་སྡུག་བསྔལ་ དང་བྲལ་ནས་དགའ་བ་ཆེན་པོའི་ཡུལ་དུ་གྱུར་ཅིག ༀ་ཨཱཿཧཱུཾ། གཞན་ཡང་སྦྱིན་པ་བླ་ན་མེད་པའི་ཡུལ་དུ་གྱུར་པ། བྱང་ཆུབ་སེམས་དཔའ་ རྣམས་ཀྱི་བསོད་ནམས་ཀྱི་ཞིང༌། སྙིང་རྗེའི་ཡུལ། བཟོད་པའི་རྟེན། བརྩོན་འགྲུས་ཀྱི་གྲོགས། འཇིག་རྟེན་མི་ཡུལ་ཀྱི་བཀྲེན་པ། སློང་མོ་ལ་རྒྱུ་བ། སྒོ་ནས་སྒོར་ཉུལ་ཞིང༌། རྟག་ཏུ་གཞན་ལ་ རེ་བ། སློང་མོས་འཚོ་ཞིང་སློང་མོ་ལ་བརྟེན་པ། དམན་པའི་ལུས་ཅན་དེ་དག་ཀུན་ཀྱང་མཆོད་ སྦྱིན་གྱི་ཡུལ་དུ་བྱས་ནས་བྱམས་སྙིང་རྗེའི་བློས་བཟུང་བ་ལགས་ན། གསུར་མཆོད་བདུད་ རྩིའི་རང་བཞིན་འདིས་དེ་དག་ལ་ཁྱབ་སྟེ། བཀྲེས་པ་ལ་ཟས། འཁྱགས་པ་ལ་གོས། རང་ རང་གི་འདོད་པའི་ལོངས་སྤྱོད་ལྟར་འགྱུར་བར་རྒྱལ་བ་སྲས་བཅས་ཀྱིས་བྱིན་གྱིས་བརླབས་ ནས་བདག་ལ་སེར་སྣས་ཟས་ནོར་མི་སྟེར་བའི་རྩ་ལྟུང་མི་འབྱུང་བར་གྱུར་ཅིག ༀ་ཨཱཿཧཱུཾ། གཞན་ཡང་གསོན་པོ་དང་གཤིན་གྱི་ཡུལ་ན། གྲྭལ་གྱི་མཐའ་ལ་འདུག་པ། ཟས་ཀྱི་ལྷག་མ་དབང་བ། སྐོམ་གྱི་སྙི གས་ལ་བཏུང་བ། སྔོན་གྱི་སྦྱིན་འབྲས་ཉུང་བ། ད་ལྟ་ གཏོང་ཕོད་ཆུང་བ། ལུས་ཀྱི་མདངས་ཞན་པ། གོས་ཀྱི་བརྗིད་ཉམས་པ། དབུལ་ཞིང་ཕོངས་ པའི་སེམས་ཅན་ཐམས་ཅད་གསུར་མཆོད་ཡེ་ཤེས་ཀྱི་བདུད་རྩི་འདིས་ངོམས་ཤིང་ཚིམས་ ནས། བཀྲེས་སྐོམ་ཉམ་ཆུང་གི་སྡུག་བསྔལ་རང་སར་ཞི་སྟེ་རང་སྡེ་ཁས་དྲག་དང་སྐལ་བ་ མཉམ་ནས་དམ་པའི་ཆོས་ལ་ལོངས་སྤྱོད་པར་གྱུར་ཅིག ༀ་ཨཱཿཧཱུཾ། གཞན་ཡང་སྙི གས་དུས་ཀྱི་རྒུད་པས་གདུང་བའི་བཙུན་གཟུགས་ཁྲི མས་ ཀྱང་འཇིགས་སྐྱོབ་དང་ལེགས་སྨོན་ལ་བསྟེན་ནས་རྟགས་ཀྱང་དམར་སེར་ཧྲུལ་ཐག་ཆད་པ། 9-1-491 ཟས་ཀྱང་དགེ་འདུན་གྱི་དཀོར་ལ་རེ་བ། མདོག་ཀྱང་སྔོ་ནག་དང་སྐྱ་སེར་དུ་འདུག་པ། རང་ ཟས་ཀྱིས་ཚིམ་དཀའ་བ། གཞན་ཟས་ལ་རེ་བ་ཆེ་བ། ལྷ་ཟས་ཀྱི་གཏོར་མ་ལེན་པ། མི་ཟས་ ཀྱི་སློང་མོ་བྱེད་པ། གྲྭལ་ཟས་ཀྱི་བགོས་ལ་དབང་བ། དད་ཟས་ཀྱི་འབུལ་བ་ལེན་པ། སྤྲང་ ཟས་ཀྱི་ལྷག་རོལ་སྡུད་པ། ཟས་ཟ་སར་ལག་པ་བཟེད་པ། སྐོམ་སྐོལ་སར་ཕོར་བུ་འདེགས་ པ། ཤ་མཐོང་ན་མཆིལ་མ་མིད་པ། ཟས་སྣ་དགུ་ཡོད་ཀྱང་སྐྱོབས་པར་དཀའ་བ། ཤ་མུག་ ཤ་ཡིན་ཀྱང་རིན་གྱིས་ཉོ་བ། ཤ་དང་མར་གཉིས་མཉམ་བཀྱག་བྱེད་པ། སྐུ་གསུང་ཐུགས་ རྟེན་ཨ་ཀྲད་ལ་བརྗེ་བ། གོད་རོ་ལ་བྱ་རྒོ ད་ལྟར་འདུ་བ། གོད་ཤ་ལ་གསེར་དངུལ་ལྟར་ཉོ་བ། གཡར་ཇ་སློང་བ། སྟོན་མར་སློང་བ། དགུན་ནས་སློང་བ། མ་བོས་ཀྱང་འོང་བ། མི་དགོས་ ཀྱང་སྙོ གས་པ། མ་བྱིན་ན་ཁྲོ་བ། མ་བལྟས་ན་རྐུ་བ། གཅིག་བྱིན་ན་གཉིས་སློང་བ། ཡང་ བྱིན་ན་ཡང་སློང་བ། རྒྱུན་དུ་བདག་ཅག་ལ་རེ་བ་དེ་ལྟ་བུ་སྔར་ཤི་བ། ད་ལྟ་ཡོད་པ། ཕྱིས་ འབྱུང་བ་ཐམས་ཅད་གསུར་མཆོད་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་འདིས་ངོམས་ཤིང་ ཚིམ་ནས་ལྟོ གས་སྣང་བཀྲེས་སྣང་ཐམས་ཅད་དང་བྲལ་ཏེ། རང་ཟས་ཁབ་རྩེ་ཙམ་གྱིས་ཚིམ་ སླ། གཞན་ཟས་རི་བོ་ཙམ་ལའང་གདུང་བ་མི་སྐྱེ་བར་བཞིན་སྣུམ་གྱི་ལེ། ལྟོ་སྒྲེགས་པ་ཆི་ལེ། བག་དྲོ་ཡ་ལེ། དུས་རྟགས་དུ་ཆོས་སྤྱོད་དང་སྒྲིབ་སྦྱོང་ལ་བརྩོན་ནས་དད་པ་དང་འདུན་པའི་ ཡུལ་དུ་གྱུར་ཅིག ༀ་ཨཱཿཧཱུཾ། གཞན་ཡང་ཟས་སློང་མོ་ལ་བརྟེན་པ། གོས་ཕྱག་དར་ལ་རེ་བ། གཞན་གྱི་སྒོར་ ཉུལ་བ། བཞིན་ལུས་ཐལ་མདོག་ལྟར་འདུག་པ། སྐད་སྙོམ་སྙོ མ་ལྟར་འབོད་པ། ལག་པ་དང་ ཕོར་བ་བཟེད་པ། དབྱུག་པ་དང་ཁུག་སྟོང་ཐོགས་པ། ངོ་ཤེས་ཀྱི་མིང་ནས་འབོད་པ། ངོ་མི་ ཤེས་པ་ལ་ངོ་བསྟོད་བྱེད་པ། དབྱར་གསུམ་སྐྱུར་ལ་རེ་བས་སྣོ ད་ངོ་དང་བཀྲུ་བཤལ་སློང་བ། སྟོན་གསུམ་འབྲུ་ལ་རེ་བའི་ཕྱར་སྙི གས་དང་སྟེབ་ཕྱག་སློང་བ། དཔྱིད་གསུམ་མར་ལ་རེ་བས་ 9-1-492 བཙག་སྙི གས་དང་སྐྱོག་རོ་རྩད་པ། དགུན་གསུམ་ཤ་ལ་རེ་བས་རུས་བཏོགས་དང་ཁུ་སྙི གས་ སློང་བ། ཡང་ནས་ཡང་དུ་སློང་བ། ད་ནངས་བྱིན་ན་དོ་དགོང་འོང་བ། དེ་རིང་བྱིན་ན་སང་ ཉིན་འོང་བ། མི་འོང་ཁ་ལ་བཏགས་པ། འོང་རྒྱུ་རྒྱུན་ཆད་མེད་པ། མནའ་ཟན་ལྟར་བཟའ་བ། ལྐུག་ཆོས་ལྟར་འདོན་པ། བརྡུང་ཀྱང་ལན་མེད་པ། ངག་འཇམ་འཇམ་ལྟར་སྨྲ་བ། གཏིང་ནས་ གདུག་རྩུབ་ཆེ་བ། བྱིན་ན་ཚིམས་དུས་མེད་པ། མ་བྱིན་ན་ཞེ་སྡང་ལང་བ། རྟག་ཏུ་གཞན་ལ་ རེ་བའི་སྤྲང་པོ། སྤྲང་མོ། ཞ་བོ། ལོང་བ། འོན་པ་ཐམས་ཅད་གསུར་མཆོད་ཡེ་ཤེས་ཀྱི་བདུད་ རྩི་འདིས་ངོམས་ཤིང་ཚིམས་ནས་བཀྲེས་པ་ཞི། སྐོམ་པ་སེལ། ལོང་བས་མཐོང༌། འོན་པས་ ཐོས། ཞ་བོ་འགྲོ། བདེ་སྐྱིད་ཕུན་སུམ་ཚོགས་ཤིང་རྟག་ཏུ་ཆོས་ལ་སྤྱོད་པར་གྱུར་ཅིག ༀ་ཨཱཿཧཱུཾ། དེ་ལྟར་གསོན་གྱི་དུས་སུ་རང་ཟས་མེད་པའི་སྤྲང་ཟས་དང་དཀོར་ཟས་ཀྱི་ ལུས་པོ་མ་སྐྱོབ་པར་ཟ་སྙམ་ལོན་སྙམ། རྙེད་སྙམ་གྱི་ངང་ལ་ལྟོ གས་གྲིར་དང་འཁྱགས་གྲིར་ ཤི་བའི་ཆོས་ཀྱི་སྒྲ་ཙམ་མ་ཐོས་པའམ་ཐོས་ཀྱང་བླ་མ་དང་དགེ་འདུན་ལ་མཉམ་འགྲོགས་ཀྱི་ དབང་གིས་དད་པ་སྤུ་ཙམ་མེད་པའི་ཆོས་ཀྱིས་ཕན་མ་ཐོགས་པར་སྲིད་པ་བར་མ་དོའམ། ཡི་ དྭགས་ཀྱི་སྡེ་ཚན་གཉིས་གང་རུང་དུ་སྐྱེས་པ། འཁྲུལ་སྣང་དུ་མ་ལ་སྤྱོད་པའི་ཉིན་མཚན་གོ་ ལོག་ཏུ་ཤར་བ། འཁྱགས་ལྟོ གས་སྐོམ་གསུམ་གྱིས་གདུང་བ། བཀྲེས་སྣང་དང་ཟས་སྣང་རྒྱུན་ ཆད་མེད་པར། རྟག་ཏུ་སྒོ་དང་ཁྱི མ་ལ་ཉུལ་ཞིང་ཟས་སྐོམ་དང་འབྱོར་བ་མཐོང་ཡང་ལོངས་ སྤྱོད་རྒྱུ་མེད་པ། འཇིགས་སྐྲག་དང་ཞེ་སྡང་གིས་མནར་བ། ཤི་མིག་གསོན་ལ་བལྟ་བ། ཤི་ ལག་གསོན་ལ་བཟེད་པ། ཤི་སེམས་གསོན་ལ་ཆགས་པ། དུང་སྐད་ལ་རྒྱུག་པ། བགོས་གྲྭལ་ དུ་འཚོགས་པ། བཟའ་བཏུང་ལ་རེ་བ། བགོས་བྱེད་སར་སོང་ཀྱང་སྐལ་བ་མེད་པ། ལག་པ་ བཟེད་ཀྱང་གཞན་གྱིས་མི་མཐོང༌། མི་མཐོང་ཙ་ན་ཞེ་སྡང་ལང་པ། ཡུལ་མུན་རུབ་ལྟར་སྣང་ བ། ལུས་གྲིབ་མ་ལྟར་འདུག་པ། ཁ་ཆར་དང་བུ་ཡུག་གིས་གདུང་བ། སྔོ་ལ་གནག་པ། སྐྱ་ལ་ 9-1-493 སྐེམ་པ། སེར་ལ་བཙའ་བ། བཞིན་མི་སྡུག་པ། སྐད་ངན་པ། ཟས་ལ་རེ་བ། སྐོམ་ལ་གདུང་ བ། ཇ་ལོ་དང་ངན་སྙི གས་ལ་འདུ་བ། སྣབས་དང་ཁ་ལུད་ལེན་པ། གསུར་དང་གཏོར་མ་ལ་ གདུང་བ་ཐམས་ཅད་གསུར་མཆོད་ཡེ་ཤེས་ཀྱི་བདུད་རྩི་མཁོ་དགུའི་ལོངས་སྤྱོད་ཀྱི་གཏེར་དུ་ གྱུར་པ་འདིས་ངོམས་ཤིང་ཚིམ་ནས་ཟས་སྐོམ་གྱི་ཞེན་པ་དང་བྲལ་ཏེ་རེ་ཞིང་ཆགས་པ་མེད་ པར་ལྷ་དང་བླ་མ་རྗེས་སུ་དྲན་ནས། དད་པ་དང་གསོལ་འདེབས་ཡང་དག་པ་ལ་བརྟེན་ཏེ་ མྱུར་དུ་ཡང་དག་པའི་ཞིང་ཁམས་སུ་བགྲོད་ནུས་པར་གྱུར་ཅིགདེ་ལྟར་མ་གྱུར་གྱི་བར་དུ་འང་ ཁྱེད་གཤིན་གྲལ་ན་མང་བ་ཡིན། ངེད་གསོན་གྲལ་ན་དཀོན་པ་ཡིན་པས། གཤིན་པོ་གསོན་ ལ་མ་གདུང༌། གསོན་ལ་རེ་བ་མ་ཆེ། ཤུལ་དུ་ཆགས་ཞེན་མ་བྱེད། ཟས་སྣུམ་སྣུམ་གྱི་བཅུད་ ལ་མ་རྐུ། ཟོག་མེར་མེར་གྱི་གཡང་ལ་མ་རློམ། མི་ཕ་སྤུན་གྱི་གྲལ་ལ་མ་སྙེ གས་པར་གསུར་ མཆོད་བདུད་རྩིའི་རང་བཞིན་འདིས་ཚིམས་པར་མཛད་དུ་གསོལ། ཚིམ་ནས་ཀྱང་བྱང་ཆུབ་ ཀྱི་སེམས་རིན་པོ་ཆེ་རྒྱུད་ལ་སྐྱེ་བར་རྒྱལ་བ་སྲས་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ། ཞེས་པ་འདི་ཡང་ཨ་བུ་ཤྲཱི་ཧྲལ་པོས་སྨྲས་པ་སྲིད་མཐའི་བར་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་ནས་དགེ་ཞིང་བཀྲ་ཤིས་པར་ གྱུར་ཅིག། །། ༈ གསུར་མཆོད་ནི། ༀ་ཨཱཿཧཱུཾ། གཞན་ཡང་སྙི གས་དུས་ཀྱི་རྒུད་པས་གདུང་བའི་བཙུན་ གཟུགས་ཁྲི མས་ཀྱང་ལེགས་སྨོན་དང་འཇིགས་སྐྱོབ་ལ་བརྟེན་ནས། རྟགས་ཀྱང་དམར་སེར་ ངན། ཟས་ཀྱང་རྟག་ཏུ་དཀོར་ལ་རེ་བ། རང་ཟས་ཀྱིས་ཚིམས་དཀའ་བ། གཞན་ཟས་ལ་རེ་ བ། གྲལ་ཟས་ཀྱི་ཕོགས་ལ་དབང་བ། དད་ཟས་ཀྱི་འབུལ་བ་ལེན་པ། དབྱར་མར་དང༌། སྟོན་ ནས་སློང་བ། མ་བོས་ན་འོང་བ། མི་དགོས་ཀྱང་སྙོ གས་པ། མ་བྱིན་ན་ཁྲོ་བ། ད་ལོ་བྱིན་ན་ སང་ཕོད་ཀྱང་འོང་བ། རྒྱུན་དུ་གཞན་ལ་རེ་བ། དེ་ལྟ་བུ་སྔར་ཤི་བ་དང༌། ད་ལྟ་ཡོད་པ་ཕྱིས་ འབྱུང་བ་ཐམས་ཅད་ལ་གསུར་མཆོད་ཡེ་ཤེས་ཀྱི་བདུད་རྩི་འདི་དག་གིས་ངོམས་ཤིང་ཚིམ་ 9-1-494 ནས། ལྟོ གས་སྣང་བཀྲེས་སྣང་ཐམས་ཅད་དང་བྲལ་ཏེ། རང་ཟས་ཁབ་རྩེ་ཙམ་གྱིས་ཀྱང་འཚོ་ སླ་བ། གཞན་ཟས་རི་བོ་ཙམ་ལ་གདུང་བ་མི་སྐྱེ་བར། བཞིན་སྣུམ་གྱི་ལེ། ལྟོ་སྒྲེགས་པ་ཆི་ལེ། བག་གྲོ་ཕ་ལེ། དུས་རྟག་ཏུ་སྤྱོད་པ་སྒྲིབ་སྦྱོང་ལ་བརྩོན་ནས། དད་པ་དང་འདུན་པའི་ཡུལ་དུ་ གྱུར་ཅིག གཉན་ཆེན་ཐོད་པ་རྩལ་ལ་སོགས་པ་དམག་དང་ཇག་གི་ཁ་འཛིན་བྱེད་ཅིང་རང་ཕྱོགས་རྒྱལ་ཞིང་གཞན་ཕྱོགས་ ཕམ་པར་བྱེད་པའི་ཡུལ་ལྷ་གཞི་བདག་གི་རིགས་སུ་གྱུར་པ་ཐམས་ཅད་མ་ཐོགས་མྱུར་བའི་རྫུ་འཕྲུལ་གྱིས་གནས་ འདིར་བྱོན་ལ། རྣལ་འབྱོར་པ་བདག་གིས་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱི་བྱིན་གྱིས་ བརླབས་པའི་གསུར་མཆོད་བདུད་རྩིའི་རང་བཞིན་འདོད་ཡོན་གྱི་རྣམ་པ་མ་ཚང་བ་མེད་པ་ ཡིད་བཞིན་གྱིས་ནོར་བུ་དང་དཔག་བསམ་གྱི་ཤིང་ལྟར་འདོད་དགུའི་ལོངས་སྤྱོད་སྐལ་བའི་ བར་དུ་ཟད་མི་ཤེས་པ་འདི་དག་བཞེས་ལ་ཕན་པ་དང་བདེ་བའི་བསམ་པ་བཟང་པོ་རྒྱུད་ལ་བསྐྱེད་ནས། སྤྱིར་ཡངས་པའི་རྒྱལ་ཁམས་ཐམས་ཅད་དང༌། ཁྱད་པར་དུ་རྨ་རྫ་འབྲི་གསུམ་མམ་སྐབས་འདིར་དབུ་རུ་སྟོད་སྨད་ལ་གནས་ པའི་སྐྱེ་དགུ་ཐམས་ཅད་ལ། ཉེ་རིང་ཆགས་སྡང་མེད་པའི་བསམ་པ་བསྐྱེད་ནས་ཀུན་ཀྱང་ཕན་ཚུན་ བྱམས་པའི་སེམས་དང༌། ཕན་པའི་སེམས་དང༌། དགའ་བའི་སེམས་ཀྱིས་ཤིན་ཏུ་མཐུན་པར་ འགྲོགས་ཤིང་འཐབ་འཛིང་རྩོད་པ་ལ་སོགས་པའི་སྤྱོད་ངན་ཐམས་ཅད་དུས་དེང་ནས་རྒྱུན་ ཆད་དེ་མི་དང་མི་མ་ཡིན་པ་ཐམས་ཅད་དམ་པའི་ཆོས་བཞིན་སྤྱོད་པ་ལ་ངེས་པར་སྤྲོ་བའི་ ཐབས་ཀྱི་སྒོ་ལ་ནན་ཏན་མཛད་དུ་གསོལ། དཔལ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་ གནས་ལ་སོགས་སྔོན་བྱོན་གྲུབ་བརྙེས་སྐྱེས་བུ་རྣམས་ཀྱི་བཀའ་དང་དམ་ལ་མ་འདའ་བར་ཡངས་ པའི་རྒྱལ་ཁམས་ཆོས་བཞིན་སྐྱོངས་བའི་ས་དབང་སྡེ་དགེའི་རྒྱལ་པོའི་བཀའ་ལུང་ཕྲིན་ལས་ཀྱིས་ཕོ་ཉ་བ། གཉེར་ཟུར་པདྨ་ཆོས་ འཕེལ་ཞེས་པའམ། ཡུལ་འདིར་ཁ་བསྒྱུར་ནི་བོད་ཆོས་ཀྱི་རྒྱལ་པོའི་བཀའ་ལུང་ཕྲིན་ལས་ཀྱི་ཕོ་ཉ་བ་བསྟན་འགྲོར་ཕན་བདེ་ཁོ་ ན་སེམས་པ་རྣམས་སོགས་ཀྱི་བཞེད་དོན་ཐམས་ཅད་གེགས་མེད་ཡིད་བཞིན་དུ་འགྲུབ་པའི་སྡོང་གྲོགས་མཛད་ དུ་གསོལ། ཁྱད་པར་དུ་ཆགས་སྡང་གི་རྟོགས་པ་ལ་ཨ་འཐས་ཤིང༌། སྣང་བ་རྨི་ལམ་ལྟ་བུ་ལ་ 9-1-495 བདེན་པར་ཞེན་པའི་དབང་གིས་འབྱུང་པོ་མི་མ་ཡིན་པའི་ལུས་སུ་གྱུར་ནས་རྒྱལ་ཁམས་མི་ བདེ་བ་འཁྲུགས་པའི་ཐབས་ལ་བརྩོན་པར་བྱེད་པའི། དཔོན་རྒན་བསོད་ནམས་བསྟན་པ། དཔོན་ངག་དབང༌། སྲས་ དཔལ་ཆེན་མགོན་པོ། དབང་ཆེན་ཀར་ཚེ་སོགས། ཡུལ་དུས་འདིར་ཁ་བསྒྱུར་ཅི་ཙམ་དུ་བྱས་ཏེ། རྒྱལ་བོ་རྒྱལ་ཕྲན་བློན་པོ་ལ་ སོགས་པ་ལས་ཀྱི་རྫུ་འཕྲུལ་གྱི་ཤུགས་ཀྱིས་རྒྱུ་བ་རྣམས་ཀྱང་གསུར་མཆོད་བདུད་རྩིའི་རང་བཞིན་འདི་ དག་ལ། ལོངས་སྤྱོད་ལ་སེམས་ཅན་ཐམས་ཅད་ལ་བསམ་པ་བཟང་པོ་བསྐྱེད་ནས་བདེ་བ་ ཅན་དང་པདྨ་འོད་ལ་སོགས་པ་དག་པའི་ཞིང་ཁམས་རྣམས་སུ་འགྲོ་བའི་འདུན་པ་རྩེ་གཅིག་ ཏུ་བསྐྱེད་ལ་ཁྱེད་རྣམས་ཀྱིས་ལས་ངན་པ་ཟད་པར་བྱས་ནས་རྒྱལ་བ་སྲས་བཅས་ཀྱིས་ གདུལ་བྱར་གྱུར་པར་ངེས་པར་མཛད་དུ་གསོལ། དེ་ལས་གཞན་དུ་སྲོག་བཅད་ཀྱི་དམར་ མཆོད་ལ་དགའ་ཞིང་དམག་འཁྲུགས་འཐབ་རྩོད་ཀྱིས་བསད་པའི་དབུགས་འགམ་པར་བྱེད་ པ་ལ་སོགས་པ་མི་དགེ་སྡིག་པའི་ལས་ལ་སྤྱོད་ན་ཚེ་འདིར་ཡང་འཇིགས་སྐྲག་བྲེལ་ཟིང་སྡུག་ བསྔལ་གྱི་སྣང་བ་རྒྱུན་ཆད་མེད་ཅིང་ཤི་འཕོས་ནས་དམྱལ་བ་ཚ་གྲང་གི་སྡུག་བསྔལ་ཡུན་ རིང་མོའི་བར་དུ་མྱོང་བར་འགྱུར་བས། རྒྱལ་སྲས་བྱང་ཆུབ་སེམས་དཔའ་བདག་ཅག་གི་ བཀའ་ལས་དུས་ནམ་ཡང་མི་འདའ་བར་གྱིས་ཤིག ཁམས་གསུམ་དག་པའི་ཞིང༌། །སྲིད་གསུམ་སྙིང་རྗེའི་མགྲོན། །མ་ལུས་ཁྱབ་པའི་རྫས། །ཆོས་ཉིད་ཟབ་མོས་མཐུས། །འདོད་ཡོན་ཟད་མི་ཤེས་པའི་གཏེར་ལ་ལོངས་སྤྱོད་པར་གྱུར་ ཅིག ༀ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཨོ་རྒྱན་འཇིགས་མེད་ཆོས་ཀྱིས་དབང་པོས་གསུངས་སོ།། །། 9-1-496 ༄༅། །དཔལ་སྤྲུལ་རིན་པོ་ཆེའི་གསུར་མཆོད་ཆེན་མོའི་ ཆ་ལག་ཁ་སྐོང་ལྷན་ཐབས་འགྲོ་ཕན་ སྤེལ་བྱེད་ཅེས་བྱ་བ་ བཞུགས་སོ།། ༄༅། །བླ་མ་དང་དབྱེར་མེད་པ་འཕགས་མཆོག་འཇིག་རྟེན་དབང་ཕྱུག་གང་གི་ཞབས་ཀྱི་པདྨོ་ལ་གུས་པས་ཕྱག་ འཚལ་ནས། འདིར་རྫོགས་ཆེན་དཔལ་སྤྲུལ་རིན་པོ་ཆེས་མཛད་པའི་འདོད་ཡོན་གསུར་མཆོད་ཆེན་མོའི་ཆ་ལག་ཏུ་ཉེ་བར་མཁོ་ བའི་ལྷན་ཐབས་ཀྱིས་ཚུལ་ལ། བྱིན་རླབས་སྤྱན་འདྲེན་སྔོན་དུ་འགྲོ་བའི་སྒོ་ནས་གསུར་མགྲོན་ཀྱི་སྡེ་ཚན། སངས་རྒྱས། བྱང་ སེམས། ཉན་རང༌། ཡི་དམ་སྔགས་རིག་འཛིན་པ། ཆེ་བཙན་འབྱུང་པོ། འགྲོ་བ་རིགས་དྲུག དམན་པའི་སྡེ། དབུལ་ཕོངས། དཀོར་ སློང༌། དབུལ་སྤྲང༌། བར་སྲིད་ཡི་དྭགས་རིགས། དཀོར་ཟས་ལ་སྤྱོད་པ། གཞི་བདག་གི་རིགས་ཏེ། མགྲོན་ཚན་བཅུ་གསུམ་ལ་ ཁ་སྐོང་གི་རིམ་པ་ཀུན་གྱི་ཐོག་མར་བདག་བསྐྱེད་ཐུན་མོང་དུ་བྱ་བ་སྟེ། དེ་ལ་སྐྱབས་སེམས་ནི། ན་མོ། བླ་ན་མེད་པའི་ སྐྱབས་གནས་བསླུ་བ་མ་མཆིས་པའི་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་དུས་དེང་ནས་ བྱང་ཆུབ་སྙིང་པོའི་བར་དུ་གུས་པས་སྐྱབས་སུ་མཆིའོ། །བདག་དང་མ་ལུས་པའི་སེམས་ཅན་ གང་དག་སྲིད་ཞིའི་འཇིགས་པ་ལས་སྐྱོབ་པར་མཛད་དུ་གསོལ། ལན་གསུམ། མ་ནམ་མཁའ་ དང་མཉམ་པའི་སེམས་ཅན་ཀུན་ཀྱང་སྙིང་རེ་རྗེའོ། །དེ་རྣམས་སྡུག་བསྔལ་མཐའ་དག་ལས་ བདག་གིས་བསྒྲལ་བའི་ཆེད་དུ་དེང་འདིར་མཆོད་སྦྱིན་ཟབ་མོ་རྒྱ་ཆེ་བའི་སྒོ་ཁོ་བོས་ཕྱེ་བར་ བགྱིད་དོ། །ལན་གསུམ། དེ་ནས་བདག་བསྐྱེད་ནི། རང་ཉིད་སྐད་ཅིག་གིས་ཐ་མལ་འདི་སྣང་སྟོང་པའི་ 9-1-497 དབྱིངས་སུ་སྦྱངས་ཏེ་དག་མཉམ་ཡེ་གཞི་མཆོག་གི་དགོངས་ཀློང་ལས་ངེས་པར་ཤར་བའི་ གདན་པད་ཟླའི་སྟེང་དུ་འཕགས་མཆོག་ཐུགས་རྗེ་ཆེན་པོ་རབ་དཀར་སྟོན་ཟླ་འབུམ་གྱི་ཕུང་ པོ་ལྟར་ཆེས་ཤིན་ཏུ་དཀར་བའི་མདངས་འོད་ཕྱོགས་བཅུར་སྤྲོ་བའི་སྐུ་བཟང་ཅན། ཞལ་ གཅིག་ཞི་བའི་འཛུམ་དཀར་གཡོ་བ། ཕྱག་གཉིས་གཡས་པའི་མཆོག་སྦྱིན་པའི་ཕྱག་རྒྱ་ མདུན་དུ་བསྟན་པ། གཡོན་པས་སྐྱབས་སྦྱིན་བཅས་ཀྱིས་པདྨ་དཀར་པོའི་ཡུ་བ་སྐུའི་སྟ་ཟུར་ གཡོན་ངོས་སུ་ཉེ་བར་འཛིན་ཅིང༌། སྐུ་སྨད་ལ་རས་བཟང་པོའི་ཤམ་ཐབས་དང༌། སྐུ་སྟོད་ལ་ རི་དྭགས་པགས་པས་ནུ་མ་བཀབ་བཞིན་དར་གོས་ན་བཟའ་གསར་བས་བཀླུབས་པ། རིན་ པོ་ཆེའི་དབུ་རྒྱན་མགུལ་རྒྱན་གདུ་བུ། སྐ་རགས་སོགས་སྣ་ཚོགས་པའི་རྒྱན་ཆ་དང་ལྡན་ཞིང༌། ཞབས་གཉིས་བཞེངས་སྟབས་ཀྱིས་བཞུགས་བཞིན་རིགས་ཀྱི་བདག་པོ་འོད་དཔག་མེད་པ་ སྤྲུལ་སྐུའི་ཆ་ལུགས་ཅན་ཀྱིས་རྒྱས་གདབ་ཅིང་དམ་ཡེ་གཉིས་མེད་ཀྱི་བདག་ཉིད་ཅན་དུ་གྱུར་ པའི་ཐུགས་ཀར་པད་ཟླ་ལ་ཧྲཱིཿཡིག་གི་མཐར་ཡི་གེ་དྲུག་མས་གཡས་སུ་བསྐོར་བར་དམིགས་ ལ། ཡིག་དྲུག་ཅི་ནུས་ཀྱི་མཐར། ཨརྒྷཾ༴ ནས། ཤཔྟའི་བར་གྱིས་མཆོད་ལ། བསྟོད་པ་ནི། ཧྲཱིཿ སྙིང་རྗེས་རང་ གཟུགས་པད་དཀར་ཅན། །གང་འདུལ་འགྲོ་ལ་དེར་སྣང་ཞིང༌། །དཔལ་ལྡན་པོ་ཊ་ལ་ཡི་ བདག །སྤྱན་རས་གཟིགས་དབང་ལ་བསྟོད་དོ། །ཞེས་པའི་རྗེས་སུ་གསུར་གཞུང་གི་བྱིན་རླབས་བྱ། དེ་ནས། ཨཱཿ རང་བྱུང་གདོད་ནས་ལྷུན་གྲུབ་སྐུ་གསུམ་བདག །གནས་ལུགས་དོན་ལ་གཤེགས་ བཞུགས་མི་མངའ་ཡང༌། །གང་འདུལ་འགྲོ་ངོར་ཁམས་དབང་མཐུན་པའི་ཚུལ། །སངས་ རྒྱས་བྱང་སེམས་ཉན་རང་འཕགས་པའི་ཚོགས། །རིག་འཛིན་མཐུ་གྲུབ་དྲེགས་ཆེན་མཆོད་ ཡུལ་དང༌། །རང་རང་ལས་སྣང་རིགས་དྲུག་དམན་དབུལ་སློང༌། །བར་སྲིད་མི་མིན་རིགས་ སོགས་སྣ་ཚོགས་པ། །སྦྱིན་ཡུལ་འཁྲུལ་སྣང་རོལ་པ་གང་འདི་བཅས། །ན་མོ། རྒྱལ་བ་རྣམས་ ཀྱི༴ སོགས་ནས་སྤྱན་འདྲེན་ཡན་ཆད་བྱ། འབྲུ་གསུམ་དང༌། ནམ་མཁའ་མཛོད་གྱི་སྔགས་རྒྱས་སྤེལ་ཞིང་མཆོད་པ་ལན་གསུམ་ 9-1-498 རེ་དང་བཅས། དེ་ནས་སྡེ་ཚན་དང་པོ་སངས་རྒྱས་ལ། རྨད་དུ་བྱུང་བའི་ལེགས་ཚོགས་མཐའ་དག་ གི་འབྱུང་གནས་སུ་གྱུར་པའི་རྒྱལ་བ་རྣམས་ཀྱི་རང་བཞིན་ཡེ་ཤེས་ཆོས་ཀྱི་སྐུ་འཁོར་འདས་ ཀུན་ལ་ངེས་པར་བརྡལ་བ་དེ་ཉིད་ལས། ནམ་མཁའ་དང་མཉམ་པའི་ཞིང་ཁམས་འབྱམས་ ཀླས་པ་ཀུན་ན་དཔལ་རྣམ་པར་སྣང་མཛད་སོགས་ལོངས་སྤྱོད་རྫོགས་པའི་བཀོད་ཆེན་དེ་ སྙེ ད་ཀྱི་རོལ་བ་གང་དག་དང༌། དེ་དག་རྣམས་ལས་ཀྱང་འཛམ་གླིང་བྱེ་བ་ཕྲག་བརྒྱ་སོགས་ ཕྱོགས་བཅུ་དུས་གསུམ་དུ་མངོན་པར་བྱུང་བའི་གང་ལ་གང་འདུལ་གྱི་སྤྲུལ་པའི་རོལ་གར་ གྲངས་མཐའ་མི་ཆོད་པ་དེ་རྣམས་རེ་རེས་ཀྱང༌། གཞན་སྣང་ངོར་རང་རང་དང་འཚམས་པའི་ སྐལ་བཟང་རྣམ་འདྲེན་སྟོང་རྩ་སོགས་སངས་རྒྱས་དང་དེ་དག་གི་ལུང་དང་རྟོགས་པའི་བསྟན་ པ་དམ་པའི་ཆོས་རིན་པོ་ཆེ། དེ་འཛིན་གྱི་འཕགས་པའི་ཚོགས་འདུས་པ་རྒྱ་མཚོའི་སྡེ་སྟེ་བསླུ་ མེད་སྐྱབས་གནས་མཆོག་རྣམ་པ་གསུམ་གྱི་ཐབས་ཚུལ་ཉེ་བར་བསྟན་པ་དེ་ལྟ་བུའི་སངས་ རྒྱས་སྐུ་གསུམ་གྱི་ལྷ་ཚོགས༴ སོགས། སྟོབས་ཀྱི་བྱིན་གྱིས་བརླབས་པར་མཛད་དུ་གསོལ། འབྲུ་གསུམ། མཁའ་མཛོད་སྔགས་གོང་ལྟར་དང༌། དེ་ནས་སྡེ་ཚན་གཉིས་པ་བྱང་སེམས་ལ། ཕྱོགས་ བཅུའི་ལོངས་སྤྲུལ་གྱི་ཞིང་རབ་འབྱམས་རྣམས་སུ་རྒྱལ་བ་གང་དག་གི་སྲས་སུ་ལེགས་པར་ བཞུགས་པ་རིགས་དང་སྙིང་སྟོབས་མཛད་པ་སྒོ་ཀུན་ནས་རྒྱ་ཆེ་ཞིང་འགྲོ་ལ་ཕན་པའི་རླབས་ ཆེན་གྱི་སྤྱོད་པ་བཟང་པོ་ཅན། ཁམས་གསུམ་དུ་འགྲོ་བའི་དོན་ལ་རྟག་པར་གནས་ཀྱང་ འཁོར་བའི་སྐྱོན་གྱིས་ནམ་ཡང་མ་གོས་པའི་ཆུ་ན་གནས་པའི་པདྨོ་བཞིན་སྐྱོན་བྲལ་ཡོན་ཏན་ གྱི་ཕུང་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ༴ སོགས། ནུས་པར་བྱིན་གྱིས་བརླབ་ཏུ་ གསོལ། འབྲུ་གསུམ། མཁའ་མཛོད་སྔགས་དང༌། དེ་ནས་སྡེ་ཚན་གསུམ་པ་ཉན་རང་ལ་ཞིང་ཁམས་གང་ དག་དུ་རྒྱལ་བ་བཅོམ་ལྡན་འདས་རྣམས་ཀྱི་འཁོར་དུ་ཐེག་པ་དམན་པའི་རིགས་སུ་བྱུང་བ་ 9-1-499 དང༌། འཇིག་རྟེན་ན་སངས་རྒྱས་འབྱུང་བ་མེད་པའི་སྐབས་རྣམས་སུ་སྲིད་པ་ཐ་མ་པའི་ཚུལ་ གྱིས་རང་སྟོབས་ཁྱད་པར་བའི་བྱང་ཆུབ་མངོན་དུ་བྱེད་པའི་ཐེག་འབྲིང་རིགས་ཏེ་ཉན་ཐོས་ དང་རང་རྒྱལ༴ སོགས། དོན་དུ་མཛད་དུ་གསོལ། འབྲུ་གསུམ། མཁའ་མཛོད་སྔགས། དེ་ནས་སྡེ་ཚན་བཞི་པ་ཡི་དམ་དང་སྔགས་ཀྱི་རིག་པ་འཛིན་པ་ ལ། ཞི་ཁྲོ་རབ་འབྱམས་ཀྱི་སྤྲུལ་པ་དཀྱིལ་འཁོར་མཐའ་ཡས་པའི་གཙོ་འཁོར་དང༌། དེ་དག་ གི་བྱིན་གྱིས་བརླབས་པའི་སྔགས་རིག་གི་སྡེ་ཡང་འཛམ་གླིང་ཡངས་པའི་གནས་ཁྱད་པར་ ཅན་སོ་སོ་ན་ལེགས་པར་བཞུགས་པའི་ངག་གི་བདེན་ཚིག་དང་དམོད་པའི་མཐུ་གྲུབ་ཅིང་ ཏིང་ངེ་འཛིན་ཁྱད་པར་བ་མངའ་བརྙེས་མཁན་གཞན་དོན་ལ་མཛད་པའི་རླབས་ངེས་པར་ཆེ་ ཞིང༌། བརྟུལ་ཞུགས་མཆོག་མངའ་བའི་སྐྱེས་བུ་དྲང་སྲོང་དམ་པའི་ངང་ཚུལ་ཉེ་བར་འཆང་བ་ དག་སྟེ་གསང་སྔགས་དང་རིག་སྔགས༴ སོགས། བསྐྱེད་དུ་གསོལ། འབྲུ་གསུམ། མཁའ་མཛོད་སྔགས། དེ་ནས་སྡེ་ཚན་ལྔ་པ་ཆེ་བཙན་འབྱུང་པོའི་རིགས་ལ། རྒྱལ་བ་ ཐབས་མཁས་ཤིང་ཐུགས་རྗེ་ཆེ་བ་རྣམས་ཀྱི་ཕྲིན་ལས་མཆོག་གི་རོལ་བ་སྣང་སྲིད་ལ་དབང་ སྒྱུར་བྱེད་དྲེགས་པའི་སྡེ་དཔོན་མཐུ་ཆེ་ལ་རྩལ་དྲག་ཅིང་ཤུགས་མྱུར་བའི་མངའ་བདག་སྲིད་ པ་འདི་ན༴ སོགས། མཉེས་པར་མཛད་དུ་གསོལ། དེ་མན་ཆད་ལ། འབྲུ་གསུམ་དང༌། གཟི་བརྗིད་ཚད་མེད་ཀྱི་སྔགས་ལན་བདུན་གྱིས་སྤེལ་སྦྱིན་རེ་དང༌། དེ་བཞིན་གཤེགས་པ་བཞིའི་མཚན་ དང་བཅས། དེ་ནས་སྡེ་ཚན་དྲུག་པ་འགྲོ་བ་རིགས་དྲུག་ལ། ལས་དབང་མཐུ་ཆེ་བས་མནར་བ་ དམྱལ་བ་ཡི་དྭགས་དུད་འགྲོ་སྟེ། ངན་སོང་གསུམ་དང་ལྷ་མིན་གྱི་འགྲོ་བ་དང་མངོན་མཐོ་ལྷ་ མིའི་རིགས་སུ་གྱུར་པའི་འགྲོ་བ་རིགས་དྲུག་གི༴ སོགས། ཡུལ་དུ་གྱུར་ཅིག འབྲུ་གསུམ་དང༌། ཚད་མེད་སྔགས་མཚན་བཅས་གོང་ལྟར། དེ་ནས་སྡེ་ཚན་བདུན་པ་དམན་པའི་སྡེ་ལ། སྔོན་གྱི་བསོད་ནམས་བསགས་སྒོ་དམན་པའི་བྱེད་པ་ལ་བརྟེན་ནས་ད་ལྟ་ཁས་ཞན་ཅིང་ཉམ་ 9-1-500 ཆུང་བའི་དབང་གིས་གཞན་སུ་ལས་སྟོབས་ཉེ་བར་དམན་པའི་གནས་སུ་གྱུར་ཅིང་གཞན་ ཡང་སྦྱིན་པ་བླ་ན་མེད་པའི༴ སོགས། མི་འབྱུང་བར་གྱུར་ཅིག འབྲུ། སྔགས། མཚན་བཅས། དེ་ནས་སྡེ་ཚན་བརྒྱད་པ་དབུལ་ཕོངས་ལ། སྔོན་གྱི་སེར་སྣ་དང་ འཇུར་གེགས་ཆེས་དམ་པའི་སྟོབས་ཀྱིས་ད་ལྟ་སྐྱེ་བ་འདི་ཉིད་ལ། ལོངས་སྤྱོད་ཀྱིས་ཀུན་ནས་ དབུལ་ཞིང་ལྟོ གས་སྐོམ་མེ་ལྟར་འབར་བཞིན་པ་གཞན་ཡང་གསོན་དང་གཤིན་གྱི༴ སོགས། ཆོས་ལ་སྤྱོད་པར་གྱུར་ཅིག འབྲུ། སྔགས། མཚན་བཅས། དེ་ནས་སྡེ་ཚན་དགུ་པ་དཀོར་སློང་གི་རིགས་ལ་སྐྱེ་བ་སྔོན་གྱི་ དུས་ན་ཆོས་མིན་ཆོས་སུ་བརྫུས་ཏེ་གཞན་མགོ་སྐོར་བའི་ལྐོག་གཡོ་ལ་བརྟེན་ནས་ཆོས་ལ་ཁ་ གཡར་ཏེ་འདོད་པ་ཆོག་ཤས་མེད་པའི་རང་འདོད་ཁོག་བཟུང་གིས་སྤྱོད་པ་ཕལ་ཆེ་བ་བསླད་ ཀྱང་ད་དུང་ཕྱོགས་རེའི་དགེ་འབྲས་ཉུང་ཤས་རེ་མ་ཟད་པའི་བྱེད་པ་ལས་ད་ལྟ་ཆོས་ཀྱི་བརྫུ་ བག་གིས་ཟ་འདོད་རྙེད་འཚོལ་ཧ་ཅང་དྲག་ལ་རྔམ་པ་རྒྱུན་མ་ཆད་པའི་ངལ་བ་དལ་མེད་ཀྱི་ དབང་དུ་སོང་བ་གཞན་ཡང་སྙི གས་དུས་ཀྱི་རྒུད་པས༴ སོགས། མདུན་པའི་ཡུལ་དུ་གྱུར་ཅིག འབྲུ། སྔགས། མཚན་བཅས། དེ་ནས་སྡེ་ཚན་བཅུ་པ་དབུལ་སྤྲང་གི་རིགས་སུ་གྱུར་པ་ལ། སྔོན་ རང་ལ་ལོངས་སྤྱོད་ཀྱི་འབྱོར་བ་ཡོད་ཀྱང་ཡར་དཀོན་མཆོག་གི་ཞིང་ས་དང་མར་ངན་སློང་ ལ་སྦྱིན་གཏོང་གང་མི་བྲ་ཞིང་སེར་སྣ་དམ་པོས་ཀུན་ནས་དངོས་རྫས་བདག་ཏུ་བཟུང་སྟེ་ བསོད་ནམས་མ་ཡིན་པའི་བྱ་བ་ཆགས་སྡང་གིས་དུས་འདའ་བཞིན་དངོས་རྫས་ལོངས་སྤྱོད་ བསོགས་བསྐྲུན་ལ་རང་འདོད་འོས་མེད་གྱིས་འབད་པ་ལྷུར་ལེན་མཁན་གང་དག ད་ལྟ་ མ་རབ་དབུལ་སྤྲང་གི་རིགས་སུ་སྐྱེས་ཏེ་ཚེ་གང་བོར་གཞན་ཡང་ཟས་སློང་མོ་ལ་བརྟེན་པ༴ སོགས། ཆོས་ལ་སྤྱོད་པར་གྱུར་ཅིག འབྲུ། སྔགས། མཚན་བཅས། དེ་ནས་སྡེ་ཚན་བཅུ་གཅིག་པ་བར་སྲིད་ཡི་དྭགས་ཀྱི་རིགས་ལ། 9-1-501 གསོན་གྱི་དུས་སུ་གཞན་སྐྱེས་བུ་དམ་པས་ཆོས་ཀྱི་ཡིན་ལུགས་བཤད་ཀྱང་དེ་ལ་ཡིད་མི་ ཆེས་ཤིང་ཚེ་འདི་ངོགས་ཀྱི་ཟས་གོས་ཁོ་ན་ལ་ཤི་སྤར་འཐམ་ནས་དེ་ལ་ཕན་པ་ལྷུར་ལེན་དང་ གནོད་པ་ཆེད་དུ་འདོར་བའི་སྒོ་ནས་རང་ཕྱོགས་ཁོ་ན་ལ་ལེགས་འབྱོར་སྤེལ་ཐབས་སྣ་ཚོགས་ དང༌། གཞན་ཕྱོགས་ལ་ལོངས་སྤྱོད་ཡོད་པ་འཕྲོག་བཅོམ་གཏོར་བཀླག་ཏུ་གཏོང་བ་ལ་ཞེ་ གཏིང་ནས་ངམ་ནག་ཅིང་གང་ནས་ཆོག་མི་ཤེས་པར་རང་བདེ་འབའ་ཞིག་དོན་དུ་གཉེར་ བཞིན་རང་ཁོ་ན་སེམས་པའི་འདོད་ཞེན་ཅན་གང་དག་ཤི་མ་ཐག་པ་ནས་འཁྲུལ་སྣང་སྣ་ ཚོགས་ཚབས་ཆེ་བ་ལ་སྤྱོད་པ་དེ་ལྟར་གསོན་གྱི་དུས་སུ་རང་ཟས༴ སོགས། བརླབ་ཏུ་གསོལ། འབྲུ། སྔགས། མཚན་བཅས། དེ་ནས་སྡེ་ཚན་བཅུ་གཉིས་པ་དཀོར་ཟས་ལ་སྤྱོད་པ་ཅན་དག་ ཀྱང༌། དེང་དུས་སུ་ནང་ཏིང་ངེ་འཛིན་དང་བསྟན་པའི་བཀའ་དྲིན་ལ་བརྩི་བཀུར་མེད་པ་མ་ ཟད། ཆོས་ལ་དག་སྣང་ཡིད་ཆེས་ཀུན་སློང་ཡང་དག་གི་རྣམ་པ་གང་ཡང་མེད་པར་རང་ལ་ ཡོན་ཏན་ཅུང་ཙམ་མེད་ཀྱང་ཡོད་མདོག་ཁ་བའི་ང་རྒྱལ་དང་བཅས་ངོ་ཚ་མི་ཤེས་པའི་ཕོ་ཚོད་ རློམ་སེམས་ཀྱིས་ཟ་འདོད་རྙེད་ཚོལ་ཁོ་ནའི་ཆེད་དུ་གདུལ་བྱ་གྲོང་ཆོག་སོགས་བྱེད་པའི་བནྡྷེ་ རྒན་གཞོན་བར་མ་གཞན་སྦྱིན་བདག་དག་གི་ཁྱིམ་ནས་ཡོན་འབུལ་བཟའ་བཏུང་ཅི་ཙམ་ གཟབ་ཀྱང༌། སེམས་ལ་མགུ་ཞིང་ཚིམ་པ་ལྟ་ཞོག་འདོད་རྔམ་ཧ་ཅང་ཆེ་དྲག་པས་ཁ་ལག་སྦར་ སེན་གདངས་ནས་ཟ་རློམ་འཆའ་རློམ་གཏིང་ཇེ་ཟབ་ལས་ཚིམས་པའི་དུས་མེད་པ་ཅན་གྱི་ གཞན་ཡང་སྙི གས་དུས་ཀྱི་རྒུད་པས༴ སོགས། འདུན་པའི་ཡུལ་དུ་གྱུར་ཅིག འབྲུ། སྔགས། མཚན་བཅས། དེ་ནས་སྡེ་ཚན་བཅུ་གསུམ་པ་གཞི་བདག་མི་མ་ཡིན་གྱི་རིགས་ ལའང་བོད་ཁ་བ་ཅན་གྱི་ཁ་དྲག་ཆེ་བཙན་དབང་ཆ་དང་ལྡན་ཞིང་དམག་ཇག་གི་ཁ་འཛིན་ བྱེད་པའི་མི་དབང་འགོ་བློན་གྱི་སྡེར་གཏོགས་པ་གང་དག་ཚེ་འདི་འཕོས་མ་ཐག་རང་རང་ གི་ཡུལ་གྱི་རང་ཕྱོགས་རྒྱལ་ཞིང་གཞན་ཕྱོགས་ཕམ་པར་བྱེད་མཁན་ཡུལ་ལྷ་གཞི་བདག་གི་ 9-1-502 རིགས་སུ་གྱུར་པ་ཐམས་ཅད་མ་ཐོགས་མྱུར་བའི༴ ཞེས་པ་ནས། བསམ་པ་བཟང་པོ་རྒྱུད་ལ་ བསྐྱེད་ནས་སྤྱིར་ཡངས་པའི་རྒྱལ་ཁམས་ཐམས་ཅད་དང་ཁྱད་པར་བོད་དང་བོད་ཆེན་ལ་ གནས་པའི་སྐྱེ་དགུ་ཐམས་ཅད་ལ་ཉེ་རིང༴ སོགས་ནས། དམ་ལ་མ་འདའ་བར་ཡངས་པའི་རྒྱལ་ ཁམས་ཆོས་བཞིན་སྐྱོང་བའི་རྒྱལ་པོ་ཆེན་པོ་བསྟན་འགྲོ་ལ་ཕན་པར་བཞེད་པ་གང་དག་གི་ བཞེད་དོན་ཐམས་ཅད་གེགས་མེད༴ ཞེས་པ་ནས། ཐབས་ལ་བརྩོན་པར་བྱེད་པའི་འཛམ་གླིང་ ཡངས་པའི་རྒྱལ་ཁབ་སྤྱི་དང་ཁྱད་པར་རང་རྒྱལ་ལ་མངའ་དབང་བསྒྱུར་བའི་གཙོ་བོ་དབང་ ཆེ་བའི་སྡེ་དཔོན་སྟོབས་ཆེ་བ་ཆེས་གོང་ན་གནས་པ་དག་དང་བར་དང་ཐ་མའི་ཚུལ་གྱིས་ དབང་སྒྱུར་བྱེད་ཁེ་དྲག་གི་དཔུང་ཤེད་དར་བའི་སྡེ་ཚོགས་དེང་སྐབས་གང་ཡོད་ཚད་ལས་ཀྱི་ རྫུ་འཕྲུལ་གྱི་ཤུགས་ཀྱིས་རྒྱུ་བ༴ སོགས། ནམ་ཡང་མི་འདའ་བར་གྱིས་ཤིག འབྲུ་གསུམ། སཾ་བྷ་ར་ལན་ཉེར་གཅིག དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད་ནས། འོ་སྙི གས་མའི་དུས་ཀྱི་ འགྲོ་བ་སྔོན་བསགས་དགེ་འབྲས་ཆུང་ཞིང་ལོག་ལྟ་ཆགས་སྡང་དར་ལ་བདོ་བ། སྤྱོད་པ་སྡིག་ ལས་ཚབས་ཆེན་ལ་གཞོལ་བའི་བསགས་སྒོ་ངན་པ་སྤྱི་མཐུན་གྱི་ལས་གནག་པ། ད་ལྟའི་དུས་ སུ་སྨིན་པའི་དབལ་ཟུར་བཟློག་དཀའ་བའི་ཤུགས་ཆེན་གྱི་འཕེལ་ཁ་དུས་ངན་རང་རྟགས་ཀྱི་ ཁུར་ངེས་པར་ལྕི་བ་ལས་བྱུང་བའི་ད་སྐབས་དམིགས་བསལ་གྱི་འགྲོ་བ་སྲིད་པ་བར་མ་དོ་ ན་གནས་པའི་རིགས། སྤྱིར་ན་ཁ་བ་ཅན་དུ་གཏོགས་པ་སྟོད་མངའ་རིས་སྐོར་གསུམ། བར་ དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་གིས་བསྡུས་པས་མཚོན་འཛམ་གླིང་དུ་གང་ གཏོགས་དུས་མཐའི་འཕོ་འགྱུར་ཆེ་བའི་དབང་གིས། རྒྱལ་ཁབ་ཕྱི་ནང་གི་དུས་འཁྲུགས་ གཡུལ་ཆེན་མི་བཟད་པའི་ངར་ཤུགས་བདོ་བའི་ཤེད་སྟོབས་ཀྱིས་དུས་མཐའི་མཚོན་ཆའི་ འཁྲུལ་འཁོར་ས་འོག་ས་སྟེང་བར་སྣང་ཀུན་ཏུ་རྣོ་དབལ་བཟོད་ཐབས་བྲལ་བ་ཕན་ཚུན་རུ་ འཛིང་བའི་བར་དུ། སེམས་ཅན་ཉམ་ཆུང་བ་ཆེས་མང་པོ་སྐད་ཅིག་ལ་རྡུལ་དུ་བརླག་པས་ 9-1-503 སྐྱེ་ལུས་འདིའི་སྲིད་པ་གྲངས་མང་པོར་ནས་ཕྱི་མ་མ་ལོན་པར་སྲིད་པ་བར་མ་དོའི་གནས་ སྐབས་སུ་ད་ལྟ་འཁྲུལ་སྣང་སྣ་ཚོགས་པས་གནས་ངེས་མེད་རྣམས་སུ་ཡང་ཡང་རང་དབང་ མེད་པར་བསྐྱེད་ནས། བྱ་བ་གང་ལའང་གཏད་སོ་མེད་པར་སྣང་བ་གོ་ལོག་གི་འཁྲུལ་བའི་ཡོ་ ལང་འཇིགས་གཟུགས་འདྲ་མིན་དག་གིས་ཡིད་སུན་པར་བྱེད་པའི་འགྲོ་བ་ཉམ་ཐག་པ་ཡོད་ དོ་ཅོག་ལ། འདིར་བདག་གིས་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱི་སྟོབས་ལས་གསུར་གྱི་ འདོད་ཡོན་རང་རང་ལ་གང་དགོས་ཀྱི་རྣམ་པ་མ་ཚང་བ་མེད་པའི་སྦྱིན་པ་རླབས་པོ་ཆེ་འདི། ཟད་པ་མེད་པའི་ཚུལ་དུ་མཁོ་དགུ་གང་འདོད་ཀྱི་དངོས་པོ་བར་སྲིད་པའི་འགྲོ་བ་ཡོད་ཚོད་ལ་ ཕམ་རྒྱལ་མེད་ཅིང་འདྲ་མཉམ་གང་བསམ་གྱི་རྗེས་སུ་འགྲོ་བ་ཉིད་དུ་ལྷག་བསམ་རྣམ་པར་ དག་པས་ཡོངས་སུ་བསྔོས་པ་ལགས་ན། དེ་ལུགས་བཞིན་གྱི་ཕན་ཐོགས་བར་སྲིད་ཀྱི་སྐྱེ་ འགྲོ་གང་དག་ལ་ངེས་པར་འབྱུང་སྟེ་འཁྲུལ་སྣང་ཡེ་ཤེས་སུ་སངས་ནས་དེ་དག་ཡང་དག་པའི་ སྐྱེ་ལུས་བཟང་པོ་ཐོབ་ནས་སྲས་བཅས་རྒྱལ་བའི་ཐུགས་རྗེའི་སྟོབས་ཀྱིས་གྲོལ་བ་མཆོག་ལ་ མྱུར་དུ་རེག་པར་གྱུར་ཅིག འབྲུ་གསུམ་དང༌། སཾ་བྷ་ར་ཉེར་གཅིགམཚན་བཞི་བརྗོད། བདག་གིས་གསུར་བསྔོ་ཟད་པ་མེད་པའི་ གཏེར་ཆེན་པོ་འདི་ཉིད་ཡངས་པའི་རྒྱལ་ཁམས་ཀྱི་འགྲོ་བ་སྲིད་པ་བར་དོ་ན་གནས་པ་རྣམས་ དང༌། ཁྱད་པར་དུས་འཁྲུགས་གཏོང་བར་བྱེད་ཅིང་ནད་རིམས་ཡམས་བདག་གང་དག་དང༌། ཤི་མིག་གསོན་ལ་ལྟ་བའི་དྲི་ཟ་རེ་ལྟོ ས་གང་བྱེད་ཐམས་ཅད་ལ་བསྔོ་ཞིང་སྦྱིན་ནོ། །རང་ རང་གི་བསམ་པ་དང་མཐུན་པའི་ལོངས་སྤྱོད་ཟད་མེད་དུ་འབྱུང་སྟེ་ཀུན་ལ་ཕན་ཐོགས་ནས་ བསམ་པ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེས་དབང་བསྒྱུར་བར་ཤོག་ཅིག གསུར་འབུམ་དགོས་ན་ཕྱི་མ་ འདིས་གྲངས་བཟུང་བའི་ཚུལ་གྱིས་སཾ་བྷ་ར་འབུམ་ཕྲག་ཏུ་ལོངས་པ་བྱ་དགོས་ཤིང༌། འབྲེལ་ཐོགས་ཚེ་འདས་ལ་སྒོས་སུ་བསྔོ་ན། འབྲུ་གསུམ་དང༌། སཾ་བྷ་ར་ཉེར་གཅིགམཚན་བཞི་བརྗོད་པ་གོང་ལྟར་ 9-1-504 ལ། གསུར་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་གང་འཚམས་ཀྱི་ལོངས་སྤྱོད་མ་ཚང་བ་མེད་ པ་འདི་ཉིད་མདང་ད་ནངས་ཤི་བ་བསད་པ་ལ་སོགས་པའི་རྐྱེན་གྱིས་དུས་ད་ལྟར་སྐྱེ་སྲིད་སྔ་ མ་དོར་ནས་ཕྱི་མ་མ་ལོན་པའི་སྲིད་པ་བར་དོའི་སྐབས་སུ་སླེབས་པ་གདོས་བཅས་ཀྱི་རྟེན་ དང་བྲལ་བའི་ཡིད་ལུས་ཐོགས་བཅས་ཀྱི་རྣམ་པ་མེད་པ་ཟས་སུ་དྲི་ཙམ་གྱིས་འཚོ་བ་འཁྲུལ་ སྣང་དུ་མ་ལ་སྤྱོད་བཞིན་བདག་ཅག་ལ་རེ་ལྟོས་འཆའ་བའི་འབྲེལ་ཡོད་པའི་ཚེ་འདས་ཕོ་མོ་ གང་ཡོད་ཐམས་ཅད་ལ། རང་རང་གི་ལོངས་སྤྱོད་ཀྱི་སྐལ་བར་ཅི་འདོད་འདོད་ཀྱི་རྣམ་པར་ ཟད་མེད་འདོད་དགུ་འབྱུང་བའི་གཏེར་དུ་ཡོངས་སུ་བསྔོའོ། །འདིས་ཁྱེད་ཅག་གི་རེ་འདོད་ ཇི་བཞིན་ཚིམས་ནས་ཆགས་ཞེན་ཀུན་དང་བྲལ་བའི་སྒོ་ནས་བདེ་བ་ཅན་ལ་སོགས་པ་དག་ པའི་ཞིང་ཁྱད་པར་ཅན་དུ་ཡང་དག་པའི་ལུས་བཟང་པོ་མྱུར་བ་ཉིད་དུ་འཛིན་ནུས་པར་དཀོན་ མཆོག་གསུམ་གྱི་བདེན་པས་བྱིན་གྱིས་རློབས་ཤིག སྙི གས་དུས་ཀྱི་འཚེ་བ་འགའ་ལ་བསྔོ་ན། འབྲུ། སྔགས། མཚན་གོང་བཞིན་ལ། འདོད་ཡོན་གསུར་བསྔོ་འདིས་ དེང་དུས་སྙིགས་མའི་འགྲོ་བ་དམུ་རྒོད་ཀྱི་སྐྱེ་བོ་ངན་པ་སྔོན་ལས་ཐ་ཆད་ཀྱིས་འཕངས་པ་ ཇག་ཆོམ་རྐུན་པོའི་བྱ་བ་མ་རུངས་པས་ཡུལ་ཁམས་མི་བདེ་བར་བྱེད་པའི་བསམ་སྦྱོར་གདུག་ རྩུབ་ཅན་རྙེད་པ་གླགས་ཚོལ་གྱི་རིགས་གང་དག་ལའང་ཕན་པ་རྒྱ་ཆེར་བྱུང་སྟེ་སེམས་ལ་ གཞན་གནོད་ཀྱི་གོ་སྐབས་བཅོམ་ནས་ཕན་པའི་སེམས་བཟང་པོས་ཡུན་དུ་འཚོ་བར་མཛད་ པའི་རྐྱེན་ཁྱད་པར་ཅན་དུའང་དཀོན་མཆོག་བདེན་པའི་སྟོབས་ཀྱིས་ཇི་བཞིན་དུ་འོང་བར་ ཤོག་ཅིག ཅེས་པའི་གསུར་བསྔོ་འདི་གཉིས་ཀྱང་སྐབས་དང་སྦྱར་ལ་གང་མོས་བྱའོ། ། དེ་ནས་གཞན་མ་ཐོབ་པ་སོགས་ལ་སྒོས་བསྔོ་སྤྲོ་ན། འབྲུ། སྔགས། མཚན་གོང་བཞིན་གྱི་མཐར། བདག་གིས་ བསྔོས་པའི་གསུར་མཆོད་བདུད་རྩིའི་རང་བཞིན་འདི་ད་ལྟར་ཁམས་གསུམ་དུ་གཏོགས་ པ་རྣམས་ལས་ཚིམ་པའི་དངོས་པོར་མ་གྱུར་པ་གང་ཡོད་ཚད་དག་ལའང་འདིར་དེ་ལུགས་ 9-1-505 བཞིན་གྱི་རང་རང་གི་སྣང་བ་དང་མཐུན་ཞིང་ཕན་པའི་དངོས་པོ་གང་དང་གང་དགོས་ཤིང་ འཚམས་པ་དེ་དེ་བཞིན་འབད་མེད་ཤུགས་འབྱུང་དུ་རང་སྣང་སོ་སོ་ལ་དབང་ཞིང་རང་རང་ རྣམས་ཀྱི་སེམས་ཀུན་ནས་ཚིམ་པར་བྱེད་པའི་རྫས་ཁྱད་པར་བ་ཟད་མེད་འདོད་དགུའི་ གཏེར་ཆེན་པོ་ཉིད་དུ་ཡོངས་ལ་དབང་བར་རྒྱལ་བ་སྲས་དང་བཅས་པའི་ཐུགས་རྗེ་དང་ བདག་གི་མཆོད་སྦྱིན་ཟབ་མོའི་སྟོབས་ཀྱིས་ནམ་ཡང་མི་བསླུ་བར་གྱུར་ཅིག ཅེས་པའང་བྱ། དེ་ མཐར་གསུར་གཞུང་ལས། ཁམས་གསུམ་དག་པའི་ཞིང༌། སོགས་ནས། སྤྱོད་པར་གྱུར་ཅིག ཅེས་དང༌། ཡི་ གེ་དྲུག་མའང་ཅི་རིགས་རེ་བཟླ་བའི་བར་དུའོ། ། དེ་ནས། མཆོད་སྦྱིན་གནས་འདིར་གང་ལྷག་པ། །འབྱུང་པོ་ས་འོག་རྒྱུ་བ་དང༌། །གང་ ཡང་ས་སྟེང་འཁོད་པ་དང༌། །ས་བླར་རྒྱུ་བ་གང་ཡིན་པ། །མགུ་བར་གྱིས་ལ་རང་གནས་སུ། །ཐམས་ཅད་ཐ་དད་འགྲོ་བར་གྱིས། །སརྦ་བྷུ་ཏ་གཙྪ། སོགས་ཀྱིས་གསུར་མགྲོན་གཤེགས་རྗེས། བསྔོ་སྨོན་ནི། ལེགས་ཚོགས་མ་ལུས་པའི་བྱེད་པོ་གཅིག་གྱུར་ལྷ་དང་བཅས་པའི་འགྲོ་བ་ ཀུན་གྱི་སྐྱབས་གནས་ཆེ་བ་སངས་རྒྱས་སྲས་བཅས་སློབ་མའི་ཚོགས་དང་བཅས་པ་བདག་ ལ་དགོངས་སུ་གསོལ། བདག་གིས་དེ་རིང་གི་རྣམ་པར་དཀར་བའི་ལེགས་དགེ་འདི་ བསགས་ཀྱིས་མཚོན་དུས་གསུམ་དང་མངོན་པར་འབྲེལ་བའི་བསོད་ནམས་ཀྱི་ཚོགས་རྒྱ་ ཆེན་པོ་ལ་བརྟེན་ནས་ཕྱོགས་བཅུའི་ཞིང་ན་ལེགས་བཞུགས་ཀྱི་རྒྱལ་བ་སྲས་དང་བཅས་ པའི་མཛད་པ་ཕྲིན་ལས་ཀྱི་འཇུག་སྒོ་ཟབ་མོ་དེང་དུས་སྙིགས་མའི་འགྲོ་བ་བསོད་ནམས་ ཀྱི་སྐལ་བ་ཟད་པ་གང་དག་ལ་མྱུར་ནས་ལྷོད་མེད་དུས་སུ་ལེགས་པར་འཇུག་སྟེ་དབང་ཐང་ མཆོག་གི་དཔལ་ཡོན་ལ་རོལ་པ་ཉིད་དུ་གྱུར་ཅིག མི་མཇེད་འཇིག་རྟེན་གྱི་ཁམས་འདི་ན་ གནས་ཡུལ་སོ་སོར་འཕགས་པ་ཉན་ཐོས་དང་རང་སངས་རྒྱས་རྣམས་དང༌། ཁྱད་པར་ཞི་ ཁྲོ་དཔའ་བོ་དཔའ་མོའི་བྱིན་རླབས་ཀྱི་སྣང་བ་དང་བཅས་དྲང་སྲོང་སྔགས་རིག་འཛིན་པ་ 9-1-506 བདེན་མཐུ་མངའ་བ་གང་བཞུགས་དག་གིས་ལེགས་སྨོན་ཤིས་པ་བརྗོད་པའི་ཕུན་ཚོགས་ ཀྱི་དགའ་སྟོན་དེང་སྐབས་ཡོངས་སུ་ཤར་བར་གྱུར་ཅིག འཇིག་རྟེན་འདི་དག་ཏུ་དཀར་པོའི་ ཕྱོགས་ལ་མངོན་པར་དགའ་ཞིང་ཆོས་བསྲུང་བའི་མཐུ་ལྡན་དྲེགས་ཚོགས་ཀུན་ཀྱང་སྟོབས་ ནུས་རླབས་ཆེ་བའི་དབུ་འཕང་དུས་འདིར་ངེས་པར་མཐོ་ཞིང་དེར་བརྟེན་བསྟན་པ་རིན་པོ་ ཆེའང་སྒོ་ཐམས་ཅད་ནས་ནམ་ཡང་ཉམས་པ་མེད་པར་ཤོག་ཅིག ཁམས་གསུམ་འཁོར་བས་ བསྡུས་པའི་རིགས་དྲུག་གི་འགྲོ་བ་རྣམས་ཀྱི་རང་རང་གི་སྡུག་བསྔལ་མཐའ་དག་ཡོངས་སུ་ ཞི་བར་ཤོག་ཅིགམི་ཡུལ་གྱི་འཇིག་རྟེན་འདི་ན་སེམས་ཅན་དམན་པ་ཉམ་ཆུང་གི་རིགས་གང་ ཡོད་པ་ཐམས་ཅད་ཁེ་དྲག་དབང་ཕྱུག་ཕུན་སུམ་ཚོགས་པ་དང་ཉེ་བར་ལྡན་ཏེ་རང་དབང་གི་ དགའ་སྟོན་ལ་སོ་སོས་སྤྱོད་པར་ཤོག་ཅིག དབུལ་ཞིང་ཕོངས་པ་གང་དག་ལ་ལོངས་སྤྱོད་ རྒྱ་ཆེ་བའི་འབྱོར་བ་དང་ལྡན་ཞིང་ཁྱད་པར་རྣམ་སྨིན་ལྕི་བའི་དཀོར་ཟས་ལ་སྤྱོད་པ་རྣམས་ ཀྱང་ཕྱི་མར་འབྲས་བུ་བརྣག་དཀའ་མྱོང་མི་དགོས་པར་ཡོན་ཡོངས་སུ་སྦྱོང་བའི་མཐུ་ནུས་ཀྱི་ སྐལ་བ་དུས་སུ་ཐོབ་པར་གྱུར་ཅིག དཀར་པོའི་ཕྱོགས་ལེགས་སྲུང་གི་ཡུལ་བདག་མི་མིན་ གྱི་སྡེ་རིགས་ཐམས་ཅད་ལ་མཐུ་ནུས་ཀྱི་སྟོབས་ཐོབ་སྟེ་ནག་ཕྱོགས་མ་རུངས་པས་ཟིལ་གྱིས་ གནོན་མི་ནུས་པར་ཡངས་པའི་རྒྱལ་ཁམས་ཆོས་བཞིན་དུ་སྐྱོང་བ་ལ་རང་དབང་གི་མཐུ་ཀུན་ ནས་རྒྱས་པར་གྱུར་ཅིག འཇིག་རྟེན་གང་འདི་ན་ཉམ་ཆུང་སྲིད་པ་བར་མ་དོའི་གནས་སྐབས་ ཀྱི་འཁྲུལ་སྣང་ལ་སྤྱོད་པ་རྣམས་ཀྱང་བདག་གིས་མཆོད་སྦྱིན་རྒྱ་ཆེར་བྱས་པ་འདིའི་མཐུ་ལས་ འཕྲལ་དུ་འཁྲུལ་སྣང་རང་སངས་ཀྱིས་འཁོར་བའི་གནས་ལས་ཐར་ཏེ་ཡང་དག་ཐར་པ་དང་ ཐམས་ཅད་མཁྱེན་པའི་གོ་འཕང་ལ་རིམ་གྱིས་སླེབས་པར་གྱུར་ཅིག ཁྱད་པར་འབྲེལ་བ་ཅན་ ཚེ་འདས་ཕོ་མོ་གང་ཡོད་ཚད་དེ་ཐམས་ཅད་མི་རིང་བ་ནས་འཁོར་བར་རྒྱབ་ཀྱིས་ཕྱོགས་ཏེ་ ཞི་བསིལ་དམ་པའི་དགའ་སྟོན་མཆོག་གི་གནས་ལ་རྟག་པར་སྤྱོད་པའི་སྐལ་བ་བཟང་པོའི་ 9-1-507 ལེགས་སྒོ་མྱུར་དུ་ཐོབ་པར་ཤོག་ཅིག དེ་ལྟ་བུའི་རྣམ་པར་དཀར་བའི་བསྔོ་སྨོན་གྱི་ལེགས་ དོན་གཅིག་ཀྱང་མ་ལུས་པར་དེ་ཀུན་ཡོངས་སུ་ཇི་ལྟ་བ་བཞིན་ངེས་པར་འགྲུབ་ནུས་པའི་ མཐུན་རྐྱེན་ཚད་མེད་ཐུགས་རྗེ་མངའ་བའི་སྐྱབས་གནས་དཀོན་མཆོག་རྣམ་གསུམ་གྱི་གསང་ གསུམ་མཛད་པ་རླབས་པོ་ཆེ་ཟླ་དང་བྲལ་བའི་ཕྲིན་ལས་དུས་ལས་མི་ཡོལ་བ་ནམ་ཡང་བསླུ་ བ་མེད་པ་གང་གིས་བྱེད་པར་ཤོག་ཅིག །ཅེས་སོགས་བསྔོ་བ་ཅི་རིགས་པས་རྒྱས་གདབ་པར་བྱའོ། །ཞེས་དཔལ་ སྤྲུལ་རིན་པོ་ཆེའི་གསུར་མཆོད་ཆེན་མོའི་ཆ་ལག་ཁ་སྐོང་ལྷན་ཐབས་འགྲོ་ཕན་སྤེལ་བྱེད་ཅེས་བྱ་བ་འདི་ཡང་རང་གི་ཉེ་གནས་ ཆོས་མཆེད་དམ་པ་ངག་དབང་ཡོན་ཏན་བཟང་པོ་གང་ཉིད་ཀྱིས་འདི་ལྟ་བུ་ཞིག་དགོས་ཚུལ་གྱི་བཀའ་ནན་སྔ་ཕྱི་དུ་མར་ཡང་ཡང་ བྱུང་བ་ལ་བརྟེན་མ་ཏིའི་མིང་གིས་ཤར་མར་སྤེལ་བའི་སྐབས་ཆོས་མཆེད་ཁོང་ཉིད་ཀྱིས་ཡི་གེ་ལེགས་འབྲི་བྱེད་པའི་ཐུགས་ཁུར་ ཡོངས་བཞེས་ཀྱིས་ཇི་བཞིན་མཐར་འཁྱོལ་བྱས་པ་འདིས་ཀྱང་དུས་མཐའི་བསྟན་འགྲོ་ལ་ཕན་ཐོགས་འབྱུང་བར་གྱུར་ཅིག། །། སྨྲས་པ། རྒྱལ་སྲས་སེམས་དཔའི་སྤྲུལ་པ་ཅི་ཡང་རྩེན། །གང་འདུལ་རོལ་བ་བཤེས་གཉེན་མི་ཡིས་ཟོལ། །ཨོ་རྒྱན་འཇིགས་ མེད་ཆོས་ཀྱི་དབང་པོ་ཡིས། །མཛད་པའི་མཆོད་སྦྱིན་ཐབས་མཆོག་ཁྱད་པར་བ། །ལྗོངས་འདིར་འཛད་མེད་འདོད་འཇོའི་དཔལ། །བློ་བཟང་ཆོས་འཕེལ་ཐུགས་བསྐྱེད་ལས། །ཉེར་བསྐྲུན་ལེགས་དགེ་བསོད་ནམས་ཀྱིས། །བསྟན་འགྲོར་ཕན་ཐོགས་ཆེར་འབྱུང་ ཤོག །འདི་ཡང་མ་ཏིས་སོ།། །། 9-1-508 ༄༅། །གསུར་བསྔོ་བསྡུས་པ་བཞུགས། ༄༅། །གསུར་བསྔོ་བསྡུས་པ་བྱ་བར་འདོད་ན། མཁའ་མཛོད་སྔགས་ལན་གཅིག་དང་ཁ་འབར་མའི་སྔགས་ལན་ བདུན་སོགས་ཅི་རིགས་པའི་མཐར། གསུར་མཆོད་བདུད་རྩིའི་རང་བཞིན་གྱུར། །ཕུད་འདི་མཆོད་ཡུལ་ རྒྱ་མཚོར་འབུལ། །རབ་དགྱེས་བརྩེ་བ་ཆེན་པོ་ཡིས། །བདག་གཞན་ཚོགས་ཆེན་རྫོགས་པར་ ཤོག །བསུར་མཆོད་དམ་ཅན་ཚོགས་ལ་འབུལ། །བདག་གིས་རྣམ་དཀར་སྒྲུབ་པའི་གེགས། །མཐའ་དག་སོལ་ལ་ཆོས་མཐུན་གྱི། །བསམ་དོན་ཡིད་བཞིན་འགྲུབ་པར་མཛོད། །ཁྱད་པར་ འདོད་ཡོན་བསུར་བསྔོ་འདི། །རིགས་དྲུག་འགྲོ་བ་ཡོངས་ལ་བསྔོ། །རང་རང་འདོད་པའི་ ལོངས་སྤྱོད་དུ། །གྱུར་ནས་ཀུན་ལ་དགའ་བདེའི་དཔལ། །རང་དང་འཚམ་པ་ལེགས་གྲུབ་སྟེ། །རིགས་དྲུག་ཡོངས་ལ་ཕན་ཐོགས་ནས། །རྣམ་དཀར་དགེ་སྟོབས་རབ་དར་བ། །སྒོ་གང་ཐད་ ནས་འཕེལ་བར་ཤོག །སྒོས་སུ་གསུར་བསྔོ་འདི་ཡིས་མཐུས། །སྲིད་པ་བར་མ་དོར་གནས་ པའི། །གདོས་བཅས་རྟེན་དང་བྲལ་བ་ལ། །རང་རང་ཡིད་འདོད་བཞིན་གྱུར་དེ། །ཟས་སྐོམ་ གདུང་བའི་སྣང་བ་དག །རབ་ཞི་བདེ་བ་ཆེན་པོ་ཡིས། །ཚིམ་པ་ཐོབ་སྟེ་བདེ་འབྱོར་རྒྱས། །ཡོངས་དག་སྣང་བ་རབ་ལྡན་ཤོག །བར་དོའི་འཁྲུལ་སྣང་ལས་ཤར་བའི། །འཇིགས་སྐྲག་ མཐའ་དག་རབ་ཞི་ནས། །དམ་ཆོས་ཟབ་མོའི་བྱེད་རྐྱེན་གྱིས། །ཡང་དག་སྐྱེ་ལུས་མྱུར་ཐོབ་ ཤོག །དཀོན་མཆོག་གསུམ་གྱི་བདེན་པ་དང༌། །ཆོས་དབྱིངས་རྣམ་དག་འགྱུར་མེད་མཐུས། །བསྔོ་ཞིང་སྨོན་པའི་དོན་མཐའ་དག །ཇི་ལྟ་བ་བཞིན་འགྲུབ་གྱུར་ཅིག །འདི་ཡང་བསམ་འཕེལ་ལ་ མཁོ་ནས་མ་ཏིས་སོ།། །། 9-1-509 ༄༅། །ཆུ་གཏོར་ཉེར་བསྡུས་བཞུགས། ༄༅། །ཆུ་གཏོར་བསྡུས་པ་ནི། བླ་མ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །མ་ལུས་འགྲོ་ལ་ ཕན་བདེ་ཡོངས་སྤེལ་བགྱིད། །རང་ཉིད་སྐད་ཅིག་སྤྱན་རས་གཟིགས་དབང་སྐུ། །རྒྱན་ཆས་ ཀུན་རྫོགས་ཐུགས་ཀར་ཡིག་དྲུག་གསལ། །ཡིག་དྲུག་བཟླ། ༀ་ཨཱཿཧཱུཾ། རྣལ་འབྱོར་སྔགས་རྒྱས་ རབ་སྤེལ་ཆབ་གཏོར་འདི། །རྩ་བརྒྱུད་དཔལ་ལྡན་བླ་མའི་ཚོགས་ལ་འབུལ། །སྒོ་གསུམ་སྐུ་ གསུང་ཐུགས་ཀྱི་བྱིན་རློབས་ལ། །ཡང་དག་ཆོས་ལ་བློ་མཐུ་རྒྱས་པར་མཛོད། །དེ་བཞིན་ཚིགས་ རྐང་སྔ་མ་གཅིག་འབྲུ་གསུམ་བཅས་འགྲེས་ལ། ཡི་དམ་རྒྱལ་བ་རྒྱ་མཚོའི་ཚོགས་ལ་འབུལ། །རླབས་ཆེན་ ཐུགས་རྗེ་མཆོག་གིས་ལེགས་བསྐྱངས་ཏེ། །དངོས་གྲུབ་རྣམ་གཉིས་ཆར་ལྟར་འབེབས་པར་ མཛོད། །བསླུ་མེད་སྐྱབས་གནས་དཀོན་མཆོག་གསུམ་ལ་འབུལ། །འདི་ཕྱི་ཀུན་གྱི་མགོན་ སྐྱབས་མཛད་ནས་ཀྱང༌། །ནམ་ཡང་གཡེལ་མེད་ཐུགས་རྗེས་བསྐྱབ་ཏུ་གསོལ། །གནས་ གསུམ་མཁའ་འགྲོའི་རིགས་ཀྱི་སྡེ་ལ་འབུལ། །གསང་གསུམ་བྱིན་རླབས་སྙིང་དུ་ལེགས་ འཕོས་ཤིང༌། །བདེ་ཆེན་ཡེ་ཤེས་དངོས་བརྒྱུད་རིམ་པས་སྩོལ། །ཆོས་སྐྱོང་ཡེ་ཤེས་སྤྱན་ལྡན་ རྣམས་ལ་འབུལ། །ཕྱི་ནང་གསང་བའི་བར་ཆད་ཀུན་སེལ་ཏེ། །སྒོ་གང་ཐད་ནས་ཆོས་མཐུན་ ལེགས་འགྲུབ་མཛོད། །གཙང་རིགས་དཔལ་མགོན་སྡེ་ཚན་ཡོངས་ལ་འབུལ། །བར་ཆད་ ཀུན་བསལ་ལེགས་མཐུན་ཁྱད་པར་བས། །སྒོ་གསུམ་གང་འབྲེལ་ཆོས་ལྡན་ཁོ་ནར་མཛོད། །གནོད་སྦྱིན་ནོར་ལྷའི་སྡེ་ཚོགས་ཀུན་ལ་འབུལ། །རྒྱལ་ཁམས་དབུལ་ཕོངས་སྡུག་བསྔལ་ 9-1-510 ཞི་གྱུར་ཏེ། །ལོངས་སྤྱོད་འབྱོར་བ་ཀུན་ནས་རྒྱས་པར་མཛོད། །རྒྱལ་བའི་སྤྱན་སྔར་ཐ་ཚིག་ ལེགས་འཛིན་པའི། །གཞན་ཡང་དམ་ཅན་གང་ཡོད་དག་ལ་འབུལ། །སངས་རྒྱས་བསྟན་པ་ ཕྱོགས་ཀུན་ཡོངས་རྒྱས་མཛོད། །རིགས་དྲུག་སྙིང་རྗེའི་མགྲོན་གྱུར་ཀུན་ལ་སྦྱིན། །རང་རང་ མཁོ་དགུའི་ལོངས་སྤྱོད་དུ་གྱུར་ཏེ། །གནས་སྐབས་ཕན་བདེའི་དཔལ་ལ་རོལ་པར་མཛོད། །བགེགས་རིགས་ལན་ཆགས་གང་ཡོད་རྣམས་ལ་སྦྱིན། །དེ་དག་གི་ནི་རང་མོས་ཇི་བཞིན་ གྱུར། །འདོད་པ་རབ་ཚིམ་བུ་ལོན་ཀུན་བྱང་ཤོག ། ཁྱད་པར་ཡི་དྭགས་ལྟོ གས་སྐོམ་ཅན་ལ་ སྦྱིན། །བཀྲེས་ཤིང་སྐོམ་པའི་གདུང་བ་རབ་ཞི་ནས། །དམ་ཆོས་ཟབ་མོས་སེམས་རྒྱུད་བརླན་ པར་ཤོག །མ་ཐོབ་མ་སླེབས་ཁས་ཞན་དབང་ཆུང་རིགས། །གང་དག་ཡོད་པ་རྣམས་ལ་ཅི་ འདོད་སྦྱིན། །རང་དབང་སྒོ་ནས་སྤྱོད་ཅིང་ཚིམ་པར་ཤོག །དེ་ལྟར་འདོད་པའི་ཡོན་ཏན་ མཆོག་ལྡན་པ། །ལེགས་སྦྱར་གང་འདིས་མཆོད་སྦྱིན་སྒོ་ཕྱེ་ནས། །རྣམ་དཀར་བསོད་ནམས་ ཚོགས་ཆེན་ཡོངས་རྫོགས་ཤིང༌། །བསྟན་འགྲོའི་ལེགས་རྐྱེན་མཆོག་ཏུ་མྱུར་གྱུར་ཅིག །བླ་ མ་ཡི་དམ་མཆོག་གསུམ་བྱིན་རླབས་ཀྱིས། །མཁའ་མཉམ་འགྲོ་ལ་ཕན་བདེའི་དཔལ་ཤར་ ཏེ། ཁམས་གསུམ་འཁོར་བའི་སྡུག་བསྔལ་མྱུར་སངས་ནས། །དཀོན་མཆོག་དགོངས་ཆེན་ དམ་པར་སྤྱོད་གྱུར་ཅིག །མཁའ་འགྲོ་ཆོས་སྐྱོང་ཡེ་ཤེས་སྤྱན་ལྡན་དང༌། །དཔལ་མགོན་ གནོད་སྦྱིན་དམ་ཅན་སྡེ་རིགས་ཀྱིས། །བསྟན་པའི་དབུ་འཕང་ལེགས་འདེགས་ཡུལ་ཁམས་ ཀུན། །བདེ་འབྱོར་དཔལ་གྱིས་ཡུན་རིང་སྐྱོང་གྱུར་ཅིག །སྙིང་རྗེའི་མགྲོན་དང་ལན་ཆགས་ ཉམ་ཆུང་རིགས། །དེ་དག་ལ་ཡང་གང་འདོད་སྦྱིན་པའི་མཐུས། །རང་རང་སྡུག་བསྔལ་ཀུན་ ཞི་བདག་ཅག་གི །ཤ་འཁོན་ཡོངས་བྱང་ཚོགས་ཆེན་རྫོགས་གྱུར་ཅིག །རྒྱུན་ཁྱེར་ཙམ་ལ་དེ་ཙམ་ གྱིས་ཆོག་ལ། ཅུང་ཟད་སྤྲོ་ན་མགོའི་བདག་བསྐྱེད་སོང་མཚམས་སུ། ཐུགས་ཀའི་འོད་ཀྱིས་མཆོག་དམན་གནས་ ཡུལ་ནས། །མཆོད་སྦྱིན་མགྲོན་ཀུན་སྐད་ཅིག་སྤྱན་དྲངས་ལ། །རང་མཐུན་འདོད་པའི་ཡོན་ 9-1-511 ཏན་ཟད་མེད་གཏེར། །གང་འོས་དེར་སྣང་མ་ཚང་མེད་པར་གྱུར། །འབྲུ་གསུམ་ལན་གཅིག་དང་སཾ་ བྷ་རའི་སྔགས་བདུན་སོགས་རེ་མགྲོན་ཚན་རེ་རེའི་མགོར་བཙུད་ནས་གོང་གི་ཆབ་གཏོར་འབུལ་བ་རྫོགས་མཐར། མགྲོན་ རྣམས་རང་རང་གནས་སུ་ལེགས་བཞུད་དེ། །སླར་ཡང་མཆོད་སྦྱིན་སྐབས་སུ་ཇི་བཞིན་ འབྱོན། །བསོད་ནམས་འདིས་ནི་མར་གྱུར་སེམས་ཅན་ཀུན། །རིང་མིན་འཁོར་བའི་མཚོ་ ལས་སྒྲོལ་གྱུར་ཅིག །ཅེས་པའི་ཆུ་གཏོར་ཉེར་བསྡུས་འདི་ཡང་ཆོས་མཆེད་གང་གི་ཐུགས་མོས་ལྟར་མ་ཏིས་བྲིས་བཞིན་ མཆེད་ཉིད་ནས་ཡི་གེར་སྤེལ་བ་དགེ། །།སརྦ་མངྒ་ལཾ། 9-1-512 ༄༅། །ཛམ་ལྷ་སེར་ནག་ཟུང་དང་ཛམ་དཀར་ཆབ་གཏོར་ བསྡུས་པ་བཞུགས། ༄༅། །ཛམ་ལྷ་སེར་ནག་ཟུང་གི་ཆབ་གཏོར་བསྡུས་པ་ནི། ༀ་ཨཱཿཧཱུཾ། གཏོར་སྣོ ད་སྟེང་དུ་དཔལ་ལྡན་ ཛམ་ལྷ་ཟུང༌། །གསེར་མདོག་ཤིང་ཐོག་པུ་ཛ་ནེའུ་ལེ་བསྣམས། །མདོག་ནག་ཐོད་ཁྲག་ནེའུ་ ལེ་ཕྱག་མཚན་བཅས། །རང་ཆས་ཡོངས་རྫོགས་ལྷ་ལ་ཆུ་སྦྱིན་འབུལ། །མཐུན་འཇུག་རིགས་ ཀྱི་དངོས་གྲུབ་སྩོལ་ནས་ཀྱང༌། །འགྲོ་ཀུན་དབུལ་བའི་སྡུག་བསྔལ་ཡོངས་བསལ་ཏེ། །ཆོས་ དང་དཔལ་འབྱོར་བསམ་དོན་ཡིད་བཞིན་འགྲུབ། །བྱང་ཆུབ་མཆོག་ལ་མྱུར་ནས་དབང་བར་ ཤོག །ༀ་ཛམྦྷ་ལ་ཛ་ལེནྜ་ཡེ་ཛཾ་ལུཾ་སྭཱཧཱ། ཞེས་པ་ཅི་ནུས་བཟླ་མཐར། སེམས་ཅན་ཐམས་ཅད་ཆོས་ སྲིད་དབུལ་ལས་གྲོལ། །དོན་གཉིས་བསོད་ནམས་ཡར་ངོས་ཟླ་བཞིན་འཕེལ། །རྣམ་མང་ འགྲོ་ལ་ཕན་ཐོག་རྒྱ་ཆེན་གྱིས། །རླབས་ཆེན་འདུལ་དཀའ་འདུལ་ལ་མཐུ་ཐོབ་ཤོག །ཅེས་པ་ འདི་ངག་དབང་ཡེ་ཤེས་ལ་མཁོ་ནས་མ་ཏིས་སོ།། །།བཀྲ་ཤིས། ༄༅། །པད་ཟླར་གཡུ་འབྲུག་སྟེང་དུ་ཛམ་བྷ་ལ། །དཀར་པོ་ཁ་ཊྭཱཾ་རྩེ་གསུམ་བེ་ཅོན་ བསྣམས། །ཕྱོགས་བཞིར་མགྲོན་རིགས་བཞིའི་བསྐོར་བ་ཡི། །སྐུ་ལ་ཉལ་འགྲོའི་རྒྱུན་འབུལ་ དངོས་གྲུབ་སྩོལ། །ༀ་པདྨ་ཀྲོ་དྷ་ཨཱརྱ་ཛམྦྷ་ལ་ཧྲི་དཱ་ཧཱུཾ་ཕཊ། ཞེས་ཅི་ནུས་ཀྱིས་ཆུ་རྒྱུན་འབུལ་མཐར་ཨརྒྷཾ་ ནས་ཤབྟས་བར་གྱིས་མཆོད། ཤེལ་དཀར་ཞུན་མའི་ཕུང་པོ་དབང་གཞུ་ཡིས། །རབ་དཀྲིས་གར་ 9-1-513 དགུའི་ཉམས་ལྡན་གནོད་སྦྱིན་དབང༌། །འདོད་དགུའི་དངོས་གྲུབ་ཆར་རྒྱུན་འབེབས་མཛད་ པ། །དཔལ་ལྡན་ཛམྦྷ་ལ་ལ་ཕྱག་འཚལ་བསྟོད། །འདི་ཡང་བརྩོན་འགྲུས་དཔལ་ལ་མཁོ་ནས། མ་ཏིས་སྨྲས་ སོ།། །། 9-1-514 ༄༅། །འདིར་དག་ཞིང་ཡིད་བྱེད་ཀྱི་སྒོ་ནས་འོད་དཔག་མེད་ཀྱི་ མཚན་དོན་སྒོམ་བཟླས་ཞེས་བྱ་བ་ བཞུགས་སོ། ། ༄༅། །འདིར་དག་ཞིང་ཡིད་བྱེད་ཀྱི་སྒོ་ནས་འོད་དཔག་མེད་ཀྱི་མཚན་འདོན་པར་སྤྲོ་ན་འདི་བཞིན་བྱ་བ་སྟེ། ཐོག་ མར་འདི་སྐད་ངག་འདོན་བྱ་ཚུལ་ནི། རང་སེམས་ཆགས་སྡང་ཞེན་པ་ཀུན་བཅད་དེ། །བློ་སེམས་རྣམ་ པར་གནས་པས་རྗེས་དཔྱོད་བཏང༌། །འཁོར་བ་མཐའ་དག་སྡུག་བསྔལ་རང་བཞིན་དུ། །ཞེ་ ནས་ཐག་བཅད་ཆགས་པའི་རེ་འདུན་སྤངས། །ལན་གསུམ། ནམ་ཡང་བསླུ་བ་མེད་པ་གཏན་ གྱི་སྐྱབས། །འདྲེན་པའི་དབང་པོ་རྒྱལ་བ་འོད་དཔག་མེད། །སྙིང་ནས་དད་གུས་དྲག་པོས་ སྐྱབས་སུ་བསྟེན། །རང་གཞན་སྲིད་ཞིའི་འཇིགས་ལས་བསྐྱབ་ཏུ་གསོལ། །མཁའ་མཉམ་ འགྲོ་ཀུན་རང་གི་ཕ་མ་སྟེ། །དེ་དག་བདེ་ཆེན་ཞིང་དུ་འདྲེན་པའི་སླད། །བདག་གིས་རྣམ་ དཀར་དགེ་ཚོགས་ཉེར་བསྐྲུན་པས། །བདེ་བ་ཅན་དུ་སྐྱེ་བའི་ཐབས་མཆོག་བཙལ། །ཞེས་པའི་ སྐྱབས་སེམས་ལན་གསུམ་སྔོན་དུ་བཏང་ནས་ཞིང་ཁམས་ཡིད་ལ་བྱ་ཚུལ་ནི། སྐད་ཅིག་རང་སྣང་དག་པ་བདེ་ཆེན་ ཞིང༌། །རྒྱ་ཁྱོན་རབ་ཡངས་རིན་ཆེན་ས་གཞིའི་སྟེང༌། །བདུད་རྩིའི་རྫིང་བུ་ཡན་ལག་བརྒྱད་ ལྡན་མཚོ། །རིན་ཆེན་སྣ་ལྔའི་ལྗོན་བཟང་མེ་ཏོག་ཚལ། །མཛེས་སྡུག་རི་བོ་ངོ་མཚར་གཞལ་ མེད་ཁང༌། །དཔག་ཡས་ཡ་མཚན་བཀོད་པའི་ལེགས་ཆ་རྫོགས། །ཁྱད་པར་རྒྱལ་བ་མཆོག་ གི་ཕོ་བྲང་ཆེ། །ཆོས་ཀྱི་ཁང་བཟང་རྒྱ་ཚད་བརྗོད་ལས་འདས། །སེམས་དཔའ་ཆེན་པོའི་ 9-1-515 ཐུགས་ཀྱི་རྗེས་འགྲོ་བ། །ངོ་མཚར་བཀོད་ལེགས་གཞལ་མེད་ཆེན་པོའི་ནང༌། །རྣམ་འདྲེན་ རྒྱལ་བ་མཆོག་སྤྲུལ་མཛད་པའི་འཕྲུལ། །ཆོས་ཀྱི་ཁྲི་ལ་མཚན་དཔེ་བཀྲ་བའི་སྐུ། །རྡུལ་བྲལ་ ཡེ་ཤེས་ལུས་བཟང་འོད་མཐའ་ཡས། །རྣམ་གསུམ་ངུར་སྨྲིག་གོས་ཀྱིས་བཀླུབས་བཞིན་ དུ། །དཔལ་གྱི་མགུར་ནས་ཚངས་པའི་གསུང་དབྱངས་ཀྱིས། །རྒྱལ་སྲས་སེམས་དཔའ་ས་ ཆེན་རྡུལ་རྙེད་དང༌། །ཉན་ཐོས་འདུས་པ་རྒྱ་མཚོའི་འཁོར་ཚོགས་ལ། །ཁམས་དབང་མོས་པ་ དང་མཐུན་ཆོས་ཀྱི་སྒོ། །དྲང་དང་ངེས་པའི་རྣམ་དབྱེ་ལེགས་ཕྱེ་བས། །སྤངས་རྟོགས་དགའ་ སྟོན་གསར་བ་ཅིར་ཡང་སྤེལ། །གཞན་ཡང་བྱང་ཆུབ་ཤིང་དྲུང་འཁོར་ཚོགས་ལ། །འཆི་མེད་ དབང་པོས་ཅིག་ཆར་མཛད་ཕྲིན་གྱིས། །ལེགས་བཤད་གསུང་གིས་གདུལ་བྱ་རྗེས་བཟུང་ ཞིང༌། དེ་མཐུན་རྒྱལ་སྲས་ཐུ་བོ་རྣམ་གཉིས་ཀྱི། །འགྲོ་ཕན་སྣང་བའི་རླབས་ཆེན་མཛད་སྤྱོད་ སོགས། །དག་པའི་ཞིང་གི་སྣོ ད་བཅུད་དཔལ་འབྱོར་ཀུན། །སྣང་ལ་རང་བཞིན་མེད་པས་ཆོ་ འཕྲུལ་བཞིན། །ཡེངས་མེད་དག་སྣང་དྲན་རིག་ངོ་བོར་གསལ། །ཡིད་ལ་དྲན་ནོ་ཞིང་ཁམས་ བདེ་བ་ཅན། །སྙིང་ནས་རེའོ་རྒྱལ་བ་འོད་དཔག་མེད། གདུང་བའི་འབོད་དོ་ཐུགས་རྗེས་མྱུར་ དུ་གཟིགས། །གུས་ཕྱག་འཚལ་ལོ་བདེ་ཆེན་ཞིང་དུ་དྲོངས། །དེ་ནས་ཕྱག་འཚལ་བ་ནི། ལྷ་དང་མི་ཡི་ འདྲེན་པ་འོད་དཔག་མེད། །ཉམ་ཐག་འགྲོ་ལ་བརྩེ་བའི་མཛད་བཟང་ཅན། །ཁྱེད་ལ་རྟག་ཏུ་ ཕྱག་འཚལ་སྐྱབས་སུ་མཆི། །འདི་ཕྱི་ཀུན་ཏུ་འབྲལ་མེད་ཐུག་རྗེས་ཟུང༌། །བཅོམ་ལྡན་འདས་ དེ་བཞིན་གཤེགས་པ༴ སོགས། སྐྱབས་སུ་མཆིའོ། །ཞེས་པས་ཞིང་ཁམས་ཀྱི་སྣོ ད་བཅུད་ཡིད་ལ་བྱས་ཏེ་ གུས་འདུན་ལྷོད་མེད་ཀྱི་ངང་ནས་སེམས་གཞན་དུ་མི་གཡེང་བར་བྱས་ནས་དེ་བཞིན་གཤེགས་པའི་མཚན་ཅི་ནུས་སུ་འདོན་པར་ བྱའོ་མཐར་བསྔོ་བ་ནི། རྣམ་པར་དཀར་བའི་ལེགས་བྱས་འདིས་མཚོན་ཏེ། །འཕགས་དང་སྐྱེ་བོས་ བསོད་ནམས་གང་བསགས་མཐུས། །ནམ་ཞིག་རང་གིས་ལུས་སེམས་བྲལ་མ་ཐག །བར་ དོར་སྲས་བཅས་རྒྱལ་བས་བསུ་མ་ཡིས། །རྣམ་དག་ཞིང་དུ་ལམ་སྣ་འདྲེན་བྱས་ནས། །ཞིང་ 9-1-516 མཆོག་དག་པའི་གནས་སུ་ལེགས་ཕྱིན་ཏེ། །རྒྱལ་བའི་དྲུང་དུ་པདྨོར་རྫུས་ཏེ་སྐྱེས། །རིང་མིན་ རྣམ་འདྲེན་མཆོག་གི་དགྱེས་ཞལ་མཇལ། །ཟབ་རྒྱས་གདམ་པའི་རང་རྒྱུད་སྨིན་ཅིང་གྲོལ། །གཞན་ཕན་བྱ་བས་འགྲོ་ལ་ཕན་ཐོགས་འབྱུང༌། །རླབས་ཆེན་ཚོགས་གཉིས་སྤྱོད་པ་མྱུར་ རྫོགས་ནས། །མཐར་ཐུག་རྒྱལ་བའི་དབང་པོ་ཉིད་གྱུར་ཅིག །ཞེས་པ་འདི་ཡང་ཆུང་ཐར་ལ་མཁོ་ཕྱིར་མ་ ཏིའི་མིང་གིས་བྲིས།། །། 9-1-517 ༄༅། །བླ་མ་དང་དབྱེར་མེད་པའི་འོད་དཔག་མེད་ལ་བརྟེན་ནས་ མཚན་སྔགས་བཟླ་ཚུལ་དོན་གཉིས་མྱུར་འགྲུབ་ ཅེས་བྱ་བ་བཞུགས་སོ། ། ༄༅། །བླ་མ་དང་གཉིས་སུ་མེད་པ་འོད་དཔག་མེད་ལ་ཕྱག་འཚལ་ཏེ་འདིར་གང་དེའི་སྒོ་ནས་མཚན་དང་སྔགས་བཟླ་ བའི་ཐབས་ལ་ཐོག་མར་སྐྱབས་སེམས་འདི་སྐད། ན་མོ། སྐྱབས་གནས་ཀུན་གྱི་བདག་ཉིད་བླ་མ་རྗེ། །གང་ དང་གཉིས་མེད་བདེ་གཤེགས་འོད་མཐའ་ཡས། །མཆོག་ལ་སྐྱབས་གསོལ་འགྲོ་ཀུན་དོན་ ཆེད་དུ། །བདག་ཉིད་རྣལ་འབྱོར་ཟབ་མོར་གནས་བགྱིད་དོ། །ལན་གསུམ། རང་མདུན་དག་ པ་བདེ་ཆེན་ཞིང་གི་གནས། །ཡ་མཚན་བཀོད་པ་རྫོགས་པའི་སྣོ ད་དང་བཅུད། །རིན་ཆེན་ རི་ཐང་ཡན་ལག་བརྒྱད་ལྡན་མཚོ། །མཛེས་སྡུག་ཁམས་ཀྱི་དྭངས་མ་ལས་གྲུབ་པའི། །སྣ་ ཚོགས་ལྗོན་བཟང་ར་བས་ཕྱོགས་མཐར་བསྐོར། །ངོ་མཚར་མཛེས་ཆ་ཀུན་ནས་བཞད་པའི་ དབུས། །ཆོས་ཀྱི་ཕོ་བྲང་མཚན་ཉིད་ཀུན་རྫོགས་པ། །རྒྱ་ཆད་ཕྱོགས་སུ་མ་ལྷུང་གཞལ་མེད་ ཁང༌། །བསམ་གྱིས་མི་ཁྱབ་མཚར་བཀོད་རྒྱས་པའི་གཞིར། །ཡིད་འཕྲོག་རྨ་བྱས་བཏེགས་ པའི་ཁྲི་བཟང་ཁར། །ཆུ་སྐྱེས་ཟེའུ་འབྲུར་རི་བོང་ཅན་འབར་སྟེང༌། །དྲིན་ཆེན་རྩ་བའི་བླ་མ་ བཀའ་དྲིན་ཅན། །གང་དང་གཉིས་མེད་རྒྱལ་བ་འོད་དཔག་མེད། །སྐུ་མདོག་དམར་གསལ་ འོད་ཀྱིས་འཇིག་རྟེན་ཁྱབ། །ཞལ་གཅིག་ཕྱག་གཉིས་མཉམ་བཞག་མཛད་པའི་སྟེང༌། །འཆི་ མེད་བདུད་རྩིས་ཉེར་བལྟམས་ལྷུང་བཟེད་བསྣམས། །ཞབས་ཟུང་སྐྱིལ་མོ་ཀྲུང་གིས་ལེགས་ 9-1-518 བཞུགས་པ། །དབུ་ལ་གཙུག་ཏོར་དཔྲལ་བར་མཛོད་སྤུས་མཛེས། །ཕྱག་ཞབས་འཁོར་ལོའི་ རི་མོ་གསལ་བ་སོགས། །མཛེས་སྡུག་མཚན་དཔེའི་མེ་ཏོག་ཅིར་ཡང་བཞད། །ངོ་མཚར་ཆོས་ གོས་རྣམ་གསུམ་ཉེར་ཀླུབ་ཅིང༌། །མཆོག་གི་སྤྲུལ་སྐུ་ཚངས་པར་སྤྱོད་པའི་ཚུལ། །ཞལ་རས་ མཛེས་འཛུམ་གསུང་དབྱངས་མཁའ་མཐར་ཁྱབ། །ཐུགས་རྗེ་བརྩེ་བ་རྒྱ་མཚོའི་བདག་ཉིད་ དུ། །རབ་འབྱམས་རྒྱལ་བའི་སྤྱི་གཟུགས་ཆེན་པོར་བཞུགས། །གང་སྐུའི་གཡས་གཡོན་པད་ ཟླའི་གདན་བཟང་སྟེང༌། །རྒྱལ་སྲས་ཐུ་བོ་རྣམ་གཉིས་མཛེས་ཚུལ་ཅན། །སྣ་ཚོགས་དར་གོས་ རིན་ཆེན་རྒྱན་ལྡན་པ། །པདྨའི་ཕྱག་མཚན་སྐྱབས་སྦྱིན་ཕྱག་རྒྱ་བཅས། །གདུལ་བྱ་རྒྱ་མཚོ་ འདྲེན་པའི་མགོན་གཅིག་པུར། །བདེ་ཆེན་ཞིང་གི་གཙོ་འཁོར་ཚུལ་དུའང་བཞུགས། །གཞན་ ཡང་རྒྱལ་སྲས་སེམས་དཔའ་ཆེན་པོའི་འཁོར། །ས་ཆེན་རྡུལ་གྱི་གྲངས་བཞིན་ཆེས་མང་བ། །ཐེག་དམན་འཕགས་ཚོགས་འདུས་པ་རྒྱ་མཚོའི་སྡེ། །དམར་སེར་ལི་ཁྲི འི་མཚོ་ཆེན་འཕྱུར་བ་ ལྟར། །ཀུན་ནས་རབ་གསར་ངུར་སྨྲིག་གོས་ཀྱིས་བརྗིད། །དེ་སོགས་ངོ་མཚར་དཔལ་སྡུག་ རོལ་པའི་ཞིང༌། །སྣོ ད་བཅུད་མཛེས་ཁྱད་རྫོགས་པའི་རྣམ་པར་གསལ། །དེ་མདུན་རང་ལུས་ ཞིང་གི་རྡུལ་སྙེ ད་དང༌། །མཉམ་པར་སྤྲུལ་ནས་གུས་ཕྱག་བྱེད་པ་དང༌། །ལྷན་ཅིག་མར་གྱུར་ འགྲོ་བ་ཐམས་ཅད་ཀྱང༌། །དེར་འཁོད་ཚུལ་གྱིས་སྒོ་གསུམ་ཕྱག་འཚལ་གྱུར། །དེ་ནས་ཕྱག་འཚལ་ བ་ནི། རྒྱལ་ཀུན་ཆོས་སྐུ་གཅིག་གི་གཞི་དབྱིངས་ལས། །ངོ་མཚར་སྤྲུལ་པའི་རྣམ་རོལ་ཅིར་ཡང་ འཆར། །གཟུགས་སྐུ་མཚན་དཔེ་ཀུན་ནས་རྒྱས་པའི་དཔལ། །འགྲོ་འདྲེན་མཆོག་གི་སྐུ་ལ་ ཕྱག་འཚལ་ལོ། །སོར་རྟོགས་ཡེ་ཤེས་གཞོམ་མེད་ཚངས་པའི་དབྱངས། །མ་ལུས་སྐད་ཀྱིས་ གང་འདུལ་རྗེས་འཛིན་ཅིང༌། །མཐའ་ཡས་གདུལ་བྱར་གང་ཕན་སྩོལ་བའི་གཉེན། །འོད་ མཐའ་ཡས་པའི་གསུང་ལ་ཕྱག་འཚལ་ལོ། །རྣམ་པ་ཀུན་གཟིགས་མཁྱེན་བཟང་མཁའ་ལྟར་ ཁྱབ། །ཡེ་ཤེས་རྒྱ་མཚོ་སྤངས་རྟོགས་རྫོགས་པའི་ཕུལ། །ཇི་ལྟ་ཇི་སྙེ ད་གནས་ལུགས་མཆོག་ 9-1-519 ཏུ་མཁྱེན། །འོད་དཔག་མེད་མགོན་ཐུགས་ལ་ཕྱག་འཚལ་ལོ། །གསང་གསུམ་ཡོན་ཏན་ མཛད་ཕྲིན་ཟླ་བྲལ་བ། །རྩ་བའི་བླ་མ་མཆོག་དང་དབྱེར་མེད་པའི། །མགོན་པོ་འོད་དཔག་ མེད་ལ་གསོལ་བ་འདེབས། །སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ། །ཞེས་སྒོ་གསུམ་གུས་ པ་དང་བཅས་དད་མོས་རྩེ་གཅིག་པའི་ངང་ནས་སངས་རྒྱས་ཀྱི་མཚན་ཅི་ནུས་སུ་འདོན་པ་ལྷུར་ལེན་པའི་མཐར། སྐྱབས་ གནས་རྒྱལ་བ་གཙོ་འཁོར་རྒྱ་མཚོ་ལ། །མཆོད་པའི་བྱེ་བྲག་དཔག་མེད་གུས་པས་འབུལ། །ཐོག་མེད་ནས་བསགས་སྡིག་ལྟུང་སོ་སོར་བཤགས། །སྐྱེ་འཕགས་ཀུན་གྱི་དགེ་ལ་རྗེས་ ཡི་རང༌། །སེམས་ཅན་དོན་དུ་ཆོས་འཁོར་བསྐོར་བར་བསྐུལ། །མྱ་ངན་མི་འདའ་ཡུན་རིང་ བཞུགས་གསོལ་འདེབས། །དགེ་འདིས་བདེ་ཆེན་ཞིང་དུ་སྐྱེ་བར་སྨོན། །དེ་ནས་མཚན་སྔགས་བཟླ་ བར་སྤྲོ་ན། ཆོས་སྐུ་དམ་ཡེ་གཉིས་མེད་བདག་ཉིད་ཅན། །གང་དེའི་ཐུགས་ཀར་ཧྲཱིཿམཐར་སྔགས་ འཁོར་གསལ། །འོད་ཟེར་སྤྲོ་བསྡུས་རྒྱལ་ཀུན་མཆོད་པ་དང༌། །འགྲོ་བའི་སྒྲིབ་པ་སྦྱོང་བྱེད་ མཆོག་ཏུ་དམིགས། །ལ་མཚན་སྔགས་ཅི་ནུས་བཟླ་མཐར། སྐད་ཅིག་རྒྱལ་བས་བཀོད་པ་ཡོངས་བསྡུས་ ཤིང༌། །མཆོག་སྤྲུལ་འོད་དཔག་མེད་མགོན་གཅིག་པུར་གྱུར། །དེ་ཡང་བླ་མའི་ངོ་བོར་ཐག་ བཅད་དེ། །མོས་གུས་འགྱུར་མེད་ངང་ནས་གསོལ་བཏབ་མཐུས། །ཞི་བ་མཆོག་སྤྲུལ་དྲག་ པོར་གནས་འགྱུར་ཏེ། །དབང་ཆེན་ཧེ་རུ་ཀ་དཔལ་ཞལ་ཕྱག་དང༌། །རྒྱན་ཆས་ཡོངས་རྫོགས་ མེ་དཔུང་ཀློང་ན་བཞུགས། །ཐུགས་ཀར་ཉི་སྟེང་ཐུགས་སྲོག་སྔགས་ཕྲེང་གསལ། །ལ་རྟ་བསྙེན་ ཅི་ནུས་བཟླས་པའི་མཐར། ཁྲོ་བོ་དྲེགས་ཆེན་ཞི་བའི་རྣམ་པར་གྱུར། །དེ་ཡང་སྐུ་གཟུགས་ཚོན་གང་ ཚུལ་དུ་བསྡུ། །སྐུ་དེ་རང་གི་སྤྱི་བོར་ནས་ཞུགས་ཏེ། །སྐུ་གསུང་ཐུགས་དང་སྒོ་གསུམ་དབྱེར་ མེད་གྱུར། །བར་བསམ་ལ་བསྡུ་རིམ་བྱ། དེ་ནས་བསྔོ་སྨོན་ནི། ལེགས་དགེ་ཕུན་སུམ་ཚོགས་པའི་ནུས་སྟོབས་ཀྱིས། །ཚེ་འདིར་ཆོས་ཀྱི་ འགལ་རྐྱེན་ཀུན་ཞི་ཞིང༌། །འཆི་ཁར་གནད་གཅོད་སྡུག་བསྔལ་མི་འབྱུང་བར། །བར་དོར་ 9-1-520 རྒྱལ་བའི་སྤྲུལ་པ་ཉེར་མཇལ་ཤོག །དེ་ནས་སྐྱེ་སྲིད་དེ་མ་ཐག་ཏུ་ནི། །བདེ་ཆེན་ཞིང་དུ་ པདྨོར་མངལ་བཟུང་སྟེ། །འོད་མཐའ་ཡས་པའི་གདུལ་ཞིང་མཆོག་གྱུར་ནས། །ཚེ་དེར་སྤངས་ རྟོགས་མ་ལུས་ཡོངས་རྫོགས་ཤོག །ནམ་ཞིག་བདེ་གཤེགས་མཆོག་ཏུ་གྱུར་པའི་སྐབས། །ཆོས་སྐུའི་དབྱིངས་ལས་འབད་མེད་ལྷུན་གྲུབ་ཀྱིས། །འཁོར་བ་སྲིད་དུ་འགྲོ་དོན་ལེགས་ བསྐྱང་སྟེ། །བསྟན་འགྲོ་ཡོངས་ལ་ཕན་ཐོགས་རླབས་ཆེན་ཤོག །དེ་བར་ཚེ་འདིར་གནས་ སྐབས་མི་མཐུན་རྐྱེན། །ནད་གདོན་བགེགས་ཀྱི་རིགས་གྱུར་མཐའ་དག་ཞི། །ཆོས་མཐུན་ཚེ་ དབང་ལོངས་སྤྱོད་འཕེལ་བ་སོགས། །སྒོ་མཐའ་ཀུན་ནས་དཔལ་ཡོན་འཆར་བར་ཤོག །དེ་ ལྟར་སྨོན་པའི་དོན་རྣམས་བླ་མ་དང༌། །གཉིས་སུ་མེད་པ་རྒྱལ་བ་འཆི་མེད་དབང༌། །སྤྲུལ་ པའི་ཁྲོ་རྒྱལ་པདྨ་གར་གྱི་བདག །གང་དག་ཐུགས་རྗེས་བདེན་དོན་འགྲུབ་གྱུར་ཅིག །ཅེས་བླ་ མ་དང་དབྱེར་མེད་པའི་འོད་དཔག་མེད་ལ་བརྟེན་ནས་མཚན་སྔགས་བཟླ་ཚུལ་དོན་གཉིས་མྱུར་འགྲུབ་ཅེས་བྱ་བ་འདི་ཡང་ལུང་ རྟོགས་ཀྱིས་ཆེད་གཉེར་སྐུལ་མ་མི་ལྡོ ག་ཙམ་དུ་མ་ཏིས་འཕྲལ་སྨྲས་ལྟར་ཡི་གེ་པ་ཁོ་རང་གིས་བགྱིས་པ་དགེ། །། 9-1-521 ༄༅། །རྒྱུ་བཞིའི་ངག་འདོན་ཉེར་བསྡུས་ཞིང་མཆོག་ བགྲོད་བྱེད་ཅེས་བྱ་བ་སོགས་ བཞུགས་སོ། ། ༄༅། །བླ་མ་འོད་དཔག་མེད་ལ་ཕྱག་འཚལ་ནས་གང་གི་ཞིང་དེར་སྐྱེ་བའི་རྒྱུ་བཞིའི་ངག་འདོན་མདོར་བསྡུས་བྱ་བ་ ལ་འདི་སྐད། ཁམས་གསུམ་འཁོར་བ་སྡུག་བསྔལ་རྒྱ་མཚོ་སྟེང༌། །འདི་ཀུན་སྡུག་བསྔལ་རང་ བཞིན་ཁོ་ན་ལ། །རང་གཞན་རྨོངས་པའི་ཚུལ་ལ་ཡིད་སྐྱོ་ནས། །ཐར་པའི་ཁང་བཟང་དོན་ དུ་གཉེར་བར་བྱ། །ཀྱེ་ཧོ་མར་གྱུར་འགྲོ་བའི་དོན་བསྒྲུབ་ཕྱིར། །བླ་མེད་གོ་འཕང་མངོན་དུ་ བྱེད་པའི་ཐབས། །བདེ་ཆེན་ཞིང་གི་དགའ་སྟོན་མྱོང་བའི་སླད། །ངོ་མཚར་ཆོས་ཀྱི་དོན་ལ་ བདག་འཇུག་གོ །དག་པ་བདེ་ཆེན་ཞིང་མཆོག་ཁྱད་པར་བ། །བཻ་ཌཱུར་ས་གཞི་གསེར་གྱི་དྲ་ བས་ཁེབས། །རིན་ཆེན་རི་བོ་བདུད་རྩིའི་ཆུ་མཚོ་རྒྱས། །རབ་མཛེས་པདྨོར་བདེ་གཤེགས་ གཟུགས་སྐུའི་འཕྲུལ། །བྱང་ཆུབ་ཤིང་མཆོག་ཆོས་ཀྱི་ཕོ་བྲང་དབུས། །རྒྱལ་བ་མཆོག་གི་ མཛད་ཕྲིན་ཅིག་ཆར་བ། །རིན་ཆེན་ཁྲི་བཟང་འདབ་སྟོང་ཉ་རྒྱས་ཅན། །གང་དེར་དཔག་མེད་ འོད་ཀྱི་གཟི་བརྗིད་སྤྲོ། །ལྷ་མིའི་འདྲེན་པ་མཆོག་གི་སྤྲུལ་སྐུའི་གར། །དྲི་མེད་བྱི་རུའི་རྡུལ་ བརྩེགས་ས་འཛིན་ཁམས། །མདངས་གསལ་ཉི་གཞོན་འཆར་དཀའི་འོད་འདྲེས་པ། །མཚན་ བཟང་རི་མོའི་ལེགས་ཆ་ཆེས་བཀྲ་ཞིང༌། །ངོ་མཚར་དཔེ་བྱད་གཟུགས་སྐུའི་བརྗིད་བག་ངོམ། །དམར་སེར་རྣམ་གསུམ་ན་བཟས་ཀླུབ་བཞིན་དུ། །ཞབས་ཟུང་སྐྱིལ་ཀྲུང་ཕྱག་གཉིས་མཉམ་ 9-1-522 བཞག་གིས། །སྣ་ཚོགས་རོལ་པའི་ཆེ་བ་དང་བཅས་ཏེ། །མཁྱེན་བརྩེ་ནུས་པའི་བདག་ཉིད་ མགོན་གཅིག་པུ། །མཛེས་སྐུའི་གཡས་གཡོན་གང་དང་དབྱེར་མེད་པའི། །རྒྱལ་སྲས་ཐུ་བོ་ རྣམ་གཉིས་འགྲོ་འདྲེན་གཙོ། །ཤེལ་དཀར་རི་བོ་ཨིནྡྲ་ནཱི་ལའི་མདངས། །ཆེས་གསལ་སྐུ་ཡི་ ལང་ཚོ་དར་ལ་བདོ། །གཞན་ཡང་སེམས་དཔའ་ཆེན་པོ་ས་ཆེན་རྡུལ། །གྲངས་ཀྱིས་དཔག་ མིན་མཐའ་ཡས་རོལ་བའི་གནས། །ལི་ཁྲི ས་སྦགས་པའི་འོ་མའི་མཚོ་ཆེན་བཞིན། །དམར་ སེར་མདངས་འཛིན་ངུར་སྨྲིག་གོས་བཟང་གིས། །རྒྱན་འཆང་རབ་བྱུང་འདུས་པ་གྲངས་མེད་ པ། །ངོ་མཚར་དཔག་ཡས་འཁོར་གྱི་རོལ་བ་བཅས། །དག་པ་ཡིད་ཀྱི་སྣང་ངོར་ལྷམ་མེ་བ། །དད་གུས་སྤྲོ་བ་འཕེལ་བའི་ཆེད་དུ་མོས། །ཞིང་གི་གཙོ་བོ་རྒྱལ་བ་འོད་དཔག་མེད། །རྩ་ བའི་བླ་མ་ཉིད་དང་དབྱེར་མེད་པ། །མཐའ་ཡས་འགྲོ་བ་འདུལ་བའི་མཛད་ཕྲིན་ཅན། །གང་ གི་ཞིང་དེར་སྐྱེ་འདུན་དྲག་པོའི་སྒོ། །རྒྱལ་བའི་མཛད་སྒོར་ཡིད་ཆེས་འགྱུར་མེད་པས། །དག་ སྣང་མོས་པའི་རྒྱན་དུ་ལྷག་གེར་གསལ། །བདེ་གཤེགས་ཐུགས་མཆོག་འོད་གསལ་ཀུན་ཁྱབ་ དབྱིངས། །རང་རིག་འདུ་འབྲལ་མེད་པ་གསལ་སྟོང་ངང༌། །དམིགས་མེད་ལྟ་བ་མ་བཅོས་ རང་ཤར་དུ། །རྩ་བྲལ་ལྷུག་པའི་གཤིས་ལ་བཞག་བྱས་ཏེ། །འཛིན་བྲལ་རང་བབས་ངང་ནས་ གཟུངས་སྔགས་བཟླ། །དེ་འདྲའི་ངང་ནས་ཨ་མི་དྷེ་ཝ་ཅི་ནུས་བཟླ་བཞིན་ཐུགས་ཡིད་དབྱེར་མེད་བསྲེ་བ་ལ་འབད། རྒྱལ་བ་སྲས་བཅས་མགོན་པོ་འོད་དཔག་མེད། །དེང་ནས་བཟུང་སྟེ་བྱང་ཆུབ་སྙིང་བོའི་བར། །བདག་སོགས་འགྲོ་བའི་གུས་ཕྱག་དང་བཅས་ཏེ། །ནམ་ཡང་བསླུ་བ་མེད་པའི་སྐྱབས་སུ་ བསྟེན། །འདིར་དེ་བཞིན་གཤེགས་པའི་མཚན་གྲངས་མང་བརྗོད་མཐར། ལྷ་མིའི་འདྲེན་མཆོག་ཀུན་གཟིགས་ འོད་མཐའ་ཡས། །རྒྱལ་སྲས་རྒྱ་མཚོ་ཕུལ་བྱུང་འདུས་པའི་སྡེ། །ཀུན་ལ་དགྱེས་པ་བསྐྱེད་ ཕྱིར་མཆོད་པའི་སྤྲིན། །དངོས་འབྱོར་ཡིད་སྤྲུལ་ནམ་མཁའི་ཁམས་བཀང་སྟེ། །ཟད་མེད་ ཀུན་བཟང་སྒྱུ་མའི་འཕྲུལ་ཆེན་འབུལ། །བརྩེ་བ་ཆེན་པོས་ལེགས་བཞེས་མཛད་དུ་གསོལ། 9-1-523 །ཐོག་མེད་ནས་བསགས་ཉེས་ལྟུང་སྙིང་ནས་བཤགས། །སྐྱེ་འཕགས་ཀུན་གྱི་དགེ་ལ་རྗེས་ཡི་ རང༌། །གང་འདུལ་འགྲོ་ལ་ཆོས་སྟོན་གདུལ་བྱའི་ངོར། །གཟུགས་སྐུའི་མཛད་པ་མི་བསྡུ་རྟག་ བཞུགས་གསོལ། །རྣམ་དཀར་འདིས་མཚོན་དགེ་ཚོགས་རྒྱ་ཆེན་གྱིས། །ཡུན་རིང་ལས་ཀྱིས་ མནར་བའི་བདག་སོགས་འགྲོ། །སྐྱེ་སྲིད་གང་དེའི་སྣང་བ་ནུབ་མ་ཐག །མི་ཁོམ་བརྒྱད་པོ་ དག་ལས་རབ་འདས་ཤིང༌། །སྐྱེ་སྲིད་གཞན་གྱིས་བར་མ་ཆོད་པ་རུ། །དག་པའི་ཞིང་མཆོག་ བདེ་ཆེན་ཞིང་ཁམས་སུ། །པདྨོའི་སྦུབས་སུ་རྫུས་ཏེ་སྐྱེ་བར་ཤོག །སྐྱེས་མ་ཐག་ཏུ་སྐྱེས་ཐོབ་ ཡོན་ཏན་རྫོགས། །གཟུགས་བཟང་ལང་ཚོས་ཀུན་ནས་བརྒྱན་བྱས་ཏེ། །བསོད་ནམས་ལག་ མཐིལ་མཆོད་སྤྲིན་རྒྱ་ཆེར་སྤྲོས། །རྒྱལ་བའི་ཞལ་མཐོང་འཁོར་བཅས་དགྱེས་པ་བསྐྱེད། །དེ་ ནས་བཟུང་སྟེ་མགོན་གྱིས་རྗེས་འཛིན་ཤོག །རྒྱལ་བ་མཆོག་གིས་གདམས་པའི་བཅུད་བཟང་ གིས། །ལེགས་པར་བསྐྱངས་ཏེ་སྤངས་རྟོགས་འཕེལ་ཁ་རྒྱས། །བདེ་ཆེན་རྒྱ་མཚོའི་ཞིང་གི་ དགའ་སྟོན་ལ། །རླབས་ཆེན་ཆོས་ཀྱིས་རྟག་པར་དུས་འདའ་ཞིང༌། །གཡེལ་མེད་བརྩོན་པའི་ གོ་ཆ་དང་བཅས་ཏེ། །ཕན་ཚུན་འདྲེན་པའི་སྤངས་རྟོགས་གསར་བའི་དཔལ། །ཟག་མེད་ཡེ་ ཤེས་མཆོག་གི་གཏེར་ཁ་བརྙེས། །རྒྱ་ཆེན་སྤྱོད་པ་ཟབ་མོའི་སྟོབས་རྒྱས་ཤིང༌། །ཀུན་ནས་ མ་ཚང་མེད་པའི་ཡོན་ཏན་ཚོགས། །སྐད་ཅིག་རེ་ནས་འཕེལ་སྟོབས་དཔེ་མེད་པ། །ཡ་མཚན་ ཆོས་ཀྱི་སྣང་བ་དང་བཅས་ཏེ། །མཐར་ཐུག་རྒྱལ་བ་མཆོག་དང་ཀུན་མཉམ་ཤོག །ཇི་སྲིད་དེ་ མ་ཐོབ་པའི་གནས་སྐབས་འདིར། །འོད་མཐའ་ཡས་པ་དཔག་མེད་འགྲོ་བའི་མགོན། །རྒྱལ་ སྲས་རྣམ་གཉིས་ལ་སོགས་འཁོར་ཚོགས་བཅས། །དད་གུས་དག་སྣང་ཡུལ་དུ་རྟག་བཀོད་དེ། །རེ་བས་འདུན་པ་ནམ་ཡང་མི་ལྷོ ད་པས། །བརྩེ་བ་ཆེན་པོའི་ཐུགས་ཀྱིས་དགོངས་མཛོད་ལ། །གསང་གསུམ་སྣང་བ་འདུ་འབྲལ་མེད་པའི་ངང༌། །རབ་དཀར་དགེ་ཚོགས་ཕ་མཐར་ཕྱིན་ གྱུར་ཅིག །ཅེས་པའི་བདེ་ཆེན་ཞིང་གི་རྒྱུ་བཞིའི་ངག་འདོན་ཉེར་བསྡུས་ཞིང་མཆོག་བགྲོད་བྱེད་ཅེས་བྱ་བ་འདི་ཡང་ཆོས་ 9-1-524 འདི་ལ་ཉེ་བར་མོས་པ་ངག་མཁས་ལ་མཁོ་བས་ཆེད་དུ་དམིགས་ནས་མ་ཏིས་སོ།། །། ༄༅། །འོད་དཔག་མེད་ཀྱི་མཚན་སྔགས་གསུམ་པོ་གང་ལྟར་ཡང་དེ་དག་གི་སྙིང་པོའི་ གནད་དོན་འདི་ལྟར་སྟེ། སངས་རྒྱས་ཐམས་ཅད་ཀྱི་གསང་བ་གསུམ་གྱི་ཡོན་ཏན་རྒྱ་ཆེ་ བའི་མངའ་བདག་རྣམ་འདྲེན་རྒྱལ་བ་འོད་མཐའ་ཡས་པའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ མ་ལུས་པ་བདག་རྒྱུད་ལ་འཕོས་ཏེ་རྣམ་སྨིན་རྟེན་འབྲེལ་གྱི་འཁོར་བ་སྡུག་བདེན་འདི་ཀ་ ཡེ་ཤེས་ཆེན་པོའི་དབྱིངས་སུ་རོ་མཉམ་འཕོ་ཆེན་དུ་གྲོལ་བར་མཛོད་ཅིག ཅེས་པ་དེ་ཡིན་ པས་ཚུལ་དེ་ལུགས་ལྟར་སྔགས་གསུམ་པོ་གང་མོས་སུ་བཟླ་བར་བྱས་ན་མི་ཆོག་པ་མེད་ ཅིང༌། སྔགས་གསུམ་པོ་གང་ལྟར་ཡང་སྔགས་དོན་སེམས་པའི་སྒོ་ནས་ལན་བརྒྱ་ཕྲག་བཟླས་ པ་མི་དགེ་བཅུའི་སྡིག་པ་ལྕི་བ་རྣམས་འབྱང་ནུས་པ་དང༌། དེ་བཞིན་དུ་ལན་སྟོང་ཕྲག་གིས་ མཚམས་མེད་པའི་ལས་སྒྲིབ་ཆེ་བའི་འཕེལ་ཁ་དམའ་བར་བྱེད་པ་དང༌། ལན་ཁྲི་ཕྲག་གིས་ སྐོར་ཅིག་ཏུ་ངན་སོང་གི་སྐྱེ་སྒོ་གཅོད་པ་དང༌། ལན་འབུམ་ཕྲག་གིས་དལ་རྟེན་ཆོས་དང་ལྡན་ པ་ལེགས་པར་ཐོབ་པ་དང༌། ལན་ས་ཡས་ཐར་པའི་ལམ་སྣ་ཟིན་པ་དང༌། ལན་བྱེ་བས་བདེ་ ཆེན་ཞིང་དུ་སྐྱེ་བའི་ལུས་རྟེན་ཁྱད་འཕགས་ཐོབ་པ་དང༌། ལན་དུང་ཕྱུར་གྱིས་འཁོར་བ་རྒྱབ་ ཏུ་ཕྱོགས་ཏེ་མྱུར་ནས་བླ་མེད་བྱང་ཆུབ་ཆེན་པོ་སྙེ གས་ངེས་སུ་གྱུར་པ་གདོན་མི་ཟའོ། །འདི་ དག་ཀྱང་དགེ་རྩ་བསགས་པའི་ཚེ་དེར་དགེ་བ་གང་དག་འཇོམས་བྱེད་ཀྱི་རྐྱེན་ངན་པ་ཉེ་ བར་མི་གནས་པའི་དབང་དུ་བྱས་པ་ལགས། སྔགས་དེ་གསུམ་པོ་རྒྱུད་གསར་སྙིང་ལས་བྱུང་ བའི་ཁྱད་པར་གྱིས་བོད་འདིར་ཡང་གསར་རྙིང་ཕྱོགས་ཀྱི་ཆོས་བརྒྱུད་འཛིན་པ་སོ་སོའི་ཕྱག་ བཞེས་ཀྱི་མཛད་སྒོ་གཙོ་ཆེ་ཆུང་འགྲོ་དོན་རླབས་ཆེན་དེ་ལུགས་སུ་ངེས་པར་བྱུང་བ་ཡིན་པས་ རང་རེ་ལ་གང་ལྟར་ཕྱོགས་ནས་ཀྱང་བྱིན་རླབས་ཀྱི་སྒོ་ཉེ་བར་གཏོད་པ་ལ་ཁྱད་པར་ཅི་ཡང་ 9-1-525 མ་མཆིས་པས་ན་གང་མོས་ལ་བརྩོན་པ་ལྷུར་ལེན་གལ་ཆེའོ། །འདི་ཡང་བྱང་བཟང་ལ་མཁོ་ནས་མ་ཏིས་ སྨྲས་པའོ།། །། ༄༅། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་ ཅིག་ན། བཅོམ་ལྡན་འདས་བྱང་ཆུབ་ཀྱི་ཤིང་དྲུང་ན་བཞུགས་པ་དེས་རེ་ཞིག་གི་ཚེ། ཞལ་ ནས་བཀའ་བསྩལ་པ། མ་འོངས་པ་དུས་བསྐལ་ངན་འབྱུང་བ་ལ་ཕན་པའི་ཆོས་ཀྱི་ཡི་གེ་འདི་ ལྟར་སྟེ། ཆོས་ཞེས་བྱ་བའི་ཚད་ནི་ལམ་དང་འདྲ་བའོ། །དེ་ཅིའི་ཕྱིར་ཞེ་ན། ལམ་འདི་ལ་སྐྱེ་ འགྲོ་སེམས་ཅན་ཐམས་ཅད་འགྲོ་བ་དང་འདྲའོ། །དེའི་ཕྱིར་ཆོས་ལ་ལམ་ཞེས་བྱའོ། །ལམ་ ཞིག་ཆོས་ཀྱི་ཡི་གེ་བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབས་པ་འདི་ཉིད་དད་གུས་ཀྱིས་ བྲིས་འདོན་དང༌། དེ་ལ་མཆོད་པར་བྱེད་པའི་ཕན་ཡོན་ནི་རྒྱ་ཆེར་འབྱུང་ཞིང༌། ཆོས་ཀྱི་ཡི་གེ་ དེ་ཉིད་ལ་མ་དད་ཅིང་ལོག་པར་སྨྲ་བ་དག་ལ་ཉེས་པའི་དམིགས་སུ་ངེས་པར་འགྱུར་བའོ། །དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་དང༌། རྒྱལ་ཚབ་བྱམས་པ་དང༌། ཉན་ཐོས་ཆེན་པོ་ཀུན་དགའ་བོ་ལ་སོགས་པ་བདག་ཉིད་ཆེན་པོའི་ འཁོར་རྣམས་རྗེས་སུ་ཡི་རང་སྟེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །སརྦ་མངྒ་ལམ་ཛ་ཡནྟུ།། 9-1-526 ༄༅། །ཚོགས་བསྡུས་སྐོར་བཞུགས། ༄༅། །ༀཨཱཿཧཱུཾ་ཧོཿ བདེ་སྟོང་དག་པ་ཡེ་ཤེས་རོལ་བའི་འཕྲུལ། །ཟག་མེད་བདེ་བསྐྱེད་ ག་ཎ་ཙ་ཀྲའི་རྫས། །རང་བཞིན་གདོད་ནས་དག་ཅིང་སྐྱེ་བ་མེད། །སྔགས་རྒྱས་སྤེལ་བའི་ དམ་རྫས་རྒྱ་ཆེན་གྱུར། །ཨེ་མ་ཧོ། དབྱིངས་དག་ཆེན་མཆོག་གི་རང་སྣང་ལས། །ཟབ་ནོད་ ཀྱི་བྱིན་རླབས་འབེབས་མཛད་པའི། །རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མའི་ཚོགས། །ངོ་མཚར་གྱི་ བཀོད་པའི་གནས་འདིར་བྱོན། །རྨད་བྱུང་གི་གྲུབ་གཉིས་འཇོ་བའི་དཔྱིད། །དཔལ་རྒྱུད་སྡེ་རྒྱ་ མཚོའི་དཀྱིལ་འཁོར་གཙོ། །གསང་གསུམ་གྱི་རྣམ་འཕྲུལ་ཟད་མེད་བཅས། །དགའ་སྟོན་གྱི་ མགྲོན་ལ་གཤེགས་སུ་གསོལ། །འགྲོ་ཀུན་ལ་ཐུགས་རྗེ་ཡོངས་ཁྱབ་པ། །བསླུ་མེད་ཀྱི་སྐྱབས་ མཆོག་རིན་ཆེན་གསུམ། །ངེས་དོན་ལ་གཤེགས་བཞུད་མི་མངའ་ཡང༌། །གང་འདུལ་གྱི་རེ་ སྐོང་ཚུལ་དུ་ཕེབས། །ཡེ་ཤེས་ཀྱི་སྤྱན་ལྡན་ཆོས་སྐྱོང་ཚོགས། །བདེ་ཆེན་གྱི་དབང་ཕྱུག་མཁའ་ འགྲོ་འབུམ། །དྲེགས་ལྡན་གྱི་བཀའ་སྡོད་མ་ལུས་པ། །འདིར་གཤེགས་ལ་དགྱེས་པའི་ཚུལ་ དུ་བཞུགས། །ཀུ༵ན་བཟ༵ང་བདེ་སྟོང་གི་ཚོགས་མཆོད་འདི། །གང་འདོད་ཡེ་ཤེས་ཀྱི་རྣམ་རོལ་ ཏུ། །འཁོར་གསུམ་དམིགས་མེད་ཀྱི་ངང་ནས་འབུལ། །རྣམ་གཉིས་མཆོག་ཐུན་གྱི་དངོས་ གྲུབ་སྩོལ། །དཔལ་ལྡན་ཡེ་ཤེས་ཀྱི་འཁོར་ལོ་ཅན། །ལྷ་ཚོགས་འཁོར་བཅས་ཀྱི་དགྱེས་ པ་སྐོང༌། །རྣལ་འབྱོར་ཉམས་ཆག་ཀྱི་སྒྲིབ་ཀུན་བྱང༌། །སྤྲོ་ན། བར་ཆད་མ་ལུས་པ་དབྱིངས་ སུ་སྒྲོལ། །ཟག་མེད་དགའ་སྟོན་གྱི་ཚོགས་ལ་རོལ། །སྐྱེས་བུ་གིང་ཆེན་དང་མཁའ་འགྲོའི་ ཚོགས། །དམ་ཅན་ལྷག་རྫས་ལ་དབང་བ་རྣམས། །ཕུད་ཀྱི་ཐ་མ་འདིས་ཚིམ་མཛོད་ལ། །ཇི་ 9-1-527 ལྟར་གང་བཅོལ་གྱི་ལས་ཀུན་བསྒྲུབས། །ཨུ་ཙི་ཊ་བ་ལིང་ཏ་ཁཱ་ཧི། ཐབས་ཤེས་གཉིས་མེད་ ཟག་བྲལ་ཡེ་ཤེས་མདངས། །དགའ་སྟོན་ཚོགས་ཀྱི་འཁོར་ལོ་ལེགས་ཤར་བ། །རྒྱ་ཆེན་ཀུན་ བཟང་སྤྱོད་པས་མཛེས་པ་འདིས། །མ་ལུས་འགྲོ་བ་མྱུར་ནས་གྲོལ་གྱུར་ཅིག །ཅེས་པ་འདི་ཡང་བླ་ མ་བཟང་དགའི་ངོར་མ་ཏིས་སོ།། །། ༈ ༀ་ཨཱཿཧཱུཾ། ཟག་མེད་ཚོགས་མཆོད་དབྱིངས་བཞུགས་བླ་མ་དང༌། །ཡི་དམ་ལྷ་མོ་དམ་ ཅན་རྒྱ་མཚོ་ལ། །གུས་འབུལ་ཉམས་བསྐངས་བར་ཆད་ཀུན་སེལ་ཞིང༌། །དངོས་གྲུབ་མཆོག་ སྩོལ་ལས་བཞི་ཀུན་འགྲུབ་མཛོད། །ཨུ་ཙི་ཊཱ་བ་ལིང་ཏ་ཁཱ་ཧི། མ་ཏིས་སོ།། །། ༄༅། །རཾ་ཡཾཿཁཾ། ༀཨཱཿཧཱུཾ། ཟག་མེད་སྔགས་རྒྱས་སྤེལ་བའི་བདུད་རྩིའི་ཕུད། །ཆོས་ དབྱིངས་གཉུག་མའི་གསང་མཛོད་རྡོ་རྗེའི་བདག །རྒྱལ་ཀུན་ཡེ་ཤེས་འཁོར་ལོའི་རིགས་ བདག་ལྷ། །ཡི་དམ་ལྷག་པའི་ལྷ་ལ་གུས་པས་མཆོད། །ཐ་མལ་གཟུང་འཛིན་རྟོག་པ་འདི་ སྣང་ཀུན། །རིང་མིན་དག་ཆེན་ཡེ་ཤེས་འཁོར་ལོར་འཕོ། །འོད་གསལ་ཐུགས་མཆོག་མི་ འགྱུར་གདོད་མའི་སྐུ། །བདག་གི་སྒོ་གསུམ་ངོ་བོར་རོ་གཅིག་ཤོག །འདི་ཡང་མ་ཏིས་སོ།། །། 9-1-528 ༄༅། །དགའ་སྟོན་ཚོགས་ཀྱི་གླུ་བཛྲ་གིརྟིའི་རྒྱུད་མངས་ ཞེས་བྱ་བ་བཞུགས། ༄༅། །དགའ་སྟོན་ཚོགས་ཀྱི་གླུ་བཛྲ་གིརྟིའི་རྒྱུད་མངས་ཞེས་བྱ་བ། ཨེ་མ་ཧོ་ག་ན་ཙཀྲ་སཾ་བ་ར་བྷྱཿཔཱུ་ཛ་ ཨ་ཧོ་ཡཿ དཔལ་ལྡན་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་རང་གཟུགས། །དགའ་བཞིའི་ཉམས་ཀྱིས་ དགྱེས་པའི་མཐིང་སྔོན་གྱི་ལང་ཚོ། །སྟོང་ཆེན་མཛེས་མ་རཱ་གའི་མདངས་འཛིན་གྱིས་འཁྱུད་ འདི། །བདེ་སྟོང་གཉིས་མེད་འཕྲུལ་གྱི་ཟློས་གར་དུ་འདུག་གོ ༡ །ནང་དབྱིངས་མི་འགྱུར་ བདེ་ཆེན་འཁོར་འདས་ཀྱི་སྲོག་བཅུད། །སྤྲོས་བྲལ་དབྱིངས་ཀྱི་དེ་ཉིད་རྣམ་ཀུན་ཏུ་ཤར་བ། །མཚན་འཛིན་རྟོག་བློས་རིས་སུ་གཅོད་པ་འདི་མི་བདེན། །འཕྲལ་སྣང་གློ་བུར་གང་འདི་ བདེན་མེད་ཀྱི་སྒྱུ་མ། ༢ །གཤིས་ལུགས་དགའ་ཆེན་འགྱུར་བག་རིགས་བདག་གི་ཐབས་ ཤེས། །རབ་དགྱེས་བདེ་ཆེན་འབར་བས་ཟིལ་ཤུགས་ཀྱི་བྱེད་པ། །གསང་གསུམ་དཔའ་བོ་ དཔའ་མོའི་སྲས་ཚོགས་ཀྱི་འཕྲོ་འདུ། །རབ་ཡང་ཕྱོགས་མཚམས་རྣམས་སུ་འཕྲུལ་བཟང་གི་ མཚར་བཀོད། ༣ །བདེ་མཆོག་མཁའ་འགྲོ་དྲ་བའི་དབང་ཕྱུག་གི་གཙོ་ཆེན། །འབུམ་ཕྲག་ རིགས་འདུས་དབུས་སུ་མཛེས་སྡུག་གི་རོལ་པ། །བདེ་སྟོང་དགའ་ཆེན་མཆོག་གི་རྩེར་འཇོ་ལ་ འགྲན་འདི། །ཨ་ཧོ་རྣལ་འབྱོར་ཡིད་ལ་བདེ་ཆེན་གྱི་འཕེལ་སྐྱེད། ༤ །ཧེ་རུ་ཀ་དཔལ་གསང་ བ་རླབས་ཆེན་གྱི་མཛད་བཟང༌། །བདེ་སྟོང་ཐབས་ཤེས་གཉིས་མེད་དགའ་སྟོན་གྱི་ཚོགས་ འཁོར། །དཔའ་བོའི་སྟོན་མོར་རོལ་འདོད་རྣལ་འབྱོར་གྱི་ཕོ་མོ། །དག་སྣང་འཁོར་ལོའི་རྒྱན་ དུ་དགའ་སྤྱོད་ཀྱིས་ཕེབས་ཤོག ༥ །ཏིང་འཛིན་དམིགས་མཚན་ཉེར་ཞི་འོད་གསལ་གྱི་ 9-1-529 ངང་ནས། །ཐ་མལ་སྣང་ཞེན་ཀུན་རྟོག་བདེ་ཆེན་གྱིས་བསྒྱུར་ཏེ། །ཤུགས་འབྱུང་སྤྱོད་པས་རྡོ་ རྗེའི་དགའ་གླུ་དང་བཅས་བཞིན། །ཞེན་བྲལ་དཔའ་བོའི་སྟོན་མོ་ཅི་དགའ་རུ་རོལ་མཛོད། ༦ །གསང་ཆེན་དམ་རྫས་མཆོག་གི་བྱེད་ལས་སུ་ཤར་བ། །མ་དག་འདི་སྣང་དག་ཆེན་ཡེ་ཤེས་ ཀྱི་གཟིགས་མོར། །དགའ་བདེའི་འགྱུར་བ་འབུམ་ཕྲག་ཐབས་ཤེས་ཀྱི་ལྷ་ཚོགས། །རང་ སྣང་བདེ་ཆེན་འདྲེན་པའི་དཔལ་ཡོན་ཞིག་ལོས་ཡིན། ༧ །ཨེ་མ་མཚར་དགུའི་ལྟད་མོ་ཡ་ མཚན་གྱི་གཟིགས་སྣང༌། །ཀུན་རྟོག་འདུ་ཤེས་ཅན་དག་གོ་ཐབས་ཀྱང་དཀའ་མོ། །གཉུག་མ་ གཤིས་ལ་ཞུགས་པའི་ཡེ་ཤེས་ཀྱི་མཚར་བཀོད། །རྣལ་འབྱོར་དམ་པའི་སྤྱོད་ཡུལ་ཐུན་མིན་ གྱི་ཉམས་བཟང༌། ༨ །འདི་ན་གསང་ཆེན་དུས་སྟོན་མཆོག་ཉིད་དུ་ཞུགས་པའི། །ལྷ་དང་བླ་ མའི་བྱིན་རླབས་མཉམ་མཛད་ཀྱི་སྤུན་གྲོགས། །མ་འོངས་སྔགས་རིག་ཞིང་དུ་ལེགས་སྤྱོད་ཀྱི་ སྐལ་བཟང༌། །དེང་སྐབས་བྱིན་ཆེན་འབེབས་པའི་རྟེན་འབྲེལ་ཞིག་ཞུའོ། ༩ །ཞེས་ཚོགས་ཀྱི་གླུ་ བཛྲ་གིརྟིའི་རྒྱུད་མངས།། །། 9-1-530 ༄༅། །ཚེ་འགུགས་བསྡུས་པ་བཞུགས། ༄༅། །སྐྱབས་སེམས་སྔོན་དུ་བཏང་ནས། བདག་ཉིད་སྐད་ཅིག་གིས་རྒྱལ་བ་ཚེ་དཔག་མེད་དུ་ གསལ་བའི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་གྱིས་བརྟན་གཡོའི་བཅུད་ཐམས་ཅད་བསྲུང་བྱ་ལ་ ཐིམ་པར་བསམ། ཚེ་བསྙེན་འདོན། ཧྲཱིཿ འཆི་མེད་ཚེ་ཡི་དཔལ་སྟེར་བཅོམ་ལྡན་འདས། །འཕོ་ མེད་གཞོམ་བྲལ་བདེ་བ་ཆེན་པོའི་སྐུ། །དཔག་མེད་ཡེ་ཤེས་མཆོག་གིས་དཔལ་ཡོན་ཅན། །མཐའ་མེད་འགྲོ་བའི་མགོན་པོ་ཚེ་མཐའ་ཡས། །ཁྱེད་ལ་མོས་གུས་གདུང་བས་གསོལ་ འདེབས་ན། །གང་གི་གཡེལ་མེད་ཐུགས་རྗེའི་ཕྲིན་ལས་ཀྱིས། །བསྒྲུབ་བྱའི་བླ་ཚེ་ཉམས་ པ་སླར་བསྡུས་ལ། །འཆི་བ་མེད་པ་ཚེ་ཡི་དངོས་གྲུབ་སྩོལ། །རྣམ་པར་རྒྱལ་མ་ཡིད་བཞིན་ འཁོར་ལོ་སོགས། །ཚེ་ཡི་ལྷ་ཚོགས་རྣམས་ཀྱི་བྱིན་རླབས་དང༌། །པདྨ་འབྱུང་ནས་ཤ་ཝ་རི་པ་ སོགས། །ཚེ་དབང་རིག་འཛིན་དག་གི་ཚེ་བཅུད་ཀུན། །ཁྱེད་ཀྱི་ཐུགས་རྗེའི་སྟོབས་ཀྱིས་ཉེར་ བཀུགས་ནས། །བསྲུང་བྱ་འདི་ཡི་ལུས་ངག་ཡིད་ལ་བསྟིམ། །ལུས་ཀྱི་ཟུངས་དང་སེམས་ཀྱི་ རྟེན་དུ་གྱུར། །འཆི་མེད་རྡོ་རྗེའི་ཚེ་མཆོག་ཐོབ་གྱུར་ཅིག །ཚེ་གཟུངས་བརྗོད། ཧྲཱིཿ འཆི་མེད་རྒྱལ་ བའི་ཕྲིན་ལས་བདེན་པའི་མཐུས། །འབྱུང་བཞིའི་བཅུད་ཀྱི་དྭངས་མ་ལ་སོགས་པའི། །བརྟན་ དང་གཡོ་བས་བསྡུས་པའི་བཅུད་ཐམས་ཅད། །མ་ལུས་གནས་འདིར་བཀུགས་ནས་བསྒྲུབ་ བྱ་འདིའི། །མི་ཤིགས་དྭངས་མའི་ཚེ་ཡི་བཅུད་གསོས་ཏེ། །ནམ་ཡང་གཞོམ་བྲལ་འཇིག་ མེད་རྡོ་རྗེའི་ཚེ། །རབ་བརྟན་འགྱུར་བ་མེད་པ་གཉུག་མའི་ཁམས། །ཐེར་ཟུག་རྟག་པའི་རང་ ཚུགས་ཟིན་གྱུར་ཅིག །ཚེ་གཟུངས་དང་རྟེན་སྙིང་བརྗོད་མཐར། དེ་ལྟར་བཀུག་པའི་བསྒྲུབ་བྱའི་དྭངས་ 9-1-531 མའི་ཚེ། །སྙིང་གར་ལྔ་ལྡན་འོད་ཀྱི་གོང་བུ་རུ། །འགྱུར་མེད་ཕྱག་རྒྱ་བདུན་གྱིས་རྒྱས་བཏབ་ སྟེ། །ནམ་ཡང་ཉམས་པ་མེད་པར་བསྲུང་གྱུར་ན། །སྲིད་གསུམ་དཔུང་གིས་དུས་གཅིག་རྒོ ལ་ བྱས་ནས། །མི་མཐུན་ཉེར་འཚེ་གཏོང་བའི་དགྲར་ལང་ཀྱང༌། །གཞོམ་མེད་རྡོ་རྗེའི་གོ་ཆ་རབ་ འབར་ཏེ། །དུས་ཀུན་གླགས་མི་རྙེད་པའི་གནས་ཐོབ་ཤོག །ཅེས་ཚེ་འགུགས་བསྡུས་པ་འདི་ཡང་གཙང་ སྤྲུལ་སྐུ་སྐྱེས་གཞོན་ནུ་ཉིད་ལ་མཁོ་ཕྱིར་མ་ཏི་ཀིརྟི་ཞེས་པས་འཕྲལ་དུ་བྲིས།། །། 9-1-532 ༄༅། །བསྙུང་གནས་རྒྱུན་ཁྱེར་བྱ་ཐབས་བསྡུས་པ་ བཞུགས་སོ། ། ༄༅། །འཕགས་མཆོག་གང་ལ་ཕྱག་འཚལ་ཏེ། ཕྱག་སྟོང་སྤྱན་སྟོང་བཅུ་གཅིག་ཞལ་གྱི་ལྷའི་རྣལ་འབྱོར་ལ་བརྟེན་ནས་ བསྙུང་གནས་རྒྱུན་ཁྱེར་བྱ་ཐབས་བསྡུས་པ་ནི། དཀོན་མཆོག་ཀུན་འདུས་རྗེ་བཙུན་སྤྱན་རས་གཟིགས། །སྙིང་ནས་གསོལ་འདེབས་གུས་པས་སྐྱབས་སུ་མཆི། །འགྲོ་རྣམས་བླ་མེད་བྱང་ཆུབ་ལ་ འགོད་ཕྱིར། །བདག་གིས་འཕགས་པའི་སྒོམ་བཟླས་ཟབ་མོ་བྱ། །ལན་གསུམ། སྐད་ཅིག་ཆོས་ སྐུའི་དེ་ཉིད་རང་སེམས་དང༌། །དབྱེར་མེད་ཧྲཱིཿདཀར་འཕྲོ་འདུ་ཡོངས་གྱུར་ལས། །འཕྲལ་ བྱུང་པད་དཀར་འདབ་བརྒྱད་ཟེའུ་འབྲུའི་དབུས། །ཟླ་བའི་གདན་ལ་གཟུགས་སྐུར་ལེགས་ བཞེངས་པ། །འཕགས་མཆོག་འཇིག་རྟེན་དབང་ཕྱུག་བཅུ་གཅིག་ཞལ། །རྩ་ཞལ་དུང་ཟླ་ འབུམ་གྱི་གཟི་འོད་འབར། །གཡས་ཞལ་མར་གད་གཡོན་ཞལ་ར་གའི་མདོག །དེ་སྟེང་ཞལ་ གསུམ་གཡུ་བྱུར་དངུལ་གྱི་མདངས། །དེ་གསུམ་མཛེས་ཞལ་ཀར་ཀེ་ཏ་ཡི་འོད། །ཉི་ཟེར་ཟླ་ བའི་སྣང་བྱེད་ཅིར་ཡང་འབར། །དེ་སྟེང་ཞལ་གསུམ་ར་ག་དུང་འོད་དང༌། །གཡུ་མདངས་ གསར་བའི་དཔལ་འཛིན་མཛེས་སྡུག་འཆང༌། །རྣམ་པར་ཞི་བའི་ཚུལ་དུ་ལེགས་ངོམས་པ། །གང་གི་དབུ་ཐོག་ཁྲོ་ཞལ་མིག་སྨན་མདོག །རབ་ཁྲོ ས་གཏུམ་རྔམ་ཆེས་ཆེར་འབར་བ་ཅན། །རལ་པ་དམར་སེར་གྱེན་བརྫེས་སྤྱི་བོ་ན། །དཔག་མེད་འོད་མངའ་གཙུག་གཏོར་བཟང་པོས་ མཛེས། །མགུལ་བཅས་རྒྱན་ཡངས་དམར་འོད་སྣང་བ་སྤྲོ། །དབུ་གཙུག་ནས་བཟུང་པུས་ 9-1-533 མོའི་ལྷ་ངའི་བར། །ཕྱག་སྟོང་གཡས་གཡོན་ཕྱོགས་བསྐྱོད་སྤྱན་རས་མཛེས། །དེ་ལས་རྩ་ཕྱག་ བརྒྱད་ལས་དང་པོ་གཉིས། །ཐུགས་ཀར་ཐལ་མོ་ལེགས་པར་སྦྱར་བའི་ཚུལ། །གཡས་གཉིས་ བགྲང་འཕྲེང་གཡོན་གཉིས་པད་དཀར་འཛིན། །གཡས་གསུམ་མཆོད་སྦྱིན་གཡོན་གསུམ་སྤྱི་ བླུགས་དང༌། །གཡས་བཞི་འཁོར་ལོ་གཡོན་བཞི་མདའ་གཞུ་བསྣམས། །དེ་ལྷག་དགུ་བརྒྱ་ གོ་གཉིས་མཆོག་སྦྱིན་མཛད། །རི་དྭགས་ལྤགས་པས་ནུ་མ་གཡོན་པ་བསྒྲིབས། །སྣ་ཚོགས་ དར་དང་རིན་ཆེན་རྒྱན་ཆས་སྒེག །ལང་ཚོ་དར་ལ་བདོ་ཞིང་ཟླ་འོད་འཕྲོ། །རྩ་ཞལ་རིགས་ ལྔའི་དབུ་རྒྱན་གཙོ་བོའི་ཚུལ། །འོད་དཔག་མེད་པ་རིགས་ཀྱི་དབང་ཕྱུག་ཏུ། །དོན་དམ་ བླ་མའི་ཆོས་སྐུའི་རིགས་མཚོན་བྱེད། །དམ་ཡེ་རྒྱས་འདེབས་ཚུལ་དུ་ལེགས་བཞུགས་པ། །ཞབས་གཉིས་བཞེངས་པའི་སྟབས་ཀྱིས་པད་ཟླར་བཞུགས། །ཡེ་ཤེས་དབང་བསྐུར་གདོད་ ནས་རང་ཆས་རྫོགས། །རྒྱལ་ཀུན་གསང་གསུམ་རོ་མཉམ་དེ་ལུགས་བཞིན། །དག་མཉམ་ སྒྱུ་མ་རོལ་བའི་ཚུལ་དུ་ཤར། །ཐུགས་ཀར་པད་ཟླའི་གདན་ལ་ཧྲཱིཿཡིག་དཀར། །དྲི་མེད་དུང་ མདོག་འོད་བཟང་འཕྲོ་བའི་མཐར། །གསང་སྔགས་སྙིང་པོ་ཡིག་དྲུག་ནང་མ་དང༌། །དེ་ཕྱིར་ གཟུངས་རིང་ཡི་གེ་དཀར་གསལ་བསྐོད། །གང་དག་ལས་སྤྲོས་འོད་ཕུང་འཛད་མེད་པས། །མ་དག་འཁོར་བའི་གནས་རིས་ཀུན་སྦྱངས་ཏེ། །སྣོ ད་བཅུད་དག་མཉམ་འོད་གསལ་ཆེན་ པོའི་ངང༌། །དག་ཆེན་སྤྲུལ་བཀོད་མཆོད་བསྟོད་བསམ་མི་ཁྱབ། །རང་སྣང་བསམ་བརྗོད་ བྲལ་བ་ཆོས་སྐུའི་གཤིས། །ངོ་མཚར་སྒྱུ་མའི་ཐུགས་སྲོག་སྔགས་ཕྲེང་བཅས། །རང་གསལ་ སྙིང་པོ་ཆུ་བོའི་རྒྱུན་བཞིན་བཟླ། །བཟླས་པ་ལ་ཐོག་མར་ཡིག་དྲུག་དང་དེ་ནས་གཟུངས་རིང་ཇི་ལྟར་འོས་པ་བཟླ་ བར་བྱ་མཐར། རང་སྣང་སྤྲུལ་པའི་མཆོད་བསྟོད་དང་བཅས་ཏེ། །གཟུགས་སྐུའི་རོལ་པ་ཆོས་ དབྱིངས་གཉིས་མེད་དམིགས། །ཟག་བྲལ་དགེ་དེས་འགྲོ་ཀུན་འོད་གསལ་དབྱིངས། །མྱུར་ གྲོལ་དགོངས་ཆེན་ཟབ་མོ་གཅིག་ཏུ་སྨོན། །ཞེས་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་བཅུ་གཅིག་ཞལ་གྱི་ལྷའི་ 9-1-534 རྣལ་འབྱོར་ལ་བརྟེན་ནས་བསྙུང་གནས་རྒྱུན་ཁྱེར་བྱ་ཐབས་བསྡུས་པ་འདི་ཡང་མ་ཏིས་སྨྲས་པ་ལྟར་ཡི་གེ་པ་གུ་ཎ་བྷ་དྲས་ལེགས་ བགྱིས་མཛད་པ་དགེ། །། 9-1-535 ༄༅། །འཇིགས་བྱེད་ཀྱི་བསྐང་བསྡུས་དངོས་གྲུབ་ཉེར་སྩོལ་ ཞེས་བྱ་བ་སོགས་བཞུགས་སོ། ། ༄༅། །ཧཱུཾ། འཇམ་དཔལ་ཐུགས་མཆོག་ཞི་བའི་དབྱིངས་ཉིད་ལས། །གང་འདུལ་ཐབས་ ཀྱིས་ལོངས་སྐུར་བཞེངས་པའི་ལྷ། །གཤིན་རྗེའི་གཤེད་པོ་འཇིགས་མཛད་ཁྲོ་བོའི་རྒྱལ། །འཁོར་བཅས་འདིར་གཤེགས་ཡིད་འོང་གདན་ལ་བཞུགས། །རྣལ་འབྱོར་སྔགས་དང་ཕྱག་ རྒྱས་རབ་སྤེལ་བའི། །ཕྱི་ནང་གསང་བའི་བཀོད་པ་མཐའ་ཡས་པ། །རབ་འབྱམས་ཞིང་ཀུན་ ལེགས་པར་བཀྲམ་པ་འདི། །ཟག་མེད་བདེ་བས་དགྱེས་བསྐང་བྱེད་པ་ཡིན། །བཅོམ་ལྡན་ སྙིང་རྗེའི་ངང་ནས་ཁྲོ་ཚུལ་འཆང༌། །རབ་འཇིགས་དཔའ་བོ་ཆེན་པོ་དུས་ཀྱི་དགྲ། །མ་རུངས་ གཤིན་རྗེ་འཇོམས་མཛད་སྟོབས་ཀྱི་བདག །ཁྲོ་རྒྱལ་འཇམ་དབྱངས་ཁྲོ ས་པའི་ཐུགས་དམ་ བསྐང༌། །བདེ་ཆེན་དགའ་བས་བཅོམ་ལྡན་དགྱེས་བསྐྱེད་མ། ཤེས་རབ་དགའ་མའི་དབང་ ཕྱུག་གསང་བའི་ཡུམ། །འཇིགས་རྔམ་ཁྲོ་མོའི་རྣམ་རོལ་སྲོང་ཆེན་བདག །རྡོ་རྗེ་རོ་ལངས་ མ་ཡི་ཐུགས་དམ་བསྐང༌། །གང་གི་ཐུགས་རྗེ་གར་གྱི་རྣམ་རོལ་པ། །དཔའ་བོ་འཇིགས་པའི་ ཉམས་བརྒྱ་འབར་བའི་སྐུ། །གཏུམ་ཆེན་མིག་སྨན་མདངས་འཛིན་ཁྲོ་བོའི་ཚུལ། །ལས་ མཛད་རོ་ལངས་བརྒྱད་ཀྱི་ཐུགས་དམ་བསྐང༌། །ཕྱོགས་བཅུ་སྐྱོང་བའི་བཀའ་གཉན་ཡང་ སྤྲུལ་ཚོགས། །བརྒྱ་བྱིན་ལ་སོགས་མཐུ་ལྡན་སྡེ་དཔོན་བཅུ། །རང་རིགས་འཁོར་གྱི་དཔུང་ ཚོགས་མཐའ་ཀླས་པ། །ཀུན་ཀྱང་དགྱེས་རྫས་མཆོག་གིས་མྱོས་པར་མཛོད། །གཞན་ཡང་ 9-1-536 འཇིག་རྟེན་འདས་དང་མ་འདས་པའི། །ཚུལ་གྱིས་འཇམ་དཔལ་ཁྲོ་བོའི་བཀའ་འཁོར་དུ། །ཉེ་བར་གཏོགས་པའི་བསྲུང་མ་ཐ་ཚིག་ཅན། །དབང་ཆེན་སྣང་སྲིད་སྡེ་དཔོན་མཐུ་ལྡན་དང༌། །ཁྱད་པར་འཇིགས་མཛད་ཆེན་པོའི་བཀའ་ཉན་པ། །གཤིན་རྗེའི་མངའ་བདག་དམ་ཅན་ཆོས་ ཀྱི་རྒྱལ། །ཙ་མུཎྜི་དང་གཤིན་རྗེ་ཕོ་མོའི་ཚོགས། །ཡང་འཁོར་འབུམ་དང་བཅས་པའི་ཐུགས་ དམ་བསྐང༌། །དེ་ལྟར་དགྱེས་བསྐངས་དགེ་མཚན་རྨད་བྱུང་པས། །བདག་སོགས་གཤིན་ རྗེའི་འཇིགས་ཀུན་དང་བྲལ་ཏེ། །འཇམ་དབྱངས་ཁྲོ ས་པའི་གསང་གསུམ་མི་ཕྱེད་པ། །གང་ དང་བདག་གི་སྒོ་གསུམ་དབྱེར་མེད་ཤོག །དེ་མ་ཐོབ་པའི་འདི་ཕྱི་ཇི་སྲིད་དུ། །རྟག་པར་དམ་ པས་བཟུང་ཞིང་བསྟན་དང་འཇལ། །ཉེས་ལྟུང་དྲི་མས་སེམས་རྒྱུད་མ་དཀྲུགས་པར། །སྨིན་ བྱེད་དབང་གི་ཤེས་རྒྱུད་སྨིན་ནུས་ཀྱང༌། །དེ་ལ་བརྟེན་ཏེ་རིམ་གཉིས་མངོན་རྟོགས་འཕེལ། །ལས་བཞིའི་ཕྲིན་ལས་བསོད་ནམས་ཚོགས་རྫོགས་ནས། །གསང་ཆེན་ལམ་གྱི་མཐུན་རྐྱེན་ ཀུན་འགྲིགས་ཏེ། །དམན་པར་འགྲོ་བའི་དུས་སྐབས་མེད་པར་ཤོག །དེང་ནས་བཟུང་སྟེ་ བདག་གི་ཚེ་རབས་སུ། །ཡེ་ཤེས་སྒྱུ་མའི་རང་གཟུགས་ལྷག་པའི་ལྷས། །གུས་པས་སྤྱི་བོའི་ རྒྱན་དུ་ལེགས་བསྟེན་ཏེ། །ནམ་ཞིག་རིགས་ཀྱི་བདག་པོར་ཉིད་གྱུར་ཅིག །ཅེས་རྡོ་རྗེ་འཇིགས་བྱེད་ ཀྱི་བསྐང་བསྡུས་དངོས་གྲུབ་ཉེར་སྩོལ་ཞེས་བྱ་བ་འདི་ཡང་ལྷ་འདི་ལ་མོས་པ་ཆོས་བཟང་མོས་གིས་མོས་འདུན་བཞིན་ཀིརྟིའི་མིང་ གིས་བྲིས།། །། 9-1-537 ༄༅། །བཅོམ་ལྡན་འདས་ཡི་དམ་འཇིགས་མཛད་ཆེན་པོའི་ལྷ་ཚོགས་བསྙེན་ཅིང་ མཆོད་པའི་ཐབས་ལ་བདག་ཅག་གི་སེམས་རྨོངས་པ་མ་རིག་པའི་དབང་གིས་ལུས་ཀྱི་ཕྱག་ མཆོད་གཙང་སྦྲ་ལེགས་པར་མ་ཐོན་པ་དང་ངག་གིས་བསྙེན་པ་དང་ཆོ་གའི་ཚིག་དག་པར་མ་ བཀླགས་པས་ལྷག་ཆད་བྱུང་བ་དང་ཡིད་ཀྱིས་ལྷ་ལ་གསལ་སྣང་ཞན་ཅིང་ཆགས་སྡང་སོགས་ ཀྱི་ཀུན་རྟོག་ངན་པས་སེམས་རྒྱུད་སྦགས་པ་ལ་སོགས་པ་མདོར་ན་སྐུ་གསུང་ཐུགས་དང་ འགལ་བ་གང་བགྱིས་པ་ཐམས་ཅད་མགོན་པོ་ཐུགས་རྗེའི་དབང་ཕྱུག་ཡི་དམ་ལྷག་པའི་ལྷའི་ སྤྱན་སྔར་གནོང་ཞིང་འགྱོད་པའི་སྒོ་ནས་བཟོད་པར་གསོལ་བ་ལགས་ན་ཀུན་མཁྱེན་ཡེ་ཤེས་ ཀྱི་སྤྱན་ལེགས་པར་མངའ་བ་དག་གིས་འགྲོ་བ་གང་དག་གི་ཉེས་པ་ལ་རང་དབང་མེད་པར་ གཟིགས་པའི་ངང་ནས་ཐུགས་རྗེ་ཆེན་པོས་བཟོད་གསོལ་བདག་གིར་བཞེས་ཏེ་བདག་ཅག་ རྣམས་ལ་ནམ་ཡང་སྒྲིབ་པར་མི་འགྱུར་བར་བྱིན་གྱིས་བརླབ་ཏུ་གསོལ། 9-1-538 ༄༅། །རྡོ་རྗེ་འཇིགས་བྱེད་ཀྱི་ཚོགས་ཀྱི་གླུ་དབྱངས་འཇམ་པའི་ རྡོ་རྗེ་དགྱེས་པའི་གསང་ཚིག་ཅེས་བྱ་བ་ བཞུགས་སོ། ། ༄༅། །ཨ་ཧོ་ཡ་མཉྫུ་ཤྲཱི་སུ་ཁ་ཧེ་བཛྲ་ཧེ་རུ་ཀ་ཧོ། དབྱིངས་དག་པ་འོག་མིན་བདེ་ཆེན་གྱི་ གནས་མཆོག །ཕ་སྐུ་གསུམ་གྱི་བདག་ཉིད་འཇམ་པའི་རྡོ་རྗེ། །ལྷ་དཔའ་བོ་དཔའ་མོ་འབུམ་ ཕྲག་གི་དཀྱིལ་འཁོར། །མགོན་རིགས་ཀྱི་བདག་པོས་མཁའ་དབྱིངས་འདིར་སྤྲོས་ཤོག ༡ །ལྷ་ཟུར་ཕུད་ལྔ་པ་ན་གཞོན་གྱི་ལང་ཚོས། །མདོག་ལི་ཁྲི འི་མདངས་འཛིན་འོད་བཟང་གི་ དཀྱིལ་ནས། །སྐུ་སྒྱུ་མའི་མཛེས་གཟུགས་བདེ་ཉམས་ཀྱིས་བརྗིད་པ། །གསུང་རྡོ་རྗེའི་རྒྱང་ གླུས་ནང་རིགས་འདི་སད་མཛོད། ༢ །ཐུགས་ཞི་བ་ཆེན་པོ་ཡེ་ཤེས་ཀྱི་དབྱིངས་ལས། །ཆེས་ ཤིན་ཏུ་ཁྲོ་ཚུལ་དབང་གཞུ་ལྟར་ཤར་བས། །སྐུ་གཏུམ་བག་མི་བཟད་འཇིགས་རྔམ་ཀྱི་མངའ་ བདག གདོང་མ་ཧེའི་གད་མོས་བདུད་སྲིན་གྱི་ཀླད་འགེམས། ༣ །ལྷ་གཏུམ་ཆེན་མིག་སྨན་ ཁ་དོག་གི་མདངས་འཛིན། །དཔལ་རྡོ་རྗེའི་སྒྱུ་འཕྲུལ་གྲངས་མང་གི་ཞབས་ཕྱག །ཆེས་ འཇིགས་པའི་མཚོན་ཆ་ཕྱོགས་ཀུན་ནས་གདེངས་བཞིན། །དུས་བསྐལ་བའི་བསྲེགས་ཟ་ འཁྲུགས་ཀློང་ནས་བཞེངས་ཤོག ༤ །མདངས་སྟོང་ཆེན་འགག་མེད་བདེ་ཆེན་གྱི་བདག་ མོ། །ཡུམ་རྡོ་རྗེ་རོ་ལངས་མཁའ་སྤྱོད་ཀྱི་དཔའ་མོ། །ཉམས་རྗེས་ཆགས་འབུམ་གྱི་ཞལ་རིས་ ཀྱང་མཛེས་མོ། །ཁོང་ཌ་ཀི་རྒྱ་མཚོའི་དབུས་ནས་ཀྱང་ཕེབས་མཛོད། ༥ །ལྷ་དཔའ་བོ་ཆེན་པོ་ གཤིན་རྗེ་ཡི་གཤེད་པོ། །བདུད་སྡེ་ཀུན་འཇོམས་པའི་གསང་གསུམ་གྱི་རོལ་པ། །གསང་ཆེན་ 9-1-539 གྱི་སྔགས་རིག་འདུ་གནས་ཀྱི་ཁྲོ ད་འདིར། །མཐའ་ཡས་པའི་ཀློང་ཆེན་རྡོལ་བ་འདི་ཨེ་མ། ༦ །ནང་བླ་མེད་རྟོགས་པའི་བདེ་ཆེན་གྱིས་མྱོས་པའི། །ལམ་སྦྱོར་སྒྲོལ་མཐར་ཕྱིན་རྣལ་འབྱོར་ གྱི་དབང་ཕྱུག །ཐུགས་ཐ་མལ་ངན་རྟོག་དྲི་མས་ཀྱང་མ་གོས། །ཆོས་དག་མཉམ་སྔགས་རྒྱས་ སྦྱངས་སྤེལ་གྱི་དགའ་སྟོན། ༧ །ལྷ་འཇམ་དབྱངས་ཁྲོ ས་པའི་དཀྱིལ་འཁོར་ལ་ཕུལ་བ། །མགོན་རྒྱལ་བའི་ཐུགས་དགོངས་བདེ་ཆེན་གྱིས་མཉེས་ནས། །སླར་ཉམས་ཆགས་ཀྱི་ལྟུང་ བ་དབྱིངས་སུ་སྦྱངས་ཏེ། །བསོད་ནམས་ཀྱི་ཚོགས་ཆེན་བསགས་པ་འདི་ཨ་ཧོ། ༨ །ཐབས་ ཤེས་རབ་ཟུང་འབྲེལ་བདེ་སྟོང་གི་ཚོགས་འཁོར། །འདིར་རྣལ་འབྱོར་ཕོ་མོའི་དགའ་སྟོན་གྱི་ མཆོད་པ། །ཟས་འདོད་སྲེད་ཀྱིས་ལོངས་སུ་སྤྱོད་པར་མ་བྱེད། །ཐུགས་བདེ་སྟོང་དབྱེར་མེད་ ཀྱི་ངང་ནས་རོལ་མཛོད། ༩ །བཅུད་དཔའ་བོའི་སྟོན་མོ་ཞལ་ཟས་སུ་བྱས་པས། །འདིར་ བཞུགས་ཀྱི་རྣལ་འབྱོར་སྐལ་བཟང་ཚོ་དགྱེས་ཏེ། །ཁོང་དག་པའི་ལུས་ཀྱི་རྩ་མདུད་ཀུན་གྲོལ་ ནས། །གནས་དྲུག་གི་འཁོར་ལོ་བདེ་ཆེན་གྱིས་གང་སོ། ༡༠ །ཐབ་གཏུམ་མོའི་འབར་སྣང་ སྟོང་གཟུགས་ཀྱི་ལྷ་སྐུ། །ཁམས་མི་ཤིགས་དྭངས་མའི་རང་མདངས་ལས་གྲུབ་པའི། །ལུས་ གདོས་བྱས་བེམ་པོ་རང་དྭངས་སུ་སོང་ནས། །ལྷ་ཟུང་འཇུག་སྒྱུ་མའི་སྐུ་བཟང་དེ་མངོན་ཡོད། ༡༡ །སེམས་སྣང་སྟོང་གཉིས་མེད་ཏིང་འཛིན་གྱིས་མྱོས་པས། །ལུས་ཀུན་ཏུ་བསྐྱོད་པའི་རོལ་ གར་གྱི་རྩེད་མོ། །ངག་རྡོ་རྗེའི་རྒྱང་གླུ་རང་ཤུགས་ཀྱིས་སྒྲོགས་ཏེ། །ཆོས་རྡོ་རྗེའི་སྤུན་གྱི་ཐ་ ཚིག་འདི་མ་འདོར། ༡༢ །ནང་རླུང་སེམས་དབང་དུ་བསྡུས་པ་འདིའི་བྱེད་པས། །ལས་རབ་ འབྱམས་ཐོགས་མེད་སྐད་ཅིག་གིས་བསྒྲུབ་ནས། །མ་འགྲོ་བ་གསང་ཆེན་ལམ་བཟང་ལ་ བཀོད་དེ། །མཐར་འཇམ་དཔལ་ཁྲོ་བོའི་དངོས་གྲུབ་ཞིག་ཞུའོ། །ཞེས་རྡོ་རྗེ་འཇིགས་བྱེད་ཀྱི་ཚོགས་ ཀྱི་གླུ་དབྱངས་འཇམ་པའི་རྡོ་རྗེ་དགྱེས་པའི་གསང་ཚིག་ཅེས་བྱ་བ་འདི་ཡང༌། ཆོས་བཟང་གི་མོས་འདུན་བཞིན་མ་ཏིས་མིང་གི་ ལེགས་པར་སྤེལ་བའོ།། །། 9-1-540 ༄༅། །ལས་མགོན་ཟངས་གྲི་ཅན་གྱི་བསྐང་བཤགས་ འདོད་དོན་མྱུར་འགྲུབ་ཅེས་བྱ་བ་ བཞུགས་སོ། ། ༄༅། །ཧཱུཾ། རང་ཉིད་ཡི་དམ་ཐུགས་ལས་འབྲུ་གསུམ་སྤྲོས། །གཏོར་རྫས་ལ་ཕོག་ སྦྱང་སྤེལ་བསྒྱུར་བ་ཡིས། །ཟག་མེད་ནམ་མཁའ་མཛོད་ཀྱི་ལོངས་སྤྱོད་བཞིན། །དཔལ་ མགོན་དགྱེས་པ་བསྐྱེད་པའི་རྫས་སུ་གྱུར། །ཧཱུཾ། ཆོས་དབྱིངས་སྐྱེ་མེད་ངང་ལས་བཞེངས་ པའི་འཕྲུལ། །གཏུམ་རྔམས་འཇིགས་གཟུགས་དུས་ཀྱི་མུན་ཆེན་བཞིན། །རབ་ཁྲོ ས་དྲེགས་ ལྡན་སྲིན་པོ་ཁྲོ ས་པའི་གཟུགས། །གཟི་བརྗིད་བཟོད་དཀའ་སྦོམ་ཐུང་འགྱིང་བག་ཅན། །ཁྲོ་ འཁྲུགས་རྔམས་པའི་ཞལ་ནས་གད་མོ་སྒྲོག །ཕྱག་གཡས་གྲི་གུག་གདོན་བགེགས་སྲོག་ལ་ རྒོ ལ། །ཕྱག་གཡོན་ཐོད་པར་བདུད་སྡེའི་སྙིང་ཁྲག་བསྐྱིལ། །དྲག་ཤུལ་སྟོབས་ཀྱིས་ཁམས་ གསུམ་འདར་ཞིང་བསྔངས། །འཇིགས་གཟུགས་སྐུ་ལ་ཤ་འགག་དཀར་ལྗང་བརྩེགས། །དར་ཆེན་བེར་ནག་དགུ་བརྩེགས་ལྷབ་ལྷུབ་གཡོ། །ཞབས་ཟུང་སག་ལྷྭམ་བརྡེག་སྒྲས་ས་ གསུམ་འདར། །སྦྲུལ་དང་མགོ་ཕྲེང་འཇིགས་པའི་རྒྱན་གྱིས་སྤྲས། །དུས་མཐའི་མེ་རླུང་ འཚུབ་དཀྱིལ་འགྱིང་བརྗིད་ཀྱིས། །མི་བསུན་གཤིན་རྗེས་སྲིན་པོ་ཕོ་མོ་སོགས། །བཀའ་ སྡོད་ལས་བྱེད་སྤྲུལ་འཁོར་དང་བཅས་པ། །སྐད་ཅིག་ཐོགས་མེད་འདིར་གཤེགས་མདུན་ མཁར་བཞུགས། །རྣལ་འབྱོར་སྔགས་རྒྱས་རབ་སྤེལ་བསྐང་བའི་རྫས། །ཉེར་སྤྱོད་འདོད་ལྔ་ 9-1-541 བཀྲ་ཤིས་རྫས་རྟགས་སོགས། །ཡིད་དུ་འོང་བའི་ཉེར་མཁོའི་རིགས་མཐའ་དག།ཀུན་བཟང་ འཕྲུལ་ལ་འགྲན་པའི་དགྱེས་རྫས་འདིས། །བེར་ནག་ཟངས་གྲི་ཅན་གྱི་ཐུགས་དམ་བསྐང༌། །བཀའ་སྡོད་གཤིན་རྗེ་ཕོ་མོའི་ཐུགས་དམ་བསྐང༌། །ལས་བྱེད་སྲིན་པོ་ཕོ་མོའི་ཐུགས་དམ་ བསྐང༌། །སྤྲུལ་པ་ཡང་སྤྲུལ་ཚོགས་ཀྱི་ཐུགས་དམ་བསྐང༌། །བསྟན་པ་བསྲུང་ཞིང་འགྲོ་ལ་ ལེགས་ཚོགས་སྤེལ། །གནོད་བྱེད་བདུད་སྡེའི་རིགས་གྱུར་ཆམ་ལ་ཕོབ། །རྣལ་འབྱོར་སྒྲུབ་ པོའི་གསང་གསུམ་བར་ཆད་སོལ། །མདོར་ན་གང་བཅོལ་དོན་ཀུན་འགྲུབ་པར་མཛོད། །དམར་ཆེན་ཨརྒྷའི་རྦ་ཀླུང་ཆིལ་ཆིལ་འཁྲི གས། །དབང་ལྔའི་མེ་ཏོག་བརྗིད་ཆེན་རི་ལྟར་ སྤུངས། །ཚིལ་ཆེན་དྲི་སྤོས་དུད་པས་མཁའ་ཀུན་འགེངས། །ཞུན་ཆེན་སྣང་གསལ་ཕྱོགས་ བརྒྱར་རབ་སྣང་འགྱེད། །མཁྲི ས་ཆེན་དྲི་ཆབ་ངད་བཟང་ཡོངས་བརྡལ་བ། །ཤ་ཆེན་དམ་རྫས་ རོ་བཅུད་ཀུན་རྒྱས་ཤིང༌། །རྐང་གླིང་སྒྲ་ཡི་རོལ་མོ་སྙན་པའི་དབྱངས། །གནམ་སའི་ཁྱོན་ཀུན་ ལེགས་པར་བཀང་བ་འདིས། །བེར་ནག་ཟངས་གྲི༴ སོགས་ཤོ་ལོ་ཀ་གཉིས་པོ་འགྲེས། གདོད་ནས་ རྣམ་དག་རྩ་བརྒྱད་སྟོང་སྦྱར་སྨན། །ཞིང་བཅུ་བསྒྲལ་བའི་རཀྟ་དམར་ཆེན་ཁྲག །དཔལ་གྱི་ གཏོར་མ་དམ་རྫས་བརྗིད་ཆེན་པོ། ཁམས་གསུམ་ཡོངས་དག་མཆོད་པ་རྒྱ་ཆེན་གྱིས། །བེར་ ནག་ཟངས་གྲི༴ སོགས་འགྲེས། རྣལ་འབྱོར་ཏིང་འཛིན་དག་པའི་སྒྱུ་འཕྲུལ་ལས། །སྦྱང་རྟོགས་ སྦར་བའི་དམ་ཚིག་མཆོག་གི་རྫས། །ལྕགས་ཀྱུ་སྒྲོན་ལྔའི་ངོ་བོར་གྱུར་པ་ཡི། །རྨད་བྱུང་དམ་ རྫས་བཅུད་ལྡན་ཆེན་པོ་འདིས། །བེར་ནག་ཟངས་གྲི༴ སོགས་འགྲེས། ཉམས་པ་ཞིང་བཅུ་སྒྲོལ་ བྱེད་ཟངས་ཀྱི་གྲི། །བདུད་སྡེའི་ཁྲག་གིས་བཀང་བའི་བནྡྷ་ཆེ། །ཤ་འགག་དཀར་ལྗང་དར་ ནག་འཇོལ་བེར་དགུ། །ཕྱག་མཚན་ན་བཟའི་མཆོད་པ་དཔག་མེད་ཀྱིས། །བེར་ནག་ཟངས་ གྲི༴ སོགས་འགྲེས། རབ་བརྗིད་རྔམ་པའི་འཇིགས་གཟུགས་ལྡན་པ་ཡི། །སྣ་ཚོགས་སྦྲུལ་ཆེན་ ཆུན་འཕྱང་དུ་མ་དང༌། །ལྕང་ལོའི་ཟར་བུ་བཞིན་མདོག་རབ་བསྒྱུར་བ། །རྒྱུ་མར་བརྒྱུས་པའི་ 9-1-542 མགོ་རློན་རྒྱན་ཕྲེང་འདིས། །བེར་ནག་ཟངས་གྲི༴ སོགས་འགྲེས། མཚན་འཛིན་ཀུན་བྲལ་སྟོང་ ཆེན་རྣམ་ཀུན་པ། །གཉིས་མེད་ཡེ་ཤེས་ཆེན་པོའི་རོལ་པ་ལས། །དག་ཆེན་འཁོར་ལོའི་རྒྱན་ དུ་ལེགས་སོན་པ། །རབ་ཞི་དམིགས་མེད་དེ་ཉིད་དམ་པ་ཡིས། །བེར་ནག་ཟངས་གྲི༴ སོགས་ འགྲེས། དེ་ལྟར་དགྱེས་པ་ལེགས་བསྐངས་བྱས་འདི་ཡིས། །བསྟན་དང་བསྟན་པ་འཛིན་པའི་ འདུས་སྡེ་དང༌། །གནས་གཞི་དགོན་དང་སྦྱིན་བདག་མ་ལུས་བཅས། །རྟག་པར་གཡེལ་མེད་ བསྲུང་བའི་ཁ་འཛིན་མཛོད། །རྒྱལ་བསྟན་སྤྱི་དང་ངེས་དོན་ཇོ་ནང་པའི། །ལུགས་བཟང་མི་ ནུབ་ཕྱོགས་མཐར་རྒྱས་པ་དང༌། །དེ་འཛིན་སྡེ་ཀུན་ཐུགས་མཐུན་ཁྲི མས་གཙང་གིས། །ཐོས་ བསམ་སྒོམ་པའི་བྱ་བ་ཡོངས་འཕེལ་ཤོག །ཆོས་གཞི་དགོན་གནས་ཆོས་མཐུན་རྐྱེན་ཀུན་ འཛོམ། །བསྟན་པའི་ཞབས་འདེགས་སྟོབས་འབྱོར་མངའ་ཐང་དར། །རྒྱལ་ཁམས་བདེ་སྐྱིད་ དབྱར་མཚོའི་དཔལ་ལ་འགྲན། །དགེ་མཚན་རྫོགས་ལྡན་གསར་བའི་དགའ་སྟོན་ཕོབ། །ཡེ་ ཤེས་ཆེན་པོའི་སྤྲུལ་གར་ལས་ཀྱི་མགོན། །གང་གི་གསང་གསུམ་མཛད་ཕྲིན་དང་འགལ་ བའི། །ནོངས་པ་གང་བགྱིས་མཁྱེན་སྤྱན་དྲུང་དུ་བཤགས། །སྒྲིབ་མེད་ཚངས་པའི་དངོས་གྲུབ་ བསྩལ་དུ་གསོལ། །སྐང་བཤགས་ཚུལ་འདིས་བདག་སོགས་སྒྲུབ་པོ་ཡི། །སྒོ་གསུམ་ཡེ་ཤེས་ མགོན་པོའི་སྐུ་གསུང་ཐུགས། །དབྱེར་མེད་ཆོས་སྐུའི་དགོངས་ཀློང་གཅིག་གྱུར་ཏེ། །སྤྲུལ་པ་ རྒྱ་མཚོས་འགྲོ་ཀུན་སྒྲོལ་གྱུར་ཅིག །ཅེས་ལས་མགོན་ཟངས་གྲི་ཅན་གྱི་བསྐང་བཤགས་འདོད་དོན་མྱུར་འགྲུབ་ ཅེས་བྱ་བ་འདི་ཡང་ཉམས་ལེན་ཆོས་ལ་བརྩོན་པའི་གྲྭ་བཙུན་བརྩོན་འགྲུས་ཀྱིས་ལེགས་པར་བསྐུལ་ངོར། མ་ཏིའི་མིང་གིས་ཤར་ མར་སྤེལ་བ་ཛ་ཡནྟུ།། །། 9-1-543 ༄༅། །ལས་མགོན་ཟངས་གྲི་ཅན་གྱི་མངའ་གསོལ་ ཉེར་བསྡུས་བཞུགས། ༄༅། །ཧཱུཾ། རྒྱལ་ཀུན་ཕྲིན་ལས་སྒྲུབ་མཛད་ཡེ་ཤེས་ལྷ། །ཆོས་དབྱིངས་སྤྲོས་མེད་ངང་ ལས་ལེགས་བཞེངས་པ། །ལས་ཀྱི་མགོན་པོ་མ་ཧཱ་ཀཱ་ལ་ཆེ། །སངས་རྒྱས་སྟོང་གི་བསྟན་ བསྲུང་མཐུ་ཆེན་བདག །ལྷ་ཆེན་ཡེ་ཤེས་སྤྱན་ལྡན་ཆོས་སྐྱོང་རྗེ། །བརྒྱུད་གསུམ་བྱིན་རླབས་ ཐུགས་རྗེ་འདུས་པའི་གཏེར། །འགྲོ་ལ་བུ་བཞིན་གཟིགས་པའི་ཕྲིན་ལས་ཅན། །རྩ་བརྒྱུད་བླ་ མའི་ངོ་བོར་མངའ་གསོལ་ལོ། །གྲུབ་གཉིས་དངོས་གྲུབ་འདོད་ཀུན་འཇོ་བའི་དཔྱིད། །དུས་ འཁོར་བདེ་གསང་འཇིགས་མཛད་ལ་སོགས་པ། །དཔའ་བོ་དཔའ་མོ་རབ་འབྱམས་རྒྱུད་ སྡེའི་ལྷ། །ཡི་དམ་ལྷ་ཚོགས་ངོ་བོར་མངའ་གསོལ་ལོ། །སྤངས་རྟོགས་ཡོངས་རྫོགས་དུས་ གསུམ་རྒྱལ་བའི་ཚོགས། །ལུང་དང་རྟོགས་པའི་བདག་ཉིད་དམ་པའི་ཆོས། །ཐེག་གསུམ་ ཕྱིར་མི་ལྡོ ག་པ་འཕགས་པའི་སྡེ། །རྣམ་གསུམ་སྐྱབས་ཀྱི་ངོ་བོར༴ ཞིང་སྔགས་ལྷན་སྐྱེས་ རིགས་ལས་ལེགས་འཁྲུངས་པ། །བདེ་ཆེན་ཡེ་ཤེས་དབང་ཕྱུག་གནས་གསུམ་གྱི། །འབུམ་ ཕྲག་ཌཱ་ཀིའི་རིགས་གྱུར་མཁའ་འགྲོའི་ཚོགས། །མ་སྲིང་ཡོངས་ཀྱི་ངོ༴ ཡེ་ཤེས་ཆེན་པོ་མཐུ་ ལྡན་དྲེགས་པའི་སྐུ། །རབ་ཁྲོ ས་འཇིགས་རྔམ་དྲག་ཤུལ་འབར་བའི་གཟུགས། །སངས་རྒྱས་ བསྟན་པ་བསྲུང་བའི་དབང་པོ་རྗེ། །ཆོས་བཞིན་སྐྱོང་བའི་ངོ་བོར༴ ཕན་བདེ་མ་ལུས་འབྱུང་ བའི་སྒོ་གཅིག་པུ། །མཐའ་ཡས་འགྲོ་བའི་ཉེར་འཚོའི་གཞིར་གྱུར་པ། །མཉམ་མེད་ཐུབ་ 9-1-544 དབང་མཆོག་གི་བསྟན་པ་དང༌། །དེ་འཛིན་བྱེད་ཀུན་སྐྱོང་བར༴ ཁྱད་པར་ངེས་དོན་འཁོར་ ལོ་ཐ་མ་ཡི། །དགོངས་པ་ཇི་བཞིན་མདོ་སྔགས་ལམ་སྲོལ་གྱི། །རང་ལུགས་འཛིན་པ་ཀུན་ མཁྱེན་ཇོ་ནང་པའི། །བསྟན་དང་དེ་འཛིན་སྐྱོང་བར༴ ཡང་སྒོས་གསང་ཆེན་སྒྲུབ་བརྒྱུད་ འཛིན་པའི་སྡེ། །ཆོས་གཞི་དགོན་གནས་འདུས་སྡེ་མ་ལུས་བཅས། །ནམ་ཡང་གཡེལ་མེད་བུ་ བཞིན་བརྩེ་གཟིགས་ཀྱིས། །རྟག་པར་སྐྱོང་བའི་སྲུང་མར༴ མ་ལུས་སྐྱབས་ཀུན་འདུས་པའི་ བདག་ཉིད་མཆོག།ཡེ་ཤེས་སྤྱན་ལྡན་ལས་མགོན་ཟངས་གྲི་ཅན། །བསྟན་སྲུང་དྲེགས་ལྡན་ ཀུན་གྱི་མཐུ་ནུས་འབར། །དེང་འདིར་སྲུང་མའི་མཆོག་ཏུ༴ སྒྲུབ་པོ་བུ་བཞིན་སྐྱོང་བའི་ཐ་ ཚིག་མངའ། །སྣང་སྲིད་ཆེ་དགུ་བྲན་དུ་བཀོལ་ལ་དཔའ། །ཕྲིན་ལས་རྩལ་ཤུགས་གློག་ཞགས་ བས་ཀྱང་མྱུར། །ལས་མགོན་ཆོས་སྐྱོང་ཆེ་བའི་དབུ་འཕང་བསྟོད། །མི་བཟད་ཆེར་སྙི གས་ དུས་ཀྱི་རང་རྟགས་ལས། །བསྟན་པ་ཆེས་ཉག་ཕྲ་ཞིང་འགྲོ་བདེ་འགྲིབ། །རྐྱེན་ངན་རུ་འཛིང་ ངོམ་པའི་དུས་ཀྱི་མཐར། །མཛད་ཕྲིན་དྲག་རྩལ་སྟོབས་ཀྱི་གཟི་མདངས་བསྐྱེད། །བསྟན་ ལ་འཚེ་བའི་ཞིང་བཅུ་སྡིག་ཅན་དང༌། །སྐྱེ་དགུའི་བདེ་སྐྱིད་འཇོམས་པའི་གནོད་བྱེད་རིགས། །སྟོབས་ལྡན་ཆོས་སྐྱོང་ཁྱེད་ཀྱི་རྩལ་དྲག་གིས། །མ་ལུས་རྡུལ་བཞིན་བརླག་པའི་ཕྲིན་ལས་ མཛོད། །རྒྱལ་བསྟན་སྤྱི་དང་ངེས་དོན་རང་ལུགས་མཆོག །ནམ་ཡང་ནུབ་མེད་བསོད་ནམས་ ཞིང་ཉིད་དུ། །རྟག་པར་སྐྱོང་བའི་རླབས་ཆེན་མཛད་བཟང་གིས། །སྒྲུབ་ལ་དུས་ཀུན་གཡེལ་ བ་མེད་གྱུར་ཅིག །ཅེས་ལས་མགོན་ཟངས་གྲི་ཅན་གྱི་མངའ་གསོལ་ཉེར་བསྡུས་འདི་ཡང་བསླབ་གཙང་ཆོས་བློ་ཅན་ བརྩོན་འགྲུས་ཀྱི་མོས་འདུན་བཞིན་མ་ཏིས་སྤེལ་བའོ།། །། 9-1-545 ༄༅། །བརྒྱུད་འདེབས་དང་སྨན་མཆོད་སོགས་ཀྱི་ ཁ་སྐོང་སྐོར་བཞུགས། ༄༅། །དྷརྨ་ཝརྟིའི་མཚན། ཟབ་ཆོས་མཛོད་འཛིན་ཆོས་ཀྱི་འཕགས་པའི་སྡེ། །མཐོང་ཐོས་ འདྲེན་མཛད་གསུམ༴ སྒྲུབ་པ་མཐར་སོན་ཀུན་དགའ་དཔལ་ལྡན་ཞབས། །ཟབ་ལམ་ རྟོགས་པའི་དབང་ཕྱུག་ལུང་རྟོགས་རྗེ། །བརྒྱུད་པའི་བཀའ་བབས་ཀུན་དགའ་སྙན་གྲགས་ མཚན། །གདུལ་བྱ་འདྲེན་མཛད་གསུམ༴ རྩ་བརྒྱུད་བླ་མའི་ཐུགས་རྗེའི་རང་གཟུགས་གར། །དབང་ལུང་མན་ངག་ཆོས་གྱི་སྒོ་འབྱེད་མཛོད། །ཐུགས་རྗེའི་གཏེར་ཆེན་རྩ་བའི་བླ་མ་མཆོག །གསུམ་ལྡན་རྡོ་རྗེ་འཛིན་ལ༴ བསླུ་མེད་གཏན་གྱི༴ ཅེས་བླ་མ་བརྒྱུད་པའི་ཁ་སྐོང་འདི་ཡང་བརྩོན་འགྲུས་ ངོར་མ་ཏིས་སོ།། །། ༄༅། །དུས་འཁོར་བརྒྱུད་འདེབས་ཁ་སྐོང་ནི། གསང་ཆེན་མཛོད་འཛིན་ཆོས་འཕེལ་རྒྱ་མཚོས་ སྡེ། །གསོལ་བ༴ ཟབ་ལམ་མཆོག་མངའ་ཆོས་ཀྱིས་འཕགས་པའི་ཞབས། །སྒྲུབ་པའི་ བརྒྱུད་འཛིན་ཀུན་དགའ་དཔལ་ལྡན་རྗེ། །ཟབ་ལམ་རིམ་གཉིས་ལུང་རྟོགས་ཆོས་ཀྱི་མཛོད། །གསོལ་བ༴ གསང་ཆེན་ཆོས་ཀྱི་མཛོད་སྒོ་ལེགས་འབྱེད་པ། །ཀུན་དགའ་སྙན་གྲགས་ཟབ་ ལམ་གདམས་པའི་གཏེར། །དྲིན་ཅན་མངོན་གྱུར༴ སོགས། མ་ཏིས་སོ།། །། ༄༅། །དུས་འཁོར་སྨན་མཆོད་སྐབས། འཇིགས་མེད་རྣམ་རྒྱལ་ཆོས་འཕེལ་རྒྱ་མཚོའི་ཞབས། །ངག་དབང་ཆོས་འཕགས་ཀུན་དགའ་དཔལ་ལྡན་རྗེ། །ལུང་རྟོགས་རྒྱ་མཚོ་ཀུན་དགའ་སྙན་ 9-1-546 གྲགས་ཞབས། །རྩ་བའི་བླ་མ་རྣམས་ལ༴ གཞན་ཡང་ཆོས་འདིའི་དབང་ལུང་མན་ངག་སྐོར། །གང་དང་གང་ལས་ལེགས་པར་ཐོབ་པ་ཡི། །རྡོ་རྗེ་རྣལ་འབྱོར་མངོན་སུམ༴ སོགས། མ་ཏིས་སོ།། །། ༄༅། །འཕོ་བའི་སྐབས། གསོལ་བ༴ ལམ་ཟབ༴ ཆོས་ཀྱི་འཕགས་པ་ཀུན་དགའི་མཚན་ འཆང་རྗེ། །ལུང་རྟོགས་རྒྱ་མཚོ་ཀུན་དགའ་སྙན་གྲགས་སྡེ། །བཀའ་དྲིན་མཚུངས་མེད་ངག་ དཔལ་བཟང་པོའི་ཞབས། །བརྒྱུད་པ༴ སོགས་སོ། །མ་ཏིས་སོ།། །། ༄༅། །མི་འཁྲུགས་པའི་བརྒྱུད་འདེབས་ཁ་སྐོང་ལ། འཇིགས་མེད་རྣམ་རྒྱལ་གྱི་རྗེས་སུ། །ཆོས་ འཕེལ་རྒྱ་མཚོ་ཆོས་ཀྱི་མན་ངག་འཛིན། །བརྒྱུད་འཛིན་བླ་མ་གསུམ་ལ༴ ཆོས་ཀྱི་འཕགས་ པ་ཆོས་མཆོག་ཟབ་མོ་བརྙེས། །ཀུན་དགའ་དཔལ་ལྡན་ཀུན་ལ་གདམས་བཟང་སྟེར། །ལུང་ རྟོགས་རྒྱ་མཚོ་ལུང་རྟོགས་བསྒྲུབ་བརྒྱུད་སྤེལ། །གསང་ཆེན་མཛོད་འཛིན་གསུམ་ལ༴ ཀུན་ དགའ་སྙན་གྲགས་ཀུན་ནས་མཛད་བཟང་བ། །འགྲོ་ཕན་སྣང་བའི་བྱེད་པོ་བཀའ་དྲིན་ཅན། །བརྒྱུད་པ་སོགས་གོང་ལྟར་རོ། །བརྩོན་འགྲུས་ངོར། མ་ཏིས་སོ།། །། ༄༅། །རྟ་མགྲིན་ལ། ཆོས་འཕེལ་སྡེ། །ཟབ་ལམ་གདམས་པ་མཆོག་མངའ་ཆོས་ཀྱི་ འཕགས། །གསོལ་བ༴ སྒྲུབ་པའི་རྒྱུན་འཛིན་ཀུན་དགའ་དཔལ་ལྡན་རྗེ། །ཀུན་དགའ་ལུང་ རྟོགས་སྙན་གྲགས་རྒྱ་མཚོའི་སྡེ། །རྩ་རྒྱུད་བླ་མ༴ བླ་མ་བརྒྱུད་པའི་ཁ་སྐོང་འདི་ཡང་བརྩོན་འགྲུས་ངོར་མ་ཏིས་ སོ།། །། ༄༅། །ཡང་ན། ཆོས་ཀྱི་འཕགས་པ་ཀུན་དགའ་དཔལ་ལྡན་རྗེ། །ཀུན་དགའ་ལུང་རྟོགས་ སྙན་གྲགས་རྒྱ་མཚོའི་སྡེ། །རྩ་བརྒྱུད་བླ་མ༴སོགས། བླ་མ་བརྒྱུད་པའི་ཁ་སྐོང་འདི་ཡང་བརྩོན་འགྲུས་ངོར་མ་ ཏིས་སོ།། །། 9-1-547 ༄༅། །རྟེན་འབྲེལ་སྙིང་པོའི་བཀླག་ཆོག་ཉེར་མཁོ་བསྟན་འགྲོར་ ལེགས་སྤེལ་ཞེས་བྱ་བ་བཞུགས་སོ། ། ༄༅། །འདིར་རྟེན་འབྲེལ་སྙིང་པོ་བཀླག་ཆོག་གི་ཐབས་དུས་སུ་ཉེར་མཁོ་ཙམ་འགོད་པ་ལ་ཐོག་མར། རྨད་བྱུང་ དགེ་ལེགས་མཆོག་གི་དཔལ་གྱུར་ཕྱོགས་བཅུའི་ཞིང་རབ་འབྱམས་ན་བཞུགས་པའི་ཐམས་ ཅད་མཁྱེན་གཟིགས་སྟོབས་བཅུ་མངའ་བའི་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་གང་ ཇི་སྙེ ད་ཅིག་མཆིས་པ་ཐམས་ཅད་ལ། སྙིང་ནས་གུས་པས་སྐྱབས་སུ་ཉེ་བར་མཆི་བ་ལགས་ ན་སྙིགས་དུས་ཀྱི་འགྲོ་བ་མཐའ་དག་ལ་རྟེན་འབྲེལ་ལེགས་ཚོགས་ཀྱི་སྒོ་ཀུན་ནས་སྩོལ་བའི་ ཕྲིན་ལས་མཛད་དུ་གསོལ། ལན་གསུམ། ཤིན་ཏུ་ཉེ་བར་ཞི་བའི་བདུད་རྩི་ཆེས་ཕུལ་དུ་ཕྱིན་པ་ བཟོད་དཀའི་ཉེས་སྡུག་མཐའ་དག་དྲུངས་ནས་གཞོམ་པའི་འོད་གསལ་ཡེ་ཤེས་ཞི་བ་ཆེན་པོ་ སྤངས་རྟོགས་ཀྱི་རིགས་མཐའ་དག་རྗོད་བྱེད་ལུང་དང་བཅས་པ་ལ། རྒྱུད་སྨིན་ཅིང་གྲོལ་བྱེད་ ཀྱི་སྨན་མཆོག་དམ་པར་ཡིད་གཏིང་ནས་སྐྱབས་སུ་བསྟེན་པ་ལགས་ན་དེ་ལུགས་ཀྱི་ཕན་ བདེའི་ལེགས་སྩོལ་མཆོག་གི་རྟེན་འབྲེལ་གནང་བར་མཛོད། ལན་གསུམ། ཡོན་ཡོངས་སུ་སྦྱོང་ བའི་བསོད་ནམས་ཞིང་གི་མཆོག་གྱུར་སོ་སྐྱེས་ས་ལས་འདས་ཤིང་ཡང་དག་བདེན་པ། ཇི་ བཞིན་མངོན་གཟིགས་ཀྱི་འདུས་པ་རྒྱ་མཚོ་ལ། ཡིད་རབ་ཏུ་དང་བའི་ངང་ནས་སྐྱབས་སུ་འགྲོ་ བ་ལགས་ན་རྒུད་དུས་ཀྱིས་མནར་བ་རྣམས་ལ་ཕུན་སུམ་ཚོགས་པའི་རྟེན་འབྲེལ་དེང་འདིར་ འཆར་བའི་ལེགས་སྒོ་ཉེ་བར་སྩོལ་ཅིག ལན་གསུམ། ལྷ་དང་བཅས་པའི་སྟོན་པ་ཐམས་ཅད་ 9-1-548 མཁྱེན་གཟིགས་མཆོག་གིས་སེམས་ཅན་མ་ལུས་པའི་གནས་སྐབས་དང་མཐར་ཐུག་གི་ཕན་ བདེ་ཡོངས་སྤེལ་གྱི་ཆེད་སྣང་ཞིང་གྲགས་པའི་ཆོས་ཐམས་ཅད་ཀྱི་དེ་ཉིད་རྟེན་ཅིང་འབྲེལ་ བར་འབྱུང་བ་སྣང་སྟོང་སྒྱུ་མ་ལྟ་བུར། བཀའ་ཉེ་བར་བསྩལ་བའི་བདེན་པ་གནས་ལུགས་ཀྱི་ དོན་ལ་མཉམ་པར་བཞག་སྟེ་རིག་སྔགས་གཟུངས་ཆེན་གྱི་རྒྱལ་པོ་རྟེན་འབྲེལ་ལེགས་ཚོགས་ ཀྱི་སྒོ་ཀུན་ནས་སྐུལ་བྱེད་ཁྱད་པར་པའི་སྙིང་པོ་ཆད་མེད་ཆུ་བོའི་རྒྱུན་བཞིན་བཟླ་བར་བྱ། རྟེན་ སྙིང་དལ་བ་ལན་གཅིག་གི་འཕྲོ་ལོངས་སྐབས་བསྟུན་པའི་མང་ཙམ་རང་མོས་བཞིན་བཟླ་ལ། རྟེན་འབྲེལ་དོན་ལ་ཅི་ནུས་མཉམ་ པར་འཇོག གནས་ལུགས་རྟེན་འབྱུང་གི་དོན་ལ་མཉམ་པར་འཇོག་བཞིན་བདེན་པའི་སྙིང་པོ་ བཟླ་བའི་སྟོབས་ལ་བརྟེན་སོ་འཕགས་གང་དག་གིས་མཛད་པ་རླབས་ཆེན་གྱི་སྒོ་ནས་རབ་ ཏུ་དཀར་བའི་བསོད་ནམས་ཀྱི་ཕུང་པོ་རྒྱ་ཆེར་ཀུན་ནས་བསགས་པའི་ལེགས་ལམ་འཇུག་ སྒོ་གསར་བའི་དཔལ་ཡོན་སྙིགས་མའི་དུས་འདིར་བསྟན་འགྲོ་ལ་ཇི་བཞིན་ཡོངས་ཤར་གྱི་ རྟེན་འབྲེལ་ལ་ཉེ་བར་དམིགས་ཏེ། ཡང་བཟླ། རྟེན་འབྲེལ་ཇི་བཞིན་འབྱུང་བ་ལ་དབང་བའི་ རིགས་སྔགས་ཀྱི་སྙིང་པོ་བཟླས་པའི་སྟོབས་ཀྱིས་ངན་སོང་དམྱལ་བ་ཚ་གྲང་གི་སྡུག་བསྔལ་ བཟོད་དཀའ་བས་མནར་བ་ཐམས་ཅད་འཕྲལ་དུ་གནས་སྐབས་ཀྱི་ཕན་བདེ་དུས་སུ་ཤར་དེ་ བདེ་དགའ་ལེགས་སྣང་གི་རྟེན་འབྲེལ་ལ་ཉེ་བར་དམིགས་ཏེ། ཡང་བཟླ། རྟེན་འབྲེལ་ཇི་བཞིན་ ལེགས་འབྱུང་གི་སྙིང་པོ་བཟླས་སྟོབས་ཀྱིས་ཞེས་པ་འདི་མན་ཀུན་གྱི་མགོར་སྦྱར་ཏེ། ངན་སོང་ཡི་དྭགས་ བཀྲེས་སྐོམ་གྱིས་ཉམ་ཐག་པ་ཐམས་ཅད་འཕྲལ་དུ་ཟས་གོས་ལོངས་སྤྱོད་གང་འདོད་ལ་རང་ དབང་གིས་རོལ་བའི་རྟེན་འབྲེལ་ལ་དམིགས་ཏེ། ཡང་བཟླ། ངན་སོང་དུད་འགྲོ་བླུན་རྨོངས་ ཀྱིས་དུབ་པ་ཐམས་ཅད་འཕྲལ་དུ་ཡིན་ལུགས་ཇི་བཞིན་དཔྱོད་པའི་བློ་གྲོས་ཀྱི་མིག་གསལ་ བོ་ཐོབ་པའི་རྟེན་འབྲེལ་ལ་དམིགས་ཏེ། ཡང་བཟླ། མཐོ་རིས་ལྷ་རྣམས་འཆི་འཕོ་ལྟུང་བའི་ ཨ་ཐང་ཆད་པ་ཐམས་ཅད་འཕྲལ་དུ་བདེ་དགའ་རྒྱ་ཆེར་ལེགས་སྤྱོད་ཀྱི་སྐལ་བ་ཐོབ་པའི་ 9-1-549 རྟེན་འབྲེལ་ལ་དམིགས་ཏེ། ཡང་བཟླ། མཐོ་རིས་མིའི་འགྲོ་བ་གང་དག་སྐྱེ་རྒ་ན་འཆིས་དབང་ མེད་སྡུག་ལ་སྦྱོར་བ་ཐམས་ཅད་འཕྲལ་དུ་རང་དབང་གིས་དགའ་ཞིང་སྐྱིད་པས་ཅི་བདེར་ སོས་དལ་ཐོབ་པའི་རྟེན་འབྲེལ་ལ་དམིག་ཏེ། ཡང་བཟླ། ལྷ་མ་ཡིན་འཐབ་ཅིང་རྩོད་པའི་སྡུག་ བསྔལ་གྱིས་བདེ་བའི་གོ་སྐབས་འཕྲོག་པ་ཐམས་ཅད་ཀྱང་དེ་འཕྲལ་ཕན་ཚུན་མཐུན་འཇུག་ གིས་མཛའ་བརྩེ་གཅེས་ཕངས་སུ་ཤར་བའི་རྟེན་འབྲེལ་ལ་དམིགས་ཏེ། ཡང་བཟླ། ཡང་སྒོས་བྱེ་ བྲག་མི་ཡུལ་གྱི་གནས་འདི་ན་ལས་དབང་ངན་པ་ཤུགས་ཆེ་བས་མནར་བ་བསམ་སྦྱོར་ལོག་ པར་ཞུགས་པའི་སྐྱེ་བོ་དམུ་རྒོད་གང་དག་གི་བསམ་སྦྱོར་ཡང་དག་རྒྱལ་བའི་བསྟན་པ་ལ་སྒོ་ ཀུན་ནས་གཞོལ་བའི་སྐལ་བཟང་དུས་སུ་ལེགས་ཤར་གྱི་རྟེན་འབྲེལ་ལ་དམིགས་ཏེ། ཡང་ བཟླ། དུས་མཐར་སྐྱེས་པའི་སྐྱེ་འགྲོ་དམན་པ་དཀོན་མཆོག་གི་སྐྱབས་སུ་ཡིད་ངེས་པར་མི་ཆེས་ པ་ཐམས་ཅད་འཕྲལ་དུ་གཏན་གྱིས་སྐྱབས་གསུམ་ལ་ཡིད་ཆེས་ཐོབ་སྟེ་དད་གུས་ཀྱིས་འདི་ ཕྱིའི་སྐྱབས་ཡང་དག་ཏུ་འཛིན་པའི་ཆོས་བློ་གསར་བ་འཁྲུངས་པའི་རྟེན་འབྲེལ་ལ་དམིགས་ ཏེ། ཡང་བཟླ། ཡང་དག་ཐར་པའི་གནས་ལ་བློ་ཁ་ཙམ་ཕྱོགས་མ་མྱོང་བ་ཐམས་ཅད་འཕྲལ་དུ་ ཡིད་གཏིང་ནས་འགྱུར་དེ་ཐར་འདོད་ཀྱི་བློ་བཅོས་མིན་ལ་མྱོང་བ་ཐོན་པའི་རྟེན་འབྲེལ་ལ་ དམིགས་ཏེ། ཡང་བཟླ། རང་འདོད་འབའ་ཞིག་གིས་ཀུན་ནས་བསྡམས་པ་གང་དག་འཕྲལ་དུ་ ལྷག་བསམ་རྣམ་དག་ལ་བརྟེན་བྱང་ཆུབ་ཀྱི་སེམས་ཡང་དག་པ་རྒྱུད་ལ་ལེགས་འཁྲུངས་ཀྱི་ རྟེན་འབྲེལ་ལ་དམིགས་ཏེ། ཡང་བཟླ། མཚན་ཞེན་གྱིས་ཨ་འཐས་པ་མཐའ་དག་རིགས་གློ་ བུར་དུ་སད་དེ་ཀུན་རྫོབ་སྒྱུ་མ་དང་དོན་དམ་རང་གཤིས་སུ་ངེས་པར་བདེན་པ་ལ་མྱོང་བ་རང་ ཉམས་སུ་སྤྱོད་པའི་རྟེན་འབྲེལ་ལ་དམིགས་ཏེ། ཡང་བཟླ། གསང་ཆེན་ཐེག་པའི་སྐལ་བ་མེད་ པ་གང་དག་འཕྲལ་དུ་སྨིན་བྱེད་ལ་བརྟེན་ལམ་རིམ་པ་གཉིས་ཀྱི་རྣལ་འབྱོར་ལ་མྱོང་བ་ཇི་ བཞིན་པའི་དགའ་སྟོན་དུས་སུ་ལེགས་ཐོབ་ཀྱི་རྟེན་འབྲེལ་ལ་དམིགས་ཏེ། ཡང་བཟླ། ཐ་མལ་ 9-1-550 རང་ག་བ་དགེ་སྟོབས་ཤིན་ཏུ་ཆུང་ཞིང་ཉམས་དམའ་བ་གང་དག་འཕྲལ་དུ་མདོ་དང་སྔགས་ ཀྱི་སྤྱོད་པ་རྒྱ་ཆེ་བས་ལེགས་པར་བརྒྱན་པའི་བསོད་ནམས་ཀྱི་ཕུང་པོ་ཡོངས་སུ་རྒྱས་པའི་ རྟེན་འབྲེལ་ལ་དམིགས་ཏེ། ཡང་བཟླ། ཡངས་པའི་རྒྱལ་ཁམས་ཀྱི་འགྲོ་བ་སྙི གས་དུས་ཀྱིས་ གཙེས་པ་མཐའ་དག་འཕྲལ་དུ་རྫོགས་ལྡན་གྱི་དཔལ་ཡོན་ཤར་ཏེ་ཆོས་ཀྱི་བློ་སྣང་གསར་བ་ ཡོངས་རྒྱས་ཀྱི་རྟེན་འབྲེལ་ལ་དམིགས་ཏེ། ཡང་བཟླ། དམིགས་བསལ་དེང་དུས་ཀྱི་གནས་ཚུལ་ ལས་འཕྲལ་དུ་དགེ་མཚན་ལེགས་སྣང་གིས་ནང་བཅུད་སྐྱེ་འགྲོ་ནད་མུག་མཚོན་གསུམ་སྐལ་ ངན་རྒྱུན་ཆད་དེ་ཚེ་རིང་ནད་མེད་ལོངས་སྤྱོད་ལེགས་འབྱོར་གྱི་ཕན་ཚུན་ཡིད་མཐུན་མཛའ་ རྩེ་ཁྱད་པར་བའི་སྐལ་པ་བཟང་པོའི་རྟེན་འབྲེལ་ལ་དམིགས་ཏེ། ཡང་བཟླ། ཕྱིའི་སྣོ ད་ཀྱི་འབྱུང་ བ་ཆར་ཆུ་མི་སྙོམས་པ་བཙའ་སད་སེར་གསུམ་འབྱུང་བཞིའི་འཁྲུགས་འགལ་སོགས་ཡུལ་ ངན་གྱི་གནོད་པ་མཐའ་དག་འཕྲལ་དུ་ཞི་སྟེ་དུས་ལེགས་ཤིང་ལོ་ཏོག་འབྲུ་རིགས་སྒོ་ཕྱུགས་ རྩི་ཤིང་ཕུན་སུམ་ཚོགས་དེ་མདོར་ན་ཕྱི་ནང་གི་དགེ་བའི་མཚན་མ་ངོ་མཚར་བཀྲ་ཤིས་སྐྱིད་ དགའི་ལེགས་སྣང་མཐའ་དག་ཕན་ཚུན་འགྲན་པའི་ངང་ཚུལ་གྱིས་ཀུན་ནས་ཆེས་ཆེར་ཡོངས་ སུ་འཕེལ་བའི་རྟེན་འབྲེལ་ལ་ཉེ་བར་དམིགས་ཏེ། ཡང་བཟླའོ། །མཐར། ལེགས་བྱས་དེ་ལྟ་བུ་ལ་ རྟེན་ནས་ཕན་དང་བདེ་བའི་འབྱུང་གནས་རྒྱལ་བ་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ ཀྱི་བསྟན་པ་རིན་པོ་ཆེ་སྒོ་ཐམས་ཅད་ནས་ཡོངས་སུ་རྒྱས་པར་གྱུར་ཅིག བསྟན་པ་དེ་འཛིན་ གྱི་འདུས་སྡེ་མ་ལུས་པ་བཤད་སྒྲུབ་ཟུང་འབྲེལ་གྱི་སྒོ་ནས་ཆོས་སྤྱོད་ཀྱི་སྒྲུབ་པ་ཀུན་ནས་ འཕེལ་བཞིན་འཛམ་གླིང་ཡུལ་གྲུ་མ་ལུས་པར་ཡོངས་ཁྱབ་ཏུ་ཤོག་ཅིག བསྟན་པའི་སྦྱིན་ བདག་འབྱོར་ལྡན་བསོད་ནམས་ཀྱི་བསགས་སྒོ་ཅན་གང་དག་དམ་པའི་ཆོས་ལ་བཀུར་སྟི་ བླ་ལྷག་པའི་སྒོ་ནས་ཞབས་འདེགས་སྒོ་ཐམས་ཅད་ནས་དད་གུས་ཡང་དག་གིས་བྱེད་པར་ ཤོག་ཅིག དེར་བརྟེན་ཡུལ་གྲུ་མ་ལུས་པར་བདེ་འབྱོར་དཔལ་དང་གྲགས་སྙན་གྱིས་ཁྱབ་སྟེ་ 9-1-551 ལོངས་སྤྱོད་མངའ་ཐང་དགུང་ལ་འཕྱུར་བར་ཤོག་ཅིག སྐྱེ་དགུ་མཐའ་དག་དབུལ་ཕོངས་ དང་དུས་མིན་འཆི་བའི་འཇིགས་པ་དང་བྲལ་ཏེ་ཚེ་མཐར་ལེགས་ཕྱིན་གྱིས་ཆོས་སྲིད་ཟུང་གི་ དཔལ་ལ་ཉམས་པ་མེད་པར་ཤོག་ཅིག ཡུལ་ལྗོངས་ཀུན་ཏུ་ནད་རིམ་འཐབ་འཁྲུགས་སོགས་ དུས་ཀྱི་སྐལ་ངན་མ་ལུས་པ་ཡོངས་སུ་ཞི་བར་ཤོག་ཅིག མཆོག་གསུམ་ལྷ་དང་སྲུང་མའི་མཐུ་ སྟོབས་ཀྱིས་དགེ་མཚན་ལེགས་སྣང་གིས་འཇིག་རྟེན་སྣོད་བཅུད་ཐམས་ཅད་སྐྱོང་བར་ཤོག་ ཅིག དཀར་པོའི་ཕྱོགས་ཀྱི་ལྷ་སྲུང་གང་དག་གི་དབུ་འཕང་ཀུན་ནས་མཐོ་བར་ཤོག་ཅིག ནགས་ཕྱོགས་བདུད་རིགས་མཐའ་དག་གི་སྟོབས་ཤུགས་གཞི་ནས་ཉམས་ཏེ་གཞན་ཕན་ ལྷག་བསམ་བཟང་པོ་ཡོངས་སུ་བསྐྱེད་པར་ཤོག་ཅིག དེ་ལྟར་སྨོན་དོན་ཐམས་ཅད་གནས་ ལུགས་ཡོངས་གྲུབ་གཤིས་སུ་བདེན་པ་དང་ཀུན་གཞན་འཁྲུལ་སྣང་གི་ཆ་རྟེན་འབྲེལ་དུ་བསླུ་ བ་མེད་པའི་སྟོབས་ཀྱིས་ཇི་བཞིན་གེགས་བྲལ་དུས་སུ་ལེགས་སྨིན་དུ་གྱུར་ཅིག འདིའི་ཚུལ་ གཞན་དུ་སྦྱར་ལུགས་མང་ནའང་རེ་ཞིག་དེ་ཙམ་མོ། །ཞེས་པའི་བཀླག་ཆོག་འདུས་སྡེ་འགའི་ཐུགས་མོས་བཞིན། མ་ཏིས་སོ།། །། 9-1-552 ༄༅། །སྔོན་འགྲོའི་ངག་འདོན་བསྡུས་པ་མཁའ་སྤྱོད་ བགྲོད་བྱེད་ཅེས་བྱ་བ་ བཞུགས་སོ། ། ༄༅། །སྐྱབས་ཡུལ་ནི། རང་གི་མདུན་གྱི་ནམ་མཁའ་ལ། །བླ་མ་ཡི་དམ་དཀོན་མཆོག་ གསུམ། །མཁའ་འགྲོ་ཆོས་སྐྱོང་སྲུང་མར་བཅས། །སྐྱབས་ཡུལ་ཚོགས་ཞིང་ཉིད་དུ་གསལ། །སྐྱབས་འགྲོ་དངོས་ནི། བླ་མ་ཡི་དམ་དཀོན་མཆོག་གསུམ། །མཁའ་འགྲོ་ཆོས་སྐྱོང་དང་བཅས་པར། །བདག་གཞན་གུས་པས་སྐྱབས་སུ་མཆི། །སྡུག་བསྔལ་ཀུན་ལས་བསྐྱབ་ཏུ་གསོལ། །ལན་བརྒྱ་ སོགས་བརྗོད། སྐྱབས་ཡུལ་རང་ལ་ཐིམ་པས་བདག་གི་རྒྱུད་བྱིན་གྱིས་རླབས་པར་བསམ། སེམས་བསྐྱེད་ནི། བླ་མ་དཀོན་མཆོག་གི་ཐུགས་རྗེའི་སྟོབས་ཀྱི་ནམ་མཁའ་དང་མཉམ་པའི་ མ་སེམས་ཅན་ཐམས་ཅད་ལ་བདག་གིས་ཕན་ཐོགས་པར་ཤོག ལན་གསུམ་མམ་ཉེར་གཅིག་སོགས་ བརྗོད། བདག་གིས་སེམས་ཅན་ཀུན་དོན་དུ། །སངས་རྒྱས་ཐོབ་ཕྱིར་ཟབ་ལམ་སྒོམ། །དཀོན་ མཆོག་གསུམ་གྱི་ཐུགས་རྗེ་ཡིས། །སེམས་བསྐྱེད་པ་བཞིན་ཡོངས་འགྲུབ་ཤོག །ལན་བརྒྱ་སོགས། སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་སྔལ་ཀུན་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་ འབྲལ་ཞིང༌། །ཆོས་ཀུན་མཉམ་ཉིད་རྟོག་པར་ཤོག །ལན་ཅི་འགྲུབ་བོ། ། རྡོ་རྗེ་སེམས་དཔའི་སྒོམ་བཟླས་ནི། རང་གི་སྤྱི་བོར་པད་ཟླའི་སྟེང་དུ་དཔལ་ཧེ་རུ་ཀ་རྡོ་རྗེ་སེམས་ དཔའ་སྐུ་མདོག་དཀར་པོ། ཞལ་གཅིག ཕྱག་གཉིས་རྡོར་དྲིལ་འཛིན་པས། རང་འདྲ་ཡུམ་ 9-1-553 སྙེ མས་མ་དཀར་མོ་གྲི་ཐོད་འཛིན་མ་ལ་འཁྱུད་ཅིང༌། ཡབ་རྡོ་རྗེའི་སྐྱིལ་ཀྲུང་དང་ཡུམ་པདྨའི་ སྐྱིལ་མོ་ཀྲུང་གིས་བཞུགས་པ་གཉིས་ཀ་རུས་པ་དང་རིན་པོ་ཆེའི་རྒྱན་དྲུག་གིས་བརྒྱན་པ། ཡབ་ཀྱི་གནས་བཞིར་ཡི་གེ་རྣམ་བཞིས་མཚན་བཞིན་འོད་ཟེར་འབར་བའི་ཕུང་པོ་ཅན། ཐུགས་ཀའི་འོད་ཀྱིས་སངས་རྒྱས་བྱང་སེམས་འབྱམས་ཀླས་ཤིང་སྤྱན་དྲངས་པ་གཉིས་མེད་ དུ་རྡོར་སེམས་ཡབ་ཡུམ་ལ་ཐིམ་ཞིང༌། སྐྱབས་གནས་ཀུན་འདུས་སུ་བཞུགས་པ་གང་གི་ ཐུགས་ཀར་ཟླ་གདན་ལ་ཧཱུཾ་ཡིག་དཀར་པོའི་མཐར་ཡིག་བརྒྱ་ཁ་དོག་དཀར་གསལ་གྱིས་ བསྐོར་བར་བསམ་ལ། ཡིག་བརྒྱ་འདོན། རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་སྐུ་ལས་བདུད་རྩི་ དཀར་པོ་འོ་མའི་རྒྱུན་ལྟར་ལུད་པས་རང་ལུས་ཀྱི་ཕྱི་ནང་བཀྲུས་ཏེ་སྡིག་སྒྲིབ་ཐམས་ཅད་ དུད་ཁུའི་རྣམ་པར་ས་འོག་ཏུ་སོང་བར་བསམ། ཡིག་བརྒྱ་འདོན། རང་གིས་འཁོར་ཚེ་ཐོག་མེད་ ནས་བསགས་པའི་སྡིག་ལྟུང་ཐམས་ཅད་ལ་ཞེ་གཏིང་ནས་གནོང་འགྱོད་དྲག་པོའི་སྒོ་ནས་ བཤགས་ཤིང༌། ད་ཕྱིན་ཆད་སྲོག་ལ་བབས་ཀྱང་ངེས་པར་མི་བྱ་ལགས་སོ། །ཡིག་བརྒྱ་འདོན། འོ་བླ་མ་རྡོ་རྗེ་སེམས་དཔའ་ཁྱེད་མཁྱེན། བདག་གི་སྒོ་གསུམ་གྱིས་བསགས་པའི་སྡིག་པ་མ་ ལུས་པ་བྱང་ཞིང་དག་པར་མཛད་དུ་གསོལ། རྡོར་སེམས་ཡབ་ཡུམ་འོད་ཕུང་དུ་ཞུ་སྟེ་རང་ལ་ ཐིམ་པས་སྒོ་གསུམ་སྐུ་གསུང་ཐུགས་དང་དབྱེར་མེད་དུ་གྱུར། དགེ་བ་འདི་ཡིས་མྱུར་དུ་བདག །རྡོ་རྗེ་སེམས་དཔའ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་ པར་ཤོག ། མཎྜལ་ནི། མདུན་གྱི་ནམ་མཁར་བླ་མ་དང༌། །ཡི་དམ་སྐྱབས་གནས་དཀོན་མཆོག་གསུམ། །མཁའ་འགྲོ་ཆོས་སྐྱོང་དང་བཅས་པ། །དག་སྣང་ཡུལ་དུ་ལྷམ་མེར་གསལ། །འབུལ་བ་དངོས་ ནི། ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག 9-1-554 །གུ་རུ་ཨི་དཾ་རཏྣ་མཎྜལ་ཀཾ་ནིཏྱཱ་ཏ་ཡ་མི། མཎྜལ་རྒྱས་པ་ནི། ༀ་བཛྲ་བྷཱུ་མི་ཨཱཿཧཱུཾ། གཞི་ཡོངས་སུ་ དག་པ་དབང་ཆེན་གསེར་གྱི་ས་གཞིའི་སྟེང་དུ། ༀ་བཛྲ་རེ་ཁེ་ཨཱཿཧཱུཾ། ཕྱི་ལྕགས་རིའི་ཁོར་ཡུག་ གིས་བསྐོར་བའི་དབུས་སུ། ཧཱུཾ་རིའི་རྒྱལ་པོ་རི་རབ། ཤར་ལུས་འཕགས་པོ། ལྷོ་འཛམ་བུའི་ གླིང༌། བྱང་སྒྲ་མི་སྙན། ནུབ་བ་གླང་སྤྱོད། སྒྲ་གཅན། ཉི་མ། ཟླ་བ། དུས་མེའི་དབུས་སུ། ལྷ་ དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་གང་ཡང་མ་ཚང་བ་མེད་པ་འདི་ཉིད་རྩ་བརྒྱུད་ཀྱི་ བླ་མ་ཡི་དམ་ལྷ་ཚོགས་མཁའ་འགྲོ་ཆོས་སྐྱོང་དང་བཅས་པ་ལ་གུས་པས་ལེགས་པར་འབུལ་ ལོ། །བདག་སོགས་སེམས་ཅན་ཐམས་ཅད་ཀྱི་ཚོགས་རྫོགས་པའི་སླད་དུ་ཐུག་རྗེས་བདག་ གིར་མཛད་དུ་གསོལ། གུ་རུ་ཨི་དཾ་རཏྣ་མཎྜལ་ཀཾ་ནིཏྱཱ་ཏ་ཡ་མི། བླ་རྣམ་ནི། རང་གི་མདུན་མཁར་འཇའ་སྤྲིན་དབུས། །རྡོ་རྗེ་འཆང་དང་བླ་བརྒྱུད་ཚོགས། །ཡི་དམ་མཆོག་གསུམ་ཆོས་སྐྱོང་བཅས། །ཐམས་ཅད་བླ་མའི་རྣམ་རོལ་མོས། །རྣལ་འབྱོར་ དངོས་ནི། རྩ་བའི་བླ་མ་སྐྱབས་གནས་ཀུན་དངོས་བདག །ཕྱག་མཆོད་སྡིག་བཤགས་སྙིང་ནས་ གསོལ་བ་འདེབས། །དབང་བཞི་ཡོངས་བསྐུར་སེམས་ཀྱི་དྲི་མ་སྦྱོང༌། །རིམ་གཉིས་མྱུར་དུ་ རྒྱུད་ལ་སྐྱེ་བར་ཤོག །ༀ་ཨཱཿགུ་རུ་ཀ་ཡ་ཝཀ་ཙིཏྟ་ཛྙཱ་ན་སརྦ་སིདྡྷི་ཕ་ལ་ཧཱུཾ་སྭཱཧཱ། དུས་འཁོར་ལྷན་སྐྱེས་ནི། རང་ཉིད་སྐད་ཅིག་གིས་དཔལ་དུས་ཀྱི་འཁོར་ལོ་སྐུ་མདོག་སྔོན་ པོ་ཞལ་གཅིག་ཕྱག་གཉིས་རྡོར་དྲིལ་འཛིན་པས་སྣ་ཚོགས་ཡུམ་སེར་མོ་གྲི་ཐོད་འཛིན་མ་ ལ་འཁྱུད་པ་ཡབ་ཡུམ་གཉིས་བཞེངས་སྟབས་ཀྱིས་པད་ཟླ་ཉི་མ་སྒྲ་གཅན་གྱི་གདན་ལ་ བཞུགས་ཤིང་གནས་དྲུག་རིགས་དྲུག་གི་ས་བོན་(ༀ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ དཔྲལ་མགྲིན་སྙིང་ལྟེ་གསང་གཙུག) བཅས་རྒྱན་ཆས་ཡོངས་སུ་རྫོགས་པའི་ཐུགས་ཀར་ཧ་ཀྵའི་ཡི་གེ་གསལ་བཏབ་ལ། རང་ཉིད་ དུས་ཀྱི་འཁོར་ལོ་ཡབ་ཡུམ་གཉིས། །རྒྱན་ཆ་ཡོངས་སུ་རྫོགས་པའི་སྐུ་རུ་གསལ། །ཐུགས་ ཀར་རྣམ་བཅུའི་སྙིང་པོ་གསལ་བཏབ་སྟེ། །ཧ་ཀྵའི་སྔགས་རྣམས་མ་གཡེངས་སེམས་ཀྱིས་ 9-1-555 བཟླ། །ༀ་ཧ??