7-1-1 ཇོ་ནང་ཆོས་མཛོད་ཆེན་མོ་ལས། ངག་དབང་བློ་གྲོས་གྲ གས་པའི་་གསུང་འབུམ། ༼པོད་བདུན་པ།༽ 7-1-2 དཀར་ཆག ཐོག་མའི་གླེང་བརྗོད།...............................................................................(1) ཤར་འཛམ་ཐང་པ་ངག་དབང་བློ་གྲོས་གྲགས་པའི་རྣམ་ཐར་ཉུང་བསྡུས།.......................................(1) རྗེ་བཙུན་སྒྲོལ་མའི་སྒོ་ནས་བར་ཆད་ལམ་སེལ་འདོད་དོན་ལེགས་སྩོལ་ ཞེས་བྱ་བ་བཞུགས་སོ།།.....................................................................................(1) རྗེ་བཙུན་སྒྲོལ་མའི་སྒོ་ནས་བླ་མ་སྤྱི་ལ་སྦྱར་རུང་གི་སྒྲུབ་ཐབས་ གསོལ་བསྙེན་བྱ་ཚུལ་ཉེར་མཁོ་བཞུགས།.................................................................(4) ངེས་དོན་ཀུན་ཁྱབ་དག་སྣང་སྒྲོལ་མའི་ཆོས་སྐོར་ཆོག་སྒྲིག་སྒྲིབ་པ་ སྦྱང་ཞིང་བསོད་ནམས་བསགས་པའི་ཐབས་གྲུབ་གཉིས་ དཔལ་སྟེར་ཞེས་བྱ་བ་བཞུགས་སོ།།....................................................................(7) སྒྲོལ་མ་ཉེར་གཅིག་ཕྱོགས་མཐུན་ཉེར་བསྡུས་ ཀྱི་སྒྲུབ་ཐབས་བཞུགས་སོ།།..............................................................................(97) སྒྲོལ་ལྗང་གཙོ་མོའི་བདག་བསྐྱེད་བཞུགས་སོ།།..................................................(100) ལྷ་མོ་ཉེར་གཅིག་གི་བསྟོད་གསོལ་ཕྲིན་ལས་མྱུར་འཇུག་བཞུགས་སོ།།....................................(101) གཙོ་མོའི་སྒོས་བསྟོད་གཏང་རག་དགའ་སྟོན་བཞུགས་སོ།།........................................(103) འཕགས་མ་ལ་བཀྲ་ཤིས་རྟགས་བརྒྱད་ཀྱི་འདོད་གསོལ་ཉེར་བསྡུས་ ཕྲིན་ལས་མྱུར་འཇུག་ཅེས་བྱ་བ།.........................................................(106) མདོ་སྔགས་ཡོངས་རྫོགས་དང་འབྲེལ་བའི་འཕགས་མ་ལ་གདུང་འབོད་ཀྱི་ཚུལ་གྱིས་ འདོད་གསོལ་ལམ་ཟབ་ལེགས་འཇོ་ཞེས་བྱ་བ་བཞུགས་སོ།།............................................(108) སྒྲོལ་མའི་གསོལ་སྨོན་བསྟན་འགྲོའི་ལེགས་ཕན།............................................(110) 7-1-3 གདུང་འབོད་ཐུགས་རྗེ་འགུགས་པའི་ལྕགས་ཀྱུ།..............................................(112) འཕགས་མ་ལ་རེ་སྐྱབས་སྙིང་ནས་བྱེད་པ།.............................................................(114) འཕགས་མ་ལ་རེ་ཞུ་རྐྱེན་ངན་ཀུན་གཞོམ།........................................................(115) གསོལ་འདེབས་གདུང་འབོད་ཉེར་བསྡུས།............................................................(116) རྗེ་བཙུན་སྒྲོལ་མའི་སྒོ་ནས་སྒྲིབ་སྦྱོང་བྱེད་པའི་ཐབས་བཞུགས་སོ།།............................(118) སྒྲོལ་མའི་བཀླག་ཆོག་ཆོས་བཅུད་ཉེར་སྩོལ་ཞེས་བྱ་བ།..........................................(121) སྒྲོལ་མའི་བཀླག་ཆོག.................................................................................(125) སྒྲོལ་མའི་སྔགས་དོན་ནི།............................................................................(127) སྒྲོལ་མ་དཀར་དམར་གྱི་བསྐང་བསྡུས་བཞུགས་སོ།།............................................(127) ངེས་དོན་དང་འབྲེལ་བའི་རྗེ་བཙུན་མ་གཙོ་འཁོར་ལ་མཎྜལ་བཞི་ཡི་སྒོ་ནས་ མཆོད་པ་འབུལ་བའི་ཐབས་གྲུབ་གཉིས་མྱུར་སྩོལ་ ཞེས་བྱ་བ་བཞུགས་སོ།།...................................................................(131) རྗེ་བཙུན་སྒྲོལ་མའི་སྒོ་ནས་གཡང་འགུགས་ཀྱི་སྒྲུབ་ཐབས་ མདོར་བསྡུས་ཞེས་བྱ་བ་བཞུགས་སོ།།.................................................................(137) སྒྲོལ་མའི་བསྟོད་གཡང་བཞུགས་སོ།།....................................................(143) ཉེར་མཁོ་ལག་སྦྱིན་གཡང་འགུགས་བཞུགས་སོ།།...............................................(146) རྟགས་བརྒྱད་གཡང་འགུགས་བཞུགས་སོ།།.................................................(148) སྣ་བདུན་གཡང་འགུགས་བཞུགས་སོ།།.......................................................(150) གཡང་འགུགས་ཉུང་བསྡུས་བཞུགས་སོ།།........................................................(151) རྗེ་བཙུན་སྒྲོལ་མའི་སྒོ་ནས་གཡང་འབོད་བསྡུས་པ་གང་འདོད་ འཇོ་བའི་བུམ་བཟང་ཞེས་བྱ་བ་བཞུགས་སོ།།.........................................................(153) སྒྲོལ་མའི་གཡང་འགུགས་ཉེར་མཁོ་བསྡུས་པ།.....................................................(156) བླ་མེད་ལུགས་ཀྱི་སྒྲོལ་ཚོགས།....................................................................(157) སྒྲོལ་མའི་ཚོགས་བསྡུས།...........................................................................(159) 7-1-4 དགའ་སྟོན་ཚོགས་ཀྱི་གླུ་རང་བྱུང་ལྷན་སྐྱེས་འཆར་བྱེད་ཅེས་བྱ་བ་བཞུགས་སོ།།...........................(160) བསྔགས་གསོལ་གྱི་གླུ་བཞད་འཕགས་མའི་དགྱེས་མཆོད།........................................(161) སྒྲོལ་མའི་སྒོ་ནས་སྨོན་ཚིག་བསམ་པ་མྱུར་འགྲུབ་བཞུགས།...................................(164) གཡུ་ལོ་བཀོད་པའི་ཞིང་གི་སྨོན་ལམ་བཞུགས།...................................................(167) མངོན་པའི་སྨོན་ལམ་དོན་དམ་བདེ་ཆེན་རྡོ་རྗེའི་གཟི་བརྒྱ་བཞུགས་སོ།།...................................(170) སྨོན་ལམ་གང་སྨོན་ལེགས་འགྲུབ།................................................................(173) རྗེ་བཙུན་སྒྲོལ་མ་ཉེར་གཅིག་གི་བཀྲ་ཤིས་དགེ་ལེགས་མྱུར་སྩོལ་ ཞེས་བྱ་བ་བཞུགས་སོ།།................................................................(175) སྙན་ངག་མེ་ལོང་གི་སྤྱི་བསྡུས་འཕགས་མ་སྒྲོལ་མ་ལ་བསྔགས་ཚིག་གི་མཆོད་པ་ མཛེས་སྡུག་ཨུཏྤལ་ཕྲེང་བའི་ཆུན་པོ་རྒྱལ་ཡུམ་དགྱེས་ བསྐྱེད་ཅེས་བྱ་བ་བཞུགས་སོ།།......................................................................(179) འོད་ཟེར་ཅན་མའི་གསོལ་འདེབས།............................................................(191) རྗེ་བཙུན་སྒྲོལ་མ་དམར་མོའི་སྒོ་ནས་མཎྜལ་བཞི་པའི་མཆོད་པ་བྱེད་པའི་ ཐབས་ཚུལ་ཉུང་ངུར་བཀོད་པ་བྱིན་རླབས་འདོད་པ་འཇོ་བའི་ བུམ་བཟང་ཞེས་བྱ་བ་བཞུགས་སོ།།............................................................(193) དབང་གི་ལྷ་མོའི་ལས་ཚོགས་སྒྲུབ་ཚུལ་སྙིང་པོ་ཙམ་བཀོད་པ་གྲུབ་འབྲས་ མྱུར་འབྱིན་ཞེས་བྱ་བ་བཞུགས་སོ།།....................................................................(200) དབང་གི་ལྷ་མོའི་སྒོ་ནས་ནོར་སྒྲུབ།....................................སྒྲོལ་མའི་སྒོ་ནས་བུམ་གཏེར་སྒྲུབ་འཇོག་གི་ ཐབས་ཕུན་ཚོགས་ ཉེར་སྩོལ་ཞེས་བྱ་བ་བཞུགས་སོ།།......................................................................(207) སྒྲོལ་མའི་བསང་འབོད་ཉུང་ངུ༌།...................................................................(214) སྒྲོལ་མའི་སྒོ་ནས་མོ་བཏབ་ཚུལ་མདོར་བསྡུས་བཞུགས།.................................................... (216) སྒྲོལ་མའི་མོ་ཡིག་རྣོ་མཐོང་གསལ་བའི་ཉེར་མཁོའི་ལྷན་ཐབས།..............................(221) 7-1-5 འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་ལས་བསྐྱབས་པའི་གཏམ་རྒྱུད་ཀྱི་བརྗེད་བྱང༌།..................(227) གཙུག་ཏོར་རྣམ་པར་རྒྱལ་མ་ལྷ་དགུའི་སྒྲུབ་ཆོག་མཆོད་རྟེན་བུམ་པ་ལ་གཙོར་བརྟེན་སྟོང་མཆོད་ཀྱི་ ཆོ་ག་བུམ་སྒྲུབ་དབང་ཆོག་གི་ལག་ལེན་འགྲོ་ཕན་སྤེལ་བྱེད་རབ་གསལ་བཞུགས་སོ།།............(231) རྣམ་རྒྱལ་མཆོད་ཆོག་གི་འདོན་འགྲིགས་དེང་དུས་ཀྱི་ལག་ལེན།...........................(231) རྣམ་རྒྱལ་ལྷ་དགུའི་བརྒྱུད་འདེབས་བྱིན་རླབས་མྱུར་འཇུག་ཅེས་བྱ་བ་བཞུགས་སོ།།......................(233) གཙུག་ཏོར་རྣམ་པར་རྒྱལ་མ་ལྷ་དགུའི་སྒྲུབ་ཆོག་མཆོད་རྟེན་བུམ་པ་ལ་གཙོར་བརྟེན་ སྟོང་མཆོད་ཀྱི་ཆོ་གའི་ལག་ལེན་རབ་གསལ་བཞུགས་སོ།།...........................................(236) རྣལ་འབྱོར་རྒྱུད་དང་བྱ་རྒྱུད་ཡན་ལ་ཐུན་མོང་དུ་སྦྱར་རུང་ཆ་གསུམ་གྱི་གཏོར་ཆོག་ མདོར་བསྡུས་ཞེས་བྱ་བ་བཞུགས་སོ།།.................................................................(253) རྗེ་བཙུན་ཏཱ་ར་ནཱ་ཐས་མཛད་པའི་རྣམ་རྒྱལ་བུམ་སྒྲུབ་ཀྱི་དབང་ཆོག་འགྲོ་ཕན་ སྤེལ་བྱེད་བཞུགས་སོ།།.................................................................(260) སྣ་བདུན་ཚིགས་བཅད་སྔགས་བཅས།........................................................(270) རྣམ་རྒྱལ་མའི་འཕོ་བ་དབྱིངས་རིག་བསྲེ་བྱེད།.................................................(280) འཕགས་མ་གཙུག་ཏོར་རྣམ་པར་རྒྱལ་མའི་སྨོན་ལམ་གྱི་ཚིག་འདོད་དོན་ ལེགས་འགྲུབ་ཅེས་བྱ་བ་བཞུགས་སོ།།.................................................................(282) འཕགས་མ་གཙུག་ཏོར་རྣམ་པར་རྒྱལ་མའི་ཤིས་བརྗོད་ཕན་བདེ་ཀུན་སྩོལ་ ཞེས་བྱ་བ་བཞུགས་སོ།།...............................................................(284) བསྟན་པ་རྒྱས་སྨོན་བསྡུས་པ་བཞུགས་སོ།།.................................................(287) རྣམ་རྒྱལ་ལྷ་དགུའི་དབང་གི་མཚམས་སྦྱར་དབང་དོན་གསལ་བྱེད་ ཅེས་བྱ་བ་བཞུགས་སོ།།......................................................(287) བཀྲ་ཤིས་རྫས་བརྒྱད་ཀྱི་ལོ་རྒྱུས་ཀྱི་གོ་དོན་དང་བཅས་པ།..................................(295) རྣམ་རྒྱལ་ལྷ་མོའི་དབང་གི་མཚམས་སྦྱར་བསྡུས་པ།............................................(296) འཕགས་མ་གཙུག་ཏོར་རྣམ་པར་རྒྱལ་མའི་རིག་སྔགས་ལ་བརྟེན་ནས་ཞི་བའི་སྦྱིན་སྲེག་ བྱ་བའི་ཚུལ་གྱི་ཆོ་ག་བསྟན་འགྲོའི་ཕན་བདེ་སྤེལ་བྱེད་བཞུགས།།...................................(299) 7-1-6 རྒྱུད་སྡེ་ལྔའི་སྦྱིན་སྲེག་གི་ལས་འགྲིག་ཉུང་བསྡུས།..........................................(315) གཙོ་འདུས་བརྒྱུད་པའི་གསོལ་འདེབས་དངོས་གྲུབ་ཆར་འབེབས་བཞུགས་སོ།།..........................(317) རྒྱུད་སྡེ་ལྔའི་ལྷ་ལྔ་གཙོ་བོར་བསྡུས་པའི་མན་ངག་བླ་མ་གོང་མའི་ཕྱག་ལེན་བཞུགས་སོ།།................(318) རྒྱུད་སྡེ་ལྔ་གཙོ་བསྡུས་ལ་བརྟེན་པའི་དཀྱིལ་འཁོར་མཆོད་ཆོག་བདག་དང་བཅས་པ་ སྨིན་གྲོལ་སྙིང་པོ་ཞེས་བྱ་བ་བཞུགས་སོ།།..............................................................(323) གཙོ་འདུས་ཀྱི་སྒོ་ནས་ཚོགས་མཆོད།......................................................(339) དཔལ་རྒྱུད་སྡེ་ལྔའི་གཙོ་བསྡུས་ཀྱིས་སྒོ་ནས་གཤིན་པོ་རྗེས་འཛིན་ཐར་པར་བགྲོད་པའི་ ཐེམ་སྐས་བཞུགས་སོ།།................................................................................(341) གཙོ་འདུས་ཀྱི་སྒོ་ནས་ལྷོ ་སྒོའི་ཆོ་ག་མཚོན་ཙམ་བྱ་ཚུལ་བཞུགས་སོ།།........................(345) པར་བྱང་སྨོན་ཚིག.........................................................................(350) 7-1-7 7-1-8 ༄༅། །རྗེ་བཙུན་སྒྲོལ་མའི་སྒོ་ནས་བར་ཆད་ལམ་སེལ་ འདོད་དོན་ལེགས་སྩོལ་ཞེས་བྱ་བ་ བཞུགས་སོ། ། ༄༅། །ༀ་ན་མོ་ཏཱ་རེ་ཡ། རྒྱལ་ཀུན་ཆོས་དབྱིངས་ཡེ་ཤེས་གཉུག་མའི་ཁམས། །བྱ་གྲུབ་ ཕྲིན་ལས་རོལ་པ་ཅིར་ཡང་འཛིན། །མ་ལུས་འཇིགས་སྐྱོབས་རྗེ་བཙུན་མྱུར་མའི་ལྷ། །སྙིང་ ནས་རེ་འོ་ཐུགས་རྗེའི་བརྩེ་བས་དགོངས། །འོད་གསལ་གནས་ལུགས་འཁོར་འདས་གཤིས་ རང་བཞིན། །འཕགས་མའི་ངེས་པ་དོན་གྱི་ཆོས་སྐུ་ཆེ། །ནམ་ཡང་མི་འགྱུར་སྲོག་གི་དྭངས་ མར་བཞུགས། །ཕུན་ཚོགས་ལེགས་དགེ་ཀུན་གྱི་གཞིར་གྱུར་དེས། །བདག་ཅག་ཆོས་ལྡན་ བྱ་བ་གང་གི་སྐབས། །མཐུན་རྐྱེན་ཀུན་འགྲིགས་བར་ཆད་མཐའ་དག་ཞི། །བསམ་དོན་ཆོས་ བཞིན་གེགས་མེད་ཡོངས་འགྲུབ་སྟེ། །གང་བརྩམས་དེ་དག་ཕ་མཐར་ལེགས་ཕྱིན་མཛོད། །འཕགས་མའི་སྒྱུ་འཕྲུལ་དྲ་བའི་སྐུ་བཟང་མཆོག །རང་བཞིན་མཁའ་མཉམ་རྣམ་སྤྲུལ་ཟད་ མེད་པ། །གདུལ་བྱའི་ཁམས་དབང་བཞིན་དུ་དེར་ངོམ་ཞིང༌། །གནས་སྐབས་མཐར་ཐུག་ཕན་ བདེ་ལེགས་སྩོལ་བས། །བདག་ཅག་ཆོས་ལྡན༴ སོགས་ཚིག་རྐང་བཞི་འགྲེས། ཏཱ་རེ་འཕགས་མའི་ ཞལ་བཟང་གསར་བ་བཞད། །མཛེས་འཛུམ་ལྗང་གསལ་འོད་བཟང་འབུམ་སྤྲོ་བ། །སྒྲུབ་ལ་ བརྩེ་གཟིགས་ནམ་ཡང་མི་འདོར་ཞིང༌། །རེ་བ་གང་བྱའི་དོན་ལ་གཡེལ་མེད་པས། །བདག་ ཅག༴ སོགས། དཔལ་སྡུག་ལང་ཚོ་རབ་རྫོགས་མཛེས་མའི་སྐུ། །དཀོན་མཆོག་གསུམ་མཚོན་ 7-1-9 ཕྱག་རྒྱས་ཨུཏྤལ་བསྣམས། །སྣ་ཚོགས་དར་གོས་རིན་ཆེན་རྒྱན་གྱིས་སྒེག །སྒྲུབ་པོའི་བསམ་ དོན་ཆོས་བཞིན་འགྲུབ་བྱེད་ལྷ། །བདག་ཅག༴ སོགས། འཕགས་མའི་གསུང་མཆོག་མཁའ་ དབྱིངས་ཡོངས་ཁྱབ་པ། །གཉུག་ཁམས་གཤིས་ལས་གང་འདུལ་ཆོས་སྒྲ་སྒྲོག །གདུལ་ ཞིང་གང་གྱུར་བྱང་ཆུབ་ལམ་ལ་འགོད། །གསུང་གི་མཛད་སྒོ་བསམ་མི་ཁྱབ་པ་ཅན། །བདག་ ཅག༴ སོགས། དོན་དམ་ལྷ་མོའི་མི་རྟོག་ཡེ་ཤེས་ཐུགས། །སངས་རྒྱས་ཀུན་གྱི་ཆོས་སྐུ་ཉག་ གཅིག་ཆེ། །རྩ་གསུམ་རྒྱལ་བ་རྒྱ་མཚོ་སྤྲོ་བའི་གཞི། །མཛད་པ་རླབས་ཆེན་ཟླ་དང་བྲལ་བའི་ མ། །བདག་ཅག༴ སོགས། གསང་གསུམ་ཡོན་ཏན་ནམ་མཁའི་མཐའ་དང་མཉམ། །གང་ལ་ གང་འདུལ་གཟུགས་ཀྱིས་འགྲོ་ཁམས་འདུལ། །སྲིད་མེད་སྲིད་པར་སྤྲུལ་བསྒྱུར་སྣ་ཚོགས་ མཁན། །རིས་སུ་ཆད་མིན་ཆོ་འཕྲུལ་མངའ་བ་མོ། །བདག་ཅག༴ སོགས། རྒྱལ་ཀུན་ཕྲིན་ལས་ གཅིག་ཏུ་བཟླུམས་པའི་འཕྲུལ། །འཇིགས་པ་ཀུན་སྒྲོལ་ལེགས་དོན་མཐའ་དག་སྦྱིན། །མྱུར་ མ་དཔའ་མོ་མཚན་མཆོག་དོན་ལྡན་མ། །སྙིགས་འགྲོ་མགོན་མེད་རྣམས་ཀྱི་མགོན་གཅིག་པུ། །བདག་ཅག༴ སོགས། བླ་མ་ཀུན་འདུས་སྐྱབས་གཅིག་རིན་པོ་ཆེ། །ཡི་དམ་ཀུན་འདུས་དངོས་ གྲུབ་གཏེར་གྱི་བདག །མཆོག་གསུམ་མཁའ་འགྲོ་ཆོས་སྐྱོང་འདུས་པའི་ལྷ། །སྐྱབས་མགོན་ ཡོངས་ཀྱི་ངོ་བོ་འཕགས་མ་རྗེ། །བདག་ཅག༴ སོགས། དེ་ལྟར་རྩེ་གཅིག་གུས་པས་རེ་ལྟོ ས་བྱ། །དེ་ཕྱིར་རླབས་ཆེན་མཛད་ཕྲིན་ལེགས་བསྐྱོད་དེ། །རེ་འབྲས་བསམ་དོན་ཆོས་བཞིན་འགྲུབ་ པ་དང༌། །ནམ་དགོས་དུས་སུ་གཡེལ་བ་མེད་མཛོད་ཅིག །ཅེས་རྗེ་བཙུན་སྒྲོལ་མའི་སྒོ་ནས་བར་ཆད་ལམ་ སེལ་འདོད་དོན་ལེགས་སྩོལ་ཞེས་བྱ་བ་འདི་ཡང་དགེ་སློང་རབ་ཏུ་དགའ་བའི་མིང་གིས་ལེགས་བསྐུལ་ལྟར་མ་ཏིས་ཤར་མར་ སྤེལ་བ་ཆོས་མཆེད་ཀྱིས་ཡིག་རིས་སུ་བགྱིས་པ་དགེ།། །། ༈ བླ་མ་ཡི་དམ་དཀོན་མཆོག་རིན་ཆེན་གསུམ། །སྐྱབས་གནས་ཀུན་དངོས་རྗེ་བཙུན་ སྒྲོལ་མ་ལ། །གུས་པས་སྐྱབས་གསོལ་བྱ་བ་གང་བརྩམ་པར། །བར་ཆད་ཡོངས་སེལ་ལེགས་ 7-1-10 དོན་ཇི་བཞིན་མཛོད། །ཅེས་པའང་མ་ཏིས་སྨྲས་བཞིན་མཆེད་ཀྱིས་བྲིས།། །། ༈ དུས་གསུམ་སངས་རྒྱས་ཀུན་གྱི་ཆོས་དབྱིངས་གཤིས། །ཤེས་རབ་ཕ་རོལ་ཕྱིན་མའི་ ངོ་བོ་སྟེ། །རྗེ་བཙུན་འཕགས་མར་སྙིང་ནས་རེ་ལྟོ ས་འཆའ། །བསམ་དོན་ཆོས་བཞིན་བར་ ཆད་གེགས་བྲལ་མཛོད། །འདི་ཡང་ཚེ་རིང་རྡོ་རྗེ་ལ་མཁོ་ནས་མ་ཏིས་སོ།། །། ༈ བསླུ་མེད་མཆོག་གསུམ་ཀུན་དངོས་རྗེ་བཙུན་མ། །མྱུར་མཛད་དཔའ་མོར་འདི་ཕྱིའི་ འཇིགས་སྐྱོབས་གསོལ། །བསམ་དོན་གེགས་མེད་ཇི་བཞིན་ཡོངས་འགྲུབ་སྟེ། །ཕྱི་ནང་ གསང་བའི་བར་ཆད་མེད་པར་མཛོད། །དངོས་གྲུབ་དཔལ་གྱི་ངོར་མ་ཏིས་སོ།། །། ༈ རྗེ་བཙུན་འཕགས་མ་སྒྲོལ་མ་ཁྱེ ད་མཁྱེ ན་ནོ། །འཇིགས་དང་སྡུག་བསྔལ་ཀུན་ལས་ བསྐྱབ་ཏུ་གསོལ། །བསམ་པ་ཆོས་བཞིན་འགྲུབ་པར་བྱིན་གྱིས་རློབས། །ཆོས་ལ་བར་ཆད་ མེད་པར་བྱིན་གྱིས་རློབས། །འདི་ཡང་མ་ཏིས་སོ།། །། ༈ ཡིད་དད་གུས་རེ་ཡུལ་རྗེ་བཙུན་མ། །དུས་ད་ལྟ་ཅི་ཡོང་ཁྱེ ད་ཀྱི་ཤེས། །རང་གཞན་གྱི་ དོན་གཉིས་སྒྲུབ་པ་ལ། །ཚབས་ཆེན་གྱི་བར་ཆད་མེད་པར་མཛོད། །མ་ཏིས་སྨྲས།། །། ༈ བསམ་ལྷུན་ནི། ཕུན་ཚོགས་ལེགས་སྒོ་ཀུན་འབྱུང་འདོད་དགུའི་ལྷ། །རྗེ་བཙུན་མྱུར་མ་ ཡིད་བཞིན་དབང་གི་བདག །སྙིང་ནས་རེའོ་སྒྲུབ་པོའི་བསམ་པའི་དོན། །ཆོས་མཐུན་ལྷུན་ གྱིས་འགྲུབ་པར་བྱིན་གྱིས་རློབས། །ཞེས་པའང་མ་ཏིས་སོ།། །། 7-1-11 ༄༅། །རྗེ་བཙུན་སྒྲོལ་མའི་སྒོ་ནས་བླ་མ་སྤྱི་ལ་སྦྱར་རུང་གི་ སྒྲུབ་ཐབས་གསོལ་བསྙེན་བྱ་ཚུལ་ ཉེར་མཁོ་བཞུགས། ༄༅། །འདིར་བླ་རྣམ་མདོར་བསྡུས་བྱ་བ་ལ་ཐོག་མར་སྐྱབས་སེམས་ནི། ཆོས་དབྱིངས་ཡེ་ཤེས་འཁོར་ འདས་དྭངས་མའི་སྐུ། །འོད་གསལ་མཆོག་གསུམ་ལྷུན་གྲུབ་སྐྱབས་སུ་བསྟེན། །གཉུག་ ཁམས་དོན་ལ་རྨོངས་པའི་འགྲོ་ཀུན་ཆེད། །གནས་ལུགས་བླ་མའི་རང་ཞལ་བལྟ་བགྱིད་ དོ། །ལན་གསུམ། རང་མདུན་མཁའ་དབྱིངས་འཇའ་ཟེར་འཁྲིགས་ཀློ ང་དུ། །རྩ་བའི་བླ་མའི་ ཆོས་སྐུའི་འཕྲུལ་ཆེན་གར། །རྗེ་བཙུན་འཕགས་མའི་ངོ་བོར་ཡོངས་བཞེངས་པ། །པད་ཟླའི་ གདན་ལ་མཛེས་སྡུག་ལྷ་མོའི་སྐུ། །ལྗང་གསལ་མུ་ཏིག་མདངས་ལྡན་འཇོ་སྒེག་ཅན། །ཞལ་ རས་མཛེས་འཛུམ་གཡོ་བཞིན་དགྱེས་པའི་ཚུལ། །སྣ་ཚོགས་དར་བཀླུབས་སེམས་མའི་སྐྱིལ་ ཀྲུང་བཞུགས། །ཕྱག་ཟུང་སྐྱབས་སྦྱིན་དཀོན་མཆོག་གསུམ་མཚོན་གྱི། །ཕྱག་རྒྱས་འགྲོ་ལ་ མི་འཇིགས་སྦྱིན་མཛད་མ། །ཨུཏྤལ་སྡོང་བུ་ཐུགས་ཀ་ནས་གཡོ་བའི། །འདབ་དབུས་གེ་སར་ རྩེ་ནས་འོད་བཟང་སྤྲོ། །རིན་ཆེན་རྒྱན་བཟང་དྲ་བ་ཉེར་འཕྱངས་པ། །རྒྱལ་ཀུན་ཕྲིན་ལས་ དབང་མོར་ཡོངས་འཕོས་ཏེ། །གནས་བཞིར་རྡོ་རྗེ་རྣམ་བཞིའི་ས་བོན་བཅས། །རྩ་བའི་བླ་ མའི་ངོ་བོ་ཉིད་དུ་གསལ། །བླ་མ་རྒྱལ་ཡུམ་ཤེར་ཕྱིན་འཕགས་མ་ལ། །ཐུགས་ཡིད་དབྱེར་ མེད་ངང་ནས་གུས་ཕྱག་འཚལ། །ལུས་དང་ལོངས་སྤྱོད་མཐའ་དག་མཆོད་པར་འབུལ། 7-1-12 །ཐོག་མེད་ནས་བསགས་ཉེས་ལྟུང་མ་ལུས་བཤགས། །སྐྱེ་འཕགས་ཀུན་གྱི་དགེ་ལ་རྗེས་ ཡི་རང༌། །རླབས་ཆེན་ཆོས་འཁོར་ཆད་མེད་འགྲོ་ལ་སྐོར། །གདུལ་བྱའི་མོས་ངོར་མྱ་ངན་མི་ འདའ་བཞུགས། །དགེ་གང་འཕགས་མའི་གོ་འཕང་མྱུར་བྱེད་ཤོག །དེ་ནས་གདུང་དབྱངས་ཀྱིས་ གསོལ་བ་འདེབས་པ་ནི། རྒྱལ་ཀུན་ཕྲིན་ལས་རང་གཟུགས་བདུད་ལས་རྒྱལ། །འཕགས་མ་སྒྲོལ་ མ་འཇིགས་ཀུན་སེལ་བའི་མགོན། །འགྲོ་འདི་བུ་ལྟར་བྱམས་བརྩེའི་མངའ་བདག་མོ། །བླ་ མའི་ངོ་བོ་འཕགས་མ་ཡུད་ཙམ་དགོངས། །བདེ་ཆེན་གཡུ་ལོ་བཀོད་པའི་དག་ཞིང་སོགས། །མཐའ་ཀླས་ཞིང་མཆོག་ཀུན་ཏུ་རྣམ་འདྲེན་གཙོ། །གདུལ་བྱ་འདུལ་ལ་དུས་ལས་ཡོལ་མེད་ པ། །ཁྱེ ད་ལ་སྙིང་ནས་གུས་པས་གསོལ་བ་འདེབས། །སྔོ ན་ཚེ་ཀུན་གཟིགས་རྒྱལ་བ་མང་ དག་དྲུང༌། །ཉམ་ཐག་འགྲོ་ལ་བརྩེ་ཆེན་ཞལ་བཞེས་པའི། །བྱ་དཀའ་ཐུགས་ཀྱི་དམ་བཅའ་ ལྷོ ད་མེད་པར། །བདག་སོགས་འགྲོ་འདིའི་རེ་འདོད་སྐོང་བར་མཛོད། །སྲིད་པར་འཁྱམས་ པའི་ལས་ཉོན་གཞན་དབང་ཅན། །སྤྱི་དང་ཁྱད་པར་ངན་འགྲོའི་སྡིག་ཁུར་བ། །གང་དག་གི་ ནི་བཟོད་དཀའི་སྡུག་བསྔལ་དག །རང་རང་འཚམས་པའི་ཉེར་ཞིའི་དགའ་སྟོན་ཕོབ། །ཡང་ སྒོས་འཇིག་རྟེན་གང་དག་རྒྱུ་བའི་འགྲོ། །མཐུ་ཆེན་སྔོ ན་གྱི་ལས་མཐུ་བཙན་པོ་ཡི། །འབྲས་ བུ་སྨིན་ལ་ཉེ་བར་གྱུར་སྲིད་པ། །མཐུ་ཆེན་སྟོབས་ཀྱི་གནོད་ཤུགས་ཆུང་བར་མཛོད། །ཡངས་ པའི་རྒྱལ་ཁམས་སྐྱེ་རྒུ་གང་དག་གི །བློ་སྣ་བསྟན་ལ་ཕྱོགས་པའི་བརྟུལ་ཞུགས་འཆང༌། །རིན་ ཆེན་རྣམ་གསུམ་སྐྱབས་ཀྱི་མངའ་འོག་ཏུ། །ནམ་ཡང་གུས་འདུད་ལྷོ ད་མེད་འབྱུང་བར་མཛོད། །དེར་བརྟེན་བློ་ཁ་ཆོས་ལ་ལེགས་ཕྱོགས་ཏེ། །དབང་པོ་གང་འཚམས་ཟབ་རྒྱས་ཕུལ་བྱུང་བ། །ཆེར་སྙིགས་སྨག་རུམ་ཁྲོད་དུ་ཆོས་སྣང་གིས། །རེ་ཞིག་འགྲོ་ལ་ངལ་གསོ་སྦྱིན་པར་མཛོད། །གལ་ཏེ་སྙིགས་འགྲོ་སྔོ ན་ལས་ཟད་པ་ཞེས། །ཁག་བཞག་རེ་འབྲས་མཚན་མ་མི་མངོན་ ན། །མྱུར་མ་དཔའ་མོའི་ཐུགས་རྗེ་གང་ནས་མྱུར། །དེ་སླད་རླབས་ཆེན་ཕྲིན་ལས་འཇུག་སྒོ་ 7-1-13 སྟོན། །གཞི་དབྱིངས་དོན་གྱི་གཉུག་མ་རང་བྱུང་སྐུ། །འཁོར་འདས་སྲོག་གི་དྭངས་མར་རྟག་ བཞུགས་པ། །འཕོ་བྲལ་ཡེ་ཤེས་ཆེན་པོའི་མདངས་འོད་མཆོག །སྒྲུབ་པོ་བདག་ལ་གང་ འཚམས་མྱུར་མངོན་ཤོག །དེ་ནས་གསོལ་འདེབས་བསྡུས་པ་ནི། མ་ལུས་རྒྱལ་བའི་ཕྲིན་ལས་རང་ གཟུགས་མཆོག །རྗེ་བཙུན་བཅོམ་ལྡན་འདས་མ་འཕགས་མའི་ལྷ། །རྩ་བའི་བླ་མའི་ངོ་བོར་ གསོལ་བ་འདེབས། །སྒོ་གསུམ་སྐུ་གསུང་ཐུགས་སུ་བྱིན་གྱིས་རློབས། །ཞེས་པ་ཅི་འགྲུབ་མཐར་ མཚན་སྔགས་བཟླ་བ་ནི། གཞི་དབྱིངས་ཀུན་ཁྱབ་ཆོས་སྐུ་ཤེར་ཕྱིན་མ། །གདོད་ནས་མཁའ་ལྟར་ དག་པ་སྤྲོས་བྲལ་གཤིས། །རང་རིག་རྩལ་རྫོགས་འགག་མེད་རང་གདངས་སུ། །མ་བཅོས་ ཞེན་མེད་ངང་ནས་མཚན་སྔགས་བཟླ། །ༀ་ཨཱཿགུ་རུ་ཨཱརྱ་ཏཱ་རེ་སརྦ་སིདྡྷི་ཕ་ལ་ཏཱྃཿསྭཱཧཱ། ཞེས་ པའང་ཅི་ནུས་བཟླ། དེ་ནས་བྱིན་འབེབས་ཅིང་མཇུག་བསྡུ་བ་ནི། བླ་མ་འཕགས་མའི་གནས་བཞིའི་ཡི་གེ་ལས། །དཀར་དམར་མཐིང་སེར་འོད་ཀྱི་ཚོགས་སྤྲོས་ཏེ། །རང་གི་གནས་བཞིར་ཐིམ་པས་སྒྲིབ་བཞི་ དག །བླ་མེད་དབང་བཞི་ཡོངས་རྫོགས་དངོས་གྲུབ་ཐོབ། །འཕགས་མ་བླ་མའི་ངོ་བོ་བདུད་ རྩིར་ཞུ། །སྤྱི་བོའི་གཙུག་ནས་ལུས་སེམས་དབྱེར་མེད་ངང༌། །དགེ་འདིས་བདག་སོགས་ རིང་པོར་མི་ཐོགས་པར། །བླ་མ་འཕགས་མའི་ཟུང་འཇུག་རིམ་མངོན་ཤོག །ཏཱ་རེ་དཔལ་ མོ་གསུམ་ལྡན་རྡོ་རྗེ་འཛིན། །གདོད་ནས་མི་ཤིགས་ཆོས་སྐུ་གཅིག་གི་ངང༌། །ནམ་ཡང་རིས་ བྲལ་དོན་དམ་གཤིས་སུ་རྫོགས། །བདེན་པ་འདིས་ནི་དགེ་མཚན་འབར་གྱུར་ཅིག །ཅེས་པ་འདི་ ཡང་གྲྭ་བཙུན་ངག་གྲུབ་དང༌། རིན་ཆེན་རྡོ་རྗེ་ཟུང་གིས་རང་ལ་བླ་རྣམ་ཞིག་དགོས་ཞེས་བསྐུལ་ངོ་མི་ལྡོ ག་ཙམ་དུ། མ་ཏིས་བླ་མ་ སྤྱི་ལ་སྦྱར་རུང་དུ་སྨྲས་པའི་ཡི་གེ་པ་ནི་ངག་དབང་ཡོན་ཏན་བཟང་པོས་བགྱིས་པ་ཛ་ཡནྟུ།། །། 7-1-14 ༄༅། །ངེས་དོན་ཀུན་ཁྱབ་དག་སྣང་སྒྲོལ་མའི་ཆོས་སྐོར་ཆོག་སྒྲིག་ སྒྲིབ་པ་སྦྱང་ཞིང་བསོད་ནམས་བསགས་པའི་ཐབས་ གྲུབ་གཉིས་དཔལ་སྟེར་ཞེས་བྱ་བ་ བཞུགས་སོ། ། ༄༅། །ན་མོ་ཨཱརྱ་ཏཱ་རེ་བྷྱཿ དགེ་ལེགས་ཡེ་ཤེས་རོལ་པའི་འཕྲུལ། །རྣམ་ཀུན་གཟུགས་ཀྱིས་འགྲོ་ཁམས་འདུལ། །ཕྲིན་ལས་རབ་མྱུར་དཔའ་མོ་རྗེ། །སྤྲུལ་གར་ལྷ་མོའི་ཚོགས་བཅས་རྒྱལ། །ཐུགས་རྗེའི་གཏེར་གང་ལ་བརྟེན་པའི། །བསོད་ ནམས་བསགས་སྦྱངས་ལེགས་སྤེལ་ཐབས། །ལྷག་ལྷར་གྱུར་ལ་རབ་གུས་ངང༌། །དུས་སུ་མཁོ་བབ་འདི་ན་འཆད། །དེ་ལ་ འདིར་རྗེ་བཙུན་མ་འཕགས་མ་སྒྲོལ་མ་སྤྲུལ་པ་ལྷ་མོའི་ཚོགས་དང་བཅས་པ་ལ་བརྟེན་ནས་བསོད་ནམས་ཀྱི་ཞིང་ཁྱད་པར་ཅན་ ལ་བགྱི་བའི་བསགས་སྒོ་ཡང་དག་པ་ཆེས་མཐའ་ཀླས་པའི་ཚུལ་འཕགས་བོད་ཀུན་ཏུ་ཕྱག་བཞེས་མན་ངག་སྣ་ཚོགས་པ་མང་ པོ་ཉེ་བར་བཞུགས་པ་རྣམས་ནི་རྒྱུད་སྡེ་འོག་མ་དང་གོང་མའི་ལུགས་ཅི་རིགས་སུ་སྒྲུབ་མཆོད་བྱ་རིམ་ལ་གཏོགས་པ་ལས། དེང་ སྐབས་གངས་རིའི་ཁྲོད་དུ་ཇོ་བོ་བཀའ་གདམས་པ་གང་དག་གི་ཕྱག་སྲོལ་བྱ་རྒྱུད་ལུགས་ཁ་གྲགས་ཆ་ཆེ་ཞིང༌། གཞན་བླ་མེད་ དུ་གཏོགས་པའི་རྙིང་ཕྱོགས་བཀའ་གཏེར་འགའ་དང་སྔགས་གསར་ཕྱོགས་སྟག་ཕུ་བའི་དག་སྣང་ཆོས་སྐོར་སོགས་དེ་འདྲ་ཅི་ རིགས་པའང་ཡོད་པ་ལྟར་འདི་ན་སྐབས་སུ་བབས་པ་རང་གི་ཡི་དམ་ལྷག་པའི་ལྷར་གྱུར་ངོས་ནས་དག་སྣང་གཙོ་ཆེ་བའི་སྒྲོལ་ མའི་ཆོས་སྐོར་ལ་བརྟེན་སྒྲིབ་པ་སྦྱང་ཞིང་བསོད་ནམས་བསགས་པའི་ཐབས་དགོས་མཁོ་དུས་བབ་སྐོར་ཕྱོགས་ཚན་གཅིག་ཏུ་ བསྒྲིག་པ་ལ། ཐོག་མར་སྒྲོལ་བསྟོད་ཕྱག་འཚལ་ཉེར་གཅིག་གི་རྒྱུད་བཀླག་པའི་ཆོ་ག་ལ་བརྟེན་ནས་སྒྲིབ་སྦྱངས་བསོད་ནམས་ བསགས་ཚུལ་དང༌། གོང་མའི་ཕྱག་བཞེས་མཎྜལ་བཞི་ཆོག་གི་སྒོ་ནས་གཡང་འགུགས་ཇི་ལྟར་བྱ་བའི་ཚུལ་མདོར་བསྡུས་བཅས་ 7-1-15 དང༌། བར་དུ་ལྷ་མོ་ཉེར་གཅིག་ལ་བརྟེན་པའི་གཡང་སྒྲུབ་བྱ་ཚུལ་དང༌། ཐ་མར་བླ་མེད་སྒྲོལ་མའི་ལུགས་ཀྱི་ཚོགས་མཆོད་སོགས་ ཇི་ལྟར་བྱ་བའི་ཚུལ་དང་གསུམ་ཡོད་པ་ལས། དང་པོ་ལ་རྒྱུད་བཀླག་ཆོག་ལ་བརྟེན་ནས་སྒྲིབ་སྦྱངས་ཚོགས་བསགས་ཇི་ལྟར་བྱ་ ཚུལ་དངོས་དང༌། མཎྜལ་བཞི་ཆོག་གི་སྒོ་ནས་གཡང་འགུགས་མདོར་བསྡུས་ཀྱི་ཚུལ་གཉིས་ལས། ༈ དང་པོ་རྒྱུད་བཀླག་ཆོག་གིས་སྒྲིབ་སྦྱངས་དང་ཚོགས་བསགས་བྱེད་རིམ་ལ། སྤྲོས་མེད་དང༌། སྤྲོས་བཅས་གཉིས་ལས། དང་པོ་སྤྲོས་མེད་ནི་སྒྲུབ་པོ་གང་དག་གནས་ཁང་དུ་བདེ་བའི་སྟན་ལ་འདུག་ནས་འཕགས་མ་རྣམ་འཕྲུལ་བཅས་དག་སྣང་དུ་ དངོས་བཞུགས་ཀྱི་འདུ་ཤེས་ཡིད་ཆེས་དད་གུས་བརྟན་པོ་དང་བཅས་པ་འདི་མ་གཏོགས་མཆོད་བཤམས་བཀོད་སྒྲིག་གང་ཡང་ མི་དགོས་པའི་དབང་དུ་བྱས་པ་སྟེ། དེ་ལ་དམིགས་རིམ་ཚིག་རྗེས་དོན་དྲན་གྱི་ངང་འདོན་ཆ་ཇི་ལྟར་བྱ་རིམ་ནངས་སྔ་མོ་ཐོག་ མར་བར་ཆད་ལམ་སེལ་ཇི་ལྟར་རིགས་པ་འདོན། དེ་ནས་སྒྲོལ་མའི་བླ་སྒྲུབ་རང་གཞུང་ལྟར་མགོ་ནས་མཇུག་བར་བཏང་མཐར། སྒྲོལ་མའི་སྒྲིབ་སྦྱངས་ལ་འཇུག་སྟེ་བསྟོད་རྒྱུད་གྲངས་མང་འདོན་པ་ནན་ཏན་ཆེ་བ་བཅས་མགོ་མཇུག་ཡོངས་རྫོགས་ལོང་སྐབས་ དང་བསྟུན་པ་བྱ། དེ་ནས་སྒྲོལ་མའི་བཀླག་ཆོག་གི་མགོ་ནས་བཟུང་རང་གི་དཀྱུས་བཞིན་བསྟོད་རྒྱུད་གྲངས་མང་པོས་ཁོག་ཕུབ་ སྟེ་ཇི་ལྟར་ཁོམ་ལོང་དང་སྐབས་བསྟུན་གྱིས་མཐར་རྒྱུད་ཕན་ཡོན་བཅས་སོང་རྗེས་སུ། སྒྲོལ་མའི་བསྟོད་པ་རྣམས་ཆ་ཚང་ངམ་ཇི་ ལྟར་འོས་པ་བྱ་ཞིང༌། དེ་བཞིན་དུ་རིམ་པར་འདོད་གསོལ། གདུང་འབོད་རྣམས་ཀྱང་ཆ་ཚང་ངམ་ཅི་འོས་དང༌། དེ་ནས་འོད་ཟེར་ ཅན་མའི་གསོལ་བསྙེན་ཡང་བྱས་མཐར། སྒྲོལ་མའི་བཀྲ་ཤིས་བྱ། དེ་ནས་སྒྲོལ་མའི་བཀླག་ཆོག་གི་སྒྲོལ་མ་གཙོ་འཁོར་འོད་ ཞུ། བསྔོ ་སྨོན་བཅས་རྫོགས་པ་ན། སྒྲོལ་མའི་སྨོན་ཚིག་དང་གཡུ་ལོ་བཀོད་ཞིང་གི་སྨོན་ལམ་ཆེ་ཆུང་གང་སྤྲོས་མཐའ་བརྒྱན་པར་ བྱའོ། །དེ་འདྲའི་སྒྲུབ་སྦྱངས་ཚོགས་བསགས་ཐབས་ནི་སྔ་དྲོ་ཕྱི་དྲོ་གང་ཡང་རུང་བའམ་ཞག་གཅིག་གམ་ཞག་དུ་མར་ཅི་འོས་འོས་ སུ་བྱས་ན་ཆོག གཉིས་པ་སྤྲོས་བཅས་ཀྱི་རིམ་པ་ལ། སྦྱོར། དངོས། རྗེས་གསུམ་ལས། དང་པོ་སྦྱོར་བ་ནི་སྒྲུབ་པོ་རྣམས་གནས་པའི་ཁང་ པར་མཆོད་སྟེགས་ཇི་ལྟར་འཚམས་པའི་ཁར་གོང་དུ་སྒྲོལ་མའི་སྐུ་བརྙན་བྲིས་འབུར་ཅི་འཛོམས་ཀྱི་མདུན་སྟེགས་བང་རིམ་ཇི་ འཚམས་ལ་ཉེར་སྤྱོད་མཆོད་པ་ཕྲེང་དུ་བསྒྲིག་པ་སྟེ། དེ་ཡང་མཆོད་ཡོན། མེ་ཏོག བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོའི་བར་ཉེར་སྤྱོད་བདུན་པོ་རེ་རེ་བཞིན། བརྒྱ། སྟོང༌། ཁྲི་སོགས་གྲངས་ཚད་ཅི་སྤྲོ་དེ་སྙེད་ཕྲེང་ཚར་ལེགས་བསྒྲིག་གི་ 7-1-16 བཤམས་བཀོད་རྒྱས་སྤྲོ་འབྱོར་བ་ལ་དེ་ལུགས་བཞིན་བྱས་ནས་ངག་འདོན་གྱི་རིམ་པ་ནི། སྐད་ཅིག་གིས་དག་སྣང་ མོས་པའི་གནས་ཡུལ་རྒྱ་ཆེ་བའི་ཞིང་འབྱམས་ཀླས་པ་ཀུན་ན་དོན་དམ་ཆོས་ཀྱི་དབྱིངས་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་དག་མཉམ་མཁའ་མཐར་བརྡལ་བ་ཉིད། འཕགས་མ་ བཅོམ་ལྡན་འདས་མའི་ལྷ་ཚོགས་རབ་འབྱམས་སུ་ཤར་བ་གང་དག་གི་གསང་གསུམ་མཛད་ ཕྲིན་གྱི་ཆེ་བ་ཟླ་དང་བྲལ་བས་གནས་སྐབས་ཆོས་དང་འགལ་བའི་རྐྱེན་མཐའ་དག་ཀུན་ནས་ རབ་ཏུ་ཞི་བར་གྱུར་ཏེ། ལེགས་ཚོགས་བསོད་ནམས་ཆོས་ཀྱི་དཔལ་ཁ་ཕྱོགས་བརྒྱར་བཞད་ པའི་མཐུན་རྐྱེན་ཕུལ་དུ་བྱུང་བའི་སྒོ་མཐའ་ཡས་པ་གང་དག་ཕུན་སུམ་ཚོགས་པར་གྱུར་ཅིག ༀ་ན་མོ་ཏཱ་རེ་བྷྱཿ རྒྱལ་ཀུན་ཆོས་དབྱིངས་ཡེ་ཤེས་གཉུག་མའི་ཁམས། །ནས། ནམ་དགོས་ དུས་སུ་གཡེལ་བ་མེད་མཛོད་ཅིག །ཅེས་པའི་བར་ཆད་ལམ་སེལ་ཅི་འགྲུབ་བྱ། དཔལ་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་གཤིས་ལུགས་ཆེན་པོ་ཆོས་ཀྱི་སྐུའི་རང་ མདངས་ལས་ལོངས་སྤྱོད་རྫོགས་པའི་རོལ་པ་ཅིར་ཡང་ངེས་པར་འཆར་བ། དེ་ལས་ཀྱང་ སྤྲུལ་པའི་སྐུའི་བཀོད་ཆེན་སྣ་ཚོགས་པ་ནམ་མཁའ་དང་མཉམ་ཞིང་རྒྱ་རིས་སུ་མ་ཆད་པ་ འཕགས་མ་ལྷ་མོ་ཉེར་གཅིག་གང་དག་དང་དེ་དག་གིས་རྗེས་སུ་བཟུང་བའི་གྲུབ་བརྙེས་རིག་ པ་འཛིན་པའི་སྡེ་སོགས་ངོ་མཚར་རླབས་ཆེན་གྱི་ཐུགས་རྗེ་ཆེ་མངའ་མཐའ་དག་ལ། གུས་ པས་གསོལ་བ་འདེབས་ཤིང་རྒྱུད་བྱིན་གྱིས་བརླབ་པར་མཛད་དུ་གསོལ། ༀ་འཕགས་མ་ལྷ་ མོའི་ཚོགས་ལ་གུས་པས་གསོལ་བ་འདེབས་སོ་རྒྱུད་བྱིན་གྱིས་བརླབ་པར་མཛོད། དཔལ་ ལྡན་ཆོས་སྐུ་གཤེགས་སྙིང་དེ་བཞིན་ཉིད། །འཁོར་འདས་སྲོག་གི་དྭངས་མར་ལེགས་ བཞུགས་པ། །ཡེ་ཤེས་ཆེན་པོའི་རོལ་པ་ཟད་མེད་གཏེར། །གུས་པས་གསོལ་བ་འདེབས་སོ་ བྱིན་གྱིས་རློབས། །ཡེ་ཤེས་དབྱིངས་ལས་ལོངས་སྤྱོད་སྒྱུ་མའི་ལྷ། །འོག་མིན་ལྔ་ལྡན་ཞིང་ གི་གཙོར་གྱུར་པ། །དག་པའི་སེམས་ཅན་འདྲེན་པའི་ཕྲིན་ལས་ཅན། །གུས་པས་གསོལ་བ༴ 7-1-17 གང་ལས་མ་གཡོས་མཆོག་གི་སྤྲུལ་པའི་སྐུ། །པོ་ཊ་ལ་སོགས་ཞིང་ཁམས་འབྱམས་ཀླས་པར། །རང་དང་འཚམ་པའི་གང་འདུལ་གར་བསྒྱུར་མཁན། །གུས་པས་གསོལ་བ༴ ཁྱད་པར་རྒྱལ་ ཀུན་ཕྲིན་ལས་མྱུར་མའི་ལྷ། །བདུད་དགྲ་འདུལ་བའི་དཔའ་མོ་མཐུ་ཆེ་བ། །རྗེ་བཙུན་སྒྲོལ་ མ་སྒྲུབ་ལ་བརྩེ་གཟིགས་ཅན། །གུས་པས་གསོལ་བ༴ བཅོམ་ལྡན་འདས་མའི་རྣམ་པར་རོལ་ པའི་འཕྲུལ། །དབྱངས་ཅན་ལྷ་མོ་ངག་གི་དཔལ་སྟེར་མ། །བསོད་ནམས་སྦྱིན་མ་ལེགས་སྒོ་ ཀུན་གྱི་དཔྱིད། །གུས་པས་གསོལ་བ༴ རྣམ་པར་རྒྱལ་མ་ཚེ་དང་ཡེ་ཤེས་གཏེར། །དབང་གི་ ལྷ་མོ་རིག་བྱེད་དཔལ་གྱི་ཡུམ། །འཇིགས་བྱེད་ཆེན་མོ་བདུད་རིགས་འཇོམས་པའི་གཤེད། །གུས་པས་གསོལ་བ༴ གཞན་གྱིས་མི་ཐུབ་འཕགས་མ་སྒྲོལ་མ་རྗེ། །གཞན་ལས་རབ་རྒྱལ་ མཐུ་སྟོབས་ཟླ་བྲལ་བ། །ནགས་ཀྱི་སྒྲོལ་མ་འགྲོ་འདྲེན་དམ་པའི་ཕུལ། །གུས་པས་གསོལ་ བ༴ འཇིག་རྟེན་གསུམ་རྒྱལ་ཁམས་གསུམ་དཔའ་མོ་ཆེ། །ནོར་གཏེར་དཔལ་གཡང་ཀུན་གྱི་ མངའ་བདག་མོ། །ལེགས་དགེའི་དཔལ་ཡོན་བཀྲ་ཤིས་ཀུན་མཛད་མ། །གུས་པས་གསོལ་ བ༴ དགྲ་སྡེའི་དཔུང་འཇོམས་ཕྲིན་ལས་རླབས་ཆེན་བདག །རབ་ཁྲོའི་གཏུམ་པའི་སྤྱན་གྱིས་ བགེགས་ལ་གཟིར། །ཆོས་དབྱིངས་གནས་ལུགས་གཤིས་སུ་རབ་ཞི་མ། །གུས་པས་གསོལ་ བ༴ འབར་འོད་ཕྲེང་བས་ལེགས་སྣང་སྦྱིན་མཛད་གཉེན། །དཔག་མེད་སྟོབས་ཀྱི་བདག་མོ་ སྐྱེ་དགུའི་སྐྱབས། །རྨ་བྱ་ཆེན་མོ་དུག་སེལ་ལྷ་མོ་རྗེ། །གུས་པས་གསོལ་བ༴ མི་ཕམ་རྒྱལ་ མོ་ཆོས་ནོར་སྩོལ་བའི་གཉེན། །རི་ཁྲོད་ལྷ་མོ་ནད་རིམས་འཇོམས་ལ་དཔའ། །འོད་ཟེར་ ཅན་མ་དགྲ་བགེགས་ཀུན་འཇོམས་མོ། །གུས་པས་གསོལ་བ༴ ཐུགས་རྗེ་ཆེ་མངའ་མྱུར་མ་ གཙོ་འཁོར་གྱིས། །རྗེས་སུ་ལེགས་བཟུང་འཕགས་བོད་མཁས་གྲུབ་ཚོགས། །བརྒྱུད་འཛིན་ རྩ་བའི་བླ་མའི་བར་རྣམས་ལ། །གུས་པས་གསོལ་བ༴ དེ་ལྟར་རྩེ་གཅིག་གུས་པས་གསོལ་ བཏབ་མཐུས། །བདག་སོགས་འགྲོ་ལ་སྒྲིབ་གཉིས་བག་ཆགས་སྦྱངས། །བསོད་ནམས་ཡེ་ 7-1-18 ཤེས་ཚོགས་ཆེན་རབ་རྫོགས་ཏེ། །འཕགས་མའི་ཆོས་སྐུའི་རང་ཞལ་མྱུར་མཇལ་ཤོག །ཅེས་ པའི་གསོལ་འདེབས་ལན་གཅིག་གི་མཐར། རང་ཉིད་གནས་འགྱུར་ཏེ་འོད་གསལ་ཆེན་པོའི་ངང་ལས་ འཕགས་མ་སྒྲོལ་མའི་སྐུ་སྣང་ལ་རང་བཞིན་མེད་པར་གྱུར། རང་གི་ཐུགས་ཀ་ནས་རཾ་ཡཾ་ ཁཾ་གསུམ་སྤྲོས་པས་མཆོད་རྫས་གང་དག་ལ་ཕོག་པས་ཉེར་སྤྱོད་མཆོད་པ་དེ་རྣམས་ཀྱི་མ་ དག་པའི་དྲི་མའི་ཚོགས་སྐད་ཅིག་ལ་བསྲེགས་གཏོར་བཀྲུས་པའི་སྒོ་ནས་རང་བཞིན་སྟོང་ པའི་དབྱིངས་དེ་ཉིད་ལས། བཅོམ་ལྡན་འདས་མ་རྗེ་བཙུན་འཕགས་མ་སྒྲོལ་མའི་གསང་ བ་གསུམ་གྱི་བྱིན་རླབས་མཆོག་གི་སྟོབས་ལ་ཉེ་བར་བརྟེན་བདག་ཅག་གི་རིག་སྔགས་ཏིང་ ངེ་འཛིན་ཕྱག་རྒྱ་རྣམ་པར་དག་པས་བྱེད་རྐྱེན་ཙམ་བྱས་སྟོབས་ཀྱིས་མཆོད་པའི་དངོས་པོ། མཆོད་ཡོན། མེ་ཏོག བདུག་སྤོས། སྣང་གསལ། དྲི་མཆོག ཞལ་ཟས། རོལ་མོ་བཟང་ཞིང་ གྱ་ནོམ་པ་ནམ་མཁའི་མཐའ་ཀླས་ཤིང་ཆོས་ཀྱི་དབྱིངས་མུ་མཐར་ཐུག་པར་ཡོངས་སུ་གང་ བ་འཕགས་པ་ཀུན་ཏུ་བཟང་པོའི་མཆོད་བཀོད་ལ་འགྲན་བཟོད་ཅིང་ནམ་མཁའ་མཛོད་ཀྱི་ ལོངས་སྤྱོད་ལྟར་ཀུན་ནས་ཟད་མེད་གཏེར་གྱི་ཕུང་པོ་རྗེ་བཙུན་མ་འཁོར་བཅས་ཀྱི་ཐུགས་ རྒྱུད་ལ་ཟག་མེད་བདེ་ཆེན་འཕེལ་བྱེད་དགྱེས་བསྐྱེད་ཁྱད་པར་བའི་མཆོད་སྤྲིན་ཕུན་སུམ་ ཚོགས་པར་གྱུར་ཅིག ༀ་བཛྲ་ཨརྒྷཾ་སྭཱཧཱ། ༀ་བཛྲ་པུཥྤེ་ཨཱཿཧཱུཾ། ནས། ཤབྟའི་བར་བརྗོད་ལ། ན་ མཿཨཱརྱ་ཏཱ་རེ་ས་པཱ་རི་བཱ་རེ་ནཱཾ། སརྦ་ཐཱ་ཁཾ་ཨུདྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་ས་མནྟ་སྭཱཧཱ། ཞེས་ པ་ལན་བདུན་བརྗོད་པས་མཆོད་རྫས་རྣམས་བྱིན་གྱིས་བརླབས། དཔལ་ལྡན་རྩ་བའི་བླ་མའི་ཐུགས་ཆོས་དབྱིངས་ཡེ་ཤེས་ལས་ཤར་བའི་རྗེ་བཙུན་མ་ ཐུགས་རྗེའི་མངའ་བདག་མདུན་གྱི་ནམ་མཁར་སྐད་ཅིག་གིས་གསལ་བཏབ་སྟེ། ཆོས་ དབྱིངས་ཡེ་ཤེས་འཁོར་འདས་དྭངས་མའི་སྐུ། །སོགས་ནས་རང་དཀྱུས་ལྟར། གསོལ་འདེབས། མཚན་ སྔགས་གྲངས་མང་བཅས་མཐའི། བདེན་པ་འདིས་ནི་དགེ་མཚན་འབར་གྱུར་ཅིག །ཅེས་པའི་བར་གྱི་བླ་སྒྲུབ་ 7-1-19 བཏང༌། རང་གཞན་མཐའ་དག་གིས་དད་གུས་དག་སྣང་ཟབ་མོའི་བྱེད་པ་ལ་བརྟེན་ཐོག་མེད་ ནས་བསགས་པའི་ཉམས་ཆག་གང་ཡོད་ཚད་ལེགས་པར་སྦྱངས་ཆེད་རྩ་བའི་བླ་མ་མཆོག་ གི་ཆོས་སྐུ་ཡེ་ཤེས་ཆེན་པོའི་རོལ་པ་ལས་རང་ཤར་གྱི་ཚུལ་དུ་འཕགས་མ་གཙོ་འཁོར་ཐམས་ ཅད་མཁའ་དབྱིངས་སུ་བཀྲ་ལམ་མེར་གསལ་བར་གྱུར། ན་མོ། སྐྱབས་གནས་ཀུན་འདུས་ པའི་བདག་ཉིད༴ ཅེས་པ་ནས། མཐའ་བསྐོར་གྱི་པད་འདབ་ཉི་ཤུ་ལ་མདུན་ནས་གཡས་བསྐོར་ གྱི་རིམ་པས་བརྩམས་ཏེ་རྗེ་བཙུན་མའི་རྣམ་པར་རོལ་པ་ཕྱོགས་མཚམས་འཁོར་ཡུག་ཏུ་ འཁོར་གྱི་ལྷ་མོ་བཅུ་ཕྲག་ཟུང་གིས་ལེགས་པར་བསྐོར་བ་ནི། བྱང་ཤར་ནས་བཟུང་ཤར་གྱི་ འདབ་མ་ལྔ་པོ་ལ་ལྷ་མོ་དབྱངས་ཅན་འཕགས་མ་སྐུ་མདོག་དཀར་གསལ། བསོད་ནམས་ སྦྱིན་མོ་དམར་བ། རྣམ་པར་རྒྱལ་མ་དཀར་མོ། རིག་བྱེད་དབང་མོ་དམར་གསལ། རབ་ འཇིགས་འཕགས་མ་རཱ་གའི་མདོག་རྣམས་དང༌། ལྷོ འི་འདབ་མ་ལྔ་ལ་ལྷ་མོ་གཞན་མི་ཐུབ་མ་ སྐུ་མདོག་ལྗང་སྔོ ན། གཞན་ལས་རྒྱལ་མ་ལྗང་ནག་གི་མདོག སེང་ལྡེ ང་ནགས་སྒྲོལ་ལྗང་འོད་ འཚེར་བ། གསུམ་རྒྱལ་ལྷ་མོ་དཀར་བའི་མདངས། ནོར་སྦྱིན་མ་གསེར་གྱི་མདོག་རྣམས་དང༌། ནུབ་ཀྱི་འདབ་མ་ལྔ་ལ་ལྷ་མོ་བཀྲ་ཤིས་དོན་མཛད་དམར་མོ། དགྲ་དཔུང་འཇོམས་མ་དང༌། རབ་ཁྲོའི་གཏུམ་མོ་གཉིས་མཐིང་ནག རབ་ཞི་མ་ཤིན་ཏུ་དཀར་བ། འབར་ཕྲེང་འཁྲུགས་ མ་བཻཌཱུརྱའི་མདོག་རྣམས་དང༌། བྱང་གི་འདབ་མ་ལྔ་ལ་ལྷ་མོ་དཔག་མེད་གནོན་མ་དམར་ གསལ། རྨ་བྱ་ཆེན་མོ་ལྗང་འོད་མདངས། མི་ཕམ་རྒྱལ་མོ་དཀར་གསལ་གྱི་ཕུང་པོ། རི་ཁྲོད་ ལྷ་མོ་རབ་ཏུ་དམར་བ། འོད་ཟེར་ཅན་མ་གསེར་བཟང་གི་མདོག་རྣམས་ཏེ། ལྷ་མོའི་འཁོར་ དེ་རྣམས་ལས་གསུམ་རྒྱལ་ལྷ་མོ་ཞི་བའི་ཞལ་གཅིག་ལ་སྤྱན་གསུམ་དང༌། དགྲ་འཇོམས་ རབ་ཁྲོའི་མ་གཉིས་ཅུང་ཟད་ཁྲོ་བའི་ཞལ་གཅིག་ལ་སྤྱན་གསུམ་པ་དེ་ལྷག་གི་གཙོ་མོ་དང་ 7-1-20 བཅས་འཁོར་ལྷ་མོ་ཐམས་ཅད་ཞལ་གཅིག་སྤྱན་ཟུང་གིས་ཉེ་བར་མཛེས་ཤིང༌། འཁོར་གྱི་ལྷ་ མོ་རྣམས་ཕྱག་གཉིས་མ་གཡས་པས་མཆོག་སྦྱིན་དང་གཡོན་པས་ཨུཏྤལ་ཡུ་བ་ཐུགས་ཀར་ འཛིན་པ་ཞབས་ཕྱེད་སྐྱིལ་དུ་བཞུགས་བཞིན་སྐུ་ལ་དར་དང་རིན་པོ་ཆེའི་རྒྱན་ཆ་ལུགས་གཙོ་ མོ་གང་ཉིད་དང་མཚུངས་པ་འཁོར་གྱི་ལྷ་མོ་དེ་དག་ཀྱང་དབུས་གཙོ་མོ་བཅོམ་ལྡན་འདས་མ་ ལ་ཕྱོགས་ཏེ་ཞལ་ནང་དུ་གཟིགས་པའི་ཚུལ་དུ་ལེགས་པར་བཞུགས་པ། དེ་ལྟར་གཙོ་འཁོར་ ཐམས་ཅད་ཡེ་ཤེས་གཅིག་གི་རོལ་པ་ལས་ཤར་ཞིང་གདོད་ནས་དམ་ཡེ་གཉིས་སུ་མེད་ཅིང་ དགོངས་ཆེན་དབང་སྐུར་གྱི་རྩལ་གཤིས་སུ་རྫོགས་པའི་རང་བཞིན་དོན་དམ་ཆོས་སྐུའི་བླ་མ༴ སོགས་ནས། རང་གཞུང་ལྟར། བཤགས་པ། ཕྱག་འཚལ། གསུང་དམིགས། དེ་ཉིད་སྒོམ་པ་རྣམས་ལ། བསྟོད་རྒྱུད་གྲངས་མང་ བཅས་དངོས་གྲུབ་བླངས། བདག་སྲུང༌། བསྡུ་བསྔོ འི་བར་རྫོགས་པའི་མཐའི། ལེགས་འཁྲུངས་བྱེད་པར་ཤོག་ཅིག དེ་དག་ནི་སྦྱོར་བ་སྒྲིབ་སྦྱངས་སྔོ ན་འགྲོའི་རིམ་པའོ། ། གཉིས་པ་དངོས་གཞི་ཚོགས་བསགས་ཇི་ལྟར་བྱ་ཚུལ་ནི། བདག་དང་མཐའ་ཡས་པའི་སེམས་ཅན་ གང་དག་གིས་རླབས་པོ་ཆེའི་བསོད་ནམས་བསགས་པའི་སླད་དུ་གདོད་མ་ཆོས་ཉིད་དུ་ བཞུགས་པའི་ངེས་པ་དོན་གྱི་འཕགས་མའི་ལྷ་ཚོགས་བླ་མ་རྡོ་རྗེ་འཆང་གི་ཐུགས་ཆོས་སྐུའི་ རང་གཤིས་དང་མི་གཉིས་པ་དེ་དག་མོས་སྣང་ཡ་མཚན་པའི་ཞིང་ཁྱད་པར་བའི་ཡུལ་དུ། སྐད་ཅིག་གིས་མངོན་སུམ་ཇི་བཞིན་བཀྲ་ལམ་མེ་འོད་ཕུང་གི་རྣམ་པར་མཁྱེན་བརྩེ་ནུས་པ་ རྒྱ་མཚོའི་མངའ་བདག་མཆོག་ཏུ་ལེགས་བཞུགས་མཛད་པར་དམིགས་ལ། སྐྱབས་གནས་ དཀོན་མཆོག་གསུམ་གྱི་བདག་ཉིད་དཔལ་ལྡན་རྩ་བའི་བླ་མ༴ སོགས་ནས། གཞན་ཉི་ཤུ་པོ་ འཁོར་གྱི་ཚུལ་དུ་བཞུགས་པ་ནི༴ གོང་སྒྲིབ་སྦྱངས་སྐབས་ལྟར། བྱང་ཤར་ནས་བཟུང་ཤར་གྱི་འདབ་ མ་ལྔ་པོ་ལ༴ ཞེས་པ་ནས། འཁོར་གྱི་ལྷ་མོ་དེ་དག་ཀྱང་ཐམས་ཅད་ཀྱི་ཞལ་སྒྲུབ་པ་པོ་གང་དག་ལ་ ལེགས་པར་ཕྱོགས་ཤིང་བརྩེ་བ་ཆེན་པོའི་དགྱེས་ཞལ་མཆོག་གིས་མངོན་དུ་གཟིགས་བཞིན་ 7-1-21 པའི་རྣམ་པ་ཅན། གཙོ་འཁོར་དེ་དག་ཀྱང་གདོད་མ་ཆོས་ཉིད་ནས་དམ་ཡེ་དབང་བསྐུར་རོ་ མཉམ་ཆེན་པོ་རྩ་བའི་བླ་མ་རྡོ་རྗེ་འཆང༴ སོགས་ནས། རང་དཀྱུས་བཞིན། ཡན་ལག་བདུན་པ། རྒྱུད་བཀླག་ཆོག་ ཡན་གྲུབ་ནས་ཕྱག་འཚལ་ཉེར་གཅིག་ལན་བདུན་འདོན་རྗེས་སུ་ཉེར་སྤྱོད་ཀྱི་མཆོད་འབུལ་བྱེད་པ་སྐབས་སུ་བབ་པ་སྟེ། དེ་ ཡང་ཉེར་སྤྱོད་བདུན་པོ་བྱིན་རླབས་བྱ་བ་ནི། རྒྱལ་བ་མ་ལུས་པའི་ཕྲིན་ལས་དཔལ་གྱུར་རྗེ་བཙུན་མྱུར་ མ་དཔའ་མོའི་གསང་གསུམ་གྱི་བྱིན་གྱིས་བརླབས་པའི་སྟོབས་ལས་འཁྲུངས་ཤིང་བདག་ གི་སྨོན་ལམ་སྔགས་རྒྱའི་མཐུ་ལས་ཀྱང་བྱུང་བའི་ཉེར་སྤྱོད་མཆོད་པའི་དངོས་པོ་དྭངས་ཤིང་ ཐོགས་པ་མེད་པ་བསམ་མི་ཁྱབ་པའི་རང་བཞིན་མཆོད་པའི་སྤྲིན་དཔུང་རྒྱ་ཆེ་བ་ནམ་མཁའ་ དང་མཉམ་པར་གྱུར་ཅིག ན་མོ་བྷ་ག་བ་ཏེ། བཛྲ་སཱ་ར་པྲ་མཱརྡ་ནཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་ ས་མྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ༀ་བཛྲེ་བཛྲེ། མ་ཧཱ་བཛྲེ། མ་ཧཱ་ཏེ་ཛོ་བཛྲེ། མ་ཧཱ་བིདྱཱ་བཛྲེ། མ་ཧཱ་ བོ་དྷི་མནྟྲོ་པ་སཾ་ཀྲ་མ་ནི་སརྦ་ཀརྨ་ཨཱ་བ་ར་བི་ཤོ་དྷ་ན་བཛྲེ་སྭཱཧཱ། ལན་བདུན་བརྗོད། དེ་ནས་ཕྱག་འཚལ་ ཉེར་གཅིག་ལན་གསུམ་ཕན་ཡོན་བཅས་ཀྱི་རྗེས་སུ། རྨད་དུ་བྱུང་བའི་སྨོན་ལམ་དང་སྔགས་རྒྱའི་སྟོབས་ ལས་ཉེ་བར་བསྐྲུན་པའི་དངོས་སུ་འབྱོར་བའི་མཆོད་ཡོན་ཇི་སྙེད་པ་དང་གཞན་ཡང་བདག་ པོས་མ་བཟུང་བའི་ལྷ་མིའི་མཆོད་ཡོན་བཟང་ཞིང་གྱ་ནོམ་པ་ཡོད་ཚད་རྣམས་དང༌། རྣལ་ འབྱོར་སྒྲུབ་པོའི་ཡིད་སྤྲུལ་ལས་རང་སྣང་དག་པའི་ཉེར་སྤྱོད་མཆོད་ཡོན་ཕུན་སུམ་ཚོགས་པ་ ནམ་མཁའི་མཐར་ཐུག་ཅིང་ཀུན་ཏུ་བཟང་པོའི་རྣམ་འཕྲུལ་ལ་འགྲན་པའི་ཡ་མཚན་དཔལ་ ཡོན་གྱི་མཆོད་སྤྲིན་དམ་པ་འདི་རྗེ་བཙུན་འཕགས་མ་སྒྲོལ་མ་འཁོར་དང་བཅས་པ་ལ་གུས་ པས་འབུལ་ལོ། །དངོས་སུ་འབྱོར་དང་བདག་པོས་མ་བཟུང་བ། །ཡིད་ཀྱིས་སྤྲུལ་པའི་མཆོད་ ཡོན་ཇི་སྙེད་ཀུན། །འཕགས་མ་ལྷ་མོའི་ཚོགས་ལ་གུས་པས་འབུལ། །དགྱེས་བཞེས་མཆོག་ ཐུན་དངོས་གྲུབ་གང་འོས་སྩོལ། །དེ་ནས་མཆོད་ཡོན་འབུལ་སྔགས། ༀ་ཨཱརྱ་ཏཱ་རེ་ས་པཱ་རི་བཱ་རེ་ བྷྱཿཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། ཞེས་པ་བཅུ་སོང་མཐར། ༀ། རྒྱལ་ཀུན་ཕྲིན་ལས་རང་གཟུགས་མྱུར་མཛད་ 7-1-22 མ། །དཔལ་མོ་འཇིགས་པ་མཐའ་དག་སེལ་བའི་མགོན། །རྣམ་འཕྲུལ་ལྷ་མོའི་འཁོར་ཚོགས་ དང་བཅས་ལ། །གུས་པས་བསྟོད་དོ་བྱིན་རླབས་ལེགས་སྩོལ་མཛོད། །སླར། དངོས་སུ་འབྱོར་ དང༴ ནས་བཟུང་འབུལ་སྔགས་ཚར་བཅུ་བསྟོད་པ་ལན་རེ་བཅས་ཡང་ཡང་བསྐྱར་བའི་སྒོ་ནས་ཉེར་སྤྱོད་དང་པོ་མ་ཟད་བར་དེ་ འདྲ་བྱ། དེ་བཞིན་དུ་ཉེར་སྤྱོད་གཉིས་པ་ནས་བདུན་པའི་བར་ཉེར་སྤྱོད་རེའི་ཐོག་མར་ཕྱག་འཚལ་ཉེར་གཅིག་ལན་གསུམ་ཕན་ ཡོན་བཅས་མཆོད་ཚིགས་ལྷུག་བཅད་གཉིས་ཀྱི་མཆོད་ཡོན་གྱི་དོད་རྣམས་ལ། མེ་ཏོག བདུག་སྤོས། སྣང་གསལ། དྲི་མཆོག ཞལ་ཟས། རོལ་མོ། རྣམས་ཉེར་སྤྱོད་རང་སྐབས་དང་མཐུན་པར་སྦྱར། འབུལ་སྔགས་རྣམས་ལའང་དེ་ ལུགས་བཞིན་ཨརྒྷཾ་གྱི་དོད་དུ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ གནྡྷེ། ནེ་བི་དྱ། ཤབྟ། རྣམས་སྐབས་གང་བབ་སྦྱར་ ཏེ་གོང་གིས་འགྲེས་པས་ཉེར་སྤྱོད་ལྷག་མ་རྣམས་ལ་མཆོད་གྲངས་བཟུང་མཐར་བསྟོད་པ་ནི། དེ་ལྟར་ལེགས་མཆོད་རྒྱ་ཆེན་པོའི་རྣམ་དཀར་བསོད་ནམས་ཕུལ་བྱུང་གིས་རྗེ་བཙུན་ འཕགས་མ་འཁོར་བཅས་ཀྱི་ཐུགས་རྒྱུད་ཟག་བྲལ་བདེ་བས་མཉེས་པ་སླར་ཡང་ཆེར་དགྱེས་ མཆོག་གི་དངོས་གྲུབ་ཀྱི་སྐལ་བ་བཟང་པོ་ནམ་ཡང་མི་ཟད་པའི་དཔལ་ལ་ཉེ་བར་སྤྱོད་ ཆེད་ཁོང་རྣམས་ཀྱི་གསང་གསུམ་མཛད་ཕྲིན་དམ་པའི་ཡོན་ཏན་ཅི་རིགས་པ་ལ་གུས་པས་ བསྔགས་ཚིག་བརྗོད་པ་ནི། ༀ་མྱུར་མ་དཔའ་མོ་ལྷ་མོའི་ཚོགས་ལ༴ སོགས་ལྷ་མོ་ཉེར་གཅིག་གི་ བསྟོད་གསོལ་རིང་མོ། སྙིགས་དུས་རྒུད་པས༴ སོགས་ཀྱི་ཚིག་རྐང་བཞི་བཅས་དང༌། ལེགས་མཛེས་ལྗང་ གསལ༴ སོགས་འཕགས་མའི་སྒོས་བསྟོད། མཛེས་འཛུམ༴ སོགས་ཀྱི་ཚིག་བཞི་བཅས་རིམ་པར་བཏང༌། དེ་ནས་འདོད་གསོལ་གདུང་འབོད་ཀྱི་རིམ་པ་ནི། མཆོད་ཅིང་བསྟོད་པ་གང་དག་གིས་ཐུགས་དགྱེས་ རྒྱ་ཆེན་རབ་ཏུ་མངའ་བའི་བཅོམ་ལྡན་མྱུར་མའི་ལྷ་ཚོགས་ལ་འཇིག་རྟེན་དང་འཇིག་རྟེན་ ལས་འདས་པའི་དངོས་གྲུབ་གང་དགོས་ཀྱི་འདོད་པ་གསོལ་ཞིང་ཡིད་དད་གུས་བརྟན་པོ་ སྙིང་ཁོང་རུས་པའི་གཏིང་ནས་ནམ་ཡང་མི་འགྱུར་བའི་ངང་འདི་ཕྱིའི་རེ་ལྟོས་དུས་སུ་བྱ་བ་སྟེ། ༀ་ཏཱ་རེ་མྱུར་མ༴ སོགས་རྟགས་བརྒྱད་ཀྱི་འདོད་གསོལ་དང༌། རྒྱལ་ཀུན་ཕྲིན་ལས༴ སོགས་མདོ་སྔགས་འདོད་ 7-1-23 གསོལ། ༀ་ཏཱ་རེ༴ སོགས་གདུང་འབོད་དང༌། ཨེ་མ་ཧོ༴ སོགས་གདུང་འབོད་གཉིས་འདོན་མཐར། འོད་ཟེར་ཅན་མའི་གསོལ་བསྙེན་བྱ་བར་སྤྲོ་ན། འཕགས་མ་ལྷ་མོ་འོད་ཟེར་ཅན་མ་གང་ཉིད་ལ་ དམིགས་ཏེ་ཉིད་ཀྱིས་སྤྲུལ་པའི་རོལ་གར་གྱི་མཛད་སྒོ་གནང་སྟེ་སྒྲུབ་པོ་གང་དག་ལ་གནོད་ པ་ཕྱིར་ཟློ ག་ཅིང་སྲུང་བ་མཆོག་གི་ལེགས་སྒོ་བྱེད་པར་གྱུར། ༀ་མ་རཱི་ཙྱཻ་ན་མོ། སོགས་ཀྱི་མཐར་ བསྙེན་པ་ཅི་འགྲུབ། འོད་ཟེར་ཅན་མས་བདག་ཅག་ལ་བགེགས་ཟློ ག་སྲུང་སྐྱོབས་མཆོག་མཛད་ པར་མོས། བཀྲ་ཤིས་ནི། དཔལ་ལྡན་ཕྲིན་ལས་མངའ་བདག་ཆེན་མོ་རྗེ་བཙུན་སྒྲོལ་མའི་ལྷ་ཚོགས་ ཀྱིས་ངོ་མཚར་བའི་ཆོ་འཕྲུལ་ནམ་མཁའ་དང་མཉམ་བཞིན་བཀྲ་ཤིས་དགེ་ལེགས་གླུ་ དབྱངས་ཀྱི་ཆེ་བ་དང་བཅས་ཡ་མཚན་མེ་ཏོག་སིལ་མ་དུས་སུ་ཉེ་བར་འཐོར་བའི་སྒོ་ནས་ དངོས་གྲུབ་མཆོག་གིས་གནང་སྦྱིན་མཛད་པར་གྱུར། བཀྲ་ཤིས་གང་ཞིག༴ སོགས་བཀྲ་ཤིས་ ཡོངས་སུ་རྫོགས་པ་བྱ། དེ་ནས་སྔར་གྱི་འཕྲོ་འཕགས་མ་འཁོར་བཅས་སྒྲུབ་པོ་རྣམས་ལ་ཉེར་བསྡུའི་སྒོ་ནས་བསྔོ ་སྨོན་བྱ་བ་ནི། འཕགས་མ་འཁོར་བཅས་ལ་དེ་ལྟ་བུའི་བསྟོད་ཕྱག༴ སོགས་བཀླག་ཆོག་མཇུག་གི་བསྡུ་བསྔོ འི། དེ་ཁོ་ན་ བཞིན་མྱུར་དུ་གྲུབ་པར་གྱུར་ཅིག ཅེས་པའི་བར་ནི་དངོས་གཞིའི་རིམ་པའོ། ། གསུམ་པ་རྗེས་ཀྱི་བྱ་བ་ནི། གཞན་ཡང་འདིར་བསགས་ཀྱི་དགེ་རྩ་གང་དག་གིས་མཚོན་དུས་ གསུམ་དང་མངོན་པར་འབྲེལ་བའི་སྐྱེ་འཕགས་ཡོངས་ཀྱིས་གང་བསགས་པའི་རླབས་ཆེན་ རྣམ་པར་དཀར་བ་རྒྱ་ཆེ་བ་གཅིག་ཏུ་བསྡོམས་པའི་མཐུ་ལ་བརྟེན་ནས་བདག་སོགས་ལ་ཚེ་ འདིར་རྣམ་དཀར་བསོད་ནམས་ཀྱི་མི་མཐུན་ཕྱོགས་གང་གིས་འཚེ་བ་མེད་པར་མཐུན་རྐྱེན་ ཀུན་ནས་འགྲིགས་ཤིང་ལེགས་སྒོ་ཆོས་ཀྱི་དཔལ་ཁ་ཐོབ་པ་གང་དག་རིམ་པས་ཇི་བཞིན་ མཐར་ཕྱིན་གྱིས་ཚེ་ཕྱི་མ་འཕགས་མ་འཁོར་བཅས་བཞུགས་པའི་དག་ཞིང་གཡུ་ལོ་བཀོད་ པར་རྗེ་བཙུན་མའི་གདུལ་ཞིང་ཁྱད་འཕགས་སུ་བསྔོ ་སྨོན་རྣམ་པར་དག་པའང༌། ལྷར་བཅས་ 7-1-24 འགྲོ་བ་ཡོངས་ཀྱི༴ སོགས་ཀྱི་སྨོན་ཚིག་དང༌། ཡེ་ཤེས་སྒྱུ་མའི་ལང་ཚོ༴ སོགས་ཞིང་སྨོན་ཆུང་བའམ། ན་མོ་ ཨཱརྱ་ཏཱ་རེ་བྷྱཿ གདོད་ནས་ཞི་བ་ཆེན་པོའི་དེ་ཉིད་གཤིས། །སོགས་གཡུ་ལོ་བཀོད་པའི་ཞིང་སྨོན་ཆེ་བ་གང་ རུང་གིས་མཐའ་བརྒྱན་པས་སྦྱངས་བསགས་ལེགས་པར་གྲུབ་པའོ། ། ༈ གཉིས་པ་མཎྜལ་བཞི་ཆོག་སྒོ་ནས་གཡང་འགུགས་མདོར་བསྡུས་ཀྱི་ཚུལ་ནི། སྒྲོལ་མའི་ཆོས་སྐོར་འདིར་གྲུབ་དག་ མཎྜལ་བཞི་ཆོག་གང་ཡང་རུང་བ་ལ་སྦྱར་ལུགས་ཏེ། ཚུལ་དེ་གང་ཞེ་ན་ཟབ་ཏིག་སོགས་སྒྲོལ་མའི་མཎྜལ་ཅི་རིགས་པའི་སྐབས་ བཤམས་བཀོད་སྤྱི་ལྟར་ལ་འདོན་ཆའི་རིམ་པ་ཐོག་མར་བར་ཆད་ལམ་སེལ་དང་བླ་སྒྲུབ་གཉིས་འདོན་རྗེས་སྒྲོལ་ཆོག་མཎྜལ་རང་ ལུགས་ལ་བརྒྱུད་འདེབས་ཡོད་ན་དེ་འདོན། དེ་ནས་སྒྲོལ་མ་ཉེར་གཅིག་ཕྱོགས་མཐུན་སྒྲུབ་ཐབས་སམ། སྒྲོལ་མའི་བདག་བསྐྱེད་ ཚིགས་བཅད་མ་གང་རུང་འདོན་མཐར། མཎྜལ་ཆོ་ག་རང་རང་གི་མགོ་ནས་བཟུང་དཀོན་མཆོག་སྤྱི་མཆོད་ཡན་སོང་རྗེས་ལ། སྒྲོལ་མའི་སྒྲིབ་སྦྱངས་དང་བཀླག་ཆོག་གཉིས་རང་དཀྱུས་བཞིན་རིམ་པར་བཏང༌། དེ་ནས་སྒྲོལ་མའི་མཎྜལ་གསུམ་པོ་རང་རང་ གི་ཆོ་ག་ལྟར་གྲུབ་མཚམས་ན། བསྟོད་པ་རྣམས་བྱ། རང་རང་གི་འདོད་གསོལ་མཇུག་འདིར་གྲུབ་འདོད་གསོལ་གདུང་འབོད་ཅི་ རིགས་སྦྱར། རང་རང་གི་བཟླས་པའི་དུས་སུ་འགོང་བཀར་སྔོ ན་དུ་འགྲོ་བའི་གཡང་སྒྲུབ་གཡང་འབོད་བཅས་སྤྲད་དེ་བཀྲ་ཤིས་ གཉིས་གང་རུང་སྒྲོལ་ཆོག་མཎྜལ་རང་རང་གི་བཀྲ་ཤིས་ཀྱི་དོད་དམ་མཇུག་གང་རུང་དུ་བྱ། དེ་ནས་སྨོན་ཚིག་དང་ཞིང་སྨོན་གྱིས་ མཐར་དབྱུང་བ་ལག་ལེན་ཡིན་ཞིང༌། སྒྲོལ་ཚོགས་སྤྲོ་ན་ལོགས་སུ་བྱའོ། ། ༈ གཉིས་པ་བར་དུ་ལྷ་མོ་ཉེར་གཅིག་ལ་བརྟེན་པའི་གཡང་སྒྲུབ་བྱ་ཚུལ་ལ། སྦྱོར། དངོས། རྗེས་དང་གསུམ་ལས། དང་ པོ་སྦྱོར་བ་ནི་རྗེ་བཙུན་སྒྲོལ་མའི་སྒོ་ནས་གཡང་སྒྲུབ་བྱེད་པར་སྤྲོ་བ་དག་གིས་ཐོག་མར་བཅའ་བཤམ་གྱི་རིམ་པ་ཇི་ལྟར་བྱེད་ པའི་ཚུལ་ལ་གནས་ཁང་རྒྱན་གྱིས་བརྒྱན་པར་སྟེགས་བུ་གཙང་མའི་སྟེང་དུ་འཕགས་མའི་སྐུ་གཟུགས་ལུགས་མའམ་བྲིས་སྐུ་གང་ འཛོམ་བཞུགས་སུ་གསོལ་བ་དང༌། ཁྱད་པར་གཡང་རྟེན་རྫས་ཀྱི་གཙོ་བོ་སྐྱེས་པ་བུ་བདུན་ཅན་གྱི་མདའ་མ་ཉམས་པ་ལ་དར་ རས་གཙང་མ་སྤྱིན་དང་མ་འདྲེས་པ་བཏགས་པའི་སྔུན་ངོར་འཛོམ་ན་འཕགས་མ་གཙོ་འཁོར་བཅས་ཀྱི་སྐུ། རྫས་བརྒྱད། སྣ་ བདུན། ནོར་བུ་ཆ་བདུན་བཅས་དང༌། རྒྱབ་ངོས་སུ་ཡི་གེ་བཅུ་པ་དང་རྟེན་སྙིང་གཤམ་ལ་ཆེ་གེ་མོའི་ཚེ་བསོད་དཔལ་འབྱོར་མི་ ནོར་ཟས་གསུམ་བཅུད་གཡང་ཐམས་ཅད་པུཥྚ່་ཀུ་རུ་ༀ། ཞེས་བྲིས་པ་དང༌། གཞན་དངུལ་དཀར་མེ་ལོང༌། བུད་མེད་བུ་བདུན་ 7-1-25 མའི་ནོར་གཡུ། དར་སྣ་སྟག་གཟིག་རས་མ་སོགས་ཀྱང་བཏགས་པའི་མདའ་རྒྱན་ལྡན་དང༌། རྔ་མ་དཀར་པོ་དར་སྣས་བརྒྱན་པ་ དང༌། ཕྱུག་པོས་བསོག་ནས། རྒྱལ་པོས་ཁྲལ་བསྡུས་ནས་སྣ་མང་པོ་དང༌། ཕྱུགས་རྟ་ལུག་གསུམ་ཆེས་འཕེལ་བའི་སྤུ་སྣ། སྟོན་ ཆེན་གྱི་ཟས་སྣ། བཙན་པོའི་ཐབ་ས། ཞིང་བཟང་གི་ས་སྣ་སོགས་ཀྱིས་བཀང་བའི་གཡང་ཁུག་ལེགས་པ་བཅས་བཤམས་པའི་ མདུན་ཕྱོགས་སུ་སྣོད་གཙང་གས་ཆག་མེད་པའི་ནང་དུ་ཕྱེ་གཙང་སྨན་དང་རིན་ཆེན་རིགས་མངར་གསུམ་བསྲེས་པ་ལས་གཡང་ བཤོས་ནོར་བུའི་དབྱིབས་འཁོར་བཤོས་ཉི་ཤུ་དང་བཅས་ཉི་ཟླ་ནོར་བུ་མར་གོར་གྱི་རྒྱན་སྤྲོས་གཟབ་མོ་བྱས་པ། དེའི་ཕྱོགས་ཅི་ རིགས་སུ་དཀར་གསུམ་མངར་གསུམ། མར་ཐུད་འོ་ཞོ་ཕྱེ་མར་ཇ་ཆང༌། ཤིང་ཏོག་ཁུར་བ་སོགས་བཟའ་བཅའ་བཏུང་བའི་རིགས་ གཙང་མ་ཅི་འཛོམ་བཤམ་ཞིང༌། གཞན་ཡང་མདུན་ཐད་འོ་ཆབ་ཀྱི་མཆོད་ཡོན། མེ་ཏོག་སེར་པོ། ཙནྡན་ལ་སོགས་པའི་བདུག་ སྤོས། སྦྲང་རྩི་བུ་རམ་སྦྱར་བའི་ཞལ་ཟས་སོགས་ཉེར་སྤྱོད་མཛེས་པ་ཕྲེང་ཚར་བསྒྲིགས་པ་དང༌། གཡང་གླུད་སྣོ ད་ཆག་གི་ནང་ དུ་བསྡུས་ན་ངར་མི་ཏིང་ལོ་ཆང་བུ་ཙམ་དང༌། རྒྱས་ན་བསེ་རག་གི་གཟུགས་ཆུང་གསུམ་གྱི་འཁོར་ཅན་མི་རྟ་ནོར་ར་ལུག་གི་གླུད་ གཟུགས་མར་མེ་བཤོས་བུ་ཆང་བུ་བཅས་དང༌། གང་ལྟར་ཡས་རྫས་ཚ་སྒོག་རམ་གསུམ། ཟོ་བཤལ། རྐྱ་བཤལ། སྟན་རུལ། གོད་རུལ། ཐག་ཆད་སོགས་ཀྱང་འདུ་བྱ་ལ། ཐུན་ཕྱེ་ནས་དང་བསྲེས་པ། འོ་ཆབ་འཐོར་བྱེད། མདའ་དར་དཀར་པོ་སོགས་ཉེར་ མཁོ་ཅི་དགོས་བྱ་ཞིང༌། གཡང་སྒོ་བསྡམས་ཕྱིན་རྫས་ཕྱིར་དགག་ལག་ལེན་ཡུལ་སྲོལ་ལྟར་རོ། ། གཉིས་པ་དངོས་གཞི་འདོན་ཆའི་རིམ་པ་ལ། བདག་ལྷར་བསྐྱེད་ཀྱི་རིམ་པ། མདུན་བསྐྱེད་གཡང་སྒྲུབ་པའི་རིམ་པ། མཇུག་ཆོག་ལག་ལེན་གྱི་རིམ་པ་དང་གསུམ་ལས། དང་པོ་བདག་ལྷར་བསྐྱེད་ཀྱི་རིམ་པ་ཐོག་མར་སྐྱབས་ཡུལ་ནི། མདུན་གྱི་ མཁའ་དབྱིངས་སུ་སྐྱེ་མེད་རང་གསལ་གྱི་ཚུལ་དུ་སྐྱབས་གནས་ཀུན་འདུས་བླ་མ་འཕགས་ མའི་ལྷ་ཚོགས་སྟོབས་བཅུ་ལེགས་མངའ་རྫོགས་པའི་སངས་རྒྱས་དང་སྤངས་རྟོགས་མཁྱེན་ པ་ཟབ་མོའི་ཆོས་མཛོད་རིག་པ་དང་གྲོལ་བའི་འཕགས་མ་ཐུགས་རྗེའི་གཏེར་ཆེན་པོའི་ རྣམ་པར་ཉེར་བཞུགས་མཛད་པར་གྱུར། སྐྱབས་སུ་འགྲོ་བ་ནི། ན་མོ། སྐྱབས་ཀུན་འདུས་པའི་ འཕགས་མ་གཙོ་འཁོར་ལ། །མཁའ་དང་མཉམ་པའི་འགྲོ་བ་མཐའ་དག་གིས། །དེང་ནས་ བྱང་ཆུབ་བར་དུ་སྐྱབས་སུ་བསྟེན། །སྲིད་དང་ཞི་བའི་འཇིགས་ལས་བསྐྱབ་དུ་གསོལ། །ལན་ 7-1-26 གསུམ་སོགས་ཇི་ལྟར་འོས་པ་བྱ་ལ། སེམས་བསྐྱེད་པ་ནི། བདག་གིས་མ་སེམས་ཅན་ལ་སྡུག་བསྔལ་བསལ་ ཞིང་ཕན་བདེ་བསྒྲུབ་པའི་གཞན་དོན་རླབས་ཆེན་འབྱུང་བའི་བྱང་ཆུབ་ཆེན་པོའི་གོ་འཕང་ མངོན་དུ་བྱ་བའི་ཆེད་འདིར་བསྙེན་སྒྲུབ་ཟབ་མོ་བྱ་སྙམ་པའི་ལྷག་བསམ་དང་བཅས་ཏེ། ཀྱེ་ མ་འཁོར་བར་གནས་པའི་སེམས་ཅན་ལ། །མ་ལུས་སྡུག་བསྔལ་བསལ་ཞིང་བདེ་བསྒྲུབ་ ཆེད། །བདག་གིས་གཞན་དོན་བྱང་ཆུབ་མངོན་བྱེད་ཕྱིར། །འཕགས་མའི་བསྙེན་སྒྲུབ་ཟབ་ མོ་ལེགས་བགྱིད་དོ། །ལན་གསུམ་སོགས་བྱ། དེ་ནས་མཆོད་པ་བྱིན་རླབས་ནི། རང་ཉིད་འཕགས་མའི་ང་ རྒྱལ་ཙམ་ལ་གནས་ཏེ་ཐུགས་ཀ་ནས་སྤྲོས་པའི་ཁྲོ་བོ་བདུད་རྩི་འཁྱིལ་བ་སྐུ་མདོག་ལྗང་ནག་ ཞལ་གཅིག་ཕྱག་གཉིས་གཡས་པ་རྒྱ་གྲམ་དང་གཡོན་པ་སྡིགས་མཛུབ་ཅན་ཞབས་གཉིས་ བཞེངས་སྟབས་ཁྲོ་ཆས་རྫོགས་པ་མེ་དཔུང་གི་ཀློང་ན་བསྐྱོད་བཞིན་པ་དེས་མཆོད་རྫས་ལ་ འཁྲི་བའི་བགེགས་བསལ་བར་གྱུར། བཛྲ་ཨ་མྲ໏་ཏས་བསངས། མཆོད་པ་གང་དག་གི་གོ་སར་ སྐད་ཅིག་གིས་སྟོང་པར་དམིགས་ལ། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ༀ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་ལ་སོགས་པ་མཆོད་པའི་ཡོ་བྱད་དྭངས་ ཤིང་ཐོགས་པ་མེད་ལ། བསམ་གྱིས་མི་ཁྱབ་པ་རྣམས་སུ་གྱུར། ༀ་བཛྲ་ཨརྒྷཾ་སྭཱཧཱ། པཱ་དྱཾ་ སྭཱཧཱ། ༀ་བཛྲ་པུཥྤེ་ཨཱཿཧཱུཾ། ནས། ཤབྟའི་བར་དང༌། ༀ་སརྦ་བིད་པཱུ་ར་པཱུ་ར། སུ་ར་སུ་ར། ཨཱ་བརྟྟ་ཡ་ ཨཱ་བརྟྟ་ཡ་ཧཱུཾ། ཞེས་པ་རྣམས་ཕྱག་རྒྱ་དང་བཅས་པས་བྱིན་རླབས་བྱ། དེ་ནས་ཚོགས་བསགས་པ་ནི། སྐད་ཅིག་གིས་ རང་ཉིད་འཕགས་མར་གསལ་བའི་ཐུགས་ཀ་ནས་སྤྲོས་པའི་འོད་ཟེར་གྱིས་ཆོས་དབྱིངས་ གནས་ལུགས་འཕགས་མའི་ཆོས་སྐུའི་ངོ་བོ་ཡེ་བཞུགས་ཀྱི་གཤིས་རང་སྣང་དང་འཚམས་ པར་མདུན་མཁར་ཚོགས་བསགས་པའི་ཞིང་དུ་ལྷ་མོ་ཉེར་གཅིག་གཙོ་འཁོར་གྱི་ཚུལ། རྣམ་ པར་འཕྲུལ་བ་སངས་རྒྱས་བྱང་སེམས་ཀྱི་ཚོགས་མཐའ་ཀླས་པའི་རྣམ་པ་དང་བཅས་མངོན་ 7-1-27 སུམ་མཐོང་སྣང་གི་ཡུལ་ལྟར་སད་པར་བྱས་ཏེ་ཇི་བཞིན་ལེགས་བཞུགས་མཛད་པར་གྱུར། གདོད་མའི་ཆོས་དབྱིངས་གཤིས་ལས་རང་ཤར་བ། །འཕགས་མའི་ལྷ་ཚོགས་རྣམ་འཕྲུལ་ བཀོད་པ་བཅས། །གཞི་འབྲས་དབྱེར་མེད་སྐྱབས་སུ་ལེགས་ཤེས་ནས། །རང་གསལ་གནས་ ལུགས་དོན་ལ་གུས་ཕྱག་འཚལ། །རང་བཞིན་གཤིས་ལ་མཆོད་བྱ་མཆོད་བྱེད་བྲལ། །འོན་ ཀྱང་ཀུན་རྫོབ་བསགས་སྦྱངས་ཐབས་ཀྱི་ཆེད། །དངོས་འབྱོར་མོས་སྣང་དག་པའི་མཆོད་ སྤྲིན་ཚོགས། །མཚན་འཛིན་དྲི་མ་བྲལ་བའི་ངང་ནས་འབུལ། །གཤིས་དག་བདེ་གཤེགས་ སྙིང་པོ་ཡེ་སངས་རྒྱས། །གློ་བུར་དྲི་མས་རང་མདངས་ཀུན་དག་མོད། །འཁྲུལ་བ་ཅན་ལ་རང་ སྣང་དྲི་མས་བསླད། །དེ་ཕྱིར་འཁྲུལ་ཞེན་ཀུན་ཉོན་མཐའ་དག་བཤགས། །རྣམ་དཀར་རྒྱ་ མཚོའི་ཆོས་ཁམས་ཡེ་ནས་དག །ཕུན་སུམ་ཚོགས་པའི་རང་བཞིན་འཕེལ་འགྲིབ་བྲལ། །དེ་ མངོན་བྱེད་ཐབས་སོ་འཕགས་ལེགས་བསགས་སྒོ། །གང་དག་ལ་ཡང་སྙིང་ནས་ཡི་རང་ངོ༌། །རང་སྣང་དག་པའི་གནས་སུ་སྟོན་འཁོར་ཀུན། །མཁའ་དང་མཉམ་ལ་ཚད་བཟུང་སུ་ཡིས་ སྤོབས། །གང་འདུལ་ཡིད་ཅན་ཚོགས་ལ་རང་མཐུན་པར། །ཟབ་མོའི་ཆོས་འཁོར་རྒྱ་ཆེན་ བསྐོར་བར་བསྐུལ། །ཐེར་ཟུག་རྟག་པའི་རང་གཤིས་སྐུ་གསུམ་དོན། །ནམ་ཡང་འཕོ་འགྱུར་ མི་མངའ་རྡོ་རྗེའི་ཁམས། །འོན་ཀྱང་གདུལ་བྱའི་རང་སྣང་གཟུགས་ཀྱི་སྐུ། །རིས་བྲལ་དེར་ སྣང་རང་གཟུགས་ཆད་མེད་མཛོད། །རབ་དཀར་བསགས་སྒོ་འདིས་ནི་རིང་མིན་དུ། །གཉུག་ མ་འཕགས་མའི་ཆོས་སྐུ་རིམ་མངོན་ཏེ། །ལྷ་མོའི་ཤེར་ཕྱིན་ཡེ་ཤེས་ཟབ་མོར་དབང༌། །གང་ འདུལ་ཕྲིན་ལས་ལྷུན་གྲུབ་ཡོངས་རྒྱས་ཤོག །ཅེས་པའི་ཚོགས་བསགས་ཡན་ལག་བདུན་པ་ལན་གསུམ་མཐར། ཚོགས་ཞིང་འཕགས་མའི་ལྷ་ཚོགས་རང་དྭངས་དབྱིངས། །མ་བཅོས་གནས་ལུགས་གཤིས་ སུ་རང་ངོ་བཟུང༌། །འོད་གསལ་གཡོ་བྲལ་མཉམ་བཞག་དེའི་ངང་དུ། །རང་དང་འཚམས་པའི་ རྣལ་འབྱོར་ལེགས་པར་བགྱིད། །ཅེས་པ་ལྟར་མཉམ་པར་ཅུང་ཙམ་འཇོག་ཅིང་ཚད་མེད་བཞི་བྱ་བ་ནི། སེམས་ 7-1-28 ཅན་མ་ལུས་བདེ་བ་རྒྱུ་བཅས་ལྡན། །སྡུག་བསྔལ་རྒྱུ་དང་བཅས་པ་ཡོངས་བྲལ་ཏེ། །བདེ་བ་ མཆོག་དང་ནམ་ཡང་མི་འབྲལ་ཞིང༌། །བཏང་སྙོམས་ཆེན་པོའི་ངང་ལ་གནས་གྱུར་ཅིག །ལན་ གསུམ་མཐར། བདག་བསྐྱེད་དངོས་སྒྲོལ་མ་ཉེར་གཅིག་ཕྱོགས་མཐུན་ལྟར་བྱ་སྟེ། དེ་ཡང་ཤུ་ནྱཱ་ཏས་སྟོང་པར་སྦྱངས། སྟོང་ པའི་ངང་ལས་སྐད་ཅིག་གིས་པདྨ་འདབ་མ་ཉི་ཤུ་པའི་ལྟེ ་བར༴ སོགས་ནས། སྔགས་ཕྲེང་གིས་ བསྐོར་བར་དམིགས་ལ། དེ་ཐམས་ཅད་ཅིག་ཆར་དུ་གསལ་བཏབ་པའི་ངང་ནས་གཙོ་མོའི་ ཐུགས་སྲོག་ཆེས་གསལ་དང་འཁོར་རྣམས་ཀྱི་ཐུགས་སྲོག་སེམས་ཀྱི་ཟུར་ཆའི་གསལ་སྣང་མ་ འབོར་ཙམ་བྱས་ཏེ། ཐམས་ཅད་ལ་ཐུན་མོང་དུ་རང་རང་གི་ཐུགས་སྲོག་མཐར་སྙིང་པོ་ཡི་གེ་ དྲུག་པ་དང་བཅུ་པ་ཤམ་བུ་བཅས་ནང་དང་ཕྱིའི་རིམ་པར་སྔགས་ཕྲེང་ལེགས་པར་བཀོད་པ་ ལ་དམིགས། ནས་ཐོག་མར་ཡི་གེ་དྲུག་པ་ཅི་འགྲུབ་དང༌། དེའི་ཕྱེད་ཆ་ཡི་གེ་བཅུ་པ། དེའི་བཅུ་ཆ་ཙམ་ལ་སྔགས་ཤམ་ཅན་ བཟླ་བ་ལག་ལེན་ཡིན་པ་ལོང་སྐབས་དང་བསྟུན་མཐར། མཆོད་པ་ནི། ༀ་ཨཱརྱ་ཏཱ་རེ་ས་པཱ་རི་བཱ་རེ་བྷྱཿ ཨརྒྷཾ་པྲ་ ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། དེ་བཞིན་དུ། པཱདྱཾ། པུཥྤེ། ནས། ཤབྟའི་བར་གྱིས་མཆོད། བསྟོད་པ་ནི། ཏཱཾ། རྒྱལ་བ་ཀུན་གྱི་ཕྲིན་ལས་གཅིག་བསྡུས་པ། །གནས་ལུགས་སོར་རྟོགས་ཡེ་ ཤེས་རང་གཟུགས་ལྷ། །འཕགས་མ་སྒྲོལ་མ་ལྷ་མོ་ཉི་ཤུའི་ཚོགས། །གཙོ་འཁོར་བཅས་ལ་ གུས་པས་བསྟོད་པར་བགྱི། །དེ་ནས། འཁོར་གྱི་ལྷ་མོ་ཉི་ཤུ་པོ་གཙོ་མོ་ལ་ཐིམ་ཞིང་རང་ཉིད་ གཙོ་མོ་གཅིག་གི་རྣམ་པར་གྱུར། ཅེས་པའི་བར་ཉེར་གཅིག་ཕྱོགས་མཐུན་ལྟར་བྱ་ལ། ཡང་ན་བསྡུས་པར་མོས་ཚེ་ སྒྲོལ་མ་གཙོ་རྐྱང་གི་བདག་བསྐྱེད་ཙམ་བྱ་ཆོག་སྟེ། དེའི་ཚུལ་གོང་ཚད་མེད་བཞི་སོང་ནས་བདག་བསྐྱེད། སྐད་ཅིག་རང་ ལུས་གདོས་བཅས་སྟོང་པའི་གཞིར། །སོགས་ནས་རང་དཀྱུས་བཞིན་བསྙེན་བཟླས་ཅི་ནུས་མཐའི། སྤྲོ་བས་ ཡི་དམ་ལྷ་ཉིད་མཆོད་ཅིང་བསྟོད། །རང་ཉིད་འཕགས་མའི་གསལ་སྣང་དེ་གའི་ངང༌། །ཅེས་ པའི་བར་བྱ། གཉིས་པ་མདུན་བསྐྱེད་གཡང་སྒྲུབ་པའི་རིམ་པ་ལ། ཉེ་སྦྱོར་གེགས་བསལ་དང༌། གཡང་སྒྲུབ་དངོས་ཀྱི་རིམ་པ་གཉིས་ 7-1-29 ལས། དང་པོ་ཉེ་སྦྱོར་གེགས་བསལ་གྱི་རིམ་པ་ནི་གཡང་སྒྲུབ་པའི་སྔོ ན་དུ་ཉེ་བར་སྦྱོར་བ་བྱུར་འགོང་ལེགས་བསལ་གྱི་ཐབས་ བྱ་བ་སྟེ། དེ་ལའང་བསྡུས་དང༌། རྒྱས་པའི་རིམ་པ་གཉིས་ཀ་གང་ལྟར་ལ་ཐོག་མར་འདི་སྐད། རང་ཉིད་ལྷ་མོ་ཞི་བའི་ རྣམ་པར་གནས་པ་དེ་སྐད་ཅིག་གིས་གནས་འགྱུར་བའི་སྒོ་ནས་ཁྲོ་མོ་རབ་ཁྲོས་གཏུམ་མ་ སྐུ་མདོག་མཐིང་སྔོ ན་ནག་མདངས་འབར་བ། ཞལ་གཅིག་སྤྱན་གསུམ་རལ་པ་དམར་སེར་ མེ་ལྟར་གྱེན་དུ་མཆེད་པ། ཞལ་ཤིན་ཏུ་འགྱུར་བག་གིས་མཆེ་གཙིགས་སྨ་ར་སྨིན་མ་མེ་ ལྕེ འི་ཕྲེང་བ་བཞིན་ཆེར་བསྐྱོད་འཁྲུགས་རྔམ་ཅན། ཕྱག་གཉིས་གཡས་པས་ལྕགས་ཀྱུ་དང་ གཡོན་པས་ཞགས་པ་བསྣམས་ཤིང་ཞབས་གཉིས་བཞེངས་སྟབས་ཀྱིས་པད་ཉིའི་གདན་ལ་ འགྱིང་བཞིན། སྐུ་ལ་རུས་རྒྱན་གྱིས་སྒེག་ཅིང་གདོད་ནས་དམ་ཡེ་གཉིས་མེད་ཀྱི་རང་བཞིན་ མེ་དཔུང་གི་ཀློང་ན་བཞུགས་པའི་ཐུགས་ཀར་ཉི་གདན་ལ་ཧཱུཾ་ཡིག་མཐིང་ནག་འབར་བའི་ མཐར་བླགས་འཁོར་གསལ་བར་གྱུར། ༀ་ཏཱ་རེ་ཏུཏྟཱ་རེ་ཀྲོ ་དྷ་ཊཱ་ཀི་ནི་ཧཱུཾ་ཕཊཿ ཅེས་པ་སྟོང་ཕྲག་ ཙམ་བཟླས་ཏེ་ཐུན་རྫས་ལ་ཕུས་བཏབ་པས། རང་གི་ཐུགས་སྲོག་ལས་སྤྲོས་པའི་ཁྲོ་མོ་རང་འདྲ་དཔག་ མེད་སྐད་ཅིག་ལ་ཐུན་རྫས་གང་དག་གི་རང་བཞིན་དུ་ཐིམ་པས་དེ་རྣམས་ཧཱུཾ་ཡིག་མཐིང་སྔོན་ མེའི་ཚྭ་ཚྭ་ཐུལ་ཐུལ་འཕྲོ་བ་འབའ་ཞིག་ཏུ་གྱུར་པར་མོས་ལ། ༀ་ཏཱ་རེ་ཀྲོ ་དྷ་ཊཱ་ཀི་ནི་བྷྱཿ ཨརྒྷཾ་ ནས། ཤབྟའི་བར་གྱིས་མཆོད། ཧཱུཾ། ཕྲིན་ལས་དཔའ་མོ་གཏུམ་པའི་སྐུ། །མ་རུངས་བགེགས་ཚོགས་ འཇོམས་མཛད་ལྷ། །སྒྲུབ་ལ་དངོས་གྲུབ་སྩོལ་བའི་གཉེན། །ཁྲོ་མོ་དྲག་ཆེན་མ་ལ་བསྟོད། །ཅེས་པས་བསྟོད། སླར་ཡང་རང་ཁྲོ་མོའི་ཐུགས་ལས་དག་བྱེད་ཞི་བའི་ལྷ་མོ་དཀར་གསལ་ གྱི་མདོག་སྐད་ཅིག་གིས་སྤྲོས་ཏེ་འོ་ཆབ་ཀྱི་སྟེང་དུ་བཞུགས་པའི་སྐུ་ལས་བདུད་རྩིའི་རྒྱུན་ བབས་འོ་ཆབ་འཐོར་བྱེད་དྲི་མ་འཁྲུད་ནུས་མཆོག་དང་ལྡན་པར་གྱུར།པར་མོས་ལ། ༀ་ཏཱ་རེ་ཏཱཾ་ སྭཱཧཱ། ཞེས་པ་ལ། ༀ་ཨེ་ཧོ་ཤུདྡྷེ་ཤུདྡྷེ། ཡཾ་ཧོ་ཤུདྡྷེ་ཤུདྡྷེ། རཾ་ཧོ་ཤུདྡྷེ་ཤུདྡྷེ། བཾ་ཧོ་ཤུདྡྷེ་ཤུདྡྷེ། ལཾ་ཧོ་ཤུདྡྷེ་ ཤུདྡྷེ། ཨེ་ཡཾ་རཾ་བཾ་ལཾ་ཤུདྡྷེ་ཤུདྡྷེ་ཨ་ཨ་ཨ་སྭཱཧཱ། ཞེས་བཏགས་པ་བརྒྱ་ཕྲག་ལས་མི་ཉུང་བར་བཟླ་མཐར་འགོང་ 7-1-30 བཀར་བསྡུས་ཙམ་བྱ་ན། རང་ཉིད་སྒྲོལ་མ་ཁྲོ་གཉེར་ཅན་མར་གྱུར། །ཞེས་པ་ནས། རཀྵ་རཀྵ་ཡེ་སྭཱཧཱའི་ བར་རང་དཀྱུས་བཞིན་བྱ་བས་འཐུས་ལ། ཡང་ན་འགོང་བཀར་ཅུང་སྤྲོ་ན། རང་ཉིད་རབ་ཁྲོས་གཏུམ་མར་གསལ་ བའི་ཐུགས་ཀའི་འོད་ཟེར་ལྕགས་ཀྱུ་ལྟ་བུས་དབུལ་ཕོངས་བྱེད་པའི་བསེ་རག་དང་གོད་འདྲེ་ སོགས་བགེགས་རིགས་ཐམས་ཅད་མདུན་ཏུ་བཀུག་སྟེ་གུས་པས་འཁོད། གླུད་གཏོར་དེ་ དག་གླུད་བདག་རྣམས་ཀྱི་ཡིད་ལ་གང་འདོད་པའི་ལོངས་སྤྱོད་ཟད་མི་ཤེས་པའི་གཏེར་ཆེན་ པོར་གྱུར་པར་བསམ། ཧཱུཾ། བདག་ཉིད་རབ་གཏུམ་ཁྲོ་མོའི་བྱིན་རླབས་ཀྱིས། །བདག་དང་ཡོན་ བདག་ལ་གནོད་འཚེ་བའི་རིགས། །ལྟོ གས་འགོང་དབུལ་སྲི་བསེ་རག་མ་ལུས་པ། །བཀུག་ ནས་རང་གཟུགས་ཡས་སྟགས་རྣམས་ལ་བསྟིམ། །ལན་བདུན་སོགས་ཀྱི་མཐར། ཛཿཧཱུཾ་བཾ་ཧོཿ གནོད་ བྱེད་ཐམས་ཅད་གཟུགས་བརྙན་རྣམས་ལ་སིབ་སིབ་ཐིམ། ཧཱུཾ། ང་ནི་སྒྲོལ་མ་ཁྲོ་མོའི་གསང་ བ་གསུམ། །འབྲུ་གསུམ་ཡི་གེས་བྱིན་བརླབས་གླུད་གཏོར་ཚོགས། །རང་རང་ཡིད་མཐུན་ཇི་ བཞིན་སྤེལ་བསྒྱུར་སྟེ། །བདག་གིས་ཁྱོ ད་རྣམས་ལ་བསྔོ་གུས་པས་ལོངས། །ༀ་ཨཱཿཧཱུཾ། ལན་ གསུམ། ༀ་ནྲ໏་ཏྲི་ཤན་ཏྲི་ཀ་ཏྲི་ཨི་དམ་བ་ལ່་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ ཀི་ཏེ་ༀ་སམྦྷ་ར་སམྦྷ་ར་ཧཱུཾ། ལན་བདུན་སོགས་ཀྱིས་བསྔོ ། ཀྱེ། བསེ་རག་རྒྱལ་པོ་གཞོན་ནུ་བུ་ཆུང་ གཟུགས། །གཡུ་རྣའི་རྒྱན་ཅན་གྲི་ཆུང་སྐེད་ལ་བཅུག །རི་བོང་ཁ་ཤོ་ལ་ཆིབས་ཕྱོགས་མཐའ་ རུ། །ཁྱི ་གུ་རེའུ་ཚེ་ཤིས་སྒིས་ཆུང་རིགས་དང༌། །ཀླད་ན་ལྡི ང་བའི་སྲེག་པ་བདུན་ལ་སོགས། །བསེ་རག་མང་པོའི་འཁོར་ཚོགས་དང་བཅས་ཀུན། །ཡོད་གང་བརྒྱག་ཕྱུག་ལ་ནི་མི་དགའ་ བར། །མེད་སྟོང་ལྟོ གས་དབུལ་ལ་དགའ་ཉེས་གཏོང་བདག །གཞན་ཡང་བསེ་རག་མི་རྒན་ ནག་པོའི་གཟུགས། །ཁོ་ཤོག་གོས་གྱོན་རུས་པ་སྣུམ་མེད་མུར། །སྡུག་མུག་གླུ་ལེན་བྱི་ལ་ བྱིས་པ་སྤྲུལ། །མཆིག་ཕྱེ་ལ་རྐུ་དཀར་རློམ་སྐྱུར་བཅོམ་མཁན། །གོད་འདྲེ་མི་ནག་ཕག་ཞོན་ གྲོད་ཞྭ་ཅན། །རྒྱུ་མའི་རྒྱན་ལྡན་བཤའ་གྲིའི་ལག་ཆ་འཛིན། །ནོར་བདུན་ཁམ་པ་ཁྱི ་མགོ་ 7-1-31 ལ་སོགས་པ། །གོད་འདྲེ་གྲིབ་འགོང་རིགས་ཚོགས་ཁྱེད་རྣམས་ལ། །རང་རང་དང་མཐུན་ གླུད་དང་གཏོར་མ་སྦྱིན། །ངར་མི་ཏིང་ལོ་ཆང་བུ་ཤ་ཤུན་དང༌། །སྦང་སྐམ་ཆང་སྐྱུར་ཞོ་ལད་ རམ་པ་སོགས། །ཡས་སྟགས་མཐུན་རྫས་འདི་དག་མྱུར་ཁྱེ ར་ཏེ། །བདག་དང་ཡོན་བདག་མི་ ནོར་འཁོར་བཅས་ལ། །མ་ཉེ་མ་འཁོར་གནོད་འཚེ་མ་བྱེད་པར། །འདི་ནས་དཔག་ཚད་མང་ པོའི་ཕ་རོལ་ཏུ། །ད་ལྟ་ཉིད་དུ་སྐད་ཅིག་འགྲོ་བར་གྱིས། །གོང་འབྲུ་གསུམ་བྱིན་རླབས་ནས་འདི་བར་ཡང་ བསྐྱར་ཅི་རིགས་བྱས་མཐར། གླུད་བདག་དེ་དག་ཚིམས་ནས་ཕྱི་མིག་མི་ལྟ་བར་མཐའི་རྒྱ་མཚོའི་ཕ་ རོལ་ཏུ་སོང་བར་བསམ་ལ། སརྦ་བིགྷྣན་གཙྪ་གཙྪ། ཧཱུཾ། རང་ཉིད་ཁྲོ་མོའི་སྐུ་ལས་རང་འདྲ་ བའི། །གཏུམ་ཆུང་མ་མོ་མེ་དཔུང་སེར་ལྟར་འབེབས། །གནོད་ཅིང་འཚེ་བའི་ལྟོ གས་འགོང་ བསེ་རག་ཚོགས། །གང་དག་མི་འགྲོར་ལུས་པ་རྡུལ་དུ་རློག །གླུད་མི་ལེན་ཅིང་བདེན་ཚིག་ ལ་མི་ཉན་པའི་འབྱུང་པོ་གནོད་པའི་སེམས་འཆང་བ་མཐའ་དག་རང་གི་སྐུ་ལས་སྤྲོས་པའི་ཁྲོ་ ཆུང་མེ་ཕུང་ཐུན་རྫས་ཧཱུཾ་ཡིག་མཚོན་ཆེན་འབར་བའི་ཆར་གྱིས་བསྐྲད་ཅིང་རྡུལ་ཕྲན་ཙམ་དུ་ བརླགས་པར་གྱུར་པར་བསམ་ལ་ཁྲོ་མོའི་སྔགས་སོགས་དྲག་སྔགས་ཅི་རིགས་བརྗོད་བཞིན་གཡང་གླུད་ཁྱིམ་མི་མཐོང་ སར་བསྐྱལ་ཐུན་རྫས་ཕྱི་ནང་ཐམས་ཅད་ལ་གཏོར། སླར་ཁྲོ་ཆུང་ཐམས་ཅད་ཚུར་འདུས་པ་ལས་བྱུང་བའི་ རྡོ་རྗེ་མཚོན་ཆ་མེ་རིའི་གུར་ཁང་ཅིས་ཀྱང་མི་ཤིགས་པའི་ནང་དུ་བསྲུང་བྱའི་གནས་ཁང་ནོར་ ཕྱུགས་ཞིང་དང་བཅས་པ་ཚུད་པར་བསམ་ལ། དེ་འདྲའི་འགོང་བཀར་བསྡུས་རྒྱས་གང་རུང་མཐར། འོ་ཆབ་ ཤུག་ལོས་གཏོར་བཞིན། ཏཱཾ། འཕགས་མ་ལྷ་མོའི་བྱིན་རླབས་ཡེ་ཤེས་ཀྱི། །བདུད་རྩིའི་ཆུ་ཡི་ཕུག་ ལྷ་ཕ་མཚུན་ལྷ། །ཁྱི མ་མི་ནོར་དང་བཅས་ལ་ཁྲུས་གསོལ་བས། །རྩོག་རྨུགས་བསེ་རག་གོད་ འདྲེ་སངས་གྱུར་ཅིག །གོང་སྨོས་སྒྲོལ་སྔགས་ཤམ་ཅན་གྱི་ཁྲུས་སྔགས་བརྗོད་པ་དང་བཅས། ཁྲུས་ཆབ་ཕྱོགས་ ཐམས་ཅད་དུ་འཐོར་བས། འགོ་བའི་ལྷ་ལྔ། སྐྱོབ་པའི་ལྷ་དགུ། དགྲ་བླ་ཡུལ་ལྷ་གཉན་པོ་ སོགས་འགོ་བའི་ལྷ་སྲུང་རྣམས་ལ་མི་གཙང་བའི་དྲི་མ་ཕོག་པ་རྣམས་དང༌། བདག་དང་ཡོན་ 7-1-32 གྱི་བདག་པོའི་སྡིག་སྒྲིབ་རྨེ་རྨུག་ནལ་གསུམ་གྱི་དྲི་མ་ཡུལ་ཞིང་ནོར་རྫས་ལ་འགོང་བོ་བསེ་ རག་གི་ཁ་རླངས་ཕོག་པ་སོགས་མདོར་ན་གྲིབ་དང་མི་གཙང་བ་མཐའ་དག་ཤེལ་དཀར་གྱི་ བུམ་པ་ལྟར་བཀྲུས་ནས་གཙང་ཞིང་དག་པར་གྱུར། དེས་གེགས་བསལ་ནས། གཉིས་པ་གཡང་སྒྲུབ་དངོས་ཀྱི་རིམ་པ་གཡང་གི་ལྷ་མོ་འཁོར་བཅས་གཙོ་མོ་ཁོ་ནའི་ཚུལ་དུ་བསྒྲུབ་ཅིང་བསྙེན་པའི་ ཐབས་ནི་སྒྲོལ་མའི་གཡང་འགུགས་སྒྲུབ་ཐབས་ཀྱིས་ཁོག་ཕུབ་སྟེ་གཡང་རྟེན་རྣམས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ ངང་ལས་སྐད་ཅིག་སྐྱེ་མེད་དབྱིངས། །རིན་ཆེན་ནོར་བུའི་རང་བཞིན་གཞལ་མེད་ཁང༌། །གྲུ་ བཞི་སྒོ་བཞི་རྟ་བབས་རྒྱན་ལྡན་པ། །མཚན་ཉིད་ཡོངས་སུ་རྫོགས་པའི་ནང་ཕྱོགས་མཚམས། །མཆོད་སྤྲིན་བསམ་མི་ཁྱབ་པས་བཀོད་ཆེན་འཁྲིགས། །ཕྱི་རོལ་ཁྲུས་རྫིང་ལྗོན་བཟང་རིན་ ཆེན་རི། །མ་རྨོས་ལོ་ཏོག་འདོད་འཇོའི་བ་མོ་སོགས། །འདོད་འབྱུང་རིན་ཆེན་སྣ་ཚོགས་ གཅལ་དུ་བཀྲམ། །འཁོར་ཡུག་ནོར་བུའི་འགྲམ་སྟེགས་ཕྱོགས་མཚམས་སུ། །འོད་ཟེར་ འཇའ་སྤྲིན་འཁྲིགས་ལས་ནོར་ཆར་འབེབས། །གཞལ་ཡས་དབུས་སུ་རིན་ཆེན་སྣ་ཚོགས་ཁྲི། །དེ་སྟེང་པད་ཟླའི་གདན་ལ་བྷྲཱུཾ་ཡིག་ལས། །རིན་ཆེན་སྣོད་མཆོག་ཡངས་པར་ཁཾ་གི་འཕྲུལ། །ལྷ་མིའི་འདོད་ཡོན་གཡང་རྫས་ཀུན་ནས་སྤུངས། །དབུས་སྟེང་པཾ་ལས་ཆུ་སྐྱེས་འདབ་ཉི་ཤུ། །ཟེའུ་འབྲུར་ཨ་ཡིག་ལས་བྱུང་ཟླ་གདན་སྟེང༌། །ལྗང་གསལ་ཏཱཾཿཡིག་འཕྲོ་འདུ་ཡོངས་གྱུར་ ལས། །རྒྱལ་ཀུན་ཕྲིན་ལས་རང་གཟུགས༴ སོགས་གཡང་སྒྲུབ་ལྟར་ལས། བརྟན་གཡོའི་དྭངས་བཅུད་ འགུགས་པའི་བྱེད་པོར་གསལ། །ཁྱད་པར་མྱུར་མའི་འོད་ཟེར་ལས་སྤྲུལ་པ། །འདབ་མ་ཉི་ ཤུར་བྱང་ཤར་ནས་བརྩམས་ཏེ། །རིམ་པས་གཡས་བསྐོར་འཁོར་གྱི་ལྷ་མོའི་ཚུལ། །དབྱངས་ ཅན་བསོད་ནམས་སྦྱིན་མོ་རྣམ་པར་རྒྱལ། །རིག་བྱེད་མ་དང་རབ་འཇིགས་དཔའ་མོ་རྣམས། །དཀར་དམར་ཟླ་བ་བྱུ་རུ་རཱ་གའི་མདངས། །མི་ཐུབ་གཞན་རྒྱལ་ནགས་སྒྲོལ་གསུམ་ལས་ རྒྱལ། །ནོར་སྦྱིན་མ་རྣམས་ལྗང་སྔོ ན་ལྗང་ནག་དང༌། །གཡུ་ཟླ་གསེར་བཟང་མདོག་གིས་ 7-1-33 མཛེས་པ་མོ། །བཀྲ་ཤིས་དགྲ་དཔུང་འཇོམས་མ་རབ་གཏུམ་མོ། །རབ་ཞི་འབར་མ་རྣམས་ ཀྱང་དམར་མཐིང་དང༌། །མཐིང་དཀར་བཻཌཱུར་གསར་བའི་མདངས་འོད་འཕྲོ། །གནོན་མཛད་ རྨ་བྱ་མི་ཕམ་རི་ཁྲོད་མ། །འོད་ཟེར་ཅན་རྣམས་དམར་ལྗང་དཀར་གསལ་མདོག །དམར་སེར་ འོད་ཟེར་ཕུང་པོ་་མེ་བ། །ཞི་ཁྲོའི་ཉམས་ཀྱི་ཁྱད་པར་འགའ་མ་གཏོགས། །ཕྱག་མཚན་རྒྱན་ གྱི་ཆ་ལུགས་གཙོ་མོར་མཚུངས། །དེ་ལྟར་གཙོ་འཁོར་ཉེར་གཅིག་ལྷ་མོའི་ཚོགས། །སྣང་ལ་ རང་བཞིན་མེད་པ་ཡེ་ཤེས་གཟུགས། །བསོད་ནམས་གཡང་གི་ལྷ་ཚོགས་རྣམ་འཕྲུལ་བཅས། །རྣམ་བཀོད་བསམ་མི་ཁྱབ་པའི་ཚུལ་དུ་གསལ། །ཀུན་གྱི་སྤྲུལ་གཞི་རྗེ་བཙུན་བཅོམ་ལྡན་ མ། །གང་གི་ཐུགས་ཀའི་ཏཱཾཿཡིག་ལྗང་གསལ་ལས། །ཞེས་པ་ནས་གཡང་སྒྲུབ་ལྟར། ཡེ་ཤེས་སྤྱན་དྲངས། དབང་བསྐུར་མཐའི། དབང་ལྷ་རྣམས་ཀྱང་ནོར་སྟེར་ལྷ་མོར་བསྡུ། །ཞེས་པའི་བར་བྱ། དེ་ནས་བདེན་སྟོབས་ བྱིན་རླབས་ནི། རབ་འབྱམས་ཞིང་གི་སངས་རྒྱས་བྱང་སེམས་དང༌། །འཕགས་མ་སྒྲོལ་མའི་ཆོས་ དབྱིངས་གནས་ལུགས་མཐུས། །དེང་འདིར་མཆོད་སྤྲིན་རྒྱ་མཚོ་མཐའ་ཀླས་པ། །ཟག་བྲལ་ ནམ་མཁའ་མཛོད་ཀྱི་ལོངས་སྤྱོད་གྱུར། །ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་ས་མནྟ་སྭཱཧཱ། ལན་གསུམ་བརྗོད་ཅིང་སྔགས་རྒྱས་སྤེལ་བའི་སྒོ་ནས་མཆོད་ པ་འབུལ་བ་ནི། རྗེ་བཙུན་འཕགས་མའི་ལྷ་ཚོགས་སྤྱན་ལམ་དུ། །རྣལ་འབྱོར་སྔགས་རྒྱས་རབ་ སྤེལ་མཆོད་པའི་སྤྲིན། །ཡན་ལག་བརྒྱད་ལྡན་མཆོད་ཡོན་རྒྱ་མཚོ་དང༌། །དག་བྱེད་དྲི་བྲལ་ ཞབས་བསིལ་གཙང་མའི་ཆབ། །སྣ་ཚོགས་མཛེས་པའི་མེ་ཏོག་ཇི་སྙེད་དང༌། །ཙནྡན་ལ་ སོགས་བདུག་པའི་སྤྲིན་ཆེན་འཁྲིགས། །མ་རིག་མུན་སེལ་སྣང་གསལ་སྒྲོན་མེའི་ཚོགས། །ག་བུར་སོགས་སྦྱར་རྨད་བྱུང་དྲི་ཞིམ་ཆུ། །རོ་བརྒྱ་ལྡན་པའི་ཞལ་ཟས་བཅུད་ཆེན་པོ། །སྒྲ་ སྙན་རོལ་མོའི་བྱེ་བྲག་གང་ཡོད་འབུལ། །མཛེས་གཟུགས་སྙན་སྒྲ་དྲི་བཟང་བཅུད་ལྡན་ ཟས། །རེག་འཇམ་དཀར་མངར་ཕྲག་གསུམ་བཟའ་བཏུང་དང༌། །བདུད་རྩིའི་གཏོར་མ་སྨན་ 7-1-34 འབྲུ་སྙིང་པོ་ལྔ། །དར་ཟབ་གོས་ཀྱི་བྱེ་བྲག་སྣ་ཚོགས་འབུལ། །གདུགས་བཟང་གསེར་ཉ་ པདྨ་ཆོས་ཀྱི་དུང༌། །བུམ་པ་རྒྱལ་མཚན་དཔལ་བེའུ་འཁོར་ལོ་ཆེ། །རིན་ཆེན་ནོར་བུ་བཙུན་ མོ་བློན་ཆེན་དང༌། །གླང་པོ་རྟ་མཆོག་དམག་དཔོན་རྣམས་ཀྱང་མཆོད། །ཡུངས་ཀར་དུར་ བ་བིལ་ཞོ་མེ་ལོང་དང༌། །ལི་ཁྲི་དུང་དཀར་གི་ཝཾ་བཀྲ་ཤིས་རྫས། །མཆོད་འོས་རྨད་བྱུང་ངོ་ མཚར་གང་འདི་དག །ཞེན་མེད་གུས་པ་ཆེན་པོས་ཉེ་བར་འབུལ། །གཞན་ཡང་འདོད་འཇོའི་ བ་དང་གནག་ལུག་མཆོག །མ་ཧེ་ལ་སོགས་བཞོན་པའི་རིགས་གྱུར་ཚོགས། །ཁང་བཟང་ དཔག་བསམ་ཡིད་འོང་སྐྱེད་མོས་ཚལ། །མལ་ཆ་གདན་གོས་ལ་སོགས་ཉེར་མཁོ་འབུལ། །རིན་ཆེན་བཻཌཱུར་གསེར་དངུལ་གཡུ་མུ་ཏིག །བྱུ་རུ་ཟླ་ཤེལ་ལ་སོགས་ནོར་གྱི་མཆོག །བླ་བྲེ་ འཕན་དར་ཆུན་འཕྱང་རྔ་ཡབ་གདུགས། །དར་ཟབ་ཟ་འོག་ཡོ་བྱད་དཔག་མེད་འབུལ། །ནས་ འབྲས་གྲོ་སྲན་ཏིལ་དང་འབྲས་བུའི་རིགས། །རྩི་བཅུད་མར་གྱི་རོ་མཆོག་ཁྱད་པར་བ། །ཉེ་ བར་འཚོ་བའི་ཁ་ཟས་སྣ་ཚོགས་པའི། །བྱེ་བྲག་མཐའ་དག་ཀྱང་ནི་གུས་པས་འབུལ། །མདོར་ ན་རབ་འབྱམས་ཞིང་ཁམས་ཇི་སྙེད་པར། །བདག་པོས་བཟུང་དང་མ་བཟུང་མཆོད་འོས་ ཚོགས། །གང་དག་མཆིས་པ་ཐམས་ཅད་གཅིག་བསྡུས་ཏེ། །འཕགས་མའི་ལྷ་ཚོགས་རྣམས་ ལ་ཡོངས་འབུལ་ལོ། །བརྩེ་བ་ཆེན་པོས་བདག་གིར་མཛད་ནས་ཀྱང༌། །ཚེ་བསོད་དཔལ་ འབྱོར་མཆོག་དང་ཐུན་མོང་གི །དངོས་གྲུབ་གངྒཱའི་རྒྱུན་ལྟར་འདིར་ཕོབ་ལ། །ནམ་ཞིག་བྱང་ ཆུབ་རྒྱལ་སར་འཚོ་བར་མཛོད། །དེ་ནས་བསྟོད་པའི་སྒོ་ནས་ཕྱག་འཚལ་བ་ནི། ༀ་ཏཱ་རེ་ན་མོ། རྗེ་བཙུན་ བཅོམ་ལྡན་འདས་མ་མྱུར་མའི་ལྷ། །ཕྲིན་ལས་དཔའ་མོ་འཇིགས་ཀུན་སྒྲོལ་བ་མོ། །དངོས་ གྲུབ་དབྱིག་གི་དཔལ་གཡང་སྩོལ་བའི་གཉེན། །ཡིད་བཞིན་ནོར་འདྲ་མ་ལ་གུས་ཕྱག་འཚལ། །གང་གི་སྤྲུལ་པ་འཁོར་ཚོགས་ལྷ་མོའི་ཚུལ། །དབྱངས་ཅན་བསོད་སྦྱིན་རྣམ་རྒྱལ་རིག་བྱེད་ མོ། །འཇིགས་བྱེད་གཞན་གྱིས་མི་ཐུབ་གཞན་རྒྱལ་མ། །སེང་ལྡེ ང་ནགས་སྒྲོལ་རྣམས་ལ་ 7-1-35 གུས་ཕྱག་འཚལ། །གསུམ་རྒྱལ་ནོར་སྦྱིན་བཀྲ་ཤིས་དོན་མཛད་མ། །དགྲ་འཇོམས་གཏུམ་མོ་ རབ་ཞི་འབར་ཕྲེང་མ། །གནོན་མཛད་རྨ་བྱ་མི་ཕམ་རི་ཁྲོད་མ། །འོད་ཟེར་ཅན་མ་རྣམས་ལ་ གུས་ཕྱག་འཚལ། །གསང་གསུམ་མཛད་ཕྲིན་ནམ་མཁའི་མཐའ་མཉམ་ཞིང༌། །གང་འདུལ་ འགྲོ་ལ་རེ་སྐོང་དབང་གི་རྒྱལ། །བུ་ཡི་མ་བཞིན་སྒྲུབ་ལ་བརྩེ་གཟིགས་ཅན། །འཕགས་མ་ གཙོ་འཁོར་བཅས་ལ་སྙིང་ནས་རེ། །གསང་བ་གསུམ་གྱི་རླབས་ཆེན་མཐུ་སྟོབས་ཀྱིས། །གང་ འཚམས་དངོས་གྲུབ་དབྱིག་གི་སྒོ་ཕྱེ་ནས། །སྒྲུབ་པོ་རྣམས་ལ་ཚེ་བསོད་དཔལ་འབྱོར་སྤེལ། །ཟས་ནོར་ལོངས་སྤྱོད་གཡང་གི་ཆར་ཆེན་ཕོབ། ། དེ་ནས་གཡང་བསང་བྱེད་པར་སྤྲོ་ན་འདིར་བྱ་སྟེ། དེ་ཡང་བསང་རྫས་གཙང་སྦྱར་ཉེར་འདུ་བྱས་ལ། ཏཱཾཿ རང་གི་ ཐུགས་ལས་རཾ་ཡཾ་ཁཾ་གསུམ་སྤྲོས། །བསང་རྫས་མི་གཙང་དྲི་མ་བསྲེགས་གཏོར་བཀྲུས། །སླར་ཡང་ༀ་ཨཱཿཧཱུཾ་གསུམ་སྤྲོས་པ་ལས། །མཆོད་སྤྲིན་སྤེལ་བསྒྱུར་ཟག་བྲལ་རྒྱ་མཚོར་གྱུར། །རཾ་ཡཾ་ཁཾ། ༀ་ཨཱཿཧཱུཾ། ལན་གསུམ་སོགས་བརྗོད། སྔགས་རྒྱས་རབ་སྤེལ་བཟང་ཤིང་བདུག་པའི་ སྤྲིན། །མཆོད་ཡུལ་དགྱེས་བསྐྱེད་ཉེར་མཁོ་ཟད་མེད་གཏེར། །ནམ་མཁའ་མཛོད་ཀྱི་ལོངས་ སྤྱོད་དེར་འཆར་བ། །ཀུན་བཟང་འཕྲུལ་ལ་འགྲན་པའི་མཆོད་སྤྲིན་སྤྲོ། །ཏཱཾཿ རྒྱལ་ཀུན་བྱ་ གྲུབ་ཡེ་ཤེས་ཆོས་དབྱིངས་གཤིས། །གང་འདུལ་འགྲོ་ལ་སྣ་ཚོགས་སྣང་བའི་གར། །གནས་ ལུགས་རང་མདངས་ཁྱད་མེད་ཐབས་ཚུལ་གྱིས། །མྱུར་མ་དཔའ་མོ་གཙོ་འཁོར་རྣམ་པར་ བརྫུ། །གང་ལ་གང་འདུལ་དེར་སྣང་རོལ་པ་ཡིས། །སྒྲུབ་པོའི་མོས་འདུན་དག་པའི་ཡུལ་སྣང་ དུ། །གཡང་གི་ལྷ་མོ་གཙོ་འཁོར་ཉེར་གཅིག་ཚོགས། །དད་དང་དམ་ཚིག་དབང་གིས་སྤྱན་ འདྲེན་ན། །མཆོད་མགྲོན་ཚུལ་དུ་ལེགས་བྱོན་བརྩེར་བཞུགས་ནས། །དགྱེས་བསྐྱེད་གང་ དག་འདིར་ནི་བཞེས་མཛོད་ལ། །མཐུན་འཇུག་རིགས་ཀྱི་དངོས་གྲུབ་རང་འཚམ་སྩོལ། །རབ་ དཀར་དུད་སྤྲིན་ལྷ་ལམ་ཡོངས་ཁྱབ་འདིར། །ཙནྡན་བལ་བུ་ཨ་གར་ལ་སོགས་པའི། །བཟང་ 7-1-36 ཤིང་དཔག་ཡས་རབ་བསྲེགས་བདུག་པའི་སྤྲིན། །འདོད་པའི་ཡོན་ཏན་མ་ཚང་མེད་པའི་ དཔལ། །མཆོད་ཡུལ་མཉེས་བྱེད་དགྱེས་བསྐྱེད་ངོ་མཚར་བས། །གཙོ་མོ་མྱུར་མཛད་འཕགས་ མ་གསོལ་ལོ་མཆོད། །གང་འཚམ་ལེགས་བཞེས་བརྩེ་ཆེན་དགོངས་ཀློ ང་ངང༌། །སྲིད་དང་ཞི་ བའི་དངོས་གྲུབ་གང་སྨོན་ཀུན། །ཕྲིན་ལས་མི་འགྱང་དུས་སུ་གཡེལ་མེད་མཛོད། །འཁོར་གྱི་ ཚུལ་འཆང་དབྱངས་ཅན་མ་ལ་མཆོད། །བསོད་ནམས་སྦྱིན་མོ་ནོར་གཏེར་མཆོག་ལ་མཆོད། །རྣམ་རྒྱལ་ལྷ་མོ་ཚེ་སྤེལ་མ་ལ་མཆོད། །དབང་སྡུད་མཛད་ཆེན་རིག་བྱེད་ལྷ་མོར་མཆོད། །དགྱེས་བཞེས་སྒྲུབ་ལ་སྨྲ་བའི་ངག་གི་གཡང༌། །ལོངས་སྤྱོད་ཟད་མེད་བཅུད་གཡང་རྒྱ་ཆེ་ བ། །ཚེ་དང་ཡེ་ཤེས་དཔལ་གྱི་འཕེལ་ཁ་དང༌། །མ་ལུས་དབང་བསྡུད་རང་རིགས་གཡང་ ཆར་ཕོབ། །འཇིགས་བྱེད་ཆེན་མོ་དགྲ་སྡེ་རློག་མར་མཆོད། །གཞན་གྱིས་མི་ཐུབ་སྲུང་ཆེན་ལྷ་ མོར་མཆོད། །གཞན་ལས་རབ་རྒྱལ་དཔལ་ཆེན་མྱུར་མར་མཆོད། །ནགས་ཀྱི་སྒྲོལ་མ་ལྷ་མོ་ མཆོག་ལ་མཆོད། །དགྱེས་བཞེས་སྒྲུབ་ལ་རྒོ ལ་བ་ཚར་གཅོད་གཡང༌། །བར་ཆད་གང་གིས་ འཚེ་མེད་དོན་ཆེན་འགྲུབ། །གཡུལ་ལས་རྒྱལ་བའི་གོ་འཕང་གཡང་གི་མཆོག །འདི་ཕྱིའི་བདེ་ འབྱོར་གང་འཚམ་ལེགས་པར་སྩོལ། །འཇིག་རྟེན་གསུམ་རྒྱལ་དཔལ་ལྡན་ལྷ་མོར་མཆོད། །ནོར་གྱི་དཔལ་གཡང་སྦྱིན་མཛད་མ་ལ་མཆོད། །བཀྲ་ཤིས་དགེ་ལེགས་མཛད་མ་ཆེན་མོར་ མཆོད། །དགྲ་དཔུང་ཆམ་ལ་འབེབས་བྱེད་མ་ལ་མཆོད། །དགྱེས་བཞེས་སྒྲུབ་ལ་མཐུ་སྟོབས་ དར་བའི་གཡང༌། །ནོར་གཡང་བཅུད་ཆེན་འཕེལ་ཁ་ཆེ་བའི་ངང༌། །ལེགས་ཚོགས་དགེ་བའི་ མཚན་མ་རབ་རྒྱས་ཏེ། །སྡང་དགྲས་གནོད་མེད་ཞི་བདེའི་དངོས་གྲུབ་སྩོལ། །ཁྲོ་མོ་དྲག་སྤྱན་ སྟོབས་ལྡན་མ་ལ་མཆོད། །རབ་ཞི་དཀར་མོ་དུང་འོད་བདག་མོར་མཆོད། །འོད་ཟེར་འབར་ བའི་ཕྲེང་བ་འཁྲིགས་མར་མཆོད། །འཇིག་རྟེན་གནོན་མཛད་མཐུ་ཆེན་དབང་མོར་མཆོད། །དགྱེས་བཞེས་སྒྲུབ་ལ་དྲག་པོ་མངོན་སྤྱོད་གཡང༌། །ནད་གདོན་འཇིགས་བརྒྱད་རབ་ཞི་དགེ་ 7-1-37 བའི་དཔལ། །གཟི་བརྗིད་བྱིན་ཆགས་གཡང་གི་དངོས་གྲུབ་དང༌། །རླབས་ཆེན་མཐུ་སྟོབས་ འབར་བའི་གོ་འཕང་སྩོལ། །རྨ་བྱ་དུག་གི་གནོད་འཇོམས་ཆེན་མོར་མཆོད། །མི་ཕམ་རྒྱལ་མོ་ བགེགས་འདུལ་མ་ལ་མཆོད། །རི་ཁྲོད་ནད་རིམས་ཉེར་བཟློ ག་བྱེད་མར་མཆོད། །འོད་ཟེར་ ཅན་མ་དགྲ་འཇོམས་ལྷ་མོར་མཆོད། །དགྱེས་བཞེས་སྒྲུབ་ལ་བརྟན་གཡོའི་དུག་སེལ་གཡང༌། །མ་རུངས་གནོད་འཚེ་རབ་འདུལ་བདེ་དགར་སྤྱོད། །འདུ་བ་རྣམ་བཞིའི་ཁམས་སྙོམས་སྲོག་ འཚོ་ཞིང༌། །བདུད་དགྲ་ཉེར་ཞིའི་བྱིན་རླབས་བསྩལ་དུ་གསོལ། །གཞན་ཡང་འཕགས་མའི་ རྣམ་རོལ་མཐའ་ཀླས་པ། །ནམ་མཁའ་རབ་འབྱམས་ཀུན་ཏུ་ཡོངས་ཁྱབ་པའི། །གང་འདུལ་ སྒྱུ་མའི་སྤྲུལ་བཀོད་ཚད་མེད་ལ། །དེ་སྙེད་མཆོད་འབུལ་ལས་མཐུན་དངོས་གྲུབ་སྩོལ། །ལྷ་ མོའི་བཀའ་སྡོད་ཕྱི་འཁོར་སྡེ་རིགས་ཚོགས། །གཙང་རིས་དཔལ་མགོན་ཕྱོགས་སྐྱོང་ཆར་ གཏོགས་པ། །གང་འདི་ལུས་པ་མེད་ལ་བསང་མཆོད་འབུལ། །རང་རང་དང་འཚམ་སྡོང་ གྲོགས་གཡེལ་མེད་མཛོད། །དེ་ལྟར་དགྱེས་མཆོད་སྤྲིན་ཆེན་ལེགས་བསྟར་བས། །བདག་ དང་རེ་ལྟོ ས་གང་བྱེད་སེམས་ཅན་གྱི། །ཉེས་ལྟུང་སྡིག་པ་བཀྲ་མི་ཤིས་ཀུན་སོལ། །བསོད་ ནམས་དཔལ་བདེའི་སྐལ་བཟང་མཐའ་དག་བསྡུས། །ཡངས་པའི་རྒྱལ་ཁམས་ཀུན་ཏུ་ས་ བཅུད་འཕེལ། །ལོ་ཏོག་འབྲས་བུ་རབ་རྒྱས་ལྷ་རྣམས་དགའ། །སྲུང་ཞིང་སྐྱོབས་སྦེ ད་ཕྲིན་ ལས་ཆེར་དར་ཞིང༌། །ཟས་སོགས་བདེར་གནས་ཡོ་བྱད་ལྷུན་གྲུབ་མཛོད། །ནོར་བུ་མུ་ཏིག་ གསེར་དངུལ་ལ་སོགས་པ། །རིན་ཆེན་བང་མཛོད་རྣམས་ཀྱང་རབ་རྒྱས་ཤིང༌། །ལོ་ལེགས་ འབྲུ་འཕེལ་ངན་འགྲོའི་སྐྱེ་རྒྱུན་ཆད། །ལྷ་མིའི་བདེ་མྱོང་སྐྱིད་པའི་དཔལ་ཐོབ་ཤོག །མདོར་ ན་འདོད་དོན་གང་དང་གང་བཅོལ་བ། །འཕགས་མ་ལྷ་མོའི་གསང་གསུམ་མཐུ་རླབས་ཀྱིས། །དུས་སུ་གང་བབ་བསམ་དོན་ཆོས་མཐུན་ཏུ། །གེགས་མེད་ཡོངས་སུ་འགྲུབ་པའི་ཕྲིན་ལས་ མཛོད། །སྤྲོ་ཞིང་ནུས་ན་གོང་རཾ་ཡཾ་ཁཾ་མན་ནས་འདི་ཡན་བསྐྱར་ན་ཆོག 7-1-38 གང་ལྟར་གྱི་མཐར་བཟོད་གསོལ་དངོས་གྲུབ་ཞུ་བ་ནི། ༀ། འཇིགས་པ་ཀུན་སྒྲོལ་རྗེ་བཙུན་བཅོམ་ལྡན་ མ། །ཡེ་ཤེས་དབྱིངས་ལས་ཆེས་གསལ་མཛེས་མའི་སྐུ། །གང་ལ་གང་འདུལ་མཚར་བཀོད་ དེར་སྣང་བ། །ཕུན་ཚོགས་ལྷ་མོའི་བརྩེ་ཆེན་མཁྱེ ན་དགོངས་མཛོད། །ཆོས་དབྱིངས་ནམ་ མཁའི་དགའ་མ་ཡེ་ཤེས་སྤྱན། །ཀུན་ཁྱབ་འཁོར་བ་སྲིད་དུ་བརྡལ་གྱུར་པས། །སེམས་ཅན་ རྣམས་ལ་རིས་སུ་བྲལ་མོད་ཀྱང༌། །འདིར་བསགས་བསོད་ནམས་ཞིང་མཆོག་བཀའ་དྲིན་ གནས། །དེ་སླད་བྱིས་བློའི་དབང་གིས་ནོངས་པའི་ལས། །དག་གཙང་གང་ཐད་ལེགས་བགྱི་ མ་ཐོན་པ། །དེང་ནས་འཆགས་ཤིང་ཐུགས་བརྩེས་བཟོད་མཛོད་ལ། །ཉེས་མེད་ཚངས་པ་ ཆེན་པོའི་དངོས་གྲུབ་སྩོལ། །ཁྱད་པར་རྒྱ་ཆེར་མཆོད་སྟོབས་བསོད་ནམས་དབང༌། །སྲིད་དང་ ཞི་བའི་བཅུད་གཡང་མ་ལུས་པ། །མི་ཟད་གཏེར་ཆེན་དྲི་མེད་བཻཌཱུར་བཞིན། །ཕྱོགས་མཐའ་ ཀུན་ནས་ཆར་དུ་བསྙིལ་བར་མཛོད། །ཡེ་ཤེས་ལྷ་རྣམས་གནས་ལུགས་གཤིས་སུ་བཞུགས། །འཇིག་རྟེན་པ་ཡི་ཚུལ་འཛིན་གང་བདེར་བཞུད། །རྨད་བྱུང་དགེ་ལེགས་གསར་བའི་དཔལ་ ཡོན་གྱིས། །མ་ལུས་འགྲོ་བ་སྲིད་མཐར་སྐྱོང་གྱུར་ཅིག །དེ་ལྟར་བསང་མཆོད་སྤྲོ་མི་སྤྲོ་གང་ལྟར་ཡང་འདིར་ དཀྱུས་བསྙེན་བྱ་བ་ནི། ལྷ་མོ་ཉི་ཤུའི་སྤྲུལ་གཞི་མྱུར་མའི་ལྷ། །གང་གི་ཐུགས་ཀར་ཟླ་བ་ལ་གནས་ པའི། །གཙོ་འཁོར་ཀུན་གྱི་ཐུགས་སྲོག་ཐུན་མོང་དུ། །ཏཱཾཿཡིག་ལྗང་གསལ་འོད་ཟེར་འཕྲོ་བའི་ མཐར། །གཙོ་དང་འཁོར་གྱི་སྙིང་པོ་གཅིག་ཏུ་དྲིལ། །རིག་སྔགས་ཡི་གེ་དྲུག་དང་བཅུ་ཕྲག་པ། །ནང་དང་ཕྱི་རིམ་སྔགས་ཕྲེང་ཚུལ་དུ་བཀོད། །འཕགས་མ་གཙོ་འཁོར་སྲོག་སྔགས་གཅིག་ པར་སྒོམ། །རང་གསལ་ཉག་གཅིག་འཕགས་མ་གཙོ་མོའི་ཚུལ། །སྤྲུལ་བཀོད་གང་དག་རྣམ་ འགྱུར་སོ་སོ་ཙམ། །དོན་ལ་གཤིས་ལུགས་ལྷ་མོ་གཅིག་པ་ལ། །མ་བཅོས་རང་བཞག་ངང་ ནས་སྙིང་པོ་བཟླ། །དེ་ལ་སྙིང་པོ་ཡི་གེ་དྲུག་པ། ༀ་ཏཱ་རེ་ཏཱྃཿསྭཱཧཱ། ཞེས་དང༌། ཡི་གེ་བཅུ་པ། ༀ་ཏཱ་རེ་ཏུཏྟཱ་ རེ་ཏུ་རེ་སྭཱཧཱ། ཞེས་པ་གཉིས་སྔ་ཕྱི་རིམ་པར་ཆུ་བོའི་རྒྱུན་བཞིན་སྔ་མ་གྲངས་བརྒྱ་སྟོང་སོགས་ཅི་ཙམ་པ་དེའི་ཕྱེད་ཆར་གྱུར་ 7-1-39 པ་ཕྱི་མ་བཟླ་དགོས་པས་ཚུལ་དེ་ལུགས་ཀྱིས་དངོས་གཞི་བསྙེན་བཟླས་ལ་དགོས་མེད་ངག་འཁྱལ་གྱིས་བར་མི་གཅོད་བཞིན་ ནན་ཏན་བྱ་བ་གལ་གནད་དོ། །ལོང་སྐབས་དང་བསྟུན་ཏེ་རེ་ཞིག་གི་མཚམས་ནས་གཡང་བསྙེན་བྱ་བ་ནི། བདག་བསྐྱེད་ ཐུགས་ཀའི་འོད་ཀྱིས་མདུན་བསྐྱེད་བསྐུལ། །མདུན་བསྐྱེད་ཐུགས་སྲོག་སྔགས་ཕྲེང་བཅས་ པ་ལས། །འོད་ཟེར་སྣ་ཚོགས་བྱུང་བའི་རྩེ་མོ་ལས། །འཕགས་མའི་གཟུགས་སྐུ་གྲངས་མེད་ མཁའ་ཁྱབ་པ། །གང་དག་ཕྱག་མཐིལ་ནས་སྤྲུལ་མཆོད་སྤྲིན་གྱིས། །རྒྱལ་བ་སྲས་བཅས་ མཆོད་པའི་དགེ་ལས་བྱུང༌། །བསོད་ནམས་སྤྲིན་ཆེན་ཕུང་པོ་འཁྲིགས་པ་ནས། །བདུད་རྩིའི་ ཆར་བབས་སེར་སྣའི་རྒྱུ་འབྲས་སྦྱངས། །ཟེར་གྱིས་སྣོ ད་བཅུད་ཞིང་སྦྱོང་ཕུན་སུམ་ཚོགས། །འོད་ཟེར་སླར་འདུས་འཁོར་འདས་ཀྱིས་བསྡུས་པའི། །ཡོན་ཏན་བྱིན་རླབས་ཚེ་བསོད་ དཔལ་འབྱོར་དང༌། །དབང་ཐང་སྙན་གྲགས་སྟོབས་རྩལ་གཟི་བརྗིད་ཆེ། །འབྱུང་བཞིའི་རང་ བཞིན་དྭངས་བཅུད་མ་ལུས་པ། །ལྷ་ཀླུ་མི་ཡུལ་ཕྱྭ་གཡང་ཡོད་ཚད་ཀུན། །གཅིག་ཏུ་བསྡུས་ཏེ་ བདག་དང་སྦྱིན་བདག་ལ། །སིབ་སིབ་ཐིམ་པས་གཡང་བཅུད་འཁྱི ལ་བར་གྱུར། །དེ་ནས་སྒྲོལ་ མའི་གཡང་སྒྲུབ་ལྟར། ཐུགས་རྗེ་རླབས་ཆེན་བསོད་ནམས་གཡང་གི་བདག །སོགས་ནས་གཡང་བསྙེན་ རང་དཀྱུས་བཞིན་གཙོ་བོར་བཟླ་བ་སྐབས་སུ་བབ་སྟེ། འདིའི་བར་བར་རྣམས་སུ་བསྙེན་དམིགས་བྱེད་པར་སྤྲོ་ན། ཐོག་མར་ རང་དཀྱུས་བཞིན། འཕགས་མ་སྒྲོལ་མའི་ཕྱག་གཡས་མཆོག་སྦྱིན་ལས། །སོགས་ཤོ་ལོ་ཀ་བརྗོད་ནས་ཇི་ ལྟར་འོས་པ་བཟླ། གཡང་འགུགས་སྤྱི་བསྡུས་བསྙེན་དམིགས་ནི། རང་གིས་འཕགས་མ་གཙོ་མོའི་ཐུགས་རྒྱུད་ བསྐུལ། །གཙོ་འཁོར་བཅས་པའི་སྐུ་ལས་འོད་ཟེར་འཕྲོས། །འཕགས་མཆོད་འགྲོ་བའི་སྒྲིབ་ པ་རབ་སྦྱངས་ཏེ། །འོད་ཟེར་སླར་འདུས་རྩེ་ལ་གཡང་བཅུད་ཚོགས། །རྒྱལ་བ་ཀུན་གྱི་གསང་ གསུམ་བྱིན་རླབས་གཡང༌། །འབྲུ་གསུམ་ཡི་གེའི་རྣམ་པ་དཔག་ཡས་དང༌། །འཇམ་དབྱངས་ སློབ་དཔོན་ཆོས་ཀྱི་གྲགས་པ་སོགས། །མཁས་པ་རྣམས་ཀྱི་སྨྲ་བའི་ངག་གི་གཡང༌། །ཕྱག་ན་ རྡོ་རྗེ་དྲང་སྲོང་སྔགས་འཆང་སོགས། །བདེན་ཚིག་རིག་སྔགས་ནུས་པའི་གཡང་ཐམས་ཅད། 7-1-40 །དབྱངས་གསལ་ཡི་གེའི་རྣམ་པ་དཔག་མེད་དང༌། །སྟོང་གསུམ་ཁམས་ཀྱི་འབྱུང་བཞིའི་ དྭངས་བཅུད་མཆོག །ཁམས་གསུམ་གྱིས་བསྡུས་ལེགས་སྒོ་ཕུན་སུམ་ཚོགས། །ཚེ་རིང་ནད་ མེད་བསོད་ནམས་སྟོབས་འབྱོར་རྩལ། །སྙན་གྲགས་རླུང་རྟ་མངའ་ཐང་བཙན་ཕྱུག་འཕན། །མི་འཕེལ་རྒྱུད་ལེགས་ཞིང་ཁང་རིན་ཆེན་ནོར། །སྨན་འབྲུ་ཟས་སྣ་དར་གོས་རྟ་ནོར་སོགས། །སྐྱེ་འཕགས་ཤེས་རྒྱུད་མཁས་པའི་བློ་གྲོས་དང༌། །དཔའ་བའི་སྙིང་སྟོབས་ལུས་སེམས་བདེ་ བའི་གཡང༌། །དེ་ཀུན་བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་བདུན། །ཉེ་བའི་རིན་ཆེན་སོགས་ཀྱི་ རྣམ་པར་བསྡུས། །གཡང་ལྷ་སྒྲུབ་རྟེན་རྣམས་ལ་རབ་ཐིམ་པས། །བདག་དང་སྦྱིན་བདག་ ལྟོ ས་བཅས་གང་དག་ལ། །བཀྲག་མདངས་གཟི་བརྗིད་སྣུམ་བག་རབ་རྒྱས་ཤིང༌། །ཚེ་བསོད་ ལོངས་སྤྱོད་མི་ཟད་བཅུད་གཡང་ཆགས། །གནས་ཁང་བང་མཛོད་འདོད་དགུའི་གཏེར་གྱིས་ གང༌། །ར་བ་སླས་རྣམས་རྟ་ནོར་གྱིས་གང་སྟེ། །ཕུན་སུམ་ཚོགས་པ་གང་འདོད་བྱུང་བར་གྱུར། །པར་བསམ་ལ་གཡང་སྒྲུབ་དཀྱུས་ལྟར་བཟླ། གཡང་འགུགས་སྤྱི་བསྡུས་ཀྱི་དམིགས་པ་ཙམ་ལས་མི་སྤྲོ་ན་དེ་ཙམ་གྱིས་ཆོག སོ་སོར་འགུགས་དམིགས་སྤྲོ་ན་འདི་ལྟར་ཚེ་གཡང་འགུགས་པ། སླར་ཡང་འཕགས་མའི་ཐུགས་བསྐུལ་ འོད་ཟེར་གྱིས། །ཚེ་དཔག་མེད་མགོན་ཡིད་བཞིན་འཁོར་ལོ་དང༌། །ཤ་ཝ་རི་པ་ལ་སོགས་ ཚེ་དབང་གི །དངོས་གྲུབ་ལེགས་བརྙེས་དག་གི་ཚེ་གཡང་དང༌། །ལྷ་དང་དྲང་སྲོང་རིག་པ་ འཛིན་པའི་ཚོགས། །བསྐལ་པ་དང་པོའི་མི་ཡི་ཚེ་གཡང་སོགས། །གཞན་ཡང་བསྒྲུབ་བྱའི་བླ་ ཚེ་འཁྱམས་པ་དང༌། །ལྷ་འདྲེས་ཁྱེ ར་བ་མནན་གཏད་བཅུག་པ་གང༌། །ཚེ་འཕེལ་རྒྱུ་རྐྱེན་རྣམ་ དཀར་དགེ་ཆེན་ཚོགས། །ཤ་ཁྲག་རུས་རྐང་དཀར་དམར་བཀྲག་མདངས་བཅུད། །འབྱུང་ བཞི་འཁོར་འདས་བརྟན་གཡོ་མ་ལུས་པའི། །དྭངས་མ་ཀུན་བསྡུས་འོད་ཟེར་སྣུམ་ལ་འགྲིལ། །བཀྲག་མདངས་འབར་བའི་རྣམ་པར་བསྒྲུབ་རྟེན་དང༌། །བསྒྲུབ་བྱའི་ལུས་ངག་ཡིད་ཀྱི་སྒོ་ གསུམ་ལ། །ལྕགས་ལ་གསེར་འགྱུར་རྩི་བཞིན་དབྱེར་མེད་བསྟིམ། །པར་བསམ་ལ། ༀ་ཏཱ་རེ་ཏུཏྟཱ་ 