8-1-1 ཇོ་ནང་ཆོས་མཛོད་ཆེན་མོ་ལས། ངག་དབང་བློ་གྲོས་གྲ གས་པའི་་གསུང་འབུམ། ༼པོད་བརྒྱད་པ།༽ 8-1-2 དཀར་ཆག ཐོག་མའི་གླེང་བརྗོད།..............................................................................(1) ཤར་འཛམ་ཐང་པ་ངག་དབང་བློ་གྲོས་གྲགས་པའི་རྣམ་ཐར་ཉུང་བསྡུས།.......................................(1) སྡོམ་གསུམ་རིམ་པར་ནོད་པ་གང་དག་ལ་ལག་ལེན་ཉེར་མཁོའི་རིམ་པ་གལ་ཆེན་ཕྱོགས་གཅིག་ཏུ་ བསྒྲིགས་པ་བསླབ་ཁྲིམས་དྲི་མ་འཁྲུད་པའི་དག་བྱེད་ཅེས་བྱ་བ་བཞུགས་སོ།།..........................(1) ཆོ་འཕྲུལ་གྱི་བསྟོད་པ།.............................................................................(68) བསྙེན་རྫོགས་མཁན་བརྒྱུད་གསོལ་འདེབས།.......................................................(70) མཁན་བརྒྱུད་གསོལ་འདེབས་ཀྱི་ཁ་སྐོང༌།..........................................................(72) གནས་བརྟན་ཆེན་པོ་བཅུ་ུདྲུག་གི་ཕྱག་མཆོད་ཅེས་བྱ་བ་བཞུགས་སོ།།.............................(75) གནས་བརྟན་བཅུ་དྲུག་ལ་བསྟོད་པ་བཞུགས་སོ།།......................................................(82) ལས་དང་པོ་པའི་རིམ་པ་ཕན་བདེའི་འབྱུང་གནས་ཞེས་བྱ་བ་བཞུགས་སོ།།..................................(83) སྤྱི་བཤགས་ཉེས་ལྟུང་གདུང་བ་སེལ་བའི་ཟླ་ཟེར།...............................................(133) སྡོམ་གསུམ་སྨོན་བསྡུས་ནི།.............................................................................(134) ཧེ་རུ་ཀའི་སྙིང་པོ་ཡི་གེ་བརྒྱ་པ།....................................................................(134) མཆོག་གསུམ་སྤྱི་ལ་མཆོད་པ་འབུལ་བའི་ཐབས་ཚུལ་རྒྱལ་བ་དགྱེས་པའི་ མཆོད་སྤྲིན་ཞེས་བྱ་བ་བཞུགས་སོ།།.....................................................................(135) འཕགས་པ་རྟེན་ཅིང་འབྲེལ་བར་འབྱུང་བའི་གཟུངས་བཞུགས་སོ།།..............................(140) མདོ་སྔགས་མཆོད་པའི་ཁ་སྐོང་ཤེལ་དཀར་ཕྲེང་བ་བདེ་སྟོང་སྐྲུན་བྱེད་ ཅེས་བྱ་བ་བཞུགས་སོ།།..................................................................................(143) 8-1-3 མཆོད་ཆོག་ཉེར་བསྒྲིགས་ཉུང་བསྡུས་སུ་ལེགས་པར་བཀོད་པ་ཚོགས་གཉིས་ ལེགས་བསྐྲུན་ཞེས་བྱ་བ་བཞུགས་སོ།།...............................................................(153) བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། བསྔོ ་བའི་ལེའུ་ཞེས་བྱ་བ་བཞུགས་སོ།།...........(167) མདོ་སྔགས་སྨོན་ལམ་གསེར་གྱི་ཕྲེང་བ་བླ་མ་དགྱེས་པའི་མཆོད་པའི་ སྤྲིན་ཆེན་ཞེས་བྱ་བ་བཞུགས་སོ།།.....................................................................(173) སྡོམ་ལུང་ཟབ་མོ་སྦྱིན་པའི་ཡི་གེ་སྐལ་ལྡན་ཐར་ལམ་བགྲོད་བྱེད་བཞུགས།..............(185) འདིར་སྡོམ་ལུང་སྦྱིན་ཐབས་མདོར་བསྡུས་ནི།...........................................(188) བསྙེན་གནས་གསོ་སྦྱོང་སྦྱིན་ཐབས་གཞན་ཕན་ཉི་མ་ཞེས་བྱ་བ་བཞུགས་སོ།།.............................(191) ཟབ་ལམ་འཕོ་བའི་མན་ངག་ཉམས་སུ་ལེན་ཚུལ་ཕྱོགས་བསྡུས་སུ་ཉེ་བར་བཀོད་པ་ ཐར་བའི་སྒོ་འབྱེད་ཅེས་བྱ་བ་བཞུགས།.................................................................(203) ངོ་སྤྲོད་ལག་ལེན་འཕོ་བ་འདོན་ཚུལ།..................................................(203) འོད་དཔག་མེད་ཀྱི་གཟུངས་ནི།..........................................................(206) ཐུགས་རྗེ་ཆེན་པོའི་གཟུངས་སྔགས་ནི།......................................................(206) བྲབ་སྔགས་ནི།................................................................................(207) ཇོ་ནང་སྦྱོར་དྲུག་བླ་བརྒྱུད་དང་བླ་ཆེན་གཞན་གང་བྱོན་ཆོས་འབྱུང་ལྟར་ལ་ཕྱག་དང་ གསོལ་འདེབས་སྐྱབས་འགྲོ་བྱེད་ཚུལ་བཞུགས་སོ།།...................................................(208) གདན་སའི་བརྒྱུད་རིམ་བླ་མ་འགའི་ཁ་སྐོང༌།...............................................(217) འཇམ་དཔལ་མཚན་བརྗོད།....................................................................(218) འཕོ་བའི་ཉེར་མཁོ་བསྡུས་པ་ཞེས་བྱ་བ་བཞུགས་སོ།།.........................................(233) ཟབ་ལམ་འཕོ་བའི་མན་ངག་ཉམས་སུ་ལེན་ཚུལ་ཕྱོགས་བསྡུས་སུ་ཉེ་བར་བཀོད་པ་ ཐར་བའི་སྒོ་འབྱེད་ཅེས་བྱ་བ་བཞུགས་སོ།།.............................................................(235) འཕོ་བའི་ལྷན་ཐབས་ངེས་དོན་ཁྱད་འཕགས་ཀྱི་ལག་ལེན་འགྲོ་ཕན་ལེགས་སྤེལ་ ཞེས་བྱ་བ་བཞུགས་སོ།།...............................................................................(250) གུ་རུ་རིན་པོ་ཆེའི་སྒོ་ནས་འཕོ་བ་བྱ་ཚུལ་ཞིང་མཆོག་སྒོ་འབྱེད་ཅེས་བྱ་བ།..................................(318) 8-1-4 མཁའ་སྤྱོད་མའི་འཕོ་བ་དབྱིངས་རིག་བསྲེ་བྱེད་ཅེས་བྱ་བ་བཞུགས་སོ།།......................(320) སྒྲོལ་མའི་འཕོ་བ་ནི།......................................................................(322) རྣམ་རྒྱལ་མའི་འཕོ་བ་དབྱིངས་རིག་བསྲེ་བྱེད་ཅེས་བྱ་བ།.................................(324) ངེས་པ་དོན་གྱི་བླ་མ་དང་ཡི་དམ་ལྷ་མོ་གང་དག་གདོད་ནས་དབྱེར་མེད་དུ་བཞུགས་པ་ འགྲོ་ཀུན་ལ་མངོན་པའི་སྨོན་ལམ་དོན་དམ་བདེ་ཆེན་རྡོ་རྗེ་འབར་བའི་ གཟི་བརྒྱ་ཞེས་བྱ་བ་བཞུགས་སོ།།.................................................................(327) སྨོན་ལམ་གང་སྨོན་ལེགས་འགྲུབ།.................................................(330) སྒྲོལ་མའི་སྒོ་ནས་སྨོན་ཚིག་བསམ་པ་མྱུར་འགྲུབ་བཞུགས།།................................(331) གཡུ་ལོ་བཀོད་པའི་ཞིང་གི་སྨོན་ལམ་བཞུགས།..........................................(334) མངོན་པའི་སྨོན་ལམ་དོན་དམ་བདེ་ཆེན་རྡོ་རྗེའི་གཟི་བརྒྱ་བཞུགས་སོ།།...................................(337) འཕགས་མ་གཙུག་ཏོར་རྣམ་པར་རྒྱལ་མའི་སྨོན་ལམ་གྱི་ཚིག་འདོད་དོན་ ལེགས་འགྲུབ་ཅེས་བྱ་བ་བཞུགས་སོ།།...............................................................(341) མངོན་དགའི་ཞིང་སྨོན་ཉེར་བསྡུས།................................................(343) བསྟན་རྒྱས་སྨོན་ཚིག....................................................................(346) ཤམྦྷ་ལའི་བསྟོད་སྨོན་ཞིང་མཆོག་སྒོ་འབྱེད་ཅེས་བྱ་བ་བཞུགས་སོ།།........................(348) སྨོན་ཚིག......................................................................................(351) ཤམྦྷ་ལའི་སྨོན་ལམ་བདེན་ཚིག་མྱུར་འགྲུབ།..............................................(353) ཤམྦྷ་ལའི་ལེགས་སྨོན་བསམ་དོན་མྱུར་འགྲུབ།.............................................(355) སྨོན་ཚིག་རྣམ་དག་གི་མྱུ་གུ།....................................................................(357) དགེ་བསྔོ ་ངེས་དོན་དང་འབྲེལ་བ།...............................................................(359) སྨོན་ཚིག་ངེས་དོན་ལྷུན་གྲུབ་ཅེས་བྱ་བ།........................................................(362) འདོད་སྨོན་བསྟོད་ཟུང་ལེགས་གྲུབ།..............................................................(364) བདེ་སྨོན་གང་སྨོན་མྱུར་འགྲུབ།..................................................................(366) བསྔོ ་སྨོན་དོན་ཀུན་མྱུར་འགྲུབ་ཅེས་བྱ་བ།..........................................................(367) 8-1-5 བསྔོ ་སྨོན།..........................................................................................(370) སྡོམ་གསུམ་སྨོན་བསྡུས་ལེགས་དོན་ཡོངས་འགྲུབ་ཅེས་བྱ་བ་བཞུགས་སོ།།...................(370) སྨོན་ཚིག་འདོད་དོན་ལེགས་འགྲུབ།..............................................................(371) བསྔོ ་སྨོན་བསམ་དོན་མྱུར་འགྲུབ་ཅེས་བྱ་བ།..................................................(373) སྨོན་ལམ་དགེ་ལེགས་མཆོག་སྩོལ་ཞེས་བྱ་བ།.................................................(373) མཚན་བརྗོད་སྨོན་ཚིག་ཟབ་དོན་མངོན་བྱེད་ཅེས་བྱ་བ།......................................(374) འཕགས་པ་བསྐལ་པ་བཟང་པོ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས། དབུ་མཐའ་དང་མཚན་སྤུངས་ཁོལ་དུ་བྱུང་བ་བཞུགས་སོ།།.........................................(377) དཔལ་མཆོག་དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོའི་རྟེན་དང་བརྟེན་པར་བཅས་པའི་ སྨོན་ཚིག་འཁོར་འདས་ཅིག་ཆར་གསལ་བའི་བདེ་ཆེན་ཡེ་ཤེས་སྐྲུན་བྱེད་ ཤེལ་གྱི་མེ་ལོང་ཞེས་བྱ་བ་བཞུགས་སོ།།...........................................................(390) པར་བྱང་སྨོན་ཚིག..............................................................................(405) 8-1-6 ༄༅། །སྡོམ་གསུམ་རིམ་པར་ནོད་པ་གང་དག་ལ་ལག་ལེན་ ཉེར་མཁོའི་རིམ་པ་གལ་ཆེན་ཕྱོགས་གཅིག་ཏུ་ བསྒྲིགས་པ་བསླབ་ཁྲིམས་དྲི་མ་འཁྲུད་པའི་ དག་བྱེད་ཅེས་བྱ་བ་ བཞུགས་སོ། ། ༄༅། །སངས་རྒྱས་བྱང་ཆུབ་སེམས་དཔའ་གསང་ཆེན་རིག་པ་འཛིན་པའི་ཚོགས་གང་དག་ལ་གུས་པས་ཕྱག་འཚལ་ ནས་འདིར་འཆད་པར་བྱ་བ་སྡོམ་པ་གསུམ་གྱི་ཕྱིར་བཅོས་བྱེད་ཚུལ་སྤྱི་དང་བྱེ་བྲག་སོ་ཐར་དགེ་ཚུལ་སློང་གི་ལག་ལེན་དུས་སུ་ ཉེར་མཁོ་ཙམ་གྱི་ཚུལ་གཉིས་ལས། དང་པོ་སྡོམ་གསུམ་གྱི་ཕྱིར་བཅོས་བྱེད་ཚུལ་སྤྱི་ལ། སོ་ཐར། བྱང་སེམས། སྔགས་ དང་གསུམ་ལས། དང་པོ་སོ་ཐར་དགེ་སློ ང་གི་སྡོམ་པའི་ཕྱིར་བཅོས་བྱེད་ཚུལ་ནི་དག་སྣང་གི་ཡུལ་སངས་རྒྱས་བྱང་སེམས་ རྣམས་དང་དངོས་བཞུགས་དགེ་འདུན་བཙུན་པ་གང་བཞུགས་དག་གི་དྲུང་དུ་ཐོག་མར་ཕྱག་ལན་གསུམ་བཅས་བཤགས་པ་པོ་ འགྲེང་སྟེ་འདུད་ཅིང་ཐལ་མོ་སྦྱར་བཞིན་འདི་སྐད། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་ སེམས་དཔའ་ཐམས་ཅད་དང་དགེ་འདུན་བཙུན་པ་རྣམས་ལྟུང་བ་ཕམ་པའི་སྡེ་དང༌། ལྷག་ མའི་སྡེ་དང༌། ལྟུང་བྱེད་ཀྱི་སྡེ་དང༌། སོར་བཤགས་ཀྱི་སྡེ་དང༌། ཉེས་བྱས་ཀྱི་སྡེ་ལ་སོགས་པ་ གཞི་བཅུ་བདུན་དང༌། ལུང་རྣམ་འབྱེད་དང༌། ལུང་ཕྲན་ཚེགས་དང༌། གཞུང་དམ་པ་རྣམས་ཀྱི་ སྐབས་ནས་འབྱུང་བའི་ཉེས་ལྟུང་གང་བྱུང་བ་རྣམས་ཕྱིར་བཅོས་པའི་ཆོ་ག་ལ་ཐུགས་གཏད་ པར་ཞུ། དེ་ནས་ཙོག་པུར་འདུག་བཞིན་པས། ཕྱོགས་བཅུར་བཞུགས་པའི་སངས་རྒྱས་དང༌། །ཆོས་དང་ 8-1-7 དགེ་འདུན་འཕགས་པའི་ཚོགས། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །བདག་མིང་ འདི་ཞེས་བགྱི་བ་ལ། །དགེ་སློ ང་ཁྲིམས་ཀྱི་བསླབ་པ་ནི། །ཉིས་བརྒྱ་དང་ནི་ལྔ་བཅུ་གསུམ། ། དེ་ལས་ཕམ་པ་བཞི་ཞེས་པ། །རྨ་ཡི་སྒོ་གསུམ་གང་རུང་དུ། །ཆགས་སྤྱོད་དོན་དུ་གཉེར་ བ་ཡིས། །ནོར་བུ་པགས་རིམ་འདས་ཏེ་འཁྲིག །ལུས་ཚོར་སིམ་པ་ཐོབ་པའོ།༡ །གཞན་ གྱིས་བདག་དུ་བཟུང་བའི་རྫས། །བརྐུ་བའི་སེམས་ཀྱིས་མ་ནོར་བར། །ཡུལ་དུས་རིན་ཐང་ ཚང་བ་ནི། །མཐུ་དང་འཇབ་བུས་བདག་གིར་བྱས།༢ །མི་འམ་མི་ཉིད་ཆགས་པའང་རུང༌། །གསོད་པའི་སེམས་ཀྱིས་མཚོན་དུག་སྔགས། །སྨན་གྱི་སྦྱོར་བས་རང་ཉིད་དམ། །གཞན་ལ་ བཅོལ་ནས་བསད་པའོ།༣ །ཐ་སྙད་ལྔ་ལྡན་སྐྱེ་བོ་ལ། །རང་ཉིད་བཟང་བརྫུའི་འདུ་ཤེས་ཀྱིས། །མངོན་ཤེས་ལ་སོགས་བླ་མའི་ཆོས། །ཡོད་པར་སྒྲོག་པ་གོ་བ་རྣམས།༤ །ཡུལ་བསམ་སྦྱོར་བ་ དངོས་གཞི་ཚང༌། །ཕས་ཕམ་བཞི་ཞེས་རྒྱལ་བས་གསུངས། །དགེ་འདུན་ལྷག་མ་བཅུ་གསུམ་ ནི། །རང་དང་གཞན་གྱི་ཡན་ལག་ལ། །ཁུ་བ་འབྱིན་པར་བྱེད་པ་དང༌།༡ །ཆགས་པས་བུད་ མེད་ལུས་ལ་རེག༢ །དེ་བཞིན་འཁྲིག་ཚིག་རྗེན་པར་སྨྲ། ༣ །འཁྲིག་པས་བསྙེན་བཀུར་བྱས་ ལ་བསྔགས། ༤ །སྐྱེས་པ་བུད་མེད་སྨྱན་བྱེད་པ། ༥ །མ་དག་གསུམ་དང་ལྡན་པའི་གཞིར། །རང་དོན་ཁང་པ་ཚད་ལྷག་དང༌། ༦ །དཀོན་མཆོག་ཆེད་དུ་ཁང་ཆེན་བརྩེགས། ༧ །མཐོང་ ཐོས་དོགས་པའི་གཞི་མེད་པའམ།༨ །བག་ཙམ་ལ་བརྟེན་ཕམ་པས་སྐུར། ༩ །དགེ་འདུན་ དབྱེན་དང་༡༠དེའི་རྗེས་ཕྱོགས། ༡༡ །ཁྱི མ་པ་སུན་འབྱིན་སྐྲོད་པ་པོར། །གཤེ་དང་༡༢ལྟུང་གླེང་ དང་མ་བླངས། །བཀའ་བློ་མི་བདེ་ཞེས་བྱའོ། ༡༣ །སྤང་བའི་ལྟུང་བ་སུམ་ཅུའི་སྡེ། །བྱིན་མ་ བརླབས་པར་གོས་ལྷག་ནི། །ཞག་བཅུ་འདས་པར་འཆང་བ་དང༌། ༡ །ཆོས་གོས་དང་བྲལ་ ཞག་གཅིག་ལོན། ༢ །དེ་བཞིན་གོས་རྒྱུ་ཟླ་བར་འཇོག ༣ །ཐ་སྙད་བརྒྱད་ལྡན་དགེ་སློང་ མར། །ཆོས་གོས་འཁྲུར་འཇུག་༤གོས་རྒྱུ་བླངས། ༥ །ཁྱི མ་པ་ཁྱད་ཆོས་དྲུག་ལྡན་ལ། །ཆོས་ 8-1-8 གོས་ཡོད་བཞིན་སློ ང་བ་དང༌། ༦ །མེད་ནའང་གཅིག་ལས་ལྷག་པར་བླངས།༧ །རང་ལ་སྦྱིན་ པར་སྤགས་པའི་གོས། །རིན་དང་ཚད་ཀྱིས་བསླང་བ་དང༌།༨ །སོ་སོའི་སྤགས་པའང་དེ་བཞིན་ ནོ། ༩ །གོས་རིན་རིན་ཆེན་བསྐུར་བའི་གོས། །བསྐུལ་བསྡད་དྲུག་ལས་ལྷག་པར་བསྙགས། ༡༠ །སྲིན་བལ་སྟན་བྱེད་༡༡བལ་ནག་ནི། །འབའ་ཞིག་ཉིད་དང་༡༢ཆ་གཉིས་ལས། །ལྷག་ པའི་སྟན་དང་༡༣ལོ་དྲུག་ནི། །མ་སོང་སྟན་ནི་གཉིས་པ་བཟོ། ༡༤ །བདེ་གཤེགས་མཐོ་གང་མ་ གླན་པར། །གདིང་བ་གསར་བ་བཟོ་བ་དང༌། ༡༥ །བལ་སོགས་ཁུར་ནས་རྒྱངས་གྲགས་ འདས། ༡༦ །དགེ་སློ ང་མ་ལ་བལ་འཁྲུར་འཇུག ༡༧ །རུང་བ་མ་བྱས་གསེར་དངུལ་ལེན། ༡༨ །རང་གི་ནོར་རྫས་ཁྱི མ་པ་ལ། །བུན་སྐྱེད་གཏོང་བ་མངོན་མཚན་ཅན།༡༩ །ཁེ་སྤོགས་ཆེད་དུ་ ཚོང་བྱས་དང༌།༢༠ ། བྱིན་གྱིས་མ་བརླབས་ལྷུང་བཟེད་ནི། །ཞག་བཅུ་འདས་འཆང་༢༡སྦྱིན་ བདག་ལས། །ལྷུང་བཟེད་གཉིས་པ་འཚོལ་བ་དང༌།༢༢ །གླ་བརྔན་མི་སྟེར་ཐ་ག་པར། །འཐག་ འཇུག་༢༣ཁྱི མ་པས་བསྔོ ས་པའི་གོས། །འཐག་པ་དེ་ལས་ལྷག་པར་བསྐྱེད།༢༤ །དགེ་སློང་ གོས་སྦྱིན་སླར་འཕྲོག་དང༌།༢༥ །བརྟད་བྱུང་གོས་ཞེས་དབྱར་རྙེད་རྣམས། །དགག་དབྱེའི་སྔོ ན་ རྗེས་བདག་གིར་བྱས།༢༦ །འཇིགས་བཅས་དགོན་པར་ཆོས་གོས་དང༌། །བྲལ་ནས་ཞག་ བདུན་ལོན་པ་དང༌།༢༧ །རས་ཆེན་བཙལ་སྔ་བཞག་ཕྱི་བ།༢༨ །དགེ་སློ ང་གཞན་ལ་བསྔོ ས་ པའི་རྫས། །རང་ལ་བསྒྱུར་ཏེ་ཐོབ་པ་དང༌།༢༩ །བྱིན་ལེན་མ་ཞིག་སྨན་བཞི་པོ། །ཐུན་ཚོད་ འདས་ནས་གསོག་འཇོག་གོ༣༠ །ལྟུང་བྱེད་འབའ་ཞིག་དགུ་བཅུ་ནི། །ཤེས་བཞིན་རྫུན་སྨྲ་ ༡དགེ་སློ ང་ལ། །སྐྱོན་དུ་བརྗོད་དང་༢ཕྲ་མས་འབྱེད།༣ །རྩོད་བཟླུམ་སླར་ཡང་སྐྱོ་སྔོ གས་ བྱེད།༤།ཁྲིམས་གྲོགས་མེད་པར་ཁྱི མ་བདག་མོར། །ཆོས་སྟོན་༥བསྙེན་མ་རྫོགས་པ་དང༌། །ལྷན་ཅིག་ཆོས་འདོན་༦ ཁྱི མ་པ་ལ། །གཞན་གྱི་གནས་ངན་ལེན་ལྟུང་བརྗོད།༧ །དགོས་མེད་ མི་ཆོས་བླ་མ་ནི། །བདེན་༨སྨྲ་དགེ་འདུན་རྫས་སྦྱིན་པ། །བཤེས་ངོར་བྱས་ཞེས་འཕྱ་བ་དང༌།༩ 8-1-9 །མདོ་སོགས་འདོན་ལ་མ་གུས་པར། །གཞན་ལ་བསླབ་གཞི་ཁྱད་གསོད་བརྗོད།༡༠ །རུང་བ་ མ་བྱས་ས་བོན་འཇིག༡༡ །ཆོས་བཞིན་བགྱིས་ལ་བདག་གི་ངོར། །གནས་སོགས་ངན་པར་ སྟོབས་ཞེས་འཕྱ།༡༢ །ལྟུང་བྱུང་གླེང་ལ་ལོག་པའི་ལན། །གཞན་འདེབས་བསྒོ་བ་རྣར་གཟོན་ དང༌།༡༣ །ཁྲི་དང་༡༤གདིང་བ་མ་བསྡུས་པར། །འགྲོ་དང་༡༥དགེ་སློ ང་གནས་ནས་བསྐྲད།༡༦ །མཐོ་བཙམ་ཕྱིར་དུ་ལུས་ངག་གིས། །ཕྱིས་གནོན་བྱེད་དང་༡༧གཙུག་ལག་སྟེང༌། །ཁྲི་རྐང་ རྣོན་པོས་འབིགས་པ་དང༌།༡༨ །སྲོག་ཆགས་ཆུར་བཅས་འདེབས་པ་དང༌།༡༩ །ཕ་གུ་རིམ་པ་ གསུམ་ལྷག་བརྩིགས།༢༠ །དགེ་སློ ང་མ་ཡི་སྟོན་པ་ལ། །མ་སྐོས་བཞིན་དུ་ཆོས་སྟོན་དང༌།༢༡ །བསྐོས་ཀྱང་ཉི་མ་ནུབ་པར་སྟོན།༢༢ །དེ་ལ་ཟས་ཕྱིར་སྟོན་ཞེས་སྐུར།༢༣ །དེ་ཡི་ཆོས་གོས་ དྲུབ་དང་༢༤བྱིན།༢༥ །ལམ་དུ་ལྷན་ཅིག་འགྲོ་བ་དང༌།༢༦ །གྲུར་ཞུགས་རྒྱང་གྲགས་བརྒལ་བ་ དང༌།༢༧ །སྐྱབས་ཡོད་དབེན་པར་འདུག་དང་༢༨འགྲེང༌། ༢༩ །རང་དང་མ་འབྲེལ་ཡོན་ཏན་ བརྗོད། །སྦྱོར་བཅུག་ཟས་ནི་ཟོས་པ་དང༌།༣༠ །ཉིན་གཅིག་ཁྱི མ་གཉིས་སློང་བ་དང༌།༣༡ །མཆོད་གནས་མུ་སྟེགས་ཅན་གྱི་ཁྱི མ། །ཞག་གཉིས་འདས་པར་འདུག་སྟེ་ཟོས།༣༢ །དུས་ གཅིག་ལྷུང་བཟེད་གསུམ་བླངས་ཟོས།༣༣ །སྤངས་ཟིན་ལྷག་པོར་མ་བྱས་པ། །དུས་རུང་ཟས་ ཟ་༣༤དགེ་སློ ང་གཞན། །སྤངས་ཟས་རྫུན་གྱིས་སྟོབ་པ་དང༌།༣༥ །མཚམས་ནང་གཅིག་ཏུ་རྐྱེན་ མེད་པར། །གསུམ་ཡན་ལོགས་སུ་འདུས་ཏེ་ཟ།༣༦ །དུས་མིན་ཕྱེད་ཡོལ་ཟ་བ་དང༌།༣༧ །གསོག་འཇོག་ཟ་དང་༣༨སྨན་བཞི་པོ། །བྱིན་ལེན་མ་བྱས་སྤྱོད་པ་དང༌།༣༩ །བསོད་པའི་ཟས་ ནི་སློ ང་བ་དང༌།༤༠ །སྲོག་ཆགས་ཅན་གྱི་ཆུ་ལ་སྤྱོད།༤༡ །ཉལ་པོ་བྱེད་པའི་ཁྱི མ་དུ་ཉལ།༤༢ །དེ་བཞིན་སྐྱབས་ཡོད་པ་ན་འགྲེང༌།༤༣ །གཅེར་བུ་པ་ལ་ཁ་ཟས་བྱིན།༤༤ །དགོས་མེད་དམག་ ལྟ་༤༥དམག་ནང་དུ། །ཞག་གཅིག་ལྷག་འདུག་དཔུང་ཚོགས་ཀྱི།༤༦ །ཡན་ལག་ཉམས་སུ་མྱོང་ བ་དང༌།༤༧ །དགེ་སློ ང་བརྡེག་དང་༤༨བརྡེག་པར་གཟས།༤༩ །མཐོལ་ཡུལ་ཚད་ལྡན་ཡོད་ 8-1-10 བཞིན་དུ། །གཞན་གྱིས་གནས་ངན་ལེན་ལྟུང་འཆབ།༥༠ །ཕན་སེམས་མིན་པར་དགེ་སློང་ལ། །ཟས་གཅོད་༥༡མེ་ལ་རེག་ཏུ་བཅུག༥༢ །དགེ་འདུན་ལས་ལ་འདུན་ཕུལ་ནས། །ཕྱིར་བཟློ ག་སྨྲ་ དང་༥༣བསྙེན་མ་རྫོགས། །མཚན་གསུམ་འདས་པར་ཉལ་བ་དང༌།༥༤།བཟློ གས་ཀྱང་སྡིག་ལྟ་ མི་གཏོང་བཟུང༌།༥༥།གནས་དབྱུང་དགེ་སློ ང་དགེ་ཚུལ་དང༌། །ཆོས་དང་ཟང་ཟིང་མཐུན་པར་ སྤྱོད།༥༦ །སྔོ ན་པོ་བཙགས་དང་༥༧ངུར་སྨྲིག་རྩིས། །ཁ་མ་བསྒྱུར་བའི་གོས་བགོ་དང༌།༥༨ །རིན་ ཆེན་དམག་རྔ་དུང་ལ་རེག༥༩ །ཚ་དུས་མིན་པ་ཟླ་ཕྱེད་ཚུན། །ཁྲུས་བྱེད་༦༠དུད་འགྲོ་གསོད་པ་ དང༌།༦༡ །ཁྱོ ད་ཀྱི་སྡོམ་པ་མ་ཐོབ་སོགས། །སྨྲས་པས་དགེ་སློ ང་གཞན་འགྱོད་བསྐྱེད།༦༢ །སྐྱི་ གཡའ་འདོད་པས་གག་ཚུལ་སྒོག༦༣།ཆུ་ལ་རྩེ་དང་བུད་མེད་དང༌།༦༤།གནས་གཅིག་མཚན་མོ་ འདས་པ་དང༌།༦༥ །དགེ་སློ ང་དངངས་པར་བྱེད་པ་དང༌།༦༦ །གཞན་གྱི་ཡོ་བྱད་སྦེད་པ་དང༌།༦༧ །སྔར་བྱིན་གནང་བའི་གདིང་མེད་པར། །སྤྱོད་དང་༦༨གཞི་མེད་ལྷག་མས་སྐུར།༦༩ །ཁྲིམས་ གྲོགས་མེད་པར་བུད་མེད་དང༌། །ལྷན་ཅིག་འགྲོ་དང་༧༠རྐུན་མ་དང༌། །དེ་བཞིན་འགྲོ་བའོ་ཉི་ ཤུ་ནི།༧༡།མ་ལོན་པ་ལ་བསྙེན་རྗོགས་འབོགས།༧༢ །སྲ་བའི་ས་ལ་སོར་བཞི་བརྐོས།༧༣ །མགྲོན་པོས་ཟླ་བཞི་ལྷག་པར་ཟོས།༧༤ །བསླབ་བྱར་བསྒོ་བ་ཁྱོ ད་ཉིད་ཚིག །འདི་ལྟས་མི་ སློ བ་བརྗོད་པ་དང༌།༧༥ །རྩོད་སྤེལ་འདོད་པས་ཉན་རྣ་བྱེད།༧༦ །ལས་གྲར་འདུས་ནས་མི་སྨྲ་ འགྲོ།༧༧ །ཆོས་ལྡན་བསྒོ་བར་མ་གུས་པར། །འགལ་བར་སྨྲ་དང་༧༨ཆང་འཐུང་དང༌།༧༩ །རབ་ བྱུང་སྡེ་ལྔ་གང་རུང་ལ། །མ་སྨྲས་དུས་མིན་གྲོང་དུ་རྒྱུ།༨༠ །ཟས་ལ་སྤྱན་དྲངས་ཁྱི མ་བདག་ལ། །དུས་ལ་བྲིམ་ཅིག་མ་བརྗོད་པར། །ཁྱི མ་གསུམ་འདས་དང་༨༡བཙུན་མོ་བཅས། །རྒྱལ་པོའི་ ཁྱི མ་དུ་མཚན་མོར་ཕྱིན།༨༢ །སོ་ཐར་མདོ་སོགས་འདོན་པ་ལ། །ད་གཟོད་ཤེས་ཞེས་བསྟིང་ བ་དང༌།༨༣།རྭ་རུས་སོགས་ཀྱི་ཁབ་རལ་དང༌།༨༤ །ཁྲི་རྐང་ཚད་ལས་ལྷག་པར་འཆོས།༨༥ །དགེ་འདུན་གནས་མལ་ཁྲི་སོགས་ལ། །ཤིང་བལ་བརྡལ་ཏེ་བགོས་པ་དང༌།༨༦ །གདིང་ 8-1-11 ༨༧གཡན་༨༨རས་ཆེན་ཚད་ལྷག་དང༌།༨༩ །བདེ་གཤེགས་ཆོས་གོས་ཚད་མཉམ་བྱས།༩༠ །སོ་ སོར་བཤགས་བྱའི་སྡེ་བཞི་ནི། །ལམ་གྲོང་དགེ་སློ ང་མ་ལས་ཟས། །བསླངས་དང་༡ཁྱི མ་དུ་ དགེ་སློ ང་མས། །གྲལ་རིམ་བསྣོ ལ་ཏེ་འགྲིམ་བཅུག་པ། །མ་བཟློ གས་ཟོས་དང་༢ཁྱི མ་བདག་ ལ། །བསླབ་སྡོམ་སྦྱིན་ལས་ཟས་སློ ང་དང༌།༣ །འཇིགས་བཅས་ནགས་ལ་མ་བརྟགས་པར། །ཁྱི མ་པར་ཁ་ཟས་བསླང་ཏེ་ཟོས།༤ །ཉེས་བྱས་བརྒྱ་དང་བཅུ་གཉིས་ནི། །མཐང་གོས་ཟླུམ་ མིན་༡རྩིངས་དང་༢འཇོལ།༣ །གླང་སྣ་༤བསྟེབས་དང་༥ཕུར་མའི་དབྱིབས།༦ །གདེངས་ཀ་འདྲ་ དང་༧བླ་གོས་གཉིས། །ཟླུམ་མིན་༨རྩིང་༩འཇོལ་༡༠བྱས་ཏེ་བགོ །དྲན་ཤེས་མ་བསྟེན་༡ཆོས་ གོས་གསུམ། །ཚུལ་བཞིན་མ་བགོས་༢ཅ་ཅོའི་སྒྲ།༣ །མིག་གཡེང་༤གཉའ་ཤིང་གང་མི་བལྟ༥། །མགོ་འཐུམ་༦གོས་བརྗེས་༧ཕྲག་གཉིས་གཟར༌།༨ །ལག་གཉིས་གཉའ་གོང་༩ལྟག་པར་ བསྣོ ལ།༡༠ །མཆོངས་༡༡བརྐྱངས་༡༢བྲང་༡༣དང་ཙོག་པུས་འགྲོ།༡༤ །གྲུ་མོ་བརྒྱངས་དང་ ༡༥ལག་པ་གཡུག༡༦། མགོ་དང་༡༧ལུས་བསྒྱུར་༡༨ཕྲག་སྡེབ་དང༌།༡༩ །ལག་པ་སྦྲེལ་ཏེ་འགྲོ་བ་ དང༌།༢༠།མ་བསྒོས་༡མ་བརྟགས་༢ལྗིད་ཕབ་པ།༣ །རྐང་བརྐྱང་༤བརླ་བསྣོ ལ་༥ལོང་བུ་ བརྩེགས།༦ །ཁྲི་འོག་རྐང་དགུག་༧རྐང་པ་གདངས།༨ །འདོམས་མཐོང་བ་རྣམས་བྱས་ཏེ་ འདུག༩།ལེགས་པར་མི་ལེན་༡ལྷུང་བཟེད་ཀྱི། །མུ་ཁ་དང་མཉམ་བླང་བ་དང༌།༢ །འབྲས་ཆན་ ཚོད་མ་ལྷན་ཅིག་ལེན།༣ །མཐར་ཆགས་མི་ལེན་༤ལྷུང་བཟེད་ལ། །ཡིད་མ་གཏད་པར་ལེན་ པ་དང༌།༥།ཟས་མ་སླེ བས་པ་ལྷུང་བཟེད་བཟེད།༦ །སྔར་བྱུང་ཟས་སྦས་སླར་བཟེད་དང༌།༧ །ཟས་སྟེང་ལྷུང་བཟེད་བཞག་སྟེ་བཟེད།༨ །དེ་དག་འབད་པས་སྤངས་ཏེ་བླངས། །ལེགས་ པར་མི་ཟ་༡ཁམ་ཆེ་༢ཆུང༌།༣།རན་པར་མི་ཟ་༤སྔོ ན་ནས་ཁ། །གདངས་དང་༥ཟ་བཞིན་གཏམ་ སྨྲ་དང༌།༦ །ཙུག་ཙུག་༧ཅག་ཅག་༨ཧུ་ཧུ་དང༌།༩ །ཕུ་ཕུའི་སྒྲ་བཅས་ཟ་བ་དང༌།༡༠ །ལྕེ་ཕྱུང་ ༡༡འབྲུ་རེ་རེ་ནས་ཟ།༡༢ །ཟས་ལ་འཕྱ་དང་༡༣མཁུར་སྤོ་དང༌།༡༤ །རྐན་ཏོག་༡༥ཁམ་འཕྲོ་ 8-1-12 བཅད་དེ་ཟ།༡༦ །ཟས་ཀྱིས་གོས་པའི་ལག་པ་དང༌།༡༧ །སྣོ ད་བལྡགས་༡༨ལག་སྤྲུག་༡༩ལྷུང་ བཟེད་སྐྱོམ།༢༠ །མཆོད་རྟེན་འདྲ་བ་ཟ་མི་བྱ།༡ །གཞན་གྱི་ལྷུང་བཟེད་ལ་འཕྱ་དང༌།༢ །ལག་ པ་ཟས་འགོས་ཆུ་སྣོ ད་རེག༣ །འབག་ཆུ་གཏོར་དང་༤མ་དྲིས་པ། །ཅི་བདེར་འབོ་དང་༥ལྷུང་ བཟེད་དུ། །ཟས་ལྷག་འཇོག་དང་༦ལྷུང་བཟེད་ནི། །ས་རྗེན་༧གད་༨གཡང་༩དཀན་གཟར་ ༡༠བཞག །ལང་དང་༡༡གད་༡༢གཡང་༡༣དཀན་གཟར་དུ།༡༤།འཁྲུ་དང་འབབ་ཆུའི་རྒྱུན་ ཕྱོགས་ལས། །ལྡོ ག་སྟེ་༡༥བཅུ་བར་བྱ་བ་དང༌།༡༦།ལང་༡ཉལ་༢མཐོ་སར་འདུག་པ་དང༌།༣ །མདུན་དང་༤ལམ་པོའི་དབུས་འགྲོ་དང༌།༥ །མགོ་གཡོག་༦གོས་བརྫེས་༧ཕྲག་གཉིས་གཟར།༨ །ལག་གཉིས་གཉའ་གང་༩ ལྟག་པར་བསྣོ ལ།༡༠ །ཐོར་ཅོག་༡༡ཞྭ་དང་༡༢ཅོད་པན་ཅན།༡༣ །ཕྲེང་བ་༡༤མགོ་དཀྲིས་༡༥གླང་པོ་༡༦རྟ།༡༧ །ཤིང་རྟ་ཞོན་དང་༡༨ཁྱོ གས་ཀྱིས་འདེགས།༡༩ །ལྷྭམ་གྱོན་༢༠ལག་ན་འཁར་བ་དང༌།༢༡ །གདུགས་༢༢མཚོན་༢༣རལ་གྲི་༢༤དགྲ་ཆ་ ཐོགས།༢༥།གོ་ཆ་གྱོན་ལ་ཆོས་བཤད་པ།༢༦།སྒྲུབ་ཚུལ་གསུམ་ནི་འགྲེང་བཞིན་དུ། །བཤང་ གཅི་ཆུ་དང་༡རྩ་སྔོ ན་ལ། །སྣབས་དང་བཤང་གཅི་དོར་མི་བྱ།༢ །དགོས་མེད་ཤིང་ལ་འདོམ་ གང་ལས། །མཐོ་བར་འཛེག་པ་༣རྒྱུ་གཅིག་སྟེ། །མདོར་ན་འདུལ་བའི་བཅས་ཁྲིམས་ནི། །ཉིས་བརྒྱ་ལྔ་བཅུ་རྩ་གསུམ་དང༌། །འགལ་བའི་ཉེས་པ་གང་བྱུང་བ། །དེ་དག་ཐམས་ཅད་ བདག་དགེ་སློང་མིང་འདི་ཞེས་བགྱི་བས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་ དཔའ་གནས་བརྟན་བཙུན་པའི་མདུན་དུ་མཐོལ་ལོ། མི་འཆབ་བོ། །འཆགས་སོ། །ཕྱིན་ཆད་ ཀྱང་སྡོམ་པར་བགྱིད་ལགས་སོ། །མཐོལ་ཞིང་བཤགས་ན་བདག་བདེ་བ་ལ་རེག་པར་འགྱུར་ གྱི་མ་མཐོལ་མ་བཤགས་ན་ནི་མི་འགྱུར་རོ། །ཞེས་པའི་བརྗོད་ཚིག་རྣམས་ལས་སྙན་གསན་ཐུགས་གཏད་ནི་ ཕྱིས་ཡོངས་གྲགས་ལྟར་དང་དགོངས་གསོལ་བདག་བརྗོད་ནི་སྔོན་གྱི་སྡོམ་གསུམ་མཛད་མཁན་འགའི་གསུང་ཚིག་དང་ལྟུང་བ་ སྡེ་ལྔར་གཏོགས་པའི་བསླབ་པ་ཉིས་བརྒྱ་ང་གསུམ་ཁ་ཚང་གི་བརྗོད་ཚིག་རྣམས་ནི་ཀརྨ་ཞྭ་དམར་བ་ཆོས་ཀྱི་དབང་ཕྱུག་གིས་ 8-1-13 མཛད་པའི་སྡོམ་གསུམ་སྙིང་པོ་བསྡུས་པ་ལས་ཁོལ་དུ་ཕྱུང་བ་དང་གཞན་མཛད་ཚུལ་མཐོང་སྡོམ་ཐབས་ལེགས་བཀའ་དྲིན་ཞུ་བ་ ཆེ་བསྔགས་འོག་ནས་འཆད་འགྱུར་རྣམས་ཏེ་སྔ་ཕྱི་དེ་དག་ཕྱིས་ཀྱི་གོང་མ་དག་གི་ཕྱག་བཞེས་ལྟར་ཅི་རིགས་བཤད་ཟིན་དང་ འཆད་འགྱུར་གྱི་དབང་དུ་བྱས་ནས། སྤྱིར་ཉེས་ལྟུང་གི་ངོ་བོ་ཤིན་ཏུ་ཕྲ་ཡང་མཐོལ་བཤགས་མ་བྱས་པར་ཞག་ཏུ་འདས་ན་ཞག་ གཅིག་གིས་ལྟུང་བ་རང་གི་ངོ་བོ་གང་ཡིན་པ་དེ་དང་གཅིགམ་མཐོལ་བའི་ཉེས་པ་དང་གཉིས། མ་བཤགས་པའི་ཉེས་པ་དང་ གསུམ་དུ་འཕེལ་ཞིང༌། དེ་དག་ཞག་གཉིས་ཀྱིས་ནི་དྲུག་ཏུ་འགྱུར་ལ་དེ་བཞིན་དུ་ཞག་གསུམ་པས་བཅུ་གཉིས་དང་བཞི་པའི་ ཉེར་བཞིར་འགྱུར་བ་སོགས་ཉེས་ལྟུང་དེ་དག་ཉིན་རེ་ཉིན་རེ་ལས་ཇེ་འཕེལ་དུ་སོང་སྟེ་ཉེས་པ་ཕྲ་མོ་འང་མཐར་ཤིན་ཏུ་ཆེ་བར་ འགྱུར་ངེས་སུ་གོང་མ་དག་གིས་ལེགས་པར་གསུངས་པས་འཕེལ་སྟོབས་དེ་དག་ཆོད་བྱེད་དུ་ཕྱིར་བཅོས་མེད་མི་རུང་བ་གལ་ཆེ། འདིར་ལྟུང་བ་སྡེ་ལྔ་ལས་ཕམ་པ་བཞི་གང་ཡིན་ཀྱང་ལུས་ངག་ཏུ་ཐོན་པ་ནས་བྱ་བ་དངོས་འཇུག་གི་བར་སྦྱོར་བ་ཉེས་བྱས་རགས་ པ་དང་གཞི་བསམ་སྦྱོར་བ་མཐར་ཐུག་བཞི་ག་ཚང་ན་ཕམ་པའི་དངོས་གཞི་དང་དེ་ལས་རེ་རེ་ཙམ་མ་ཚང་ན་ཕམ་པའི་སྦོམ་པོར་ འགྱུར་བ་ནས་མ་ཚང་བ་གང་མང་གི་རིམ་པས་ཇེ་ཡང་དུ་འགྲོ། ཚུལ་དེས་ལྷག་མ་བཅུ་གསུམ་ལ་འདྲ་ཞིང་དེ་ལྷག་གི་ལྟུང་བ་ རྣམས་ལ་སྦྱོར་བ་ཉེས་བྱས་དང་དངོས་གཞི་གོང་གིས་འགྲེས་པ་ལས་ཡན་ལག་རེ་མ་ཚང་ན་ཉེས་བྱས་སུ་འགྱུར་བ་ཁྱད་པར་རོ། །དེ་དག་ཡིད་ཀྱིས་བསམ་པ་ཙམ་ནི་བསྡམ་བྱའི་ཉེས་བྱས་དང་སྦྱོར་བས་གཉེར་ཏེ་དངོས་སུ་མ་གྱུར་པ་ཚུན་ལ་སྦྱོར་ལྟུང་ཡང་ཟེར་ བས་སྐབས་འདི་སོ་ཐར་སྤྱི་བཤགས་སྟོབས་བཞི་ཚང་བས་བྱེད་པ་ལ་མཁོ་ཙམ་གྱི་དབང་དུ་བྱས་པ་སྟེ། གོང་ཐུགས་གཏད་སྙན་ གསན་ཞུ་མཇུག་ཏུ་སློ བ་དཔོན་སོགས་ཇི་ལྟར་འོས་པས། ཆོས་བཞིན་འདུལ་བ་བཞིན་མཛད་པར་ཞུ། ཞེས་ བརྗོད་པ་དང་མཐོལ་བཤགས་ལན་གསུམ་མཐར། འདི་རྣམས་ལ་ནོངས་པར་གཟིགས་ལགས་ སམ། ཞེས་ཀྱང་བརྗོད་ལན་གཞན་དག་གིས། མཐོང་ལགས། ཞེས་བརྗོད། སློ བ་དཔོན་སོགས་ཀྱིས། ཕྱིན་ཆད་ ལེགས་པར་སྡོམ་མམ། ཞེས་པའི་ལན། གཞན་དག་གིས། ཆོས་བཞིན་འདུལ་བ་བཞིན་ཤིན་ཏུ་ལེགས་ པར་སྤྱི་བོས་ནོད་པར་བགྱིའོ། །ཞེས་བརྗོད་པ་དང༌། སློ བ་དཔོན་སོགས་ཀྱིས། ཐབས་ཡིན་ནོ། །ཞེས་པར་ གཞན་རྣམས་ཀྱིས་ལེགས་སོ། །ཞེས་པའི་ལན་གདབ། དེ་ནས་ལང་འདུད་བཅས་ཀྱིས་ཐལ་མོ་སྦྱར་བས། ཕྱོགས་ བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། དགེ་འདུན་ 8-1-14 བཙུན་པ་རྣམས་ལྟུང་བ་ཕམ་པའི་སྡེ་དང༌། ལྷག་མའི་སྡེ་དང༌། ལྟུང་བྱེད་ཀྱི་སྡེ་དང༌། སོར་ བཤགས་ཀྱི་སྡེ་དང༌། ཉེས་བྱས་ཀྱིས་སྡེ་ལ་སོགས་པ་གཞི་བཅུ་བདུན་དང༌། ལུང་རྣམ་ འབྱེད་དང༌། སོགས། ཉེས་ལྟུང་གང་བྱུང་བ་རྣམས་ཕྱིར་བཅོས་པའི་ཆོ་ག་ལ་ཐུགས་གཏད་པ་ བཀའ་དྲིན་ཆེ་ལགས། སློ བ་དཔོན་སོགས་ཀྱིས། ཆོས་བཞིན་འདུལ་བ་བཞིན་མཛད་པ་ངོ་མཚར་ཆེ། ཞེས་བརྗོད་ཅིང༌། སློ བ་དཔོན་སོགས་ལ་དེ་ལྟར་ཕན་ཚུན་ནས་ཚང་བར་བྱས་པའི་སྒོ་ནས་མཐོང་སྡོམ་དང་ཐབས་ལེགས་བྱ་བའི་ སྲོལ་ཡང་ཡོད་པས་དེ་ལུགས་ལྟར་བྱས་ནའང་ཆོག གཉིས་པ་བྱང་སེམས་ཀྱི་སྡོམ་པའི་ཕྱིར་བཅོས་ཚུལ་ནི་དག་སྣང་གི་ཡུལ་སངས་རྒྱས་བྱང་སེམས་དང་དངོས་བཞུགས་ དགེ་འདུན་བྱང་སེམས་གང་བཞུགས་དག་གི་དྲུང་དུ་ཕྱག་གསུམ་བཅས་འགྲེང་འདུད་ཀྱིས་ཐལ་མོ་སྦྱར་ཏེ། ཕྱོགས་བཅུ་ ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། དགེ་འདུན་བྱང་ ཆུབ་སེམས་དཔའ་རྣམས་ཇི་སྐད་ཡོངས་སུ་བརྗོད་པའི་ཕམ་པའི་གཞི་དང་ཉེས་བྱས་ཀྱི་གཞི་ ལས་བྱང་ཆུབ་སེམས་དཔའི་འདུལ་བ་དང་འགལ་བའི་ནོངས་པ་དཔག་ཏུ་མེད་པ་བྱུང་བ་ རྣམས་ཕྱིར་བཅོས་པའི་ཆོ་ག་ལ་ཐུགས་གཏད་པར་ཞུ། ཙོག་འདུག་གིས་ཐལ་སྦྱར་བྱས་ཏེ། ཕྱོགས་ བཅུར་བཞུགས་པའི་སངས་རྒྱས་དང༌། །བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། །དགེ་ འདུན་བྱང་ཆུབ་སེམས་དཔའ་རྣམས། །བདག་ལ་དགོངས་པར་མཛད་དུ་གསོལ། །བདག་ མིང་འདི་ཞེས་བགྱི་བ་ལ། །ཇི་སྐད་ཡོངས་སུ་བརྗོད་པ་ཡི། །བྱང་ཆུབ་སེམས་དཔའི་འདུལ་ བ་དང༌། །རབ་ཏུ་འགལ་བའི་ནོངས་པ་ནི། །རྙེད་དང་བཀུར་སྟིར་ཆགས་པ་ཡིས། །བདག་ བསྟོད་གཞན་ལ་སྨོད་པ་དང༌།༡ །སྡུག་བསྔལ་མགོན་མེད་གྱུར་པ་ལ། །སེར་སྣས་ཆོས་ནོར་མི་ སྟེར་དང༌།༢ །གཞན་གྱིས་བཤགས་ཀྱང་མི་ཉན་པར། །ཁྲོས་ནས་གཞན་ལ་འཚོག་པ་དང༌།༣ །ཐེག་པ་ཆེན་པོ་སྤོང་བྱེད་ཅིང༌། །དམ་ཆོས་འདྲར་སྣང་སྟོན་པ་དང༌།༤ །དཀོན་མཆོག་གསུམ་ གྱི་དཀོར་འཕྲོག་པ།༥ །ཐེག་པ་གསུམ་གྱི་སྡེ་སྣོ ད་ལ། །སྐུར་འདེབས་དམ་ཆོས་སྤང་བ་དང༌།༦ 8-1-15 །རབ་ཏུ་བྱུང་ལ་གནོད་སེམས་ཀྱིས། །ངུར་སྨྲིག་ཕྲོགས་དང་བཙོན་རར་གཞུག །རབ་ཏུ་བྱུང་ ལས་ཕབ་པ་དང༌།༧ །མཚམས་མེད་ལྔ་ལས་གང་བྱས་པ།༨ །ལས་འབྲས་སྐྱེ་བ་སྔ་ཕྱི་སོགས། །མེད་ཅེས་ལོག་པའི་ལྟ་བ་འཛིན།༩ །གྲོང་དང་གྲོང་ཁྱེ ར་ལྗོངས་དང་ནི། །ཡུལ་འཁོར་གང་ རུང་འཇིག་པར་བྱས།༡༠།བློ་མ་སྦྱང་ལ་སྟོང་པ་ཉིད། །བསྟན་པས་སྐྲག་ནས་དམན་སེམས་ བསྐྱེད།༡༡ །ཐེག་ཆེན་རྫོགས་པའི་བྱང་ཆུབ་ལས། །བཟློ ག་སྟེ་ཉན་རང་ལམ་དུ་བཅུག༡༢།སོ་ ཐར་ཚུལ་ཁྲིམས་དག་པ་ལ། །དེ་བཟློ ག་རྫོགས་བྱང་སེམས་བསྐྱེད་པ།༡༣ །ཐེག་པ་དམན་ལ་ སྐུར་འདེབས་ཤིང༌། །ལམ་དེས་གྲོལ་པར་མི་ནུས་སྙམ།༡༤ །རང་གིས་མ་རྟོགས་ཟོལ་གཏམ་ གྱིས། །གཞན་ལ་སྟོང་པ་ཉིད་བསྟན་ནས། །བསྒོམ་ན་ང་དང་མཉམ་ཞེས་སྨྲས།༡༥ །དཀོན་ མཆོག་དཀོར་དང་དགེ་སྦྱོང་རྫས། །ཆད་པས་བཅད་པ་བླངས་པ་དང༌།༡༦།བསམ་གཏན་པ་ཡི་ ལོངས་སྤྱོད་རྣམས། །ཁ་ཏོན་པ་ལ་སྦྱིན་པ་ཡིས། །ཞི་གནས་འདོར་བར་བྱས་པ་དང༌།༡༧།བྱང་ ཆུབ་སེམས་ནི་འདོར་བ་སྟེ།༡༨ །རྩ་བའི་ལྟུང་བ་བཅོ་བརྒྱད་དོ། །དེ་ཡི་སྡེར་གཏོགས་ཟག་པ་ ནི། །ཆུང་དང་འབྲིང་གིས་བསྡུས་པ་ཡི། །དངོས་གཞིའི་ལྟུང་བ་བྱུང་བ་དང། །དེ་རྣམས་དང་ ནི་ཕྱོགས་མཐུན་གྱི། །ནོངས་པ་དཔག་མེད་བྱུང་བ་དང༌། །ཇི་སྐད་བརྗོད་པའི་ཉེས་བྱས་ལ། །དཀོན་མཆོག་གསུམ་ལ་གསུམ་མི་མཆོད།༡ །འདོད་པའི་སེམས་ཀྱི་རྗེས་སུ་འཇུག༢ །རྒན་ པ་རྣམས་ལ་གུས་མི་བྱེད།༣།དྲིས་པ་ལ་ནི་ལན་མི་འདེབས།༤།མགྲོན་པོས་བདག་གིར་མི་བྱེད་ ཅིང༌།༥ །གསེར་ལ་སོགས་པ་ལེན་མི་བྱེད།༦ །ཆོས་འདོད་པ་ལ་སྦྱིན་མི་བྱེད།༧ །དེ་བདུན་ སྦྱིན་པའི་མི་མཐུན་ཕྱོགས། །ཚུལ་ཁྲིམས་འཆལ་རྣམས་ཡལ་བར་འདོར།༡ །ཕ་རོལ་དད་ཕྱིར་ སློ བ་མི་བྱེད།༢ །སེམས་ཅན་དོན་ལ་བྱ་བ་ཆུང༌།༣ །སྙིང་བརྩེར་བཅས་ན་མི་དགེ་མེད།༤ །འཚོ་ བ་ལོག་པ་དང་དུ་ལེན།༥ །འཕྱར་ནས་རབ་ཏུ་རྒོ ད་ལ་སོགས།༦ །འཁོར་བ་གཅིག་པུ་བགྲོད་ པར་སེམས།༧ །གྲགས་པ་མ་ཡིན་མི་སྤོང་བ།༨ །ཉོན་མོངས་བཅས་ཀྱང་འཆོས་མི་བྱེད།༩ 8-1-16 །དེ་དགུ་ཚུལ་ཁྲིམས་མི་མཐུན་ཕྱོགས། །གཤེ་ལ་ལན་དུ་གཤེ་ལ་སོགས།༡ །ཁྲོས་པ་རྣམས་ ནི་ཡལ་བར་འདོར།༢ །ཕ་རོལ་ཤད་ཀྱི་འཆགས་པ་སྤོང༌།༣ །ཁྲོས་པའི་སེམས་ཀྱི་རྗེས་སུ་ འཇུག༤།དེ་བཞི་བཟོད་པའི་མི་མཐུན་ཕྱོགས། །རྙེད་བཀུར་འདོད་ཕྱིར་འཁོར་རྣམས་སྡུད།༡ །ལེ་ལོ་ལ་སོགས་སེལ་མི་བྱེད།༢ །ཆགས་པས་བྲེ་མོའི་གཏམ་ལ་བརྟེན།༣ །དེ་གསུམ་བརྩོན་ འགྲུས་མི་མཐུན་ཕྱོགས། །ཏིང་ངེ་འཛིན་གྱི་དོན་མི་འཚོལ།༡ །བསམ་གཏན་སྒྲིབ་པ་སྤོང་མི་ བྱེད།༢ །བསམ་གཏན་རོ་ལ་ཡོན་ཏན་བལྟ།༣། དེ་གསུམ་བསམ་གཏན་མི་མཐུན་ཕྱོགས། །ཉན་ཐོས་ཐེག་པ་སྤོང་བར་བྱེད།༡ །རང་ཚུལ་ཡོད་བཞིན་དེ་ལ་བརྩོན།༢ །བརྩོན་མིན་ཕྱི་ རོལ་བསྟན་བཅོས་བརྩོན།༣ །བརྩོན་པར་བྱས་ཀྱང་དེ་ལ་དགའ།༤ །ཐེག་པ་ཆེན་པོ་སྤོང་བར་ བྱེད།༥ །བདག་ལ་བསྟོད་ཅིང་གཞན་ལ་སྨོད།༦ །ཆོས་ཀྱི་དོན་དུ་འགྲོ་མི་བྱེད།༧ །དེ་ལ་སྨོད་ དང་ཡི་གེར་རྟོན།༨ །དེ་བརྒྱད་ཤེས་རབ་མི་མཐུན་ཕྱོགས། །དགོས་པའི་གྲོགས་སུ་འགྲོ་མི་ བྱེད།༡ །ནད་པའི་རིམ་གྲོ་བྱ་བ་སྤོང༌།༢།སྡུག་བསྔལ་སེལ་བར་མི་བྱེད་པ།༣།བག་མེད་པ་ལ་ རིགས་མི་སྟོན།༤།བྱས་ལ་ལན་དུ་ཕན་མི་འདོགས།༥ །གཞན་གྱི་མྱ་ངན་སེལ་མི་བྱེད།༦ །ནོར་ འདོད་པ་ལ་སྦྱིན་མི་བྱེད།༧ །འཁོར་རྣམས་ཀྱི་ནི་དོན་མི་བྱེད།༨ །གཞན་གྱི་བློ་དང་མཐུན་མི་ འཇུག༩ །ཡོན་ཏན་བསྔགས་པ་སྨྲ་མི་བྱེད།༡༠ །རྐྱེན་དུ་འཚམས་པར་ཚར་མི་གཅོད།༡༡ །རྫུ་ འཕྲུལ་བསྡིགས་ལ་སོགས་མི་བྱེད།༡༢ །བཅུ་གཉིས་སེམས་ཅན་དོན་དང་འགལ། །སྙིང་ བརྩེར་ལྡན་ཞིང་བྱམས་ཕྱིར་དང༌། །སེམས་དགེ་བ་ལ་ཉེས་པ་མེད། །ཉེས་བྱས་བཞི་བཅུ་ ཞེ་དྲུག་གི །སྡེར་གཏོགས་དངོས་གཞི་ཕྱོགས་མཐུན་གྱི། །ནོངས་པ་དཔག་མེད་གང་བྱུང་སྟེ། །མདོར་ན་བྱང་ཆུབ་སེམས་དཔའི་འདུལ་ཁྲིམས་དང་འགལ་བའི་ནོངས་པ་དཔག་ཏུ་མེད་པ་ བྱུང་སྟེ། བདག་བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བགྱི་བས་ནོངས་པ་དེ་རྣམས་ཕྱོགས་ བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། དགེ་འདུན་ 8-1-17 བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱན་སྔར་མཐོལ་ལོ། །མི་འཆབ་པོ། །འཆགས་སོ། །ཕྱིན་ ཆད་ཀྱང་སྡོམ་པར་བགྱིད་ལགས་སོ། །མཐོལ་ཞིང་བཤགས་ན་བདག་བདེ་བ་ལ་རེག་པར་ གནས་པར་འགྱུར་གྱི། མ་མཐོལ་མ་བཤགས་ན་ནི་དེ་ལྟར་མི་འགྱུར་བ་ལགས་སོ། །ཞེས་པས་ བརྗོད་བྱེད་རྣམས་ལས་སྙན་གསན་དགོངས་བདག་བརྗོད་པ་རྣམས་ཡོངས་གྲགས་གོང་མའི་གསུངས་པ་ལྟར་དང་རྩ་ལྟུང་བཅོ་ བརྒྱད་དང་ཉེས་བྱས་ཞེ་དྲུག་རྣམས་བྱང་ཆུབ་སེམས་དཔའི་སྡོམ་པ་ཉི་ཤུ་པ་ལས་བཏུས་ཤིང་དེ་ལས་གཞན་འདིར་མཁོའི་རིམ་པ་ དག་ཀྱང་གོང་མ་དག་གིས་གསུངས་པ་བཞིན་ཏེ། སྨོས་ཟིན་པའི་རྩ་ལྟུང་དང་ཉེས་བྱས་དག་གི་ཁོང་སུ་བྱང་སེམས་བསླབ་པའི་ དུས་སུ་ནག་ཆོས་བླ་མ་སོགས་ཀྱི་དབུ་བསྐོར་བའི་ཤེས་བཞིན་བརྫུན་སྨྲའི་གཉེན་པོ་དཀར་ཆོས་ཀུན་ལ་ཤེས་བཞིན་གྱི་བརྫུན་ མི་སྨྲ་བ་དང་ནག་ཆོས་གཞན་དགེ་བྱེད་ལ་འགྱོད་བསྐྱེད་ཀྱི་གཉེན་པོ་དཀར་ཆོས་སྨིན་འོས་ཀྱི་སེམས་ཅན་ལ་བྱང་ཆུབ་འཛིན་དུ་ གཞུག་པ་དང་ནག་ཆོས་བྱང་སེམས་ལ་མི་སྙན་པར་བརྗོད་པའི་གཉེན་པོ་དཀར་ཆོས་སེམས་ཅན་ལ་སྟོན་པའི་འདུ་ཤེས་བསྐྱེད་པ་ དང་ནག་ཆོས་སེམས་ཅན་ལ་གཡོ་སྒྱུ་བྱེད་པའི་གཉེན་པོ་དཀར་ཆོས་ཀུན་ལ་དྲང་པོའི་བསམ་པ་བསྐྱེད་དགོས་ཕྱིར་དེ་ལུགས་ཀྱིས་ ནག་པོའི་ཆོས་བཞི་གང་བྱུང་ཕྱིར་བཅོས་ཡིད་ལ་དྲན་དགོས་པ་སྟེ། འདིའི་སྙན་གསན་མཇུག་ཏུ་སློ བ་དཔོན་སོགས་ཀྱིས། ཆོས་ བཞིན་བྱང་ཆུབ་སེམས་ཀྱི་འདུལ་བ་བཞིན་མཛད་པར་ཞུ། ཞེས་པའི་མཛད་ཚུལ་སོགས་དེ་ལུགས་ལྟར་གྱིས་མཐོང་སྡོམ་ཐབས་ ལེགས་བཀའ་དྲིན་ཞུ་བ་ཆེ་བསྔགས་དུས་སུ་གང་དགོས་གོང་ལྟར་བྱས་ནའང་ཆོག གསུམ་པ་སྔགས་སྡོམ་གྱི་ཕྱིར་བཅོས་ཚུལ་ནི་དག་སྣང་ཡུལ་སངས་རྒྱས་བྱང་སེམས་དང་དངོས་བཞུགས་དགེ་འདུན་རིག་ པ་འཛིན་པ་གང་བཞུགས་རྣམས་ཀྱི་དྲུང་དུ་ཕྱག་གསུམ་འགྲེང་འདུད་བཅས་ཐལ་སྦྱར་གྱིས། ཕྱོགས་བཅུ་ན་བཞུགས་ པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། དགེ་འདུན་རིག་པ་འཛིན་པ་ རྣམས་ཇི་སྐད་ཡོངས་སུ་བརྗོད་པའི་ཕམ་པའི་གཞི་དང༌། སྦོམ་པོའི་གཞི་ལས་རྡོ་རྗེ་ཐེག་པའི་ འདུལ་བ་དང་འགལ་བའི་ནོངས་པ་དཔག་ཏུ་མེད་པ་བྱུང་བ་རྣམས་ཕྱིར་བཅོས་པའི་ཆོ་ག་ ལ་ཐུགས་གཏད་པར་ཞུ། ཞེས་པས་སྙན་གསན་ཕབ་ནས་ཙོག་འདུག་གིས། ཕྱོགས་བཅུ་ན་བཞུགས་པའི་ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་དགེ་འདུན་རིག་པ་འཛིན་པ་རྣམས་ 8-1-18 བདག་ལ་དགོངས་སུ་གསོལ། བདག་རིག་པ་འཛིན་པ་མིང་འདི་ཞེས་བགྱི་བ་ལ། ཇི་སྐད་ ཡོངས་སུ་བརྗོད་པའི་ཕམ་པའི་གཞི་ལས། རྡོ་རྗེ་ཐེག་པའི་འདུལ་བ་དང་འགལ་བའི་ནོངས་ པ། གང་ཕྱིར་རྡོ་རྗེ་འཛིན་པ་ཡིས། །དངོས་སྒྲུབ་སློ བ་དཔོན་རྗེས་འབྲང་གསུངས། །དེ་བས་དེ་ ལ་བརྙས་པ་ནི། །རྩ་བའི་ལྟུང་བ་དང་པོར་བཤད། །བདེ་གཤེགས་བཀའ་ལས་འདས་པ་ནི། །ལྟུང་བ་གཉིས་པ་ཡིན་པར་བཤད། །རྡོ་རྗེ་སྤུན་ལ་ཁྲོས་ནས་ནི། །ཉེས་པ་བརྗོད་པ་གསུམ་པ་ ཡིན། །སེམས་ཅན་རྣམས་ལ་བྱམས་པ་སྤོང༌། །བཞི་པ་ཡིན་པར་རྒྱལ་བས་གསུངས། །ཆོས་ ཀྱི་རྩ་བ་བྱང་ཆུབ་སེམས། །དེ་སྤོང་བ་ནི་ལྔ་པ་ཡིན། །རང་ངམ་གཞན་གྱི་གྲུབ་པའི་མཐའ། །ཆོས་ལ་སྨོད་པ་དྲུག་པ་ཡིན། །ཡོངས་སུ་མ་སྨིན་སེམས་ཅན་ལ། །གསང་བ་སྒྲོག་པ་བདུན་ པ་ཡིན། །ཕུང་པོ་སངས་རྒྱས་ལྔ་བདག་ཉིད། །དེ་ལ་བརྙས་བྱེད་བརྒྱད་པ་ཡིན། །རང་བཞིན་ དག་པའི་ཆོས་རྣམས་ལ། །སོམ་ཉི་ཟ་བ་དགུ་པ་ཡིན། །གདུག་ལ་རྟག་ཏུ་བྱམས་ལྡན་པར། །བྱེད་པ་དེ་ནི་བཅུ་པར་འདོད། །མིང་སོགས་བྲལ་བའི་ཆོས་རྣམས་ལ། །དེར་རྟོག་པ་ནི་བཅུ་ གཅིག་པ། །སེམས་ཅན་དད་དང་ལྡན་པ་ཡི། །སེམས་སུན་འབྱིན་པ་བཅུ་གཉིས་པ། །དམ་ ཚིག་ལ་ནི་ཇི་བཞིན་རྙེད། །མི་བསྟེན་པ་ནི་བཅུ་གསུམ་པ། །ཤེས་རབ་རང་བཞིན་བུད་མེད་ ལ། །སྨོད་པར་བྱེད་པ་བཅུ་བཞི་པ། །བཅུ་བཞི་ཕོག་པ་མཐོལ་ལོ་བཤགས། །རྩ་ལྟུང་བཅུ་ བཞིའི་སྡེར་གཏོགས་པའི། །སྦོམ་པོ་ཕྱོགས་མཐུན་ནོངས་པ་ཡང༌། །གང་བྱུང་ཐམས་ཅད་ མཐོལ་ལོ་བཤགས། །ཇི་སྐད་ཡོངས་སུ་བརྗོད་པ་ཡི། །སྦོམ་པོའི་གཞི་ལས་ནོངས་པ་ཡང༌། །ཤེས་རབ་སྟོབས་ཀྱིས་ལེན་པ་དང༌།༡ །དེ་ཡི་བདུད་རྩི་སྟོབས་ཀྱིས་ལེན།༢ །སྣོ ད་མིན་ལ་ ནི་མི་གསང་དང༌།༣ །ཚོགས་ཀྱི་ནང་དུ་རྩོད་པ་དང༌།༤ །དད་ལྡན་ལ་གཞན་ཆོས་སྟོན་དང༌།༥ །ཉན་ཐོས་ནང་དུ་ཞག་བདུན་གནས།༦ །རྫུན་གྱི་རྣལ་འབྱོར་ང་རྒྱལ་བྱེད།༧ །དད་པ་མེད་ལ་ ཆོས་སྟོན་པ།༨ །འདི་རྣམས་སྦོམ་པོའི་ལྟུང་བར་བཤད། །སྦྱོར་བ་ལེགས་པར་མ་བྱས་པར། 8-1-19 །སྐལ་མིན་གསང་བ་སྟོན་པ་དང༌། །གང་ཞིག་ཕྱག་རྒྱ་མི་མཁས་ལ། །ལུས་ཀྱི་ཕྱག་རྒྱ་སྟོན་པ་ དང༌། །བསྙེན་སོགས་དག་པར་མ་བྱས་པར། །དཀྱིལ་འཁོར་ལས་ལ་འཇུག་པ་དང༌། །སྡོམ་ པ་གཉིས་ཀྱི་བཅས་པ་ལས། །དགོས་པ་མེད་པར་འདའ་བ་དག །སྦོམ་པོའི་ལྟུང་བ་ཉིད་དུ་ འགྱུར། །གཞན་ཡང་རིགས་ལྔ་སྤྱི་དང་ནི། །སོ་སོའི་དམ་ཚིག་སྡོམ་པ་རྣམས། །བསྲུང་བར་ ཁས་བླང་དང་འགལ་བའི། །ནོངས་པ་དཔག་མེད་གང་བྱུང་དང༌། །བརྟུལ་ཞུགས་ཉི་ཤུ་རྩ་ལྔ་ སོགས༌། །མདོར་ན་རྡོ་རྗེ་ཐེག་པའི་འདུལ་བ་དང་འགལ་བའི་ནོངས་པ་དཔག་ཏུ་མེད་པ་བྱུང་ སྟེ། །བདག་རིག་པ་འཛིན་པ་གསང་མིང་འདི་ཞེས་བགྱི་བས་ནོངས་པ་དེ་རྣམས་ཕྱོགས་བཅུ་ ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། དགེ་འདུན་རིག་ པ་འཛིན་པ་རྣམས་ཀྱི་སྤྱན་སྔར་མཐོལ་ལོ། །མི་འཆབ་བོ། །འཆགས་སོ། །ཕྱིན་ཆད་ཀྱང་ སྡོམ་པར་བགྱིད་ལགས་སོ། །མཐོལ་ཞིང་བཤགས་ན་བདག་བདེ་བ་ལ་རེག་པར་གནས་ པར་འགྱུར་གྱི། མ་མཐོལ་མ་བཤགས་ན་ནི་དེ་ལྟར་མི་འགྱུར་བ་ལགས་སོ། །ཞེས་པའི་བརྗོད་པ་ རྣམས་ལས་སྙན་གསན་དགོངས་བདག་བརྗོད་པ་སྤྱི་ལྟར་དང་རྩ་ལྟུང་བཅུ་བཞི་སློབ་དཔོན་བྷ་བི་ལྷ་དང་སྦོམ་པོ་བརྒྱད་ཀླུ་སྒྲུབ་ དང་སྐལ་མིན་གསང་སྟོན་སོགས་མཁས་གྲུབ་རྗེས་གསུངས་པ་ལྟར་དང་དེ་ལྷག་གཞན་རྣམས་སྡོམ་གསུམ་བཞིན་བཀོད་པ་སྟེ་ སྔགས་ཀྱི་རྩ་ལྟུང་བཅུ་བཞི་ལས་བྱང་ཆུབ་སེམས་འདོར་གྱི་རྩ་ལྟུང་མ་གཏོགས་རྩ་ལྟུང་གཞན་བཅུ་གསུམ་པོ་ལ་ཀུན་དཀྲིས་ཆེན་ པོ་ཚང་དགོས་ཤིང་དེ་མ་ཚང་བའི་རྩ་ལྟུང་གང་དག་སྦོམ་པོ་ཡིན་ལ། སྤྱིར་ཀུན་དཀྲིས་བཞི་ནི། ཉེས་པ་ལ་ད་དུང་སྤྱོད་འདོད་པ། ངོ་ཚ་ཁྲེལ་མེད་པ། དགའ་ཞིང་མགུ་བ། ཉེས་དམིགས་སུ་མི་བལྟ་བ་བཞི་དེ་ཡིན། དེ་བཞི་ག་ཚང་བ་ཀུན་དཀྲིས་ཆེན་པོ་དང་ ཕྱི་མའི་སྟེང་དུ་དང་པོ་གསུམ་ལས་གཉིས་ཙམ་ཚང་བ་ཟག་པ་འབྲིང་དང་དང་པོ་གསུམ་ཙམ་ལ་ཟག་པ་ཆུང་ངུར་འཇོག་པ་ཡིན་ པས་ཀུན་དཀྲིས་ཟག་པ་དེ་དག་གིས་གང་བསྡུས་རྣམས་རྩ་ལྟུང་གི་སྡེར་གཏོགས་པའི་ཉེས་བྱས་ཡིན་ལ། སྦྱོར་བ་བདུན་ཚང་ན་ ཕམ་པར་འགྱུར་ཚུལ་ནི། ཉོན་མོངས་པའི་ཀུན་ནས་བསླངས་པ། དེ་ཡིན་པར་ཤེས་པ། ལུས་ངག་གིས་ཉེས་བསྐྱེད་བརྟན་པ། ལྟུང་བ་སོ་སོའི་དངོས་གཞིར་སོན་པ། འགྱོད་མེད་ཀྱི་ཡི་རང་བ། སེམས་མ་འཁྲུལ་བ། བླ་མ་བཞུགས་ཀྱང་ལོ་གསུམ་ཚུན་དུ་མ་ 8-1-20 བཤགས་པ་སྟེ་བདུན་ཚང་ན་ཕམ་པ་དང་དེ་ལས་ཡན་ལག་དྲུག་ཚང་ན་ལྟུང་བ་དང་ཡན་ལག་གཞན་མེད་དངོས་གཞི་ནི་སྦོམ་པོ་ དང་དེ་བས་དམན་ན་ལྟུང་བྱེད་དང་དེ་ལས་ཀྱང་དམན་པའི་སྒོ་ནས་ཉེས་བྱས་སུ་འཇོག་པ་དེ་རྣམས་ཡིན་ལ་དྲན་པའི་ཕྱིར་བཅོས་ བྱ་བ་སྟེ་སྔགས་ཀྱི་ཚུལ་འདི་ལའང་སྙན་གསན་མཇུག་ཏུ་སློ བ་དཔོན་སོགས་ཀྱིས། ཆོས་བཞིན་སྔགས་ཀྱི་འདུལ་བ་བཞིན་མཛད་ པར་ཞུ། ཞེས་པའི་མཛད་ཚུལ་དང་མཐོལ་བཤགས་ལན་གསུམ་མཐར་མཐོང་སྡོམ་ཐབས་ལེགས་བཀའ་ཞུ་ཆེ་བརྗོད་རྣམས་ཀྱང་ དེ་ལུགས་ལྟར་བྱ་བ་དང་དེ་དག་གི་སྐབས་སུ་ཡུལ་དགེ་འདུན་མེད་ན་ལྷ་རིགས་དགོངས་གསོལ་ཙམ་གྱི་ཆོག་པའོ། ། དེ་ལྟར་སོ་བྱང་སྔགས་གསུམ་གྱི་ཕྱིར་བཅོས་དེ་དག་ནི་སྡོམ་པའི་ངོ་བོ་སེམས་པ་གཙོར་གྱུར་ཐེགས་ཆེན་ལུགས་ལྟར་སྤྱི་ བཤགས་སུ་མཁོ་བའི་ཚུལ་དེ་མཐུན་ཙམ་དུ་བཀོད་པའི་སྡོམ་པ་གསུམ་གྱི་ལྟུང་བ་གང་ཡོད་ཚད་ལ་སྤྱིར་ནས་བསམ་སྟེ་བཤགས་ བསྡམ་བྱ་དགོས་སོ། ། གཉིས་པ་བྱེ་བྲག་སོ་ཐར་དགེ་ཚུལ་སློང་གི་ལག་ལེན་དུས་སུ་ཉེར་མཁོ་ཙམ་གྱི་ཚུལ་ལ་དགེ་སློང་གི་ལག་ལེན་གཙོར་ བཤད་ཀྱིས་དགེ་ཚུལ་ལ་མཁོ་བ་ཞོར་དུ་ཤེས་པར་འགྱུར་བས་དེ་ལུགས་ལྟར་ན། དགེ་སློང་ལ་རྒྱུན་མཁོའི་ལག་ལེན། ལྟུང་བ་ ཕྱིར་བཅོས་ཀྱི་རིམ་པ། བསླབ་པ་གསོ་བྱེད་གསོ་སྦྱོང་དུས་དུས་སུ་བྱ་ཚུལ་དང་གསུམ་ལས། དང་པོ་དགེ་སློ ང་ལ་རྒྱུན་མཁོའི་ལག་ ལེན་གྱི་ཚུལ་རགས་པ་ཕྱོགས་བསྒྲིགས་སུ་འགོད་པར་བྱ་བ་ལ་བཅས་ལྡན་དགེ་སློང་གང་དག་གིས་ཆོས་ལྡན་གྱི་བགྱི་བ་སོགས་ ཀྱི་དུས་སུ་འདི་ལྟར་དུས་དྲན་བསྟེན་ཚུལ་གོང་མའི་ཕྱག་སྲོལ་མཛད་བཞིན་པའང་ནང་སྔ་བར་ལང་སྟེ་རྟེན་གྱི་དྲུང་དུ་ཕྱག་གསུམ་ དང་བཅས་ཙོག་འདུག་ཐལ་སྦྱར་གྱིས་འདི་སྐད། སྟོན་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་བདག་ལ་དགོངས་ སུ་གསོལ། དེ་རིང་གི་གནས་སྐབས་སུ་ཆོས་ལྡན་གྱི་བྱ་བ་དང༌། གཞན་གྱི་དོན་དུ་གླུ་གར་ དང༌། རོལ་མོ་ལ་སོགས་པ་བྱེད་པ་དང༌། བྱེད་དུ་གཞུག་པ་དང༌། མེ་ལ་རེག་པ་དང༌། རེག་ དུ་གཞུག་པ་དང༌། རིན་པོ་ཆེ་ལ་རེག་པ་དང༌། རེག་དུ་གཞུག་པ་དང༌། ས་བོན་བཅོམ་པ་དང༌། བཅོམ་དུ་གཞུག་པ་དང༌། སྐྱེས་པ་གཅོད་པ་དང༌། གཅོད་དུ་གཞུག་པ་དང༌། ལག་ཉ་དང༌། མཚམས་བཙོས་དང༌། ཞག་ལོན་དང༌། རྗེན་བཙོས་དང༌། གསོག་འཇོག་དང༌། བྱིན་ལེན་མ་ བྱས་པར་ཟ་བ་དང༌། བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཏུ་འདོན་པ་དང༌། ནད་སོགས་ 8-1-21 ཀྱི་དགོས་ཆེད་དུ་ཕྱི་དྲོའི་ཁ་ཟས་ཟོས་པ་དང༌། ཡུལ་དུས་ཀྱི་དབང་གིས། བླ་མ་དགེ་བསྙེན་ བསྟེན་པ་དང༌། སེམས་ཅན་དང་རང་གི་ཚེ་སྲོག ཚུལ་ཁྲིམས་གང་ཡང་རུང་བའི་དོན་དུ་བྱ་ བྱེད་ལས་གསུམ་ཟས་སྤྱོད་གཏམ་བྱེད་དགོས་པ་ལ་སོགས་པ་མདོར་ན་དགེ་སློང་གི་འདུལ་ ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་ལས་དུས་དྲན་བསྟེན་དུ་རུང་བ་རྣམས་ལ་སྟོན་པ་ཐུགས་ རྗེ་ཅན་གྱི་གནང་བར་མཛད་དུ་གསོལ། ཞེས་པ་ལན་གསུམ་བརྗོད་ནས་དུས་དྲན་བསྟེན་ན་དེའི་ཉི་མའི་བསླབ་ པའི་བཅས་མཚམས་ཀྱིས་ལྟུང་བ་མང་པོ་གནང་བ་ཉེས་མེད་དུ་འགྱུར་བའི་ཕྱག་སྲོལ་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་ སོགས་ཀྱི་དགོངས་བཞེད་ལྟར་བྱས་ན་ལེགས་ཤིང༌། ཁྱད་པར་ཟས་གོས་གནས་མལ་སོགས་ལ་ལོངས་སྤྱོད་ཚེ་ཟས་ལ་སྨན་གྱི་ རིགས་བཞི་ལས། དུས་རུང་གི་སྨན་ནི། འབྲས་ཆན། ཟན་གྲོན། ཤ སྣུམ་ཁུར། ལྡེ ་གུ་ལྔ་ནི་བཟའ་བ་ལྔ་དང༌། ཐུ་ལུ། ལ་ཕུགགྲོ་ མ་སོགས་རྩ་བ་དང༌། བུར་ཤིང་སོགས་སྡོང་བུ་དང༌། ཨུཏྤལ་པདྨ་སོགས་མེ་ཏོག་དང༌། རྒུན་འབྲུམ་ཁམ་སྟར་སོགས་འབྲས་བུ་ དང༌། ལ་ཕུག་གི་ལོ་མ་དང་ལྔ་ནི་བཅའ་བ་ལྔ་དང༌། དེར་མ་འདུས་པ། ཕྱེ་མར། ཞོ། འོ་མ། དར་བ། ཐུག་པ་སོགས་ལས་བཀྲེས་ པའི་ནད་སེལ་བའི་ཟས་ཏེ། འདི་ལ་བྱིན་རླབས་མི་དགོས་ལ། སྔ་དྲོ་བྱིན་ལེན་བྱས་པ་མ་ཞིག་ན་དགེ་སློ ང་གིས་སྔ་དྲོའི་དུས་སུ་ ལོངས་སྤྱོད་རུང་ཞིང་ཕྱི་དྲོ་ནས་སང་གི་སྐྱ་རེངས་མ་ཤར་བར་ལོངས་སྤྱོད་མི་རུང་བའོ། །ཐུན་ཚོད་དུ་རུང་བའི་སྨན་ནི། ཚགས་ ཀྱིས་བཙགས་པའི་རྩམ་དྭངས། བུ་རམ་གྱི་ཁུ་བ། སྐྱུར་རུ་རའི་ཁུ་བ་ཤིན་ཏུ་སླ་བ། ཇ་ལ་སོགས་པ་སྐོམ་པའི་ནད་སེལ་བྱེད་ཀྱི་ བཏུང་བ་རྣམས་ཏེ། བྱིན་རླབས་བྱས་ནས་ཐུན་ཚོད་ཀྱི་བར་དུ་སྤྱོད་རུང་ཞིང་དེ་ནས་རྒྱུན་གཅོད་དགོས་པའོ། །ཐུན་ཚོད་ཀྱི་བར་ ནི་སྔ་དྲོ་ནས་སྲོད་ཀྱི་བར་ཏེ། སྲོད་ཐུན་འདས་པ་ན་སྔ་མ་འཕྲོ་བཅད་ནས་བཏུང་བ་ཕྱི་མ་བྱིན་བརླབ་བྱ་དགོས་པ་ཡིན་ལ། དེ་ ལས་ཐུན་ཚོད་དུ་རུང་བའི་སྨན་བྱིན་གྱིས་བརླབས་ཚུལ་ནི། ཡུལ་ཟན་མ་ཟོས་པའི་དགེ་སློ ང་བསླབ་པ་རྒན་ན་ཕྱག་གསུམ་དང་ གཞོན་ན་ཐང་ཤད་ལན་གསུམ་བྱས་ཏེ། བསྟན་པ་རིན་པོ་ཆེའི་གསལ་བྱེད་དམ་པར་གྱུར་པ་བཙུན་པ་ འདུལ་བ་འཛིན་པ་ཆེན་པོ་ཐུན་ཚོད་དུ་རུང་བའི་སྨན་བྱིན་གྱིས་བརླབས་པ་ལ་ཐུགས་གཏད་ པར་ཞུ། ཞེས་པས་སྙན་གསན་ཕབ་ནས་ཡུལ་རྟེན་གཉིས་ཀའི་ལག་པ་བཀྲུས་ནས་གཡོན་སྟེང་དུ་སྨན་བཞག་གཡས་པས་ བཀབ་སྟེ་རྟེན་གྱིས། ཚེ་དང་ལྡན་པ་དགོངས་སུ་གསོལ་བདག་དགེ་སློང་མིང་འདི་ཞེས་བགྱི་བས་ 8-1-22 སྨན་ཐུན་ཚོད་དུ་རུང་བ་འདི་དག་བདག་དང་ཚངས་པར་མཚུངས་པར་སྤྱོད་པ་རྣམས་ཀྱིས་ བགྱི་བར་ཐུན་ཚོད་དུ་རུང་བར་བྱིན་གྱིས་བརླབས་སོ། །ལན་གསུམ་བརྗོད། ཡུལ་གྱིས། ཐབས་ ཡིན་ནོ། །རྟེན་གྱིས། ལེགས་སོ། །ཞེས་མཐར་གཏང་རག་ལ་ཡུལ་རྒན་གཞོན་དབང་གིས་ཕྱག་དང་ཐང་ཤད་གང་ འོས་བྱ། འདིར་གུང་ཚིགས་གསོལ་བཞེས་སྐབས་ཁ་ཕུད་ཇི་ལྟར་བྱ་ཚུལ། ཐམས་ཅད་མཁྱེ ན་པ་ལ་ཕྱག་འཚལ་ ལོ། །འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེ ན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་ཏེ། དེ་བཞིན་གཤེགས་པ་དེ་ནི་བསོད་ནམས་ དག་གི་རྒྱུ་མཐུན་པ། དགེ་བའི་རྩ་བ་རྣམས་ཆུད་མི་ཟ་བ། བཟོད་པས་བརྒྱན་པ། བསོད་ ནམས་ཀྱི་གཏེར་རྣམས་ཀྱི་གཞི། དཔེ་བྱད་བཟང་པོ་རྣམས་ཀྱིས་སྤྲས་པ། མཚན་རྣམས་ ཀྱི་མེ་ཏོག་རྒྱས་པ། སྤྱོད་ཡུལ་རན་པར་མཐུན་པ། མཐོང་ན་མི་མཐུན་པ་མེད་པ། དད་པས་ མོས་པ་རྣམས་ལ་མངོན་པར་དགའ་བ། ཤེས་རབ་ཟིལ་གྱིས་མི་གནོན་པ། སྟོབས་རྣམས་ ལ་བརྫི་བ་མེད་པ། སེམས་ཅན་ཐམས་ཅད་ཀྱི་སྟོན་པ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ ཡབ། འཕགས་པའི་གང་ཟག་རྣམས་ཀྱི་རྒྱལ་པོ། མྱ་ངན་ལས་འདས་པའི་གྲོང་ཁྱེ ར་དུ་འགྲོ་ བ་རྣམས་ཀྱི་དེད་དཔོན། ཡེ་ཤེས་དཔག་ཏུ་མེད་པ། སྤོབ་པ་བསམ་གྱིས་མི་ཁྱབ་པ། གསུང་ རྣམ་པར་དག་པ། དབྱངས་སྙན་པ། སྐུ་བྱད་ལྟ་བས་ཆོག་མི་ཤེས་པ། སྐུ་མཚུངས་པ་མེད་པ། འདོད་པ་དག་གིས་མ་གོས་པ། གཟུགས་དག་གིས་ཉེ་བར་མ་གོས་པ། གཟུགས་མེད་པ་དག་ དང་མ་འདྲེས་པ། སྡུག་བསྔལ་དག་ལས་རྣམ་པར་གྲོལ་བ། ཕུང་པོ་དག་ལས་རབ་ཏུ་རྣམ་ པར་གྲོལ་བ། ཁམས་རྣམས་དང་མི་ལྡན་པ། སྐྱེ་མཆེད་རྣམས་བསྡམས་པ། མདུད་པ་རྣམས་ ཤིན་ཏུ་བཅད་པ། ཡོངས་སུ་གདུང་བ་དག་ལས་རྣམ་པར་གྲོལ་བ། སྲེད་པ་ལས་གྲོལ་བ། ཆུ་ 8-1-23 བོ་ལས་བརྒལ་བ། ཡེ་ཤེས་ཡོངས་སུ་རྫོགས་པ། འདས་པ་དང༌། མ་བྱོན་པ་དང༌། ད་ལྟར་ བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡེ་ཤེས་ལ་གནས་པ། མྱ་ངན་ལས་འདས་ པའི་ས་ལ་མི་གནས་པ། ཡང་དག་པར་ཉིད་ཀྱི་མཐའ་ལ་གནས་པ། སེམས་ཅན་ཐམས་ཅད་ ལ་གཟིགས་པའི་ས་ལ་བཞུགས་པ་སྟེ། འདི་དག་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ སྐུ་ཆེ་བའི་ཡོན་ཏན་ཡང་དག་པ་རྣམས་སོ། །དམ་པའི་ཆོས་ནི་ཐོག་མར་དགེ་བ། བར་དུ་དགེ་ བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ། བཅོམ་ལྡན་འདས་ཀྱིས་ཆོས་ལེགས་པར་གསུངས་པ། ཡང་དག་པར་མཐོང་བ། ནད་མེད་པ། དུས་ཆད་པ་མེད་པ། ཉེ་བར་གཏོད་པ། འདི་མཐོང་བ་ ལ་དོན་ཡོད་པ། མཁས་པ་རྣམས་ཀྱིས་སོ་སོར་རང་གིས་རིག་པར་བྱ་བ། བཅོམ་ལྡན་འདས་ ཀྱིས་གསུངས་པའི་ཆོས་འདུལ་བ་ལ་ལེགས་པར་སྟོན་པ། ངེས་པར་འབྱུང་བ། རྫོགས་པའི་ བྱང་ཆུབ་ཏུ་འགྲོ་བར་བྱེད་པ། མི་མཐུན་པ་མེད་ཅིང་འདུས་པ་དང་ལྡན་པ། བརྟེན་པ་ཡོད་ པ། རྒྱུ་བ་བཅད་པའོ། །ཐེག་པ་ཆེན་པོའི་དགེ་འདུན་ནི་ལེགས་པར་བཞུགས་པ། རིགས་པར་ བཞུགས་པ། དྲང་པོར་བཞུགས་པ། མཐུན་པར་བཞུགས་པ། ཐལ་མོ་སྦྱར་བའི་འོས་སུ་གྱུར་ པ། ཕྱག་བྱ་བའི་འོས་སུ་གྱུར་པ། བསོད་ནམས་ཀྱི་དཔལ་གྱི་ཞིང་ཡོན་ཡོངས་སུ་སྦྱོང་བ་ཆེན་ པོ་སྦྱིན་པའི་གནས་སུ་གྱུར་པ། ཀུན་ཏུ་ཡང་སྦྱིན་པའི་གནས་སུ་གྱུར་པ་ཆེན་པོའ།ོ ། མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཐམས་ཅད་མཁྱེ ན་པ་སྟོན་པ་པོ། །བསོད་ནམས་ཡོན་ ཏན་རྒྱ་མཚོའི་ཞིང༌། །དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །དག་པ་འདོད་ཆགས་བྲལ་ བའི་རྒྱུ། །དགེ་བས་ངན་སོང་ལས་གྲོལ་ཞིང༌། །གཅིག་ཏུ་དོན་དམ་མཆོག་གྱུར་པ། །ཞི་གྱུར་ ཆོས་ལ་ཕྱག་འཚལ་ལོ། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །བསླབ་པ་དག་ལ་རབ་ཏུ་ གུས། །ཞིང་གི་དམ་པ་ཡོན་ཏན་ཞིང༌། །དགེ་འདུན་ལ་ཡང་ཕྱག་འཚལ་ལོ། །སངས་རྒྱས་ 8-1-24 ཡོན་ཏན་བསམ་མི་ཁྱབ། །ཆོས་ཀྱི་ཡོན་ཏན་བསམ་མི་ཁྱབ། །དགེ་འདུན་ཡོན་ཏན་བསམ་ མི་ཁྱབ། །བསམ་མི་ཁྱབ་ལ་དད་བྱས་པའི། །སྣམ་པར་སྨིན་པའང་བསམ་མི་ཁྱབ། །རྣམ་ དག་ཞིང་དུ་སྐྱེ་བར་ཤོག །འབྲུ་གསུམ་གྱིས་ཕུད་མཆོད་ཁ་ཟས་བཅས་བྱིན་གྱིས་བརླབས་ལ། ཞལ་ཟས་རོ་བརྒྱ་ ལྡན་པས་ཡིད་འཕྲོག་པ། །ལེགས་སྦྱར་འདི་ནི་རྒྱལ་བ་སྲས་བཅས་ལ། །དད་པས་ཕུལ་བས་ འགྲོ་བ་འདི་དག་ཀུན། །འབྱོར་ལྡན་ཏིང་འཛིན་ཟས་ལ་སྤྱོད་པར་ཤོག །ༀ་གུ་རུ་བཛྲ་ནཻ་བི་ ཏྱེ་ཨཱཿཧཱུྃ་གིས་བླ་མ་ལ་ལྷ་བཤོས་གཅིག་ཕུལ། དེ་བཞིན་དུ། ༀ་སརྦ་བུངྔྷ་བོ་ངྷི་སཏྭ་བྷྱོ་བཛྲ་ནཻ་བི་ཏྱེ་ཨཱཿཧཱུྃ་ གིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ལ། ༀ་ཀཱ་མ་དེ་ཝེ་མནྜལ་བཛྲ་ནཻ་བི་ཏྱེ་ཨཱཿཧཱུྃ་གིས་ཡི་དམ་ དཀྱིལ་འཁོར་གྱི་ལྷ་ཚོགས་ལ། ༀ་མཉྫུ་ཤྲི་བཛྲ་ནཻ་བི་ཏྱེ་ཨཱཿཧཱུྃ་གིས་འཇམ་དབྱངས་སོགས་གང་མོས་ལྷ་ལ། ༀ་ཤྲི་ དྷརྨཱ་པཱ་ལ་བཛྲ་ནཻ་བི་ཏྱེ་ཨཱཿཧཱུྃ་གིས་ཆོས་སྐྱོང་རྣམས་ལ་འབུལ་ལོ། །ༀ་ཨ་ཀཱ་རོས་འབྱུང་པོ་སྤྱི་ལ་ལྷ་བཤོས་གཅིག་ འབུལ། ༀ་ཧ་རི་ཏེ་སྭཱ་ཧཱས་འཕྲོག་མ་ལ་ཆང་བུ་གཅིག་སྦྱིན། ༀ་ཧ་རི་ཏེ་མ་ཧཱ་ཡཀྵི་ནི་ཧ་རི་ཧ་རི་སརྦ་པཱ་ པཾ་ཎི་ཀྵཾ་སྭཱ་ཧཱས་འཕྲོག་མའི་བུ་ལྔ་བརྒྱ་ལ་ཆང་བུ་གཅིག་སྦྱིན། ༀ་ཨ་གྲ་པནྚི་ཨ་ཤི་བྷྱ་སྭཱ་ཧཱས་ཕུད་ལ་དབང་བའི་ འབྱུང་པོ་རྣམས་ལ་ཆང་བུ་གཅིག་སྦྱིན་རྗེས། འཛམ་བུའི་གླིང་དུ་བསྟན་པའི་སྲོག་ཤིང་བཙུགས། །ཁ་བ་ ཅན་དུ་ཆོས་ཀྱི་སྒྲོན་མེ་སྦར། །ངུར་སྨྲིག་འཛིན་པ་ཤཱཀྱའི་སྲས་གཅིག་པུ། །མཁན་ཆེན་ཞི་བ་ འཚོ་ལ་མཆོད་པ་འབུལ། །དཀོན་མཆོག་རྫས་དང་གཞན་ལས་འཕྲོག་པ་སོགས། །མ་དག་ ལོག་པའི་འཚོ་བ་ཀུན་སྤངས་ནས། །སྡིག་མེད་ཆོས་དང་མཐུན་པའི་ཁ་ཟས་ཀྱིས། །ལུས་ཀྱི་ ཟོ་མདོག་རྒྱས་པར་མཛད་དུ་གསོལ། །ཟས་ལ་སྤྱོད་མཐར། ༀ་ཨུཙྪིཥྚ་པིཎྜ་ཨ་ཤི་བྷྱེཿསྭཱཧཱ། ཞེས་པས་ ལྷག་མ་ལ་དབང་བའི་འབྱུང་པོ་ལ་ཆང་བུ་གཅིག་སྦྱིན་ནས་ཁ་བཤལ་ཏེ་ཡོན་སྦྱོང་ནི། བཅོམ་ལྡན་འདས་དེ་བཞིན་ གཤེག་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ནས་འོད་ཀྱི་རྒྱལ་པོ་མེ་ འོད་རབ་ཏུ་གསལ་བ་ལ་ཕྱག་འཚལ་ལོ། །ན་མཿས་མནྟ་པྲ་བྷ་རཱ་ཛཱ་ཡ། ཏ་ཐཱ་ག་ཏ་ཡ། ཨརྷ་ ཏེ་ས་མྱཀྶཾ་བུངྷ་ཡ། ཏདྱ་ཐཱ། ན་མོ་མཉྫུ་ཤྲི་ཡེ་ཀུ་མཱ་ར་བྷུ་ཏཱ་ཡ། བོ་ངྷི་ས་ཏྭཱ་ཡ། མ་ཧཱ་ས་ཏྭཱ་ཡ། 8-1-25 མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ༀ་ནི་རཱ་ལཾ་བྷེ ་ནི་རཱ་བྷ་སེ། ཛ་ཡེ་ཛ་ཡ་ལབྡྷེ། མ་ཧཱ་མ་ཏེ། དཀྵེ་ དཀྴེ་ཎི་མེ་པ་རི་ཤོ་ངྷ་ཡ་སྭཱཧཱ། གང་གིས་བདག་ལ་ཁ་ཟས་བྱིན་པ་དེ་དག་ཉེ་བར་ཞི་བའི་བདེ་ བ་འཐོབ་པར་གྱུར་ཅིགགང་གིས་བདག་ལ་སྐོམ་བླུད་པ་དེ་དག་དང༌། གང་གིས་བདག་ལ་ རིམ་གྲོ་བྱས་པ་དང༌། བཀུར་སྟི་བྱས་པ་དང༌། བསྟི་སྟང་བྱས་པ་དང༌། མཆོད་པ་བྱེད་པ་ དེ་དག་ཐམས་ཅད་ཀྱང་ཉེ་བར་ཞི་བའི་བདེ་བ་འཐོབ་པར་གྱུར་ཅིགགང་དག་བདག་ལ་གཤེ་ བར་བྱེད་པ་དང༌། མི་བདེ་བར་བྱེད་པ་དང༌། རྡེག་པ་དང༌། མཚོན་གྱིས་འདེབས་པ་དང༌། རྣམ་པ་ཐམས་ཅད་དུ་སྲོག་གཅོད་པའི་བར་དུ་བྱེད་པ་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་ཀྱི་ བདེ་བ་ཐོབ་ཅིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་ འཚང་རྒྱ་བར་གྱུར་ཅིགགང་གིས་སྦྱིན་པ་གང་ལ་སྦྱིན། །སྦྱིན་པ་ཇི་ལྟར་མི་དམིགས་པ། །སྦྱིན་ པ་མཉམ་པ་དེ་ཉིད་ཀྱིས། །སྦྱིན་བདག་དེ་ལ་ཡོངས་རྫོགས་ཤོག །རྒྱལ་པོ་སྦྱིན་བདག་ཉིད་ དང་ནི། །སེམས་ཅན་དམན་པ་གཞན་དག་ལ། །ཚེ་རིང་ནད་མེད་ཕུན་སུམ་ཚོགས། །རྟག་ ཏུ་བདེ་བ་ཐོབ་པར་ཤོག །སྦྱིན་པ་རྒྱ་ཆེན་གྱུར་པ་འདི་ཡི་མཐུས། །འགྲོ་བའི་ནང་དུ་རང་བྱུང་ སངས་རྒྱས་ཤོག །སྔོ ན་གྱི་རྒྱལ་བ་རྣམས་ཀྱིས་མ་བསྒྲལ་བའི། །སྐྱེ་བོའི་ཚོགས་རྣམས་སྦྱིན་ པས་གྲོལ་གྱུར་ཅིག །བསོད་ནམས་སྟོབས་ཆེན་འདི་ཡིས་མཐུས། །སྦྱིན་བདག་འཁོར་དང་ བཅས་རྣམས་ལ། །ཚེ་འདིར་བསམ་པའི་དོན་འགྲུབ་ཅིང༌། །བར་ཆད་ཞི་ནས་བཀྲ་ཤིས་ པ། །བསམ་པ་ཆོས་བཞིན་འགྲུབ་པར་ཤོག །སྦྱིན་པས་དབང་བོ་ཉིད་དུ་འགྱུར། །སྦྱིན་པས་ དགྲ་རྣམས་མེད་པར་འགྱུར། །ཕ་རོལ་གཉེན་ཡང་སྦྱིན་པ་ཉིད། །དེ་ཕྱིར་སྦྱིན་པ་གཙོ་བོར་ བརྗོད། །སྦྱིན་པ་འཇིག་རྟེན་རྒྱན་ཡིན་ཞིང༌། །སྦྱིན་པས་ངན་འགྲོ་ལྡོ ག་པར་བྱེད། །སྦྱིན་པ་ མཐོ་རིས་སྐས་ཡིན་ཏེ། །སྦྱིན་པ་ཞི་བྱེད་དགེ་བའོ། །བྱང་ཆུབ་སེམས་དཔའི་ལོངས་སྤྱོད་ནི། །མི་ཟད་ནམ་མཁའ་ལྟ་བུ་བཞིན། །ལོངས་སྤྱོད་དེ་ནི་ཐོབ་བྱའི་ཕྱིར། །སྦྱིན་པ་དེ་ནི་ཡང་དག་ 8-1-26 སྤེལ། །བརྩམས་པར་བྱ་ཞིང་འབྱུང་བར་བྱ། །སངས་རྒྱས་བསྟན་ལ་འཇུག་པར་བྱ། །འདམ་ བུའི་ཁྱི མ་ལ་གླང་ཆེན་བཞིན། །འཆི་བདག་སྡེ་ནི་གཞོམ་པར་བྱ། །གང་ཞིག་རྟག་ཏུ་བག་ཡོད་ པས། །ཆོས་འདུལ་འདི་ལ་སྤྱོད་འགྱུར་པ། །སྐྱེ་བོའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་ ཐ་མར་བྱེད་པར་འགྱུར། །ཀླུ་རྒྱལ་དགའ་བོ་ཉེར་དགའ་བོ། །བསྟན་ལ་གནས་པའི་ལྷ་རྣམས་ དང༌། །གཞན་ཡང་གྲོང་ཁྱེ ར་གནས་པ་རྣམས། །ཚེ་རིང་ནད་མེད་ཕུན་སུམ་ཚོགས། །རྟག་ཏུ་ བདེ་བ་ཐོབ་པར་ཤོག །ཟབ་མདོ་འདོན། ༀ་དགེ་བར་གསུངས་ཤིག སྐར་མ་རབ་རིབ་མར་མེ་ དང༌། །སྒྱུ་མ་ཟིལ་བ་ཆུ་བུར་དང༌། །རྨི་ལམ་སྤྲིན་དང་གློག་ལྟ་བུ། །འདུས་བྱས་ཆོས་རྣམས་དེ་ ལྟར་བལྟ། །སྤྲོ་ན། ཆོས་རྣམས་ཐམས་ཅད༴སོགས་ནས། སྐྱོབས་པའི་སྲས་སུ་སྐྱེས། །གཞན་ཡང་བསྔོ ་ སྨོན་བཀྲ་ཤིས་ཅི་རིགས་བྱ་ལ། དེ་ཙམ་མི་ནུས་ན། ཐམས་ཅད་མཁྱེ ན་པ༴ ནས་ཞིང་དུ་སྐྱེ་བར་ཤོག ཅེས་བར་བརྗོད་ནས། འབྲུ་གསུམ་ བྱིན་རླབས། བླ་མ་དང་སངས་རྒྱས་བྱང་སེམས་ལ་འབུལ་སྔགས་གཉིས་ཙམ་དང༌། འཕྲོག་མ། དེའི་བུ་ལྔ་བརྒྱ། ཕུད་དབང་གི་ འབྱུང་པོ་གསུམ་གྱི་སྦྱིན་སྔགས་རེ་རེ་གོང་བཞིན་བརྗོད་ནས་ཟས་ལ་རོལ་མཐར་ལྷག་མ་ཡོན་སྦྱོང་སོགས་གོང་ལྟར་བྱས་ན་ཆོག ཞག་བདུན་པའི། སྨན་ནི། འབྲུ་མར། ཞུན་མར། བུ་རམ། སྦྲང་རྩི། མར་གསར། ཞག་ལ་སོགས་པ་སྟེ། དགེ་སློ ང་རླུང་ ནད་ཅན་གྱིས་ཞག་བདུན་གྱི་བར་དུ་བྱིན་རླབས་བྱས་ནས་དུས་ཀུན་ཏུ་སྤྱོད་རུང་ལ། དེ་ནས་སྔ་མའི་རྒྱུན་བཅད་ནས་ཡང་དགོས་ ན་གསར་བའི་སྨན་བྱིན་རླབས་བྱས་ནས་སྤྱོད་དགོས་པ་དང༌། འཚོ་བཅང་གི་སྨན་ནི། དགེ་སློ ང་ནད་བུ་ཅན་གྱིས་གསོ་བ་རིག་པ་ལས་བྱུང་བའི་ཕྱེ་སྨན་རིལ་བུ་སོགས་ནད་སོས་ཀྱི་བར་ དང༌། ཡང་ན་ཇི་སྲིད་འཚོ་བའི་བར་དུ་བྱིན་གྱིས་བརླབས་ནས་དུས་ཀུན་ཏུ་སྤྱོད་རུང་བའོ། ། སྨན་དེ་གཉིས་བྱིན་གྱིས་རླབས་ཚུལ་ནི་གོང་ཐུན་ཚོད་དུ་རུང་བའི་སྨན་ལྟར་ལས། ཞག་བདུན་པའི་བར་དུ་དང༌། འཚོ་ བའི་བར་དུ། ཞེས་ཁ་བསྒྱུར་བྱ་བ་ཙམ་ལས་གཞན་རྣམས་གོང་དང་ཁྱད་པར་མེད། སྨན་ཕྱི་མ་གསུམ་ལ་ཕྱི་དྲོ་ནས་སྲོད་ཀྱི་བར་ ལོངས་སྤྱོད་ན་བསྙེན་པར་མ་རྫོགས་པ་ཞིག་གིས་ཆུ་ཚན་མ་ཡིན་པའི་རང་བཞིན་གྱིས་གྲང་བའི་རུང་ཆུས་བྲན་དགོས་ཏེ། མ་བྲན་ 8-1-27 པར་རེག་ན་ལག་ཉའོ། །བསྙེན་པར་མ་རྫོགས་པ་མེད་ན་རྫོགས་པས་རུང་ཆུ་བཏབ་ཀྱང་བཏབ་གོ་ཆོད་གསུངས། འབྲུ་བཙོ་ བསྲེགས་སོགས་ལ་རུང་བ་བྱེད་དགོས་པས་དེའི་ཚུལ་ནི། ནས་འབྲས་གྲོ་སོགས་ནི་སྤོང་པ་ལ་བསྙེན་པར་མ་རྫོགས་པ་ཞིག་གིས་ ཕྱོགས་བཞི་ནས་མེས་བཙུགས་ཙམ་བྱེད་པ་མེའི་རུང་བ་དང༌།ཡུངས་མ་ལ་ཕུག་སོགས་གྲིས་བཙུགས་ཙམ་བྱེད་པ་མཚོན་གྱི་རུང་ བ་དང༌། སྟར་ཁ་སོགས་ཁ་བཤགས་ཙམ་བྱེད་པ་བཀས་པའི་རུང་བ་བྱེད་ཚུལ་ཏེ་སྐབས་སུ་གང་བབས་ལྟར་བྱ་ཞིང་གུང་ཚིགས་ རྗེས་སུ་ཁ་བཤལ་བའོ། །འདི་སྐབས་སུ་མཁོ་བ་ཟས་གཅོད་ཀྱི་ཆོ་ག་ནི། བྱིན་ལེན་མ་བྱས་ན་བཅས་པ་དང་འགལ་བས། དེ་ བས་ཟས་བཅད་སྙམ་སྟེ་ཉིན་གཅིག་ཟས་བཅད། དེ་ནས་ཟས་བཅད་ན་ཤིན་ཏུ་རྙེད་དཀའ་བའི་དལ་འབྱོར་གྱི་རྟེན་འདི་ཆུད་ ཟོས་སུ་འགྱུར་དོགས་ནས། དེ་བས་ཅུང་ཟད་ཟ་སྙམ་སྟེ་ཉིན་དང་པོར་ཟས་སྤར་གང༌། ཉིན་གཉིས་པར་སྤར་དོ། གསུམ་པ་ ནས་ཇི་ཙམ་དགོས་པ་ཟ་བ་སྟེ་ཟས་དེ་གསུམ་ཡང་གུང་ཚིགས་ཀྱི་དུས་སུ་ཟ་ཞིང་དེ་ཡང་ལག་གཡས་ཀྱི་སྤར་གང་དོའི་རིམ་པས་ ཕྱེ་སོགས་སྣུམ་ཅན་དང་ཇ་ཕོར་བ་གང་དོ་དེ་ལུགས་བཟའ་བཏུང་གི་ཕྱག་སྲོལ་ཡོད་པ་ལྟར་བྱ་ལ་ཆོ་ག་དེ་ཇི་བཞིན་གྲུབ་པས་བྱིན་ ལེན་མ་བྱས་པ། ལག་ཉ། བསོག་འཇོག་སོགས་ཀྱི་ཉེས་པ་ཁེགས་པར་གསུངས་ཤིང་གོང་བཞིན་དུས་དྲན་བསྟེན་པས་ཀྱང་ཉིན་ དེའི་ཉེས་པ་དེ་མཐུན་མང་ཙམ་ཁེགས་པ་འདུལ་འཛིན་གོང་མ་ཕལ་མོ་ཆེའི་དགོངས་པའོ། ། གོས་ལ་འཚོ་བའི་ཡོ་བྱད། ལྷག་པའི་ཡོ་བྱད། མཁོ་བའི་ཡོ་བྱད་གསུམ་ལས། འཚོ་བའི་ཡོ་བྱད་ཀྱི་སྣམ་སྦྱར་བྱིན་རླབས་ཀྱི་ སྐབས་ལ་སྤྱིར་བྱིན་བརླབས་སོགས་ཞུ་ཡུལ་དགེ་སློ ང་ལ་སྔགས་ཚིག་དུས་རང་གི་མཁན་པོ་ཡིན་ན་མཁན་པོ་ཞེས་དང༌། བསྙེན་ པར་རྫོགས་ནས་ལོ་བཅུ་སོང་བའི་དགེ་སློ ང་ལ་གནས་བརྟན་ཞེས་དང༌། བསྙེན་པར་རྫོགས་ནས་ལོ་བཅུ་མ་ལོན་པ་ལ་བཙུན་ པ་ཞེས་དང་དེ་མིན་ཀུན་ལ་བཙུན་པ་ཞེས་པ་འདི་རུང་བར་གསུངས་པ་ལྟར་ཏེ་ཡུལ་རྟེན་གཉིས་ཀས་་ཕུད་ཕྲེང་བ་ཆབ་རིལ་ སོགས་ཕྱོགས་གཅིག་ཏུ་བཞག ཡུལ་རྟེན་གཉིས་ཀ་འགྲེང་སྟེ། ཡུལ་དེ་རང་ལས་བསླབ་པ་རྒན་ན་ཕྱག་གསུམ་དང༌། གཞོན་ན་ ཐང་ཤད་གསུམ་བྱས་ཏེ། གཟན་ཕྲག་པ་གཡོན་པར་བཀལ། ཐལ་མོ་སྟེང་འོག་ཏུ་སྦྱར། ལུས་འདུད་པ་དང་བཅས་ཏེ། བསྟན་ པ་རིན་པོ་ཆེའི་གསལ་བྱེད་དམ་པར་གྱུར་པ་བཙུན་པ་འདུལ་བ་འཛིན་པ་ཆེན་པོ་ཆོས་གོས་ སྣམ་སྦྱར་བྱིན་གྱིས་རླབས་པའི་ཆོ་ག་ལ་ཐུགས་གཏད་པར་ཞུ། ཞེས་སྙན་གསན་ཞུ། ཡུལ་གྱིས། ཆོས་བཞིན་འདུལ་བ་བཞིན་མཛད་པར་ཞུ། ཞེས་བརྗོད། དེ་ནས་གཉིས་ཀ་འགྲེང་སྟེ་སྣམ་སྦྱར་ཕྱི་ནང་མ་ལོག་ 8-1-28 པར་བཞི་ལྟེ བ་བྱས་པའི་སྣེ ་གཅིག་ཡུལ་གྱི་ཕྲག་པ་གཡོན་པར་བཀལ། སྣེ ་མོ་གཅིག་ལ་གཉིས་ཀའི་ལག་པ་གཡོན་འོག་ནས་ ཁ་ཡར་བསྟན། གཡས་སྟེང་དུ་སྦུབ་ནས་བཟུང་སྟེ་གཉིས་ཀའི་བསམ་པ་ལ་འདི་དགེ་སློ ང་གི་འཚོ་བའི་ཡོ་བྱད་སྣམ་སྦྱར་དུ་བྱིན་ གྱིས་རླབས་སྙམ་དུ། རྟེན་གྱིས། བཙུན་པ་དགོངས་སུ་གསོལ། བདག་དགེ་སློ ང་མིང་འདི་ཞེས་བགྱི་ བའི་ཆོས་གོས་བགྱིས་ལགས་པ་རུང་བ་སྤྱད་པར་འོས་པ་འདི་ཆོས་གོས་སྣམ་སྦྱར་དུ་བྱིན་ གྱིས་བརླབས་སོ། །ཞེས་ལན་གསུམ་བརྗོད། ཡུལ་གྱིས། ཐབས་ཡིན་ནོ། །ཞེས་དང༌། རྟེན་གྱིས། ལེགས་ སོ། །དེ་ནས་རྟེན་གྱིས་གཏང་རག་གི་ཕྱག་གམ་ཐང་ཤད་གསུམ་བྱས་ནས་ལུས་འདུད་པ་དང་བཅས་ཏེ། བསྟན་པ་རིན་ པོ་ཆེའི་གསལ་བྱེད་དམ་པར་གྱུར་པ་བཙུན་པ་འདུལ་བ་འཛིན་པ་ཆེན་པོ་ཆོས་གོས་སྣམ་སྦྱར་ བྱིན་གྱིས་རླབས་པའི་ཆོ་ག་ལ་ཐུགས་གཏད་པ་བཀའ་དྲིན་ཆེ་ལགས། ཡུལ་གྱིས། ཆོས་བཞིན་ འདུལ་བ་བཞིན་མཛད་པ་ངོ་མཚར་ཆེ་ལགས། ཞེས་བརྗོད་པ་དང༌། གཉིས་ཀས་ཐུན་མོང་དུ། ཁྲིམས་ཀྱི་ ཚུལ་ཁྲིམས་སྐྱོན་མེད༴སོགས་བརྗོད། ཆོས་གོས་བླ་གོས་དང༌། ཆོས་གོས་མཐང་གོས་བྱིན་རླབས་བྱེད་ཚུལ་ཡང༌། ཆོས་ གོས་བླ་གོས༴ ཞེས་དང༌། ཆོས་གོས་མཐང་གོས། ཞེས་མིང་བརྗེས་ནས་སྣམ་སྦྱར་ལྟར་བྱའོ། །དེ་བཞིན་དུ་འཚོ་ བའི་ཡོ་བྱད་གཞན་ལ། གོས་འདི་གདིང་བར་བྱིན་གྱིས་རླབས་སོ། །ཞེས་དང༌། གོས་འདི་གཟན་དུ། གོས་འདི་ཤམ་ཐབས་སུ། ཞེས་སོགས་འཚོ་བའི་ཡོ་བྱད་ཀྱི་གོས་བཅུ་གསུམ་ལ་འདྲའོ། ། འདིར་གོས་བཅུ་གསུམ་གྱི་ཚུལ་ཡང༌། སྣམ་སྦྱར། བླ་གོས། རྔུལ་གཟན། རྔུལ་གཟན་གྱི་གཟན་དང་བཞི་ནི་ཆེ་ཚད་སྲིད་དུ་ ཁྲུ་ལྔ། ཞེང་དུ་ཁྲུ་གསུམ། ཆུང་ཚད་སྲིད་དུ་ཁྲུ་ཕྱེད་ལྔ། ཞེང་དུ་ཁྲུ་ཕྱེད་གསུམ། འབྲིང་ཚད་དེ་གཉིས་ཀྱི་བར། མཐང་གོས། ཤམ་ ཐབས། ཤམ་ཐབས་ཀྱི་གཟན་གསུམ་གྱི་ཆེ་ཚད་སྲིད་དུ་ཁྲུ་ལྔ། ཞེང་དུ་ཁྲུ་དོ། ཆུང་ཚད་འཁོར་གསུམ་ཁེབས་པ། འབྲིང་ཚད་ དེ་གཉིས་ཀྱི་བར། རྣག་གཟན། གཡན་པ་དགབ་པ་གཉིས་སྲིད་དུ་ཁྲུ་དྲུགཞེང་དུ་ཁྲུ་གསུམ། གདོང་ཕྱིས་སྲིད་ཞེང་གཉིས་ཀ་ཁྲུ་རེ། སྐྲ་གཟེད་སྲིད་དུ་ཁྲུ་གསུམ། ཞེང་དུ་ཁྲུ་ཕྱེད་དོ། རས་ཆེན་སྲིད་དུ་ཁྲུ་དགུ། ཞེང་དུ་ཁྲུ་གསུམ་སོར་བཅོ་བརྒྱད། གདིང་བ་སྲིད་དུ་ ཁྲུ་གསུམ། ཞེང་དུ་ཁྲི་དོ་སོར་དྲུག་ཡོད། ངེས་པར་རྒྱུན་དུ་འཆང་དགོས་པའི་ཡོ་བྱད་དྲུག་ནི། ཆོས་གོས་རྣམ་གསུམ་གདིང་བ། ཆུ་ཚགས། ལྷུང་བཟེད་དང་དྲུག་གོ ། 8-1-29 དེ་ཡང་ཆོས་གོས་གསུམ་སོགས་མང་པོ་བྱིན་རླབས་བྱེད་དགོས་ན་བར་གྱི་བྱིན་རླབས་ཀྱི་ཆོ་ག་རྣམས་སོ་སོར་ལན་གསུམ་ རེ་བརྗོད་ལ་ཐབས་ལེགས་བྱ། སྙན་གསན་དང་གཏང་རག་གཅིག་གིས་ཆོག་ཅིང་བྱིན་གྱི་རླབས་པའི་གོས་ཅི་ཡོད་ཀྱི་མིང་ བརྗོད་དགོས་ཏེ། དཔེར་ན་བསྟན་པ་རིན་པོ་ཆེའི༴ སོགས། ཆེན་པོ་ཆོས་གོས་སྣམ་སྦྱར་དང་ཆོས་གོས་བླ་གོས་དང་ ཆོས་གོས་མཐང་གོས་དང་གདིང་བ་རྣམས་བྱིན་གྱིས་རླབས་ཞེས་པ་ལྟ་བུའོ། །འཚོ་བའི་ཡོ་བྱད་ཕྲན་ཚེགས་བྱིན་གྱིས་བརླབ་པ་ ནི། བསྟན་པ་རིན་པོ་ཆེའི༴ སོགས་དང༌། ཆེན་པོ་ཞྭ་བྱིན་གྱིས་བརླབས་པའི་ཆོ་ག་ལ་ཐུགས་གཏད་ པར་ཞུ། ཡུལ་གྱིས། ཆོས་བཞིན་འདུལ་བ་བཞིན་མཛད་པར་ཞུ། རྟེན་གྱིས། བཙུན་པ་དགོངས་སུ་ གསོལ། བདག་དགེ་སློ ང་མིང་འདི་ཞེས་བགྱི་བའི་གོས་འདི་ཞྭར་བྱིན་གྱིས་བརླབས་སོ། །ཞེས་ ལན་གསུམ། ཐབས་ལེགས་བྱ། རྟེན་གྱིས། བསྟན་པ༴ སོགས། ཆེན་པོ་ཞྭ་བྱིན་གྱིས་བརླབས་པའི་ཆོ་ག་ལ་ ཐུགས་གཏད་པ་བཀའ་དྲིན་ཆེ་ལགས། ཡུལ་གྱིས། ཆོས་བཞིན་འདུལ་བ་བཞིན་མཛད་པ་ངོ་ མཚར་ཆེ་ལགས། གཉིས་ཀས། ཁྲིམས་ཀྱི་ཚུལ་ཁྲིམས༴ སོགས་བརྗོད། དེ་བཞིན་དུ། སྐ་རགས། སྨན་ ཕོར། མཆིལ་ལྷྭམ། ལྷུང་བཟེད་ཀྱི་སྣོ ད་ལ་སོགས་པ་སྟེ། གོས་འདི་སྐ་རགས་སུ། གོས་འདི་མཆིལ་ལྷྭམ་དུ། ཡོ་བྱད་འདི་སྨན་ཕོར་དུ། ཡོ་བྱད་འདི་ཞལ་བུར། ཡོ་བྱད་འདི་ཁོག་མ་རུ། ཞེས་སོགས་བརྗོད་ལ། གཞན་ཡང་ལྕོག་སྒམ་གདན་ཁྲི་སོགས་ཤིང་ཆེའི་རིགས་དང༌། སྒྱེ་མོ་རྩམ་ཁུག་ཁོག་མ་སོགས་སྣོ ད་ཀྱི་རིགས་དང༌། ཡོལ་བ་ སྒོ་ཡོལ་ལ་སོགས་པ་རས་ཁྲུ་གང་ཡན་ཆད་རེ་བའི་ཡོ་བྱད་ཐམས་ཅད་ལ་གོང་བཞིན་བྱིན་རླབས་བྱ་དགོས་སོ། །ལྷག་མཁོའི་ཡོ་ བྱད་རྣམས་ཀྱང་དེ་དང་འདྲ། འཚོ་བའི་ཡོ་བྱད་ནི་རང་གི་སྤྱད་དགོས་ཀྱི་ཡོ་བྱད་རྣམས་ཡིན་ལ་དེ་ནི་རང་གི་ཡིན་པའི་འདུ་ཤེས་ ཀྱིས་བཅང་ངོ༌། །ལྷག་པའི་ཡོ་བྱད་ནི་སྣམ་སྦྱར་སོགས་ལྷག་པའི་གོས་རྣམས་དང༌། ལྷག་པའི་ཡོ་བྱད་ཕྲན་ཚེགས་ནི་ལྷག་པའི་ཞྭ་ སྐ་རགས་གདན་ལ་སོགས་པ་སྟེ། འཚོ་བའི་ཡོ་བྱད་ལས་ལྷག་པའི་གཉིས་པའོ། །དེ་ནི་མཁན་པོ་སོགས་གཞན་གྱི་ཡིན་པའི་འདུ་ ཤེས་ཀྱིས་འཆང་དགོས་སོ། ། ལྷག་པའི་ཡོ་བྱད་བྱིན་རླབས་ནི། སྣམ་སྦྱར་ལྷག་པོ་ལ་མཚོན་ན། སྙན་གསན་སྐབས། བསྟན་པ༴སོགས། ཆེན་ པོ་ལྷག་པའི་ཡོ་བྱད་བྱིན་གྱིས་བརླབས་པའི་ཆོ་ག༴ཞེས་བརྗོད། བཙུན་པ་དགོངས་སུ་གསོལ། 8-1-30 བདག་དགེ་སློང་མིང་འདི་ཞེས་བགྱི་བས་གོས་ལྷག་པ་རུང་བ་མ་བགྱིས་པ་རུང་བ་བགྱི་བ་ འོས་པ་འདི་མཁན་པོའི་ལགས་པར་རུང་བར་བགྱིའོ། །མཁན་པོ་ལ་ཡིད་གཏད་དེ་བཅང་ བར་བགྱིའོ། །རྐྱེན་ཇི་ལྟ་བ་བཞིན་དུ་བགྱིའོ། །ལན་གསུམ། ཐབས་ལེགས་དང༌། གཏང་རག་བྱའོ། །དེ་ལྟར་ ལྷག་པའི་ཡོ་བྱད་སྣམ་སྦྱར་འདི་དང༌། བླ་གོས། མཐང་གོས། རྔུལ་གཟན། རྔུལ་གཟན་གྱི་གཟན། ཤམ་ཐབས། ཤམ་ཐབས་ ཀྱི་གཟན། རྣག་གཟན། གཡན་དགབ། གདོང་ཕྱིས། སྐྲ་གཟེད། དབྱར་གྱི་གོས་རས་ཆེན། གདིང་བ་སྟེ་ལྷག་པའི་ཡོ་བྱད་བཅུ་ གསུམ་དང༌། ལྷག་པའི་ཡོ་བྱད་ཕྲན་ཚེགས་ནི། ཞྭ། སྐ་རགས། ་ལ་སོགས་པ་གོས་ཀྱི་རིགས་ཐམས་ཅད་ལ་སྔར་བཞིན། ཞེས་ བགྱི་བའི་གོས་ལྷག་པ༴ཞེས་རང་སར་བརྗོད། སྨན་ཕོར། ཕྲེང་བ། ཞལ་བུ། ཁབ་རལ། ཁོག་མ། བཅུ་ཚེ། གདན་ཁྲི། ཡོལ་བ་སོགས་ལ་ཡང་མིང་སོ་སོར་སྨོས་མི་དགོས་པར།བགྱི་བའི་ཡོ་བྱད་ལྷག་པ་རུང་བ་མ་བགྱིས་པ། ཞེས་ བརྗོད་དོ། ། དེ་ལྟར་འཚོ་བའི་ཡོ་བྱད་དང་ལྷག་པའི་ཡོ་བྱད་གཉིས་ནི་གོས་རེ་རེ་ནས་བྱིན་རླབས་བྱ་དགོས་ཀྱི་མང་པོ་མཉམ་དུ་བྱིན་ རླབས་མི་རུང༌། མཁོ་བའི་ཡོ་བྱད་ནི་མང་པོ་ཡོད་ན་ཕྱོགས་གཅིག་དུ་སྤུངས་ནས་བྱིན་རླབས་མཉམ་དུ་བྱེད་ཆོག་པར་གསུངས་ ལ། མཁོ་བའི་ཡོ་བྱད་ནི་འཚོ་བའི་ཡོ་བྱད་དང༌། དེ་ལས་ལྷག་པོར་འཆང་རྒྱུའི་ལྷག་པའི་ཡོ་བྱད་གཉིས་ལས་གཞན་པའི་གོས་ བཅུ་གསུམ་དང༌། ཞྭ་་སྐ་རགས་གདན་ཁྲི་རས་ཕྲུག་སོགས་ཡོ་བྱད་ཐམས་ཅད་དོ། །དེ་རྣམས་ཀྱང་རང་གཞན་ཐུན་མོང་གི་ཡིན་ པའི་འདུ་ཤེས་ཀྱི་བཅང་ལ། དེ་བྱིན་གྱིས་རླབས་པ་ནི། བསྟན་པ༴སོགས། ཆེན་པོ་མཁོ་པའི་ཡོ་བྱད་བྱིན་གྱིས་ བརླབས་པའི་ཆོ་ག་ལ༴ ཞེས་བརྗོད། བཙུན་པ་དགོངས་སུ་གསོལ། བདག་དགེ་སློ ང་མིང་འདི་ ཞེས་བགྱི་བའི་གོས་འདི་བདག་དང་ཚངས་པར་མཚུངས་པར་སྤྱོད་པ་རྣམས་ལ་མཁོ་བའི་ཡོ་ བྱད་ཀྱི་གོས་སུ་བྱིན་གྱིས་བརླབ་བོ། །ཞེས་ལན་གསུམ། ཐབས་ལེགས་དང་གཏང་རག་བྱ། གོས་ཀྱི་རིགས་ཐམས་ ཅད་ལ་དེ་དང་འདྲ། ཞལ་བུ། ཁོག་མ། གདན་ཁྲི་སོགས་ལ། ཞེས་བགྱི་བའི་རྫས་འདི༴ཞེས་དང༌། མཁོ་བའི་ཡོ་ བྱད་ཀྱི་རྫས་སུ༴ ཞེས་བསྒྱུར་རོ། །མདོར་ན་དགེ་སློ ང་གིས་འཚོ་ལྷག་མཁོ་གསུམ་གྱི་ཡོ་བྱད་བྱིན་གྱིས་བརླབ་དགོས་པ་ནི། གོས་བཅུ་གསུམ། སྐ་རགས། ཞྭ་། ཁབ་རལ། སྐྲ་གྲི། སྟན། མལ་ཁྲི། ཞལ་བུ། སྣོ ད་ཀྱི་རིགས། བཅུ་ཚེ། ཡོལ་བ། སྒམ། སུར་ 8-1-31 བུ། སྒྱེ་རས། སྣམ་བུ། ཕྲུག ཐེར་མ་ལ་སོགས་པའི་རས་ཁྲུ་གང་རེ་བའི་ལོངས་སྤྱོད་ཐམས་ཅད་དེ། དེ་ཡང་དགེ་སློ ང་གི་འཆང་ རུང་བ་རྣམས་སོ། །རས་ཕྲུག་སོགས་འཚོ་བའི་གོས་ཀྱི་རྒྱུ་ཡིན་ན་གོས་གང་ཡིན་གྱི་རྒྱུ་དང་ལྷག་པའི་གོས་དང་མཁོ་བའི་གོས་རྒྱུ་ ཡིན་ན་དེ་དང་དེའི་གོས་རྒྱུ་དང༌། གོས་རྒྱུ་མིན་ན་ལྷག་པ་དང་མཁོ་བའི་ཡོ་བྱད་གང་བྱེད་དུ་བྱིན་རླབས་བྱའོ། །རྡོར་དྲིལ་སོགས་ སྐུ་གསུང་ཐུགས་རྟེན་རྣམས་ལ་བྱིན་རླབས་བྱ་མི་དགོས། དགེ་སློ ང་གི་འཆང་དུ་མི་རུང་བ་ནི་ཁྱི ་ཕག་གོ་མཚོན་སོགས་ཁྱི མ་པའི་ ཡོ་བྱད་དོ། ། ཡང་འཚོ་བའི་ཡོ་བྱད་ལས་ལྷུང་བཟེད་བྱིན་བརླབ་ནི། བསྟན་པ༴སོགས། ཆེན་པོ་ལྷུང་བཟེད་བྱིན་རླབས་ ཀྱི་ཆོ་ག་ལ༴ ཞེས་བྱ་སྟེ། ཡུལ་རྟེན་གཉིས་ཀ་འགྲེང་སྟེ་ལྷུང་བཟེད་ཀྱི་ནང་དུ་འབྲུ་ཅུང་ཟད་བླུགས་ལ་གཉིས་ཀྱིས་ལག་ པ་གཡོན་པ་ཁ་གྱེན་བསྟན། གཡས་པས་སྟེང་ནས་བཀབ་པའི་བར་དུ་བཟུང་སྟེ། རྟེན་གྱིས། བཙུན་པ་དགོངས་སུ་ གསོལ། བདག་དགེ་སློ ང་མིང་འདི་ཞེས་བགྱི་བས་ལྷུང་བཟེད་ཟས་ལ་སྤྱད་པར་འོས་པ་དྲང་ སྲོང་གི་སྣོ ད་འདི་བསླང་བའི་སྣོ ད་དུ་བྱིན་གྱིས་བརླབས་སོ། །ཞེས་ལན་གསུམ། ཐབས་ལེགས། གཏང་ རག་བྱའོ། །དེ་ལྟར་སྙན་གསན་དང་གཏང་རག་ལ་ཆུ་ཚག་སོགས་ལ་འདོན་པ་བརྗེ་གཞན་ཀུན་འདྲ་བ་ལས་ཆུ་ཚགས་བྱིན་རླབས་ ནི། བཙུན་པ་དགོངས་སུ་གསོལ། བདག་དགེ་སློ ང་མིང་འདི་ཞེས་བགྱི་བའི་ཡོ་བྱད་འདི་ཆུ་ ཚགས་སུ་བྱིན་གྱིས་བརླབས་སོ། །ཞེས་ལན་གསུམ། མལ་སྟན་བྱིན་རླབས་ནི། མལ་སྟན་ལ་གཉིས་ཀྱི་ལག་པས་ རེག་ནས། རྟེན་གྱིས། བཙུན་པ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བས་ཡོ་ བྱད་འདི་མལ་སྟན་དུ་བྱིན་གྱིས་བརླབ་བོ། །ཞེས་ལན་གསུམ། བསམ་གཏན་སྒོམ་པའི་གདན་ལ་ནི། ཡོ་ བྱད་བསམ་གཏན་གྱི་གདན་དུ་བྱིན་གྱིས་བརླབས་སོ། །ལན་གསུམ། རུང་ཁང་བྱིན་བརླབས་ནི་བཟའ་ བཅའི་རིགས་འཇོག་པའི་རུང་ཁང་ཡོད་ན་རང་ཉིད་དགེ་སྦྱོར་བྱ་བའི་མཚམས་ཁང་དུ་རུང་ཁང་གི་བྱིན་རླབས་བྱ་མི་རུང༌། མེད་ ན་བཟའ་བཅའི་རིགས་མཚམས་ཁང་དུ་འཇོག་དགོས་པས་དེ་ལའང་རུང་ཁང་གི་བྱིན་རླབས་བྱ་དགོས་ལ། གང་ལྟར་ཡང་ཡུལ་ རྟེན་གཉིས་ཀ་གང་དུ་བྱ་བའི་གཞི་དེ་ཉིད་དུ་འདུག་ནས། རུང་ཁང་བྱིན་གྱིས་བརླབས་པའི་ཆོ་ག་ཞེས་བསྒྱུར་ ཞིང༌། རྟེན་གྱིས། བདག་ནི་བསླབ་པ་རྣམས་ལ་མ་གུས་པ་མ་ལགས་སོ། །ཇི་ལྟར་སངས་ 8-1-32 རྒྱས་བཅོམ་ལྡན་འདས་རྣམས་མཁྱེ ན་པ་དང་གཟིགས་པ་དང་ལྡན་པ་དེ་དག་གིས། རུང་བའི་ ཁང་བ་དང་ཟས་ཀྱི་ཁང་བར་ཡོངས་སུ་ལོངས་སྤྱོད་པར་མཁྱེ ན་ཅིང་བཟོད་པ་དེ་ལྟ་ན། འདི་ བདག་གི་ཕྱིར་དྲན་པ་ཉེ་བར་འཇོག་གོ །དེ་བདག་གི་ཚངས་པར་སྤྱོད་པ་རྗེས་སུ་འཛིན་པར་ གྱུར་ཅིག ལན་གསུམ། ཐབས་ལེགས་དང༌། གཏང་རག་བྱའོ། །རང་ཉིད་གནས་གཞན་དུ་ཞག་ལ་སྡོད་དགོས་ན་སྔར་ གྱི་རུང་ཁང་དེར་རང་དང་ལྟ་སྤྱོད་མཐུན་པའི་དགེ་སློང་གཞན་མེད་ན་རུང་ཁང་གི་བྱིན་བརླབས་འཇིག་པར་གསུངས་པས་སླར་ སླེ བས་ཚེ་རུང་ཁང་བྱིན་རླབས་བྱ་དགོས་སོ། །ཡང་རིན་པོ་ཆེའི་བྱིན་རླབས་ནི། གསེར་དངུལ་མུ་ཏིག་པདྨ་ར་གགཡུ་བྱུ་རུ་སོགས་ ཡོངས་གྲགས་ཀྱི་རིན་པོ་ཆེ་དང༌། ཟངས། ལྕགས། འཁར་བ། ཞ་ཉེ། ཏི་ཚ། རག་སོགས་ལ་རིན་པོ་ཆེའི་བྱིན་བརླབས་བྱ་དགོས་ པས་དེའི་ཚུལ་ནི། རིན་པོ་ཆེའི་བྱིན་གྱིས་བརླབ་པའི་ཆོ་ག༴ ཞེས་བྱས་ཏེ། ཡུལ་རྟེན་གཉིས་ག་འགྲེང་ནས་གཉིས་ ཀའི་ལག་པ་མདུན་གྱི་བར་སྣང་ལ་ཁ་སྦུབ་སྟེ། རྟེན་གྱིས། བཙུན་པ་དགོངས་སུ་གསོལ། བདག་དགེ་སློ ང་ མིང་འདི་ཞེས་བགྱི་བའི་དངོས་པོ་རུང་བ་མ་ལགས་པ་འདི་རྙེད་དེ། བདག་དགེ་སློང་མིང་འདི་ ཞེས་པའི་དངོས་པོ་རུང་བ་མ་ལགས་པ་བྱིན་གྱིས་བརླབས་སོ། །དངོས་པོ་རུང་བ་མ་ལགས་ པ་འདིས་དངོས་པོ་རུང་བ་སྒྲུབ་པར་བགྱིའོ། །ལན་གསུམ། ཐབས་ལེགས་དང༌། གཏང་རག་བྱའོ། ། ཡང་གོང་གི་འཚོ་བའི་ཡོ་བྱད་ཀྱི་ཆོས་གོས་གསུམ་པོ་དངོས་མེད་པར་གོས་ཀྱི་རྒྱུ་ཡིན་ན་རྒྱུའི་བྱིན་རླབས་ནི་སྙན་གསན་ ཞུས་ནས་སྣམ་སྦྱར་གྱི་རྒྱུ་སྔར་བཞིན་བཟུང་ནས། རྟེན་གྱིས། བཙུན་པ་དགོངས་སུ་གསོལ། བདག་མིང་འདི་ ཞེས་བགྱི་བའི་ཆོས་གོས་འདི་སྣམ་སྦྱར་དུ་བྱིན་གྱིས་རླབས་སོ། །འཚལ་ན་སྣམ་ཕྲན་དགུ་ པ་ལ་སོགས་པར་བགྱི་སྟེ། གླེགས་བུ་ཕྱེད་དང་གསུམ་པ་ལ་སོགས་པ་བགྱིའོ། །བར་ཆད་ མི་འབྱུང་ན་བཀྲུའོ། །བསྐྱང་ངོ༌། །དྲའོ། །སྡེབ་བོ། །ཟུང་གདབ་བོ། དྲུབ་བོ། །ཁ་བསྒྱུར་རོ། །ཡང་ན་འདི་ལ་ལྷན་ཐབས་སུ་གླན་ནོ། །རྐྱེན་ཇི་ལྟ་བུ་བཞིན་དུ་བགྱི་སྟེ། ཆོས་གོས་འདི་ནི་ རུང་བ་སྤྱད་པར་འོས་པའོ། །ཞེས་ལན་གསུམ། ཐབས་ལེགས་དང༌། གཏང་རག་བྱའོ། ། བླ་གོས་དང་མཐང་གོས་ཀྱི་རྒྱུའི་བྱིན་རླབས་ཀྱང་དེ་དང་འདྲ་བ་ལས་སྔགས་ཚིག་གི་མཚམས་སུ་བླ་གོས་ལ། འཚལ་ 8-1-33 ན་སྣམ་ཕྲན་བདུན་པ་བགྱི་སྟེ། གླེགས་བུ་ཕྱེད་དང་གསུམ་པ་བྱའོ། །ཞེས་དང༌། མཐང་གོས་ལ། འཚལ་ན་སྣམ་ཕྲན་ལྔ་པ་བགྱི་སྟེ། གླེགས་བུ་ཕྱེད་དང་གཉིས་པ་བྱའོ། །བར་ཆད་མི་འབྱུང་ན་ ཞེས་སོགས་བྱའོ། །འདི་ཡན་ཆད་ཀྱི་བྱིན་རླབས་བྱ་བ་ཐམས་ཅད་ལ་གང་བྱིན་རླབས་བྱ་རྒྱུའི་དངོས་པོ་དེ་ཡུལ་རྟེན་གྱི་དྲུང་དུ་ཡོད་ དགོས་སོ། ། ཡང་ཆོས་གོས་གསུམ་གྱི་བྱིན་རླབས་སླར་དབྱུང་བའི་ཆོ་ག་ནི། སྣམ་སྦྱར་ལ། བསྟན་པ༴སོགས། ཆེན་པོ་ཆོས་ གོས་སྣམ་སྦྱར་གྱི་བྱིན་རླབས་དབྱུང་བའི་ཆོ་ག༴ཞེས་བསྒྱུར་ཏེ། རྟེན་གྱིས། བཙུན་པ་དགོངས་སུ་ གསོལ་བདག་མིང་འདི་ཞེས་བགྱི་བའི་ཆོས་གོས་བགྱིས་ལགས་པ་རུང་བ་སྤྱད་པར་འོས་པ་ འདི་ཆོས་གོས་སྣམ་སྦྱར་དུ་བྱིན་གྱིས་བརླབ་པ་ལས། དེ་ལྟ་བས་ན་དངོས་པོ་འདི་སླར་དབྱུང་ བར་བགྱིའོ། །ཞེས་ལན་གསུམ། ཐབས་ལེགས་དང༌། གཏང་རག་བྱའོ། ། བླ་གོས་དང་མཐང་གོས་ཀྱི་བྱིན་རླབས་དབྱུང་ཚུལ་ཡང་སྣམ་སྦྱར་གྱི་ཚབ་ཏུ། བླ་གོས༴ཞེས་དང༌། མཐང་གོས་ ཞེས་བརྗེ་བ་མ་གཏོགས་དེ་དང་འདྲའོ། །བྱིན་རླབས་དབྱུང་དུས་སུ་གོས་དེ་ནི་དངོས་སུ་ཡོད་མེད་གང་ཡིན་ཀྱང་རུང་གསུངས་སོ། །བྱིན་རླབས་ཀྱི་ཆོ་ག་དེ་ཐམས་ཅད་ལ་ཡུལ་མེད་ན། སྙན་གསན་དང༌། ཐབས་ལེགས་གཏང་རག་རྣམས་མི་དགོས། ཕྱག་གསུམ་ འཚལ་ནས་དགོངས་གསོལ་ལ། ལྷ་རྣམས་དགོངས་སུ་གསོལ། ཞེས་བསྒྱུར་ཏེ་སྔགས་ཚིག་ལན་གསུམ་བརྗོད་ལ་ ཕྱག་གསུམ་འཚལ་བའོ། །ཆོས་གོས་ཀྱི་བྱིན་རླབས་སྤར་ན་དབྱུང་བའི་ཆོ་གས་སྔ་མའི་བྱིན་རླབས་དབྱུང་ནས། གོས་བྱིན་རླབས་ ཀྱི་ཆོ་གས་ཕྱི་མ་ལ་བྱིན་རླབས་བྱེད་པ་ཡིན་ཏེ། དེ་ཡང་བྱིན་རླབས་སྤོར་བའི་གོས་གོས་རྒྱུ་ཡིན་ན་གོས་ཀྱི་རྒྱུའི་བྱིན་རླབས་བྱ་བ་ ཡིན་ནོ། །འཚོ་བའི་ཡོ་བྱད་ནི་སྣམ་སྦྱར་གཅིག་སོགས་རེ་རེ་ལས་གཉིས་སོགས་འཆང་བ་དང་བྱིན་རླབས་མི་རུང་ལྷག་པའི་ཡོ་ བྱད་ཀྱང་དེ་དང་འདྲ། གོང་གི་གནས་མལ་ལ་དགེ་སློ ང་གི་གནས་ཁང་ཆུང་ཚད་སྤྱོད་ལམ་བཞི་ཤོང༌། ཆེ་ཚད་ཁང་པའི་ནང་གི་ སྲིད་དུ་རྡུལ་ཁྲུ་བཅོ་བརྒྱད། ཞིང་དུ་རྡུལ་ཁྲུ་ཕྱེད་བཅུ་གཅིགགདན་ལ་ཉལ་སྟན་དང༌། བསམ་གཏན་གྱི་གདན་གཉིས། ཉལ་ སྟན་ནི་ཆུང་ཚད་སྲིད་དུ་ཁྲུ་ཕྱེད་གསུམ། ཆེ་ཚད་སྲིད་དུ་ཁྲུ་ཕྱེད་ལྔ། འབྲིང་ཚད་དེ་གཉིས་ཀྱི་བར། ཞེང་དུ་ཁྲུ་དོ་སོར་དྲུགབསམ་ གཏན་གྱི་གདན་ནི་ཁྲུ་དོ་གྲུ་བཞི་པའོ། ། 8-1-34 གཉིས་པ་ལྟུང་བ་ཕྱིར་བཅོས་ཀྱི་རིམ་པ་ནི། ཕམ་པ་འཆབ་བཅས་བྱུང་ན་དེ་བསྐྲད་ལས་ཀྱི་སྒོ་ནས་དགེ་འདུན་གྱི་གནས་ ནས་བསྐྲད། དེས་ཀྱང་ལྟུང་བཤགས་སོགས་སྟོབས་བཞིས་བཤགས། ཕམ་པ་འཆབ་མེད་བྱུང་བའི་དགེ་སློ ང་དེས། དགེ་འདུན་ ལས་བསླབ་པ་བྱིན་གྱིས་བརླབ་པ་ནོད་དེ་ཇི་སྲིད་འཚོའི་བར་དུ་ཁྱད་པར་གྱི་སྤྱོད་པ་ལྔ་སྤངས་དམན་སྤྱོད་ལྔ་དང་དུ་བླངས་པའི་ སྒོ་ནས་བཤགས། དེ་ནས་ལྷག་མ་ཕྱིར་བཅོས་ལ། གང་ཟག་ཁྱད་པར་ཅན་མ་ཡིན་པའི་ལྷག་མ་འཆབ་བཅས་སྤོ་མགུ་དབྱུང་ གསུམ་དང༌། ལྷག་མ་འཆབ་མེད་མགུ་བ་དང་དབྱུང་བ་གཉིས་ཀྱིས་བཤགས། གང་ཟག་ཁྱད་པར་ཅན་གྱི་ལྷག་མ་འཆབ་བཅས་ དང་འཆབ་མེད་དང༌། ཕམ་ལྷག་གི་སྦོམ་པོ། ལྟུང་བྱེད་དགུ་བཅུ། སོར་བཤགས་བཞི། ཉེས་བྱས་བརྒྱ་དང་བཅུ་གཉིས་སོགས་ ལྟུང་བ་མིང་རིགས་མཐུན་པས་མ་གོས་པའི་དགེ་སློ ང་རྣམ་དག་ཞིག་གི་མདུན་དུ་ཕྱིར་བཅོས་བྱེད་པར་གསུངས་པས། དེའི་ཚུལ་ ནི། ཡུལ་ལ་ཕྱག་གམ་ཐང་ཤད་གསུམ་བྱས་ནས། བསྟན་པ་རིན་པོ་ཆེའི་གསལ་བྱེད་དམ་པར་གྱུར་པ་ བཙུན་པ་འདུལ་བ་འཛིན་པ་ཆེན་པོ་ཁུ་བ་འབྱིན་པའི་ལྷག་མ་བཅབས་པ་ཕྱིར་བཅོས་པའི་ ཆོ་ག་ལ་ཐུགས་གཏད་པར་ཞུ། ཡུལ་གྱིས། ཆོས་བཞིན་འདུལ་བ་བཞིན་མཛད་པར་ཞུ། ཞེས་ བརྗོད། རྟེན་གྱིས་ཙོག་པུར་ཐལ་མོ་སྦྱར་ཏེ། བཙུན་པ་དགོངས་སུ་གསོལ། བདག་དགེ་སློ ང་མིང་འདི་ ཞེས་བགྱི་བ་ལ་ལྟུང་བ་ཉེས་བྱས་ཀྱི་སྡེ་ཚན་ལས་ཁུ་བ་འབྱིན་པའི་ལྷག་མ་དགུང་ཞག་དུ་མར་ བཅབ་པའི་ཉེས་པ་བྱུང་སྟེ། བདག་དགེ་སློ ང་མིང་འདི་ཞེས་བགྱི་བའི་ཉེས་པ་དེ་བཙུན་པའི་ མདུན་དུ་མཐོལ་ལོ། །མི་འཆབ་པོ། །འཆགས་སོ། །མཐོལ་ཞིང་བཤགས་ན་བདག་བདེ་ བ་ལ་རེག་པར་འགྱུར་གྱི་མ་མཐོལ་མ་བཤགས་ན་ནི་མི་འགྱུར་རོ། །ཞེས་ལན་གསུམ། ཡུལ་གྱིས། ཉེས་ལྟུང་དེ་ལ་ཉེས་ལྟུང་དུ་གཟིགས་ལགས་སམ། རྟེན་གྱིས། མཐོང་ལགས། ཡུལ་གྱིས། ཕྱིན་ ཆད་ལེགས་པར་སྡོམ་ལགས་སམ། རྟེན་གྱིས། སྡོམ་ལགས། ཡུལ་གྱིས། ཐབས་ཡིན་ནོ། །རྟེན་གྱིས། ལེགས་སོ། །ཞེས་བརྗོད་དེ་གཏང་རག་གི་ཕྱག་གམ་ཐང་ཤད་གསུམ་བྱས་དེ། བསྟན་པ་རིན་པོ་ཆེའི་གསལ་ བྱེད་དམ་པར་གྱུར་པ་བཙུན་པ་འདུལ་བ་འཛིན་པ་ཆེན་པོ་ཁུ་བ་འབྱིན་པའི་ལྷག་མ་བཅབས་ པ་ཕྱིར་བཅོས་པའི་ཆོ་ག་ལ་ཐུགས་གཏད་པ་བཀའ་དྲིན་ཆེ་ལགས། ཡུལ་གྱིས། ཆོས་བཞིན་ 8-1-35 འདུལ་བ་བཞིན་མཛད་པ་ངོ་མཚར་ཆེ་ལགས། ཞེས་བརྗོད། དེ་ནི་ཁུ་འབྱིན་ལྷག་མའི་བཅབ་ཉེས་ཕྱིར་བཅོས་ ཡིན་ནོ། །དེ་ནས་ཁུ་འབྱིན་ལྷག་མའི་ལྟུང་བའི་དངོས་གཞི་ཕྱིར་བཅོས་པ་ནི། ཕྱག་གམ་ཐང་ཤད་གསུམ་བྱས་ནས། བསྟན་པ་ རིན་པོ་ཆེའི༴ སོགས། ཆེན་པོ་ཁུ་བ་འབྱིན་པའི་ལྷག་མའི་དངོས་གཞི་ཕྱིར་བཅོས་པའི་ཆོ་ག་ལ་ ཐུགས་གཏད་པར་ཞུ། ཡུལ་གྱིས། ཆོས་བཞིན་འདུལ་བ་བཞིན་མཛད་པར་ཞུ། རྟེན་གྱིས། བཙུན་ པ་དགོངས་སུ་གསོལ། བདག་དགེ་སློ ང་མིང་འདི་ཞེས་བགྱི་བ་ལ་ལྟུང་བ་ལྷག་མའི་སྡེ་ཚན་ ལས་ཁུ་བ་འབྱིན་པའི་ལྷག་མ་བྱུང་སྟེ་བདག་མིང་འདི་ཞེས་བགྱི་བའི་ལྟུང་བ་དེ་བཙུན་པའི་ མདུན་དུ་མཐོལ་ལོ། །བཤགས་སོ། །མི་འཆབ་བོ། །འཆགས་སོ། །མཐོལ་ཞིང་བཤགས་ ན་བདག་བདེ་བ་ལ་རེག་པར་འགྱུར་གྱི། མ་མཐོལ་མ་བཤགས་ན་ནི་མི་འགྱུར་རོ། །ཞེས་ལན་ གསུམ། ཡུལ་གྱིས། ཉེས་ལྟུང་དེ་ལ་ཉེས་ལྟུང་དུ་གཟིགས་ལགས་སམ། རྟེན་གྱིས། མཐོང་ལགས། ཡུལ་གྱིས། ཕྱིན་ཆད་ལེགས་པར་སྡོམ་ལགས་སམ། རྟེན་གྱིས། སྡོམ་ལགས། ཡུལ་གྱིས། ཐབས་ཡིན་ ནོ། །རྟེན་གྱིས། ལེགས་སོ། །ཞེས་བརྗོད་དེ་གཏང་རག་གི་ཕྱག་གམ་ཐང་ཤད་གསུམ་བྱས་ཏེ། བསྟན་པ་རིན་པོ་ ཆེའི་གསལ་བྱེད་དམ་པར་གྱུར་པ་བཙུན་པ་འདུལ་བ་འཛིན་པ་ཆེན་པོ་ཁུ་བ་འབྱིན་པའི་ལྷག་ མའི་དངོས་གཞི་ཕྱིར་བཅོས་པའི་ཆོ་ག་ལ་ཐུགས་གཏད་པར་བཀའ་དྲིན་ཆེ་ལགས། ཡུལ་གྱིས། ཆོས་བཞིན་འདུལ་བ་བཞིན་མཛད་པ་ངོ་མཚར་ཆེ་ལགས། ཞེས་བརྗོད་དོ། །འདིས་བུད་མེད་ལ་རེག་པའི་ ལྷག་མ་སོགས་ལྷག་མ་བཅུ་གསུམ། ལྟུང་བྱེད་དགུ་བཅུ། སོར་བཤགས་བཞི། ཉེས་བྱས་བརྒྱ་དང་བཅུ་གཉིས་རྣམས་ཀྱི་འཆབ་ ཉེས་དང༌། དངོས་གཞིའི་ལྟུང་བ་དང༌། དེ་དག་གི་སྦོམ་པོ་དང༌། སྦྱོར་བའི་ལྟུང་བ་དང༌། སྦྱོར་བའི་སྦྱོར་བའི་ལྟུང་བ་དང༌། ཕམ་ པ་བཞིའི་སྦོམ་པོ་དང༌། སྦྱོར་ལྟུང་དང༌། སྦྱོར་བའི་སྦྱོར་ལྟུང་རྣམས་ཤེས་པར་བྱའོ། །དེ་ཡང་དགེ་འདུན་གྱི་དྲུང་དུ་བཤགས་ན་ དགོངས་གསོལ་ལ། དགེ་འདུན་བཙུན་པ་རྣམས་དགོངས་སུ་གསོལ། ཞེས་བརྗོད། གང་ཟག་ཁྱད་པར་ཅན་མ་ ཡིན་པའི་ལྷག་མ་བཅུ་གསུམ་ནི་དགེ་འདུན་གྱི་དྲུང་དུ་བཤགས་དགོས་སོ། ། དེས་ན་སྤང་ལྟུང་སུམ་ཅུ་མན་ཆད་ཀྱི་ལྟུང་བ་རྣམས་ནི། སྔར་བཞིན་གྱི་ཆོ་གས་ལྟུང་བ་མིང་རིགས་མཐུན་པས་མ་གོས་ 8-1-36 པའི་དགེ་སློང་རྣམ་དག་གཅིག་གི་དྲུང་དུ་བཤགས་ཀྱང་ཆོགཁབ་རལ་འཆོས་པའི་ལྟུང་བ་མ་བཤགས་པའི་སྔོན་དུ་ཁབ་རལ་ བཅག་དགོས། སོར་བཤགས་རྣམས་ནི་དགེ་འདུན་ལ་བཤགས་པ་སྔོ ན་དུ་འགྲོ་དགོས་སོ། །འོག་མ་རྣམས་ལ་དགོངས་གསོལ་ དང་གཏང་རག་གི་དུས་སུ། མི་ཚངས་སྤྱོད་ཀྱི་ཕམ་པའི་སྦོམ་པོའི་ལྟུང་བ་བཅབས་པ་ཕྱིར་བཅོས་ པའི༴སོགས། མི་ཚངས་སྤྱོད་ཀྱི་ཕམ་པའི་སྦོམ་པོའི་ལྟུང་བ་དངོས་གཞི་ཕྱིར་བཅོས་པའི་སོགས་ དང༌། ཕྱིར་བཅོས་ཀྱི་དངོས་གཞིའི་དུས་སུ། བདག་དགེ་སློ ང་མིང་འདི་ཞེས་བགྱི་བ་ལ་ལྟུང་བ་ཕམ་པའི་ སྡེ་ཚན་ལས་མི་ཚངས་སྤྱོད་ཀྱི་སྦོམ་པོའི་ལྟུང་བ་དགུང་ཞག་དུ་མར་བཅབ་པའི་ཉེས་པ་བྱུང་ སྟེ། ཞེས་སོགས་དང༌། ལྟུང་བ་ཕམ་པའི་སྡེ་ཚན་ལས་མི་ཚངས་སྤྱོད་ཀྱི་སྦོམ་པོའི་ལྟུང་བ་བྱུང་སྟེ། ཞེས་སོགས། ལྟུང་བ་འབའ་ཞིག་པའི་སྡེ་ཚན་ལས་རྫུན་གྱི་ལྟུང་བ་དགུང་ཞག་དུ་མར་བཅབས་ པའི་སོགས། ལྟུང་བ་འབའ་ཞིག་པའི་སྡེ་ཚན་ལས་རྫུན་གྱི་ལྟུང་བའི་དངོས་གཞི་བྱུང་སྟེ། ཞེས་ སོགས་སོར་བཤགས་ཉེས་བྱས་རྣམས་ལ་རིགས་འགྲེ། དེ་ནས་གང་ཟག་ཁྱད་པར་ཅན་དང་ཁྱད་པར་ཅན་མ་ཡིན་པ་གཉིས་ཀ་ འདྲ་བར་སྤང་ལྟུང་ཕྱིར་བཅོས་ནི། སྤང་ལྟུང་ཕོག་པའི་རྗེས་དེ་ཉིད་དང༌། སྤང་ལྟུང་དེའི་ཕྱིས་རྙེད་ཀྱི་གོས་ཁྲུ་གང་ཡན་ཆད་དང༌། གོས་ཁྲུ་གང་གི་རིན་ཐང་ཚང་བའི་རྫས་རིན་པོ་ཆེ་དང་རྒྱུ་ནོམ་ཅི་ཡོད་པ་རྣམས་ཞག་གཅིག་ཏུ་བླ་གབ་ཐ་དད་པས་མི་ཆོག་པར་ གནས་ཐ་དད་དུ་སྤང་དགོས། དེ་ཡང་ཉག་ཉོག་མང་པོ་ཡོད་ན་སྤང་ཡུལ་དེ་རང་གི་གནས་ཁང་དུ་ཞག་གཅིག་བཞུགས་པར་བྱེད་ པའམ། དེ་ལ་རང་གི་ལྡེ ་མིག་འབུལ་བ་གང་རུང་བྱས་ཏེ། སྤངས་པའི་བསམ་པ་འཆང་ངོ༌། །དེ་ཚེ་རང་ཉིད་གོས་སོགས་གཡར་ བོ་བརྗེས་ནས་གནས་གཞན་དུ་ཞག་གཅིག་སྡོད་དགོས། ཕྱིར་ཉིན་ལྟུང་བ་མིང་རིགས་མཐུན་པས་མ་གོས་པའི་དགེ་སློ ང་རྣམ་ དག་ཞིག་གི་དྲུང་དུ་བཤགས་ཡུལ་བྱས་ཏེ། བཤགས་ཡུལ་གྱིས། ཚེ་དང་ལྡན་པ་ཁྱོ ད་ཅི་འཆང་ཞེས་འདྲི་རང་གི་ སྤངས་པའོ། །ཞེས་བརྗོད། ཡུལ་གྱིས། འོ་ན་ཁྱོ ད་ཀྱིས་སྤང་འབྲལ་སོང་ངམ། རང་གིས། སོང་ལགས། ཞེས་ལན་གདབ། སྤང་ཡུལ་དང་བཤགས་ཡུལ་གྱི་དགེ་སློ ང་གཅིག་ཡིན་ན་དྲིས་ལན་འདི་མི་དགོས་གསུངས་སོ། ། དེ་ནས་རྒྱུན་ཆགས་གསུམ་པ་རྒྱས་བསྡུས་ཅི་རིགས་བྱས་ཏེ། ཕྱག་གམ་ཐང་ཤད་གསུམ་བྱས་ནས། གཉིས་ཀ་འགྲེང་སྟེ། བསྟན་པ་རིན་པོ་ཆེའི་སོགས། ཆེན་པོ་ཆོས་གོས་བླ་གོས་འབྲལ་བའི་ལྟུང་བ་དགུང་ཞག་དུ་མར་ 8-1-37 བཅབས་པའི་ལྟུང་བ་ཕྱིར་བཅོས་པའི་ཆོ་ག་ལ་ཐུགས་གཏད་པར་ཞུ། ཡུལ་གྱིས། ཆོས་བཞིན་ འདུལ་བ་བཞིན་མཛད་པར་ཞུ། དེ་ནས་ལུས་འདུད་པ་དང་བཅས་ཙོག་པུར་འདུག་ནས། བཙུན་པ་དགོངས་ སུ་གསོལ། བདག་དགེ་སློ ང་མིང་འདི་ཞེས་བགྱི་བ་ལ་སྤང་ལྟུང་སུམ་ཅུའི་སྡེ་ཚན་ལས་ཆོས་ གོས་བླ་གོས་འབྲལ་བའི་ལྟུང་བ་དགུང་ཞག་དུ་མར་བཅབས་པའི་ཉེས་པ་བྱུང་སྟེ། ཞེས་སོགས་ ལན་གསུམ་དང༌། མཐོང་སྡོམ། ཐབས་ལེགས་གཏང་རག་རྣམས་སྔར་དང་འདྲ། དེ་ནས་དངོས་གཞི་ཕྱིར་བཅོས་ནི། གོང་ མ་ལ། ཆེན་པོ་ཆོས་གོས་བླ་གོས་འབྲལ་སྤང་གི་ལྟུང་བའི་དངོས་གཞི་ཕྱིར་བཅོས་པའི་ཆོ་ག་ལ་ ཞེས་དང༌། བདག་དགེ་སློ ང་མིང་འདི་ཞེས་བགྱི་བ་ལ་སྤང་ལྟུང་སུམ་ཅུའི་སྡེ་ཚན་ལས་ཆོས་གོས་ བླ་གོས་འབྲལ་སྤང་གི་ལྟུང་བ་བྱུང་སྟེ། ཞེས་བསྒྱུར། མཐོང་སྡོམ་ཐབས་ལེགས་གཏང་རག་དང་བཅས་པ་འདྲའོ། །ལྷུང་བཟེད་ལྷག་པོ་འཚོལ་བའི་སྤང་ལྟུང་བཤགས་ཚུལ། ཡང་མིང་བརྗེ་བ་དེ་དང་འདྲ་བ་ལ། སྤང་བའི་གཞིའི་ལྷུང་བཟེད་ལྷག་ པོ་དེ་དགེ་འདུན་ལ་ཕུལ་ནས་དགེ་འདུན་རྣམས་ཀྱིས་ཀྱང་རྒན་རིམ་ནས་ངན་པ་དང་རིམ་གྱིས་བརྗེས་ནས་མཐར་ལྷག་པ་དེ་རང་ གིས་རྒྱུན་དུ་འཆང་དགོས་པ་དང༌། བྱིན་ཕྲོག་ལ་རྫས་དེ་གང་ལས་འཕྲོག་པའི་ཡུལ་དེ་ལ་གཏད་ནས་གཏན་སྤང་དགོས་པ་ནི་དེ་ གཉིས་ཀྱི་ཁྱད་པར་རོ། །ཕྱིར་བཅོས་དེ་དག་ནི་ལྟུང་བ་རེ་རེ་ལས་མེད་པའི་དབང་དུ་བྱས་པ་ཡིན་ལ། དེ་ལྟ་བུའི་ལྟུང་བ་དུ་མ་ ཡོད་པ་དེ་ཐམས་ཅད་ཐུན་མོང་དུ་བཤགས་ཚུལ་དེང་སང་ཡུལ་འདིར་ཤེས་པ་དེ་ནི། དང་པོ་ལྟུང་བ་ཕྱིར་བཅོས་ནི། བསྟན་ པ་རིན་པོ་ཆེའི༴སོགས། ཆེན་པོ་ལྟུང་བ་ཕྱིར་བཅོས་ཀྱི་ཆོ་ག་ལ་ཐུགས་གཏད་པར་ཞུ། ཡུལ་གྱིས། ཆོས་བཞིན་འདུལ་བ་བཞིན་མཛད་པར་ཞུ། དགེ་འདུན་ཡིན་ན། དགེ་འདུན་བཙུན་པ་རྣམས་ གསན་དུ་གསོལ། བདག་དགེ་སློ ང་མིང་འདི་ཞེས་བགྱི་བ་བྱིས་པ་ཉིད་དང༌། མི་ཤེས་པ་ཉིད་ དང༌། མ་གུས་པ་ཉིད་དང༌། བག་མ་མཆིས་པ་དང༌། ཉོན་མོངས་པ་མང་བའི་དབང་གིས་ཕམ་ ལྷག་གི་སྦོམ་པོ་ལྕི་ཡང་གཉིས་དང༌། ལྟུང་བྱེད་འབའ་ཞིག་པ་དང༌། སོ་སོར་བཤགས་པར་ བྱ་བ་དང༌། ཉེས་བྱས་ཀྱི་སྡེ་ཚན་རྣམས་ལས་ཁ་ན་མ་ཐོ་བ་གང་དང་གང་བྱུང་བ་དེ་དང་དེ་ དག་པའི་མཐའ་ཚུན་ཆད་ནས་བཟུང་སྟེ་དགེ་འདུན་བཙུན་པ་རྣམས་ཀྱི་མདུན་དུ་མཐོལ་ཞིང་ 8-1-38 བཤགས་སོ། །མཐོལ་ཞིང་བཤགས་ན་བདག་བདེ་བ་ལ་རེག་པར་འགྱུར་གྱི། མ་མཐོལ་མ་ བཤགས་ན་ནི་མི་འགྱུར་རོ། །ཞེས་ལན་གསུམ་མཐོང་སྡོམ་དང་ཐབས་ལེགས་གཏང་རག་བྱའོ། ། དེ་ནས་ལྟུང་མཐུན་བྱིན་རླབས་ནི། བསྟན་པ་རིན་པོ་ཆེའི་གསལ་བྱེད་དམ་པར་གྱུར་པ་བཙུན་པ་ འདུལ་བ་འཛིན་པ་ཆེན་པོ་ལྟུང་བ་བྱིན་རླབས་ཀྱི་ཆོ་ག་ལ་ཐུགས་གཏད་པར་ཞུ། ཡུལ་གྱིས། ཆོས་བཞིན་འདུལ་བ་བཞིན་མཛད་པར་ཞུ། དགེ་འདུན་བཙུན་པ་རྣམས་དགོངས་སུ་གསོལ། བདག་དགེ་སློ ང་མིང་འདི་ཞེས་བགྱི་བ་བྱིས་པ་ཉིད་དང༌། མི་ཤེས་པ་ཉིད་དང༌། མ་གུས་པ་ དང༌། བག་མ་མཆིས་པ་དང༌། ཉོན་མོངས་པ་མང་བའི་དབང་གིས་དགེ་འདུན་ལྷག་མའི་ཆོས་ བཅུ་གསུམ་དང་སྤང་ལྟུང་སུམ་ཅུ་ལས་གང་ཡང་རུང་བ་བྱུང་བ་དེ་དགེ་འདུན་བཙུན་པ་རྣམས་ ཀྱི་མདུན་དུ་བྱིན་གྱིས་བརླབས་སོ། །ལན་གསུམ། ཐབས་ལེགས་དང་གཏང་རག་བྱའོ། ། འདི་ནི་སྤང་ལྟུང་སུམ་ཅུ་ལ་སྤང་འབྲལ་སྔོ ན་དུ་མ་སོང་བ་དང༌། ལྷག་མ་ལ་སྤོ་མགུ་དབྱུང་བ་སྔོ ན་དུ་མ་སོང་བའི་དུས་སུ་ གསོ་སྦྱོང་སོགས་ལས་བྱེད་པ་ལ་འདུག་དགོས་པ་ན་ལྟུང་བ་བྱིན་གྱིས་བརླབས་པ་ཡིན་ལ་དེ་ལས་སྔ་མའི་ཕྱིར་བཅོས་བསྡུས་པའི་ སྔོ ན་དུ་དེ་ལུགས་ཀྱིས་བཅབས་ཉེས་བཤགས་ན་བཟང་བར་གསུངས་སོ། ། སྤྱིར་གོང་དུ་འདིའི་མགོར་སྡོམ་གསུམ་གྱི་ཕྱིར་བཅོས་བཀོད་པ་ཡང་གོང་ལྟར་གྱི་བཤགས་ཡུལ་ཡོད་ན་རབ་མེད་ཀྱང་སྡོམ་ གསུམ་ནོད་པ་པོ་གང་དག་གིས་མོས་གུས་དག་པའི་སྣང་བར་སངས་རྒྱས་བྱང་སེམས་བཞུགས་པར་མོས་ཏེ་ཉིན་རེ་བཞིན་སྡོམ་ གསུམ་གྱི་ཉེས་འགལ་ཐམས་ཅད་སྤྱིར་བཏང་དུ་བཤགས་སྡོམ་གྱི་སྤྱི་བཤགས་གོང་སྨོས་བཞིན་གྱིས་སྔར་བྱས་ཀུན་ལ་འགྱོད་ སེམས་དང་ཕྱིན་ཆད་སྡོམ་སེམས་བརྟན་པོས་སྡོམ་པ་གསུམ་གྱི་ལྟུང་བ་རགས་བསྡུས་ཚིག་ཟིན་དུ་གང་ཚང་དག་གིས་དྲན་རྟེན་ ཙམ་བྱས་ཏེ་སྙིང་ནས་བཤགས་སྡོམ་མ་ཆག་ན་ཐེག་ཆེན་གསང་སྔགས་ལུགས་ཀྱི་སྡོམ་པ་སེམས་གཙོར་གྱུར་པ་ལ་ཕན་ཐོགས་ ཆེ་བར་སྣང་བས་གོང་དུ་དེ་ལྟར་སྡོམ་གསུམ་སྤྱི་བཤགས་བཀོད་པ་ཡིན་ལ་འདིར་དགེ་སློང་གི་སྐབས་སུའང་ལྟུང་བ་རེ་རེ་ཕྱིར་ བཅོས་བྱེད་ཚུལ་དང་ཐུན་མོང་དུ་བཤགས་ཚུལ་བྱེད་བདེ་ཉུང་བསྡུས་གང་མཁོ་ཕྱོགས་གཅིག་ཏུ་དེ་ཙམ་བསྒྲིགས་ཤིང༌། དགེ་ ཚུལ་གྱི་ཉེས་བྱས་རེ་རེ་བ་ཕྱིར་བཅོས་ནི། དགེ་སློ ང་རྣམ་དག་ཞིག་ལ་བཤགས་ཡུལ་བཅོལ་ཏེ། ཕྱག་གསུམ་འགྲེང་འདུད་ 8-1-39 ཐལ་སྦྱར་གྱིས། གནས་བརྟན་འདུལ་བ་འཛིན་པ་ཆེན་པོ་ལྟུང་བ་ཕྱིར་བཅོས་ཀྱི་ཆོ་ག་ལ་ཐུགས་ གཏད་པར་ཞུ། ཞེས་སྙན་གསན་ཞུས་ནས་ཙོག་པུར་འདུག་སྟེ། གནས་བརྟན་དགོངས་སུ་གསོལ། བདག་ དགེ་ཚུལ་མིང་འདི་ཞེས་བགྱི་བ་ལ་ལྟུང་བ་ཉེས་བྱས་ཀྱི་སྡེ་ཚན་ལས། ཕྱི་དྲོའི་ཁ་ཟས་ཟོས་ པའི་ཉེས་པ་བྱུང་སྟེ། བདག་དགེ་ཚུལ་མིང་འདི་ཞེས་བགྱི་བས་ཉེས་པ་དེ་གནས་བརྟན་གྱི་ སྤྱན་སྔར་མཐོལ་ལོ། །བཤགས་སོ་ཕྱིན་ཆད་ཀྱང་སྡོམ་པར་བགྱིད་ལགས་སོ། །མཐོལ་ཞིང་ བཤགས་ན་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི། མ་མཐོལ་མ་བཤགས་ན་ནི་ དེ་ལྟར་མི་འགྱུར་བ་ལགས་སོ། །ཞེས་ལན་གསུམ་བརྗོད། མཐོང་སྡོམ་དྲིས་ལན་བྱ། དེ་ནས་གཏང་རག་བྱའོ། །དེས་ འོག་ནས་འབྱུང་བ་བླང་འདས་སོ་གསུམ་ལ་འགྲེས་པས་ལེགས་པར་གྲུབ་བོ། ། གསུམ་པ་བསླབ་པ་གསོ་བྱེད་གསོ་སྦྱོང་དུས་དུས་སུ་བྱ་ཚུལ་ནི། སྤྱིར་ནང་ཞི་གནས་ལ་མཉམ་པར་བཞག་པའི་ཏིང་ངེ་ འཛིན་དང་ཤེས་རབ་ཀྱི་བསླབ་པ་གསོ་ཞིང་དེ་གཉིས་ཀྱི་མི་མཐུན་ཕྱོགས་སྦྱོང་བས་ཞི་གནས་ཀྱི་གསོ་སྦྱོང་ཞེས་དང་དགེ་འདུན་ པ་ཐུགས་མཐུན་གྱིས་འདུས་ཏེ་གསོ་སྦྱོང་བཅུ་བཞི་པ་སོགས་མཛད་པས་ཚུལ་ཁྲིམས་ཀྱི་བསླབ་པ་གསོ་ཞིང་དེའི་མི་མཐུན་ཕྱོགས་ སྦྱོང་བས་མཐུན་པའི་གསོ་སྦྱོང་ཞེས་བྱ་ལ། མཐུན་པའི་གསོ་སྦྱོང་ལ་དབྱེ་ན། གསོ་སྦྱོང་བཅུ་བཞི་པ། བཅོ་ལྔ་པ། བཀྲ་ཤིས་གསོ་ སྦྱོང༌། གནོད་པ་ཕྱིར་བཟློ ག་གི་གསོ་སྦྱོང༌། རྩོད་བསྡུམ་གྱི་གསོ་སྦྱོང་དང་ལྔ། དང་པོ་གསོ་སྦྱོང་བཅུ་བཞི་པ་ནི། ཧོར་ཟླ་དང་པོ། གསུམ་པ། ལྔ་པ། བདུན་པ། དགུ་པ། བཅུ་གཅིག་པ་སྟེ་དྲུག་གི་ཚེས་ཉེར་དགུ་ལ་བྱ་ཞིང༌། དེ་ལས་གཞན་པའི་ཟླ་བ་ཕྱེད་ཕྱེད་ ཀྱི་ཡར་ངོ་མར་ངོ་གང་རུང་གི་ཚེས་བཅོ་ལྔ་ལ་གསོ་སྦྱོང་བཅོ་ལྔ་པ་བྱ་སྟེ་ལོ་གཅིག་ལ་གསོ་སྦྱོང་བཅུ་བཞི་པ་དྲུགབཅོ་ལྔ་པ་བཅོ་ བརྒྱད་དེ་ཉེར་བཞི་ཡོད་དོ། ། བཀྲ་ཤིས་གསོ་སྦྱོང༌། གནོད་པ་ཕྱིར་བཟློ ག་གི་གསོ་སྦྱོང༌། རྩོད་པ་བསྡུམ་པའི་གསོ་སྦྱོང་གསུམ་དུས་ངེས་པ་མེད་པས། གང་དགོས་དུས་སུ་བྱ་བ་སྟེ། དེ་ཡང་འདིར་ནི་སྔ་ཕྱི་ཅི་རིགས་དང་མཐུན་པའི་དུས་སུ་ངེས་པ་དང་ངེས་མེད་རྣམས་སུ་གསོ་སྦྱོང་བྱ་ ཚུལ་གཙོ་བོ་སྐབས་སུ་བབ་པ་ལྟར་ན། གསོ་སྦྱོང་འཚོགས་པའི་གནས་སུ་སྟོན་པའི་སྐུ་གཟུགས་སྤྱན་དྲངས་ནས་ཁྲི་ལ་བཞུགས་ སུ་གསོལ་ཞིང་མཆོད་པ་རྒྱས་པར་བཤམས་གཞི་བདག་ལ་དཀར་གཏོར་དང༌། མདོ་འདོན་པ་པོ་ལ་ཆོས་ཁྲི་བཤམས་པ་སོགས་ 8-1-40 ཀྱི་གྲ་བསྒྲིགས་དང་བཅས་གསོ་སྦྱོང་ལ་འདུ་བའི་སྔ་རོལ་ནས་དགེ་འདུན་པ་དག་གིས་གསོ་སྦྱོང་སྔ་མ་འདས་པའི་མཐའ་ཚུན་གྱི་ ལྟུང་བ་གང་བྱུང་བརྟགས་ཏེ་བཤགས་བསྡམས་དང་བྱིན་གྱིས་རླབས་པ་གང་རུང་བྱ་དགོས་པའི་དབྱེ་བསལ་དང་ལག་ལེན་གྲུབ་ ན་དེ་ལྟར་སོ་སོར་དགོས་ཀྱང་འདིར་དགེ་འདུན་གྱིས་ཐུན་མོང་དུ་བཤགས་པ་བྱེད་པའི་ཚུལ་ཏེ། ཐོག་མར་དགེ་འདུན་བསྡུ་བའི་ ཕྱིར་སྒོ་ཁང་ཕྱི་རོལ་ལྟ་བུ་ནས་དགེ་ཚུལ་སོགས་ཀྱིས་ཁ་ཆབ་རིམ་སྦྱིན་བཅས་གཎྜི་གསོ་སྦྱོང་གི་ཕྱིར་བརྡུང་ཞིང༌། འདུ་བ་དག་ གིས། གཎྜི་ཅིའི་ཕྱིར་བརྡུང༌། ཞེས་དྲིས་པ་ལ། རྡུང་བ་པོས། དགེ་འདུན་གྱིས་གསོ་སྦྱོང་མཛད་པའི་ཕྱིར། ཞེས་ལན་གདབ་པ། དེ་ལུགས་ལྟར་གྱི་མཐར་དགེ་འདུན་ཐམས་ཅད་ཡིག་བརྒྱ་དང་ཚུལ་ཁྲིམས་རྣམ་དག་གི་གཟུངས་བརྗོད་ བཞིན་གསོ་སྦྱོང་འཚོགས་གནས་སུ་འདུས་ཏེ་ལྟུང་བའི་བཅབས་ཉེས་ཕྱིར་བཅོས་ཀྱི་ཆེད་ཐོག་མར་ཐམས་ཅད་ཀྱིས་ལུས་ཕབ་ པའི་ཕྱག་གསུམ་འཚལ་ནས་དེ་ཀུན་འགྲེང་སྟེ་ལུས་འདུད་བཞིན་ཐལ་མོ་སྦྱར་ཏེ། ཕྱོགས་བཅུ་ན་བཞུགས་པའི་ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་དགེ་འདུན་གནས་བརྟན་འདུལ་བ་ འཛིན་པ་ཆེན་པོ་ལྟུང་བ་ཕམ་པའི་སྡེ་དང༌། ལྷག་མའི་སྡེ་དང༌། ལྟུང་བྱེད་ཀྱི་སྡེ་དང༌། སོར་ བཤགས་ཀྱི་སྡེ་དང༌། ཉེས་བྱས་ཀྱི་སྡེ་ལ་སོགས་པ་གཞི་བཅུ་བདུན་དང༌། ལུང་རྣམ་འབྱེད་ དང༌། ལུང་ཕྲན་ཚེགས་དང༌། གཞུང་དམ་པ་རྣམས་ཀྱི་སྐབས་ནས་འབྱུང་བའི་ཉེས་ལྟུང་བྱུང་ བ་བཅབས་པ་རྣམས་ཕྱིར་བཅོས་པའི་ཆོ་ག་ལ་ཐུགས་གཏད་པར་ཞུ། དགེ་འདུན་པའི་ནང་གི་གནས་ བརྟན་གྱིས། ཆོས་བཞིན་འདུལ་བ་བཞིན་མཛད་པར་ཞུ། ཞེས་བརྗོད་ནས་ཐམས་ཅད་ཀྱིས་ལུས་འདུད་ཅིང་ ཐལ་མོ་སྦྱར་ཏེ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ དང༌། གནས་བརྟན་འདུལ་བ་འཛིན་པ་ཆེན་པོ་བདག་ལ་དགོངས་སུ་གསོལ། བདག་དགེ་ སློ ང་མིང་འདི་ཞེས་བགྱི་བ་ལ་ལྟུང་བ་ཉེས་བྱས་ཀྱི་སྡེ་ཚན་ལས། མི་ཚངས་པར་སྤྱོད་པ་ལ་ སོགས་པ་ཕམ་པ་བཞིའི་སྡེར་གཏོགས་པའི་དངོས་གཞིའི་ལྟུང་བ་དང༌། སྦྱོར་བའི་ལྟུང་བ་ དང༌། སྦྱོར་བའི་སྦྱོར་བའི་ལྟུང་བ་དང༌། བསླབ་བྱ་དང་འགལ་བའི་ཉེས་བྱས་དང༌། དེ་དག་ ལ་སེམས་མ་བསྲུངས་པའི་ཉེས་པ་དཔག་ཏུ་མེད་པ་བྱུང་བ་དང༌། ལྟུང་བ་ལྷག་མའི་སྡེ་ཚན་ 8-1-41 ལས། བསམ་བཞིན་དུ་ཁུ་བ་འབྱིན་པ་ལ་སོགས་པ་ལྷག་མ་བཅུ་གསུམ་གྱི་སྡེར་གཏོགས་ པའི་དངོས་གཞིའི་ལྟུང་བ་དང༌། སྦྱོར་བའི་ལྟུང་བ་དང༌། སྦྱོར་བའི་སྦྱོར་བའི་ལྟུང་བ་དང༌། བསླབ་བྱ་དང་འགལ་བའི་ཉེས་བྱས་དང༌། དེ་དག་ལ་སེམས་མ་བསྲུངས་པའི་ཉེས་པ་དཔག་ ཏུ་མེད་པ་བྱུང་བ་དང༌། གོས་ཞག་བཅུ་འཆང་སྤང་དང༌། ཤེས་བཞིན་གྱི་རྫུན་ལ་སོགས་པ་ སྤང་ལྟུང་སུམ་ཅུ་དང༌། འབའ་ཞིག་པ་དགུ་བཅུའི་སྡེར་གཏོགས་པའི་དངོས་གཞིའི་ལྟུང་བ་ དང༌། སྦྱོར་བའི་ལྟུང་བ་དང༌། བསླབ་བྱ་དང་འགལ་བའི་ཉེས་བྱས་དང༌། དེ་དག་ལ་སེམས་ མ་བསྲུངས་པའི་ཉེས་པ་དཔག་ཏུ་མེད་པ་བྱུང་བ་དང༌། དགེ་སློང་མ་ཉེ་དུ་མ་ཡིན་པ་ལས་ ཟས་ལེན་པ་ལ་སོགས་པ་སོ་སོར་བཤགས་པ་བཞིའི་སྡེར་གཏོགས་པའི་དངོས་གཞིའི་ལྟུང་ བ་དང༌། སྦྱོར་བའི་ལྟུང་བ་དང༌། བསླབ་བྱ་དང་འགལ་བའི་ཉེས་བྱས་དང༌། དེ་དག་ལ་ སེམས་མ་བསྲུངས་པའི་ཉེས་པ་དཔག་ཏུ་མེད་པ་བྱུང་བ་དང༌། སྟོད་གཡོགས་དང་སྨད་ གཡོགས་ཟླུམ་པོར་མ་བགོས་པ་ལ་སོགས་པ་བསླབ་བྱའི་ཉེས་བྱས་བརྒྱ་དང་བཅུ་གཉིས་ཀྱི་ སྡེར་གཏོགས་པའི་དངོས་གཞིའི་ལྟུང་བ་དང༌། སྦྱོར་བའི་ལྟུང་བ་དང༌། བསླབ་བྱ་དང་འགལ་ བའི་ཉེས་བྱས་དང༌། དེ་དག་ལ་སེམས་མ་བསྲུངས་བའི་ཉེས་པ་དཔག་ཏུ་མེད་པ་བྱུང་བ་དང༌། གཞན་ཡང་གནས་ཀྱི་བླ་མ་མ་བསྟེན་པ་དང༌། བྱ་བ་རྣམས་མ་ཞུས་པར་བྱས་པ་དང༌། རྩོད་པ་ ཆོས་ཕྱོགས་སུ་ཞི་བར་མ་བྱས་པ་ལ་སོགས་པ་གཞི་བཅུ་བདུན་དང༌། ལུང་རྣམ་འབྱེད་དང༌། ལུང་ཕྲན་ཚེགས་དང༌། གཞུང་དམ་པ་རྣམས་ཀྱི་སྐབས་ནས་འབྱུང་བའི་ཉེས་པ་དཔག་ཏུ་མེད་ པ་བྱུང་བ་དང༌། སྐྱབས་འགྲོའི་བསླབ་བྱ་དང་འགལ་བ་དང༌། མི་དགེ་བཅུ་སྤོང་གི་ཚུལ་ ཁྲིམས་དང་འགལ་བའི་ཉེས་པ་དཔག་ཏུ་མེད་པ་བྱུང་བ་ལ་སོགས་པ་མདོར་ན་སངས་རྒྱས་ ཀྱི་བཅས་པ་དང་འགལ་བ་དང༌། དགེ་འདུན་གྱི་ནང་ཁྲིམས་དང་འགལ་བ་དང༌། རང་བཞིན་ གྱི་ཁ་ན་མ་ཐོ་བའི་ཉེས་པ་དཔག་ཏུ་མེད་པ་བྱུང་བ་བཤགས་ཡུལ་ཡོད་བཞིན་དུ་མ་བཤགས་ 8-1-42 པ་དང་དགུང་ཞག་དུ་མར་བཅབས་པའི་ཉེས་པ་དཔག་ཏུ་མེད་པ་བྱུང་སྟེ། བདག་དགེ་སློ ང་ མིང་འདི་ཞེས་བགྱི་བའི་ཉེས་པ་དེ་རྣམས་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ ཆུབ་སེམས་དཔའ་ཐམས་ཅད་དང༌། དགེ་འདུན་བཙུན་པ་རྣམས་ཀྱི་སྤྱན་སྔར་མཐོལ་ལོ། །མི་ འཆབ་བོ། འཆགས་སོ། །ཕྱིན་ཆད་ཀྱང་སྡོམ་པར་བགྱིད་ལགས་སོ། །མཐོལ་ཞིང་བཤགས་ ན་བདག་བདེ་བ་ལ་རེག་པར་འགྱུར་གྱི། མ་མཐོལ་མ་བཤགས་ན་ནི་མི་འགྱུར་བ་ལགས་སོ། །ཞེས་པའི་བར་ལན་གསུམ་བརྗོད། མཇུག་ཏུ་གནས་བརྟན་གྱིས། ཉེས་པ་ལ་ཉེས་པར་གཟིགས་སམ། གཞན་ རྣམས་ཀྱིས། མཐོང་ལགས། གནས་བརྟན་གྱིས། ཕྱིན་ཆད་ལེགས་པར་སྡོམ་མམ། གཞན་རྣམས་ཀྱིས། སྡོམ་ལགས། ཞེས་མཐོང་སྡོམ་དྲིས་ལན་ལན་གསུམ་བྱས་པའི་མཐར་གནས་བརྟན་གྱིས། ཐབས་ཡིན་ནོ། །གཞན་ རྣམས་ཀྱིས། ལེགས་སོ། །ཞེས་བརྗོད། དེ་ནས་དགེ་སློ ང་གཞན་ཞིག་གིས་གནས་བརྟན་ལ་མཐོང་སྡོམ་འདྲི་ཞིང་གནས་ བརྟན་གྱིས་ལན་བཏབ། ཐབས་ལེགས་ཀྱང་བརྗོད། ཡང་ཐམས་ཅད་ཀྱིས་ཕྱག་གསུམ་བཙལ་ནས་འགྲེང་སྟེ། ཕྱོགས་བཅུ་ ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། དགེ་འདུན་ བཙུན་པ་རྣམས་ལྟུང་བ་ཕམ་པའི་སྡེ་དང༌། ལྷག་མའི་སྡེ་དང༌། ལྟུང་བྱེད་ཀྱི་སྡེ་དང༌། སོར་ བཤགས་ཀྱི་སྡེ་དང༌། ཉེས་བྱས་ཀྱི་སྡེ་ལ་སོགས་པ་གཞི་བཅུ་བདུན་དང༌། ལུང་རྣམ་འབྱེད་ དང༌། ལུང་ཕྲན་ཚེགས་དང༌། གཞུང་དམ་པ་རྣམས་ཀྱི་སྐབས་ནས་འབྱུང་བའི་ཉེས་ལྟུང་བྱུང་ བ་བཅབས་པ་རྣམས་ཕྱིར་བཅོས་པའི་ཆོ་ག་ལ་ཐུགས་གཏད་པ་བཀའ་དྲིན་ཆེ་ལགས། ཞེས་ དང་གནས་བརྟན་གྱིས། ཆོས་བཞིན་འདུལ་བ་བཞིན་མཛད་པ་ངོ་མཚར་ཆེ། ཞེས་བརྗོད། ལྟུང་བ་དངོས་ གཞི་ཕྱིར་བཅོས་པ་ནི། ཐམས་ཅད་ཀྱིས་ཕྱག་གསུམ་བཙལ་འགྲེང་སྟེ་འདུད་པ་དང་བཅས། ཕྱོགས་བཅུ་ན་བཞུགས་ པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། དགེ་འདུན་བཙུན་པ་རྣམས་ ལྟུང་བ་དངོས་གཞི་ཕྱིར་བཅོས་ཀྱི་ཆོ་ག་ལ་ཐུགས་གཏད་པར་ཞུ། ཞེས་དང༌། གནས་བརྟན་གྱིས། ཆོས་བཞིན་འདུལ་བ་བཞིན་མཛད་པར་ཞུ། ཞེས་བརྗོད། ཐམས་ཅད་ཀྱིས་ཐལ་མོ་བསྣོ ལ་ནས་ཙོག་པུར་ 8-1-43 འདུག་སྟེ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ དང༌། དགེ་འདུན་བཙུན་པ་རྣམས་བདག་ལ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ ཞེས་བགྱི་བ་ལྟུང་བ་ཕམ་པའི་སྡེ་ཚན་ལས། མི་ཚངས་པར་སྤྱོད་པ་ལ་སོགས་པ་ཕམ་པ་ བཞིའི་སྡེར་གཏོགས་པའི་དངོས་གཞིའི་ལྟུང་བ་དང༌། སྦྱོར་བའི་ལྟུང་བ་དང༌། སྦྱོར་བའི་སྦྱོར་ བའི་ལྟུང་བ་དང༌། བསླབ་བྱ་དང་འགལ་བའི་ཉེས་བྱས་དང༌། དེ་དག་ལ་སེམས་མ་བསྲུངས་ པའི་ཉེས་པ་དཔག་ཏུ་མེད་པ་བྱུང་བ་དང༌། ལྟུང་བ་ལྷག་མའི་སྡེ་ཚན་ལས། བསམ་བཞིན་ དུ་ཁུ་བ་འབྱིན་པ་ལ་སོགས་པ་ལྷག་མ་བཅུ་གསུམ་གྱི་སྡེར་གཏོགས་པའི་དངོས་གཞིའི་ལྟུང་ བ་དང༌། སྦྱོར་བའི་ལྟུང་བ་དང༌། སྦྱོར་བའི་སྦྱོར་བའི་ལྟུང་བ་དང༌། བསླབ་བྱ་དང་འགལ་ བའི་ཉེས་བྱས་དང༌། དེ་དག་ལ་སེམས་མ་བསྲུངས་པའི་ཉེས་པ་དཔག་ཏུ་མེད་པ་བྱུང་བ་ དང༌། ལྟུང་བ་ལྟུང་བྱེད་ཀྱི་སྡེ་ཚན་ལས། གོས་ཞག་བཅུ་འཆང་སྤང་དང༌། ཤེས་བཞིན་གྱི་ བརྫུན་ལ་སོགས་པ་སྤང་ལྟུང་སུམ་ཅུ་དང༌། འབའ་ཞིག་པ་དགུ་བཅུའི་སྡེར་གཏོགས་པའི་ དངོས་གཞིའི་ལྟུང་བ་དང༌། སྦྱོར་བའི་ལྟུང་བ་དང༌། བསླབ་བྱ་དང་འགལ་བའི་ཉེས་བྱས་ དང༌། དེ་དག་ལ་སེམས་མ་བསྲུངས་པའི་ཉེས་པ་དཔག་ཏུ་མེད་པ་བྱུང་བ་དང༌། ལྟུང་བ་སོར་ བཤགས་ཀྱི་སྡེ་ཚན་ལས། དགེ་སློ ང་མ་ཉེ་དུ་མ་ཡིན་པ་ལས་ཟས་ལེན་པ་ལ་སོགས་པ་སོ་ སོར་བཤགས་པ་བཞིའི་སྡེར་གཏོགས་པའི་དངོས་གཞིའི་ལྟུང་བ་དང༌། སྦྱོར་བའི་ལྟུང་བ་ དང༌། བསླབ་བྱ་དང་འགལ་བའི་ཉེས་བྱས་དང༌། དེ་དག་ལ་སེམས་མ་བསྲུངས་པའི་ཉེས་པ་ དཔག་ཏུ་མེད་པ་བྱུང་བ་དང༌། ལྟུང་བ་ཉེས་བྱས་ཀྱི་སྡེ་ཚན་ལས། སྟོད་གཡོགས་དང་སྨད་ གཡོགས་ཟླུམ་པོར་མ་བགོས་པ་ལ་སོགས་པ་བསླབ་བྱའི་ཉེས་བྱས་བརྒྱ་དང་བཅུ་གཉིས་ཀྱི་ སྡེར་གཏོགས་པའི་དངོས་གཞིའི་ལྟུང་བ་དང༌། སྦྱོར་བའི་ལྟུང་བ་དང༌། བསླབ་བྱ་དང་འགལ་ བའི་ཉེས་བྱས་དང༌། དེ་དག་ལ་སེམས་མ་བསྲུངས་བའི་ཉེས་པ་དཔག་ཏུ་མེད་པ་བྱུང་བ་དང༌། 8-1-44 གཞན་ཡང་གནས་ཀྱི་བླ་མ་མ་བསྟེན་པ་དང༌། བྱ་བ་རྣམས་མ་ཞུས་པར་བྱས་པ་དང༌། རྩོད་ པ་ཆོས་ཕྱོགས་སུ་ཞི་བར་མ་བྱས་པ་ལ་སོགས་པ་གཞི་བཅུ་བདུན་དང༌། ལུང་རྣམ་འབྱེད་ དང༌། ལུང་ཕྲན་ཚེགས་དང༌། གཞུང་དམ་པ་རྣམས་ཀྱི་སྐབས་ནས་འབྱུང་བའི་ཉེས་པ་དཔག་ ཏུ་མེད་པ་བྱུང་བ་དང༌། སྐྱབས་འགྲོའི་བསླབ་བྱ་དང་འགལ་བ་དང༌། མི་དགེ་བཅུ་སྤོང་གི་ ཚུལ་ཁྲིམས་དང་འགལ་བའི་ཉེས་པ་དཔག་ཏུ་མེད་པ་བྱུང་བ་ལ་སོགས་པ་མདོར་ན་སངས་ རྒྱས་ཀྱི་བཅས་པ་དང་འགལ་བ་དང༌། དགེ་འདུན་གྱི་ནང་ཁྲིམས་དང་འགལ་བ་དང༌། རང་ བཞིན་གྱི་ཁ་ན་མ་ཐོ་བའི་ཉེས་པ་དཔག་ཏུ་མེད་པ་བྱུང་སྟེ། བདག་དགེ་སློང་མིང་འདི་ཞེས་ བགྱི་བས་ཉེས་པ་དེ་རྣམས་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་ དཔའ་ཐམས་ཅད་དང༌། དགེ་འདུན་བཙུན་པ་རྣམས་ཀྱི་སྤྱན་སྔར་མཐོལ་ལོ། །མི་འཆབ་བོ། །འཆགས་སོ། །ཕྱིན་ཆད་ཀྱང་སྡོམ་པར་བགྱིད་ལགས་སོ། །མཐོལ་ཞིང་བཤགས་ན་བདག་ བདེ་བ་ལ་རེག་པར་འགྱུར་གྱི། མ་མཐོལ་མ་བཤགས་ན་མི་འགྱུར་བ་ལགས་སོ། །ཞེས་ལན་ གསུམ་བརྗོད། མཇུག་ཏུ་གནས་བརྟན་གྱིས། ཉེས་པ་ལ་ཉེས་པར་གཟིགས་སམ། གཞན་རྣམས་ཀྱིས། མཐོང་ ལགས། གནས་བརྟན་གྱིས། ཕྱིན་ཆད་ལེགས་པར་སྡོམ་མམ། གཞན་རྣམས་ཀྱིས། སྡོམ་ལགས། ཞེས་ མཐོང་སྡོམ་དྲིས་ལན་ལན་གསུམ་བྱས་པའི་མཐར་གནས་བརྟན་གྱིས། ཐབས་ཡིན་ནོ། །གཞན་རྣམས་ཀྱིས། ལེགས་ སོ། །ཞེས་བརྗོད། གཞན་ཞིག་གིས་ཀྱང༌། གནས་བརྟན་ཁོང་ལ། ལྟུང་བ་ལ་ལྟུང་བར་གཟིགས་ལགས་སམ། ཕྱིན་ཆད་སྡོམ་པར་གནང་ལགས་སམ། ཞེས་པའི་དྲིས་ལན་མཐོང་སྡོམ་དེ་ལྟར་དང༌། གཞན་གྱིས། ཐབས་ཡིན་ ནོ། །ཞེས་དང༌། གནས་བརྟན་གྱིས།ལེགས་སོ། །ཞེས་པའང་དེ་ལྟར་བྱེད། དེ་ནས་ཐམས་ཅད་ཕྱག་གསུམ་བཙལ་ནས་འགྲེང་སྟེ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། དགེ་ འདུན་བཙུན་པ་རྣམས་ལྟུང་བ་དངོས་གཞི་ཕྱིར་བཅོས་པའི་ཆོ་ག་ལ་ཐུགས་གཏད་པ་བཀའ་ དྲིན་ཆེ་ལགས། ཞེས་དང༌། གནས་བརྟན་གྱིས། ཆོས་བཞིན་འདུལ་བ་བཞིན་མཛད་པ་ངོ་མཚར་ཆེ། 8-1-45 ཞེས་བརྗོད། ལྟུང་བ་བྱིན་རླབས་ནི། ཕྱག་གསུམ་བཙལ་ནས་འགྲེང་སྟེ་འདུད་པ་དང་བཅས། ཕྱོགས་བཅུ་ན་བཞུགས་ པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། དགེ་འདུན་བཙུན་པ་རྣམས་ ལྟུང་བ་བྱིན་རླབས་ཀྱི་ཆོ་ག་ལ་ཐུགས་གཏད་པར་ཞུ། ཞེས་དང༌། གནས་བརྟན་གྱིས། ཆོས་བཞིན་ འདུལ་བ་བཞིན་མཛད་པར་ཞུ། ཞེས་བརྗོད། ཡང་ཐམས་ཅད་ཙོག་པུར་འདུག་སྟེ། དགེ་འདུན་བཙུན་པ་ རྣམས་གསན་དུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ལགས་ལ། བདག་དགེ་ སློ ང་མིང་འདི་ཞེས་བགྱི་བའི་ཡང་གསོ་སྦྱོང་བཅོ་ལྔ་པ་ལགས་ཏེ། བདག་དགེ་སློང་མིང་འདི་ ཞེས་བགྱི་བ་ལ་ལྟུང་བ་ཕམ་པའི་སྡེ་དང༌། ལྷག་མའི་སྡེ་དང༌། ལྟུང་བྱེད་ཀྱི་སྡེ་དང༌། སོར་ བཤགས་ཀྱི་སྡེ་དང༌། ཉེས་བྱས་ཀྱི་སྡེ་ལ་སོགས་པ་གཞི་བཅུ་བདུན་དང༌། ལུང་རྣམ་འབྱེད་ དང༌། ལུང་ཕྲན་ཚེགས་དང༌། གཞུང་དམ་པ་རྣམས་ཀྱི་སྐབས་ནས་འབྱུང་བའི་ཉེས་ལྟུང་ དཔག་ཏུ་མེད་པ་བྱུང་བ་རྣམས་དགེ་འདུན་གྱི་མདུན་དུ་བྱིན་གྱིས་བརླབས་ཏེ། དེང་གསོ་སྦྱོང་ བགྱིའོ། །སླད་ཀྱི་དགེ་སློ ང་གི་མདུན་དུ་ལྟུང་བ་དེ་དག་ཆོས་བཞིན་དུ་སླར་བགྱིའོ། །ལན་གསུམ་ དང༌། གནས་བརྟན་གྱིས། ཐབས་ཡིན་ནོ། །གཞན་རྣམས་ཀྱིས། ལེགས་སོ། །ཞེས་དང༌། གཞན་ཞིག་གིས་ཀྱང༌། ཐབས་ཡིན་ནོ། །གནས་བརྟན་གྱིས་ཀྱང༌། ལེགས་སོ། །ཞེས་བརྗོད། ཡང་ཕྱག་གསུམ་བཙལ་ནས་འགྲེང་སྟེ་འདུད་པ་ དང་བཅས། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ དང༌། དགེ་འདུན་བཙུན་པ་རྣམས་ལྟུང་བ་བྱིན་རླབས་ཀྱི་ཆོ་ག་ལ་ཐུགས་གཏད་པ་བཀའ་དྲིན་ ཆེ་ལགས། ཞེས་དང༌། གནས་བརྟན་གྱིས། ཆོས་བཞིན་འདུལ་བ་བཞིན་མཛད་པ་ངོ་མཚར་ཆེ། ཞེས་ བརྗོད། དེ་ནས་དགེ་སློང་རྣམས་གྲྭལ་ལ་འཁོད་དགེ་ཚུལ་རྣམས་ཀྱང་ནང་དུ་འདུས་ནས་དགེ་སློང་གི་མདུན་དུ་དགེ་ཚུལ་རང་རང་ གི་ཕྱིར་བཅོས་བྱ་བ་སྟེ་དེ་ཡང་ཐོག་མར་ཕྱག་གསུམ་འཚལ་ནས་འགྲེང་སྟེ། འདུད་ཅིང་ཐལ་མོ་སྦྱར་ལ། ཕྱོགས་བཅུ་ན་ བཞུགས་པའི་སངས་རྒྱས་སོགས། གཏད་པར་ཞུ། ཞེས་སྙན་གསན་ཕབ་ནས་ཙོག་པུར་འདུག་སྟེ། ཕྱོགས་ 8-1-46 བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། དགེ་འདུན་ བཙུན་པ་རྣམས་བདག་ལ་དགོངས་སུ་གསོལ། བདག་དགེ་ཚུལ་མིང་འདི་ཞེས་བགྱི་བ་ལ། ལྟུང་བ་ཉེས་བྱས་ཀྱི་སྡེ་ཚན་ལས། སྲོག་གཅོད་བཞི་དང་མ་བྱིན་ལེན།༥ །མི་ཚངས་སྤྱོད་དང་ ༦བརྫུན་དུ་སྨྲ།༧ །གཞི་མེད་༨བག་ཙམ་༩དགེ་འདུན་དབྱེན།༡༠།དེ་རྗེས་ཕྱོགས་དང་༡༡ཁྱི མ་ སུན་འབྱིན།༡༢ །བརྫུན་དང་༡༣བཤེས་ངོར་༡༤འཕྱ་བ་དང༌།༡༥ །ཟས་ཅུང་༡༦ལྷག་མའི་སྐུར་ འདེབས་དང༌།༡༧ །བསླབ་པ་སྤོང་དང་༡༨འབྲས་ཆན་འགེབས།༡༩ །ཆང་དང་༢༠གླུ་༢༡གར་ ༢༢རོལ་མོ་བྱེད།༢༣ །རྒྱན་དང་༢༤ཁ་དོག་༢༥སྤོས་མྱུག་༢༦ཕྲེང༌།༢༧ །ཁྲི་དང་༢༨སྟན་༢༩ནི་ཆེ་ མཐོ་དང༌།༣༠ །ཕྱི་དྲོའི་ཁ་ཟས་༣༡གསེར་དངུལ་ལེན། །ཉམས་པ་རྣམ་པ་གསུམ་དག་སྟེ། །སུམ་ཅུ་དྲུག་ནི་བླང་ལས་འདས། །ཞེས་སོགས་བླང་འདས་སོ་དྲུག་གི། སྡེར་གཏོགས་པའི་ དངོས་གཞིའི་ལྟུང་བ་དང༌། དེ་རྣམས་ཀྱི་ཕྱོགས་མཐུན་གྱི་ཉེས་པ་དཔག་ཏུ་མེད་པ་བྱུང་བ་ དང༌། གཞན་ཡང་སྐྱབས་འགྲོའི་བསླབ་བྱ་དང་འགལ་བ་དང༌། མི་དགེ་བཅུ་སྤོང་གི་ཚུལ་ ཁྲིམས་དང་འགལ་བ་ལ་སོགས་པ་མདོར་ན་སངས་རྒྱས་ཀྱི་བཅས་པ་དང་འགལ་བ་དང༌། དགེ་འདུན་གྱི་ནང་ཁྲིམས་དང་འགལ་བ་དང༌། རང་བཞིན་གྱི་ཁ་ན་མ་ཐོ་བའི་ཉེས་པ་དཔག་ ཏུ་མེད་པ་བྱུང་སྟེ། བདག་དགེ་ཚུལ་མིང་འདི་ཞེས་བགྱི་བས་ཉེས་པ་དེ་རྣམས་ཕྱོགས་བཅུ་ན་ བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། དགེ་འདུན་བཙུན་ པ་རྣམས་ཀྱི་སྤྱན་སྔར་མཐོལ་ལོ། །བཤགས་སོ། །ཕྱིན་ཆད་ཀྱང་སྡོམ་པར་བགྱིད་ལགས་ སོ། །མཐོལ་ཞིང་བཤགས་ན་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི་མ་མཐོལ་མ་ བཤགས་ན་ནི་དེ་ལྟར་མི་འགྱུར་བ་ལགས་སོ། །ཞེས་ལན་གསུམ་བརྗོད། དགེ་སློ ང་ཞིག་གིས། ཉེས་པ་ལ་ ཉེས་པར་གཟིགས་ལགས་སམ། དགེ་ཚུལ་གྱིས། མཐོང་ལགས། དགེ་སློ ང་གིས། ཕྱིན་ཆད་ལེགས་ པར་སྡོམ་ལགས་སམ། དགེ་ཚུལ་གྱིས། སྡོམ་ལགས། ཞེས་བརྗོད། དེ་ནས་དགེ་ཚུལ་གྱིས་ཕྱག་གསུམ་འཚལ་ 8-1-47 ཏེ་འགྲེང་ནས་ལུས་འདུད་པ་དང་བཅས་ཐལ་མོ་སྦྱར་ཏེ། ཕྱོགས་བཅུ་ན་བཞུགས་པའི་སོགས། བཀའ་དྲིན་ཆེ་ ལགས། ཞེས་བརྗོད། དེ་ནས་རྒྱུན་ཆགས་གསུམ་པ་སོགས་ལ་འཇུག་ཚུལ་ནི་གྲལ་དུ་འཁོད་པའི་དགེ་སློ ང་དང་དགེ་ཚུལ་ ཐམས་ཅད་ཀྱིས། ཐབས་མཁས་ཐུགས་རྗེས་སོགས། མཛད་དུ་གསོལ། ཞེས་པའམ། གཞན། གང་ཚེ་ རྐང་གཉིས་མའི་ཐུབ་བསྟོད་གདམ་ང་ཡིན། སྤྲོ་ན་ཆོ་འཕྲུལ་བསྟོད་པ་འདོན་ཆོག སྐྱེས་བུ་ཁྱུ་མཆོག་ཁྱོ ད་འདྲའི་ དགེ་སྦྱོང་ཆེན་པོ་གཞན་དག་ལྷ་ཡུལ་ས་ལའང་མེད། །འཇིག་རྟེན་འདི་ནའང་ཡོད་པ་མ་ཡིན་ རྣམ་ཐོས་བུ་ཡི་གནས་ནའང་ཡོད་མ་ཡིན། །ལྷ་ཡི་ཕོ་བྲང་གནས་མཆོག་དག་ནའང་མེད་ལ་ ཕྱོགས་དང་ཕྱོགས་མཚམས་དག་ནའང་མེད། །རི་དང་ནགས་སུ་བཅས་པའི་ས་སྟེང་རྒྱས་པ་ ཀུན་ཏུ་བསྐོར་ཀྱང་ག་ལ་ཡོད། །འདིར་སྤྲོ་ན་རང་ལུགས་བསྙེན་རྫོགས་མཁན་བརྒྱུད་གསོལ་འདེབས་འདོན། དེ་ ནས་དབྱར་བདག་གམ། དགེ་བསྐོས་སོགས་ཀྱིས་ཕྱག་གསུམ་འཚལ་ཏེ་འགྲེང་ནས། བསྟན་པ་རིན་པོ་ཆེའི་གསལ་ བྱེད་དམ་པར་གྱུར་པ་གནས་བརྟན་འདུལ་བ་འཛིན་པ་ཆེན་པོས་གཙོ་མཛད། དགེ་འདུན་ བཙུན་པ་རྣམས་དགོངས་སུ་གསོལ། དེང་དགུང་ཟླ་ཡར་གྱི་ངོ་གྲལ་ཚེས་བཅོ་ལྔ་པའམ། མར་ ངོ་གནམ་གང་ལྟ་བུ་ལ། དེང་དགུང་ཟླ་མར་གྱི་གྲལ་ཚེས་བཅོ་ལྔ་པའམ། མར་ངོའི་ཉེར་དགུ་ལ་གསོ་སྦྱོང་བཅུ་ བཞི་པ་ལྟ་བུ་ལ། མར་གྱི་ངོ་གྲལ་ཚེས་བཅུ་བཞི་པ་མངོན་ཏུ་གྱུར་པ་ལགས་ཏེ། གཙུག་ལག་ཁང་ གི་བདག་པོ་དང་ལྷ་རྣམས་ཀྱི་སླད་དུ་ཞལ་ནས་གསུངས་པའི་མདོ་དང་ཚིགས་སུ་བཅད་པ་རེ་ བཀའ་བསྩལ་དུ་གསོལ། ཞེས་བསྐུལ། ཡང་བཀྲ་ཤིས་གསོ་སྦྱོང་སོགས་ལ་དུས་ངེས་པ་མེད་པས། དེ་ཡང་ཚེས་པ་ གཅིག་ལྟ་བུ་ལ་བྱེད་ན། དེང་དགུང་ཟླ་ཡར་གྱི་ངོ་གྲལ་ཚེས་གཅིག་པ་མངོན་དུ་གྱུར་པ་ལགས་ཏེ། ཞེས་དང༌། ཚེས་བརྒྱད་ལྟ་བུ་ལ། དེང་དགུང་ཟླ་ཡར་གྱི་ངོས་གྲལ་ཚེས་བརྒྱད་པ་མངོན་དུ་གྱུར་པ་ ལགས་ཏེ། ཞེས་དང༌། ཚེས་པ་བཅུ་དྲུག་ལྟ་བུ་ལ། དེང་དགུང་ཟླ་མར་གྱི་ངོ་གྲལ་ཚེས་གཅིག་པ་མངོན་ དུ་གྱུར་པ་ལགས་ཏེ། སོགས་སྦྱོར་དགོས་ལ། དེ་ནས་དགེ་འདུན་རྣམས་བཞེངས་སྣམ་སྦྱར་གྱོན་ནས་རྒྱུད་ཆགས་ གསུམ་པ་འདོན་པར་བྱ་སྟེ། དེ་ལ་ཐོག་མར་ཕྱག་འཚལ་བའི་རྒྱུད་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་ 8-1-48 པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་ བར་གཤེགས་པ་འཇིག་རྟེན་མཁྱེ ན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ་ ལྷ་དང་མི་རྣམས་ཀྱི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོའི་ཞབས་ཀྱི་རྡུལ་དྲི་མ་མེད་པ་ལ་མགོ་ བོས་རབ་ཏུ་གཏུགས་ཏེ་གུས་པས་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ཞེས་ཕྱག་ འཚལ། གང་ཚེ་རྐང་གཉིས་གཙོ་བོ་ཁྱོ ད་བལྟམས་ཚེ། །ས་ཆེན་འདི་ལ་གོམ་པ་བདུན་བོར་ ནས། །ང་ནི་འཇིག་རྟེན་འདི་ན་མཆོག་ཅེས་གསུངས། །དེ་ཚེ་མཁས་པ་ཁྱོ ད་ལ་ཕྱག་འཚལ་ ལོ། །རྣམ་དག་སྐུ་མངའ་མཆོག་ཏུ་གཟུགས་བཟང་བ། །ཡེ་ཤེས་རྒྱ་མཚོ་གསེར་གྱི་ལྷུན་པོ་ འདྲ། །གྲགས་པ་འཇིག་རྟེན་གསུམ་ན་ལྷང་ངེ་བ། །མགོན་པོ་མཆོག་བརྙེས་ཁྱོ ད་ལ་ཕྱག་ འཚལ་ལོ། །མཚན་མཆོག་ལྡན་པ་དྲི་མེད་ཟླ་བའི་ཞལ། གསེར་མདོག་འདྲ་བ་ཁྱོ ད་ལ་ཕྱག་ འཚལ་ལོ། །རྡུལ་བྲལ་ཁྱོ ད་འདྲ་སྲིད་པ་གསུམ་མ་མཆིས། །མཉམ་མེད་མཁྱེ ན་ཅན་ཁྱོ ད་ལ་ ཕྱག་འཚལ་ལོ། །མི་མཆོག་འདུལ་བ་ཁ་ལོ་བསྒྱུར་མཛད་ཅིང༌། །ཀུན་སྦྱོར་འཆིང་བ་གཅོད་ མཛད་དེ་བཞིན་གཤེགས། །དབང་པོ་ཞི་ཞིང་ཉེར་ཞི་ཞི་ལ་མཁས། །མཉམ་ཡོད་བཞུགས་ པ་དེ་ལ་ཕྱག་འཚལ་ལོ། །སངས་རྒྱས་གཙོ་ལ་ཕྱག་འཚལ་ལོ། །སྐྱོབ་པ་ཆོས་ལ་ཕྱག་འཚལ་ ལོ། །དགེ་འདུན་སྡེ་ལ་ཕྱག་འཚལ་ལོ། །གསུམ་ལ་རྟག་ཏུ་གུས་ཕྱག་འཚལ། །ཕྱག་བྱར་འོས་ པ་ཐམས་ཅད་ལ། །སོགས། དད་པས་ཕྱག་འཚལ་ལོ། །སྤྲོ་ན་ཇི་སྙེད་སུ་དག་སོགས་ཀྱི་ཡན་ལག་བདུན་པ་ བྱའོ། །དེ་ནས་མདོ་འདོན་པའི་རྒྱུད་ནི། མདོ་འདོན་པ་པོས། འཕགས་པ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ ལོ། །འདི་སྐད་བདག་གིས་ཐོས་པ༴ ཞེས་དབུ་བསྐུལ་ཏེ་ཐམས་ཅད་འགྲེང་ནས་མདོ་གསུངས། དེ་ནས་མདོ་ འདོན་པ་པོས། དགེ་བར་གསུངས་ཤིག ཅེས་བརྗོད། ཐམས་ཅད་ཀྱིས་གཡས་མཆོག་སྦྱིན་ཕྱག་རྒྱ་དང་བཅས་ ཏེ། སྐར་མ་རབ་རིབ་མར་མེ་དང༌། །སྒྱུ་མ་ཟིལ་བ་ཆུ་བུར་དང༌། །རྨི་ལམ་གློག་དང་སྤྲིན་ལྟ་ བུ། །འདུས་བྱས་ཆོས་རྣམས་དེ་ལྟར་བལྟ། །ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང༌། །དེ་རྒྱུ་དེ་ 8-1-49 བཞིན་གཤེགས་པས་གསུངས། །རྒྱུ་ལ་འགོག་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་འདི་སྐད་ གསུངས། །སྡིག་པ་ཅི་ཡང་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །དེ་ནས་བསྔོ ་བའི་རྒྱུད་ནི། བསོད་ ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ ཏེ། །སྐྱེ་རྒ་ན་འཆིའི་རྦ་ཀླུང་འཁྲུག་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག །འགྲོ་ བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་རྙེད་ དང་བཀུར་སྟི་དང༌། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག །ཀླུ་རྒྱལ་དགའ་བོ་ཉེར་དགའ་བོ། །གཞན་ཡང་གྲོང་ཁྱེ ར་གནས་པ་རྣམས། །ཚེ་རིང་ནད་མེད་ཕུན་སུམ་ཚོགས། །རྟག་ཏུ་བདེ་བ་ ཐོབ་པར་ཤོག །དེ་ནས་སྤྲོ་ན་ཐམས་ཅད་ཙོག་པུར་བཞུགས་པ་ལ། དབྱར་བདག་གིས་སྤྱོད་ལམ་སྔར་ལྟར་གྱིས། བསྟན་ པ་རིན་པོ་ཆེའི་གསལ་བྱེད་དམ་པར་གྱུར་པ་གནས་བརྟན་འདུལ་བ་འཛིན་པའི་ཞལ་སྔ་ནས་ གཙོ་མཛད་པའི། དགེ་འདུན་བཙུན་པ་རྣམས་དགོངས་སུ་གསོལ། དེང་གུང་གི་རིམ་པ་ལ་ བསྙེལ་བ་མི་མངའ་བས་དང༌། སྐུ་ཁམས་བདེ་བར་བཞུགས་ལགས་སམ། གཏོར་མ་ཆ་བཞི་ བྱིན་རླབས་མཛད་པར་ཞུ། དེ་ལ་ཉིན་གུང་ཕན་ཆད་ཡིན་ན་གདུགས་ཀྱི་རིམ་པ་ཞེས་བསྒྱུར་ལ་མདོ་འདོན་པ་པོས་དབུ་ བསྐུལ་གྱིས། ༀ་བཛྲ་ཨ་མྲ໏་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ ལས་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་ཟག་པ་མེད་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་ མཚོ་ཆེན་པོར་གྱུར། ༀ་ཨཱཿཧཱུཾ། ལན་གསུམ། འདོད་ཡོན་ལྔ་ལྡན་ཟས་མཆོག་དམ་པ་འདི། །བླ་ མ་ཡི་དམ་དཀོན་མཆོག་གསུམ་ལ་འབུལ། །བཞེས་ནས་བྱམས་དང་སྙིང་རྗེ་བྱང་ཆུབ་སེམས། །མྱུར་དུ་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །འདོད་ཡོན་ལྔ་ལྡན་ཟས་མཆོག་དམ་པ་འདི། །མཁའ་འགྲོ་ཆོས་སྐྱོང་ནོར་ལྷའི་ཚོགས་ལ་འབུལ། །བཞེས་ནས་བསྟན་པ་བསྟན་འཛིན་དགེ་ འདུན་སྡེ། །ཕྲིན་ལས་རྣམ་བཞིས་བསྲུང་སྐྱོབ་གཡེལ་མེད་མཛོད། །འདོད་ཡོན་ལྔ་ལྡན་ཟས་ 8-1-50 མཆོག་དམ་པ་འདི། །ཡུལ་ལྷ་གཞི་བདག་གཉུག་མར་གནས་པ་ཡི། །དཀར་ཕྱོགས་སྐྱོང་བའི་ ལྷ་ཀླུ་ཀུན་ལ་འབུལ། །བཞེས་ནས་མཐུན་རྐྱེན་སྡོང་གྲོགས་གཡེལ་མེད་མཛོད། །འདོད་ཡོན་ ལྔ་ལྡན་ཟས་མཆོག་དམ་པ་འདི། །མར་གྱུར་རིགས་དྲུག་སེམས་ཅན་ཀུན་ལ་འབུལ། །བཞེས་ ནས་རིགས་དྲུག་སྡུག་བསྔལ་ལས་གྲོལ་ཏེ། །མྱུར་དུ་རྫོགས་པའི་སངས་རྒྱས་ཐོབ་པར་ཤོག །བདག་གི་བསམ་པའི་སྟོབས་དང་ནི། །སོགས་བརྗོད་དེ་ཆ་བཞི་འབུལ་ཚུལ་བྲག་དཀར་པའི་གསུང་ལྟར་བྱ་ བའམ་བསྡུས་པ་ལ་མོས་ན་གོང་གི་བསྔོ ་རྒྱུད་ཀྱིས་མཇུག་དེ་མ་ཐག་ནས་གཏོར་མ་ལ་ཆབ་བྲན་ཏེ། རང་རང་གི་སྤྱོད་ ཡུལ་དུ་གྱུར་པའི་གཏོར་སྣོད་ཀྱི་ནང་དུ་གཟུགས་སྒྲ་དྲི་རོ་རེག་བྱའི་སྐྱེ་མཆེད་ཀྱི་ངོ་བོར་གྱུར་ བའི་བཟའ་བཏུང་འདོད་པའི་ཡོན་ཏན་དུ་མས་གང་བར་གྱུར། ༀ་ཨཱཿཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཾ་ ཨཱདྱ་ནུཏྤནྣ་ཏྭཏ་ༀ་ཨཱཿཧཱུྃ་ཕཊ་སྭཱཧཱ། ཞེས་ལན་གསུམ་གྱིས་བྱིན་གྱིས་བརླབས་ནས། གཉུག་མར་གནས་ པའི་ལྷ་མོ་འཕྲོག་མ་ལ་སོགས་པ་གནས་དང་གཞིའི་བདག་པོ་དང༌། གཞན་ཡང་ནགས་ཚལ་ དང༌། རི་བོ་དང༌། ཆུ་ཀླུང་དང༌། ངམ་གྲོག་ལ་སོགས་པར་འཁོད་པའི་འབྱུང་པོ་གཏོར་མ་ཟ་ བར་འདོད་པ་རྣམས་ཀྱི་ཞལ་དུ་བ་ལ່་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ཕུལ་ནས། འཇིག་རྟེན་བདེ་ཞིང་ ལོ་ལེགས་དང༌། །འབྲུ་རྣམས་འཕེལ་ཞིང་ཕྱུགས་འཕེལ་བ། །དགེ་ལེགས་ཐམས་ཅད་འབྱུང་ བའི་གནས། །ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཅེས་པ་ཙམ་གྱིས་ཆོག དེ་ནས་དབྱར་བདག་གིས་སྤྱོད་ལམ་སྔར་ལྟར་གྱིས། བསྟན་པ་རིན་པོ་ཆེ་གསལ་བའི་སྒྲོན་མེ་བསྟན་ འཛིན་མཁས་པ་ཀུན་གྱི་གཙུག་རྒྱན་མཉམ་མེད་ཐུབ་དབང་རིན་པོ་ཆེའི་རྒྱལ་ཚབ་ཏུ་དབང་ བསྐུར་བའི་མཚུངས་མེད་ཆོས་ཀྱི་རྗེ་ཐུགས་བརྩེ་བ་ཅན་ཐུགས་བརྩེ་བའི་ཉེ་བར་དགོངས་ཏེ་ བདག་ཅག་འདིར་འཚོགས་ཤིང་འདིར་འདུས་པ་རྣམས་ལ་དུས་བཟང་པོ་ལ་ཆོས་བསྒྲགས་ པའི་མདོ་དང་ཚུལ་ཁྲིམས་ཡང་དག་པར་ལྡན་པའི་མདོ་དང་སོ་སོར་ཐར་པའི་མདོ་ལ་སོགས་ པ་བཀས་ལེགས་པར་གནང་བར་ཞུ། 8-1-51 དེ་ནས་མདོ་འདོན་པ་པོ་ཁྲི་ལ་བཞུགས་གཞན་ཐམས་ཅད་པུས་བཙུགས་ཀྱིས་འདུག་སྟེ་འདོན་པ་པོས། འོ་དེ་ཡང་ ལྷ་དང་བཅས་པའི་སྟོན་པ་མི་མཆོག་ཁ་ལོ་སྒྱུར་བ་པོ་ཐབས་མཁས་ལ་ཐུགས་རྗེ་ཆེ་བའི་ བདག་ཉིད་གང་གིས་སྔོན་གྱི་དུས་ན་གདུལ་བྱ་རྣམས་ཀྱི་གཉེན་པོ་བསླབ་པ་གསོ་ཞིང་སྤང་ བྱ་སྡིག་པ་སྦྱོང་བྱེད་ཀྱི་ཐབས་མཆོག་ཞི་གནས་དང་མཐུན་པའི་གསོ་སྦྱོང་གཉིས་ལས་ཕྱི་མ་ འདི་སྐད་ཅེས། གསོ་སྦྱོང་བྱའོ། །ཟླ་བ་ཕྱེད་ཕྱེད་ཀྱིས་ཚེས་བཅོ་ལྔ་ལའོ། །ཞེས་སོགས་བཀའ་ བསྩལ་པ་ལྟར་ལ་དུས་ངེས་ཅན་དང་མ་ངེས་པ་གཉིས་སུ་ཡོད་པ་རྣམས་ལས་གང་སྐབས་སུ་ བབས་པ་ཕྱག་ལེན་དུ་བགྱིད་པ་ལ་སྦྱོར་དངོས་རྗེས་གསུམ་ལས་སྦྱོར་བའི་རིམ་པ་གང་ དགོས་རྣམས་ལས་ཅི་རིགས་སྔོན་དུ་སོང་ནས་ད་ལན་ཆོས་འཆད་ཉན་ཉམས་སུ་མྱོང་བ་ཆོས་ བསྒྲགས་ཀྱི་མདོ་དང༌། དུས་བཟང་གི་མདོའི་དོད་ཚུལ་ཁྲིམས་ཡང་དག་པར་ལྡན་པའི་མདོ་ ལ་མཛད་པ་ཕྱག་ལེན་དུ་གདའ་བས་གསན་པར་ཞུ། གང་ཞིག་གསེར་མཆོག་རང་བཞིན་རི་ རབ་ལ་གནས་མནྡྷ་ར་དང་ལྷར་བཅས་གནོད་སྦྱིན་དང༌། གདེངས་ཀ་ནོར་བུའི་འོད་ཀྱིས་མུན་ པ་སེལ་མཛད་ས་འོག་གནས་པའི་ཀླུ་རྣམས་གང་ཡིན་དང༌། གདེངས་ཅན་རིར་ནི་དཔལ་ གྱིས་རོལ་ཞིང་རབ་ཏུ་དགའ་བའི་རིག་པ་འཛིན་པ་གང་ཡིན་པ། དེ་དག་ཐམས་ཅད་ཐར་པ་ དམ་པའི་སྒོར་གྱུར་ཐུབ་པའི་གསུང་མཉན་ཕྱིར་ནི་འདིར་གཤེགས་ཤིགལྷ་དང་ལྷ་མིན་མི་ འམ་ཅི་ཡི་དབང་པོ་དང༌། །བརྒྱ་བྱིན་ལ་སོགས་ཆོས་ཀྱི་ཕྱོགས་ལ་བྱ་བ་བྱས་པ་རྣམས། །སངས་རྒྱས་གསུང་རབ་རབ་ཏུ་ཞི་ཞིང་བདེ་བའི་རྒྱུར་གྱུར་པ། །འདི་དག་བཤད་ཀྱིས་དམ་ པའི་ཆོས་མཉན་ཕྱིར་ནི་འདིར་གཤེགས་ཤིག །གོང་དང་འདིའི་གཤེགས་ཚིགས་མཚམས་གཉིས་སུ་སེ་གོལ་ གཏོགས་པ་ཕྱག་སྲོལ་ཡིན། དེ་བས་རྒྱ་ཆེན་ཡོན་ཏན་རིན་ཆེན་ཟབ་པའི་གཏེར་གྱུར་པ། །དོན་ཆེན་ བྱེད་པ་འདི་ལ་མཆོག་ཏུ་དད་ཅིང་གུས་པ་ཡིས། །འདི་བས་ལྷག་པའི་མཉམ་བྱ་གཞན་དག་ ཅུང་ཟད་ཡོད་མིན་པས། །དབང་པོའི་རྟ་ནི་ལེགས་པར་ཐུལ་ལ་ཐུབ་པའི་གསུང་མཉན་གྱིས། 8-1-52 །སྟོན་པའི་ཞལ་ནས་འབྱུང་བའི་འཆི་མེད་ལྷ་དང་ཀླུ་སོགས་སྐྱེ་བོའི་ཚོགས་རྣམས་བཀྲ་ཤིས་ ཀྱི། །འབྱུང་གནས་སེམས་ལ་ཞོག་ཅིག་གང་ཕྱིར་འདིར་ནི་ལུས་ཅན་ཀུན་གྱི་རྣ་བའི་བདུད་རྩི་ དང༌། །ཉོན་མོངས་པ་ཡི་ནད་ཀུན་སེལ་བར་བྱེད་པ་ཡིན་པས་དེ་དོན་ཡང་དག་བསམ་པར་ གྱིས། །རྒྱུ་འདི་རྣམས་ཀྱིས་སངས་རྒྱས་གསུང་དག་སྤྱི་བོས་བླངས་ཏེ་རབ་ཏུ་མཉན་པར་བྱ་ བའི་རིགས། །སྟོབས་བཅུའི་ཏིང་འཛིན་ཡེ་ཤེས་མཆེ་བ་ཅན། །གང་ཞིག་སྐྱེ་བའི་རང་བཞིན་ གཟེབ་བྲལ་ནས། །མྱ་ངན་འདས་ཞི་འབྲོག་དགོན་ཞུགས་གྱུར་པ། །སྟོན་པ་གླང་བོ་དེ་ལ་ ཕྱག་འཚལ་ལོ། །གང་གིས་ཐུགས་བརྩེའི་ཉེར་བཟུང་ནས། །ལྟ་བ་ཐམས་ཅད་སྤང་བའི་ཕྱིར། །དམ་པའི་ཆོས་ནི་སྟོན་མཛད་པ། །གོ་ཏམ་དེ་ལ་ཕྱག་འཚལ་ལོ། །གང་གིས་འཆིང་རྣམས་ ཡང་དག་རབ་བཅད་ཅིང༌། །མུ་སྟེགས་ཚོགས་རྣམས་ཐམས་ཅད་རབ་བཅོམ་ཏེ། །སྡེ་དང་ བཅས་པའི་བདུད་ནི་རབ་བཏུལ་ནས། །བྱང་ཆུབ་མཆོག་བརྙེས་དེ་ལ་ཕྱག་འཚལ་ལོ། །ཉི་ མའི་འོད་ཟེར་དག་གིས་པདྨོ་ཁ་འབྱེད་ལྟར། །གསུང་གི་འོད་ཟེར་དག་གིས་འཇིག་རྟེན་སད་ པར་མཛད། །སྟོན་པ་ཤཱཀྱ་ཐུབ་པ་སྒྲོན་མེ་ཐུགས་རྗེ་ཅན། །མྱ་ངན་འདས་སྟོན་གང་ཡིན་དེ་ལ་ ཕྱག་འཚལ་ལོ། །མི་མཆོག་འདུལ་བ་ཁ་ལོ་བསྒྱུར་མཛད་པ། །ཀུན་སྦྱོར་འཆིང་བ་གཅོད་པ་ དེ་བཞིན་གཤེགས། །དབང་བོ་ཞི་ཞིང་ཉེར་ཞི་ཞི་ལ་མཁས། །མཉན་ཡོད་བཞུགས་པ་དེ་ལ་ ཕྱག་འཚལ་ལོ། །ཡོན་ཏན་རིན་ཆེན་མང་པོའི་ཚོགས་མངའ་ཞིང༌། །མཚན་རབ་ཡེ་ཤེས་ ཡོངས་སུ་དག་པའི་སྐུ། །གསེར་གྱི་མདོག་ཅན་ལྷ་དང་མིས་མཆོད་པ། །བཅོམ་ལྡན་ལྷ་ཡི་ལྷ་ ལ་ཕྱག་འཚལ་ལོ། །གང་དག་ཕྱོགས་བཅུ་སྟོང་གི་འཇིག་རྟེན་ན། །བདེ་གཤེགས་སློ བ་མར་ གྱུར་པ་གང་སུ་དག །དེང་འདིར་སྟོན་པས་ཆོས་ཀྱི་ཆར་འབེབས་ཀྱི། །ཉན་པར་འདོད་པ་ ཐམས་ཅད་འདིར་གཤེགས་ཤིག །རྒྱ་གར་སྐད་དུ། ཤཱི་ལ་སཾ་ཡུཀྟ་སཱུ་ཏྲ། བོད་སྐད་དུ། ཚུལ་ ཁྲིམས་ཡང་དག་པར་ལྡན་པའི་མདོ། ཞེས་བརྗོད་ནས། མང་པོས། ཐམས་ཅད་མཁྱེ ན་པ་ལ་ཕྱག་ 8-1-53 འཚལ་ལོ། །མདོ་འདོན་པས། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་ མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་གྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་དགེ་ སློང་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་གྱི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་ བཞུགས་ཏེ། དེའི་ཚེ་བཅོམ་ལྡན་འདས་ཀྱིས་དགེ་སློ ང་རྣམས་ལ་བཀའ་བསྩལ་པ། དགེ་སློ ང་ དག་ཤེས་པ་ནི་འགྲིབ། སྲོག་ནི་ཆད། ཚེའི་འདུ་བྱེད་ནི་འདོར། སྟོན་པའི་བསྟན་པ་ཡང་ངེས་ པར་འཇིག་པར་འགྱུར་ཏེ། ཅིའི་ཕྱིར་བརྩོན་འགྲུས་དང་རྟུལ་བ་བརྟན་པོས་སྒྲུབ་པར་མི་ བྱེད། མིའི་ལུས་ནི་ཤིན་ཏུ་རྙེད་པར་དཀའ་ན། དེ་ཐོབ་ནས་དེས་རྙེད་པའི་རྒྱལ་བའི་བསྟན་ པ་ལ་རབ་ཏུ་བྱུང་བ་ཡང་རྙེད་ནས་ཐར་པའི་དོན་དང་མི་མཐུན་པ་དག་གིས་བསླུས་ཏེ་སྡུག་ བསྔལ་བར་འགྱུར་ཏ་རེ། དགེ་སློ ང་དག་སྲོག་དང་བྲལ་ཞིང་ཤི་བ་ན་སླའི། ཚུལ་ཁྲིམས་ ཉམས་ཤིང་ཞིག་པ་ནི་དེ་ལྟ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སྲོག་དང་བྲལ་ཞིང་ཤི་བས་ནི་ཚེ་ འདི་ཉིད་ཀྱི་སྐྱེ་བ་ཟད་པར་འགྱུར་གྱི། ཚུལ་ཁྲིམས་ཉམས་ཤིང་ཞིག་པས་ནི་སྐྱེ་བ་འབུམ་ཕྲག་ བརྒྱའི་བར་དུ་རིགས་དང་བྲལ་ཞིང་བདེ་བ་སྤངས་ཏེ་རྣམ་པར་ལྟུང་བ་ཆེན་པོ་ཉམས་སུ་མྱོང་ བར་འགྱུར་རོ། །དེ་ཕྱིར་སྟོན་པས་ཚུལ་ཁྲིམས་རབ་བསྔགས་བཤད། །ཚུལ་ཁྲིམས་ལྡན་པ་ སངས་རྒྱས་འབྱུང་དང་འཕྲད། །ཚུལ་ཁྲིམས་ལྡན་པ་རྒྱན་རྣམས་ཀུན་གྱི་མཆོག །ཚུལ་ཁྲིམས་ ལྡན་པ་དྲི་དང་བྱུག་པ་ཡིན། །ཚུལ་ཁྲིམས་ལྡན་པ་དགའ་བ་ཀུན་གྱིས་གནས། །ཚུལ་ཁྲིམས་ ལྡན་པ་གདུང་བ་བསིལ་བའི་ཆུ། །ཚུལ་ཁྲིམས་ལྡན་པ་འཇིག་རྟེན་ཀུན་གྱིས་བསྟོད། །ཚུལ་ ཁྲིམས་དག་གིས་འགྲོ་བ་དམ་པ་མནོས། །ཇི་ལྟར་སྦྲུལ་གདུག་ཀླུ་ཆེན་ནག་པོ་ཡང༌། །ཚུལ་ ཁྲིམས་ལྡན་ལ་གནོད་མེད་གཞན་ཅི་སྨོས། །ཚུལ་ཁྲིམས་ལྡན་པའི་དགེ་སློ ང་འོད་དང་ལྡན། །ཚུལ་ཁྲིམས་ལྡན་པ་གྲགས་འགྱུར་བདེ་བ་ཐོབ། །ཇི་ལྟར་མིག་མེད་གཟུགས་མཐོང་མི་རུང་ ལྟར། །དེ་བཞིན་ཚུལ་ཁྲིམས་མེད་ན་ཆོས་མི་མཐོང༌། །ཇི་ལྟར་རྐང་མེད་ལམ་འཇུག་ག་ལ་ 8-1-54 ནུས། །དེ་བཞིན་ཚུལ་ཁྲིམས་མེད་ན་ཐར་མི་འགྱུར། །ཇི་ལྟར་བུམ་པ་བཟང་པོ་རིན་ཆེན་སྣོ ད། །དེ་བཞིན་ཚུལ་ཁྲིམས་ཆོས་རྣམས་སྐྱེད་པའི་གཞི། །ཇི་ལྟར་བུམ་ཆག་རིན་ཆེན་སྣོ ད་མི་རུང༌། །དེ་བཞིན་ཚུལ་ཁྲིམས་རལ་བས་ཆོས་ཀུན་གཏུགས། །དང་པོ་ཚུལ་ཁྲིམས་མེད་པར་གྱུར་པ་ ཏེ། །ཕྱི་ནས་མྱ་ངན་འདས་པ་ཐོབ་སྙམ་མམ། །སྣ་མེད་རྣ་རྡུམ་ལ་སོགས་གང་ཡིན་པ། །དེ་ལ་ མེ་ལོང་དག་ནི་དགོས་མི་འགྱུར། །རྣ་བས་མ་ཐོས་མིག་སྔར་མ་མཐོང་ཡང༌། །བསྟན་བསྲུང་ མི་དེ་མཐོ་རིས་འགྲོ་བར་འགྱུར། །ཐོས་མང་ཐོས་ལྡན་ཐོས་བསྲུང་མཐོ་རིས་ཉིད། །བུད་མེད་ བསྟེན་དུ་ག་ལ་རུང༌། །རྒྱལ་པོའི་ཕོ་བྲང་ག་ལ་དགའ། །ལོངས་སྤྱོད་རྟག་པ་ག་ལ་ཡོད། །བུད་ མེད་དག་ལ་རུང་བ་མེད། །རྒྱལ་སྲིད་དག་ལ་དགའ་བ་མེད། །ལྦུ་བ་དག་ལ་སྙིང་པོ་མེད། །ལོངས་སྤྱོད་དག་ལ་སྙིང་པོ་མེད། །ལོངས་སྤྱོད་དག་ནི་འབབ་ཆུ་བཞིན། །གྲུ་དེ་ཅི་འདྲ་ཁྱི མ་ དེ་འདྲ། །མེ་ཏོག་ཅི་འདྲ་གཟུགས་དེ་བཞིན། །སྲོག་ནི་ཆུ་བུར་འདྲ་བ་ཡིན། །བཅོམ་ལྡན་ འདས་ཀྱིས་དེ་སྐད་ཅེས་བཀའ་བསྩལ་ནས་ཉེ་བར་འཁོར་ལ་སོགས་པའི་དགེ་སློ ང་དེ་དག་ཡི་ རངས་ཏེ། ཅེས་པའི་བར་བརྗོད། ཐམས་ཅད་ཀྱིས། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་ བསྟོད་དོ། །མདོ་འདོན་པས། ཆོས་བཤད་པ་ཞེས་དང༌། མང་པོས། ཆོས་ཉན་པ། ཞེས་བསྒྱུར་ཏེ། ལས་བྱུང་ བ་ཡི། །དགེ་བ་གྲུབ་པ་གང་ཡོད་པ། །དེས་ནི་མར་གྱུར་འགྲོ་བ་ཀུན། །སྲིད་པའི་མཚོ་ལས་ སྒྲོལ་བར་ཤོག །ཅེས་པའམ་མདོ་འདོན་པས་དབུ་བསྐུལ་ཐམས་ཅད་ཀྱིས། བསོད་ནམས་འདི་ཡིས་ཐམས་ ཅད་གཟིགས་པ་ཡི། །གོ་འཕང་ཐོབ་ནས་སྐྱོན་གྱི་དགྲ་བཏུལ་ཏེ། །རྒ་དང་ན་དང་འཆི་བའི་ རླབས་འཁྲུགས་པའི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག །ཅེས་བསྔོ ་བའི་མཐར་གནས་ བརྟན་ནམ་མདོ་འདོན་པས། ད་ནི་ཐོག་མེད་ནས་བསགས་པའི་སྡོམ་གསུམ་དང་འགལ་བའི་ཉེས་པ་ གང་བྱས་དག་ལ་འགྱོད་སེམས་དང་ད་ཕན་དེ་འདྲ་མི་བྱེད་པའི་སྡོམ་སེམས་དང་ལྡན་པའི་སྒོ་ ནས་སྡོམ་གསུམ་གྱི་ལྟུང་བ་སྤྱི་བཤགས་ལ་ཐུགས་གཏད་པར་ཞུ། ཞེས་བརྗོད་ནས་ཡོངས་ཀྱིས། ཨུ་ 8-1-55 ཧུ་ལགས། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་པ་ཕྱོགས་བཅུ་ན་བཞུགས་པའི་སངས་ རྒྱས་དང་བྱུང་ཆུབ་སེམས་དཔའ་ཐམས་ཅད་དང༌། དགེ་འདུན་བཙུན་པ་རྣམས་བདག་ལ་ དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་ཚེ་རབས་འཁོར་བ་ཐོག་མ་མ་མཆིས་ པ་ནས་ད་ལྟ་ལ་ཐུག་གི་བར་དུ། ཉོན་མོངས་པ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་ དབང་གིས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་སྡིག་པ་མི་དགེ་བ་བཅུ་བགྱིས་པ་དང༌། མཚམས་ མ་མཆིས་པ་ལྔ་བགྱིས་པ་དང༌། དེ་དང་ཉེ་བ་ལྔ་བགྱིས་པ་དང༌། སོ་སོར་ཐར་བའི་སྡོམ་པ་ དང་འགལ་བ་དང༌། བྱང་ཆུབ་སེམས་དཔའི་བསླབ་པ་དང་འགལ་བ་དང༌། གསང་སྔགས་ ཀྱི་དམ་ཚིག་དང་འགལ་བ་དང༌། ཕ་དང་མ་ལ་མ་གུས་པ་དང༌། མཁན་པོ་དང་སློ བ་དཔོན་ ལ་མ་གུས་པ་དང༌།གྲོགས་ཚངས་པར་མཚུངས་པར་སྤྱོད་པ་རྣམས་ལ་མ་གུས་པ་དང༌། དཀོན་མཆོག་གསུམ་ལ་གནོད་པའི་ལས་བགྱིས་པ་དང༌། དམ་པའི་ཆོས་སྤངས་པ་དང༌། འཕགས་པའི་དགེ་འདུན་ལ་སྐུར་བ་བཏབ་པ་དང༌། སེམས་ཅན་ལ་གནོད་པའི་ལས་བགྱིས་ པ་ལ་སོགས་པ་སྡིག་པ་མི་དགེ་བའི་ཚོགས་བདག་གིས་བགྱིས་པ་དང༌། བགྱིད་དུ་བསྩལ་པ་ དང༌། གཞན་གྱིས་བགྱིས་པ་ལ་རྗེས་སུ་ཡི་རང་བ་ལ་སོགས་པ། མདོར་ན་མཐོ་རིས་དང་ ཐར་པའི་གེགས་སུ་གྱུར་ཅིང་འཁོར་བ་དང་ངན་སོང་གི་རྒྱུར་གྱུར་པའི་ཉེས་ལྟུང་གི་ཚོགས་ཅི་ མཆིས་པ་ཐམས་ཅད་བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་པ་ཕྱོགས་བཅུ་ན་བཞུགས་པའི་ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། དགེ་འདུན་བཙུན་པ་རྣམས་ཀྱི་ སྤྱན་སྔར་མཐོལ་ལོ། །མི་འཆབ་བོ། །འཆགས་སོ། །ཕྱིན་ཆད་སྡོམ་པར་བགྱིད་ལགས་སོ། །མཐོལ་ཞིང་བཤགས་ན་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི། མ་མཐོལ་མ་ བཤགས་ན་ནི་མི་འགྱུར་རོ། །ཞེས་ལན་གསུམ་བརྗོད། གནས་བརྟན་སོགས་ཀྱིས། ཉེས་པ་ལ་ཉེས་པར་ གཟིགས་སམ། ཕྱིན་ཆད་ལེགས་པར་སྡོམ་མམ། ཞེས་མཐོང་སྡོམ་ལན་གསུམ་དྲིས་པའི་མཐར་རེ་རེར་ཡང༌། 8-1-56 མཐོང་ལགས། སྡོམ་ལགས། ཞེས་བརྗོད་པའི་རྗེས་སུ་གནས་བརྟན་སོགས་ཀྱིས། ཐབས་ཡིན་ནོ། །ཞེས་ བརྗོད་ཅིང༌། གཞན་རྣམས་ཀྱིས། ལེགས་སོ། །ཞེས་བརྗོད། དགེ་སློ ང་གཞན་ཞིག་གིས་ཀྱང་གནས་བརྟན་སོགས་ལ་དེ་ བཞིན་འདྲི་བར་བྱ་ཞིང༌། དེ་ནི་བསྡུས་ཙམ་སྟེ། རྒྱས་པ་ལ་འདི་སྐབས་སྤྲོ་ན་གོང་མདོ་བསྔོ འི་རྗེས་སུ་དགེ་ཚུལ་རྣམས་ལོགས་སུ་ བཀར་ནས་དགེ་སློ ང་དག་གིས་སྡོམ་གསུམ་སྤྱི་བཤགས་རྒྱས་པར་བྱ་བ་ལ། མདོ་འདོན་པས་སྤྱི་བཤགས་ལ་ཐུགས་གཏད་པར་ བསྐུལ་མཐར་ཡོངས་ཀྱིས། ཨུ་ཧུ་ལགས། ཞེས་བརྗོད་དེ། གོང་སྨོས་སྡོམ་གསུམ་ཕྱིར་བཅོས་ལས་སོ་བྱང་སྔགས་གསུམ་ རང་རང་གི་དགོངས་གསོལ་ནས་བཤགས་ཚིག་རྫོགས་པའི་བར་རིམ་བཞིན་ལན་གསུམ་རེ་བཏོན་པའི་རྗེས་སུ་དེ་གསུམ་ཐུན་ མོང་དུ་མདོ་འདོན་པས། སྡོམ་གསུམ་དང་འགལ་བའི་ལྟུང་བ་དེ་དག་ལ་ཉེས་པར་གཟིགས་ལགས་ སམ། ཞེས་དང༌། ཕྱིན་ཆད་ལེགས་པར་སྡོམ་ལགས་སམ། ཞེས་དང༌། ཐབས་ཡིན་ནོ། །ཞེས་པ་རྣམས་ ཀྱིས་མཐོང་སྡོམ་འདྲི་བ་དང་ཐབས་བརྗོད་མཛད་ལན། དགེ་སློ ང་ཡོངས་ཀྱིས། མཐོང་ལགས། ཞེས་དང༌། སྡོམ་ ལགས། ཞེས་དང༌། ལེགས་སོ། །ཞེས་པ་རྣམས་ཀྱིས་ལན་རིམ་པར་གདབ། མདོ་འདོན་པ་ཁོང་ལ་དགེ་སློ ང་ཅི་རིགས་ པས། ལྟུང་བ་དེ་དག་ལ་ཉེས་པར་མཁྱེ ན་ལགས་སམ། ཕྱིན་ཆད་ལེགས་སྡོམ་མཛད་པར་ གནང་ལགས་སམ། ཐབས་ཡིན་ནོ། །ཞེས་པ་རྣམས་ཀྱིས་རིམ་པར་མཐོང་སྡོམ་དྲི་བ་དང་ཐབས་བརྗོད་ཀྱི་ལན་ མདོ་འདོན་པ་ཉིད་ནས། ཇི་བཞིན་མཐོང་ལགས། ལེགས་པར་སྡོམ་ལགས། ལེགས་སོ། །ཞེས་པ་དག་ གིས་ལན་དེ་ལུགས་བཞིན་མཛད། དེ་ནས་དགེ་ཚུལ་རྣམས་སླར་ནང་དུ་འདུས་པ་ལ་མདོ་འདོན་པས་དབུ་བསྐུལ་ཏེ་དགེ་སློ ང་ ཀུན་གྱིས། ལྟུང་བ་སྤྱི་བཤགས་ཀྱི་རིམ་པ་ལ། ནན་ཏན་ལེགས་པར་མཛོད་ཅིག ཅེས་བརྗོད། དགེ་ ཚུལ་ཐམས་ཅད་ཀྱིས། ཨུ་ཧུ་ལགས་ནས་བཟུང་གོང་དཀྱུས་ལྟར་སྤྱི་བཤགས་ལན་གསུམ་གུས་འདུད་བཅས་ཀྱིས་འདོན་ ཞིང་དགེ་སློང་དག་གིས་མཐོང་སྡོམ་དྲི་བ་ཐབས་བརྗོད་རྣམས་མཛད་པའི་ལན་དགེ་ཚུལ་གང་ཡོད་ཀྱིས་ལེགས་ཞུ་བྱ་དགོས། ཚུལ་དེ་ལུགས་བཞིན་ལྟུང་བ་སྤྱི་བཤགས་ལ་ནན་ཏན་སྙིང་པོ་བྱེད་པ་འདི་གལ་ཤིན་ཏུ་ཆེ་སྟེ། དུས་མཐའ་འདིར་སྟོན་པའི་བསྟན་ པ་སྔ་དར་གྱི་སྙིགས་མ་ཆེས་བདོ་ཞིང་རྗེས་འཇུག་གང་དག་གི་ཁམས་དབང་ཡང་དེ་ལུགས་ལྟར་སྤྱི་མཐུན་ལས་མཐུ་ཧ་ཅང་བཙན་ པ་སྤྱི་ལྡོག་ནས་ཤུགས་ཆེ་བ་སོགས་ཀྱིས་དེང་སྐབས་མཆོག་དམན་ཕལ་མོ་ཆེ་སྤྱི་ལ་སྡོམ་པ་གསུམ་གྱི་ཉེས་ལྟུང་ཚབས་ཆེན་ 8-1-57 ཤུགས་དྲག་འཕེལ་སྟོབས་ཆོད་དཀའ་བར་སྣང་བའི་ཕྱིར་རོ། ། དེས་ན་སྤྱི་བཤགས་བསྡུས་རྒྱས་གང་སྤྲོ་ལེགས་གྲུབ་མཐར་གང་ལྟར་ཡང་མཚམས་འདིར་དགེ་ཚུལ་དག་གིས་ཡོངས་ དག་འབུལ་བར་བྱ་སྟེ། དེ་ཡང་དགེ་ཚུལ་རྣམས་ཀྱིས་ཕྱག་སོར་སྔར་བཞིན་བྱས་ཏེ། བསྟན་པ་རིན་པོ་ཆེའི་གསལ་ བྱེད་དམ༴ སོགས། ཆེན་པོ་གསོ་སྦྱོང་གི་ཆོ་ག་ལ་ཐུགས་གཏད་པར་ཞུ། ཞེས་བརྗོད་ནས་དགེ་སློ ང་རེ་ རེའི་མདུན་དུ་དགེ་ཚུལ་གསུམ་མན་ཆད་འདུག་སྟེ། བཙུན་པ་དགོངས་སུ་གསོལ། དེང་དགེ་འདུན་གྱི་གསོ་ སྦྱོང་བཅོ་ལྔ་པ་ལགས་ཏེ། བདག་དགེ་ཚུལ་མིང་འདི་ཞེས་བགྱི་བའི་ཡང་གསོ་སྦྱོང་བཅོ་ལྔ་ པ་ལགས་ན། བདག་དགེ་ཚུལ་མིང་འདི་ཞེས་བགྱི་བའི་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་ དག་གོ་ཞེས་མཆིའོ། །བདག་ཡོངས་སུ་དག་པར་བཙུན་པས་བཟུང་དུ་གསོལ། ཞེས་ལན་གསུམ་ བརྗོད། དགེ་སློ ང་གིས། ཐབས་ཡིན་ནོ། །དགེ་ཚུལ་རྣམས་ཀྱིས། ལེགས་སོ། །ཞེས་བརྗོད་དོ། །ཕྱག་གསུམ་བྱས་ནས་ འགྲེང་སྟེ་འདུད་པ་དང་བཅས་ཐལ་མོ་སྦྱར་ཏེ། བསྟན་པ་རིན་པོ་ཆེའི་གསལ་བྱེད༴ སོགས། བཀའ་དྲིན་ཆེ་ ལགས། ཞེས་བརྗོད་པའོ། །དེ་ཐམས་ཅད་ཀྱི་སྐབས་སུ་གསོ་སྦྱོང་བཅུ་བཞི་པ་ལ། དགེ་འདུན་གྱི་གསོ་སྦྱོང་བཅུ་ བཞི་པ་ལགས་ཏེ། ཞེས་དང༌། བསྡུམ་པའི་གསོ་སྦྱོང་ལ། བསྡུམ་པའི་གསོ་སྦྱོང་ལགས༴ཞེས་དང༌། བཀྲ་ཤིས་ པའི་གསོ་སྦྱོང་ལ། བཀྲ་ཤིས་པའི་གསོ་སྦྱོང་ལགས། ཞེས་སོགས་བརྗོད་ནས་དགེ་ཚུལ་དེ་རྣམས་ལོགས་སུ་བཀར། དེ་རྗེས་སུ་དགེ་སློ ང་གི་གསོ་སྦྱོང་བྱ་བ་ལ་མཚམས་ཀྱི་ནང་ན་དགེ་སློ ང་ན་བ་དང༌། དབང་མེད་པ་དང༌། སྲོག་དང་ཚངས་པར་ སྤྱོད་པའི་བར་ཆད་ཀྱི་རྐྱེན་གྱིས་ལས་ཀྱི་གནས་སུ་འདུ་བར་མ་ནུས་པ་ཡོད་ན་གསོ་སྦྱོང་གི་ཚེ་འདུན་པ་དང་ཡོངས་དག་འབུལ་ བའི་ཕྱག་ལེན་འདུག་པ་ལྟར། ཚོགས་ནས་དགེ་སློ ང་ཞིག་སོང་སྟེ་མ་ལྷགས་པ་ལས་འདུན་པ་དང་ཡོངས་དག་ལེན་དགོས་ ཤིང༌། དེ་ཡང་འདུན་པ་ལེན་པ་པོ་དེས་འདུན་པ་འབུལ་བ་པོར། དེང་དགེ་འདུན་གྱི་གསོ་སྦྱོང་མཛད་ན། ཚེ་ དང་ལྡན་པ་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་གམ། འདུན་པ་འབུལ་ལམ། ཞེས་དྲི་བར་བྱ་ ཞིང༌། འདུན་པ་འབུལ་བ་པོས་གསོ་སྦྱོང་དང་ཡོངས་དག་ཅིག་ཆར་འབུལ་ཚུལ་ནི། ལེན་པ་པོ་རང་ལས་བསླབ་པ་གཞོན་ན་ཕྱག་ འཚལ་མི་དགོས་ཤིང༌། རྒན་ན་ཕྱག་གསུམ་བཙལ་ནས་བླ་གོས་ཕྲག་པ་གཅིག་ཏུ་བྱས་ཤིང་ཙོག་པུར་འདུག་སྟེ། གནས་བརྟན་ 8-1-58 ནམ། ཚེ་དང་ལྡན་པ་དགོངས་སུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པའམ་བཅུ་ བཞི་པ་ལགས་ལ། བདག་དགེ་སློ ང་བྲོ་འཚལ་བ། སྡུག་བསྔལ་བ། བྲོ་ཚབས་ཆེ་བ་མིང་ འདི་ཞེས་བགྱི་བའི་ཡང་གསོ་སྦྱོང་བཅོ་ལྔ་པ་ལགས་ཏེ། བདག་དགེ་སློང་བྲོ་འཚལ་བ། སྡུག་ བསྔལ་བ། བྲོ་ཚབས་ཆེ་བ་མིང་འདི་ཞེས་བགྱི་བའི་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་གོ །ཞེས་བདག་མཆིའོ། །དགེ་འདུན་ཆོས་བཞིན་དུ་མཛད་པ་ལ་འདུན་པ་འབུལ་ལོ། །བདག་ གི་གསོ་སྦྱོང་ཡང་ཡོངས་སུ་དག་གོ །འདུན་པ་དང་ཡོངས་སུ་དག་པ་ཡང་བརྗོད་དོ། །བརྗོད་ པ་ཡང་རིག་པར་བགྱིད་དོ། །ཞེས་ལན་གསུམ་བརྗོད། དེ་ནས་ལེན་པ་པོ་ཚོགས་སུ་འབྱོར་བ་དང་གནས་བརྟན་ གྱིས། འདུན་པ་ལེན་པ་པོའི་དགེ་སློ ང་ལ། ཚེ་དང་ལྡན་པ་མ་ལྷགས་པ་རྣམས་ཀྱི་ཡོངས་དག་དང་འདུན་ པ་བརྗོད་ཅིགབརྗོད་པ་ཡང་རིག་པར་གྱིས་ཤིག ཅེས་བརྗོད་ཅིང་འདུན་པ་ལེན་པའི་དགེ་སློ ང་གིས་འགྲེང་སྟེ་ འདུད་པ་བཅས། དགེ་འདུན་བཙུན་པ་རྣམས་དགོངས་སུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་ བཅོ་ལྔ་པའམ། བཅུ་བཞི་པ་ལགས་ལ། གནས་ཆེ་གེ་མོ་ཞིག་ན་དགེ་སློ ང་བྲོ་འཚལ་བ། སྡུག་ བསྔལ་བ། བྲོ་ཚབས་ཆེ་བ་མིང་འདི་ཞེས་བགྱི་བའི་ཡང་གསོ་སྦྱོང་བཅོ་ལྔ་པའམ་བཅུ་བཞི་ པ་ལགས་ཏེ། དགེ་སློ ང་བྲོ་འཚལ་བ། སྡུག་བསྔལ་བ། བྲོ་ཚབས་ཆེ་བ་མིང་འདི་ཞེས་བགྱི་ བའི་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་གོ་ཞེས་དེ་ཁོ་ན་ཉིད་མཆིའོ། །དགེ་འདུན་ཆོས་ བཞིན་དུ་མཛད་པ་ལ་འདུན་པ་འབུལ་ལོ། །དེའི་གསོ་སྦྱོང་ཡང་ཡོངས་སུ་དག་གོ །འདུན་པ་ དང་ཡོངས་སུ་དག་པ་ཡང་བརྗོད་དོ། །བརྗོད་པ་ཡང་རིག་པར་བགྱིད་དོ། །ཞེས་ལན་གཅིག་བརྗོད། དགེ་སློ ང་གཅིག་ལ་འབུལ་ན་ནི། དགེ་འདུན་བཙུན་པ་རྣམས་དགོངས་སུ་གསོལ། ཞེས་པའི་ཚབ་ཏུ། ཚེ་དང་ལྡན་པ་དགོངས་སུ་གསོལ། ཞེས་པས་ཆོག་ཅིང་ཆོ་ག་ལན་གསུམ་བརྗོད་དགོས། དེ་ནས་མདོ་འདོན་པ་པོས་ལྟུང་བ་ཐུན་མོང་བ་བྱིན་གྱིས་བརླབས་པའི་ལས་བགྱི་བ་ལ། ལས་ཐམས་ཅད་ཀྱི་སྔོ ན་དུ་ འགྲོ་བ་ལྟུང་བ་བྱིན་གྱིས་རླབས་པ་དང་གནས་ལ་བློ་མཐུན་བྱ་བ་གཉིས་ལས་ཐོག་མར་ཡུལ་ 8-1-59 དུས་ཀྱི་སྟོབས་ཀྱིས་བཤགས་པར་མ་ནུས་པའི་ལྟུང་བ་ཐུན་མོང་བ་གསོལ་བའི་ལས་ཀྱིས་ བྱིན་གྱིས་རླབས་པར་བགྱི་བས། དགེ་འདུན་རྣམས་སྤྱོད་ལམ་བསྟུན་ནས་གསོལ་བའི་ལས་ ལ་ཐུགས་གཏད་པར་ཞུ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དེང་དགེ་འདུན་གྱི་ གསོ་སྦྱོང་བཅུ་བཞི་པའམ་བཅོ་ལྔ་པ་ལགས་ལ། བདག་ཅག་དགེ་འདུན་ཐམས་ཅད་ནི་ལྟུང་ བ་དང་བཅས་པར་གྱུར། གང་གི་མདུན་དུ་བདག་ཅག་ལྟུང་བ་དེ་ཆོས་བཞིན་དུ་སླར་བགྱི་ བ་བདག་ཅག་ལས་དགེ་སློ ང་གནས་གཞན་དུ་མཆིས་ལ། དགེ་སློ ང་གི་མདུན་དུ་ལྟུང་བ་དེ་ ཆོས་བཞིན་དུ་སླར་བགྱིད་པར་སྤྲོ་བ་སུ་ཡང་མ་མཆིས་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་ བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང༌། དགེ་སློ ང་གི་མདུན་དུ་ལྟུང་ བ་དེ་ཆོས་བཞིན་དུ་སླར་མཛད་དོ། །འདི་ནི་གསོལ་བའོ། །སྔར་གནས་ལ་བློ་མཐུན་བྱས་པ་ ཞིག་པའམ། མ་བྱས་པ་ཡིན་ན་ལྟུང་བ་ཐུན་མོང་བའི་བྱིན་རླབས་ཀྱི་ལས་མ་གཏོགས་པ། ལས་གཞན་ཐམས་ཅད་ལ་བློ་མཐུན་ངེས་པར་དགོས་པས། གནས་ལ་བློ་མཐུན་གྱི་གསོལ་ གཉིས་ཀྱི་ལས་བགྱི་བས་ཐོག་མར་གསོལ་བའི་ལས་ལ་ཐུགས་གཏད་པར་ཞུ། དགེ་འདུན་ བཙུན་པ་རྣམས་གསན་དུ་གསོལ། གནས་ཐམས་ཅད་གྲུབ་པའམ། བགྱིས་པའམ། ལགས་ པ་ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་གསོ་སྦྱོང་ གི་གནས་སུ་བཞེད་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་ གྱིས་གནང་བར་མཛོད་ཅིག་དང༌། དགེ་འདུན་གྱིས་གནས་ཐམས་ཅད་གྲུབ་པ་འམ། བགྱིས་ པའམ། ལགས་པ་ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི། དགེ་ འདུན་གྱི་གསོ་སྦྱོང་གི་གནས་སུ་བློ་མཐུན་པར་བགྱིའོ། །འདི་ནི་གསོལ་བའོ། །བརྗོད་པ་ མཇུག་སྡུད་དང་བཅས་པ་ལ་ཐུགས་གཏད་པར་ཞུ། དགེ་འདུན་བཙུན་པ་རྣམས་གསན་དུ་ གསོལ། གནས་ཐམས་ཅད་གྲུབ་པའམ། བགྱིས་པའམ། ལགས་པ་ནང་མཚམས་དང་ཕྱི་ 8-1-60 རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི། དགེ་འདུན་གྱི་གསོ་སྦྱོང་གི་གནས་སུ་བཞེད་ དོ། །དེའི་སླད་དུ་དགེ་འདུན་གྱིས་གནས་ཐམས་ཅད་གྲུབ་པའམ། བགྱིས་པ་འམ། ལགས་ པ་ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་གསོ་སྦྱོང་ གི་གནས་སུ་བློ་མཐུན་པར་བགྱིད་ན་ཚེ་དང་ལྡན་པ་གང་དག་གནས་ཐམས་ཅད་གྲུབ་པའམ། བགྱིས་པའམ། ལགས་པ་ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་ འདི། དགེ་འདུན་གྱི་གསོ་སྦྱོང་གི་གནས་སུ་བློ་མཐུན་པར་བགྱི་བར་བཟོད་པ་དེ་དག་ནི་ཅང་ མ་གསུངས་ཞིགགང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག དགེ་འདུན་གྱིས་བཟོད་ཅིང་ གནང་ནས། དགེ་འདུན་གྱིས་གནས་ཐམས་ཅད་གྲུབ་པའམ། བགྱིས་པའམ། ལགས་པ་ ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་གསོ་སྦྱོང་ གི་གནས་སུ་བློ་མཐུན་པར་བགྱིས་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་ འཛིན་ཏོ། །ཞེས་བརྗོད། གྲུབ་པ་ནི་བྱ་སྐྱིབས་སོགས་སྐྱེས་བུའི་རྩོལ་བས་མ་བྱས་པར་རང་གྲུབ་པ་དང༌། བགྱིས་པ་ནི་སྐྱེས་ བུའི་བྱེད་པས་མངོན་པར་གྲུབ་པ་དང༌། ལགས་པ་ནི་བྱ་བ་བྱེད་པའི་གནས་ལ་སོགས་པར་རུང་བ་སྟེ་གནས་རྫོགས་པར་ཟིན་ པའོ། །ཆོ་གའི་སྐབས་སུ་དེ་གསུམ་གང་ཡིན་པ་བློས་བརྟགས་ནས་གང་ཡང་རུང་བ་གཅིག་བརྗོད་པ་ཡིན་གྱི་གསུམ་ག་ཡིན་པ་མི་ སྲིད་པའི་གསུམ་ག་བརྗོད་མི་དགོས་སོ། ། མདོ་འདོན་པས་སླར་ཡང༌། དེ་ཡན་ཆད་སྦྱོར་བའི་ཁོངས་སུ་གཏོགས་པར་བྱས་ནས་ད་ནི་གསོ་ སྦྱོང་དངོས་གཞིའི་རིམ་པ་ལ་སོ་སོར་ཐར་པ་ལ་སྟོན་པ་སངས་རྒྱས་ཀྱི་འདུ་ཤེས། རང་ཉིད་ ལ་བསླབ་པ་གཅེས་སྤྲས་སུ་བྱེད་པའི་འདུ་ཤེས། ཚུལ་འདི་ལྟ་བུ་ལ་བརྟེན་ནས་ཀྱང་རྒྱལ་ བའི་བསྟན་པ་ཡུན་རིང་དུ་གནས་པའི་འདུ་ཤེས་གསུམ་ཐུགས་ལ་བཞག་ནས་གསན་པར་ ཞུ། ཞེས་བརྗོད་ལ། མདོ་འདོན་པ་པོས་ཐལ་མོ་ཅུང་ཟད་སྦྱར་ཏེ། རྒྱ་གར་སྐད་དུ་པྲ་ཏི་མོ་ཀྵ་སཱུ་ཏྲ། བོད་སྐད་ དུ། སོ་སོར་ཐར་པའི་མདོ། གནས་བརྟན་གྱིས་བརྗོད་རྗེས་སུ་ཡོངས་ཀྱིས། ཐམས་ཅད་མཁྱེ ན་པ་ལ་ཕྱག་ 8-1-61 འཚལ་ལོ། །གནས་བརྟན་མདོ་འདོན་པས། སྙན་པའི་བ་དན་འཇིག་རྟེན་གསུམ་དུ་གྲགས། །དམ་ པའི་ཆོས་སྒྲ་སེང་གེའི་སྒྲ་བསྒྲགས་པའི། །ཐམས་ཅད་མཁྱེན་པ་དཀོན་མཆོག་མཛོད་བརྙེས་ པ། །ཞབས་ལ་ཚངས་དབང་གཙུག་གི་ནོར་བུས་གཏུགས། །སྡུག་བསྔལ་རྒྱ་མཚོ་གཏིང་ མཐའ་མེད་བརྒལ་བ། །འགྲོ་བའི་གཙོ་ལ་སྤྱི་བོས་ཕྱག་འཚལ་ཏེ། །ཐམས་ཅད་མཁྱེ ན་པའི་ བསླབ་གཞི་དཀོན་མཆོག་སྣོ ད། །འཕགས་པའི་ཚོགས་ཀྱི་དབུས་སུ་དབྱེ་བར་བྱ། །སངས་ རྒྱས་འདུལ་བ་གངས་ཅན་མཚོ། །གཏིང་མཐའ་མེད་པ་ཐམས་ཅད་ཀྱི། །གནས་པའི་སྙིང་ དང་སྙིང་པོ་ནི། །སོ་སོར་ཐར་པ་འདི་ཡིན་ནོ། །འདི་ནི་དམ་ཆོས་རྒྱལ་པོ་ཡི། །ཆོས་ཀུན་གྱི་ནི་ འདྲེན་པ་མཆོག །འདི་ནི་དགེ་སློ ང་ཚོང་ཚོགས་ཀྱི། །བསླབ་ཟོང་ཚོང་ཁང་ཆེན་པོ་ཡིན། །ཚུལ་ ཁྲིམས་འཆལ་བས་ཟིན་རྣམས་ཀྱི། །གདུག་པ་རྣམས་སེལ་སྨན་འདི་ཡིན། །འདི་ནི་ལང་ཚོས་ རྣམ་འཁྲུལ་བའི། །རྐང་གཉིས་གཞོན་ནུའི་ལྕགས་ཀྱུ་ཡིན། །མཚོ་བས་ཟབ་པའི་འཁོར་བ་ ལས། །སྒྲོལ་བའི་བརྒལ་ཐབས་འདི་ཡིན་ཏེ། །འདི་ནི་བཟང་འགྲོར་འགྲོ་བ་ཡིས། །ངེས་ པའི་ཆུ་ལོན་ཟམ་པ་ཡིན། །འདི་ནི་ཉོན་མོངས་ཕམ་བྱེད་ལམ། །རྒྱལ་པོ་ཡི་ནི་འདྲེན་པ་མཆོག །འདི་ནི་ཐར་པའི་གྲོང་འཇུག་པའི། །ཐེམ་སྐས་གཞི་དང་འདྲ་བར་གནས། །ང་ནི་མྱ་ངན་ འདས་གྱུར་ན། །འདི་ནི་ཁྱོ ད་ཀྱི་སྟོན་པ་ཞེས། །རང་བྱུང་ཉིད་ཀྱིས་གུས་བཅས་པར། །ནན་ ཏན་དགེ་སློ ང་ཚོགས་མདུན་བསྟོད། །སངས་རྒྱས་ཞེས་བྱའི་སྒྲ་འདི་ཡང༌། །འཇིག་རྟེན་དག་ ན་རབ་ཏུ་དཀོན། །མི་ཉིད་རྙེད་པ་ཤིན་ཏུ་དཀའ། །རབ་ཏུ་བྱུང་བ་ཤིན་ཏུ་དཀོན། །དེ་བཞིན་ རབ་ཏུ་བྱུང་རྣམས་ཀྱང༌། །ཚུལ་ཁྲིམས་ཕུན་སུམ་ཚོགས་རབ་དཀོན། །ཚུལ་ཁྲིམས་ཡོངས་སུ་ དག་གྱུར་ཀྱང༌། །གྲོགས་བཟང་ཤིན་ཏུ་རྙེད་པར་དཀའ། །འཇིག་རྟེན་སངས་རྒྱས་འབྱུང་བ་ དང༌། །མི་དང་རབ་ཏུ་འབྱུང་བ་དང༌། །ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དང༌། །གྲོགས་བཟང་ རྙེད་དཀའ་རྙེད་གྱུར་ནས། །མཁས་པ་དག་ལ་ལེགས་འདོད་ཅིང༌། །དེ་དག་འབྲས་བཅས་ 8-1-62 བྱེད་འདོད་པའི། །སྡོམ་བརྩོན་རྣམས་ཀྱི་སོ་སོར་ཐར། །མཉན་པའི་ཕྱིར་ནི་འབད་པར་བགྱི། །དགེ་སློ ང་དབང་དུལ་ཀུན་དབང་པོ། །སངས་རྒྱས་མི་འགྱུར་རབ་འབྱུང་བ། །ངེས་པར་ཐར་ པ་འདོད་རྣམས་ཀྱིས། །སོ་སོར་ཐར་པ་རྟག་ཏུ་བསྲུང༌། །བསྐལ་པ་བྱེ་བ་རྣམས་སུ་ཡང༌། །སོ་ སོར་ཐར་པ་ཐོས་པ་དང༌། །གཟུང་དང་འཛིན་པ་རྙེད་དཀའ་སྟེ། །སྒྲུབ་པའང་ཤིན་ཏུ་རྙེད་པར་ དཀའ། །སངས་རྒྱས་རྣམས་ནི་འབྱུང་བ་བདེ། །ཆོས་བསྟན་པ་ཡང་བདེ་བ་ཡིན། །དགེ་འདུན་ མཐུན་པ་བདེ་བ་སྟེ། །མཐུན་པ་རྣམས་ཀྱི་དཀའ་ཐུབ་བདེ། །འཕགས་པ་རྣམས་ནི་མཐོང་བ་ བདེ། །དམ་པ་རྣམས་དང་འགྲོགས་པ་བདེ། །བྱིས་པ་རྣམས་ནི་མ་མཐོང་ན། །རྟག་ཏུ་བདེ་བ་ ཉིད་དུ་འགྱུར། །ཚུལ་ཁྲིམས་ལྡན་པ་མཐོང་བ་བདེ། །མང་དུ་ཐོས་པ་མཐོང་བ་བདེ། །ཡང་ སྲིད་རྣམ་པར་གྲོལ་བ་ཡི། །དགྲ་བཅོམ་པ་དག་མཐོང་བ་བདེ། །འཇུག་ངོགས་བདེ་བའི་ཆུ་ ཀླུང་བདེ། །ཆོས་ལ་གོམས་པའི་སྐྱེ་བོ་བདེ། །ཤེས་རབ་ཐོབ་པར་གྱུར་པ་བདེ། །ང་འོ་ང་རྒྱལ་ ཟད་པ་བདེ། །ངེས་པར་བྱས་ཤིང་དབང་པོ་ཐུལ་བ་དག །དགོན་པ་ཞི་བ་རྣམས་སུ་རྒས་གྱུར་ ཅིང༌། །མང་དུ་ཐོས་པ་ནགས་ཀྱི་ནང་དག་ཏུ། །ལང་ཚོ་ཡོལ་བ་རྣམས་ཀྱི་གནས་པ་བདེ། །ཚེ་ དང་ལྡན་པ་དག་སོ་ཀ་རྣམས་ཀྱི་འདས་པ་དང༌། ལྷག་མ་ཇི་ཙམ་པ་དེ་ཙམ་མོ། །ཞེས་པའི་སྐབས་ ཀྱི་དུས་བརྗོད་ཚུལ་ནི་སྤྱིར་ཧོར་ཟླ་དང་པོ་མཆུ་ཟླ་ནས་བཅུ་གཉིས་པ་རྒྱལ་ཟླའི་བར་ལ་ལོ་འགོ་འཛིན་ཚུལ་མདོ་སྡེ་གསེར་འོད་ དམ་པ་དང་དུས་འཁོར་ལུགས་སོགས་སུ་དཔྱིད་ཐ་གསུམ་པ་ནག་ཟླའི་ཚེས་གཅིག་ནས་དང་མཁའ་འགྲོ་རྒྱ་མཚོ་དང་ནག་རྩིས་ འགའ་སོགས་ལྟར་ན་དགུན་ཐ་བཅུ་གཉིས་རྒྱལ་ཟླའི་མགོ་ནས་དང་མཆིམས་རྔོག་སོགས་ཀྱི་ལུགས་ལ་སྟོན་འབྲིང་བརྒྱད་པ་ ཁྲུམ་སྟོད་ཟླ་བའི་ཚེས་བཅུ་དྲུག་ནས་དང་ཤཱཀྱ་ཤྲཱི་སོགས་ཀྱི་བཞེད་པ་སྟོན་ཐ་དགུ་པ་ཐ་སྐར་ཟླ་བའི་ཚེས་བཅུ་གཅིག་ནས་དང་ རྗེ་ཙོང་ཁ་པ་སོགས་ཀྱི་ལུགས་ལ་དགུན་ར་བཅུ་པ་སྨིན་དྲུག་ཟླ་བའི་ཚེས་བཅུ་དྲུག་ནས་དང་ཕུགས་ལུགས་སོགས་ལྟར་ན་དགུན་ འབྲིང་བཅུ་གཅིག་པ་མགོ་ཟླའི་ཚེས་ནས་དང་གཞན་མདོ་ལུགས་པ་འགའི་འདོད་པ་ལྟར་ན་དཔྱིད་འབྲིང་གཉིས་པ་དབོ་ཟླ་ནས་ ལོ་མགོ་འཛིན་པ་སོགས་དེ་འདྲ་སྣ་ཚོགས་པ་མང་པོ་ཡོད་པ་རྣམས་ལས་འདིར་འདུལ་ལུགས་ཧོར་ཟླ་བཅུ་པའི་ཚེས་བཅོ་ལྔས་ 8-1-63 སྟོན་ཟླ་རྫོགས་པས་དེའི་ཕྱི་ཉིན་ཚེས་བཅུ་དྲུག་ནས་དགུན་ཟླ་དང་པོ་ཤར་བའི་ཕྱིར་དེ་ནས་ལོ་འགོ་འཛིན་པའི་དབང་དུ་བྱས་ནས་ འདི་ལྟར་བརྗོད་པར་བྱ་སྟེ། ཧོར་ཟླ་བཅུ་པའི་མར་ངོ་ལ། ཚེ་དང་ལྡན་པ་དག་སང་གི་སྐྱ་རེངས་ཤར་བའི་ཚེ་ དགུན་སྟོད་རྣམས་ཀྱི་ཟླ་བ་ཕྱེད་ནི་འདས་སོ། །ཟླ་བ་ཕྱེད་དང་གཉིས་ནི་ལུས་སོ། །བཅུ་གཅིག་ པའི་ཡར་ངོ་ལ། གཅིག་ནི་འདས་སོ། །གཅིག་ནི་ལུས་སོ། །དེའི་མར་ངོ་ལ། ཕྱེད་དང་གཉིས་འདས། ཕྱེད་ལུས། བཅུ་གཉིས་པའི་ཡར་ངོ་ལ། དགུན་སྟོད་རྣམས་ཀྱི་ཟླ་བ་གཉིས་འདས་ཏེ་ལྷག་མ་མ་ལུས་ སོ། །ཞེས་བརྗོད། དེ་བཞིན་དུ། དགུན་སྨད་ཀྱི་ཟླ་བ་གཉིས་དང༌། དཔྱིད་ཟླ་བ་གཉིས། སོ་ཀའི་ཟླ་བ་གཉིས། དབྱར་ཟླ་བ་ གཉིས། སྟོན་ཟླ་བ་གཉིས་རྣམས་རིགས་འགྲེ་ཤེས་པར་བྱ། གལ་ཏེ་ཟླ་ལྷག་ཡོད་ཚེ་གང་ལྷག་པའི་དུས་ཚུགས་དེ་ལ། བཤོལ་ དང་བཅས་པའི་ཟླ་བ་ཕྱེད་ནི་འདས་སོ། །ཕྱེད་དང་གསུམ་ནི་ལུས་སོ། །ཞེས་པ་ལྟ་བུ་སྐབས་དང་ བསྟུན་ཏེ་བརྗོད་དགོས་ཤིང་དེ་ལས་བཅུ་པའི་གནམ་གང་ནས་བཅུ་གཉིས་པའི་བཅོ་ལྔའི་བར་ལ་དགུན་སྟོད་རྣམས་ཀྱི་ཟླ་བ་ གཉིས་དང་བཅུ་གཉིས་པའི་གནམ་གང་ནས་གཉིས་པའི་བཅོ་ལྔའི་བར་ལ་དགུན་སྨད་རྣམས་ཀྱི་ཟླ་བ་གཉིས་སུ་སྦྱོར་བ་དེ་བཞིན་ དུ་གཉིས་པའི་གནམ་གང་ནས་བཞི་པའི་བཅོ་ལྔའི་བར་ལ་དཔྱིད་རྣམས་ཀྱི་དང༌། བཞི་པའི་གནམ་གང་ནས་དྲུག་པའི་བཅོ་ལྔའི་ བར་ལ་སོས་ཀ་རྣམས་ཀྱི་དང༌། དྲུག་པའི་གནམ་གང་ནས་བརྒྱད་པའི་བཅོ་ལྔའི་བར་ལ་དབྱར་རྣམས་ཀྱི་དང་བརྒྱད་པའི་གནམ་ གང་ནས་བཅུ་པའི་བཅོ་ལྔའི་བར་སྟོན་རྣམས་ཀྱི་ཟླ་བ་གཉིས་སུ་སྦྱོར་བར་བྱས་ཏེ་ཚུལ་དེའི་སྒོ་ནས་གསོ་སྦྱོང་བཅུ་བཞི་པ་དྲུག་ ནི་གོང་སྨོས་ཀྱི་ཟླ་བ་དྲུག་གི་མར་ངོའི་ཉེར་དགུའི་དུས་རྣམས་དང་གཞན་གསོ་སྦྱོང་བཅོ་ལྔ་པ་བཅོ་བརྒྱད་པོ་རྣམས་ནི་དེ་ལྷག་གི་ ཟླ་བའི་ཡར་ངོ་བཅོ་ལྔ་རྣམས་དང་མར་ངོ་གནམ་གང་བྱུང་ངོ་ཅོག་ལ་བྱེད་པ་ཡིན་ལ། དེ་དག་གི་སྐབས་སུ་དུས་བརྗོད་ཁ་བསྒྱུར་ ཚུལའང་བཅུ་པའི་མར་ངོའི་གསོ་སྦྱོང་ལ་གོང་བཞིན་དང་བཅུ་གཅིག་པའི་བཅོ་ལྔ་ལ། དགུན་རྣམས་ཀྱི་ཟླ་བ་གཅིག་ ནི་འདས་སོ། །ཟླ་བ་གཅིག་ནི་ལུས་སོ། །དེ་བཞིན་དུ་གཞན་ལ་སྦྱར་ཤེས་པར་བྱ་ལ། བཤོལ་ཟླའི་དུས་བརྗོད་ ཚུལ་ནི། བཅུ་པ་བཤོལ་ན་བཅུ་པའི་མར་ངོས་ལ། ཚེ་དང་ལྡན་པ་དག་སང་གི་སྐྱ་རེངས་ཤར་བ་ན་དགུན་ རྣམས་ཀྱི་བཤོལ་དང་བཅས་པའི་ཟླ་བ་ཕྱེད་ནི་འདས་སོ། །ཟླ་བ་ཕྱེད་དང་གསུམ་ནི་ལུས་ སོ། །ཞེས་པ་ལྟ་བུ་བརྗོད། གཞན་བཀྲ་ཤིས། གནོད་བཟློ གརྩོད་བསྡུམ་གསུམ་གྱི་གསོ་སྦྱོང་རྣམས་བཅུ་བཞི་པ་དང་བཅོ་ལྔ་པ་ 8-1-64 གཉིས་གྱི་ཚབ་ཏུ་དེ་ལུགས་བཞིན་བསྒྱུར། དུས་བརྗོད་གཞན་ཡང་དཔེར་ན་ཟླ་བ་བཅུ་བའི་ཡར་ངོའི་ཚེས་བརྒྱད་ལ་བཀྲ་ཤིས་ གསོ་སྦྱོང་བྱ་བ་ཡིན་ན། ཚེ་དང་ལྡན་པ་དག་སང་གི་སྐྱ་རེངས་ཤར་བ་ན་སྟོན་རྣམས་ཀྱི་ཟླ་བ་གཅིག་ དང་ཞག་ཉི་ཤུ་རྩ་གསུམ་འདས་ཤིང༌། ལྷག་མ་ཞག་བདུན་སླད་དུ་ལུས་སོ། ། ཞེས་པས་མཚོན་ཏེ་གཞན་དུ་མ་ལ་ཤེས་པར་བྱའོ། །དུས་བརྗོད་དེ་དག་ལེགས་གསལ་གྱི་ཆེད་ལོ་གཅིག་ཧྲིལ་པོའི་གསོ་ སྦྱོང་གི་དུས་གསལ་རེ་ཆ་ཡོངས་རྫོགས་ཀྱི་རེ་མིག་དང་བཤོལ་ཟླ་མཚོན་བྱེད་ཙམ་གྱི་རེ་མིག་འདིར་འགོད་པ་ལ། རེ་ཆ་ཡོངས་རྫོགས་རེ་མིག བཅུ་པ། ཉ།༡༥སྨིན་དྲུག་ཟླ་བ། སྟོང༌། ༡༥བཅུ་གཅིག་པ། ཉ། ༡༥མགོ་ཟླ་བ། སྟོང༌། ༡༤སྟོན་ རྣམས་ཀྱི་ཟླ་བ་གཉིས་འདས་ཏེ་ལྷག་མ་མ་ལུས་སོ།།དགུན་རྣམས་ཀྱི་ཟླ་བ་ཕྱེད་ནི་འདས་སོ།།ཕྱེད་དང་གཉིས་ནི་ལུས་སོ།།དགུན་ རྣམས་ཀྱི་ཟླ་བ་གཅིག་ནི་འདས་སོ།། ཟླ་བ་གཅིགནི་ལུས་སོ།།དགུན་རྣམས་ཀྱི་ཟླ་བ་ཕྱེད་དང་གཉིས་ནི་འདས་སོ།། ཕྱེད་ནི་ལུས་ སོ།།བཅུ་གཉིས་པ། ཉ། ༡༥རྒྱལ་ཟླ། སྟོང༌། ༡༥དང་པོ། ཉ། ༡༥མཆུ་ཟླ། སྟོང༌། ༡༤གཉིས་པ། ཉ། ༡༥དབོ་ཟླ། སྟོང༌། ༡༥དགུན་རྣམས་ཀྱི་ཟླ་བ་གཉིས་འདས་ཏེ་ལྷག་མ་མ་ལུས་སོ།།དགུན་སྨད་རྣམས་ཀྱི་ཟླ་བ་ཕྱེད་ནི་འདས་སོ།། ཕྱེད་དང་གཉིས་ནི་ ལུས་སོ།།དགུན་སྨད་རྣམས་ཀྱི་ཟླ་བ་གཅིག་ནི་འདས་སོ།། ཟླ་བ་གཅིག་ནི་ལུས་སོ།།དགུན་སྨད་རྣམས་ཀྱི་ཟླ་བ་ཕྱེད་དང་གཉིས་ ནི་འདས་སོ།། ཟླ་བ་ཕྱེད་ནི་ལུས་སོ།།དགུན་སྨད་རྣམས་ཀྱི་ཟླ་བ་གཉིས་འདས་ཏེ། ལྷག་མ་མ་ལུས་སོ།།དཔྱིད་རྣམས་ཀྱི་ཟླ་བ་ ཕྱེད་ནི་འདས་སོ།། ཕྱེད་དང་གཉིས་ནི་ལུས་སོ།།གསུམ་པ། ཉ། ༡༥ནག་ཟླ། སྟོང༌། ༡༤བཞི་པ། ཉ། ༡༥ས་ག་ཟླ་བ།སྟོང༌།༡༥ལྔ་ པ། ཉ། ༡༥སྣྲོན་ཟླ་བ།སྟོང༌།༡༤དཔྱིད་རྣམས་ཀྱི་ཟླ་བ་གཅིག་ནི་འདས་སོ། །ཟླ་བ་གཅིག་ནི་ལུས་སོ།།དཔྱིད་རྣམས་ཀྱི་ཟླ་བ་ཕྱེད་ དང་གཉིས་ནི་འདས་སོ། །ཟླ་བ་ཕྱེད་ནི་ལུས་སོ།།དཔྱིད་རྣམས་ཀྱི་ཟླ་བ་གཉིས་འདས་ཏེ། ལྷག་མ་མ་ལུས་སོ།།སོ་ཀ་རྣམས་ཀྱི་ཟླ་ བ་ཕྱེད་ནི་འདས་སོ།།ཟླ་བ་ཕྱེད་དང་གཉིས་ནི་ལུས་སོ།།སོ་ཀ་རྣམས་ཀྱི་ཟླ་བ་གཅིག་ནི་འདས་སོ།།ཟླ་བ་གཅིག་ནི་ལུས་སོ།།སོ་ཀ་ རྣམས་ཀྱི་ཟླ་བ་ཕྱེད་དང་གཉིས་ནི་འདས་སོ། །ཟླ་བ་ཕྱེད་ནི་ལུས་སོ།།དྲུག་པ། ཉ། ༡༥ཆུ་སྟོད་ཟླ་བ། སྟོང༌། ༡༥བདུན་པ། ཉ། ༡༥གྲོ་བཞིན་ཟླ་བ། སྟོང༌། ༡༤བརྒྱད་པ། ཉ། ༡༥ཁྲུམས་སྟོད་ཟླ་བ། སྟོང༌། ༡༥སོ་ཀ་རྣམས་ཀྱི་ཟླ་བ་གཉིས་འདས་ཏེ། ལྷག་མ་མ་ ལུས་སོ།།དབྱར་རྣམས་ཀྱི་ཟླ་བ་ཕྱེད་ནི་འདས་སོ།།ཟླ་བ་ཕྱེད་དང་གཉིས་ནི་ལུས་སོ།།དབྱར་རྣམས་ཀྱི་ཟླ་བ་གཅིག་ནི་འདས་སོ།། ཟླ་བ་གཅིག་ནི་ལུས་སོ།།དབྱར་རྣམས་ཀྱི་ཟླ་བ་ཕྱེད་དང་གཉིས་ནི་འདས་སོ།།ཟླ་བ་ཕྱེད་ནི་ལུས་སོ།།དབྱར་རྣམས་ཀྱི་ཟླ་ 8-1-65 བ་གཉིས་འདས་ཏེ།ལྷག་མ་མ་ལུས་སོ། །སྟོན་རྣམས་ཀྱི་ཟླ་བ་ཕྱེད་ནི་འདས་སོ། །ཟླ་བ་ཕྱེད་དང་གཉིས་ནི་ལུས་སོ། །བཤོལ་ ཟླ་གཞན་གང་ཡོད་ལ་དེ་ཙམ་གྱིས་འགྲེས་དགོས་ཤིང༌། དེ་ལྟར་ལོ་གཅིག་གསོ་སྦྱོང་དུས་གསལ་རེ་མིག་དང་བཤོལ་མཚོན་རེ་ མིག་གང་ཡང་རུང་བ་ལ་བརྟེན་ནས་སྐབས་ཀྱིས་དུས་བརྗོད་མ་ནོར་བར་ལེགས་གྲུབ་ཀྱི་མཐར་མདོ་འདོན་པས་སླར་ཡང༌། ཚེ་ དང་ལྡན་པ་དག་རྒ་བ་དང་འཆི་བ་མངོན་པར་འོང་ཞིང་སྟོན་པའི་བསྟན་པ་ཡང་འཇིག་པར་ འགྱུར་བས་ཚེ་དང་ལྡན་པ་དག་གིས་བག་ཡོད་པ་རྣལ་འབྱོར་དུ་བྱའོ། །དེ་བཞིན་གཤེགས་པ་ དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་བྱང་ཆུབ་དང༌། གཞན་ཡང་ གང་དག་དེ་ལྟ་བུ་དང་མཐུན་པའི་དགེ་བའི་ཆོས་བྱང་ཆུབ་ཀྱི་ཕྱོགས་རྣམས་ཀྱང་བག་ཡོད་ པས་འཐོབ་བོ། །བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ནི་དོན་ཉུང་བ་བྱ་བ་ཉུང་བ་ ཡིན་པས། དགེ་འདུན་གྱི་ཐོག་མར་བྱ་བ་ཅི་ཡོད། ཚེ་དང་ལྡན་པ་དག་མ་ལྷགས་པ་རྣམས་ ལ་འདུན་པ་དང༌། ཡོངས་སུ་དག་པ་དྲིས་ཤིག དྲིས་ནས་ཀྱང་བརྗོད་པར་བྱའོ། །གོང་གསོ་སྦྱོང་ སྔོན་འགྲོའི་ཐོག་མར་དགེ་སློང་འདུན་དག་ལེན་བརྗོད་ཕྱག་བཞེས་འགའ་ལྟར་ལག་ལེན་བདེ་བས་དེར་བཀོད་ཟིན་ལ་གོང་དུ་མ་ གྲུབ་ན་འདིར་བྱ་བའང་ཐོབ་ཐང་ཡིན། ཤཱཀྱ་སེང་གེ་དེ་ལ་ནི། །སོར་མོ་བཅུ་ཡིས་ཐལ་སྦྱར་ཏེ། །སོ་སོར་ ཐར་པ་གདོན་པར་བྱ། །གདུལ་བའི་དོན་དུ་ང་ལས་ཉོན། །ཐོས་ནས་དྲང་སྲོང་ཆེན་པོ་ཡིས། །ཇི་སྐད་གསུང་བཞིན་བསྒྲུབ་བྱ་ཞིང༌། །ཁ་ན་མ་ཐོ་ཕྲ་རྣམས་ལ། །བརྟུན་ཅིང་བྱེད་པ་ཉིད་དུ་ གྱིས། །རྟག་ཏུ་འབད་པས་འདའ་བ་ཡི། །སེམས་རྟ་ཁ་གླན་དཀའ་བ་ལ། །མཐུན་པའི་གཟེར་ རྣོན་བརྒྱབ་པ་ཡི། །སྲབ་ནི་སོ་སོ་ཐར་འདི་ཡིན། །ཆེ་བ་གང་དག་ངག་ཙམ་གྱིས། །ལྡོ ག་ཅིང་ མཚམས་ལས་མི་འདའ་བ། །དེ་དག་མི་རྟ་བཟང་པོ་སྟེ། །ཉོན་མོངས་གཡུལ་ལས་ངེས་རྒྱལ་ འགྱུར། །སུ་ལ་སྲབ་འདི་མེད་པ་དང༌། །ནམ་དུའང་འདོད་པར་མི་འགྱུར་བ། །དེ་དག་ཉོན་ མོངས་གཡུལ་གྱིས་དཀྲུགས། །འཇོག་བྲལ་རྣམ་པར་འཁྱམས་པར་འགྱུར། །དགེ་འདུན་ བཙུན་པ་རྣམས་གསན་དུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅུ་བཞི་པའམ་བཅོ་ལྔ་པ་ 8-1-66 ལགས་ཏེ། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་ བར་མཛོད་ཅིག་དང༌། དེང་དགེ་འདུན་གསོ་སྦྱོང་མཛད་དེ། སོ་སོ་ཐར་པའི་མདོ་གདོན་པ་ གདོན་ཏོ། །འདི་ནི་གསོལ་བའོ། །འདི་དག་གི་སྐབས་གཞན་བཀྲ་ཤིས། གནོད་བཟློ གརྩོད་བསྡུམ་གྱི་གསོ་སྦྱོང་ གསུམ་གང་ཡིན་ན་གོང་གི་བཅུ་བཞིའམ་བཅོ་ལྔ་པའི་ཚབ་ཏུ་སྦྱར་ཞིང་དུས་བརྗོད་དང་གསོལ་ལས་བསྒྱུར་བ་ཙམ་མ་གཏོགས་ དཀྱུས་བཞིན་བྱས་ན་ཆོག ཚེ་དང་ལྡན་པ་དག་བདག་ཅག་གསོ་སྦྱོང་བྱ་སྟེ། སོ་སོར་ཐར་པའི་མདོ་ འདོན་པ་གདོན་གྱི། ཁྱེ ད་ཅག་སུ་ལ་ལྟུང་བ་ཡོད་པ་དེ་མཐོལ་ཞིག ལྟུང་བ་མེད་ན་ཅང་མ་སྨྲ་ ཞིགཅང་མི་སྨྲ་ན་བདག་གིས་ཚེ་དང་ལྡན་པ་དག་ཡོངས་སུ་དག་པར་རིགས་པར་བྱའོ། །དེ་ ལྟར་སོ་སོར་དྲིས་ནས་དགེ་སློང་གིས་ལན་བཏབ་པ་དེ་བཞིན་དུ་དགེ་སློང་གི་འཁོར་འདི་ལྟ་ བུར་ཡང་ལན་གསུམ་གྱི་བར་དུ་བསྒྲག་པར་བྱ་བ་ཡིན་ནོ། །ཡང་དགེ་སློ ང་གང་དགེ་སློ ང་ གི་འཁོར་འདི་ལྟ་བུར་ལན་གསུམ་གྱི་བར་དུ་བསྒྲགས་པ་ན་ལྟུང་བ་ཡོད་ལ་དྲན་བཞིན་དུ་ མི་མཐོལ་ན་དེ་ཤེས་བཞིན་དུ་བརྫུན་དུ་སྨྲ་བ་ཡིན་ནོ། །ཚེ་དང་ལྡན་པ་དག་ཤེས་བཞིན་དུ་ བརྫུན་དུ་སྨྲ་བ་ནི་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་སོ། །དེ་བས་ ན་དགེ་སློང་ལྟུང་བ་བྱུང་བ་རྣམ་པར་དག་པར་འདོད་པས་ལྟུང་བ་ཡོད་ལ་དྲན་ཞིང་མཐོང་བ་ མཐོལ་བར་བྱའོ། །མཐོལ་ཞིང་བཤགས་ན་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི། མ་ མཐོལ་མ་བཤགས་ན་ནི་མི་འགྱུར་རོ། །ཚེ་དང་ལྡན་པ་དག་བདག་གིས་སོ་སོར་ཐར་པའི་ མདོ་གདོན་པའི་གླེང་གཞི་བཏོན་ཟིན་ཏོ། །དེ་ལ་བདག་གིས་ཚེ་དང་ལྡན་པ་དག་ལ་ཅི་འདི་ ལ་ཁྱོ ད་ཡོངས་སུ་དག་གམ་ཞེས་དྲིའོ། །ཅི་འདི་ལ་ཁྱོ ད་ཡོངས་སུ་དག་གམ་ཞེས་ལན་གཉིས་ ལན་གསུམ་དུ་དྲིའོ། །འདི་ལ་ཚེ་དང་ལྡན་པ་དག་ཡོངས་སུ་དག་ན། འདི་ལྟར་ཅང་མི་སྨྲ་བས་ དེ་དེ་བཞིན་དུ་འཛིན་ཏོ། །དེ་ཡན་ཆད་ཀྱིས་སོ་ཐར་གྱི་མདོའི་གླེང་གཞི་ཡན་དེང་སང་གི་ཕྱག་ བཞེས་ལྟར་ལེགས་པར་བཏོན་ཟིན་ལ་དེ་མ་ཡིན་པའི་ལྟུང་བ་སྡེ་ལྔར་གཏོགས་པ་ཕམ་ལྷག་ 8-1-67 མ་ངེས་པ་དང་རིལ་འདོན་བཞི་པོ་ནི་འདིར་ཐོས་པ་བསྒྲགས་པའི་དབང་དུ་བྱས་པ་དེ་ལུགས་ ལྟར་ལེགས་གསན་མཛོད་ཅིག ཚེ་དང་ལྡན་པ་དག་སླད་མ་ཕམ་པར་འགྱུར་པའི་ཆོས་བཞི་ དང༌། དགེ་འདུན་ལྷག་མའི་ཆོས་བཅུ་གསུམ་དང༌། མ་ངེས་པའི་ཆོས་གཉིས་དང༌། སྤང་ བ་ལྟུང་བྱེད་ཀྱི་ཆོས་སུམ་ཅུ་དང༌། ལྟུང་བྱེད་འབའ་ཞིག་པ་དགུ་བཅུ་དང༌། སོ་སོར་བཤགས་ པར་བྱ་བའི་ཆོས་བཞི་དང༌། བསླབ་པར་བྱ་བའི་ཆོས་མང་པོ་དང༌། རྩོད་པ་ཞི་བར་བྱ་བའི་ ཆོས་བདུན་པོ་རྣམས་ནི་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་ལས་འབྱུང་བས་ སྔར་གསན་པའམ། ཕྱིས་ཀྱང་གསན་པར་འགྱུར་རོ། །ཞེས་པའི་བར་བརྗོད་ཅིང་སེ་གོལ་གཏོགས། དེ་ནས་ མདོ་འདོན་པས། རྗེས་བསྔོ ་བ་འདི་ལྟར་མཛོད། ཅེས་དབུ་བསྐུལ་ཏེ་ཐམས་ཅད་ཀྱི་མགྲིན་གཅིག་ཏུ། སོ་སོར་ ཐར་པ་བཏོན་པ་དང༌། ཉན་པ་ཡི། །ཞེས་འདོན་ཉན་དག་གིས་ཚིག་བསྒྱུར་སོ་སོ་བཅས། བསོད་ནམས་ གྲུབ་པ་གང་ཡོད་པ། །དེས་ནི་འཇིག་རྟེན་མ་ལུས་པ། །ཐུབ་དབང་གོ་འཕང་ཐོབ་པར་ཤོག །བརྩམ་པར་བྱ་ཞིང་དབྱུང་བར་བྱ། །སངས་རྒྱས་བསྟན་ལ་འཇུག་པར་བྱ། །འདམ་བུའི་ཁྱི མ་ ལ་གླང་ཆེན་བཞིན། །འཆི་བདག་སྡེ་ནི་གཞོམ་པར་བྱ། །གང་ཞིག་རབ་ཏུ་བག་ཡོད་པས། །ཆོས་འདུལ་འདི་ལ་སྤྱོད་གྱུར་པ། །སྐྱེ་བའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་ཐ་མར་ བྱེད་པར་འགྱུར། ཕན་ཚུན་ཚུལ་ཁྲིམས་བསྲུང་བ་དང༌། །བསྟན་པ་འཕེལ་བར་བྱ་བའི་ཕྱིར། །སོ་སོར་ཐར་པ་འདི་བཏོན་པས། །དགེ་འདུན་གྱིས་ནི་གསོ་སྦྱོང་བྱས། །གང་གི་ཕྱིར་ན་མདོ་ བཏོན་དང༌། །གང་ཕྱིར་གསོ་སྦྱོང་བྱས་གྱུར་པའི། །ཚུལ་ཁྲིམས་དེ་ནི་བསྲུང་བྱ་སྟེ། །གཡག་ རྔའི་རྩེ་མོ་ཇི་བཞིན་ནོ། །ཀླུ་རྒྱལ་དགའ་བོ༴ སོགས་གོང་བཞིན་དང་གཞན་ཡང་བསྔོ ་སྨོན་བཀྲ་ཤིས་ཅི་རིགས་ བྱའོ། ། གསོ་སྦྱོང་དེ་འདྲའི་ཚུལ་གྱིས་ཉིན་གཅིག་ཏུ་ཆོས་ལྡན་གྱི་བྱ་བས་འདའ་བར་འདོད་ན་གསོ་སྦྱོང་གི་སྦྱོར་དངོས་ཀྱི་སྐབས་ཅི་ རིགས་སུ་ཐུན་མོང་མདོ་སྡེ་ལས་རྣམ་འབྱེད་དང་མཛངས་བླུན་རྒྱལ་བའི་སྐྱེས་རབས་རྣམས་ལུང་བཤད་སྦྲགས་མ་ཅི་འགྲུབ་དང་ 8-1-68 ཐུན་མིན་སྡོམ་པ་གསུམ་གྱི་རྣམ་གཞག་རྒྱས་བསྡུས་འཚམས་པ་འཆད་ཉན་ལེགས་ངེས་བྱ་བའམ། ཡང་ན་འཕགས་པའི་གནས་ བརྟན་ཕྱག་མཆོད་ཇི་ལྟར་འོས་པ་དང་རྗེ་བཙུན་རིན་པོ་ཆེའི་ཆོས་སྤྱོད་ཕན་བདེ་འབྱུང་གནས་ལྟར་རམ་ཁོ་བོས་རྩོམ་བསྒྲིགས་ ཀྱིས་བླ་མ་གོང་མའི་མཆོད་ཐབས་སྣ་ཚོགས་དང་མདོ་སྔགས་ཀྱི་མཆོད་ཐབས་བསྒྲིགས་ཡོད་པ་དེ་དག་ཅི་རིགས་ཀྱིས་བསོད་ ནམས་བསགས་སྒོ་ལ་འབད་པ་དང༌། གཞན་ཡང་དུས་འཁོར་མཆོད་ཆོག་སོགས་རང་རང་གི་གང་མོས་ཀྱི་མཆོད་སྒྲུབ་རྣམས་ བྱས་པས་ཉིན་ཞག་འགར་དེ་ལུགས་ཀྱིས་འཁྱོ ལ་ནའང་མི་ཆོག་པ་མེད་དོ། ། དེ་དག་ནི་གསོ་སྦྱོང་ཅུང་རྒྱས་ཙམ་སྟེ་དུས་དབང་གིས་དེ་འདྲ་མ་ལྡན་པར་དགེ་སློང་བཞི་ཡན་ཚོགས་པའི་དགེ་འདུན་གྱི་ སྡེ་ལ་སོགས་པ་དག་གིས་གསོ་སྦྱོང་མ་བྱས་པའི་ཉེས་པ་དགག་ཕྱིར་གསོ་སྦྱོང་བྱིན་གྱིས་བརླབ་པ་ནི། ཐོག་མར་རྒྱུན་ཆགས་ གསུམ་པ་བསྡུས་པ་བྱ་ལུགས་ཕྱག་འཚལ་བ་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ༴ སོགས་ནས། སྟོན་པ་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ཕྱག་འཚལ་ལོ་མཆོད་དོ་སྐྱབས་ སུ་མཆིའོ། །ཞེས་པའམ། མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཞེས་པ་ལ་སོགས་པ་རྒྱས་བསྡུས་ཅི་རིགས་དང་མདོ་ ནི་ཟབ་མདོའམ་དཀོན་མཆོག་རྗེས་དྲན་མདོ་དང༌། ཆོས་རྣམས་ཐམས་ཅད༴ སོགས་ནས། སངས་རྒྱས་བསྟན་ པ་ཡིན། །ཞེས་པ་དང༌། སྐར་མ་རབ་རིབ༴ ཞེས་སོགས་རྒྱས་བསྡུས་ཅི་རིགས་དང༌། བསྔོ ་བ་ནི། བསོད་ནམས་ འདི་ཡིས༴ སོགས་དང༌། ཁྲིམས་ཀྱི་ཚུལ་ཁྲིམས༴ ཞེས་སོགས་རྒྱས་བསྡུས་ཅི་རིགས་པ་བརྗོད་པ་སྟེ་བསྡུས་པའི་ ནང་གསེས་ཀྱི་རྒྱས་བསྡུས་གང་འཚམས་བྱས་ནས་ཕྱག་དང་ཐལ་མོ་སྦྱར་ཏེ། བསྟན་པ་རིན་པོ་ཆེའི་སོགས། ཆེན་ པོ་གསོ་སྦྱོང་བྱིན་རླབས་ལ་ཐུགས་གཏད་པར་ཞུ། རྒན་པ་དེས། ཆོས་བཞིན་སོགས་བརྗོད། ཀུན་ གྱིས་ཙོག་པུར་འདུད་རྒྱ་དང་བཅས་ཏེ། བཙུན་པ་དགོངས་སུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་ བཅོ་ལྔ་པ་ལགས་ལ་བདག་དགེ་སློང་མིང་འདི་ཞེས་བགྱི་བའི་ཡང་གསོ་སྦྱོང་བཅོ་ལྔ་པ་ ལགས་ཏེ། བདག་དགེ་སློ ང་མིང་འདི་ཞེས་བགྱི་བ་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་ གོ །ཞེས་བདག་མཆི་ན་བདག་ཡོངས་སུ་དག་པར་བཙུན་པའི་གཟུང་དུ་གསོལ། བདག་དགེ་ སློང་མིང་འདི་ཞེས་བགྱི་བས་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དེང་ 8-1-69 གསོ་སྦྱོང་བྱིན་གྱིས་བརླབས་སོ། །གང་གི་ཚེ་དགེ་འདུན་ཚོགས་པ་རྙེད་པ་དེའི་ཚེ་དགེ་འདུན་ དང་ལྷན་གཅིག་གསོ་སྦྱོང་རྒྱ་ཆེར་ཉམས་སུ་མྱོང་བར་བྱ་ཞིང༌། སོ་སོར་ཐར་པའི་མདོ་འདོན་ པ་ཡང་གདོན་པར་བྱའོ། །ཞེས་ལན་གསུམ་དང༌། ཕན་ཚུན་ཐབས་ལེགས་དང་གཏང་རག་བྱའོ། །དགེ་སློ ང་གཅིག་ ལས་མེད་ན་ཕྱག་གསུམ་འཚལ་ཏེ། ལྷ་དགོངས་སུ་གསོལ། དེང་དགེ་འདུན་གྱི༴སོགས་ནས། ཡོངས་ སུ་དག་པར་ལྷས་བཟུང་དུ་གསོལ། བདག་དགེ་སློ ང༴སོགས་ནས། གདོན་པར་བགྱིའོ། །ཞེས་ལན་ གསུམ་བརྗོད་ནས་ཕྱག་གསུམ་འཚལ་བ་སྟེ། སྙན་གསན་དང་གཏང་རག་མི་དགོས་ལ། དེ་ཙམ་ཡང་མ་གྲུབ་ན། གསོ་སྦྱོང་གི་ དུས་ལ་བབ་པའི་ཚེ། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང༌། །ཞེས་སོགས་སྔོ ན་དུ་བཏང་སྟེ། ཐུབ་པའི་སྔོ ན་གྱི་ གསོ་སྦྱོང༌། སྡིག་པ་ཅི་ཡང་མི་བྱ་སྟེ། །ཞེས་སོགས་དང༌། ལུས་ཀྱི་སྡོམ་པ་ལེགས་པ་སྟེ། །ངག་གི་སྡོམ་ པ་ལེགས་པ་ཡིན། །ཡིད་ཀྱི་སྡོམ་པ་ལེགས་པ་སྟེ། །ཐམས་ཅད་དུ་ནི་སྡོམ་པ་ལེགས། །ཀུན་ ཏུ་བསྡམ་པའི་དགེ་སློ ང་ནི། །སྡུག་བསྔལ་ཀུན་ལས་རབ་ཏུ་གྲོལ། །ཞེས་པ་ཙམ་འདོན། གཞན་ བཀྲ་ཤིས། གནོད་བཟློ གརྩོད་བསྡུམ་གྱི་གསོ་སྦྱོང་གསུམ་ལ་ནི་སྦྱོར་དངོས་འཇུག་གསུམ་གྱི་ཆོ་ག་ཐམས་ཅད་སྔར་དང་འདྲ་ བ་ལས། གསོལ་བའི་ལས་ཀྱི་ཚེ་གསོ་སྦྱོང་བཅོ་ལྔ་པ་སྟེ། ཞེས་པའི་དོད་ལ། བཀྲ་ཤིས་ཀྱི་གསོ་སྦྱོང་སྟེ། ཞེས་པ་ ལྟ་བུ་དང༌། དུས་བརྗོད་དུས། ཧོར་ཟླ་བཅུ་པའི་ཚེས་བཅོ་བརྒྱད་ལྟ་བུ་ལ། དགུན་སྟོད་རྣམས་ཀྱི་ཟླ་བ་དང་པོའི་ ཞག་གསུམ་ནི་འདས་སོ། །ཟླ་བ་གཅིག་དང་ཞག་ཉི་ཤུ་རྩ་བདུན་ནི་ལུས་སོ། །ཞེས་བརྗོད་པ་ཙམ་ ཁྱད་པར་རོ། །ཚུལ་དེ་ལུགས་ཀྱིས་གསོ་སྦྱོང་དུས་དུས་སུ་གང་འགྲུབ་ལ་རེམ་པ་ལྷུར་ལེན་པའི་སྐབས་ཀྱི་གོང་སྨོས་ལྟར། གསོ་ སྦྱོང་གི་ཕྱག་ལེན་གང་དག་ནི་བོད་ལྗོངས་འབྲས་སྤུངས་ཆོས་སྡེ་སོགས་འདུལ་འཛིན་འགངས་ཆེན་རྣམས་ཀྱི་ཕྱག་བཞེས་གཙོ་ བོར་གྱུར་པ་ལྟར་ཉེ་བར་བཀོད་པ་སྟེ། དེ་དག་གིས་འདིའི་ཁོག་གི་བརྗོད་བྱ་གྲུབ་ནས་གོང་དགེ་སློ ང་གི་སྐབས་སུ་ཟས་གོས་ སོགས་ལས་འཕྲོས་པའི་ཉེར་མཁོ་ཞར་བྱུང་གི་རིམ་པ་འང༌། གུང་ཚིགས་ཀྱི་ཟས་སྤང་པའི་རྗེས་སུ་གུང་མ་ཡོལ་བའི་དུས་ཡིན་ ཞིང་སླར་ཟས་ཟ་དགོས་ན་ལྷག་པོ་བྱེད་དགོས་པས་དེའི་ཆོ་ག་ནི་རང་གི་ལག་པ་བཀྲུས་ནས་ཟས་དེ་གཞན་དགེ་ཚུལ་སོགས་ཀྱིས་ ཟས་གཡོས་སྦྱོར་ཡང་དག་གིས་དགེ་སློང་རང་ལ་ལེགས་པར་བྱིན་པ་ཇི་བཞིན་བླངས་པའི་བྱིན་ལེན་བྱས་ནས་གཞན་དགེ་སློང་ 8-1-70 ཚད་ལྡན་ཞིག་གི་མདུན་དུ་ཟས་དེ་བཟུང་ནས་ཙོག་པོར་འདུག་སྟེ། ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་ དགེ་སློང་མིང་འདི་ཞེས་བགྱི་བ་འཚལ་མ་འཚལ་ལགས་ཏེ་སྤངས་ཤིང་འཚལ་བ་བགྱིས་པ་ ལས་བཟའ་བ་དང་བཅའ་བ་རྙེད་ནས་འཚལ་བར་འཚལ་ན་བཙུན་པས་ལྷག་པོར་བགྱིས་ཏེ་ བདག་ལ་བསྩལ་དུ་གསོལ། ཞེས་ལན་གཅིག་བརྗོད། ཡུལ་གྱིས་བླངས་ནས་དེ་ཟས་མ་སྤངས་ན་ཁམ་གཉིས་གསུམ་ ཙམ་ཟ་སྤངས་ན་ལག་ཏུ་བླང་བས་ཆོག གང་ལྟར་ཡང༌། ཁྱོ ད་ཀྱིས་ཅི་བདེར་གསོལ་ཅིག ཅེས་བརྗོད་དེ་ཕྱིར་ གཏད་དེས་ཀྱང་བླངས་ཏེ་བཟའ་ན་ཆོག གོས་ཀྱི་སྐབས་སྣམ་སྦྱར་ལ་སྣམ་ཕྲན་དགུ་ནས་ཉེར་ལྔའི་བར་ཟུང་དུ་མ་སོང་བ་དགུ་ ཡོད་པའི་དེའི་ཆུང་ཚད་གསུམ་ལ་གླེགས་བུ་ཕྱེད་དང་གསུམ། འབྲིང་གསུམ་ལ་གླེགས་བུ་ཕྱེད་དང་བཞི། ཆེ་ཚད་གསུམ་ལ་ གླེགས་བུ་ཕྱེད་དང་ལྔ་བྱ་ལ། བླ་གོས་ཆེ་ཆུང་གསུམ་པོ་ཐམས་ཅད་གླེགས་བུ་ཕྱེད་དང་གསུམ། སྣམ་ཕྲན་བདུན་པ་ཁོ་ན་དང༌། མཐང་གོས་རྣམས་སྣམ་ཕྲན་ལྔ་དང་གླེགས་བུ་ཕྱེད་དང་གཉིས་པ་ཁོ་ན་བྱ་ལ། ཚལ་བུ་རྣམས་ཀྱི་ཆེ་ཚད་སོར་བཞི་དང་ཆུང་ཚད་ མཐེབ་སོར་གཅིག་གི་བར་གསུངས་ལ། ལྕགས་རི་སོར་བཞི་པར་འགྲེལ་ཆུང་ལས་གསུངས་པ་མ་གཏོགས་ལུང་ན་གསལ་ཁ་ མེད་ཅིང་འདི་རྣམས་འཇལ་བྱེད་ཀྱི་ཁྲུ་ནི་རང་རང་གི་སྤྱི་གཙུག་ནས་རྐང་མཐིལ་གྱི་བར་ཆ་བདུན་དུ་བགོས་པའི་ཆ་གཉིས་ལ་ཁྲུ་ གང་དུ་བྱས་པ་དེ་ཡིན། ཆོས་གོས་རྣམ་གསུམ་སྔར་གཞན་གྱིས་སྤྱད་ཟིན་པ་ཡིན་ན། དགེ་སློ ང་རང་ལ་ལྟོ ས་ཏེ་ཚད་དང་མི་ལྡན་ ཡང་བྱིན་རླབས་ཆགས་ལ། རང་གིས་གསར་བ་བཟོ་ན་རང་གི་ལུས་ཁྲུས་གཞལ་བའི་ཚད་ལྡན་དགོས་ཀྱི་གཞན་པ་ལ་བྱིན་རླབས་ མི་ཆགས་ཤིང༌། རྒྱུའི་བྱིན་རླབས་བྱ་རྒྱུའི་དངོས་པོ་ནི་ཆོས་གོས་དེའི་རྒྱུར་དམིགས་ཤིང་ཁ་སྐོང་འདོད་ཀྱི་རེ་བ་ཅན་དགོས་ཀྱི་ གཞན་ལ་བྱིན་རླབས་མི་ཆགས་ལ། གནས་གཞན་ནས་ཆོས་གོས་ལུས་པ་སོགས་རྐྱེན་དབང་གི་བྱིན་རླབས་ལ་ཁ་དོག་མི་རུང་བ་ དང་ཚད་ཁྲུ་གང་མ་ལོངས་པ་ལའང་བྱིན་རླབས་ཆགས་པར་གོང་མ་ཆེན་པོ་འགས་གསུངས། སྤྱིར་ན་འདུལ་བའི་སྡོམ་ཚིག་ལས། ལུང་རྟོགས་དེ་དེ་ལྡན་ནོ། །ཞེས་པའི་དགོངས་པ་ལྟར་རང་ལ་ཡོ་བྱད་གང་བྱུང་རང་རྒྱུད་ཀྱི་ལུང་རྟོགས་ཀྱི་ཆོས་ལ་ཉིན་རེ་བཞིན་ ཕུལ་ན་སྤང་ལྟུང་སོགས་མི་འབྱུང་ཞིང༌། རང་གིས་ཡོ་བྱད་དེ་ལ་ལོངས་སྤྱད་ཆོག གོང་མའི་གསུངས་ལས། རང་ལ་ཡོད་པའི་ དངོས་པོ་ཁབ་སྐུད་དང་ཡུངས་འབྲུ་གཅིག་ཡན་ཆད་སྙིང་ཐག་པ་ནས་དཀོན་མཆོག་ལ་མཆོད་པར་ཕུལ། སེམས་ཅན་གྱི་དོན་དུ་ བསྔོ ས། རང་གིས་ཟོས་ཤིང་གྱོན་པའང༌། སངས་རྒྱས་ཀྱི་བཀའ་བཞིན་བསྒྲུབ་པ་དམ་པའི་ཆོས་ཉམས་སུ་ལེན་པ་གྲོགས་དགེ་ 8-1-71 འདུན་དང་ལྟ་སྤྱོད་མཐུན་པར་སྒྲུབ་པར་མོས་ན་དཀོན་མཆོག་དང་སེམས་ཅན་གྱི་ཡོ་བྱད་དེའི་བྲན་གྱིས་སྤྱད་པས་ཉེས་པར་མི་ འགྱུར་བ་འདི་བསླབ་བཏུས་དང་བྱང་ས་སོགས་ཐེག་ཆེན་ལུགས་ཀྱི་བཤད་པ་བསླབ་པ་སྲུང་བའི་སྡོམ་ཆེན་པོ་ཡིན་ཞེས་གསུངས་ པ་ལྟར་བསམ་སྟེ་ཡོ་བྱད་ཐམས་ཅད་ལ་ཆགས་ཞེན་དང་སེར་སྣ་འགོག་པ་གལ་ཆེ་ཡི་ཆོས་ལྡན་གྱི་དགོས་པའི་ཆེད་མ་ཡིན་པར་ ཆགས་ཞེན་གྱིས་བཅང་ན་ཡོ་བྱད་དང་རིན་པོ་ཆེ་སོགས་ལ་བྱིན་རླབས་མི་ཆགས། དུས་དྲན་བསྟེན་རུང་གི་ལྟུང་བ་རྣམས་ལ། འདི་རྣམས་ཆོས་ལྡན་གྱི་བྱ་བའི་དོན་དུ་སྟོན་པས་གནང་བ་ཡིན་སྙམ་དུ་བྱ་བ་དེ་ལ་མ་ཞུགས་པའི་སྔོན་དུ་སེམས་ཀྱིས་བརྟགས་པ་ དགོས་ཀྱི་བྱ་བ་དེ་ལ་ཞུགས་པའི་ཚེ་དྲན་དགོས་པ་མིན་ནོ། ། རུང་ཁང་གཅོད་ཚུལ་མང་ཡང༌། དགེ་འདུན་གྱི་རྒྱུན་གྱི་རུང་ཁང་རྡོ་བཏེག་པའི་མཐའ་ལས་བྱུང་བའི་རུང་ཁང་བྱས་ན་ བཟང་སྟེ། དེ་ནི་གནས་དེ་མ་ཞིག་གི་བར་དུ་མི་འཇིག་ལ་རུང་ཁང་གཞན་རྣམས་ནི་གནས་དེར་དགེ་སློ ང་མེད་པར་སྐྱ་རེངས་ ཤར་ན་འཇིག་པའི་ཕྱིར་རོ། །དེ་གཅོད་ཚུལ་ནི། དང་པོ་རྡོ་ལ་སོགས་པ་འཇོག་པའི་ཚེ་ས་གཞི་དེ་ཉིད་དུ་དགེ་འདུན་ཀྱི་ལས་ཀྱིས་ གཅོད་པའམ། ཡང་ན་དགེ་སློ ང་ལགས་གི་བླ་འབའ་ཞིག་གམ་གྲོགས་དགེ་སློ ང་གཞན་དང་བཅས་པ་དེ་ཉིད་དུ་འདུག་སྟེ་ལག་ པས་རྡོ་སོགས་ལ་རེག་ནས། གཞི་འདི་ནི་དགེ་འདུན་གྱི་རུང་བའི་ཁང་བར་འགྱུར་བའོ་ཞེས་ལན་གསུམ་བརྗོད་པ་གང་རུང་བྱ་ བའི་ཕྱག་སྲོལ་ཡོད། གཎྜིའི་རྒྱུ་སྟག་པ་རུང་བར་མཚོ་ཊཱིཀ་ལས་གསུངས་ལ་ཤུག་པ་ཨ་ཤོ་ཀ་ཞེས་པ་ཟུར་ཆག་པ་ཡིན་པས། མྱ་ ངན་མེད་པའི་ཤིང་ལ་དེ་འཇོག་ཅེས་འདུལ་འཛིན་གོང་མ་འགའ་ཞིག་གིས་གསུངས་ཤིང་དེ་བརྡུང་བ་པོ་སྡོམ་གསུམ་གང་རུང་ དང་ལྡན་པའི་གཎྜི་ཤེར་ཕྱིན་དུ་མོས་ཏེ་རང་གི་ཆོས་འཁོར་བསྐོར་བར་བསྐུལ་བ་དང་སྒྲ་སེམས་ཅན་ལ་ཆོས་སྟོན་པའི་སྒྲར་མོས་ པར་བྱས་ཏེ། ཆོས་གོས་གསུམ་གང་ཡོད་གྱོན་་ཕུད་དེ་གདིང་བའི་སྟེང་ནས་ཕྱག་གསུམ་འཚལ། དེ་ནས་གཟན་སྐྱོར་བྱས་གཎྜི་ ཕྲག་པ་གཡོན་པར་བཞག་ནས་ཤངས་ཚ་གསུམ་བྱས་ཏེ་གཅིག་ནས་བཅོ་བརྒྱད་བར་ཇེ་ཆེ་དང༌། དེ་ནས་གཅིག་གི་བར་ཇེ་ཆུང་ དུ་བཏང་སྟེ་རྒྱུད་གཅིག་ལ་སོ་དྲུག་གམ་སོ་ལྔ་རེ་བརྡུངས་པ་ལ་རྒྱུད་གཅིག་བྱས་པའི་རྒྱུད་གསུམ་དང་མཇུག་ཏུ་ཏོག་སྒྲ་ཆེན་པོ་ གསུམ་བརྡུང་བའི་ཚུལ་སྤྱི་ལྟར་ལས་གསོ་སྦྱོང་སྐབས་རྒྱུད་གཅིག་ཏོག་གསུམ་བརྡུང་བའི་ཚུལ་གྱི་ཁྱད་པར་རེ་སོགས་འདུགཕྱིར་ བཅོས་ཀྱི་ཚུལ་ཡང་ལྟུང་བ་འཆགས་པའི་དུས་སུ་ལུང་སྡེ་བཞི་ལས་གསུངས་པའི་ཉེས་བྱས་ཕྲ་མོ་ཡན་ཆད་ངོས་ཟིན་པའི་སྒོ་ནས་ སྔར་བྱས་ལ་འགྱོད་སེམས་དང་ཕྱིན་ཆད་སྡོམ་སེམས་དྲག་པོ་བཅས་ཀྱི་ཕྱིར་བཅོས་ཐུབ་ན་རབ། དེ་མིན་ཀྱང་ལུང་སྡེ་བཞིར་ 8-1-72 གསུངས་པའི་ལྟུང་བ་གང་བྱུང་སྤྱི་ཙམ་ལ་དམིགས་ནས་བཤགས་བསྡམས་ཀྱི་བསམ་པ་ཙམ་ནི་མེད་མི་རུང་ཞིང་ལྟུང་བ་བྱིན་ རླབས་སྐབས་སུའང་དེ་འདྲའི་བསམ་པ་མེད་ན་བྱིན་རླབས་སོགས་མི་ཆགས་པར་གོང་མའི་གསུངས་སྲོལ་ཡང་ཡོད་པས་ཚུལ་དེ་ ལུགས་ལྟར་སྤྱིར་སྡོམ་གསུམ་རིམ་ནོད་ཀྱི་དགེ་སློང་དག་གིས་དུས་སྐབས་ཕྱག་ཡུལ་གྱི་དགེ་འདུན་ནམ་འགྲིགས་ལ་སྡོམ་གསུམ་ ཕྱིར་བཅོས་གོང་སྨོས་ལྟར་ཅི་འགྲུབ་དང་བཤགས་ཡུལ་དངོས་བཞུགས་མེད་ཀྱང་དགེ་སློང་རང་རང་གིས་ཉིན་རེ་བཞིན་དག་ སྣང་གི་བཤགས་ཡུལ་མདུན་སྡོམ་གསུམ་ཕྱིར་བཅོས་བཤགས་སྡོམ་མི་འཆགས་པ་རེ་རྒྱུན་ལྡན་དུའང་འགྲུབ་ན་ལེགས་ཤིང་གང་ ལྟར་ཡང་བཤགས་སྡོམ་གལ་ཆེ་སྟེ། ལུང་ལས། བཅབས་པས་ཆར་བ་བཞིན་དུ་འབབ། །བཤགས་པས་ཆར་བཞིན་འབབ་མི་ འགྱུར། །དེ་ལྟ་བས་ནས་བཤགས་པར་བྱ། །དེ་ལྟས་ཆར་བཞིན་དེ་མི་འབབ། །ཅེས་གསུངས་པ་ལྟར་ཉེས་ལྟུང་བཅབས་ན་འཕེལ་ ཞིང་བཤགས་ན་རྒྱུན་ཆད་པར་འགྱུར་བས་ཕྱིར་བཅོས་ཀུན་ལ་སུན་འབྱིན་སླར་ལྡོག་ཆེས་གནད་དུ་ཆེ་ཕྱིར་དེ་དག་གི་འཇུག་ཏུ་ མཐོང་སྡོམ་དགོས་པ་དེའི་དོན་ཡིན་ནོ། །དེ་དག་སྐབས་ཀྱི་ཆོས་བསྒྲགས་པའི་མདོ་དང༌། སོ་ཐར་གྱི་མདོ་དང༌། ལས་ཀྱི་ཆོ་གའི་ ཚིག་རྣམས་དང༌། དེས་མཚོན་པའི་སྡོམ་པའི་འབོགས་ཆོག་སོགས་འདུལ་བའི་ཆོ་གའི་ཚིག་མཐའ་དག་བློ་ནས་ཐོན་པས་ལས་དེ་ དང་དེ་བྱེད་རིགས་ཀྱི་ཆོ་ག་དཔེ་ཆའི་ངོ་ནས་བཏོན་ན་ལས་མི་ཆགས་པར་གསུངས་ཤིང༌། གསོ་སྦྱོང་རི་རྩེ་དང་ཐང་སྟོང་ལྟ་བུར་ བྱེད་ན་དེ་ལ་སྐྱབས་ཀྱི་བློ་མི་འབྱུང་བའི་གནས་ལ་བློ་མཐུན་ཡང་མི་ཆགས་པར་གསུངས་ལ། གཞན་ཡང་རྒྱུན་སྤྱོད་དུས་སུ་དགེ་ སློ ང་གིས་ཚིགས་བཅད་འདོན་པའི་སྐབས་བཅུ་བདུན་གསུངས་ཏེ། ལམ་དུ་འགྲོ་ཚེ་ངལ་བསོ་བ་དང༌། ཆུ་ལེན་སྐབས་སུ་ཆུ་ བཅུ་བ་དང༌། ཆུ་བདག་ཆུ་ལྷའི་ཕྱིར་དང༌། ཆུ་ལ་ལོངས་སྤྱོད་པ་དང༌། སྦྱིན་བདག་གི་ཟས་ལ་ལོངས་སྤྱོད་པ་དང་ལྔ་ལ། སྡུད་པ་ ལས། བྱང་ཆུབ་སེམས་དཔའ་སྦྱིན་པའི་ཡི་དྭགས་འགྲོ་བ་གཅོད། །དབུལ་བ་དང་ནི་དེ་བཞིན་ ཉོན་མོངས་ཐམས་ཅད་གཅོད། །སྤྱོད་ཚེ་ལོངས་སྤྱོད་མཐའ་ཡས་རྒྱས་པར་ཐོབ་པར་འགྱུར། །སྦྱིན་པས་སྡུག་བསྔལ་གྱུར་པའི་སེམས་ཅན་ཡོངས་སྨིན་བྱེད། །ཅེས་པ་འམ། སྦྱིན་པས་འབྱུང་ པོ་དབང་དུ་འགྱུར། །ཞེས་པ་ལ་སོགས་པ་སྦྱིན་པའི་ཚིགས་བཅད་གང་ཡང་རུང་བ་འདོན། སྦྱིན་བདག་གི་བསྔོ ་བ་ངན་ པ་བཟློ ག་པ་དང༌། གསོ་སྦྱོང་སོགས་ཀྱི་མདོ་སྐུལ་བའི་སྐབས་དང༌། ལྷུང་བཟེད་ཀྱི་ཆུ་སྦྱིན་པ་དང༌། དྲི་གཙང་ཁང་དུ་འཇུག་ པ་དང༌། མཆོད་རྟེན་སོགས་ཀྱི་གྲིབ་མ་འགོམ་དགོས་པ་བྱུང་བ་དང༌། ཕྱི་རོལ་མི་སྟེགས་པའི་ལྷ་རྟེན་གྱི་དྲུང་དུ་འགྲོ་བ་དང༌། 8-1-73 འཇིག་རྟེན་པའི་ལྷ་གནས་སུ་འགྲོ་བ་དང༌། བདུན་ལ། སྐར་མ་རབ་རིབ༴སོགས། དེ་ལྟར་བལྟ། །ཞེས་པ་ལྟ་བུའི་ འདུས་བྱས་མི་རྟགས་པའི་ཚིགས་བཅད་གང་ཡང་རུང་བ་བརྗོད་ནས་སེ་གོལ་གཏོགས། བསྲོ་ཁང་རྟེན་པའི་འཇུག་དང༌། དགེ་ འདུན་གྱི་དོན་དུ་ལྗོན་ཤིང་གཅོད་པ་དང༌། སྤོང་བ་པ་རྣམས་བསམ་གཏན་ལས་ལངས་ཏེ་ཅི་བདེར་བྱ་བ་དང༌། ཁྱི མ་པའི་ཁྱི མ་ དུ་མཚན་མོར་གནས་པ་དང༌། རོ་བསྐྱལ་བའམ་རོ་བསྲེགས་པའི་སྐབས་དང༌། ལྔ་ལ། རྒྱུད་ཆགས་གསུམ་པ་འདོན་དགོས་ པར་གསུངས་པ་ལྟར་ལག་ལེན་ཅི་ཐེབ་བྱ། དེ་ལྟར་སྡོམ་པ་གསུམ་རིམ་ནོད་གང་དག་གི་རྒྱུད་ཀྱི་སྡོམ་པ་དེ་གསུམ་གྱི་ངོ་བོ་ཡང་ ལས་དང་པོ་པའི་སྐབས་སུ་སྣོ ད་རྫ་ཆུ་གཟུགས་བརྙན་གྱི་དཔེ་ལྟར་འོག་མས་གོང་མ་དག་གནས་པའི་རྟེན་བྱེད་ཅིང་སོ་བྱང་སྔགས་ གསུམ་རང་རང་གི་རྟོག་པ་ནར་སོན་རབ་གྱི་དུས་སུ་སྐར་མ་ཟླ་བ་ཉི་མའི་དཔེ་བཞིན་གོང་མ་དག་གིས་འོག་མ་རྣམས་ཟིལ་གྱིས་ གནོན་པར་གནས་པའི་དེ་ལུགས་ལྟར་གངས་ལྗོངས་སུ་སྔོན་བྱོན་པཎ་གྲུབ་སྔ་ཕྱིའི་བཞེད་སྲོལ་སོ་སོར་བྱུང་ཞིང་དེང་སྐབས་ སྙིགས་མ་ཆེས་བདོ་བའི་དུས་སུ་སྡོམ་གསུམ་ལ་སློབ་པ་ཕལ་མོ་ཆེ་དང་པོའི་ལས་ཅན་དུ་ངེས་ཕྱིར་ཚུལ་དེ་མཐུན་གྱི་བསྲུང་སྡོམ་ ཡང་སོ་ཐར་ལ་གཅེས་སྤྲས་བྱེད་པ་གལ་ཆེ་བས་དུས་དང་བསྟུན་པའི་ལག་ལེན་གང་ཐེབ་ཏུ་རེམ་པ་ལྷུར་ལེན་ལ་འབད་པ་མི་ལྷོད་ པའི་ངང་ནས་སྡོམ་པ་གོང་མ་གཉིས་རང་རང་གི་བློ་མཐུས་གང་ནུས་ཙམ་ནན་ཏན་སྙིང་པོ་གཞིར་བཟུང་གིས་བག་ཆགས་ཁྱད་ པར་ཅན་རེ་ཞོག་ཐབས་སྒོ་གསུམ་སྐྱེས་རྩལ་ཅི་ཡོད་ཀྱིས་གུས་རྟག་གི་བརྩོན་པ་ཤུགས་ཆེན་བསྐྱེད་དེ་སོ་ཐར་བསླབ་ཁྲིམས་དག་ པས་འཁོར་བ་ལས་ངེས་པར་འབྱིན་ཅིང་བྱང་སེམས་བསླབ་གཙང་གིས་རྒྱལ་སྲས་སྤྱོད་པ་རྒྱ་མཚོའི་ཕ་མཐར་ཕྱིན་ལ་གསང་ཆེན་ དམ་ཚིག་ཟབ་མོ་ལེགས་པར་བསྲུང་བ་རང་རང་དང་འཚམས་པས་རབ་ན་སྙིགས་དུས་ཀྱི་ཚེ་ཐུང་འདི་ལྟ་བུ་ལ་འཆི་བ་ཆོས་སྐུར་ གྲོལ་ནུས་པའམ་བར་དོར་ལོངས་སྐུར་འཚང་རྒྱ་བ་དང་འབྲིང་སྐྱེ་སྲིད་ཕྱི་མ་སྔགས་རིག་འཛིན་པའི་ཞིང་དུ་ཟུང་འཇུག་མཐར་ཐུག་ མངོན་དུ་བྱེད་པ་དང་ཐ་ནའང་སྐྱེ་བ་བཅུ་དྲུག་ལས་མི་འགྱང་པར་གདོད་མའི་གནས་ལུགས་མངོན་བྱང་ཆུབ་པར་བྱེད་པའི་ཐབས་ ལ་རང་ཉམས་དང་མཐུན་པར་རེམ་པ་གལ་གནད་དོ། ། དེ་ཕྱིར་ཉིན་རེ་བཞིན་དག་སྣང་མོས་ཡུལ་དུ་སྲས་བཅས་རྒྱལ་བ་མདུན་དཔང་དུ་བཞག་སྟེ་སྡོམ་གསུམ་བསླབ་པ་འཛིན་ པའི་སྨོན་ལམ་རྗེ་བཙུན་ཏཱ་ར་ནཱ་ཐས་མཛད་པའི་སྨོན་ལམ་དགོས་པ་ཀུན་འབྱུང་ལས། རྟག་ཏུ་རབ་བྱུང་དགེ་སློ ང་ གནས་ཐོབ་སྟེ། །ཉིས་བརྒྱ་ལྔ་བཅུ་ལ་སོགས་བསླབ་པའི་གནས། །འདུལ་བ་རྒྱ་མཚོར་ཇི་ 8-1-74 སྐད་གསུངས་པ་བཞིན། །ཅུང་ཟད་ཙམ་ཡང་མི་ཉམས་བསྲུང་བར་ཤོག །བྱང་ཆུབ་སེམས་ དཔའི་བསླབ་གཞི་མཐའ་དག་ལ། །རྒྱལ་སྲས་རྣམས་ཀྱིས་ཇི་ལྟར་མཛད་སྤྱོད་བཞིན། །ཕ་ རོལ་ཕྱིན་བཅུའི་ཉམས་ལེན་མཐར་ཕྱིན་ནས། །བསོད་ནམས་ཡེ་ཤེས་ཚོགས་གཉིས་རྫོགས་ པར་ཤོག །ཁྱད་པར་རྡོ་རྗེ་ཐེག་པའི་སྒོར་ཞུགས་ཏེ། །ཟབ་མོའི་དཀྱིལ་འཁོར་ཀུན་ཏུ་ཞུགས་ ཤིང་མཐོང༌། །རྨད་བྱུང་དབང་གི་རིམ་པ་ཀུན་ཐོབ་ནས། །སྐུ་བཞིའི་ས་བོན་མཐའ་དག་ གསོས་འདེབས་ཤོག །དམ་ཚིག་མཆོག་ལ་ཉེས་ལྟུང་དྲི་མས་དབེན། །རིག་འཛིན་རྣམས་ ཀྱིས་འདའ་བར་མི་དཔྱོད་པའི། །བླང་དོར་དགག་སྒྲུབ་མཉམ་བཞག་རྗེས་དཔྱོད་ཀྱི། །དམ་ ཚིག་མཐའ་དག་ཚུལ་བཞིན་སྲུང་བར་ཤོག །ཅེས་དང༌། སོ་བྱང་སྔགས་ཀྱི་བསྟན་འཛིན་ཡོངས་སུ་རྒྱས་པའི་ སྨོན་ལམ་རང་གི་རྩ་བའི་བླ་མ་ངག་དབང་ཚོགས་གཉིས་རྒྱ་མཚོའི་ཞལ་སྔ་ནས་མཛད་པ། སངས་རྒྱས་བསྟན་པའི་རྩ་ བ་མ་རུལ་བ། །དམ་ཆོས་འདུལ་བའི་བསླབ་ཁྲིམས་གཙང་མ་ཡིས། །བརྒྱན་པའི་དམར་སེར་ འདུས་སྡེའི་པད་ཚལ་གྱིས། །རྒྱ་མཚོའི་གོས་ཅན་ཐམས་ཅད་ཁྱབ་པར་ཤོག །སངས་རྒྱས་ བསྟན་པའི་ཡལ་ག་མ་བསྐམས་པ། །དམ་ཆོས་ཕ་རོལ་ཕྱིན་པའི་ཆོས་ཚུལ་ལས། །གཞན་ ཕན་བསིལ་གྲིབ་ཡངས་པ་རྒྱལ་བའི་སྲས། །ཞིང་ཀུན་རྨད་བྱུང་སྤྱོད་པས་མཛེས་གྱུར་ཅིག །སངས་རྒྱས་བསྟན་པའི་འབྲས་བུ་མ་ཉམས་པ། །གསང་སྔགས་རྡོ་རྗེ་ཐེག་པའི་ཉེ་ལམ་ལས། །འཕོ་ཆེན་སྒྱུ་མའི་ལམ་གྱིས་དྲེགས་རྒྱས་པའི། །ས་འདིར་གྲུབ་བརྒྱས་ཡོངས་སུ་གང་བར་ ཤོག །ཅེས་པའི་སྨོན་ལམ་སྙིང་ཐག་པ་ནས་ཡང་ཡང་འདེབས་ཤིང་གོང་སྨོས་ཀྱི་སྡོམ་གསུམ་སྤྱི་བཤགས་དང་ཁྱད་པར་སོ་ ཐར་ལག་ལེན་ཉེར་མཁོ་དེ་རྣམས་ལ་དེང་སྐབས་སྙིགས་མ་ཤིན་ཏུ་དར་ལ་བདོ་ཡང་བརྩོན་པས་ནན་ཏན་སྙིང་སྟོབས་ཀྱི་ཤུགས་ མི་དམན་པ་བསྐྱེད་དེ་རྣམ་གྲོལ་གཏན་བདེའི་སྒོར་འཇུག་ངེས་ཤིག་རྒྱལ་བསྟན་སྤྱི་བོར་ལེགས་པར་བཀུར་བའི་རྗེས་འཇུག་ གང་དག་གིས་ཅི་ནས་ཀྱང་མཛད་པའི་རེ་འདུན་རང་ལའང་ལྷག་པར་ཆེ་བས་དེ་ལུགས་ཀྱི་སྤྱོད་པ་བཟང་པོའི་གནང་སྒོ་ཀུན་ལ་ ངེས་པར་ཞུ་བ་ལགས། ཞེས་སྡོམ་གསུམ་རིམ་པར་ནོད་པ་གང་དག་ལ་ལག་ལེན་ཉེར་མཁོའི་རིམ་པ་གལ་ཆེན་ཕྱོགས་གཅིག་ 8-1-75 ཏུ་བསྒྲིགས་པ་བསླབ་ཁྲིམས་དྲི་མ་འཁྲུད་པའི་དག་བྱེད་ཅེས་བྱ་བ་འདི་ཡང་དཔལ་ལྡན་ཇོ་ནང་པའི་དུས་ཕྱིས་ཁམས་ཕྱོགས་ཀྱི་ ཕྱག་བཞེས་ལྟར་ཐོག་མར་གསང་ཆེན་ཐེག་པར་ཞུགས་ཏེ་སྡོམ་གསུམ་སྤྱི་མནོས་ཀྱི་རྗེས་སུ་སོ་ཐར་དགེ་ཚུལ་སྡོམ་པ་ནོད་ཅིང་ བསླབ་ཁྲིམས་ཀྱང་དེང་དུས་ལ་ལྟོས་པའི་བཟང་རབ་ཏུ་གྱུར་པ་བསྟན་ལ་ཅི་ནུས་ཀྱིས་བརྩོན་པ་ལྷོད་མེད་ཅན་ཤཱཀྱའི་དགེ་ཚུལ་ བློ་བཟང་ཆོས་འཕེལ་ཞེས་བགྱི་བས་ཡོངས་ལ་ཕན་སེམས་ལྷག་ཇོས་ཚུལ་དེའི་ཡི་གེ་པའི་ཐུགས་འགན་བཅས་བསྐུལ་མ་ཆེད་ གཉེར་མཛད་པ་ལྟར་རང་ལོ་བཅུ་གསུམ་པར་དགེ་བསྙེན་བར་མ་རབ་བྱུང་བཅས་ཀྱིས་ཇགས་ལ་ཞུགས་ཤིང་ལོ་དེར་དགེ་ཚུལ་ གྱི་བསླབ་སྡོམ་ཡང་འགྲིགས་ཏེ། རིམ་པས་ལོ་གྲངས་ཞེ་བདུན་པར་གསང་སྟབས་བསྙེན་རྫོགས་སྡོམ་པ་འཕྲལ་དུ་བསྡུས་ཐོབ་ ལ་བརྟེན་ཤཱཀྱའི་དགེ་སློང་གི་མིང་ཙམ་ཉེ་བར་འཛིན་པ་ཀུན་བཟང་བློ་གྲོས་རབ་བརྟན་ཞེས་འབོད་པས་བགྲང་བྱ་ཞེ་དགུ་པའི་ རང་ལོ་ས་སྤྲེལ་ལ་ལག་ལེན་ཉེར་མཁོ་ཆོག་བསྒྲིགས་སུ་བཀོད་པ་འདིས་དུས་མཐར་སྐྱེས་པའི་ལུས་ཅན་ཆོས་ལ་གང་གཞོལ་ཀུན་ སྡོམ་གསུམ་སྤྱི་དང་ཁྱད་པར་སོ་ཐར་གྱི་བསླབ་པ་མྱུར་ནས་ཕ་མཐར་ཕྱིན་པའི་ཆ་རྐྱེན་དུ་འོང་བར་ཤོག་ཅིག། །། སྨྲས་པ། འདུལ་ཁྲིམས་གཙང་མའི་ནོར་འཛིན་རབ་ཡངས་འདིར། །རབ་བྱུང་འདུས་སྡེའི་ཆུ་སྐྱེས་འཛུམ་ཞལ་ངོམ། །གཞན་ཕན་གེ་སར་དྲི་ངད་ཕྱོགས་བཅུར་ཁྱབ། །གསང་སྔགས་བདུད་རྩིའི་བཅུད་བཟང་འཛད་མེད་འཇོ། །སྤར་འདི་ཧོར་བ་བླ་མ་ བརྩོན་འགྲུས་དཔལ་གྱིས་རབ་བྱུང་བཅུ་དྲུག་པའི་ཤིང་མོ་གླང་གི་ལོའི་ཟླ་བ་བདུན་པའི་ཚེས་བཅོ་ལྔའི་ཉིན་མཇུག་རྫོགས་སྐབས་ པར་བྱང་སྨོན་ཚིག་འདི་ཤཱཀྱའི་དགེ་སློ ང་བློ་བཟང་ཆོས་འཕེལ་བས་བྲིས་པ་དགེ འདིས་ཀྱང་སྐྱེ་དགུ་མ་ལུས་པ་འདུལ་ཁྲིམས་ གཙང་མའི་སེམས་རྒྱུད་རབ་ཏུ་མཛེས་པའི་རྒྱུར་གྱུར་ཅིག། །། 8-1-76 ༄༅། །སྟོན་པ་བཅོམ་ལྡན་འདས་ལ་མཛད་པ་བཅུ་གཉིས་ཀྱི་ སྒོ་ནས་བསྟོད་པ་བཞུགས། ༄༅། །ཐབས་མཁས་ཐུགས་རྗེས་ཤཱཀྱའི་རིགས་སུ་འཁྲུངས། །གཞན་གྱིས་མི་ཐུབ་ བདུད་ཀྱི་དཔུང་འཇོམས་པ། །གསེར་གྱི་ལྷུན་པོ་ལྟ་བུར་མཛེས་པའི་སྐུ། །ཤཱཀྱའི་རྒྱལ་པོ་ཁྱོ ད་ ལ་ཕྱག་འཚལ་ལོ། །གང་གིས་དང་པོར་བྱང་ཆུབ་ཐུགས་བསྐྱེད་ནས། །བསོད་ནམས་ཡེ་ཤེས་ ཚོགས་གཉིས་རྫོགས་མཛད་ཅིང༌། །དུས་འདིར་མཛད་པ་རྒྱ་ཆེར་འགྲོ་བ་ཡི། །མགོན་གྱུར་ ཁྱོ ད་ལ་བདག་གིས་བསྟོད་པར་བགྱི། །ལྷ་རྣམས་དོན་མཛད་འདུལ་བའི་དུས་མཁྱེ ན་ནས། །ལྷ་ལས་བབས་ནས་གླང་ཆེན་ལྟར་གཤེགས་ཏེ། །རིགས་ལ་གཟིགས་ནས་ལྷ་མོ་སྒྱུ་འཕྲུལ་ གྱི། །ལྷུམས་སུ་ཞུགས་པར་མཛད་ལ༴ ཟླ་བ་བཅུ་རྫོགས་ཤཱཀྱའི་སྲས་པོ་དེ། །བཀྲ་ཤིས་ ལུམྦུའི་ཚལ་དུ་བལྟམས་པའི་ཚེ། །ཚངས་དང་བརྒྱ་བྱིན་གྱིས་བསྟོད་མཚན་མཆོག་གིས། །བྱང་ ཆུབ་རིགས་སུ་ངེས་མཛད༴ གཞོན་ནུ་སྟོབས་ལྡན་མི་ཡི་སེང་གེ་དེས། །ཨཾ་ག་མ་ག་དྷར་ནི་སྒྱུ་ རྩལ་བསྟན། །སྐྱེས་བུ་དྲེགས་པ་ཅན་རྣམས་ཚར་བཅད་ནས། །འགྲན་ཟླ་མེད་པར་མཛད་ ལ༴ འཇིག་རྟེན་ཆོས་དང་མཐུན་པར་བྱ་བའི་ཕྱིར། །ཁ་ན་མ་ཐོ་སྤངས་ཕྱིར་བཙུན་མོ་ཡི། །འཁོར་དང་ལྡན་མཛད་ཐབས་ལ་མཁས་པ་ཡིས། །རྒྱལ་སྲིད་སྐྱོང་བར་མཛད་ལ༴ འཁོར་ བའི་བྱ་བ་སྙིང་པོ་མེད་གཟིགས་ནས། །ཁྱི མ་ནས་བྱུང་སྟེ་མཁའ་ལ་གཤེགས་ནས་ཀྱང༌། །མཆོད་རྟེན་རྣམ་དག་དྲུང་དུ་ཉིད་ལ་ཉིད། །རབ་ཏུ་བྱུང་བར་མཛད་ལ༴ བརྩོན་པས་བྱང་ 8-1-77 ཆུབ་བསྒྲུབ་པར་དགོངས་ནས་ནི། །ནཻ་རཉྫ་ནའི་འགྲམ་དུ་ལོ་དྲུག་ཏུ། །དཀའ་བ་སྤྱོད་མཛད་ བརྩོན་འགྲུས་མཐར་ཕྱིན་ཏེ། །བསམ་གཏན་མཆོག་བརྙེས་མཛད་ལ༴ ཐོག་མ་མེད་ནས་ འབད་པ་དོན་ཡོད་ཕྱིར། །མ་གྷ་དྷ་ཡི་བྱང་ཆུབ་ཤིང་དྲུང་དུ། །སྐྱིལ་ཀྲུང་མི་གཡོ་མངོན་པར་ སངས་རྒྱས་ནས། །བྱང་ཆུབ་རྫོགས་པར་མཛད་ལ༴ ཐུགས་རྗེས་འགྲོ་ལ་མྱུར་དུ་གཟིགས་ ནས་ནི། །ཝཱ་རཱ་ཎ་སཱི་ལ་སོགས་གནས་མཆོག་ཏུ། །ཆོས་ཀྱི་འཁོར་ལོ་བསྐོར་ནས་གདུལ་བྱ་ རྣམས། །ཐེག་པ་གསུམ་ལ་འགོད་མཛད༴ གཞན་གྱིས་རྒོ ལ་བ་ངན་པ་ཚར་བཅད་ནས། །མུ་ སྟེགས་སྟོན་པ་དྲུག་དང་ལྷས་བྱིན་སོགས། །འཁོར་མོ་འཇིག་གི་ཡུལ་དུ་བདུད་རྣམས་བཏུལ། །ཐུབ་པ་གཡུལ་ལས་རྒྱལ་ལ༴ སྲིད་པ་གསུམ་ན་དཔེ་མེད་ཡོན་ཏན་གྱིས། །རྒྱལ་པོའི་ཁབ་ ཏུ་ཆོ་འཕྲུལ་ཆེན་པོ་བསྟན། །ལྷ་མི་འགྲོ་བ་ཀུན་གྱིས་རབ་མཆོད་པ། །བསྟན་པ་རྒྱས་པར་ མཛད་ལ༴ ལེ་ལོ་ཅན་རྣམས་མྱུར་དུ་བསྐུལ་བའི་ཕྱིར། །རྩྭ་མཆོག་དྲུང་གི་ས་གཞི་གཙང་མ་ རུ། །འཆི་མེད་རྡོ་རྗེ་ལྟ་བུར་སྐུ་གཤེགས་ནས། །མྱ་ངན་འདའ་བར་མཛད་ལ༴ ཡང་དག་ཉིད་ དུ་འཇིགས་པ་མེད་ཕྱིར་ནས། །མ་འོང་སེམས་ཅན་བསོད་ནམས་ཐོབ་བྱའི་ཕྱིར། །དེ་ཉིད་དུ་ ནི་རིང་བསྲེལ་མང་སྤྲུལ་ནས། །སྐུ་གདུང་ཆ་བརྒྱད་མཛད་ལ༴ དེ་ལྟར་བསྟན་པའི་བདག་ པོ་བཅོམ་ལྡན་འདས། །མཛད་པའི་ཚུལ་ལ་མདོ་ཙམ་བསྟོད་པ་ཡི། །དགེ་བས་འགྲོ་བ་ཀུན་ གྱི་སྤྱོད་པ་ཡང༌། །བདེ་གཤེགས་ཉིད་ཀྱི་སྤྱོད་དང་མཚུངས་པར་ཤོག །དེ་བཞིན་གཤེགས་པ་ ཁྱེ ད་སྐུ་ཇི་འདྲ་དང༌། །འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་དང༌། །ཁྱེ ད་ཀྱི་མཚན་མཆོག་ བཟང་པོ་ཅི་འདྲ་བ། །དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག །ཁྱེ ད་ལ་བསྟོད་ཅིང་ གསོལ་བ་བཏབ་པའི་མཐུས། །བདག་སོགས་གང་དུ་གནས་པའི་ས་ཕྱོགས་སུ། །ནད་དང་ དབུལ་ཕོངས་འཐབ་རྩོད་ཞི་བ་དང༌། །ཆོས་དང་བཀྲ་ཤིས་འཕེལ་བར་མཛད་དུ་གསོལ། །སྟོན་ པ་བཅོམ་ལྡན་འདས་ལ་མཛད་པ་བཅུ་གཉིས་ཀྱི་སྒོ་ནས་བསྟོད་པ་འདི། སློ བ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་ 8-1-78 རྫོགས་སོ།། །། ༄༅། །གང་ཚེ་རྐང་གཉིས་གཙོ་བོ་ཁྱོ ད་བལྟམས་ཚེ། །ས་ཆེན་འདི་ལ་གོམ་པ་བདུན་ བོར་ནས། །ང་ནི་འཇིག་རྟེན་འདི་ན་མཆོག་ཅེས་གསུངས། །དེ་ཚེ་མཁས་པ་ཁྱོ ད་ལ་ཕྱག་ འཚལ་ལོ། །དང་པོར་དགའ་ལྡན་ལྷ་ཡི་ཡུལ་ནས་བྱོན། །རྒྱལ་པོའི་ཁབ་ཏུ་ཡུམ་གྱི་ལྷུམས་ སུ་ཞུགས། །ལུམྦི་ནི་ཡི་ཚལ་དུ་ཐུབ་པ་བལྟམས། །བཅོམ་ལྡན་ལྷ་ཡི་ལྷ་ལ་ཕྱག་འཚལ་ལོ། །གཞལ་ཡས་ཁང་དུ་མ་མ་བརྒྱད་ཀྱིས་མཆོད། །ཤཱཀྱའི་དྲུང་དུ་གཞོན་ནུས་རོལ་རྩེད་མཛད། །སེར་སྐྱའི་གནས་སུ་ས་མཚོ་ཁབ་ཏུ་བཞེས། །སྲིད་གསུམ་མཚུངས་མེད་སྐུ་ལ་ཕྱག་འཚལ་ལོ། །གྲོང་ཁྱེ ར་སྒོ་བཞིར་སྐྱོ་བའི་ཚུལ་བསྟན་ནས། །མཆོད་རྟེན་རྣམ་དག་དྲུང་དུ་དབུ་སྐྲ་བསིལ། །ནེ་རཉྫ་ནའི་འགྲམ་དུ་དཀའ་ཐུབ་མཛད། །སྒྲིབ་གཉིས་སྐྱོན་དང་བྲལ་ལ་ཕྱག་འཚལ་ལོ། །རྒྱལ་པོའི་ཁབ་ཏུ་གླང་ཆེན་སྨྱོན་པ་བཏུལ། །ཡངས་པ་ཅན་ཏུ་སྤྲེའུས་སྦྲང་རྩི་ཕུལ། །མ་ག་ ངྷ་རུ་ཐུབ་པ་མངོན་སངས་རྒྱས། །མཁྱེ ན་པའི་ཡེ་ཤེས་འབར་ལ་ཕྱག་འཚལ་ལོ། །ཝཱ་རཱ་ཎ་ སཱིར་ཆོས་ཀྱི་འཁོར་ལོ་བསྐོར། །ཛེ་ཏའི་ཚལ་དུ་ཆོ་འཕྲུལ་ཆེན་པོ་བསྟན། །རྩྭ་མཆོག་གྲོང་དུ་ དགོངས་པ་མྱ་ངན་འདས། །ཐུགས་ནི་ནམ་མཁའ་འདྲ་ལ་ཕྱག་འཚལ་ལོ། །འདི་ལྟར་བསྟན་ པའི་བདག་པོ་བཅོམ་ལྡན་འདས། །མཛད་པའི་ཚུལ་ལ་མདོ་ཙམ་བསྟོད་པ་ཡི། །དགེ་བས་ འགྲོ་བ་ཀུན་གྱི་སྤྱོད་པ་ཡང༌། །བདེ་གཤེགས་ཁྱོ ད་ཀྱི་མཛད་དང་མཚུངས་པར་ཤོག །སློ བ་ དཔོན་དཔའ་བོས་མཛད་པའོ།། །། 8-1-79 ༄༅། །ཆོ་འཕྲུལ་གྱི་བསྟོད་པ་བཞུགས། ༄༅། །དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །བསྐལ་པ་གྲངས་མེད་གསུམ་ དུ་ཚོགས་བསགས་ཤིང༌། །བར་དུ་གཅོད་པའི་བདུད་བཞི་འཇོམས་མཛད་པ། །བཅོམ་ལྡན་ སེང་གེ་དེ་ལ་ཕྱག་འཚལ་ལོ། །རྩོད་པའི་དུས་མཛད་ཐུབ་པའི་དབང་པོ་ཡི། །རྒྱལ་པོའི་ཁབ་ ནས་ཡངས་ཅན་ཀོ་ཤཱམ་བཱི། །ཝར་ཁྱི མ་དང་ནི་ཐེག་ཆེན་ཤྲཱི་རི་དང༌། །མཉན་ཡོད་གནས་སུ་ རིམ་པར་གཤེགས་ལ་འདུད། །མཉན་ཡོད་གནས་སུ་སྟོན་པར་མུ་སྟེགས་ཀྱི། །སྟོན་པ་དྲུག་ གིས་ཆོ་འཕྲུལ་འགྲན་པའི་ཚེ། །སྐྱེ་བོ་དུ་མ་ཚོགས་པའི་མངོན་སུམ་དུ། །རྨད་བྱུང་ཆོ་འཕྲུལ་ སྟོན་ལ་ཕྱག་འཚལ་ལོ། །ཚེས་གཅིག་གསལ་རྒྱལ་གྱིས་ནི་མཆོད་པའི་ཚེ། །ཚེམས་ཤིང་ས་ལ་ བཙུགས་པས་ལྗོན་ཤིང་སྐྱེས། །དཔག་ཚད་ལྔ་བརྒྱར་ཁྱབ་པའི་ལོ་འདབ་རྒྱས། །དྲི་རོས་སྐྱེ་ བོ་ཚིམ་ལ་ཕྱག་འཚལ་ལོ། །ཚེས་གཉིས་ཨུ་དྲཱ་ཡ་ཎས་མཆོད་པའི་ཚེ། །ཞལ་བསིལ་ཆུ་ལས་ རིན་ཆེན་རྫིང་བུར་སྤྲུལ། །ཁ་དོག་སྣ་ཚོགས་པདྨའི་འོད་ཟེར་གྱི། །དྲི་ཡིས་ཚིམ་པར་མཛད་ ལ་ཕྱག་འཚལ་ལོ། །ཚེས་གསུམ་ཤུན་ཙ་ངྷ་ནས་མཆོད་པའི་ཚེ། །གཡས་གཡོན་གཉིས་སུ་ རིན་ཆེན་རི་གཉིས་སྤྲུལ། །རི་རྩེ་ལས་སྐྱེས་འབྲས་དང་རྩ་ལ་སོགས། །མི་དང་དུད་འགྲོ་ཚིམ་ ལ་ཕྱག་འཚལ་ལོ། །ཚེས་བཞི་ཨིནྡྲ་བྷྲ་མས་མཆོད་པའི་ཚེ། །ཕྱོགས་བཞིར་ཡུར་བ་བརྒྱད་ ལྡན་རྫིང་བུར་སྤྲུལ། །ཆུ་ཡི་སྒྲ་ལས་ཚད་མེད་བཞི་ལ་སོགས། །ཆོས་ཀྱི་སྒྲ་སྙན་བྱུང་ལ་ཕྱག་ འཚལ་ལོ། །ཚེས་ལྔ་ཚངས་སྦྱིན་གྱིས་ནི་མཆོད་པའི་ཚེ། །ཞལ་གྱི་སྒོ་ནས་འོད་ཟེར་སྣ་ཚོགས་ བགྱེ། །འོད་དེས་རེག་པའི་སེམས་ཅན་ཐམས་ཅད་ཀྱི། །ལུས་སེམས་བདེ་བས་ཁྱབ་ལ་ཕྱག་ 8-1-80 འཚལ་ལོ། །ཚེས་དྲུག་ལི་ཙ་རྣམས་ཀྱིས་མཆོད་པའི་ཚེ། །སྟོན་པའི་མཐུ་ཡི་འཁོར་གྱི་སེམས་ ཅན་རྣམས། །རབ་ཏུ་དགྱེས་ཤིང་སོ་སོར་སྨོན་ལམ་འདེབས། །སྟོན་པའི་ཡོན་ཏན་བརྗོད་ལ་ ཕྱག་འཚལ་ལོ། །ཚེས་བདུན་ཤཱཀྱ་རྣམས་ཀྱིས་མཆོད་པའི་ཚེ། །སྟོན་པའི་མཐུ་ཡིས་འཁོར་ གྱི་སེམས་ཅན་རྣམས། །རྒྱལ་པོར་གྱུར་ཅིང་རིན་ཆེན་སྣ་བདུན་ལྡན། །ཀུན་ཀྱང་སྤྲོ་བ་བསྐྱེད་ ལ་ཕྱག་འཚལ་ལོ། །ཚེས་བརྒྱད་བརྒྱ་བྱིན་གྱིས་ནི་མཆོད་པའི་ཚེ། །སེང་གེའི་ཁྲི་ལ་གླང་ཆེན་ སྒྲ་སྐད་བཏོན། །སྲིན་པོ་ལྔ་དང་ཕྱག་ན་རྡོ་རྗེར་སྤྲུལ། །མུ་སྟེགས་སྐྲག་མཛད་ཁྱོ ད་ལ་ཕྱག་ འཚལ་ལོ། །སླར་སྐུ་ཆེ་བའི་ཆོ་འཕྲུལ་བསྟན་པ་ནི། །ཚེས་དགུ་ཚངས་པའི་རྒྱལ་པོས་མཆོད་ པའི་ཚེ། །ཚངས་པའི་བར་དུ་ཁྱབ་པའི་སྐུ་སྤྲུལ་ནས། །སྐུ་ལས་འོད་ཟེར་ཆེན་པོ་བྱུང་ གྱུར་པ། །ཀུན་གྱིས་མཐོང་བར་མཛད་ལ་ཕྱག་འཚལ་ལོ། །ཚེས་བཅུ་རྒྱལ་ཆེན་བཞི་ཡིས་ མཆོད་པའི་ཚེ། །སྲིད་རྩེའི་བར་དུ་ཁྱབ་པའི་སྐུ་སྤྲུལ་ནས། །སྐུ་ལས་འོད་ཟེར་སྣ་ཚོགས་བྱུང་ གྱུར་པ། །ཀུན་གྱིས་མཐོང་ཞིང་གསུང་ཐོས་ཕྱག་འཚལ་ལོ། །བཅུ་གཅིག་མགོན་མེད་ཟས་ སྦྱིན་གྱིས་མཆོད་ཚེ། །སྟོན་པ་སེང་གེའི་ཁྲི་ལ་བཞུགས་བཞིན་དུ། །སྐུ་ནི་མི་སྣང་འོད་ཀྱི་ཕུང་ པོར་གྱུར། །གསུང་གིས་ཆོས་སྟོན་མཛད་ལ་ཕྱག་འཚལ་ལོ། །བཅུ་གཉིས་ཁྱི མ་བདག་ཙིན་ དས་མཆོད་པའི་ཚེ། །སྐུ་ཡི་འོད་ཀྱིས་སྟོང་གསུམ་བར་ཏུ་ཁྱབ། །པདྨའི་གདན་ལ་སངས་རྒྱས་ བཞུགས་པར་སྤྲུལ། །ཀུན་ཀྱང་དེ་འདྲར་སྤྲུལ་ལ་ཕྱག་འཚལ་ལོ། །བཅུ་གསུམ་རྒྱལ་པོ་ཤུན་ ཙས་མཆོད་པའི་ཚེ། །ལྟེ ་བའི་འོད་ཀྱིས་སྟོང་གསུམ་བར་དུ་ཁྱབ། །འོད་དེས་རེག་ཚད་སྒྲིབ་པ་ རྣམས་དང་བྲལ། །རྩི་སོགས་འབྲས་བུ་ཐོབ་ལ་ཕྱག་འཚལ་ལོ། །བཅུ་བཞི་རྒྱལ་པོ་ཨིན་དྲས་ མཆོད་པའི་ཚེ། །རྒྱལ་པོས་གཏོར་བའི་མེ་ཏོག་ཐམས་ཅད་ཀྱང༌། །རིན་ཆེན་ཤིང་རྟའི་ཚོགས་ ཀྱིས་སྟོང་གསུམ་ཁྱབ། །ཀུན་གྱིས་གསལ་བར་མཐོང་ལ་ཕྱག་འཚལ་ལོ། །བཅོ་ལྔ་གཟུགས་ ཅན་སྙིང་པོས་མཆོད་པའི་ཚེ། །རོ་བརྒྱ་ལྡན་པའི་ཟས་ཀྱིས་སྣོད་བཀང་ནས། །ཕྱག་མཐིལ་ས་ 8-1-81 ལ་བརྡབས་པས་དམྱལ་བ་ཡི། །སེམས་ཅན་ཚད་མེད་བསྒྲལ་ལ་ཕྱག་འཚལ་ལོ། །མཚུངས་ མེད་སྟོན་པའི་ཆོ་འཕྲུལ་སྣ་ཚོགས་ལ། །ཅུང་ཟད་ཙམ་ཞིག་བདག་གིས་བསྟོད་པ་ཡི། །དགེ་ བས་འགྲོ་བ་སེམས་ཅན་ཐམས་ཅད་ཀྱིས། །ཆོ་འཕྲུལ་ཆེ་ལྡན་རྒྱལ་བའི་སྐུ་ཐོབ་ཤོག །པཎ་ ཆེན་ཤཱཀྱ་ཤྲིས་སོ།། །།དགེའོ། ། 8-1-82 ༄༅། །བསྙེན་རྫོགས་མཁན་བརྒྱུད་གསོལ་འདེབས་ ཁ་སྐོང༌དང་བཅས་པ་བཞུགས། ༄༅། །ༀ་སྭ་སྟི། འདྲེན་མཆོག་མཉམ་མེད་ཐུབ་དབང་བཅོམ་ལྡན་འདས། །ཤེས་རབ་ ཅན་གྱི་མཆོག་གྱུར་ཤཱ་རིའི་བུ། །བསླབ་གསུམ་ལ་གུས་མཆོག་གྱུར་སྒྲ་གཅན་འཛིན། །གསོལ་ བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཡོན་ཏན་མཛོད་མངའ་བྲམ་ཟེ་སྒྲ་གཅན་ འཛིན། །སྟོང་ཉིད་ཟབ་མོའི་དོན་གཟིགས་ཀླུ་སྒྱུབ་ཞབས། །མང་ཐོས་སྡོམ་བརྩོན་པུ་ཎ་མ་ཏི་ ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །མཁྱེ ན་པའི་སྤྱན་ཡངས་ཆོས་ཀྱི་ བཟང་པོ་དང༌། །རྣམ་དག་ཚུལ་གནས་གུ་ན་པ་ཏི་དང༌། །རླབས་ཆེན་སྤྱོད་པ་མངའ་བའི་ཆོས་ ཀྱི་ཕྲེང༌། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཆོས་ཀྱི་མངའ་བདག་འབྱུང་ གནས་སྦས་པ་དང༌། །ལྔ་བརྒྱའི་ཐམས་ཅད་མཁྱེ ན་པ་ཤཱཀྱ་ཤྲི། །ཁྲིམས་ལྡན་འདུས་པའི་རྗེ་ བོ་རྡོ་རྗེ་འཛིན། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ངུར་སྨིག་རྒྱལ་མཚན་ འཛིན་པའི་འོད་ཟེར་དཔལ། །གཅིག་ཏུ་ཆོས་ལ་གཞོལ་བའི་བསོད་ནམས་དཔལ། །ཡོན་ ཏན་མཛོད་མངའ་བཀྲ་ཤིས་ཚུལ་ཁྲིམས་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་ རློབས། །ཡེ་ཤེས་རྒྱལ་མཚན་མཁས་བཙུན་བཟང་པོའི་མཆོག །ཀུན་དགའ་བཟང་པོ་སྡོམ་ བརྩོན་རྡོ་རྗེ་འཛིན། །ཤཱཀྱ་མཆོག་ལྡན་གནས་ལྔ་རིག་པའི་མཆོག །གསོལ་བ་འདེབས་སོ་ བདག་རྒྱུད་བྱིན་གྱིས་རློབས། །བློ་གྲོས་བཟང་པོའི་ལུང་རིག་སྨྲ་བའི་ཕུལ། །ཀུན་དགའ་རྒྱལ་ 8-1-83 མཚན་བསྟན་མཁས་ཡོན་ཏན་ལྡན། །ཐམས་ཅད་མཁྱེ ན་པ་ཀུན་དགའ་སྙིང་པོ་ལ། །གསོལ་ བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །གདམས་པའི་མཛོད་འཛིན་རིན་ཆེན་རྒྱ་མཚོ་ དང༌། །གཞུང་ལུགས་མཐར་ཕྱིན་བློ་གྲོས་རྣམ་པར་རྒྱལ། །གནས་བརྟན་འདུལ་འཛིན་བློ་ གྲོས་རྒྱ་མཚོ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །མཁས་བཙུན་གྲུབ་ བརྙེས་ངག་དབང་ཕྲིན་ལས་དང༌། །མཁས་གྲུབ་དམ་པ་ངག་དབང་བློ་གྲོས་མཚན། །བསྟན་ པའི་སྲོག་ཤིང་ངག་དབང་རྣམ་རྒྱལ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་ རློབས། །སྒྲུབ་པ་མཐར་ཕྱིན་བཤེས་གཉེན་མཁས་བཙུན་བཟང། །བསླབ་གསུམ་རྣམ་དག་ ཀུན་དགའ་རྒྱ་མཚོ་དང༌། །སྡོམ་བརྩོན་དམ་པ་སྙིང་པོ་བསྟན་པ་ལ། །གསོལ་བ་འདེབས་སོ་ བདག་རྒྱུད་བྱིན་གྱིས་རློབས། །གནས་ལུགས་མངོན་གྱུར་ཀུན་དགའ་ཆོས་འཕེལ་ཞབས། །རྩོད་དུས་ཐུབ་བསྟན་གསལ་བྱེད་ཆོས་ཀྱི་རྗེ། །ཀུན་དགའི་མཚན་འཆང་ཡོན་ཏན་རྒྱ་མཚོའི་ གཏེར། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཐུབ་བསྟན་རྒྱ་མཚོའི་སྙིང་པོ་ སོ་ཐར་གྱི། །ཚུལ་ལ་ལེགས་གནས་ཐོས་བསམ་སྒོམ་པ་ཡི། །ཤེས་རབ་སྣང་བ་བསྐྱེད་ནས་ རྣམ་གྲོལ་བའི། །གོ་འཕང་བླ་མེད་ཐོབ་པར་བྱིན་གྱིས་རློབས། །ཞེས་བསྙེན་པར་རྫོགས་པའི་མཁན་ བརྒྱུད་ཀྱི་གསོལ་འདེབས་འདི་ཡང་ཤཱཀྱའི་དགེ་སློ ང་ཡེ་ཤེས་རྒྱ་མཚོས་སྦྱར་བའོ།། །།ཁ་སྐོང་ཤྭ་ལོ་ཀ་བཞི་འདི་ངྷརྨཱ་བྷ་དྲས་ བྲིས་པ་ལགས། ༈ ཀུན་དགའི་རྗེས་སུ། དགེ་སློང་རྡོ་རྗེ་འཛིན་པ་བསྟན་འགྲོའི་དཔལ། །ཀུན་དགའ་མཉམ་ ཉིད་མདོ་སྔགས་ཆོས་ཀྱི་མཛོད། །མཁན་ཆེན་དམ་པ་རིན་ཆེན་བཟང་པོའི་ཞབས། །གསོལ་ བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཐུབ་བསྟན་རྒྱ་མཚོའི༴སོགས་སོ། །མ་ཏིས་སོ། ། ༈ མཁན་བརྒྱུད་གསོལ་འདེབས་ཁ་སྐོང་འདི་ལ་སླར་ཡང་མཁོ་བ་ནི། མཁན་ཆེན་དམ་པ་རིན་ཆེན་བཟང་པོའི་ཞབས་ ཀྱི་རྗེས་སུ། དུས་ངན་སྨག་རུམ་ཁྲོད་དུ་རྒྱལ་བསྟན་གྱི། །ལུགས་བཟང་སོ་ཐར་རིགས་བརྒྱད་ 8-1-84 སླར་སྤེལ་མཁན། །བརྟན་མཁས་ཀུན་བཟང་བློ་གྲོས་རབ་བརྟན་ལ། །གསོལ་བ་འདེབས་ སོ་བདག་རྒྱུད་བྱིན་གྱིས་རློབས། །ཐུབ་བསྟན་རྒྱ་མཚོའི༴ཅེས་མཁན་བརྒྱུད་གསོལ་འདེབས་ཀྱི་ཁ་སྐོང་ འདི་སླར་ཡང་ངག་དབང་ཡེ་ཤེས་ལ་མཁོ་བར་རྟེན་གུ་ཎ་བྷ་དྲས་སྐྱབས་མགོན་མ་ཏི་རིན་པོ་ཆེའི་གསུང་རབ་ཀྱི་ཞབས་ཏོག་ཏུ་ དམིགས་ནས་བྲིས་པའོ།། །།དགེ ༄༅། །ན་མོ་སངས་རྒྱས་ཆོས་དང་དགེ་འདུན། བླ་མ་ཡི་དམ་མཁའ་འགྲོ། ཆོས་སྐྱོང་ སྲུང་མའི་བཀའ་བདེན་པ་དང༌། ཁྱད་པར་འཕགས་པ་སྤྱན་རས་གཟིགས་དང་འཕགས་མ་ སྒྲོལ་མའི་བཀའ་བདེན་པ་དང༌། རྒྱལ་པོ་ཆེན་པོ་སྡེ་བཞི། ལྷ་ཆེན་པོ་བརྒྱད། ཀླུ་ཆེན་པོ་ བརྒྱད། གཟའ་ཆེན་པོ་བརྒྱད། རྒྱུ་སྐར་ཉེར་བརྒྱད། ཕྱོགས་སྐྱོང་བཅུ། འཇིག་བྱེད་ དགུ། དྲེགས་པའི་སྡེ་དཔོན་རྣམས་དང༌། ལྷ་སྲིན་སྡེ་བརྒྱད། ཡུལ་ལྷ། ས་བདག་ཀླུ་ གཉན་དཀར་པོའི་ཕྱོགས་སྐྱོང་བ་ཐམས་ཅད་ཀྱི་བདེན་པའི་རླུང་ནོན། སྤྲིན་གཏིབས་ལ་ས་ གཞི་ལ་དྲོད་ཕོབ། བ་མོ་གྲང་རེག་གི་གནོད་པ་མི་འབྱུང་ཞིང་ལོ་ལེགས་འབྲུ་འཕེལ་སྐྱེ་འགྲོ་ བདེ་སྐྱིད་དང་ལྡན་པར་གྱུར་ཅིག ༀ་ཏ་རེ་ཏུཏྟརེ་ཏུ་རེ་སརྦ་མཧཱ་མེ་གྷ་སྭཱཧཱ། ཞེས་ཅི་ནུས་བཟླ་བར་ བྱའོ། །ཁྱད་པར་དུ་ནམ་མཁའ་ལ་སྤྲིན་འདུས་ནས། ས་གཞི་ལ་དྲོད་འབེབས་པ་དང༌། ས་འོག་ ནས་དྲོད་འདོན་ཅིང༌། ལོ་ཏོག་དང་འབྲུ་ལ་གནོད་པའི་བཙའ་སད་སེར་གསུམ་མི་འབྱུང་བའི་ ཕྲིན་ལས་མཛོད་ཅིག ། 8-1-85 ༄༅། །གནས་བརྟན་ཆེན་པོ་བཅུ་དྲུག་གི་ཕྱག་མཆོད་ ཅེས་བྱ་བ་བཞུགས་སོ། ། ༄༅། །ༀ་སྭ་སྟི། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །གནས་བརྟན་ཆེན་པོ་བཅུ་དྲུག་ལ་གསོལ་བ་འདེབས་པར་ འདོད་པས། སྐྱབས་འགྲོ་སེམས་བསྐྱེད་སྔོ ན་དུ་འགྲོ་བས། ཕྱོགས་བཅུའི་སངས་རྒྱས་དང་གནས་བརྟན་ཆེན་པོ་བཅུ་དྲུག་ལ་ སོགས་པ་འཁོར་དང་བཅས་པ་སྤྱན་དྲངས་ཏེ། ལག་མཐིལ་ལྟར་མཉམ་རིན་ཆེན་གྱིས་སྤྲས་པ། །ལྗོན་ཤིང་ ཆུ་མཚོས་བརྒྱན་པའི་ས་གཞིའི་དབུས། །རིན་ཆེན་ལས་གྲུབ་གྲུ་བཞི་སྒོ་བཞི་པ། །པདྨ་ཉི་ཟླས་ བརྒྱན་པའི་གདན་སྟེང་དུ། །ཐུགས་རྗེས་རྩོད་པའི་དུས་ཀྱི་གདུལ་བྱ་རྣམས། །རྣམ་གྲོལ་ལམ་ ལ་འགོད་མཛད་འགྲོ་བའི་མགོན། །ཐུབ་པ་མཆོག་དང་གནས་བརྟན་ཆེན་པོ་རྣམས། །འཁོར་ དང་བཅས་པ་གནས་འདིར་གཤེགས་སུ་གསོལ། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཐམས་ ཅད་དང༌། །ཤེས་རབ་མེ་འབར་ཉོན་མོངས་མཚོ་སྐེམས་ཤིང༌། །རྣམ་གྲོལ་བསོད་ནམས་ཞིང་ དུ་བཀའ་སྡོད་པ། །ཕྱོགས་བཅུའི་ཉན་ཐོས་དགེ་འདུན་བཞུགས་སོ་འཚལ། །ཡོན་སྦྱོར་མཆོད་ པའི་གནས་སུ་སྤྱན་འདྲེན་གྱིས། །འགྲོ་བའི་དོན་ཕྱིར་མཆོད་ཀྱིས་གཤེགས་སུ་གསོལ། །འགྲོ་ བའི་མགོན་པོ་ཤཱཀྱ་སེང་གེ་ཡིས། །སངས་རྒྱས་བསྟན་པ་གང་གི་ཕྱག་ཏུ་བཞག །གསུང་རབ་ རིན་ཆེན་སྒྲོམ་གྱི་ཁ་འབྱེད་པའི། །ཆོས་སྐྱོང་དགྲ་བཅོམ་ཆེན་པོ་བཞུགས་སོ་འཚལ། །དམ་ ཆོས་སྤེལ་བའི་སླད་དུ་སྤྱན་འདྲེན་གྱིས། །འགྲོ་བའི་དོན་ཕྱིར་མཆོད་ཀྱིས་གཤེགས་སུ་ གསོལ། །ཐུབ་པའི་བཀའ་བསྒོས་བསྟན་པའི་རྒྱལ་མཚན་འཛིན། །ཡན་ལག་འབྱུང་དང་མི་ ཕམ་ནགས་ན་གནས། །དུས་ལྡན་རྡོ་རྗེ་མོ་བུ་བཟང་པོ་དང༌། །གསེར་བེའུ་བྷཱ་ར་ངྷ་ཛ་གསེར་ ཅན་མཆོག །འཕགས་པ་བ་ཀུ་ལ་དང་སྒྲ་གཅན་འཛིན། །ལམ་ཕྲན་བྷ་ར་ངྷ་ཛ་བསོད་སྙོམས་ 8-1-86 ལེན། །ལམ་བསྟན་ཀླུའི་སྡེ་སྦེད་བྱེད་མི་ཕྱེད་པ། །དགྲ་བཅོམ་གནས་བརྟན་ཆེན་པོ་དེ་དག་ནི། །བསོད་ནམས་རིན་ཆེན་ཞིང་དུ་སྤྱན་འདྲེན་གྱིས། །འགྲོ་བའི་དོན་ཕྱིར་མཆོད་ཀྱིས་གཤེགས་ སུ་གསོལ། །སྤངས་དང་ཡེ་ཤེས་ཕུན་ཚོགས་སངས་རྒྱས་ཀྱང༌། །གདུལ་བྱའི་དབང་གིས་ཉན་ ཐོས་ཚུལ་འཛིན་པ། །ཁྱད་པར་ཅན་གྱི་ཕྲིན་ལས་ཆོས་སྐྱོང་བའི། །གནས་བརྟན་བཅུ་དྲུག་ འདིར་བྱོན་གདན་ལ་བཞུགས། །བདེ་གཤེགས་བཀའ་ལུང་གཙོར་མཛད་བསྟན་པ་བསྲུང༌། །རང་དོན་དོར་ནས་འཁོར་བའི་ནགས་ཚལ་དུ། །གཞན་དོན་ལྷུར་མཛད་གནས་བརྟན་བཅུ་ དྲུག་པོ། །དམ་བཅས་ཐུགས་རྗེའི་དབང་གིས་གནས་འདིར་གཤེགས། །དགེ་བསྙེན་སྐྱབས་ གསོལ་བདེན་པའི་ཚིག་ཉན་པ། །དཀོན་མཆོག་གསུམ་གྱི་ཞབས་འབྲིང་མཆིས་སོ་འཚལ། །བསོད་ནམས་རིན་ཆེན་ཞིང་དུ་སྤྱན་འདྲེན་གྱིས། །འགྲོ་བའི་དོན་ཕྱིར་མཆོད་ཀྱིས་གཤེགས་ སུ་གསོལ། །ཞེས་པས་སྤྱན་དྲངས། དེ་ནས། མཚུངས་མེད་ལྟ་བས་མི་ངོམས་ཤིང༌། །གསེར་གྱི་མདོག་ཅན་མཛེས་པའི་ སྐུ། །ཞལ་གཅིག་ཕྱག་གཉིས་སྐྱིལ་ཀྲུང་བཞུགས། །ས་གནོན་མཉམ་བཞག་མཛད་ཕྱག་ འཚལ། །(བླ་མའི་སྐུ་ཚེ་བརྟན་པ་དང༌། །)བསྟན་པ་རྒྱས་པར་བྱིན་གྱིས་རློབས། །གངས་རི་ཆེན་པོ་ ཏི་སེ་ལ། །འཕགས་པའི་གནས་བརྟན་ཡན་ལག་འབྱུང༌། །དགྲ་བཅོམ་སྟོང་དང་སུམ་བརྒྱའི་ བསྐོར། །སྤོས་ཕོར་རྔ་ཡབ་འཛིན་ཕྱག་འཚལ། །བསྟན་པ་རྒྱས་པར་བྱིན་གྱིས་རློབས། །དྲང་ སྲོང་རི་ཡི་ངོགས་ནགས་ན། །འཕགས་པའི་གནས་བརྟན་མི་ཕམ་པ། །དགྲ་བཅོམ་བརྒྱ་ཕྲག་ གཅིག་གིས་བསྐོར། །ཕྱག་གཉིས་མཉམ་བཞག་མཛད་ཕྱག་འཚལ། །བསྟན་པ་རྒྱས་པར་ བྱིན་གྱིས་རློབས། །ལོ་མ་བདུན་པའི་རི་ཕུག་ན། །འཕགས་པའི་གནས་བརྟན་ནགས་ན་ གནས། །དགྲ་བཅོམ་སྟོང་དང་བཞི་བརྒྱའི་སྐོར། །སྡིགས་མཛུབ་རྔ་ཡབ་འཛིན་ཕྱག་འཚལ། །བསྟན་པ་རྒྱས་པར་བྱིན་གྱིས་རློབས། །འཛམ་བུ་གླིང་གི་ཟངས་གླིང་ན། །འཕགས་པའི་ 8-1-87 གནས་བརྟན་དུས་ལྡན་ནི། །དགྲ་བཅོམ་སྟོང་དང་ཆིག་བརྒྱས་བསྐོར། །གསེར་གྱི་རྣ་ཀོར་ འཛིན་ཕྱག་འཚལ། །བསྟན་པ་རྒྱས་པར་བྱིན་གྱིས་རློབས། །སིངྒ་ལ་ཡི་གླིང་ན་ནི། །གནས་ བརྟན་རྡོ་རྗེ་མོ་ཡི་བུ། །དགྲ་བཅོམ་ཆེན་པོ་སྟོང་གིས་བསྐོར། །སྡིགས་མཛུབ་རྔ་ཡབ་འཛིན་ ཕྱག་འཚལ། །བསྟན་པ་རྒྱས་པར་བྱིན་གྱིས་རློབས། །ཆུ་བོ་ཡ་མུ་ན་གླིང་ན། །འཕགས་པའི་ གནས་བརྟན་བཟང་པོ་ནི། །དགྲ་བཅོམ་སྟོང་དང་ཉིས་བརྒྱའི་བསྐོར། །ཆོས་འཆད་མཉམ་ བཞག་མཛད་ཕྱག་འཚལ། །བསྟན་པ་རྒྱས་པར་བྱིན་གྱིས་རློབས། །གནས་མཆོག་ཁ་ཆེའི་ ཡུལ་ན་ནི། །འཕགས་པའི་གནས་བརྟན་གསེར་བེའུ། །དགྲ་བཅོམ་ཆེན་པོ་ལྔ་བརྒྱས་བསྐོར། །རིན་ཆེན་ཞགས་པ་འཛིན་ཕྱག་འཚལ། །བསྟན་པ་རྒྱས་པར་བྱིན་གྱིས་རློབས། །ནུབ་ཀྱི་ བ་ལང་སྤྱོད་ན་ནི། །བྷ་ར་དྷྭ་ཛ་གསེར་ཅན་ལ། །དགྲ་བཅོམ་ཆེན་པོ་བདུན་བརྒྱས་བསྐོར། །ཕྱག་གཉིས་མཉམ་བཞག་མཛད་ཕྱག་འཚལ། །བསྟན་པ་རྒྱས་པར་བྱིན་གྱིས་རློབས། །བྱང་ གི་སྒྲ་མི་སྙན་ན་ནི། །འཕགས་པའི་གནས་བརྟན་བ་ཀུ་ལ། །དགྲ་བཅོམ་ཆེན་པོ་དགུ་བརྒྱས་ བསྐོར། །ཕྱག་གཉིས་ནེའུ་ལེ་འཛིན་ཕྱག་འཚལ། །བསྟན་པ་རྒྱས་པར་བྱིན་གྱིས་རློབས། །པྲི་ ཡང་ཀུ་ཡི་གླིང་ན་ནི། །འཕགས་པའི་གནས་བརྟན་སྒྲ་གཅན་འཛིན། །དགྲ་བཅོམ་སྟོང་དང་ ཆིག་བརྒྱས་བསྐོར། །རིན་ཆེན་སྲོག་ཞུ་འཛིན་ཕྱག་འཚལ། །བསྟན་པ་རྒྱས་པར་བྱིན་གྱིས་ རློབས། །བྱ་རྒོ ད་ཕུང་པོའི་རི་བོ་ལ། །འཕགས་པའི་གནས་བརྟན་ལམ་ཕྲན་བསྟན། །དགྲ་ བཅོམ་སྟོང་དང་དྲུག་བརྒྱས་བསྐོར། །ཕྱག་གཉིས་མཉམ་བཞག་མཛད་ཕྱག་འཚལ། །བསྟན་ པ་རྒྱས་པར་བྱིན་གྱིས་རློབས། །ཤར་གྱི་ལུས་འཕགས་གླིང་ན་ནི། །བྷ་ར་ངྷ་ཛ་བསོད་སྙོམས་ ལེན། །དགྲ་བཅོམ་སྟོང་ཕྲག་གཅིག་གིས་བསྐོར། །གླེགས་བམ་ལྷུང་བཟེད་འཛིན་ཕྱག་ འཚལ། །བསྟན་པ་རྒྱས་པར་བྱིན་གྱིས་རློབས། །ལྷ་གནས་སུམ་ཅུ་རྩ་གསུམ་ན། །འཕགས་ པའི་གནས་བརྟན་ལམ་བསྟན་ནི། །དགྲ་བཅོམ་ཆེན་པོ་དགུ་བརྒྱས་བསྐོར། །ཆོས་འཆད་ 8-1-88 གླེགས་བམ་འཛིན་ཕྱག་འཚལ། །བསྟན་པ་རྒྱས་པར་བྱིན་གྱིས་རློབས། །རི་ཡི་རྒྱལ་པོ་ངོས་ ཡངས་ལ། །འཕགས་པའི་གནས་བརྟན་ཀླུ་ཡི་སྡེ། །དགྲ་བཅོམ་སྟོང་དང་ཉིས་བརྒྱས་བསྐོར། །བུམ་པ་མཁར་སིལ་འཛིན་ཕྱག་འཚལ། །བསྟན་པ་རྒྱས་པར་བྱིན་གྱིས་རློབས། །རི་ཡི་རྒྱལ་ པོ་བྷི ་ཧུ་ལར། །འཕགས་པའི་གནས་བརྟན་སྦེད་བྱེད་ནི། །དགྲ་བཅོམ་སྟོང་དང་བཞི་བརྒྱས་ བསྐོར། །ཕྱག་གཉིས་གླེགས་བམ་འཛིན་ཕྱག་འཚལ། །བསྟན་པ་རྒྱས་པར་བྱིན་གྱིས་རློབས། །རི་ཡི་རྒྱལ་པོ་གངས་ཅན་ལ། །འཕགས་པའི་གནས་བརྟན་མི་ཕྱེད་པ། །དགྲ་བཅོམ་སྟོང་ ཕྲག་གཅིག་གིས་བསྐོར། །བྱང་ཆུབ་མཆོད་རྟེན་འཛིན་ཕྱག་འཚལ། །བསྟན་པ་རྒྱས་པར་བྱིན་ གྱིས་རློབས། །འཕགས་པའི་དགེ་བསྙེན་དྷརྨ་ཏ། །རལ་པའི་ཐོད་བཅིངས་གླེགས་བམ་ཁུར། །སྣང་མཐའ་མདུན་གྱི་མཁའ་ལ་གཟིགས། །རྔ་ཡབ་བུམ་པ་འཛིན་ཕྱག་འཚལ། །བསྟན་པ་ རྒྱས་པར་བྱིན་གྱིས་རློབས། །བརྩོན་པའི་གོ་བསྒོས་མཐུ་སྟོབས་ལྡན། །སངས་རྒྱས་བསྟན་པ་ ལེགས་བསྲུང་བ། །ཤར་ལྷོ ་ནུབ་བྱང་ཕྱོགས་བཞི་ཡི། །རྒྱལ་ཆེན་བཞི་ལ་ཕྱག་འཚལ་ལོ། །རེ་ རེས་མཐར་བསྟན་པ་རྒྱས་པར་བྱིན་གྱིས་རློབས།། ཞེས་སྦྱར་རོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ སངས་རྒྱས་ཤཱཀྱ་ཐུབ་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་ སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་དམ་ པའི་ཆོས་སྐྱོང་ཞིང་ལྷ་མི་ཀུན་གྱིས་བསོད་ནམས་བསགས་པའི་དཔལ་གྱི་ཞིང་དུ། དེ་བཞིན་ གཤེགས་པ་ཤཱཀྱ་ཐུབ་པའི་བཀའ་བསྒོས་ཏེ། མྱ་ངན་ལས་མི་འདའ་བར་འཇིག་རྟེན་ན་ མངོན་སུམ་དུ་བཞུགས་ཤིང༌། བཀའ་ལུང་གི་རྗེས་སུ་སྒྲུབ་པ་འཕགས་པའི་ཚིག་ངེས་པའི་ ཞལ་གྱིས་བཞེས་པ། གངས་རི་ཆེན་པོ་ཏེ་སེ་ལ། འཕགས་པའི་གནས་བརྟན་ཆེན་པོ་ཡན་ ལག་འབྱུང་འཁོར་དགྲ་བཅོམ་པ་སྟོང་སུམ་བརྒྱས་བསྐོར་ཏེ་བཞུགས་པའི་ཞབས་ལ་དུས་ 8-1-89 ཐམས་ཅད་དུ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། དེ་ བཞིན་དུ་སྦྱར་ཏེ། དྲང་སྲོང་རིའི་ངོགས་ནགས་ན། འཕགས་པའི་གནས་བརྟན་ཆེན་པོ་མ་ཕམ་ པ་འཁོར་དགྲ་བཅོམ་པ་བརྒྱ་ཕྲག་གཅིག་གིས་བསྐོར་ཏེ་བཞུགས་པའི་ཞབས་ལ་དུས་ཐམས་ ཅད་དུ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། རི་ནགས་ ཀྱི་ངོགས་ལོ་མ་བདུན་པ་ཞེས་བྱ་བའི་རི་ཕུག་ན་འཕགས་པའི་གནས་བརྟན་ཆེན་པོ་ནགས་ན་ གནས་འཁོར་དགྲ་བཅོམ་པ་སྟོང་བཞི་བརྒྱས་བསྐོར་ཏེ་བཞུགས་པའི་ཞབས་ལ་དུས་ཐམས་ ཅད་དུ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། ཟངས་ གླིང་ན་འཕགས་པའི་གནས་བརྟན་ཆེན་པོ་དུས་ལྡན་འཁོར་དགྲ་བཅོམ་པ་སྟོང་ཆིག་བརྒྱའི་ བསྐོར་ཏེ་བཞུགས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་ མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། སིང་ག་ལའི་གླིང་ན་འཕགས་པའི་གནས་བརྟན་ཆེན་ པོ་རྡོ་རྗེ་མོའི་བུ་འཁོར་དགྲ་བཅོམ་སྟོང་གིས་བསྐོར་ཏེ་བཞུགས་པའི་ཞབས་ལ་དུས་ཐམས་ ཅད་དུ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། ཆུ་བོ་ ཡ་མུ་ནའི་གླིང་ན་འཕགས་པའི་གནས་བརྟན་ཆེན་པོ་བཟང་པོ་འཁོར་དགྲ་བཅོམ་པ་སྟོང་ ཉིས་བརྒྱས་སྐོར་ཏེ་བཞུགས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ། །མཆོད་དོ་ སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། ཁ་ཆེའི་ཡུལ་ན་འཕགས་པའི་གནས་བརྟན་ ཆེན་པོ་གསེར་བེའུ་འཁོར་དགྲ་བཅོམ་པ་ལྔ་བརྒྱས་བསྐོར་ཏེ་བཞུགས་པའི་ཞབས་ལ་དུས་ ཐམས་ཅད་དུ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། ནུབ་ཀྱི་བ་ལང་སྤྱོད་ན་འཕགས་པའི་གནས་བརྟན་ཆེན་པོ་བྷ་ར་དྷྭ་ཛ་གསེར་ཅན་འཁོར་དགྲ་ བཅོམ་པ་བདུན་བརྒྱས་བསྐོར་ཏེ་བཞུགས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། བྱང་གི་སྒྲ་མི་སྙན་ན་འཕགས་ 8-1-90 པའི་གནས་བརྟན་ཆེན་པོ་བ་ཀུ་ལ་འཁོར་དགྲ་བཅོམ་པ་དགུ་བརྒྱས་བསྐོར་ཏེ་བཞུགས་པའི་ ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ ཏུ་གསོལ། པྲི་ཡང་ཀུ་ཡི་གླིང་ན་འཕགས་པའི་གནས་བརྟན་ཆེན་པོ་དགྲ་གཅན་འཛིན་ འཁོར་དགྲ་བཅོམ་པ་སྟོང་ཆིག་བརྒྱས་བསྐོར་ཏེ་བཞུགས་པའི་ཞབས་ལ་དུས་ཐམས་ཅད་དུ་ ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། བྱ་རྒོ ད་ཕུང་ པོའི་རི་ལ་འཕགས་པའི་གནས་བརྟན་ཆེན་པོ་ལམ་ཕྲན་བརྟན་འཁོར་དགྲ་བཅོམ་པ་སྟོང་ དྲུག་བརྒྱས་བསྐོར་ཏེ་བཞུགས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ། །མཆོད་དོ་ སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། ཤར་གྱི་ལུས་འཕགས་གླིང་ན་འཕགས་པའི་ གནས་བརྟན་ཆེན་པོ་བྷ་ར་དྷྭ་ཛ་བསོད་སྙོམས་ལེན་འཁོར་དགྲ་བཅོམ་པ་སྟོང་གིས་བསྐོར་ ཏེ་བཞུགས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། ལྷའི་གནས་སུམ་ཅུ་རྩ་གསུམ་ན་འཕགས་པའི་གནས་བརྟན་ ཆེན་པོ་ལམ་བརྟན་འཁོར་དགྲ་བཅོམ་པ་དགུ་བརྒྱས་བསྐོར་ཏེ་བཞུགས་པའི་ཞབས་ལ་དུས་ ཐམས་ཅད་དུ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། རིའི་རྒྱལ་པོ་ངོས་ཡངས་ལ་འཕགས་པའི་གནས་བརྟན་ཆེན་པོ་ཀླུའི་སྡེ་འཁོར་དགྲ་བཅོམ་ པ་སྟོང་ཉིས་བརྒྱས་བསྐོར་ཏེ་བཞུགས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། རིའི་རྒྱལ་པོ་བི་ཧུ་ལ་འཕགས་པའི་ གནས་བརྟན་ཆེན་པོ་སྦེད་བྱེད་པ་འཁོར་དགྲ་བཅོམ་པ་སྟོང་བཞི་བརྒྱས་བསྐོར་ཏེ་བཞུགས་ པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བྱིན་གྱིས་ བརླབ་ཏུ་གསོལ། གངས་ཅན་རིའི་རྒྱལ་པོ་ལ་འཕགས་པའི་གནས་བརྟན་ཆེན་པོ་མི་ཕྱེད་ པ་འཁོར་དགྲ་བཅོམ་པ་སྟོང་གིས་བསྐོར་ཏེ་བཞུགས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་ 8-1-91 འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། འཕགས་པའི་དགེ་ བསྙེན་ཆེན་པོ་ངྷརྨ་ཏ་ལ་འཁོར་དགེ་བསྙེན་གྱི་ཚོགས་དཔག་ཏུ་མེད་པའི་བསྐོར་ཏེ་བཞུགས་ པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བྱིན་གྱིས་ བརླབ་དུ་གསོལ། ཞེས་གསོལ་བ་བཏབ། དེ་ནས། ༀ་མུ་ནི་མུ་ནི་མཧཱ་མུ་ན་ཡེ་སྭཱཧཱ། ཞེས་མང་དུ་བཟླས། སངས་རྒྱས་སྤྲུལ་པ་དགྲ་བཅོམ་ འཕགས་པའི་ཚོགས། །འགྲོ་བའི་དོན་དུ་བསྟན་པ་སྐྱོང་མཛད་པ། །དཀོན་མཆོག་གསུམ་ དངོས་གནས་བརྟན་བཅུ་དྲུག་གིས། །བསྟན་པ་ཡུན་རིང་གནས་པར་བྱིན་གྱིས་རློབས། །ཐུགས་རྗེའི་བདག་ཉིད་གནས་བརྟན་བཅུ་དྲུག་གི །འཁོར་ཚོགས་སྲིད་མཚོ་ལས་བརྒལ་ ཉོན་མོངས་མེད། །ཁྲི་དང་དྲུག་སྟོང་བཞི་བརྒྱའི་ཚོགས་རྣམས་ཀྱིས། །བསྟན་པ་ཡུན་རིང་ གནས་པར་བྱིན་གྱིས་རློབས། །སེམས་ཅན་ཀུན་གྱི་གསོས་གྱུར་དགྲ་བཅོམ་པ། །རིག་དང་ ཞབས་ལྡན་སྐྱེ་དགུའི་སྦྱིན་གནས་ཆེ། །འཕགས་པའི་གང་ཟག་ཆེན་པོ་ཁྱེ ད་རྣམས་ཀྱིས། །བསྟན་པ་ཡུན་རིང་གནས་པར་བྱིན་གྱིས་རློབས། །བདག་གི་དགེ་བའི་རྩ་བ་འདི་ཡི་མཐུས། །ཕན་བདེའི་འབྱུང་གནས་བསྟན་པ་འཕེལ་གྱུར་ཅིག །སྡུག་བསྔལ་ཀུན་འབྱུང་མ་ལུས་རབ་ སྤངས་ནས། །སྲིད་པའི་རྒྱ་མཚོ་མྱུར་དུ་སྐེམ་པར་ཤོག །བསོད་ནམས་རྒྱ་མཚོ་ཡོངས་སུ་ རྫོགས་གྱུར་ཅིག །ཡེ་ཤེས་རྒྱ་མཚོ་རྣམ་པར་དག་གྱུར་ཅིག །ཡོན་ཏན་རྒྱ་མཚོ་མ་ལུས་ཀུན་ རྫོགས་ནས། །འཇིག་རྟེན་ཀུན་ལས་ཁྱད་པར་འཕགས་པར་ཤོག །ཚོགས་གཉིས་མཐར་ཕྱིན་ དུས་གསུམ་རྒྱལ་བ་ཡི། །ཕྲིན་ལས་སྒྲུབ་ཅིང་ཡོན་ཏན་རྣམ་དབྱེར་མེད། །སྐལ་བ་མཉམ་པའི་ གདུལ་བྱ་སྨིན་མཛད་པའི། །མཉམ་མེད་བླ་མ་མཆོག་གི་བཀྲ་ཤིས་ཤོག །དུས་གསུམ་རྒྱལ་ བ་རྒྱལ་སྲས་ཐུགས་རྗེ་ཡིས། །ཉན་ཐོས་ཚུལ་བཟུང་སྲིད་པ་ཇི་སྲིད་བར། །བསྟན་པ་སྐྱོང་ཞིང་ འགྲོ་བའི་དོན་མཛད་པའི། །གནས་བརྟན་ཆེན་པོ་རྣམས་ཀྱི་བཀྲ་ཤིས་ཤོག །ཟབ་ཅིང་རྒྱ་ཆེ་ 8-1-92 གཟིགས་པ་པོ། །ཡུལ་འཁོར་སྲུང་དང་འཕགས་སྐྱེས་པོ། །སྤྱན་མི་བཟང་དང་རྣམ་ཐོས་སྲས། །རྒྱལ་ཆེན་བཞི་ཡི་བཀྲ་ཤིས་ཤོག །ཕན་བདེ་འབྱུང་བའི་གནས་གཅིག་པོ། །བསྟན་པ་ཡུན་ རིང་གནས་པ་དང༌། །བསྟན་འཛིན་སྐྱེས་བུ་དམ་པ་རྣམས། །སྐུ་ཚེ་རྒྱལ་མཚན་བརྟན་གྱུར་ ཅིག །སྟོན་པ་འཇིག་རྟེན་ཁམས་སུ་བྱོན་པ་དང༌། །བསྟན་པ་ཉི་འོད་བཞིན་དུ་གསལ་བ་དང༌། །བསྟན་འཛིན་བུ་སློ བ་དགེ་འདུན་མཐུན་པ་ཡིས། །བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ ཤོག། །། ༄༅། །གནས་བརྟན་བཅུ་དྲུག་ལ་བསྟོད་པ། དགྲ་བཅོམ་བློ་མཆོག་དབང་དུལ་བ། །བསྟན་པ་ སྲིད་དུ་བརྟན་བཞུགས་ནས། །འཛིན་དང་སྐྱོང་དང་སྲུང་མཛད་པ། །བཅུ་དྲུག་བཞུགས་པ་ འདི་ལྟ་སྟེ། །བྷ་ར་དྷྭ་ཛ་བསོད་སྙོམས་ལེན། །གསེར་ཅན་བ་ཀུ་ལ་དང་ནི། །ལམ་བརྟན་རྡོ་རྗེ་ མོ་ཡི་བུ། །སྦེད་བྱེད་སྒྲ་གཅན་འཛིན་དང་ནི། །ཀླུ་སྡེ་གནས་བརྟན་ཡན་ལག་འབྱུང༌། །ནགས་ ན་གནས་དང་མ་ཕམ་པ། །ལམ་ཕྲན་བསྟན་དང་གསེར་ཕྲེང་དང༌། །མི་ཕྱེད་པ་དང་དུས་ལྡན་ དང༌། །དེ་བཞིན་བཟང་པོ་ཞེས་བྱ་བ། །དེ་དག་རྣམས་ལ་ཕྱག་འཚལ་ལོ། །ཞེས་དཔལ་ལྡན་འཕགས་ པའི་གསུང་རབ་ལས་བྱུང་བའོ།། །། 8-1-93 ༄༅། །ལས་དང་པོ་པའི་རིམ་པ་ཕན་བདེའི་འབྱུང་གནས་ ཞེས་བྱ་བ་བཞུགས་སོ། ། ༄༅། །ༀ་སྭ་སྟཱི་པྲ་ཛྙཱ་བྷྱཿ སྐྱབས་གནས་ཀུན་འདུས་བླ་མ་དང༌། །དཀོན་མཆོག་གསུམ་ ལ་གུས་བཏུད་ནས། །ལས་དང་པོ་པ་ལ་ཉེར་མཁོའི་ཕྱིར། །སྤྱོད་པའི་རིམ་པ་ཅུང་ཟད་བཤད། །དེ་ལ་དང་པོའི་ལས་ཅན་རྣམས་ཀྱིས་ཉིན་ཞག་ཕྲུགས་གཅིག་གི་ཉམས་ལེན་གྱི་རིམ་པ་ལ་ གཙོ་བོར་བསླབས་པས། ལུས་སེམས་ཅུང་ཟད་ལས་སུ་རུང་བར་གྱུར་པ་ན། ཐོས་པ་དང་ བསམ་པ་དང་སྒོམ་པ་ཐམས་ཅད་ལ་ནན་ཏན་ཏུ་བྱས་པའི། ཁྱད་པར་མཆོག་རྣམས་ཐོབ་ པར་འགྱུར་བ་ཡིན་ནོ། །དེ་ལ་ཉིན་ཞག་ཕྲུགས་གཅིག་གི་སྤྱོད་པ་ཇི་ལྟ་བུ་ཞེ་ན། རང་གིས་ ཇི་ལྟར་བླངས་པའི་བསླབ་པ་ལ་ནན་ཏན་སྙིང་པོར་བྱེད་པ་ཉིད་གཞིར་བྱས་ཏེ། ཉིན་ཞག་ ཕྲུགས་གཅིག་ལས་ནམ་གྱི་ཆ་སྨད་ལ་བབས་པ་ན་གཉིད་དང་རྨུགས་པ་དང་ལེ་ལོ་སྤངས་ཏེ། ལུས་གནད་བཅས་ཡིད་མ་ཡེངས་པར་སངས་རྒྱས་དང་ཆོས་དང་དགེ་འདུན་དང༌། གཏོང་ བ་དང་ཚུལ་ཁྲིམས་དང་ལྷ་རྗེས་སུ་དྲན་པའི་སྒོ་ནས། དད་པ་བསྐྱེད་པ་དང༌། ཚེ་འདི་དང་ འཁོར་བ་ལ་ཡིད་ངེས་པར་འབྱུང་བ་དང༌། ཐར་བའི་ལམ་གྱི་ངོ་བོ་དང་ཕན་ཡོན་ཡིད་ལ་ བྱེད་པ་དང༌། སེམས་ཅད་ཐམས་ཅད་ལ་བྱམས་པ་དང་སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་དྲག་ ཏུ་སྒོམ་ཞིང༌། མན་ངག་ཐོབ་ན་བསམ་གཏན་ཅུང་ཟད་བྱའོ། །དེ་ནས་སྐྱ་རེངས་དང་པོ་ཤར་ བ་ན། ཕྱག་འཚལ་བ་སོགས་ཡན་ལག་བདུན་པ་རྒྱས་པ་རྣམས་བྱ་ཞིང༌། ཉིན་མོའི་དང་པོ་ ལ། ཕྱག་འཚལ་བའམ། མཆོད་པ་འབུལ་བའམ། གཏོར་མ་གཏོང་བའམ། མདོ་སྡེ་ 8-1-94 ཀློག་པའམ། མཆོད་རྟེན་ལ་བསྐོར་བ་ལ་སོགས་པ་ཐུན་མཚམས་ཀྱི་སྤྱོད་པ་ཅི་འགྲུབ་ཞིག་ བྱས་ནས། ཁ་ཟས་ཀྱི་བྱ་བ་ལ་འཇུག་སྟེ། ཕུད་དང་ལྷག་མ་ལ་སོགས་པའི་མཆོད་པ་མ་ཆད་ པར་བྱའོ། །དེའི་རྗེས་སུ་གཙང་སྦྲ་དང་ལྡན་པས་ཡན་ལག་བདུན་པ་སྔོ ན་དུ་འགྲོ་བ་བཞིན་ ཏུ། ཀློག་པའམ། ཆོས་ཉན་པའམ། བསམ་བཏན་ལ་སོགས་པ་གང་རུང་ཞིག་བྱའོ། །ཉི་མ་ ཕྱི་ཕྲེད་ཀྱི་དུས་ན་དུབ་པ་བསང་བའི་དོན་དུ་ཆོས་དང་ལྡན་པའི་གཏམ་གྱིས་རབ་ཏུ་དགའ་ བར་བྱས་ནས། སཱཙྪ ་གདབ་པ་ལ་སོགས་པ་ཐུན་མཚམས་ཀྱི་སྤྱོད་པ་ཅི་རིགས་པ་ལ་འཇུག་ གོ །དགོངས་མོའི་ཐུན་ལ་ཕྱག་འཚལ་བ་སྔོ ན་དུ་འགྲོ་བའི་སྒོ་ནས། འཕགས་པ་རྣམས་ལ་ མཆོད་པ་དང་འབྱུང་པོ་རྣམས་ལ་གཏོར་མ་རྒྱ་ཆེར་བྱིན་ལ། སྨོན་ལམ་གྱི་ཁྱད་པར་མང་དུ་ གདབ་པར་བྱའོ། །ནམ་གྱི་ཆ་སྟོད་ལ་བསམ་ཏན་ནམ། གསུང་རབ་འདོན་པའམ། དེ་དག་ གི་དོན་སེམས་ལ་ནན་ཏན་དུ་བྱ་ཞིང༌། གུང་ཐུན་ལ་དགེ་བའི་སེམས་ཀྱིས་ཉལ་བར་བྱའོ། །ཚེས་བརྒྱད་དང༌། བཅུ་བཞི་དང༌། བཅོ་ལྔ་དང༌། གནམ་སྟོང་རྣམས་ལ་ཆོས་སྟོན་པ་པོ་ཡོད་ ན་མཚན་མོ་ཧྲིལ་གྱིས་ཆོས་སྟོན་པ་ཉན་པའམ། ནམ་ཕྱེད་ལ་ཐུག་གི་བར་དུ་ཆོས་ཉན་བཤད་ བྱའོ། །དེ་ལྟ་བུ་མ་འབྱོར་ན་དེ་བཞིན་གཤེགས་པའི་སྐུ་གཟུགས་ལ་མཆོད་པ་བྱ་བའམ། གང་ཡང་རུང་བའི་ཆོས་སྤྱོད་ཀྱི་རིམ་པས་དུས་འདའ་བར་བྱའོ། །ཅི་སྟེ་སྔགས་ཀྱི་ཐེག་པ་ ལ་ཞུགས་པ་ཡིན་ན། ཐུན་བཞིར་བཟླས་བརྗོད་དང༌། གསང་སྔགས་ཀྱི་དོན་སྒོམ་པའི་ རིམ་པ་ལ་ནན་ཏན་དུ་བྱེད་པ་ནི། ལྷག་པོར་སྒྲུབ་བྱའོ། །གནས་སྐབས་གཞན་དང་གཞན་ དུ། ཡོན་བདག་ལ་སོགས་པའི་བསོད་ནམས་སྤེལ་བའི་སླད་དུ་ཡང༌། སྐྱབས་སུ་འགྲོ་བ་ དང་སེམས་བསྐྱེད་པ་དང༌། ཕྱག་མཆོད་བཤགས་པ་རྣམས་རྒྱས་པར་བྱ་ཞིང༌། བར་སྐབས་ དེར་མདོ་འདོན་པ་ལ་སོགས་པའི་རིམ་པ་རྣམས་བྱས་ནས། མཇུག་ཏུ་སྨོན་ལམ་གདབ་པ་ དང༌། བཀྲ་ཤིས་བརྗོད་པ་རྣམས་བྱའོ། །ཡང་ན་ཡན་ལག་བདུན་པ་བསྡུས་པ་སྔོ ན་དུ་འགྲོ་ 8-1-95 བས། མདོ་དང་གཟུངས་འདོན་པ་བྱས་ཀྱང་རུང་ངོ༌། །ད་ནི་དེ་རྣམས་ཀྱི་རིམ་པ་བརྗོད་པར་ བྱ་སྟེ། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ༌། །བདག་གི་སྤྱི་བོར་པདྨའི་གདན་བཞུགས་ལ། །བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་བཟུང་སྟེ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་ གསོལ། །དངོས་གྲུབ་ཐམས་ཅད་ཀྱི་འབྱུང་གནས། །སྐྱབས་གནས་ཐམས་ཅད་འདུས་པའི་ ངོ་བོ། །དཔལ་ལྡན་རྩ་བའི་བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་ བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་རྒྱལ་བ་ཤཱཀྱ་ ཐུབ་པའི་ཞབས་ལ་ཕྱག་འཚལ་ལོ། །བདག་གི་ལུས་དང་ངག་དང་ཡིད་ལ་ཕྱི་ནང་གི་བར་དུ་ གཅོད་པ་ཐམས་ཅད་ཞི་བ་དང་བསྲུང་ཞིང་བྱིན་གྱིས་བརླབ་ཏུ་གསོལ། དལ་འབྱོར་འདི་ནི་ རྙེད་པ་ཤིན་ཏུ་དཀའ། །སྐྱེས་བུའི་དོན་སྒྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་ བསྒྲུབས་ན། །ཕྱིས་ནི་ཡང་དག་འབྱོར་པ་ག་ལ་འགྱུར། །སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་ དང་འདྲ། །འགྲོ་བའི་སྐྱེ་འཆི་གར་ལ་ལྟ་དང་མཚུངས། །འགྲོ་བའི་ཚེ་སྲོག་ནམ་མཁའི་གློག་ འདྲ་སྟེ། །རི་གཟར་འབབ་ཆུ་བཞིན་དུ་མྱུར་མགྱོགས་འགྲོ། །དུས་ཀྱི་ཉེན་ནས་རྒྱལ་པོ་འགྲོ་ གྱུར་ན། །ལོངས་སྤྱོད་མཛའ་དང་གཉེན་བཤེས་རྗེས་མི་འབྲང༌། །སྐྱེས་བུ་དེ་ནི་གང་ནས་གང་ འགྲོ་བ། །ལས་ནི་གྲིབ་མ་བཞིན་དུ་རྗེས་སུ་འབྲང༌། །སྲེད་སྲིད་མ་རིག་དབང་གི་སྐྱེ་བོ་རྣམས། །མི་དང་ལྷ་དང་ངན་སོང་རྣམ་གསུམ་པོ། །འགྲོ་བ་ལྔ་པོ་དག་ཏུ་མི་མཁས་འཁོར། །དཔེར་ན་ རྫ་མཁན་འཁོར་ལོ་འཁོར་བ་བཞིན། །སྲིད་གསུམ་རྒ་དང་ནད་ཀྱི་སྡུག་བསྔལ་འབར། །འདི་ ན་འཆི་མེད་རབ་འབར་མགོན་མེད་དེ། །སྲིད་ལས་བྱུང་ལ་འགྲོ་བ་རྟག་ཏུ་རྨོངས། །བུམ་པར་ ཆུད་པའི་བུང་བ་འཁོར་བ་བཞིན། །ཞེས་བརྗོད་ཅིང་དོན་བསམ་མོ་དལ་འབྱོར་འདི་ནི་ཞེས་ སོགས་ཚིགས་བཅད་འདི་རྣམས་ཚོགས་སུ་མ་བརྗོད་ཀྱང་རུང་ངོ༌། ། བདག་དང་འགྲོ་བ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་ 8-1-96 བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་ངོ་བོར་གྱུར་ པ། ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་འབྱུང་གནས། འཕགས་པའི་དགེ་འདུན་ ཐམས་ཅད་ཀྱི་མངའ་བདགརྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་ དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་སྐྱབས་ སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་ པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་ ཚར་གསུམ་བརྗོད་ནས་སྐྱབས་འགྲོ་བཞི་བསྐོར་གང་འགྲུབ་བྱ། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་ མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་ རྒྱས་འགྲུབ་པར་ཤོག །སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་མེད་པའི་ བདེ་བ་དང་མི་འབྲལ་བར་གྱུར་ཅིག །ཉེ་རིང་ཆགས་སྡང་དང་བྲལ་བའི་བཏང་སྙོམས་ཚད་ མེད་པ་ལ་གནས་པར་གྱུར་ཅིག །རྣམ་དག་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང༌། །ཐུགས་ རྗེས་སྤྱན་གྱིས་འགྲོ་ལ་མཆོག་ཏུ་གཟིགས། །རྒྱལ་བ་ཀུན་གྱི་ཕྲིན་ལས་སྒྲུབ་མཛད་པའི། །དུས་གསུམ་བླ་མ་འཁོར་བཅས་གཤེགས་སུ་གསོལ། །མ་ལུས་སེམས་ཅན་ཀུན་གྱི་མགོན་ གྱུར་ཅིང༌། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་ བཞིན་མཁྱེ ན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །བཅོམ་ལྡན་བསྐལ་པ་གྲངས་མེད་དུ་མ་རུ། །འགྲོ་ལ་བརྩེ་ཕྱིར་ཐུགས་རྗེས་རྣམ་སྦྱངས་ཤིང༌། 8-1-97 །སྨོན་ལམ་རྒྱ་ཆེན་དགོངས་པ་ཡོངས་རྫོགས་པ། །ཁྱེ ད་བཞེད་འགྲོ་དོན་མཛད་དུས་འདི་ ལགས་ན། །དེ་ཕྱིར་ཆོས་དབྱིངས་ཕོ་བྲང་ལྷུན་གྲུབ་ནས། །རྫུ་འཕྲུལ་བྱིན་རླབས་སྣ་ཚོགས་ སྟོན་མཛད་ཅིང༌། །མཐའ་ཡས་སེམས་ཅན་ཚོགས་རྣམས་སྒྲོལ་བའི་ཕྱིར། །ཡང་དག་འཁོར་ དང་བཅས་ཏེ་གཤེགས་སུ་གསོལ། །ཕྱོགས་དུས་ཀུན་ཁྱབ་སྐྱབས་གསུམ་བཀའ་སྡོད་བཅས། །ཉོན་མོངས་འགྲོ་ལ་མཁྱེ ན་བརྩེས་རབ་དགོངས་ནས། །དཔག་མེད་ཞིང་ནས་ཐོགས་མེད་རྫུ་ འཕྲུལ་གྱིས། །འདིར་གཤེགས་མཆོད་སྤྲིན་རྒྱ་མཚོའི་དབུས་བཞུགས་གསོལ། །གང་གི་ བཀའ་དྲིན་འོད་ཀྱི་གསལ་བྱས་བདག་ཉིད་ཀྱི། །དེ་ཉིད་རིན་ཆེན་འོད་ཀྱི་ཚོགས་ཀྱིས་མུན་ བཅོམ་ནས། །མིག་སྐྱོན་མེད་རྣམས་རོལ་བར་གནས་པའི་སྟེང་དུ་ནི། །ལྟ་གྱུར་བླ་མ་ཉི་མ་དེ་ ལ་ཕྱག་འཚལ་ལོ། །བླ་མ་མཉམ་མེད་སངས་རྒྱས་རིན་པོ་ཆེ། །དུས་གསུམ་བདེ་གཤེགས་ སྲས་བཅས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་རང་བཞིན་བྱིན་རླབས་པ། །བཀའ་དྲིན་ ཆེན་པོའི་ཞབས་ལ་ཕྱག་འཚལ་ལོ། །དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་ཤིང༌། །བར་དུ་གཅོད་པའི་བདུད་བཞི་ འདུལ་མཛད་པ། །བཅོམ་ལྡན་སེང་གེ་དེ་ལ་ཕྱག་འཚལ་ལོ། །གང་ཞིག་འབྱུང་པོ་ཀུན་ལ་ ཐུགས་བརྩེ་བས། །སྔོ ན་ཆད་མ་ཐོས་ཆོས་ཀྱི་འཁོར་ལོ་བསྐོར། །སྐྱོབ་པ་ལྷ་དང་མི་རྣམས་ འདུལ་མཛད་པ། །སྲིད་པ་མཐར་ཕྱིན་དེ་ལ་ཕྱག་འཚལ་ལོ། །གང་ཚེ་རྐང་གཉིས་གཙོ་བོ་ཁྱོ ད་ བལྟམས་ཚེ། །ས་ཆེན་འདི་ལ་གོམ་པ་བདུན་བོར་ནས། །ང་ནི་འཇིག་རྟེན་འདི་ན་མཆོག་ཅེས་ གསུངས། །དེ་ཚེ་མཁས་པ་ཁྱོ ད་ལ་ཕྱག་འཚལ་ལོ། །རྣམ་དག་སྐུ་མངའ་མཆོག་ཏུ་གཟུགས་ བཟང་བ། །ཡེ་ཤེས་རྒྱ་མཚོ་གསེར་གྱི་ལྷུན་པོ་འདྲ། །གྲགས་པ་འཇིག་རྟེན་གསུམ་ན་་མེ་བ། །མགོན་པོ་མཆོག་བརྙེས་ཁྱོ ད་ལ་ཕྱག་འཚལ་ལོ། །གང་ཚེ་ཐུབ་ཆེན་ཞིང་བའི་གྲོང་བཞུད་ཚེ། །འཛམ་བུའི་གྲིབ་མས་སྐུ་ལུས་མ་བཏང་ཞིང༌། །ལྷ་བུ་གཞོན་ནུ་ཚོགས་ཀྱིས་བཏུད་གྱུར་པ། 8-1-98 །དེ་ཚེ་མཆོད་འོས་ཁྱོ ད་ལ་ཕྱག་འཚལ་ལོ། །མཚན་མཆོག་ལྡན་པ་དྲི་མེད་ཟླ་བའི་ཞལ། །གསེར་མདོག་འདྲ་བ་ཁྱོ ད་ལ་ཕྱག་འཚལ་ལོ། །རྡུལ་བྲལ་ཁྱོ ད་འདྲ་སྲིད་པ་གསུམ་མ་མཆིས། །མཉམ་མེད་མཁྱེ ན་ཅན་ཁྱོ ད་ལ་ཕྱག་འཚལ་ལོ། །མི་མཆོག་འདུལ་བ་ཁ་ལོ་བསྒྱུར་མཛད་ ཅིང༌། །ཀུན་སྦྱོར་འཆིང་བ་གཅོད་མཛད་དེ་བཞིན་གཤེགས། །དབང་པོ་ཞི་ཞིང་ཉེར་ཞི་ཞི་ལ་ མཁས། །མཉམ་ཡོད་བཞུགས་པ་དེ་ལ་ཕྱག་འཚལ་ལོ། །ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་ མེད་ཀྱང༌། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ ལ་མངའ་བརྙེས་པའི། །རིག་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་ལོ། །སངས་རྒྱས་རྣམ་ གཟིགས་གཙུག་ཏོར་ཐམས་ཅད་སྐྱོབ། །འཁོར་བ་འཇིག་དང་གསེར་ཐུབ་འོད་སྲུང་དང༌། །ཤཱཀྱ་ཐུབ་པ་གོ་ཏམ་ལྷ་ཡི་ལྷ། །སངས་རྒྱས་དཔའ་བོ་བདུན་ལ་ཕྱག་འཚལ་ལོ། །མཐུན་པའི་ དགེ་ཚོགས་སྨོན་ལམ་རྨད་བྱུང་ཞིང༌། །སྤྱད་པ་སྤྱོད་ཚེ་ནམ་ཡང་མཆེད་གྱུར་ལ། །བསྐལ་ བཟང་གཅིག་ལ་མཛད་པ་མཐར་ཕྱིན་པའི། །རྫོགས་པའི་སངས་རྒྱས་སྟོང་ལ་ཕྱག་འཚལ་ལོ། །སྔོ ན་ཚེ་བྱང་ཆུབ་ཆེན་པོར་ཐུགས་བསྐྱེད་ནས། །ཚོགས་གཉིས་ཡོངས་རྫོགས་དགོངས་པ་ མཐར་ཕྱིན་པའི། །དེ་བཞིན་གཤེགས་པ་དྲུག་ཁྲི་ལྔ་སྟོང་ལ། །ལུས་ངག་ཡིད་གསུམ་གུས་ པའི་ཕྱག་འཚལ་ལོ། །མཚན་ལེགས་རིན་ཆེན་གསེར་བཟང་མྱ་ངན་མེད། །ཆོས་བསྒྲགས་ མངོན་མཁྱེ ན་སྨན་བླ་ཤཱཀྱ་ཐུབ། །རྒྱ་ཆེན་སྨོན་ལམ་ཡོངས་སུ་རྫོགས་པ་ཡི། །བདེ་བར་ གཤེགས་པ་བརྒྱད་ལ་ཕྱག་འཚལ་ལོ། །ཉི་མ་ལྟ་བུས་མ་རིག་མུན་པ་སེལ། །ཟླ་བ་ལྟ་བུས་ ཉོན་མོངས་གདུང་བ་སེལ། །དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ། །བཻ་ཌཱུརྱཡི་འོད་ ལ་ཕྱག་འཚལ་ལོ། །འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། །དུས་མིན་འཆི་བ་མ་ལུས་ འཇོམས་པའི་དཔལ། །མགོན་མེད་སྡུག་བསྔལ་གྱུར་པ་རྣམས་ཀྱི་སྐྱབས། །སངས་རྒྱས་ཚེ་ དཔག་མེད་ལ་ཕྱག་འཚལ་ལོ། །བྱམས་ཆེན་མེ་ཡི་ཞེ་སྡང་བུད་ཤིང་སྲེག །ཡེ་ཤེས་འོད་ཀྱིས་ 8-1-99 མ་རིག་མུན་པ་སེལ། །ཆོས་ཀྱི་རྒྱལ་མཚན་འགྲོ་བའི་མགོན་མཛད་པ། །དགའ་ལྡན་བཞུགས་ པ་དེ་ལ་ཕྱག་འཚལ་ལོ། །རྡོ་རྗེ་འཆང་དབང་རྒྱལ་བ་རྟག་པ་དང༌། །ཧེ་རུ་ཀ་དཔལ་རྡོ་རྗེ་ཉི་མ་ དང༌། །པདྨ་གར་དབང་རྟ་ཡི་རྒྱལ་པོ་སོགས། །འཁོར་ལོའི་དབང་ཕྱུག་རྣམས་ལ་ཕྱག་འཚལ་ ལོ། །རྒྱལ་བ་རིགས་ལྔ་དེ་བཞིན་གཤེགས་ཡུམ་བཞི། །སེམས་དཔའ་ཆེ་དང་ཁྲོ་བོའི་དབང་ པོ་རྣམས། །རང་རང་རིགས་ཀྱི་ལྷ་མོར་བཅས་ལ་སོགས། །དཀྱིལ་འཁོར་ལྷ་ཚོགས་རྣམས་ ལ་ཕྱག་འཚལ་ལོ། །རྡོ་རྗེ་ཕག་མོ་བདག་མེད་སྣ་ཚོགས་ཡུམ། །ཡེ་ཤེས་དབང་མོ་རྡོ་རྗེ་རོ་ ལངས་མ། །རྡོར་དབྱིངས་དབང་ཕྱུག་ལ་སོགས་དཀྱིལ་འཁོར་གྱི། །འཁོར་ལོས་སྒྱུར་མ་ རྣམས་ལ་ཕྱག་འཚལ་ལོ། །འདུས་པ་བདེ་དགྱེས་སྒྱུ་འཕྲུལ་དྲ་བ་དང༌། །གདན་བཞི་མཱ་ཡ་ ཐོད་པ་གཤིན་རྗེ་གཤེད། །དུས་ཀྱི་འཁོར་ལོ་ལ་སོགས་སྔགས་རྒྱུད་ཀྱི། །ཡེ་ཤེས་ལྷ་ཚོགས་ རྣམས་ལ་ཕྱག་འཚལ་ལོ། །གསང་སྔགས་རིག་སྔགས་གཟུང་སྔགས་སྙིང་པོ་དང༌། །ཕྱག་རྒྱའི་ རིགས་བྱུང་ལ་སོགས་སྔགས་ཀྱི་ལྷ། །ཞི་ཁྲོའི་ལྷ་ཚོགས་རྒྱུད་སྡེ་བཞི་པོ་ལས། །གང་གསུང་ རྣམས་ལ་གུས་པས་ཕྱག་བགྱི་འོ། །དུས་གསུམ་བདེ་བར་གཤེགས་པ་ཆོས་ཀྱི་སྐུ། །འགྲོ་དྲུག་ སེམས་ཅན་རྣམས་ལ་སྤྱན་རས་གཟིགས། །ནམ་མཁའ་ལྟ་བུར་ཁྱབ་པའི་བཅུ་གཅིག་ཞལ། །གཟི་བརྗིད་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཕྱག་སྟོང་འཁོར་ལོས་སྒྱུར་བའི་རྒྱལ་པོ་ སྟོང༌། །སྤྱན་སྟོང་བསྐལ་བ་བཟང་པོའི་སངས་རྒྱས་སྟོང༌། །གང་ལ་གང་འདུལ་དེ་ལ་དེར་སྟོན་ པའི། །བཙུན་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །དུས་གསུམ་རྒྱལ་བ་ཀུན་གྱི་ཐུགས་ ཀྱི་སྲས། །གཞོན་ནུའི་ཚུལ་འཛིན་རྒྱལ་སྲས་འཇམ་པའི་དབྱངས། །བདུད་ཀྱི་དཀྱིལ་འཁོར་ མཐའ་དག་འཇོམས་མཛད་པ། །མཁྱེ ན་བརྩེའི་རང་བཞིན་དེ་ལ་ཕྱག་འཚལ་ལོ། །ལྕང་ལོ་ ཅན་གྱི་གནས་མཆོག་དམ་པ་ན། །གསང་སྔགས་རིག་སྔགས་ཀུན་ཀྱི་བདག་པོ་སྟེ། །ལོག་ འདྲེན་བགེགས་ཀྱི་ཚོགས་རྣམས་འཇོམས་མཛད་པ། །ཕྱག་ན་རྡོ་རྗེ་བསྣམས་ལ་ཕྱག་འཚལ་ 8-1-100 ལོ། །མགོན་པོ་སྤྱན་རས་གཟིགས་དབང་ཐུགས་རྗེ་ཅན། །དོན་ཡོད་ཞགས་པ་ཁྲོ་རྒྱལ་རྟ་ མཆོག་དང༌། །རལ་གཅིག་མ་དང་ཁྲོ་གཉེར་ཅན་མ་སྟེ། །འཕགས་པ་ལྷ་ལྔའི་ཚོགས་ལ་ཕྱག་ འཚལ་ལོ། །དཔལ་ལྡན་ལྷ་མོ་སྟོན་ཀའི་ཟླ་བའི་མདོག །ཞལ་གསུམ་ཕྱག་བརྒྱད་རབ་མཛེས་ ཞི་བའི་སྐུ། །ཡེ་ཤེས་དཔག་ཡས་ཚེ་ཡི་མཆོག་སྩོལ་མ། །རྣམ་པར་རྒྱལ་མའི་ཞབས་ལ་ཕྱག་ འཚལ་ལོ། །སེང་གེ་གླང་ཆེན་མེ་སྦྲུལ་ཆོམ་རྐུན་དང༌། །ལྕགས་སྒྲོག་རྒྱ་མཚོ་ཤ་ཟའི་འཇིགས་ པ་རྣམས། །ཞི་མཛད་ཟླ་བའི་འོད་ལྟར་མཛེས་པའི་སྐུ། །བཅོམ་ལྡན་སྒྲོལ་མ་ཡུམ་ལ་ཕྱག་ འཚལ་ལོ། །སྐུ་ཡི་སྐྱོན་སྤངས་མཚན་དང་དཔེ་བྱད་ལྡན། །གསུང་གི་སྐྱོན་སྤངས་ཀ་ལ་པིངྐའི་ དབྱངས། །ཐུགས་ཀྱི་སྐྱོན་སྤངས་ཤེས་བྱ་མཐའ་དག་མཁྱེན། །བཀྲ་ཤིས་དཔལ་འབར་མ་ལ་ ཕྱག་འཚལ་ལོ། །རྣམ་རྒྱལ་འཇིག་རྟེན་དབང་ཕྱུག་གསང་བའི་བདག །མི་གཡོ་འདོད་པའི་ རྒྱལ་པོ་དབྱུག་སྔོ ན་ཅན། །སྟོབས་པོ་ཆེ་དང་ལྷ་ཡི་བུ་གཉིས་པོ། །རྣམ་རྒྱལ་ལྷ་ཚོགས་རྣམས་ ལ་ཕྱག་འཚལ་ལོ། །འཇམ་དབྱངས་ཕྱག་ན་རྡོ་རྗེ་སྤྱན་རས་གཟིགས། །ས་ཡི་སྙིང་པོ་སྒྲིབ་པ་ རྣམ་པར་སེལ། །ནམ་མཁའི་སྙིང་པོ་བྱམས་པ་ཀུན་ཏུ་བཟང༌། །ཉེ་བའི་སྲས་ཆེན་བརྒྱད་ལ་ ཕྱག་འཚལ་ལོ། །སོ་སོར་འབྲང་མ་སྟོང་ཆེན་རབ་འཇོམས་དང༌། །རྨ་བྱ་ཆེན་མོ་གསང་སྔགས་ རྗེས་འཛིན་དང༌། །བསིལ་བའི་ཚལ་དང་གཙུག་ཏོར་གདུགས་དཀར་སོགས། །ཕྲིན་ལས་ལྷ་ ཚོགས་རྣམས་ལ་ཕྱག་འཚལ་ལོ། །གང་གིས་མཚན་ཙམ་འཛིན་ཅིང་དྲན་པས་ཀྱང༌། །འཇིགས་པ་ཀུན་ལས་རབ་ཏུ་སྐྱོབ་མཛད་ཅིང༌། །དྲི་མེད་བདེ་ཆེན་ཉེ་བར་སྩོལ་མཛད་པའི། །ལྷ་མོ་འོད་ཟེར་ཅན་ལ་ཕྱག་འཚལ་ལོ། །རྒྱལ་བ་ཀུན་གྱི་ཡེ་ཤེས་སྒྱུ་མ་ཡི། །ཆོ་འཕྲུལ་རྣམ་ པར་འཕྲུལ་བ་ཤཱ་ཝཱ་རི། །ལྷ་མོ་གང་གིས་བསྒྲུབ་པའི་ནད་གདོན་བགེགས། །ཀུན་ཏུ་ཞི་མཛད་ མ་ལ་ཕྱག་འཚལ་ལོ། །རྒྱལ་བ་རྒྱ་མཚོའི་གསུང་རབ་རྒྱ་མཚོ་ཡི། །རྣམ་པར་འཕྲུལ་བའི་ དཔལ་ལས་ལེགས་བྱུང་ཞིང༌། །སྒྲུབ་པ་པོ་ལ་བློ་གྲོས་མཆོག་སྟེར་བ། །ལྷ་མོ་དབྱངས་ཅན་མ་ 8-1-101 ལ་ཕྱག་འཚལ་ལོ། །ཡེ་ཤེས་ཧ་ཡ་གྲཱི་ཝ་རྟ་མཆོག་དཔལ། །འབར་བའི་སྐུ་ལ་རལ་བ་གྱེན་དུ་ བརྫེས། །མ་རིག་ཚངས་པ་ཁ་སྦུབ་གནོན་པའི་ལྷ། །པདྨ་རིག་སྔགས་རྒྱལ་ལ་ཕྱག་འཚལ་ལོ། །ཆོས་དབྱིངས་རང་བཞིན་ཨིནྡྲ་ནཱི་ལའི་མདོག །ཞལ་གཅིག་ཕྱག་གཉིས་ཞབས་ཟུང་བརྗིད་ པའི་སྐུ། །ཡེ་ཤེས་རལ་གྲི་རྡོ་རྗེ་ཞགས་པ་བསྣམས། །ཁྲོ་རྒྱལ་མི་གཡོ་མགོན་ལ་ཕྱག་འཚལ་ ལོ། །ཡེ་ཤེས་རྒྱལ་བའི་རིགས་ཀྱི་སྤྲུལ་པ་ནི། །ལྷ་མིན་འཇོམས་ཤིང་བདུད་ཀྱི་ཀླད་པ་འགེམ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གཤིན་རྗེའི་བཤེད། །འོད་ཆེན་ཁྲོ་བོའི་རྒྱལ་ལ་ཕྱག་འཚལ་ལོ། །མཐུ་སྟོབས་ཐོགས་མེད་རྡོ་རྗེ་རྣམ་པར་འཇོམས། །ཕྲིན་ལས་ལྷུན་གྲུབ་བདུད་རྩི་འཁྱི ལ་བ་ སོགས། །ཁྲོ་བོ་མངག་གཞུག་ཕོ་ཉའི་དབང་པོ་རྣམས། །རིག་པའི་ཚོགས་དང་བཅས་ལ་ཕྱག་ འཚལ་ལོ། །གཙུག་ཏོར་འཁོར་ལོའི་སྒྱུར་དང་མཐར་བྱེད་བཞི། །སྟོབས་ཆེན་མི་གཡོ་འདོད་ པའི་རྒྱལ་པོ་དང༌། །དབྱུག་སྔོ ན་ཧཱུཾ་མཛད་གནོད་མཛེས་རྒྱལ་པོ་སྟེ། །ཕྱོགས་བཅུའི་ཁྲོ་རྒྱལ་ རྣམས་ལ་ཕྱག་འཚལ་ལོ། །ལྷ་ཀླུ་གནོད་སྦྱིན་ལྷ་མིན་ཚང་པ་སོགས། །འཇིག་རྟེན་དྲེགས་པ་ ཀུན་གྱིས་ཞབས་ལ་འདུད། །གདུལ་དཀའ་འདུལ་ཕྱིར་དཀྱིལ་འཁོར་སྤྲུལ་མཛད་པའི། །འཇིག་རྟེན་གསུམ་རྒྱལ་གཙོ་ལ་ཕྱག་འཚལ་ལོ། །འགྲོ་བ་རྒྱུད་ལྔ་འཁོར་བའི་དཀྱིལ་འཁོར་ དུ། །སྡུག་བསྔལ་འཁྲུལ་འཁོར་གྱིས་གཟིར་འགྲོ་གཟིགས་ནས། །ཐུགས་རྗེས་སྡུག་བསྔལ་ འཁྲུལ་འཁོར་འཇོམས་མཛད་པ། །ཐུགས་རྗེའི་བདག་ཉིད་ཁྱེ ད་ལ་ཕྱག་འཚལ་ལོ། །སེམས་ ཅན་སྨིན་ཅིང་གྲོལ་བར་མཛད་པའི་ཕྱིར། །སེམས་ཅན་ཁམས་ན་བཞུགས་ཤིང་སྤྱོད་གྱུར་ ཀྱང༌། །ཆགས་པས་མ་གོས་པདྨ་ལྟར་དག་པ། །འདོད་ཆགས་དག་པའི་བདག་ཉིད་ཁྱེ ད་ལ་ འདུད། །སེམས་ཅན་བཀྲེན་པ་ཆོས་ཀྱིས་ཕོངས་གྱུར་པ། །མ་རིག་འཐིབས་པའི་ནང་དུ་སོང་ བ་རྣམས། །འཕགས་པའི་ནོར་བདུན་དག་གིས་ཚིམ་མཛད་པ། །ཡེ་ཤེས་སྒྲོན་མེ་ཁྱོ ད་ལ་ཕྱག་ འཚལ་ལོ། །སེམས་ཅན་འཁོར་བའི་རྒྱ་མཚོར་ནུབ་པ་རྣམས། །ཐུགས་རྗེས་ཐབས་དང་ཤེས་ 8-1-102 རབ་གྲུར་བཅུག་སྟེ། །ཞི་བ་རིན་ཆེན་གླིང་དུ་སྐྱེལ་མཛད་པ། །ཀུན་གྱི་དེད་དཔོན་ཁྱེ ད་ལ་ཀུན་ ནས་འདུད། །སེམས་ཅན་ལས་ཀྱི་ཆུ་བོར་ནུབ་གྱུར་རྣམས། །དམ་ཆོས་བདུད་རྩིའི་ཟམ་པས་ སྒྲོལ་མཛད་ཅིང༌། །འཕགས་ལམ་ཡན་ལག་བརྒྱད་ལ་སྦྱོར་མཛད་པ། །གསུང་གི་མངའ་ བདག་ཁྱེ ད་ལ་ཕྱག་འཚལ་ལོ། །སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་ འགག་ནམ་མཁའི་ངོ་བོ་ཉིད། །སོ་སོར་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་ བའི་ཡུམ་ལ་ཕྱག་འཚལ་ལོ། །མདོ་སྡེ་དབྱངས་བསྙད་ལུང་བསྟན་ཚིགས་སུ་བཅད། །ཆེད་ བརྗོད་གླེང་གཞི་རྟོགས་བརྗོད་དེ་ལྟར་བྱུང༌། །སྐྱེས་རབ་རྒྱས་དང་རྨད་བྱུང་གཏན་ལ་དབབ། །གསུང་རབ་ཡན་ལག་བཅུ་གཉིས་ལ་ཕྱག་འཚལ། །རླབས་ཆེན་སྤྱོད་པའི་ཚུལ་ནི་རབ་བཟུང་ ནས། །བསྡུ་བ་རྣམ་བཞིའི་འགྲོ་དོན་མཛད་གྱུར་པ། །རབ་དགའ་ལ་སོགས་ས་ལ་བཞུགས་ པ་ཡི། །བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །མི་འཁྲུགས་པ་དང་སྣང་མཛད་ སྤྱན་རས་གཟིགས། །རིན་ཆེན་འོད་འཕྲོ་རི་རབ་མུ་ཁྱུད་དང༌། །འོད་དཔག་མེད་དང་རྡོ་རྗེ་ འཛིན་པ་སྟེ། །མཐུ་སྟོབས་ཆེན་པོ་བརྒྱད་ལ་ཕྱག་འཚལ་ལོ། །བཟང་སྐྱོང་ཟླ་འོད་གཞོན་ནུ་ ཡུལ་འཁོར་སྐྱོང༌། །དོན་ཟབ་དགོངས་འགྲེལ་ཀུན་འདྲི་ཆོས་འཕགས་དང༌། །བློ་གྲོས་དག་ ཡངས་དོན་དམ་ཡང་དག་འཕགས། །ཡོན་ཏན་འབྱུང་གནས་རྣམས་ལ་ཕྱག་འཚལ་ལོ། །ཐུབ་ པའི་བཀའ་འཁོར་ཤཱ་རིའི་བུ་དང་ནི། །མོའུ་འགལ་བུ་དང་ཀུན་ཤེས་ནོར་སྦྱིན་འཛིན། །ཉེ་ བར་འཁོར་དང་མ་འགགས་རབ་འབྱོར་སོགས། །དགྲ་བཅོམ་གྲངས་ལས་འདས་ལ་ཕྱག་ འཚལ་ལོ། །རྒྱུན་ཞུགས་ཕྱིར་འོང་ཕྱིར་མི་འོང་ལ་སོགས། །དགྲ་བཅོམ་རིགས་གྱུར་སྐྱེས་བུ་ ཟུང་བཞི་དང༌། །ཚོགས་ན་སྤྱོད་དང་བསེ་རུ་ལྟ་བུ་ཡི། །འཕགས་པ་རང་རྒྱལ་རྣམས་ལ་ཕྱག་ འཚལ་ལོ། །བཀྲ་ཤིས་འབྱུང་དང་བྱང་ཆུབ་ཆེན་པོ་དང༌། །ཆོས་འཁོར་ཆོ་འཕྲུལ་ཆེན་པོ་ལྷ་ ལས་བབས། །དབྱེན་སྡུམ་སྐུ་ཚེའི་འདུ་བྱེད་བྱིན་གྱིས་བརླབས། །མྱང་འདས་མཆོད་རྟེན་ 8-1-103 རྣམས་ལ་ཕྱག་འཚལ་ལོ། །སྟོན་པས་བསྟན་པ་ཡོངས་གཏད་འོད་སྲུང་ཆེ། །ཀུན་དགའ་བོ་ དང་ཤ་ནའི་གོས་ཅན་དང༌། །ཉེ་སྦས་དྷི་ཏི་ཀ་དང་ནག་པོ་དང༌། །ལེགས་མཐོང་རྣམས་ལ་ གུས་པས་ཕྱག་འཚལ་ལོ། །གསང་སྔགས་ཟབ་མོའི་རྣལ་འབྱོར་ལ་བརྩོན་པས། །ཚེ་གཅིག་ ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བརྙེས། །ཨིནྡྲ་བྷུ་ཏི་ས་ར་ཧ་ལ་སོགས། །དཔག་ཡས་གྲུབ་ཆེན་ རྣམས་ལ་ཕྱག་འཚལ་ལོ། །མགོན་པོ་ཀླུ་སྒྲུབ་ཨཱརྱ་དེ་ཝ་དང༌། །ཐོགས་མེད་དབྱིག་གཉེན་ ཕྱོགས་གླང་ཆོས་ཀྱི་གྲགས། །ཆོས་སྐྱོང་ཡོན་ཏན་འོད་དང་དཔའ་བོ་སོགས། །འཛམ་གླིང་ རྒྱན་མཆོག་རྣམས་ལ་ཕྱག་འཚལ་ལོ། །སྡོམ་བརྩོན་དམ་པ་དཔལ་ལྡན་ཞི་བ་མཚོ། །བརྟུལ་ ཞུགས་གྲུབ་པ་པདྨ་འབྱུང་གནས་དཔལ། །བློ་གསལ་དབང་པོ་པདྨའི་ངང་ཚུལ་སོགས། །སྙིགས་དུས་རྒྱལ་བ་རྣམས་ལ་ཕྱག་འཚལ་ལོ། །མི་ཡི་དབང་པོ་ཆོས་བཞིན་ས་སྐྱོང་བ། །རྣམ་ དཔྱོད་བློ་ཅན་ངེས་པས་འགྲོ་བ་འདུལ། །དཔའ་མཛངས་བློན་པོའི་ཚོགས་ཀྱིས་ཡོངས་བསྐོར་ བའི། །རྒྱལ་བློན་བྱང་སེམས་རྣམས་ལ་ཕྱག་འཚལ་ལོ། །བདེ་བར་གཤེགས་པའི་རིང་ལུགས་ བླ་ན་མེད། །ཞུ་ཆེན་བསྒྱུར་བྱེད་མཆན་བུའི་གནས་འདུག་པའི། །སྐད་གཉིས་སྨྲ་བ་བློ་གྲོས་ གསལ་ལྡན་པ། །ལོ་ཙཱ་ཆེན་པོ་རྣམས་ལ་ཕྱག་འཚལ་ལོ། །འཛམ་བུའི་གླིང་དུ་བསྟན་པའི་ སྲོག་ཤིང་བཙུགས། །ཁ་བ་ཅན་དུ་ཆོས་ཀྱི་སྒྲོན་མེ་སྦར། །ངུར་སྨྲིག་འཛིན་པ་ཤཱཀྱའི་སྲས་ གཅིག་པུ། །མཁན་ཆེན་ཞི་བ་མཚོ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ཆོས་རྒྱལ་ ཚུལ་འཛིན་ཅིང༌། །གངས་ཅན་ཁྲོད་འདིར་གདུལ་བྱ་མ་ལུས་པ། །སྣ་ཚོགས་ཐབས་ཀྱིས་ འདུལ་བར་མཛད་པ་ཡི། །ཁྲི་སྲོང་ལྡེ འུ་བཙན་ཞབས་ལ་ཕྱག་འཚལ་ལོ། །རིག་པའི་གནས་ ལྔ་དག་ལ་མཁྱེ ན་པ་རྒྱས། །སྒྲོལ་མས་ལུང་བསྟན་ཁ་བ་ཅན་དུ་བྱོན། །ལྔ་བརྒྱའི་དུས་སུ་ ཐམས་ཅད་མཁྱེ ན་པར་གྱུར། །འགྲོ་མགོན་ཨ་ཏི་ཤ་ལ་ཕྱག་འཚལ་ལོ། །མ་བྱོན་སངས་རྒྱས་ གསུམ་པ་ཤཱཀྱ་ཤྲཱི། །རྒྱ་གར་བོད་དང་ཁ་ཆེ་ལ་སོགས་པ། །སྣ་ཚོགས་ཡུལ་དུ་དམ་ཆོས་རྒྱས་ 8-1-104 མཛད་པའི། །པན་ཆེན་ཡབ་སྲས་རྣམས་ལ་ཕྱག་འཚལ་ལོ། །གཟུངས་སྔགས་རྟོགས་པ་བྱ་ རྒྱུད་སྤྱོད་རྒྱུད་དང༌། །རྣལ་འབྱོར་རྒྱུད་དང་རྣལ་འབྱོར་བླ་མེད་ཀྱི། །དབང་ལུང་བཤད་པ་ ལག་ལེན་མན་ངག་གི །བརྒྱུད་པའི་བླ་མ་རྣམས་ལ་ཕྱག་འཚལ་ལོ། །སོ་ཐར་བྱང་སེམས་ གསང་སྔགས་སྡོམ་པ་དང༌། །འདུལ་བ་མངོན་པ་མདོ་སྡེ་རིན་པོ་ཆེ། །ལེགས་པར་གསུང་དང་ དེ་ཡི་དགོངས་འགྲེལ་གྱི། །བརྒྱུད་པའི་བླ་མ་རྣམས་ལ་ཕྱག་འཚལ་ལོ། །འགྲོ་ལ་ཕན་བདེ་མ་ ལུས་འབྱུང་བའི་གཞི། །བདེ་གཤེགས་བསྟན་པ་ཡུན་རིང་གནས་པ་དང༌། །འཛིན་དང་སྤེལ་ དང་བསྲུང་དང་རྒྱས་མཛད་པའི། །སྐྱེས་བུ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །རྡོ་རྗེའི་རང་ བཞིན་གནས་མཆོག་དམ་པ་ནས། །མངོན་ཤེས་རྫུ་འཕྲུལ་མངའ་བའི་ཐུགས་རྗེ་ཡིས། །སྒྲུབ་ པ་པོ་ལ་མ་ཡིས་བུ་བཞིན་སྐྱོང༌། །གནས་གསུམ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ། །ས་ བཅུ་ཉིད་ལ་གནས་པའི་སེམས་དཔའ་ཡང༌། །གཟི་བརྗིད་མེ་ལྟར་འབར་བའི་ཁྲོ་ཚུལ་གྱིས། །བསྟན་ལ་སྡང་བའི་དགྲ་བགེགས་རྩད་ནས་གཅོད། །ཡེ་ཤེས་མགོན་པོའི་ཚོགས་ལ་ཕྱག་ འཚལ་ལོ། །གང་གི་འཕྲུལ་དང་མངོན་པར་མཁྱེ ན་པའི་དཔལ། །ཉེ་བར་དགོངས་ནས་ཐུབ་ པའི་བཀའ་བཞིན་དུ། །བསྟན་པ་རིན་ཆེན་བང་མཛོད་ལེགས་སྐྱོང་བའི། །རྡོ་རྗེ་ཆོས་སྐྱོང་ རྣམས་ལ་ཕྱག་འཚལ་ལོ། །ནོར་ཀྱི་དབང་ཕྱུག་རིན་ཆེན་གཏེར་མངའ་ཞིང༌། །གནོད་སྦྱིན་ ནོར་འཆང་མང་པོ་ཀུན་ཀྱི་རྗེ། །བྱང་ཕྱོགས་སྐྱོང་བའི་མགོན་པོ་ཛམྦྷ་ལ། །དངོས་གྲུབ་མཆོག་ སྩོལ་མཛད་ལ་ཕྱག་འཚལ་ལོ། །གང་སྔོ ན་སྦྱིན་པ་རྒྱ་མཚོའི་དགེ་བསགས་པས། །ཚེ་དང་ནོར་ དང་མཐུ་ཡི་དཔལ་བརྙེས་ཤིང༌། །སྒྲུབ་པ་པོ་ལ་དབྱིག་གི་ཆར་འབེབས་པའི། །གནོད་སྦྱིན་ ནོར་སྐྱོང་རྣམས་ལ་ཕྱག་འཚལ་ལོ། །ཚངས་པ་བརྒྱ་བྱིན་ལ་སོགས་ཕྱོགས་སྐྱོང་བཅུ། །རྒྱལ་ ཆེན་བཞི་སོགས་གཙང་རིས་མགོན་པོ་སྟེ། །བསྟན་པ་བསྲུང་བར་ཞལ་བཞེས་འཕགས་པའི་ ཚོགས། །དཀར་ཕྱོགས་སྐྱོང་བ་རྣམས་ལ་ཕྱག་འཚལ་ལོ། །སྟོན་པ་བླ་མེད་སངས་རྒྱས་རིན་ 8-1-105 པོ་ཆེ། །སྐྱོབ་པ་བླ་མེད་དམ་ཆོས་རིན་པོ་ཆེ། །འདྲེན་པ་བླ་མེད་དགེ་འདུན་རིན་པོ་ཆེ། །བླ་ མེད་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཞེས་ཕྱག་འཚལ་བ་སྔོ ན་དུ་འགྲོ་བའི་སྒོ་ནས། རིན་ཆེན་སེམས་དེ་བཟུང་བར་བྱ་བའི་ཕྱིར། །དེ་བཞིན་གཤེགས་པ་རྣམས་དང་དམ་ པའི་ཆོས། །དཀོན་མཆོག་དྲི་མ་མེད་དང་སངས་རྒྱས་སྲས། །ཡོན་ཏན་རྒྱ་མཚོ་རྣམས་ལ་ ལེགས་པར་མཆོད། །མེ་ཏོག་འབྲས་བུ་ཇི་སྙེད་ཡོད་པ་དང༌། །སྨན་གྱི་རྣམ་པ་གང་ཞིག་ཡོད་ པ་དང༌། །འཇིག་རྟེན་རིན་ཆེན་ཇི་སྙེད་ཡོད་པ་དང༌། །ཆུ་གཙང་ཡིད་དུ་འོང་བ་ཅི་ཡོད་དང༌། །རིན་ཆེན་རི་བོ་དང་ནི་དེ་བཞིན་དུ། །ནགས་ཚལ་ས་ཕྱོགས་དབེན་ཞིང་ཉམས་དགའ་དང༌། །ལྗོན་ཤིང་མེ་ཏོག་རྒྱན་སྤྲས་སྤུད་པ་དང༌། །ཤིང་གང་འབྲས་བཟང་ཡལ་ག་དུད་པ་དང༌། །ལྷ་སོགས་འཇིག་རྟེན་ན་ཡང་དྲི་དང་ནི། །སྤོས་དང་དཔག་བསམ་ཤིང་དང་རིན་ཆེན་ཤིང༌། །མ་རྨོས་འཁྲུངས་པའི་ལོ་ཏོག་རྣམ་པ་དང༌། །གཞན་ཡང་མཆོད་པར་འོས་པའི་རྒྱན་རྣམས་ ནི། །མཚོ་དང་རྫིང་བུ་པདྨས་བརྒྱན་པ་དག །ངང་པ་ཤིན་ཏུ་སྐད་སྙན་ཡིད་འོང་ལྡན། །ནམ་ མཁའ་རབ་འབྱམས་ཁམས་ཀྱི་མཐའ་གཏུགས་པ། །ཡོངས་སུ་བཟུང་བ་མེད་པ་དེ་དག་ཀུན། །བློ་ཡིས་བླངས་ནས་ཐུབ་པ་སྐྱེས་ཀྱི་མཆོག །སྲས་དང་བཅས་པ་རྣམས་ལ་ལེགས་འབུལ་ ན། །ཡོན་གནས་དམ་པ་ཐུགས་རྗེ་ཆེ་རྣམས་ཀྱིས། །བདག་ལ་བརྩེར་དགོངས་བདག་གི་འདི་ དག་བཞེས། །བདག་ནི་བསོད་ནམས་མི་ལྡན་བཀྲེན་ཆེན་ཏེ། །མཆོད་པའི་ནོར་གཞན་བདག་ ལ་ཅང་མ་མཆིས། །དེས་ན་གཞན་དོན་དགོངས་པའི་མགོན་གྱིས་འདི། །བདག་གི་དོན་སླད་ ཉིད་ཀྱི་མཐུས་བཞེས་ཤིག །རྒྱལ་དང་དེ་སྲས་རྣམས་ལ་བདག་གིས་ནི། །བདག་གི་ལུས་ཀུན་ གཏན་དུ་དབུལ་བར་བགྱི། །སེམས་དཔའ་མཆོག་རྣམས་བདག་ནི་ཡོངས་བཞེས་ཤིག །གུས་ པས་ཁྱེ ད་ཀྱི་འབངས་སུ་མཆི་བར་བགྱི། །བདག་ནི་ཁྱེ ད་ཀྱིས་ཡོངས་སུ་བཟུང་བས་ན། །སྲིད་ ན་མི་འཇིགས་སེམས་ཅན་ཕན་པ་བགྱིད། །སྔོ ན་གྱི་སྡིག་ལས་ཡང་དག་འདའ་བགྱིད་ཅིང༌། 8-1-106 །སྡིག་པ་གཞན་ཡང་སླན་ཆད་མི་བགྱིད་དོ། །ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། །ཤེལ་གྱི་ས་ གཞི་གསལ་ཞིང་འཚེར་བ་བསྟར། །རིན་ཆེན་འབར་བའི་ཀ་བ་ཡིད་འོང་ལྡན། །མུ་ཏིག་འོད་ ཆགས་བླ་རེ་བྲེས་པ་དེར། །དེ་བཞིན་གཤེགས་དང་དེ་ཡི་སྲས་རྣམས་ལ། །རིན་ཆེན་བུམ་པ་ མང་པོ་སྤོས་ཀྱི་ཆུས། །ཡིད་འོང་ལེགས་པར་བཀང་བ་གླུ་དང་ནི། །རོལ་མོར་བཅས་པ་དུ་ མས་སྐུ་ཁྲུས་གསོལ། །དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བསྒོས་ པས་སྐུ་ཕྱིའོ། །དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་ འབུལ། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང༌། །རྒྱན་མཆོག་བརྒྱ་ཕྲག་དེ་དང་དེ་དག་ གིས། །འཕགས་པ་ཀུན་ཏུ་བཟང་དང་འཇམ་དབྱངས་དང༌། །འཇིག་རྟེན་དབང་ཕྱུག་སོགས་ ལའང་བརྒྱན་པར་བགྱི། །སྟོང་གསུམ་ཀུན་ཏུ་དྲི་ངད་ལྡང་བ་ཡི། །དྲི་མཆོག་རྣམས་ཀྱིས་ཐུབ་ དབང་ཀུན་གྱི་སྐུ། །གསེར་སྦྱངས་བཙོ་མ་བྱི་དོར་བྱས་པ་ལྟར། །འོད་ཆགས་འབར་བ་དེ་དག་ བྱུག་པར་བགྱི། །ཐུབ་དབང་མཆོད་གནས་མཆོག་ལ་ཡིད་འོང་བའི། །མེ་ཏོག་མན་ད་ར་དང་ པདྨ་དང༌། །ཨུཏྤལ་ལ་སོགས་དྲི་ཞིམ་ཐམས་ཅད་དང༌། །ཕྲེང་བ་སྤེལ་ལེགས་ཡིད་འོང་རྣམས་ ཀྱིས་མཆོད། །སྤོས་མཆོག་ཡིད་འཕྲོག་དྲི་ངད་ཁྱབ་པ་ཡི། །བདུག་པའི་སྤྲིན་ཚོགས་རྣམས་ ཀྱང་དེ་ལ་འབུལ། །ཞལ་ཟས་བཟའ་བཏུང་སྣ་ཚོགས་བཅས་པ་ཡི། །ལྷ་བཤོས་རྣམས་ཀྱང་ དེ་ལ་དབུལ་བར་བགྱི། །གསེར་གྱི་པདྨ་ཚར་དུ་དངར་བ་ཡི། །རིན་ཆེན་སྒྲོན་མ་རྣམས་ཀྱང་ དབུལ་བར་བགྱི། །ས་གཞི་བསྟར་བ་སྤོས་ཀྱིས་བྱུག་པ་དེར། །མེ་ཏོག་ཡིད་འོང་སིལ་མ་ དགྲམ་པར་བྱ། །གཞལ་མེད་ཕོ་བྲང་བསྟོད་དབྱངས་ཡིད་འོང་ལྡན། །མུ་ཏིག་རིན་ཆེན་རྒྱན་ འཕྲེང་མཛེས་འབར་བ། །དཔག་ཡས་ནམ་མཁའི་རྒྱན་གྱུར་དེ་དག་ཀྱང༌། །ཐུགས་རྗེའི་རང་ བཞིན་ཅན་ལ་དབུལ་བར་བགྱི། །རིན་ཆེན་གདུགས་མཛེས་གསེར་གྱི་ཡུ་བ་ཅན། །ཁོར་ཡུག་ རྒྱན་གྱི་རྣམ་པ་ཡིད་འོང་ལྡན། །དབྱིབས་ལེགས་བལྟ་ན་སྡུག་པ་བགྲེངས་པ་ཡང༌། །རྟག་ 8-1-107 ཏུ་ཐུབ་དབང་རྣམས་ལ་འབུལ་བར་བགྱི། །དེ་ལས་གཞན་ཡང་མཆོད་པའི་ཚོགས། །རོལ་ མོ་དབྱངས་སྙན་ཡིད་འོང་ལྡན། །སེམས་ཅན་སྡུག་བསྔལ་སེལ་བྱེད་པའི། །སྤྲིན་རྣམས་སོ་ སོར་གནས་གྱུར་ཅིག །དམ་ཆོས་དཀོན་མཆོག་ཐམས་ཅད་དང༌། །མཆོད་རྟེན་རྣམས་དང་སྐུ་ གཟུགས་ལ། །རིན་ཆེན་མེ་ཏོག་ལ་སོགས་ཆར། །རྒྱུན་མི་འཆད་པར་འབབ་པར་ཤོག །ཇི་ ལྟར་འཇམ་དབྱངས་ལ་སོགས་པའི། །རྒྱལ་བ་རྣམས་ལ་མཆོད་མཛད་པ། །དེ་བཞིན་བདག་ གིས་དེ་བཞིན་གཤེགས། །མགོན་པོ་སྲས་དང་བཅས་རྣམས་མཆོད། །ཡོན་ཏན་རྒྱ་མཚོ་ རྣམས་ལ་བདག །བསྟོད་དབྱངས་ཡན་ལག་རྒྱ་མཚོས་བསྟོད། །བསྟོད་དབྱངས་སྙན་སྤྲིན་དེ་ དག་ལ། །ངེས་པར་ཀུན་དུ་འབྱུང་གྱུར་ཅིག །ཅེས་སྤྱོད་འཇུག་ནས་འབྱུང་བ་ལྟར་བརྗོད་ནས་མཆོད་པ་འབུལ། སླར་ཡང་བསྟོད་པའི་སྒོ་ནས་ཕྱག་འཚལ་བ་ནི། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་ འཆར་བ་གང༌། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །སངས་རྒྱས་ ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་ སྟེ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །བླ་མའི་སྐུ་ནི་རྡོ་རྗེའི་སྐུ། །མཛེས་ཤིང་ལྟ་བས་ཆོག་མི་ ཤེས། །བསམ་གྱིས་མི་ཁྱབ་ཡོན་ཏན་ལྡན། །བླ་མའི་སྐུ་ལ་ཕྱག་འཚལ་ལོ། །བླ་མའི་གསུང་ ནི་ཚངས་པའི་དབྱངས། །འགག་མེད་སེང་གེའི་སྒྲ་དང་ལྡན། །མུ་སྟེགས་རི་དྭགས་སྐྲག་ མཛད་པའི། །བླ་མའི་གསུང་ལ་ཕྱག་འཚལ་ལོ། །བླ་མའི་ཐུགས་ནི་ནམ་མཁའ་ལྟར། །བདེ་ གསལ་མི་རྟོག་སྟོང་པའི་ངང༌། །རྣམ་ཐར་གསུམ་ལ་ལེགས་གནས་པའི། །བླ་མའི་ཐུགས་ལ་ ཕྱག་འཚལ་ལོ། །བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །ཀུན་གྱི་བྱེད་ པོ་བླ་མ་ཡིན། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཐམས་ ཅད་མཁྱེ ན་པ་སྟོན་པ་པོ། །བསོད་ནམས་ཡོན་ཏན་རྒྱ་མཚོའི་ཞིང༌། །དེ་བཞིན་གཤེགས་ལ་ ཕྱག་འཚལ་ལོ། །དག་པ་འདོད་ཆགས་བྲལ་བའི་རྒྱུ། །དགེ་བས་ངན་སོང་ལས་གྲོལ་ཞིང༌། 8-1-108 །གཅིག་ཏུ་དོན་དམ་མཆོག་གྱུར་པའི། །ཞི་གྱུར་ཆོས་ལ་ཕྱག་འཚལ་ལོ། །གྲོལ་ནས་གྲོལ་བའི་ ལམ་ཡང་སྟོན། །བསླབ་པ་དག་ལ་རབ་ཏུ་གནས། །ཞིང་གི་དམ་པ་ཡོན་ཏན་ལྡན། །དགེ་ འདུན་ལ་ཡང་ཕྱག་འཚལ་ལོ། ། རྒྱ་གར་སྐད་དུ། ཨེ་ཀ་གཱ་ཐཱ། བོད་སྐད་དུ། ཚིགས་སུ་བཅད་པ་གཅིག་པ། དཀོན་ མཆོག་གསུམ་ལ་ཕྱག་འཚལ་ལོ། །སྐྱེས་བུ་ཁྱུ་མཆོག་ཁྱོ ད་འདྲའི་དགེ་སྦྱོང་ཆེན་པོ་གཞན་དག་ ལྷ་ཡུལ་ས་ལའང་མེད། །འཇིག་རྟེན་འདི་ནའང་ཡོད་པ་མ་ཡིན་རྣམ་ཐོས་བུ་ཡི་གནས་ནའང་ ཡོད་མ་ཡིན། །ལྷ་ཡི་ཕོ་བྲང་གནས་མཆོག་དག་ནའང་མེད་ལ་ཕྱོགས་དང་ཕྱོགས་མཚམས་ དག་ནའང་མེད། །རི་དང་ནགས་སུ་བཅས་པའི་ས་སྟེང་རྒྱས་པ་ཀུན་ཏུ་བསྐོར་ཀྱང་ག་ལ་ཡོད། །ཚིགས་སུ་བཅད་པ་གཅིག་པ་རྫོགས་སོ། །གྲགས་ཆེན་ཤེས་རབ་ཆེན་པོ་པ། །ཐུབ་ཆེན་དཔའ་བོ་ཆེན་པོ་ པ། །སྲིད་པའི་མྱ་ངན་བརྒལ་བ་པོ། །ཉོན་མོངས་བརྒལ་ལ་ཕྱག་འཚལ་འདུད། །སེམས་ཅན་ རྣམས་ལ་བརྩེ་བ་ཅན། །ཕྲད་དང་བྲལ་བའི་དགོངས་པ་ཅན། །མི་འབྲལ་བདེ་བའི་དགོངས་ པ་ཅན། །ཕན་བདེ་དགོངས་ཁྱོ ད་ལ་ཕྱག་འཚལ། །ཐུབ་པས་སྒྲིབ་ཀུན་ངེས་པར་གྲོལ། །འཇིག་རྟེན་ཐམས་ཅད་ཟིལ་གྱིས་གནོན། །ཁྱོ ད་ཀྱི་མཁྱེན་པས་ཤེས་བྱ་ཁྱབ། །ཐུགས་གྲོལ་ ཁྱོ ད་ལ་ཕྱག་འཚལ་ལོ། །སེམས་ཅན་རྣམས་ནི་ཐམས་ཅད་ཀྱི། །ཉོན་མོངས་མ་ལུས་ཐམས་ ཅད་འདུལ། །ཉོན་མོངས་འཇོམས་མཛད་ཉོན་མོངས་ལ། །བརྩེ་བཅས་ཁྱོ ད་ལ་ཕྱག་འཚལ་ ལོ། །ལྷུན་གྱིས་གྲུབ་ཅིང་ཆགས་མི་མངའ། །ཐོགས་པ་མི་མངའ་རྟག་པར་ནི། །མཉམ་པར་ བཞག་ཅིང་འདྲི་ཀུན་གྱི། །ལན་ལྡོ ན་ཁྱོ ད་ལ་ཕྱག་འཚལ་ལོ། །རྟེན་དང་བརྟེན་པ་བཤད་བྱ་ དང༌། །གསུང་དང་མཁྱེ ན་པ་འཆད་བྱེད་ལ། །བློ་གྲོས་རྟག་ཐོགས་མི་མངའ་བ། །ལེགས་སྟོན་ ཁྱོ ད་ལ་ཕྱག་འཚལ་ལོ། །གཤེགས་ནས་སྤྱོད་པ་མཁྱེ ན་མཛད་དེ། །དེ་དག་སྐད་ཀྱིས་སེམས་ ཅན་གྱི། །འོང་དང་འགྲོ་དང་ངེས་འབྱུང་ལ། །ལེགས་འདོམས་ཁྱོ ད་ལ་ཕྱག་འཚལ་ལོ། །ལུས་ 8-1-109 ཅན་རྣམས་ཀྱིས་ཁྱོ ད་མཐོང་ན། །སྐྱེས་བུ་དམ་པ་ལེགས་པར་འཚལ། །མཐོང་བ་ཙམ་གྱིས་ རབ་དད་པར། །མཛད་པ་ཁྱོ ད་ལ་ཕྱག་འཚལ་ལོ། །ལེན་དང་གནས་དང་གཏོང་བ་དང༌། །སྤྲུལ་དང་ཡོངས་སུ་བསྒྱུར་བ་དང༌། །ཏིང་ངེ་འཛིན་དང་ཡེ་ཤེས་ལ། །མངའ་བརྙེས་ཁྱོ ད་ ལ་ཕྱག་འཚལ་ལོ། །ཐབས་དང་སྐྱབས་དང་དག་པ་དང༌། །ཐེག་ཆེན་ངེས་པར་འབྱུང་བ་ལ། །སེམས་ཅན་རྣམས་ནི་རབ་བསླུ་བའི། །བདུད་འཇོམས་ཁྱོད་ལ་ཕྱག་འཚལ་ལོ། །རང་གཞན་ དོན་དུ་ཡེ་ཤེས་དང༌། །སྤངས་དང་ངེས་འབྱུང་གེགས་བྱེད་རྣམས། །སྟོན་མཛད་མུ་སྟེགས་ གཞན་དག་གིས། །མི་བརྫི་ཁྱོ ད་ལ་ཕྱག་འཚལ་ལོ། །བསྲུང་མེད་བསྙེལ་བ་མི་མངའ་བ། །འཁོར་གྱི་ནང་ན་བག་བསྐྱངས་གསུངས། །ཀུན་ནས་ཉོན་མོངས་གཉིས་སྤངས་པ། །འཁོར་ བསྡུད་ཁྱོ ད་ལ་ཕྱག་འཚལ་ལོ། །ཀུན་མཁྱེ ན་ཁྱོ ད་ལ་རྒྱུ་བ་དང༌། །གནས་པ་ཀུན་ལ་རྟག་པར་ ནི། །ཀུན་མཁྱེན་མིན་སྤྱོད་མི་མངའ་བ། །ཡང་དག་དོན་ལྡན་ཁྱོ ད་ཕྱག་འཚལ། །སེམས་ཅན་ ཀུན་གྱི་བྱ་བ་ལ། །ཁྱོ ད་ནི་དུས་ལས་མི་འདའ་བས། །མཛད་པ་རྟག་ཏུ་དོན་མངའ་བ། །མི་ བསྙེལ་ཁྱོ ད་ལ་ཕྱག་འཚལ་ལོ། །འཇིག་རྟེན་ཀུན་ལ་ཉིན་མཚན་དུ། །ལན་དྲུག་ཏུ་ནི་སོ་སོར་ གཟིགས། །ཐུགས་རྗེ་ཆེན་པོ་དང་ལྡན་པའི། །ཕན་དགོངས་ཁྱོ ད་ལ་ཕྱག་འཚལ་ལོ། །དཔྱོད་ པ་དང་ནི་རྟོག་པ་དང༌། །ཡེ་ཤེས་དང་ནི་ཕྲིན་ལས་ཀྱི། །ཉན་ཐོས་རང་སངས་རྒྱས་ཀུན་གྱི། །བླ་མ་ཁྱོ ད་ལ་ཕྱག་འཚལ་ལོ། །སྐུ་གསུམ་དག་གི་བྱང་ཆུབ་ཆེ། །རྣམ་པ་ཀུན་བརྙེས་ཐམས་ ཅད་དུ། །སེམས་ཅན་ཀུན་གྱི་ཐེ་ཚོམ་དག །གཅོད་པ་ཁྱོ ད་ལ་ཕྱག་འཚལ་ལོ། །འཛིན་པ་ མི་མངའ་ཉེས་མི་མངའ། །རྙོག་པ་མེད་ཅིང་མི་གནས་པ། །མི་གཡོ་ཆོས་རྣམས་ཐམས་ཅད་ ལ། །སྤྲོས་མེད་ཁྱོ ད་ལ་ཕྱག་འཚལ་ལོ། །གང་གི་རྟེན་ཅིང་འབྲེལ་བར་འབྱུང༌། །འགག་པ་ མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོད་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་ མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞི་བསྟན་པ། །རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི། 8-1-110 །དམ་པ་དེ་ལ་ཕྱག་འཚལ་ལོ། །རྟོག་པའི་དྲ་བ་རྣམ་བསལ་ཞིང༌། །ཟབ་ཅིང་རྒྱ་ཆེའི་སྐུ་མངའ་ བ། །ཀུན་ཏུ་བཟང་པོའི་འོད་ཟེར་དག །ཀུན་ནས་འཕྲོ་ལ་ཕྱག་འཚལ་ལོ། །སྐྱོན་གྱིས་མ་གོས་ སྐུ་མདོག་དཀར། །རྫོགས་སངས་རྒྱས་ཀྱི་དབུ་བརྒྱན་ཅན། །ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་ གཟིགས། །སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་གྱིས་རབ་ཏུ་བསྔགས། །ཡོན་ཏན་དམ་པ་ཀུན་གྱིས་བརྒྱན། །སྤྱན་རས་གཟིགས་ཞེས་མཚན་གསོལ་བ། །རྟགས་ པར་བརྩེ་ལ་ཕྱག་འཚལ་ལོ། །གཞོན་ནུའི་སྐུ་ལུས་འཆང་བ་པོ། །ཡེ་ཤེས་སྒྲོན་མེས་རབ་ བརྒྱན་ཅིང༌། །འཇིག་རྟེན་གསུམ་གྱི་མུན་སེལ་བ། །འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །སྟོབས་པོ་ཆེ་ལ་དྲག་ཤུལ་ཆེ། །རིག་སྔགས་རྒྱལ་པོ་དགེ་བ་པོ། །གདུལ་དཀའ་མཐའ་དག་ འདུལ་མཛད་པ། །རྡོ་རྗེ་བསྣམས་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་ཀྱི་གཞི་རྣམས་དང༌། །མཆོད་རྟེན་རྣམས་ལ་བདག་ཕྱག་འཚལ། །མཁན་པོ་དེ་བཞིན་སློ བ་དཔོན་དང༌། །བརྟུལ་ ཞུགས་མཆོག་ལའང་ཕྱག་འཚལ་ལོ། །ཕྱག་བྱར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་ཀྱི་ གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་ལོ། ། རྒྱ་གར་སྐད་དུ༌། གཱ་ཐཱ་དྭ་ཡ་དྷཱ་ར་ཎི། བོད་སྐད་དུ༌། ཚིགས་སུ་བཅད་པ་གཉིས་པའི་ གཟུངས། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་དང་ནི་ཆོས་ལ་ བརྙས་པ་དང༌། །ལེ་ལོ་དང་ནི་ཅུང་ཙམ་ཆོག་པར་འཛིན། །འདོད་ཆགས་དང་ནི་ང་རྒྱལ་སྤྱོད་ པ་དང༌། །འགྱོད་པ་དང་ནི་མ་ངེས་འབྱེད་པ་རྣམས། །སེམས་ཅན་རྣམས་ཀྱི་སྒྲིབ་པར་འགྱུར་ བ་སྟེ། །དེ་ཡི་གཉེན་པོར་ཐེག་པ་མཆོག་བསྟན་པ། །འདི་ཡིས་བར་དུ་གཅོད་པ་དེ་དག་གི །ཉེས་པ་ཐམས་ཅད་རབ་ཏུ་སྤོང་བར་འགྱུར། །ཏདྱ་ཐཱ་ༀ་བཛྲ་པྲཱ་ཀཱ་རཱ་བཛྲ་པྲཱ་ཀཱ་རཱ་བཛྲ་ཙཀྲ་ དཾཥྚ་བྷ་ཡཱ་ན་ཀེ ཨ་མ་ལེ། བི་མ་ལེ། ཎིརྨ་ལེ། ཙ་ལེ་ཙུ་ལེ་ཙུ་ལུ་ཀེ་ཙུ་ལུ་ཀེ ཙུ་ལུ་ཙུ་ལུ་སརྦ་ བུདྷེ་སྭཱཧཱ། ཚིགས་སུ་བཅད་པ་གཉིས་པའི་གཟུངས་ལ་ནི། ཚིག་གམ་དོན་གྱི་སྒོ་ནས་གང་ 8-1-111 སྦྱོར་བ། །སེམས་ཅན་དམ་པ་བློ་དང་ལྡན་པ་དེས། །ཕན་ཡོན་རྣམ་པ་བཅུ་དག་ཐོབ་པར་ འགྱུར། །ཁམས་རྣམས་མཐའ་དག་རྒྱས་པར་འགྱུར་བ་དང༌། །འཆི་བའི་ཚེ་ན་མཆོག་དགའ་ དམ་པ་འཐོབ། །ཇི་ལྟར་འདོད་པ་བཞིན་དུ་སྐྱེ་བ་དང༌། །ཐམས་ཅད་དུ་ནི་ཚེ་རབས་དྲན་པར་ འགྱུར། །སངས་རྒྱས་རྣམས་དང་ཕྲད་པར་འགྱུར་བ་དང༌། །དེ་བཞིན་དེ་དག་ལས་ནི་ཐེག་ མཆོག་ཐོས། །མོས་པར་འགྱུར་བ་བློ་དང་བཅས་པ་དང༌། །སྒོ་གཉིས་དང་ནི་བྱང་ཆུབ་མྱུར་དུ་ འཐོབ། །ཚིགས་སུ་བཅད་པ་གཉིས་པའི་གཟུང་རྫོགས་སོ། ། རྒྱ་གར་སྐད་དུ། ཙ་ཏུརྒ་ཐཱ། བོད་སྐད་དུ། ཚིགས་སུ་བཅད་པ་བཞི་པ། དཀོན་མཆོག་ གསུམ་ལ་ཕྱག་འཚལ་ལོ། །སྐུར་གྱུར་པ་ནི་ཐམས་ཅད་ལའང༌། །མཚན་མཆོག་སུམ་ཅུ་ གཉིས་མངའ་བའི། །རྫོགས་པའི་སངས་རྒྱས་གྲགས་ལྡན་པ། །རྒྱལ་བ་ཀུན་ལ་ཕྱག་འཚལ་ ལོ། །རྫོགས་སངས་གང་དུ་བལྟམས་པ་དང༌། །གང་དུ་བྱང་ཆུབ་ལ་རེག་དང༌། །ཞི་བའི་ འཁོར་ལོ་བསྐོར་བ་དང༌། །ཟག་མེད་མྱ་ངན་འདས་པ་དང༌། །བདེ་གཤེགས་གང་དུ་བཞུགས་ པ་དང༌། །འཆགས་པ་དང་ནི་བཞེངས་པ་དང༌། །སེངྒེ་ལྟ་བུར་གཟིམས་པ་ཡི། །གནས་དེ་ལ་ ནི་བདག་ཕྱག་འཚལ། །སྟེང་དང་འོག་དང་བར་དག་དང༌། །ཕྱོགས་དང་ཕྱོགས་མཚམས་ རྣམས་སུ་ཡང༌། །སྐུར་བཅས་སྐུ་ནི་མེད་པ་ཡི། །མཆོད་རྟེན་ལ་ནི་བདག་ཕྱག་འཚལ། །རྐང་ གཉིས་དམ་པ་ཤར་དང་ནི། །བྱང་གི་ཕྱོགས་ཆར་བཞུགས་པ་ཡི། །རྒྱལ་བ་བརྟེན་དཀའ་ཞེས་ བྱ་བ། །དེས་ན་ཚིགས་བཅད་འདི་གསུངས་སོ། །གང་གིས་ཚིགས་བཅད་འདི་བཞི་ཡིས། །དེ་ བཞིན་གཤེགས་པ་བསྟོད་བྱེད་ན། །བསྐལ་བ་བྱེ་བ་སྟོང་དུ་ནི། །དེ་ནི་ངན་འགྲོར་འགྲོ་མི་ འགྱུར། །ཚིགས་སུ་བཅད་པ་བཞི་པ་རྫོགས་སོ། ། གཞན་ཡང་ཕུང་པོ་གསུམ་པའི་མདོ་འདོན་པར་སྤྲོ་ནའང་སྐབས་འདིར་འདོན་ཅིང༌། སངས་རྒྱས་རྐང་གཉིས་ དམ་པ་དག །ཐུགས་བརྩེ་ཐུགས་རྗེ་ལྡན་པའི་ཐུགས། །གང་དག་ཕྱོགས་བཅུའི་འཇིག་རྟེན་ 8-1-112 ན། །བཞུགས་པ་བདག་ལ་དགོངས་སུ་གསོལ། །བདག་གི་སྔོ ན་ཆད་སྡིག་པའི་ལས། །ཤིན་ ཏུ་མི་བཟད་གང་བགྱིས་པ། །སྟོབས་བཅུའི་སྤྱན་སྔར་མཆིས་ནས་ནི། །དེ་དག་ཐམས་ཅད་ བཤགས་པར་བགྱི། །ཕ་མ་དག་ཏུ་མི་འཛིན་དང༌། །སངས་རྒྱས་རྣམས་སུ་མི་འཛིན་དང༌། །དགེ་བ་དག་ཏུ་མི་འཛིན་པས། །སྡིག་པ་བདག་གིས་གང་བགྱིས་དང༌། །ཕྱུག་པའི་རྒྱགས་ པས་དྲེགས་པ་དང༌། །རིགས་དང་ལོངས་སྤྱོད་རྒྱགས་པ་དང༌། །གཞོན་པའི་རྒྱགས་པའི་ དྲེགས་པ་ཡིས། །བདག་གིས་སྡིག་པ་གང་བགྱིས་དང༌། །ཉེས་པའི་དམིགས་སུ་མ་མཐོང་ བས། །ཉེས་པར་བགྱིས་པའི་ལས་དང་ནི། །ཉེས་པར་བསམ་ཤིང་ཉེས་སྨྲས་པའི། །སྡིག་ ལས་བདག་གིས་གང་བགྱིས་དང༌། །བྱིས་པའི་བློ་ཡི་འཇུག་པ་དང༌། །མི་ཤེས་མུན་པའི་ སེམས་དང་ནི། །སྡིག་པའི་གྲོགས་པོའི་དབང་གྱུར་དང༌། །ཉོན་མོངས་རྣམ་པར་འཁྲུག་ སེམས་དང༌། །རྩེད་མོ་དགའ་བའི་དབང་ཉིད་དང༌། །མྱ་ངན་དང་ནི་ནད་དབང་དང༌། །ནོར་ གྱིས་མ་ཆོག་ཉེས་པ་ཡིས། །བདག་གིས་སྡིག་པ་གང་བགྱིས་དང༌། །འཕགས་མིན་སྐྱེ་བོ་འདྲེ་ བ་དང༌། །ཕྲག་དོག་སེར་སྣའི་རྒྱུ་དང་ནི། །གཡོ་དང་དབུལ་བའི་ཉེས་པ་ཡིས། །བདག་གིས་ སྡིག་པ་གང་བགྱིས་དང༌། །ཕོངས་དང་རྒུད་པའི་དུས་ཀྱི་ཚེ། །འདོད་པ་རྣམས་ཀྱི་འཇིགས་ རྒྱུ་དང༌། །ཕྱུག་པོ་མ་ཡིན་གྱུར་པ་ཡིས། །བདག་གིས་སྡིག་པ་གང་བགྱིས་དང༌། །གཡོ་བའི་ སེམས་ཀྱི་དབང་ཉིད་དང༌། །འདོད་དང་ཁྲོ་བོའི་དབང་དག་དང༌། །བཀྲེས་དང་སྐོམ་པས་ ཉེན་པ་ཡིས། །བདག་གིས་སྡིག་པ་གང་བགྱིས་དང༌། །བཟའ་བ་དག་དང་བཏུང་བ་དང༌། །བུད་མེད་རྒྱུ་དང་གོས་ཀྱི་ཕྱིར། །ཉོན་མོངས་གདུང་བ་སྣ་ཚོགས་ཀྱིས། །བདག་གིས་སྡིག་ པ་གང་བགྱིས་དང༌། །ལུས་དང་ངག་དང་ཡིད་ཀྱི་སྡིག །ཉེས་སྤྱད་རྣམ་པ་གསུམ་བསགས་ ནི། །འདི་འདྲའི་ཚུལ་གྱིས་གང་བགྱིས་པ། །དེ་དག་ཐམས་ཅད་བདག་འཆགས་སོ། །སངས་ རྒྱས་རྣམས་དང་ཆོས་རྣམས་དང༌། །དེ་བཞིན་ཉན་ཐོས་རྣམས་ལ་ཡང༌། །གུས་པ་མ་ལགས་ 8-1-113 གང་བགྱིས་པ། །དེ་དག་ཐམས་ཅད་བདག་འཆགས་སོ། །གང་ཡང་རང་སངས་རྒྱས་རྣམས་ དང༌། །བྱང་ཆུབ་སེམས་དཔའ་རྣམས་ལ་ཡང༌། །གུས་པ་མ་ལགས་བགྱིས་པ་རྣམས། །དེ་ དག་ཐམས་ཅད་བདག་འཆགས་སོ། །དམ་ཆོས་སྨྲ་བ་རྣམས་ལ་ཡང༌། །གུས་པ་མ་ལགས་ བགྱིས་པ་དང༌། །ཆོས་ལའང་གུས་པར་མ་བགྱིས་པ། །དེ་དག་ཐམས་ཅད་བདག་འཆགས་ སོ། །བདག་གིས་རྟག་ཏུ་མི་ཤེས་པས། །དམ་པའི་ཆོས་ནི་སྤངས་པ་དང༌། །ཕ་མ་རྣམས་ལ་ མ་གུས་གང༌། །དེ་དག་ཐམས་ཅད་བདག་འཆགས་སོ། །བླུན་པ་དང་ནི་བྱས་པ་དང༌། །འདོད་ ཆགས་ཞེ་སྡང་གཏི་མུག་དང༌། །ང་རྒྱལ་དྲེགས་པས་བསྒྲུབས་བགྱིས་པ། །དེ་དག་ཐམས་ཅད་ བདག་འཆགས་སོ། །བདག་གིས་ཕྱོགས་བཅུའི་འཇིག་རྟེན་དུ། །སྟོབས་བཅུ་རྣམས་ལ་མཆོད་ པར་བགྱི། །བདག་གིས་ཕྱོགས་བཅུའི་སེམས་ཅན་རྣམས། །སྡུག་བསྔལ་ཀུན་ལས་གདོན་ པར་བགྱི། །སེམས་ཅན་བསམ་གྱིས་མི་ཁྱབ་ཀུན། །ས་བཅུ་ལ་ནི་དགོད་པར་བགྱི། །ས་བཅུ་ ལ་ནི་གནས་ནས་ཀྱང༌། །ཐམས་ཅད་དེ་བཞིན་གཤེགས་གྱུར་ཅིག །ཇི་སྲིད་སྡུག་བསྔལ་རྒྱ་ མཚོ་ལས། །དེ་ཀུན་ཐར་བགྱི་ནུས་སྲིད་དུ། །སེམས་ཅན་རེ་རེའི་ཕྱིར་ཡང་ནི། །བསྐལ་པ་བྱེ་ བར་སྦྱང་བར་བགྱི། །གསེར་འོད་དམ་པ་ཞེས་བགྱི་བ། །ལས་རྣམས་ཐམས་ཅད་བྱང་བགྱིད་ པ། །ཟབ་མོ་དག་ནི་སྟོན་པ་འདི། །སེམས་ཅན་དག་ལ་བསྟན་པར་བགྱི། །གང་གིས་བསྐལ་ པ་སྟོང་རྣམས་སུ། །སྡིག་པ་ཤིན་ཏུ་མི་བཟད་བགྱིས། །ལན་གཅིག་རབ་ཏུ་བཤགས་པ་ ཡིས། །དེ་དག་ཐམས་ཅད་བྱང་བར་འགྱུར། །གང་གིས་ལས་གྱི་སྒྲིབ་པ་རྣམས། །མྱུར་དུ་ཡང་ དག་ཟད་འགྱུར་པ། །གསེར་འོད་དམ་པ་དགེ་བ་ཡི། །བཤགས་པ་འདི་དག་བཤགས་ནས་ ནི། །རིན་ཆེན་འབྱུང་གནས་མཆོག་བཅུ་པོ། །ས་བཅུ་ལ་ནི་གནས་པར་བགྱི། །སངས་རྒྱས་ ཡོན་ཏན་སྣང་བར་བགྱི། །སྲིད་པའི་མཚོ་ལས་བསྒྲལ་བར་བགྱི། །སངས་རྒྱས་རྒྱ་མཚོ་ཆུ་བོ་ དང༌། །ཡོན་ཏན་རྒྱ་མཚོ་ཟབ་མོ་འདི། །སངས་རྒྱས་ཡོན་ཏན་བསམ་ཡས་ཀྱིས། །ཐམས་ཅད་ 8-1-114 མཁྱེ ན་དུ་རྫོགས་པར་བགྱི། །ཏིང་འཛིན་བརྒྱ་ཕྲག་སྟོང་རྣམས་དང༌། །གཟུང་རྣམས་བསམ་ གྱིས་མི་ཁྱབ་དང༌། །དབང་སྟོབས་བྱང་ཆུབ་ཡན་ལག་གིས། །སྟོབས་བཅུ་དམ་པར་འགྱུར་ བ་བགྱི། །དགོངས་པའི་ཐུགས་ཀྱིས་སངས་རྒྱས་རྣམས། །བདག་ལ་རྣམ་པར་གཟིགས་སུ་ གསོལ། །ཐུགས་རྗེ་ལྡན་པའི་ཐུགས་ཀྱིས་ནི། །ནོངས་པར་རབ་ཏུ་གཟུང་དུ་གསོལ། །བདག་ གིས་བསྐལ་པ་བརྒྱ་རྣམས་སུ། །སྔོ ན་ཆད་སྡིག་པ་གང་བགྱིས་པ། །དེ་ཕྱིར་བདག་ནི་མྱ་ངན་ སེམས། །ཕོངས་དང་མྱ་ངན་འཇིགས་པས་གཟིར། །སྡིག་པའི་ལས་ལ་འཇིགས་པར་བགྱི། །ཡིད་ནི་རྟག་ཏུ་དམན་པར་གྱུར། །གང་དང་གང་དུ་སྤྱོད་བགྱི་དང༌། །བདག་ནི་གང་དུ་དགའ་ མ་མཆིས། །སངས་རྒྱས་ཐམས་ཅད་ཐུགས་རྗེ་ལྡན། །འགྲོ་བ་ཀུན་གྱི་འཇིགས་སེལ་བས། །ནོངས་པར་རབ་ཏུ་བཟུང་དུ་གསོལ། །འཇིགས་པ་དག་ལས་བདག་ཐར་མཛོད། །བདག་ གི་ཉོན་མོངས་ལས་རྣམས་ཀྱི། །དྲི་མ་དེ་བཞིན་གཤེགས་པས་གསོལ། །སངས་རྒྱས་རྣམས་ ཀྱིས་བདག་ལ་ནི། །སྙིང་རྗེ་ཆུ་ཡིས་བཀྲུ་བར་སོལ། །སྡིག་པ་ཐམས་ཅད་བཤགས་པར་བགྱི། །སྔོ ན་ཆད་བདག་གིས་གང་བགྱིས་དང༌། །ད་ལྟར་བདག་གིས་སྡིག་པ་གང༌། །དེ་དག་ཐམས་ ཅད་བདག་འཆགས་སོ། །ནོངས་པར་བགྱིས་པའི་ལས་རྣམས་ཀུན། །སླན་ཆད་མི་བགྱིད་ བསྡམས་པར་བགྱི། །བདག་གིས་ནོངས་པར་བགྱིས་པ་གང༌། །སྡིག་དེ་བཅབ་པར་མི་བགྱི་ འོ། །ལུས་ཀྱི་ལས་ནི་རྣམ་གསུམ་དང༌། །ངག་གི་རྣམ་པ་བཞི་དག་དང༌། །ཡིད་ཀྱི་རྣམ་པ་ གསུམ་པོ་རྣམས། །དེ་དག་ཐམས་ཅད་བདག་འཆགས་སོ། །ལུས་ཀྱིས་བགྱིས་དང་ངག་གིས་ ལས། །ཡིད་ཀྱིས་རྣམ་པར་བསམ་པ་དང༌། །ལས་རྣམས་བཅུ་པོ་བགྱིས་པ་དག །དེ་དག་ ཐམས་ཅད་བདག་འཆགས་སོ། །མི་དགེའི་ལས་བཅུ་སྤངས་ནས་སུ། །དགེ་བ་བཅུ་པོ་བརྟེན་ བགྱི་སྟེ། །ས་བཅུ་ལ་ནི་བདག་གནས་ཀྱི། །སྟོབས་བཅུ་མཆོག་ཏུ་འགྱུར་བར་བགྱི། །བདག་ གིས་སྡིག་པའི་ལས་གང་དག །མི་འདོད་འབྲས་བུ་ཐོབ་བགྱིད་པ། །སངས་རྒྱས་སྤྱན་སྔར་ 8-1-115 མཆིས་ནས་ནི། །དེ་དག་ཐམས་ཅད་བཤགས་པར་བགྱི། །འཛམ་བུའི་གླིང་འདིར་གང་དག་ གང༌། །འཇིག་རྟེན་ཁམས་ནི་གཞན་དག་ཏུ། །གང་རྣམས་དགེ་བའི་ལས་བགྱིད་པ། །དེ་དག་ ཀུན་ལ་ཡི་རང་ངོ༌། །ལུས་དང་ངག་དང་ཡིད་ཀྱིས་ཀྱང༌། །བདག་གིས་བསོད་ནམས་གང་ བསྒྲུབ་པ། །བདག་ནི་དགེ་བའི་རྩ་བ་དེས། །བྱང་ཆུབ་མཆོག་ལ་རེག་པར་བགྱི། །སྲིད་འགྲོ་ ཉམ་ངར་བྱིས་པའི་བློ་ཡིས་ནི། །ཤིན་ཏུ་མི་བཟད་སྡིག་པ་གང་བགྱིས་པ། །སྟོབས་བཅུ་མངའ་ བའི་སྤྱན་སྔར་མཆིས་ནས་ནི། །སྡིག་པ་དེ་ཀུན་སོ་སོར་བཤགས་པར་བགྱི། །སྐྱེ་བ་ཉམ་ང་ སྲིད་པ་ཉམ་ང་དང༌། །འཇིག་རྟེན་ཉམ་ང་གཡོ་སེམས་ཉམ་ང་བར། །ལུས་ཀྱི་སྤྱོད་པ་ཉམ་ ང་སྣ་ཚོགས་ཀྱིས། །བདག་གིས་སྡིག་པ་གང་བསགས་དེ་འཆགས་སོ། །བྱིས་པ་བླུན་བྱས་ ཉོན་མོངས་ཉམ་ང་དང༌། །སྡིག་པའི་གྲོགས་དང་ཕྲད་པ་ཉམ་ང་དང༌། །སྲིད་པ་ཉམ་ང་འདོད་ ཆགས་ཉམས་ང་བར། །ཞེ་སྡང་གཏི་མུག་མུན་པ་ཉམ་ང་དང༌། །ངལ་བའི་ཉམ་ང་དུས་ཀྱི་ ཉམ་ང་དང༌། །བསོད་ནམས་སྒྲུབ་པ་ཉམ་ང་དག་གིས་ཀྱང༌། །རྒྱལ་བ་ཡང་དག་མངོན་སུམ་ མཆིས་ནས་ནི། །སྡིག་པ་དེ་ཀུན་སོ་སོར་བཤགས་པར་བགྱི། །ཞེས་གསེར་འོད་དམ་པ་ལས་འབྱུང་བའི་ བཤགས་པ་འདོན་པ་ལ་ནན་ཏན་བྱའོ། །བདག་ནི་མི་ཤེས་གཏི་མུག་པས། །རང་བཞིན་ཁ་ན་མ་ཐོ་དང༌། །བཅས་པའི་སྡིག་པ་གང་ཡིན་ལས། །གང་ཡང་རུང་བ་བགྱིས་པ་རྣམས། །མགོན་པོའི་སྤྱན་ སྔར་མངོན་སུམ་དུ། །ཐལ་སྦྱར་སྡུག་བསྔལ་འཇིགས་སེམས་ཀྱིས། །ཡང་དང་ཡང་དུ་ཕྱག་ འཚལ་ཞིང༌། །དེ་དག་ཐམས་ཅད་བཤགས་པར་བགྱིད། །འདྲེན་པ་རྣམས་ཀྱིས་བདག་གི་ སྡིག །ནོངས་པ་ལགས་པར་བཟུང་དུ་གསོལ། །འདི་ནི་བཟང་པོ་མ་ལགས་པས། །སླན་ཆད་ བདག་ནི་ཡོངས་མི་བགྱི། །སེམས་ཅད་ཐམས་ཅད་ཕན་མཛད་པའི། །ཐུགས་བསྐྱེད་དགེ་བ་ རྒྱ་མཚོ་དང༌། །སེམས་ཅན་ཕན་པར་མཛད་པ་ལ། །དགའ་བས་རྗེས་སུ་ཡི་རང་ངོ༌། །ཕྱོགས་ རྣམས་ཀུན་གྱི་སངས་རྒྱས་ལ། །ཐལ་མོ་སྦྱར་ཏེ་གསོལ་བ་ནི། །སེམས་ཅན་སྡུག་བསྔལ་མུན་ 8-1-116 འཐོམས་ལ། །ཆོས་ཀྱི་སྒྲོན་མེ་སྦར་དུ་གསོལ། །རྒྱལ་བ་མྱ་ངན་འདའ་བཞེད་ལ། །ཐལ་མོ་ སྦྱར་ནས་གསོལ་བ་ནི། །འགྲོ་འདི་ལྡོ ང་པར་མི་འགོད་ཅིང༌། །བསྐལ་པ་གྲངས་མེད་བཞུགས་ པར་གསོལ། །དེ་ལྟར་འདི་དག་ཀུན་བྱས་ཏེ། །དགེ་བ་བདག་གིས་བསགས་པ་གང༌། །དེས་ ནི་སེམས་ཅན་ཐམས་ཅད་ཀྱི། །སྡུག་བསྔལ་ཐམས་ཅད་སེལ་བར་ཤོག །ཡིད་བཞིན་ནོར་ དང་བུམ་པ་བཟང༌། །རིག་སྔགས་གྲུབ་དང་སྨན་ཆེན་དང༌། །དཔག་བསམ་གྱི་ནི་ཤིང་དག་ དང༌། །ལུས་ཅན་རྣམས་ཀྱི་འདོད་འཇོར་གྱུར། །ས་སོགས་འབྱུང་བ་ཆེན་པོ་དང༌། །ནམ་ མཁའ་བཞིན་ཏུ་རྟག་པར་ཡང༌། །སེམས་ཅན་དཔག་ཏུ་མེད་པ་ཡི། །རྣམ་མང་ཉེར་འཚོའི་ གཞིར་ཡང་ཤོག །དེ་བཞིན་ནམ་མཁའི་མཐས་གཏུག་པའི། །སེམས་ཅན་ཁམས་ལ་རྣམ་ ཀུན་དུ། །ཐམས་ཅད་མྱ་ངན་འདས་བར་དུ། །བདག་ནི་ཉེར་འཚོའི་རྒྱུར་ཡང་ཤོག །བྱང་ཆུབ་ སྙིང་པོར་མཆིས་ཀྱི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །ཆོས་དང་བྱང་ཆུབ་སེམས་ དཔའ་ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། །ཇི་ལྟར་སྔོ ན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང༌། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་ བཞིན་གནས་པ་ལྟར། །བདག་ཀྱང་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱིད་ ཅིང༌། །བྱང་ཆུབ་སེམས་དཔའི་བསླབ་པ་ལའང༌། །རིམ་པ་བཞིན་དུ་བསླབ་པར་བགྱི། །དེ་ ལྟར་ཤླཽ་ཀ་གསུམ་པོ་དེ་ལན་གསུམ་བརྗོད་པས་སེམས་བསྐྱེད་བླང༌། དེང་དུས་བདག་ཚེ་འབྲས་བུ་ཡོད། །མི་ཡི་ སྲིད་པ་ལེགས་པར་ཐོབ། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་བདག་ དེང་གྱུར། །ད་ནི་བདག་གིས་ཅི་ནས་ཀྱང༌། །རིགས་དང་མཐུན་པའི་ལས་བརྩམས་ཏེ། །སྐྱོན་ མེད་བཙུན་པའི་རིགས་འདི་ལ། །རྙོག་པར་མི་འགྱུར་དེ་ལྟར་བྱ། །བདག་གིས་དེ་རིང་སྐྱོབ་ པ་ཐམས་ཅད་ཀྱི། །སྤྱན་སྔར་འགྲོ་ལ་བདེ་གཤེགས་ཉིད་དང་ནི། །བར་དུ་བདེ་ལ་མགྲོན་ དུ་བོས་ཟིན་གྱིས། །ལྷ་དང་ལྷ་མིན་ལ་སོགས་དགའ་བར་གྱིས། །བདག་གི་དགེ་བའི་ལས་ 8-1-117 ནི་འདི་དག་གིས། །འཇིག་རྟེན་འདིར་ནི་མྱུར་དུ་འཚང་རྒྱ་ཤོག །འགྲོ་ལ་ཕན་ཕྱིར་ཆོས་ཀྱང་ སྟོན་བགྱིད་ཅིང༌། །སེམས་ཅན་སྡུག་བསྔལ་མང་པོས་གཟིར་ལས་སྒྲོལ། །དེ་དག་ནི་ཡན་ལག་བདུན་ པ་སེམས་བསྐྱེད་བླང་བ་དང་བཅས་པ་ཡིན་ལ། ཅུང་ཟད་མདོར་བསྡུས་པ་ལ་དགའ་བའི་ཚེ། མཆོད་ཕྲེང་རབ་འབྱམས་རྒྱ་མཚོ་ མའམ། མཆོད་ཡོན་ཕལ་ཆེར་མ་གང་རིགས་རེ་བྱ། ཕྱག་འཚལ་གོང་མའི་དོན་དུ། བསྟོད་པའི་ཕྱག་འཚལ་བཅུག་ནས། མཆོད་ པའི་སྐབས་བསྟོད་པ་མི་དགོས་སོ། ། ཤིན་ཏུ་བསྡུ་ན་ཡན་ལག་བདུན་པ་བཟང་སྤྱོད་ནས་འབྱུང་བ་ཁོ་ནས་ཀྱང་ཆོག་ལ། བཞུགས་གསོལ་ཡན་ཆད་དང༌། སེམས་བསྐྱེད་དངོས་གཞི་གོང་ལྟར་བླང་ངོ༌། །གང་ལྟར་ཡང་དེ་རྣམས་སྔོ ན་དུ་སོང་ནས། ཡང་དག་པའི་དོན་ལ་མཉམ་པར་འཇོག་ པའམ། བླ་མའི་གསོལ་འདེབས་སམ། མདོ་འདོན་པའམ། གཏོར་མ་གཏོང་བའམ། གཟུང་སྔགས་བཟླ་བའམ། བསྟོད་སྒྲུབ་ སོགས་ཅི་ནུས་སུ་ཉམས་སུ་བླངས་ཏེ། མཐར། རྒྱ་གར་སྐད་དུ༌། ཨརྱཱ་ཥཊ་མུ་ཁི་ན་མ་དྷཱ་ར་ཎི། བོད་ སྐད་དུ། འཕགས་པ་སྒོ་དྲུག་པ་ཞེས་བྱ་བའི་གཟུངས། འཕགས་པ་འཇམ་དཔལ་གཞོན་ ནུར་གྱུར་པ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་ འདས་འཁོར་གྱི་ཁྱམས་གནས་གཙང་མའི་སྟེང༌། ནམ་མཁའི་དཀྱིལ་ན་གནས་པ་རིན་པོ་ཆེ་ སྣ་བདུན་གྱིས་རབ་ཏུ་རྣམ་པར་ཕྱེ་བས་སྤྲས་པ་ན། བྱང་ཆུབ་སེམས་དཔའི་ཚོགས་གྲངས་ མེད་པ་དང་ཐབས་གཅིག་ཏུ་བཞུགས་ཏེ། དེའི་ཚེ་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་ དཔའ་རྣམས་ལ་བཀའ་སྩལ་པ། རིགས་ཀྱི་བུ་དག་ཁྱེ ད་ཀྱིས་འགྲོ་བ་ཐམས་ཅད་ལ་ཕན་པ་ དང༌། བདེ་བའི་ཕྱིར་སྒོ་དྲུག་པ་ཞེས་བྱ་བའི་གཟུངས་འདི་ཟུང་ཤིགདེ་ནི་འདི་ལྟ་སྟེ། བདག་ འཁོར་བ་ན་འཁོར་བའི་ཚེ་སྡུག་བསྔལ་གང་ཅི་མྱོང་བ་དེ་སེམས་ཅན་ཐམས་ཅད་དང་མཉམ་ པ་ཉིད་དུ་མི་ཤེས་པའི་མཚན་ཉིད་དུ་མ་གྱུར་ཅིགབདག་གི་འཇིག་རྟེན་པའི་ཕུན་སུམ་ཚོགས་ པའི་བདེ་བ་གང་ཅི་མྱོང་བ་དེ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་ཡོངས་སུ་སྤྱོད་པར་ གྱུར་ཅིགབདག་ལ་སྡིག་པ་མི་དགེ་བའི་ལས་ཀྱི་སྒྲིབ་པ་གང་ཅི་ཡོད་པ་དེ་སོ་སོར་བཤགས་པ་ 8-1-118 བླ་ན་མེད་པས་སོ་སོར་མ་བཤགས་པར་མ་གྱུར་ཅིགབདག་ལ་བདུད་ཀྱི་ལས་གང་དག་ཡོད་ པ་དེ་དག་ཡོངས་སུ་ཤེས་པ་བླ་ན་མེད་པས་ཡོངས་སུ་མི་ཤེས་པར་མ་གྱུར་ཅིགབདག་གི་ཕ་ རོལ་ཏུ་ཕྱིན་པ་དང་ལྡན་པའི་དགེ་བའི་རྩ་བ་འཇིག་རྟེན་པའམ། འཇིག་རྟེན་ལས་འདས་པ་ ཡང་རུང༌། གང་ཅི་ཡོད་པ་དེའི་འབྲས་བུ་བླ་ན་མེད་པའི་ཡེ་ཤེས་སུ་གྱུར་ཅིགབདག་གི་རྣམ་ པར་གྲོལ་བ་གང་ཡིན་པ་དེས་སེམས་ཅན་ཐམས་ཅད་རྣམ་པར་ཐར་བར་གྱུར་ཅིགའཁོར་བ་ དང་མྱ་ངན་ལས་འདས་པ་ལ་བདག་གནས་པར་མ་གྱུར་ཅིགཏདྱ་ཐཱ། ༀ་ཀྵ་མེ་ཀྵ་མེ། ཀྵཱནྟེ་ ཀྵཱནྟེ། ད་མེ་ད་མེ། དཱནྟེ་དཱནྟེ། བྷ་དྲེ་བྷ་དྲེ། སུ་བྷ་དྲེ་སུ་བྷ་དྲེ། ཙནྡྲེ་ཙནྡྲེ། སུ་ཙནྡྲེ་སུ་ཙནྡྲེ། ཙནྡྲ་ ཀི་ར་ཎེ། ཙནྡྲ་ཝ་ཏི། ཏེ་ཛོ་ཝ་ཏི། ངྷརྨ་ཝ་ཏི། ཡ་ཤོ་ཝ་ཏི། པྲ་ཧྨ་ཝ་ཏི། སརྦ་ཀླེ་ཤ་བི་ཤོ་ ངྷ་ནི། སརྦ་ཨརྠ། སཱ་དྷ་ནི། སརྦ་ཨ་ནརྠ་པྲ་ཤ་མ་ནི། པ་ར་མ་ཨརྠ་སཱ་དྷ་ནི། ཀཱ་ཡ་བི་ཤོ་དྷ་ ནི། ཝཱཀྦི་ཤོ་ངྷ་ནི། མ་ནཿསཾ་ཤོ་དྷ་ནི་སྭཱཧཱ། རིགས་ཀྱི་བུ་དེ་ལྟར་ན་རིགས་ཀྱི་བུའམ་རིགས་ ཀྱི་བུ་མོ་གང་ལ་ལས་སྒོ་དྲུག་པ་ཞེས་བྱ་བའི་གཟུང་འདི་ཉིན་ལན་གསུམ་མཚན་ལན་གསུམ་ བརྗོད་ན། དེའི་ལས་ཀྱི་སྒྲིབ་པ་ཐམས་ཅད་བྱང་བར་གྱུར་ནས་སྐྱེ་བ་བདུན་གྱིས་བར་དུ་དེས་ ནི་སྐྱེ་བ་དྲན་པར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་ རྫོགས་པར་འཚང་རྒྱ་བར་འགྱུར་རོ། །བཅོམ་ལྡན་འདས་དགྱེས་ཤིང་དེ་སྐད་ཅེས་བཀའ་ བསྩལ་པ་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང༌། གནས་གཙང་ མའི་རིགས་ཀྱི་ལྷའི་བུ་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱི་གསུངས་པ་ལ་མངོན་པར་ བསྟོད་དོ། །འཕགས་པ་སྒོ་དྲུག་པ་ཞེས་བྱ་བའི་གཟུང་རྫོགས་སོ། ། དེ་ནས་འཕགས་པ་བཟང་པོ་སྤྱོད་པ་དང༌། བྱམས་པའི་སྨོན་ལམ་དང༌། རྡོ་རྗེ་རྒྱལ་མཚན་གྱི་བསྔོ ་བ་སོགས་ཐམས་ཅད་ དམ། གང་རུང་ཞིག་གིས་དགེ་བ་བྱང་ཆུབ་ཏུ་བསྔོ ། ཤིས་བརྗོད་ཀྱི་ཚིགས་སུ་བཅད་པའང་བརྗོད་དོ། །གཟུང་ཀྱི་རིགས་རྣམས་ བཟླས་པ་ལན་མང་དུ་འདོན་པར་འདོད་ན། ཕྱག་འཚལ་འདི་སྔོ ན་དུ་བྱ་སྟེ། འཇིག་རྟེན་སྟོན་པ་རྫོགས་སངས་ 8-1-119 རྒྱས། །གང་གི་ཐོག་མར་རིགས་སྔགས་རྣམས། །འཛམ་བུའི་གླིང་དུ་གསུངས་པ་ཡིས། །སངས་རྒྱས་དཔལ་ལ་ཕྱག་འཚལ་ལོ། །ད་ལྟར་བྱུང་དང་འདས་པ་དང༌། །མ་བྱོན་སངས་ རྒྱས་གང་ལགས་པ། །ཐམས་ཅད་ལ་ཡང་བདག་ཕྱག་འཚལ། །དེ་དག་རྣམས་ལ་སྐྱབས་སུ་ མཆི། །འཁོར་ལོ་བསྐོར་བ་བླ་མེད་པ། །མར་མེ་མཛད་ལ་ཕྱག་འཚལ་ལོ། །ཆོས་ཀྱི་རྒྱལ་པོ་ འོད་མཛད་པ། །ཐམས་ཅད་གནོན་ལ་ཕྱག་འཚལ་ལོ། །ཐམས་ཅད་མཁྱེ ན་པ་དྲག་ལྡན་པ། །པདྨའི་བླ་ལ་ཕྱག་འཚལ་ལོ། །སྤྱན་དང་ལྡན་པ་སྐྱབས་མཛད་པ། །རབ་འཐོར་གཤེགས་ལ་ ཕྱག་འཚལ་ལོ། །དེད་དཔོན་བླ་ན་མེད་པ་པོ། །གྲགས་པའི་བླ་ལ་ཕྱག་འཚལ་ལོ། །ཉི་མ་ལྟ་ བུར་འོད་མཛད་པ། །བདེ་མཛད་དེ་ལ་ཕྱག་འཚལ་ལོ། །ཆོས་ཀྱི་མེ་ལོང་སྟོན་པ་པོ། །དོན་ གཟིགས་ལ་ནི་ཕྱག་འཚལ་ལོ། །དུལ་བའི་ཚུལ་ཁྲིམས་འཇིགས་མེད་པ། །རྒྱལ་ཞེས་བྱ་ལ་ ཕྱག་འཚལ་ལོ། །མཚན་མཆོག་སུམ་ཅུ་གཉིས་དང་ལྡན། །སྐར་རྒྱལ་ལ་ཡང་ཕྱག་འཚལ་ ལོ། །རྫོགས་པའི་སངས་རྒྱས་དཔལ་ལྡན་པ། །རྣམ་པར་གཟིག་ལ་ཕྱག་འཚལ་ལོ། །འོད་ ཅན་གཟི་བརྗིད་ལྡན་པ་པོ། །གཙུག་ཏོར་ཅན་ལ་ཕྱག་འཚལ་ལོ། །ལེགས་པར་མཆོད་པ་ གྲགས་ལྡན་པ། །ཐམས་ཅད་སྐྱོབ་ལ་ཕྱག་འཚལ་ལོ། །བདུད་དཔུང་རབ་ཏུ་འཇོམས་མཛད་ པ། །ལོག་དད་སེལ་ལ་ཕྱག་འཚལ་ལོ། །བྲམ་ཟེ་དཔལ་དང་ལྡན་པ་པོ། །གསེར་ཐུབ་དེ་ལ་ ཕྱག་འཚལ་ལོ། །སེམས་ཅན་ཀུན་ལ་ཐུགས་བརྩེ་བ། །འོད་སྲུང་དེ་ལ་ཕྱག་འཚལ་ལོ། །ཤཱཀྱ་ སེང་གེ་འོད་མཛད་པའི། །གསེར་མདོག་ཅན་ལ་ཕྱག་འཚལ་ལོ། །སེར་སྣ་མེད་པ་ཐུགས་རྗེ་ ཅན། །བྱམས་པ་ལ་ཡང་ཕྱག་འཚལ་ལོ། །སངས་རྒྱས་ཀུན་ལ་ཕྱག་འཚལ་ཏེ། །དེ་དག་ལ་ ཡང་སྐྱབས་སུ་མཆི། །གང་དག་གིས་ནི་ཆོས་བསྟན་པ། །སངས་རྒྱས་ཀུན་ལ་ཕྱག་འཚལ་ལོ། །གང་ལ་སངས་རྒྱས་གུས་མཛད་པའི། །ཆོས་ལའང་བདག་ནི་ཕྱག་འཚལ་ལོ། །གང་ལ་ཕུལ་ ན་དོན་ཆེ་བའི། །དགེ་འདུན་ལ་ཡང་ཕྱག་འཚལ་ལོ། །ཉན་ཐོས་ཤེས་རབ་མཆོག་གྱུར་པའི། 8-1-120 །ཤཱ་རའི་བུ་ལ་ཕྱག་འཚལ་ལོ། །རྫུ་འཕྲུལ་ཅན་གྱི་མཆོག་གྱུར་པ། །མཽ་གལ་བུ་ལ་ཕྱག་འཚལ་ ལོ། །ཆོས་ཀྱི་གཏམ་གྱིས་འཇིགས་མེད་པ། །ཀ་ཏའི་བུ་ལའང་ཕྱག་འཚལ་ལོ། །ཉན་ཐོས་སྦྱང་ བའི་མཆོག་གྱུར་པ། །འོད་སྲུང་ལ་ཡང་ཕྱག་འཚལ་ལོ། །སྐྱོབ་པ་ཡི་ནི་དབང་གྱུར་པ། །ཀོ་དི་ ནྱ་ལ་ཕྱག་འཚལ་ལོ། །མང་དུ་ཐོས་པ་རིགས་སྔགས་འཆང༌། །ཀུན་དགའ་བོ་ལ་ཕྱག་འཚལ་ ལོ། །ལུས་ངན་དང་ནི་ཡུལ་འཁོར་སྲུང༌། །མིག་མི་བཟང་དང་འཕགས་སྐྱེས་པོ། །ཕྱོགས་བཞི་ ཁོ་ར་ཁོར་ཡུག་གི །རྒྱལ་ཆེན་རྣམས་ལ་ཕྱག་འཚལ་ལོ། །གནོད་སྦྱིན་རྣམས་ཀྱི་དེད་དཔོན་ མཆོག །ཉི་ཤུ་བརྒྱད་ལ་ཕྱག་འཚལ་ལོ། །ཕ་མ་མཁན་པོ་སློབ་དཔོན་དང༌། །ལྷ་རྣམས་ལ་ ཡང་ཕྱག་འཚལ་ལོ། །དེ་དག་ལ་ནི་ཕྱག་འཚལ་ནས། །རིགས་སྔགས་རྣམས་ནི་འགྲུབ་གྱུར་ ཅིག །གང་གི་དོན་དུ་བྱ་བ་ཡི། །དོན་དེ་བདག་ལ་འགྲུབ་གྱུར་ཅིག །སྡང་བར་སེམས་ཤིང་ གནོད་བྱེད་པའི། །མི་མ་ཡིན་རྣམས་གུད་དུ་དེངས། །བྱམས་པར་སེམས་ཤིང་ཕན་འདོད་པ། །དགའ་བའི་སེམས་ཀྱིས་བདག་ལ་ཉོན། །ཞེས་བརྗོད་ནས། དེའི་རྗེས་སུ་གཟུངས་མདོ་རྣམས་འདོན་པར་ བྱའོ། །རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་གསོལ་བ་འདེབས་པར་འདོད་ན། པོ་ཊ་ལ་ཡི་གནས་མཆོག་ན། །ཏཱཾ་ ཡིག་ལྗང་ཁུ་ལས་འཁྲུངས་ཤིང༌། །ཏཾ་ཡིག་འོད་ཀྱིས་འགྲོ་བ་སྒྲོལ། །སྒྲོལ་མ་འཁོར་བཅས་ གཤེགས་སུ་གསོལ། །ས་གཞི་སྤོས་ཆུས་བྱུགས་ཤིང༴སོགས་ཀྱིས་མཎྜལ་ཕུལ། ལྷ་དང་ལྷ་མིན་ཅོད་ པན་གྱིས། །ཞབས་ཀྱི་པདྨོ་ལ་བཏུད་དེ། །ཕོངས་པ་ཀུན་ལས་སྒྲོལ་མཛད་མ། །སྒྲོལ་མ་ཡུམ་ ལ་ཕྱག་འཚལ་ལོ། །གློག་དང་འདྲ་བའི་སྤྱན་མངའ་བ། །དཔའ་མོ་ཏཱ་རེ་ཏུཏྟཱ་རེ། །སངས་རྒྱས་ ཞལ་གྱི་པདྨོ་ཡི། །གེ་སར་ལས་འཁྲུངས་ཁྱོ ད་ལ་འདུད། །སྟོན་ཀའི་ཟླ་བ་རྒྱས་པ་ཡི། །དཀྱིལ་ འཁོར་དང་མཚུངས་ཞལ་མངའ་བ། །མཆོག་སྦྱིན་ཕྱག་རྒྱ་ཨུཏྤ་ལ། །བསྣམས་པ་ཁྱོ ད་ལ་ཕྱག་ འཚལ་ལོ། །འཁོར་བའི་འགྲོ་ལ་ཏུཏྟཱ་རེ། །སྭཱ་ཧཱ་ཉོན་མོངས་ཞི་བར་མཛད། །ༀ་གྱི་ངོ་བོ་ཉིད་ ཀྱིས་ནི། །ཚངས་པའི་སྒོ་འབྱེད་ཁྱོ ད་ལ་འདུད། །འཇིགས་པ་ཆེན་པོ་བརྒྱད་ལས་ནི། །འཇིག་ 8-1-121 རྟེན་ཐམས་ཅད་སྐྱོབ་པར་མཛད། །ཀུན་གྱི་མ་རུ་གྱུར་པ་ཡི། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །རྗེ་བཙུན་འཕགས་མ་སྒྲོལ་མ་དང༌། །ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི། །རྒྱལ་བ་སྲས་ བཅས་ཐམས་ཅད་ལ། །ཀུན་ནས་དང་བས་ཕྱག་བགྱིའོ། །མེ་ཏོག་བདུག་སྤོས་མར་མེ་དྲི། །ཞལ་ཟས་རོལ་མོ་ལ་སོགས་པ། །དངོས་འབྱོར་ཡིད་ཀྱིས་སྤྲུལ་ནས་འབུལ། །འཕགས་མའི་ ཚོགས་རྣམས་བཞེས་སུ་གསོལ། །ཐོག་མ་མེད་ནས་ད་ལྟའི་བར། །མི་དགེ་བཅུ་དང་མཚམས་ མེད་ལྔ། །སེམས་ནི་ཉོན་མོངས་དབང་གྱུར་པའི། །སྡིག་པ་ཐམས་ཅད་བཤགས་པར་བགྱི། །ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས། །སོ་སོའི་སྐྱེ་བོ་ལ་སོགས་པའི། །དུས་གསུམ་དགེ་བ་ ཅི་བསགས་པའི། །བསོད་ནམས་ལ་ནི་བདག་ཡི་རང༌། །སེམས་ཅན་རྣམས་ཀྱིས་བསམ་པ་ དང༌། །བློ་ཡི་བྱེ་བྲག་ཇི་ལྟ་བར། །ཆེ་ཆུང་ཐུན་མོང་ཐེག་པ་ཡི། །ཆོས་ཀྱི་འཁོར་ལོ་བསྐོར་དུ་ གསོལ། །འཁོར་བ་ཇི་སྲིད་མ་སྟོང་བར། །མྱ་ངན་མི་འདའ་ཐུགས་རྗེ་ཡིས། །སྡུག་བསྔལ་རྒྱ་ མཚོ་བྱིང་བ་ཡི། །སེམས་ཅན་རྣམས་ལ་གཟིགས་སུ་གསོལ། །བདག་གིས་བསོད་ནམས་ཅི་ བསགས་པ། །ཐམས་ཅད་བྱང་ཆུབ་རྒྱུར་གྱུར་ནས། །རིང་པོར་མི་ཐོགས་འགྲོ་བ་ཡི། །འདྲེན་ པའི་དཔལ་དུ་བདག་གྱུར་ཅིག །དེ་ནས་ཕྱག་འཚལ་ཉེར་གཅིག་ཅི་ནུས་སུ་འདོན་ཅིང༌། ཕན་ཡོན་ཡང་བརྗོད་པར་ བྱའོ། །འཇིག་རྟེན་གསུམ་མགོན་ཡུམ་གྱུར་སྤྱན་ཡངས་མ། །དུས་གསུམ་སངས་རྒྱས་ཐམས་ ཅད་བསྐྱེད་པའི་ཡུམ། །གཉིས་མེད་ཡེ་ཤེས་ངང་ལས་མ་གཡོས་ཀྱང༌། །ཐུགས་རྗེའི་དབང་ གིས་འགྲོ་དོན་སྣ་ཚོགས་མཛད། །བྱམས་པའི་ཡུམ་གྱུར་ཁྱེ ད་ལ་ཕྱག་འཚལ་ལོ། །སྐུ་མདོག་ ལྗང་ཁུ་ཕྲིན་ལས་སྣ་ཚོགས་མཛད། །ཡོན་ཏན་རབ་རྒྱས་བཅུ་དྲུག་ལོན་པའི་ཚུལ། །འགྲོ་ལ་ རབ་དགེས་ཞལ་ནི་འཛུམ་པར་མཛད། །ཞི་བའི་སྤྱན་གྱིས་འཇིག་རྟེན་གསུམ་ལ་གཟིགས། །ཐུགས་རྗེ་ཆེ་མངའ་ཁྱོ ད་ལ་ཕྱག་འཚལ་ལོ། །བྱང་སེམས་རང་བཞིན་ཟླ་བ་གདན་ཏུ་བཏིང༌། །ཉོན་མོངས་མི་བསྐྱོད་རྡོ་རྗེའི་སྐྱིལ་ཀྲུང་དང༌། །སྒྲིབ་པ་ཀུན་སྤངས་པདྨའི་གདན་ལ་བཞུགས། 8-1-122 །ཟག་མེད་བདེ་རྒྱས་ཟླ་བའི་རྒྱབ་ཡོལ་ཅན། །ཟག་མེད་བདེ་བ་ཆེ་ལ་ཕྱག་འཚལ་ལོ། །ན་ བཟའ་མཆོག་དང་རིན་ཆེན་དུ་མས་སྤྲས། །ཕྱག་གཡས་མཆོག་སྦྱིན་སྒྲུབ་ལ་དངོས་གྲུབ་སྟེར། །གཡོན་པ་ཨུཏྤལ་སྐྱོན་བྲལ་དག་པའི་རྟགས། །ཕྱག་གཉིས་ཐབས་དང་ཤེས་རབ་ཟུང་ཏུ་ འབྲེལ། །མཐའ་བྲལ་ཟུང་འཇུག་སྐུ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོ་སྒྲོལ་མ་ཡུམ་ལ་ ཕྱག་འཚལ་ལོ། །ཕྱག་སྟོང་སྤྱན་སྟོང་སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །སྨན་པའི་རྒྱལ་པོ་སྒྲོལ་ མ་ཡུམ་ལ་ཕྱག་འཚལ་ལོ། །སྨན་ལྟར་ནད་འཇོམས་སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །ཐུགས་ རྗེ་ཐབས་མཁས་སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །ས་ལྟར་རྟེན་མཛད་སྒྲོལ་མ་ཡུམ་ལ་ཕྱག་ འཚལ་ལོ། །ཆུ་ལྟར་བསིལ་མཛད་སྒྲོམ་མ་ཡུམ་ལ་ཕྱག་འཚལ་ལོ། །མེ་ལྟར་སྨིན་མཛད་ སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །རླུང་ལྟར་རྒྱས་མཛད་སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །རྗེ་ བཙུན་བཅོམ་ལྡན་འདས་མ་ཐུགས་རྗེ་ཅན། །བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ ཀྱི། །སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་མྱུར་རྫོགས་ཏེ། །རྫོགས་པའི་སངས་རྒྱས་ཐོབ་པར་ མཛད་དུ་གསོལ། །དེ་མ་ཐོབ་ཀྱི་ཚེ་རབས་ཀུན་ཏུ་ཡང༌། །ལྷ་དང་མི་ཡི་བདེ་བ་མཆོག་ཐོབ་ ནས། །ཐམས་ཅད་མཁྱེ ན་པ་སྒྲུབ་པ་བྱེད་པ་ལ། །བར་ཆད་གདོན་བགེགས་རིམས་དང་ནད་ ལ་སོགས། །དུས་མིན་འཆི་བར་གྱུར་པ་སྣ་ཚོགས་དང༌། །རྨི་ལམ་ངན་དང་མཚན་མ་ངན་པ་ དང༌། །འཇིགས་པ་བརྒྱད་སོགས་ཉེ་བར་འཚེ་བ་རྣམས། །མྱུར་དུ་ཞི་ཞིང་མེད་པར་མཛད་ དུ་གསོལ། །འཇིག་རྟེན་འཇིག་རྟེན་ལས་ནི་འདས་པ་ཡི། །བཀྲ་ཤིས་དགེ་ལེགས་ཕུན་སུམ་ ཚོགས་པ་རྣམས། །འཕེལ་ཞིང་རྒྱས་པའི་དོན་རྣམས་མ་ལུས་པ། །འབད་མེད་ལྷུན་གྱིས་གྲུབ་ པར་མཛད་དུ་གསོལ། །སྒྲུབ་ལ་བརྩོན་ཞིང་དམ་ཆོས་འཕེལ་བ་དང༌། །རྟག་ཏུ་ཁྱོ ད་བསྒྲུབ་ ཞལ་མཆོག་མཐོང་བ་དང༌། །སྟོང་ཉིད་དོན་རྟོགས་བྱང་སེམས་རིན་པོ་ཆེ། །ཡར་ངོའི་ཟླ་ལྟར་ འཕེལ་བར་མཛད་དུ་གསོལ། །རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། །པདྨོ་ 8-1-123 དམ་པ་ཤིན་ཏུ་མཛེས་ལས་སྐྱེས། །སྣང་བ་མཐའ་ཡས་རྒྱལ་བའི་མངོན་སུམ་དུ། །ལུང་བསྟན་ པ་ཡང་བདག་གིས་དེར་ཐོབ་ཤོག །བདག་གི་ཚེ་རབས་སྔོ ན་ནས་བསྒྲུབས་པའི་ལྷ། །དུས་ གསུམ་སངས་རྒྱས་ཀུན་གྱི་ཕྲིན་ལས་མ། །སྔོ ་ལྗང་ཞལ་གཅིག་ཕྱག་གཉིས་མྱུར་ཞིང་དཔའ། །ཡུམ་གྱུར་ཨུཏྤལ་བསྣམས་པའི་བཀྲ་ཤིས་ཤོག །ཅེས་བརྗོད་དོ། ། མཚན་ཡང་དག་པར་བརྗོད་པ་འདོན་པར་འདོད་ན། དེ་བཞིན་གཤེགས་པ་ཤཱཀྱ་སེང་གེ འཇམ་དཔལ་དང་གསང་ བདག་ལ་སོགས་པ་བྱང་ཆུབ་སེམས་དཔའི་འཁོར་དང་བཅས་པ་བཞུགས་པར་མོས་ལ། དེ་དག་ལ་བསྟོད་པར་བསམ་ནས། གཞོན་ནུའི་སྐུ་ལུས་སོགས་དང༌། གུར་ཀུམ་མདོག་ཅན་ཕྱག་གཉིས་པ། །ཨུཏྤལ་སྟེང་ན་རལ་གྲི་ བསྣམས། །གླེགས་བམ་འཛིན་པ་ཆོས་ཀྱི་རྗེ། །འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཞེས་ པ་སྔོ ན་དུ་འགྲོ་བའི་མཚན་ཡང་དག་པར་བརྗོད་པ་ཅི་ནུས་སུ་བརྗོད། གཞན་ཡང་འཇམ་དཔལ་གྱི་བསྟོད་པ་ཁོང་དང་འབྲེལ་བ་ ཅི་རིགས་པས་བསྟོད་ལ། གང་ཚེ་ལྟ་བར་འདོད་པའམ། །ཅུང་ཟད་དྲི་བར་འདོད་ན་ཡང༌། །མགོན་ པོ་འཇམ་དབྱངས་དེ་ཉིད་ནི། །གེགས་མེད་པར་ཡང་མཐོང་བར་ཤོག །ཕྱོགས་བཅུ་ནམ་ མཁའི་མཐས་གཏུགས་པའི། །སེམས་ཅན་ཀུན་དོན་སྒྲུབ་པའི་ཕྱིར། །ཇི་ལྟར་འཇམ་དབྱངས་ སྤྱོད་མཛད་པ། །བདག་གི་སྤྱོད་པའང་དེ་འདྲར་ཤོག །བདག་ཀྱང་འཇམ་དབྱངས་བཀའ་དྲིན་ ཀྱིས། །ས་རབ་དགའ་བ་ཐོབ་བར་དུ། །རྟགས་ཏུ་ཚེ་རབས་དྲན་པ་དང༌། །རབ་ཏུ་བྱུང་བར་ བྱེད་པར་ཤོག །བརྩེ་ལྡན་ཁྱེ ད་ཀྱི་མཁྱེ ན་པའི་འོད་ཟེར་གྱིས། །བདག་བློའི་གཏི་མུག་མུན་པ་ རབ་བསལ་ནས། །བཀའ་དང་བསྟན་བཅོས་ཇི་བཞིན་རྟོགས་པ་ཡི། །བློ་གྲོས་སྤོབས་པའི་ སྣང་བ་བསྩལ་དུ་གསོལ། །ཅེས་གསོལ་བ་དྲག་ཏུ་གདབ་བོ། ། ཤེས་རབ་སྙིང་པོའི་མདོ་བསྒྲུབ་བྱ་བར་འདོད་ན། མདུན་གྱི་ནམ་མཁར་དེ་བཞིན་གཤེགས་པ་བདུད་ འདུལ་གྱི་ཕྱག་རྒྱ་ཅན་འཁོར་ཤཱ་རིའི་བུ་དང་འཕགས་པ་སྤྱན་རས་གཟིགས་ཞུ་ལན་མཛད་པ་ གཙོ་བོར་གྱུར་པའི་ཐེག་པ་ཆེ་ཆུང་གི་དགེ་འདུན་གྱིས་བསྐོར་བར་མོས་ལ། སྟོང་ཉིད་ཀྱི་དོན་ལ་ 8-1-124 སེམས་བཞིན་དུ། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །ཞེས་སོགས་ཤེར་ཕྱིན་གྱི་བསྟོད་པ་གང་ རུང་ཞིག་སྔོ ན་དུ་འགྲོ་བའི། ཤེས་རབ་སྙིང་པོའི་མདོ་གང་ནུས་སུ་བཏོན་ལ། མཐར་སྤྲོ་ཞིང་དགོས་ན་བདེན་པ་བདར་ལ་བདུད་ བཟློ ག་བྱ། མཇུག་ཏུ། གང་གི་རྟེན་ཅིང་འབྲེལ་བར་འབྱུང་སོགས་དང༌། སྨོན་ལམ་བཀྲ་ཤིས་ཅི་རིགས་བརྗོད། དེ་རྣམས་ཐམས་ཅད་ཁྲིགས་ཆགས་སུ་བྱེད་ན། ཐོག་མར་རྩ་བའི་བླ་མའི་བསྟོད་པ་དང༌། དེ་ནས་བརྒྱུད་འདེབས་ཀྱི་རིགས་ དང༌། བླ་མ་སྤྱིར་བསྟོད་ཀྱི་རིགས་དང༌། མཚན་ཡང་དག་པར་བརྗོད་པ་དང༌། སྒྲོལ་མའི་བསྟོད་པ་དང་གཟུངས་ཀྱི་ཁྱད་པར་ རྣམས་བཏོན་ལ། མཐར་བདུད་བཟློ ག་བྱའོ། ། གལ་ཏེ་གནས་བརྟན་ཕྱག་མཆོད་བྱ་བར་འདོད་པས་ཁྲིགས་ཆགས་སུ་བྱེད་ན། གཟུངས་མདོའི་རྗེས་སུ་བྱ། འདི་ཁོ་ན་ གཙོ་བོར་བྱེད་ན། སེམས་བསྐྱེད་ཀྱི་རྗེས་ལ་བྱའོ། །ལག་མཐིལ་ལྟར་མཉམ་རིན་ཆེན་རྒྱན་གྱིས་སྤྲས། །ལྗོན་ཤིང་ཆུ་མཚོས་བརྒྱན་པའི་ས་གཞིའི་དབུས། །རིན་ཆེན་ལས་གྲུབ་གྲུ་བཞི་སྒོ་བཞི་པ། །པདྨ་ཉི་ཟླས་བརྒྱན་པའི་གདན་སྟེང་དུ། །ཐུགས་རྗེས་རྩོད་པའི་དུས་ཀྱིས་གདུལ་བྱ་རྣམས། །རྣམ་གྲོལ་ལམ་ལ་འགོད་མཛད་འགྲོ་བའི་མགོན། །ཐུབ་པ་མཆོག་དང་གནས་བརྟན་ཆེན་པོ་ རྣམས། །འཁོར་དང་བཅས་ཏེ་གནས་འདིར་གཤེགས་སུ་གསོལ། །ཕྱོགས་བཅུའི་རྒྱལ་བ་ སྲས་བཅས་ཐམས་ཅད་དང༌། །ཤེས་རབ་མེ་འབར་ཉོན་མོངས་མཚོ་སྐེམས་ཞིང༌། །རྣམ་གྲོལ་ བསོད་ནམས་ཞིང་དུ་བཀའ་སྡོད་པའི། །ཕྱོགས་བཅུའི་ཉན་ཐོས་དགེ་འདུན་བཞུགས་སུ་ འཚལ། །ཡོན་སྦྱོར་མཆོད་པའི་གནས་སུ་སྤྱན་འདྲེན་ན། །འགྲོ་བའི་དོན་ཕྱིར་མཆོད་ཀྱི་ གཤེགས་སུ་གསོལ། །འགྲོ་བའི་མགོན་པོ་ཤཱཀྱ་སེང་གེ་ཡི། །སངས་རྒྱས་བསྟན་པ་གང་གི་ ཕྱག་དུ་བཞགས། །གསུང་རབ་རིན་ཆེན་སྒྲོམ་གྱི་ཁ་འབྱེད་པའི། །ཆོས་སྐྱོང་དགྲ་བཅོམ་ཆེན་ པོ་བཞུགས་སོ་འཚལ། །དམ་ཆོས་སྤེལ་བའི་སླད་དུ་སྤྱན་འདྲེན་ན། །འགྲོ་བའི་དོན་ཕྱིར་ མཆོད་ཀྱི་གཤེགས་སུ་གསོལ། །ཐུབ་པས་བཀའ་བསྒོས་བསྟན་པའི་རྒྱལ་མཚན་འཛིན། །ཡན་ལག་འབྱུང་དང་མི་ཕམ་ནགས་ན་གནས། །དུས་ལྡན་རྡོ་རྗེ་མོ་བུ་བཟང་པོ་དང༌། 8-1-125 །གསེར་བེའུ་བྷ་ར་དྷྭ་ཛ་གསེར་ཅན་མཆོག །འཕགས་པ་བ་ཀུ་ལ་དང་སྒྲ་གཅན་འཛིན། །ལམ་ ཕྲན་བྷ་ར་དྷྭ་ཛ་བསོད་སྙོམས་ལེན། །ལམ་བརྟན་ཀླུ་སྡེ་སྦེད་བྱེད་མི་ཕྱེད་པ། །འཁོར་དང་ བཅས་པ་གནས་འདིར་གཤེགས་སུ་གསོལ། །སྤངས་དང་ཡེ་ཤེས་ཕུན་ཚོགས་སངས་རྒྱས་ ཀྱང༌། །གདུལ་བྱའི་དབང་གི་ཉན་ཐོས་ཚུལ་འཛིན་ཅིང༌། །ཁྱད་པར་ཅན་ཀྱི་ཕྲིན་ལས་ཆོས་ སྐྱོང་བའི། །གནས་བརྟན་བཅུ་དྲུག་འདིར་བྱོན་གདན་ལ་བཞུགས། །བདེ་གཤེགས་བཀའ་ ལུང་གཙོར་མཛད་བསྟན་པ་བསྲུང༌། །རང་དོན་དོར་ནས་འཁོར་བའི་ནགས་ཚལ་དུ། །གཞན་ དོན་སྒྲུབ་མཛད་གནས་བརྟན་བཅུ་དྲུག་པོ། །དམ་བཅས་ཐུགས་རྗེའི་དབང་གིས་གནས་ འདིར་གཤེགས། །དགེ་བསྙེན་སྐྱབས་གསོལ་བདེན་པའི་ཚིག་མཉན་པ། །དཀོན་མཆོག་ གསུམ་གྱི་ཞབས་འབྲིང་མཆིས་སོ་འཚལ། །བསོད་ནམས་རིན་ཆེན་གླིང་དུ་སྤྱན་འདྲེན་ན། །འགྲོ་བའི་དོན་ཕྱིར་མཆོད་ཀྱི་གཤེགས་སུ་གསོལ། །མཚུངས་མེད་ལྟ་བས་མི་ངོམས་ཤིང༌། །གསེར་གྱི་མདོག་ཅན་མཛེས་པའི་སྐུ། །ཞལ་གཅིག་ཕྱག་གཉིས་སྐྱིལ་ཀྲུང་བཞུགས། །ས་ གནོན་མཉམ་བཞག་མཛད་ཕྱག་འཚལ། །བླ་མའི་སྐུ་ཚེ་བརྟན་པ་དང༌། །བསྟན་པ་རྒྱས་པར་ བྱིན་གྱིས་རློབས། །ཐུབ་པའི་བཀའ་ལུང་གཙོར་མཛད་ཅིང༌། །ལྷ་མིའི་བསོད་ནམས་དཔལ་ ཞིང་དུ། །བཞུགས་ཤིང་དམ་པའི་ཆོས་སྐྱོང་བའི། །བདེན་ཚིག་མངའ་བ་ཁྱོ ད་ཕྱག་འཚལ། །བླ་མའི་སྐུ་ཚེ་བརྟན་པ་དང༌། །བསྟན་པ་རྒྱས་པར་བྱིན་གྱིས་རློབས། །པྲི་ཡཾ་ཀུ་ཡི་གླིང་ན་ནི། །འཕགས་པའི་གནས་བརྟན་སྒྲ་གཅན་འཛིན། །དགྲ་བཅོམ་སྟོང་དང་ཆིག་བརྒྱས་བསྐོར། །རིན་ཆེན་པྲོག་ཞུ་འཛིན་ཕྱག་འཚལ། །བླ་མའི་སྐུ་ཚེ་བརྟན་པ་དང༌། །བསྟན་པ་རྒྱས་པར་ བྱིན་གྱིས་རློབས། །བྱ་རྒོ ད་ཕུང་པོའི་རི་བོ་ལ། །འཕགས་པའི་གནས་བརྟན་ལམ་ཕྲན་བརྟན། །དགྲ་བཅོམ་སྟོང་དང་དྲུག་བརྒྱའི་བསྐོར། །ཕྱག་གཉིས་མཉམ་བཞག་མཛད་ཕྱག་འཚལ། །བླ་མའི་སྐུ་ཚེ་བརྟན་པ་དང༌། །བསྟན་པ་རྒྱས་པར་བྱིན་གྱིས་རློབས། །ཤར་གྱི་ལུས་འཕགས་ 8-1-126 གླིང་ན་ནི། །བྷ་ར་དྷྭ་ཛ་བསོད་སྙོམས་ལེན། །དགྲ་བཅོམ་སྟོང་ཕྲག་གཅིག་གིས་བསྐོར། །གླེགས་བམ་ལྷུང་བཟེད་འཛིན་ཕྱག་འཚལ། །བླ་མའི་སྐུ་ཚེ་བརྟན་པ་དང༌། །བསྟན་པ་རྒྱས་ པར་བྱིན་གྱིས་རློབས། །ལྷ་གནས་སུམ་ཅུ་རྩ་གསུམ་ན། །འཕགས་པའི་གནས་བརྟན་ལམ་ བརྟན་ནི། །དགྲ་བཅོམ་ཆེན་པོ་དགུ་བརྒྱས་བསྐོར། །གླེག་བམ་ཆོས་འཆད་མཛད་ཕྱག་ འཚལ། །བླ་མའི་སྐུ་ཚེ་བརྟན་པ་དང༌། །བསྟན་པ་རྒྱས་པར་བྱིན་གྱིས་རློབས། །རི་ཡི་རྒྱལ་པོ་ ངོས་ཡངས་ལ། །འཕགས་པའི་གནས་བརྟན་ཀླུ་ཡི་སྡེ། །དགྲ་བཅོམ་སྟོང་དང་ཉིས་བརྒྱས་ བསྐོར། །བུམ་པ་མཁར་གསིལ་འཛིན་ཕྱག་འཚལ། །བླ་མའི་སྐུ་ཚེ་བརྟན་པ་དང༌། །བསྟན་པ་ རྒྱས་པར་བྱིན་གྱིས་རློབས། །རི་ཡི་རྒྱལ་པོ་བི་ཧུ་ལར། །འཕག་པའི་གནས་བརྟན་སྦེད་བྱེད་ ནི། །དགྲ་བཅོམ་སྟོང་དང་བཞི་བརྒྱས་བསྐོར། །ཕྱག་གཉིས་གླེགས་བམ་འཛིན་ཕྱག་འཚལ། །བླ་མའི་སྐུ་ཚེ་བརྟན་པ་དང༌། །བསྟན་པ་རྒྱས་པར་བྱིན་གྱིས་རློབས། །གངས་ཅན་རི་ཡི་རྒྱལ་ པོ་ལ། །འཕགས་པའི་གནས་བརྟན་མི་ཕྱེད་པ། །དགྲ་བཅོམ་སྟོང་ཕྲག་གཅིག་གིས་བསྐོར། །བྱང་ཆུབ་མཆོད་རྟེན་འཛིན་ཕྱག་འཚལ། །བླ་མའི་སྐུ་ཚེ་བརྟན་པ་དང༌། །བསྟན་པ་རྒྱས་པར་ བྱིན་གྱིས་རློབས། །གངས་རི་ཆེན་པོ་ཏི་སེ་ལ། །འཕགས་པའི་གནས་བརྟན་ཡན་ལག་འབྱུང༌། །དགྲ་བཅོམ་སྟོང་དང་སུམ་བརྒྱས་བསྐོར། །སྤོས་ཕོར་རྔ་ཡབ་འཛིན་ཕྱག་འཚལ། །བླ་མའི་སྐུ་ ཚེ་བརྟན་པ་དང༌། །བསྟན་པ་རྒྱས་པར་བྱིན་གྱིས་རློབས། །དྲང་སྲོང་རི་ཡི་ངོགས་ནགས་ན། །འཕགས་པའི་གནས་བརྟན་མ་ཕམ་པ། །དགྲ་བཅོམ་བརྒྱ་ཕྲག་གཅིག་གིས་བསྐོར། །ཕྱག་ གཉིས་མཉམ་བཞག་མཛད་ཕྱག་འཚལ། །བླ་མའི་སྐུ་ཚེ་བརྟན་པ་དང༌། །བསྟན་པ་རྒྱས་པར་ བྱིན་གྱིས་རློབས། །ལོ་མ་བདུན་པའི་རི་ཕུག་ན། །འཕགས་པའི་གནས་བརྟན་ནགས་ན་ གནས། །དགྲ་བཅོམ་སྟོང་དང་བཞི་བརྒྱས་བསྐོར། །སྡིགས་མཛུབ་རྔ་ཡབ་འཛིན་ཕྱག་འཚལ། །བླ་མའི་སྐུ་ཚེ་བརྟན་པ་དང༌། །བསྟན་པ་རྒྱས་པར་བྱིན་གྱིས་རློབས། །འཛམ་བུ་གླིང་གི་ 8-1-127 ཟངས་གླིང་ན། །འཕགས་པའི་གནས་བརྟན་དུས་ལྡན་ནི། །དགྲ་བཅོམ་སྟོང་དང་ཆིག་བརྒྱས་ བསྐོར། །གསེར་གྱི་རྣ་སྐོར་འཛིན་ཕྱག་འཚལ། །བླ་མའི་སྐུ་ཚེ་བརྟན་པ་དང༌། །བསྟན་པ་རྒྱས་ པར་བྱིན་གྱིས་རློབས། །སིང་ག་ལ་ཡི་གླིང་ན་ནི། །གནས་བརྟན་རྡོ་རྗེ་མོ་ཡི་བུ། །དགྲ་བཅོམ་ སྟོང་ཕྲག་གཅིག་གིས་བསྐོར། །སྡིགས་མཛུབ་རྔ་ཡབ་འཛིན་ཕྱག་འཚལ། །བླ་མའི་སྐུ་ཚེ་ བརྟན་པ་དང༌། །བསྟན་པ་རྒྱས་པར་བྱིན་གྱིས་རློབས། །ཆུ་བོ་ཡ་མུ་ན་གླིང་ན། །འཕགས་པའི་ གནས་བརྟན་བཟང་པོ་ནི། །དགྲ་བཅོམ་སྟོང་དང་ཉིས་བརྒྱས་བསྐོར། །ཆོས་འཆད་མཉམ་ གཞག་མཛད་ཕྱག་འཚལ། །བླ་མའི་སྐུ་ཚེ་བརྟན་པ་དང༌། །བསྟན་པ་རྒྱས་པར་བྱིན་གྱིས་ རློབས། །གནས་མཆོག་ཁ་ཆེའི་ཡུལ་ན་ནི། །འཕགས་པའི་གནས་བརྟན་གསེར་བེའུ། །དགྲ་ བཅོམ་ཆེན་པོ་ལྔ་བརྒྱས་བསྐོར། །རིན་ཆེན་ཞགས་པ་འཛིན་ཕྱག་འཚལ། །བླ་མའི་སྐུ་ཚེ་ བརྟན་པ་དང༌། །བསྟན་པ་རྒྱས་པར་བྱིན་གྱིས་རློབས། །ནུབ་ཀྱི་བ་ལང་སྤྱོད་ན་ནི། །བྷ་ར་དྷྭ་ ཛ་གསེར་ཅན་མཆོག །དགྲ་བཅོམ་ཆེན་པོ་བདུན་བརྒྱས་བསྐོར། །ཕྱག་གཉིས་མཉམ་བཞག་ མཛད་ཕྱག་འཚལ། །བླ་མའི་སྐུ་ཚེ་བརྟན་པ་དང༌། །བསྟན་པ་རྒྱས་པར་བྱིན་གྱིས་རློབས། །བྱང་གི་སྒྲ་མི་སྙན་ན་ནི། །འཕགས་པ་གནས་བརྟན་བ་ཀུ་ལ། །དགྲ་བཅོམ་ཆེན་པོ་དགུ་ བརྒྱས་བསྐོར། །ཕྱག་གཉིས་ནེའུ་ལེ་འཛིན་ཕྱག་འཚལ། །བླ་མའི་སྐུ་ཚེ་བརྟན་པ་དང༌། །བསྟན་པ་རྒྱས་པར་བྱིན་གྱིས་རློབས། །འཕགས་པའི་དགེ་བསྙེན་ངྷརྨཱ་ཏ། །རལ་བའི་ཐོད་ བཅིང་གླེགས་བམ་ཁུར། །སྣང་བ་མཐའ་ཡས་མདུན་ན་བཞུགས། །རྔ་ཡབ་བུམ་པ་འཛིན་ ཕྱག་འཚལ། །བླ་མའི་སྐུ་ཚེ་བརྟན་པ་དང༌། །བསྟན་པ་རྒྱས་པར་བྱིན་གྱིས་རློབས། །བརྩོན་ པའི་གོ་བསྒོས་མཐུ་སྟོབས་ལྡན། །སངས་རྒྱས་བསྟན་པ་ལེགས་སྐྱོང་བ། །ཤར་ལྷོ ་ནུབ་བྱང་ ཕྱོགས་བཞི་ཡི། །རྒྱལ་ཆེན་བཞི་ལ་ཕྱག་འཚལ་ལོ། །བླ་མའི་སྐུ་ཚེ་བརྟན་པ་དང༌། །བསྟན་པ་ རྒྱས་པར་བྱིན་གྱིས་རློབས། །རེ་རེའི་མཐར་བསྟན་པ་རྒྱས་པར་བྱིན་གྱིས་རློབས། །ཞེས་སྦྱར་རོ། 8-1-128 །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་ རྒྱས་ཤཱཀྱ་ཐུབ་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་ མཆིའོ། །བྱིན་གྱིས་བརླབ་དུ་གསོལ། །སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་དམ་པའི་ ཆོས་སྐྱོང་ཞིང་ལྷ་མི་ཀུན་གྱི་བསོད་ནམས་བསགས་པའི་དཔལ་གྱི་ཞིང་དུ། དེ་བཞིན་ གཤེགས་པ་ཤཱཀྱ་ཐུབ་པས་བཀའ་བསྒོས་ཏེ། མྱ་ངན་ལས་མི་འདའ་བར་འཇིག་རྟེན་ན་མངོན་ སུམ་དུ་བཞུགས་ཤིང༌། བཀའ་ལུང་གི་རྗེས་སུ་སྒྲུབ་པ་འཕགས་པའི་ཚིག་ངེས་པའི་ཞལ་གྱིས་ བཞེས་པ། གང་རི་ཆེན་པོ་ཏི་སེ་ལ་འཕགས་པའི་གནས་བརྟན་ཆེན་པོ་ཡན་ལག་འབྱུང་ འཁོར་དགྲ་བཅོམ་པ་སྟོང་སུམ་བརྒྱས་བསྐོར་ཏེ་བཞུགས་པའི་ཞབས་ལ་དུས་ཐམས་ཅད་དུ་ ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། དེ་བཞིན་དུ་སྦྱར་ཏེ། དྲང་སྲོང་རིའི་ངོགས་ནགས་ན་འཕགས་པའི་གནས་བརྟན་ཆེན་པོ་མི་ཕམ་པ་འཁོར་དགྲ་ བཅོམ་པ་བརྒྱ་ཕྲག་གཅིག་གིས་བསྐོར་ཏེ་བཞུགས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་ འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། རི་ནགས་ཀྱི་ངོགས་ལོ་ མ་བདུན་པ་ཞེས་བྱ་བའི་རི་ཕུག་ན་འཕགས་པའི་གནས་བརྟན་ཆེན་པོ་ནགས་ན་གནས་ འཁོར་དགྲ་བཅོམ་པ་སྟོང་བཞི་བརྒྱས་བསྐོར་ཏེ་བཞུགས་པའི་ཞབས་ལ་དུས་ཐམས་ཅད་དུ་ ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། ཟངས་གླིང་ན་ འཕགས་པའི་གནས་བརྟན་ཆེན་པོ་དུས་ལྡན་འཁོར་དགྲ་བཅོམ་པ་སྟོང་ཆིག་བརྒྱས་བསྐོར་ ཏེ་བཞུགས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། སིང་ག་ལའི་གླིང་ན་འཕགས་པའི་གནས་བརྟན་ཆེན་པོ་རྡོ་རྗེ་ མོའི་བུ་འཁོར་དགྲ་བཅོམ་པ་སྟོང་གིས་བསྐོར་ཏེ་བཞུགས་པའི་ཞབས་ལ་དུས་ཐམས་ཅད་དུ་ ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། ཆུ་བོ་ཡ་མུ་ནའི་ 8-1-129 གླིང་ན་འཕགས་པའི་གནས་བརྟན་ཆེན་པོ་བཟང་པོ་འཁོར་དགྲ་བཅོམ་པ་སྟོང་ཉིས་བརྒྱས་ བསྐོར་ཏེ་བཞུགས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་ མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། ཁ་ཆེའི་ཡུལ་ན་འཕགས་པའི་གནས་བརྟན་ཆེན་པོ་ གསེར་བེའུ་འཁོར་དགྲ་བཅོམ་པ་ལྔ་བརྒྱས་བསྐོར་ཏེ་བཞུགས་པའི་ཞབས་ལ་དུས་ཐམས་ ཅད་དུ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། ནུབ་ཀྱི་ བ་ལང་སྤྱོད་ན་འཕགས་པའི་གནས་བརྟན་ཆེན་པོ་བྷ་ར་དྷྭ་ཛ་གསེར་ཅན་འཁོར་དགྲ་བཅོམ་ པ་བདུན་བརྒྱས་བསྐོར་ཏེ་བཞུགས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། བྱང་གི་སྒྲ་མི་སྙན་ན་འཕགས་ པའི་གནས་བརྟན་ཆེན་པོ་བ་ཀུ་ལ་འཁོར་དགྲ་བཅོམ་པ་དགུ་བརྒྱས་བསྐོར་ཏེ་ཞུགས་པའི་ ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ ཏུ་གསོལ། པྲི་ཡང་ཀུ་ཡི་གླིང་ན་འཕགས་པའི་གནས་བརྟན་ཆེན་པོ་སྒྲ་གཅན་འཛིན་འཁོར་ དགྲ་བཅོམ་པ་སྟོང་ཆིག་བརྒྱས་བསྐོར་ཏེ་བཞུགས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་ འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། བྱ་རྒོ ད་ཕུང་པོའི་རི་ལ་ འཕགས་པའི་གནས་བརྟན་ཆེན་པོ་ལམ་ཕྲན་བརྟན་འཁོར་དགྲ་བཅོམ་པ་སྟོང་དྲུག་བརྒྱས་ བསྐོར་ཏེ་བཞུགས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་ མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། ཤར་ཀྱི་ལུས་འཕགས་གླིང་ན་འཕགས་པའི་གནས་ བརྟན་ཆེན་པོ་བྷ་ར་དྷྭ་ཛ་བསོད་སྙོམས་ལེན་འཁོར་དགྲ་བཅོམ་པ་སྟོང་གིས་བསྐོར་ཏེ་ བཞུགས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། ལྷའི་གནས་སུམ་ཅུ་རྩ་གསུམ་ན་འཕགས་པའི་གནས་བརྟན་ ཆེན་པོ་ལམ་བརྟན་འཁོར་དགྲ་བཅོམ་པ་དགུ་བརྒྱས་བསྐོར་ཏེ་བཞུགས་པའི་ཞབས་ལ་དུས་ 8-1-130 ཐམས་ཅད་དུ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། རིའི་རྒྱལ་པོ་ངོས་ཡངས་ལ་འཕགས་པའི་གནས་བརྟན་ཆེན་པོ་ཀླུའི་སྡེ་འཁོར་དགྲ་བཅོམ་པ་ སྟོང་ཉིས་བརྒྱས་བསྐོར་ཏེ་བཞུགས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། རིའི་རྒྱལ་པོ་བི་ཧུ་ལ་འཕགས་ པའི་གནས་བརྟན་ཆེན་པོ་སྦེད་བྱེད་པ་འཁོར་དགྲ་བཅོམ་པ་སྟོང་བཞི་བརྒྱས་བསྐོར་ཏེ་ བཞུགས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། གངས་ཅན་རིའི་རྒྱལ་པོ་ལ་འཕགས་པའི་གནས་བརྟན་ཆེན་པོ་ མི་ཕྱེད་པ་འཁོར་དགྲ་བཅོམ་པ་སྟོང་གིས་བསྐོར་ཏེ་བཞུགས་པའི་ཞབས་ལ་དུས་ཐམས་ཅད་ དུ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། འཕགས་པའི་ དགེ་བསྙེན་ཆེན་པོ་ངྷརྨཱ་ཏ་ལ་འཁོར་དགེ་བསྙེན་གྱི་ཚོགས་དཔག་ཏུ་མེད་པས་བསྐོར་ཏེ་ བཞུགས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ། དེ་ནས། ༀ་མུ་ནི་མུ་ནི་མཧཱ་མུ་ན་ཡེ་སྭཱཧཱ། ཞེས་ ལན་མང་དུ་བཟླས། སངས་རྒྱས་སྤྲུལ་པ་དགྲ་བཅོམ་འཕགས་པའི་ཚོགས། །འགྲོ་བའི་དོན་དུ་ བསྟན་པ་སྐྱོང་མཛད་པ། །དཀོན་མཆོག་གསུམ་དངོས་གནས་བརྟན་བཅུ་དྲུག་གིས། །བསྟན་ པ་ཡུན་རིང་གནས་པར་བྱིན་གྱིས་རློབས། །ཐུགས་རྗེའི་བདག་ཉིད་གནས་བརྟན་བཅུ་དྲུག་གི །འཁོར་ཚོགས་སྲིད་མཚོ་ལས་བརྒལ་ཉོན་མོངས་མེད། །ཁྲི་དང་དྲུག་སྟོང་བཞི་བརྒྱའི་ཚོགས་ རྣམས་ཀྱིས། །བསྟན་པ་ཡུན་རིང་གནས་པར་བྱིན་གྱིས་རློབས། །སེམས་ཅན་ཀུན་གྱི་གསོས་ གྱུར་དགྲ་བཅོམ་པ། །རིག་དང་ཞབས་ལྡན་སྐྱེ་དགུའི་སྦྱིན་གནས་ཆེ། །འཕགས་པའི་གང་ ཟག་ཆེན་པོ་ཁྱེ ད་རྣམས་ཀྱིས། །བསྟན་པ་ཡུན་རིང་གནས་པར་བྱིན་གྱིས་རློབས། །བདག་གི་ དགེ་བའི་རྩ་བ་འདི་ཡི་མཐུས། །ཕན་བདེའི་འབྱུང་གནས་བསྟན་པ་འཕེལ་གྱུར་ཅིག །སྡུག་ 8-1-131 བསྔལ་ཀུན་འབྱུང་མ་ལུས་རབ་སྤངས་ནས། །སྲིད་པའི་རྒྱ་མཚོ་མྱུར་དུ་སྐེམ་པར་ཤོག །བསོད་ནམས་རྒྱ་མཚོ་ཡོངས་སུ་རྫོགས་གྱུར་ཅིག །ཡེ་ཤེས་རྒྱ་མཚོ་རྣམ་པར་དག་གྱུར་ཅིག །ཡོན་ཏན་རྒྱ་མཚོ་མ་ལུས་ཀུན་རྫོགས་ནས། །འཇིག་རྟེན་ཀུན་ལས་ཁྱད་པར་འཕགས་པར་ ཤོག །ཚོགས་གཉིས་མཐར་ཕྱིན་དུས་གསུམ་རྒྱལ་བ་ཡི། །ཕྲིན་ལས་སྒྲུབ་ཅིང་ཡོན་ཏན་རྣམ་ དབྱེར་མེད། །སྐལ་བ་མཉམ་པའི་གདུལ་བྱ་སྨིན་མཛད་པའི། །མཉམ་མེད་བླ་མ་མཆོག་གི་ བཀྲ་ཤིས་ཤོག །དུས་གསུམ་རྒྱལ་བ་རྒྱལ་སྲས་ཐུགས་རྗེ་ཡིས། །ཉན་ཐོས་ཚུལ་བཟུང་སྲིད་ པ་ཇི་སྲིད་བར། །བསྟན་པ་སྐྱོང་ཞིང་འགྲོ་བའི་དོན་མཛད་པའི། །གནས་བརྟན་ཆེན་པོ་རྣམས་ ཀྱི་བཀྲ་ཤིས་ཤོག །གཞན་ཡང་ཚེ་དཔག་མེད་ཀྱིས་གཟུངས་མདོ་དང༌། འོད་ཟེར་ཅན་གྱི་གཟུངས་མདོ་སོགས་འདོན་ པར་འདོད་པས་ཀྱང༌། སོ་སོའི་བསྟོད་པ་སྔོ ན་དུ་འགྲོ་བས་འདོན་པར་བྱའོ། །གལ་ཏེ་ཉིན་ཞག་གཅིག་ལ་ཐུན་མང་དུ་བྱེད་ན། ཐུན་དང་པོ་ལ་བསྟོད་པའི་ཕྱག་འཚལ་དོར་བའི་ཡན་ལག་བདུན་པ་དང༌། ཐུན་བར་བ་རྣམས་ལ་བཟང་སྤྱོད་དང་གུར་ནས་འབྱུང་ བའི་རྒྱུན་བཤགས་བྱ། ཐུན་ཐ་མ་གོང་དུ་བཤད་པ་ལྟར་གྱི་ཡན་ལག་བདུན་པ་འབྲིང་པོ་དེ་བྱའོ། །ཐུན་གཉིས་སོགས་ལའང་དེའི་ རིགས་སྒྲེའོ། །ཚོགས་པས་གཏོར་མ་གཏོང་བར་འདོད་པས་ཀྱང་ཡན་ལག་བདུན་པ་དང༌། སེམས་བསྐྱེད་སྔོ ན་དུ་སོང་ནས་ གཏོར་མ་བཏང་སྟེ། མཇུག་ཏུ་སྨོན་ལམ་དང་བཀྲ་ཤིས་ཅི་རིགས་སུ་བརྗོད་དོ། ། ཁ་ཟས་ཀྱི་བྱ་བ་ལ་འཇུག་པའི་སྔོ ན་རོལ་དུ་དཀོན་མཆོག་གསུམ་རྗེས་སུ་དྲན་པའི་མདོ་འདོན་ཏེ། དེ་ཡང༌། འདི་ལྟར་ བཅོམ་ལྡན་འདས། དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེ ན་པ། སྐྱེས་བུ་འདུལ་བའི་ཁ་ལོ་བསྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་ རྒྱས་བཅོམ་ལྡན་འདས་སོ། །དེ་བཞིན་གཤེགས་པ་དེ་ནི་བསོད་ནམས་དག་གི་རྒྱུ་མཐུན་པ། དགེ་བའི་རྩ་བ་རྣམས་ཆུད་མི་ཟ་བ། བཟོད་པས་བརྒྱན་པ། བསོད་ནམས་ཀྱི་གཏེར་རྣམས་ ཀྱི་གཞི། དཔེ་བྱད་བཟང་པོ་རྣམས་ཀྱིས་སྤྲས་པ། མཚན་རྣམས་ཀྱིས་མེ་ཏོག་རྒྱས་པ། སྤྱོད་ 8-1-132 ཡུལ་རན་པར་མཐུན་པ། མཐོང་ན་མི་མཐུན་པ་མེད་པ། དད་པས་མོས་པ་རྣམས་ལ་མངོན་ པར་དགའ་བ། ཤེས་རབ་ཟིལ་གྱིས་མི་ནོན་པ། སྟོབས་རྣམས་ལ་བརྫི་བ་མེད་པ། སེམས་ ཅན་ཐམས་ཅད་ཀྱི་སྟོན་པ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡབ། འཕགས་པའི་གང་ ཟག་རྣམས་ཀྱི་རྒྱལ་པོ། མྱ་ངན་ལས་འདས་པའི་གྲོང་ཁྱེ ར་དུ་འགྲོ་བ་རྣམས་ཀྱི་དེད་དཔོན། ཡེ་ཤེས་དཔག་ཏུ་མེད་པ། སྤོབས་པ་བསམ་གྱིས་མི་ཁྱབ་པ། གསུང་རྣམ་པར་དག་པ། དབྱངས་སྙན་པ། སྐུ་བྱད་བལྟ་བས་ཆོག་མི་ཤེས་པ། སྐུ་མཚུངས་པ་མེད་པ། འདོད་པ་དག་ གིས་མ་གོས་པ། གཟུགས་དག་གིས་ཉེ་བར་མ་གོས་པ། གཟུགས་མེད་པ་དག་དང་མ་ འདྲེས་པ། སྡུག་བསྔལ་དག་ལས་རྣམ་པར་གྲོལ་བ། ཕུང་བོ་དག་ལས་རབ་ཏུ་རྣམ་པར་གྲོལ་ བ། ཁམས་རྣམས་དང་མི་ལྡན་པ། སྐྱེ་མཆེད་རྣམས་བསྡམས་པ། མདུད་པ་རྣམས་ཤིན་ཏུ་ བཅད་པ། ཡོངས་སུ་གདུང་བ་དག་ལས་རྣམ་པར་གྲོལ་བ། སྲིད་པ་ལས་གྲོལ་བ། ཆུ་བོ་ ལས་བརྒལ་བ། ཡེ་ཤེས་ཡོངས་སུ་རྫོགས་པ། འདས་པ་དང་མ་བྱོན་པ་དང༌། ད་ལྟར་བྱུང་ བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡེ་ཤེས་ལ་གནས་པ། མྱ་ངན་ལས་འདས་པ་ ལ་མི་གནས་པ། ཡང་དག་པ་ཉིད་ཀྱི་མཐའ་ལ་གནས་པ། སེམས་ཅད་ཐམས་ཅད་ལ་ གཟིགས་པའི་ས་ལ་བཞུགས་པ་སྟེ། འདི་དག་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་ཆེ་ བའི་ཡོན་ཏན་ཡང་དག་པ་རྣམས་སོ། །དམ་པའི་ཆོས་ནི་ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ། བཅོམ་ལྡན་འདས་ཀྱིས་ཆོས་ལེགས་པར་གསུངས་ པ། ཡང་དག་པར་མཐོང་བ། ནད་མེད་པ། དུས་ཆད་པ་མེད་པ། ཉེ་བར་གཏོད་པ། འདི་ མཐོང་བ་ལ་དོན་ཡོད་པ། མཁས་པ་རྣམས་ཀྱིས་སོ་སོར་རང་གིས་རིག་པར་བྱ་བ། བཅོམ་ ལྡན་འདས་ཀྱིས་གསུངས་པའི་ཆོས་འདུལ་བ་ལ་ལེགས་པར་སྟོན་པ། ངེས་པར་འབྱུང་བ། 8-1-133 རྫོགས་པའི་བྱང་ཆུབ་ཏུ་འགྲོ་བར་བྱེད་པ། མི་མཐུན་པ་མེད་ཅིང༌། འདུས་པ་དང་ལྡན་པ། རྟེན་པ་ཡོད་པ་རྒྱུ་བ་བཅད་པའོ། །ཐེག་པ་ཆེན་པོའི་དགེ་འདུན་ནི། ལེགས་པར་ཞུགས་པ། རིག་པར་ཞུགས་པ། དྲང་པོར་ཞུགས་པ། མཐུན་པར་ཞུགས་པ། ཐལ་མོ་སྦྱར་བའི་འོས་སུ་ གྱུར་པ། ཕྱག་བྱ་བའི་འོས་སུ་གྱུར་པ། བསོད་ནམས་ཀྱི་དཔལ་གྱི་ཞིང༌། ཡོན་ཡོངས་སུ་ སྦྱོང་བ་ཆེན་པོ། སྦྱིན་པའི་གནས་སུ་གྱུར་པ། ཀུན་ཏུ་ཡང་སྦྱིན་པའི་གནས་སུ་གྱུར་པ་ཆེན་ པོའ།ོ །ཞེས་སོ། །སངས་རྒྱས་ཡོན་ཏན་བསམ་མི་ཁྱབ། །ཆོས་ཀྱི་ཡོན་ཏན་བསམ་མི་ཁྱབ། །དགེ་ འདུན་ཡོན་ཏན་བསམ་མི་ཁྱབ། །བསམ་མི་ཁྱབ་ལ་དད་བྱས་པའི། །རྣམ་པར་སྨིན་པའང་ བསམ་མི་ཁྱབ། །རྣམ་དག་ཞིང་དུ་སྐྱེ་བར་ཤོག །ཅེས་བརྗོད་ལ། ༀ་ཨཱཿགུ་རུ་བུདྡྷ་བོ་ངྷི་སཏྭ་བཛྲ་ ནཻ་ཝི་ཏྱ་ཧཱུྃ། ༀ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ། ཨ་དྱ་ནུཏྤནྣཱ་ཏྭཱད། ༀ་ཨཱཿཧཱུྃ་ཕཊ་སྭཱཧཱ། ཞེས་པའི་ ཟས་ཕུད་ཕུལ། ༀ་ཧ་རི་ཏྱཻ་སྭཱཧཱ། ༀ་ཧ་རི་ཏེ་མཧཱ་ཡཀྵ་ནི་ཧ་ར་ཧ་ར་སརྦ་པཱ་པཾ་ནི་ཀྵ່་སྭཱཧཱ། ༀ་ཨ་ དྲ་པཎྜི་ཨ་ཤི་བྷྱཿསྭཱཧཱ། ཞེས་པས་ཆངས་བུ་བྱིན་ནས། དྲན་པ་མཉམ་པར་བཞག་པས་བཟའོ། །ཟོས་ཟིན་པ་ན། ༀ་ ཨུ་ཙིཊྚ་པཎྜི་ཨ་ཤི་བྷྱཿསྭཱཧཱ། ཞེས་པའི་ལྷག་མའི་ཆངས་བུ་བྱིན་ཞིང༌། ཁ་བཀྲུས་ནས། ན་མཿས་མནྟ་པྲ་བྷ་ རཱ་ཛཱ་ཡ། ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ་ས་མྱཀྶཾ་བུདྷ་ཡ། ཏདྱ་ཐཱ། ན་མོ་མཉྫུ་ཤྲི་ཡེ་ཀུ་མཱ་ར་བྷུ་ཏྭཱ་ཡ། བོ་ངྷི་ས་ཏྭཱ་ཡ། མ་ཧཱ་ས་ཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ༀ་ནི་རཱ་ལཾ་བྷེ ་ནི་རཱ་བྷ་སེ། ཛ་ ཡེ་ཛ་ཡ་ལབྡྷེ། མ་ཧཱ་མ་ཏེ། དཀྵེ་དཀྴེ་ཎི་མེ་པ་རི་ཤོ་ངྷ་ཡ་སྭཱཧཱ། གང་གི་བདག་ལ་ཁ་ཟས་ བྱིན་པ་དེ་དག་ཐམས་ཅད་ཉེ་བར་ཞི་བའི་བདེ་བ་ཐོབ་པར་གྱུར་ཅིག གང་གི་བདག་ལ་སྐོམ་ བླུད་པ་དེ་དག་དང༌། གང་གིས་བདག་ལ་རིམ་གྲོ་བྱས་པ་དང༌། བཀུར་སྟི་བྱས་པ་དང༌། བསྟི་སྟང་བྱས་པ་དང༌། མཆོད་པ་བྱས་པ་དེ་དག་ཐམས་ཅད་ཀྱང་ཉེ་བར་ཞི་བའི་བདེ་བ་ཐོབ་ པར་གྱུར་ཅིགགང་དག་བདག་ལ་མི་བདེ་བར་བྱེད་པ་དང༌། བརྡེག་པ་དང༌། མཚོན་ཀྱིས་ འདེབས་པ་དང༌། རྣམ་པ་ཐམས་ཅད་དུ་སྲོག་གཅོད་པའི་བར་དུ་བྱེད་པ་དེ་དག་ཐམས་ཅད་ 8-1-134 ཀྱང་བྱང་ཆུབ་ཀྱི་བདེ་བ་ཐོབ་ཅིང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ཅིགསྦྱིན་པ་རྒྱ་ཆེན་གྱུར་པ་འདི་ཡིས་ནི། །འགྲོ་ བའི་ནང་དུ་རང་བྱུང་སངས་རྒྱས་ཤོག །སྔོ ན་གྱི་རྒྱལ་བ་རྣམས་ཀྱིས་མ་བསྒྲལ་བའི། །སྐྱེ་བོ་ སྲིད་པའི་མཚོ་ལས་སྒྲོལ་བར་ཤོག །ཀླུ་རྒྱལ་དགའ་བོ་ཉེ་དགའ་བོ། །གཞན་ཡང་གྲོང་ཁྱེ ར་ གནས་པ་དག །ཚེ་རིང་ནད་མེད་ཕུན་སུམ་ཚོགས། །རྟག་ཏུ་བདེ་དང་ལྡན་གྱུར་ཅིག །གང་གི་ སྦྱིན་པ་གང་ལ་བྱིན། །སྦྱིན་པ་ཇི་ལྟར་མི་དམིགས་པ། །སྦྱིན་པ་མཉམ་པ་དེ་ཉིད་ཀྱིས། །སྦྱིན་ བདག་དེ་ལ་ཡོངས་རྫོགས་ཤོག །སྦྱིན་པས་འབྱུང་པོ་དབང་དུ་འགྱུར། །སྦྱིན་པས་དགྲ་རྣམས་ མེད་པར་གྱུར། །ཕ་རོལ་གཉེན་ཡང་སྦྱིན་པ་ཉིད། །དེ་ཕྱིར་སྦྱིན་པ་གཙོ་བོར་བརྗོད། །སྦྱིན་པ་ འཇིག་རྟེན་རྒྱན་ཡིན་ཏེ། །སྦྱིན་པས་ངན་འགྲོ་ལྡོ ག་པར་བྱེད། །སྦྱིན་པ་མཐོ་རིས་སྐས་ཡིན་ ཏེ། །སྦྱིན་པ་ཞི་བྱེད་དགེ་བའོ། །བྱང་ཆུབ་སེམས་དཔའི་ལོངས་སྤྱོད་རྣམས། །མི་ཟད་ནམ་ མཁའ་ལྟ་བུ་གང༌། །ལོངས་སྤྱོད་དེ་ནི་ཐོབ་བྱའི་ཕྱིར། །སྦྱིན་པ་དེ་ནི་ཡང་དག་སྤེལ། །བརྩམས་ པར་བྱ་ཞིང་འབྱུང་བར་བྱ། །སངས་རྒྱས་བསྟན་ལ་འཇུག་པར་བྱ། །འདམ་བུའི་ཁྱི མ་ལ་གླང་ ཆེན་བཞིན། །འཆི་བདག་སྡེ་ནི་གཞོམ་པར་བྱ། །གང་ཞིག་རབ་ཏུ་བག་ཡོད་པར། །ཆོས་ འདུལ་འདི་ལ་སྤྱོད་གྱུར་པ། །སྐྱེ་བའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་ཐ་མར་བྱེད་ པར་འགྱུར། །དེ་ནས་བཀྲ་ཤིས་ཀྱི་ཚིགས་བཅད་གང་རུང་ཞིག་བརྗོད་ནས། མདོ་འདོན་པ་སོགས་བྱའོ། །ཐུན་རྣམས་ཀྱི་ མཇུག་ཏུ། དགེ་བ་བསྔོ ་ཞིང་བཀྲ་ཤིས་ཀྱི་ཚིགས་བཅད་བརྗོད་པར་བྱ་སྟེ། དེ་ཡང་འདི་ལྟར། འགྲོ་ཀུན་དགེ་རྩ་ཇི་ སྙེད་ཡོད་པ་དང༌། །བྱས་དང་བྱེད་འགྱུར་དེ་བཞིན་བྱེད་པ་དང༌། །བཟང་པོ་ཇི་བཞིན་དེ་འདྲའི་ ས་དག་ལ། །ཀུན་ཀྱང་ཀུན་ནས་བཟང་པོར་རེད་གྱུར་ཅིག །འཇིག་རྟེན་ཐམས་ཅད་མ་ལུས་ སེམས་ཅན་རྣམས། །ཇི་སྙེད་རྒྱལ་བ་ཀུན་གྱིས་ཐུགས་ཆུད་པ། །ཀུན་ཀྱང་མཁས་པ་ཀུན་ གྱིས་བསྔགས་པ་ཡི། །ཀུན་ཏུ་བཟང་པོ་དེ་བཞིན་འགྱུར་བར་ཤོག །ཕྱོགས་རྣམས་མ་ལུས་ 8-1-135 ཀུན་ཏུ་ཅི་བྱས་པ། །སྐྱེས་བུ་དམ་པ་དེ་ལྟར་ཡོངས་སུ་བསྔོ ། །རྡོ་རྗེའི་རྒྱལ་མཚན་རྒྱལ་བས་ གང་གསུངས་པ། །ཡོངས་བསྔོ ་དམ་པ་མཆོག་དང་ཕུལ་ཡང་ཡིན། །དེ་བཞིན་ཞིང་རྣམས་ ཐམས་ཅད་མ་ལུས་པར། །རྒྱུ་བཞིན་ཀུན་ཀྱང་ཁོང་དུ་ཆུད་བྱས་ཏེ། །སེམས་ཅན་ཇི་སྙེད་ ཐམས་ཅད་མ་ལུས་པར། །དེ་དག་ཀུན་ཀྱང་ཀུན་ཏུ་བཟང་གྱུར་ཅིག །སྦྱིན་པས་ཡོངས་བསྔོ ་ ཇི་བཞིན་རེད་གྱུར་ཅིག །ཚུལ་ཁྲིམས་གྱིས་ཀྱང་བསྔོ ས་བཞིན་རེད་གྱུར་ཅིག །བརྩོན་འགྲུས་ སྟོབས་ཀྱིས་བསྐལ་པར་མི་ལྡོ ག་ཅིང༌། །བཟོད་པས་འཁྲུག་པ་མེད་པའི་ཡིད་གྱུར་ཅིག །བསམ་གཏན་གྱིས་ཀྱང་རྩེ་གཅིག་ཡིད་ལྡན་ཞིང༌། །ཏིང་འཛིན་ཀུན་གྱི་སྤྱོད་ཡུལ་ཤེས་གྱུར་ ཅིག །ཤེས་རབ་དུས་རྣམས་གསུམ་པོ་ཐམས་ཅད་དུ། །འཇིག་རྟེན་དག་ཏུ་མཐར་དམིགས་ མེད་གྱུར་ཅིག །ལུས་དང་ངག་དང་ཡིད་རྣམས་ཐམས་ཅད་ཀྱང༌། །རྣམ་པ་ཀུན་ཏུ་རྣམ་དག་ མཁས་གྱུར་ཅིག །སྤྱོད་པ་དེ་དག་ཐམས་ཅད་མ་ལུས་པར། །ཀུན་ཀྱང་ཀུན་ཏུ་བཟང་པོ་རེད་ གྱུར་ཅིག །ཇི་ལྟར་ཆོས་དབྱིངས་རློམ་པའི་སེམས་མེད་ཅིང༌། །དེ་ལ་སྤྲོས་དང་ཆགས་པ་མེད་ པ་ལྟར། །མྱ་ངན་འདའ་དང་སྒྲིབ་པ་མེད་པ་དང༌། །དེ་བཞིན་སེམས་ལ་རློམ་སེམས་མེད་གྱུར་ ཅིག །ཆེས་མཁས་ཡོངས་སུ་བསྔོ ་བ་གང་བརྗོད་པ། །དེ་ནི་རྒྱལ་བས་གསུངས་པའི་བསྔོ ་བ་ སྟེ། །མཁས་པས་སྤྱོད་པ་ཅི་ནས་འགྲུབ་འགྱུར་བར། །དགེ་བ་དེ་ཡང་དེ་ཡིས་ཡོངས་སུ་བསྔོ ། །རྒྱལ་བའི་སྲས་ཀྱིས་འདི་ལ་བསླབས་པ་སྟེ། །ཇི་སྙེད་གང་ཡོད་ཐམས་ཅད་མ་ལུས་པར། །མཁས་རྣམས་ཀུན་ཀྱང་ཡོངས་སུ་བསྡུ་བྱས་ཏེ། །ཅི་ནས་བདེ་གཤེགས་སྟོབས་ལ་འཇུག་ པར་བསྔོ ། །ཞེས་རྡོ་རྗེ་རྒྱལ་མཚན་གྱི་བསྔོ ་བའི་སྙིང་པོ་དང༌། གཞན་ཡང་སྨོན་ལམ་མང་དུ་བཏབ། འཇིག་རྟེན་འདི་ འམ་གཞན་དག་མཐོ་རིས་ན། །རིན་ཆེན་རྨད་བྱུང་རྒྱ་ཆེན་མཆོག་ཡོད་པ། །དེས་ནི་རྫོགས་ པའི་སངས་རྒྱས་རིན་ཆེན་ལ། །ཅིས་ཀྱང་གྲངས་དང་བགྲང་དང་ཆར་མི་ཕོད། །ངོ་མཚར་ ཤིན་ཏུ་རྨད་བྱུང་དཔག་མེད་དེ། །རྫོགས་པའི་སངས་རྒྱས་རིན་ཆེན་འཇིག་རྟེན་མཆོག །ཇི་ 8-1-136 ལྟར་ངའི་འདི་དེ་བཞིན་བདེན་མཆོག་ན། །བདེན་པ་འདིས་ནི་ཤིན་ཏུ་བདེ་ལེགས་ཤོག །ཞི་ འགོག་བདུད་རྩི་ཤིན་ཏུ་གྱ་ནོམ་གང༌། །ཤཱཀྱ་ཐུབ་པའི་མཉམ་བཞག་ཐུགས་ཆུད་པ། །ཆོས་དེ་ དང་ནི་མཚུངས་པ་ཡོད་མིན་ཏེ། །དེ་མངོན་བྱས་ན་ཕྱིན་ཆད་མྱ་ངན་མེད། །ངོ་མཚར་ཤིན་ཏུ་ རྨད་བྱུང་དཔག་མེད་དེ། །དམ་པའི་ཆོས་ཀྱི་རིན་ཆེན་འཇིག་རྟེན་མཆོག །ཇི་ལྟར་ངའི་འདི་དེ་ བཞིན་བདེན་མཆོག་ན། །བདེན་པ་འདིས་ནི་ཤིན་ཏུ་བདེ་ལེགས་ཤོག །རྒྱལ་བས་གང་དག་ གང་ཟག་བརྒྱད་གསུངས་པ། །དེ་དག་རྣམས་ནི་སྐྱེས་བུ་ཟུང་བཞི་སྟེ། །སྦྱིན་གནས་དེ་དག་ས་ སྟེང་ཤིན་ཏུ་དཀོན། །དེ་དག་རྣམས་ལ་བྱིན་ན་དཔག་མེད་འགྱུར། །ངོ་མཚར་ཤིན་ཏུ་རྨད་བྱུང་ དཔག་མེད་དེ། །དགེ་འདུན་རིན་ཆེན་གང་ཞིག་འཇིག་རྟེན་མཆོག །ཇི་ལྟར་ངའི་འདི་དེ་ བཞིན་བདེན་མཆོག་ན། །བདེན་པ་འདིས་ནི་ཤིན་ཏུ་བདེ་ལེགས་ཤོག །དམ་པ་གཙོ་བོ་ མཆོག་སྦྱིན་གྱ་ནོམ་པ། །འོད་མཆོག་དཔའ་བོ་དམ་པ་མཆོག་གི་གནས། །ཤེས་རབ་དམ་པ་ མཆོག་ནི་དམ་པ་མཆོག །མཆོག་མིན་མཆོག་མཁྱེ ན་འདི་ནི་བཅོམ་ལྡན་གཅིག །ངོ་མཚར་ ཤིན་ཏུ་རྨད་བྱུང་དཔག་མེད་ཏེ། །རྫོགས་པའི་སངས་རྒྱས་རིན་ཆེན་འཇིག་རྟེན་མཆོག །ཇི་ ལྟར་ངའི་འདི་དེ་བཞིན་བདེན་མཆོག་ན། །བདེན་པ་འདིས་ནི་ཤིན་ཏུ་བདེ་ལེགས་ཤོག །ཏིང་ འཛིན་དམ་པ་བར་ཆད་མེད་པ་གང༌། །མཐའ་ཡས་བློ་ལྡན་དེ་བཞིན་གཤེགས་གསུངས་པ། །ཏིང་འཛིན་དེ་བརྟན་རྡོ་རྗེ་དཔེར་བྱས་པ། །ཏིང་འཛིན་དེ་དང་མཚུངས་པའི་ཏིང་འཛིན་མེད། །ངོ་མཚར་ཤིན་ཏུ་རྨད་བྱུང་དཔག་མེད་དེ། །ཏིང་ངེ་འཛིན་གྱི་རིན་ཆེན་འཇིག་རྟེན་མཆོག །ཇི་ ལྟར་ངའི་འདི་དེ་བཞིན་བདེན་མཆོག་ན། །བདེན་པ་འདིས་ནི་ཤིན་ཏུ་བདེ་ལེགས་ཤོག །ཇི་ ལྟར་སྒོ་གཏན་དམ་ཞིང་རབ་དམ་སྟེ། །སྟོབས་ཆེན་རླུང་བཞི་དག་གིས་མི་བསྐྱོད་པ། །དེ་ལྟར་ མཁས་པ་བདེན་བཞི་མཐོང་གནས་པ། །འཇིག་རྟེན་སྨྲ་བ་རྣམས་ཀྱིས་འདིར་མི་གཡོ། །ངོ་ མཚར་ཤིན་ཏུ་རྨད་བྱུང་དཔག་མེད་ཏེ། །དགེ་འདུན་རིན་ཆེན་གང་ཞིག་འཇིག་རྟེན་མཆོག 8-1-137 །ཇི་ལྟར་ངའི་འདི་དེ་བཞིན་བདེན་མཆོག་ན། །བདེན་པ་འདིས་ནི་ཤིན་ཏུ་བདེ་ལེགས་ཤོག །ཐམས་ཅད་ཟིལ་གནོན་ཀུན་མཁྱེ ན་ཐམས་ཅད་གཟིགས། །ཐམས་ཅད་མཁྱེ ན་པ་སྟོབས་ རྣམས་ཀུན་དང་ལྡན། །ཀུན་ཀྱི་དམ་པ་འཛིན་པ་ཀུན་དང་བྲལ། །བསམ་པ་ཀུན་མཁྱེ ན་འདི་ ནི་བཅོམ་ལྡན་གཅིག །ངོ་མཚར་ཤིན་ཏུ་རྨད་བྱུང་དཔག་མེད་ཏེ། །རྫོགས་པའི་སངས་རྒྱས་ རིན་ཆེན་འཇིག་རྟེན་མཆོག །ཇི་ལྟར་ངའི་འདི་དེ་བཞིན་བདེན་མཆོག་ན། །བདེན་པ་འདིས་ ནི་ཤིན་ཏུ་བདེ་ལེགས་ཤོག །སྲིད་པ་འགོག་ཅིང་མི་གཡོ་འགྱུར་བ་མེད། །སྐྱོན་མེད་འཇིགས་ པ་ཀུན་ལས་རྣམ་པར་གྲོལ། །ཤིན་ཏུ་འགག་ཅིང་གྱ་ནོམ་ངེས་པར་འབྱུང༌། །ཤིན་ཏུ་དྲི་མེད་ ཞི་བ་བློས་མི་འཕྲོག །ངོ་མཚར་ཤིན་ཏུ་རྨད་བྱུང་དཔག་མེད་དེ། །དམ་པའི་ཆོས་ཀྱི་རིན་ཆེན་ འཇིག་རྟེན་མཆོག །ཇི་ལྟར་ངའི་འདི་དེ་བཞིན་བདེན་མཆོག་ན། །བདེན་པ་འདིས་ནི་ཤིན་ཏུ་ བདེ་ལེགས་ཤོག །ཤིན་ཏུ་སྡུག་བསྔལ་བཏོན་ཅིང་བདེ་སྦྱིན་པའི། །བདེན་རྣམས་མཐོང་སྟེ་ གང་དག་བག་ཡོད་པ། །བདེན་པ་རིན་ཆེན་རྣམས་ལ་དོགས་བྲལ་བ། །དེ་དག་སྐྱེ་བ་བརྒྱད་ པ་ཕྱིའི་མི་ལེན། །ངོ་མཚར་ཤིན་ཏུ་རྨད་བྱུང་དཔག་མེད་ཏེ། །དགེ་འདུན་རིན་ཆེན་གང་ཞིག་ འཇིག་རྟེན་མཆོག །ཇི་ལྟར་ངའི་འདི་དེ་བཞིན་བདེན་མཆོག་ན། །བདེན་པ་འདིས་ནི་ཤིན་ཏུ་ བདེ་ལེགས་ཤོག །དམ་པ་རྣམས་ཀྱི་དམ་པ་དོན་དམ་མཁྱེ ན། །མཆོག་དང་མཆོག་མིན་ མཁྱེ ན་ཅིང་དོན་དམ་བརྩོན། །གཞན་གྱིས་མི་འཕྲོག་དམ་པ་ཐུགས་ཆུད་རྟོགས། །ཤིན་ཏུ་ སྡུག་བསྔལ་རྣམས་ཀྱི་དཔུང་གཉེན་མཆོག །ངོ་མཚར་ཤིན་ཏུ་རྨད་བྱུང་དཔག་མེད་དེ། །རྫོགས་པའི་སངས་རྒྱས་རིན་ཆེན་འཇིག་རྟེན་མཆོག །ཇི་ལྟར་ངའི་འདི་དེ་བཞིན་བདེན་ མཆོག་ན། །བདེན་པ་འདིས་ནི་ཤིན་ཏུ་བདེ་ལེགས་ཤོག །འདུན་པ་བསྐྱེད་ནས་རྣལ་འབྱོར་ ལྡན་གྱུར་ཅིང༌། །གོ་ཏམ་བསྟན་ལ་རྟག་བརྩོན་རབ་གྲོལ་ཞིང༌། །གཞན་གྱི་མི་དཀྲི་བ་དག་ ཞིང་དེར་རེག །འདི་ལ་དེ་རེག་གྲངས་སུ་ཕྱིན་མི་འགྱུར། །ངོ་མཚར་ཤིན་ཏུ་རྨད་བྱུང་དཔག་ 8-1-138 མེད་དེ། །དམ་ཆོས་རིན་ཆེན་གང་ཞིག་འཇིག་རྟེན་མཆོག །ཇི་ལྟར་ངའི་འདི་དེ་བཞིན་བདེན་ མཆོག་ན། །བདེན་པ་འདིས་ནི་ཤིན་ཏུ་བདེ་ལེགས་ཤོག །བདེན་པ་མཐོང་བས་བརྗེད་པ་རྒྱ་ ལམ་ན། །གལ་ཏེ་སྡིག་པ་འགའ་ཞིག་བྱས་གྱུར་ཀྱང༌། །དེ་ནི་དེ་འཆབ་པ་ཡི་འོས་མིན་ཏེ། །ཆོས་ཉིད་འདི་ནི་མི་གཡོ་གནས་ཕྱིར་རོ། །ངོ་མཚར་ཤིན་ཏུ་རྨད་བྱུང་དཔག་མེད་དེ། །དགེ་ འདུན་རིན་ཆེན་གང་ཞིག་འཇིག་རྟེན་མཆོག །ཇི་ལྟར་ངའི་འདི་དེ་བཞིན་བདེན་མཆོག་ན། །བདེན་པ་འདིས་ནི་ཤིན་ཏུ་བདེ་ལེགས་ཤོག །ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་ན། །སངས་རྒྱས་དང་ནི་ལྷག་པའི་མཚུངས་པ་མེད། །ལྷ་དང་མི་ཡི་སྟོན་པ་བླ་ན་མེད། །སྟོན་པ་ དེད་དཔོན་སྨན་པ་རྣམས་ཀྱི་མཆོག །ངོ་མཚར་ཤིན་ཏུ་རྨད་བྱུང་དཔག་མེད་དེ། །རྫོགས་པའི་ སངས་རྒྱས་རིན་ཆེན་འཇིག་རྟེན་མཆོག །ཇི་ལྟར་ངའི་འདི་དེ་བཞིན་བདེན་མཆོག་ན། །བདེན་པ་འདིས་ནི་ཤིན་ཏུ་བདེ་ལེགས་ཤོག །ས་གའི་ཟླ་བ་དང་པོར་ཐུབ་པ་ཡིས། །ནགས་ ཁྲོད་ཆོས་ཀྱི་དམ་པ་རབ་བརྙེས་པ། །ཆོས་དེ་དང་ནི་མཚུངས་པའི་ལྷག་པ་མེད། །འདི་ལ་དེ་ རེག་གྲངས་སུ་ཕྱིན་མི་འགྱུར། །ངོ་མཚར་ཤིན་ཏུ་རྨད་བྱུང་དཔག་མེད་ཏེ། །དམ་པའི་ཆོས་ཀྱི་ རིན་ཆེན་འཇིག་རྟེན་མཆོག །ཇི་ལྟར་ངའི་འདི་དེ་བཞིན་བདེན་མཆོག་ན། །བདེན་པ་འདིས་ ནི་ཤིན་ཏུ་བདེ་ལེགས་ཤོག །སྡིག་པ་རྙིང་ཟད་གསར་དུ་བྱས་མེད་ལ། །རིམ་ནད་མེད་པའི་ འཇིགས་མེད་མྱ་ངན་བྲལ། །རྩ་བ་འགགས་པའི་སྲེད་པ་མི་བསྐྱེད་པ། །བསྟན་པ་མར་མེ་ བཞིན་ཏུ་འབར་བར་འགྱུར། །ངོ་མཚར་ཤིན་ཏུ་རྨད་བྱུང་དཔག་མེད་ཏེ། །དགེ་འདུན་རིན་ ཆེན་གང་ཞིག་འཇིག་རྟེན་མཆོག །ཇི་ལྟར་ངའི་འདི་དེ་བཞིན་བདེན་མཆོག་ན། །བདེན་པ་ འདིས་ནི་ཤིན་ཏུ་བདེ་ལེགས་ཤོག ། གཞན་ཡང་བཀྲ་ཤིས་ཀྱི་ཚིགས་བཅད་ཅི་རིགས་པར་བྱ་བ་ནི། རྒྱལ་མཚན་རྩེ་མོར་དབང་གི་རྒྱལ་པོ་ ལྟར། །ལྷག་པའི་ལྷ་ཡི་གཙུག་གི་རྒྱན་གྱུར་པ། །སྒྲུབ་པ་པོ་ལ་དངོས་གྲུབ་མཆོག་སྩོལ་བའི། 8-1-139 །མཉམ་མེད་བླ་མ་མཆོག་གི་བཀྲ་ཤིས་ཤོག །ཚོགས་གཉིས་མཐར་ཕྱིན་དུས་གསུམ་རྒྱལ་ བ་ཡི། །ཕྲིན་ལས་སྒྲུབ་ཅིང་ཡོན་ཏན་རྣམ་དབྱེར་མེད། །སྐལ་བ་མཉམ་པའི་གདུལ་བྱ་སྨིན་ མཛད་པའི། །མཉམ་མེད་བླ་མ་མཆོག་གི་བཀྲ་ཤིས་ཤོག །ཕུན་སུམ་ཚོགས་པ་མངའ་བ་ གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ། །སངས་རྒྱས་ པདྨོ་རྒྱས་པ་འདབ་འདྲའི་སྤྱན་མངའ་བ། །འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་དང་པོའོ། །དེ་ཡིས་ཉེ་བར་བསྟན་པའི་མཆོག་རབ་མི་གཡོ་བ། །འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་ དང་མིས་མཆོད་པ། །ཆོས་ཀྱི་དམ་པ་སྐྱེ་དགུ་རྣམས་ལ་ཞི་བྱེད་པ། །འདི་ནི་འཇིག་རྟེན་དགེ་ བའི་བཀྲ་ཤིས་གཉིས་པའོ། །དགེ་འདུན་དམ་པ་ཆོས་ལྡན་ཐོས་པའི་བཀྲ་ཤིས་ཕྱུག །མི་དང་ ལྷ་དང་ལྷ་མ་ཡིན་གྱིས་མཆོད་པའི་གནས། །ཚོགས་ཀྱི་མཆོག་ལ་ངོ་ཚ་ཤེས་དང་དཔལ་གྱི་ གཞི། །འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གསུམ་པའོ། །ཆེ་བའི་ཆེ་མཆོག་སྟོན་མཆོག་ བླ་ན་མེད། །ཆོས་རྗེ་ཉི་མ་རྒྱལ་བའི་བྱིན་རླབས་ཀྱིས། །བདུད་དང་བགེགས་རིགས་གནོད་ པའི་དགྲ་ཞི་ནས། །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག །ཆོས་ཉིད་བདེན་པའི་ ཆོས་མཆོག་བླ་ན་མེད། །དམ་ཆོས་བདུད་རྩི་བདེན་པའི་བྱིན་རླབས་ཀྱིས། །ཉོན་མོངས་སྡུག་ བསྔལ་གདུང་བའི་དགྲ་ཞི་ནས། །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག །དགེ་ འདུན་ཡོན་ཏན་རིན་ཆེན་དཔལ་འབར་བ། །རྒྱལ་སྲས་ཕན་མཛད་བདེན་པའི་བྱིན་རླབས་ ཀྱིས། །ཉེས་པའི་སྐྱོན་བྲལ་དགེ་ཚོགས་རྣམ་པར་འཕེལ། །རྟག་ཏུ་དཔལ་གནས་ཉིན་མཚན་ བཀྲ་ཤིས་ཤོག །མི་འགྱུར་ལྷུན་པོ་སྐུ་ཡི་བཀྲ་ཤིས་ཤོག །ཡན་ལག་དྲུག་ཅུ་གསུང་གི་བཀྲ་ ཤིས་ཤོག །མཐའ་བྲལ་དོན་རྟོགས་ཐུགས་ཀྱི་བཀྲ་ཤིས་ཤོག །རྒྱལ་བའི་སྐུ་གསུང་ཐུགས་ཀྱི་ བཀྲ་ཤིས་ཤོག །སྦྱིན་པ་གཏོང་ཞིང་ཚུལ་ཁྲིམས་བསྲུང་བ་དང༌། །བཟོད་པ་སྒོམ་ཞིང་བརྩོན་ འགྲུས་རྩོམ་པ་དང༌། །མཉམ་པར་འཇོག་ཅིང་གནས་ལུགས་རྟོགས་པ་ཡི། །བཀྲ་ཤིས་དེས་ 8-1-140 ཀྱང་དེང་འདིར་བདེ་ལེགས་ཤོག །སྟོན་པ་འཇིག་རྟེན་ཁམས་སུ་བྱོན་པ་དང༌། །བསྟན་པ་ཉི་ འོད་བཞིན་དུ་གསལ་བ་དང༌། །བསྟན་འཛིན་ཕུ་ནུ་བཞིན་དུ་མཐུན་པ་ཡི། །བསྟན་པ་ཡུན་ རིང་གནས་པའི་བཀྲ་ཤིས་ཤོག །བར་འདིར་སྤྲོ་ན་ཐུན་མོང་མ་ཡིན་པའི་བླ་བརྒྱུད་སོགས་དང༌། གོང་གི་ཕྱག་ འཚལ་བ་འདོན་པ་བསྒྱུར་ཏེ། ཡི་དམ་གྱི་བཀྲ་ཤིས་ཅི་རིགས་པ་བརྗོད། རྒྱལ་བ་སྲས་བཅས་བསོད་ནམས་མཐུ་ དག་དང༌། །ལྷ་རྣམས་ཀུན་གྱིས་ལེགས་པར་བསམ་པ་དང༌། །གསང་སྔགས་རིགས་སྔགས་ ཀུན་གྱི་མཐུ་སྟོབས་དང༌། །བདེན་པར་སྨྲ་བ་རྣམས་ཀྱི་བདེན་ཚིག་གིས། །བསོད་ནམས་རི་བོ་ བཞིན་དུ་བརྟན་པ་དང༌། །རྒྱུད་འཛིན་ཉི་ཟླ་བཞིན་དུ་གསལ་བ་དང༌། །སྙན་པས་ནམ་མཁའ་ བཞིན་ཏུ་ཁྱབ་པ་ཡི། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཚངས་དང་ལྷ་དབང་ སྲུང་མའི་བྱིན་རླབས་དང༌། །ཕན་མཛད་ལྷ་ཡི་བཀྲ་ཤིས་གནས་གྱུར་པའི། །བདེ་ལེགས་ བསམ་པ་ཡིད་བཞིན་འགྲུབ་པ་དང༌། །ཚེ་རིང་ནད་མེད་བདེ་སྐྱིད་ལྡན་པར་ཤོག །འབད་དང་ རྩོལ་བ་མི་དགོས་པའི། །ཡིད་བཞིན་ནོར་བུ་དཔག་བསམ་ཤིང༌། །སེམས་ཅན་རེ་བ་སྐོང་ མཛད་པ། །བསམ་པ་འགྲུབ་པའི་བཀྲ་ཤིས་ཤོག །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བ་ དང༌། །མི་མཐུན་གནོད་པའི་རྐྱེན་དང་བྲལ་བ་དང༌། །མཐུན་པ་བསྒྲུབ་ཅིང་ཕུན་སུམ་ཚོགས་ པ་ཡི། །བཀྲ་ཤིས་དེས་ཀྱང་དང་འདིར་བདེ་ལེགས་ཤོག །ལོ་བརྒྱ་ཐུབ་ཅིང་སྟོན་བརྒྱ་མཐོང་ བ་དང༌། །ཚེ་རིང་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས། །ཐེག་པ་མཆོག་ལ་ངེས་པར་འབྱུང་བ་ ཡི། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །སྔོ ན་ཚེ་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ རུ། །ཆོས་བཞིན་སྒྲུབ་པ་མཛད་པའི་གང་ཟག་ལ། །བར་ཆད་སྲུང་ཞིང་སྐྱོང་བར་ཞལ་བཞེས་ པའི། །ཆོས་སྐྱོང་སྲུང་མ་རྣམས་ཀྱི་བཀྲ་ཤིས་ཤོག །ཟབ་ཅིང་རྒྱ་ཆེར་གཟིགས་པ་པོ། །ཡུལ་ འཁོར་སྲུང་དང་འཕགས་སྐྱེས་པོ། །སྤྱན་མི་བཟང་དང་རྣམ་ཐོས་སྲས། །རྒྱལ་ཆེན་བཞི་ཡི་ བཀྲ་ཤིས་ཤོག །ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ལའང་བདེ་ལེགས་ 8-1-141 ཤིང༌། །ཉིན་མཚན་རྟག་ཏུ་བདེ་ལེགས་པའི། །སངས་རྒྱས་རྣམས་གྱིས་དེང་འདིར་སྩོལ། །དེ་ བཞིན་དུ་ཉིན་མོ་བདེ་ལེགས་ཚིག་གསུམ་གྱི་མཐར། དམ་ཆོས་རྣམས་ཀྱིས་དེང་འདིར་སྩོལ། །དགེ་འདུན་ རྣམས་ཀྱི་དེང་འདིར་སྩོལ། །ཚངས་པ་ཡིས་ཀྱང་དེང་འདིར་སྩོལ། །ལྷ་ཡི་དབང་པོས་དེང་ འདིར་སྩོལ། །འཇིག་རྟེན་སྐྱོང་བས་དེང་འདིར་སྩོལ། །དཀར་ཕྱོགས་སྐྱོང་བས་དེང་འདིར་ སྩོལ། །ཞེས་པ་ལ་སོགས་པ་རྒྱས་བསྡུས་ཅི་རིགས་བརྗོད་དོ། །འདི་བྲིས་པ་ཡི་དགེ་བས་ཀྱང༌། །མཁའ་མཉམ་སེམས་ཅན་ ཐམས་ཅད་ཀྱི། །སྒྲིབ་སྦྱངས་ཚོགས་གཉིས་ཡོངས་རྫོགས་ཏེ། །རྒྱལ་བའི་སྲིད་ལ་དབང་འབྱོར་ཤོག །ལས་དང་པོ་པའི་རིམ་ པ་ཕན་བདེའི་འབྱུང་གནས་ཞེས་བྱ་བ་འདི་ནི་ཤིན་ཏུ་མང་པོ་ལ་ཕན་པར་མཐོང་ཞིང༌། དོན་གཉེར་ཅན་འགས་ཀྱང་བསྐུལ་ཏེ། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་ཁྲིགས་ཆགས་སུ་བསྒྲིགས་པ་སྟེ་རང་ལོ་སོ་ལྔ་ལའོ།། །། 8-1-142 ༄༅། །མཆོག་གསུམ་སྤྱི་ལ་མཆོད་པ་འབུལ་བའི་ཐབས་ཚུལ་ རྒྱལ་བ་དགྱེས་པའི་མཆོད་སྤྲིན་ཞེས་བྱ་བ་ བཞུགས་སོ། ། ༄༅། །མ་དག་འདི་སྣང་སྟོང་པའི་དབྱིངས་སུ་སྦྱངས། །སྔགས་དང་ཏིང་འཛིན་འཕྲུལ་ གྱིས་ཉེར་བསྐྲུན་པ། །གཞལ་མེད་ཕོ་བྲང་དབུས་སུ་མཆོད་པའི་སྤྲིན། །ངོ་མཚར་བཀོད་པ་ བསམ་མི་ཁྱབ་པར་གྱུར། །ཐུགས་རྗེ་མཁའ་ལྟར་ཁྱབ་པ་ཆོས་སྐུའི་དབྱིངས། །མ་འགགས་ རོལ་པར་བཞེངས་པའི་གཟུགས་སྐུའི་འཕྲུལ། །ཕྱོགས་བཅུའི་ཞིང་དུ་ལོངས་སྤྲུལ་མཛད་ པ་ཡིས། །རབ་འབྱམས་བཀོད་པ་སྟོན་པའི་བདེ་གཤེགས་ཀུན། །འཕགས་ཚོགས་སེམས་ དཔའ་རྒྱ་མཚོའི་འཁོར་དང་བཅས། །བདག་བློ་དད་པའི་གནས་འདིར་སྤྱན་འདྲེན་ན། །ངོ་ མཚར་ཆོ་འཕྲུལ་བཀོད་པ་དང་བཅས་པར། །ཐོགས་མེད་འདིར་གཤེགས་མཆོད་པའི་ཡུལ་ དུ་བཞུགས། །ལྷར་བཅས་འགྲོ་བ་ཡོངས་ཀྱི་སྐྱབས་གྱུར་པ། །མཁྱེ ན་དང་བརྩེ་བ་རྒྱ་མཚོའི་ བདག་ཉིད་ཅན། །སང་རྒྱས་བྱང་སེམས་འཕགས་པའི་ཚོགས་དང་བཅས། །ཀུན་ལའང་ བདག་ནི་གུས་པས་ཕྱག་འཚལ་ལོ། །ཐུགས་རྗེ་ཆེ་མངའ་མཆོད་ཡུལ་རྒྱ་མཚོ་ལ། །བདག་ སོགས་རྣམས་ཀྱིས་བསོད་ནམས་བསགས་སླད་དུ། །ཡིད་དུ་འོང་བའི་མཆོད་པ་རྒྱ་ཆེ་བ། །མཁའ་དབྱིངས་རྒྱས་པར་བཀང་སྟེ་འབུལ་བ་ནི། །ཡན་ལག་བརྒྱད་ལྡན་ཡོན་ཆབ་གཙང་མ་ དང༌། །བསིལ་དྭངས་སྔོ ་བའི་ཀླུང་ཆེན་ཉམས་དགའ་བ། །དག་དང་མ་དག་ཞིང་ཀུན་ལེགས་ འབབ་པའི། །དག་བྱེད་གཙང་མའི་མཆོད་པ་གང་ཡོད་འབུལ། །རབ་མཛེས་ཁ་དོག་གསར་ པའི་དཔལ་ལྡན་པ། །གེ་སར་ཟིལ་མངར་ཕྱོགས་བརྒྱར་བཞད་པ་ཅན། །རྣམ་མང་འདབ་ བརྒྱ་ཕྱོགས་ཀུན་གཡོ་བའི་ཚལ། །འཇིག་རྟེན་ཁམས་འདིར་ཡོད་པ་དེ་དག་འབུལ། །དྲི་ 8-1-143 བསུང་སྣ་ཡི་བཅུད་ལེན་འབུམ་དཀྲིག་ཅིང༌། །ཡ་མཚན་བདུག་པའི་སྤྲིན་ཕུང་མཁའ་དབྱིངས་ ཀུན། །ཆུ་འཛིན་གསར་བའི་དཔལ་ལྟར་ཡོངས་ཁྱབ་པ། །གཞན་ཡང་དྲི་ལྡན་སྨན་གྱི་རིགས་ ཚོགས་མཆོད། །ངོ་མཚར་ནོར་བུ་ཉི་ཟླ་འོད་འབར་དང༌། །མཛེས་སྡུག་ལྟ་བས་མི་ངོམས་རིན་ ཆེན་རི། །སྣ་ཚོགས་འོད་བཟང་སྟོང་གི་ཕུང་པོ་ཅན། །སྣང་གསལ་འོད་ལྡན་དཔག་ཡས་དག་ གིས་མཆོད། །དྲི་མ་འཁྲིད་པའི་གཙང་ཆབ་བདུད་རྩིའི་རྒྱུན། །ཡིད་དུ་འོང་བའི་དྲི་བཟང་ ཕྱོགས་ཁྱབ་པ། །དམར་སེར་རླབས་ཕྲེང་ཀུན་ནས་གཡོ་བའི་རྫིང༌། །གང་དག་མཆིས་པ་བློ་ ཡིས་བླང་ཏེ་འབུལ། །རོ་བཅུད་དུ་མའི་དཔལ་འཛིན་ཟས་ཀྱི་མཆོག །མྱོང་བས་ཚིམས་པ་ སྟེར་བྱེད་ལྷ་ཡི་ཟས། །ཁ་དོག་རོ་ནུས་ལྡན་པ་དེ་དག་ཀྱང༌། །ཐུགས་རྗེ་མངའ་བ་རྣམས་ལ་ འབུལ་བར་བགྱི། །སྙན་པ་རྣ་བར་འཇེབས་པའི་དབྱངས་ལྡན་ཞིང༌། །བརྗོད་བྱ་ལེགས་པའི་ དོན་རྣམས་ལེགས་སྟོན་པ། །ཡིད་འཕྲོག་ཚིག་རྒྱན་མཛེས་པའི་བརྗོད་བྱེད་དང༌། །གཞན་ ཡང་པི་ཝཾ་གླིང་བུའི་སྒྲ་སོགས་མཆོད། །དེ་ལས་གཞན་པའི་བདག་པོས་མ་བཟུང་བའི། །གླིང་ བཞི་གླིང་ཕྲན་ལྷ་མིའི་དཔལ་འབྱོར་དང༌། །བདག་གཞན་རྣམས་ཀྱིས་བསགས་པའི་རབ་ དཀར་ཚོགས། །མཐའ་དག་ཀུན་ཀྱང་ཞེན་མེད་ངང་ནས་འབུལ། །དེ་མིན་ཡིད་ཀྱིས་སྤྲུལ་ བའི་མཆོད་པའི་ཚོགས། །ངོ་མཚར་དགའ་བའི་ཡ་མཚན་བཀོད་པ་ལས། །ལེགས་པར་ཤར་ བ་རྟེན་འབྲེལ་སྣང་བའི་ཆ། །མུ་མཐའ་མེད་པའི་ནམ་མཁའ་རབ་འབྱམས་སུ། །མཛེས་སྡུག་ སྒེག་མོ་རེ་རེས་ཡིད་འོང་གི །མཆོད་རྫས་དཔག་ཡས་ནམ་མཁའ་གང་བ་རེ། །མངོན་པར་ སྤྲུལ་པའི་སྒྱུ་འཕྲུལ་ངོམ་པའི་ཚོགས། །སྟེང་འོག་ཕྱོགས་མཚམས་ཀུན་ཏུ་ཁྱབ་པས་མཆོད། །བཀྲ་ཤིས་རྫས་རྟགས་བརྒྱད་དང་རྒྱལ་སྲིད་བདུན། །ཉེ་བའི་རིན་ཆེན་བདུན་སོགས་མཁོ་ དགུའི་དཔལ། །རབ་འབྱམས་ནམ་མཁའི་ཁམས་ཀུན་ཡོངས་བཀང་སྟེ། །མཆོད་གནས་དམ་ པ་རྣམས་ལ་གུས་པས་འབུལ། །བདག་ནི་བསོད་ནམས་མེད་པའི་དབུལ་བོ་སྟེ། །མཆོད་པའི་ 8-1-144 ནོར་གྱི་འབྱོར་བ་ཅང་མ་མཆིས། །དེ་ཕྱིར་གཞན་ལ་བརྩེ་བའི་བདག་ཉིད་ཅན། །མཆོད་ཡུལ་ ཐུགས་རྗེ་ལྡན་པ་གང་དག་གིས། །བདག་གཞན་འགྲོ་བའི་ཚོགས་གཉིས་རབ་རྫོགས་ཕྱིར། །སྲས་བཅས་རྒྱལ་ལ་དབུལ་ཕོངས་མི་མངའ་ཡང༌། །ཐུགས་རྗེས་བདག་གིར་ལེགས་པར་ བཞེས་ནས་ཀྱང༌། །བདག་སོགས་རྣམས་ཀྱིས་རེ་འབྲས་དོན་ལྡན་མཛོད། །རང་ཡང་སྔོ ན་ཚེ་ ཐོག་མ་མེད་པ་ནས། །ཀུན་འབྱུང་ལས་ཉོན་བཙན་པོའི་དབང་ཤེད་ཀྱིས། །རང་དབང་མེད་ པར་སྡིག་པའི་ལས་ལ་གཞོལ། །བཟོད་དཀའི་སྡུག་བསྔལ་འབྱུང་བའི་རྒྱུ་བསགས་ཕྱིར། །ད་ལན་སྡིག་པའི་ཉེས་དམིགས་ལ་འཇིགས་པས། །དེ་རིང་ཉིད་ནས་སྲས་བཅས་རྒྱལ་བའི་ མདུན། །རང་གིས་ཞེ་གནོང་འགྱོད་པའི་བློ་དང་བཅས། །དམན་སར་པུས་བཙུགས་ལག་ པས་ཐལ་མོ་སྦྱར། །ཉམ་ཐག་ང་རོ་གདུང་ཡུས་དྲག་པོའི་སྒོས། །སྔར་བྱས་སྡིག་ལས་མཐའ་ དག་བཤགས་པར་བགྱི། །ཕྱིན་ཆད་སྲོག་ལ་བབ་ཀྱང་སྡོམ་ལགས་ན། །བདག་གི་ཉེས་སྒྲིབ་ མ་ལུས་དག་མཛད་གསོལ། །མ་ལུས་ཕྱོགས་བཅུའི་ཞིང་ན་ལེགས་བཞུགས་པའི། །འཇིག་ རྟེན་རྨོངས་མུན་སེལ་མཛད་བདེ་གཤེགས་དང༌། །སློ བ་པ་བྱང་སེམས་ཉན་རང་འཕགས་པའི་ ཚོགས། །སྐྱེས་བུ་རྣམ་དཀར་ལས་ལ་གང་གཞོལ་ཀུན། །རྒྱ་ཆེན་བསོད་ནམས་ཚོགས་ཀྱི་ བྱ་བ་ལ། །དཔག་ཡས་མཛད་པའི་སྤྱོད་པ་རླབས་ཆེན་དང༌། །བཅས་ཏེ་དགེ་ཚོགས་རྒྱ་མཚོ་ སྒྲུབ་པ་ལ། །སྙིང་ནས་དགའ་བས་རྗེས་སུ་ཡི་རང་ངོ༌། །ཕྱོགས་རྣམས་ཀུན་ན་འདྲེན་པ་གང་ བཞུགས་དག །གདུལ་བྱ་སོ་སོའི་ཁམས་དབང་མཐུན་པའི་ཆོས། །གང་གདུལ་སྣ་ཚོགས་ ཐབས་ཀྱི་མཛད་པ་ཀུན། །རེས་འཇོག་མེད་པར་འགྲོ་ལ་སྟོན་དུ་གསོལ། །རྣམ་ཀུན་མཛད་ པའི་བྱེད་པོ་ལོངས་སྤྱོད་རྫོགས། །གང་ལས་མ་གཡོས་སྤྲུལ་པའི་རོལ་གར་གྱིས། །ཞིང་ཀུན་ ཁྱབ་པའི་གཟུགས་སྐུའི་བཀོད་པ་མཆོག །ནམ་ཡང་མི་བསྡུ་འགྲོ་ལ་རྟག་པར་སྟོན། །དེ་ མཐུས་འགྲོ་ལ་ཡིད་ཀྱི་རིགས་སད་ནས། །སྐལ་བཟང་སྙིང་གི་ཉི་མ་ལེགས་ཤར་ཏེ། །རྨོངས་ 8-1-145 མུན་སྒྲིབ་པའི་ཤུན་པ་རིང་དུ་དོར། །ཀུན་གཟིགས་སྣང་བའི་དགའ་སྟོན་ཡོངས་འཕེལ་ཤོག །འདི་ན་འབད་པའི་རྣམ་དཀར་བསོད་ནམས་ཀྱི། །ཕུང་པོ་གང་ཞིག་ཇི་སྙེད་མཆིས་པ་དེས། །སྐྱེ་དགུ་ལུས་ཅན་འགྲོ་བ་གང་གྱུར་རྣམས། །འཁོར་སྡུག་འཕེལ་ཁ་རིམ་གྱིས་དམན་པར་ ཤོག །དེ་ཡང་མི་ཡི་ཡུལ་གྱི་འགྲོ་བ་དག །རང་རང་བསམ་པའི་རྙེད་པ་དང་ལྡན་ཏེ། །མི་ བདེའི་ཉེར་འཚེ་མཐའ་དག་འཕྲལ་དུ་ཞི། །ན་རྒ་འཆི་བའི་འཇིགས་སྐྲག་མེད་གྱུར་ཅིག །ལྷ་ མིན་འགྲོ་དག་མཁོན་འཛིན་ཞི་བ་དང༌། །མི་དགེའི་ཕྲག་དོག་བསམ་པའང་ཡོངས་བོར་ཏེ། །འཐབ་རྩོད་འཁྲུགས་པའི་མིང་ཙམ་མ་ལུས་པར། །ཕན་ཚུན་དགའ་བའི་མཐུན་འཇུག་ཉིད་ གྱུར་ཅིག །བག་མེད་དབང་གྱུར་འདོད་པའི་ལྷ་རྣམས་དང༌། །ཟག་བཅས་ཏིང་འཛིན་གྱིས་ མྱོས་བསམ་གཟུགས་ལྷ། །གང་དག་བག་ཡོད་ཆོས་ཀྱིས་རྒྱུད་བཏུལ་ནས། །འཆི་ཁ་འཕོ་ ལྟུང་སྡུག་བསྔལ་མེད་གྱུར་ཅིག །སེམས་བླུན་རྨོངས་པས་ཉེན་པའི་དུད་འགྲོ་དག །ཡིད་ལ་ བཀྲ་བའི་འདུ་ཤེས་རབ་སྐྱེས་ཏེ། །ལེགས་ཉེས་བླང་དོར་གསལ་བའི་བློ་མིག་གིས། །ཆོས་ ལ་ཕྱོགས་པའི་སྣང་ཤེས་རབ་གསལ་ཤོག །ལྟོ ག་སྐོམ་མེ་ལྟར་འབར་བའི་ཡི་དྭགས་འགྲོ། །ཟས་ལ་སྲེད་པའི་གདུང་བ་རབ་ཞི་ནས། །གང་འདོད་ཟས་དང་གོས་ཀྱི་འབྱོར་བ་ལྡན། །དགའ་སྐྱིད་བདེ་བའི་དཔལ་ལ་རོལ་བར་ཤོག །བཟོད་དཀའ་ཚ་བས་གདུང་བའི་དམྱལ་བ་ དག །རབ་དགའི་སེམས་ཀྱིས་ལྷ་ཡུལ་དཔལ་ཐོབ་ནས། །གཞལ་མེད་ཁང་དང་དགའ་བའི་ ཚལ་ཆེན་སོགས། །ཡིད་འོང་སྣོ ད་བཅུད་བཀོད་པ་རབ་རྒྱས་ཤོག །གྲང་བའི་གདུང་རྣམས་དྲོ་ བའི་དབུགས་ཐོབ་ཅིང༌། །མུན་པའི་ཁེབས་རྣམས་སྣང་བའི་རབ་གསལ་ཞིང༌། །ཡུལ་ཁམས་ གཞི་ཀུན་མངོན་མཐོའི་སྣོ ད་བཅུད་ལྟར། །ཡིད་དགའ་འཕེལ་བའི་གཉེན་དུ་འགྱུར་བར་ཤོག །ཁྱད་པར་འཇིག་རྟེན་འདི་ན་ལེགས་ཚོགས་ཀྱི། །འབྱུང་སྒོ་ཀུན་གྱི་གཞི་གཅིག་བསོད་ནམས་ ཞིང༌། །རྒྱལ་བའི་བསྟན་པ་ཡིད་བཞིན་དབང་གི་རྒྱལ། །ནམ་ཡང་ནུབ་མེད་སྲིད་མཐར་ 8-1-146 གནས་གྱུར་ཅིག །རྨད་བྱུང་བཤད་སྒྲུབ་ཟུང་གི་རྒྱུན་བཟུང་སྟེ། །བསྟན་པའི་རྩ་ལག་གཅིག་ གྱུར་སྐྱེས་ཆེན་ཚོགས། །ཞབས་ཟུང་མི་འགྱུར་རྡོ་རྗེའི་ཁྲིར་བཞུགས་ཏེ། །བསྐལ་བརྒྱའི་བར་ དུ་ཞབས་པད་བརྟན་གྱུར་ཅིག །འཇིག་རྟེན་འདི་རུ་ལོ་ལེགས་འབྲུ་འཕེལ་ཞིང༌། །ནད་མུག་ དུས་འཁྲུགས་མཚོན་སྐལ་རབ་ཏུ་ཞི། །མི་མཐུན་ཉེར་འཚོའི་རིགས་ཀུན་དང་བྲལ་ཏེ། །དགེ་ ལེགས་ཕན་བདེ་མཐའ་དག་རྒྱས་གྱུར་ཅིག །བདག་ཀྱང་ཚེ་རབས་ཀུན་ཏུ་དལ་རྟེན་ཐོབ། །དམ་པའི་མགོན་གྱིས་རྗེས་བཟུང་བསྟན་དང་མཇལ། །ཡང་དག་ཆོས་ལ་ཐོས་བསམ་སྒོམ་ གསུམ་གྱི། །འཇུག་པ་ནམ་ཡང་ལྷོ ད་པར་མ་གྱུར་ཅིག །དེ་ནས་བཟུང་སྟེ་རིང་པོར་མི་ཐོགས་ པར། །སྤངས་དང་རྟོགས་པའི་དགའ་སྟོན་ལེགས་རྫོགས་ཏེ། །སྐད་ཅིག་རེ་ནས་འགྲོ་ཁམས་ མཐའ་ཡས་པ། །ལྷུན་གྲུབ་མཛད་པས་འདྲེན་པ་ཉིད་གྱུར་ཅིག །ཅེས་མཆོག་གསུམ་སྤྱི་ལ་མཆོད་པ་ འབུལ་བའི་ཐབས་ཚུལ་རྒྱལ་བ་དགྱེས་པའི་མཆོད་སྤྲིན་ཞེས་བྱ་བ་འདི་ཡང་རང་ལ་དྲིན་གྱིས་བསྐྱངས་པའི་བརྩེ་འདུན་ལྷག་པར་ ཆེ་བ་ཆོས་བློ་གསར་བའི་མྱུ་གུ་ཅུང་ཙམ་འཁྲུངས་པའི་གྲྭ་བཙུན་གུ་ཎ་བྷ་དྲ་ཞེས་བྱ་བ་གང་ལ་ཉེ་བར་མཁོ་བ་ལ་བརྟེན་ནས་རྨོངས་ བན་སྙོམ་ལས་པ་ངག་དབང་བློ་གྲོས་གྲགས་པ་ཞེས་པས་སུག་ལས་སུ་བསྟར་བ་ལྟར་བརྩེ་མཆེད་རང་གིས་ཡི་གེར་ཕབ་པ་ཛ་ ཡནྟུ།། །། སརྦ་མངྒ་ལཾ། རྨད་བྱུང་བསོད་ནམས་ཞིང་གི་ཕུལ། །མཆོག་གསུམ་སྤྱི་ལ་མཆོད་པའི་ཐབས། །རབ་ དཀར་བསགས་པ་དོན་ལྡན་ལ། །རེམ་པ་ལྷུར་ལེན་གང་དག་གིས། །དགྱེས་བསྐྱེད་མཆོད་ སྤྲིན་རྒྱུན་སྤྲོས་སླད། །ལྷག་བསམ་བློ་བཟང་ཆོས་འཕེལ་བས། །ཆོས་སྦྱིན་པར་གྱི་ཆོས་ཆར་ ཕབ། །འདིས་ཀྱང་རྣམ་དཀར་ཡོངས་རྒྱས་ཤོག །པར་སྨོན་ཀིརྟིས་སོ།། །། 8-1-147 ༄༅། །མདོ་སྔགས་མཆོད་པའི་ཁ་སྐོང་ཤེལ་དཀར་ཕྲེང་བ་ བདེ་སྟོང་སྐྲུན་བྱེད་ཅེས་བྱ་བ་ བཞུགས་སོ། ། ༄༅། །བླ་མ་དང་དབྱེར་མེད་པ་དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ནས་འདིར་དུས་འཁོར་ཐུན་མོང་མིན་པའི་ མཆོད་པ་བྱེད་པ་ལ། སྐྱབས་སེམས། བདག་བསྐྱེད། མཆོད་པ་བྱིན་རླབས། མཆོད་པའི་མགྲོན་སྤྱན་དྲངས་དང་མཆོད་པ། བསྟོད་ པ། བསྔོ ་བ་དང་དྲུག་ལས། དང་པོ་སྐྱབས་སེམས་ནི་སྤྱི་ལྟར་བྱ། གཉིས་པ་བདག་བསྐྱེད་ནི། བདག་ཉིད་སྐད་ཅིག་ གིས་དུས་ཀྱི་འཁོར་ལོ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དང་དྲིལ་བུ་འཛིན་ པའི་སྐུར་གྱུར། གསུམ་པ་མཆོད་པ་བྱིན་རླབས་ནི། ༀ་ཨཱཿཧཱུཾ་ཧྲཱཿཕཊ་ཀྱིས་བསངས། ༀ་སྭ་བྷཱ་ཝ་ཤུདྡྷེཿསརྦ་དྷརྨཿསྭ་ བྷཱ་ཝ་ཤུདྡྷོ་྅ཧཾ། སྟོང་པའི་ངང་ལས་ཤེལ་གྱི་སྣོ ད་སོར་བཅུ་གཉིས་པ་རྣམས་ཀྱི་ནང་དུ་ༀ་ ཨཱཿཧཱུཾ་ཧོཿརྣམས་ལས་བྱུང་བའི་ཆུ་དང་མཆོད་ཡོན་དང་དྲི་དང་མེ་ཏོག་དང་བདུག་པ་དང་སྣང་ གསལ་དང་ཞལ་ཟས་དམ་པ་དག་དང༌། རྣམ་པ་མང་པོའི་འབྲས་བུ་མ་ཉམས་པ་དང༌། གོས་ དང་རྒྱན་དང་བ་དན་དང་བླ་བྲེ་ལ་སོགས་པ་དང༌། གླུ་དང་གར་དང་མེ་ལོང་དང་དྲིལ་བུ་ལ་ སོགས་པ་སིལ་སྙན་གྱི་ཚོགས་དུ་མ་དང༌། ཨིནྡྲ་ནཱི་ལ་ལ་སོགས་པ་རྣམ་པ་མང་པོའི་རིན་པོ་ ཆེ་དང༌། ནང་གི་དམ་ཚིག་རྣམས་དང༌། དམ་ཚིག་རྣམ་པ་བཞིའི་རྫས་ལ་སོགས་པ་ཀུན་ཏུ་ བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་ཕུང་ལྟ་བུ་དཔག་ཏུ་མེད་ཅིང་དྲི་ མ་དང་བྲལ་བར་གྱུར། ༀ་བཛྲ་གནྡྷཾ་སྭཱཧཱ། ༀ་བཛྲ་པུཥྤཾ་སྭཱཧཱ། དེ་བཞིན་དུ་སྦྱར་ཏེ། བཛྲ་དྷཱུ་ པཾ༴ བཛྲ་དཱི་པཾ༴ བཛྲ་ནཻ་ཝེདྱཾ༴ བཛྲ་ཨ་ཀྵ་ཏཾ༴ བཛྲ་ལ་སྱཾ༴ བཛྲ་ཧ་སྱཾ༴ བཛྲ་ཝཱ་དྱཾ༴ བཛྲ་ནྲ ་དྱཾ༴ བཛྲ་གི་ཏཾ༴ ༀ་བཛྲ་ཀཱ་མཾ་སྭཱཧཱ། རོལ་ཆེན་དང་བཅས་ཏེ། ༀ་ཧོཿབཛྲ་གཎྜེ་སརྦ་དྷརྨ་ཨཻ་ཀ་པྲཛྙཱ་དྷཱ་ 8-1-148 ནི། སྭ་བྷཱ་ཝེ། སརྦ་ཨཱ་ཀཱ་རེ། སརྦ་དྷརྨ་པྲ་བོ་དྷ་ནི། སརྦ་དྷརྨ་ཎི་སྭ་བྷ་ཝེ་ན་པྲ་བོ་དྷ་ཡ་པྲ་བོ་དྷ་ ཡ་སྭཱཧཱ། ཞེས་ལན་གསུམ་བརྗོད། བཞི་པ་མཆོད་པའི་མགྲོན་སྤྱན་དྲངས་ནས་མཆོད་པ་ནི། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། རང་ བཞིན་གྱི་གནས་ནས་བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་ ཐམས་ཅད་མཆོད་པའི་ཡུལ་དུ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ སངས་རྒྱས་སྲས་དང་བཙུན་མོར་ བཅས་པ་ནམ་མཁའ་གང་བར་བཞུགས། ༀ་ཨཱཿཧཱུཾ་ཧོཿཏྲཻ་དྷ་ཏུ་ཀེ་ཤྭ་ར་ཀཱ་ལ་ཙཀྲ་ཨརྒྷཾ་པྲ་ ཏཱིཙྪ ་ས་པ་རི་ཝཱ་རཿཏྭཾ་བྷ་ག་ཝཱན་མེ་ཝ་ར་དོ་བྷ་ཝ་ཤ་ཥྱཱ་ཎཾ་ཙ། ཞེས་པ་ལན་གསུམ། རྣམ་དག་ཡེ་ཤེས་བདུད་རྩིའི་ཆུ་གཏེར་ནི། །རབ་དྭངས་ཁ་དོག་དྲི་རོ་ཕུན་སུམ་ཚོགས། །ཞལ་གྱི་རྙོག་པའི་དྲི་སེལ་ཡོན་ཆབ་འདི། །དུས་ཀྱི་འཁོར་ལོའི་ལྷ་ཚོགས་མཉེས་ཕྱིར་འབུལ། །ༀ་ཨཱཿཧྲི་པྲ་ཝ་ར་སད་ཀཱ་རཾ་ཨརྠཾ་ཨཉྩ་མ་ནཾ་པྲ་ཏཱིཙྪཱ་ན་མཿ ཚིག་རྐང་དང་པོ་གཉིས་འདྲ་བ་ལ། ཞབས་ ཀྱི་པདྨའི་དྲི་སེལ་སྤོས་ཀྱི་ཆུ། །ཞེས་དང༌། པཱ་དྱཾ་དེ་བཞིན་དུ། ཀུན་ཏུ་འཕོ་བའི་གདུང་སེལ་འཐོར་ འཐུང་འདི། །པྲོཀྵཱ་ནཾ། ཡན་ལག་བརྒྱད་ལྡན་རྡོ་རྗེ་ཨརྒྷའི་རྒྱུན། །ཨརྒྷཾ་ཞེས་པས་ཆུ་བཞི་ཕུལ། ཁམས་གསུམ་དབང་ཕྱུག་བཅོམ་ལྡན་འདས། །དུས་ཀྱི་འཁོར་ལོ་འཁོར་བཅས་རྣམས། །རྣམ་དག་རྡོ་རྗེའི་དྲི་མཆོག་འདི། །བཞེས་ནས་བདག་ལ་མཆོག་སྩོལ་མཛོད། །ༀ་ཤྲཱི་ཀ་ལ་ ཙཀྲ་ས་པཱ་རི་ཝ་རེ་བྷྱཿ ཞེས་ཀུན་ལ་སྦྱར་ཏེ། བཛྲ་གནྡྷཾ་པྲ་ཏཱིཙྪ ་ན་མཿ རྐང་པ་གསུམ་ཡང་སྔ་མ་བཞིན་ཀུན་ལ་ སྦྱར་ཏེ། རྡོ་རྗེ་མེ་ཏོག་རྣམ་བཀྲའི་ཚོགས། །བཛྲ་པུཥྤཾ་པྲ་ཏཱིཙྪ ་ན་མཿ རྡོ་རྗེ་བདུག་སྤོས་བླ་ན་མེད། །བཛྲ་དྷཱུ་པཾ་པྲ་ཏཱིཙྪ ་ན་མཿ རྡོ་རྗེ་སྒྲོན་མེ་འོད་རབ་འབར། །བཛྲ་དཱི་པཾ་པྲ་ཏཱིཙྪ ་ན་མཿ རྡོ་རྗེ་ཞལ་ ཟས་རོ་མཆོག་ལྡན། །བཛྲ་ནཻ་ཝིཏྱཾ་པྲ་ཏཱིཙྪ ་ན་མཿ རྡོ་རྗེ་མ་ཉམས་འབྲས་བུའི་མཆོག །བཛྲ་ཨ་ ཀྵ་ཏཾ་པྲ་ཏཱིཙྪ ་ན་མཿ རྡོ་རྗེ་སྒེག་མོའི་མཆོད་པ་ནི། །བཛྲ་ལཱ་སྱཾ་པྲ་ཏཱིཙྪ ་ན་མཿ རྡོ་རྗེ་བཞད་མའི་ མཆོད་པ་འདི། །བཛྲ་ཧཱ་སྱཾ་པྲ་ཏཱིཙྪ ་ན་མཿ རྡོ་རྗེ་སིལ་སྙན་རྣམ་མང་པོ། །བཛྲ་ཝཱ་ཏྱཾ་པྲ་ཏཱིཙྪ ་ན་ 8-1-149 མཿ རྡོ་རྗེ་གར་གྱི་མཆོད་སྤྲིན་འདི། །བཛྲ་ནྲ ་ཏྱཱཾ་པྲ་ཏཱིཙྪ ་ན་མཿ རྡོ་རྗེ་གླུ་དབྱངས་ཡིད་འཕྲོག་ ལྡན། །བཛྲ་གཱི ་ཏཾ་པྲ་ཏཱིཙྪ ་ན་མཿ རྡོ་རྗེ་འདོད་པའི་མཆོད་པ་མཆོག །བཛྲ་ཀཱ་མཾ་པྲ་ཏཱིཙྪ ་ན་མཿ ཙ་སྡེ་ཐུང་རིང་ལས་སྐྱེས་པའི། །དྲི་ཆབ་མ་དང་ཕྲེང་བ་མ། །ནམ་མཁའ་ཁྱབ་པའི་ཚོགས་ སྤྲུལ་ནས། །དཀྱིལ་འཁོར་ལྷ་ལ་མཆོད་པ་འབུལ། །ༀ་ཙྪྫྫྷྙ ་ བཛྲ་གནྡྷེ་གནྡྷ་ཨརྩ་ནཾ་ཀུ་རུ་ཀུ་རུ་ སྭཱཧཱ། ༀ་ཙྪྫྫྷྙཱ ་ བཛྲ་མཱ་ལེ་མཱ་ལ༴ ཊ་སྡེ་ཐུང་རིང་ལས་སྐྱེས་པའི། །བདུག་སྤོས་མ་དང་སྣང་གསལ་ མ།། ནམ་མཁའ༴ དཀྱིལ་འཁོར་ལྷ༴ ༀ་ཊྛྜྜྷྞ ་ བཛྲ་དྷཱུ་པེ་དྷཱུ་པ༴ ༀ་ཊྛྜྜྷྞཱ ་བཛྲ་པྲ་དཱི་པེ་པྲ་དཱི་པ༴ པ་ སྡེ་ཐུང་རིང་ལས་སྐྱེས་པའི། །ཞལ་ཟས་མ་དང་འབྲས་བུ་མ། །ནམ་མཁའ༴ དཀྱིལ་འཁོར་ ལྷ༴ ༀ་པྥྦྦྷྨ ་ བཛྲ་ཨ་མྲ ་ཏེ་ཨ་མྲ ་ཏ༴ ༀ་པྥྦྦྷྨཱ ་ བཛྲ་ཨ་ཀྵ་ཏེ་ཨ་ཀྵ་ཏ༴ཏ་སྡེ་ཐུང་རིང་ལས་སྐྱེས་པའི། །སྒེག་མོ་དང་ནི་བཞད་པ་མོ། །ནམ་མཁའ༴ དཀྱིལ་འཁོར་ལྷ༴ ༀ་ཏྠྡྡྷྣ ་ བཛྲ་ལཱ་སྱེ ༴ ༀ་ཏྠྡྡྷྣཱ ་ བཛྲ་ཧཱ་ སྱེ ༴ ཀ་སྡེ་ཐུང་རིང་ལས་སྐྱེས་པའི། །སིལ་སྙན་མ་དང་གར་མཁན་མ། །ནམ་མཁའ༴ དཀྱིལ་ འཁོར་ལྷ༴ ༀ་ཀྑྒྒྷྔ ་ བཛྲ་བཱ་དྱེ༴ ༀ་ཀྑྒྒྷྔཱ ་ བཛྲ་ནྲ ་ཏེ༴ ས་སྡེ་ཐུང་རང་ལས་སྐྱེས་པའི། །གླུ་དབྱངས་ མ་དང་འདོད་པ་མ། །ནམ་མཁའ༴ དཀྱིལ་འཁོར་ལྷ༴ ༀ་??་བཛྲ་གཱི་ཏེ༴ ༀ་??་བཛྲ་ཀཱ་མེ་ སརྦ་བུདྷ་བོ་དྷཱི་སྭ་ཏྭཱཾ་ནཱཾ་ཀྲོ་དྷ་ཨཱ་དཱི་ནཱཾ་བཛྲ་སུ་ར་ཏ་པཱུ་ཛཾ་ཀུ་རུ་ཀུ་རུ་སྭཱཧཱ། ཞེས་རིགས་མ་བཅུ་གཉིས་ ཀྱིས་མཆོད། སྲབ་འཇམ་ཡང་བ་ལྷ་ཡི་གོས། །མི་ཕྱེད་རྡོ་རྗེའི་སྐུ་བརྙེས་ལ། །མི་ཕྱེད་དད་པས་བདག་ འབུལ་ན། །བདག་ཀྱང་རྡོ་རྗེའི་སྐུ་ཐོབ་ཤོག ། རབ་འབར་ནོར་བུ་རིན་ཆེན་ཨནྡ་རྙིལ། །གསེར་དངུལ་ལ་སོགས་རིན་ཆེན་མེ་ཏོག་དང༌། །རེག་ན་བདེ་བ་རྣམ་མང་གོས་ཀྱི་ཚོགས། །ཙནྡན་ལ་སོགས་དྲི་བཟང་སྦྱར་བའི་ཆབ། །དྲི་ ཞིམ་བདུག་སྤོས་བསྲེགས་པའི་སྤྲིན་ཚོགས་དང༌། །རྩི་བཅུད་འབྲུ་མར་དང་བཅས་སྒྲོན་མེའི་ ཚོགས། །གྲག་སྟོང་གཉིས་སུ་མེད་པ་དྲིལ་བུའི་སྒྲ། །གསལ་སྣང་གཟུགས་བརྙན་འཆར་བའི་ 8-1-150 མེ་ལོང་དང༌། །ལྷ་རྫས་བླ་བྲེ་ནམ་མཁའི་ཚད་འཇལ་བྱེད། །རྣམ་མང་འབྲས་བུ་སྣ་ཚོགས་ བཅུད་སྟེར་ཞིང༌། །ལྷབ་ལྷུབ་གཡོ་བ་བ་དན་རྣམ་ལྔའི་ཚོགས། །འཇོ་སྒེག་རྣམ་འགྱུར་སྤྲོ་བའི་ གར་མཁན་དང༌། །སྒྲ་སྙན་སྣ་ཚོགས་རོལ་མོའི་མཆོད་པ་སྟེ། །བཅུ་གསུམ་དཀྱིལ་འཁོར་ལྷ་ ཚོགས་རྣམས་ལ་འབུལ། །ཡན་ལག་བཅུ་གཉིས་འཕོ་བ་རབས་འགགས་ནས། །བཅུ་གསུམ་ རྡོ་རྗེ་འཛིན་པའི་ས་ཐོབ་ཤོག ། རབ་དྭངས་ཡན་ལག་བརྒྱད་ལྡན་ཆུ་གཙང་དང༌། །འོ་ཆབ་མེ་ཏོག་བཅས་པའི་མཆོན་ ཡོན་བཟང༌། །རླུང་གིས་བསྐྱོད་པའི་དྲི་བཟང་མཁའ་ཁྱབ་དང༌། །ལྷན་གཅིག་སྐྱེས་དང་སྦྱར་ བའི་བདུག་སྤོས་དང༌། །ཨུཏྤལ་པདྨ་ལ་སོགས་མེ་ཏོག་བཀྲ། །མ་ཉམས་ས་ཧ་ཀ་རའི་འབྲས་ བུ་སྨིན། །སྨན་མཆོག་དབང་པོ་ལ་སོགས་འབྲུ་སྣ་ཚོགས། །ཉི་ཟླ་ནོར་བུ་ལ་སོགས་སྣང་ གསལ་ཚོགས། །བདུད་རྩི་རོ་བརྒྱ་ལྡན་པའི་ལྷ་བཤོས་དང༌། །ཀཉྩ་ལི་ཀ་ལྷ་ཡི་གོས་ཀྱི་མཆོག །མཆོད་པ་རྣམས་བཅུ་ཕུལ་བས་ས་བཅུ་ཐོབ། །དཀྱིལ་འཁོར་རྣམས་བཅུ་སྒྲིབ་བྲལ་ཐོབ་པར་ ཤོག ། ཇི་ལྟར་སྔོ ན་གྱི་སངས་རྒྱས་ལ། །བཀྲ་ཤིས་དཔལ་བེའུ་གཡུང་དྲུང་འཁྱི ལ། །དགེ་བའི་ དོན་དུ་མངའ་བ་ལྟར། །དེ་བཞིན་བདག་ཀྱང་དབུལ་བར་བགྱི། །ཇི་ལྟར༴ གསེར་གྱི་འཁོར་ ལོ་མུ་ཁྱུད་ཅན། །ཚང་པ་ཆེན་པོས་ཕུལ་བ་ལྟར། །དེ་བཞིན༴ ཇི་ལྟར༴ འདམ་ཀྱི་སྐྱོན་གྱིས་ མ་གོས་པའི། །པདྨ་དཀར་པོ་ཕུལ་བ་ལྟར། །དེ་བཞིན༴ ཇི་ལྟར༴ ཉོན་མོངས་བདུད་ལས་ རྒྱལ་བ་ཡི། །ཆོས་ཀྱིས་རྒྱལ་མཚན་ཕུལ་བ་ལྟར། །དེ་བཞིན༴ ཇི་ལྟར༴ གདུགས་དཀར་ གསེར་གྱི་ཡུ་བ་ཅན། །ཕུལ་བ་དེ་བཞིན་བདག་འབུལ་ན། །ཅི་བདེ་བར་ནི་བཞེས་སུ་གསོལ། །ཇི་ལྟར༴ རེ་བ་ཐམས་ཅད་རྫོགས་མཛད་པའི། །བུམ་པ་བཟང་པོ་ཕུལ་བ་ལྟར། །དེ་བཞིན༴ ཇི་ལྟར༴ སྙན་པ་ཕྱོགས་བཅུར་སྒྲོག་པ་ཡི། །འབུད་དུང་གཡས་འཁྱི ལ་ཕུལ་བ་ལྟར། །དེ་ 8-1-151 བཞིན༴ ཇི་ལྟར༴ ན་བཟའ་གསེར་གྱི་ཉ་རིས་ཅན། །ཕུལ་བ་དེ་བཞིན་བདག་འབུལ་ན། །ཅི་བདེ་བར་ནི་བཞེས་སུ་གསོལ། ། ཕྱོགས་ལས་རྣམ་རྒྱལ་གསེར་གྱི་འཁོར་ལོ་དང༌། །དགོས་འདོད་མ་ལུས་སྩོལ་བ་ཡིད་ བཞིན་ནོར། །གཟུགས་མཛེས་སྐྱོན་ཀུན་བྲལ་བ་བཙུན་མོའི་མཆོག །བང་མཛོད་མ་ལུས་ འགེངས་བྱེད་བློན་པོའི་ཕུལ། །ཡིད་འོང་སྟོབས་ལྡན་གླང་པོའི་བདག་པོ་དང༌། །ཅང་ཤེས་ སྤྲིན་གྱི་ཤུགས་ཅན་རྨད་བྱུང་རྟ། །རྒོ ལ་བ་ཀུན་འཇོམས་ཁྱི མ་བདག་དཔའ་བོ་ཆེ། །དེ་ལྟར་ རིན་ཆེན་བདུན་གྱིས་དཀྱིལ་འཁོར་མཆོད། ། དྲི་མེད་ཆོས་ཀུན་གསལ་བའི་མེ་ལོང་དང༌། །གཡས་འཁྱི ལ་ཆོས་སྒྲ་མི་ཟད་སྒྲོག་པའི་ དུང༌། །དུག་གསུམ་ཉོན་མོངས་འཇོམས་པའི་གི་ཧཾ་དང༌། །རྩི་བཅུད་སྙིང་པོ་བདུད་རྩིའི་རང་ བཞིན་ཞོ། །ཁམས་གསུམ་དབང་དུ་བསྡུད་པ་ལི་ཁྲིའི་རྫས། །རྡོ་རྗེ་སེམས་དཔའི་ཚེ་སྒྲུབ་ དུར་བའི་རྩྭ། །དོན་མཆོག་བླ་མེད་སྒྲུབ་པ་བིལ་བའི་འབྲས། །བགེགས་དང་བར་ཆད་ཀུན་ འཇོམས་ཡུངས་ཀར་ཏེ། །རྒྱལ་བའི་བྱིན་རླབས་བཀྲ་ཤིས་རྫས་བརྒྱད་པོ། །ཕུལ་བས་འགྲོ་ ལ་དགེ་ལེགས་འཕེལ་བར་ཤོག ། ཉོན་མོངས་མ་ལུས་བཅོམ་པའི་སྟག་ལྤགས་དང༌། །སྒྲིབ་པ་ཀུན་བྲལ་གླང་ཆེན་པགས་ པའི་གོས། །འཇིག་བྱེད་ཧེ་རུ་ཀ་དཔལ་མཉེས་བྱེད་པ། །སྣ་ཚོགས་ན་བཟའི་མཆོད་པ་དབུལ་ བར་བགྱི། །དབང་སྔོ ན་ཀརྐེ ་ཏ་ན་ཆུ་ཤེལ་དང༌། །པད་དམར་མ་ར་ཏ་ཀ་མུ་ཏིག་དང༌། །འཛམ་ བུ་ཆུ་བོའི་གསེར་དང་དངུལ་ལ་སོགས། །བཟའ་དང་བཅའ་བ་རྣམ་པ་དུ་མ་དང༌། །རྩ་བ་སྡོང་ བུ་འདབ་མ་མེ་ཏོག་དང༌། །ལྗོན་ཤིང་ལ་སོགས་རྣམ་པ་སྣ་ཚོགས་པ། །བསོད་ནམས་སྤེལ་ ཕྱིར་དཀྱིལ་འཁོར་ལྷ་ལ་འབུལ། །རལ་གྲི་ཁང་པ་པགས་པ་སྐྱེད་མོས་ཚལ། །མལ་ཆ་གོས་ དང་མཆིལ་ལྷྭམ་རིན་པོ་ཆེ། །པདྨ་ཅན་སོགས་བཀྲ་ཤིས་ལྷ་མོ་བརྒྱད། །སྣ་ཚོགས་རིན་ཆེན་ 8-1-152 ལས་གྲུབ་ཁང་བཟང་དང༌། །དཔག་བསམ་ཤིང་དང་བུམ་པ་བཟང་བོ་དང༌། །འདོད་འཇོའི་ བ་དང་རིན་ཆེན་རི་བོ་སོགས། །མཆོད་སྤྲིན་རྒྱ་མཚོས་དཀྱིལ་འཁོར་ལྷ་ཚོགས་མཆོད། ། ཀུནྡ་རབ་ཏུ་ཁྱབ་བྱེད་དྲི་བཟང་དང༌། །རྣམ་དག་ཉི་མས་དག་བྱེད་མེ་ཏོག་ཕྲེང༌། །དོན་ དམ་དབྱིངས་ཀྱི་དཀྱིལ་འཁོར་ལྷ་ལ་འབུལ། །འགྲོ་བས་རྣམ་དག་ཟླ་ཉི་ཐོབ་པར་ཤོག །གཏུམ་མོ་འབར་བས་ཀུན་རྟོག་བསྲེགས་པའི་སྤོས། །སྙིང་ནང་གཞོམ་མེད་འབར་བའི་སྣང་ གསལ་ཚོགས། །དོན་དམ་དབྱིངས་ཀྱི་དཀྱིལ་འཁོར་ལྷ་ལ་འབུལ། །སྤྲོས་བྲལ་ཡེ་ཤེས་སྣང་ བ་ཐོབ་པར་ཤོག །འདོད་ཡོན་གཞན་མཆོག་བདུད་རྩི་ཞལ་ཟས་ལྔ། །ཐིག་ལེ་ནོར་བུར་ བཅིངས་པའི་མ་ཉམས་འབྲུ། །དོན་དམ་དབྱིངས༴ སྟོང་པའི་གཟུགས་ཀྱི་བྱང་སེམས་འཆིང་ བར་ཤོག །མ་དག་གནས་གྱུར་ཡེ་ཤེས་སྒེག་མོའི་ལུས། །ལས་རླུང་དྷཱུ་ཏིར་ཐིམ་པ་བཞད་ སྒྲའི་དབྱངས། །དོན་དམ་དབྱིངས༴ རྡོ་རྗེའི་སྐུ་དང་བཅུ་གཉིས་ས་ཐོབ་ཤོག །གཞོམ་མེད་ ནཱ་དའི་རོལ་མོ་སིལ་སྙན་མཆོག །རྣམ་གསུམ་ཕྱག་བརྒྱའི་རོལ་བ་བདེ་བའི་གར། །དོན་དམ་ དབྱིངས༴ གྲག་སྟོང་སྒྲ་དང་སྒྱུ་རྩལ་མཆོག་ཐོབ་ཤོག །སྒྲ་དབྱངས་རྒྱ་མཚོ་ཆོས་ཉིད་རྡོ་རྗེའི་ གླུ། །མི་འགྱུར་བདེ་སྒྲུབ་ཕྱག་ཆེན་འདོད་པ་མོ། །དོན་དམ་དབྱིངས༴ རྡོ་རྗེའི་གསུང་དང་མི་ འགྱུར་བདེ་ཐོབ་ཤོག །ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོཿབི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུད་ག་ཏེ་སྥ་ར་ཎ་ ཨི་མཾ་ག་ག་ན་ཁཾ་སྭཱཧཱ། ལན་གསུམ་ལ་སོགས་པ་ཅི་རིགས་བརྗོད། ལྔ་པ་བསྟོད་པ་ནི་རོལ་ཆེན་དང་བཅས་ཏེ། དང་པོ་མི་བསྐྱོད་པའི་ངོ་བོ་ཆོས་དབྱིངས་ཡེ་ཤེས་ལ་བསྟོད་པ་ནི། མཆོག་ སྦྱིན་རྡོ་རྗེ་མཆོག་ཁྱོ ད་འདུད། །ཡང་དག་མཐར་གྱུར་ཁྱོ ད་ལ་འདུད། །སྟོང་ཉིད་ལས་བྱུང་ཁྱོ ད་ ལ་འདུད། །སངས་རྒྱས་བྱང་ཆུབ་ཁྱོ ད་ལ་འདུད། །གཉིས་པ་རྣམ་པར་སྣང་མཛད་ཀྱི་ངོ་བོ་མེ་ལོང་ཡེ་ཤེས་ལ་ བསྟོད་པ་ནི། སངས་རྒྱས་ཆགས་པ་ཁྱོ ད་ལ་འདུད། །སངས་རྒྱས་འདོད་ལ་ཕྱག་འཚལ་འདུད། །སངས་རྒྱས་དགེས་པ་ཁྱོ ད་ལ་འདུད། །སངས་རྒྱས་རོལ་ལ་ཕྱག་འཚལ་འདུད། །གསུམ་པ་སྣང་ 8-1-153 བ་མཐའ་ཡས་ཀྱི་ངོ་བོ་སོར་རྟོག་ཡེ་ཤེས་ལ་བསྟོད་པ་ནི། སངས་རྒྱས་འཛུམ་པ་ཁྱོ ད་ལ་འདུད། །སངས་རྒྱས་ བཞད་ལ་ཕྱག་འཚལ་འདུད། །སངས་རྒྱས་གསུང་ཉིད་ཁྱོད་ལ་འདུད། །སངས་རྒྱས་ཐུགས་ ལ་ཕྱག་འཚལ་འདུད། །བཞི་པ་རིན་ཆེན་འབྱུང་ལྡན་གྱི་ངོ་བོ་མཉམ་ཉིད་ཡེ་ཤེས་ལ་བསྟོད་པ་ནི། མེད་པ་ལས་ བྱུང་ཁྱོ ད་ལ་འདུད། །སངས་རྒྱས་འབྱུང་བ་ཁྱོ ད་ལ་འདུད། །ནམ་མཁའ་ལས་བྱུང་ཁྱོ ད་ལ་ འདུད། །ཡེ་ཤེས་ལས་བྱུང་ཁྱོ ད་ལ་འདུད། །ལྔ་པ་དོན་ཡོད་གྲུབ་པའི་ངོ་བོ་བྱ་གྲུབ་ཡེ་ཤེས་ལ་བསྟོད་པ་ནི། སྒྱུ་ འཕྲུལ་དྲ་བ་ཁྱོ ད་ལ་འདུད། །སངས་རྒྱས་རོལ་སྟོན་ཁྱོ ད་ལ་འདུད། ཐམས་ཅད་ཐམས་ཅད་ ཁྱོ ད་ལ་འདུད། །ཡེ་ཤེས་སྐུ་ཉིད་ཁྱོ ད་ལ་འདུད། །ཅེས་པའོ། ། དེ་ནས་དྲིལ་བསིལ་དང་བཅས་ཏེ། སྟོང་ཉིད་སྙིང་རྗེའི་བདག་ཉིད་ཅན། །སྲིད་གསུམ་སྐྱེ་འཇིག་ མེད་པའི་དངོས། །ཤེས་དང་ཤེས་བྱ་གཅིག་པའི་སྐུ། །དཔལ་ལྡན་དུས་འཁོར་ལ་ཕྱག་འཚལ། །ཕྲ་རབ་རྡུལ་གྱི་ཆོས་ཉིད་འདས། །པྲ་ཕབ་པ་ཡི་རང་བཞིན་ཅན། །རྣམ་པ་ཀུན་ཀྱི་མཆོག་ ལྡན་མ། །ཕྱག་རྒྱ་ཆེན་མོ་དེ་ལ་འདུད། །དུས་ཀྱི་འཁོར་ལོ་བདེ་ཆེན་པོ། །སྐུ་གསུམ་མཆོག་ དང་དཀྱིལ་འཁོར་གསུམ། །རྡོ་རྗེ་གསུམ་མཆོག་རྡོ་རྗེ་དབྱིངས། །འགྱུར་བ་མེད་ལ་ཕྱག་ འཚལ་ལོ། །རྣམ་རྟོག་སྒོམ་པ་ལས་འདས་པ། །ཕྱག་རྒྱ་ཆེན་པོ་མི་འགྱུར་བདེ། །གཟུང་བ་ འཛིན་པ་དབྱིབས་དག་དང༌། །རྟོགས་དང་དཔྱོད་པ་རྣམ་པར་སྤངས། །དྲི་ཟའི་གྲོང་ཁྱེ ར་རྣམ་ པ་དང༌། །པྲ་ཕབ་པ་ཡི་རང་བཞིན་ཅན། །ཤེས་རབ་ཐབས་ཀྱི་བདག་ཉིད་སྦྱོར། །ཨེ་ཝཾ་ཡི་གེ་ དེ་ལ་འདུད། །སངས་རྒྱས་ཀུན་གྱི་བསྐྱེད་མཛད་མ། །སྐྱེ་བ་དང་ནི་འཇིག་པ་སྤངས། །ཀུན་ཏུ་ བཟང་པོ་སྤྱོད་པ་ཅན། །སྣ་ཚོགས་ཡུམ་དེ་ལ་ཕྱག་འཚལ། །ཨཱ་ལི་ཀཱ་ལི་སྙོམ་འཇུག་དང༌། །ཧཱུཾ་ ཕཊ་ཡི་གེ་སོགས་སྤངས་ཀྱང༌། །འགྱུར་བ་མེད་ལས་འཁྲུངས་པའི་སྐུ། །དུས་ཀྱི་འཁོར་ལོ་དེ་ ལ་འདུད། །ཀུན་མཁྱེ ན་ཡེ་ཤེས་སྐུ་ཞེས་པ། །ཁྱབ་བདག་ཉི་མ་ལྟ་བུའི་སྐུ། །པདྨའི་འདབ་མ་ རྒྱས་པའི་སྤྱན། །དེ་ཉིད་བཅུ་དྲུག་དབྱེ་བ་ལས། །སྐུ་བཞིའི་བདག་ཉིད་སངས་རྒྱས་ནི། །རྡོ་རྗེ་ 8-1-154 སེང་གེའི་གདན་བཞུགས་པ། །ལྷ་དང་ལྷ་མིན་ཀྱིས་བསྟོད་སྔོ ན། །ཟླ་བཟང་གིས་གསོལ་དེ་ ལ་འདུད། ། རྣམ་པར་བཅས་ཀྱང་རྣམ་མེད་བཅོམ་ལྡན་འདས་མ་ཤེས་རབ་མ་སྟེ་དེ་ཡིས་འཁྱུད། །སྐྱེ་ འཇིག་སྤངས་པའི་འགྱུར་མེད་བདེ་བ་དང་ལྡན་རྒོ ད་པ་ལ་སོགས་བདེ་བ་སྤངས། །སངས་ རྒྱས་རྣམས་ཀྱི་བསྐྱེད་མཛད་སྐུ་གསུམ་རྣམས་དང་ལྡན་ཞིང་དུས་གསུམ་ཡང་དག་རིག །ཀུན་ མཁྱེ ན་མཆོག་གི་དང་པོའི་སངས་རྒྱས་བཅོམ་ལྡན་གཉིས་མེད་དེ་ཉིད་ལ་ཕྱག་འཚལ། །གང་ ལ་ཐོག་མཐའ་དབུས་མེད་གནས་དང་འཆི་དང་སྲིད་པ་ནི་སྒྲ་དང་དྲི་དང་རོ་དག་དང༌། །རེག་ བྱ་གཟུགས་དང་སེམས་མེད་རང་བཞིན་དང་ནི་སྐྱེས་བུ་མེད་ཅིང་འཆིང་དང་གྲོལ་དང་བྱེད་པོ་ མེད། །ས་བོན་དང་ནི་གསལ་བར་དུས་མེད་མཐའ་དག་སྲིད་པའི་སྡུག་བསྔལ་བདེ་བ་ཉིད་ ཀྱི་རང་བཞིན་མེད། །མྱ་ངན་འདས་པ་མཚན་མ་མེད་ཅིང་བྱེད་པ་རྣམ་བྲལ་ཡོན་ཏན་མེད་ པ་དེ་ལ་ཕྱག་འཚལ་ལོ། །དུས་དང་སྣ་ཚོགས་ལ་སོགས་རྡོ་རྗེ་དང་ནི་སྐྱེས་བུ་དཔེ་མེད་ཀུན་ འགྲོ་སྤྲོས་པ་མེད་པ་སྟེ། །ཐེར་ཟུག་དུ་གནས་སྙན་དང་ཤངས་དང་ཞལ་དང་སྤྱན་དང་དབུ་ དང་ཕྱག་དང་ཞབས་ནི་ཐམས་ཅད་པ། །འབྱུང་པོའི་མཐའ་སྟེ་འབྱུང་པོའི་མགོན་པོ་མཆོག་ གི་སྲིད་པ་གསུམ་འཛིན་རྒྱུ་རྣམས་དག་གི་རྒྱུར་གྱུར་པ། །རིག་པ་ལ་སོགས་རྣལ་འབྱོར་དག་ གིས་རྟོགས་བྱ་མཆོག་བདེའི་གོ་འཕང་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ། །སྤྲོ་བྱེད་ནུས་མའི་ གཟུགས་གཞན་གློག་གི་མེ་དང་མཚུངས་ཤིང་ཉི་མ་བཅུ་གཉིས་དག་གི་གཟི་བརྗིད་ཅན། །ཡེ་ ཤེས་རྡོ་རྗེའི་སྣང་བ་མཆོག་གི་གོ་འཕང་བགྲོད་བྱེད་རྣམ་པར་བཅད་པ་དེ་ལ་ཕྱག་འཚལ་ལོ། །དཀར་པོ་འཇིག་རྟེན་གསུམ་གྱི་མགོན་པོ་རི་བོང་འཛིན་པ་ལས་འཛག་འཇིག་རྟེན་སྤྱི་བོར་ ཡང་དག་གནས། །བདུད་རྩི་འཆི་བ་སེལ་ཞིང་སྲིད་པའི་འཇིགས་པ་འཇོམས་པར་བྱེད་པ་ ཐིག་ལེའི་གཟུགས་ལ་ཕྱག་འཚལ་ལོ། །སེམས་ཙམ་སྔགས་ཀྱི་ངོ་བོ་ལྷ་ཡིས་ཡོངས་སུ་བསྐོར་ 8-1-155 བ་སྡུག་བསྔལ་དང་ནི་བདེ་བའི་རང་བཞིན་ཏེ། །དམ་པ་རྣམས་ལ་ཞི་བའི་གཟུགས་ནི་རང་ གིས་བྱས་པའི་ཉམས་མྱོང་མི་ཟད་རྣམས་ལ་མི་ཟད་པ། །གང་གིས་ལས་གང་རབ་བྱས་རང་ གི་སེམས་ལ་ཆོ་ག་བཞིན་ཏུ་དེ་ཡི་འབྲས་བུ་དེ་བསྐྱེད་པ། །འཇིག་རྟེན་དབང་པོ་སྣ་ཚོགས་ གཟུགས་ཅན་སྲིད་གསུམ་བསྐྱེད་མཛད་རྡོ་རྗེ་སེམས་དཔའ་ལ་ཡང་ཕྱག་འཚལ་ལོ། །གཅིག་ དང་དུ་མ་དག་ཀྱང་གཅིག་ཅིང་མཉམ་དང་མི་མཉམ་པ་དང་མཉམ་པ་གཡས་གཡོན་མདུན་ རྒྱབ་དང༌། །སྟེང་འོག་ཀུན་ནས་དཀར་ལྗང་སྣ་ཚོགས་ཁ་དོག་ཆེན་པོ་གཅིག་གི་གཟུགས་ཏེ་ ཐུང་ངུ་རིང་པོ་དང༌། །ཤིན་ཏུ་རིང་པོ་ཡོན་ཏན་མེད་ཅེས་ཡོན་ཏན་དང་བཅས་བུད་མེད་སྐྱེས་ པའམ་སྐྱེས་པ་བུད་མེད་མིན། །གང་ཞིག་ཀུན་གྱི་རྟེན་གཅིག་བྷ་ག་བཟང་མོ་མཆོག་གི་བྷ་ག་ ཁྱོ ད་ལ་འདུད་དེ་ཁྱོ ད་ལ་འདུད། །ཅེས་པ་ལ་སོགས་པ་ཇི་ལྟར་འོས་པས་བསྟོད། དྲུག་པ་བསྔོ ་བ་ནི། བསོད་ནམས་འདི་ཡིས་འགྲོ་རྣམས་དུ་བ་ལ་སོགས་ལམ་གྱིས་ལྷན་ སྐྱེས་བདེ་བ་མཆོག་བསྒོམས་ཏེ། །འགྲོ་བའི་བླ་མ་སུམ་ཅུ་རྩ་གཉིས་མཚན་ལྡན་སྐུ་ནི་ཆོས་ ཀྱི་འཁོར་ལོར་ཡང་དག་གནས། །ལྷ་རྣམས་མགོ་ཡི་གཙུག་གི་ནོར་བུའི་འོད་ཟེར་ཚོགས་ ཀྱིས་ཞབས་ཀྱི་པདྨ་ལ་གཏུགས་ཤིང༌། །དམ་པའི་ལམ་སྟོན་ཉིན་བྱེད་བཞིན་དུ་མུན་པ་ཀུན་ འཇོམས་དུས་ཀྱི་འཁོར་ལོ་ཉིད་གྱུར་ཅིག །ཉི་མ་དང་བཅས་ཐུབ་པའི་རིགས་རྣམས་ཀྱིས་ནི་ ཤེས་རབ་ཡེ་ཤེས་ཐོབ་པར་གྱུར་འདི་ཇི་ལྟ་བར། །རྣམ་གསུམ་སྲིད་པར་གནས་པའི་སེམས་ ཅན་རྣམས་ནི་དུས་ཀྱི་འཁོར་ལོའི་དྲིན་ལས་ཨེ་ཝཾ་ཉིད་གྱུར་ཅིག །སྐྱེས་བུ་གང་དག་བདུད་ ཀྱི་གྲོགས་ཀྱིས་རྟག་ཏུ་མི་བདེན་མུན་པར་སོང་ཞིང་ལམ་ཉམས་པ། །དེ་རྣམས་ལམ་འདི་ཐོབ་ ནས་རྡོ་རྗེ་ནོར་བུའི་ཁྱི མ་དང་རིང་བ་མིན་པར་འོང་གྱུར་ཅིག །རྣལ་འབྱོར་བདག་ཅག་རྣལ་ འབྱོར་མ་ཐོབ་རབ་ཏུ་གཡོ་བའི་ཡིད་ཀྱིས་གལ་ཏེ་ཤི་བར་གྱུར་ན་ཡང༌། །དཔལ་ལྡན་མི་ཡི་ འཇིག་རྟེན་དུ་ནི་རབ་མཆོག་ཐུབ་པའི་རིགས་སུ་རྣལ་འབྱོར་ལྡན་པར་སྐྱེ་བ་དང༌། །སྔོ ན་གྱི་ 8-1-156 གོམས་པ་དེ་ཡིས་སླར་ཡང་ཡེ་ཤེས་རྣལ་འབྱོར་ཡངས་པ་དག་ནི་ཀུན་ཏུ་འཛིན་པ་དང༌། །ཡེ་ ཤེས་ཐོབ་ནས་མི་ཟད་མཆོག་གི་གནས་སུ་རབ་བགྲོད་སླར་ཡང་གང་དུའང་སྐྱེ་ལྡན་མིན་གྱུར་ ཅིག །དགྲ་དང་སེང་གེ་གླང་ཆེན་དབང་པོ་མེ་དང་ལྟོ ས་འགྲོའི་བདག་དང་ཆོམ་རྐུན་ཞགས་ པས་འཆིང༌། །ཆུ་གཏེར་འཁྲུགས་དང་ཤ་ཟ་འཆི་བའི་འཇིག་བྱེད་ནད་དང་དབང་པོའི་ཉེ་བར་ འཚེ་བ་དང༌། །དབུལ་དང་བུད་མེད་དང་བྲལ་མི་བདག་འཁྲུགས་པའི་འཇིགས་དང་རྡོ་རྗེ་ ལྟུང་དང་དོན་ཉམས་རྣམས། །བདག་གིས་རྣལ་འབྱོར་མ་རྣམས་ཞབས་ནི་གསལ་བར་དྲན་ པའི་མཐུ་ལས་རབ་ཏུ་ཉམས་གྱུར་ཅིག །ཅེས་མདོ་སྔགས་མཆོད་པའི་ཁ་སྐོང་ཤེར་དཀར་ཕྲེང་བ་བདེ་སྟོང་སྐྲུན་ བྱེད་འདི་ཡང་མཆོད་ཆོག་ཉེར་མཁོ་ལྟར་མ་ཏིས་བསྒྲིགས་པའོ།། །། སྨྲས་པ། བསམ་ཡས་སྒྱུ་འཕྲུལ་དྲ་བའི་རིགས་ཀུན་གྱི། །ཁྱབ་བདག་གཅིག་པུ་གཉུག་ མ་རྡོ་རྗེའི་སྐུར། །རྒྱུད་ཚིག་ཟབ་དོན་ཤེལ་དཀར་ཕྲེང་བ་འདི། །སྐྱེ་དགུའི་དཔལ་དུ་མ་ཏིས་ ལེགས་པར་བསྒྲིགས། །ལྷག་བསམ་དག་པའི་ཞབས་ཏོག་ཁོ་ནས་ཆེད། །པར་བཞེངས་བློ་ བཟང་དགེ་ལེགས་བཟང་པོ་སོགས། །འདི་ལ་བརྩོན་པས་འགྲོ་མང་ཤམྦྷ་ལར། །སྐྱེས་པས་ རྒྱུད་རྒྱལ་དོན་ཀུན་རྟོགས་གྱུར་ཅིག །པར་སྨོན་བློ་བཟང་མིང་གིས་སོ།། །། 8-1-157 ༄༅། །མཆོད་ཆོག་ཉེར་བསྒྲིགས་ཉུང་བསྡུས་སུ་ལེགས་པར་ བཀོད་པ་ཚོགས་གཉིས་ལེགས་བསྐྲུན་ ཞེས་བྱ་བ་བཞུགས་སོ། ། ༄༅། །བླ་མ་རྒྱལ་བ་སྲས་དང་བཅས་པ་ལ་ཕྱག་འཚལ་ནས་འདིར་མཆོད་པའི་བསྒྲིགས་ཆོག་གི་ཐབས་ལ། མདོ་ མཆོད་ཡན་ལག་བདུན་གྱི་སྒོ་ནས་བྱ་བའི་ཚུལ་དང༌། སྔགས་མཆོད་ཡན་ལག་ལྔའི་སྒོ་ནས་བྱ་ཚུལ་གཉིས་ལས། དང་པོ་ལ། ཕྱག་འཚལ། མཆོད་འབུལ། སྡིག་བཤགས། རྗེས་སུ་ཡི་རང༌། ཆོས་འཁོར་བསྐོར་བསྐུལ། མྱ་ངན་མི་འདའ་བར་གསོལ་བ། དགེ་བ་བསྔོ ་བ་དང་བདུན་ལས། དང་པོ་མཆོད་ཡུལ་བཞུགས་པའི་གནས་བྱིན་གྱིས་བརླབས་ཤིང་དེར་སྤྱན་དྲངས་ཏེ་ཕྱག་འཚལ་བ་ནི། འདི་སྐད། དཀོན་མཆོག་གསུམ་གྱི་བདེན་པ་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ ཅད་ཀྱི་བྱིན་གྱིས་རླབས་དང༌། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང་ ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་དེ་བཞིན་གཤེགས་ པའི་མདོ་སྡེ་ལས་བྱུང་བའི་ཆོ་ག་བཞིན་འདིར་རྒྱལ་བ་སྲས་དང་བཅས་པ་གདན་འཛོམ་པའི་ བཞུགས་གནས་ཀྱི་གཞི་འདི་དག ས་གཞི་རིན་པོའི་ཆེའི་རང་བཞིན། དྲི་མ་མེད་ཅིང་འོད་ གསལ་བ། ངོ་མཚར་བའི་མཚོ་རྫིང༌། མེ་ཏོག་མུ་ཏིག་གི་བྱེ་མ་གྲམ་བུར་བརྡལ་བ། རིན་ པོའི་ཆེའི་ལྗོན་ཤིང་འབྲས་བུས་གཡུར་ཟ་ཞིང་བྱ་ཚོགས་མཛེས་པའི་སྐད་སྙན་སྒྲོགས་པ། གསེར་གྱི་དྲིལ་བུ་གཡེར་ཁ་འཁྲོལ་བ་ལས། དམ་པའི་ཆོས་ཀྱི་སྒྲ་འབྱུང་བའི་གནས་ན་ 8-1-158 གཞལ་མེད་ཁང་ཆེན་པོ་རིན་པོ་ཆེ་སྣ་བདུན་མཆོག་དུ་འབར་བའི་བཀོད་པ་ལས་འོད་ཟེར་གྱི་ སྣང་བ་ཆེན་པོའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་རྒྱས་པར་འགེངས་པ་རྒྱ་ཡོངས་སུ་ མ་ཆད་ཅིང་ཁམས་གསུམ་གྱི་སྤྱོད་ཡུལ་ལས་ཡང་དག་པར་འདས་ཤིང་བླ་ན་མེད་པའི་དགེ་ བའི་རྩ་བ་ལས་རྣམ་པར་བསྐྲུན་པ་མི་དང་མི་མ་ཡིན་པ་རྣམ་པར་རྒྱུ་བ་ཆོས་ཀྱི་རོའི་དགའ་བ་ དང་ལྡན་ཞིང༌། ཉོན་མོངས་པའི་གནོད་པ་དང་བྲལ་བ་ཐམས་ཅད་ཀྱི་བཀོད་པ་ལས་ལྷག་པ་ རྣམ་ཐར་སྒོ་གསུམ་གྱི་རང་བཞིན་ཆོས་ཀྱི་དབྱིངས་དང་མཉམ་པའི་ཕོ་བྲང་རྒྱ་ཆེ་བའི་དབུས་ སུ་གདན་བཀོད་ཕུན་སུམ་ཚོགས་པའི་སྟེང་ན་ཕྱོགས་བཅུའི་ཞིང་རབ་འབྱམས་ནས་བྱོན་པའི་ སངས་རྒྱས་དང་འཁོར་བྱང་ཆུབ་སེམས་དཔའི་ཚོགས་གྲངས་མེད་པ་བཅས་གདུལ་བྱ་མཐའ་ དག་གི་ཕན་པ་དང་བདེ་བའི་སླད་དུ་བདག་སོགས་སྐྱོབ་པའི་ཆེད་མགོན་སྐྱབས་དང་དཔུང་ གཉེན་དུ་སྤྱན་འདྲེན་ཅིང་མཆིས་ན། མཆོད་པའི་ཚོགས་སྦྱར་བའི་ཕོ་བྲང་གི་དཀྱིལ་འཁོར་ འདིར་གཤེགས་ཤིང་གདན་འཛོམ་པ་ཆེན་པོ་མཛད་དེ་བྱིན་གྱིས་རླབས་པར་ཅི་གནང༌། ཇི་ སྙེད་སུ་དག་ཕྱོགས་བཅུའི༴ སོགས་ནས། བདག་གིས་བསྟོད། །དུས་གསུམ་གཤེགས་པའི་ སངས་རྒྱས་ཀུན། །ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པས་ནི་བདག་ཕྱག་འཚལ། །བྱང་ཆུབ་སེམས་ཀྱི་གཞི་རྣམས་དང༌། །མཆོད་རྟེན་ རྣམས་ལ་བདག་ཕྱག་འཚལ། །མཁན་པོ་དེ་བཞིན་སློ བ་དཔོན་དང༌། །བརྟུལ་ཞུགས་མཆོག་ ལ་ཕྱག་འཚལ་ལོ། ། གཉིས་པ་མཆོད་པ་འབུལ་བ་ནི། འཕགས་པའི་ཚོགས་དེ་དག་ཐམས་ཅད་ལ། མཆོད་ཡོན་དང་ བྱུག་པ། མེ་ཏོག་དང་བདུག་སྤོས། མར་མེ་དང་དྲི་ཆབ། ཞལ་ཟས་དང་རོལ་མོ། སིལ་སྙན་ གདུགས་དང་བ་དན་ལ་སོགས་པ་དངོས་སུ་ཅི་འབྱོར་བ་འདི་དག་དང་ཕྱོགས་བཅུ་ན་བདག་ པོས་ཡོངས་སུ་མ་བཟུང་བའི་ལྷ་དང་མིའི་རྫས་དམ་པ་བདེ་བའི་ཡོ་བྱད་ཕུན་སུམ་ཚོགས་པ་ 8-1-159 ཐམས་ཅད་དང༌། གཟུང་དང་རིག་པའི་མཐུ་དང་མོས་པའི་སྟོབས་ཀྱིས་བསྐྱེད་པའི་མཆོད་ པའི་སྤྲིན་བཟང་པོ་སྤྱོད་པའི་སྨོན་ལམ་ལས་བྱུང་བའི་རྒྱ་མཚོ་ཐམས་ཅད་ཀྱིས་ནམ་མཁའི་ ཁམས་ཀྱི་མཐའ་ཀླས་པ་ཐམས་ཅད་རྒྱས་པར་བཀང་ཏེ་འབུལ་ལོ། །མཆོད་དོ། །མེ་ཏོག་དམ་ པ་ཕྲེང་བ་དམ་པ་དང༌། །སོགས་ནས། རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། །དེ་བཞིན་ གཤེགས་པ་རྣམས་དང་དམ་པའི་ཆོས། །དཀོན་མཆོག་དྲི་མ་མེད་དང་སངས་རྒྱས་སྲས། །ཡོན་ ཏན་རྒྱ་མཚོ་རྣམས་ལ་ལེགས་པར་མཆོད། །མེ་ཏོག་འབྲས་བུ་ཇི་སྙེད་ཡོད་པ་དང༌། །སྨན་གྱི་ རྣམ་པ་གང་དག་ཡོད་པ་དང༌། །འཇིག་རྟེན་རིན་ཆེན་ཇི་སྙེད་ཡོད་པ་དང༌། །ཆུ་གཙང་ཡིད་དུ་ འོང་བ་ཅི་ཡོད་དང༌། །རིན་ཆེན་རི་བོ་དང་ནི་དེ་བཞིན་དུ། །ནགས་ཚལ་ས་ཕྱོགས་དབེན་ཞིང་ ཉམས་དགའ་དང༌། །ལྗོན་ཤིང་མེ་ཏོག་རྒྱན་སྤྲས་སྤུད་པ་དང༌། །ཤིང་གང་འབྲས་བཟང་ཡལ་ ག་དུད་པ་དང༌། །ལྷ་སོགས་འཇིག་རྟེན་ན་ཡང་དྲི་དང་ནི། །སྤོས་དང་དཔག་བསམ་ཤིང་དང་ རིན་ཆེན་ཤིང༌། །མ་རྨོས་འཁྲུངས་པའི་ལོ་ཏོག་རྣམ་པ་དང༌། །གཞན་ཡང་མཆོད་པར་འོས་ པའི་རྒྱན་རྣམས་ནི། །མཚོ་དང་རྫིང་བུ་པདྨས་བརྒྱན་པ་དང༌། །ངང་པ་ཤིན་ཏུ་སྐད་སྙན་ཡིད་ འོང་ལྡན། །ནམ་མཁའ་རབ་འབྱམས་ཁམས་ཀྱི་མཐའ་གཏུག་པ། །ཡོངས་སུ་བཟུང་བ་མེད་ པ་དེ་དག་ཀུན། །བློ་ཡིས་བླངས་ནས་ཐུབ་པ་སྐྱེས་ཀྱི་མཆོག །སྲས་དང་བཅས་པ་རྣམས་ལ་ ལེགས་འབུལ་ན། །ཡོན་གནས་དམ་པ་ཐུགས་རྗེ་ཆེ་རྣམས་ཀྱིས། །བདག་ལ་བརྩེར་དགོངས་ བདག་གི་འདི་དག་བཞེས། །བདག་ནི་བསོད་ནམས་མི་ལྡན་བཀྲེན་ཆེན་ཏེ། །མཆོད་པའི་ ནོར་གཞན་བདག་ལ་ཅང་མ་མཆིས། །དེས་ན་གཞན་དོན་དགོངས་པའི་མགོན་གྱིས་འདི། །བདག་གི་དོན་སླད་ཉིད་ཀྱི་མཐུས་བཞེས་ཤིག །རྒྱལ་དང་དེ་སྲས་རྣམས་ལ་བདག་གིས་ ནི། །བདག་གི་ལུས་ཀུན་གཏན་ཏུ་དབུལ་བར་བགྱི། །སེམས་དཔའ་མཆོག་རྣམས་བདག་ ནི་ཡོངས་བཞེས་ཤིག །གུས་པས་ཁྱེ ད་ཀྱི་འབངས་སུ་མཆི་བར་བགྱི། །བདག་ནི་ཁྱེ ད་ཀྱིས་ 8-1-160 ཡོངས་སུ་བཟུང་བས་ན། །སྲིད་ན་མི་སྡིག་སེམས་ཅན་ཕན་པར་བགྱི། །སྔོ ན་གྱི་སྡིག་ལས་ ཡང་དག་འདའ་བགྱིད་ཅིང༌། །སྡིག་པ་གཞན་ཡང་སླན་ཆད་མི་བགྱིད་དོ། །ཁྲུས་ཀྱི་ཁང་པ་ ཤིན་ཏུ་དྲི་ཞིམ་པ། །ཤེལ་གྱི་ས་གཞི་གསལ་ཞིང་འཚེར་བ་བསྟར། །རིན་ཆེན་འབར་བའི་ ཀ་བ་ཡིད་འོང་ལྡན། །མུ་ཏིག་འོད་ཆགས་བླ་རེ་བྲེས་པ་དེར། །དེ་བཞིན་གཤེགས་དང་དེ་ཡི་ སྲས་རྣམས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུས། །ཡིད་འོང་ལེགས་པར་བཀང་བ་གླུ་ དང་ནི། །རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ། །དེ་དག་སྐུ་ལ་མཚུངས་པ་མེད་པའི་ གོས། །གཙང་ལ་དྲི་རབ་བགོས་པས་སྐུ་ཕྱིའོ། །དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་ བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང༌། །རྒྱན་ མཆོག་བརྒྱ་ཕྲག་དེ་དང་དེ་དག་གིས། །འཕགས་པ་ཀུན་ཏུ་བཟང་དང་འཇམ་དབྱངས་དང༌། །འཇིག་རྟེན་དབང་ཕྱུག་སོགས་ལའང་བརྒྱན་པར་བགྱི། །སྟོང་གསུམ་ཀུན་དུ་དྲི་ངད་ལྡང་བ་ ཡི། །དྲི་མཆོག་རྣམས་ཀྱིས་ཐུབ་དབང་རྣམས་ཀྱི་སྐུ། །གསེར་སྦྱངས་བཙོ་མ་བྱི་དོར་བྱས་པ་ ལྟར། །འོད་ཆགས་འབར་བ་དེ་དག་བྱུག་པར་བགྱི། །ཐུབ་དབང་མཆོད་གནས་མཆོག་ལ་ ཡིད་འོང་བའི། །མེ་ཏོག་མན་ད་ར་དང་པདྨ་དང༌། །ཨུཏྤལ་ལ་སོགས་དྲི་ཞིམ་ཐམས་ཅད་དང༌། །ཕྲེང་བ་སྤེལ་ལེགས་ཡིད་འོང་རྣམས་ཀྱིས་མཆོད། །སྤོས་མཆོག་ཡིད་འཕྲོག་དྲི་ངད་ཁྱབ་པ་ ཡི། །བདུག་པའི་སྤྲིན་ཚོགས་རྣམས་ཀྱང་དེ་ལ་དབུལ། །ཞལ་ཟས་བཟའ་བཏུང་སྣ་ཚོགས་ བཅས་པ་ཡི། །ལྷ་བཤོས་རྣམས་ཀྱང་དེ་ལ་དབུལ་བར་བགྱི། །གསེར་གྱི་པདྨ་ཚར་དུ་དངར་ བ་ཡི། །རིན་ཆེན་སྒྲོན་མེ་རྣམས་ཀྱང་དབུལ་བར་བགྱི། །ས་གཞི་བསྟར་བ་སྤོས་ཀྱིས་བྱུག་པ་ དེར། །མེ་ཏོག་ཡིད་འོང་སིལ་མ་དགྲམ་པར་བགྱི། །གཞལ་མེད་ཕོ་བྲང་བསྟོད་དབྱངས་ཡིད་ འོང་ལྡན། །མུ་ཏིག་རིན་ཆེན་རྒྱན་འཕྱང་མཛེས་འབར་བ། །དཔག་ཡས་ནམ་མཁའི་རྒྱན་གྱུར་ དེ་དག་ཀུན། །ཐུགས་རྗེའི་རང་བཞིན་ཅན་ལ་དབུལ་བར་བགྱི། །རིན་ཆེན་གདུགས་མཛེས་ 8-1-161 གསེར་གྱི་ཡུ་བ་ཅན། །འཁོར་ཡུག་རྒྱན་གྱི་རྣམ་པ་ཡིད་འོང་བརྒྱན། །དབྱིབས་ལེགས་བལྟ་ན་ སྡུག་པ་བསྒྲེང་བ་ཡང༌། །རྟག་ཏུ་ཐུབ་དབང་རྣམས་ལ་དབུལ་བར་བགྱི། །དེ་ལས་གཞན་ཡང་ མཆོད་པའི་ཚོགས། །རོལ་མོ་དབྱངས་སྙན་ཡིད་འོང་ལྡན། །སེམས་ཅན་སྡུག་བསྔལ་སིམ་ བྱེད་པའི། །སྤྲིན་རྣམས་སོ་སོར་གནས་གྱུར་ཅིག །དམ་ཆོས་དཀོན་མཆོག་ཐམས་ཅད་དང༌། །མཆོད་རྟེན་རྣམས་དང་སྐུ་གཟུགས་ལ། །རིན་ཆེན་མེ་ཏོག་ལ་སོགས་ཆར། །རྒྱུན་མི་ཆད་པར་ འབབ་པར་ཤོག །ཇི་ལྟར་འཇམ་དབྱངས་ལ་སོགས་པ། །རྒྱལ་བ་རྣམས་ལ་མཆོད་མཛད་པ། །དེ་བཞིན་བདག་གིས་དེ་བཞིན་གཤེགས། །མགོན་པོ་སྲས་དང་བཅས་རྣམས་མཆོད། །ཡོན་ ཏན་རྒྱ་མཚོ་རྣམས་ལ་བདག །བསྟོད་དབྱངས་ཡན་ལག་རྒྱ་མཚོས་བསྟོད། །བསྟོད་དབྱངས་ སྙན་སྤྲིན་དེ་དག་ལ། །ངེས་པར་ཀུན་ཏུ་འབྱུང་གྱུར་ཅིག །མཆོད་པའི་སྤྲིན་གཟུངས་ཅི་རིགས་ བརྗོད། རྒྱལ་བ་སྲས་བཅས་ཐམས་ཅད་ལ། །ཀུན་ནས་དང་བས་ཕྱག་འཚལ་ལོ། །མེ་ཏོག་ བདུག་སྤོས་མར་མེ་དྲི། །ཞལ་ཟས་རོལ་མོ་ལ་སོགས་པ། །དངོས་འབྱོར་ཡིད་ཀྱིས་སྤྲུལ་ནས་ འབུལ། ། གསུམ་པ་སྡིག་པ་བཤགས་པ་ནི། བདག་ཅག་གིས་ཐོག་མ་མ་མཆིས་པ་ནས་འཁོར་བ་ན་འཁོར་ བའི་ཚེ་རབས་ཐམས་ཅད་དུ་སྡིག་པ་མི་དགེ་བའི་ལས་མདོར་ན་མི་བགྱི་བར་རིགས་པའི་ ལས་ནི་བགྱིས། བགྱི་བར་འོས་པའི་ལས་མ་བགྱིས་པ་ལ་སོགས་པ་དངོས་སྡིག་ཅི་མཆིས་ པ་ཐམས་ཅད་ཡང་དག་པར་འཆགས་སོ། །འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །སོགས། བདག་གིས་སོ་སོར་བཤགས། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སངས་རྒྱས་ རྣམས་ལ་སྐྱབས་སུ་མཆི། །ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞིན་ སྐྱབས་སུ་མཆི། །ཕྱོགས་རྣམས་ཀུན་ན་བཞུགས་པ་ཡི། །རྫོགས་སངས་རྒྱས་དང་བྱང་ཆུབ་ སེམས། །ཐུགས་རྗེ་ཆེན་པོ་མངའ་རྣམས་ལ། །ཐལ་མོ་སྦྱར་ཏེ་གསོལ་བ་ནི། །ཐོག་མ་མེད་ 8-1-162 ལྡན་འཁོར་བ་ནས། །ཚེ་རབས་འདི་འམ་གཞན་དག་ཏུ། །བདག་གིས་མ་འཚལ་སྡིག་བགྱིས་ པའམ། །བགྱིད་དུ་བསྩལ་བ་ཉིད་དང་ནི། །གཏི་མུག་འཁྲུལ་བས་བདག་ནོན་ཏེ། །རྗེས་སུ་ ཡི་རང་གང་བགྱིས་པ། །ནོངས་པ་དེ་ནི་མཐོང་བགྱིས་ནས། །བསམ་པ་ཐག་པས་མགོན་ ལ་བཤགས། །བདག་གིས་དཀོན་མཆོག་གསུམ་དང་ནི། །ཕ་མའམ་བླ་མ་གཞན་དག་ལ། །ཉོན་མོངས་སྒོ་ནས་ལུས་ངག་དང༌། །ཡིད་ཀྱིས་གནོད་བགྱིས་གང་ལགས་པ། །ཉེས་པ་དུ་ མའི་སྐྱོན་ཆགས་པའི། །སྡིག་ཅན་བདག་གིས་སྡིག་པ་གང༌། །ཤིན་ཏུ་མི་བཟད་བགྱིས་པ་ དེ། །ཐམས་ཅད་འདྲེན་པ་རྣམས་ལ་བཤགས། །བདག་ནི་སྡིག་པ་མ་བྱང་བར། །སྔོ ན་དུ་ འགུམ་པར་འགྱུར་དུ་མཆི། །ཇི་ལྟར་འདི་ལས་ངེས་ཐར་བར། །མྱུར་བའི་ཚུལ་ཀྱིས་བསྐྱབ་ ཏུ་གསོལ། །ཐོག་མ་མེད་ནས་ད་ལྟའི་བར། །མི་དགེ་བཅུ་དང་མཚམས་མེད་ལྔ། །སེམས་ནི་ ཉོན་མོངས་དབང་གྱུར་པས། །བགྱིས་པ་ཐམས་ཅད་བཤགས་པར་བགྱི། །སངས་རྒྱས་དང་ བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་གིས་སྐྱེ་བ་འདི་ དང་སྐྱེ་བའི་ཐོག་མ་དང་ཐ་མ་མ་མཆིས་པ་ནས་འཁོར་བ་ན་འཁོར་བའི་སྐྱེ་གནས་ཐམས་ཅད་ དུ། སྡིག་པ་མི་དགེ་བའི་ལས་བགྱིས་པའམ། བགྱིད་དུ་བསྩལ་བའམ། བགྱིད་པ་ལ་རྗེས་ སུ་ཡི་རང་བའམ། མཆོད་རྟེན་གྱི་དཀོར་རམ༴ སོགས། མི་སྦེད་དོ། །ཕྱིན་ཆད་ཀྱང་གཅོད་ཅིང་ སྡོམ་པར་བགྱིད་ལགས་སོ། །ཡིག་བརྒྱ་ཅི་ནུས་བཟླའོ། ། བཞི་པ་རྗེས་སུ་ཡི་རང་བ་ནི། དུས་གསུམ་གྱི་འཕགས་པ་དང་སྐྱེ་བོའི་དགེ་བ་མཐའ་དག་གི་ བསོད་ནམས་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ༌། །ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་ སྲས། །ནས། བདག་ཡི་རང༌། །ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས། །སོ་སོའི་སྐྱེ་བོ་ལ་སོགས་ པས། །དུས་གསུམ་དགེ་བ་ཅི་བསགས་པའི། །བསོད་ནམས་ལ་ནི་བདག་ཡི་རང༌། ། ལྔ་པ་ཆོས་འཁོར་བསྐོར་བསྐུལ་ནི། ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་བླ་ན་ 8-1-163 