ྐྵྨླྺ ྼྻ ྂ་སྭཱཧཱ། ཅི་འགྲུབ་མཐར། དགེ་འདིས་རྣལ་འབྱོར་ཡན་ལག་དྲུག །རིམ་པས་མཐར་ ཕྱིན་ཟུང་འཇུག་སྐུ། །དུས་ཀྱི་འཁོར་ལོ་མྱུར་འགྲུབ་ནས། །མ་ལུས་འགྲོ་ལ་ཕན་ཐོགས་ཤོག །རབ་དགེས་ཚེ་འདི་འཕོས་མ་ཐག་ཉིད་དུ། །ཤམྦྷ་ལ་རུ་ཆོས་རྒྱལ་གདུལ་ཞིང་གྱུར། །ཚེ་ལུས་ དེ་ལ་གསང་ཆེན་ལམ་མཐར་ཕྱིན། །རྡོར་འཆང་དུས་འཁོར་གོ་འཕང་མྱུར་ཐོབ་ཤོག །ཅེས་སྔོན་ འགྲོའི་ངག་འདོན་བསྡུས་པ་མཁའ་སྤྱོད་བགྲོད་བྱེད་ཅེས་བྱ་བ་འདི་ཡང་དགེ་ཚུལ་མ་བྱང་ཆུབ་སྒྲོན་ལ་མཁོ་ནས། མ་ཏིས་སྨྲས་པ་ ལྟར་ཆོས་མཆེད་ཀྱིས་ཡི་གེར་ཕབ་པ་དགེ། །། 9-1-556 ༄༅། །མི་འཁྲུགས་པའི་བདག་བསྐྱེད་བསྡུས་པ་བཞུགས། ༄༅། །ན་མོ། སངས་རྒྱས་ཀུན་འདུས་རྩ་བའི་བླ་མའི་ངོ་བོ་སྟེ། །རྣམ་པ་བཅོམ་ལྡན་མི་ བསྐྱོད་རྒྱལ་པོ་ཐུགས་རྗེ་ཅན། །འགྲོ་ཀུན་བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་བསྟེན། །མ་ ལུས་སྲིད་ཞིའི་འཇིགས་ལས་རིང་མིན་བསྒྲལ་དུ་གསོལ། །ལན་གསུམ། རང་མདུན་མཁའ་ལ་ འཇའ་ཟེར་འཁྱི ལ་བའི་ཀློང༌། །རིན་ཆེན་གཞལ་མེད་ཁང་བཟང་མཚན་ཉིད་རྫོགས། །དེ་ དབུས་གླང་པོས་རབ་བཏེགས་ཁྲི་སྟེང་ན། །འདབ་བརྒྱད་པད་ཟླའི་དབུས་སུ་མི་འཁྲུགས་ མགོན། །གཡའ་དག་མཁའ་ལྟར་རབ་དྭངས་སྔོ་གསལ་ཞིང༌། །ཞལ་གཅིག་ཕྱག་གཉིས་ ཞབས་ཟུང་སྐྱིལ་ཀྲུང་བཞུགས། །དབུ་ལ་གཙུག་ཏོར་ལ་སོགས་མཚན་དཔེ་རྫོགས། །ཕྱག་ གཡས་ས་གནོན་གཡོན་པས་མཉམ་བཞག་སྟེང༌། །རྡོ་རྗེ་རྩེ་ལྔ་མི་འགྱུར་ཐུགས་མཆོག་ རྟགས། །རལ་བའི་ཅོད་པན་དར་དང་རིན་ཆེན་བརྒྱན། །ལོངས་སྤྱོད་རྫོགས་པའི་ཆས་ཀུན་ ཚང་བའི་ལྷ། །འདབ་མ་རྣམས་སུ་བཀྲ་ཤིས་ལྷ་མོ་བརྒྱད། །དར་གོས་རིན་ཆེན་རྒྱན་ལྡན་ མཛེས་སྒེག་ཅན། །ལང་ཚོར་བབ་ཅིང་རང་རྟགས་ཕྱག་མཚན་བཅས། །འོད་གསལ་ཟླ་བའི་ གདན་དང་རྒྱབ་ཡོལ་ལྡན། །གཙོ་དང་ཐུགས་ལས་རབ་སྤྲུལ་ལྷ་མོའི་འཁོར། །དམ་ཡེ་གཉིས་ མེད་ཆེན་པོའི་ཚུལ་དུ་གསལ། །གཙོ་བོ་མི་བསྐྱོད་རིགས་ཀུན་འདུས་པའི་སྐུའི། །ཐུགས་ ཀར་རིགས་ལྔའི་ཡེ་ཤེས་དྭངས་པའི་འཕྲུལ། །ཟླ་བའི་གདན་ལ་ཧཱུཾ་ཡིག་འོད་ལྔ་འབར། །དེ་ མཐར་གཟུངས་སྔགས་ཁ་དོག་སྔོ་ལམ་མེ། །གཡས་བསྐོར་སྦྲུལ་འཁྱི ལ་ལྟར་ལས་འོད་ཟེར་ ཚོགས། །ཕྱོགས་ཀུན་རབ་འཕྲོས་ངན་སོང་གནས་རིས་སུ། །བཟོད་དཀའི་སྡུག་བསྔལ་གྱིས་ 9-1-557 གདུང་འགྲོ་འདི་ཀུན། །འོད་དེས་རེག་པས་བ་མོར་ཉི་འོད་ལྟར། །ཐོག་མེད་ནས་བསགས་ ངན་སོང་སྐྱེ་བའི་རྒྱུ། །ཚབས་ཆེན་སྡིག་པའི་ཕུང་པོ་མ་ལུས་པ། །སྐད་ཅིག་ཉིད་ལ་སྦྱངས་ ཤིང་ཀུན་དག་གྱུར། །བར་བསམ་པའི་ངང་ནས་ཀཾ་ཀ་ནི་ཅི་ནུས་བཟླ་མཐར། འཁོར་སྔགས་བཟླ་བར་སྤྲོ་ན། འཁོར་ གྱི་ལྷ་མོ་བརྒྱད་པོ་རང་རང་གི །ཐུགས་ཀར་ཟླ་སྟེང་རང་རང་ས་བོན་ལས། །རབ་སྤྲོས་འོད་ ཀྱིས་འགྲོ་བའི་སྒྲིབ་པ་སྦྱངས། །ལས་ངན་སྐྱེ་སྒོ་ཀུན་ནས་ཆོད་པར་བསམ། །ལ་འཁོར་སྔགས་ བཟླའོ། །དེ་ནས། བླ་མ་མི་བསྐྱོད་རྗེ་ལ་གུས་ཕྱག་འཚལ། །བདག་སོགས་འགྲོ་བ་ཉམ་ཐག་ཡོད་ ཚད་ཀྱིས། །ལས་ངན་རྣམ་སྨིན་གནག་པའི་སྡིག་བསགས་ཀུན། །མགོན་པོ་ཐུགས་རྗེ་ཅན་ གྱིས་སྦྱངས་མཛད་གསོལ། །མི་བསྐྱོད་རིགས་ཀྱི་བདག་པོ་གཙོ་འཁོར་བཅས། །ངན་སོང་ གནས་སུ་དབང་མེད་འཁྱམས་པ་ཡི། །མ་གྱུར་འགྲོ་བ་གང་དག་རིང་མིན་དུ། །བཟོད་དཀའི་ སྡུག་ལས་སྒྲོལ་ཅིག་ཐུགས་རྗེ་ཅན། །དེ་མཐར་སྐད་ཅིག་མི་བསྐྱོད་གཙོ་འཁོར་ཀུན། །རང་ བཞིན་དག་པའི་དབྱིངས་སུ་རོལ་གར་བསྡུ། །དགེ་འདིས་ངན་འགྲོའི་རིགས་གྱུར་དེ་གང་དག །མངོན་དགའི་ཞིང་དུ་ཡང་དག་ལུས་ཐོབ་ཤོག །དེ་ནས་མི་འཁྲུགས་རྒྱལ་བའི་ཞལ་མཇལ་ ནས། །གསུང་གི་གདམས་པས་གདུལ་བྱ་དེ་ཀུན་ལ། །རང་རང་ལེགས་འཚམ་སྤངས་རྟོགས་ ཡོངས་རྫོགས་ཏེ། །མི་འགྱང་འཁོར་བ་དོང་ནས་སྤྲུགས་གྱུར་ཅིག །ཅེས་པ་འདི་ཡང་ར་འོབ་འཇིགས་ མཐར་ལ་མཁོ་ནས་མ་ཏིས་སོ།། །། 9-1-558 ༄༅། །ཀུན་རིག་གི་བདག་བསྐྱེད་མདོར་བསྡུས་ བཞུགས། ༄༅། །དཔལ་ཀུན་རིག་གི་བདག་བསྐྱེད་མདོར་བསྡུས་ཀྱི་ཐབས་ལ། སྦྱོར་དངོས་རྗེས་གསུམ་ལས། དང་པོ་ནི། མདུན་གྱི་ནམ་མཁར་རྣམ་པར་སྣང་མཛད་བརྒྱུད་རིམ་བླ་མའི་ཚོགས་བཅས་སྐད་ཅིག་གིས་ གསལ་བར་གྱུར། རིགས་ཀུན་ཁྱབ་བདག་དཔལ་ལྡན་རྡོ་རྗེ་སེམས། །རྣམ་པར་སྣང་མཛད་ དཀྱིལ་འཁོར་གཙོ་ཆེན་རྗེ། །བརྒྱུད་རིམ་རྩ་བརྒྱུད་བླ་མའི་ཚོགས་ཀུན་ལ། །གུས་པས་ གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ལན་གསུམ། བདག་སོགས་སེམས་ཅན་ཐམས་ཅད་ ཀྱི་དོན་དུ་བླ་མ་སངས་རྒྱས་ཆོས་དགེ་འདུན་གྱི་གནས་གང་དག་དངོས་སུ་བཞུགས་པ་ལ། ན་ མོ་བླ་མ་སངས་རྒྱས་ཆོས་དགེ་འདུན་གྱི་ཚོགས་ལ་གུས་པས་སྐྱབས་སུ་མཆིའོ། །སེམས་ཅན་ མཐའ་དག་སངས་རྒྱས་ལ་འགོད་ཆེད་རྣམ་སྣང་གི་སྒོམ་བཟླས་ལ་འཇུག་པར་བྱའོ། །ལན་ཉེར་ གཅིག སྐྱབས་ཡུལ་རྣམས་རང་ལ་ཐིམ་པས་རང་ཉིད་རྡོ་རྗེའི་སེམས་དཔའི་རྣམ་པར་གྱུར་པ་ ལྕེ་སྟེང་དུ་རྡོ་རྗེ་རྩེ་ལྔ་ཉལ་ཐབས་སུ་གསལ་ཞིང༌། ལག་པ་གཉིས་རྡོ་རྗེའི་རང་བཞིན་དང་ སོར་མོ་རྣམས་རྡོ་རྗེ་རྩེ་གཅིག་པར་གྱུར། དེ་ཡང་གནས་འགྱུར་ཁྲོ་བོ་མེ་ལྟར་འབར་བ་སྔོན་ པོ་ཞལ་གཅིག་ཕྱག་གཉིས་རྡོར་དྲིལ་འཛིན་པ་སེམས་དཀྱིལ་གྱིས་བཞུགས་ཤིང་གནས་ལྔར་ རྡོ་རྗེས་མཚན་པ་ལས་སྤྲོས་པའི་མེ་དཔུང་གིས་བགེགས་བསལ་ཏེ་རྡོ་རྗེའི་རང་བཞིན་གྱི་ར་ གུར་རྒྱ་ཆེ་བ་སྲ་བརྟན་ཀུན་ནས་འབར་བའི་ནང་དུ། རང་གི་ལག་གཉིས་ཀྱི་སོར་མོ་རྣམས་ རིགས་ལྔ་ཡབ་ཡུམ་གང་དག་གི་རྣམ་པར་གྱུར་པ་ཕན་ཚུན་རྗེས་སུ་ཞུགས་ཤིང་གཅིག་དུ་ འདྲེས་པར་གྱུར། 9-1-559 གཉིས་པ་ནི། སྐད་ཅིག་གིས་ཐ་མལ་འདི་སྣང་སྟོང་པར་སྦྱངས་པའི་ངང་ནས་སེང་ཁྲི འི་སྟེང་ དུ་པདྨ་དང་ཟླ་བའི་གདན་ལ་ༀ་ཡིག་ཡོངས་སུ་གྱུར་པ་ལས་བདག་ཉིད་ཀུན་རིག་རྣམ་པར་ སྣང་མཛད་སྐུ་མདོག་དཀར་པོ་ཤིན་ཏུ་ཞི་བ་ཆེན་པོའི་ཞལ་བཞི་སྤྱན་ཟུང་གིས་མཛེས་ཤིང༌། རྩ་ཞལ་ཤར་དུ་གཟིགས་བཞིན་ཕྱག་གཉིས་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཅན་ཞབས་རྡོ་རྗེའི་སྐྱིལ་ མོ་ཀྲུང་གིས་བཞུགས་པ། དབུ་ལ་རིན་པོ་ཆེའི་སྲོག་ཞུ་གསོལ་ཞིང༌། སྙན་རྒྱན། མགུལ་རྒྱན། གདུ་བུ། སྐ་རགས་སོགས་རིན་པོ་ཆེའི་རྒྱན་གྱིས་ལེགས་པར་བརྒྱན་བཞིན། དར་སྣ་ཚོགས་ པའི་ན་བཟའ་དང་བཅས་འཁོར་ལོས་སྒྱུར་བ་ཆེན་པོའི་ཆ་ལུགས་ཅན། རྣམ་མང་འོད་ཟེར་ ཀུན་ནས་འབར་བའི་དབུས་ན་མཁྱེན་བརྩེ་ནུས་པ་རྒྱ་མཚོའི་མངའ་བདག་ཏུ་རྣམ་པར་རོལ་ པའོ། །ཐུགས་ཀའི་འོད་ཟེར་གྱིས་རང་འདྲ་ཡེ་ཤེས་པ་སྤྱན་དྲངས་ཏེ་དམ་ཚིག་པ་དང་དབྱེར་ མེད་དུ་བསྟིམ་ཞིང་དམ་ཡེའི་སྐུ་གསུང་ཐུགས་ཕྲིན་ལས་བཞི་རོ་མཉམ་གྱིས་རྒྱས་གདབ། རིགས་ལྔའི་ཞིང་ནས་མི་བསྐྱོད་པ་སོགས་བྱོན་ཏེ་དབང་བསྐུར་ཞིང་དབུ་བརྒྱན་པར་གྱུར། རྣམ་སྣང་གང་ཉིད་ངན་སོང་སྦྱོང་བའི་ཏིང་ངེ་འཛིན་ལ་བཞུགས་ཏེ་དཔྲལ་བའི་མཚན་བཟང་ ལས་རྣམ་པར་འཕྲུལ་བའི་སེམས་དཔའ་འོད་ཟེར་དང་བཅས་འཇིག་རྟེན་ཁམས་ཀུན་སྣང་ བར་བྱས་པས་སེམས་ཅན་མ་ལུས་པ་གྲོལ་བར་མཛད་དེ། སླར་རྣམ་སྣང་གི་སྤྱན་སྔར་སྤྲུལ་ བཀོད་ངོ་མཚར་བས་ཆེ་བསྔགས་ཀུན་ནས་བརྗོད་པར་གྱུར། དེ་ནས་བཅོམ་ལྡན་རང་ཉིད་ ལས་སྤྲུལ་པའི་ལྷ་མོས་འགྲོ་བ་རྣམས་ངན་སོང་ལས་སྐྱོབས་པའི་འཕྲིན་ལས་བཅོལ་ཞིང་ ཡིད་འོང་ཉེར་སྤྱོད་ཀྱི་མཆོད་ནས་རྒྱལ་བ་གང་གི་གསང་གསུམ་ཡོན་ཏན་འབྱམས་ཀླས་པ་ལ་ བསྟོད་དེ་ལྷ་མོའང་རང་ལ་བསྡུས། དེ་སྐུའི་ཡ་མཚན་ཆེ་བས་མངོན་པར་བརྗིད་པ་བདག་ཉིད་ དཔལ་རྣམ་པར་སྣང་མཛད་གང་གི་ཐུགས་ཀར་ཟླ་བ་ལ་ༀ་ཡིག་དཀར་པོའི་མཐར་རྩ་རིག་ དང་སྙིང་པོའི་སྔགས་ཕྲེང་ཁ་དོག་དཀར་གསལ་གཡས་བསྐོར་སྦྲུལ་འཁྱི ལ་བ་ལྟ་བུ་བཀོད་པ་ 9-1-560 ལ་དམིགས། རྩ་རིག་བརྒྱ་རྩ་སོགས་བཟླ། རང་གི་ཐུགས་ཀའི་ཐུགས་སྲོག་སྔགས་ཕྲེང་བཅས་ལས་ འོད་འཕྲོས་ཞིང་ཁམས་རྣམས་སུ་རྒྱལ་བ་གང་དག་ལ་མཆོད། ངན་སོང་གི་གནས་རྣམས་ སུ་སྡུག་བསྔལ་གང་མྱོང་བ་མཐའ་དག་ཉེར་ཞི་བདེ་བའི་དཔལ་ལ་བཀོད་དེ་འོད་ཟེར་སླར་ འདུས་ཐུགས་སྲོག་སྔགས་ཕྲེང་རྣམས་ལ་ཐིམ་པར་བསམ། འདིར་བསྙེན་པའི་དངོས་གཞི་བྱས་ཏེ་བར་ བར་དུ་སྤྲོ་བསྡུའི་དམིགས་པ་ཡང་ཡང་སྐྱར་བཞིན་རྩ་རིག་གཙོ་བོ་དང་སྙིང་པོ་ཕལ་བའི་ཚུལ་དུ་ཡུན་རིང་ཅི་ནུས་བཟླ་མཐར། སླར་ཡང་ཐུགས་ལས་སྤྲོས་པའི་ལྷ་མོས་འགྲོ་བ་གང་དག་གི་སྡིག་སྒྲིབ་དག་པར་གསོལ་བ་ འདེབས་བཞིན་ཀུན་ནས་མཆོད་ཅིང་བསྟོད་པ་སྣ་ཚོགས་བྱེད་རྗེས་སླར་ལྷ་མོ་རང་ཉིད་ལ་ བསྡུའོ། །དེ་ནས་རང་ལྷ་སྐུའི་རྣམ་པ་སྟོང་ཉིད་འོད་གསལ་གྱི་ངང་དུ་ཐིམ་པར་གྱུར་ཅིང་སླར་ རྗེས་ཐོབ་སྒྱུ་མའི་ལྷར་ཉེ་བར་འཕོས་ལ། གསུམ་པ་ནི། རབ་དཀར་བསོད་ནམས་དངོས་པོ་གང་བསགས་འདིས། །རིང་མིན་བདག་ ནི་རྣམ་སྣང་གོ་འཕང་ཐོབ། །མ་ལུས་འགྲོ་བ་འདྲེན་པའི་དཔལ་གྱུར་ཏེ། །ལྷུན་གྲུབ་མཛད་ པས་འགྲོ་ཁམས་རྟག་སྐྱོང་ཤོག ། རྩ་རིག་གི་སྔགས་དོན་ནི། ༀ་ནི་སྐུ་གསུང་ཐུགས་མཚོན་བྱེད། ན་མོ་ཕྱག་འཚལ་བའི་དོན། བྷ་ག་ཝ་ཏེ་བཅོམ་ལྡན་ འདས། སརྦ་དུརྒ་ཏེ་པ་རི་ཤྭ་དྷ་ནི་རཱ་ཛཱ་ཡ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱལ་པོ། ཏ་ཐཱ་ག་ཏཱ་ཡ་དེ་ བཞིན་གཤེགས་པ། ཨརྷ་ཏེ་སམྱཀ་སཾ་བུདྡྷ་ཡ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། ཏདྱ་ཐཱ་འདི་ ལྟ་སྟེ། ༀ་ཤོ་དྷ་ནི་ཤོ་དྷ་ནི་སྐུ་གསུང་ཐུགས་ཀྱི་སྒྲུབ་པོའི་དྲི་མ་སྦྱོང་ཞིང་སྦྱོང་བ། སརྦ་པཱ་པཾ་བི་ཤོ་དྷ་ནི་ཤུདྡྷེ་བི་ ཤུདྡྷེ་སྡིག་པ་ཐམས་ཅད་རྣམ་པར་སྦྱོང་བ་དག་པ་རྣམ་པར་དག་པ། སརྦ་ཀརྨ་ཨཱ་བ་ར་ཎི་བི་ཤོདྡྷ་ནེ་ལས་ཀྱི་སྒྲིབ་པ་ ཐམས་ཅད་རྣམ་པར་དག་པ། སྭཱ་ཧཱ་གཞི་ཚུགས་ཞེས་པའོ། །སྙིང་པོའི་སྔགས་དོན་ནི། ༀ་སརྦ་བིད་སྐུ་གསུང་ཐུགས་ཀྱི་ བདག་ཉིད་ཐམས་ཅད་རིག་པ། སརྦ་ཨ་བཱ་ར་ན་བི་ཤོ་དྷ་ཡ་སྒྲིབ་པ་ཐམས་ཅད་རྣམ་པར་དག་པ། ཧ་ན་ཧཱུཾ་ཕཊ། ལས་སྒྲིབ་དེ་ཀུན་ཡེ་ཤེས་ཀྱིས་གཞོམ་ཞིང་བྱང་བར་མཛོད་ཅིག ཅེས་པའོ། ། 9-1-561 དེ་འདྲའི་རྩ་རིག་དོན་བསྡུས། བཅོམ་ལྡན་ངན་སོང་སྦྱོང་མཛད་བདེ་གཤེགས་རྫོགས་པའི་ སངས་རྒྱས་རྣམ་སྣང་གི་སྐུ་གསུང་ཐུགས་ཀྱི་བྱིན་སྟོབས་ཀྱིས་སྒྲུབ་པོའི་ལས་ཉོན་སྡིག་སྒྲིབ་ ཐམས་ཅད་རྣམ་པར་སྦྱོང་ཞིང་དག་པར་མཛད་དུ་གསོལ། ཞེས་དང༌། སྙིང་པོའི་དོན་བསྡུས། གསང་ གསུམ་རླབས་ཆེན་ཐམས་ཅད་རིག་པའི་ཐུགས་རྗེས་སྒྲིབ་པ་མ་ལུས་པ་གཞོམ་ཞིང་མེད་པར་ མཛོད། ཅེས་སོ། །ཞེས་པའི་ཀུན་རིག་བདག་བསྐྱེད་མདོར་བསྡུས་འདི་ཡང་བིདྱ་ཤྲཱིས་བསྐུལ་ངོར། མ་ཏིས་སོ།། །། 9-1-562 ༄༅། །ཀུན་རིག་གཙོ་རྐྱང་ཙམ་ལ་བརྟེན་པའི་རུས་སྒྲུབ་སོགས་ཀྱི་ཚུལ་ མདོར་བསྡུས་ཚེ་འདས་སྡིག་སེལ་རང་སྣང་ལེགས་ཤར་ ཞེས་བྱ་བ་སོགས་བཞུགས་སོ། ། ༄༅། །བླ་མ་དང་རྣམ་སྣང་དབྱེར་མེད་ལ་གུས་ཕྱག་འཚལ་ཏེ། འདིར་ཀུན་རིག་གཙོ་རྐྱང་ཙམ་ལ་བརྟེན་པའི་རུས་སྒྲུབ་ སོགས་མདོར་བསྡུས་ཀྱི་ཚུལ། ཐོག་མར་ཀུན་རིག་གཙོ་རྐྱང་བདག་བསྐྱེད་གསོལ་འདེབས་སྐྱབས་སེམས་ནས་བཟུང་བསྡུ་ལྡང་ བར་བཏང༌། དེ་ནས་བུམ་པ། བཛྲ་ཡཀྵས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བུམ་པ་མཚན་ ཉིད་དང་ལྡན་པའི་ནང་ཆུས་གང་བའི་དབུས་སུ་སེང་ཁྲིའི་སྟེང་དུ་པད་ཟླའི་གདན་ལ་ཀུན་ རིག་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་ཤིན་ཏུ་ཞི་བ་ཆེན་པོའི་ཞལ་བཞི༴ ནས། དབུ་ བརྒྱན་པར་གྱུར། དེའི་ཐུགས་ཀར་ཟླ་བར་ༀ་ཡིག་དཀར་པོའི་མཐར་རྩ་རིག་བཀོད་པ་རང་ གསལ་དུ་དམིགས་པའི་རྐྱེན་གྱིས་བུམ་ལྷའི་སྐུ་ལས་བདུད་རྩི་སྡིག་སྒྲིབ་འཁྲུད་པའི་ནུས་པ་ དང་ལྡན་པ་བྱུང་སྟེ་བུམ་པ་ཡོངས་སུ་གང་བར་བསམ་ལ། རྩ་རིག་ཅི་ནུས་བཟླ་མཐར། ཡེ་ཤེས་པ་ གཤེགས་ཤིང་དམ་ཚིག་པ་ཞུ་བ་བུམ་ཆུ་ལ་ཐིམ་པས་ནུས་པ་བརྟན་པར་གྱུར། ཡིག་བརྒྱ་ལན་ གསུམ། དེ་ནས་བུམ་ཆུས་རུས་ཁྲུས་བྱ་བ་ནི། རྣམ་པར་སྣང་མཛད་ཀྱི་སྐུ༷འི་བྱིན་གྱིས་བརླབས་པའི་བདུད་ རྩིས་ཚེ་ལས་འདས་པ་ཆོས་འཕེལ་གྱི་རུས་བུ་ལ་ཁྲུས་བྱས་པས་ཐོག་མེད་ནས་བསགས་པའི་ལུ༷ས་ ཀྱི་སྡིག་སྒྲིབ་མ་ལུས་པ་བྱང་ཞིང་དག་པར་གྱུར། རྩ་རིག་བདུན་བཟླ་བཞིན་བུམ་ཆུས་རུས་པ་བཀྲུ། དེ་བཞིན་ དུ་གསུ༷ང་དང་ང༷ག་ཐུ༷གས་དང་ཡི༷ད་གཉིས་ལ་འདོན་པ་སྤོ་སྟེ་རྩ་རིག་བདུན་བདུན་རེས་རུས་ཁྲུས་ཙམ་བྱས་ནས་ 9-1-563 རུས་བུ་རྣམས་ཞིབ་ཏུ་བཏང༌། བ་བྱུང་དྲི་བཟང་དང་བསྲེས་ལ་ཕྱེ་མ་སྣོ ད་དུ་བླུགས་པ་སྟེགས་བུར་ཉེར་སྤྱོད་ཀྱིས་བསྐོར་བཞིན་ བཤམས་ནས་རུས་སྒྲུབ་བྱ་བ་ནི། བཛྲ་ཡཀྵས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་རུས་བུའི་ སྟེང་དུ་སེང་ཁྲི་པད་ཟླའི་གདན་ལ་ༀ་ཡིག་ཡོངས་སུ་གྱུར་པ་ལས་ཀུན་རིག་རྣམ་པར་སྣང་ མཛད་སྐུ་མདོག་དཀར་པོ༴ ནས། རོ་མཉམ་གྱིས་རྒྱས་གདབ། རྣམ་སྣང་གི་ཐུགས་ཀར་ཟླ་བ་ ལ་ༀ་ཡིག་སྔགས་ཕྲེང་དང་བཅས་པ་གསལ་བཏབ་པ་ལས་སྤྲོས་པའི་འོད་ཕུང་གི་ཚོགས་ ཀྱིས་ཕྱོགས་བཅུའི་ཞིང་བཞུགས་སངས་རྒྱས་ཐམས་ཅད་ཀྱི་བྱིན་རླབས་བདུད་རྩིའི་རྣམ་ པར་བཀུག་ནས་རུས་བུ་ལ་ཐིམ་པས་ཚེ་ལས་འདས་པ་ཆོས་འཕེལ་སྒྲིབ་གཉིས་བག་ཆགས་དང་ བཅས་པ་ལེགས་པར་སྦྱངས་ཏེ་བྱང་ཞིང་དག་པ་ཁྱད་པར་བ་བྱས་པར་མོས་ལ། རྩ་རིག་ཁོ་ན་བཟླ་ ཞིང་བར་བར་བསྙེན་དམིགས་ཀྱང་བསྐྱར། མཐར་མཆོད་པ་བྱིན་རླབས་ནི། ཡཀྵས་བསངས། སྭ་བྷཱ་ཝས་སྦྱངས། བཛྲ་ ཛྭ་ལ་ཨཱ་ནཱ་ལ་སོགས་ཀྱིས་གཟི་བྱིན་བསྐྱེད། སྟོང་པའི་ངང་ལས་སྐད་ཅིག་གིས་ཉེར་སྤྱོད་རྣམ་ལྔ་ཟག་ མེད་ཡེ་ཤེས་ལས་ཤར་བ་ས་དང་བར་སྣང་ཀུན་ཏུ་ཁྱབ་པར་གྱུར། ༀ་བཛྲ་སྥ་ར་ཎ་ཁཾ། ལན་ གསུམ། མཆོད་པ་ནི། ངོ་མཚར་ཡིད་འོང་ཉེར་སྤྱོད་ཚོགས། །མཆོད་ཡོན་མེ་ཏོག་བདུག་སྤོས་དང༌། །སྣང་གསལ་དྲི་ཟས་རོལ་མོའི་རིགས། །རྣམ་སྣང་ལ་འབུལ་སྒྲིབ་ཀུན་སྦྱོངས། །ༀ་སརྦ་ཏ་ཐཱ་ ག་ཏ་ཨརྒྷཾ་པུཥྤེ༴ ནས། ཤབྟ་པཱུ་ཛ་མེ་གྷ་ཨཱཿཧཱུཾ་སྭཱཧཱ། བསྟོད་པ་ནི། ཆོས་དབྱིངས་ཡེ་ཤེས་རྣམ་དག་ འཕྲུལ། །རྒྱལ་བ་རྣམ་སྣང་མགོན་དུ་ཤར། །འགྲོ་བའི་སྒྲིབ་པ་སྦྱོང་མཛད་མཆོག །གསང་ གསུམ་རླབས་ཆེན་ལྷ་ལ་བསྟོད། །དམ་ཡེ་གཉིས་མེད་ཀྱི་ལྷ་དེ་ཉིད་རུས་བུ་ལ་ཐིམ་པས་ཟག་ མེད་ཡེ་ཤེས་ཀྱི་སྣང་ཆར་ཤར་བའི་རིན་ཆེན་སྣ་ལྔའི་ཕུང་པོར་གྱུར། བསྔོ་བ་ནི། བསོད་ནམས་ འདིས་ནི་ཚེ་འདས་ཀྱི། །སྒྲིབ་སྦྱངས་ཟབ་མོ་གནད་ལ་ཐེབས། །འཁོར་བ་སྡུག་བསྔལ་རྒྱ་ མཚོ་ལས། །མྱུར་ཐར་གྲོལ་བ་མཆོག་ཐོབ་ཤོག །ཅེས་སོགས་བསྔོ་སྨོན་བྱ། རུས་སྒྲུབ་ཁོ་ན་རྒྱུན་ཁྱེར་སྐབས་ གོང་སྨོས་བདག་བསྐྱེད་དང་རུས་སྒྲུབ་གཉིས་ཙམ་ལ་འབད་པས་ཆོག 9-1-564 འདིར་རུས་པས་རྟེན་བཞེངས་ཚོགས་བསགས་ཀྱི་ཆོ་ག་ལ་སྤྲོ་ན། རང་ཉིད་སྐད་ཅིག་གིས་རྣམ་པར་སྣང་ མཛད་དུ་གསལ་བའི་ཐུགས་སྲོག་ལས་འཕྲོས་པའི་འོད་ཟེར་གྱིས་ཕྱོགས་བཅུའི་ཞིང་གཙོ་ རྒྱལ་བ་རྣམས་རྣམ་པར་སྣང་མཛད་དུ་བཞེངས་པ་གང་དག་གི་ཐུགས་རྒྱུད་བསྐུལ་ཏེ་ཐམས་ ཅད་ཀྱིས་སྐུ་གསུང་ཐུགས་སྟོབས་བསྐྱེད་ནས་ཚེ་ལས་འདས་པ་ཆོས་འཕེལ་གྱི་རུས་བུའི་རྡུལ་ཕྲ་ མོ་མཐའ་དག་ཡེ་ཤེས་ལས་གྲུབ་པའི་རིན་པོ་ཆེའི་ཕུང་པོ་བསོད་ནམས་ཀྱིས་ཡུལ་སྐུ་གསུང་ ཐུགས་རྟེན་གང་བཞེངས་ཀྱི་རྒྱུ་ཕུན་སུམ་ཚོགས་པ་རབ་དཀར་ཚོགས་ཆེན་གསོག་བྱེད་ཁྱད་ འཕགས་རྟེན་འབྲེལ་མཆོག་ཏུ་བསྒྱུར་བར་བསམ་ལ། རྩ་རིག་དང་རྟེན་སྙིང་སྦྲེལ་བའི་མཐར། ཚེ་ལས་ འདས་པ་ཆོས་འཕེལ་གྱི་རུས་བུ་གང་དག་ཟག་མེད་ཀྱི་ཕུང་པོ་བསོད་ནམས་ཞིང་མཆོག་རྟེན་ གསུམ་གང་འགྲུབ་བྱེད་ཀྱི་རྒྱུ་ཕུན་ཚོགས་སུ་གྱུར་ཅིག་སྭཱཧཱ། ཞེས་པའི་ཤམ་བུ་སྦྱར་བ་བཟླ་བཞིན་རུས་ པའི་ཕྱེ་འཇིམ་པ་སོགས་དང་བསྲེས་ནས་རྟེན་གྱི་དངོས་རྒྱུ་ལེགས་གྲུབ་ཟིན་པ་ན། རང་རྣམ་སྣང་གི་ཐུགས་ཀའི་འོད་ ཀྱི་ཞིང་ཁམས་རབ་འབྱམས་ཀྱི་རྒྱལ་བ་རྣམས་བསྐུལ་ཏེ་ཐུགས་དགོངས་ཟབ་མོའི་བྱེད་པ་ ལ་བརྟེན་ཚེ་ལས་འདས་པ་ཆོས་འཕེལ་གྱི་རུས་བུ་ཡེ་ཤེས་ལས་གྲུབ་པའི་རིན་པོ་ཆེའི་ཕུང་པོའི་ རྣམ་པ་གང་དག་གིས་སྐུ་གསུང་ཐུགས་རྟེན་མཆོད་ཡུལ་གང་མོས་སུ་སྤྲུལ་པའི་བཀོད་པ་ལྟར་ ལེགས་པར་དུས་སུ་བསྐྲུན་པའི་རྟེན་འབྱུང་མི་བསླུ་བ་ལ་དམིགས་ཏེ། རྩ་རིག་རྟེན་སྙིང་མཐར། ཚེ་ ལ་འདས་པ་ཆོས་འཕེལ་གྱི་རུས་བུ་རིན་པོ་ཆེའི་ཕུང་པོ་ལས་དོན་གཉིས་རྒྱ་མཚོའི་དཔལ་ཡོན་ གྱི་རྟེན་མཆོག་ཏུ་གྱུར་ཅིག་སྭཱཧཱ། ཞེས་སྦྱར་བ་བཟླ་བཞིན་རྟེན་གསུམ་གང་བཞེངས་མ་ཟིན་གྱི་བར་དུའོ། །དེ་ནས་ ཐམས་ཅད་ལེགས་པར་གྲུབ་ཚེ་རྟེན་རྣམས་གདན་ལ་ཉེར་སྤྱོད་བཅས་ལེགས་པར་བཀོད། བདག་ཉིད་རྣམ་པར་སྣང་ མཛད་དུ་གསལ་བའི་ཐུགས་སྲོག་ལས་འོད་ཟེར་འཕྲོས་པས་སངས་རྒྱས་ཐམས་ཅད་དཔལ་ རྣམ་སྣང་རྣམ་པར་སྤྱན་དྲངས་ཏེ་རྟེན་གང་དག་ལ་བསྟིམས་ཤིང་མཆོད་ཡུལ་རང་རང་གི་ཚུལ་ ཇི་ལྟ་བ་བཞིན་དུ་གྱུར། རྩ་རིག་རྟེན་སྙིང་སུ་པྲའི་སྔགས་སྦྲེལ་བ་ཅི་རིགས་བརྗོད་ལ་དེས་བསྔགས་པའི་ནས་རྟེན་ 9-1-565 རྣམས་ལ་གཏོར་མཐར། དཔལ་ཡེ་ཤེས་སེམས་དཔའ་རྣམ་པར་སྣང་མཛད་དང་དབྱེར་མེད་པའི་ རྟེན་བསོད་ནམས་ཞིང་གང་དག་ལེགས་གྲུབ་ཀྱི་མཐུ་ལས་ཚེ་ལས་འདས་པ་ཆོས་འཕེལ་རིང་ པོར་མི་ཐོགས་པར་གནས་ལུགས་ཆོས་དབྱིངས་ཡེ་ཤེས་སུ་བྱང་ཆུབ་སྟེ་དོན་གཉིས་ལྷུན་གྲུབ་ གྱི་དཔལ་ལ་རྟག་ཏུ་སྤྱོད་པར་ཤོག་ཅིག དེ་ནས་རུས་པས་བཞེངས་པ་རྣམས་བསྒྲུབ་པ་ནི། ཀུན་ཏུ་རྫོབ་ པའི་ཆོས་ཐམས་ཅད་རང་བཞིན་སྟོང་པ་ཉིད་ཀྱི་གཤིས་ན་རང་བྱུང་དོན་དམ་ཆོས་དབྱིངས་ ཡེ་ཤེས་ཆེན་པོ་དཔལ་རྣམ་པར་སྣང་མཛད་ཀྱི་ཆོས་སྐུའི་ངོ་བོར་བརྡལ་བ་ཉིད་ཇི་བཞིན་མ་ རྟོགས་པའི་སེམས་ཅན་ཀུན་ཀྱང་སྙིང་རེ་རྗེའོ། །གནས་ལུགས་རྣམ་སྣང་ཆོས་སྐུའི་རང་ཞལ་ མྱུར་ནས་སེམས་ཅན་དེ་དག་གིས་མཇལ་བའི་ཆེད། ཨེ་མ་ཧོ། བདག་གིས་རྨད་དུ་བྱུང་བའི་ རྣམ་དཀར་གྱི་དགེ་རྩ་ཚེ་འདས་ཀྱི་དགོངས་པ་བྱང་ཆུབ་ཏུ་རྫོགས་པའི་ཕྱིར་བསོད་ནམས་ རྟེན་མཆོག་ལེགས་བསྒྲུབ་ཀྱི་ཕན་པ་རླབས་པོ་ཆེ་ཉེ་བར་བགྱིད་དོ། །ལན་གསུམ། བདག་བསྐྱེད་ གོང་དུ་སོང་བའི་ཉིན་དཀྱུས་གཅིག་ཡིན་ན་འདིར་མི་དགོས། ལོག་གི་རྟེན་སྒྲུབ་ལ་ཀུན་རིག་གཙོ་རྐྱང་བདག་བསྐྱེད་ཡོངས་ རྫོགས་བཏང་མཐར་རྟེན་སྒྲུབ་དངོས་ནི། ཡཀྵས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་རྟེན་གང་ དག་གི་གནས་སུ་སེང་ཁྲིའི་སྟེང་དུ་པདྨ་དང་ཟླ་བའི་གདན་ལ་ༀ་ཡིག་ཡོངས་སུ་གྱུར་པ་ལས་ ཚེ་འདས་ཆོས་འཕེལ་ཉིད་བཅོམ་ལྡན་འདས་ཀུན་རིག་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ༴ ནས། དབུ་རྒྱན་པར་གྱུར། རྣམ་པར་སྣང་མཛད་ཀྱི་ཐུགས་ཀར་ཟླ་བ་ལ་ༀ་ཡིག་དཀར་པོའི་ མཐར་རྩ་བའི་རིག་པ་དཀར་གསལ་སྦྲུལ་འཁྱིལ་བ་ལྟ་བུ་མི་གཡོ་བར་གནས་པ་དེ་ལས་ཡེ་ ཤེས་ཀྱི་འོད་ཟེར་གྲངས་མེད་པ་དེ་བཞིན་གཤེགས་པ་རྣམ་སྣང་གི་སྐུ་དེ་སྙེད་བཅས་ལེགས་ པར་སྤྲོས་པའི་སྤྲིན་དཔུང་གིས་ཆོས་ཀྱི་དབྱིངས་མུ་མཐའ་ཐུག་པར་བརྒྱན་ཅིང་བཀླུབས་ པར་གྱུར་ཏེ་འཇིག་རྟེན་ཐམས་ཅད་ཀྱི་དོན་མཛད་ཅིང་རེ་བ་བསྐངས་ནས་སླར་འདུས་ཚེ་ ལས་འདས་པ་ཆོས་འཕེལ་ལྷར་གསལ་བ་དེ་ཉིད་ཀྱི་དབུའི་སྤྱི་གཙུག་དང་ཐུགས་ཀར་ཐིམ་ཚེ་ 9-1-566 རབས་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཡོངས་སུ་དག་སྟེ་ ལུས་ངག་ཡིད་གསུམ་རྒྱལ་བ་རྣམ་སྣང་ཆེན་པོའི་སྐུ་གསུང་ཐུགས་སུ་གྱུར་པར་བསམ་ལ། རྩ་ རིག་ཁོ་ན་བཟླ་བ་ལ་འབད་ཅིང་བར་བར་བསྙེན་དམིགས་ཡང་ཡང་བསྐྱར། མཐར་མཆོད་པ་བྱིན་རླབས་གོང་རུས་སྒྲུབ་སྐབས་ ལྟར་ལ། རྨད་བྱུང་དངོས་འབྱོར་ཡིད་སྤྲུལ་མཆོད་པའི་སྤྲིན། །མཆོད་ཡོན་མེ་ཏོག་བདུག་སྤོས་ སྣང་གསལ་དྲི། །ཞལ་ཟས་རོལ་མོའི་རིགས་གྱུར་མཐའ་ཀླས་པ། །རྒྱལ་བ་རྣམ་སྣང་ལ་ འབུལ་ལེགས་བཞེས་མཛོད། །ༀ་སརྦ་ཏཱ་ཐཱ་ག་ཏ་ཨརྒྷཾ་པུཥྤེ༴ ནས། ཤཔྟ་པཱུ་ཛ་མེ་གྷ་ཨཱཿཧཱུཾ་ སྭཱཧཱ། གཞན་ཡང་རིན་ཆེན་ཅོད་པན་རྣ་མགུལ་རྒྱན། །དོ་ཤལ་དཔུང་རྒྱན་ཕྱག་སོར་གདུབ་ རྐང་རྒྱན། །གདུགས་འཕན་རྒྱལ་མཚན་ལྡ་ལྡི་རྔ་ཡབ་གདན། །བླ་བྲེ་གཟིམས་ཆ་ཟླ་གདན་ རྣམས་ཀྱང་མཆོད། །ཕོ་བྲང་ཟླུམ་པོ་གྲུ་བཞི་ཁང་ཉིས་བརྩེགས། །མེ་ཏོག་པི་ཝཾ་དྲི་ཆབ་ཞལ་ ཟས་བཅུད། །ལྷ་རྫས་གོས་ཏེ་མཆོད་པ་ཉེར་ལྔ་པོ། །གང་དག་བསོད་ནམས་བསགས་པའི་ སླད་དུ་འབུལ། །སྒེག་མོ་ཕྲེང་མ་གླུ་ལེན་གར་མཁན་མོ། །སྤོས་མ་མེ་ཏོག་མར་མེ་དྲི་ཆབ་ མ། །ཕྱི་ནང་ལྷ་མོའི་མཛེས་སྡུག་མཆོད་བཀོད་སྤྲོ། །བསམ་པ་དག་པས་འབུལ་ལོ་བརྩེ་བས་ བཞེས། །འཁོར་ལོ་ནོར་བུ་བཙུན་མོ་བློན་པོ་གླང༌། །རྟ་མཆོག་དམག་དཔོན་རྒྱལ་སྲིད་སྣ་ ཚོགས་བདུན། །གཟུགས་སྒྲ་དྲི་རོ་རེག་བྱ་ཆེས་མཚར་བ། །གུས་ཕུལ་ལེགས་བཞེས་ཚོགས་ ཆེན་རྫོགས་པར་མཛོད། །ༀ་སརྦ་པཱུ་ཛ་མེ་གྷ་ཨཱཿཧཱུཾ་སྭཱཧཱ། བསྟོད་པ་ནི། དཔལ་ལྡན་ཆོས་དབྱིངས་ ཡེ་ཤེས་རང་གཟུགས་མདངས། །རྣམ་པར་སྣང་མཛད་དཀྱིལ་འཁོར་སྤྲོ་བའི་མགོན། །འོད་ དཀར་སྣང་བ་འབུམ་དཀྲིགས་མཚན་དཔེའི་སྐུ། །ལོངས་སྤྱོད་རྫོགས་པའི་ཆེ་ཚུལ་མངའ་ལ་ བསྟོད། །གང་འདུལ་ཁམས་དབང་མོས་པའི་རྗེས་འགྲོ་བ། །སྣ་ཚོགས་རང་རང་སྐད་ཀྱིས་ ཆོས་སྒོ་དཔལ། །ཡན་ལག་དྲུག་ཅུའི་དབྱངས་ཀྱི་སྩོལ་བའི་གསུང༌། །རྣམ་པ་ཀུན་ལྡན་རྗོད་ བྱེད་མཆོག་ལ་བསྟོད། །དྲི་བྲལ་ཡེ་ཤེས་ཆོས་སྐུ་ཀུན་ཁྱབ་པ། །ཟབ་ཡངས་མངོན་རྟོགས་རྒྱ་ 9-1-567 མཚོའི་ཀློང་གཅིག་པུ། །རང་བཞིན་དག་མཉམ་ཆོས་ཀྱི་དབྱིངས་ཆེན་ཐུགས། །བདེན་གཉིས་ མངོན་གཟིགས་མཁྱེན་བཟང་དམ་པར་བསྟོད། །གང་གི་རླབས་ཆེན་ཕྲིན་ལས་གཡེལ་མེད་ པས། །ཚེ་འདས་ལ་སོགས་གང་འདུལ་འགྲོ་ཀུན་ལ། །སྒྲིབ་སྦྱངས་ཚོགས་ཆེན་རྫོགས་པའི་ མཛད་ཆེན་སྒོ། །ནམ་ཡང་དུས་མི་ཡོལ་བར་རྟག་འཇུག་མཛོད། །བསྔོ་བ་ནི། རབ་དཀར་ལེགས་ བྱས་བསོད་ནམས་བསགས་སྟོབས་ཀྱིས། །འདས་པ་ཆོས་འཕེལ་ལ་སོགས་རྣམ་མང་གི །ཉམ་ ཐག་འགྲོ་བ་ཡོད་ཚད་རང་རང་ལ། །གནས་སྐབས་ལས་ཉོན་སྒྲིབ་པ་ཡོངས་བྱང་ཤོག །དེར་ བརྟེན་བསོད་ནམས་ཚོགས་རབ་ཆེས་འཕེལ་ཞིང༌། །ངན་འགྲོར་ལྟུང་བའི་སྡིག་ལས་ཀུན་ ཟད་དེ། །མངོན་མཐོ་ལ་གནས་ཆོས་སྣང་ཡོངས་རྒྱས་བཞིན། །ཡང་དག་ཞིང་བཟང་མྱུར་ཟིན་ སྐལ་བར་ཤོག །རྗེས་སོར་དེ་མ་ཐོབ་པར་སྐྱེ་གཞན་གྱིས། །བར་མ་ཆོད་པར་དབུས་ཕྱོགས་ གཡོ་མེད་ཞིང༌། །རྒྱལ་བ་རྣམ་སྣང་མཛད་ཀྱི་གདུལ་བྱ་མཆོག །དེར་འཕོས་ཆོས་ཀྱི་རྣམ་གྲོལ་ ཡོངས་མངོན་ཤོག །དེ་ནས་བཟུང་སྟེ་ཞིང་གཙོའི་མཛད་ཕྲིན་གྱི། །བྱེད་པ་ལ་བརྟེན་སྤངས་ རྟོགས་རྩལ་མྱུར་རྫོགས། །རང་གཞན་དོན་གཉིས་རླབས་ཆེན་སྤྱོད་བཞིན་པར། །རྣམ་སྣང་ རྒྱལ་བཞིན་མཛད་ཕྲིན་དབང་གྱུར་ཅིག །ཅེས་སོགས་བསྔོ་སྨོན་ཅི་རིགས་བརྗོད། དེ་ལྟར་རྟེན་སྒྲུབ་འདི་རུས་ཚྭ་ སྐུ་པར་སོགས་གང་གི་སྐབས་སུ་སྦྱར་ཀྱང་ཆོག་ལ་ཞག་གྲངས་མང་སོགས་རུས་སྒྲུབ་དང་ཚྭ་སྒྲུབ་བྱེད་པར་སྤྲོ་ན་འདིའི་དཀྱུས་སུ་ བཀོད་པའི་རུས་སྒྲུབ་དང་རྟེན་སྒྲུབ་གཉིས་ཀྱིས་བྱས་ནའང་མི་ཆོག་པ་མེད། དེ་ནས་རྟེན་རྣམས་གཤེགས་བཞུགས་ཀྱི་ཚུལ་ལ་གང་མོས་ཀྱི་གནས་སུ་བཤམས་ཏེ། རང་སྐད་ཅིག་གིས་དཔལ་ རྣམ་པར་སྣང་མཛད་ཆེན་པོའི་ང་རྒྱལ་ལ་གནས་ཏེ་ཐུགས་དགོངས་ཟབ་ཀློང་དག་པའི་ སྟོབས་ལ་བརྟེན་ཕྱོགས་བཅུའི་ཞིང་རབ་འབྱམས་ན་བཞུགས་པའི་རྒྱལ་བ་སྲས་དང་བཅས་ པའི་ཐུགས་རྗེ་དང་རང་བཞིན་གཞི་དབྱིངས་རྣམ་པར་དག་པ་ཆོས་ཉིད་འོད་གསལ་རྣམ་ ཀུན་འགྱུར་བ་མེད་པའི། བྱིན་རླབས་ཀྱིས་དེང་འདིར་གཞི་གང་དག་བདེ་ཆེན་ཞིང་ལྟར་སྣོ ད་ 9-1-568 བཅུད་ལེགས་འབྱོར་རབ་རྒྱས་མཆོད་བཀོད་ཡོངས་རྫོགས་སྣ་ཚོགས་ཡ་མཚན་ཀུན་བཟང་ གི་འཕྲུལ་ལ་ཉེ་བར་འགྲན་པས་ཕྱོགས་ཐམས་ཅད་ཡོངས་སུ་ཁྱབ་པར་གྱུར། ལན་གསུམ། གང་ དེར་བསོད་ནམས་བསགས་པའི་ཞིང་ཁྱད་པར་ཅན་རྟེན་མཆོག་ཕུལ་དུ་བྱུང་བ་བཞུགས་སུ་ གསོལ་ཏེ་རླབས་ཆེན་ཕན་པའི་མཛད་པ་དང་ཕྲིན་ལས་དུས་སུ་ངོམ་པར་བཀོད་ན་དེ་ལུགས་ ཕན་བདེ་རྒྱ་ཆེར་སྤེལ་བར་མཛད་དུ་གསོལ། ལན་གསུམ། ཁྱད་པར་རྒྱལ་བ་རྣམ་སྣང་མཛད་ ཀྱི་གསང་གསུམ་མཐུ་ཡིས་རྣམ་མང་འགྲོ་ལ་སྡུག་བསྔལ་གྱིས་རྒུད་པ་བསལ་ནས་འགྲོ་ཕན་ དུས་སུ་བྱུང་ཞིང་ཡང་སྒོས་ཚེ་ལས་འདས་པ་ཆོས་འཕེལ་ངན་སོང་དང་འཁོར་བའི་འཇིགས་པ་ ལས་རིམ་པས་ཐར་ནས་ཡང་དག་མངོན་མཐོའི་རྟེན་ལ་བརྒྱུད་ཐར་པ་དང་ཐམས་ཅད་མཁྱེན་ པའི་གོ་འཕང་མཆོག་ལ་རིམ་གྱིས་སླེབས་པར་ཤོག་ཅིག ལན་གསུམ། རྩ་རིགས་རེ་རེའི་མཐར། བསོད་ ནམས་མཆོག་གི་སྟོབས་འདི་ཁོ་ན་ལ་བརྟེན་ནས་ཀྱང་ཚེ་ལས་འདས་པ་ཆོས་འཕེལ་གྱི་དགེ་བའི་ རྩ་བ་སྟོབས་ཆེན་དུ་གྱུར་ཏེ་ངན་སོང་དང་འཁོར་བ་ལས་ཐར་ནས་ལམ་ཚོགས་གཉིས་རྫོགས་ སྒྲིབ་གཉིས་དག་མྱུར་དུ་རྣམ་པ་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་གྱུར་ ཅིག ཅེས་པའི་ཤམ་བུ་བཏགས་པ་བཟླ་བཞིན་རྟེན་རྣམས་ས་ཆུ་གང་མོས་སུ་སྤྱན་དྲངས་ཏེ་བཞུགས་སུ་གསོལ་བའི་མཐར། མཆོད་ཡུལ་རྟེན་མཆོག་གང་དག་བཞུགས་པའི་གནས་གང་དག་ན་དཀར་པོའི་ཕྱོགས་སྐྱོང་ བའི་ལྷ་ཀླུ་གནོད་སྦྱིན་མཐུ་བོ་ཆེ་སོགས་ཆོས་ལ་དགའ་བ་གང་ཡོད་ཚད་ཐམས་ཅད་ཀྱིས་ རྟེན་དེ་དག་མཆོད་ཡུལ་དུ་སྤྱན་གྲངས་བཞུགས་གསོལ་བསྙེན་བཀུར་རྒྱ་ཆེ་བ་དང་བཅས་ བསོད་ནམས་བསགས་སྒོ་སྟོབས་ཆེན་ལེགས་བགྱིས་ཀྱིས་ད་སྐབས་ཚེ་ལས་འདས་པ་ཆོས་ འཕེལ་ཕྱི་མར་དགེ་རྩ་ཡོངས་རྒྱས་ཉེ་བར་སྨིན་པ་ལ་བརྟེན་ནས་མངོན་མཐོའི་རྟེན་ལས་རིང་ མིན་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་གཏིང་ཟབ་པ་ནས་ཐར་ཅིང་ཡང་དག་གོ་འཕང་མཆོག་ ལ་ངེས་པར་སྦྱོར་བ་དང་ཤུལ་འདུག་ཉེ་དུ་རྣམས་ཀྱང་ཚེ་དང་བསོད་ནམས་དཔལ་འབྱོར་མ་ 9-1-569 ལུས་པ་གོང་འཕེལ་གྱི་རྒྱུན་མཐའ་རིང་ཞིང་དེ་ལུགས་ལྟར་བདེ་དགའ་ལ་རྟག་པར་སྤྱོད་པའི་ སྐལ་བ་དང་ལྡན་ནས་འདི་སྔ་ཕྱིའི་ལེགས་པའི་དོན་ཅི་དགར་དུས་སུ་བབ་ངེས་ལ་གཡེལ་ བ་མེད་པར་གང་འཚམས་ལོངས་སྤྱོད་པ་ལ་རྐྱེན་གེགས་བར་ཆད་གང་ཡང་མེད་པར་ཤོག་ ཅིག ལན་གསུམ་མཐར། དེ་ལྟར་སྨོན་པའི་དོན་ཐམས་ཅད་ཇི་བཞིན་ལེགས་འགྲུབ་ཀྱི་ཐད་ཆོས་ དབྱིངས་རྣམ་པར་སྣང་མཛད་ངེས་པ་དོན་གྱི་ཆོས་སྐུ་རང་བྱུང་འཁོར་འདས་སྲོག་གི་དྭངས་ མར་ཡེ་གདོད་མ་ནས་ནམ་ཡང་བསླུ་བ་མེད་པར་བདེན་པ་མཆོག་གི་སྟོབས་རླབས་པོ་ཆེ་ཟླ་ དང་བྲལ་བའི་མཐུ་བྱིན་རྐྱེན་གང་གིས་འགོག་ཏུ་མེད་ཅིང་གཞོམ་གཞིག་བྲལ་བ་ནམ་དུ་ཡང་ འགྱུར་བ་མི་མངའ་བ་ཆོས་ཉིད་གནས་ལུགས་རྩལ་གྱི་བདེན་མཐུ་སུ་ལས་འཕགས་པ་དེས་ གང་ལ་ཡང་ཐོགས་པ་མེད་པར་བསམ་དོན་ཡོངས་འགྲུབ་ཏུ་གྱུར་ཅིག ཅེས་སོགས་བསྔོ་སྨོན་ཅི་ རིགས་བརྗོད་ཅིང་རྟེན་རྣམས་ཅི་བདེར་བྱོན་བཞུགས་སུ་བྱའོ། །འདིར་དུས་སུ་ཉེར་མཁོ་རུས་པ་དང་ཚྭ་སྒྲུབ་ཀྱི་ནམ་ཡིན་སྐབས་ ཐོག་མར་གཙོ་རྐྱང་བདག་བསྐྱེད་ཙམ་གྱིས་རྗེས་ནས་རང་རང་སྐབས་སུ་བབ་པའི་རུས་སྒྲུབ་དང་ཚྭ་སྒྲུབ་ཀྱི་བསྙེན་བཟླས་ལ་ཐུན་ བཞིར་བཅད་ནས་འབད་པ་གལ་གནད་དོ། །ཞེས་ཀུན་རིག་གཙོ་རྐྱང་ཙམ་ལ་བརྟེན་པའི་རུས་སྒྲུབ་སོགས་ཀྱི་ཚུལ་མདོར་བསྡུས་ ཚེ་འདས་སྡིག་སེལ་རང་སྣང་ལེགས་ཤར་ཞེས་བྱ་བ་འདི་ཡང་ཚེ་ལས་འདས་པ་ཆོས་འཕེལ་གྱི་དགེ་རྩར་དམིགས་ཏེ་ཁོ་རང་གི་ ཤུལ་གྱི་ཉེ་དུ་རྣམས་ཀྱི་རེ་བ་སྐོང་སླད་དང་ཁྱད་པར་བིདྱ་ཤྲཱིས་ཞུས་ངོར། མ་ཏིས་འཕྲལ་དུ་སྨྲས་པ་སྟེ། འདིས་ཀྱང་དམིགས་ བསལ་འདིའི་འགྲོ་བ་ཉམ་ཐག་གིས་མཚོན་མཁའ་ཁྱབ་ཀྱི་སྐྱེ་འགྲོ་ཡོངས་ལ་གནས་སྐབས་དང་མཐར་ཐུག་གི་ཕན་བདེ་དུས་སུ་ གཡེལ་བ་མེད་པར་ཤོག་ཅིག་གུ།། །། 9-1-570 ༄༅། །སྦྱོང་བའི་རྒྱལ་པོའི་ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུཾ་ཡིག་དཀར་དམར་(ཚྭ་སྒྲུབ་སྐབས་ འོད་ཟེར་ལྔ་འཕྲོས་པའི་མཐར།)གྱི་མཐར་སྔགས་ཕྲེང་ཁ་དོག་དཀར་དམར༴(སྤྱོང་བའི་རྒྱལ་པོའི་སྐུ་གསུངས་ ཐུགས་སུ་གྱུར། འོག་མ་ཀུན་ལ་ལྷ་སོ་སོའི་ཁྱད་པར་ལྟར་བརྗོད།) སརྦ་བིད༴ རྒྱལ་མཆོག་རིན་ཆེན་གྱི་ཐུགས་ ཀར་ཟླ་བའི་སྟེང་དུ་དྲཱཾཿཡིག་སྔོན་པོའི་མཐར་སྔགས་ཕྲེང་ཁ་དོག་སྔོན་པོ་གཡས༴ ༀ་སརྦ་ བིད༴ ཤཱཀྱ་རིག་དབང་གི་ཐུགས་ཀར་ཟླ་བའི་སྟེང་དུ་ཧྲཱིཿཡིག་སེར་པོའི་མཐར་སྔགས་ཕྲེང་ ཁ་དོག་སེར་པོ་གཡས༴ སརྦ་བིད༴ མེ་ཏོག་ཆེར་རྒྱས་ཀྱི་ཐུགས་ཀར་ཟླ་བའི་སྟེང་དུ་ཨཱཿཡིག་ ལྗང་ཁུའི་མཐར་སྔགས་ཕྲེང་ཁ་དོག་ལྗང་གུ༴ སརྦ་བིད༴ སྤྱན་མའི་ཐུགས་ཀར་ཟླ་བའི་སྟེང་ དུ་ཧཱུཾ་ཡིག་དཀར་པོའི་མཐར་སྔགས་ཕྲེང་ཁ་དོག་དཀར་པོ་གཡས༴ བུངྔྷ་ལོ༴ མ་མ་ཀཱི འི་ ཐུགས་ཀར་ཟླ་བའི་སྟེང་དུ་དྲཾ་ཡིག་སྔོན་པོའི་མཐར་སྔགས་ཕྲེང་ཁ་དོག་སྔོན་པོ༴ མ་མ་ཀི༴ གོས་དཀར་མོའི་ཐུགས་ཀར་ཟླ་བའི་སྟེང་དུ་ཧྲི་ཡིག་དམར་པོའི་མཐར་སྔགས་ཕྲེང་ཁ་དོག་ དམར་པོ༴ པནྚ་རེ༴ སྒྲོལ་མའི་ཐུགས་ཀར་ཟླ་བའི་སྟེང་དུ་ཨ་ཡིག་ལྗང་ཁུའི་མཐར་སྔགས་ ཕྲེང་ཁ་དོག་ལྗང་ཁུ༴ ཏཱ་རེ༴ རྡོ་རྗེ་སེམས་དཔའི་ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུཾཿཡིག་དཀར་ པོའི་མཐར་སྔགས་ཕྲེང་ཁ་དོག་དཀར་པོ་གཡས་བསྐོར༴ སཏྭ༴ རྡོ་རྗེ་རྒྱལ་པོའི་ཐུགས་ཀར་ ཟླ་བའི་སྟེང་དུ་ཛཿཡིག་སེར་པོའི་མཐར་སྔགས་ཕྲེང་ཁ་དོག་སེར་པོ་གཡས༴ ར་ཛ༴ རྡོ་རྗེ་ ཆགས་པའི་ཐུགས་ཀར་ཟླ་བའི་སྟེང་དུ་ཧོཿཡིག་དམར་པོའི་མཐར་སྔགས་ཕྲེང་ཁ་དོག་དམར་ པོ་གཡས༴ ར་ག༴ རྡོ་རྗེ་ལེགས་པའི་ཐུགས་ཀར་ཟླ་བའི་སྟེང་དུ་དྷུཿཡིག་ལྗང་ཁུའི་མཐར་ སྔགས་ཕྲེང་ཁ་དོག་ལྗང་ཁུ༴ ས་དྷུ༴ རྡོ་རྗེ་རིན་ཆེན་གྱི་ཐུགས་ཀར་ཟླ་བའི་སྟེང་དུ་ཏྲཱཾཿཡིག་ སེར་པོའི་མཐར་སྔགས་ཕྲེང་ཁ་དོག་སེར་པོ་གཡས༴ རཏྣ༴ རྡོ་རྗེ་གཟི་བརྗིད་ཀྱི་ཐུགས་ཀར་ ཟླ་བའི་སྟེང་དུ་རྱཿཡིག་དམར་སེར་གྱི་མཐར་སྔགས་ཕྲེང་ཁ་དོག་དམར་སེར༴ ཏྱ་ཛ༴ རྡོ་རྗེ་ རྒྱལ་མཚན་གྱི་ཐུགས་ཀར་ཟླ་བའི་སྟེང་དུ་བྷིཿཡིག་སྔོན་པོའི་མཐར་སྔགས་ཕྲེང་ཁ་དོག་སྔོན་ 9-1-571 པོ༴ ཀེ་ཏུ༴ རྡོ་རྗེ་བཞད་པའི་ཐུགས་ཀར་ཟླ་བའི་སྟེང་དུ་ཧོཿཡིག་དཀར་པོའི་མཐར་སྔགས་ ཕྲེང་ཁ་དོག་དཀར་པོ་གཡས༴ ཧ་ས༴ རྡོ་རྗེ་ཆོས་ཀྱི་ཐུགས་ཀར་ཟླ་བའི་སྟེང་དུ་ཧྲཱིཿཡིག་ དཀར་དམར་གྱི་མཐར་སྔགས་ཕྲེང་ཁ་དོག་དཀར་དམར༴ ངྷརྨ༴ རྡོ་རྗེ་རྣོན་པོའི་ཐུགས་ ཀར་ཟླ་བའི་སྟེང་དུ་དྷིཿཡིག་སྔོན་པོའི་མཐར་སྔགས་ཕྲེང་ཁ་དོག་སྔོན་པོ་གཡས༴ ཏིཀྵ༴ རྡོ་རྗེ་རྒྱུའི་ཐུགས་ཀར་ཟླ་བའི་སྟེང་དུ་ཀྲུཾ་ཡིག་སེར་པོའི་མཐར་སྔགས་ཕྲེང་ཁ་དོག་སེར་པོ་ གཡས༴ ཧེ་ཏུ༴ རྡོ་རྗེ་སྨྲ་བའི་ཐུགས་ཀར་ཟླ་བའི་སྟེང་དུ་བྷཿཡིག་དམར་པོའི་མཐར་སྔགས་ ཕྲེང་ཁ་དོག་དམར་པོ༴ བྷ་ཥ༴ རྡོ་རྗེ་ལས་ཀྱི་ཐུགས་ཀར་ཟླ་བའི་སྟེང་དུ་ཀཾཿཡིག་སྣ་ཚོགས་ མདོག་གི་མཐར་སྔགས་ཕྲེང་ཁ་དོག་སྣ་ཚོགས་གཡས༴ ཀརྨ༴ རྡོ་རྗེ་བསྲུང་བའི་ཐུགས་ཀར་ ཟླ་བའི་སྟེང་དུ་རཾ་ཡིག་སེར་པོའི་མཐར་སྔགས་ཕྲེང་ཁ་དོག་སེར་པོ་གཡས༴ རཀྵ༴ རྡོ་རྗེ་ གནོད་སྦྱིན་གྱི་ཐུགས་ཀར་ཟླ་བའི་སྟེང་དུ་ཀྵཾ་ཡིག་ནག་པོའི་མཐར་སྔགས་ཕྲེང་ཁ་དོག་ནག་ པོ༴ ཡཀྵ༴ རྡོ་རྗེ་ཁུ་ཚུར་གྱི་ཐུགས་ཀར་ཟླ་བའི་སྟེང་དུ་སཾཿཡིག་སེར་པོའི་མཐར་སྔགས་ཕྲེང་ ཁ་དོག་སེར་པོ༴ སཾ་དྷི༴ སྒེག་མོའི་ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུཾ་ཡིག་དཀར་པོའི་མཐར་ སྔགས་ཕྲེང་ཁ་དོག་དཀར་པོ་གཡས༴ ལ་སེ༴ ཕྲེང་བ་མའི་ཐུགས་ཀར་ཟླ་བའི་སྟེང་དུ་ ཏྲཾཿཡིག་སེར་པོའི་མཐར་སྔགས་ཕྲེང་ཁ་དོག་སེར་པོ་གཡས༴ མ་ལེ༴ གླུ་མའི་ཐུགས་ཀར་ཟླ་ བའི་སྟེང་དུ་ཧྲཱིཿཡིག་དཀར་དམར་གྱི་མཐར་སྔགས་ཕྲེང་ཁ་དོག་དཀར་དམར༴ གིརྟི༴ གར་ མའི་ཐུགས་ཀརཟླ་བའི་སྟེང་དུ་ཨཱཿཡིག་ལྗང་ཁུའི་མཐར་སྔགས་ཕྲེང་ཁ་དོག་ལྗང་གུ་གཡས༴ ནྲིརྟི༴ མེ་ཏོག་མའི་ཐུགས་ཀར་ཟླ་བའི་སྟེང་དུ་ཏྲཾ་ཡིག་སེར་པོའི་མཐར་སྔགས་ཕྲེང་ཁ་དོག་ སེར་པོ་གཡས༴ པུཥྤེ༴ བདུག་སྤོས་མའི་ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུཾ་ཡིག་དཀར་པོའི་ མཐར་སྔགས་ཕྲེང་ཁ་དོག་དཀར་པོ་གཡས༴ དྷུ་པེ༴ མར་མེ་མའི་ཐུགས་ཀར་ཟླ་བའི་སྟེང་ དུ་ཧྲཱིཿཡིག་དམར་སྐྱའི་མཐར་སྔགས་འཕྲེང་ཁ་དོག་དམར་སྐྱ༴ ཨཱ་ལོ༴ དྲི་ཆབ་མའི་ཐུགས་ 9-1-572 ཀར་ཟླ་བའི་སྟེང་དུ་ཨཱཿཡིག་ལྗང་གུའི་མཐར་སྔགས་ཕྲེང་ཁ་དོག་ལྗང་ཁུ༴ གནྡྷེ༴ རྡོ་རྗེ་ ལྕགས་ཀྱུའི་ཐུགས་ཀར་ཟླ་བའི་སྟེང་དུ་ཛཿཡིག་དཀར་པོའི་མཐར་སྔགས་ཕྲེང་ཁ་དོག་དཀར་ པོ་གཡས༴ ཨཾ་ཀུ༴ རྡོ་རྗེ་ཞགས་པའི་ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུཾཿཡིག་སེར་པོའི་མཐར་ སྔགས་ཕྲེང་ཁ་དོག་སེར་པོ་གཡས༴ པ་ཤ༴ རྡོ་རྗེ་ལྕགས་སྒྲོག་གི་ཐུགས་ཀར་ཟླ་བའི་སྟེང་ དུ་བཾཿཡིག་དམར་པོའི་མཐར་སྔགས་ཕྲེང་ཁ་དོག་དམར་པོ་གཡས༴ སྥོ་ཊ༴ རྡོ་རྗེ་དྲིལ་བུའི་ ཐུགས་ཀར་ཟླ་བའི་སྟེང་དུ་ཧོ་ཡིག་ལྗང་གུའི་མཐར་སྔགས་ཕྲེང་ཁ་དོག་ལྗང་ཁུ༴ ཨ་བེ༴ ཅེས་ ཆོས་མཛད་ངོར། མ་ཏིས་སོ།། །། 9-1-573 ༄༅། །རྒྱལ་བ་རྣམ་པར་སྣང་མཛད་ཀྱི་སྐུ་གསུང་ཐུགས་ལ་ བསྟོད་པ་ཉུང་བསྡུས་ཞེས་བྱ་བ་ བཞུགས་སོ། ། ༄༅། །དཔལ་ལྡན་ཡེ་ཤེས་རོལ་པ་ཟད་མེད་གཏེར། །ངོ་མཚར་གསང་བ་གསུམ་གྱི་ གཞིར་གྱུར་པ། །མ་ལུས་བརྟན་གཡོའི་དབང་ཕྱུག་ཆོས་ཀྱི་དབྱིངས། །དཀྱིལ་འཁོར་གཙོ་ བོའི་རྣམ་པར་བཞེངས་ལ་འདུད། །གཉུག་མ་ཆོས་དབྱིངས་ཡེ་ཤེས་འཕྲུལ་ཆེན་གར། །རྣམ་ པར་སྣང་མཛད་ཀུན་གཟིགས་རྒྱལ་བའི་ལྷ། །གང་གི་གསང་གསུམ་ཡ་མཚན་བཀོད་པ་ལ། །ཡིད་རབ་དང་བའི་ངང་ནས་གུས་པས་བསྟོད། །སྒྲིབ་བྲལ་གཞོམ་མེད་མཛེས་སྐུ་དུང་ཟླའི་ མདངས། །ཡེ་ཤེས་རང་བཞིན་ཞལ་བཞིའི་འཛུམ་དཀར་གཡོ། །མཚན་དཔེའི་དཔལ་འབར་ འཁོར་བསྒྱུར་མཆོག་གི་གཟུགས། །འོད་དཀར་ཕུང་པོའི་སྐུ་བཟང་འཆང་ལ་འདུད། །ཡེ་ ཤེས་ཟག་མེད་སྐུ་ལ་མཛེས་པའི་རྒྱན། །སྣ་ཚོགས་དར་དང་མཚར་སྡུག་རིན་ཆེན་གྱིས། །ཀུན་ ནས་རབ་བརྗིད་ཞབས་ཟུང་སྐྱིལ་ཀྲུང་བཅས། །དཀྱིལ་འཁོར་གཙོ་བོར་བཞུགས་ལ་གུས་ ཕྱག་འཚལ། །པད་ཟླའི་སྟེང་ན་རོལ་བའི་ཡེ་ཤེས་སྐུ། །གང་ལས་འོད་ཟེར་སྣང་བ་འབྱམས་ ཀླས་པ། །ཀུན་ནས་སྤྲོ་བས་འགྲོ་རྒྱུར་བཟོད་དཀའི་སྡུག །མ་ལུས་རྒྱུ་བཅས་གཞོམ་ལ་སྙིང་ ནས་དད། །རྒྱལ་བའི་སྐུ་ཡི་ཆོ་འཕྲུལ་ནམ་མཁའི་མཐར། །ནམ་ཡང་རིས་སུ་ཆད་མེད་འཕྲུལ་ བཟང་གིས། །གང་འདུལ་འགྲོ་ལ་ཕན་བདེ་ཉེར་སྩོལ་བ། །རྣམ་སྣང་རྒྱལ་མཆོག་སྐུ་ལ་ 9-1-574 བསྟོད་པར་བགྱི། །དཔལ་གྱི་མགུར་ནས་འགག་མེད་ཚངས་པའི་དབྱངས། །སྙན་འཇེབས་ དྲུག་ཅུས་གདུལ་བྱའི་ཁམས་དབང་བཞིན། །ལེགས་སྒོ་སྣང་བའི་དགའ་སྟོན་འགྱེད་པའི་ གཉེན། །རྣམ་པར་སྣང་མཛད་གསུང་ལ་གུས་པས་བསྟོད། །རྒྱལ་བ་གང་གི་ཡེ་ཤེས་ཆོས་ཀྱི་ དབྱིངས། །འཁོར་འདས་ཡོངས་ལ་རྟག་པར་བརྡལ་བའི་གཤིས། །སྟོན་འཁོར་གང་འཚམ་ རོལ་པའི་ཀློང་ཆེན་ཉིད། །རྣམ་སྣང་ཆོས་སྐུའི་ཐུགས་བཟང་དགེ་བའི་ཕུལ། །གསང་གསུམ་ ལྷ་ཚོགས་རབ་འབྱམས་སྤྲོ་བསྡུ་དང༌། །དག་དང་མ་དག་ཞིང་དུ་མཛད་ཆེན་ཀྱི། །བཀོད་པ་སྣ་ ཚོགས་འཕྲུལ་བའི་ཐབས་མཆོག་གིས། །འགྲོ་དོན་དུས་ལས་མི་ཡོལ་ཐུགས་རྗེ་ཅན། །དད་ གུས་གདུང་བའི་ཤུགས་ཀྱིས་མགོན་ཁྱོད་ལ། །མ་ལུས་འགྲོ་བའི་སླད་དུ་རེ་ལྟོས་འཆའ། །དེ་ ཕྱིར་བདག་སོགས་འགྲོ་བའི་སྡིག་སྒྲིབ་ཀུན། །ཐུགས་རྗེའི་སྟོབས་ཀྱིས་བྱང་ཞིང་དག་མཛད་ གསོལ། །ཞེས་རྒྱལ་བ་རྣམ་པར་སྣང་མཛད་ཀྱི་སྐུ་གསུང་ཐུགས་ལ་བསྟོད་པ་ཉུང་བསྡུས་འདི་ཡང༌། བླ་མ་དམ་པ་ངག་དབང་ རིན་ཆེན་གྲགས་པའི་ཐུགས་མོས་བཞིན། མ་ཏིས་འཕྲལ་དུ་སྤེལ་བའོ།། །། 9-1-575 ༄༅། །ཀུན་རིག་བསྐྱེད་བཟླས་ལོགས་སུ་ གསལ་བཀོད་བཞུགས། ༄༅། །བསྐྱེད་བཟླས་ལོགས་སུ་གསལ་བཀོད། སངས་རྒྱས་གསང་བའི་ལུགས་ལ། གནས་ཡིག་སྔགས་ཚན་བཅུ་ བདུན་གྱི་བསྐྱེད་བཟླས་གཞུང་ལྟར་ལ་སྔགས་ཚན་ཉེར་བཞིའི་བསྐྱེད་བཟླས་ལོགས་སུ་གསལ་བཀོད་ནི། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་དབུས་སུ་ༀ་ཤོ་དྷ་ནི་ཤོ་དྷ་ནི་སརྦ་པཱ་པཾ་བི་ཤོ་དྷ་ནི་ཤུདྡྷ་བི་ཤུདྡྷ་སརྦ་ཀརྨ་ ཨ་ཝ་ར་ཎ་བི་ཤུདྡྷེ་སྭཱཧཱ། ༀ་སརྦ་བིད་ༀ་ཞེས་པ་གཉིས་པོ་རེ་རེ་དང༌། ༀ་སརྦ་བིད་སརྦ་ཨཱ་ ཝ་ར་ཎ་བི་ཤོ་ངྷ་ཡ་ཧ་ན་ཧཱུཾ་ཕཊ། ༀ་ཤ་ཞེས་པ་གཉིས་པོ་གཉིས་གཉིས་དང༌། ༀ་བྷ་ཞེས་ པ་གཅིག་སྟེ་སྔགས་ཀྱི་ཡི་གེ་ཚན་པ་བདུན་པོ་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་ཞལ་ བཞི་དཀར་བ་ཕྱག་གཉིས་ཏིང་ངེ་འཛིན་གྱི་ཕྱག་རྒྱ་མཛད་པའི་སྐུ་རེ་རེ་གྱུར། ཤར་དུ་ༀ་ སརྦ་བིད་སྭ་ཞེས་པ་གཉིས་དང༌། ༀ་སརྦ་བིད་ཧཱུཾ་ཞེས་པའང་གཉིས་(དཔེ་ལ་ལར་ༀ་སརྦ་བིད་ ཕཊ་ཅེས་དང་ༀ་སརྦ་བིད་ཧཱུཾ་ཞེས་པ་གཉིས།) སྟེ་སྔགས་ཚན་ཡི་གེ་བཞི་པོ་སྦྱོང་བའི་རྒྱལ་པོ་དཀར་ ལ་ཅུང་ཟད་དམར་བ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཅན་གྱི་སྐུ་རེ་རེ་དང༌། ལྷོ ར་ༀ་སརྦ་བིད་ཧཱུཾ་ ཕཊ་གཅིག་དང༌། ༀ་སརྦ་བིད་ཨ་ཞེས་པ་གཉིས་དང༌། ༀ་ཤོ་ངྷ་ནི་ཤོ་དྷ་ནི་སརྦ་ཨ་པ་ན་ ཡ་སརྦ་སྭ་རྒྱེ་བྷྱ་ཧཱུཾ་གཅིག་སྟེ་སྔགས་ཚན་ཡི་གེ་བཞི་པོ་རྣམས་ནི་རྒྱལ་མཆོག་རིན་ཆེན་སྔོན་ པོ་གཡས་མཆོག་སྦྱིན་གཡོན་མཉམ་བཞག་གི་ཕྱག་རྒྱ་མཛད་པ་རེ་རེ་དང༌། ནུབ་ཏུ་ༀ་སརྦ་ བིད་ཨཱཿགཉིས་དང༌། ༀ་སརྦ་ཨ་པ་ཡ་བི་ཤོ་ངྷ་ཡ་ཧཱུཾ་ཕཊ་གཅིག་དང༌། ༀ་སརྦ་བིད་ཧཱུཾ་ཞེས་ 9-1-576 པ་གཉིས་སྟེ་སྔགས་ཚན་ཡི་གེ་ལྔ་པོ་རྣམས་ནི་ཤཱཀྱ་རིགས་དབང་སེར་པོ་ཕྱག་གཉིས་ཆོས་ འཆད་ཕྱག་རྒྱ་མཛད་པ་རེ་རེ་དང༌། བྱང་དུ་ༀ་སརྦ་བིད་ཏྲ་ཐ་བཞི་ནི་མེ་ཏོག་ཆེར༴ ཞེས་སོགས་ མན་ཆད་གཞུང་ལྟར་དུ་བྱ་བ་ལས་བཟླས་པའི་སྔགས་རྣམས་སྐབས་འདིའི་བསྐྱེད་རིམ་ལྟར་ཅི་ནུས་སུ་བཟླ་བའོ། །ཀུན་སྙིང་ སྐབས་སྔགས་ཚན་ཉེར་གཅིག བསྐྱེད་ཆོག་རང་གཞུང་ལྟར། ཉེར་གཉིས་པ་བྱེད་ན་བསྐྱེད་ཆོག་སྐབས་ༀ་སརྦ་བིད་ཕཊ་ ཞེས་པ་གཉིས་ནི་རྡོ་རྗེ་ཆགས་པ་དམར་པོ་ཞེས་སོགས་ཀྱི་ཁ་བསྒྱུར་དང་བཅས་བཟླས་པའང་དེ་ལུགས་ལྟར་བྱས་ན་ཆོག འདི་ ཡང་མ་ཏིས་སོ།། །། 9-1-577 ༄༅། །ཚ་སྒྲུབ་སྐབས་ཀྱི་ཁ་བསྒྱུར་བཞུགས། ༄༅། །སྤྲོ་ན་ས་ཆོག་སྤྱི་ལྟར། དེ་ནས་སྤོས་ཆུ་བྱིན་རླབས། འཇིམ་པ་སྒྲུབ་ལ་བྱིན་རླབས་མཐར་འཇིམ་པ་བཅད་དེ་ སྐུ་རྒྱུ་ལེབ་མོ་བྱ་བྱིན་རླབས་སྐབས་འདོན་པ་བརྗེ་ལུགས། རང་གི་སྙིང་ག་ནས༴ ཞེས་པ་ནས། སླར་འདུས་ཏེ་སྐུ་ གཟུགས་ཀྱི་རྒྱུ་གང་དག་ལ་ཐིམ་པས་སྐུ་རྒྱུ་དེ་དག་རིན་པོ་ཆེའི་གཞལ་ཡས་ཁང༴ ཞེས་པ་ ནས། འོད་ཟེར་ལྷ་དང་བཅས་པ་སྐུ་རྒྱུ་གང་དག་གི་ལྷ་ལ་ཐིམ་པར་གྱུར། ཞེས་སོགས་ནས་སྣུམ་བྱུག་ སྐབས། སྐུའི་རྒྱུའི་རང་བཞིན་དུ་བཞུགས་པའི་སློབ་པ་ལམ་གྱི་ངོ་བོའི་ལྷ་དང་བཅས་པ། ཞེས་ དང༌། བསྐོལ་ཕོར་དུ་འཇུག་སྐབས། སྐུ་རྒྱུའི་རང་བཞིན་གྱི་ལམ་གྱི་ངོ་བོའི་ལྷ་ཚོགས་རྣམས༴ ཞེས་ སོགས་ཀྱིས་བརྡུང་མཐར། སློབ་ལམ་གྱི་རྒྱུ་ལས་ཡང་དག་མཐའ་ཆོས་སྐུ་མངོན་དུ་བྱས་ཏེ་ཆོས་ཀྱི་ དབྱིངས་དག་མཉམ་ཆེན་པོ་ལས་ངེས་པ་ལྔ་ལྡན་གྱི་ཞིང་གི་གཙོ་བོ་ལོངས་སྤྱོད་རྫོགས་པའི་ སྐུ་སྣོད་བཅུད་དག་པ་ཕུན་སུམ་ཚོགས་ཤིང་འཁོར་གྱི་རོལ་པ་རྒྱ་ཆེ་བའི་རྣམ་པར་མཛེས་པའི་ བཀོད་ཆེན་རྨད་དུ་བྱུང་བ་བསམ་གྱིས་མི་ཁྱབ་པ་དང་དེའི་བདག་རྐྱེན་ལས་མཆོག་གི་རྣམ་ པར་འཕྲུལ་བའི་སྤྲུལ་པ་དག་མ་དག་གི་ཞིང་རྣམས་སུ་ངོ་མཚར་སྒྱུ་མའི་མཛེས་བཀོད་རྣམ་པ་ སྣ་ཚོགས་ཀྱིས་རྣམ་མང་གདུལ་བྱ་རྒྱ་མཚོ་ངེས་པར་འདྲེན་པའི་ཡ་མཚན་མཛད་ཕྲིན་རླབས་ ཆེ་བ་འབད་མེད་ལྷུན་གྲུབ་ཏུ་ཡོངས་སུ་རྫོགས་ནས་ཆོས་ཀྱི་སྐུ་ལས་མ་གཡོས་པར་གཟུགས་ སྐུ་གཉིས་བྱུང་ནས༴ ཞེས་སོགས་ལྟར་དང༌། རབ་གནས་སྐབས། སྐུ་གསུམ་གྱི་བདག་ཉིད་སྐུ་གཟུགས་ གང་དག་གི་སྟེང་དུ་བྱོན། ཞེས་དང༌། སྐུ་གཟུགས་དག་ལ་ཐིམ་ནས་རྣམ་པ་སོ་སོར༴ ཞེས་དང༌། སྐུ་ གཟུགས་ཀྱི་རྣམ་པར་ཐུགས་དགྱེས་བཞིན༴ ཞེས་པར་བསྒྱུར། ཚ་སྒྲུབ་སྐབས་ཁ་བསྒྱུར་དེ་ལུགས་ལྟར་རིགས་ 9-1-578 པས་བརྟག་ཅིང༌། ཆུར་གཤེགས་སྐབས། སྐུ་གཟུགས་རྣམས་སྐུ་གསུམ་གྱི་རང་བཞིན་རྒྱུ༴ ཞེས་དང༌། གཟུགས་སྐུའི་རྟེན་མཚན་ཉིད་ཐམས་ཅད༴ ཞེས་དང༌། དེ་བཞིན་གཤེགས་པའི་སྐུའི་རྟེན་བྱིན་ རླབས་ཅན༴ ཞེས་དང༌། དེ་བཞིན་གཤེགས་པའི་སྐུའི་རྟེན་རྣམས་ཀླུའི་རྒྱལ་པོ༴ ཞེས་དང༌། སྐུ་ གཟུགས་འགྲོ་དོན་འབྱུང་བ༴ ཞེས་སོགས་ལྟར་བྱའོ། །འདི་ཡང་ཡེ་ཤེས་ཕུན་ཚོགས་ལ་མཁོ་ནས། མ་ཏིས་སོ།། །། 9-1-579 ༄༅། །མི་འཁྲུགས་པའི་སྐུ་ཆོག་དང་སྐུ་སྒྲུབ་ཀྱི་ཁ་བསྒྱུར་ ལག་ལེན་བཞུགས། ༄༅། །འདིར་སྐུ་ཆོག་དང་སྐུ་སྒྲུབ་ཀྱི་ཁ་བསྒྱུར་ལག་ལེན་ནི། མི་འཁྲུགས་པའི་བདག་བུམ་གཉིས་ཀྱི་རྗེས་སུ་རུས་ ཆོག་ནས། རུས་སྒྲུབ་དང༌། སྤྲོ་ན་ས་ཆོགདེ་ནས་སྤོས་ཆུ་བྱིན་རླབས། འཇིམ་པ་བྱིན་རླབས་ཀྱི་མཐར་སྐུ་རྒྱུ་བྱིན་རླབས་ཀྱི་ཁ་ བསྒྱུར་བྱ་ལུགས་ནི། ཀཾ་ཀ་ནི་ལ། བཛྲ་ཨུད་བྷ་བ༴ བཏགས་པ་ལན་བདུན་སོགས་བརྗོད་མཐར། རང་གི་སྙིང་ ག༴ ནས་དང༌། གཟུགས་སྐུ་བཞེངས་པའི་རྒྱུ་ལེབ་མོ་གང་དག་ལས་ཀྱང་ཡེ་ཤེས་ཀྱི་འོད་ཟེར་ གྱི་སྤྲིན་ཆེན་པོ་ཕྱོགས་བཅུའི་འཇིག་རྟེན་གྱི༴ སོགས་ནས། སྤྲིན་ཕུང་རྒྱལ་བ་སྲས་དང་བཅས་ པ་ཐམས་ཅད་སླར་འདུས་ཏེ་གཟུགས་སྐུ་བཞེངས་པའི་རྒྱུ་ལེབ་མོ་གང་དག་ལ་ཐིམ་པས། གཟུགས་སྐུའི་རྒྱུ་ལེབ་མོ་དེ་དག་རིན་པོ་ཆེའི་གཞལ་ཡས་ཁང་སྣ་ཚོགས་རྡོ་རྗེའི་སྟེགས་བུ་ལ་ གནས་པ༴ སོགས། འོད་ཟེར་ལྷ་དང་བཅས་པ་སླར་འདུས་གཟུགས་སྐུའི་རྒྱུའི་ལྷ་ལ་ཐིམ་པར་ གྱུར། ཞེས་པ་ནས། བདག་གཞན་སེམས་ཅན་ཐམས་ཅད་དང་གཟུགས་སྐུའི་རྒྱུའི་རང་བཞིན་དུ་ བཞུགས་པའི་སློབ་པའི་ལམ༴ ནས། གཟུགས་སྐུའི་རྒྱུའི་རང་བཞིན་གྱི་ལམ་གྱི་ངོ་བོའི་ལྷ་ ཚོགས་རྣམས་དང༴ སོགས། སློབ་ལམ་གྱི་རྒྱུ་ལས་ཡང་དག་པའི་མཐའ་ཆོས་སྐུ་མངོན་དུ་བྱས་ ཏེ་ལོངས་སྤྲུལ་གྱི་གཟུགས་སྐུར་ལེགས་བཞེངས་མཛད་པ་ནི་ཆོས་ཀྱི་དབྱིངས་ཡེ་ཤེས་རྣམ་ པར་དག་པའི་རོལ་པ་ལས་ངེས་པར་ཤར་བ་འོག་མིན་ཞིང་གི་གཙོ་བོ་དཔལ་ལྡན་ལོངས་ སྤྱོད་རྫོགས་པའི་སྐུ་ཆེན་པོ་མཚན་དང་དཔེ་བྱད་ཡོངས་སུ་མངའ་བའི་བདག་ཉིད་གསང་བ་ གསུམ་གྱི་མཛད་ཆེན་ནམ་མཁའ་དང་མཉམ་པ། གང་དེའི་ཐུགས་རྗེའི་སྒྱུ་འཕྲུལ་ལ་འདྲེན་ མ་ལུས་པའི་གདུལ་བྱ་དག་གི་རེ་བ་སྐོང་བའི་སླད་མཆོག་གི་སྤྲུལ་པའི་སྐུ་དག་མ་དག་གི་ཞིང་ 9-1-580 ཁམས་རྣམས་སུ་གང་ལ་གང་འདུལ་གྱིས་གདུལ་བྱ་སྐྱོབ་པའི་མགོན་ཡང་དག་རྫོགས་པའི་ སངས་རྒྱས། ངོ་མཚར་བའི་གཟུགས་སྐུའི་རྣམ་པ་ཆགས་བཅས་དང་ཆགས་བྲལ་གྱི་མཚན་ དཔེའི་མཛེས་སྐུ་རྨད་དུ་བྱུང་བ་འབྱམས་ཀླས་པ་སྐུ་གསུང་ཐུགས་ཀྱི་གསང་བ་བསམ་མི་ཁྱབ་ ཅིང་མཛད་པ་ཕྲིན་ལས་འགྲོ་དོན་འབད་མེད་ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཀྱི་གཟུགས་སྐུ་ ཆེས་ཁྱད་པར་དུ་འཕགས་པ། མཛེས་ཤིང་བལྟ་བས་ཆོག་མི་ཤེས་པ་སེམས་ཅན་ཐམས་ཅད་ ཀྱི་དབང་པོ་ཚིམ་པར་བྱེད་པ་ལོངས་སྤྲུལ་གྱི་སྐུ་གཟུགས་ཕུན་སུམ་ཚོགས་པ་རང་བཞིན་ཆོས་ སྐུའི་དབྱིངས་ལས་མ་གཡོས་བཞིན་སྐད་ཅིག་གིས་གང་འདུལ་འགྲོ་བ་འདྲེན་པའི་དཔལ་ དུ་གཞན་སྣང་ངོར་ལེགས་པར་བྱུང་ནས་འཁོར་བ་མ་སྟོང་བར་དུ་འགྲོ་བའི་དོན་མཛད་པར་ གྱུར། ཞེས་པ་ནས་རབ་གནས་སྐབས། ཛཿཡེ་ཤེས་པ་རྣམས་སྐུ་གཟུགས་བཞེངས་པ་རྣམས་ཀྱི་སྟེང་ དུ་བྱོན། ཧཱུཾ་སྐུ་གཟུགས་རྣམས་ལ་ཐིམ་ནས་རྣམ་པ་སོ་སོར་གསལ་བར་གྱུར༴ ནས། ཧོཿཡེ་ ཤེས་པ་རྣམས་སྐུ་གཟུགས་དག་གི་རྣམ་པར་ཐུགས་དགྱེས་བཞིན་འགྲོ་བའི༴ སོགས། སྐུ་སྒྲུབ་ སྐབས། སྟོང་པའི་ངང་ལས་སྐུ་གཟུགས་རྣམས་ཀྱི་གནས་སུ་པཾ་ལས་པདྨ་དང༌། རཾ་ལས་ཉི་ མའི་དཀྱིལ་འཁོར་གྱི་སྟེང་དུ༴ ཞེས་པ་ནས། བདག་གིས་ཚེ་འདས་ཆྒཻ་མོའི་དོན་དུ་ལོངས་སྤྲུལ་གྱི་ སྐུའི་གཟུགས་བརྙན་བཞེངས་སུ་གསོལ་ཏེ༴ ནས། སྐུ་གཟུགས་གཅིག་བྱས་པས་ཀྱང་ཆྒཻ་མོ་ལ་ སོགས་པའི་སེམས་ཅན་ཐམས་ཅད་ཀྱི་ཚེ་རབས༴ སོགས། ཆུར་གཤེགས་སྐབས། སྐུ་གཟུགས་རྣམས་ ཆོས་སྐུའི་དབྱིངས་ལས་ལེགས་པར་བཞེངས་པའི་ལོངས་སྤྲུལ་གྱི་གཟུགས་སྐུ་རྣམ་པར་བྱང་ བའི་རྒྱུ་དང་འབྲས་བུའི་ཆོས་རྣམས་ཡོངས་སུ་རྫོགས་པའི་གཟུགས་སྐུའི་རྟེན་མཚན་ཉིད་ ཐམས་ཅད་ཡོངས་སུ་རྫོགས་པ༴ ནས། ཀླུའི་རྒྱལ་པོ་ཁྱེད་རྣམས་ཀྱིས་དེ་བཞིན་གཤེགས་པའི་ སྐུ་གཟུགས་ཀྱི་རྟེན་བྱིན་རླབས་ཅན་འདི་རྣམས༴ སོགས། དེ་བཞིན་གཤེགས་པའི་སྐུའི་རྟེན་ མཆོག་འདི་རྣམས་ཀླའི་རྒྱལ་པོ་རྣམས་ཀྱིས་མཆོད་པའི་ཡོ་བྱད་རྒྱ་ཆེན་པོ་དང་བཅས་ཏེ༴ ནས། 9-1-581 རྒྱལ་བ་སྲས་དང་བཅས་པ་རྣམས་སྐུ་གཟུགས་ཀྱིས་འགྲོ་དོན་རྒྱ་ཆེན་པོ་འབྱུང་བ་དང་ཚེ་ལས་ འདས༴ སོགས་ཀྱིས་མཐར་དབྱུང་བར་བྱའོ། །ཞེས་པ་བརྩོན་དཔལ་ལ་མཁོ་ནས། མ་ཏིས་སོ།། །། 9-1-582 ༄༅། །བསྙུང་གནས་རྒྱུན་གྱི་ཉམས་ལེན་བྱ་ཚུལ་མདོར་བསྡུས་ སྒྲིབ་སྦྱོང་ངེས་གསང་ལེགས་འབྱེད་ ཅེས་བྱ་བ་བཞུགས་སོ། ། ༄༅། །བླ་མ་དང་གཉིས་སུ་མེད་པ་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ནས། འདིར་བསྙུང་བར་གནས་པ་དག་གིས་ རྒྱུན་གྱི་ཉམས་ལེན་བྱ་བའི་ཚུལ་ལ་ནང་སྔ་མོར་གསོ་སྦྱོང་བླངས་ནས་སྤྱན་རས་གཟིགས་ཀྱི་ལྷའི་རྣལ་འབྱོར་ལ་ཇི་ལྟར་འབད་ པ་བྱ་བས་སྐབས་ཐོག་མར་འདི་སྐད། རང་མདུན་འཇའ་ཟེར་འཁྲིགས་པའི་འོད་ཀློང་ན། །བླ་མའི་ངོ་ བོ་རྗེ་བཙུན་སྤྱན་རས་གཟིགས། །བསྙུང་གནས་བརྒྱུད་རིམ་བྱིན་རླབས་འདུས་པའི་དཔལ། །གང་དག་མ་ལུས་སྐྱབས་གནས་ཡུལ་དུ་བཞུགས། །དེ་ནས་གསོལ་འདེབས་སྐྱབས་སེམས་ཀྱི་རིམ་པ་ནི། འཕགས་མཆོག་འཇིག་རྟེན་དབང་ཕྱུག་ཐུགས་རྗེའི་གཏེར། །གྲུབ་བརྙེས་དཔལ་མོ་ཕན་ཆེན་ ཟླ་གཞོན་སོགས། །འཕགས་བོད་རིམ་བྱོན་བརྒྱུད་ལྡན་གང་དག་ལ། །གུས་པས་གསོལ་བ་ འདེབས་སོ་བྱིན་གྱིས་རློབས། །དེང་ནས་བྱང་ཆུབ་བར་དུ་སྐྱབས་སུ་བསྟེན། །རེ་ས་གཞན་ ན་མེད་དོ་ཐུགས་རྗེས་ཟུང༌། །མར་གྱུར་འགྲོ་བ་སྡུག་ལས་སྒྲོལ་བའི་ཆེད། །བདག་གིས་ འཕགས་པའི་རྣལ་འབྱོར་ལེགས་བསྒོམ་བགྱིད། །ལན་གསུམ། བདག་བསྐྱེད་བསྙེན་བཟླས་བྱ་བའི་ཚུལ་ ནི། སྐད་ཅིག་རང་སྣང་དག་ཆེན་རོལ་པ་ལས། །མ་དག་འདི་སྣང་ཀུན་རྫོབ་སྟོང་པར་སྦྱངས། །གཤིས་ལུགས་དོན་དམ་འཕགས་པའི་ཆོས་སྐུ་ཉིད། །ཡེ་ཤེས་སྒྱུ་མའི་འཕྲུལ་བཀོད་ཅིར་ ཡང་བསྒྱུར། །རང་ལུས་གོ་སར་རྗེ་བཙུན་སྤྱན་རས་གཟིགས། །དྲི་མེད་སྐུ་བཟང་སྟོན་ཟླ་ 9-1-583 འབུམ་འོད་འཕྲོ། །ཞལ་གཅིག་ཕྱག་བཞི་ཞབས་གཉིས་སྐྱིལ་ཀྲུང་གིས། །པད་ཟླའི་གདན་ ལ་བརྩེ་བས་ལེགས་བཞུགས་པ། །དེ་ཡང་དཀར་གསལ་དྭངས་པའི་ཕུང་པོ་ཅན། །ཞལ་ རས་དགྱེས་པ་གནག་སྣུམ་ལྕང་ལོས་མཛེས། །ཞལ་འཛུམ་འོད་དཀར་སྣང་བ་འབུམ་སྤྲོ་ ཞིང༌། །རྩ་བའི་ཕྱག་ཟུང་ཐུགས་ཀར་ཐལ་མོ་སྦྱར། །ཡིད་བཞིན་ནོར་བུ་ཕྱག་མཐིལ་དབུས་ན་ བསྣམས། །གཡས་འོག་ཕྱག་གིས་ཤེལ་ཕྲེང་བརྒྱ་རྩ་འདྲེན། །གཡོན་གྱི་འོག་མས་པད་དཀར་ ཡུ་བ་འཛིན། །རི་དྭགས་པགས་པས་ནུ་གཡོན་བཀབ་ནས་སུ། །དར་གོས་གསར་བས་སྐུ་ བཟང་ཉེ་བར་བཀླུབས། །རིན་ཆེན་རྒྱན་ཆ་དྲུག་གིས་ལེགས་པར་བརྗིད། །སྤྱི་བོའི་གཙུག་ཏུ་ རིགས་བདག་འོད་དཔག་མེད། །མཆོག་གི་སྤྲུལ་སྐུའི་ཆ་ལུགས་མཉམ་བཞག་ཅན། །གདོད་ མ་ཆོས་ཉིད་གཤིས་ནས་ཤར་བའི་ཚུལ། །དམ་ཡེ་གཉིས་མེད་ཡེ་བཞུགས་གཅིག་གི་ངང༌། །མི་འགྱུར་ཕྱག་རྒྱས་དགོངས་ཆེན་ཟབ་མོར་གདབ། །དྲི་བྲལ་སྣང་ལ་རང་བཞིན་མེད་པའི་ གཟུགས། །འཕགས་པའི་མཛེས་སྐུ་དྭངས་གསལ་བདག་ཉིད་ཅན། །གསང་གསུམ་ཡེ་ཤེས་ རོལ་པ་ཉག་གཅིག་ཏུ། །རང་ཆས་ངེས་པར་བཀྲ་བ་གཉུག་མའི་ལྷ། །ཆོས་ཅན་རང་གི་སྒོ་ གསུམ་ལེགས་སྦྱངས་ཤུལ། །ཆོས་ཉིད་གཤིས་ཀྱི་ཡིན་ལུགས་ཆེན་པོར་བཞུགས། །སྣང་སྟོང་ རང་བཞིན་རྣམ་པ་ཐམས་ཅད་པའི། །ཀུན་ནས་སྒྱུ་འཕྲུལ་དྲ་བའི་རོལ་གར་བདག །གང་ དེའི་ཐུགས་ཀར་རི་བོང་འཛིན་པ་ལ། །ཧྲཱིཿདཀར་དྲི་མེད་འོད་བཟང་སྣང་བ་ཅན། །ཕྱོགས་ མཚམས་ཀུན་ཏུ་ཆོས་ཕུང་བརྒྱད་ཁྲི འི་གཏེར། །སྙིང་པོ་ཡིག་དྲུག་ཤེལ་དཀར་ཞུན་མའི་ མདོག།གཡས་སྐོར་དཀར་གསལ་གྱེན་འགྲེང་ཚུལ་དུ་གསལ། །རྣམ་སྣང་རྣམ་འཕྲུལ་མཆོད་ བཀོད་བསྟོད་དབྱངས་གཅིག།ཐམས་ཅད་རང་བྱུང་ཡེ་ཤེས་རོལ་པའི་རྒྱན། །མ་འགགས་ ཅིར་ཡང་སྣང་བ་རང་གསལ་ངང༌། །བརྗོད་བྲལ་གཉུག་མ་སྐྱོང་ལ་ཡིག་དྲུག་བཟླ། །ༀ་མ་ ཎི་པདྨེ་ཧཱུཾ། ཞེས་པའི་ཡི་གེ་དྲུག་གམ། ས་བོན་ཧྲིཿཡིག་སྦྱར་བས་ཡི་གེ་བདུན་པའི་སྔགས་ཆུ་བོའི་རྒྱུན་བཞིན་ཆད་མེད་ 9-1-584 བཟླ་བཞིན་རང་གསལ་འཛིན་མེད་ཀྱི་གདངས་ནས་ལྷ་སྐུའི་སྣང་བ་མི་འབྲལ་བའི་ངང་ཅི་ནུས་སུ་བསྐྱང་བ་གལ་ཆེ་ཞིང༌། ཡང་ བར་སྐབས་སུ། གང་སྣང་གཟུགས་སུ་སྣང་བ་ཡོད་དོ་ཅོག །འཇིག་རྟེན་དབང་ཕྱུག་གཟུགས་སྐུ་ སྣ་ཚོགས་པ། །ངོ་མཚར་མཐའ་ཡས་སྣང་བ་ངེས་མེད་དུ། །རང་ཤུགས་འཛིན་བྲལ་རྣམ་པ་ ཐམས་ཅད་པར། །ཀུན་ནས་རོལ་པ་ཆེན་པོར་ངེས་པར་བལྟ། །ལ་ཡང་ཡིག་དྲུག་ཆད་མེད་བཟླ་ལ། བར་ སྐབས་སུ། གཞོམ་མེད་ཡེ་ཤེས་རང་གདངས་བརྗོད་བྲལ་བ། །ཚངས་དབྱངས་ཆོས་ཕུང་བརྒྱད་ ཁྲི་བཞི་སྟོང་གི །དེ་ཉིད་གནས་ལུགས་ཟབ་མོ་ཡི་གེའི་སྒྲ། །འགགས་པ་མེད་པའི་གཤིས་སུ་ རང་བབས་བཞག །ལ་ཡིག་དྲུག་ཆད་མེད་བཟླ་ཞིང༌། ཡང་དུས་སྐབས་རེར། འཕགས་པའི་ཆོས་དབྱིངས་ཡེ་ ཤེས་ཀུན་ཁྱབ་པ། །འོད་གསལ་འཁོར་འདས་གཤིས་ལུགས་བདེན་པའི་དོན། །སྤྲོས་བྲལ་ བདེ་ཆེན་འགྱུར་བ་མེད་པའི་གདངས། །རང་གསལ་ལྷུག་པའི་དེ་ཉིད་ངང་ལ་བལྟ། །བཞིན་ཡིག་ དྲུག་རྒྱུན་པར་བཟླ་བ་ལ་འཇུག ཡང་འདི་བཞིན། ནམ་མཁའི་ཕ་མཐར་ཐུག་ཅིང་མཐའ་མེད་པ། །སེམས་ ཅན་དག་གི་མཐའ་ཡང་དེ་ཙམ་སྟེ། །གང་ལ་ཅི་དགོས་འདོད་པའི་དོན་གང་དག །འབད་ མེད་རེ་བ་ཡིད་བཞིན་སྐོང་བར་མོས། །ལ་ཡང་བཟླ། སྐབས་རེར། གང་འདི་ལུས་པ་མེད་པའི་ སེམས་ཅན་ལ། །རང་རང་གཤིས་ཉིད་ཡེ་ཤེས་དགོངས་ཆེན་དུ། །ཀུན་ནས་རོ་མཉམ་འཕེལ་ འགྲིབ་བྲལ་བའི་ངང༌། །བསལ་བཞག་མེད་པའི་དོན་ལ་མཉམ་པར་འཇོག །བཞིན་བཟླ་དགོས་ ཤིང༌། དེ་ནས་རྒྱུན་གྱི་ཉམས་ལེན་གཙོ་བོ་ལ། རང་གསལ་སེམས་ཀྱི་རང་བཞིན་སྟོང་པའི་དབྱིངས། །ཞེན་ འཛིན་རང་ཞིར་ཀུན་ནས་དག་པའི་གཤིས། །མ་བཅོས་སོ་མར་སྐྱོང་པའི་གཉུག་ཁམས་དེར། །འཕགས་པའི་ཆོས་སྐུར་རང་ངོ་ཤེས་བཞིན་ལྟོ ས། །ལ་གནས་ལུགས་དེའི་ངང་བརྐྱངས་ནས་དངོས་གཞིའི་ ཉམས་ལེན་རང་ཉམས་དང་བསྟུན་ཏེ་འབད་པ་ལྷུར་ལེན་བྱ་དགོས་ཤིང༌། ཡིག་དྲུག་གི་སྙིང་པོའི་དོན་བསྡུས་ལ་དམིགས་ཚུལ་ ནི། རྒྱལ་ཀུན་ཆོས་སྐུའི་སྤངས་རྟོགས་ཡོངས་རྫོགས་ཤིང༌། །ནོར་བུ་པདྨ་ཐུགས་རྗེ་གཏེར་གྱི་ བདག །མགོན་པོ་སྤྱན་རས་གཟིགས་དབང་གསང་གསུམ་གྱི། །བྱིན་རླབས་ཡོངས་རྫོགས་ 9-1-585 རང་ལ་འཕོས་པར་མོས། །ལ་བཟླ་བར་བྱའོ། །གཞན་ཡང༌། ཆོས་གང་དག་གི་ཡིན་ལུགས་ཟབ་མོའི་ གཤིས། །རིང་ནས་འགྲོགས་ཀྱང་འགྲོ་འདིས་ངོ་མ་འཕྲོད། །དེ་ལ་རྨོངས་པའི་འཁྲུལ་སྣང་ འབའ་ཞིག་སྤྱོད། །འགྲོ་ཀུན་འཁྲུལ་བ་བསལ་འདོད་སྙིང་རྗེ་བསྐྱེད། །ཡང་བཟླ། འཕགས་ མཆོག་ཐུགས་ལས་འོད་ཟེར་དཀར་པོའི་ཚོགས། །སྤྲོས་པས་ཚ་དམྱལ་ཡུལ་ཁྱབ་བདེ་བར་ སིམ། །དམར་པོའི་འོད་ཟེར་ཚོགས་ཀྱིས་གྲང་དམྱལ་གྱི། །སྡུག་བསྔལ་རབ་ཞི་དགའ་བདེས་ ཁྱབ་པར་བསམ། །ཡང་བཟླ། ཐུགས་ཀའི་འོད་ཟེར་ལྗང་སེར་ཟིལ་གྱི་གཟིས། །ཡི་དྭགས་ ལྟོ གས་སྐོམ་མེ་ལྟར་འབར་བ་གཞིལ། །རང་སྣང་བག་ཕེབས་བདེ་བར་གནས་བྱས་ཤིང༌། །ཁ་རྗེའི་ལོངས་སྤྱོད་དཔལ་ལ་སྤྱོད་པར་བསམ། །ཡང་བཟླ། ཐུགས་འོད་བསིལ་འཇམ་སྔོ་ བའི་བྱེད་ལས་ཀྱིས། །བླུན་རྨོངས་ཆེས་སྡུག་དུད་འགྲོའི་དཀའ་ངལ་བསལ། །རབ་གསལ་ འདུ་ཤེས་བཀྲ་བའི་ཤེས་པ་འཁྲུངས། །བློ་ལྡན་ཡིད་རབ་ཀུན་ནས་བཞད་པར་བསམ། །ཡང་ བཟླ། འཕགས་པ་གང་གི་སྐུ་བཟང་ལྷམ་མེ་བའི། །མཛད་ཕྲིན་འོད་དཀར་ཟེགས་མས་མི་ ཡུལ་ཀུན། །ཡོངས་ཁྱབ་སྐྱེ་རྒ་ན་འཆིའི་སྡུག་བསྔལ་བསལ། །གང་འདོད་ཡིད་ལ་དགའ་བ་ འཕེལ་བར་བསམ། །ཡང་བཟླ། འཇིག་རྟེན་དབང་པོའི་གསུང་སྙན་ཡིག་དྲུག་སྒྲས། །མཁའ་ དབྱིངས་ཡོངས་ཁྱབ་ལྷ་རྣམས་རྣམ་སྨིན་གྱི། །ལུས་སེམས་གང་ལ་མི་བདེའི་མཚན་མ་བསལ། །འཇིག་རྟེན་འདས་བློ་འཁྲུངས་ལ་ཉེ་བར་བསམ། །ཡང་བཟླ། འཕགས་པའི་ཐུགས་ཉིད་སྙིང་རྗེ་ ཆེན་པོ་ཡིས། །ལྷ་མིན་འཐབ་རྩོད་སྡུག་བསྔལ་རབ་ཞི་ནས། །ཕན་ཚུན་དགའ་བློས་མཐུན་ འཇུག་ཉིད་གྱུར་ཏེ། །ཀུན་ཀྱང་ཞི་བདེའི་དཔལ་ལ་གནས་པར་བསམ། །ཡང་བཟླ། ཐུགས་ཀའི་ ཡི་གེ་དྲུག་མ་འབྲུ་དྲུག་ལས། །རང་འདྲ་དཔག་མེད་རིགས་དྲུག་ཁམས་སུ་འཕྲོས། །རང་རང་ སོ་སོའི་སྡུག་བསྔལ་སྣང་བ་བྲལ། །ཐུབ་པ་སྤྲུལ་སྐུ་དྲུག་མཇལ་གདུལ་ཞིང་གྱུར། །པར་བསམ་ ལ། བཟླ། སེམས་དཔའི་ཐུགས་སྲོག་ཧྲཱིཿཡིག་དཀར་གསལ་ལས། །རང་བཞིན་ཞི་བ་ཆེན་པོའི་ 9-1-586 འོད་བཟང་སྤྲོས། །མཁའ་དང་མཉམ་པའི་སེམས་ཅན་མ་ལུས་པ། །འགྲོ་བའི་གནས་ནས་ མྱུར་དུ་བསྒྲལ་བར་བསམ། །དམིགས་པ་དེ་ལྟ་བུ་གང་རུང་གི་ངང་ནས་བསྙེན་བཟླས་ཀྱི་དུས་འདའ་བར་བྱས་མཐར། དག་པ་རྒྱན་གྱི་འཁོར་ལོའི་མཆོད་སྤྲིན་གྱི། །ངོ་མཚར་རོལ་པ་འབྱམས་ཀླས་ཟད་མེད་བཅས། །གསང་གསུམ་ཆེ་བསྔགས་ནམ་མཁའ་དང་མཉམ་པ། །ཀུན་བཟང་དགའ་ཆེན་རྒྱ་མཚོ་ཅིར་ ཡང་སྤེལ། ། དེ་ནས་གཟུངས་རིང་བཟླ་བར་སྤྲོ་ན། སྐད་ཅིག་འཕགས་པའི་གནས་འགྱུར་ཏེ། །ཆོས་ཉིད་སྒྱུ་ མ་རོལ་པའི་འཕྲུལ་ཆེན་གར། །འཁོར་འདས་སྲོག་ཆེན་རྣམ་བཀོད་ཁྱད་མཚར་བ། །གང་ འདུལ་འགྲོ་བའི་མགོན་དུ་ལེགས་བཞེངས་ཉིད། །སྤྱན་རས་གཟིགས་དབང་ཁམས་གསུམ་ ཡོངས་ཁྱབ་པ། །བཅུ་གཅིག་ཞལ་ལྡན་ཞབས་གཉིས་བཞེངས་སྟབས་ཀྱིས། །དྲི་མེད་པད་ ཟླའི་གདན་ལ་དགྱེས་བཞུགས་པ། །ཕྱག་སྟོང་སྤྱན་སྟོང་གོས་རྒྱན་ལེགས་པས་སྤུད། །སྐུ་ ལས་རབ་འབར་འོད་ཟེར་ཕུང་པོ་ཅན། །རྩ་བའི་ཞལ་བཟང་མཛེས་འཛུམ་ཟླ་གཞོན་ལྟར། །དཀར་གསལ་འོད་ཀྱིས་འཇིག་རྟེན་ཀུན་ལ་ཁྱབ། །གཡས་གཡོན་དབུས་ཞལ་དེ་ལྷག་སྣ་ ཚོགས་མདོག །སྟེང་ཞལ་ཁྲོ་ཉམས་འབར་བའི་གཟི་འོད་ཅན། །རྩ་ཞལ་དབུ་སྐྲ་ལྕང་ལོ་ཅིར་ ཡང་བརྗིད། །སྤྱི་བོར་རིགས་བདག་སྣང་བ་མཐའ་ཡས་བཞུགས། །རྩ་ཕྱག་དང་པོ་ཐུགས་ ཀར་ཐལ་སྦྱར་དབུས། །ཡིད་བཞིན་ནོར་བུ་ཆོས་ཕུང་གཏེར་ཆེན་བསྣམས། །རྩ་ཕྱག་དེ་འོག་ གཡས་གཡོན་རིམ་པས་ཀྱང༌། །མཆོག་སྐྱབས་སྦྱིན་ལས་སྔ་མའང་ཕྱག་ལྷག་ཚུལ། །དེ་འོག་ གཉིས་ཀྱིས་མདའ་གཞུའི་ཕྱག་མཚན་བཅས། །ཐ་མའི་ཕྱག་ཟུང་གཡས་པས་བགྲང་ཕྲེང་ དང༌། །གཡོན་པས་པད་དཀར་ཡུ་བ་ནས་འཛིན་ཅིང༌། །ཡེ་ཤེས་ཆེན་པོ་གདོད་ནས་དབྱེར་ མེད་པ། །རྣམ་པ་མ་འགགས་ཆོས་དབྱིངས་དྭངས་པའི་གཟུགས། །སྣང་སྟོང་ཟུང་འཇུག་ འཁོར་འདས་ཡོངས་བརྡལ་བ། །དོན་དམ་སྲིད་གསུམ་མཆོག་གི་རྣམ་པ་ཅན། །སངས་རྒྱས་ 9-1-587 བྱང་སེམས་འབྱམས་ཀླས་སྤྲོ་པའི་གཞི། །ཡི་དམ་རྒྱ་མཚོའི་འཕྲུལ་ཆེན་འགྱེད་པའི་བདག །རང་སྣང་དག་ཆེན་སྤྲུལ་པའི་རོལ་གར་གྱིས། །ངོ་མཚར་མཆོད་བསྟོད་འབྱམས་ཀླས་གྱུར་ པ་དེས། །དགོངས་ཆེན་ཟབ་མོའི་དགྱེས་པ་ལེགས་བསྐྱེད་དེ། །མཛད་པ་ཕྲིན་ལས་རོ་མཉམ་ དམིགས་མེད་ངང༌། །གང་དེའི་ཐུགས་ཀར་པད་ཟླའི་གདན་གྱི་སྟེང༌། །ཧྲཱིཿདཀར་དྲི་བྲལ་འོད་ བཟང་འཕྲོ་བའི་མཐར། །ཐུགས་རྗེ་ཆེན་པོའི་རྩ་སྔགས་གཟུངས་རིང་ཕྲེང༌། །གཡས་བསྐོར་ སྦྲུལ་གྱི་རྣམ་པར་འཁྱི ལ་བ་ལས། །འོད་དཀར་གཟུངས་སྒྲ་མཁའ་མཐར་ཁྱབ་པ་ཡིས། །རང་ གཞན་འགྲོ་བའི་སྒྲིབ་པ་ཀུན་སྦྱངས་ཤིང༌། །གདོད་མའི་ནང་དབྱིངས་འཕགས་མཆོག་ཆོས་ སྐུའི་ཐུགས། །རང་གསལ་སེམས་ཀྱི་གཤིས་སུ་འཛིན་མེད་བལྟ། །འདིར་སེམས་ཉིད་རང་གསལ་ འཛིན་བྲལ་མ་བཅོས་གཉུག་མའི་ངང་ལ་ཅི་གནས་ཀྱིས་ཐུགས་རྗེ་ཆེན་པོའི་རྩ་སྔགས་སམ་གཟུངས་རིང་བཟླ་དགོས་པ་སྟེ། དེ་ ཡང༌། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཛྙཱ་ན་ས་ག་ར་བཻ་རོ་ཙ་ན་བྷཱུ་ཧ་རཱ་ཛ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ན་མ་སརྦ་ཏ་ཐཱ་ག་ཏེ་བྷྱཿ ཨར་ཧ་ཏེ་བྷྱཿ སམྱཀྶཾ་བུདྡྷེ་བྷྱཿ ན་མ་ཨཱརྱ་ ཨ་བ་ལོ་ཀི་ཏེ་ཤྭ་ར་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། མཧཱ་ཀ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ༀ་དྷ་ར་དྷ་ ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། ཨེཊྚེ་བེཊྚེ། ཙ་ལེ་ཙ་ལེ། པྲ་ཙ་ལེ་པྲ་ཙ་ལེ། ཀུ་སུ་མེ། ཀུ་སུ་མ། བ་རེ་ཨི་ལི་མི་ལི། ཙི་ཏི་ཛྭ་ལ་མ་པ་ནཱ་ཡ་སྭཱཧཱ། ཞེས་པ་བཟླ་བ་ལ་ནན་ཏན་བྱ། སྐབས་གཟུངས་རིང་གི་སྔགས་ དོན་ལ་སེམས་པ་ནི། དཀོན་མཆོག་ཀུན་དངོས་བདེ་གཤེགས་ཐམས་ཅད་ཀྱི། །ཆོས་སྐུའི་ངོ་བོ་ཡེ་ ཤེས་རྒྱ་མཚོའི་བདག །འཕགས་མཆོག་རྣམ་པར་སྣང་མཛད་ཆོས་ཀྱི་རྒྱལ། །ཀུན་གཟིགས་ ཞི་བ་ཆེན་པོར་ཡིད་ཆེས་བསྐྱེད། །ལ་གནས་ཚུལ་གྱི་དོན་བསམ་བཞིན་བཟླ། སེམས་དཔའ་ཆེན་པོ་སྙིང་ རྗེའི་དབང་ཕྱུག་རྗེ། །མཁའ་མཉམ་འགྲོ་ཀུན་བུ་ལྟར་སྐྱོང་བའི་མགོན། །སྙིང་ནས་དད་གུས་ ལྷོ ད་མེད་འདི་དགོངས་ལ། །འཕྲིན་ལས་དུས་སུ་གཡེལ་མེད་དངོས་གྲུབ་ཞུ། །བར་མོས་ཏེ། སྣང་ ཚུལ་གྱིས་དོན་ལ་དད་གུས་བྱ་བཞིན་བཟླ། བརྩེ་བའི་གཏེར་དེའི་ཐུགས་རྗེ་རབ་མྱུར་བ། །བདག་སོགས་ 9-1-588 ཡོངས་ལ་ལེགས་འཇུག་དགའ་སྟོན་གྱིས། །གནས་སྐབས་མཐར་ཐུག་ཆོས་གེགས་ཀུན་ བསལ་ཏེ། །གསང་གསུམ་སྒོ་གསུམ་དབྱེར་མེད་ཉིད་དུ་མཛོད། །ཅེས་པའི་ཕྲིན་ལས་ཉེར་བསྐུལ་ཀྱི་ རེ་འདུན་སྙིང་ཐག་པ་ནས་བྱ་བ་རྣམས་ནི་གཟུངས་རིགས་སྔགས་ཀྱི་སྙིང་པོའི་གོ་དོན་གྱི་བཅུད་བསྡུས་ཏེ་བཟླས་དམིགས་བྱེད་ པ་ཡིན་ལ། འདི་དག་གི་སྐབས་ཆོས་ཉིད་དྲི་མེད་སྙིང་པོའི་རང་གསལ་གྱི་ཆ་དང་ཆོས་ཅན་དྲི་བཅས་གློ་བུར་བའི་བློས་བྱས་ཀྱི་ཆ་ གཉིས་བློའི་མོས་ངོར་བྱས་ཏེ་སྔ་མའི་ཆ་ལ་ཕྱི་མའི་ཆས་འདོད་དོན་ཞུ་བ་སོགས་ཀྱི་ཚུལ་དུ་གོ་དགོས། ངེས་དོན་གསང་གསུམ་གྱི་ བཟླས་དམིགས་ལ་སྤྲོ་ན། འོད་གསལ་ཆོས་ཉིད་བདེ་གཤེགས་སྙིང་པོ་ནི། །ངེས་པ་དོན་གྱི་འཕགས་ པའི་གཟུགས་སྐུ་མཆོག །ཕྱག་སྟོང་སྤྱན་སྟོང་རྣམ་པ་ཐམས་ཅད་པ། །བརྟན་གཡོ་ཀུན་ཁྱབ་ རང་བཞིན་ཆེན་པོར་གསལ། །ལ་གཟུངས་རིང་བཟླ། བདེ་གཤེགས་སྙིང་པོའི་རང་གཤིས་བརྗོད་ བྲལ་བ། །འཕགས་པའི་གསུང་མཆོག་གཟུངས་ཆེན་རྡོ་རྗེའི་སྒྲ། །སྲིད་དང་ཞི་བའི་གནས་ ལུགས་མཐར་ཐུག་པ། །མཁའ་ལྟར་དག་པའི་རིགས་སྔགས་རང་གསལ་ངང༌། །ནས་ཀྱང་བཟླ། གཤེགས་སྙིང་ངོ་བོ་ཉིད་ཀྱི་ཆོས་སྐུ་ཆེ། །ནང་རིག་གསལ་སྟོང་རྗེན་ཆར་འཕགས་པའི་ཐུགས། །མཚན་འཛིན་སྤྲོས་པ་བྲལ་བའི་ཞི་དབྱིངས་སུ། །རང་བབས་མ་བཅོས་ལྷུག་པའི་གཤིས་སུ་ བཞག །ལ་བཟླ། ནམ་མཁས་གར་ཁྱབ་གཟུངས་ཆེན་རྡོ་རྗེའི་སྒྲ། །ནམ་ཡང་ཆད་པ་མེད་པར་ ཡོངས་ཁྱབ་པས། །དེ་ཉིད་ཚུལ་ལ་རྨོངས་པའི་སེམས་ཅན་ཀུན། །འཁྲུལ་སྣང་རང་སངས་ ཐབས་ཀྱི་རྐྱེན་དུ་མོས། །ལ་བཟླ། དུས་གསུམ་སངས་རྒྱས་ཀུན་གྱི་གསང་བ་ཆེ། །གདོད་ནས་ ཡེ་བཞུགས་རྣམ་པ་ཐམས་ཅད་དང༌། །ཐུགས་རྗེ་ཆེན་པོ་དང་པོའི་སངས་རྒྱས་ཉིད། །གཤིས་ ལུགས་དོན་ལ་བཟང་ངན་མེད་པར་བསམ། །བཞིན་བཟླས་པ་བྱས་ན་ཆོག གོང་ལྟར་གྱི་མཐར། ཐུགས་ ལས་སྤྲུལ་པའི་མཆོད་ལྷས་མཚར་བཀོད་བཅས། །དཔག་ཡས་མཆོད་པས་ལེགས་མཆོད་ བསྟོད་དབྱངས་སྒྲོག །དེ་ཀུན་ལྷ་ཡི་རོལ་གར་བསྡུ་བའི་ངང༌། །ཡེ་ཤེས་སྐུ་མཆོག་གསལ་སྣང་ ཅུང་ཞིག་བསྐྱེད། །མཐར་གང་ལྟར་ཡང་བསྡུ་རིམ་ནི། འཕགས་པ་མཆོག་གི་ཆོས་སྐུའི་རོལ་པ་ཀུན། 9-1-589 །སྟོང་གསལ་ཞི་བ་ཆེན་པོའི་གཤིས་སུ་བསྡུ། །དམིགས་མེད་མཁའ་ལྟར་དག་པའི་དེ་ཉིད་ དུ། །ཀུན་ཁྱབ་ནང་དབྱིངས་ངང་ལ་དར་ཅིག་འཇོག །དེ་ནས་དགེ་བ་བསྔོ་ཞིང་སྨོན་པ་ནི། ཆོས་སྐུ་བདེ་ ཆེན་སྒྱུ་འཕྲུལ་གར་གྱི་ལྷ། །སྙིང་རྗེའི་དབང་ཕྱུག་ལག་ན་པདྨོ་ཅན། །མཁའ་མཉམ་འགྲོ་བའི་ མགོན་གཅིག་ཐུགས་རྗེའི་གཏེར། །གང་དག་བསྔོ་སྨོན་དོན་ཀུན་ལེགས་འགྲུབ་མཛོད། །རྣམ་ དཀར་བསགས་དགེ་སྟོབས་ལྡན་མི་དམན་པས། །ཐོག་མེད་དུས་ནས་རང་གི་སྒོ་གསུམ་གྱིས། །སྡིག་ལས་གང་བགྱིས་མཐའ་དག་ཡོངས་བྱང་ཞིང༌། །རིང་མིན་རྟག་བདེའི་གནས་ལ་སླེབས་ པར་ཤོག །ཚེ་འདིར་ཆོས་དང་འགལ་བའི་གནས་སྐབས་རྐྱེན། །ཕྱི་ནང་གསང་བའི་བར་ཆད་ ཞི་བ་དང༌། །ཆབ་གཅིག་གང་བྱས་ཆོས་དང་ཉིད་མཐུན་ཏེ། །ཚེ་གང་བྱ་བ་དོན་ལྡན་འབའ་ ཞིག་ཤོག །ནམ་ཞིག་འཆི་ཁར་གནད་གཅོད་སྡུག་བསྔལ་གྱི། །རྩུབ་རེག་ཀུན་བྲལ་སོས་ དལ་བདེ་བའི་ངང༌། །རང་དབང་ཐོབ་སྟེ་ཆོས་ལ་དག་སྣང་གིས། །མཚམས་སྦྱར་བཟང་པོས་ ལེགས་འདའ་བྱེད་པར་ཤོག །བར་དོའི་དུས་སུ་འཁྲུལ་པའི་སྣང་ལོག་དང༌། །ཡོངས་བྲལ་ རྒྱལ་སྲས་མཛད་བཟང་ལེགས་སྣང་གིས། །རྣམ་དག་དགའ་བའི་ཤུགས་ཆེན་འཕེལ་བཞིན་ ཏུ། །ཕུན་སུམ་ཚོགས་པའི་དགེ་ལྟས་མཐོང་བར་ཤོག །སྐྱེ་སྲིད་གཞན་དུ་འཕོས་མ་ཐག་པ་ ནས། །འཕགས་མཆོག་བཞུགས་གནས་གྲུ་འཛིན་ཕོ་བྲང་དུ། །སྙིང་རྗེའི་གཏེར་ཞལ་མཇལ་ བའི་སྐལ་བཟང་གིས། །ཐུགས་སྲས་དམ་པའི་གོ་ས་འཛིན་པར་ཤོག །དེ་ནས་བཟུང་སྟེ་ཆོས་ ལམ་ཉེར་བསླབ་ཅིང༌། །སྤངས་དང་རྟོགས་པའི་དགའ་སྟོན་རིམ་པར་ཤར། །རང་གཞན་དོན་ གཉིས་འགྲུབ་པའི་མཛད་རླབས་ཀྱིས། །འཁོར་བ་སྲིད་མཐར་བསྟན་འགྲོ་ལེགས་སྐྱོང་ཤོག །ཇི་ལྟར་བསྔོ་ཞིང་སྨོན་པ་དེ་དག་ཀུན། །འཇིག་རྟེན་མགོན་པོའི་ཆོས་སྐུ་ཞི་བའི་དབྱིངས། །ཆོས་ཅན་གནས་ལུགས་གཤིས་སུ་བདེན་གང་གིས། །ནམ་ཡང་བསླུ་མེད་དུས་སུ་སྨིན་གྱུར་ ཅིག །ཅེས་བསྙུང་གནས་རྒྱུན་གྱི་ཉམས་ལེན་བྱ་ཚུལ་མདོར་བསྡུས་སྒྲིབ་སྦྱོང་ངེས་གསང་ལེགས་འབྱེད་ཅེས་བྱ་བ་འདི་ཡང་ 9-1-590 དེང་དུས་སུ་འགའ་ལ་སྟབས་བདེ་ཞིང་ཟབ་མོའི་ཆོས་ལ་བག་ཆགས་ཉེར་འཇོག་གི་ཆེད་དུ་མཁོ་བར་མཐོང་ནས་མ་ཏིས་འཕྲལ་ སྤེལ་བཞིན་ཡི་གེ་པའང་ཆོས་མཆེད་ཀྱིས་ལེགས་བགྱིས་མཛད་པ་དགེའོ།། །། 9-1-591 ༄༅། །ས་དམར་དཔལ་རྩེ་དགོན་ཇི་ལྟར་བཏབ་པའི་ ལོ་རྒྱུས་མདོ་ཙམ་བརྗོད་བཞུགས། ༄༅། །འཕགས་མཆོག་པད་དཀར་འཛིན་པའི་སྒྱུ་མའི་ཟོལ། །ངེས་དོན་བསྟན་པའི་ བདག་པོར་ཡོངས་བསྒྱུར་བ། །ཟླ་བྲལ་ཆོས་རྗེ་ཀུན་མཁྱེན་ཇོ་ནང་པའི། །བརྒྱུད་ལྡན་རྨུགས་ འཛིན་དཔལ་གྱི་ཆོས་སྡེ་མཆོག །གང་ལས་བྱུང་བའི་གསང་ཆེན་སྒྲུབ་པའི་གནས། །རཱ་ གའི་རྡུལ་བརྩེགས་མཛེས་མདངས་ཡོངས་འབར་བའི། །མདོ་སྔགས་ཆོས་ཀྱི་དཔལ་རྩེ་ཆོས་ གཞིའི་དགོན། །ཇི་ལྟར་འབྱུང་བའི་ལོ་རྒྱུས་མདོ་ཙམ་སྤྲོ། ། དེ་ལ་འདིར་རྒྱལ་བ་ཇོ་ནང་པ་ཆེན་པོ་ཀུན་མཁྱེན་དོལ་པོ་པའི་ཆོས་ཀྱི་བརྒྱུད་འཛིན་ དཔལ་འཛམ་ཐང་བསམ་འགྲུབ་ནོར་བུའི་གླིང་གི་དགོན་ལག་ས་དམར་དཔལ་རྩེ་དགོན་ཇི་ ལྟར་བཏབ་པའི་ལོ་རྒྱུས་མདོ་ཙམ་བརྗོད་ན། གྲུབ་པའི་སློབ་དཔོན་མཚོ་སྐྱེས་རྡོ་རྗེས་སྲིན་པོ་ འདུལ་བའི་ཁྲག་གིས་ས་གཞི་དམར་པོ་དབང་མདོག་ཏུ་བསྒྱུར་བ་རིན་ཆེན་གསེར་གྱི་མཎྜལ་ ལ་ལི་ཁྲིའི་ཚོམ་བུ་བཀོད་འདྲའི་སའི་ཐིག་ལེ་མཛི་གཞུང་ལྷ་མོ་དར་ཐང་གི་བྱང་གི་ཆར་ གཏོགས་དེར་སྔགས་གསང་སྔགས་ཀྱི་རིག་པ་འཛིན་པ་ཨ་བོ་བླ་མ་ཚུལ་ཁྲིམས་དར་རྒྱས་ ཀྱིས་གསང་སྔགས་ཀྱི་ཆོས་སྡེར་ལུང་བསྟན་པའི་དགོན་གཞི་ཐོག་མ་ཙམ་ནི་སྔོན་ཆད་གསང་ སྔགས་འཛིན་པ་གསའ་སྐོར་བླ་མ་ཐོ༷གས་མེ༷ད་ཅེས་བྱ་བས་གསར་འདེབས་བྱས་ཤིང༌། དེ་ རྗེས་མི་རིང་བར་འཛམ་ཐང་གཙང་བའི་གཟིམས་ཁང་གི་རྡོ་རྗེ་སློབ་དཔོན་གསང་བདག་ 9-1-592 གི་རྣམ་འཕྲུལ་ཞང་སྟོན་བསོད་ནམས་གྲགས་ཀྱི་ཡང་སྲིད་དུ་གྲགས་པ་ང༷ག་དབ༷ང་ཆོ༷ས་ཀྱི་ འཕ༷གས་པའི་དངོས་སློབ་འཇིགས་མཛད་མིའི་རྣམ་རོལ་ཏུ་བྱོན་པ་ཀུ༷ན་དག༷འ་ལུ༷ང་རྟོ༷གས་ རྒྱ་མཚོས་ཆོས་གཞི་ཆེ་བ་འདི་ཡོངས་རྫོགས་གསར་བཞེངས་བྱས་ཏེ་ངེས་དོན་སྒྲུབ་བརྒྱུད་ ཀྱི་བསྟན་པ་ལོ་བཅུ་གསུམ་བསྐྱངས། དེ་རྗེས་ས་སྙིང་སྤྲུལ་པ་ཕྱོགས་ལས་རྣམ་རྒྱལ་དུས་ མཐར་འགྲོ་དོན་དུ་བྱོན་པ་ཀུ༷ན་དག༷འ་སྙན༷་གྲག༷ས་རྒྱ་མཚོས་ཆོས་གཞི་ལོ་ཉེར་གསུམ་དུ་ ལེགས་བསྐྱངས་མཛད། དེ་ནས་གསང་སྔགས་ཆོས་རྒྱུད་འཛིན་པ་ཆེན་པོ་རང་ཅག་གི་དཔལ་ ལྡན་བླ་མ་ཀུ༷ན་དག༷འ་ང༷ག་དཔ༷ལ་བཟང་པོས་ལོ་ཉེར་དྲུག་རིང་ཙམ་ལ་ཆོས་རྒྱུན་མ་ཆད་ པར་བྱས་པ་ལགས། སྤྱིར་དགོན་གཞི་འདི་ཐོག་མ་ཆགས་འདེབས་ཀྱི་ལོ་གྲངས་ཇི་བཞིན་མི་ གསལ་ཡང་སྤྱིར་ད་ཡན་ལོ་བདུན་ཅུའི་ནང་ཙམ་སོང་ངམ་སྙམ། གོང་སྨོས་དེ་དག་གི་སྐུ་རིང་ དུ་དགོན་འདིར་འདུས་སྡེ་བརྒྱ་ཕྲག་ལ་ཉེ་བ་ཙམ་གྱིས་དུས་འཁོར་བསྐྱེད་རྫོགས་ཀྱི་སྒྲུབ་རྒྱུན་ ཆད་མེད་དང༌། ལོ་དུས་ཀྱི་སྒྲུབ་མཆོད་ས་ག་ཟླ་བའི་དུས་མཆོད་ཞག་གྲངས་བཅོ་ལྔ་མ་དང༌། སྟོན་ཁའི་དུས་འཁོར་སྟོང་མཆོད་ཞག་དྲུག་མ། སྒྲུབ་གྲྭའི་སྐུ་རིམ་རྟ་མགྲིན་སྒྲུབ་ཆེན་ཞག་ བདུན་མ། དགོན་གཞི་ཁོག་གི་སྐུ་རིམ་ཕུར་བའི་སྒྲུབ་ཆེན་ཞག་བདུན་མ། ལོ་གསར་དུས་ འཁོར་འཚོགས་ཞག་དྲུག་མ། དབྱར་འཚོགས་ཉིན་བཞི་མ་དང༌། ལོ་དུས་སུ་ཐོག་སྲུང་ཉིན་ བདུན་རེ་དང༌། གཏོ་རིགས་འགའི་རིམ་གྲོ་ལོ་དུས་བཞིན་ཆད་མེད་དུ་ཡོད། དེ་དག་ལས་ འཚོགས་གདན་ཐེབ་བཞག་ཡོད་རིམ་ཡང༌། ས་ཟླའི་དུས་མཆོད་གདན་པ་མར་རྒྱ་མ་ལྔ་བརྒྱ་ ཉེར་བཞི། ཇ་རྒྱ་མ་བརྒྱ་དང་བརྒྱད། ནས་ཁལ་གཉིས། ལོ་གསར་དུས་མཆོད་གདན་པ་མར་ རྒྱ་མ་བརྒྱ་དང་རེ་བཞི། ཇ་རྒྱ་མ་ཉེར་གསུམ། དངུལ་གོར་ལྔ་བརྒྱ་དང་ཞེ་བརྒྱད། ནས་ཁལ་ དྲུག་དང་བྲེ་ལྔ་ཕུལ་གང༌། དབྱར་འཚོགས་གདན་པ་མར་རྒྱ་མ་ལྔ་བརྒྱ་དང་ལྔ་བཅུ། དངུལ་ གོར་ཉིས་བརྒྱ་ལྔ་བཅུ། ཇ་ཞོས་བོ་གཅིག་དང་རྒྱ་མ་ཉེར་གསུམ། ནས་ཁལ་གསུམ་ལྷག་ཙམ། 9-1-593 སྒྲུབ་གྲྭའི་མཆོད་ཐེབ། དངུལ་གོར་རེ་བརྒྱད། ཞིང་ཁལ་གཅིག་གི་ས་དང་བཅས་སོ། །དེ་དག་ ནི་བཀྲ་ཤིས་ཆོས་འཁོར་ཐང་ངམ་ས་དམར་དཔལ་རྩེ་དགོན་ཞེས་བྱ་བའི་ཆོས་གཞིའི་སེར་ སྡེས་རྣམ་དཀར་འཁོར་ལོ་གསུམ་ལ་བརྩོན་པའི་ཚུལ་ས་བོན་ཙམ་མོ། ། དེ་ལྟར་སྨྲས་པ་ཡང༌། རྨད་བྱུང་སྒྲུབ་གནས་འདབ་སྟོང་བཞད་པའི་ཚལ། །བཤད་སྒྲུབ་ སྦྲང་རྩིས་ཡོངས་འགེངས་དགེ་མཚན་ལ། །འདུས་སྡེ་སྐང་དྲུག་གཞོན་ཚོགས་དགྱེས་རོལ་པ། །ངོ་མཚར་ཡིད་དགའི་དཔལ་ཏུ་ཤར་འདི་མཚར། །ཞེས་པའང་ངག་དབང་འགྲོ་བཟང་རྒྱ་མཚོ་དང་བརྩོན་ འགྲུས་ཟུང་ལ་མ་ཏིས་སྨྲས་པའོ། །དགེའོ། ། 9-1-594 ༄༅། །གཏོར་ཆོག་ཆེས་བསྡུས་ཀྱི་ལག་ལེན་ཡང་སྙིང་རྒྱུན་ཁྱེར་དུ་ བྱེད་བདེ་ཆོས་སྐྱོང་དགྱེས་བསྐྱེད་ཅེས་བྱ་བ་ བཞུགས་སོ།། ༄༅། །བླ་མ་ཡི་དམ་ཆོས་སྐྱོང་བཅས་ལ་གུས་པས་ཕྱག་འཚལ་ཏེ། འདིར་གཏོར་ཆོག་ཆེས་བསྡུས་བྱ་བ་ལ་མཆོད་ གཏོར་གང་འཛོམས་འདུ་བྱས་ནས་ཐོག་མར་སྐྱབས་སེམས་ནི། ཧོ། བླ་མ་ཡི་དམ་ཆོས་སྐྱོང་སྲུང་ཚོགས་ལ། །གུས་པས་སྐྱབས་གསོལ་མཆོག་ཐུན་དངོས་གྲུབ་སྩོལ། །གང་ལ་མཆོད་གཏོར་དུས་སུ་ ལེགས་བགྱིད་ན། །བདག་གཞན་འགྲོ་བའི་ཚོགས་ཆེན་རྫོགས་པར་མཛོད། །ལན་གསུམ། བདག་ བསྐྱེད་ནི། སྐད་ཅིག་རང་ཉིད་དུས་ཀྱི་འཁོར་ལོར་གྱུར། །ཐུགས་སྲོག་རྣམ་བཅུ་ཡི་གེ་ལས་སྤྲོས་ པའི། །དག་བྱེད་འོད་ཟེར་ཕུང་པོ་ཆེས་བརྡལ་བས། །གནས་འདིར་མ་དག་ཐ་མལ་སྣང་བ་ སྦྱངས། །ཧ་ཀྵ་ཅི་འགྲུབ་ཀྱི་མཐར་གཏོར་མགྲོན་བསྐྱེད་པ་ནི། ཧཱུཾ། ཆོས་དབྱིངས་ཡེ་ཤེས་རོལ་པའི་འཕྲུལ་ ཆེན་གར། །རིགས་བདག་བླ་མའི་ངོ་བོར་མི་གཉིས་པ། །ཡི་དམ་དུས་འཁོར་ཁྲོ ས་པ་རྡོ་རྗེ་ ཤུགས། །སྲུང་མ་དྲུག་ཅུའི་འཁོར་ཚོགས་དང་བཅས་ཏེ། །དམ་ཡེ་གཉིས་སུ་མེད་པའི་བདག་ ཉིད་ཅན། །གཞན་ཡང་ཁྲོ་རྒྱལ་གཤིན་རྗེའི་གཤེད་ཆེན་དང༌། །འབྱུང་འདུལ་དབང་ཆེན་མྱུར་ མ་དཔའ་མོ་སོགས། །ཡི་དམ་གྲུབ་གཉིས་འཇོ་བའི་ལྷ་ཚོགས་ཀུན། །གདོད་ནས་དམ་ཡེ་རོ་ མཉམ་ཚུལ་གྱིས་སུ། །མདུན་མཁར་སྟེང་ཕྱོགས་རང་རིག་སྣ་ཚོགས་སྡེ། །ངོ་མཚར་འཇའ་ 9-1-595 ཟེར་མཆོད་བཀོད་འཁྲི གས་པའི་དབུས། །རང་རང་འཚམས་པའི་གདན་ལ་བཞུགས་སུ་ གསོལ། །དེ་འོག་བར་སྣང་མཁའ་ལ་མེ་རླུང་དཀྱིལ། །ཡེ་ཤེས་སྤྱན་ལྡན་མགོན་པོ་ནག་པོ་ ཆེ། །མི་བཟད་འཇིགས་པའི་རྔམ་ཆེན་སྟོང་འབར་བ། །དུས་མཐའི་སྤྲིན་དང་མིག་སྨན་ལྟར་ གནག་པའི། །སྐུ་མདོག་སྟོབས་ལྡན་སྲིན་པོའི་གཟུགས་ལ་འགྲན། །འདོད་ཁམས་དབང་ ཕྱུག་ཨེ་ཀ་ཛ་ཏི་སྟེ། །ལྷ་མོ་རྣམ་གཉིས་གནོད་སྦྱིན་ཡབ་ཡུམ་དང༌། །པུ་ཊ་མིང་སྲིང་རུ་འདྲེན་ སྡེ་བཞིའི་ཚོགས། །ཡེ་ཤེས་ཆེན་པོ་རང་རང་གཉིས་མེད་པར། །རབ་འཇིགས་དུར་ཁྲོ ད་ འབར་བའི་བཀོད་པ་བཅས། །སྒྲུབ་ཅིང་མཆོད་གཏོར་དམ་པའི་དགྱེས་བསྐང་སླད། །གནས་ འདིར་གཏོར་མགྲོན་ཚུལ་གྱིས་བཞུགས་པར་མཛོད། །གཡས་ཕྱོགས་བར་སྣང་ཡངས་པའི་ ནམ་མཁའ་ལ། །གཞལ་མེད་ཁང་བཟང་བཀོད་ལེགས་མཛེས་འབར་བར། །རྣམ་སྲས་ རྒྱལ་པོ་གནོད་སྦྱིན་སྡེ་འཁོར་བཅས། །ཡེ་ཤེས་སེམས་དཔའ་གཉིས་མེད་ཚུལ་དུ་བཞུགས། །གཡོན་ཕྱོགས་མཁའ་ལ་འཇིགས་རུང་དུར་ཁྲོ ད་དུ། །ཞིང་སྐྱོང་གདོང་བཞི་ཡུམ་ཆེན་སྲིང་ མོ་བཞི། །བྲན་གཡོག་བཀའ་སྡོད་དང་བཅས་གཙོ་འཁོར་ཀུན། །རང་བཞིན་ཡེ་ཤེས་པ་དང་ རོ་མཉམ་བཞུགས། །ཆོས་སྐྱོང་གཙོ་ཆེན་རྣམ་གསུམ་དག་གི་མཐར། །ལས་མགོན་ཟང་གྲི་ ཅན་དང་ཕྱག་དྲུག་མགོན། །རང་རང་སྡེ་འཁོར་ལས་མཁན་ཚོགས་དང་བཅས། །བདུད་ མགོན་དྲཀྴད་ལས་བྱེད་ཕོ་ཉའི་ཚོགས། །གནས་གསུམ་དཔའ་མོ་འབུམ་ཕྲག་ཕྱོགས་སྐྱོང་ སྡེ། །ཆོས་ཀྱི་རྒྱལ་པོ་གཤིན་རྗེ་བྱེ་བའི་འཁོར། །ཁྱད་པར་གནོད་སྦྱིན་རྒྱལ་པོ་མདུང་དམར་ ཅན། །གཟའ་བདུད་རཱ་ཧུ་ལ་སོགས་སྡེ་བརྒྱད་དམག །ནགས་སྨན་ལྷ་མོ་ཆེ་བཙན་ཡུལ་གྲོང་ བདག །འཇིག་རྟེན་འདས་དང་མ་འདས་སྲུང་མའི་ཚོགས། །མཆོད་གཏོར་ཕུལ་བའི་ཡུལ་དུ་ གང་མཆིས་པ། །དེ་དག་རྣམས་ལས་ཡེ་ཤེས་སྤྱན་ལྡན་ཚོགས། །དམ་ཡེ་གཉིས་མེད་ཚུལ་དུ་ སོ་སོར་བཞུགས། །འཇིག་རྟེན་རང་རྒྱུད་ཚུལ་འཛིན་གང་དག་ཀྱང༌། །རང་རང་གནས་ནས་ 9-1-596 འདིར་བྱོན་ཕྱོགས་མཚམས་སུ། །སོ་སོ་ཇི་ལྟར་འོས་པའི་གདན་བཞུགས་གསོལ། །དེ་ནས་ མཆོད་གཏོར་འབུལ་བ་ནི། ཧཱུཾ། རང་གི་ཐུགས་ལས་སྤྲོས་པའི་འོད་ཟེར་གྱིས། །མཆོད་གཏོར་དངོས་ འཛིན་དྲི་མ་ལེགས་སྦྱངས་ཏེ། །ཟག་མེད་བདུད་རྩིའི་ངོ་བོར་གང་འཚམས་ཀྱི། །དགྱེས་རྫས་ ནམ་མཁའ་མཛོད་ཀྱི་ལོངས་སྤྱོད་གྱུར། །ༀ་ཨཱཿཧཱུཾ། བཛྲ་སྥ་ར་ཎ་ཁཾ། རྣལ་འབྱོར་ཏིང་འཛིན་ སྔགས་རྒྱས་ཉེར་བསྐྲུན་པ། །ཕྱི་ནང་གསང་བའི་མཆོད་གཏོར་རྒྱ་ཆེ་བ། །བླ་མའི་ངོ་བོ་ཡི་དམ་ ལྷ་ཚོགས་ལ། །གུས་འབུལ་ལེགས་བཞེས་མཆོག་ཐུན་དངོས་གྲུབ་སྩོལ། །ཉམས་པ་བསྒྲལ་ བའི་ཤ་ཁྲག་ལ་སོགས་པ། །དམ་ཚིག་མཆོག་གི་རྫས་ཆེན་ཁྱད་པར་བ། །ཆོས་སྐྱོང་ནག་པོ་ ཆེ་སོགས་དཔལ་མགོན་རིགས། །རང་འཚམ་དགྱེས་རྫས་འབུལ་ལོ་བསྟན་དགྲ་ཆོམ། །འབྲུ་ བཅུད་སྣ་ཚོགས་དཀར་གསུམ་མངར་གསུམ་གྱི། །མཉེས་རྫས་འདོད་དགུ་རྒྱལ་ཆེན་གནོད་ སྦྱིན་སྡེ། །ཀུན་ལ་ལེགས་འབུལ་དགྱེས་སྐོང་དམ་པ་ཡིས། །སྒྲུབ་ལ་གང་འདོད་དངོས་གྲུབ་ དབྱིག་མཆོག་སྩོལ། །གཞན་ཡང་ཕྱི་འཁོར་སྡེ་རིགས་གང་དག་ལ། །རང་རང་ལའང་གང་ འཚམ་དགྱེས་རྫས་ཀྱིས། །མཆོད་གཏོར་དུས་སུ་འབུལ་ན་ལེགས་བཞེས་སྒོས། །སྒྲུབ་མཆོག་ རྣམས་ལ་གཡེལ་མེད་སྡོང་གྲོགས་མཛོད། །བསྟོད་པ་ནི། ཧཱུཾ། གནས་ལུགས་ཆོས་དབྱིངས་ངང་ ལས་བཞེངས་པའི་ལྷ། །ཡེ་ཤེས་སྒྱུ་མའི་མཚར་བཀོད་ཕུལ་བྱུང་བ། །མཆོག་ཐུན་དངོས་ གྲུབ་ཆར་ལྟར་འབེབས་པའི་གཉེན། །ཡི་དམ་ལྷ་ཡི་ཚོགས་ལ་གུས་པས་བསྟོད། །སངས་ རྒྱས་བསྟན་པ་སྐྱོང་བའི་མཐུ་ལྡན་ལྷ། །ཕྲིན་ལས་དྲག་པོའི་སྟོབས་རྩལ་ཟླ་མེད་པ། །ནག་ པོ་ཆེ་སོགས་དཔལ་མགོན་ཆོས་སྐྱོང་རིགས། །ཡེ་ཤེས་སྤྱན་ལྡན་ཡོངས་ལ་བསྟོད་པར་བགྱི། །ནོར་གཏེར་དཔལ་གྱིས་སྒྲུབ་མཆོག་སྐྱོང་བའི་མགོན། །རྣམ་མང་ཐོས་སྲས་གང་འདོད་ནོར་ གྱི་མཛོད། །དབུལ་ཕོངས་ཀུན་སེལ་གནོད་སྦྱིན་གཙོ་འཁོར་སྡེ། །མ་ལུས་འཁོར་དང་ཡང་ འཁོར་བཅས་ལ་བསྟོད། །དེ་སོགས་ཆོས་བཞིན་སྐྱོང་མཛད་སྲུང་མའི་ཚོགས། དཀར་པོའི་ཁ་ 9-1-597 འཛིན་ལེགས་པའི་སྡོང་གྲོགས་མཁན། །བསྟན་པ་སྲུང་བའི་གཡར་དམ་ལྷོ ད་མེད་ཅན། །དེ་ གང་དག་གི་དབུ་འཕང་དགུང་ནས་བསྟོད། །བསྐང་བ་ནི། ཧཱུཾ། རྨད་བྱུང་སྔགས་དང་ཏིང་འཛིན་ ཕྱག་རྒྱ་ཡིས། །རབ་སྤེལ་ཕྱི་ནང་གསང་བའི་བསྐང་རྫས་མཆོག །རབ་འབྱམས་ནམ་མཁའི་ མཛོད་ལ་འགྲན་པའི་དཔལ། །ཀུན་ཏུ་བཟང་པོའི་རྣམ་འཕྲུལ་རོལ་པའི་རྒྱན། །གང་འདིས་ རྩ་བརྒྱུད་བླ་མ་ཡི་དམ་ལྷ། །ཁྲོ་བོའི་དབང་པོ་འཇིགས་མཛད་གསང་བའི་བདག །པདྨ་དབང་ ཆེན་སྒྲོལ་མའི་ལྷ་ཚོགས་ཀྱི། །ཐུགས་དམ་ལེགས་བསྐང་གྲུབ་གཉིས་ཆར་ལྟར་ཕོབ། །ཆོས་ སྐྱོང་གཙོ་བོ་དཔལ་ལྡན་ནག་པོ་ཆེ། །གནོད་སྦྱིན་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས། །ལྷ་མཆོག་ ཞིང་སྐྱོང་གདོང་བཞི་ཡེ་ཤེས་ལྷ། །རྣམ་གསུམ་གཙོ་འཁོར་ཡོངས་ཀྱི་ཐུགས་དམ་བསྐང༌། །ཆོས་སྐྱོང་བེར་ནག་ཕྱག་དྲུག་མགོན་པོ་དང༌། །བདུད་མགོན་ལ་སོགས་ཡེ་ཤེས་སྤྱན་ལྡན་ རིགས། །དགྱེས་བསྐང་མཆོག་གིས་རྒྱལ་བསྟན་ལེགས་བསྲུང་དང༌། །ལྷན་ཅིག་བདུད་ རིགས་མ་ལུས་བསྒྲལ་དུ་གསོལ། །གཞན་ཡང་འཇིག་རྟེན་ཚུལ་འཛིན་ལྷ་སྲུང་ཚོགས། །འདི་ ན་མཆོད་གཏོར་ཡུལ་དུ་གང་བཞུགས་པ། །དེ་དག་ཀུན་ཀྱང་དགྱེས་བསྐང་དམ་པའི་རྫས། །འདིས་ནི་མཉེས་ཚིམ་ཆོས་མཐུན་སྡོང་གྲོགས་མཛོད། །དེ་ལྟར་ཐུགས་དམ་ལེགས་བསྐང་ བྱིན་རླབས་ཀྱིས། །བདག་སོགས་སྒྲུབ་ལ་བར་ཆད་མ་ལུས་བཟློག །ཉམས་ཆག་ཀུན་བྱང་ ཟབ་གསང་མངོན་རྟོགས་འཕེལ། །རིང་མིན་དོན་གཉིས་ཕ་མཐར་ཕྱིན་གྱུར་ཅིག །བཤགས་པ་ ནི། ཧོ། བླ་མ་ཡི་དམ་ཆོས་སྐྱོང་ཚོགས་རྣམས་དགོངས། །ཐོག་མེད་དུས་ནས་བདག་གིས་གང་ བསགས་པའི། །ཉེས་ལྟུང་རིགས་གྱུར་མཐའ་དག་སྙིང་ནས་བཤགས། །བྱང་དག་ཚངས་པའི་ དངོས་གྲུབ་བསྩལ་དུ་གསོལ། །དངོས་གྲུབ་བླང་བ་ནི། ཕུལ་བྱུང་གསང་གསུམ་མཐུ་བྱིན་ངོ་མཚར་ བས། །དངོས་གྲུབ་དབྱིག་གིས་བདག་སོགས་འཚོ་མཛོད་ལ། །འདིར་གནས་རྟེན་ལ་བརྟན་ པར་བཞུགས་ནས་ཀྱང༌། །ནམ་ཡང་གཡེལ་མེད་རྒྱབ་བརྟེན་མཛད་དུ་གསོལ། །བསྔོ་བ་ནི། དེ་ 9-1-598 ལྟར་མཆོད་ཡུལ་ཚོགས་ལ་གཏོར་མཆོད་སོགས། །བསགས་པ་གང་བགྱིས་འདིས་ནི་ནམ་ ཞིག་ཏུ། །བླ་མེད་བྱང་ཆུབ་མཆོག་གི་གོ་འཕང་བར། །བདག་སོགས་ཆོས་མིན་རྐྱེན་ལས་ ལེགས་སྲུང་ཤོག །བཀྲ་ཤིས་ནི། ཕུན་ཚོགས་དགེ་ལེགས་ཀུན་གྱི་གཞི་གཅིག་པུ། །མཆོད་ཡུལ་ རྒྱ་མཚོའི་ཐུགས་རྗེ་མི་བསླུ་བས། །མ་ལུས་འགྲོ་ལ་དགེ་མཚན་ཆར་དུ་བསྙི ལ། །ཆོས་སྲིད་ ལེགས་འབྱོར་དཔལ་གྱིས་སྐྱོང་གྱུར་ཅིག །དེ་རྣམས་ལ་གོང་བྱིན་རླབས་ནས་བཟུང༌། གཏོར་འབུལ། བསྟོད་པ། བསྐང་བཤགས་དག་ཀྱང་སྐབས་བསྟུན་གང་འཚམ་གྲངས་བསོགས་ནའང་མི་ཆོག་པ་མེད་ཅིང་མཐར་ཡེ་ཤེས་བརྟན་བཞུགས་ དངོས་གྲུབ་བླངས་མཇུག་ཙམ་ན། གཏོར་མགྲོན་འཇིག་རྟེན་པ་ཕལ་ལ་དམིགས་ནས། བཛྲ་མུ་ཞེས་པས་གཤེགས་གསོལ་བྱས་ ཏེ་བསྔོ་བ་སོགས་ཀྱིས་མཐར་དབྱུང་ངོ༌། །ཞེས་གཏོར་ཆོག་ཆེས་བསྡུས་ཀྱི་ལག་ལེན་ཡང་སྙིང་རྒྱུན་ཁྱེར་དུ་ཁྱེར་བདེ་ཆོས་སྐྱོང་ དགྱེས་བསྐྱེད་ཅེས་བྱ་བ་འདི་ཡང་འགོ་ལོག་ཕྱོགས་ན་ཡོད་པའི་རང་རེ་ཇོ་ནང་པའི་གྲྭ་བཙུན་ཆོས་བཟང་དཔལ་གྱི་ཐུགས་མོས་ རིང་སྐུལ་བཞིན། མ་ཏིས་འཕྲལ་དུ་སྤེལ་བ་ཛ་ཡན་ཏུ། བཀྲ་ཤིས་པར་གྱུར་ཅིག། །། 9-1-599 ༄༅། །མནོལ་བསང་བསྡུས་པ་བཞུགས། ༄༅། །འདིར་མནོལ་བསང་བྱ་བ་ལ་ཐོག་མ། ཨ་ཀ་རོའི་ལན་གསུམ་གྱིས་བྱིན་གྱིས་རླབས་ལ། ༀ། རྣལ་ འབྱོར་དག་པས་བསྐྲུན་པའི་བསང་དུད་འདིས། །རང་བཞིན་འོད་གསལ་དྭངས་པའི་ཡེ་ཤེས་ ཁམས། །ཡེ་ནས་དག་པ་ཆེན་པོའི་རང་མདངས་ལ། །གྲིབ་དང་ཉམས་ཆགས་མཚན་མ་མི་ དམིགས་ཀྱང༌། །ཀུན་རྫོབ་གློ་བུར་དྲི་མ་སྦྱངས་པའི་སླད། །གཉུག་མའི་རོལ་བར་ཤར་བའི་ འོད་གསལ་དབྱིངས། །སྤྲོས་བཅས་གྲིབ་དང་ཉམས་ཆགས་ཉེར་ཞི་ནས། །དོན་དམ་ཆོས་ སྐུའི་དེ་ཉིད་མངོན་གྱུར་ཅིག །མ་ཏིས་སྨྲས་པའོ།། །། ༄༅། །མནོལ་བསང་བསྡུས་པའོ། །རཾ་ཡཾ་ཁཾ། སྣོ ད་བཅུད་དག་མཉམ་ཡེ་ཤེས་རོལ་པའི་རྒྱན། །ཀུན་ནས་གཙང་ཞིང་དྲི་བྲལ་རང་བཞིན་ལ། །མནོལ་གྲིབ་དམིགས་མེད་ཆོས་དབྱིངས་དེ་ བཞིན་ཉིད། །ནམ་ཡང་འཕོ་འགྱུར་མེད་པ་འཁོར་འདས་གཤིས། །དེ་ལ་མ་རིག་འཁྲུལ་བའི་ སྣང་བ་ཡིས། །ཉམས་ཆག་གྲིབ་ཀྱིས་ཕོག་ཚུལ་སྣ་ཚོགས་བྱུང༌། །དེ་བསལ་ཐབས་ལ་རང་ སྣང་དག་ཆེན་དུ། །མཉམ་བཞག་དམིགས་མེད་ངང་ནས་བསང་གྱུར་ཅིག །རང་བཞིན་ རྣམ་འགྱུར་ཆོས་ཉིད་ཆོས་ཅན་ཚུལ། །མཁའ་ལ་སྤྲིན་གྱི་ཕུང་པོ་ཇི་བཞིན་དུ། །རྟེན་དང་ བརྟེན་པའི་ཚུལ་དུ་བསླུ་མེད་པར། །བདེན་གཉིས་ཟུང་འཇུག་སྟོབས་ཀྱིས་གྲིབ་ཀུན་སོལ། །མི་གཙང་རྨུགས་པ་མནོལ་བ་ཉམས་ཆགས་གྲིབ། །མ་ལུས་པ་དག་གཙང་ངེ་ས་ལེར་གྱུར། །རང་བཞིན་དྭངས་གསལ་སྤྲིན་མེད་ནམ་མཁའ་ལ། །ཉི་འོད་ཇི་བཞིན་ལེགས་སྣང་མཆེད་ པར་ཤོག །ༀ་གཙང་སང་ངེས་ས་ལེ་ཉེས་གྲིབ་ཐམས་ཅད་ཤནྟ່་ཀུ་རུ་སྭཱཧཱ། ཞེས་པ་ཅི་ནུས་བཟླའོ། 9-1-600 །འདི་ཡང་འཇིགས་མེད་འོད་ཟེར་ལ་མཁོ་ནས། མ་ཏིས་སོ།། །། ༄༅། །རྨ་ཆེན་སྤོམ་རའི་གསོལ་བསྡུས་ལྷ་ཆེན་དགྱེས་པ་ སྐོང་བྱེད་ཅེས་བྱ་བ་བཞུགས་སོ། ། ༄༅། །འདིར་རྨ་ཆེན་སྤོམ་རའི་གསོལ་བསྡུས་ལྷ་ཆེན་དགྱེས་པ་སྐོང་བྱེད་ཅེས་བྱ་བ་ལ་ཐོག་མར་གསེར་སྐྱེམས་སོགས་ འདུ་བྱས་ཏེ་བདག་སྐྱེད་ནི། འདི་སྐད་དོ། །ཧྲཱིཿ ཆོས་དབྱིངས་གཉུག་མ་སྐྱེ་མེད་ཆོ་འཕྲུལ་གར། །རང་ སེམས་གཤིས་ཀྱི་དེ་ཉིད་ལྷར་ཤར་བ། །ཡི་དམ་དག་ཆེན་སྒྱུ་མའི་ལྷ་རུ་འཕོས། །སྣང་ལ་ རང་བཞིན་མེད་པའི་བདག་ཉིད་གསལ། །གཞིའི་ཡིན་ལུགས་ནི། ཀྱེ། རང་གཤིས་དག་མཉམ་གློ་ བུར་སྣང་ཆའི་འཕྲུལ། །ལས་སྣང་དང་མཐུན་ཅི་དགར་འཛད་མེད་པ། །རང་རང་འཚམས་ པའི་རྟེན་འབྱུང་ཟློས་གར་ཚུལ། །སྣང་སྲིད་རྟེན་དང་བརྟེན་པའི་བཀོད་པ་འཆར། །གང་ལ་ ཕྱི་ལྟར་དབང་ཕྱོགས་བསིལ་རིའི་སྤོར། །ནང་གི་དེ་ཉིད་དག་སྣང་ཡ་མཚན་ཀླུང༌། །སེམས་ དཔའ་ཆེན་པོའི་ཡེ་ཤེས་རོལ་པ་ལས། །ཕྱི་ནང་མཚར་བཀོད་རྫོགས་པའི་དགེ་མཚན་འབར། །རབ་ཡངས་མཛེས་སྡུག་རང་བཞིན་དག་པའི་ལྗོངས། །གཡུ་འོད་ཆེས་གསལ་ནོར་འཛིན་ དགའ་མའི་གཞིར། །རབ་མཛེས་སུམ་རྩེན་ཕོ་བྲང་གཉིས་པ་བཞིན། །ལྟ་ན་སྡུག་པའི་གྲོང་ ཁྱེར་ཉམས་དགའ་བ། །ལེགས་ཆ་ཀུན་ནས་ཁྱད་བཀོད་ཡོངས་རྫོགས་པ། །གཙོ་འཁོར་དང་ འཚམས་བ་གམ་བརྩེགས་མ་དང༌། །གསེར་བཟང་རྒྱ་ཕིབས་ནོར་བུ་གཟི་འབར་ཏོག །ཁང་ ཆེན་ཁང་ཕྲན་བཀོད་ལེགས་མཐའ་ཡས་པ། །ཕྱི་ནང་ར་བ་ཁྱམས་ཀྱི་ཁོར་ཡུག་སོགས། །ཀུན་ 