མེད་པ་བསྐོར་བར་བསྐུལ་ལོ། །གང་རྣམས་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་རྣམས། །སོགས། བསྐོར་བར་བསྐུལ། །སེམས་ཅན་རྣམས་ཀྱི་བསམ་པ་དང༌། །བློ་ཡི་བྱེ་བྲག་ཇི་ལྟ་བུར། །ཆེ་ ཆུང་ཐུན་མོང་ཐེག་པ་ཡི། །ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། ། དྲུག་པ་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ་ནི། འཇིག་རྟེན་གྱི་སྒྲོན་མེ་གང་དག་མྱ་ངན་ལས་ འདའ་བའི་ཚུལ་སྟོན་པར་བཞེད་པ་དེ་དག་མྱ་ངན་ལས་མི་འདའ་བར་འཇིག་རྟེན་གྱི་དོན་ མཛད་ཅིང་ཡུན་རིང་དུ་བཞུགས་པར་གསོལ་བར་འཚལ་ལོ། །མྱ་ངན་འདའ་སྟོན་གང་བཞེད་ དེ་དག་ལ། །འགྲོ་བ༴ ནས། གསོལ་བར་བགྱི། །འཁོར་བ་ཇི་སྲིད་མ་སྟོང་བར། །མྱ་ངན་མི་ འདའ་ཐུགས་རྗེ་ཡིས། །སྡུག་བསྔལ་རྒྱ་མཚོར་བྱིང་བ་ཡི། །སེམས་ཅན་རྣམས་ལ་གཟིགས་ སུ་གསོལ། ། བདུན་པ་དགེ་བ་བསྔོ ་བ་ནི། དེ་ལྟར་བགྱིས་པའི་བསོད་ནམས་ཀྱི་ཕུང་པོ་ཅི་མཆིས་པ་ཐམས་ ཅད་བདག་གཞན་མ་ལུས་པའི་བླ་ན་མེད་པའི་བྱང་ཆུབ་མངོན་དུ་བྱེད་པའི་རྒྱུར་བསྔོའ།ོ །ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང༌། ནས། ཆེན་པོར་བསྔོ ། །བདག་གིས་བསོད་ ནམས་ཅི་བསགས་པ། །ཐམས་ཅད་བྱང་ཆུབ་རྒྱུར་གྱུར་ནས། །རིང་པོར་མི་ཐོགས་འགྲོ་བ་ཡི། །འདྲེན་པའི་དཔལ་དུ་བདག་གྱུར་ཅིག །བདག་གིས་སྐྱེ་བ་འདི་དང༌། འདིའི་ཐོག་མཐའ་ཀུན་ ཏུ་སྦྱིན་པ་ཐ་ན་དུད་འགྲོའི་སྐྱེ་གནས་སུ་གྱུར་པ་ལ་ཟས་ཁམ་གཅིག་ཙམ་སྦྱིན་པའི་དགེ་བའི༴ ནས། བདག་གིས་ཀྱང་ཡོངས་སུ་བསྔོ ་བར་བགྱིའོ། །གཞན་ཡང་སྤྲོ་ན་སྤྱོད་འཇུག་བསྔོ ་ལེའུ་དང༌། བཟང་སྤྱོད་ ཀྱི་སྨོན་ལམ་ཆ་ཚང་དང་བསྡུས་ཚེ། འཇམ་དཔལ་དཔའ་བོ༴ སོགས་དང༌། རྒྱལ་བའི་དཀྱིལ་འཁོར༴ སོགས། བསྔོ ་སྨོན་ཅི་རིགས་པས་མཐའ་བརྒྱན་པས་འཐུས་སོ།། །། ༈ གཉིས་པ་སྔགས་མཆོད་ཡན་ལག་ལྔའི་སྒོ་ནས་བྱ་བའི་ཚུལ་ལ། མཆོད་ཡུལ་སྤྱན་དྲངས་པ། མཆོད་པ་འབུལ་ བ། བསྟོད་པ་བྱ་བ། བཤགས་པ། བསྔོ ་སྨོན་དང་ལྔ་ལས། དང་པོ་ནི། སྐད་ཅིག་གིས་རང་ཡི་དམ་དུ་གསལ་ 8-1-164 བའི་ཐུགས་ཀའི་འོད་ཟེར་གྱིས་མ་དག་པའི་ཚོགས་མཐའ་དག་སྦྱངས་ཏེ་དག་པ་འོག་མིན་ གྱི་གནས་ལྟ་བུའི་ཞིང་དུ་ཆོས་ཀྱི་ཕོ་བྲང་རྒྱ་ཚད་བརྗོད་ལས་འདས་པ་མཚན་ཉིད་ཡོངས་སུ་ རྫོགས་པའི་ཕྱོགས་མཚམས་ཐམས་ཅད་དུ་འཕགས་པ་ཀུན་ཏུ་བཟང་པོའི་རྣམ་འཕྲུལ་ལ་ འགྲན་པའི་མཆོད་པའི་སྤྲིན་ཕུང་ནམ་མཁའི་མཐའ་ཀླས་ཤིང་ཆོས་ཀྱི་དབྱིངས་མུ་མཐར་ཐུག་ པར་རྒྱལ་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཀུན་གྱི་ཐུགས་རྒྱུད་ཟག་པ་མེད་པའི་བདེ་ཆེན་ གྱི་རྒྱུ་བླ་ན་མེད་པས་ཡོངས་སུ་གང་ཞིང་ངོ་མཚར་བའི་མཆོད་ཡུལ་གང་དག་བཞུགས་པའི་ གདན་རྒྱ་ཆེ་བའི་བཀོད་པ་དང་བཅས་རང་རང་དང་འཚམས་པའི་མཁོ་དགུའི་དཔལ་མ་ཚང་ བ་མེད་པའི་རང་བཞིན་དུ་གྱུར། ༀ་བཛྲ་སྥ་ར་ཎ་ཁཾ། བཛྲ་དྷརྨ་ར་ཎི་ཏ༴ སོགས་ཀྱིས་མཆོད་ རྫས་ཀྱི་གཟི་བྱིན་བསྐྱེད། རང་གི་ཐུགས་ཀ་ནས་སྤྲོས་པའི་འོད་ཕུང་གི་ཚོགས་ཀྱིས་དབྱིངས་དག་པ་ ན་བཞུགས་པའི་བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་ཏིལ་ གྱི་གོང་བུ་ཁ་ཕྱེ་བ་བཞིན་མདུན་གྱི་ནམ་མཁའི་གནས་སུ་སྐད་ཅིག་གིས་སྤྱན་དྲངས། མ་ ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །ནས། བཅོམ་ལྡན་འཁོར་བཅས་གནས་འདིར་ གཤེགས་སུ་གསོལ། །བཅོམ་ལྡན་བསྐལ་པ་གྲངས་མེད་དུ་མ་རུ། །ནས། ཡང་དག་འཁོར་ དང་བཅས་ཏེ་གཤེགས་སུ་གསོལ། །ཆོས་རྣམས་ཀུན་ཀྱི་དབང་ཕྱུག་གཙོ། །ནས། ཀུན་ཏུ་ མི་བཟད་ནུས་པར་ལྡན། །ༀ་ཚུར་བྱོན་ཚུར་བྱོན་ཞིང་དག་ལྷ། །ཐུབ་པའི་སྐྱེས་མཆོག༴ ནས། མཆོད་པར་འདིར་ནི་གཤེགས་སུ་གསོལ། །འདིར་ནི་བསོད་ནམས་ཞིང་མཆོག་ཏུ། །འགྲོ་ བའི་དོན་དུ་བཞུགས་ནས་ཀྱང༌། །ནད་མེད་ཚེ་དང་དབང་ཕྱུག་དང༌། །མཆོག་རྣམས་ལེགས་ པར་བསྩལ་དུ་གསོལ། །ༀ་བཛྲ་ས་མཱ་ཛཿ བཅོམ་ལྡན་ཐུགས་རྗེས་བྱོན་པ་ལེགས། །བདག་ ཅག་བསོད་ནམས་སྐལ་བར་ལྡན། །བདག་གི་མཆོད་ཡོན་བཞེས་ནས་ཀྱང༌། །ཐུགས་ལ་ དགོངས་ཤིང་གནང་བར་མཛོད། །བདེ་བར་གཤེགས་སོ་བཅོམ་ལྡན་འདས། །ཚུར་གཤེགས་ 8-1-165 འདིར་ནི་བཞུགས་སུ་གསོལ། །བདག་ལ་མཆོད་ཡོན་བཞེས་ནས་ཀྱང༌། །འདི་ཉིད་དུ་ནི་ བཞུགས་སུ་གསོལ། །བདག་དང་འགྲོ་ལ༴ སོགས་ནས། བཅོམ་ལྡན་བཞུགས་སུ་གསོལ། །ༀ་ པདྨ་ཀ་མ་ལ་ཡ་སྟྭཾ། ཞེས་པའི་མཆོད་པ་འབུལ་བའི་གནས་སུ་མཆོད་ཡུལ་མཐའ་དག་བཞུགས་པར་གྱུར། གཉིས་པ་མཆོད་པ་འབུལ་བ་ནི། དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ་པ་དང༌། །ཕྱོགས་དུས་ཀུན་ ནས་མཆོད་རྫས་བཟང་དགུ་རྣམས། །བླ་མ་རྒྱལ་བ་སྲས་དང་བཅས་ལ་འབུལ། །མཁའ་ཁྱབ་ འགྲོ་བའི་དོན་དུ་བཞེས་སུ་གསོལ། ། བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ཚོགས་དང༌། །སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་ བཅས་ལ། །དག་བྱེད་དྲི་བཟང་ཞལ་བསིལ་ཆུ་རྒྱུན་འདི། །ཕུལ་བས་འགྲོ་ཀུན་བདེ་ལེགས་ ཐོབ་པར་ཤོག །ༀ་གུ་རུ་མཎྜ་ལ་བུདྡྷ་བོ་དྷི་ས་ཏྭ་ས་པཱ་རི་ཝ་ར་ཨཉྩ་མ་ནཾ་པྲ་ཏཱིཙྪ ་སྭཱཧཱ། དེས་ འགྲེས་ཏེ་ཚིག་རྐང་གསུམ་པ་ལ་རིམ་བཞིན། ཞབས་ཀྱི་པདྨའི་དྲི་བསིལ་རྡོ་རྗེའི་ཆུ། །པཱ་དྱཾ། ཀུན་ཏུ་འཕོ་ བའི་གདུང་སེལ་བསངས་གཏོར་མཆོག ། པྲོ་ཀྵ་ཎཾ༴ ཡན་ལག་བརྒྱད་ལྡན་བདུད་རྩིའི་ མཆོད་ཡོན་འདི། །ཨརྒྷཾ། སྟོང་གསུམ་འདི་འམ་སྟོང་གསུམ་གཞན་དག་ན། །ལྷ་རྫས་མེ་ཏོག་ཇི་སྙེད་མཆིས་པ་ ཀུན། །བླ་མ་ཡི་དམ་རྒྱལ་སྲས་བཅས་ལ་འབུལ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་ གསོལ། །ༀ་གུ་རུ་མཎྜལ་བུདྡྷ་བོ་དྷི་སཏྭ་ས་པཱ་རི་ཝ་ར་པཱུཥྤེ་པྲ་ཏཱིཙྪ ་སྭཱཧཱ། དེ་བཞིན་དུ། བདུག་ སྤོས། དྷཱུཥྤེ། སྣང་གསལ། ཨཱ་ལོ་ཀེ དྲི་ཆབ། གནྡྷེ། ཞལ་ཟས། ནཻ་ཝི་ཏྱ། རོལ་མོ། ཤཔྟའི་ བར་སྦྱར་ཏེ་ཕུལ། ཡང་ན། མཆོད་ཡོན་ཕལ་ཆེར༴ རབ་འབྱམས་རྒྱ་མཚོ༴ སོགས་ཀྱང་སྦྱར། གང་ལྟར་ ཡང་མཐར། གཎྜེ་ར་ཎིའི་སྔགས་བརྗོད། དྲི་མེད་ཆོས་ཀུན་གསལ་བའི་མེ་ལོང་དང༌། །གཡས་འཁྱི ལ་ཆོས་སྒྲ་མི་ཟད་སྒྲོག་པའི་ དུང༌། །དུག་གསུམ་ཉོན་མོངས་འཇོམས་པའི་གི་ཧཾ་དང༌། །རྩི་བཅུད་སྙིང་པོ་བདུད་རྩིའི་རང་ 8-1-166 བཞིན་ཞོ། །ཁམས་གསུམ་དབང་དུ་བསྡུས་པ་ལི་ཁྲིའི་རྫས། །རྡོ་རྗེ་སེམས་དཔའི་ཚེ་སྒྲུབ་ དུར་བའི་རྩ། །དོན་མཆོག་བླ་མེད་སྒྲུབ་པ་བིལ་བའི་འབྲས། །བགེགས་དང་བར་ཆད་ཀུན་ འཇོམས་ཡུངས་ཀར་ཏེ། །རྒྱལ་བའི་བྱིན་རླབས་བཀྲ་ཤིས་རྫས་བརྒྱད་པོ། །ཕུལ་བས་འགྲོ་ ལ་དགེ་ལེགས་འཕེལ་བར་ཤོག ། ལྷ་ཡི་དབང་པོ་ལྷ་མིན་གཡུལ་རྒྱལ་ཚེ། །བཀྲ་ཤིས་ལྷ་མོ་བརྒྱད་ཀྱིས་མཆོད་པ་ལྟར། །བླ་མ་ཡི་དམ་རྒྱལ་བ་སྲས་བཅས་ལ། །བཀྲ་ཤིས་རྟགས་བརྒྱད་དག་གིས་མཆོད་པར་བགྱི། ། ཕྱོགས་ལས་རྣམ་རྒྱལ་གསེར་གྱི་འཁོར་ལོ་དང༌། །དགོས་འདོད་མ་ལུས་སྩོལ་བ་ཡིད་ བཞིན་ནོར། །གཟུགས་མཛེས་སྐྱོན་ཀུན་བྲལ་བ་བཙུན་མོའི་མཆོག །བང་མཛོད་མ་ལུས་ འགེངས་བྱེད་བློན་པོའི་ཕུལ། །ཡིད་འོང་སྟོབས་ལྡན་གླང་པོའི་བདག་པོ་དང༌། །ཅང་ཤེས་ སྤྲིན་གྱི་ཤུགས་ལྡན་རྨད་བྱུང་རྟ། །རྒོ ལ་བ་ཀུན་འཇོམས་ཁྱི མ་བདག་དཔའ་བོ་ཆེ། །དེ་ལྟར་ རིན་ཆེན་བདུན་གྱིས་ལྷ་ཚོགས་མཆོད། ། རལ་གྲི་ཁང་པ་པགས་པ་སྐྱེད་མོས་ཚལ། །མལ་ཆ་གོས་དང་འཆིལ་ལྷྭམ་རིན་པོ་ཆེ། །ཉེ་ བའི་རིན་ཆེན་སྣ་བདུན་མཐའ་ཡས་པས། །བླ་མ་ཡི་དམ་རྒྱལ་བ་སྲས་བཅས་མཆོད། ། རྒྱལ་བ་རྣམས་ཀྱི་འདོད་འབྱུང་ལྷ་མོའི་ཚུལ། །གཟུགས་སྒྲ་དྲི་རོ་རེག་བྱས་བདེ་སྟེར་མ། །མེ་ལོང་པི་ཝཾ་སྤོས་ཁང་བཟའ་བཏུང་སྣོ ད། །རས་ཕྲན་ཟུང་དང་པདྨ་བྷཉྫ་ན། །ཅང་ཏེའུ་སྒྲ་ སྒྲོག་ཁ་ཊྭཱཾ་ལ་བརྟེན་མ། །དཀར་སྔོ ་སེར་དང་དམར་དང་ལྗང་བའི་མདོག །གཟུགས་མཛེས་ དབྱངས་སྙན་དྲི་ལྡན་བཅུད་ལྡན་མ། །བདེ་ལྡན་ལང་ཚོས་དྲེགས་པའི་སྨིན་རྒྱས་མ། །ནམ་ མཁའ་གང་བའི་མཆོད་གནས་དེ་ཀུན་མཆོད། །བདེ་མཆོག་སྒྱུ་མའི་ལོངས་སྤྱོད་རྫོགས་ གསལ་མ། །པི་ཝཾ་གླིང་བུ་རྔ་ཟླུམ་རྫ་རྔ་ཅན། །རྒོ ད་དང་སྒེག་དང་གླུ་ལེན་བྲོ་གར་མཁན། །མེ་ 8-1-167 ཏོག་བདུག་པ་སྣང་གསལ་དྲི་མཆོག་མ། །གཟུགས་མ་རོ་མ་རེག་མ་ཆོས་འབྱུང་མ། །བཅུ་ དྲུག་དགའ་བའི་ཆ་ཤས་ཡོངས་རྫོགས་མ། །རྡོ་རྗེའི་རིགས་མ་དགའ་བའི་རོལ་པ་འདི། །བླ་ མ་ཡི་དམ་སྲས་བཅས་རྒྱལ་ལ་འབུལ། །བདེ་ཆེན་ཡེ་ཤེས་གར་གྱིས་ལེགས་བཞེས་མཛོད། ། དཔག་མེད་བསོད་ནམས་སྟོབས་ལས་བྱུང་བ་ཡི། །རྒྱས་པའི་ཁང་བཟང་དམ་པ་གྲུ་བཞི་ པ། །བླ་མ་ཡི་དམ་རྒྱལ་སྲས་བཅས་ལ་འབུལ། །ཐུགས་རྗེས་བཞེས་ཤིག་དངོས་གྲུབ་བསྩལ་ དུ་གསོལ། །དེས་འགྲེས་ཏེ་རྐང་པ་གཉིས་པ་ལ་རིམ་པར། ཉོན་མོངས་ཟུར་སྤངས་ཁང་བཟང་ཟླུམ་པོ་ འདི། །ཞེས་དང༌། ཁྱད་འཕགས་གཙོ་བོའི་ཁང་བཟང་ཉིས་བརྩེགས་འདི། །ཞེས་དང༌། འདོད་ པའི་འདམ་གྱིས་མ་གོས་མེ་ཏོག་ཚོགས། །ཞེས་དང༌། རང་བཞིན་འོད་གསལ་བྱང་སེམས་ཟླ་ བའི་གདན། །ཞེས་དང༌། ངོ་ཚ་ཁྲེལ་ཡོད་ལྡན་པ་ལྷ་ཡི་གོས། །ཞེས་པ་རྣམས་སྦྱར་ཞིང༌། སྲབ་འཇམ་ཡང་བ་ལྷ་ཡི་གོས། །མི་བསྐྱོད་རྡོ་རྗེའི་སྐུ་ལ་གསོལ། །མི་ཕྱེད་དད་པའི་ བདག་འབུལ་ན། །བདག་ཀྱང་རྡོ་རྗེའི་སྐུ་ཐོབ་ཤོག ། དངོས་སུ་འབྱོར་དང༴ ནས། གོས་རྒྱན་བཟང་རྒུ་རྣམས། །བླ་མ་ཡི་དམ་རྒྱལ་སྲས་བཅས་ ལ་འབུལ། །མཁའ་ཁྱབ༴ སོགས་ཀྱིས་དང༌། ཇི་ལྟར་སྔོ ན་གྱི་སངས་རྒྱས་ལ། །ན་བཟའ་གསེར་གྱི་ཉ་རིས་ཅན། །ཕུལ་བ་དེ་བཞིན་ བདག་འབུལ་ན། །ཅི་བདེ་བར་ནི་བཞེས་སུ་གསོལ། ། ཁྲུས་ཀྱི་རྫིང་བུ་དམ་པ་དང༌། །རེག་ན་བདེ་བ་ལྷ་ཡི་གོས། །མཁའ་ལྡི ང་ཁྱུ་མཆོག་རྨ་བྱ་ དང༌། །གླང་པོ་རྟ་སོགས་ཐེག་པའི་མཆོག །དགོས་འདོད་འབྱུང་བའི་འདོད་འཇོའི་བ། །མ་ རྨོས་འཁྲུངས་པའི་ལོ་ཏོག་དང༌། །དཔག་བསམ་ཤིང་དང་འབྲས་བུ་མཆོག །བུམ་བཟང་ནམ་ མཁའ་གང་པའི་མཆོད། །བདག་གི་ལུས་དང་ལོངས་སྤྱོད་དང༌། །དུས་གསུམ་དགེ་བ་ཀུན་ ཀྱང་འབུལ། །གསེར་དངུལ་མུ་ཏིག་བཻ་ཌཱུར་ཡ། །རིན་ཆེན་ཞིང་རྣམས་བཀང་ནས་འབུལ། 8-1-168 །དབང་སྔོ ན་རྡོ་རྗེ་པདྨ་དམར། །མརྒད་བྱུ་རུ་ཛམ་བུའི་གསེར། །ཟླ་ཤེལ་རིན་ཆེན་བདུན་གྱི་ རི། །ཞིང་གི་རྡུལ་སྙེད་འབུལ་བར་བགྱི། །དེ་སོགས་བདག་པོས་མ་བཟུང་བའི། །འབྱོར་བའི་ དཔལ་ནི་ཇི་སྙེད་དང༌། །ཉེར་མཁོའི་ལོངས་སྤྱོད་མངའ་ཐང་ཀུན། །བློ་ཡིས་བླངས་ཏེ་གུས་ པས་འབུལ། །ཐུགས་རྗེའི་སྟོབས་ཀྱིས་ལེགས་བཞེས་ནས། །བདག་སོགས་འགྲོ་བ་མཐའ་ དག་གི །སྒྲིབ་གཉིས་དྲི་མ་ཀུན་བྱང་སྟེ། །མཐར་ཐུག་བྱང་ཆུབ་མྱུར་ཐོབ་ཤོག ། གསུམ་པ་བསྟོད་པ་ནི། ཕུན་ཚོགས་དགའ་བཞིའི་རྡོ་རྗེ་བདེ་བའི་སྤྲིན། །རྣམ་ཐར་སྒོ་བཞིའི་ མཁའ་ལ་རྣམ་པར་རོལ། །རྒྱུད་སྡེ་རྣམ་བཞིའི་ཆོས་ཆར་འབེབས་མཛད་པ། །རྒྱལ་བ་རྡོ་ རྗེ་འཆང་ལ་ཕྱག་འཚལ་བསྟོད། །གཟུངས་སྔགས་གཏོགས་པའི་བྱ་རྒྱུད་སྤྱོད་རྒྱུད་དང༌། །རྣམ་འབྱོར་རྒྱུད་དང་རྣལ་འབྱོར་བླ་མེད་རྒྱུད། །དབང་ལུང་སྤྱོད་པའི་ལག་ལེན་མན་ངག་ གི །བརྒྱུད་པའི་བླ་མ་རྣམས་ལ་ཕྱག་འཚལ་བསྟོད། །དུས་ཀྱི་འཁོར་ལོ་དགྱེས་པ་རྡོ་རྗེ་ དང༌། །འཁོར་ལོ་སྡོམ་པ་གསང་བ་འདུས་པ་དང༌། །དགྲ་ནག་གདོང་དྲུག་གཤིན་རྗེ་གཤེད་ ལ་སོགས། །ཡི་དམ་ལྷ་ཚོགས་རྣམས་ལ་ཕྱག་འཚལ་བསྟོད། །སྟོན་པ་བླ་མེད་སངས་རྒྱས་ རིན་པོ་ཆེ། །སྐྱོབ་པ་བླ་མེད་དམ་ཆོས་རིན་པོ་ཆེ། །འདྲེན་པ་བླ་མེད་དགེ་འདུན་རིན་པོ་ཆེ། །སྐྱབས་གནས་དཀོན་མཆོག་གསུལ་ལ་ཕྱག་འཚལ་བསྟོད། །བསྟོད་པར་འོས་པ་ཐམས་ཅད་ ལ། །སོགས་ཀྱིས་བསྟོད་དོ། ། བཞི་པ་བཤགས་པ་ནི། དེ་ལྟར་མཆོད་ཅིང་བསྟོད་པའི་བླ་མ་ཡི་དམ་རྒྱལ་བ་སྲས་དང་བཅས་ པའི་ཐུགས་རྗེ་ཕྲིན་ལས་ཟབ་མོའི་སྟོབས་རླབས་པོ་ཆེས་བདག་དང་མཐའ་ཡས་པའི་འགྲོ་ བ་རྣམས་ཀྱིས་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་ཉེས་ལྟུང་སྡིག་སྒྲིབ་མ་ལུས་པ་ བྱང་ཞིང་དག་པར་མཛད་དུ་གསོལ། བླ་མ་རྡོར་འཛིན་མའི་སྤྱི་བཤགས་དང༌། རྩ་ལྟུང་བཤགས་པ་གང་ཤེས་ཀྱི་ མཐར། ཧེ་རུ་ཀའི་ཡི་གེ་བརྒྱ་པ་བཟླ་བ་ལ་ནན་ཏན་བྱའོ། །དེ་ནས་མཐར། མགོན་པོ་བདག་ནི་མི་ཤེས་རྨོངས་ 8-1-169 པ་ཡིས། །སོགས་ནས། བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ། བདག་སོགས་ལ་བསོད་ ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱ་ཆེན་པོ་བདེ་བླག་ཏུ་ཡོངས་སུ་རྫོགས་པར་གྱུར་ཅིགམདུན་ གྱི་ཚོགས་བསགས་པའི་ཞིང་དམ་པ་མཐའ་དག་འོད་ཕུང་གི་རྣམ་པར་གྱུར་ཏེ། རང་ལ་ ཐིམ་པས་སྒོ་གསུམ་སྐུ་གསུང་ཐུགས་དང་དབྱེར་མེད་དུ་སོང་ནས་སྒྲིབ་གཉིས་བྱང༌། ཚོགས་ གཉིས་རྫོགས་ཏེ་རིང་པོར་མི་ཐོགས་པར་བླ་མེད་བྱང་ཆུབ་གོ་འཕང་མངོན་དུ་བྱས་ནས་སྐྱེ་ དགུ་མ་ལུས་པ་འདྲེན་པའི་དེད་དཔོན་དུ་གྱུར་ཅིག ལྔ་པ་བསྔོ ་བ་ནི། བདག་གིས་དུས་གསུམ་དགེ་བ་ཅི་སྤྱད་པས། །ནམ་མཁའི་མཐའ་ཀླས་ གྱུར་པའི་སེམས་ཅན་རྣམས། །བླ་མེད་རྡོ་རྗེ་ཐེག་པའི་སྣོད་གྱུར་ཏེ། །ཀུན་ཀྱང་རྡོ་རྗེ་འཛིན་ པ་མྱུར་ཐོབ་ཤོག །དེ་ལྟའི་གོ་འཕང་ཐོབ་ཀྱི་བར། །རིགས་སུ་སྐྱེ་དང་དམ་ཚིག་ཅན། །བསྙོན་ མེད་གསང་སྔགས་རྒྱལ་པོ་བསྟེན། །བླ་མ་ལ་གུས་སྙིང་བརྩེ་ལྡན། །སྔགས་ཀྱི་དམ་ཚིག་ལ་ གནས་ཤོག །རྡོ་རྗེ་དྲིལ་བུ་རྟག་ཏུ་འཆང༌། །ཟབ་དང་རྒྱ་ཆེའི་ཆོས་འདོད་ཅིང༌། །དམ་ཚིག་ མཐའ་དག་འཛིན་པ་དང༌། །རིམ་གཉིས་སྒོམ་པའི་སྐལ་ལྡན་ཤོག །དེ་དག་གནས་སྐབས་ ཀུན་ཏུ་ཡང༌། །ཕྱི་ནང་གསང་བའི་བར་ཆད་བྲལ། །བསྒོམ་པའི་མཐུན་རྐྱེན་ཀུན་འགྲིགས་ཏེ། །ཡང་དག་ལམ་མཐར་ཕྱིན་གྱུར་ཅིག །གཞན་ཡང་སྤྲོ་ཞིང་ནུས་ན། སྨོན་ལམ་རྒྱལ་བ་རྒྱ་མཚོ་ཆ་ཚང་དང༌། བསྡུས་ པ་ཙམ་ལ་སྔགས་ཀྱི་སྨོན་ལམ་གལ་བོ་ཆེའི་མཐར། འདིར་འབད་དགེ་བ༴ སོགས་དང༌། དགེ་བ་འདི་ཡིས་ གློ་བུར་དྲི་མའི༴ སོགས། གསང་སྔགས་དང་འབྲེལ་བའི་བསྔོ ་སྨོན་ཇི་ལྟར་འོས་པའི་མཐར་དབྱུང་བར་བྱའོ། །འདིར་དུས་ འཁོར་ཐུན་མོང་མིན་པའི་མཆོད་པ་བྱེད་པར་སྤྲོ་ན་མཆོད་ཆོག་ཉེར་མཁོ་ལྟར་མཆོད་ཕྲེང་རང་རྐྱང་ལས་ནང་མཆོད་འབུལ་བ་དོར་ ཏེ་ལྷག་མ་ཙམ་བྱས་པས་ལེགས་པར་འཐུས་སོ། །མཆོད་ཆོག་ཉེར་བསྒྲིགས་ཉུང་བསྡུས་སུ་ལེགས་པར་བཀོད་པ་ཚོགས་གཉིས་ ལེགས་བསྐྲུན་ཞེས་བྱ་བ་འདི་དག་ཡང་ངག་དབང་ཡོན་ཏན་བཟང་པོ་ལ་འདི་འདྲ་ཉེ་བར་མཁོ་བས་ཆེད་གཉེར་མཛད་པ་ལྟར་མ་ ཏིའི་མིང་གིས་བསྡེབས་པའོ།། །། 8-1-170 སྨྲས་པ། བསྟན་འགྲོར་ལེགས་དགེ་ཡོངས་སྤེལ་སླད། །བསོད་ནམས་ཞིང་དུ་ཚོགས་བསགས་ཐབས། །མདོ་དང་སྔགས་ ལ་བརྟེན་པའི་སྒོས། །མཆོད་ཆོག་ཉེར་བསྒྲིགས་ཉུང་ངུ་གང༌། །དུས་མཐར་སྐྱེས་པའི་ལྷག་བློ་ཅན། །སྔོ ན་སྦྱང་ཟབ་མོའི་རིགས་ སད་པ། །བློ་བཟང་མིང་ཅན་གྱིས་སྤར་བསྒྲུབ། །དགེ་བས་བསྟན་འགྲོར་ཕན་ཐོགས་ཤོག ། 8-1-171 ༄༅། །སྤྱི་བཤགས་ཉེས་ལྟུང་གདུང་བ་སེལ་བའི་ཟླ་ཟེར་ སོགས་བཞུགས། ༄༅། །སྡོམ་གསུམ་སྤྱི་བཤགས་བསྡུས་པ་ནི། ཀུན་གཟིགས་མཁྱེ ན་མངའ་དཔལ་ལྡན་རྡོ་རྗེ་ འཛིན། །སངས་རྒྱས་བྱང་སེམས་འཕགས་པའི་ཚོགས་དང་བཅས། །རླབས་ཆེན་མཁྱེ ན་ དགོངས་མཁའ་ལྟར་ཡངས་པ་དག །བརྩེ་བ་ཆེན་པོའི་ཐུགས་རྗེས་ལེགས་གཟིགས་མཛོད། །ཐོག་མེད་དུས་ནས་ད་ལ་ཐུག་གི་བར། །མི་ཤེས་པ་དང་མ་གུས་ཉོན་མོངས་མང༌། །དེ་དག་ དབང་གིས་ཕྱི་ནང་གསང་བ་ཡི། །བསླབ་པ་གང་དང་གང་ལ་འགལ་བའི་རིམ། །བསྟན་ པའི་རྩ་བ་སོ་སོར་ཐར་པའི་ཁྲིམས། །ཕམ་པ་ལྷག་མའི་སྡེ་དང་སྤང་ལྟུང་སོགས། །བཅས་ མཚམས་ཁས་བླང་གང་བགྱིས་ཕྲ་རགས་ཀུན། །ཉམས་པ་གང་སོང་མཐའ་དག་མཐོལ་ཞིང་ བཤགས། །བསྟན་པའི་ཡལ་འདབ་ཕ་རོལ་ཕྱིན་པའི་ཁྲིམས། །ནག་པོའི་ཆོས་བཞི་ལྟུང་བ་ ཉེས་བྱས་ཚོགས། །བློ་ཡི་སྟོབས་ལས་རང་བྱན་མ་ཚུད་པར། །འདའ་གང་བསླབ་པ་རལ་བར་ བགྱིས་ཀུན་བཤགས། །བསྟན་པའི་འབྲས་བུ་རྡོ་རྗེ་ཐེག་པའི་ཁྲིམས། །རྩ་ལྟུང་བཅུ་བཞི་སྦོམ་ པོ་བརྒྱད་ལ་སོགས། །དམ་ཚིག་མཐའ་ཡས་གང་གང་བཟུང་བ་ལས། །ཉམས་པ་གང་བྱས་ མཐའ་དག་བཤགས་བགྱིད་དོ། །མདོར་ན་སོ་བྱང་སྔགས་ཀྱི་ཉམས་ཆགས་ཀུན། །སྔར་བྱུང་ དག་ལ་ཞེ་གནོང་འགྱོད་པ་དང༌། །ཕྱིན་ཆད་རང་རྒྱུད་ལེགས་སྡོམ་བྱེད་སེམས་ཀྱིས། །འགྱོད་ ཚངས་བྱས་འདིས་བྱང་དག་དངོས་གྲུབ་སྩོལ། །ཞེས་སྤྱི་བཤགས་ཉེས་ལྟུང་གདུང་བ་སེལ་བའི་ཟླ་ཟེར་ཞེས་བྱ་ བ་འདི་ཡང་གྲྭ་བཙུན་ཀུན་དཔལ་ལ་མཁོ་ནས་མ་ཏིས་སྨྲས་པ་དགེ། །། ༈ སངས་རྒྱས་བྱང་སེམས་རིག་པ་འཛིན། །ཉན་རང་སློ བ་མར་བཅས་པ་དགོངས། །སོ་ 8-1-172 བྱང་སྔགས་གསུམ་བཅས་མཚམས་ལས། །འགལ་བ་གང་བྱུང་སྙིང་ནས་བཤགས། །འདི་ཡང་ མ་ཏིས་སོ།། །། ༄༅། །བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་ཏེ་ཕྱོགས་བཅུ་ན་བཞུགས་པའི་སངས་ རྒྱས་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་ འདི་ཞེས་བགྱི་བའི་ཚེ་འཁོར་བ་ཐོག་མ་མ་མཆིས་པ་ནས་ཐ་མ་ད་ལྟ་ལ་ཐུག་གི་བར་དུ། ཉོན་ མོངས་པ་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་གི་དབང་གིས་ལུས་ངག་ཡིད་གསུམ་ གྱི་སྒོ་ནས་སྡིག་པ་མི་དགེ་བ་བཅུ་བགྱིས་པ་དང༌། མཚམས་མ་མཆིས་པ་ལྔ་བགྱིས་པ་དང༌། དེ་དང་ཉེ་བ་ལྔ་བགྱིས་པ་དང༌། སོ་སོར་ཐར་པའི་སྡོམ་པ་དང་འགལ་བ་དང༌། བྱང་ཆུབ་ སེམས་དཔའི་བསླབ་པ་དང་འགལ་བ་དང༌། གསང་སྔགས་ཀྱི་དམ་ཚིག་དང་འགལ་བ་དང༌། ཕ་དང་མ་ལ་མ་གུས་པ་དང༌། མཁན་པོ་དང་སློ བ་དཔོན་ལ་མ་གུས་པ་དང༌། གྲོགས་ཚངས་ པར་མཚུངས་པར་སྤྱོད་པ་རྣམས་ལ་མ་གུས་པ་དང༌། དཀོན་མཆོག་གསུམ་ལ་གནོད་པའི་ ལས་བགྱིས་པ་དང༌། དམ་པའི་ཆོས་སྤངས་པ་དང༌། འཕགས་པའི་དགེ་འདུན་ལ་སྐུར་བ་ བཏབ་པ་དང༌། སེམས་ཅན་ལ་གནོད་པའི་ལས་བགྱིས་པ་ལ་སོགས་པ་སྡིག་པ་མི་དགེ་བའི་ ཚོགས་བདག་གིས་བགྱིས་པ་དང༌། བགྱིད་དུ་བསྩལ་བ་དང༌། གཞན་གྱིས་བགྱིས་པ་ལ་ རྗེས་སུ་ཡི་རང་བ་སོགས་མདོར་ན་མཐོ་རིས་དང་ཐར་པའི་གེགས་སུ་གྱུར་ཅིང་འཁོར་བ་དང་ ངན་སོང་གི་རྒྱུར་གྱུར་པའི་ཉེས་ལྟུང་གི་ཚོགས་ཅི་མཆིས་པ་ཐམས་ཅད་བླ་མ་རྡོ་རྗེ་འཛིན་པ་ ཆེན་པོ་ལ་སོགས་པ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ ཐམས་ཅད་ཀྱི་སྤྱན་སྔར་མཐོལ་ལོ་བཤགས་སོ། །མི་འཆབ་བོ། །མི་སྦེད་དོ། །ཕྱིན་ཆད་སྡོམ་ པར་བགྱིད་ལགས་སོ། ། 8-1-173 ༄༅། །ཁྱབ་བདག་རྡོ་རྗེ་སེམས་དཔའ་བདག་ལ་དགོངས། །མི་ཤེས་མ་གུས་ཉོན་ མོངས་མང་བ་ཡིས། །དཔལ་ལྡན་བླ་མའི་ཐུགས་དཀྲུགས་བཀའ་ལས་འདས། །རྡོ་རྗེའི་ སྤུན་ལ་ཁྲོས་པ་མཐོལ་ལོ་བཤགས། །བྱམས་པའི་སེམས་བཏང་བྱང་སེམས་ཉམས་པ་དང༌། །གྲུབ་མཐའ་སྨད་ཅིང་མ་སྨིན་གསང་བ་བསྒྲགས། །ཕུང་པོ་བརྙས་སྨོད་ཆོས་ལ་སོམ་ཉི་བྱས། །གཡོ་སྒྱུས་བྱམས་པ་བྱས་པ་མཐོལ་ལོ་བཤགས། །ཟབ་མོའི་གནས་ལ་རང་བཟོས་རྟོག་ དཔྱོད་དང༌། །དག་པའི་གང་ཟག་སྐྱོན་སྨྲས་དམ་རྫས་སྤང༌། །བུད་མེད་ཡོངས་སུ་སྨོད་པ་ལ་ སོགས་པ། །རྩ་ལྟུང་བཅུ་བཞིའི་ལྟུང་བ་ནོངས་པས་བཤགས། །བླ་མའི་སྐུ་གསུང་ཐུགས་ ཀྱི་དམ་ཚིག་དང༌། །རིགས་ལྔ་སྤྱི་དང་བྱེ་བྲག་དམ་ཚིག་སོགས། །རྡོ་རྗེ་ཐེག་པའི་རྩ་བ་ཡན་ ལག་གི །དམ་ཚིག་ཉམས་ཆགས་ཐམས་ཅད་སྙིང་ནས་བཤགས། །ཉེས་ལྟུང་དྲི་མ་ཐམས་ ཅད་ཡོངས་དག་ནས། །རྡོ་རྗེའི་ལམ་མཆོག་ཟབ་མོ་མྱུར་བགྲོད་དེ། །ཁ་སྦྱོར་བདུན་ལྡན་རྡོ་ རྗེ་འཆང་ཆེན་པོ། །ཚེ་འདི་ཉིད་ལ་མྱུར་དུ་ཐོབ་པར་ཤོག །དགེ་སློ ང་བསྟན་འཛིན་ཆོས་འཕེལ་ངོར། ཐུབ་ བསྟན་དགེ་ལེགས་རྒྱ་མཚོས་སྦྱར་བའོ།། །། ༄༅། །ཧེ་རུ་ཀའི་སྙིང་པོ་ཡི་གེ་བརྒྱ་པ། ༀ་ཤྲཱི་བཛྲ་ཧེ་རུ་ཀ་ས་མཱ་ཡ། མ་ནུ་པ་ལཱ་ཡ། བཛྲ་ཧེ་རུ་ཀ་ ཏྭེ་ནོ་པ་ཏིཥྛ། ཌི་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། སརྦ་ སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲི་ཡཾ། ཀུ་རུ་ཧཱུྃ་ཧ་ཧ་ཧ་ཧ་ཧོ། བྷ་ག་ཝཱན། བཛྲ་ཧེ་རུ་ ཀ་མཱ་མེ་མུཉྩ། ཧེ་རུ་ཀོ་བྷ་ཝ། མ་ཧཱ་ས་མ་ཡ་ས་ཏྭ་ཨཱཿཧཱུྃ་ཕཊ། དཔལ་ཧེ་རུ་ཀའི་སྙིང་པོ་ཡི་གེ་བརྒྱ་པ་ཞེས་ བྱ་བའི་གསང་སྔགས་འདི་ལན་བདུན་བརྗོད་པས་རྡོ་རྗེ་ཐེག་པའི་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆགས་འགལ་འཁྲུལ་ ཅི་མཆིས་པ་ཐམས་ཅད་བྱང་ཞིང་དག་པར་གསུངས་སོ།། །།༈ དེ་བཞིན་གཤེགས་པ་སྤྱིའི་སྙིང་པོ་ནི། ན་མཿསརྦ་ཏ་ཐཱ་ ག་ཏ་ཧྲཱི་ད་ཡ། ཨ་ནུ་ག་ཏེ་ༀ་ཀུ་རུ་གི་ནེ་སྭཱཧཱ། འདི་ལན་གཅིག་བརྗོད་པས་ཀྱང་བསྐལ་པ་འབུམ་ཕྲག་བརྒྱད་ སྟོང་དུ་བསགས་པའི་ལས་ཀྱི་སྒྲིབ་པ་ཡང་ཟད་པར་འགྱུར་རོ།། །། 8-1-174 ༄༅། །འཕགས་པ་རྟེན་ཅིང་འབྲེལ་བར་འབྱུང་བའི་ གཟུངས་བཞུགས་སོ། ། ༄༅། །ཡེ་ངྷརྨཱ་ཧེ་ཏུ་པྲ་བྷ་བཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་བ་དཏ་ཏེ་ཥཱཉྩ་ཡོ་ནི་རོ་ངྷ་ཨེ་ཝཾ་བཱ་ ཏི་མ་ཧཱ་ཤྲ་མ་ཎཿ སྤྱན་རས་གཟིགས་དབང་ཕྱུག་འདི་ལྟར་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བ་ནི་དེ་བཞིན་གཤེགས་པ་ ཐམས་ཅད་ཀྱི་ཆོས་སྐུ་ཡིན་ཏེ། སུས་རྟེན་ཅིང་འབྲེལ་བར་འབྱུང་བ་མཐོང་བ་དེས་དེ་བཞིན་གཤེགས་པ་མཐོང་ངོ༌། །སྤྱན་རས་ གཟིགས་དབང་ཕྱུག་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དད་པ་ཅན་གང་ལ་ལ་ཞིག་གིས་མི་གནས་པའི་ས་ཕྱོགས་སུ་མཆོད་རྟེན་ ནི་སྐྱུ་རུ་རིའི་འབྲུ་ཙམ། སྲོག་ཤིང་ནི་ཁབ་ཙམ། གདུགས་ནི་བ་ཀུ་ལའི་མེ་ཏོག་ཙམ་ཞིག་བྱས་ལ། རྟེན་ཅིང་འབྲེལ་བར་ འབྱུང་བ་ཆོས་ཀྱི་དབྱིངས་ཀྱི་ཚིགས་སུ་བཅད་པ་ནང་དུ་བཅུག་ན། དེས་ཚངས་པའི་བསོད་ནམས་བསྐྱེད་པར་འགྱུར་ཏེ། འདི་ ནས་ཤི་འཕོས་ཤིང་དུས་བྱས་ན་ཚངས་པའི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ། །སྙིང་པོ་འདི་ལན་གཅིག་བརྗོད་པས་སྡིག་པ་ཐམས་ ཅད་བྱང་བར་འགྱུར་རོ། །མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་ཞིང་བཟློ ག་པར་འགྱུར་རོ། །དངོས་པོ་གང་ལ་དམིགས་ཏེ་བརྗོད་ ན་སངས་རྒྱས་ཀྱི་སྐུའམ་མཆོད་རྟེན་དུ་བྱས་པར་འགྱུར་རོ། །མཆོད་པ་གང་ལ་དམིགས་དེ་བརྗོད་ན་འཇིག་རྟེན་གྱི་ཁམས་གང་ དམིགས་པ་དེ་ཙམ་ཕུལ་བར་འགྱུར་རོ། །ཡེ་ངྷརྨཱ་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་ཝ་དཏྟེ་ཥཱཉྩ་ཡོ་ནི་རོ་ ངྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿ ༈ སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་གྱི་གཟུངས་ནི། ན་མོ་རཏྣ་ཤི་ཁི་ནེ། ཏ་ཐཱ་ག་ཏཱ་ཡ། ཨ་ར་ཧ་ ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། རཏྣེ་རཏྣེ་རཏྣ་ཤི་ཁི་ནེ་སྭཱཧཱ། སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་གྱི་གཟུངས་ འདི་འཆི་ཚེ་དྲན་ན་ངན་སོང་ཀུན་ལས་རྣམ་པར་གྲོལ་བར་འགྱུར་རོ། །འཆི་འཕོས་ནས་ཀྱང་སུམ་ཅུ་རྩ་གསུམ་གྱི་ལྷར་སྐྱེའོ།། །། 8-1-175 ༄༅། །མཆོད་པའི་སྤྲིན་གཟུངས་སོགས་བཞུགས། ༄༅། །མཆོད་པའི་སྤྲིན་གཟུངས་ནི། ན་མོ་རཏྣ་ཏྲ་ཡཱ་ཡ། ༀ་ན་མོ་བྷ་ག་ཝ་ཏེ། བཛྲ་སཱ་ར་པྲ་མརྡ་ ནི། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ༀ་བཛྲེ་བཛྲེ། མ་ཧཱ་བཛྲེ། མ་ཧཱ་ཏེ་ཛ་བཛྲེ། མ་ཧཱ་བིདྱ་བཛྲེ། མ་ཧཱ་བོ་དྷི་ཙིཏྟ་བཛྲེ། མ་ཧཱ་བོ་དྷི་མནྚོ་པ་སཾ་ཀྲ་མ་ཎ་བཛྲེ། སརྦ་ཀརྨྨ་ཨཱ་བ་ར་ ཎི་བི་ཤོ་ངྷ་ན་བཛྲེ་སྭཱཧཱ། གཟུངས་སྔགས་འདིའི་ཆོ་ག་ནི་འདི་ཡིན་ཏེ། དྲན་པ་ཙམ་ཀྱིས་མོད་ལས་ཕྱོགས་བཅུ་དག་ན་ བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་གངྒཱའི་ཀླུང་གི་ཕྱེ་མའི་རྡུལ་ཕྲ་རབ་སྙེད་ལ་མཆོད་པ་བྱས་པར་འགྱུར་ཞིང༌། ཞབས་ ལ་ཕྱག་བྱས་པར་འགྱུར་རོ། །མེ་ཏོག་དང༌། བདུག་པ་དང༌། སྤོས་དང༌། མེ་ཏོག་ཕྲེང་བ་དང༌། ཕྱེ་མ་དང༌། གདུགས་དང༌། བ་ དན་ཐམས་ཅད་དང༌། གདན་དང༌། གདིང་བ་དང༌། ན་བཟའ། སྤྱན་གཟིགས། བཤོས་གཙང་བ་ལ་སོགས་པ་དང༌། རྒྱན་ དང༌། ལྷབ་ལྷུབ་ཐམས་ཅད་ཀྱིས་མཆོད་པར་འགྱུར་རོ། །སྡིག་པ་ཐམས་ཅད་དང་བྲལ་བར་འགྱུར་ཞིང་དགེ་བའི་རྩ་བ་ཐམས་ ཅད་དང་ལྡན་པར་འགྱུར་རོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མཆོད་པའི་ཡང་དག་པར་དབུགས་འབྱིན་པར་ འགྱུར་རོ། །ལྷ་དང༌། ཀླུ་དང༌། གནོད་སྦྱིན་དང༌། དྲི་ཟ་དང༌། ལྷ་མ་ཡིན་དང༌། ནམ་མཁའ་ལྡི ང་དང༌། མི་འམ་ཅི་དང༌། ལྟོ ་ འཕྱེ་ཆེན་པོ་ཐམས་ཅད་དང༌། ལག་ན་རྡོ་རྗེ་ལ་སོགས་པ་གསང་བ་པའི་བདག་པོ་དང་བཅས་པ་རྣམས་དང༌། རྒྱལ་པོ་ཆེན་པོ་ བཞི་པོ་རྣམས་ཕྱི་བཞིན་དུ་ཡང་དག་པར་འབྲང་ཞིང་སྲུང་བ་དང༌། སྐྱོབ་པ་དང༌། སྦེད་པར་བྱེད་དོ། །འདི་ནས་ཤི་འཕོས་ནས་ ཀྱང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །ཡོན་ཏན་གྱི་ཁྱད་པར་འདི་དག་ནི་མ་བསྒྲུབས་ཀྱང་ལན་གཅིག་དྲན་ པ་ཙམ་གྱིས་ཐོབ་པར་འགྱུར་རོ།། །། ༈ རོལ་མོ་བྱིན་འབེབས་ཀྱི་སྔགས། ༀ་བཛྲ་གཎྜེ་ར་ཎི་ཏ། པྲ་ར་ཎི་ཏ། སྃ་པྲ་ར་ཎི་ཏ། སརྦ་བུདྡྷ་ ཀྵེ་ཏྲ། པྲ་ཙ་ལི་ནི། པྲ་ཛྙཱ་པ་ར་མི་ཏ། ནཱ་ད་སྃ་བྷ་ཝེ་ན། བཛྲ་ས་ཏྭ་ཧྲི་ད་ཡ། སནྟོ་ཥ་ནི་ཧཱུྃ་ཧཱུྃ་ཧཱུྃ། 8-1-176 ཧོ་ཧོ་ཧོ། ཨ་ཁཾ་སྭཱཧཱ། ༈ ཤ་ཟོས་པའི་ཉེས་པ་མི་འབྱུང་བའི་གཟུངས་ནི། སཾ་བྷ་ར། ༀ་པྲ་བྷ་ར་སྭཱཧཱ། ༀ་ཨཱ་བྷི ་ར་ཁེ་ཙ་ར་ཧཱུྃ། འདི་ལན་བདུན་བཟླས་པས་ཤའམ་རུས་པ་ལ་ཕུ་བཏབ་ན་ཉེས་པ་མི་འབྱུང་ཞེས་འཇམ་དཔལ་རྩ་རྒྱུད་ནས་གསུངས་སོ།། །།ༀ་ སུ་པྲ་ཏིཥྛ་བཛྲ་ཡེ་སྭཱཧཱ། ༈ འདིར་འབད་དགེ་བ་རྣམ་པར་དཀར་བའི་མཐུས། །བདག་ལུས་བོར་ཚེ་དཔལ་ལྡན་ ཤམྦྷ་ལར། །རིགས་ལྡན་རྒྱལ་པོའི་འཁོར་དུ་ལེགས་སྐྱེས་ནས། །དུས་འཁོར་བསྟན་ལ་བྱ་བ་ བྱེད་པར་ཤོག །ཅེས་པ་འདི་ནི་ཆོས་རྗེ་ཕྱོགས་ལས་རྣམ་རྒྱལ་གྱིས་སྨོན་ལམ་བཏབ་པའོ།། །། ༈ དགེ་བ་འདི་ཡིས་གློ་བུར་དྲི་མའི་ཚོགས། །སྲོག་དང་ཐུར་སེལ་རྩ་དང་ལྷན་གཅིག་ཏུ། །འཇོམས་པར་ནུས་པའི་ཐབས་ཟབ་ལ་བརྟེན་ནས། །གཞན་མཆོག་བདེ་གཤེགས་སྙིང་པོ་ མྱུར་ཐོབ་ཤོག །ཅེས་པ་འདི་ནི་རྟོན་པ་བཞི་ལྡན་གྱིས་སྨོན་ལམ་མཛད་པའོ།། །། ༈ དུས་ཀྱི་འཁོར་ལོ་བླ་མ་དབྱེར་མེད་ལ། །གུས་པས་སྐྱབས་གསོལ་འདིར་བསགས་ རབ་དཀར་མཐུས། །ཤམྦྷ་ལ་རུ་རིགས་ལྡན་སྲས་གྱུར་ཏེ། །བསྟན་འགྲོ་ཡོངས་ལ་རླབས་ཆེན་ ཕན་ཐོགས་ཤོག །ཅེས་པའང་མ་ཏིས་སོ།། །། ༈ བསོད་ནམས་བསགས་དགེས་བདག་སོགས་འགྲོ། །འདི་ཕྱི་ཀུན་ཏུ་ཡང་དག་གི ། ཆོས་མཐུན་ཁོ་ནས་ལེགས་འཚོ་ཞིང༌། །རྐྱེན་ངན་གང་གིས་བསྒྱུར་མེད་ཤོག །ཅེས་པའང་མ་ཏིས་ སོ། ། ༈ རབ་དཀར་འདིས་མཚོན་སྐྱེ་འཕགས་དགེ་ཆེན་གྱིས། །དུས་མཐར་རྒྱལ་བསྟན་དབུ་ འཕང་མཐོ་བ་དང༌། །ཆབས་གཅིག་འགྲོ་ལ་ཕན་བདེ་ཡོངས་སྤེལ་ཞིང༌། །བསྟན་འགྲོའི་སྲུང་ རིམ་རླབས་ཆེན་སྤྱོད་གྱུར་ཅིག །འདི་ཡང་མ་ཏིས་སོ།། །། 8-1-177 ༄༅། །སྡོམ་གསུམ་སྨོན་བསྡུས་ལེགས་དོན་ ཡོངས་འགྲུབ་བཞུགས། ༄༅། །སངས་རྒྱས་བྱང་སེམས་འཕགས་ཚོགས་རྒྱ་མཚོ་དགོངས། །བདག་གིས་རབ་ དཀར་དྲི་མེད་བསགས་སྟོབས་ལས། །བྱུང་བའི་མཐུ་བཟང་ཕུལ་བྱུང་ཟླ་བྲལ་བ། །གང་ དེས་ཚེ་འདིར་མདོ་སྔགས་ཟབ་མོའི་ཆོས། །སོ་སོར་ཐར་བའི་འདུལ་ཁྲིམས་གཙང་མ་ཡིས། །སྒོ་གསུམ་བག་ཡོད་ཞི་དུལ་དཔལ་གྱིས་མཛེས། །འགོག་བདེན་བདུད་རྩིས་རྒྱུད་ལ་སིམ་ པ་ཐོབ། །བསླབ་པ་ཕུན་ཚོགས་སོར་སྡོམ་ཡོངས་དག་ཤོག །གཞན་ཕན་རླབས་ཆེན་ཕ་ རོལ་ཕྱིན་པའི་ལམ། །ཚོགས་གཉིས་དཔུང་དར་བྱང་སེམས་བསླབས་པའི་ཁྲིམས། །བདེན་ གཉིས་ལ་བརྟེན་བསམ་མི་ཁྱབ་པའི་སྒོ། །མཐའ་དག་བྱང་སེམས་སྡོམ་བཟང་མཆོག་དུ་ཤོག །གསང་བ་ཟབ་མོ་བདེ་སྟོང་ཟུང་འཇུག་ལམ། །ཡོངས་རྒྱས་ལེགས་རྐྱེན་ཐབས་ཤེས་གཉིས་ མེད་ཚོགས། །སྒོ་གང་ཐད་ནས་འཕེལ་བྱེད་ཁྱད་པར་བ། །རིག་འཛིན་སྔགས་ཀྱི་སྡོམ་པ་ མཐར་ཕྱིན་ཤོག །དེ་ལྟར་གང་སྨོན་དོན་ཀུན་ཇི་བཞིན་པར། །གནས་ལུགས་ལྷན་སྐྱེས་རང་ བྱུང་འགྱུར་མེད་མཐུས། །དུས་སུ་ལེགས་གྲུབ་བསླབ་སྡོམ་རྣམ་གསུམ་རྒྱས། །མཐར་ཐུག་ གོ་འཕང་མཆོག་ལ་རེག་གྱུར་ཅིག །ཅེས་པའི་སྡོམ་གསུམ་སྨོན་བསྡུས་ལེགས་དོན་ཡོངས་འགྲུབ་འདི་ཡང༌། ངག་ དབང་བརྩོན་འགྲུས་དཔལ་བཟང་གི་ཐུགས་བཞེད་ལྟར། མ་ཏིས་སྨྲས་ཤིང་ཡི་གེ་པ་ཆོས་མཆེད་ཉིད་ཀྱིས་བགྱིས་སོ།། །། 8-1-178 ༄༅། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། བསྔོ ་བའི་ལེའུ་ཞེས་བྱ་བ་ བཞུགས་སོ། ། ༄༅། །བདག་གིས་བྱང་ཆུབ་སྤྱོད་པ་ལ། །འཇུག་པ་རྣམ་པར་བརྩམས་པ་ཡི། །དགེ་ བ་གང་དེས་འགྲོ་བ་ཀུན། །བྱང་ཆུབ་སྤྱོད་ལ་འཇུག་པར་ཤོག །ཕྱོགས་རྣམས་ཀུན་ན་ལུས་ དང་སེམས། །སྡུག་བསྔལ་ནད་པ་ཇི་སྙེད་པ། །དེ་དག་བདག་གི་བསོད་ནམས་ཀྱིས། །བདེ་ དགའ་རྒྱ་མཚོ་ཐོབ་པར་ཤོག །དེ་དག་འཁོར་བ་ཇི་སྲིད་དུ། །ནམ་ཡང་བདེ་ལས་ཉམས་མ་ གྱུར། །འགྲོ་བའི་བྱང་ཆུབ་སེམས་དཔའ་ཡི། །བདེ་བ་རྒྱུན་མི་འཆད་ཐོབ་ཤོག །འཇིག་རྟེན་ ཁམས་ན་དམྱལ་བ་དག །གང་དག་ཇི་སྙེད་ཡོད་པ་རྣམས། །དེ་དག་ཏུ་ནི་ལུས་ཅན་རྣམས། །བདེ་ཅན་བདེ་བས་དགའ་བར་ཤོག །གྲང་བས་ཉམ་ཐག་དྲོ་ཐོབ་ཤོག །བྱང་ཆུབ་སེམས་ དཔའི་སྤྲིན་ཆེན་ལས། །བྱུང་བའི་ཆུ་བོ་མཐའ་ཡས་ཀྱིས། །ཚ་བས་ཉམ་ཐག་བསིལ་བར་ ཤོག །རལ་གྲི་ལོ་མའི་ནགས་ཚལ་ཡང༌། །དེ་ལ་དགའ་ཚལ་སྡུག་གུར་ཤོག །ཤལ་མ་རི་ ཡི་སྡོང་པོ་ཡང༌། །དཔག་བསམ་ཤིང་དུ་འཁྲུངས་བར་ཤོག །མཐིང་རིལ་ངུར་པ་དག་དང་ ངང་པ་དང༌། །བཞད་སོགས་སྐད་སྙན་འབྱིན་པས་མཛེས་གྱུར་ཅིག །པདྨ་དྲི་བསུང་ཆེ་ལྡན་ མཚོ་དག་གིས། །དམྱལ་བའི་ས་ཕྱོགས་དག་ནི་ཉམས་དགར་ཤོག །སོལ་ཕུང་དེ་ཡང་རིན་ ཆེན་ཕུང་པོར་གྱུར། །ས་བསྲེགས་ཤེལ་གྱི་ས་གཞི་བསྟར་བར་ཤོག །བསྡུས་འཇོམས་རི་བོ་ 8-1-179 རྣམས་ཀྱང་མཆོད་པ་ཡི། །གཞལ་མེད་ཁང་གྱུར་བདེ་གཤེགས་གང་བར་ཤོག །མདག་མ་རྡོ་ བསྲེགས་མཚོན་གྱི་ཆར་པ་དག །དེང་ནས་བཟུང་སྟེ་མེ་ཏོག་ཆར་བར་གྱུར། །ཕན་ཚུན་མཚོན་ གྱིས་འདེབས་པ་དེ་ཡང་ནི། །དེང་ནས་བརྩེ་ཕྱིར་མེ་ཏོག་འཕེན་པར་ཤོག །ཆུ་བོ་རབ་མེད་ མེ་དོང་འདྲ་ནང་བྱིང་བ་དག །ཤ་ཀུན་ཞིག་གྱུར་རུས་གོང་མེ་ཏོག་ཀུན་དའི་མདོག །བདག་ གི་དགེ་བའི་སྟོབས་ཀྱིས་ལྷ་ཡི་ལུས་ཐོབ་ནས། །ལྷ་མོ་རྣམས་དང་ལྷན་ཅིག་དལ་གྱིས་འབབ་ གནས་ཤོག །ཅི་ཕྱིར་འདིར་ནི་གཤིན་རྗེའི་མི་དང་ཁྭ་དང་བྱ་རྒོ ད་མི་བཟད་རྣམས་སྐྲག་བྱེད། །ཀུན་ནས་མུན་བསལ་བདེ་དགའ་བསྐྱེད་པའི་མཐུ་བཟང་འདི་ཀོ་སུ་ཡི་མཐུ་སྙམ་སྟེ། །གྱེན་ དུ་བལྟས་ན་ནམ་མཁའི་དཀྱིལ་ན་ཕྱག་ན་རྡོ་རྗེ་འབར་བ་བཞུགས་མཐོང་ནས། །རབ་ཏུ་ དགའ་བའི་ཤུགས་ཀྱིས་སྡིག་དང་བྲལ་ནས་དེ་དང་ལྷན་ཅིག་འགྲོགས་པར་ཤོག །མེ་ཏོག་ ཆར་བ་སྤོས་ཆུ་དང་འདྲེས་འབབ་པ་ཡིས། །དམྱལ་བའི་མེ་མདག་ཆིལ་ཆིལ་གསོད་པ་མཐོང་ གྱུར་ནས། །གློ་བུར་བདེ་བས་ཚིམ་པ་འདི་ཅི་བསམ་པ་དང༌། །སེམས་དམྱལ་རྣམས་ཀྱིས་ ཕྱག་ན་པདྨོ་མཐོང་བར་ཤོག །གྲོགས་དག་འཇིགས་པ་བོར་ལ་རིངས་པར་ཚུར་ཤོག་འུ་བུའི་ ཐད་དུ་ནི། །གང་གི་མཐུ་ཡིས་སྡུག་བསྔལ་ཀུན་བྲལ་དགའ་བའི་ཤུགས་ཕྱིན་ལ། །འགྲོ་བ་ ཀུན་ནས་ཡོངས་སྐྱོབ་བྱང་ཆུབ་སེམས་དཔའ་བརྩེ་བ་སྐྱེས་གྱུར་པ། །གཞོན་ནུ་ཟུར་ཕུད་ཅན་ འབར་འཇིགས་པ་མེད་པར་བྱེད་པ་སུ་ཞིག་ཕྱིན། །ཁྱོ ད་ཀྱི་ལྷ་བརྒྱའི་ཅོད་པན་དག་གིས་ ཞབས་ཀྱི་པདྨོ་ལ་མཆོད་ཅིང༌། །ཐུགས་རྗེས་བརླན་སྤྱན་དབུ་ལ་མེ་ཏོག་དུ་མའི་ཚོགས་ཀྱི་ ཆར་འབབ་པ། །ཁང་བརྩེགས་ཡིད་འོང་ལྷ་མོ་སྟོང་ཕྲག་བསྟོད་དབྱངས་སྒྲོག་ལྡན་འདི་ལྟོས་ ཞེས། །འཇམ་དབྱངས་དེ་འདྲ་མཐོང་ནས་ད་ནི་སེམས་དམྱལ་ཀུ་ཅོ་འདོན་པར་ཤོག །དེ་ ལྟར་བདག་གི་དགེ་རྩས་ཀུན་ཏུ་བཟང་ལ་སོགས། །བྱང་ཆུབ་སེམས་དཔའ་སྒྲིབ་པ་མེད་ སྤྲིན་བདེ་བ་དང༌། །བསིལ་ཞིང་དྲི་ཞིམ་ངད་ལྡན་ཆར་བ་འབེབས་མཐོང་ནས། །སེམས་ཅན་ 8-1-180 དམྱལ་བ་དེ་དག་མངོན་པར་དགའ་གྱུར་ཅིག །དུད་འགྲོ་རྣམས་ནི་གཅིག་ལ་གཅིག །ཟ་བའི་ འཇིགས་དང་བྲལ་བར་ཤོག །སྒྲ་མི་སྙན་པའི་མི་བཞིན་དུ། །ཡི་དྭགས་རྣམས་ནི་བདེ་བར་ གྱུར། །འཕགས་པ་སྤྱན་རས་གཟིགས་དབང་གི །ཕྱག་ནས་འབབ་པའི་འོ་རྒྱུན་གྱིས། །ཡི་ དྭགས་རྣམས་ནི་ཚིམས་བྱས་ཤིང༌། །ཁྲུས་བྱས་རྟག་ཏུ་བསིལ་བར་ཤོག །ལོང་བ་རྣམས་ཀྱིས་ མིག་མཐོང་ཞིང༌། །འོན་པས་རྟག་ཏུ་སྒྲ་ཐོས་ཤོག །ལྷ་མོ་སྒྱུ་འཕྲུལ་ཇི་བཞིན་དུ། །སྦྲུམ་མའང་ གནོད་མེད་བཙའ་བར་ཤོག །གཅེར་བུ་རྣམས་ཀྱིས་གོས་དག་དང༌། །བཀྲེས་པ་རྣམས་ཀྱིས་ ཟས་དང་ནི། །སྐོམ་པ་རྣམས་ཀྱིས་ཆུ་དག་དང༌། །བཏུང་བ་ཞིམ་པོ་ཐོབ་པར་ཤོག །བཀྲེན་པ་ རྣམས་ཀྱིས་ནོར་ཐོབ་ཤོག །མྱ་ངན་ཉམ་ཐག་དགའ་ཐོབ་ཤོག །ཡི་ཆད་རྣམས་ཀྱང་ཡིད་སོས་ ཤིང༌། །བརྟན་པ་ཕུན་སུམ་ཚོགས་པར་ཤོག །སེམས་ཅན་ནད་པ་ཇི་སྙེད་པ། །མྱུར་དུ་ནད་ ལས་ཐར་གྱུར་ཅིག །འགྲོ་བའི་ནད་ནི་མ་ལུས་པ། །རྟག་ཏུ་འབྱུང་བ་མེད་པར་ཤོག །སྐྲག་པ་ རྣམས་ནི་འཇིགས་མེད་ཤོག །བཅིངས་པ་རྣམས་ནི་གྲོལ་བར་གྱུར། །མཐུ་མེད་རྣམས་ནི་མཐུ་ ལྡན་ཞིང༌། །སེམས་ནི་ཕན་ཚུན་མཉེན་གྱུར་ཅིག །མགྲོན་པོ་དག་ནི་ཐམས་ཅད་ལ། །ཕྱོགས་ རྣམས་ཐམས་ཅད་བདེ་བར་ཤོག །གང་གི་དོན་ཏུ་འགྲོ་བྱེད་པ། །དེ་འབད་མི་དགོས་འགྲུབ་ གྱུར་ཅིག །གྲུ་དང་གྲུ་ཆེན་ཞུགས་པ་རྣམས། །ཡིད་ལ་བསམ་པ་འགྲུབ་གྱུར་ཏེ། །ཆུ་ཡི་ངོགས་ སུ་བདེར་ཕྱིན་ནས། །གཉེན་དང་ལྷན་ཅིག་དགའ་བར་ཤོག །མྱ་ངན་ལམ་གོལ་འཁྱམས་ པ་རྣམས། །མགྲོན་པོ་དག་དང་ཕྲད་གྱུར་ནས། །ཆོམ་རྐུན་སྟག་སོགས་འཇིགས་མེད་པར། །མི་ངལ་བདེ་བླག་འདོང་པར་ཤོག །དགོན་སོགས་ལམ་མེད་ཉམ་ང་བར། །བྱིས་པ་རྒན་པོ་ མགོན་མེད་པ། །གཉིད་ལོག་མྱོས་ཤིང་རབ་མྱོས་རྣམས། །ལྷ་དག་བསྲུང་བ་བྱེད་པར་ཤོག །མི་དལ་ཀུན་ལས་ཐར་བ་དང༌། །དད་དང་ཤེས་རབ་བརྩེ་ལྡན་ཞིང༌། །ཟས་དང་སྤྱོད་པ་ཕུན་ ཚོགས་ནས། །རྟག་ཏུ་ཚེ་རབས་དྲན་གྱུར་ཅིག །ཐམས་ཅད་ནམ་མཁའི་མཛོད་བཞིན་དུ། 8-1-181 །ལོངས་སྤྱོད་ཆད་པ་མེད་པར་ཤོག །རྩོད་པ་མེད་ཅིང་འཚེ་མེད་པར། །རང་དབང་དུ་ནི་སྤྱོད་ པར་ཤོག །སེམས་ཅན་གཟི་བརྗིད་ཆུང་ངུ་གང༌། །དེ་དག་གཟི་བརྗིད་ཆེན་པོར་ཤོག །དཀའ་ ཐུབ་ཅན་གང་གཟུགས་ངན་པ། །གཟུགས་བཟང་ཕུན་སུམ་ཚོགས་གྱུར་ཅིག །འཇིག་རྟེན་ བུད་མེད་ཇི་སྙེད་པ། །དེ་དག་སྐྱེས་པ་ཉིད་གྱུར་ཅིག །མ་རབས་རྣམས་ནི་མཐོ་ཐོབ་ཅིང༌། །ང་ རྒྱལ་དག་ཀྱང་བཅོམ་པར་ཤོག །བདག་གི་བསོད་ནམས་འདི་ཡིས་ནི། །སེམས་ཅན་ཐམས་ ཅད་མ་ལུས་པ། །སྡིག་པ་ཐམས་ཅད་སྤངས་ནས་ནི། །རྟག་ཏུ་དགེ་བ་བྱེད་པར་ཤོག །བྱང་ ཆུབ་སེམས་དང་མི་འབྲལ་ཞིང༌། །བྱང་ཆུབ་སྤྱོད་ལ་གཞོལ་བ་དང༌། །སངས་རྒྱས་རྣམས་ ཀྱིས་ཡོངས་བཟུང་ཞིང༌། །བདུད་ཀྱི་ལས་རྣམས་སྤོང་བར་ཤོག །སེམས་ཅན་དེ་དག་ཐམས་ ཅད་ནི། །ཚེ་ཡང་དཔག་མེད་རིང་བར་ཤོག །རྟག་ཏུ་བདེ་བར་འཚོ་འགྱུར་ཞིང༌། །འཆི་བའི་ སྒྲ་ཡང་གྲགས་མ་གྱུར། དཔག་བསམ་ཤིང་གི་སྐྱེད་མོས་ཚལ། །སངས་རྒྱས་དང་ནི་སངས་ རྒྱས་སྲས། །ཆོས་སྙན་སྒྲོགས་པས་གང་བ་ཡིས། །ཕྱོགས་རྣམས་ཐམས་ཅད་གང་བར་ཤོག །ཐམས་ཅད་དུ་ཡང་ས་གཞི་དག །གསེག་མ་ལ་སོགས་མེད་པ་དང༌། །ལག་མཐིལ་ལྟར་ མཉམ་བཻ་ཌཱུརྱའི། །རང་བཞིན་འཇམ་པོར་གནས་པར་གྱུར། །འཁོར་གྱི་དཀྱིལ་འཁོར་ཡོད་ དགུར་ཡང༌། །བྱང་ཆུབ་སེམས་དཔའ་མང་པོ་དག །རང་གི་ལེགས་པས་ས་སྟེང་དག །བརྒྱན་ པར་མཛད་པས་བཞུགས་གྱུར་ཅིག །ལུས་ཅན་ཀུན་གྱིས་བྱ་དང་ནི། །ཤིང་དང་འོད་ཟེར་ ཐམས་ཅད་དང༌། །ནམ་མཁའ་ལས་ཀྱང་ཆོས་ཀྱི་སྒྲ། །རྒྱུན་མི་འཆད་པར་ཐོས་པར་ཤོག །དེ་ དག་རྟག་ཏུ་སངས་རྒྱས་དང༌། །སངས་རྒྱས་སྲས་དང་ཕྲད་གྱུར་ཅིག །མཆོད་པའི་སྤྲིན་ནི་ མཐའ་ཡས་པས། །འགྲོ་བའི་བླ་མ་མཆོད་པར་ཤོག །ལྷར་ཡང་དུས་སུ་ཆར་འབེབས་ཤིང༌། །ལོ་ཏོག་ཕུན་སུམ་ཚོགས་པར་ཤོག །རྒྱལ་པོ་ཆོས་བཞིན་བྱེད་གྱུར་ཅིག །འཇིག་རྟེན་དག་ ཀྱང་དར་བར་ཤོག །སྨན་རྣམས་མཐུ་དང་ལྡན་པ་དང༌། །གསང་སྔགས་བཟླས་བརྗོད་གྲུབ་ 8-1-182 པར་ཤོག །མཁའ་འགྲོ་སྲིན་པོ་ལ་སོགས་པ། །སྙིང་རྗེའི་སེམས་དང་ལྡན་གྱུར་ཅིག །སེམས་ ཅན་འགའ་ཡང་སྡུག་མ་གྱུར། །སྡིག་པར་མ་གྱུར་ན་མ་གྱུར། །འཇིགས་དང་བརྙས་པར་མི་ འགྱུར་ཞིང༌། །འགའ་ཡང་ཡིད་མི་བདེ་མ་གྱུར། །གཙུག་ལག་ཁང་རྣམས་ཀློག་པ་དང༌། །ཁ་ ཏོན་གྱིས་རྒྱས་ལེགས་གནས་ཤོག །རྟག་ཏུ་དགེ་འདུན་མཐུན་པ་དང༌། །དགེ་འདུན་དོན་ ཡང་འགྲུབ་པར་ཤོག །བསླབ་པར་འདོད་པའི་དགེ་སློ ང་དག །དབེན་པ་དག་ཀྱང་ཐོབ་པར་ ཤོག །གཡེང་བ་ཐམས་ཅད་སྤངས་ནས་ནི། །སེམས་ནི་ལས་རུང་སྒོམ་གྱུར་ཅིག །དགེ་སློ ང་ མ་རྣམས་རྙེད་ལྡན་ཞིང༌། །འཐབ་དང་གནོད་པ་སྤང་བར་ཤོག །དེ་བཞིན་རབ་ཏུ་བྱུང་བ་ཀུན། །ཚུལ་ཁྲིམས་ཉམས་པ་མེད་གྱུར་ཅིག །ཚུལ་ཁྲིམས་འཆལ་བས་ཡིད་བྱུང་ནས། །རྟག་ཏུ་སྡིག་ པ་ཟད་བྱེད་ཤོག །བདེ་འགྲོ་དག་ཀྱང་ཐོབ་གྱུར་ནས། །དེར་ཡང་བརྟུལ་ཞུགས་མི་ཉམས་ ཤོག །མཁས་པ་རྣམས་ནི་བཀུར་བ་དང༌། །བསོད་སྙོམས་དག་ཀྱང་རྙེད་པར་ཤོག །རྒྱུད་ནི་ ཡོངས་སུ་དག་པ་དང༌། །ཕྱོགས་རྣམས་ཀུན་ཏུ་གྲགས་པར་ཤོག །ངན་སོང་སྡུག་བསྔལ་མི་ མྱོང་ཞིང༌། །དཀའ་བ་སྤྱོད་པ་མེད་པ་ཡང༌། །ལྷ་བས་ལྷག་པའི་ལུས་ཀྱིས་ནི། །དེ་དག་སངས་ རྒྱས་མྱུར་འགྲུབ་ཤོག །སེམས་ཅན་ཀུན་གྱིས་ལན་མང་ཏུ། །སངས་རྒྱས་ཐམས་ཅད་མཆོད་ བྱེད་ཅིང༌། །སངས་རྒྱས་བདེ་བ་བསམ་ཡས་ཀྱིས། །རྟག་ཏུ་བདེ་དང་ལྡན་གྱུར་ཅིག །བྱང་ ཆུབ་སེམས་དཔའ་རྣམས་ཀྱིས་ནི། །འགྲོ་དོན་ཐུགས་ལ་དགོངས་འགྲུབ་ཤོག །མགོན་པོ་ ཡིས་ནི་གང་དགོངས་པ། །སེམས་ཅན་རྣམས་ལའང་དེ་འབྱོར་ཤོག །དེ་བཞིན་རང་སངས་ རྒྱས་རྣམས་དང༌། །ཉན་ཐོས་རྣམས་ཀྱང་བདེ་གྱུར་ཅིག །བདག་ཀྱང་འཇམ་དབྱངས་བཀའ་ དྲིན་གྱིས། །ས་རབ་དགའ་བ་ཐོབ་བར་དུ། །རྟག་ཏུ་ཚེ་རབས་དྲན་པ་དང༌། །རབ་ཏུ་བྱུང་བ་ ཐོབ་པར་ཤོག །བདག་ནི་ཁ་ཟས་གྱི་ནས་ཀྱང༌། །ཉམས་དང་ལྡན་ཞིང་འཚོ་བར་ཤོག །ཚེ་ རབས་ཀུན་ཏུ་དབེན་གནས་པ། །ཕུན་སུམ་ལྡན་པ་ཐོབ་པར་ཤོག །གང་ཚེ་བལྟ་བར་འདོད་ 8-1-183 པའམ། །ཅུང་ཟད་དྲི་བར་འདོད་ན་ཡང༌། །མགོན་པོ་འཇམ་དབྱངས་དེ་ཉིད་ནི། །གེགས་ མེད་པར་ཡང་མཐོང་བར་ཤོག །ཕྱོགས་བཅུ་ནམ་མཁའི་མཐའ་གཏུགས་པའི། །སེམས་ཅན་ ཀུན་དོན་བསྒྲུབ་པའི་ཕྱིར། །ཇི་ལྟར་འཇམ་དབྱངས་སྤྱོད་མཛད་པ། །བདག་གི་སྤྱོད་པའང་དེ་ འདྲར་ཤོག །ཇི་སྲིད་ནམ་མཁའ་གནས་པ་དང༌། །འགྲོ་བ་ཇི་སྲིད་གནས་གྱུར་པ། །དེ་སྲིད་ བདག་ནི་གནས་གྱུར་ནས། །འགྲོ་བའི་སྡུག་བསྔལ་སེལ་བར་ཤོག །འགྲོ་བའི་སྡུག་བསྔལ་ གང་ཅིའང་རུང༌། །དེ་ཀུན་བདག་ལ་སྨིན་གྱུར་ཅིག །བྱང་ཆུབ་སེམས་དཔའི་དགེ་འདུན་གྱིས། །འགྲོ་བ་བདེ་ལ་སྤྱོད་པར་ཤོག །འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་ འབྱུང་བའི་གནས། །བསྟན་པ་རྙེད་དང་བཀུར་སྟི་དང༌། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག །གང་གི་དྲིན་གྱིས་དགེ་བློ་འབྱུང༌། །འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །གང་གི་དྲིན་ གྱིས་བདག་དར་བ། །དགེ་བའི་བཤེས་ལའང་བདག་ཕྱག་འཚལ། །བྱང་ཆུབ་སེམས་དཔའི་ སྤྱོད་པ་ལ་འཇུག་པ་ལས། །བསྔོ ་བ་ཞེས་བྱ་བའི་ལེའུ་སྟེ་བཅུ་པའོ།། །། 8-1-184 ༄༅། །མདོ་སྔགས་སྨོན་ལམ་གསེར་གྱི་ཕྲེང་བ་བླ་མ་དགྱེས་པའི་ མཆོད་པའི་སྤྲིན་ཆེན་ཞེས་བྱ་བ་ བཞུགས་སོ། ། ༄༅། །བླ་མ་རྒྱལ་བ་སྲས་དང་བཅས་པ་ལ་སྒོ་གསུམ་གུས་པ་ཆེན་པོའི་སྒོ་ནས་ཕྱག་ འཚལ་ཞིང་སྐྱབས་སུ་མཆིའོ། །བདག་གི་རྒྱུད་བྱིན་གྱིས་བརླབས་ཏེ་སྨོན་དོན་གེགས་མེད་ འགྲུབ་པར་མཛད་དུ་གསོལ། འོད་གསལ་གདོད་ནས་ལྷུན་གྲུབ་ནང་རིག་དབྱིངས། །རང་ བྱུང་ཡེ་ཤེས་དོན་དམ་རྣམ་ཀུན་གཟིགས། །ཀུན་རྫོབ་སྤྲོས་པ་གཤིས་ནས་དྭངས་པའི་སྐུ། །སྐྱབས་གསུམ་དམ་པ་དང་པོས་དགེ་མཚན་ཕོབ། །དོན་དམ་འགྱུར་མེད་དགའ་བཞིའི་དབང་ པོ་མཆོག །སྤྲོས་བྲལ་གདོད་མའི་ཤེས་རབ་མས་འཁྱུད་པ། །དཔལ་ཆེན་ཧེ་རུ་ཀ་དཔལ་ཡབ་ ཡུམ་གྱིས། །སྨོན་དོན་གེགས་མེད་འགྲུབ་པའི་དཔང་པོར་མཛོད། །བདེ་གཤེགས་སྙིང་པོ་ ཆོས་སྐུ་ཉིན་བྱེད་དབང༌། །གློ་བུར་དྲི་མས་ཆུ་འཛིན་ཟོལ་གྱིས་བསྒྲིབས། །བསལ་བྱེད་ཐབས་ མཆོག་ལམ་གྱི་གནས་ལུགས་ཆེ། །དྲི་བཞོན་དལ་བའི་རྒྱུན་བཟང་སྐྲུན་ཅིག་ཀྱེ། །གཉུག་ ཁམས་ནང་དབྱིངས་ལྷན་སྐྱེས་བདེ་ཆེན་ཉིད། །རྒྱུ་འབྲས་ཐེག་པའི་ལམ་བཟང་སོ་སོ་ལས། །བྱ་བ་དཀའ་སླའི་ཐབས་ཚུལ་མི་འདྲ་བས། །གནས་ལུགས་མངོན་ལ་བུལ་མྱུར་ཆོས་ཀྱི་ཚུལ། །དྲི་མ་བསལ་བྱེད་མདོ་སྔགས་ལམ་རིམ་ལ། །སྨོན་དོན་ཇི་བཞིན་འགྲུབ་པའི་དཔང་པོ་རུ། །གཞི་དབྱིངས་གདོད་མའི་ཁམས་སུ་རྟག་བཞུགས་པའི། །བླ་མ་ལྷར་བཅས་བརྩེ་བས་ ལེགས་གཟིགས་མཛོད། །དལ་འབྱོར་བཅོ་བརྒྱད་ཚང་པའི་རྟེན་ཐོབ་སྟེ། །ཕྱི་ནང་གསང་བའི་ 8-1-185 བར་ཆད་ཀུན་བྲལ་ནས། །དམ་པར་བསྟེན་ཏེ་ཉིན་མཚན་ཉན་བསྒོམ་འབད། །མདོ་སྔགས་ རྒྱ་མཚོའི་དོན་ཀུན་རྟོགས་གྱུར་ཅིག །དམ་པར་མཇལ་ཡང་དམན་པའི་སྤྱོད་པས་བསླུས། །ལམ་མཆོག་བསྟན་ཀྱང་ལམ་མིན་གཡང་ལ་འཕྱན། །བདག་འདྲའི་གཤིས་ངན་སེམས་ཅན་ ཐམས་ཅད་ལ། །རྩ་བ་མེད་པའི་དད་པ་སྐྱེ་བར་ཤོག །མདོ་སྔགས་ལམ་གྱི་རྩ་བ་བླ་མ་སྟེ། །འདི་དང་སྐྱེ་བའི་ཕྲེང་བ་ཐམས་ཅད་དུ། །མི་ཕྱེད་དད་བརྒྱས་སྤྱི་བོའི་རྒྱན་བྱས་ཏེ། །གསུང་ གི་བདུད་རྩི་རྟག་ཏུ་འཐུང་བར་ཤོག །ཕན་པའི་གདམས་ངག་རྒྱུན་དུ་ཉན་པ་དང༌། །ཅུང་ཟད་ གཡེང་མེད་རྒྱུན་དུ་སྒོམ་པ་དང༌། །ལམ་གྱི་གནད་རྣམས་རྒྱུན་དུ་འདྲི་བའི་ཡུལ། །བླ་མ་མཆོག་ དང་རྒྱུན་དུ་འབྲལ་མེད་ཤོག །རྨོངས་པའི་འགྲོ་ལ་ཐུགས་རྗེ་ལྷག་པར་འཇུག །སྡིག་པོ་ཆེ་ལ་ བརྩེ་བ་མི་ལྷོ ད་པའི། །རིན་ཆེན་རྣམ་གསུམ་དང་འདོད་ཡིད་ཆེས་ཀྱི། །བཅོས་མ་སྤངས་པའི་ དད་པ་སྐྱེ་བར་ཤོག །འཁོར་བ་སྡུག་བསྔལ་མཐོང་བཞིན་ཞེན་ཅིང་ཆགས། །ངན་འགྲོའི་ གཡང་ལ་འཇིགས་ཀྱང་མི་དགེ་སྤྱོད། །བདག་གཞན་ལམ་གོལ་འཁྱམས་པའི་སེམས་ཅན་ རྣམས། །ངེས་འབྱུང་རྣམ་དག་རྒྱུད་ལ་སྐྱེ་བར་ཤོག །འགའ་ཞིག་བདག་ལ་གནོད་པར་བྱེད་པ་ དང༌། །སྟོང་གསུམ་ཁྱབ་པར་མི་སྙན་བརྗོད་ན་ཡང༌། །ཕ་མས་བུ་ལ་ལྷག་པར་བརྩེ་བ་བཞིན། །ཡིད་དུ་འོང་བའི་བྱམས་སེམས་སྐྱེ་བར་ཤོག །བདག་ལ་ཉེས་པ་ཅུང་ཟད་མེད་བཞིན་དུ། །གཞན་དག་སྡང་སེམས་མེ་ལྟར་རབ་འབར་བས། །དེ་འདྲའི་ཉོན་མོངས་དབང་གྱུར་འཁོར་ བར་འཁྱམས། །དེ་ལ་བརྩེ་བའི་སྙིང་རྗེ་སྐྱེ་བར་ཤོག །འཁོར་བ་ཐོག་མ་མེད་པའི་དུས་སྐབས་ ནས། །ཕ་མར་བྱས་པའི་སེམས་ཅན་ཐམས་ཅད་དེ། །འགྲོ་བ་དོན་མཆོག་གཅིག་ཏུ་བརྩོན་ མཛད་པའི། །གོ་འཕང་ཐོབ་སེམས་རྒྱུད་ལ་སྐྱེ་བར་ཤོག །ཟབ་ཞི་སྤྲོས་བྲལ་འོད་གསལ་ འདུས་མ་བྱས། །ཀུན་ཁྱབ་ཡེ་བཞུགས་རྣམ་པ་ཐམས་ཅད་པ། །སྒྲིབ་བྱེད་གཟུང་འཛིན་ ལྕགས་སྒྲོག་ལས་གྲོལ་ཏེ། །མཐའ་བྲལ་གཤེགས་སྙིང་རང་ཞལ་མཇལ་བར་ཤོག །རྫོགས་ 8-1-186 བྱང་འདོད་པས་ལུས་ཀྱང་གཏོང་དགོས་ན། །ཟང་ཟིང་དངོས་པོ་རྣམས་ལ་སྨོས་ཅི་དགོས། །ལན་དང་རྣམ་སྨིན་རེ་བ་མེད་པ་ཡི། །གཏོང་སེམས་རྣམ་དག་རྒྱུད་ལ་སྐྱེ་བར་ཤོག །ཉེས་ སྤྱོད་སྡོམ་པའི་ཚུལ་ཁྲིམས་མེད་ན་ཡང༌། །རང་དོན་མི་འགྲུབ་གཞན་དོན་ག་ལ་འགྲུབ། །དེ་ ཕྱིར་མངོན་མཐོའི་རྒྱུ་ཙམ་མ་ཡིན་པའི། །ཚུལ་ཁྲིམས་རྣམ་དག་རྒྱུད་ལ་སྐྱེ་བར་ཤོག །ཕན་པ་ འབའ་ཞིག་འདོད་པའི་རྒྱལ་སྲས་ལ། །གནོད་བྱེད་ཐམས་ཅད་རིན་ཆེན་གཏེར་དང་མཚུངས། །དེ་ཕྱིར་ཀུན་ལ་ཞེ་འགྲས་མེད་པ་ཡི། །བཟོད་པ་རྣམ་དག་རྒྱུད་ལ་སྐྱེ་བར་ཤོག །རང་དོན་ འབའ་ཞིག་སྒྲུབ་པའི་གང་ཟག་གིས། །ཟས་ནོར་དོན་དུ་ཉིན་མཚན་བརྩོན་མཐོང་ན། །མཐའ་ ཡས་འགྲོ་ལ་གཏན་བདེ་སྦྱིན་པའི་སླད། །བརྩོན་འགྲུས་བཅོས་མིན་རྒྱུད་ལ་སྐྱེ་བར་ཤོག །ཞི་ གནས་རབ་ཏུ་བརྟན་པའི་ལྷག་མཐོང་གིས། །ཡང་དག་ལམ་གྱི་གཞི་རྟེན་བྱ་དགོས་ན། །གཟུགས་མེད་བཞི་ལས་རྣམ་པར་འདས་པ་ཡི། །བསམ་གཏན་རྣམ་དག་རྒྱུད་ལ་སྐྱེ་བར་ ཤོག །ཤེས་རབ་མེད་ན་ཕ་རོལ་ཕྱིན་གཞན་གྱིས། །ས་ལམ་ཡང་དག་རྒྱུད་ལ་མི་སྐྱེ་བས། །ཐབས་མཁས་དང་ལྡན་འཁོར་གསུམ་མི་རྟོག་པའི། །ཤེས་རབ་རྣམ་དག་རྒྱུད་ལ་སྐྱེ་བར་ ཤོག །དེ་མིན་རབ་དཀར་ཆུ་འཛིན་ཕུང་པོ་ལས། །སྨོན་ལམ་བདུད་རྩིའི་ཆར་ཆེན་རབ་ འབེབས་ནས། །ས་འདིར་བསྟན་པའི་པད་ཚལ་རབ་རྒྱས་ཏེ། །འགྲོ་ཀུན་རྫོགས་ལྡན་སྦྲང་ དཀར་ལ་སྤྱོད་ཤོག །གང་སྐུ་སྒོམ་དང་རིག་སྔགས་བཟླས་བརྗོད་དང༌། །མཆོད་བསྟོད་གཏོར་ མ་ཕུལ་དང་མཚན་ཙམ་ཡང༌། །གཞན་ལ་བསྒྲོགས་པའི་རྣམ་དཀར་གྱིས་མཚོན་པའི། །དུས་ གསུམ་དགེ་ཚོགས་ཕུལ་བྱུང་ལ་བརྟེན་ནས། །སྐྱེ་དང་སྐྱེ་བ་ཚེ་རབས་ཐམས་ཅད་དུ། །ཁམས་ དྲུག་ལྡན་པའི་རྡོ་རྗེའི་ལུས་ཐོབ་ཅིང༌། །བཤེས་གཉེན་དམ་པས་རྗེས་སུ་འཛིན་པ་ཡི། །དབང་ ལུང་མན་ངག་བདུད་རྩིའི་རྒྱུད་ཚིམས་ནས། །རྣམ་དག་དབང་བཞིས་སྐུ་བཞིའི་ས་བོན་བཞག །དམ་ཚིག་སྡོམ་པ་མིག་འབྲས་ལྟ་བུར་སྲུང༌། །བསྐྱེད་རིམ་ཐུན་བཞིའི་རྣལ་འབྱོར་ལ་གོམས་ 8-1-187 པས། །རྣལ་འབྱོར་བཞི་ཡི་རྫོགས་རིམ་སྨིན་པར་ཤོག །གཟུང་འཛིན་སྤྲོས་བྲལ་སྟོང་ཉིད་ བདེ་ཆེན་ཟུང༌། །མཉམ་པར་སྦྱོར་བས་ཐ་མལ་འཆི་བ་སྦྱངས། །རྒྱུ་ཡི་རྡོ་རྗེ་འཛིན་པ་ལྷག་ པའི་ལྷར། །ཡིད་ལ་བྱེད་པས་བར་སྲིད་སྦྱང་བར་ཤོག །མངོན་བྱང་ལྔ་ལས་གོང་བསྐྱེད་ལྷུན་ པོ་ལྟར། །རྔམ་བརྗིད་ཉམས་བརྒྱ་འབར་བའི་གར་དགུ་ལྡན། །འབྲས་བུ་རྡོ་རྗེ་འཛིན་པའི་ སྐུར་བཞེངས་པ། །སྐྱེ་བའི་སྲིད་པའི་ས་བོན་རབ་དག་ཤོག །སེམས་དཔའ་གསུམ་བསྐྱེད་ བདག་ཉིད་ཧེ་རུ་ཀ །ཡེ་ཤེས་སྒྱུ་མའི་ལྷ་ཡི་རྣལ་འབྱོར་ལ། །བརྟེན་ནས་སྣོ ད་བཅུད་དག་པར་ སྦྱངས་པ་སོགས། །དཀྱིལ་འཁོར་རྒྱལ་མཆོག་རིམ་པ་མཐར་ཕྱིན་ཤོག །སྔགས་བཟླས་ བསམ་གཏན་རྟེན་འབྲེལ་འཁྲུལ་འཁོར་ལ། །འབད་པས་གཞན་ཕན་ཁོ་ནའི་བསམ་པ་ཡི། །ཞི་རྒྱས་ལ་སོགས་རབ་འབྱམས་ལས་རྣམས་ཀྱིས། །མིག་འཕྲུལ་བཞིན་སྤྱོད་རྒྱལ་མཆོག་ རབ་སྐྱེ་ཤོག །གཡས་གཡོན་ཉི་ཟླའི་རྒྱུ་བ་སྒྲ་གཅན་ཁར། །ཆུད་པས་ཡས་བབས་མས་བརྟན་ ལྷན་ཅིག་སྐྱེས། །དགའ་བཞིའི་སྲོག་རྩོལ་སྟོབས་ཀྱིས་སྙིང་གའི་རྩ། །མདུད་གནད་བཀྲོལ་ བའི་རྣལ་འབྱོར་མཐར་ཕྱིན་ཤོག །ཕྱི་ནང་ཐབས་མཁས་སྦྱོར་བ་བརྒྱ་ཕྲག་ལ། །བརྟེན་ནས་ རླུང་ལྔའི་ཆ་ཤས་ཕྲ་མོར་བཅས། །མི་ཤིགས་དྭངས་མའི་ངོ་བོར་ཡོངས་བསྡོམས་པའི། །བྱིན་ གྱིས་བརླབས་པའི་རྣལ་འབྱོར་འབྱུང་བར་ཤོག །འཆི་བ་དངོས་དང་ཤེད་མཚུངས་སྡུད་རིམ་ གྱིས། །རླུང་སེམས་སྙིང་གར་ཐིམ་པའི་འོད་གསལ་ལས། །ཡི་དམ་གང་ལ་གསལ་སྣང་སྒྱུ་ མའི་སྐུ། །དབྱིབས་ཀྱི་རྣལ་འབྱོར་མྱུར་བར་རབ་རྫོགས་ཤོག །ནམ་མཁའི་དབྱིངས་སུ་ཆུ་ འཛིན་ཞུ་བ་བཞིན། །སྒྱུ་མའི་སྐུ་དེ་གདོད་མའི་དབྱིངས་སུ་ཞུགས། །དེ་ལས་སླར་ཡང་ཟུང་ འཇུག་སྐུར་ལྡང་བའི། །རྣམ་དག་ཡེ་ཤེས་རྣལ་འབྱོར་མཐར་ཕྱིན་ཤོག །དེ་ལྟར་རྣལ་འབྱོར་ བཞི་ཡི་སྤྱོད་པ་དང༌། །བཅས་པའི་གནད་ཀྱིས་མི་སློ བ་ཟུང་འཇུག་མཆོག །ཀུན་ཁྱབ་གདོད་ མའི་ཆོས་སྐུ་ཞི་དབྱིངས་དང༌། །རོ་གཅིག་ཏུ་གྱུར་གོ་འཕང་ཐོབ་གྱུར་ཅིག །རྩོལ་རྟོག་དབྱིངས་ 8-1-188 སུ་ཞི་ཡང་གཞན་དོན་ལ། །གཅིག་ཏུ་གོམས་པས་ནམ་མཁའ་ཇི་སྲིད་དུ། །རྒྱལ་མཆོག་གཉིས་ ཀྱི་སྤྲུལ་པའི་སྤྲིན་སྤྲོས་པས། །མཐའ་ཡས་འགྲོ་བའི་རེ་འདོད་ཀུན་སྐོང་ཤོག །གང་ནི་འགྲོ་ ལ་ཉེ་རིང་མེད་ན་ཡང༌། །རང་རང་བློ་གྲོས་མཐུ་ཡིས་ཉེ་རིང་བྱུང༌། །དེ་མཐུན་མདོ་ཕྱོགས་ ལམ་རིམ་མང་ན་ཡང༌། །མཐར་ཐུག་དགོངས་དོན་གཅིག་ཏུ་རྟོགས་གྱུར་ཅིག །སྣ་ཚོགས་ བསམ་པ་དང་མཚུངས་ཆོ་ག་མང༌། །རྒྱུད་རྒྱལ་རྣམ་བསྟན་དེ་ཀུན་དོན་མེད་མིན། །བྱེ་བའི་ཆུ་ ཀླུང་ལམ་རྣམས་ཐ་དད་པ། །རྒྱ་མཚོར་རོ་གཅིག་གཞོལ་བཞིན་རྟོགས་གྱུར་ཅིག །རབ་ འབྱམས་དཀྱིལ་འཁོར་མ་ལུས་སྤྲོ་བའི་གཞི། །འཕགས་མ་མཆོག་དང་གདོད་ནས་དབྱེར་ མེད་ཀྱང༌། །གདུལ་བྱའི་སྣང་ངོར་དགེ་སློ ང་རྡོ་རྗེ་འཛིན། །ཁྱོ ད་ཀྱི་ཞབས་རྡུལ་སྤྱི་བོའི་རྒྱན་ གྱུར་ཅིག །ཉེས་པའི་དྲི་མས་རབ་དབེན་ཚངས་སྤྱོད་ལྡན། །བྱམས་དང་སྙིང་རྗེས་གཞན་དོན་ ཁོ་ན་སྤྱོད། །མི་འགྱུར་བདེ་ཆེན་གྲུབ་པ་སྡོམ་པའི་བདག །སྐྱེ་དང་ཚེ་རབས་རྒྱུན་དུ་འབྲལ་ མེད་ཤོག །ཕ་རོལ་ཕྱིན་པའི་མདོ་དང་དགོངས་འགྲེལ་བཅས། །ཀུན་ཀྱང་དྲང་ངེས་ཇི་བཞིན་ འབྱེད་མཁས་པ། །ཚིག་ཏུ་མ་ཟད་རྒྱུད་ལ་སྦྱོར་བའི་ཐབས། །སྨྲ་བའི་དབང་ཕྱུག་ཁྱོ ད་དྲུང་སྐྱེ་ བར་ཤོག །གང་ན་རྒྱུད་སྡེ་རྒྱ་མཚོའི་དགོངས་དོན་ལ། །ཇི་བཞིན་མཁྱེ ན་པའི་མིང་དང་གྲངས་ ཙམ་གྱིས། །མཁས་པ་ཕལ་གྱིས་སྤོབས་པ་འཇིལ་ནུས་པའི། །བསྟན་འཛིན་ཁྱོ ད་ནི་རིགས་ ཀྱི་བདག་པོར་ཤོག །ཁྱད་པར་དང་པོའི་སངས་རྒྱས་དུས་འཁོར་ལོའི། །དབང་བསྐུར་རྒྱུད་ འཆད་མན་ངག་རབ་སྦྱིན་པས། །སྙིགས་དུས་འདིར་ཡང་རྫོགས་ལྡན་གསར་བར་བྱས། །ཁྱོ ད་ཞལ་དཀྱིལ་འཁོར་མྱུར་དུ་མཇལ་གྱུར་ཅིག །བྱེ་བྲག་རྒྱལ་བའི་འཁོར་ལོ་ཐ་མའི་དོན། །ཆོས་ཉིད་རྟག་ཅིང་ལྷུན་གྲུབ་འདུས་མ་བྱས། །གསལ་བར་སྟོན་པས་ལྟ་ངན་རབ་བཏུལ་ བའི། །སྨྲ་སེང་ཁྱོ ད་གསུང་རྒྱུན་དུ་ཉན་གྱུར་ཅིག །འདི་ན་འགའ་ཞིག་རྟོག་གེའི་ཚིག་ལ་སྲེད། །འགའ་ཞིག་དོན་ལ་རྨོངས་པའི་སྒྲོ་སྐུར་འདེབས། །ཐམས་ཅད་མཁྱེ ན་ཁྱོ ད་གདུལ་བྱའི་ 8-1-189 དཔལ་དུ་ཤར། །ཟབ་རྒྱས་གདམས་པ་རྟག་ཏུ་འཐུང་བར་ཤོག །དུས་དང་གནས་སྐབས་དག་ ནི་ཐམས་ཅད་དུ། །དཔལ་ལྡན་བླ་མའི་ཕྲིན་ལས་བསྒྲུབ་པ་དང༌། །ཁྱོ ད་ཉིད་གང་ལ་མཉེས་ པ་དེ་བསྒྲུབ་ནས། །མི་མཉེས་བྱེད་པ་ཐམས་ཅད་སྤངས་པར་ཤོག །ཁྱོ ད་ཉིད་དགྱེས་པར་ གྱུར་ན་བདག་ཅག་རྣམས། །བྱང་ཆུབ་མཆོག་ཐོབ་ལས་ཀྱང་ལྷག་པ་ཉིད། །གལ་ཏེ་ཁྱོ ད་མི་ མཉེས་ན་ཚེ་འདི་ལ། །བྱང་ཆུབ་ཐོབ་ཀྱང་དོན་མཆོག་འགའ་མ་མཆིས། །བདག་གཞན་དུས་ གསུམ་དགེ་བ་མ་ལུས་པ། །གཅིག་ཏུ་བསྡུས་པའི་སྟོབས་ལས་ཚེ་འདི་ལ། །མཆོག་གི་དངོས་ གྲུབ་དམ་པ་མངོན་གྱུར་ཞིང༌། །རྟག་ཏུ་བླ་མ་མཉེས་ཤིང་མཆོད་བྱེད་ཤོག །རིགས་ཀུན་ཁྱབ་ བདག་རྡོ་རྗེ་སློ བ་དཔོན་ལ། །རྩེ་གཅིག་དད་པའི་ཡིད་ཀྱིས་སྨོན་པ་ནས། །མཆོག་དང་ཐུན་ མོང་དངོས་གྲུབ་མ་ལུས་ཀུན། །ཚེ་འདི་ཉིད་ལ་འགྲུབ་པར་བྱིན་གྱིས་རློབས། །མདོ་སྔགས་ བསོད་ནམས་བསགས་ཐབས་རྒྱ་མཚོ་འདིར། །འབད་རྩོལ་གྲུ་ཆེན་ཞུགས་པ་དེ་ལས་ཀྱང༌། །སྐལ་བཟང་དེ་མཐུན་སྐྱེ་བོ་བགྲང་ཡས་རྣམས། །ཟུང་འཇུག་ནོར་བུའི་གླིང་དུ་ཕྱིན་པར་ཤོག །དུས་གསུམ་རྒྱལ་བ་ཀུན་གྱི་བགྲོད་གཅིག་ལམ། །མདོ་རྒྱུད་རྒྱ་མཚོའི་ཚོགས་གཉིས་གཏེར་ མཛོད་ལ། །གུས་པས་ཅུང་ཟད་བརྩོན་པའི་དགེ་བ་ལས། །བདག་ཀྱང་ཆོས་མཛོད་གཏེར་ ཆེན་ཐོབ་པར་ཤོག །མདོ་སྔགས་མཆོད་ཆོག་ཟབ་ཡངས་པད་ཚལ་འདིར། །རྣལ་འབྱོར་ དབང་ཕྱུག་བུང་བའི་རྒྱལ་པོ་ནི། །བྱེ་བ་ཕྲག་བརྒྱར་ལྷན་ཅིག་ཟབ་དོན་གྱིས། །སྦྲང་རྩིའི་ དགའ་སྟོན་སྤྱོད་པ་ཉིད་དུ་གྱུར། །དཔལ་ལྡན་བླ་མ་བློ་གྲོས་གཏེར་མཛོད་ཀྱིས། །ཐོས་བསམ་ སྒོམ་གསུམ་འཆད་རྩོད་རྩོམ་གསུམ་འདི། །རྒྱུ་སྐར་དབུས་ན་ཉ་རྒྱས་ཟླ་བཞིན་འཕགས། །འོད་སྟོང་གཟི་བརྒྱ་ཡུན་རིང་འབར་གྱུར་ཅིག །འཛམ་གླིང་ས་འཛིན་དབང་པོ་རབ་བརྟན་ ཁམས། །རྟ་ལྗང་བསིལ་ཟེར་ཟུང་གིས་ཇི་སྲིད་དུ། །གཡོ་བྱེད་འཕྲུལ་འདེགས་ཟེར་གྱིས་སྐྱོང་ གི་བར། །རྫོགས་ལྡན་བསྟན་པ་རིང་དུ་གནས་གྱུར་ཅིག །སྨོན་དོན་ཇི་བཞིན་བརྗོད་པའི་ 8-1-190 ཚིག་འདི་ཡང༌། །དུས་གསུམ་རྒྱལ་བའི་སྤྱོད་པ་རྒྱ་ཆེན་དང༌། །དེ་སྲས་སྐྱེ་འཕགས་རབ་དཀར་ དགེ་ཚོགས་རྣམས། །གཅིག་ཏུ་བསྡོམས་པས་མཐུ་བཟང་ལ་བརྟེན་ནས། །རྒྱལ་བའི་བསྟན་ དང་བསྟན་འཛིན་དམ་པའི་སྡེ། །ཕྱོགས་དུས་ཀུན་ཏུ་རྒྱས་ཤིང་སྐྱེ་དགུ་ཀུན། །ཕན་བདེ་འབྱུང་ གཞི་རྫོགས་ལྡན་ཆོས་སྤྱོད་དེ། །མཐར་ཐུག་གཤེགས་སྙིང་དགོངས་དོན་རྟོགས་གྱུར་ཅིག །རྣམ་པར་དག་པ་ཟླ་ཤེལ་ཀུན་ད་ལྟར། །རབ་ཏུ་དཀར་བའི་ཕུང་པོ་ཇི་མཆིས་དེས། །སྐྱེ་ དགུས་རྫོགས་ལྡན་ཆོས་ལ་སྤྱོད་གྱུར་ཏེ། །བདེ་གཤེགས་སྙིང་པོའི་རང་ཞལ་མངོན་གྱུར་ཅིག །བླ་མེད་བླ་མ་རྣམས་ཀྱིས་ཐུགས་རྗེ་དང༌། །ཆོས་ཉིད་མི་འགྱུར་བདེན་པའི་བྱིན་རླབས་དང༌། །དགེ་འདུན་མི་ཕྱེད་འདུན་པའི་བྱིན་རླབས་ཀྱིས། །ཇི་ལྟར་བསྔོ ས་བཞིན་སྨོན་ལམ་འགྲུབ་ པར་ཤོག །ཅེས་མདོ་སྔགས་སྨོན་ལམ་གསེར་གྱི་ཕྲེང་བ་བླ་མ་དགྱེས་པའི་མཆོད་སྤྲིན་ཞེས་བྱ་བ་འདི་ཡང་མདོ་སྔགས་རྒྱ་ མཚོའི་མངའ་བདག་དཔལ་ལྡན་བླ་མ་གང་གིས་མཆོད་ཆོག་ཉེར་སྒྲིག་ཉུང་བསྡུས་སུ་ལེགས་པར་བཀོད་པ་ཚོགས་གཉིས་ལེགས་ སྐྲུན་ཞེས་བྱ་བའི་ཞབས་ཏོག་ཏུ་དམིགས་ཁུལ་བགྱིས་པ་དང༌། མདོ་སྔགས་ལ་སྐལ་ཆད་བདག་གིས་བག་ཆགས་ཀྱི་ཆེད་དང༌། གཞན་ཡང་དད་ལྡན་ཚེ་རིང་རྡོ་རྗེ་དང༌། དགེ་མ་སངས་རྒྱས་མཚོ་ཟུང་གིས་བསྐུལ་བ་ལ་བརྟེན་རྨོངས་བན་ཐ་ཤལ་བ་གུ་ཎ་བྷ་ དྲས་བྲིས་པས་འགྲོ་ཀུན་མདོ་སྔགས་ཀྱི་བསྟན་པ་ལ་བག་ཆགས་འཇོག་པའི་རྒྱུར་གྱུར་ཅིག། །། སརྦ་མངྒ་ལཾ། 8-1-191 ༄༅། །ཁ་ཕུད་འབུལ་སོགས་བཞུགས། ༄༅། །ཁ་ཕུད་འབུལ་བ་ནི། ཞལ་ཟས་གཙང་མའི་ཕུད་མཆོད་དམ་པ་འདི། །རྒྱལ་བ་སྲས་ དང་བཅས་ལ་འབུལ་བར་བགྱི། །བདག་སོགས་འགྲོ་ཀུན་ཚོགས་ཆེན་རབ་རྫོགས་ནས། །རིང་མིན་འཁོར་བའི་མཚོ་ལས་སྒྲོལ་གྱུར་ཅིག །དེ་ནས་ཟས་ལ་རོལ་མཐར། འབྲུ་གསུམ་དང༌། སཾ་བྷ་ར་ བདུན་བརྗོད། བདེ་གཤེགས་རིན་ཆེན་མང་དང་གཟུགས་མཛེས་དང༌། །འབྱམས་ཀླས་འཇིགས་ ཀུན་བྲལ་ལ་ཕྱག་འཚལ་ལོ། །གླུད་གཏོར་འདོད་པའི་ཡོན་ཏན་ལྔ་ལྡན་འདི། །ཚེ་རབས་ སྔོ ན་གྱི་ལན་ཆགས་འཇལ་དགོས་པའི། །བུ་ལོན་ཁྱེ ར་མཁན་བགེགས་རིགས་འབྱུང་པོ་དང༌། །མར་གྱུར་འགྲོ་བ་རིགས་དྲུག་སེམས་ཅན་ལ། །རང་རང་མཁོ་དགུའི་ལོངས་སྤྱོད་དག་ཏུ་ སྦྱིན། །ཤ་འཁོན་ཀུན་བྱང་སྒྲིབ་སྦྱངས་ཚོགས་རྫོགས་ཤོག །སྦྱིན་པ་རྒྱ་ཆེན༴ སོགས་དང༌། གང་ གིས་སྦྱིན་པ༴ སོགས་བརྗོད། ཅེས་པའང་ངག་གྲུབ་ལ་མཁོ་ནས། མ་ཏིས་སོ།། །། ༈ ཁ་ཕུད་སྐབས་རྒྱས་པ་མ་རྙེད་ན། དང་པོ་ཕུད། སྟོན་པ་བླ་མེད༴ སོགས་ཀྱིས་མཆོད་དེ་ནས། ཞལ་ཟས་རོ་ བརྒྱ༴ སོགས་ཀྱིས་གུང་ཚིགས་བྱ། མཐར་སྔགས་འབྲུ་གསུམ་དང་སཾ་བྷ་ར་ལན་འགའ་བརྗོད་མཐར། གང་གི་སྦྱིན་པ་ གང་ལ་སྦྱིན། །སྦྱིན་པ་ཇི་ལྟར་མི་དམིགས་པ། །སྦྱིན་པ་མཉམ་པ་དེ་ཉིད་ཀྱིས། །སྦྱིན་བདག་ རྣམས་ལ་ཚོགས་གཉིས་ཡོངས་རྫོགས་ཤོག །ཅེས་བརྗོད་ན་ཆོག མ་ཏིས་སོ།། །། ༈ ནངས་སྔ་མོར་དུས་དྲན་འདི་སྐད། སངས་རྒྱས་འཁོར་བཅས་ལེགས་དགོངས་གསོལ། །དེ་རིང་ དུས་དབང་ཐབས་བྲལ་བའི། །ཁྲིམས་མི་མཐུན་པ་གང་བྱུང་བ། །ཐམས་ཅད་གནང་བས་ ཐུགས་བརྩེར་མཛོད། །ལན་གསུམ། དགོང་མོར་ལྟུང་བ་བཤགས་པ། དགོངས་གསོལ་གོང་བཞིན་ལ། དེ་རིང་ ལྟུང་བ་སྡེ་ལྔའི་རིགས། །གང་བྱུང་གནོང་འགྱོད་སླར་སྡོམ་གྱིས། །འཆགས་ལ་སླར་གསོ་རུང་ 8-1-192 བར་མཛོད། །ལན་གསུམ། ༈ གོས་བྱིན་རླབས་དབྱུང་སྤར་ནི། ལྷ་རྣམས་དགོངས་གསོལ་འདིར་གོས་རིགས། །སླར་དབྱུང་ བྱིན་རླབས་གཞན་ལ་སྤོ། །དེ་ལྟར་ལས་ཀྱང་ཡོངས་ཆགས་ནས། །བསླབ་ཕྱོགས་ཉེས་པ་ཀུན་ བྲལ་མཛོད། །ལན་གསུམ། གསར་བ་བྱིན་རླབས་བྱེད་དགོས་ཚེ། ཚིག་རྐང་ཐོག་མ་སྔར་བཞིན་ལ། དེ་རིང་རུང་ བ་སྤྱོད་འོས་པའི། དངོས་པོ་གང་འདི་རྣམ༵་སྦྱར༵་དུ་ཁ་བསྒྱུར་གཞན། བླ་གོས་སུ་ཞེས་དང༌། མཐང་ གོས་སུ་ཞེས་དང༌། གདིང་བ་རུ་ཞེས་བྱས་ཏེ། བྱིན་གྱིས་བརླབ་ན་ལས་ཆགས་མཛོད། ལན་གསུམ། ལྷ་རྣམས་དགོངས་གསོལ་ཡོ་བྱད་འདི། །ཉེ་བར་མཁོ་བའི་ལྷུང༵་བཟེ༵ད་དུ། །བྱིན་གྱིས་བརླབ་ ན་དེ་ལུགས་ལྟར། །ལས་ཆགས་བསླབ་ལ་ཡོངས་འཚམ་མཛོད། །ལན་གསུམ། དེས་ཆུ་ཚགས་སུ། ཞེས་འགྲེས་སྦྱར་ནས་ལན་གསུམ་འདོན་ན་ཆོག བྱིན་རླབས་དབྱུང་སྤར་མན་ཆད་སྐབས་སུ་ནམ་བབ་ལ་བྱ། ཐམས་ཅད་རང་ ཉིད་ཁོ་ནས་འདོན་པའི་དབང་དུ་བྱས། ཉེར་མཁོ་འདི་ཡང་ངག་དབང་ཡེ་ཤེས་ལ་མཁོ་ནས་མ་ཏིས་སོ།། །། ༈ སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །སློ བ་དཔོན་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡིས། །དུས་འདི་ནས་ནི་བཟུང་ནས་སུ། །བྱང་ཆུབ་སྙིང་པོར་ མཆིས་ཀྱི་བར། །སོ་བྱང་སྔགས་ཀྱི་སྡོམ་པ་ལ། །དམ་བཅའ་གང་བྱས་རྟག་བསྲུང་ངོ༌། །འགྲོ་ ཀུན་བྱང་ཆུབ་མྱུར་ཐོབ་ཤོག །འདི་ཡང་བརྩོན་འགྲུས་དཔལ་གྱིས་བསྐུལ་ངོར་མ་ཏིས་སོ།། །། 8-1-193 ༄༅། །འདིར་སྡོམ་ལུང་སྦྱིན་ཐབས་མདོར་བསྡུས་བཞུགས། ༄༅། །འདིར་སྡོམ་ལུང་སྦྱིན་ཐབས་མདོར་བསྡུས་ནི། འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ ཐམས་ཅད་ཀྱིས་དོན་དུ་བདག་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཆེད་དུ་དེང་སྐབས་སྡོམ་པ་ ལེན་པར་བགྱིའོ་སྙམ་པའི་ངང་ནས་ལེགས་པར་ཉོན་ཅིགདེ་ལ་གང་སྡོམ་པ་ལེན་པར་བྱ་བ་ ཡང་འདིར་སྐྱབས་སྡོམ་སྔོན་དུ་འགྲོ་བའི་སྒོ་ནས་བསླབ་པ་གཞི་ལྔ་ཙམ་བསྲུང་བའི་ཚུལ་ཏེ། དེ་ཡང་ཐོག་མར་སྐྱབས་སུ་འགྲོ་བའི་ཡུལ་ནི་སྟོན་པ་སངས་རྒྱས་དང༌། དམ་པའི་ཆོས་དང༌། འཕགས་པའི་དགེ་འདུན་སྟེ་ནམ་ཡང་བསླུ་བ་མི་མངའ་བའི་སྐྱབས་གནས་དཀོན་མཆོག་ གསུམ་པོ་དུས་དེ་རིང་ནས་བཟུང་ནམ་ཞིག་བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་བསྟེན་པར་ དམ་བཅའ་བའི་སྒོ་ནས་སྐྱབས་སྡོམ་ལེན་པར་བགྱིའོ་སྙམ་པའི་སྒོ་ནས་འདིའི་རྗེས་ཟློས་ལན་ གསུམ་མཛོད། དཀོན་མཆོག་རིན་ཆེན་བདག་ལ་དགོངས། །བདག་གིས་དེང་ནས་བྱང་ཆུབ་ བར། །གསུམ་ལ་སྐྱབས་སུ་ལེགས་པར་མཆི། །སྐྱབས་སྡོམ་ལྡན་པར་བཟུང་དུ་གསོལ། །ལན་ གསུམ། དེས་སྐྱབས་སྡོམ་ལེགས་པར་ཐོབ་པའོ། །ད་ཁྱོ ད་རང་གི་སྡོམ་པ་ཞུ་བའི་རྟགས་སུ་ གཙུག་ཕུད་འདྲེག་པ་སྤྲོ་འམ། ཞུ་བ་པོས་སྤྲོ་ལགས། ཞེས་པའི་ལན་བརྗོད། འོ་ན་ད་ནི་སྤྱིར་ཁྱི མ་ པ་དང་རབ་བྱུང་གི་ཕྱོགས་ཀྱི་སོ་སོར་ཐར་པའི་སྡོམ་པ་རིས་བརྒྱད་དུ་ཡོད་པ་ལས་འདིར་ནི་ ཁྱིམ་པའི་ཕྱོགས་ཀྱི་བསླབ་པ་གཞི་ལྔ་ཙམ་སྲུང་ཐབས་ཀྱི་སྡོམ་པ་ལེན་པའི་ཐབས་ལ་དུས་ དེ་རིང་ནས་བཟུང་ཇི་སྲིད་འཚོའི་བར་བསླབ་པའི་གཞི་ལྔ་པོ་མ་ཉམས་པར་ཇི་བཞིན་ལེགས་ པར་བསྲུང་བར་བགྱིའོ་སྙམ་པ་དང་བཅས་སློབ་དཔོན་གྱི་མདུན་ནས་ཁས་བླངས་པ་ལན་ 8-1-194 གསུམ་རྗེས་ཟློ ས་མཛོད། སངས་རྒྱས་སློ བ་དཔོན་དང་བཅས་དགོངས། །བདག་གིས་དེང་ ནས་ཚེ་འདིའི་རིང༌། །བསླབ་གཞི་ལྔ་པོ་ལེགས་པར་བསྲུང༌། །དགེ་བསྙེན་སྡོམ་པ་ཡོངས་ལྡན་ མཛོད། །ལན་གསུམ། དེ་ཡང་རྗེས་ཟློ ས་ཀྱིས་ཁས་བླང་ལན་གསུམ་ཐ་མའི་དུས་སུ་ཁྱོ ད་རང་གི་ རྒྱུད་ལ་སྡོམ་པ་ཐོབ་པ་ཡིན་པས་དེ་ལུགས་ལྟར་གྱི་ཐོབ་བློ་བསྐྱེད་དགོས་པ་ཡིན། དེ་ལའང་ བསྲུང་བྱའི་སྡོམ་པ་ནི་རྩ་བ་བཞི་དང་ཆང་དང་ལྔ་ལེགས་སྤོང་བྱེད་པ་སྟེ་དེ་ཡང་མི་རྟ་སོགས་ ཕ་རོལ་གྱི་སྲོག་མི་གཅོད་པ་དང་གཅིགགཞན་གྱིས་བདག་ཏུ་བཟུང་བའི་རྒྱུ་རྫས་མ་བྱིན་པ་ མི་ལེན་པ་དང་གཉིས། སྐྱེ་བོ་ཕོ་མོའི་འཁྲིག་པའི་ཆོས་མི་བསྟེན་པ་དང་གསུམ། མི་ཆོས་བླ་ མའི་རྫུན་སོགས་དགོས་མེད་གཞན་མགོ་མི་བསྐོར་བ་དང་བཞི། སེམས་མྱོས་བྱེད་ཀྱི་ཆང་མི་ འཐུང་བ་དང་ལྔ་པོ་དེ་དུས་དེ་རིང་ནས་བཟུང་ནམ་ཞིག་ཤི་མ་སོང་གི་བར་མི་ཉམས་པར་ཇི་ བཞིན་ལེགས་པར་བསྲུང་དགོས་པ་ཡིན་ལ། ཚུལ་དེ་ལུགས་ལྟར་འདིར་ཁས་བླངས་པ་ཡིན་ ཕྱིར་འདི་ལས་འདའ་བར་བྱས་ཏེ་སྡོམ་པ་ལེགས་པར་མ་བསྲུངས་ན་ཚེ་ཕྱི་མར་ངན་སོང་དུ་ སྡུག་བསྔལ་ཡུན་རིང་བཟོད་པར་དཀའ་བ་མྱོང་ངེས་པར་དགོས་ཤིང་ཇི་བཞིན་ལེགས་བསྲུང་ ནུས་ན་ཕྱི་མར་མངོན་མཐོ་ལྷ་མིའི་ལུས་རྟེན་ཁྱད་པར་བ་ཐོབ་པ་ལ་བརྟེན་ནས་རིམ་གྱི་དམ་ པའི་ཆོས་ལ་ཞུགས་ཏེ་མི་རིང་བ་ནས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་ འགྱུར་ངེས་ཤིང་རྒྱུ་འབྲས་མི་བསླུ་བ་ཡིན་པས་དེ་ལུགས་སེམས་ལ་ཟུང་མཛོད། དེ་ནས་ཁྱོ ད་ རང་སྡོམ་པ་དང་ལྡན་པས་མིང་ཡང་ཆེ་གེ་མོ་འདོགས་པར་བྱའོ། །ད་ནི་ཚུལ་ཁྲིམས་ཀྱི་ཕུང་ པོ་ཡོངས་སུ་རྫོགས་པའི་ཁྲིམས་གཙང་རྣམ་པར་དག་པའི་ཆེད་དུ་འཕགས་པ་དོན་ཞགས་ ནས་གསུངས་པའི་ཚུལ་ཁྲིམས་རྣམ་དག་གི་གཟུངས་འདི་ཡང་རྗེས་ཟློས་དང་བཅས་ལན་ ཉེར་གཅིག་འདོན་པར་གྱིས། ༀ་ཨཱ་མོ་གྷ་ཤི་ལ༴ ཉེར་གཅིག་བརྗོད། དེ་ནས་ཚུལ་ཁྲིམས་ཀྱི་ཕ་ རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའི་དོན་དུ་བྱམས་པའི་ཚུལ་ཁྲིམས་ཀྱི་སྨོན་ལམ་འདི་ཡང་ 8-1-195 རྗེས་ཟློ ས་གྱིས་ཤིག ཁྲིམས་ཀྱི་ཚུལ་ཁྲིམས༴ སོགས་བརྗོད། ད་ཁྱོ ད་ཀྱིས་དེ་ལྟར་ཉེས་པ་ ལ་ཉེས་པར་མཐོང་ལགས་སམ། ཞུ་བ་པོས། མཐོང་ལགས། ད་ཕྱིན་ཆད་ལེགས་པར་སྡོམ་ ལགས་སམ། ཞུ་བ་པོས་སྡོམ་ལགས། ཐབས་ཡིན་ནོ། །ཞུ་བ་པོས། ལེགས་སོ། །ཞེས་པའི་ལན་བརྗོད། ནས་འཐོར་བཞིན། ཁྱོ ད་ལ་སྡོམ་པ་ལེགས་པར་ཐོབ་པར་གྱུར་ཅིག ཚངས་པར་སྤྱོད་པ་མཐར་ ཕྱིན་པར་གྱུར་ཅིག བསླབ་པ་ཡོངས་སུ་རྫོགས་པར་གྱུར་ཅིག ཐར་པའི་རྒྱལ་མཚན་ལ་ བརྟེན་དོན་གཉིས་ལྷུན་གྲུབ་ཏུ་གྱུར་ཅིག ཅེས་པའི་ཤིས་བརྗོད་ཀྱང་བྱ། དེ་ལྟ་བུའི་དགེ་བའི་རྩ་བ་ གང་དག་གཞན་ཕྱིར་སངས་རྒྱས་ཐོབ་པའི་རྒྱུར་བསྔོ་སྨོན་ཟབ་མོས་རྒྱས་གདབ་པར་མཛོད་ ཅིགབསོད་ནམས་འདི་ཡིས༴ སོགས་དགེ་བསྔོ ་ཅི་འགྲུབ་བྱའོ། །ཞེས་སྡོམ་ལུང་སྦྱིན་ཐབས་མདོར་བསྡུས་འདི་ཡང་ གྲོགས་ཀྱི་ངོར་མ་ཏིས་སྨྲས་བཞིན་ཡི་གེར་ཆོས་མཆེད་དམ་པས་ཉེ་བར་བྲིས་པའོ།། །། 8-1-196 ༄༅། །སྡོམ་པ་སྦྱིན་ཐབས་མདོར་བསྡུས་བཞུགས། ༄༅། །སྡོམ་པ་སྦྱིན་ཐབས་མདོར་བསྡུས་ནི། འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་དེ་རིང་སྡོམ་པ་ལེན་སྙམ་ པའི་ཐེག་ཆེན་སེམས་བསྐྱེད་ཀྱིས་ཀུན་སློང་བཅོས་ཏེ་ལེགས་པར་ཉོན་ཅིགའོ་དེ་ཡང་སྔོན་ སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པས་དམ་ཆོས་འདུལ་བ་སོ་ཐར་རིས་བརྒྱད་གསུངས་པའི་ནང་ གི་ཚང་སྤྱོད་དགེ་བསྙེན། རྩ་བཞི་ཆང་ལྔ་ཙམ་བསྲུང་བའི་སྡོམ་པ་སྦྱིན་པའི་ཐབས་ལ་ཐོག་ མར་སྐྱབས་སུ་འགྲོ་བའི་སྡོམ་པ་ལེན་པར་བགྱི་བསམ་པའི་སྒོ་ནས་དཀོན་མཆོག་གསུམ་ སྐྱབས་སུ་བསྟེན་ཅིང་དེ་ལུགས་ཀྱི་སྡོམ་པ་ལེན་འདོད་ཀྱིས་རྗེས་ཟློས་ལན་གསུམ་མཛོད། སངས་རྒྱས་བྱང་སེམས་དགོངས་སུ་གསོལ། །དེང་ནས་བྱང་ཆུབ་སྙིང་པོའི་བར། །དཀོན་ མཆོག་གསུམ་ལ་སྐྱབས་སུ་མཆི། །སྡོམ་པ་དེ་ལྟར་ལེན་པར་བགྱི། །ལན་གསུམ། དེ་ནས་ད་ ནི་ཁྱོད་རང་ལ་སྐྱབས་སྡོམ་ཐོབ་ཕན་ཆད་ནས་དཀོན་མཆོག་གི་རྟེན་ལ་བརྩི་བཀུར་ལེགས་ པར་བྱ་དགོས་ཤིང་ཉིན་རེ་བཞིན་སྐྱབས་འགྲོ་ཕྲེང་སྐོར་རེ་མི་ཆག་པར་འདོན་པ་གལ་ཆེ་ བས་ཡིད་ལ་ཟུང་ཞིག ད་ཁྱོ ད་ཁྱི མ་པ་ཐ་མལ་བ་ལས་ཁྱད་པར་འཕགས་ཤིང་རབ་བྱུང་ལ་ ཞུགས་ཆེད་སྐྲ་ཕུད་ལེན་པར་སྤྲོ་འམ་ཞེས་དྲིས་པ་ལ། དེའི་ལན་རྗེས་ཟློ ས་འདི་ལྟར་མཛོད། འོ་སྤྲོ་ལགས། ད་ནི་སྡོམ་པ་དངོས་དེ་རིང་ནས་ཤི་རག་བར་བསམ་བཞིན་སྲོག་མི་གཅོད་པ་ དང་གཅིག མ་བྱིན་པ་མི་ལེན་པ་དང་གཉིས། མི་ཚང་བ་མི་སྤྱོད་པ་དང་གསུམ། མི་ཆོས་ བླ་མའི་རྫུན་མི་སྨྲ་བ་དང་བཞི། ཆང་མི་འཐུང་བ་དང་ལྔ་བསླབ་པ་དེ་ལྔ་པོ་ཇི་བཞིན་བསྲུང་ བར་བགྱིའོ་སྙམ་པའི་ངང་ནས་རྗེས་ཟློ ས་ལན་གསུམ་མཛོད་ཅིག སངས་རྒྱས་བྱང་སེམས་ 8-1-197 སློ བ་དཔོན་དང༌། །བཅས་པ་བདག་ལ་དགོངས་སུ་གསོལ། །ཁྱེ ད་རྣམས་དྲུང་དུ་དེ་རིང་ ནས། །སྡོམ་པ་ཁས་བླང་འདི་ལྟར་བྱ། །རྩ་བ་བཞི་དང་ཆང་དང་ལྔ། །ནམ་ཞིག་ཤི་མ་སོང་གི་ བར། །མི་ཉམས་ལེགས་པར་བསྲུང་བར་བྱ། །བདག་གི་རྒྱུད་ལ་དེ་ལུགས་ཀྱི། །བསླབ་པ་ གཞི་ལྔའི་ཚང་སྤྱོད་སྡོམ། །ཇི་བཞིན་ཐོབ་པའི་དགེ་བསྙེན་དུ། །ཁྱེ ད་ཀྱིས་ཡོངས་སུ་བཟུང་དུ་ གསོལ། །དེ་བཞིན་འོང་བར་བྱིན་གྱིས་རློབས། །ལན་གསུམ། དེ་ལྟར་རྗེས་ཟློ ས་ཁས་བླང་ལན་ གསུམ་གྱི། ཐ་མའི་དུས་སུ་ཁྱོ ད་ཀྱི་རྒྱུད་ལ་ཚང་སྤྱོད་བསླབ་ལྔ་བསྲུང་བའི་དགེ་བསྙེན་གྱི་ སྡོམ་པ་ཐོབ་པ་ཡིན་པས་ད་ཕན་ཆད་རྒྱུན་དུ་སྡོམ་པ་ཐོབ་བློ་བསྐྱེད་དགོས། ད་ཚུལ་ཁྲིམས་ རྣམ་པར་དག་བྱེད་ཀྱི་གཟུངས་དོན་ཞགས་སོགས་ལས་གསུངས་པ་རྗེས་ཟློས་ལན་གཅིག་གི་ རྗེས་སུ་མཉམ་དུ་ཉེར་གཅིག་འདོན་པར་གྱིས་ཤིག ༀ་ཨཱཿམོ་གྷ་ཤི་ལ༴ སོགས་ཉེར་གཅིག་འདོན། དེ་ནས་ཚུལ་ཁྲིམས་ཀྱི་སྨོན་ལམ་འདི་ཡང་རྗེས་ཟློ ས་ལན་གཅིག་མཛོད། དགེ་བསྙེན་ཚུལ་ ཁྲིམས་སྡོམ་པ་མཆོག །བདག་གི་རྒྱུད་ལ་ལེགས་སྐྱེ་ཤོག །དེ་ནས་རིམ་བཞིན་གོང་དུ་འཕེལ། །ཚུལ་ཁྲིམས་ཕ་རོལ་ཕྱིན་གྱུར་ཅིག །ད་ནི་ཁྱོ ད་ཀྱིས་སྡོམ་པ་མི་ཉམས་པར་བསྲུང་བའི་དྲན་ རྟེན་དུ་མིང་འདི་ཞེས་འདོགས་པར་བྱའོ། །མིང་བརྗེ། དེ་ནས་མཐོང་སྡོམ་ནི། ཉེས་པ་ལ་ཉེས་པར་ མཐོང་ངམ། ཞེས་བརྗོད་པའི་འདིའི་རྗེས་ཟློ ས་མཛོད། འོ་མཐོང་ལགས། ད་ཕྱིན་ཆད་ ལེགས་པར་སྡོམ་མམ། ཞེས་པའི་ལན་རྗེས་ཟློ ས་མཛོད། འོ་སྡོམ་ལགས། དེ་ནས་ཐབས་ལེགས་ ནི། འོ་ཐབས་ཡིན་ནོ། །ཞེས་ལ་རྗེས་ཟློ ས་འདི་ལྟར་མཛོད། ལེགས་སོ། །འོ་དེ་ལྟར་དགེ་བསྙེན་གྱི་ སྡོམ་པ་ལེགས་པར་ཐོབ་པས་ཐ་མལ་རང་ག་བ་ལས་ད་ཕན་དགེ་བ་གང་བྱས་ཚད་བརྒྱ་སྟོང་ སོགས་ཀྱི་འགྱུར་སྟོབས་ཆེ་ཞིང་སྨོན་ལམ་ཇི་བཞིན་ལེགས་པར་འགྲུབ་པ་ལ་སོགས་པའི་ ཕན་ཡོན་ཆེས་མང་ངོ༌། །དེ་ནས་དགེ་རྩ་བྱང་ཆུབ་ཆེན་པོ་ཐོབ་པའི་རྒྱུར་བསྔོ ་སྨོན་གྱིས་རྒྱས་ ཐོབ་ཅིག དགེ་བསྔོ ་བྱའོ།། །། 8-1-198 ༄༅། །སྡོམ་ལུང་ཟབ་མོ་སྦྱིན་པའི་ཡི་གེ་སྐལ་ལྡན་ ཐར་ལམ་བགྲོད་བྱེད་བཞུགས། ༄༅། །སྐྱབས་སེམས། རྣམ་དག་ཆོས་ཀྱི༴ མ་ལུས་སེམས་ཅན༴ བཅོམ་ལྡན་བསྐལ་བ༴ ཕྱོགས་དུས་ཀུན༴ བསླུ་མེད༴ འདི་ལྟར་སངས་རྒྱས༴ སོགས། རྣམ་དག་ཞིང་དུ་སྐྱེ་བར་ཤོག མནྜལ། དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་དྲུང་དུ་སྡོམ་ལུང་ཟབ་མོ་ཞུ་བའི་ཡོན་དུ་དབུལ། སོགས། སེམས་ཅན་རྣམས་ཀྱི༴ སོགས། འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་སྡོམ་ལུང་ཟབ་མོ་ ཞུ་སྙམ་པའི་བསམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་བཅས་པའི་སྒོ་ནས་ལེགས་ པར་ཉོན་ཅིག དེ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རྗེས་སུ་འཇུག་སྟེ་སྐྱེས་བུ་ཐ་ མལ་བ་དག་གི་སྡོམ་པ་རང་རང་དང་འཚམ་པར་བླངས་ནས་རྟེན་དེའི་སྟེང་ནས་དགེ་སྒྲུབ་ སྡིག་སྤོང་བྱས་ཏེ་འཆི་ཁ་སྨོན་ལམ་འདེབས་ནུས་ན་ཕྱི་མ་གང་དུ་འདུན་མ་གཏད་པའི་ཡུལ་ དེར་སྐྱེ་བ་ལ་སྟོབས་ཤིན་ཏུ་བཙན་པས་དེང་སྐབས་སྐལ་བ་དང་ལྡན་ཚེ་སྡོམ་པ་ལེན་པ་འདི་ གལ་ཤིན་ཏུ་ཆེ་བས་ན་སྡོམ་པ་ལེན་པ་ལ་བརྩོན་དགོས་ཏེ། དེ་ཡང་ཐོག་མར་སྐྱབས་སུ་འགྲོ་ བའི་སྡོམ་པ་ནི། མཁའ་དབྱིངས་སུ་སངས་རྒྱས་བྱང་སེམས་བཞུགས་པའི་མདུན་དང་སློ བ་ དཔོན་འཁོར་བཅས་ཀྱི་དྲུང་ནས་ཁས་བླངས་འདི་ལྟར་བྱ་དགོས་ཏེ་བདག་གིས་དེ་རིང་ནས་ བཟུང་སྟེ་ནམ་ཞིག་བྱང་ཆུབ་སྙིང་པོའི་བར་དུ་བླ་མ་དཀོན་མཆོག་གསུམ་སྐྱབས་སུ་བསྟེན་ པར་བགྱིའོ་སྙམ་དུ་སྙིང་ཐག་པ་ནས་ཞེ་དམ་དང་བཅས་ཏེ་འདིའི་རྗེས་ཟློས་ལན་གསུམ་ 8-1-199 མཛོད། ཕྱོགས་བཅུར་བཞུགས་པའི་སངས་རྒྱས་བྱང་སེམས་དང་མདུན་གྱི་སློ བ་དཔོན་ འཁོར་བཅས་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་ཀྱང༌། དུས་ འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། རྐང་གཉིས་རྣམས་ཀྱི་ མཆོག སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག འཕགས་པའི་དགེ་འདུན་ལ་སྐྱབས་ སུ་མཆིའོ། །ལན་གསུམ། དེས་ཁྱོ ད་ལ་སྐྱབས་སུ་འགྲོ་བའི་སྡོམ་པ་ཐོབ་པ་ཡིན། ད་ནི་སྡོམ་ པ་དངོས་ལ་ཐོག་མར་ཁྱིམ་པ་རང་ག་བ་དག་ལས་ཁྱད་པར་དུ་འཕགས་ཆེད་རྟགས་བརྗེ་བ་ མཚོན་བྱེད་གཙུག་ཕུད་བྲེག་པ་སྤྲོ་འམ། སྤྲོ་ལགས། ད་ལན་གྱི་སྐབས་སུ་སྡོམ་པ་འབོགས་པ་ དངོས་ནི་སངས་རྒྱས་བྱང་སེམས་སློབ་དཔོན་དང་བཅས་པའི་མདུན་དུ་ཁྱོད་ཀྱིས་ཁས་བླངས་ པ་ནི་ཉི་མ་དེ་རིང་ནས་བཟུང་སྟེ་ནམ་ཞིག་ཤི་མ་སོང་གི་བར་དུ། སྡོམ་པ་ཐམས་ཅད་ཀྱི་རྩ་ བ་བཞི་འམ། ལྔ་འདི་ལེགས་པར་བསྲུང་དགོས་པ་ཡིན་ཏེ། དེ་ཡང་མི་རྟ་ལྟ་བུའི་སྲོག་ཆེན་པོ་ མི་གཅོད་པ་དང་གཅིག རིན་ཐང་ཚང་བའི་རྒྱུ་རྫས་མི་རྐུ་བ་དང་གཉིས། ཕོ་མོའི་འཁྲིག་ ཆགས་ཀྱི་སྤྱོད་པ་མི་བྱེད་པ་དང་གསུམ། མི་ཆོས་བླ་མའི་རྫུན་ཆེན་པོ་མི་སྨྲ་བ་དང་བཞི་འམ། མྱོས་བྱེད་ཀྱི་ཆང་མི་འཐུང་བ་དང་ལྔ། འདི་སྡོམ་པ་ཀུན་གྱི་རྩ་བ་འགངས་ཆེ་བ་བཞི་འམ། ལྔ་ ཡིན་པས་དེ་རིང་ནས་ཁས་ལན་གསུམ་བླངས་པའི་རྗེས་སུ་ཇི་སྲིད་འཚོའི་བར་དུ་ནམ་ཡང་མི་ ཉམས་པར་བསྲུང་བར་བྱ་སྙམ་པའི་སྒོ་ནས་འདིའི་རྗེས་ཟློས་ལན་གསུམ་མཛོད། ཕྱོགས་ བཅུར་བཞུགས་པའི་སངས་རྒྱས་བྱང་སེམས་དང་མདུན་གྱི་སློབ་དཔོན་འཁོར་བཅས་བདག་ ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་ཀྱང༌། ཉི་མ་དེ་རིང་ནས་བཟུང་ སྟེ་ཇི་སྲིད་འཚོའི་བར་དུ། སྔོ ན་གྱི་རྒྱལ་བ་སྲས་བཅས་ཀྱི་རྗེས་སུ་སློ བ་སྟེ། ཉེས་པ་མཐའ་ དག་གི་རྩ་བ་བཞི་འམ། ལྔ་པོ་ཡོངས་སུ་སྤངས་པའི། སྡོམ་པ་ཡང་དག་པར་བླང་བར་བགྱིའོ། 8-1-200 །ལན་གསུམ། འདིའི་རྗེས་ཟློས་ཐ་མ་རྫོགས་པའི་དུས་ཉེས་རྩ་བཞི་འམ། ལྔ་སྤོང་བའི་དགེ་བསྙེན་ གྱི་སྡོམ་པ་ཁྱོད་ལ་ཐོབ་པ་ཡིན་པས་ཐོབ་བློ་བསྐྱེད་ཅིང་ད་ཕན་ཆད་དུ་ལེགས་པར་བསྲུང་ དགོས་སོ། །ད་ལན་དགེ་བསྙེན་གྱི་སྡོམ་པ་ལེགས་པར་ཐོབ་ཟིན་པའི་ཐོབ་བློ་རྒྱུན་ལྡན་དུ་ བསྐྱེད་པའི་ཆེད་སྡོམ་མིང་གསར་བ་འདོགས་པར་བྱའོ། །དེ་ནས་ཚུལ་ཁྲིམས་རྣམ་དག་གི་ གཟུངས་འདི་ཡང་ལན་གསུམ་རྗེས་བཟློ ས་མཛོད། ༀ་ཨཱ་མོ་གྷ་ཤི་ལ༴ ལན་གསུམ། མཉམ་དུ་ ཉེར་གཅིག་བརྗོད། དེ་ནས་ཚུལ་ཁྲིམས་ཡོངས་སུ་རྫོགས་པའི་སྨོན་ལམ་ལན་གསུམ་རྗེས་ཟློ ས་ མཛོད། ཁྲིམས་ཀྱི་ཚུལ་ཁྲིམས༴ སོགས། ཕྱིན་རྫོགས་ཤོག །ལན་གསུམ། དེ་ལྟར་ཉེས་པ་ མཐོང་ལགས་སམ། མཐོང་ལགས། ཕྱིན་ཆད་སྡོམ་ལགས་སམ། སྡོམ་ལགས། ཐབས་ ཡིན་ནོ། །ལགས་སོ། །དེ་ལྟར་སྡོམ་པ་ཐོབ་པའི་དགེ་བ་འདི། སེམས་ཅན་ཐམས་ཅད་ཀྱི་ དོན་དུ་ཡོངས་སུ་བསྔོ ་བར་བགྱིའོ་སྙམ་པའི་ངང་ནས་དགེ་བསྔོ ་མཛོད། བསོད་ནམས་འདི༴ རྒྱལ་བ་ཀུན་གྱི༴ ཚུལ་ཁྲིམས་བསླབ་པ༴ འདི་ཡང་བརྩོན་འགྲུས་དཔལ་ལ་མཁོ་ནས་མ་ཏིས་སོ།། །།དགེའོ།། 8-1-201 ༄༅། །དགེ་བསྙེན་སྡོམ་པ་སྦྱིན་ཐབས་བཞུགས། ༄༅། །ཡང་དགེ་བསྙེན་སྡོམ་པ་སྦྱིན་ཐབས་ནི། འོ་ནམ་མཁའ་དང་མཉམ་པའི་མ་གྱུར་སེམས་ ཅན་ཐམས་ཅད་ཀྱི་དོན་དུ་བདག་སངས་རྒྱས་བཅོམ་ལྡན་འདས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་ པའི་ཆེད་དུ་ད་ལན་སངས་རྒྱས་བྱང་སེམས་སློབ་དཔོན་དང་བཅས་པའི་མདུན་དུ་སྡོམ་པ་ ཡང་དག་པར་བླང་བར་བགྱིའོ། །སྙམ་པའི་ཀུན་སློ ང་དང་བཅས་དེ་འདིའི་རྗེས་ཟློ ས་ལན་ གསུམ་མཛོད། སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །སློ བ་དཔོན་བདག་ལ་དགོངས་ སུ་གསོལ། །དེང་ནས་ཇི་སྲིད་འཚོ་ཡི་བར། །སྲོག་གཅོད་པ་དང་མ་བྱིན་ལེན། །མི་ཚང་སྤྱོད་ དང་རྫུན་དུ་སྨྲ། །བག་མེད་མྱོས་བྱེད་བཏུང་བ་ཆང༌། །རྩ་བ་བཞི་པོ་སྤང་པར་བྱ། །འགྲོ་ཀུན་ བྱང་ཆུབ་མྱུར་ཐོབ་ཤོག །ལན་གསུམ། ཡང་འདིའི་རྗེས་ཟློ ས་ལན་གསུམ་མཛོད། རང་སེམས་ དྲི་མ་མེད་གཞི་སར། །ཚུལ་ཁྲིམས་བསླབ་པ་རིན་པོ་ཆེ། །སྐྱོན་དང་བྲལ་བར་ལེགས་སྐྱེས་ ནས། །བསླབ་པ་ཕ་མཐར་ཕྱིན་པར་ཤོག །ལན་གསུམ། དེ་ནས་ཚུལ་ཁྲིམས་རྣམ་དག་གི་གཟུངས་རྗེས་ཟློ ས་ ལན་གསུམ་དང༌། གཟུངས་ཚར་ཉེར་གཅིག་མཉམ་དུ་འདོན། དེ་ནས་དགེ་བ་བསྔོ ་བ་མདོར་བསྡུས་བྱ། ཅེས་པ་འདི་ཡང་བཟང་ དགའི་ངོར་མ་ཏིས་སོ།། 8-1-202 ༄༅། །འདིར་སྡོམ་ལུང་སྦྱིན་ཐབས་མདོར་བསྡུས་བཞུགས། ༄༅། །འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་སངས་ རྒྱས་ཀྱི་གོ་འཕང་ཐོབ་པའི་ཆེད་དུ་དེང་སྐབས་སྡོམ་པ་ལེན་པར་བགྱིའོ་སྙམ་པའི་ངང་ནས་ ལེགས་པར་ཉོན་ཅིག དེ་ལ་གང་སྡོམ་པ་ལེན་པར་བྱ་བ་ཡང་འདིར་སྐྱབས་སྡོམ་སྔོ ན་དུ་ འགྲོ་བའི་སྒོ་ནས་བསླབ་པ་གཞི་ལྔ་ཙམ་བསྲུང་བའི་ཚུལ་ཏེ། དེ་ཡང་ཐོག་མར་སྐྱབས་ སུ་འགྲོ་བའི་ཡུལ་ནི་སྟོན་པ་སངས་རྒྱས་དང༌། དམ་པའི་ཆོས་དང༌། འཕགས་པའི་དགེ་ འདུན་ཏེ་ནམ་ཡང་བསླུ་བ་མི་མངའ་བའི་སྐྱབས་གནས་དཀོན་མཆོག་གསུམ་པོ་དུས་དེ་རིང་ ནས་བཟུང་ནམ་ཞིག་བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་བསྟེན་པར་དམ་བཅའ་བའི་སྒོ་ ནས་སྐྱབས་སྡོམ་ལེན་པར་བགྱིའོ་སྙམ་པའི་སྒོ་ནས་འདིའི་རྗེས་ཟློས་ལན་གསུམ་མཛོད། དཀོན་མཆོག་རིན་ཆེན་བདག་ལ་དགོངས། །བདག་གིས་དེང་ནས་བྱང་ཆུབ་བར། །གསུམ་ ལ་སྐྱབས་སུ་ལེགས་པར་མཆི། །སྐྱབས་སྡོམ་ལྡན་པར་བཟུང་དུ་གསོལ། །ལན་གསུམ། དེས་ སྐྱབས་སྡོམ་ལེགས་པར་ཐོབ་པའོ། །ད་ཁྱོ ད་རང་གི་སྡོམ་པ་ཞུ་བའི་རྟགས་སུ་གཙུག་ཕུད་ འབྲེག་པ་སྤྲོའམ། ཞུ་བ་པོས་སྤྲོ་ལགས། ཞེས་པའི་ལན་བརྗོད། འོ་ན་ད་ནི་སྤྱིར་ཁྱི མ་པ་དང་རབ་ བྱུང་གི་ཕྱོགས་ཀྱིས་སོ་སོར་ཐར་པའི་སྡོམ་པ་རིས་བརྒྱད་དུ་ཡོད་པ་ལས་འདིར་ནི་ཁྱིམ་པ་ ཕྱོགས་ཀྱི་བསླབ་པ་གཞི་ལྔ་ཙམ་བསྲུང་ཐབས་ཀྱི་སྡོམ་པ་ལེན་པའི་ཐབས་ལ་དུས་དེ་རིང་ ནས་བཟུང་ཇི་སྲིད་འཚོའི་བར་བསླབ་པའི་གཞི་ལྔ་པོ་མི་ཉམས་པར་ཇི་བཞིན་ལེགས་པར་ བསྲུང་བར་བགྱིད་སྙམ་པ་དང་བཅས་སློབ་དཔོན་གྱི་མདུན་ནས་ཁས་བླངས་པ་ལན་གསུམ་ 8-1-203 རྗེས་ཟློ ས་མཛོད། སངས་རྒྱས་སློ བ་དཔོན་དང་བཅས་དགོངས། །བདག་གིས་དེང་ནས་ཚེ་ འདིའི་རིང༌། །བསླབ་གཞི་ལྔ་པོ་ལེགས་པར་བསྲུང༌། །དགེ་བསྙེན་སྡོམ་པ་ཡོངས་ལྡན་མཛོད། །ལན་གསུམ། དེ་ཡང་རྗེས་ཟློ ས་ཀྱིས་ཁས་བླངས་ལན་གསུམ་གྱི་ཐ་མའི་དུས་སུ་ཁྱོ ད་རང་གི་ རྒྱུད་ལ་སྡོམ་པ་ཐོབ་པ་ཡིན་པས་དེ་ལུགས་ལྟར་གྱི་ཐོབ་བློ་བསྐྱེད་དགོས་པ་ཡིན། དེ་ལའང་ བསྲུང་བྱའི་སྡོམ་པ་ནི་རྩ་བ་བཞི་དང་ཆང་དང་ལྔ་ལེགས་སྤོང་བྱེད་པ་སྟེ་དེ་ཡང་མི་རྟ་སོགས་ ཕ་རོལ་གྱི་སྲོག་མི་གཅོད་པ་དང་གཅིག གཞན་གྱིས་བདག་ཏུ་བཟུང་བའི་རྒྱུ་རྫས་མ་བྱིན་པ་ མི་ལེན་པ་དང་གཉིས། སྐྱེ་བོ་ཕོ་མོའི་འཁྲིག་པའི་ཆོས་མི་བསྟེན་པ་དང་གསུམ། མི་ཆོས་བླ་ མའི་རྫུན་སོགས་དགོས་མེད་གཞན་མགོ་མི་བསྐོར་བ་དང་བཞི། སེམས་མྱོས་བྱེད་ཀྱི་ཆང་མི་ འཐུང་བ་དང་ལྔ་པོ་དེ་དུས་དེ་རིང་ནས་བཟུང་ནམ་ཞིག་ཤི་མ་སོང་གི་བར་མི་ཉམས་པར་ཇི་ བཞིན་ལེགས་པར་བསྲུང་དགོས་པ་ཡིན་ལ། ཚུལ་དེ་ལུགས་ལྟར་འདིར་ཁས་བླངས་པ་ཡིན་ ཕྱིར་འདི་ལས་འདའ་བར་བྱས་ཏེ་སྡོམ་པ་མ་བསྲུངས་ན་ཚེ་ཕྱི་མ་ངན་སོང་དུ་སྡུག་བསྔལ་ ཡུན་རིང་བཟོད་པར་དཀའ་བ་མྱོང་ངེས་པར་དགོས་ཤིང་ཇི་བཞིན་ལེགས་བསྲུང་ནུས་ན་ཕྱི་ མར་མངོན་མཐོ་ལྷ་མིའི་ལུས་རྟེན་ཁྱད་པར་བ་ཐོབ་པ་ལ་བརྟེན་ནས་རིམ་གྱིས་དམ་པའི་ཆོས་ ལ་ཞུགས་ཏེ་མི་རིང་བ་ནས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་འགྱུར་ ངེས་ཤིང་རྒྱུ་འབྲས་མི་བསླུ་བ་ཡིན་པས་དེ་ལུགས་སེམས་ལ་ཟུང་མཛོད། དེ་ནས་ཁྱོ ད་རང་ སྡོམ་པ་དང་ལྡན་པས་མིང་ཡང༌། ཆྒཻ་མོ། འདོགས་པར་བྱའོ། །ད་ནི་ཚུལ་ཁྲིམས་ཀྱི་ཕུང་པོ་ ཡོངས་སུ་རྫོགས་པའི་ཁྲིམས་གཙང་རྣམ་པར་དག་པའི་ཆེད་དུ་འཕགས་པ་དོན་ཞགས་ནས་ གསུངས་པའི་ཚུལ་ཁྲིམས་རྣམ་དག་གི་གཟུངས་འདི་ཡང་རྗེས་ཟློས་དང་བཅས་ལན་ཉེར་ གཅིག་འདོན་པར་གྱིས། ༀ་ཨ་མོ་གྷ་ཤི༴ ཉེར་གཅིག་བརྗོད། དེ་ནས་ཚུལ་ཁྲིམས་ཀྱི་ཕ་རོལ་ ཏུ་ཕྱིན་པ་ཡོངས་སུ་རྫོགས་པའི་དོན་དུ་བྱམས་པའི་ཚུལ་ཁྲིམས་ཀྱི་སྨོན་ལམ་འདི་ཡང་རྗེས་ 8-1-204 བཟློ ས་གྱིས་ཤིག ཁྲིམས་ཀྱི་ཚུལ་ཁྲིམས༴སོགས་བརྗོད། ད་ཁྱོ ད་ཀྱིས་དེ་ལྟར་ཉེས་པ་ལ་ཉེས་ པར་མཐོང་ལགས་སམ། ཞུ་བ་པོས། མཐོང་ལགས། ད་ཕྱིན་ཆད་ལེགས་པར་སྡོམ་ལགས་ སམ། ཞུ་བ་པོས། སྡོམ་ལགས། ཐབས་ཡིན་ནོ། ཞུ་བ་པོས། ལེགས་སོ། །ཞེས་པའི་ལན་བརྗོད། ནས་ འཐོར་བཞིན། ཁྱོ ད་ལ་སྡོམ་པ་ལེགས་པར་ཐོབ་པར་གྱུར་ཅིག །ཚངས་པར་སྤྱོད་པ་མཐར་ཕྱིན་ པར་གྱུར་ཅིག །བསླབ་པ་ཡོངས་སུ་རྫོགས་པར་གྱུར་ཅིག །ཐར་པའི་རྒྱལ་མཚན་ལ་བརྟེན་ དོན་གཉིས་ལྷུན་གྲུབ་ཏུ་གྱུར་ཅིག །ཅེས་པའི་ཤིས་བརྗོད་ཀྱང་བྱ། དེ་ལྟ་བུའི་དགེ་བའི་རྩ་བ་གང་ དག་གཞན་ཕྱིར་སངས་རྒྱས་ཐོབ་པའི་རྒྱུར་བསྔོ་སྨོན་ཟབ་མོས་རྒྱས་གདབ་པར་མཛོད་ཅིག བསོད་ནམས་འདི་ཡིས༴ སོགས་དགེ་བསྔོ ་ཅི་འགྲུབ་བྱའོ། །ཞེས་སྡོམ་ལུང་སྦྱིན་ཐབས་མདོར་བསྡུས་འདི་ཡང་གྲོགས་ ཀྱི་ངོར་མ་ཏིས་སྨྲས་བཞིན་ཡི་གེར་ཆོས་མཆེད་དམ་པས་ཉེ་བར་བྲིས་པའོ།། །། 8-1-205 ༄༅། །དགེ་ཚུལ་སློ ང་གིས་རྒྱུན་ཁྱེ ར་བསྙུང་གནས་ཀྱི་ གསོ་སྦྱོང་ཇི་ལྟར་ལེན་ཚུལ་ སྤྲོས་མེད་བཞུགས། ༄༅། །སྟོན་པ་མཆོག་ལ་ཕྱག་འཚལ་ནས་འདིར་དགེ་ཚུལ་སློ ང་གིས་རྒྱུན་ཁྱེ ར་བསྙུང་གནས་ཀྱི་གསོ་སྦྱོང་ཇི་ལྟར་ལེན་ ཚུལ་སྤྲོས་མེད་ལ། ནངས་སྔ་མོར་ཡར་ལངས་ནས་ཕྱག་གསུམ་སྔོ ན་དུ་འགྲོ་བས་གུས་འདུད་ལུས་ཀྱི་འདུག་ཚུལ་དང་བཅས་ རང་གི་མདུན་མཁར་སངས་རྒྱས་སྲས་བཅས་སློབ་མའི་ཚོགས་ཀུན་ལེགས་པར་བཞུགས་པའི་མོས་འདུན་གྱི་ངང་ནས་འདི་སྐད། སངས་རྒྱས་སྲས་བཅས་སྐྱབས་གནས་བདག་ལ་དགོངས། །བདག་གིས་སྒོ་གསུམ་གྱིས་ བསགས་ལྟུང་བའི་སྡེ། །ཐོག་མ་མེད་ནས་ད་བར་གང་མཆིས་པ། །གནོང་པས་བཤགས་ཤིང་ སླད་ཆད་ཡོངས་བསྡོམ་བགྱིད། །ལན་གསུམ། སྲས་བཅས་རྒྱལ་བ་མ་ལུས་དགོངས་སུ་གསོལ། །སྔོ ན་གྱི་བདེ་གཤེགས་གསོ་སྦྱོང་ལེགས་མཛད་བཞིན། །དེང་སྐབས་བདག་གིས་ངེས་པར་ ལེན་བགྱི་ཞིང༌། །མར་གྱུར་འགྲོ་ལ་ལྷག་བློའི་ཕན་སེམས་བསྐྱེད། །རྩ་བ་བཞི་དང་བག་ ཡོད་ཡན་ལག་གཅིག །བརྟུལ་ཞུགས་ཡན་ལག་གསུམ་སྟེ་ཁྲིམས་བརྒྱད་པོ། །འདི་དག་ གིས་མཚོན་རང་གིས་གང་བླངས་པའི། །བསླབ་པ་ཡོངས་རྫོགས་རང་རང་བཅས་མཚམས་ ཀྱི། །མཐའ་མཚམས་གང་བབ་དེ་བཞིན་དུ་བསྲུང་སྟེ། །བསྙུང་བར་གནས་པའི་ལེགས་སྒོ་ལ་ འདུག་ཅིང༌། །འགྲོ་ཀུན་དོན་ཆེད་བསླབ་གཞི་ཡོངས་བསྲུང་གིས། །བསམ་པ་བརྟན་པོ་རྒྱུད་ ལ་ལེན་བགྱིད་དོ། །ལན་གསུམ་གྱི་མཐར་ཚུལ་ཁྲིམས་རྣམ་དག་གི་གཟུངས་ཉེར་གཅིག་བཟླ་ཞིང་སྨོན་ལམ་དང་བསྔོ ་བ་ 8-1-206 ནི། རང་རྒྱུད་བསླབ་པ་ཡོངས་སུ་དག་གྱུར་ཏེ། །ཚུལ་ཁྲིམས་ཕུང་པོ་ཕ་མཐར་རིམ་པས་ཕྱིན། །བསླབ་གཞི་སྡོམ་གསུམ་ཡོན་ཏན་ཀུན་ནས་རྒྱས། །མཐར་ཐུག་བྱང་ཆུབ་ཆེན་པོ་དབང་གྱུར་ ཅིག །རྣམ་པར་དཀར་བའི་ལེགས་མཐུ་ལ་བརྟེན་ནས། །མར་གྱུར་སེམས་ཅན་ཕན་བདེ་ རབ་སྤེལ་ཆེད། །རིང་མིན་བདག་གིས་སངས་རྒྱས་མངོན་འགྲུབ་སྟེ། །ལྷུན་གྲུབ་མཛད་པས་ གདུལ་བྱ་ཡོངས་འདྲེན་ཤོག །ཅེས་སོགས་བསྔོ ་སྨོན་གང་མོས་བྱའོ། །ཞེས་པ་མཆོག་སྒྲུབ་ལ་མཁོ་ནས་མ་ཏིས་སོ།། །། 8-1-207 ༄༅། །བསྙེན་གནས་གསོ་སྦྱོང་སྦྱིན་ཐབས་གཞན་ཕན་ ཉི་མ་ཞེས་བྱ་བ་བཞུགས་སོ། ། ༄༅། །ཕུལ་བྱུང་སྐྱབས་མཆོག་རིན་ཆེན་རྣམ་གསུམ་ལ་གུས་ཕྱག་ཉེ་བར་འཚལ་ཏེ། འདིར་བསྙེན་གནས་ཀྱི་གསོ་ སྦྱོང་སྦྱིན་ཐབས་ལ་འདི་ལྟར། འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་མ་ལུས་པ་བླ་ན་མེད་པའི་ བྱང་ཆུབ་ཆེན་པོའི་གོ་འཕང་ལ་ཉེ་བར་འགོད་པའི་ཆེད་དུ་བདག་གིས་དེང་སྐབས་ཐེག་པ་ ཆེན་པོའི་གསོ་སྦྱོང་ངེས་པར་བླང་བར་བྱ་སྙམ་དུ་བསམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ པ་དང་བཅས་ཏེ་ལེགས་པར་ཉན་འཚལ། དེ་ལ་གང་ཉན་པར་བྱ་བའི་དམ་པའི་ཆོས་ཐེག་པ་ ཆེན་པོའི་གསོ་སྦྱོང་གང་དེ་ནི། བསྐལ་པ་འདིར་སྔོ ན་ནས་བྱོན་པའི་འགྲོ་བ་ཐམས་ཅད་ཀྱི་ མ་འདྲིས་པའི་མཛའ་བཤེས་ཆེ་བ་མཉམ་མེད་སྟོན་པ་སྟོབས་བཅུ་མངའ་བ་གང་དག་གིས་ བཀའ་ལེགས་པར་བསྩལ་པ་སྟེ། གསོ་སྦྱོང་མཛད་པ་པོའི་སྟོན་པ་ཀུན་གཟིགས་ཐམས་ ཅད་མཁྱེ ན་པ་མཆོག་གང་དག་སྔོ ན་དུ་ཇི་སྐད་བྱུང་བ་རྣམས་ནི། ཐུགས་དེ་བཞིན་ཉིད་ལས་ ནམ་ཡང་ལྡང་བ་མི་མངའ་བས་དེ་བཞིན་གཤེགས་པ། བདུད་བཞི་ཕྲ་རགས་ཀྱི་དགྲ་དང་ བྲལ་བས་དགྲ་བཅོམ་པ། སྤངས་པ་དང་རྟོགས་པའི་ཡོན་ཏན་མཐའ་དག་ཡོངས་སུ་རྫོགས་ ཤིང་མ་རིག་པ་སངས་ནས་བློ་གྲོས་མཆོག་གི་སྣང་བ་རྒྱས་པས་ན་ཡང་དག་པར་རྫོགས་ པའི་སངས་རྒྱས། མི་གནས་པའི་མྱང་འདས་ཀྱི་གྲོང་ཁྱེ ར་ཆེན་པོར་ལེགས་པར་ཕྱིན་པས་ རྟ་ཅང་ཤེས་ལྟ་བུ་སྲིད་ཞིའི་མཐའ་ལ་མི་གནས་པའི་བླ་མེད་ཐེག་པ་མཆོག་གི་ཁུར་ཆེན་ གྱིས་བརྗིད་པས་གླང་པོ་ཆེན་པོ། རང་དོན་ཚོགས་གཉིས་ཡོངས་སུ་རྫོགས་པས་བྱ་བ་བྱས་ 8-1-208 ཤིང༌། གཞན་དོན་གང་འདུལ་གྱི་གདུལ་བྱ་མཐའ་དག་གི་རེ་འདོད་སྐོང་བས་བྱེད་པ་བྱས་ པ། སྡུག་བདེན་ཕྲ་རགས་ཀུན་དང་བྲལ་བས་ཁུར་བོར་བ། རྣམ་པར་བྱང་བའི་ཟག་མེད་ཀྱི་ སྐུ་བཟང་བརྙེས་པས་རང་གི་དོན་རྗེས་སུ་ཐོབ་པ། འཁོར་བ་ཕྲ་རགས་གང་དུ་མཚམས་སྦྱོར་ བྱེད་ཀྱི་ཀུན་ཉོན་བག་ལ་ཉལ་མཐའ་དག་སྤངས་པས་སྲིད་པ་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་ པ། གང་གསུང་བའི་བཀའ་ཚད་མར་གྱུར་ཅིང་ནམ་ཡང་མི་བསླུ་བས་ཡང་དག་པའི་བཀའ། ཉོན་མོངས་པའི་སྒྲིབ་པ་མེད་པས་ལེགས་པར་རྣམ་པར་གྲོལ་བའི་ཐུགས། ཤེས་བྱའི་སྒྲིབ་ པ་དང་བྲལ་བས་ལེགས་པར་རྣམ་པར་སྒྲོལ་བའི་ཤེས་རབ་ཅན། དེ་ལྟ་བུའི་ཡོན་ཏན་དང་ ལྡན་པའི་འགྲོ་བ་ལྷ་དང་བཅས་པའི་སྟོན་པ་ཐུགས་རྗེ་ཅན་གང་དག་གིས། དགོས་པ་གང་ གི་ཕྱིར་ན་སེམས་ཅན་ཐམས་ཅད་ཀྱི་གནས་སྐབས་མཐར་ཐུག་གི་དོན་ཉེ་བར་སྒྲུབ་པའི་ཕྱིར་ དང༌། དེ་ཡང་འགྲོ་བ་རྣམས་མངོན་མཐོ་ལྷ་མིའི་གོ་འཕང་གིས་ཕན་པར་བྱ་བའི་ཕྱིར་དང༌། ངེས་ལེགས་ཐར་པ་མཆོག་གིས་གྲོལ་བར་བྱ་བའི་ཕྱིར་དང༌། ཁྱད་པར་གནས་སྐབས་ཀྱི་མི་ འདོད་པ་གནོད་སེམས་ཀྱི་ལས་འབྲས་སྦྱངས་ཏེ་ནད་མེད་པར་བྱ་བའི་ཕྱིར་དང༌། སེར་སྣའི་ ལས་འབྲས་སྦྱངས་ཏེ་མུ་གེ་མེད་པར་བྱ་བའི་ཕྱིར་དང༌། རྣམ་པར་བྱང་བའི་ཐེག་པ་རྒྱུའི་ཆོས་ སློ བ་ལམ་དྲན་པ། ཉེར་བཞག་སོགས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་ པར་བྱ་བའི་ཕྱིར་དང༌། མཐར་ཐུག་གི་འབྲས་བུ་མཆོག་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ཆེན་པོ་མངོན་པར་རྟོགས་པར་བྱ་བའི་དགོས་པ་དེ་རྣམས་ཀྱི་ཆེད་དུ། ཐབས་ མཁས་ཀྱི་མཛད་པ། ཇི་སྐད་དུ། དགེ་གསོ་ཕྱིར་དང་སྡིག་པ་རྣམས་སྦྱོང་ཕྱིར། །དེ་བཞིན་ གཤེགས་པས་གསོ་སྦྱོང་བཀའ་བསྩལ་ཏོ། །ཞེས་གསུངས་པ་ལྟར་འགྲོ་བ་གང་དག་གི་རྒྱུད་ ཀྱི་དགེ་རྩ་མ་ལུས་པ་ཆེས་ཆེར་གསོ་ཞིང་སྤེལ་བ་དང༌། སྡིག་པའི་དྲི་མ་མཐའ་དག་སྦྱོང་ཞིང་ དག་པར་མཛད་པའི་ཆེད་དུ་སྔོན་གྱི་སངས་རྒྱས་དེ་རྣམས་ཀྱིས་གསོ་སྦྱོང་གི་ཆོ་གའི་ཐབས་ 8-1-209 ཚུལ་ལེགས་པོ་བཀའ་བསྩལ་ཏེ་ཇི་བཞིན་མཛད་པ་དེ་ཇི་ལྟ་བ་བཞིན་ད་སྐབས་བདག་མིང་ འདི་ཞེས་བགྱི་བས་ཀྱང་དུས་འདི་ནས་ཇི་སྲིད་སང་ཉི་མ་མ་ཤར་བར་གསོ་སྦྱོང་སྐྱོན་མེད་ ཡང་དག་པ་བླངས་པར་བགྱིའོ་སྙམ་པའི་མོས་འདུན་དང་བཅས་ཏེ་ཚིག་འདི་རྗེས་ཟློས་ལན་ གསུམ་གྱི་བར་དུ་མཛོད། ཇི་ལྟར་སྔོ ན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་ རྫོགས་པའི་སངས་རྒྱས། རྟ་ཅང་ཤེས་ལྟ་བུ། གླང་པོ་ཆེན་པོ། བྱ་བ་བྱས་ཤིང༌། བྱེད་པ་ བྱས་པ། ཁུར་བོར་བ། བདག་གིས་དོན་རྗེས་སུ་ཐོབ་པ། སྲིད་པ་ཀུན་ཏུ་སྦྱོར་བ་ཡོངས་སུ་ ཟད་པ། ཡང་དག་པའི་བཀའ། ལེགས་པར་རྣམ་པར་གྲོལ་བའི་ཐུགས། ལེགས་པར་རྣམ་ པར་གྲོལ་བའི་ཤེས་རབ་ཅན་དེ་དག་གིས། སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་དང༌། ཕན་པར་བྱ་བའི་ཕྱིར་དང༌། གྲོལ་བར་བྱ་བའི་ཕྱིར་དང༌། ནད་མེད་པར་བྱ་བའི་ཕྱིར་དང༌། མུ་གེ་མེད་པར་བྱ་བའི་ཕྱིར་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་ བྱ་བའི་ཕྱིར་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྟོགས་པར་ བྱ་བའི་ཕྱིར། གསོ་སྦྱོང་ངེས་པར་མཛད་པ་དེ་བཞིན་དུ་བདག་མིང་འདི་ཞེས་བགྱི་བས་ཀྱང་ དུས་འདི་ནས་བཟུང་སྟེ་ཇི་སྲིད་སང་ཉི་མ་མ་ཤར་གྱི་བར་དུ་གསོ་སྦྱོང་ངེས་པར་ཡང་དག་ པར་བླངས་པར་བགྱིའོ། །ཞེས་པ་ལན་གསུམ། དེ་ནས་དུས་ཁྲིམས་ཡན་ལག་བརྒྱད་པའི་སྡོམ་ པ་ལེན་པ་ཡང་སྤྱིར་ན་ཚེ་འདིའི་ནད་སོགས་ལས་སྐྱོབ་པའི་ཆེད་དང་ཕྱི་མ་མངོན་མཐོ་ལྷ་མི་ ཙམ་ཐོབ་པའི་རྒྱུར་དམིགས་ཏེ་ཁྲིམས་བརྒྱད་བསྲུང་བ་ནི་འཇིགས་སྐྱོབས་ལེགས་སྨོན་ཙམ་ གྱི་ཚུལ་ཁྲིམས་དེ་སོ་ཐར་རིས་བརྒྱད་དུ་མི་གཏོགས་པའི་ཚུལ་ཁྲིམས་ཐ་ཆད་ཡིན་པས་དེ་ འདྲ་བསྲུང་བ་ནི་མི་ལེགས་ཤིང༌། འདིར་སོ་ཐར་རིས་བརྒྱད་དུ་གཏོགས་པའི་ཐེག་དམན་ གྱི་ཁྱིམ་པ་ཕྱོགས་ཀྱི་བསྙེན་གནས་ལའང་ཐོག་མའི་ཀུན་སློང་འཁོར་བ་མཐའ་དག་ལས་ཐར་ འདོད་ངེས་པར་ཡོད་དགོས་ལ། འདི་ལ་གཞན་དོན་དུ་རྫོགས་བྱང་ཐོབ་འདོད་ཀྱི་བྱང་ཆུབ་ 8-1-210 སེམས་ཀྱི་ཀུན་སློ ང་ཡོད་ན་ཐེག་ཆེན་གྱི་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་དུ་འགྱུར་ཞིང༌། དེའི་ སྟེང་དུ་གསང་སྔགས་ཀྱི་ཆོ་ག་དང་འབྲེལ་ཏེ་ཡི་དམ་ལྷའི་བཟླས་བསྒོམ་གྱི་སྒོ་ནས་སྒོ་གསུམ་ གྱི་དཀའ་ཐུབ་དང་སྦྲེལ་ན་བྱ་རྒྱུད་གསང་སྔགས་ཀྱི་ཉེས་སྤྱོད་སྡོམ་པའི་དཀའ་ཐུབ་ཀྱི་སྡོམ་ པར་ཡང་འགྱུར་བས་དེ་དག་གང་ཐུབ་ལ་རེམ་ཞིང༌། འདི་སྐབས་གང་ཡིན་ཀྱང་བསྲུང་བྱ་ནི་ དུས་ཁྲིམས་ཡན་ལག་བརྒྱད་དེ། རྩ་བ་ཚུལ་ཁྲིམས་ཀྱི་ཡན་ལག་བཞི་དང༌། དེ་ལས་གྱེས་ པའི་བག་ཡོད་ཀྱི་ཡན་ལག་གཅིག བརྟུལ་ཞུགས་ཀྱི་ཡན་ལག་གསུམ་སྟེ་དུས་ཁྲིམས་ཡན་ ལག་བརྒྱད་པོ་ཉིན་ཞག་ཕྲུགས་གཅིག་ཏུ་ལེགས་པར་བསྲུང་དགོས་པ་ཡིན་ལ། དེ་ཡང་ མི་རྟ་སོགས་ཆེན་པོ་ལྟ་ཅི་སྨོས་ཐ་ན་ཤིག་སྲོ་ཚུན་ཆད་ཀྱི་སྲོག་མི་གཅོད་པ་དང་གཅིག རྒྱུ་ རྫས་ཆེན་པོ་ལྟ་ཅི་སྨོས་ཐ་ན་ཁབ་སྐུད་ཙམ་ཡང་མ་བྱིན་པར་མི་ལེན་པ་དང་གཉིས། སྐྱེས་ པ་བུད་མེད་ཀྱི་འཁྲིག་སྤྱོད་དངོས་བསྟེན་པ་ལྟ་ཅི་སྨོས་ཐ་ན་ཕན་ཚུན་ཆགས་སེམས་ཀྱིས་ བལྟ་བ་ཙམ་ཡང་མི་བྱེད་པ་དང་གསུམ། མི་ཆོས་བླ་མའི་བརྫུན་ཆེན་པོ་ལྟ་ཅི་སྨོས་ཐ་ན་ཀུ་རེ་ སོགས་ཀྱི་ཆེད་ཙམ་ཡང་བརྫུན་མི་ལབ་པ་དང་བཞི་པོ་དེ་ཚུལ་ཁྲིམས་ཀྱི་ཡན་ལག་བཞི་ཡིན། བག་མེད་ཀྱི་སྒོ་ལྷོད་དེ་ཉེས་པ་དུ་མ་འབྱུང་བའི་རྐྱེན་ཆང་མི་ཐུང་བ་ནི་བག་ཡོད་ཀྱི་ཡན་ལག་ གཅིག་ཡིན། དགོས་མེད་ང་རྒྱལ་སོགས་འཕེལ་བའི་རྐྱེན་མི་འོས་པའི་ཁྲི་སྟན་ཆེ་མཐོ་མི་བྱ་ བ་དང་གཅིག གླིང་འདིའི་ཉི་མ་ཕྱེད་ཡོལ་ཕན་ཆད་ནས་སང་ཉིན་ཉི་མ་མ་ཤར་བར་དུས་ མ་ཡིན་པའི་ཟས་མི་ཟ་བ་དང་གཉིས། འཕྱོར་སྒེག་གི་བསམ་པས་ལུས་ལ་དྲི་བཟང་པོ་མི་ བྱུགས་པ་དང་མུ་ཏིག་གི་ཕྲེང་བ་སོགས་དང་གཞན་གོས་རྒྱན་ལེགས་པ་སོགས་སྤང་བ་དེ་ རྣམས་གཅིག་ཏུ་བྱས་པས་ཕྲེང་སོགས་རྒྱན་གྱི་རིགས་མི་བྱེད་པ་དང༌། རྣམ་གཡེང་གི་རྐྱེན་ གླུ་དང་གར་སོགས་རྩེད་མོའི་རིགས་མི་བྱེད་པ་སྟེ་མདོར་ན་རྒྱན་རྩེད་མོའི་རིགས་གཉིས་ཀ་ གཅིག་ཏུ་བསྡུས་ཏེ། དེ་རྣམས་གང་ཡང་མི་བྱེད་པ་དང་གསུམ་པོ་དེ་བརྟུལ་ཞུགས་ཀྱི་ཡན་ 8-1-211 ལག་གསུམ་ཟེར་བ་ཡིན་པས་དེ་འདྲའི་ཁྲིམས་བརྒྱད་པོ་མི་ཉམས་པར་ལེགས་པར་བསྲུང་ སྙམ་པའི་སྒོ་ནས་ཁས་བླངས་པའི་ཚིག་རྗེས་ཟློ ས་ལན་གསུམ་མཛོད་ཅིག དེང་ནས་སྲོག་གཅོད་མི་བྱ་ཞིང༌། །གཞན་གྱི་ནོར་ཡང་བླངས་མི་བྱ། །འཁྲིག་པའི་ཆོས་ ཀྱང་མི་སྤྱད་ཅིང༌། །བརྫུན་གྱི་ཚིག་ཀྱང་མི་སྨྲའོ། །སྐྱོན་ནི་མང་པོ་ཉེར་བརྟེན་པའི། །ཆང་ནི་ ཡོངས་སུ་སྤངས་པར་བྱ། །ཁྲི་སྟན་ཆེ་མཐོ་མི་བྱ་ཞིང༌། །དེ་བཞིན་དུས་མ་ཡིན་པའི་ཟས། །དྲི་ དང་ཕྲེང་བ་དང་ནི་རྒྱན། །གར་དང་གླུ་སོགས་སྤང་བར་བྱ། །ཇི་ལྟར་དགྲ་བཅོམ་རྟག་ཏུ་ནི། །སྲོག་གཅོད་ལ་སོགས་མི་བྱེད་ལྟར། །བདག་ཀྱང་སྲོག་གཅོད་ལ་སོགས་སྤང༌། །བླ་མེད་ བྱང་ཆུབ་མྱུར་ཐོབ་ཤོག །སྡུག་བསྔལ་མང་འཁྲུགས་སེམས་ཅན་རྣམས། །སྲིད་པའི་མཚོ་ ལས་སྒྲོལ་བར་ཤོག །ལན་གསུམ། དེ་ལྟ་བུའི་ཁྲིམས་བརྒྱད་ཀྱི་སྡོམ་པ་ལེགས་པར་བསྲུང་བའི་ ཕན་ཡོན་ཡང༌། སྤྱིར་འཇིགས་སྐྱོབས་ལེགས་སྨོན་ཙམ་གྱི་ཚུལ་ཁྲིམས་བསྲུང་བས་ཀྱང་ངན་ སོང་ལས་ཐར་ཏེ་མངོན་མཐོ་ལྷ་མིའི་ལུས་ཕུན་ཚོགས་ཐོབ་པ་དང་ཐེག་དམན་བསྙེན་གནས་ བསྲུང་བས་ནི་ནམ་ཞིག་རྒྱལ་བ་བྱམས་པའི་འཁོར་དུ་སྐྱེ་ཞིང༌། ཆོས་ལ་རིམ་གྱིས་སྤྱོད་པས་ འཁོར་བ་མཐའ་དག་ལས་ཐར་ནས་ངེས་ལེགས་མྱང་འདས་ཐོབ་ནུས་པ་དང་ཐེག་ཆེན་ཚུལ་ ཁྲིམས་བསྲུང་བས་རིམ་པ་བཞིན་བླ་མེད་བྱང་ཆུབ་ཆེན་པོ་ཐོབ་འོང་ཞིང༌། ཁྱད་པར་གསང་ སྔགས་ཀྱི་དཀའ་ཐུབ་དང་འབྲེལ་ན་མྱུར་དུ་རིག་པ་འཛིན་པའི་གྲལ་དུ་ཚུད་ཅིང་རིང་པོར་ མི་ཐོགས་པར་མི་ཚེ་བཅུ་དྲུག་ཚུན་ཆད་ལས་མི་འགྱངས་པར་ཕྱག་རྒྱ་ཆེན་པོ་མཐར་ཐུག་ མཆོག་གི་དངོས་གྲུབ་ཀྱི་གོ་འཕང་ལ་རེག་ངེས་ནམ་ཡང་མི་བསླུ་བ་སོགས་ཕན་ཡོན་དཔག་ མེད་ཡོད་ཅིང་ཡང་སྒོས་དེང་དུས་སྙིགས་མ་ལྔ་བདོ་བའི་དུས་སུ་ཡུན་ཐུང་ངུ་ཙམ་ལ་བསླབ་ པ་ལེགས་པར་བསྲུང་ནུས་ནའང་སྔོན་སྐལ་པ་བཟང་པོའི་སྟོན་པ་བྱོན་པའི་དུས་སུ་ཡུན་རིང་ པོར་བསླབ་ཁྲིམས་བསྲུང་བ་ལས་བྱ་དཀའ་བའི་ཆ་ནས་ཁྱད་པར་དུ་འཕགས་པའི་ཕན་ཡོན་ 8-1-212 རྒྱ་ཆེར་གསུངས་པ་སོགས་ཆེས་བགྲང་བ་ལས་འདས་པའི་ཕན་ཡོན་གྱི་སྒོ་རྒྱལ་བ་ཉིད་ཀྱིས་ དཔལ་གྱི་མགུར་ནས་བསླུ་བ་མེད་པའི་བཀའ་ཡང་ཡང་ལེགས་པར་བསྩལ་པ་ལ་ཡིད་ཆེས་ པར་བྱོས་ཤིག ད་ནི་དེ་ལྟ་བུའི་ཚུལ་ཁྲིམས་ཀྱི་ཕུང་པོ་གང་དག་ནམ་ཡང་མི་ཉམས་ཤིང་ ཤིན་ཏུ་རྣམ་པར་དག་བྱེད་ཀྱི་གཟུངས་སྔགས་ཕན་ཡོན་ཅན་འཕགས་པ་དོན་ཡོད་ཞགས་ པའི་རྒྱུད་སོགས་ལས་གསུངས་པ་འདི་ཡང་རྗེས་ཟློས་ལན་གཅིག་སྔོན་དུ་འགྲོ་བའི་སྒོ་ནས་ ལན་ཉེར་གཅིག་འདོན་པར་གྱིས་ཤིག ༀ་ཨཱ་མོ་གྷ་ཤི་ལ༴ སོགས་ཉེར་གཅིག་འདོན། དེ་ལྟ་བུའི་ ཚུལ་ཁྲིམས་ཀྱི་ཕུང་པོ་རྣམ་པར་དག་པ་རང་བཞིན་དམིགས་མེད་ཀྱིས་རྒྱས་གདབ་པའི་སྒོ་ ནས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའི་སྨོན་ལམ་སྔོན་རྒྱལ་ཚབ་མི་ཕམ་ པས་སློ བ་ལམ་དུ་ལེགས་པར་གསུངས་པའི་ཚིག་འདི་ཡང་རྗེས་ཟློ ས་མཛོད། ཁྲིམས་ཀྱི་ ཚུལ་ཁྲིམས་སྐྱོན་མེད་ཅིང༌། །ཚུལ་ཁྲིམས་རྣམ་པར་དག་དང་ལྡན། །རློམ་སེམས་མེད་པའི་ ཚུལ་ཁྲིམས་ཀྱིས། །ཚུལ་ཁྲིམས་ཕ་རོལ་ཕྱིན་རྫོགས་ཤོག །ལན་གཅིག དེ་ལྟར་ཁྲིམས་བརྒྱད་ ཀྱི་སྡོམ་པ་བསྲུང་བ་སོགས་དགེ་རྩ་གང་དང་གང་བགྱིས་པ་ཐམས་ཅད་རང་རེ་ལྟ་བུ་ལ་ཁོང་ ཁྲོ་སོགས་རྐྱེན་ངན་པས་རྣམ་པར་སྨིན་པའི་འབྲས་བུ་ཡིད་འོང་ཚེ་ཕྱིར་མར་འབྱུང་བ་མེད་ པར་བྱེད་ཉེན་ཡོད་པས་གནོད་པ་དེ་དག་གིས་མི་ཚུགས་པའི་ཕྱིར་དུ་དགེ་བའི་རྩ་བ་གང་དག་ གཞན་དོན་དུ་སངས་རྒྱས་ཐོབ་པའི་རྒྱུར་བསྔོ་སྨོན་ཟབ་མོས་རྒྱས་གདབ་པར་མཛོད་ཅིག བསོད་ནམས་འདི་ཡིས༴ སོགས་དང༌། རྒྱལ་བ་ཀུན་གྱི་རྗེས་སུ༴ སོགས་བསྔོ ་སྨོན་ཅི་རིགས་པས་མཐའ་ བརྒྱན་པར་བྱའོ། ། བསྡུས་པར་བྱེད་ན། འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་ པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་ཐེག་པ་ཆེན་པོའི་གསོ་སྦྱོང་ཞུ་སྙམ་ པའི་སེམས་བསྐྱེད་དང་བཅས་ཏེ་ལེགས་པར་ཉོན་ཅིག དེ་ལ་གང་ཉན་པར་བྱ་བའི་ཆོས་ 8-1-213 ཐེག་པ་ཆེན་པོའི་གསོ་སྦྱོང་སྟེ། དེ་སྔོ ན་གྱི་སངས་རྒྱས་རྣམས་ཀྱིས་ཇི་སྐད་གསུངས་པ་ལྟར་ དེང་སྐབས་སུ་བདག་གིས་ཀྱང་དེ་བཞིན་དུ་གསོ་སྦྱོང་ལེན་པར་བགྱིའོ་སྙམ་དུ་འདིའི་རྗེས་ ཟློ ས་ལན་གསུམ་མཛོད། ཇི་ལྟར་སྔོ ན་གྱི༴ སོགས་དང༌། དེ་ནས་ཁྲིམས་བརྒྱད་ཀྱི་སྡོམ་པ་ ཞེས་བྱ་བ་ཚུལ་ཁྲིམས་ཀྱི་ཡན་ལག་བཞི། བག་ཡོད་ཀྱི་ཡན་ལག་གཅིག་བརྟུལ་ཞུགས་ཀྱི་ ཡན་ལག་གསུམ་སྟེ་བརྒྱད་པོ་སང་ཉི་མ་མ་ཤར་བར་མི་ཉམས་པར་བསྲུང་བར་བགྱིའོ་སྙམ་ དུ་ཁས་བླངས་པ་འདིའི་རྗེས་ཟློ ས་ལན་གསུམ་མཛོད། དེང་ནས་སྲོག་གཅོད༴ སོགས་དང༌། དེ་ནས་ཚུལ་ཁྲིམས་རྣམ་པར་དག་པའི་གཟུངས་འདི་ཡང་རྗེས་ཟློ ས་མཛོད་ཅིག ༀ་ཨཱ་མོ༴ སོགས། དེ་ནས་སྨོན་ལམ་འདི་རྗེས་ཟློ ས་གྱིས་ཤིག ཁྲིམས་ཀྱི་ཚུལ་ཁྲིམས༴ སོགས་དང༌། དེ་ ནས་དགེ་རྩ་རྫོགས་པའི་བྱང་ཆུབ་ཏུ་ལེགས་པར་བསྔོ ་བར་མཛོད་ཅིག བསོད་ནམས་འདི་ ཡིས༴ སོགས་སོ། །འདི་དག་ལ། སེམས་བསྐྱེད་གསལ་འདེབས་སྐབས། ཆེད་དུ་མདུན་མཁར་ན་བཞུགས་ པའི་རྒྱལ་བ་སྲས་བཅས་ཀྱི་དྲུང་དུ། ཞེས་དང༌། རྗེས་ཟློ ས་སྐབས། ཕྱོགས་བཅུ་ན་བཞུགས་པའི་ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཞེས་སོགས་ དམིགས་བསལ་འདྲ་མིན་སྦྱོར་ཚུལ་ཀྱང་ཡོད། གཞན་ཡང་གོང་སེམས་བསྐྱེད་གསལ་འདེབས་ཀྱི་མཇུག་ཏུ། ཉན་པར་བྱ་ བའི་དམ་པའི་ཆོས། ཞེས་པར། དེ་ཡང་གསོ་སྦྱོང་གི་ཐོག་མར་སྐྱབས་སྡོམ་བྱ་བ་ཡང་ཕྱོགས་ བཅུའི་ཞིང་ན་བཞུགས་པའི་སྤངས་རྟོགས་མཐར་ཕྱིན་པའི་རྐང་གཉིས་རྣམས་ཀྱི་མཆོག་ཏུ་ གྱུར་པ་སྟོན་པ་སངས་རྒྱས་རྣམས་དང༌། ལུང་དང་རྟོགས་པའི་དམ་པའི་ཆོས་འདོད་ཆགས་ དང་བྲལ་བ་རྣམས་ཀྱི་མཆོག་ཏུ་གྱུར་པ་སྐྱབས་མཆོག་ཆོས་དཀོན་མཆོག་དང༌། ཐེག་པ་ གསུམ་གྱི་དགེ་འདུན་ཚོགས་རྣམས་ཀྱི་མཆོག་ཏུ་གྱུར་པ་རྣམ་གསུམ་དེ་དེང་ནས་བྱང་ཆུབ་ མ་ཐོབ་ཀྱི་བར་དུ་སྐྱབས་སུ་གུས་པས་བསྟེན་པར་བགྱིའོ་སྙམ་པའི་ངང་ནས་ཚིག་འདི་དག་ རྗེས་ཟློ ས་ལན་གསུམ་མཛོད། རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་བདག་ལ་དགོངས་སུ་ 8-1-214 གསོལ། བདག་མིང་འདི་ཞེས་བགྱི་བས་དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་ པོ་ལ་མཆིས་ཀྱི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག རྫོགས་པའི་སངས་རྒྱས་ལ་སྐྱབས་ སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག དམ་པའི་ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག འཕགས་པའི་དགེ་འདུན་ལ་སྐྱབས་སུ་མཆིའོ། །བདག་སྐྱབས་སུ་ འགྲོ་བའི་སྡོམ་ལྡན་དུ་ལེགས་པར་བཟུང་དུ་གསོལ། ཞེས་པ་ལན་གསུམ། དེ་ལྟར་སངས་རྒྱས་ ལ་སྐྱབས་སུ་སོང་བས་འཇིག་རྟེན་པའི་ལྷ་ལ་སྙིང་ནས་སྐྱབས་མི་འཚོལ་ཞིང་སྟོན་པའི་སྐུ་ གཟུགས་སོགས་འགོམ་ཡུག་ཏུ་མི་བཏང་བ་དང༌། ཆོས་ལ་སྐྱབས་སུ་སོང་བས་སེམས་ཅན་ ལ་གནོད་སེམས་སྤང་ཞིང་ཡི་གེ་འབྲུ་གཅིག་གི་གཟུགས་ཚུན་ཆད་ལ་བརྩི་བཀུར་ཞུ་བ་དང༌། དགེ་འདུན་ལ་སྐྱབས་སུ་སོང་བས་ཚུལ་ཁྲིམས་ལྡན་པའི་སེར་མོ་ལ་སྐུར་འདེབས་མི་བྱེད་ ཅིང་ཐ་ན་ལྕུགས་ཕྲན་སྣལ་མ་སེར་པོ་བཅིང་བ་ཚུན་ལ་གུས་འདུད་ལེགས་པར་བྱ་དགོས་ པ་ཡིན་ནོ། །དེ་དག་ནི་སྐྱབས་སུ་འགྲོ་བའི་སྡོམ་པ་ཐོབ་པའི་ཐབས་ལགས་སོ། །དེ་ནས་ ཐེག་པ་ཆེན་པོའི་གསོ་སྦྱོང༴ཞེས་སོགས་སུ་འགྲོ་ཡང་ཆོག གཞན་ཡང་སྐྱབས་སྡོམ་སྐབས། ཐོག་མར་སྐྱབས་ སྡོམ་བྱ་བ་ཡང༌། ཞེས་པའི་མཚམས་ནས་ཅུང་རྒྱས་ན། སྤྱིར་ན་ལྷ་དང་བཅས་པའི་འགྲོ་བ་མ་ལུས་ པའི་སྐྱབས་གནས་ཉག་གཅིག་ཏུ་གྱུར་པ་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་སྐུ་ གསུང་ཐུགས་ཀྱི་གསང་བ་བསམ་མི་ཁྱབ་པ་མངའ་བའི་བདག་ཅག་གི་སྟོན་པ་སངས་རྒྱས་ ཤཱཀྱ་ཐུབ་པ་ལྟ་བུ་ནི་སངས་རྒྱས་དཀོན་མཆོག་དང༌། སྟོན་པ་མཆོག་དང་རྒྱལ་སྲས་བྱང་ཆུབ་ སེམས་དཔའ་རང་སངས་རྒྱས་ཐེག་དམན་ཉན་ཐོས་སློབ་མའི་ཚོགས་དང་བཅས་པའི་ཐུགས་ རྒྱུད་ཀྱི་སྤངས་པ་འགོག་པའི་བདེན་པ་དང༌། ལམ་མི་སློ བ་པ་དང་སློ བ་པའི་རང་བཞིན་གྱིས་ བསྡུས་པ་ལམ་གྱི་བདེན་པ་དང༌། དེ་དག་ཡོངས་རྫོགས་བརྗོད་བྱར་བྱས་པའི་གསུང་རབ་སྡེ་ སྣོ ད་དང་བཅས་པ་དེ་དམ་པའི་ཆོས་དཀོན་མཆོག་དང༌། ཐེག་པ་གསུམ་ལ་གནས་པའི་བྱང་ 8-1-215 སེམས་རང་རྒྱལ་ཉན་ཐོས་ཀྱི་དགེ་འདུན་ཕྱག་བྱ་བའི་འོས་སུ་གྱུར་པ་གང་དག་ནི་དགེ་འདུན་ དཀོན་མཆོག་སྟེ། དེ་ལྟ་བུའི་ཕྱོགས་བཅུའི་ཞིང་ན༴ སོགས་དང༌། བྱང་ཆུབ་མ་ཐོབ་ཀྱི་བར་ དུ། སངས་རྒྱས་སྐྱབས་སྟོན་པ་པོ། ཆོས་སྐྱབས་དངོས། དགེ་འདུན་སྐྱབས་སྒྲུབ་པའི་ཟླ་ གྲོགས་སུ་ལེགས་པར་སྐྱབས་སུ་གུས་པས་བསྟེན་པར་བགྱིའོ། །ཞེས་དང༌། མཇུག་གི ལེགས་ པར་བྱ་དགོས་པ་ཡིན་ནོ། །དེང་ཕན་ཆད་དུ་ནི་རང་ཅག་རྣམས་ཀྱིས་ཤི་ན་གསོན་ན་སྐྱབས་ གནས་དཀོན་མཆོག་གསུམ་ཁོ་ན་སྲིད་པ་འཁོར་བའི་སྡུག་བསྔལ་མཐའ་དག་དང༌། ཞི་བ་ མྱང་འདས་ཀྱི་སྡུག་བསྔལ་མ་ལུས་པ་ལས་སྐྱོབ་ཐུབ་པའི་སྐྱབས་གནས་མཐར་ཐུག་གོང་ན་ མེད་པ་ལ་ཡིད་གཏིང་ནས་ཆེས་པའི་སྒོ་ནས་ལེགས་ཉེས་གང་བྱུང་དཀོན་མཆོག་ཁྱེད་ཤེས་ ཀྱི་བསམ་པ་དུས་ནམ་ཡང་མི་འབྲལ་བར་བྱས་ཏེ་ཉིན་རེ་བཞིན་སྐྱབས་འགྲོ་བརྒྱ་ཕྲག་ཙམ་ རེ་ཐ་ན་མི་ཆག་པར་བྱ་བ་སོགས་བསྲུང་སྡོམ་ལ་ཅི་ནུས་སུ་འབད་པ་གལ་ཆེའོ། །དེ་དག་ནི༴ སོགས་སུ་འགྲོར། ཞེས་བསྙེན་གནས་གསོ་སྦྱོང་སྦྱིན་ཐབས་གཞན་ཕན་ཉི་མ་ཞེས་བྱ་བ་འདི་ཡང་ཡོན་ཏན་བཟང་ལ་མཁོ་ནས་ མ་ཏིས་སོ། །འདིའི་ཡི་གེ་པའང་མཆེད་གང་ཉིད་དེ་ཀུན་ལ་ཕན་ཐོགས་པར་ཤོག་ཅིག། །། 8-1-216 ༄༅། །གསོ་སྦྱོང་སྦྱིན་ཐབས་མདོར་བསྡུས་བཞུགས། ༄༅། །གསོ་སྦྱོང་སྦྱིན་ཐབས་མདོར་བསྡུས་ལ། སངས་རྒྱས་ཆོས་དང༴ ལན་གསུམ། སེམས་ཅན་ ཐམས་ཅད་བདེ་བ༴ ལན་གཅིག རྣམ་དག་ཆོས་ཀྱི༴ མ་ལུས་སེམས་ཅན༴ ཕྱོགས་དུས་ཀུན་ཁྱབ༴ བསླུ་མེད་གཏན་གྱི༴ འམ། ཇི་སྙེད་སུ་དག༴ གང་སྤྲོ་མཎྜལ། སེམས་ཅན་རྣམས་ཀྱི༴ འམ། ཆོས་རྔ་ ཆེན་པོ༴ གང་སྤྲོ། འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་ སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་ཐེག་པ་ཆེན་པོའི་གསོ་སྦྱོང་ཉེ་བར་ལེན་ པར་བྱ་སྙམ་པའི་བསམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་བཅས་ཏེ་ལེགས་པར་ གསན་འཚལ། དེ་ལ་གང་གསན་པར་བྱ་བའི་ཆོས་ནི་ཐེག་པ་ཆེན་པོའི་དུས་ཁྲིམས་ཡན་ལག་ བརྒྱད་པའི་སྡོམ་པ་སྟེ་སྔོན་གྱི་རྒྱལ་བ་གང་དག་གིས་ཇི་སྐད་མཛད་པ་བཞིན་བདག་གིས་ ཀྱང་དེ་དག་མི་ཉམས་པར་བསྲུང་བའི་དོན་དུ་དེང་སྐབས་ནས་སང་ཉི་མ་མ་ཤར་གྱི་བར་དུ་ གསོ་སྦྱོང་ངེས་པར་ཡང་དག་པར་བླངས་པར་བགྱིའོ་སྙམ་དུ་འདིའི་རྗེས་ཟློས་ལན་གསུམ་ མཛོད། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་བདག་ལ་དགོངས། །སྔོ ན་གྱི་རྒྱལ་བས་གསོ་ སྦྱོང་མཛད་པ་བཞིན། །བདག་ཀྱང་སང་ཉིན་ཉི་མ་མ་ཤར་བར། །འགྲོ་ལ་ཕན་ཕྱིར་གསོ་སྦྱོང་ བླངས་པར་བགྱི། །ལན་གསུམ། དེ་ནས་སྐབས་སུ་བབ་པའི་བསྲུང་བྱ་ཚུལ་ཁྲིམས་ཀྱི་ཡན་ལག་ བཞི། བག་ཡོད་ཀྱི་ཡན་ལག་གཅིག བརྟུལ་ཞུགས་ཀྱི་ཡན་ལག་གསུམ་སྟེ་དུས་ཁྲིམས་ ཡན་ལག་བརྒྱད་པོ་ཇི་བཞིན་མི་ཉམས་པར་ཉིན་ཞག་ཕྲུགས་གཅིག་ཏུ་ལེགས་པར་བསྲུང་ བར་བྱ་སྙམ་པའི་ངང་ནས་འདིའི་རྗེས་ཟློ ས་ལན་གསུམ་མཛོད། སྲོག་གཅོད་མ་བྱིན་ལེན་ དང་མི་ཚང་སྤྱོད། །རྫུན་ཆང་ཁྲི་སྟན་ཆེ་མཐོ་དུས་མིན་ཟས། །དྲི་དང་རྒྱན་ཕྲེང་གླུ་གར་སྤང་ 8-1-217 བར་བྱ། །བླ་མེད་བྱང་ཆུབ་གོ་འཕང་མྱུར་ཐོབ་ཤོག །ལན་གསུམ། དེ་ནས་ཚུལ་ཁྲིམས་རྣམ་ པར་དག་བྱེད་ཀྱི་གཟུངས་སྔགས་འཕགས་པ་དོན་ཞགས་ལས་གསུངས་པ་འདི་ཡང་རྗེས་ ཟློ ས་དང་བཅས་ཏེ་འདོན་པར་གྱིས་ཤིག ༀ་ཨཱ་མོ་གྷ་ཤི་ལ༴ སོགས་ལན་གསུམ་མམ། ཉེར་གཅིག་གང་ སྤྲོ། དེ་ནས་ཚུལ་ཁྲིམས་ཀྱི་ཕུང་པོ་གོང་དུ་འཕེལ་བའི་སྨོན་ལམ་འདི་ཡང་རྗེས་ཟློ ས་མཛོད་ ཅིག ཚུལ་ཁྲིམས་བསླབ་པ་རྒྱུད་ལ་སྐྱེ་གྱུར་ཅིག །སྐྱེས་པ་མི་ཉམས་གོང་དུ་འཕེལ་བར་ ཤོག །ལན་གསུམ། དེ་ལྟ་བུའི་དུས་ཁྲིམས་ཡན་ལག་བརྒྱད་པོའི་སྡོམ་པ་ལེགས་པར་མནོས་ པའི་དགེ་བའི་རྩ་བ་འདིས་བདག་རིང་པོར་མི་ཐོག་པར་གཞན་སེམས་ཅན་ཐམས་ཅད་ལ་ གནས་སྐབས་དང་མཐར་ཐུག་གི་ཕན་བདེ་རླབས་པོ་ཆེ་བསྒྲུབ་པའི་ཕྱིར་དུ་འཕགས་མཆོག་ བརྩེ་བའི་གཏེར་གྱུར་འཇིག་རྟེན་དབང་ཕྱུག་གི་གོ་འཕང་ཐོབ་པར་ཤོག་ཅིག སྙམ་པའི་བསྔོ ་ བ་ཟབ་མོས་རྒྱས་གདབ་པར་གྱིས། བསོད་ནམས་འདི་ཡིས༴ སོགས་བསྔོ ་བ་བྱའོ། །ཞེས་པའང་མ་ཏིས་ སྨྲས་བཞིན་ཡོ༵ན་ཏ༵ན་བཟ༵ང་པོས་བྲིས་སོ།། 8-1-218 ༄༅། །གཅིག་སྡོམ་ལེན་ཚུལ་བཞུགས། ༄༅། །ཡང་དེང་སང་གཅིག་སྡོམ་དུ་གྲགས་པ་ལྟར་ལོག་གཡེམ་ཁོ་ན་སྤང་བ་ལ་ཁས་བླངས་བྱ་ཚུལ་ནི། འོ་ནམ་ མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གིས་བླ་ན་མེད་པའི་བྱང་ ཆུབ་ཆེན་པོའི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་དེང་འདིར་རྩ་བ་བཞི་གང་ཡང་རུང་བ་ ལས་ཅི་རིགས་སྤང་བའི་སྡོམ་པ་ཡང་དག་པར་བླང་བར་བགྱིའོ་སྙམ་དུ་འདིའི་རྗེས་ཟློ ས་ལན་ གསུམ་མཛོད། སློ བ་དཔོན་བདག་ལ་དགོངས་སུ་གསོལ། །དེང་ནས་བཟུང་སྟེ་ནམ་ཞིག་ཏུ། །ཇི་སྲིད་ཤི་བ་འབྱུང་བར་དུ། །སྡོམ་པའི་རྩ་བ་བཞི་པོ་ལས། །འདོད་པའི་ལོག་པར་གཡེམ་ པ་ནི། །ནམ་ཡང་བྱ་བ་མ་ཡིན་ནོ། །བསླབ་པ་ལེགས་པར་བསྲུང་བ་འདིས། །འགྲོ་ཀུན་སྲིད་ མཚོར་སྒྲོལ་བར་ཤོག །ལན་གསུམ། དེ་ནས་ཚུལ་ཁྲིམས་རྣམ་དག་གི་སྔགས་རྗེས་ཟློ ས་ལན་གསུམ་དང་མཉམ་དུ་ ཉེར་གཅིག་འདོན་མཐར་དགེ་བསྔོ ་བྱ། ཅེས་པ་འདི་ཡང་བཟང་དགའ་ལ་མ་ཏིས་སོ།། ༈ སངས་རྒྱས་བྱང་ཆུབ་སེམས་དཔའ་བདག་ལ་དགོངས། །བདག་གིས་དེང་ནས་སང་ བར་ཁྲིམས་བརྒྱད་ལས། །བརྩམས་ཏེ་བསྙུང་གནས་སྡོམ་པ་ལེགས་བཟུང་བགྱི། །འགྲོ་ཀུན་ བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །འདི་ཡང་ཁྱི ་ལོ་ལ་མཁོ་ནས། མ་ཏིས་སོ།། །། 8-1-219 8-1-220 ༄༅། །ཟབ་ལམ་འཕོ་བའི་མན་ངག་ཉམས་སུ་ལེན་ཚུལ་ ཕྱོགས་བསྡུས་སུ་ཉེ་བར་བཀོད་པ་ཐར་བའི་ སྒོ་འབྱེད་ཅེས་བྱ་བ་སོགས་བཞུགས། 8-1-221 ༄༅། །ངོ་སྤྲོད་འཕོ་བ་འདོན་ཚུལ་གྱི་ལས་འགྲིགས་ སོགས་བཞུགས། ༄༅། །འདིར་འཆི་ཁ་དང༌། འཆི་བ། བར་དོ་གསུམ་གྱི་སྐབས་སུ་ངོ་སྤྲོད་འཕོ་བ་འདོན་ཚུལ་ལ་གསུམ་ལས། དང་པོ་ འཆི་ཁ་མ་ལ། སངས་རྒྱས་ཆོས་ཚོགས་མ༴ ལན་གསུམ། སེམས་ཅན་ཐམས་ཅད་བདེ་བ་དང༴ སོགས་ ལན་གཅིག ༀ་ཤཱུ་ནྱཱ་ཏས་སྟོང་པར་སྦྱངས་པ་ནས་བཟུང༌། བསྙེན་བཟླས་ཧ་ཀྵ་ཕྲེང་སྐོར་ཁ་ཤས་ཀྱི་མཐར། དེ་ཐམས་ ཅད་འོད་དུ༴ ནས། རང་ལ་ཐིམ། ༀ་བཛྲ་གྷནྡྷཾ༴ ནས། ཀ་མཾ༴ གྱི་བར་དང༌། སྟོང་ཉིད་སྙིང་རྗེའི་ བདག་ཉིད༴ ནས། དེ་ལ་འདུད། །ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས༴ སོགས་ནས། ས་མཱ་ཛ། ཧཱུཾ་ཡེ་ཤེས་བསྐལ་པ་མེ་ལྟར༴ སོགས། བགེགས་ཀྱི་དགྲ་ལ་ཕྱག་འཚལ་བསྟོད། །ཧཱུཾ་ ཁྲོ་བོ་ཆེན་པོ་ས་གཞི༴ ནས། ངས་ནི་གནས་འདིར་ཐར་ལམ་བར་ཆད་སེལ། །ཁྱེ ད་རྣམས་འདི་ ནས༴ སོགས། གྱུར་པ་གདོན་མི་ཟ། །ན་མོ་སངས་རྒྱས་ཀྱི་བཀའ་བདེན་པ་དང༌། ཆོས་ཀྱི་བཀའ་ བདེན་པ་དང༌། དགེ་འདུན་གྱི༴ གསང་སྔགས་དང་རིག་སྔགས་ཀྱི་རྒྱལ་པོ་ཁྲོ་བོ་དང་ཁྲོ་མོ་ རྣམས་ཀྱི༴ བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་ལྷ་ཚོགས་རྣམས་ཀྱི༴ ཁྲོ་བོའི་དབང་ པོ་རྡོ་རྗེ་ཤུགས་འཁོར་སྲུང་མ་དྲུག་ཅུའི་ལྷ་ཚོགས་རྣམས་ཀྱི༴ དཔལ་མགོན་དམ་པ་ཆོས་སྐྱོང་ བའི་སྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ༴ བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས་དེང་འདིར་ བསྒྲུབ་བྱ་འདི་ལ་ཐར་ལམ་གྱི་བར་གཅོད་གང་ཡོད་ཚད་མ་གནས་པར་གཞན་དུ་སོང་ཞིག གལ་ཏེ་མི་འགྲོ་ན་ཡེ་ཤེས་ཀྱི་རྡོ་རྗེ་འབར་བས་མགོ་བོ་ཚལ་བ་བརྒྱར་འགས་པར་བྱའོ། །དེ་ ཉིད་ལས་འཕྲོས་པའི་རྡོ་རྗེའི་མེ་དཔུང་སྟེང་དང་འོག་ཏུ་ལྗང་ཁུ་དང་སྔོ ན་པོ། ཤར་དང་མེར་ ནག་པོ། ནས། བདུད་ཀྱི་ཚོགས་ཕྱོགས་བཅུ་ན་གནས་པ་མཐའ་དག་ངེས་པར་བསྲེགས་ནས་ 8-1-222 བདེ་བ་ཆེན་པོ་ལ་འགོད་པར་གྱུར། བདུད་བསྲེག་སྔགས་ལན་གསུམ་བརྗོད། ཧཾ་ལས་རྣམ་ཀུན༴ ནས། འཁོར་ལོར་གྱུར། ༀ་བཛྲ་རཀྵ་རཀྵ་ཡེ་སྭཱཧཱ། དེ་ནས་སྦྱོར་དྲུག་བརྒྱུད་པའི་གསོལ་འདེབས་གང་སྤྲོ་དང༌། སངས་རྒྱས་ཀྱི་མཚན། མཚན་ལེགས༴ རིན་ཆེན་ཟླ༴ གསེར་བཟང༴ མྱ་ངན་མེད༴ ཆོས་བསྒྲགས༴ མངོན་མཁྱེ ན༴ སྨན་བླ༴ ཤཱཀྱ་ཐུབ་པ༴ རིན་ཆེན་གཙུག་ཏོར༴ ཀུན་རིག༴ མི་འཁྲུགས་པ༴ གངྒའི་ཀླུང༴ འོད་དཔག་མེད༴ བྱང་སེམས་མཚན། སྤྱན་རས་གཟིགས༴ མཐུ་ཆེན་ཐོབ༴ ཉེ་སྲས་ བརྒྱད༴ གངྒའི་ཀླུང༴ རྣམས་བདུན་གསུམ་གཅིག་གི་རིམ་པས་གང་སྤྲོ་བྱ། མཚན་བརྗོད། རྒྱ་གར་སྐད་དུ། ནས། གསུངས་པ་རྫོགས་སོ། །གཟུངས་སྔགས་རིགས། ༀ་གུ་རུ་བུདྡྷ་བོ་དྷི༴ སོགས། ན་མོ་བུདྡྷ་ཡ༴ སོགས། ༀ་ ཨཱཿཧཱུཾ་ཧོཿ ཧ་ཀྵ་དང༌། རིགས་དྲུག་གི་ས་བོན། འོད་དཔག་མེད་ཀྱི་གཟུངས། ཨ་མི་ཏ༴ ཨ་མི་དྷེ་ཝ༴ ཐུགས་རྗེ་ཆེན་ པོའི་གཟུངས། ན་མོ་རཏྣ་ཏྲ་ཡ༴ ཡིག་དྲུག ཀུན་རིག་གཟུངས། ན་མོ་བྷ་ག༴ སོགས། གཙོ་འཁོར་ཡོངས་རྫོགས། མི་ འཁྲུགས་པའི་གཟུངས། ན་མོ་རཏྣ་ཏྲ་ཡ༴ སོགས་གཙོ་འཁོར་དང༌། རྣམ་རྒྱལ་མའི་གཟུངས། ན་མོ་བྷ་ག་ཝ༴ སོགས། སྔགས་ཐུང་བཅས་བརྗོད། འདིར་ངོ་སྤྲོད་འཕོ་བ་རྣམས་རྫོགས་མཐར། བསྔོ ་སྨོན་ཙམ་བྱས་པས་ཆོག གཉིས་པ་ཤི་ཟིན་ལ། བསྐྱེད་བཟླས་བགེགས་བསྐྲད་གོང་ལྟར་ལས། བགེགས་བསྐྲད་སྐབས་ཁ་བསྒྱུར། བྱིན་གྱི་ རླབས་ཀྱིས་དེང་འདིར་ཤི་བའི་ལུས་ཀྱི་བགེགས་ཁོག་སྲུང་སོགས་ཐར་ལམ་གྱི་བར་གཅོད་ གང་ཡོད་ཚད༴ ཅེས་དང༌། གསོལ་འདེབས། མཚན། སྔགས་རྣམས་གོང་དང་འདྲ་བ་ལས་གཟུངས་སྔགས་རྣམས་ཀྱི་མཐར། ༀ་སརྦ་པ་པཾ་ད་ཧ་ན་བཛྲ༴ སོགས། ཏིརྱ་ཀ་ག་ཏེ་ཧེ་དུན་ཧཱུཾ་ཕཊ། ཚེ་འདས་འདིས་གཙོར་བྱས་ སེམས་ཅན་ཐམས་ཅད་དམྱལ་བ༴ སོགས། རྩ་བ་ནས་བྱང་ཞིང་དག་པར་གྱུར་ཅིག ཅེས་བརྗོད་པ་ ཁྱད་པར་རོ། །འདིར་ངོ་སྤྲོད་འཕོ་བའི་མཐར། ལམ་སྦྱང་བསྟན་སོགས་བྱ་ཆོག གསུམ་པ་བར་དོ་པ་ལ། ཆོ་ག་དང་མ་འབྲེལ་བའི་དབང་དུ་བྱས་ཏེ། ཡི་དམ་བསྐྱེད་བཟླས་མཆོད་བསྟོད་བར་གོང་ བཞིན། རྟེན་བསྐྱེད། སྟོང་པའི་ངང་ལས་སྦྱོང་སྟེགས་ཀྱི་སྟེང་དུ་མིང་བྱང་དེ་ཉིད་ཎི་ཡིག་ཡོངས་སུ་ གྱུར་པ་ལས། འཇིག་རྟེན་འདི་ནས་ཕ་རོལ་ཏུ་སོང་བའི་དམིགས་ཡུལ་ཚེ་དུས་ལས་འདས་ 8-1-223 པའམ། འདས་མ་ཞེས་བྱ་བ་གསོན་པོའི་རྣམ་པ་ཇི་ལྟ་བ་བཞིན་དུ་གྱུར། ན་མོ་སངས་རྒྱས་ཀྱི་ བཀའ་བདེན་པ་དང༌། ནས། རླབས་ཀྱིས་ཚེ་འདས་འདིའི་རྣམ་པར་ཤེས་པ་རིགས་དྲུག་གང་ན་ གནས་ཀྱང་སྐད་ཅིག་ལ་འདིར་བཀུགས་ཏེ་རྟེན་ལ་བསྟིམ་པར་གྱུར་ཅིག ༀ་ཊཀྐི་ཧཱུཾ་ཛཿ ལན་ གསུམ་སོགས་བྱ། ཐུགས་ཀའི་ས་བོན་ལས༴ སོགས། བགེགས་བསྐྲད་གོང་བཞིན་ལས། བདེན་པ་ཆེན་པོའི་ བྱིན་རླབས་ཀྱིས་དམིགས་ཡུལ་ཚེ་ལས་འདས་པའམ། འདས་མ་ཞེས་བྱ་བ་ལ་ལས་ཀྱི་དབང་ གིས་འཆི་ཁ་དང་བར་དོ་དང་ཚེ་རབས་གཞན་ཐམས་ཅད་དུ་སྡིག་པ་སྦྱོང་ཞིང་དགེ་བའི་ཆོས་ བསྐྱེད་པ་ལ་བར་དུ་གཅོད་ཅིང་འབྲེལ་བ་ཅན་ཤུལ་ན་གནས་པ་ལ་གནོད་འཚེ་བྱེད་པའི་ བགེགས་ཀྱི་ཚོགས་གང་ཡིན་པ་ཐམས་ཅད་འདིར་མ་གནས་པར་གཞན་དུ་སོང་ཞིག གལ་ ཏེ་མི་འགྲོ་ན༴ སོགས་བདུད་བསྲེགས་སྔགས་ལན་གསུམ་བར་གོང་བཞིན་བརྗོད། བྲབ་པ་ནི། འདིར་ཧཀྵ། རིགས་དྲུག་ ས་བོན། རྩ་རིག་གསུམ་སྦྲེལ་མཐར། ༀ་སརྦ་པ་པཾ༴ སོགས་བྲབ་སྔགས་ཚང་བར་གོང་ལྟར་བྱ། དེ་ནས་སྦྱོར་དྲུག་གསོལ་ འདེབས་དང༌། སངས་རྒྱས་བྱང་སེམས་རྣམས་ཀྱི་མཚན། འཇམ་དཔལ་མཚན་བརྗོད། གཟུངས་སྔགས་ཀྱི་རིམ་པ་རྣམས་གོང་ བཞིན་བརྗོད་པ་ལས་འདིར་བྲབ་སྔགས་གང་དག་བོར་བས་ཆོག དེ་ནས་ངོ་སྤྲོད་དང༌། འཕོ་བ་ཅི་འགྲུབ་མཐར། ལམ་སྦྱངས་ དང༌། ལམ་བསྟན་གཉིས་དང༌། བྱང་བུ་བསྲེག་ཆོག་ཀྱང་རིམ་པར་བྱ་ལ། ཤམ་སྨོན། བདེ་སྨོན། མངོན་སྨོན། ཚེ་འདས་སྨོན་ ལམ། སོགས་བསྔོ ་སྨོན་གྱིས་མཐའ་བརྒྱན་པར་བྱའོ། །འདོན་ཚུལ་འདི་ཐ་མལ་བ་ལ་ཡིན་གྱི་རྣལ་འབྱོར་པ་ལ་འདོར་ལེན་ཅི་ རིགས་དགོས། འདིའི་བར་དོའི་ངོ་སྤྲོད་རྒྱས་བསྡུས་གང་རུང་ཁྲུས་ཆོག་ཏུ་ལྷོ ་སྒོའི་བཤགས་པའི་མགོར་བཙུད་ན་ངོ་སྤྲོད་རྒྱས་ བསྡུས་གང་རུང་གི་མཇུག་ཐོག་དེར་རྒྱས་པ་ལ། སྒྲུབ་ཀྱིན་ཡོད་ཅིང་ཞེས་དང༌། བསྡུས་པ་ལ། ལེགས་བགྱིད་བྱེད་ བཞིན་པ་དང༌། ཞེས་པའི་མཚམས་སུ། འོ་བར་དོའི་ཚུལ་དེ་ལྟ་བུ་རྣམས་ཡིད་ལ་ངེས་པར་བྱས་ནས་ ད་ལན་གྱི་སྐབས་སུ་ཁྱོད་ལ་རྒྱལ་བས་གསུངས་པའི་སྡིག་སྦྱོང་སྒོ་དྲུག་གི་ཆོ་ག་བྱེད་པའི་དུས་ སུ་སྦྱངས་བྲབ་ཁྲུས་གསུམ་སྔོ ན་དུ་སོང་ཟིན། ད་སྡིག་བཤགས་ཀྱི་སླད་དུ་དམིགས་པ་འདི་ བཞིན་མཛོད། མདུན་འདི་ན་འཇའ་འོད་འཁྲིགས་པའི་ཀློང་དུ་བཅོམ་ལྡན་འདས་ཆེ་གེ་མོའི་ 8-1-224 དཀྱིལ་འཁོར་སྤྱན་དྲངས་ཡོད་པས་དེ་དག་གི་མདུན་དྲུང་དུ་ཁྱོད་རང་གིས་གུས་ཕྱག་འཚལ་ ཞིང་སྐྱབས་སུ་འགྲོ་བའི་སྒོ་ནས་སྡིག་པ་བཤགས་ཤིང་སྙིང་ཐག་པ་ནས་གསོལ་བ་འདེབས་ པའི་མོས་འདུན་དང་བཅས་འདིའི་རྗེས་ཟློ ས་མཛོད། ཅེས་པས་ངོ་སྤྲོད་བྱ། རྩ་བསྐྱེད་འཕོ་བ་རྣམས་བཙུད་ ནའང་ཆོ་གའི་འཕོ་བའི་དོད་དུ་གང་སྤྲོ་འདོན་ཆོག སྤྱིར་ཚེ་ལྡན་ལ་འཕོ་ལུང་ཙམ་བྱེད་སྐབས་གོང་སྨོས་བདག་བསྐྱེད་སོང་ མཚམས་སུ། གསོལ་འདེབས། མཚན་ཅི་རིགས་པའི་མཐར། ལྷན་ཐབས་མཇུག་གི་ཞར་བྱུང་མཚམས་སྦྱར་སྔ་མའི་རྗེས་སུ། རྩ་ བསྐྱེད་འཕོ་བ་གང་སྤྲོའི་མཐར། མཚམས་སྦྱར་ཕྱི་མས་མཇུག་རྫོགས་པར་བྱའོ། །ཞེས་པའི་ངོ་སྤྲོད་འཕོ་བ་འདོན་ཚུལ་འདི་ལག་ ལེན་པ་དག་གི་ངོར། མ་ཏིས་སོ།། །། ༈ འོད་དཔག་མེད་ཀྱི་གཟུངས་ནི། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བྷ་ག་ཝ་ཏེ། ཨ་མི་ཏཱ་བྷ་ཡ་ཏ་ཐཱ་ག་ ཏ་ཡ་ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ༀ་ཨ་མི་ཏེ་ཨ་མི་ཏོད་བྷ་བེ་ཨ་མི་ཏ་སམྦྷ་བེ་ཨ་མི་ཏ་ བི་ཀྲནྟེ ་ཨ་མི་ཏ་གཱ་མི་ནི་ག་ག་ནི་ཀིརྟི་ཀ་རེ་སརྦ་ཀླེ་ཤ་ཀྵ་ཡཾ་ཀ་རི་སྭཱཧཱ། ༈ ཐུགས་རྗེ་ཆེན་པོའི་གཟུངས་སྔགས་ནི། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཛྙཱ་ན་སཱཾ་ག་ར་བཻ་རོ་ཙ་ན་ བྷུ་ཧཱ་ར་ཛ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱེཿ ཨར་ཧ་ཏེ་ བྷྱེཿ སམྱཀྶཾ་བུདྡྷ་བྷྱེཿ ན་མཿཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་ར་ཡ། བོ་དྷི་ས་ཏྭ་ཡ། མཧཱ་ས་ཏྭ་ཡ། མཧཱ་ ཀ་རུ་ཎི་ཀ་ཡ། ཏདྱ་ཐཱ། ༀ་དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། ཨིཊྚེ། ཝེཊྚེ། ཙ་ལེ་ཙ་ལེ། པྲ་ ཙ་ལེ་པྲ་ཙ་ལེ། ཀུ་སུ་མེ་ཀུ་སུ་མ། ཝ་རེ། ཨི་ལི་མི་ལི། ཙི་ཏི་ཛྭ་ལ་མ་པ་ནཱ་ཡེ་སྭཱཧཱ། ༈ བྲབ་སྔགས་ནི། ༀ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཧཱུཾ་ཕཊ། ༀ་སརྦ་ཨ་པ་ཡ་བི་ཤྭ་དྷ་ནི་བཛྲ་ཧཱུཾ་ཕཊ། ༀ་སརྦ་ཀརྨཱ་ཨ་བཱ་ར་ཎ་ནི་བྷ་སྨི་ཀུ་རུ་ཧཱུཾ་ཕཊ། ༀ་བྷྲུཾ་བི་ན་ཤ་ཡ་ཨ་བཱ་ར་ཎ་ནི་བཛྲ་ཧཱུཾ་ཕཊ། ༀ་ 8-1-225 དྲུཾ་བི་ཤོ་དྷ་ཡ་ཨ་བཱ་ར་ཎ་ནི་ཧཱུཾ་ཕཊ། ༀ་ཛྭ་ལ་ཛྭ་ལ་དྷ་ཀ་དྷ་ཀ་ཧ་ན་ཧ་ན་ཨ་བཱ་ར་ཎ་ནི་ཧཱུཾ་ཕཊ། ༀ་སྲུཾ་ས་ར་ས་ར་པྲ་ས་ར་པྲ་ས་ར་སརྦ་ཨ་བཱ་ར་ཎ་ནི་ཧཱུཾ་ཕཊ། ༀ་ཧཱུཾ་ཧ་ར་ཧ་ར་སརྦ་ཨ་བཱ་ར་ཎ་ ནི་ཧཱུཾ་ཕཊ། ༀ་ཧཱུཾ་ཕཊ་སརྦ་ཨ་བཱ་ར་ཎ་ནི་བི་སྤོ་ཊ་ཡ་ཧཱུཾ་ཕཊ། ༀ་བི་ཊ་བ་བི་ཊ་བ་སརྦ་ཨ་པ་ཡ་ ཏཏ་ཏོ་ན་ནི་ཧཱུཾ་ཕཊ། ༀ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་དུན་ཧཱུཾ་ཕཊ། ༀ་པ་ཙ་པ་ཙ་སརྦ་པྲེ་ཏ་ ཀ་ག་ཏེ་ཧེ་དུན་ཧཱུཾ་ཕཊ། ༀ་མ་ཐ་མ་ཐ་སརྦ་ཏིརྱ་ཀ་ག་ཏེ་ཧེ་དུན་ཧཱུཾ་ཕཊ། ཅེས་སོ།། 8-1-226 ༄༅། །ཇོ་ནང་སྦྱོར་དྲུག་བླ་བརྒྱུད་དང་བླ་ཆེན་གཞན་གང་བྱོན་ ཆོས་འབྱུང་ལྟར་ལ་ཕྱག་དང་གསོལ་འདེབས་ སྐྱབས་འགྲོ་བྱེད་ཚུལ་ཁ་སྐོང་དང་ བཅས་པ་བཞུགས་སོ། ། ༄༅། །ན་མོ་གུ་རུ། མ་ལུས་རྒྱལ་བའི་ཆོས་སྐུ་ཉག་གཅིག་ཆེ། །རབ་འབྱམས་གསང་བ་ གསུམ་གྱི་མཛད་རླབས་ཅན། །བརྟན་གཡོའི་དངོས་ཀུན་རང་གཤིས་རྟག་པའི་བདག །དམ་ པ་དང་པོའི་སངས་རྒྱས་མཆོག་དེར་འདུད། །ཆོས་སྐུའི་རོལ་གར་ཁྱབ་བདག་རྡོ་རྗེ་འཆང༌། །ལོངས་སྤྱོད་རྫོགས་སྐུ་བདེ་སྟོང་དུས་འཁོར་ལོ། །ཡེ་ཤེས་སྤྲུལ་པའི་སྐུ་ཅན་ཤཱཀྱ་ཐུབ། །སྐུ་ གསུམ་སྐྱབས་མཆོག་རྣམས་ལ་གུས་ཕྱག་འཚལ། །ཆོས་དབྱིངས་གསུང་གི་དབང་ཕྱུག་ཞལ་ སྔ་ནས། །རྒྱུད་རྒྱལ་ཞུ་དང་སྡུད་འགྲེལ་ཆེར་སྟོན་པ། །ཟླ་བཟང་ནས་བཟུང་རྒྱལ་དཀའི་ བར་དག་དང༌། །ཆོས་རྒྱལ་རིགས་ལྡན་ཡོངས་ལ་གུས་ཕྱག་འཚལ། །དུས་འཁོར་རྒྱུད་རྒྱལ་ འདྲེན་མཛད་དུས་ཞབས་ཆེ། །ཟབ་ཆོས་དེ་ཉིད་སྤེལ་མཁས་དུས་ཞབས་ཆུང༌། །གསང་ཆེན་ ཆོས་མཛོད་འཛིན་པ་རྒྱལ་བའི་སྲས། །ཟབ་གསང་སྲོལ་འབྱེད་གསུམ་ལ་གུས་ཕྱག་འཚལ། །གངས་ལྗོངས་ཆོས་སྣང་འགྱེད་པ་ཟླ་མགོན་ཞབས། །ཇི་བཞིན་བརྡ་ཡིས་གསལ་མཛད་འགྲོ་ ལོ་ཙཱ། །ཟབ་གསང་འཛིན་སྤེལ་ཆེ་མངའ་སྒྲོ་སྟོན་མཆོག །ཐེག་མཆོག་སྲོག་ཤིང་གསུམ་ལ་ གུས་ཕྱག་འཚལ། །སྔགས་ཀྱི་གཞན་སྟོང་སྲོལ་འབྱེད་གྲུབ་པའི་དབང༌། །གདམས་ངག་ཆོས་ 8-1-227 མཛོད་བརྙེས་པ་གྲུབ་ཆེན་སྲས། །མདོ་སྔགས་གཞུང་ལུགས་ལ་མཁས་ནམ་མཁའི་མཚན། །སྔགས་ཀྱི་གྲུབ་ཐོབ་གསུམ་ལ་གུས་ཕྱག་འཚལ། །ཡེ་ཤེས་མཁའ་འགྲོའི་རྣམ་འཕྲུལ་ཇོ་ འབུམ་རྗེ། །གསང་ཆེན་མངོན་རྟོགས་ཀློང་རྡོལ་སེ་མོ་ཆེ། །ཉམས་རྟོགས་མཐར་སོན་འཇམ་ གསར་ཤེས་རབ་འོད། །རྡོ་རྗེའི་ལམ་བརྙེས་གསུམ་ལ་གུས་ཕྱག་འཚལ། །འོད་གསལ་ ངང་ནས་སྔོ ན་མཁྱེ ན་ཆོས་སྐུ་འོད། །ཇོ་ནང་ཐོག་མའི་བླ་མ་ཀུན་སྤངས་པ། །ཡན་ལག་དྲུག་ མངའ་བྱང་སེམས་ཡེ་ཤེས་ཆེ། །ཐུགས་རྗེ་ཆེ་མངའ་གསུམ་ལ་གུས་ཕྱག་འཚལ། །བཙུན་པ་ རབ་ཀྱི་མཐར་ཐུག་ཡོན་ཏན་མཚན། །མདོ་སྔགས་གཞན་སྟོང་བཀའ་བབས་ཀུན་མཁྱེ ན་ རྗེ། །ཐུགས་སྲས་ཀུན་མཁྱེ ན་གཉིས་པ་ཕྱོགས་རྒྱལ་བ། །ངེས་དོན་བསྟན་བདག་གསུམ་ལ་ གུས་ཕྱག་འཚལ། །དེ་སོགས་ཐུགས་སྲས་བུ་ཆེན་བཅུ་གསུམ་དང༌། །ཁྱད་པར་གཞུང་ལུགས་ མཐར་སོན་ཉ་དབོན་པ། །གྲུབ་པའི་གོ་འཕང་ལེགས་མངའ་ཀུན་བློའི་མཚན། །བརྒྱུད་འཛིན་ གཙོ་ཆེན་རྣམས་ལ་གུས་ཕྱག་འཚལ། །རླུང་སེམས་སྟོབས་ཀྱིས་བྱད་བཟློ ག་དཀོན་བཟང་ བ། །མཚན་ཉིད་ངེས་དོན་ཆོས་མཁས་ནམ་མཁའ་སྐྱོང༌། །དུས་འཁོར་ཆོས་ལ་མངའ་བརྙེས་ དཔལ་བཟང་མཚན། །སྒྲུབ་བརྒྱུད་ཆེར་སྤེལ་གསུམ་ལ་གུས་ཕྱག་འཚལ། །ཡི་དམ་མང་ པོའི་ཞལ་གཟིགས་ལོ་ཆེན་རྗེ། །དཔལ་ལྡན་འཇམ་མགོན་གྲུབ་པའི་དཔའ་བོ་མཆོག །མདོ་ སྔགས་ཆོས་གཏེར་མཁན་ཆེན་ལུང་རིག་མཚན། །ངོ་མཚར་བླ་མ་གསུམ་ལ་གུས་ཕྱག་འཚལ། །དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་སྒྲོལ་བའི་མགོན། །ཀུན་མཁྱེ ན་དོལ་པོའི་ངེས་དོན་རིང་ ལུགས་ཀྱི། །ཆོས་མཛོད་ལུང་རིགས་ལམ་ནས་ཕྱོགས་བརྒྱར་སྤྲོ། །འཇམ་མགོན་བླ་མ་ཉིད་ ལ་གུས་ཕྱག་འཚལ། །གང་དེའི་རྒྱལ་ཚབ་རིན་ཆེན་རྒྱ་མཚོའི་སྡེ། །ཁམས་ཕྱོགས་ཡན་ལ་ ཕན་སྤེལ་བློ་གྲོས་མཚན། །གྲུབ་པའི་མཚན་སྙན་རབ་རྒྱས་ངག་ཕྲིན་རྗེ། །སྙིགས་དུས་འགྲོ་ མགོན་གསུམ་ལ་གུས་ཕྱག་འཚལ། །ཁྱད་པར་མདོ་ཁམས་སྐྱབས་གཅིག་ངག་གི་མཚན། 8-1-228 །སྒྲུབ་པའི་བརྒྱུད་འཛིན་ཆེན་པོ་དར་རྒྱས་སྡེ། །ཆོས་སྐྱོང་བྲན་བཀོལ་ཕྲིན་ལས་རྣམ་པར་ རྒྱལ། །མདོ་སྨད་བླ་མ་གསུམ་ལ་གུས་ཕྱག་འཚལ། །ནུས་པའི་མཐུ་ལྡན་ལྷུན་གྲུབ་རྒྱ་མཚོའི་ ཞབས། །ཕྱོགས་འདིའི་སྒྲུབ་བརྒྱུད་རྩ་ལག་དཀོན་མཆོག་མཚན། །མགོན་དེའི་ཐུགས་སློ བ་ ཆོས་འཕེལ་རྒྱ་མཚོའི་སྡེ། །བཀའ་དྲིན་ཆེ་མངའ་གསུམ་ལ་གུས་ཕྱག་འཚལ། །དེ་རྗེས་བརྒྱུད་ འཛིན་ཆོས་ཀྱི་འཕགས་པ་རྗེ། །རྟོགས་པའི་དབང་ཕྱུག་ཀུན་དགའ་དཔལ་ལྡན་ཞབས། །ཆོས་བརྒྱུད་ཆེར་སྤེལ་མཛད་མཁན་ཆོས་འབྱོར་མཚན། །དམ་ཆོས་རྒྱས་མཛད་གསུམ་ལ་ གུས་ཕྱག་འཚལ། །ཟབ་ལམ་དྲོད་བརྙེས་མཁས་གྲུབ་དབང་ཕྱུག་སྡེ། །རྟོགས་པ་ཟླ་བྲལ་ངག་ གི་དབང་པོའི་མཚན། །ཐར་པའི་རྒྱལ་མཚན་འཛིན་པ་བསྟན་འཛིན་གྲགས། །ཆེར་སྙིགས་ འགྲོ་འདྲེན་གསུམ་ལ་གུས་ཕྱག་འཚལ། །དབང་ལུང་མན་ངག་བསྟན་པ་ཡོངས་གསལ་བྱེད། །རྟོགས་པ་མཆོག་བརྙེས་རྡོ་རྗེ་བཟང་པོའི་མཚན། །རྩ་བའི་བླ་མ་དཀོན་མཆོག་དར་རྒྱས་ ཞབས། །བཀའ་དྲིན་འཁོར་མེད་གསུམ་ལ་གུས་ཕྱག་འཚལ། །གང་ཞིག་སྙིང་ནས་དད་གུས་ ཆེན་པོ་ཡིས། །རྩ་བརྒྱུད་བླ་མ་སྐྱབས་གནས་ཚོགས་ཀུན་ལ། །ཕྱག་འཚལ་གསོལ་འདེབས་ ལ་སོགས་རྣམ་དཀར་གྱི། །བགྱི་བ་དོན་ལྡན་གང་དང་གང་བྱས་དེས། །སྐྱབས་མཆོག་དག་གི་ བྱིན་འོད་སྣང་བའི་མཐུ། །བདག་ཅག་རྣམས་ཀྱི་སེམས་ལ་ཡོངས་འཕོས་ཏེ། །ཀུན་ཉོན་བག་ ལ་ཉལ་བཅས་རིམ་པས་གཞིལ། །རྒྱུད་དག་ཆོས་སྣང་དགའ་བདེ་ཡོངས་འཕེལ་མཛོད། །དེ་ ཡང་འཁོར་བར་ཞེན་ལོག་ངེས་འབྱུང་དང༌། །གཞན་ཕྱིར་སངས་རྒྱས་ཐོབ་འདོད་བྱང་ཆུབ་ སེམས། །གནས་ལུགས་ཡང་དག་ལེགས་རྟོགས་ལྟ་བ་མཆོག །ལམ་གཙོ་རྣམ་གསུམ་ཐུན་ མོང་རིམ་སྐྱེ་ཤོག །གསང་ཆེན་ཐུན་མིན་དབང་གིས་སེམས་རྒྱུད་སྨིན། །རིམ་གཉིས་ལམ་གྱི་ མངོན་རྟོགས་ཆེར་འཕེལ་ཏེ། །བདེ་སྟོང་ཟུང་འཇུག་གཉུག་མ་མངོན་གྱུར་ནས། །དང་པོའི་ སངས་རྒྱས་དགོངས་ཆེན་སྤྱོད་གྱུར་ཅིག །གོང་གི་གུས་ཕྱག་འཚལ། །ཞེས་པའི་ཚབ་ཏུ། སྐྱབས་སུ་ 8-1-229 མཆི། ཞེས་དང༌། གསོལ་བ་འདེབས། །ཞེས་གང་མོས་སྦྱར་ཀྱང་ཆོག་སྤྲོ་ན་གོང༌། བཀའ་དྲིན་འཁོར་མེད་ གསུམ་ལ་གུས་ཕྱག་འཚལ། །ཞེས་པའི་མཚམས་ནས། གཞན་ཡང་དཔལ་ལྡན་རྒྱལ་བ་ཇོ་ནང་པའི། །ངེས་དོན་ཆོས་ཀྱི་བརྒྱུད་འཛིན་མདོ་སྨད་ ཕྱོགས། །གང་བྱོན་བསྟན་རྩ་མཆོག་ཏུ་གྱུར་པ་ཡི། །སྐྱེས་ཆེན་དམ་པ་ཡོངས་ལ་གུས་ཕྱག་ འཚལ། །དེ་ཡང་ཀུན་མཁྱེ ན་དོལ་པོའི་དངོས་སློ བ་མཆོག །དར་རྩེའི་ཆོས་སྡེ་འདེབས་མཁན་ བློ་གྲོས་གྲགས། །ངེས་དོན་སྒྲུབ་བརྒྱུད་འཛིན་སྐྱོང་སྤེལ་བ་ཡི། །ཐུགས་སྲས་རྗེས་འཇུག་ བཅས་ལ་གུས་ཕྱག་འཚལ། །འཛམ་ཐང་ཆོས་སྡེ་ཆགས་འདེབས་མཛད་པ་ཡི། །རིགས་ལྡན་ དྲག་པོའི་རྣམ་འཕྲུལ་དཀའ་བཞི་པ། །ཡང་སྤྲུལ་གཉིས་པ་རིན་ཆེན་བཟང་པོ་དཔལ། །སྐུ་ ཕྲེང་དང་པོ་གཉིས་ལ་གུས་ཕྱག་འཚལ། །དེ་ཡི་ཡང་སྲིད་དཔལ་གྱི་སྙིང་པོ་མཆོག །དྲུང་སྤྲུལ་ བཞི་པ་སྔགས་འཆང་མཛད་ཁྱད་ཅན། །ཀུན་དགའ་རིན་ཆེན་མཚན་འཆང་ཐ་མའི་བར། །སྐུ་ ཕྲེང་རིམ་བྱོན་ལྔ་ལ་གུས་ཕྱག་འཚལ། །དྲུང་བའི་དངོས་སློབ་རྒྱལ་བ་བཟང་པོ་ཡི། །ཡང་སྲིད་ གཉིས་པ་རྒྱལ་བ་སེང་གེ་དང༌། །གསུམ་པ་རེ་ཤིང་བཞི་པ་ལྷོ ་ཁ་བ། །སྐུ་ཕྲེང་དེ་དག་རྣམས་ ལ་གུས་ཕྱག་འཚལ། །ལྔ་པ་གོ་རྒྱལ་དྲུག་པ་དར་རྒྱས་མཚན། །བདུན་པ་དཔལ་སེང་བརྒྱད་ པ་བྱམས་པའི་མཚན། །དགུ་པ་འཇིགས་མེད་དབང་པོའི་བར་དུ་སྟེ། །ཡང་སྤྲུལ་རིམ་པར་ བྱོན་ལ་གུས་ཕྱག་འཚལ། །དྲུང་བའི་ཐུགས་སྲས་ཚེས་བཅུ་རཏྣའི་མཚན། །སྐུ་སྤྲུལ་བསྟན་ འཛིན་ནུས་ལྡན་རྡོ་རྗེ་ཟུང༌། །བསྟན་པའི་སྒྲོན་མེ་ཀརྨ་འོད་གསལ་ཞབས། །ཡང་སྤྲུལ་དང་པོ་ ལྔ་ལ་གུས་ཕྱག་འཚལ། །རབ་གསལ་རྒྱ་མཚོ་ངེས་དོན་བསྟན་འཕེལ་དང༌། །རིན་ཆེན་གྲགས་ པ་སྐུ་ཕྲེང་བརྒྱད་པ་སྟེ། །ཚེས་བཅུའི་ཡང་སྤྲུལ་འགྲོ་འདུལ་དུས་བབ་པ། །སྔ་ཕྱིར་གང་བྱོན་ རྣམས་ལ་གུས་ཕྱག་འཚལ། །དྲུང་བའི་བུ་ཆེན་ཉི་མ་འོད་ཟེར་གྱི། །སྐུ་སྐྱེས་འོད་དཔལ་ཀརྨ་ དོན་དམ་མཚན། །ཕྲིན་ལས་རབ་བརྟན་བསྟན་སྒྲོན་མཚན་ཅན་སྟེ། །སྐུ་སྤྲུལ་ལྔ་རིམ་བྱོན་ལ་ 8-1-230 གུས་ཕྱག་འཚལ། །དྲུང་བ་གང་གི་སློ བ་མའི་མཆོག་གྱུར་པ། །གཞོན་ནུ་རྒྱལ་མཚན་སྨོན་ལམ་ དབང་དཔལ་སོགས། །སྔ་ཕྱིར་ན་རིམ་སྐུ་སྐྱེས་མང་བྱོན་པ། །འགྲོ་འདྲེན་བསྟན་རྩ་རྣམས་ལ་ གུས་ཕྱག་འཚལ། །འཛམ་ཐང་གཙང་ཆེན་གོང་མ་བསྟན་འཛིན་མཚན། །གང་དེའི་སྐུ་བརྒྱུད་ ཕྲིན་ལས་རྣམ་རྒྱལ་དང༌། །འཇིགས་མེད་རྣམ་རྒྱལ་ཕྱོགས་ལས་རྣམ་རྒྱལ་སོགས། །སྔ་ ཕྱིར་རིམ་བྱོན་རྣམས་ལ་གུས་ཕྱག་འཚལ། །གཙང་བའི་སྐུ་ཚབ་མཐུ་སྟོབས་རྣམ་པར་རྒྱལ། །བསྟན་རྩ་དབོན་བརྒྱུད་འགྲོ་འདུལ་ཕྲིན་ལས་ཅན། །གང་གང་སྔ་ཕྱིར་བྱོན་པའི་སྐྱེས་ཆེན་ དག །དེ་དག་མ་ལུས་བཅས་ལ་གུས་ཕྱག་འཚལ། །གཙང་བ་འགབ་མར་གྲགས་པའི་སྤྲུལ་ པའི་སྐུ། །ཆ་ལུང་སྐུ་རྒྱུད་ཕྲིན་ལས་རྒྱ་མཚོ་དང༌། །སྦྱིན་པ་རྒྱ་མཚོ་བསྟན་པའི་ཉི་མ་སོགས། །དེར་བཞུགས་རིམ་བྱོན་ཚོགས་ལ་གུས་ཕྱག་འཚལ། །འཛམ་ཐང་ཆོས་རྗེའི་སྒྲུབ་བརྒྱུད་སློ བ་ དཔོན་མཆོག །རྟོགས་ལྡན་བསམ་གཏན་ངེས་དོན་ཞབས་པ་དང༌། །བློ་བཟང་འཇམ་དཔལ་ དཔལ་འཕེལ་ཕུན་ཚོགས་མཚན། །སྒྲུབ་བརྒྱུད་སློ བ་དཔོན་རྣམས་ལ་གུས་ཕྱག་འཚལ། །སྐུ་ དབོན་འགྱུར་མེད་མཆོག་སྤྲུལ་ཀུན་དགའི་མཚན། །བསོད་ནམས་མགོན་པོ་ལ་སོགས་ ཆོས་བརྒྱུད་ལ། །མཛད་རླབས་ངེས་པར་ཆེ་བའི་དམ་པ་རྗེ། །ངེས་དོན་བསྟན་རྩ་རྣམས་ལ་ གུས་ཕྱག་འཚལ། །དཔལ་རྩེ་དགོན་གྱི་སྒྲུབ་བརྒྱུད་རྡོར་སློ བ་མཆོག །ནུས་ལྡན་ཐོགས་མེད་ རྟོགས་ལྡན་ལུང་རྟོགས་རྗེ། །ཀུན་དགའ་སྙན་གྲགས་ངག་དབང་དཔལ་གྱི་མཚན། །དམ་པ་ དེ་དག་རྣམས་ལ་གུས་ཕྱག་འཚལ། །དབེན་གནས་ལྷ་རིའི་སྒྲུབ་པའི་སློབ་དཔོན་ནི། །རྣལ་ འབྱོར་དབང་ཕྱུག་བསྟན་གསལ་ཆོས་འཛིན་ཞབས། །ཀུན་དགའ་མཉམ་ཉིད་བསོད་ནམས་ བཟང་པོ་སོགས། །ངེས་དོན་བརྒྱུད་འཛིན་རྣམས་ལ་གུས་ཕྱག་འཚལ། །བྱ་ཡུར་དགོན་གྱི་ སྒྲུབ་པའི་སློ བ་དཔོན་ཆེ། །སྐྱབས་མགོན་མཚན་བཟང་བསྟན་པ་རབ་རྒྱས་དང༌། །ངག་དབང་ གསལ་བཟང་མཚན་གྱི་མིང་ཅན་སོགས། །དགོན་གནས་དེར་བཞུགས་དག་ལ་གུས་ཕྱག་ 8-1-231 འཚལ། །སྲིབ་དགོན་བསྟན་པའི་རྩ་ལག་ཁོང་རྣམ་པ། །བསྟན་པའི་དཔལ་གྱུར་དགེ་ལེགས་ རྒྱ་མཚོའི་ཞབས། །སྐྱབས་རྗེ་ཟླ་གྲགས་རིན་ཆེན་བཟང་པོ་སོགས། །བཤད་སྒྲུབ་དཔལ་ མངའ་རྣམས་ལ་གུས་ཕྱག་འཚལ། །འཛི་སྟོད་དགོན་ལེབ་སྔགས་ཀྱི་རྡོར་སློ བ་པ། །ངེས་ དོན་བསྟན་ལ་ཐུགས་ཁུར་མི་ལྷོ ད་པ། །བསྟན་འཛིན་གྲགས་པ་རྗེས་འཛིན་སློབ་ཆེན་ཚོགས། །གནས་དེར་གང་བཞུགས་དག་ལ་གུས་ཕྱག་འཚལ། །སྒྲུབ་པའི་གནས་མཆོག་དར་ལྔའི་རི་ ཁྲོད་དུ། །བཤད་སྒྲུབ་བསྟན་པའི་ཉི་མ་ངག་གི་དབང༌། །གང་གི་ཐུགས་སྲས་མཆོག་གྱུར་གང་ དག་བཅས། །དེ་རྣམས་ཀུན་གྱི་ཚོགས་ལ་གུས་ཕྱག་འཚལ། །སྒྲུབ་གནས་ཤུག་ཁྲོད་བསྟན་ རྩ་ཆེ་བའི་ཕུལ། །ལུང་རྟོགས་བསྟན་པའི་གདུགས་འདེགས་ཚོགས་གཉིས་རྗེ། །ལུང་རིགས་ སྨྲ་བའི་ཐུགས་སློ བ་ཆེ་དགུའི་ཚོགས། །གང་དག་མ་ལུས་པ་ལ་གུས་ཕྱག་འཚལ། །མགོ་ལོག་ ཡར་ཐང་དགོན་གྱི་མངའ་བདག་ཆེ། །རྒྱ་བླ་ངག་དབང་དཀོན་མཆོག་མཚན་ཅན་དང༌། །གླང་ འབུད་དགོན་བདག་ངག་དབང་མཆོག་གི་མཚན། །དེ་སོགས་ཆོས་བརྒྱུད་འཛིན་ལ་གུས་ ཕྱག་འཚལ། །མགོ་ལོག་ཕྱོགས་སུ་ངེས་དོན་སྒྲུབ་པའི་སྡེ། །ཀུན་ནས་དར་མཛད་ཆོས་ཀྱི་ རྗེ་བོ་མཆོག །སྐྱབས་མཆོག་སྨོན་ལམ་བཟང་པོ་མཁན་ཆེན་བཅས། །བསྟན་འཛིན་སྐྱེས་ ཆེན་རྣམས་ལ་གུས་ཕྱག་འཚལ། །རྔ་ཡུལ་ཕྱོགས་ཀྱི་ངེས་དོན་བརྒྱུད་འཛིན་པ། །སེ་དབོན་ ལྷུན་གྲུབ་སྙིང་པོ་རྒྱལ་མཚན་དང༌། །ཕྲིན་ལས་སྙིང་རྒྱན་ལྷ་དབང་རྒྱལ་མཚན་སོགས། །སེ་ ཕྱོགས་བསྟན་རྩ་རྣམས་ལ་གུས་ཕྱག་འཚལ། །འབྲོག་དགེ་དགོན་བདག་ཀུན་དགའ་དཔལ་ བཟང་མཚན། །ཆོས་འགྲུབ་བསམ་འགྲུབ་ཀུན་དགའ་ལྷུན་གྲུབ་པ། །ཡོན་ཏན་རྒྱ་མཚོ་རྣམ་ སྣང་རྡོ་རྗེ་སོགས། །ངེས་དོན་བཤེས་གཉེན་རྣམས་ལ་གུས་ཕྱག་འཚལ། །གཞན་ཡང་ངེས་ དོན་ཆོས་ལ་མཛད་རླབས་ཅན། །ཀུན་བཟང་དབང་པོ་ཚེ་དབང་ནོར་བུའི་མཚན། །ཆོས་ཀྱི་ འབྱུང་གནས་ཚེ་དབང་ཀུན་ཁྱབ་སོགས། །བསྟན་འཛིན་ཕྱོགས་བཞུགས་རྣམས་ལ་གུས་ཕྱག་ 8-1-232 འཚལ། །དེ་སོགས་དབུས་གཙང་མདོ་ཁམས་སྟོད་སྨད་དུ། །ངེས་དོན་སྒྲུབ་བརྒྱུད་འཛིན་པའི་ བསྟན་རྩདག །མ་ལུས་གང་ན་བཞུགས་ཤིང་མཛད་རླབས་ཆེ། །སྐྱེས་ཆེན་དམ་པ་རྣམས་ལ་ གུས་ཕྱག་འཚལ། །ཞེས་པ་རྣམས་བཙུད་ལ་མཐར། གང་ཞིག་སྙིང་ནས་དད་གུས་ཆེན་པོ་ཡིས། །སོགས་ ཀྱིས་མཇུག་རྫོགས་པར་བྱ་ལ། དེ་ལས་སྤྲོས་པ་ལ་དགའ་ན་ཕྱག་འཚལ་དག་གི་མཇུག་ཏུ། དངོས་འབྱོར་ཡིད་ཀྱིས་ སྤྲུལ་པའི་མཆོད་ཚོགས་འབུལ། །ཐོག་མེད་ནས་བསགས་སྡིག་ལྟུང་སོ་སོར་བཤགས། །སྐྱེ་ འཕགས་དགེ་བ་ཀུན་ལ་རྗེས་ཡི་རང༌། །ཟབ་དང་རྒྱ་ཆེའི་ཆོས་འཁོར་ཆད་མེད་བསྐོར། །མྱ་ ངན་མི་འདའ་འགྲོ་ངོར་རྟག་བཞུགས་གསོལ། །རབ་དཀར་འདིར་འབད་ལས་ནི་འགྲོ་ཁམས་ རྣམས། །རིང་མིན་སྙིང་པོའི་དོན་ལ་རྣལ་འབྱོར་ཏེ། །གནས་ལུགས་གཤིས་ཀྱི་རང་ཞལ་མྱུར་ མཇལ་ཤོག །ཅེས་པའང་བཙུད་ནས། གང་ཞིག་སྙིང་ནས༴ སོགས་ཀྱིས་མཐའ་དབྱུང་བར་བྱས་ན་མི་ཆོག་པ་མེད་དོ། །ཞེས་པའི་ཇོ་ནང་སྦྱོར་དྲུག་བླ་བརྒྱུད་སྒོས་དང་སྤྱིར་གྱི་བླ་མ་བརྒྱུད་རིམ་འགངས་ཆེན་དག་གི་ཚུལ་ལས་བརྩམས་ཏེ་ཕྱག་འཚལ་ བ་སོགས་ཀྱི་ཚེ་རྒྱུན་ཁྱེ ར་འདོན་རྒྱུར་གྲྭ་བཙུན་རིན་ཆེན་རྡོ་རྗེ་ལ་མཁོ་ནས་ཉིད་ཀྱིས་ཆེད་བསྐུལ་ལྟར། མ་ཏིས་ཤར་མར་སྤེལ་བ་ ཛཡནྟུ།། །། ༈ ཆོས་འབྱུང་གསོལ་འདེབས་དཀྱུས་ཀྱི་འཛམ་ཐང་སྒར་གོང་མའི་བརྒྱུད་རིམ་ཁ་སྐོང༌། སྙིགས་དུས་འགྲོ་མགོན་ གསུམ་ལ༴ གསང་སྔགས་རྟོགས་པའི་མཛོད་བརྙེས་ཀུན་བཟང་དབང༌། །ཁམས་ཕྱོགས་ཆོས་ སྤེལ་ཀུན་དགའ་རྣམ་རྒྱལ་མཚན། །རྟོགས་པ་མཆོག་བརྙེས་ངག་དབང་རྒྱལ་མཚན་དཔལ། །མདོ་སྨད་ཆོས་རྗེ་གསུམ་ལ་གུས་ཕྱག་འཚལ། །གཙང་ཆེན་སློ བ་དཔོན་སྐྱབས་རྗེ་བསམ་ གཏན་མཚན། །ཐུགས་རྗེའི་གཏེར་ཆེན་ཀུན་དགའ་ངེས་དོན་ཞབས། །གསང་སྔགས་བརྒྱུད་ འཛིན་འགྱུར་མེད་རྒྱ་མཚོའི་སྡེ། །གསང་སྔགས་བསྟན་རྩ་གསུམ་ལ་གུས་ཕྱག་འཚལ། །ཆོས་ ཀྱི་སློ བ་དཔོན་ཀུན་དགའ་དཔལ་འཕེལ་ཞབས། །འགྲོ་འདྲེན་དམ་པ་ཕུན་ཚོགས་རྒྱ་མཚོ་ རྗེ། །ཟབ་རྒྱས་རྒྱུན་སྤེལ་ཀུན་དགའ་བསོད་ནམས་མཚན། །སྐྱེས་ཆེན་མཆོག་གྱུར་གསུམ་ལ་ 8-1-233 གུས་ཕྱག་འཚལ། །སྤྲུལ་པའི་སྐུ་མཆོག་ཀུན་དགའ་དཔལ་གྱི་སྙིང༌། །རྟོགས་པ་མཆོག་མངའ་ དཀོན་མཆོག་བསྟན་པ་འཕེལ། །སྒྲུབ་པའི་རྒྱུན་སྤེལ་སྐལ་ལྡན་རྒྱ་མཚོའི་ཞབས། །སྙིགས་ དུས་ཆོས་མགོན་གསུམ་ལ་གུས་ཕྱག་འཚལ། །གང་ཞིག་སྙིང་ནས་དད་གུས༴ སོགས་དང༌། གོང་དུ་ཚེས་བཅུ་བཙུད་ན། སྐྱེས་ཆེན་མཆོག་གྱུར་གསུམ་ལ༴ སྤྲུལ་པའི་སྐུ་མཆོག་རྣམ་གཉིས་ བསྟན་པའི་གཉེན། །རྟོགས་པ་མཆོག་མངའ་དཀོན་མཆོག་བསྟན་པ་འཕེལ། །སོགས་ནས། སྙིགས་དུས་ཆོས་མགོན་རྣམས་ལ༴ ཞེས་བསྒྱུར་ཏེ་འདོན། འདི་ཡང་ཤེས་རབ་འོད་ཟེར་ཉིད་ཀྱི་བཞེད་སྐོང་དུ། མ་ ཏིས་སོ།། ༈ ཆོས་འབྱུང་གསོལ་འདེབས་ཁོག་གི་ཁ་སྐོང་དཀྱུས་མ་ལ། དམ་ཆོས་རྒྱས་མཛད་གསུམ་ལ༴ གསང་ སྔགས་རྟོགས་པའི་དབང་ཕྱུག་ལུང་རྟོགས་རྗེ། །ཟབ་ལམ་བསྟན་པའི་བརྒྱུད་འཛིན་སྙན་ གྲགས་མཚན། །བཀའ་དྲིན་གསུམ་ལྡན་ངག་དཔལ་བཟང་པོའི་ཞབས། །སྙིགས་དུས་འགྲོ་ མགོན༴ ཅེས་པ་འདི་ཡང་རིག་དགའི་བསྐུལ་ངོར་མ་ཏིས་སྤེལ་བའོ།། ༈ འཛམ་ཐང་སྒར་ཁག་གོང་མའི་འཕོ་བའི་གསོལ་འདེབས་སྐབས་ཀྱི་བརྒྱུད་རིམ་ཁ་སྐོང་ནི། ངག་དབང་ཕྲིན་ལས་ ཀྱི་རྗེས་སུ། དཔལ་ལྡན་གྲུབ་དབང་གི་ཐུགས་སྲས་ཕུལ། །གསང་ཆེན་ཐེག་མཆོག་གི་མངོན་ རྟོགས་བརྙེས། །ངེས་དོན་ཆོས་བརྒྱུད་ལ་མཛད་རླབས་ཅན། །རྗེ་ཀུན་བཟང་དབང་པོ་བསྟན་ པའི་གཉེན། །སེམས་མོས༴ རྫོགས་ལྡན་སྒྲུབ་བརྒྱུད་ཀྱི་ཆོས་སྤེལ་བ། །རིམ་གཉིས་ལམ་ བཟང་གི་བཅུད་འཛིན་ཅིང༌། །མདོ་སྨད་ཁམས་ཕྱོགས་སུ་ཆོས་ཀྱི་གཉེན། །ཀུན་དགའ་རྣམ་ རྒྱལ་གྱི་མཚན་མཆོག་ལྡན། །སེམས་མོས༴ རླུང་སེམས་ལ་དབང་ཐོབ་ཟབ་ལམ་མཆོག །རིམ་གཉིས་ཀྱི་རྟོགས་པ་དགོངས་མཚོར་སྨིན། །འོད་གསལ་གྱི་གནས་ལུགས་མངོན་བྱས་ པ། །རྗེ་ངག་དབང་རྒྱལ་མཚན་སྙིགས་འགྲོའི་མགོན། །སེམས་མོས༴ མགོན་དེ་ཡི་རྡོ་རྗེའི་ སློ བ་མ་མཆོག །ལམ་ཟབ་གསང་རྟོགས་པའི་ཀློང་རྡོལ་བ། །ཆོས་གསང་ཆེན་ཡོངས་ཕྱེ་རྡོ་རྗེ་ 8-1-234 འཛིན། །སྐྱབས་མཚུངས་མེད་ངག་དབང་བསམ་གཏན་ཞབས། །སེམས་མོས༴ རིགས་ལྡན་ པད་དཀར་གྱི་སྤྲུལ་པའི་སྐུ། །ཇོ་ནང་པ་ཆེན་པོའི་སྒྱུ་འཕྲུལ་གར། །མདོ་སྨད་འདིར་གསང་ ཆེན་ཆོས་ཀྱི་རྗེ། །དཔལ་ཀུན་དགའ་ངེས་དོན་ཐུགས་རྗེའི་གཏེར། །སེམས་མོས༴ བསླབ་ གསུམ་གྱི་ཡོན་ཏན་མཆོག་མངའ་ཞིང༌། །རྨད་བྱུང་གི་དོན་གཉིས་དཔལ་གྱི་བདག །ངེས་ དོན་གྱི་བསྟན་ལ་སྨན་པའི་བཤེས། །རྗེ་ཐུབ་བསྟན་འགྱུར་མེད་རྒྱ་མཚོའི་ཞབས། །སེམས་ མོས༴ ཆོས་ཐོས་བསམ་སྒོམ་ལ་རབ་ཞུགས་ཤིང༌། །ལམ་ཉམས་མྱོང་ལེགས་མངའི་དམ་པ་ མཆོག །གསང་སྔགས་སྒྲུབ་བརྒྱུད་ཀྱིས་གཞན་དོན་མཛད། །ཀུན་དགའ་དཔལ་འཕེལ་གྱི་ མཚན་རབ་ཅན། །སེམས་མོས༴ ངོ་མཚར་ཡོན་ཏན་གྱིས་མངོན་བརྗིད་ཅིང༌། །གོང་མའི་ སྒྲུབ་བརྒྱུད་ཀྱི་རྒྱུན་འཛིན་པ། །གཞན་ཕན་མཐུ་ཅན་གྱི་སྐྱེས་བུ་ཆེ། །ཟབ་ལམ་ཕུན་ཚོགས་ ཀྱི་དཔལ་མངའ་བ། །སེམས་མོས༴ ཐུགས་རྗེ་བརྩེ་བ་ཡི་མཛད་བཟང་ཅན། །ལུང་རྟོགས་ བསྟན་པ་ཉིད་འཛིན་སྤེལ་མཛད། །ལེགས་བྱས་གཞན་ཕན་ལ་ཉེར་གཞོལ་བའི། །བསོད་ ནམས་མགོན་པོའི་མཚན་དམ་པ་རྗེ། །སེམས་མོས༴ སྙིགས་དུས་བསྟན་རྩ་མཆོག་སྤྲུལ་པའི་ སྐུ། །དོན་གཉིས་དཔལ་ཡོན་གྱི་མཐུ་ལྡན་པ། །ཁྱད་པར་གསང་ཆེན་གྱི་བསྟན་པའི་གཉེན། །ཀུན་དགའ་དཔལ་ལྡན་གྱི་སྙིང་པོའི་ཕུལ། །སེམས་མོས༴ གཞན་ཕན་གསོ་དཔྱད་ཀྱིས་འགྲོ་ ལ་སྨན། །ངོ་མཚར་ནང་རྟོགས་ཀྱི་ཡོན་ཏན་རྒྱས། །མ་བཅོས་ཤུགས་འབྱུང་གི་མཛད་བཟང་ ངོམ། །དཀོན་མཆོག་བྱིན་རླབས་ཀྱི་སྒོ་འཕེལ་བ། །སེམས་མོས༴ གསང་སྔགས་ཟབ་ལམ་ གྱི་སྲོལ་བཟང་མཆོག །ཀུན་ནས་རབ་རྒྱས་ཀྱི་དགའ་སྟོན་ཕྱིར། །ཆོས་རྒྱུན་སྤེལ་མཛད་ཀྱི་ དམ་པ་ཉིད། །ཀུན་དགའ་སྐལ་ལྡན་གྱི་མཚན་མཆོག་ལྡན། །སེམས་མོས༴ རང་ལ་སངས་ རྒྱས་ལས་བཀའ་དྲིན་ཅན། །གདམས་བཟང་ཡིད་བཞིན༴ སོགས་ལ་འགྲོ། གོང་སྦྱངས་པ་མཆོག་སྤྲུལ་གྱི་རྗེས་སུ། འཕགས་མཆོག་བྱིན་རླབས་ཀྱི་མཐུ་ལས་འཁྲུངས། །ངོ་ 8-1-235 མཚར་དགེ་ལེགས་ཀྱི་དཔལ་འབར་བ། །སྙིགས་དུས་མགོན་མེད་ཀྱི་འགྲོ་འདྲེན་རྗེ། །མཆོག་ སྤྲུལ་རིན་ཆེན་གྱི་གྲགས་སྙན་ཅན། །སེམས་མོས༴ གཞན་ཕན་གསོ་དཔྱད་ཀྱིས་འགྲོ་ལ་སྨན། །སོགས་སུ་སོང་ན་ཆོག ཅེས་པའི་འཕོ་བའི་བརྒྱུད་རིམ་ཁ་སྐོང་འདི་བླ་མ་ཤེས་རབ་འོད་ཟེར་གྱི་ཐུགས་མོས་བཞིན། མ་ཏིས་སོ།། ༈ འཕོ་བའི་བརྒྱུད་རིམ་ཁ་སྐོང་ལ། ཀུན་དགའ་དཔལ་ལྡན་གྱི་རྗེས་སུ། གྲུབ་དབང་བརྟུལ་ཞུགས་ཀྱི་ མཛད་བཟང་སྤྱོད། །གསང་ཆེན་མངོན་རྟོགས་ཀྱི་ཀློང་རྡོལ་བ། །སྐྱབས་རྗེ་འགྲོ་ཀུན་ལ་ རྗེས་བརྩེ་ཅན། །ཀུན་དགའ་ལུང་རྟོགས་ཀྱི་བསྟན་པའི་གཉེན། །སེམས་མོས༴ སོ་ཐར་ངུར་ སྨྲིག་གི་རྒྱལ་མཚན་འཛིན། །རིམ་གཉིས་གསང་སྔགས་ཀྱི་ཆོས་མཛོད་བརྙེས། །དོན་གཉིས་ མཛད་བཟང་གིས་འགྲོ་ཁམས་སྐྱོང༌། །སྒྲུབ་པའི་བརྒྱུད་འཛིན་མཆོག་སྙན་གྲགས་མཚན། །སེམས་མོས༴ ངེས་དོན་སྒྲུབ་བརྒྱུད་ཀྱི་རྒྱུན་སྤེལ་བ། །དབང་ལུང་མན་ངག་གི་ཆོས་ཆར་ གྱིས། །སྐལ་བཟང་སློ བ་ཚོགས་ཀུན་སྨིན་གྲོལ་མཛད། །རྩ་བའི་བླ་མ་རྗེ་ངག་དཔལ་བཟང༌། །སེམས་མོས༴ ཞེས་པ་འདི་ཉིད་རིག་འཛིན་དགའ་བའི་རྡོ་རྗེའི་ངོར། མ་ཏིས་ཤར་མར་སྤེལ་བ་ཛ་ཡན་ཏུ། ༈ གདན་སའི་བརྒྱུད་རིམ་བླ་མ་འགའི་ཁ་སྐོང༌། ཤེས་རབ་དང་རྟོགས་དཔྱོད་དགའ་བ་བཞིའི། །བསམ་གཏན་གྱི་རྣལ་འབྱོར་དབང་ཕྱུག་རྗེ། །ཟབ་ལམ་གྱི་རྟོགས་པའི་མཛོད་བརྙེས་པ། །ཀུན་དགའ་དཔལ་ལྡན་གྱི་དབང་ཕྱུག་འགྲོ་འདྲེན་རྗེར། །མོས་གུས༴ སོགས། ལམ་ཟབ་མོའི་ མཐུ་ནུས་མངོན་གྱུར་ཅིང༌། །སྐྱབས་རྗེ་ངག་དབང་ཆོས་འཛིན་རྒྱ་མཚོ་དང༌། །དཔལ་ཐུབ་ པའི་བསྟན་པ་གསལ་བྱེད་པའི། །དགེ་ལེགས་ཀྱི་འོད་སྟོང་ཕྱོགས་བརྒྱར་འགྱེད། །སྒྲུབ་ བརྒྱུད་ཀྱིས་ཟབ་ཆོས་སྤེལ་མཛད་པ། །ཆོས་ཀྱི་འདྲེན་པ་མཆོག་ཆོས་འབྱོར་མཚན་ཅན་རྗེ། །ཉམས་རྟོགས་པའི་ཡོན་ཏན་ཆེར་འབར་བ། །ཀུན་དགའ་རྗེ་མཁས་གྲུབ་དབང་པོའི་མཚན་ འཆང་ལ། །མོས་གུས༴ སོགས། ལུང་རྟོགས་ཀྱི་བསྟན་པ་འཛིན་པའི་བཤེས། །གྲགས་སྙན་ གྱི་གསུང་གིས་གདུལ་བྱ་འདྲེན། །སྐྱབས་རྗེ་མཆོག་དཀྱིལ་འཁོར་རིགས་ཀྱི་བདག །རྡོ་རྗེའི་ 8-1-236 རྣལ་འབྱོར་མངོན་བྱས་ཟླ་གྲགས་མཚན། །གདམ་ངག་གིས་སྦྲང་རྩིས་དགའ་སྟོན་འགྱེད། །ཁམས་དབང་དང་མཐུན་པའི་ཆོས་སྒོ་སྒྲོགས། །ལུང་རྟོགས་ཀྱི་ཡོན་ཏན་ནོར་བུའི་གཏམས། །ཚོགས་གཉིས་ཀྱི་རྒྱ་མཚོ་འགྲོ་མགོན་ལ། །མོས་གུས༴ སོགས། ཟབ་ལམ་གྱིས་གང་འདུལ་ སྨིན་མཛད་ཅིང༌། །སྒྲུབ་པའི་བརྒྱུད་འཛིན་བསྟན་པ་གསལ་བྱེད་མཚན། །ལམ་གསང་ཆེན་ རྡོ་རྗེའི་རྣལ་འབྱོར་ལས། །རྟོགས་པ་མཆོག་བརྙེས་པ་སྨོན་ལམ་བཟང་པོའི་མཚན། །ཐབས་ ཟབ་མོས་སློ བ་ཚོགས་སྨིན་གྲོལ་ལ་འགོད། །གསང་སྔགས་ཀྱི་བསྟན་པ་སྤེལ་བྱེད་རྡོ་རྗེ་ བཟང༌། །ངེས་དོན་གྱི་བཤད་སྒྲུབ་བསྟན་འཛིན་རྗེ། །ལུང་རིགས་མཛོད་བརྙེས་རིན་ཆེན་ བཟང་པོ་ལ། །མོས་གུས༴ སོགས། དུས་མཐར་གྱི་འགྲོ་ལ་ཕན་རླབས་ཅན། །དཀོན་མཆོག་གི་ བསྟན་པ་དར་རྒྱས་མཚན་འཆང་རྗེ། །རྩོལ་བྲལ་གྱི་ཆོས་དབྱིངས་གནས་ལུགས་ངང༌། །ལུང་ རིགས་ཀྱི་གདུལ་བྱ་རྗེས་སུ་བཟུང༌། །སྙིགས་དུས་ཀྱི་འགྲོ་བའི་མགོན་དུ་ཤར། །བློ་གྲོས་དང་ གྲགས་པས་ཕྱོགས་བཅུར་ཁྱབ། །རིགས་ཀུན་གྱི་ཁྱབ་བདག་ཆོས་ཀྱི་རྗེ། །རྡོ་རྗེ་འཆང་ཆེན་ པོ་རྩ་བའི་བླ་མ་ལ། །མོས་གུས༴ སོགས་གོང་བཞིན་འགྲེས་སོ། །འདི་གདན་སའི་བརྒྱུད་རིམ་དང་འགངས་ཆེ་བའི་ བླ་མ་འགའི་ཁ་སྐོང་བ་འདི་ཡང་དུས་འཁོར་འཕོ་བའི་སྐབས་མཁོ་ཕྱིར་ཚོགས་གཉིས་ཀྱི་མོས་འདུན་བཞིན་མ་ཏིས་སོ།། །། 8-1-237 ༄༅། །འཇམ་དཔལ་ཡེ་ཤེས་སེམས་དཔའི་དོན་དམ་པའི་ མཚན་ཡང་དག་པར་བརྗོད་པ་ཞེས་བྱ་བ་ བཞུགས་སོ། ། ༄༅། །རྒྱ་གར་སྐད་དུ། ཨཱརྱ་མཉྫུ་ཤྲཱི་ནཱ་མ་སངྒཱི་ཏི། བོད་སྐད་དུ། འཕགས་པ་འཇམ་ དཔལ་གྱི་དོན་དམ་པའི་མཚན་ཡང་དག་པར་བརྗོད་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ ཕྱག་འཚལ་ལོ། །དེ་ནས་དཔལ་ལྡན་རྡོ་རྗེ་འཆང༌། །གདུལ་དཀའ་འདུལ་བ་རྣམས་ཀྱི་མཆོག །དཔའ་བོ་འཇིག་རྟེན་གསུམ་ལས་རྒྱལ། །རྡོ་རྗེ་དབང་ཕྱུག་གསང་བའི་རྒྱལ། །པདྨ་དཀར་པོ་ རྒྱས་འདྲའི་སྤྱན། །པདྨ་རྒྱས་པའི་གདན་ལ་བཞུགས། །རང་གི་ལག་གིས་རྡོ་རྗེ་མཆོག །ཡང་ དང་ཡང་དུ་གསོར་བྱེད་པ། །ཁྲོ་གཉེར་རིམ་པར་ལྡན་ལ་སོགས། །ལག་ན་རྡོ་རྗེ་མཐའ་ཡས་ པ། །དཔའ་བོ་གདུལ་དཀའ་འདུལ་བ་པོ། །འཇིགས་སུ་རུང་དང་དཔའ་བྱད་ཅན། །རྡོ་རྗེ་རྩེ་ མོ་རབ་འཕྲོ་བ། །རང་གི་ལག་གིས་གསོར་བྱེད་པ། །སྙིང་རྗེ་ཆེ་དང་ཤེས་རབ་དང༌། །ཐབས་ ཀྱིས་འགྲོ་དོན་བྱེད་པའི་མཆོག །དགའ་མགུ་རངས་པའི་བསམ་པ་ཅན། །ཁྲོ་བོའི་ལུས་ཀྱི་ གཟུགས་ལྡན་པ། །སངས་རྒྱས་འཕྲིན་ལས་བྱེད་པའི་མགོན། །ལུས་བཏུད་རྣམས་དང་ལྷན་ ཅིག་ཏུ། །དེ་བཞིན་གཤེགས་པ་བཅོམ་ལྡན་འདས། །རྫོགས་སངས་རྒྱས་ལ་ཕྱག་འཚལ་ནས། །ཐལ་མོ་སྦྱར་བར་བྱས་ནས་ནི། །སྤྱན་སྔར་འདུག་སྟེ་འདི་སྐད་གསོལ། །ཁྱབ་བདག་བདག་ ལ་སྨན་པ་དང༌། །བདག་དོན་བདག་ལ་ཐུགས་བརྩེའི་ཕྱིར། །སྒྱུ་འཕྲུལ་དྲྭ་བ་མངོན་རྫོགས་ པའི། །བྱང་ཆུབ་ཅི་ནས་བདག་ཐོབ་མཛོད། །ཉོན་མོངས་པས་ནི་སེམས་དཀྲུགས་ཤིང༌། །མི་ 8-1-238 ཤེས་འདམ་དུ་བྱིང་བ་ཡི། །སེམས་ཅན་ཀུན་ལ་སྨན་པ་དང༌། །བླ་མེད་འབྲས་བུ་འཐོབ་བྱའི་ ཕྱིར། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས། །འགྲོ་བའི་བླ་མ་སྟོན་པ་པོ། །དམ་ཚིག་ ཆེན་པོ་དེ་ཉིད་མཁྱེ ན། །དབང་པོ་བསམ་པ་མཁྱེ ན་མཆོག་གིས། །བཅོམ་ལྡན་འདས་ཀྱི་ཡེ་ ཤེས་སྐུ། །གཙུག་ཏོར་ཆེན་པོ་ཚིག་གི་བདག །ཡེ་ཤེས་སྐུ་སྟེ་རང་བྱུང་བ། །འཇམ་དཔལ་ཡེ་ ཤེས་སེམས་དཔའ་ཡི། །མིང་ནི་ཡང་དག་བརྗོད་པའི་མཆོག །དོན་ཟབ་དོན་ནི་རྒྱ་ཆེ་ཞིང༌། །དོན་ཆེན་མཚུངས་མེད་རབ་ཞི་བ། །ཐོག་མར་བར་དང་མཐར་དགེ་བ། །འདས་པའི་སངས་ རྒྱས་རྣམས་ཀྱིས་གསུངས། །མ་འོངས་རྣམས་ཀྱང་གསུང་འགྱུར་ལ། །ད་ལྟར་བྱུང་བའི་ རྫོགས་སངས་རྒྱས། །ཡང་དང་ཡང་དུ་གསུང་པ་གང༌། །རྒྱུད་ཆེན་སྒྱུ་འཕྲུལ་དྲྭ་བ་ལས། །རྡོ་ རྗེ་འཆང་ཆེན་གསང་སྔགས་འཆང༌། །དཔག་མེད་རྣམས་ཀྱི་བཀའ་བཞིན་དུ། །གླུ་བླངས་ གང་ལགས་བཤད་དུ་གསོལ། །མགོན་པོ་རྫོགས་སངས་རྒྱས་ཀུན་གྱི། །གསང་འཛིན་ཅི་ ནས་བདག་འགྱུར་ཕྱིར། །ངེས་པར་འབྱུང་གི་བར་དུ་ནི། །བདག་གིས་བསམ་པ་བརྟན་པོས་ བཟུང༌། །ཉོན་མོངས་མ་ལུས་བསལ་བ་དང། །མི་ཤེས་མ་ལུས་སྤངས་བའི་ཕྱིར། །བསམ་ པའི་ཁྱད་པར་ཇི་བཞིན་དུ། །སེམས་ཅན་རྣམས་ལ་བཤད་པར་འཚལ། །གསང་དབང་ལག་ ན་རྡོ་རྗེ་ཡིས། །དེ་བཞིན་གཤེགས་ལ་དེ་སྐད་དུ། །གསོལ་ནས་ཐལ་མོ་སྦྱར་བྱས་ཏེ། །ལུས་ བཏུད་ནས་ནི་སྤྱན་སྔར་འདུག །དེ་ནས་བཅོམ་ལྡན་ཤཱཀྱ་ཐུབ། །རྫོགས་པའི་སངས་རྒྱས་རྐང་ གཉིས་མཆོག །ཉིད་ཀྱི་ཞལ་ནས་ལྗགས་བཟང་བ། །རིང་ཞིང་ཡངས་པ་བརྐྱངས་མཛད་དེ། །འཇིག་རྟེན་གསུམ་པོ་སྣང་བྱེད་ཅིང༌། །བདུད་བཞིའི་དགྲ་རྣམས་འདུལ་བྱེད་པ། །སེམས་ ཅན་རྣམས་ཀྱི་ངན་སོང་གསུམ། །སྦྱོང་བར་བྱེད་པའི་འཛུམ་བསྟན་ནས། །ཚངས་པའི་གསུང་ ནི་སྙན་པ་ཡིས། །འཇིག་རྟེན་གསུམ་པོ་ཀུན་བཀང་ནས། །ལག་ན་རྡོ་རྗེ་སྟོབས་པོ་ཆེ། །གསང་ དབང་ལ་ནི་སླར་གསུངས་པ། །སྙིང་རྗེ་ཆེ་དང་ལྡན་གྱུར་པས། །འགྲོ་ལ་ཕན་པའི་དོན་དུ་ཁྱོ ད། 8-1-239 །ཡེ་ཤེས་ལུས་ཅན་འཇམ་དཔལ་གྱི། །མིང་བརྗོད་པས་ནི་དོན་ཆེ་བ། །དག་པར་བྱེད་ཅིང་ སྡིག་སེལ་བ། །ང་ལས་ཉན་པར་བརྩོན་པ་ནི། །ལེགས་སོ་དཔལ་ལྡན་རྡོ་རྗེ་འཆང༌། །ལག་ ན་རྡོ་རྗེ་ཁྱོ ད་ལེགས་སོ། །གསང་བའི་བདག་པོ་དེ་ཕྱིར་ངས། །ཁྱོ ད་ལ་ལེགས་པར་བསྟན་ པར་བྱ། །ཁྱོ ད་ནི་རྩེ་གཅིག་ཡིད་ཀྱིས་ཉོན། །བཅོམ་ལྡན་དེ་ནི་ལེགས་ཞེས་གསོལ། །དེ་ནས་ བཅོམ་ལྡན་ཤཱཀྱ་ཐུབ། །གསང་སྔགས་རིགས་ཆེན་ཐམས་ཅད་དང༌། །གསང་སྔགས་རིགས་ སྔགས་འཆང་བའི་རིགས། །རིགས་གསུམ་ལ་ནི་རྣམ་པར་གཟིགས། །འཇིག་རྟེན་འཇིག་ རྟེན་འདས་པའི་རིགས། །འཇིག་རྟེན་སྣང་བྱེད་རིགས་ཆེན་དང༌། །ཕྱག་རྒྱ་ཆེན་པོའི་རིགས་ མཆོག་དང༌། །རིགས་ཆེན་གཙུག་གཏོར་ཆེར་གཟིགས་ནས། །ཚིག་གི་བདག་པོས་ཚིགས་སུ་ བཅད། །གསང་སྔགས་རྒྱལ་པོ་དྲུག་ལྡན་ཞིང༌། །གཉིས་སུ་མེད་པར་འབྱུང་བ་དང༌། །མི་སྐྱེའི་ ཆོས་ཅན་འདི་གསུངས་པ། །ཨ་ཨཱ་ཨི་ཨཱི ་ཨུ་ཨཱུ་ཨེ་ཨཻ་ཨོ་ཨཽ་ཨཾ་ཨཿསྠི་ཏོ་ཧྲཱི་དི། ཛྙཱ་ན་མཱུརྟི་ར་ ཧཾ་བུདྡྷཱོ། བུདྡྷཱ་ནཱཾ། ཏྲྱ་དྷྭ་བརྟྟི་ནཾ། ༀ་བཛྲ་ཏིཀྵྞ་དུཿཁ་ཙྪེ་ད། པྲཛྙཱ་ཛྙཱ་ན་མཱུརྟྟ་ཡི། ཛྙཱ་ན་ཀཱ་ཡ་ཝཱ་གཱི ་ ཤྭ་ར། ཨ་ར་པ་ཙ་ནཱ་ཡ་ཏེ་ན་མཿ འདི་ལྟར་སངས་རྒྱས་བཅོམ་ལྡན་འདས། །རྫོགས་པའི་སངས་རྒྱས་ཨ་ལས་བྱུང༌། །ཨ་ ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་པ་ཡིན། །ཁོང་ནས་འབྱུང་བ་སྐྱེ་བ་མེད། །ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །ཚིག་ཀུན་རབ་ཏུ་གསལ་ བར་བྱེད། །མཆོད་པ་ཆེན་པོ་འདོད་ཆགས་ཆེ། །སེམས་ཅན་ཐམས་ཅད་དགའ་བར་བྱེད། །མཆོད་པ་ཆེན་པོ་ཞེ་སྡང་ཆེ། །ཉོན་མོངས་ཀུན་གྱི་དགྲ་ཆེ་བ། །མཆོད་པ་ཆེན་པོ་གཏི་མུག་ཆེ། །གཏི་མུག་བློ་སྟེ་གཏི་མུག་སེལ། །མཆོད་པ་ཆེན་པོ་ཁྲོ་བ་ཆེ། །ཁྲོ་བ་ཆེན་པོ་དགྲ་ཆེ་བ། །མཆོད་པ་ཆེན་པོ་ཆགས་པ་ཆེ། །ཆགས་པ་ཐམས་ཅད་སེལ་བར་བྱེད། །འདོད་པ་ཆེན་པོ་ བདེ་བ་ཆེ། །དགའ་བ་ཆེན་པོ་མགུ་བ་ཆེ། །གཟུགས་ཆེ་ལུས་ཀྱང་ཆེ་བ་སྟེ། །ཁ་དོག་ཆེ་ཞིང་ 8-1-240 ལུས་བོང་ཆེ། །མིང་ཡང་ཆེ་ཞིང་རྒྱ་ཆེ་བ། །དཀྱིལ་འཁོར་ཆེན་པོ་ཡངས་པ་ཡིན། །ཤེས་རབ་ མཚོན་ཆེན་འཆང་བ་སྟེ། །ཉོན་མོངས་ཆེན་པོའི་ལྕགས་ཀྱུ་མཆོག །གྲགས་ཆེན་སྙན་གྲགས་ ཆེན་པོ་སྟེ། །སྣང་བ་ཆེན་པོ་གསལ་བ་ཆེ། །མཁས་པ་སྒྱུ་འཕྲུལ་ཆེན་པོ་འཆང༌། །སྒྱུ་འཕྲུལ་ ཆེན་པོ་དོན་སྒྲུབ་པ། །སྒྱུ་འཕྲུལ་ཆེན་པོ་དགའ་བའི་དགའ། །སྒྱུ་འཕྲུལ་ཆེན་པོ་མིག་འཕྲུལ་ ཅན། །སྦྱིན་བདག་ཆེན་པོ་གཙོ་བོ་སྟེ། །ཚུལ་ཁྲིམས་ཆེན་པོ་འཆང་བའི་མཆོག །བཟོད་ཆེན་ འཆང་བ་བརྟན་པ་པོ། །བརྩོན་འགྲུས་ཆེན་པོ་བརྟུལ་བ་ཡིན། །བསམ་གཏན་ཆེན་པོ་ཏིང་ འཛིན་གནས། །ཤེས་རབ་ཆེན་པོའི་ལུས་འཆང་བ། །སྟོབས་པོ་ཆེ་ལ་ཐབས་ཆེ་བ། །སྨོན་ ལམ་ཡེ་ཤེས་རྒྱ་མཚོ་སྟེ། །བྱམས་ཆེན་རང་བཞིན་དཔག་ཏུ་མེད། །སྙིང་རྗེ་ཆེན་པོ་བློ་ཡི་ མཆོག །ཤེས་རབ་ཆེན་པོ་བློ་ཆེན་ལྡན། །མཁས་པ་ཆེན་པོ་ཐབས་ཆེ་བ། །རྫུ་འཕྲུལ་ཆེན་པོ་ སྟོབས་དང་ལྡན། །ཤུགས་ཆེན་མགྱོགས་པ་ཆེན་པོ་སྟེ། །རྫུ་འཕྲུལ་ཆེན་པོ་ཆེར་གྲགས་པ། །སྟོབས་ཆེན་ཕ་རོལ་གནོན་པ་པོ། །སྲིད་པའི་རི་བོ་ཆེན་པོ་འཇོམས། །མཁྲེགས་ཤིང་རྡོ་རྗེ་ ཆེན་པོ་འཆང༌། །དྲག་པོ་ཆེན་པོ་དྲག་ཤུལ་ཆེ། །འཇིགས་ཆེན་འཇིགས་པར་བྱེད་པ་པོ། །མགོན་པོ་རིག་མཆོག་ཆེན་པོ་སྟེ། །བླ་མ་གསང་སྔགས་ཆེ་བའི་མཆོག །ཐེག་པ་ཆེན་པོའི་ ཚུལ་ལ་གནས། །ཐེག་པ་ཆེན་པོའི་ཚུལ་གྱི་མཆོག །སངས་རྒྱས་རྣམ་པར་སྣང་མཛད་ཆེ། །ཐུབ་པ་ཆེན་པོ་ཐུབ་ཆེན་ལྡན། །གསང་སྔགས་ཚུལ་ཆེན་ལས་བྱུང་བ། །གསང་སྔགས་ཚུལ་ ཆེན་བདག་ཉིད་ཅན། །ཕ་རོལ་ཕྱིན་བཅུ་ཐོབ་པ་སྟེ། །ཕ་རོལ་ཕྱིན་པ་བཅུ་ལ་གནས། །ཕ་ རོལ་ཕྱིན་བཅུ་དག་པ་སྟེ། །ཕ་རོལ་ཕྱིན་པ་བཅུ་ཡི་ཚུལ། །མགོན་པོ་ས་བཅུའི་དབང་ཕྱུག་སྟེ། །ས་བཅུ་ལ་ནི་གནས་པ་སྟེ། །ཤེས་བཅུ་རྣམ་དག་བདག་ཉིད་ཅན། །ཤེས་བཅུ་རྣམ་དག་འཆང་ བ་པོ། །རྣམ་པ་བཅུ་པོ་དོན་བཅུའི་དོན། །ཐུབ་དབང་སྟོབས་བཅུ་ཁྱབ་པའི་བདག །ཀུན་གྱི་ དོན་ནི་མ་ལུས་བྱེད། །རྣམ་བཅུ་དབང་ལྡན་ཆེ་བ་པོ། །ཐོག་མ་མེད་པ་སྤྲོས་མེད་བདག །དེ་ 8-1-241 བཞིན་ཉིད་བདག་དག་པའི་བདག །བདེན་པར་སྨྲ་ཞིང་ཚིག་མི་འགྱུར། །ཇི་སྐད་སྨྲས་པ་དེ་ བཞིན་བྱེད། །གཉིས་སུ་མེད་དང་གཉིས་མེད་སྟོན། །ཡང་དག་མཐའ་ལ་རྣམ་པར་གནས། །བདག་མེད་སེང་གེའི་སྒྲ་དང་ལྡན། །མུ་སྟེགས་རི་དྭགས་ངན་འཇིགས་བྱེད། །ཀུན་ཏུ་འགྲོ་ བའི་དོན་ཡོད་སྟོབས། །དེ་བཞིན་གཤེགས་པའི་ཡིད་ལྟར་མགྱོགས། །རྒྱལ་བ་དགྲ་རྒྱལ་རྣམ་ པར་རྒྱལ། །འཁོར་ལོས་སྒྱུར་བ་སྟོབས་པོ་ཆེ། །ཚོགས་ཀྱི་སློ བ་དཔོན་ཚོགས་ཀྱི་མཆོག །ཚོགས་རྗེ་ཚོགས་བདག་དབང་དང་ལྡན། །མཐུ་ཆེན་གཅེས་པར་འཛིན་པ་སྟེ། །ཚུལ་ཆེན་ གཞན་གྱི་དྲིང་མི་འཇོག །ཚིག་རྗེ་ཚིག་བདག་སྨྲ་མཁས་པ། །ཚིག་ལ་དབང་བ་ཚིག་མཐའ་ ཡས། །ཚིག་བདེན་བདེན་པར་སྨྲ་བ་སྟེ། །བདེན་པ་བཞི་ནི་སྟོན་པ་པོ། །ཕྱིར་མི་ལྡོ ག་པ་ཕྱིར་ མི་འོང༌། །འདྲེན་པ་རང་རྒྱལ་བསེ་རུའི་ཚུལ། །ངེས་འབྱུང་སྣ་ཚོགས་ལས་བྱུང་བ། །འབྱུང་བ་ ཆེན་པོ་རྒྱུ་གཅིག་པུ། །དགེ་སློ ང་དགྲ་བཅོམ་ཟག་པ་ཟད། །འདོད་ཆགས་བྲལ་བས་དབང་པོ་ ཐུལ། །བདེ་བ་རྙེད་པས་འཇིགས་མེད་ཐོབ། །བསིལ་བར་གྱུར་པས་རྙོག་པ་མེད། །རིག་པ་ དང་ནི་རྐང་པར་ལྡན། །བདེ་གཤེགས་འཇིག་རྟེན་རིག་པའི་མཆོག །བདག་གིར་མི་འཛིན་ ངར་མི་འཛིན། །བདེན་པ་གཉིས་ཀྱི་ཚུལ་ལ་གནས། །འཁོར་བའི་ཕ་རོལ་མཐར་སོན་པ། །བྱ་ བ་བྱས་པས་སྐམ་སར་གནས། །ཤེས་པ་འབའ་ཞིག་ངེས་གསལ་བ། །ཤེས་རབ་མཚོན་ཆས་ རྣམ་འཇོམས་པ། །དམ་ཆོས་ཆོས་རྒྱལ་གསལ་བར་ལྡན། །འཇིག་རྟེན་སྣང་བར་བྱེད་པའི་ མཆོག །ཆོས་ཀྱི་དབང་ཕྱུག་ཆོས་ཀྱི་རྒྱལ། །ལེགས་པའི་ལམ་ནི་སྟོན་པ་པོ། །དོན་གྲུབ་བསམ་ པ་གྲུབ་པ་སྟེ། །ཀུན་ཏུ་རྟོག་པ་ཐམས་ཅད་སྤངས། །རྣམ་པར་མི་རྟོག་དབྱིངས་མི་ཟད། །ཆོས་ དབྱིངས་དམ་པ་ཟད་མི་ཤེས། །བསོད་ནམས་ལྡན་པ་བསོད་ནམས་ཚོགས། །ཡེ་ཤེས་ཡེ་ ཤེས་འབྱུང་གནས་ཆེ། །ཡེ་ཤེས་ལྡན་པ་ཡོད་མེད་ཤེས། །ཚོགས་གཉིས་ཚོགས་ནི་བསགས་ པ་པོ། །རྟག་པ་ཀུན་རྒྱལ་རྣལ་འབྱོར་ཅན། །བསམ་གཏན་བསམ་བྱ་བློ་ལྡན་མཆོག །སོ་སོ་ 8-1-242 རང་རིག་མི་གཡོ་བ། །མཆོག་གི་དང་པོ་སྐུ་གསུམ་འཆང༌། །སངས་རྒྱས་སྐུ་ལྔའི་བདག་ཉིད་ ཅན། །ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །སངས་རྒྱས་ལྔ་བདག་ཅོད་པན་ཅན། །སྤྱན་ལྔ་ ཆགས་པ་མེད་པ་འཆང༌། །སངས་རྒྱས་ཐམས་ཅད་སྐྱེད་པ་པོ། །སངས་རྒྱས་སྲས་པོ་དམ་པའི་ མཆོག །ཤེས་པའི་སྲིད་འབྱུང་སྐྱེ་གནས་མེད། །ཆོས་ལས་འབྱུང་བ་སྲིད་པ་སེལ། །གཅིག་པུ་ སྲ་མཁྲེགས་རྡོ་རྗེའི་བདག །སྐྱེས་མ་ཐག་ཏུ་འགྲོ་བའི་བདག །ནམ་མཁའ་ལས་བྱུང་རང་བྱུང་ བ། །ཤེས་རབ་ཡེ་ཤེས་མེ་བོ་ཆེ། །འོད་ཆེན་རྣམ་པར་སྣང་བར་བྱེད། །ཡེ་ཤེས་སྣང་བ་ལམ་ མེ་བ། །འགྲོ་བའི་མར་མེ་ཡེ་ཤེས་སྒྲོན། །གཟི་བརྗིད་ཆེན་པོ་འོད་གསལ་བ། །སྔགས་མཆོག་ མངའ་བདག་རིགས་སྔགས་རྒྱལ། །གསང་སྔགས་རྒྱལ་པོ་དོན་ཆེན་བྱེད། །གཙུག་ཏོར་ཆེན་ པོ་རྨད་བྱུང་གཙུག །ནམ་མཁའི་བདག་པོ་སྣ་ཚོགས་སྟོན། །སངས་རྒྱས་ཀུན་བདག་དངོས་པོ་ མཆོག །འགྲོ་ཀུན་དགའ་བའི་མིག་དང་ལྡན། །སྣ་ཚོགས་གཟུགས་ཅན་སྐྱེད་པ་པོ། །མཆོད་ ཅིང་བརྗོད་པ་དྲང་སྲོང་ཆེ། །རིགས་གསུམ་འཆང་བ་གསང་སྔགས་ཅན། །དམ་ཚིག་ཆེན་པོ་ གསང་སྔགས་འཛིན། །གཙོ་བོ་དཀོན་མཆོག་གསུམ་འཛིན་པ། །ཐེག་པ་མཆོག་གསུམ་སྟོན་ པ་པོ། །དོན་ཡོད་ཞགས་པ་རྣམ་པར་རྒྱལ། །འཛིན་པ་ཆེན་པོ་རྡོ་རྗེ་ཞགས། །རྡོ་རྗེ་ལྕགས་ཀྱུ་ ཞགས་པ་ཆེ། །རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད། །ཁྲོ་བོའི་རྒྱལ་པོ་གདོང་དྲུག་འཇིགས། །མིག་དྲུག་ལག་དྲུག་སྟོབས་དང་ལྡན། །ཀེང་རུས་མཆེ་བ་གཙིགས་པ་པོ། །ཧ་ལ་ཧ་ལ་གདོང་ བརྒྱ་པ། །གཤིན་རྗེ་གཤེད་པོ་བགེགས་ཀྱི་རྒྱལ། །རྡོ་རྗེ་ཤུགས་ཅན་འཇིགས་བྱེད་པ། །རྡོ་རྗེ་ གྲགས་པོ་རྡོ་རྗེའི་སྙིང༌། །སྒྱུ་འཕྲུལ་རྡོ་རྗེ་གསུས་པོ་ཆེ། །རྡོ་རྗེ་ལས་སྐྱེས་རྡོ་རྗེའི་བདག །རྡོ་ རྗེའི་སྙིང་པོ་མཁའ་འདྲ་བ། །མི་གཡོ་རལ་པ་གཅིག་གིས་བསྒྱིངས། །གླང་ཆེན་ཀོ་རློན་གོས་ སུ་གྱོན། །གྲགས་ཆེན་ཧཱ་ཧཱ་ཞེས་སྒྲོགས་པ། །ཧཱི་ཧཱི་ཞེས་སྒྲོགས་འཇིགས་པར་བྱེད། །གད་མོ་ ཆེན་པོ་གད་རྒྱངས་ཅན། །རྡོ་རྗེ་གད་མོ་ཆེར་སྒྲོགས་པ། །རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། 8-1-243 །རྡོ་རྗེ་རྒྱལ་པོ་བདེ་བ་ཆེ། །རྡོ་རྗེ་དྲག་པོ་དགའ་བ་ཆེ། །རྡོ་རྗེ་ཧཱུཾ་སྟེ་ཧཱུཾ་ཞེས་སྒྲོགས། །མཚོན་དུ་ རྡོ་རྗེའི་མདའ་ཐོགས་པ། །རྡོ་རྗེ་རལ་གྲིས་མ་ལུས་གཅོད། །རྡོ་རྗེ་ཀུན་འཆང་རྡོ་རྗེ་ཅན། །རྡོ་ རྗེ་གཅིག་པུ་གཡུལ་སེལ་བ། །རྡོ་རྗེ་འབར་བ་མིག་མི་བཟད། །སྐྲ་ཡང་རྡོ་རྗེ་འབར་བ་སྟེ། །རྡོ་ རྗེ་འབེབས་པ་འབེབས་པ་ཆེ། །མིག་བརྒྱ་པ་སྟེ་རྡོ་རྗེའི་མིག །ལུས་ནི་རྡོ་རྗེའི་བ་སྤུ་ཅན། །རྡོ་ རྗེའི་སྤུ་ནི་གཅིག་པུའི་ལུས། །སེན་མོ་སྐྱེས་པ་རྡོ་རྗེའི་རྩེ། །རྡོ་རྗེའི་སྙིང་པོ་པགས་པ་མཁྲེགས། །རྡོ་རྗེ་ཕྲེང་ཐོགས་དཔལ་དང་ལྡན། །རྡོ་རྗེའི་རྒྱན་གྱིས་བརྒྱན་པ་སྟེ། །གད་རྒྱངས་ཧ་ཧ་ངེས་ པར་སྒྲོགས། །ཡི་གེ་དྲུག་པ་རྡོ་རྗེའི་སྒྲ། །འཇམ་དབྱངས་ཆེན་པོའི་སྒྲ་ཆེ་བ། །འཇིག་རྟེན་ གསུམ་ན་སྒྲ་གཅིག་པ། །ནམ་མཁའི་མཐའ་ཀླས་སྒྲ་སྒྲོགས་པ། །སྒྲ་དང་ལྡན་པ་རྣམས་ཀྱི་ མཆོག །ཡང་དག་བདག་མེད་དེ་བཞིན་ཉིད། །ཡང་དག་མཐའ་སྟེ་ཡི་གེ་མེད། །སྟོང་ཉིད་སྨྲ་ བའི་ཁྱུ་མཆོག་སྟེ། །ཟབ་ཅིང་རྒྱ་ཆེའི་སྒྲ་སྒྲོགས་པ། །ཆོས་ཀྱི་དུང་སྟེ་སྒྲ་ཆེན་ལྡན། །ཆོས་ཀྱི་ གཎྜི་སྒྲ་བོ་ཆེ། །མི་གནས་མྱ་ངན་འདས་པ་པོ། །ཕྱོགས་བཅུ་ཆོས་ཀྱི་རྔ་བོ་ཆེ། །གཟུགས་མེད་ གཟུགས་བཟང་དམ་པ་སྟེ། །སྣ་ཚོགས་གཟུགས་ཅན་ཡིད་ལས་སྐྱེས། །གཟུགས་རྣམས་ ཐམས་ཅད་སྣང་བའི་དཔལ། །གཟུགས་བརྙན་མ་ལུས་འཆང་བ་པོ། །ཚུགས་པ་མེད་ཅིང་ཆེ་ བར་གྲགས། །ཁམས་གསུམ་དབང་ཕྱུག་ཆེན་པོ་སྟེ། །འཕགས་ལམ་ཤིན་ཏུ་མཐོ་ལ་གནས། །དར་བ་ཆེན་པོ་ཆོས་ཀྱི་ཏོག །འཇིག་རྟེན་གསུམ་ན་གཞོན་ལུས་གཅིག །གནས་བརྟན་རྒན་ པོ་སྐྱེ་དགུའི་བདག །སུམ་ཅུ་རྩ་གཉིས་མཚན་འཆང་བ། །སྡུག་གུ་འཇིག་རྟེན་གསུམ་ན་ མཛེས། །འཇིག་རྟེན་ཤེས་ལེགས་སློ བ་དཔོན་ཏེ། །འཇིག་རྟེན་སློ བ་དཔོན་འཇིགས་པ་མེད། །མགོན་སྐྱོབ་འཇིག་རྟེན་ཡིད་བཅུགས་པ། །སྐྱབས་དང་སྐྱོབ་པ་བླ་ན་མེད། །ནམ་མཁའི་ མཐའ་ཀླས་ལོངས་སྤྱོད་པ། །ཐམས་ཅད་མཁྱེ ན་པའི་ཡེ་ཤེས་མཚོ། །མ་རིགས་སྒོ་ངའི་སྦུབས་ འབྱེད་པ། །སྲིད་པའི་དྲྭ་བ་འཇོམས་པ་པོ། །ཉོན་མོངས་མ་ལུས་ཞི་བྱེད་པ། །འཁོར་བའི་རྒྱ་ 8-1-244 མཚོ་ཕ་རོལ་ཕྱིན། །ཡེ་ཤེས་དབང་བསྐུར་ཅོད་པན་ཅན། །རྫོགས་པའི་སངས་རྒྱས་རྒྱན་དུ་ ཐོགས། །སྡུག་བསྔལ་གསུམ་གྱི་སྡུག་བསྔལ་ཞི། །གསུམ་སེལ་མཐའ་ཡས་གྲོལ་གསུམ་ཐོབ། །སྒྲིབ་པ་ཀུན་ལས་ངེས་པར་གྲོལ། མཁའ་ལྟར་མཉམ་པ་ཉིད་ལ་གནས། །ཉོན་མོངས་དྲི་མ་ ཀུན་ལས་འདས། །དུས་གསུམ་དུས་མེད་རྟོགས་པ་པོ། །སེམས་ཅན་ཀུན་གྱི་གླུ་ཆེན་པོ། །ཡོན་ཏན་ཐོད་ཅན་རྣམས་ཀྱི་ཐོད། །ཉོན་མོངས་ཀུན་ལས་རྣམ་གྲོལ་བ། །ནམ་མཁའི་ལམ་ ལ་རབ་གནས་པ། །ཡིད་བཞིན་ནོར་བུ་ཆེན་པོ་འཆང༌། །ཁྱབ་བདག་རིན་ཆེན་ཀུན་གྱི་མཆོག །དཔག་བསམ་ཤིང་ཆེན་རྒྱས་པ་སྟེ། །བུམ་པ་བཟང་པོ་ཆེ་བའི་མཆོག །བྱེད་པ་སེམས་ཅན་ ཀུན་དོན་བྱེད། །ཕན་འདོད་སེམས་ཅན་མཉེས་གཤིན་པ། །བཟང་ངན་ཤེས་ཤིང་དུས་ཤེས་ ལ། །ཁྱབ་བདག་དམ་ཤེས་དམ་ཚིག་ལྡན། །དུས་ཤེས་སེམས་ཅན་དབང་པོ་ཤེས། །རྣམ་ གྲོལ་གསུམ་ལ་མཁས་པ་པོ། །ཡོན་ཏན་ལྡན་ཞིང་ཡོན་ཏན་ཤེས། །ཆོས་ཤེས་བཀྲ་ཤིས་བཀྲ་ ཤིས་འབྱུང༌། །བཀྲ་ཤིས་ཀུན་གྱིས་བཀྲ་ཤིས་པ། །གྲགས་པའི་བཀྲ་ཤིས་སྙན་གྲགས་དགེ །དབུགས་འབྱིན་ཆེན་པོ་དགའ་དོན་ཆེ། །དགའ་ཆེན་རོལ་མོ་ཆེན་པོ་སྟེ། །བཀུར་སྟི་རིམ་གྲོ་ ཕུན་སུམ་ཚོགས། །མཆོག་ཏུ་དགའ་བ་གྲགས་བདག་དཔལ། །མཆོག་ལྡན་མཆོག་སྦྱིན་གཙོ་ བོ་སྟེ། །སྐྱབས་ཀྱི་དམ་པ་སྐྱབས་སུ་འོས། །འཇིག་རྟེན་དགྲ་སྟེ་རབ་ཀྱི་མཆོག །འཇིགས་པ་ མ་ལུས་སེལ་བ་པོ། །གཙུག་ཕུད་ཕུད་བུ་ལྕང་ལོ་ཅན། །རལ་པ་མུཉྫ་ཅོད་པན་ཐོགས། །གདོང་ ལྔ་གཙུག་ཕུད་ལྔ་དང་ལྡན། །ཟུར་ཕུད་ལྔ་པ་མེ་ཏོག་ཐོད། །མགོ་ཟླུམ་བརྟུལ་ཞུགས་ཆེན་པོ་ པ། །ཚངས་པར་སྤྱོད་པ་བརྟུལ་ཞུགས་མཆོག །དཀའ་ཐུབ་མཐར་ཕྱིན་དཀའ་ཐུབ་ཆེ། །གཙང་གནས་དམ་པ་གོའུ་ཏམ། །བྲམ་ཟེ་ཚངས་པ་ཚངས་པ་ཤེས། །མྱ་ངན་འདས་པ་ཚངས་ པ་ཐོབ། །གྲོལ་བའི་ཐར་པ་རྣམ་གྲོལ་ལུས། །རྣམ་གྲོལ་ཞི་བ་ཞི་བ་ཉིད། །མྱ་ངན་འདས་ཞིང་ མྱ་ངན་འདས། །ལེགས་པར་མྱ་ངན་འདས་དང་ཉེ། །བདེ་སྡུག་སེལ་བར་མཐར་གྱུར་པ། 8-1-245 །ཆགས་བྲལ་ལུས་ལས་འདས་པ་པོ། །ཐུབ་པ་མེད་པ་དཔེ་མེད་པ། །མི་མངོན་མི་སྣང་གསལ་ བྱེད་མིན། །མི་འགྱུར་ཀུན་འགྲོ་ཁྱབ་པ་པོ། །ཕྲ་ཞིང་ཟག་མེད་ས་བོན་བྲལ། །རྡུལ་མེད་རྡུལ་ བྲལ་དྲི་མ་མེད། །ཉེས་པ་སྤངས་པ་སྐྱོན་མེད་པ། །ཤིན་ཏུ་སད་པ་སད་པའི་བདག །ཀུན་ཤེས་ ཀུན་རིག་དམ་པ་པོ། །རྣམ་པར་ཤེས་པའི་ཆོས་ཉིད་འདས། །ཡེ་ཤེས་གཉིས་མེད་ཚུལ་འཆང་ བ། །རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ། །དུས་གསུམ་སངས་རྒྱས་ལས་བྱེད་པ། །སངས་རྒྱས་ ཐོག་མ་ཐ་མ་མེད། །དང་པོའི་སངས་རྒྱས་རྒྱུ་མེད་པ། །ཡེ་ཤེས་མིག་གཅིག་དྲི་མ་མེད། །ཡེ་ ཤེས་ལུས་ཅན་དེ་བཞིན་གཤེགས། །ཚིག་གི་དབང་ཕྱུག་སྨྲ་བ་ཆེ། །སྨྲ་བའི་སྐྱེས་མཆོག་སྨྲ་ བའི་རྒྱལ། །སྨྲ་བའི་དམ་པ་མཆོག་གི་གནས། །སྨྲ་བའི་སེང་གེ་ཚུགས་པ་མེད། །ཀུན་ཏུ་ལྟ་ བས་མཆོག་ཏུ་དགའ། །གཟི་བརྗིད་ཕྲེང་བ་ལྟ་ན་སྡུག །འོད་བཟང་འབར་བ་དཔལ་གྱི་བེའུ། །ལག་ན་འོད་འབར་སྣང་བ་པོ། །སྨན་པ་ཆེ་མཆོག་གཙོ་བོ་སྟེ། །ཟུག་རྔུ་འབྱིན་པ་བླ་ན་མེད། །སྨན་རྣམས་མ་ལུས་ལྗོན་པའི་ཤིང༌། །ནད་དོ་ཅོག་གི་དགྲ་ཆེ་བ། །སྡུག་གུ་འཇིག་རྟེན་གསུམ་ གྱི་མཆོག །དཔལ་ལྡན་རྒྱུ་སྐར་དཀྱིལ་འཁོར་ཅན། །ཕྱོགས་བཅུ་ནམ་མཁའི་མཐར་ཐུག་ པར། །ཆོས་ཀྱི་རྒྱལ་མཚན་ལེགས་པར་འཛུགས། །འགྲོ་ན་གདུགས་གཅིག་ཡངས་པ་སྟེ། །བྱམས་དང་སྙིང་རྗེའི་དཀྱིལ་འཁོར་ཅན། །དཔལ་ལྡན་པདྨ་གར་གྱི་བདག །ཁྱབ་བདག་ ཆེན་པོ་རིན་ཆེན་གདུགས། །སངས་རྒྱས་ཀུན་གྱི་གཟི་བརྗིད་ཆེ། །སངས་རྒྱས་ཀུན་གྱི་སྐུ་ འཆང་བ། །སངས་རྒྱས་ཀུན་གྱི་རྣལ་འབྱོར་ཆེ། །སངས་རྒྱས་ཀུན་གྱི་བསྟན་པ་གཅིག །རྡོ་རྗེ་ རིན་ཆེན་དབང་བསྐུར་དཔལ། །རིན་ཆེན་ཀུན་བདག་དབང་ཕྱུག་སྟེ། །འཇིག་རྟེན་དབང་ ཕྱུག་ཀུན་གྱི་བདག །རྡོ་རྗེ་འཆང་བ་ཀུན་གྱི་རྗེ། །སངས་རྒྱས་ཀུན་གྱི་ཐུགས་ཆེ་བ། །སངས་ རྒྱས་ཀུན་གྱི་ཐུགས་ལ་གནས། །སངས་རྒྱས་ཀུན་གྱི་སྐུ་ཆེ་བ། །སངས་རྒྱས་ཀུན་གྱི་གསུང་ ཡང་ཡིན། །རྡོ་རྗེ་ཉི་མ་སྣང་བ་ཆེ། །རྡོ་རྗེ་ཟླ་བ་དྲི་མེད་འོད། །ཆགས་བྲལ་ལ་སོགས་ཆགས་ 8-1-246 པ་ཆེ། །ཁ་དོག་སྣ་ཚོགས་འབར་བའི་འོད། །རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས། །སངས་ རྒྱས་འགྲོ་བའི་ཆོས་འཛིན་པ། །དཔལ་ལྡན་སངས་རྒྱས་པདྨ་སྐྱེས། །ཀུན་མཁྱེ ན་ཡེ་ཤེས་ མཛོད་འཛིན་པ། །རྒྱལ་པོ་སྒྱུ་འཕྲུལ་སྣ་ཚོགས་འཆང༌། །ཆེ་བ་སངས་རྒྱས་རིགས་སྔགས་ འཆང༌། །རྡོ་རྗེ་རྣོན་པོ་རལ་གྲི་ཆེ། །ཡི་གེ་མཆོག་སྟེ་རྣམ་པར་དག །ཐེག་པ་ཆེན་པོའི་སྡུག་ བསྔལ་གཅོད། །མཚོན་ཆ་ཆེན་པོ་རྡོ་རྗེ་ཆོས། །རྡོ་རྗེ་ཟབ་མོ་ཛི་ན་ཛིག །རྡོ་རྗེ་བློ་གྲོས་དོན་ བཞིན་རིག །ཕ་རོལ་ཕྱིན་པ་ཀུན་རྫོགས་པ། །ས་རྣམས་ཀུན་གྱི་རྒྱན་དང་ལྡན། །རྣམ་པར་ དག་པ་བདག་མེད་ཆོས། །ཡང་དག་ཡེ་ཤེས་ཟླ་འོད་བཟང༌། །བརྩོན་ཆེན་སྒྱུ་འཕྲུལ་དྲྭ་བ་སྟེ། །རྒྱུད་ཀུན་གྱི་ནི་བདག་པོ་མཆོག །རྡོ་རྗེ་གདན་ནི་མ་ལུས་ལྡན། །ཡེ་ཤེས་སྐུ་རྣམས་མ་ལུས་ འཆང༌། །ཀུན་ཏུ་བཟང་པོ་བློ་གྲོས་བཟང༌། །ས་ཡི་སྙིང་པོ་འགྲོ་བ་འཛིན། །སངས་རྒྱས་ཀུན་ གྱི་སྙིང་པོ་ཆེ། །སྤྲུལ་པའི་འཁོར་ལོ་སྣ་ཚོགས་འཆང༌། །དངོས་པོ་ཀུན་གྱི་རང་བཞིན་མཆོག །དངོས་པོ་ཀུན་གྱི་རང་བཞིན་འཛིན། །སྐྱེ་མེད་ཆོས་དེ་སྣ་ཚོགས་དོན། །ཆོས་ཀུན་ངོ་བོ་ཉིད་ འཆང་བ། །ཤེས་རབ་ཆེན་པོས་སྐད་ཅིག་ལ། །ཆོས་ཀུན་ཁོང་དུ་ཆུད་པ་འཆང༌། །ཆོས་ཀུན་ མངོན་པར་རྟོགས་པ་སྟེ། །ཐུབ་པ་བློ་མཆོག་འབྱུང་བའི་མཐའ། །མི་གཡོ་རབ་ཏུ་དང་པའི་ བདག །རྫོགས་པའི་སངས་རྒྱས་བྱང་ཆུབ་འཆང༌། །སངས་རྒྱས་ཀུན་གྱིས་མངོན་སུམ་པ། །ཡེ་ཤེས་མེ་ལྕེ་འོད་རབ་གསལ། །འདོད་པའི་དོན་གྲུབ་དམ་པ་སྟེ། །ངན་སོང་ཐམས་ཅད་ རྣམ་སྦྱོང་བའི། །མགོན་པོ་སེམས་ཅན་ཀུན་གྱི་མཆོག །སེམས་ཅན་ཐམས་ཅད་རབ་གྲོལ་ བྱེད། །ཉོན་མོངས་གཡུལ་དུ་གཅིག་དཔའ་བ། །མི་ཤེས་དགྲ་ཡི་དྲེགས་པ་འཇོམས། །བློ་ལྡན་ སྒེག་འཆང་དཔལ་དང་ལྡན། །བརྟན་པོ་མི་སྡུག་གཟུགས་འཆང་བ། །ལག་པ་བརྒྱ་བོ་ཀུན་ བསྐྱོད་ཅིང༌། །གོམ་པའི་སྟབས་ཀྱིས་གར་བྱེད་པ། །དཔལ་ལྡན་ལག་པ་བརྒྱས་གང་ལ། །ནམ་མཁའ་ཁྱབ་པར་གར་བྱེད་པ། །ས་ཡི་དཀྱིལ་འཁོར་བཞི་ཡི་ཁྱོ ན། །རྐང་པ་ཡ་གཅིག་ 8-1-247 མཐིལ་གྱིས་གནོན། །རྐང་མཐེབ་སེན་མོའི་ཁྱོ ན་གྱིས་ཀྱང༌། །ཚངས་པའི་ཡུལ་ས་རྩེ་ནས་ གནོན། །དོན་གཅིག་གཉིས་མེད་ཆོས་ཀྱི་དོན། །དམ་པའི་དོན་ནི་འཇིགས་པ་མེད། །རྣམ་ རིག་སྣ་ཚོགས་གཟུགས་དོན་ཅན། །སེམས་དང་རྣམ་ཤེས་རྒྱུད་དང་ལྡན། །དངོས་དོན་མ་ ལུས་རྣམས་ལ་དགའ། །སྟོང་པ་ཉིད་དགའ་འདོད་ཆགས་བློ། །སྲིད་པའི་འདོད་ཆགས་སོགས་ སྤངས་པ། །སྲིད་གསུམ་དགའ་བ་ཆེན་པོ་སྟེ། །སྤྲིན་དཀར་དག་པ་བཞིན་དུ་དཀར། །འོད་ བཟང་སྟོན་ཀའི་ཟླ་བའི་འོད། །ཉི་མ་འཆར་ཀའི་དཀྱིལ་ལྟར་མཛེས། །སེན་མོའི་འོད་ནི་ཤས་ ཆེར་དམར། །ཅོད་པན་བཟང་པོ་མཐོན་ཀའི་རྩེ། །སྐྲ་མཆོག་མཐོན་ཀ་ཆེན་པོ་འཆང༌། །ནོར་ བུ་ཆེན་པོ་འོད་ཆགས་དཔལ། །སངས་རྒྱས་སྤྲུལ་བའི་རྒྱན་དང་ལྡན། །འཇིག་རྟེན་ཁམས་ བརྒྱ་ཀུན་བསྐྱོད་པ། །རྫུ་འཕྲུལ་རྐང་བའི་སྟོབས་ཆེན་ལྡན། །དེ་ཉིད་དྲན་པ་ཆེན་པོ་འཆང༌། །དྲན་པ་བཞི་པོ་ཏིང་འཛིན་རྒྱལ། །བྱང་ཆུབ་ཡན་ལག་མེ་ཏོག་སྤོས། །དེ་བཞིན་གཤེགས་ པའི་ཡོན་ཏན་མཚོ། །ལམ་གྱི་ཡན་ལག་བརྒྱད་ཚུལ་རིག །ཡང་དག་སངས་རྒྱས་ལམ་རིག་ པ། །སེམས་ཅན་ཀུན་ལ་ཤས་ཆེར་ཆགས། །ནམ་མཁའ་ལྟ་བུར་ཆགས་པ་མེད། །སེམས་ ཅན་ཀུན་གྱི་ཡིད་ལ་འཇུག །སེམས་ཅན་ཀུན་གྱི་ཡིད་ལྟར་མགྱོགས། །སེམས་ཅན་ཀུན་གྱི་ དབང་དོན་ཤེས། །སེམས་ཅན་ཀུན་གྱི་ཡིད་འཕྲོག་པ། །ཕུང་པོ་ལྔ་དོན་དེ་ཉིད་ཤེས། །རྣམ་ དག་ཕུང་པོ་ལྔ་འཆང་བ། །ངེས་འབྱུང་ཀུན་གྱི་མཐའ་ལ་གནས། །ངེས་པར་འབྱུང་བ་ཀུན་ལ་ མཁས། །ངེས་འབྱུང་ཀུན་གྱི་ལམ་ལ་གནས། །ངེས་པར་འབྱུང་བ་ཀུན་སྟོན་པ། །ཡན་ལག་ བཅུ་གཉིས་སྲིད་རྩ་བཏོན། །དག་པ་རྣམ་པ་བཅུ་གཉིས་འཆང༌། །བདེན་བཞིའི་ཚུལ་གྱི་རྣམ་ པ་ཅན། །ཤེས་པ་བརྒྱད་པོ་རྟོགས་པ་འཆང༌། །བདེན་དོན་རྣམ་པ་བཅུ་གཉིས་ལྡན། །དེ་ཉིད་ རྣམ་པ་བཅུ་དྲུག་རིག །རྣམ་པ་ཉི་ཤུས་བྱང་ཆུབ་པ། །རྣམ་པར་སངས་རྒྱས་ཀུན་རིག་མཆོག །སངས་རྒྱས་ཀུན་གྱི་སྤྲུལ་པའི་སྐུ། །བྱེ་བ་དཔག་མེད་འགྱེད་པ་པོ། །སྐད་གཅིག་ཐམས་ཅད་ 8-1-248 མངོན་པར་རྟོགས། །སེམས་ཀྱི་སྐད་ཅིག་དོན་ཀུན་རིག །ཐེག་པ་སྣ་ཚོགས་ཐབས་ཚུལ་གྱིས། །འགྲོ་བའི་དོན་ལ་རྟོགས་པ་པོ། །ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་ བུར་གནས། །ཉོན་མོངས་ཁམས་རྣམས་དག་པའི་བདག །ལས་ཀྱི་ཁམས་རྣམས་ཟད་བྱེད་ པ། །ཆུ་བོ་རྒྱ་མཚོ་ཀུན་ལས་བརྒལ། །སྦྱོར་བའི་དགོན་པ་ལས་བྱུང་བ། །ཉོན་མོངས་ཉེ་བའི་ ཀུན་ཉོན་མོངས། །བག་ཆགས་བཅས་པ་གཏན་སྤངས་པ། །སྙིང་རྗེ་ཆེན་པོ་ཤེས་རབ་ཐབས། །དོན་ཡོད་འགྲོ་བའི་དོན་བྱེད་པ། །འདུ་ཤེས་ཀུན་གྱི་དོན་སྤངས་ཤིང༌། །རྣམ་ཤེས་དོན་ནི་ འགག་པར་བྱེད། །སེམས་ཅན་ཀུན་ཡིད་ཡུལ་དང་ལྡན། །སེམས་ཅན་ཀུན་གྱི་ཡིད་རིག་པ། །སེམས་ཅན་ཀུན་གྱི་ཡིད་ལ་གནས། །དེ་དག་སེམས་དང་མཐུན་པར་འཇུག །སེམས་ཅན་ ཀུན་ཡིད་ཚིམ་པར་བྱེད། །སེམས་ཅན་ཀུན་གྱི་ཡིད་དགའ་བ། །གྲུབ་པ་མཐར་ཕྱིན་འཁྲུལ་བ་ མེད། །ནོར་པ་ཐམས་ཅད་རྣམ་པར་སྤངས། །དོན་གསུམ་ཐེ་ཚོམ་མེད་པའི་བློ། །ཀུན་དོན་ ཡོན་ཏན་གསུམ་གྱི་བདག །ཕུང་པོ་ལྔ་དོན་དུས་གསུམ་དུ། །སྐད་ཅིག་ཐམས་ཅད་བྱེ་བྲག་ ཕྱེད། །སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །སངས་རྒྱས་ཀུན་གྱི་རང་བཞིན་འཆང༌། །ལུས་མེད་ལུས་ཏེ་ལུས་ཀྱི་མཆོག །ལུས་ཀྱི་མཐའ་ནི་རྟོགས་པ་པོ། །གཟུགས་རྣམས་སྣ་ ཚོགས་ཀུན་ཏུ་སྟོན། །ནོར་བུ་ཆེན་པོ་རིན་ཆེན་ཏོག །སངས་རྒྱས་ཀུན་གྱིས་རྟོགས་བྱ་བ། །སངས་རྒྱས་བྱང་ཆུབ་བླ་ན་མེད། །གསང་སྔགས་ལས་བྱུང་ཡི་གེ་མེད། །གསང་སྔགས་ཆེན་ པོ་རིགས་གསུམ་པ། །གསང་སྔགས་དོན་ཀུན་བསྐྱེད་པ་པོ། །ཐིག་ལེ་ཆེན་པོ་ཡི་གེ་མེད། །སྟོང་པ་ཆེན་པོ་ཡི་གེ་ལྔ། །ཐིག་ལེ་སྟོང་པ་ཡི་གེ་བརྒྱ། །རྣམ་པ་ཀུན་ལྡན་རྣམ་པ་མེད། །བཅུ་ དྲུག་ཕྱེད་ཕྱེད་ཐིག་ལེ་ཅན། །ཡན་ལག་མེད་པའི་རྩིས་ལས་འདས། །བསམ་གཏན་བཞི་པའི་ རྩེ་མོ་ཅན། །བསམ་གཏན་ཡན་ལག་ཀུན་ཤེས་ཤིང༌། །ཏིང་འཛིན་རིག་དང་རྒྱུད་རིག་པ། །ཏིང་འཛིན་ལུས་ཅན་ལུས་ཀྱི་མཆོག །ལོངས་སྤྱོད་རྫོགས་སྐུ་ཀུན་གྱི་རྒྱལ། །སྤྲུལ་པའི་སྐུ་སྟེ་ 8-1-249 སྐུ་ཡི་མཆོག །སངས་རྒྱས་སྤྲུལ་པའི་རྒྱུད་འཆང་བ། །ཕྱོགས་བཅུར་སྤྲུལ་པ་སྣ་ཚོགས་འགྱེད། །ཇི་བཞིན་འགྲོ་བའི་དོན་བྱེད་པ། །ལྷ་དང་ལྷ་དབང་ལྷ་ཡི་ལྷ། །ལྷ་ཡི་དབང་པོ་ལྷ་ཡི་བདག །འཆི་མེད་དབང་པོ་ལྷ་ཡི་བླ། །འཇོམས་བྱེད་འཇོམས་བྱེད་དབང་ཕྱུག་པོ། །སྲིད་པའི་དགོན་ པ་ལས་བརྒལ་བ། །སྟོན་པ་གཅིག་པུ་འགྲོ་བའི་བླ། །འཇིག་རྟེན་ཕྱོགས་བཅུར་རབ་གྲགས་ པ། །ཆོས་ཀྱི་སྦྱིན་བདག་ཆེ་བ་པོ། །བྱམས་པའི་གོ་ཆ་ཆས་པ་སྟེ། །སྙིང་རྗེ་ཡི་ནི་ཡ་ལད་ བགོས། །ཤེས་རབ་རལ་གྲི་མདའ་གཞུ་ཐོགས། །ཉོན་མོངས་མི་ཤེས་གཡུལ་ངོ་སེལ། །དཔའ་ བོ་བདུད་དགྲ་བདུད་འདུལ་བ། །བདུད་བཞིའི་འཇིགས་པ་སེལ་བར་བྱེད། །བདུད་ཀྱི་དཔུང་ རྣམས་ཕམ་བྱེད་པ། །རྫོགས་པའི་སངས་རྒྱས་འཇིག་རྟེན་འདྲེན། །མཆོད་འོས་བསྟོད་འོས་ ཕྱག་གི་གནས། །རྟག་ཏུ་རི་མོར་བྱ་བའི་འོས། །བཀུར་འོས་བརྗེད་པར་བྱ་བའི་མཆོག །ཕྱག་ བྱར་འོས་པ་བླ་མའི་རབ། །འཇིག་རྟེན་གསུམ་པོ་གོམ་གཅིག་བགྲོད། །མཁའ་ལྟར་མཐའ་ མེད་རྣམ་པར་གནོན། །གསུམ་རིག་གཙང་མ་དག་པ་སྟེ། །མངོན་ཤེས་དྲུག་ལྡན་རྗེས་དྲན་ དྲུག །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། །རྫུ་འཕྲུལ་ཆེན་པོས་འཇིག་རྟེན་འདས། །ཤེས་རབ་ཕ་རོལ་ཕྱིན་པའི་མཐའ། །ཤེས་རབ་ཀྱིས་ནི་དེ་ཉིད་ཐོབ། །བདག་རིགས་གཞན་ རིག་ཐམས་ཅད་པ། །ཀུན་ལ་ཕན་པའི་གང་ཟག་མཆོག །དཔེར་བྱ་ཀུན་ལས་འདས་པ་སྟེ། །ཤེས་དང་ཤེས་བྱའི་བདག་པོ་མཆོག །གཙོ་བོ་ཆོས་ཀྱི་སྦྱིན་བདག་སྟེ། །ཕྱག་རྒྱ་བཞི་པོའི་ དོན་སྟོན་པ། །འགྲོ་བའི་བསྙེན་བཀུར་གནས་ཀྱི་མཆོག །ངེས་འབྱུང་གསུམ་པོ་བགྲོད་རྣམས་ ཀྱི། །དོན་གྱི་དམ་པ་རྣམ་དག་དཔལ། །འཇིག་རྟེན་གསུམ་ན་སྐལ་བཟང་ཆེ། །དཔལ་ལྡན་ འབྱོར་བ་ཀུན་བྱེད་པ། །འཇམ་དཔལ་དཔལ་དང་ལྡན་པའི་མཆོག །མཆོག་སྦྱིན་རྡོ་རྗེ་མཆོག་ ཁྱོ ད་འདུད། །ཡང་དག་མཐར་གྱུར་ཁྱོ ད་ལ་འདུད། །སྟོང་ཉིད་ལས་བྱུང་ཁྱོ ད་ལ་འདུད། །སངས་རྒྱས་བྱང་ཆུབ་ཁྱོ ད་ལ་འདུད། །སངས་རྒྱས་ཆགས་པ་ཁྱོ ད་ལ་འདུད། །སངས་རྒྱས་ 8-1-250 འདོད་ལ་ཕྱག་འཚལ་འདུད། །སངས་རྒྱས་དགྱེས་པ་ཁྱོད་ལ་འདུད། །སངས་རྒྱས་རོལ་ལ་ ཕྱག་འཚལ་འདུད། །སངས་རྒྱས་འཛུམ་པ་ཁྱོ ད་ལ་འདུད། །སངས་རྒྱས་བཞད་ལ་ཕྱག་ འཚལ་འདུད། །སངས་རྒྱས་གསུང་ཉིད་ཁྱོ ད་ལ་འདུད། །སངས་རྒྱས་ཐུགས་ལ་ཕྱག་འཚལ་ འདུད། །མེད་པ་ལས་བྱུང་ཁྱོ ད་ལ་འདུད། །སངས་རྒྱས་འབྱུང་བ་ཁྱོ ད་ལ་འདུད། །ནམ་མཁའ་ ལས་བྱུང་ཁྱོ ད་ལ་འདུད། །ཡེ་ཤེས་ལས་བྱུང་ཁྱོ ད་ལ་འདུད། །སྒྱུ་འཕྲུལ་དྲྭ་བ་ཁྱོ ད་ལ་འདུད། །སངས་རྒྱས་རོལ་སྟོན་ཁྱོ ད་ལ་འདུད། །ཐམས་ཅད་ཐམས་ཅད་ཁྱོ ད་ལ་འདུད། །ཡེ་ཤེས་སྐུ་ ཉིད་ཁྱོ ད་ལ་འདུད། །ༀ་སརྦ་དྷརྨཱ་ཨ་བྷ་ཝ་སྭ་བྷཱ་ཝ། བི་ཤུདྡྷེ་བཛྲ་ཙཀྵུ་ཨ་ཨཱ་ཨཾ་ཨཿ པྲ་ཀྲ໏་ཏི་ པ་རི་ཤུདྡྷཿསརྦ་དྷརྨཱ་ཡ་དུ་ཏ་སརྦ་ཏ་ཐཱ་ག་ཏ། ཛྙཱ་ན་ཀཱ་ཡ་མཉྫུ་ཤྲཱི་པ་རི་ཤུདྡྷི་ཏཱ་མུ་པཱ་དཱ་ཡ་ཏི་ཨཾ་ ཨཿ སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ། ཧ་ར་ཧ་ར། ༀ་ཧཱུཾ་ཧྲཱིཿ བྷ་ག་ཝན་ཛྙཱ་ན་མུརྟྟི་ཝཱ་གཱི ་ཤྭ་ར། མ་ཧཱ་པཱ་ ཙ་སརྦ་དྷརྨ། ག་ག་ནཱ་མ་ལ་སུ་པ་རི་ཤུདྡྷཱ། དྷརྨ་དྷཱ་ཏུ་ཛྙཱ་ན་གརྦྷ་ཨཱཿ དེ་ནས་དཔལ་ལྡན་རྡོ་རྗེ་འཆང༌། །དགའ་ཞིང་མགུ་ནས་ཐལ་མོ་སྦྱར། །མགོན་པོ་བཅོམ་ ལྡན་དེ་བཞིན་གཤེགས། །རྫོགས་སངས་རྒྱས་ལ་ཕྱག་འཚལ་ནས། །དེ་ནས་མགོན་པོ་གསང་ བའི་བདག །ལག་ན་རྡོ་རྗེ་ཁྲོ་བོའི་རྒྱལ། །སྣ་ཚོགས་གཞན་དང་ལྷན་ཅིག་ཏུ། །གསང་བསྟོད་ ནས་ནི་ཚིག་འདི་གསོལ། །མགོན་པོ་བདག་ཅག་ཡི་རང་ངོ༌། །ལེགས་སོ་ལེགས་སོ་ལེགས་ པར་གསུངས། །རྣམ་གྲོལ་འབྲས་བུ་འཚལ་བ་ཡི། །འགྲོ་བ་མགོན་མེད་རྣམས་དང་ནི། །བདག་ཅག་ཡང་དག་རྫོགས་པ་ཡི། །བྱང་ཆུབ་ཐོབ་པའི་དོན་ཆེན་མཛད། །སྒྱུ་འཕྲུལ་དྲྭ་བའི་ ཚུལ་བསྟན་པ། །འདི་ནི་རྣམ་དག་ལེགས་པའི་ལམ། །ཟབ་ཅིང་ཡངས་ལ་རྒྱ་ཆེ་བ། །དོན་ཆེན་ འགྲོ་བའི་དོན་བྱེད་པ། །སངས་རྒྱས་རྣམས་ཀྱི་ཡུལ་འདི་ནི། །རྫོགས་པའི་སངས་རྒྱས་ཀུན་ གྱིས་བཤད། །བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་སེམས་དཔའི་དོན་དམ་པའི་མཚན་ ཡང་དག་པར་བརྗོད་པ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་གསུངས་ 8-1-251 པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤུད་དྷ་ཀཱ་ར་ཝཱརྨ་དང༌། ཀ་མ་ལ་གུབྟ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་རིན་ཆེན་བཟང་ པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །། ༈ མཚན་བརྗོད་བསྡུས་པ་ནི། གཤེགས་སྙིང་རིགས་འདུས་སྒྱུ་འཕྲུལ་དྲྭ་བ་ཆེ། །རྡོར་དབྱིངས་ གནས་ལུགས་ཡེ་ཤེས་རྣམ་ལྔའི་བདག །དགོངས་ཡིད་རོ་མཉམ་ངང་ནས་སྐྱབས་སུ་བསྟེན། །གློ་བུར་སྒྲིབ་ཀུན་མྱུར་ནས་དག་གྱུར་ཅིག །འདི་འབུམ་ཕྲག་དད་མོས་ཀྱིས་བཏོན་ན་གནས་ལུགས་ལ་རང་ འཚམ་གྱི་བག་ཆགས་ཉམས་མྱོང་རེ་ཡོད་སྣང་བས་མ་ཏིས་སོ།། །། དམ་པ་དང་པོའི་རྒྱུད་སྡེ་འབྱམས་ཀླས་ལས། །གཞི་དབྱིངས་ཡེ་ཤེས་ཆོས་སྐུ་གཅིག་པའི་བདག །དོན་དམ་འཇམ་དཔལ་རྡོ་ རྗེའི་མཚན་བརྗོད་འདི། །འབྲས་སྤུངས་གནས་སུ་དུས་ཀྱི་འཁོར་ལོས་བསྟན། །བརྟན་གཡོ་ཀུན་ཁྱབ་འཇམ་དབྱངས་མངོན་པའི་ ཐབས། །སྤར་དུ་བསྐྲུན་མཁན་ཡོན་ཏན་བཟང་པོ་རྗེ། །བསོད་ནམས་འདི་ཡིས་གང་སྐུ་བརྟན་པ་དང༌། །མཛད་འཕྲིན་རབ་རྒྱས་ ཡེ་གཞི་མྱུར་མངོན་ཤོག། །། 8-1-252 ༄༅། །འཕོ་བའི་ཉེར་མཁོ་བསྡུས་པ་ཞེས་བྱ་བ་ བཞུགས་སོ། ། ༄༅། །བླ་མ་ལ་ཕྱག་འཚལ་ལོ། །འདིར་ཐ་མལ་བ་དང་རྣལ་འབྱོར་པ་གང་དག་འཆི་ཁ་འཆི་བ་སོགས་སུ་ངོ་སྤྲོད་འཕོ་ བ་ཇི་ལྟར་དགོས་ཚུལ་ཀྱི་ཉེར་མཁོ་ལ། གང་ཟག་རང་ག་བ་ཡིན་ཀྱང་ཁོ་རང་ལ་ཆོས་ཀྱི་བརྡ་འཕྲོད་སླ་ཞིང་རང་ཉིད་འཆི་ཁར་ སྐྲག་འཇིགས་ཀྱི་དོགས་པ་མེད་པར་དད་གུས་ཡིད་ཆེས་དང་ལྡན་པ་ནི་དེང་དུས་ལ་ལྟོ ས་ནས་ངོ་སྤྲོད་འཕོ་འདེབས་བྱ་ཡུལ་མཆོག་ ཡིན་མོད། དེ་འདྲ་མིན་ཀྱང་དོགས་པ་དང་མི་སྤྲོ་བ་ཆེར་མེད་ཅིང་དད་མོས་ཉན་འདོད་ཅུང་ཙམ་ཡོད་པ་ཡན་ཆད་ལ་ངོ་སྤྲོད་འཕོ་ བ་ནི་གལ་ཆེ་ཞིང་མཚམས་སྦྱོར་བཟང་པོ་ཡང་དག་གི་བྱེད་རྐྱེན་ཁྱད་པར་བ་ཡིན་ཏེ། ངོ་སྤྲོད་འཕོ་འདེབས་བྱེད་པ་པོ་དང་བྱ་ཡུལ་ གྱི་ཁམས་དབང་མོས་པ་རབ་འབྲིང་ཐ་མའི་སྒོ་དང་མཐུན་པའི་ཕན་ཐོགས་དེ་ལུགས་རྟེན་འབྱུང་བསླུ་མེད་ཉིད་དུ་ངེས་པར་གྲུབ་ པས་སོ། །དེ་བས་ན་ཐ་མལ་མང་ཕྱོགས་སྨྲ་ཤེས་ཤིང་དོན་གོ་བ་ཆོས་ལ་མོས་བློ་ཡོད་པ་རྣམས་མ་ཟད་ཐ་ན་དུད་འགྲོའི་སྐྱེ་གནས་ སུ་གཏོགས་པ་ཡན་ལ་འཆི་ཁ་འཆི་བ་སོགས་ཀྱི་དུས་སུ་ངོ་སྤྲོད་འཕོ་འདེབས་ཅི་འཚམ་རྣམ་ཤེས་གནས་བཟང་པོར་སྤར་བྱེད་ཀྱི་ རྐྱེན་དུ་དཔེར་ན་གཞུ་མོར་མདའ་འཕེན་པའི་རྐྱེན་སྐྱེས་བུའི་མཐེབ་ཤེད་བཞིན་མེད་མི་རུང་བ་ལགས་ལ། ཁྱད་པར་འཕོ་འདེབས་ ཡུལ་འཆི་ལ་ཉེ་བ་དག་རང་ལ་དད་མོས་གང་ཕྱོགས་སུ་ཡོད་པའི་བླ་མ་དེ་རང་རྩར་དངོས་སུ་བཞུགས་ངེས་ཀྱི་དག་སྣང་བསྐྱེད་ དེ་དེའི་ཐུགས་ཀར་རིག་པ་འཕོ་འདུན་གྱི་རེ་འདོད་སྙིང་གཏིང་ནས་བྱེད་དུ་བཅུག་ན་ཐབས་དེ་ཤིན་ཏུ་ཟབ་པའི་གང་འདུལ་གྱི་ གནས་སྐབས་ཕན་ཐོགས་འབྱུང་བའི་སྒོ་ཁྱད་པར་བ་ཡིན་ཞིང༌། རྣལ་འབྱོར་པ་རབ་སྐུ་གྲོངས་ཁར་རང་གི་ཉམས་མྱོང་བཟང་ པོས་སེམས་ཀྱི་གནས་ལུགས་རང་ངོ་འཕྲོད་ཅིང་མྱ་ངན་ལས་འདའ་བ་ཐུགས་དམ་གྱི་དུས་སུ་གནས་ལུགས་དེའི་རང་མདངས་ ཆེར་མངོན་ཞིང་སྐུ་ཉམས་ཀྱང་གཟི་མདངས་ཀུན་ནས་རྒྱས་པ་དེ་ལྟ་བུ་ནི་བསོད་ནམས་ཞིང་མཆོག་ཆོས་ཀྱི་སྐུ་ཡིན་པས་མཐའ་ སྐོར་དུ་མཆོད་པ་ཅི་འབྱོར་བཤམ་ཞིང༌། ཤིན་ཏུ་གསང་རྒྱ་དམ་པོ་ཐུགས་དམ་མ་གྲོལ་བར་གལ་ཆེ་ཞིང་དེ་ལ་བར་ཆད་བྱས་ན་ 8-1-253 ཉེ་བའི་མཚམས་མེད་དུ་འགྱུར་བར་གོང་མ་ཆེན་པོས་གསུངས་པས་རྣལ་འབྱོར་པ་དེ་འདྲ་ལ་ངོ་སྤྲོད་འཕོ་འདེབས་མི་དགོས་ ཤིང༌། དེ་མིན་རྣལ་འབྱོར་པ་འབྲིང་ཐ་དག་ལ་གྲོངས་ཁར་ངོ་སྤྲོད་འཕོ་བ་ཅི་འཚམ་གྱིས་གསལ་འདེབས་དང་གྲོངས་པ་ཐུགས་ དམ་གྱི་དུས་སུའང་གསང་རྒྱ་བྱེད་བཞིན་ཐོག་མར་ལན་འགར་སྐད་མི་མཐོ་བར་ངོ་སྤྲོད་ཅི་འཚམ་རེ་དང་ཐུགས་དམ་གྲོལ་ལ་ཉེ་ སྐབས་ཙམ་ནས་ཐུགས་ཡིད་དབྱེར་མེད་ཀྱི་འཕོ་བ་གཟབ་ལྡན་གྲུབ་ན་རྣལ་འབྱོར་པ་དེ་ལ་འོད་གསལ་གྱི་དབྱིངས་དེར་ཐུགས་ གསལ་ཆེ་རབ་ཏུ་གྱུར་ཅིང་གནས་དག་པར་འཕོ་རྐྱེན་མཆོག་ཏུ་འགྱུར་རོ། །སྤྱིར་གཉུག་མ་རང་གསལ་གྱི་དོན་ལ་ཇི་བཞིན་མཉམ་ པར་འཇོག་ནུས་ན་གཉུག་སེམས་རང་གཤིས་ནི་དོན་དམ་ཆོས་སྐུ་བླ་མའི་ཐུགས་མཐར་ཐུག་པ་ཡེ་ནས་འཕོ་འགྱུར་མེད་ངེས་སུ་ འདུག་པས་དེ་ནི་གནས་ལུགས་དོན་གྱི་འཕོ་བ་ཁྱད་པར་དུ་འཕགས་པ་ཡིན་མོད་ཀྱང་དེ་འདྲའི་སྐལ་བ་མེད་པའི་ལས་དང་བོ་པ་ དམིགས་བཅས་མོས་སྒོམ་གྱི་མཚམས་སྦྱར་དགོས་པ་དག་གིས་དག་སྣང་མོས་ཡུལ་སྟེང་གི་ནམ་མཁར་བླ་མ་ཡི་དམ་གང་རུང་གི་ ཐུགས་ཀར་ཁོ་རང་ཚོའི་རྣམ་ཤེས་དྭངས་རིག་གི་ཆ་མར་མེ་འདྲ་བའམ་ཐིག་ལེའི་རྣམ་པར་གསལ་བཏབ་པ་དེ་ཉིད་དགོངས་ཡིད་ དབྱེར་མེད་ཀྱིས་གནས་སྤར་མོས་གུས་གསོལ་བཏབ་བཅས་འཕོ་དམིགས་སྔོན་ནས་ཡང་ཡང་སྦྱང་ཞིང་སྤྱི་བོ་སོགས་གང་བདེ་ ཞིག་ལས་རྣམ་རིག་ཐིག་ལེའི་རྣམ་པ་ཡར་ཐོན་གྱིས་སྤར་དམིགས་ཀྱི་ཞལ་ཤེས་དང་བཅས་ཁྱད་པར་འཆི་ཁ་ལ་སྦྱང་དམིགས་ དེ་ལུགས་རང་འཚམ་གྱིས་མཚམས་སྦྱར་རང་གཞན་མཐོ་དམན་ཀུན་ལ་གལ་ལྷག་པར་ཆེ་བ་ཡིན་ཏེ། རྗེ་བཙུན་རིན་པོ་ཆེས། རང་རེས་རྩ་བརྒྱུད་ཀྱི་བླ་མ་ཡི་དམ་དབྱེར་མེད་དུ་མོས་ལ། དེའང་རང་ངོ་ལ་ཅེར་རེ་བལྟས་བཞིན། ཕཊཿ ཅེས་དབྱིངས་སུ་ཆམ་ ཏེ་བསྐྱུར། སྨོན་ལམ་ཡང་ཡང་འདེབས་པ་ཉིད་གནད་ཀྱི་སྙིང་པོ་ཡིན་ནོ། །ཞེས་སོགས་གསུངས་པའི་སྒོ་ནས་དམིགས་བཅས་ དམིགས་མེད་ཀྱི་གལ་གནད་ལེགས་པར་བསྟན་པའི་ཕྱིར། དེ་ལྟར་མཆོག་དམན་གང་ཡིན་ཡང་འཆི་ཁར་བྱིན་རྟེན་ཁྱད་འཕགས་ འཐུང་བ་དང༌། འཕོ་རིལ་རྫས་སྦྱོར། མགྲོན་བུ་ཕོ་ཆེན་བསྲེགས་ཐལ། རྡོ་ཁབ་ལེན། རྒྱ་ཚྭ། ཚ་ལ། ཅུ་གང་རྣམས་ཀྱི་ཕྱེ་མ་སྦྲང་ སྨྱོན་དང་སྦྱར་བ་སྤྱི་གཙུག་ཏུ་བྱུག་ན་རྣམ་ཤེས་ཐར་བའི་སྒོར་མྱུར་འཕོས་བྱེད་ཐུབ་པ་དང༌། ཡང་སྒོས་སྔགས་ཆུའི་སྒོམ་བཟླས་ སྔོ ན་ནས་བྱེད་པར་སྤྲོ་ན། རང་ཉིད་ལྷ་མོ་ཡེ་ཤེས་དབང་ཕྱུག་མ་སྐུ་མདོག་དཀར་མོ་ཕྱག་གཡས་ ཁ་ཊྭཱཾ་ག་དང་གཡོན་ཐོད་པ་བདུད་རྩིས་གང་བ་འཛིན་པ། ཞལ་ཞི་མ་ཁྲོ་སྤྱན་གསུམ་མངའ་ བ་དབུ་སྐྲ་དམར་སེར་ཅན། སྐུ་ལ་དར་དང་རིན་པོ་ཆེ་རུས་རྒྱན་ཆ་ཚང་གིས་སྒེག་པ་མཁའ་ 8-1-254 འགྲོའི་ཆས་ཀུན་ནས་རྫོགས་པའི་བདག་ཉིད་དུ་གྱུར། པར་བསམས་ལ། བསྙེན་བསྔགས། ༀ་ཨཱ་སྭཱཧཱ། སུཾ་ཀྵུཾ་ཡུཾ་ཧཱུཾ། སྨྼྻ ུ ཾ། ཀྵྨྼྻ ུཾ། ཡྨྼྻ ུཾ། ཧྨྼྻ ཾ།ུ ཞེས་པ་འབུམ་ཕྲག་ཚད་དུ་ལོངས་པ་བྱས་ནས། རྗེས་སོར་ནམ་དགོས་འཆི་ཁར་ དམིགས་པ་དེ་ཉིད་དང་བསྙེན་སྔགས་བརྒྱ་རྩ་བཟླས་ཏེ་སྔགས་ཆུར་བསྒྲུབས་པ་དེས་བུ་ག་དགུའམ་ལྟེ་སྙིང་སྨིན་མཚམས་སོགས་ ལ་ཐིག་ལེ་ཙམ་བྱས་ཤིང་སྔགས་ཆུ་ཁོང་དུ་གཏོང་བ་བྱས་པས་ངན་སོང་གི་སྒོ་ཁེགས་པར་གསུངས་པ་ལྟར་བྱས་ནའང་ལེགས་ པའི་ཡན་ལག་ཏུ་འགྱུར་ཞིང༌། གང་ལྟར་ཡང་འཆི་ཁའི་གདམས་པ་དང་འཆི་བ་བར་དོའི་ངོ་སྤྲོད་འཕོ་བའི་རིགས་གང་དག་ནི་ཐ་ མལ་བ་ཡོངས་དང་རྣལ་འབྱོར་པ་འབྲིང་ཐ་རྣམས་ལ་དེང་དུས་སུའང་མཚམས་སྦྱར་བཟང་པོའི་བྱེད་རྐྱེན་དུ་ངེས་པར་གལ་ཆེ་བར་ མཐོང་ནས་དེ་དག་གི་ཆ་ལག་ཉེར་མཁོ་བསྡུས་པ་འདི་ཡང་རྗེ་འཇམ་མགོན་བླ་མའི་དགོངས་བཞེད་ལྟར་སྙིགས་འགྲོ་སྡུག་བསྔལ་ ལས་ཐར་ཐབས་ཀའ་བ་སྤྱི་ལ་ཕན་ཐོགས་ཀྱི་ལྷག་བློ་དང་བཅས། མ་ཏིས་སྦྱར་བ་བཞིན་ཆོས་མཆེད་དམ་པས་ཡི་གེ་པ་བགྱིས་པ་ དགེ། །། 8-1-255 ༄༅། །ཟབ་ལམ་འཕོ་བའི་མན་ངག་ཉམས་སུ་ལེན་ཚུལ་ ཕྱོགས་བསྡུས་སུ་ཉེ་བར་བཀོད་པ་ ཐར་བའི་སྒོ་འབྱེད་ཅེས་བྱ་བ་ བཞུགས་སོ། ། ༄༅། །ཁྱབ་བདག་རྡོ་རྗེ་འཆང་དང་མི་གཉིས་པའི་དཔལ་ལྡན་བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ནས། འདིར་ཟབ་ལམ་འཕོ་བའི་མན་ངག་ཉམས་སུ་ལེན་ཚུལ་ཕྱོགས་བསྡུས་སུ་འཆད་པར་བྱ་བ་སྟེ། དེ་ལ་སྦྱོར་དངོས་རྗེས་གསུམ་ ལམ། དང་པོ་ནི། རྗེ་གྲུབ་ཆེན་ཆ་ལུང་པའི་ཞལ་ནས། སྒོམ་ཡུན་ཐུང་བས་བཙན་ས་མ་ཟིན་ན། །ཟབ་ལམ་འཕོ་བའི་གནད་འདི་ ཐུགས་ལ་ཞོག །ཅེས་གསུངས་པ་ལྟར། ཡུན་རིང་པོར་ཉམས་ལེན་ལ་གནད་དུ་བསྣུན་པས་སེམས་བོགས་བསྐྱེད་ཐོན་ནས་སྒོམ་ པ་ལ་རང་དབང་ཐོབ་པ་ཆེར་མེད་ནའང་གསང་སྔགས་ཀྱི་ཉེ་ལམ་ཟབ་མོ་འཕོ་བའི་མན་ངག་ཉམས་སུ་བླངས་ན་རྟགས་མངོན་ གྱུར་འབྱུང་སླ་བ་ཕལ་ཆེ་བས་མྱོང་བ་ལ་གྲུབ་ཕྱིར་འཕོ་བའི་གདམས་པ་ལ་བརྟེན་པ་འདི་གལ་ཆེ་བ་སྟེ། དེ་ཡང་པཎ་ཆེན་ནཱ་རོ་ པས། སྒོ་བརྒྱད་འཁོར་བའི་སྐར་ཁུང་ཅན། །སྒོ་གཅིག་ཕྱག་རྒྱ་ཆེན་པོའི་སྒོ། །སྒོ་བརྒྱད་བཀག་སྟེ་སྒོ་གཅིག་ཕྱེ།། ཞེས་གསུངས་ པ་ལྟར་འཁོར་བས་བསྡུས་པའི་གདོས་བཅས་སྒྱུ་མའི་ལུས་ཡིད་མི་འོང་དང་སྡུག་བསྔལ་སྣ་ཚོགས་པས་ཀུན་ནས་དཀྲིགས་ཏེ་ མི་འདོད་པ་བརྒྱ་ཕྲག་གི་གནས་མི་གཙང་ལས་ཉོན་འཁྲུལ་བའི་གནས་ཁང་ལས་རྣམ་པར་རིག་པ་གཉུག་མ་དྭངས་པའི་ཤེས་ པ་བཙན་ཐབས་སུ་མན་ངག་ཟབ་མོས་རྒྱལ་བའི་ཐུགས་ཀར་འཕོ་བྱེད་ཀྱི་ཐབས་རང་ལུས་གདོས་བཅས་འདིའི་འོག་དང་ཐད་ ཀྱི་བུ་ག་རྣམས་སུ་ནམ་ཞིག་ཤི་བའི་རྣམ་ཤེས་ཐོན་པ་བཀག་སྟེ་སྤྱི་བོ་བདེ་བ་ཆེན་པོའི་ཚངས་བུག་ཏུ་ཐོན་པར་བྱས་ཏེ་རྒྱལ་བའི་ ཐུགས་དབྱིངས་སུ་སྤར་དགོས་པས་ད་སྐབས་དེ་ལུགས་ལྟར་གྱི་ལས་ལ་སྦྱར་ཏེ་སྒོམ་པར་བྱེད་པ་ལ། ཐོག་མར་སེམས་རྣལ་དུ་ 8-1-256 ཕབ་ནས་འདི་སྣང་གི་ཆོས་མཐའ་དག་བདེན་པར་མེད་པའི་ཚུལ་ལ་ངེས་པ་དྲངས། ཁྱད་པར་འཁོར་བའི་ལུས་སེམས་འདི་ག་མི་ གཙང་ལས་ཉོན་གྱི་འཁྲུལ་སྣང་ཡིད་མི་འོང་གི་གནས་སུ་བལྟས་ཏེ་དེ་ལས་ངེས་པར་འབྱུང་འདོད་ཀྱི་བསམ་པ་ཤུགས་དྲག་པ་དང་ བླ་མ་སངས་རྒྱས་ཀུན་འདུས་སུ་མཐོང་བའི་སྒོ་ནས་ལེགས་ཉེས་ཅི་བྱུང་ཁྱེད་ཤེས་ཀྱི་བསམ་པ་གཅིག་གྲིལ་དང་ཁྱད་པར་བླ་མ་ སངས་རྒྱས་དངོས་ཀྱི་ཐུགས་ཀར་རིག་པ་སྐད་ཅིག་ལ་འཕོ་འདུན་གྱི་དོན་གཉེར་མི་ལྷོད་པའི་བསམ་པ་དང་བཅས་ཏེ་འཕོ་གནས་ གདོས་བཅས་དག་སྣང་འོད་ལུས་སུ་གསལ་བ་དང། འཕོ་བྱ་དྲན་རིག་གཉུག་སེམས་དྭངས་རིག་ཏུ་གསལ་བ་དང། འཕོ་ཡུལ་བླ་ མ་སངས་རྒྱས་ཀུན་དངོས་སུ་གསལ་བའི་དྲན་འདུན་ཡེངས་མེད་ཀྱི་ཚུལ་ལ་བློས་གཞིག་འགྲེལ་ལེགས་པར་བཏང་བ་ནི་སྔོན་དུ་ འགྲོ་བའི་སྦྱོར་བའོ། ། གཉིས་པ་དངོས་གཞི་ལ། དེ་དངོས་དང། འཕྲོས་དོན་གཉིས་ལས། དང་པོ་ལ། རྡོ་རྗེ་འཆང་ལ་བརྟེན་པ་དང། འོད་དཔག་ མེད་ལ་བརྟེན་པ་དང༌། ལྷ་གཞན་ལ་བརྟེན་པ་གསུམ་ལས། དང་པོ་ལ། རྩ་དང་བརྟེན་ཡུལ་བསྐྱེད་པ། མོས་གུས་གསོལ་བཏབ་ ཀྱིས་གནས་སྤར་བ། རིགས་དྲུག་གིས་འཕོ་བ་འདེབས་པ་དང་གསུམ་ལས། དང་པོ་ནི། འདི་སྐད་དོ། །སྐད་ཅིག་རང་ལུས་ཐ་མལ་སྣང་བ་སྤངས། །དག་པ་འོད་ལུས་ཕྱི་ གསལ་ནང་གསལ་དབུས། །ཨ་ཝ་དྷཱུ་ཏཱི་སྔོ ན་པོ་མདའ་སྨྱུག་ཙམ། །ཤེལ་གྱི་སྦུ་གུ་ལྟ་བུ་སྲོག་ ཤིང་ཚུལ། །མས་སྣ་ལྟེ ་འོག་ཟུག་ཅིང་ཁ་ཟུམ་པ། །ཡས་སྣ་སྤྱི་བོར་ཟུག་ནས་ཁ་ཕྱེ་བ། །སྙིང་ གའི་ཐད་ཀྱི་དབུ་མའི་ནང་དབུས་སུ། །གཉུག་སེམས་ངོ་བོ་ཐིག་ལེ་རྒྱ་སྲན་ཙམ། །འོད་ཟེར་ ལྔ་ལྡན་འདར་ལ་འཕར་བའི་ཚུལ། །མདུན་གྱི་ནམ་མཁར་འཇའ་སྤྲིན་འཁྲིགས་པའི་སྦུབས། །སེང་ཁྲི་པདྨ་ཉི་ཟླ་སྒྲ་གཅན་སྟེང༌། །རྩ་བའི་བླ་མ་རྡོ་རྗེ་འཆང་གི་སྐུ། །མཐོན་མཐིང་ཨིནྟྲ་ ནི་ལའི་རི་དབང་ལ། །ཉི་ཟེར་འབུམ་གྱི་འོད་མདངས་བཀྲ་བ་ལྟར། །མཐིང་སྔོ ན་འོད་ཟེར་ འབར་བའི་ཡེ་ཤེས་སྐུ། །མཚན་དཔེས་རབ་མཛེས་ལོངས་སྤྱོད་ཆས་ཀྱིས་བརྒྱན། །ཕྱག་ཟུང་ རྡོར་དྲིལ་ཞབས་གཉིས་སྐྱིལ་ཀྲུང་བཞུགས། །མཐའ་བསྐོར་བརྒྱུད་པའི་བླ་མའི་ཚོགས་དང་ བཅས། །རྒྱལ་ཀུན་ཡེ་ཤེས་རང་གཟུགས་མཁྱེ ན་བརྩེའི་གཏེར། །གང་ལ་མོས་གུས་གདུང་ 8-1-257 བས་གསོལ་བ་འདེབས། ། གཉིས་པ་ལ་རྡོ་རྗེ་འཆང་ལ་མོས་གུས་གསོལ་བཏབ་ཀྱིས་སྤར་བ་དང། བརྒྱུད་པའི་བླ་མ་བཅས་ལ་མོས་གུས་གསོལ་ བཏབ་ཀྱིས་སྤར་བ་གཉིས་ལས། དང་པོ་ནི། ཨེ་མ་ཧོ། དབྱིངས་དག་པ་ཆོས་སྐུའི་ནམ་མཁའ་ལ། །སྐུ་ སྒྱུ་འཕྲུལ་དྲ་བའི་རོལ་གར་མཁན། །ཞིང་རབ་འབྱམས་ཀུན་ཏུ་ཡོངས་ཁྱབ་པ། །ཕ་བླ་མ་རྡོ་ རྗེ་འཆང་ཆེན་པོ། །སེམས་མོས་གུས་གདུང་བས་གསོལ་འདེབས་ན། །གནས་རྣམ་སྨིན་ཕུང་ པོའི་སྦུབས་རྒྱ་ནས། །མདངས་རིག་པ་དྭངས་མ་གཉུག་མའི་སེམས། །ཕ་བླ་མའི་ཐུགས་ཀར་ འཕོ་བར་མཛོད། །སྐུ་མཚན་དཔེའི་མེ་ཏོག་གསར་བ་བཞད། །ངོ་མཚར་བའི་འོད་ཕུང་དབུས་ ན་འགྱིང༌། །ལྷ་དཀྱིལ་འཁོར་རབ་འབྱམས་སྤྲོ་ཞིང་སྡུད། །རིགས་ཀུན་གྱི་ཁྱབ་བདག་རྡོ་རྗེ་ འཆང། །སེམས་མོས༴ སོགས་འགྲེས། ཐུགས་ཡེ་ཤེས་མཆོག་གི་རང་སྣང་ལས། །གསུང་འགག་ མེད་ཚངས་པའི་ང་རོའི་དབྱངས། །མ་འགྲོ་ཀུན་འདྲེན་པའི་མཛད་བཟང་ཅན། །ཕ་གསུང་གི་ དབང་ཕྱུག་རྡོ་རྗེ་འཆང༌། །སེམས་མོས་གུས༴ དབྱིངས་དྲི་མེད་མཁྱེ ན་མཆོག་ཞི་བའི་དཔལ། །སྤྲོས་ཚོགས་ཀྱི་མཚན་མས་མ་གོས་པར། །ཆོས་ཀུན་གྱི་དེ་ཉིད་གཟིགས་མཛད་པ། །རྗེ་ ཆོས་ཀྱི་སྐུ་མཆོག་རྡོ་རྗེ་འཆང། །སེམས་མོས༴ མགོན་གསང་གསུམ་གྱི་མཛད་པ་ཕ་མཐའ་ ཡས། །མ་ཉམ་ཐག་གི་འགྲོ་བ་འདྲེན་པའི་སྐྱབས། །ཐུགས་མཁྱེ ན་བརྩེ་ནུས་པའི་གཏེར་ཆེན་ པོ། །ཕ་འགྲོ་བའི་སྐྱབས་གཅིག་རྡོ་རྗེ་འཆང། །སེམས་མོས༴ གང་འདུལ་གྱི་འགྲོ་བ་མཐའ་ དག་ལ། །ཁྱེ ད་ཐུགས་རྗེ་དུས་ལས་ཡོལ་མི་སྲིད། །གཡེལ་མེད་ཀྱི་ཕྲིན་ལས་འཇུག་པ་ཅན། །སྐྱབས་མཚུངས་པ་མེད་པའི་རྡོ་རྗེ་འཆང། །སེམས་མོས༴ དག་མ་དག་ཞིང་དུ་སྒྱུ་མའི་སྐུ། །ཁམས་དབང་པོ་འཚམ་པའི་ཆོས་གསུངས་པ། །སྡུག་སྲིད་པར་འཁྱམས་ལ་གཟིགས་པའི་ མགོན། །མ་འགྲོ་བའི་མགོན་པོ་རྡོ་རྗེ་འཆང༌། །སེམས་མོས༴ མགོན་ཁྱེ ད་ལས་རེ་ས་གཞན་ ན་མེད། །ཕ་སངས་རྒྱས་ཀུན་འདུས་བཀའ་དྲིན་ཅན། །ཐུགས་བྱིན་རླབས་སྣང་བའི་དགའ་ 8-1-258 སྟོན་གྱིས། །བུའི་རིག་པ་ཆོས་སྐུར་གྲོལ་བར་མཛོད། །ཕ་ཀུན་ཁྱབ་ཀྱི་ཐུགས་མཆོག་ཆོས་ཀྱི་ དབྱིངས། །དབྱིངས་སྐྱེ་བ་མེད་པའི་ཀློང་ཡངས་སུ། །རང་སེམས་ཀྱི་ངོ་བོ་ཐིག་ལེའི་གཟུགས། །གཤིས་མ་འགགས་དྭངས་པའི་དབྱིངས་སུ་ཐིམ། །ཞེས་སྟེང་རླུང་རང་ཤུགས་ཀྱིས་འབྱུང་འཇུག་གི་མཐར་ ཅུང་ཙམ་གནོན་བཞིན་འོག་རླུང་རིམ་པས་ཤུགས་ཅུང་དྲག་པར་འཐེན་པའི་ངང་ནས་རང་སེམས་གཉུག་མའི་ཤེས་པའི་ངོ་བོ་ ཐིག་ལེ་དེ་རིམ་གྱིས་སྐར་མདའ་ཆད་པ་ལྟར་དབུ་མའི་ལམ་བརྒྱུད་དེ་ཡར་ལ་སོང་བ་དེ་བླ་མའི་ཐུགས་ཀར་ཐིམ་ཞིང་ཐུགས་ཡིད་ དབྱེར་མེད་དུ་གྱུར་པར་མོས་དགོས་ཏེ། ཕཊ་ཀྱི་སྒྲ་ཆུང་འབྲིང་ཆེ་གསུམ་གྱི་རིམ་པས་དང་པོས་ཐིག་ལེ་དེ་སྙིང་ག་ནས་ཡར་དྲངས་ དེ་སྤྱི་བོར་སླེ བས། གཉིས་པས་དེ་བླ་མའི་ཐུགས་ཀར་ཐིམ། གསུམ་པས་ཐུགས་ཡིད་དབྱེར་མེད་རོ་མཉམ་ཆེན་པོར་བསྲེས་ནས་ མཉམ་པར་བཞག་གོ ། གཉིས་པ་རྡོ་རྗེ་འཆང་བརྒྱུད་པའི་བླ་མ་བཅས་ལ་མོས་གུས་གསོལ་བཏབ་ཀྱིས་སྤར་བ་ནི། རང་ལུས་ནང་ཨ་ཝ་ དྷཱུ་ཏཱིའི་དབུས། །ཧཱུཾ་སྔོ ན་པོ་མགོ་བོ་གྱེན་བསྟན་དང། །སྤྱི་བོའི་ནང་ཧཾ་དཀར་མགོ་ཐུར་བསྟན། །ལྟེ ་བ་རུ་ཨཿདམར་གྱེན་བསྟན་དུ། །སེམས་སྣང་གསུམ་ངོ་བོར་ལྷག་གེར་གསལ། ། ན་མོ་གུ་རུ་བྷྱཿ དཔལ་རིགས་ཀུན་འདུས་པའི་བདག་ཉིད་རྗེ། །གནས་འོག་མིན་ཞིང་ གི་གཙོ་བོ་མཆོག །ལྷ་ཁ་སྦྱོར་བདུན་གྱི་དབང་ཕྱུག་ཆེ། །མགོན་རྒྱལ་བ་རྡོ་རྗེ་འཆང་དབང་ ལ། །སེམས་མོས་གུས་གདུང་བས་གསོལ་འདེབས་ན། །གནས་རྣམ་སྨིན་ཕུང་པོའི་སྦུབས་ རྒྱ་ནས། །མདངས་རིག་པ་དྭངས་མ་གཉུག་མའི་སེམས། །ཕ་བླ་མའི་ཐུགས་ཀར་འཕོ་བར་ མཛོད། །ཐུགས་བདེ་སྟོང་ཡེ་ཤེས་རང་མདངས་ལས། །རྣམ་ཀུན་གྱི་མཆོག་ལྡན་སྟོང་པའི་ གཟུགས། །དཔལ་སྒྱུ་འཕྲུལ་དྲ་བའི་རོལ་པ་འཛིན། །དཀྱིལ་འཁོར་གྱི་ཁྱབ་བདག་དུས་ འཁོར་ལོ། །སེམས་མོས༴ སྐུ་གསེར་མདོག་མཚན་དཔེའི་མེ་ཏོག་གསལ། །གསུང་ཚངས་ དབྱངས་སྐལ་བཟང་རྣ་བའི་དཔྱིད། །ཐུགས་རྣམ་ཀུན་མཁྱེ ན་པའི་ཡེ་ཤེས་ཅན། །མགོན་ བསྟན་པའི་བདག་པོ་ཤཱཀྱའི་རྒྱལ། །སེམས་མོས༴ མགོན་ས་བཅུའི་དབང་ཕྱུག་སྒྱུ་མའི་ 8-1-259 འཕྲུལ། །རྗེ་མི་བདག་ཆོས་རྒྱལ་རིགས་ལྡན་ཚུལ། །ཆོས་གསང་ཆེན་རྒྱ་མཚོའི་མཛོད་འཆང་ བ། །ཀ་ལཱ་པའི་གཙོ་མཆོག་འགྲོ་འདྲེན་དཔལ། །སེམས་མོས༴ འཇམ་དབྱངས་ཀྱིས་རྗེས་ བཟུང་དུས་ཞབས་པ། །རྫུ་འཕྲུལ་གྱི་མཛད་བཟང་ངོ་མཚར་བས། །དཔལ་དང་པོའི་རྒྱུད་སྡེའི་ མཛོད་ཕྱེ་བ། །མགོན་འཇམ་པའི་རྡོ་རྗེ་སྐལ་བཟང་གཉེན། །སེམས་མོས༴ རྗེ་དེ་ཡི་ཐུགས་ སྲས་སྔགས་ཀྱི་བདག །མགོན་དུས་ཞབས་ཆུང་བ་མཁས་གྲུབ་ཕུལ། །བླ་མེད་ཀྱི་ཐེག་པ་ གསལ་མཛད་པ། །གསང་ཆེན་གྱི་མཛོད་བརྙེས་དཔལ་བཟང་པོ། །སེམས་མོས༴ རླུང་སེམས་ ལ་དབང་འབྱོར་ཏིང་འཛིན་གྱིས། །ལས་བཞི་ཡི་ཕྲིན་ལས་རབ་འབྱམས་མཛད། །ངོ་མཚར་ གྱི་བཀོད་པ་སྟོན་པའི་བདག །མགོན་རྒྱལ་བའི་སྲས་པོ་བྱང་ཆུབ་བཟང༌། །སེམས་མོས༴ སྲོག་འཛིན་གྱི་ཡེ་ཤེས་མཐར་ཕྱིན་ཅིང༌། །ཟབ་དོན་གྱི་མན་ངག་རྒྱ་མཚོའི་བདག །ཡང་དག་ པའི་སྐུ་ལུས་མཆོག་བརྙེས་པ། །ཁ་ཆེའི་པཎྜི་ཏ་ཟླ་བ་མགོན། །སེམས་མོས༴ སྐད་གཉིས་ཀྱི་ སྨྲ་མཁས་འཇིག་རྟེན་མིག །རྗེ་པཎ་ཆེན་མཆོག་གི་རྡོ་རྗེའི་ཚིག །དེ་ལེགས་པར་བཀྲོལ་བའི་ བཀའ་དྲིན་ཅན། །འགྲོ་སྟོན་པ་ལོ་ཙཱ་ཤེས་རབ་གྲགས། །སེམས་མོས༴ མཐུ་ཆེན་ཀུན་བཀའ་ ཡིས་དམ་ལ་བཞག །རྫུ་འཕྲུལ་ལ་ཐོགས་པ་མི་མངའ་ཞིང༌། །གསོ་དཔྱད་ཀྱིས་འགྲོ་ཕན་ སྤེལ་བའི་གཉེན། །སྐྱབས་ལྷ་རྗེ་སྒོམ་པ་དཀོན་མཆོག་སྲུང༌། །སེམས་མོས༴ ཡི་དམ་གྱི་ལྷ་ ཞལ་མང་པོ་མཇལ། །མངོན་ཤེས་ཀྱིས་ལེགས་ཉེས་ཇི་བཞིན་གཟིགས། །ཐུགས་བཞེད་ཀུན་ མ་དང་མཁའ་འགྲོས་སྒྲུབ། །རྗེ་སྒྲོ་སྟོན་གནམ་བརྩེགས་འགྲོ་བའི་མགོན། །སེམས་མོས༴ སྣ་ ཚོགས་སུ་སྤྲུལ་བསྒྱུར་དུ་མ་མཛད། །ངོ་མཚར་གྱི་མཛད་པ་ལུས་ལ་དབང༌། །གྲུབ་དབང་གི་ མཚན་སྙན་ཡོངས་རྒྱས་པ། །ཡུ་མོ་པ་མི་བསྐྱོད་རྡོ་རྗེའི་ཞབས། །སེམས་མོས༴ གྲུབ་ཆེན་གྱི་ སྲས་མཆོག་ངོ་མཚར་ཅན། །མདོ་སྔགས་ཀྱི་དགོངས་དོན་ཐུགས་སུ་ཆུད། །འཇམ་དཔལ་གྱི་ སྤྲུལ་པར་རབ་བསྔགས་པ། །རྗེ་ཆོས་ཀྱི་དབང་ཕྱུག་མཁྱེན་སྤྱན་ལྡན། །སེམས་མོས༴ མདོ་ 8-1-260 སྔགས་ཀྱི་དོན་ལ་མཁྱེ ན་པ་རྒྱས། །ལྷ་རྡོ་རྗེ་ཕག་མོའི་ཞལ་གཟིགས་ཤིང༌། །དབྱངས་ཅན་གྱི་ ལྷ་མོས་རྗེས་བཟུང་བ། །དཔལ་མཁས་པ་ནམ་མཁའ་འོད་ཟེར་རྗེ། །སེམས་མོས༴ གནས་ ལུགས་ཀྱི་ཡེ་ཤེས་མཆོག་དང་ལྡན། །མཐུ་ནུས་ཀྱིས་ཞི་དྲག་གང་དགོས་འགྲུབ། །གྲུབ་རྟགས་ ཀྱིས་འགྲན་ཟླ་བྲལ་བའི་མ། །ལྕམ་ཡེ་ཤེས་མཁའ་འགྲོ་ཇོ་འབུམ་རྗེ། །སེམས་མོས༴ གསང་ སྔགས་ཀྱི་ཉམས་རྟོགས་ཀློང་ནས་རྡོལ། །མཁྱེ ན་རབ་ཀྱིས་རྒྱུད་སྡེའི་དགོངས་དོན་རྟོགས། །ཐུགས་མངོན་ཤེས་མཆོག་གིས་ལྐོག་གྱུར་གཟིགས། །སེ་མོ་ཆེ་གྲུབ་ཐོབ་ནམ་མཁའི་མཚན། །སེམས་མོས༴ དཔལ་ཕྱག་ན་རྡོ་རྗེའི་རྣལ་འབྱོར་པ། །རིག་སྔགས་ཀྱི་ནུས་མཐུ་དཔག་མེད་ མངའ། །བཤད་སྒྲུབ་ཀྱིས་གསང་སྔགས་བསྟན་པ་སྤེལ། །ཆོས་རྗེ་འཇམ་གསར་བ་ཤེས་རབ་ འོད། །སེམས་མོས༴ དོན་དམ་གྱི་ཆོས་སྐུའི་རང་ཞལ་མཇལ། །མདོ་སྔགས་ཀྱི་གཞུང་དོན་ ཀུན་ཆུབ་ཅིང༌། །མ་རིག་པའི་རྨོངས་མུན་རབ་ཞི་བ། །དཔལ་ཀུན་མཁྱེ ན་ཆོས་སྐུ་འོད་ཟེར་ ཆེ། །སེམས་མོས༴ སྲོག་རྩོལ་གྱི་མན་ངག་འཕྲུལ་བཟང་གིས། །རླུང་འབྱུང་བ་ལྔ་ཀ་སྟོབས་ སུ་གྱུར། །དགེ་ལེགས་ཀྱི་མཚན་མ་ལེགས་མངའ་བའི། །ཀུན་སྤངས་པ་ཐུགས་རྗེ་བརྩོན་ འགྲུས་མཆོག །སེམས་མོས༴ གཡོ་མེད་ཀྱི་ཏིང་འཛིན་མཆོག་གི་ངང༌། །གདུལ་བྱ་ཀུན་ཡང་ དག་ལམ་དུ་བཙུད། །ཐུགས་སྙིང་རྗེ་ཆེན་པོའི་རང་བཞིན་ཅན། །རྗེ་རྒྱལ་བ་ཡེ་ཤེས་བྱང་ སེམས་ཆེ། །སེམས་མོས༴ སྐུ་བཙུན་པ་རབ་ཀྱི་མཐར་ཐུག་པ། །ཚུལ་ཁྲིམས་ཀྱི་དྲི་བསུང་རྒྱ་ ཆེར་འཕྲོ། །གསང་སྔགས་ཀྱི་མངོན་རྟོགས་མཐར་ཕྱིན་པ། །མཁས་བཙུན་གྱི་ཡོན་ཏན་རྒྱ་ མཚོའི་བདག །སེམས་མོས༴ དུས་གསུམ་གྱི་སངས་རྒྱས་ཀུན་འདུས་དངོས། །རིགས་ལྡན་ གྱི་སྤྲུལ་པའི་ཚུལ་འཛིན་པ། །གསང་སྔགས་ཀྱི་ཡོན་ཏན་ཟད་མེད་ཀློང༌། །མཚན་ཀུན་མཁྱེ ན་ ཤེས་རབ་རྒྱལ་མཚན་དཔལ། །སེམས་མོས༴ མདོ་སྔགས་ཀྱི་དགོངས་དོན་གཏིང་དཔོག་སྟེ། །བཤད་སྒྲུབ་ཀྱིས་ངེས་དོན་བསྟན་པ་བསྐྱངས། །རང་གཞན་གྱི་དོན་གཉིས་མཆོག་མངའ་བ། 8-1-261 །རྗེ་ཕྱོགས་ལས་རྣམ་རྒྱལ་འགྲོ་བའི་མགོན། །སེམས་མོས༴ དྲི་མེད་ལུང་རིགས་ཀྱི་དབང་ཕྱུག་ ཆེ། །གསང་ཆེན་གྱི་ཉམས་བཟང་ཡོངས་རྒྱས་པ། །མཁས་དབང་བྱེ་བ་ཡི་གཙུག་ནོར་མཆོག །ཉ་དབོན་མཚུངས་བྲལ་གྱི་ཀུན་དགའ་དཔལ། །སེམས་མོས༴ དབང་ལུང་གདམས་ངག་གི་ མཛོད་འཆང་བ། །ཐུགས་དབེན་པར་སྒྲུབ་ལ་རྟག་ཏུ་གཞོལ། །འགྲོ་ལ་ཀུན་ཕན་གྱི་མཛད་ ཕྲིན་ཅན། །རྗེ་གྲུབ་ཆེན་ཀུན་དགའ་བློ་གྲོས་མཆོག །སེམས་མོས༴ རླུང་རྡོ་རྗེའི་བཟླས་པ་ དབང་འབྱོར་ཞིང། །འབད་མེད་ཀྱིས་གནོད་པ་ཀུན་བཟློག་ནས། །གསང་སྔགས་ཀྱི་ཉམས་ བཟང་སྤེལ་མཛད་པ། །རྗེ་འཇམ་དབྱངས་དཀོན་མཆོག་བཟང་པོའི་མཚན། །སེམས་མོས༴ ངེས་དོན་གྱི་ལྟ་བ་ཐུགས་ལ་འཁྲུངས། །གསང་ཆེན་གྱི་རྟོགས་པ་མཆོག་ཏུ་རྒྱས། །སྔགས་ རྒྱུད་ཀྱི་དགོངས་དོན་མངོན་བྱས་པ། །མཁས་གྲུབ་ཀྱི་དབང་པོ་ཆོས་སྐྱོང་མཚན། །སེམས་ མོས༴ མཁས་བཙུན་བཟང་གསུམ་གྱི་ཕུལ་དུ་ཕྱིན། །གཞུང་ལུགས་རིན་ཆེན་གྱི་བང་མཛོད་ འཛིན། །ཟབ་མོའི་ལམ་མཆོག་གིས་མངོན་མཛེས་པ། །རྗེ་པཎ་ཆེན་ནམ་མཁའ་དཔལ་ བཟང་པོ། །སེམས་མོས༴ ཆོས་དོན་ཀྱི་རྨོངས་པ་རབ་བསལ་ཞིང། །གངས་ཅན་གྱི་འགྲོ་ བློའི་དཔལ་གྱུར་པ། །རྗེ་སྐད་གཉིས་སྨྲ་བའི་དབང་པོ་མཆོག །ལོ་ཆེན་གྱི་མཚན་འཆང་རིན་ ཆེན་བཟང༌། །སེམས་མོས༴ སྒྲུབ་བརྒྱུད་ཀྱི་བསྟན་པའི་མཛོད་ཆེན་འཛིན། །ལུང་རྟོགས་ཀྱི་ ཡོན་ཏན་མཆོག་རྒྱས་པ། །དཔལ་ཀུན་ཏུ་དགའ་བའི་རྣམ་གྲོལ་རྗེ། །འཇམ་མགོན་གྱི་བླ་མ་ མཆོག་གྱུར་པ། །སེམས་མོས༴ གདམས་ངག་རིན་ཆེན་གྱི་གཏེར་གྱུར་ཞིང༌། །ངོ་མཚར་ཡོན་ ཏན་གྱིས་མངོན་བརྗིད་པ། །རྣམ་མང་འགྲོ་འདྲེན་གྱི་དཔལ་གྱུར་པའི། །མཁན་ཆེན་ལུང་རིག་ གི་མཚན་མཆོག་ཅན། །སེམས་མོས༴ གསང་ཆེན་མཐའ་དག་གི་ཆོས་ཀྱི་མཛོད། །འགྲོ་ཀུན་ དགའ་མཛད་ཀྱི་སྙིང་པོ་མཆོག །ངེས་དོན་ཟབ་གསང་གི་བསྟན་པའི་གཉེན། །འཇམ་མགོན་ མཚུངས་བྲལ་གྱི་བླ་མ་རྗེ། །སེམས་མོས༴ གང་དེའི་གདམས་ངག་གི་མཛོད་གཅིག་པུ། །རྒྱལ་ 8-1-262 ཚབ་སྒྲུབ་བརྒྱུད་ཀྱི་བསྟན་པའི་གཙོ། །ངོ་མཚར་ཡོན་ཏན་གྱི་ཕུང་པོ་ཅན། །རྗེ་རིན་ཆེན་རྒྱ་ མཚོ་འགྲོ་བའི་མགོན། །སེམས་མོས༴ མཁས་ཤིང་གྲུབ་བརྙེས་ཀྱི་སྐྱེས་བུ་མཆོག །མདོ་ སྔགས་ཆོས་ཀུན་ལ་བློ་གྲོས་རྒྱས། །མི་མཐུན་ཉེས་ཚོགས་ལས་རྣམ་རྒྱལ་བ། །དཔལ་ལྡན་ ཐབས་མཁས་ཀྱི་མཛད་པ་ཅན། །སེམས་མོས༴ གྲུབ་པའི་དབང་ཕྱུག་གི་མཚན་སྙན་རྒྱས། །རྒྱ་ཆེན་ཡོན་ཏན་གྱིས་ཀུན་ནས་མཛེས། །ངག་གི་དབང་ཕྱུག་གི་ཕྲིན་ལས་ཅན། །མཚན་མཆོག་དོན་ལྡན་གྱི་དམ་པ་མཆོག །སེམས་ མོས༴ གང་དེའི་ཕྲིན་ལས་ཀྱི་དཔལ་གྱུར་པ། །ཟབ་ཆོས་ཡོན་ཏན་གྱི་མངའ་བདག་རྗེ། །ངེས་དོན་བསྟན་པ་ཡི་རྩ་ལག་མཆོག །རྗེ་ངག་དབང་རྣམ་རྒྱལ་འགྲོ་བའི་མགོན། །སེམས་ མོས༴ ཟབ་ལམ་གྱི་རྒྱུན་བཟང་སྤེལ་བྱེད་ཅིང༌། །གཞན་ཕན་ལ་ཐུགས་མཆོག་གཞོལ་བའི་ བཤེས། །རྗེ་བཀའ་དྲིན་གསུམ་ལྡན་དམ་པ་མཆོག །མཁས་བཙུན་དར་རྒྱས་ཀྱི་མཚན་འཆང་ བ། །སེམས་མོས༴ གཞན་དོན་ལ་རླབས་ཆེན་མཐུ་ལྡན་ཞིང༌། །འགྲོ་ཁམས་ལ་ཐུགས་རྗེའི་ བརྩེ་བ་ཅན། །སྐལ་ལྡན་གྱི་གདུལ་བྱ་ཡོངས་ཀྱི་མགོན། །རྗེ་ཀུན་བཟང་ཕྲིན་ལས་རྣམ་རྒྱལ་ མཚན། །སེམས་མོས༴ ཐོས་བསམ་སྒོམ་གསུམ་གྱིས་སྒྲུབ་ལ་གཞོལ། །ནང་རྟོགས་ཡོན་ ཏན་གྱི་དཔལ་མངའ་བ། །མཐུ་ནུས་ཕུལ་བྱུང་གི་མཛད་པ་ཅན། །རྗེ་དམ་པ་ལྷུན་གྲུབ་རྒྱ་ མཚོའི་ཞབས། །སེམས་མོས༴ ངེས་དོན་གྱི་ཟབ་ལམ་རྩེ་གཅིག་སྒྲུབ། །གཞན་དོན་གྱི་མཛད་ ཕྲིན་ཡོངས་རྒྱས་པ། །ངོ་མཚར་བའི་རྣམ་དཀར་བསྐྲུན་པའི་གཉེན། །མགོན་དཀོན་མཆོག་ འཇིགས་མེད་རྣམ་རྒྱལ་མཚན། །སེམས་མོས༴ དབང་ལུང་གདམས་ངག་གི་བཅུད་བསྡུས་ ནས། །སྐལ་བཟང་སྐྱེ་དགུ་ཀུན་ཚིམ་བྱས་ཏེ། །འགྲོ་ལ་ཡོན་ཏན་གྱི་སྒོར་གྱུར་པ། །རྗེ་ངག་ དབང་ཆོས་འཕེལ་བཀའ་དྲིན་ཅན། །སེམས་མོས༴ ལམ་བཟང་རིན་ཆེན་གྱི་བརྒྱུད་འཛིན་ པ། །ཉམས་རྟོགས་ཡོན་ཏན་ལ་མངའ་དབང་བྱས། །མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་ 8-1-263 མཆོག །རྗེ་ངག་དབང་ཆོས་ཀྱི་འཕགས་པའི་མཚན། །སེམས་མོས༴ ཟབ་ལམ་མངོན་རྟོགས་ ཀྱིས་ནང་བཅུད་རྒྱས། །རྟོགས་ལྡན་འཁྲུལ་ཞིག་གི་མཛད་སྤྱོད་འཆང༌། །སྒྲུབ་བརྒྱུད་ཟབ་ ཆོས་ཀྱི་བརྒྱུད་འཛིན་མཆོག །ཀུན་དགའ་དཔལ་ལྡན་གྱི་མཚན་རབ་ཅན། །སེམས་མོས༴ དབང་ལུང་མན་ངག་གི་ཟབ་ཆོས་ཀྱིས། །སྐལ་ལྡན་གདུལ་བྱ་ལ་ཕན་བདེ་སྟེར། །ངེས་དོན་ བསྟན་པ་ཡི་རྩ་ལག་མཆོག །ངག་དབང་ཆོས་འབྱོར་གྱི་དབང་ཕྱུག་རྗེ། །སེམས་མོས༴ འོད་ གསལ་གནས་ལུགས་ཀྱི་དེ་ཉིད་གཟིགས། །དག་སྣང་ཡེ་ཤེས་ཀྱི་དགའ་སྟོན་མྱོང༌། །ངེས་པ་ དོན་དམ་གྱི་བླ་མ་རྗེ། །ཀུན་དགའ་མཁས་གྲུབ་ཀྱི་དབང་པོ་མཆོག །སེམས་མོས༴ བདེ་ཆེན་ ལྷན་སྐྱེས་ཀྱི་རང་མདངས་ལས། །སྟོང་གཟུགས་སྒྱུ་འཕྲུལ་གྱི་འཁོར་ལོར་གཟིགས། །ཀུན་ ཁྱབ་བརྩེ་ཆེན་གྱི་བྱམས་པ་ཅན། །འགྲོ་འདྲེན་བསྟན་འཛིན་གྱི་གྲགས་པའི་མཚན། །སེམས་ མོས༴ བསྐྱེད་རྫོགས་ཡོན་ཏན་གྱི་དཔལ་དང་ལྡན། །ཉམས་མྱོང་མཛད་བཟང་གི་རྒྱུན་སྐྱོང་ བ། །དབང་ལུང་མན་ངག་གིས་གདུལ་བྱ་འདྲེན། །བསྟན་པ་གསལ་བྱེད་ཀྱི་དགེ་བའི་བཤེས། །སེམས་མོས༴ རིམ་གཉིས་ཉམས་བཟང་གིས་ནང་བཅུད་རྒྱས། །གནས་ལུགས་འོད་གསལ་ གྱི་དོན་ལ་འབྱོར། །བྱིན་རླབས་དོན་བརྒྱུད་ཀྱི་འདྲེན་པ་མཆོག །རྡོ་རྗེ་བཟང་པོ་ཡི་མཚན་ འཆང་བ། །སེམས་མོས༴ རང་ལ་སངས་རྒྱས་ལས་བཀའ་དྲིན་ཅན། །གདམས་བཟང་ཡིད་ བཞིན་གྱི་གཏེར་ཁ་ཕྱེས། །ཡང་དག་ཆོས་ལམ་གྱི་དེད་དཔོན་མཆོག །རྩབའི་བླ་མ་རྗེ་སངས་ རྒྱས་དངོས། །སེམས་མོས་གུས་གདུང་བས༴ སོགས་འགྲེས་སོ། །ཞེས་པའི་མཐར་ཡང་གོང་བཞིན་ དམིགས་པ་གསལ་བའི་ངང་ནས་སྲོག་ཐུར་མནན་འཐེན་གྱིས་སྟེང་འོག་གི་ཧཾ་ཨཿགཉིས་སྙིང་ ཁའི་ཧཱུཾ་ལ་ཐིམ་ཞིང་ཧཱུཾ་དེ་ཡང་ཐིག་ལེ་ཁྲ་བོ་རྒྱ་སྲན་ཙམ་འདར་འཕྲུག་འཕར་བའི་ཚུལ་དུ་ མོས་ནས་དེ་གོང་ལྟར་ཕཊ་སྒྲ་ལན་གསུམ་གྱིས་སྤར་བར་བྱའོ། ། གསུམ་པ་རིགས་དྲུག་གིས་འཕོ་བ་འདེབས་པ་ནི། རང་སྐད་ཅིག་གིས་ཡི་དམ་དུས་འཁོར་ལོ། །སྐུ་ 8-1-264 མཐིང་སྔོ ན་འོད་ཟེར་གྱི་ཕུང་པོ་ཅན། །ཞབས་བཞེངས་སྟབས་ཀྱིས་གཡས་དམར་གཡོན་ དཀར་བ། །སྟག་ཤམ་དང་དར་སོགས་ཀྱི་ན་བཟའ་ཅན། །ཕྱག་ཟུང་ལྡན་གྱིས་ཐུགས་ཀར་ རྡོར་དྲིལ་བསྣོ ལ། །ཞལ་ཁྲོ་ཆགས་རྣམ་འདྲེས་ཀྱི་ཉམས་བཟང་ཅན། །རྩ་ཨ་ཝ་དྷུ་ཏཱི་ཡི་འཁོར་ དྲུག་དབུས། །དཔལ་རྒྱལ་བ་རིགས་དྲུག་གི་ལྷ་བཞུགས་པ། །ཁམས་དྲུག་ལྡན་གྱི་གཉུག་ སེམས་རང་གི་རྩལ། །བདག་རང་གི་སྤྱི་བོར་ཡང་རྡོར་འཆང་བཞུགས། །མགོན་སངས་རྒྱས་ ཀུན་འདུས་ཀྱི་ཐུགས་རྗེ་ཅན། །སེམས་མོས་གུས་གདུང་ཤུགས་ཀྱིས་གསོལ་བ་འདེབས། ། གནས་གསང་བ་བདེ་སྐྱོང་གི་འཁོར་ལོ་ན། །ལྷ་ཡེ་ཤེས་ཀྱི་ཁམས་ལས་ཤར་བའི་སྐུ། །དཔལ་རྡོར་སེམས་ཀྱི་མཛེས་གཟུགས་འོད་གསལ་བ། །སེམས་ཆོས་ཉིད་ཀྱི་རིགས་ཁམས་ ཚུལ་དུ་བཞུགས། །གཉུག་སེམས་ཀྱི་དྭངས་མ་ཡི་ལྷ་སྐུ་དེ། །རྩ་དྷཱུ་ཏཱི་ཡི་ལམ་བཟང་ལ་བརྒྱུད་ ནས། །སྐྱབས་ཀུན་འདུས་ཀྱི་རྒྱལ་བའི་ཐུགས་ཀར་འཕོས། །མདངས་དབྱེར་མེད་པ་རོ་ མཉམ་ཆེན་པོའི་ངང༌། །ཕཊ་སྒྲ་ལན་གསུམ་གྱིས་དབྱིངས་རིག་བསྲེ། གནས་ལྟེ ་བ་འཕྲུལ་ཆེན་གྱི་འཁོར་ ལོ་ན། །ལྷ་ས་ཁམས་ཀྱི་དྭངས་མ་ཤར་བའི་སྐུ། །དཔལ་རྣམ་པར་སྣང་མཛད་ཀྱི་གཟུགས་ ཆེན་པོ། །སེམས་གདོད་མ་རང་བཞིན་གྱི་གནས་ལུགས་ཆེ། །གཉུག་སེམས་ཀྱི་དྭངས་མ༴ སོགས་ཚིགས་རྐང་བཞི་འགྲེས་ཏེ་ཕཊ་སྒྲ་བྱ་བའི་བར་གོང་བཞིན། གནས་སྙིང་ཁ་ཆོས་ཉིད་ཀྱི་འཁོར་ལོ་ན། །ལྷ་རླུངུ་ཁམསུ་ཀྱི་དྭངས་མ་ཤར་བའི་སྐུ། །དཔལ་དོན་ཡོད་གྲུབ་པ་ཡི་གཟུགས་ཆེན་པོ། །སེམས་གདོད་མ་རང་བཞིན་གྱི་གནས་ལུགས་ཆེ། །གཉུག་སེམས་ཀྱི་དྭངས་མ༴ སོགས་གོང་ བཞིན། གནས་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ན། །ལྷ་མེ་ཁམས་ཀྱི་དྭངས་མ་ཤར་བའི་སྐུ། །དཔལ་རིན་ཆེན་འབྱུང་ལྡན་གྱི་གཟུགས་ཆེན་པོ། །སེམས་གདོད་མ་རང་བཞིན་གྱི་གནས་ ལུགས་ཆེ། །གཉུག་སེམས་ཀྱི་དྭངས་མ༴ སོགས་གོང་བཞིན། གནས་སྤྱི་བོར་བདེ་ཆེན་གྱི་འཁོར་ ལོ་ན། །ལྷ་ཆུ་ཁམས་ཀྱི་དྭངས་མ་ཤར་བའི་སྐུ། །དཔལ་སྣང་བ་མཐའ་ཡས་ཀྱི་གཟུགས་ཆེན་ 8-1-265 པོ། །སེམས་གདོད་མ་རང་བཞིན་གྱི་གནས་ལུགས་ཆེ། །གཉུག་སེམས་ཀྱི་དྭངས་མ༴ སོགས་ གོང་བཞིན། གནས་གཙུག་ཏོར་སྟོང་ཆེན་གྱི་འཁོར་ལོ་ན། །ལྷ་མཁའ་ཁམས་ཀྱི་དྭངས་མ་ཤར་ བའི་སྐུ། །དཔལ་མི་བསྐྱོད་ཀྱི་རྒྱལ་པོའི་གཟུགས་ཆེན་པོ། །སེམས་གདོད་མ་རང་བཞིན་གྱི་ གནས་ལུགས་ཆེ། །གཉུག་སེམས་ཀྱི་དྭངས་མ༴ སོགས་ཚིགས་རྐང་བཞི་ཡང་འགྲེས་ཏེ་ཕཊ་སྒྲ་གསུམ་གྱིས་ དབྱིངས་རིག་བསྲེ་བའི་བར་གོང་བཞིན་ལ་འདི་སྐབས་རིགས་དྲུག་ལས་རང་རང་གི་འོག་མ་རྣམས་སྟེང་མ་དག་གིས་གོ་མི་བཀག་ པར་ཤད་ཀྱིས་སྤྱི་བོའི་བླ་མའི་ཐུགས་ཀར་སྤར་ནས་དབྱིངས་རིག་བསྲེ་བའམ་འོག་མ་རང་རང་གི་གོང་མའི་ཐུགས་ཀར་སྤོས་ནས་ རིམ་པས་བསྲེ་བ་གང་ལྟར་བྱས་ན་དོན་གནད་གཅིག་ཅིང༌། ཤད་སྤོ་དཀྱུས་ལྟར་ལས་རིམ་སྤོ་བྱེད་ན་འགྲེས་རྐང་སྔ་མ་རྣམས་ ཀྱི་སྐྱབས་ཀུན་འདུས་ཞེས་པ་རང་རིགས་འདུས་ཞེས་འདོན་པ་བསྒྱུར་ལ་ཕྱི་མའི་ཚིག་རང་སོར་བཞག་ནས་ཕཊ་ སྒྲའི་ཚབ་ཧིག་སྒྲས་བྱས་ཀྱང་ཆོག དམིགས་པའི་སྐབས་འཁོར་ལོ་དྲུག་ཏུ་ཐོག་མ་ནས་རིགས་དྲུག་ཀ་གསལ་བའམ་རང་ཐད་ རིམ་པར་གསལ་བ་གང་བྱས་ཀྱང་འདྲ་རིགས་དྲུག་གི་ལྷ་རང་འཚམ་དང་མཐུན་པར་ཞལ་གཅིག་ཕྱག་གཉིས་ཁམས་དྲུག་གི་རང་ མདོག་དབུ་ལ་ཐོར་ཚུགས་ཅན་རྒྱན་གོས་སྤངས་པ་རང་རིགས་ཀྱི་ཕྱག་རྒྱ་བཅས་སྐྱིལ་ཀྲུང་གིས་བཞུགས་པ་རེ་གསལ་བཏབ་ལ། ཡར་སྤོ་བའི་ཚེ་སྤོ་བྱའི་ལྷ་སྐུ་རང་གི་སྐུ་ཚད་ལས་ཆུང་བར་གྱུར་པའི་སྒོ་ནས་གནས་གོང་མའི་ལྷ་སྐུའི་ཐུགས་ཀར་རིམ་སྤོའམ་སྤྱི་ བོའི་བླ་མའི་ཐུགས་ཀར་ཤད་སྤོ་གང་རུང་བྱ་དགོས་ཤིང༌། ལྷ་སྐུ་གསལ་མི་ཐེབ་ན་ཐིག་ལེ་ཁམས་དྲུག་རང་མདོག་རེ་གསལ་ནས་ ཡར་སྤོའི་དུས་སུ་གོང་མའི་ཐིག་ལེ་ལ་ཐིམ་པའམ་བླ་མའི་ཐུགས་ཀར་ཐིམ་པ་གང་བདེ་བྱ་དགོས་པས་དེ་ལུགས་ལྟར་ན་རྩ་བསྐྱེད་ སྐབས་འཁོར་དྲུག་དབུས། །དཔལ་རིགས་དྲུག་གི་ངོ་བོའི་ཐིག་ལེ་གསལ། །ཁམས་དྲུག་ལྡན་ སོགས་ནས་ཁམས་ལས་ཤར་བའི་སྐུ། །ཞེས་པར་ཤར་བ་ཡི། །ཞེས་བསྒྱུར་བ་གོང་འོག་རྣམས་ལ་འདྲ་ཞིང༌། མཛེས་གཟུགས་ཅེས་པར། བདག་ཉིད་ཅེས་དང་གཟུགས་ཆེན་པོ། །ཞེས་པ་རྣམས་ལ། བདག་ཉིད་ཅན། །ཞེས་འདོན་པ་བསྒྱུར། འགྲེས་རྐང་སྔ་མ་རྣམས་ཀྱི་ཚིགས་རྐང་དང་པོའི། ལྷ་སྐུ་ཞེས་པ་ལ་ཐིག་ལེ་ཅེས་དང༌། གསུམ་པའི་ དོད་དུ་གནས་གོང་མའི་ཐིག་ལེ་དང་གཅིག་ཏུ་འདྲེས། །ཅེས་བསྒྱུར་ལ། འགྲེས་རྐང་ཕྱི་མའི་དུས་ཚིགས་རྐང་ གསུམ་པ་རང་སོར་དཀྱུས་ལྟར་འཇོག་གོ ། 8-1-266 གཉིས་པ་འོད་དཔག་མེད་ལ་བརྟེན་པ་ལ། རྩ་དང་བརྟེན་ཡུལ་བསྐྱེད་པ། གསོལ་བཏབ་ཀྱིས་གནས་སྤར་བ་གཉིས་ལས། དང་བོ་ནི། སྐད་ཅིག་རང་གནས་དག་པ་བདེ་ཆེན་ཞིང༌། །དེ་དབུས་ངོ་མཚར་གཞལ་མེད་ཕོ་བྲང་ ནང༌། །པད་ཟླའི་གདན་ལ་རང་ཉིད་འཇིག་རྟེན་མགོན། །འོད་དཀར་དྭངས་མའི་ཕུང་པོ་ཉིད་ དུ་གསལ། །ལུས་ནང་ཨ་ཝ་དྷཱུ་ཏཱི་ཤེལ་སྦུག་ལྟར། །མས་སྣ་ལྟེ་བ་ཡས་སྣེ ་སྤྱི་བོའི་བར། །མས་ ཁ་ཟུམ་ཞིང་ཡས་སྣེ ་མཐོངས་ལྟར་ཕྱེ། །སྙིང་དབུས་རང་སེམས་ཐིག་ལེ་འོད་ལྔ་འབར། །སྤྱི་ བོའི་སྟེང་མཁར་རྨ་བྱས་བཏེགས་པའི་ཁྲིར། །བླ་མའི་ངོ་བོ་རྒྱལ་བ་འོད་དཔག་མེད། །མཆོག་ གི་སྤྲུལ་སྐུ་ཚངས་པར་སྤྱོད་པའི་ཚུལ། །རྒྱལ་སྲས་ཐུ་བོ་གཉིས་སོགས་བརྒྱུད་པའི་བསྐོར། ། གཉིས་པ་གསོལ་བཏབ་ཀྱིས་སྤར་བ་ལ། འོད་དཔག་མེད་ཉིད་ལ་དང༌། བརྒྱུད་རིམ་བཅས་ལ་གསོལ་བཏབ་ཀྱིས་གནས་ སྤར་ཚུལ་གཉིས་ལས་དང་པོ་ནི། ཨེ་མ་ཧོ། གནས་དག་པ་བདེ་ཆེན་ཞིང་གི་གཙོ། །མགོན་རྫོགས་པའི་ སངས་རྒྱས་འོད་དཔག་མེད། །འགྲོ་ཀུན་གྱི་སྐྱབས་གཅིག་ཐུགས་རྗེ་ཅན། །ལྷ་འདྲེན་མཆོག་ མཚུངས་མེད་རིན་པོ་ཆེ། །སེམས་མོས་གུས་གདུང་བས་གསོལ་འདེབས་ན། །གནས་རྣམ་སྨིན་ ཕུང་པོའི་སྦུབས་རྒྱ་ནས། །མདངས་རིག་པ་དྭངས་མ་གཉུག་མའི་སེམས། །ཕ་བླ་མའི་ཐུགས་ ཀར་འཕོ་བར་མཛོད། །འབད་རྩོལ་ཀུན་བྲལ་གྱི་སྐུ་གཅིག་གིས། །རིགས་དང་སྤྱོད་ལམ་ཀུན་ ཡོངས་རྫོགས་པས། །མཁའ་མཉམ་གདུལ་ཞིང་གི་རེ་སྐོང་བ། །འདྲེན་པ་མཆོག་རྒྱལ་བ་འོད་ དཔག་མེད། །སེམས་མོས་གུས༴ སོགས། ལྷ་ཡི་རྔ་བཞིན་དུ་རྟོག་བྲལ་ཡང༌། །དྲུག་ཅུའི་སྙན་ འཇེབས་ཀྱི་ཚངས་དབྱངས་ཀྱིས། །ཟབ་དང་རྒྱ་ཆེ་བའི་ཆོས་དོན་ཀུན། །ཇི་བཞིན་གསལ་ མཛད་ཀྱི་སྟོན་པ་མཆོག །སེམས་མོས་གུས༴ སོགས། སྟོབས་དང་མངོན་ཤེས་སོགས་ཡོན་ཏན་ སྒོ། །མ་ལུས་ཡོངས་རྫོགས་ཀྱི་མཁྱེ ན་པ་རྒྱས། །ཡེ་ཤེས་ཆོས་ཀུན་གྱི་གཟིགས་པ་པོ། །ཀུན་ གཟིགས་སངས་རྒྱས་ཀྱི་མཛད་བཟང་ཅན། །སེམས་མོས་གུས༴ སོགས། གསང་གསུམ་ཡོན་ ཏན་གྱི་ཕ་མཐའ་བྲལ། །མ་ལུས་འགྲོ་བ་ལ་རྗེས་བརྩེ་ཅན། །ལྷ་མི་མཐའ་དག་གི་འདྲེན་པའི་ 8-1-267 གཙོ། །ནམ་ཡང་བསླུ་མེད་ཀྱི་མགོན་གཅིག་པུ། །སེམས་མོས༴ སོགས། གདུལ་བྱའི་ཁམས་ དབང་བཞིན་མཛད་པ་སྟོན། །དུས་ལས་མི་ཡོལ་བའི་བདག་ཉིད་ཅན། །རྒྱ་ཆེན་མཛད་ཕྲིན་ གྱི་འཁོར་ལོའི་བདག །སྤངས་རྟོགས་མཐར་ཕྱིན་གྱི་འགྲོ་བའི་མགོན། །སེམས་མོས༴ སོགས། མ་ལུས་ཆོས་ཚུལ་གྱི་དེ་ཉིད་མཁྱེ ན། །མཐའ་ཡས་འགྲོ་བ་ལ་བརྩེ་བས་གཟིགས། །ཉམ་ཐག་ སྡུག་བསྔལ་ལས་སྒྲོལ་མཛད་པའི། །སྐྱབས་གནས་ཉག་གཅིག་གི་འོད་དཔག་མེད། །སེམས་ མོས༴ སོགས་ཀྱི་མཐར་ཕཊ་སྒྲ་གསུམ་གྱི་རིམ་པས་རྣམ་རིག་གི་ངོ་བོ་ཐིག་ལེ་དེ་སྙིང་ག་ནས་མགྲིན་པ་དང་མགྲིན་པ་ནས་སྤྱི་བོ་ དང་སྤྱི་བོ་ནས་བླ་མའི་ཐུགས་ཀར་སྤར་བའི་དམིགས་པ་བྱས་ཀྱང་རུང་ངོ༌། ། གཉིས་པ་བརྒྱུད་རིམ་བཅས་ལ་གསོལ་བ་འདེབས་པ་ནི། ན་མོ་གུ་རུ། མཁྱེ ན་བརྩེ་ནུས་གསུམ་གྱི་མངའ་ བདག་མཆོག །གནས་བཟང་བདེ་ཆེན་གྱི་ཞིང་གི་གཙོ། །ཕུལ་བྱུང་མཛད་ཕྲིན་གྱི་འཇུག་ པ་ཅན། །སྣང་བ་མཐའ་ཡས་ཀྱི་ཆོས་སྐུ་མཆོག །སེམས་མོས་གུས༴ སོགས་འགྲེས། སྙིང་རྗེའི་ རང་གཟུགས་ལས་འཁྲུངས་པའི་སྐུ། །འཕགས་མཆོག་པད་དཀར་གྱི་ཕྱག་མཚན་ཅན། །བརྩེ་ཆེན་མཛད་བཟང་གི་ཕྲིན་ལས་མགོན། །སྤྱན་རས་གཟིགས་དབང་གི་ལོངས་སྐུའི་ལྷ། །སེམས་མོས་གུས༴ སོགས། སྣང་བ་མཐའ་ཡས་ཀྱི་སྒྱུ་འཕྲུལ་གར། །གསང་སྔགས་བརྟུལ་ ཞུགས་ཀྱི་མཆོག་འཛིན་པ། །ཡབ་རྗེ་ཨོ་རྒྱན་གྱི་སློ བ་དཔོན་མཆོག །པདྨ་ཀ་ར་ཡི་སྤྲུལ་པའི་ སྐུ། །སེམས་མོས་གུས༴ སོགས། གཉུག་མ་ཀ་དག་གི་རང་ཞལ་ལས། །རིག་འཛིན་མཚོ་སྐྱེས་ ཀྱི་ཞལ་མཇལ་བ། །གྲུབ་དབང་འཁྲུལ་ཞིག་གི་མཛད་ཕྲིན་ཅན། །རྗེ་དབང་དྲག་རྒྱ་མཚོ་འགྲོ་ བའི་མགོན། །སེམས་མོས་གུས༴ སོགས། ཡེ་བཞུགས་ཀུན་བཟང་གི་རང་མདངས་ཞལ། །ཡིད་ བྱེད་མཚན་འཛིན་དང་བྲལ་བའི་དབྱིངས། །ཁྱབ་བརྡལ་ལྷུན་འབྱམས་ཀྱི་དགོངས་བརྙེས་པ། །གཉུག་མ་ཆོས་ཉིད་ཀྱི་རྒྱ་མཚོའི་མཚན། །སེམས་མོས་གུས༴ སོགས། འོད་གསལ་ནང་དབྱིངས་ ཀྱི་བུམ་སྐུ་མཇལ། །ཀུན་རྟོག་གྲྭ་ཟུར་གྱི་འཆིང་བ་གཅོད། །ཆོས་ཉིད་རང་མདངས་ལ་འུབས་ 8-1-268 ཆུབ་པ། །རིག་འཛིན་གར་དབང་གི་རྒྱ་མཚོ་རྗེ། །སེམས་མོས་གུས༴ སོགས། འོད་གསལ་ རྫོགས་ཆེན་གྱི་རིག་པའི་རྩལ། །རྒྱ་ཡན་ཅོག་བཞག་གིས་མངོན་བྱས་པའི། །གསང་སྔགས་ རིག་འཛིན་གྱི་ཕུལ་གྱུར་པའི། །ཐུགས་མཆོག་འོད་འབར་གྱི་མཚན་འཆང་བ། །སེམས་མོས་ གུས༴ སོགས། ཟབ་གསང་གདམས་ངག་གི་གསང་ལམ་བརྙེས། །ཐུགས་བཅུད་ཡང་སྙིང་གི་ དགོངས་བཀྲོལ་བ། །པདྨའི་ཐུགས་སྤྲུལ་ཀྱི་གཏེར་ཆེན་རྗེ། །མགོན་ཆོས་དབྱིངས་རྡོ་རྗེ་མན་ ངག་མཛོད། །སེམས་མོས་གུས༴ སོགས། གྲུབ་པའི་དབང་ཕྱུག་གི་མཚན་སྙན་རྒྱས། །སོགས་ངག་ དབང་ཕྲིན་ལས་མན་ཆད་གོང་གིས་འགྲེས་སྦྱར་ཏེ་ཕཊ་གྱིས་རིག་པ་གོང་དེ་མ་ཐག་བཞིན་ཐུགས་ཀར་སྤར་བའི་བར་བྱའོ། ། གསུམ་པ་ལྷ་གཞན་ལ་བརྟེན་པ་ལ། རྩ་ཡུལ་བསྐྱེད་པ། གསོལ་བཏབ་གཉིས་ལས། དང་པོ་ནི། མི་འཁྲུགས་པའི་སྒོ་ནས་ འཕོ་བ་སྟེ། འདི་སྐད། རང་གི་ལུས་གདོས་བཅས་བྲལ་བའི་ཁམས། །ལྷ་འཕགས་པའི་སྐུ་བཟང་ འོད་ལུས་ནང༌། །རྩ་ཨ་ཝ་དྷཱུ་ཏཱི་དྭངས་གསལ་དབུས། །སེམས་གཉུག་མ་མཆོག་གི་ཤེས་རིག་ ཏེ། །མདངས་དྭངས་མ་ལྔ་ལྡན་ཐིག་ལེར་མོས། །རང་མདུན་མཁར་འཇའ་ཟེར་འཁྲིགས་པའི་ སྦུབས། །གདན་གླང་པོས་བཏེགས་པའི་ཁྲི་སྟེང་ན། །རྗེ་དུས་གསུམ་སངས་རྒྱས་ཀུན་འདུས་ པ། །ཕ་རྩ་བའི་བླ་མའི་ངོ་བོ་སྟེ། །མགོན་མི་བསྐྱོད་རྒྱལ་པོ་བཅོམ་ལྡན་འདས། །སྐུ་ལོངས་ སྤྱོད་རྫོགས་སྐུ་མཚན་དཔེས་མཛེས། །གསུང་ཚངས་དབྱངས་དྲུག་ཅུའི་དཔལ་འབར་བ། །ཐུགས་མཁྱེ ན་བརྩེ་རྒྱ་མཚོའི་བདག་ཉིད་ཅན། །གསང་གསུམ་གྱི་ཡོན་ཏན་འབྱམས་ཀླས་པ། །སེམས་དང་བའི་མོས་ངོར་ལྷག་གེར་གསལ། ། གཉིས་པ་གསོལ་བ་བཏབ་པས་སྤར་བ་ནི། རྗེ་བླ་མ་སངས་རྒྱས་ཀུན་འདུས་དངོས། །ཕ་གསུམ་ལྡན་ རྡོ་རྗེ་འཛིན་པའི་བདག །ཐུགས་སྒྱུ་མའི་འཕྲུལ་ལས་ལེགས་བཞེངས་པ། །མ་འགྲོ་ཀུན་སྐྱོབ་ པའི་བཀའ་དྲིན་ཅན། །དཔལ་བདེ་གཤེགས་རྒྱལ་བ་མི་འཁྲུགས་མགོན། །ལྷ་ཁྱེ ད་ལས་རེ་ ས་གཞན་ན་མེད། །སྙིང་རུས་པའི་གཏིང་ནས་གསོལ་འདེབས་ན། །ལམ་ཟབ་མོ་འཕོ་བའི་སྒོ་ 8-1-269 ཕྱེས་ཏེ། །ལུས་ཉེར་ཕུང་འཁོར་བའི་བཙོན་ར་ནས། །གཉུག་སེམས་ཀྱི་རང་གཤིས་མི་འགྱུར་ བ། །རང་སེམས་ཀྱི་ངོ་བོ་ཐིག་ལེ་དེ། །རྩ་དབུ་མའི་ལམ་བཟང་ལ་བརྒྱུད་དེ། །མགོན་མི་ བསྐྱོད་རྒྱལ་པོའི་ཐུགས་ཀར་འཕོས། །དབྱིངས་ཆོས་སྐུ་སྐྱེ་མེད་ཀློང་དུ་ཐིམ། །ཞེས་མཐར་ཕཊ་ཀྱི་ སྒྲ་གསུམ་གྱིས་རིག་པ་རིམ་གྱིས་སྤར་བར་བྱའོ། ། གཉིས་པ་འཕྲོས་དོན་ལ། གཞན་ཚེ་འདས་ཀྱི་ཆེད་དུ་བྱ་བ་སྟེ། དེ་ཡང། ཤི་བ་དང། བར་དོའི་སྐབས་སུ་བྱ་བ་གཉིས་ ལས། དང་པོ་ནི། ངོ་སྤྲོད་འདི་ལྟར་བྱ་དགོས་ཏེ། སྐད་ཅིག་རང་གི་ཐུགས་ལས་སྤྲོས་པ་ཡི། །ཡི་གེ་དབྱངས་ གསལ་དཀར་པོ་འོད་ཀྱི་ཚོགས། །ཚེ་འདས་སྣ་བུག་ནས་ཞུགས་ལུས་ནང་བརྒྱུད། །སྙིང་ནང་ ཐིམ་པས་དྲན་རིག་གསལ་བར་གྱུར། །སླར་ཡང་ཐུགས་ལས་ཧཱུཾ་དགུ་སྤྲོས་པ་ཡིས། །ཚེ་འདས་ ལུས་ཀྱི་གནས་ངན་སྐྱེ་བའི་སྒོ། །སྐད་ཅིག་བཀག་ལ་ཧཱུཾ་ཡིག་རེ་རེས་འདན། །གནས་རིས་ངན་ པའི་སྐྱེ་སྒོ་བཅད་པར་གྱུར། །ཀྱེ་ཧོ་ཉོན་ཅིག་ཚེ་འདས་རིགས་ཀྱི་བུ། །ཁྱོ ད་ཀྱང་མདང་ཞག་གློ་ བུར་འདི་སྣང་ནུབ། །ད་ལན་འཆི་བའི་སྐབས་སུ་བབ་པ་སྟེ། །དེ་ཡང་སྣང་ཤེས་འགྱུར་བའི་ རྟགས་མཚན་ནི། །ཐོག་མ་ལུས་ཀྱི་འབྱུང་བཞི་ཐིམ་པའི་རྟགས། །དབང་པོའི་ཡུལ་ཀུན་མི་ གསལ་ཐིབས་ཀྱིས་འགྲོ། །དེ་ནང་སྣང་ཤེས་འཁྲུལ་པའི་ཡོ་ལང་གི །འབྱུང་བ་འཁྲུགས་པའི་ སྒྲ་ཆེན་བཟོད་དཀའ་བ། །དེ་ནས་ཆགས་སྡང་གཏི་མུག་ལས་གྱུར་པའི། །འགྱུ་རྟོག་རགས་ པའི་སྣང་བ་ཡལ་བའི་མདངས། །དཀར་ལམ་དམར་དང་ནག་པའི་སྣང་བ་འཆར། །དེ་མཐར་ འཆི་སེམས་བཅོས་གཞིག་བྲལ་བའི་ངང༌། །འདི་ནི་འཆི་བ་འོད་གསལ་ཞེས་བྱ་སྟེ། །ཐ་མལ་ གནས་ལུགས་གོམས་པ་མ་སོང་བ། །གང་དག་གིས་ནི་རང་བབས་ངོས་ཟིན་དགོས། །གནས་ ལུགས་དོན་ལ་འབྱོར་རྣམས་རང་ངོ་འཕྲོད། །འདི་སྐབས་ཡར་འགྲོ་མར་འགྲོའི་ས་མཚམས་ ཡིན། །སྐྱབས་དང་སྐྱོབ་པ་བླ་མ་མ་རྟོགས་མེད། །འདི་སྣང་ཕྱོགས་ཀྱི་ཞེན་ཆགས་ཀུན་བཅད་ དེ། །རིག་ཤེས་བདག་གིས་གདམས་པའི་ཕྱོགས་ལ་གཏོད། །ཅེས་བསྐུལ་ཏེ་གོང་དུ་བཤད་པའི་རྩ་བསྐྱེད་ 8-1-270 གང་རུང་ལ་འཇུས་ཏེ་འཕོ་བ་བཏབ་པར་བྱའོ། ། གཉིས་པ་བར་དོའི་སྐབས་སུ་བྱ་བ་ནི། ཀྱེ་མ་ཚེ་འདས་རིགས་ཀྱི་བུ་ཁྱོ ད་ཉོན། །འདི་སྣང་ཚེ་ཡི་ འཕེན་ཤུགས་ཟད་པ་ཡིས། །ད་ལྟ་སྲིད་པ་བར་མ་དོ་ན་འདུག །འཇིགས་སྐྲག་མ་བྱེད་ཚེ་ འདིའི་ཞེན་པ་ཆོད། །ད་ནི་འདི་སྣང་ཀུན་གྱིས་དགོས་པ་མེད། །བར་དོའི་སྣང་ལོག་བྱུང་བའི་ དུས་ལ་བབ། །དེ་ཡི་ཡིན་ལུགས་ཁྱོ ད་ལ་ད་ལྟ་ཚང༌། །རང་གིས་བརྟག་དཔྱད་བྱས་ནས་ངོས་ ཟིན་མཛོད། །ད་ལྟ་ཉི་ཟླའི་འོད་ཀྱི་སྣང་བ་མེད། །རླུང་གཟུགས་སྣང་མུན་འདྲེས་པའི་སྐྱ་སྣང་ ཙམ། །རང་ལུས་གྲིབ་མ་མི་འབྱུང་རྐང་རྗེས་མེད། །ཐོགས་བཅས་རི་བྲག་སོགས་ལ་ཐོགས་ མེད་འགྲོ། །སེམས་ཀྱི་གསལ་སྣང་མངོན་ཤེས་རབ་རིབ་འཆར། །ཟས་སུ་དྲི་ཟ་ཡུལ་གནས་ ངེས་མེད་རྒྱུ། །སྤྱོད་པ་བྱ་བ་མི་བརྟན་འཕྲལ་འཕྲལ་བ། །སྐྱེ་འགྲོ་སྣ་ཚོགས་ཤེས་དང་མི་ཤེས་ མཐོང༌། །གཞན་ཡང་འཇིགས་སྐྲག་གཡང་སའི་སྣང་ལོག་དང། །གཏུམ་དྲག་གཤིན་རྗེའི་ སྐྱེས་བུའི་འཇིགས་གཟུགས་སོགས། །གང་འདི་འཁྲུལ་བའི་སྣང་བ་འབའ་ཞིག་སྟེ། །དེ་དག་ བར་དོའི་རྟགས་སུ་ཤེས་པར་གྱིས། །ད་ནི་ལམ་བཙལ་དགོས་པའི་དུས་ཡིན་པས། །སྐྱབས་ གནས་སངས་རྒྱས་ཀུན་འདུས་བླ་མ་ལ། །དག་སྣང་སེམས་ཀྱིས་ཡིད་ཆེས་གཏིང་ནས་ བསྐྱེད། །མོས་གུས་གདུང་ཤུགས་དྲག་པོས་གསོལ་བ་ཐོབ། །ད་སྐབས་བདག་གིས་ཟབ་མོའི་ མན་ངག་སྦྱིན། །བློ་རྩེ་གཅིག་བསྒྲིལ་གྱིས་ལ་ངའི་ཚིག་ཉོན། །མ་དག་གདོས་བཅས་ཕུང་པོ་ འབྲལ་འདོད་དང༌། །བླ་མའི་ཐུགས་ཀར་འཕོ་འདུན་ཤུགས་དྲག་མཛོད། །ཅེས་པས་བསྐུལ་ཏེ་གོང་ སྨོས་རྩ་བསྐྱེད་ནས་བཟུང་གང་འཚམ་གྱི་འཕོ་བ་ལ་འཇུག་པར་བྱ་སྟེ་འདི་སྐོར་གྱི་ཁ་བསྒྱུར་ཕྲན་བུ་རིགས་པས་བརྟག་ན་ཤེས། གཞན་ཡང་རྡོ་རྗེ་འཛིན་པ་འགའི་ཐུགས་དམ་བཀྲོལ་སྐབས་སུ། ཐུགས་ཡིད་དབྱེར་མེད་དུ་དར་ཅིག་ལ་མཉམ་པར་བཞག་མཐར། འདི་སྐད། དཔལ་ལྡན་རྡོ་རྗེ་འཛིན་པའི་དགེ་བའི་བཤེས། །གནས་ལུགས་དོན་ལ་འབྱོར་ བའི་རྣལ་འབྱོར་པ། །འོད་གསལ་མ་བུ་འདྲེས་པའི་དབྱིངས་ལས་བཞེངས། །ཐུགས་དགོངས་ 8-1-271 དག་པའི་ཞིང་དུ་གཏད་པར་ཞུ། །ཞེས་པས་སྙན་འབུལ་ལན་གསུམ་བྱ་ལ། དེ་དག་ནི་སྤྲོས་བཅས་འཕོ་བའི་མན་ ངག་གི་ཉེར་མཁོ་ལགས་ཏེ་འཕོ་ཐུན་སོགས་ཀྱི་སྐབས་སྔར་གྱི་གོང་མའི་གསུང་ངག་འདོན་འཕོ་བའི་རིགས་གང་ཡོད་རྣམས་ཀྱང་ སྐབས་དང་འཚམ་པར་བཏོན་ཏེ་དམིགས་པ་ལ་འབད་ན་ཆེས་ལེགས་སོ། ། སྤྱིར་དམིགས་མེད་དོན་གྱི་འཕོ་བ་ནི། གནས་ལུགས་ཀྱི་དོན་ལ་རེག་པ་གང་དག་གིས་འཕོ་བྱ་འཕོ་བྱེད་བྲལ་བའི་གཞི་ དབྱིངས་གཅིག་པུའི་ངང་དུ་ལྷུན་གྲུབ་འབད་རྩོལ་མེད་པའི་སྒོ་ནས་འཕོ་ཚུལ་ཁྱད་པར་བ་ནི་ངེས་པ་དོན་གྱི་འཕོ་བ་ཆེན་པོའ།ོ ། གསུམ་པ་རྗེས་ལ། དེ་ལྟར་གོང་བཞིན་འཕོ་བ་བྱས་རྗེས་ཚེ་ལྡན་ལ་རྣམ་ཤེས་མར་འབེབས་པའི་དམིགས་པ་བྱས་ཏེ་རིག་ པ་ལྟེ ་བར་སྣ་ཚོགས་རྡོ་རྗེའི་དབུས་སུ་བཟུང་ལ། ཚེ་འདས་ལ་མར་འབེབས་མི་དགོས་པ་ནི་ཁྱད་པར་རོ། །དེ་འདྲ་གང་ལྟར་ལ་ མཇུག་ཏུ་བསྔོ ་བ་རྣམ་དག་གིས་རྒྱས་གདབ་པར་བྱས་ཏེ་མཐར་དབྱུང་བར་བྱ་བ་ནི་རྗེས་ཀྱི་བྱ་བའོ། ། སྨྲས་པ། འདིར་ཐབས་ལེགས་པ་གསང་སྔགས་ཀྱི། །ཁྱད་ཆོས་ཟབ་མོ་འཕོ་བའི་ལམ། །སྡིག་ཅན་བཙན་ཐབས་འཚང་རྒྱ་ བའི། །ཡང་ཟབ་གདམས་པའི་ལམ་འདིའོ། །དགེ་དེས་འཁོར་བར་འཆིང་བའི་འགྲོ། །རྣམ་སྨིན་སྲིད་པའི་རྒྱ་དྲལ་ཏེ། །ཟག་བྲལ་ བདེ་ཆེན་མཁའ་དབྱིངས་སུ། །ཟུང་འཇུག་གཤོག་འགྲོའི་གྱིས་བགྲོད་ཤོག ། ཅེས་ཟབ་ལམ་འཕོ་བའི་མན་ངག་ཉམས་སུ་ལེན་ཚུལ་ཕྱོགས་བསྡུས་སུ་ཉེ་བར་བཀོད་པ་ཐར་པའི་སྒོ་འབྱེད་ཅེས་བྱ་བ་ འདི་ཡང་གཙང་བའི་སྐུ་སྐྱེས་ངག་དབང་བསོད་ནམས་དཔལ་ལྡན་ཕྱོགས་ལས་རྣམ་རྒྱལ་གྱི་གཙོས་དོན་གཉེར་ཅན་འགའ་ཞིག་ ལ་ཉེ་བར་མཁོ་ཕྱིར་མ་ཏི་ཀིརྟིས་ཉེ་བར་བརྗོད་པ་ལྟར་ཆོས་ཀྱི་མཆེད་དམ་པ་གང་གིས། ཡི་གེར་བྲིས་པ་འདིས་རང་གཞན་ལ་ ཕན་ཐོགས་པར་གྱུར་ཅིག། །། 8-1-272 ༄༅། །འཕོ་བའི་ལྷན་ཐབས་ངེས་དོན་ཁྱད་འཕགས་ཀྱི་ལག་ལེན་ འགྲོ་ཕན་ལེགས་སྤེལ་ཞེས་བྱ་བ་ བཞུགས་སོ། ། ༄༅། །རྨད་བྱུང་བརྟན་གཡོའི་དཔལ་གྱུར་པ། །རིགས་ཀུན་ཁྱབ་བདག་འཁོར་ལོའི་མགོན། །རྡོ་རྗེ་འཆང་ཆེན་ཐུགས་ རྗེའི་གཏེར། །གང་ལ་གུས་པས་ལན་བརྒྱར་འདུད། །གསང་ཆེན་ཐེག་པའི་ཁྱད་པར་ཆོས། །ཟབ་ལམ་འཕོ་བའི་མན་ངག་མཆོག །གཙང་ཆེན་གོང་མའི་ཕྱག་བཞེས་ལྟར། །ཕྱོགས་བསྡུས་གཞུང་གི་ལྷན་ཐབས་འབྲི། །དེ་ལ་འདིར་ཟབ་ལམ་འཕོ་བའི་མན་ངག་ ཉམས་སུ་ལེན་ལུགས་གཙང་བ་ཆ་ལུང་གྲུབ་ཆེན་ངག་དབང་ཕྲིན་ལས་གང་གི་ཕྱག་བཞེས་ཁམས་ཕྱོགས་འདིར་ལག་ལེན་བྱེད་ པའི་ཚུལ་ལས་བརྩམས་ཏེ་འཛམ་ཐང་གཙང་བའི་སྒྲུབ་གནས་སུ་ལོ་བསྟར་གྱི་ཆོས་ཐུན་པ་དག་གིས་འཕོ་བ་ཉམས་ལེན་ཇི་ལྟར་ བྱ་བའི་ཕྱག་སྲོལ་གྱི་རིམ་པ་ཕྱོགས་བསྡུས་སུ་བཀོད་པ་ཐར་པའི་སྒོ་འབྱེད་ཅེས་པའི་འཕོ་གཞུང་ལ་ལྷན་ཐབས་ཀྱི་ཡིག་ཆ་ཉེ་བར་ སྤེལ་བའི་ཚུལ་ལ་གཞུང་གི་འཕོ་བའི་སྐོར་ནི་གཙོ་བོར་ཆོས་ཐུན་ཉམས་ལེན་གྱི་དབང་དུ་བྱས་ནས་དེ་ལུགས་ལྟར་བཀོད་ཅིང་ འདིར་ནི་གཞན་རྗེས་བཟུང་གི་དབང་དུ་བྱས་ཏེ་གཞུང་གི་ལྷན་ཐབས་འཆད་པར་བྱ་བ་སྟེ། དེ་ཡང་གཞན་འཆི་བ་གང་དག་ལ། འཆི་བ་བར་དོའི་ངོ་སྤྲོད་ཀྱི་རིམ་པ་དང། དཀྱུས་འཕོ་དག་གི་ཁ་སྐོང་གི་རིམ་པ་དང་གཉིས། དེ་ལས་དང་པོ་ལ། གང་ཟག་ཐ་མལ་ བ་ལ་ངོ་སྤྲོད་ཇི་ལྟར་བྱ་ཚུལ་དང། རྣལ་འབྱོར་པ་ལ་ཇི་ལྟར་བྱ་བའི་ཚུལ་གཉིས་ལས་དང་པོ་ལ། འཆི་ཁ་མ་དང། འཆི་བ་དངོས་ དང། བར་དོའི་སྐབས་ལ་ཇི་ལྟར་བྱ་ཚུལ་གསུམ་ལས། དང་པོ་ལ་ངོ་སྤྲོད་ཇི་ལྟར་བྱ་ཚུལ་དངོས་དང། གཞན་ལ་འཕོ་བ་ཇི་ལྟར་ འདེབས་ཚུལ་གཉིས་ལས། ༈ དང་པོ་ནི་སེམས་ཅན་ཐ་མལ་བ་གང་དག་འཆི་བ་ལ་ཉེ་བའི་ཚེ་ཟུར་དུ་གནས་པ་རྣམས་ཀྱིས་འཆི་ཁ་མའི་སེམས་ཅན་ 8-1-273 དེའི་ཆགས་སྡང་སོགས་ཉོན་མོངས་ཤུགས་ཆེར་སྐྱེ་ཡུལ་གང་ཡོད་ཚད་མིག་རྣའི་ཡུལ་དུ་མཐོང་ཐོས་སུ་མི་འགྱུར་བར་བྱ་ཞིང༌། འཆི་ཁ་མ་དེའི་སེམས་ལ་ཆགས་ཞེན་དང་ཁོང་ཁྲོ་སོགས་མི་སྐྱེ་ཐབས་དང༌། དད་པ་དང་འཁོར་བ་ཞེན་ལོག་སོགས་དགེ་སེམས་ ཡང་དག་ཐབས་སྣ་ཚོགས་པས་སྐྱེ་ཐབས་བྱ་བ་ལ་རེམ་དགོས་ཏེ། གང་ཟག་གང་ཡིན་ཡང་འཆི་ཁ་མཚམས་སྦྱར་དད་པ་ངེས་ འབྱུང་བྱང་སེམས་སེམས་ཀྱི་གནས་ལུགས་ལ་མཉམ་པར་འཇོག་པ་སོགས་རང་རང་གི་སྐལ་བ་གང་འཚམ་ལ་གནད་ཇི་ལྟར་ཞོག་ པ་དེ་ལུགས་བཞིན་འཆི་བ་དང་བར་དོའི་སྐབས་སུ་ཕན་པ་རྒྱ་ཆེར་འབྱུང་བ་མ་ཟད་སྐྱེ་སྲིད་ཕྱི་མ་ལའང་རྣམ་དཀར་ཆོས་བློ་ངང་ གིས་འཕེལ་བའི་རྐྱེན་དུ་གལ་ངེས་པར་ཆེ་བས་སོ། ། དེ་ནས་འཆི་ཁ་མ་འཆི་ཐག་ཆོད་ཅིང་རང་ཉིད་ལ་སྐྲག་འཇིགས་དང་དྭོགས་པ་གང་ཡང་མེད་པ་རྣམས་ལ་གདམས་པའི་ ངོ་སྤྲོད་བྱ་བ་དུས་སུ་བབ་ན་འདི་ལྟ་སྟེ། འོ་རིགས་ཀྱི་བུ་ཆེ་གེ་མོ་ཁྱོ ད་མ་ཡེངས་པར་འཆི་ཁའི་གདམས་པ་ བདག་གིས་གང་བརྗོད་པ་རྣམས་ལ་སེམས་ལེགས་པར་གཏད་ནས་ཡིད་ལ་ཟུང་མཛོད། དེ་ ཡང་སྤྱིར་ན་སྐྱེས་པའི་ཐ་མ་འཆི་བ་དང་འདུས་པའི་ཐ་མ་འབྲལ་བ་སོགས་འདུས་བྱས་ཡིན་ ཚད་ལ་རྟག་ཐུབ་པའི་ཆོས་གཅིག་ཀྱང་མེད། སྒོས་སུ་འཛམ་བུའི་གླིང་པའི་ཚེ་ལ་ངེས་པ་མི་ འདུག་ཅིང་སྙིགས་དུས་ཀྱི་ཐ་མ་འདིར་འཚོ་རྐྱེན་ཉུང་ལ་འཆི་རྐྱེན་མང་བའི་དབང་གིས་ཁྱོད་ ཀྱང་ད་ལན་འཆི་བ་ལ་ཐུག་འདུག་པས་སེམས་སྡུག་མ་བྱེད་པར་འཆི་ཁའི་མཚམས་སྦྱར་ ཡང་དག་ལ་འབད་འབུང་བྱེད་པ་གལ་ཆེ། དེ་ཡང་ཁྱོ ད་རང་གི་སེམས་ལ་ཐོག་མར་རང་ཉིད་ ད་སྐབས་འཆི་ངེས་ཀྱི་སེམས་ཐག་ཡང་ཡང་བཅད། འཆི་བའི་དུས་ངེས་པར་སླེ བས་པ་ན་ འཇིག་རྟེན་འདི་ངོགས་གིས་དགའ་ཡུལ་གཉེན་ཉེ་མཛའ་ལོངས་སྤྱོད་མཐའ་དག་དང་སྡང་ ཡུལ་གནོད་བྱེད་ཀྱི་དགྲ་སོགས་དང་བར་མ་འདི་སྣང་རང་ག་བའི་ཡུལ་སྡེ་དག་སྟེ་དེ་ཐམས་ ཅད་བོར་བ་མ་ཟད་ཐ་ན་རང་གིས་སྒྱུ་ལུས་གཡར་བོ་ཚུན་ཆད་ཀྱང་བསྐྱུར་ནས་ནང་རྣམ་ ཤེས་ཉག་གཅིག་ལས་རླུང་གི་རྟ་ལ་བསྐྱོན་ནས་གྲོགས་མེད་གཅིག་པུར་འཇིག་རྟེན་ཕ་རོལ་ ཏུ་འགྲོ་རན་པ་ཡིན་པས་འདི་སྣང་གི་དངོས་པོ་ཕན་གནོད་བར་མ་གང་དག་ལ་དེ་ལུགས་ཀྱི་ 8-1-274 ཆགས་སྡང་བར་མའི་ཞེན་འཛིན་དམ་པོ་བྱས་པས་ཅི་ཕན། ད་ནི་རང་འཆི་རན་པས་དེ་གང་ གིས་དགོས་པ་གཏན་ནས་མི་འདུག གལ་ཏེ་སྔོ ན་གོམས་ངན་པའི་དབང་གིས་དེ་དག་ལ་ ཞེན་པ་མ་ཆོད་པར་ཆགས་སྡང་རྨོངས་གསུམ་གྱི་སྒོ་ནས་རང་ཉིད་འཆི་དགོས་བྱུང་ན་འཆི་བ་ དང་བར་དོའི་གནས་སྐབས་སུ་མཚམས་སྦྱོར་ངན་པ་དེ་དག་གིས་འཁྲུལ་གཞི་ཆེན་པོ་བཞག་ ནས་དུག་གསུམ་སླར་ཡང་ཆེར་འཕེལ་བས་སྐྱེ་སྲིད་ཕྱི་མར་ངན་འགྲོ་ལོག་པར་ལྟུང་བར་སྡུག་ བསྔལ་བཟོད་དཀའ་ཡུན་རིང་མྱོང་ངེས་སུ་འདུག དེ་བས་རྟ་ཁ་སྲབ་ཀྱིས་བསྒྱུར་བའི་དཔེ་ ལྟར་ད་ལན་འཆི་ཁའི་མཚམས་སྦྱོར་ཡང་དག་པས་ཕྱི་མའི་སྐྱེ་སྲིད་བཟང་པོར་བསྒྱུར་བའི་ ཐབས་ལ་ཅི་ནས་ཀྱང་འབད་པ་ལྷུར་ལེན་བྱེད་དགོས་བསམ་པའི་ངང་ནས་འདི་སྣང་མཐའ་ དག་ལ་ཞེན་པ་གཏིང་ནས་བཅད་ཕྱི་མར་ཕན་ངེས་ལ་དམ་ཆོས་རིན་པོ་ཆེ་ཁོ་ན་ལས་གཞན་ གང་ཡང་མེད་པར་ཐག་ཆོད་ནས་དེ་ལུགས་ལ་དོན་གཉེར་མི་ལྷོ ད་པ་གལ་ཆེ། ད་ནི་སེམས་ གཏིང་ནས་རེ་ལྟོས་བྱ་ཡུལ་གཏད་སོ་གཅིག་གྱུར་ནི་སྤྱིར་བླ་མ་དཀོན་མཆོག་གསུམ་དང་ ཁྱད་པར་རྒྱལ་བ་རྡོ་རྗེ་འཆང་སངས་རྒྱས་འོད་དཔག་མེད་རྒྱལ་སྲས་ཐུ་བོ་རྣམ་གཉིས་བདེ་ གཤེགས་མི་འཁྲུགས་མགོན་སོགས་ཕྱོགས་བཅུའི་ཞིང་རབ་འབྱམས་ན་བཞུགས་པའི་རྒྱལ་ བ་སྲས་དང་སློབ་མའི་ཚོགས་དང་བཅས་པ་དེ་ཐམས་ཅད་ཡིན་པས་ལེགས་ཉེས་ཇི་ལྟར་གྱུར་ ཀྱང་སྐྱབས་གནས་ཁྱེད་རྣམས་ལས་རེ་ས་གཞན་གང་ཡང་མེད་པས་བདག་ལ་ཇི་ལྟར་མཛད་ ན་ཁྱེད་རྣམས་མཁྱེན་སྙམ་དུ་བློ་གཏིང་ནས་བཀལ་ཏེ་ཡིད་ཁྱེད་ཤེས་ཀྱི་དད་པ་སྙིང་ཁོང་རུས་ པའི་གཏིང་ནས་ཅི་ཐོན་ལ་རེམ་དགོས་པའི་དུས་སུ་བབ་པ་ཡིན། ཁྱོ ད་རང་གིས་ཚེ་རབས་ ཐོག་མེད་ནས་བསགས་པའི་སྡིག་ལྟུང་ལ་གནོང་འགྱོད་ཀྱིས་བཤགས་སྡོམ་དྲག་པོ་དང་ ཕྱིན་ཆད་སྡོམ་སེམས་བརྟན་པོ་ཡང་ཡང་བྱ་བ་དང༌། སྤྱིར་འཁོར་བ་མཐོ་དམན་ཐམས་ཅད་ དང་ཁྱད་པར་ཁྱོད་རང་གི་རྣམ་སྨིན་ལུས་སེམས་གདོས་བཅས་སྡུག་བསྔལ་བའི་རང་བཞིན་ 8-1-275 འདི་དང་འབྲལ་འདོད་དང་དེ་ལས་རིག་ཤེས་དྭངས་མའི་ཆ་ལྷ་དང་བླ་མའི་ཐུགས་ཀར་འཕོ་ འདོད་ཀྱི་བསམ་པ་ཤུགས་དྲག་པོ་བསྐྱེད་ཅིང༌། གཞན་ཡང་རང་གི་བདེ་དགེ་མཐའ་དག་ འགྲོ་ཀུན་ལ་སྦྱིན་འདོད་དང་འགྲོ་བ་དེ་དག་གི་སྡུག་བསྔལ་རང་སྟེང་དུ་ལེན་པའི་དགེ་སྡིག་ གཏོང་ལེན་ཅི་ཐུབ་དང༌། སྣང་ཞིང་གྲགས་པའི་ཆོས་ཐམས་ཅད་བདེན་པར་མེད་པ་སྒྱུ་མ་དང་ རྨི་ལམ་གྱི་ཡུལ་སྣང་ལྟར་བརྫུན་པ་བསླུ་བའི་ཆོས་སུ་ཤེས་པར་བྱས་ནས་འདི་སྣང་སྤྱི་དང་ སྒོས་སུ་ཁྱོད་ཀྱི་གཉེན་ཉེ་དུ་ལོངས་སྤྱོད་སྡང་དགྲ་སོགས་ལ་ཆགས་སྡང་གི་ཞེན་སྒོ་ཧ་ཅང་ ལྷོད་གང་ཐུབ་ཀྱིས་རྨི་ལམ་ཡུལ་སྣང་བརྫུན་པའི་འདུ་ཤེས་དང་སྐྱེ་བ་ཕྱི་མ་རྣམས་སུ་རབ་ན་ དག་པའི་ཞིང་གི་ལུས་འཛིན་པའི་སྨོན་འདུན་དང་ཐ་ན་མི་ལུས་ཆོས་དང་ལྡན་པར་དག་སྣང་ སྲས་བཅས་རྒྱལ་བ་གང་དག་གི་མཁྱེ ན་སྤྱན་གྱིས་གཟིགས་དྲུང་དུ་སྨོན་ལམ་རྣམ་པར་དག་པ་ འདེབས་པར་མཛོད་དང་འཆི་ཁའི་མཚམས་སྦྱོར་བཟང་ངན་གྱིས་སྐྱེ་སྲིད་ཕྱི་མ་མཐོ་དམན་དུ་ བསྒྱུར་བ་ནི་ཆེས་མང་བས་ད་སྐབས་འདི་སྣང་ལ་ཞེན་པ་བཅད་དེ་ལྷ་དང་བླ་མ་ཡིད་ཡུལ་དུ་ མི་འབོར་བའི་ངང་ནས་རྩེ་གཅིག་གུས་པས་བློ་སྣ་ཕྱོགས་གཅིག་བསྒྲིལ་དུ་བྱེད་པ་གལ་ཆེའོ། །ཞེས་པའི་བརྡ་སྤྲད་པ་ལོང་སྐབས་ཡོད་ན་ཞག་འགར་བྱའོ། ། ༈ གཉིས་པ་གཞན་ལ་འཕོ་བ་ཇི་ལྟར་འདེབས་ཚུལ་ནི། དབང་པོ་དང་འབྱུང་བ་སྡུད་ལ་ཉེ་བའི་ཚེ་འཕོ་རིལ་ཡོད་ན་སྤྱི་ བོར་བྱུགས་ཤིང་བྱིན་རྟེན་འཐུང་དུ་བཅུག་ལ་ལུས་སེང་གེ་ཉལ་སྟབས་སུ་བཞག འཕོ་བ་འདེབས་མཁན་དག་གིས་ཐོག་མར་ཡི་ དམ་གང་ཡང་རུང་བ་བསྐྱེད་བཟླས་དང་འཆི་ཁ་མའི་གང་ཟག་ལ་ཐར་ལམ་གྱི་བར་ཆད་བསལ་ཆེད་བགེགས་བསྐྲད་བསྲུང་བ་ ཇི་ལྟར་འཚམ་པ་རེའང་བྱ། བྱིན་རླབས་དོན་བརྒྱུད་ཀྱི་བླ་མ་རྣམས་ཀྱི་གསོལ་འདེབས་གང་ཤེས་དང༌། སངས་རྒྱས་བྱང་སེམས་ ཀྱི་ཀུན་རྫོབ་དོན་དམ་པའི་མཆན། མཚན་དང༌། གཟུངས་སྔགས་སྣ་ཚོགས་པ་སོགས་ཕན་ཡོན་ཆེ་བའི་གསུང་བསྒྲགས་སྔོ ན་དུ་ འགྲོ་བའི་སྒོ་ནས་སླར་ཡང་གོང་སྨོས་ཐ་མལ་བའི་འཆི་ཁའི་ངོ་སྤྲོད་དེ་རྫོགས་པར་ཚར་གཅིག་བརྗོད་པའི་སྣེ་མཐུད་དུའམ་ཡང་ན་ ཐོག་མ་ནས་འདི་ལྟར། འོ་ད་ནི་ཁྱོ ད་རང་ལ་བཙན་ཐབས་སུ་འཚང་རྒྱ་བའི་གདམས་པ་ཟབ་མོ་སྦྱིན་ 8-1-276 གྱི་གུས་པས་ལེགས་པར་ཉོན་ཅིག དེ་ཡང་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ལས། འཆི་བའི་ དུས་སུ་ཡིད་ཀྱི་བསམ་པ་གང་ཞིག་དྲན་པར་གྱུར་པ་དེ་ནི་སྐྱེ་བ་ཡང་དག་སྐྱེ། །ཞེས་དང༌། རྡོ་ རྗེ་གདན་བཞིའི་རྒྱུད་ལས། ཉེས་པ་ཀུན་གྱིས་གོས་པ་ནི། །འཕོ་བའི་སྦྱོར་བ་སྦྱར་བས་གྲོལ། །སྡིག་གིས་ཀུན་ནས་མི་གོས་ཏེ། །འཁོར་བའི་ཕ་རོལ་མཆོག་ཏུ་འགྲོ། །ཞེས་གསུངས་པས། མཚམས་མེད་པ་ལྔ་བྱས་པའི་སྡིག་ཅན་ཡིན་ན་ཡང་འཕོ་བའི་གདམས་པ་ལ་བརྟེན་ན་ངན་ སོང་གསུམ་དུ་སྐྱེ་བའི་སྒོ་བཀག་སྟེ། རབ་བདེ་བ་ཅན་གྱི་ཞིང་ཁམས་དང༌། དག་པ་མཁའ་ སྤྱོད་ཀྱི་གནས་ལ་སོགས་པ་དང༌། ཐ་མ་ཡང་དགེ་བའི་བཤེས་གཉེན་གྱིས་རྗེས་སུ་བཟུང་ བའི་མི་ལུས་ཆོས་ལྡན་དུ་ངེས་པར་སྐྱེ་བ་ནི་རྒྱལ་བ་རྡོ་རྗེ་འཆང་གི་བཀའ་ཡིན་པས་འཁོར་བ་ སྡུག་བསྔལ་གྱི་གནས་འདི་ནས་དག་པའི་ཞིང་ཁམས་སུ་འཕོ་བའི་ཆེད་དུ་དམིགས་པ་འདི་ ལྟར་དུ་མཛོད། ཅེས་པས་མཚམས་སྦྱར་ནས་འོག་ཏུ་འཆད་པར་འགྱུར་བའི་རྩ་བསྐྱེད་དང་བཅས་འཕོ་བའི་མན་ངག་གི་ རིམ་པ་གང་ཡོད་དག་ཅི་ནུས་སུ་འདོན་སྒོམ་སྦྲགས་མ་བྱའོ། ། ༈ གཉིས་པ་འཆི་བ་དངོས་ཀྱི་སྐབས་སུ་ནི། ཐ་མལ་བ་གང་དག་དང་པོ་ཕྱི་དབུགས་རིམ་པས་ཆད་དེ་སྣ་བུག་གི་རྒྱུ་བ་ འགག་པའི་དུས་སུ་དབང་པོའི་ཡུལ་རྣམས་རིམ་བཞིན་འགགས་སྟེ་འབྱུང་བཞི་ཐིམ་རིམ་འོང་ནས་སྣང་མཆེད་ཐོབ་གསུམ་ཤར་ རྗེས་འཆི་སེམས་དངོས་ཀྱི་སྟེང་དུ་ཐོན་སྐབས་དེའི་ཡིན་ལུགས་ཇི་བཞིན་ངོས་མི་ཟིན་ཀྱང་དྲན་རིག་གསལ་བོ་ཡོད་པས་དེ་དུས་ སུ་ཉེ་འཁོར་ན་ཡོད་པ་རྣམས་ཀྱིས་ཤི་བའི་ལུས་དེའི་སྨད་ཕྱོགས་སུ་རེག་པ་དང་ཅ་ཅོ་སོགས་ཀྱི་སྒྲ་གྲག་པར་མི་བྱ་ཞིང་སྟོད་ ཕྱོགས་སྤྱི་བོའི་གཙུག་གི་སྐྲ་ནས་འཐེན་པ་དང༌། དེ་ཕྱོགས་སྟེང་ནས་སྒྲ་སྙན་པོ་སྐད་དམའ་བར་བསྒྲག་བཞིན་ངོ་སྤྲོད་པ་དང་འཕོ་ འདེབས་པ་ཡོད་ན་དེ་དག་གིས་ཐོག་མར་གོང་ལྟར་བསྐྱེད་བཟླས་དང་བཅས་ཤི་བའི་ལུས་ཀྱི་བགེགས་ཁོག་སྲུང་བསྐྲད་ཅིང་ བསྲུང་འཁོར་སྒོམ་སྟེ། གསོལ་འདེབས། མཚན། གཟུངས་སྔགས་ཁྱད་པར་ཅན་སོགས་གསུང་བསྒྲག་ཟབ་མོ་བྱས་ནས་ངོ་སྤྲོད་ དང་འཕོ་བ་སྦྲེལ་མར་བྱ་བའི་ཚུལ་ལ་འདི་སྐད། རང་ཉིད་སྐད་ཅིག་གིས་ཡི་དམ་དུ་གསལ་བའི་ཐུགས་ ཀའི་ས་བོན་ལས་ཡི་གེ་དབྱངས་གསལ་གྱི་ཚོགས་ཁ་དོག་དཀར་ཞིང་དྭངས་གསལ་གྱི་རང་ 8-1-277 བཞིན་ཕྲེང་བ་བརྒྱུས་པ་ལྟ་བུ་འོད་ཟེར་དཀར་པོའི་འབར་ཕྲེང་འཁྲིགས་བཞིན་པ་སྐད་ཅིག་ ལ་འཕྲོས་ཏེ་ཤི་བའི་ལུས་ཀྱི་སྣ་བུག་ཏུ་ཞུགས་ཏེ་ལུས་ནང་བརྒྱུད་སྙིང་ཁར་རིག་པ་དྲན་མེད་ དུ་བརྒྱལ་བའམ་བཅོས་མ་བྲལ་བའི་རང་གསལ་དུ་གནས་པ་གང་ཡང་རུང་བ་ལ་ཐིམ་པས་ གོ་བརྡ་གང་སྤྲད་པའི་ཚིག་དོན་ཐམས་ཅད་ཇི་བཞིན་ངེས་ནུས་ཤིང་ཤེས་རིག་ལས་སུ་རུང་བ་ ཅི་དགར་བཀོལ་དུ་བཏུབ་པ་ཞིག་ཏུ་གྱུར། སླར་ཡང་ཐུགས་ཀའི་ས་བོན་ལས་ཡི་དམ་ལྷའི་ ཐུགས་ཡེ་ཤེས་ཀྱི་ངོ་བོ་རྣམ་པ་ཧཱུཾ་ཡིག་སྔོན་པོ་རང་འོད་འཕྲོ་བ་དགུ་ལམ་གྱིས་བྱུང་ཤི་བའི་ ལུས་ཀྱི་འོག་སྒོ། ཆུ་ལམ། ལྟེ ་བ། ཁ། སྣ་བུག་གཉིས། རྣ་བའི་བུག་པ་གཉིས། མིག་གཉིས། སྨིན་མཚམས། སྐྲ་མཚམས། ལྟག་པའི་བུ་ག་གཉིས་ཏེ་འཁོར་བར་གནས་ངན་ལེན་གྱི་བུག་ སྒོ་དགུ་པོ་རྣམས་ལ་རང་རང་དང་འཚམ་པའི་ཧཱུཾ་ཡིག་རེ་རེར་གྱུར་ཏེ་སྒོ་དེ་དག་ཧཱུཾ་ཡིག་སྔོན་ པོ་མགོ་བོ་ཕྱིར་བསྟན་པ་རེ་རེས་ཐེམ་གྱིས་བཀག་པར་བསམ། ཧཱུཾ་ཧཱུཾ་ཧཱུཾ། ཧཱུཾ་ཧཱུཾ་ཧཱུཾ། ཧཱུཾ་ཧཱུཾ་ཧཱུཾ། ཞེས་དལ་བུས་བརྗོད། དེ་ནས་ཐ་མལ་འཆི་བའི་ངོ་སྤྲོད་རྒྱས་པ་བྱ་བ་ནི། འོ་འཇིག་རྟེན་འདི་ནས་ཕ་རོལ་ཏུ་སོང་ ཞིང་ཚེ་དུས་ལས་འདས་པ་ཆྒཻ་མོ་ཞེས་བྱ་བ་ཁྱོ ད་ཀྱིས་ལེགས་པར་ཉོན་ཅིག ལན་གསུམ། འོ་ད་ ལན་ཁྱོ ད་ཤི་བ་ཡིན་པས་ངོ་ཤེས་པར་གྱིས་ཤིག འདི་སྣང་གི་ཆགས་ཞེན་ཐམས་ཅད་བློས་ ཐོང་ཞིག ད་ནི་ཚེ་ཕྱི་མ་ཁོ་ནར་ཕན་ཐབས་ལ་བློ་རྩེ་གཅིག་བསྒྲིལ་གྱིས་རེམ་དགོས་པའི་དུས་ སུ་བབ་པ་ཡིན་དེ་ཡང་ད་སྐབས་སུ་ནི་མདང་ཞག་འཆི་རྐྱེན་དྲག་པོ་མི་འདོད་བཞིན་དབང་ མེད་དུ་ཐོག་བབ་བྱུང་བའི་དབང་གིས་ཁྱོད་ཀྱང་ཚེ་འདི་ངོགས་ཀྱི་སྣང་བ་ནུབ་ནས་བར་དོ་ དང་སྐྱེ་སྲིད་ཕྱི་མ་གང་ཡང་མ་ཤར་བར་འཆི་བ་དངོས་ཀྱི་དུས་སུ་སླེབས་འདུག་པའི་ཚོད་དུ་ གདའ། ད་ནི་དེའི་ཡིན་ལུགས་ཇི་བཞིན་ཤེས་པར་བྱས་ནས་ངོས་ཟིན་པ་གལ་ཤིན་ཏུ་ཆེ་བས་ བདག་གིས་ཁྱོད་ལ་གནས་ཚུལ་གྱི་གོ་བརྡ་གང་སྤྲད་པ་ཐམས་ཅད་སེམས་ལ་མ་བརྗེད་པར་ ནན་འཛིན་གྱི་སྒོ་ནས་ལག་ལེན་ཅི་ཐེབས་ལ་བརྩོན་པ་ལྷུར་ལེན་མཛོད། དེ་ཡང་རྗེ་ནཱ་རོ་པཎ་ 8-1-278 ཆེན་གྱི་ཞལ་ནས། རྣལ་འབྱོར་འཆི་བའི་དུས་ཀྱི་ཚེ། །དབང་པོ་རྣམས་དང་འབྱུང་བ་སྡུད། །ཟླ་ ཉིའི་རླུང་རྣམས་སྙིང་ཁར་འདུས། །ཞེས་རྣལ་འབྱོར་པ་ལ་གསུངས་པ་ལྟར་ད་སྐབས་ཐ་མལ་ བ་ལའང་སྡུད་རིམ་ཤར་ཚུལ་དེ་དང་འདྲ་བས་ན་ཁམས་དྲུག་ལྡན་པའི་འགྲོ་བ་གང་དག་ལས་ དབང་གིས་འཆི་བའི་དུས་ལ་ཉེ་བར་སླེབས་པའི་ཚེ་ཁམས་དང་རླུང་སེམས་རིམ་པས་ཇི་ལྟར་ སྡུད་ཚུལ་ལ་གསུམ་སྟེ། དབང་པོ་རྣམས་དང། འབྱུང་བ་རྣམས་དང༌། རོ་རྐྱང་གི་རླུང་བཅས་ རིམ་གྱིས་སྡུད་པ་ཡིན་ལ། དེ་དག་ལས་ཐོག་མར་དབང་བོ་རྣམས་འགག་པའི་ཚུལ་ནི། ཡེ་ ཤེས་མངོན་འབྱུང་གི་རྒྱུད་ལས། ལུས་ཅན་རྣམས་ནི་འཆི་བའི་ཚེ། །གཟུགས་ནི་སྒྲ་ལ་ཐིམ་ པར་འགྱུར། །སྒྲ་ནི་དྲི་རོ་རེག་ལ་ཐིམ། །རེག་བྱ་ཆོས་ལ་ཐིམ་པར་འགྱུར། །ཞེས་གསུངས་པ་ ལྟར་ལུས་ཅན་རྣམས་འཆི་བའི་ཚེ་གཟུགས་སྒྲ་ལ་ཐིམ་པ་ཞེས་པ་ནི་མིག་ཤེས་ཀྱིས་གཟུགས་ མཐོང་བའི་ནུས་པ་ནང་དུ་སྡུད་དེ་མིག་ལམ་དུ་གཟུགས་མི་གསལ་ཞིང་སྒྲ་འཛིན་རྣ་ཤེས་ སོགས་འཇུག་ཤེས་གཞན་བཞི་པོའི་ཡུལ་སྣང་ཅུང་མ་འགགས་པའི་སྐབས་ན་ཡིན། སྒྲ་དྲི་ལ་ ཐིམ་པ་ནི་རྣ་བའི་ཤེས་པས་སྒྲ་ཐོས་པའི་ནུས་པ་ནང་དུ་སྡུད་ནས་རྣ་བས་སྒྲ་མི་ཚོར་ཞིང་དྲི་ འཛིན་སྣ་ཤེས་སོགས་དབང་ཤེས་གཞན་གསུམ་གྱི་ཡུལ་སྣང་ཙམ་མ་ནུབ་པའི་དུས་ན་ཡིན། དྲི་རོ་ལ་ཐིམ་པ་ནི་སྣ་ཤེས་ཀྱིས་དྲི་འཛིན་པའི་ནུས་པ་ནང་དུ་སྡུད་ནས་སྣའི་རླུང་དལ་གྱིས་རྒྱུ་ བ་ལས་མེད་ཅིང་རོ་འཛིན་ལྕེ་ཤེས་སོགས་དབང་ཤེས་གཞན་གཉིས་ཀྱི་ཡུལ་སྣང་མ་ འགགས་པའི་དུས་ན་ཡིན། རོ་རེག་བྱ་ལ་ཐིམ་པ་ནི་ལྕེ་ཤེས་གྱིས་རོ་མྱོང་བའི་ནུས་པ་ནང་དུ་ སྡུད་དེ་ལྕེ་སྦོམ་ཞིང་སྔོ་བར་གྱུར་ཅིང་རེག་འཛིན་ལུས་ཤེས་ཙམ་གྱི་ཡུལ་སྣང་ལས་མ་ལྷག་ པའི་སྐབས་ན་ཡིན། རེག་བྱ་ཆོས་དབྱིངས་ལ་ཐིམ་པ་ནི་ལུས་ཤེས་ཀྱིས་རེག་བྱ་འཛིན་པའི་ ནུས་པ་ནང་དུ་འགགས་ནས་ལུས་བསྒུལ་བསྐྱོད་མི་ནུས་པར་ནང་ཡིད་ཤེས་ཀྱི་སྣང་ལོག་ འཁྲུལ་བ་འབའ་ཞིག་པའི་མཐོང་ཚུལ་ལ་སྤྱོད་བཞིན་དབང་པོ་ལྔ་ཀ་རིམ་པར་ཐིམ་ཟིན་པའི་ 8-1-279 སྐབས་དེ་ཡིན་ལ། དེ་ལྟ་བུའི་སྣང་བ་གང་དང་གང་ད་ལྟ་ཁྱོ ད་རང་ལ་ཤར་བར་གྱུར་ན་དབང་ གཟུགས་ཀྱི་རྣམ་པའི་ཚོགས་ནང་དུ་སྡུད་པའི་རྟགས་ཡིན་ཕྱིར་སྡུད་རིམ་དེ་དག་གི་ཚུལ་ངོ་ ཤེས་པར་གྱིས་ལ་བདེན་ཞེན་འཇིགས་སྐྲག་མི་སྐྱེ་བར་བདེན་མེད་རྨི་ལམ་ཡུལ་སྣང་བཞིན་ དུ་ངོ་ཟིན་པ་གལ་ཆེའོ། །གཉིས་པ་འབྱུང་བ་རྣམས་ནང་དུ་སྡུད་པའི་ཚུལ་ནི། གཉིས་མེད་ རྣམ་རྒྱལ་གྱི་རྒྱུད་ལས། དང་པོ་ས་ནི་ཆུ་ལ་ཐིམ། །ཆུ་ཡང་མེ་ལ་ཐིམ་འགྱུར་ཏེ། །མེ་ནི་རླུང་ལ་ ཐིམ་འགྱུར་བས། །རླུང་ཡང་རྣམ་པར་ཤེས་པར་ཐིམ། །རྣམ་ཤེས་གཟུང་བ་དེ་ཉིད་ནི། །འོད་ གསལ་བ་ལ་འཇུག་པར་འགྱུར། །ཞེས་གསུངས་པ་ལྟར་དབང་པོ་རྣམས་འགག་ལ་ཉེ་སྐབས་ ཅི་རིགས་ན་འབྱུང་བཞིའི་རླུང་རྣམས་ཀྱང་རིམ་པས་ཐིམ་པར་འགྱུར་བ་སྟེ། དེ་ཡང་ལུས་ཀྱི་ ས་རླུང་རྣམས་ཀྱིས་ལུས་སེམས་ཟུང་འབྲེལ་གྱི་རྟེན་བྱེད་པ་དོར་ཏེ་ཆུ་མེ་རླུང་གི་འབྱུང་བ་ གཞན་གསུམ་ལ་རྟེན་བྱེད་པ་ནི་ས་རླུང་ཆུ་ལ་ཐིམ་པ་ཡིན། དེ་དུས་སུ་ཕྱི་རྟགས་ལུས་ཚུགས་ མི་ཐུབ་ཅིང་གཏིང་དུ་བྱིང་བ་ལྟ་བུའི་སྣང་བ་འཆར་ལ་ནང་རྟགས་ནམ་མཁའ་སྔོ་སངས་ཀྱི་ ངོར་དུ་བ་ལྟ་བུའི་ནག་ལིང་ངེ་བས་ཁྱབ་ཅིང་རི་བོ་བསྙིལ་བ་ལྟ་བུའི་ས་སྒྲ་འཇིགས་སུ་རུང་ བའི་སྣང་བ་འཆར། ཆུ་རླུང་རྣམས་ཀྱིས་ལུས་སེམས་ཟུང་གི་རྟེན་མི་བྱེད་པར་མེ་རླུང་གི་འབྱུང་ བ་གཉིས་ལ་རྟེན་བྱེད་པ་ནི་ཆུ་རླུང་མེ་ལ་ཐིམ་པ་ཡིན། དེ་དུས་སུ་ཕྱི་རྟགས་ཁ་སྣ་སྐམ་ཞིང་ལྕེ་ ཕུགས་སུ་བཟློ ག་སྟེ་སོ་གཙིགས་ཤིང་འཐམ། ནང་རྟགས་སྔར་གྱི་དུ་བའི་སྣང་བ་ཡལ་རྗེས་ སུ་ནམ་མཁའ་སྔོ་སངས་ལ་སྨིག་རྒྱུ་ལྟ་བུ་སྔོ་ཧྲམ་མེ་བ་དང་ཁྲ་ཆེམ་མེ་བའི་སྣང་བ་དང་རྒྱ་ མཚོའི་རླབས་ཀྱིས་དེད་པ་སོགས་ཆུ་སྒྲ་འཇིགས་སུ་རུང་པའི་ལོག་སྣང་འཆར། མེ་རླུང་རྣམས་ ཀྱིས་ལུས་སེམས་ཟུང་གི་རྟེན་མི་བྱེད་པར་རླུང་ཁམས་འབྱུང་བ་ཙམ་གྱིས་འཚོ་རྟེན་བྱེད་པ་ནི་ མེ་རླུང་རླུང་ལ་ཐིམ་པ་ཡིན། དེ་དུས་སུ་ཕྱི་རྟགས་ལུས་ཀྱི་དྲོད་མཐའ་ནས་ཡལ་ཞིང་ནང་ རྟགས་སྔར་གྱི་སྨིག་རྒྱུའི་སྣང་བ་ཡལ་རྗེས་ནམ་མཁའ་སྔོ་སངས་ལ་སྲིན་བུ་མེ་ཁྱེར་ལྟ་བུའི་ 8-1-280 དམར་ཚེག་ཚེག་གིས་གང་བའི་སྣང་བ་དང་བསྐལ་པ་འཇིག་པའི་མེ་སྒྲ་སོགས་མེ་དཔུང་གི་ སྒྲ་འཇིགས་སུ་རུང་བའི་སྣང་བ་འཆར། དེ་ནས་འབྱུང་བ་རླུང་ཁམས་གང་དག་གིས་ལུས་ སེམས་ཟུང་འབྲེལ་དུ་གནས་པའི་རྟེན་བྱེད་པའང་བཏང་སྟེ་རྣམ་པར་ཤེས་པ་དབུ་མའི་ནང་དུ་ གནས་པ་ནི་རླུང་རྣམ་ཤེས་ལ་ཐིམ་པ་ཡིན་དེ་དུས་སུ་ཕྱི་རྟགས་ཁ་སྣའི་རླུང་གི་རྒྱུ་བ་ཆད་ཅིང་ ནང་རྟགས་སྔར་གྱི་མེ་ཁྱེར་གྱི་སྣང་བ་ཡལ་རྗེས་ནམ་མཁའ་སྔོ་སངས་ལ་མར་མེ་འབར་བ་ལྟ་ བུས་ཁྱབ་པའི་སྣང་བ་དང་རླུང་ནག་འཚུབ་མས་དེད་པ་སོགས་རླུང་གི་སྒྲ་འཇིགས་སུ་རུང་ བའི་སྣང་བ་འཆར། དེ་མཚམས་ནས་ནང་རྣམ་པར་ཤེས་པའང་རིམ་པས་དྭངས་གསལ་དུ་ འཆར་ཚབས་ཇེ་ཆེར་གྱི་མགོ་བརྩམ་པ་ན་རྣམ་ཤེས་ཀྱི་གཟུང་ཆ་དེ་ཉིད་སྟོང་པ་འོད་གསལ་ ལ་འཇུག་པ་ཡིན་པས་འབྱུང་བ་སྡུད་རིམ་གྱི་རྣམ་པ་དེ་ལྟ་བུ་ད་ལྟ་གང་ཤར་བ་ཐམས་ཅད་ ཁྱོད་རང་གིས་བདེན་མེད་སྒྱུ་མའི་ཚུལ་དུ་ཐག་བཅད་ནས་སྣང་ཙམ་བརྫུན་པ་ཉིད་དུ་ངོས་ ཟིན་པ་གལ་ཆེའོ། །གསུམ་པ་རོ་རྐྱང་གི་རླུང་བཅས་དབུ་མར་འགགས་ནས་འཆི་སེམས་འོད་ གསལ་བ་རིམ་པས་འཆར་ཚུལ་ནི། གུར་གྱི་རྒྱུད་ལས། འཆི་བ་ཞེས་པ་རྣམ་རྟོག་སྟེ། །དག་ པའི་གནས་སུ་འཁྲིད་པའོ། །ཞེས་གསུངས་པ་ལྟར་ཉོན་མོངས་དུག་གསུམ་གྱི་བྱེད་ལས་སུ་ བྱུང་བ་ཀུན་རྟོག་བརྒྱད་ཅུའི་རྩུབ་རེག་ཅི་རིགས་དང་བྲལ་བས་དག་པའི་གནས་ལུགས་ཀྱི་ རིག་ཤེས་ཇེ་ཟབ་ཏུ་ཤར་བ་སྣང་མཆེད་ཐོབ་པ་འཆི་སེམས་འོད་གསལ་དང་བཅས་པའང་ འདི་བཞིན་འཆར་འོང་བ་སྟེ། དེ་ལ་ཐོག་མར་སྤྱི་བོ་ནས་ཕ་ལས་ཐོབ་པའི་ཐིག་ལེ་དཀར་པོ་ དེ་རྩ་དབུ་མའི་ནང་དུ་མར་འོང་བ་ལ་བརྟེན་སེམས་ཀྱི་གནས་སྣང་དུ་སྔར་སྣང་གནས་འགྱུར་ ཏེ་ནམ་མཁའ་སྔོ་སངས་ལ་ཟླ་འོད་ཤར་བ་ལྟ་བུའི་དཀར་ལམ་གྱི་སྣང་བ་འཆར་ཞིང་ཞེ་སྡང་ ལས་གྱུར་པའི་རྟོག་ཚོགས་རགས་པ་སུམ་ཅུ་སོ་གསུམ་འགགས་གཞིའི་སྣང་བའི་ཡེ་ཤེས་ ཞེས་བྱ་བ་དེ་མངོན་དུ་གྱུར་པ་ཡིན། དེ་ནས་ལྟེ ་བ་ནས་མ་ལས་ཐོབ་པའི་ཐིག་ལེ་དམར་བོ་དེ་ 8-1-281 དབུ་མའི་ནང་གྱེན་དུ་ལོག་པ་ལ་བརྟེན་སྣང་བ་སྔ་མ་གནས་འགྱུར་ཏེ་ནམ་མཁའ་སྔོ་སངས་ ལ་ཉི་འོད་ལྟ་བུའི་དམར་ལམ་མེ་བས་ཁྱབ་བའི་སྣང་བ་འཆར་ལ་འདོད་ཆགས་ལས་གྱུར་ པའི་རྟོག་ཚོགས་ཅུང་ཟད་རགས་པ་བཞི་བཅུ་འགགས་གཞིའི་མཆེད་པའི་ཡེ་ཤེས་ཞེས་བྱ་བ་ དེ་མངོན་དུ་གྱུར་པ་ཡིན། དེ་ནས་ཡང་ཐིག་ལེ་དཀར་དམར་གཉིས་སྙིང་ཁའི་དབུ་མའི་ནང་ ལ་གའུ་ཁ་སྦྱོར་ལྟ་བུར་གྱུར་པའི་ནང་དུ་རྣམ་པར་ཤེས་པ་ཐིམ་པའི་ཚེ་ན་སྣང་བ་སྔ་མ་ཡལ་ རྗེས་ནམ་མཁའ་སྔོ་སངས་ལ་མཚན་མོའི་སྨག་ལྟ་བུའི་ནག་ངམ་མེ་བས་ཁྱབ་པའི་སྣང་བ་ འཆར་བའི་སྐབས་སུ་གཏི་མུག་ལས་གྱུར་པའི་རྟོག་ཚོགས་ཅུང་ཟད་ཕྲ་བ་བདུན་འགགས་ ནས་གཞིའི་ཐོབ་པའི་ཡེ་ཤེས་ཞེས་བྱ་བ་དེ་མངོན་དུ་གྱུར་པ་ཡིན་འདི་དུས་དྲན་རིག་གསལ་ བོ་ཡོད་པའི་སྐབས་ན་ཐོབ་པའི་སྟོད་ཡིན་ཞིང་དེ་རྗེས་ཙམ་ན་རིག་ཤེས་མི་གསལ་བར་གྱུར་ ཏེ་བརྒྱལ་བ་ལྟ་བུ་ཞིག་འོང་དེ་ནི་ཐོབ་པའི་སྨད་ཆ་ཡིན། བརྒྱལ་བ་དེ་སངས་རྗེས་སུ་ནམ་ མཁའ་བསླད་བྱེད་ཀྱི་སྐྱོན་གསུམ་དང་བྲལ་བའི་སྟོན་ནམ་གཡའ་དག་ལྟ་བུའི་སྔོ་སངས་ འབའ་ཞིག་གི་སྣང་བ་འཆར་ཏེ་སེམས་གཡོ་རྟོག་ཐམས་ཅད་དང་བྲལ་བ་ཞིག་འོང་འདི་ནི་ འཆི་བ་འོད་གསལ་གྱི་སེམས་ཞེས་བྱ་བ་དེ་ཡིན་པས་དེའི་ངང་དུ་མཉམ་པར་འཇོག་ཅི་ཐུབ་ གྱིས་ལ་རིག་པ་འོད་གསལ་གྱི་རང་ངོ་ཟིན་པའི་ཐབས་ལ་འབད་པ་གལ་ཆེའོ། །འོ་དེ་ལྟ་བུའི་ འཆི་བ་འོད་གསལ་གྱི་ངང་ནས་རིག་པའི་རང་ངོ་ཇེ་གསལ་དུ་གྱུར་ཏེ་གདོད་མ་ཆོས་སྐུའི་ དབྱིངས་སུ་འཕོ་བར་བྱེད་བའི་ཐབས་ཉེ་བར་སྟོན་པ་ལ་ད་སྐབས་འཆི་བ་འོད་གསལ་རྟོག་ མེད་ལས་ཅུང་ཟད་གཡོ་བ་ནམ་བྱུང་ཚེ་བར་དོ་གྲུབ་རན་པ་ཡིན་པས་དེའི་བར་དུ་འཇིག་རྟེན་ འདིའི་སྣང་བ་ནུབ་ཅིང་བར་སྲིད་དང་བཅས་པའི་ཕྱི་མ་མ་ཤར་བའི་སྐབས་ཡིན་ཕྱིར་ཡིན་ ལུགས་དེ་ལྟར་དུ་ངོ་ཤེས་པར་མཛོད་ལ་གནས་སྐབས་འདི་ནས་ཡང་དག་པའི་སྐྱེ་སྲིད་བཟང་ པོ་ལ་འཕོ་ཐབས་བྱེད་དགོས་ན་ཁྱོ ད་ཀྱིས་འདི་བཞིན་གོ་དོན་ཡིད་ལ་ཞོག་ཅིག གནས་ 8-1-282 མཆོག་འོག་མིན་གྱི་ཞིང་དུ་ཕ་བླ་མ་རྡོ་རྗེ་འཆང་སོགས་ཕྱོགས་བཅུའི་ཞིང་རབ་འབྱམས་ན་ རྒྱལ་བ་སྲས་བཅས་དེ་སྙེད་ཀྱི་གྲངས་བཞུགས་པ་གང་དག་ད་ལན་ཐག་རིང་མ་ཡིན་པར་ རང་ཅག་གིས་དག་སྣང་མོས་འདུན་གྱིས་ཡིད་ལ་གང་བྱེད་པའི་གནས་སུ་ཉེ་རིང་ཁྱད་མེད་དུ་ ངེས་པར་སྐྱབས་གནས་མཆོག་གྱུར་དེ་དག་བཞུགས་ཡོད་པ་ནམ་ཡང་མི་བསླུ་བས་ན་གནས་ དག་པ་མཁའ་སྤྱོད་ཟེར་བ་དེ་ཐག་རིང་ན་མེད་པར་རང་གིས་དག་སྣང་གང་བྱེད་ཀྱི་ཡུལ་དེ་ ཡིན་པས་ཞིང་མཆོག་དེར་བགྲོད་ཐབས་ཐོག་མར་གནས་ངན་དུ་སྐྱེ་བའི་སྒོ་བཀག་པའི་སྒོ་ ནས་གནས་བཟང་དེར་འཕོ་དགོས་པས་སྐྱེ་བ་ངན་པའི་སྒོ་ཡང་གང་ཞེ་ན། དཔལ་རྡོ་རྗེ་ མཁའ་འགྲོ་མའི་རྒྱུད་ལས། མཆོག་དང་ཐ་མའི་བྱེ་བྲག་རྣམས། །མདོར་བསྡུས་ནས་ནི་བཤད་ པར་བྱ། །ལྟེ ་བ་ནས་ནི་འདོད་ཁམས་ལྷ། །ཐིག་ལེའི་གཟུགས་ཅན་མཐོ་རིས་སྟེ། །སྟེང་ནས་ འགྲོ་བའི་སྟེང་ནས་ནི། །མྱུརུ་དུ་འགྲོ་བ་བྱེད་པར་འགྱུར། །སྣ་ནས་གནོད་སྦྱིན་གནས་སུ་སྐྱེ། །རྣ་བ་དག་ལ་མི་འམ་ཅི། །གལ་དེ་མིག་ལའང་རྣམ་ཤེས་སྐྱེ། །མི་རྣམས་ཀྱི་ནི་བདག་པོར་ འགྱུར། །སྲེད་པའི་སྒོ་ནི་ཡི་དྭགས་ཏེ། །དེ་བཞིན་ཆུ་ལམ་དུད་འགྲོ་སྟེ། །ཆུ་མིན་གྱིས་ནི་ དམྱལ་བར་འགྲོ། །ཐར་པའི་ལམ་ནས་གནས་སུ་འགྲོ། །ཞེས་གསུངས་པ་ལྟར་རིག་པ་འཆི་ སེམས་ལས་ལྡང་བར་ཆས་ཚེ་གནས་སྣང་གསར་བ་ཤར་ཏེ་ཤི་བའི་ལུས་ཀྱི་འཁོར་བར་ གནས་ངན་ལེན་གྱི་སྐྱེ་སྒོ་གང་ཤར་དག་ངོ་ཟིན་པར་བྱས་ནས་དེ་དག་གི་ཕྱོགས་སུ་བློ་རྩེ་མི་ གཏོད་པར་ཡར་དག་པའི་ཞིང་གི་རྒྱལ་བ་སྲས་བཅས་ལེགས་བཞུགས་ཀྱི་མདུན་དྲུང་དུ་བློ་སྣ་ རྩེ་གཅིག་པར་ཕྱོགས་པ་འདི་གལ་ཤིན་ཏུ་ཆེ་བ་ཡིན། དེ་ཡང་ཁྱོ ད་རང་གི་འོག་ཕྱོགས་སུ་ གནམ་སྒོ་ཐུར་བསྟན་ལྟ་བུ་གཅིག་ཡོད་པ་ནི་ཆུ་མིན་ཏེ་འོག་སྒོ་བཤང་བའི་ལམ་དམྱལ་བར་ འགྲོ་བའི་སྒོ་ཡིན་པས་དེར་མ་འགྲོ་ཡར་དག་ཞིང་ན་སྐྱབས་མགོན་རྒྱལ་བ་སྲས་བཅས་ བཞུགས་པའི་དྲུང་དུ་ཤོག་ཅིག འོག་ཁང་གི་གློ་སྒོ་ཐུར་དུ་བསྟན་པ་འདྲ་བ་གཅིག་ཡོད་པ་ནི་ 8-1-283 ཆུ་ལམ་གསང་བའི་བུ་ག་དུད་འགྲོར་སྐྱེ་བའི་ལམ་ཡིན་པས་དེར་མ་འགྲོ་ཡར་དག་ཞིང་ན་ སྐྱབས་མགོན་རྒྱལ་བ་སྲས་བཅས་བཞུགས་པའི་དྲུང་དུ་ཤོག་ཅིག སྟེང་ཁང་གི་སྒོ་ཆེན་ཕྱེས་ པ་འདྲ་བ་གཅིག་ཡོད་པ་ནི་སྲེད་པ་ཁའི་སྒོ་ཡི་དྭགས་སུ་སྐྱེ་བའི་ལམ་ཡིན་པས་དེར་མ་འགྲོ་ ཡར་དག་ཞིང་ན་སྐྱབས་མགོན་རྒྱལ་བ་སྲས་བཅས་བཞུགས་པའི་དྲུང་དུ་ཤོག་ཅིག འོག་ཁང་ གི་གློ་སྒོ་འཕྲེད་བསྟན་འདྲ་བ་གཅིག་ཡོད་པ་ནི་ལྟེ་བ་འདོད་ལྷར་སྐྱེ་བའི་ལམ་ཡིན་པས་དེར་ མ་འགྲོ་ཡར་དག་ཞིང་ན་སྐྱབས་མགོན་རྒྱལ་བ་སྲས་བཅས་བཞུགས་པའི་དྲུང་དུ་ཤོག་ཅིག སྟེང་ཁང་སྒོ་ཆུང་ཉིས་གཤིབ་འདྲ་བ་གཉིས་ཡོད་པ་ནི་སྣ་བུག་གཉིས་གནོད་སྦྱིན་དང་མིར་སྐྱེ་ བའི་ལམ་ཡིན་པས་དེར་མ་འགྲོ་ཡར་དག་ཞིང་ན་སྐྱབས་མགོན་རྒྱལ་བ་སྲས་བཅས་ བཞུགས་པའི་དྲུང་དུ་ཤོག་ཅིག སྟེང་ཁང་གི་གློ་སྒོ་ལྷོ ་བྱང་དུ་བསྟན་པ་འདྲ་བ་གཉིས་ཡོད་པ་ ནི་རྣ་བ་གཡས་གཡོན་མི་འམ་ཅིའམ་ལྷ་མིན་དང་གྲུལ་བུམ་དུ་སྐྱེ་བའི་ལམ་ཡིན་པས་དེར་མ་ འགྲོ་ཡར་དག་ཞིང་ན་སྐྱབས་མགོན་རྒྱལ་བ་སྲས་བཅས་བཞུགས་པའི་དྲུང་དུ་ཤོག་ཅིག སྟེང་ གི་ཤར་ངོས་སུ་སྒོ་སྐར་ཁུང་ཕྱེས་པ་འདྲ་བ་གཉིས་ཡོད་པ་ནི་མིག་གཉིས་མི་རྣམས་ཀྱི་བདག་ པོ་འཁོར་བསྒྱུར་དུ་སྐྱེ་བའི་ལམ་ཡིན་པས་དེར་མ་འགྲོ་ཡར་དག་ཞིང་ན་སྐྱབས་མགོན་རྒྱལ་ བ་སྲས་བཅས་བཞུགས་པའི་དྲུང་དུ་ཤོག་ཅིག ཤར་དུ་གསལ་ཁུང་ཆུང་ངུ་འདྲ་བ་གཅིག་ཡོད་ པ་ནི་སྨིན་མཚམས་ཐིག་ལེའི་གཟུགས་ཅན་མཐོ་རིས་སྟེང་ཕྱོགས་གཟུགས་ཁམས་སུ་སྐྱེ་བའི་ ལམ་ཡིན་པས་དེར་མ་འགྲོ་ཡར་དག་ཞིང་ན་སྐྱབས་མགོན་རྒྱལ་བ་སྲས་བཅས་བཞུགས་ པའི་དྲུང་དུ་ཤོག་ཅིག སྟེང་གི་ཤར་ནུབ་གཉིས་ལ་གསལ་ཁུང་ཆུང་ངུ་འདྲ་བ་གཉིས་ཡོད་པ་ ནི་ཐིག་ལེའི་གཟུགས་ཅན་གྱི་ཆར་གཏོགས་དཔྲལ་བ་དང་ལྟག་པའི་བུ་ག་མཐོ་རིས་གཟུགས་ མེད་དུ་སྐྱེ་བའི་ལམ་ཡིན་པས་དེར་མ་འགྲོ་ཡར་དག་ཞིང་ན་སྐྱབས་མགོན་རྒྱལ་བ་སྲས་ བཅས་བཞུགས་པའི་དྲུང་དུ་ཤོག་ཅིག འོ་ད་ནི་གནས་སྒོ་གང་གི་ལམ་ནས་དག་པ་མཁའ་ 8-1-284 སྤྱོད་དུ་འགྲོ་དགོས་སྙམ་ན་སྟེང་གི་དཀྱིལ་དྲང་པོ་ན་སྐར་ཁུང་ཕྱེས་པ་འདྲ་བའི་སྒོ་གཅིག་ཡོད་ པ་ནི་སྤྱི་གཙུག་ཚངས་པའི་བུ་ག་དག་པ་མཁའ་སྤྱོད་དུ་འགྲོ་ལམ་ཡིན་པས་ལམ་དེ་ནས་དག་ ཞིང་གི་རྒྱལ་བ་སྲས་བཅས་ཀྱི་དྲུང་དུ་ཤོག་ཅིག སྤྱི་བོའི་ཚངས་བུག་དེ་ནས་རྣམ་ཤེས་ཕྱིར་ ཐོན་ན་སྐྱེ་བ་རབ་དུ་འགྱུར་ཚུལ་དང་འོག་གི་ལམ་ནས་ཐོན་ན་གནས་ངན་དུ་སྐྱེ་བའི་ཚུལ། མཁའ་འགྲོ་མ་རྟོགས་པའི་རྒྱུད་དུ། རྣམ་ཤེས་རླུང་ལ་ཞོན་ནས་ནི། །འོག་གི་ལམ་དུ་འཕོས་ འགྱུར་ན། །ཆོས་ལ་གོམས་པའི་གང་ཟག་ཀྱང༌། །ངན་སོང་དག་དུ་སྐྱེ་བར་འགྱུར། །སྟེང་གི་ ལམ་ལ་འཕོས་འགྱུར་ན། །སྡིག་ལ་གོམས་པའི་གང་ཟག་ཀྱང༌། །མཐོ་རིས་དག་དུ་སྐྱེ་བར་ འགྱུར། །མགྲོན་པོ་ལམ་དུ་ཞུགས་པའི་མི། །གྲོགས་ཀྱིས་བསྒྱུར་བ་ཇི་བཞིན་ནོ། །ཞེས་ གསུངས་པ་ལྟར་རྣམ་པར་ཤེས་པ་ལས་རླུང་གི་ཤུགས་ཀྱིས་དེད་པ་གང་དེ་ཤི་བའི་ལུས་ཀྱི་ འོག་ལམ་ནས་འཕོས་ན་ཆོས་ལ་གོམས་པ་ཅན་དག་ཀྱང་རྐྱེན་དེས་སྐོར་གཅིག་ལ་ངན་སོང་ དུ་སྐྱེ་ཞིང་སྟེང་སྒོ་ཚངས་བུག་སོགས་ནས་འཕོས་ན་སྡིག་ལ་གོམས་པ་ཅན་ཡིན་ཀྱང་དེ་ འཕྲལ་རྐྱེན་ཀྱིས་བསྒྱུར་ཏེ་མཐོ་རིས་སུ་སྐོར་རེ་སྐྱེ་བར་གསུངས་པ་དེས་དཔག་སྟེ་ཡིད་ཆེས་ བསྐྱེད་པར་བྱ་རིགས་པ་དེ་བས་ན་ད་ལན་གྱི་སྐབས་འདིར་ཕྱི་མར་ལུས་རྟེན་ཁྱད་པར་ཅན་ ལ་སྦྱོར་བའི་ཆེད་དུ་ཟབ་ལམ་འཕོ་བའི་མན་ངག་སྒོམ་པའི་ཐབས་ལ་སེམས་ལེགས་པར་ གཏོད་ཅིག ཅེས་སྤྲོ་ན་ངོ་སྤྲོད་རྒྱས་པ་བྱ་ལ། དེ་ཙམ་མི་ནུས་ན་བསྡུས་པ་འདི་ཙམ་བྱ་བ་སྟེ། གོང་སྒོ་དགུ་བཀག་མཚམས་ནས། འོ་ཚེ་དུས་ལས་འདས་པ་ཆྒཻ་ མོ། ཁྱོ ད་མ་གཡེངས་བར་ཉོན་ཅིག ཁྱོ ད་ལ་ད་སྐབས་འཆི་བ་ཟེར་རྒྱུ་དེ་སླེ བས་ནས་འདུག་ དེའི་རྟགས་ནི་ཐོག་མར་ལུས་ཀྱི་དབང་པོ་རྣམས་ནང་དུ་སྡུད་པའི་དུས་སུ་མིག་ལམ་དུ་རིམ་ པས་གཟུགས་རྣམས་མི་གསལ་རྣ་བས་ཀྱང་སྒྲ་ཐོས་པའང་དེ་ལུགས་ལྟར་ཞན་པར་གྱུར་ཏེ་ སྣ་བུག་གི་རྒྱུ་བ་དལ་གྱིས་འགྲོ་ཞིང་ལྕེ་སྦོམ་ལ་འཁུམས་པར་གྱུར་ནས་ལུས་ཀྱིས་བསྒུལ་ 8-1-285 བསྐྱོད་མི་ནུས་པ་དག་བྱུང་ན་དབང་པོ་རྣམས་རིམ་གྱིས་ཐིམ་པའི་རྟགས་སུ་ངོ་ཤེས་པར་གྱིས་ ཤིག འོ་ཁྱོ ད་རང་གི་ལུས་ཀྱི་འབྱུང་བ་རྣམས་ཐིམ་པའི་རྟགས་ལ་ལུས་ཀྱི་ཚུགས་མི་ཐུབ་ཅིང་ ས་སྒྲ་འཇིགས་སུ་རུང་བའི་སྣང་བ་དང༌། ཁ་སྣ་སྐམ་ཞིང་ཆུ་སྒྲ་འཇིགས་སུ་རུང་བའི་སྣང་ བ་དང༌། ལུས་ཀྱི་དྲོད་མཐའ་ནས་ཡལ་ཏེ་མེ་སྒྲ་འཇིགས་སུ་རུང་བའི་སྣང་བ་དང༌། ཁ་སྣའི་ རླུང་གི་རྒྱུ་བ་ཆད་ནས་རླུང་སྒྲ་འཇིགས་སུ་རུང་བའི་སྣང་བ་རྣམས་བྱུང་ན་ཁྱོད་རང་གི་ལུས་ ཀྱི་འབྱུང་བཞིའི་རླུང་མཐའ་དག་རིམ་གྱིས་ཐིམ་པའི་རྟགས་སུ་ངོ་ཤེས་པར་གྱིས་ཤིག འོ་དེ་ ནས་ཀྱང་ཁྱོད་རང་ལ་སྙིང་ཁར་ཁམས་དཀར་དམར་འདྲེས་པའི་དབུས་སུ་རྣམ་པར་རིག་པ་ ཉེ་བར་ཐིམ་པའི་སྐབས་ན་སྣང་བ་དཀར་ལམ་པ་མཆེད་པ་དམར་ལམ་པ་ཐོབ་པ་ནག་ལམ་ པ་གསུམ་རིམ་པས་ཤར་ནས་སྣང་བ་སྟོན་ནམ་གཡའ་དག་གི་རྣམ་པ་སེམས་རིག་གཡོ་རྟོག་ ཐམས་ཅད་དང་བྲལ་བའི་བཅོས་མེད་རང་གསལ་གྱི་འཆི་སེམས་ཀྱི་ཐོག་ཏུ་རེབ་ཙམ་བསྡད་ རྗེས་ནས་སྲིད་པ་བར་དོ་གྲུབ་རན་པ་ན་ཁྱོད་རང་གི་ལུས་ཀྱི་སྟོད་སྨད་ཀྱི་སྐྱེ་བ་བཟང་ངན་ ལེན་པའི་ལམ་སྒོ་གང་དག་གི་སྣང་བ་ཤར་སྐབས་སུ་སྤྱི་བོའི་ཚངས་བུག་ཐར་པའི་ལམ་ཁོ་ ན་མ་གཏོགས་ལམ་སྒོ་གཞན་རྣམས་སུ་བློ་རྩེ་མ་གཏོད་པར་ཡིད་རྩེ་གཅིག་པས་སྤྱི་གཙུག་གི་ སྒོ་ནས་རྒྱལ་བ་སྲས་བཅས་བཞུགས་པའི་དག་ཞིང་དུ་ལེགས་པར་ཤོག་ཅིག དེ་ལྟ་བུར་འོང་ བའི་ཆ་རྐྱེན་དུ་ངེད་ཅག་གིས་ཁྱོད་ལ་སྡིག་པོ་ཆེ་བཙན་ཐབས་སུ་འཚང་རྒྱ་བའི་གདམས་པ་ འཕོ་ལུང་ཟབ་མོ་སྦྱིན་པ་ཡིན་པས་དེ་ལུགས་ལྟར་གོ་དོན་ཡིད་ལ་བཞག་ནས་གུས་པས་ཉོན་ མཛོད། ཅེས་ངོ་སྤྲོད་བསྡུས་པ་སྟེ་རྒྱས་བསྡུས་གང་ཡང་རུང་བའི་མཐར་འོག་ནས་འཆད་འགྱུར་གྱི་འཕོ་བ་རྣམས་ཅི་ནུས་སུ་ བྱའོ། ། ༈ གསུམ་པ་བར་དོའི་སྐབས་ལ་ཇི་ལྟར་བྱ་ཚུལ་ནི། དུས་འཁོར་རྩ་རྒྱུད་ཀྱི་དུམ་བུ་དབང་མདོར་བསྟན་པ་ལས། ལུས་ ཅན་རྣམས་ནི་འཆི་བ་ན། །ཟླ་བ་བདུད་རྩི་ཐུར་དུ་འགྲོ། །སྟེང་དུ་ཉི་མ་རྡུལ་སྒྲ་གཅན། །ཞེས་གསུངས་པ་ལྟར་ཐ་མལ་བ་འཆི་ 8-1-286 སེམས་ཀྱི་མཐར་ཐོབ་མཆེད་སྣང་གསུམ་ལུགས་ལྡོག་ཏུ་ཤར་བའི་སྒོ་ནས་རྣམ་ཤེས་ལུས་ལས་ཕྱིར་ཐོན་པའི་རྟགས་སུ་ཁམས་ དཀར་ཆ་གསང་བའི་རྟགས་རྩེ་དང་དམར་ཆ་མགོའི་སྣ་རྩེ་ནས་འབབ་ཅིང་ཤི་བའི་ལུས་ཀྱི་ཤ་གང་འཐེན་པ་རྣམས་རང་སར་སྡོད་ པ་སོགས་རོ་མདོག་ཉམས་དམས་སུ་གྱུར་པའི་སྐབས་ནས་བཟུང་དེ་ཕན་ཆད་ནས་བར་དོའི་ངོ་སྤྲོད་བྱ་བའི་དུས་ལ་བབ་པ་སྟེ། དེ་ ཡང་ཆོ་ག་དང་མ་འབྲེལ་བ་འདི་ལྟ་བུའི་སྐབས་ལྟ་བུ་ལ་ངོ་སྤྲོད་འཕོ་འདེབས་པ་དག་གིས་ཐོག་མར་ཡི་དམ་བསྐྱེད་བཟླས་དང་ རོའམ་མིང་བྱང་ཅི་རིགས་ལ་རྟེན་བསྐྱེད་རྣམ་ཤེས་བཀུགས་པ་བགེགས་བསྐྲད་བྲབ་པ་ཇི་ལྟར་འཚམ་པ་རེ་བྱས་ནས། གསོལ། མཚན། སྔགས་སོགས་གོང་ལྟར་གྱིས་འདིར་བར་དོའི་ངོ་སྤྲོད་རྒྱས་པ་འདི་བཞིན་བྱ་བ་སྟེ། འཇིག་རྟེན་འདི་ནས་ཕ་ རོལ་ཏུ་སོང་བའི་དམིགས་ཡུལ་ཚེ་དུས་ལས་འདས་པ་ཆྒཻ་མོ་ཞེས་བྱ་བ་ཁྱོད་ཀྱི་བློ་རྩེ་གཅིག་ བསྒྲིལ་གྱིས་ལ་ངའི་ཚིག་གིས་གོ་བརྡ་གང་སྤྲད་པ་འདི་ཐམས་ཅད་ལ་ལེགས་པར་ཉན་ནས་ སེམས་ལ་ཟུངས་ཤིག འོ་དེ་ཡང་ད་ལྟ་ཁྱོ ད་རང་གི་གནས་ཚུལ་ནི་མདོ་རྒྱ་ཆེར་རོལ་པ་ལས། སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས། །འགྲོ་བའི་ཚེ་སྲོག་ནམ་མཁའི་གློག་འདྲ་སྟེ། །རི་གཟར་འབབ་ཆུ་བཞིན་དུ་མྱུར་མགྱོགས་ འགྲོ། །ཞེས་གསུངས་པ་ལྟར་སྤྱིར་ན་སྲིད་པ་གསུམ་གྱི་གནས་ཚུལ་ལ་རྟག་ཐུབ་པ་མེད་ཅིང་ ཁྱད་པར་འགྲོ་བ་གང་དག་གི་སྐྱེ་འཆི་ལ་ངེས་པ་མེད། ཡང་སྒོས་ཁྱོ ད་རང་མདང་ཞག་རྐྱེན་ དབང་གིས་ཚེ་དུས་བྱས་ནས་སྐྱེ་སྲིད་སྔ་མ་བོར་ཕྱི་མ་མ་ལོན་པའི་སྲིད་པ་བར་མ་དོ་ན་རྣམ་ ཤེས་རླུང་གི་ཞོན་པ་ཅན་དུ་གནས་པའི་སྒོ་ནས་འཁྲུལ་སྣང་དུ་མ་ལ་སྤྱོད་བཞིན་པའི་སྐབས་ ཡིན་པས་དེ་ལུགས་ངོ་ཤེས་པར་གྱིས་ཤིག ཚུལ་དེ་ངོ་ཇི་ལྟར་ཤེས་དགོས་ན་ད་ལྟའི་སྐབས་ འདིར་ངེད་ཅག་གིས་ཡི་དམ་ལྷའི་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་ལ་བརྟེན་ནས་ཁྱོད་ཀྱིས་ རྣམ་པར་ཤེས་པ་རིགས་དྲུག་གང་ན་གནས་ཀྱང་བཀུག་སྟེ་མདུན་གྱི་རྟེན་འདི་ཉིད་ལ་བསྟིམ་ ནས་བགེགས་བསལ་སྡིག་སྦྱངས་བྱས་ཏེ་སེམས་རྒྱུད་ལས་སུ་རུང་བར་བསྒྱུར་བཞིན་པ་ཡིན་ པས་ན་དེ་ལུགས་ངོ་ཟིན་པའི་ངང་ནས་བློ་སེམས་བག་ཕོབ་ལ་ཞིབ་ཏུ་དད་གུས་ཀྱི་སྒོ་ནས་ 8-1-287 ཉོན་ཅིག དེ་ལ་ད་སྐབས་ཁྱོ ད་བར་དོ་ན་སླེ བས་ཟིན་པས་སྐྱེ་བ་སྔོ ན་མའི་འདི་སྣང་གི་དངོས་ པོ་བཟང་ངན་ཐམས་ཅད་ལ་བློའི་ཆགས་སྡང་གི་ཞེན་སྒོ་མཐའ་དག་བཅད་ནས་སྲིད་པ་བར་ མ་དོའི་གནས་ཚུལ་འདི་ཉིད་ཇི་བཞིན་ངོས་ཟིན་པ་གལ་ཤིན་ཏུ་ཆེ་བས་དེང་སྐབས་བདག་ གིས་ཁྱོད་རང་གི་བར་དོ་ངོ་ཟིན་ཅིང་འཕྲོད་པའི་ཐབས་ལ་བར་དོའི་རྣམ་བཤད་ཀྱི་སྒོ་རགས་ རིམ་ཙམ་དབྱེ་བར་བགྱི་བ་སྟེ། དེ་ལའང་བར་དོའི་མཚན་ཉིད། བར་དོའི་རྟགས། བར་དོའི་ སྐབས་སུ་ཇི་ལྟར་བྱ་ཚུལ་དང་གསུམ་ལས། དང་པོ་ནི། ཆོས་མངོན་པ་མཛོད་ལས། འདིར་ གང་འཆི་དང་སྐྱེ་བ་ཡི། །སྲིད་པའི་བར་དུ་འབྱུང་བའོ། །ཞེས་གསུངས་པ་ལྟར་སྐྱེ་བ་འདིའི་ འཆི་བའི་སྲིད་པ་བྱུང་བའི་རྗེས་དང་སྐྱེ་སྲིད་ཕྱི་མ་མ་འོངས་པའི་སྔོན་གྱི་བར་དེར་བྱུང་བའི་ ཡིད་ལུས་སྲིད་པའི་རྟེན་ཡིན་པས་ན་བར་དོ་ཞེས་བྱ་ཞིང༌། བར་དོ་བ་དེའི་མིང་གི་རྣམ་གྲངས་ གཞན་ཡང་མཛོད་ལས། ཡིད་ལས་བྱུང་དང་སྲིད་ཚོལ་དང༌། །དྲི་ཟ་སྲིད་པ་བར་མ་དང༌། །འགྲུབ་པའོ། །ཞེས་པ་བཞིན་བར་དོ་བ་གང་དག་ནི་གདོས་བཅས་མེད་པར་ཡིད་ཙམ་ལ་ བརྟེན་ནས་བྱུང་བ་དང་སྐྱེ་སྲིད་ཕྱི་མ་འཚོལ་བའི་ངང་ཚུལ་ཅན་དང་དྲིས་འཚོ་བར་བྱེད་པ་དང་ འཆི་སྐྱེའི་སྲིད་པ་གཉིས་ཀྱི་བར་དུ་བྱུང་བ་དང་ཕྱི་མའི་སྐྱེ་བ་མངོན་པར་འགྲུབ་པའི་རྒྱུ་ཡིན་ པས་མིང་གི་རྣམ་གྲངས་དེ་ལུགས་ལྟར་དུ་གྲགས་ལ། སྐྱེ་བའི་ཚུལ་ཡང་མཛོད་ལས། སྲིད་པ་ བར་མ་རྫུས་ཏེ་སྐྱེ། །ཞེས་པ་ལྟར་བར་དོ་བ་གང་དག་ནི་སྐྱེ་གནས་བཞི་ལས་རྫུས་སྐྱེས་ཡིན་ པས་སྐད་ཅིག་གིས་ཀྲོང་ངེར་སྐྱེ་སླ་བའི་ངང་ཚུལ་ཅན་ཞིག་སྟེ་སྐྱེ་བཞིན་པའི་བྱད་དབྱིབས་ ཀྱང་མཛོད་ལས། སྔོ ན་དུས་སྲིད་འབྱུང་ཤ་ཚུགས་ཅན། །ཞེས་པ་སྐྱེ་སྲིད་ཕྱི་མའི་སྔོ ན་དུ་བར་ སྲིད་ཀྱི་ཡིད་ལུས་འབྱུང་བ་དེ་ནི་ཕྱི་མ་གང་དུ་སྐྱེ་བ་ལེན་འགྱུར་གྱི་གཟུགས་དེ་དང་འདྲ་བ་ དཔེར་ན་མིར་སྐྱེ་བར་འགྱུར་བའི་བར་དོ་མིའི་གཟུགས་དང་དུད་འགྲོར་སྐྱེ་ན་དེའི་བར་དོ་ དུད་འགྲོའི་གཟུགས་ཀྱི་རྣམ་པ་ལྟ་བུ་ཡིད་ལུས་དེ་ཉིད་ཇི་བཞིན་མཐོང་བའི་མངོན་ཤེས་ 8-1-288 སོགས་ཀྱི་སྣང་ངོར་ཡིན་ནའང་བར་དོ་བ་རང་སྣང་ལ་སྐྱེ་བ་སྔ་མའི་བག་ཆགས་ཀྱིས་རང་གི་ གནས་ཚུལ་སྔར་སྐྱེ་གཟུགས་གང་ཡིན་པ་དེའི་རྣམ་པར་ཤར་ནས་སྔར་གྱི་སྐྱེ་བའི་སྐབས་ཇི་ ལྟ་བ་དེ་ཡིན་སྙམ་པའི་འཁྲུལ་སྣང་འབྱུང་ལ། དེ་འདྲའི་བར་དོ་བ་ནི་ཐོག་མར་གང་གི་ མཚམས་ནས་སྐྱེ་བ་འགྲུབ་ན་འཆི་སེམས་ཀྱི་སྟེང་ནས་ལྡང་བ་ལ་ཉེ་སྐབས་ཐོབ་པ་བརྒྱལ་ བའི་མཐའ་ནས་ནག་ལམ་པ་དང་དེ་ནས་མཆེད་པ་དམར་ལམ་དང་སྣང་བ་དཀར་ལམ་པ་ རྣམས་ལུགས་ལྡོག་གི་ཚུལ་དུ་རིམ་པས་ཤར་རྗེས་ཙམ་ན་རིགས་དྲུག་གང་དུ་སྐྱེ་བ་ལེན་པར་ འགྱུར་བའི་བར་སྲིད་དེ་འགྲུབ་པ་ནས་བཟུང་ཕྱི་མའི་སྐྱེ་བ་མ་བླངས་ཀྱི་བར་དུ་བར་དོ་བའི་ གནས་སྐབས་ཡིན། བར་དོ་བའི་ལུས་གཟུགས་ཀྱང་མངོན་པ་ཀུན་བཏུས་ལས། གང་དུ་སྐྱེ་ བར་འགྱུར་བ་དེའི་བྱད་གཟུགས་སོ། །ཞེས་གསུངས་པའང་བར་དོ་བ་དེ་རང་གི་སྐྱེ་སྲིད་ཕྱི་ མའི་བྱད་གཟུགས་ཙམ་དེ་འདྲ་བར་གསུངས་ཀྱི་དབང་པོ་ཚང་མ་ཚང་སོགས་སྒོ་ཀུན་ནས་ འདྲ་དགོས་པར་ཡང་མ་གསུངས་ལ་ཚུལ་དེ་ལྟར་དུ་ཤེས་དགོས། བར་དོ་བའི་ལུས་དེ་ཤིན་ཏུ་ ཕྲ་ཞིང་དྭངས་པའི་འབྱུང་བ་ལ་བརྟེན་པ་ཡིན་པས་དེ་ཇི་ལྟར་མཐོང་ཚུལ་ལ་མཛོད་ལས། རིགས་མཐུན་ལྷ་མིག་དག་པས་མཐོང༌། །ཞེས་དང༌། ཀུན་བཏུས་ལས། སྐལ་བ་མཉམ་པའི་ སེམས་ཅན་རྣམས་ཀྱང་མཐོང་ངོ༌། །ཞེས་གསུངས་པ་རྣམས་ཀྱང་དཔེར་ན་འཛམ་བུའི་གླིང་དུ་ སྐྱེ་འགྱུར་གྱི་བར་དོ་བས་གླིང་དེར་སྐྱེ་འགྱུར་གྱི་བར་དོ་བ་གཞན་རྣམས་མཐོང་ལ་བ་གླང་ སྤྱོད་སོགས་གླིང་གཞན་གྱི་བར་དོ་བ་རྣམས་མི་མཐོང་བ་སོགས་གནས་རིགས་སྐལ་པ་མཐུན་ པའི་བར་དོ་རྣམས་ནང་ཕན་ཚུན་མཐོང་བ་དང་ལྷའི་མིག་གི་མངོན་ཤེས་ཐེ་ཚོམ་སོགས་སྐྱོན་ བཅུ་གཅིག་དང་བྲལ་བས་མཐོང་ལ་དེ་མིན་མངོན་ཤེས་ཕལ་བ་དང་གནས་རིགས་སྐལ་བ་ མི་མཐུན་པའི་བར་དོ་བ་དང་མངོན་ཤེས་མ་ཐོབ་པའི་རིགས་དྲུག་གི་སེམས་ཅན་དག་གིས་མི་ མཐོང་ངོ༌། །བར་དོ་བ་ལ་མཛོད་ལས། ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན། །དབང་པོ་ཀུན་ 8-1-289 ཚང་ཐོགས་མེད་རྒྱུ། །ཞེས་དང། ཀུན་བཏུས་ལས། འགྲོ་བ་ལ་ཐག་ཐོགས་མེད་དོ། །ཞེས་ དང། མཛོད་འགྲེལ་ལས། དེས་ན་འདི་ནི་སངས་རྒྱས་ཀྱིས་ཀྱང་དགག་པར་མི་སྤྱོད་དེ། ལས་ སྟོབས་དང་ལྡན་པའི་ཕྱིར། ཞེས་གསུངས་པ་རྣམས་ཀྱི་དགོངས་པའི་དོན་ཡང་བར་དོ་བ་གང་ དག་ལ་ཆོ་འཕྲུལ་སྣ་ཚོགས་སྟོན་པའི་རྫུ་འཕྲུལ་མེད་ཀྱང་རྫུ་འཕྲུལ་ཡིད་མགྱོགས་དང་འདྲ་ བར་ཐོགས་བཅས་གང་ལ་མི་ཐོགས་པར་གང་བསམ་པའི་གནས་དེར་སྐད་ཅིག་གིས་ཕྱིན་ པར་ནུས་པའི་རྫུ་འཕྲུལ་གྱི་ཤུགས་དང་ལྡན་ཞིང་ཐོགས་པ་མེད་པའི་མཐུ་དེ་འདྲ་ནི་ལས་ སྟོབས་ཆེ་བས་སངས་རྒྱས་ཀྱིས་ཀྱང་དགག་མི་ནུས་པར་གསུངས་ལ། ཀུན་བཏུས་ལས། སྐྱེ་ བའི་གནས་སུ་ཐོགས་སོ། །ཞེས་དང། མཛོད་འགྲེལ་ལས། སྲིད་པ་བར་མ་ནི་ལྟོ་བརྟོལ་ཏེ་ འཇུག་པ་མ་ཡིན་གྱི། ཞེས་གསུངས་པ་ལྟར་གང་དུ་སྐྱེ་བ་ལེན་པར་འགྱུར་བའི་མའི་མངལ་ སོགས་སྐྱེ་གནས་བཞི་དང་བྱིན་རླབས་རྫས་མཐུ་ཆེ་བའི་གནས་འགའ་ཞིག་མ་གཏོགས་རི་ར་ བ་སོགས་ཐོགས་བཅས་ཀྱི་དངོས་པོ་གང་ལ་ཡང་ཐོགས་པ་མེད་པར་འཇུག་སྟེ་ཤིན་ཏུ་དྭངས་ པའི་ལུས་ཡིན་པས་སོ། །སྐྱེ་བ་སྔོ ན་རྗེས་ཅི་རིགས་པའི་ལས་མཐུན་གྱི་གཟུགས་སྒྲ་དྲི་རོ་རེག་ བྱ་མཐའ་དག་གསལ་བར་མཐོང་ནུས་པའི་དབང་པོ་དྲུག་པོ་ཀུན་ཚང་བ་ཡིན་པས་གང་དུ་སྐྱེ་ བ་ལེན་འགྱུར་གྱི་ལུས་ལ་དབང་པོ་ཚང་མ་ཚང་ཇི་ལྟར་ཡིན་ཡང་དེའི་བར་སྲིད་ནི་རྟག་དུ་ དབང་པོ་དྲུག་ཀ་ཚང་ཕྱིར་བར་སྲིད་དང་དེའི་སྐྱེ་སྲིད་གཉིས་ཤ་ཚུགས་ཙམ་དབྱིབས་འདྲ་བ་ མ་གཏོགས་དབང་པོ་ཚང་མ་ཚང་གི་སྒོ་ནས་མི་འདྲ། དེ་མ་ཟད་ཤའི་སྲིན་བུ་སོགས་སུ་སྐྱེ་ ནའང་དེའི་བར་དོ་སྐྱེ་གཟུགས་ཕྱི་མ་དང་མཐུན་ཕྱིར་དབང་རྟེན་མིག་ཁྲ་འབུར་དང་རྣ་བ་ཀྲོང་ པོར་མེད་ཀྱང་གཟུགས་སྒྲ་སོགས་མཐོང་ཐོས་ཀྱི་ནུས་པ་ལྡན་པའི་དབང་པོ་ཚང་བའི་འབྱུང་ ལུས་ནི་ཡོད་པ་ཡིན་ལ། མཛོད་ལས། དེ་ནི་དྲི་ཟའོ། །ཞེས་གསུངས་པ་ལྟར་དྲི་ཚོར་བས་ཚིམ་ པ་དང། ཚེ་རྒྱས་པ་དང། འཚོ་བར་འགྱུར་བ་ཡིན་ཀྱང་དབང་ཆེ་ཆུང་གིས་དྲི་བཟང་ངན་ལ་ 8-1-290 སྤྱོད་ཚུལ་འདྲ་མིན་ཡོད། མདོ་ནས་མ་བཤད་ཀྱང་སྔགས་ཀྱི་ཆེ་བ་ལ་ཆོ་ག་ཇི་ལྟ་བུས་བྱིན་ གྱིས་བརླབས་ཤིང་བསྔོ ས་པས་མཆོད་པ་རྣམས་ཀྱང་ཇི་བཞིན་ལེགས་པར་ཐོབ་པ་ཡིན། དེ་ འདྲའི་བར་དོ་བའི་ལུས་ཀྱི་ཁ་དོག་འདུལ་ལུང་ཕྲན་ཚེགས་སོགས་ལས། དམྱལ་བར་སྐྱེ་ འགྱུར་ལ་སྡོང་དུམ་མེས་ཚིག་པ་ལྟ་བུ། དེ་བཞིན་དུ་ཡི་དྭགས་ལ་ཆུའི་མདོག དུད་འགྲོ་ལ་དུ་ བའི་མདོག མི་ལ་གསེར་གྱི་མདོག ལྷ་ལ་སྣམ་བུ་དཀར་པོའི་མདོག་ལྟ་བུའི་སྣང་བ་འཆར་ བར་གསུངས་ཤིང༌། ཀུན་བཏུས་ལས་ཀྱང། མི་དགེ་བ་ཆེར་སྤྱོད་པའི་བར་དོ་བའི་མདོག་ནི་ མཚན་མོ་མུན་ནག་ལྟ་བུར་སྣང་བར་གསུངས་ལ། གཞན་ཡང་ལམ་འབྲས་ཀྱི་གཞུང་དག་ ལས་ཀྱང༌། དམྱལ་བའི་བར་དོའི་མདོག་འོད་སྣང་དཀར་པོའི་རྣམ་པ་དང༌། དེ་བཞིན་དུ་ཡི་ དྭགས་ཀྱི་སེར་པོ། བྱོལ་སོང་གི་སྔོ ན་པོ། ལྷའི་དམར་པོ། ལྷ་མིན་གྱི་ལྗང་ཁུ། མིའི་སྣ་ཚོགས་ གསུངས་པ་སོགས་རྒྱུ་འབྲས་ཐེག་པའི་གདུལ་ཞིང་སོ་སོའི་དབང་གིས་ལས་སྣང་འདྲ་མིན་དུ་ མ་ཡོད། མཛོད་ལས། མི་ལྡོ ག་པར་གསུངས་པའི་དོན་ནི་བར་དོ་བ་སྤྱིར་བཏང་ལ་དགོངས་པ་ སྔོན་ལས་ཀྱིས་རིགས་དྲུག་གང་དུ་སྐྱེ་འགྱུར་གྱི་བར་སྲིད་དུ་འཕངས་པ་ཚུལ་དེ་ག་ཁོ་ན་ལྟར་ ལས་བར་དོ་བ་ཕལ་ཆེར་ཤས་ཆེ་བ་བསྒྱུར་དུ་མེད་པར་གསུངས་པ་ཡིན་གྱི་དམིགས་བསལ་ ལ་ནི་ངེས་པ་མེད་པའི་ཚུལ། རྒྱལ་པོ་ལ་གདམས་པའི་མདོ་ལས། བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཚེ་འཕོས་པ། དེས་ལས་གང་སྤྱད་པའི་རྣམ་པར་སྨིན་པས་ འགྲོ་བ་རིགས་དྲུག་ཐ་དད་པ་གང་དུ་སྐྱེ་བ་ལེན་པ་དེ་ལ་མི་དགེ་བ་དང་མ་འབྲེལ་བའི་བསོད་ ནམས་ཀྱི་ཚོགས་སུ་གྱུར་པའི་ལས་དགེ་བ་སྣ་ཚོགས་པ་བཏང་ན་མཐོ་རིས་དང་ཐར་བར་སྐྱེ་ ལ། ཞེས་གསུངས་པས་སེམས་ཅན་གང་དག་ཤི་བའི་ཤུལ་དུ་ཉེ་དུ་རྣམས་ཀྱིས་སྡིག་པ་དང་མ་ འདྲེས་པའི་དགེ་བ་སྟོབས་ཆེན་བགྱིས་པ་དང་ཁྱད་པར་སྔགས་ཀྱི་སློབ་དཔོན་གང་དག་གིས་ ཆོ་ག་རྣམ་པར་དག་པས་སྡིག་སྦྱོང་ཆེད་སྒྲུབ་བྱས་ན་དེ་དག་གི་སྟོབས་ཀྱིས་གཤིན་པོ་རྣམས་ 8-1-291 རང་རང་དང་འཚམ་པར་གནས་སྐབས་མངོན་མཐོ་དང་མཐར་ཐུག་ཐར་པ་དང་ཐམས་ཅད་ མཁྱེན་པ་གང་འོས་དངོས་བརྒྱུད་ཅི་རིགས་ནས་ཐོབ་ཐུབ་ངེས་ཡིན་པས་ཚུལ་དེ་ལུགས་ལ་ དགོངས་ནས་ཀུན་བཏུས་ལས་ཀྱང༌། ཅི་སྟེ་ན་ལྡོ ག་གོ །དེ་ན་གནས་པ་ཡང་ལས་གསོག་གོ །ཞེས་རྐྱེན་སྟོབས་ཀྱིས་ནི་སྔར་མཐོ་རིས་དང་ངན་སོང་གི་བར་དོ་གང་གྲུབ་ཟིན་པ་རྣམས་ ཀྱང་གཞན་འདྲ་མིན་དུ་བསྒྱུར་ཐུབ་ངེས་དང་བར་དོ་བ་རང་གིས་ཤུལ་གྱི་གནས་ཚུལ་ལྐོག་ གྱུར་བཟང་ངན་དག་མངོན་ཤེས་ཕྲ་མོས་མཐོང་བ་ལ་བརྟེན་དགེ་མི་དགེའི་བསམ་པ་སྐྱེས་ ནས་ལས་བཟང་ངན་ཅི་རིགས་ངེས་པར་བསགས་པ་ཡོད་ཚུལ་གསུངས་པ་ཡིན། དེ་ལྟ་བུའི་ བར་དོ་བ་གང་དག་གི་ཚེ་ཇི་ལྟར་གནས་པ་ཀུན་བཏུས་ལས། རེ་ལྟར་ཐོགས་ན་ཞག་བདུན་ གནས་ཏེ། དེ་ཚུན་ཆད་ཀྱིས་འཆི་འཕོའ།ོ །ཞེས་བར་དོ་བ་སྤྱིའི་ཚེ་ཚད་ཞག་བདུན་དུ་གསུངས་ ལ། བར་དོ་བ་ཁ་ཅིག་ཡང་སྲིད་ཕྱི་མར་སྐྱེ་བའི་རྐྱེན་མི་ལྡན་པ་དག་ལ། ས་སྡེ་ལས། ཡང་མ་ རྙེད་ན་ནི་ལུས་བརྗེས་ནས་ཞག་བདུན་དུ་གནས་སོ། །ཞེས་གསུངས་པས་སྐྱེ་བའི་ཚོགས་པ་ མ་རྙེད་ན་བར་སྲིད་སྔ་མ་ཤི་འཕོས་ཏེ་སླར་ཡང་བར་སྲིད་ཕྱི་མའི་ལུས་སུ་ཞག་བདུན་དུ་ གནས་པའང་ཡོད་ཅིང་འདི་ལ་རྐྱེན་དབང་གིས་མ་ངེས་པ་ཡོད་ཚུལ། ས་སྡེ་ལས། ཤི་འཕོས་ པ་དེ་ཡང༌། ཡང་ན་ནི་དེ་ཉིད་དུ་མངོན་པར་འགྲུབ་བོ། །ཡང་ན་སྐལ་བ་མི་མཉམ་པའི་གཞན་ དུ་སྟེ། ཞེས་གསུངས་པ་ལྟར་སྐྱེ་བའི་རྟེན་འབྲེལ་ཚོགས་ན་གཞན་རིགས་དྲུག་ཅི་རིགས་པའི་ སྐྱེ་སྲིད་དུ་འཕོ་ལ་མ་ཚོགས་ན་སླར་བར་སྲིད་དུ་སྔར་བཞིན་སྐྱེ་བ་ལྟ་བུ་སྟེ། དེ་འདྲའི་སྒོ་ནས་ བར་དོ་བ་མང་ཕྱོགས་སྤྱིའི་ཚུལ་ནི། ས་སྡེ་ལས། སྐྱེ་བའི་རྐྱེན་མ་རྙེད་ན་བདུན་ཕྲག་བདུན་གྱི་ བར་དུ་གནས་སོ། །དེ་ལས་འདས་ཕན་ཆད་ནི་གདོན་མི་ཟ་བར་སྐྱེ་བའི་རྐྱེན་རྙེད་པར་འགྱུར་ རོ། །ཞེས་གསུངས་པ་ཡང་བར་དོ་བ་མང་ཕྱོགས་ཞག་ཞེ་དགུ་ལ་གནས་ཤས་ཆེ་བའི་ཆ་ནས་ མཐའ་བཅད་པའི་ཚུལ་དུ་གསུངས་ཀྱི་སྤྱིར་ནི་བར་དོ་བ་རྣམས་ལས་དམིགས་བསལ་རྐྱེན་ 8-1-292 དབང་གིས་མྱང་འདས་ཆེན་པོའི་མདོ་ལས། སྔོ ན་སངས་རྒྱས་འོད་སྲུང་བྱོན་པའི་ཚེ་རྒྱལ་པོ་ འོད་མཛེས་ཀྱི་བུ་ཚེའི་དུས་བྱས་ནས་བར་དོར་ལོ་གསུམ་གནས་པར་གསུངས་པ་ལྟ་བུ་ཡོད་ ཆོག་པ་མ་ཟད་ལས་མཐུ་ཤུགས་ཆེན་འགའ་ཞིག་བསྐལ་པའི་བར་དུ་གནས་པ་ཡང་ཡོད་པར་ བཤད་ཅིང་བར་སྲིད་པ་སྐྱེ་བ་མྱུར་པོ་གང་དག་ནི་ཉིན་ཞག་གཅིག་ཙམ་པ་དང་ཤིན་ཏུ་མྱུར་བ་ དུས་མཐའི་སྐད་ཅིག་མ་གཅིག་གི་རིང་ལས་མི་གནས་པ་སོགས་དམིགས་བསལ་གྱི་ཚེ་ཚད་ འདྲ་མིན་སྣ་ཚོགས་ཡོད་པས་མངོན་པ་གོང་འོག་ཏུ་བར་དོའི་ཚེ་ཚད་ཐུང་མཐའ་ཞག་བདུན་ ཕྲག་གཅིག་དང་རིང་མཐའ་བདུན་ཕྲག་བདུན་དུ་གསུངས་པ་ནི་སྤྱིའི་དབང་དུ་བྱས་པ་སྟེ་ དཔེར་ན་མིའི་མངལ་གྱི་གནས་ཚད་ཟླ་དགུ་ངོ་བཅུར་བཤད་ཀྱང་རྒན་པོ་སྐྱེས་ལོ་དྲུག་ཅུར་ མངལ་དུ་གནས་པ་ལྟ་བུའི་དམིགས་བསལ་འདྲ་མིན་ཡོད་ཆོག་པ་ལྟ་བུ་ཡིན། བར་དོ་ལ་ ཞག་རིང་ཐུང་གང་གནས་པ་རྣམས་ཕྱེད་ཡན་ཆད་ཚེ་སྔ་མའི་བག་ཆགས་ཤས་ཆེ་འཁྲུལ་སྣང་ དེ་ལུགས་ལྟར་འབྱུང་ཞིང་དེ་ཕྱིན་ཆད་ཕྱི་མ་གང་དུ་སྐྱེ་འགྱུར་གྱི་སྣང་བ་འཆར་ལ་ད་ལྟ་སྐྱེ་ སྲིད་རང་ག་མའི་ཤེས་པ་བདུན་འགྱུར་ལས་རྨི་ལམ་གྱི་ཤེས་པ་གསལ། དེ་བདུན་འགྱུར་ལས་ བར་དོའི་ཤེས་པ་གསལ་ཞིང་ལུས་ཀྱི་འཆིང་བ་དང་བྲལ་ཕྱིར་རྐྱེན་ཅུང་ཟད་ཀྱིས་གྲོལ་ནུས་ པས་དངོས་གྲུབ་ལེན་པའི་དུས་གཅིག་ལ་བར་དོ་འདི་བཟང་བར་བཤད་དོ། །དེ་ལུགས་ལྟར་ བར་དོའི་མཚན་ཉིད་གང་བཤད་པ་དེ་དག་ལས་ཁྱོད་རང་ལ་ཅི་རིགས་པའི་སྣང་བ་བྱུང་ཚོད་ ལ་བར་དོའི་གནས་ཚུལ་ཇི་བཞིན་དུ་ངོ་ཤེས་པར་གྱིས་ཤིག གཉིས་པ་བར་དོའི་རྟགས་ཀྱི་ ཚུལ་ནི་འདི་བཞིན་ཏེ་ངེས་པའི་རྟགས་དྲུག་ཅེས་བྱ་བ་སྔར་རྩིག་པ་སོགས་ལ་ཐོགས་པ་ལས་ ད་ལྟ་གང་ལའང་མི་ཐོགས་པར་འགྲོ་ནུས་པ་དང༌། སྔར་རང་གིས་གཏམ་སྨྲས་པ་སོགས་ གཞན་གྱིས་ཐོས་པ་ལས་ད་ལྟ་རང་གིས་གཏམ་སྨྲས་པ་གཞན་གྱིས་མི་ཐོས་པ་དང༌། སྔར་ཉི་ ཟླ་གཟའ་སྐར་མིག་གིས་མཐོང་བ་ལས་ད་ལྟ་དེ་དག་མིག་གིས་མི་མཐོང་བ་དང༌། སྔར་ས་ལ་ 8-1-293 རྐང་རྗེས་དང་ལག་རྗེས་སོགས་འབྱུང་བ་ལ་ད་ལྟ་མི་འབྱུང་བ་དང༌། སྔར་རང་གི་ལུས་ལ་ གྲིབ་མ་ཤར་བ་ལས་ད་ལྟ་ལུས་ལ་གྲིབ་མ་མི་ཤར་བ་དང༌། སྔར་མངོན་ཤེས་མེད་པ་ལས་ད་ ལྟར་མངོན་ཤེས་ཕྲ་མོ་ཡོད་དེ། དེ་དག་བར་དོར་སླེ བ་པའི་རྟགས་ཡིན། གཞན་ཡང་མ་ངེས་ པའི་རྟགས་དྲུག་ཅེས་བྱ་བ། སྔར་ཡུལ་ཕྱོགས་དང་གནས་ཁང་སོགས་ལ་ངེས་པ་ཡོད་པ་ལས་ ད་ལྟ་གནས་ལ་ངེས་པ་མེད་པར་ཡུལ་ཁམས་གཞན་དང་གཞན་དུ་འཁྱམས་པ་དང༌། མཆོད་ རྟེན་གྱི་སྟེགས་དང་གཟིངས་དང་ཟམ་པ་སོགས་ལ་ཡུད་ཙམ་རེ་གནས་པ་ལས་རྒྱུན་དུ་སྡོད་མི་ ནུས་པ་དང༌། སྔར་ཁམ་ཟས་ལ་ངེས་པ་ཡོད་པ་ལས་ད་ལྟ་ཟས་ལ་ངེས་པ་མེད་པར་གང་བྱུང་ གི་དྲི་ཙམ་ལ་རེས་འགའ་སྤྱོད་པ་དང༌། སྔར་གོས་ལ་ངེས་པ་ཡོད་པ་ལས་ད་ལྟ་གོས་ལ་ངེས་ པ་མེད་པར་ཡུད་ཙམ་རེར་ཤིང་ལོ་གྱོན་ཡང་དེ་དོར་ནས་གོས་གཞན་དང་གཞན་གྱོན་པ་དང༌། སྔར་ཡུལ་སྡེ་དང་ཁྱིམ་གཟའ་སོགས་གྲོགས་ལ་ངེས་པ་ཡོད་པ་ལས་ད་ལྟ་དེ་མེད་པར་ངོ་ཤེས་ མི་ཤེས་ཀྱི་སྐྱེས་པ་དང་བུད་མེད་གཅན་གཟན་སོགས་སྣ་ཚོགས་པ་དང་ཡུད་ཙམ་རེ་འགྲོགས་ ནས་ཡང་དེ་འདོར་བ་དང༌། སྔར་ཉིན་མོ་འགྲོ་འདུག་དང་མཚན་མོ་ཉལ་བ་དང་མེ་འབུད་པ་ སོགས་སྤྱོད་ལམ་ལ་ངེས་པ་ཡོད་པ་ལས་ད་ལྟ་དེ་མེད་པར་ཅི་བྱེད་འདི་བྱེད་མེད་པར་འགྲོ་ འདུག་སོགས་སྤྱོད་ལམ་སྨྱོན་པ་ལྟར་བྱེད་པ་ལས་བྱ་བ་གཅིག་ལ་ཡུན་དུ་གནས་པའི་རང་ དབང་མེད་པ་དང༌། སྔར་སེམས་ཀྱི་འཆར་ཚུལ་ལ་དེ་རིང་འདི་བྱེད་སྙམ་པ་སོགས་བསམ་ མནོ་བརྟན་པོ་བསྐྱེད་དུ་ཡོད་པ་ལས་ད་ལྟ་དེ་མེད་པར་འགྲོ་བསམ་པ་ན་དེ་འགྱུར་ནས་སྡོད་ བསམ་པ་སོགས་སེམས་ཀྱི་བསམ་མནོ་ཐམས་ཅད་ཕྲལ་ཕྲལ་ནས་འགྱུར་བ་རྣམས་འོངས་ ཏེ། དེ་དག་ཀྱང་བར་དོར་གནས་པའི་རྟགས་ཡིན་པས་རྟགས་དེ་དག་གིས་བར་དོར་སླེབ་པ་ ངོ་ཤེས་པ་དང་སྣང་བ་དེ་དག་ལས་ཉི་ཟླ་མིག་གིས་མི་མཐོང་བ་ནང་ན་ཁམས་དཀར་དམར་ མེད་པ་དང་གཞན་རྣམས་ཐོགས་བཅས་ཀྱི་ལུས་མེད་པས་ཡིན་པའང་ངོ་ཤེས་པར་གྱིས་ལ། 8-1-294 གཞན་ཡང་འཇིགས་པའི་སྒྲ་ལྔ་ཞེས་བྱ་བ། སྔར་རླུང་དབུ་མར་མ་འཆིང་བའི་དབང་གིས་འཆི་ ཚེ་རླུང་རྣམས་ཁ་སྣ་ནས་ཕྱིར་ལོག་པའི་རྐྱེན་གྱིས་བར་དོའི་དུས་སུ་ས་རླུང་ལོག་པས་སྟོང་ གསུམ་གྱི་རི་ཐམས་ཅད་ཞིག་པ་ལྟ་བུའི་ས་སྒྲ་དང༌། ཆུ་རླུང་ལོག་པས་སྟོང་གསུམ་རྒྱ་མཚོར་ གྱུར་པ་ཆེར་གཡོ་ཞིང་འཁྲུགས་པ་ལྟ་བུའི་ཆུ་སྒྲ་དང༌། མེ་རླུང་ལོག་པས་སྟོང་གསུམ་ཀྱི་ནགས་ ཚལ་མེས་ཚིག་པའི་མེ་ལྕེའི་སྒྲ་འབྲུག་སྟོང་ལྡི ར་བ་ལྟ་བུའི་མེ་སྒྲ་དང༌། རླུང་གི་རླུང་ལོག་པས་ སྟོང་གསུམ་ཐམས་ཅད་རླུང་གིས་གཡོས་པའི་སྒྲ་འབྲུག་སྟོང་ལྡིར་བ་ལྟ་བུའི་རླུང་སྒྲ་དང༌། མཁའ་རླུང་ལོག་པས་ནམ་མཁའ་སྟོང་པའི་དབྱིངས་ནས་འབྲུག་སྟོང་དུས་གཅིག་ཏུ་ལྡིར་བའི་ སྒྲ་ལྟ་བུའི་བར་སྣང་སྟོང་པའི་སྒྲ་སྣང་བ་རྣམས་ཀྱང་དེ་ལུགས་ལྟར་དུ་ངོ་ཤེས་དགོས་པ་ཡིན། གཞན་ཡང་ཡ་ང་བའི་གཡང་ས་གསུམ་ཞེས་བྱ་བ་འདོད་ཆགས་ཀྱི་སྒོ་ནས་བསགས་པའི་ ལས་ཤུགས་ཆེ་བས་ལྟུང་བའི་གཡང་ས་ཆེན་པོ་དམར་ཟེང་ངེ་བ་དང༌། གཏི་མུག་གི་ལས་ ཤུགས་ཆེ་བས་གཡང་ས་ཆེན་པོ་སྐྱ་ཆད་དེ་བ་དང༌། ཞེ་སྡང་གི་ལས་ཤུགས་ཆེ་བས་གཡང་ས་ ཆེན་པོ་ནག་ངམ་མེ་བ་མཐོང་ནས་དེ་ལ་འཇིགས་སྐྲག་དང་ལྷུང་བའི་སྣང་བ་བྱུང་སྟེ་རིམ་ བཞིན་ཡི་དྭགས་དང༌། དུད་འགྲོ་དང༌། དམྱལ་བར་སྐྱེ་བའི་ལྟས་ཤར་བ་ཡིན། གཞན་ཡང་ འགྲོ་བའི་ལམ་བཞི་ཞེས་བྱ་བ། ལྷ་དང་ལྷ་མིན་དུ་སྐྱེ་བའི་ལྟས་སུ་འོད་དཀར་པོའི་ལམ་དང༌། དམྱལ་བར་སྐྱེ་བའི་ལྟས་སུ་འོད་ནག་པོའི་ལམ་དང༌། ཡི་དྭགས་སུ་སྐྱེ་བའི་ལྟས་སུ་འོད་ དམར་པོའི་ལམ་དང༌། མི་དང་དུད་འགྲོར་སྐྱེ་བའི་ལྟས་སུ་འོད་སེར་པོའི་ལམ་རྣམས་སྣང་ བར་འགྱུར་ཏེ་ཚུལ་དེ་དག་ཀྱང་ངོ་ཤེས་པར་བྱོས་ལ། དེ་ལས་གཞན་ཡང་སྲིད་པ་བར་མ་དོའི་ འགྲོ་བ་གང་དག་ནི་བྱ་སྤུ་རླུང་གིས་བསྐྱོད་པ་བཞིན་དུ་རང་དབང་དང་བྲལ་ཏེ་གནས་ཡུལ་སྣ་ ཚོགས་པར་སྐད་ཅིག་རེ་ནས་རྒྱུ་ཞིང་བག་ཕབས་ཏེ་གནས་གཅིག་ལ་སྡོད་པའི་སོས་དལ་ དབང་མེད་པར་གནས་ངེས་མེད་རྣམས་སུ་རླུང་གཟུགས་སྣང་མུན་འདྲེས་པའི་ནང་དུ་ཡང་ 8-1-295 ཡང་འཁྱམ་ཞིང་གཅན་གཟན་མ་རུངས་བས་བདས་པ་དང༌། ལས་ཀྱི་རྡེའུ་དཀར་ནག་ འགྲིམས་པ་དང༌། ཁ་ཆར་བུ་ཡུག་གིས་དེད་པ་དང༌། ཁྱད་པར་སྡིག་ཅན་ལ་གཤིན་རྗེའི་སྐྱེས་ བུས་འཁྲིད་པ་དང༌། ལྕགས་སྲེག་གི་ས་གཞི་ཁབ་རྩེའི་རི་ཤལ་མ་རིའི་སྡོང་པོ་སོགས་དམྱལ་ བའི་བྱེ་བྲག་སྣ་ཚོགས་དང༌། ཡི་དྭགས་ཀྱི་གྲོང་ཁྱེ ར་བྱོལ་སོང་གི་གླིང་འདྲ་མིན་སོགས་ཡིད་ མི་འོང་གི་འཁྲུལ་སྣང་དུ་མ་དང༌། དགེ་བ་ཅན་ལ་སྤང་ལྗོངས་མེ་ཏོག་སོགས་བཟང་པོའི་ཡུལ་ འགའ་སྣང་བས་མཚོན་སྣ་ཚོགས་པའི་འཁྲུལ་སྣང་མང་པོ་དེ་དག་ཐམས་ཅད་ཁྱོད་རང་བར་ དོ་ན་ཡོད་པའི་རྟགས་ཡིན་པས་ཡིན་ལུགས་ལེགས་པར་ངོ་ཤེས་དགོས་པ་ཡིན་ནོ། །གསུམ་ པ་བར་དོའི་སྐབས་སུ་ཇི་ལྟར་བྱ་བའི་ཚུལ་ནི་སྤྱིར་གསང་སྔགས་ཐེག་པ་དང་བླ་མའི་མན་ ངག་གཞན་ལྟར་ན་སྐྱེས་ནས་མ་ཤིའི་བར་དེ་རང་བཞིན་གནས་པའི་བར་དོ་དང༌། འཆི་ཁའི་ སྡུད་རིམ་ནས་འཆི་བ་དངོས་བཅས་དེ་ལུགས་ལྡོ ག་འཆི་ཁའི་བར་དོ་དང༌། འཆི་མཐའ་ནས་ སྐྱེ་སྲིད་ཕྱི་མའི་བར་དེ་ལུགས་འབྱུང་སྲིད་པའི་བར་དོ་ཡིན་པ་དང༌། གཞན་ཡང་བར་དོ་ ལའང་ཆོས་ཉིད་ཀྱི་བར་དོ་དང་སྲིད་པའི་བར་དོ་སོགས་རྣམ་པར་བཞག་པ་འདྲ་མིན་དུ་མ་ དག་ནི་གདུལ་བྱའི་ཁམས་དབང་གིས་འཇོག་ཚུལ་ཐ་དད་ཙམ་ལས་དོན་ལ་ཁྱད་མེད་མོད་ ཀྱང་གོང་དུ་སྨོས་པའི་བར་སྲིད་ཀྱི་རྣམ་བཞག་གང་དག་ནི་ཐུན་མོང་ཆོས་མངོན་པ་གོང་འོག་ ལས་གསལ་བར་བསྟན་པའི་སྤྱིའི་འཆར་ཚུལ་གྱི་དབང་དུ་བྱས་ནས་བཤད་པ་ཙམ་ཡིན་གྱི་ སེམས་ཅན་གྱི་ལས་ཚུལ་བསམ་མི་ཁྱབ་པའི་དབང་གིས་བར་དོའི་འཆར་ཚུལ་ཡང་མང་ ཕྱོགས་ཕལ་ཆེ་བ་སྤྱི་མཐུན་ལས་ཀྱིས་མཚུངས་པ་ཡོད་ཀྱང་ནང་གསེས་ལས་ཚུལ་སོ་སོའི་ སྣང་བ་ལ་ནི་མཐའ་གཅིག་ཏུ་ངེས་བཟུང་མི་ནུས་ལ། དེ་དག་གང་ལྟར་ཡང་སྐྱེ་སྲིད་སྔ་མ་ འཆི་བ་དང་བཅས་རྫོགས་ནས་སྐྱེ་སྲིད་ཕྱི་མ་མ་ལོན་པའི་སྲིད་པ་བར་མ་དོ་ན་གནས་པ་གང་ དག་གི་རིག་ཤེས་ཀྱི་རང་གཤིས་ནི་ཅོལ་ཆུང་ཞིང་འགྱུར་སླ་བ་ཡིན་པས་ཡུལ་བཟང་ངན་ 8-1-296 གང་ལ་བློ་ཕྱོགས་ན་སེམས་གཏིང་ནས་འགྱུར་ཚབས་ཆེ་བ་ཡོད་ཕྱིར་སྐྱེ་སྲིད་རྣམ་སྨིན་སྐྱེས་ ཀྱི་བློ་སྒོ་དང་མི་འདྲ་བ་དེ་བས་ན་ཁྱོད་རང་ད་སྐབས་བར་དོར་ཡོད་དུས་སུ་སེམས་དགེ་ ཕྱོགས་ལ་ཅི་འཁོར་གྱི་བརྩོན་པ་ལྷོད་མེད་དང་མི་དགེ་བ་དང་དོན་མེད་ལུང་མ་བསྟན་ལ་བློ་ ཐག་རྦད་བཅད་ཀྱིས་ལྡོ ག་ཅི་ཐུབ་བྱེད་པ་གལ་ཤིན་ཏུ་ཆེའོ། །འོ་ད་ལྟའང་བར་དོའི་འཁྲུལ་ བའི་སྣང་བ་མ་ངེས་པ་སྣ་ཚོགས་ཁྱོད་ལ་ཅི་འཆར་བ་ཐམས་ཅད་ནི་དྲན་པ་ཉེར་བཞག་གི་ མདོ་ལས། སེམས་ནི་དགྲ་དང་དགྲ་ཆེན་པོ། །སེམས་ལས་གཞན་པའི་དགྲ་མེད་དོ། །གཙུབ་ ཤིང་རང་གིས་རང་བསྲེགས་ལྟར། །དེ་བཞིན་སེམས་ཀྱིས་བདེ་བ་བསྲེགས། །ཞེས་དང༌། སྤྱོད་འཇུག་ལས་ཀྱང༌། ཇི་ལྟར་འཇིགས་པ་ཐམས་ཅད་དང༌། །སྡུག་བསྔལ་དཔག་ཏུ་མེད་པ་ ཡང༌། །སེམས་ལས་བྱུང་བ་ཡིན་ནོ་ཞེས། །ཡང་དག་གསུངས་པ་ཉིད་ཀྱིས་བསྟན། །ཞེས་ གསུངས་པ་ལྟར་རང་སེམས་འཁྲུལ་བའི་སྣང་བ་ལ་རྨི་ལམ་གྱི་ཡུལ་བཞིན་ཕྱི་རོལ་གྱི་དོན་ ལོགས་སུ་གྲུབ་པ་མེད་པར་སྣང་བ་འབའ་ཞིག་སྟེ་དེ་ཡང་གཟུགས་མཛེས་སྒྲ་སྙན་དྲི་ཞིམ་རོ་ མངར་རེག་བདེའི་སྣང་བ་གང་ཤར་དག་འཁྲུལ་སྣང་དུ་ཐག་ཆོད་ལ་ཞེན་ཆགས་མ་བྱེད་ གཟུགས་མི་སྡུག་པ་སྒྲ་མི་སྙན་པ་སོགས་ལའང་དེ་ལུགས་ལྟར་གནས་ཚུལ་ཤེས་པར་བྱས་ ནས་གནོད་པའི་དངོས་པོར་ཞེན་ཅིང་ཡིད་མི་བདེ་བ་མ་བྱ། དེ་བཞིན་དུ་དགྲ་གཉེན་དུ་སྣང་ བ་གང་དག་ལ་ཆགས་སྡང་གིས་རིས་སུ་མི་གཅོད་ཅིང་ཚ་གྲང་གི་སྣང་ཚུལ་འདྲ་མིན་ཡོད་པ་ དག་ལ་རེས་འགའ་སྐྲག་འཇིགས་དང་རེས་འགའ་འདུན་ཆགས་སྐྱེ་བ་བྱུང་ན་དེའི་དབང་དུ་ མི་བཏང་བར་ཡུལ་སྣང་དེ་ཐམས་ཅད་འཁྲུལ་བའི་ཡོ་ལང་དུ་ཤེས་ནས་ཀུན་སྙོམས་ཅི་མི་ སྙམ་པའི་སེམས་རང་བབས་སུ་གནས་ཐབས་ལ་འབད་དགོས། ཁྱད་པར་རང་ཉིད་སྐྱེས་པར་ སྣང་ནས་བུད་མེད་ལ་ཆགས་པ་དང༌། རང་བུད་མེད་དུ་སྣང་སྟེ་སྐྱེས་པར་ཆགས་པ་ནི་འཁོར་ བར་མངལ་སྐྱེས་སུ་ཉིང་མཚམས་སྦྱོར་བྱེད་ཀྱི་རྐྱེན་སྟོབས་དང་ལྡན་པ་ཡིན་པ་མ་ཟད་སྐྱེ་སྲིད་ 8-1-297 ཕྱི་མར་ངན་སོང་དུའང་འཕེན་པའི་ལས་གསོག་ཅིང་ཤུལ་འདུག་དག་གི་སེམས་ཀྱི་འགྱུ་རྟོག་ བཟང་ངན་དང་སྤྱོད་ཚུལ་བཟང་ངན་གང་དག་འདོར་ལེན་གྱིས་ཕན་གནོད་དུ་ཧ་ཅང་ཞེན་ དྲག་ན་ཕྱི་མར་དེའི་རྐྱེན་གྱིས་ངན་འགྲོའི་རྟེན་ལ་སྦྱོར་བར་བྱེད་པས་དེ་ཐམས་ཅད་ལ་སེམས་ ཆགས་སྡང་གི་དབང་དུ་མི་བཏང་བ་གལ་ཆེ། གཞན་ཡང་བར་དོའི་ཡུལ་སྣང་ས་ཕྱོགས་ཡིད་ དུ་འོང་མི་འོང་དང༌། གྲོགས་མཛེས་མི་མཛེས་སྣ་ཚོགས་པ་དང༌། ཁྱད་པར་འཇིགས་སུ་རུང་ བའི་གཤིན་རྗེའི་སྐྱེས་བུའི་རྔམ་གཟུགས་དང་སོད་སོད་རྒྱོབ་རྒྱོབ་ཀྱི་འཇིགས་པའི་སྒྲ་སྐད་ སོགས་དེ་ཀུན་གང་སྣང་ཚད་བདེན་པའི་དངོས་པོ་ཉིད་དུ་ཞེན་ཏེ་སེམས་དགའ་སྡུག་གི་རྗེས་ སུ་འབྲང་ནས་ཆགས་སྡང་ཉོན་མོངས་འཕེལ་བའི་རྐྱེན་དུ་སོང་ན་སྔར་འཁོར་བ་ཐོག་མེད་ ནས་བསགས་པའི་ལས་ངན་པ་གང་ཡོད་དག་གསོས་ཐེབས་ཏེ་ངན་སོང་དུ་སྐྱེ་བར་ཐེ་ཚོམ་མི་ དགོས་པ་ལྟ་བུ་ཡིན། བར་དོའི་སྣང་བ་གང་ཤར་དག་འཁྲུལ་སྣང་བདེན་མེད་དུ་ཤེས་ནས་ རང་སེམས་ཀྱི་རང་སོ་ཟིན་པར་བྱས་ཏེ་བདེན་ཞེན་ཆགས་སྡང་འཕེལ་བའི་རྐྱེན་དུ་མ་སོང་ བར་སེམས་དད་པ་དང་སྙིང་རྗེ་སོགས་དགེ་བ་ལ་བཀོལ་ནུས་ན་སྔར་བསགས་ཀྱི་དགེ་རྩ་ཅི་ ཡོད་གསོས་ཐེབས་ཤིང་རྐྱེན་དེས་རབ་ན་གནས་སྐབས་དེར་གྲོལ་བར་འགྱུར་ལ་ཐ་མ་ཡང་ མཐོ་རིས་སུ་འགྲོ་བར་ཐེ་ཚོམ་མི་དགོས་པ་ལྟ་བུའང་ཡིན། ད་ནི་སྐྱེ་སྔོ ན་མའི་འདི་ངོགས་ཀྱི་ སྣང་བ་ཐམས་ཅད་དང་སོ་སོར་བྲལ་ཟིན་པས་ཐབས་ཇི་ལྟར་བྱས་ཀྱང་འགྲོགས་ཤིང་སྤྱོད་ ཡུལ་དུ་གྱུར་པའི་སྐལ་བ་མེད་པས་ཐམས་ཅད་བློས་ཐོང་ལ་བློ་ཐག་རྦད་ཀྱིས་བཅད་དེ་ ཆགས་ཞེན་མ་བྱེད། བར་དོའི་འཁྲུལ་བའི་སྣང་བ་མཐའ་དག་ནི་མདོ་ཏིང་འཛིན་རྒྱལ་པོ་ ལས། སྒྱུ་མ་བྱེད་པ་དག་གིས་གཟུགས་སྤྲུལ་ན། །རྟ་དང་གླང་པོ་ཤིང་རྟ་སྣ་ཚོགས་བྱ། །ཇི་ ལྟར་སྣང་ཡང་སྣང་བ་གང་ཡང་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་གསུངས་པ་ལྟར་སྒྱུ་མ་མཁན་པོའི་འཕྲུལ་གྱིས་སྐྱེ་བོའི་མིག་བསླད་པ་བཞིན་མེད་པ་ལ་ 8-1-298 ཡོད་སྣང་སྐྱེ་བ་ཙམ་མ་གཏོགས་དོན་ལ་གྲུབ་པའི་བདེན་དངོས་གང་ཡང་མེད་པ་ཡིན་ཞིང༌། དེ་དག་ལས་གང་གཟུགས་སུ་སྣང་བ་ཐམས་ཅད་ནི་མདོ་སྡེ་དེ་ཉིད་ལས། ཇི་ལྟར་ནམ་མཁའ་ དྭངས་པར་ཟླ་ཤར་བ། །དེ་ཡི་གཟུགས་བརྙན་དྭངས་པའི་མཚོར་སྣང་ཡང༌། །ཟླ་བ་ཆུ་ཡི་ནང་ དུ་འཕོས་པ་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་གསུངས་པ་ཇི་ལྟ་ བ་བཞིན་དཔེར་ན་མཚོ་དྭངས་པའི་ངོགས་སུ་ཟླ་བའི་གཟུགས་བརྙན་སྣང་བ་ན་དེར་སྣང་ ཙམ་དུ་ཟད་པ་ལས་དོན་དངོས་ཟླ་བའི་ཆ་ཤས་ཙམ་ཡང་གཞི་དེ་ན་མ་གྲུབ་པ་ལྟར་གཟུགས་ སུ་སྣང་བ་གང་དག་མེད་སྣང་ཁོ་ན་ཉིད་དུ་ཤེས་པར་བྱོས་ལ། ཁྱད་པར་བར་དོའི་སྐབས་སུ་ འཇིགས་པའི་སྒྲ་སྐད་དུ་སྣང་བ་གང་དག་ཀྱང་མདོ་དེ་ཉིད་ལས། ཇི་ལྟར་མི་དག་ནགས་རིའི་ ཁྲོད་འདུག་ནས། །གླུ་ལེན་སྒྲ་དང་ངུ་དང་དགོད་པ་དང༌། །བྲག་ཆ་སྣང་ཡང་སྣང་བ་གང་ཡང་ མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་གསུངས་པ་བཞིན་དུ་སྒྲ་སྐད་ འཇིགས་སུ་རུང་བས་མཚོན་སྒྲ་བཟང་ངན་གང་གྲགས་ཐམས་ཅད་མ་ཟད་སྤྱིར་འཁོར་འདས་ ཀྱིས་བསྡུས་པའི་སྣང་གྲག་གི་ཆོས་ཡོད་དོ་ཅོག་ཀྱང་བྲག་ཆ་སྒྲ་བརྙན་གྱི་དཔེ་བཞིན་བདེན་ པར་མེད་བཞིན་དུ་བརྫུན་པའི་སྣང་བ་འབའ་ཞིག་ཏུ་བློ་ཐག་ཆོད་པར་བྱས་ཏེ་ཟབ་མོ་སྟོང་པ་ ཉིད་ལ་བློ་ཁ་ཕྱོགས་པར་གྱིས་ཤིག་དང་སྲིད་པ་འཁོར་བ་སྡུག་བསྔལ་གྱི་ཁུང་ཚང་ཅན་རྒྱ་ ཤིན་ཏུ་དམ་པོ་གང་དེ་ཧྲལ་ཞིང་དྲལ་བས་གནས་ངན་དེ་ལས་ཐར་སླ་བར་བྱེད་པའི་ཕན་ཡོན་ ངེས་པར་འབྱུང་བ་ཡིན་ལ། ད་སྐབས་སུ་ཤུལ་འདུག་དག་གིས་ཁྱོ ད་རང་གི་དགེ་རྩར་དགེ་ སྒྲུབ་སྡིག་སྤང་གི་ཐབས་སྒོ་དུ་མ་ནས་ཉེ་བར་བསྒྲུབ་ཀྱིན་ཡོད་ཅིང་ཁྱད་པར་སྔགས་རིག་ འཛིན་པ་ངེད་ཅག་ནས་ཀྱང་བླ་མེད་གསང་ཆེན་ཐེག་པ་ལ་བརྟེན་ཏེ་སྡིག་པོ་ཆེ་བཙན་ཐབས་ ཀྱིས་འཚང་རྒྱ་བའི་གདམས་པ་ཟབ་མོ་ཁྱོད་ཀྱི་དོན་དུ་བྱེད་པ་ཡིན་པས་དེ་ལུགས་ལྟར་ན་ ཁྱོ ད་ཀྱི་སེམས་མ་གཡེངས་པར་གུས་པས་རྩེ་གཅིག་ཏུ་ཉོན་ཅིག སྤྲོ་ན་ངོ་སྤྲོད་རྒྱས་པ་དེའི་མཐར་འོག་ 8-1-299 ནས་འབྱུང་བའི་འཕོ་ལུང་རྣམས་བྱ། དེ་ཙམ་མི་ནུས་ན་ངོ་སྤྲོད་བསྡུས་པ་འདི་བཞིན་ཏེ། འོ་དམིགས་ཡུལ་ཚེ་དུས་ལས་འདས་པ་ཆྒཻ་མོ། ཁྱོ ད་ ཀྱི་སེམས་ལ་འདི་བཞིན་ལེགས་པར་ཟུང་ཞིག ད་སྐབས་ནི་ཁྱོ ད་སྐྱེ་བ་སྔ་མ་བོར་ནས་སྐྱེ་ བ་ཕྱི་མ་ལེན་མ་ཐུབ་ཅིང་སྲིད་པ་བར་མ་དོ་ན་གནས་པའི་ཚོད་ཙམ་དུ་འདུག་པས་དེའི་ཡིན་ ལུགས་ཁྱོད་ཀྱིས་ངོས་ཟིན་པ་གལ་ཤིན་ཏུ་ཆེ་བས་བར་དོའི་གནས་ཚུལ་འདི་ལྟར་ངེས་པར་ གྱིས། འོ་ད་ལན་ཁྱོ ད་ཤི་ནས་ལུགས་འབྱུང་སྣང་མཆེད་ཐོབ་གསུམ་ཤར་བའི་མཐར་ལུགས་ ལྡོག་གི་ཐོབ་མཆེད་སྣང་བ་ཡུད་ཙམ་པ་རེ་ཤར་རྗེས་ནས་རྫུས་སྐྱེས་ཚུལ་གྱིས་བར་སྲིད་ པའི་ཡིད་ལུས་གདོས་བཅས་ཀྱི་རྟེན་དང་བྲལ་བ་དབང་པོ་ཀུན་ཚང་ཞིང་མངལ་གནས་དང་ སངས་རྒྱས་ཀྱི་བྱིན་གྱིས་བརླབས་པའི་རྫས་ཁྱད་པར་བ་རྡོ་རྗེའི་གདན་ལྟ་བུ་མ་གཏོགས་ ཐོགས་བཅས་ཡུལ་རི་ཁང་ཁྱིམ་སོགས་སྤྱི་ལ་མི་ཐོགས་པར་འགྲོ་ནུས་ཤིང་གང་བསམ་པའི་ གནས་སུ་ཡུད་ཙམ་གྱིས་ཕྱིན་ཐུབ་པ་ཟས་སུ་དྲི་ཙམ་གྱིས་འཚོ་ཞིང་ཕྱིས་སུ་རིགས་དྲུག་གང་ དུ་སྐྱེ་བར་འགྱུར་བའི་བྱད་གཟུགས་ཙམ་མཚུངས་པ་མདོག་ཀྱང་ལས་ཀྱི་སྣང་བ་སྣ་ཚོགས་སུ་ འཆར་བ་ཚེའི་ཚད་སྤྱིར་བཏང་ཞག་བདུན་ཕྲག་ནས་ཞེ་དགུའི་བར་དང་དམིགས་བསལ་དེ་ ལས་ཀྱང་རིང་ཐུང་མ་ངེས་པ་སྣ་ཚོགས་ཡོད་པ་ཞིག་སྟེ། དེ་ཡང་བར་དོ་ན་ཡོད་པའི་རྟགས་ སྔར་རྩིགས་པ་སོགས་ལ་ཐོགས་པ་ལས་ད་ལྟ་གང་དུ་མི་ཐོགས་པ་དང༌། སྔར་རང་གིས་ གཏམ་སྨྲས་པ་གཞན་གྱིས་ཐོས་ཀྱང་ད་ལྟ་མི་ཐོས་པ་དང༌། སྔར་ཉི་ཟླ་གཟའ་སྐར་མིག་གིས་ མཐོང་བ་ལས་ད་ལྟ་དེ་དག་མིག་གིས་མི་མཐོང་བ་དང༌། སྔར་རྐང་ལག་གི་རྗེས་བྱུང་ཡང་ད་ ལྟ་དེ་མི་འབྱུང་བ་དང༌། སྔར་ལུས་ལ་གྲིབ་མ་ཤར་བ་ཡོད་ཀྱང་ད་ལྟ་དེ་མེད་པ་དང༌། སྔར་ མངོན་ཤེས་མེད་པ་ལས་ད་ལྟ་མངོན་ཤེས་ཅུང་ཙམ་རེ་ཡོད་པ་རྣམས་ངེས་པའི་རྟགས་དྲུག་ ཡིན་ལ། སྔར་གནས་ཡུལ་ལ་ངེས་པ་ཡོད་ཀྱང་ད་ལྟ་དེ་མེད་པ་དང༌། སྔར་ཁམ་ཟས་ལ་ངེས་ 8-1-300 པ་ཡོད་ཀྱང་ད་ལྟ་དེའང་མེད་པ་བཞིན་བར་སྲིད་པ་རང་གི་གོས་དང༌། གྲོགས་དང༌། སྤྱོད་ ལམ་དང༌། སེམས་ཀྱི་འཆར་ཚུལ་རྣམས་ལ་སྔར་ངེས་པ་ཡོད་མོད་ད་ལྟ་ནི་དེ་དག་གང་ལ་ ངེས་པ་མི་འདུག་པ་ནི་མ་ངེས་པའི་རྟགས་དྲུག་ཡིན། ལས་རླུང་ཇི་བཞིན་མ་འཆིང་བའི་དབང་ གིས་འཆི་ཁར་རླུང་ནང་དུ་སྡུད་མ་ཐུབ་པའི་བྱེད་པ་ལས་ས་རླུང་ལོག་པས་ས་སྒྲ་འཇིགས་ སུ་རུང་བ་དང༌། ཆུ་རླུང་ལོག་པས་ཆུ་སྒྲ་འཇིགས་སུ་རུང་བ་དང༌། མེ་རླུང་ལོག་པས་མེ་སྒྲ་ འཇིགས་སུ་རུང་བ་དང༌། རླུང་གི་རླུང་ལོག་པས་རླུང་སྒྲ་འཇིགས་སུ་རུང་བ་དང༌། མཁའ་རླུང་ ལོག་པས་སྟོང་པའི་སྒྲ་འཇིགས་སུ་རུང་བ་རྣམས་འབྱུང་ལ། ཉོན་མོངས་དུག་གསུམ་ཤུགས་ ཆེ་བའི་དབང་གིས་གཡང་ས་ཆེན་པོ་དམར་ཟེང་ངེ་བ་དང༌། གཡང་ས་ཆེན་པོ་སྐྱ་ཆད་དེ་བ་ དང༌། གཡང་ས་ཆེན་པོ་ནག་ངམ་ངམ་པ་རྣམས་ཀྱི་སྣང་ལོག་ཀྱང་འབྱུང་ཞིང༌། གཞན་ཡང་ སྐྱེ་བ་ཕྱི་མར་ལྷ་ལྷ་མིན་དང་དམྱལ་བ་དང་ཡི་དྭགས་དང་མི་དུད་འགྲོ་རྣམས་སུ་སྐྱེ་བའི་ལྟས་ ལ་བར་དོའི་སྐབས་སུ་འོད་དཀར་བོ་དང་ནག་པོ་དང་དམར་པོ་དང་སེར་པོའི་ལམ་གྱི་སྣང་ བ་རིམ་པར་འཆར་ཞིང་སྣང་བ་དེ་དག་གང་བྱུང་བ་ཐམས་ཅད་ནི་ད་ལྟ་ཁྱོད་རང་བར་དོ་ན་ ཡོད་པའི་རྟགས་སུ་ངོ་ཤེས་པ་གལ་ཆེའོ། །འཁྲུལ་སྣང་གཞན་མ་ཡང་བར་དོ་ན་ཉིན་མཚན་ གྱི་དབྱེ་བ་ཇི་བཞིན་མེད་པར་སྣང་བ་དང་མུན་པ་འདྲེས་པའི་སྐྱ་རེངས་ཤར་བ་ལྟ་བུའི་གསལ་ སྣང་དེ་ཀའི་ངང་དུ་སྡིག་པ་ཅན་ལ་ཡིད་མི་འོང་གི་ཡུལ་གླིང་མང་པོ་དང་དགེ་བ་ཅན་ལ་ཡིད་ འོང་གི་ཡུལ་གླིང་སྣ་ཚོགས་པའི་སྣང་བ་འཆར་ཏེ་རང་དབང་མེད་པར་སྦུར་མ་རླུང་གིས་ བསྐྱོད་པ་བཞིན་གནས་ཡུལ་ངེས་མེད་རྣམས་སུ་ཡང་ཡང་འཕྱན་པ་དང་ལྷ་བདུད་དཀར་ནག་ གིས་ལས་སྣང་རྡེའུ་དཀར་ནག་བགྲང་བ་དང་ཁ་ཆར་བུ་ཡུག་གིས་འདེད་པ་གཤིན་རྗེའི་སྐྱེས་ བུས་འཁྲིད་པ་སོགས་འཁྲུལ་བའི་ཡོ་ལང་གིས་དུས་འདའ་བ་དེ་དག་ཀྱང་བར་དོའི་རྟགས་སུ་ ངོ་ཤེས་པའི་སྒོ་ནས་སྣང་ལོག་འཁྲུལ་བའི་ཡུལ་མཐའ་དག་ཀྱང་དོན་གྱི་གནས་ཚོད་ལ་བདེན་ 8-1-301 པའི་དངོས་པོ་སྤུ་ཙམ་མེད་པར་དེ་མ་ཡིན་ལ་དེར་སྣང་གི་བརྫུན་པ་བསླུ་བའི་ཆོས་དཔེ་སྒྱུ་མ་ དང་རྨི་ལམ་གྱི་ཡུལ་སྣང་བཞིན་དུ་ཞེ་ཐག་བཅད་དེ་ཁྱོད་རང་གི་སེམས་དགའ་སྡུག་ཆགས་ སྡང་གི་དབང་དུ་མི་འགྲོ་བར་རིག་པའི་རང་སོ་ཟིན་ཐབས་ལ་ཅི་ནས་ཀྱང་འབད་འབུང་བྱེད་ དགོས། དེ་ལྟར་བྱས་ན་བར་སྲིད་པའི་སེམས་འདི་སྐྱེ་སྲིད་ཀྱི་ཤེས་པ་ལས་འགྱུར་སླ་བར་ ཡོད་པས་ཕན་ཐོགས་ཆེ་བ་འབྱུང་ཉེན་ཡོད་པ་ཡིན་ལ་ཁྱད་པར་སྐྱེ་བ་སྔ་མའི་སྐབས་ཀྱི་འདི་ སྣང་གི་གཉེན་མཛའ་ལོངས་སྤྱོད་མཐའ་དག་དང་ད་ནི་བྲལ་ཟིན་པས་ཅིས་ཀྱང་དགོས་པ་ མེད་པའི་དུས་སུ་སླེ བས་འདུག་པས་དེ་ཐམས་ཅད་བློས་ཐོང་ལ་ཆགས་ཞེན་སྤོངས་ཤིག ད་ ལན་ཤུལ་ན་ཡོད་པ་དག་གིས་ཁྱོད་ཀྱི་དགེ་རྩར་བསོད་ནམས་བསགས་སྒོ་ལེགས་བགྱིད་ བྱེད་བཞིན་པ་དང་ངེད་ཅག་གིས་ཀྱང་ཁྱོད་ལ་ཟབ་ལམ་འཕོ་ལུང་སྦྱིན་པ་ཡིན་པས་དེ་ལུགས་ ལྟར་གུས་པས་ཉོན་མཛོད། ཅེས་པའི་ངོ་སྤྲོད་བསྡུས་པའི་མཇུག་ཏུ་འོག་གི་འཕོ་བ་རྣམས་ཇི་ལྟར་འོས་པ་བྱའོ། ། ༈ གཉིས་པ་རྣལ་འབྱོར་པ་ལ་ཇི་ལྟར་བྱ་བའི་ཚུལ་ལའང་གསུམ་སྟེ། འཆི་ཁ་དང༌། འཆི་བ་དང༌། བར་དོའི་སྐབས་སུ་བྱ་ ཚུལ་ལོ། །དེ་ལས་དང་པོ་ནི་སྤྱིར་རྣལ་འབྱོར་པ་རབ་ཏུ་གྱུར་པ་རླུང་སེམས་ལ་རང་དབང་ཐོབ་ཅིང་ཉམས་མྱོང་ལ་རང་བྱན་ཚུད་པ་ གང་དག་གིས་ནི་འཆི་ལྟས་ཇི་ལྟར་བྱུང་བ་རང་གིས་ཤེས་ནས་འཆི་ཁ་འཆི་བ་བར་དོ་གསུམ་གྱི་སྐབས་སུ་ཉམས་མྱོང་གི་གནས་ འགྱུར་གང་བྱུང་བ་ཐམས་ཅད་ཀྱང་ངོས་ལེགས་པར་ཟིན་ཅིང་གཞན་གྱིས་བཅོས་ཐབས་ངོ་སྤྲོད་སོགས་ལ་ལྟོས་མི་དགོས་པ་ ཡོད་ནའང་དེ་འདྲ་མ་ཡིན་པའི་རྣལ་འབྱོར་པ་འབྲིང་ཐའི་ཆར་གཏོགས་པ་རྣམས་ལ་ནི་ཐོག་མར་འཆི་ཐག་ཆོད་པའི་ཚེ་འཆི་ཁའི་ གདམས་པ་དང༌། དེ་བཞིན་དུ་འཆི་བ་དངོས་དང༌། བར་དོའི་གནས་སྐབས་སུའང་དེ་ལུགས་ཀྱི་གདམས་ངག་ངོ་སྤྲོད་འདི་གལ་ཆེ་ བས་ཚུལ་དེ་འཆད་པ་ལ་དང་པོ་རྣལ་འབྱོར་བ་རང་འཆི་ངེས་སུ་སེམས་ཐག་ཆོད་ཅིང་སྐྲག་འཇིགས་འཚེར་སྣང་མེད་པ་འཆི་ཁའི་ དུས་ཉེ་བར་གནས་པ་དགོས་དོན་སྐབས་སུ་བབ་ཚེ་བཅོས་ཐབས་ངོ་སྤྲོད་འདི་ལྟར་བྱ་སྟེ། དེ་ཡང་རང་གི་སྔགས་ཀྱི་སློ བ་དཔོན་ ལྟ་བུ་ལ། འོ་རིགས་ཀྱི་ཁྱབ་བདག་རྡོ་རྗེ་འཆང་གི་ངོ་བོར་བཞུགས་པ་དཔལ་ལྡན་བླ་མ་ལགས་ གང་ཉིད་དགོངས་པ་དབྱིངས་སུ་ཟུམ་པ་ལ་ཉེ་བའི་ཚེ་ཐུགས་ཉམས་སུ་བསྟར་བའི་གདམས་ 8-1-302 ངག་ཟབ་མོ་གསལ་འདེབས་སུ་འབུལ་ན་དགོངས་བཞེས་ཇི་བཞིན་མཛད་པར་ཞུ། ཞེས་དང༌། རང་གི་ཆོས་ཀྱི་སློ བ་དཔོན་ལྟ་བུ་ལ། འོ་དགེ་བའི་བཤེས་གཉེན་ཆེན་པོ་གང་དེ་ཉིད་ལགས་སྐུ་ གྲོངས་པ་ལ་ཉེ་བའི་སྐབས་ཀྱི་གདམས་པ་གསལ་འདེབས་ཅུང་ཙམ་ཞུ་ན་དེ་ལུགས་ལྟར་ མཁྱེ ན་པར་མཛོད་ཅིག ཅེས་དང༌། རང་གའི་རྣལ་འབྱོར་པ་ལྟ་བུ་ལ། འོ་ཟབ་མོའི་ལམ་མཆོག་མངའ་བརྙེས་པའི་རིག་པ་འཛིན་པའི་ སྐྱེས་བུ་དམ་པ་ཁྱེད་ཉིད་ཀྱིས་འདའ་ཁའི་གདམས་ངག་གསལ་འདེབས་ལ་ཐུགས་གཏོད་ མཛོད། ཅེས་པ་ལྟ་བུས་བསྐུལ་ཏེ། འོ་སྤྱིར་ན་ཡང་སེམས་ཅན་གང་དག་སྐྱེས་པའི་ཐ་མར་འཆི་བའི་ ཆོས་ལས་མ་འདས་པ་དང༌། འདུས་པའི་ཐ་མར་འབྲལ་བའི་རང་བཞིན་དུ་ངེས་པ་དང༌། འདུས་བྱས་ཀྱི་ཆོས་ཡོད་དོ་ཅོག་ཕྲ་བ་དང་རགས་པའི་མི་རྟག་པ་ཤ་སྟག་གི་ངོ་བོ་མ་ཡིན་པ་ གཅིག་ཀྱང་མེད་པ་ཉིད་ཀྱི་དགོངས་ཆུབ་ལེགས་མངའ་ལྟར་ལས་ད་ལན་ནི་ཁྱོད་རང་ཡང་ གནས་སྐབས་དེ་སླེབས་ནས་འཇིག་རྟེན་འདི་ནས་ཞིང་ཁམས་གཞན་དུ་གཤེགས་པ་ལ་ཉེ་ བའི་དུས་ཚོད་དུ་ཐོན་པར་གདའ་བས་ཉིད་ཀྱི་ཐུགས་དགོངས་སུ་ཁམས་གསུམ་འཁོར་བས་ བསྡུས་པ་ཐམས་ཅད་སྤྱིར་མི་རྟག་ཅིང་སྡུག་བསྔལ་བའི་རང་བཞིན་ཟག་བཅས་ཡིད་མི་འོང་ གི་གནས་སུ་ཐུགས་ཐག་ཆོད་པ་ལ་ངེས་ཤེས་ཡང་ཡང་དྲངས་བཞིན་སྤྱིར་ན་འཁོར་བ་སྡུག་ བསྔལ་གྱི་རྒྱ་མཚོ་ལས་ཐར་འདོད་དང༌། ཁྱད་པར་འཇིག་རྟེན་འདི་ངོགས་འདིར་བཞུགས་ པའི་ཐུགས་འདུན་རེ་ཞིག་བཏང་སྟེ། ཞིང་གཞན་དུ་ཐུགས་དགོངས་འཇོག་པའི་སྒོ་ནས་ད་ ལན་སྐུ་ཚེ་འདའ་བ་ལ་ཉེ་བའི་ཚེ་ཐུགས་ཀྱི་མོས་འདུན་དག་སྣང་དུ་བསྒྱུར་བའང་འཁོར་ འདས་མ་ལུས་སྤྲུལ་པར་མཛད་པའི་རང་བཞིན་ཆོས་སྐུའི་མངའ་བདག་ཕ་གཅིག་རྩ་བའི་བླ་ མ་བཀའ་དྲིན་གསུམ་ལྡན་གྱི་དགོངས་པ་ཆོས་ཀྱི་དབྱིངས་ཉག་མ་གཅིག་གི་གཤིས་ལུགས་ སུ་ཉིད་ཐུགས་རིག་པ་རང་གསལ་གྱི་ངོ་བོ་གཉིས་མེད་རོ་མཉམ་ཆེན་པོར་འཕོ་ཅི་ཐུབ་ལ་ 8-1-303 དུས་རྒྱུན་པར་ཐུགས་དགོངས་ལྷོད་མེད་མཛད་པ་སྐབས་སུ་བབ་ནའང་ཁྱེད་རང་གི་ཉམས་ མྱོང་དང་བསྟུན་ཏེ་ད་ལན་གྱི་སྐབས་སུ་འཆི་ཁའི་གདམས་པ་ཇི་ལྟར་དགོངས་བཞེས་མཛད་ དགོས་ན་རྒྱུའི་ཐེག་པར་འདའ་ཀ་ཡེ་ཤེས་སྒོམ་པའི་མདོ་ལས། སེམས་ནི་ཡེ་ཤེས་འབྱུང་བའི་ རྒྱུ། །སངས་རྒྱས་གཞན་དུ་མ་འཚོལ་ཞིག །ཅེས་གསུངས་པའི་དགོངས་པ་རང་གི་སེམས་ ཉིད་ཀྱི་གཤིས་ལུགས་ལ་མཉམ་པར་འཇོག་ཚུལ་ཇི་བཞིན་པས་བལྟ་ནུས་ན་སེམས་དེ་ཀ་ རང་ལས་ཡེ་ཤེས་གསལ་བར་འཆར་བ་མ་གཏོགས་ལོགས་སུ་སངས་རྒྱས་ཀྱི་ཡེ་ཤེས་ཞེས་ བྱ་བ་མེད་པའི་ཚུལ་ལྟར་འཆི་ཁར་མཉམ་བཞག་ཡང་དག་ལ་གནས་ཐུབ་ན་དེ་ལུགས་ལྟར་ དང༌། འབྲས་བུའི་ཐེག་པ་གསང་ཆེན་བླ་མེད་ཀྱི་སྐབས་སུ་གནས་ལུགས་འཕོ་བའི་མན་ངག་ ཐ་མ་དང་འབྲིང་དང་མཆོག་གི་རིམ་པ་གསུམ་སྟེ། དེ་ཡང་དང་པོ་ནི་ལས་དང་པོ་པ་རྣམས་ ཀྱིས་ཀུན་རྫོབ་བློས་བྱས་ཀྱི་འཕོ་བ་རང་ལུས་གདོས་བཅས་འོད་ལུས་སུ་གསལ་བའི་ནང་ ནས་རྣམ་ཤེས་ཐིག་ལེའམ་ཡི་གེའི་གཟུགས་གང་ཡང་རུང་བར་མོས་ཏེ་འཕོ་ཡུལ་སྐྱབས་ཀུན་ འདུས་པའི་ཐུགས་ཀར་འཕོ་བར་བྱེད་པ་དེ་ཡིན། གཉིས་པ་ནི་རྣལ་འབྱོར་པ་དབང་འབྲིང་ དག་གིས་གཉུག་མ་དོན་དམ་ལ་ཉེ་བའི་འཕོ་བ་རང་ལུས་གདོས་བཅས་མ་ཟད་རྣམ་སྨིན་ སྐྱེས་ཀྱི་ཤེས་པ་མཐའ་དག་གི་སྦུབས་ནས་གཉུག་ཁམས་དྭངས་པའི་རིག་ཤེས་དེ་ཉིད་ཐིག་ ལེའམ་ཡིག་གཟུགས་གང་རུང་དུ་གསལ་བཏབ་སྟེ་སྐྱབས་གནས་མཆོག་གི་དགོངས་ཆེན་དུ་ རོ་མཉམ་བྱེད་པ་དེ་ཡིན། གསུམ་པ་ནི་རྣལ་འབྱོར་དམ་པ་དབང་པོ་རྣོན་པོ་གང་དག་གིས་ ནི་དོན་དམ་གནས་ལུགས་དོན་གྱི་འཕོ་བ་ཞེས་པ་འཁོར་འདས་གཤིས་ལུགས་མཐར་ཐུག་ བླ་མའི་ཆོས་སྐུར་ངེས་པ་དང༌། དེའང་རང་སེམས་ཀྱི་གནས་ལུགས་དང་ནམ་ཡང་མི་གཉིས་ པར་ཐག་ཆོད་ནས་དེ་དང་ངོ་བོ་དབྱེར་མེད་རོ་མཉམ་ཆེན་པོ་བྱེད་ཐབས་རང་གི་སེམས་ཉིད་ འོད་གསལ་གྱི་རིག་པ་གསལ་སྟོང་བརྗོད་བྲལ་གྱི་ངང་ལེགས་བསྐྱང་མཛད་པ་དེ་ཡིན་པས་ 8-1-304 དེ་འདྲའི་འཕོ་བའི་མན་ངག་གི་སྒོ་ཐ་འབྲིང་རབ་གསུམ་ཡོད་པ་རྣམས་ལས་ཁྱེད་རང་གི་ དགོངས་ཉམས་སུ་གང་འཕྲོད་ཅིང་སྐབས་སུ་བབ་པ་ལ་གདམས་ངག་ཉམས་ལེན་གྱི་མཐིལ་ དུ་མཛད་པ་གལ་ངེས་པར་ཆེ་བ་ལགས། གཞན་ཡང་རྣལ་འབྱོར་པ་གང་དག་འཆི་བ་ལ་ཉེ་ སྐབས་ཆེད་དུ་མ་བསྒོམས་ཀྱང་དེ་འཕྲལ་རང་ཤུགས་ཉིད་དུ་འོད་གསལ་ཡེ་ཤེས་ཀྱི་སྣང་ ཆ་ཀུན་ནས་རྒྱས་ཤིང་སྟོང་གཟུགས་རབ་འབྱམས་གཤིས་སུ་ཆེར་མངོན་ཚབས་ཆེ་བ་བྱུང་ ན་དེ་ཡང་འཆི་བའི་རྟགས་སུ་ཤེས་པར་བྱས་ནས་འདི་སྣང་ལ་ཆགས་ཞེན་མེད་པར་དབེན་ གནས་སུ་མཉམ་བཞག་རྩེ་གཅིག་པའི་ངང་ལ་རྒྱུན་བཞུགས་མཛད་པས་སྔར་རང་གར་སྡོད་ པ་ལས་ད་ལྟ་འཆི་ལ་ཉེ་སྐབས་རིག་པ་ཆོས་སྐུ་བདེ་བར་གཤེགས་པའི་སྙིང་པོ་ངེས་པ་དོན་ གྱི་གནས་ལུགས་སུ་འཕོ་བའི་ཉམས་སྟོང་གཟུགས་རབ་འབྱམས་སྣ་ཚོགས་པ་གང་དང་གང་ སྣང་བ་ཐམས་ཅད་ཆོས་སྐུའི་རྣམ་རོལ་ཉག་གཅིག་ཏུ་ངོས་ཟིན་པའི་སྒོ་ནས་རེ་དྭོགས་སྤང་ བླང་གང་ཡང་མི་བྱེད་པར་སྤྲོས་བྲལ་མཉམ་ཉིད་ཀྱི་རང་གཤིས་དེ་ཀའི་ངང་ལྷུག་པར་བསྐྱང་ སྟེ་གནས་ལུགས་མི་རྟོག་ཆེན་པོར་ལྷན་གྱིས་མཉམ་པར་འཇོག་ཅི་ཐུབ་ལ་འབད་དགོས་པར་ ཁམས་གསུམ་ཆོས་ཀྱི་རྒྱལ་པོ་རིགས་ལྡན་སྤྲུལ་པའི་སྐུ་རྗེ་རྒྱལ་བ་གཉིས་པ་ཇོ་ནང་པ་ཆེན་ པོའི་ཞལ་སྔ་ནས་བཀའ་ངེས་པར་བསྩལ་པའང་འདི་ལྟ་སྟེ། འཆི་ཁར་ཐོབ་པར་བྱེད་པའི་ གདམས་ངག་གཅེས། ཞེས་དང༌། དེ་ཡང་འཆི་ཁའི་གོང་དུ་མ་བསྒོམས་ཀྱང༌། །འོད་གསལ་ རབ་འབྱམས་ཅི་ཞིག་ལྟར་ཡང་མཐོང༌། །མྱུར་དུ་འཆི་བའི་རྟགས་སུ་ཤེས་བྱས་ནས། །ཆགས་ ཞེན་སྐྱེ་བའི་དངོས་ཀུན་སྦྱིན་པར་བཏང༌། །འདུ་འཛི་ཀུན་སྤངས་དབེན་པའི་གནས་མཆོག་ ཏུ། །ཉམས་རྟོགས་ཅན་གྱི་གྲོགས་མཆེད་དང་བཅས་པའམ། །ཡང་ན་རང་ཉིད་གཅིག་པུར་ གནས་བྱས་ནས། །རིག་པ་ཆོས་སྐུའི་དབྱིངས་སུ་འཕོ་བ་ལ། །དགའ་ཞིང་སྤྲོ་བའི་ངང་ནས་ འདི་ལྟར་བསམ། །འོད་གསལ་ཆོས་སྐུ་རྣམ་པ་ཐམས་ཅད་པ། །རྣམ་པ་ཅུང་ཟད་སྔར་ཡང་ 8-1-305 མཐོང་མོད་ཀྱི། །རྒྱ་ཆེར་རབ་འབྱམས་ཚད་འདས་མཐོང་བ་མེད། །ད་ནི་ཚད་འདས་རྩིས་ གྲངས་ལས་འདས་པ། །རྣམ་པ་སྣ་ཚོགས་མཐོང་བ་ཉམས་རེ་དགའ། །རྒྱལ་བའི་སྐུ་དང་འགྲོ་ བ་བཟང་ངན་སོགས། །བཟང་ངན་དུ་མར་སྣང་ཡང་བཟང་ངན་མེད། །ཐམས་ཅད་ཆོས་སྐུའི་ རྣམ་པར་རོལ་པ་ཡིན། །དེ་ཕྱིར་གང་ཤར་དེ་ལ་བལྟ་བ་ཙམ། །རེ་དྭོགས་སྤང་བླང་དགག་ སྒྲུབ་མི་བྱེད་པར། །སྤྲོས་བྲལ་མཉམ་ཉིད་ངང་དུ་ལྷན་གྱིས་བཞག །ཅེས་གསུངས་པ་ལྟར་ རབ་ན་རྫོགས་ལྡན་ཁྱད་འཕགས་ཀྱི་འཕོ་བའི་ཟབ་གནད་གནས་ལུགས་རང་གསལ་ཆེན་པོ་ ལ་མཉམ་པར་འཇོག་ཅིང་དེ་མིན་རང་གི་ཉམས་མྱོང་དང་སྒོ་གང་འཚམ་གྱི་འཕོ་བ་ལ་ལག་ ལེན་ཅི་ཐེབས་ནན་ཏན་སྙིང་པོར་བྱ་བ་ད་རེས་དགོས་པ་སྐབས་སུ་བབ་ཕྱིར་འདིར་དམ་པ་ ཁྱེད་ཀྱིས་ཐུགས་ཉམས་ལྷུར་བཞེས་ཀྱི་མཛད་པ་གནང་ཆེད་བདག་ཅག་གིས་ཀྱང་ཟབ་ལམ་ འཕོ་བའི་གདམས་པ་ཉམས་བཞེས་ཇི་ལྟར་མཛད་པའི་རོགས་ལྡན་གསལ་འདེབས་མཚོན་ ཙམ་ཉེ་བར་འབུལ་ན་ཚུལ་དེ་ལུགས་བཞིན་ཉེར་དགོངས་ཀྱི་ངང་རང་གི་ཉམས་མྱོང་ལ་ངེས་ ཤེས་ཟབ་མོ་ཅི་འདྲོངས་དང་འདའ་ཁའི་ཡེ་ཤེས་སྒོམ་པ་ལ་མཉམ་འཇོག་ལེགས་པར་མཛོད་ ཅིག ཅེས་པའི་མཐར་འོག་ནས་འཆད་འགྱུར་གྱི་འཕོ་བ་རྣམས་ཀྱང་ལོང་སྐབས་བྱུང་ན་ཅི་ནུས་སུ་འདོན་སྒོམ་སྒྲགས་མ་ལ་ འབད་ཐུབ་ན་བཟང་བར་སེམས། ༈ གཉིས་པ་འཆི་བའི་སྐབས་སུ་བྱ་ཚུལ་ནི། དེ་ནས་དུས་རེ་ཞིག་གི་ཚེ་རྣལ་འབྱོར་པ་གང་དེ་འཆི་བའི་དུས་སུ་སླེ བས་ཚེ་ ལུས་རྣམ་སྣང་ཆོས་བདུན་ནམ་སེང་གེ་ཉལ་སྟབས་གང་རུང་བྱེད་དུ་བཅུག་ནས་ཕྱི་དབུགས་མ་ཆད་བར་ཕྱི་གཡོག་གང་དགོས་ ལེགས་བསྒྲུབ་བྱས་ཏེ། རྣལ་འབྱོར་པ་རབ་གནས་ལུགས་མཉམ་བཞག་ལ་རང་མགོ་ཐོན་པ་ཐུགས་དམ་གྱི་དུས་སུ་ཕྱི་རྟགས་ལ་ སྐུ་ཤ་རྒྱས་པ། གཉེར་མ་མེད་པ། དྲི་མི་ང་བ། ཡ་ཡོ་མེད་པར་གཟི་མདངས་འབར་བའི་ཉམས་ཡོད་པ་གང་དག་ནི་འོད་གསལ་ ངོ་འཕྲོད་པའི་ངང་དུ་བཞུགས་ཕྱིར་དེ་ལ་བར་ཆད་བྱས་ན་ཉེ་བའི་མཚམས་མེད་དུ་འགྱུར་ཚུལ་སྔོན་བྱོན་དམ་པའི་གསུང་སྒྲོས་ན་ ཡོད་པས་དེ་འདྲའི་རིགས་ལ་འཆི་བ་ངོ་སྤྲོད་འདི་མི་དགོས་ཀྱང་དུས་ཀྱི་ཐ་མ་འདི་ལྟ་བུ་ལ་རྣལ་འབྱོར་ཡང་རབ་དེ་འདྲའང་དཀའ་ 8-1-306 བར་སྣང་ཞིང་རྣལ་འབྱོར་པ་འབྲིང་ཐ་རྣམས་ལ་ནི་འཆི་བའི་དུས་སུ་ངོ་སྤྲོད་འཕོ་བ་བཅས་ངེས་པར་གལ་ཆེ་བས་འདིར་དེ་ལུགས་ ཀྱི་དབང་དུ་བྱས་ནས་ཐུགས་དམ་གསང་རྒྱ་དམ་པོ་བྱེད་བཞིན་དེ་མ་གྲོལ་བའི་བར་གསེང་རྣམས་སུ་སྐུ་སྤུར་གྱི་དྲུང་དུ་འཕོ་ འདེབས་པ་རྣམས་སོང་སྟེ་འཆི་བའི་ངོ་སྤྲོད་འཕོ་བ་དང་བཅས་ཡང་ཡང་དལ་བུའི་སྒོ་ནས་བྱེད་པ་སྟེ། དེ་ལ་རང་གི་སྔགས་ཀྱི་སློ བ་དཔོན་ལ། འོ་ལགས་སོ། །ཐུགས་དགོངས་ཆོས་ཀྱི་དབྱིངས་སུ་ཉེ་བར་ བཞུགས་པའི་རྡོ་རྗེ་འཆང་གང་ལ་དགོངས་པ་ཉམས་བཞེས་གསལ་འདེབས་འདི་འབུལ་ན་ ཇི་བཞིན་ལེགས་མཁྱེ ན་མཛད་པར་ཞུ། ཞེས་དང༌། ཆོས་ཀྱི་སློ བ་དཔོན་ལ། འོ་དགེ་བའི་བཤེས་གཉེན་ཆེན་པོ་ཐུགས་དགོངས་ཞི་བའི་དབྱིངས་ སུ་མངོན་པར་བཞུགས་པ་གང་ལ་ཐུགས་ཉམས་གསལ་འདེབས་ལེགས་འབུལ་བགྱིད་ན་དེ་ ལུགས་དགོངས་པར་མཛོད། ཅེས་དང༌། རྣལ་འབྱོར་པ་རང་ག་བ་ལ། འོ་རིག་པ་འཛིན་པའི་སྐུ་ཞི་བར་གཤེགས་པ་ཁྱེ ད་ཉིད་ལ་ཐུགས་ དམ་གསལ་འདེབས་འདི་འབུལ་གྱི་ཉེ་བར་དགོངས་ཤིག ཅེས་པས་བསྐུལ་ཏེ། འོ་ད་ལན་ནི་ཁྱེ ད་ རང་ལ་འཆི་བ་དངོས་ཀྱི་དུས་སུ་གནས་སྣང་ཇི་ལྟར་འགྱུར་བའི་ཚུལ་དང༌། སྐབས་དེ་དག་ཏུ་ ཐབས་ཇི་ལྟ་བུ་བྱ་བའི་ཚུལ་འདི་བཞིན་ལགས་ཏེ། རྣལ་འབྱོར་པ་གང་དག་འཆི་བའི་ཚེ་ དབང་པོ་འབྱུང་བ་རྣམས་སྡུད་ཅིང་ཟླ་ཉིའི་རླུང་རྣམས་ཀྱང་སྙིང་གར་འདུས་པའི་སྐབས་སུ། རྗེ་ནཱ་རོ་པཎ་ཆེན་གྱི་ཞལ་ནས། རྣལ་འབྱོར་ཏིང་འཛིན་སྣ་ཚོགས་འཆར། །ཞེས་གསུངས་པ་ ལྟར་རྣལ་འབྱོར་པ་འཆི་བའི་དུས་སུ་བབ་ནས་ཐོག་མར་དབང་པོ་རྣམས་སྡུད་པའི་མགོ་ བརྩམ་སྟེ། མིག་ལམ་དུ་གཟུགས་མི་གསལ་བའི་སྐབས་སུ་རང་སྣང་དུ་ཏིང་ངེ་འཛིན་གྱི་ ཉམས་མྱོང་གི་འཆར་སྒོ་སྟོང་གཟུགས་ཁ་དོག་དང་རྣམ་དབྱིབས་སྣ་ཚོགས་ཇི་ལྟར་སྣང་བ་ གང་དག་གདོད་ནས་བཞུགས་པའི་འོད་གསལ་ཆོས་སྐུ་བདེ་གཤེགས་སྙིང་པོ་དོན་དམ་ཁ་ དོག་དབྱིབས་གཟུགས་རྣམ་པ་ཐམས་ཅད་པར་བཞུགས་པ་དེ་ཉིད་རྣལ་འབྱོར་པའི་སྣང་ངོར་ 8-1-307 ལམ་དང་རྐྱེན་སྟོབས་ཀྱིས་གསལ་སྣང་བྱུང་བ་ཙམ་ཡིན་ལ། དེ་བཞིན་དུ་རྣ་བས་སྒྲ་མི་ཐོས་ པའི་སྐབས་སུ་སྟོང་པའི་སྒྲར་སྣང་གང་གང་བྱུང་བ་རྣམས་གདོད་མའི་ཆོས་སྐུ་དོན་དམ་སྒྲ་ དབྱངས་རྣམ་པ་ཐམས་ཅད་པར་བཞུགས་པ་ཅུང་ཙམ་གསལ་བར་སྣང་བ་དང༌། སྣའི་རླུང་ དལ་གྱིས་རྒྱུ་བ་ལས་མེད་པའི་སྐབས་སྟོང་པའི་དྲི་སྣང་གང་བྱུང་དག་གདོད་མའི་ཆོས་སྐུ་དོན་ དམ་དྲི་བཟང་དམ་པའི་ཡིན་ལུགས་སུ་བཞུགས་པ་ཅུང་ཙམ་གསལ་བ་དང༌། ལྕེ་སྦོམ་ཞིང་སྔོ ་ བར་གྱུར་སྐབས་སྟོང་པའི་རོ་འདྲ་མིན་ཇི་ལྟར་སྣང་བ་ཀུན་ཀྱང་གདོད་མའི་ཆོས་སྐུ་དོན་དམ་ རོ་མཆོག་གི་རྣམ་པར་གནས་པ་ཉིད་ཅུང་ཙམ་མངོན་དུ་གྱུར་པ་དང༌། ལུས་བསྒུལ་བསྐྱོད་མི་ ཐུབ་པའི་དུས་སུ་སྟོང་པའི་རེག་བྱ་འཇམ་རྩུབ་བར་མ་གང་དང་གང་གི་རྣམ་པར་ཤར་བ་དེ་ ཐམས་ཅད་གདོད་མ་ཡེ་བཞུགས་ཀྱི་ཆོས་སྐུ་དོན་དམ་རེག་བྱ་ཀུན་ནས་རྣམ་པ་ཐམས་ཅད་ པར་ཡོད་པ་དེ་ཉིད་ལམ་དང་རྐྱེན་སྟོབས་ཀྱིས་རྣལ་འབྱོར་པའི་བློ་དང་འཚམ་པར་གསལ་ སྣང་གི་སྒོ་དོད་པ་ཙམ་སྟེ་དེ་ཐམས་ཅད་ཀྱི་གནས་ཚུལ་མདོར་བསྡུས་ན་ད་ལྟ་ཁྱེད་ལ་དབང་ པོ་རྣམས་རིམ་པར་ཐིམ་ཞིང་སྡུད་པའི་སྐབས་དག་ཏུ་དོན་ལྔ་སྟོང་པའི་གཟུགས་ཀྱི་རྣམ་པ་ གང་འཆར་བ་མཐའ་དག་འོད་གསལ་ཆོས་སྐུ་ཉག་གཅིག་གི་རྣམ་རོལ་ཏུ་ངོས་ཟིན་པར་བྱས་ ཏེ་དགག་སྒྲུབ་རེ་དྭོགས་མེད་པར་འོད་གསལ་སྤྲོས་བྲལ་འཛིན་མེད་ཀྱི་རང་གདངས་དེ་ཉིད་ ངེས་པར་བསྐྱང་ཅི་ཐུབ་ལ་འབད་དགོས་པ་ཡིན། འོ་དེ་ནས་ཁྱེ ད་ལ་དེ་དག་དང་དུས་མཉམ་ དང་རྗེས་ཅི་རིགས་པ་ན་ལུས་ཀྱི་འབྱུང་བ་རྣམས་ཐིམ་ཞིང་སྡུད་པ་སྟེ། དེ་ཡང་ལུས་ཕྱི་ནང་ གི་ས་ཁམས་ཀྱི་རླུང་ཐམས་ཅད་སྙིང་གའི་དྷཱུ་ཏཱིར་ཐིམ་པའི་རྟགས་སུ་ནམ་མཁའ་སྔོ ་སངས་ལ་ དུ་བ་ལྟ་བུའི་ནག་ལིང་ངེ་བས་ཁྱབ་པའི་སྣང་བ་འཆར་དེ་ནི་དོན་གྱི་ཡིན་ལུགས་ན་གདོད་ མའི་ཆོས་སྐུ་བདེ་གཤེགས་སྙིང་པོ་དོན་དམ་ལྷ་མོ་དུ་བ་མ་ཀུན་ནས་རྣམ་པ་ཐམས་ཅད་པར་ བཞུགས་པ་ཉིད་ད་ལྟ་རྣལ་འབྱོར་པའི་རང་གི་ཁམས་དབང་དང་མཐུན་པར་ལམ་དང་རྐྱེན་ 8-1-308 སྟོབས་ཀྱིས་དུས་སུ་མངོན་གྱུར་གྱི་སྣང་བའི་འཆར་སྒོ་ཅུང་ཙམ་པ་དང༌། དེ་ནས་ལུས་ཀྱི་ཆུ་ ཁམས་ཀྱི་རླུང་མཐའ་དག་སྙིང་གའི་དྷཱུ་ཏཱིར་ཐིམ་པའི་རྟགས་སུ་སྔར་གྱི་སྣང་བ་ཡལ་བའི་ ཤུལ་དུ་ནམ་མཁའ་སྔོ་སངས་ལ་སྨིག་རྒྱུ་ལྟ་བུའི་སྔོ་ཧྲམ་མེ་བའི་སྣང་བ་འཆར་དེ་ནི་གདོད་ མའི་ཆོས་སྐུ་དོན་དམ་ལྷ་མོ་སྨིག་རྒྱུ་མའི་ངོ་བོར་བཞུགས་པ་ད་ལྟ་རང་འཚམ་གྱི་སྣང་བ་ཙམ་ དང༌། དེ་ནས་ལུས་ཀྱི་མེ་ཁམས་ཀྱི་རླུང་མ་ལུས་པ་སྙིང་གའི་དྷཱུ་ཏཱིར་ཐིམ་པའི་རྟགས་སུ་སྔར་ སྣང་ཡལ་རྗེས་སུ་ནམ་མཁའ་སྔོ་སངས་ལ་སྲིན་བུ་མེ་ཁྱེར་ལྟ་བུའི་དམར་ཚེག་ཚེག་གི་སྣང་བ་ འཆར་དེ་ནི་གདོད་མའི་ཆོས་སྐུ་དོན་དམ་ལྷ་མོ་མེ་ཁྱེར་མའི་རྣམ་པར་བཞུགས་པ་ད་ལྟ་ གསལ་ཙམ་པ་དང༌། དེ་ནས་ལུས་ཀྱི་རླུང་ཁམས་ཀྱི་རླུང་ཀུན་ཀྱང་སྙིང་གའི་དྷཱུ་ཏཱིར་ཐིམ་པའི་ རྟགས་སུ་སྔར་སྣང་གི་ཤུལ་དུ་ནམ་མཁའ་སྔོ་སངས་ལ་མར་མེ་འབར་བ་ལྟ་བུའི་སྣང་བ་ འཆར་དེ་ནི་གདོད་མའི་ཆོས་སྐུ་དོན་དམ་ལྷ་མོ་རྣམ་ཀུན་ཐམས་ཅད་པ་མར་མེ་མའི་ངོ་བོར་ རྟག་པར་བཞུགས་ཡོད་པ་དེ་ཉིད་ད་ལན་ཅུང་ཙམ་ཉེ་བར་མངོན་པ་སྟེ་དེ་ཐམས་ཅད་ནི་ མཐར་གཏུགས་ན་དོན་དམ་བདེ་གཤེགས་སྙིང་པོའི་རང་གཟུགས་འབའ་ཞིག་ལས་མ་འདས་ ཤིང་གནས་སྐབས་རྣལ་འབྱོར་བློ་མཐུའི་རང་ཚད་ཙམ་དུས་སུ་གསལ་སྣང་དུ་འཆར་བ་ ལགས་ན་དེ་ལུགས་ལྟར་ངོ་ཤེས་པའི་སྒོ་ནས་རང་གསལ་སྟོང་གཟུགས་དབྱེར་མེད་ཀྱི་ གཤིས་དེ་ཀ་ཉིད་མ་བཅོས་རང་བབས་སུ་ལེགས་པར་སྐྱོང་ཐུབ་ན་འབྱུང་བ་ཐིམ་པའི་འཁྲུལ་ སྣང་མཐའ་དག་རང་སངས་སུ་འགྲོ་ཞིང་གནས་ལུགས་གཤིས་ཀྱི་དག་སྣང་འཛད་མེད་དུ་ འཕེལ་བ་ལགས། འོ་དེ་ནས་ཁྱེ ད་རང་ལའང་རྣམ་ཤེས་སྣང་བ་ལ་རིམ་པས་ཐིམ་སྐབས་སུ་ སྣང་མཆེད་ཐོབ་པ་གཞིའི་འོད་གསལ་དང་བཅས་པ་རིམ་གྱིས་ལེགས་པར་འཆར་བ་ཡིན་ཏེ། དེའི་ཚུལ་ཡང་རང་བཞིན་བརྒྱད་ཅུའི་རྣམ་རྟོག་གང་དག་ལས་རགས་པའི་ཆར་གྱུར་པའི་རྣམ་ ཤེས་དྷཱུ་ཏཱིར་ཐིམ་པའི་རྟགས་སུ་སྔར་སྣང་གནས་འགྱུར་ཏེ་ནམ་མཁའ་སྔོ་སངས་ལ་ཟླ་འོད་ 8-1-309 ལྟ་བུའི་དཀར་ལམ་པས་ཁྱབ་པའི་སྣང་བ་འཆར། དེ་ནི་གཞིའི་སྣང་བའི་ཡེ་ཤེས་མངོན་དུ་ གྱུར་པ་སྟེ་དོན་གྱི་ཡིན་ལུགས་ལ་འོད་གསལ་ཆོས་སྐུ་བདེ་གཤེགས་སྙིང་པོ་ཡེ་གདོད་མ་ནས་ དོན་དམ་ཆུ་ཁམས་སྐུ་རྡོ་རྗེ་སྣང་བ་མཐའ་ཡས་སྐུ་རྣམ་པ་ཐམས་ཅད་པར་བཞུགས་པ་དེ་ཉིད་ ད་ལྟ་རང་འཚམ་གྱི་སྣང་བའི་ཡེ་ཤེས་ཙམ་དུ་མངོན་པ་ངོས་ཟིན་པའི་སྒོ་ནས་རང་གསལ་དེ་ ལུགས་ཀྱི་ངང་དུ་སྤྲོས་བྲལ་ལྷུག་པར་མཉམ་བཞག་ཟབ་མོར་ཅི་གནས་མཛོད། དེ་ནས་རང་ བཞིན་བརྒྱད་ཅུའི་རྟོག་ཚོགས་ལས་ཅུང་ཟད་རགས་པའི་ཆར་གྱུར་རྣམ་ཤེས་དྷཱུ་ཏཱིར་ཐིམ་པའི་ རྟགས་སུ་སྔ་མའི་སྣང་བ་ཡལ་བའི་རྗེས་སུ་ནམ་མཁའ་སྔོ་སངས་ལ་ཉི་འོད་ལྟ་བུའི་དམར་ ལམ་པས་ཁྱབ་པའི་སྣང་བ་འཆར། དེ་ནི་གཞིའི་མཆེད་པའི་ཡེ་ཤེས་ཀྱི་རྣམ་པ་གདོད་མའི་ ཆོས་སྐུ་དོན་དམ་མེ་ཁམས་གསུང་རྡོ་རྗེ་རིན་ཆེན་འབྱུང་ལྡན་གསུང་རྣམ་པ་ཐམས་ཅད་པར་ བཞུགས་པ་ཉིད་རང་དང་འཚམ་པའི་ཡེ་ཤེས་དེ་ལྟར་དུ་མངོན་པ་ངོ་ཤེས་པའི་ངང་ནས་ མཉམ་བཞག་སྤྲོས་མེད་ལ་ཅི་གནས་མཛོད། དེ་ནས་ཡང་རང་བཞིན་བརྒྱད་ཅུའི་རྟོག་ཚོགས་ ལས་ཅུང་ཟད་ཕྲ་བའི་ཆར་གྱུར་རྣམ་ཤེས་ཀྱི་རིགས་གང་དག་དྷཱུ་ཏཱིར་ཐིམ་པའི་རྟགས་སུ་སྣང་ བ་སྔ་མ་ཡལ་རྗེས་ནམ་མཁའ་སྔོ་སངས་ལ་མཚན་མོའི་སྨག་ལྟ་བུའི་ནག་ལམ་པས་ཁྱབ་པའི་ སྣང་བ་འཆར་དེ་ནི་གཞིའི་ཐོབ་པའི་ཡེ་ཤེས་ཆོས་སྐུ་དོན་དམ་རླུང་ཁམས་ཐུགས་རྡོ་རྗེ་དོན་ ཡོད་གྲུབ་པ་ཐུགས་རྣམ་པ་ཐམས་ཅད་པར་བཞུགས་པ་འདིར་དེ་ལུགས་ཙམ་དུ་མངོན་པ་ངོ་ འཕྲོད་པའི་སྒོ་ནས་གནས་ལུགས་རང་ཉམས་དང་མཐུན་པའི་མཉམ་བཞག་ལ་འཛིན་མེད་དུ་ རྩེ་གཅིག་པར་ལྟོ ས་ཤིག ཡེ་ཤེས་ཀྱི་འཆར་སྒོ་དེའི་མཐར་བརྒྱལ་བ་ལྟ་བུ་ཞིག་འོང་བ་དེ་ སངས་རྗེས་སུ་རང་བཞིན་བརྒྱད་ཅུའི་རྟོག་ཚོགས་ཤིན་ཏུ་ཕྲ་བ་རྣམ་པར་ཤེས་པའི་ཆར་ གཏོགས་པ་མཐའ་དག་དྷཱུ་ཏཱིར་ཐིམ་པའི་རྟགས་སུ་ནམ་མཁའ་བསླད་བྱེད་ཀྱི་སྐྱོན་གསུམ་ དང་བྲལ་བའི་སྟོན་ནམ་གཡའ་དག་ལྟ་བུའི་ཤིན་ཏུ་དག་ཅིང་གསལ་བའི་རང་བཞིན་སྔོ་ 8-1-310 སངས་འབའ་ཞིག་གི་སྣང་བ་འཆར། དེ་ནི་གཞིའི་འཆི་བ་འོད་གསལ་གྱི་ཡེ་ཤེས་གདོད་ནས་ བཞུགས་པའི་ཆོས་སྐུ་འོད་གསལ་བདེ་གཤེགས་སྙིང་པོ་དོན་དམ་ཡེ་ཤེས་ཀྱི་ཁམས་ཡེ་ཤེས་ རྡོ་རྗེ་རིགས་འདུས་དཔལ་རྡོ་རྗེ་སེམས་དཔའ་འགྱུར་མེད་བདེ་བ་ཆེན་པོའི་ངོ་བོར་རང་ཆས་ སུ་ཡེ་དག་ཏུ་ཡོད་པ་གང་ཉིད་ད་ལྟ་འཆི་བའི་དུས་སུ་གཞིའི་འོད་གསལ་ཆེན་པོའི་ཡིན་ ལུགས་སུ་ཉེ་བར་མངོན་པ་དེ་ཇི་བཞིན་ངོས་ཟིན་ན་འཆི་བ་ཆོས་སྐུར་གྲོལ་ཐུབ་ཅིང་དེ་མིན་ རྣལ་འབྱོར་པ་རང་རང་གི་ཁམས་དབང་དང་མཐུན་པའི་རང་ངོ་ཅི་ཙམ་འཕྲོད་པ་དེ་ཙམ་དུ་ ཆོས་སྐུའི་གཤིས་ལུགས་སུ་རིག་པ་འཕོ་ཚབས་ཆེ་བས་མཉམ་བཞག་དེའི་ངང་ནས་འོད་ གསལ་ཆེན་པོའི་གནས་ལུགས་ལ་སྤྲོས་བྲལ་རང་གསལ་ཉིད་དུ་ཇི་བཞིན་བལྟ་བར་མཛོད་ ཅིག དེ་ལྟ་བུའི་གཞིའི་འཆི་བ་འོད་གསལ་གྱི་དབྱིངས་སུ་མཉམ་བཞག་ལ་རང་གི་ཉམས་ མྱོང་ངོས་གང་ཟིན་དུ་ཉིན་ཞག་ཅི་ཙམ་ལ་ལེགས་པར་གནས་ནུས་ན་དེའི་རིང་དུ་འོད་གསལ་ ངང་བརྒྱལ་བ་བཞིན་གནས་ཤིང་སྔོན་ཆེར་གོམས་པས་ད་རེས་ངོ་ལེགས་པར་འཕྲོད་ན་རིག་ པ་གནས་ལུགས་འོད་གསལ་ཆོས་སྐུའི་རང་གཤིས་ཀྱི་ངང་དེ་ཉིད་ལ་ཐིམ་པར་འགྱུར་ཞིང༌། གལ་ཏེ་རྣལ་འབྱོར་བློ་མཐུས་དེ་ཙམ་ངོ་འཕྲོད་མ་ནུས་ནས་རིག་པ་ཆོས་སྐུའི་གཤིས་སུ་དེ་ ལུགས་ལྟར་ཐིམ་ཚབས་མ་ཆེ་ནའང་འཇིག་རྟེན་འདི་ངོགས་སུ་རྣལ་འབྱོར་པ་དབང་པོ་འབྲིང་ ཐ་དག་གིས་ལོ་ཟླ་མང་པོའི་བར་འབད་པ་དོན་གཉེར་ཆེན་པོ་བྱས་ནས་བསྒོམས་པ་བས་ད་ སྐབས་འཆི་བ་འོད་གསལ་འཆར་བའི་དུས་སུ་གཞིའི་འོད་གསལ་མ་ལྟ་བུ་དང་སྔར་གོམས་ ལམ་གྱི་འོད་གསལ་བུ་ལྟ་བུ་ངོ་འཕྲོད་པར་བྱས་ཏེ་ཡུན་ཐུང་ངུར་བསྒོམ་པས་གནས་ལུགས་ རྟོགས་ཚབས་མཐོ་ཁྱད་ཤིན་ཏུ་ཆེ་བ་ཡོད་པར་རྗེ་ཀུན་མཁྱེན་ཇོ་ནང་པ་ཆེན་པོ་གང་ཉིད་ཀྱི་ ཞལ་སྔ་ནས་འདི་ལྟར་གསུངས་པ་སྟེ། ཕྱི་དབུགས་ཆད་ནས་ནང་དབུགས་ཆད་པའི་བར། །ཉིན་ཞག་གསུམ་བཞི་ཡང་ན་ལྔ་དྲུག་སོགས། །འོད་གསལ་ངང་དུ་བརྒྱལ་བ་བཞིན་དུ་ 8-1-311 གནས། །སྔོ ན་དུ་ཆེར་གོམས་ངོ་ཡང་ལེགས་འཕྲོད་ན། །རིག་པ་འོད་གསལ་ངང་ལ་ཐིམ་པར་ འགྱུར། །མ་ཐིམ་ན་ཡང་གཞན་དུ་ལོ་ཟླ་རུ། །མང་པོ་འབད་འབུང་བསྒོམ་པ་བས་ཀྱང་ལྷག །ཅེས་པ་ལྟར་གནས་སྐབས་འདི་ནི་རབ་ན་འཆི་བ་ཆོས་སྐུར་གྲོལ་ཐུབ་པ་དང་འབྲིང་ཐ་གང་ ལྟར་ཡང་གནས་ལུགས་ཟབ་མོ་རྟོགས་པའི་མཐུ་ཁྱད་པར་བ་ངེས་པར་ཐོབ་ནུས་པའི་ས་ མཚམས་ཡང་རབ་ཏུ་གོར་མ་ཆག་པས་ཁྱེད་རང་གིས་ཚུལ་དེ་དག་ཐུགས་ཉམས་སུ་ལེགས་ བཞེས་ཀྱི་ངང་རིག་པ་ཆོས་སྐུའི་དབྱིངས་སུ་འཕོ་ཐབས་རེམ་པར་མཛོད་ཅིག་དང་ངེད་ཅག་ གིས་ཀྱང་དེ་ལུགས་མཐུན་རྐྱེན་རོགས་ལྡན་དུ་ཟབ་ལམ་འཕོ་བའི་མན་ངག་ཐུགས་ཀྱི་ གསལ་འདེབས་སུ་ལེགས་འབུལ་བགྱི་བ་ལགས། ཞེས་པའི་མཐར་རྗེས་སུ་འབྱུང་བའི་འཕོ་བའི་རིགས་ རྣམས་ཀྱང་འདོན་སྒོམ་སྒྲགས་མ་ཅི་ནུས་བྱ་ལ། རྣལ་འབྱོར་པ་ཐུགས་དམ་དུ་གང་བཞུགས་དག་དུས་དབང་གིས་སྟབས་འགྲིག་ ན་ཐུགས་དམ་མ་གྲོལ་བར་དུ་ཕྱི་གསང་རྒྱའི་ངང་རྣལ་འབྱོར་འབྲིང་ཐ་ལ་ངོ་སྤྲོད་འཕོ་བ་གསང་ཐབས་སུ་ཅི་ནུས་རེ་བྱ་བཞིན་ བཞག་ན་བཟང་ཞིང༌། དེ་མིན་རྐྱེན་དབང་གིས་བཀྲོལ་དགོས་བྱུང་ནའང་མ་རན་གོང་ནས་ཀྱང་བཀྲོལ་ཆོག་ལ་གྲོལ་རྟགས་རབ་ ནི་དུས་འཁོར་རྒྱུད་དུམ་དབང་མདོར་ལས། སངས་རྒྱས་ཀུན་གྱི་མཛོད་སྤུ་ལས། །དཔྲལ་བར་ཟླ་བ་བདུད་རྩི་ཉ། །ཉི་རྡུལ་གནམ་ སྟོང་གསང་བ་སྟེ། །གཙུག་ཏོར་ནོར་བུ་འདི་དག་གོ །ཅེས་གསུངས་ལྟར་ཁམས་དཀར་ཆ་སྟེང་ཕྱོགས་སྣ་རྩེ་དང་དམར་ཆ་འོག་ རྟགས་རྩེ་ནས་ཇི་བཞིན་ཐོན་ན་དེ་ཡིན་ཞིང་རྣལ་འབྱོར་འབྲིང་ཐའི་ཁྱད་དང་ནད་དབང་སོགས་ལས་ཁམས་དཀར་དམར་གོ་ བཟློག་གིས་ཐོན་པ་དང་ལུས་ཀྱི་ཤ་མདངས་ཉམས་ཤིང་གཉེར་མ་དོད་པ་སོགས་བྱུང་ནའང་ཐུགས་དམ་གྲོལ་བའི་རྟགས་ཡིན་ ལ། དེ་འདྲའི་རྟགས་ཐོན་མ་ཐོན་གང་ལྟར་ཡང་དེང་སང་ཡོངས་ཀྱི་ཕྱག་བཞེས་སུ་ཐུགས་དམ་བཀྲོལ་ཆོག་བྱེད་པའི་སྲོལ་གདའ་ བས་དེ་ལུགས་ལྟར་ན། ཀཱ་རི་ཀ་ལས། བླ་མ་གནས་པའི་སྒོ་གླེགས་ལ། །ལག་པས་དལ་གྱིས་བརྡུང་བར་བྱ། །ཞེས་གསུངས་པ་ ལྟར་རྣལ་འབྱོར་པ་ཞིག་གིས་ཀུན་རྫོབ་ཀྱིས་བསྡུས་པའི་ཆོས་མཐའ་དག་བདེན་མེད་སྒྱུ་མ་ལྟ་བུར་བལྟ་ཞིང༌། དོན་དམ་སེམས་ ཉིད་གསལ་སྟོང་བརྗོད་བྲལ་གྱི་ངང་བསྐྱང་བཞིན་པར་སྐུ་གདུང་གི་མདུན་དྲུང་དུ་ཏིང་ཤག་ལྟ་བུའི་སྒྲ་སྙན་པོ་ཞིག་ཐོག་མར་སྒྲ་ ཤིན་ཏུ་ཆུང་བ་ནས་ཅུང་ཟད་ཇེ་ཆེར་བསྒྲགས། དེ་ནས། རིགས་བརྒྱའི་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་ཁྱེ ད་ 8-1-312 ནི། ཞེས་པའམ། དགེ་བའི་བཤེས་གཉེན་ཆེན་པོ་ཁྱེ ད་ནི། ཞེས་པའམ། རྣལ་འབྱོར་པ་ཆེན་པོ་ཁྱོ ད་ ནི་ད་ལྟ་ཐུགས་དམ་ལས་བཞེངས་ནས་ཡི་དམ་གྱི་སྐུར་ལྡང་སྟེ་ཞིང་ཁམས་གང་འདོད་དུ་ གཤེགས་པའི་སྐབས་སུ་བབ་པ་ལགས་པས་ཐུགས་སྤྲོས་བྲལ་གྱི་དབྱིངས་སུ་མཉམ་པར་ བཞག་པ་ལས་ལྡང་ནས་དཔལ་དུས་ཀྱི་འཁོར་ལོ་སོགས་ཁྱེད་རང་ལ་འབྲེལ་གང་ཟབ་ཀྱི་ཡི་ དམ་ལྷག་པའི་ལྷའི་སྐུར་ལྡང་བར་ཞུ། ཞེས་པ་ཚིག་གསལ་ལ་སྙན་པོའི་སྒོ་ནས་ལན་གསུམ་བརྗོད། བཀྲོལ་ཆོག་དེ་ བྱས་མ་བྱས་གང་ལྟར་ལ་ཁམས་དཀར་དམར་ཐོན་པ་དང་དབུ་སྒུར་བ་སོགས་གྲོལ་རྟགས་གང་ཡང་མ་བྱུང་ན་སླར་བཀྲོལ་བའམ་ གྲོལ་རྟགས་མ་བྱུང་བར་སྐུ་གདུང་བསྒུལ་བསྐྱོད་མི་བྱ་བར་འཇོག་དགོས་སོ། ། ༈ གསུམ་པ་བར་དོའི་སྐབས་སུ་བྱ་ཚུལ་ནི། རྣལ་འབྱོར་པ་གང་དེ་ཐུགས་དམ་གྲོལ་བའི་རྟགས་ནམ་ཐོན་པ་ན་དེ་དུས་ སུ་བར་དོའི་ངོ་སྤྲོད་འཕོ་བ་བྱ་བའི་དུས་སུ་བབ་པ་སྟེ། དེ་ཡང་སྔགས་ཀྱི་སློ བ་དཔོན་ལ། འོ་རྡོ་རྗེ་འཆང་ཆེན་པོ་ཞིང་ འདིའི་གདུལ་བྱ་རེ་ཞིག་རྫོགས་ནས་ཞིང་ཁམས་གཞན་དུ་ལེགས་པར་ཕེབས་པ་གང་ཉིད་ལ་ བར་དོའི་གདམས་ངག་ཐུགས་གསལ་དུ་འབུལ་བ་ཉེར་དགོངས་ཇི་བཞིན་མཛོད་ཅིག ཅེས་ པ་དང༌། ཆོས་ཀྱི་སློ བ་དཔོན་ལ། འོ་དགེ་བའི་བཤེས་གཉེན་དམ་པར་གྱུར་པ་སྐུ་མྱ་ངན་ལས་འདའ་ བ་གང་ཁྱོ ད་ལ་བར་དོའི་གདམས་པ་འབུལ་བ་ཐུགས་མཁྱེ ན་མཛོད། ཅེས་དང༌། རྣལ་འབྱོར་རང་ ག་ལ། འོ་རིག་པ་འཛིན་པའི་སྐྱེས་བུ་མཆོག་ཉིད་སྐུ་ཞི་བར་གཤེགས་པ་ལ་བར་དོའི་ངོ་སྤྲོད་ བྱེད་པ་སྐབས་སུ་བབ་ཕྱིར་དེ་ལུགས་ལྟར་ཐུགས་གཏོད་མཛོད། ཅེས་པས་བསྐུལ་ཏེ། འོ་ད་ལན་ གྱི་སྐབས་སུ་ནི་རྣལ་འབྱོར་པ་ཁྱེད་འཆི་བ་ཆོས་སྐུར་མཉམ་པར་བཞག་པའི་དབྱིངས་དེ་ཉིད་ ལས་ལྡང་བར་ཆས་ཚེ་བར་དོ་གྲུབ་རན་པ་ཡིན་པས་དེ་དུས་སུ་ཡི་དམ་ལྷའི་སྐུར་ལྡང་བའི་ འཕེན་པ་བཏང་དགོས་པ་ཡིན། དེ་ཡང་འཆི་བ་འོད་གསལ་གྱི་མཇུག་ཐོག་ནས་ཐོབ་མཆེད་ སྣང་བའི་ཡེ་ཤེས་ལུགས་ལྡོག་ཏུ་ཡུད་ཙམ་པ་རེ་ཤར་རྗེས་ནས་རྣམ་ཤེས་ལུས་ལས་ཐོན་ཏེ་ སྐད་ཅིག་ལ་བར་དོ་བའི་ཡིད་ལུས་རྫུས་སྐྱེས་སུ་གྲུབ་ཅིང་རྨི་ལམ་ཡུལ་བཞིན་སྲིད་པ་བར་མ་ 8-1-313 དོའི་ཡུལ་སྣང་སྣ་ཚོགས་ལ་སྤྱོད་པ་སྟེ། གྲུབ་པའི་དབང་ཕྱུག་ནཱ་རོ་པས། རྣམ་ཤེས་ཕྱི་རོལ་ ཡུལ་སོང་ནས། །རྨི་ལམ་ཡུལ་བཞིན་སྣ་ཚོགས་སྣང༌། །བདུན་བདུན་དུས་ཚེ་འཆི་སྣང་དང༌། །དེ་ནས་སྐྱེ་བར་འགྱུར་བ་ཉིད། །དེ་ཚེ་ལྷ་ཡི་རྣལ་འབྱོར་སྒོམ། །ཡང་ན་དེ་ཉིད་ངང་ལ་བཞག །ཅེས་གསུངས་པ་ལྟར་བར་སྲིད་གྲུབ་པ་དེ་ཉིད་ཞག་བདུན་ཕྲག་ནས་འཆི་བའི་སྣང་བ་རེ་དང་ བཅས་ཞག་ཞེ་དགུ་སོགས་རིང་ཐུང་མ་ངེས་པ་ཅན་དེའང་རྣལ་འབྱོར་ཡང་རབ་སྟོང་གཟུགས་ སྒྱུ་མའི་སྐུར་འཆི་བའི་དེ་མ་ཐག་ལྡང་ཐུབ་པ་རྣམས་ལ་བར་སྲིད་དེ་འདྲ་འབྱུང་མི་དགོས་ཤིང་ སྒྱུ་ལུས་དེ་ཉིད་ཀྱི་སྟེང་ནས་སངས་རྒྱས་པའང་ཡོད་མོད་ཀྱང་དེ་ལྟར་མ་ཡིན་པའི་རྣལ་འབྱོར་ པ་འབྲིང་དང་ཐ་མ་གང་དག་ནི་བར་དོའི་སྐབས་ཀྱི་སྲིད་པ་ཉེ་བར་ལེན་དགོས་པ་དེའི་ཚེ་ངེས་ པའི་རྟགས་བར་དོ་བའི་ཡིད་ལུས་ཐོགས་བཅས་སྤྱི་ལ་མི་ཐོགས་པ་དང༌། རང་གིས་གཏམ་ སྨྲས་པ་གཞན་གྱིས་མི་ཐོས་པ་དང༌། ཉི་ཟླ་སོགས་མིག་གིས་མི་མཐོང་བ་དང༌། རྐང་ལག་གི་ རྗེས་མི་དོད་པ་དང༌། ལུས་ལ་གྲིབ་མ་མེད་པ་དང༌། མངོན་ཤེས་ཕྲ་མོ་ཡོད་པ་དང་དྲུག །མ་ ངེས་པའི་རྟགས་གཟིང་ཟམ་པ་སོགས་ལ་ཡུད་ཙམ་བརྟེན་པ་ལས་ཡུལ་ཁྱིམ་མ་ངེས་པ་དང༌། གང་བྱུང་གི་དྲི་ཙམ་ལས་ཟས་མ་ངེས་པ་དང༌། ཤིང་ལོ་སོགས་ཡུད་རེ་གྱོན་པ་མ་གཏོགས་ གོས་མ་ངེས་པ་དང༌། བར་སྲིད་པ་ཅི་རིགས་དང་འགྲོགས་པ་ལས་གྲོགས་མ་ངེས་པ་དང༌། འགྲོ་སྡོད་ངེས་མེད་ལས་སྤྱོད་ལམ་མ་ངེས་པ་དང༌། གང་བསམ་འཕྲལ་འགྱུར་ལས་བསམ་ མནོ་མི་བརྟན་ཅིང་མ་ངེས་པ་དྲུག་པོ་རྣམས་ནི་སྤྱིར་བཏང་ཙམ་གྱི་རྟགས་ཡིན་ལ། རྣལ་ འབྱོར་པ་རླུང་ནང་དུ་འཆིང་ཐུབ་པ་རྣམས་ལ་འཇིགས་པའི་སྒྲ་བཞིའམ་ལྔའི་སྣང་ལོག་མི་ འབྱུང་ལས་དབང་གིས་ངན་སོང་དུ་སྐྱེ་བ་ལེན་དགོས་མ་ཡིན་ན་ཡ་ང་བའི་གཡང་ས་གསུམ་ ཀྱི་སྣང་བའང་འཆར་མི་དགོས་པ་སོགས་རྣམ་པའི་ཁྱད་པར་འདྲ་མིན་དུ་མ་ཡོད་པ་ཡིན་ལ། དེ་འདྲའི་སྣང་བ་གང་ཤར་གྱི་སྐབས་སུ་གདམས་པ་ཉམས་ལེན་ལ་སྤྱིར་བར་དོའི་རྟགས་ 8-1-314 རྣམས་ངོས་ཟིན་པ་དང་ཁྱད་པར་དུ་ནི་སྐྱབས་གནས་རེ་ས་གཅིག་པུར་གྱུར་པ་གང་ཞེ་ན་རང་ གི་སྔོན་གྱི་རྩ་བའི་བླ་མ་དམ་པ་ཆྒཻ་མོ་ཞེས་བྱ་བ་དེ་སངས་རྒྱས་ཀུན་འདུས་སུ་ཤེས་པའི་སྒོ་ནས་ དེ་ཉིད་ལ་ལེགས་ཉེས་གང་བྱུང་ཁྱེད་ཤེས་ཀྱི་ཡིད་ཆེས་སྙིང་ཁོང་རུས་པའི་གཏིང་ནས་བྱེད་ བཞིན་གཟུགས་སུ་སྣང་ཚད་བླ་མའི་སྐུ་དང༌། སྒྲ་གྲག་ཚད་བླ་མའི་གསུང་དང༌། དྲན་རིག་རྣམ་ རྟོག་ཐམས་ཅད་བླ་མའི་ཐུགས་ཀྱི་བྱིན་རླབས་སུ་ངེས་ཐག་བཅད་ནས་མོས་གུས་ཤུགས་དྲག་ བསྐྱེད་པ་དང༌། རང་གི་བར་དོའི་ཡིད་ལུས་ལས་འབྲེལ་གང་ལ་ཟབ་པའི་ཡི་དམ་ལྷག་པའི་ ལྷའི་སྐུ་གསལ་དྭངས་རྙོག་མེད་འཇའ་ཚོན་ལྟ་བུར་གསལ་བཏབ་སྟེ་དེའི་སྐུ་གསུང་ཐུགས་ དང་རང་གི་སྒོ་གསུམ་དབྱེར་མེད་སྣང་སྟོང་སྒྱུ་མ་རྨི་ལམ་ལྟར་ཤེས་པ་དང༌། སྡུག་ཀུན་གྱིས་ བསྡུས་པའི་འཁོར་བ་མཐའ་དག་ལ་ཡིད་མི་འོང་དུ་བལྟས་ནས་སྐྱོ་ཤས་ངེས་འབྱུང་གང་ཐད་ ནས་བསྐྱེད་ཐབས་དང༌། ལས་རྒྱུ་འབྲས་ལ་ཡིད་ཆེས་དང་སེམས་ཅན་ཐམས་ཅད་ལ་བྱམས་ སྙིང་རྗེ་དུང་ངེ་བ་དང༌། གཞན་ཡང་མངལ་སྒོ་འགེགས་པ་ཞེས་པ་འགྲོ་བ་ཕོ་མོ་ཐམས་ཅད་ལ་ ཐ་མལ་གྱི་སྣང་བ་མི་བྱེད་པར་ཡི་དམ་ཡབ་ཡུམ་དུ་སྒོམ་པ་བསྐྱེད་རིམ་གྱི་མངལ་སྒོ་འགེགས་ པ་དང༌། ཕོ་མོའི་ཆགས་སྤྱོད་ཀྱི་སྣང་བ་གང་མཐོང་ཚད་སྒྱུ་མ་ལྟ་བུར་ཤེས་ནས་དབྱིངས་སྤྲོས་ བྲལ་ལ་མཉམ་པར་འཇོག་པ་འོད་གསལ་གྱི་མངལ་སྒོ་འགེགས་པ་དང༌། འདོད་ཆགས་ཀྱི་ ཉེས་དམིགས་དང་ཚངས་སྤྱོད་ཀྱི་ཕན་ཡོན་མཐོང་ནས་སེམས་འདོད་སྲེད་ཀྱི་དབང་དུ་མི་ གཏོང་བ་ཚངས་སྤྱོད་ཀྱི་མངལ་སྒོ་འགེགས་པ་དང་བར་དོའི་སྐབས་སུ་བདེ་སྡུག་གི་སྣང་བ་ གང་དང་གང་ཤར་བ་དེ་ཐམས་ཅད་ཀྱི་རང་རང་གི་ངོ་བོ་ལ་བལྟས་པས་རང་བཞིན་བདེན་ པར་མེད་པ་འཇའ་ཚོན་གྱི་རྗེས་དེད་པ་ལྟ་བུ་ཅི་ཡང་མ་གྲུབ་པ་དང༌། ཆགས་སྡང་སོགས་ ཀུན་ནས་ཉོན་མོངས་པ་གང་སྐྱེ་བ་སྣང་དུས་ཉིད་ནས་རང་གྲོལ་བ་བྱ་ལམ་རྗེས་མེད་དམ་ཆུ་ ལ་རི་མོ་བྲིས་པ་ལྟར་ཤེས་པས་ཆགས་སྡང་རང་སར་གྲོལ་ནས་གནས་ལུགས་སྤྲོས་བྲལ་དུ་ 8-1-315 མཉམ་པར་འཇོག་ཇི་ཐུབ་དང༌། ཁྱད་པར་རྫོགས་རིམ་ལ་སྦྱངས་སྟོབས་ཀྱིས་ཁ་དོག་ལྔའམ་ དྲུག་གི་འོད་ཟེར་དང༌། ཐིག་ལེ་དང༌། ལྷ་སྐུ་ལ་སོགས་པ་གང་ཤར་བ་ཐམས་ཅད་རྣམ་ཀུན་ མཆོག་ལྡན་གྱི་སྟོང་གཟུགས་ཕྱག་རྒྱ་ཆེན་མོར་ངོ་ཤེས་པར་བྱ་ཞིང༌། སྒྲའི་བྱེ་བྲག་བཟང་ངན་ སྣ་ཚོགས་པ་གང་སྣང་དག་བརྗོད་མེད་ནཱ་ད་གཞོམ་བྲལ་དུ་བལྟ་བཞིན་ཆགས་ཐོགས་སྲེད་ པའི་རང་བཞིན་དེ་ལ་རྣམ་རྟོག་རབ་རིབ་སྤངས་ཏེ་བཞག་པ་ན་རང་གཤིས་བདེ་བར་སྣང་ བ་དེ་ཉིད་ལྷན་སྐྱེས་འགྱུར་མེད་བདེ་བའི་རང་ཞལ་དུ་ངོ་ཤེས་པའི་ངང་མཉམ་བཞག་འཛིན་ མེད་ལ་རེམ་གང་ཐུབ་དང༌། དེ་ལྟར་མཉམ་འཇོག་གལ་ཏེ་མ་ནུས་ན་མོས་སྒོམ་ཙམ་ལའང་ སྒོ་གང་ཐད་ནས་བརྩོན་པ་ལྷུར་ལེན་བྱ་དགོས། གཞན་ཡང་བར་དོའི་སྐབས་གནས་དྲི་འདོད་ པ་དང་སྐྱེ་གནས་ལེན་འདོད་སྐྱེས་ཏེ་ཡང་སྲིད་དུ་སྐྱེ་རན་པའི་ཚེ་རབ་ན་འཕོ་བའི་གདམས་པ་ ལ་བརྟེན་ནས་དག་ཞིང་དུ་འཕོ་བར་བྱེད་པ་དང༌། དེ་མིན་ལས་ཀྱི་དབང་གིས་སྐྱེ་སྲིད་འཚོལ་ བར་རྒྱུག་ནས་དུད་འགྲོ་སོགས་སྐྱེ་གནས་ངན་པ་མཐོང་ན་དེ་ལ་ཞེན་པ་སྤངས་ཏེ་ཆོས་ལྡན་ ཕ་མ་རིགས་མཐོན་ལ་འདུན་པ་གཏད་དགོས་ཤིང་དེ་ཡང་ཡི་དམ་གྱི་ལྷ་ཡབ་ཡུམ་དུ་གསལ་ བའི་ཡབ་ཀྱི་ཐུགས་ཀར་རང་ཉིད་ཞུགས་པར་མོས་ལ་སེམས་གནས་ལུགས་རང་གསལ་དུ་ འཇོག་ཐུབ་ན་སྐྱེ་ལུས་ཡང་དག་པ་ཐོབ་པར་འགྱུར་རོ། །དེས་ན་ད་ལན་གྱི་སྐབས་སུའང་སྔོ ན་ བར་དོ་སྦྱངས་སྟོབས་གོམས་པ་ཤུགས་ཆེ་ན་ད་ལན་བར་སྲིད་ཀྱི་དུས་སུ་རང་གཞན་གང་ཐད་ ལ་བརྟེན་ནས་བར་དོ་བ་རང་གི་གནས་ཚུལ་རྟགས་དང་བཅས་པར་རང་ངོ་ཇི་བཞིན་འཕྲོད་ ཅིང་ངོ་ཤེས་ཐུབ་པ་ཡིན་ལ། གལ་ཏེ་དེ་ལྟ་མིན་པར་རྨི་ལམ་གྱི་ཉིང་འཁྲུལ་བཞིན་བར་དོའི་ སྐབས་སུ་འཁྲུལ་སྣང་ངོ་མ་ཟིན་ན་རྨོངས་པའི་དབང་གིས་དུག་གསུམ་འཕེལ་སྟོབས་ཀྱིས་ ངན་སོང་དུ་སྐྱེ་བའི་ལས་སོགས་གསོག་པར་བྱེད་ཉེན་ཡོད་པས་ད་ལན་ནི་ཐབས་ཇི་ལྟར་ དགོས་ཀྱང་བར་དོའི་རང་ངོ་འཕྲོད་ཐབས་དང་དེར་འོད་གསལ་གནས་ལུགས་བསྒོམ་སྟེ་སྣང་ 8-1-316 བ་གང་ཤར་འཛིན་མེད་དུ་བལྟ་བ་ལ་འབད་པ་ལྷུར་ལེན་བྱེད་པ་གལ་ཆེ་ཞིང་ཚུལ་དེ་ལྟར་དུ་ ལག་ལེན་ནུས་ན་འཇིགས་སྐྲག་གི་འཁྲུལ་སྣང་ཐམས་ཅད་རང་སངས་ཀྱི་སྒོ་ནས་འོད་གསལ་ གནས་ལུགས་རང་ངོ་འཕྲོད་བཞིན་དེའི་ངང་དུ་ལེགས་པར་ཐིམ་ཞིང་གྲོལ་བར་འགྱུར་ལ། རྒྱུ་མཚན་དེ་བས་ན་འཆི་ཁ་བར་དོའི་གནས་སྐབས་ཐམས་ཅད་དུ་རང་ལ་ངེས་ཤེས་བརྟན་པོ་ ཡོད་ན་འདྲ་དེ་མིན་གཞན་གྱིས་ཟབ་མོའི་ངོ་སྤྲོད་ཀྱིས་གསལ་འདེབས་ཡང་ཡང་བྱེད་པ་འདི་ དགོས་གལ་ཤིན་ཏུ་ཆེ་བར་དོལ་པོ་པ་ཆེན་པོ་ཀུན་མཁྱེན་དུས་གསུམ་སངས་རྒྱས་ཀྱི་ཞལ་ ནས་འདི་ལྟར་གསུངས་པ་སྟེ། ཤིན་ཏུ་གོམས་ན་བར་དོའི་སྐབས་སུ་ཡང༌། །བར་དོ་ཉིད་དུ་ རང་གིས་ཤེས་པ་དང༌། །གཞན་གྱིས་ཁྱོ ད་ནི་བར་དོ་ཡིན་ནོ་ཞེས། །བརྗོད་པ་ལས་ཀྱང་བར་ དོ་ཤེས་པ་འབྱུང༌། །དེ་ལྟ་མིན་ན་རྨི་ལམ་རྨི་ལམ་དུ། །གཉིད་དུས་ཉིད་ན་ཤེས་པ་མིན་པ་ ལྟར། །བར་དོའི་སྐབས་སུ་བར་དོར་ངོ་མི་ཤེས། །མ་ཤི་སྙམ་ནས་སྔར་བཞིན་བག་ཆགས་ གསོག །དེ་ཕྱིར་དེ་ཚེ་བར་དོར་ཤེས་པ་གཅེས། །ཤེས་ནས་སྔར་གྱི་གདམས་ངག་བསྒོམ་པ་ གཅེས། །དེར་ཡང་འོད་གསལ་སྣང་བ་གང་ཤར་ལ། །འཛིན་མེད་ངང་ལ་གཏད་དེ་བལྟ་བ་ ཙམ། །མ་ཡེངས་རྩེ་གཅིག་གནས་ན་འཇིགས་སྣང་དང༌། །བྲལ་ནས་འོད་གསལ་ཉིད་ལ་ ཐིམ་པར་འགྱུར། །འཆི་ཁ་བར་དོའི་གནས་སྐབས་ཐམས་ཅད་དུ། །རང་ལ་ངེས་ཤེས་བརྟན་ པོ་ཡོད་པའམ། །གཞན་གྱིས་ཟབ་མོའི་གསལ་འདེབས་ཡང་ཡང་གཅེས། །ཞེས་པའི་བཀའ་ ལྟར་སྤྱིར་བར་དོ་ངོས་ཟིན་དགོས་ཤིང་ཁྱད་པར་གདམས་ངག་ཟབ་མོ་གནས་སྐབས་དེར་ སྒོམ་ཐུབ་པ་གལ་ཆེ་ཞིང་དེ་ལུགས་ལྟར་རང་གིས་ངེས་པའམ་གཞན་གྱིས་གསལ་འདེབས་ མེད་མི་རུང་བའི་ཚུལ་ཁྱེད་རང་གིས་ཐུགས་བཞག་ལེགས་མཛད་དང་ཆབས་གཅིག་ཏུ་ངེད་ རང་རྣམས་ཀྱིས་ཁྱོད་ཐུགས་རབ་ཆོས་དབྱིངས་སུ་གྲོལ་བ་དང་འབྲིང་དག་ཞིང་དུ་འཕོ་བ་ དང་ཐ་མ་ཆོས་ལྡན་གྱི་ལུས་རྟེན་ལ་མཚམས་སྦྱར་བའི་ཆེད་དུ་གདམས་པ་འཕོ་ལུང་གིས་ 8-1-317 ཐུགས་གསལ་འདེབས་པས་དེ་ལུགས་མཁྱེ ན་པར་མཛོད་ཅིག ཅེས་པའི་མཐར་འོག་འབྱུང་འཕོ་བ་ རྣམས་ཅི་འགྲུབ་བྱའོ། ། དེ་ལྟར་ཐུགས་དམ་ལེགས་བཞུགས་ཀྱི་རྣལ་འབྱོར་པ་རབ་འབྲིང་ཐ་མ་གང་དག་ཐུགས་དམ་ལས་བཞེངས་རྗེས་སུ་སྐུ་སྤུར་ ལ་དད་ལྡན་མཇལ་བའི་ཕན་ཡོན་ཡང་རྒྱན་སྟུག་པོ་བཀོད་པ་ལས། འཇམ་དཔལ་ས་ཕྱོགས་གང་ན་ཆོས་སྨྲ་བ་དེ་ཤི་ནས། དེའི་ སྤུར་རམ། རོའམ། རོའི་ས་གཞི་ཡོད་པ་ལ། དེའི་རོ་མཐོང་ནའང༌། མཚམས་མེད་པ་ལྔའི་ལས་རྣམས་བྱང་བར་འགྱུར་རོ། །ཆོས་ སྨྲ་བ་དེའི་རོའམ། དུར་ཁྲོད་ན་འདུག་པའི་ཤ་ཟོས་པས་ཀྱང༌། དེ་ཐམས་ཅད་ཕྱིར་མི་ལྡོ ག་པར་འགྱུར་རོ། །བླ་ན་མེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་རོ། །ཞེས་གསུངས་པ་ལྟར་ཕན་ཡོན་ཆེ་ཞིང༌། རང་གི་བླ་མ་ལ་དགོངས་ཆོག་བྱེད་ སྐབས་མཆོད་བསྔོ ་སྤྲོ་ན་སྔོ ན་གྱི་དམ་པ་གོང་མའི་གསུང་རབ་ལས་བཏུས་པ་ནི། བདག་གཞན་དུས་གསུམ་དགེ་ བ་རྣམས། །མ་ལུས་གཅིག་ཏུ་བསྡུས་ནས་ནི། །སྲིད་གསུམ་སེམས་ཅན་བསྒྲལ་བའི་ཕྱིར། །དཔལ་ལྡན་བླ་མ་ཁྱེ ད་ལ་འབུལ། །ཁྱོ ད་ཀྱི་དོན་གཉིས་ཕུན་ཚོགས་ཤིང༌། །དགོངས་པ་ ཡོངས་སུ་རྫོགས་པར་ཤོག །འདི་ཡིས་དགེ་བས་བདག་གཞན་རྣམས། །མྱུར་དུ་རྡོ་རྗེ་འཆང་ ཐོབ་ཤོག །གཟུགས་སྐུའི་རྣམ་སྤྲུལ་མཆོད་སྤྲིན་གྱིས། །རྩ་བའི་བླ་མ་མཆོད་པར་ཤོག །ཅེས་པ་ དགུང་ཞག་གི་སྐབས་སུ་ཅི་ལྕོགས་འདོན་པར་བྱའོ། ། གཉིས་པ་དཀྱུས་འཕོ་དག་གི་ཁ་སྐོང་གི་རིམ་པ་ལ། དངོས་དང༌། ཞར་བྱུང་གི་རིམ་པ་གཉིས་ལས། དང་པོ་ལ། རྩ་རྟེན་ བསྐྱེད་པའི་ཁ་སྐོང་དང༌། དཀྱུས་འཕོ་དག་གི་ཁ་སྐོང་དང༌། རྗེས་མཁོ་ཆོས་ཀྱི་ཁ་སྐོང་དང་གསུམ་ལས། དང་པོ་ལ། རྡོ་རྗེ་ འཆང་ལ་བརྟེན་པའི་བསྐྱེད་པ་ཁ་སྐོང༌། འོད་དཔག་མེད་ལ་བརྟེན་པའི་བསྐྱེད་པ་ཁ་སྐོང༌། ལྷ་གཞན་མི་འཁྲུགས་པ་ལ་བརྟེན་ པའི་བསྐྱེད་པ་ཁ་སྐོང་དང་གསུམ་ལས། དང་པོ་ལ། རྡོ་རྗེ་འཆང་ཉིད་དང༌། དེ་བརྒྱུད་རིམ་བཅས་ལ་བརྟེན་པ་དང༌། རིགས་ དྲུག་གིས་འཕོ་བ་འདེབས་པ་དང་གསུམ་གྱི་རྩ་དང་རྟེན་ཡུལ་བསྐྱེད་པའི་ཁ་སྐོང་རེ་རེ་ཡོད་པ་ལས། དང་པོ་རྡོ་རྗེ་འཆང་ཉིད་ལ་ བརྟེན་པའི་རྩ་རྟེན་བསྐྱེད་པའི་ཁ་སྐོང་ནི། འོ་ད་ལན་གྱི་སྐབས་སུ་བབ་པ་ཁྱོ ད་རང་གིས་ཁྱབ་བདག་རྡོ་ རྗེ་འཆང་ཆེན་པོ་གང་ཉིད་ལ་མོས་གུས་ཤུགས་དྲག་པོའི་སྒོ་ནས་ངེས་དོན་ཆར་གཏོགས་དག་ 8-1-318 སྣང་མོས་བྱས་ཀྱི་ཟབ་ལམ་འཕོ་བའི་གདམས་པ་ཉམས་སུ་ལེན་པའི་ཆེད་དུ་མོས་འདུན་འདི་ བཞིན་མཛོད་ཅིག འོ་ཁྱོ ད་ཀྱིས་སྤྱིར་ན་སྲིད་རྩེ་ནས་མནར་མེད་བར་ཁམས་གསུམ་འཁོར་ བས་བསྡུས་པ་མཐའ་དག་ཏུ་ལས་དབང་གིས་སྐྱེ་བ་གང་དང་གང་བླང་བ་ཐམས་ཅད་ནི་རང་ རང་ལ་ལྟོས་པའི་འདི་ཕྱི་ཀུན་ཏུ་སྡུག་བསྔལ་བཟོད་དཀའ་བར་དབང་མེད་དུ་ངེས་པར་སྦྱོར་ པ་ཤ་སྟག་ལས་མེད་པས་དེ་ཐམས་ཅད་མེ་མུར་གྱི་འོབས་ལྟར་སྡུག་བསྔལ་དོས་དྲག་པའི་ གནས་སུ་ངེས་ཐག་ཆོད་པའི་སྒོ་ནས་དེ་འདྲའི་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་ཐར་ འདོད་ཤུགས་དྲག་པོའི་སྐྱོ་ཤས་ངེས་འབྱུང་གི་བློ་འགྱུར་བག་ཐོན་པ་རེ་དང༌། སྤྱིར་ཀུན་རྫོབ་ སྣང་གྲགས་ཀྱིས་བསྡུས་པ་ཡོད་དོ་ཅོག་དང་ཁྱད་པར་ཁྱོད་རང་གི་གདོས་བཅས་ཀྱི་ལུས་དང་ རྣམ་པར་སྨིན་པའི་ཉེར་ཕུང་རྣམ་པར་ཤེས་པ་རང་དབང་མ་ཐོབ་པ་གང་དང་བཅས་པ་རང་ བཞིན་བདེན་དངོས་སུ་མེད་པ་ཆུ་ཟླ་ལྟར་བརྫུན་པ་བསླུ་བའི་འཁྲུལ་སྣང་ཉིད་དུ་ངེས་ཤེས་ དྲངས་བཞིན་རང་ལུས་ཉེར་ཕུང་རྣམ་ཤེས་དང་བཅས་པའི་སྦུབས་ནས་རིག་པ་གཉུག་སེམས་ ཀྱི་ངོ་བོ་དེ་ཀ་ཉིད་ཕ་རྒྱལ་བ་རྡོ་རྗེ་འཆང་གི་ཐུགས་ཀར་གང་གི་མཐུ་བྱིན་བཙན་ཤེད་ཀྱིས་ སྐད་ཅིག་ལ་འཕོ་བར་བྱེད་པའི་རེ་འདུན་གུས་པ་ནམ་ཡང་མི་ལྷོད་པའི་ངང་ནས་མོས་གུས་ ཀྱི་དག་སྣང་ལེགས་སྦྱངས་བྱེད་པའི་ཐབས་སུ་དམིགས་པས་གསལ་འདེབས་བྱ་བ་ཡང་སྐད་ ཅིག་དེ་ཉིད་དུ་ཁྱོད་རང་གི་ལུས་གདོས་བཅས་ཀྱི་རྣམ་པ་དེ་ཀ་འོད་ལུས་སུ་གནས་འགྱུར་ཏེ་ ཁྱོད་རང་ལ་འབྲེལ་གང་ཟབ་ཀྱི་ཡི་དམ་ལྷག་པའི་ལྷ་དཔའ་བོ་གཅིག་པ་རྒྱན་དང་ཆ་ལུགས་ རང་ཆས་ལྟར་ཡོངས་སུ་རྫོགས་པ་གདན་དང་བཅས་ཕྱི་གསལ་ནང་གསལ་ཡེ་ཤེས་འོད་སྣང་ གི་ལུས་སྤྱི་ཙམ་པ་གསལ་ཉེ་བར་བཏབ་པ་དེའི་སྐུ་ལུས་ནང་ཁོང་སྟོང་པའི་དབུས་སུ་སྲོག་ ཤིང་གི་ཚུལ་དུ་རྩ་དབུ་མ་དྲང་ཐལ་ལེ་སྦོམ་ཕྲ་མདའ་སྨྱུག་ཙམ་ཁ་དོག་སྔོན་པོ་དྭངས་ཤིང་ གསལ་བ་ཤེལ་གྱི་སྦུ་གུ་ལྟ་བུ་སྲབ་ཅིང་མཉེན་པ་མས་སྣ་ལུས་ཀྱི་ལྟེ་འོག་ཏུ་ཟུག་ཅིང་ཁ་ཟུམ་ 8-1-319 པ་ཡས་སྣ་སྤྱི་བོའི་གཙུག་ཏུ་ཟུག་ནས་མཐོངས་ལྟར་ཁ་ཧར་རེ་ཕྱེས་ཡོད་པ་སྙིང་གའི་ཐད་ ཙམ་གྱི་རྩ་དབུ་མའི་ནང་དབུས་སུ་སེམས་ཀྱི་དྭངས་མའི་ཆར་གྱུར་པ་གཉུག་སེམས་ཤིན་ཏུ་ཕྲ་ བའི་ངོ་བོ་དེ་ཉིད་རྣམ་པ་ཐིག་ལེ་ཆེ་ཆུང་རྒྱ་སྲན་ཙམ་འོད་ཟེར་དཀར་སེར་དམར་ལྗང་སྔོ་བའི་ སྣང་བ་དང་ལྡན་པ་འདར་ལ་འཕར་བའི་ཚུལ་སྐད་ཅིག་ཏུ་ཡར་ལ་ཁད་པ་ཞིག་གསལ་ཐོབ་ ལ། འོ་ཁྱོ ད་རང་གི་མདུན་གྱི་ནམ་མཁའི་གནས་སུ་འཇའ་སྤྲིན་སྣ་ཚོགས་འཁྲིགས་པའི་འོད་ ཀློང་དུ་སེང་གེ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་མཐོ་ཞིང་ཡངས་པའི་ཁར་གདན་ པདྨ་ཉི་ཟླ་སྒྲ་གཅན་བརྩེགས་པའི་སྟེང་ན་དུས་གསུམ་སངས་རྒྱས་མ་ལུས་པ་འདུས་པའི་ བདག་ཉིད་ཕ་ཅིག་རྩ་བའི་བླ་མའི་ངོ་བོ་ལ་རྣམ་པ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་གང་གི་ ཡེ་ཤེས་ཀྱི་རང་སྣང་ལས་གྲུབ་པའི་ཟག་མེད་མཛེས་པའི་སྐུ་མཆོག་ཁྱད་པར་དུ་འཕགས་པ་ མདོག་སྔོ་ཞིང་དྭངས་པ་མཐོན་མཐིང་ཨིནྡྲ་ནཱི་ལའི་ལྷུན་པོ་ལ་ཉི་ཟེར་འབུམ་གྱི་འོད་མདངས་ ཉེ་བར་བཀྲ་བ་ལྟར་མཐིང་སྔོན་འོད་ཟེར་གྱི་ཕུང་པོ་ཀུན་ནས་མུ་མཐའ་མེད་པ་ཕྱོགས་ཐམས་ ཅད་དུ་འབར་ཞིང་མཆེད་པ། དབུའི་གཙུག་ཏོར། དཔྲལ་བའི་མཛོད་སྤུ། ཕྱག་ཞབས་འཁོར་ ལོའི་མཚན་སོགས་མཚན་བཟང་སུམ་ཅུ་སོ་གཉིས་དང༌། ཕྱག་ཞབས་ཀྱི་སེན་མོ་ཟངས་ཀྱི་ མདོག་ལྟར་དམར་བ་སོགས་དཔེ་བྱད་བཟང་པོ་བརྒྱད་ཅུས་ཉེ་བར་མཛེས་ཤིང་སྐུ་བལྟ་བས་ ཆོག་མི་ཤེས་པ། ཞབས་ཟུང་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་ལེགས་པར་བཞུགས་པ་ཕྱག་གཉིས་ ཐུགས་ཀར་རྡོར་དྲིལ་བཟུང་བཞིན་བསྣོལ་བ་ཞལ་གཅིག་ཞི་བའི་འཛུམ་དཀར་གཡོ་བཞིན་ སྐུའི་སྟོད་སྨད་དུ་དར་དཀར་དམར་གྱི་ན་བཟའ་ཉེ་བར་བཀླུབས་ཤིང༌། རིན་པོ་ཆེའི་དབུ་ རྒྱན། སྙན་རྒྱན། མགུལ་རྒྱན། ཕྲེང་བ། སྐ་རགས། ཕྱག་ཞབས་དག་གི་གདུ་བུ་སྟེ་རྒྱན་ཆ་ དྲུག་གིས་སྒེག་པ་སོགས་འོག་མིན་ཞིང་གཙོ་ལོངས་སྤྱོད་རྫོགས་པའི་ཆས་ཀུན་ནས་རྫོགས་ པ། ཡེ་ཤེས་སྐུ་མཆོག་འོད་ཟེར་ཕུང་པོའི་དབུས་ན་དགྱེས་ཉམས་འགྱིང་བག་གིས་མངོན་ 8-1-320 པར་བཞུགས་ཤིང་གསུང་ཚངས་པའི་དབྱངས་དྲུག་ཅུའི་སྙན་འཇེབས་ཀྱི་རང་བཞིན་ནམ་ མཁའི་དབྱིངས་ཀུན་ཏུ་ཁྱབ་པ་ཐུགས་དོན་དམ་རྣམ་ཀུན་དབྱིངས་ཀྱི་གཟིགས་པ་ལ་བརྟེན་ ནས་ཤེས་བྱའི་རྣམ་པ་མ་ལུས་ལ་མངོན་པར་མཁྱེན་པའི་མངའ་བདག་གསང་བ་གསུམ་གྱི་ ཡོན་ཏན་ཆོས་ཀྱི་དབྱིངས་དང་མཉམ་པ། དེའི་རྣམ་པར་རོལ་པ་ལས་ཤར་བ་སྐུའི་ཕྱོགས་ མཐའ་ཐམས་ཅད་དུ་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་མཐའ་དག་དྭངས་པའི་ནམ་མཁར་ཉ་ རྒྱས་ཟླ་བ་ལ་རྒྱུ་སྐར་ཚོགས་ཀྱིས་ཉེ་བར་བསྐོར་བའི་ཚུལ་ལྟར་ལེགས་བཞུགས་མཛད་པ་ དེ་དག་ཀུན་ཀྱང་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་ནམ་ཡང་ཟད་པ་མི་མངའ་བའི་བདག་ ཉིད་དུ་མོས་གུས་དག་སྣང་གི་ཡུལ་དུ་གསལ་ཉེ་བར་བཏབ་སྟེ་སྐྱབས་གནས་མཆོག་དེ་དག་ གང་བཞུགས་ཐམས་ཅད་ལ་ཁྱོད་རང་གིས་སེམས་ལེགས་ཉེས་གང་བྱུང་ཁྱེད་རྣམས་མཁྱེན་ སྙམ་པ་སྙིང་ཁོང་རུས་པའི་བློ་གཏད་ནམ་ཡང་མི་འགྱུར་བའི་སྒོ་ནས་རིག་ཤེས་དྭངས་མ་ཕ་ བླ་མའི་དགོངས་ཆེན་ཆོས་སྐུ་དང་དབྱེར་མེད་རོ་མཉམ་ཆེན་པོར་རང་ངོ་ཉེ་བར་འཕྲོད་པ་ ལ་མོས་འདུན་རྩེ་གཅིག་པའི་ངང་ཁ་ཞེ་གཉིས་མེད་ཀྱིས་སོམ་ཉི་བཅོས་མ་བྲལ་བའི་དད་ པ་བརྟན་པོ་དང་བཅས་གསོལ་བ་འདི་ལྟར་འདེབས་པར་མཛོད་ཅིག དེ་ནས་འཕོ་བ་དངོས་འཕོ་ གཞུང་ལས། ཨེ་མ་ཧོ། དབྱིངས་དག་པ་ཆོས་སྐུའི་ནམ་མཁའ་ལ། །ཞེས་སོགས་ནས། གཤིས་མ་ འགགས་དྭངས་པའི་དབྱིངས་སུ་ཐིམ། །ཞེས་པའི་བར་ལན་ཇི་ལྟར་འོས་པ་བྱ་མཐར། འོ་ཁྱོ ད་རང་གིས་ དེ་ལྟར་གསོལ་བ་བཏབ་པ་ལ་བརྟེན་རྩ་བའི་བླ་མ་རྡོ་རྗེ་འཆང་ཆེན་པོའི་ཐུགས་ཀ་ནས་འོད་ ཟེར་སྔོན་པོ་ལྕགས་ཀྱུ་ལྟ་བུ་ཞིག་སྐད་ཅིག་ལ་ཐུར་དུ་བརྒྱུག་ནས་ཁྱོད་ཀྱི་སྤྱི་བོ་ནས་དབུ་མའི་ ནང་དུ་ཞུགས་གཉུག་སེམས་ཐིག་ལེའི་རྣམ་པ་སྙིང་གའི་ཐད་ན་ཡོད་པ་དེ་ཉིད་ཡར་དྲངས་ཏེ་ བླ་མ་རྡོ་རྗེ་འཆང་གི་ཕྱོགས་སུ་སྐར་མདའ་ཆད་པ་བཞིན་རྒྱངས་ཀྱིས་སོང་སྟེ་ཕཊ་སྒྲ་དང་པོས་ སྙིང་ག་ནས་སྤྱི་བོའི་བར་དང་དེ་བཞིན་དུ་གཉིས་པས་སྤྱི་བོ་ནས་བླ་མའི་ཐུགས་ཀར་འཕངས་ 8-1-321 ཏེ་གསུམ་པས་ཐུགས་ཡིད་རོ་མཉམ་ཆེན་པོར་གྱུར་པར་བསམ། ལ་རླུང་གནད་གཞུང་ལྟར་གྱི་ཕཊ་སྒྲ་ ཆུང་འབྲིང་ཆེ་གསུམ་རིམ་པས་བྱ་ལ་གཞན་ཚེ་འདས་སོགས་ཀྱི་རིག་ཤེས་དང་འཕོ་འདེབས་པ་རང་གི་རིག་པ་མཉམ་བསྲེ་བྱས་ ཏེ་ཕ་བླ་མའི་ཐུགས་ཆོས་སྐུའི་དགོངས་དབྱིངས་སུ་རོ་མཉམ་དབྱེར་མེད་ཅི་ནུས་བྱ་དགོས་སོ། ། གཉིས་པ་དེ་བརྒྱུད་རིམ་བཅས་ལ་བརྟེན་པའི་རྩ་རྟེན་བསྐྱེད་པ་ནི། འོ་ཁྱོ ད་རང་གིས་རྡོ་རྗེ་འཆང་བརྒྱུད་ པའི་བླ་མ་དང་བཅས་པ་ལ་དད་གུས་ཀྱི་སྒོ་ནས་འཕོ་བ་སྦྱངས་པ་སྟེ་དེ་ཡང་སྐབས་འདིར་ནི་ ཟབ་ལམ་སྦྱོར་དྲུག་གི་བརྒྱུད་པའི་བླ་མ་གང་དག་གི་སྒོ་ནས་བྱིན་རླབས་འབེབས་པའི་ཐབས་ ཚུལ་ལ་ཉེ་བར་བརྟེན་པ་ཡིན་ཞིང་གང་དེ་ལྟར་ན་ཟབ་ལམ་འཕོ་བའི་མན་ངག་གི་དམིགས་ རིམ་འདི་བཞིན་མཛོད། འོ་ཁྱོ ད་རང་གི་ལུས་འདི་ཉིད་ཐ་མལ་གྱི་སྣང་བ་མ་ཡིན་པར་ཡི་ དམ་དུས་ཀྱི་འཁོར་ལོ་ཡེ་ཤེས་ཀྱི་སྣང་འོད་ལས་གྲུབ་པའི་སྐུ་མདོག་སྔོན་པོ་ཞལ་གཅིག་ སྤྱན་གསུམ་པ་ཕྱག་གཉིས་ཀྱིས་རྡོར་དྲིལ་ཐུགས་ཀར་བསྣོ ལ་ཞིང༌། ཞབས་གཡས་དམར་པོ་ བརྐྱང་བས་འདོད་ལྷ་དམར་པོ་དང་གཡོན་པ་དཀར་པོ་བསྐུམ་པས་དྲག་པོ་དཀར་པོའི་སྙིང་ གར་མནན་པ། སྐུ་ལ་རྡོ་རྗེའི་རྒྱན་དང་སྟག་ཤམ་གསོལ་བ་དེའི་ལུས་ཀྱི་དབུས་སུ་རྩ་དབུ་མ་ ཁ་དོག་སྔོ ན་པོ་ནང་ཁོང་སྟོང་པ་སྲབ་ཅིང་མཉེན་པ་དྲང་ཐལ་ལེ་བ་ཡས་སྣ་ཚངས་བུག་ཏུ་ཟུག་ ཅིང་ཁ་ཕྱེ་བ། མས་སྣ་ལྟེ ་བར་ཟུག་ནས་ཁ་ཟུམ་པ་དེ་ལྟ་བུའི་དབུ་མའི་ནང་དུ་སྤྱི་བོར་ཞེ་སྡང་ གི་རྟོག་ཚོགས་དང་སད་པའི་རྣམ་ཤེས་ཀྱི་དྭངས་མ་གཞིའི་སྣང་བའི་རིག་ཤེས་ཀྱི་ངོ་བོ་ཧཾ་ ཡིག་དཀར་བོ་མགོ་བོ་ཐུར་བསྟན། ལྟེ ་བར་ཆགས་རྟོག་དང་རྨི་ལམ་གྱི་རྣམ་ཤེས་ཀྱི་དྭངས་མ་ གཞིའི་མཆེད་པའི་རིགས་ཤེས་ཀྱི་ངོ་བོ་ཨ་ཡིག་དམར་པོ་མགོ་བོ་གྱེན་བསྟན། སྙིང་གར་གཏི་ མུག་གི་རྟོག་ཚོགས་དང་གཉིད་འཐུག་གི་རྣམ་ཤེས་ཀྱི་དྭངས་མ་གཞིའི་ཐོབ་པའི་རིག་ཤེས་ ཀྱི་ངོ་བོ་ཧཱུཾ་ཡིག་སྔོ ན་པོ་མགོ་བོ་གྱེན་བསྟན་རྣམས་འཁོད་པར་མོས་ལ། ཁྱོ ད་རང་གི་སྤྱི་བོའི་ སྟེང་གི་ནམ་མཁར་འཇའ་འོད་སྣ་ལྔ་འཁྲིགས་པའི་དབུས་སུ་སེང་ཁྲི་པདྨ་ཉི་ཟླ་སྒྲ་གཅན་གྱི་ 8-1-322 གདན་ལ་སྐྱབས་ཀུན་འདུས་པའི་བདག་ཉིད་རྩ་བའི་བླ་མ་དང་མི་གཉིས་པ་རྡོ་རྗེ་འཆང་ཆེན་ པོ་སྐུ་མདོག་སྔོ ན་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོར་དྲིལ་ཐུགས་ཀར་བསྣོལ་བ། ཞབས་ སྐྱིལ་ཀྲུང་གིས་བཞུགས་ཤིང་སྐུ་ལ་དར་དང་རུས་པ་དང་རིན་པོ་ཆེའི་རྒྱན་ཆ་དྲུག་གིས་ཉེ་ བར་མཛེས་པ་མཚན་དཔེ་རྫོགས་ཤིང་མཁྱེན་བརྩེ་ནུས་པ་རྒྱ་མཚོའི་མངའ་བདག་ཏུ་རང་ལ་ གཟིགས་བཞིན་བཞུགས་པའི་སྐུའི་མཐའ་སྐོར་ཕྱོགས་མཚམས་ཐམས་ཅད་དུ་ད་སྐབས་ཀྱི་ བརྒྱུད་རིམ་ལོངས་སྐུ་དུས་ཀྱི་འཁོར་ལོ་དང་སྤྲུལ་སྐུ་ཤཱཀྱ་ཐུབ་པ་ཤམྦྷ་ལའི་ཆོས་རྒྱལ་རིགས་ ལྡན་གང་དག་དང་གྲུབ་ཆེན་དུས་འཁོར་ཞབས་པ་ཆེ་ཆུང་སོགས་ཆོས་འདིའི་ཟབ་ལམ་འཕོ་ བའི་བརྒྱུད་ལྡན་གྱི་དཔལ་ལྡན་བླ་མ་ཐམས་ཅད་དྭངས་པའི་མཁའ་ལ་སྤྲིན་དཔུང་ལྟར་སྐུ་ བཀྲག་མདངས་གཟི་འོད་འཕྲོ་བཞིན་བཀྲ་ལམ་མེ་འོད་ཐིབས་སེ་ལེགས་བཞུགས་མཛད་པ་ དེ་ལྟ་བུའི་རྡོ་རྗེ་འཆང་བརྒྱུད་པའི་བླ་མ་དང་བཅས་པ་ལ་མོས་གུས་དད་པ་ནམ་ཡང་འགྱུར་བ་ མེད་པའི་སྒོ་ནས་ཁོང་རྣམས་ཀྱི་ཐུགས་ཆོས་སྐུ་འོད་གསལ་གནས་ལུགས་ཆེན་པོའི་དགོངས་ ཀློང་དུ་རང་སེམས་སྣང་མཆེད་ཐོབ་པའི་གཞིའི་རིག་ཤེས་དྭངས་པའི་ཆར་གྱུར་པ་དེ་ཉིད་ དབྱེར་མེད་རོ་མཉམ་གྱི་རྣམ་པར་འཕོ་ཐུབ་པའི་ཆེད་དུ་གསོལ་བ་འདི་ལྟར་ཐོབ་ཅིག ། འཕོ་གཞུང་ལས། ན་མོ་གུ་རུ་བྷྱཿ དཔལ་རིགས་ཀུན་འདུས་པའི་བདག་ཉིད་རྗེ། །སོགས་ནས། རྩ་བའི་བླ་མ་རྗེ་སངས་རྒྱས་དངོས། །སེམས་མོས་གུས་གདུངས་བས༴ སོགས་ ཀྱི་བར་གྲངས་ཇི་ལྟར་འོས་པས་ཟབ་ལམ་འཕོ་བ་ཐེབ་པར་སྙིང་ཐག་པ་ནས་གསོལ་བ་བཏབ་མཐར། འོ་ཁྱོ ད་རང་གིས་ གསོལ་བ་སྙིང་ཐག་པ་ནས་དེ་ལྟར་བཏབ་པའི་སྟོབས་ཀྱིས་རྡོ་རྗེ་འཆང་བརྒྱུད་པའི་བླ་མ་གང་ དག་དང་བཅས་པའི་ཐུགས་དགོངས་ཕྲིན་ལས་ཕྱོགས་གཅིག་ཏུ་མཛད་པའི་མཐུ་ལ་བརྟེན་ ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་གང་ཉིད་ཀྱི་ཐུགས་ཀ་ནས་འོད་ཟེར་གློག་ཞགས་ལྟར་མྱུར་ལ་ གསལ་བ་སྐད་ཅིག་གིས་མར་ཆད་དེ་ཐོན། ཁྱོ ད་རང་གི་སྤྱི་བོ་ནས་ཞུགས་ཏེ་དབུ་མའི་ནང་ 8-1-323 གི་ཡི་གེ་གསུམ་པོ་ལེགས་བསྐུལ་བྱས་པས་ལྟེ་འོག་གི་ཧཾ་ཨ་གཉིས་སྙིང་གའི་ཧཱུཾ་ལ་ཐིམ་ཞིང་ ཧཱུཾ་དེ་ཡང་ཤིན་ཏུ་དྭངས་པའི་གཉུག་སེམས་ཀྱི་ངོ་བོ་ཐིག་ལེ་ཁྲ་བོ་རྒྱ་སྲན་ཙམ་འདར་ཕྲུག་ འཕར་བའི་ཚུལ་དུ་གྱུར་ཏེ་སྐར་མདའ་ལྟར་ཁྲ་རིལ་ལི་ལི་སྙིང་ག་ནས་སྤྱི་བོ་དང་སྤྱི་བོ་དེ་ནས་ སྐད་ཅིག་ལ་རྒྱངས་ཀྱིས་ཆད་དེ་རྩ་བརྒྱུད་བླ་མ་ཀུན་འདུས་རྡོ་རྗེ་འཆང་གི་ཐུགས་ཀར་ཐིམ་ པས་དགོངས་པ་ཆོས་སྐུ་རོ་མཉམ་ཉག་གཅིག་ཏུ་སོང་བར་བསམ། ལ་ཕཊ་སྒྲ་ལན་གསུམ་གྱིས་མཉམ་ བཞག་བྱའོ། ། གསུམ་པ་རིགས་དྲུག་གིས་འཕོ་བ་འདེབས་པའི་རྩ་རྟེན་བསྐྱེད་པའི་ཁ་སྐོང་ལ། ལྷ་སྐུ་ལ་དམིགས་པ་དང༌། ཐིགས་ ལེ་ལ་དམིག་པའི་ཚུལ་གཉིས་ལས། དང་པོ་ལ་ཤད་སྤོ་དང༌། རིམ་སྤོའི་ཚུལ་གཉིས་ལས། དང་པོ་ལྷ་སྐུ་ལ་དམིགས་པའི་སྒོ་ ནས་རིག་པ་ཤད་ཀྱིས་སྤོ་བའི་ཚུལ་ནི། འོ་ཁྱོ ད་རང་གིས་ད་ལན་གྱི་སྐབས་སུ་ཉེ་བར་བབ་པ་གང་དེ་ ཡང་ངེས་དོན་རྫོགས་ལྡན་རང་ལུགས་ཐུན་མོང་མ་ཡིན་པའི་གནས་ལུགས་ངེས་པ་དོན་གྱི་ འཕོ་བ་ཟབ་མོ་ལས་ཀྱང་ཆེས་ཟབ་ཅིང་ཤིན་ཏུ་གསང་བའི་མཐར་ཐུག་འོད་གསལ་ལྟ་བའི་ འཕོ་ཆེན་གྱི་གདམས་ངག་ཉམས་སུ་ལེན་པའི་སླད་དུ་ཚུལ་འདི་ཡིད་ལ་ཉེར་འཇོག་མཛོད་ ཅིག དེ་ཡང་ཆོས་ཐམས་ཅད་ཀྱི་དོན་གྱི་སྡོད་ལུགས་ཡང་དག་པ་ལྟར་ན་འཁོར་འདས་དག་ མཉམ་དུ་ནམ་ཡང་བསླུ་བ་མེད་པ་དེ་བས་ན་གཞི་དབྱིངས་རྒྱལ་བ་ཐམས་ཅད་ཀྱི་ཆོས་སྐུའི་ དགོངས་ཀློང་ངེས་པར་གཅིག་པ་མ་ཟད་སངས་རྒྱས་དང་སེམས་ཅན་མ་ལུས་པ་གང་དག་ གི་གཤིས་ལུགས་དེ་བཞིན་ཉིད་འོད་གསལ་ཡེ་ཤེས་རྡོ་རྗེའི་ངོ་བོ་བཟང་ངན་གྱི་དབྱེ་བ་མ་ མཆིས་པ་རང་རིག་དེ་ཉིད་གཟིགས་པའི་ངོར་ལེགས་པར་བདེན་ཕྱིར། གཉུག་མ་དོན་གྱི་ འཕོ་བ་ནི་གཞི་དབྱིངས་ཆོས་སྐུ་བདེ་གཤེགས་སྙིང་པོ་དོན་དམ་རྒྱལ་བ་དྲུག་གི་དཀྱིལ་འཁོར་ རབ་འབྱམས་རྣམ་པ་ཀུན་ལྡན་ཉག་གཅིག་ཡེ་ནས་དགོངས་ཆེན་གྲོལ་བ་མཆོག་ཏུ་གཏད་ ནས་འཕོས་ཟིན་པ་ཡིན་པས་དེ་ལ་འཕོ་བྱ་འཕོ་བྱེད་ཀྱི་སྤྲོས་པ་མེད་ཀྱང་གཤིས་ལུགས་དེ་ 8-1-324 མ་རྟོགས་ཤིང་གནས་ཚུལ་གང་ལ་རྨོངས་པ་དག་གིས་ཀུན་རྫོབ་ཀྱི་རྣམ་པ་ཨ་འཐས་འཁྲུལ་ སྣང་མཐའ་ཀླས་པ་ལ་འདི་མི་ཞེན་བྱ་བ་མེད་པར་ལོག་སྣང་གི་ཞེན་སྒོ་མ་བཀག་པར་རྒྱ་ ཡན་འཁྲུལ་བ་སྣ་ཚོགས་ལ་ཅི་དགར་སྤྱོད་པའི་དབང་གིས་རྣམ་ཤེས་ཡོ་ལང་གིས་ཡེ་ཤེས་ ཀུན་ནས་བསྒྲིབ་ཅིང་གཤིས་ལུགས་ཡོངས་གྲུབ་དོན་དམ་གཅིག་པ་ཉིད་དུ་བདེན་པའི་ཚུལ་ མངོན་དུ་གྱུར་མ་ཐུབ་ལ། ཀུན་རྫོབ་གཞན་དབང་ཀུན་བཏགས་པའི་སྣང་ཚུལ་རང་དབང་སོ་ སོ་བདེ་བ་དང་སྡུག་བསྔལ་བར་མ་ཅི་རིགས་སུ་བདེན་པར་འཛིན་པས་ཚུགས་ཐུབ་ཏུ་དངོས་ པོར་ཞེན་ཧ་ཅང་དྲག་པའི་རྐྱེན་གྱིས་ད་ལྟ་མཐའ་ཡས་པའི་སེམས་ཅན་གང་དག་རྒྱུད་ཐ་དད་ ཅིང་རྣམ་པར་ཤེས་པ་སོ་སོ་བ་སྣ་ཚོགས་པའི་མཐའ་བཟུང་མི་ནུས་པ་ཙམ་གྱི་བཟང་ངན་ བར་མའི་རིས་སུ་རྣམ་པ་ཇི་ལྟ་བུར་འཁྲུལ་སྣང་ཚབས་ཆེ་ནའང་ད་ལྟ་ལམ་ལ་སློབ་པའི་ངེས་ དོན་ལ་བློ་ཁ་ཕྱོགས་པ་གང་དག་གིས་རང་རིག་རང་གསལ་སྐྱོང་ཚུལ་ཟབ་མོའི་མན་ངག་ ལ་ལེགས་པར་རེམ་ན་རབ་རྣམས་རིག་པ་ཆོས་སྐུའི་གཤིས་སུ་ངོ་འཕྲོད་ནས་གནས་ལུགས་ འཕོ་ཆེན་གྱི་དགོངས་པར་གྲོལ་ནུས་པ་དང་དབང་པོ་འབྲིང་གི་རིམ་པ་གང་དག་རང་རིག་ ཆོས་སྐུའི་ཉམས་མྱོང་ཟབ་མོ་ལ་བོགས་ཐོན་པ་དང་ཐ་མ་རྣམས་ཀྱང་དབྱིངས་འཕོ་ཁྱད་པར་ བའི་ཉམས་བཟང་རབ་རེ་དར་ཅིག་ལ་ངེས་པར་སྐྱེ་བ་མྱོང་བས་གྲུབ་ཕྱིར། ཚུལ་དེ་ལུགས་ གསུམ་པོ་ནི་རྣལ་འབྱོར་པའི་རིག་པ་ཆོས་སྐུར་ཐིམ་ཚུལ་རབ་འབྲིང་ཐ་མ་གསུམ་གྱི་འཕོ་བ་ དངོས་ཡིན་ཞིང་དོན་གྱི་གནས་ལུགས་དེ་ལ་རེག་ཆེད་ད་ལན་དག་སྣང་མོས་འདུན་གྱིས་རྣལ་ འབྱོར་པ་རང་གི་གཞི་རྒྱུད་དག་པའི་ཆོས་སྐུ་དོན་དམ་རྒྱལ་བ་དྲུག་གི་ངོ་བོར་བཞུགས་པ་ དེའི་རང་གཤིས་ཉིད་བླ་མ་རྡོ་རྗེ་འཆང་ཆེན་པོའི་རིགས་ཀུན་འདུས་པའི་ཆོས་དབྱིངས་ཉག་ མ་གཅིག་དང་མི་གཉིས་པའི་ཚུལ་ལ་བློ་འགྱུར་བག་ཅི་ཐོན་བྱས་ཏེ་ཡིན་ལུགས་དེ་མཐུན་གྱི་ ཟབ་ལམ་འཕོ་བ་དཔལ་དང་པོའི་སངས་རྒྱས་ཀྱི་རྒྱུད་ལས་ཇི་སྐད་བྱུང་བ་བཞིན་ངེས་དོན་ 8-1-325 སྒྲུབ་བརྒྱུད་ཀྱི་དམ་པ་གོང་མ་དག་གི་མན་ངག་གི་རིམ་པ་ལྟར་ཉམས་སུ་ལེན་པའི་ཐབས་ འདི་ལྟ་སྟེ། འོ་ཁྱོ ད་རང་གིས་མོས་པ་འདི་བཞིན་གྱིས་ཤིག་སྐད་ཅིག་གིས་ཐ་མལ་གདོས་ བཅས་ཀྱི་ལུས་ཉིད་གནས་འགྱུར་ཏེ་ཡི་དམ་དུས་ཀྱི་འཁོར་ལོ་དཔའ་བོ་གཅིག་པ་སྐུ་མདོག་ མཐིང་སྔོན་གྱི་འོད་ཟེར་འབར་བ་ཞལ་གཅིག་སྤྱན་གསུམ་ཕྱག་གཉིས་ཐུགས་ཀར་རྡོར་ དྲིལ་བསྣོ ལ་བ། ཞབས་གཉིས་གཡོན་དཀར་གཡས་དམར་བསྐུམ་ཞིང་བརྐྱང་སྟབས་ཀྱིས་ བཞེངས་པས་བདུད་དང་དྲག་པོ་མནན་པ་སྟག་ཤམ་དང་དར་སྣ་ཚོགས་པས་ཉེ་བར་མཛེས་ ཤིང་རྡོ་རྗེའི་རྒྱན་ཆ་དྲུག་དང་ལྡན་པ། ཞལ་ཁྲོ་ཆགས་འདྲེས་པའི་ཉམས་བཟང་པོ་ཅན་ཁ་ དོག་རྣམ་པ་དྲུག་གི་འོད་ཟེར་ཀྱི་ཕུང་པོའི་དབུས་ན་བཞུགས་པ་དེའི་སྐུ་ལུས་ཀྱི་དབུས་སུ་རྩ་ ཨཱ་ཝ་དྷཱུ་ཏཱི་ཁ་དོག་སྔོན་པོ་མས་སྣ་གསང་བའི་འོག་ཏུ་ཁ་ཟུམ་པ་ཡས་སྣ་སྤྱི་གཙུག་ནས་ཡར་ སོར་བཞི་འཕགས་བཞིན་ཁ་ཕྱེ་བ་ཤེལ་སྦུག་ལྟར་དྭངས་ཤིང་གསལ་བ་ནང་ཁོང་སྟོང་པའི་ གཙུག་ཏོར་དཔྲལ་མགྲིན་སྙིང་ལྟེ་གསང་བའི་ཐད་རྣམས་སུ་རིམ་པར་ནམ་མཁའ་ཆུ་མེ་རླུང་ ས་ཡེ་ཤེས་ཀྱི་ཁམས་ཀྱི་རང་བཞིན་རྩ་འཁོར་ལོ་དྲུག་རྩ་འདབ་བཞི་པ་ཅན་རེ་རེ་གསལ་ཐོབ་ ལ། འོ་ཁྱོ ད་རང་གིས་དེ་འདྲའི་རྩ་འཁོར་ལོ་དྲུག་ལས་གཙུག་ཏོར་གྱི་ཐད་དུ་མཁའ་ཁམས་ མི་བསྐྱོད་པ་ལྗང་ཁུ་ཕྱག་གཡས་ས་གནོན་དང་གཡོན་མཉམ་བཞག་གི་ཕྱག་རྒྱ་ཅན་དང༌། དེ་ བཞིན་དུ་དཔྲལ་བར་ཆུ་ཁམས་སྣང་བ་མཐའ་ཡས་དཀར་པོ་ཕྱག་གཉིས་མཉམ་བཞག་ཅན་ དང༌། མགྲིན་པར་མེ་ཁམས་རིན་ཆེན་འབྱུང་ལྡན་དམར་པོ་གཡས་མཆོག་སྦྱིན་གཡོན་མཉམ་ བཞག་ཅན་དང༌། སྙིང་གར་རླུང་ཁམས་དོན་ཡོད་གྲུབ་པ་ནག་པོ་གཡས་སྐྱབས་སྦྱིན་དང་ གཡོན་མཉམ་བཞག་ཅན་དང༌། ལྟེ ་བར་ས་ཁམས་རྣམ་པར་སྣང་མཛད་སེར་པོ་ཕྱག་གཉིས་ བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན་དང༌། གསང་བར་ཡེ་ཤེས་ཀྱི་ཁམས་རྡོ་རྗེ་སེམས་དཔའ་སྔོ ན་ པོ་ཕྱག་གཉིས་རྒྱས་གདབ་ཀྱི་ཕྱག་རྒྱ་ཅན་ཏེ་ཐམས་ཅད་ཀྱང་ཞབས་སྐྱིལ་ཀྲུང་དུ་བཞུགས་ 8-1-326 པ། དབུ་ལ་ཐོར་ཚུགས་ཅན་སྐུ་གཅེར་བུའི་རྣམ་པ་རྒྱན་གོས་སྤངས་ཤིང་རང་འོད་དྲི་མ་མེད་ པ་འཕྲོ་བ་རང་རྒྱུད་དུ་གདོད་ནས་བཞུགས་པའི་དོན་དམ་རྒྱལ་བ་རིགས་དྲུག་གི་སྐུ་རྣམ་ཀུན་ མཆོག་དང་ལྡན་པའི་རང་གཟུགས་རྣལ་འབྱོར་པའི་བློ་ཚོད་དང་མཐུན་པ་ཙམ་རྡོ་རྗེའི་ལུས་ ཀྱི་གནས་དྲུག་ཏུ་གཉུག་སེམས་ཆོས་ཉིད་རང་གསལ་གྱི་ཚུལ་དུ་གསལ་ཐོབ་ཅིག །དེ་ནས་ ཁྱོད་ཀྱི་སྤྱི་བོར་སེང་ཁྲིའི་སྟེང་དུ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་ལོངས་སྤྱོད་རྫོགས་པའི་ ཆས་ཀྱིས་ཉེ་བར་བཞུགས་པ་དེ་ཡང་དོན་དམ་པར་ན་རྒྱལ་བ་རྡོ་རྗེ་དྲུག་གི་ཆོས་སྐུ་ཀུན་ཁྱབ་ དང་ནམ་ཡང་དབྱེར་མེད་པའི་ཚུལ་དུ་ཐག་ཆོད་ལ་དེ་ཀུན་རོ་མཉམ་ཆེན་པོའི་ངང་གཉུག་མ་ དབྱིངས་རིག་དབྱེར་མེད་རྗེན་ཆར་བའི་དགོངས་ཀློང་ཟབ་མོར་འཕོ་ཆེད་སྐྱབས་ཀུན་འདུས་ པའི་བླ་མ་རྡོ་རྗེ་འཆང་ཐུགས་མཁྱེན་བརྩེ་རྒྱ་མཚོའི་མངའ་བདག་གང་ཉིད་ལ་མོས་གུས་ གདུང་ཤུགས་ཀྱིས་གསོལ་འདེབས་དང་བཅས་རིག་པ་དབྱིངས་སུ་འཕོ་བར་མཛོད་ཅིག འཕོ་གཞུང་ལས། ཁྱོ ད་སྐད་ཅིག་གིས་ཡི་དམ་དུས་འཁོར་ལོ། །སྐུ་མཐིང་སྔོ ན་འོད་ཟེར་གྱི་ ཕུང་པོ་ཅན། །ཞེས་པ་ནས། ཁམས་དྲུག་ལྡན་གྱི་གཉུག་སེམས་རང་གི་རྩལ། །ཁྱོ ད་རང་གི་སྤྱི་ བོར་ཡང་རྡོར་འཆང་བཞུགས། །མགོན་སངས་རྒྱས་ཀུན་འདུས་ཀྱི་ཐུགས་རྗེ་ཅན། །སེམས་ མོས་གུས་གདུང་ཤུགས་ཀྱིས་གསོལ་བ་ཐོབ། །ཅེས་པའི་བར་བྱ། འོ་ཁྱོ ད་རང་གིས་ཁམས་དྲུག་ ལྡན་རྡོ་རྗེའི་ལུས་ཀྱི་ནང་གི་རྩ་ཨཱ་ཝ་དྷཱུ་ཏཱི་ཤེལ་སྦུག་ལྟ་བུའི་མས་སྣེའི་ནང་དུ་གསང་བ་བདེ་ སྐྱོང་གི་འཁོར་ལོ་ན་གཞི་རྒྱུད་དང་པོའི་སངས་རྒྱས་དོན་དམ་ཡེ་ཤེས་ཁམས་ཀྱི་ལྷ་ཚོགས་ རབ་འབྱམས་ཀྱི་རྣམ་པར་བཞུགས་པ་ཉིད་རྣལ་འབྱོར་བློ་མཐུའི་ཚོད་ཙམ་གཉུག་སེམས་ ཆོས་ཉིད་རིགས་ཁམས་དཔལ་རྡོར་སེམས་ཀྱི་གཟུགས་སྐུའི་རྣམ་པར་ཤར་ཡོད་པ་ལ་རིག་ ཤེས་རང་གསལ་དུ་གཏོད་ཅིག འཕོ་གཞུང་ལས། གནས་གསང་བ་བདེ་སྐྱོང་གི་འཁོར་ལོ་ན། །ཞེས་ པ་ནས། མདངས་དབྱེར་མེད་པ་རོ་མཉམ་ཆེན་པོའི་ངང༌། །ཞེས་པའི་བར་བྱ། འོ་ཁྱོ ད་རང་གི་གསང་ 8-1-327 བའི་རྩ་འཁོར་ནང་གི་གཉུག་སེམས་ཡེ་ཤེས་ཁམས་ཀྱི་དྭངས་མ་རྡོར་སེམས་ཀྱི་རྣམ་པར་ གནས་པ་དེ་རྩ་འཁོར་སྟེང་མ་ལྔའི་ནང་གི་གཉུག་མའི་ཁམས་ལྔ་དྭངས་པའི་ལྷ་སྐུ་རྣམས་ལ་ རིམ་པས་ཁྱབ་བྱེད་དུ་འཇུག་པའི་སྒོ་ནས་ཡེ་ཤེས་ཀྱི་རྩ་ལམ་བརྒྱུད་དེ་སྤྱི་གཙུག་ན་བཞུགས་ པའི་རྡོ་རྗེ་འཆང་ཆེན་པོའི་དགོངས་པ་ཆོས་ཀྱི་དབྱིངས་དང་རོ་མཉམ་དུ་སོང་བར་མོས་ཤིག དབྱིངས་རིག་བསྲེ་བ་དེའི་ངང་ནས་ཕཊ་སྒྲ་ཆུང་འབྲིང་ཆེ་གསུམ་བྱ། འོ་ཁྱོད་རང་གིས་ཁམས་དྲུག་ལྡན་རྡོ་རྗེའི་ལུས་ཀྱི་ནང་གི་རྩ་ཨཱ་ཝ་དྷཱུ་ཏཱི་ཤེལ་སྦུག་ལྟ་ བུའི་ནང་དུ་ལྟེ་བ་འཕྲུལ་ཆེན་གྱི་འཁོར་ལོ་ན་གཞི་རྒྱུད་དང་པོའི་སངས་རྒྱས་དོན་དམ་ས་ ཁམས་ལྷ་ཚོགས་རབ་འབྱམས་ཀྱི་རྣམ་པར་བཞུགས་པ་ཉིད་རྣལ་འབྱོར་བློ་མཐུའི་ཚོད་ཙམ་ གཉུག་སེམས་ཆོས་ཉིད་རིགས་ཁམས་དཔལ་རྣམ་སྣང་གི་གཟུགས་སྐུའི་རྣམ་པར་ཤར་ཡོད་ པ་ལ་རིག་ཤེས་རང་གསལ་དུ་གཏོད་ཅིག འཕོ་གཞུང་ལས། གནས་ལྟེ ་བ་འཕྲུལ་ཆེན་གྱི་འཁོར་ ལོ་ན། །ཞེས་པ་ནས། མདངས་དབྱེར་མེད་པ་རོ་མཉམ་ཆེན་པོའི་ངང༌། །ཞེས་པའི་བར་བྱ། འོ་ཁྱོ ད་ རང་གི་ལྟེ་བའི་རྩ་འཁོར་ནང་གི་གཉུག་སེམས་ས་ཁམས་ཀྱི་དྭངས་མ་རྣམ་སྣང་གི་རྣམ་པར་ གནས་པ་དེ་རྩ་འཁོར་སྟེང་མ་བཞིའི་ནང་གི་གཉུག་མའི་ཁམས་བཞིའི་དྭངས་པའི་ལྷ་སྐུ་ རྣམས་ལ་རིམ་པས་ཁྱབ་བྱེད་དུ་འཇུག་པའི་སྒོ་ནས་ཡེ་ཤེས་ཀྱི་རྩ་ལམ་བརྒྱུད་དེ་སྤྱི་གཙུག་ན་ བཞུགས་པའི་རྡོ་རྗེ་འཆང་ཆེན་པོའི་དགོངས་པ་ཆོས་ཀྱི་དབྱིངས་དང་རོ་མཉམ་དུ་སོང་བར་ མོས་ཤིག དབྱིངས་རིག་བསྲེ་བ་དེའི་ངང་ནས་ཕཊ་སྒྲ་ཆུང་འབྲིང་ཆེ་གསུམ་བྱ། འོ་ཁྱོད་རང་གི་ཁམས་དྲུག་ལྡན་རྡོ་རྗེའི་ལུས་ཀྱི་ནང་གི་རྩ་ཨཱ་ཝ་དྷཱུ་ཏཱི་ཤེལ་སྦུག་ལྟ་བུའི་ ནང་དུ་སྙིང་ག་ཆོས་ཉིད་ཀྱི་འཁོར་ལོ་ན་གཞི་རྒྱུད་དང་པོའི་སངས་རྒྱས་དོན་དམ་རླུང་ཁམས་ ལྷ་ཚོགས་རབ་འབྱམས་ཀྱི་རྣམ་པར་བཞུགས་པ་ཉིད་རྣལ་འབྱོར་བློ་མཐུའི་ཚོད་ཙམ་གཉུག་ སེམས་ཆོས་ཉིད་རིགས་ཁམས་དཔལ་དོན་གྲུབ་ཀྱི་གཟུགས་སྐུའི་རྣམ་པར་ཤར་ཡོད་པ་ 8-1-328 ལ་རིག་ཤེས་རང་གསལ་དུ་གཏོད་ཅིག འཕོ་གཞུང་ལས། གནས་སྙིང་ག་ཆོས་ཉིད་ཀྱི་འཁོར་ལོ་ ན། །ཞེས་པ་ནས། མདངས་དབྱེར་མེད་པ་རོ་མཉམ་ཆེན་པོའི་ངང༌། །ཞེས་པའི་བར་བྱ། འོ་ཁྱོ ད་རང་ གི་སྙིང་གའི་རྩ་འཁོར་ནང་གི་གཉུག་སེམས་རླུང་ཁམས་ཀྱི་དྭངས་མ་དོན་གྲུབ་ཀྱི་རྣམ་པར་ གནས་པ་དེ་རྩ་འཁོར་སྟེང་མ་གསུམ་གྱི་ནང་གི་གཉུག་མའི་ཁམས་གསུམ་དྭངས་པའི་ལྷ་སྐུ་ རྣམས་ལ་རིམ་པས་ཁྱབ་བྱེད་དུ་འཇུག་པའི་སྒོ་ནས་ཡེ་ཤེས་ཀྱི་རྩ་ལམ་བརྒྱུད་དེ་སྤྱི་གཙུག་ན་ བཞུགས་པའི་རྡོ་རྗེ་འཆང་ཆེན་པོའི་དགོངས་པ་ཆོས་ཀྱི་དབྱིངས་དང་རོ་མཉམ་དུ་སོང་བར་ མོས་ཤིག དབྱིངས་རིག་བསྲེ་བ་དེའི་ངང་ནས་ཕཊ་སྒྲ་ཆུང་འབྲིང་ཆེ་གསུམ་བྱ། འོ་ཁྱོད་རང་གིས་ཁམས་དྲུག་ལྡན་རྡོ་རྗེའི་ལུས་ཀྱི་ནང་གི་རྩ་ཨཱ་ཝ་དྷཱུ་ཏཱི་ཤེལ་སྦུག་ལྟ་ བུའི་ནང་དུ་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ན་གཞི་རྒྱུད་དང་པོའི་སངས་རྒྱས་དོན་དམ་མེ་ ཁམས་ལྷ་ཚོགས་རབ་འབྱམས་ཀྱི་རྣམ་པར་བཞུགས་པ་ཉིད་རྣལ་འབྱོར་བློ་མཐུའི་ཚོད་ཙམ་ གཉུག་སེམས་ཆོས་ཉིད་རིགས་ཁམས་དཔལ་རིན་འབྱུང་གི་གཟུགས་སྐུའི་རྣམ་པར་ཤར་ ཡོད་པ་ལ་རིག་ཤེས་རང་གསལ་དུ་གཏོད་ཅིག འཕོ་གཞུང་ལས། གནས་མགྲིན་པ་ལོངས་སྤྱོད་ ཀྱི་འཁོར་ལོ་ན། །ཞེས་པ་ནས། མདངས་དབྱེར་མེད་པ་རོ་མཉམ་ཆེན་པོའི་ངང༌། །ཞེས་པའི་བར་བྱ། འོ་ཁྱོད་རང་གི་མགྲིན་པའི་རྩ་འཁོར་ནང་གི་གཉུག་སེམས་མེ་ཁམས་ཀྱི་དྭངས་མ་རིན་འབྱུང་ གི་རྣམ་པར་གནས་པ་དེ་རྩ་འཁོར་སྟེང་མ་གཉིས་ཀྱི་ནང་གི་གཉུག་མའི་ཁམས་གཉིས་དྭངས་ པའི་ལྷ་སྐུ་རྣམས་ལ་རིམ་པས་ཁྱབ་བྱེད་དུ་འཇུག་པའི་སྒོ་ནས་ཡེ་ཤེས་ཀྱི་རྩ་ལམ་བརྒྱུད་དེ་ སྤྱི་གཙུག་ན་བཞུགས་པའི་རྡོ་རྗེ་འཆང་ཆེན་པོའི་དགོངས་པ་ཆོས་ཀྱི་དབྱིངས་དང་རོ་མཉམ་ དུ་སོང་བར་མོས་ཤིག དབྱིངས་རིག་བསྲེ་བ་དེའི་ངང་ནས་ཕཊ་སྒྲ་ཆུང་འབྲིང་ཆེ་གསུམ་བྱ། འོ་ཁྱོད་རང་གིས་ཁམས་དྲུག་ལྡན་རྡོ་རྗེའི་ལུས་ཀྱི་ནང་གི་རྩ་ཨཱ་ཝ་དྷཱུ་ཏཱི་ཤེལ་སྦུག་ལྟ་ བུའི་ནང་དུ་སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་ན་གཞི་རྒྱུད་དང་པོའི་སངས་རྒྱས་དོན་དམ་ཆུ་ཁམས་ 8-1-329 ལྷ་ཚོགས་རབ་འབྱམས་ཀྱི་རྣམ་པར་བཞུགས་པ་ཉིད་རྣལ་འབྱོར་བློ་མཐུའི་ཚོད་ཙམ་གཉུག་ སེམས་ཆོས་ཉིད་རིགས་ཁམས་དཔལ་སྣང་མཐའི་གཟུགས་སྐུའི་རྣམ་པར་ཤར་ཡོད་པ་ལ་ རིག་ཤེས་རང་གསལ་དུ་གཏོད་ཅིག འཕོ་གཞུང་ལས། གནས་སྤྱི་བོར་བདེ་ཆེན་གྱི་འཁོར་ལོ་ན། །ཞེས་པ་ནས། མདངས་དབྱེར་མེད་པ་རོ་མཉམ་ཆེན་པོའི་ངང༌། །ཞེས་པའི་བར་བྱ། འོ་ཁྱོ ད་རང་གི་སྤྱི་ བོའི་རྩ་འཁོར་ནང་གི་གཉུག་སེམས་ཆུ་ཁམས་ཀྱི་དྭངས་མ་སྣང་མཐའི་རྣམ་པར་གནས་པ་དེ་ རྩ་འཁོར་སྟེང་མ་གཅིག་གི་ནང་གཉུག་མའི་ཁམས་གཅིག་དྭངས་པའི་ལྷ་སྐུ་དེ་ལ་ཁྱབ་བྱེད་དུ་ འཇུག་པའི་སྒོ་ནས་ཡེ་ཤེས་ཀྱི་རྩ་ལམ་བརྒྱུད་དེ་སྤྱི་གཙུག་ན་བཞུགས་པའི་རྡོ་རྗེ་འཆང་ཆེན་ པོའི་དགོངས་པ་ཆོས་ཀྱི་དབྱིངས་དང་རོ་མཉམ་དུ་སོང་བར་མོས་ཤིག དབྱིངས་རིག་བསྲེ་བ་དེའི་ངང་ ནས་ཕཊ་སྒྲ་ཆུང་འབྲིང་ཆེ་གསུམ་བྱ། འོ་ཁྱོད་རང་གིས་ཁམས་དྲུག་ལྡན་རྡོ་རྗེའི་ལུས་ཀྱི་ནང་གི་རྩ་ཨཱ་ཝ་དྷཱུ་ཏཱི་ཤེལ་སྦུག་ལྟ་ བུའི་ནང་དུ་གཙུག་ཏོར་སྟོང་ཆེན་གྱི་འཁོར་ལོ་ན་གཞི་རྒྱུད་དང་པོའི་སངས་རྒྱས་དོན་དམ་ མཁའ་ཁམས་ལྷ་ཚོགས་རབ་འབྱམས་ཀྱི་རྣམ་པར་བཞུགས་པ་ཉིད་རྣལ་འབྱོར་བློ་མཐུའི་ ཚོད་ཙམ་གཉུག་སེམས་ཆོས་ཉིད་རིགས་ཁམས་དཔལ་མི་བསྐྱོད་པའི་གཟུགས་སྐུའི་རྣམ་ པར་ཤར་ཡོད་པ་ལ་རིག་ཤེས་རང་གསལ་དུ་གཏོད་ཅིག འཕོ་གཞུང་ལས། གནས་གཙུག་ཏོར་ སྟོང་ཆེན་གྱི་འཁོར་ལོ་ན། །ཞེས་པ་ནས། མདངས་དབྱེར་མེད་པ་རོ་མཉམ་ཆེན་པོའི་ངང༌། །ཞེས་ པའི་བར་བྱ། འོ་ཁྱོ ད་རང་གི་གཙུག་ཏོར་གྱི་རྩ་འཁོར་ནང་གི་གཉུག་སེམས་མཁའ་ཁམས་ཀྱི་ དྭངས་མ་མི་བསྐྱོད་པའི་རྣམ་པར་གནས་པ་དེ་སྐད་ཅིག་གིས་མདའ་འཕངས་པ་ལྟར་ཡེ་ཤེས་ ཀྱི་རྩ་ལམ་བརྒྱུད་དེ་སྤྱི་གཙུག་ན་བཞུགས་པའི་རྡོ་རྗེ་འཆང་ཆེན་པོའི་དགོངས་པ་ཆོས་ཀྱི་ དབྱིངས་དང་རོ་མཉམ་དུ་སོང་བར་མོས་ཤིག དབྱིངས་རིག་བསྲེ་བ་དེའི་ངང་ནས་ཕཊ་སྒྲ་ཆུང་འབྲིང་ཆེ་གསུམ་ བྱའོ། ། 8-1-330 གཉིས་པ་ལྷ་སྐུ་ལ་དམིགས་པའི་སྒོ་ནས་རིག་པ་རིམ་སྤོའི་ཚུལ་ནི། འོ་ཁྱོ ད་རང་གིས་ངེས་དོན་རྫོགས་ ལྡན་འཕོ་བའི་ཚུལ་ལ་འདི་བཞིན་མཛོད། རིག་པ་དོན་དམ་ཆོས་སྐུའི་དབྱིངས་སུ་འཕོ་བའི་ ཐབས་ལ་རང་ལུས་དུས་འཁོར་དཔའ་བོ་གཅིག་པའི་ཡེ་ཤེས་ཀྱི་སྐུར་གསལ་བཏབ་སྟེ་དེའི་ སྐུ་ལུས་ཀྱི་དབུས་སུ་རྩ་ཨཱ་ཝ་དྷཱུ་ཏཱི་སྲོག་ཤིང་གི་ཚུལ་དུ་མས་སྣ་གསང་བའི་འོག་ཏུ་ཟུག་ཅིང་ ཁ་ཟུམ་པ་ཡས་སྣ་སྤྱི་བོ་ལས་སོར་བཞི་འཕགས་ཏེ་ཁ་ཕྱེ་བ་དེའི་ནང་ཁམས་དྲུག་རང་བཞིན་ རྩ་འཁོར་དྲུག་གི་ནང་རྣམས་སུ་གཉུག་སེམས་དོན་དམ་ཁམས་དྲུག་དྭངས་མའི་ཆར་གྱུར་ རྒྱལ་བ་དྲུག་གི་སྐུ་རང་རིགས་ཀྱི་ཕྱག་རྒྱ་ཅན་རྒྱན་སྤངས་ཐོར་ཚུགས་དང་ལྡན་ཞིང་ཞབས་ སྐྱིལ་ཀྲུང་དུ་བཞུགས་པ་སྤྱི་བོ་ནས་གསང་བའི་ཐད་བར་རིམ་བཞིན་སྐུའི་ཁ་དོག་ལྗང་དཀར་ དམར་ནག་སེར་སྔོན་གྱི་མདོག་གསལ་ཞིང་འོད་འབར་བ་ཆེ་ཆུང་རྒྱ་སྲན་ཙམ་གྱི་སྐུ་ཚད་ རེ་ཡོད་པ་གསལ་ལེགས་པར་ཐོབ་ལ་ཁྱོད་རང་གི་སྤྱི་བོར་བླ་མ་རྡོ་རྗེ་འཆང་བཞུགས་པ་ལ་ དབྱིངས་རིག་དབྱེར་མེད་ཀྱི་འཕོ་བ་ཐེབ་པར་གསོལ་བ་འདེབས་པའི་མོས་འདུན་དང་བཅས་ སེམས་ལེགས་པར་གཏོད་ཅིག འཕོ་གཞུང་ལས། ཁྱོ ད་སྐད་ཅིག་གིས་ཡི་དམ་དུས་འཁོར་ལོ། །ཞེས་པ་ནས། ཁྱོ ད་རང་གི་སྤྱི་བོར་ཡང་རྡོར་འཆང་བཞུགས། །མགོན་སངས་རྒྱས་ཀུན་འདུས་ ཀྱི་ཐུགས་རྗེ་ཅན། །སེམས་མོས་གུས་གདུང་ཤུགས་ཀྱིས་གསོལ་བ་ཐོབ། །ཅེས་པའི་བར་བྱ། འོ་ ཁྱོད་རང་གི་གསང་བའི་འཁོར་ལོའི་ནང་དུ་དོན་དམ་གཉུག་མའི་ལྷ་རྡོ་རྗེ་སེམས་དཔའི་སྐུ་ གསལ་ཐོབ་ཅིག འཕོ་གཞུང་ལས། གནས་གསང་བ་བདེ་སྐྱོང༴ ནས། ལམ་བཟང་ལ་བརྒྱུད་ནས། །རང་རིགས་འདུས་ཀྱི་རྒྱལ་བའི་ཐུགས་ཀར་འཕོས། །མདངས་དབྱེར་མེད་པ་རོ་མཉམ་ཆེན་ པོའི་ངང༌། །འོ་ཁྱོ ད་ཀྱི་གསང་བའི་རྡོར་སེམས་དེ་ཉིད་རང་གི་སྐུ་ཚད་ལས་ཆུང་བར་གྱུར་ཏེ་ ལྟེ ་བའི་རྣམ་སྣང་གི་ཐུགས་ཀར་ཐིམ་པར་བསམ། ལ་ཧིག་སྒྲ་གསུམ་བྱ། འོ་ཁྱོ ད་རང་གི་ལྟེ ་བའི་ འཁོར་ལོའི་ནང་དུ་དོན་དམ་གཉུག་མའི་ལྷ་རྣམ་པར་སྣང་མཛད་ཀྱི་སྐུ་གསལ་ཐོབ་ཅིག འཕོ་ 8-1-331 གཞུང་ལས། གནས་ལྟེ ་བ་འཕྲུལ་ཆེན་ནས། ལམ་བཟང་ལ་བརྒྱུད་ནས། །རང་རིགས་འདུས་ཀྱི་ རྒྱལ་བའི་ཐུགས་ཀར་འཕོས། །སོགས་སོ། །འོ་ཁྱོ ད་ཀྱི་ལྟེ ་བའི་རྣམ་སྣང་དེ་ཉིད་རང་གི་སྐུ་ཚད་ ལས་ཆུང་བར་གྱུར་ཏེ་སྙིང་གའི་དོན་གྲུབ་ཀྱི་ཐུགས་ཀར་ཐིམ་པར་བསམ། ལ་ཧིག་སྒྲ་གསུམ་བྱ། འོ་ཁྱོད་རང་གི་སྙིང་གའི་འཁོར་ལོའི་ནང་དུ་དོན་དམ་གཉུག་མའི་ལྷ་དོན་ཡོད་གྲུབ་པའི་སྐུ་ གསལ་ཐོབ་ཅིག འཕོ་གཞུང་ལས། གནས་སྙིང་ག་ཆོས་ཉིད༴ ནས། ལམ་བཟང་ལ་བརྒྱུད་ནས། །རང་རིགས་འདུས་ཀྱི་རྒྱལ་བའི༴ སོགས། འོ་ཁྱོ ད་ཀྱི་སྙིང་གའི་དོན་གྲུབ་དེ་ཉིད་རང་གི་སྐུ་ཚད་ ལས་ཆུང་བར་གྱུར་ཏེ་མགྲིན་པའི་རིན་འབྱུང་གི་ཐུགས་ཀར་ཐིམ་པར་བསམ། ལ་ཧིག་སྒྲ་གསུམ་ བྱ། འོ་ཁྱོ ད་རང་གི་མགྲིན་པའི་འཁོར་ལོའི་ནང་དུ་དོན་དམ་གཉུག་མའི་ལྷ་རིན་ཆེན་འབྱུང་ ལྡན་གྱི་སྐུ་གསལ་ཐོབ་ཅིག འཕོ་གཞུང་ལས། གནས་མགྲིན་པ་ལོངས་སྤྱོད༴ ནས། ལམ་བཟང་ ལ་བརྒྱུད་ནས། །རང་རིགས་འདུས་ཀྱི་རྒྱལ་བའི༴ སོགས། འོ་ཁྱོ ད་ཀྱི་མགྲིན་པའི་རིན་འབྱུང་ དེ་ཉིད་རང་གི་སྐུ་ཚད་ལས་ཆུང་བར་གྱུར་ཏེ་སྤྱི་བོའི་སྣང་མཐའི་ཐུགས་ཀར་ཐིམ་པར་བསམ། ལ་ཧིག་སྒྲ་གསུམ་བྱ། འོ་ཁྱོ ད་རང་གི་སྤྱི་བོའི་འཁོར་ལོའི་ནང་དུ་དོན་དམ་གཉུག་མའི་ལྷ་སྣང་བ་ མཐའ་ཡས་ཀྱི་སྐུ་གསལ་ཐོབ་ཅིག འཕོ་གཞུང་ལས། གནས་སྤྱི་བོར་བདེ་ཆེན༴ ནས། ལམ་བཟང་ ལ་བརྒྱུད་ནས། །རང་རིགས་འདུས་ཀྱི་རྒྱལ་བའི༴ སོགས། འོ་ཁྱོ ད་ཀྱི་སྤྱི་བོའི་སྣང་མཐའ་དེ་ ཉིད་རང་གི་སྐུ་ཚད་ལས་ཆུང་བར་གྱུར་ཏེ་གཙུག་ཏོར་གྱི་མི་བསྐྱོད་པའི་ཐུགས་ཀར་ཐིམ་པར་ བསམ། ལ་ཧིག་སྒྲ་གསུམ་བྱ། འོ་ཁྱོ ད་རང་གི་གཙུག་ཏོར་གྱི་འཁོར་ལོའི་ནང་དུ་དོན་དམ་གཉུག་ མའི་ལྷ་མི་བསྐྱོད་པའི་སྐུ་གསལ་ཐོབ་ཅིག འཕོ་གཞུང་ལས། གནས་གཙུག་ཏོར་སྟོང་ཆེན༴ ནས། ལམ་བཟང་ལ་བརྒྱུད་ནས། །སྐྱབས་ཀུན་འདུས་ཀྱི་རྒྱལ་བའི༴ སོགས་སོ། ། འོ་ཁྱོ ད་ཀྱི་གཙུག་ ཏོར་གྱི་མི་བསྐྱོད་པ་དེ་ཉིད་རང་གི་སྐུ་ཚད་ལས་ཆུང་བར་གྱུར་ཏེ་སྟེང་གི་ནམ་མཁར་བཞུགས་ པའི་རྒྱལ་བ་རྡོ་རྗེ་འཆང་གི་ཐུགས་ཀར་ཐིམ་པར་བསམ། ལ་ཧིག་སྒྲ་གསུམ་བྱའོ། ། 8-1-332 གཉིས་པ་ཐིག་ལེ་ལ་དམིགས་པའི་ཚུལ་ལའང་ཤད་རིམ་གྱི་སྤོ་ཚུལ་ཆོག་མོད་ཀྱང་འདིར་འཕོ་གཞུང་དཀྱུས་ལྟར་རིམ་སྤོའི་ དབང་དུ་བྱས་པ་ཙམ་སྟེ། འོ་ཁྱོ ད་རང་གིས་རིག་པ་ཆོས་སྐུའི་དབྱིངས་སུ་འཕོ་བའི་སླད་དུ་དམིགས་ པ་འདི་བཞིན་མཛོད། རང་ལུས་དུས་འཁོར་དུ་གསལ་བའི་གསང་བ་ནས་སྤྱི་བོའི་སྟེང་གི་ སོར་བཞིའི་བར་རྩ་ཨཱ་ཝ་དྷཱུ་ཏཱི་དྲང་ཐལ་ལེ་མས་སྣ་ཟུམ་ཞིང་ཡས་སྣ་ཕྱེ་བའི་ནང་དུ་གཉུག་ སེམས་ཁམས་དྲུག་གི་དྭངས་མ་རྒྱལ་བ་རིགས་དྲུག་གི་ངོ་བོ་ཐིག་ལེ་རེ་རེ་ཡས་རིམ་ནས་ཁ་ དོག་ལྗང་དཀར་དམར་ནག་སེར་སྔོའི་རྣམ་པ་རང་འོད་འཕྲོ་བ་གསལ་བཏབ་སྟེ་སྤྱི་བོའི་སྟེང་ གི་ནམ་མཁར་བཞུགས་པའི་བླ་མ་རྡོ་རྗེ་འཆང་ལ་དབྱིངས་རིག་གཉིས་སུ་མེད་པའི་འཕོ་བ་ འབྱུང་བར་མོས་གུས་ཀྱིས་གསོལ་འདེབས་དང་བཅས་བློ་ཡིད་གཉིས་མེད་པར་རྒྱལ་བའི་ ཐུགས་དབྱིངས་སུ་འཕོས་ཤིག འཕོ་གཞུང་ཁ་བསྒྱུར། ཁྱོ ད་སྐད་ཅིག་གིས་ཡི་དམ་དུས་འཁོར་ ལོ། །སོགས་ནས། དྷཱུ་ཏཱི་ཡི་འཁོར་དྲུག་དབུས། །དཔལ་རིགས་དྲུག་གི་ངོ་བོའི་ཐིག་ལེ་གསལ། །ཁམས་དྲུག་ལྡན་གྱི་གཉུག་སེམས་རང་གི་རྩལ། །ཁྱོ ད་རང་གི་སྤྱི་བོར་ཡང་རྡོར་འཆང་ བཞུགས། །མགོན་སངས་རྒྱས་ཀུན་འདུས་ཀྱི་ཐུགས་རྗེ་ཅན། །སེམས་མོས་གུས་གདུང་ ཤུགས་ཀྱིས་གསོལ་བ་ཐོབ། །ཅེས་པའི་བར་བྱ། འོ་ཁྱོ ད་ཀྱི་གསང་བའི་འཁོར་ལོ་ན་དོན་དམ་རྡོར་ སེམས་ཀྱི་ངོ་བོ་ཐིག་ལེ་སྔོ ན་པོ་གསལ་ཐོབ་ཅིག འཕོ་གཞུང་ཁ་བསྒྱུར། གནས་གསང་བ་བདེ་སྐྱོང་ གི་འཁོར་ལོ་ན། །ལྷ་ཡེ་ཤེས་ཀྱི་ཁམས་ལས་ཤར་བ་ཡི། །དཔལ་རྡོར་སེམས་ཀྱི་བདག་ཉིད་ འོད་གསལ་བ། །སེམས་ཆོས་ཉིད་ཀྱི་རིགས་ཁམས་ཚུལ་དུ་བཞུགས། །གཉུག་སེམས་ཀྱི་ དྭངས་མ་ཡི་ཐིག་ལེ་དེ། །རྩ་དྷཱུ་ཏཱི་ཡི་ལམ་བཟང་ལ་བརྒྱུད་ནས། །གནས་གོང་མའི་ཐིག་ལེ་ དང་གཅིག་ཏུ་འདྲེས། །མདངས་དབྱེར་མེད་པ་རོ་མཉམ་ཆེན་པོའི་ངང༌། །ཞེས་པས་རྡོར་སེམས་ཀྱི་ ངོ་བོའི་ཐིག་ལེ་དེ་རྣམ་སྣང་གི་ངོ་བོའི་ཐིག་ལེ་དང་རོ་མཉམ་དུ་སོང་བར་མོས། ལ་ཧིག་སྒྲ་གསུམ་བྱ། འོ་ཁྱོ ད་ཀྱི་ལྟེ་བའི་ འཁོར་ལོ་ན་དོན་དམ་རྣམ་སྣང་གི་ངོ་བོ་ཐིག་ལེ་སེར་པོ་གསལ་ཐོབ་ཅིག འཕོ་གཞུང་ཁ་བསྒྱུར། 8-1-333 གནས་ལྟེ ་བ་འཕྲུལ་ཆེན་གྱི་འཁོར་ལོ་ན། །ལྷ་ས་ཁམས་ཀྱི་དྭངས་མ་ཤར་བ་ཡི། །དཔལ་ རྣམ་པར་སྣང་མཛད་ཀྱི་བདག་ཉིད་ཅན། །སེམས་གདོད་མ་རང་བཞིན་གྱི་གནས་ལུགས་ཆེ། །གཉུག་སེམས་ཀྱི་དྭངས་མ༴ སོགས་ཚིགས་རྐང་བཞི་གོང་གིས་འགྲེས། ཞེས་པས་རྣམ་སྣང་གི་ངོ་བོའི་ ཐིག་ལེ་དེ་དོན་གྲུབ་ཀྱི་ངོ་བོའི་ཐིག་ལེ་དང་རོ་མཉམ་དུ་སོང་བར་མོས། ལ་ཧིག་སྒྲ་གསུམ་བྱ། འོ་ ཁྱོད་རང་གི་སྙིང་གའི་འཁོར་ལོ་ན་དོན་དམ་དོན་གྲུབ་ཀྱི་ངོ་བོ་ཐིག་ལེ་ནག་པོ་གསལ་ཐོབ་ ཅིག འཕོ་གཞུང་ཁ་བསྒྱུར། གནས་སྙིང་ག་ཆོས་ཉིད་ཀྱི་འཁོར་ལོ་ན། །ལྷ་རླུང་ཁམས་ཀྱི་དྭངས་མ་ ཤར་བ་ཡི། །དཔལ་དོན་ཡོད་གྲུབ་པ་ཡི་བདག་ཉིད་ཅན། །སེམས་གདོད་མ་རང་བཞིན་གྱི་ གནས་ལུགས་ཆེ། །གཉུག་སེམས༴ སོགས་ཚིགས་རྐང་བཞི་འགྲེས། ཞེས་པས་དོན་གྲུབ་ཀྱི་ངོ་བོའི་ ཐིག་ལེ་དེ་རིན་འབྱུང་གི་ངོ་བོའི་ཐིག་ལེ་དང་རོ་མཉམ་དུ་སོང་བར་མོས། ལ་ཧིག་སྒྲ་གསུམ་བྱ། འོ་ ཁྱོད་རང་གི་མགྲིན་པའི་འཁོར་ལོ་ན་དོན་དམ་རིན་འབྱུང་གི་ངོ་བོ་ཐིག་ལེ་དམར་པོ་གསལ་ ཐོབ་ཅིག འཕོ་གཞུང་ཁ་བསྒྱུར། གནས་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ན། །ལྷ་མེ་ཁམས་ཀྱི་ དྭངས་མ་ཤར་བ་ཡི། །དཔལ་རིན་ཆེན་འབྱུང་ལྡན་གྱི་བདག་ཉིད་ཅན། །སེམས་གདོད་མ་ རང་བཞིན་གྱི་གནས་ལུགས་ཆེ། །གཉུག་སེམས༴ སོགས་ཚིགས་རྐང་བཞི་འགྲེས། ཞེས་པས་རིན་ འབྱུང་གི་ངོ་བོའི་ཐིག་ལེ་དེ་སྣང་མཐའི་ངོ་བོའི་ཐིག་ལེ་དང་རོ་མཉམ་དུ་སོང་བར་མོས། ལ་ཧིག་ སྒྲ་གསུམ་བྱ། འོ་ཁྱོ ད་རང་གི་སྤྱི་བོའི་འཁོར་ལོ་ན་དོན་དམ་སྣང་མཐའི་ངོ་བོ་ཐིག་ལེ་དཀར་པོ་ གསལ་ཐོབ་ཅིག འཕོ་གཞུང་ཁ་བསྒྱུར། གནས་སྤྱི་བོར་བདེ་ཆེན་གྱི་འཁོར་ལོ་ན། །ལྷ་ཆུ་ཁམས་ ཀྱི་དྭངས་མ་ཤར་བ་ཡི། །དཔལ་སྣང་བ་མཐའ་ཡས་ཀྱི་བདག་ཉིད་ཅན། །སེམས་གདོད་མ་ རང་བཞིན་གྱི་གནས་ལུགས་ཆེ། །གཉུག་སེམས༴ སོགས་ཚིགས་རྐང་བཞི་འགྲེས། ཞེས་པས་སྣང་ མཐའི་ངོ་བོའི་ཐིག་ལེ་དེ་མི་བསྐྱོད་པའི་ངོ་བོའི་ཐིག་ལེ་དང་རོ་མཉམ་དུ་སོང་བར་མོས། ལ་ ཧིག་སྒྲ་གསུམ་བྱ། འོ་ཁྱོ ད་རང་གི་གཙུག་ཏོར་གྱི་འཁོར་ལོ་ན་དོན་དམ་མི་བསྐྱོད་པའི་ངོ་བོ་ཐིག་ 8-1-334 ལེ་ལྗང་ཁུ་གསལ་ཐོབ་ཅིག འཕོ་གཞུང་ཁ་བསྒྱུར། གནས་གཙུག་ཏོར་སྟོང་ཆེན་གྱི་འཁོར་ལོ་ན། །ལྷ་མཁའ་ཁམས་ཀྱི་དྭངས་མ་ཤར་བ་ཡི། །དཔལ་མི་བསྐྱོད་ཀྱི་རྒྱལ་པོའི་བདག་ཉིད་ཅན། །སེམས་གདོད་མ་རང་བཞིན་གྱི་གནས་ལུགས་ཆེ། །གཉུག་སེམས༴ སོགས་ནས། ལམ་བཟང་ ལ་བརྒྱུད་ནས། །སྐྱབས་ཀུན་འདུས་ཀྱི་རྒྱལ་བའི་ཐུགས་ཀར་འཕོས། །མདངས་དབྱེར་ མེད་པ་རོ་མཉམ་ཆེན་པོའི་ངང༌། །ཞེས་པས་མི་བསྐྱོད་པའི་ངོ་བོའི་ཐིག་ལེ་དེ་རྡོ་རྗེ་འཆང་གི་ ཐུགས་དགོངས་དང་རོ་མཉམ་དུ་སོང་བར་མོས། ལ་ཧིག་སྒྲ་གསུམ་བྱའོ། ། གཉིས་པ་འོད་དཔག་མེད་ལ་བརྟེན་པའི་བསྐྱེད་པ་ཁ་སྐོང་ལ། འོད་དཔག་མེད་ཉིད་དང༌། དེ་བརྒྱུད་རིམ་བཅས་ལ་བརྟེན་ པའི་རྩ་རྟེན་བསྐྱེད་པའི་ཁ་སྐོང་གཉིས་ལས། དང་པོ་འོད་དཔག་མེད་ཉིད་ལ་བརྟེན་པའི་རྩ་རྟེན་བསྐྱེད་པའི་ཁ་སྐོང་ནི། འོ་ད་ ལན་གྱི་སྐབས་སུ་བབ་པའི་ཟབ་ལམ་འཕོ་བའི་མན་ངག་གང་དེ་ནི་སློབ་དཔོན་ཆེན་པོ་པདྨ་ འབྱུང་གནས་ཀྱིས་ཨེ་ཝཾ་བྲག་དཀར་ན་བཞུགས་པའི་གྲུབ་ཐོབ་འཁྲུལ་ཞིག་དབང་དྲག་རྒྱ་ མཚོ་ལ་དངོས་སུ་གནང་བའི་ཟབ་བཀའ་སྡིག་པོ་ཆེ་བཙན་ཐབས་སུ་ཐར་ལམ་ཐོབ་བྱེད་ཀྱི་ གདམས་པ་ཁྱད་པར་བ་ཆོས་ཀྱི་བརྒྱུད་རིམ་གསུམ་ཙམ་སོང་བའི་རྗེས་སུ་བྱང་གཏེར་བརྒྱུད་ འཛིན་རིག་སྔགས་འཆང་བ་ཆེན་པོ་རིག་འཛིན་ཆོས་དབྱིངས་རྡོ་རྗེའི་ཐུགས་ཀྱི་དགོངས་ བཅུད་དུ་བཞུགས་པ་གཙང་གྲུབ་ཆེན་ཆ་ལུང་བ་ངག་དབང་ཕྲིན་ལས་ཀྱི་བཀའ་སྲོལ་ཕྱག་ བཞེས་ཀྱི་མན་ངག་བྱིན་རླབས་ཀྱི་བརྒྱུད་པ་མ་ཆད་པ་ཡིན་ལ། དེ་ལའང་ཆོས་སྐུའི་འཕོ་བ་ རིག་པ་གསལ་སྟོང་འཛིན་མེད་ཀྱི་ངང་དུ་འོད་གསལ་མ་བུ་འདྲེས་ནས་ཟང་ཐལ་དུ་འཚང་རྒྱ་ བ་དང༌། ལོངས་སྐུའི་འཕོ་བ་གཤིས་སྐྱེ་མེད་ལས་གདངས་འགག་མེད་དུ་ཤར་བའི་སྒྱུ་མའི་ ལྷ་སྐུ་ཆུ་ཟླ་ལྟ་བུར་འཕོ་བ་དང༌། སྤྲུལ་སྐུའི་འཕོ་བ་ཚད་མེད་སྙིང་རྗེས་སྤྲུལ་པ་ཡང་དག་གིས་ མཛད་བཟང་གནང་བ་དང༌། འདུ་ཤེས་གསུམ་འཕོ་རང་ལུས་ཐུགས་རྗེ་ཆེན་པོའི་སྐུ་རྩ་དབུ་ མ་བཅས་ཀྱི་འདུ་ཤེས། སྤྱི་བོར་ཆོས་སྐུ་སྣང་བ་མཐའ་ཡས་བཞུགས་པའི་འདུ་ཤེས། རྣམ་ 8-1-335 ཤེས་ཐིག་ལེ་བྱ་མ་སར་གྱི་སྒོ་ང་ལྟ་བུའི་འོད་ལྔ་ལྡན་པའི་འདུ་ཤེས་གསུམ་བྱ་བ་དང༌། འདུ་ ཤེས་གསུམ་འཕོ་དེ་ལྟ་བུས་གཤིན་པོ་རྗེས་འཛིན་བྱེད་ཚུལ་དང་ལྔ་ཡོད་པ་ལས་འདིར་ཕྱི་མ་ གཉིས་ཀྱི་དབང་དུ་བྱས་ཏེ་ཁྱོད་ལ་ཟབ་ལམ་འཕོ་བ་འདེབས་པ་ཡིན་པས་དེ་ལུགས་ལྟར་ ཡིད་ལ་ཞོག་མཛོད། འོ་འདུ་ཤེས་གསུམ་གྱིས་དག་སྣང་དམིགས་པའི་གསལ་འདེབས་འདི་ ལྟར་བྱ་བ་སྟེ། ཁྱོ ད་རང་གནས་པའི་ས་ཕྱོགས་གང་དག་ཐ་མལ་འདི་སྣང་གི་འཇིག་རྟེན་ལྟ་ བུ་མ་ཡིན་པར་དག་པའི་ཞིང་བདེ་བ་ཅན་གྱི་ཁྱད་ཆོས་རྫོགས་པ་རིན་པོ་ཆེའི་ས་གཞི་བདུད་ རྩིའི་རྫིང་བུ་ཡན་ལག་བརྒྱད་ལྡན་གྱི་མཚོ་མེ་ཏོག་པདྨོས་ཁེབས་པ་སོགས་ངོ་མཚར་བའི་ ཆེ་བའི་ཁྱད་ཐང་ཀུན་ནས་འཛོམས་པའི་གནས་སུ་གཞལ་མེད་ཁང་མཚན་ཉིད་ཐམས་ཅད་ རྫོགས་པའི་དབུས་ན་ཁྱོད་རང་གི་ལུས་འདི་ཤ་ཁྲག་གི་གདོས་བཅས་མ་ཡིན་པ་འོད་ཀྱི་ དྭངས་མ་ལས་གྲུབ་པའི་འཕགས་པ་འཇིག་རྟེན་དབང་ཕྱུག་སྐུ་མདོག་དཀར་པོ་ཞལ་གཅིག་ ཕྱག་བཞིའི་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦུག་པོར་སྦྱར་བ། གཡས་འོག་མའི་མུ་ཏིག་ གི་ཕྲེང་བ་དང་གཡོན་འོག་མས་པད་དཀར་འདབ་བརྒྱད་ཀྱི་ཡུ་བ་ནས་འཛིན་བཞིན་སྙན་ གྱི་ཐད་དུ་ཁ་ཕྱེ་བ་དར་གོས་དང་རིན་པོ་ཆེའི་རྒྱན་ལྡན་ཞབས་སྐྱིལ་ཀྲུང་གིས་བཞུགས་པ་ གསལ་བཏབ་པའི་སྐུ་ལུས་དེའི་དབུས་སུ་རྩ་དབུ་མ་སྦོམ་ཕྲ་མདའ་སྨྱུག་འབྲིང་བོ་ཙམ་ཡར་ སྣེ་སྤྱི་བོའི་ཚངས་བུག་ཏུ་ཁ་ཧར་རེ་ཕྱེས་ཡོད་པ་མར་སྣེ་སྙིང་པདྨ་འདབ་བརྒྱད་ལ་ཟུག་པའི་ སྒོ་ནས་ལྟེ་འོག་ཏུ་ཁ་ཟུམ་པ་དེའི་སྙིང་གའི་ཐད་ཙམ་གྱི་དབུས་སུ་སེམས་ཉིད་ཀྱི་ངོ་བོ་ཐིག་ལེ་ བྱ་མ་སར་གྱི་སྒོ་ང་ལྟ་བུའི་འོད་ཟེར་ཁ་དོག་ལྔ་ལྡན་ཆེ་ཆུང་རྒྱ་སྲན་ཙམ་འདར་ཞིང་འཕར་ལ་ ཁད་པའི་ཚུལ་དུ་གསལ་ཐོབ་ལ། ཁྱོ ད་རང་གི་སྤྱི་བོར་མདའ་གང་ཙམ་གྱི་ནམ་མཁར་རྨ་བྱས་ བཏེགས་པའི་ཁྲི་ལ་པད་ཟླའི་གདན་གྱི་སྟེང་དུ་རྩ་བའི་བླ་མ་དང་གཉིས་སུ་མེད་པ་མགོན་ པོ་འོད་དཔག་ཏུ་མེད་པ་སྐུ་མདོག་པདྨ་རཱ་གའི་ལྷུན་པོ་ལ་ཉི་མ་བྱེ་བའི་མདངས་འོད་འཕྲོ་བ་ 8-1-336 ལྟར་རབ་ཏུ་དམར་ཞིང་འོད་ཟེར་གྱི་སྣང་བ་ནམ་མཁའ་རབ་འབྱམས་ཀུན་ཏུ་འགྱེད་པ་སྐུ་ལ་ མཚན་དཔེའི་མེ་ཏོག་གསར་བ་མངོན་པར་བཞད་ཅིང༌། ཕྱག་གཉིས་མཉམ་བཞག་གི་ཕྱག་ རྒྱས་འཆི་མེད་བདུད་རྩིས་བལྟམས་པའི་ལྷུང་བཟེད་བསྣམས་བཞིན་ཞབས་སྐྱིལ་ཀྲུང་དུ་ བཞུགས་པའི་སྐུ་བཟང་ཆོས་གོས་རྣམ་གསུམ་གྱི་ན་བཟས་མཛེས་ཤིང་མཆོག་གི་སྤྲུལ་སྐུའི་ ཆ་ལུགས་ཅན་གསུང་ཚངས་དབྱངས་དྲུག་ཅུ་དང་ཐུགས་མཁྱེན་བརྩེ་རྒྱ་མཚོའི་བདག་ཉིད་དུ་ མངོན་སུམ་ལྟར་བཞུགས་པར་དམིགས་ལ་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་རྒྱལ་བ་འོད་ དཔག་མེད་གང་ཉིད་ལ་རྣམ་ཤེས་སེམས་ཉིད་ཀྱི་ཆ་ཐུགས་དགོངས་ཆོས་དབྱིངས་སུ་ལེགས་ པར་འཕོ་ཆེད་མོས་གུས་དྲག་པོས་གསོལ་བ་འདི་ལྟར་འདེབས་པར་མཛོད་ཅིག འཕོ་གཞུང་ལས། ཨེ་མ་ཧོ། གནས་དག་པ་བདེ་ཆེན་ཞིང་གི་གཙོ། །ཞེས་སོགས་ནས། སྐྱབས་གནས་ཉག་གཅིག་ གི་འོད་དཔག་མེད། །སེམས་མོས་གུས༴ སོགས་ཀྱི་བར་ཅི་ནུས་ཀྱི་མཐར། ཞེས་གསོལ་བ་བཏབ་པ་ ལ་བརྟེན་ནས་མགོན་པོ་འོད་དཔག་མེད་ཀྱི་ཐུགས་ཀ་ནས་ཨཱཿཡིག་དམར་པོ་ལྕགས་ཀྱུ་ལྟ་ བུའི་འོད་དམར་པོའི་ཟེར་དམར་ལམ་ལམ་འཁྱུག་བཞིན་པ་དང་མཉམ་དུ་མར་འཕྲོས་ཁྱོད་ རང་གི་རྣམ་པར་ཤེས་པ་ཧྲཱིཿ ཡིག་དཀར་པོའི་རྣམ་པར་གནས་པ་དེའི་འོག་ནས་སྐད་ཅིག་ལ་ བཏེགས་ཏེ་ཡར་དྲངས་ནས་རྒྱལ་བ་འོད་དཔག་མེད་ཀྱི་ཐུགས་ཀར་ཐིམ་པར་བསམ། ལ་ཕཊ་ སྒྲ་ཆུང་འབྲིང་ཆེ་གསུམ་བྱའོ། ། གཉིས་པ་དེ་བརྒྱུད་རིམ་བཅས་ལ་བརྟེན་པའི་རྩ་རྟེན་བསྐྱེད་པའི་ཁ་སྐོང་ནི། འོ་ཁྱོ ད་རང་གིས་དམིགས་པ་ འདི་བཞིན་མཛོད། ཁྱོ ད་གནས་དག་ཞིང་གི་དབུས་སུ་ཆོས་ཀྱི་ཕོ་བྲང་གི་ནང་ན་ཁྱོ ད་ལུས་ ཐུགས་རྗེ་ཆེན་པོ་གསལ་བའི་སྐུ་ལུས་ཀྱི་ནང་ཁོང་སྟོང་པར་རྩ་དབུ་མ་ཡས་སྣ་སྤྱི་བོར་ཟུག་ ཅིང་ཁ་ཕྱེ་བ་མས་སྣ་སྙིང་པདྨ་འདབ་བརྒྱད་ལ་ཟུག་པའི་དབུས་སུ་སེམས་ཉིད་ཀྱི་ངོ་བོ་ཐིག་ ལེ་དཀར་ལ་དམར་མདངས་ཅན་འོད་ཟེར་འབར་བཞིན་པ་རྒྱ་སྲན་ཙམ་གསལ་བཏབ་ལ། 8-1-337 སྤྱི་བོའི་སྟེང་ན་འཇའ་ཟེར་འཁྲིགས་པའི་འོད་ཀློང་དུ་རྨ་བྱས་བཏེགས་པའི་ཁྲི་སྟེང་པད་ཟླའི་ གདན་ལ་སྐྱབས་གནས་ཀུན་འདུས་རྩ་བའི་བླ་མའི་ངོ་བོ་རྣམ་པ་རྒྱལ་བ་འོད་མཐའ་ཡས་པ་ མཚན་དཔེ་གསལ་རྫོགས་མཆོག་སྤྲུལ་གྱི་ཆ་ལུགས་སུ་བཞུགས་པ་གསང་བ་གསུམ་གྱི་ཡོན་ ཏན་ནམ་མཁའི་མཐའ་དང་མཉམ་པ་དེའི་སྐུའི་མཐའ་བསྐོར་རྣམས་སུ་རྒྱལ་སྲས་གསང་ བདག་མཐུ་ཆེན་ཐོབ་པ་འཕགས་མཆོག་སྤྱན་རས་གཟིགས་དབང་ཕྱུག་སོགས་བྱང་སེམས་ ཀྱི་འཁོར་ཚོགས་རྒྱ་ཆེ་བ་དང་ཁྱད་པར་སྐབས་འདིའི་ཟབ་ལམ་འཕོ་བའི་བརྒྱུད་རིམ་གྲུབ་ པའི་སློ བ་དཔོན་པདྨ་འབྱུང་གནས། འཁྲུལ་ཞིག་དབང་དྲག་རྒྱ་མཚོ། སྤྲུལ་སྐུ་ཆོས་ཉིད་རྒྱ་ མཚོ། རིག་འཛིན་གར་དབང་རྒྱ་མཚོ། རིག་འཛིན་ཐུགས་མཆོག་འོད་འབར། རིག་འཛིན་ ཆོས་དབྱིངས་རྡོ་རྗེ། གྲུབ་ཆེན་ངག་དབང་ཕྲིན་ལས་སོགས་འཕོ་བ་ཟབ་མོའི་བརྒྱུད་རིམ་གྱི་ དཔལ་ལྡན་བླ་མ་གང་དག་དོན་ལ་མགོན་པོ་འོད་དཔག་མེད་ཉག་གཅིག་དང་མི་གཉིས་པ་ ཡིན་ནའང་རྣམ་པ་ཐབས་ཚུལ་ཙམ་གྱི་གཙོ་འཁོར་སོ་སོར་བསྟན་པ་ཡིན་པའི་ཚུལ་ངོ་ཤེས་ པར་གྱིས་ལ་སྐྱབས་གནས་མཆོག་དེ་དག་ལ་མོས་གུས་དད་པ་བརྟན་ཅིང་ཤུགས་དྲག་པོའི་ ངང་ནས་ཟབ་ལམ་འཕོ་བ་ཐེབས་པར་གསོལ་འདེབས་འདི་བཞིན་དུ་རེམ་པར་མཛོད་ཅིག འཕོ་གཞུང་ལས། ན་མོ་གུ་རུ། མཁྱེ ན་བརྩེ་ནུས་གསུམ་གྱི་མངའ་བདག་མཆོག །ཅེས་པ་ནས། གསོལ་ འདེབས་ཁ་སྐོང་བཅས་ཡོངས་རྫོགས་ཅི་རིགས་པའི་མཐར། ཞེས་གསོལ་བ་དྲག་ཏུ་བཏབ་པའི་སྟོབས་ཀྱིས་ ཆོས་སྐུ་སྣང་བ་མཐའ་ཡས་འཁོར་ཚོགས་དང་བཅས་པའི་ཐུགས་རྗེའི་བདེན་པ་མི་བསླུ་བའི་ བྱེད་པ་ལ་བརྟེན་གཙོ་བོ་མགོན་པོ་མཆོག་ཉིད་ཀྱི་ཐུགས་ཀ་ནས་འོད་དམར་གྱི་སྣང་བ་གློག་ ཞགས་ལྟར་དམར་འཁྱུགས་འཁྱུགས་འཕྲལ་དུ་མར་འཕྲོས་པས་ཁྱོད་རང་གི་སྤྱི་བོ་ནས་ བརྒྱུད་སྙིང་གའི་ཐད་ཀྱི་སེམས་ཉིད་དྭངས་མའི་ངོ་བོ་ཐིག་ལེ་དེ་དབུ་མའི་ལམ་ནས་ཡར་ དྲངས་ཏེ་ཕཊ་ཀྱི་སྒྲ་གསུམ་ལ་བརྟེན་རིམ་པས་སྙིང་ག་ནས་མགྲིན་པ་དང་མགྲིན་པ་ནས་སྤྱི་ 8-1-338 བོ་དང་སྤྱི་བོ་ནས་སྐད་ཅིག་ལ་སྐར་མདའ་ཆད་པ་བཞིན་མགོན་པོ་འོད་དཔག་མེད་ཀྱི་ཐུགས་ ཀར་ཐིམ་པར་མོས་ཤིག དེ་ལུགས་ཀྱི་ངང་ནས་ཕཊ་སྒྲ་ལན་ཆུང་འབྲིང་ཆེ་གསུམ་བྱའོ། ། གསུམ་པ་ལྷ་གཞན་མི་འཁྲུགས་པ་ལ་བརྟེན་པའི་བསྐྱེད་པ་ཁ་སྐོང་ནི། འོ་ཁྱོ ད་རང་གིས་ཟབ་ལམ་འཕོ་བ་ འདེབས་པའི་ཆེད་དུ་དག་སྣང་གི་དམིགས་པ་གསལ་འདི་ལྟར་ཐོབ་ཅིག ཁྱོ ད་ཀྱི་ལུས་འདི་ ཀ་མ་དག་གདོས་བཅས་ཀྱི་རྣམ་པ་དང་བྲལ་ཞིང་དག་པ་འོད་ལུས་ཡི་དམ་གྱི་སྐུ་གང་ཡང་ རུང་བར་གསལ་བཏབ་པའི་ངང་ནས་ལུས་དེའི་ནང་དུ་རྩ་དབུ་མ་དྭངས་ཤིང་གསལ་བ་ལྟེ་ བ་ནས་སྤྱི་གཙུག་གི་བར་དྲང་ཐ་ལེ་ཡོད་པ་མས་ཁ་ཟུམ་ཞིང་ཡས་ཁ་ཕྱེ་བའི་སྙིང་གའི་ཐད་ ཙམ་ན་གཉུག་སེམས་དྭངས་མའི་ངོ་བོ་ཐིག་ལེ་འོད་ལྔ་ལྡན་པ་ཞིག་ཏུ་མོས་ལ། འོ་ཁྱོ ད་རང་ གི་མདུན་གྱི་ནམ་མཁར་འཇའ་ཟེར་གྱི་སྦུབས་ན་གླང་པོ་ཆེས་བཏེགས་པའི་ཁྲིར་པད་ཟླའི་ གདན་བརྩེགས་པའི་སྟེང་དུ་སྐྱབས་ཀུན་འདུས་པའི་བདག་ཉིད་རྩ་བའི་བླ་མ་དང་མི་གཉིས་ པ་མགོན་པོ་སངས་རྒྱས་མི་འཁྲུགས་པ་ནམ་མཁའ་གཡའ་དག་པའི་མདོག་ཅན་ཞལ་གཅིག་ ཕྱག་གཉིས་ཀྱི་གཡས་པས་ས་གནོན་གཡོན་པས་མཉམ་བཞག་གི་ཕྱག་རྒྱ་མཛད་ཅིང་མཉམ་ བཞག་དེའི་སྟེང་ན་རྡོ་རྗེ་རྩེ་ལྔའི་མཚན་མ་དང་བཅས་ཞབས་གཉིས་སྐྱིལ་ཀྲུང་གིས་བཞུགས་ བཞིན་སྐུ་ལ་མཚན་དཔེ་གསལ་བར་རྫོགས་ཤིང་དབུའི་རལ་པའི་ཐོར་ཅོག་དང་དར་སྣ་ ཚོགས་པའི་ན་བཟའ་དང་རིན་པོ་ཆེའི་རྒྱན་གྱིས་ཉེ་བར་མཛེས་པ་ལོངས་སྤྱོད་རྫོགས་པའི་ ཆ་ལུགས་ཅན་སྐུ་གསུང་ཐུགས་ཀྱི་གསང་བ་བསམ་མི་ཁྱབ་པའི་མངའ་བདག་མཁྱེན་བརྩེ་ ནུས་པ་རྒྱ་མཚོའི་མཛད་ཕྲིན་གྱི་རླབས་ངེས་པར་ཆེ་བ་མ་ལུས་རྒྱལ་བའི་སྤྱི་གཟུགས་ཆེན་ པོ་སྐྱབས་གནས་བླ་ན་མ་མཆིས་པ་གང་ཉིད་ལ་གཉུག་སེམས་རིག་ཤེས་དྭངས་མ་ཐུགས་ དགོངས་སུ་ཉེ་བར་འཕོ་ཆེད་མོས་གུས་གདུང་ཤུགས་ཀྱིས་གསོལ་བ་དྲག་པོ་འདི་ལྟར་ཐོབ་ ཅིག འཕོ་གཞུང་ལས། རྗེ་བླ་མ་སངས་རྒྱས་ཀུན་འདུས་དངོས། །ཞེས་པ་ནས། དབྱིངས་ཆོས་སྐུ་སྐྱེ་ 8-1-339 མེད་ཀློང་དུ་ཐིམ། །ཞེས་པའི་བར་ཅི་འགྲུབ་ཀྱི་མཐར། ཞེས་པའི་གསོལ་བ་དྲག་ཏུ་བཏབ་པའི་སྟོབས་ ཀྱིས་རྒྱལ་བ་མི་བསྐྱོད་པའི་ཐུགས་ཀ་ནས་འོད་ཟེར་སྔོན་པོ་ལྕགས་ཀྱུའི་དབྱིབས་ཅན་སྐད་ ཅིག་ལ་ཐུར་དུ་བརྒྱུག་ནས་ཁྱོད་རང་གི་སྤྱི་བོ་ནས་ཞུགས་གཉུག་སེམས་ངོ་བོ་ཐིག་ལེ་དེ་ཡར་ དྲངས་བཞིན་རྩལ་ཆེན་གྱིས་མདའ་འཕང་པ་ལྟར་མགོན་པོ་མི་འཁྲུགས་པའི་ཐུགས་ཀར་ ཐིམ་སྟེ་ཐུགས་ཡིད་རོ་མཉམ་དུ་གྱུར་པར་བསམ། ལ་ཕཊ་སྒྲ་ཆུང་འབྲིང་ཆེ་གསུམ་བྱའོ། ། གཉིས་པ་དཀྱུས་འཕོ་དག་གི་ཁ་སྐོང་ལ་འཕོ་བ་བདུན་ཏེ། གནས་ལུགས་གཤིས་ཀྱི་འཕོ་བ། དུས་ཀྱི་འཁོར་ལོའི་འཕོ་བ། སྤྱན་རས་གཟིགས་ཀྱི་འཕོ་བ། པདྨ་དཀར་པོའི་འཕོ་བ། ཀུན་མཁྱེ ན་ཆེན་པོའི་འཕོ་བ། རྗེ་བཙུན་ཆེན་པོའི་འཕོ་བ། རྩ་བའི་བླ་ མའི་འཕོ་བའོ། །དེ་ལས་དང་པོ་གནས་ལུགས་གཤིས་ཀྱི་འཕོ་བ་ནི། འོ་ཁྱོ ད་རང་གིས་དོན་དམ་གནས་ལུགས་ ཆོས་དབྱིངས་གཤིས་ལུགས་ཆེན་པོའི་འོད་གསལ་དབྱིངས་འཕོ་ཟབ་ལམ་ལྟ་དགོངས་ཀྱི་ འཕོ་བ་ཐུན་མོང་མ་ཡིན་པ་འདི་བཞིན་ཉམས་སུ་ལེན་པར་མཛོད་ཅིག དེ་ཡང་གང་ཇི་ལྟར་ ན་འཁོར་འདས་ཡོངས་ཀྱི་སྲོག་གི་དྭངས་མ་ཆེན་པོ་ཡེ་གཞི་བརྟན་གཡོ་ཀུན་ཁྱབ་འོད་གསལ་ ཆོས་ཉིད་བདེ་གཤེགས་སྙིང་པོ་རང་བྱུང་གདོད་ནས་བཞུགས་པའི་ཐེར་ཟུག་རྟག་པའི་ངོ་བོ་ དམ་པ་དང་པོའི་སངས་རྒྱས་གཉུག་ཁམས་བདེ་ཆེན་ཡེ་ཤེས་དབྱིངས་རིག་གཉིས་མེད་དོན་ དམ་ཆོས་སྐུ་དུས་གསུམ་རྒྱལ་བ་མ་ལུས་པའི་ཐུགས་ཀྱི་དགོངས་བཅུད་ཉག་མ་གཅིག་པོ་དེ་ ཉིད་ངེས་པ་དོན་གྱི་འཕོ་བ་མཐར་ཐུག་ཅིང་བླ་ན་མེད་པ་ཡིན་ལ། དབྱིངས་དེ་ཉིད་དུ་གང་ འཕོ་ནུས་པ་ཐམས་ཅད་ནི་ཡེ་ཤེས་ཀློང་དུ་དགོངས་ཆེན་རོ་མཉམ་གྱི་འཕོ་བ་མཐར་ཐུག་ ལ་སླེབས་ནས་གནས་ལུགས་འཕོ་ཆེན་གྱི་བཙན་ས་ངེས་པར་ཟིན་ཏེ་བྱང་ཆུབ་ཆེན་པོ་ཉག་ གཅིག་ཏུ་དགོངས་པར་གྲོལ་བ་འབའ་ཞིག་ལགས་ན་དེ་ལུགས་ལྟར་གྱི་ཡེ་ཤེས་དགོངས་ མཉམ་གྱི་འཕོ་བའི་ཚུལ་ཡང་ཐོག་མར་མོས་འདུན་འདི་ལྟར་སྦྱངས་ཏེ་ཀུན་རྫོབ་གཟུང་བའི་ ཆར་གྱུར་ཀུན་ནས་བཏགས་པ་ཕྱི་རོལ་དོན་གྱི་དངོས་པོ་བདེན་པ་ཚུགས་ཐུབ་ཀྱི་འཆར་སྒོ་ 8-1-340 རྣམ་པ་སྣ་ཚོགས་པའི་སྣང་བ་གང་དག་རང་བཞིན་བདེན་མེད་འཁྲུལ་བའི་ཡོ་ལང་དུ་ཐག་ བཅད། དེ་ནས་ཀུན་རྫོབ་ཙམ་དུ་བདེན་པ་ནང་རྣམ་པར་ཤེས་པ་སྤྲོས་བཅས་འཁྲུལ་སྣང་ ཅན་མཐའ་དག་ཀྱང་རང་གི་ངོ་བོ་བརྫུན་པ་བསླུ་བའི་ཆོས་བདེན་གྲུབ་ཀྱི་དངོས་པོ་མེད་ཀྱང་ ཐ་སྙད་ཙམ་ལ་བྱ་བྱེད་མི་བསླུ་བའི་ཆོས་སྣ་ཚོགས་སུ་སྣང་བ་ཐམས་ཅད་རང་བཞིན་གཤིས་ གང་ཡང་བདེན་པར་མེད་པ་སྟེ་དེ་ལྟར་ཀུན་བཏགས་གཞན་དབང་གིས་བསྡུས་པ་ཡོད་དོ་ ཅོག་མེད་པ་གསལ་སྣང་སྒྱུ་མའི་འཕྲུལ་ཇི་ལྟ་བུའི་གནས་ཚུལ་དུ་ངེས་པ་དྲངས་ཏེ་སྣང་བ་དེ་ ཀུན་གྱི་རང་གཤིས་ཇི་བཞིན་པ་གདོད་མའི་དབྱིངས་ཡེ་ཤེས་ཀྱི་རོལ་པ་ཆེན་པོ་སངས་རྒྱས་ དང་སེམས་ཅན་མ་ལུས་པའི་སྲོག་གི་དྭངས་མ་དེ་ཉིད་དུ་མ་བཅོས་གཉུག་མ་རང་གསལ་ འཛིན་མེད་དུ་རང་གཤིས་ལྷུག་པར་འཕོ་ཅི་ཐུབ་བྱས་ཏེ་གནས་ལུགས་འཕོ་ཆེན་ལ་མཉམ་ པར་འཇོག་དགོས་ནའང་དེའི་ཚུལ་ད་ལན་ཁྱོ ད་རང་གིས། རང་ལུས་དཔལ་རྡོ་རྗེ་འཆང་ཆེན་ པོའི་སྐུའི་རྣམ་པ་ལམ་གྱིས་གསལ་ཐོབ་ལ་དེ་འདྲའི་རྡོ་རྗེ་འཆང་གི་ཐུགས་ཆོས་སྐུའི་ངོ་བོ་ འཕོ་བྲལ་འོད་གསལ་གྱི་གཤིས་ལུགས་འཁོར་འདས་ཡོངས་ཁྱབ་ཀྱི་དོན་ལ་མཉམ་པར་ འཇོག་བཞིན་པའི་ངང་ནས་དབྱིངས་དེ་ཀར་འཕོ་འདུན་གྱིས་དོན་དམ་སྐྱབས་གནས་མ་ལུས་ པའི་ངོ་བོ་མཐར་ཐུག་པ་ཆོས་དབྱིངས་ཡོངས་གྲུབ་གནས་ལུགས་གདོད་མའི་མགོན་པོ་ཡེ་ ནས་བཞུགས་པ་ལ་དབྱིངས་འཕོ་གསལ་སྟོང་རྗེན་ཆར་བའི་ངང་དེ་ཀ་མ་བཅོས་ལྷུག་པར་ སྐྱོང་བཞིན་དུ་གསོལ་བ་འདེབས་པར་མཛོད་ཅིག ན་མོ་དྷཱརྨ་དྷཱ་ཏུ་བྷྱཿ དཔལ་ལྡན་དང་པོའི་སངས་རྒྱས་རྟག་པའི་བདག །བརྟན་གཡོ་ཀུན་ ཁྱབ་འཁོར་འདས་སྲོག་གི་བཅུད། །ཡེ་བཞུགས་གདོད་མའི་མགོན་པོ་ཆོས་ཀྱི་སྐུ། །གཞི་ འབྲས་དབྱེར་མེད་དོན་དམ་སྐྱབས་ཀྱི་མཆོག །དམིགས་མེད་རང་གསལ་ངང་ནས་གསོལ་ བ་འདེབས། །འཕོ་བྲལ་གཉུག་མ་ཆེན་པོའི་གཤིས་ལུགས་སུ། །མ་བཅོས་རང་གདངས་འཕོ་ 8-1-341 ཆེན་ཟབ་མོའི་ལམ། །ཇི་བཞིན་མངོན་གྱུར་རང་གསལ་འཛིན་མེད་ངང༌། །ཕཊ། མ་ལུས་རྒྱལ་ བའི་ཡང་གསང་ཆོས་སྐུ་མཆོག །ངོ་མཚར་ཡེ་ཤེས་རོལ་པ་ཟད་མེད་དབྱིངས། །དོན་དམ་རྣམ་ པ་ཀུན་ལྡན་ཕྱག་རྒྱ་ཆེ། །དཔག་ཡས་ཆོས་གཏེར་ཟབ་མོའི་མཛོད་འཛིན་པ། །དམིགས་མེད་ རང་གསལ༴ སོགས་ཚིགས་རྐང་བཞི་འགྲེས། ཕཊ། གསང་ཆེན་རྒྱུད་སྡེའི་དཀྱིལ་འཁོར་རྒྱ་མཚོའི་ དབྱིངས། །གསང་བ་གསུམ་གྱི་རོལ་གར་འབྱམས་ཀླས་པ། །མ་ལུས་བྱིན་རླབས་འདུས་ པའི་དཔལ་གྱུར་ཞིང༌། །བདེ་སྟོང་འགྱུར་མེད་འོད་གསལ་ཆོས་ཀྱི་དབྱིངས། །དམིགས་མེད་ རང་གསལ༴ སོགས། ཕཊ། དུས་ཀྱི་འཁོར་ལོ་བདེ་ཆེན་མཁའ་འགྲོའི་སྡོམ། །དཔལ་ལྡན་ འདུས་པ་སྒྱུ་འཕྲུལ་ཆེན་པོའི་བདག །གཤེད་ཆེན་དཔའ་བོ་ཁྲོ་རྒྱལ་ཧེ་རུ་ཀ །མཁའ་འགྲོ་རྒྱ་ མཚོ་གསང་ཆེན་རིགས་འདུས་དཔལ། །དམིགས་མེད་རང་གསལ༴ སོགས། ཕཊ། དོན་དམ་ བདེ་གཤེགས་སྤངས་རྟོགས་རྫོགས་པའི་བདག །འོད་གསལ་ཞི་དབྱིངས་དག་ཆེན་མཆོག་ གི་ཕུལ། །རིག་དང་གྲོལ་བ་འབྱམས་ཀླས་དཔལ་གྱི་དཔྱིད། །གཉུག་སེམས་རིན་ཆེན་རྣམ་ གསུམ་གདོད་མའི་སྐྱབས། །དམིགས་མེད་རང་གསལ༴ སོགས། ཕཊ། གཞི་འབྲས་དབྱེར་ མེད་མྱ་ངན་འདས་ཞི་བ། །དོན་དམ་བདེ་གཤེགས་སྙིང་པོ་ཡོན་ཏན་གཏེར། །རང་གསལ་ མངོན་གྱུར་ཐེར་ཟུག་རྟག་པའི་བདག །རྒྱལ་བའི་དགོངས་ཆེན་བྱང་ཆུབ་མཆོག་གི་ཕུལ། །དམིགས་མེད་རང་གསལ༴ སོགས། ཕཊ། གནས་སྐབས་འཕགས་ཆེན་ཐུགས་ཀྱི་དགོངས་ པའི་བཅུད། །འོད་གསལ་དག་པ་གང་འཚམ་གཟིགས་པའི་ཡུལ། །ཆོས་ཀྱི་གནས་ལུགས་ ཟབ་མོ་དེ་བཞིན་ཉིད། །སྟོང་པ་སྤྲོས་བྲལ་ཆོས་དབྱིངས་སེམས་དཔའི་ཆོས། །དམིགས་མེད་ རང་གསལ༴ སོགས། ཕཊ། ཀུན་ཉོན་ཞི་བའི་འཇུག་སྒོ་བདེན་པའི་དོན། །ཡང་དག་འཕགས་ ཆོས་ཞི་བ་དམ་པའི་ཕུལ། །ཐར་པ་རྣམ་བྱང་འགོག་བདེན་ངེས་པའི་དོན། །གང་ལ་སྣང་བའི་ ཆོས་ཚུལ་གཤིས་ཀྱི་ལུགས། །དམིགས་མེད་རང་གསལ༴ སོགས། ཕཊ། ཟག་མེད་ཡེ་ཤེས་ 8-1-342 དགའ་ཆེན་འཁོར་འདས་སྲོག །འོད་གསལ་དྭངས་མ་མི་འགྱུར་ལྷན་ཅིག་སྐྱེས། །རྣམ་ཀུན་ མཆོག་ལྡན་བདེ་ཆེན་འགྱུར་མེད་པ། །རང་མདངས་ཞི་བ་ཆེན་པོའི་དེ་ཉིད་རྗེ། །དམིགས་ མེད་རང་གསལ༴ སོགས། ཕཊ། རང་གཤིས་དྲི་མ་ཀུན་དག་རབ་ཞིའི་དབྱིངས། །ཆེས་གསལ་ རིག་པ་རང་སྣང་བསམ་ལས་འདས། །སྣང་བ་འགག་མེད་དོན་དམ་གཤིས་བཟང་བ། །རབ་ གསལ་ཡེ་ཤེས་མཁྱེ ན་སྣང་རྒྱ་ཆེར་ལྡན། །དམིགས་མེད་རང་གསལ༴ སོགས། ཕཊ། ཀུན་རྟོག་ གློ་བུར་དྲི་མ་གཤིས་སུ་དྭངས། །རྣམ་པར་མི་རྟོག་སྤྲོས་བྲལ་ནམ་མཁའ་ལྟར། །ཀུན་ཁྱབ་ སྟོང་གསལ་རང་བཞིན་དེ་ཁོ་ན། །ངོ་བོ་ནམ་ཡང་མི་འགྱུར་ཆོས་ཉིད་དབྱིངས། །དམིགས་ མེད་རང་གསལ༴ སོགས། ཕཊ། དོན་དམ་གཞོམ་དུ་མེད་པ་རྡོ་རྗེའི་སྒྲ། །རྣམ་ཀུན་སྒྲ་ཡི་དེ་ཉིད་ བརྗོད་བྲལ་བ། །ཆོས་དབྱིངས་གཉུག་མའི་གཤིས་སུ་མངོན་འཆར་ཞིང༌། །བརྗོད་མེད་ནཱ་དའི་ རང་གཤིས་གནས་ལུགས་ཆེ། །དམིགས་མེད་རང་གསལ༴ སོགས། ཕཊ། སྟོང་གཟུགས་སྒྱུ་ མའི་འཁོར་ལོ་ཀུན་ཁྱབ་པ། །རྣམ་པ་ཀུན་ལྡན་གཟུགས་བཟང་སྣ་ཚོགས་འཕྲུལ། །ངོ་མཚར་ རིས་སུ་ཆད་མིན་ནམ་མཁའི་མཐའ། །དཔག་ཡས་དགེ་མཚན་ལེགས་མངའ་ཆོས་ཀྱི་སྐུ། །དམིགས་མེད་རང་གསལ༴ སོགས། ཕཊ། འོད་གསལ་ཆོས་སྐུ་རྣམ་པ་ཐམས་ཅད་པའི། །ངོ་ བོ་འགག་མེད་རིག་གདངས་གཤིས་ལུགས་སུ། །རང་གསལ་འཕོ་ཆེན་ངང་དུ་རྩེ་གཅིག་པར། །དགོངས་ཀློང་མཉམ་ཡངས་ཆེན་པོའི་གཤིས་སུ་ཨ། །ངེས་དོན་དབྱིངས་འཕོ་དེ་ལྟར་ཅི་ནུས་ཀྱི་མཐར། ཞེས་གནས་ལུགས་འཁོར་འདས་ཡོངས་ཁྱབ་ཀྱི་ཆོས་སྐུ་དེ་ཉིད་རང་སེམས་གསལ་སྟོང་གི་ གཤིས་མ་བཅོས་རང་བབས་ཀྱི་ངང་རྗེན་ཆར་བར་ངོ་འཕྲོད་པའི་སྒོ་ནས་གནས་ལུགས་དེའི་ རང་གཤིས་སུ་འཕོ་ཆེན་དུ་གྲོལ་བར་མཛོད་ཅིག ཅེས་པའི་གནས་ལུགས་ལ་མཉམ་པར་འཇོག་བཞིན་དུ་ཕཊ་ སྒྲ་ཆུང་འབྲིང་ཆེ་གསུམ་ལན་དགུ་བརྗོད་པར་བྱའོ། ། གཉིས་པ་དུས་ཀྱི་འཁོར་ལོའི་འཕོ་བ་ནི། འོ་ཁྱོ ད་རང་གིས་ཡི་དམ་དུས་ཀྱི་འཁོར་ལོ་རིགས་ཀུན་ 8-1-343 ཁྱབ་བདག་དང་པོའི་སངས་རྒྱས་གང་ལ་མོས་གུས་དད་པ་ཡང་དག་གིས་དབྱིངས་ཆོས་སྐུའི་ དགོངས་ཀློང་ཆེན་པོར་གཉུག་མ་ཆོས་ཉིད་ཀྱི་སེམས་རིག་དབྱེར་མེད་རོ་མཉམ་བྱེད་པའི་ ཆེད་དུ་དམིགས་པ་འདི་བཞིན་མཛོད། འོ་ཁྱོ ད་རང་གི་གདོས་བཅས་ཀྱི་ལུས་གང་དེ་ངོ་བོ་ ཡོངས་སུ་གནས་འགྱུར་ཏེ་སྐུ་རྡོ་རྗེ་སྣང་བ་མཐའ་ཡས་དཔའ་བོ་གཅིག་པ་འོད་དཀར་འཕྲོ་ བའི་སྐུ་བཟང་ཞལ་གཅིག་ཕྱག་གཉིས་མཉམ་བཞག་ཅན་ཞབས་སྐྱིལ་ཀྲུང་གིས་པད་ཟླ་ཉི་ མ་སྒྲ་གཅན་གྱི་གདན་དུ་བཞུགས་པ་སྐུ་གཅེར་བུ་རྒྱན་གོས་སྤངས་པའི་ལུས་དབུས་སུ་རྩ་ ཨཱ་ཝ་དྷཱུ་ཏཱི་སྔོ་ཞིང་དྭངས་པ་ཤེལ་སྦུག་ལྟ་བུ་མདའ་སྨྱུག་ཙམ་པ་མས་སྣ་ལྟེ་འོག་ཏུ་ཟུག་ཅིང་ ཁ་ཟུམ་པ་ཡས་སྣ་ཚངས་བུག་ཏུ་ཟུག་བཞིན་ཁ་ཕྱེ་བའི་སྙིང་གའི་ཐད་ན་གཉུག་སེམས་ཀྱི་ ངོ་བོ་ཐིག་ལེ་སྔོན་པོ་རྒྱ་སྲན་ཙམ་མདངས་འོད་འཕྲོ་བ་འདར་ཕྲུག་འཕར་བའི་རང་བཞིན་ དུ་གནས་པ། ཁྱོ ད་ཀྱི་སྤྱི་བོའི་སྟེང་གི་ནམ་མཁར་འཇའ་ཟེར་གྱི་ཕུང་པོའི་དབུས་སུ་གདན་ པད་ཟླ་ཉི་མ་སྒྲ་གཅན་གྱི་སྟེང་ན་རྩ་བའི་བླ་མ་དང་མི་གཉིས་པའི་རིགས་ཀུན་གྱི་ཁྱབ་བདག་ ཆེན་པོ་དཔལ་མཆོག་དུས་ཀྱི་འཁོར་ལོ་བདེ་སྟོང་ལྷན་ཅིག་སྐྱེས་པའི་སྐུ་མཐིང་སྔོན་འོད་ཟེར་ འབར་བའི་ཕུང་པོ་ཅན་ཞལ་གཅིག་སྤྱན་གསུམ་པ་ཁྲོ་ཆགས་འདྲེས་པའི་ཉམས་ལྡན་ཕྱག་ ཟུང་གིས་རྡོར་དྲིལ་ཐུགས་ཀར་བསྣོ ལ་བཞིན་སྣ་ཚོགས་ཡུམ་ལ་འཁྱུད་པ། ཞབས་གཡས་པ་ དམར་པོ་བརྐྱང་བའི་འདོད་ལྷ་དམར་པོ་དང༌། གཡོན་པ་དཀར་པོ་བསྐུམ་པས་དབང་ཕྱུག་ དཀར་པོ་མནན་པའི་ཚུལ་དུ་གདན་ལ་བརྫིས་པ་སྟག་ཤམ་དང་དར་གྱི་ན་བཟའ་རྡོ་རྗེའི་ རྒྱན་གྱིས་རྣམ་པར་མཛེས་པ་དེ་ལ་ཡུམ་གསེར་མདོག་ལྷ་མོ་ཞལ་གཅིག་ཕྱག་གཉིས་མ་གྲི་ ཐོད་འཛིན་པ་ཕྱག་རྒྱ་ལྔ་ལྡན་གྱིས་ཉེ་བར་འཁྱུད་ཅིང་བདེ་སྟོང་ཟུང་འཇུག་གི་མངོན་པར་ རྟོགས་པས་མཉེས་བཞིན་དྲི་མ་མེད་པའི་འོད་ཟེར་སྣ་ལྔ་ཕྱོགས་མཚམས་ཀུན་ཏུ་འཁྲིགས་ པའི་དབུས་ན་ཟླ་བ་ཕྱེད་པས་དབུ་ལ་བརྒྱན་བཞིན་པར་རིགས་ཐམས་ཅད་ཀྱི་མངའ་བདག་ 8-1-344 ཆེན་པོར་མངོན་པར་བཞུགས་པ་གསང་གསུམ་ཡོན་ཏན་འབྱམས་ཀླས་ཤིང་ཀུན་ནས་རྣམ་ པ་ཐམས་ཅད་པའི་སྐུ་ལོངས་སྤྱོད་རྫོགས་པའི་རྣམ་པར་བཞེངས་པ་ཁྱབ་བདག་འཁོར་ལོའི་ མགོན་པོ་དེ་ཉིད་བླ་མ་ཡི་དམ་མཆོག་གསུམ་སྐྱབས་གནས་ཐམས་ཅད་པའི་སྤྱི་གཟུགས་ཉག་ གཅིག་ཏུ་ཐག་བཅད་དེ་ཡི་དམ་དཔལ་མཆོག་དུས་ཀྱི་འཁོར་ལོའི་ཐུགས་ཆོས་སྐུ་དགོངས་ ཆེན་གྱི་དབྱིངས་སུ་གཉུག་སེམས་དྭངས་མའི་རིག་པ་སྐད་ཅིག་ལ་འཕོ་འདུན་གྱི་གུས་པས་ གསོལ་བ་འདེབས་པར་མཛོད་ཅིག ན་མོ་ཀཱ་ལ་ཙཱཀྲ་ཡ། རྣམ་ཀུན་མཆོག་ལྡན་མི་འགྱུར་བདེ་བ་ཆེ། །ཟུང་འཇུག་ཡེ་ཤེས་ ཅིར་ཡང་རོལ་བའི་སྐུ། །དཔལ་ལྡན་དང་པོའི་སངས་རྒྱས་དུས་འཁོར་ལོ། །རིགས་ཀུན་ཁྱབ་ བདག་དཔའ་བོ་རྡོ་རྗེ་སེམས། །མོས་གུས་དད་པས་སྙིང་ནས་གསོལ་བ་འདེབས། །གཉུག་ ཁམས་དྭངས་རིག་ཐིག་ལེའི་རྣམ་པ་དེ། །དབུ་མའི་ལམ་བརྒྱུད་སྤྱི་བོའི་གཙུག་ནས་ཐོན། །དུས་ཀྱི་འཁོར་ལོའི་ཐུགས་ཀར་འཕོ་བར་མཛོད། །ཤེར་ཕྱིན་སྟོང་ཆེན་ཡེ་ཤེས་གར་བསྒྱུར་ བ། །རྣམ་ཀུན་མཛེས་མ་རྡོ་རྗེ་ལྷ་མོའི་སྐུ། །ནུས་མ་རྣམ་བཅུའི་སྤྲུལ་བཀོད་མཛད་པའི་བདག །དང་པོའི་སངས་རྒྱས་རིགས་ཀུན་འདུས་པའི་ལྷ། །མོས་གུས་དད་པས༴ སོགས་ཚིགས་རྐང་བཞི་ འགྲེས། བདེ་བར་གཤེགས་པ་ཀུན་གཟིགས་རྒྱལ་བ་དྲུག །གཤེགས་མ་ཡུམ་དྲུག་བདེ་སྟོང་ ཟུང་འཇུག་ལྷ། །རྣམ་འཕྲུལ་རབ་འབྱམས་སྒྱུ་མ་འཆར་བའི་གཞི། །ཀུན་གྱི་བྱེད་པོ་དཔལ་ ལྡན་འཁོར་ལོའི་བདག །མོས་གུས་དད་པས༴ སོགས། དཔལ་ལྡན་ཐུགས་ཀྱི་རྡོ་རྗེའི་རོལ་པ་ ལས། །ངོ་མཚར་སེམས་དཔའ་སེམས་མའི་འདུ་འཕྲོ་བ། །མ་ལུས་རྒྱལ་བ་དགྱེས་བསྐྱེད་ དག་པའི་གཟུགས། །དཔའ་བོ་དཔའ་མོ་རབ་ཞི་དམ་པའི་བདག །མོས་གུས་དད་པས༴ སོགས། ཐུགས་མཆོག་ཞི་བ་ཡེ་ཤེས་ཁྲོ་བོར་བཞེངས། །གཏུམ་རྔམ་ཁྲོ་མོ་དེ་སྙེད་རིགས་ཀྱི་ཡུམ། །འཇིགས་པའི་གར་བསྒྱུར་སྲིད་གསུམ་འབྱུང་པོ་གཞོམ། །མ་ལུས་པ་དག་སྤྲུལ་པར་མཛད་ 8-1-345 པ་པོ། །མོས་གུས་དད་པས༴ སོགས། རྣལ་འབྱོར་མ་དཔལ་ཡེ་ཤེས་རོལ་པའི་རྒྱན། །ཞིང་ སྔགས་ལྷན་སྐྱེས་འདུ་བ་འབུམ་ཕྲག་གིས། །ཁམས་གསུམ་དག་ཏུ་མཛད་པ་ཆད་མི་མངའ། །བཅུ་ཕྲག་བདུན་ལྷག་ལྷ་མོའི་ཁྱབ་བདག་གཙོ། །མོས་གུས་དད་པས༴ སོགས། ལྷ་ཆེན་དཔའ་ བོ་སྲིད་པ་དབང་བསྒྱུར་མཁན། །སུམ་བརྒྱ་དྲུག་ཅུ་ལྷ་མོའི་འཁོར་ཚོགས་བཅས། །གཙོ་ཆེན་ བཅུ་གཉིས་མཛད་རླབས་ཟླ་བྲལ་བ། །གང་འདི་མ་ལུས་རྡོར་སེམས་སྒྱུ་མའི་འཕྲུལ། །མོས་ གུས་དད་པས༴ སོགས། བསོད་ནམས་ཡེ་ཤེས་མཚར་འོད་ནམ་མཁའི་མཐའ། །འདོད་དགུ་ འཇོ་བའི་མཛད་ཕྲིན་ཡོལ་མེད་པ། །བཅུ་ཕྲག་ཀླུ་རྒྱལ་ཐབས་དང་ཤེས་རབ་ཚུལ། །གང་འདི་ ཆོས་དབྱིངས་རོལ་པའི་ཆོ་འཕྲུལ་གར། །མོས་གུས་དད་པས༴ སོགས། བདེ་ཆེན་ཡེ་ཤེས་སྣང་ བ་རབ་རྒྱས་པས། །ཐུགས་ཞི་གཏུམ་ལ་ཁྲོ་ཚུལ་ཤར་བ་མོ། །རབ་གཏུམ་བཅུ་ཕྲག་ཐབས་ ཤེས་གར་གྱིས་བྲེལ། །ཆེ་བའི་ཡོན་ཏན་ཕྱོགས་བརྒྱར་མངོན་བྲེས་པ། །མོས་གུས་དད་པས༴ སོགས། གཞན་ཡང་རྣམ་པར་འཕྲུལ་བའི་རོལ་པ་ཡིས། །ཐུགས་ཀྱི་གཟུངས་མ་འདོད་ཕྱིར་ལྷ་ མོའི་ཚོགས། །འབྱུང་པོ་བྱེ་བ་ཕྲག་ཕྱེད་ལ་སོགས་པ། །བརྟན་གཡོའི་རྣམ་འཕྲུལ་ཅི་དགར་ རོལ་བའི་མགོན། །མོས་གུས་དད་པས༴ སོགས། དུས་ཀྱི་འཁོར་ལོ་མི་འགྱུར་བདེ་བ་ཆེ། །འོད་ གསལ་རྣམ་ཀུན་མཆོག་ལྡན་སྟོང་པའི་གཟུགས། །ཆོས་དབྱིངས་གཉུག་མ་འཁོར་འདས་རོལ་ པའི་རྒྱན། །ཐུགས་དབྱིངས་དགོངས་པ་ཟབ་མོ་འཕོ་ཆེན་ཡུལ། །མོས་གུས་དད་པས༴ སོགས། ཡེ་བཞུགས་ཆོས་སྐུའི་རང་གཤིས་དུས་འཁོར་ལོ། །འོད་གསལ་འགྱུར་མེད་རང་བཞིན་འཕོ་ བ་ཆེ། །གཉུག་མ་གདོད་ནས་གྲོལ་བ་རང་གསལ་དབྱིངས། །ཐུགས་ཡིད་དབྱེར་མེད་ཟུང་ འཇུག་ཆེན་པོར་ཐིམ། །ཞེས་པའི་འཕོ་བ་ཅི་འགྲུབ་ཀྱི་མཐར། རིགས་ཐམས་ཅད་ཀྱི་མངའ་བདག་དུས་ ཀྱི་འཁོར་ལོའི་ཐུགས་ཀའི་འོད་ཟེར་གྱིས་ཁྱོད་རང་གི་རིག་པ་གཉུག་སེམས་དྭངས་མའི་ངོ་ བོའི་ཐིག་ལེ་དེ་སྐད་ཅིག་ལ་ཡར་དྲངས་ཏེ་དཔལ་མཆོག་དང་པོའི་སངས་རྒྱས་ཀྱི་ཐུགས་ 8-1-346 དགོངས་སུ་དབྱེར་མེད་རོ་མཉམ་དུ་སོང་བར་དམིགས། ལ་ཕཊ་སྒྲ་ཆུང་འབྲིང་ཆེ་གསུམ་བྱའོ། ། གསུམ་པ་སྤྱན་རས་གཟིགས་ཀྱི་འཕོ་བ་ནི། འོ་ཁྱོ ད་རང་གིས་སྤྱན་རས་གཟིགས་དབང་ཕྱུག་ལ་ བརྟེན་ནས་ཟབ་ལམ་འཕོ་བའི་ཉམས་ལེན་འདི་བཞིན་མཛོད་ཅིག འོ་དེ་ཡང་ཁྱོ ད་རང་གི་ ལུས་གནས་འགྱུར་ཏེ་དག་པ་འོད་ཀྱི་ལུས་སྒྲོལ་མ་དཀར་མོའི་རྣམ་པ་ཕྱི་གསལ་ནང་གསལ་ ཕྱག་གཡས་མཆོག་སྦྱིན་དང་གཡོན་དཀོན་མཆོག་གསུམ་མཚོན་ཕྱག་རྒྱས་ཨུཏྤལའི་ཡུ་བ་ ནས་འཛིན་པ། ཞབས་གཉིས་སེམས་སྐྱིལ་དུ་བཞུགས་ཤིང་སྐུ་ལ་དར་གོས་རིན་ཆེན་རྒྱན་ འཕྱང་སེམས་མ་ཆེན་མོའི་རྣམ་པར་རོལ་པ་གང་དེའི་ལུས་དབུས་སུ་རྩ་དབུ་མ་ཡས་མས་སྤྱི་ བོ་དང་ལྟེ་བར་ཟུག་པ་མཇུག་ཟུམ་ཞིང་ཁ་ཕྱེ་བ་དེའི་སྙིང་གའི་ཐད་དུ་གཉུག་སེམས་ཀྱི་ངོ་ བོ་ཐིག་ལེ་འོད་ལྔ་ལྡན་པ་འཕར་ལ་ཁད་པའི་ཚུལ་དུ་སོམས་ལ། ཁྱོ ད་རང་གི་སྤྱི་བོའི་སྟེང་ གི་ནམ་མཁར་པད་ཟླའི་གདན་ལ་རྩ་བའི་བླ་མའི་ངོ་བོ་འཕགས་མཆོག་སྤྱན་རས་གཟིགས་ དབང་ཕྱུག་རབ་དཀར་དུང་ཟླ་ལྟར་སྐུའི་ཁ་དོག་གསལ་ཞིང་ཞལ་གཅིག་ཕྱག་བཞི། ཕྱག་དང་ པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ་གཡས་འོག་མས་ཤེལ་དཀར་གྱི་ཕྲེང་བ་དང་གཡོན་ འོག་མས་པད་དཀར་འདབ་བརྒྱད་ཀྱི་ཡུ་བ་ནས་འཛིན་ཅིང་དར་དང་རིན་ཆེན་རྒྱན་ལྡན་ ཞབས་སྐྱིལ་ཀྲུང་དུ་བཞུགས་པ་མཁྱེན་བརྩེ་ནུས་པ་རྒྱ་མཚོའི་མངའ་བདག་ཆེན་པོར་མོས་ གུས་དག་སྣང་གི་ཡུལ་དུ་གསལ་ཐོབ་ལ་སེམས་དད་མོས་གདུང་ཤུགས་དྲག་པོས་ཐུགས་ ཡིད་དབྱེར་མེད་ཟབ་དགོངས་འཕོ་ཆེན་གྱི་དོན་དུ་གསོལ་བ་འདེབས་པར་མཛོད་ཅིག ན་མོ་ལོ་ཀེ་ཤྭཱ་ར་བྷྱཿ དཔག་ཡས་མཁྱེ ན་བརྩེ་ནུས་པ་རྒྱ་མཚོའི་བདག །འོད་མཐའ་ ཡས་པའི་ཐུགས་རྗེའི་རྣམ་རོལ་པ། །སྤྱན་རས་གཟིགས་དབང་འཕགས་མཆོག་འཇིག་རྟེན་ མགོན། །མཛད་ཕྲིན་ཟླ་དང་བྲལ་བའི་ཐུགས་རྗེ་ཅན། །དད་མོས་རེ་བའི་རྩེ་གཅིག་རེ་ལྟོས་ འཆའ། །ཐུགས་ཡིད་དབྱེར་མེད་དགོངས་ཀློང་ཟབ་མོའི་བཅུད། །རིག་པ་འཕོ་ཆེན་ཆོས་སྐུར་ 8-1-347 གྲོལ་བ་ཡི། །ཟབ་ལམ་འཕོ་བ་འབྱུང་བར་བྱིན་གྱིས་རློབས། །དཔག་མེད་འོད་མངའི་གདོད་ མ་ཆོས་སྐུའི་ཐུགས། །གང་འདུལ་འགྲོ་ལ་དེར་སྣང་ཚུལ་དུ་ཤར། །རྗེ་བཙུན་སྙིང་རྗེའི་དབང་ ཕྱུག་ཐུགས་རྗེའི་གཏེར། །མ་ལུས་འགྲོ་ལ་སྐྱོབས་པའི་མཛའ་བརྩེ་ཅན། །དད་མོས་རེ་བས༴ སོགས་ཚིགས་རྐང་བཞི་འགྲེས། རང་སྣང་ཞིང་བཀོད་ནམ་མཁའི་མཐའ་དང་མཉམ། །གང་འདུལ་ འགྲོ་ལ་དེར་སྣང་ཁྱད་པར་བ། །དཔལ་ལྡན་པོ་ཊ་ལ་ཡི་གནས་བཟང་ཆེར། །རྣམ་འཕྲུལ་གཙོ་ བོར་མཛད་ཆེན་གནང་བའི་མགོན། །དད་མོས་རེ་བས༴ སོགས། འཕགས་མཆོག་གཟུགས་སྐུ་ སྤྲུལ་བསྒྱུར་དུ་མའི་གར། །ཞིང་དེར་གང་འཚམ་སྣང་བ་མི་འགོག་བཞིན། །སྤྱིར་སྣང་སེམས་ དཔའ་དུང་འོད་འབར་བའི་སྐུ། །ངོ་མཚར་ཡེ་ཤེས་རང་གཟུགས་ལྷང་ངེ་བ། དད་མོས་རེ་ བས༴ སོགས། རྣམ་མང་གདུལ་བྱའི་ཁམས་དབང་དང་མཐུན་པར། །སྨིན་གྲོལ་གདམས་པའི་ གསུང་རབ་ཆོས་ཀྱི་སྒོ། །རང་རང་ཡིད་འཐད་ཇི་བཞིན་ཉེར་འདོམས་པའི། །བརྗོད་བྱེད་ཡང་ དག་ནམ་ཡང་ཆད་མེད་མངའ། །དད་མོས་རེ་བས༴ སོགས། ཐུགས་བཟང་དཔག་ཡས་ཡེ་ཤེས་ རྒྱ་མཚོའི་མཛོད། །ཇི་ལྟ་ཇི་སྙེད་མངོན་དུ་གཟིགས་པའི་ཕུལ། །རང་སྣང་དག་ཆེན་འབའ་ ཞིག་འཆར་བ་དང༌། །ལྷན་ཅིག་འགྲོ་ལ་གཟིགས་པ་གཡེལ་མེད་མགོན། །དད་མོས་རེ་བས༴ སོགས། གསང་བ་གསུམ་གྱི་ཡོན་ཏན་རླབས་ཆེ་ཞིང༌། །གང་འདུལ་འགྲོ་ལ་མཛད་ཕྲིན་དུས་ མི་ཡོལ། །བརྩེ་ཆེན་མཆོག་གིས་འགྲོ་ཀུན་སྐྱོང་བྱེད་པའི། །སྙིང་རྗེའི་དབང་ཕྱུག་འཕགས་ པ་གྲུ་འཛིན་བདག །དད་མོས་རེ་བས༴ སོགས། རིང་མོའི་དུས་ནས་ཆོས་སྐུ་མངོན་གྱུར་ཀྱང༌། །སྲིད་འདིར་སེམས་དཔའ་ཆེན་པོའི་སྒྱུ་འཕྲུལ་གྱིས། །རྒུད་པས་ཉམ་ཐག་གང་དག་འདོར་ མེད་པར། །རིམ་པས་གཏན་བདེར་འགོད་པའི་མཛད་རླབས་ཅན། །དད་མོས་རེ་བས༴ སོགས། རང་བཞིན་ཞི་བ་ཆེན་པོའི་དེ་ཉིད་དབྱིངས། །ཀུན་གཟིགས་མཁྱེ ན་བཟང་དགོངས་ཆེན་གཡོ་ མེད་ངང༌། །མཁའ་མཉམ་འགྲོ་ལ་ཕན་བདེའི་ལེགས་སྣང་སྦྱིན། །ལྷུན་གྲུབ་ཕྲིན་ལས་མངའ་ 8-1-348 བདག་སྤྱན་རས་གཟིགས། །དད་མོས་རེ་བས༴ སོགས། རེ་བ་བྱའོ་རྗེ་བཙུན་ཐུགས་རྗེའི་གཏེར། །བརྩེ་བས་གཟིགས་མཛོད་གང་ཐུགས་ཡེ་ཤེས་དབྱིངས། །རང་རིག་སེམས་ཀྱི་གཤིས་སུ་ མངོན་གྱུར་ཏེ། །འོད་གསལ་འཕོ་ཆེན་ངང་ལ་མྱུར་གྲོལ་མཛོད། །ཅེས་པ་ཅི་ནུས་ཀྱིས་འབད་པའི་ མཐར། རྗེ་བཙུན་སྤྱན་རས་གཟིགས་དབང་ཕྱུག་གི་ཐུགས་ཀའི་དཔལ་གྱི་བེའུ་ལས་སྙིང་རྗེ་ ཆེན་པོའི་འོད་ཟེར་དཀར་གསལ་གྱི་ཚོགས་སྐད་ཅིག་ལ་མར་འཕྲོས་པས་ཁྱོད་ཀྱི་སྤྱི་བོར་ ཞུགས་ཏེ་གཉུག་སེམས་ངོ་བོ་ཐིག་ལེའི་རྣམ་པ་དེ་ཡར་རིམ་པས་བཏེགས་ནས་དབུ་མའི་རྩ་ ལམ་དུ་ལེགས་པར་བརྒྱུད་སྐར་མདའ་ལྟར་ཁྲ་རིལ་གྱིས་སོང་མགོན་པོ་སྙིང་རྗེའི་དབང་ཕྱུག་ གི་ཐུགས་ཀར་ཐིམ་པར་མོས། ལ་ཕཊ་སྒྲ་ལན་གསུམ་བྱའོ། ། བཞི་པ་པདྨ་དཀར་པོའི་འཕོ་བ་ནི། འོ་ད་ལན་ཁྱོ ད་ཀྱིས་རྗེ་ཆོས་ཀྱི་རྒྱལ་པོ་ཆེན་པོ་རིགས་ལྡན་ པདྨ་དཀར་པོ་གང་ཉིད་ལ་བརྟེན་ཏེ་ཟབ་ལམ་འཕོ་བའི་གདམས་པ་འདི་བཞིན་ཉམས་སུ་ ལེན་པར་མཛོད་ཅིག འོ་ད་ཁྱོ ད་ཉིད་འཛམ་གླིང་བྱང་ཕྱོགས་ས་ལ་སྤྱོད་པའི་སྔགས་ཀྱི་ཞིང་ མཆོག་དཔལ་ལྡན་ཤམྦྷ་ལའི་ལྷོ་ཕྱོགས་ཀྱི་གཞི་འདི་ན་སྐྱེས་ཡོད་པ་ཡིན་པས་འཛམ་གླིང་ལྷོ་ འདིར་གང་གནས་ཀྱི་ལས་མཐུ་ཆེ་ཞིང་དབང་རྣོན་ཁམས་དྲུག་ལྡན་པའི་སྐྱེས་བུ་གང་དག་ནི་ སྔགས་རིག་འཛིན་པའི་ཞིང་དེའི་གཙོ་བོ་རིམ་བྱོན་རྣམས་ལས་འཕགས་པ་འཇིག་རྟེན་དབང་ ཕྱུག་གི་རྣམ་འཕྲུལ་རིགས་ལྡན་རྒྱལ་པོ་པད་དཀར་འཛིན་པ་གང་གིས་གདུལ་ཞིང་སྔོན་ ལས་ཟབ་མོའི་འབྲེལ་ཡོད་པ་ཅན་དུ་ངེས་པས་ན་ཁྱོད་རང་གིས་ད་སྐབས་ཀྱི་རྣམ་སྨིན་ཕུང་ པོ་འདིའི་སྦུབས་རྒྱ་ནས་རིག་པ་གཉུག་སེམས་རིགས་ལྡན་སེམས་དཔའ་དམ་པའི་ཐུགས་ དགོངས་སུ་འཕོས་ཏེ་ཞིང་དེར་རྡོ་རྗེའི་རིགས་ཀྱི་སློབ་མར་འགྱུར་འདོད་ཀྱི་ཡིད་གཏིང་ནས་ དོན་གཉེར་གྱི་སྒོས་རེ་འདུན་གུས་པ་ནམ་ཡང་མི་ལྷོད་པའི་ངང་དག་སྣང་གི་བསམ་པ་འདི་ ལྟར་བསྐྱེད་དགོས་ཏེ། ཁྱོ ད་ལུས་འདི་གདོས་བཅས་ཀྱི་རྣམ་པ་དང་བྲལ་ཞིང་འོད་ཀྱི་རང་ 8-1-349 བཞིན་ཕྱི་ནང་གསལ་བའི་དབུས་སུ་རྩ་ཨཱ་ཝ་དྷཱུ་ཏཱི་ཤེལ་སྦུག་ལྟར་དྭངས་པ་མས་ཁ་ལྟེ་འོག་ ཏུ་ཟུམ་པ་ཡས་སྣེ་སྤྱི་བོའི་ཚངས་བུག་གི་ཐད་ནས་མཐོངས་ལྟར་ཕྱེ་བའི་སྙིང་གའི་དབུ་མའི་ ནང་དུ་གཉུག་སེམས་ངོ་བོ་ཐིག་ལེ་དཀར་ལ་དམར་མདངས་ཅན་འོད་འབར་བ་རྒྱ་སྲན་ཙམ་ གསལ་ཐོབ་ལ། ཁྱོ ད་རང་གི་སྤྱི་བོའི་སྟེང་གི་ནམ་མཁའི་དབྱིངས་སུ་གདན་པདྨ་དང་ཟླ་བའི་ སྟེང་དུ་འཕགས་པ་སྤྱན་རས་གཟིགས་ཀྱི་སྤྲུལ་པའི་སྐུ་རིགས་ལྡན་པདྨ་དཀར་པོ་སྐུ་མདོག་ དཀར་གསལ་དྭངས་མ་འོད་ཀྱི་ཕུང་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་ཐུགས་ཀའི་ཐད་ནས་ ཆོས་འཆད་པས་ཕྱག་རྒྱས་པད་དཀར་ཡུ་བ་ནས་འཛིན་པ་ཞབས་གཉིས་རྒྱལ་པོ་རོལ་སྟབས་ ཀྱིས་བཞུགས་ཤིང༌། སྐུ་ལ་མཚན་དཔེའི་ལེགས་ཆ་དང་བཅས་དར་ལྭ་ཟ་བེར། དབུའི་ལ་ ཐོད་སོགས་རྗེ་དབང་འཁོར་ལོས་སྒྱུར་བ་ཆེན་པོའི་ཆ་ལུགས་རྫོགས་པ་ཕྱི་ཚུལ་སྐུ་གསུང་ ཐུགས་ཀྱི་ཡོན་ཏན་རྒྱ་ཆེ་བ་མ་ཟད་ནང་གསང་གསུམ་ཐུན་མིན་གྱི་ཡོན་ཏན་ཕྱོགས་དུས་ ཐམས་ཅད་དུ་ནམ་ཡང་མི་ཟད་རྒྱན་གྱི་འཁོར་ལོའི་དཔལ་ལ་དབང་ཉེ་བར་ཐོབ་པའི་རིགས་ ཀྱི་ཁྱབ་བདག་ཆེན་པོ་གང་ལ་འོད་གསལ་དབྱིངས་རིག་དབྱེར་མེད་ཀྱི་འཕོ་བ་ལ་བརྟེན་ཆོས་ ཀྱི་རྒྱལ་པོ་ཉིད་སྲས་སྔགས་རིག་འཛིན་པའི་སྐལ་བ་ཐོབ་ཆེད་མོས་གུས་གདུང་ཤུགས་ཀྱིས་ གསོལ་བ་འདེབས་པར་མཛོད་ཅིག ན་མོ་དྷཱརྨ་རཱ་ཛ་ཡ། རྒྱལ་ཀུན་བརྩེ་ཆེན་རང་གཟུགས་པད་དཀར་འཆང༌། །ངོ་མཚར་སྤྲུལ་ པའི་རོལ་གར་མཐའ་ཡས་ལས། །བྱང་ཕྱོགས་སྔགས་རིག་ཞིང་གི་ཆོས་དབང་རྗེ། །གསང་ ཆེན་རྒྱ་མཚོའི་དཔལ་གྱུར་འགྲོ་བའི་སྐྱབས། །བཟོད་མེད་གདུང་ཤུགས་དྲག་པོས་གསོལ་བ་ འདེབས། །ཐུགས་ཡིད་དབྱེར་མེད་ཟབ་ལམ་འཕོ་བ་ཐེབས། །ཞིང་མཆོག་གང་དེར་རིགས་ ལྡན་སྲས་སུ་འཕོས། །གསང་ཆེན་ལམ་བགྲོད་རྒྱལ་བའི་དབང་པོར་ཤོག །ཞིང་མཆོག་ཤམྦྷ་ ལ་ཡི་གནས་བཟང་ཆེ། །ཡ་མཚན་བཀོད་པ་ཀུན་ནས་རྫོགས་པའི་ཕུལ། །འདབ་བརྒྱད་ས་ 8-1-350 ཡི་ལྟེ ་བར་ཀ་ལཱ་པའི། །ལྷ་མཆོག་གྲོང་གི་མངའ་བདག་ཆོས་ཀྱི་རྒྱལ། །བཟོད་མེད་གདུང་ ཤུགས༴ སོགས་ཚིགས་རྐང་བཞི་འགྲེས། བསོད་ནམས་ལེགས་དགེས་ལྷ་དབང་མཚར་ཁྱད་རྫོགས། །འོད་ཟེར་སྣང་བའི་དཔལ་འབར་ཡེ་ཤེས་གཟུགས། །མཚན་དཔེ་གསལ་མངའ་རིགས་ལྡན་ པདྨ་དཀར། །ལྷ་དབང་འཁོར་སྒྱུར་ཚུལ་དུ་བཞུགས་པའི་མགོན། །བཟོད་མེད་གདུང་ཤུགས༴ སོགས། ལེགས་བཤད་ཆོས་སྒོ་སྤྱི་ཡི་གཏེར་སྒོ་འབྱེད། །ཁྱད་པར་གསང་ཆེན་ཐེག་པའི་མཛོད་ ཕྱེ་བ། །མ་ལུས་ཆོས་ཀྱིས་གདུལ་ཞིང་འདྲེན་མཛད་རྗེ། །ལུས་ཅན་སྐལ་བཟང་ཡོངས་ཀྱི་ སྙིང་གི་དཔྱིད། །བཟོད་མེད་གདུང་ཤུགས༴ སོགས། ཡེ་ཤེས་མངོན་རྟོགས་རྒྱ་མཚོའི་ཀློང་གྱུར་ ཅིང༌། །བདེ་སྟོང་ཟབ་མོའི་དཔལ་གྱི་འཕེལ་ཁ་རྒྱས། །བརྩེ་བ་ཆེན་པོའི་ཐུགས་བཟང་མཁའ་ ལྟར་ཡངས། །དྲི་བྲལ་དགོངས་པའི་གཏིང་མཐའ་མི་མངོན་པ། །བཟོད་མེད་གདུང་ཤུགས༴ སོགས། ཟག་མེད་ཏིང་འཛིན་མཉམ་བཞག་གཅིག་གི་ངང༌། །རྒྱུ་འབྲས་ཐེག་པའི་ཆོས་སྒོ་གང་ འཚམ་པ། །གདུལ་བྱའི་ཁམས་དབང་གང་མཐུན་དེ་ལུགས་བཞིན། །འབད་མེད་ལྷུན་གྲུབ་ མཛད་སྒོ་རྒྱ་ཆེ་བ། །བཟོད་མེད་གདུང་ཤུགས༴ སོགས། གང་གིས་ཐེག་པ་སྤྱི་དང་གསང་ཆེན་ གྱི། །གདམས་པའི་རིགས་ཅན་མཐའ་དག་རྗེས་བཟུང་བས། །ཚེ་གཅིག་ཕྱག་ཆེན་གྲུབ་པ་ གང་མང་དང༌། །རང་འཚམ་སྤངས་རྟོགས་དཔག་ཡས་འཕེལ་བའི་གཉེན། །བཟོད་མེད་ གདུང་ཤུགས༴ སོགས། སྡེ་སྣོད་མདོ་སྔགས་ཆོས་སྒོ་མཐའ་ཡས་ལས། །ཡང་སྙིང་དམ་པ་དང་ པོའི་སངས་རྒྱས་རྒྱུད། །གཙོ་ཆེར་འཆད་ཉན་སྒོམ་པས་དུས་འདའ་བའི། །ངེས་དོན་ཟབ་མོའི་ ཆོས་ཞིང་གང་དེའི་གཙོ། །བཟོད་མེད་གདུང་ཤུགས༴ སོགས། རྒྱལ་སྲས་སྤྲུལ་པའི་སྐུ་མཆོག་ པད་དཀར་ཅན། །གང་ཐུགས་དགོངས་མཚོར་རང་སེམས་དབྱེར་མེད་ངང༌། །འཕོ་ཆེན་གྲོལ་ བ་མཆོག་ཏུ་ཉེར་གཞོལ་ན། །གཉུག་ཁམས་གཤིས་སུ་འབད་མེད་རང་གྲོལ་མཛོད། །ཅེས་པའི་ འཕོ་བ་ཇི་ལྟར་རིགས་པའི་མཐར། རྗེ་བཙུན་སྤྱན་རས་གཟིགས་ཀྱི་རྣམ་རོལ་རིགས་ལྡན་ཆོས་ཀྱི་རྒྱལ་ 8-1-351 པོ་གང་གི་ཐུགས་ཀ་ནས་འོད་ཟེར་དཀར་ལམ་པ་འཕྲོས་ཁྱོད་ཀྱི་གཉུག་སེམས་ཐིག་ལེའི་ རྣམ་པར་གནས་པ་སྐད་ཅིག་གིས་དྲངས་ཏེ་ཐུགས་ཀར་ཐིམ་པས་དགོངས་ཆེན་དབྱིངས་དང་ གཉིས་མེད་དུ་སོང་བར་མོས། ལ་ཕཊ་སྒྲ་གསུམ་བྱའོ། ། ལྔ་པ་ཀུན་མཁྱེ ན་ཆེན་པོའི་འཕོ་བ་ནི། འོ་ད་ལན་གྱི་སྐབས་སུ་བབས་པ་རྗེ་ཇོ་ནང་པ་ཆེན་པོ་ཀུན་ མཁྱེན་དོལ་པོ་པ་དུས་གསུམ་སངས་རྒྱས་ལ་མོས་གུས་ཀྱི་སྒོ་ནས་ཟབ་ལམ་འཕོ་བ་འདེབས་ པ་ཡིན་པས་ཁྱོ ད་རང་གིས་དེ་ལུགས་ལྟར་སེམས་ལ་ལེགས་པར་ཟུངས་ཤིག འོ་སེམས་དག་ སྣང་སྦྱངས་ཏེ་ཟབ་ལམ་འཕོ་བའི་དམིགས་རིམ་འདི་བཞིན་བྱ་དགོས་པ་སྟེ། དེ་ཡང་རང་རེ་ ངེས་དོན་སྒྲུབ་བརྒྱུད་ཀྱི་རྗེས་འཇུག་གང་དག་གི་ཕ་ཅིག་བླ་མ་གཅིག་གྱུར་དུས་གསུམ་གྱི་ སངས་རྒྱས་མཐའ་དག་གི་སྤྱི་གཟུགས་རྗེ་ཀུན་མཁྱེན་ཇོ་ནང་པ་ཆེན་པོ་མདུན་འདིར་མངོན་ སུམ་ལྟ་བུར་བཞུགས་ཐག་བཅད་དེ་སྐྱབས་མགོན་གང་ཉིད་ལ་མི་ཕྱེད་པའི་དད་པ་བརྟན་ པོས་དགོངས་ཡིད་རོ་གཅིག་གི་རེ་འདུན་སྙིང་ཁོང་རུས་པའི་གཏིང་ནས་བྱ་དགོས་པ་དེ་བས་ ན་ཁྱོད་ཀྱི་མོས་ངོར་རང་མདུན་གྱི་ནམ་མཁའི་གནས་སུ་འཇའ་ཟེར་འོད་ཀློང་གི་དབུས་ན་ པདྨ་དང་ཟླ་བའི་གདན་ལ་ཕ་མཆོག་དུས་གསུམ་སངས་རྒྱས་ཀུན་འདུས་ཀྱི་ངོ་བོ་རིགས་ལྡན་ སྤྲུལ་པའི་སྐུ་ཆེན་པོ་ཆོས་ཀྱི་རྗེ་ཀུན་མཁྱེན་ཤེས་རབ་རྒྱལ་མཚན་དཔལ་བཟང་པོ་གང་ཉིད་ སྐུ་དཀར་ལ་དམར་བའི་མདངས་འོད་འཕྲོ་བ་ཞལ་གཅིག་ཞི་བའི་འཛུམ་དཀར་གཡོ་ཞིང་ སྤྱན་ཟུང་ནམ་མཁའི་དབྱིངས་སུ་ཧྲིག་གེར་གཟིགས་བཞིན་ཞབས་སྐྱིལ་ཀྲུང་གིས་བཞུགས་ པ། ཕྱག་གཉིས་ས་གནོན་པུས་མོར་སོན་པའི་མཐེབ་མཛུབ་ཀྱིས་པདྨ་དཀར་པོའི་ཡུ་བ་རེ་ རེ་འཛིན་པ་ལོ་མ་རྒྱས་ཤིང་པད་འདབ་ཀྱི་ཁ་སྐུའི་ཕྲག་པ་གཡས་གཡོན་ཐད་དུ་ཕྱེ་བའི་ཟེའུ་ འབྲུ་ལ་རྒྱལ་སྲས་གྲུ་འཛིན་བདག་པོ་དང་རིགས་ལྡན་པདྨ་དཀར་པོའི་གཟུགས་སྐུ་ཟུང་གིས་ རིམ་པར་མཚན་པ། སྐུ་སྐབས་ཐུང་ཞིང་བརྗིད་པའི་ལྟོ ་བ་ཟླུམ་པོ་རིལ་བོའི་རྣམ་པར་རྒྱས་ 8-1-352 བཞིན་པ་ལ་ནབ་འགག་དང་བཅས་ཆོས་གོས་རྣམ་གསུམ་གསོལ་བ་དབུ་ལ་དོལ་ཞྭ་མཚན་ ལྡན་གྱིས་ཉེ་བར་མཛེས་པ་སོགས་བླ་ཆས་ངོ་མཚར་བ་ཀུན་ནས་རྫོགས་ཤིང་གསུང་ཚངས་ དབྱངས་ཀྱིས་ངེས་དོན་ཟབ་མོའི་ཆོས་སྒྲ་སྒྲོག་བཞིན་ཐུགས་མཁྱེན་བརྩེ་ནུས་པ་རྒྱ་མཚོའི་ མངའ་བདག་སྟེ། དེ་ལྟར་གསང་གསུམ་ཡོན་ཏན་ཟླ་བྲལ་ཆོས་རྗེ་ཐམས་ཅད་གཟིགས་པ་ ཉིད་བླ་མ་ཡི་དམ་མཆོག་གསུམ་ཀུན་འདུས་ཀྱི་ངོ་བོར་ཐག་བཅད་པའི་སྒོ་ནས་མོས་གུས་ བྱས་སྟོབས་ཀྱིས་སྐད་ཅིག་ལ་ཀུན་མཁྱེན་ཆེན་པོའི་ཐུགས་ཀ་ནས་འོད་ཟེར་དཀར་ལ་དམར་ བའི་མདངས་ཅན་འཕྲོས་ཏེ་ཁྱོད་རང་གི་ལུས་ལ་ཕོག་རྐྱེན་གདོས་བཅས་ཀྱི་ངོ་བོ་དེ་མ་ཐག་ གནས་འགྱུར་ཏེ་འོད་ལུས་ཕྱི་ནང་གསལ་བའི་རང་བཞིན་དུ་གྱུར་པ་དེའི་ལྟེ་བ་ནས་སྤྱི་གཙུག་ གི་བར་རྩ་དབུ་མ་ཁ་དོག་སྔོན་པོ་ཤེལ་སྦུག་ལྟར་དྭངས་པ་མས་སྣ་ཟུམ་ཞིང་ཡས་ཁ་ཕྱེ་བའི་ ནང་གི་སྙིང་གའི་ཐད་ཙམ་ན་གཉུག་སེམས་ངོ་བོ་ཐིག་ལེ་དཀར་ལ་དམར་བའི་མདོག་རྒྱ་སྲན་ ཙམ་པ་གསལ་བའི་ངང་ནས་མདུན་མཁར་བཞུགས་པའི་ཀུན་མཁྱེན་དུས་གསུམ་སངས་ རྒྱས་ལ་རིག་པ་ཆོས་སྐུའི་དབྱིངས་སུ་འཕོ་བར་གསོལ་བ་འདི་ལྟར་འདེབས་པར་མཛོད། ན་མོ་པྲཱཛྙཱ་དྷྭཱ་ཛ་བྷྱཿ བརྩེ་བའི་གཏེར་གྱུར་འཇིག་རྟེན་དབང་ཕྱུག་གིས། །རིགས་ལྡན་ གར་བསྒྱུར་གངས་ལྗོངས་དུས་མཐའ་རུ། །ངེས་དོན་སྲོལ་འབྱེད་རྟོན་པ་བཞི་ལྡན་གྱི། །སྤྲུལ་ པའི་ཟློ ས་གར་བསྟན་འགྲོའི་དཔལ་མགོན་རྗེ། །སྙིང་ནས་གུས་པས་གསོལ་བ་འདེབས་ ལགས་ན། །རིག་པ་འཕོ་ཆེན་ཆོས་སྐུའི་དགོངས་དབྱིངས་སུ། །ཉེར་ཐིམ་དགོངས་ཡིད་དབྱེར་ མེད་ཉག་གཅིག་ངང༌། །ངེས་དོན་འཕོ་བ་ཐེབ་པར་བྱིན་གྱིས་རློབས། །གཤེགས་སྙིང་སྐུ་ཡི་རྡོ་ རྗེ་རྣམ་ཀུན་བདག །དོན་དམ་ཆོས་ཉིད་རང་གཟུགས་འཕོ་མེད་ཅིང༌། །སྣ་ཚོགས་སྣང་བ་ནམ་ མཁའ་དང་མཉམ་པ། །རང་གཤིས་ཇི་བཞིན་མངོན་གྱུར་ཀུན་མཁྱེ ན་རྗེ། །སྙིང་ནས་གུས་ པས༴ སོགས་ཚིག་རྐང་བཞི་འགྲེས། གཤེགས་སྙིང་གསུང་གི་རྡོ་རྗེ་གཞོམ་མེད་དབྱིངས། །རྣམ་པ་སྒྲ་ 8-1-353 སྐད་དུ་མའི་མཚར་བཀོད་ཅིང༌། །ཡང་དག་ཆོས་ཕུང་བརྒྱད་ཁྲིའི་གནས་ལུགས་ཆེ། །དགོངས་ ཆེན་དེ་ཉིད་མངོན་གཟིགས་ཀུན་མཁྱེ ན་རྗེ། །སྙིང་ནས་གུས་པས༴ སོགས། གཤེགས་སྙིང་ ཐུགས་ཀྱི་རྡོ་རྗེ་མི་རྟོག་དབྱིངས། །སྤྲོས་བྲལ་མཁའ་ལྟར་དག་པའི་ཤེར་ཕྱིན་མཆོག །རྣམ་པ་ ཀུན་ལྡན་གདོད་མའི་ཡེ་ཤེས་ཆེ། །རང་གཤིས་ཇི་བཞིན་དགོངས་ཆུབ་ཀུན་མཁྱེ ན་རྗེ། །སྙིང་ ནས་གུས་པས༴ སོགས། གཤེགས་སྙིང་ཡེ་ཤེས་རྡོ་རྗེ་དགའ་ཆེན་གཟུགས། །འཕོ་བྲལ་རང་ གསལ་སྲིད་གསུམ་དྭངས་མའི་བཅུད། །འགྱུར་མེད་བདེ་བ་ཆེན་པོར་རྟག་རོལ་པ། །གང་ ཐུགས་དབྱེར་མེད་མངོན་བྱས་ཀུན་མཁྱེ ན་རྗེ། །སྙིང་ནས་གུས་པས༴ སོགས། མཁྱེ ན་དགོངས་ ཟབ་མོས་ངེས་དོན་གཏིང་དཔོག་སྟེ། །གངས་རིའི་ལྗོངས་འདིར་འཇིགས་མེད་སེང་གེའི་ སྒྲས། །ལོག་སྨྲ་ཝ་སྐྱེས་ཚོགས་ཀུན་ཟིལ་གནོན་པའི། །རྟོན་བཞི་ལྡན་པ་རིགས་ལྡན་སྤྲུལ་ པའི་སྐུ། །སྙིང་ནས་གུས་པས༴ སོགས། བརྩེ་བ་ཆེན་པོའི་འཇུག་སྒོ་རབ་ཡངས་པ། །མ་ལུས་ འགྲོ་ལ་དགེ་བའི་མགོན་གྱི་ཕུལ། །འཁོར་བའི་མཚོ་ལས་སྒྲོལ་མཛད་དཔའ་བོ་ཆེ། །སྐྱབས་ གནས་ཟླ་དང་བྲལ་བ་ཆོས་ཀྱི་རྗེ། །སྙིང་ནས་གུས་པས༴ སོགས། ནུས་པ་རླབས་ཆེན་འགྲོ་ཀུན་ རྗེས་སུ་ཞུགས། །འཁོར་བ་པ་དག་རང་འཚམ་སྡུག་བསྔལ་ལས། །ཅི་དགར་དབུགས་བྱུང་ སྦྱིན་དང་ཆབས་གཅིག་པར། །གནས་སྐབས་མཐར་ཐུག་ཕན་བདེ་སྤེལ་བྱེད་མགོན། །སྙིང་ ནས་གུས་པས༴ སོགས། ཆོས་རྗེ་བླ་མ་ཀུན་མཁྱེ ན་ཇོ་ནང་པ། །གང་གི་ཐུགས་དགོངས་འོད་ གསལ་གཤིས་ལུགས་སུ། །རང་རིག་རོ་མཉམ་འཕོ་ཆེན་འཇའ་ལུས་སྐུར། །རབ་དྭངས་ སྟོངས་གཟུགས་མཆོག་དང་དབྱེར་མེད་མཛོད། །ཅེས་པའི་འཕོ་བ་ཅི་རིགས་པའི་མཐར། ཕ་མཆོག་ཀུན་ མཁྱེན་དུས་གསུམ་སངས་རྒྱས་གང་གིས་དགོངས་གཏད་ཟབ་མོའི་སྟོབས་ཀྱིས་ཁྱོད་རང་ གིས་རིག་ཤེས་ཐིག་ལེའི་རྣམ་པ་དེ་སྐད་ཅིག་གིས་ཡར་དྲངས་ནས་ཆོས་རྗེ་བླ་མའི་ཐུགས་ ཀར་ཐིམ་པའི་སྒོ་ནས་ཐུགས་ཡིད་རོ་མཉམ་ཆེན་པོར་གྱུར་པར་བསམ། ལ་ཕཊ་སྒྲ་གོང་ལྟར་རོ། ། 8-1-354 དྲུག་པ་རྗེ་བཙུན་ཆེན་པོའི་འཕོ་བ་ནི། འོ་ད་སྐབས་སུ་ཁྱོ ད་རང་གིས་འཇམ་མགོན་བླ་མ་གསང་ བདག་སྒྲོལ་བའི་མགོན་པོ་ལ་གུས་འདུན་ཟབ་མོའི་སྒོ་ནས་འཕོ་བ་འདེབས་པ་ཡིན་པས་ དེ་ལུགས་ལྟར་ཉམས་སུ་ལེན་པར་མཛོད་ཅིག ཁྱོ ད་ཀྱི་མདུན་མཁར་འཇའ་ཟེར་གྱི་དབུས་ ན་གདན་པད་ཟླའི་སྟེང་དུ་དཔལ་ལྡན་འཁོར་ལོ་སྡོམ་པའི་རྣམ་པར་རོལ་པ་ཆེན་པོ་དཀྱིལ་ འཁོར་རྒྱ་མཚོའི་མངའ་བདག་རྗེ་འཇམ་མགོན་ཏཱ་ར་ནཱ་ཐ་གཟུགས་སྐུ་དཀར་ལ་དམར་བའི་ མདངས་ཅན་ཞལ་གཅིག་དགྱེས་འཛུམ་དང་ལྡན་པ་ཕྱག་གཡས་ཆོས་འཆད་ཀྱི་ཕྱག་རྒྱ་དང་ གཡོན་མཉམ་བཞག་གིས་བདུད་རྩིས་བལྟམས་པའི་བུམ་བཟང་བསྣམས་པ། ཞབས་སྐྱིལ་མོ་ ཀྲུང་གིས་བཞུགས་བཞིན་སྐུ་ལ་ནབ་འགགས་བཅས་ཆོས་གོས་རྣམ་གསུམ་གསོལ་ཞིང་དབུ་ ལ་མཁན་ཞྭ་སྙན་ཤལ་དང་ལྡན་པས་མཛེས་པ་གསང་གསུམ་ཡོན་ཏན་རླབས་ཆེ་ཞིང་མཁྱེན་ བརྩེ་ནུས་པ་རྒྱ་མཚོའི་མངའ་བདག་ཏུ་གསལ་ཐོབ་ལ། གང་གི་ཐུགས་ཀའི་འོད་ཟེར་འཕྲོས་ པ་ཁྱོད་ལུས་ལ་ཕོག་པས་གདོས་བཅས་བེམ་པོ་མ་ཡིན་པ་འོད་ལུས་སུ་གྱུར་པའི་དབུས་སུ་རྩ་ དབུ་མ་གཉུག་སེམས་རང་གཟུགས་ཐིག་ལེ་དཀར་གསལ་དང་བཅས་དམིགས་པས་བསྐྱེད་ པར་བྱས་ཏེ་སྐྱབས་མགོན་རྗེ་བཙུན་བླ་མ་ཉིད་ལ་གཉུག་མའི་རིག་པ་ཐུགས་དགོངས་སུ་འཕོ་ ཆེད་གསོལ་བ་གདུང་ཤུགས་དྲག་པོས་འདེབས་པར་མཛོད་ཅིག ན་མོ་ཏཱ་ར་ནཱ་ཐ་ཡ། དཔལ་ལྡན་བདེ་མཆོག་འཁོར་ལོའི་སྒྱུ་འཕྲུལ་གར། །ཡེ་ཤེས་རོལ་ པ་ངུར་སྨྲིག་གར་བསྒྱུར་བ། །གསང་ཆེན་རྟོགས་པའི་མཛོད་བརྙེས་གྲུབ་པའི་དབང། །འཇམ་ མགོན་རྗེ་བཙུན་བླ་མ་སྒྲོལ་བའི་མགོན། །རིག་པ་ཐུགས་ཀར་འཕོ་བར་གསོལ་བ་འདེབས། །གཉུག་སེམས་ཐིག་ལེའི་རྣམ་པ་སྐད་ཅིག་ལ། །དབུ་མའི་ལམ་བརྒྱུད་མགོན་ཁྱོ ད་ཐུགས་ ཀར་འཕོས། །དགོངས་ཡིད་དབྱེར་མེད་འདྲེས་པར་བྱིན་གྱིས་རློབས། །སྒྱུ་འཕྲུལ་དྲ་བ་ མཁའ་འགྲོ་རྒྱ་མཚོའི་སྡོམ། །བདེ་སྟོང་དབྱེར་མེད་དཔའ་བོ་ཧེ་རུ་ཀ །འཁོར་ལོ་གསུམ་གྱི་ 8-1-355 ཐབས་ཤེས་ལྷ་ཚོགས་སྐུ། །རྡོ་རྗེ་སློ བ་དཔོན་མཆོག་ཏུ་མངོན་སྤྲུལ་པ། །རིག་པ་ཐུགས་ཀར༴ སོགས་ཚིག་རྐང་བཞི་འགྲེས། གཞོམ་མེད་ནཱ་དའི་སྒྲ་དབྱངས་རྡོ་རྗེའི་གླུ། །བདེ་ཆེན་དགའ་ བ་ཅིར་ཡང་སྤེལ་བྱེད་པ། །རིག་སྔགས་སྙིང་པོ་གསུང་གི་དབང་ཕྱུག་ཆེ། །གསང་བདག་རྡོ་ རྗེ་འཛིན་པ་གྲུབ་པའི་དབང༌། །རིག་པ་ཐུགས་ཀར༴ སོགས། བདེ་ཆེན་ཡེ་ཤེས་འགྱུར་བ་མེད་ པའི་མདངས། །ཀུན་རྟོག་སྤྲོས་པའི་སྐྱོན་གྱིས་གོས་མེད་པར། །རང་སྣང་ཡེ་ཤེས་རོལ་པ་ འཛད་མེད་གཏེར། །གསང་ཆེན་ཐུགས་མཆོག་དཔལ་གྱི་མངའ་བདག་རྗེ། །རིག་པ་ཐུགས་ ཀར༴ སོགས། མཁྱེ ན་བཟང་མཆོག་གིས་ཤེས་བྱའི་གནས་ཀུན་གཟིགས། །བརྩེ་བས་འགྲོ་ལ་ ཕན་བདེ་རླབས་ཆེན་སྦྱིན། །ནུས་མཐུས་ངེས་དོན་སྙིང་པོའི་རང་ལུགས་སྤེལ། །རྫོགས་ལྡན་ ཆོས་མཆོག་ཡོངས་ཀྱི་བསྟན་པའི་བདག །རིག་པ་ཐུགས་ཀར༴ སོགས། ཕྱི་ཚུལ་ངུར་སྨྲིག་ རྒྱལ་མཚན་ལེགས་འཆང་བ། །ནང་དུ་གསང་ཆེན་གྲུབ་པའི་བརྟུལ་ཞུགས་འཛིན། །ཡང་ གསང་རྒྱུད་སྡེ་རྒྱ་མཚོའི་དགོངས་པའི་བཅུད། །སྔགས་ཀྱི་ཟབ་ཆོས་ཀློང་ཆེན་འཇམ་མགོན་ རྗེ། །རིག་པ་ཐུགས་ཀར༴ སོགས། ཡང་དག་ངེས་དོན་ལྟ་བས་དབུ་འཕང་མཐོ། །རྒྱ་ཆེན་ཏིང་ འཛིན་ཟབ་མོའི་ཀློང་རྡོལ་བ། །རླབས་ཆེན་རྒྱལ་སྲས་སྤྱོད་པས་འགྲོ་ཁམས་སྐྱོང༌། །ཐུབ་ བསྟན་ཡོངས་རྫོགས་བཅུད་འཛིན་བསྟན་པའི་གཉེན། །རིག་པ་ཐུགས་ཀར༴ སོགས། དཔལ་ ལྡན་ཀུན་གཟིགས་ཡེ་ཤེས་རྡོ་རྗེ་ཅན། །གསང་ཆེན་སྤངས་རྟོགས་ལུས་རྩལ་ཡོངས་རྫོགས་ པ། །གངས་ལྗོངས་གྲུབ་དབང་ཀུན་ལས་ཆེར་འཕགས་ཤིང༌། །རྡོ་རྗེ་འཛིན་པ་སྔགས་རིག་ འཛིན་པའི་ཕུལ། །རིག་པ་ཐུགས་ཀར༴ སོགས། རྗེ་བཙུན་ཀུན་དགའ་སྙིང་པོ་ཐུགས་རྗེའི་ གཏེར། །རང་གི་གཉུག་སེམས་ཐིག་ལེའི་རྣམ་པ་དེ། །སྐད་ཅིག་ཁྱེ ད་ཐུགས་དགོངས་པར་ ལེགས་དྲངས་མཛོད། །གཞི་དབྱིངས་གཉུག་མ་ཆེན་པོར་འདྲེས་བྱིན་རློབས། །ཞེས་པ་ཅི་འགྲུབ་ མཐར། རྗེ་བཙུན་བླ་མའི་ཐུགས་དགོངས་ལེགས་པར་གཏད་པ་ལ་བརྟེན་ཁྱོ ད་ཀྱི་གཉུག་མའི་ 8-1-356 སེམས་ཀྱི་ངོ་བོ་ཐིག་ལེ་དེ་ཉིད་སྐད་ཅིག་ལ་བླ་མའི་ཐུགས་ཀར་ཐིམ་སྟེ་དགོངས་ཡིད་གཅིག་ པར་མོས། ལ་ཕཊ་སྒྲ་གོང་ལྟར་རོ། ། བདུན་པ་རྩ་བའི་བླ་མའི་འཕོ་བ་ནི། འོ་ད་ལན་ནི་ཁྱོ ད་རང་གི་ཕ་ཅིག་རྩ་བའི་བླ་མ་བཀའ་དྲིན་ གསུམ་དང་ལྡན་པ་དེ་གང་ཡིན་ན་དེ་ལུགས་ལྟར་འདིར་མོས་གུས་བསྒོམ་སྟེ་ཟབ་ལམ་འཕོ་ བ་བྱེད་པ་ལ་སེམས་ལེགས་པར་གཏོད་མཛོད། འོ་ད་ནི་ཁྱོད་ཀྱི་དག་སྣང་མོས་ཡུལ་གྱི་མདུན་ མཁར་འོད་ཕུང་འཁྲིགས་པའི་ཀློང་དཀྱིལ་ན་པདྨ་དང་ཟླ་བ་བརྩེགས་པའི་གདན་སྟེང་དུ་རང་ ལ་དུས་གསུམ་གྱི་སངས་རྒྱས་ཀུན་ལས་བཀའ་དྲིན་ཆེ་བ་དཔལ་ལྡན་རྩ་བའི་བླ་མ་དེ་ཉིད་ སྐུ་མདོག་དཀར་ལ་དམར་བའི་གཟི་མདངས་འབར་ཞིང་ཞལ་གཅིག་ཞི་བ་ཆེན་པོའི་དགྱེས་ ཤིང་འཛུམ་དམུལ་བ། ཕྱག་གཉིས་ཐུགས་ཀའི་ཐད་དུ་ཆོས་འཆད་ཕྱག་རྒྱའི་མཐེབ་མཛུབ་ ཟུང་གིས་ཐབས་ཤེས་རྟགས་ཀྱིས་ཟེའུ་འབྲུ་ལ་མཚན་ཞིང་སྐུའི་གཡས་གཡོན་གྱེན་དུ་བསྐྱོད་ པའི་པདྨོ་ལོ་འདབ་རྒྱས་པའི་ཡུ་བ་ནས་འཛིན་བཞིན་ཞབས་སྐྱིལ་མོ་ཀྲུང་གིས་བཞུགས་ པ། སྐུ་ལ་འགག་ནབ་རྒྱན་བཟང་རྣམ་གསུམ་གྱི་ཆོས་གོས་དང་དབུ་ལ་མཁན་ཞྭ་མཚན་ལྡན་ བཅས་ཀྱིས་ཉེ་བར་མཛེས་ཤིང་རྣམ་མང་འོད་ཟེར་འབར་བའི་ཕུང་པོ་ཅན་གསང་གསུམ་ ཡོན་ཏན་འབྱམས་ཀླས་མཁའ་དང་མཉམ་པ་མཁྱེན་བརྩེ་ནུས་པ་རླབས་ཆེ་ཞིང་གང་གི་ཕྲིན་ ལས་མཛད་པ་ལ་བརྟེན་བླ་མ་ཡི་དམ་མཆོག་གསུམ་མཁའ་འགྲོ་ཆོས་སྐྱོང་གི་སྤྲུལ་བཀོད་ ཟད་པ་མི་མངའ་བའི་བདག་ཉིད་དུ་གསལ་ཐོབ་ལ། འོ་དཔལ་ལྡན་བླ་མ་གང་གི་ཐུགས་ ལས་སྤྲོས་པའི་འོད་གྱིས་ཁྱོད་རང་གི་གདོས་བཅས་བེམ་པོའི་ལུས་སྦྱངས་ཏེ་དྭངས་གསལ་དུ་ གྱུར་པའི་དབུས་སུ་རྩ་དབུ་མ་གསལ་བཏབ་པའི་ནང་དུ་གཉུག་ཁམས་རིག་ཤེས་དྭངས་མའི་ ངོ་བོ་ཐིག་ལེ་དཀར་གསལ་གྱི་གཟུགས་སུ་མོས་འདུན་གྱི་ངང་ནས་བཀའ་དྲིན་མཚུངས་མེད་ རྩ་བའི་བླ་མ་གང་ཉིད་ལ་ཐུགས་ཡིད་རོ་མཉམ་གྱི་འཕོ་བ་ཐེབས་ཆེད་གསོལ་བ་འདི་ལྟར་དུ་ 8-1-357 ཐོབ་ཅིག ན་མོ་གུ་རུ་བུདྡྷཱ་བྷྱཿ ཕུན་ཚོགས་ལེགས་དགེ་ཀུན་གྱི་གཞི་གཅིག་པུ། །ཟབ་དང་རྒྱ་ཆེའི་ གདམས་བཟང་ཆོས་ཀྱི་བཅུད། །འདི་ཕྱིའི་ཕན་བདེའི་གཞི་རྩ་སྦྱིན་མཛད་མགོན། །བཀའ་ དྲིན་འཁོར་མེད་རྩ་བའི་བླ་མ་མཆོག །ཡིད་ཆེས་དག་སྣང་ངང་ནས་གསོལ་འདེབས་ན། །གཉུག་སེམས་ཐིག་ལེའི་རྣམ་པ་སྐད་ཅིག་ལ། །རྩ་བའི་བླ་མའི་ཐུགས་ཀར་མྱུར་འཕོས་ཏེ། །དགོངས་ཡིད་རོ་མཉམ་འཕོ་ཆེན་འབྱུང་བར་མཛོད། །མ་ལུས་བྱིན་རླབས་མཆོག་གི་དཔལ་ མངའ་ཞིང༌། །ཆོས་ཀྱི་སྒོ་མོ་མཐའ་ཡས་ལེགས་སྩོལ་བ། །དབང་ལུང་མན་ངག་བརྒྱུད་རིམ་ གང་ཡོད་ཚད། །རྩ་བརྒྱུད་དཔལ་ལྡན་བླ་མ་ཀུན་འདུས་རྗེ། །ཡིད་ཆེས་དག་སྣང༴ སོགས་ཚིག་ རྐང་བཞི་འགྲེས། གྲུབ་གཉིས་དངོས་གྲུབ་འདོད་པ་འཇོ་བའི་དཔྱིད། །རྒྱུད་སྡེ་བཞི་ཡི་དཀྱིལ་ འཁོར་གྱིས་བསྡུས་པའི། །རབ་འབྱམས་ལྷ་ཚོགས་སྒྱུ་མའི་སྤྲུལ་བཀོད་བཅས། །ཡི་དམ་ རྒྱལ་བ་རྒྱ་མཚོའི་སྤྱི་གཟུགས་ཆེ། །ཡིད་ཆེས་དག་སྣང༴ སོགས། སྤངས་རྟོགས་ཡོངས་རྫོགས་ གོ་འཕང་བླ་མེད་བརྙེས། །རང་གཞན་དོན་གཉིས་མཐའ་དག་ལེགས་གྲུབ་ཅིང༌། །ལྷུན་གྱིས་ གྲུབ་པའི་མཛད་རླབས་མངའ་བའི་བདག །དུས་གསུམ་སངས་རྒྱས་ཀུན་དངོས་བླ་མ་མཆོག །ཡིད་ཆེས་དག་སྣང༴ སོགས། སྤྲོས་བྲལ་ཟབ་ཞི་འདུས་མ་བྱས་ཀྱི་དབྱིངས། །ཉེས་ཀུན་དྲི་མ་ གཤིས་སུ་དག་པའི་ཕུལ། །རང་གསལ་ཡེ་ཤེས་མངོན་རྟོགས་མཐའ་ཀླས་པ། །འགོག་ལམ་ དམ་ཆོས་ཀུན་དངོས་ཆོས་ཀྱི་རྗེ། །ཡིད་ཆེས་དག་སྣང༴ སོགས། གནས་ལུགས་ཟབ་མོའི་དེ་ ཉིད་མངོན་བྱས་ཤིང༌། །སྒྲིབ་པ་བག་ཉལ་ཟད་པའི་ཐུགས་མངའ་བ། །རིག་དང་གྲོལ་བ་ མཆོག་གི་དཔལ་གྱུར་པའི། །ཞིང་བཟང་དགེ་འདུན་ཀུན་དངོས་འགྲོ་བའི་སྐྱབས། །ཡིད་ ཆེས་དག་སྣང༴ སོགས། རྣམ་ལྔ་རྒྱལ་བའི་རིགས་ལས་འཁྲུངས་པ་ཡི། །ཐབས་ཚུལ་སྣ་ཚོགས་ གར་གྱིས་འགྲོ་ཕན་སྤེལ། །དཔལ་ལྡན་ཞིང་སྔགས་ལྷན་སྐྱེས་དཔལ་མོའི་རིགས། །ཡེ་ཤེས་ 8-1-358 མཁའ་འགྲོ་ཀུན་དངོས་སྐྱེ་དགུའི་མགོན། །ཡིད་ཆེས་དག་སྣང༴ སོགས། རྒྱལ་བའི་ཐབས་ མཁས་མཛད་བཟང་ལས་བྱུང་བ། །ཆོས་སྲུང་མཐུ་ཆེན་དྲེགས་ལྡན་སྐུར་སྤྲུལ་པའི། །ཡེ་ ཤེས་སྤྱན་མངའ་ནག་པོ་ཆེན་པོ་སོགས། །བསྟན་པ་སྐྱོང་མཛད་ཀུན་དངོས་བླ་མ་རྗེ། །ཡིད་ ཆེས་དག་སྣང༴ སོགས། བཀའ་དྲིན་ཟླ་བྲལ་རྩ་བའི་བླ་མ་མཆོག །ཐུགས་རྗེ་ཆེ་མངའ་གང་གི་ དགོངས་ཀློང་དུ། །རང་སེམས་རོ་གཅིག་ཐུགས་ཡིད་དབྱེར་མེད་ངང༌། །རིག་པ་འཕོ་ཆེན་གཅིག་ཏུ་ ཕཊ་ཀྱིས་སྤར། །དེ་ལུགས་ཅི་ནུས་ལ་རེམ་པའི་མཐར། ཕ་གཅིག་རྩ་བའི་བླ་མ་དམ་པ་གང་གི་བྱིན་རླབས་ཀྱི་ མཐུས་སྐད་ཅིག་དེ་ཉིད་ལ་རིག་ཤེས་ཐིག་ལེའི་གཟུགས་སུ་གནས་པ་ཡར་འཕར་ཏེ་རྒྱངས་ ཀྱིས་ཐོན་བླ་མའི་ཐུགས་ཀར་ཐིམ་ནས་ཐུགས་ཡིད་གཅིག་ཏུ་འདྲེས་པར་བསམ། ལ་ཕཊ་སྒྲའང་ གོང་ལྟར་རོ། ། གསུམ་པ་རྗེས་མཁོ་ཆོས་ཀྱི་ཁ་སྐོང་ནི། དེ་ལྟར་གཞུང་གི་དཀྱུས་འཕོ་གང་དག་འཕོ་ཐུན་སྐབས་ཀྱི་ཉེར་མཁོ་དང༌། ལྷན་ ཐབས་འདིར་བཀོད་རྣམས་ནི་གཞན་རྗེས་འཛིན་འཕོ་འདེབས་བྱེད་པ་ལ་མཁོ་བའི་དབང་དུ་བྱས་ནས་གོང་དུ་བཤད་པ་བཞིན་ བསྒྲུབ་བྱ་མཆོག་དམན་གང་ལ་ངོ་སྤྲོད་འཕོ་བ་བྱས་མཐར་ཆོ་ག་དང་མ་འབྲེལ་བའི་སྐབས་ལམ་སྦྱངས་བསྟན་ཙམ་བྱེད་པར་ སྤྲོ་ན་དེ་ལ་ཉེ་བར་མཁོ་བ་ནི་ངོ་སྤྲོད་འཕོ་བ་ཅི་རིགས་པའི་རྗེས་དེ་ཉིད་ལ་འདི་སྐད། འོ་ད་སྐབས་ཁྱོ ད་འཆི་བ་བར་ དོ་གང་ལ་ཐོན་ཡོད་པ་དེའི་གནས་ཚུལ་ཇི་བཞིན་ངོ་སྤྲད་ནས་མྱུར་དུ་གྲོལ་ཐབས་ངེད་ཅག་ རྣམས་ཀྱིས་ཁྱོད་རང་གི་སྟེང་མཁར་བཞུགས་པའི་སྐྱབས་མཆོག་དེ་ཉིད་ལ་དད་གུས་བརྟན་ པོས་ཐུགས་ཡིད་དབྱེར་མེད་ཀྱི་དོན་དུ་གསོལ་བ་སྙིང་ནས་ཡང་ཡང་འདེབས་པའི་རོགས་ ལྡན་དང༌། ཟབ་ལམ་འཕོ་བའི་གདམས་ངག་རྩ་དང་རྟེན་ཡུལ་བསྐྱེད་པ་སོགས་སྤྲོས་བཅས་ མོས་སྒོམ་དག་སྣང་བྱ་ཚུལ་དང་ཐུགས་ཡིད་རོ་མཉམ་རང་གསལ་ཆེན་པོའི་དབྱིངས་འཕོ་ ཁྱད་པར་བ་ལ་མཉམ་པར་བཞག་པའི་སྤྲོས་མེད་གནས་ལུགས་འཕོ་བའི་གདམས་ཟབ་ གང་དག་ཁྱོད་རང་ལ་ཇི་བཞིན་བསྟན་པའི་སྒོ་ནས་ལག་ལེན་དེ་ལྟ་བུས་ཁྱོད་རང་གི་གཉུག་ 8-1-359 སེམས་ཀྱི་ཆ་སྐྱབས་གནས་མཆོག་གི་ཐུགས་དགོངས་སུ་སྤར་ཏེ་དབྱེར་མེད་རོ་མཉམ་དུ་བྱ་ བའི་རིམ་པ་རྣམས་ནི་ལམ་སྦྱངས་པའི་དོད་ཡིན་ལ། དེ་ནས་སྐྱབས་མཆོག་གི་ཐུགས་ཀར་ སྤར་བའི་གཉུག་མའི་རིག་ཤེས་དེ་དབྱིངས་དེ་ཉིད་དུ་གྲོལ་མ་ནུས་ན་སྐྱེ་སྲིད་ཕྱི་མ་བདེ་བ་ ཅན་སོགས་རིགས་ལྔའི་ཞིང་ཁམས་ལྟ་བུའི་མཁའ་སྤྱོད་ཀྱི་ཞིང་དང་ཤམྦྷ་ལ་དང་རྔ་ཡབ་གླིང་ སོགས་ས་སྤྱོད་ཀྱི་ཞིང་གང་ཡང་རུང་བ་རང་རང་ལ་ལས་འབྲེལ་གང་ཡོད་པའི་ཞིང་ཁམས་ དེར་ཡང་དག་སྐྱེ་ལུས་མཆོག་ཏུ་གནས་སྤར་བའི་སྒོ་ནས་ཚེ་དེ་ཉིད་ལ་དོན་གཉིས་མཐར་ཕྱིན་ པའི་སྐལ་བ་ཡོད་ངེས་སུ་ལེགས་པར་བྱེད་པ་དེ་ནི་ལམ་བསྟན་པའི་དོད་ཡིན་པས་དེ་ལུགས་ བཞིན་མཚམས་སྦྱར་བའི་སླད་དུ་ཐུགས་ཡིད་དབྱེར་མེད་ཀྱི་རིག་ཤེས་གང་དེ་རྩལ་ཆེན་གྱིས་ འཕངས་པའི་མདའ་ལྟར་ཞིང་ཁྱད་པར་བར་ལུས་རྟེན་ཡང་དག་ཏུ་སྐད་ཅིག་ལ་འཕོ་བར་ མཛོད་ཅིག ཅེས་པའི་ངང་ནས་ཕཊ་སྒྲ་བརྗོད་མཐར། སྐྱབས་མཆོག་དམ་པའི་རླབས་ཆེན་མཐུ་བཟང་ དང༌། །ཉེ་བར་འགྲོགས་པའི་ཟབ་ལམ་འཕོ་བའི་སྟོབས། །ཕན་ཚུན་ལྷན་ཅིག་ཚོགས་པའི་ ལེགས་མཐུ་ལས། །དགོངས་ཆེན་དབྱིངས་དང་རོ་མཉམ་གཉུག་མའི་སེམས། །སྐད་ཅིག་ཉིད་ ལ་རྩལ་ཆེན་མདའ་འཕངས་ལྟར། །ཞིང་ཁམས་གཞན་དུ་སྐྱེ་ལུས་དག་པར་འཕོས། །ཆོས་ དང་མཐུན་པའི་རྐྱེན་ཀུན་ཡོངས་འགྲིག་སྟེ། །ཐར་ལམ་མཆོག་ལ་སློ བ་པའི་སྐལ་བཟང་ཐོབ། །གནས་ཚུལ་དེར་བརྟེན་རང་དང་འཚམ་པའི་ཆོས། །ཇི་ལྟར་ཐོས་བསམ་སྒོམ་པས་ཉམས་ བླངས་ལས། །སྤངས་དང་རྟོགས་པའི་ཡོན་ཏན་མྱུར་རྫོགས་ཏེ། །མཐར་ཐུག་བྱང་ཆུབ་གོ་ འཕང་འཛིན་གྱུར་ཅིག །དེ་ནས་བསྔོ ་བ་སྨོན་ལམ་ཅི་རིགས་པའང་བརྗོད་པར་བྱ་ཞིང༌། སྐབས་དེར་མིང་བྱང་བསྲེག་ དགོས་བྱུང་ན། རང་ཡི་དམ་གྱི་ཐུགས་ཀ་ནས་རཾཿཡིག་དམར་པོ་འཕྲལ་དུ་བྱུང་བ་དེས་གཤིན་ པོའི་རྣམ་སྨིན་གྱི་ཕུང་པོ་སྐད་ཅིག་ལ་སྦྱངས་པར་བསམ། ཡེ་ཤེས་རང་སྣང་ལས་ཤར་བའི། །བསྲེག་བྱ་ཟ་བྱེད་མེ་དཔུང་མཆོག །གང་དེས་རྣམ་སྨིན་ཉེར་ཕུང་དང༌། །ལྷན་ཅིག་སྡིག་སྒྲིབ་ 8-1-360 ཐམས་ཅད་བསྲེགས། །ༀ་ཛྭ་ལ་རཾ་སརྦ་པ་པཾ་ཤནྟ່་ཀུ་རུ་སྭཱཧཱ། ཞེས་སོགས་སྒྲིབ་སྦྱང་གི་གཟུངས་སྔགས་ ཅི་རིགས་པའང་བཟླ་ལ་མཐར་སྨོན་ལམ་གདབ་བོ། ། གཉིས་པ་ཞར་བྱུང་གི་རིམ་པ་ནི། གོང་དུ་སྨོས་ཟིན་གྱི་འཕོ་བ་དེ་དག་གི་སྒོས་སུ་ཚེ་ལྡན་ལ་འཕོ་བ་སྦྱང་བའི་ཆེད་ཙམ་ལ་ བྱེད་པར་སྤྲོ་ན་ཐོག་མཐར་འདི་བཞིན་མཚམས་སྦྱར་བ་སྟེ། འོ་རིགས་ཀྱི་བུ་གང་དག་ད་ལན་འདི་ལྟར་ཡིད་ ལ་ཞོག་མཛོད། ཁྱོ ད་རང་གི་ཚེ་ཐོག་མ་ནས་ད་ལྟ་དང་ཐ་མའི་བར་འཁོར་བའི་སྐྱེ་བ་ཐམས་ ཅད་དུ་དམྱལ་མེ་དངོས་ལས་ཀྱང་གནོད་ཚབས་ཆེ་བ་རྣམ་སྨིན་ཉེར་ཕུང་སྡུག་བདེན་གྱིས་ བསྡུས་པ་འདི་ཀ་ཤིན་ཏུ་ཡིད་མི་འོང་དུ་བལྟས་ཏེ་གནས་ངན་པའི་ལུས་སེམས་འདི་གཉིས་ ནི་རིམ་པར་མི་གཙང་གདོས་བཅས་སྐྱེ་རྒ་ན་འཆིའི་སྡུག་བསྔལ་ཁུར་ལྕི་བ་མི་འདོད་བཞིན་ རང་དབང་མེད་པར་ཐོག་ཏུ་འབབ་པ་དང༌། རྣམ་སྨིན་སྐྱེས་ཀྱི་སེམས་ཟག་བཅས་ཀུན་ཉོན་ གྱི་ཁུངས་ཚང་དབང་མེད་ཉོན་མོངས་ཤུགས་འཕེལ་ཞིང་སྐྱེ་བ་རྒྱུན་མི་ཆད་པས་འཁོར་བ་ སྡུག་བསྔལ་གྱི་རྒྱ་མཚོའི་གཏིང་ཐག་བྱས་ནས་ནམ་ཡང་འཁོར་སྡུག་ལས་ཐར་བའི་གོ་སྐབས་ དཀའ་ཞིང་ཤིན་ཏུ་བསྡམ་གནས་ཁྲི་མུན་ལྟ་བུའི་གནས་འདི་དང་མྱུར་ནས་འབྲལ་འདོད་ ཤུགས་དྲག་པོ་དང་ཁྱོད་ཀྱི་རིག་ཤེས་དྭངས་མ་སྐྱབས་གནས་མཆོག་ཆོས་སྐུ་བདེ་བ་ཆེན་པོའི་ དགོངས་བརྙེས་གང་གི་ཐུགས་ཞི་བའི་དབྱིངས་སུ་ལེགས་པར་ཉེར་ཐིམ་གྱིས་གཏན་བདེའི་ གོ་འཕང་ལ་འཕྲལ་དུ་རྟག་པར་སྤྱོད་འདོད་ཡིད་གཏིང་ནས་འགྱུར་བག་ཐོན་ངེས་བྱས་ཏེ། ད་ ལན་ཐབས་དེ་ཡི་ཆེད་དུ་ཟབ་ལམ་འཕོ་བའི་མན་ངག་ལ་དམིགས་སྦྱོང་བྱེད་ཚུལ་རང་གིས་ གོ་བརྡ་གང་སྤྲད་པ་འདི་ལྟར་ཇི་བཞིན་ཉམས་སུ་ལེན་པ་ལ་འབོད་ཅིག ཅེས་པས་མཚམས་སྦྱར་ཏེ་ གོང་གི་གཞུང་ལྷན་ལས་ཇི་སྐད་བྱུང་བ་བཞིན་རྩ་བསྐྱེད་འཕོ་བ་རྣམས་སྐབས་དང་བསྟུན་ཏེ་ཇི་ལྟར་འོས་པའི་མཐར། འོ་ད་ནི་ ཁྱོད་རང་གི་རིག་ཤེས་ཆོས་དབྱིངས་དང་རོ་མཉམ་དུ་སོང་བ་དེ་སླར་ཐིག་ལེ་སེར་པོའི་རྣམ་ པར་མར་ཕབ་ནས་སྤྱི་གཙུག་ཚངས་བུག་ཏུ་ཞུགས་དབུ་མའི་ནང་བརྒྱུད་ལྟེ་བ་ས་ཁམས་ཀྱི་ 8-1-361 འཁོར་ལོའི་ནང་དུ་སྣ་ཚོགས་རྡོ་རྗེ་རྒྱ་གྲམ་གྱི་ལྟོ་བར་ཐེམ་གྱིས་གནས་ཏེ་བརྗིད་ཅིང་བརྟན་ ཆགས་པར་བསམ་བཞིན་དེ་ཀའི་ངང་དུ་མཉམ་པར་འཇོག་མཛོད། ཅེས་པས་མཐར་མཚམས་སྦྱར་ ལ་ཚེ་བསྙེན་དང་ཚེ་འགུགས་རེ་གང་སྤྲོས་ཙམ་བྱས་ན་ཆོག དེ་དག་གིས་རེ་ཞིག་འཕོ་བའི་ལྷན་ཐབས་གྲུབ་ནས་སྤྱིར་འཕོ་བ་ ཞེས་པའང་འཕོ་ཡུལ་ཆོས་སྐུ་འོད་གསལ་གྱི་རང་ངོ་གང་ཟིན་རང་གསལ་འཛིན་མེད་སྤྲོས་བྲལ་བསམ་མེད་རྟོག་བྲལ་དུ་མཐོང་ བའི་ངང་བསྐྱང་བ་དེ་ཉིད་རྫོགས་ལྡན་ཁྱད་འཕགས་ཀྱི་འཕོ་བར་གལ་གནད་ངེས་པར་ཆེ་བ་མ་གཏོགས། རང་གའི་ཟབ་པ་ལྟར་ སྣང་བའི་མན་ངག་ཕལ་མོ་ཆེ་ལས་བྱུང་བཞིན་འཕོ་ཡུལ་དུ་འཕོ་བྱ་རྣམ་ཤེས་རྐྱང་འཕོ་མོས་བློས་བྱས་པ་ཙམ་ནི་དོན་སྙིང་ཆུང་ ཞིང་ཡིན་རློམ་ཙམ་དུ་ཟད་པར་ཀུན་མཁྱེ ན་ཇོ་ནང་པ་ཆེན་པོས་ཞལ་བཞེས་མཛད་པ་ཡིན་ཏེ། གང་ཉིད་ཀྱི་ཞལ་ནས། འདི་ལས་ གཞན་པའི་འཕོ་བ་བར་དོ་ཡི། །མན་ངག་ཟབ་ཟབ་ལྟ་བུ་ཕལ་ཆེར་ལ། །འཕོ་ཡུལ་ཆོས་སྐུ་འོད་གསལ་མཐོང་བ་དཀོན། །གལ་ ཏེ་མཐོང་ཡང་ཆོས་སྐུ་ཤེས་པ་དཀོན། །དེ་དག་འཕོ་ཡུལ་བློ་ཡིས་བཀོད་པ་ལ། །རྣམ་ཤེས་འཕོས་སོ་སྙམ་ན་རློམ་པ་ཙམ། །ཞེས་ གསུངས་པའི་དགོངས་དོན་དེ་ལྟར་དུ་གནས་པའི་ཕྱིར་རོ། །འོན་ཀྱང་གནས་ལུགས་དེ་འདྲ་ལ་ཐོག་མ་ནས་རེག་མི་ནུས་པ་གང་ དག་གིས་ནི་བློས་བྱས་འཕོ་དམིགས་ཀྱིས་སྔོ ན་འགྲོའི་རྒྱུད་སྦྱངས་བྱས་ན་དེ་ངེས་པར་བཟང་བ་ལགས། སྨྲས་པ། ཀུན་གཟིགས་སྟོན་པ་མཁྱེ ན་བཟང་ཅན། །གང་དེས་འགྲོ་བ་སྡུག་བསྔལ་ལས། །འཕྲལ་དུ་སྒྲོལ་ཕྱིར་ཐབས་ མཁས་ཀྱིས། །གསང་ཆེན་འཕོ་བའི་ཟབ་སྒོ་ཕྱེས། །ཚུལ་དེ་གོང་མའི་མན་ངག་ལྟར། །འདི་ནི་ཕྱོགས་བསྡུས་སུ་བཀོད་པས། །དུས་མཐར་སྐྱེས་པའི་འགྲོ་བ་ལ། །ཕན་པ་རླབས་ཆེན་འབྱུང་གྱུར་ཅིག ། ཅེས་འཕོ་བའི་ལྷན་ཐབས་ངེས་དོན་ཁྱད་འཕགས་ཀྱི་ལག་ལེན་འགྲོ་ཕན་ལེགས་སྤེལ་ཞེས་བྱ་བ་འདི་ཡང་ཆོས་མཐུའི་ ངད་སྙིང་གི་དཔྱིད་དུ་བསོད་ནམས་ལེགས་དགེའི་འབྲས་བུ་དུས་སུ་ཉེ་བར་སྨིན་པས་བསྟན་འགྲོ་ལ་ལྷག་བློ་དགེ་བའི་ཡོན་ཏན་ མཆོག་མངའ་ཞིང་ཆེས་བཟང་དེ་ལུགས་སྤྱོད་པ་ལ་རྟག་པར་གཞོལ་བའི་ཆོས་མཆེད་དམ་པ་བདག་ཉིད་ཆེན་པོ་གང་ཉིད་ཀྱིས་ ཐུགས་དགྱེས་སྤྲོ་ཚད་བྲལ་ངང་སྙིགས་འགྲོ་རྒུད་པས་མནར་བ་ལ་ཤ་ཚ་ཧ་ཅང་བསྐྱེད་བཞིན། དུས་ཐ་མར་འགྲོ་བ་དེ་ཀུན་སྤྱི་ དང་ཁྱད་པར་འདིར་འབྲེལ་གཤིན་པོ་གང་དག་ལ་ཕན་ཐོགས་ཀྱི་ཆེད་དུ་ངེས་དོན་ཟབ་འཕོ་ཁྱད་འཕགས་ཀྱི་ལྷན་ཐབས་ལག་ ལེན་རྩོམ་བསྐུལ་བཅས་ཡིག་རིས་སུ་སྤེལ་བའི་ཐུགས་འགན་ལྷུར་བཞེས་དང༌། འདི་སྐབས་གཞན་ཡང་ཆ་རྐྱེན་ཅི་དགོས་ཆོས་ 8-1-362 ལ་རླབས་མི་དམན་པ་བིརྱ་ཤྲིས་ལེགས་སྒྲུབ་བྱས་པ་ལ་བརྟེན་མ་ཏིའི་མིང་གིས་ཆེར་སྙིགས་ཀྱི་བསྟན་འགྲོ་ལ་ལྷག་བསམ་ཕན་ འདོད་ཀྱི་བློས་སྦྱར་བ་འདིས་དེ་ལུགས་ལྟར་ཕན་ཐོགས་ཇི་བཞིན་འབྱུང་བར་ཤོག་ཅིག། །། 8-1-363 ༄༅། །དམིགས་བཅས་དམིགས་མེད་ཀྱི་འཕོ་བ་བཞུགས། ༄༅། །བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ཏེ་འདིར་ཟབ་ལམ་འཕོ་བ་རྒྱུན་ཁྱེ ར་བྱ་བ་ལ། དམིགས་བཅས་ དམིགས་མེད་གཉིས་ལས། དང་པོ་དམིགས་བཅས་ལ། འཕོ་ཡུལ་དང་རྩ་བསྐྱེད་ནི། རང་མདུན་འཇའ་ཟེར་ཀློང་དུ་ པད་ཟླའི་སྟེང༌། །རྩ་བའི་བླ་མའི་ངོ་བོ་དུས་འཁོར་ལོ། །ལྷན་སྐྱེས་བདེ་སྟོང་ཟུང་འཇུག་སྒྱུ་ མའི་སྐུ། །ཁམས་དྲུག་འོད་ཕུང་དབུས་སུ་ལྷག་གེར་གསལ། །སྐད་ཅིག་གདོས་བཅས་རང་ ལུས་གནས་འགྱུར་ཏེ། །དག་པ་ཕྱི་ནང་རབ་གསལ་དྭངས་པའི་དབུས། །ཨ་ཝ་དྷཱུ་ཏི་ཤེལ་ སྦུག་ལྟ་བུའི་ནང༌། །རང་གི་གཉུག་སེམས་ངོ་བོ་ཐིག་ལེར་མོས། ། དེ་ནས་འཕོ་བ་དངོས་ནི། ན་མཿཀཱ་ལ་ཙཀྲཱ་ཡ། དཔལ་ལྡན་སྐུ་བཞིའི་དབང་ཕྱུག་རྣམ་ཀུན་ བདག །བདེ་སྟོང་ཟུང་འཇུག་དང་པོའི་སངས་རྒྱས་ལྷ། །རབ་འབྱམས་གསང་གསུམ་དཀྱིལ་ འཁོར་སྤྲོ་བའི་མགོན། །བརྟན་གཡོའི་ཁྱབ་བདག་མཆོག་ལ་གསོལ་བ་འདེབས། །བརྩེ་བ་ ཆེན་པོའི་ཐུགས་རྗེ་མྱུར་བསྐྱོད་ལ། །རང་སེམས་ངོ་བོ་ཐིག་ལེའི་རྣམ་པ་དེ། །སྐད་ཅིག་ཉིད་ ལ་རྩལ་ཆེན་མདའ་འཕངས་ལྟར། །མགོན་ཁྱོ ད་དགོངས་ཆེན་དབྱིངས་སུ་འཕོ་བར་མཛོད། །རླབས་ཆེན་ཐུགས་རྗེའི་དཔལ་མངའ་ཆོས་ཀྱི་མཛོད། །བྱིན་རླབས་དོན་བརྒྱུད་དཔལ་ལྡན་ བླ་མའི་ཚོགས། །མ་ལུས་ཆོས་སྐུའི་རང་གཟུགས་དམ་པའི་ཕུལ། །སྐྱབས་མཆོག་མཚུངས་ བྲལ་རྗེ་ལ་གསོལ་བ་འདེབས། །བརྩེ་བ་ཆེན་པོའི༴ སོགས། རབ་འབྱམས་རྒྱུད་སྡེ་རྒྱ་མཚོའི་ གཙོར་གྱུར་པ། །གསང་གསུམ་ལྷ་ཚོགས་ཡོངས་ཀྱི་རིགས་བདག་མཆོག །གྲུབ་གཉིས་ འདོད་པ་འཇོ་བའི་ཡི་དམ་ལྷ། །དཀྱིལ་འཁོར་ཀུན་གྱི་གཙོ་ལ་གསོལ་བ་འདེབས། །བརྩེ་ 8-1-364 བ་ཆེན་པོའི༴ སོགས། ཕུན་ཚོགས་ལེགས་དགེའི་དཔལ་གྱུར་སྐྱབས་ཀྱི་ཕུལ། །སྤངས་རྟོགས་ ཡོངས་རྫོགས་བདེ་གཤེགས་ཡེ་ཤེས་གཏེར། །ཡང་དག་འགོག་ལམ་བདུད་རྩི་ཉེས་བརྒྱའི་ སྨན། །རིག་གྲོལ་མཆོག་གི་དཔལ་ལ་གསོལ་བ་འདེབས། །བརྩེ་བ་ཆེན་པོའི༴ སོགས། ཡེ་ ཤེས་དབྱིངས་ལས་གང་འདུལ་སྤྲུལ་བའི་གར། །འཇིག་རྟེན་འདས་དང་མ་འདས་སྲུང་མའི་ ཚུལ། །མ་ལུས་རང་རང་ཁམས་ལ་གང་འཚམ་པའི། །རྒྱ་ཆེན་ཕྲིན་ལས་སྐྱོངས་ལ་གསོལ་བ་ འདེབས། །བརྩེ་བ་ཆེན་པོའི༴ སོགས། གསང་གསུམ་སྒྱུ་མའི་དཀྱིལ་འཁོར་རིགས་ཀྱི་བདག །བདེ་སྟོང་རང་བཞིན་དཔའ་བོ་རྡོ་རྗེ་སེམས། །དྲུག་བརྒྱ་སོ་དྲུག་ལྷ་ཚོགས་འདུ་འཕྲོ་ཅན། །སྐྱབས་མཆོག་ཐུགས་ཀྱི་རྡོ་རྗེར་གསོལ་བ་འདེབས། །བརྩེ་བ་ཆེན་པོའི༴ སོགས། རྩ་བའི་བླ་ མའི་ཡེ་ཤེས་ཆོས་སྐུ་དང༌། །ནམ་ཡང་གཉིས་མེད་དུས་ཀྱི་འཁོར་ལོའི་ཐུགས། །རང་སེམས་ རོ་མཉམ་ཆེན་པོར་ལེགས་ཐིམ་སྟེ། །གཉུག་མ་གཤིས་ཀྱི་ངང་དུ་ཕཊ་ཀྱིས་སྤར། །ཞེས་པའི་ མཐར་ཕཊ་སྒྲ་ཆུང་འབྲིང་ཆེ་གསུམ་གྱིས་ཐུགས་ཡིད་དབྱེར་མེད་ལ་མཉམ་པར་ཡང་ཡང་འཇོག ༈ གཉིས་པ་དམིགས་མེད་ལ་འཕོ་ཡུལ་རྩ་བསྐྱེད་བློས་བྱ་མི་དགོས་པར་བླ་མའི་ཐུགས་ཀྱི་ངོ་བོ་རང་སེམས་རང་གསལ་ཁོ་ ནར་དམིགས་མེད་དུ་ཆམ་གྱིས་འཇོག་བཞིན་པ་འདི་སྐད། ན་མོ་གུ་རུ། དང་པོའི་སངས་རྒྱས་དཔལ་ལྡན་རྡོ་ རྗེ་འཆང༌། །གནས་ལུགས་དོན་གྱི་འོད་གསལ་འགྱུར་བ་མེད། །རང་གསལ་འཛིན་མེད་ངང་ ནས་དབྱིངས་སུ་འཕོ། །མ་བཅོས་གཤིས་ལུགས་རང་སར་གྲོལ་བར་མཛོད། །ཕཊ་ཕཊ་ཕཊ། དག་ཆེན་ཡེ་ཤེས་བླ་མའི་ཆོས་སྐུའི་རྩལ། །རང་རིག་རང་གསལ་གནས་ལུགས་ངོ་བཟུང་སྟེ། །འགགས་མེད་རང་གདངས་ཆེན་པོར་ལེགས་ཤེས་ནས། །དགོངས་པ་ཉེར་ཞིའི་དབྱིངས་སུ་ གྲོལ་བར་མཛོད། །ཕཊ་ཕཊ་ཕཊ། ཀུན་ཁྱབ་ནམ་མཁའི་རྣལ་འབྱོར་དག་པའི་འཕྲུལ། །རང་ ཤར་སྟོང་གཟུགས་སྒྱུ་མའི་རོལ་བ་ཅན། །གང་སྣང་དམིགས་མེད་དབྱིངས་སུ་ལོངས་སྤྱོད་ པའི། །གནས་ལུགས་ཆོས་དབྱིངས་ངང་དེར་གྲོལ་བར་མཛོད། །ཕཊ་ཕཊ་ཕཊ། ཟག་མེད་ 8-1-365 བདེ་བ་ཆེན་པོའི་དེ་ཉིད་གཤིས། །ངོ་མཚར་ཡེ་ཤེས་རྣམ་རོལ་འཛད་མེད་གཏེར། །ཕ་ཅིག་ བླ་མའི་ཆོས་སྐུར་ངོ་ཤེས་ནས། །གཉུག་ཁམས་དེ་ཡི་གཤིས་སུ་གྲོལ་བར་མཛོད། །ཕཊ་ཕཊ་ ཕཊ། ཆོས་ཉིད་ནང་དབྱིངས་བདེ་གཤེགས་སྙིང་པོའི་སྐུ། །རང་སེམས་གསལ་སྟོང་ངོ་བོ་ མངོན་གྱུར་ཏེ། །རང་བབས་ཤུགས་འབྱུང་འགྱུ་རྟོག་བྲལ་བའི་ངང༌། །འཕོ་ཆེན་གཞི་དབྱིངས་ གཅིག་ཏུ་གྲོལ་བར་མཛོད། །ཕཊ་ཕཊ་ཕཊ། གང་འདི་མ་ལུས་རྩ་བའི་བླ་མའི་ཐུགས། །ཡེ་ ཤེས་དགོངས་ཆེན་གཅིག་ཏུ་ཡིད་གཉིས་བཅད། །འཕོ་བྱ་འཕོ་བྱེད་འོད་གསལ་རོ་མཉམ་ པར། །དབྱིངས་འཕོ་ཟབ་མོའི་གཤིས་སུ་ཐིམ་གྱུར་ཅིག །ཕཊ་ཕཊ་ཕཊ། ཅེས་པའི་དམིགས་མེད་ འཕོ་བ་ངག་འདོན་ཅི་ལྕོགས་བཞིན་རང་སེམས་གཉུག་མ་བརྗོད་བྲལ་ལ་རང་ཉམས་ཡོད་ཚད་ཙམ་དང་བསྟུན་ནས་ཅི་ནུས་སུ་ མཉམ་བཞག་ལ་འབད་ཐུབ་ན་དེང་དུས་དང་འཚམ་པའི་ཉམས་མྱོང་གི་སྒོ་རེ་དོད་པ་དང་ཕྱི་མར་དེ་ལུགས་ཀྱི་བག་ཆགས་བཟང་ པོ་རེའང་ཞོག་སྙམ་ཡོད་པས་ཚུལ་འདི་ཀུན་དགའ་ཤེས་རབ་བརྩོན་འགྲུས་ལ་མཁོ་ནས། མ་ཏིས་ཤར་མར་སྤེལ་བ་ལྟར་ཆོས་ཀྱི་ མཆེད་གུ་ཎ་བྷ་དྲས་ཡི་གེ་པ་བགྱིས་སོ།། །། 8-1-366 ༄༅། །གུ་རུ་རིན་པོ་ཆེའི་སྒོ་ནས་འཕོ་བ་བྱ་ཚུལ་ཞིང་མཆོག་ སྒོ་འབྱེད་ཅེས་བྱ་བ་བཞུགས་སོ། ། ༄༅། །འདིར་གུ་རུ་རིན་པོ་ཆེའི་སྒོ་ནས་ཟབ་ལམ་འཕོ་བ་བྱ་བའི་ཚུལ་ལ་རྩ་བསྐྱེད་ནི། སྐད་ཅིག་རང་ལུས་ གདོས་བཅས་གནས་འགྱུར་ཏེ། །ཕྱི་ནང་དྭངས་ཤིང་གསལ་བའི་དབུས་ཀྱི་ནང༌། །ཨཱ་ཝ་དྷཱུ་ཏཱི་ ཤེལ་གྱི་སྦུ་གུ་ལྟར། །སྦོམ་ཕྲ་མདའ་སྙུག་ཙམ་པ་སྲོག་ཤིང་ཚུལ། །མས་སྣ་ལྟེ ་བར་ཟུག་ཅིང་ ཁ་ཟུམ་པ། །ཡས་སྣེ ་སྤྱི་བོར་ཟུག་སྟེ་མཐོངས་ལྟར་ཕྱེ། །དེ་ནང་སྙིང་ཁའི་ཐད་དུ་གཉུག་སེམས་ ཀྱི། །ངོ་བོ་ཐིག་ལེ་ལྔ་ལྡན་རྒྱ་སྲན་ཙམ། །རང་གནས་དག་པ་རྔ་ཡབ་པདྨ་འོད། །སྣོ ད་བཅུད་ རང་སྣང་ལེགས་པ་རྒྱན་བཀོད་རྫོགས། །གང་འདུལ་འགྲོ་ལ་དེར་སྣང་མཛད་སྒོ་འཆར། །ས་ ལ་སྤྱོད་པའི་ཞིང་མཆོག་ཉིད་དུ་མོས། །རང་གི་སྤྱི་བོར་འཇའ་གུར་འཁྱི ལ་བའི་ཀློང༌། །སྟེང་ འོག་པད་ཟླའི་གདན་བཟང་རིམ་གསུམ་ལས། །ཐོག་མའི་གདན་ལ་ཆོས་སྐུ་འོད་དཔག་མེད། །མཚན་དཔེ་གསལ་རྫོགས་མཆོག་གི་སྤྲུལ་སྐུའི་ཚུལ། །བར་གྱི་གདན་ལ་འཕགས་མཆོག་ སྤྱན་རས་གཟིགས། །སེམས་དཔའ་ཆེན་པོའི་བརྟུལ་ཞུགས་གར་གྱིས་རོལ། །འོག་གི་གདན་ སྟེང་མཚོ་སྐྱེས་བླ་མ་རྗེ། །བདེ་སྐྱིད་མཁའ་འགྲོའི་ཚོགས་བཅས་ལྷག་གེར་གསལ། ། དེ་ནས་གསོལ་བ་འདེབས་པ་ནི། ཨེ་མ་ཧོ། འོད་མི་འགྱུར་བ་དང་པོའི་སངས་རྒྱས་བདག །གཉུག་ མ་ཀ་ནས་དག་པའི་ཆོས་སྐུའི་གཤིས། །རང་མདངས་འགག་མེད་རྒྱལ་བ་འོད་དཔག་མེད། །མ་ལུས་འགྲོ་བའི་སྐྱབས་གནས་ཉག་གཅིག་པུ། །བཟོད་མེད་གདུང་ཤུགས་ངང་ནས་གསོལ་ 8-1-367 བ་འདེབས། །གཉུག་སེམས་ངོ་བོ་དྭངས་མའི་ཐིག་ལེ་དེ། །སྐད་ཅིག་རྩལ་ཆེན་མདའ་འཕངས་ ཇི་བཞིན་དུ། །དབུ་མའི་ལམ་བརྒྱུད་བླ་མའི་ཐུགས་ཀར་འཕོས། །དབྱིངས་རིག་རོ་མཉམ་ གདོད་མ་ཆོས་སྐུའི་གཤིས། །འཕོ་འགྱུར་མེད་པ་དགོངས་ཀློང་གཅིག་གི་ངང༌། །རང་རིག་ ཉག་གཅིག་ཀུན་བཟང་རྒྱལ་བའི་ཐུགས། །ཆོས་ཀྱི་དབྱིངས་སུ་འཕོ་བར་བྱིན་གྱིས་རློབས། །ཆོས་སྐུ་གང་ལས་ལོངས་སྤྱོད་རྫོགས་པའི་འཕྲུལ། །བརྩེ་བ་ཆེན་པོའི་དབང་ཕྱུག་པད་དཀར་ འཆང༌། །རླབས་ཆེན་མཛད་པའི་འགྲོ་ཁམས་སྐྱོང་བའི་མགོན། །མཁའ་མཉམ་འགྲོ་བའི་ རེ་སྐོང་རྒྱལ་སྲས་ཚུལ། །བཟོད་མེད༴ སོགས་ཚིག་རྐང་བརྒྱད་གོང་བཞིན་འགྲེས། སྤྲུལ་པའི་གར་ཆེན་ རིག་འཛིན་བླ་མའི་དཔལ། །ཞི་ཁྲོ་རབ་འབྱམས་སྤྲོ་ཞིང་སྡུད་པའི་མགོན། །མཚོ་སྐྱེས་རྒྱལ་ བ་གཉིས་པ་འགྲོ་འདྲེན་རྗེ། །སྙིགས་དུས་འདི་ན་མཛད་པ་ཟླ་བྲལ་བ། །བཟོད་མེད༴ སོགས་ འགྲེས། ཡེ་ཤེས་སྐུ་མཆོག་ནམ་མཁའི་མཐའ་དང་མཉམ། །རྣམ་པར་འཕྲུལ་བ་གང་འདུལ་ འགྲོ་བློ་དང༌། །རྗེས་སུ་མཐུན་པའི་མཚར་བཀོད་ཡ་མཚན་པ། །ཀུན་ནས་ཆ་མེད་གདུལ་བྱ་ འདྲེན་པའི་མགོན། །བཟོད་མེད༴ སོགས་འགྲེས། རིག་སྔགས་གསང་བ་འབུམ་གྱི་མཛོད་འཛིན་ པ། །ཆོས་ཕུང་བརྒྱད་ཁྲིའི་དཔལ་གྱུར་རྗོད་བྱེད་མཆོག །མ་ལུས་རྒྱལ་བའི་གསུང་དང་རྣམ་ དབྱེར་མེད། །གདུལ་བྱ་རྒྱ་མཚོའི་ཁམས་དབང་མཐུན་པའི་དབྱངས། །བཟོད་མེད༴ སོགས་ འགྲེས། རང་བཞིན་དགོངས་ཆེན་འོད་གསལ་བྱང་ཆུབ་སེམས། །ཡེ་ཤེས་ཀློང་ཡངས་གཤིས་ སུ་ཡེ་རྫོགས་པ། །དག་མཉམ་ཆོས་དབྱིངས་དམ་པའི་མཁྱེ ན་བཟང་ཁམས། །ཀུན་ནས་ ཡོངས་སུ་རྒྱས་པའི་དཔལ་མངའ་བ། །བཟོད་མེད༴ སོགས་འགྲེས། དེ་ལྟར་གསང་གསུམ་ཆེ་བ་ རྫོགས་པའི་མགོན། །དུས་གསུམ་རྒྱལ་ཀུན་ངོ་བོ་པདྨ་འབྱུང༌། །དཔག་ཡས་མཁྱེ ན་བརྩེ་ནུས་ མཐུ་མངའ་བའི་རྗེ། །གང་ལ་མི་ཕྱེད་དད་པས་གསོལ་བ་འདེབས། །གཉུག་མ་དོན་གྱི་འོད་ གསལ་འཕོ་ཆེན་མཆོག །ཀ་དག་རིག་པ་ཟང་མ་དེ་གའི་ངང༌། །འཕོ་བྱ་འཕོ་བྱེད་བྲལ་བའི་ 8-1-368 རང་བཞིན་གཤིས། །འཛིན་མེད་རྒྱ་ཡན་ཅོག་བཞག་རྗེན་ཆར་བ། །འདི་ཀོ་རྫོགས་ཆེན་ནམ་ མཁའི་རྣལ་འབྱོར་སྟེ། །རང་མདངས་དེ་ལ་སྐུ་གསུམ་ལྷུན་གྱིས་གྲུབ། །རང་གསལ་སྐྱོང་ཤེས་ འཕོ་ཆེན་འཇའ་ལུས་སུ། །ཀུན་ནས་རབ་དྭངས་ཆོས་ཉིད་དབྱིངས་སུ་ཕཊ། །ཅེས་པས་དབྱིངས་ དང་རིག་པ་བསྲེ་བའི་ངང་ནས་ཅི་ནུས་སུ་མཉམ་པར་བཞག སྐབས་བར་བར་རྣམས་སུ་སྤྲོས་པ་ཁྲེགས་ཆོད་ཀྱི་དོན་དུ་ཕཊ་སྒྲ་དང་ ཧིག་སྒྲ་གང་ཡང་རུང་བ་རང་ཁམས་དང་བསྟུན་ཏེ་བྱ་ཞིང་དེ་ལྟར་དམིགས་བཅས་དང་དམིགས་མེད་ཀྱི་སྒོ་ནས་ཟབ་ལམ་འཕོ་བ་ ལ་ཡང་བསྐྱར་གྱིས་རྟག་པར་འབད་ནུས་ན་ཡུན་མི་རིང་བར་དབྱིངས་རིག་གཉིས་མེད་དུ་ལེགས་པར་གྲོལ་ཐུབ་པའོ། །ཞེས་གུ་རུ་ རིན་པོ་ཆེའི་སྒོ་ནས་ཟབ་ལམ་འཕོ་བ་བྱ་བའི་ཚུལ་ཉུང་བསྡུས་ཞིང་མཆོག་སྒོ་འབྱེད་ཅེས་བྱ་བ་འདི་ཡང་འཛི་ཡུལ་སྨད་ཀྱི་ཕྱོགས་ སུ་གནས་པ་དད་མོས་ཅན་ལྷའི་མིང་གིས་ཉེར་བསྐུལ་བགྱིས་པ་ལྟར། མ་ཏིས་འཕྲལ་དུ་སྤེལ་བའོ།། །། 8-1-369 ༄༅། །མཁའ་སྤྱོད་མའི་འཕོ་བ་དབྱིངས་རིག་བསྲེ་བྱེད་ ཅེས་བྱ་བ་བཞུགས་སོ། ། ༄༅། །ཨེ་མ་ཧོ། རང་ལུས་དག་པ་འོད་ཀྱི་གོང་བུའི་ནང། །ཨཱ་ཝ་དྷཱུ་ཏི་ཤེལ་གྱི་སྦུ་གུ་ ལྟར། །མས་ཟུམ་ཡས་སྣ་ཕྱེ་བའི་སྙིང་ནང་ཐད། །རང་སེམས་ཐིག་ལེ་རྒྱ་སྲན་ཙམ་དུ་གསལ། །རང་མདུན་མཁའ་དབྱིངས་འཇའ་ཟེར་འཐིབ་པའི་སྦུབས། །པད་ཉིའི་གདན་ལ་རྗེ་བཙུན་ རྣལ་འབྱོར་མ། །རབ་དམར་བྱུ་རུའི་མདོག་མཚུངས་གྲི་ཐོད་འཛིན། །མཁའ་འགྲོའི་ཆས་ རྫོགས་ལང་ཚོའི་སྒེག་པ་ངོམ། །རྒྱལ་ཀུན་རང་གཟུགས་མཁའ་སྤྱོད་དབང་མོ་རྗེ། །རབ་ དམར་རྗེས་ཆགས་གཡོ་བའི་འོད་ཟེར་ཅན། །གསང་གསུམ་ལྷ་ཡི་འཁོར་ལོར་ཡོངས་འཕོས་ པ། །རིགས་ཀྱི་བདག་མོ་བཅོམ་ལྡན་འདས་མ་ལ། །སྙིང་ནས་མོས་གུས་དྲག་པོས་གསོལ་བ་ འདེབས། །རང་སེམས་ངོ་བོ་འོད་ལྔའི་ཐིག་ལེ་ཏེ། །ཨཱ་ཝ་དྷཱུ་ཏཱིའི་ལམ་བཟང་ལ་བརྒྱུད་ནས། །མཁའ་སྤྱོད་དབང་མོའི་ཐུགས་ཀར་གཉིས་མེད་ཐིམ། ། མི་འགྱུར་བདེ་ཆེན་རྫོགས་པའི་ཡེ་ཤེས་མདངས། །སྟོང་གཟུགས་རྡོ་རྗེའི་སྐུ་མངའ་རྗེ་ བཙུན་མ། །འབུམ་ཕྲག་དཔའ་མོའི་དབུས་ན་ལེགས་བཞེངས་པ། །ལོངས་སྤྱོད་རྫོགས་སྐུ་ འཕགས་མ་ཐུགས་རྗེ་ཅན། །སྙིང་ནས་མོས་གུས༴ སོགས་གོང་བཞིན། གཞོམ་མེད་རྡོ་རྗེའི་གསུང་ མཆོག་ཚངས་པའི་དབྱངས། །འགག་མེད་རང་གདངས་རྣམ་ཀུན་ཐམས་ཅད་པ། །གསང་ སྔགས་རང་སྒྲའི་སྙིང་པོ་མི་ཤིགས་པ། །བདེ་ཆེན་ཡེ་ཤེས་སྦྱིན་པའི་མཐུ་མངའ་བ། །སྙིང་ ནས་མོས་གུས༴ སོགས། གདོད་ནས་དྲི་མ་བྲལ་བའི་ཐུགས་ཀྱི་མཆོག །མཁྱེ ན་དང་བརྩེ་བ་རྒྱ་ མཚོ་མངའ་བའི་བདག །བདེ་བ་ཆེན་མོའི་རང་གཟུགས་མཁའ་སྤྱོད་རྗེ། །འཕགས་མ་ཀུན་ 8-1-370 གཟིགས་ལྷ་མོ་བརྩེ་བ་ཅན། །སྙིང་ནས་མོས་གུས༴ སོགས། རིགས་ཀུན་ཁྱབ་བདག་རྗེ་བཙུན་ མཁའ་སྤྱོད་མ། །རྩ་བའི་བླ་མ་གང་དང་དབྱེར་མེད་པར། །མོས་གུས་གདུང་བའི་ངང་ནས་ གསོལ་བ་འདེབས། །ཐུགས་ཡིད་རོ་གཅིག་འདྲེས་པར་བྱིན་གྱིས་རློབས། །ཞེས་གསོལ་བ་ བཏབ་པས་རང་སེམས་ཐིག་ལེའི་རྣམ་པ་དེ་དབུ་མའི་ལམ་བརྒྱུད་ནས་སྐད་ཅིག་ལ་མདའ་ འཕངས་བ་ལྟར་ཡི་དམ་མཁའ་སྤྱོད་དབང་མོའི་ཐུགས་ཀར་ཐིམ། ཕཊ། སླར་ཡང་ཐུགས་ཡིད་དབྱེར་མེད་ཀྱི་ངང་ནས་གསོལ་བ་འདེབས་པ་ནི། བདེ་ཆེན་ཞལ་རས་འཛུམ་དཀར་ རབ་གཡོ་བ། །སྐྱབས་ཀུན་འདུས་པ་རྗེ་བཙུན་མཁའ་སྤྱོད་མར། །མོས་གུས་གདུང་ཤུགས་ དྲག་པོས་གསོལ་བ་འདེབས། །ཐུགས་ཡིད་དབྱེར་མེད་གཉུག་མ་རྩེ་གཅིག་ངང༌། །ཕཊ། གཞོམ་མེད་ནཱ་དའི་སྒྲ་དབྱངས་འཕགས་མའི་གསུང༌། །བདེ་ཆེན་ཀུན་ཁྱབ་རྡོ་རྗེའི་རྣལ་ འབྱོར་མར། །སྙིང་ནས་གསོལ་འདེབས་ཐུགས་ཡིད་དབྱེར་མེད་འདྲེས། །འཕོ་བྲལ་དབྱིངས་ རིག་གཉིས་མེད་ངང་དུ་ཐིམ། །ཕཊ། ཐུགས་རྗེ་མཁའ་ལྟར་ཁྱབ་པ་ཆོས་སྐུའི་དབྱིངས། །མ་ འགགས་རང་གསལ་གཉུག་མའི་ཌཱ་ཀི་མར། །དགོངས་ཡིད་དབྱེར་མེད་ངང་ནས་རྩེ་གཅིག་ བསྲེ། །མ་བཅོས་ཆོས་སྐུའི་ངང་དུ་སྐད་ཅིག་འཕོས། །ཕཊ། གསང་གསུམ་ཡོན་ཏན་ཟླ་དང་ བྲལ་བའི་མ། །གང་གི་བརྩེ་བ་ཆེན་པོས་རྗེས་སུ་ཟུང༌། །རང་རིག་འཕོ་མེད་ཆོས་སྐུའི་མཁའ་ འགྲོ་མ། །གཞི་དབྱིངས་དེ་ཉིད་ངང་དུ་རོ་གཅིག་ཤོག །ཕཊ་ཕཊ་ཕཊ། ཞེས་པས་ཐུགས་ཡིད་དབྱེར་ མེད་བསྲེ་ལ་མ་བཅོས་རང་བབས་ངང་དུ་མཉམ་པར་འཇོག་གོ །དེ་ལྟ་བུའི་དམིགས་བཅས་དམིགས་མེད་ཀྱི་འཕོ་བ་ཅི་ནུས་སུ་ བསྐྱར་རོ། །ཞེས་མཁའ་སྤྱོད་མའི་འཕོ་བ་དབྱིངས་རིག་བསྲེ་བྱེད་ཅེས་བྱ་བ་འདི་ཡང་ངག་དབང་ཚུལ་ཁྲིམས་ཀྱི་གསུང་ངོ་མི་ལྡོ ག་ ཙམ་དུ་མ་ཏི་ཀིརྟིས་སྦྱར་བའོ།། །། 8-1-371 ༄༅། །སྒྲོལ་མའི་འཕོ་བ་བཞུགས། ༄༅། །སྒྲོལ་མའི་འཕོ་བ་ནི། ཏཱྃཿ སངས་རྒྱས་ཀུན་དངོས་རྗེ་བཙུན་བཅོམ་ལྡན་མ། །གསུམ་ ལྡན་རྡོ་རྗེ་འཛིན་པའི་ངོ་བོ་སྟེ། །རྩ་བའི་བླ་མར་དབྱེར་མེད་གསོལ་བ་འདེབས། །གཞི་ དབྱིངས་དགོངས་པ་གཅིག་དུ་འཕོ་བར་མཛོད། །རང་ལུས་དག་པ་གདོས་བཅས་བྲལ་ བའི་དབུས། །ཨ་ཝ་དྷཱུ་ཏཱི་དྲི་མེད་ཤེལ་སྦུག་ལྟར། །དེ་ནང་རང་སེམས་གཉུག་མ་ཐིག་ལེའི་ གཟུགས། །འདར་ལ་ཁད་པའི་ཚུལ་དུ་གནས་པར་གྱུར། ། ན་མོ། དུས་གསུམ་རྒྱལ་བ་ཀུན་གྱི་ཕྲིན་ལས་གཟུགས། །མ་ལུས་འགྲོ་ལ་བརྩེ་བའི་རྗེ་ བཙུན་མ། །ཡུམ་ཆེན་ཤེར་ཕྱིན་ལྷ་མོ་ཆོས་སྐུའི་དབྱིངས། །སྐུ་གསུམ་ལྷུན་གྲུབ་གདོད་ནས་ བཞུགས་པའི་སྐུར། །མོས་གུས་གདུང་ཤུགས་དྲག་པོས་གསོལ་བ་འདེབས། །དབྱིངས་རིག་ དབྱེར་མེད་ཆོས་སྐུའི་དགོངས་ཀློང་དུ། །རྣམ་ཤེས་ཤུན་པའི་སྦུབས་ནས་གཉུག་མའི་སེམས། །རང་བཞིན་དྭངས་པ་ཆེན་པོར་དབྱེར་མེད་ཐིམ། །ཕཊ། འོད་གསལ་དབྱིངས་ནས་བཞེངས་ པའི་ཡེ་ཤེས་སྐུ། །ངོ་མཚར་སྒྱུ་མའི་ལང་ཚོ་ཡོངས་རྫོགས་པ། །མཐོང་ཐོས་དྲན་པས་ཉེར་ ཞི་ལེགས་སྦྱིན་ཅིང༌། །མཚན་དང་དཔེ་བྱད་ལྡན་པའི་འཕགས་མ་རྗེ། །མོས་གུས༴ སོགས་ འགྲེས། དྲི་མེད་ཡེ་ཤེས་དབྱིངས་ལས་འཕོས་པའི་གདངས། །ཡན་ལག་དྲུག་ཅུའི་དབྱངས་ སྙན་མཁའ་མཐར་ཁྱབ། །མ་ལུས་འགྲོ་བའི་ཉེར་འཚོའི་གཞིར་གྱུར་པ། །རྒྱལ་ཀུན་གསུང་ གི་མངའ་བདག་འཕགས་མ་རྗེ། །མོས་གུས༴ ཆོས་ཀུན་རང་བཞིན་གནས་ལུགས་དྲི་བྲལ་ དབྱིངས། །གདོད་ནས་མི་ཤིགས་ཤེར་ཕྱིན་ཀུན་ཁྱབ་པའི། །སྟོང་ཆེན་དགའ་མ་འོད་གསལ་ རྣམ་ཀུན་པ། །རང་བྱུང་ཡེ་ཤེས་མཁྱེ ན་མངའ་འཕགས་མ་རྗེ། །མོས་གུས༴ འགྲོ་ཀུན་བཟོད་ 8-1-372 དཀའི་སྡིག་ལས་སྒྲོལ་བའི་མ། །རྒྱལ་ཀུན་བསྐྱེད་པའི་ཡུམ་གཅིག་ཐུགས་རྗེ་ཅན། །མཁྱེ ན་ དང་བརྩེ་བ་རྒྱ་མཚོའི་མངའ་བདག་མོ། །ནམ་ཡང་མི་བསླུ་སྐྱབས་མཆོག་རྗེ་བཙུན་མ། །མོས་ གུས༴ སྟོབས་བཅུ་མངའ་བའི་བདག་ཉིད་བཅོམ་ལྡན་འདས། །འགྲོ་ལ་བུ་བཞིན་བརྩེ་ བས་གཟིགས་མཛད་མ། །གང་འདུལ་རེ་བ་སྐོང་བའི་མཛད་ཕྲིན་ཅན། །གཏན་གྱི་རེ་ཡུལ་ འཕགས་མ་ཁོ་ན་ལ། །མོས་གུས༴ རང་རིག་རང་གདངས་འོད་གསལ་འཕགས་མའི་ཐུགས། །རང་གཤིས་ཇི་བཞིན་མངོན་དུ་གྱུར་པ་ཡིས། །རང་བབས་ཤུགས་འབྱུང་ངང་དུ་ལྷུག་པར་ བཞག །རང་བཞིན་དག་མཉམ་དམིགས་མེད་དབྱིངས་སུ་ཨ། །ཞེས་འཕགས་མའི་ཐུགས་དང་རང་ སེམས་དབྱེར་མེད་ཀྱི་ངང་བསྐྱང་སྟེ་མ་བཅོས་འཛིན་བྲལ་གཤིས་སུ་དབྱིངས་རིག་བསྲེ་བཞིན་ཕཊ་སྒྲ་ལན་གསུམ་བྱའོ། །དེ་ལྟར་ དུ་རྟགས་མ་བྱུང་བར་ཡང་ཡང་བསྐྱར། ཞེས་པ་འདི་ཡང་མ་ཏིས་འཕྲལ་དུ་སྦྱར་བའོ།། །། 8-1-373 ༄༅། །རྣམ་རྒྱལ་མའི་འཕོ་བ་དབྱིངས་རིག་བསྲེ་བྱེད་ ཅེས་བྱ་བ་བཞུགས། ༄༅། །འོ་འཇིག་རྟེན་འདི་ནས་ཕ་རོལ་ཏུ་སོང་བའི་ཆྒཻ་མོ་གང་དག་གིས་ཟབ་ལམ་ འཕོ་བའི་དམིགས་པ་འདི་བཞིན་དུ་མཛོད་ཅིག ཁྱོ ད་རང་རྣམས་ཀྱི་སྤྱི་བོའི་སྟེང་གི་ནམ་ མཁར་པད་ཟླའི་གདན་སུམ་བསྒྲིག་གི་དབུས་ཀྱི་སྟེང་དུ་དུས་གསུམ་སངས་རྒྱས་ཀུན་འདུས་ ཀྱི་བདག་ཉིད་རྩ་བའི་བླ་མའི་ངོ་བོ་ལ་རྣམ་པ་འཕགས་མ་ཐུགས་རྗེའི་གཏེར་ཆེན་གཙུག་ ཏོར་རྣམ་པར་རྒྱལ་མ་སྐུ་མདོག་དཀར་མོ་ཞལ་གསུམ་གཡས་སེར་གཡོན་སྔོ་དབུས་དཀར་ གསལ་གྱི་མདངས་ཅན། ཕྱག་བརྒྱད་ལས་གཡས་དང་པོས་སྣ་ཚོགས་རྡོ་རྗེ་ཐུགས་ཀར་ དང༌། གཡོན་དང་པོས་ཞགས་པ་སྡིགས་མཛུབ་ཀྱིས་བསྣམས་ཤིང༌། དེ་བཞིན་དུ་གཡས་ གཉིས་པས་པདྨའི་སྟེང་དུ་འོད་དཔག་མེད་དང༌། གཡོན་གཉིས་པས་གཞུ། གཡས་གསུམ་ པས་མདའ་དང༌། གཡོན་གསུམ་པས་སྐྱབས་སྦྱིན་གྱི་ཕྱག་རྒྱ། གཡས་བཞི་པས་མཆོག་སྦྱིན་ གྱི་ཕྱག་རྒྱ་དང༌། གཡོན་བཞི་པས་ཏིང་ངེ་འཛིན་གྱི་ཕྱག་རྒྱའི་སྟེང་ན་ཚེ་བུམ་བཅས་ལེགས་ པར་འཛིན་པ། སྐུ་ལ་དར་དང༌། རིན་པོ་ཆེས་བརྒྱན་བཞིན་ཞབས་སྐྱིལ་ཀྲུང་གིས་བཞུགས་ པ། དེའི་གཡས་ཀྱི་པད་ཟླ་ལ་འཕགས་པ་སྤྱན་རས་གཟིགས་དཀར་པོ་ཕྱག་གཡས་རྔ་ཡབ་ དང་གཡོན་པད་དཀར་གྱི་སྡོང་བུ་འཛིན་པ། གཡོན་གྱི་པད་ཟླར་ཕྱག་ན་རྡོ་རྗེ་སྔོ ན་པོ་གཡས་ རྔ་ཡབ་དང་གཡོན་རྡོ་རྗེ་རང་མདོག་འཛིན་བཞིན་དེ་གཉིས་ཀ་དར་དང་རིན་པོ་ཆེས་མཛེས་ ཤིང་གཙོ་འཁོར་དེ་གསུམ་ཐུགས་བརྩེ་བའི་ངང་ནས་དགྱེས་བཞིན་བཞུགས་པར་མོས་ལ། 8-1-374 དབུས་ཀྱི་གཙོ་མོའི་སྐུ་ལུས་ལས་འོད་ཟེར་དཀར་པོ་བྱུང་སྟེ་ཁྱོད་ཅག་གི་ལུས་ལ་ཕོག་རྐྱེན་ ལུས་གང་དག་གདོས་བྱས་ཀྱི་རྣམ་པ་མ་ཡིན་པར་འོད་དཀར་གྱི་རང་བཞིན་ཕྱི་ནང་གསལ་བ་ དེའི་ནང་དུ་རྩ་དབུ་མ་ཤེལ་གྱི་སྦུ་གུ་ལྟ་བུ་དྭངས་ཤིང་གསལ་བ་མདའ་སྨྱུག་ཙམ་མས་སྣེ་ལྟེ་ འོག་ཏུ་ཁ་ཟུམ་ཞིང་ཡས་སྣེ་ཚངས་བུག་ཏུ་ཁ་ཕྱེ་བ་དེའི་ནང་གི་སྙིང་གའི་ཐད་ཙམ་ན་ཁྱོ ད་རང་ གི་གཉུག་སེམས་དྭངས་མའི་ངོ་བོ་རྣམ་པ་ཐིག་ལེ་ཕྲ་བ་འོད་ལྔ་འབར་ཞིང་འདར་ཕྲུག་འཕར་ བའི་བདག་ཉིད་དུ་གསལ་ཐོབ་ལ་ཁྱེད་རྣམས་ཀྱིས་སྤྱི་བོའི་སྟེང་ན་བཞུགས་པའི་འཕགས་མ་ གཙོ་འཁོར་གསུམ་ལ་རིག་པ་ཐུགས་ཀར་འཕོ་འདུན་གྱིས་གསོལ་བ་གདུང་ཤུགས་དྲག་པོ་ འདི་ལྟར་ཐོབ་ཅིག སངས་རྒྱས་ཀུན་འདུས་ཀྱི་བདག་ཉིད་ཅན། །རྩ་བའི་བླ་མ་དང་གཉིས་མེད་པ། །གཙུག་ ཏོར་རྣམ་རྒྱལ་གྱི་ལྷ་མོ་རྗེ། །བརྩེ་ཆེན་ཐུགས་རྗེ་ཡི་མངའ་བདག་མོ། །མོས་གུས་གདུང་ ཤུགས་ཀྱིས་གསོལ་བ་འདེབས། །དྭངས་མའི་རིག་ཤེས་ཀྱི་ཐིག་ལེ་ཉིད། །དབུ་མའི་རྩ་ལམ་ ལ་ལེགས་བརྒྱུད་དེ། །འཕགས་མའི་དགོངས་ཆེན་དུ་རོ་གཅིག་གྱུར། །གདོད་མ་ཆོས་ཉིད་ཀྱི་ རོལ་པ་ལས། །གང་འདུལ་སྒྱུ་འཕྲུལ་གྱི་མཚར་བཀོད་ཆེ། །མཛེས་སྡུག་ལྷ་མོ་ཡི་སྐུ་བཟང་ ཅན། །རྣམ་འཕྲུལ་ནམ་མཁའ་དང་མཉམ་པའི་མགོན། །མོས་གུས༴ འགག་མེད་དོན་དམ་ གྱི་རྡོ་རྗེའི་ཚིག །གཞོམ་བྲལ་སྐྱེ་མེད་ཀྱི་སྒྲ་གདངས་ལས། །སྣ་ཚོགས་གང་འདུལ་གྱི་བརྗོད་ སྒོ་ཡིས། །གདུལ་བྱ་རྣམ་གྲོལ་ལ་འགོད་པའི་གཉེན། །མོས་གུས༴ ཆོས་དབྱིངས་གནས་ ལུགས་ཀྱི་བདེ་བ་ཆེ། །འཁོར་འདས་ཀུན་ཁྱབ་ཀྱི་ཡེ་ཤེས་ཉིད། །གཉུག་མ་སྤྲོས་བྲལ་གྱི་ ཞི་བའི་ཀློང༌། །དཔག་ཡས་ཡོན་ཏན་གྱི་གཞིར་གྱུར་པ། །མོས་གུས༴ རྒྱལ་ཀུན་སྙིང་རྗེ་ཡི་ རང་གཟུགས་མཆོག །ཉམ་ཐག་འགྲོ་ཀུན་གྱི་མགོན་གཅིག་པུ། །རླབས་ཆེན་ཐུགས་རྗེ་དང་ མཛད་ཕྲིན་ཅན། །སྤྱན་རས་གཟིགས་དབང་ཉིད་སྐྱབས་གནས་ཆེ། །མོས་གུས༴ དཔལ་ལྡན་ 8-1-375 གསང་ཆེན་གྱི་མཛོད་འཛིན་པ། །མཐུ་སྟོབས་རབ་འབར་གྱི་གཙོ་བོ་རྗེ། །གསང་གསུམ་ཡོན་ ཏན་གྱི་ཕུང་པོ་ཅན། །རྡོ་རྗེ་འཛིན་པ་ཡི་བདག་ཉིད་མཆོག །མོས་གུས་༴ རྣམ་གསུམ་འགྲོ་ བའི་སྐྱབས་ཉག་གཅིག་པོ། །དད་མོས་གདུང་དབྱངས་ཀྱིས་གསོལ་འདེབས་ན། །ཐུགས་ ཡིད་དབྱེར་མེད་ཀྱི་དགོངས་ཀློང་ངང༌། །རིག་པ་འཕོ་ཆེན་དུ་གྲོལ་བར་ཤོག །ཅེས་པའི་མཐར་ ཕཊ་སྒྲ་ཆུང་འབྲིང་ཆེ་གསུམ་གྱིས་རིག་པའི་ངོ་བོ་ཐིག་ལེའི་རྣམ་པ་དེ་ཉིད་རྩ་དབུ་མའི་ལམ་ནས་སྐད་ཅིག་ལ་སྐར་མདའ་ཆད་པ་ ལྟར་རྒྱང་ཀྱིས་སོང་སྟེ་འཕགས་མ་མཆོག་གི་ཐུགས་ཀར་ཐིམ་ཞིང་ཐུགས་ཡིད་རོ་མཉམ་ཆེན་པོར་དར་ཅིག་ལ་འཇོག་ཅིང༌། སླར་ ཡང་གོང་བཞིན་གསོལ་བ་འདེབས་པ་ནས་བཟུང་ཡང་བསྐྱར་གང་འཚམ་བྱས་ཀྱང་ཆོག་པའོ། །ཞེས་པའི་རྣམ་རྒྱལ་མའི་འཕོ་བ་ དབྱིངས་རིག་བསྲེ་བྱེད་ཅེས་བྱ་བ་འདི་ཡང་བླ་མ་རིན་ཆེན་མཚན་ཅན་གྱི་བཀས་བསྐུལ་མ་བཟློ ག་ཙམ་དུ། མ་ཏིས་སྨྲས་པ་ལྟར་ ཡི་གེ་པའང་ཡོན་ཏན་བཟང་པོས་བྱས་པ་དགེ། །། 8-1-376 ༄༅། །འཕོ་བ་བསྡུས་པའི་སྐོར་བཞུགས། ༄༅། །འཕོ་བ་བསྡུས་པ་ནི། ཨེ་མ་ཧོ། རང་མདུན་ནམ་མཁར་སེང་ཁྲིའི་སྟེང༌། །པད་ཟླར་རྩ་ བའི་བླ་མ་དང༌། །གཉིས་མེད་རྡོ་རྗེ་འཆང་ཆེན་པོ། །སྐྱབས་གནས་ཀུན་དངོས་ཚུལ་དུ་གསལ། །བདག་ལུས་གདོས་བཅས་དང་བྲལ་བ། །ཕྱི་གསལ་ནང་གསལ་འོད་ལུས་ནང༌། །དྷཱུ་ཏཱི་ཤེལ་ སྦུག་ལྟ་བུའི་སྦུབས། །གཉུག་སེམས་ངོ་བོ་ཐིག་ལེར་མོས། ། ན་མོ། དཀྱིལ་འཁོར་རྒྱ་མཚོའི་རིགས་ཀྱི་བདག །གཡེལ་མེད་ཐུགས་རྗེའི་མངའ་བདག་ རྗེ། །གསང་གསུམ་མཛད་ཆེན་ཟླ་བྲལ་བ། །སྐྱབས་མགོན་མཆོག་ལ་གུས་གསོལ་འདེབས། །སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །གཅིག་བསྡུས་བླ་མ་རིན་པོ་ཆེ། །གང་ཐུགས་རང་རིག་ དབྱེར་མེད་ངང༌། །རོ་མཉམ་གཞི་དབྱིངས་གཅིག་ཏུ་ཕཊ། །འོད་གསལ་རང་བཞིན་གཞོམ་ མེད་དབྱིངས། །མཁའ་ཁྱབ་ཆོས་ཉིད་དྲི་མེད་གཤིས། །རང་གསལ་ངང་ནས་དབྱེར་མེད་དུ། །རྩ་བྲལ་ལྷུག་པར་རོ་མཉམ་ཕཊ། །གནས་ལུགས་ཕྱག་ཆེན་དེ་ཁོ་ན། །འཁོར་འདས་གཞི་ དབྱིངས་དག་ཆེན་ཉིད། །འཛིན་མེད་རང་གྲོལ་ཕྱོགས་ལྷུང་མེད། །ཐུགས་ཡིད་རོ་མཉམ་ གཤིས་སུ་ཕཊ། །དམིགས་བཅས་རང་སེམས་ཐིག་ལེའི་གཟུགས། །དབུ་མའི་རྩ་ལམ་ལ་ བརྒྱུད་དེ། །རྡོ་རྗེ་འཆང་གི་ཐུགས་ཀར་ཐིམ། །དབྱིངས་རིག་དབྱེར་མེད་རོ་གཅིག་གྱུར། །ཕཊ་ ཕཊ་ཕཊ། ཅེས་པའི་འཕོ་བསྡུས་འདི་ཡང་བླ་མ་བློས་བཞིན་གྱི་ཐུགས་བཞེད་ལྟར་མ་ཏིས་སོ།། །། 8-1-377 ༈ ན་མོ་གུ་རུ་བྷྱཿ བརྩེ་ཆེན་ཐུགས་རྗེ་ཀུན་ཁྱབ་འོད་གསལ་དབྱིངས། །དུས་གསུམ་ སངས་རྒྱས་མ་ལུས་ཆོས་ཀྱི་སྐུ། །དོན་དམ་སྐྱབས་གནས་མཐར་ཐུག་བསླུ་བ་མེད། །དགོངས་ ཡིད་གཅིག་པའི་ངང་ནས་དྲན་ནོ་མཁྱེ ན། །ཆོས་སྐུ་དང་པོའི་སངས་རྒྱས་སྒྱུ་མའི་འཕྲུལ། །ངོ་ མཚར་ཡེ་ཤེས་རོལ་པ་ཟད་མེད་གཏེར། །གང་ལ་གང་འདུལ་ཐབས་ཚུལ་སྤྲུལ་པའི་གར། །གསང་གསུམ་འཁོར་ལོའི་མགོན་ལ་གུས་ཕྱག་འཚལ། །རྒྱལ་ཀུན་ཡེ་ཤེས་རང་གཟུགས་ ལས་ཤར་བ། །ཡི་དམ་རྒྱུད་སྡེ་རྒྱ་མཚོའི་རིགས་ཀྱི་དཔལ། །བཀའ་དྲིན་གསུམ་ལྡན་རྩ་བའི་ བླ་མ་མཆོག །སངས་རྒྱས་ཀུན་གྱི་ངོ་བོར་གསོལ་བ་འདེབས། །ཕ་མཆོག་རྡོ་རྗེ་འཆང་ཆེན་ ངག་གི་དབང༌། །གསང་ཆེན་བསྟན་པ་གསལ་བྱེད་དགེ་བའི་བཤེས། །སྐྱབས་གནས་ཟླ་ བྲལ་སྨོན་ལམ་བཟང་པོ་རྗེ། །བརྒྱུད་འཛིན་བཅས་ལ་སྙིང་ནས་གུས་གསོལ་འདེབས། །ཕ་ ཅིག་བླ་མ་རྣམས་ཀྱི་ཐུགས་དགོངས་དབྱིངས། །འོད་གསལ་ཡེ་ཤེས་སྤྲོས་བྲལ་རྗེན་ཆར་ བ། །མ་བཅོས་སོ་མ་རང་ཤར་དེ་ཉིད་དུ། །འཕོ་ཆེན་དགོངས་པ་གཅིག་ཏུ་གྲོལ་བྱིན་རློབས། །ཕཊ། བཀའ་དྲིན་ཅན་རྣམས་ཡེ་ཤེས་རང་གསལ་བ། །དམིགས་བྲལ་འཛིན་མེད་གཤིས་ སུ་རང་ཤུགས་ངང༌། །འཕོ་བྱ་འཕོ་བྱེད་བྲལ་བའི་རང་རིག་དབྱིངས། །གནས་ལུགས་རང་ས་ ཟིན་པར་བྱིན་གྱིས་རློབས། །ཕཊ། མ་བཅོས་སེམས་ཀྱི་གཤིས་བཟང་བླ་མའི་ཐུགས། །རང་ རིག་བདེ་གསལ་མི་རྟོག་ལྷུན་གྲུབ་ཏུ། །སྟོང་གསལ་ནམ་མཁའ་ལྟ་བུའི་རྣལ་འབྱོར་ལ། །རང་ བབས་ཐུགས་ཡིད་རོ་མཉམ་ལྷན་གྱིས་བཞག །ཕཊ། མཁྱེ ན་ནོ་བླ་མ་རྣམས་ཀྱི་བཀའ་དྲིན་ ལས། །ད་ལྟའི་ལུས་སེམས་འབྲལ་མ་ཐག་ཉིད་དུ། །ཤམྦྷ་ལ་རུ་རིགས་ལྡན་ཐུགས་དགོངས་ སུ། །རང་སེམས་གཤིས་ཀྱི་འཕོ་ཆེན་གཅིག་ཏུ་ཨ། །ཕཊ་ཕཊ་ཕཊ། མ་ཏིས་ཀརྨ་རིན་ཆེན་ལ་མཁོ་བ་ ལྟར་སྨྲས་པའོ།། །། 8-1-378 ༈ ན་མཿཤྲི་ཀཱ་ལ་ཙཀྲ་ཡ། རིགས་ཀུན་ཁྱབ་བདག་དཔལ་ལྡན་དུས་འཁོར་ལོ། །རྩ་ བའི་བླ་མ་རྣམས་དང་དབྱེར་མེད་པར། །མོས་གུས་གདུང་ཤུགས་དྲག་པོས་གསོལ་བ་ འདེབས། །དབྱིངས་རིག་རོ་གཅིག་འཕོ་ཆེན་གྲོལ་བར་མཛོད། །ཕཊ། ཐུགས་ཡིད་དབྱེར་མེད་ངང་ ཀློད་ཀྱི་ཅི་གནས་སུ་མཉམ་པར་འཇོག་འདི་དགེ་མ་ཚུལ་སྒྲོན་གྱི་ཉམས་ལེན་ཆེད། མ་ཏིས་སོ།། །། ༈ ན་མོ་གུ་རུ། དུས་གསུམ་རྒྱལ་ཀུན་འདུས་པའི་སྤྱི་དཔལ་རྗེ། །བཀའ་དྲིན་གསུམ་ལྡན་ རྩ་བའི་བླ་མ་མཆོག །རིགས་ཀུན་འཁོར་ལོའི་དབང་ཕྱུག་རྡོ་རྗེ་འཆང༌། །ཁྱེ ད་ལ་མོས་གུས་ དྲག་པོས་གསོལ་བ་འདེབས། །ལས་ཉོན་འཁྲུལ་པའི་གནས་ཁང་ཉེར་ཕུང་ནས། །གཉུག་ སེམས་རིག་པ་དྭངས་མ་མཆོག་གི་ཁམས། །གཞི་དབྱིངས་ཆོས་སྐུ་བླ་མའི་དགོངས་ཀློང་དུ། །རང་གཤིས་མི་འགྱུར་རོ་མཉམ་ངང་དུ་ཕཊ། །ཞེས་པའང་ངག་དབང་ལ་མཁོ་ཕྱིར། མ་ཏིས་སོ།། །། 8-1-379 ༄༅། །ངེས་པ་དོན་གྱི་བླ་མ་དང་ཡི་དམ་ལྷ་མོ་གང་དག་གདོད་ནས་ དབྱེར་མེད་དུ་བཞུགས་པ་འགྲོ་ཀུན་ལ་མངོན་པའི་ སྨོན་ལམ་དོན་དམ་བདེ་ཆེན་རྡོ་རྗེ་འབར་ བའི་གཟི་བརྒྱ་ཞེས་བྱ་བ་ བཞུགས་སོ། ། ༄༅། །བླ་མའི་ཐུགས་ཀྱི་འཕྲུལ་བཟང་ཉིད། །ལྷ་ཚོགས་རབ་འབྱམས་ཡོངས་སྤྲོ་བའི། །སྐུ་དང་ཞིང་ཁམས་མཁྱེ ན་བརྩེའི་ཀླུང༌། །ནུས་པ་རྒྱ་མཚོའི་སྤྱི་གཞིའི་མགོན། །འགྱུར་མེད་ བདེ་ཆེན་རབ་རྒྱས་པ། །ཡེ་བཞུགས་བདེ་གཤེགས་སྙིང་པོའི་དཔལ། །རང་སེམས་གཤིས་ བཞུགས་བླ་མའི་ཐུགས། །དགོངས་ཡིད་རོ་མཉམ་ངང་དུ་བསྟེན། །མི་བསྐྱོད་ལྗང་འོད་ཡེ་ནས་ འཁྲིགས། །བདེ་ཆེན་དགའ་བའི་ཤེས་རབ་རྒྱས། །དཔལ་ལྡན་རྡོར་དབྱིངས་དབང་ཕྱུག་མ། །བདག་སོགས་བདེ་ཆེན་རྟག་འབར་ཤོག །ཡེ་བཞུགས་རྣམ་པར་སྣང་མཛད་དང༌། །དབྱེར་ མེད་མིག་སྨན་མདོག་འཆང་མ། །ཡུམ་ཆེན་ལྷ་མོ་སྒྲོལ་མ་རྗེ། །མི་རྟོག་བདེ་ཆེན་མཐོང་བར་ ཤོག །སྣང་བ་མཐའ་ཡས་བདེ་ཆེན་སྦར། །དམར་གསལ་བདེ་བའི་རང་གཟུགས་རྒྱས། །ཡུམ་ ཆེན་ལྷ་མོ་གོས་དཀར་མོ། །གཞི་དབྱིངས་དགོངས་དོན་རྟོགས་པར་ཤོག །ཡེ་བཞུགས་རིན་ འབྱུང་དགའ་བདེའི་དཔལ། །དཀར་གསལ་ཕུང་པོ་འབུམ་བརྡལ་བ། །ཡུམ་ཆེན་ལྷ་མོ་མ་མཱ་ ཀི །ཟུང་འཇུག་བདེ་ཆེན་མྱུར་རྟོགས་ཤོག །དོན་ཡོད་གྲུབ་པའི་བདེ་ཆེན་གྲོགས། །གསེར་ གྱི་ཁུ་བའི་མདོག་མངའ་བ། །ཡུམ་ཆེན་ལྷ་མོ་སྤྱན་མ་རྗེ། །གཞི་དབྱིངས་ཡེ་ཤེས་རྟོགས་པར་ 8-1-380 ཤོག །ལྷ་ཚོགས་རབ་འབྱམས་འཆར་བའི་གཞི། །རྒྱལ་ཡུམ་ཤེས་རབ་ཕ་རོལ་ཕྱིན། །ཆོས་ དབྱིངས་སངས་རྒྱས་ཀུན་བསྐྱེད་མ། །འབད་མེད་རང་གསལ་རྟོགས་པར་ཤོག །གཞི་འབྲས་ དབྱེར་མེད་གདོད་ནས་བཞུགས། །རྒྱལ་བའི་གཙུག་ཏོར་ནས་བྱུང་མ། །གཞན་གྱིས་མི་ཐུབ་ གདུགས་དཀར་ཅན། །རང་གསལ་ངང་ནས་རྟོགས་པར་ཤོག །རྩ་བའི་བླ་མའི་ཐུགས་ཀྱི་ འཕྲུལ། །རྒྱལ་ཀུན་ཡུམ་གཅིག་རྗེ་བཙུན་མ། །འཁོར་འདས་ཀུན་ལ་ཁྱབ་པའི་བདག །བསམ་ མེད་ངང་ནས་རྟོགས་པར་ཤོག །འཁོར་འདས་ཚེ་བཅུད་དྭངས་མར་བཞུགས། །སངས་རྒྱས་ ཚེ་དཔག་མེད་མགོན་སྐུ། །འཆི་བ་མེད་པ་ཚེ་ཡི་བདག །གཞི་འབྲས་དབྱེར་མེད་དོན་རྟོགས་ ཤོག །རྟག་བརྟན་མི་འགྱུར་བདེ་ཆེན་རྒྱས། །སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་མཚན། །བསམ་དོན་ཡིད་བཞིན་འགྲུབ་བྱེད་ལྷ། །འབད་མེད་བདེ་བའི་དོན་རྟོགས་ཤོག །བགྲེས་ རྒུད་ཡེ་བྲལ་གཞི་དབྱིངས་ལས། །རྣམ་པར་རྒྱལ་མ་ཡེ་ཤེས་བདག །དཔལ་ལྡན་ཚེ་སྤེལ་ལྷ་ མོ་རྗེ། །རྒུད་བྲལ་བདེ་ཆེན་རྟོགས་པར་ཤོག །གཞི་དབྱིངས་སྐྱབས་གནས་རྒྱ་མཚོའི་དཔལ། །ཀུན་གཟིགས་རྒྱལ་བའི་ཕྲིན་ལས་བདག །མྱུར་མ་དཔལ་མོ་ཐུགས་རྗེའི་ལྷ། །འབད་མེད་ ཞལ་བཟང་མཐོང་བར་ཤོག །ཡེ་བཞུགས་གསུང་གི་མངའ་བདག་མོ། །ལྷ་མོ་དབྱངས་ཅན་ འཕགས་མ་རྗེ། །ངག་གི་དཔལ་སྟེར་རྨོངས་པ་སེལ། །ཅིག་ཆར་བརྗོད་པའི་མཐུ་ལྡན་ཤོག །རྟག་བརྟན་བྱུ་རུའི་འཁྲི་ཤིང་རྒྱས། །ཡིད་བཞིན་དབང་གི་ལྷ་མོ་མཆོག །བསོད་ནམས་ནོར་ མཆོག་ལེགས་སྩོལ་བ། །རང་ཞལ་འབད་མེད་རྟོགས་པས་ཤོག །རྒུད་བྲལ་ཆུ་ཤེལ་འབུམ་ དཀྲིགས་པ། །འཕགས་མ་གཙུག་ཏོར་རྣམ་པར་རྒྱལ། །ཚེ་དང་ཡེ་ཤེས་དཔལ་གྱི་བདག །འབད་མེད་རྒུད་བྲལ་དོན་རྟོགས་ཤོག །དམར་གསལ་ར་གའི་གཟི་འབར་བ། །འཇིག་རྟེན་ དབང་དུ་འགུགས་མཛད་པའི། །རིག་བྱེད་ལྷ་མོ་དཔལ་གྱི་ཡུམ། །ཇི་བཞིན་འབད་མེད་ངང་ ནས་རྟོགས། །སྲིད་གསུམ་འོད་དམར་སྣང་བས་ཁྱབ། །གཟི་བརྗིད་རབ་རྒྱས་ཆེ་བའི་བདག 8-1-381 །འཇིགས་བྱེད་ཆེན་མོ་འགྲོ་སྒྲོལ་མ། །འབད་མེད་ལྷུན་གྲུབ་དོན་རྟོགས་ཤོག །ཕ་རོལ་སྟོབས་ ཀྱི་འཚེ་བའི་གེགས། །གཞན་གྱིས་མི་ཐུབ་སྒྲོལ་མ་ཉིད། །མཁའ་གཡུའི་མདོག་འོད་ཕྱོགས་ བརྒྱར་སྤྲོ། །ཡེ་བཞུགས་ལྷ་མོ་མྱུར་རྟོགས་ཤོག །མི་མཐུན་ཉེས་ཀུན་སེལ་མཛད་མ། །གཞན་ ལས་རབ་རྒྱལ་སྒྲོལ་མ་རྗེ། །ལྗང་ནག་འོད་ཟེར་ཕུང་པོའི་སྐུ། །རང་ཞལ་ནང་ནས་མཇལ་བར་ ཤོག །འཇིགས་པ་བརྒྱད་ལས་སྐྱོབ་མཛད་མ། །རྗེ་བཙུན་སེང་ལྡེ ང་ནགས་ཀྱི་སྒྲོལ། །འོད་ གསལ་ལེགས་བཞེངས་ལྗང་འོད་འཕྲོ། །གསང་གསུམ་འབད་མེད་རྟོགས་པར་ཤོག །བདུད་ དང་འཇིག་རྟེན་དབང་སྡུད་མ། །དཔའ་མོ་འཇིག་རྟེན་གསུམ་ལས་རྒྱལ། །ཀུན་ད་དུང་ཟླའི་ གཟུགས་སྐུ་འཆང༌། །གཞི་དབྱིངས་དགོངས་པ་མྱུར་རྟོགས་ཤོག །ཐེར་ཟུག་དགེ་བའི་འབྱུང་ གནས་བདག །ལོངས་སྤྱོད་ནོར་གཏེར་དཔལ་ལྷ་མོ། །ནོར་ལྷ་དབང་སྡུད་ཕྲིན་ལས་བདག །ཕན་བདེའི་དཔལ་ཁ་ཀུན་རྟོགས་ཤོག །དགེ་བའི་མཚན་མ་ཕྱོགས་བརྒྱར་བཞད། །སྐྱེ་ དགུའི་བཀྲ་ཤིས་དོན་མཛད་མ། །དམར་གསལ་འོད་བཟང་རབ་གཡོ་བ། །ལྷ་མོའི་དགོངས་ ཆེན་མྱུར་རྟོགས་ཤོག །ཡེ་ཤེས་མེ་ཡིས་བདུད་སྲེག་མ། །དགྲ་དཔུང་རབ་འཇོམས་སྟོབས་ ཆེན་མོ། །མཐིང་ནག་འཇིགས་པའི་ཉམས་བརྒྱ་འབར། །དགོངས་དོན་མྱུར་ནས་རྟོགས་པར་ ཤོག །བདུད་སྡེ་འཇོམས་ལ་དཔའ་བ་མོ། །ཁྲོ་གཉེར་སྤྱན་རས་གཡོ་མཛད་མ། །མཐིང་ནག་ འཇིགས་པའི་གཟི་ལྡན་མ། །ལྷག་ལྷ་ཁྱེ ད་དང་འབྲལ་མེད་ཤོག །བདེ་དགའ་མྱང་འདས་ མཆོག་གི་ཕུལ། །རབ་ཏུ་ཞི་བ་ཆེན་མོ་རྗེ། །དཀར་གསལ་དྭངས་པའི་འོད་བཟང་འབར། །ལྷ་ མོའི་དགོངས་པ་ཀུན་རྟོགས་ཤོག །འོད་ཕྲེང་འཁྲིགས་པར་དགྱེས་བཞུགས་མ། །འབར་བའི་ འོད་ཅན་ལྷ་མོ་རྗེ། །བཻ་ཌཱུར་གསར་བའི་དཔལ་འཛིན་མ། །ལྷ་མོ་ཁྱེ ད་དང་རྟག་འགྲོགས་ཤོག །འཇིག་རྟེན་གསུམ་རྣམས་གཡོ་བྱེད་མ། །དཔག་མེད་སྟོབས་ཀྱིས་གནོན་མཛད་མོ། །དམར་ གསལ་འོད་སྣང་འགྱེད་པའི་མཆོག །འོད་གསལ་བདེ་ཆེན་རྟོགས་པར་ཤོག །བརྟན་གཡོའི་ 8-1-382 དུག་ཀུན་རབ་གཞིལ་མ། །མྱུར་མཛད་རྨ་བྱ་ཆེན་མོ་རྗེ། །ལྗང་གསལ་གཡུ་ལྗོན་གསར་བའི་ དཔལ། །ལྷུན་གྲུབ་བདེ་ཆེན་རྟོགས་པར་ཤོག །རྩོད་དང་རྨི་ལམ་ངན་སེལ་མ། །རྗེ་བཙུན་ མི་ཕམ་རྒྱལ་མོ་མཆོག །དཀར་གསལ་ཕུང་པོ་མཛེས་སྡུག་འབར། །ཇི་བཞིན་དགོངས་དོན་ རྟོགས་པར་ཤོག །དྲག་པོའི་རིམས་ནད་ཀུན་སེལ་མ། །རི་ཁྲོད་ལྷ་མོ་ལོ་མ་གྱོན། །པདྨ་རཱ་ གའི་འོད་འཕྲོ་བ། །ལྷ་མོའི་དགོངས་དབྱིངས་རྟོགས་པར་ཤོག །གདོན་སོགས་འཚེ་ཀུན་ རབ་འཇོམས་མ། །རྗེ་བཙུན་ལྷ་མོ་འོད་ཟེར་ཅན། །གསེར་གྱི་མདོག་བཟང་མངོན་བཞད་ མས། །ཚེ་རབས་ཀུན་ཏུ་རྗེས་བཟུང་ཤོག །དེ་ལྟར་ཡི་དམ་ལྷག་ལྷ་རྣམས། །གཤེགས་སྙིང་ རྟག་བརྟན་འགྱུར་མེད་དུ། །གདོད་ནས་བཞུགས་པ་མངོན་པའི་ཐབས། །རེ་སྨོན་བྱས་པ་ཇི་ བཞིན་དུ། །གནས་ལུགས་འགྱུར་མེད་བདེན་པ་དང༌། །རྒྱུ་འབྲས་བསླུ་མེད་ནུས་མཐུ་ཡིས། །སྨོན་དོན་ཇི་བཞིན་གེགས་མེད་དུ། །འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་ངེས་པ་དོན་ གྱི་བླ་མ་དང་ཡི་དམ་ལྷ་མོ་གང་དག་གདོད་མ་ནས་དབྱེར་མེད་རྟག་བརྟན་སྤྲོས་བྲལ་འོད་གསལ་རྣམ་ཀུན་ཏུ་བཞུགས་པ་ཉིད་ འགྲོ་ཀུན་ལ་མངོན་པའི་སྨོན་ལམ་དོན་དམ་བདེ་ཆེན་རྡོ་རྗེ་འབར་བའི་གཟི་བརྒྱ་ཞེས་བྱ་བ་འདི་ཡང་ཚེ་རིང་རྡོ་རྗེ་དང་རྡོ་རྗེ་ཐར་ སངས་རྒྱས་མཚོ་སོགས་ལ་མཁོ་ཕྱིར། མ་ཏིས་འཕྲལ་སྨྲས་ལྟར་ཆོས་མཆེད་ཀྱིས་ཡི་གེ་པ་བགྱིས་ངོས་ནས་སླར་ཡང་མང་སྤེལ་ མཛད་པའོ།། །། 8-1-383 ༄༅། །དེང་དུས་དང་མཐུན་པའི་སྨོན་ཚིག་བསམ་པ་ མྱུར་འགྲུབ་ཅེས་བྱ་བ་བཞུགས། ༄༅། །ལྷར་བཅས་འགྲོ་བ་ཀུན་གྱི་སྐྱབས་གཅིག་པུ། །མཚུངས་བྲལ་རླབས་ཆེན་ ཕྲིན་ལས་བཟང་པོའི་དཔལ། །བསླུ་མེད་སྐྱབས་གནས་རིན་ཆེན་རྣམ་པ་གསུམ། །བརྩེ་བ་ ཆེན་པོའི་གཟིགས་རྒྱ་བསྐྱེད་དུ་གསོལ། །རྒྱལ་ཀུན་ཕྲིན་ལས་རང་གཟུགས་བྱིན་རླབས་ གཏེར། །སྙིགས་དུས་འགྲོ་འདྲེན་མཛད་པ་ཟླ་མེད་པ། །གདུལ་བྱ་བུ་བཞིན་སྐྱོང་བའི་བརྩེ་ ཆེན་མ། །རྒྱལ་ཡུམ་འཕགས་མའི་ཐུགས་རྗེས་གཟིགས་པར་མཛོད། །དེང་སྐབས་རྣམ་པར་ དཀར་བའི་བྱ་བ་དང༌། །ལེགས་མཐུན་གང་སྨོན་འདོད་པའི་དོན་རྣམས་ལ། །གེགས་མེད་ ཇི་བཞིན་འགྲུབ་པའི་དཔང་པོ་རུ། །བཞུགས་པར་མཛོད་ལ་བརྩེ་བས་དགོངས་སུ་གསོལ། །ཉམ་ཆུང་ལས་ཀྱིས་དེད་པའི་བདག་སོགས་འགྲོ། །བཟློ ག་དཀའ་ཇོན་གྱི་ལས་མཐུ་བཙན་ པོའི་ཤེད། །ཚེ་འདིར་སྨིན་ལ་ཉེ་བར་གྱུར་སྲིད་ན། །ཐུགས་རྗེའི་སྟོབས་ཀྱིས་གནོད་ཚབས་ ཆུང་བར་མཛོད། །སྒོ་གསུམ་བྱ་བ་གང་བརྩམས་དེ་དག་ཀུན། །བརྣག་དཀའ་སྡིག་པའི་ལས་ དང་མ་འདྲེས་པར། །རྣམ་དཀར་བསོད་ནམས་ཚོགས་དང་ཉེར་འབྲེལ་ཏེ། །ཚེ་འདིར་གང་ བྱས་དོན་མཆོག་ཡོངས་ལྡན་ཤོག །ལྷག་བསམ་དག་སྣང་དགའ་བས་སེམས་གཤིས་བསྒྱུར། །ཁོང་ཁྲོའི་དུག་གིས་བསླད་པ་མ་ཞུགས་པར། །རྒྱལ་བསྟན་ལུང་གི་ཕྱོགས་ལ་ཉན་བཤད་ ཀྱིས། །ཚེས་འདིའི་མཐར་འཁྱོ ལ་བར་ཆད་ཀུན་བྲལ་མཛོད། །ཐོས་དོན་རང་བློ་དང་འཚམས་ 8-1-384 གཏན་ལ་ཕབ། །རང་རྒྱུད་བཅོས་པའི་ཐབས་ལ་ལེགས་སྦྱར་ཏེ། །ཁ་བཤད་ཙམ་དུ་མི་འཇོག་ བློ་ཉམས་སུ། །ཐོག་ཏུ་ཅི་ཁེལ་རེམ་པ་ལྷུར་ལེན་ཤོག །བློ་རྩེ་གཅིག་དྲིལ་སྐྱབས་མཆོག་རྣམ་ གསུམ་དང༌། །རྗེ་བཙུན་འཕགས་མ་ཉག་གཅིག་ཁོ་ན་ལ། །འདི་ཕྱིའི་འཇིགས་ལས་སྐྱོབས་ པའི་མགོན་དུ་བཅོལ། །སྐྱབས་གནས་མཆོག་ལ་ཡིད་གཉིས་ཀུན་ཆོད་མཛོད། །དགེ་དང་ མི་དགེའི་ཁྱད་པར་སོ་སོ་ལས། །འབྲས་བུ་བདེ་སྡུག་འདྲ་མིན་འབྱུང་བའི་ཚུལ། །ཞིབ་མོའི་ གནས་ནི་ཤིན་ཏུ་གོ་དཀའ་བས། །དེ་ཡི་ཚུལ་ལ་ལོག་རྟོག་མ་གྱུར་ཅིག །ཐོག་མེད་དུས་ནས་ བསགས་པའི་ཉེས་ལྟུང་ཚོགས། །སྒོ་གསུམ་རྣམ་དཀར་གང་དང་འབྲེལ་ཚད་ཀྱིས། །ཚེ་ འདིར་སྒྲུབ་སྦྱངས་ཟབ་མོ་གནད་ལ་ཐེབས། །ཕྱི་མར་བཟོད་དཀའི་རྣམ་སྨིན་མེད་པར་ཤོག །རྣམ་དཀར་བསོད་ནམས་ཀུན་འཇོམས་སྡིག་པོ་ཆེ། །ལོག་ལྟ་ཆོས་སྤངས་སྔར་བྱས་དག་པ་ དང༌། །ཕྱིན་ཆད་རང་རྒྱུད་དྲི་མས་གོས་མེད་པར། །ལས་ངན་འདི་འདྲ་ནམ་ཡང་མ་འཕྲད་ཅིག །བཟོད་དཀའི་རྣམ་སྨིན་ཤིན་ཏུ་སྟོབས་ཆེ་བ། །དགེ་མཐུ་ཆུང་ཞིང་བསོད་ནམས་གོ་བཀག་ པའི། །མཚམས་མེད་ཉེ་བ་དང་བཅས་སྡིག་པའི་ལས། །བདག་སོགས་གང་དང་ནམ་ཡང་མ་ འབྲེལ་ཤོག །བསྐལ་པའི་དགེ་རྩ་བརླག་པའི་སྟོབས་ནུས་ཅན། །ཁོང་ཁྲོའི་མེ་ཡིས་རང་རྒྱུད་ སྲེག་བྱེད་པ། །འདི་ཀོ་དབང་མེད་སྐྱེ་བའི་སྐབས་བཅོམ་སྟེ། །རང་རྒྱུད་བྱམས་བརྩེའི་བདེ་ དགའ་སྤྱོད་གྱུར་ཅིག །ཚེ་འདིར་ད་ཕན་སྒོ་གསུམ་བྱ་བའི་ལས། །བསམ་བཞིན་པ་དང་མ་ བསམ་དབང་མེད་པར། །སྡིག་ལས་གང་དང་འང་འདྲེས་པ་མེད་བཞིན་དུ། །ཞར་བྱུང་དགེ་ ལས་ངང་གིས་འགྲུབ་པར་ཤོག །ཚེ་མཇུག་གང་དེར་ཅི་ལ་ཐུག་གྱུར་ཀྱང༌། །རྣམ་དཀར་ཆོས་ ལ་བློ་རྩེ་གཅིག་དྲིལ་དང༌། །སྡིག་པའི་ལས་ལ་རྒྱབ་ཀྱིས་ཕྱོགས་བྱས་ཏེ། །བླང་དོར་བྱེད་ལ་ གོ་ལོག་མེད་གྱུར་ཅིག །མདོར་ན་འདི་ངོགས་ཚེ་མཇུག་ཅི་ཡོད་རིང༌། །མ་རུངས་སྡིག་པའི་ ལས་དང་མི་འཕྲད་ཅིང༌། །དགེ་ལས་རང་ཤུགས་འགྲུབ་པའི་སྐལ་བཟང་ལ། །གནས་པའི་ 8-1-385 རེ་བ་བྱའོ་ཐུགས་རྗེ་ཅན། །ནམ་ཞིག་འཆི་བ་ཐོག་ཏུ་བབ་པའི་ཚེ། །སྐལ་ངན་འཁྲུལ་བས་ སྣང་ལོག་མི་འབྱུང་སྟེ། །ཡང་དག་མཚམས་སྦྱོར་བཟང་པོའི་བྱེད་རྐྱེན་ལ། །བརྟེན་ནས་དག་ སྣང་འབའ་ཞིག་སྤྱོད་གྱུར་ཅིག །ཚེ་འདི་འཕོས་མ་ཐག་ནས་སྐྱེ་གཞན་གྱིས། །བར་མ་ཆོད་ པར་བྱང་ཕྱོགས་ཀ་ལ་པའི། །མ་འགགས་རྒྱལ་པོའི་ཞབས་དྲུང་སྐྱེས་ནས་ཀྱང༌། །གསུང་གི་ བདུད་རྩིའི་དཔལ་ལ་རོལ་པར་ཤོག །སྐྱབས་མཆོག་དགོངས་ཀློང་ཀུན་གསལ་ཡངས་པ་ ནས། །ཐུགས་རྗེ་མཛད་བཟང་ཆུ་འཛིན་འབུམ་དཀྲིགས་ལས། །དགེ་མཚན་བྱིན་རླབས་གྲུ་ ཆར་ལེགས་འཇོ་བས། །གང་སྨོན་དཔག་བསམ་ལྗོན་པ་ཡོངས་རྒྱས་མཛོད། །ལེགས་བྱས་ རྣམ་དཀར་ཉལ་འགྲོའི་རྒྱུན་བཟང་ཉིད། །སྲས་བཅས་རྒྱལ་བའི་ཐུགས་སྨོན་ཆུ་ཀླུང་དང༌། །འགྲོགས་ཏེ་མཐར་ཐུག་སྐུ་བཞིའི་རྒྱ་མཚོ་ཆེར། །ཡོངས་འབབ་ངོ་བོ་རོ་གཅིག་ཉིད་གྱུར་ཅིག །ཅེས་དེང་དུས་དང་མཐུན་པའི་སྨོན་ཚིག་བསམ་པ་མྱུར་འགྲུབ་ཅེས་བྱ་བ་འདི་ཡང་ངག་དབང་ཡོན་ཏན་བཟང་པོ་ལ་མཁོ་ནས་མ་ ཏིས་སྨྲས་པ་ཇི་བཞིན་མཆེད་ཁོང་གིས་ཡི་གེར་བྲིས།། །། 8-1-386 ༄༅། །གཡུ་ལོ་བཀོད་པའི་ཞིང་གི་སྨོན་ལམ་ བསྡུས་པ་བཞུགས། ༄༅། །ཡེ་ཤེས་སྒྱུ་མའི་ལང་ཚོ་གསར་བ་ཡིས། །མར་གད་རི་དབང་ཉི་གཞོན་བྱེ་བའི་ འོད། །ཕན་ཚུན་མཛའ་བའི་མདངས་རབ་འབྱིན་པ་ལྟར། །ལེགས་མཛེས་ཁ་དོག་བཀྲ་བའི་ དཔལ་སྡུག་ཅན། །གང་གི་གཟུགས་སྐུའི་སྣང་བརྙན་ཡ་མཚན་པ། །བདག་བློ་དད་པའི་རྫིང་ བུར་ལེགས་ཤར་ཏེ། །ངོ་མཚར་དགེ་ཚོགས་ཅིར་ཡང་འཕེལ་བའི་རྐྱེན། །འདིས་ཀྱང་བེམ་ རིག་ནམ་ཞིག་འབྲལ་མ་ཐག །འཕགས་མའི་ཞབས་རྡུལ་སྤྱི་བོར་འགོད་པའི་ཞིང༌། །གནས་ བཟང་གཡུ་ལོ་བཀོད་པར་བདུད་རྩིའི་མཚོ། །དྲི་མེད་ཡན་ལག་བརྒྱད་ལྡན་དྭངས་པའི་ ངོགས། །པདྨོའི་གེ་སར་གསར་བར་ཡོངས་འཕོས་ཤོག །དེ་ཚེ་ལྷ་མོའི་ཞལ་བཟང་བཞད་ པ་ལས། །ལེགས་པར་འོང་བའི་གདམས་པའི་བཅུད་མཆོག་གིས། སྐལ་བཟང་ཡིད་ཁམས་ རིགས་ཀྱི་གསོས་གྱུར་ཏེ། །རིང་མིན་རྒྱལ་ཡུམ་གོ་འཕང་ཐོབ་གྱུར་ཅིག །འདི་ཡང་ཆོས་ལ་བརྩོན་ འགྲུས་ཆེ་བ་དཔལ་མིང་གི་མཐའ་ཅན་གང་གི་ངོར་མ་ཏིས་སྨྲས་བཞིན་མཆེད་ཀྱིས་ཡིག་རིས་བགྱིས་སོ།། །། 8-1-387 ༄༅། །ངེས་དོན་དང་འབྲེལ་བའི་གཡུ་ལོ་བཀོད་པའི་ ཞིང་གི་སྨོན་ལམ་འཕགས་མའི་བདེན་དོན་ ཞེས་བྱ་བ་་བཞུགས། ༄༅། །ན་མོ་ཨཱརྱ་ཏཱ་རེ་བྷྱཿ གདོད་ནས་ཞི་བ་ཆེན་པོའི་དེ་ཉིད་གཤིས། །རང་བཞིན་ཤེར་ ཕྱིན་གཞི་དབྱིངས་བཅོམ་ལྡན་མ། །རྒྱལ་ཀུན་ཡུམ་གཅིག་འཕགས་མ་ཕྲིན་ལས་གཏེར། །སྣ་ ཚོགས་མོས་བློ་དང་འཚམས་དག་ཆེན་འཕྲུལ། །ཨེ་མ་ཡ་མཚན་ཆེ་བའི་མཚར་བཀོད་མཆོག །ཏཱ་རེ་ལྷ་མོས་ཐོག་མར་ཐུགས་བསྐྱེད་ལས། །བདེན་མཐུ་དུས་སྨིན་གཡུ་ལོ་བཀོད་པའི་ ཞིང༌། །འདིས་མཚོན་བསགས་དགེ་གནས་དེར་འཕོ་ཕྱིར་བསྔོ ། །དེ་ཡང་ཕྲིན་ལས་དབང་མོ་ རྗེ་བཙུན་མ། །གང་ཉིད་གོ་འཕང་མཆོག་ལ་རོལ་བའི་ཞིང༌། །རིན་ཆེན་མར་གད་བེམ་མིན་ ཡེ་ཤེས་འཕྲུལ། །གཡུ་ལོ་བཀོད་མཆོག་ཞིང་དེར་སྐྱེ་བར་ཤོག །ཕུན་ཚོགས་ལེགས་བྱས་ཐ་ གྲུ་རབ་ཡངས་ཤིང༌། །ངོ་མཚར་གཡུ་ལྗོན་འདོད་དགུ་འབྱུང་བའི་གཏེར། །ཀུན་བྱང་གནས་ རིས་ཇི་བཞིན་སྣང་བའི་ཞིང༌། །གཡུ་ལོ་བཀོད་མཆོག་ཞིང་དེར་སྐྱེ་བར་ཤོག །འཕགས་མའི་ གཞལ་ཡས་ཁང་བཟང་ནམ་མཁའི་མཐའ། །རྒྱ་ཚད་ཕྱོགས་སུ་མ་ལྷུང་དབང་རིམ་བཞིན། །མཚར་སྡུག་བཀོད་ཆ་ལེགས་རྫོགས་གཞལ་མེད་ཁང༌། །གཡུ་ལོ༴ ཕོ་བྲང་མཆོག་གི་གཞི་ ཁྱོ ན་ཡངས་པ་ལ། །པདྨོའི་ཟེའུ་འབྲུར་ཟླ་གཞོན་གསར་བའི་སྟེང༌། །འཕགས་མའི་ཡེ་ཤེས་སྐུ་ བཟང་ལྗང་འོད་འབར། །གཡུ་ལོ༴ གང་སྐུའི་འོད་ལྗང་གསར་བ་མཁའ་མཐར་སྤྲོ། །མཚན་ དཔེའི་དཔལ་གྱིས་མཛེས་ཆ་ཀུན་ནས་ངོམ། །དར་གོས་རྒྱན་གསོལ་ཞིང་དེའི་གཙོ་མོའི་ཚུལ། 8-1-388 །གཡུ་ལོ༴ གསང་གསུམ་མཛད་པ་རིས་སུ་མ་ཆད་བཞིན། །དཔག་མེད་འོད་མངའི་རིགས་ ལས་འཁྲུངས་པའི་སྐུ། །བཅོམ་ལྡན་འཕགས་མ་རིགས་ཀྱི་བདག་མོའི་ཚུལ། །གཡུ་ལོ༴ སྐུ་ གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་དཔལ། །སྣ་ཚོགས་འཕྲུལ་བཟང་མ་ཚོགས་ཌཱ་ཀིའི་ དཔུང༌། །དཀར་དམར་མཐིང་སེར་ལྗང་གུའི་སྐུ་མདངས་འབར། །གཡུ་ལོ༴ རྣམ་འཕྲུལ་ལྷ་ མོ་དེ་དག་རེ་རེས་ཀྱང༌། །མཁའ་དབྱིངས་ཀུན་ཏུ་ངོ་མཚར་ཆོ་འཕྲུལ་འགྱེད། །ཟབ་དགུའི་ གདམས་པ་རྒྱ་མཚོས་གདུལ་བྱར་སྐྱོང༌། །གཡུ་ལོ༴ སེམས་དཔའ་ཆེན་པོ་རིག་སྔགས་འཆང་ བའི་སྡེ། །གསང་ཆེན་ཐེག་པའི་དགའ་སྟོན་སྤྱོད་བཞིན་པར། །ཟུང་འཇུག་རྩེ་མོར་སོན་པ་ བགྲང་ལས་འདས། །གཡུ་ལོ༴ ཕ་རོལ་ཕྱིན་དྲུག་བསྡུ་དངོས་བཞི་ལ་སོགས། །རྒྱུ་ཐེག་རླབས་ ཆེན་བྱ་དཀའི་སྤྱོད་བཟང་ཅན། །རྒྱལ་སྲས་འདུས་པ་རྒྱ་མཚོ་ཀུན་ནས་རོལ། །གཡུ་ལོ༴ དེ་ ལྟའི་ཐེག་ཆེན་སྔགས་དང་མདོ་ལམ་ལ། །ཉེར་བརྟེན་སེམས་དཔའ་སེམས་མའི་འདུས་པ་ཆེ། །ས་ཆེན་ཡངས་པའི་རྡུལ་ལ་ཅོ་འདྲི་བྱེད། །གཡུ་ལོ༴ གཞན་ཡང་མདོ་སྔགས་ལམ་ལ་ལེགས་ གཞོལ་བའི། །ཐེག་ཆེན་རིགས་ཁྱད་དབང་པོ་རྣོ་བའི་ཕུལ། །སྐལ་བ་བཟང་པོའི་གདུལ་བྱ་ འབའ་ཞིག་གནས། །གཡུ་ལོ༴ དེ་མཐུན་སྣོ ད་ཀྱི་འབྱོར་བ་དཔེ་བྲལ་ཞིང༌། །རིན་ཆེན་རི་དང་ ཡན་ལག་བརྒྱད་ལྡན་མཚོ། །སྨན་ལྗོངས་པདྨོའི་དགའ་ཚལ་ལེགས་མཛེས་པ། །གཡུ་ལོ༴ སུམ་རྩེན་གནས་ཡུལ་ཇི་བཞིན་ལེགས་འབྱོར་ཀུན། །ཡིད་ཀྱིས་གང་མོས་དུས་སུ་བྱུང་བ་ དང༌། །མ་དག་གནས་རིས་གཞི་ན་མི་དར་བའི། །གཡུ་ལོ༴ གང་དེ་ཞིང་འདིའི་གནས་ལུགས་ སྤྱི་ཡི་ཚུལ། །དབང་པོ་རབ་ཀྱི་གདུལ་བྱའི་དག་སྣང་ངོར། །དེ་ལྟ་མོད་ཀྱི་རིས་སུ་གཅོད་དུ་ མེད། །གཡུ་ལོ༴ འཕགས་མའི་རང་སྣང་ངེས་པ་དོན་གྱི་ཞིང༌། །བཅོམ་ལྡན་ལྷ་མོ་རྒྱལ་ཡུམ་ དག་ཆེན་འཕྲུལ། །སྟོན་འཁོར་སྣོ ད་བཅུད་རྣམ་པ་ཐམས་ཅད་པ། །གཡུ་ལོ༴ ནམ་མཁའ་ཀུན་ ཏུ་ཡོངས་སུ་བརྡལ་བའི་ཞིང༌། །གང་འདུལ་མོས་སྣང་དེ་དང་འཚམས་པའི་འཕྲུལ། །ལོངས་ 8-1-389 སྤྲུལ་སྒྱུ་མའི་མཚར་བཀོད་ཡ་མཚན་པ། །གཡུ་ལོ༴ འདི་ནི་གནས་ལུགས་གཤིས་ཀྱི་དག་ཆེན་ ཞིང༌། །གདོད་མ་ཆོས་སྐུ་ཉག་གཅིག་བཟང་ངན་མེད། །རང་བཞིན་ཆོས་དབྱིངས་བརྡལ་ཁྱབ་ ལྷུན་གྲུབ་པ། །གཡུ་ལོ༴ གནས་སྐབས་ལུས་ཅན་སོ་སོའི་དག་སྣང་ལས། །དག་དང་མ་དག་ ཞིང་ཁམས་རང་འཚམས་ལྟར། །འཕགས་མ་གཙོ་འཁོར་རང་ཞལ་དེ་ལུགས་བཞིན། །གཡུ་ ལོ༴ དེ་ཕྱིར་སྣང་བ་མཐའ་ཡས་སྤྱན་རས་གཟིགས། །རྒྱལ་དང་སྲས་ཀྱི་ཐུ་བོའི་འཕྲུལ་ཆེན་ གར། །ཏཱ་རེ་དཔལ་མོའི་ཕྲིན་ལས་མཛད་སྒོ་ཤར། །གཡུ་ལོ༴ གང་འདི་གདུལ་བྱའི་ཁམས་ དབང་དང་མཐུན་པར། །སྒྲོལ་མ་ཐུགས་རྗེ་དབང་མོའི་འཕྲུལ་བཀོད་ལས། །གཡུ་ལྗང་ གསར་བའི་གནས་བཟང་མཐའ་མེད་སྤྲུལ། །གཡུ་ལོ༴ རྣམ་པ་སྣ་ཚོགས་ཞིང་གི་གཙོ་མོའི་ ཚུལ། །ཕྲིན་ལས་མཚར་བཀོད་རྒྱལ་ཡུམ་བཅོམ་ལྡན་མ། །རང་གི་བསོད་ནམས་བགོ་སྐལ་ གང་ཐོབ་ཙམ། །དེ་ལུགས་ལྟར་གྱི་ཞིང་དུ་བདག་འཕོས་ཤོག །ད་སྐབས་འཕགས་མའི་ཡེ་ ཤེས་སྐུ་བཟང་མཆོག །དག་པའི་འཁོར་དང་སྣོ ད་བཅུད་འབྱོར་བའི་དཔལ། །དག་སྣང་གུས་ པས་ཡིད་ངོར་རབ་བཀོད་དེ། །སྙིང་ནས་རེ་ལྟོ ས་འཆའ་ན་ཐུགས་རྗེས་ཟུང༌། །ནང་དབྱིངས་ ཡེ་ནས་ལྷུན་གྲུབ་ཆོས་སྐུའི་ཐུགས། །དོན་དམ་གནས་ལུགས་འཕགས་མར་བདེན་གང་གིས། བདག་གིས་གང་སྨོན་དོན་ཀུན་གེགས་བྲལ་དུ། །རིང་མིན་ཚེ་འདིའི་ཕྱི་མར་མངོན་གྱུར་ཅིག །ཅེས་ངེས་དོན་དང་འབྲེལ་བའི་གཡུ་ལོ་བཀོད་པའི་ཞིང་གི་སྨོན་ལམ་འཕགས་མའི་བདེན་དོན་ཞེས་བྱ་བ་ར་འོབ་དངོས་གྲུབ་ དཔལ་གྱིས་ཉེར་བར་བསྐུལ་ངོར། མ་ཏིས་འཕྲལ་དུ་སྨྲས་པ་ལྟར་རྗེས་ནས་ཆོས་མཆེད་དམ་པས་ཡིག་རིས་སུ་སྤེལ་བ་དགེ་བར་ གྱུར་ཅིག་གུ། །།དགེའོ།། ༈ འདིར་འབད་དགེ་འདིས་ལུས་འདི་བོར་མ་ཐག །གཡུ་ལོ་བཀོད་པར་འཕགས་མའི་ དགྱེས་ཞལ་དྲུང༌། །ཐུགས་སྲས་གདུལ་ཞིང་མཆོག་ཏུ་ལེགས་གྱུར་ཏེ། །སྐྱེ་སྲིད་དེ་ལ་ལམ་ མཐར་ཕྱིན་གྱུར་ཅིག །ཅེས་པ་འདི་བརྩོན་འགྲུས་དཔལ་ལ་མཁོ་ནས་མ་ཏིས་སྨྲས་པའོ།། །། 8-1-390 གཡུ་ལོ་བཀོད་པའི་ཞིང༌། །འཕགས་མ་བཞུགས་པའི་གནས། །ང་ཚོ་ཕྱི་མའི་དུས། །དེ་ རུ་སྐྱེ་སྨོན་འདེབས། །མ་ཏིས་སྨྲས། 8-1-391 ༄༅། །ངེས་པ་དོན་གྱི་བླ་མ་དང་ཡི་དམ་ལྷ་མོ་གང་དག་གདོད་མ་ནས་ དབྱེར་མེད་རྟག་བརྟན་སྤྲོས་བྲལ་འོད་གསལ་རྣམ་ཀུན་ཏུ་ བཞུགས་པ་ཉིད་འགྲོ་ཀུན་ལ་མངོན་པའི་སྨོན་ལམ་ དོན་དམ་བདེ་ཆེན་རྡོ་རྗེ་འབར་བའི་གཟི་བརྒྱ་ ཞེས་བྱ་བ་བཞུགས་སོ། ། ༄༅། །བླ་མའི་ཐུགས་ཀྱི་འཕྲུལ་བཟང་ཉིད། །ལྷ་ཚོགས་རབ་འབྱམས་ཡོངས་སྤྲོ་བའི། །སྐུ་དང་ཞིང་ཁམས་མཁྱེ ན་བརྩེའི་ཀླུང༌། །ནུས་པ་རྒྱ་མཚོའི་སྤྱི་གཞིའི་མགོན། །འགྱུར་མེད་ བདེ་ཆེན་རབ་རྒྱས་པ། །ཡེ་བཞུགས་བདེ་གཤེགས་སྙིང་པོའི་དཔལ། །རང་སེམས་གཤིས་ བཞུགས་བླ་མའི་ཐུགས། །དགོངས་ཡིད་རོ་མཉམ་ངང་དུ་བསྟེན། །མི་བསྐྱོད་ལྗང་འོད་ཡེ་ ནས་འཁྲིགས། །བདེ་ཆེན་དགའ་བའི་ཤེས་རབ་རྒྱས། །དཔལ་ལྡན་རྡོར་དབྱིངས་དབང་ ཕྱུག་མ། །བདག་སོགས་བདེ་ཆེན་རྟག་འབར་ཤོག །ཡེ་བཞུགས་རྣམ་པར་སྣང་མཛད་དང༌། །དབྱེར་མེད་མིག་སྨན་མདོག་འཆང་མ། །ཡུམ་ཆེན་ལྷ་མོ་སྒྲོལ་མ་རྗེ། །མི་རྟོག་བདེ་ཆེན་ མཐོང་བར་ཤོག །སྣང་བ་མཐའ་ཡས་བདེ་ཆེན་སྦར། །དམར་གསལ་བདེ་བའི་རང་གཟུགས་ རྒྱས། །ཡུམ་ཆེན་ལྷ་མོ་གོས་དཀར་མོ། །གཞི་དབྱིངས་དགོངས་དོན་རྟོགས་པར་ཤོག །ཡེ་ བཞུགས་རིན་འབྱུང་དགའ་བདེའི་དཔལ། །དཀར་གསལ་ཕུང་པོ་འབུམ་བརྡལ་བ། །ཡུམ་ ཆེན་ལྷ་མོ་མ་མཱ་ཀཱི །ཟུང་འཇུག་བདེ་ཆེན་མྱུར་རྟོགས་ཤོག །དོན་ཡོད་གྲུབ་པའི་བདེ་ཆེན་ 8-1-392 གྲོགས། །གསེར་གྱི་ཁུ་བའི་མདོག་མངའ་བ། །ཡུམ་ཆེན་ལྷ་མོ་སྤྱན་མ་རྗེ། །གཞི་དབྱིངས་ ཡེ་ཤེས་རྟོགས་པར་ཤོག །ལྷ་ཚོགས་རབ་འབྱམས་འཆར་བའི་གཞི། །རྒྱལ་ཡུམ་ཤེས་རབ་ ཕ་རོལ་ཕྱིན། །ཆོས་དབྱིངས་སངས་རྒྱས་ཀུན་བསྐྱེད་མ། །འབད་མེད་རང་གསལ་རྟོགས་ པར་ཤོག །གཞི་འབྲས་དབྱེར་མེད་གདོད་ནས་བཞུགས། །རྒྱལ་བའི་གཙུག་ཏོར་ནས་བྱུང་ མ། །གཞན་གྱིས་མི་ཐུབ་གདུགས་དཀར་ཅན། །རང་གསལ་ངང་ནས་རྟོགས་པར་ཤོག །རྩ་ བའི་བླ་མའི་ཐུགས་ཀྱི་འཕྲུལ། །རྒྱལ་ཀུན་ཡུམ་གཅིག་རྗེ་བཙུན་མ། །འཁོར་འདས་ཀུན་ ལ་ཁྱབ་པའི་བདག །བསམ་མེད་ངང་ནས་རྟོགས་པར་ཤོག །འཁོར་འདས་ཚེ་བཅུད་དྭངས་ མར་བཞུགས། །སངས་རྒྱས་ཚེ་དཔག་མེད་མགོན་སྐུ། །འཆི་བ་མེད་པ་ཚེ་ཡི་བདག །གཞི་ འབྲས་དབྱེར་མེད་དོན་རྟོགས་ཤོག །རྟག་བརྟན་མི་འགྱུར་བདེ་ཆེན་རྒྱས། །སྒྲོལ་དཀར་ ཡིད་བཞིན་འཁོར་ལོའི་མཚན། །བསམ་དོན་ཡིད་བཞིན་འགྲུབ་བྱེད་ལྷ། །འབད་མེད་བདེ་ བའི་དོན་རྟོགས་ཤོག །བགྲེས་རྒུད་ཡེ་བྲལ་གཞི་དབྱིངས་ལས། །རྣམ་པར་རྒྱལ་མ་ཡེ་ཤེས་ བདག །དཔལ་ལྡན་ཚེ་སྤེལ་ལྷ་མོ་རྗེ། །རྒུད་བྲལ་བདེ་ཆེན་རྟོགས་པར་ཤོག །གཞི་དབྱིངས་ སྐྱབས་གནས་རྒྱ་མཚོའི་དཔལ། །ཀུན་གཟིགས་རྒྱལ་བའི་ཕྲིན་ལས་བདག །མྱུར་མ་དཔལ་ མོ་ཐུགས་རྗེའི་ལྷ། །འབད་མེད་ཞལ་བཟང་མཐོང་བར་ཤོག །ཡེ་བཞུགས་གསུང་གི་མངའ་ བདག་མོ། །ལྷ་མོ་དབྱངས་ཅན་འཕགས་མ་རྗེ། །ངག་གི་དཔལ་སྟེར་རྨོངས་པ་སེལ། །ཅིག་ ཆར་བརྗོད་པའི་མཐུ་ལྡན་ཤོག །རྟག་བརྟན་བྱུ་རུའི་འཁྲི་ཤིང་རྒྱས། །ཡིད་བཞིན་དབང་གི་ལྷ་ མོ་མཆོག །བསོད་ནམས་ནོར་མཆོག་ལེགས་སྩོལ་བ། །རང་ཞལ་འབད་མེད་རྟོགས་པར་ཤོག །རྒུད་བྲལ་ཆུ་ཤེལ་འབུམ་དཀྲིགས་པ། །འཕགས་མ་གཙུག་ཏོར་རྣམ་པར་རྒྱལ། །ཚེ་དང་ཡེ་ ཤེས་དཔལ་གྱི་བདག །འབད་མེད་རྒུད་བྲལ་དོན་རྟོགས་ཤོག །དམར་གསལ་རཱ་གའི་གཟི་ འབར་བ། །འཇིག་རྟེན་དབང་དུ་འགུགས་མཛད་པའི། །རིག་བྱེད་ལྷ་མོ་དཔལ་གྱི་ཡུམ། །ཇི་ 8-1-393 བཞིན་འབད་མེད་ངང་ནས་རྟོགས། །སྲིད་གསུམ་འོད་དམར་སྣང་བས་ཁྱབ། །གཟི་བརྗིད་ རབ་རྒྱས་ཆེ་བའི་བདག །འཇིགས་བྱེད་ཆེན་མོ་འགྲོ་སྒྲོལ་མ། །འབད་མེད་ལྷུན་གྲུབ་དོན་ རྟོགས་ཤོག །ཕ་རོལ་སྟོབས་ཀྱི་འཚེ་བའི་གེགས། །གཞན་གྱིས་མི་ཐུབ་སྒྲོལ་མ་ཉིད། །མཁའ་ གཡུའི་མདོག་འོད་ཕྱོགས་བརྒྱར་སྤྲོ། །ཡེ་བཞུགས་ལྷ་མོ་མྱུར་རྟོགས་ཤོག །མི་མཐུན་ཉེས་ ཀུན་སེལ་མཛད་མ། །གཞན་ལས་རབ་རྒྱལ་སྒྲོལ་མ་རྗེ། །ལྗང་ནག་འོད་ཟེར་ཕུང་པོའི་སྐུ། །རང་ཞལ་ནང་ནས་མཇལ་བར་ཤོག །འཇིགས་པ་བརྒྱད་ལས་སྐྱོབ་མཛད་མ། །རྗེ་བཙུན་ སེང་ལྡེ ང་ནགས་ཀྱི་སྒྲོལ། །འོད་གསལ་ལེགས་བཞེངས་ལྗང་འོད་འཕྲོ། །གསང་གསུམ་ འབད་མེད་རྟོགས་པར་ཤོག །བདུད་དང་འཇིག་རྟེན་དབང་སྡུད་མ། །དཔའ་མོ་འཇིག་རྟེན་ གསུམ་ལས་རྒྱལ། །ཀུན་དཱ་དུང་ཟླའི་གཟུགས་སྐུ་འཆང༌། །གཞི་དབྱིངས་དགོངས་པ་མྱུར་ རྟོགས་ཤོག །ཐེར་ཟུག་དགེ་བའི་འབྱུང་གནས་དཔལ། །ལོངས་སྤྱོད་ནོར་གཏེར་དཔལ་ལྷ་ མོ། །ནོར་ལྷ་དབང་སྡུད་ཕྲིན་ལས་བདག །ཕན་བདེའི་དཔལ་ཁ་ཀུན་རྟོགས་ཤོག །དགེ་བའི་ མཚན་མ་ཕྱོགས་བརྒྱར་བཞད། །སྐྱེ་དགུའི་བཀྲ་ཤིས་དོན་མཛད་མ། །དམར་གསལ་འོད་ བཟང་རབ་གཡོ་བ། །ལྷ་མོའི་དགོངས་ཆེན་མྱུར་རྟོགས་ཤོག །ཡེ་ཤེས་མེ་ཡིས་བདུད་སྲེག་ མ། །དགྲ་དཔུང་རབ་འཇོམས་སྟོབས་ཆེན་མོ། །མཐིང་ནག་འཇིགས་པའི་ཉམས་བརྒྱ་འབར། །དགོངས་དོན་མྱུར་ནས་རྟོགས་པར་ཤོག །བདུད་སྡེ་འཇོམས་ལ་དཔའ་བ་མོ། །ཁྲོ་གཉེར་ སྤྱན་རས་གཡོ་མཛད་མ། །མཐིང་ནག་འཇིགས་པའི་གཟི་ལྡན་མ། །ལྷག་ལྷ་ཁྱེ ད་དང་འབྲལ་ མེད་ཤོག །བདེ་དགའ་མྱང་འདས་མཆོག་གི་ཕུལ། །རབ་ཏུ་ཞི་བ་ཆེན་མོ་རྗེ། །དཀར་གསལ་ དྭངས་པའི་འོད་བཟང་འབར། །ལྷ་མོའི་དགོངས་པ་ཀུན་རྟོགས་ཤོག །འོད་ཕྲེང་འཁྲིགས་ པར་དགྱེས་བཞུགས་མ། །འབར་བའི་འོད་ཅན་ལྷ་མོ་རྗེ། །བཻཌཱུར་གསར་བའི་དཔལ་འཛིན་ མ། །ལྷ་མོ་ཁྱེ ད་དང་རྟག་འགྲོགས་ཤོག །འཇིག་རྟེན་གསུམ་རྣམས་གཡོ་བྱེད་མ། །དཔག་ 8-1-394 མེད་སྟོབས་ཀྱིས་གནོན་མཛད་མོ། །དམར་གསལ་འོད་སྣང་འགྱེད་པའི་མཆོག །འོད་གསལ་ བདེ་ཆེན་རྟོགས་པར་ཤོག །བརྟན་གཡོའི་དུག་ཀུན་རབ་གཞིལ་མ། །མྱུར་མཛད་རྨ་བྱ་ཆེན་མོ་ རྗེ། །ལྗང་གསལ་གཡུ་ལྗོན་གསར་བའི་དཔལ། །ལྷུན་གྲུབ་བདེ་ཆེན་རྟོགས་པར་ཤོག །རྩོད་ དང་རྨི་ལམ་ངན་སེལ་མ། །རྗེ་བཙུན་མི་ཕམ་རྒྱལ་མོ་མཆོག །དཀར་གསལ་ཕུང་པོ་མཛེས་ སྡུག་འབར། །ཇི་བཞིན་དགོངས་དོན་རྟོགས་པར་ཤོག །དྲག་པོའི་རིམས་ནད་ཀུན་སེལ་མ། །རི་ཁྲོད་ལྷ་མོ་ལོ་མ་གྱོན། །པདྨ་རཱ་གའི་འོད་འཕྲོ་བ། །ལྷ་མོའི་དགོངས་དབྱིངས་རྟོགས་པར་ ཤོག །གདོན་སོགས་འཚེ་ཀུན་རབ་འཇོམས་མ། །རྗེ་བཙུན་ལྷ་མོ་འོད་ཟེར་ཅན། །གསེར་ གྱི་མདོག་བཟང་མངོན་བཞད་མས། །ཚེ་རབས་ཀུན་ཏུ་རྗེས་བཟུང་ཤོག །དེ་ལྟར་ཡི་དམ་ ལྷག་ལྷ་རྣམས། །གཤེགས་སྙིང་རྟག་བརྟན་འགྱུར་མེད་དུ། །གདོད་ནས་བཞུགས་པ་མངོན་ པའི་ཐབས། །རེ་སྨོན་བྱས་པ་ཇི་བཞིན་དུ། །གནས་ལུགས་འགྱུར་མེད་བདེན་པ་དང༌། །རྒྱུ་ འབྲས་བསླུ་མེད་ནུས་མཐུ་ཡིས། །སྨོན་དོན་ཇི་བཞིན་གེགས་མེད་དུ། །འགྲུབ་པར་བྱིན་གྱིས་ བརླབ་ཏུ་གསོལ། །ཞེས་ངེས་པ་དོན་གྱི་བླ་མ་དང་ཡི་དམ་ལྷ་མོ་གང་དག་གདོད་མ་ནས་དབྱེར་མེད་རྟག་བརྟན་སྤྲོས་བྲལ་ འོད་གསལ་རྣམ་ཀུན་ཏུ་བཞུགས་པ་ཉིད་འགྲོ་ཀུན་ལ་མངོན་པའི་སྨོན་ལམ་དོན་དམ་བདེ་ཆེན་རྡོ་རྗེ་འབར་བའི་གཟི་བརྒྱ་ཞེས་བྱ་ བ་འདི་ཡང་ཚེ་རིང་རྡོ་རྗེ་དང་རྡོ་རྗེ་ཐར་སངས་རྒྱས་མཚོ་སོགས་ལ་མཁོ་ཕྱིར། མ་ཏིས་འཕྲལ་སྨྲས་ལྟར་ཆོས་མཆེད་ཀྱིས་ཡི་གེ་པ་ བགྱིས་ངོས་ནས་སླར་ཡང་མང་སྤེལ་མཛད་པའོ།། །། 8-1-395 ༄༅། །སྒྲོལ་མའི་སྨོན་ལམ་གང་སྨོན་ལེགས་འགྲུབ་དང་ གདུང་འབོད་བཞུགས། ༄༅། །སྐྱབས་གནས་ཀུན་འདུས་བླ་མ་དཀོན་མཆོག་གསུམ། །ཐུགས་རྗེའི་གཏེར་གྱུར་ འཕགས་མ་སྒྲོལ་མ་རྗེ། །བརྩེ་བས་ཉེར་དགོངས་གང་སྨོན་ལེགས་འགྲུབ་ཅིང༌། །བསམ་དོན་ མ་ལུས་དུས་སུ་ཡོངས་མངོན་མཛོད། །བདག་གིས་འདིར་འབད་དགེ་རྩ་ལེགས་བསགས་ འདིས། །སེམས་ཅན་ཡོངས་ལ་གནས་སྐབས་བདེ་འབྱོར་རྒྱས། །ཡང་དག་སངས་རྒྱས་ བསྟན་དང་མི་འབྲལ་ཞིང༌། །ཚེ་རིང་ནད་མེད་བསོད་ནམས་ཕུན་ཚོགས་ཤོག །ཁྱད་པར་འདི་ ངོགས་སྤྱི་མཐུན་ལུས་ཅན་དག །རང་རང་ལ་ཉེན་སྡུག་བསྔལ་གང་ཡོད་ཚད། །མ་ལུས་ཞི་ ཞིང་བདེ་དགའི་དཔལ་ཐོབ་ཅིང༌། །དབུགས་དབྱུང་ངལ་གསོ་མཆོག་ལ་གནས་པར་ཤོག །དེ་ ནས་བཟུང་སྟེ་རིམ་པར་རྫོགས་ལྡན་ལ། །ལེགས་སྤྱོད་སེམས་ཅན་ཀུན་བདེ་ཆོས་སྲིད་ཟུང༌། །སྐྱིད་དགའ་ཉམས་མེད་ངང་ནས་རྟག་འཚོ་ཞིང༌། །འཛམ་གླིང་ས་ཆེན་མཐའ་དག་ཡོངས་ བདེ་ཤོག །སྤྱིར་ན་ཁམས་གསུམ་འཁོར་བ་ཀྱིས་བསྡུས་པའི། །མར་གྱུར་སེམས་ཅན་ཐམས་ ཅད་རང་རང་ལ། །འཁོར་བ་ངན་སོང་སྡུག་བསྔལ་མྱུར་ཞི་སྟེ། །ཐར་པ་ཐམས་ཅད་མཁྱེ ན་དུ་ ལེགས་བགྲོད་ཤོག །དེ་ལྟར་བསྔོ ་སྨོན་གང་བྱས་མ་ལུས་པ། །དཀོན་མཆོག་གསུམ་དང་རྒྱལ་ ཡུམ་སྒྲོལ་མ་ཡི། །བསླུ་མེད་ཐུགས་རྗེའི་སྟོབས་ཀྱིས་ཇི་བཞིན་དུ། །འབད་མེད་ལྷུན་གྲུབ་ དུས་སུ་སྨིན་གྱུར་ཅིག །བདག་གིས་དགེ་བ་གང་བསགས་འདི་ཡིས་ནི། །སེམས་ཅན་ཐམས་ 8-1-396 ཅད་བདེ་ཞིང་སྐྱིད་པ་དང༌། །གནས་སྐབས་མཐར་ཐུག་ཕན་བདེ་མཆོག་སྤེལ་བའི། །བླ་ན་ མེད་པའི་རྒྱུ་ཚོགས་ཉིད་གྱུར་ཅིག །སྨོན་ལམ་གང་སྨོན་ལེགས་འགྲུབ་འདི་གཉིས་བཛྲ་མིང་གིས་བསྐུལ་བ་ལྟར་མ་ ཏི་ཀིརྟིས་བྲིས་པའོ།། །། ༄༅། །རང་མདུན་དག་པའི་སྣང་ངོར་རྗེ་བཙུན་མ། །སྐྱབས་ཀུན་འདུས་པའི་བདག་ ཉིད་ལེགས་བཞུགས་ཏེ། །བདག་ལ་ཐུགས་རྗེའི་གཟིགས་པ་འབྲལ་མེད་ངང༌། །འདི་ཕྱིའི་ ལེགས་ཉེས་གང་གྱུར་ཁྱེ ད་རང་མཁྱེ ན། །ཀྱེ་མ་ཐུགས་རྗེ་མྱུར་མ་དཔའ་མོ་རྗེ། །སྐྱབས་ གནས་བླ་མ་ཀུན་འདུས་ཁྱེ ད་རང་ཡིན། །ཡི་དམ་རྒྱུད་སྡེ་ཀུན་འདུས་ཁྱེ ད་རང་ཡིན། །བསླུ་ མེད་མཆོག་གསུམ་ཀུན་འདུས་ཁྱེ ད་རང་ཡིན། །མཁའ་འགྲོ་ཆོས་སྐྱོང་ཀུན་འདུས་ཁྱེ ད་རང་ ཡིན། །ཐམས་ཅད་འདུས་པའི་སྐྱབས་མཆོག་རྗེ་བཙུན་མ། །སྙིང་ནས་དྲན་ནོ་གདུང་བའི་ཡུས་ ཀྱིས་འབོད། །རྩེ་གཅིག་དད་པས་གསོལ་བ་འདེབས་ལགས་ན། །ཚེ་འདིར་གནས་སྐབས་མི་ མཐུན་གེགས་ཞི་ཞིང༌། །གང་བསམ་ཐམས་ཅད་ཆོས་བཞིན་ལམ་དུ་འགྲོ། །རྐྱེན་ངན་གང་ གིས་ནམ་ཡང་མི་འཚེ་བར། །བྱ་བ་ལམ་འགྲོས་ཚེ་མཐའ་འཁྱོ ལ་བར་མཛོད། །ནམ་ཞིག་འདི་ སྣང་རྩུབ་ལ་ཉེ་བའི་ཚེ། །གནད་གཅོད་སྡུག་བསྔལ་རང་ཞི་བདེ་དགེ་འཕེལ། །སོས་དལ་ཕན་ པའི་གོ་སྐབས་ཉིད་ཐོབ་ནས། །དག་སྣང་མཆོག་ལ་སྤྱོད་དབང་ཡོད་གྱུར་ཅིག །དེ་མཐར་ བར་དོར་འཁྲུལ་སྣང་མི་འབྱུང་ཞིང། འཕགས་མའི་ཞལ་གཟིགས་དགེ་མཚན་ལྟས་བཟང་ གིས། །མ་ཡིས་བུ་ལ་བྱམས་བརྩེ་ཇི་བཞིན་དུ། །གཡུ་ལོ་བཀོད་པའི་ཞིང་དུ་ལེགས་ཁྲིད་ཤོག །བདག་གིས་རྣམ་པར་དཀར་བའི་དགེ་བསགས་མཐུས། །འཕགས་མ་མཆོག་གིས་གདུལ་ ཞིང་རང་གྱུར་ཏེ། །སྐད་ཅིག་ཙམ་ཡང་ཐུགས་རྗེས་གཡེལ་མེད་པར། །མ་ཡིས་བུ་བཞིན་རྟག་ སྐྱོང་མཛད་པར་སྨོན། །ཞེས་པ་རྡོ་རྗེ་ཐར་ལ་མཁོ་ནས་མ་ཏིས་སོ།། །། 8-1-397 ༄༅། །འཕགས་མ་གཙུག་ཏོར་རྣམ་པར་རྒྱལ་མའི་སྨོན་ལམ་གྱི་ ཚིག་འདོད་དོན་ལེགས་འགྲུབ་ ཅེས་བྱ་བ་བཞུགས་སོ། ། ༄༅། །བླ་མ་དང་གཉིས་སུ་མེད་པ་གཙུག་ཏོར་རྣམ་པར་རྒྱལ་མ་ལ་ཕྱག་འཚལ་ལོ། །ཕུན་ཚོགས་ལེགས་བྱས་རབ་དཀར་བསོད་ནམས་ཚོགས། །འདི་ན་གང་འབད་འདིས་ མཚོན་དུས་གསུམ་གྱི། །སྐྱེ་འཕགས་ཡོངས་ཀྱི་བསགས་སྒོ་རྨད་བྱུང་བ། །རླབས་ཆེན་བགྱི་ བ་དེ་ཀུན་གྱི་མཐུ་ཡིས། །དེང་སྐབས་རིག་སྔགས་གཟུངས་ཀྱི་ཆོ་ག་ལ། །བརྟེན་ནས་སྒྲིབ་ སྦྱོང་ཚེ་སྤེལ་བསྙེན་མཆོད་སོགས། །གང་བྱས་ལས་ཀྱི་དོན་ཀུན་ཐོགས་མེད་པར། །ཇི་ བཞིན་དུས་སུ་ལེགས་འཁྱོ ལ་མཛད་དུ་གསོལ། །ཐོག་མེད་ནས་བསགས་སྒོ་གསུམ་སྡིག་ ལྟུང་ཚོགས། །གང་དང་གང་བྱས་ལས་སྒྲིབ་བག་ཆགས་ཀུན། །ཡོངས་བྱང་སྲིད་པའི་རྣམ་ སྨིན་བཟོད་དཀའ་བ། །རིམ་པས་གྲོལ་བ་ཐོབ་ནས་ངལ་བསོ་ཤོག །ཁྱད་པར་འདི་ན་བསྒྲུབ་ བྱ་གང་གི་དོན། །ཐུན་མོང་རྣམ་དཀར་ཆོས་བློ་གསར་བའི་དཔལ། །སྐྱབས་མཆོག་ལྷ་ལ་ སྙིང་ནས་དད་པ་འཕེལ། །མོས་གུས་ཐུགས་རྗེའི་དཔྱང་ཐག་མྱུར་ལྡན་ཤོག །ལྷག་བསམ་ རྣམ་དག་སྙིང་རྗེ་བྱང་ཆུབ་སེམས། །ཟབ་མོའི་གནས་ལུགས་ལྟ་བ་ཟུང་འབྲེལ་ངང༌། །ལྷ་ མོའི་རིག་སྔགས་ཕྱག་རྒྱ་ལྷའི་འཁོར་ལོ། །འོད་གསལ་ངང་ནས་ལེགས་སྣང་བྱེད་པར་ཤོག །མཐུ་དེས་སྒྲིབ་སྦྱངས་ཚོགས་ཆེན་རབ་རྫོགས་ནས། །མི་ཤིགས་ཡེ་ཤེས་ཚེ་མཆོག་ཡོངས་ 8-1-398 འགྲུབ་སྟེ། །རང་གཞན་དོན་གཉིས་བསྒྲུབ་ལ་དཔའ་བའི་མཐུ། །སྒོ་གང་ཐད་དུ་ཀུན་ནས་ ཡོངས་རྒྱས་ཤོག །དེར་བརྟེན་ཕྲིན་ལས་རོལ་པ་ཆེན་པོ་ཡིས། །འཁོར་བའི་འགྲོ་བ་སྤྱི་དང་ ཁྱད་པར་དུ། །ངན་སོང་གསུམ་གྱི་སྡུག་བསྔལ་གཞོམ་པའི་ཐབས། །རང་རང་ལེགས་འཚམ་ མཛད་བཟང་ཆད་མེད་ཤོག །འདི་ན་འབྲེལ་བའི་ལྟོ ས་བཅས་མ་ལུས་པ། །རང་རང་ལའང་ ལས་སྒྲིབ་ཤུགས་ཆེ་བ། །གང་ཡོད་དག་གི་རྣམ་སྨིན་མི་བདེ་བ། །མཐའ་དག་འཕྲལ་དུ་ཉེར་ ཞི་མཆོག་ཐོབ་ཤོག །དེ་ནས་བཟུང་སྟེ་དགའ་ཆེན་བདེ་བའི་ངང༌། །བགྲེས་རྒུད་བྲལ་བའི་ ཚེ་མཆོག་ལ་བརྟེན་ནས། །ཟབ་གསལ་གཉིས་མེད་རྣལ་འབྱོར་ཡོངས་སྨིན་ཅིང༌། །སྲིད་པ་ འཁོར་བ་རྒྱབ་ཀྱིས་ཕྱོགས་པར་ཤོག །བདག་སོགས་རྣམས་ཀྱིས་གནས་སྐབས་འདི་དག་ ཏུ། །རང་དོན་སྡིག་པ་ཚབས་ཆེན་སྦྱོང་བ་དང༌། །ཚེ་དང་ཡེ་ཤེས་གསར་བ་སྤེལ་ནུས་ཤིང༌། །གཞན་ཕན་དེ་ལུགས་བཞིན་ལ་ཐོགས་མེད་ཤོག །དཔལ་ལྡན་ལྷ་མོ་འཁོར་བཅས་ལེགས་ མཆོད་པའི། །རྣམ་དཀར་བསོད་ནམས་ཞིང་གི་བྱ་བ་ལ། །ཚེ་རབས་འདི་དང་སྐྱེ་བ་ཐམས་ ཅད་དུ། །རླབས་ཆེན་ཕུན་ཚོགས་སྒོ་ཆེན་རྟག་སྤྱོད་ཤོག །ཡེ་ཤེས་ལྷ་མོའི་ཟག་བྲལ་སྐུ་ མཆོག་གི །འོད་དཀར་སྣང་བའི་མཛེས་པ་འབྱིན་པའི་དཔལ། །དག་སྣང་རང་རིག་གཤིས་ སུ་རྩལ་རྫོགས་ཏེ། །སྒྱུ་འཕྲུལ་དྲ་བའི་འཁོར་ལོར་དབང་ཐོབ་ཤོག །གཉུག་མ་གཞོམ་བྲལ་ འགྱུར་མེད་རྡོ་རྗེའི་ཚིག །བརྗོད་བྲལ་ནཱ་དའི་རང་བཞིན་མཁའ་ཁྱབ་པ། །ཡེ་བཞུགས་གསུང་ གི་དབང་ཕྱུག་འགག་མེད་སྒྲ། །དོན་དམ་སྤྲོས་བྲལ་དབྱིངས་སུ་ཆེར་ངོམ་ཤོག །འོད་གསལ་ ཆོས་སྐུ་འཕགས་མ་མཆོག་གི་ཐུགས། །ཀུན་ཁྱབ་གཤེགས་སྙིང་ངོ་བོར་རྟག་བཞུགས་པ། །ནམ་ཡང་རིས་བྲལ་གདོད་མའི་དེ་ཉིད་མཆོག །ཇི་བཞིན་དག་པའི་དགོངས་ཆེན་སྤྱོད་པར་ ཤོག །རབ་དཀར་འཕགས་མའི་མཆོད་སྒྲུབ་ཟབ་མོ་དང༌། །ཉེ་བར་འབྲེལ་བའི་ཚོགས་ཆེན་ རབ་བསགས་པ། །གང་འདིས་དུས་ཀྱི་མཐའ་མ་འདི་ཉིད་དུ། །ལེགས་སྒོ་མཆོག་གི་བཀྲ་ 8-1-399 ཤིས་ཐོབ་པར་ཤོག །ཕན་བདེ་འབྱུང་གནས་རྒྱལ་བསྟན་དར་བ་དང༌། །དེ་འཛིན་དམ་པ་སྡེ་ བཅས་ཡོངས་རྒྱས་ཤིང༌། །སྐྱེ་དགུའི་ཕན་བདེ་དབྱར་མཚོ་བཞིན་འཕེལ་ཏེ། །གང་ལ་གང་ འདོད་རེ་སྐོང་དེ་ལུགས་ཤོག །དཔལ་ལྡན་ཡེ་ཤེས་མཆོག་གི་གཏེར་གྱུར་པ། །གསང་གསུམ་ རླབས་ཆེན་ཆོས་སྐུ་ཤེར་ཕྱིན་མོ། །ནམ་ཡང་འཁོར་འདས་གཤིས་སུ་བདེན་གང་གིས། །གང་ སྨོན་དོན་ཀུན་ལྷུན་གྱིས་འགྲུབ་གྱུར་ཅིག །ཅེས་རྣམ་རྒྱལ་མའི་སྨོན་ཚིག་འདོད་དོན་ལེགས་འགྲུབ་འདི་ཡང་ བརྩོན་འགྲུས་ཀྱི་ངོར་མ་ཏིས་སྦྱར་བའོ།། །།དགེའོ།། 8-1-400 ༄༅། །མངོན་དགའི་ཞིང་སྨོན་ཉེར་བསྡུས། ༄༅། །བཅོམ་ལྡན་ཀུན་གཟིགས་རྒྱལ་བ་ཐུགས་རྗེ་ཅན། །འགྲོ་ཀུན་སྐྱབས་གཅིག་ བདེ་གཤེགས་མི་བསྐྱོད་མགོན། །མ་ལུས་སྲས་བཅས་དེང་འདིར་བདག་ལ་དགོངས། །དགེ་ བས་གང་སྨོན་དོན་ལ་གེགས་བྲལ་མཛོད། །བདག་གིས་འདིར་འབད་གང་བསགས་དགེ་ མཐུ་ཡིས། །ཚེ་འདི་ལའང་སྔོ ན་བསགས་བཟང་པོ་སྨིན། །རྣམ་དཀར་ཆོས་དང་ཉེ་བར་ འབྲེལ་བའི་རྐྱེན། །སྒོ་གང་ཐད་ནས་ལེགས་བྱས་ཡོངས་འགྲིག་ཤོག །དེར་བརྟེན་རྒྱལ་བའི་ བསྟན་དང་མཇལ་བ་ལས། །རང་གི་དབང་པོ་གང་འཚམ་ཟབ་ཆོས་ལ། །ཐོས་བསམ་སྒོམ་ པས་བྱས་རྗེས་མི་དམན་པར། །བསྟན་ལ་སྙིང་པོ་ལོན་པའི་མཐུ་ནུས་ཤོག །སྐྱེ་བ་འདི་ཡི་སྐྱེ་ མཐའ་རིང་མོའི་བར། །དམ་ཆོས་སྤྱོད་ལ་བར་ཆད་མེད་པ་དང༌། །ཡང་དག་བྱ་བས་ཚེ་མཐར་ ལེགས་ཕྱིན་ཏེ། །འཆི་ཁ་འཁྲུལ་བའི་སྣང་ལོག་སངས་པར་ཤོག །ཁྱད་པར་གནད་གཅོད་ ཟུག་གཟེར་མེད་པ་དང༌། །གང་སྣང་སྲས་བཅས་རྒྱལ་བའི་མཛད་ཆེན་གྱིས། །བདེ་དགའ་ སྐྱིད་པའི་དག་སྣང་ཡ་མཚན་དང༌། །བཅས་ཏེ་འཆི་བ་བར་དོ་ཆོད་པར་ཤོག །དེ་ནས་བདག་ སོགས་འདི་སྣང་ནུབ་པའི་རྗེས། །སྐྱེ་བའི་ལུས་འདི་བོར་མ་ཐག་ཉིད་དུ། །སྐྱེ་བ་གཞན་གྱིས་ བར་མཚམས་མ་ཕྱེ་བར། །དག་ཞིང་མངོན་དགའི་གནས་སུ་ཡོངས་འཕོས་ཤོག །རྒྱལ་བ་ མི་འཁྲུགས་དབང་པོ་སྔོ ན་གྱི་ཚེ། །སེམས་དཔའ་ཆེན་པོའི་སློ བ་ལམ་མཛད་བཟང་སྐབས། །ཞིང་སྦྱོང་ཡོངས་སུ་རྫོགས་པའི་དག་ཞིང་མཆོག །མངོན་པར་དགའ་བའི་ཞིང་དུ་སྐྱེ་བར་ཤོག 8-1-401 །ཀུན་གཟིགས་འདྲེན་པའི་ཐུགས་ཀྱི་སྣང་ཆ་ལས། །ལེགས་པར་ཤར་བའི་རིན་ཆེན་རྡུལ་མང་ གིས། །རབ་བརྩེགས་སྣོ ད་ཀྱི་འབྱོར་བ་དཔེ་བྲལ་བ། །མངོན་པར་དགའ་བའི་ཞིང་དུ་སྐྱེ་བར་ ཤོག །རབ་ཡངས་ཐ་གྲུ་མཛེས་སྡུག་རི་བོས་བསྐོར། །གསེར་དངུལ་མུ་ཏིག་ལ་སོགས་ཁམས་ མཆོག་གིས། །ཀུན་ནས་བཀྲ་བའི་གཞི་ཁྱད་ཡོངས་རྫོགས་པ། །མངོན་པར་དགའ་བའི་ཞིང་ དེར་སྐྱེ་བར་ཤོག །ཞིང་དེའི་དབུས་ན་རྒྱལ་བའི་གཞལ་མེད་ཁང༌། །ངོ་མཚར་བཀོད་ཆེན་ གདུལ་བྱའི་ཁམས་དབང་བཞིན། །ལྷ་ཡི་ཁང་བཟང་ཀུན་ནས་རབ་རྒྱས་པ། །མངོན་པར་ དགའ་བའི་ཞིང་དེར་སྐྱེ་བར་ཤོག །ཆོས་ཀྱི་ཕོ་བྲང་དབུས་སུ་ཆོས་ཁྲིའི་ཁར། །བཅོམ་ལྡན་ མི་བསྐྱོད་རྒྱལ་པོའི་ཞབས་སེན་བཀོད། །རྣམ་མང་འཁོར་དབུས་ལྷང་ངེར་མངོན་བཞུགས་ གནས། །མངོན་པར་དགའ་བའི་ཞིང་དེར་སྐྱེ་བར་ཤོག །རྒྱལ་བ་གང་གི་སྐུ་མཆོག་སྒྱུ་མའི་ གར། །སྣ་ཚོགས་འཁོར་མང་ཁམས་དབང་མོས་མཐུན་ལྟར། །ངོ་མཚར་ཆོ་འཕྲུལ་ཀུན་ ནས་རོལ་བཞིན་པ། །མངོན་པར་དགའ་བའི་ཞིང་དེར་སྐྱེ་བར་ཤོག །མི་འཁྲུགས་རྒྱལ་བའི་ དཔལ་གྱི་མགུར་བཟང་ལས། །གང་འདུལ་ཟབ་རྒྱས་ཆོས་སྒོ་མཐའ་ཀླས་པས། །མ་ལུས་ གདུལ་བྱ་སྨིན་ནས་གྲོལ་བའི་ཞིང༌། །མངོན་པར་དགའ་བའི་ཞིང་དེར་སྐྱེ་བར་ཤོག །ཡེ་ཤེས་ རྒྱ་མཚོ་གཏིང་མཐའ་མི་མངོན་ཀྱང༌། །སྣ་ཚོགས་འཁོར་ལ་དེར་སྣང་མཁྱེ ན་པའི་གར། །སྐད་ ཅིག་རེ་ནས་འགྲོ་མང་སྒྲོལ་མཛད་གནས། །མངོན་པར་དགའ་བའི་ཞིང་དེར་སྐྱེ་བར་ཤོག །རྒྱལ་བའི་གདུལ་ཞིང་འཁོར་ཚོགས་རྒྱ་མཚོའི་དཔུང༌། །ས་ཆེན་ཡངས་པའི་རྡུལ་གྲངས་ཀྱིས་ དཔོག་མིན། །ཐེག་གསུམ་ཆོས་ལ་སློ བ་པས་དུས་འདའ་བ། །མངོན་པར་དགའ་བའི་ཞིང་ དེར་སྐྱེ་བར་ཤོག །མི་འཁྲུགས་རྒྱལ་མཆོག་གཙོ་འཁོར་གང་དག་གི །ལེགས་སྒོ་མཛད་པའི་ ངོ་མཚར་སྣང་བ་ཡིས། །དུས་ཀུན་མངོན་དགའི་མཛད་བཟང་རྟག་འགྱེད་གནས། །མངོན་ པར་དགའ་བའི་ཞིང་དེར་སྐྱེ་བར་ཤོག །ཕུལ་བྱུང་སྣོ ད་བཅུད་ལེགས་འབྱོར་དེ་འདྲ་བ། །རབ་ 8-1-402 རྫོགས་དག་ཞིང་ཤར་ཕྱོགས་མངོན་དགའི་གནས། །ལས་འབྲེལ་གང་ཡོད་དེར་འཕོས་མི་ བསླུ་བ། །མངོན་པར་དགའ་བའི་ཞིང་དེར་སྐྱེ་བར་ཤོག །དེ་རུ་སྐྱེས་ནས་བདག་སོགས་ གདུལ་ཞིང་ཀུན། །མི་བསྐྱོད་རྒྱལ་བའི་ཟབ་དགུའི་གདམས་པ་ལ། །ཉེ་བར་བརྟེན་ནས་ཚེ་ ལུས་དེ་ཉིད་དུ། །སྤངས་རྟོགས་རབ་ཀྱི་ཕ་མཐར་ཕྱིན་པར་ཤོག །ཚུལ་དེས་གཏན་བདེའི་ གོ་འཕང་ལེགས་གྲུབ་སྟེ། །འཁོར་བ་སྲིད་མཐར་འགྲོ་ཁམས་སྒྲོལ་བ་ལ། །ལྷུན་གྲུབ་མཛད་ བཟང་ནམ་ཡང་བསླུ་མེད་ངང༌། །རང་གཞན་དོན་གཉིས་རྒྱ་མཚོའི་དཔལ་ཐོབ་ཤོག །དེ་ལྟར་ གང་སྨོན་དོན་རྣམས་ཇི་བཞིན་དུ། །བཅོམ་ལྡན་མི་འཁྲུགས་རྒྱལ་བའི་ཐུགས་རྗེ་དང༌། །རྣམ་ པར་དཀར་བའི་བསགས་སྒོ་ཟབ་མོའི་མཐུས། །མ་ལུས་བདེན་པ་དུས་སུ་འགྲུབ་གྱུར་ཅིག །ཅེས་མངོན་དགའི་ཞིང་སྨོན་ཉེར་བསྡུས་འདི་ཡང་བརྩོན་འགྲུས་དཔལ་གྱི་ངོར། མ་ཏིས་བྲིས་པའོ།། །། 8-1-403 ༄༅། །བསྔོ ་སྨོན་བསྡུས་པ་བཞུགས། ༄༅། །རབ་འབྱམས་ཕྱོགས་བཅུའི་ཞིང་ན་ལེགས་བཞུགས་པའི། །རྒྱལ་བ་སྲས་བཅས་ མ་ལུས་བདག་ལ་དགོངས། །དེང་འདིར་བདག་གིས་བསྔོ་སྨོན་གང་བྱས་པ། །དེ་བཞིན་ འགྲུབ་པའི་དཔང་པོ་མཛད་དུ་གསོལ། །འདིར་འབད་བསགས་པའི་དགེ་བ་འདིས་མཚོན་ ཏེ། །འཇིག་རྟེན་འདས་དང་མ་འདས་དགེ་རྩ་ཀུན། །མ་ལུས་གཅིག་ཏུ་བསྡུས་པའི་མཐུ་ནུས་ ཀྱིས། །(བདག་གཞན་འགྲོ་ཀུན་)ཚེ་འདས་འདི་ཡི་འདི་སྣང་ནུབ་མ་ཐག །ལས་ཉོན་དབང་གིས་ བསྐྱེད་པའི་འཁྲུལ་སྣང་ལས། །བར་དོའི་སྣང་ལོག་འཇིགས་སྐྲག་ཡ་ང་བ། །རྨི་ལམ་བཞིན་ དུ་རང་ངོ་འཕྲོད་གྱུར་ནས། །བདེན་འཛིན་ཞེན་པའི་འཆིང་ཐག་བྲལ་བར་ཤོག །སྐྱེ་སྲིད་ གཞན་དུ་བཟོད་དཀའ་ངན་འགྲོའི་རྟེན། །མི་ཁོམ་གནས་བརྒྱད་དག་ཏུ་མི་འགྲོ་བར། །དལ་ འབྱོར་བཅོ་བརྒྱད་ཚང་བའི་ལུས་རྟེན་ཐོབ། །རིགས་གཟུགས་དབང་པོའི་སྒོ་ཀུན་སྐྱོན་མེད་ ཤོག །སྐྱེས་མ་ཐག་ནས་རྒྱལ་བའི་བསྟན་དང་མཇལ། །དམ་པའི་རྗེས་བཟུང་ཡང་དག་ཆོས་ ཚུལ་སློ བ། །འཁོར་བར་རྒྱབ་ཕྱོགས་ཐར་པའི་ལམ་དུ་ཞུགས། །དེ་ཕན་བདེ་ནས་བདེ་བར་ རྟག་འགྲོ་ཤོག །ཡང་དག་བསླབ་པ་གསུམ་གྱི་ཉམས་ལེན་ལ། །ཐོས་བསམ་སྒོམ་པའི་བརྩོན་ པ་ལྷོ ད་མེད་པས། །སྐྱེས་བུ་གསུམ་གྱི་ཆོས་ཚུལ་རིམ་གྱིས་བགྲོད། །མཐར་ཐུག་དོན་གཉིས་ མཆོག་གི་མཐར་སོན་ཤོག །རང་བཞིན་རྟེན་འབྲེལ་བསླུ་བ་མེད་པ་དང༌། །ཆོས་དབྱིངས་ གནས་ལུགས་འགྱུར་མེད་བདེན་པ་དང༌། །སྲས་བཅས་རྒྱལ་བའི་ཐུགས་རྗེ་ཟབ་མོ་ཡིས། །སྨོན་དོན་ཇི་བཞིན་གེགས་མེད་འགྲུབ་གྱུར་ཅིག །མ་ཏིས་སོ།། །། 8-1-404 ༄༅། །ངེས་དོན་རྫོགས་ལྡན་གྱི་བསྟན་པ་རབ་ཏུ་རྒྱས་པའི་ སྨོན་ཚིག་བཞུགས། ༄༅། །ༀ་སྭ་སྟི། ངོ་མཚར་སྒྱུ་འཕྲུལ་དྲ་བའི་རོལ་གར་ལས། །ཕུན་ཚོགས་བཀྲ་ཤིས་ དཔལ་གྱི་ཆེ་བ་རྫོགས། །ས་གསུམ་ལ་འོས་གང་འདུལ་མཛད་བཟང་ཅན། །ཆོས་སྐུའི་ མངའ་བདག་བླ་མ་རྗེ་ལ་འདུད། །གང་གི་གསང་གསུམ་ཆ་ཤས་ཕྲ་བའི་འཕྲུལ། །སྙིགས་ མའི་གདུལ་བྱར་དེར་སྣང་མཛད་ཙམ་ལས། །མ་ཏིའི་བསྟན་པ་རབ་ཏུ་རྒྱས་བྱེད་ཚུལ། །གང་ བསགས་ཆོས་སྤེལ་རབ་དཀར་བསོད་ནམས་ཀྱིས། །དཔལ་ལྡན་སྔགས་ཀྱི་ཞིང་མཆོག་ཤམྦྷ་ ལར། །ད་ལྟ་རྩ་བའི་བླ་མ་བཞུགས་པའི་མདུན། །སློ བ་ཚོགས་འདི་ནས་འཕོས་ཚད་དེར་སྐྱེས་ ཏེ། །རྐྱེན་གེགས་ཉམས་ཆགས་གང་གིས་གོས་མེད་ཤོག །སྐྱེས་མ་ཐག་ནས་བླ་མའི་གདུལ་ ཞིང་གྱུར། །གསང་ཆེན་ཐེག་མཆོག་ལ་ཞུགས་སྐལ་བཟང་ཐོབ། །དབང་རྒྱུད་མན་ངག་ ཟབ་མོས་རྗེས་བཟུང་སྟེ། །རིམ་གཉིས་ལམ་གྱི་ལེགས་སྒོ་ཡོངས་འགྲིག་ཤོག །སྔོ ན་གོམས་ ཤུགས་དང་བླ་མའི་བྱིན་རླབས་ལས། །འཁོར་བར་ཞེན་ལོག་གཞན་ཕན་བྱང་ཆུབ་སེམས། །ཟབ་མོས་ལྟ་བ་སྤྱི་དང་ཁྱད་པར་དུ། །ངེས་དོན་རྫོགས་ལྡན་ལྟ་དགོངས་མྱུར་ཆུབ་ཤོག །དེར་ བརྟེན་མ་དག་ཐ་མལ་ཡོངས་སྦྱངས་ཤིང༌། །ཡེ་ཤེས་རང་གཟུགས་གསང་གསུམ་འཁོར་ལོའི་ ཆ། །སྣ་ཚོགས་རོལ་པ་ཅི་ཡང་འཆར་བའི་ལམ། །རིམ་པ་དང་པོའི་རྣལ་འབྱོར་མཆོག་རྒྱས་ ཤོག །ཡེ་ཤེས་དཀྱིལ་འཁོར་མོས་བློས་བཏགས་པའི་རིགས། །ཡོངས་ཟད་གཉུག་མ་ཆོས་ 8-1-405 ཉིད་ལྷར་ཤར་བ། །དོན་དམ་རྣམ་ཀུན་དབྱིངས་ཀྱི་བཀོད་ཆེན་ཚོགས། །ཇི་བཞིན་མངོན་ བྱེད་རིམ་གཉིས་མཐར་ཕྱིན་ཤོག །བསོད་ནམས་ཡེ་ཤེས་ཚོགས་ཆེན་དེ་འདྲའི་ངང༌། །རང་ གཞན་དོན་གཉིས་སྤྱོད་བཟང་མིག་འཕྲུལ་ལྟར། །མཁའ་མཉམ་འགྲོ་ལ་རིས་སུ་ཆད་མེད་ པར། །གདོད་མ་ཆོས་སྐུའི་མཛད་ཆེན་མྱུར་སྤྱོད་ཤོག །ཇི་སྲིད་དེ་མ་ཐོབ་པའི་གནས་སྐབས་ སུ། །དཔལ་ལྡན་བླ་མའི་བྱིན་རླབས་ལ་བརྟེན་ནས། །ཆོས་ལ་གེགས་བྱེད་དམ་ཚིག་ཉམས་ ཆགས་སྦྱངས། །བསམ་པའི་དོན་ཀུན་ཡིད་བཞིན་འགྲུབ་པར་སྨོན། །བླ་མ་མཆོག་གི་ཆོས་སྐུ་ ཀུན་ཁྱབ་དབྱིངས། །དོན་དམ་སྐྱབས་གསུམ་རྒྱུད་སྡེ་རྒྱ་མཚོའི་བདག །ཡེ་ནས་གཞི་འབྲས་ དབྱེར་མེད་ཚུལ་དུ་བཞུགས། །མཐུ་དེས་སྨོན་དོན་གཡེལ་བ་མེད་གྱུར་ཅིག །ཅེས་ངེས་དོན་རྫོགས་ ལྡན་གྱི་བསྟན་པ་རབ་ཏུ་རྒྱས་པའི་སྨོན་ཚིག་སློབ་ཚོགས་ཀྱི་ཐུགས་བསྐྱེད་ཉེར་བསྐུལ་འདི་ཡང་དར་སྤེལ་བྱེད་པའི་རྩ་ལག་པ་ གང་སློ བ་དབྱངས་སྙན་གྱི་མོས་འདུན་མ་བཟློ ག་ཙམ་དུ། མ་ཏིས་སྦྱར་བ་དགེའོ།། །། 8-1-406 ༄༅། །ཤམྦྷ་ལའི་བསྟོད་སྨོན་ཞིང་མཆོག་སྒོ་འབྱེད་ ཅེས་བྱ་བ་བཞུགས་སོ། ། ༄༅། །བདེ་ཆེན་རིགས་ཀུན་འདུས་པའི་ཡེ་ཤེས་ཀྱི། །གཞོམ་མེད་སྐུ་ཡི་རྡོ་རྗེ་སྣང་ མཐའ་ཡས། །འཕོ་བྲལ་རང་གཟུགས་འོད་དཀར་འབུམ་དཀྲིགས་པ། །རྣམ་ཀུན་ཆུ་ཁམས་ ཞལ་རས་དགྱེས་པ་མཆོད། །རབ་དཀར་བསིལ་བའི་རེག་ལྡན་མུ་ཏིག་མདངས། །བརྟན་ སྐྱེས་ལེགས་མཛེས་ར་བ་བསྒྲིགས་པ་ལས། །ཕྱོགས་བརྒྱར་མངོན་པར་བཀྲ་བ་བྱང་གི་ཆ། །སྔགས་རིག་འཛིན་པའི་འདུན་ས་དགེ་བའི་ཞིང༌། །ཨེ་མ་རྣམ་དཀར་ལེགས་བརྒྱས་ཉེར་ བསྐྲུན་པ། །མཛེས་སྡུག་ཆུ་སྐྱེས་རྣམ་བརྒྱད་འདབ་ལྡན་པ། །ཤེལ་དཀར་ཟེའུ་འབྲུ་ཀེ་ལ་ཤ་ ཡི་སྤོར། །ཙནྡན་ཚལ་དབུས་འཆི་མེད་དགའ་བའི་གྲོང༌། །ལེགས་མཛེས་རིན་ཆེན་རྡུལ་མང་ བརྩེགས་པའི་ཁམས། །བལྟ་ན་སྡུག་པའི་ཁང་བཟང་གྲངས་མེད་པར། །དབུས་ན་མངོན་ པར་མཐོ་བའི་ཕོ་བྲང་ཆེ། །སྣ་ཚོགས་རིན་ཆེན་ལས་གྲུབ་བཟོ་ཁྱད་ཅན། །འཛམ་བུའི་གསེར་ བཟང་ནོར་བུའི་བ་གམ་དང༌། །མུ་ཏིག་དྲ་བའི་བསིལ་ཁང་བརྩེགས་མང་བ། །འཁྱམས་དང་ ར་བས་ཡོངས་བསྐོར་གཞལ་མེད་ཁང༌། །མཚན་རྫོགས་འོད་ཟེར་ཕྱོགས་བརྒྱར་འབར་འདི་ མཚར། །ལེགས་མཛེས་ཀཱ་ལ་པ་ཡི་གྲོང་མཆོག་གི །རིན་ཆེན་ས་གཞིར་མུ་ཏིག་དཀར་པོ་ དང༌། །ཤེལ་དང་ནོར་བུའི་གཟི་འབར་ལྷུན་སྡུག་གིས། །ཕྱོགས་ཀུན་མངོན་པར་བཀྲ་བའི་ གནས་སོ་སོར། །རང་བྱུང་ཤེལ་དང་མུ་ཏིག་དཀར་པོའི་ཕུག །རྒྱུད་སྡེའི་ལྷ་ཡི་སྣང་བརྙན་ བྲིས་འབུར་དང༌། །ཉེ་སྲས་འཕགས་ཚོགས་རྟེན་གསུམ་ཁྱད་པར་བ། །ངོ་མཚར་གཟུགས་ 8-1-407 བཟང་དཔལ་གྱིས་་མེར་གསལ། །ལྷ་ཡི་གྲོང་གི་གཡས་གཡོན་དགའ་ཚལ་ན། །ཡན་ལག་ བརྒྱད་ལྡན་དྲི་མེད་བསིལ་དྭངས་པ། །ཉེ་བའི་ཡིད་དང་པདྨ་དཀར་པོའི་མཚོ། །སེམས་དཔའ་ སེམས་མའི་འདུ་འཚོགས་རྒྱ་ཆེར་བཅས། །ཀུན་བཟང་རིག་པའི་བརྟུལ་ཞུགས་རྒྱ་ཆེན་གྱིས། །རླབས་ཆེན་དོན་གཉིས་ཆེར་སྤེལ་མཛད་བཞིན་དུ། །མཚོ་ལས་ན་བུན་འཕྱུར་ལས་ཆོས་སྒྲ་ དང༌། །བཅས་ཏེ་མེ་ཏོག་ཆར་བའི་དགེ་མཚན་འབེབས། །ངོ་མཚར་མཛེས་པ་ལེགས་འབྱིན་ ཡིད་དགའི་དཔལ། །ཕུན་ཚོགས་འབྲས་བུས་ཉེར་དུད་དཔག་བསམ་ལྗོན། །འདོད་འཇོ་མ་ ལ་ཡ་ཡི་དགའ་བའི་ཚལ། །འདུན་ས་ཆོས་བཟང་དཔལ་ལ་ཅོ་འདྲི་བྱེད། །གང་དེའི་གནས་ ན་ལྷ་ཡི་བཟོ་བོ་ཡིས། །རིན་ཆེན་སྣ་ཚོགས་རྒྱུ་ལས་ལེགས་བསྐྲུན་པ། །དཔལ་ལྡན་རྒྱུ་སྐར་ དཀྱིལ་འཁོར་ཁྲུ་བཞི་བརྒྱ། །བཀོད་པ་ཡོངས་རྫོགས་བསམ་འཕེལ་དབང་གི་རྒྱལ། །ཕྱི་ རོལ་ཆུ་སྐྱེས་འདབ་མ་བརྒྱད་པོ་ལ། །སྣོ ད་ཀྱི་འབྱོར་བ་རིན་ཆེན་རི་སྤང་ལྗོངས། །མཛེས་ པའི་ཀླུང་དང་སྨན་ལྗོན་སྐྱེད་མོས་ཚལ། །ཡིད་འོང་འབྱོར་བ་ལྷ་ཡུལ་གཉིས་པར་འགྲན། །འཛིན་མའི་དུམ་བུ་འདབ་མ་རེ་རེ་ལ། །ལེགས་འབྱོར་གྲོང་ཚོ་བྱེ་བ་བཅུ་གཉིས་རེ། །མཉམ་ པར་བཀོད་པ་ཁ་རྗེ་དཔལ་གྱིས་བརྗིད། །དུས་བཟང་རྫོགས་ལྡན་གསར་བའི་དགའ་སྟོན་ ངོམ། །དེ་སོགས་ཡ་མཚན་དཔལ་སྡུག་མི་དམན་པ། །དབུས་ཀྱི་ཀ་ལཱ་པ་དང་འདབ་མའི་ གྲོང༌། །ཀུན་ཀྱང་སྣོ ད་ཀྱི་འབྱོར་བ་དཔེ་བྲལ་བ། །རྣམ་སད་ཡུལ་ལྗོངས་དེ་རུ་བོས་པ་བཞིན། །ནང་བཅུད་དབུས་ཀྱི་ཕོ་བྲང་ནང་བཞུགས་པ། །དགུ་བཅུ་དྲུག་གི་གཙུག་ནོར་ཉག་གཅིག་ པུ། །ས་བཅུའི་དབང་ཕྱུག་མི་བདག་མཆོག་སྤྲུལ་ཚུལ། །ཆོས་རྒྱལ་རིགས་ལྡན་སུམ་ཅུ་རྩ་ ལྔ་སོགས། །མཚན་དཔེ་རབ་གསལ་ས་ཆེན་དབང་བསྒྱུར་ཚུལ། །ཟག་བྲལ་འཕགས་པའི་ མཛེས་སྐུ་ངོམ་བཞིན་དུ། །མཐའ་ཡས་གདུལ་བྱར་གང་ཕན་སྩོལ་པའི་སླད། །རིམ་པར་ ཆོས་ཀྱི་ཁྲི་ལ་ཞབས་སེན་འགོད། །གང་རྣམས་བཞུགས་གནས་མི་འཇིགས་གདོང་ལྔའི་ཁྲི། 8-1-408 །རབ་ཏུ་གསལ་བའི་རིན་ཆེན་འཚེར་བག་ངོར། །ཕྱི་རོལ་རྒྱང་གྲགས་མང་པོའི་སྣང་བརྙན་ འཕོས། །ངོ་མཚར་གཟི་འབར་ནོར་བུས་ཕྲ་ཚོམ་འབར། །ལེགས་མཛེས་མན་ཤེལ་འཁོར་ ལོ་ཆེས་གསལ་བར། །འགྲོ་དྲུག་ལེགས་ཉེས་སྣང་བརྙན་ངོམ་པ་ཡིས། །ཡིད་འབྱུང་བློ་ཡི་ དམིགས་རྐྱེན་བྱེད་པ་སོགས། །བདེ་ལྡན་དག་ཞིང་མཆོག་གི་དཔལ་ལ་འགྲན། །སྤྲུལ་པའི་ མི་བདག་རྣམས་ཀྱི་གདུལ་ཞིང་ལ། །ཐུན་མིན་ལྷ་ཡི་གྲོང་ན་གཉུག་གནས་དང༌། །ཐུན་མོང་ ཕྱི་རོལ་འདབ་མར་གང་གནས་པ། །དེ་ཀུན་སྐལ་བཟང་རིག་འཛིན་གྲལ་དུ་ཚུད། །སྤྱིར་ན་རྒྱུ་ ཡི་ཐེག་པར་སྤྱོད་པ་དང༌། །ཁྱད་པར་གསང་ཆེན་ཉེ་ལམ་ལ་གནས་པའི། །གོས་དཀར་ལྕང་ ལོའི་ཆ་ལུགས་ཉེར་འཆང་བའི། །སྔགས་འཆང་ལྷ་རིགས་ཕོ་མོ་ཆེས་མང་མོད། །འོན་ཀྱང་ ཆགས་བྲལ་རབ་བྱུང་འདུས་སྡེ་དང༌། །རྒྱལ་སྲས་སྤྱོད་པས་འགྲོ་དོན་སྐྱོང་བ་སོགས། །དབང་ བོ་གང་འཚམས་ཆོས་ཀྱི་བཤེས་གཉེན་མང༌། །ཞིང་དེར་མདོ་སྔགས་སྤྱོད་པ་རྒྱ་མཚོར་སྤྱོད། །ཕྱི་རོལ་དགུ་བཅུ་རྩ་དྲུག་གྲོང་གི་བདག །ས་སྐྱོང་ཆོས་ཀྱི་རྒྱལ་ཕྲན་དགུ་བཅུ་དྲུག །དབུས་ ཀྱི་མི་བདག་མཆོག་གི་ཡང་སྤྲུལ་ཚུལ། །སྐལ་བཟང་གདུལ་བྱ་སྐྱོང་བའི་དཔལ་དུ་བཞུགས། །དེར་གནས་དབང་པོ་ཐ་འབྲིང་རབ་དང་འཚམས། །རིགས་ལྡན་རྒྱལ་པོ་མཆོག་གི་དངོས་ བརྒྱུད་ལས། །གང་འདུལ་མདོ་སྔགས་སྤྱི་དང་ཡང་སྒོས་སུ། །དུས་ཀྱི་འཁོར་ལོའི་རིམ་གཉིས་ གདམས་བཟང་གིས། །སྨིན་གྲོལ་མཆོག་ལ་ཉེར་གནས་མཐའ་ཡས་པ། །ལུས་ཅན་གདུལ་ བྱ་སྐལ་བཟང་གང་དག་ནི། །མཐར་ཐུག་སྔགས་ཀྱི་གཞན་སྟོང་དབུ་མ་ཆེ། །གཞི་དབྱིངས་ གཅིག་ཏུ་གྲོལ་པ་འབའ་ཞིག་གོ །གཞན་ཡང་ཞིང་དེའི་ས་གཞི་ཐམས་ཅད་དུ། །སྣ་ཚོགས་ མཆོད་རྫས་རང་བྱུང་བཀོད་པ་དང༌། །ལམ་སྲང་ཀུན་ཏུ་བཟའ་བཏུང་གང་འདོད་འཛོམས། །བར་སྣང་འཐུལ་བའི་སྨན་སྤོས་དྲི་ངད་འཁྲིགས། །རབ་དཀར་གངས་ཀྱི་ལྷུན་སྡུག་མཛེས་ འབར་བ། །ཆེས་གསལ་འོད་བཟང་སྣང་བའི་གཟི་བརྗིད་ཀྱིས། །ནམ་མཁའི་ཉི་ཟླའི་འོད་ 8-1-409 ཀུན་མོག་མོག་བྱེད། །དེ་སོགས་ངོ་མཚར་ལྟད་མོ་ཕ་མཐའ་ཡས། །ཞིང་མཆོག་གང་དེའི་སྣོ ད་ བཅུད་འབྱོར་བ་དང༌། །རྣམ་དཀར་ལེགས་བྱས་ངང་གིས་འཕེལ་བའི་རྐྱེན། །ཀུན་ལ་དྭངས་ པའི་ཡིད་ཀྱིས་གུས་བསྐྱེད་དེ། །ཞིང་དེར་སྐྱེ་འདོད་རེ་འདུན་ཤུགས་དྲག་གིས། །འདི་ན་གང་ འབད་རྣམ་དཀར་ལེགས་ཚོགས་ཀུན། །དཔལ་ལྡན་སྔགས་ཞིང་མཆོག་དེར་སྐྱེ་བའི་རྒྱུར། །ལེགས་བསྔོ ས་གང་སྨོན་འགྲུབ་ལ་མི་འགྱངས་པར། །རེ་འབྲས་དོན་ལྡན་ཇི་བཞིན་མངོན་ གྱུར་མཛོད། །ལེགས་མཐུའི་དགའ་སྟོན་ཤར་བའི་རྟེན་འབྲེལ་ལས། །སྔགས་ཞིང་དེར་ནི་ དྲུག་ལྡན་ལུས་རྟེན་དུ། །རྩ་ཐིག་རླུང་བཟང་དབང་པོ་རབ་ཀྱི་ཕུལ། །རིགས་ལྡན་གདུལ་ཞིང་ མཆོག་གི་གནས་ཐོབ་ཤོག །དེར་སྐྱེས་ཆོས་ཀྱི་རྒྱལ་པོའི་གདམས་ཟབ་ཀྱིས། །ཚེ་ལུས་དེ་ལ་ གསང་ཆེན་ལམ་མཐར་ཕྱིན། །རྣམ་སྨིན་ལུས་ཟད་ཟུང་འཇུག་འོད་སྐུར་དེངས། །གདོད་མ་ ཆོས་སྐུའི་གཏན་སྲིད་ཟིན་གྱུར་ཅིག །ཅེས་ཤམྦྷ་ལའི་བསྟོད་སྨོན་ཞིང་མཆོག་སྒོ་འབྱེད་ཅེས་བྱ་བ་འདི་ཡང་རང་གི་ བརྩེ་བའི་མཆེད་ཡོན་ཏན་བཟང་དང༌། བརྩོན་འགྲུས་དཔལ་ཟུང་གིས་དད་མོས་དང་བཅས་ཏེ་བསྐུལ་མ་ཆེད་གཉེར་མཛད་པ་ བཞིན། མ་ཏིའི་མིང་གིས་ཤར་མར་སྤེལ་བ་ཕྱིས་སུ་ཆོས་མཆེད་ཀྱིས་ཡིག་རིས་སུ་བགྱིས་པ་ཛ་ཡནྟུ།། །། 8-1-410 ༄༅། །ཤམྦྷ་ལའི་སྨོན་ཚིག་བཞུགས། ༄༅། །དཔལ་ལྡན་དང་པོའི་སངས་རྒྱས་སྐུ་བཞིའི་བདག །ཡེ་ཤེས་རང་སྣང་སྒྱུ་མའི་ཆོ་ འཕྲུལ་གར། །གསང་གསུམ་ལྷ་ཡི་འཁོར་ལོར་ཡོངས་འཕོས་པ། །སངས་རྒྱས་སྲས་བཅས་ མ་ལུས་དགོངས་སུ་གསོལ། །འདིར་འབད་རྣམ་དཀར་ལེགས་མཐུ་མི་དམན་པས། །བདག་ སོགས་འདི་སྣང་ནུབ་པའི་སྐད་ཅིག་ལ། །སྔགས་ཀྱི་ཞིང་མཆོག་དཔལ་ལྡན་ཤམྦྷ་ལར། །སྐལ་ བཟང་རིག་འཛིན་དགའ་སྟོན་སྤྱོད་གྱུར་ཅིག །གང་ཞིག་འཛམ་བུའི་ནོར་འཛིན་ཕྱོགས་ཀྱི་ ཕྱེད། །བྱང་ཕྱོགས་ཆ་ལ་དགེ་མཚན་ལེགས་འབར་བ། །སྔགས་རིག་འཛིན་པའི་ཞིང་མཆོག་ བླ་ན་མེད། །གསང་ཆེན་ཆོས་ཀྱི་གཞི་དེར་ལེགས་འཕོས་ཤོག །ངོ་མཚར་ཤེལ་དཀར་ཞུན་ མའི་མདངས་བཀྲ་བ། །རབ་ཟླུམ་ས་འཛིན་ལྟེ ་བ་ཡོངས་མཐོ་བའི། །ཆུ་སྐྱེས་འདབ་བརྒྱད་ ས་ཡི་དུམ་བུ་ཅན། །དཔལ་ལྡན་ཆོས་ཀྱི་ཞིང་དེར་སྐྱེ་བར་ཤོག །འདབ་རྒྱས་པདྨོའི་ལྟེ་བ་རབ་ ཡངས་པར། །ཀཱ་ལ་པ་ཡི་གྲོང་མཆོག་ཉམས་དགའ་བ། །ངོ་མཚར་ལྷ་ཡི་བཀོད་པ་ཡོངས་ རྫོགས་པ། །ཞིང་མཆོག་དབུས་སུ་དྲུག་ལྡན་ལུས་ཐོབ་ཤོག །གྲོང་ཁྱེ ར་དབུས་ན་གཙོ་བོའི་ གཞལ་མེད་ཁང༌། །རིན་ཆེན་སྣ་ལྔས་ལེགས་བསྐྲུན་མཚར་བཀོད་ཅན། །རྒྱ་ཆེན་བརྩེགས་མ་ རབ་མཛེས་རྒྱ་ཕིབས་སོགས། །མཛེས་ཁྱད་ཕོ་བྲང་ལེགས་འཛོམས་དེར་འཕོས་ཤོག །གཞི་ དེར་རྒྱ་ཆེན་ཆོས་ཀྱི་ཁྲི་བཟང་སྟེང༌། །རིགས་ལྡན་མ་འགགས་ཆོས་ཀྱི་དབང་ཕྱུག་རྗེ། །ངོ་ མཚར་ལྷ་ཡི་མཛེས་གཟུགས་ཀུན་རྫོགས་པ། །གང་འདུལ་བཀོད་འཆང་སྐུ་དེ་མྱུར་མཇལ་ 8-1-411 ཤོག །དེ་ཡང་སྔོ ན་ལས་ཟབ་མོའི་བཟང་འབྲེལ་གྱིས། །རིགས་ལྡན་རྒྱལ་པོའི་ཐུགས་སྲས་ མཆོག་ཉིད་དུ། །དྲུག་ལྡན་དབང་པོ་རབ་ཀྱི་རྟེན་བཟང་ལ། །ཡང་སྲིད་གཞན་གྱིས་བར་ཆོད་ མ་གྱུར་ཅིག །དེར་སྐྱེས་ཉིད་ནས་སྔོ ན་གོམས་ལེགས་ཚོགས་ཀྱིས། །ཡང་དག་རིགས་ཁམས་ བཟང་པོ་སད་ལ་ཉེ། །ཟབ་རྒྱས་གདམས་པས་སྨིན་མ་རག་ཉིད་དུ། །སྔགས་ཀྱི་གདུལ་ཞིང་ མཆོག་ཏུ་རེད་གྱུར་ཅིག །རྨུགས་བྱེད་ཁྲོ་བོ་ཆོས་ཀྱི་རྒྱལ་པོའི་ཚུལ། །ཁེངས་བྱེད་ལྷ་མོ་བཙུན་ མོ་མཆོག་གི་གཟུགས། །ཐུགས་སྤྲུལ་ཆོས་ཀྱི་སྲས་མཆོག་མང་པོ་དང༌། །ཡང་སྤྲུལ་བཀའ་ བློན་དང་བཅས་ཡོངས་མཇལ་ཤོག །གཞན་ཡང་ཆོས་ཀྱི་གདུལ་ཞིང་མཐའ་ཀླས་པ། །སྐལ་ བཟང་སྔགས་རིག་འཛིན་པ་གྲངས་མང་དང༌། །རྒྱུ་ཡི་ཐེག་པར་སྤྱོད་པ་མི་ཉུང་བ། །བཅུད་ ཀྱི་གདུལ་ཞིང་མཆོག་དང་ཡོངས་འགྲོགས་ཤོག །མཚར་སྡུག་ལྷ་ཡི་གྲོང་ཁྱེ ར་དཔེ་བྲལ་བ། །ཙན་དན་ལྗོན་བཟང་ཚལ་གྱིས་ལེགས་མཛེས་ཤིང༌། །ཉེ་བའི་ཡིད་དང་པད་དཀར་མཚོ་མོ་ ཆེ། །རིན་ཆེན་རི་ཐང་སྣོ ད་ཀྱི་བདག་འབྲས་ཤོག །ཆོས་ཀྱི་རྒྱལ་པོའི་བསོད་ནམས་མཐུ་ལས་ བྱུང༌། །འདུལ་འཛིན་རབ་བྱུང་ངུར་སྨྲིག་འདུས་སྡེ་དང༌། །རྒྱལ་སྲས་སྤྱོད་འཆང་སེམས་དཔའ་ རྒྱ་མཚོའི་སྡེ། །གང་དང་དབང་པོ་འཚམ་བཞིན་ཆོས་སྤྱོད་ཤོག །ཁྱད་པར་མ་འགགས་རྒྱལ་ པོའི་གདམས་ཟབ་ཀྱིས། །བདག་སོགས་གདུལ་ཞིང་གང་གྱུར་འགྲོ་བའི་ཁམས། །གློ་བུར་ དྲི་མའི་སྦགས་པ་ལེགས་བསལ་ཏེ། །ནང་དབྱིངས་ཟུང་འཇུག་ལྷན་སྐྱེས་རིམ་མངོན་ཤོག །དེ་ཚེ་གསང་ཆེན་ཐེག་པའི་ཉེ་ལམ་ལས། །གྲོལ་བརྙེས་སྔགས་འཆང་ཕོ་མོ་འབྱམས་ཀླས་ དང༌། །མཉམ་དུ་རིག་པ་སྤྱོད་པའི་བརྟུལ་ཞུགས་ཀྱིས། །མིག་འཕྲུལ་ཇི་བཞིན་འབད་མེད་ གྲོལ་བར་ཤོག །དེ་བར་གནས་སྐབས་ཀུན་ཏུ་མཐུན་པའི་རྐྱེན། །ཞིང་དེར་རིན་ཆེན་རི་ཕུག་ སོ་སོ་ན། །རང་བྱུང་སྐུ་གསུང་ཐུགས་རྟེན་བཞུགས་མདུན་དུ། །ཐོས་བསམ་སྒོམ་པའི་བརྩོན་ པ་ལྷུར་ལེན་ཤོག །གཞན་ཡང་ཕྱི་རོལ་འདབ་བརྒྱད་ས་ཡི་ཆར། །དགུ་བཅུ་རྩ་དྲུག་གྲོང་གི་མི་ 8-1-412 བདག་ལ། །ཟབ་དགུའི་གདམས་པ་ནོད་ནས་བྱང་ཆུབ་སྡེ། །ཀུན་ཀྱང་བདག་གི་བླ་མའི་སྐལ་ བར་ཤོག །མ་ལུས་རིགས་ཀྱི་བདག་པོ་དུས་འཁོར་ལོ། །གསུང་གི་རྡོ་རྗེའི་ངོ་བོ་རིན་ཆེན་ འབྱུང༌། །གང་གི་རིགས་གྱུར་རྨུགས་བྱེད་ཁྲོ་རྒྱལ་རྗེ། །རྣམ་གསུམ་དབྱེར་མེད་རིགས་ལྡན་མ་ འགགས་པ། །མགོན་པོ་གང་གི་ཐུགས་ཀྱི་དགོངས་ཀློང་དུ། །ནམ་ཞིག་བདག་གི་བེམ་རིག་ བྲལ་མ་ཐག །རང་སེམས་གཉུག་མའི་ངོ་བོ་རོ་གཅིག་འདྲེས། །ཐུགས་ཡིད་དབྱེར་མེད་བཙན་ ས་འཛིན་གྱུར་ཅིག །ཅེས་པའི་སྨོན་ཚིག་འདི་མཆེད་གྲོགས་ཡོན་ཏན་བཟང་དང་བརྩོན་འགྲུས་དཔལ་གཉིས་ཀྱིས་དྲན་ བསྐུལ་ཙམ་བྱས་པར་བརྟེན་མ་ཏིས་འཕྲལ་དུ་སྨྲས་པའི་ཡི་གེ་པ་ནི་གུ་ཎའི་མིང་ཅན་ནོ།། །། 8-1-413 ༄༅། །ཤམྦྷ་ལའི་སྨོན་ལམ་བདེན་ཚིག་མྱུར་འགྲུབ་ ཅེས་བྱ་བ་བཞུགས། ༄༅། །འདིར་ཤམྦྷ་ལའི་སྨོན་ལམ་བདེན་ཚིག་མྱུར་འགྲུབ་ཅེས་བྱ་བ་དཔལ་ལྡན་དང་ པོའི་སངས་རྒྱས་ལ་ཕྱག་འཚལ་ལོ། ། མི་འགྱུར་བདེ་ཆེན་རྣམ་ཀུན་མཆོག་ལྡན་གཟུགས། །ཟུང་འཇུག་ཡེ་ནས་སངས་རྒྱས་ དུས་འཁོར་ལོ། །རང་བཞིན་དེ་ཉིད་གཤིས་སུ་མངོན་གྱུར་པ། །ཆོས་ཀྱི་རྒྱལ་པོ་རིམ་བྱོན་ རྣམས་ལ་འདུད། །བདག་གིས་འདིར་བསགས་རབ་དཀར་ཕུང་པོ་དེས། །ལུས་འདི་བོར་ མ་ཐག་ནས་ཤམྦྷ་ལར། །ཡང་དག་སྐྱེ་སྲིད་བཟང་པོ་འཛིན་གྱུར་ཏེ། །སྐལ་བཟང་རིགས་ཀྱི་ ནུས་པ་ཡོངས་སྨིན་ཤོག །འཛམ་བུའི་གླིང་གི་བྱང་ཕྱོགས་ཕྱེད་ཀྱི་ཆ། །དགེ་མཚན་ཀུན་ནས་ འཕྱུར་བའི་སྔགས་ཞིང་མཆོག །གངས་རིས་ཡོངས་སུ་བསྐོར་བའི་སྣོ ད་ཀྱི་དབྱིབས། །ཆུ་ སྐྱེས་འདབ་བརྒྱད་བདག་འབྲས་ཉིད་དུ་ཤོག །ལྟེ ་བར་ཀེ་ལ་ཤ་ཡི་ས་འཛིན་སྤོར། །ངོ་མཚར་ ལྷ་ཡི་ཕོ་བྲང་ཉམས་དགའ་བ། །གཞལ་མེད་མཆོག་གི་བཀོད་པ་རྫོགས་པའི་དབུས། །ཡིད་ དགའ་འདུག་གནས་མཆོག་ལ་དབང་ཐོབ་ཤོག །གང་དེར་ཆོས་ཀྱི་ཁྲི་བཟང་ཞབས་སེན་ གྱིས། །ཀུན་ནས་གནོན་མཛད་སེམས་དཔའ་ཆེན་པོའི་གར། །ས་ཆེན་ཡངས་པའི་གཙུག་ ནོར་དམ་པའི་ཕུལ། །མ་འགགས་རྒྱལ་པོའི་དགྱེས་ཞལ་མྱུར་མཇལ་ཤོག །མགོན་དེས་ གསང་ཆེན་གདམས་པས་རྗེས་བཟུང་སྟེ། །སྐལ་ལྡན་ཐུགས་སྲས་མཆོག་ཏུ་ལེགས་གྱུར་ནས། 8-1-414 །སྐྱེས་སྦྱང་དབང་པོ་རབ་ཀྱི་ཡོན་ཏན་རྫོགས། །ཡ་མཚན་ལེགས་སྒོ་ཐོག་མར་ཡོངས་འགྲིག་ ཤོག །རྗེས་དེར་ཐུན་མོང་ལམ་གྱིས་རང་རྒྱུད་སྦྱངས། །ངེས་འབྱུང་བློ་དང་ཐེག་ཆེན་བྱང་ ཆུབ་སེམས། །གནས་ལུགས་ཟབ་མོའི་ལྟ་བ་ཁྱད་པར་ཅན། །ལམ་གྱི་གཙོ་བོ་རྣམ་གསུམ་ ལེགས་འཁྲུངས་ཤོག །རླབས་ཆེན་ཕར་ཕྱིན་དྲུག་དང་བསྡུ་དངོས་བཞི། །ཟིན་བྱེད་ཐབས་ཀྱི་ སྒོ་ཀུན་ལེགས་སྤེལ་ཏེ། །རང་གཞན་དོན་གཉིས་བསྒྲུབ་ལ་ཆེར་དཔའ་བ། །རྒྱལ་སྲས་སྤྱོད་ པའི་གྲོགས་བཅས་ཡོངས་འཕེལ་ཤོག །དེ་ནས་རིགས་ལྡན་རྒྱལ་པོ་གང་ཉིད་ཀྱིས། །དཀྱིལ་ འཁོར་རིགས་ཀྱི་བདག་པོར་ལེགས་བཞེངས་ནས། །སྨིན་བྱེད་དབང་གི་ཆུ་བོའི་མཛད་བཟང་ གིས། །སེམས་རྒྱུད་ཞིང་ས་ཀུན་ནས་བརླན་པར་ཤོག །ཚུལ་དེས་རིམ་པ་དང་པོའི་གདམས་ ངག་གིས། །ཤེས་རྒྱུད་ལྷ་ཡི་འཁོར་ལོར་ཤར་བའི་སྟོབས། །མ་དག་ཐ་མལ་འདི་སྣང་སྦྱངས་ པའི་ཐབས། །རྣལ་འབྱོར་མཆོག་ལ་རང་དབང་ཐོབ་པར་ཤོག །དེར་བརྟེན་རྡོ་རྗེའི་ལམ་ཟབ་ ཡན་ལག་དྲུག །སྟོང་གཟུགས་ཕྱག་ཆེན་མི་རྟོག་ཡེ་ཤེས་ཀྱིས། །རང་གསལ་གཉུག་མའི་རྣལ་ འབྱོར་དམ་པའི་འཕྲུལ། །ཡོངས་རྒྱས་རིམ་པ་གཉིས་པ་མཐར་ཕྱིན་ཤོག །ཟུང་འཇུག་གྲོལ་ བ་མཆོག་གི་གནས་སྐབས་སུ། །རྡོ་རྗེ་རྣམ་བཞི་གསང་གསུམ་དཔལ་ཡོན་བདག །ཕྲིན་ལས་ མཁའ་དང་མཉམ་པའི་མཛད་རླབས་ཅན། །མ་ལུས་འགྲོ་བའི་རེ་སྐོང་མཆོག་ཏུ་ཤོག །དེ་བར་ ཀུན་ཏུ་གནས་སྐབས་ཆོས་མཐུན་རྐྱེན། །ཡོངས་ཀྱི་གཙུག་ནོར་རིགས་ལྡན་རྒྱལ་པོ་དང༌། །ཕྱི་ རོལ་འདབ་བརྒྱད་གྲོང་ཚོ་བྱེ་བ་ཕྲག །དགུ་བཅུ་རྩ་དྲུག་མི་བདག་རིམ་བསྟེན་ཤོག །དེ་དག་ རྣམས་ལས་གདམས་པ་གང་ནོད་པ། །སྔགས་ཀྱི་རིག་འཛིན་འདུས་པ་རྒྱ་མཚོའི་གྲལ། །ཐོས་ བསམ་སྒོམ་པའི་བརྩོན་པ་ལྷུར་ལེན་ལ། །དུས་ཀུན་ནམ་ཡང་ལྷོ ད་མེད་འཇུག་གྱུར་ཅིག །ཅེས་ ཤམ་སྨོན་བདེན་ཚིག་མྱུར་འགྲུབ་འདི་ཡང༌། ཆོས་ལ་ཉེ་བར་གཞོལ་བ་ཅན་རབ་བྱུང་གཙང་མར་བརྩོན་པ་ངག་དབང་ཕུན་ཚོགས་ ལ་མཁོ་ནས། མ་ཏིས་ཤར་མར་སྤེལ་བའོ།། །། 8-1-415 ༄༅། །ཤམྦྷ་ལའི་ལེགས་སྨོན་བསམ་དོན་ མྱུར་འགྲུབ་བཞུགས། ༄༅། །དཔལ་ལྡན་སྒྱུ་འཕྲུལ་དྲ་བ་རོལ་པའི་གཞི། །མི་འགྱུར་བདེ་ཆེན་རྣམ་ཀུན་སྟོང་ ཆེན་ཟུང༌། །དབྱེར་མེད་ཡེ་བཞུགས་དང་པོའི་སངས་རྒྱས་བདག །རབ་འབྱམས་འཁོར་ལོའི་ སྤྱི་དཔལ་ལ་ཕྱག་འཚལ། །གསང་གསུམ་བྱིན་རླབས་གང་འཚམ་ཆེར་གཡོས་ཏེ། །བདག་ གིས་འདིར་འབད་རབ་དཀར་གང་བསགས་ཀུན། །ཕྱི་མར་སྔགས་རིག་འཛིན་པའི་ཞིང་ མཆོག་ཏུ། །གེགས་བྲལ་སྐྱེ་བའི་རྒྱུ་ཚོགས་སླད་མེད་མཛོད། །དགེ་རྩ་འདིར་བརྟེན་སྐྱེ་སྲིད་ འཕོས་མ་ཐག །ཡང་སྲིད་གཞན་གྱིས་མ་ཆོད་སྐད་ཅིག་ལ། །ལས་ཀྱི་ས་འདིའི་བྱང་གི་ཆར་ གནས་པའི། །ཤམྦྷ་ལ་ཡི་ཞིང་བཟང་དེར་བགྲོད་ཤོག །དཔལ་ལྡན་སྔགས་ཞིང་ཆུ་སྐྱེས་ འདབ་བརྒྱད་དབྱིབས། །ལྟེ ་བར་ཀེ་ལ་ཤ་ཡི་ས་འཛིན་སྟེང༌། །ཀ་ལཱ་པ་ཡི་གྲོང་མཆོག་ཉམས་ དགའ་བར། །དབང་རབ་དྲུག་ལྡན་ལུས་བཟང་མྱུར་འཛིན་ཤོག །དེར་སྐྱེས་ས་བཅུའི་དབང་ ཕྱུག་རིགས་ལྡན་རྗེ། །མ་འགགས་ཆོས་ཀྱི་རྒྱལ་པོའི་སྐུ་དྲུང་དུ། །སྐལ་བཟང་ཐུགས་སྲས་ མཆོག་ཏུ་ལེགས་གྱུར་ཏེ། །སྒོ་གང་ཐད་ནས་ཆོས་མཐུན་ཡོངས་འགྲིག་ཤོག །དེ་ནས་ཆོས་ རྒྱལ་གང་གིས་ཐུགས་སློ བ་ཏུ། །ལེགས་བཟུང་སྨིན་བྱེད་དབང་གི་སྒོ་ཕྱེས་ནས། །སེམས་རྒྱུད་ རིམ་གཉིས་སྐྱེ་མ་རག་ཉིད་ལ། །དབང་འབྱོར་ལས་རླུང་དམ་པའི་དཔལ་ཐོབ་ཤོག །རྒྱལ་ སྲས་ལམ་བཟང་ཀུན་རྫོབ་བྱང་ཆུབ་སེམས། །ཡང་དག་གནས་ལུགས་ངེས་དོན་དབུ་མ་ཆེ། 8-1-416 །ཕན་ཚུན་འགལ་མེད་ལམ་གྱིས་གཞི་བཟུང་སྟེ། །གསང་ཆེན་ཐེག་པ་སྒོ་ཀུན་ནས་འདྲེན་ ཤོག །སྲིད་པའི་སྐྱེ་འཆི་བར་གསུམ་ལྕགས་ཀྱི་ཁམས། །སྐུ་གསུམ་གསེར་འགྱུར་རྩི་ཡིས་ ཟོས་ནས་ཀྱང༌། །ཐ་མལ་སྣང་སྦྱངས་དག་ཆེན་རོལ་གར་ལ། །ལྟད་མོར་གཟིགས་པའི་རྣལ་ འབྱོར་མཆོག་ཐོབ་ཤོག །མི་རྟོག་ཡེ་ཤེས་སྤྲོས་པ་ཀུན་བྲལ་དབྱིངས། །འོད་གསལ་གཤིས་ སུ་སྟོང་པའི་གཟུགས་བརྙན་འབར། །དགའ་ཆེན་བདེ་བ་མི་ཟད་གཉུག་མའི་ཁམས། །རྩ་ རླུང་ལེགས་འཆིང་སྟོབས་ཀྱིས་མྱུར་མངོན་ཤོག །དང་པོའི་སངས་རྒྱས་དཔལ་ལྡན་སྐུ་རྡོ་རྗེའི། །སྟོང་གཟུགས་སྒྱུ་མའི་སྣང་བརྙན་མངོན་བྱེད་ཐབས། །གནས་ལུགས་མི་རྟོག་ནམ་མཁའི་ གཟུགས་རང་གསལ། །སྤྲོས་བྲལ་རྫོགས་པའི་རྣལ་འབྱོར་སྨིན་པར་ཤོག །ཀུན་ཁྱབ་གསུང་ གི་རྡོ་རྗེའི་རང་གདངས་གཤིས། །གཞོམ་མེད་ན་དཱའི་གནས་ལུགས་དེར་མངོན་ཐབས། །རླུང་ཐིག་རང་མདངས་དེ་ཉིད་གསལ་བ་ཡི། །བདེ་བ་རྫོགས་པའི་རྣལ་འབྱོར་ཉེར་བསྐྲུན་ ཤོག །འོད་གསལ་རང་བཞིན་མི་རྟོག་ཐུགས་རྡོ་རྗེའི། །རང་ཞལ་སྒྱུ་མའི་འཕྲུལ་ཆེན་རོལ་ པའི་གར། །གསང་གསུམ་འཁོར་ལོའི་སྤྲོ་བསྡུ་རབ་སྤེལ་བ། །ཆོས་སྐུའི་རྣལ་འབྱོར་དམ་པར་ ཡོངས་དབང་ཤོག །མི་འགྱུར་བདེ་ཆེན་ཡེ་ཤེས་རྡོ་རྗེའི་འཕྲུལ། །ཀུན་ཉོན་ལས་སྣང་ཤུན་པ་ ལས་གྲོལ་ཞིང༌། །དགའ་ཆེན་མཁྱེ ན་རབ་རང་གཟུགས་ཆེར་མངོན་པ། །ཡེ་ཤེས་རྣལ་འབྱོར་ ཕུལ་བྱུང་མཐར་ཕྱིན་ཤོག །ཀུན་རྫོབ་མ་དག་རྫུན་རིས་གཤིས་སུ་བསྡུ། །དོན་དམ་རང་ བྱུང་སྐུ་མཆོག་རྡོ་རྗེ་བཞི། །རྟག་བརྟན་ཐེར་ཟུག་གཞི་འབྲས་དབྱེར་མེད་ཚུལ། །ཇི་བཞིན་ དགོངས་ཆུབ་རོ་མཉམ་སྤྱོད་པར་ཤོག །གཤེགས་སྙིང་རང་བྱུང་མི་འགྱུར་ལྷན་ཅིག་སྐྱེས། །རང་སྣང་ཡེ་ཤེས་རོལ་པ་འཛད་མེད་ཀློང༌། །ཆོས་སྐུའི་དཔལ་ཡོན་མཛད་བཟང་མཐའ་ཀླས་ པས། །རང་དོན་ཕུན་ཚོགས་ལེགས་སྒོ་རྟག་མངོན་ཤོག །གང་འདུལ་དབང་གིས་གཞན་ སྣང་མཛད་པའི་ཕུལ། །གདུལ་བྱ་མཆོག་དམན་སྣང་ངོར་བསམ་མི་ཁྱབ། །ལོངས་སྤྲུལ་སྒྱུ་ 8-1-417 མའི་རོལ་གར་སྣ་ཚོགས་པས། །གཞན་དོན་མཛད་བཟང་ཕྱོགས་མཐར་ཡོངས་རྒྱས་ཤོག །ཁྱད་པར་རྫོགས་ལྡན་ཆོས་གནས་ཤམྦྷ་ལར། །རང་གིས་ཟུང་འཇུག་གོ་འཕང་མྱུར་ཐོབ་སྟེ། །དུས་མཐར་འཛམ་གླིང་ས་ཆེན་མ་ལུས་པར། །རྫོགས་ལྡན་ཆོས་སྣང་འདྲེན་པའི་དབང་པོར་ ཤོག །དེ་སྐད་གང་སྨོན་དོན་ཀུན་ཇི་བཞིན་དུ། །དོན་དམ་སྐྱབས་གསུམ་སྐུ་བཞི་ཡེ་བཞུགས་ མཐུས། །བསླུ་མེད་ལེགས་འགྲུབ་དགེ་མཚན་དཔལ་འབར་ཞིང༌། །བསྟན་འགྲོར་ཡོངས་ ཕན་མཛད་ཆེན་རྒྱས་གྱུར་ཅིག །ཅེས་པའི་ཤམྦྷ་ལའི་ལེགས་སྨོན་བསམ་དོན་མྱུར་འགྲུབ་འདི། རབ་འཕེལ་ཞེས་བྱ་ བས་རྒྱང་རིང་ནས་མོས་འདུན་བཞིན། མ་ཏིས་ཤར་མར་སྤེལ་བ་ཛ་ཡནྟུ།། །། 8-1-418 ༄༅། །སྨོན་ཚིག་རྣམ་དག་གི་མྱུ་གུ་བཞུགས། ༄༅། །སངས་རྒྱས་བྱང་སེམས་འཕགས་པའི་ཚོགས་དང་བཅས། །དཔལ་ལྡན་བླ་མ་ སྐྱབས་ཀུན་འདུས་པའི་བདག །བརྩེ་བ་ཆེན་པོས་ཉེར་དགོངས་མཛད་དུ་གསོལ། །སྨོན་ ལམ་གང་བཏབ་གེགས་མེད་ཡོངས་འགྲུབ་མཛོད། །ད་ལྟའི་སྐྱེ་འདི་བླངས་པ་ནས་བཟུང་ སྟེ། །ནམ་ཞིག་འཆི་ཁར་སླེ བ་པའི་བར་དག་ཏུ། །སྒོ་གསུམ་བྱ་བ་གང་དང་གང་བརྩམས་ པ། །ཆོས་མཐུན་ཁོ་ན་ཉིད་ལས་བསྒྱུར་མེད་ཤོག །རང་ཉིད་གང་དང་འགྲོགས་པའི་སྐྱེ་བོ་ ཀུན། །ལོག་ལྟ་ཅན་དང་ཆོས་མིན་སྤྱོད་ངན་ཅན། །སུ་དང་འབྲེལ་ཚད་སྡིག་ལ་གཞོལ་བྱེད་ པའི། །རྐྱེན་ངན་སྡིག་གྲོགས་སོགས་དང་མ་འཕྲད་ཅིག །གང་དུ་སོང་ན་དགེ་བའི་བཤེས་ དང་མཇལ། །དད་གུས་དྲག་པོས་གཙུག་གིས་བླ་མར་བཀུར། །ཐུགས་དགྱེས་བྱ་བ་འབའ་ ཞིག་སྒྲུབ་པའི་ངང༌། །ཚེ་འདིར་འབྲལ་མེད་རྒྱུན་འགྲོགས་བྱེད་པར་ཤོག །དེ་ལ་བརྟེན་ནས་ རང་གི་ཁམས་དབང་དང༌། །མཐུན་པའི་ལུང་དང་རྟོགས་པའི་བསྟན་པ་ལ། །སྒོ་གང་ཐད་ ནས་བརྩོན་པ་ལྷུར་བླངས་ཏེ། །བསྟན་པ་ཕྱོགས་ལ་རང་འཚམས་སྤྱོད་གྱུར་ཅིག །བསྟན་ལ་ གཞོལ་བའི་བྱ་བ་འབའ་ཞིག་གིས། །སྒོ་གསུམ་གཡེལ་མེད་རྟག་པར་གཞོལ་བྱས་ཏེ། །ཚེ་ གང་བསྟན་པ་ཉག་གཅིག་འཛིན་པའི་ཁུར། །སེམས་ཀྱི་སྙིང་སྟོབས་ནམ་ཡང་ལྷོ ད་མེད་ ཤོག །དེར་བརྟེན་བློ་ཁ་རྒྱལ་བའི་བསྟན་ལ་ཕྱོགས། །ཆོས་ཚུལ་ཇི་བཞིན་སྨྲ་བའི་བཤེས་དང་ མཇལ། །གང་གིས་བློ་སྣ་གང་བསྒྱུར་ཕྱོགས་སུ་གཞོལ། །ཚེ་མཇུག་ཡོད་ཚད་ཆོས་བཞིན་ སྤྱོད་གྱུར་ཅིག །གནས་སྐབས་དེ་དག་ལེགས་པའི་མཐུན་རྐྱེན་འགྲིག །ཆོས་ལ་བར་ཆད་ 8-1-419 གང་གིས་འཚེ་མེད་པར། །གང་བརྩམ་བྱ་བ་ཐམས་ཅད་ཆོས་དང་མཐུན། །དལ་འབྱོར་རྟེན་ ལ་སྙིང་པོ་ལོན་པར་ཤོག །ལེགས་ཚོགས་རྟེན་འབྲེལ་དེ་ཡི་བྱེད་པ་ཡིས། །སྒྱུ་ལུས་གདོས་ བཅས་འབྲལ་ལ་ཉེ་བའི་ཚེ། །ཟུག་གཟེར་གནད་གཅོད་ཀུན་ནས་ཞི་བ་དང༌། །ལུས་སེམས་ སོས་དལ་བདེ་བའི་གོ་སྐབས་ལ། །རང་དབང་སྤྱོད་བཞིན་ཚེ་འདི་འཕོས་གྱུར་ཅིག །དེ་ ཡང་འཆི་བ་དངོས་ལ་སླེ བ་པའི་དུས། །རང་རིག་རང་གསལ་བླ་མའི་ཐུགས་ངོ་ཤེས། །སྔར་ གོམས་བརྒྱ་འགྱུར་ལྷག་པའི་ཉམས་མྱོང་གིས། །གནས་ལུགས་དོན་ལ་གསལ་སྣང་ཡོངས་ འཕེལ་ཤོག །བར་སྲིད་འཁྲུལ་བའི་ཡོ་ལང་གང་སྣང་ཀུན། །རང་སེམས་འགྱུར་བག་ཉིད་དུ་ ཐག་ཆོད་དེ། རྨི་ལམ་ཡུལ་སྣང་བཞིན་དུ་ངེས་བྱས་ནས། །བར་དོ་ཡེ་ཤེས་གཤིས་སུ་སངས་ གྱུར་ཅིག །དེར་བརྟེན་སྐྱེ་བ་ཕྱི་མའི་གནས་སྐབས་སུ། །དཔལ་ལྡན་ཀ་ལཱ་པ་ཡི་སྔགས་ཞིང་ དེར། །རང་གི་རྩ་བའི་བླ་མ་བཞུགས་པའི་དྲུང༌། །དབང་པོ་རབ་ཀྱི་སྐྱེ་སྲིད་འཛིན་ནུས་ཤོག །ཚེ་དེར་གང་གི་གདམས་བཟང་ལ་བརྟེན་ནས། །གསང་ཆེན་ལམ་བཟང་ཇི་བཞིན་ལེགས་ སྤྱོད་དེ། །རིམ་གཉིས་མངོན་རྟོགས་བཟང་པོས་རྒྱུད་སྨིན་ནས། །སྟོང་གཟུགས་སྒྱུ་ལུས་ཆེས་ བཟང་མངོན་གྱུར་ཅིག །དེ་ཕན་ལས་ཉོན་དབང་གིས་འཁོར་བ་ན། །མི་འདོད་བཞིན་དུ་སྡུག་ ཁུར་མི་དགོས་པར། །པདྨའི་མཚོ་ལ་ངང་མོ་ཇི་བཞིན་དུ། །སྲིད་པའི་གནས་ལ་བདེ་དགར་ ལེགས་སྤྱོད་ཤོག །དེ་མཐུས་གཞན་དོན་འབད་མེད་ལྷུན་གྲུབ་ཀྱིས། །འཁོར་བ་སྲིད་དུ་འགྲོ་ དོན་འབའ་ཞིག་སྤྱོད། །མར་གྱུར་སེམས་ཅན་སྡུག་བསྔལ་མཚོ་ལས་བསྒྲལ། །དོན་གཉིས་ རབ་རྫོགས་མཛད་ཕྲིན་རྒྱས་གྱུར་ཅིག །ཅེས་པའི་སྨོན་ཚིག་རྣམ་དག་གི་མྱུ་གུ་འདི་ཆོས་ལ་མོས་པ་ཅན་བརྩོན་ དཔལ། ཆོས་རིན་ཟུང་གི་ངོར། མ་ཏིས་འཕྲལ་དུ་སྨྲས་པ་ལྟར། ཆོས་མཆེད་ཀྱིས་ཡི་གེར་ཕབ་པ་དགེ། །། 8-1-420 ༄༅། །དགེ་བསྔོ ་ངེས་དོན་དང་འབྲེལ་བ་བཞུགས། ༄༅། །ༀ། དཔལ་ལྡན་སྐུ་བཞིའི་དབང་ཕྱུག་དང་པོའི་སངས་རྒྱས་ཀུན་ཁྱབ་རྟག་པའི་ ངོ་བོ་རླབས་ཆེན་ཕྲིན་ལས་ཀྱི་མངའ་བདག་ལ་གུས་པས་ཕྱག་འཚལ་ལོ། །ཆོས་ཀྱི་དབྱིངས་ གནས་ལུགས་འགྱུར་བ་མེད་པའི་མཐུ་ལ་བརྟེན་ནས་བདག་གིས་གང་བསྔོ་ཞིང་སྨོན་པའི་ དོན་མ་ལུས་པ་ཇི་བཞིན་གེགས་བྲལ་དུས་སུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། དེང་ སྐབས་སུ་རང་གིས་བསོད་ནམས་ཀྱི་བསགས་སྒོ་ཁྱད་པར་བ་གང་དང་གང་ལ་འབད་པ་ འདིས་མཚོན་ཏེ་ཕྱོགས་བཅུའི་ཞིང་རབ་འབྱམས་ན་བཞུགས་པའི་རྒྱལ་བ་སྲས་དང་སློབ་ མར་བཅས་པ་གང་དག་གིས་རྨད་དུ་བྱུང་བའི་རྣམ་དཀར་གྱི་བསགས་སྒོ་ནམ་ཡང་མི་ཟད་ གཏེར་ཆེན་གྱི་ཕུང་པོར་གྱུར་པ་རྣམས་དང༌། གཞན་ཡང་ནམ་མཁའ་མཉམ་པའི་ལུས་ཅན་ གང་ལས་བསོད་ནམས་དགེ་ལ་གཞོལ་བ་ཡོད་དོ་ཅོག་གིས་བསགས་པ་དོན་དང་ལྡན་པའི་ དགེ་རྩ་མཐའ་དག་དང་མཉམ་པོར་བསྡོམ་སྟེ་རླབས་པོ་ཆེའི་མཐུ་དེ་དག་གི་སྟོབས་ཀྱིས་ བདག་ཅག་རྣམས་ཚེ་འདིར་བྱ་བ་གང་དང་འབྲེལ་ཡོད་ཚད་བསྟན་པ་དང་འགྲོ་བ་ཡོངས་ལ་ སྒོ་གང་ཐད་ནས་ལེགས་ཕན་གྱི་རྐྱེན་ཕུན་སུམ་ཚོགས་པར་གྱུར་ཅིག ཁྱད་པར་གནས་སྐབས་ འདི་ཉིད་དུ་རང་ཅག་གིས་ཐོག་མེད་ནས་བསགས་པའི་སྡིག་ལྟུང་ཚབས་ཆེ་བ་མ་ལུས་པ་ཇི་ བཞིན་ཡོངས་སུ་སྦྱོང་པའི་དགེ་རྩ་མཆོག་ཉིད་དུ་གྱུར་ཅིག དེ་ལ་བརྟེན་ནས་གནས་ཚུལ་ན་ འཕར་ཞིང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ ཆེན་རབ་ཏུ་རྫོགས་ཏེ་ཚེ་ཕྱི་མར་ཆོས་མཐུན་བཟང་པོའི་ལེགས་སྒོ་ཀུན་ནས་འགྲིག་པར་གྱུར་ 8-1-421 ཅིག དེ་བར་ཚེ་འདི་ངོགས་སུ་ཡུན་ཚོད་ཅི་ཙམ་གནས་པ་དེ་དག་གི་སྐབས་ཐམས་ཅད་དུ་ བྱ་བ་གང་བྱས་པ་ཀུན་ཀྱང་ཡང་དག་དམ་པའི་ཆོས་འབའ་ཞིག་དང་དངོས་བརྒྱུད་ཅི་རིགས་ ནས་ངེས་པར་འབྲེལ་ཟབ་ཁོ་ནས་དུས་འདའ་བར་གྱུར་ཅིག བྱ་བ་དེ་དག་ལ་བརྟེན་ཚེ་འདིར་ མ་རུང་སྡིག་ལས་དང་འབྲེལ་ཀུན་ནས་ཆད་དེ་རྐྱེན་ངན་པ་གང་གིས་ལོག་པའི་ལམ་དུ་བསྒྱུར་ བའི་གོ་སྐབས་རྣམ་པ་ཐམས་ཅད་ནས་ཡོངས་སུ་བཅོམ་པར་གྱུར་ཅིག དུས་ཀྱི་ཐ་མ་འདིར་ རང་ཅག་ལ་བརྟེན་དངོས་དང་བརྒྱུད་པ་གང་གི་སྒོ་ནས་སེམས་ཅན་སུ་ལའང་གནོད་འཚེ་སྤུ་ ཙམ་མེད་པར་ཀུན་སྙོམས་ཕན་པ་བཟང་པོ་ནམ་ཡང་རྒྱུན་ཆད་པ་མེད་པའི་སྒོ་ནས་ཡོངས་ ལ་ཕན་ཐོགས་རྒྱ་ཆེར་འབྱུང་བར་གྱུར་ཅིག ཡངས་པའི་རྒྱལ་ཁམས་ཀྱི་སྐྱེ་འགྲོ་གང་དག་ལ་ གནས་སྐབས་དང་མཐར་ཐུག་གི་ལེགས་དོན་འབྱོར་བ་ཕུན་སུམ་ཚོགས་པ་དུས་དང་དུས་སུ་ ནམ་ཡང་ཉམས་མེད་ཀྱི་དཔལ་ཡོན་ལ་ཅི་དགར་རང་དབང་གིས་སྤྱོད་ནུས་པའི་སྐལ་བཟང་ ལས་འཕྲོ་ཀུན་ནས་ཡོད་པར་གྱུར་ཅིག རང་ཅག་རྣམ་པར་དཀར་བ་གང་སྒྲུབ་ལྟོ ས་འབྲེལ་ ཡོད་ཚད་ཀུན་ཀྱང་སྒྱུ་ལུས་གདོས་བཅས་གང་དག་དང་ནམ་འབྲལ་མ་ཐག་ནས་འཛམ་གླིང་ བྱང་ཕྱོགས་སྔགས་རིག་འཛིན་པའི་ཞིང་དུ་སྐྱེ་ལུས་ཡང་དག་པར་ཡོངས་འཕོ་བྱེད་པར་ཤོག་ ཅིག ས་ལ་སྤྱོད་པའི་ཞིང་དེར་སྐྱེས་མ་ཐག་ནས་ཀྱང་དཔལ་ལྡན་ཆོས་ཀྱི་དབང་ཕྱུག་རིགས་ ལྡན་འཁོར་ལོས་སྒྱུར་བ་སྤྲུལ་པའི་རྒྱལ་བློན་དང་བཅས་རང་རང་གི་ལས་འཕྲོ་གང་ཡོད་ དག་གསང་ཆེན་རྡོ་རྗེ་སློབ་དཔོན་གྱི་བླ་མའི་སྐལ་བ་དུས་སུ་རང་འཚམ་དང་མཐུན་པའི་རྐྱེན་ བཟང་པོ་ཐོག་མ་ནས་འགྲིག་པར་ཤོག་ཅིག ཆོས་ཀྱི་དབང་པོ་གང་དག་ལ་བརྟེན་ནས་རང་ རང་གི་ཁམས་དབང་དང་མཐུན་པའི་ཆོས་ཀྱི་སྒོ་མོ་ལེགས་ནོད་ཀྱི་བྱེད་པས་རྒྱུད་ཚོད་ལ་ ལྟོ ས་པའི་ཟབ་ཆོས་ཡང་དག་གི་སྣེ ་ཀུན་ནས་དོད་པར་ཤོག་ཅིག དེ་ཡང་ཟབ་གསང་གི་ཐེག་ པ་གང་དང་གང་ལ་ཐོག་མར་འཇུག་སྐལ་ཡོད་པའི་ཉམས་མྱོང་བཟང་པོ་དུས་སུ་ལེགས་པར་ 8-1-422 འཁྲུངས་ཏེ་ཐུན་མོང་སྐྱེས་བུ་གསུམ་གྱི་ལམ་རྩལ་སྐད་ཅིག་ལ་རྫོགས་པའི་སྒོ་ནས་གསང་ ཆེན་རིམ་གཉིས་ཀྱི་འཆར་སྒོའི་མྱུ་གུ་དུས་སུ་སྨིན་པར་ཤོག་ཅིག ཚུལ་དེའང་ཐུན་མོང་དང་ ཐུན་མོང་མ་ཡིན་པའི་ཟབ་དབང་གིས་རྒྱུད་ལེགས་སྨིན་གྱིས་གཞི་རྒྱུད་དྲི་མར་གྱུར་པ་རིམ་ པས་སྦྱངས་ཏེ་བློ་ལས་རུང་གི་མཐུ་ཆེས་བཟང་ཞིང་ལམ་རིམ་གཉིས་སྐྱེ་མ་རག་ཏུ་ཤོག་ཅིག མ་དག་འཁོར་བ་སྐྱེ་འཆི་བར་དོ་གསུམ་པོ་དག་ཆེན་སྐུ་གསུམ་ལེགས་སྣང་གིས་སོ་སོར་ སྦྱངས་པའི་སྒོ་ནས་གསང་གསུམ་འཁོར་ལོའི་གཟིགས་སྣང་རྒྱ་ཆེར་འཕེལ་ཏེ་ལམ་རིམ་པ་ དང་པོ་བསྐྱེད་རིམ་གྱི་རྣལ་འབྱོར་མཆོག་ལ་སྒོ་ཀུན་ནས་བརྟན་པ་ཐོབ་སྟེ་ཡོངས་སུ་རྫོགས་ པར་ཤོག་ཅིག དེ་ནས་ཀྱང་མོས་སྣང་དག་པས་མཐུ་ལས་གཉུག་མ་ལྷན་ཅིག་སྐྱེས་པའི་ཡེ་ ཤེས་མངོན་བྱེད་ཀྱི་ཐབས་རང་རིག་རང་གསལ་ནམ་མཁའི་མཉམ་བཞག་ལ་བརྟེན་རྩ་རླུང་ ཐིག་ལེ་ལེགས་འཆིང་གིས་སྒྱུ་ལུས་འོད་གསལ་ཟུང་འཇུག་གཤིས་ལུགས་སུ་མངོན་པ་ལམ་ རིམ་པ་ལྔ་འམ་རྡོ་རྗེ་རྣམ་བཞིའི་མངོན་རྟོགས་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་མཆོག་ གི་རྣལ་འབྱོར་རྫོགས་པའི་རིམ་པ་ཁྱད་པར་ཅན་ཇི་བཞིན་འབྱུང་བར་ཤོག་ཅིག ཚུལ་དེས་ཚེ་ གཅིག་ལ་སྦྱང་གཞི་འོད་གསལ་བདེ་གཤེགས་སྙིང་པོ་དམ་པ་དང་པོའི་སངས་རྒྱས་ཉིད་སྦྱོང་ བྱེད་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ཟབ་མོས་བྱེད་པས་སྦྱངས་འབྲས་གཞི་རྒྱུད་དག་པ་ མཆོག་དེ་ཉིད་ཇི་བཞིན་མངོན་དུ་གྱུར་པའི་སྒོ་ནས་ནམ་མཁའ་དང་མཉམ་པའི་མ་ལུས་འགྲོ་ བ་གང་དག་ལ་འབད་མེད་ལྷུན་གྲུབ་ཀྱི་འགྲོ་དོན་བྱེད་ནུས་པར་ཤོག་ཅིག གཞི་འབྲས་དབྱེར་ མེད་མངོན་དུ་གྱུར་པའི་སྐབས་གདོད་མའི་ཡེ་བཞུགས་ཀྱི་ནང་དབྱིངས་སངས་རྒྱས་ཐམས་ ཅད་ཀྱི་གསང་གསུམ་མཛད་པ་ཕྲིན་ལས་མ་ལུས་པའི་སྤྱི་དཔལ་ཉག་གཅིག་ལས་ནམ་ཡང་ གཡོ་བ་མི་མངའ་བའི་ངང་ནས་མཁའ་མཉམ་གྱི་གདུལ་བྱ་མཐའ་དག་ལ་གང་འདུལ་ཕྲིན་ ལས་དུས་སུ་གཡེལ་མེད་འཇུག་པར་ཤོག་ཅིག དེ་ལྟར་རབ་ཏུ་དཀར་བའི་བསོད་ནམས་ཀྱི་ 8-1-423 བསགས་པ་སྟོབས་ཤིན་ཏུ་ཆེ་བ་གང་དེས་གང་སྨོན་གྱི་དོན་མ་ལུས་ཤིང་ལུས་པ་མེད་པར་ཇི་ བཞིན་ཡིད་ཀྱི་འདོད་པའི་རྗེས་བཞིན་འགྲུབ་པར་དོན་དམ་གནས་ལུགས་སྐྱབས་གནས་རིན་ ཆེན་རྣམ་གསུམ་ཡེ་ནས་བདེན་པ་དེའི་བྱིན་གྱིས་རློབས་ཤིག ཅེས་པའི་དགེ་བསྔོ ་ངེས་དོན་དང་འབྲེལ་བ་ འདི་ཡིག་རིས་པ་ཀུན་དགའ་མཆོག་གྲུབ་དང་ཆོས་ལ་གཞོལ་བ་བིདྱ་ཤྲཱི་ཟུང་གི་མོས་འདུན་ལྟར། མ་ཏིས་ལྷག་བསམ་དག་པས་ སྨྲས་པ་ལྟར་ཆོས་མཆེད་ཀྱིས་ཡི་གེར་ཕབ་པ་དགེ། །། 8-1-424 ༄༅། །སྨོན་ཚིག་ངེས་དོན་ལྷུན་གྲུབ་ཅེས་བྱ་བ་བཞུགས། ༄༅། །དཔལ་ལྡན་འཁོར་ལོ་གསང་གསུམ་སྤྲོ་བའི་གཞི། །ཡི་དམ་རྒྱལ་བ་རྒྱ་མཚོའི་ རིགས་བདག་ཉིད། །དོན་དམ་མཆོག་གསུམ་རྩ་བའི་བླ་མའི་ཐུགས། །ཀུན་ཁྱབ་སྙིང་པོས་ གང་སྨོན་དཔང་པོར་མཛོད། །རབ་དཀར་དྲི་མེད་འདིས་མཚོན་གཉུག་ཁམས་ཀྱི། །རང་ བཞིན་འོད་གསལ་གཞི་འབྲས་དབྱེར་མེད་བདག །སྐུ་གསུམ་རང་བྱུང་ལྷུན་གྲུབ་དགེ་ ལེགས་ཕུལ། །འཁོར་འདས་གཤིས་སུ་རབ་དར་དཔལ་ཡོན་གྱིས། །གནས་སྐབས་ཡིད་ ཅན་སྣང་ཚུལ་ཐ་འབྲིང་རབ། །གང་དང་གང་ལ་རང་རང་དེ་འཚམ་པར། །ང་བདག་འཛིན་ རློམ་དབྱིངས་སུ་ཆོད་གྱུར་ཏེ། །གནས་ལུགས་རགས་པའི་ཐར་པ་ཁོང་ཆུབ་ཤོག །དེ་ནས་ རིམ་པར་སྤྲོས་བྲལ་ནང་དབྱིངས་ཀྱི། །རབ་དྭངས་ཞི་བའི་དེ་ཉིད་གཤིས་ཚུར་མངོན། །ཆོས་ དབྱིངས་ནམ་མཁའི་རྣལ་འབྱོར་གཉུག་མ་ཆེ། །ཤེར་ཕྱིན་ཟབ་མོའི་དགོངས་ཆེན་རྟོགས་གྱུར་ ཅིག །ཁྱད་པར་སྟོང་གཟུགས་འོད་གསལ་ཕྱག་རྒྱ་ཉིད། །མི་འགྱུར་བདེ་ཆེན་སྲིད་གསུམ་ དྭངས་མའི་ཁམས། །དང་པོའི་སངས་རྒྱས་རྣམ་ཀུན་འཁོར་ལོའི་བདག །རྡོ་རྗེ་རྣམ་བཞིའི་ ལམ་གྱིས་མྱུར་མངོན་ཤོག །དེ་ཡང་སྤྲོས་བྲལ་མི་རྟོག་ཡེ་ཤེས་ཀྱིས། །རང་གསལ་འཛིན་ མེད་ངང་ནས་སྟོང་པའི་གཟུགས། །རབ་འབྱམས་བཀོད་ཆེན་སྒྱུ་མའི་ཟློ ས་གར་ལ། །འོད་ གསལ་རང་གཟུགས་ལྟད་མོ་མངོན་གྱུར་ཅིག །བདེ་ཆེན་ཡེ་ཤེས་རང་གཟུགས་ཆེར་འབར་ བ། །ཀུན་ནས་མི་ཤིགས་ཡོངས་བསྡོམ་ལྷའི་འཁོར་ལོ། །གཞོམ་མེད་ནཱ་ད་ཀུན་ཁྱབ་དབྱངས་ ཆེན་པོ། །སྲིད་པ་གསུམ་གྱི་དྭངས་མར་ཁོང་ཆུབ་ཤོག །བདེ་ཆེན་ཡེ་ཤེས་རོལ་པ་ཟད་མེད་ 8-1-425 གཏེར། །དཔག་ཡས་དཀྱིལ་འཁོར་སྤྲོ་བསྡུའི་བཀོད་པ་ཅན། །མ་དག་ཐ་མལ་དག་སྣང་ འཁོར་ལོའི་རྒྱན། །ཀུན་ཁྱབ་ཐུགས་མཆོག་སྣང་བ་འབར་གྱུར་ཅིག །སྲིད་པའི་རང་གཤིས་ མི་འགྱུར་བདེ་བའི་ཁམས། །ཟུང་འཇུག་ཡེ་རྫོགས་བེམ་མིན་པྲ་ཕབ་གཟུགས། །རྣམ་པ་ཀུན་ ལྡན་སྤྲུལ་བཀོད་འཆར་བའི་གཞི། །ཡེ་ཤེས་སྒྱུ་མའི་གང་འདུལ་སྐུ་འཛིན་ཤོག །གང་འདི་མ་ ལུས་ཆོས་ཉིད་ཡིན་ལུགས་ན། །བདེན་གཉིས་བདེན་རྫུན་ཡིན་ལུགས་ཇི་བཞིན་རྟོགས། །གློ་ བུར་གཤིས་ལུགས་ཁྱད་ལ་ངེས་པ་རྙེད། །ཆོས་སྐུ་སྙིང་པོར་ངེས་པ་མཆོག་ལྡན་གྱུར། །ཀུན་ བཏགས་གཞན་དབང་གཉིས་བསྡུས་རྫུན་པའི་ཡུལ། །ཅང་མེད་མོ་གཤམ་མཛེས་མའི་བརྫུ་ བག་ལ། །རང་རང་ལ་འོས་འཁྲུལ་སྣང་གིས་བསླད་པ། །འདི་ཀུན་གཞི་རྩ་དྲུངས་ནས་ཆོད་ གྱུར་ཅིག །དེ་ཚེ་གདོད་མའི་གཞི་ལྟར་གནས་ལུགས་ཀྱི། །རང་གཤིས་ཡོངས་གྲུབ་བདེ་སྟོང་ ཟུང་འཇུག་སྐུ། །སྲིད་ཆེན་དམ་པའི་རང་བཞིན་ཆོ་འཕྲུལ་འགྱེད། །འཁོར་བ་སྲིད་དུ་མཛད་ ཆེན་བརྡལ་བར་སྨོན། །དེ་སྐད་གནས་ལུགས་སྨོན་དོན་གེགས་བྲལ་དུ། །མ་ལུས་སྐྱེ་དགུའི་ སྙིང་གི་ཁམས་སུ་སད། །ངེས་པ་དོན་གྱི་གཤེགས་སྙིང་དགོངས་ཆེན་དུ། །ཡ་མཚན་འབའ་ ཞིག་རྟག་པར་མངོན་བྱེད་ཤོག །ཅེས་པའི་གནས་ལུགས་སྨོན་ཚིག་ངེས་དོན་ལྷུན་གྲུབ་ཅེས་བྱ་བ་འདི་ཡང་སྐྱེས་ མཆོག་ཚོགས་རབ་ཟུང་དང་གྲྭ་བཙུན་འགའི་ངོར། མ་ཏིས་ཤར་མར་སྤེལ་བའོ།། །། 8-1-426 ༄༅། །ལྷག་པའི་ལྷ་རྣམ་གཉིས་ལ་བརྟེན་ནས་ ཐོས་བསམ་གྱི་འདོད་སྨོན་བཞུགས། ༄༅། །རྒྱལ་ཀུན་ཡེ་ཤེས་རང་གཟུགས་མཁྱེ ན་པའི་གཏེར། །ཟུར་ཕུད་ལྔ་པ་སེམས་ དཔའ་གཞོན་ནུའི་ཚུལ། །དར་གོས་རིན་ཆེན་རྒྱན་ལྡན་མཛེས་སྒེག་འབར། །འཇམ་མགོན་ ལྷག་པའི་ལྷ་དེ་གཙུག་གིས་མཆོད། །སྨྲ་དབང་ངག་གི་འདོད་པ་འཇོ་བའི་དཔྱིད། །ཨུཏྤལ་ དགའ་བའི་ཚལ་ན་དགྱེས་རོལ་ཞིང༌། །སུམ་རྩེན་ལྷ་ཡིས་ཉེར་བཏུད་སྒེག་པ་མོ། །དབྱངས་ ཅན་ངག་གི་དབང་མོ་མགྲིན་མཚོར་བཞུགས། །ལྷག་པའི་ལྷ་མཆོག་མཁྱེ ན་བཟང་དམ་པའི་ གཏེར། །རྣམ་དཔྱོད་དབྱིག་གི་འཕེལ་ཁ་རྡོལ་བ་དང༌། །ཆབས་ཅིག་ཚིག་ལ་སྤོབས་པ་མཆོག་ སྩོལ་མཁན། །དགེ་བའི་མགོན་ཁྱོ ད་ཟུང་གིས་མཁྱེ ན་སྤྱན་གཡོས། །གང་ཞིག་རྣམ་གཉིས་ལྷ་ ལ་གུས་བསྟེན་པ། །གང་དག་གིས་ནི་རེ་བའི་འདོད་དོན་ཀུན། །གང་དང་འཚམ་པའི་རེ་བ་ མྱུར་སྐོང་ནས། །གང་རྣམ་གཉིས་ཀྱིས་བརྩེ་གཟིགས་གཡེལ་མེད་མཛོད། །རྣམ་པར་དཔྱོད་ པའི་བློ་གྲོས་པདྨོའི་ཚལ། །རྣམ་གཉིས་ལྷ་ཡི་ཐུགས་རྗེའི་ཉི་འོད་ཀྱིས། །ལེགས་པར་བསྐྱངས་ ཏེ་ཤེས་རབ་འདབ་བརྒྱའི་ཚོགས། །ཅིག་ཆར་ཀུན་ནས་བཞད་པའི་དགའ་སྟོན་སྩོལ། །ཐུན་ མོང་རིག་པའི་གཞུང་ལུགས་སྣ་ཚོགས་པ། །བཟོ་དང་གསོ་བ་བརྡ་སྤྲོད་རྩིས་ཀྱི་རིགས། །དེ་ གང་དོན་ལ་ཐོགས་མེད་བློ་གྲོས་ཀྱིས། །ཇི་བཞིན་སོ་སོར་འབྱེད་ལ་མཐུ་ལྡན་མཛོད། །ཁྱད་ པར་ཤེས་བྱའི་གནས་ཚུལ་མ་འདྲེས་པར། །ཡོངས་སུ་ཞིབ་པར་དཔྱོད་པའི་གཏན་ཚིགས་ ཕྲེང༌། །ཐལ་རྟགས་བློ་རིག་གནས་ཚུལ་ཕྲ་ཞིབ་ཏུ། །བློ་གྲོས་ཀུ་ཤའི་རྩེ་ལྟར་འདྲེས་མེད་ཤོག 8-1-427 །ཐུན་མིན་གཞུང་ལུགས་སོ་ཐར་རིས་བརྒྱད་ཀྱི། །བཅས་མཚམས་གང་དང་ཐོབ་གཏོང་ཡན་ ལག་ཀུན། །ཐོས་བསམ་བློ་ཡིས་སྒྲོ་འདོགས་ཡོངས་ཆོད་དེ། །འདུལ་དགོངས་ངེས་པའི་བློ་ གྲོས་མཆོག་ཐོབ་མཛོད། །ཕུང་ཁམས་སྐྱེ་མཆེད་ཤེས་བྱའི་རབ་དབྱེ་ལས། །ཀུན་བྱང་འཁོར་ འདས་ཚུལ་ཀུན་ལེགས་འབྱེད་ཅིང༌། །འཇིག་རྟེན་འདས་དང་མ་འདས་ཁྱད་པར་ཚུལ། །ཆོས་ མངོན་ཟབ་མོའི་དགོངས་པ་དཔྱིས་ཕྱིན་ཤོག །བླ་མེད་བྱང་ཆུབ་མཆོག་གི་རྒྱུ་འབྲས་ཚུལ། །མངོན་པར་རྟོགས་པ་རྣམ་བརྒྱད་རྣམ་གྲངས་དོན། །གང་ལའང་བློ་ཡི་རྣམ་དཔྱོད་ལེགས་ འཇུག་སྟེ། །ཕ་རོལ་ཕྱིན་པའི་ཆོས་དོན་གཏིང་དཔོགས་མཛོད། །ཀུན་རྫོབ་ཆོས་ཀྱིས་བསྡུས་ པའི་གནས་མཐའ་དག །རང་བཞིན་བདེན་པར་མེད་པ་སྒྱུ་མའི་འཕྲུལ། །ཇི་བཞིན་དཔྱོད་ བྱེད་རིགས་པའི་སྒོ་སྣ་ཚོགས། །ལེགས་ངེས་མཐའ་བྲལ་དབུ་མའི་དོན་རྟོགས་ཤོག །ཁྱད་ པར་འཁོར་འདས་རང་གཤིས་དག་པའི་ཁམས། །ཡེ་གཞི་ཆོས་སྐུ་གཤེགས་སྙིང་བཞུགས་ པའི་ཚུལ། །གང་ལ་སྒྲོ་སྐུར་དྲི་མས་མ་བསླད་པར། །ངེས་དོན་ཟབ་མོའི་གསང་གནད་རྟོགས་ ནུས་མཛོད། །གསང་སྔགས་ཐེག་པ་ཟབ་གསལ་གཉིས་མེད་ཀྱི། །རང་རང་མཚན་བཅས་ མཚན་མེད་རྣལ་འབྱོར་ཚུལ། །གོང་འོག་རིམ་པས་དབྱེ་ཁྱད་མ་འདྲེས་པར། །ཕྱི་རྒྱུད་གསུམ་ གྱི་དགོངས་དོན་ལེགས་ཆུབ་ཤོག །གསང་ཆེན་བླ་མེད་རིམ་གཉིས་རྣལ་འབྱོར་ཚུལ། །སྨིན་ བྱེད་དབང་དང་ལས་ཆེན་རབ་འབྱམས་བཅས། །གང་གི་ཚུལ་ལ་མ་འདྲེས་བློ་གྲོས་ཀྱིས། །གསང་ཆེན་དགོངས་པར་སོམ་ཉི་ཀུན་ཆོད་མཛོད། །བླ་མེད་སྔགས་ཀྱི་གཞི་རྒྱུད་དག་པའི་ ཁམས། །དང་པོའི་སངས་རྒྱས་རབ་འབྱམས་འཁོར་ལོའི་བདག །གཞི་འབྲས་དབྱེར་མེད་ དགོངས་ཆེན་དེ་བཞིན་ཉིད། །སྔགས་ཀྱི་གཞན་སྟོང་ཇི་བཞིན་ཡོངས་ངེས་ཤོག །དེ་ལྟར་ རིག་གནས་མདོ་སྔགས་གཞུང་ལུགས་དོན། །དཔྱད་གསུམ་ཚད་མས་སྒྲོ་འདོགས་ཀུན་ཆོད་ ནས། །ཐོས་བསམ་སྒོམ་པའི་བློ་མཐུ་ཁྱད་པར་བ། །རྣོ་གསལ་ཟབ་རྒྱས་ཤེས་རབ་རིམ་ 8-1-428 འཕེལ་མཛོད། །ལུང་དང་རིགས་པའི་གཡུ་རལ་འབུམ་གྱིས་བརྗིད། །དགག་སྒྲུབ་སྦར་ཕྲེང་ ཀུན་ནས་རབ་གཡོ་ཞིང༌། །རང་ལུགས་ངེས་དོན་གངས་རི་སྐྱོང་མཁས་པའི། །བསྟན་འཛིན་ གདོང་ལྔའི་དབང་པོའི་གནས་ཐོབ་ཤོག །དེར་བརྟེན་འཇིགས་མེད་སྨྲ་བའི་སྒྲ་ཆེན་གྱིས། །ལོག་སྨྲ་རི་དྭགས་ཚོགས་ཀུན་ཚར་བཅད་དེ། །ངེས་གསང་ཟབ་དོན་སྨྲ་བའི་གད་རྒྱངས་སྒྲ། །འཁོར་བ་ཇི་སྲིད་བར་དུ་ཆད་མེད་མཛོད། །རེ་འདོད་དེ་ཀུན་ཇི་བཞིན་འགྲུབ་པའི་དཔང༌། །འཇམ་མགོན་མཁྱེ ན་པའི་གཏེར་དང་དབྱངས་ཅན་ཟུང༌། །གང་ལ་ལེགས་བཅོལ་ཡི་དམ་ ལྷར་བགྱིད་ན། །རེ་འབྲས་གེགས་མེད་མྱུར་ནས་ལེགས་སྩོལ་ཤོག །དགེ་འདིས་འདི་དང་མ་ འོངས་ཚེ་རབས་ཕྲེང༌། །རྣམ་གཉིས་མགོན་དེའི་ཐུགས་རྗེ་རླབས་ཆེན་གྱིས། །བདག་སོགས་ ནམ་ཡང་གཡེལ་མེད་རྟག་བསྐྱང་སྟེ། །སྙིང་དབུས་པད་མཚོར་མངོན་བཞུགས་མཛད་གྱུར་ ཅིག །ཅེས་ལྷག་པའི་ལྷ་རྣམ་གཉིས་ལ་བརྟེན་ནས་ཐོས་བསམ་གྱི་འདོད་སྨོན་འདི་ཡང་བསྟོད་ཟུང་ལེགས་གྲུབ་ཀྱི་མཇུག་ཏུ་མ་ ཏིས་ཤར་མར་སྤེལ་བ་སྟེ། ཡི་གེ་པ་ནི་ཡོན་ཏན་བཟང་པོའོ།། །།དགེའོ། །སརྦ་མངྒ་ལཾ། 8-1-429 ༄༅། །བདེ་སྨོན་ཉུང་བསྡུས་གང་སྨོན་ མྱུར་འགྲུབ་བཞུགས། ༄༅། །རྨད་བྱུང་ཀུན་གཟིགས་བརྩེ་བ་རྒྱ་མཚོའི་ཕུལ། །འགྲོ་འདྲེན་མཛད་པ་ཟླ་དང་ བྲལ་བའི་མགོན། །བདེ་ལྡན་ཞིང་གི་ཉི་མ་འོད་མཐའ་ཡས། །སྙིང་ནས་དྲན་ནོ་ཐུགས་རྗེས་ གཡེལ་མེད་སྐྱོངས། །རྒྱལ་བ་འཁོར་བཅས་དག་ཞིང་སྣོད་བཅུད་ཚུལ། །དག་སྣང་མོས་པའི་ ཡུལ་དུ་ཉེར་བཀོད་དེ། །རབ་དཀར་བསོད་ནམས་བསགས་སྒོ་གང་བགྱིས་འདིས། །བདག་ སོགས་ཚེ་འདི་འཕོས་མ་ཐག་ཉིད་དུ། །དཔག་མེད་འོད་མངའ་བཞུགས་པའི་དག་ཞིང་དེར། །རྒྱལ་བ་ཉིད་ཀྱི་དགྱེས་ཞལ་མཇལ་བའི་དྲུང༌། །བདུད་རྩིའི་མཚོ་ལས་ཐོན་པའི་པདྨོའི་ སྦུབས། །མཛེས་སྡུག་ལྷ་ལུས་བཟང་པོར་ཡོངས་སྐྱེ་ཤོག །སྐྱེས་མ་ཐག་ཏུ་དབང་པོ་རབ་ཀྱི་ ཕུལ། །གཟུངས་སྤོབས་མངོན་ཤེས་ལ་སོགས་ཡོན་ཏན་སྒོ། །སྐྱེས་ཐོབ་རང་ཤུགས་ཉིད་དུ་ ལེགས་འཁྲུངས་ཏེ། །སྐལ་བཟང་ཐོག་མའི་རྟེན་འབྲེལ་མཆོག་ཏུ་ཤོག །ཞིང་དེའི་གཙོ་བོ་ གང་གི་ཞལ་མཇལ་སྐབས། །རང་གི་ལས་དང་བདེ་གཤེགས་ཐུགས་རྗེའི་མཐུས། །ལག་ ཟུང་མཐིལ་ནས་མཆོད་སྤྲིན་རྒྱ་ཆེ་བས། །རྒྱལ་བ་འཁོར་བཅས་དགྱེས་ཆེན་ཡོངས་བསྐྱེད་ ཤོག །དེ་ནས་བཟུང་སྟེ་མགོན་དེས་རྗེས་བཟུང་ནས། །སྐལ་ལྡན་གདུལ་བྱ་མཆོག་ལ་ཉེ་བར་ གཟིགས། །ཟབ་དང་རྒྱ་ཆེའི་གདམས་པ་རྗེས་བསྟན་གྱིས། །ཐེག་པ་མཆོག་གི་རིགས་ཁམས་ ཡོངས་སད་ཤོག །རྒྱལ་བའི་གསུང་རབ་ཉན་སེམས་སྒོམ་པ་ཡིས། །ངེས་འབྱུང་བློ་དང་ཀུན་ 8-1-430 རྫོབ་བྱང་ཆུབ་སེམས། །ཟབ་མོའི་གནས་ལུགས་ལྟ་བ་ཡང་དག་པ། །རྣམ་གསུམ་སྐྱོན་བྲལ་ ཇི་བཞིན་དབང་འབྱོར་ཤོག །ཕ་རོལ་ཕྱིན་དྲུག་བསྡུ་དངོས་བཞི་ལ་སོགས། །རླབས་ཆེན་ རྒྱལ་སྲས་སྤྱོད་པ་རྒྱ་མཚོ་ཆེ། །རྣམ་མང་ཚོགས་གཉིས་འཕེལ་ཁ་རབ་རྒྱས་ཤིང༌། །ཚེ་ལུས་ དེ་ལ་སྤངས་རྟོགས་ཡོངས་རྫོགས་ཤོག །མཐར་ཐུག་བྱང་ཆུབ་ཆེན་པོ་བརྙེས་པ་ན། །ཀུན་ གཟིགས་རྒྱལ་བའི་གསང་གསུམ་མཛད་བཟང་གིས། །མཐའ་ཡས་གང་འདུལ་འགྲོ་ལ་ཕན་ བདེའི་དཔལ། །ལྷུན་གྲུབ་ཕྲིན་ལས་གང་འཚམས་མྱུར་སྤྱོད་ཤོག །དེ་ལྟར་གང་སྨོན་དོན་ ཀུན་གེགས་བྲལ་དུ། །ཆོས་སྐུ་འོད་མི་འགྱུར་བ་རྟག་པའི་སྐུ། །འཁོར་འདས་དེ་ཉིད་གཤིས་ སུ་བསླུ་མེད་འདིས། །ཇི་བཞིན་རིམ་པས་བསམ་དོན་འགྲུབ་གྱུར་ཅིག །ཅེས་བདེ་སྨོན་ཉུང་བསྡུས་ གང་སྨོན་མྱུར་འགྲུབ་ཅེས་བྱ་བ་འདི་ཡང་གྲྭ་བཙུན་ཆོས་མཛོད་ལ་མཁོ་ནས་མ་ཏིས་སྨྲས་པའོ།། །། 8-1-431 ༄༅། །བསྔོ ་སྨོན་དོན་ཀུན་མྱུར་འགྲུབ་ སོགས་བཞུགས། ༄༅། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་སྲས་དང་བཅས་པ་ལ་ཕྱག་འཚལ་ཞིང་ སྐྱབས་སུ་མཆིའོ་ཐུགས་རྗེས་བཟུང་དུ་གསོལ། ཀུན་ཏུ་བཟང་པོའི་བགྲང་ཡས་ཐུགས་སྨོན་དཔལ། །རྣམ་མང་གདུལ་བྱའི་བསོད་ནམས་ ཞིང་དུ་འཕོས། །ལྷུན་གྲུབ་མཛད་པས་འགྲོ་ཕན་སྤེལ་བའི་གཉེན། །བདེ་གཤེགས་སྲས་ བཅས་དེང་འདིར་བདག་ལ་དགོངས། །རབ་དཀར་བསོད་ནམས་དྲི་མེད་ཤེལ་དཀར་ཁམས། །རླབས་ཆེན་སྨོན་པས་ལེགས་བསྒྱུར་དགེ་ཆེན་ཚོགས། །ཕན་བདེའི་ཚོན་མདངས་རབ་བཀྲ་ ཞི་བདེའི་གཏེར། །ཇི་བཞིན་བསྔོ ་བ་གེགས་མེད་ཡིད་བཞིན་འགྲུབ། །འདི་ལྟ་བུ་ཡི་ཐུགས་ སྨོན་ཟབ་མོའི་དཔྱིད། །སྲས་བཅས་རྒྱལ་བའི་མཛད་བཟང་གིས་གནང་སྟེ། །འདིར་བསགས་ དགེ་རྩ་ཚེ་འདས་རྗེས་ཞུགས་ནས། །ཕྱི་མར་སྐྱེ་ཀུན་བདེ་སྐྱིད་དཔལ་ཐོབ་ཤོག །བདག་ གིས་འདིར་འབད་དགེ་བ་འདིས་མཚོན་ཏེ། །མཐའ་ཡས་ཞིང་དུ་འཕགས་ཚོགས་དཔག་ མེད་པས། །ཟབ་རྒྱས་ཚོགས་གཉིས་རྒྱ་མཚོའི་དཔལ་ལ་སྤྱོད། །གཞན་ཡང་སོ་སྐྱེས་རྣམ་ དཀར་གང་བསྐྲུན་པ། །གང་འདི་ལུས་པ་མེད་པའི་ནུས་མཐུ་ཡིས། །སྲིད་པ་ཉམ་ང་གནས་ ངན་བཟོད་དཀའ་བར། །ལས་ཀྱི་དབང་གིས་དེད་པའི་ཉམ་ཐག་འགྲོ། །ཚེ་ལས་འདས་མ་ གནས་མོ་(འབྲེལ་ཐོགས་ཚེ་འདས་ཕོ་མོ་)གང་དེ་ཉིད། །འདི་ནས་སྐྱེ་བ་གཞན་གྱི་གནས་སྐབས་སུ། 8-1-432 །བཟོད་མེད་སྡུག་བསྔལ་གྱིས་མནར་ངན་སོང་གི །གནས་རིས་གང་དུའང་ནམ་ཡང་མི་ལྟུང་ ཞིང༌། །མངོན་མཐོར་མཐའ་འཁོབ་ཆོས་མེད་སྡིག་སྤྱོད་ཡུལ། །མ་རུང་གནས་ངན་དག་ལས་ སླར་ལྡོ ག་ཤོག །མི་ལུས་ཐོབ་ཀྱང་ཆོས་ལ་མཐུ་མེད་པ། །དབང་པོ་མ་ཚང་གླེན་ལྐུགས་དིག་ པོའི་རིགས། །ལོག་ལྟས་སེམས་བསླད་ཆོས་ལ་རྒྱབ་ཀྱིས་ཕྱོགས། །ཟིན་མེད་བྱ་བས་བྲེལ་ བར་ཡོངས་མ་སྐྱེ། །ཁྱད་པར་དབུལ་བོ་མཐུ་ནུས་ཆུང་བ་དང༌། །གཞན་གྱི་དབང་གྱུར་བྲན་ གཡོག་ལས་བྱེད་པ། །འདི་ངོགས་ཙམ་ཆེད་སྡིག་ལས་ལ་གཞོལ་བའི། །སྐྱེ་དམན་བུད་མེད་ ལུས་སུ་མ་གྱུར་ཅིག །ཚེ་རབས་ཀུན་ཏུ་དམ་ཆོས་དར་བའི་ཞིང༌། །འཇིག་རྟེན་ལོ་ལེགས་ འབྲུ་འཕེལ་ལོངས་སྤྱོད་ལྡན། །སྐལ་བཟང་ཞིང་མཆོག་གང་དུ་ཆོས་ལྡན་རིགས། །དབང་པོ་ ཀུན་ཚང་སྐྱེས་པའི་ལུས་ཐོབ་ཤོག །དེར་སྐྱེས་གཞོན་པ་ལང་ཚོ་བདོ་བའི་སྐབས། །ཆགས་ སོགས་ཉོན་མོངས་དབང་ཤུགས་ཆུང་བ་དང༌། །དད་སོགས་རྣམ་དཀར་དགེ་སྟོབས་ཆེ་བ་ སོགས། །ཡང་དག་ཆོས་ཀྱི་རྐྱེན་ཀུན་ལྡན་གྱུར་ཅིག །གཞོན་ནུའི་དུས་ནས་དམ་པའི་མགོན་ དང་འཕྲད། །བསོད་ནམས་ཆོས་ལ་སྤྲོ་ཤུགས་ལྷག་པར་ཆེ། །ཟབ་དགུའི་བདུད་རྩི་འཐུང་ བའི་སྐལ་བཟང་ལྡན། །རྣམ་དག་ལེགས་པའི་ལམ་སྣེ ་ཟིན་པར་ཤོག །ཚེ་འདིའི་འདུ་འཛིའི་ གཡེང་བ་སྣ་ཚོགས་དང༌། །ཆགས་སྡང་ལས་ཀུན་སྒྲུབ་གནས་ཁྱི མ་ངན་སྤངས། །རབ་བྱུང་ ངུར་སྨྲིག་རྒྱལ་མཚན་འཛིན་པའི་རྟེན། །ཞི་བསིལ་ཐར་པའི་ཐེམ་སྐས་དེར་བགྲོད་ཤོག །རྣམ་ དག་བསླབ་པའི་རིམ་པ་རྒྱ་ཆེ་བ། །གང་ལ་བཅས་མཚམས་ཕྲ་རག་དང་བཅས་ཀུན། །ནམ་ ཡང་ལྷོ ད་མེད་བག་ཡོད་ཤེས་བཞིན་གྱིས། །ཕུན་ཚོགས་དག་པའི་ཁྲིམས་བཟང་སྐྱོང་གྱུར་ ཅིག །རང་བཞིན་ཆོས་ཀྱི་གནས་ཚུལ་ཟབ་མོ་དང༌། །རྒྱ་ཆེན་སྤྱོད་པའི་དེ་ཉིད་མཐའ་ཡས་ པར། །རྩེ་གཅིག་ཏིང་འཛིན་མཆོག་ལ་གནས་བྱས་ཏེ། །རྣམ་པར་གཡེང་བའི་གོ་སྐབས་བྲལ་ བར་ཤོག །ཚུལ་འདིར་གོམས་པས་ནང་དོན་རིག་པའི་འཕྲུལ། །ཇི་ལྟ་ཇི་སྙེད་མངོན་དུ་གྱུར་ 8-1-433 པ་ཡི། །རྣམ་གཉིས་ཤེས་རབ་མཆོག་གི་དགའ་སྟོན་ལ། །རིང་མིན་ཇི་བཞིན་བདག་གིར་ མཛད་གྱུར་ཅིག །དྲི་མེད་ཁྲིམས་གཙང་ཡན་ལག་བརྒྱད་ལྡན་མཚོ། །ངོ་མཚར་ཏིང་འཛིན་སྒོ་ བརྒྱའི་རླབས་ཕྲེང་གཡོ། །རྣམ་མང་ཤེས་རབ་ནོར་བུས་ཡོངས་གཏམས་པ། །བསླབ་གསུམ་ མཚོ་མོ་ཆེ་དེར་རྟག་འཇུག་ཤོག །བསླབ་གསུམ་མཚོ་ལས་གཞན་ཕན་ན་བུན་འཕྱུར། །འགྲོ་ ཁམས་གནས་ཀྱི་མཁའ་དབྱིངས་ཀུན་ཏུ་བརྡལ། །དེ་ལས་གང་འདུལ་ཆོས་མཆོག་གྲུ་ཆར་ གྱིས། །འཁོར་སྡུག་ཚ་གདུང་ངལ་གསོ་མཛད་གྱུར་ཅིག །དེ་ནས་རིང་མིན་སྤྱོད་པ་མཐར་ཕྱིན་ ཏེ། །རང་གཞན་དོན་གཉིས་འགྲུབ་པའི་དཔལ་གྱིས་བརྒྱན། །སྐུ་བཞིའི་དབང་ཕྱུག་རྒྱལ་ བའི་གོ་འཕང་ཐོབ། །ལྷུན་གྱིས་གྲུབ་པའི་མཛད་བཟང་སྤྱོད་པར་ཤོག །ཅེས་བསྔོ ་སྨོན་དོན་ཀུན་མྱུར་ འགྲུབ་ཅེས་བྱ་བ་འདི་ཡང་ཚེ་ལས་འདས་མ་གནས་མོའི་ཆེད་དུ་དམིགས་ནས་མ་ཏིའི་མིང་གིས་ལྷག་བསམ་དཀར་བས་ལེགས་ སྨྲས་བཞིན་མཆེད་རང་གིས་ཡིག་རིས་སུ་ལན་གྲངས་དུ་མར་བྲིས།། །། ༄༅། །མ་ལུས་ཕྱོགས་བཅུའི་ཞིང་ན་བཞུགས་པ་ཡི། །བདེ་གཤེགས་སྲས་བཅས་གང་ དག་དགོངས་སུ་གསོལ། །བདག་གིས་རྣམ་དཀར་དགེ་རྩ་བསྔོ ་བ་ལ། །ཇི་བཞིན་འགྲུབ་ པའི་དཔང་བོ་མཛད་དུ་གསོལ། །གཞན་ལ་ཡོན་བཅོས་བདག་གིས་གང་བསྒྲུབ་པའི། །རྣམ་ དཀར་དགེ་རྩ་འདིས་མཚོན་དུས་གསུམ་གྱི། །སོ་འཕགས་ཀུན་གྱི་བསོད་ནམས་རྒྱ་ཆེན་ དང༌། །འབྲེལ་བའི་ལེགས་ཚོགས་རླབས་ཆེན་མི་དམན་པས། །དེང་འདིར་བདག་ཅག་ཀུན་ ལ་རེ་བ་ཅན། །འབྲེལ་ཐོགས་བསྔོ ་དགོས་གང་ཡོད་རྣམས་ཀྱིས་གཙོས། །མཁའ་མཉམ་ཕ་ མར་གྱུར་པའི་འགྲོ་ཀུན་ལ། །བླ་མེད་བྱང་ཆུབ་ཐོབ་པའི་རྒྱུ་རུ་བསྔོ ། །ཁྱད་པར་བདག་གི་ཚེ་ མཇུག་འདི་ཉིད་དུ། །མ་རུང་སྡིག་པའི་ལས་དང་མི་འཕྲད་ཅིང༌། །རྣམ་དཀར་དགེ་བའི་ཆོས་ ཚུལ་འབའ་ཞིག་གིས། །གང་བསམ་བཞིན་དུ་ཚེ་མཐར་ཕྱིན་གྱུར་ཅིག །དེ་ལྟར་བསྔོ ་སྨོན་ 8-1-434 དོན་རྣམས་བླ་མ་ལྷ། །ཡི་དམ་རྒྱལ་བ་རྒྱ་མཚོའི་མཐུ་ནུས་དང༌། །མཆོག་གསུམ་ཆོས་སྐྱོང་ སྲུང་མའི་ཕྲིན་ལས་ཀྱིས། །ཇི་བཞིན་གེགས་མེད་འགྲུབ་པར་མཛད་དུ་གསོལ། །བསྔོ ་སྨོན་འདི་ ཡང་མ་ཏིས་སྨྲས་པའོ།། །། ༄༅། །སངས་རྒྱས་བྱང་སེམས་འཕགས་ཚོགས་རབ་འབྱམས་བཅས། །མཁྱེ ན་ གཟིགས་སྤྱན་མངའ་གང་དག་ཉེར་དགོངས་མཛོད། །བདག་གིས་དེང་སྐབས་ཆོས་ལྡན་བྱ་ བའི་ལས། །ཡི་གེ་འབྲི་ཀློག་(ཀློག་འདོན་བསོད་ནམས་མཆན།)བསགས་སྒོ་གང་བགྱིས་དག །ལྷག་ ཆད་དྲི་མས་བསླད་པ་ནོངས་པའི་ལས། །ཆེ་ཕྲ་ཇི་སྙེད་མཆིས་པའི་རྐྱེན་དབང་གིས། །ཉེས་ སྒྲིབ་སྐྱོན་ཆར་གྱུར་པ་གང་འདི་དག །ལེགས་པར་འཆགས་སོ་བྱང་དག་དངོས་གྲུབ་སྩོལ། །ལྷག་བསམ་དག་པས་རྣམ་དཀར་གང་བསགས་པའི། །བསོད་ནམས་ཕུང་པོ་གང་ཞིག་ མཆིས་པ་དེས། །བདག་ལ་ཚེ་འདིར་མི་འདོད་རྐྱེན་ངན་ཞི། །ཚེ་མཇུག་ཡང་དག་ཆོས་ཟབ་ དང་འབྲེལ་ཤོག །ཕྱི་མ་བར་སྲིད་འཁྲུལ་སྣང་མེད་པ་དང༌། །སྐྱེ་སྲིད་རྗེས་མ་དེ་ཉིད་ཆོས་ལྡན་ ལུས། །རྒྱལ་བའི་བསྟན་མཇལ་ཆོས་མཐུན་ཀུན་འཛོམ་ཞིང༌། །རྐྱེན་ངན་གང་གིས་གཞན་དུ་ བསྒྱུར་མེད་ཤོག །དེ་ཕན་རྒྱལ་བསྟན་འབྲལ་མེད་གུས་བཀུར་སྟེ། །འཁོར་བའི་སྡུག་བསྔལ་ ཕྱོགས་ལ་རྒྱང་བསྲིང་ནས། །རྟག་བདེ་ཐར་པ་ཕྱོགས་ལ་ཉེར་གཞོལ་བས། །རིང་མིན་བྱང་ ཆུབ་ཆེན་པོ་ཐོབ་པར་ཤོག །ཅེས་པ་ཀུན་མཆོག་ལ་མཁོ་ནས། མ་ཏིས་སོ།། །། 8-1-435 ༄༅། །སྨོན་ཚིག་འདོད་དོན་ལེགས་འགྲུབ་བཞུགས། ༄༅། །གནས་ལུགས་ཆོས་སྐུ་དང་པོའི་སངས་རྒྱས་ཉིད། །མཆོག་གསུམ་སྤྱི་གཟུགས་ དུས་ཀྱི་འཁོར་ལོ་ཆེ། །བྱིན་རླབས་གཏེར་མཛོད་ཆོས་རྗེ་ཡབ་སྲས་ཚོགས། །ཐུགས་རྗེའི་ མངའ་བདག་འཇམ་མགོན་བརྒྱུད་རིམ་བཅས། །མ་ལུས་གང་དག་ཡེ་གཞི་ཆོས་སྐུ་གཅིག །རོལ་པའི་རྣམ་འཕྲུལ་མོས་ངོར་ཐ་དད་པ། །རང་རང་ལེགས་འཚམ་གང་འདུལ་སྤྲུལ་པའི་ གར། །རྩ་བའི་བླ་མ་གསུམ་ལྡན་རྡོ་རྗེ་འཛིན། །གཞི་དབྱིངས་དགོངས་ཀློང་གཅིག་པར་གུས་ གསོལ་འདེབས། །བདག་གིས་རྣམ་དཀར་འདིར་འབད་ལེགས་བྱས་མཐུ། །འབྲས་བུ་དུས་སུ་ སྨིན་པར་བྱིན་གྱིས་རློབས། །དགེ་མཐུ་གང་དེས་བདག་སོགས་ཚེ་འདིའི་རིང༌། །དལ་འབྱོར་ རྟེན་ལ་བཤེས་གཉེན་མཆོག་མཇལ་ནས། །ཟབ་མོའི་གདམས་པ་ཐོབ་སྟེ་ཉམས་བླང་གིས། །བསླབ་ཁྲིམས་གཞི་བཟུང་ངེས་འབྱུང་བྱང་ཆུབ་སེམས། །ཡང་དག་ལྟ་བའི་ལམ་སྣེ ་ཟིན་ གྱུར་ཅིག །དེ་ནས་རིམ་པར་ཐོས་བསམ་སྒོམ་གསུམ་གྱི། །མི་མཐུན་གེགས་བྲལ་ཆོས་མཐུན་ ལེགས་ངེས་སུ། །བསྟན་ལ་བག་ཆགས་ཟབ་མོ་ཡོངས་ཞོག་ནས། །རྨད་བྱུང་དལ་འབྱོར་དོན་ ཡོད་བྱེད་པར་ཤོག །ཚེ་འདིར་ཆོས་ལམ་དོན་གཉེར་ལ་བརྟེན་ཏེ། །རང་བློའི་མཐུ་ཡིས་གང་ འཆུན་རིམ་གཉིས་ལམ། །སྒོ་གང་ཐད་ལ་ཉམས་ལེན་ཅི་ནུས་ཀྱིས། །དེང་དུས་ལ་བསྟུན་ཆོས་ བློ་ལེགས་འཁྲུངས་ཤོག །དེ་མཐུན་ནམ་ཞིག་སྐྱེས་ཆེན་འདེགས་པ་ལ། །ཉེ་བར་གྱུར་སྐབས་ གནད་གཅོད་སྡུག་བསྔལ་ཞི། །རབ་སྲིད་དུས་སུ་འཁྲུལ་སྣང་ཚབས་ཆུང་གིས། །སྔགས་རིག་ ཞིང་དུ་སྐྱེ་སྲིད་ལེགས་འཕོས་ཤོག །གནས་བཟང་གང་དེར་རིགས་ལྡན་བཞུགས་པའི་དྲུང༌། 8-1-436 །དྲུག་ལྡན་རྟེན་བཟང་ལེགས་ཐོབ་ཐུགས་སྲས་ཀྱི། །གསང་བ་མཆོག་གི་ཉམས་མྱོང་དགའ་ སྟོན་དཔལ། །སྐྱིད་དགའ་སྤྱོད་པའི་སྲས་ཀྱི་ཐུ་བོར་ཤོག །རྟེན་དེར་སྔོ ན་གྱི་ཆོས་ལ་གོམས་ པའི་སྲོག །ནར་སོན་མཐུ་ཡིས་སྔགས་རིག་འཛིན་པའི་ཕུལ། །རིམ་གཉིས་མངོན་རྟོགས་ སྐྱེས་སྟོབས་ཁྱད་པར་བ། །སྐལ་བཟང་རྡོ་རྗེའི་ཐུགས་སློ བ་མཆོག་ཏུ་ཤོག །ལེགས་དགའི་ སྤྱོད་བཟང་ཀུན་ནས་ངོ་མཚར་བ། །ཟབ་གསང་ལམ་གྱི་མཐུ་ལྡན་རྡོ་རྗེའི་སྤུན། །གྲུབ་བརྙེས་ རིག་འཛིན་ཕོ་མོ་ཆེས་མང་དང༌། །མཉམ་དུ་གསང་ཆེན་བརྟུལ་ཞུགས་རྟག་སྐྱོངས་ཤོག །ཐབས་མཁས་ཚུལ་ལ་ཉེར་བརྟེན་ཚེ་དེ་ཉིད། །རྡོ་རྗེ་བཞི་ཡི་རྣལ་འབྱོར་ལེགས་མཐར་ཕྱིན། །ཟག་ཟད་ཟུང་འཇུག་འོད་སྐུར་དགོངས་ཆུབ་སྟེ། །དཔལ་ལྡན་སྐུ་བཞིའི་དབང་ཕྱུག་ཡོངས་ མངོན་ཤོག །གོ་འཕང་གང་དེས་འཁོར་བ་ཇི་སྲིད་བར། །བསྟན་འགྲོའི་ལེགས་སྒོ་འབད་མེད་ ཤུགས་འབྱུང་གིས། །མཁའ་མཉམ་འགྲོ་ལ་ཕན་བདེ་འཛད་མེད་ངང༌། །སྒོ་མཐའ་ཀུན་ནས་ མཛད་བཟང་སྤྱོད་གྱུར་ཅིག །ཅེས་པའི་སྨོན་ཚིག་འདོད་དོན་ལེགས་འགྲུབ་འདི་ཡང་ཆོས་ལ་མོས་འདུན་ཅན་མཆོག་ དཔལ་གྱི་ངོར། མ་ཏིས་ཤར་མར་སྤེལ་བ་དགེ། །། 8-1-437 ༄༅། །བསྔོ ་སྨོན་བསམ་དོན་མྱུར་འགྲུབ་ ཅེས་བྱ་བ་བཞུགས། ༄༅། །རྣམ་དཀར་འདིར་འབད་བསྙེན་སྒྲུབ་ཟབ་མོའི་མཐུས། །རྣལ་འབྱོར་བདག་གི་ ཚེ་འདིར་སྨིན་པའི་ལུས། །འབྱུང་བཞིའི་ཁམས་སྙོམས་འདུ་བ་རྣམ་བཞིའི་ནད། །མཐའ་དག་ ལེགས་བྲལ་བདེ་བས་རྟག་འཚོ་ཤོག །ཁྱད་པར་མི་མཐུན་འཕྲུལ་འཁོར་དར་བའི་དཔུང༌། །ཉེར་འཚེའི་རིགས་གྱུར་ཕ་རོལ་བྱད་མ་དང༌། །དཀར་པོའི་ཆོས་ལ་གནོད་པའི་བདུད་ཀྱི་སྡེ། །གང་དག་གིས་ཀྱང་ནམ་ཡང་འཚེ་མེད་ཤོག །ས་བདག་ཀླུ་གཉན་རྒྱལ་བསེན་འབྱུང་པོ་དང༌། །མ་མོ་གཟའ་གཉན་བཙན་སོགས་མི་མིན་གྱི། །བསམ་སྦྱོར་ལོག་པས་ཀུན་བསྐྱེད་ནད་ རིམས་ཀྱིས། །གླགས་མི་རྙེད་པའི་བསྲུང་བ་མཆོག་ཐོབ་ཤོག །གསང་བ་ཆོས་དང་འགལ་ བའི་རྣམ་པར་རྟོག །ཆགས་སོགས་ཉོན་མོངས་དབང་གིས་རྒྱུད་མ་དཀྲུགས། །ཡང་དག་ཆོས་ ལ་ངེས་ཤེས་དང་བཅས་ཏེ། །ཕུན་སུམ་ཚོགས་པའི་ལེགས་སྒོ་ཀུན་འགྲིག་ཤོག །མོས་བྱས་ བློ་ཡིས་ཐ་མལ་སྣང་ཞེན་སྦྱངས། །ལས་རླུང་དབུ་མར་བཅིངས་པའི་མི་འགྱུར་བདེ། །གསང་ བདག་(བསྒྲུབ་བྱའི་)ལྷ་འདིའི་སྤྲོས་བཅས་སྤྲོས་མེད་ལམ། །ཇི་བཞིན་ཡོངས་རྫོགས་ཡི་དམ་ མངོན་གྱུར་ཤོག །ཅེས་བསྔོ ་སྨོན་བསམ་དོན་མྱུར་འགྲུབ་ཅེས་བྱ་བ་འདི་ཡང་དོན་ཡོད་བཟང་པོ་ལ་མཁོ་ཕྱིར་མ་ཏིས་སྨྲས་ པ་མཆེད་ཀྱིས་སོ།། །། 8-1-438 ༄༅། །སྨོན་ལམ་དགེ་ལེགས་མཆོག་སྩོལ་ ཞེས་བྱ་བཞུགས། ༄༅། །ཐུགས་རྗེའི་མཛད་ཕྲིན་ནམ་མཁའ་དང་མཉམ་ཞིང༌། །གང་འདུལ་འགྲོ་བའི་རེ་ འདོད་སྐོང་བའི་གཉེན། །རྒྱལ་བ་སྲས་བཅས་མ་ལུས་དགོངས་སུ་གསོལ། །བདག་གིས་སྨོན་ ལམ་འགྲུབ་པའི་དཔང་པོ་མཛོད། །ལྷག་བསམ་དག་པས་རྣམ་དཀར་བསོད་ནམས་ཚོགས། །གང་ཞིག་བསགས་པའི་ལེགས་བྱས་མི་དམན་པ། །འདིས་མཚོན་དུས་གསུམ་བསགས་པའི་ དགེ་བ་རྣམས། །མཐའ་དག་གཅིག་ཏུ་བསྡུས་པའི་ནུས་སྟོབས་ཀྱིས། །བདག་ནི་སྐྱེ་དང་ཚེ་ རབས་ཐམས་ཅད་དུ། །ཆོས་ལྡན་མི་ཡི་ལུས་སུ་སྐྱེ་བ་དང༌། །རྣམ་དཔྱོད་བློ་གྲོས་ལྡན་ཞིང་ ཆོས་བློ་ཅན། །སྒོ་གསུམ་ཉེས་པའི་སྐྱོན་གྱིས་མ་གོས་ཤིང༌། །ཕྱི་ནང་ཆོས་ཀྱི་མཐུན་རྐྱེན་ ཀུན་འགྲིགས་ཤོག །ཆུང་ནས་བཤེས་གཉེན་དམ་པའི་མགོན་གྱིས་བཟུང༌། །ཡང་དག་རྒྱལ་ བསྟན་མཆོག་གི་སྒོར་ཞུགས་ནས། །ཆོས་མཐུན་གྲོགས་ཀྱི་ལྟོས་ཡུལ་དང་བཅས་ཏེ། །ཐོས་ བསམ་སྒོམ་པའི་རིམ་གྱིས་འཇུག་པར་ཤོག །དེ་ནས་ནམ་ཞིག་ཆོས་ཚུལ་གཏིང་དཔོག་སྟེ། །ལུང་དང་རིགས་པ་རྒྱ་མཚོས་ཡིད་ཁ་གང༌། །བདེ་གཤེགས་བསྟན་པ་ཀུན་ནས་གསལ་བྱེད་ པའི། །འཛམ་གླིང་མཛེས་པའི་རྒྱན་ལྡན་ལེགས་གྱུར་ཅིག །ཡ་མཚན་སྤྱོད་བཟང་དེ་ལ་ཉེར་ བརྟེན་ནས། །རིང་མིན་རྒྱལ་སྲས་ལམ་གྱི་ཚོགས་གཉིས་རྫོགས། །བསྟན་དང་འགྲོ་བའི་སྨན་ དུ་བདག་གྱུར་ནས། །ལྷུན་གྲུབ་མཛད་པས་འགྲོ་རྣམས་སྒྲོལ་བར་ཤོག །དེ་ལྟར་ལྷག་བསམ་ 8-1-439 དཀར་བས་སྨོན་དོན་ཀུན། །སྲས་བཅས་རྒྱལ་བ་ཡོངས་ཀྱི་ཐུགས་རྗེ་དང༌། །ཟབ་མོའི་ཆོས་ ཉིད་ནམ་ཡང་འགྱུར་མེད་མཐུས། །མྱུར་དུ་ཇི་བཞིན་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་སྨོན་ལམ་ དགེ་ལེགས་མཆོག་སྩོལ་ཞེས་བྱ་བ་འདི་ཡང་རབ་བྱུང་གཙང་མའི་གྲྭ་བཙུན་སློབ་རིགས་པ་ཡོན་ཏན་བཟང་དང་དཔལ་རྒྱམ་ཟུང་ གིས་ཆེད་གཉེར་མཛད་པ་ལྟར་ངག་དབང་བློ་གྲོས་གྲགས་པ་ཞེས་པས་ལྷག་བསམ་སྨོན་ཚིག་ཏུ་བགྱིས་པ་དགེ་ལེགས་འཕེལ།། །། སརྦ་མངྒ་ལཾ། དགེའོ།། 8-1-440 ༄༅། །མཚན་བརྗོད་སྨོན་ཚིག་ཟབ་དོན་མངོན་བྱེད་ ཅེས་བྱ་བ་བཞུགས། ༄༅། །ༀ་བདེ་ལེགས་སུ་གྱུར་ཅིག ནང་དབྱིངས་གདོད་ནས་བཞུགས་པ་དོན་དམ་ མཚན། །ཇི་བཞིན་ལེགས་འདོམས་བླ་མེད་རྒྱུད་ཀྱི་རྒྱལ། །གསུང་བསྒྲག་ཟབ་མོའི་ལེགས་ མཐུ་མི་དམན་པས། །སྐལ་བཟང་ཡིད་ཅན་ཚོགས་ཀུན་རིང་མིན་དུ། །གཞི་རྒྱུད་དག་པ་ རིགས་ཁམས་འདུས་པའི་བདག །དོན་དམ་སྒྱུ་འཕྲུལ་དྲ་བའི་རྒྱལ་བ་དྲུག །དག་སྣང་རབ་ འབྱམས་བདེ་ཆེན་གཤིས་ལུགས་སུ། །འཕོ་འགྱུར་མེད་པའི་དེ་ཉིད་རིམ་མངོན་ཤོག །སྟོང་ ཆེན་དུག་གསུམ་དག་པའི་ཡེ་གཞི་མཆོག །དོན་དམ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེ། །གསང་གསུམ་རང་སྣང་དག་ཆེན་སྒྱུ་མའི་གར། །རྣལ་འབྱོར་བློ་མཐུ་ཇི་བཞིན་གསལ་གྱུར་ ཅིག །ཆོས་དབྱིངས་ཡེ་ཤེས་གདོད་མའི་སངས་རྒྱས་ཉིད། །འོད་གསལ་འདུས་མ་བྱས་པ་ཆོས་ ཀྱི་མཆོག །འདུས་ཆེན་རིག་དང་གྲོལ་བ་རྟག་པའི་ཁམས། །དོན་དམ་སྐྱབས་གསུམ་གནས་ ལུགས་ཡོངས་གསལ་ཤོག །སྤྲོས་བྲལ་དག་ཆེན་མེ་ལོང་ཡེ་ཤེས་ཉིད། །དོན་དམ་ཁྲོ་རྒྱལ་ཧཱུཾ་ གི་སྒྲ་སྒྲོག་པ། །གཞོམ་བྲལ་རྡོ་རྗེའི་ཁམས་སུ་བརྟན་པའི་བདག །དཔལ་ཆེན་དགོངས་སྤྱོད་ ཟབ་མོ་ལེགས་རྟོགས་ཤོག །སོར་རྟོགས་ཡེ་ཤེས་འོད་གསལ་དྭངས་མའི་འཕྲུལ། །སྣ་ཚོགས་ གཟུགས་ཅན་ཁམས་གསུམ་དབང་ཕྱུག་ཆེ། །འཁོར་འདས་སྲོག་གི་བཅུད་ཆེན་གཞོན་ལུས་ གཅིག །མཚར་དགུའི་ལྟད་མོ་མཆོག་ཏུ་ངོམས་གྱུར་ཅིག །མཁའ་ཁྱབ་དོན་དམ་མཁྱེ ན་པའི་ 8-1-441 ཡེ་ཤེས་མཚོ། །ཀུན་རྫོབ་སྤྲོས་པའི་དྲ་བ་གཤིས་སུ་དྭངས། །དག་ཆེན་མཁའ་དང་མཉམ་པའི་ དཀྱིལ་འཁོར་ཅན། །ཡེ་ཤེས་ཟབ་མོའི་དགོངས་ཆེན་སྤྱོད་གྱུར་ཅིག །དོན་དམ་ཡེ་གཞིའི་ ངང་ལས་ཀུན་རྫོབ་འཕྲུལ། །འགྲོ་བློའི་ཁམས་དབང་དང་འཚམ་རོལ་པའི་གར། །མུ་མཐའ་ མེད་པའི་དགེ་མཚན་དཔལ་ཡོན་གྱིས། །མ་ལུས་འགྲོ་འདིས་རིགས་ཁམས་ཡོངས་མངོན་ ཤོག །རྣམ་ཤེས་སྤྲོས་པའི་སྣང་བ་ལས་བརྒལ་ཞིང༌། །ཟག་མེད་ཕྲ་བའི་ཡེ་ཤེས་རྣམ་ཀུན་ པ། །རྡུལ་བྲལ་སྟོང་པའི་གཟུགས་བཟང་ཕུལ་བྱུང་བ། །ཆོས་དབྱིངས་སེམས་ཀྱི་གཤིས་སུ་ མངོན་གྱུར་ཅིག །དང་པོའི་སངས་རྒྱས་དཔལ་ལྡན་དཀྱིལ་འཁོར་བདག །ནམ་མཁའི་མཐའ་ དང་མཉམ་པའི་རོལ་པ་ཅན། །མ་ལུས་རྒྱལ་བའི་ཆོས་སྐུ་ཉག་གཅིག་ཆེ། །འཁོར་འདས་ རོ་མཉམ་གཤིས་སུ་རྗེན་ཆར་ཤོག །སྟོང་གཟུགས་སྒྱུ་མས་ཕྱོགས་ཀྱི་འཁོར་ལོར་འགེངས། །ཀུན་བཟང་ཡེ་ཤེས་དཔག་ཡས་མཛད་པ་ཅན། །སེམས་ཅན་ཀུན་གྱི་སྙིང་གི་ཁམས་སུ་ སད། །མཛད་སྒོ་མཆོག་གིས་འགྲོ་ཕན་འབྱུང་གྱུར་ཅིག །གང་དེ་དོན་དམ་མཉམ་པ་ཉིད་ཀྱི་ ཕུལ། །འཁོར་འདས་ཡོངས་ལ་ཁྱབ་པའི་བཀྲ་ཤིས་དཔལ། །དོན་དམ་བདེ་གཤེགས་སྙིང་ པོ་ཀུན་ཁྱབ་དབྱིངས། །ཇི་བཞིན་མྱུར་ངོམ་རེ་འདོད་ཚིམ་པར་ཤོག །གསང་ཆེན་གནས་ ལུགས་མཐར་ཐུག་ཆོས་ཀྱི་སྐུ། །ལོངས་སྤྲུལ་མཛད་པ་རབ་འབྱམས་མཐའ་ཀླས་པས། །རང་ གཞན་སྣང་བར་དབང་བསྒྱུར་གང་འཚམ་གྱིས། །གདོད་མའི་གནས་ལུགས་མཆོག་ལ་རེག་ གྱུར་ཅིག །གཉུག་ཁམས་བྱ་བ་གྲུབ་པའི་རང་མདངས་ཉིད། །དོན་དམ་རྒྱལ་བ་རིགས་ལྔར་ ཡོངས་རྫོགས་ཤིང༌། །ལྷུན་གྲུབ་གདོད་མའི་གཤིས་སུ་བདེན་པ་དེས། །འགྲོ་ཀུན་གློ་བུར་དྲི་ མ་མྱུར་སངས་ཤོག །དཔལ་ལྡན་འཇམ་དཔལ་གཞོན་ནུའི་ཐུགས་རྡོ་རྗེ། །རྒྱལ་ཀུན་ཆོས་སྐུ་ གཅིག་པུའི་དེ་ཉིད་དུ། །ནམ་ཡང་གདོད་ནས་དབྱེར་མེད་བདེན་གང་གིས། །གང་སྨོན་དོན་ ལ་གེགས་བྲལ་ཉིད་གྱུར་ཅིག །ཅེས་དོན་དམ་མཚན་བརྗོད་དང་འབྲེལ་བའི་སྨོན་ཚིག་ཟབ་དོན་མངོན་བྱེད་ཅེས་བྱ་ 8-1-442 བ་འདི་ཡང་ཁྲིམས་ལྡན་ཆོས་ལ་གཞོལ་བ་ཅན་གྲྭ་བཙུན་ཚོགས་གཉིས་ཞེས་པའི་མོས་འདུན་མ་བཟློག་ཙམ་དུ་མ་ཏིས་སྤེལ་བ་ཛ་ ཡནྟུ།། །། 8-1-443 ༄༅། །འཕགས་པ་བསྐལ་པ་བཟང་པོ་པ་ཞེས་བྱ་བ་ ཐེག་པ་ཆེན་པོའི་མདོ་ལས་དབུ་མཐའ་དང་ མཚན་སྤུངས་ཁོལ་དུ་ཕྱུང་བ་ བཞུགས་སོ། ། ༄༅། །རྒྱ་གར་སྐད་དུ། ཨཱརྱ་བྷ་དྲ་ཀལྤི ་ཀ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་ པ་བསྐལ་པ་བཟང་པོ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་དང་པོ། སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། ། འཁོར་བ་འཇིག་དང་གསེར་ཐུབ་དང༌། །འོད་སྲུངས་ཤཱཀྱའི་སྐྱེས་མཆོག་དང༌། །བྱམས་ པ་སེངྒེ་རབ་གསལ་དང༌། །ཐུབ་པ་མེ་ཏོག་ཅེས་བྱ་དང༌། །མེ་ཏོག་རྒྱུ་སྐར་བཟང་དེད་དཔོན། །ལག་ཆེན་དང་ནི་སྟོབས་ཆེན་དང༌། །རྒྱུ་སྐར་རྒྱལ་པོ་རྩི་སྨན་དང༌། །སྙན་པའི་ཏོག་དང་འོད་ ཆེན་དང༌། །གྲོལ་བའི་ཕུང་པོ་ཞེས་བྱ་བའི། །སངས་རྒྱས་ཀྱི་ནི་སྡེ་ཚན་རྫོགས། །རྣམ་པར་ སྣང་མཛད་ཉི་མའི་སྙིང༌། །ཟླ་བའི་འོད་འཕྲོ་འོད་བཟང་དང༌། །མྱ་ངན་མེད་དང་སྐར་རྒྱལ་ དང༌། །རབ་གསལ་ཕྲེང་ཐོགས་ཡོན་ཏན་འོད། །དོན་གཟིགས་དང་ནི་མར་མེ་དང༌། །མཐུ་ ལྡན་སྨན་པ་དེས་པ་དག །མཛོད་སྤུ་བརྟན་ལྡན་ལྷ་ཡི་དཔལ། །གདུལ་དཀའ་ཡོན་ཏན་རྒྱལ་ མཚན་དང༌། །སྒྲ་གཅན་ཚོགས་ལྡན་ཚངས་པའི་དབྱངས། །ཚིགས་བརྟན་དང་ནི་མི་འགྱིང་ དང༌། །འོད་མཛད་ལྷུན་པོ་ཆེན་པོ་དང༌། །རྡོ་རྗེ་སྡོམ་ཅན་མི་བསྙེངས་པ། །རིན་ཆེན་པད་སྤྱན་ 8-1-444 སྟོབས་སྡེ་དང༌། །མེ་ཏོག་འོད་ཟེར་ཡེ་ཤེས་དགྱེས། །གཟི་ཆེན་ཚངས་པ་འོད་དཔག་མེད། །ཀླུ་སྦྱིན་དང་ནི་བརྟན་གཤེགས་དང༌། །དོན་ཡོད་མཐོང་དང་བརྩོན་འགྲུས་སྦྱིན། །བཟང་ སྐྱོང་དགའ་བོ་འཆི་མེད་དང༌། །སེངྒེ་རྒྱལ་མཚན་རྒྱལ་བ་ཆོས། །མཆོག་དགའ་རྒྱལ་པོ་ཁ་ལོ་ སྒྱུར། །དགྱེས་གཤེགས་ཆུ་ལྷ་ཡོན་ཏན་ལག །སྤོས་ཀྱི་གླང་པོ་རྣམ་པར་གཟིགས། །འབྲུག་སྒྲ་ དང་ནི་ལེགས་སེམས་དང༌། །ཡིད་བཟང་དྲི་མེད་ཟླ་བ་དང༌། །གྲགས་ཆེན་གཙུག་ན་ནོར་བུ་ དང༌། །དྲག་ཤུལ་སེངྒེ་སྟབས་ལྗོན་པ། །རྣམ་པར་རྒྱལ་ཅན་ཤེས་རབ་བརྩེགས། །ལེགས་ གནས་བློ་གྲོས་ཡན་ལག་སྐྱེས། །བློ་མཐའ་ཡས་དང་གཟུགས་བཟང་དང༌། །མཁྱེ ན་ལྡན་འོད་ ཟེར་བརྟུལ་ཞུགས་བརྟན། །བཀྲ་ཤིས་དང་ནི་བདེན་པའི་ཏོག །པདྨ་དང་ནི་སྲེད་མེད་བུ། །ལག་བཟང་ཡེ་ཤེས་འབྱུང་གནས་དང༌། །ཡོན་ཏན་འོད་ནི་འཕྲོ་བ་ཡིན། །ཚངས་བྱིན་རིན་ ཆེན་འབྱུང་གནས་ལྷ་ཡི་མེ་ཏོག་དང༌། །དོན་ལེགས་སེམས་དང་ཆོས་ཀྱི་དབང་ཕྱུག་བློ་གྲོས་ པ། །སྤོབས་པ་དག་ནི་བརྩེགས་པ་རྡོ་རྗེའི་རྒྱལ་མཚན་དང༌། །བཅུ་པ་སྟོབས་བཅུར་ལྡན་པ་ ཕན་པར་བརྗེད་པ་ཡིན། །རྣམ་པར་རོལ་པར་ལྡན་དང་མུན་དང་བྲལ་བ་སྒྲ་གཅན་ལྷ། །རི་ བོའི་རྒྱལ་མཚན་ཚོགས་ཅན་འོད་དང་དེ་བཞིན་རིན་ཆེན་སྙིང༌། །ཤིན་ཏུ་མཐོར་གཤེགས་ དང་ནི་རྒྱལ་བ་སྐར་རྒྱལ་རུ་རིང་དང༌། །བཅུ་པ་ཁམས་གསུམ་མགོན་པོ་ཡོན་ཏན་གྲགས་ ཞེས་བྱ་བ་ཡིན། །ཉི་ཟླ་ཉི་མའི་འོད་དང་སྐར་མཁན་སེངྒེའི་ཏོག་དང་ནི། །དུས་མཁྱེ ན་རྒྱལ་པོ་ དཔལ་གྱི་སྙིང་པོ་སྲིད་མཐའ་གཟིགས་པ་དང༌། །གློག་གི་འོད་དང་གསེར་གྱི་རི་བོ་སེངྒེས་ བྱིན་པ་དང༌། །བཅུ་པ་མི་དབང་རྒྱལ་བ་གཞན་གྱིས་མི་ཐུབ་རྒྱལ་མཚན་ཡིན། །མཆོག་དགའ་ གྲགས་པ་བརྩོན་འགྲུས་བརྟན་པ་དང་ནི་གྲགས་རྫོགས་དང༌། །བསྙེངས་བྲལ་དང་ནི་མཆོད་ འོས་ལྷ་དང་སྒྲོན་མ་ཆེན་པོ་དང༌། །འཇིག་རྟེན་འོད་དང་སྤོས་དྲི་ཞིམ་དང་ཡོན་ཏན་མཆོག་ འཛིན་དང༌། །བཅུ་པ་རང་བྱུང་མཚུངས་མེད་མུན་དང་རྣམ་པར་བྲལ་བ་ཡིན། །སེངྒེའི་འགྲམ་ 8-1-445 པ་དང་ནི་རིན་ཆེན་གྲགས་དང་སྐྱོན་རབ་ཞི། །བདུད་རྩི་འཆང་དང་མི་ཡི་ཟླ་བ་དང་ནི་ཤིན་ཏུ་ གཟིགས། །རབ་ཏུ་བརྒྱན་དང་ནོར་བུ་འོད་དང་རི་བོ་བརྩེགས་པའི་ཏོག །བཅུ་པ་ཆོས་ཀྱི་ འབྱུང་གནས་དོན་ངེས་ལྡན་པ་ཡིན། །ཆོས་སྦྱིན་དང་ནི་རིན་ཆེན་འབྱུང་གནས་སྐྱེ་དབང་ མཚུངས། །སྟབས་ཀྱིས་གཤེགས་པ་དང་ནི་བློ་གནས་པ་དང་གདུགས་མཛེས་དང༌། །གཙོ་བོ་ དང་ནི་ཤིན་ཏུ་འཕགས་པ་དཔལ་དང་སེངྒེའི་སྒྲ། །བཅུ་པ་སྐྱེས་བུ་གཙོ་བོ་རྣམ་པར་རོལ་ལྡན་ ཡིན། །ཀླུ་ཡི་འོད་དང་མེ་ཏོག་རི་བོ་དང་ནི་ཀླུ་དགའ་དང༌། །སྤོས་ཀྱི་དབང་ཕྱུག་ཤིན་ཏུ་ གྲགས་དང་སྟོབས་ལྷ་ཞེས་བྱ་དང༌། །ཡོན་ཏན་ཕྲེང་བར་ལྡན་དང་ཀླུ་ཡི་ལག་དང་མིག་རྒྱན་ དང༌། །བཅུ་པ་དྲང་སྲོང་ཆེན་པོ་ལེགས་པར་སྦྱངས་པའི་བློ་ཞེས་བྱ། །ཟིལ་གནོན་ཡེ་ཤེས་ མཐའ་ཡས་སྤྱན་དང་བདེན་པར་གསུང་བ་དང༌། །ཉི་མའི་འོད་དང་ངེས་པའི་བློ་དང་མཐའ་ ཡས་པ་ཡི་གཟུགས། །རྣམ་པར་སྣང་མཛད་རིན་ཆེན་ཏོག་དང་ཐེ་ཚོམ་སྤངས་པ་དང༌། །བཅུ་ པ་རང་ཉིད་བྱུང་བ་འཇིག་རྟེན་དག་ལས་འདས་པ་ཡིན། །དོན་ཡོད་རྣམ་པར་གནོན་དང་ རྟོགས་མཛད་མེ་ཏོག་རྒྱལ་མཚན་དང༌། །རི་དབང་རྒྱལ་པོ་དང་ནི་གཟི་བརྗིད་ཆེ་དང་དོན་ མཛད་གཟིགས། །གྲགས་པ་མཐའ་ཡས་དང་ནི་རིན་ཆེན་ལྷ་དང་དོན་གནས་མཁྱེ ན། །བཅུ་ པ་བློ་ནི་ཡོངས་སུ་རྫོགས་པ་དམན་མིན་གྲགས་པ་ཡིན། །མྱ་ངན་མེད་ཅེས་བྱ་དང་དྲི་མ་བྲལ་ དང་ཚངས་ལྷ་དང༌། །ས་ཡི་དབང་ཕྱུག་མེ་ཏོག་སྤྱན་དང་རྣམ་པར་འབྱེད་པའི་སྐུ། །ཆོས་ཀྱི་ འོད་དང་ཀུན་ནི་གཟིགས་དང་ཡོན་ཏན་འོད་གསལ་དང༌། །བཅུ་པ་འཇིག་རྟེན་གསུམ་གྱིས་ མཆོད་པ་དྲི་མེད་ཟླ་བའི་ཞལ། །རིན་ཆེན་འོད་དང་རིན་ཆེན་ཏོག་དང་ནི། །གྲགས་བླ་འོད་ བྱེད་གཟི་བརྗིད་དཔག་མེད་དང༌། །དུས་མཁྱེ ན་སེངྒེའི་སྐུ་དང་མཁས་བློ་དང༌། །རྒྱལ་བར་ དཀའ་དང་ཡོན་ཏན་ཕུང་པོ་དང༌། །ཟླ་བའི་ཏོག་དང་མཐུ་ནི་ཐོབ་པ་དང༌། །མཐུ་རྩལ་མཐའ་ ཡས་ཟླ་བ་དྲི་མེད་དང༌། །དོན་རྣམས་ཐམས་ཅད་གཟིགས་དང་དཔའ་བོ་དང༌། །འབྱོར་པ་ 8-1-446 ལྡན་དང་བསོད་ནམས་སྒྲོན་མ་དང༌། །ཡོན་ཏན་འོད་འཕྲོ་བློ་ནི་ཡངས་པ་དང༌། །ལེགས་སྐྱེས་ ནོར་ལྷ་ཡིད་གཉིས་སྤོང་བ་དང༌། །འཛིན་པ་དཔག་མེད་མཆོག་སྲེད་ཆོམས་མེད་དང༌། །མི་ གནས་པ་དང་སངས་རྒྱས་དེར་གནས་དང༌། །ཚོགས་ཅན་གཙོ་བོ་འགྲོ་བའི་འོད་ཟེར་དང༌། །ཕལ་ཆེན་རྒྱལ་དང་གཟི་བརྗིད་མཐའ་ཡས་དང༌། །དོན་གྱི་བློ་གྲོས་སྨན་པའི་རྒྱལ་པོ་དང༌། །ཐ་བ་སྤངས་དང་རིམས་མེད་ལེགས་བྱིན་དང༌། །གྲགས་བྱིན་མེ་ཏོག་བྱིན་དང་སྐྱེས་བུས་ བྱིན། །རྡོ་རྗེ་སྡེ་དང་ཕལ་ཆེན་བྱིན་པ་དང༌། །ཞི་བའི་བློ་གྲོས་སྤོས་ཀྱི་གླང་པོ་དང༌། །སྲེད་མེད་ བུ་དང་དེས་པ་མིག་ཚུགས་པ། །ཉི་ཟླ་གློག་གི་ཏོག་དང་མཆོད་པ་དང༌། །དཔལ་སྦས་དང་ནི་ ཡེ་ཤེས་ཉི་མ་དང༌། །དོན་གྲུབ་ལྷུན་པོ་བརྩེགས་དང་དགྲ་འདུལ་དང༌། །པདྨ་དང་ནི་དགྲ་ བཅོམ་གྲགས་པ་ཡིན། །ཡེ་ཤེས་འགྲོས་དང་ཉོན་མོངས་བྲལ་བ་དང༌། །འདམ་བུ་དང་ནི་ སྤོས་བཟང་ཡུལ་འཁོར་རངས། །ལྷ་གྲགས་སྲིད་མཐའ་གཟིགས་དང་ཟླ་བ་དང༌། །སྒྲ་གཅན་ དང་ནི་རིན་ཆེན་ཟླ་བ་དང༌། །སེངྒེའི་རྒྱལ་མཚན་དང་ནི་བསམ་གཏན་དགྱེས། །རྫོགས་ལྡན་ རྣམ་རོལ་ཡོན་ཏན་རིན་ཆེན་དང༌། །དགྲ་བཅོམ་གྲགས་པ་པད་ངོས་མཛོད་སྤུ་ལྡན། །སྤོབས་ པ་གྲགས་པ་རྡོ་རྗེ་ནོར་བུ་དང༌། །ཚེ་དཔག་མེད་དང་ནོར་བུ་བཀོད་པ་དང༌། །དབང་ཆེན་ཡོན་ ཏན་འབྱུང་གནས་ལྷུན་པོ་གྲགས། །འོད་ཟེར་བཅུ་པ་མ་སྨད་གླང་པོའི་འགྲོས། །ཡིད་དུ་ འཐད་པ་རིན་ཆེན་ཟླ་བ་དང༌། །ཞི་བ་རབ་གསལ་རྒྱལ་པོ་ཁ་ལོ་སྒྱུར། །དགའ་བའི་དབང་ ཕྱུག་གཙུག་ན་རིན་པོ་ཆེ། །བསྙེངས་བྲལ་རིན་ཆེན་སྙིང་པོ་ཟླ་བའི་ཞལ། །དྲི་མ་མེད་གྲགས་ ཞི་བའི་གཟི་བརྗིད་དང༌། །དགའ་ཏོག་སྒྲ་གཅན་ལྷ་དང་ན་ཚོད་བཟང༌། །ལྷ་དག་དགའ་དང་ རིན་ཆེན་ཕུང་པོ་དང༌། །མཛེས་པར་གཤེགས་དང་སེངྒེའི་ཕྱོགས་པ་དང༌། །ཤིན་ཏུ་མཐོར་ གཤེགས་སྐྱེ་དབང་བློ་གྲོས་བཟང༌། །འཇིག་རྟེན་འོད་དང་རིན་ཆེན་གཟི་བརྗིད་དང༌། །སྐལ་ ལྡན་ཤིང་རྟ་ཀུན་རྒྱལ་དགའ་བ་བཀོད། །སྟེགས་མཛད་དང་ནི་སྤོས་གླང་བློ་འོད་འཕྲོ། །རི་ 8-1-447 བོའི་རྒྱལ་མཚན་དང་ནི་སྤོས་བཟང་དང༌། །ཆོས་བརྟན་དང་ནི་གཟི་བརྗིད་དྲག་ཤུལ་དང༌། །ཆོས་ཀྱི་ནོར་བུ་བཟང་བྱིན་བདེ་གཤེགས་ཟླ། །ཚངས་པའི་དབྱངས་དང་སེངྒེའི་ཟླ་བ་དཔལ། །ལེགས་པར་སྐྱེས་དང་ཐུབ་པ་མེད་པའི་ཚོགས། །གྲགས་པའི་བཤེས་གཉེན་བདེན་པ་ཞེས་ བྱ་དང༌། །དཀའ་ཐུབ་ཆེན་པོ་ལྷུན་པོའི་འོད་ཟེར་དང༌། །ཡོན་ཏན་བརྩེགས་པ་མཆོད་གྲགས་ ཆོས་གྲགས་དང༌། །སྦྱིན་འོད་གློག་འབྱིན་བདེན་པར་གསུང་བ་དང༌། །འཚོ་བྱེད་ན་ཚོད་ བཟང་པོ་ལེགས་ཚོགས་ཅན། །རྣམ་ངེས་བློ་གྲོས་སྲིད་མཐའ་ནོར་བུའི་སྤོབས། །རྒྱལ་བས་ དགྱེས་དང་སེངྒེའི་འོད་ཟེར་དང༌། །རྣམ་པར་སྣང་མཛད་གྲགས་མཆོག་ཐུགས་རབ་གཞུངས། །ནོར་བུ་ཟླ་བ་དྲག་ཤུལ་འོད་ཟེར་དང༌། །བརྟུལ་ཞུགས་ཐུབ་མེད་འགྲོས་མཆོག་ནོར་བུའི་ ཚོགས། །འཇིག་རྟེན་བླ་མ་གླང་ཆེན་སེངྒེ་དང༌། །ཟླ་བ་རིན་ཆེན་འོད་ཟེར་སྒྲ་གཅན་སྦེད། །ཡོན་ཏན་རྒྱ་མཚོ་འོད་ཟེར་ལྡན་པ་དང༌། །རབ་ཏུ་ཞི་སྟབས་འཇིག་རྟེན་བཟང་པོ་དང༌། །མྱ་ ངན་མེད་པ་ཤུགས་བཅུ་སྟོབས་དགྱེས་དང༌། །མཐུ་ཡི་དཔལ་དང་མཐུ་ཐོབ་མཐུ་ཆེན་དང༌། །ཡོན་ཏན་སྙིང་པོར་བདེན་པར་སྤྱོད་པ་དང༌། །དགེ་མཆོག་རྒྱལ་པོ་སྐར་རྒྱལ་འོད་ཟེར་ཆེ། །གློག་གི་འོད་དང་ཡོན་ཏན་རྒྱ་ཆེན་དང༌། །རིན་པོ་ཆེ་དང་དཔལ་འོད་བདུད་འདུལ་བ། །གོ་ བགོས་སེང་གེའི་ཕྱག་དང་མེ་ཏོག་བཟང༌། །རིན་ཆེན་མཐོན་པོ་དང་ནི་རྒྱ་མཚོ་དང༌། །ས་ འཛིན་དོན་བློ་མངའ་བ་ཡོན་ཏན་བསགས། །ཡོན་ཏན་ཚོགས་དང་རིན་པོ་ཆེ་ཡི་མེ། །འཇིག་ རྟེན་འདས་དང་འཇིག་རྟེན་ཟླ་བ་དང༌། །དབྱངས་སྙན་ཚངས་པའི་ཏོག་དང་ཚོགས་ཅན་གཙོ། །སེང་གེའི་སྟབས་དང་དྲག་ཤུལ་བྱིན་པ་དང༌། །ཆོས་ཀྱི་དབང་ཕྱུག་གཟི་འོད་འོད་ཟེར་ཆེ། །རིན་ཆེན་གྲགས་པ་ཚོགས་ཅན་གསལ་བ་དང༌། །གྲགས་པ་མཐའ་ཡས་འོད་ཟེར་དོན་ཡོད་ དང༌། །ལྷ་ཡི་དྲང་སྲོང་སྐྱེ་དབང་དགེ་འདུན་བརྟན། །ཕྱོགས་བཟང་ཏོག་དང་ཡུལ་འཁོར་མེ་ ཏོག་དང༌། །ཆོས་ཀྱི་བློ་གྲོས་རླུང་གི་ཤུགས་ལྟར་གཤེགས། །ལེགས་བསམ་གྲགས་པ་སྣང་ 8-1-448 ལྡན་ལྷ་ཚོགས་དང༌། །ཡོན་ཏན་བསྲུངས་དོན་བློ་གྲོས་བསྙེངས་པ་མེད། །གྲོགས་བརྟན་དང་ ནི་འོད་གནས་མཚུངས་པ་དང༌། །ནོར་ཞབས་ཐར་པའི་གཟི་བརྗིད་ངོས་བཟང་དང༌། །བློ་ བཟང་དང་ནི་ཀུན་ཏུ་གཟི་བརྗིད་དང༌། །ཡེ་ཤེས་མཆོག་མ་དང་ནི་ཚངས་པར་གནས། །བདེན་ པ་གསུང་དང་བློ་བཟང་སྟོབས་བྱིན་དང༌། །སེང་སྟབས་མེ་ཏོག་ཏོག་དང་ཤེས་འབྱུང་གནས། །མེ་ཏོག་བྱིན་དང་ཡོན་ཏན་སྙིང་པོ་དང༌། །རིན་ཆེན་གྲགས་པ་གྲགས་པ་རྨད་བྱུང་དང༌། །མི་ ཚུགས་བསྙེངས་མེད་ཉི་མའི་འོད་དག་དང༌། །ཚངས་གཤེགས་ལྷ་ཡི་མཐུ་རྩལ་ཡེ་ཤེས་ དགྱེས། །ལྷ་བདེན་ནོར་བུའི་སྙིང་པོ་ཡོན་ཏན་གྲགས། །ཡེ་ཤེས་དཔལ་དང་བཅིངས་པ་མེད་ པ་དང༌། །བརྟུལ་ཞུགས་བརྟན་དང་ལྷ་ཡི་གཟི་བརྗིད་དང༌། །ཚངས་ཐུབ་དལ་བཞུད་བརྟུལ་ ཞུགས་དཀའ་ཐུབ་དང༌། །འོད་ཟེར་ཕུང་པོ་དང་ནི་གཟི་བརྗིད་ཆེ། །ཙམ་པ་ཀ་དང་དགའ་ མཛད་ཚོགས་ཅན་བཟང༌། །དབང་པོའི་རྒྱལ་མཚན་བཅུ་པ་དགྱེས་ཆེན་ཡིན། །སྣ་མའི་མེ་ ཏོག་འོད་དང་ཚོགས་ཅན་འོད། །སྐྲུན་མཛད་མདངས་འགྲོ་དོན་ལེགས་ངེས་པ་དང༌། །ཁྱུ་ མཆོག་དང་ནི་ལག་བཟང་འོད་ཟེར་ཆེ། །བསམ་པས་བྱིན་པ་དང་ནི་བསོད་ནམས་འོད། །རིན་ཆེན་དབྱངས་དང་རྡོ་རྗེའི་སྡེ་དང་ནི། །འབྱོར་ལྡན་སེངྒེའི་སྟོབས་དང་དྲི་མེད་སྤྱན། །འོད་ སྲུངས་དང་ནི་བློ་གསལ་ཡེ་ཤེས་འགྲོས། །གཟི་བརྗིད་དྲག་ཤུལ་འོད་ཟེར་ཆེན་པོ་དང༌། །ཉི་ མའི་འོད་དང་དྲི་མ་མེད་པའི་འོད། །གཟི་བརྗིད་རྣམ་འབྱེས་ཁེངས་མེད་སྦྲང་རྩིའི་ཞལ། །ཟླ་ འོད་གློག་འབྱིན་རབ་བཞིར་གཤེགས་པ་དང༌། །མི་འཁྲུགས་པ་དང་དགྲ་བཅོམ་གྲགས་པ་ དང༌། །ཆོས་ཀྱི་ཡོན་ཏན་ཞིང་བཟང་བཀོད་རྒྱལ་པོ། །མངོན་པར་འཕགས་དང་སྦྱིན་སྲེག་ འོད་འཕྲོ་དང༌། །པད་དཔལ་རིན་ཆེན་བཀོད་དང་ཤིན་ཏུ་བཟང༌། །རིན་ཆེན་མཆོག་དང་ ཐུགས་ནི་ཤིན་ཏུ་གཞུངས། །རྒྱ་མཚོས་བྱིན་དང་ཚངས་པའི་ཏོག་དང་ཟླ་གདུགས་འོད་འཕྲོ་ དང༌། །དྲི་མེད་རྒྱལ་པོ་ཡེ་ཤེས་གྲགས་པ་ཀུན་རྒྱལ་ཡོན་ཏན་འོད། །སྒྲ་གྲགས་ཟླ་རྒྱལ་པད་ 8-1-449 མའི་འོད་ཟེར་བརྟུལ་ཞུགས་བཟང་པོ་དང༌། །སྒྲོན་རྒྱལ་གློག་གི་ཏོག་དང་འོད་ཟེར་རྒྱལ་པོ་ སྐར་མཁན་དང༌། །གྲགས་པ་རྫོགས་ལྡན་པདྨའི་སྙིང་པོ་རྒྱལ་དང་སྤྱན་མཛེས་དང༌། །རྙོག་པ་ མེད་དོན་དྲག་ཤུལ་སྡེ་དང་བསོད་ནམས་གཟི་མཐུ་རྩལ། །ཐོགས་མེད་བློ་དང་སྒྲ་གཅན་ལྷ་ དང་ཤེས་ཕུང་ཁ་ལོ་སྒྱུར། །སྐྱེ་དབང་མཚུངས་དང་མེ་ཏོག་ཏོག་དང་སྒྲ་གཅན་འཛིན་སྨན་ ཆེན། །རྒྱུ་སྐར་རྒྱལ་པོ་སྨན་རྒྱལ་བསོད་ནམས་གླང་པོ་གཅོད་མཛད་དང༌། །རྣམ་གྲགས་རྒྱལ་ པོ་ཉི་འོད་ཆོས་མཛོད་བློ་གྲོས་བཟང༌། །ཡོན་ཏན་དབང་མཚུངས་རྡོ་རྗེའི་སྡེ་དང་ཤེས་རབ་ བརྩེགས་པ་དང༌། །ལེགས་གནས་བློ་སྦྱངས་ཚངས་དབྱངས་ཡོན་ཏན་མཆོག་དང་འབྲུག་སྒྲ་ དབྱངས། །མངོན་ཤེས་ཏོག་དང་ཏོག་འོད་དགེ་བ་ཚངས་པ་སྐྱེས་མཆོག་དང༌། །སྤྱན་སྡུག་པ་ དང་ཀླུས་བྱིན་བདེན་པའི་ཏོག་དང་བརྒྱན་པ་དང༌། །ཞུམ་པ་མེད་དབྱངས་རིན་ཆེན་འོད་དང་ དབྱངས་བྱིན་སེང་གེ་དང༌། །འོད་ཟེར་སྣ་ཚོགས་ཡེ་ཤེས་དཔའ་བོ་པད་ཕུང་མེ་ཏོག་རྒྱས། །མཐུ་རྩལ་སྟོབས་དང་བསོད་ནམས་ཕུང་པོ་གཟུགས་མཆོག་སྐར་མཁན་དང༌། །ཟླ་སྒྲོན་གཟི་ བརྗིད་ཕུང་པོ་བྱང་ཆུབ་རྒྱལ་པོ་མི་ཟད་པ། །མངོན་རྟོགས་སྤྱན་དང་ཡན་ལག་རྒྱས་པ་ཡུལ་ འཁོར་ཤེས་རབ་མཆོག །གཟི་བརྗིད་ཚིམ་མཛད་ཤེས་རབ་བྱིན་དང་མགོན་པོ་འཇམ་པའི་ དབྱངས། །ཆགས་པ་མེད་མཛོད་གཙོ་བོས་བྱིན་དང་གཙོ་བོ་ཤེས་མཐུ་རྩལ། །འོད་འཕྲོ་ དབང་པོ་ཤུགས་འཆང་སྐར་རྒྱལ་འོད་བཟང་གྲགས་པ་བྱིན། །གཟུགས་བཟང་རྒྱལ་པོ་དོན་ གྲུབ་སེང་གེའི་སྡེ་དང་ནོར་ལྷའི་བུ། །གྲགས་རྒྱལ་རྒྱ་ཆེན་སྙིང་པོ་བསོད་ནམས་འོད་ཟེར་སྨྲང་ འདོན་པ། །སྒྲོན་རྒྱལ་ཡེ་ཤེས་བརྩེགས་དང་ལྷ་མཆོག་དང་ནི་ས་བདག་དང༌། །གྲོལ་བརྙེས་ གཙུག་གི་གསེར་དང་སྒྲ་གཅན་བཟང་པོ་ཐུབ་པར་དཀའ། །ཐུབ་གསལ་ཟླ་བའི་འོད་ཟེར་ གསེར་གྱི་འོད་དང་ལེགས་བྱིན་ལྷའི། །ཡོན་ཏན་དབང་པོ་ཆོས་གདུགས་བསོད་ནམས་ལག་ དང་ཆགས་མེད་དང༌། །ཡེ་ཤེས་གྱ་ནོམ་བློ་ཞིབ་གཟི་བྱིན་ཐམས་ཅད་པ་རྩི་སྨན། །རྣམ་གྲོལ་ 8-1-450 ཏོག་དང་འོད་མཛོད་ཡེ་ཤེས་རྒྱལ་པོ་འཇིགས་མཛད་དང༌། །ཆུ་བོ་སྤོང་དང་ཐོགས་མེད་ གྲགས་པ་བདེན་ཕུང་དབྱངས་སྙན་དང༌། །རི་དབང་མཚུངས་དང་ཆོས་བརྩེགས་ཐར་པའི་ གཟི་བརྗིད་ལེགས་མཛད་དང༌། །རབ་ཞིའི་སྐུ་དང་འོད་གསུང་བློ་སྦྱངས་པ་དང་ཆུ་ལྷ་དང༌། །འགྲོས་མཆོད་སེང་གེའི་ལོགས་དང་ཆོས་ཀྱི་མཐུ་རྩལ་སྐལ་བཟང་པོ། །མི་འཁྲུགས་མདོག་ དང་གཟི་བརྗིད་རྒྱལ་པོ་རྟོགས་མཛད་སྤྱན་ལེགས་དང༌། །དོན་གནས་བློ་དང་སྣང་བའི་འོད་ ཟེར་སྤོས་གཟིའི་ཀུན་དགའ་མཛད། །དོན་ཡོད་གཤེགས་དང་ཁྲོ་བ་བཅོམ་དང་གཟུགས་ མཆོག་ལེགས་གཤེགས་དང༌། །རབ་སྦྱིན་གྲགས་དང་འོད་གཙང་ལྷ་ཡི་ཉི་མ་ཤེས་རབ་བྱིན། །མཉམ་གཞག་བདག་ཉིད་གཟི་མདངས་རྒྱལ་རིགས་སྐལ་ལྡན་ཤིང་རྟ་དང༌། །གསེར་མཆོག་ རྣམ་གྲོལ་གཙུག་དང་ཆོས་ལྡན་དང་ནི་སྤོས་གནས་དང༌། །དྲེགས་སྤངས་ཡེ་ཤེས་མཛོད་དང་ ཚངས་པར་གཤེགས་དང་ཙན་དན་དང༌། །མྱ་ངན་མེད་དང་སེངྒེའི་འོད་ཟེར་ཡུལ་འཁོར་རྟོག་ པད་སྙིང༌། །གཟི་བརྗིད་མཐའ་ཡས་ལྷ་འོད་ཤེས་རབ་མེ་ཏོག་མཁས་པ་དང༌། །ཡེ་ཤེས་ འབྱོར་ལྡན་ཚངས་དབྱིག་ཕྱག་ན་རིན་ཆེན་དབང་ལྡན་དང༌། །རྫོགས་པར་གསུང་དང་མཆོག་ གསུང་མཆོད་འོས་སྐར་རྒྱལ་ཉི་མ་དང༌། །འདམ་བརྒལ་ཡེ་ཤེས་བརྙེས་དང་གྲུབ་པ་རྨ་བྱ་ ཆོས་སྦྱིན་དང༌། །ཕན་བཞེད་ཡེ་ཤེས་ལྡན་གྲགས་འོད་ཟེར་དྲ་བ་རྣམ་བཅོམ་དང༌། །བཻཌཱུརྻ་ སྙིང་མེ་ཏོག་ལྷ་རྒྱལ་ཟླ་བ་དྲན་འོད་དང༌། །དགེ་བའི་འོད་དང་ཡོན་ཏན་མཆོག་མ་ཀུན་གྱི་ འོད། །རིན་པོ་ཆེ་ཡི་དཔལ་དང་སྐྱེས་བུ་ཟླ་བ་དང༌། །སྒྲ་གཅན་བདུད་རྩིའི་འོད་དང་འཇིག་ རྟེན་དག་གི་མཆོག །སྐར་འོད་ཞི་སྟོབས་བཅུ་པ་ཡེ་ཤེས་རྒྱ་མཚོ་ཡིན། །རི་དབང་རབ་ཞི་ཡོན་ ཏན་མཐུ་སྟོབས་ལྷ་དབང་དང༌། །དབྱངས་སྙན་ངོས་བཟང་དང་ནི་དོན་ལ་གནས་པ་དང༌། །ཡོན་ཏན་གཟི་བརྗིད་དཔལ་དང་མཁྱེ ན་ལྡན་ཟླ་མེད་དང༌། །བཅུ་པ་ང་རོ་དཔག་མེད་རྒྱལ་ བ་ཞེས་ཀྱང་བྱ། །འོད་བཟང་ཤིན་ཏུ་ཐུགས་གཞུངས་དོན་དགོངས་གཏི་མུག་བྲལ། །དབྱངས་ 8-1-451 ཀྱི་ཡན་ལག་ཁྱད་འཕགས་མཆོག་ཏུ་མཛེས་པར་གཤེགས། །ཞི་བའི་དོན་དང་སྐྱོན་མེད་བློ་ དབྱངས་དགེ་བ་དང༌། །པདྨའི་མཛོད་དང་བཅུ་པ་འོད་ཟེར་བཟང་པོ་ཡིན། །སྤོབས་པའི་ མཆོག་དང་སྟེགས་བཟང་པོ་དང་ཚོགས་དབང་དང༌། །བསྙེངས་པ་དང་ནི་བྲལ་བ་ཡེ་ཤེས་ བཞེད་པ་དང༌། །བདེ་གཤེགས་སྤོབས་པའི་སྤྱན་དང་བློ་ཡི་མཆོག་མ་དང༌། །ཟླ་བ་རིན་ཆེན་ ཟླ་འོད་དང་ནི་བཅུ་པ་བརྙེངས་མེད་ཡིན། །གཟིགས་པ་ཆེ་དང་ཚངས་པའི་དབྱངས་དང་ དབྱངས་བཟང་དང༌། །ཤེས་རབ་ཆེན་པོའི་སྟེགས་དང་བློ་གྲོས་ཟླ་མེད་དང༌། །རྡོ་རྗེ་མཁྲེགས་ དང་བྱང་ཆུབ་བློ་གྲོས་ལྗོན་ཤིང་དབང༌། །གདངས་སྙན་པ་དང་བཅུ་པ་བསོད་ནམས་སྟོབས་ ཀྱང་ཡིན། །མཐུ་ཡི་དཔའ་དང་འཕགས་པ་དགྱེས་དང་མཐུ་སྟོབས་དང༌། །སྐར་མ་ལ་ནི་ དགྱེས་དང་སྤྲིན་གྱི་རྔ་སྒྲ་དང༌། །སྤྱན་སྡུག་ཞལ་དང་ཡེ་ཤེས་བཟང་ལྡན་འབྱོར་ལྡན་དང༌། །ཡོན་ཏན་ཕུང་པོ་དང་ནི་བཅུ་པ་གསལ་བ་ཡིན། །ཆོས་ཀྱི་རྒྱལ་མཚན་ཡེ་ཤེས་ང་རོ་ནམ་ མཁའ་དང༌། །མཆོད་སྦྱིན་ང་རོ་ཤེས་རབ་རྣམ་འགོད་ང་རོ་དང༌། །ཡོན་ཏན་འོད་ཟེར་གཟི་ བརྗིད་དྲང་སྲོང་དབང་པོ་དང༌། །བློ་ལྡན་སྤོབས་པའི་ཚོགས་དང་བཅུ་པ་མཆོད་སྦྱིན་བཟང༌། །ཟླ་བའི་ཞལ་དང་ཤིན་ཏུ་གཟིགས་དང་རྡུལ་བྲལ་དང༌། །ཡོན་ཏན་ཚོགས་དང་ཏོག་ལྡན་ བསོད་ནམས་རྒྱལ་མཚན་དང༌། །ཡུལ་འཁོར་སྤོབས་པ་དང་ནི་རིན་ཆེན་རབ་སྦྱིན་དང༌། །ཟླ་ བ་དགྱེས་པ་དང་ནི་བཅུ་པ་སེང་གེའི་སྟོབས། །དབང་སྒྱུར་རྒྱལ་པོ་དང་ནི་བདུད་རྩི་གསལ་བ་ དང༌། །བསམ་གཏན་སྙོམས་དང་འཁྲུགས་མེད་དྲི་མ་རབ་ཞི་དང། །ཕྱོགས་མ་བསླད་དང་ མཛེས་པ་དང་ནི་ཞལ་བཟང་དང༌། །ཤུགས་གནས་ཡེ་ཤེས་ལྡན་པ་བཅུ་པ་གསུང་དབང་ཡིན། །གཟི་བརྗིད་ཆེན་པོ་བློ་གྲོས་ཟབ་མོ་བདུད་རྩི་དང༌། །ཆོས་ཀྱི་སྟོབས་དང་མཆོད་པར་ལྡན་ དང་མེ་ཏོག་འོད། །ཁམས་གསུམ་དག་གི་མཆོད་གནས་སྒྲ་གཅན་ཉི་མའི་སྙིང༌། །ལྷ་ཡིས་ མཆོད་པ་བཅུ་པ་ཐར་པའི་རྒྱལ་མཚན་ཡིན། །དགེ་བའི་གཙུག་དང་བདུད་རྩིའི་འོད་དང་རྡོ་རྗེ་ 8-1-452 དང༌། །བརྟན་པ་དང་ནི་རིན་ཆེན་ཕུང་པོ་མཛེས་གཤེགས་དང༌། །ཉི་མ་ལྟ་བུར་གཤེགས་པ་ དང་ནི་དག་པའི་འོད། །ཡོན་ཏན་གཙུག་དང་བཅུ་པ་དཔལ་ནི་རྫོགས་པ་དང༌། །སེང་གེ་ སྟབས་དང་གྱེན་དུ་འཕགས་པ་མེ་ཏོག་བྱིན། །འོད་འགྱེད་པ་དང་པདྨ་དང་ནི་ཡེ་ཤེས་དགྱེས། །བཀོད་པ་མཛེས་དང་གཏི་མུག་མེད་པར་གནས་པ་དང༌། །རྨ་མེད་པ་དང་བཅུ་པ་ཏོག་གི་ རྒྱལ་མཚན་ཡིན། །བདེ་བར་དགོངས་དང་གཏི་མུག་མེད་རྒྱལ་ཆོ་ག་མཁྱེ ན། །དག་པའི་རྒྱ་ མཚོ་དང་ནི་རིན་ཆེན་མངའ་དང་མི་མངའ་བ། །སྐྱེ་བོ་དགའ་མཛད་རྨ་བྱའི་ང་རོ་མ་ཞུམ་དང༌། །བཅུ་པ་སྲིད་པའི་སྲིད་པ་དྲི་མ་སྤངས་པ་ཡིན། །སྤྱོད་པའི་སྟེགས་དང་ལྷ་མང་དག་གིས་སྙན་ བསྒྲགས་པ། །རིན་པོ་ཆེ་ཡི་སྟབས་དང་ཕྱག་ན་པད་བསྣམས་དཔལ། །དགྲ་ལས་རྒྱལ་དང་ འབྱོར་ལྡན་གྲགས་པ་ཡུལ་འཁོར་བཟང༌། །མེ་ཏོག་འོད་དང་བཅུ་པ་སེང་གེའི་ང་རོ་ཡིན། །ཟླ་ ལྟར་ཤར་དང་འཛོམས་པའི་མཆོག་དང་མི་གཡོ་དང༌། །ཕན་ལྡན་གཤེས་དང་བསོད་ནམས་ སྒྲོན་མའི་རྒྱལ་པོ་དང༌། །དབྱངས་ཀྱིས་བསྐུལ་དང་གོའུ་ཏ་མི་དང་མདངས་སྟོབས་དང༌། །བློ་ གནས་རང་བཞིན་དང་ནི་བཅུ་པ་ཟླ་བ་བཟང༌། །བྱང་ཆུབ་ཡན་ལག་མེ་ཏོག་བཀྲ་ཤིས་ ལེགས་སྟོན་དང༌། །ཡེ་ཤེས་གཟི་བརྗིད་སྟོབས་དང་དགེ་བའི་སྒྲོན་མ་དང༌། །མཐུ་རྩལ་བརྟན་ པོ་ལྷ་ཡི་སྒྲ་དང་རབ་ཞི་དང༌། །ཉི་མའི་ཞལ་དང་བཅུ་པ་ཐར་པའི་བརྟུལ་ཞུགས་ཡིན། །ཚུལ་ ཁྲིམས་འོད་དང་བརྟུལ་ཞུགས་གནས་པ་རྡུལ་མེད་དང༌། །སྙིང་པོ་འཕགས་དང་མིག་སྨན་ འཕེལ་བར་མཛད་པ་དང༌། །སྤོས་འོད་དུས་མཁྱེ ན་འོད་དང་དྲན་པའི་དབང་པོ་དང༌། །ཐོགས་ མེད་རྒྱལ་མཚན་བཅུ་པ་བྱང་ཆུབ་མཆོད་བགྲོད་ཡིན། །སྤྱོད་གསལ་རིན་ཆེན་དགྱེས་དང་ ཆོས་དབང་ཕྱུག །ལྷ་ཐམས་ཅད་པ་བཤེས་གཉེན་ཆེན་པོ་དང༌། །བཤེས་གཉེན་བཟང་པོ་ རབ་ཏུ་ཞི་བའི་སྟོབས། །བདུད་རྩིའི་རྒྱལ་པོ་བཅུ་པ་ལྷུན་པོའི་འོད། །འཕགས་པས་བསྟོད་ དང་སྣང་མཛད་གཟི་བརྗིད་འབར། །སྣང་བ་གཟིགས་དང་ལེགས་སྤྱད་རྣམ་སྨིན་དང༌། 8-1-453 །ལེགས་དགྱེས་མྱ་ངན་བྲལ་དང་རིན་ཆེན་འོད། །སྤྱོད་པར་ལྡན་དང་བཅུ་པ་བསོད་ནམས་ སྟོབས། །ཡོན་ཏན་རྒྱ་མཚོ་རྨད་བྱུང་ང་རྒྱལ་སྤོང༌། །བདུད་བརླག་མཛད་དང་བག་ཆགས་ བརྒལ་སྟབས་དང༌། །མི་ཕྱེད་བློ་མངའ་རྒྱ་མཚོ་དག་མཛད་དང༌། །ཚོགས་ཅན་གྲོལ་རྒྱལ་བཅུ་ པ་དགའ་བའི་འོད། །བྱང་ཆུབ་རྒྱལ་མཚན་ཡེ་ཤེས་རིན་ཆེན་དང༌། །ཤིན་ཏུ་བསིལ་བ་ཚངས་ རྒྱལ་ཡེ་ཤེས་དགྱེས། །རྫུ་འཕྲུལ་ཏོག་སྐྱེ་དབང་མཚུངས་ས་དབང་ཕྱུག །ཉི་མ་དགྱེས་དང་ བཅུ་པ་སྒྲ་གཅན་ཟླ། །མེ་ཏོག་འོད་དང་སྨན་བདག་མདངས་མངའ་དང༌། །བསོད་ནམས་ དགྱེས་དང་དགའ་སྟོབས་དབྱངས་སྙན་དང༌། །ཆོས་ཀྱི་དབང་ཕྱུག་ཚངས་དབྱངས་སྤྱོད་ བཟང་དང༌། །བཅུ་པ་རྒྱལ་བ་འཁྲུལ་པ་མེད་པའི་བློ། །དབྱངས་ཆེན་སྙན་པར་གྲགས་དང་ ཏོག་ལྡན་དང༌། །གཟི་བརྗིད་རྣམ་གྲངས་འགྲོ་བའི་དབང་ཕྱུག་དང༌། །ལྗོན་པ་གཏི་མུག་རབ་ ཟད་དཔག་མེད་དང༌། །ཟླ་བཟང་བཅུ་པ་སྤོབས་པ་མཐའ་ཡས་ཏོག །བརྟུལ་ཞུགས་བསྟར་ དང་མཆོད་གནས་མྱ་ངན་བརྒལ། །དགེ་དགྱེས་འགྲོ་བའི་བློ་གྲོས་དགྱེས་པར་གཤེགས། །ཞབས་མཛེས་ཨུཏྤལ་དུལ་གནས་མེ་ཏོག་དང༌། །བཅུ་པ་སྤོབས་པ་མཐའ་ཡས་འོད་ཟེར་ ཡིན། །དྲང་སྲོང་གསལ་བ་ཡོན་ཏན་བརྩོན་འགྲུས་སྙིང༌། །ལྷ་བདག་རིན་ཆེན་མཐོ་གསལ་ སྐལ་ཤིང་རྟ། །བསོད་ནམས་བློ་གྲོས་སྦྱིན་སྲེག་འོད་འཕྲོ་དང༌། །བཅུ་པ་ཡོན་ཏན་མཐའ་ཡས་ གཟི་བརྗིད་ཕུང་པོ་ཡིན། །སེང་གེའི་སྟབས་དང་མི་གཡོ་རབ་གསལ་དང༌། །ལོངས་སྤྱོད་གླུ་ དབྱངས་འཁོར་ལོ་འཛིན་པ་དང༌། །དབྱིག་མཆོག་འཇིག་རྟེན་དགའ་བ་ཆོས་ཟླ་དང༌། །བཅུ་ པ་དགའ་བ་མཐའ་ཡས་གྲགས་ཞེས་བྱ། །སྤྲིན་ཏོག་ཤེས་རབ་འགྲོས་དང་སྤོས་བཟང་དང༌། །ནམ་མཁའི་དབྱངས་དང་ལྷ་དང་ལྷ་རྒྱལ་དང༌། །ནོར་བུ་གསལ་དང་ནོར་བཟང་སྒྲོན་མ་དང༌། །བཅུ་པ་རིན་ཆེན་ང་རོ་དབྱངས་ཞེས་བྱ། །སྐྱེ་དབང་རྒྱལ་པོ་སྒྲ་གཅན་སྦེད་པ་དང༌། །དགེ་ མཛད་སེང་བློ་རིན་ཆེན་གྲགས་པ་དང༌། །དོན་མཛད་མཛད་མཐའ་གཟིགས་དང་སྲིད་མེ་ཏོག 8-1-454 །མཛོད་སྤུ་བཅུ་པ་སྤོབས་པ་མཚུངས་མེད་རྒྱལ། །ཡེ་ཤེས་རྣམ་འབྱེད་ང་རོ་སེང་མཆེ་བ། །མཛེས་གཤེགས་བསོད་ནམས་སྒྲོན་མ་བཀྲ་ཤིས་ལྡན། །ཡུལ་འཁོར་མྱ་ངན་མེད་བློ་སེམས་ བློ་ལྡན། །ཆོས་སྒྲོན་ཅན་དང་བཅུ་པ་ཤིན་ཏུ་གཟིགས། །ཤུགས་འདོར་སྟོབས་ཆེན་ཤེས་རབ་ མེ་ཏོག་དང༌། །བསྟན་པའི་དབྱངས་དང་བདེ་ལྡན་དོན་གསུང་དང༌། །དགྱེས་པ་གསལ་བ་ སེང་གེའི་ཞལ་གཙུག་ཕུད། །བཅུ་པ་སེང་གེ་ཞེས་བྱ་སྣང་མཛད་འགྱུར། །བསྐལ་བཟང་འདི་ ལ་སངས་རྒྱས་གང་དེ་དག །དེ་དག་གི་ནི་མཚན་རྣམས་བསྒྲགས་པ་རྣམས། །འབྲས་བུ་མྱ་ ངན་འདས་ཞེས་བྱ་བ་གང༌། །ཉན་པ་དེ་དག་འདི་ལ་རྨོངས་མི་འགྱུར། །མཁས་པ་བག་ཡོད་ ལྡན་པས་གུས་བགྱིས་ཏེ། །རྒྱལ་བ་འདི་དག་གི་ནི་མཚན་རྣམས་ཉོན། །དེ་དག་གི་ནི་མཚན་ རྣམས་ལེགས་ཐོས་ནས། །ངན་སོང་སྡུག་བསྔལ་ཕྱིར་ཞིང་མྱོང་མི་འགྱུར། །ཚུལ་ཁྲིམས་ གནས་པ་སྡོམ་པའི་རྗེས་མཐུན་ཞིང༌། །ཐོས་ལ་མོས་པས་རྟོགས་དང་ལྡན་པ་རྣམས། །ཟབ་ མོའི་བཟོད་པ་ཡོངས་སུ་རྫོགས་བྱས་ནས། །འཇིག་རྟེན་མགོན་ཀུན་དེ་དག་གིས་ནི་མཐོང༌། །གང་ཞིག་མི་ཤེས་བསྐལ་པ་བྱེ་བར་ནི། །སྡིག་པའི་ལས་བྱས་ལས་འབྲས་རྣམ་སྨིན་ཀུན། །དེས་ནི་ཟད་བྱས་རྒྱལ་བ་དེ་དག་གི །མཚན་རྣམས་བཟུང་ནས་ཀྱང་ནི་རྒྱལ་བར་འགྱུར། །མདོ་སྡེ་ཁྲི་ཕྲག་དུ་མར་འཇུག་པ་དང༌། །ཏིང་འཛིན་རྫུ་འཕྲུལ་སོ་སོར་ཡང་དག་རིག །སྒྲ་ སྐད་དུ་མ་རྟོགས་དང་ཡེ་ཤེས་དག །ཏིང་ངེ་འཛིན་འདི་ལས་ནི་བཙལ་བར་བྱ། །འཚོ་བ་དག་ པ་གཡོ་ནི་མེད་པ་དང༌། །རྣམ་སྨིན་ཤེས་དང་ཕྲག་དོག་མེད་པ་དང༌། །བསྡུ་བ་དང་ནི་གཟུངས་ ལ་བརྩོན་པ་ཡིས། །ཏིང་འཛིན་འདི་ནི་རབ་ཏུ་ཤེས་པར་བྱ། ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། མཆོག་ཏུ་དགའ་བའི་རྒྱལ་པོ་ལ་ སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་དང༌། ལྷ་དང་མི་དང་ལྷ་ མ་ཡིན་དང༌། དྲི་ཟར་བཅས་པའི་འཇིག་རྟེན་ཐམས་ཅད། བཅོམ་ལྡན་འདས་ཀྱིས་གསུངས་ 8-1-455 པ་ལ་ཡི་རངས་ཏེ་མངོན་པར་བསྟོད་དོ། །འཕགས་པ་བསྐལ་པ་བཟང་པོ་པ་ཞེས་བྱ་བ་ཐེག་ པ་ཆེན་པོའི་མདོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་སིངྷ་དང༌། ལོ་ཙྭ་བ་བནྡྷེ་ དཔལ་གྱི་དབྱངས་ཀྱིས་བསྒྱུར་ཞིང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་དཔལ་བརྩེགས་ཀྱིས་ཞུས་ཏེ་ གཏན་ལ་ཕབ་པའོ།། །།མངྒལཾ། ༄ 8-1-456 ༄༅། །རྒྱལ་བ་རིགས་ལྔའི་ཞིང༌གི་སྨོན་ལམ་བཞུགས། ༄༅། །ཕུལ་བྱུང་ངོ་མཚར་དགེ་ལེགས་འབུམ་གྱི་དཔྱིད། །གསང་གསུམ་མཁའ་མཉམ་ རྣམ་པར་རོལ་བའི་རྒྱན། །གང་འདུལ་སྣང་ངོར་རིགས་ལྔ་སྤྲུལ་པའི་གར། །སྟོབས་བཅུའི་ དབང་ཕྱུག་རྒྱལ་རྣམས་བརྩེ་བས་དགོངས། །ཀུན་གཟིགས་ཆོས་དབྱིངས་ཡེ་ཤེས་རོལ་པའི་ འཕྲུལ། །དཔལ་ལྡན་རྣམ་པར་སྣང་མཛད་དག་ཆེན་ཞིང༌། །རབ་དཀར་དྲི་མེད་འོད་སྣང་ འབུམ་བརྡལ་བ། །ངོ་མཚར་རིས་སུ་ཆད་མེད་ཆས་ཁྱད་རྫོགས། །དབུས་ཕྱོགས་གཡོ་བ་ མེད་པ་ཞིང་གི་གཙོ། །རྒྱལ་བ་གཙོ་འཁོར་ཡ་མཚན་ཆེ་བའི་དཔལ། །ཀུན་ནས་ཡོངས་སུ་ བརྡལ་བའི་དག་ཞིང་མཆོག །མཐའ་ཡས་ཞིང་མང་ཀུན་གྱི་རྩ་བའི་གཞི། །ཡོངས་སུ་གཞལ་ བར་དཀའ་བ་དཔག་བསམ་ཤིང༌། །འདོད་དགུའི་འབྱུང་གནས་སྣོད་བཅུད་ཕུན་སུམ་ཚོགས། །གདུལ་བྱའི་ཁམས་བཞིན་ཟབ་རྒྱས་མངོན་རྟོགས་འཕེལ། །དཔལ་ལྡན་ཆོས་ཀྱི་ཞིང་དེར་ ཡོངས་སྐྱེ་ཤོག །རྣམ་བྱང་མེ་ལོང་ཡེ་ཤེས་རང་མདངས་རྩལ། །མི་བསྐྱོད་རྒྱལ་པོའི་དག་ཞིང་ མངོན་དགའི་གནས། །ངོ་མཚར་ཕུལ་བྱུང་ཡིད་འཛིན་དམ་པའི་ཕུལ། །ཤར་ཕྱོགས་རྒྱལ་ བའི་ཞིང་དེར་སྐྱེ་བར་ཤོག །ཐུགས་རྗེ་མཉམ་ཉིད་ཡེ་ཤེས་རོལ་པའི་འཕྲུལ། །རིན་ཆེན་ འབྱུང་ལྡན་མངོན་བྱང་ཆུབ་པའི་གནས། །དཔལ་གྱི་དབང་ཕྱུག་ཡོན་ཏན་ཆེ་བའི་དཔལ། །ལྷོ ་ ཕྱོགས་རྒྱལ་བའི་ཞིང་དེར་སྐྱེ་བར་ཤོག །བདེན་གཉིས་སོར་རྟོགས་ཡེ་ཤེས་སྒྱུ་མའི་གར། །དཔག་མེད་འོད་མངའི་མཚར་བཀོད་རྫོགས་པའི་གནས། །ཀུན་ནས་བདེ་དགའ་དཔལ་ ཡོན་ཚང་བའི་དཔྱིད། །ནུབ་ཕྱོགས་རྒྱལ་བའི་ཞིང་དེར་སྐྱེ་བར་ཤོག །རླབས་ཆེན་བྱ་བ་གྲུབ་ 8-1-457 པའི་ཡེ་ཤེས་མཐུ། །ཡོངས་སྨིན་དོན་ཡོད་གྲུབ་པའི་རབ་དགའི་གནས། །ངོ་མཚར་ལེགས་ བཀོད་ཀུན་རྫོགས་ཡ་མཚན་པ། །བྱང་ཕྱོགས་རྒྱལ་བའི་ཞིང་དེར་སྐྱེ་བར་ཤོག །ཤིན་ཏུ་དགེ་ བའི་ཕུལ་གྱུར་རིགས་ལྔའི་ཞིང༌། །གང་དེར་འདིར་བསགས་དགེ་མཐུས་འབྲེལ་ཡོད་ཀྱི། །རང་དང་འཚམས་པའི་སྐྱེ་སྲིད་ཡང་དག་ཏུ། །རིང་མིན་བསླུ་མེད་དོན་ལ་འབྱོར་གྱུར་ཅིག །འདི་དཀོན་གསལ་ལ་མཁོ་ནས། མ་ཏིས་སོ།། །། 8-1-458 ༄༅། །དཔལ་མཆོག་དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོའི་ རྟེན་དང་བརྟེན་པར་བཅས་པའི་སྨོན་ཚིག་འཁོར་འདས་ ཅིག་ཆར་གསལ་བའི་བདེ་ཆེན་ཡེ་ཤེས་སྐྲུན་བྱེད་ ཤེལ་གྱི་མེ་ལོང་ཞེས་བྱ་བ་ བཞུགས་སོ། ། ༄༅། །ན་མཿཤྲཱི་ཀཱ་ལ་ཙཀྲ་ཡ། ཀུན་གཞིའི་རྣམ་ཤེས་ཆུ་འཛིན་དྭངས་པའི་གཞིར། །ཀུན་གཞིའི་ཡེ་ཤེས་མཁའ་དབྱིངས་དཀྱིལ་འཁོར་ལ། །དྲུག་བརྒྱ་སོ་དྲུག་རྒྱུ་སྐར་གསལ་ བར་སྣང༌། །མཐའ་བྲལ་གཞི་དབྱིངས་ཆེན་པོ་དགོངས་ཤིག་ཀྱེ། །སྐལ་བཟང་སངས་རྒྱས་དུ་ མ་བྱོན་པའི་གླིང༌། །རབ་ཡངས་གསེར་ལྡན་རྡུལ་བརྩེགས་རྐང་འཐུང་རྒྱས། །སྔོ ་གསལ་མཚོ་ རྫིང་རྨ་བྱ་ངང་ངུར་འཚོགས། །ཆུ་སྐྱེས་ཚོགས་ལ་རྐང་དྲུག་རོལ་ཞིང་རྩེ། །སྐལ་བཟང་དུས་ བདེའི་དཔྱིད་ཀྱི་དཔལ་ལ་འགྲན། །འབྲས་དཀར་སྤུངས་འདྲའི་མཆོད་རྟེན་དགུང་སྔོ ན་ཟུག །བུམ་ཐད་ཉི་ཟླ་ཟུང་ཡང་གཡས་སྐོར་འགྲོ། །གཡའ་དག་མཁའ་ཡིས་དོན་དམ་གཉུག་མར་ བསྐུལ། །ནམ་མཁའི་ནོར་བུས་འོད་བཟང་ཕྱོགས་བཅུར་བཀྱེ། །མཚོ་སྐྱེས་འོད་དཀར་རྒྱ་ མཚོའི་གཏིང་ནས་ཤར། །ལྷ་གཞོན་ཕོ་མོས་ཉིན་བཞིན་བུམ་ཁྲུས་གསོལ། །ཕྱོགས་ནས་ནམ་ མཁའི་རྒྱལ་མཚན་ལྷབ་ལྷུབ་གཡོ། །འཆི་མེད་རྔ་གསང་ཕྱོགས་ཀུན་ལྷང་ལྷང་སྒྲོག །གསེར་ འོད་ཞགས་པས་སྐད་ཅིག་ལམ་ལམ་གསལ། །ཆུ་འཛིན་ཀློང་ནས་སྦྲང་ཆར་ཟིལ་ཟིལ་འབབ། །རྩྭ་ཐང་གཡུ་བཞིན་སྔོ ་ལྗང་ལམ་ལམ་རྒྱས། །བསིལ་བྱེད་བཞིན་བསྒྱུར་འཇའ་ཚོན་དྲ་བས་ 8-1-459 བསྐོར། །སུམ་རྩེན་ཚོགས་ཀྱིས་བསྟོད་དབྱངས་མཆོད་རྫས་འབུལ། །ཡུལ་གྲུ་ཐམས་ཅད་ དཀར་གསལ་འོད་ཀྱིས་ཁྱབ། །སྔོ ་ལྗང་ཤུག་པའི་ནགས་ཚལ་སྟུག་ཁྲོད་ནས། །བྱ་ཚོགས་རི་ དྭགས་ཉིན་བཞིན་མེ་ཏོག་འབུལ། །ཤ་བ་དཀར་པོའི་ཁ་ཡིས་རྩྭ་མཆོག་འབུལ། །ལྗོན་ཤིང་ རྩེ་ནས་སྤྲེལ་གྱིས་ཤིང་ཏོག་འབུལ། །གླ་བ་ནག་པོས་ལྟེ་བའི་དྲི་ཞིམ་འབུལ། །རྫ་ཆུ་བསིལ་ མས་ཆོས་སྒྲ་ལྷང་ལྷང་སྒྲོག །མེ་ཏོག་རླུང་གིས་གཡོས་ཏེ་གར་བསྒྱུར་བཞིན། །སྨན་འབྲུ་རྒྱས་ པའི་དྲི་ངད་རླུང་གིས་བསྐྱོད། །ལྷུན་པོར་བསྙེགས་པའི་མཆོད་རྟེན་བུམ་པའི་དབུས། །ཨེ་ ཡིག་བཻཌཱུར་ཞུན་མའི་ལྷུན་པོ་ལ། །ཝཾ་ཡིག་ཐུན་མཚམས་གཞོན་ནུས་དཀྲིས་པ་ལྟར། །མཐོང་ བ་ཙམ་གྱིས་སྲིད་ཞིའི་གདུང་བ་འཕྲོག །དྲན་ཙམ་གྱིས་ཀྱང་བདེ་ཆེན་གླིང་དུ་འདྲེན། །གདོང་ བཞི་མིག་སྟོང་ལ་སོགས་དྲེགས་ལྡན་གྱི། །གཙུག་གི་ནོར་བུས་ཞབས་སེན་བཀོད་པའི་རྡུལ། །གུས་པས་མཆོད་ཀྱང་དམན་པ་རྣམས་ལ་བརྩེ། །དུས་ཀྱི་འཁོར་ལོས་བདག་ཅག་སྐྱོང་བར་ ཤོག །རབ་སྙན་དྲུག་ཅུའི་དབྱངས་ལྡན་ཆ་ཤས་ཀྱིས། །སྲིད་གསུམ་སྐྱེ་དགུའི་མུན་སྟུག་ཀུན་ བཤིག་ནས། །ཕན་བདེའི་འོད་སྣང་ཞགས་པས་འགྲོ་རྒྱུད་འཆིང༌། །དུས་ཀྱི་འཁོར་ལོས་ བདག་ཅག་སྐྱོང་བར་ཤོག །འཇིག་རྟེན་ལེགས་ཚོགས་མཐའ་དག་གཟུགས་ཤར་ལྟར། །བཻཌཱུར་ཁུ་བ་བྱུགས་འདྲའི་མཐིང་སྔོ ན་སྐུ། །རྒྱན་གོས་བཀླུབས་པའི་ཆོས་རྒྱལ་དུ་མས་ བསྐོར། །གུས་ལྡན་ཕོ་མོ་གཡས་གཡོན་གྲལ་དུ་བསྟར། །ཟབ་ཆེན་མཆོད་རྫས་རླུང་གིས་ ལྷབ་ལྷུབ་གཡོ། །དངུལ་གྱི་སྤོས་ཕོར་ནང་ནས་དྲི་ཞིམ་འབུལ། །གསེར་བུམ་ནང་ནས་མེ་ཏོག་ སྣ་ཚོགས་བཀྲ། །རིན་ཆེན་མཆོད་རྫས་དུ་མ་ཚར་དུ་དངར། །རོལ་མོ་མཁས་པས་རོལ་ཆ་ དཀྲོལ་དང་བསྟུན། །གར་མ་ཚོ་ཡིས་གར་གྱི་སྒྱུ་རྩལ་བསྟན། །གཞས་མ་ཚོ་ཡིས་གླུ་གཞས་སྣ་ ཚོགས་གཏོང༌། །བསོད་ནམས་བརྒྱ་ཕྲག་ལས་བསྐྲུན་སྐལ་བཟང་འདུས། །དྲུག་ཅུའི་དབྱངས་ ཀྱིས་ཁམས་མཐུན་ཆོས་སྒྲ་སྒྲོགས། །རྒྱུད་སྡེ་རྒྱ་མཚོའི་བདུད་རྩིའི་ཆུ་ཀླུང་བརྡོལ། །ཡིད་ 8-1-460 དབང་འཕྲོག་པའི་སིམ་པ་རབ་སྟེར་ནས། །ངེས་འབྱུང་བསམ་པས་རྒྱུད་བསྐུལ་བ་སྤུ་གཡོ། །མིག་ནས་མཆི་མ་མུ་ཏིག་འདྲིལ་བཞིན་ལྷུང༌། །གཞན་ཕན་བསིལ་ཟེར་འོད་དཀར་འབུམ་ འཁྲིགས་ཏེ། །རིགས་ཁམས་གཤེགས་སྙིང་ཀུ་མུད་རབ་ཏུ་བཞད། །སྐལ་བཟང་ཕོ་མོའི་ཚེ་ འདིའི་རེ་འདོད་འགྲུབ། །སྤྲོས་བྲལ་དབྱིངས་ལས་བཞེངས་པ་མི་མངའ་ཡང༌། །འགྲོ་ཀུན་ སྲིད་ཞིའི་འཇིགས་ལས་ལེགས་སྐྱོབ་ཆེད། །མ་འདྲིས་མཛའ་བཤེས་རྣམ་འཕྲུལ་རབ་ཏུ་སྟོན། །བླ་མ་དུས་ཀྱི་འཁོར་ལོས་བདག་ཅག་སྐྱོངས། །བརྒྱ་བྱིན་གཙུག་རྒྱན་ཡིད་བཞིན་ནོར་བུ་ ཡིས། །འཇིག་རྟེན་ལེགས་ཚོགས་ཆར་དུ་བསྙིལ་བ་བཞིན། །འབད་མེད་ལྷུན་གྲུབ་ཅིག་ འཆར་ཟླ་འོད་ཀྱིས། །དད་བརྒྱའི་བདག་རྒྱུད་ཆུ་སྐྱེས་བཞད་པར་ཤོག །བྱམས་སེམས་གཞུང་ དྲང་གུས་ལུགས་ཤེས་རབ་བྲལ། །ཡིད་རྟོན་སྤྱོད་བཟང་བློ་དཀར་ཡོན་ཏན་སྤངས། །ཤེས་ རློམས་ཁེངས་ལྡན་གཤིས་སྤྱོད་རྩུབ་ཅིང་གྱོང༌། །གྲོགས་ངན་དེ་འདྲ་གཏན་དུ་སྤང་བར་ཤོག །འགྲོགས་བདེ་རྒྱུན་རིང་གཞུང་དྲང་ཤེས་དཔྱོད་ལྡན། །བྱམས་དང་གུས་ལྡན་གཡོ་བྲལ་བློ་ དཀར་དང༌། །ཁོག་ཆེན་དོན་ལྡན་སྤྱོད་བཟང་ཆོས་ལ་དགའ། །གྲོགས་བཟང་དམ་པ་རྒྱུན་དུ་ བསྟེན་པར་ཤོག །གྲོགས་ངན་དང་འགྲོགས་སྤྱོད་ངན་ཤུགས་ལ་འགོ། །གྲོགས་བཟང་བསྟེན་ ནས་ཡོན་ཏན་ངང་གིསའཕེལ། །དེ་ཕྱིར་ཆོས་གྲོགས་དམ་པ་དང་མཇལ་སྐབས། །གདམས་ དོན་མ་ལུས་རྒྱུད་ལ་སྐྱེ་བར་ཤོག །གང་གི་དྲིན་གྱིས་གདོད་མའི་བདེ་ཆེན་ཉིད། །སྐལ་ལྡན་ རྣམས་ལ་སྐད་ཅིག་གཅིག་གིས་ཀྱང༌། །འཆར་བར་བྱེད་པ་རིན་ཆེན་ལྟ་བུའི་སྐུ། །ཚེ་རབས་ ཀུན་ཏུ་སྤྱི་བོའི་རྒྱན་དུ་ཤོག །ཀུན་བཏགས་གཞན་དབང་བསིལ་བྱེད་དྭངས་པའི་གཞིར། །འགྱུར་མེད་ཡོངས་གྲུབ་འཆི་མེད་ལམ་བཟང་ལ། །དོན་དམ་བླ་མའི་སྣང་བྱེད་དཀྱིལ་འཁོར་ རྒྱས། །སྒྲིབ་གཉིས་སྤྲིན་བྲལ་འོད་བཟང་འཆར་བར་ཤོག །དཔེར་ན་ས་རླངས་ཆུ་འཛིན་ མཁའ་དབྱིངས་དེངས། །གར་སོང་མེད་ཅིང་གང་དུའང་གནས་པ་མེད། །དེ་བཞིན་སེམས་ཀྱི་ 8-1-461 རྟོག་ཚོགས་ཐམས་ཅད་ཀྱང༌། །སེམས་ཉིད་མཐོང་བས་རྟོག་ཚོགས་དྭངས་པར་ཤོག །མཁའ་ དབྱིངས་སྟོང་པར་ཐ་སྙད་རབ་བཏགས་ཀྱང༌། །ནམ་མཁའ་ལ་ནི་འདི་འདྲར་བརྗོད་དུ་མེད། །དེ་བཞིན་རང་སེམས་འོད་གསལ་བརྗོད་གྱུར་ཀྱང༌། །བརྗོད་འདས་མི་རྟོག་ཡེ་ཤེས་མཐོང་ བར་ཤོག །དཔེར་ན་ནམ་མཁའ་གང་གིས་གང་ལ་བརྟེན། །དེ་བཞིན་རང་སེམས་འདི་ལ་ རྟེན་ཡུལ་མེད། །མ་བཅོས་གཉུག་མའི་ངང་དུ་ཀློད་ལ་ཞོག །བཅིངས་པ་ཀློད་ན་གྲོལ་བར་ཐེ་ ཚོམ་མེད། །རང་བཞིན་དྭངས་གསལ་ཉིན་མོའི་ནོར་བུ་ལ། །བསྐལ་པ་སྟོང་གི་མུན་པས་སྒྲིབ་ མི་ནུས། །དེ་བཞིན་སེམས་ཉིད་བདེ་གཤེགས་སྙིང་པོ་འདི། །གློ་བུར་ཉོན་མོངས་འཁོར་བས་ སྒྲིབ་མི་ནུས། །སངས་རྒྱས་གོ་འཕང་ངན་སོང་སྡུག་བསྔལ་ལ། །རེ་དོགས་བྱས་ན་རང་ཉིད་ འཆིང་བའི་རྒྱུ། །གང་བྱུང་ཐམས་ཅད་བླ་མའི་ཐུགས་རྗེ་ལས། །བློ་གཏད་གཞན་མེད་ཡིད་ ཆེས་ལྡན་པར་ཤོག །རང་སེམས་སྣང་བར་ཇི་ལྟར་ཤར་ཡང་རུང༌། །ཤར་མཁན་ངོ་བོ་དེ་ག་ བླ་མའི་ཐུགས། །ཡེ་ཤེས་ཆོས་སྐུ་དེ་ཉིད་གདོད་མ་ནས། །ལྷུན་གྱིས་གྲུབ་པའི་སྟོང་ཉིད་ རྟོགས་པར་ཤོག །སེམས་ཉིད་སྤྲིན་བྲལ་མཁའ་དབྱིངས་དཀྱིལ་འཁོར་ལྟར། །བསམ་པའི་ ཡུལ་ལས་འདས་ཀྱང་དེ་ཉིད་དང༌། །འཛིན་གཏད་མེད་པར་མ་བཅོས་ཀློད་ལ་བཞག །གོམས་ ཤིང་གོམས་པས་གནས་ལུགས་མཐོང་བར་ཤོག །གཟུང་འཛིན་ཀུན་བྲལ་བདེ་ཆེན་བྱང་ཆུབ་ གླིང༌། །སྐུ་དང་ཞིང་ཁམས་རབ་འབྱམས་འཆར་གནས་ལས། །དུས་ཀྱི་འཁོར་ལོའི་ཡེ་ཤེས་ ཡོན་ཏན་སོགས། །མཆོག་གསུམ་སྐུ་གསུམ་དཀྱིལ་འཁོར་ཆེན་པོར་ཤར། །དབུས་སུ་པདྨ་ཟླ་ ཉི་སྒྲ་གཅན་སྟེང༌། །རོ་རྐྱང་རྣམ་དག་ཞབས་གཉིས་བརྐྱང་བསྐུམ་གྱིས། །བདུད་བཞི་ཉོན་ སྒྲིབ་ཕྲ་རགས་སྤངས་པའི་བརྡར། །འདོད་ལྷ་དྲག་པོའི་གདན་རོལ་ཕུང་ཁམས་སོགས། །སོ་ དྲུག་རྣམ་དག་མངོན་བྱང་ལྔ་བཞེངས་སྐུ། །ཡེ་ཤེས་ལྔ་ཡི་རང་འོད་ཕྱོགས་བཅུར་འཕྲོ། །སྒྲ་ གཅན་རྣམ་དག་ཆོས་སྐུ་ཉག་གཅིག་འབར། །སྐུ་བཞིའི་ཞལ་ལྡན་ཆགས་ཐོགས་མེད་ 8-1-462 གཟིགས་ཕྱིར། །སྤྱན་གསུམ་དང་ལྡན་རྡུལ་མུན་སྙིང་སྟོབས་དག །མགྲིན་པ་གསུམ་དང་ཕྱི་ ནང་དུས་དྲུག་དག །ཕྲག་པ་དྲུག་དང་དུས་སྦྱོར་བཅུ་གཉིས་དག །དཔུང་པ་བཅུ་གཉིས་ཟླ་ ཕྱེད་ཉེར་བཞི་དག །ཕྱག་ངར་ཉེར་བཞི་མདུན་ངོས་ཕྱག་བརྒྱད་ཀྱང༌། །མུན་པ་རྣམ་དག་ ཐུགས་ཀྱི་རྡོ་རྗེ་ཡང༌། །ནག་པོར་གྲུབ་དང་བར་གྱི་ཕྱག་བརྒྱད་ཀྱང༌། །རྡུལ་དག་གསུང་གི་རྡོ་ རྗེའི་རང་བཞིན་དམར། །རྒྱབ་ཕྱག་བརྒྱད་ཀྱང་སྙིང་སྟོབས་རྣམ་པར་དག །སྐུ་ཡི་རྡོ་རྗེའི་ངོ་བོ་ དཀར་པོར་གྲུབ། །མཐེ་བོང་རྣམས་ཀྱང་ས་ཁམས་རྣམ་པར་དག །མེ་ལོང་ཡེ་ཤེས་སྣང་ མཛད་རང་བཞིན་སེར། །མཛུབ་མོ་རྣམས་ཀྱང་ཆུ་ཁམས་རྣམ་པར་དག །སོར་རྟོག་ཡེ་ཤེས་ སྣང་མཐའི་ངོ་བོ་དཀར། །གུང་མོ་རྣམས་ཀྱང་མེ་ཁམས་རྣམ་པར་དག །མཉམ་ཉིད་ཡེ་ཤེས་ རིན་འབྱུང་རང་བཞིན་དམར། །སྲིན་ལག་རྣམས་ཀྱང་རླུང་ཁམས་རྣམ་པར་དག །བྱ་གྲུབ་ཡེ་ ཤེས་དོན་གྲུབ་ངོ་བོ་ནག །མཐེ་ཆུང་རྣམས་ཀྱང་མཁའ་ཁམས་རྣམ་པར་དག །ཆོས་དབྱིངས་ ཡེ་ཤེས་མི་བསྐྱོད་རང་བཞིན་ལྗང༌། །ཉི་མའི་ཡོན་ཏན་གསུམ་སྤངས་སོར་ཚིགས་རྣམས། །མཆོག་གསུམ་ངོ་བོ་ཁ་དོག་རྣམ་གསུམ་གྲུབ། །ཕྱག་གཡས་ནག་པོ་བཞི་ཡིས་མཚོན་ཆ་ ཡང༌། །མི་འགྱུར་བདེ་ཆེན་རང་བཞིན་རྡོ་རྗེ་འཛིན། །རྣམ་ཤེས་མ་རིག་གཅོད་པའི་རལ་གྲི་ དང༌། །སྒོ་གསུམ་མི་དགེ་འབིགས་པའི་རྩེ་གསུམ་གཡས། །ཟག་བཅས་འགྱུར་བདེ་གཅོད་ པའི་གྲི་གུག་བསྣམ། །དམར་བཞིས་དུག་ལྔ་འཇོམས་པའི་མེ་མདའ་འཛིན། །རླུང་སེམས་ དབུ་མར་འགུགས་པའི་ལྕགས་ཀྱུ་དང༌། །བདེ་སྟོང་ཟབ་མོའི་སྒྲ་སྒྲོག་ཌཱ་རི་གཡས། །གློ་བུར་ བུམ་པ་བརྡུང་བའི་ཐོ་བ་བསྣམས། །དཀར་བཞིས་རྒྱལ་ཀུན་རྣམ་འཕྲུལ་འཁོར་ལོ་འཛིན། །གཟུང་འཛིན་གཉིས་སྣང་འབིགས་པའི་མདུང་ཐུང་དང༌། །བདུད་བཞི་མ་ལུས་འཇོམས་བྱེད་ དབྱུག་པ་གཡས། །བདག་འཛིན་མ་རིག་གཅོད་པའི་དགྲ་སྟྭ་བསྣམས། །ཕྱག་གཡོན་ནག་པོ་ བཞི་ཡིས་མཚོན་ཆ་ཡང༌། །སྟོང་ཉིད་སྙིང་རྗེའི་ངོ་བོ་དྲིལ་བུ་འཛིན། །ཡེ་ཤེས་རྡོ་རྗེའི་གོ་ཆ་ 8-1-463 ཕུབ་དཀར་དང༌། །སྐུ་གསུམ་ཡོན་ཏན་རྫོགས་པའི་ཁ་ཊྭཱཾ་གཡོན། །ཟག་མེད་བདེ་ཆེན་སྐྱོང་ བའི་ཐོད་ཁྲག་བསྣམ། །དམར་བཞིས་ཡེ་ཤེས་ལྔ་ལྡན་གཞུ་རིང་འཛིན། །ཐིག་ལེ་རྩ་རླུང་ འཆིང་བའི་ཞགས་པ་དང༌། །ཐེག་གསུམ་གནས་ལུགས་འབྱུང་བའི་རིན་ཆེན་གཡོན། །ཉོན་ མོངས་སྐྱོན་གྱིས་མ་གོས་པད་དཀར་བསྣམས། དཀར་བཞིས་ཆོས་སྒྲ་སྒྲོགས་པའི་དུང་དཀར་ འཛིན། །ཆོས་ཉིད་རང་གཟུགས་འཆར་བའི་མེ་ལོང་དང༌། །ལས་ཉོན་མ་ལུས་འཆིང་བའི་ ལྕགས་སྒྲོག་གཡོན། །རིག་བྱེད་རྣམ་བཞི་བཅོམ་པའི་ཚངས་མགོ་བསྣམས། །ཡེ་ཤེས་ཁམས་ དང་ཁམས་དྲུག་དག་པའི་བརྡར། །མཐིང་སྔོ ན་རྒྱན་སྤངས་ཞབས་གཉིས་སྐྱིལ་ཀྲུང་དང༌། །ཕྱག་ཟུང་ཁུ་ཚུར་བརླ་གཉིས་སྟེང་དུ་བཞག །རྡོ་རྗེ་སེམས་དཔའ་རིགས་ཀྱི་བདག་པོར་ མཛད། །ཕྲིན་ལས་རྣམ་བཞིས་འགྲོ་དོན་བྱེད་པའི་བརྡར། །སྣ་ཚོགས་རྡོ་རྗེས་དབུ་ཡི་མདུན་ ཕྱོགས་བརྒྱན། །དགའ་བ་བཅུ་དྲུག་ཆ་ཀུན་རྫོགས་པའི་བརྡར། །ཟླ་བ་ཕྱེད་པས་གཡོན་གྱི་ དབུ་ལ་བརྒྱན། །ཕར་ཕྱིན་དྲུག་རྫོགས་རྒྱན་དྲུག་སྐུ་ལ་མངའ། །ང་རྒྱལ་རྣམ་སྤངས་སྟག་ཤམ་ སྨད་དཀྲིས་བྱས། །དྲུག་བརྒྱ་སོ་དྲུག་བདག་ཉིད་བདེ་ཆེན་སྐུ། །སྟོང་ཆེན་སྣ་ཚོགས་ཡུམ་དང་ གཉིས་མེད་རོལ། །རང་བྱུང་དོན་དམ་བདེ་སྟོང་དབྱེར་མེད་ཀྱང༌། །ཐབས་མཁས་མཛད་པས་ ཡི་དམ་སྐུར་བཞེངས་པ། །གློ་བུར་གཟུང་འཛིན་འཁྲུལ་སྣང་ཀུན་ཟད་དེ། །གདོད་མའི་ཟུང་ འཇུག་ཆེན་པོ་མྱུར་མངོན་ཤོག །ཕུང་ཁམས་སྐྱེ་མཆེད་རྩ་རླུང་ཐིག་ལེ་སོགས། །རྣམ་དག་ གཞི་འབྲས་གདོད་མའི་བདེ་ཆེན་དང༌། །རིགས་ལྔའི་ལྷ་ཚོགས་རབ་འབྱམས་རྣམ་ཀུན་བདག །སྣ་ཚོགས་ཡུམ་ཆེན་མྱུར་དུ་མངོན་གྱུར་ཅིག །ཡེ་ཤེས་རྡོ་རྗེ་མཚོན་ཕྱིར་གསེར་ཞུན་མདོག །ཐུགས་རྗེའི་གཟིགས་པ་མཚོན་ཕྱིར་ཞལ་བཞི་ལྡན། །ཡོན་ཏན་བརྒྱད་དག་མཚོན་ཕྱིར་ཕྱག་ བརྒྱད་མངའ། །ཕྱག་རྒྱ་ལྔ་ལྡན་ཡུམ་མཆོག་མྱུར་མངོན་ཤོག །དུང་ཅན་རྩ་དག་གཡས་བསྐུམ་ གཡོན་བརྐྱངས་པས། །ཡབ་དང་སྙོམས་པར་སྦྱོར་བས་བདེ་ཆེན་སྦར། །ཤེས་རབ་གཙོར་ 8-1-464 གྱུར་བདེ་བསྐྱེད་རིགས་ཀྱི་གཙོ། །སྟོང་ཆེན་ཤེར་ཕྱིན་ཡེ་བཞུགས་མྱུར་མངོན་ཤོག །ཕྱོགས་ མཚམས་འདབ་བརྒྱད་ལ་གནས་རླུང་བཅུ་དག །ཕར་ཕྱིན་བཅུ་ཡི་ངོ་བོ་རྗེས་འབྲང་ལྷ། །ནུས་ མ་བཅུ་ཡང་སྟོང་ཆེན་ཤེར་ཕྱིན་བདག །ཐབས་མཁས་ཟབ་མོས་མྱུར་དུ་མངོན་གྱུར་ཅིག །ལུས་ངག་ཡིད་ཆགས་དག་པའི་སྐུ་གསུང་ཐུགས། །ཡེ་ཤེས་རྡོ་རྗེ་ལས་ཤར་དུང་གཎྜི། །ནོར་ བུ་ཤིང་རྣམས་དབང་ལྡན་བདེན་བྲལ་མེར། །རླུང་དུ་གནས་པ་མྱུར་དུ་མངོན་གྱུར་ཅིག །ཆགས་ཅན་རྗེས་འཛིན་གདུལ་བྱར་ཉེར་གཟིགས་ཏེ། །ཡབ་ཡུམ་སྐུར་བཞེངས་རྗེས་ཆགས་ རབ་སྤྱོད་པས། །ལྷ་ཚོགས་བྱང་སེམས་རྣམ་ཞུ་སྤྲོ་བསྡུ་བྱ། །སྤྲོས་པའི་བཀོད་བཟང་མྱུར་དུ་ མངོན་པར་ཤོག །རྣམ་ཤེས་དག་པ་མི་བསྐྱོད་མཁའ་ཁམས་དག །རྡོར་དབྱིངས་འདུ་བྱེད་ རྣམ་དག་དོན་ཡོད་གྲུབ། །ས་དག་སྤྱན་མ་ཚོར་དག་རིན་ཆེན་འབྱུང༌། །ཆུ་དག་མཱ་མ་ཀཱི ་དང་ འདུ་ཤེས་དག །སྣང་མཐའ་མེ་དག་གོས་དཀར་གཟུགས་ཕུང་དག །སྣང་མཛད་རླུང་དག་ སྒྲོལ་མ་ཐབས་གཙོར་ལྷ། །གཤེགས་པ་བདེ་ཆེན་འཁོར་ལོའི་ཕྱོགས་བཞིར་བཞུགས། །གདོད་མའི་ཟུང་འཇུག་ཡེ་ཤེས་མངོན་གྱུར་ཅིག །རླུང་མེ་ཆུ་ས་གཟུགས་འདུ་ཚོར་འདུ་བྱེད། །རྣམ་དག་སྒྲོལ་མ་སྣང་མཛད་གོས་དཀར་མོ། །སྣང་མཐའ་མཱ་མ་རིན་འབྱུང་སྤྱན་དོན་གྲུབ། །གཤེགས་མ་མཚམས་བཞིའི་ཤེར་གཙོར་མྱུར་མངོན་ཤོག །རྐང་ཁྲག་གཅི་བཤང་ཁུ་རྡུལ་ རབ་ཏུ་འགགས། །ཤར་ལྷོ ་བྱང་ནུབ་གཤེགས་བཞིའི་གཡས་གཡོན་དུ། །བུམ་བརྒྱད་སྟེང་ འོག་བུམ་གཉིས་བདུད་རྩི་ཡིས། །འཆི་མེད་རབ་སྟེར་ཚེ་མཆོག་ལྡན་པར་ཤོག །ངག་ལག་ རྐང་བཤང་སྨྲ་ལེན་འགྲོ་འདོར་དག །བགེགས་རེངས་ཤེར་ཁེངས་པད་རྨུགས་གཤིན་བརྩོན་ འགྲུས། །ཐུགས་ཀྱི་སྒོ་བཞིར་ཁྲོ་རྒྱལ་ཡབ་ཡུམ་བརྒྱད། །གློ་བུར་དྲི་བྲལ་མྱུར་དུ་མངོན་གྱུར་ ཅིག །རྣ་དབང་སྣ་མིག་ལྕེ་ལུས་ཡིད་དབང་དྲུག །སྒྲ་དྲི་གཟུགས་རོ་རེག་ཆོས་དབང་ཡུལ་དག །ཕྱག་རྡོར་ནམ་སྙིང་ས་སྙིང་འཇིག་རྟེན་དབང༌། །སྒྲིབ་སེལ་ཀུན་བཟང་སྒྲ་དྲི་གཟུགས་རོ་རེག 8-1-465 །ཆོས་ཁམས་རྡོ་རྗེ་མ་རྣམས་ཡབ་ཡུམ་ལྷ། །ཐུགས་དཀྱིལ་ལྷ་སྣམ་ལྷོ ་གཡོན་ཤར་གཡས་ དང༌། །ལྷོ ་བྱང་ནུབ་གཡས་ཤར་གཡོན་རིམ་བཞུགས་ལྷ། །སེམས་དཔའ་དྲུག་ཀྱང་མྱུར་དུ་ མངོན་གྱུར་ཅིག །དབང་ཡུལ་དྲུག་དག་ཆོས་ཁམས་རེག་རོ་གཟུགས། །དྲི་སྒྲ་རྡོ་རྗེ་མ་དང་ དབང་དྲུག་དག །ཀུན་བཟང་སྒྲིབ་སེལ་འཇིག་དབང་ས་སྙིང་དང༌། །ནམ་སྙིང་ཕྱག་རྡོར་ཡབ་ ཡུམ་ཐུགས་དཀྱིལ་གྱི། །ལྷ་སྣམ་ནུབ་གཡོན་མེ་མཚམས་བདེན་བྲལ་དང༌། །དབང་ལྡན་རླུང་ མཚམས་བྱང་གཡོན་རིམ་པར་བཞུགས། །སེམས་མ་དྲུག་ཀྱང་ཤེས་རབ་གཙོར་གྱུར་ལྷ། །གདོད་མའི་ཐབས་ཤེས་མྱུར་དུ་མངོན་གྱུར་ཅིག །ཐུགས་དཀྱིལ་སྒོ་གཡོན་གཡས་དང་ཤར་ ལྷོ ་བྱང༌། །ནུབ་དང་སྟེང་འོག་རྣམས་བཞུགས་ལྟེ ་བའི་རྩ། །བཅུ་གཉིས་རྣམ་དག་གཟུངས་མ་ བཅུ་གཉིས་ཤར། །གྲངས་མེད་འཁོར་བཅས་མྱུར་དུ་མངོན་གྱུར་ཅིག །གསུང་དཀྱིལ་ལྷ་སྣམ་ ཤར་མེར་ལྷོ ་བདེན་བྲལ། །བྱང་དང་དབང་ལྡན་ནུབ་དང་རླུང་རྣམས་སུ། །ལྟེ ་བའི་ནང་སྐོར་ རྩ་འདབ་བརྒྱད་དག་པ། །གཙོ་མོ་བརྒྱད་དང་ཕྱི་སྐོར་རེ་བཞི་དག །འདབ་བརྒྱད་ལ་གནས་ རྣལ་འབྱོར་མ་རེ་གྲུབ། །མགྲིན་རྩ་བར་བསྐོར་བརྒྱད་དག་ཡབ་བརྒྱད་ཤར། །བདུན་ཅུ་རྩ་ གཉིས་རྣལ་འབྱོར་མ་རྣམས་དང༌། །ཡབ་བརྒྱད་བཞུགས་པ་མྱུར་དུ་མངོན་གྱུར་ཅིག །སྐུ་ དཀྱིལ་ལྷ་སྣམ་ཤར་གཡས་མེར་ལྷོ ་གཡས། །བདེན་བྲལ་བྱང་གཡས་དབང་ལྡན་ནུབ་གཡས་ དང༌། །རླུང་དང་བྱང་གཡོན་ནུབ་གཡོན་ཤར་གཡོན་དང༌། །ལྷོ ་གཡོན་གནས་སུ་ཚིགས་ཆེན་ བཅུ་གཉིས་ཀྱི། །དབུས་རྩ་གཉིས་དང་ཟླ་བ་བཅུ་གཉིས་ཉ། །སྟོང་དང་ལྷ་ཆེན་ཡབ་ཡུམ་བཅུ་ གཉིས་ཤར། །རྩ་ཕྲན་ཚེས་ཞག་སུམ་བརྒྱ་སོ་དྲུག་དག །ཚེས་ལ་དབང་བྱེད་སུམ་བརྒྱ་སོ་དྲུག་ ལྷ། །རིགས་ཀུན་བདག་པོ་དུས་ཀྱི་འཁོར་ལོ་ཡིས། །གསང་སྔགས་སྣོ ད་གཟིགས་རྣམ་འཕྲུལ་ དུ་མ་བསྟན། །ཐ་དད་དང་བྲལ་ཚེས་ལྷ་སུམ་བརྒྱ་དང༌། །དྲུག་ཅུའི་ཚོགས་ཀུན་མྱུར་དུ་མངོན་ གྱུར་ཅིག །ཤར་ལྷོ ་བྱང་ནུབ་སྟེང་འོག་ལ་གནས་པ། །ལག་མཐིལ་རྐང་མཐིལ་གཉིས་གཉིས་ 8-1-466 བཤང་ལམ་དང༌། །བཤང་རྩ་ཚངས་བུག་རྩ་གཉིས་རྣམ་དག་པ། །དབྱུག་སྔོ ན་འོད་ཟེར་ འདོད་རྒྱལ་བསྐུལ་བྱེད་མ། །མི་གཡོ་ཁྲོ་གཉེར་སྟོབས་ཆེན་ལྕགས་སྒྲོགས་མ། །འཁོར་བསྒྱུར་ ཤིན་སྔོ ན་གནོད་མཛེས་དྲག་སྤྱན་མ། །སྐུ་དཀྱིལ་སྒོ་སྐྱོང་ཁྲོ་རྒྱལ་ཡབ་ཡུམ་དྲུག །མན་ངག་ ཟབ་མོས་མྱུར་དུ་མངོན་གྱུར་ཅིག །སྐུ་དཀྱིལ་རྟ་བབས་ཀ་བའི་ནང་རོལ་དུ། །ཤར་ལྷོ ་བྱང་ ནུབ་སྒོ་ཡི་གཡས་གཡོན་དང༌། །སྟེང་འོག་རིམ་བཞིན་སྟོབས་རྒྱུ་མཁའ་ལྡི ང་གདོང༌། །པདྨ་ ནག་པོ་ལྕེ་སྤྱང་གདོང་མ་གཉིས། །རྐང་སྲིན་གཡོན་དང་གཡས་གཉིས་དག་པའི་གྲུབ། །ནོར་ རྒྱས་འུག་གདོང་དུང་སྐྱོང་སྟག་གདོང་གཉིས། །གུང་མོ་གཡོན་དང་གཡས་གཉིས་དག་པའི་ གྲུབ། །མཐའ་ཡས་བྱ་རྒོ ད་རིགས་ལྡན་ཕག་གདོང་གཉིས། །མཛུབ་མོ་གཡོན་དང་གཡས་ གཉིས་དག་པའི་གྲུབ། །འཇོག་པོ་ཁྭ་གདོང་པད་ཆེན་ཁྱི་གདོང་གཉིས། །མཐེ་བོང་གཡོན་ དང་གཡས་གཉིས་དག་པའི་གྲུབ། །རྒྱལ་བ་མིག་མ་རྣམ་རྒྱལ་སྔོ ན་མོ་གཉིས། །མཐེའུ་ཆུང་ གཡོན་དང་གཡས་གཉིས་དག་པའི་གྲུབ། །ཀླུ་རྒྱལ་ཡབ་ཡུམ་བཅུ་རྣམས་རྗེས་འབྲང་ལྷ། །དག་རྫོགས་སྨིན་གསུམ་ཚང་བའི་མན་ངག་གིས། །གདོད་མའི་ལྷ་ཚོགས་མྱུར་དུ་མངོན་གྱུར་ ཅིག །ཤར་དང་ཤར་ལྷོ ་ལྷོ ་དང་བདེན་བྲལ་དང༌། །བྱང་དང་དབང་ལྡན་ནུབ་དང་རླུང་སྟེང་ འོག །ཁྱི ་གདོང་པད་ཆེན་ཁྭ་གདོང་འཇོག་པོ་གཉིས། །ལག་སྲིན་སོར་མོ་གཡོན་གཡས་དག་ པའི་གྲུབ། །ཕག་གདོང་རིགས་ལྡན་བྱ་རྒོ ད་མཐའ་ཡས་གཉིས། །གུང་མོ་གཡོན་དང་གཡས་ གཉིས་དག་པའི་གྲུབ། །སྟག་གདོང་དུང་སྐྱོང་འུག་གདོང་ནོར་རྒྱས་གཉིས། །མཛུབ་མོ་གཡོན་ དང་གཡས་གཉིས་དག་པའི་གྲུབ། །ལྕེ་སྤྱང་པད་ནག་མཁའ་ལྡི ང་སྟོབས་རྒྱུ་གཉིས། །མཐེ་ བོང་གཡོན་དང་གཡས་གཉིས་དག་པའི་གྲུབ། །སྔོ ན་མོ་རྣམ་རྒྱལ་མིག་མ་རྒྱལ་བ་གཉིས། །མཐེའུ་ཆུང་གཡོན་དང་གཡས་གཉིས་དག་པའི་གྲུབ། །མེ་རླུང་དབུས་སུ་དུར་ཁྲོད་བརྒྱད་དུ་ ཡང༌། །རབ་གཏུམ་མ་བཅུ་ཡབ་བཅས་རིམ་པར་གནས། །ཕྱི་ནང་དག་པར་གཞན་མཆོག་ 8-1-467 གཤེགས་སྙིང་འདི། །ཇི་བཞིན་མ་ལུས་མྱུར་དུ་མངོན་གྱུར་ཅིག །འབྱུང་པོ་བྱེ་བ་ཕྲག་ཕྱེད་བ་ སྤུ་དག །གཟའ་བཅུ་དྷྲུ་བ་ལ་སོགས་འཕྲོག་མ་བུ། །ནང་གི་རྩ་དང་ཕྱི་ཡི་རྒྱུ་སྐར་དག །མཁའ་ སྤྱོད་ས་སྤྱོད་ས་འོག་རིག་འཛིན་རྣམས། །མགོ་མཆན་གསང་བའི་བ་སྤུ་དག་པའི་གྲུབ། །རིལ་ བུ་མིག་སྨན་གཏེར་བུམ་ལ་སོགས་པ། །གྲུབ་པ་ཉི་ཁྲི་ཆིག་སྟོང་མེ་རླུང་གི །མཚམས་སུ་ འཁོད་པ་མ་ལུས་མྱུར་མངོན་ཤོག །སྐུ་གསུང་ཐུགས་དང་བདེ་ཆེན་དཀྱིལ་འཁོར་ལྷ། །འགའ་ ཞིག་ལས་སྤྲུལ་གསུང་གི་སྒོ་བཞིའི་གཡས། །སྟེགས་བུ་རྣམས་སུ་ལྔ་ལྔ་སྒོ་གཡོན་སྟེགས། །བཞི་བཞི་འདོད་མ་རྣམས་ཀྱང་ཞལ་ཕྱག་སོགས། །སྐུ་མདོག་སྤྲུལ་གཞི་ཉིད་དང་མཚུངས་ པར་གསུངས། །བསྡུ་ན་ཞལ་གཅིག་ཕྱག་གཉིས་གཞི་ཉིད་དང༌། །སྐུ་མདོག་དང་པོའི་ཕྱག་ མཚན་འདྲ་བར་བསྟན། །ཕྱིར་འདོད་མ་རྣམས་སྐུ་ཡི་སྒོ་གཡས་གཡོན། །སྟེགས་བུ་རྣམས་སུ་ ལྔ་དང་བཞི་ཡི་གྲངས། །འདོད་པ་གོ་བཟློ ག་ཙམ་ལས་སྤྲུལ་གཞི་གཅིག །འདོད་དང་ཕྱིར་ འདོད་ཞི་ཞིང་སྒེག་ཉམས་འབར། །དར་གོས་རིན་ཆེན་རྒྱན་བཀླུབས་བཞེངས་སྟབས་དང༌། །གར་སྒེག་སྣ་ཚོགས་མཛད་བཞིན་གསུང་སྐུའི་སྟེགས། །སོ་དྲུག་ཟུང་བཞུགས་ལུས་ཀྱི་རྩ་ དང་རླུང༌། །མ་ངེས་རྩ་རླུང་རྣམ་པར་དག་པས་གྲུབ། །གདོད་མའི་ལྷ་ཚོགས་མྱུར་དུ་མངོན་ གྱུར་ཅིག །དུས་འཁོར་ཐུགས་ལས་འོད་ཟེར་ཕྱོགས་ཀུན་སྤྲོས། །འགྲོ་ཀུན་བཀུག་སྟེ་དཀྱིལ་ འཁོར་ནང་དུ་བཅུག །སླར་སྤྲོས་འོད་ཀྱིས་རབ་འབྱམས་ཞིང་ཁམས་ནས། །དེ་བཞིན་ གཤེགས་པ་ཡབ་ཡུམ་ཐམས་ཅད་བཀུག །སྙིང་གར་ཞུགས་ཏེ་བྱང་ཆུབ་སེམས་སུ་ཞུ། །རྡོ་རྗེ་ ལས་སྤྲོས་འགྲོ་ལ་དབང་བསྐུར་བས། །བདུད་རྩི་སྤྱི་བོར་ཞུགས་པས་སྒྲིབ་པ་སྦྱང༌། །དགའ་ བ་བཅུ་དྲུག་ཡེ་ཤེས་རབ་ཐོབ་སྟེ། །དོན་དམ་ཟུང་འཇུག་ངོ་བོ་མྱུར་འཕོས་ནས། །ཕུང་ཁམས་ སོ་དྲུག་དག་པའི་རིགས་ཀུན་འདུས། །བདག་ཉིད་སོ་གཉིས་ལྷ་ཚོགས་སྐུ་ལ་ཤར། །གདོད་ མའི་གནས་ལུགས་ཇི་བཞིན་མྱུར་མངོན་ཤོག །དྲུག་བརྒྱ་སོ་དྲུག་ལྷ་ཚོགས་ཐམས་ཅད་ཀྱང༌། 8-1-468 །དུས་འཁོར་ཐུགས་ཀྱི་རྡོ་རྗེའི་ངོ་བོས་གྲུབ། །ལྷ་ཚོགས་སྐྱེས་པའི་ས་བོན་ཡི་གེ་རྣམས། །དུས་ འཁོར་གསུང་གི་རྡོ་རྗེའི་ངོ་བོས་གྲུབ། །མཆོག་གསུམ་དཀྱིལ་འཁོར་རྟེན་གྱི་གཞལ་ཡས་ ཁང༌། །དུས་འཁོར་སྐུ་ཡི་རྡོ་རྗེའི་ངོ་བོས་གྲུབ། །དོན་དམ་རྡོ་རྗེ་རྣམ་གསུམ་བདག་ཉིད་ཀྱི། །གདོད་མའི་ཞིང་གི་བཀོད་བཟང་མྱུར་མངོན་ཤོག །བཅུ་དྲུག་ཆ་ལ་དབྱངས་ཡིག་སོ་གཉིས་ སྒོམ། །མེ་ལོང་ཡེ་ཤེས་བཅུ་གཉིས་བདག་པོ་རུ། །གསལ་བྱེད་བརྒྱད་ཅུས་མཉམ་ཉིད་ཡེ་ ཤེས་མཚོན། །ཟླ་སྟེང་ཧཱུཾ་གསལ་སོར་རྟོག་ཡེ་ཤེས་དང༌། །སྣ་ཚོགས་འོད་འདྲེས་བྱ་གྲུབ་ཡེ་ ཤེས་ཤར། །ཧཾ་ལས་གཙོ་བསྐྱེད་ཆོས་དབྱིངས་ཡེ་ཤེས་ཏེ། །མངོན་བྱང་ལྔ་བསྐྱེད་འཁོར་སྤྲོ་ ལུས་རྩ་དག །དཀྱིལ་འཁོར་རྒྱལ་མཆོག་སྐུ་རྡོར་མྱུར་མངོན་ཤོག །འོད་ཞུ་གླུས་བསྐུལ་སྐུར་ བཞེངས་ལྷ་སྤྲོ་ཞིང༌། །ཡེ་ཤེས་དགུག་བཅུག་རིགས་དྲུག་གནས་བྱིན་བརླབས། །དབང་ བསྐུར་རྒྱས་གདབ་རླུང་དག་ལས་རྒྱལ་མཆོག །གསུང་གི་རྡོ་རྗེ་མྱུར་དུ་མངོན་གྱུར་ཅིག །ལྟེ ་ བའི་ཧོཿཡིག་གློག་ལྟར་མེ་འབར་བས། །གཤེགས་ལྔ་ཡུམ་ལྔའི་གཡོན་གཡས་རླུང་རྣམས་ བསྲེག །སྤྱི་བོའི་ཧཾ་ཡིག་ཐིག་ལེ་ཞུ་བ་རྣམས། །མགྲིན་པར་སླེ བ་པས་དགའ་བའི་ཡེ་ཤེས་ དང༌། །སྙིང་གར་མཆོག་དགའ་ལྟེ ་བར་ཁྱད་དགའ་དང༌། །གསང་བར་སླེབ་པས་ལྷན་སྐྱེས་ཡེ་ ཤེས་ཉིད། །རེ་རེ་ལ་ཡང་དགའ་ཆུང་བཞི་བཞི་དབྱེ། །དགའ་བ་བཅུ་དྲུག་རིམ་པས་མར་ འབབ་པས། །ཞུ་བདེའི་སྟོབས་ཀྱིས་ལྷ་ཚོགས་བདེ་བར་འཆར། །བདེ་བའི་རང་བཞིན་སྤྲོ་ བསྡུ་སྒྲུབ་པ་ཡི། །ཡན་ལག་ཐིག་ལེའི་རྣལ་འབྱོར་མཐར་ཕྱིན་ཏེ། །ཐུགས་ཀྱི་རྡོ་རྗེ་མྱུར་དུ་ མངོན་གྱུར་ཅིག །བྱང་སེམས་གྱེན་དུ་ལྡོ ག་པས་གསང་བར་སླེ བས། །རྟེན་དང་བརྟེན་པའི་ལྷ་ ཚོགས་རབ་འབྱམས་མངོན། །ཡེ་ཤེས་རྡོ་རྗེའི་ལྷ་ཚོགས་སྤྲོ་བསྡུ་ཡིས། །གསང་གནས་མན་ ཆད་མི་འགྱུར་བདེ་བས་ཁྱབ། །ལྷ་ཚོགས་ཐམས་ཅད་བདེ་བའི་རང་བཞིན་འཆར། །དང་པོ་ གཉིས་པའི་ས་ཡང་བགྲོད་པར་མོས། །ཕྲ་མོའི་ལྷ་ཚོགས་རབ་འབྱམས་སྒྲུབ་ཆེན་གྱི། །ཡེ་ 8-1-469 ཤེས་རྡོ་རྗེ་མྱུར་དུ་མངོན་གྱུར་ཅིག །ཐིག་ལེ་ཡར་འོང་ལྟེ ་བར་སླེ བས་པ་ན། །རྟེན་དང་བརྟེན་ པའི་ལྷ་ཚོགས་རབ་འབྱམས་ཤར། །དེ་ལས་ས་ཁམས་ལྷ་ཚོགས་སྤྲོ་བསྡུ་ཡིས། །ལྟེ་བ་མན་ ཆད་བདེ་ཆེན་ཡེ་ཤེས་རྒྱས། །ལྷ་ཚོགས་ཐམས་ཅད་བདེ་སྟོང་ཟུང་དུ་འཇུག །གསུམ་པ་བཞི་ པའི་ས་ཡང་བགྲོད་པར་མོས། །སྒྲུབ་པ་ཆེན་པོའི་ཡན་ལག་མཐར་ཕྱིན་པས། །རྒྱུ་མཐུན་ འབྲས་བུ་ལྷན་སྐྱེས་སྐུ་འཐོབ་ཤོག །ཐིག་ལེ་ཡར་འོང་སྙིང་གར་སླེ བས་པ་ན། །རྟེན་དང་ བརྟེན་པའི་ལྷ་ཚོགས་རབ་འབྱམས་མངོན། །དེ་ལས་ཆུ་ཁམས་ལྷ་ཚོགས་སྤྲོ་བསྡུ་ཡིས། །སྙིང་ ག་མན་ཆད་མི་འགྱུར་བདེ་བས་གང༌། །ལྷ་ཚོགས་ཡབ་ཡུམ་བདེ་སྟོང་སྐུར་བཞེངས་ཏེ། །ལྔ་ པ་དྲུག་པའི་ས་ལམ་བགྲོད་པར་མོས། །སྒྲུབ་པ་ཆེན་པོའི་བསྐྱེད་རིམ་མཐར་ཕྱིན་པས། །རྣམ་ སྨིན་འབྲས་བུ་ཆོས་ཀྱི་སྐུ་འཐོབ་ཤོག །ཐིག་ལེ་ཡར་འོང་མགྲིན་པར་སླེ བས་པ་ན། །རྟེན་དང་ བརྟེན་པའི་ལྷ་ཚོགས་རབ་འབྱམས་མངོན། །དེ་ལས་མེ་ཁམས་ལྷ་ཚོགས་སྤྲོ་བསྡུ་བྱ། །མགྲིན་ པ་མན་ཆད་བདེ་ཆེན་ཡེ་ཤེས་རྒྱས། །ལྷ་ཚོགས་ཐམས་ཅད་ཐབས་ཤེས་རང་བཞིན་གྲུབ། །བདུན་པ་བརྒྱད་པའི་ས་ཡང་ཐོབ་པར་མོས། །ཕྲ་མོའི་ལྷ་ཚོགས་རབ་འབྱམས་སྒྲུབ་ཆེན་གྱི། །སྐྱེས་བུའི་འབྲས་བུ་ལོངས་སྐུ་འཐོབ་པར་ཤོག །ཐིག་ལེ་ཡར་འོང་དཔྲལ་བར་སླེབས་པ་ན། །རྟེན་དང་བརྟེན་པའི་ལྷ་ཚོགས་རབ་འབྱམས་མངོན། །དེ་ལས་རླུང་ཁམས་ལྷ་ཚོགས་སྤྲོ་བསྡུ་ ཡིས། །དཔྲལ་བ་མན་ཆད་མི་འགྱུར་བདེ་བས་ཁྱབ། །ལྷ་ཚོགས་ཐམས་ཅད་བདེ་སྟོང་ཟུང་དུ་ འཇུག །དགུ་པ་བཅུ་པའི་ས་ཡང་བགྲོད་པར་མོས། །ཕྲ་ཐིག་ལྷ་ཚོགས་སྒྲུབ་པ་ཆེན་པོ་ཡི། །དྲི་བྲལ་འབྲས་བུ་སྤྲུལ་པའི་སྐུ་འཐོབ་ཤོག །ཐིག་ལེ་ཡར་འོང་གཙུག་ཏོར་སླེབས་པ་ན། །རྟེན་དང་བརྟེན་པའི་ལྷ་ཚོགས་རབ་འབྱམས་མངོན། །དེ་ལས་མཁའ་ཁམས་ལྷ་ཚོགས་སྤྲོ་ བསྡུ་ཡིས། །གཙུག་ཏོར་མན་ཆད་འགྱུར་མེད་བདེ་བས་ཁྱབ། །བཅུ་གཅིག་བཅུ་གཉིས་ས་ ལམ་བགྲོད་པ་ཡིས། །དོན་དམ་བདེ་གཤེགས་སྙིང་པོ་རྟག་བརྟན་བདག །སྐྱེ་དགུའི་བདག་ 8-1-470 པོ་སྐུ་བཞིའི་གོ་འཕང་ཉིད། །འགྲོ་བ་ཀུན་ལ་མྱུར་དུ་འཐོབ་པར་ཤོག །དྲུག་བརྒྱ་སོ་དྲུག་ གྲངས་ལྡན་དཀྱིལ་འཁོར་བསྟན། །ཆོས་དབྱིངས་གསུང་གི་དབང་ཕྱུག་ཅེས་གྲགས་པར། །དུས་འཁོར་ཡབ་ཡུམ་འཁོར་ཚོགས་སྟོང་དང་དྲུག །གཞན་ཡང་ཕྱོགས་མཚམས་སྡོམ་པ་ཆེན་ པོ་དང༌། །གསང་འདུས་རིགས་དྲུག་སྒྱུ་འཕྲུལ་རིགས་གསུམ་སྟེ། །ལྷ་ཚོགས་ཡོངས་སྡོམ་སྟོང་ དང་དྲུག་བརྒྱ་དང༌། །ཉི་ཤུ་ལ་ཡང་དཔལ་ལྡན་རྒྱུ་སྐར་གྱི། །དཀྱིལ་འཁོར་ཞེས་སོགས་དོན་ དམ་གཤེགས་སྙིང་དུ། །ཀུན་རྫོབ་སྲིད་གསུམ་ཆོས་རྣམས་ལས་འདས་ཀྱང༌། །དོན་དམ་སྲིད་ པ་གསུམ་གྱི་རྣམ་པར་གནས། །རྟེན་དང་བརྟེན་པའི་དཀྱིལ་འཁོར་རབ་འབྱམས་ཞིང༌། །ཅིག་ ཅར་མ་ལུས་མྱུར་དུ་མངོན་གྱུར་ཅིག །ཆོས་རྣམས་ཐམས་ཅད་རང་གི་སེམས་ཡིན་ཏེ། །སེམས་ ལས་མ་གཏོགས་ཆོས་གཞན་རྡུལ་ཙམ་མེད། །གང་གིས་གདོད་ནས་སེམས་མེད་རྟོགས་པ་ ཡིས། །དུས་གསུམ་རྒྱལ་བའི་དགོངས་པའང་དེ་རྙེད་ཤོག །མ་བཅོས་གཉུག་མའི་སེམས་ཉིད་ ཆོས་སྐུ་སྟེ། །བཅོས་མའི་སེམས་ཀྱིས་རྣལ་འབྱོར་ཐོབ་མི་འགྱུར། །དེ་ཕྱིར་གདོད་མའི་བདེ་ ཆེན་ཡེ་ཤེས་ཀྱི། །མཐའ་བྲལ་གཤེགས་སྙིང་ཆེན་པོའི་དོན་རྟོགས་ཤོག །སེམས་ཀྱི་འཁྲུལ་ བ་ལྦུ་བ་བརྡོལ་པ་བཞིན། །རྣམ་འཕྲུལ་འགྲོ་དྲུག་ཆུ་ཡི་གཉེར་མ་བཞིན། །སྡུག་བསྔལ་ གསུམ་པོ་རྦ་ཀློང་འཁྲིགས་པ་བཞིན། །མདོར་ན་སེམས་ཀྱི་འཁྲུལ་སྣང་དྭངས་པར་ཤོག །རྣམ་རྟོག་བྲལ་བ་ཆུ་གཏེར་ཀུན་ཁྱབ་བཞིན། །དུག་གསུམ་རྡུལ་བྲལ་ཤེལ་གྱི་མེ་ལོང་བཞིན། །དྲུག་བརྒྱ་སོ་དྲུག་རྒྱུ་སྐར་སྣང་བརྙན་བཞིན། །སྐུ་དང་ཞིང་ཁམས་རབ་འབྱམས་འཆར་བར་ ཤོག །ཀུན་རྫོབ་མི་རེ་གདེང་ཆེན་ལྡན་གྱུར་ཀྱང༌། །བསོད་ནམས་ཚོགས་ཆེན་ཅི་ནུས་འབད་ པར་བྱ། །འཁོར་བ་དག་ལ་དོགས་པའི་འཇིགས་བྲལ་ཡང༌། །སྡིག་པ་ཕྲ་མོ་དག་ལའང་ འཛེམ་པར་ཤོག །ཆོས་རྣམས་སྟོང་པ་མཐའ་བྲལ་རྟོགས་གྱུར་ཀྱང༌། །ཆགས་སྡང་མཐའ་དག་ རྩད་ནས་སྤང་བར་བྱ། །ཆོས་ཉིད་གཤེགས་སྙིང་ཆེན་པོའི་དོན་རྟོགས་ཀྱང༌། །བརྟན་པ་མ་ 8-1-471 ཐོབ་གཞན་ལ་གསང་བར་ཤོག །དོན་དམ་བདག་གཞན་གཉིས་མེད་རྟོགས་གྱུར་ཀྱང༌། །ཀུན་རྫོབ་འགྲོ་ལ་ཕན་པའི་དོན་ཆེན་སྤྱོད། །འདྲེན་གཞན་མི་ལྟོས་གདེང་ཆེན་ལྡན་གྱུར་ ཀྱང༌། །དྲིན་ཅན་བླ་མ་སྤྱི་བོས་བཀུར་བར་ཤོག །ལྟ་བ་ཇི་ལྟར་མཐོ་བཞིན་རྒྱུ་འབྲས་ཞིབ། །ཉམས་རྟོགས་གོང་དུ་འཕེལ་བཞིན་ཐོ་ཅོ་ཆུང༌། །རང་རྒྱུད་ཇི་ལྟར་དུལ་བཞིན་དག་སྣང་ རྒྱས། །ཡོན་ཏན་སྐྱེས་བཞིན་དམན་ས་ཟིན་པར་ཤོག །བླ་མ་ཡུན་རིང་བསྟེན་བཞིན་མོས་ གུས་འཕེལ། །ཐོས་བསམ་རྒྱ་ཆེར་བཞིན་དུ་ཁེངས་སེམས་མེད། །རྙེད་བཀུར་གྲགས་འདོད་ ཆུང་བཞིན་ཡོན་ཏན་རྒྱས། །རང་རྒྱུད་བཅོས་པའི་ཐབས་གང་ལྡན་པར་ཤོག །འགྲོ་དོན་ཟེར་ ཡང་སྙན་གྲགས་གང་སྒྲུབ་ཀུན། །བདུད་ཀྱི་ལས་ཀྱིས་ཆོས་པ་བསླུས་པ་མང༌། །ཟག་བཅས་ ཡོན་ཏན་གང་ལ་སྐྱེས་གྱུར་ཀྱང༌། །ངར་འཛིན་ཁེངས་སེམས་རང་མཐོང་ཆེར་རྒྱས་ཏེ། །གེགས་ལ་གེགས་སུ་མ་ཤེས་འཁྲུལ་རྗེས་འབྲང༌། །ཆོས་ཀྱིས་ཕུང་བ་ཐམས་ཅད་འདི་ལ་ ཚང། །ཕྱི་ནང་གསང་བའི་བར་ཆད་འདི་ལས་མེད། །གེགས་དང་གོལ་སའི་བར་ཆད་ཞི་བར་ ཤོག །ཐོས་བསམ་སྒོམ་གསུམ་འཆད་རྩོད་རྩོམ་གསུམ་གྱིས། །ཤེས་བྱས་ཕྱུག་པའི་བསྟན་ འཛིན་སྐྱེས་ཆེན་ཚོགས། །རིམ་པར་བྱོན་གང་དེ་རྗེས་འཛིན་སྐྱོང་མཁན། །བསྐལ་བརྒྱའི་བར་ དུ་ཞབས་པད་བརྟན་གྱུར་ཅིག །འདི་བྱས་ལས་བྱུང་རྣམ་དཀར་ཉལ་འགྲོའི་རྒྱུན། །སྲས་ བཅས་རྒྱལ་རྣམས་བསམ་མི་ཁྱབ་པ་ཡི། །རླབས་ཆེན་སྨོན་པའི་ཆུ་ཀླུང་དང་འདྲེས་ནས། །མཐར་ཐུག་སྐུ་བཞིའི་རྒྱ་མཚོར་འབབ་གྱུར་ཅིག །ཇི་སྲིད་དེ་མ་ཐོབ་པའི་བར་དག་ཏུ། །རྩ་ རྒྱུད་དགོངས་འགྲེལ་རྗེས་འབྲང་གཞུང་ལུགས་ལས། །ནམ་ཡང་མི་འདའ་ཐོས་བསམ་སྒོམ་ པ་དང༌། །འཆད་ཉན་དབང་ལུང་སྒྲུབ་བརྒྱུད་རིམ་སྤེལ་ཤོག །དེ་ལྟར་རྣམ་དཀར་ཡོན་ཏན་ ཕུང་པོ་ཡི། །དམ་པའི་བཀའ་དྲིན་ཅུང་ཟད་དྲན་པའི་མོད། །བབ་ཅོལ་ཚིག་གི་ཕྲེང་བ་བསྟར་ འདི་ཡང༌། །རྗེས་འཇུག་ཐ་ཤལ་སློ བ་བུ་དེ་ཡིས་ཕུལ། །དགེ་བས་མགོན་དེས་དཀའ་བ་ 8-1-472 དཔག་མེད་ཀྱིས། །བསྒྲུབ་པའི་ལུང་རྟོགས་རིན་ཆེན་བསྟན་པ་འདི། །ལུས་དང་སྲོག་ལ་ཐུག་ པར་གྱུར་ན་ཡང༌། །མི་གཏོང་སྙིང་སྟོབས་ཆེན་པོས་འཛིན་གྱུར་ཅིག །ཅེས་དཔལ་མཆོག་དང་པོའི་ སངས་རྒྱས་དུས་ཀྱི་འཁོར་ལོའི་རྟེན་དང་བརྟེན་པར་བཅས་པ་དོན་དམ་སྲིད་པ་གསུམ་གྱི་རྣམ་པར་གདོད་མ་ནས་བཞུགས་པ་ཇི་ བཞིན་འགྲོ་ཀུན་ལ་མངོན་པའི་སྨོན་ཚིག་འཁོར་འདས་ཅིག་ཅར་གསལ་བའི་བདེ་ཆེན་ཡེ་ཤེས་སྐྲུན་བྱེད་ཤེལ་གྱི་མེ་ལོང་ཞེས་བྱ་ བ་འདི་ཡང་རང་གིས་དུས་འཁོར་སྒྲུབ་མཆོད་སྟོང་གྲངས་ཀྱི་ངག་འདོན་སྐབས་མཁོ་བར་སྣང་བའི་ཁར་སྐྱབས་མགོན་མ་ཏིའི་ཉེ་ གནས་བརྩོན་འགྲུས་དཔལ་གྱིས་ཟབ་ཆོས་འདིའི་ཆེ་བ་དང་སྨོན་ལམ་བཟང་པོས་མཚམས་སྦྱོར་གྱི་རྟེན་འབྲེལ་ལེགས་མཚོན་དུ་ སེང་གེའི་གཟུགས་མཛེས་པ་ཟུང་གི་ཞུ་རྟེན་བྱས། ཡིག་བཟོ་མཁས་པའི་དཔལ་གྱུར་ཀུན་དགའ་མཆོག་གྲུབ་དང་དགེ་མ་ཚུལ་ ཁྲིམས་ལྷ་མོ་སོགས་ཀྱིས་བསྐུལ་མ་བྱས་པ་ལ་བརྟེན་ཏེ། དཔལ་འཛམ་ཐང་བསམ་འགྲུབ་ནོར་བུའི་གླིང་དུ་ཤཱཀྱའི་དགེ་སློ ང་བློ་ བཟང་ཆོས་འཕེལ་གྱིས་སྨྲས་པ་འདི་ས་རྟ་ལོའི་བཅུ་གཉིས་པ་རྒྱལ་ཟླའི་ཡར་ཚེས་བཅུ་གསུམ་པའི་སྔ་དྲོའི་ཆ་ལ་མཇུག་གྲུབ་པར་ བྱས་པ་སྟེ། དཔལ་མཆོག་དུས་ཀྱི་འཁོར་ལོའི་བཤད་སྒྲུབ་ཀྱི་བསྟན་པ་ཕྱོགས་དུས་ཐམས་ཅད་དུ་དར་བའི་རྒྱུར་གྱུར་ཅིག། །། སརྦ་མངྒ་ལཾ།