9-1-601 ནས་ཁྱད་ཆོས་རབ་རྫོགས་གཞལ་མེད་ཁང༌། །ནང་ཁང་ཆེས་ཁྱད་འཕགས་པའི་གཙོ་གནས་ སུ། །ས་བཅུའི་སེམས་དཔའ་ཆེན་པོའི་འཕྲུལ་ཆེན་གར། །རིན་ཆེན་གདན་ཁྲི་ཀུན་ནས་རབ་ བརྗིད་པར། །སྣ་ཚོགས་དར་ཟབ་དུ་མའི་འབོལ་བརྩེགས་ཁར། །ཆེས་ཟིལ་མཛེས་སྡུག་ལང་ ཚོ་རྫོགས་པའི་དཔལ། །རབ་དཀར་ཟླ་གཞོན་འབུམ་གྱི་མདངས་འབར་བ། །གཏེར་བདག་ རྨ་རྒྱལ་སྐྱེས་ཆེན་སྒེག་པའི་ཉམས། །སྣ་ཚོགས་ཟབ་ཆེན་གོས་བཟང་ཉེར་བཀླུབས་པར། །ངོ་ མཚར་ནོར་བུའི་རྒྱན་འཕྱངས་རབ་གཡོ་ཞིང༌། །དབུ་ཡི་ལྭ་ཐོད་སྟེང་ན་ཟླ་འོད་མཛེས། །རྒྱལ་ པོ་རོལ་བའི་སྟབས་ཀྱིས་སྒེག་འགྱིང་ངོམ། །ཕྱག་གཡས་དར་མདུང་མཁའ་ལ་བསྐྱོད་པའི་ གཟིས། །སྣང་སྲིད་དབང་དུ་སྡུད་བཞིན་འདོད་དགུ་སྙིལ། །ཕྱག་གཡོན་གཏེར་ཆེན་བུམ་ པས་དབུལ་ཀུན་སེལ། །རབ་དཀར་འོད་ཕུང་དབུས་ན་དགྱེས་དགུར་རོལ། །སྐུ་སྤྲུལ་ནང་ གི་བཀའ་སྡོད་ལས་བྱེད་ཚུལ། །སྐྱེས་བུ་ནོར་ལྷ་དར་གྱི་གོ་ཟུ་ཅན། །རིན་ཆེན་རྒྱན་ལྡན་ནང་ འཁོར་སྣ་ཚོགས་པས། །རང་རང་ལས་ཀྱི་མཐའ་ལ་རྣམ་པར་རྒྱུ། །ནང་གི་ཕྱོགས་ཚམས་ཕོ་ བྲང་རྣམ་དགུའི་ནང༌། །རང་འདྲའི་སྐུ་སྲས་བཀའ་བློན་ཆེ་བའི་ཚུལ། །ལྷ་ཆེན་རྒྱལ་པོའི་ཆས་ རྫོགས་རང་འཁོར་བཅས། །སྲས་མཆོག་རྣམས་དགུའི་སོ་སོའི་ཆེ་བ་ངོམ། །བར་གྱི་རིན་ཆེན་ ཁང་བཟང་སོ་སོ་ན། །ཡུམ་ཆེན་ལྷ་མོ་ན་ཆུང་སྒེག་མོའི་ཚུལ། །སྨན་བཙུན་མཛེས་མ་བཅུ་པོ་ གཙོ་དང་འཁོར། །དར་ལྭའི་གོས་དང་རིན་ཆེན་རྒྱན་བཟང་ཅན། །མཛེས་སྡུག་སྒྱུ་མའི་ལང་ ཚོ་དར་ལ་བདོ། །འགྱུར་ཁུག་གདངས་སྙན་ཚངས་པའི་སྲས་མོར་འགྲན། །ཕྱི་ཁྱམས་འཁོར་ ཡུག་ཁང་ཕྲན་དུ་མའི་ནང༌། །སུམ་བརྒྱ་དྲུག་ཅུའི་རྨ་རིགས་སྡེ་ཚོགས་དང༌། །གཞན་ཡང་ལྷ་ ཡི་གྲོང་ལ་གནས་བཅས་པའི། །ཡང་འཁོར་འབུམ་སྡེ་རྣམ་འཕྲུལ་མཚར་བཀོད་ཅན། །ཀུན་ ཀྱང་ལྷ་ཆེན་གཙོ་བོའི་བཀའ་ལ་འདུ། །ཕོ་བྲང་ཕྱི་ནང་ཀུན་དུ་རིན་ཆེན་མཛོད། །རྨུགས་ འཛིན་བདག་པོའི་དཔལ་གྱི་འཕེལ་ཁ་བཞིན། །སྲིད་གསུམ་བཅུད་གཡང་ཀུན་ནས་རྡོལ་ 9-1-602 བའི་གཤིས། །བསམ་འཕེལ་ནོར་མཆོག་ཟ་འོག་དར་ཟབ་གོས། །གང་འཚམས་འདོད་དགུའི་ བང་མཛོད་བགྲངས་ཡས་དང༌། །ཁྱད་པར་ཁྲབ་རྨོག་ཕུབ་སོགས་གོ་ཆའི་རིགས། །རལ་ཤིང་ མདའ་མདུང་ལ་སོགས་རྣོ་བའི་མཚོན། །ཉེར་སྤྱད་དཔའ་བོའི་ཆས་ཀྱིས་ཕྱུར་བུར་གཏམས། །ཡིད་འོང་ནེའུ་གསིང་མཛེས་པའི་དགའ་ཚལ་ན། །རྟ་མཆོག་ཅང་ཤེས་གླང་ཆེན་ཐེག་པའི་ རིགས། །སྟོབས་ལྡན་ཤེ་མོང་དར་བའི་དཔལ་ཁ་ཅན། །གང་འདོད་བཞོན་པའི་ཁྱུ་ཚོགས་ ཅིར་ཡང་རྩེན། །ཕྱི་མཐར་ལྕགས་རི་ཕྱོགས་བཞིར་སྒོ་སྐྱོང་སོགས། །ལོངས་སྤྱོད་དཔལ་གྱི་ འབྱོར་བ་ཆེས་མཐོ་བའི། །མི་ལས་འདས་པའི་མཚར་དགུའི་དབང་ཕྱུག་ཐོབ། །ཕྱི་ནང་ཁྱད་ འཕགས་རྣམ་བཀོད་ཡ་མཚན་པ། །གང་འདི་རྨ་རྒྱལ་སྤོམ་རའི་འཕྲུལ་གར་ལས། །ཁམས་ ཕྱོགས་གང་འདུལ་མཛད་པའི་ཆ་ཤས་ཙམ། །རང་འཚམས་དག་སྣང་སྒྱུ་མར་རོལ་འདི་རྨད། །ས་བཅུ་སེམས་དཔའི་ཆོ་འཕྲུལ་ནམ་མཁའི་མཐར། །ཅི་དགར་གང་འདུལ་ཡིད་ཀྱིས་རྗེས་ འགྲོ་བས། །ལུས་ཅན་དགའ་ཡི་བློ་ངོར་ཁྱད་བཀོད་ཆ། །རིས་སུ་ཆད་མིན་ནོར་བུའི་མེ་ལོང་ བཞིན། །ལྷ་ཆེན་རྣམ་རྒྱལ་འདོད་པ་འཇོ་བའི་གཏེར། །རྨ་གཡང་ཐང་མར་བརྡལ་བའི་ཁ་ རྗེ་དཔལ། །མདོ་ཁམས་འཛིན་མའི་ཐིག་ལེར་བལྟམས་པའི་མོད། །མཚར་སྡུག་རྣམ་བཀྲའི་ གང་འཚམས་ལེགས་བཀོད་ཆ། །དག་སྣང་མོས་འདུན་སྣང་ཆར་ཡོངས་འཕོས་ཏེ། །སྔོན་གྱི་ ལས་འབྲེལ་ཟབ་གནད་ལྷོ ད་མེད་ངང༌། །དེང་སྐབས་མཆོད་ཡུལ་ཉིད་དུ་རྒྱུད་བསྐུལ་ན། །རེ་ བ་ཇི་བཞིན་རྣམ་འཕྲུལ་མཛད་བཟང་སྟོན། །སྤྲུལ་བ་སྤྱན་འདྲེན་པ་ནི། སྐད་ཅིག་ཡི་དམ་ཐུགས་ ལས་སྣང་འོད་ཚོགས། །དབང་ཕྱོགས་ཀེ་ལ་ཤ་ཡི་གནས་ཆེན་དུ། །ལྷ་ཆེན་གཙོ་འཁོར་ཐུགས་ བརྒྱུད་བསྐུལ་སླད་སྤྲོས། །དགྱེས་ཞལ་འཛུམ་དཀར་གཡོ་བའི་དགེ་མཚན་ཕོབ། །བསོ་ བསོ། སེམས་དཔའ་ཆེན་པོའི་ཆོ་འཕྲུལ་རོལ་གར་ལས། །ལྷ་ཆེན་དཔའ་བོ་དགྲ་བླ་སྐྱེས་ བུའི་ཚུལ། །གང་འདུལ་རང་སྣང་མོས་ངོར་སྐུར་སྟོན་ལ། །མཆོད་ཡུལ་མགྲོན་གྱི་དམ་པ་དེང་ 9-1-603 འདིར་བྱོན། །མགྱོགས་འགྲོ་འཕུར་ཤེས་རིན་ཆེན་རྒྱན་བཟང་ཅན། །གསེར་གྱི་སྒ་སྲབ་ལ་ སོགས་ཆས་རྫོགས་བླར། །རྨ་རྒྱལ་འཕྲུལ་ཆེན་ནོར་བདག་དགྲ་བླའི་སྐུ། །ཟླ་ཤེལ་ཞུན་མའི་ དུམ་བུ་འབུམ་བརྩེགས་ལྟར། །ངོ་མཚར་སྐུ་ཡི་ལང་ཚོ་ཅིར་ཡང་བཞད། །དབུ་རྨོག་དར་འཕྲུ་ དགུང་ནས་གཡོ་བཞིན་པར། །སྐུ་ལ་དར་ཟབ་ལྭ་ཐུང་སུམ་བརྩེགས་སྟེང༌། །གསེར་གྱི་ཡ་ ལད་གསར་པས་འོད་བཟང་སྤྲོ། །ཞབས་ཟུང་སོག་ལྷྭམ་བརྗིད་ཀྱིས་སྒེག་འགྱིང་སྐུ། །གཡོན་ པའི་ཕྱག་གིས་ནོར་བུ་ཐུགས་ཀར་བསྣམས། །སྒྲུབ་ལ་གང་འདོད་ལེགས་འཇོའི་དཔལ་ཁ་ རྒྱས། །ཕྱག་གཡས་མཁའ་ལ་བསྐྱོད་པའི་མཐེབ་མཛུབ་ཀྱིས། །དར་སྣ་ལྔ་ལྡན་ཉག་ཕྲན་ ལྡེ མ་འཕྲུལ་ལས། །འཇིག་རྟེན་ཆེ་རྒུ་དབང་བསྡུད་བཅུད་གཡང་འགུགས། །སྟག་དུང་གཟིག་ ཤུབས་དཔའ་ཆས་འཇིགས་རྔམ་ཀྱིས། །མི་བསྲུན་དགྲ་སྡེའི་སྙིང་ལ་འཇིགས་སྟེར་བཞིན། །དྲག་རྩལ་ཤུགས་ཀྱིས་སྡང་དགྲ་ཆམ་ལ་འབེབས། །སྒྲུབ་ལ་བརྩེ་འཛུམ་ཞལ་བཟང་ཟླ་འོད་ ཅན། །གང་འདུལ་སྐུ་ཡི་བཀོད་པའི་ཆོ་འཕྲུལ་འགྱེད། །རང་འདྲའི་སྐུ་སྲས་དགྲ་བླ་དཔའ་ ཆེན་དགུ། །ཡུམ་ཆེན་སྨན་བཙུན་ལྷ་མོ་བཅུ་མཆེད་འཁོར། །རྨ་རིགས་སུམ་བརྒྱ་དྲུག་ཅུ་ཡང་ འཁོར་བཅས། །མ་ཐོགས་མཁའ་དབྱིངས་འཇའ་ཟེར་ལམ་བཟང་ནས། །རང་རང་དཔག་ ཡས་རྣམ་འཕྲུལ་ཉེར་འཆང་ཏེ། །སྐད་ཅིག་ཡུལ་གྱིས་མཆོད་མགྲོན་ཚུལ་དུ་ཕེབས། །བར་ སྣང་འཇའ་སྤྲིན་གུར་ཕུབ་དབུས་སུ་བཞུགས། །མཆོད་པ་ནི། ༀ་ཨཱཿཧཱུཾ་བཛྲ་ས་ཕ་རཏྣ་ཁཾ། རྣལ་ འབྱོར་སྔགས་རྒྱས་རབ་སྤེལ་མཆོད་པའི་སྤྲིན། །སྲིད་ཞིའི་ལེགས་ཚོགས་གང་འོས་དེར་ འཆར་ཞིང༌། །ངོ་མཚར་དཔལ་སྡུག་ཀུན་ནས་ཚང་པའི་ཕུལ། །ཡ་མཚན་དགྱེས་རྫས་གང་ གང་མོས་པའི་ཡུལ། །སྒྱུ་མ་མིག་འཕྲུལ་ཅི་བཞིན་དེར་གྱུར་ནས། །ནམ་མཁའ་མཛོད་ཀྱི་ ལོངས་སྤྱོད་དཔལ་ཡོན་འབར། །རང་རང་མཁོ་བའི་ཉེར་སྤྱད་དཔག་ཡས་ཀྱིས། །ཐུགས་ཀྱི་ བཞེད་དོན་དེ་མཐུན་ལེགས་བསྐང་ནས། །གང་འཚམས་འདོད་པའི་དངོས་རྫས་དགྱེས་བྱེད་ 9-1-604 མཆོག །ཀུན་ཏུ་བཟང་པོའི་འཕྲུལ་གྱི་རྗེས་འགྲོ་བ། །གང་འདི་མཆིས་ཀུན་ད་དུང་ཟད་མེད་ འབུལ། །དགྱེས་པས་བདག་གིར་བཞེས་ལ་འདོད་དོན་སྒྲུབ། །བསྟོད་པ་ནི། ཨེ་ཧོ། སེམས་དཔའི་ སྒྱུ་འཕྲུལ་གར་གྱིས་མཛད་བཟང་གིས། །གང་འདུལ་ཡིད་ལ་མཛའ་བ་དེར་སྣང་བཞིན། །ངོ་ མཚར་ལེགས་པའི་ཆོ་འཕྲུལ་མཛད་པའི་བདག །ལྷ་ཆེན་དཔའ་བོའི་གསང་གསུམ་ཆེ་བར་ བསྟོད། །མཛེས་སྐུ་མཁའ་ཡི་ཤར་སྐར་ཐིག་ལེའི་གཟུགས། །རྣམ་མང་འགྲོ་བློའི་རྫིང་བུར་ སྣང་བརྙན་འཕོས། །དེ་སྙེ ད་ཐ་དད་སྣང་ཡང་དོན་དངོས་གཅིག །གཅིག་ལས་དུ་མར་འཆར་ འདི་ཡ་མཚན་གནས། །རྨད་བྱུང་ཡེ་ཤེས་དག་ཆེན་མཆོག་གི་འཕྲུལ། །དབུལ་སེལ་ནོར་ བདག་དགྲ་འཇོམས་སྐྱེས་བུ་སོགས། །གང་འདུལ་གཟུགས་དང་ཞི་དྲག་བརྗོད་བྱེད་གསུང༌། །གདུལ་བྱའི་ཁམས་བཞིན་ཟད་མེད་མངའ་ལ་འདུད། །ལྷ་ཆེན་གཙོ་བོའི་སྐུ་སྲས་དཔའ་བློན་ དང༌། །རྨ་རིགས་སྡེ་དང་ཡང་འཁོར་འབུམ་ཕྲག་ཚོགས། །རང་རང་སྤྲུལ་འཁོར་མཐུ་ཆེན་ བཀའ་སྡོད་བཅས། །མ་ལུས་མཆོད་ཡུལ་མགྲོན་གྱི་དབུ་འཕང་བསྟོད། །རབ་དཀར་ཆུ་ཤེལ་ དྭངས་མའི་ས་འཛིན་ཁམས། །མཚར་སྡུག་དབང་གཞུའི་དྲ་བས་ཁེབས་པ་ལྟར། །ངོ་མཚར་ གཟུགས་སྐུའི་དཔལ་ཁ་གསར་བའི་མདངས། །རབ་མཛེས་དར་བཟང་གྱོན་འདི་ལེགས་པའི་ གཟུགས། །དྲེགས་ལྡན་མཐུ་ཆེན་གནམ་ལྕགས་འབུམ་གྱི་དཔལ། །གང་གིས་བསྐྲུན་མིན་ དྲག་ཤུགས་དར་བའི་དཔུང༌། །ཕ་རོལ་སྡང་དགྲ་འཇོམས་ལ་དཔའ་བའི་ཤེད། །ཕྲིན་ལས་ཟླ་ མེད་རྩལ་ཤུགས་གཞན་ལས་འཕགས། །སྒྲུབ་ལ་ཕ་ཡི་བུ་བཞིན་བྱམས་བརྩེ་ཆེ། །འཚེ་བྱེད་ བདུད་སྡེའི་ཀླད་ཁྲག་དཀྲུགས་པའི་གཤེད། །ཞི་ལ་དྲག་ཤུལ་མཛད་སྒོ་ཡངས་པ་ཅན། །ལྷ་ ཆེན་གཙོ་འཁོར་བཅས་ལ་བསྟོད་པར་བགྱི། །བཟོད་གསོལ་ནི། བདག་གིས་རྨོངས་དབང་ལེ་ལོ་ ཤོར་བ་ཡིས། །དུས་སུ་མཆོད་གཏོར་མ་འཛོམས་གཡེལ་བ་སོགས། །ཕོག་ཐུག་ནོངས་གྱུར་ གང་མཆིས་དེ་དག་ཀུན། །བཟོད་པར་གསོལ་ལ་ཚངས་པའི་དངོས་གྲུབ་སྩོལ། །ཕྲིན་བཅོལ་ནི། དེ་ 9-1-605 ལྟར་མཆོད་བསྟོད་ལེགས་བགྱིས་འདོད་དོན་ནི། །སྐྱེ་དགུའི་ལེགས་ཚོགས་རྩ་བ་རྒྱལ་བསྟན་ དང༌། །དེ་འཛིན་སྐྱེས་ཆེན་གང་བཞུགས་རྟག་འཚོ་ཞིང༌། །འགྲོ་ལ་གནས་སྐབས་ལེགས་སྒོ་ ཉམས་མེད་མཛོད། །ཁྱད་པར་ལྗོངས་འདིར་བདེ་སྐྱིད་མངའ་ཐང་གིས། །དགེ་མཚན་གསར་ བའི་དཔལ་ཡོན་ཆེས་འབར་ཏེ། །བརྟན་གཡོའི་བཅུད་གཡང་མཐའ་དག་ཡོངས་འཁྱི ལ་ནས། །བཀྲ་ཤིས་དཔལ་ཀྱིས་སྐྱེ་དགུ་རྟག་པར་སྐྱོངས། །ཡང་སྒོས་སྒྲུབ་པོ་བདག་གི་སྒོ་གསུམ་གྱི། །བྱ་བ་གང་ལ་མི་མཐུན་གེགས་བྲལ་ནས། །ཁམས་སྙོ མས་ཡིད་བདེ་འབའ་ཞིག་སྤྱོད་དབང་ ཐོབ། །ཆོས་དང་མཐུན་པས་ཚེ་མཐའ་འཁྱོལ་བར་མཛོད། །གཤེགས་གསོལ་ནི། དེ་ནས་མགྲོན་ རྣམས་རང་གི་གནས་སུ་ཕེབས། །མཆོད་པའི་དགྱེས་ཚོར་ཟག་བྲལ་བདེ་ཆེན་འཕེལ། །ཕྲིན་ ལས་གང་འདོད་ལས་ལ་གཡེལ་མེད་པར། །ནམ་མཆོད་དུས་སུ་བརྩེ་གཟིགས་ལེགས་བྱོན་ ཞུ། །བསྔོ་བ་ནི། རབ་དཀར་ལེགས་མཐུ་འདི་ཡིས་རང་གཞན་འགྲོ། །སེམས་དཔའ་མཆོག་གི་ གོ་འཕང་འཛིན་བྱེད་པའི། །འཇིག་རྟེན་སྐྱོང་བའི་དཀར་ཕྱོགས་མཐུ་ཆེན་གྱི། །མཛད་ཕྲིན་ ནམ་ཡང་ལྷོ ད་མེད་འཇུག་གྱུར་ཅིག །འདི་གཞི་དང་སྤྲུལ་པའི་ཁྱད་ཡིན་པས་སྔ་མ་བསྡུས་ན་གོང་བདག་བསྐྱེད་ ཙམ་ནས་སྤྱན་འདྲེན། སྐད་ཅིག་ཡི་དམ་སོགས་ལ་འཇུས་ཏེ་མཐར་དབྱུང་ན་ཆོག གྲངས་བསོགས་ན་མཆོད་པ་མན་ཆད་ལྟར་ ལས་གཤེགས་གསོལ་དོར་བ་ཁྱད་པར་རོ། །ཞེས་རྨ་ཆེན་སྤོམ་རིའི་གསོལ་བསྡུས་ལྷ་ཆེན་དགྱེས་པ་སྐོང་བྱེད་ཅེས་བྱ་བ་འདི་ཡང་ ལྷ་རྗེ་འཇམ་དཔལ་བཟང་གི་མོས་འདུན་བཞིན། མ་ཏིས་འཕྲལ་དུ་སྤེལ་བ་ཛ་ཡནྟུ།། །། 9-1-606 ༄༅། །བག་ཡག་མཚོའི་བསང་མཆོད་བཞུགས། ༄༅། །འདིར་བླ་མ་ལ་ཕྱག་འཚལ་ནས་མཚོ་སྨན་རྒྱལ་མོ་གང་ལ་བསང་མཆོད་བྱེད་པར་སྤྲོ་ན་བསང་རྫས་ཡོ་བྱད་འདུ་ བྱས་ལ་འདི་སྐད་དོ། །ཀྱཻ། དཔལ་ལྡན་རིགས་ཀྱི་ཡུམ་མཆོག་གསང་བའི་མ། །རང་སྣང་བདེ་ཆེན་ རྗེས་ཆགས་སྒྱུ་མའི་གར། །དཔའ་མོ་འོད་བཟང་དམར་བའི་མདངས་ཆགས་པ། །མཁའ་ སྤྱོད་རྗེ་མོའི་སྐུ་རུ་ལམ་མེར་གསལ། །རང་བཞིན་དག་སྣང་རིག་པའི་གསལ་ཆ་ནས། །རང་ མདངས་མ་འགགས་སྣང་བ་ངོ་མཚར་ཅན། །རང་གཤིས་དེ་ཉིད་ངོམ་པའི་ཟློས་གར་མཆོག །རང་གསལ་བཀོད་པ་རྫོགས་པའི་ཚུལ་འདི་བརྗོད། །ཀྱཻ། ཡ་མཚན་མཛེས་པའི་ལེགས་ཆ་ སྟོང་འབར་བ། །ཆོས་བློ་ཏིང་འཛིན་འཕེལ་བའི་བ༵ག་ཕེབས་གནས། །ལྷུན་ཆགས་རྫ་རིའི་ ཕྲེང་བ་ཕྱོགས་མཚམས་དངར། །ངོ་མཚར་མཛེས་པའི་བཀོད་ཡ༵ག་རྫོགས་པ་ན། །ཕྱི་ལྟར་ ཀླུང་ཆེན་དྭངས་མ་འཁྱི ལ་བ་ལ། །ནང་ལྟར་ལྗོངས་ཆེན་ཡུལ་གྲུ་གསར་བའི་དབུས། །མཛེས་ སྡུག་གཡུ་ཡི་ཕོ་བྲང་ཉམས་དགའ་བ། །རབ་དཀར་ཆུ་ཤེལ་དྭངས་པའི་རྒྱ་ཕིབས་ཅན། །རབ་ ཡངས་བཀོད་པ་བློ་ངོར་ཤོང་དཀའ་བའི། །ཁྱམས་དང་ར་བས་ཕྱོགས་མཚམས་ཀུན་ནས་ བསྐོར། །དེ་དབུས་མར་གད་གསར་བའི་ཁྲི་འཕང་སྟེང༌། །ཟ་འོག་དར་སྣའི་འབོལ་ཆེན་ བརྩེགས་པ་ན། །དུང་མདོག་འོད་དཀར་གཡུ་འོད་འདྲེས་མའི་སྦུབས། །ངོ་མཚར་ལང་ཚོ་ རྒྱས་པའི་སྒེག་པ་མོ། །དྲི་མེད་ཟླ་གཞོན་འབུམ་གྱི་འོད་མདངས་ཅན། །རབ་གསལ་དཀར་ བའི་མདོག་བཟང་ཉེར་འཛིན་པའི། །མཛེས་པའི་ཉམས་བརྒྱ་སྟོང་ཕྲག་འབར་བའི་སྐུ། །སྣ་ 9-1-607 ཚོགས་རི་མོའི་མདངས་ལྡན་སྟོད་གོས་དང༌། །ལྗང་གསལ་དར་གྱི་ལྭ་ཐུང་གྱོན་པ་ལ། །རིན་ ཆེན་མཛེས་པའི་རྒྱན་ཆ་དྲུག་གིས་སྤྲས། །སྐ་རགས་དྲྭ་བསྣར་དྲིལ་གཡེར་འཁྲོ ལ་བཞིན་ དུ། །ལེགས་ཆ་རྫོགས་པའི་ཉམས་ཀྱིས་འགྱིང་བཞིན་བཞུགས། །དེ་ལ་སྨན་ཕྲན་མཛེས་མ་ འབུམ་སྡེའི་ཚོགས། །རང་དང་འཚམས་པའི་ལས་བཅས་ཕྱོགས་མཐར་ཉུལ། །ཁྱད་པར་ཡིད་ འོང་བུ་མོ་སྟོང་དག་གིས། །སྣ་ཚོགས་རྒྱན་གྱིས་ལུས་ཀུན་ཀླུབ་བཞིན་དུ། །འཕྱོར་སྒེག་ལུས་ ཀྱི་སྒྱུ་རྩལ་དང་བཅས་ཏེ། །གུས་པས་ཞལ་ནས་ཚིགས་སུ་བཅད་པ་ཡི། །དབྱངས་ཀྱིས་མཚོ་ སྨན་རྒྱལ་མོའི་བསྔགས་པ་བརྗོད། །ཕོ་བྲང་ཕྱོགས་མཚམས་ཀུན་དང་ཕྱི་ཁྱམས་སུ། །རབ་ ཡངས་ཤེལ་གྱི་བང་བ་མཐའ་ཡས་པ། །ཕྱོགས་མཐར་གོ་སྐབས་བྲལ་བཞིན་ཁྲི ག་ཀྱིས་ བརྩེགས། །དེ་དག་ནང་ན་ནོར་མཆོག་གྱ་ནོམ་པ། །མི་ལས་འདས་པའི་རིན་ཆེན་ནོར་བུའི་ ཚོགས། །ཕ་མཐའ་ཡས་པས་ཕྱུར་བུར་བཀང་བ་དང༌། །ཕྱོགས་ཀུན་དར་ཟབ་སྣ་ཚོགས་གྲང་ མེད་དཔྱངས། ཕྱི་རོལ་ལྗོངས་སུ་འདོད་འཇོའི་བ་མོ་སོགས། །ངོ་མཚར་གནག་ཕྱུགས་རིགས་ ཀྱང་བགྲང་ལས་འདས། །ནགས་ཀྱི་ར་བས་བསྐོར་བའི་ལྗོངས་ཕྲན་ན། །མྱུར་མགྱོགས་ཅང་ ཤེས་རིགས་རྣམས་རྒྱུག་རྩལ་ངོམ། །དེ་སོགས་ཕུན་ཚོགས་འབྱོར་བ་མ་ཚང་མེད། །ཕྱོགས་ མཐར་མེ་ཏོག་རབ་དགེའི་ཚལ་ཆེན་ནང༌། །སྣ་ཚོགས་དབང་གཞུའི་ཟེར་མདངས་འཕྲོ་བ་ དང༌། །ཡིད་འོང་ན་ཆུང་མང་པོ་རྩེན་པ་དང༌། །མཛེས་སྡུག་བྱ་ཚོགས་འཕུར་ལྡི ང་བྱེད་པ་ སོགས། །ངོ་མཚར་བཀོད་པ་ཆ་ཚང་བརྗོད་མི་ནུས། །དེ་འདྲ་ཡིན་ལུགས་སྤྱི་ཡི་སྣང་ངོར་ཙམ། །གཞན་དུ་འབྲོག་སྡེ་ཆེན་པོ་སྤྲུལ་པ་སོགས། །ཡ་མཚན་ཆོ་འཕྲུལ་ཕྱོགས་གཅིག་ངོས་བཟུང་ བྲལ། །ཉམ་དགའ་གནས་བཟང་དམ་པ་དེ་འདྲ་ནས། །སྨན་བཙུན་ལྷ་མོ་འཁོར་བཅས་ཉེར་ བཞེངས་ཏེ། །བསང་མགྲོན་ཚུལ་དུ་བརྩེ་བས་དགྱེས་བཞིན་བཞུགས། །ༀ་ཨཱཿཧཱུཾ། རྣལ་ འབྱོར་ཏིང་འཛིན་འཕྲུལ་ལས་ལེགས་ཤར་བའི། །རྒྱ་ཆེན་བཻཌཱུར་གསར་བའི་བསང་ཁང་ 9-1-608 དུ། །རབ་དཀར་དུད་སྤྲིན་མཁའ་ལམ་ཡོངས་ཁྱབ་པ། །ངོ་མཚར་འདོད་དགུའི་དཔལ་སྡུག་ རོལ་པ་ཅན། །ཟད་མེད་འཚམས་པའི་སྤྲིན་ཕུང་དཀྲིག་པ་འདི། །མ་ཚོགས་མགྲོན་ལ་གུས་ པས་ཉེར་འབུལ་ན། །བརྩེ་བས་བཞེས་ལ་མཐུན་འཇུག་དངོས་གྲུབ་སྩོལ། །ཀྱེ། ཡིད་འོང་ལྷ་ མོ་མཛེས་པའི་ལང་ཚོ་འབར། །ངོ་མཚར་ན་ཆུང་ཡིད་འཛིན་སྒེག་མོའི་ཉམས། །དཀར་འོད་ སྣང་བའི་ལྡི ང་ཁང་ཀློང་ན་རྩེན། །ཡ་མཚན་ལྟད་མོ་ངོམ་པ་ཁྱོད་ལ་བསྟོད། །ནོར་གྱི་བདག་ མོ་དགོས་འདོད་ཀུན་འབྱུང་མ༵། །མ༵་ཡི་ཚུལ་གྱིས་སྒྲུབ་པོ་བུ་བཞིན་སྐྱོ༵ང༌། །སྐྱོང༵་མ་ཆེན་མོ་ བསོད་ནམས་ནོར་གྱི་དབ༵ང༌། །དབ༵ང་ཕྱུག་ལྷ་མོ་ཁྱོད་ལ་གུས་པས་འདུད། །མཚོ་ཡི་ནང་ གནས་མཚོ༵་བྱུང་སྒེག་མོའི་ཚུལ། །མཚོ༵་ལ་དབང་བསྒྱུར་མཚོ༵་ལྟར་ལོངས་སྤྱོད་རྒྱས། །མཚོ་ སྨན་རྗེ་མོ་མཚོ༵་ཡི་ཕོ་བྲང་ན། །མཚོ༵་བཞིན་ཐུགས་ཟབ་མཚོ༵་སྡེའི་གཙོ་མོ་མཛོད། །ནོ༵ར་གྱི་ དབང་མོ་ནོར་ལྷ་གཏེར་གྱི་བདག །ནོ༵ར་མཆོག་ཉེ་བར་སྩོལ་བའི་རྗེ་མོའི་ཚུལ། །ནོ༵ར་ལ་ གཞོལ་བའི་སྐྱེ་དགུ་མཐའ་དག་ཀུན། །ནོ༵ར་གྱི་དབྱིག་གིས་འཚོ་མཛད་དེ་ལ་བསྟོད། །བཟང་ བཟང་ཕན་བདེ་མ་ལུས་འབྱུང་བའི་གནས། །ངན་ངན་ཉེས་པ་མཐའ་དག་སེལ་བའི་མཆོག ། ལེགས་ལེགས་རྒྱལ་བསྟན་ཡིད་བཞིན་དབང་གི་རྒྱལ། །རང་རང་སྲིད་མཐར་སྐྱོང་བའི་སྲུང་ མ་མཛོད། །ཡང་དགོས་ངེས་དོན་ལུགས་བཟང་དྲི་མ་མེད། །ཀུན་མཁྱེན་རྒྱལ་བ་གཉིས་པ་ ཇོ་ནང་པས། །ལེགས་པར་ཕྱེ་བའི་རྫོགས་ལྡན་ཆོས་ཀྱི་མཆོག།འདི་ཉིད་གཡེལ་བ་མེད་པར་ རྟག་སྐྱོངས་ཤིག །ཁྱད་པར་ཉིད་ལ་འདོད་དོན་གསོལ་བ་ནི། །ཡུལ་འདིར་བཞུགས་པའི་དམ་ ཆོས་སྒྲུབ་རྣམས་ལ། །ཆོས་ཀྱི་མཐུན་སྐྱེན་སྒྲུབ་ལ་འགལ་རྐྱེན་སོལ། །ཡུལ་ཁམས་སྤྱི་ལ་བདེ་ སྐྱིད་ལོངས་སྤྱོད་སྤེལ། །ཆར་ཆུ་དུས་འབེབས་ལོ་ཕྱུག་ལེགས་པ་དང༌། །ནད་མུག་འཁྲུགས་ རྩོད་ཐམས་ཅན་ཞི་བར་གྱིས། །མདོར་ན་བདག་ཅག་དཔོན་སློབ་འཁོར་བཅས་ཀྱིས། །གང་ བཅོལ་འདོད་པའི་དོན་ཀུན་སྒྲུབ་པ་དང༌། །རྒྱལ་ཁམས་འདི་ཡིས་སྐྱེ་དགུ་མཐའ་དག་ཀུན། 9-1-609 །བཀྲ་ཤིས་དགེ་མཚན་གསར་བས་སྐྱོང་བར་མཛོད། །ཅེས་པའི་བསང་མཆོད་འདི་ཡང་བག་ཡག་མཚོའི་ མཐར་ཞག་འགའ་གནས་སྐབས་རྨོངས་བན་སྙོ མ་ལས་པ་མ་ཏི་ཀིརྟི་ཞེས་པས་སེམས་ལ་གང་ཤར་ལྷུག་པར་བྲིས་པ་ཛ་ཡནྟུ།། །། ༈ ༀ་ཨཱཿཧཱུཾ། རྨད་བྱུང་སྔགས་རྒྱས་སྤེལ་བའི་མཆོད་སྤྲིན་འདི། །མཚོ་སྨན་རྒྱལ་མོ་མ་ ཚོགས་སྡེ་འཁོར་བཅས། །འདིར་གཤེགས་བརྩེ་བས་དགྱེས་བཞིན་ལེགས་བཞེས་ནས། །བདག་གིས་གང་བཅོལ་ལས་ཀུན་མྱུར་སྒྲུབ་མཛོད། །ཅེས་པ་འདི་འང་ཀིརྟིའི་མིང་གིས་བག་ཡག་མཚོ་ཁ་ ནས་བྲིས།། །། འདི་བྲིས་ལེགས་དགེས། །ཚེ་རབས་ཀུན་ཏུ། །ངེས་དོན་ཟབ་མོར། །ཇི་བཞིན་སྤྱོད་ཤོག། 9-1-610 ༄༅། །གླིང་རྗེ་གེ་སར་འཁོར་བཅས་ལ་གསོལ་ མཆོད་མདོར་བསྡུས་བཞུགས། ༄༅། །འདིར་གླིང་རྗེ་གེ་སར་འཁོར་བཅས་ལ་གསོལ་མཆོད་ཐབས་མདོར་བསྡུས་ལ་གསེར་སྐྱེམས་སོགས་འདུ་ བྱས་ཏེ་འདི་སྐད་དོ། །བསོ་བསོ། །ཀྱེ་གཉུག་མ་ཆོས་སྐུའི་གཞི་དབྱིངས་དེ་ཉིད་ལས། །སྣང་སྲིད་ ཟིལ་གནོན་པད་འབྱུང་སྒྱུ་མའི་འཕྲུལ། །དྲེགས་ལྡན་མཐུ་ཆེན་དགྲ་བླའི་སྐུར་བཞེངས་པ། །ཐ་ཚིག་དབང་གིས་འབོད་དོ་གནས་འདིར་གཤེགས། །མཁའ་དབྱིངས་སྤྲིན་རུམ་འཁྲི གས་ པའི་ཀློང་དཀྱིལ་ན། །རྐྱང་རྒོ ད་གཡེར་བ་གྱི་ལིང་རླུང་གཤོག་ཅན། །རབ་མཛེས་གསེར་ གྱི་སྒ་སྲབ་རིན་ཆེན་སྤྲས། །རྒྱན་བཟང་སྣ་ཚོགས་བཀྲ་བའི་གོང་རོལ་ཏུ། །སེང་ཆེན་ནོར་ བུ་དགྲ་འདུལ་འཁོར་གསུམ་ཅན། །དབུ་རྨོག་འཕྲུ་བཟང་ཟ་བེར་གསེར་ཁྲབ་ཀྱིས། །གང་ སྐུར་མཛེས་ཆ་རྫོགས་པའི་དཔའ་ཆས་ངོམ། །གཟིག་ཆེན་ཐིག་ལེ་འབུམ་ལྡན་ཤུབས་ཀྱི་ ནང༌། །ཉག་ཕྲན་མདའ་ཡིས་ཆས་སྒེག་ངོ་མཚར་བ། །སྟག་དུང་ཁྲ་བོ་མཆོག་དཀར་གཞུ་ བཟང་ལྡན། །དེ་སོགས་དཔའ་ཆས་ཀུན་ནས་མ་ཚང་མེད། །རྩལ་དྲུག་ལུས་རྫོགས་མྱུར་ ཤུགས་ཡོངས་མངའ་བའི། །དགྲ་བླའི་སྐུ་གཟུགས་ཞལ་རས་ཟླ་ལྟར་དཀར། །ཕྱག་གཡས་ རུ་དར་ནམ་མཁའི་དབྱིངས་སུ་སྐོར། །གཡོན་པས་འདོད་འབྱུང་ནོར་བུས་སྒྲུབ་དབུལ་ 9-1-611 སེལ། །སྒྲུབ་ལ་བརྩེ་གཟིགས་བུ་བཞིན་སྐྱོང་བའི་མགོན། །སྡང་དགྲ་ཆམ་ལ་འབེབས་པའི་ མཐུ་ནུས་འབར། །དྲག་རྩལ་ཕྲིན་ལས་འབུམ་གྱི་ཁ་ལོ་བ། །ཆེ་བཙན་འགྲན་མེད་སྣང་སྲིད་ དྲེགས་དབང་བསྡུས། །མཐུ་ཆེན་སྟོབས་ཀྱི་འཕྲུལ་ཆེན་ས་གསུམ་ཁྱབ། །གང་གི་སྐུ་འཁོར་ ལྷ་རྩེ་དཔའ་ཆེན་གཙོ། །རྒྱ་ཚ་སྐུ་སྲས་དགྲ་ལྷ་རྩེ་རྒྱལ་དང༌། །འཕྲུལ་ལྡན་ཚ་ཞང་སྣང་ཆུང་ གཡུ་སྟག་སོགས། །དཔའ་ཐུལ་སུམ་ཅུ་ཡང་ཐུལ་སྐྱེས་བུ་བདུན། །སྐུ་ཆས་སེང་ཆེན་རྗེ་དང་ མཚུངས་པའི་ཚུལ། །དགྲ་བླ་དཔའ་བོའི་ཆས་ཀུན་འཛོམས་པ་ཅན། །ཡང་སྤྲུལ་བཀའ་སྡོད་ ཁྲི་མ་འབུམ་སྡེ་བཅས། །མཁའ་དང་བར་སྣང་འགེངས་བཞིན་འདིར་བྱོན་བཞུགས། །རཾ་ཡཾ་ ཁཾ། ༀ་ཨཱཿཧཱུཾ། །ཟག་མེད་མོས་སྣང་དག་པའི་འཕྲུལ་ཆེན་གྱིས། །དགྱེས་རྫས་མཆོད་པའི་ བཀོད་པ་ངོ་མཚར་བ། །ཉེར་སྤྱོད་འདོད་ལྔ་རྒྱལ་སྲིད་རྫས་རྟགས་བརྒྱད། །ལྷ་མིའི་དཔལ་ འབྱོར་ཡིད་འོང་སྣ་ཚོགས་པ། །གང་ཡང་མ་ཚང་མེད་པའི་མཆོད་སྤྲིན་ཚོགས། །ཁྱད་པར་ ཉམས་པ་བསྒྲལ་བའི་ཤ་ཆེན་དང༌། །དམར་གྱི་ཨརྒྷཾ་ལ་སོགས་དམ་ཚིག་རྫས། །གཞན་ཡང་ དགྱེས་པ་སྐྱེད་བྱེད་རྟེན་རྫས་མཆོག །ལྷབ་ལྷུབ་དར་ཆེན་བསྐྱོད་པའི་མདུང་རིང་དང༌། །ལྷ་ མདའ་ལི་མ་བཀྲ་བའི་གཟིག་ཤུབས་རྒྱན། །གཞུ་མོ་མཆོག་དཀར་གཡོ་བའི་སྟག་དུང་ཆེ། །དགྲ་ལྷ་འཁོར་བཅས་དགྱེས་པའི་ཉེར་མཁོའི་རིགས། །གང་དག་མཆིས་ཀུན་དཔལ་སྡུག་ རོལ་བའི་དངོས། །མཆོད་པའི་སྤྲིན་གྱིས་གནམ་ས་བར་སྣང་ཁྱབ། །དགྱེས་རྫས་ཡ་མཚན་ དཔེ་དང་བྲལ་བ་འདི། །གེ་སར་ཡིད་བཞིན་ནོར་བུ་དགྱེས་ཕྱིར་མཆོད། །དཔའ་བོ་རྒྱ་ཚ་ཞལ་ དཀར་དགྱེས་ཕྱིར་མཆོད། །སྐུ་སྲས་དགྲ་ལྷ་རྩེ་རྒྱལ་དགྱེས་ཕྱིར་མཆོད། །འཕྲུལ་ཆེན་ཚ་ཞང་ འདན་མ་དགྱེས་ཕྱིར་མཆོད། །རྩལ་མྱུར་སྣང་ཆུང་གཡུ་སྟག་དགྱེས་ཕྱིར་མཆོད། །ཤུགས་དྲག་ དཔའ་ཐུལ་སུམ་ཅུ་དགྱེས་ཕྱིར་མཆོད། །ཡང་ཐུལ་དམ་པའི་མི་བདུན་དགྱེས་ཕྱིར་མཆོད། །སྤྲུལ་འཁོར་བཀའ་སྡོད་དཔག་ཡས་དགྱེས་ཕྱིར་མཆོད། །གསོལ་ལོ་མཆོད་དོ་སྲུང་མ་ངོ་སོ་ 9-1-612 བསྟོད། །ཡེ་ཤེས་འཕྲུལ་ཆེན་དགྲ་ལྷའི་རྒྱལ་པོ་རྗེ། །གེ་སར་དགྲ་སྡེ་འདུལ་མཛད་དམག་གི་ དཔོན། །མཐུ་སྟོབས་དྲག་རྩལ་འབུམ་ལྡན་དཔའ་ཆེན་བདག །སེང་ཆེན་དགྲ་འདུལ་དབང་ ཕྱུག་ཁྱོད་ལ་བསྟོད། །དཔའ་སྟོབས་རབ་རྒྱས་རྒྱ་ཚ་ཞ་ལུ་དཀར། །ཕ་རོལ་གཡུལ་འཇོམས་ དགྲ་ལྷའི་རྩེ་མོ་རྒྱལ། །སྟོབས་འཕྲུལ་ཤེ་མོང་ཆེར་རྒྱས་ཚ་ཞང་བློན། །དཔའ་མཛངས་སྟོབས་ ཤེད་དར་བའི་སྣང་ཆུང་བུ། །དགྲ་སྡེའི་དཔུང་འཇོམས་ཟུན་ལ་བྱམས་བརྩེས་སྐྱོང༌། །འཕྲུལ་ ཆེན་སྟོབས་མངའ་དགྲ་ལྷ་ཝེར་མའི་ཚོགས། །དཔའ་ཐུལ་སུམ་ཅུ་ཡང་ཐུལ་མི་བདུན་བཅས། །མ་ལུས་སྤྲུལ་འཁོར་བཅས་ལ་གུས་པས་བསྟོད། །ལྷ་སྲུང་མཆོག་ལ་རེ་ལྟོ ས་འཆའ་བ་ ཡི། །བདག་ཅག་སྒྲུབ་པོ་གང་དང་གང་ལ་ཡང༌། །བུ་བཞིན་བརྩེ་བའི་གཟིགས་པ་ལྷོ ད་མེད་ ཅིང༌། །དུས་ཀུན་ཁ་འཛིན་གཡེལ་བ་མེད་པར་མཛོད། །བདག་སོགས་འགྲོ་འདུག་གནས་ སྐབས་ཐམས་ཅད་དུ། །ལུས་དང་གྲིབ་མ་བཞིན་དུ་ཉེར་འགྲོགས་ཏེ། །ཅི་བྱས་ལམ་དུ་འགྲོ་ ཞིང་འཚེ་བའི་རིགས། །གང་གིས་ནམ་ཡང་ཀླག་མི་རྙེད་པར་མཛོད། །དགྲ་གདོན་བགེགས་ དང་རིམ་ནད་ལ་སོགས་པ། །ཉེར་འཚེ་མཐའ་དག་མིང་གི་ལྷག་མར་མཛོད། །སྐྱེ་དགུའི་ཕན་ དང་བདེ་བ་ཀུན་གྱི་སྒོ། །བདེ་གཤེགས་བུ་རམ་ཤིང་པའི་ལུང་རྟོགས་བསྟན། །སྤྱི་དང་ཡང་ སྒོས་ངེས་དོན་སྙིང་པོའི་ལུགས། །ནམ་ཡང་མི་ནུབ་སྲིད་མཐར་རྟག་གནས་ཤོག །བསྟན་ འཛིན་འདུས་སྡེ་བསྟན་པའི་སྦྱིན་བདག་བཅས། །ཡུན་རིང་འཚོ་གཞེས་བདེ་སྐྱིད་དཔལ་གྱིས་ འབྱོར། །ཡངས་པའི་རྒྱལ་ཁམས་ལོ་ལེགས་འབྲུ་འཕེལ་ཞིང༌། །ནད་མུག་དུས་འཁྲུག་ཞི་བར་ མཛད་དུ་གསོལ། །མདོར་ན་འདོད་དོན་གང་དང་གང་བཅོལ་བ། །དེ་དག་ཐམས་ཅད་འབད་ མེད་ལྷུན་གྲུབ་ཅིང༌། །རེ་བའི་འབྲས་བུ་ནམ་ཡང་མི་གཡེལ་བར། །དུས་སུ་ལེགས་མངོན་ སྲུང་མས་སྡོང་གྲོགས་རེམ། །ལྷ་སྲུང་དགེ་མཚན་དར་བའི་དཔལ་ཡོན་གྱིས། །བདེ་ཞིང་སྐྱིད་ པའི་དགེ་ལེགས་དཔལ་འབར་བའི། །སྐྱེ་དགུའི་བསོད་ནམས་ལེགས་འབྱོར་རབ་རྒྱས་ཤིང༌། 9-1-613 །ཕུན་ཚོགས་སྒོ་བརྒྱ་ཀུན་ནས་རྒྱས་གྱུར་ཅིག །ཅེས་པའི་གེ་སར་གསོལ་བསྡུས་འདི་ཡང་ཚེ་དབང་རིག་འཛིན་ ལ་མཁོ་ནས། མ་ཏིས་འཕྲལ་དུ་སྤེལ་བ་ཛ་ཡནྟུ།། །། ༈ ཀྱེ་གསོལ་ལོ་མཆོད་དོ་གླིང་རྗེ་གེ་སར་རྒྱལ། །དཔའ་ཐུལ་སུམ་ཅུ་ཡང་ཐུལ་བདུན་ལ་ སོགས། །འཁོར་དང་བཅས་ལ་ཕུད་མཆོད་གཙང་མ་འབུལ། །དགྱེས་བཞེས་བསམ་དོན་མ་ ལུས་ཀུན་འགྲུབ་མཛོད། །ཅེས་པའང་ཚེ་དབང་རིག་འཛིན་གྱི་ཆེད་མ་ཏིས་སོ།། །།དགེའོ།། བཀྲ་ཤིས་པར་ཤོག 9-1-614 ༄༅། །སེང་ཆེན་རྒྱལ་པོའི་གསོལ་མཆོད་བསྡུས་པ་ དགྲ་བླ་དགྱེས་སྐྱེད་ཅེས་བྱ་བ་ བཞུགས་སོ། ། ༄༅། །དཔའ་བོ་དགྲ་ལྷའི་དབང་ཕྱུག་འཛམ་གླིང་སེང་ཆེན་རྒྱལ་པོའི་གསོལ་མཆོད་བསྡུས་པ་བྱ་ཐབས་ལ་གསེར་ སྐྱེམས་སོགས་འདུ་བྱས་ལ། བསོ་བསོ། པད་འབྱུང་ཆོས་དབྱིངས་སྒྱུ་མའི་འཕྲུལ་ཆེན་གར། །དུས་ མཐར་བསྟན་འགྲོའི་སྨན་དུ་ལེགས་བསྒྱུར་བ། །མི་བསྲུན་བདུད་སྡེ་འཇོམས་པའི་དཔའ་ཆེན་ ལྷ། །སྟོབས་ལྡན་དགྲ་བླའི་རྒྱལ་པོ་གེ་སར་རྗེ། །རྣལ་འབྱོར་བདག་གིས་དམ་ཚིག་མོས་གུས་ ཀྱིས། །དབྱིངས་ནས་ཉེ་བར་འབོད་དོ་གནས་འདིར་གཤེགས། །སྟེང་ཕྱོགས་མཁའ་དབྱིངས་ སྤྲིན་རུམ་འཁྲི གས་པའི་དབུས། །རྟ་མཆོག་རྐྱང་རྒོ ད་རླུང་འགྲོའི་འཕུར་གཤོག་ཅན། །རབ་ མཛེས་སྒ་སྲབ་རིན་ཆེན་རྒྱན་གྱིས་མཛེས། །དེ་གོང་སྐྱེས་ཆེན་འཛམ་གླིང་རྒྱལ་པོའི་ཚུལ། །གང་སྐུ་དཀར་ལ་དམར་བའི་གཟི་མདངས་གཡོ། །དབུ་རྨོག་འཁོར་གསུམ་ཆས་ཀྱིས་རབ་ བརྗིད་པ། །རྦ་ལྕགས་དར་མདུང་ཕྱག་མཚན་ཕྱོགས་ཀུན་བསྐྱོད། །ཞབས་ཟུང་སོག་ལྷམ་ དཔའ་བོའི་སྒེག་པ་ངོམ། །དཀར་གསལ་ཟླ་འོད་འབུམ་ལས་ཆེས་གསལ་བའི། །མཛེས་སྐུ་ འོད་དཀར་སྣང་བས་འཁོར་ཡུག་ཁྱབ། །སྐྱེས་མཆོག་རྣམ་འཕྲུལ་དགྲ་བླ་ཝེར་མའི་དཔུང༌། 9-1-615 །ཕྱོགས་མཚམས་དཔའ་ཆས་ལྡན་བཞིན་ལྷག །(མ་དཔེ་མི་གསལ།) དགྲ་བླ་དཔའ་བོའི་སྡེ་ ཚོགས་ཐམས་ཅད་ཀྱིས། །ཀི་བསོ་ཆ་སྒྲས་གནམ་ས་བར་སྣང་གང༌། །མཆོད་མགྲོན་ཚུལ་ དུ་དགྱེས་པའི་གར་དང་བཅས། །གཙོ་འཁོར་མ་ལུས་མཆོད་པའི་ཡུལ་དུ་བཞུགས། །སྒྲུབ་ ལ་བརྩེ་གཟིགས་གཡེལ་བ་མེད་བཞིན་དུ། །དཔའ་ཆེན་དགྲ་བླའི་ཚོགས་ཀྱིས་དགྱེས་སྐྱེད་ མཛོད། །རཾ་ཡཾ་ཁཾ། ༀ་ཨཱཿཧཱུཾ། རྣལ་འབྱོར་ཏིང་འཛིན་དག་པས་སྦྱངས་སྤེལ་མཆོག །གང་ འདོད་མ་ཚང་མེད་པའི་དཔལ་སྟུག་ཅན། །མགྲོན་གྱི་ཐུགས་མོས་བཞིན་དུ་དེར་འཆར་བ། །ངོ་མཚར་དགྱེས་རྫས་རང་རང་ཉེར་མཁོའི་རིགས། །འདི་ན་མཆོད་པའི་སྤྲིན་དུ་ལེགས་ བསྟར་བ། །མཁའ་དབྱིངས་གང་བའི་མཉེས་རྫས་སྣ་ཚོགས་འདིས། །སེང་ཆེན་ནོར་བུ་དགྲ་ འདུལ་འཁོར་བཅས་མཆོད། །བརྩེ་ཆེན་དགྱེས་པས་བདག་གིར་ལེགས་བཞེས་མཛོད། །ཀྱཻ། སྐྱེ་མེད་དབྱིངས་ནས་རྣམ་འཕྲུལ་ཆེ་བའི་བདག །རྐྱང་རྒོ ད་སྟེང་ན་སྐྱེས་ཆེན་འགྱིང་བརྗིད་ འབར། །དབུ་རྨོག་དར་འཕྲུ་དགུང་སྔོན་དབྱིངས་སུ་ལྡེ མ། །དགྲ་བླའི་གོ་ཁྲབ་དར་གོས་གྱོན་ ལ་བསྟོད། །དཔའ་ཆས་རྐེ ད་འཁོར་སྟག་དུང་ཁྲ་བོ་དང༌། །གཟིག་ཤུབ་ཐིག་ལེ་འབུམ་ལྡན་ ཟུང་གིས་མཛེས། །དེ་ལ་དགྲ་འཇོམས་གཞུ་མོ་མཆོག་དཀར་ཅན། །ལྷ་མདའ་ལི་མ་སྐར་ལྟར་ བཀྲ་ལ་འདུད། །དཔའ་བོའི་ཕྱག་ཆ་འདོད་དགུ་ལེགས་སྡུད་པ། །རིན་ཆེན་ལྕགས་འབྲས་ དར་བཟང་སྣ་ལྔ་ཅན། །དགྲ་སྙིང་འབུགས་བྱེད་མདུང་མོ་རྩེ་རྒྱལ་མཚོན། །སྒྲུབ་ལ་ནོར་སྟེར་ དགྲ་སྲོག་གཅོད་ལ་བསྟོད། །སྐྱེས་ཆེན་མཛེས་སྐུ་དཀར་ལ་དམར་བའི་མདངས། །སྟོན་ཟླའི་ དཔལ་ལྟར་ཀུན་ནས་ཡོངས་རྒྱས་པར། །ར་གའི་ཁུ་བས་ཅུང་ཙམ་བརླན་པའི་ཟོལ། །འོད་ དཀར་སྣང་བ་རྒྱ་ཆེར་སྤྲོ་ལ་འདུད། །ཆོས་བཞིན་སྒྲུབ་ལ་བུ་ལྟར་གཡེལ་མེད་སྐྱོང༌། །བདུད་ རིགས་འཚེ་བ་དྲག་དཔུང་རྔམ་པའི་སྟོབས། །ཤུགས་ཆེན་དར་བས་མིང་གི་ལྷག་མར་མཛད། །དེ་སླད་ཆོས་སྐྱོང་དགྲ་འཇོམས་ཁྱོད་ལ་བསྟོད། །མཛེས་སྡུག་སྒེག་པའི་ལེགས་ཆ་ཡོངས་སུ་ 9-1-616 རྫོགས། །དྲག་རྩལ་ཕྲིན་ལས་དབལ་ཟུར་ཀུན་ནས་མྱུར། །འཛམ་གླིང་ས་ཆེན་སྟོབས་ཀྱིས་ དབང་སྒྱུར་མཁན། །ནོར་བུ་དགྲ་འདུལ་ཆེ་བཙན་འགྲན་ཟླ་བྲལ། །སྐུ་འཁོར་དགྲ་བླའི་སྡེ་ དཔུང་མཐའ་ཀླས་པ། །རང་རང་གོ་ཆ་དཔའ་ཆས་ཡོངས་འཛོམས་བཞིན། །ཕྱོགས་མཚམས་ ཀུན་ཏུ་ཆོ་འཕྲུལ་བཀོད་ཆེན་ངོམ། །ལྷ་ཆེན་གཙོ་བོ་འཁོར་བཅས་དབུ་འཕང་བསྟོད། །སྲུང་ མ་རྣམས་ལ་འདོད་དོན་གསོལ་བ་ནི། །སྤྱིར་ན་བསྟན་འགྲོའི་ལེགས་སྒོ་སྤེལ་བ་དང༌། །མི་ མཐུན་ཉེར་འཚེ་དེ་ལུགས་ལྟར་གསལ་སྟེ། །ཕྲིན་ལས་སྟོབས་ཀྱིས་ལེགས་འབྱོར་ཡོངས་ སྤེལ་མཛོད། །ཁྱད་པར་སྔ་འགྱུར་བཀའ་གཏེར་ཟུང་འབྲེལ་གྱིས། །ཐེག་མཆོག་ལུགས་ བཟང་ཀུན་ནས་རྒྱས་པ་དང༌། །དེ་འཛིན་དམ་པ་རྣམས་ཀྱི་ཞབས་པད་བརྟན། །འགྲོ་བའི་ བདེ་སྐྱིད་འཕེལ་ཁ་ཉམས་མེད་མཛོད། །དུས་ཀྱི་རང་རྟགས་ཆེས་ཆེར་བདོ་བ་ལ། །དཔའ་བོ་ དགྲ་བླའི་དམག་ཚོགས་དྲག་རྩལ་གྱིས། །མྱུར་ཤུགས་དུས་སུ་ཕྱུང་སྟེ་ཕྲིན་ལས་སྟོབས། །ཀུན་ ནས་བསྐྱེད་དེ་འཚེ་བ་མཐའ་དག་ཆོམ། །ཡང་སྒོས་བདག་གིས་དམ་ཆོས་སྒྲུབ་པའི་གེགས། །ཕྱི་ནང་གསང་བའི་བར་ཆད་གང་གི་རྐྱེན། །ལྷ་ཆེན་དཔའ་བོའི་སྟོབས་ཆེན་མཛད་ཕྲིན་གྱིས། །ཉེ་བར་ཞི་བའི་ལེགས་སྐྱོབ་མཛད་དུ་གསོལ། །མདོར་ན་ཆོས་མཐུན་ཕྲིན་ལས་གང་བཅོལ་ ཀུན། །ཐོགས་མེད་སྒྲུབ་པའི་ལྷ་སྲུང་རྟག་མཛད་དེ། །ནམ་ཡང་གཡེལ་བ་མི་མངའི་ཁ་འཛིན་ གྱིས། །དུས་ཀུན་ལུས་དང་གྲིབ་བཞིན་ལེགས་འགྲོགས་མཛོད། །ཅེས་སེང་ཆེན་རྒྱལ་པོའི་གསོལ་ མཆོད་བསྡུས་པ་དགྲ་བླ་དགྱེས་སྐྱེད་ཅེས་བྱ་བ་འདི་ཡང་མོས་ལྡན་ལྷའི་མིང་ཅན་གྱིས་བསྐུལ་ངོར་མ་ཏིས་འཕྲལ་སྤེལ་བགྱིས་པ་ དགེའོ།། །། ༈ ཧཱུཾ། རིགས་གསུམ་པདྨའི་སྒྱུ་འཕྲུལ་དྲེགས་པའི་རྗེ། །སེ༵ང་ཆེ༵ན་རྒྱལ་པོའི་བཀའ་བློན་ མཆོག་གྱུར་པ། །འད༵ན་མ༵་རིན་ཆེན་བསམ་གྲུབ་འཁོར་བཅས་ལ། །གསོལ་ལོ་མཆོད་དོ་ དགྲ་བགེགས་ཚར་གཅོད་མཛོད། །ཅེས་པ་འདི་ཡང་མ་ཏིས་བྲིས་པ་དགེའོ།། །། 9-1-617 ༄༅། །ལྷ་ཆེན་དར་འཛིན་གྱི་གསོལ་མཆོད་ ཉུང་བསྡུས་བཞུགས། ༄༅། །རཾ་ཡཾ་ཁཾ། ༀ་ཨཱཿཧཱུཾ། ཀྱེ། རང་ཉིད་ཡི་དམ་ཐུགས་ལས་རབ་སྤྲོས་པའི། །འོད་ བཟང་ལྕགས་ཀྱུའི་དབྱིབས་གཟུགས་ཁྱད་པར་བས། །ལྷ་སྲུང་གནས་ཡུལ་མཆོག་ནས་སྐད་ ཅིག་གིས། །ལྷ་ཆེན་དར་འཛིན་གཉན་པོ་མྱུར་མགྱོགས་ཅན། །མགྱོགས་འགྲོ་རྒྱན་ལྡན་ རླུང་གཤོག་སྟེང་ནས་འགྱིངས། །སྐྱེས་བུ་དཀར་མཛེས་འཁོར་གསུམ་ཆས་ཀྱི་སྒེག །དཔའ་ བོའི་རྒྱན་ཆ་ཀུན་ནས་རབ་བརྗིད་པ། །དྲག་རྩལ་ཕྲིན་ལས་སྟོང་གི་ཁ་ལོ་བ། །རང་ཕྱོགས་ སྐྱོང་ཞིང་དགྲ་སྡེ་འཇོམས་པའི་བདག །ཡུལ་སྐྱོང་འཁོར་བཅས་གནས་འདིར་སྤྱན་དྲངས་ བཞུགས། །རྣལ་འབྱོར་སྔགས་རྒྱས་རབ་སྤེལ་བདུག་པའི་སྤྲིན། །ཆུ་འཛིན་ཕུང་པོ་ལང་ལོང་ འཁྲི གས་པ་བཞིན། །རབ་དཀར་མདོག་བཟང་དྲི་ངད་ཕྱོགས་ཁྱབ་པ། །དགྱེས་བྱེད་མཁོ་ དགུའི་ལོངས་སྤྱོད་ཟད་མེད་གཏེར། །མ་ཚང་མེད་པའི་གསོལ་མཆོད་རྒྱ་ཆེན་འབུལ། །ལྷ་ ཆེན་དྲག་བཙན་དར་འཛིན་ཡུལ་ལྷའི་གཙོ། །འཁོར་བཅས་ཡང་གཡོག་སྡེ་རིགས་མཐའ་ དག་གིས། །ལེགས་བཞེས་དགྱེས་ཞལ་ཀུནྡ་དུང་ཟླ་དཀར། །བལྟ་བས་མི་ངོམ་མཛེས་ཉམས་ སྟོང་འབར་ཞིང༌། །རླབས་ཆེན་དགེ་མཚན་ཕྲིན་ལས་རྩལ་རྒྱས་ཏེ། །ནམ་འབོད་དུས་སུ་གློག་ ཤུགས་བཞིན་མྱུར་བའི། །དགྱེས་གཤེགས་གང་བཅོལ་དོན་ལ་གཡེལ་མེད་པར། །སྒྲུབ་པོའི་ 9-1-618 རེ་འདོད་ལས་དོན་མཐའ་དག་སྒྲུབས། །གསོལ་ལོ་མཆོད་དོ་ཡུལ་སྐྱོང་ཆེ་བཙན་ལྷ། །ཁྱད་ པར་གང་ལ་མཆོད་པའི་ཡུལ་སྡེ་ཀུན། །ཉིན་གྱི་བྱ་ར་མཚན་གྱི་མེལ་ཚེ་སོགས། །བྱ་བ་ལེགས་ སྤེལ་ཉེས་སེལ་གང་དགོས་རིགས། །གང་བཅོལ་དོན་ལ་གཡེལ་མེད་མྱུར་བསྒྲུབ་མཛོད། །མི་ ལ་འཚེ་བའི་ནད་རིགས་མེད་པ་དང༌། །ཕྱུགས་རྟ་སོགས་ལ་གནོད་པའི་རྐྱེན་བྲལ་ཞིང༌། །ལོ་ ཐོག་འབྲུ་རིགས་སྲུང་སྐྱོབ་ལེགས་མཛད་ཀྱིས། །མངའ་འོག་ཡུལ་སྡེ་རྟག་སྐྱོང་སྲུང་མ་མཛོད། །རྒྱལ་བསྟན་སྤྱི་དང་ངེས་དོན་སྒྲུབ་བརྒྱུད་ལུགས། །ལྗོངས་འདིའི་བསོད་ནམས་དཔལ་དུ་ རྟག་གནས་ཤིང༌། །ཆོས་སྲིད་ཟུང་གིས་སྐྱེ་དགུ་ལེགས་བདེའི་ངང༌། །ཕུན་ཚོགས་བཀྲ་ཤིས་ མཆོག་ལ་རོལ་པར་མཛོད། །བསང་གསོལ་སྐབས་དེ་ལྟར་དང་གསེར་སྐྱེམས་ཁོ་ནས་དུས། རྣལ་འབྱོར་ སྔགས་རྒྱས་རབ་སྤེལ་བདུད་རྩིའི་བཅུད། །ཁ་དོག་དྲི་རོ་ནུས་པ་མཆོག་དང་ལྡན། །རབ་ དགའི་དགྱེས་པ་སྐྱེད་བྱེད་གསེར་སྐྱེམས་རྫས། །དགྱེས་བྱེད་མཁོ་དགུའི༴ སོགས་ལྟར་བྱའོ། །ཞེས་ པའི་ཡུལ་ལྷ་གསོལ་མཆོད་ཐབས་ཉུང་བསྡུས་འདི་ཡང༌། ར་འོབ་དངོས་གྲུབ་དཔལ་གྱི་ངོར་མ་ཏིས་སོ།། །། ༈ ཀྱེ་མཐུ་ཆེན་དཀར་ཕྱོགས་སྐྱོང་བ་ཡུལ་ལྷའི་གཙོ། །ཥོ་ལོ་དར་འཛིན་ཟུང་དང་བཀའ་ འཁོར་བཅས། །གནོད་སྦྱིན་ནོར་ལྷའི་ཚུལ་དུ་འདིར་གཤེགས་ཤིག །བསང་མཆོད་བཞེས་ ལ་ནོར་གྱི་དངོས་གྲུབ་སྩོལ། །འདི་ཡང་མ་ཏིས་བྲིས་པའོ།། །། 9-1-619 ༄༅། །གསོལ་མཆོད་བྱེད་ཐབས་ལེགས་བསྡུས་རྒྱུན་ཁྱེར་ འདོད་པ་མྱུར་འབྱིན་ཞེས་བྱ་བ་ བཞུགས་སོ། ། ༄༅། །བསོ་བསོ། ༀ་ན་མོ། རང་བཞིན་དག་ཆེན་དབྱིངས་ནས་འགྲོ་མགོན་འཕྲུལ། །ཆོས་སྐུ་རྡོ་རྗེ་འཆང་ཆེན་རིགས་ཀུན་བདག །ལོངས་སྐུ་དུས་འཁོར་སྤྲུལ་སྐུ་ཐུབ་པའི་དབང༌། །ཆོས་རྒྱལ་རིགས་ལྡན་སྤྲུལ་འཁོར་བཅས་ལ་མཆོད། །འཕགས་བོད་ལོ་པཎ་སྐྱེས་ཆེན་རིམ་ བྱོན་དང༌། །ཁྱད་པར་ཀུན་མཁྱེན་ཇོ་ནང་ཡབ་སྲས་མཆོད། །ཡང་སྒོས་སྒྲོལ་མགོན་བརྒྱུད་ འཛིན་དང་བཅས་པ། །ངེས་དོན་བསྟན་པའི་མངའ་བདག་རྣམས་ལ་མཆོད། །གཙང་ཆེན་ སྒྲུབ་པའི་བསྟན་པ་གསལ་བྱེད་མགོན། །རྡོ་རྗེ་རྣལ་འབྱོར་བཟང་པོ་རྒྱས་པའི་ཕུལ། །རྩ་ བའི་བླ་མ་དཀོན་མཆོག་དར་རྒྱས་མཚན། །སྔགས་འཆང་པདྨ་དབང་གི་མཚན་རྣམས་མཆོད། །དང་པོའི་སངས་རྒྱས་ཞི་ཁྲོ་སྤྲུལ་གར་དང༌། །བདེ་གསང་འཇིགས་གསུམ་རྡོ་རྗེ་གཞོན་ནུ་ ཆེ། །འབྱུང་པོ་འདུལ་བྱེད་དབང་ཆེན་ལྷ་ཡི་ཚོགས། །ཚེ་དཔག་མེད་མགོན་རྣམ་སྣང་བཅས་ ལ་མཆོད། །མི་བསྐྱོད་སྒྲོལ་མ་དབྱིངས་ཕྱུག་དུག་སེལ་མ། །རྡོ་རྗེ་སྡེར་མོ་གདུགས་དཀར་ འོད་ཟེར་ཅན། །ཡེ་ཤེས་ཁྱུང་ཆེན་ལ་སོགས་རྒྱུད་སྡེ་བཞིའི། །རིགས་སུ་གང་གཏོགས་ཡི་ 9-1-620 དམ་རྣམས་ལ་མཆོད། །སྐལ་པ་བཟང་པོའི་རྣམ་འདྲེན་སྟོང་རྩ་སོགས། །དུས་གསུམ་བདེ་ གཤེགས་མཛད་ཆེན་མངའ་བ་ཀུན། །ལུང་དང་རྟོགས་པ་མཁའ་མཐར་ཁྱབ་པའི་ཆོས། །ཉེ་ སྲས་བརྒྱད་དང་ཉན་རང་བཅས་ལ་མཆོད། །བདུད་འདུལ་དྲག་མོ་རིགས་བཞིའི་ཌཱ་ཀི་དང༌། །ལྷ་སྲིན་སྡེ་བརྒྱད་དབང་ཕྱུག་ཉེར་བརྒྱད་སོགས། །ཡེ་ཤེས་དབྱིངས་ནས་ཤར་བའི་དཔའ་ མོ་འབུམ། །མ་ལུས་འཁོར་དང་བཅས་ལ་གུས་མཆོད་འབུལ། །གཞན་ཡང་གནས་གསུམ་ མཁའ་འགྲོའི་རིགས་གྱུར་དང༌། །འཛམ་ལྷ་གནོད་སྦྱིན་ནོར་ལྷའི་ཚོགས་འཁོར་བཅས། །མ་ སྲིང་བུ་ཡི་ཚུལ་གྱིས་བརྩེ་གཟིགས་མཁན། །འཇིག་རྟེན་འདས་པའི་ལྷ་ལ་གུས་པས་མཆོད། །ཆོས་སྐྱོང་ཡོངས་ཀྱི་གཙོ་བོ་ལེགས་ལྡན་རྗེ། །བསྟན་བསྲུང་ནག་པོ་ཆེན་པོ་ལྕམ་དྲལ་དང༌། །གནོད་སྦྱིན་ཡབ་ཡུམ་པུ་ཊ་མིང་སྲིང་ཚོགས། །རུ་འདྲེན་བཞི་སོགས་ལས་བྱེད་ཀུན་ལ་ མཆོད། །དཔལ་མགོན་བེར་ནག་ཕྱག་དྲུག་གཙོ་འཁོར་དང༌། །བདུད་མགོན་མོན་པ་ཕོ་མོ་ བཀའ་སྡོད་ཚོགས། །སྟོབས་ཆེན་རྣམ་སྲས་རྟ་བདག་གནོད་སྦྱིན་འཁོར། །ཀླུ་དང་ལྷ་མ་སྲིན་ སོགས་བཅས་ལ་མཆོད། །ཁྱད་པར་ཞིང་སྐྱོང་གདོང་བཞི་གཙོ་འཁོར་དང༌། །གནོད་སྦྱིན་ འབྲོག་གནས་དབང་པོ་མདུང་དམར་ཅན། །མཁའ་འགྲོ་ཕྱོགས་སྐྱོང་དམ་ཅན་ཆོས་ཀྱི་རྒྱལ། །མཐུ་ཆེན་དྲེགས་ལྡན་བསྲུང་མ་རྣམས་ལ་མཆོད། །ལྷ་ཆེན་ཁྱབ་འཇུག་གཟའ་བརྒྱད་གདོང་ མོ་བཞི། །གླིང་རྗེ་གེ་སར་དཔའ་ཐུལ་སུམ་ཅུ་དང༌། །ནགས་རྒྱལ་ཆེ་བཙན་དགྲ་ལྷའི་རྒྱལ་ པོ་རྗེ། །ཡུལ་བདག་སྐྱོང་བ་བཅས་ལ་གསོལ་མཆོད་འབུལ། །ས་བཅུའི་དབང་ཕྱུག་ལྷ་ཆེན་ རྨ་གཉན་གཙོ། །བཀའ་བློན་སྡེ་རིགས་མ་ལུས་པ་དག་དང༌། །སྟོབས་ལྡན་ལྷ་བསྲུང་གཡུ་ རྩེ་སྲས་དང་བློན། །འཁོར་དང་ཡང་འཁོར་བཅས་ལ་གསོལ་ལོ་མཆོད། །ཡང་སྒོས་གནས་ གཞིའི་ལྷ་བསྲུང་མྱུར་མགྱོགས་ཅན། །བྲག་བཙན་རྡོ་རྗེ་དགྲ་འདུལ་བཀའ་འཁོར་སོགས། །བོད་ཁམས་སྤྱི་ཡི་བསྲུང་མ་སྡེ་རིགས་བཅས། །མ་ལུས་དེ་དག་ལ་ཡང་གསོལ་ལོ་མཆོད། 9-1-621 །དེ་གང་དགྱེས་བཞེས་རླབས་ཆེན་མཛད་ཕྲིན་གྱིས། །བདག་ཅག་ལྟོ ས་བཅས་གནས་སྐབས་ བདེ་ཞིང་སྐྱིད། །ལེགས་ཚོགས་ཕན་པའི་སྒོ་བརྒྱ་ཀུན་ནས་འཕྱུར། །ཆོས་སྲིད་ཟུང་གི་འཕེལ་ ཁ་བསྐྱེད་དུ་གསོལ། །མི་མཐུན་འཚེ་བ་ཕ་རོལ་རྦོད་གཏོང་རིགས། །བྱད་ལྟེ མ་མནན་གཏད་ རིག་སྔགས་འཁྲུལ་འཁོར་དང༌། །རྨི་ལམ་མཚན་ངན་ལ་སོགས་འགལ་རྐྱེན་ཀུན། །མཐུ་ ཆེན་སྟོབས་ཀྱིས་ཉེར་བཟློག་འཕྲིན་ལས་མཛོད། །བདག་གིས་སྒོ་གསུམ་བྱ་བ་གང་བྱས་ ལ། །ཡང་དག་ཆོས་མཐུན་ཁོ་ནར་གྱུར་པ་དང༌། །གང་བསམ་ཇི་བཞིན་འགྲུབ་པའི་ལེགས་ མཚན་མཆོག །ནམ་ཡང་མི་ཉམས་བསྲུང་བའི་ཁ་འཛིན་ཞུ། །རྒྱལ་བསྟན་སྤྱི་དང་ཇོ་ནང་ཆེན་ པོའི་ལུགས། །དེ་འཛིན་བསྟན་པའི་རྩ་ལག་མ་ལུས་བཅས། །སྒོ་གང་ཐད་ནས་དབྱར་མཚོའི་ དཔལ་ལ་འགྲན། །ཡངས་པའི་རྒྱལ་ཁམས་བདེ་འབྱོར་རྟག་རྒྱས་མཛོད། །བླ་མ་ལྷར་བཅས་ ཆོས་སྐྱོང་དཀར་ཕྱོགས་ཀྱི། །རླབས་ཆེན་ཕྲིན་ལས་མི་ཤིགས་སྲུང་གུར་དུ། །བདག་སོགས་ ཡུན་དུ་འཚོ་བའི་རྒྱབ་བརྟེན་བཅས། །ནམ་ཡང་གཡེལ་བ་མེད་པར་རྗེས་འཛིན་ཤོག །ཅེས་པའི་ གསོལ་མཆོད་བྱེད་ཐབས་ལེགས་བསྡུས་རྒྱུན་ཁྱེར་འདོད་པ་མྱུར་འབྱིན་ཞེས་བྱ་བ་འདི་ཡང་ཙམ་མདའི་རིན་ཆེན་བཟང་གི་མོས་ འདུན་བཞིན། མ་ཏིས་འཕྲལ་དུ་སྤེལ་བ་དགེ། །། 9-1-622 ༄༅། །ཇ་མཆོད་དགེ་ལེགས་ཀུན་སྩོལ་བཞུགས། ༄༅། །རཾ་ཡཾ་ཁཾ། ༀ་ཨཱཿཧཱུཾ། ཟག་མེད་ཡེ་ཤེས་ལས་གྲུབ་བདུད་རྩི་ཆེ། །རྣལ་འབྱོར་ སྔགས་བརྒྱས་སྦྱང་སྤེལ་བསྒྱུར་བ་ཡིས། །ཀུན་བཟང་འཕྲུལ་ལ་འགྲན་པའི་མཆོད་པ་ འདིས། །ནམ་མཁའི་ཁམས་ཀུན་ཡོངས་སུ་ལེགས་བཀང་བས། །རྡོ་རྗེ་འཆང་ཆེན་རྩ་རྒྱུད་ བླ་མ་དང༌། །ཡི་དམ་རྡོར་ཤུགས་གསང་བདག་པདྨ་དབང༌། །བསླུ་མེད་སྐྱབས་གནས་ རིན་ཆེན་རྣམ་གསུམ་ལ། །གུས་པས་མཆོད་དོ་བརྩེ་བས་བཞེས་སུ་གསོལ། །སངས་རྒྱས་ སྟོང་གི་བསྟན་བསྲུང་ཆོས་སྐྱོང་ཆེ། །དཔལ་ལྡན་རྡོ་རྗེ་ནག་པོ་གུར་གྱི་མགོན། །ཨེ་ཀ་ཛ་ཏི་ འདོད་ཁམས་དབང་ཕྱུག་མ། །གནོད་སྦྱིན་ཡབ་ཡུམ་པུ་ཊ་མིང་སྲིང་དང༌། །རུ་འདྲེན་བཞི་ སོགས་སྤྲུལ་འཁོར་རབ་འབྱམས་བཅས། །ལས་མགོན་ཟངས་གྲི་ཕྱག་དྲུག་ལས་མཁན་ བཞི། །བདུད་མགོན་དྲཀྴད་ལྷ་དམག་བྱེ་བ་འབུམ། །རྒྱལ་ཆེན་རྣམ་སྲས་རྟ་བདག་གནོད་ སྦྱིན་སོགས། །ཁྱད་པར་དབང་གི་རྒྱལ་པོ་མདུང་དམར་ཅན། །ཞིང་སྐྱོང་གདོང་བཞི་དྲེག་པ་ རྒྱ་མཚོར་བཅས། །དཔའ་བོ་དུར་ཁྲོ ད་བདག་པོ་ལྕམ་དྲལ་དང༌། །མཁའ་འགྲོ་རབ་འབྱམས་ ཕྱོགས་སྐྱོང་ཆོས་ཀྱི་རྒྱལ། །ཡང་སྒོས་གཟའ་མཆོག་ཆེན་པོ་གདོང་མོ་བཞི། །གཟའ་དམག་ བྱེ་བ་དུང་ཕྱུར་འཁོར་བཅས་དང༌། །ཚེ་རིང་མཆེད་ལྔ་མ་ཅིག་ནག་སྨན་རྒྱལ། །ཆེ་བཙན་ཡུལ་ 9-1-623 བདག་འབྱུང་པོ་མཐུ་ཆེན་དང༌། །ཁྱད་པར་བོད་ཁམས་སྐྱོང་བ་བརྟན་མའི་ཚོགས། །མདོ་ སྨད་དབང་མཛད་རྨ་ཆེན་གཡུ་རྩེ་དང༌། །གསེར་ཁྲབ་ལ་སོགས་མཐུ་ཆེན་གཞི་བདག་བཅས། །དཀར་ཕྱོགས་སྐྱོང་བ་རང་གི་ཡུལ་ལྷའི་གཙོ། །ལྷ་ཆེན་སྟོང་དཔོན་གཉན་པོ་བཀའ་འཁོར་ བཅས། །རྩལ་ཆེན་མཐུ་ལྡན་རྡོ་རྗེའི་ཁྱུང་གྲགས་དང༌། །དེ་སོགས་དཀར་ཕྱོགས་སྐྱོང་བའི་ སྡེ་རིགས་ལ། །གསེར་སྐྱེམས་གཙང་མའི་ཕུད་མཆོད་འདི་འབུལ་ལོ། །དགྱེས་པས་ལེགས་ བཞེས་མཆོག་ཐུན་དངོས་གྲུབ་དང༌། །ལས་བཞིའི་ཕྲིན་ལས་ཐོགས་མེད་ཀུན་རྩོལ་ནས། །མི་ མཐུན་ཉེར་འཚེ་མཐའ་དག་བཟློག་ཏུ་གསོལ། །ཁྱད་པར་བདག་གིས་ཕྲིན་ལས་བཅོལ་བ་ནི། །རྒྱལ་བསྟན་སྤྱི་དང་ངེས་དོན་ཇོ་ནང་པའི། །ལུགས་བཟང་ནམ་ཡང་ནུབ་མེད་རྒྱས་པ་དང༌། །ལེགས་མཐུས་སྐྱེ་དགུའི་བདེ་སྐྱིད་དབྱར་མཚོ་འགྲན། །རྫོགས་ལྡན་དཔལ་གྱི་རྒྱལ་ཁམས་ རྟག་སྐྱོང་ཤོག །ལྟོ ས་བཅས་བདག་ཅག་མི་ནོར་འཁོར་བཅས་ལ། །ནམ་ཡང་མི་འཇིགས་ བསྲུང་བའི་ཁ་འཛིན་གྱིས། །འབྲལ་མེད་ལུས་དང་གྲིབ་མ་ཇི་བཞིན་དུ། །རྟག་འགྲོགས་ལྷ་ བསྲུང་མགོན་སྐྱབས་གཡེལ་མེད་མཛོད། །ཅེས་ཇ་མཆོད་དགེ་ལེགས་ཀུན་སྩོལ་ཞེས་པ་འདི་ཡང་ངག་མཁས་ལ་ མཁོ་ནས། མ་ཏིས་སྨྲས་པ་དགེ། །། 9-1-624 ༄༅། །རྒྱལ་ཆེན་སྐུ་ལྔའི་གསོལ་བསྡུས་སོགས་ཀྱི་ སྐོར་བཞུགས། ༄༅། །ༀ་ཨཱཿཧཱུཾ། རང་བཞིན་དག་སྣང་སྒྱུ་མའི་འཕྲུལ་གར་གྱིས། །ཡེ་ཤེས་ལྔ་ཡི་རང་ རྩལ་དྲེགས་ལྡན་གཙོ། །དཔའ་བོ་སྟོབས་ལྡན་སྐུ་ལྔ་དབྱིངས་ནས་བཞེངས། །ཐུགས་ལ་ གང་བཞེས་དམ་རྫས་རྒྱ་ཆེན་གྱིས། །གསང་གསུམ་དགྱེས་པ་བསྐང་ངོ་མཉེས་ཚིམས་རོལ། །སྲུང་མ་སྐུ་ལྔའི་ཆོ་འཕྲུལ་དཔག་ཡས་སྟོན། །སྣང་སྲིད་དབང་སྡུད་བཀའ་འཁོར་འབུམ་སྡེའི་ ཚོགས། །ཐུགས་ཀྱིས་གང་བཞེས་དགྱེས་པ་རབ་འབར་ཞིང༌། །བརྩེ་ཆེན་མཛད་པའི་སྒོ་བརྒྱ་ སྐྱོང་བཞིན་དུ། །བྱམས་བརྩེས་འདོད་དོན་སྒྲུབ་པའི་སྲུང་མ་དང༌། །འཁུ་ལྡོ ག་གནོད་འཚེའི་ བསམ་པ་ཡོངས་བོར་ཏེ། །དགེ་མཚན་བཀྲ་ཤིས་སྣང་བས་རྟག་སྐྱོང་མཛོད། །འཇམ་དབྱངས་ བཟང་པོའི་ངོར། མ་ཏིས་སོ།། །། ༈ ༀ་ཨཱཿཧཱུཾ། ཡེ་ཤེས་ལྔ་ལས་གང་འདུལ་སྐུར་བཞེངས་པ། །བསྟན་སྐྱོང་རྒྱལ་ཆེན་སྡེ་ འཁོར་བཅས་ལ་མཆོད། །བསམ་དོན་ཆོས་མཐུན་ལེགས་འགྲུབ་ཕྱི་ནང་གི །ཉེར་འཚེ་མཐའ་ དག་བཟློག་ཅིང་སྡོང་གྲོགས་མཛོད། །སྨོན་བཟང་ངོར་མ་ཏིས་སོ།། །། 9-1-625 ༈ ༀ་ཨཱཿཧཱུཾ། རྨད་བྱུང་ཟག་མེད་ཡེ་ཤེས་བདུད་རྩི་ཆེ། །ལྷ་སྨན་ཚེ་རིང་མཆེད་ལྔ་འཁོར་ བཅས་ལ། །ལེགས་འབུལ་དགྱེས་བཞེས་རྒྱལ་བསྟན་སྤྱི་དང་ནི། །ཡང་སྒོས་ངེས་དོན་ལུགས་ བཟང་ཡོངས་རྒྱས་མཛོད། ། ༈ རཾ་ཡཾ་ཁཾ། རྣལ་འབྱོར་སྔགས་རྒྱས་རབ་སྤེལ་གསེར་སྐྱེམས་འདི། །བཀའ་སྲུང་ཁྱབ་ འཇུག་གཟའ་བརྒྱད་གདོང་མོ་བཞི། །མ་ལུས་ཡང་འཁོར་བཅས་ལ་གསོལ་ལོ་མཆོད། །རྣལ་ འབྱོར་སྒྲུབ་པོའི་བསམ་དོན་མྱུར་འགྲུབ་མཛོད། །ཅེས་པ་འདི་གཉིས་དངོས་གྲུབ་དཔལ་ལ་མཁོ་ནས་མ་ཏིས་ སོ།། །། ༈ ༀ་ཨཱཿཧཱུཾ། གསེར་སྐྱེམས་ཟག་མེད་བདུད་རྩིའི་རྒྱ་མཚོ་ཆེ། །ཁྱབ་འཇུག་གཟའ་རྒོ ད་ འཁོར་བཅས་ལ་མཆོད་དོ། །འདིར་གཤེགས་དགྱེས་བཞེས་གང་བཅོལ་འདོད་པའི་དོན། །གཡེལ་བ་མེད་པའི་སྡོང་གྲོགས་ཇི་བཞིན་མཛོད། །གཟའ་གསོལ་འདི་པད་ལོའི་དོན་ལ་མ་ཏིས་སོ།། །། ༄༅། །བསོ། ཆོས་དབྱིངས་ཉེ་བར་ཞི་བའི་ཐུགས་ཀློང་ནས། །གང་འདུལ་སྤྲུལ་བའི་ རོལ་གར་མཐའ་ཡས་པ། །སྲིད་འདིར་དུ་མའི་བཀོད་པ་ལེགས་བསྐྲུན་པའི། །ཀུན་བཟང་ འགྲོ་འདུལ་ཕྲིན་ལས་གཞི་དབྱིངས་ལས། །ཟླ་བྲལ་གྲགས་རྩལ་འབུམ་གྱི་བུ་ཡུག་འཚུབ། །མཐུ་ཆེན་དགྲ་བླ་སྟོང་གི་ཁ་ལོ་བ། །སེང་ཆེན་དགྲ་ལྷའི་རྒྱལ་པོ་བདུད་འཇོམས་དཔལ། །གུས་པས་འབོད་ལ་ཐོགས་མེད་འདིར་གཤེགས་བཞུགས། །རབ་མཛེས་བཀོད་པའི་རྣམ་པ་ མཐའ་ཀླས་པ། །རབ་དཀར་མཆོད་སྤྲིན་མཁའ་ལམ་ཁྱབ་པ་འདིས། །རབ་ཀྱི་དགྲ་ལྷ་འཁོར་ བཅས་གསོལ་ལོ་མཆོད། །རབ་ཏུ་དགྱེས་པའི་ཁ་འཛིན་སྲུང་མ་མཛོད། །དགྲ་བླ་མཐུ་ཆེན་ སྟོབས་ཀྱི་དབང་ཕྱུག་རྗེ། །དགྲ་སྡེ་བརླགས་པའི་མཐུ་ནུས་ཡེ་མེད་པ། །དགྲ་ལ་ལྷག་པར་ རྔམ་པའི་འབྱུང་པོའི་གཟུགས། །དགྲ་བོའི་གཤེད་མར་བརྫི་བ་ཁྱེད་ལ་བསྟོད། །དཔའ་བོའི་ 9-1-626 གཡུལ་ཆེན་སྲིད་གསུམ་དཔུང་གིས་ཀྱང༌། །དཔའ་ངར་དུས་གཅིག་རྒོ ལ་ཀྱང་བཟློག་མིན་ པ། །དཔའ་ཆེན་སྟོབས་ཀྱི་མངའ་བདག་སེང་ཆེན་རྒྱལ། །དཔའ་བོའི་དགྲ་ལྷར་མཆོད་ཀྱི་ ཁ་འཛིན་མཛོད། །སྒྲུབ་ལ་འདོད་དགུ་སྟེར་བའི་སྲུང་མ་མཛོད། །སྒྲུབ་པོའི་རེ་བའི་ཡུལ་དུ་ རྟག་བཀོད་དེ། །སྒྲུབ་ཅིང་མཆོད་པའི་སྲུང་མར་མངའ་གསོལ་བ། །སྒྲུབ་ལ་རེ་འབྲས་དོན་ དང་ལྡན་པར་མཛོད། །བདག་སོགས་ལྟོ ས་བྱས་འགྲོ་འདུག་གནས་སྐབས་ཀུན། །མི་མཐུན་ འཚེ་བའི་ཀླག་མི་རྙེད་པ་དང༌། །བསོད་ནམས་སྟོབས་ཀྱི་མངའ་ཐང་ཡོངས་རྒྱས་ཤིང༌། །ཕུན་ ཚོགས་བཀྲ་ཤིས་དཔལ་གྱི་རྟག་སྐྱོང་ཤིག །ཅེས་ཆོས་ཉིད་བཟང་ལ་མཁོ་ཕྱིར། མ་ཏིས་སོ།། །། ༈ ༀ་ཨཱཿཧཱུཾ། ཧཱུཾ། ལྷ་ཆེན་ཁྱབ་འཇུག་འཕྲུལ་ཆེན་བཀའ་སྡོད་བཅས། །ཕུད་མཆོད་འདི་ བཞེས་ལུ༵ང་རྟོག༵ས་སྙན༵་གྲག༵ས་རྗེ། །ང༵ག་དཔ༵ལ་བཟང་པོའི་བཀའ་བསྒོ་ཇི་ལྟ་བར། །དགོན་ སྡེ་བདག་སོགས་སྐྱོང་ལ་གཡེལ་མེད་མཛོད། །འདི་ཡང་འཇམ་དབྱངས་བཟང་པོའི་ངོར། མ་ཏིས་སོ།། ༄༅། །ༀ་ཨཱཿཧཱུཾ། རྨད་བྱུང་ངོ་མཚར་ཟག་བྲལ་ཏིང་འཛིན་འཕྲུལ། །ཅི་དགར་ལྷ་སྲུང་ དགྱེས་བསྐྱེད་མཁོ་དགུའི་དཔལ། །གང་མོས་དེར་སྣང་མ་ཚང་མེད་འདི་ཡང༌། །འཆི་མེད་ ལམ་གྱི་ཕྱོགས་ཆར་ཡོངས་ཁྱབ་གྱུར། །ཀྱེ། ཡུལ་སྐྱོང་ལྷ་ཡི་རིགས་གྱུར་མངོན་ཤེས་བདག ། ལེགས་ཉེས་གསལ་བྱེད་འཕྲུལ་ཞགས་ཉེར་འཆང་བ། །སྣ་ཚོགས་བཀོད་མཚར་ཅི་ཡང་ རོལ་པའི་ལྷ། །མཆོད་ཕྱིར་གནས་འདིར་འབོད་ལ་སྐད་ཅིག་བྱོན། །ཐོགས་མེད་མྱུར་བའི་ ཤུགས་ལྡན་ཡུལ་ལྷའི་གཙོ། །རྣམ་བཀོད་དུ་མའི་སྤྲུལ་བསྒྱུར་དང་བཅས་ཏེ། །གང་འཚམ་ འདོད་པའི་ཡོན་ཏན་མཆོག་འབར་བ། །དགྱེས་བསྐྱེད་ཟད་མེད་འདི་འབུལ་ལེགས་བཞེས་ མཛོད། །ལྷ་སྲུང་མཆོག་ལ་མཉེས་རྫས་གང་མཁོའི་དཔལ། །མི་ཟད་ནམ་མཁའ་མཛོད་ལ་ འགྲན་པའི་ཕུལ། །ཇི་བཞིན་དུས་སུ་ཉེར་མཁོ་ངོ་མཚར་བ། །ཐུགས་མོས་ཇི་ལྟར་དགྱེས་སྐོང་ 9-1-627 དམ་པར་གྱུར། །དེར་བརྟེན་ཡུལ་ལྷ་ཁྱོད་ཀྱི་ནུས་མཐུ་འབར། །རྩལ་དྲག་ཤུགས་ཆེན་འབུམ་ གྱིས་རང་ཕྱོགས་སྡེ། །ཀུན་ནས་སྐྱོང་ལ་ནམ་ཡང་གཡེལ་མེད་པར། །ཁ་འཛིན་སྲུང་མ་དུས་ སུ་ལྷུར་བཞེས་མཛོད། །ངེས་དོན་སྒྲུབ་པའི་མངའ་བདག་སྐྱབས་མགོན་རྗེ། །མཚན་བཟང་ དབང་པོ་བསྟན་པ་རབ་རྒྱས་སྡེ། །མཚན་ལྡན་བརྒྱུད་འཛིན་བླ་མ་རྣམ་གསུམ་གྱིས། །བཀའ་ བསྒོ་ཇི་བཞིན་ཆོས་ཀྱི་སྲུང་མ་མཛོད། །ཟབ་གསང་ཆོས་ལུགས་ལེགས་འཛིན་འདུས་སྡེ་དང༌། །བསྟན་ལ་གང་ཕྱོགས་ལྷ་འབངས་ཆར་གཏོགས་པ། །ཀུན་ཀྱང་ཚེ་རིང་ནད་མེད་ལོངས་སྤྱོད་ འཕེལ། །བདེ་སྐྱིད་སྐལ་བཟང་ཉམས་པ་མེད་པར་མཛོད། །ཁྱོད་མཆོད་ཡུལ་སྡེ་ཕྱོགས་ཀྱི་ ཆོས་སྲིད་ཟུང༌། །ཆེས་དར་དབྱར་གྱི་ཉལ་འགྲོའི་ལང་ཚོ་བཞིན། །དགེ་མཚན་གྲགས་སྙན་ ཕྱོགས་སུ་ཁྱབ་པ་ཡི། །ལེགས་སྒོ་མཆོག་གི་སྡོང་གྲོགས་མཛད་དུ་གསོལ། །ཞེས་པའི་བྱ་ཡུར་ཡུལ་ ལྷ་ལ་གསོལ་མཆོད་ཉུང་བསྡུས་འདི་བསླབ་གཙང་གི་ངང་ཚུལ་ཉེར་འཆང་ཆོས་མཛོད་ཀྱི་ངོར། མ་ཏིས་སྨྲས་པ་དགེ། ༈ ༀ་ཨཱཿཧཱུཾ། ཀྱེ། གསོལ་ལོ་མཆོད་དོ་ལྷ་བཙན་བཀའ་ཉན་ཆེ། །ཕྲིན་ལས་རབ་མྱུར་ བཙན་རིགས་ཁ་ལོ་བ། །འདིར་བྱོན་གསེར་སྐྱེམས་གཙང་མའི་ཕུད་མཆོད་བཞེས། །གང་ བཅོལ་དོན་ལ་གཡེལ་མེད་སྡོང་གྲོགས་མཛོད། །འདི་ཡང་བླ་མ་སེམས་ཉིད་ལ་མཁོ་ནས། མ་ཏིས་སོ།། །། ༈ ༀ་ཨཱཿཧཱུཾ། ཟག་མེད་ཏིང་འཛིན་གྱིས་སྤེལ་མཆོད་སྤྲིན་ཆེ། །གང་འཚམ་འདོད་པའི་ ཡོན་ཏན་མཁོ་དགུ་ལྡན། །ལྷ་ཆེན་བསྲུང་མ་དགྱེས་པའི་རྫས་མཆོག་གིས། །བསྲུང་མ་ དབྱིངས་ནས་འབོད་དོ་གནས་འདིར་གཤེགས། །བརྩེ་ཞལ་སྟོན་ཟླ་འབུམ་གྱི་མདངས་ཕྱུང་ ཏེ། །མྱུར་མགྱོགས་དྲག་རྩལ་བྱེ་བའི་མཛད་བཟང་གིས། །གང་འཚམ་འདོད་པའི་དཔལ་ སྡུག་འདི་བཞེས་ལ། །ལེགས་ཚོགས་མཐུན་པའི་དགའ་སྟོན་ཆེར་རྒྱས་མཛོད། །ཁྱད་པར་ སྒྲུབ་པོའི་ལྟོ ས་བཅས་མཐའ་དག་ལ། །བུ་བཞིན་མཛའ་བའི་ཐ་ཚིག་མི་ལྷོ ད་པར། །ཉི་དང་ ཟེར་བཞིན་གཡེལ་མེད་ཁ་འཛིན་གྱིས། །གང་བཅོལ་འདོད་པའི་དོན་ལ་མ་འདའ་ཞིག །ཅེས་ 9-1-628 པ་འདི་ངག་དབང་རྡོ་རྗེ་ལ་མཁོ་ནས་མ་ཏིས་སོ།། །། ༈ ༀ་ཨཱཿཧཱུཾ། རྣལ་འབྱོར་སྔགས་རྒྱས་སྤེལ་བའི་ཕུད་མཆོད་འདི། །གྲུབ་བའི་བཀའ་ མནོས་ལྷ་སྨན་མཆེད་འཁོར་ལ། །གསོལ་ལོ་མཆོད་དོ་ཉེར་འཚེའི་བར་ཆད་སོལ། །གང་ བཅོལ་འདོད་དོན་སྒྲུབ་པའི་སྲུང་མ་མཛོད། །རིག་རྒྱམ་ལ་མཁོ་ཕྱིར། མ་ཏིས་སོ།། །། ༈ རཾ་ཡཾ་ཁཾ། ༀ་ཨཱཿཧཱུཾ། ལྷ་ཆེན་མཧཱ་ཀཱ་ལའི་སྒྱུ་མའི་འཕྲུལ། །སྲས་མཆོག་འཁོར་བཅས་ འདིར་བྱོན་གསོལ་མཆོད་བཞེས། །སྒྲུབ་པའི་ཕྲིན་ལས་ལེགས་སྒྲུབ་མི་མཐུན་དཔུང༌། །སྡང་ དགྲ་ཚར་གཅོད་བསམ་དོན་ལེགས་པར་མཛོད། །ལྷ་སྲས་གསོལ་བསྡུས་པད་ལོའི་ཆེད། མ་ཏིས་སོ།། །། ༄༅། །ༀ་ཨཱཿ་ཧཱུཾ། ཀྱེ་རང་སྣང་སྒྱུ་མའི་ཟློས་གར་ཅིར་ཡང་འཕྲུལ། །ཕྱི་ལྟར་ས་རྡུལ་ རབ་བརྩེགས་ནང་གི་བཀོད། །རྣམ་བཀྲ་ཕོ་བྲང་སུམ་རྩེན་དཔལ་ལ་འགྲན། །ཕུན་ཚོགས་ ལེགས་བྱས་མཛེས་ཁྱད་ཡོངས་རྫོགས་པར། །ཆེ་བའི་སྤྲུལ་བཀོད་སྤྲིན་དཀར་སྤུངས་པའི་ ཀློང༌། །མགྱོགས་འགྲོ་གསེར་འོད་འབར་བ་རླུང་གི་ཤུགས། །རབ་མཛེས་རྒྱན་གྱིས་ལེགས་ སྤུད་སྒ་གོང་དུ། །དཀར་གསལ་དུང་ཟླའི་འོད་མདངས་འཕྲོ་བའི་ལུས། །གསེར་བཟང་ཡ་ ལད་འཁོར་གསུམ་ཆས་ཀྱིས་སྤྲས། །དར་མདུང་གཏེར་བུམ་ཕྱག་མཚན་འགྱིང་སྒེག་ཚུལ། །སྐྱེས་གཞོན་བྲག་བཙན་དགྲ་ལྷའི་རྣམ་པ་ཅན། །དབུ་རྨོག་དཔའ་ཆས་འཛོམས་པ་གཞིར་ གནས་སྟེ། །གང་ལས་བར་འགའ་བཙུན་གཟུགས་ངུར་སྨྲིག་ཅན། །ལར་ནི་དྲེགས་ལྡན་ རྒྱལ་པོའི་སྤྱོད་ཚུལ་འཆང༌། །མ་ངེས་རྣམ་འཕྲུལ་ངོམ་པའི་ལྷ་ཆེན་གཙོ། །གསང་ཡུམ་ཞང་ བློན་སྐུ་སྲས་བྲན་འཁོར་རིགས། །སྣ་ཚོགས་དུ་མའི་མཚར་བཀོད་ཅིར་ཡང་སྣང༌། །བསྟན་ དང་དམ་ཆོས་སྒྲུབ་ལ་དགྱེས་བརྩེ་ཅན། །ལྷ་ཆེན་འཁོར་བཅས་མཆོད་མགྲོན་ཚུལ་དུ་བྱོན། །རྣལ་འབྱོར་སྔགས་རྒྱས་རབ་སྤེལ་སྐྱེམས་བཟང་བཅུད། །གང་འདོད་དགྱེས་རྫས་ཐུགས་ མོས་བཞིན་འཆར་ཞིང༌། །ངོ་མཚར་རིས་སུ་མ་ཆད་ཟད་མེད་གཏེར། །ནམ་མཁའ་མཛོད་ལ་ 9-1-629 འགྲན་པའི་དགའ་སྟོན་འདིས། །ལྷ་ཆེན་དཔའ་བོ་འཁོར་བཅས་དགྱེས་བསྐྱེད་ན། །ལེགས་ བཞེས་གང་བཅོལ་དོན་ལ་མི་གཡེལ་བར། །བསྟན་དང་དེ་འཛིན་ཆོས་མཐུན་སྡོང་གྲོགས་ དང༌། །ཉིད་ལ་རེ་བའི་ལྟོ ས་བཅས་མཐའ་དག་ཀུན། །དྲག་རྩལ་ཤུགས་ཀྱིས་འཇུག་སྒོ་ལྷོ ད་ མེད་དུ། །ནམ་ཡང་ཁ་འཛིན་སྲུང་མ་རྒྱུན་དུ་མཛོད། །དཔའ་བོ་ཡུལ་ལྷའི་དབུ་འཕང་དགུང་ ནས་བསྟོད། །གང་བཅོལ་འདོད་པའི་དོན་ལ་དུས་མ་གཡེལ། །མཆོག་གསུམ་བདེན་པས་ མཐུ་སྟོབས་འབར་གྱུར་ཅིག །ཅེས་པ་འདི་ཡང་ཆོས་བཟང་དང་དོན་ཡོད་བཟང་ལ་མཁོ་ནས་མ་ཏིས་སོ།། །། ༈ ཀྱེ། མཐུ་ཆེན་དཀར་ཕྱོགས་སྐྱོང་བ་ཡུལ་ལྷའི་གཙོ། །ལྷ་བཟི་བྲག་སྔོན་ཟུང་དང་ བཀའ་འཁོར་བཅས། །གནོད་སྦྱིན་ནོར་ལྷའི་ཚུལ་དུ་འདིར་གཤེགས་ཤིག །བསང་མཆོད་ བཞེས་ལ་ནོར་གྱིས་དངོས་གྲུབ་སྩོལ། །མ་ཏིས་སོ།། །། 9-1-630 ༄༅། །རཾ་ཡཾ་ཁཾ། ༀ་ཨཱཿཧཱུཾ། བསང་མཆོད་ཟག་པ་མེད་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་ མཚོ་ཆེན་པོ་འདི། ཆོས་སྐུ་རྡོ་རྗེ་འཆང་ཆེན་ནས་བཟུང་སྟེ་རྩ་རྒྱུད་ཀྱི་བླ་མ་རྣམས་ཀྱི་བསང་ སྐལ་དམ་པ་ཡིན། དཔལ་པདྨ་དབང་ཆེན་སོགས་ཡི་དམ་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་ རྣམས་ཀྱི༴ སྐྱབས་བསླུ་བ་མེད་པའི་སྐྱབས་གནས་དཀོན་མཆོག་གསུམ་གྱི༴ དཔལ་ལྡན་ སྐུའི་མགོན་པོ། གསུང་གི་མགོན་པོ། ཐུགས་ཀྱི་མགོན་པོ། ཡོན་ཏན་གྱི་མགོན་པོ། ཕྲིན་ལས་ ཀྱི་མགོན་པོ། མགོན་པོ་ལྷ་དམག་བྱེ་བ་དུང་ཕྱུར་དང་བཅས་པའི༴ སྤྱིར་བླ་མ་གཙང་བའི་སྐུ་ རབས་སྐུ་བརྒྱུད་ཀྱི་རང་གི་བསྟེན་པའི་ལྷ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་རྣམས་ཀྱི༴ ཁྱད་པར་ རྒྱལ་པོ་ཆེན་པོ་རྣམ་སྲས་མདུང་དམར་ཅན་གཟའ་རྒོད་ཁྱབ་འཇུག་ཆེན་པོ་གཟའ་དམག་བྱེ་ བ་དུང་ཕྱུར་དང་བཅས་པའི༴ ཡང་སྒོས་རང་ཡུལ་གྱི་སྲུང་མ་ཆེན་མོ་ལྷ༵་བཟི༵་དུང་ར་དཀར་ པོ། ལྷ་སྲས་དགྲ་འདུལ་གཉན་པོ་འཁོར་ཁྲི་མ་འབུམ་སྡེ་དང་བཅས་པའི༴ ལྷ་སྲུང་གཉིས་པ་ བྲ༵ག་སྔོ༵ན་རྡོ༵་རྗེ༵་དགྲ་༵འདུ༵ལ་གསང་ཡུམ་ཀླུ་ཡི་མཚོ་སྨན། སྐུ་སྲས་དགྲ་བླ་དུང་རྩེ་ཞང་བློན་ དཔའ་རྩལ་ཐོགས་མེད་འཁོར་ཡང་འཁོར། ལྷ་སྲིན་སྡེ་བརྒྱད་དང་བཅས་པའི༴ གཞན་ཡང་ ནམ་མཁའ་གང་བ་ལྷའི་སྡེ་རིགས་སྡེ་ཚོགས། བར་སྣང་གང་བ་གཉན་གྱི་སྡེ་རིགས་སྡེ་ཚོགས། ས་གཞི་གང་བ་ས་བདག་གི་སྡེ་རིགས་སྡེ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བསང༴ སྤྲུལ་ པའི་ཆོས་སྐྱོང་མྱུར་མགྱོགས་ཅན། ཐ་ཚིག་ཅན། མངོན་ཤེས་ཅན། རྫུ་འཕྲུལ་ཅན། དྲག་རྩལ་ ཅན་འཁོར་དང་བཅས་པ་ཁྱེད་རྣམས་ལ་ཁ་མི་དལ་བར་འབོད་གི་ཡོད། ལག་མི་དལ་བར་ 9-1-631 མཆོད་གི་ཡོད། དར་དཀར་བཞིན་དུ་ཕྱར་གི་ཡོད། དུང་དཀར་བཞིན་དུ་འབུད་གི་ཡོད། ཉི་ ཟླ་བཞིན་དུ་ཀླད་ན་ཡོད། ཕ་མ་བཞིན་དུ་སེམས་ན་ཡོད། དགྲ་བླའི་དམུ་ཐག་འཐེན་ས་ཡིན། རླུང་རྟའི་དར་ལྕེ་ཕྱར་ས་ཡིན། །དགྲ་ཐོག་ཏུ་ཕྱར་རྒྱུ་ཡིན། ངོ་སོ་བསྟོད་རྒྱུ་བོ། ཀུན་ལ་ངོམ་ རྒྱུ་ཡིན། ཁ་དལ་བའི་ཉི་མ་བོས་ནི་འདི། །ལག་བྲེལ་བའི་ཉི་མ་ཡོད་དུ་ཆུག ཡོད་པ་དེ་སྟོན་ དགོས། མེད་པ་དེ་རྙེད་དགོས། ངེད་ཅག་མི་ནོར་འཁོར་དང་བཅས་པ་གར་སོང་ས་ཁ་འཛིན་ གྱིས། སྡོང་གྲོགས་གྱིས། རྒྱབ་རྟེན་གྱིས། དཔའ་ཡ་གྱིས། དཔུང་རོག་གྱིས། ཕར་འགྲོའི་ སྐྱེལ་མ་གྱིས། ཚུར་འོང་གི་བསུ་མ་གྱིས། ཉིན་གྱི་རྫི་བོ་གྱིས། མཚན་གྱི་ཁེབས་མ་གྱིས། མ་ གོའི་ཉི་མ་མགོ་ཟུར་གྱི་རྣ་གྱིས། མ་རིག་གི་ཉི་མ་ཁྲ་ཆུང་གི་མིག་གྱིས། གཏམ་ཅི་བཤད་དེ་ ཁ་ལས་དགེ་དགོས། ལས་ཅི་བྱས་དེ་ལམ་ལ་འགྲོ་དགོས། བསམ་པ་ལམ་ལ་འགྲོ་དགོས། འདོད་པ་ལག་ཏུ་ཡོང་དགོས། མདོར་ན་བདག་ཅག་རྣམས་ལ་སྡང་བྱེད་ཀྱི་དགྲ་སོད། གནོད་ བྱེད་ཀྱི་བགེགས་ཐུལ། བར་ཆད་ཀྱི་རྐྱེན་བཟློགའགྲོ་ན་མ་བཤོལ། འདུག་ན་མ་སྡང༌། ཚེའི་ སྡོང་གྲོགས། ལས་ཀྱི་སྡོང་གྲོགས། བསོད་ནམས་ཀྱི་སྡོང་གྲོགས། དཀར་པོ་དགེ་བའི་སྡོང་ གྲོགས། ཆོས་མཐུན་བྱང་ཆུབ་སྒྲུབ་པའི་སྡོང་གྲོགས་རྒྱ་ཆེན་པོ་མཛོད་ཅིག མ་ཏིས་སྨྲས་པའོ།། །། ༄༅། །རཾ་ཡཾ་ཁཾ། ༀཨཱཿཧཱུཾ། བསང་མཆོད་ཟག་པ་མེད་པའི་ཡེ་ཤེས་ཀྱི་མཆོད་སྤྲིན་རྒྱ་ ཆེ་བ་འདི་ཉིད་དབྱིངས་དག་པ་ན་བཞུགས་པའི་ཆོས་སྐུ་རྒྱལ་བ་རྡོ་རྗེ་འཆང་ཆེན་ནས་བཟུང་ སྟེ་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་ཕྱོགས་བཅུའི་ཞིང་རབ་འབྱམས་ན་ བཞུགས་པ་རྣམས་དང༌། ཁྱད་པར་ལྷོ་འཛམ་གླིང་ལ་རྒྱ་གར་འཕགས་པའི་ཡུལ་གྱི་འཛམ་ གླིང་མཛེས་པའི་རྒྱན་དྲུག གྲུབ་ཆེན་བརྒྱད་ཅུ་སོགས་དང༌། གངས་ཅན་བོད་ཀྱི་ཕྱག་རྫོགས་ དབུ་གསུམ་གྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བསང་སྐལ་དམ་པ་ཡིན། ཡི་དམ་དུས་ཀྱི་ 9-1-632 འཁོར་ལོ་བདེ་གསང་འཇིགས་གསུམ་གྱི་ལྷ་ཚོགས་དང༌། ཞི་ཁྲོ་དམ་པ་རིགས་བརྒྱ། དཔལ་ པདྨ་དབང་ཆེན། ཕུར་པ་ཕྲིན་ལས་ཀྱི་ལྷ་ཚོགས་སོགས་ས་དགེ་རྙིང་གསུམ་གྱི་གསང་སྔགས་ རྒྱུད་སྡེ་བཞིའི་ལྷ་ཚོགས་གང་ཡོད་རྣམས་ཀྱི་བསང་སྐལ་དམ་པ་ཡིན། ཁྱད་པར་རྗེ་བཙུན་ མ་འཕགས་མ་སྒྲོལ་མ་རྒྱལ་བ་རིག་གསུམ་མགོན་པོ། འཆི་མེད་ཚེ་ལྷ་རྣམ་གསུམ་གྱི་ལྷ་ ཚོགས་རྣམས་ཀྱི་བསང༴ སྟོན་པ་ཤཱཀྱ་ཐུབ་པ་སོགས་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་ རྩ་གཉིས་ཀྱི༴ ལུང་རྟོགས་གཉིས་ཀྱི་བསྡུས་པའི་དམ་པའི་ཆོས་རྣམས་ཀྱི༴ ཐེག་པ་གསུམ་ གྱི་འཕགས་པའི་དགེ་འདུན་རྣམས་ཀྱི༴ གནས་གསུམ་ན་བཞུགས་པའི་རྡོ་རྗེ་མཁའ་འགྲོ་མ་ རྣམས་ཀྱི༴ དཔལ་ལྡན་ཚོགས་ཀྱི་བདག་པོ་ཤྲཱི་མཧཱ་ཀ་ལ་ཡབ་ཡུམ་སྐུ་གསུང་ཐུགས་མགོན་ དང་བཅས་པ་དང༌། མགོན་པོ་དགྲ་བླ་བཅུ་གསུམ་གྱི་ལྷ་ཚོགས་རྣམས་ཀྱི༴ ཆོས་སྐྱོང་ཡོངས་ ཀྱི་གཙོ་བོ་ལྷ་ཆེན་གུར་གྱི་མགོན་པོ། ཡུམ་ཆེན་ཨེ་ཀ་ཛ་ཏི། ལྷ་མོ་འདོད་ཁམས་དབང་ཕྱུག་ མ་གནོད་སྦྱིན་ཡབ་ཡུམ། པུ་ཊ་མིང་སྲིང༌། རུ་འདྲེན་སྡེ་བཞི་བཀའ་སྡོད་ཡང་སྤྲུལ་དང་བཅས་ པ་རྣམས་ཀྱི༴ གནོད་སྦྱིན་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས། བཀའ་ཡི་བློན་ཆེན་རྟ་བདག་རྣམ་ བརྒྱད་འཁོར་གནོད་སྦྱིན་བྱེ་བ་དང་བཅས་པའི༴ ཞིང་སྐྱོང་གདོང་བཞི་པ་ཆེན་པོ་ཡུམ་ཆེན་ སྲིང་མོ་བཞི་བཀའ་སྡོད་བྲན་གཡོག་དང་བཅས་པ་རྣམས་ཀྱི༴ མྱུར་མཛད་ཕྱག་དྲུག་མགོན་ པོ་སྟོབས་ལྡན་ལས་མཁན་རྣམ་བཞི། ལྷ་ཆེན་དྲཀྵད་ནག་པོ་ལས་བྱེད་མོན་པ་ཕོ་མོ་སོགས་ ལྷ་དམག་བྱེ་བ་དུང་ཕྱུར་དང་བཅས་པའི༴ ཁྱད་པར་དཀོར་བདག་གི་རྒྱལ་པོ་རྣམ་སྲས་མདུང་ དམར་ཅན། ཆོས་སྐྱོང་མྱུར་མགྱོགས་དྲག་རྩལ་གྱི་མངའ་བདག་གཟའ་བདུད་ར་ཧུ་ལ་ཆེན་པོ། ཡབ་རྡོ་རྗེ་སྲིན་པོ། ཡུམ་རྡོ་རྗེ་གློག་འགྱུ་མ། གཟའ་བརྒྱད་གདོང་མོ་བཞི་ལྷ་སྲིན་སྡེ་བརྒྱད་ཀྱི་ འཁོར་དང་བཅས་པ་རྣམས་ཀྱི༴ གཞན་ཡང་ཕྱོགས་སྐྱོང་བ་བཅུ། དམ་ཅན་ཆོས་ཀྱི་རྒྱལ་པོ་ སྲིད་པ་ཆགས་པའི་ལྷ་དགུ། སྐྱོབ་པར་བྱེད་པའི་ལྷ་ལྔ། བོད་ཁམས་སྐྱོང་བའི་བརྟན་མ་བཅུ་ 9-1-633 གཉིས་སོགས་སྲིད་པ་འདི་ཉིད་ཀྱི་ཆེ་དགུའི་སྲུང་མ་རྣམས་ཀྱི༴ རྒྱ་གར་རྡོ་རྗེ་གདན་རྒྱ་ནག་ རི་བོ་རྩེ་ལྔ་བོད་དབུས་གཙང་རུ་བཞི་སྨད་མདོ་ཁམས་སྒང་དྲུག་གི་སྲུང་མ་གྲགས་ཆེན་རྣམས་ ཀྱི༴ ཁྱད་པར་ཨེ་མྱེ་རྨ་ཆེན་སྤོམ་ར་གཉན་པོ་གཡུ་རྩེ་ཡུམ་སྲས་འཁོར་ཡང་འཁོར་དང་བཅས་ པ་རྣམས་ཀྱི༴ ཡང་དགོས་རང་ཡུལ་སྐྱོང་མ་ཆེན་པོ་ཕ་མྱེས་རྒྱུད་ཀྱི་སྲུང་མ། ཞང་བོ་ལྷ་བརྒྱུད་ ཀྱི་སྲུང་མ། བུ་ཕྲུག་རང་གི་སྲུང་མ་ཡུལ་འདིའི་གཞི་བདག་ཆེན་པོ་ཆྒཻེ་མོ་འཁོར་དང་བཅས་པ་ རྣམས་ཀྱི༴ གཞན་ཡང་མཛི་སྟོད་ལ་གནས་པའི་མཛི་སྙིང་ཆེན་པོ། མཛི་སྨད་ཀྱི་རྫོང་གི་ལྷ་རི་ གཉན་རྩེ་སོགས་ཡུལ་ཕྱོགས་འདི་ཉིད་ལ་གནས་པའི་ལྷ་ཀླུ་གཞི་བདག་གནས་བདག་གང་ ཡོད་རྣམས་ཀྱི༴ སྐྱབས་གནས་སྲུང་མ་ཡིད་བཞིན་ནོར་བུ་ཁྱེད་རྣམས་ངེད་ཅག་གི་བློ་རྩེ་ཕ་མ་ བཞིན་དུ་གཏད་ས་ཡིན། དར་དཀར་བཞིན་དུ་ཕྱར་གི་ཡོད། དུར་དཀར་བཞིན་དུ་འབུད་གི་ ཡོད། ཉི་ཟླ་བཞིན་དུ་ཀླད་ན་ཡོད། དགྲ་བླའི་དམུ་ཐག་འཐེན་ས་ཡིན། རླུང་རྟའི་དར་ལྕེ་ཕྱར་ ས་ཡིན། དགྲ་ངོས་དྲག་གི་སྟེང་དུ་བསྐུལ་རྒྱུ་ཡིན། ཟུན་རང་ཕྱོགས་གི་ཕ་བུས་མཆོད་རྒྱུ་ཡིན། ཁ་མི་དལ་བས་བསྟོད་གི་ཡོད། ལག་མི་དལ་བས་མཆོད་གི་ཡོད། ཁ་དལ་བའི་ཉི་མ་འབོད་ ནི་དེ་ལག་བྲེལ་པའི་ཉི་མ་ཡོད་གི་ཆུག ཡོད་པ་རྟག་དགོས། མེད་པ་རྙེད་དགོས། བདག་ཅག་ འཁོར་དང་བཅས་པ་ཚེ་སྲོག་རྡོ་རྗེ་བྲག་བས་སྲ་བར་གྱིས། མི་རྒྱུད་ཆུ་བོ་བཞིན་དུ་རིང་བར་ གྱིས། བསོད་ནམས་ལྷོ་སྤྲིན་བཞིན་དུ་ཕྱུག་པར་གྱིས། དབང་ཐང་ཡར་ངོ་བཞིན་དུ་འཕེལ་ བར་གྱིས། གང་བསམ་ལམ་དུ་འགྲོ་དགོས། ཅི་འདོད་རེ་བ་སྐོང་དགོས། རང་ལ་དཔའ་བའི་ དཔུང་མཛོད། རྣོ་བའི་མཚོན་གྱིས། ཕར་འགྲོའི་སྐྱེལ་མ་མཛོད། ཚུར་འོང་གི་བསུ་མ་མཛོད། རང་མཚོན་ངར་མ་ངར་ཆུ་ལུད། དགྲ་མཚོན་ངར་མ་སོ་ཁོས་ཐོངས། མི་བུ་བློ་མེད་ལ་བློ་ཕུད། རྟ་བུ་བང་མེད་ལ་བང་ཕྱུང༌། མིའི་ས་ལ་ན་ཚ་མ་བཏང༌། ཕྱུགས་གི་ས་ལ་གྱོང་གོད་མ་བཏང༌། ཞིང་གི་ས་ལ་བཙའ་སད་སེར་གསུམ་མ་བཏང༌། དགྲ་འོང་ན་བཤོལ་ཐོང༌། ནད་འོང་ནས་ 9-1-634 སྨན་མཛོད། བདག་ཅག་ས་གར་སོང་ས་ཁ་འཛིན་མཛོད། སྡོང་གྲོགས་མཛོད། རྒྱབ་བརྟེན་ མཛོད། ལུས་དང་གྲིབ་མ་བཞིན་དུ་གཡེལ་བ་མ་བཏང༌། མདོར་ན་ཆོས་དང་འཇིག་རྟེན་གྱི་ ལེགས་ཚོགས་ཐམས་ཅད་འབད་མེད་ལྷུན་གྱིས་གྲུབ་པར་མཛོད་ཅིག སྡང་དགྲ་གདུག་པ་ ཅན་དགྲ་བསམ་པ་གང་ངན་རྣམས་ཀྱི་སྲ་བའི་མཁར་ཤིག རྣོན་པོའི་མཚོན་གཏོར། དཔུང་གི་ རྒྱབ་བརྟེན་དང་ཁྲོ ལ། མཐའ་རྩ་སྐྱེ་རྒྱུད་དང་བཅས་པ་རྡུལ་དུ་བརླག་སྟེ་ཞལ་དུ་གསོལ་ཞིག་ ཁ་རཾ་ཁ་ཧི། ངོ་སོ་བསྟོད། དེ་ལས་ཅུང་ཟད་རྒྱས་ན། གོང་འབད་མེད་ལྷུན་གྱིས་གྲུབ་པར་མཛོད་ཅིག ཅེས་པའི་མཚམས་སུ་འདི་སྤྲད། རང་ཕྱོགས་ཕ་རྩ་བུ་ལག་ཤིང་ཆེན་གྱི་སྡོང་པོ་རྒྱས་རྒྱས་གྱིས། མ་སྲུ་ འཇལ་ཡག་གི་དཔལ་ཁ་རྩི་ཐོག་འཕེལ་འཕེལ་གྱིས། བུ་ཕྲུག་ན་གཞོན་གྱིས་འཕེལ་སྟོབས་ འབྲུ་དྲུག་སྨིན་སྨིན་གྱིས། སྒོ་ནོར་རྟ་ཕྱུགས་ཀྱི་གཡང་བཅུད་རྩི་ཤིང་རྒྱས་རྒྱས་གྱིས། ས་ཞིང་ ལོ་ཏོག་གི་འཕེལ་ཁ་དགའ་ཚལ་བཀྲ་བཀྲ་གྱིས། ནང་ནོམ་གསེར་དངུལ་གྱི་བང་མཛོད་ཁྲི ག་ ཁྲི ག་མེར་མེར་གྱིས། ཁ་རྗེ་དབང་ཐང་གི་བསོད་ནམས་མཚོ་ཆེན་འཕྱུར་འཕྱུར་གྱིས། སྙན་ གྲགས་ཁ་ལས་ཀྱི་རླུང་རྟ་གཡུ་འབྲུག་ལྡི ར་ལྡི ར་གྱིས། དཔའ་སྙིང་རྩལ་ཤེད་ཀྱི་མགྱོགས་ ཞགས་རྒྱ་སྟག་ངར་ངར་གྱིས། གཟི་བརྗིད་སྟོབས་བཙན་གྱི་ངར་ཆ་གངས་སེང་འགྱིང་འགྱིང་ གྱིས། དབུ་འཕང་མཐོ་དྲག་གི་ཆེ་ཤུགས་བྱ་རྒྱལ་ལྡི ང་ལྡི ང་གྱིས། རང་ཡུལ་དུ་བསྡད་ན་འདུག་ ཚད་ལྷ་དང་སྲུང་མ་མཛོད། གཞན་ཡུལ་དུ་སོང་ན་འགྲོ་ཚོད་དགྲ་ལྷ་གཉན་པོ་མཛོད། མི་མང་ འཚོགས་ཀྱི་ནང་ནས་ཅི་བཤད་ཁ་ལས་དགེ་དགོས། བྱ་ལེགས་ཉེས་ཀྱི་དུས་སུ་གང་བྱས་ ལམ་དུ་འགྲོ་དགོས། དགྲ་རྩོད་རྒྱུག་གི་སྐབས་སུ་རྒྱལ་ཁ་རང་གི་ལོན་དགོས། གཏམ་ཤགས་ འབྱེད་ཀྱི་དུས་ན་ཚིག་རྩ་རང་གིས་ཐོབ་དགོས། ཁ་རྗེ་བསོད་ནམས་ཀྱི་འཁོར་ལོའི་མུ་འཁྱུད་ མ་ལྷོ ད། གང་འདོད་ཡིད་བཞིན་གྱི་ནོར་བུའི་དགོས་འདོད་མ་ཆུང༌། སྒྱུ་རྩལ་རིག་གནས་ ཀྱི་བཙུན་མོའི་ཤེས་རབ་མ་ཞན། ལུགས་གཉིས་འགྲོ་ལུགས་ཀྱི་བློན་པོའི་དཔྱོད་ཁོག་མ་ 9-1-635 འཁྱོགས། སྟོབས་ཤེད་བཙུན་ཤུགས་ཀྱི་གླང་པོའི་ཁུར་སྟོབས་མ་དམན། དྲག་རྩལ་མགྱོགས་ མྱུར་གྱི་རྟ་མཆོག་བང་ཁ་མ་ཐུང༌། དགྲ་སྡེ་དཔུང་འཇོམས་ཀྱི་དམག་དཔོན་རུ་མཚོན་མ་རྟུལ། བཀྲ་ཤིས་ལེགས་ཚོགས་ཀྱི་དཔལ་བེའུ་རི་མོ་མ་ཉམས། བདེ་སྐྱིད་པད་གཞོན་གྱི་མཛེས་ སྡུག་ལང་ཚོ་མ་ཤོར། ཕན་བདེའི་གདུགས་གྲིབ་ཀྱི་རེག་བསིལ་དུས་སུ་མ་གཡེལ། གྲགས་ སྙན་ཆོས་དུང་གི་རྒྱང་སྒྲ་ཉམས་པ་མ་འགྲོ། སྡེ་ཆེན་དབང་བསྒྱུར་གྱི་འཁོར་ལོའི་མངའ་ཐང་ མ་ཞན། དགྲ་སྡེའི་དཔུང་ཚོགས་ལས་རྒྱལ་བའི་རྒྱལ་མཚན་མ་བསྙེ ལ། ནང་ནོམ་གཡང་ བཅུད་ཀྱི་བུམ་བཟང་ལྟོ་བ་མ་རལ། གཟའ་མི་ནང་མཐུན་གྱི་གསེར་ཉའི་ཟུང་ཁ་མ་ལྷོ ད། མགོ་རྨོག་དཀར་གྱི་དར་འཕྲུ་དགུང་ནས་མ་ལྷུང༌། རྒྱབ་ཁྲབ་དཀར་གྱི་རྒྱུན་ཐག་གཤིས་ནས་ མ་ཆད། རྐང་སོག་ལྷྭམ་གྱི་འཛེར་ཐག་རྐུབ་ནས་མ་རལ། མཚོན་ཤང་ལང་གི་སོ་ཁའི་ཆོད་ སྟོབས་མ་ཞན། སྟོབས་མེ་མདའ་ཡི་རྒྱང་ཞགས་ནུས་ཤེད་མ་ཆུང༌། མདུང་རྩེ་སྣོ ན་གྱི་དབལ་ ཟུར་རྣོ་ཤེད་མ་དམན། རྟ་མདོ་བ་ཡི་མགྱོགས་པའི་བང་རྩེ་མ་ཐུང༌། སེམས་བློ་རིག་གི་དྲན་སྒོ་ མྱུར་བུལ་མ་འགྲོ། དཔའ་ཤེད་མོང་གི་སྙིང་ཁམས་དབུ་འཕང་མ་དམའ། ལུས་རྩལ་དྲུག་གི་ ཆེ་བརྗིད་བཟང་ངན་མ་འགྲོ། མདོ་རང་ཕྱོགས་ཀྱི་ཕོ་རྒོ ད་རྩལ་དྲག་མ་ཞན། བྱ་གང་ཐད་ནས་ ཀུན་ལས་རྒྱལ་བར་མཛོད་ཅིག ངོ་སོ་བསྟོད། འོ་མཆོད་ཡུལ་ངོ་སོ་བསྟོད་གནས་གང་དག་ གི་ཕྲིན་ལས་དྲག་པོ་ཁྲོས་པའི་སྐུར་བཞེངས་པ་ལྷ་སྲུང་དྲག་རྩལ་ཅན་ཁྱེད་རྣམས་ཀྱིས་སྡང་ བའི་དགྲ་ལ་ཆད་པ་དྲག་པོ་ཆོད་ཅིག བདག་ཅག་ལ་བསམ་ངན་སྦྱོར་རྩུབ་འཆང་མཁན་ཁ་ དཀར་གྱི་ངོ་མཐོང་བཤད་མི། ཁོག་ནག་གི་ཞེ་དུག་གཏོང་མཁན། སྔ་དགྲ་ལག་གིས་བྱས་པ། ད་དགྲ་ཐད་སོར་བུད་པ། རྗེས་དགྲ་ལྐོག་ཤོམ་གང་བྱེད་རྣམས་ཀྱི་སྙིང་ཁྲག་དམར་པོ་ཞལ་དུ་ བཞེས་ཤིག ཀླད་པ་དཀར་པོ་ཞོ་ལྟར་དཀྲུགས་ཤིག མགོ་བོ་དམར་བཅད་ཀྱིས་དོ་ཤལ་ མཛོད་ཅིག རྒྱུ་རློན་ལྡ་ལྡི་ཡིས་སྐུ་རྒྱན་གྱིས་ཤིག ནང་ཁྲོ ལ་གློ་མཆིན་གྱིས་ཞལ་ཟས་མཛོད་ 9-1-636 ཅིག དགྲ་བོའི་ཕ་ཁུ་སྤུན་གསུམ་རོ་ལེབ་ཏུ་ཐོང་ཞིག བུ་ཚ་རིགས་རྒྱུད་ཀྱི་སྐྱེ་རྩ་ཆོད་ཅིག ཡར་གྱི་འཇུ་ཐག་ཆོད་ཅིག མར་གྱི་རྟེན་ཕུར་ཕྱུང་ཞིག རྒྱབ་བརྟེན་གྱི་ལྷ་སྲུང་དང་ཁྲོ ལ་ ཤིག ཁ་རྗེ་དབང་ཐང་རྩ་མེད་དུ་ཐོང་ཞིག དགྲ་བོའི་མི་ནོར་འཁོར་བཅས་ཐལ་བའི་རྡུལ་ ཕྲན་བཞིན་དུ་བརླག་པར་མཛོད་ཅིག བར་འདིར་གོང་མཇུག་ཚང་བར་བྱ། མདོར་ན་བདག་གིས་གང་ བཅོལ་ཐམས་ཅད་ཐོག་མེད་དུ་སྒྲུབས་ཤིག འདི་དག་རྡོ་རྗེ་ཐར་ལ་མཁོ་ནས། མ་ཏིས་སྨྲས་པའོ།། །།དགེའོ།། ༄༅། །འོ་སངས་རྒྱས་ཀྱི་བསྟན་དགྲ་སྤྱི་དང་བྱེ་བྲག་རྒྱལ་བ་གཉིས་པ་ཀུན་མཁྱེན་ཇོ་ ནང་པའི་བསྟན་པ་ལ་དངོས་དང་བརྒྱུད་ནས་གནོད་པར་བྱེད་པའི་དམ་ཉམས་སྡུག་ཅན་དང་ ཁྱད་པར་འདིར་བླ་མ་དང་གྲྭ་སྡེ་ཚུལ་བཞིན་གནས་ལ་དམ་ཚིག་བསྲུང་ཞིང་དམ་ཆོས་བསྒྲུབ་ པ་ལ་ཉེས་མེད་ཀྱིས་བཙན་བཙུགས་གླེང་བཀལ་བྱེད་ཅིང༌། དམ་མེད་སྡིག་ཅན་ལ་ངོ་སོ་དང་ ལོག་འདྲེན་བྱེད་པ། དམ་པ་སོགས་ལ་ཉེས་པ་མེད་བཞིན་དུ་ཉེས་པ་བསྒྲགས་ཤིང་སྐུར་བ་ འདེབས་པ། དགེ་འདུན་གྱི་སྤྱི་རྫས་ལ་མངོན་དུ་འཕྲོག་པ། ལྐོག་ནས་རྐུ་བ་མདོར་ན་གཡོ་ སྒྱུ་སྣ་དགུའི་སྒོ་ནས་སྤྱི་གདན་དང་བཅའ་ལག་སོགས་ངོ་ཚ་མེད་པར་ཁྱེར་བ་དང༌། དགོན་ པ་འདི་ནས་རྒྱུ་རྫས་ཆེ་འབྲིང་ཆུང་གསུམ་རྐུ་ཤོམ་པ་འཕྲོག་ཤོམ་པ། འདིར་འོང་ནས་འཛིང་ གནག་འཁོན་གསུམ་བྱས་ནས་འཚོགས་པ་གཏོར་མཁན་རྣམས་དང༌། ཤིང་བཅའ་རྡོ་གསུམ་ བརྐུས་ནས་ཁྱེར་མཁན་དང༌། བདག་ཅག་ལ་སྔ་སྒྲ་ཐད་དུ་ལང་བ་ཕྱི་དགྲ་ཡིད་ལ་བསམ་པ་ ཁ་དཀར་ལ་སྙིང་ནག་པ་བླ་མའི་བཀའ་བཅགས་ཤིང་མི་ཉན་པ། མཆེད་གྲོགས་ཀྱི་དམ་ལ་ མི་གནས་པའི་ཁྲེ ལ་མེད། ད་དུང་ཡང་འཚོགས་གྲལ་དང་དབང་གྲལ་ལ་འདུག་པ། བསྟན་ སྲུང་ཆོས་སྐྱོང་རྒྱ་མཚོ་ཁྱེད་རྣམས་ཁྱད་གསོད་ནས་བདག་ཅག་རྣལ་འབྱོར་པ་རྣམས་ལ་ བརྙས་བཅོས་བྱེད་པ། བཀའ་སྲུང་དམ་ཅན་གྱི་མཐུ་ལ་མི་སྐྲག་པ། དམ་ཚིག་དང་ལྡན་པའི་ 9-1-637 མི་ལ་ལྷ་མེད་ཟེར་བ། བསྟན་པ་དང་བསྟན་པ་འཛིན་པའི་སྐྱེས་བུ་སྨད་པ། མཐུ་དང་ནུས་པ་ བུ་ལོན་བཞིན་དུ་བསྙག་པ། དམ་ལྡན་རྣལ་འབྱོར་པ་བདག་ཅག་ལ་ཕོད་བཙུགས་པ། འགྲན་ ཚོལ་ལ་ཉེས་པ་ཁོ་རང་གི་བྱས་ནས། ད་དུང་ངན་སྣ་ཚུར་ལ་བཀལ་བ། དེ་རྣམས་ནི་སངས་ རྒྱས་ཀྱི་བསྟན་དགྲ་དཔལ་ལྡན་བླ་མའི་སྐུ་དགྲ་ཞིང་བཅུ་ཚང་བའི་དགྲ་བོ། སེམས་ཅན་ ཡོངས་ཀྱི་ཕན་བདེ་ལ་འཚེ་བའི་ཕུང་འདྲེ་ལགས་ཏེ། ཆོས་སྐྱོང་གི་རྒྱལ་པོ་ཆེན་པོ་ཉམས་པའི་ དགྲ་བོ་བསྒྲལ་པའི་ལས་མཁན་མཐུ་དང་ལྡན། རྩལ་སེང་ཆེན་ལས་ཆེ་བ། བང་བར་སྣང་གི་ གློག་ལས་མྱུར་བ། ཤ་ལ་དགའ་བ། ཁྲག་ལ་རྔམ་པ། ཁ་ནས་ནད་དང༌། དུག་གི་རླངས་པ་ ཐུལ་བ། དགྲ་ལ་ཐན་དང་ལྟས་ངན་སྣ་ཚོགས་གཏོང༌། སྡོམ་མེད་དམ་ཚིག་ཉམས་པའི་སྲོག་ གི་གཤེད་མ། དམ་ལྡན་རྣལ་འབྱོར་བའི་སྲུང་མ། ཁྱེད་རྣམས་ཀྱིས་བསྒྲལ་བའི་ཞིང་དུ་གྱུར་ པ་ཡིན་པས། དམ་ཉམས་སྡིག་ཅན་འདིའི༴ སོགས། འདི་ཡང་མ་ཏིས་སོ།། །། 9-1-638 ༄༅། །དབེན་གནས་དར་རྔའི་གནས་བདག་ལྷ་ཆེན་ རྡོ་རྗེ་དྲག་རྩལ་གཉན་པོའི་བསང་མཆོད་ འདོད་དགུའི་དཔལ་སྟེར་ ཞེས་བྱ་བ་བཞུགས་སོ། ། ༄༅། །བསང་རྫས་སྣ་ཚོགས་དང་གཙང་མའི་ཕུད་རྒོ ད་འདུ་བྱས་ལ། སྐྱབས་སེམས་སྔོན་དུ་འགྲོ་བའི་སྒོ་ནས་རང་ཉིད་ ཡི་དམ་དུ་གསལ་བའི་ལྷའི་ང་རྒྱལ་དང་ལྡན་པས། ཀྱེ་ཆོས་རྣམས་དམིགས་མེད་སྟོང་པའི་ངང་ཉིད་ལས། །ཕྱི་ལྟར་གླང་ཆེན་འགྱིང་འདྲའི་མཁལ་ཁུང་རྩེར། །ནང་ལྟར་རིན་ཆེན་མཛེས་པའི་གཞལ་ མེད་ཁང༌། །གྲུ་བཞི་བཀོད་ལེགས་རྒྱ་ཕིབས་ཏོག་དང་ལྡན། །གསེར་གྱི་རྒྱལ་མཚན་སྟོང་གིས་ བཀྲ་བར་མཛེས། །ཕོ་བྲང་ནང་འཁོར་རིན་པོ་ཆེ་ཡི་མཛོད། །གསེར་དངུལ་དར་ཟབ་རིན་ཆེན་ སྣ་བདུན་དང༌། །བཀྲ་ཤིས་རྫས་རྟགས་བརྒྱད་དང་འདོད་ཡོན་ལྔ། །ཁྲབ་རྨོག་ཕུབ་སོགས་ གཡུལ་ལས་རྒྱལ་བའི་གོས། །མཛོད་མིག་སྟོང་ཕྲག་བྱེ་བས་བསྐོར་བ་ཡི། །དབུས་ཀྱི་ཕོ་བྲང་ ནང་དབུས་ཡངས་པ་རུ། །གསེར་གྱི་ཁྲི་ལ་དར་ཟབ་འབོལ་བརྩེགས་སྟེང༌། །ལྷ་ཆེན་རྡོ་རྗེ་ དྲག་རྩལ་སྐུ་མདོག་དཀར། །ཕྱག་གཡས་མདུང་དར་དཀར་པོ་མཁའ་ལ་ཕྱར། །གཡོན་པས་ 9-1-639 དྲི་མེད་ཤེལ་གྱི་བུམ་པ་འཛིན། །དེ་ནང་འཆི་མེད་ཚེ་ཡི་བཅུད་ཀྱིས་བཀང༌། །ཞབས་གཉིས་ རྒྱལ་པོ་རོལ་པའི་སྟབས་ཀྱིས་བཞུགས། །སྐུ་ལ་ཟ་འོག་དཀར་པོའི་ན་བཟའ་གསོལ། །དབུ་ ལ་འདབ་ལྡན་པད་ཞྭ་དཔོག་མཐོན་རྩེར། །རྡོ་རྗེ་རྒོ ད་ཀྱི་ལྡེ མ་སྒྲོ་དང་བཅས་གསོལ། །འཁོར་ དུ་ལས་བྱེད་རང་འདྲ་དུ་མ་དང༌། །དཀར་ཕྱོགས་སྐྱོང་བའི་ལྷ་ཀླུ་བྱེ་བས་བསྐོར། །རང་ཉིད་ཡི་ དམ་ལྷ་ཡི་ཐུགས་སྲོག་ལས། །འོད་དཀར་གྲངས་མེད་འཕྲོས་པས་བསང་རྫས་ཀྱི། །མ་དག་ ཉེས་སྐྱོན་དྲི་མའི་ཚོགས་བཅས་སྦྱངས། །སྟོང་པའི་ངང་ལས་ཞི་བའི་མེ་ཐབ་ནི། །དཀར་ཟླུམ་ ཡངས་པར་གསེར་ཞུན་འཁྱི ལ་འདྲའི་མེར། །ཤིང་དཀར་ཤུག་པ་སུར་དཀར་འོམ་བུ་དང༌། །སྤེན་དཀར་ཉ་བྲུག་མཁན་དཀར་ཨ་ཀ་རུ། །སྨན་སྣ་ཚོགས་དང་འབྲུ་སྣ་དཀར་པོའི་རིགས། །དར་སྣ་དཀར་པོའི་རིགས་བྱེད་མ་ལུས་པ། །བསྲེགས་པའི་དུད་སྤྲིན་མཁའ་དབྱིངས་ཁྱབ་ པར་གྱུར། །དུ་བའི་ཟེར་མ་རེ་རེའི་རྩེ་མོ་ན། །རྒྱལ་སྲིད་བདུན་དང་བཀྲ་ཤིས་རྫས་རྟགས་ བརྒྱད། །འདོད་ཡོན་ལྔ་དང་རིན་ཆེན་རིགས་སྣ་ཚོགས། །དར་གོས་འབྲུ་སྣ་ཇ་ཆང་ཟས་ཕུད་ དང༌། །དཀར་གསུམ་མངར་གསུམ་མི་ཟད་འདོད་དགུའི་གཏེར། །ས་དང་བར་སྣང་མ་ལུས་ ཡོངས་གང་བའི། །ཡུལ་ལྷ་དགྱེས་པའི་རྫས་སུ་འདུ་གྱུར་ཅིག །ན་མཿསརྦ་ཏ་ཐ་ག་ཏ་བྷྱོ་བི་ ཤྭ་མུ་ཁེ་བྷྱ་ཞེས་པ་ནས་ཁཾ་སྭཱ་ཧཱའི་བར་ལན་བདུན་ནམ་གསུམ་བརྗོད་དེ་བྱིན་གྱིས་བརླབས་ལ། ཀྱེ། ལྷུན་སྡུག་རི་ བོ་གླང་ཆེན་འགྱིང་འདྲ་བའི། །མཁལ་གྱི་རྩེ་མོའི་རིན་ཆེན་ཕོ་བྲང་ན། །བཞུགས་པའི་དཀར་ ཕྱོགས་སྐྱོང་བའི་གནས་ཀྱི་བདག །འཇིག་རྟེན་དྲེགས་པ་འབུམ་གྱི་གཙོ་བོ་སྟེ། །ཆོས་མཛད་ བུ་བཞིན་སྐྱོང་བའི་བསྟན་བསྲུང་བ། །ལྷ་ཆེན་རྡོ་རྗེ་དྲག་རྩལ་མྱུར་མགྱོགས་ཅན། །དེ་རིང་ གདུང་བའི་དབྱངས་ཀྱིས་ཁྱོད་འབོད་ཚེ། །ཆིབས་སུ་རྟ་མཆོག་དུང་མདོག་ལྟར་གསལ་བ། །གསེར་སྒ་དར་སྟན་གཡུ་ཡི་ཡོབ་ཆེན་དང༌། །མུ་ཏིག་གོང་རྨེད་གློ་ལེན་དངུལ་ལས་བྱས། །བཻ་ ཌཱུར་སྲབ་དང་མུ་མེན་མཐུར་གྱིས་བརྒྱན། །དེ་འདྲའི་རྟ་མཆོག་རྒྱན་ལྡན་ལ་བཅིབས་ནས། 9-1-640 །དཀར་ཕྱོགས་སྐྱོང་བའི་ལྷ་ཀླུའི་འཁོར་ཚོགས་བཅས། །མ་ཐོག་བསང་མགྲོན་གནས་འདིར་ གཤེགས་སུ་གསོལ། །ཡིད་འོང་མཛེས་པའི་གདན་ལ་དགྱེས་པར་བཞུགས། །ཏིང་འཛིན་ སྔགས་དང་ཕྱག་རྒྱས་བྱིན་རླབས་པའི། །ཟད་མེད་མཁའ་དབྱིངས་མ་ལུས་ཡོངས་གང་བའི། །ཕུན་ཚོགས་བསང་གི་མཆོད་སྤྲིན་རྒྱ་མཚོ་འདིས། །ལྷ་ཆེན་རྡོ་རྗེ་དྲག་རྩལ་འཁོར་བཅས་ མཆོད། །རྣམ་འབྱོར་བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ཆོས་མཐུན་བསམ་པ་འགྲུབ་ པའི་སྡོང་གྲོགས་མཛོད། །ཕྱོགས་བཅུའི་འཇིག་རྟེན་ཞིང་ཁམས་མ་ལུས་པའི། །དྭངས་བསིལ་ བདུད་རྩིའི་ཨརྒྷཾ་རྒྱ་མཚོ་དང༌། །དཀར་དམར་མཛེས་པའི་མེ་ཏོག་རིགས་སྣ་ཚོགས། །ལྷན་ གཅིག་སྐྱེས་དང་སྦྱར་བའི་བདུག་སྤོས་དང༌། །ཉི་ཟླ་ནོར་བུ་ལ་སོགས་སྣང་གསལ་ཚོགས། །ག་བུར་སྨན་སོགས་དང་བཅས་དྲི་བཟང་ཆབ། །རོ་མཆོག་བརྒྱ་ལྡན་ཞལ་ཟས་རྒྱ་ཆེན་དང༌། །སྙན་འཇེབས་སྒྲོག་པའི་སྒྲ་དབྱངས་ལ་སོགས་པས། །ལྷ་ཆེན་རྡོ་རྗེ་དྲག་རྩལ་འཁོར་བཅས་ མཆོད། །རྣམ་འབྱོར་བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ཆོས་མཐུན་བསམ་པ་འགྲུབ་ པའི་སྡོང་གྲོགས་མཛོད། །ཕྱོགས་བཅུའི་འཇིག་རྟེན་ཞིང་ཁམས་མ་ལུས་པའི། །གཞན་ཡང་ སྟོང་གསུམ་སྟོང་གི་འཇིག་རྟེན་གྱི། །རི་རབ་གླིང་བཞི་ཉི་ཟླ་བྱེ་བ་བརྒྱ། །ཁང་བཟང་སྐྱེད་ཚལ་ རིན་ཆེན་དར་གོས་ཕྲུག།ནས་འབྲས་གྲོ་སྲན་ལ་སོགས་འབྲུ་དྲུག་དང༌། །རྟ་ནོར་གླང་ཆེན་ལ་ སོགས་གཡུང་དྭགས་དང༌། །ཤ་རྐྱང་ལ་སོགས་རི་དྭགས་རིགས་བྱེད་དང༌། །རྨ་བྱ་ཤང་ཤང་ ལ་སོགས་འདབ་ཆགས་རིགས། །ལྷ་མིའི་ཡུལ་གྱི་འདོད་ཡོན་རྒྱ་མཚོ་འདིས། །ལྷ་ཆེན་རྡོ་རྗེ་ དྲག་རྩལ་འཁོར་བཅས་མཆོད། །རྣལ་འབྱོར་བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ཆོས་ མཐུན་བསམ་པ་འགྲུབ་པའི་སྡོང་གྲོགས་མཛོད། །ཕྱོགས་བཅུའི་འཇིག་རྟེན་ཞིང་ཁམས་མ་ ལུས་པའི། །ལྷ་ཁྱོད་མཆོད་ནས་ཕྲིན་ལས་བཅོལ་བ་ནི། །རྒྱལ་བསྟན་སྤྱི་དང་ཁྱད་པར་ཇོ་ནང་ པའི། །བསྒྲུབ་བརྒྱུད་བསྟན་དང་བསྟན་པ་འཛིན་པའི་སྡེ། །ཡུན་རིང་ཕྱོགས་བཅུར་རྒྱས་པའི་ 9-1-641 ཕྲིན་ལས་མཛོད། །གཞན་ཡང་གནས་འདིར་འདུག་པའི་རྣལ་འབྱོར་པ། །བདག་ཅག་དཔོན་ སློབ་ཆོས་མཛད་མཆེད་གྲོགས་ཀྱི། །འཆད་རྩོད་རྩོམ་པས་ལོག་རྟོག་མུན་པ་བཅོམ། །ཐོས་ བསམ་སྒོམ་པས་ཉམས་རྟོགས་ཟླ་ལྟར་འཕེལ། །འཛིན་སྐྱོང་སྤེལ་བས་ངེས་དོན་རང་ལུགས་ སྐྱོང༌། །སྡོམ་གསུམ་གཙང་མའི་སེམས་ཀྱི་ཞིང་ས་ལ། །རྨད་བྱུང་དབང་བཞིའི་ཆར་རྒྱུན་ ལེགས་ཕབ་ནས། །རིམ་གཉིས་ལམ་གྱི་ས་བོན་ཡང་དག་བཏབ། །སྐུ་བཞིའི་འབྲས་བཟང་ གཡུར་དུ་སྨིན་པར་མཛོད། །འདིར་འདུས་རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །དམ་ ཆོས་སྒྲུབ་པའི་མཐུན་རྐྱེན་ལེགས་ཚོགས་ཀུན། །འབད་ཅིང་རྩོལ་བས་རེ་ལྟོ ས་མི་དགོས་པར། །གེགས་མེད་ལྷུན་གྱིས་གྲུབ་པའི་ཕྲིན་ལས་མཛོད། །མདོར་ན་བདག་ཅག་དཔོན་སློབ་འཁོར་ བཅས་ལ། །གནོད་ཅིང་འཚེ་བའི་བསམ་སྦྱོར་ངན་རྩོམ་པའི། །མི་དང་མི་མིན་དགྲ་བགེགས་ འབྱུང་པོ་དང༌། །ནད་རིམ་སྐྱེན་ངན་མི་མཐུན་ཕྱོགས་མཐའ་དག །སྐད་ཅིག་ཉིད་ལ་བཟློག་ པའི་ལས་མཛོད་ལ། །མཐུན་རྐྱེན་མཐའ་དག་འགྲུབ་པའི་སྡོང་གྲོགས་མཛོད། ། 9-1-642 ༄༅། །གཏད་སྤྲུག་གི་དཀྱིལ་འཁོར་ཐིག་ཚོན་ རབ་གསལ་མེ་ལོང༌བཞུགས། ༄༅། །རིག་འཛིན་པདྨ་སཾ་བྷ་ཝ། །གང་ལ་བཏུད་དེ་སྐབས་འདིར་ནི། །ཀླུ་འདུལ་ཁྱུང་ ནག་གཏད་སྤྲུག་གི །བཅོས་ཀ་ས་བདག་དཀྱིལ་འཁོར་གྱི། །ཐིག་ཚོན་རྣམ་གཞག་གོ་བདེ་ བ། །རབ་གསལ་ངག་གི་ལམ་ནས་འཆད། །དེ་ལ་ས་སྟེགས་ལ་སོགས་པ། །ཁོད་སྙོ མས་ ག་དར་བྱས་པའི་གཞིར། །ཚངས་ཟུར་ཐིག་རྣམས་ལེགས་པར་བཏབ། །ཚངས་པའི་ཐིག་ གི་ངོས་སྟེང་ནས། །མཐའ་ནས་དཀྱིལ་བར་ཉེར་གཅིག་བགོ །བཅུ་དྲུག་པ་ནས་ཟླུམ་སྐོར་ བྱ། །དེ་ནས་ཟུར་ཐིག་འཕྲད་མཚམས་ནས། །མདའ་ཐིག་གྲུ་བཞིར་གདབ་པར་བྱ། །ཟུར་ ནས་དཀྱིལ་བར་གསུམ་དུ་བགོ །ཕྱི་མ་བཏབ་པས་རྩ་ཐིག་འབྱུང་། །རྩ་ཐིག་མདའ་ཐིག་བར་ གྱི་ས། །གཉིས་དབྱེ་རེ་རེའང་སྒོ་ཚད་རེ། །ནང་མ་དབུས་དོར་མཐའ་གཉིས་གདབ། །ཕྱི་མ་ ཕྱེད་གདབ་དེའི་ཕྱི་ཕྱེད། །རྩིག་པ་འདོད་སྣམ་ཕ་གུ་དང༌། །དྲྭ་ཕྱེད་ཤར་བུ་མདའ་ཡབ་ཡིན། །ཚངས་པའི་ཐིག་གི་གཡས་གཡོན་དུ། །སྒོ་ཚད་གཉིས་གཉིས་གྱེན་ཐིག་གདབ། །ནང་མ་ ཕྱེད་གདབ་དེའི་ཕྱི་ཕྱེད། །ཕྱི་མ་བཞིར་གཏུབ་ཐིག་སྣེ་རྣམས། །རྟ་བབས་རྩེ་མོའི་བར་དུ་དྲང༌། །རྟ་བབས་ཡན་ལ་ནང་མ་ཡང༌། །ཆ་ཆུང་གཉིས་སུ་དབྱེ་བར་བྱ། །གྱེན་ཐིག་དང་པོ་ཕྱི་ངོས་སུ། །རྩ་བའི་ཐིག་ནས་བཞི་པར་རེག །དེ་ནས་ལོགས་སུ་གསུམ་པའི་བར། །སྟེང་དུ་གཅིག་སོང་ 9-1-643 གཡས་གཡོན་སྦྲེལ། །བཞི་པ་སྟེགས་བུའི་ཕྱི་ཐིག་ནས། །སྟེང་དུ་བཞི་སོགས་གཡས་གཡོན་ སྦྲེལ། །ལྔ་དྲུག་བདུན་རྣམས་འདོད་སྣམ་གྱི། །མཐའ་ནས་མདའ་ཐིག་བར་དུ་དྲང༌། །སྒོ་རྩིག་ མུན་པ་ཀ་ཀ་རྒྱན། །ཕྲེད་ཐིག་དང་པོ་རྩ་ཐིག་ནི། །གྱེན་ཐིག་དང་པོར་རེག་པར་བྱེད། །གཉིས་ གསུམ་གཉིས་རེག་བར་མཚམས་སྦྲེལ། །བཞི་ལྔ་དྲུག་རྣམས་བདུན་པར་རེག །མདའ་ཐིག་ ཟུར་ནས་ཟུར་དུ་དྲང༌། །རྟ་བབས་མདའ་ཕྱིར་སྒོ་གཉིས་གདབ། །དང་པོ་བཞིར་དབྱེ་གཉིས་ པ་ནི། །དབུས་དོར་མཐའ་གཉིས་བཞི་ཆ་གདབ། །གླང་རྒྱབ་མིག་གསུམ་བསྐོར་ཚུལ་ནི། །མདའ་ཕྱིར་གཅིག་དང་ཚངས་འཕྲད་ནས། །ཆ་ཆུང་གཉིས་ཀྱི་སྟེང་དུ་བསྐོར། །ཚངས་ལས་ གཉིས་པ་མདའ་ཐིག་དང༌། །འཕྲད་པ་ནས་བཟུང་ཆ་གཉིས་བསྐོར། སླར་ཡང་ནང་དུ་ཆ་ཕྱེད་ བསྐོར། །སྣམ་བུ་དང་པོ་ཆ་ཆུང་བརྒྱད། །དེ་ནས་རེ་རེས་ཐུང་བར་བྱེད། །པདྨ་དེ་ལས་གཉིས་ ཀྱིས་ཐུང༌། །གསེར་དང་ཤར་བུ་རིན་ཆེན་དང༌། །མདའ་ཡབ་པདྨ་ཆོས་འཁོར་གདུགས། །འཁོར་ལོ་ཆ་གཉིས་གདུགས་ཆ་གཅིག།ཆོས་འཁོར་གདན་དུ་པད་ཟླ་གཉིས། །བྲི་ན་པདྨའི་ གནས་དེ་ཉིད། །གཉིས་དབྱེ་འོག་པད་སྟེང་ཟླ་བ། །དེ་ནས་འདི་ལ་རྭ་བསྐོར་ན། །མདའ་ཐིག་ ཚངས་ལས་གཉིས་འཕྲད་ནས། །ཀ་རྒྱན་རྩེ་བསྐོར་ནང་རྭ་དང༌། །ངོས་སུ་གཉིས་ཕྱིན་ཚད་སྔ་ མས། །བསྐོར་བ་རྡོ་རྭའི་ཕྱི་ཐིག་གོ །དབུས་རྭ་དཀྱིལ་དུ་ཆ་ཆེན་གཅིག །རྩ་བར་ཚངས་ལས་ གཡས་གཡོན་དུ། །ཆ་ཆུང་ཕྱེད་དང་གཅིག་རེ་སྲིད། །ཡང་ན་རྩ་བར་ཆ་ཆུང་གཉིས། །རྩེ་མོ་ རྣོ་བའི་ཚུལ་དུ་བཅད། །ཡང་ན་རྩེ་མོ་ཆ་ཆུང་གཅིག །དབུས་རྭའི་རྩེ་མོའི་ཕྱི་རོལ་དུ། །ས་ ཁྱོན་གང་ལྷག་གཉིས་སུ་བགོ །རེ་རེ་ཡང་ཟླུམ་པོའི་ཐིག་གིས་བསྐོར། །ཟླུམ་བསྐོར་ནང་མའི་ ས་གཞི་ལ། །བཀའ་ཡི་ལྷ་སྲིན་སྡེ་བརྒྱད་དང༌། །བཀྲ་ཤིས་རྫས་རྟགས་སྣ་བདུན་སོགས། །འདོད་རྫས་དུ་མ་རིམ་བཞིན་བྲི། །ཟླུམ་བསྐོར་ཕྱི་མའི་ནང་ལ་ནི། །ལྗོན་ཤིང་ར་བས་བསྐོར་ བ་བྲི། །དེས་ནི་དཀྱིལ་འཁོར་ཕྱི་མ་འགྲུབ། །དེ་ནས་ནང་ཐིག་འདེབས་པ་ནི། །རྩ་བའི་ཐིག་ 9-1-644 ནས་ལྟེ་བའི་བར། །ཆ་བརྒྱད་དུ་ནི་ལེགས་པར་བགོ །ཆ་རེ་ཟླུམ་པོའི་ཐིག་རེ་གདབ། །དེ་ལ་ བསྐོར་ཐིག་བརྒྱད་འབྱུང་ངོ༌། །བསྐོར་ཐིག་ནང་མའི་ལྟེ་བ་རུ། །རང་གི་སུམ་ཆ་བསྐོར་བར་བྱ། །དེ་ནི་པད་འདབ་ནང་མའི་དབུས། །སུམ་ཆའི་ལྷག་མའི་རང་སའི་ཁྱོན། །དེ་ནི་དང་པོ་འདབ་ མའི་གནས། །དེ་ལ་པད་འདབ་བཅད་ཚུལ་ནི། །ཚངས་ཐིག་བཞི་པའི་དྲང་ཐད་ནས། །ཟླུམ་ པོའི་ཚུལ་གྱི་རི་མོས་བཅད། །འདིས་ནི་པད་མ་འདབ་བཞི་འགྲུབ། །འདབ་མ་གཉིས་པའང་ དེ་ལྟར་བྱ། །འདབ་མ་གསུམ་པའི་ས་ཁྱོན་དུ། །ཐིག་ཆེན་བརྒྱད་པའི་སྟེང་ཐད་ནས། །གོང་ བཞིན་བཅད་པའི་འདབ་བརྒྱད་ཡོང༌། །འདབ་མ་བཞི་པའི་ནང་དུ་ནི། །ཤར་ནུབ་ཚངས་ཐིག་ གཡས་གཡོན་དུ། །ཆ་ནི་ལྔ་ལྔར་ལེགས་བགོས་ཏེ། །དེ་དག་འདབ་མའི་ཚུལ་དུ་བྲི། །འདབ་ མ་བཅུ་པའི་གྲངས་སུ་འགྱུར། །དེ་ནས་འདབ་མ་ལྔ་པའི་ནང༌། །ཤར་ནུབ་ཚངས་ཐིག་གཡས་ གཡོན་ལ། །དྲུག་དྲུག་བྱས་ནས་གོང་བཞིན་བྲི། །པདྨ་འདབ་མ་བཅུ་གཉིས་པོ། །དེ་ནས་ འདབ་མ་དྲུག་པ་ལ། །གོང་ལྟར་ཚངས་ཐིག་ངོས་གཉིས་ནས། །ཆ་ནི་བཅུ་དྲུག་བཅུ་དྲུག་བགོ །འདབ་མའི་རི་མོ་གོང་བཞིན་བྲི། །དེས་ནི་པད་འདབ་སོ་གཉིས་སོ། །དེ་ནས་འདབ་མ་བདུན་ པ་ཡང༌། །གོང་གིས་པད་འདབ་བཞི་དང་མཚུངས། །པད་འདབ་ཐ་མ་བརྒྱད་པའི་ནང༌། །ཤར་ ནུབ་ཚངས་ཐིག་གཡས་གཡོན་དུ། །ཆ་ནི་བཅུ་བཞི་བཅུ་བཞིར་བགོ །དེ་དག་སྟེང་ནས་འདབ་ མ་བྲི། །གྲང་ནི་ཉེར་བརྒྱད་དག་དུ་འགྱུར། །དེ་དག་གིས་ནི་ནང་དཀྱིལ་གྱི། །བྲི་ཐིག་ཙམ་ནི་ གྲུབ་པའོ། །དེ་ནས་ཚོན་གྱི་རིམ་པ་ནི། །པདྨ་བརྒྱད་པོ་མཛེས་ཚོན་བྱ། །གསེར་སྣམ་སེར་ལ་ ཤར་བུ་ནི། །གཞི་སྔོར་ནོར་བུ་མིག་གསུམ་པ། །ཐུར་དུ་བསྟན་ནམ་སྤྱི་བླུག་དབྱིབས། །རིན་ ཆེན་དམར་ལ་མདའ་ཡབ་དཀར། །པདྨ་སྣ་ཚོགས་ཟླ་བ་དཀར། །ཆོས་འཁོར་སེར་ལ་གདུང་ ནི་དཀར། །དེ་ནི་རྟ་བབས་ཚོན་མདོག་ཡིན། །དེ་ནས་དཀྱིལ་འཁོར་ཚོན་མདོག་ཁྱོན། །རྩིག་ པ་ལྗང་ཁུའི་མདོག་ཏུ་བྱ། །སྟེགས་བུ་དཀར་རམ་དམར་པོ་འམ། །ཕ་གུ་དམར་སེར་དྲྭ་ཕྱེད་ 9-1-645 ནག ། ཤར་བུ་སྔོ་ལ་མདའ་ཡབ་དཀར། སྒོ་ཁང་རྣམས་དང་ཀ་བ་རྣམས། །ཕྱོགས་མདོག་ ཀ་རྒྱན་རྣམས་མཛེས་ཚོན། །མུན་པ་ཁ་དོག་ནག་པོ་དང༌། །རྡོ་རྗེ་རྭ་རྣམས་ཕྱོགས་མདོག་གོ །ཕྱོགས་མདོག་ཤར་དཀར་ལྷོ་སེར་དང༌། །ནུབ་དམར་བྱང་ལྗང་གནས་ན་སྙོ མས། །གཞན་ ཡང་མཆོད་རྫས་འགོད་ཚུལ་སོགས། །ཕྲ་མོའི་རིག་རྣམས་རིགས་པས་འཕྲུལ། །ལག་ལེན་ ཅུང་ཟད་མི་བདེ་རུང༌། །འདི་ནི་དཀྱིལ་འཁོར་ཐིག་ཚད་ལགས། །ཞེས་པ་འདི་ཡང་ངག་རིན་ལ་མཁོ་ ཕྱིར། མ་ཏིས་མིང་གིས་བྲིས་པ་དགེའོ།། །།བཀྲ་ཤིས། སརྦ་མངྒ྄་ལཾ། 9-1-646 ༄༅། །རྡོ་རྗེ་མི་འཁྲུགས་པའི་སློབ་མ་སྟ་གོན་གྱི་ ལག་ལེན་བཞུགས། ༄༅། །འདི་ལ་སྦྱོར་དངོས་རྗེས་གསུམ་ལས་དང་པོ་སྦྱོར་བ་ལ་ས་ཆོགབུམ་པ་སྟ་གོན། ལྷ་སྟ་གོན། སློབ་མ་སྟ་གོན་དང་ བཞི་ཡོད་པ་ལས་དང་པོ་གསུམ་ལེགས་པར་གྲུབ་ཟིན། ད་ལན་གྱི་སྐབས་སུ་སློབ་མ་སྟ་གོན་བྱ་བ་ལ་ཐོག་མར་ཁྱེད་རང་རྣམས་ ཀྱི་བསམ་པའི་ཀུན་སློང་འཁོར་བ་ལ་ཞེན་པ་ལོག་ནས་མྱ་ངན་ལས་འདས་པའི་གོ་འཕང་དོན་དུ་གཉེར་བའི་བསམ་པ་བརྟན་པོ་ བསྐྱེད་པ་ནི། རང་གི་བསླབ་ལྡན་འཁོར་བཞི་པོ༴ སོགས་བརྗོད། དེ་ནས་རྣ་བ་གཏད་པར་བསྐུལ་བ་ འདི་ཡང་གསན་འཚལ། རྟོག་པ་ཐམས་ཅད་སོགས། དེ་ནས་ཁྱད་པར་གྱི་དོན་སློབ་མ་སྟ་གོན་ གྱི་ཆོས་རྣམས་ཞུ་བའི་ཆེད་དུ་མཎྜལ་ཕུལ། དེ་ནས་སློབ་དཔོན་རྡོ་རྗེ་མི་འཁྲུགས་པ་དངོས་ སུ་མོས་ནས། སོགས། གཞུག་ཏུ་གསོལ། བར་གསུམ་བྱའོ། །དེ་ནས་གསང་སྔགས་ཀྱི་ཆོས་ལ་སྤྲོ་ བ་བསྐྱེད་པ་འདི་ལ་གསན་པའི་ཁྱད་པར་གདའ་སྟེ། བུ་ཚུར་ཤོག་ཅིག༴ སོགས་བརྗོད། དེ་ནས་ རྒྱུན་བཤགས་ཀྱི་དོན་དུ་དམིགས་པ་འདི་བཞིན་མཛོད། ཁྱོད་རང་རྣམས་ཀྱི་མདུན་དུ་རྡོ་ རྗེ་མི་འཁྲུགས་པའི༴ སོགས། འགྲུབ་པར་མཛོད། གསུམ་བྱ། དེ་ཁྱེད་རང་རྣམས་ཀྱི་དམིགས་པ་ འདི་ལྟར་མཛོད། ཁྱེད་རང་རྣམས་སྐད་ཅིག་གིས་པད་ཟླའི་གདན་ལ་རྡོ་རྗེ་མི་འཁྲུགས་པ་སྐུ་ 9-1-647 མདོག་ཨིནྡྲ་ནཱི་ལ་ལྟར༴ སོགས། བཞུགས་པར་མོས་ཤིག དེ་ནས་སློབ་དཔོན་གྱིས་རྡོ་རྗེ་རྩེ་ ལྔ་པའི་ཕྱག་རྒྱས་ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་གཏུགས་ཏེ། ཀཾ་ཀ་ནི༴ ལན་གསུམ་བརྗོད། ཞེས་བརྗོད་པས་ཁྱེད་རྣམས་ཀྱི་ཐ་མལ་གྱི་ལུས་ངག་ཡིད་གསུམ་ཀུན་རྟོག་མ་ལུས་པ་བཅོམ་ ནས་དག་པ་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱི་ངོ་བོར་གྱུར་པའི་མོས་པ་མཛོད། དེ་ ལྟར་གསལ་བ་ལ་དགའ་སྟོན་གྱི་ཚུལ་དུ་རྣམ་ལྔའི་མཆོད་པ་ཕུལ་བའི་མོས་པ་མཛོད། ༀ་ བཛྲ་པུཥྤེ་ཨཱཿཧཱུཾ། སོགས། ནཻ་ཝི་ཏྱེའི་བར་གྱིས་མཆོད། དེ་ནས་སོ་ཤིང༌། ཨ་མྲ་ཏས་བསང༌། ཀཾ་ཀ་ནི༴ ཚར་ གཅིག་གིས་བྱིན་རླབས་བྱ་སྟེ། བྱིན་ལ། བཛྲ་ཧ་ས༴ དོར། འཁྱོར་ཆུ། ཀཾ་ཀ་ནི༴ བཟླས་ཏེ་བྱིན་བརླབས། ཧྲཱིཿབི་ ཤུདྡྷས་བཏུང༌། དཔུང་རྐུད་ནི། སྟོང་པའི་ངང་ལས༴ སོགས། སྭཱཧཱས་བར་བྱ། ཀུ་ཤ་ནི། དྷི་དང་ཧ་ལས༴ སོགས་ ཀྱིས་སྦྱིན། དེ་ནས་ཆོས་ཟབ་མོ་བཤད་པའི༴ སོགས། མཛོད་ཅིག དེ་ནས་རྨི་ལམ་བརྟགས་པ་ནི། བུ་ཀྱེ་ སང་གི༴ སོགས། སྨོས། ཅེས་བར་བརྗོད། ད་ནི་ཁྱེད་རང་རྣམས་རང་གནས་སུ་སླེབས་ལ། སྔར་སྦྱིན་ པའི་ཀུ་ཤ་ཆེ་བ་དེ་གདན་དང་ཆུང་བ་སྔས་ཀྱི་ཚུལ་དུ་གྱིས་ལ་མི་མ་ཡིན་གྱི༴ སོགས། སྨོས་ཤིག བར་བརྗོད། དེ་དག་གིས་སྟ་གོན་གྱི་ཆོས་རྣམས་ལེགས་པར་གྲུབ་པ་ཡིན་ནོ། །བསོད་ནམས་ འདི་ཡིས༴ སོགས་སོ། །ཞེས་པ་འདི་ཡང་སྐྱབས་མགོན་མ་ཏིས་གསུང་དང་རྗེ་ཉིད་ཕྱག་བྲིས་ལ་མ་ཕྱི་བྱས་སོ།། །། ༄༅། །སྐབས་སུ་བབ་པའི་སྦྱོང་རྒྱུད། དེང་འདིར་སློབ་མ་རྗེས་སུ་བཟུང་ནས་དབང་བསྐུར་བའི་བྱ་བ་ལ་སྦྱོར་དངོས་ གཉིས་ཀྱི་ཐོག་མར་སའི་ཆོ་ག་དང༌། སྟ་གོན་གཉིས་ཀྱི་དང་པོ་གྲུབ་ནས་གཉིས་པ་ལ་ས་ལྷ་སྟ་གོན་དང༌། ལྷ་ལྷག་པར་གནས་ ནས་བུམ་པ་སྟ་གོན་བྱ་བ་དང༌། སློབ་མ་སྟ་གོན་དང་གསུམ་གྱི་དང་པོ་གཉིས་ཀྱང་གྲུབ་ཟིན། ད་ལན་གྱི་སྐབས་སུ་སློབ་ མ་སྟ་གོན་བྱ་བ་ལ་ཐོག་མར་སྔགས་ཀྱི་ཆོས་ལ་དོན་གཉེར་བསྐྱེད་པའི་ཆེད་དུ་ཆོས་འདིའི་ ཡོན་ཏན་གྱི་ཆེ་བ་བརྗོད་པའི་སྒོ་ནས་སྔགས་ལ་འཇུག་པའི་བསམ་པ་བརྟན་པོ་བསྐྱེད་པའི་ ཚིག་འདི་ལེགས་པར་གསན་འཚལ། སྔགས་ཀྱི་དངོས་གྲུབ༴ {སྤྱི་འགྲོ་}སོགས། འདི་འབྲས་ 9-1-648 འགྲུབ། བར་བརྗོད། དེ་ནས་སློབ་མ་སྟ་གོན་གྱི་ཆོས་རྣམས་ཞུ་བའི་ཆེད་དུ་བླ་མ་དང་ཁྱབ་བདག་ རྣམ་སྣང་ཆེན་པོ་དབྱེར་མ་མཆིས་པའི་དྲུང་དུ་མཎྜལ་ཞིག་འབུལ་བར་མཛོད། དེ་ལྟར། སོགས། {འཚམས}ལན་གསུམ། མཛོད། དགའ་ཆེན་ཁྱོད་བདག༴ སོགས། དེ་ནས་སྔགས་ཀྱི་ཆེ་བ་བརྗོད་ པའི་ཚིག་འདི་ལ་གསན་པའི་ཁྱད་པར་གདའ་སྟེ། བུ་ཚུར་ཐེག་པ། {སྦྱོང་རྒྱུད}སོགས་བརྗོད། དེ་ ཁྱེད་རང་རྣམས་ཀྱི་རྣ་བ་ལེགས་པར་གཏད་དེ་སེམས་ནང་དུ་བསྡུས་ནས་ཉན་པར་བསྐུལ་བ་ ནི། རྟོགས་པ་ཐམས་ཅད་{སྦྱོང་རྒྱུད} སོགས་བརྗོད། དེ་ནས་རྒྱུན་བཤགས་བྱ་བའི་སླད་དུ་དམིགས་ པ༴ {མཚམས་སྦྱོར}སོགས་ནས། བགྱི། ཞེས་པའི་བར་བྱ། དེ་ནས་སྔགས་དང་ཕྱག་རྒྱས་བྱིན་གྱིས་རླབས་ པ་ནི། སོགས། ཅེས་པས་སྒོ་གསུམ་བྱིན་གྱིས་རླབས་པ་ཡིན་ནོ། །དེ་ནས་སློབ་དཔོན་གྱིས་རྡོ་རྗེ་ དང་བཅས་པའི་དྲི་བཟང་གི་ཆུས་ཁྱེར་རང་རྣམས་ཀྱི་སྙིང་ག་དཔྲལ་བ་མགྲིན་པ་སྤྱི་བོ་རྣམས་ སུ་རེག་ཏེ། བཛྲ་སཏྭཱ་བཛྲ་རཏྣ་བཛྲ་ཀརྨ་ཞེས་བརྗོད་པའི་སོགས། མཛོད། ཅེས་བར་བརྗོད། སླར་ ཡང་གནས་ཉེར་གཉིས་བྱིན་གྱིས་རླབས་པ་ནི། ༀ་བཛྲ་ཨ་དྷི༴ སོགས་ཀྱི། མོས་པ་མཛོད། བར་ བརྗོད། དེ་ནས་བྱིན་གྱིས་བརླབས་པའི་རྡོ་རྗེའི་སློབ་མ་ཁྱེད་རང་རྣམས་ལ་དྲི་ཆབ་ལ་སོགས་ པའི་མཆོད་པ་ཕུལ་བའི་མོས་པ་གྱིས་ཤིག ༀ་བཛྲ་གནྡྷེ་ཨཱཿཧཱུཾ། དེ་བཞིན་དུ། དྷུ་པེ༴ ནཻ་ཝི་ཏྱ༴ ཨཱ་ ལོ་ཀེ་ཨཱཿཧཱུཾ། དེ་ནས་{སྦྱོང་} སོ་ཤིང་། འཁྱོར་ཆུ། ཀུ་ཤ དཔུང་སྐུད་རྣམས་རིམ་གྱིས་སྦྱིན། དེ་ནས་ཆོས་ཟབ་མོ་ བཤད་པའི༴ སོགས། མཛོད་ཅིག ཅེས་བར་བརྗོད། དེ་ནས་རྨི་ལམ་བརྟགས་ཤིང་ངན་ན་བསྲུང་བ་ ནི། {སྦྱོང་} བུ་ཀྱེ་སང་གི་དཀྱིལ་འཁོར་དག སོགས། དགོས་པ་ཡིན། ཞེས་པའི་བར་བརྗོད། ༀ་བཛྲ་ སཏྭ་ཨུཥྞི་ཥ་ཧཱུཾ་ཕཊ། ཅེས་པའི་སྔགས་དང་རྡོ་རྗེ་གཙུག་ཏོར་གྱི་ཕྱག་རྒྱ་སྤྱི་བོར་བཞག་ནས་སྲུང་བ་བྱ། དེ་ནས་བསྲུང་ བར་བྱ་བ་ནི། སོགས། ཕཊ། ཅེས་པས་བར་ཆད་ཐམས་ཅད་བསྲུངས་པར་བྱས་པ་ཡིན་ནོ། །དེ་ ནས་ཀྱེ་བཞིན་བཟང་རྣམས་ལོངས་ལ་དེ་བཞིན་གཤེགས་པ་རྣམས་ལ་ཕྱག་བྱོས་ཤིག ནངས་ པར་དཀྱིལ་འཁོར་ཆེན་པོར་མཐོང་བར་འགྱུར་རོ། །དེ་དག་གིས་ནི་སློབ་མ་སྟ་གོན་གྱི་ཆོས་ 9-1-649 རྣམས་ལེགས་པར་གྲུབ་པ་ཡིན། བསོད་ནམས་འདི་ཡིས༴ སོགས་སོ། །ཞེས་པ་ནི་སྐྱབས་མགོན་མ་ཏིས་ གསུང་ཡིན། རྗེ་ཉིད་ཀྱི་ཕྱག་བྲིས་ལ་མ་ཕྱི་བྱས་པ་ལགས།། །། ༄༅། །ངོ་སྤྲོད་དང་རྩ་བསྐྱེད་སྐོར་བཞུགས། ༄༅། །ངོ་སྤྲོད་དང་རྩ་བསྐྱེད་སྐོར་བཞུགས། འོ་འཇིག་རྟེན་འདི་ནས་ཕ་རོལ་ཏུ་སོང་བའི་ཆྒཻ་མོ། ཞེས་བྱ་བ་ཁྱོད་ངན་སོང་ལས་འདྲེན་པའི་ཐབས་སུ་བཅོམ་ལྡན་འདས་ཀྱིས་ངན་སོང་སྦྱོང་ བའི་རྒྱུད་དུ་སྦྱང་བྲབ་ཁྲུས་བཤགས་ལམ་སྦྱང་བསྟན་དྲུག་གི་ཆོ་ག་ལེགས་པར་གསུངས་ པ་ལ་བརྟེན་འདིར་རྒྱུད་སྡེ་གོང་འོག་ཀུན་ཏུ་རུང་མཐུན་སྦྱར་བའི་ཕྱག་བཞེས་ལྟར་ད་ལན་ སྡིག་པ་བཤགས་པའི་སྐབས་སུ་བབ་པ་ཡིན། དེ་ལ་སྡིག་སྦྱོང་བཤགས་ཡུལ་མདུན་མཁར་ འཇའ་འོད་སྣ་ལྔ་འཁྲིགས་པའི་དབུས་ན་ངན་སོང་སྦྱོང་བའི་མངའ་བདག་བཅོམ་ལྡན་འདས་ མི་འཁྲུགས་པའི་དཀྱིལ་འཁོར་ལ་བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་ ཐམས་ཅད་ཀྱིས་ཕྱོགས་ཀུན་ནས་བསྐོར་བཞིན་བཞུགས་པ་ལ་ཡིད་ཁྱེད་ཤེས་ཀྱིས་དད་པ་ བརྟན་པོ་དང་བཅས་པའི་སྒོ་ནས་སྐྱབས་སུ་འགྲོ་ཞིང༌། ཕྱག་འཚལ་ཏེ་འཁོར་ཚེ་ཐོག་མེད་ ནས་བསགས་པའི་སྡིག་ལྟུང་མཐའ་དག་ལ་གནོང་འགྱོད་དྲག་པོ་དང༌། ཕྱིན་ཆད་ལེགས་པར་ སྡོམ་སེམས་ཡང་དག་གིས་བཤགས་པ་འབུལ་བའི་མོས་འདུན་དང་བཅས་འདིའི་རྗེས་ཟློས་ མཛོད་ཅིག འདི་བརྩོན་མིང་གི་ངོར། མ༵་ཏི༵ས་སོ།། །། ༄༅། །རྡོ་རྗེ་འཆང་གི་རྩ་བསྐྱེད། འོ་ཁྱོད་རང་གིས་དམིགས་པ་འདི་བཞིན་མཛོད་ཅིག རང་ 9-1-650 གི་ལུས་གདོས་བཅས་འདི་ཉིད་སྐད་ཅིག་ལ་ཕྱི་གསལ་ནང་གསལ་འོད་ཀྱི་རང་བཞིན་ཅན་ལྟེ་ བ་ནས་སྤྱི་གཙུག་གི་བར་རྩ་དབུ་མ་དྲང་ཐ་ལེ་མས་སྣ་ཟུམ་ཞིང་ཡས་ཁ་རྒྱ་མཐོངས་ལྟར་ཕྱེ་བ་ དེའི་ནང་སྙིང་གི་ཐད་ཙམ་ན་རྣམ་རིག་དང་བཅས་པའི་ཆར་གྱུར་པ་མར་མེའི་མེ་ལྕེ་ལྟ་བུ་འོད་ ལམ་མེའི་རྣམ་པར་གསལ་ཐོབ་ལ། ཁྱོད་རང་གི་སྤྱི་གཙུག་མདའ་གང་ཙམ་གྱི་ནམ་མཁའ་ལ་ སེང་ཁྲི་པད་ཟླ་ཉི་མ་སྒྲ་གཅན་གྱི་གདན་སྟེང་དུ་སྐྱབས་ཀུན་འདུས་པའི་བདག་ཉིད་བླ་མ་རྡོ་ རྗེ་འཆང་ཆེན་སྐུ་མདོག་སྔོན་པོ། ཞལ་གཅིག་ཕྱག་གཉིས་པས་རྡོར་དྲིལ་ཐུགས་ཀར་བསྣོལ་ ཞིང༌། ཞབས་སྐྱིལ་ཀྲུང་དུ་བཞུགས་པ་ལོངས་སྤྱོད་རྫོགས་པའི་ཆས་ཀྱིས་ཉེ་བར་བརྒྱན་པ་ མཁྱེན་བརྩེ་རྒྱ་མཚོའི་མངའ་བདག་ཏུ་ལེགས་བཞུགས་མཛད་པར་མོས་ཏེ་ཐུགས་ཀར་འཕོ་ འདུན་གྱི་རེ་བས་གསོལ་བ་དྲག་ཏུ་འདེབས་པར་མཛོད། བརྩོན་འགྲུས་དཔལ་ལ་མཁོ་ནས། མ༵་ཏིས༵་སོ།། །། ༄༅། །རྩ་བསྐྱེད་བསྡུས་པ་ནི། འོ་རིགས་ཀྱི་བུ་ཁྱོད་ཀྱིས་དམིགས་པ་འདི་བཞིན་ཏུ་མཛོད་ ཅིགཁྱོད་རང་ཡི་དམ་ལྷའི་སྐུར་གསལ་བའི་ལུས་ཀྱི་དབུས་སུ་རྩ་ཨ་ཝ་དྷུ་ཏཱི་སྔོན་པོ་སྦོམ་ཕྲ་ མདའ་སྙུག་འབྲིང་པོའི་ཚད་ཙམ། སྟེ་བ་ནས་སྤྱི་གཙུག་གི་བར་རྒྱ་མཐོང་ཁ་ཕྱེ་བ་ལྟ་བུ་ཧ་རེ་ ཡོད་པ། སྙིང་ཁའི་ཐད་ཀྱི་དབུ་མའི་ནང་དུ་སེམས་ཉིད་ཀྱི་ངོ་བོ་ཐིག་ལེ་ཁྲ་བོ་སྲན་མ་ཙམ་ འཕར་ལ་ཁད་པ་གཅིག་སོམས་ལ། ཁྱེད་རང་གི་སྤྱི་བོའི་སྟེང་གི་ནམ་མཁར་དུས་གསུམ་ སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་རྩ་བའི་བླ་མ་རྡོ་རྗེ་འཆང་ཆེན་པོ་སྐུ་མདོག་སྔོན་ པོ་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་ནས་འཛིན་པ། ཞབས་ གཉིས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང་དར་དང་རིན་པོ་ཆེ་རྒྱན་སྣ་ཚོགས་ཀྱིས་སྤྲས་པ། ཁྱོད་རང་ལ་དགྱེས་པའི་ཚུལ་ཏུ་བཞུགས་པའི་མོས་པ་གྱིས་ལ། དད་གུས་གདུང་ཤུགས་དྲག་ པོའི་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། རྗེ་མཚན་ལྡན༴ སོགས། དེ་ལྟར་གསོལ་ 9-1-651 བ་བཏབ་པ་ལ་བརྟེན་ནས་བླ་མའི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་མར་བྱུང་ནས་ ཁྱོད་རང་གི་རྩ་དབུ་མའི་ནང་དུ་ཞུགས་ཏེ་རྣམ་པར་ཤེས་པའི་ངོ་བོ་ཐིག་ལེ་དེ་ཡར་དྲངས་ནས་ རྩ་བའི་བླ་མའི་ཐུགས་ཀར་ཐིམ་པར་མོས་ཤིག ཕཊ་ཕཊ་ཕཊ། ༄༅། །བཅའ་ཁྲི མས་ཉུང་བསྡུས་བཞུགས། ༄༅། །འོ་དེ་ཡང༌། འདི་ལྟར་གསང་ཆེན་སྒྲུབ་པའི་གནས་ན། །རབ་འབྱམས་རྒྱལ་བའི་ དཀྱིལ་འཁོར་བཀྲ་བས། །གྲུབ་གཉིས་དངོས་གྲུབ་ཆར་ལྟར་འབེབས་འདི། །རྣམ་འདྲེན་ རྒྱལ་བ་བཞི་པའི་བཀའ་དྲིན། ༡ །དཔལ་ལྡན་པདྨ་བཞད་པའི་དཀྱིལ་ནས། །རྒྱུད་དོན་སྦྲང་ རྩིའི་བདུད་རྩི་འཇོ་བས། །མི་བདག་ཟླ་བཟང་ཐུགས་མཆོག་ཚིམས་ཏེ། །རིམ་གཉིས་ཐེག་པ་ དེ་ནས་བྱུང་ལགས། ༢ །འཕགས་ཡུལ་མཁས་དབང་བྱེ་བའི་གཙུག་རྒྱན། །གྲུབ་པའི་དབང་ ཕྱུག་དུས་འཁོར་ཞབས་པས། །ངོ་མཚར་མཛད་པའི་རོལ་གར་མཆོག་གིས། །བྱང་ཕྱོགས་ ཆོས་ཀྱི་ལྗོངས་ནས་དེར་བོས། ༣ །དེ་ནས་རིམ་པར་བརྒྱུད་རིམ་ཕྲེང་བ། །བསྟན་འཛིན་ལོ་ པཎ་སྐྱེས་ཆེན་མང་པོས། །རྨད་བྱུང་ཆོས་ཀྱི་བང་མཛོད་བཟུང་ཏེ། །དགེ་ལེགས་རིམ་གཉིས་ ལམ་བཟང་འཕེལ་ལགས། ༤ །ཁྱད་པར་རྒྱལ་བའི་ལུང་གིས་བསྔགས་པའི། །རིགས་ལྡན་ སྤྲུལ་པའི་སྐུ་མཆོག་དམ་པས། །ངེས་དོན་ཤིང་རྟའི་སྲོལ་བཟང་ཕྱེ་བཞིན། །གངས་ལྗོངས་ རིམ་གཉིས་ཐེག་པས་མཛེས་བྱས། ༥ །ཆོས་རྗེ་རྒྱལ་བ་གཉིས་པ་གང་གི ། ལུགས་བཟང་ དྲི་མ་མེད་པའི་དབུ་འཕང༌། །མི་ནུབ་རྒྱལ་མཚན་སྦྲེང་བའི་སྐྱེས་ཆེན། །འཁོར་ལོ་སྡོམ་པ་ 9-1-652 མི་གཟུགས་ཤར་བ། ༦ །རྗེ་བཙུན་བླ་མ་ཀུན་དགའ་སྙིང་པོ། །སྲིད་ན་མཚན་སྙན་ཁྱབ་པ་ གང་དེས། །བདེ་སྟོང་རྒྱལ་བའི་དཀྱིལ་འཁོར་མཆོད་ཐབས། །སྒྲུབ་ཐབས་དཀྱིལ་ཆོག་ཟབ་ མོའི་ལུགས་བཟང༌། ༧ །རང་ཅག་བསོད་ནམས་སྐལ་བའི་ཞིང་དུ། །ལེགས་པར་སྩོལ་བའི་ ཐབས་ལ་བསྟེན་ཏེ། །སྒྲུབ་མཆོད་ཟབ་མོའི་ཆོས་ལ་བརྩོན་པའི། །འདིར་བཞུགས་སྔགས་ རིགས་འཛིན་པ་ཡོངས་ཀྱི། ༨ །ངོ་མཚར་སྙན་གྱི་དབང་པོ་ཆོས་དུང་གཡས་སུ་འཁྱི ལ་བ་ལྟ་ བུ། མངོན་པར་བཞད་པའི་དྲུང་དུ་གུས་པས་ཆོས་ལྡན་ཡ་རབས་ཀྱི་ལུགས་ཁ་ཅུང་ཟད་ཙམ་ ལེགས་པར་ཞུ་ན་ལེགས། འོ་ད་གང་ལྟར་སྐབས་ཀྱི་ཞུ་བྱ་དེ་ལ། གསང་ཆེན་སྒྲུབ་གནས་ འདི་ན་ལེགས་པར་བཞུགས་པའི་འདུས་སྡེ་མཆོག་དམན་ཡོངས་ནས་ཀྱང༌། ཟབ་གསང་ རྒྱུད་སྡེ་རྒྱ་མཚོའི་ཡང་རྩེ་སངས་རྒྱས་དུས་ཀྱི་འཁོར་ལོའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་ ཆེན་པོའི་ཞལ་ཉེ་བར་ཕྱེས་ཏེ། བསྒྲུབ་ཅིང་མཆོད་པའི་བྱ་བ་ལ་ལེགས་པར་བརྩོན་པའི་ སྐབས་འདི་ལ། ཁོང་རྣམ་པ་ཐམས་ཅད་ཀྱིས་རབ་ལྷ་སྔགས་ཏིང་ངེ་འཛིན་གསུམ་གྱི་སྒོ་ ནས། གསང་ཆེན་སྔགས་ཀྱི་ཚོགས་བསགས་བླ་ན་མེད་པ་ལ་འབད་པས་རབ་ན་ཚེ་འདིར་ རིག་འཛིན་གྱི་གྲལ་མཇུག་ཟིན་པ་དང༌། འབྲིང་ན་སྐྱེ་བ་ཕྱི་མར་གསང་བ་སྔགས་ཀྱི་ཆོས་ གྲལ་དུ་སྐྱེ་བ་དང༌། ཐ་ནའང་དུས་བཞི་ཕྱི་མའི་རྫོགས་ལྡན་ཤར་བའི་ཚེ་ན། རིགས་ལྡན་དྲག་ པོས་གདུལ་བྱར་སྐྱེ་བ་ཞིག་ཡོང་ན་ལམ་ཟབ་མོ་ལ་བྱ་བ་དོན་ཅན་དུ་སོང་བ་ལགས། འོ་དེ་ལྟ་ བུའི་བྱ་བ་དོན་ཅན་དུ་འགྲོ་བའི་ཐབས་ལ་འདིར་བཞུགས་འདུས་སྡེ་རྣམས་ནས་ཀྱང༌། ལྷག་ བསམ་དག་པའི་ཐུགས་རྒྱ་མི་དམན་པའི་སྒོ་ནས་གསུང་སྒྲོག་གི་ཆོ་ག་ལ་ལྷག་ཆད་མེད་པར་ མཛད་རྒྱུ་དང༌། ཁྱད་པར་ཁྲི་ཆེན་རྡོ་རྗེ་འཛིན་པ་ཉིད་ཀྱང༌། ཐུགས་དམིགས་པ་མེད་པའི་ཏིང་ ངེ་འཛིན་གྱིས་དགྱེས་བཞིན་ལེགས་པར་བཞུགས་པ་དང༌། ཆོ་གའི་གསུང་སྒྲོག་གི་ཁོག་ཤིང་ དབུ་མཛད་ནས་ཀྱང་དབྱངས་རྟ་འདོན་འགྲིག་སོགས་ཆོ་གའི་ཡན་ལག་གི་ཆ་ཙམ་ཡང་གོང་ 9-1-653 མའི་ཕྱག་བཞེས་བཞིན་ནོར་འཁྲུལ་མེད་པའི་སྒོ་ནས། གསུང་འདོན་པའི་གཞི་ལེགས་པར་ སྐྱོང་དགོས། མཆོད་གཡོག་པ་དག་གིས་ཀྱང༌། དཀྱིལ་འཁོར་ཆེན་པོའི་མདུན་ནས་མཆོད་ རྫས་བསྒྲིགས་ལེགས་བཤམས་པ། ཕྱག་རྒྱ་འབུལ་སྟབས་མཛེས་མོ། མཆོད་ཆས་ག་དར་བྱ་ བ་སོགས་གཙང་སྦྲའི་ཀུན་སྤྱོད་མི་དམན་པ་ལ་རེམ་པ་གལ་ཆེ། གཞན་ཡང་མཆོད་ཆ་འབུད་ དཀྲོལ་བྱེད་པ་རྣམས་ཀྱིས་ཀྱང༌། འབུད་ཚིག་དཀྲོལ་ལུགས་སོགས་སྔོན་གྱི་མཁས་པའི་ སྲོལ་ཁ་དང་མི་འགལ་བ་ཞིག་བྱ་དགོས། སྤྱིར་འདིར་བཞུགས་དག་གིས་ཀྱང༌། ཆོ་གའི་ཡན་ ལག་ཏུ་ཉེ་བར་མཁོ་བའི་ཕྱག་རྒྱའི་དེ་ཉིད་ཐུགས་ལ་བཞག་ནས་འདི་ལྟར་མཛད་དགོས། དེ་ ཡང་འཕགས་པ་དོན་ཞགས་ཀྱི་རྒྱུད་ལས། ཕྱག་རྒྱ་མཐོང་བ་ཙམ་གྱིས་ཀྱང༌། །དེ་ཡི་མོད་ ལ་སྡིག་ཀུན་གཞོམ། །ཞེས་གསུངས་པ་ལྟར་ཕྱག་རྒྱ་དག་གི་རྣམ་པ་ལྷའི་རྒྱན་དང༌། ཕྱག་ མཚན་སོགས་ཀྱི་རྣམ་པར་ཐུགས་ཀྱིས་ལེགས་པར་དྲན་བཞིན་དུ་ལག་པའི་ཕྱག་རྒྱ་བྱས་ན། རིམ་གཉིས་ལམ་གྱི་འཕེལ་ཁ་རྒྱས་པའི་རྐྱེན་དུ་འགྱུར་ནི་མི་ཚད་དེ་འདྲའི་ཕྱག་རྒྱ་མཐོང་བ་ ཙམ་གྱིས། སྡིག་པ་མི་དགེ་བ་བཅོམ་ཐུབ་པ་ལ་སོགས་པ་གསུངས་པའི་ཕྱིར་ན། འདུས་སྡེ་ འདིར་འཚོགས་དག་གིས་ངལ་བ་ལ་མི་འཛེམ་པར་ཆོ་གའི་དུས་སུ་སྐབས་སུ་བབ་པའི་ཕྱག་ རྒྱ་ལེགས་པར་བྱ་དགོས། གཞན་ཡང༌། ཇི་སྐད་དུ། དཀྱིལ་འཁོར་ལྷ་ལ་མཆོད་པའི་ཐབས། །མགོ་བོར་ཆོས་ཞྭ་གྱོན་བྱས་ན། །དེས་ནི་རྣལ་འབྱོར་ཚོགས་ཆེན་རྫོགས། །ཞེས་པ་ལྟར། དཀྱིལ་འཁོར་ཆེན་པོའི་ལྷ་ཚོགས་མཆོད་པའི་ཐབས་སུ་སྒྲུབ་མཆོད་ལ་བཞུགས་པའི་འདུས་ སྡེ་དག་གིས། དབུ་ལ་རྩེ་ཞྭ་གྱོན་པ་ཡང་དོན་མེད་དུ་ཐུགས་འདང་མི་བཞེས་པར་ལེགས་པར་ མནབ་དགོས། དཀྱིལ་འཁོར་དུ་ཞུགས་ནས་བྱིས་པ་འཇུག་པའི་དབང་བདུན་བླང་སྐབས། ཅོད་པན་དར་དཔྱངས་ཀྱི་དབང་གི་མཚོན་བྱེད་རིགས་ལྔ་དར་དཔྱང་སོགས་ཁ་ཚང་སྔར་དཔེ་ ལྟར་ཉེ་བར་མནབ་དགོས་པ་ལགས། འོ་ཡ། ཐུབ་པ་བཅོམ་ལྡན་འདས་ཀྱིས་ལེགས་པར་ 9-1-654 གནང་བའི་ངུར་སྨྲིག་ན་བཟས་ཉིན་གཅིག་དཀོར་སྒྲིབ་སྦྱོང༌། ཞེས་གསུངས་པ་ལྟར། འདིར་ བཞུགས་དག་གིས་གོས་རྣམ་གསུམ་གྱི་ན་བཟའ་ཡང་མནབ་ཚུལ་ལེགས་པོ་བྱས་ནས་གོས་ ཉེ་བར་བཀླུབ་བཞིན་བཞུགས་པ་དང༌། སྒྲུབ་མཆོད་ཟབ་མོའི་སྐབས་སུ་སྒྲ་སྙན་མཆོད་པའི་ བྱེ་བྲག་གིས་ཚོགས་རྫོགས་བྱེད་དུ། འདིར་བཞུགས་དགེ་འདུན་པ། མཆོག་དམན་ཐམས་ ཅད་ལ་ཌ་དྲིལ་ཟུང་རེ་ཡོད་ངེས་པར་དགོས་པ་ཡིན། དེ་མིན་གསང་ཆེན་དཀྱིལ་འཁོར་ཆེན་ པོ་མཆོད་པའི་ཐབས་ལ་འདུས་སྡེ་ཡོངས་ནས་ཌ་མ་རུ་དང་དྲིལ་བུ་འཁྲོལ་ལུགས་ཚུན་ཆད་ ལའང་འོག་མ་དག་གིས་གོང་མ་རྣམས་ལ་ལྟ་བ་དང༌། བཞུགས་ཚུལ་གྱི་གྲལ་རིམ་ཡང༌། སེར་སྡེའི་གྲལ་ལ་ཡ་ཡོ་མེད་པའི་མུ་ཏིག་བསྟར་ལ་བརྒྱུས་པ་ལྟ་བུའི། ཀུན་སྤྱོད་ཀྱི་སྒོ་ནས་སྐུ་ ལུས་དྲང་པོར་གནས་བཞིན་ལུས་སེམས་ཞི་དུལ་གྱི་བབས་ཆགས་པའི་དྲང་སྲོང་གི་ངང་ཚུལ་ འཆང་ནས་བཞུགས་དགོས། བྱོན་པའི་སྐབས་ནའང་དེ་བཞིན་གཤེགས་པའི་ཉན་ཐོས་ལྟར་ གྱིས་རྒྱུག་མཆོང་ཙབ་ཧྲལ་གྱི་སྤྱོད་པ་རིང་དུ་དོར་ཏེ། ཐུགས་རྒྱུད་འཇམ་པའི་འབྲས་རྟགས་ ཕྱི་ན་མངོན་པའི་རྣམ་འགྱུར་དད་ལྡན་དྭང་བ་འདྲེན་ནུས་པ་ཞིག་གི་ངང་ནས་ལེགས་པར་བྱོན་ དགོས། ཁྱད་པར་ཚོགས་འདིའི་རིང་ལ། ཁེ་ཚོང་དང་གྱོད་གཏམ་སོགས་ཚོགས་མ་གྲོལ་ བར་དུ་གཏུག་འདུག་དང་བྱོན་བཞུགས་སོགས། གོང་མ་དག་གིས་ཐུགས་ཁྲེ ལ་བྱེད་དང་ཡོན་ བདག་རྣམས་ཀྱིས་དད་པ་ལོག་བྱེད་ཀྱི་མི་མཛའ་བའི་སྤྱོད་པ་མཆོག་དམན་ཡོངས་ནས་མི་ བྱ་བར། ཆོས་གྲྭ་ཡ་རབས་ཀྱི་མཛད་སྤྱོད་མཛེས་མོ་ཞིག་ཨེ་ཐོན་བལྟ་དགོས། ཞེས་སོགས་ གང་དགོས་ཞུ་མཐར། འོ་དེ་ལྟར་རྣམ་འདྲེན་རྒྱལ་བའི་བསྟན་པ། །ཕན་དང་བདེ་བ་རྒྱ་མཚོའི་ འབྱུང་གནས། །སྐལ་བཟང་བསོད་ནམས་ཞིང་གི་དགའ་སྟོན། །རྣམ་མང་སྐྱེ་དགུའི་འཇུག་ ངོགས་དམ་པ། །བསྟན་པའི་རྩ་ལག་སྐྱེས་ཆེན་གོང་མ། །རབ་འབྱམས་ལུང་དང་རིགས་ པའི་བང་མཛོད། །བརྩེ་ཆེན་མཁྱེན་པ་ཟབ་མོའི་གཏེར་ཆེན། །སྲིད་འདིར་ཆད་མེད་འབྱུང་ 9-1-655 བའི་དགེ་ལེགས། །མཆོག་གསུམ་ཐུགས་རྗེའི་ཚ་ཟེར་བརྒྱ་པས། །ལེགས་ཚོགས་པདྨོའི་ དགའ་ཚལ་ཡངས་པ། །མཛད་ཕྲིན་སྣང་བརྒྱའི་འཁོར་ཡུག་གསར་བས། །ནམ་ཡང་གཡེལ་ མེད་སྐྱོང་བའི་སྐལ་བཟང༌། །འོ་དེ་ལྟ་བུའི་ངོ་མཚར་རྨད་དུ་བྱུང་བའི་བསྟན་པ་སྤྱི་དང༌། ཡང་ དགོས་རྒྱལ་བ་ཇོ་ནང་པ་ཆེན་པོའི་རིང་ལུགས་དྲི་མ་མེད་པའི་ངེས་དོན་གྱི་བསྟན་པ་རིན་པོ་ ཆེ་གང་དེ། ནམ་ཡང་ནུབ་པ་མེད་པའི་སྒོ་ནས་སྲིད་པའི་མཐར་བརྒལ་བ་དང༌། བསྟན་འཛིན་ སྐྱེས་ཆེན་རྣམས་ཀྱང་ཞབས་པད་གདོང་ལྔའི་ཁྲི་ལ་གཡོ་མེད་དུ་བརྟན་པ་དང༌། སྐྱེ་འགྲོའི་ བདེ་ཞིང་སྐྱིད་པའི་དཔལ་གྱི་ཁམས་མཐའ་དག་དབྱར་གྱི་ཆུ་གཏེར་བཞིན་དུ་དགུང་ལ་ བསྙེ གས་པའི་ཐུགས་འདུན་གནང་བཞིན། དེ་ལྟར་གང་ཞུས་ཀྱི་དོན་རྣམས་འདུས་སྡེ་མཆོག་ དམན་ཡོངས་ཀྱི་ཐུགས་ཀྱི་དགོངས་མཚོར་འཇོག་པ་མཁྱེན་མཁྱེན་ཞུ་ཞུ་ལགས།། །། 9-1-656 ༄༅། །སྐབས་སུ་བབ་པའི་ལུགས་གཉིས་ཀྱི་བསླབ་བྱའི་ ཞལ་ཏ་འགའ་སོགས་བཞུགས། ༄༅། །ཉི་མ་ད་རེས་ལྟ་བུ་ཞིག་ཡིན་ན། མི་ངན་རང་རང་འདྲ་འདྲའི་ནི། ཁ་ན་ཚིག་ གསུམ་གོ་བརྡ་འཕྲོད་བྱེད་ཀྱི་ཁ་ལྕེ་མི་དག ཁོག་ན་ཤེས་ཐང་དཔྱོད་རྒྱ་བཀྲ་བའི་བློ་རིག་ མེད་ནི། ཡ་རབ་འགྲིགས་ལམ་ཀུན་སྤྱོད་ཀྱི་མཐོང་རྒྱ་ཆུང་ནི། སྐྱ་སེར་མཆོག་དམན་ཡོངས་ ཀྱི་བཟང་ངན་གྱི་འགྲོ་ལུགས་མི་ཤེས་ནི། ཕ་རོལ་ཡུལ་སྡེ་རྣམས་ལ་འཕེན་ལེན་གྱི་སྐོར་ཁ་ བདེ་མོ་སྒྲིག་མི་ཐུབ་ནས་མྱི་གཞི་ཐལ་བ་བས་ངན་པ། ཁོག་རྒྱ་ཁབ་མིག་བས་དོག་ནི། ཁ་ ན་ཤེས། ཁོག་ན་ཆོད་ཅི་ཡང་མེད་ནི་ཞིག་གིས། ཁྱེད་ཡུལ་བ་ཁག་གསུམ་གྱི་སེར་སྡེའི་འགྲོ་ ལུགས་ལ་བལྟ་མཁན་ཞིག་མི་ཡོང་ནི་བོ་ཤེས་གི་སྟེ། དེ་ཡིན་ཀྱང༌། ཕ་བླ་མའི་གསུང་གི་ བཀའ་གནང་དེ། བུ་སློབ་མས་མི་སྒྲུབ་ཁ་མེད་རེད། གནམ་སྔོན་པོ་ངུས་པའི་མཆི་མ་དེ། ས་ དོག་མོས་མི་འཐུང་ཁ་མེད་རེད། ཟེར་བའི་དཔེ་ལྟར་བླ་མ་སང་དབུར་བྱས་རྒན་པ་རགས་ རིམ་རྣམས་ཀྱི་བཀའ་གསུང་ནན་མོ་འགྱུར་མེད་གསེར་གྱི་རྡོ་རྗེ་ལྟ་བུ་དེ་ཉམ་ཆུང་བདག་གི་ 9-1-657 རལ་བའི་སྤྱི་བོར་ལྷུང་ནས་བཀའ་རི་གཟར་གྱི་རྦབ་ལ་གྱེན་བཟློག་མ་ཡོད་ས་བོའི་སྟེང་ནས་ ལྷ་རྫས་དར་བཟང་གི་ན་བཟའ་སྐེ་ལ་བསྐོན། གསུང་ཚིག་དྲོན་མོའི་བདུད་རྩི་ཁ་ལ་བླུགས་ ནས་སྤྱིར་སྔར་གྱི་ཐོབ་ཐང་ཅན་གི་སྡེ་དཔོན་མ་རེད་དེ། ཉི་མ་ད་རེས་ཁུར་ཐང་རིམ་པ་ཅན་ གྱི་ལས་བསྐོས་ཆེ་བའི་དགེ་སྐོས་ཟེར་རྒྱུ་བོ་ཡིན་ནི་རེད། དེ་ཡིན་ན་ལས་བྱ་བ་ཆེན་པོ་བྱ་ཉིན་ དགེ་འདུན་སེར་སྡེ་ཡོངས་ཀྱིས་མི་ངན་རང་ལྟ་བུ་ལ་ཡིན་ན་རྒྱབ་ཀྱི་རི་བོ་ལྟག་གི་བརྟེན་མ་ གཙུག་གི་ནོར་བུ་ནམ་ཡང་འཆུག་མེད་ཡོད་ས་བོའི་སྟེང་ནས་མཆོག་དམན་སུ་ལ་དྲང་མོའི་ ཚིག་གིས་ཁ་ཏ་བྱས་ན་རྩུབ་མོའི་གཏམ་ངན་གྱི་ཚིག་མདའ་བྱས་ན་ཐམས་ཅད་འོས་བབས་ ཡོད་པའི་སྟེང་ནས་ཀུན་གྱིས་མ་ཁུར་ན། ཉི་མ་ད་རེས་བདག་པོ་རང་ལྟ་བུས། མཐོན་པོ་ གནམ་འདྲ་འདྲ་ཞིག་ཡིན་རུང༌། མཐོ་ངོ་ལྟ་གར་མི་ཐོན། དམའ་མོའི་ས་འདྲ་འདྲ་ཞིག་ཡིན་ རུང༌། ལྐོག་ནས་ཞུ་གར་མི་ཐོན། བཟང་ས་སྲོག་འདྲ་འདྲ་ཞིག་ཡིན་རུང༌། བཟང་ངོ་འཚོ་གར་ མི་ཐོན། ཕྱུག་པོ་ཀླུ་འདྲ་འདྲ་ཞིག་ཡིན་རུང༌། ཕྱུག་སྐྱེན་བྱེད་གར་མི་ཐོན། འཕྱོར་བོ་འཇའ་ འདྲ་འདྲ་ཞིག་ཡིན་རུང༌། མཛེས་ཡག་ལྟད་མོ་ལ་དགའ་གར་མི་ཐོན་ནི་བོ་སེམས་ཐག་ཡིན། སྡུག་ཨ་ནག་ལས་ཡ་བབས་ཉིན། མགོ་མངོན་མ་ཡོང་བས་མཐོ་དམན་སུ་ལ་ཐུག་རུང་ཁ་ཕུད་ དགོས་ས་ཁ། ལག་ཕུད་དགོས་ས་ལག་ཞིག་ནི་དེའི་ཉི་མ་ནས་རང་འགོ་དེ་བུད་རུང་འཕུད་ད། འཛེམ་གར་མི་ཐོན་བོ་ངེས་པ་ཡིན། དེའི་ཉི་མ་ཁོང་མཐོན་པོའི་སེམས་ལ་འཁྲུགས་ལོང་ངེ༌། དམའ་མོའི་སེམས་ལ་གཉོམ་དུང་ངེ༌། བཟང་མཛའི་སེམས་ལ་ཡིད་ཆད་དེ་འགྲོ་བྱེད་ཞིག་གི་ བེད་མེད། དེ་བས་འདིར་བཞུགས་ཀྱི་ཁོང་རྣམ་པ་ལྷ་སྔགས་ཏིང་ངེ་འཛིན་གསུམ་གྱི་སྣང་བ་ ལས་མ་གཡོས་བཞིན་དུ་སྐབས་ཀྱི་ཡོན་བདག་གི་གཙོས་མཁའ་ཁྱབ་ཀྱི་འགྲོ་བ་རྣམས་ཀྱི་ དྲིན་ཐུགས་ལ་བཞག་ནས་ཕན་སེམས་ཀྱི་ཀུན་སློང་ཡང་དག་པའི་སྒོ་ནས་གསུང་སྒྲོག་ལེགས་ པར་མཛད་བཞིན་བཞུགས་པ་རྣམས་ལ་གཏན་ནས་ཞུས་ནི་མིན། འདིའི་གཅིག་ལ་གཉིས་ 9-1-658 པ་མིག་ཟུམ་ཟུམ་ཏིང་ངེ་འཛིན་ལ་དགྱེས་རུང༌། སེམས་གཏི་མུག་གཉིད་གི་དབང་ཤེད་ཆེ་ ནས་ཡོད་ནི་རྣམས་ལ་ཞུས་ནི་ཡིན། འདིའི་ཡམ་རེ་དེའི། ཟས་བཅུད་མོ་ལྟོ་བས་ཅི་ཁུག་རེ་ ཟོས། གོས་དྲོན་པོའི་བུ་ག་བསུམ་བསྡམ་རེ་བྱས་ནས་སེམས་དྭངས་མོ་བྱིང་རྨུགས་དོང་གི་ ནང་ན་རྒོ ད་འཕེན་བྱེད་ནས་འདུག་ནི་རེ་ཡོད་གི་སྟེ། ཁྱེད་ཅག་ཚོའི་ཐུགས་འདང་བཏང་ཡག་ གྱིས་དང༌། གོང་བླ་མས་གཟིགས་ན་ཐུགས་ཁྲེ ལ་གཏོང་བྱེད་ཞིག་དང༌། འགབ་ཡོན་བདག་ གིས་མཐོང་ན་དད་ལོག་སྐྱེ་བྱེད་ཞི་རེད་བས་འདུག་ལུགས་ཡག་པ་ཞིག་མ་རེད་ནི་སྐུ་ཚེ་རིང༌། ཚེ་ཕྱི་མའི་རྣམ་སྨིན་མ་བསམ་རུང་ལས་ད་ངོགས་འདིར་རང་དཔེ་རང་ཐོག་ཏུ་ཁྲིད་ནས་ཁྲེལ་ ཞིག་མི་བཙོང་རྒྱུ་བཀའ་དྲིན་ཆེ། རྩམ་པ་ས་དང་བསྲེས་ནས་ཟོས་ན་ཟས་དག་མའི་གོ་མི་ཆོད། འདོན་པ་གློ་གཏམ་དང་བསྲེས་ནས་འདོན་ན་རིམ་གྲོ་དགེ་བ་དག་མོའི་གོ་མི་ཆོད། ཟེར་བའི་ དཔེ་ལྟར་རེད་ནི་ཁྱེད་རྣམ་པ་ཚོས་འདོན་པ་གློ་གཏམ་གཉིས་འདྲ་མ་འདྲེས་ཞིག་མི་བྱེད་དེ་ གཅིག་གསུང་རྒྱུ་རེམ་རེམ། དེ་སོགས་སྐབས་ཐོབ་ལ་ཞུ་བྱ་གང་ཡོད་རྣམས་ལེགས་པར་ཞུས་ན་ཆོག་གོ །ཉུང་བསྡུས་ དེ་ཙམ་མོ།། །། ༄༅། །ཡང་ཞེ་ས་རྩི་བཀུར་གྱི་སྐད་ཆ་ཞིག་ཞུ་ན། འོ་ཡ་ཡ་འདིར་བཞུགས་ཀྱི་ཁོང་རྣམ་པ་ཚོ་སྤྱིར་ ན་ཕྱི་བསླབ་གསུམ་གྱི་ལོ་འདབ་རྒྱས་པ་སྐུ་ཉེས་སྐྱོན་ཀྱི་དྲི་མ་བྲལ་བ། གསུང་ལམ་ཟབ་ ཀྱི་ཆོས་སྒྲ་སྒྲོགས་ཤིང༌། ཐུགས་ཏིང་འཛིན་གྱི་གེ་སར་སྟེང་ན་ཉམ་བཟང་པོའི་ཟིལ་མངར་ དགོད་པས་རྣམ་མང་གདུལ་བྱ་བུང་བ་གཞོན་ནུའི་ཚོགས་ཀྱི་ཡིད་དབང་མེད་དུ་འགུགས་ པར་མཛད་པའི་སྐྱེས་བུ་དམ་པ་ཁྱེད་རྣམས་ཀྱི་མདུན་ནས། མི་ངན་རང་རང་འདྲ་འདྲའི་ཉེས་ ལྟུང་གི་ཁུར་བོ་ཁུར་ནས་ཕྱི་ན་ཐོས་རྒྱ་ཆུང་ནི་ནང་ན་ཉམས་རྟོགས་མེད་པའི་སྡུག་ཟད་མར་ མཐའ་ཞིག་གིས་ཉིན་ཀྱང་ལ་མི་མཁས་མཁས་མདོག་བྱས་ནས་ཞུས་གི་བསྡད་ན། ཁོང་ བསླབ་པ་རྒན་རིམ་དག་གི་སྙན་སེང་བཙོ་བྱེད་ཞིག་ལས་མཛེས་མོ་ཞིག་མི་ཡོང་ནི་གོ་གི་ 9-1-659 སྟེ། འདིའི་ཡམ་རེ་ཕྱི་མ་འདང་མི་རྒྱགད་ངོགས་ཀྱི་ཁྲེ ལ་ལ་མི་འཛེམ་ནས་འགོང་ཐན་ཨ་རོ་ ཁ་ཆ་ག་ཚོ། ད་རེས་ཡོན་བདག་འདྲ་འདྲ་ཞིག་ཡིན་ན་ཡར་ལྷ་མཆོད་གི་གྲལ་དུ་བཞགཟས་ བཅུད་མོའི་ཕུད་དྲངས། ཕྱག་འཚལ་བའི་ཡུལ་བྱས་ནས་ཁྱི་ལུད་ཀྱིས་རྟེན་གསུམ་བྱས་ནས་ བསྡད་རུང༌། བསྟན་པའི་བླ་བཙོང་འདི་དག་ཚོའི་གང་མེད་རུང་དོ་ཡོད་མདོག་བྱས་ནས་ཀུན་ སློང་དག་པས་ཆོ་ག་ཚར་གཅིག་མི་གསུང་བས་མི་ཚད་ཁ་བྲག་ཁུང་ཙམ་རེ་གདངས་ནས་ནང་ ལ་འབུ་བཞག་རུང་ཨེ་མི་གོ་གི་བསམ་བྱེད་རེ་བྱས་ནས་སེམས་བསམ་པའི་ཁྱེར་སོ་ཟ་རློམ་ འཆའ་རློམ་ཀྱི་དུས་འདའ་ནས་རི་སྤྱང་སྔོན་མོ་མཆོད་གནས་སུ་བཞག་པ་དང་ཁྱད་ཐང་མེད་ པའི་ངན་པའི་རང་མཚང་བསྟན་ནས་འདུག་ནི་ཚོ་ཡིན་ལུགས་ཀྱི་གོ་བརྡ་ཞིག་མ་སྤྲད་ན། མི་ ངན་པའི་སྐྱོན་མཚང་ཚིག་གིས་མ་བཤད་ན་མི་གོ་ནི་ཞིག་དང༌། གདོང་ནག་པོའི་དྲི་མ་ཆུ་ཡིས་ མ་བཀྲུས་ན་མི་དག་ནི་ཞིག་ཡིན་པའི་དོན་གྱི་ད་རེབ་ཡང་ཁོང་རྣམ་པ་ཀུན་གྱི་སྙན་སེང་ཞིག་ མི་བཙོ་ཁ་མེད་ཡིན། ཞེས་སོགས་སྐབས་ཀྱི་གང་འབེན་རྣམས་ཞུ། ༄༅། །ཡང་འདི་ལྟར་བཤད། བདག་པོ་རང་ལྟ་བུ་ཞིག་ཡིན་ན། འཇིག་རྟེན་ལུགས་གཉིས་ ཀྱི་འགྲོ་ལུགས་ཅི་ཡང་མི་ཤེས་ནས་མགོ་ནག་མི་ཡི་འགབ་མ། དུད་འགྲོ་ཁྱི འི་གོང་མ་བྱོལ་ སོང་ཟོག་དང་ཐད་མཉམ་ཞིག་གིས། ཡུལ་སྡེའི་ལུགས་ཁ་བཤད་ན་ངོ་ཚ་བྱེད་ཞིག་ཡིན་རུང༌། ཉི་མ་ད་རེས་བསམ་གི་མ་རེད་དེ་བསགས་གིས། སྐྱོན་ཡོན་དག་གསལ་བྱེད་ནས་འགབ་གི་ ལས་གཡོག་ཞིག་གི་མཚོན་པ་བབས་སོང་ནས་སྟབས་ཀྱིས་ཡིན་ཚུལ་རེ་བཤད་ཁ་མ་བྱས་ ན་མི་ལོ་གི་བསམ་ནི་ཡིན། དེ་ཡིན་ན། སྤྱིར་ཡུལ་སྡེ་བའི་ནང་ཁ་རྣམ་གསུམ་ཞིག་ལ་ཁེ་ཆུང་ ཞིག་གི་དོན་ལ་སྡེ་ཚོ་བའི་ཤོག་གྲྭ་ལོགས་ནས་བསྒྲིགས། དཔའ་ཤེ་མོང་ངར་མའི་དཔུང་ཤེད་ ངོམ། བཙན་ཡ་མེད་ཤར་ལོའི་དཔའ་ཡ་འགྲན་ནས་དོན་ཆུང་ཆུང་གི་ཆེན་པོ་བྱས་ནས་ར་ཁང་ ནང་ནས་རའི་འཕྲ་བྱེད་ཏེ་ཕྱི་མི་ཐུབ་ནས་ནང་ལ་རྩུབ་རེག་ཅན་གི་ངོ་ཚ་བྱེད་གི་བྱ་བ་བྱེད་ 9-1-660 ནས་ཞི་ལི་ཚོས་འདང་རྒྱོབས་དང༌། ཕྱིའི་ཡུལ་དགྲ་ངོས་དྲག་ཞིག་ལ་ཐུག་ཉིན་གཡོས་རྐུབ་ ལུད་སེ་འཕུད་ནི་ཡུལ་སྡེ་བའི་ནང་ཁ་ཞིག་ལ་ཐུག་ཉིན་དཀྱུས་འབུར་ལོག་སེ་བྱེད་ནས་ཁོ་ ཡིན་བསམ་ནས་རང་མཐོང་ཅན་གི་ཞི་ལི་དེས་ས་གར་ར་སོང་རུང་ཡུལ་སྡེ་གཏོར་བའི་ཐན་ གོ་འདྲ་ཆོད་ན་བས་ཕོ་ཞེ་ཡོད་ཀྱི་བུ་གོ་མི་ཆོད་ནི་བོ་སེམས་ཐག་རེད། དེ་བས་ཁ་མ་འཆམས་ ཚོ་སྡེ་དཔུང་མང་འདི། ཕྱི་སྡང་དགྲ་ངར་མས་ཟ་སྐལ་ཡིན། ཟེར་བའི་དཔེ་ལྟར་རེད་ནི། ཁྱེད་ ཡུལ་སྡེ་ཀུན་ཀྱི་ནང་ཉམས་ལ་ཁ་འགྲིག་ཁོག་མཉམ་ཞིག་ལ་གཅིག་འབད་རྒྱུ་མ་འཆུག་རེམ་ རེམ། ཞེས་སོགས་སྐབས་སུ་བབ་པའི་གཏམ་ཅི་ཡོད་རྣམས་བཤད།། །། ༄༅། །བསོ་བསོ། དེ་རིང་བཀྲ་ཤིས་ལྷ་ཡི་ཉི་མ་གཟའ་སྐར་ཕུན་སུམ་ཚོགས་པའི་ དུས་འདི་ལ། མགོན་པོ་ལེགས་ལྡན་འཁོར་བཅས་མཆོད་པའི་སྐལ་བ་འགྲིགས་ཡོད་འུ་ཟེར། དེང་འདིར་རིག་འཛིན་བླ་མའི་བྱིན་རླབས་སྤྲིན་བཞིན་འཐིབས་ཡོད་འུ་ཟེར། ཡི་དམ་ཞི་ ཁྲོ འི་དངོས་གྲུབ་ཆར་ལྟར་སྩོལ་རྒྱུ་ཡིན་འུ༴ མ་དང་མཁའ་འགྲོས་བརྩེ་བའི་ཁ་འཛིན་མཛད་ རྒྱུ་ཡིན༴ ལྷ་ཆེན་ཚོགས་བདག་མགོན་པོས་ཐུགས་རྗེ་གཟིགས་རྒྱུ་ཡིན༴ དགྲ་བླ་ལྷ་མགོན་ དམར་པོས་མགོན་སྐྱབས་བྱ་རྒྱུ་ཡིན་འུ༴ དགྲ་བླ་ཟས་ལྷ་དཀར་པོས་ཟས་གཡང་ཕབ་རྒྱུ་ ཡིན༴ དཔའ་བསྟན་ལྡོ ག་མེད་དགྲ་བླས་སྲུང་མ་བྱ་རྒྱུ་ཡིན༴ དོམ་མགོ་གླང་སྙིང་དགྲ་བླས་ དཔའ་སྙིང་སྩོལ་རྒྱུ་ཡིན༴ ཕོ་ལྷ་དགྲ་བླའི་སྡེ་ཚོགས་འབྲལ་བ་མེད་རྒྱུ་ཡིན་འུ་ཟེར། དཀར་ པོའི་ཕྱོགས་ཀྱི་ལྷ་བསྲུང་ངོ་སོ་མཐོ་ཡོད་འུ༴ ཁྱད་པར་རང་ཡུལ་གྱི་སྲུང་མ་ཆེ་བ་ལྷ་བཟི་དུང་ རི་དཀར་པོའི་དྲག་རྩལ་གྱི་འཇུག་པ་མྱུར་རྒྱུ་ཡིན༴ ལྷ་སྲས་དགྲ་འདུལ་གཉན་པོའི་ཕྲིན་ ལས་ཀྱིས་ཡུལ་སྡེ་སྐྱོང་རྒྱུ་ཡིན༴ ངེད་ལྷ་མཆོད་རྣམས་ཀྱི་ཞལ་བསོད་རྒྱུ་ཡིན༴ ཁྱེད་ཡོན་ བདག་དག་གི་བཀྲ་ཤིས་རྒྱུ་ཡིན༴ མིའི་ས་ལ་ན་ཚ་མེད་རྒྱུ་ཡིན༴ ཕྱུག་གི་ས་ལ་གྱོང་གོད་ 9-1-661 མེད་རྒྱུ་ཡིན༴ ཞིང་གི་ས་ལ་བཙའ་སད་སེར་གསུམ་མེད་རྒྱུ་ཡིན༴ མིའི་ཚེ་མཐའ་རིང་རྒྱུ་ ཡིན༴ ལོངས་སྤྱོད་ཁ་རྗེ་དར་རྒྱུ་ཡིན༴ དབང་ཐང་ཟ་ཁ་ཆེ་རྒྱུ་ཡིན༴ ཁ་ལས་རླུང་རྟ་དར་རྒྱུ་ ཡིན༴ དཔལ་དང་འབྱོར་བས་ཕྱུག་རྒྱུ་ཡིན༴ གང་བསམ་ལྷུན་གྱིས་འགྲུབ་རྒྱུ་ཡིན༴ གང་བྱས་ ཆོས་དང་མཐུན་རྒྱུ་ཡིན༴ གང་འབད་ལམ་དུ་འགྲོ་རྒྱུ་ཡིན༴ ལོ་ཐོག་འབྲུ་དྲུག་ཡག་རྒྱུ་ཡིན༴ རྟ་ནོར་ལུག་གསུམ་འཕེལ་རྒྱུ་ཡིན༴ མི་ལ་ལྷུང་འབབ་མེད་རྒྱུ་ཡིན༴ བསོད་ནམས་དར་རྒུད་ མེད་རྒྱུ་ཡིན༴ རིགས་བརྒྱུད་ཆད་གོས་མེད་རྒྱུ་ཡིན༴ ནག་ཕྱོགས་བདུད་དཔུང་ཕམ་རྒྱུ་ཡིན༴ དགྲ་སྡེའི་གཡུལ་ལས་རྒྱལ་རྒྱུ་ཡིན་འུ་ཟེར། འོ་རྒྱལ་ལོ་རྒྱལ་ལོ། ལྷ་རྒྱལ་ལོ།། ༄༅། །བསོ་བསོ་བསོ། དེ་རིང་བཀྲ་ཤིས་ལྷ་ཡི་ཉི་མ་གཟའ་སྐར་ཕུན་སུམ་ཚོགས་ པའི་དུས་འདི་ལ། རྩ་གསུམ་དམ་ཅན་རྒྱ་མཚོ་མཆོད་པའི་སྐལ་བ་འགྲིགས་ཡོད་འུ་ཟེར། འོ་ དེ་ཡང་རིག་འཛིན་བརྒྱུད་ལྡན་བླ་མའི་བྱིན་རླབས་ཀྱི་སྤྲིན་ཕུང་དེང་འདིར་འཐིབ་ཡོད་འུ་ ཟེར། ཡི་དམ་ཞི་ཁྲོ་རབ་འབྱམས་ཀྱི་ལས་བཞིའི་དངོས་གྲུབ་རྒྱུན་དུ་སྩོལ་རྒྱུ་ཡིན༴ མཆོག་ གསུམ་བསླུ་བ་མེད་པའི་སྐྱབས་འོག་ཏུ་རྟག་ཏུ་ཚུད་ཡོད༴ ཆོས་སྐྱོང་ལེགས་ལྡན་མགོན་པོ་ ཞིང་བཅུའི་བསྟན་དགྲ་ཆོམ་ཡོད༴ མཐུ་ཆེན་དགྲ་བླའི་ཚོགས་ཀྱིས་བསྟན་པའི་དབུ་འཕང་ སྐྱོང་ཡོད། མ་སྲིང་མཁའ་འགྲོ་རྒྱ་མཚོས་སྒྲུབ་སྡེ་བུ་བཞིན་སྐྱོང་རྒྱུ་ཡིན༴ ཡུལ་སྐྱོང་ལྷ་སྲུང་ ཆེན་པོའི་མཐུ་སྟོབས་རྩལ་ཤུགས་མྱུར་རྒྱུ་ཡིན༴ རྒྱལ་བསྟན་ཀུན་བཟང་ཉི་མ་ནམ་ཡང་ནུབ་ པ་མེད་རྒྱུ་ཡིན༴ ཡང་དགོས་ངེས་དོན་སྙིང་པོའི་ལུགས་བཟང་ཕྱོགས་བཅུར་རྒྱས་རྒྱུ་ཡིན༴ བསྟན་འཛིན་བླ་སྤྲུལ་ཟུང་གི་ཞབས་པད་བསྐལ་བརྒྱར་བརྟན་རྒྱུ་ཡིན༴ ཟབ་གསང་བསྟན་ པའི་ནང་བཅུད་ཀློང་ནས་རྡོལ་རྒྱུ་ཡིན༴ གྲུབ་བརྙེས་རིག་འཛིན་བྱེ་བས་ས་སྟེང་ཁྱབ་རྒྱུ་ཡིན༴ བཤད་དང་སྒྲུབ་པའི་བྱ་བ་རྒྱུན་ཆད་མེད་རྒྱུ་ཡིན༴ རྣམ་མང་འདུས་སྡེའི་སྐུ་ཚེ་བར་ཆད་བྲལ་ 9-1-662 ཡོད༴ ཆོས་སྲིད་འབྱོར་བའི་དབུ་འཕང་དགོངས་ལ་སྙེ ག་ཡོད༴ མཛད་པ་ཕྲིན་ལས་འགྲན་ པའི་ཟླ་དང་བྲལ་ཡོད༴ བསྟན་པའི་སྦྱིན་བདག་བསོད་ནམས་མངའ་ཐང་ཆེ་རྒྱུ༴ རྒྱལ་ཁམས་ བདེ་བའི་དཔལ་གྱིས་རྟག་ཏུ་འཚོ་རྒྱུ་ཡིན༴ ཡུལ་སྡེ་མི་ཡི་ས་ལ་ན་ཚ་མེད་རྒྱུ་ཡིན༴ རྟ་ཕྱུག་ སྒོ་ནོར་ཀུན་ལ་གྱོང་ཁོད་མེད་རྒྱུ་ཡིན༴ ཞིང་སའི་ལོ་ཐོག་ནམ་ཡང་ཆེས་ཆེར་འཕེལ་རྒྱུ་ཡིན༴ བསོད་ནམས་འབྱོར་བ་དུས་ཀུན་ཉམས་པ་མེད་རྒྱུ་ཡིན༴ ཁ་ལས་རླུང་རྟ་ཨ་སྔོན་དགུང་དང་ མཉམ་རྒྱུ་ཡིན༴ རྒྱལ་ཁམས་གནས་བདེ་དམག་འཁྲུག་གཡུལ་ངོ་ཞི་ཡོད༴ ཁྱད་པར་རྒྱ་འདྲེ་ མིང་གི་ལྷག་མར་བྱས་ཡོད༴ མི་མཐུན་དགྲ་སྡེའི་ཕྱོགས་ལས་རྟག་ཏུ་རྒྱལ་ཡོད་འུ་ཟེར། འོ་ རྒྱལ་ལོ་རྒྱལ་ལོ།། ལྷ་རྒྱལ་ལོ།། དེ་ལས་སྤྲོ་ན། ཁ་རྗེ་དབང་ཐང་ཡར་ཟླའི་དཔལ་ལྟར་འཕེལ་རྒྱུ་ཡིན༴ སྡེ་བཞིའི་དཔལ་ འབྱོར་མཐའ་དག་ཀུན་ནས་ཚང་རྒྱུ་ཡིན༴ ལོངས་སྤྱོད་དཔལ་གྱིས་རྣམ་སྲས་ངོ་ཡ་འདང་རྒྱུ་ ཡིན༴ བྱ་བ་གང་བྱས་དགེ་བའི་ཕྱོགས་དང་མཐུན་རྒྱུ་ཡིན༴ ནག་ཕྱོགས་སྡིག་པའི་སྲོལ་ངན་ ཞོར་གི་འཇོམས་རྒྱུ་ཡིན༴ ཡ་རབས་བྱ་བས་ཡུལ་སྡེ་ཕན་ཚུན་སྐྱོང་རྒྱུ་ཡིན༴ མི་མཐུན་འཛིང་ མཁོན་རིམ་པ་གཞི་ན་མི་དར་རྒྱུ་ཡིན༴ ཕན་ཚུན་བརྩེ་བའི་སེམས་ཀྱིས་གཅེས་སྐལ་ཆེ་རྒྱུ་ ཡིན༴ སྲིད་སྐྱོང་ཆོས་རྒྱལ་དག་གི་ཆབ་འབངས་རྒྱལ་རྒྱུ་ཡིན༴ རྣམ་དཀར་དགེ་བའི་ཁྲི མས་ལ་ དམ་ལྷོ ད་མེད་རྒྱུ་ཡིན༴ དཀར་ཕྱོགས་ལྷ་ཡི་དབུ་འཕང་ཀུན་ནས་མཐོ་རྒྱུ་ཡིན༴ ནག་ཕྱོགས་ བདུད་སྡེའི་རུ་དར་ས་ལ་བསྙི ལ་རྒྱུ་ཡིན༴ དགའ་ཞིང་སྐྱིད་པའི་གནས་ལས་ལྷུང་འབབ་མེད་ རྒྱུ་ཡིན༴ ལོ་ལེགས་ཆར་ཆུ་སྙོ མས་པའི་དུས་ཚོད་ཡག་རྒྱུ་ཡིན༴ གནག་ཕྱུགས་འཕེལ་སྐྱེད་ཆེ་ བའི་སྐལ་བ་བཟང་རྒྱུ་ཡིན༴ མདོར་ན་གང་བསམ་ཐམས་ཅད་ལྷུན་གྱིས་འགྲུབ་རྒྱུ་ཡིན༴ ཅི་ འདོད་དངོས་པོ་དེ་ཀུན་ལག་ཏུ་རྙེད་རྒྱུ་ཡིན་འུ་ཟེར། དེ་ནས་གོང་གི་རྒྱལ་ཁམས་གནས་བདེ་སོགས་ལ་འགྲོ། 9-1-663 ༄༅། །འཛམ་གླིང་བདེ་བའི་སྨོན་ལམ་བཞུགས། ༄༅། །སྐྱབས་གནས་བསླུ་མེད་དཀོན་མཆོག་རྩ་བ་གསུམ། །ཁྱད་པར་འགྲོ་བའི་མགོན་ པོ་སྤྱན་རས་གཟིགས། །རྗེ་བཙུན་སྒྲོལ་མ་གུ་རུ་པདྨ་འབྱུང༌། །གསོལ་བ་འདེབས་སོ་ཐུགས་ དམ་ཞལ་བཞེས་དགོངས། །སྨོན་ལམ་ཡོངས་སུ་འགྲུབ་པར་བྱིན་གྱིས་རློབས། །སྙི གས་དུས་ འགྲོ་རྣམས་བསམ་སྦྱོར་ལོག་པ་དང༌། །ཕྱི་ནང་འབྱུང་བ་འཁྲུགས་པའི་རྒྱུ་རྐྱེན་གྱིས། །སྔར་ མ་གྲགས་པའི་མི་ཕྱུགས་དལ་ཡམས་ནད། །གཟའ་ཀླུ་རྒྱལ་གདོན་ནག་ཕྱོགས་འབྱུང་པོའི་ གཟེར། །བཙའ་སད་སེར་གསུམ་ལོ་ཉེས་དམག་འཁྲུག་རྩོད། །ཆར་ཆུ་མི་སྙོ མས་འཛམ་གླིང་ བྲ་བྱའི་ཐན། །ས་གཡོ་མེ་དགྲ་འབྱུང་བཞིའི་འཇིགས་པ་དང༌། །ཁྱད་པར་བསྟན་ལ་འཚེ་བའི་ མཐའ་དམག་སོགས། །འཛམ་གླིང་ལྗོངས་འདིར་གནོད་འཚེའི་རིགས་མཐའ་དག །མྱུར་དུ་ ཞི་ཞིང་རྩད་ནས་འཇོམས་གྱུར་ཅིག །མི་དང་མི་མིན་འགྲོ་བ་མཐའ་དག་གིས། རྒྱུད་ལ་བྱང་ ཆུབ་སེམས་མཆོག་རིན་པོ་ཆེ། །ངང་གིས་སྐྱེས་ནས་གནོད་འཚེའི་བསམ་སྦྱོར་བྲལ། །ཕན་ ཚུན་བྱམས་པའི་སེམས་དང་ལྡན་ནས་ཀྱང༌། །འཛམ་གླིང་མཐའ་དབུས་བདེ་སྐྱིད་དཔལ་ གྱིས་འབྱོར། །སངས་རྒྱས་བསྟན་པ་དར་རྒྱས་ཡུན་གནས་ཤོག །རྩ་གསུམ་རྒྱལ་བ་སྲས་ 9-1-664 བཅས་བདེན་པའི་སྟོབས། །འཁོར་འདས་དགེ་བའི་རྩ་བ་གང་མཆིས་དང༌། །བདག་ཅག་ ལྷག་བསམ་རྣམ་པར་དཀར་བའི་མཐུས། །གསོལ་བཏབ་སྨོན་པའི་འབྲས་བུ་འགྲུབ་གྱུར་ ཅིག །ཅེས་རྗེ་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཞལ་སྔ་ནས་དེང་དུས་ཀྱི་འཚུབ་འགྱུར་ཤིན་ཏུ་ཆེ་ཞིང་ཇི་ལྟར་ འགྱུར་ཆ་མེད་པས་རྗེ་ཉིད་ནས་བོད་ཡུལ་བདེ་བའི་སྨོན་ལམ་ཉིན་ཞག་རེ་ལན་དྲུག་རེ་མཛད་པ་ཡིན་པས་ཁྱོད་ནས་ཀྱང་དེ་ལྟར་ གལ་ཆེ་ཞེས་བཀའ་སྩལ་ཕེབས་པ་ལྟར་རང་གི་བརྗེད་གསོས་སུ་བྲིས་པ་ཇི་བཞིན་དུ་འགྲུབ་པར་གྱུར་ཅིག ཅེས་བློ་གྲོས་མཐའ་ ཡས་ཀྱིས་ཙཱ་འདྲ་རིན་ཆེན་བྲག་ཏུ་རྒྱལ་ཟླ་བའི་དཀར་ཕྱོགས་འགྲུབ་པའི་སྦྱོར་བ་དང་ལྡན་པའི་སྔ་དྲོའི་ཆར་བྲིས་པས་ཡ་ཐཱ་སིདྡྷི་ རསྟུ། འཛམ་གླིང་བདེ་བའི་སྨོན་ལམ་དུ་དགོངས་ནས་མ་ཏིས་བསྒྱུར་བའོ།། །། 9-1-665 ༄༅། །པར་བྱང་སྨོན་ཚིག་གི་སྐོར་བཞུགས། ༄༅། །ལེགས་བཞེངས་དེ་ཡི་མཐུ་ལས། །བསྟན་འགྲོར་དགེ་མཚན་ཤར་ཏེ། །སྐལ་ ངན་རྒུད་ཚོགས་ཞི་ནས། །རྫོགས་ལྡན་ཆོས་སྤྱོད་གྱུར་ཅིག །ཅེས་པའང་གུ་ཎ་བྷ་དྲས་ངོར། མ་ཏིས་སྨྲས་ པའོ།། །། ༈ མཐུ་དེས་རིགས་དྲུག་གིས། །བསྡུས་པའི་སེམས་ཅན་ཀུན། །རིང་མིན་འཁོར་མཚོ་ ལས། །གཏན་ཐར་བྱེད་པར་སྨོན། །འདི་ཡེ་ཤེས་ལྷ་མོ་ལ་མཁོ་ཕྱིར་མ་ཏིས་སོ།། །། ༈ འདི་བྲིས་ལེགས་དགེས། །ཚེ་རབས་ཀུན་ཏུ། །ངེས་དོན་ཟབ་མོར། །ཇི་བཞིན་སྤྱོད་ ཤོག །འདི་ཡང་མ་ཏིས་བྲིས།། །། ༈ རབ་དཀར་འདི་བསྐྲུན་པས། །མ་ལུས་འགྲོ་ཚོགས་ཀྱི། །གནས་སྐབས་མཐར་ཐུག་གི ། དཔལ་ཡོན་མཐའ་མེད་ཤོག །མ་ཏིས་བྲིས།། །། ༈ བྲི་བཞེངས་འདི། །འགྲོ་ཀུན་གྱིས། །གནས་ལུགས་མཆོག །རྟོགས་རྐྱེན་དུའོ། །མ་ཏིས་ སོ།། །། ༈ སོ་ཐར་ལུས་ངག་གཙོ་བོས་ཉེས་སྒོ་བསྡམ། །བྱང་སེམས་གཞན་ཕན་ལྷག་བློས་ གནོད་སེམས་སྤང༌། །གསང་སྔགས་དག་སྣང་མཆོག་གིས་ཐ་མལ་གྱི། །སྣང་ཞེན་ལེགས་ སྦྱངས་སྲུང་སྡོམ་དེ་ལྟར་དུ། །ཕྱི་ནང་གསང་བའི་སྒོ་ནས་སོར་སྡོམ་སླ། །བྱང་ཆུབ་སེམས་ སྡོམ་འབྲིང་ཞིང་གསང་སྔགས་ཐེག །བསླབ་སྡོམ་བསྲུང་དཀའི་གནས་ཡིན་དེ་ཕྱིར་ན། །དང་ 9-1-666 པོའི་ལུས་ཅན་དག་གིས་ཐོག་མ་ནས། །སྡོམ་པ་ཆེས་སླ་སོ་ཐར་བསླབ་པ་བཟུང༌། །དེ་ནས་ བྱང་སེམས་གཞན་གནོད་སྤང་སྡོམ་མནོས། །མཐར་ནི་གསང་ཆེན་སྔགས་སྡོམ་ལ་འཇུག་པ། །མདོ་སྔགས་ཐེག་པའི་གོ་རིམ་དེ་ལྟར་ལགས། །ཞེས་པ་སླར་སྨྲས་སོ། །པར་འདི་དགེ་ཚུལ་བློ་བཟང་ཆོས་ འཕེལ་གྱིས་བསྐྲུན་པས་བསྟན་འགྲོར་ཕན་པ་འབྱུང་བར་ཤོག། །།དགེའོ།། བཀྲ་ཤིས། 9-1-667