7-1-41 རེ་ཏུ་རེ་མ་མཱ་ཚེ་བཅུད་མ་ལུས་པ་ཁུག་ཅིག་སྭཱཧཱ། ཞེས་པ་ཅི་ནུས་བཟླ། ཉེར་སྤྱད་གཡང་འགུགས་ནི། སླར་ཡང་འཕགས་མའི་ཐུགས་བསྐུལ་འོད་ཟེར་གྱིས། །སྟོང་ གསུམ་ལྷ་ཀླུ་མི་ཡུལ་རི་བོའི་ཁོང༌། །མཚོ་གཏིང་ཕྱུག་པོའི་བང་མཛོད་སོགས་གནས་པའི། །ཡིད་བཞིན་ནོར་དང་གསེར་དངུལ་ཟངས་ལྕགས་ཤེལ། །མུ་ཏིག་བཻཌཱུར་པདྨ་རཱ་ག་དུང༌། །གཡུ་བྱུར་སྤོས་ཤེལ་ལ་སོགས་རིན་ཆེན་རིགས། །བཀྲ་ཤིས་རྟགས་རྫས་བརྒྱད་དང་རྒྱལ་ སྲིད་བདུན། །ནོར་བུ་ཆ་བདུན་རིན་ཆེན་རི་བོ་མཆོག །འདོད་འཇོའི་བ་དང་མ་རྨོས་ལོ་ཏོག་ ཕུལ། །གཏེར་བུམ་ལ་སོགས་ཉེར་སྤྱད་རིགས་གྱུར་དང༌། །ཁྲབ་རྨོག་ཕུབ་རལ་བརྒྱ་བྱིན་རྡོ་ རྗེའི་མཚོན། །ཨ་བར་སྐྱུར་གསུམ་བཟང་དྲུག་ལ་སོགས་སྨན། །གསེར་གྱི་ཟོ་བ་ཟངས་ལིའི་ ཁོག་མ་མཛེས། །དངུལ་སྐྱོགས་རས་ཀྱི་ཁྲེས་པོ་ལ་སོགས་སྣོད། །མལ་ཁྲི་གདན་བང་སྡེར་ ཞལ་ཀ་ཅའི་རིགས། །ཡོ་བྱད་མ་ལུས་ཇི་སྙེད་མཆིས་འདི་གང༌། །བཀྲག་མདངས་སྣུམ་བག་ ལྡན་པར་འུབས་ཀྱིས་བསྡུས། །བསྒྲུབ་བྱའི་གནས་ཁང་བང་མཛོད་མེར་གྱིས་གང༌། །ནམ་ ཡང་མི་ཟད་གཏེར་ཆེན་ཀུན་ནས་རྒྱས། །སྒྲུབ་རྫས་ལ་ཐིམ་འདོད་དགུ་འབྱུང་བའི་གཏེར། །ནོར་ལ་གཡང་ཆགས་ཟས་ལ་བཅུད་རྒྱས་ཏེ། །གོས་མདོག་བཟང་པོ་བཀྲག་མདངས་ཡོངས་ འབར་ཞིང༌། །ཉེར་མཁོའི་རིགས་གྱུར་གང་དང་གང་དགོས་དག །འབད་མེད་ཤུགས་འབྱུང་ གནས་འདིར་ལེགས་སྤྱོད་གྱུར། །པར་བསམས་ལ་གོང་གི་སྔགས་ཤམ་དུ། ཉེར་སྤྱད་མ་ལུས་པ་ཁུག་ ཅིག་སྭཱཧཱ། ཞེས་བཏགས་པ་ཅི་ནུས་བཟླ། ཟས་གོས་ཕྱུགས་གཡང་འགུགས་པ་ནི། སླར་ཡང་འཕགས་མའི་ཐུགས་བསྐུལ་འོད་ཟེར་གྱིས། །ཚངས་པའི་འབྲུ་གཡང་བོད་ནས་རྒྱའི་འབྲས་གཡང༌། །ནས་འབྲས་གྲོ་སྲན་ཏིལ་ཡུངས་ སོ་ཉུང་མ། །ལ་ཕུག་ལ་སོགས་ལོ་ཏོག་འབྲུ་སྣའི་རིགས། །དཀར་མངར་གསུམ་དང་ཤིང་ ཏོག་གྲོ་མ་དང༌། །སྟར་ག་ཤ་ཐུད་ཞུན་འཁུར་རོ་བརྒྱའི་ཟས། །རྒྱ་བོད་ཧོར་གྱི་ཇ་ཆང་རྟ་ཆང་ 7-1-42 སོགས། །བཟའ་བཅའ་བཏུང་རིགས་ཁ་དོག་དྲི་རོ་ལྡན། །ལྷ་གོས་པཉྩ་ལི་དང་མིའི་ཟ་འོག །ཀླུ་གོས་རེག་འཇམ་དར་ཟབ་བཀྲ་བའི་མདོག །ཀ་ཤི་ཕྲུག་ཐེར་ལ་སོགས་རས་བལ་རིགས། །སྣམ་ཕྱིང་སྟན་ཞྭ་གོས་ལྷྭམ་སྐ་རགས་སོགས། །སྟག་གཟིག་གཡུ་སྤྱང་ལྤགས་པ་ལ་སོགས་ དང༌། །མགོ་རྣ་མགུལ་བའི་རྒྱན་སོགས་རྒྱན་གྱི་རིགས། །ཛམ་ལྷའི་ནོར་གཡང་ཀུ་བེ་ར་ཡི་ རྟ། །ནོར་རྒྱུན་ཕྱུགས་གཡང་གང་བཟང་ལུག་གི་གཡང༌། །ཅང་ཤེས་རྟ་མཆོག་ཐེག་ལྡན་མཛོ་ གཡག་དང༌། །བོང་དྲེལ་མ་ཧེ་གླང་པོ་མཛོ་མོ་འབྲི། །ར་ལུག་ནོར་སྐྱོང་ལ་སོགས་རྐང་འགྲོའི་ རིགས། །འཕེལ་རྒྱུན་སྟོབས་བཀྲག་མདངས་རབ་དང་བཅས་ཏེ། །ཀུན་བསྡུས་བསྒྲུབ་བྱའི་ བང་ཁང་སྣོ ད་ར་བ། །སླས་བཅས་འབྲུ་དྲུག་ཟས་སྣ་གོས་རྒྱན་ནོར། །གནག་ཕྱུགས་ཟད་མེད་ ཀྱིས་གང་གཡང་བཅུད་ཆགས། །ཟས་གོས་ཕྱུགས་ཀྱི་དཔལ་ཁ་འབར་བར་བསམ། །ལ་སྔགས་ ཤམ་དུ། ཟས་གོས་ཕྱུགས་གཡང་མ་ལུས་པ་ཁུག་ཅིག་སྭཱཧཱ། ཞེས་བཏགས་པ་ཅི་ནུས་བཟླ། མངའ་ཐང་དར་བའི་གཡང་འགུགས་ནི། སླར་ཡང་འཕགས་མའི་ཐུགས་བསྐུལ་འོད་ཟེར་གྱིས། །འཕན་པོའི་བུ་རྒྱུད་དཔལ་ལྡན་ཡ་རབས་གཤིས། །ཡིད་མཐུན་གྲོགས་པོ་བློ་ཡངས་བག་ ཡོད་གཡོག །དཔའ་མཛངས་འཕྲུལ་ལྡན་དཔུང་གྲོགས་དཔྱོད་བསམ་བཟང༌། །ཆེས་དཀར་ གྲོས་འདེབས་དཔའ་ཐབས་སྤྲུལ་ལྡན་དམག །ཡིད་གཞུང་སྨྲ་མཁས་རྒྱ་བོད་ཧོར་གསུམ་གྱི། །མཁས་པའི་བློ་རིག་ཆེ་བའི་སྟོབས་རྩལ་མཆོག །བཙན་པོའི་ངར་དང་དཔའ་བའི་དཔུང་ཤེད་ བཅས། །རྒྱ་ཆེ་གྲངས་མང་ཆད་མེད་མི་བཟང་གཡང༌། །རྒྱ་གར་ཆོས་དང་རྒྱ་ནག་མི་ཁྲིམས་ ལུགས། །མཐའ་བཞིའི་རྒྱལ་པོའི་ཆོས་སྲིད་འཕན་དར་ཆེ། །ཞི་རྒྱས་དབང་དྲག་ལས་ཆེན་ སྣ་ཚོགས་པ། །ཚེ་རིང་ནད་མེད་མཐོ་རིས་ཡོན་ཏན་བདུན། །བཙན་མཐུ་དར་འཕྲུལ་ཕྱོགས་ ལས་རྒྱལ་བའི་སྟོབས། །ཚངས་དང་འཁོར་བསྒྱུར་མངའ་ཐང་གང་འདོད་འགྲུབ། །རྒྱལ་ལོན་ ཤགས་རྒྱན་ལུགས་ཤེས་རྣམ་དཔྱོད་དར། །ཟིལ་ཆེ་གཟི་བརྗིད་ཕྱོགས་ཁྱབ་སྙན་གྲགས་ 7-1-43 སྒོ། །ཀུན་ནས་དགེ་བའི་རླུང་རྟ་དར་བའི་དཔལ། །སྙན་པའི་གཏམ་ཚིག་ནོར་ལྷའི་ཕྱུགས་ གཡང་མཆོག །འཇིག་རྟེན་ཁམས་ཀྱི་མངའ་ཐང་དཔལ་ཡོན་ཀུན། །བསྒྲུབ་བྱའི་གནས་ཡུལ་ ལ་བསྟིམ་བྱིན་ཆེན་ཆགས། །བསོད་ནམས་མངའ་ཐང་འདོད་དགུ་ལེགས་འཇོ་བའི། །སྐལ་ བཟང་ཉམས་པ་མེད་པའི་ཕྱྭ་གཡང་ལ། །ཅི་དགར་ལེགས་སྤྱོད་རྟེན་འབྲེལ་འགྲིག་པར་ བསམ། །ལ་སྔགས་ཤམ་དུ། མངའ་ཐང་དར་བའི་སྒོ་མ་ལུས་པ་ཁུག་ཅིག་སྭཱཧཱ། ཞེས་བཏགས་པ་ཅི་ནུས་ བཟླ། ཡུལ་གྱི་བཅུད་གཡང་འགུགས་པ་ནི། སླར་ཡང་འཕགས་མའི་ཐུགས་བསྐུལ་འོད་ཟེར་གྱིས། །འོག་ གཞི་རླུང་དཀྱིལ་སུམ་ཅུ་རྩ་གསུམ་བར། །རྩི་ཤིང་སྨན་དང་མེ་ཏོག་འབྲས་བུ་སོགས། །བསྐྱེད་ ནུས་ས་བཅུད་ཐམས་ཅད་དྭངས་གསལ་གྱི། །འོད་སེར་སྣུམ་ལ་འགྲིལ་བའི་རྣམ་པ་དང༌། །ལྷ་ ཡུལ་རོལ་མཚོ་མི་ཡུལ་མ་དྲོས་མཚོ། །ཀླུ་ཡུལ་རོལ་མཚོ་བདུན་སོགས་མཚོ་ཀླུང་ཆུ། །ལྟེང་ ཀ་ལ་སོགས་ཆུ་ཁམས་དྭངས་མའི་བཅུད། །འོད་ཟེར་མདངས་ལྡན་དཀར་པོའི་རྣམ་པ་དང༌། །ལྷོ ་ཕྱོགས་རྟ་གདོང་མེ་སོགས་མེ་ཁམས་ཀྱི། །བཅུད་རྣམས་འོད་དམར་ཚུལ་དང་རླུང་དཀྱིལ་ སོགས། །རླུང་ཁམས་བཅུད་ཀུན་འོད་སྔོ ན་དྭངས་གསལ་ཚུལ། །གཞན་ཡང་མཚོ་རྫིང་མེ་ ཏོག་སྐྱེད་མོས་ཚལ། །ཁང་བཟང་སྦྲ་གུར་ཉི་ཟླའི་བཀྲག་མདངས་དང༌། །དུས་བབ་ཆར་སྤྲིན་ སེར་བུ་དྲོད་བཟང་ཁམས། །ས་གནམ་སྣུམ་ཞག་སྡོད་གནས་བདེ་བའི་ཉམས། །ལྷ་ཡུལ་ལྷོ ་ བྱང་གླིང་གི་དཔག་བསམ་ལྗོ ན། །རྒྱ་གར་མ་ལ་ཡ་ཡི་ཙནྡན་མཆོག །རྒྱ་ནག་ཇ་ཤིང་རོང་གི་ ནགས་ཚལ་དང༌། །འབྲོག་ཡུལ་སྤང་ལྗོ ངས་མེ་ཏོག་རྩི་ཤིང་རིགས། །གཞན་ཡང་ཡིད་འོང་ ཤིང་སྣའི་རིགས་གྱུར་གང༌། །ཕྱྭ་གཡང་ཚུལ་དུ་འདིར་བསྡུས་བསྒྲུབ་བྱ་ཡི། །ཡུལ་ཁམས་ཀུན་ ཏུ་རབ་བསྐྱིལ་གཡང་བཅུད་སྤེལ། །ཡུལ་གྱི་འབྱོར་བ་ཕུན་སུམ་ཚོགས་པར་གྱུར། །པར་བསམ་ ལ་སྔགས་ཤམ་དུ། ཡུལ་གྱི་བཅུད་གཡང་མ་ལུས་ཁུག་ཅིག་སྭཱཧཱ། ཞེས་བཏགས་པ་ཅི་ནུས་བཟླ། 7-1-44 དགེ་འདུན་སྡེ་བཤད་སྒྲུབ་ཀྱི་གཡང་འགུགས་ནི། སླར་ཡང་འཕགས་མའི་ཐུགས་བསྐུལ་འོད་ཟེར་ གྱིས། །བསྐལ་བཟང་སངས་རྒྱས་སྟོང་གི་འཁོར་འདུས་པ། །རིམ་གསུམ་དགེ་འདུན་རབ་ ཏུ་རྒྱས་པའི་སྡེ། །ཕྱོགས་བཅུའི་ཞིང་ན་ལེགས་བཞུགས་འདུས་པའི་ཚོགས། །འཛམ་གླིང་ ཡངས་པའི་གཞི་ན་གང་བཞུགས་དག །ཁྱད་པར་འཕགས་བོད་གཙུག་ལག་ཁང་སོགས་སུ། །བསྟན་འཛིན་དགེ་འདུན་སྡེ་ཆེན་རྒྱས་པའི་གཡང༌། །དུས་གསུམ་རྒྱལ་དང་འཇམ་དཔལ་ དབྱངས་ཅན་མ། །འཛམ་གླིང་རྒྱན་དྲུག་ལ་སོགས་འཕགས་བོད་ཀྱི། །པཎ་གྲུབ་རིམ་བྱོན་ ཆེས་མཐའ་ཡས་པའི་ཕུལ། །གང་དག་ལུང་རྟོགས་ཆོས་ཚུལ་སྤྱི་དང་ནི། །ཡང་སྒོས་རིག་ གནས་ཀུན་ཤེས་ཕུན་སུམ་ཚོགས། །རྒྱ་ཆེ་ཟབ་རྣོ་གསལ་བའི་ཤེས་རབ་གཡང༌། །ཕྱི་ནང་ མཁས་པ་ཡོངས་ཀྱི་རིགས་གསང་འཕྲུལ། །ཕ་རོལ་ཕས་རྒོལ་ཟིལ་གནོན་རྩོད་པའི་ངག །བརྗིད་མཛེས་ལེགས་པའི་རྣམ་འགྱུར་སྣ་ཚོགས་གཡང༌། །ས་ར་ཧ་དང་ཀླུ་སྒྲུབ་ལ་སོགས་ པའི། །གྲུབ་དབང་གང་བྱོན་ཉམས་དང་རྟོགས་པའི་གཡང༌། །མཁས་པའི་བྱ་བ་འཆད་རྩོད་ རྩོམ་གསུམ་གཡང༌། །བཙུན་པའི་བྱ་བ་བསླབ་གསུམ་ཉམས་ལེན་གཡང༌། །སྒྲུབ་པའི་བྱ་བ་ ཐོས་བསམ་སྒོམ་གསུམ་གཡང༌། །དབང་བསྐུར་ཆོས་འཆད་སྡེ་སྣོད་ཁ་ཏོན་གཡང༌། །གནས་ ངན་ལེན་སྡོམ་སོ་ཐར་སྡོམ་པའི་གཡང༌། །གཞན་གནོད་ཀུན་སྤངས་བྱང་སེམས་སྡོམ་པའི་ གཡང༌། །ཐ་མལ་ཞེན་པ་ཡོངས་ལྡོ ག་སྔགས་སྡོམ་གཡང༌། །དེར་བརྟེན་ངེས་འབྱུང་ཐོག་མའི་ འཇུག་སྒོའི་གཡང༌། །གཞན་ཕན་རྒྱ་ཆེའི་རླབས་ཅན་བྱང་སེམས་གཡང༌། །གསང་ཆེན་རིམ་ གཉིས་དགའ་སྟོན་ཡོངས་རྒྱས་གཡང༌། །མདོར་ན་རྒྱལ་བསྟན་ཀུན་འཕེལ་ཆོས་ཀྱི་གཡང༌། །མ་ལུས་སྐྱེ་རྒུའི་ཕན་བདེའི་དཔལ་གྱུར་གཡང༌། །ནམ་ཡང་ནུབ་མེད་སྲིད་མཐར་ལེགས་ གནས་གཡང༌། །ཡང་སྒོས་དགེ་འདུན་བཤད་སྒྲུབ་ཕྱྭ་གཡང་ཀུན། །མ་ལུས་གནས་འདིར་ སྤྲིན་བཞིན་རབ་བསྡུས་ཏེ། །བཤད་སྒྲུབ་བསྟན་པ་ཉི་ཟླ་ལྟ་བུར་གསལ། །ཆུ་བོའི་རྒྱུན་བཞིན་ 7-1-45 རིང་གནས་དབྱར་མཚོ་ལྟར། །ཆེར་རྒྱས་མཁའ་བཞིན་ཕྱོགས་མཐར་ཁྱབ་པར་བསམ། །ལ་ སྔགས་ཤམ་དུ། དགེ་འདུན་བཤད་སྒྲུབ་ཀུན་ནས་ཁུག་ཅིག་སྭཱཧཱ། ཞེས་བཏགས་པ་ཅི་ནུས་བཟླ། ཡང་སྒོས་ངེས་དོན་བཤད་སྒྲུབ་གཡང་འགུགས་ནི། སླར་ཡང་འཕགས་མའི་ཐུགས་བསྐུལ་འོད་ཟེར་ གྱིས། །རྣམ་འདྲེན་བཞི་པའི་ཆོས་འཁོར་ཕུལ་བྱུང་བ། །འཁོར་ལོ་ཕྱིར་མི་ལྡོ ག་པ་སྙིང་པོའི་ དོན། །རྒྱལ་བ་གང་གིས་དཔལ་གྱི་མགུལ་བཟང་ནས། །གདུལ་བྱ་སེམས་དཔའ་ཆེན་པོའི་ འཁོར་ཚོགས་ལ། །ཟབ་རྒྱས་རྒྱུ་འབྲས་ཐེག་མཆོག་སྒོ་ཕྱེ་བ། །ངེས་པ་དོན་གྱི་ལུང་རྟོགས་ བསྟན་པའི་བཅུད། །ཟབ་མོའི་དགོངས་པ་ཉག་གཅིག་ཆེས་མཆོག་གཡང༌། །མི་ཕམ་མགོན་ དང་ཕྱག་རྡོར་ལ་སོགས་པས། །ལྷ་མིའི་ཆོས་ཀྱི་ཞིང་དུ་མངོན་པར་སྤེལ། །འཕགས་ཡུལ་ རྗེས་བྱོན་མདོ་སྔགས་བསྟན་འཛིན་ཚོགས། །འཛམ་གླིང་མཛེས་རྒྱན་གྲུབ་ཆེན་བརྒྱ་རྩ་ དང༌། །གངས་ལྗོ ངས་བསྟན་རྩ་སྤྱི་དང་ཡང་སྒོས་སུ། །འཇིག་རྟེན་དབང་ཕྱུག་མི་ཡི་བླ་མའི་ ཚུལ། །ངེས་དོན་རྟོན་པ་བཞི་ལྡན་སྤྲུལ་པའི་སྐུས། །རང་འདྲའི་བུ་ཆེན་བཅུ་བཞི་སོགས་ཀྱིས་ མཚོན། །སྐལ་བཟང་རྫོགས་ལྡན་སྐྱེས་ཆེན་མང་དག་ལ། །བཤད་དང་སྒྲུབ་པའི་དགའ་སྟོན་ ལེགས་འགྱེད་གཡང༌། །གསང་ཆེན་སྔགས་ཀྱི་ཞིང་མཆོག་ཤམྦྷ་ལར། །ད་ལྟ་རིགས་ལྡན་ རྒྱལ་པོས་འཁོར་མང་ལ། །དམ་པ་དང་པོའི་སངས་རྒྱས་དགོངས་ཆེན་བཀྲོ ལ། །མདོ་སྔགས་ ཟབ་དགོངས་མཐའ་དག་གཅིག་ཏུ་གཞོལ། །ངེས་དོན་རྫོགས་ལྡན་ཆོས་སྒོ་རྒྱ་མཚོའི་དཔལ། །ཀུན་ནས་ཆད་མེད་ཡོངས་བརྡལ་དགེ་ལེགས་གཡང༌། །ལྗོངས་འདིར་སྔོ ན་བྱོན་གྲུབ་པའི་ དབང་ཕྱུག་གཙོ། །སྒྲོལ་མགོན་ཞབས་ཀྱིས་རྒྱུ་འབྲས་ཐེག་པའི་བཅུད། །ཡང་གསང་ངེས་པ་ མཆོག་གི་ཆོས་ཀྱི་མཛོད། །ཕུལ་བྱུང་ཐར་པ་དམ་པའི་དཔལ་ཡོན་ཅན། །ཡོངས་ཕྱེས་སྲོལ་ བཟང་སྐྱེ་དགུའི་ཕན་བདེའི་དཔྱིད། །ལུང་རྟོགས་བཤད་སྒྲུབ་བྱ་བ་དབྱར་མཚོ་ལྟར། །སྒོ་ གང་ནས་འཕེལ་ཆོས་དཔལ་མཐའ་དག་བསྡུས། །ཆེས་བཟང་དངོས་གྲུབ་གཡང་གི་བཅུད་ 7-1-46 དུ་སྨིན། །བཤད་དང་སྒྲུབ་པ་རྫོགས་ལྡན་ཆོས་སྤྱོད་ཀྱིས། །ངོ་མཚར་དགེ་བའི་ལེགས་མཚན་ ཉམས་མེད་པར། །དུས་ཀུན་སྐྱེ་འགྲོ་ཡོངས་ལ་བདེ་སྐྱིད་དཔལ། །ཟད་མེད་གཏེར་ཆེན་ གཡང་ཞགས་འཁྱི ལ་བར་བསམ། །ལ་སྔགས་ཤམ་དུ། ཁྱད་པར་ངེས་དོན་བཤད་སྒྲུབ་སྐྱོལ་ཅིག་ སྭཱཧཱ། ཞེས་བཏགས་པ་བཟླ། ཕྱྭ་གཡང་ཆར་འབེབས་དམིགས་པ་ནི། སླར་ཡང་འཕགས་མའི་ཐུགས་བསྐུལ་བྱིན་རླབས་ལས། །ཐུགས་ཀའི་འོད་ཟེར་དཔག་ཡས་མཁའ་ཁྱབ་རྩེར། །ཉེར་སྤྱོད་བདུན་དང་འདོད་ཡོན་རྣམ་ པ་ལྔ། །བཀྲ་ཤིས་རྫས་རྟགས་ལ་སོགས་མཆོད་པའི་ཚོགས། །ཀུན་ཏུ་བཟང་པོའི་འཕྲུལ་ བཞིན་ཟད་མེད་གཏེར། །རབ་འབྱམས་ཞིང་གི་རྒྱལ་སྲས་དེ་ཀུན་ལ། །དགྱེས་བསྐྱེད་ཟག་ བྲལ་བདེ་ཆེན་རབ་སྤེལ་ཆེད། །ཀུན་ནས་ཡོངས་འབུལ་མཐའ་དག་ལེགས་བཞེས་ནས། །བསོད་ནམས་ཚོགས་ཆེན་རབ་རྫོགས་དགེ་སྟོབས་ལས། །ལེགས་དགེའི་སྤྲིན་ཆེན་ཕྱོགས་ མཚམས་འཁྲིགས་པ་ནས། །རྨད་བྱུང་བདུད་རྩིའི་ཆར་རྒྱུན་ལེགས་བབས་པས། །སེར་ སྣ་དབུལ་ཕོངས་སྡུག་བསྔལ་ཀུན་ཞི་སྟེ། །རིན་ཆེན་སྨན་འབྲུ་གོ་མཚོན་ཟས་གོས་སོགས། །འདོད་རྒུའི་ལོངས་སྤྱོད་ཟད་མེད་གཏེར་ཆེན་གྱིས། །བསྒྲུབ་བྱའི་བང་མཛོད་གནས་ཁང་ ཡུལ་ཁམས་སུ། །གང་འདོད་ལོངས་སྤྱོད་མཆོག་གིས་ཁྲིག་མེར་གང༌། །སླར་ཡང་གཡང་ལྷའི་ ཚོགས་ཀྱི་ཞལ་སྐུ་དང༌། །ཕྱག་མཚན་སོགས་ལས་འདོད་དགུའི་ཆར་ཆེན་འབེབས། །སྐུ་ལས་ འཕྲོས་པའི་འོད་ཟེར་སྤྲིན་ཕུང་ལས། །ལོངས་སྤྱོད་གཡང་ཆར་ཕན་ཚུན་འགྲན་བཞིན་ཕབ། །སྒོ་གང་ཐད་ནས་ཕུན་ཚོགས་དཔལ་གཡང་གིས། །བསྒྲུབ་བྱ་དག་ལ་བཅུད་གཡང་ཉམས་ མེད་པར། །ཅི་དགར་སྤྱོད་པའི་སྐལ་བཟང་རྟག་པར་ཐོབ། །འོད་ཟེར་སླར་བསྡུས་གཡང་ བཅུད་ཆགས་པར་བསམ། །ལ། ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། ཝ་སུ་ནཱ་ནཱ་ཁ་དྷེ་སརྦ་སིདྡྷི་ཕཱ་ལ་ཧཱུཾ། ཞེས་པ་ཅི་ནུས་བཟླ། 7-1-47 སྲས་བཅས་རྒྱལ་བའི་བྱིན་རླབས་གཡང་རྟེན་སོགས་ལ་དབབ་པ་ནི། བདག་མདུན་ཐུགས་ལས་འོད་ཟེར་ ཕྱོགས་བཅུར་འཕྲོས། །རྒྱལ་སྲས་སྤྱི་དང་ནོར་ལྷའི་ཚོགས་ཀུན་བསྐུལ། །རང་བཞིན་དབྱིངས་ བཞུགས་རྩ་བརྒྱུད་བླ་མ་དང༌། །ཡི་དམ་རབ་འབྱམས་ཕྱོགས་བཅུའི་སངས་རྒྱས་ཚོགས། །བྱང་སེམས་ཉན་རང་དཔའ་བོ་མཁའ་འགྲོ་དང༌། །ཆོས་སྐྱོང་ཡེ་ཤེས་སྤྱན་ལྡན་ཚོགས་དང་ བཅས། །ཁྱད་པར་རྒྱལ་ཆེན་རྣམ་སྲས་གནོད་སྦྱིན་བརྒྱད། །འབྲོག་གནས་མཆེད་ལྔ་ལ་ སོགས་སྡེ་རིགས་ཚོགས། །དབང་ཕྱུག་ཨུ་མ་མཁའ་འགྲོ་བཞི་དང་བཅས། །ལྷ་མོ་དཔལ་ཆེན་ ཛམ་ལྷ་རིགས་ལྔ་དང༌། །ནོར་སྦྱིན་ཀླུ་མོ་དུང་སྐྱོང་གཙོ་འཁོར་བཅས། །གཞན་གྱིས་མི་ཐུབ་ རིགས་གསུམ་གར་མཁན་ཚོགས། །གནོད་སྦྱིན་གང་བཟང་སྲས་དབང་བཅུ་གཅིག་དང༌། །ཆོས་སྤུན་སོ་གཉིས་སྡེ་དཔོན་ཉེར་བརྒྱད་སོགས། །ནོར་ལྷ་དེ་དག་ཐུགས་བརྩེའི་འོད་ཟེར་ ཤར། །བྱིན་རླབས་སྤྲིན་འཁྲིགས་དངོས་གྲུབ་ཆར་རྒྱུན་འབབ། །སྐུ་བཀྲག་མདངས་ལྡན་ གཟི་འོད་ཁྱུགས་སེ་ཁྱུག །གསུང་ཆེན་ཚངས་པའི་སྒྲ་དབྱངས་འུར་འུར་སྒྲོག །ཉམས་དགའ་ ཡལ་ཡལ་བདེ་ཆམ་ངང་ནས་བྱོན། །སྤྲིན་དཔུང་འཐིབ་བཞིན་ནམ་མཁའ་བར་སྣང་གང༌། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་བཅས། །གཡང་རྟེན་མི་ནོར་ལོངས་སྤྱོད་བང་ མཛོད་དང༌། །ཞིང་ཁང་ཉེ་འཁོར་ཡུལ་ཁམས་བཅས་པ་ལ། །དར་ལ་སྣུམ་མཆེད་ཇི་བཞིན་ སིབ་སིབ་ཐིམ། །དེ་མཐུས་སྣང་བ་ཉམས་དགའ་བག་དྲོ་ཞིང༌། །རྒྱལ་བ་སྲས་བཅས་རླབས་ ཆེན་བྱིན་རླབས་ཞུགས། །སྔར་ལས་བརྒྱ་འགྱུར་བཀྲག་མདངས་གཟི་བརྗིད་འབར། །སྣུམ་ བག་ནུས་བཅུད་གཡང་འཕེལ་དངོས་གྲུབ་ཐོབ། །པར་བསམ་ལ། ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། ཀཱ་ ཡ་ཝཀ་ཙིཏྟ་སརྦ་སིདྡྷི་ཕཱ་ལ་ཧཱུཾ། ཞེས་པ་ཅི་ནུས་བཟླ། ཡང་གཡང་འགུགས་ཅི་ཙམ་བཟླས་ཀྱང་དངོས་གྲུབ་མ་བྱུང་ན། ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། ཨུ་ཀ་ཡེ། ཨ་པ་ ཡེ། ཀ་པ་ཡེ། བཛྲ་སིདྡྷི་སིདྡྷི་ཧཱུཾ་ཛཿཛཿ ཞེས་པ་མང་པོ་བཟླས་ན་དོན་འགྲུབ་ཅིང༌། དེ་ནས་གཡང་ལྷ་འཁོར་བཅས་ 7-1-48 གཡང་བཅུད་དུ་གཞུག་པ་ནི། ཏཱཾ། གཡང་གི་ལྷ་མོ་རྗེ་བཙུན་བཅོམ་ལྡན་མ། །འཁོར་དང་བཅས་པ་ རླབས་ཆེན་ཐུགས་རྗེའི་སྟོབས། །ཆེས་ཆེར་ཀུན་ནས་འབར་བའི་ལེགས་མཚན་གྱིས། །བདེ་ དགའ་སྐྱིད་པའི་གཡང་བཅུད་དེང་འདིར་འཁྱི ལ། །རྨད་བྱུང་བྱིན་རླབས་དཔལ་གྱུར་གཡང་ གི་ལྷ། །མཁྱེ ན་གཟིགས་ཡེ་ཤེས་མཁའ་ལྟར་རབ་ཡངས་པ། །འཕགས་མ་གཙོ་འཁོར་རང་ འདྲ་གཉིས་པ་ཆད། །བརྩེ་ཆེན་ནུས་པ་ཟབ་མོས་སྐུ་བསྐྱོད་ལ། །སྒྲུབ་བྱའི་གཡང་རྟེན་མི་ནོར་ ལོངས་སྤྱོད་རྫས། །ཞིང་ཁང་ཡུལ་ཁམས་དང་བཅས་གང་འདི་ལ། །ཐུགས་རྗེས་གཡོ་མེད་ བརྟན་པར་ལེགས་བཞུགས་ཏེ། །མི་ནོར་ལོངས་སྤྱོད་སྔར་ལས་བཀྲག་མདངས་དང༌། །སྣུམ་ བག་ཆེར་རྒྱས་ནམ་ཡང་ཟད་མེད་གཏེར། །བཅུད་གཡང་མཆོག་གི་དཔལ་ཁ་ཡོངས་འབར་ ཞིང༌། །ཕུན་སུམ་ཚོགས་པའི་ལེགས་སྒོ་ཉམས་མེད་ངང༌། །ཡུན་ནས་ཡུན་དུ་ཕན་བདེས་འཚོ་ བར་བསམ། །ལ། ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱཧཱ། སརྦ་སིདྡྷི་ཕཱ་ལ་ཧཱུཾ། ཞེས་པ་ཉེར་ གཅིག་བཟླ་བཞིན་གཡང་རྟེན་རྣམས་ལ་མེ་ཏོག་འཐོར། དེ་ནས་ཕྱྭ་གཡང་རྣམས་མི་ཉམས་ཕྱིར་སྦ་བར་བྱ་བ་ནི། རླབས་ཆེན་མཐུ་བྱིན་ལེགས་མངའ་ཐུགས་ རྗེ་ཅན། །དུས་གསུམ་རྒྱལ་བ་སྤྱི་དང་ཁྱད་པར་དུ། །རྗེ་བཙུན་འཕགས་མའི་ལྷ་ཚོགས་ཕྲིན་ ལས་བདག །མཐུ་སྟོབས་རབ་འབར་དཔལ་ཡོན་དཔག་མེད་པ། །གཡང་གི་མངའ་མཛོད་དེ་ དག་ཐམས་ཅད་ཀྱི། །ཐབས་ཤེས་དབྱེར་མེད་ཡེ་ཤེས་ངོ་བོ་ཉིད། །ཉི་ཟླ་ག་བུ་ཁ་སྦྱོར་འབར་ བའི་དབུས། །བསྒྲུབ་བྱའི་བཅུད་གཡང་དཔལ་འབྱོར་མ་ལུས་པ། །རབ་བཅུད་སྟོང་པ་ཆོས་ ཀྱི་དབྱིངས་སུ་སྦ། །ཕྱི་རུ་མི་ཤིགས་རྡོ་རྗེ་ཕྲེང་བས་བསྡམས། །དེ་ལ་ཆོས་དབྱིངས་སྟོང་ཆེན་ ཕྱག་རྒྱ་དང༌། །ཐབས་ཤེས་གཉིས་དང་སྐུ་གསུང་ཐུགས་གསུམ་པོ། །ཚད་མེད་རྣམ་བཞི་ཡེ་ ཤེས་ཆེན་པོ་ལྔ། །ཕར་ཕྱིན་དྲུག་དང་ཁ་སྦྱོར་བདུན་རང་བཞིན། །འགྱུར་མེད་ཕྱག་རྒྱ་བདུན་ གྱིས་རྒྱས་བཏབ་སྟེ། །གནོད་བྱེད་གང་གིས་མཐོང་ཙམ་མི་ནུས་གྱུར། །པར་བསམ་ལ། ༀ་ཏཱ་རེ་ 7-1-49 ཏུཏྟཱརེ་ཏུ་རེ་བཛྲ་རཀྵ་རཀྵ་ཡེ་སྭཱཧཱ། ཞེས་པ་ལན་བདུན་སོགས་བཟླ། དེ་ནས་ཟས་ནོར་ཕྱི་ལ་འབྲང་བའི་ཟ་འདྲེའམ་སྒབ་འདྲེ་བསལ་བ་ནི། ཏཱཾ། རང་ཉིད་འཕགས་མའི་ཐུགས་ སྲོག་ལས་སྤྲོས་པའི། །ཁྲོ་ཆེན་མེ་དཔུང་འཇིགས་ཟིལ་བཟོད་དཀའ་བས། །ཟས་ནོར་ཕྱི་ ལ་འབྲང་བའི་ཡི་དྭགས་རིགས། །ཟ་འདྲེ་སྒབ་འདྲེ་ལ་སོགས་གནོད་བྱེད་ཚོགས། །བསྣུན་ བསྲེག་སྦྱོར་བས་གང་འཚམ་ལེགས་བསྒྲལ་ཞིང༌། །ལྷག་ལུས་གང་དག་རྒྱང་རིང་དུ་བསྐྲད་དེ། །མིང་ཙམ་མེད་པར་རང་ཞི་ཆེན་པོའི་ངང༌། །ཁྲོ་མེ་སླར་བསྡུས་ཚུལ་དུ་གནས་པར་གྱུར། །པར་ བསམ་ལ། ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། ཏྲི་མ་ར་ཡ་ཐུཾ་རིལ་རྦད་ཡ། རུ་ལུ་རུ་ལུ་མ་མ་ནི་མུཾ་རྦད། བཛྲ་ཡཀྴ་ཏྲི་ཐུཾ་རིལ་རྦད། གུ་ལིང་ཛ་བཛྲ་ནཱ་ག་ར་ཛ། ནཱ་ག་ཕུ་དྲཾ། ཐུཾ་རིལ་གནོད་བྱེད་ཁ་ཐིཾ་ཁ་ ཐིཾ། མཆུ་ཆིངས་མཆུ་ཆིངས་རྦད་སོད། ཅེས་པ་ཅི་ནུས་བཟླའོ། །དེ་ལྟར་གཡང་བསྙེན་སྐབས་སྤྲོ་ན་བསྙེན་དམིགས་ བཅས་བཟླས་པ་ཁ་ཚང་བྱ་བ་ལས་དངོས་གྲུབ་མྱུར་འགུགས་སྔགས་རིགས་པས་བརྟག་ནས་བཟླ་ལ། དེ་ཙམ་མི་ནུས་ན་གོང་ སྨོས་དག་ལས་སྤྱི་བསྡུས་བསྙེན་དམིགས་ཡན་སོང་མཚམས་ནས་རང་མོས་དམིགས་བསལ་འབྲིང་བསྡུས་གང་སྤྲོ་ཙམ་བྱས་པས་ ཆོག་ཅིང༌། གང་ལྟར་ཡང་མཐར་གཡང་གཞུག སྦ་བ། བྱུར་བསལ་གསུམ་བྱ་བ་ལག་ལེན་ཡིན། དེ་དག་ནི་གཡང་སྒྲུབ་པའོ། ། གསུམ་པ་མཇུག་ཆོག་ལག་ལེན་གྱི་རིམ་པ་ལ། གཏོར་མ་འབུལ་བ་དང༌། མཆོད་བསྟོད་སོགས་མཇུག་ཆོག་དངོས་གཉིས་ ལས། དང་པོ་གཏོར་འབུལ་ནི། གཡང་བསྙེན་རྒྱས་འབྲིང་བསྡུས་པ་གང་ལྟར་གྱི་མཐར་གཡང་གཏོར་འབུལ་བ་སྟེ། གཏོར་མ་ གང་དག་ལ་དམིགས་ནས། ཏཱཾ། རཾ་ཡཾ་ཁཾ་སྤྲོས་མཆོད་གཏོར་མི་གཙང་དྲི། །བསྲེག་གཏོར་བཀྲུས་ཏེ་ བཟའ་བཏུང་ལྷའི་བདུད་རྩི། །ཡེ་ཤེས་མཆོག་གིས་ཟག་བྲལ་རང་བཞིན་དུ། །འདོད་ཡོན་ སྤྲིན་ཕུང་ནམ་མཁའ་མཛོད་དུ་གྱུར། །པར་བསམ་ལ། ༀ་ཨ་ཀཱ་རོ༴ ལན་གསུམ། ༀ་བཛྲ་སྥ་ར་ཎ་ ཁཾ། ཏཱཾ། སྐྱེ་མེད་དབྱིངས་ལས་གང་འཚམས་གཟུགས་སྐུའི་འཕྲུལ། །གང་འདུལ་སླད་དུ་ དེར་སྣང་ལེགས་འཆར་བ། །ཡིད་བཞིན་ནོར་གྱི་དབང་མོ་འཕགས་མའི་ཚོགས། །འདིར་ བཞུགས་གང་དག་དགྱེས་བསྐྱེད་མཆོད་གཏོར་སྤྲིན། །འབུལ་བའི་ཐོག་མར་མཆོད་ཡུལ་ 7-1-50 བསོད་ནམས་ཞིང༌། །རྗེ་བཙུན་སྒྲོལ་མའི་ལྷ་ཚོགས་གང་དག་ལ། །རབ་དང་གུས་པས་ཕྱག་ འཚལ་འདི་དགོངས་ལ། །མཆོད་གཏོར་གང་འབུལ་བཞེས་ལ་འདོད་དོན་སྩོལ། །ཟག་མེད་ དགྱེས་བསྐྱེད་མཆོད་གཏོར་རྒྱ་ཆེ་བ། །ཨུཏྤལ་ལ་སོགས་ལེགས་མཛེས་མེ་ཏོག་ཕྲེང༌། །ཙནྡན་ དང་སྦྱར་རབ་དཀར་བདུག་པའི་སྤྲིན། །ཉི་ཟླ་ནོར་བུ་འོད་འབར་སྣང་གསལ་ཚོགས། །འོ་ ཆབ་དྲི་མེད་མཆོད་ཡོན་ལ་སོགས་པ། །དངོས་བཤམས་ཡིད་སྤྲུལ་མཉེས་བྱེད་དཔག་མེད་ ཚོགས། །ཁྱད་པར་དམ་ཡེ་གཉིས་མེད་བདུད་རྩིའི་མཚོ། །ཞལ་ཟས་བཟའ་བཏུང་ལྷ་མིའི་ བཅུད་ཆེན་པོ། །འོད་ཟེར་སྦུ་གུའི་རྣམ་པར་ལྗགས་རྐྱོངས་ལ། །མཆོད་བཞེས་རབ་དགྱེས་ ཐུགས་ཀྱིས་བརྩེ་བར་དགོངས། །དེང་འདིར་གང་འཚམས་མཆོད་གཏོར་སྔགས་རྒྱས་སྤེལ། །རབ་གུས་ངང་ནས་འབུལ་ལོ་བདག་གིར་མཛོད། །དེ་ནས་གཏོར་འབུལ་སྔགས་ནི། ༀ་ཨཱརྱ་ཏཱ་རེ་ ས་པཱ་རི་བཱ་རེ་བྷྱཿསརྦ་པུ་ཛ་ཧོ་ཨི་དམ་བ་ལ່་ཏཱ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་ཉེར་གཅིག་སོགས་ཀྱིས་འབུལ་ མཐར། ཏཱཾ། ཡིད་བཞིན་ནོར་འདྲའི་ལྷ་མོ་སྒྲོལ་མ་རྗེ། །ཟག་མེད་བདེ་བསྐྱེད་རྒྱལ་བ་ཀུན་གྱི་ ཡུམ། །གང་འདུལ་འགྲོ་བའི་རེ་བ་སྐོང་མཛད་མ། །ནོར་བདག་ཆེན་མོ་གཡང་གི་དཔལ་སྟེར་ མོ། །མཛེས་སྐུ་མརྒད་མདོག་ཅན་འོད་ཟེར་འབར། །ཞལ་འཛུམ་དར་དང་རིན་ཆེན་རྒྱན་ གྱིས་བརྒྱན། །ཕྱག་གཡས་ནོར་བུའི་གཏེར་བུམ་འདོད་འཇོའི་དཔལ། །ཕྱག་གཡོན་ཨུཏྤལ་ ཚེ་བསོད་སྦྱིན་བྱེད་གཉེན། །པད་ཟླའི་གདན་ལ་ཞབས་ཟུང་ཕྱེད་སྐྱིལ་བཞུགས། །ལྷ་མོ་ཉི་ ཤུའི་འཁོར་ཚོགས་སྤྲུལ་མཛད་མ། །ཁྱེ ད་ལ་མཆོད་ཅིང་བསྟོད་དེ་གསོལ་བ་འདེབས། །ཉི་ ཤུའི་ལྷ་མོ་དཔག་ཡས་མཛད་བཟང་ཅན། །དབྱངས་ཅན་བསོད་སྦྱིན་རྣམ་རྒྱལ་རིག་འཇིགས་ མ། །མི་ཐུབ་གཞན་རྒྱལ་ནགས་སྒྲོལ་གསུམ་རྒྱལ་མ། །ནོར་སྦྱིན་བཀྲ་ཤིས་དགྲ་འཇོམས་ གཏུམ་ཞི་མ། །འབར་གནོན་རྨ་བྱ་མི་ཕམ་རི་འོད་མ། །གཏེར་བུམ་ཨུཏྤལ་ཕྱག་མཚན་རྒྱན་ ཆ་ལུགས། །ཕལ་ཆེར་གཙོ་མོ་དང་མཚུངས་གཡང་འགུགས་མོ། །མ་ལུས་འཁོར་དང་བཅས་ 7-1-51 ལ་གསོལ་ལོ་མཆོད། །དགྱེས་བཞེས་སྒྲུབ་མཆོག་བདག་དང་ཡོན་བདག་ལ། །ཕྱྭ་དང་གཡང་ ཆེན་འཁྱི ལ་བའི་དངོས་གྲུབ་ནི། །རི་རྒྱལ་ལྷུན་པོ་ལྟ་བུར་ཀུན་ནས་སྤུངས། །རྒྱ་མཚོ་ཆེན་པོ་ བཞིན་དུ་ཆེས་ཆེར་བསྐྱིལ། །ལྷོ ་སྤྲིན་ཕྱུག་མོ་ཇི་བཞིན་རབ་གཏིབས་ཤིང༌། །རབ་སྣང་སྦྲང་ ཆར་འབེབས་བཞིན་འཕེལ་རྒྱས་མཛོད། །བདག་དང་འགྲོ་བ་སེམས་ཅན་མ་ལུས་པ། །དེང་ ནས་ངན་འགྲོའི་སྐྱེ་གནས་རྒྱུན་ཆད་ཅིང༌། །དབུལ་ཞིང་ཕོངས་པའི་འཇིགས་པ་ཀུན་བྲལ་ཏེ། །འདིར་ནི་བཅུད་གཡང་ལེགས་སྒྲུབ་རྟེན་རྫས་མཆོག །གང་དག་ལ་ཡང་བརྩེ་ཆེན་དགྱེས་ བཞུགས་ནས། །འདི་དང་གཏན་གྱི་ལེགས་དགུའི་དཔལ་གཡང་ཀུན། །ཡིད་ལ་གང་བསམ་ དོན་རྣམས་མྱུར་འགྲུབ་མཛོད། །ཕུལ་བྱུང་ཚེ་བསོད་དཔལ་འབྱོར་སྙན་གྲགས་དགེ །ནོར་ དང་ལོངས་སྤྱོད་འདོད་དགུས་ཕོངས་མེད་པར། །གོང་ནས་གོང་དུ་མི་ཟད་གཏེར་ལ་སྤྱོད། །སྦྱིན་པའི་ཕར་ཕྱིན་རྫོགས་པའི་བཀྲ་ཤིས་ཤོག །ཅེས་པའི་གཏོར་འབུལ་རྒྱས་པའམ། བསྡུས་པ་ལ་མོས་ཚེ། ཕྱོགས་མཐུན་སྒྲོལ་སྒྲུབ་ལས་བྱུང་བ་ལྟར། གཏོར་མ། ཨ་མྲ໏་ཏས་བསངས་པ་ནས། ཨ་ཀཱ་རོས་བྱིན་རླབས་བར་དང༌། སྤྱན་ འདྲེན་དོར་ཏེ་གཏོར་འབུལ་སྔགས། ༀ་ཨཱརྱ་ཏཱ་རེ༴ སོགས་ལན་ཇི་ལྟར་འོས་པས་འབུལ་ཞིང་མཆོད་བསྟོད་འདོད་གསོལ་ བཅས་ཀྱིས་གྲུབ་བོ། ། གཉིས་པ་མཆོད་བསྟོད་སོགས་མཇུག་ཆོག་དངོས་ལ། མཆོད་པ། བསྟོད་པ། ཐུགས་བསྐུལ། གཡང་འགུགས། སྦ་བསྟིམ། ནོངས་བཤགས། བརྟན་བཞུགས། བཀྲ་ཤིས་དང་བརྒྱད་ལས། དང་པོ་མཆོད་པ་ནི། མཆོད་པའི་ཡོ་བྱད་གང་དག་ལ་སླར་གསོ་ ཅི་མཛེས་དང་བཅས་གོང་སྨོས་མཆོད་རྫས་བྱིན་རླབས་གང་ཡང་རུང་བའི་མཐར་འདི་སྐད། ཏཱཾ། ཆོས་དབྱིངས་ཡེ་ཤེས་ བྱ་གྲུབ་རང་མདངས་ལས། །ལེགས་ཤར་གང་འདུལ་སྒྱུ་མའི་ལང་ཚོ་ངོམ། །མྱུར་མ་དཔའ་ མོ་ཉི་ཤུའི་ལྷ་མོའི་འཁོར། །གཞན་ཡང་སངས་རྒྱས་བྱང་སེམས་བགྲང་འདས་ཚོགས། །རང་ གསལ་གནས་ལུགས་གཤིས་ལས་དག་སྣང་སྦྱངས། །ངོ་མཚར་ཆོ་འཕྲུལ་བཀོད་ཆེན་མཁའ་ དབྱིངས་ཁྱབ། །མ་ལུས་དེ་དག་བཅས་ལ་གུས་ཕྱག་འཚལ། །མཆོད་ཚོགས་གང་འབུལ་ 7-1-52 ལེགས་བཞེས་དངོས་གྲུབ་སྩོལ། །རྨད་བྱུང་བསོད་ནམས་ཞིང་མཆོག་འཕགས་མའི་ཚོགས། །མཆོད་ཡུལ་རྒྱ་མཚོ་ཀུན་གྱི་སྤྱན་ལམ་དུ། །ཉེར་སྤྱོད་ཡིད་དུ་འོང་ཞིང་གྱ་ནོམ་པ། །ཟག་ མེད་བདེ་བསྐྱེད་ཀུན་བཟང་མཆོད་སྤྲིན་ཆེ། །འོ་མ་དང་སྦྱར་བདུད་རྩིའི་བཅུད་ལྡན་སྐྱེམས། །ཡན་ལག་བརྒྱད་ལྡན་དྲི་མེད་ཁྲུས་ཀྱི་རྫིང༌། །ཡོན་ཆབ་རབ་དྭངས་རྒྱུན་བཟང་ཨརྒྷཾ་མཆོག །འཕགས་མ་མཆོད་ཡུལ་ཚོགས་ཀྱིས་དགྱེས་བཞེས་མཛོད། །ༀ་ཨཱརྱ་ཏཱ་རེ་ས་པཱ་རི་བཱ་རེ་བྷྱཿ ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། དག་བྱེད་དྲི་མ་ལེགས་འཁྲུད་བསིལ་དྭངས་ཤིང༌། །ཞབས་ཀྱི་པདྨོའི་རྙོག་ སེལ་དྲི་བཟང་ཆབ། །ཀུན་ནས་དགེ་བའི་འཐོར་བྱེད་ཁྱད་པར་བ། །འཕགས་མ་མཆོད་ཡུལ༴ པཱ་དྱཾ༴ རབ་འབྱམས་ཞིང་གི་སྐྱེ་ལྡན་མེ་ཏོག་ཚོགས། །མཛེས་སྡུག་འདབ་ལྡན་སྣ་ཚོགས་ཁ་ དོག་བཀྲ། །དམར་སེར་ཟེའུ་འབྲུ་ཅིར་ཡང་རྒོ ད་འདི་ཡང༌། །འཕགས་མ་མཆོད་ཡུལ༴ པུཥྤེ༴ ཙནྡན་ལི་ཤི་སྤོས་དཀར་ངད་འཐུལ་བའི། །དྲི་འཛིན་བཅུད་ལེན་རབ་དཀར་བདུག་པའི་སྤྲིན། །མཁའ་དབྱིངས་ཡོངས་ཁྱབ་ཟག་མེད་དགྱེས་བསྐྱེད་འདི། །འཕགས་མ་མཆོད་ཡུལ༴ དྷཱུ་པེ༴ སྣང་བྱེད་དགེ་བའི་འོད་མདངས་འབུམ་དཀྲི གས་ཤིང༌། །ཆེས་གསལ་མུན་སེལ་འོད་སྣང་ རབ་རྒྱས་པ། །ཉི་ཟླ་ནོར་བུ་འོད་འབར་སྣང་གསལ་ཚོགས། །འཕགས་མ་མཆོད་ཡུལ༴ ཨཱ་ལོ་ ཀེ༴ ག་བུར་གུར་ཀུམ་ངད་ལྡན་དྲི་བཟང་ཆབ། །བསིལ་བྱེད་སྐུ་ཁྲུས་གསོལ་ལ་བདེ་བསྐྱེད་པ། །ལྷ་རྫས་དམ་པའི་དྲི་ལྡན་དགེ་བྱེད་འདི། །འཕགས་མ་མཆོད་ཡུལ༴ གནྡྷེ༴ སྦྲང་རྩི་བུ་རམ་ཀ་ ར་དང་སྦྱར་ཞིང༌། །དཀར་མངར་རོ་བརྒྱའི་ནུས་པ་ཕུན་སུམ་ཚོགས། །ཞལ་ཟས་གཙང་ཞིང་ བསོད་པའི་བཅུད་ལྡན་གང༌། །འཕགས་མ་མཆོད་ཡུལ༴ ནེ་བི་དྱ༴ སྙན་པའི་སྒྲ་དབྱངས་ཀུན་ ནས་ལྡི ར་བྱེད་པ། །པི་ཝཾ་གླིང་བུ་ལ་སོགས་རོལ་མོའི་རིགས། །མཐའ་དག་མཁའ་དབྱིངས་ ཀུན་ཏུ་ཁྱབ་བྱེད་ཚོགས། །འཕགས་མ་མཆོད་ཡུལ༴ ཤབྟ༴ རིན་ཆེན་གདུགས་མཆོག་གསེར་ གྱི་ཉ་མོ་ཟུང༌། །གཏེར་ཆེན་བུམ་པ་ཡིད་འོང་པདྨ་བཟང༌། །ཆོས་དུང་གཡས་འཁྱི ལ་ཕུན་ 7-1-53 ཚོགས་དཔལ་བེའུ། །མི་ནུབ་རྒྱལ་མཚན་དབང་བསྒྱུར་འཁོར་ལོ་མཆོག །བཀྲ་ཤིས་རྟགས་ ཀྱི་ལེགས་མཚན་རིན་པོ་ཆེ། །ནམ་མཁའ་རབ་འབྱམས་ཀུན་ཏུ་ཡོངས་བཀང་སྟེ། །འཕགས་ མའི་ལྷ་ཚོགས་སྲས་བཅས་རྒྱལ་ལ་འབུལ། །དགྱེས་བཞེས་མཆོག་གིས་དངོས་གྲུབ་བསྩལ་ དུ་གསོལ། །ཨཥྚ་མངྒ་ལཾ༴ ཕྱོགས་ལས་རྒྱལ་བའི་གསེར་འཁོར་རྩིབ་སྟོང་ཅན། །དགོས་ འདོད་ལྷུན་གྲུབ་ཡིད་བཞིན་དབང་གི་རྒྱལ། །མཛེས་སྡུག་ལེགས་ངེས་བཙུན་མོ་ངང་ཚུལ་ བཟང༌། །དཔག་ཡས་ནོར་ཆེན་ཡོངས་སྡུད་ཁྱི མ་བདག་མཆོག །རབ་འཕགས་སྟོབས་ལྡན་ གླང་ཆེན་དམ་པའི་ཕུལ། །མྱུར་མགྱོགས་སྤྲིན་གྱི་ཤུགས་འཆང་ཅང་ཤེས་རྟ། །མཐུ་ཆེན་དཔུང་ ལས་རྒྱལ་བྱེད་དམག་གི་དཔོན། །རྒྱལ་སྲིད་རིན་ཆེན་སྣ་བདུན་ངོ་མཚར་བ། །རབ་འབྱམས་ ཞིང་དུ་སྤེལ་བའི་དགྱེས་མཆོད་འདི། །བསོད་ནམས་ཞིང་མཆོག་འཕགས་མའི་ལྷ་ཚོགས་ དང༌། །རྒྱལ་བ་སྲས་དང་བཅས་ལ་གུས་པས་འབུལ། །བདག་གིར་ལེགས་མཛད་ཚོགས་ཆེན་ ཡོངས་རྫོགས་མཛོད། སཔྟ་རཏྣ༴ ཡིད་འོང་ནགས་ཚལ་ཕུན་ཚོགས་རལ་གྲི་དང༌། །གཞལ་ མེད་ཁང་བཟང་མལ་ཆ་ལྷའི་གོས་མཆོག །སྦྲུལ་གྱི་པགས་པ་མཆིལ་ལྷྭམ་བསམ་འཕེལ་བ། །ཉེ་བའི་རིན་ཆེན་བདུན་གྱིས་མཆོད་ཡུལ་མཆོད། །ཨུ་པ་སཔྟ་རཏྣ༴ རབ་དྭངས་གསལ་བའི་ མེ་ལོང་མཆོག་གི་ཕུལ། །དུག་གསུམ་ཟུག་རྔུ་འཇོམས་བྱེད་གི་ཝཾ་ཆེ། །རྩི་བཅུད་སྙིང་པོ་བ་ཞོ་ ཆེས་དཀར་བ། །འཆི་མེད་ཚེ་མཆོག་རྫས་ཆེན་དཱུར་བའི་རྩྭ། །དོན་མཆོག་ཡོངས་འགྲུབ་ཤིང་ ཏོག་བིལ་བའི་འབྲས། །དབང་རབ་སྡུད་བྱེད་དམར་སེར་ལི་ཁྲིའི་རྫས། །བགེགས་དང་བར་ ཆད་འཇོམས་བྱེད་ཡུངས་དཀར་འབྲུ། །གྲགས་སྙན་ཆོས་སྒྲ་འབྱུང་གནས་དུང་གཡས་འཁྱི ལ། །རྒྱལ་བས་བཀྲ་ཤིས་རྫས་སུ་བྱིན་བརླབས་པ། །དགེ་མཚན་རྫས་མཆོག་འཇིག་རྟེན་ཁམས་ བཀང་སྟེ། །མཆོད་གནས་བསོད་ནམས་ཞིང་ཚོགས་དག་ལ་འབུལ། །མཐུན་འཇུག་རིགས་ ཀྱི་དངོས་གྲུབ་གང་འཚམས་སྩོལ། །ཨཥྚ་མངྒ་ལ་དྲ་བྱ༴ ཡིད་འོང་གཟུགས་དང་སྙན་པའི་སྒྲ་ 7-1-54 དབྱངས་མཆོག །ཡིད་འཛིན་དྲི་དང་རོ་བརྒྱའི་ནུས་ལྡན་ཟས། །འཇམ་མཉེན་འཁྲིལ་ཆགས་ རེག་གོས་དྲི་མ་མེད། །མཆོད་ཡུལ་རྣམས་ལ་འབུལ་ལོ་བརྩེ་བས་བཞེས། །པཉྩ་ཀཱ་མ་གུ་ ཎ༴ གཞན་ཡང་དངོས་བཤམས་ཡིད་ལས་སྤྲུལ་པ་ཡི། །ལྷ་དང་མི་ཡི་དཔལ་འབྱོར་ཇི་སྙེད་ པ། །བདེ་བའི་ཡོ་བྱད་མ་ཚང་མེད་པའི་དཔལ། །ཟག་མེད་དགྱེས་པ་སྐྱེད་བྱེད་མཐའ་དག་ འབུལ། །མཆོད་གནས་དམ་པ་དག་གིས་ལེགས་བཞེས་ཏེ། །སྒྲུབ་པོ་བདག་དང་འགྲོ་བ་མ་ ལུས་པའི། །གནས་སྐབས་མཐར་ཐུག་ཚོགས་ཆེན་རབ་རྫོགས་ནས། །དོན་གཉིས་ལྷུན་གྲུབ་ གོ་འཕང་མྱུར་སྤྱོད་ཤོག །སརྦ་པཱུ་ཛ༴ གཉིས་པ་བསྟོད་པ་བྱ་བ་ནི། ༀ་ཏཱ་རེ་ཡ་ན་མོ། རྒྱལ་ཀུན་ཕྲིན་ལས་གཅིག་བསྡུས་མྱུར་མ་རྗེ། །འགྲོ་ཀུན་འཇིགས་ལས་སྒྲོལ་མཛད་དཔའ་མོ་ཆེ། །བརྩེ་བ་ཆེན་པོས་བུ་བཞིན་གཟིགས་ པའི་གཉེན། །སྐྱབས་གནས་ཀུན་འདུས་རྗེ་བཙུན་འཕགས་མ་ཀྱེ། །མཁྱེ ན་བརྩེ་ནུས་པ་རྒྱ་ མཚོའི་མངའ་བདག་མོ། །གང་འདུལ་སྤྲུལ་པ་མཁའ་དང་མཉམ་པའི་མགོན། །རླབས་ཆེན་ མཛད་ཕྲིན་དུས་ལས་ཡོལ་མེད་ཁྱོ ད། །སྙིང་ནས་དྲན་ནོ་གུས་པས་ཕྱག་འཚལ་ལོ། །བརྩེ་ མ་དགྱེས་མ་མྱུར་མ་དཔལ་ཆེན་མ། །ཞི་མ་དགེ་མ་ལེགས་མ་ཆོས་སྤེལ་མ། །འཕགས་མ་ བདེ་མ་དབང་མ་ནོར་གཏེར་མ། །སྒྲོལ་མ་འཕྲོག་མ་གསོད་མ་དགྲ་འཇོམས་མ། །ཀུན་ གཟིགས་ཐབས་མཁས་འཕྲུལ་ཆེན་ལེགས་འགྱེད་པ། །ངོ་མཚར་དཔལ་ཡོན་དུ་མའི་རོལ་ པ་འཛིན། །རྣམ་སྤྲུལ་ལྷ་མོ་གདུལ་བྱའི་ཁམས་བཞིན་སྤྲོ། །ཕྲིན་ལས་དབང་ཕྱུག་མ་ལ་གུས་ པས་འདུད། །རབ་དཀར་དུང་ཟླ་འབུམ་ལྟར་གསལ་བའི་སྐུ། །ཀུན་མཁྱེ ན་རྐེད་མེད་ན་ཆུང་ ཟློ ས་གར་སྟོན། །ཚངས་སྲས་ངག་གི་ལྷ་མོའི་རྣམ་རོལ་པ། །དབྱངས་ཅན་ངག་གི་དཔལ་ སྟེར་མ་ལ་བསྟོད། །ཕྲིན་ལས་མཛད་སྒོ་མཁའ་ལྟར་རབ་ཡངས་པ། །རྨད་བྱུང་བསོད་ནམས་ དབྱིག་གི་འཕེལ་ཁའི་དཔལ། །གང་འཚམས་ལེགས་སྦྱིན་བྱུ་རུའི་འཁྲི་ཤིང་མདོག །རྗེ་བཙུན་ 7-1-55 བསོད་ནམས་དབང་ཕྱུག་མ་ལ་བསྟོད། །འཆི་མེད་ཚེ་མཆོག་ཡེ་ཤེས་རྒྱ་མཚོའི་གཏེར། །ཟླ་ བ་ཆུ་ཤེལ་འོད་དཀར་འབུམ་དཀྲི གས་པ། །འཁོར་སྡུག་ཚ་གདུང་ཀུན་ལ་བསིལ་སྦྱིན་མོ། །འཕགས་མ་གཙུག་ཏོར་རྣམ་པར་རྒྱལ་མར་བསྟོད། །ཁམས་གསུམ་ཆེ་དགུའི་དབང་ཐང་ མ་ལུས་པ། །སྒྲུབ་ལ་ཅི་དགར་འགུགས་པའི་མཐུ་སྟོབས་མངའ། །ཡིད་བཞིན་ལྷ་མོ་དམར་ གསལ་རཱ་གའི་མདངས། །རིག་བྱེད་དབང་མོ་ལྷག་པའི་ལྷ་ལ་བསྟོད། །དཔལ་མོ་ཁམས་ གསུམ་ལ་དབང་རྫུ་འཕྲུལ་བདག །ཕྲིན་ལས་དགེ་མཚན་འབུམ་གྱི་དཔལ་མངའ་བ། །འོད་ དམར་སྣང་བས་ས་གསུམ་ཁྱབ་མཛད་མ། །རབ་འཇིགས་མཛད་ཆེན་ལེགས་མངའ་མ་ལ་ བསྟོད། །མཐུ་སྟོབས་ཐོགས་མེད་ཀུན་ནས་རབ་དར་ཞིང༌། །དཔལ་ལྡན་ཕྲིན་ལས་རླབས་ ཆེན་རྒྱས་མཛད་མོ། །མཁའ་གཡུའི་མདོག་འོད་ཕྱོགས་བརྒྱར་རབ་སྤྲོ་བ། །གཞན་གྱིས་མི་ ཐུབ་ལྷ་མོ་མཆོག་ལ་བསྟོད། །ཀུན་ནས་རྒྱལ་བའི་མཛད་པ་རླབས་ཆེ་བ། །ངོ་མཚར་རིས་སུ་ ཆད་མེད་སྐྱེ་དགུའི་མགོན། །ལྗང་ནག་འོད་ཟེར་ཕུང་པོ་འབར་བའི་སྐུ། །གཞན་ལས་རབ་ རྒྱལ་དཔའ་མོ་ཡུམ་ལ་བསྟོད། །བརྩེ་ཆེན་ཐུགས་རྗེའི་མངའ་བདག་དཔལ་ལྷ་མོ། །འོད་ གསལ་དབྱིངས་ནས་ལེགས་བཞེངས་ལྗང་གསལ་མདོག །གསང་གསུམ་མཛད་པ་ཟླ་བྲལ་ ཕྲིན་ལས་བདག །སེང་ལྡེ ང་ནགས་ཀྱི་སྒྲོལ་མ་མཆོག་ལ་བསྟོད། །འཇིག་རྟེན་གསུམ་གྱི་ གཙུག་ནོར་དམ་པའི་ཕུལ། །རྣམ་པར་རྒྱལ་བའི་མཛད་ཆེན་མཁའ་མཐར་སྤྲོ། །ཀུན་ད་དུང་ ཟླའི་དཔལ་འོད་སྣང་བའི་སྐུ། །མཛེས་མ་འཇིག་རྟེན་གསུམ་རྒྱལ་ལྷ་མོར་བསྟོད། །ཕུན་ ཚོགས་ནོར་གྱི་འབྱུང་གནས་དགེ་བའི་གཏེར། །ཕན་བདེའི་དཔལ་ཁ་ཀུན་ནས་ཡོངས་ འགྱེད་མ། །འཛམ་བུའི་ཆུ་གསེར་མདངས་འོད་་མེ་བ། །ནོར་གྱི་སྦྱིན་མཛད་ལྷ་མོ་རྗེ་ལ་ བསྟོད། །དགེ་བའི་མཚན་མ་ཕྱོགས་བརྒྱར་མངོན་བཞད་ཅིང༌། །སྐྱེ་དགུའི་ལེགས་སྣང་ཆར་ དུ་བསྙིལ་མཛད་མགོན། །དམར་གསལ་དྲི་མེད་འོད་བཟང་སྤྲོ་བའི་མ། །བཀྲ་ཤིས་འགྲོ་ 7-1-56 དོན་མཛད་མ་ཆེན་མོར་བསྟོད། །གསང་གསུམ་མཐུ་ཆེན་ཀུན་ནས་ཡོངས་བདོ་ཞིང༌། །མ་ རུང་འཚེ་བའི་དགྲ་སྡེ་བརླག་མཛད་མ། །མཐིང་ནག་འཇིགས་པའི་ཉམས་ཀྱིས་བརྗིད་པ་ མོ། །དགྲ་དཔུང་འཇོམས་མཛད་མ་ལ་གུས་པས་བསྟོད། །གཏུམ་ཆེན་ཁྲོ་མོའི་འཇིགས་ ཆེན་རྔམ་པའི་མདངས། །བགེགས་རིགས་ཚོགས་ལ་གཟིར་བའི་སྟོབས་འབར་བ། །མཐིང་ ཞིང་ནག་ལ་འཇིགས་པའི་གཟི་ལྡན་མ། །རབ་ཁྲོའི་གཏུམ་ཆེན་འཇིགས་མཛད་ལྷ་མོར་ བསྟོད། །དྲི་བྲལ་ཞི་བ་ཆེན་པོའི་དེ་ཉིད་དབྱིངས། །ཇི་བཞིན་མངོན་བྱས་འོད་གསལ་གནས་ ལུགས་མ། །དཀར་གསལ་དྭངས་པའི་འོད་བཟང་ཕྱོགས་བརྒྱར་འབར། །ཞི་ཞིང་དགེ་བའི་ ལྷ་མོ་མཆོག་ལ་བསྟོད། །རབ་འབར་མཛེས་སྡུག་འོད་ཟེར་ཕྲེང་བའི་ཀློ ང༌། །ཀུན་ནས་རབ་ རྒྱས་སྒེག་མོ་དགའ་བདེའི་དཔྱིད། །དྲི་མེད་བཻཌཱུར་གསར་བའི་དཔལ་འཛིན་མ། །འབར་ ཕྲེང་ཆེར་འཁྲིགས་ལྷ་མོ་མཛེས་མར་བསྟོད། །མཐུ་སྟོབས་རབ་རྒྱས་དཔའ་མོ་ཕྲིན་ལས་ གཏེར། །དྲེགས་ལྡན་མཐའ་དག་ཟིལ་གྱིས་གནོན་མཛད་མ། །དམར་གསལ་འོད་སྣང་ཅིར་ ཡང་འགྱེད་པའི་མཆོག །དཔག་མེད་སྟོབས་ཀྱིས་གནོན་མ་དེ་ལ་བསྟོད། །བརྟན་དང་གཡོ་ བའི་མི་བཟད་དུག་གི་རིགས། །གསང་གསུམ་མཐུ་ཡིས་ཀུན་ནས་གཞིལ་མཛད་མ། །ལྗང་ གསལ་གཡུ་ལྗོ ན་མདངས་རབ་འབྱིན་པའི་དཔལ། །རྨ་བྱ་ཆེན་མོ་སྤྲུལ་པའི་ལྷ་མོར་བསྟོད། །ཆོས་སྲིད་དཔལ་གྱི་དབང་ཕྱུག་ཡོན་ཏན་བདག །ཕ་རོལ་གཞན་མཐུ་ཀུན་ནས་འཇོམས་ལ་ དཔའ། །དཀར་གསལ་འོད་བཟང་ཕུང་པོ་མཛེས་སྡུག་གཟུགས། །མི་ཕམ་རྒྱལ་མོ་རྗེ་བཙུན་ མ་ལ་བསྟོད། །འགྲོ་ལ་འཚེ་བའི་རིམས་ཡམས་མཐའ་དག་གཞོམ། །རླབས་ཆེན་མཐུ་ནུས་ ཆེ་མངའ་མྱུར་མའི་ལྷ། །པདྨ་རཱ་གའི་མདངས་འོད་ཆེར་འཕྲོ་བ། །རི་ཁྲོད་ལྷ་མོ་མྱུར་མཛད་ མཆོག་མར་བསྟོད། །ཕ་རོལ་ཇག་ཆོམ་རྐུན་པོ་ལ་སོགས་པ། །འཚེ་བའི་རིགས་གྱུར་འཇོམས་ ལ་དཔའ་མོའི་གར། །ཅིར་ཡང་བརྫུ་བའི་འཕྲུལ་མ་གསེར་བཟང་མདོག །འོད་ཟེར་ཅན་མ་ 7-1-57 བཅོམ་ལྡན་མ་ལ་བསྟོད། །གཞན་ཡང་འཕགས་མའི་ཚོགས་ཀྱི་སྤྲུལ་བཀོད་མཐའ། །བླ་མ་ཡི་ དམ་སངས་རྒྱས་བྱང་སེམས་ཚོགས། །དཔའ་བོ་མཁའ་འགྲོ་ཆོས་སྲུང་མ་ལུས་བཅས། །རྣམ་ འཕྲུལ་དཔག་ཡས་ཀུན་ལ་གུས་པས་བསྟོད། །དེ་ལྟར་མཆོད་ཡུལ་རྒྱ་མཚོར་ཆེ་བསྔགས་ འདིས། །བདག་སོགས་འགྲོ་ཀུན་བསོད་ནམས་ཡེ་ཤེས་ཚོགས། །ཀུན་ནས་ཡོངས་འཕེལ་ སྒྲིབ་པ་མ་ལུས་བྱང༌། །མཐར་ཐུག་སྤངས་རྟོགས་ཕ་མཐར་མྱུར་ཕྱིན་ཤོག ། གསུམ་པ་ཐུགས་བསྐུལ་བྱ་བ་ནི། དད་དང་དམ་ཚིག་མོས་གུས་དག་སྣང་གིས། །མཆོད་བསྟོད་ ལེགས་བགྱིས་བསོད་ནམས་བསགས་སྒོ་ལས། །འཕགས་མ་རྣམ་འཕྲུལ་རབ་འབྱམས་ དང་བཅས་པའི། །ཐུགས་དམ་ལེགས་བསྐུལ་རེ་འབྲས་བསླུ་མེད་མཛོད། །དམིགས་མེད་ དབྱིངས་ལས་ཐུགས་རྗེ་ཉེར་བསྐྱོད་དེ། །ལས་ངན་འདམ་དུ་བྱིང་བའི་བདག་སོགས་འགྲོ། །དབུལ་ཞིང་ཕོངས་པས་ཉེན་པ་གང་དག་རྣམས། །མྱུར་སྐྱོབས་མཆོག་ཐུན་དངོས་གྲུབ་ ཆར་ལྟར་ཕོབ། །འཕགས་མ་ལྷ་མོའི་ཚོགས་ལ་བསྒྲུབ་བསྙེན་དང༌། །མཆོད་བསྟོད་རྣམ་ དཀར་བསགས་པ་མི་དམན་པ། །གང་བགྱིས་འདིས་ནི་བདག་དང་ཡོན་བདག་ལ། །དཔལ་ འབྱོར་ཟད་མེད་ནམ་མཁའི་མཛོད་བཞིན་སྩོལ། །ཕྲིན་ལས་རབ་མྱུར་དཔའ་མོ་རྗེ་བཙུན་མ། །འཇིགས་བརྒྱད་ལས་སྐྱོབས་དངོས་གྲུབ་གཏེར་གྱི་བདག །མཛད་ཕྲིན་དུས་མི་ཡོལ་བའི་ ཐུགས་རྗེ་ཅན། །རེ་ལྟོ ས་གང་བྱས་རྣམས་ལ་རེ་འབྲས་སྩོལ། །འོད་ཟེར་ལས་སྤྲུལ་བཅུ་ཕྲག་ ཟུང་གི་ལྷ། །འཕགས་མ་ལྷ་མོའི་ཚོགས་ཀྱི་ཐུགས་དམ་བསྐུལ། །རང་རང་ཕྲིན་ལས་མཛད་ སྒོ་ཇི་བཞིན་དུ། །རང་དང་འཚམས་པར་དེ་ལུགས་གཡེལ་མེད་མཛོད། །ཐུགས་དམ་གནད་ ནས་བསྐུལ་ལོ་མྱུར་མའི་ལྷ། །ཕྲིན་ལས་རྩལ་ཤུགས་ཕྱུང་བའི་དུས་ལ་བབ། །གཡེལ་མེད་ དུས་ལས་མི་འགྱངས་གཡང་བཅུད་ཀྱིས། །སྒྲུབ་པོ་དག་ལ་དཔལ་གཡང་ཉམས་མེད་མཛོད། །འཕགས་མའི་ལྷ་ཚོགས་བྱིན་འོད་སྣང་བ་ཡིས། །བདག་ཅག་འཁོར་བཅས་དབུལ་མུན་ 7-1-58 ལེགས་བསལ་ཏེ། །དཔལ་དང་སྐལ་པ་བཟང་པོ་ལ་སོགས་པའི། །སྲིད་ཞིའི་དཔལ་འབྱོར་ མཆོག་ལ་རྟག་སྤྱོད་མཛོད། །རྗེ་བཙུན་འཕགས་མ་མཆོད་ཡུལ་རྒྱ་མཚོའི་ཚོགས། །གང་དག་ གི་ནི་གསང་གསུམ་མཐུ་བྱིན་གྱིས། །ལྷ་ཀླུ་མི་ཡི་སྣོ ད་བཅུད་དྭངས་མའི་ཁམས། །བཀྲ་ཤིས་ དགེ་མཚན་མ་ལུས་དེང་འདིར་ཕོབ། །ཕུན་སུམ་ཚོགས་པའི་ལེགས་སྒོ་ཕུལ་བྱུང་བ། །ཕྱྭ་ གཡང་དཔལ་འབྱོར་ཅི་མཆིས་གང་དག་ཀྱང༌། །གནས་འདིར་གཡང་རྟེན་རྣམས་ལ་ལེགས་ པར་བསྡུས། །བྱིན་ཆགས་སྐྱིད་དགའི་བདེ་ལ་རོལ་པར་མཛོད། །གཡང་ཆེན་སྟེང་ནས་ཆར་ བཞིན་རབ་འབེབས་ཤིང༌། །འོག་ནས་རྒྱ་མཚོ་འཕྱུར་བཞིན་ཡོངས་བསྐྱིལ་ཏེ། །བར་སྣང་ སྤྲིན་བཞིན་ཀུན་ནས་གཏིབས་པ་དང༌། །ཕན་ཚུན་བཀྲ་ཤིས་བདེ་ལེགས་ཡོངས་འཕེལ་ཤོག ། བཞི་པ་གཡང་འགུགས་བྱ་བ་ནི། གཡང་སྒྲུབ་དཀྱུས་ལྟར། ཕྲིན་ལས་མྱུར་མ་དཔའ་མོ་གཡང་གི་ལྷ། །ནས། གཡང་འགུགས་མཛོད། །ཅེས་པའི་བར་བྱ་ལ། དེ་ནས་ལྷ་མོ་ཉེར་གཅིག་གི་གཡང་འབོད་མདའ་དར་གཡབ་ ཅིང་དབྱངས་དང་བཅས་འདི་སྐད། ༀ་ཏཱ་རེ་དཔལ་གྱི་དབང་ཕྱུག་མ་ལ་ཕྱག་འཚལ་ལོ། །ཆོས་སྐུ་ གདོད་ནས་རྟག་པའི་རང་གཤིས་ལས། །དགེ་མཚན་འཕགས་མའི་མཛད་ཕྲིན་ཡོངས་འབར་ བ། །མྱུར་མ་དཔའ་མོ་དངོས་གྲུབ་གཡང་གི་བདག །ཟད་མེད་ཐུགས་རྗེ་མཆོག་གི་བྱིན་འོད་ ཀྱིས། །དེང་འདིར་བྱིན་ཆེན་གཡང་གི་སྒོ་ཕྱེས་ལ། །ཕྱི་ནང་གསང་བའི་ཉེར་འཚེ་ཀུན་ཞི་ ཞིང༌། །བསོད་ནམས་ཆོས་དང་སྲིད་ཀྱི་དཔལ་གཡང་ཀུན། །ཕུན་ཚོགས་ལེགས་སྒོ་ལྷུན་གྱིས་ གྲུབ་པར་མཛོད། །འཕགས་མ་དབྱངས་ཅན་མཁྱེ ན་རབ་ངག་གི་དཔལ། །བསོད་ནམས་སྦྱིན་ མོ་ཆོས་ནོར་དམ་པའི་མཛོད། །རྣམ་པར་རྒྱལ་མ་ཚེ་དང་ཡེ་ཤེས་གཏེར། །རིག་བྱེད་དབང་མོ་ ཁམས་གསུམ་དབང་བསྡུད་ལྷ། །སྒྲུབ་ལ་ཆོས་ཚུལ་འཆད་རྩོད་རྩོམ་གསུམ་གཡང༌། །ཆོས་ སྲིད་ཁ་རྗེ་དཔལ་འབྱོར་དར་བའི་གཡང༌། །ཚེ་དང་ཡེ་ཤེས་དཔག་ཡས་རབ་འཕེལ་གཡང༌། 7-1-59 །ཁམས་གསུམ་དབང་འགུགས་མཆོག་གི་ཕྱྭ་གཡང་སྩོལ། །རབ་འཇིགས་སྒྲོལ་མ་གཟི་བརྗིད་ རབ་རྒྱས་པ། །གཞན་གྱིས་མི་ཐུབ་མཐུ་སྟོབས་ཟླ་མེད་ཕུལ། །གཞན་ལས་རྒྱལ་མ་མི་མཐུན་ ཕྱོགས་ལས་རྒྱལ། །སེང་ལྡེ ང་ནགས་ཀྱི་སྒྲོལ་མ་དངོས་གྲུབ་གཏེར། །སྒྲུབ་ལ་མངའ་ཐང་ གཟི་བརྗིད་དར་བའི་གཡང༌། །སྒོ་གསུམ་མཐུ་སྟོབས་གང་དང་འགྲན་མེད་གཡང༌། །ཕ་རོལ་ ཉེས་ཆེན་གཡུལ་ངོ་བཟློ ག་པའི་གཡང༌། །མཆོག་དང་ཐུན་མོང་དངོས་གྲུབ་ཕྱྭ་གཡང་སྩོལ། །འཇིག་རྟེན་གསུམ་རྒྱལ་ཆེ་བའི་ཡོན་ཏན་རྫོགས། །ནོར་སྦྱིན་ལྷ་མོ་ནོར་གཏེར་མཆོག་གི་ དཔལ། །བཀྲ་ཤིས་དོན་བྱེད་དགེ་ལེགས་གསར་བའི་དཔྱིད། །དགྲ་དཔུང་འཇོམས་མ་བདུད་ སྡེའི་ཚོགས་ཀུན་གཞོམ། །སྒྲུབ་ལ་ལུགས་གཉིས་ཆེ་བའི་ཡོན་ཏན་གཡང༌། །བསོད་ནམས་ ནོར་མཆོག་ཀུན་ནས་འདུ་བའི་གཡང༌། །དགེ་མཚན་སྐྱིད་པའི་ཉི་མ་ལེགས་འཆར་གཡང༌། །ནག་ཕྱོགས་བདུད་རིགས་འཇོམས་པའི་ཕྱྭ་གཡང་སྩོལ། །རབ་ཁྲོའི་གཏུམ་ལྡན་འབྱུང་པོའི་ འཚེ་བ་འཇོམས། །དགེ་མ་རབ་ཞི་ཟག་མེད་ཏིང་འཛིན་རྒྱས། །འབར་ཕྲེང་འཁྲིགས་མ་ མཁྱེ ན་སྤྱན་རབ་ཡངས་པ། །དཔག་མེད་གནོན་མཛད་ཁྱད་འཕགས་དམ་པའི་ཕུལ། །སྒྲུབ་ ལ་འབྱུང་པོའི་རིགས་གྱུར་ཀུན་བྱམས་གཡང༌། །སོ་འཕགས་ཏིང་འཛིན་ཡེ་ཤེས་རབ་རྒྱས་ གཡང༌། །རྣམ་པར་དཔྱོད་པའི་ཤེས་རབ་ཟབ་རྣོའི་གཡང༌། །ཁྱད་འཕགས་གོ་འཕང་མཆོག་ གི་ཕྱྭ་གཡང་སྩོལ། །རྨ་བྱ་ཆེན་མོ་བརྟན་གཡོའི་དུག་སེལ་མ། །མི་ཕམ་རྒྱལ་མོ་ཉེར་ཞི་ཆེན་ མོའི་ཕུལ། །རི་ཁྲོད་ལྷ་མོ་ནད་ཡམས་ཀུན་འཇོམས་མ། །འོད་ཟེར་ཅན་མ་དགྲ་ཇག་ཕམ་ མཛད་མོ། །སྒྲུབ་ལ་དུག་རིགས་འཚེ་བ་ཀུན་བྲལ་གཡང༌། །རང་ཕྱོགས་ལེགས་སྒྲུབ་ཀུན་ ཕན་ཞི་བའི་གཡང༌། །རིམས་ཡམས་ཉེར་འཚེའི་རིགས་ཚོགས་ཡོངས་བྲལ་གཡང༌། །དགྲ་ ཇག་ཆོམ་རྐུན་ཉེར་འཇོམས་ཕྱྭ་གཡང་སྩོལ། །དེ་ལྟར་ཉེར་གཅིག་ལྷ་མོའི་བྱིན་རླབས་ཀྱིས། །བསོད་ནམས་གཡང་གི་ར་བ་རབ་བརྟན་ཞིང༌། །ནང་བཅུད་དཔལ་གཡང་ཟད་མེད་ལོངས་ 7-1-60 སྤྱོད་གཏེར། །ཀུན་ནས་དགེ་བས་བདག་སོགས་རྟག་འཚོ་ཤོག །དར་དཀར་གཡབ་ཅིང་ འཕགས་མའི་བྱིན་རླབས་བསྐུལ། །རང་བཞིན་ཆོས་སྐུ་ཉག་གཅིག་བདེན་གང་གིས། །དེང་ འདིར་སྒྲུབ་པོ་ལྟོ ས་བཅས་ཀུན་ལ་ཡང༌། །ཕུན་ཚོགས་ཕྱྭ་གཡང་བྱིན་ཆེན་ཆར་བཞིན་ཕོབ། །ཕྱོགས་བཅུའི་ཞིང་གི་སངས་རྒྱས་ཐམས་ཅད་ཀྱི། །ངོ་མཚར་བཀོད་པ་རབ་འབྱམས་ཆོས་ ཀྱི་དབྱིངས། །རྩ་གསུམ་བྱིན་རླབས་མཐུ་སྟོབས་དངོས་གྲུབ་བཅུད། །ཁུ་ཡེ་ཕྱྭ་དང་གཡང་གི་ དཔལ་དུ་ལེན། རྨད་བྱུང་འཆི་མེད་གྲུབ་པའི་སྐུ་ཚེ་དང༌། །རབ་བརྟན་རྡོ་རྗེ་བདུད་རྩིའི་བཅུད་ ཆེན་པོ། །བློ་ལྡན་མཁས་པའི་རྣམ་དཔྱོད་ཕུལ་བྱུང་སྒོ། །ཁུ་ཡེ་ཕྱྭ་དང༴ གྲུབ་པའི་དབང་ཕྱུག་ ཡོངས་ཀྱི་ཉམས་རྟོགས་གཡང༌། །འཕགས་སྐྱེའི་དགེ་འདུན་འདུས་པ་རྒྱ་མཚོའི་གཡང༌། །ཚངས་དང་འཁོར་བསྒྱུར་མངའ་ཐང་དཔལ་འབྱོར་གཡང༌། །ཁུ་ཡེ་ཕྱྭ་དང༴ སྟེང་ཕྱོགས་ལྷ་ དང་འོག་ཕྱོགས་ཀླུ་ཡི་གཡང༌། །བར་ཕྱོགས་མི་ཡི་བརྟན་གཡོའི་དྭངས་བཅུད་གཡང༌། །སྲིད་ གསུམ་སྣོ ད་བཅུད་དགེ་མཚན་མ་ལུས་གཡང༌། །ཁུ་ཡེ་ཕྱྭ་དང༴ བཀྲ་ཤིས་རྫས་རྟགས་རྒྱལ་ སྲིད་རིན་ཆེན་གཡང༌། །དཔག་བསམ་ཤིང་དང་འདོད་འཇོའི་བ་མོའི་གཡང༌། །མ་རྨོའི་ལོ་ ཏོག་རིན་ཆེན་རི་བོའི་གཡང༌། །ཁུ་ཡེ་ཕྱྭ་དང༴ གཏེར་ཆེན་བུམ་བཟང་འདོད་དགུ་འབྱུང་བའི་ གཡང༌། །རྒྱ་གར་ཆོས་དང་རྒྱ་ནག་ཁྲིམས་ཀྱི་གཡང༌། །སྟག་གཟིག་ནོར་དང་གེ་སར་སྟོབས་ ཀྱི་གཡང༌། །ཁུ་ཡེ་ཕྱྭ་དང༴ ཧོར་གྱི་རྩལ་དང་བོད་རྣམས་ཚེ་ཡི་གཡང༌། །རྣམ་སྲས་དཔལ་ འབྱོར་ཀུ་བཻའི་རྟ་ཡི་གཡང༌། །གང་བཟང་ལུག་དང་ཛམ་ལྷའི་ནོར་གྱི་གཡང༌། །ཁུ་ཡེ་ཕྱྭ་དང༴ ནོར་སྦྱིན་ཕྱུགས་དང་ཚངས་པའི་འབྲུ་བཅུད་གཡང༌། །དགྲ་ལྷའི་གོ་མཚོན་ཉི་ཟླའི་བཀྲག་ མདངས་གཡང༌། །ཕྱུག་པོའི་ནོར་དང་བཙན་པོའི་སྟོབས་ཀྱི་གཡང༌། །ཁུ་ཡེ་ཕྱྭ་དང༴ འཕན་ པའི་བུ་དང་དར་བོའི་འཕྲུལ་གྱི་གཡང༌། །ལྷབ་ལྷུབ་གོས་དང་བང་མཛོད་ནོར་གྱི་གཡང༌། །བཅུད་ལྡན་ཟས་དང་མཐོ་རིའི་དཔལ་འབྱོར་གཡང༌། །ཁུ་ཡེ་ཕྱྭ་དང༴ གཟུགས་བཟང་སྐད་ 7-1-61 སྙན་བློ་གྲོས་རབ་གསལ་གཡང༌། །རང་བཞིན་བཟང་ལ་དགེ་བཅུ་སྤྱོད་པའི་གཡང༌། །ཚེ་རིང་ ནད་མེད་དབུ་འཕང་མཐོ་བའི་གཡང༌། །ཁུ་ཡེ་ཕྱྭ་དང༴ བསོད་ནམས་དར་རྒྱས་ཕྱོགས་ལས་ རྣམ་རྒྱལ་གཡང༌། །འདོད་རྒུ་ལྷུན་གྲུབ་མི་ཉམས་རྟག་བརྟན་གཡང༌། །བཀྲ་ཤིས་དཔལ་ འབྱོར་དགེ་ལེགས་ཕུན་ཚོགས་གཡང༌། །ཁུ་ཡེ་ཕྱྭ་དང༴ རྗེ་བཙུན་སྒྲོལ་མའི་ལྷ་ཚོགས་ཐུགས་ རྗེ་ཡིས། །ཕྱྭ་གཡང་དཔལ་འབྱོར་ཐམས་ཅད་འདིར་ཁུག་ལ། །ཉི་ཟླ་བཞིན་དུ་འོད་ཟེར་ཤར་ བཞིན་བྱོན། །ལྷོ ་སྤྲིན་བཞིན་དུ་མཁའ་ལ་འཐིབས་བཞིན་བྱོན། །སྦྲང་ཆར་བཞིན་དུ་བར་ སྣང་འབེབས་བཞིན་བྱོན། །ཆུ་ཆེན་བཞིན་དུ་གཞུང་ལ་འབྲུབ་བཞིན་བྱོན། །འཐོར་བ་བསྡུས་ ལ་ཉམས་པ་མཐའ་དག་གསོས། །ཕུན་ཚོགས་ལེགས་སྒོ་ཀུན་ཚང་ཉམས་མེད་མཛོད། །ཕྱྭ་ཡི་ ཉི་མ་གཡས་སུ་ཀྱི་ལི་ལི། །གཡང་གི་ཟླ་བ་གཡོན་དུ་ཏ་ལ་ལ། །ཕྱྭ་འདི་རི་ལ་མ་བྲོས་གནས་ འདིར་ཚུགས། །གཡང་འདི་སྒོ་རུ་མ་འཁྱམས་ནང་དུ་འདུས། །འཕགས་མའི་བྱིན་རླབས་ སྟོབས་ཀྱིས་གང་སྨོན་ཀུན། །ད་ལྟ་ཉིད་དུ་གནས་འདིར་ལེགས་འབྱོར་ཏེ། །བསམ་པའི་དོན་ ཀུན་ཡིད་བཞིན་མྱུར་འགྲུབ་ཅིང༌། །བཀྲ་ཤིས་དཔལ་གྱིས་དུས་ཀུན་སྐྱོང་གྱུར་ཅིག །ༀ་ཏཱ་རེ་ ཛ་ཡ་ཛ་ཡ་སིདྡྷི་ཧོ། གཞན་ཡང་སྤྲོ་ཞིང་ནུས་ན། སྒྲོལ་མའི་བསྟོད་གཡང༌། ༀ་ཏཱ་རེ། ལེགས་ཚོགས་ཡེ་ཤེས་ དཔལ་ལས་འཕོས་པའི་མདངས། །སོགས་དང༌། ཆོས་ཀྱི་རྟགས་བརྒྱད་གཡང་འགུགས། ༀ་ཏཱ་རེ། འཇིག་ རྟེན་དབང་ཕྱུག་ཞལ་རས་ཆུ་སྐྱེས་ལས། །སོགས་དང། འཇིག་རྟེན་སྣ་བདུན་གཡང་འགུགས། རྗེ་བཙུན་ མྱུར་མ་དཔའ་མོ་ལ་ཕྱག་འཚལ་ལོ། །ཞེས་སོགས་དང༌། ཡང་འཇིག་རྟེན་ཉེར་མཁོའི་གཡང་འགུགས། དཔལ་ གྱི་དབང་ཕྱུག་དཔལ་མོ་ཏཱ་རེ་མ། །སོགས་གཡང་འབོད་ཅི་ནུས་བྱ་མཐར། གཡང་སྒྲུབ་དཀྱུས་ལྟར། རྟེན་སྙིང་ བརྗོད་བཞིན། རྒྱལ་ཡུམ་འཕགས་མའི༴ ཞེས་པ་ནས། བརྟན་པར་ལེགས་གནས་མཛོད། །ཅེས་བར་ བརྗོད་སྐབས། འཕགས་མའི་སྐུ་ཡང༴ ཞེས་པར། འཕགས་མའི་བྱིན་རླབས༴ ཞེས་འདོན་པ་བསྒྱུར་བ་དང་ བཅས་ལན་གསུམ་གྱི་སུ་པྲས་མེ་ཏོག་གཡང་རྟེན་ལ་འཐོར། 7-1-62 ལྔ་པ་སྦ་བསྟིམ་བྱ་བ་ནི། ཏཱཾ། ཆོས་དབྱིངས་གནས་ལུགས་ཤེར་ཕྱིན་ཀུན་ཁྱབ་པ། །འཕགས་ མ་རྒྱ་མཚོའི་ཆོས་སྐུ་ཉག་གཅིག་ཏུ། །ཡེ་ནས་རང་བཞིན་གཤིས་སུ་བདེན་པ་ཡིས། །འཁོར་ འདས་ཕྱྭ་གཡང་དྭངས་བཅུད་རྟེན་ལ་ཐིམ། །དེ་ཡང་ས་བཅུད་དྭངས་མ་གསེར་ལ་བསྡུ། །ཆུ་ བཅུད་དྭངས་མ་ལན་ཚྭའི་སྙིང་པོར་བསྡུ། །མེ་བཅུད་དྭངས་མ་འབར་བའི་ཤེལ་ལ་བསྡུ། །རླུང་བཅུད་དྭངས་མ་སྲབ་འཇམ་དར་ལ་བསྡུ། །མཁའ་བཅུད་དྭངས་མ་མེ་ལོང་གཙང་མར་ བསྡུ། །ཕྱི་རུ་སྤྲོས་པས་ཁམས་གསུམ་བཀྲག་མདངས་ལྡན། །ནང་དུ་བསྡུས་པས་རྟེན་ལ་ གཟི་བྱིན་བསྐྱེད། །ཤིན་ཏུ་བརྟན་པས་མི་འགྱུར་རྡོ་རྗེ་འདྲ། །ནམ་ཡང་མི་ཉམས་ཉི་ཟླའི་ག་ འུ་རུ། །གཡང་བཅུད་སླར་ཡང་ཉམས་མེད་ཚུལ་དུ་སྦ། །མི་ཤིགས་རྡོར་ཕྲེང་གིས་བསྡམས་ འཕགས་མ་ཡིས། །འཇིགས་རྔམ་ཁྲོ་མོའི་ཚུལ་གྱིས་བྱུར་གེགས་སྲུང༌། །ཆོས་ཀྱི་དབྱིངས་སུ་ གཡང་བཅུད་ཉེར་སྦས་པས། །སངས་རྒྱས་ཀྱིས་ཀྱང་གཟིགས་པར་མི་སྤྱོད་ན། །གནོད་བྱེད་ བགེགས་ཚོགས་ཀྱིས་ཀྱང་ལྟ་ཅི་སྨོས། །འགྱུར་མེད་ཕྱག་རྒྱ་བདུན་གྱིས་རྒྱས་གདབ་གྱུར། །པར་བསམ་ལ། ༀ་ཏཱ་རེ་ཀྲོ ་དྷ་ཧཱུཾ་ཕཊ། བཛྲ་རཀྵ་རཀྵ། ལན་བཅུ་གསུམ་བརྗོད། དྲུག་པ་ནོངས་བཤགས་བྱ་བ་ནི། འཕགས་མའི་ཆོས་སྐུ་འཁོར་འདས་དབྱེར་མེད་ཀྱང༌། །མ་རིག་ དབང་གིས་དེ་ཉིད་ཞལ་མ་མཇལ། །ཀུན་རྫོབ་སྒྱུ་མའི་རྟེན་འབྲེལ་སྣང་བ་ལ། །བསོད་ནམས་ བསགས་སྦྱངས་ཇི་བཞིན་མ་ཐོན་པས། །མཆོད་ཡུལ་མཆོད་ཐབས་དངོས་རྫས་མ་འབྱོར་བ། །ཉམས་དང་ལེགས་སྤྱད་མ་ཐོན་གང་ཡོད་པ། །སེར་སྣ་མང་ཞིང་མཆོད་ངན་བཤམས་ཉེས་ དང༌། །སྦྱོར་བ་མི་གཙང་ཆོ་ག་ལྷག་ཆད་སོགས། །དཔང་གྱུར་སྐྱབས་མཆོག་ཀུན་གཟིགས་ མཁྱེ ན་སྤྱན་ཅན། །རྗེ་བཙུན་འཕགས་མའི་ལྷ་ཚོགས་ཡོངས་ལ་བཤགས། །བརྩེ་ཆེན་ཐུགས་ རྗེའི་དབང་གིས་བཟོད་བཞེས་ལ། །གཉིས་མེད་དོན་གྱི་ཚངས་པ་བསྩལ་དུ་གསོལ། །ཡིག་བརྒྱ། ཨཱ་ལི་ཀཱ་ལི། རྟེན་འབྲེལ་སྙིང་པོ་ལན་གསུམ་བརྗོད་ལ་ལྷག་ཆད་ཁ་བསྐང་ཞིང་ནུས་པ་བརྟན་པར་བྱའོ། ། 7-1-63 བདུན་པ་ཡེ་ཤེས་པ་བརྟན་བཞུགས་བྱ་བ་ནི། ཕྱོགས་བཅུར་བཞུགས་པའི་སངས་རྒྱས་བྱང་སེམས་ དང༌། །ཁྱད་པར་འཕགས་མ་སྒྲོལ་མའི་ལྷ་ཚོགས་རྣམས། །ཀུན་ནས་ཉེར་དགོངས་སེམས་ ཅན་ཡོངས་གྲོལ་བར། །ཁྱེ ད་རྣམས་མྱ་ངན་མི་འདའ་བརྟན་པར་བཞུགས། །བྱེ་བྲག་ཏུ་ཡང་ སྒྲུབ་པའི་རྟེན་རྣམས་ལ། །བསྐྱེད་ཅིང་སྤྱན་དྲངས་ལྷ་ཚོགས་ཐམས་ཅད་ཀྱང༌། །འབྱུང་བཞིའི་ གནོད་པས་གཞོམ་གཞིག་མ་སོང་བར། །དེ་སྲིད་དུ་ནི་བརྟན་པར་ལེགས་བཞུགས་གསོལ། །བཞུགས་ནས་ཀྱང་ནི་བདག་དང་སྦྱིན་བདག་ལ། །གནས་སྐབས་མཐར་ཐུག་དངོས་གྲུབ་ གང་དང་གང༌། །རང་རང་ལ་ཡང་གང་འོས་དེ་འཚམས་པར། །དུས་སུ་གཡེལ་མེད་ཇི་བཞིན་ བསྩལ་དུ་གསོལ། །ༀ་སརྦ་བུདྡྷ་བོ་དྷི་ས་ཏྭ་ཏཱ་རེ་ས་པཱ་རི་བཱ་རེ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱཧཱ། ཞེས་ པའི་སྔགས་ལན་འགའ་བརྗོད་ལ་འབྲུ་འཐོར། དེའི་ཉིན་གཏོར་མགྲོན་འཇིག་རྟེན་པ་གློ་བུར་ལྷག་པ་ཡོད་ན་དེ་དག་ལ་དམིགས་ ནས། ༀ་བཛྲ་མུཿ ཞེས་བརྗོད་ལ་གཤེགས། བརྒྱད་པ་བཀྲ་ཤིས་བྱ་བ་ནི། གཡང་སྒྲུབ་དཀྱུས་ལྟར་རྟེན་སྙིང་བརྗོད་བཞིན་ མེ་ཏོག་འཐོར་བ་དང་བཅས། ༀ་ཏཱ་རེ་སྭ་སྟི་སིདྡྷི་ཕ་ལ་ཡེཿ རྨད་བྱུང་རིན་ཆེན་རྣམ་གསུམ་འཕྲིན་ལས་ གཟུགས། །ཞེས་སོགས་ནས། བཀྲ་ཤིས་འདི་གསུམ་སྲིད་ན་གསལ་གྱུར་ཅིག །ཅེས་པའི་བར་རམ། སྤྲོས་ པ་ལ་དགའ་ན་སྒྲོལ་མ་ཉེར་གཅིག་གི་བཀྲ་ཤིས་རྒྱས་པ་དེ་གཉིས་གང་བྱས་ཆོག དེ་ནས་མཇུག་བསྡུ་བ་ནི། གོང་དུ་བདག་བསྐྱེད་ སྒྲོལ་མ་ཕྱོགས་མཐུན་ལ། འདིར་བསྡུ་བསྔོ ་བྱ་ཚུལ་ནི། ཕྱོགས་མཐུན་རང་དཀྱུས་ལྟར། རང་ཉིད་བཅོམ་ལྡན་འདས་ མ་སྒྲོལ་མའི་སྐུར་གསལ་བ་དེ་ཡང་འོད་གསལ་གྱི་ངང་དུ༴ ནས། སྡུག་རྒྱུན་བཅད་པར་ཤོག །ཅེས་པའམ། གོང་སྒྲོལ་མའི་བདག་བསྐྱེད་ཚིགས་བཅད་མ་ཡིན་ན། འདིར་བསྡུ་བསྔོ ་དེ་ལུགས་ལྟར་རང་དཀྱུས་ལས། རང་ ཉིད་འཕགས་མ་སྒྲོལ་མར་གསལ་བ་ཡི། །ལྷ་སྐུ་འོད་ཞུ་དམིགས་མེད༴ ནས། འཇུག་པ་ལྷོ ད་ མེད་ཤོག །ཅེས་པ་གང་ཡང་རུང་བས་མཐར་དབྱུང་བ་ལས་ཡི་དམ་གཞན་གྱི་རྗེས་ཆོག་གང་ཡང་མི་དགོས། དེ་ལྟ་བུའི་ གཡང་སྒྲུབ་ཞག་གྲངས་སྦྲེལ་མ་བྱེད་ན། ཞག་བདུན་ལྟ་བུ་ལ་ཐོག་མའི་ཉིན། བདག་མདུན་མཇུག་ཆོག་གསུམ་གྱི་སྒོ་ནས་གཡང་ སྒྲུབ་བྱེད་སྐབས། བདག་བསྐྱེད་བསྙེན་བཟླས་དང༌། མདུན་བསྐྱེད་ཉེ་སྦྱོར་གེགས་བསལ་དང༌། གཡང་བསང་དཀྱུས་བཟླས་ 7-1-64 རྣམས་གཙོ་བོར་བྱེད། དེ་ལྷག་གཞན་རྣམས་ཤད་རྒྱུག་ཙམ་དང༌། ཞག་བར་བ་གསུམ་ལ་བདག་བསྐྱེད་བཟླས་པ་ཉུང་ཙམ་བྱ་ ཞིང༌། ཉེར་སྦྱོར་གེགས་བསལ་མ་བྱས་ཀྱང་ཆོག་པ་དང༌། གཡང་བསང་མདུན་བསྐྱེད་དཀྱུས་བཟླས་དང༌། གཡང་བསྙེན་གཡང་ འགུགས་བཅས་ལ་གཙོ་ཆེར་འབད། དེ་ལྷག་ཤད་རྒྱུག་དང༌། ཞག་ཐ་མ་གསུམ་ལ་བདག་བཟླས། གཡང་བསང༌། མདུན་བསྐྱེད་ བཟླས་པ་རྣམས་ཉུང་ཙམ་པ་དང༌། གཡང་བཟླས་གཡང་འགུགས་བཅས་དང༌། ཁྱད་པར་མཇུག་ཆོག་གཡང་འབོད་རྣམས་གྲངས་ མང་གཟབ་ལྡན་གལ་ཆེ། དེ་ལུགས་ཀྱིས་ཞག་གྲངས་མང་ཉུང་དུ་བྱེད་ལ་རིགས་བསྒྲེ་བའོ། ། གསུམ་པ་རྗེས་ནི། གཡང་སྒྲུབ་གྲོལ་ཉིན་གྱི་ཚུལ་ལ་ཆོ་ག་སྤྱིའི་འགྲོ་ལུགས་ཞག་ཐ་མ་རྣམས་ཀྱི་སྐབས་དང་འདྲ་བ་ལས། གོང་བཞིན་བརྟན་བཞུགས་གཤེགས་གསོལ་ཡན་གྲུབ་པ་ན་མཇུག་ཆོག་གི་ཁྱད་པར་གཞན་ཡང༌། གཡང་གཏད། རྟེན་བཀོད་ སྲུང་བཙུགས། སྒོ་བསྡམ་སྨོན་ལམ་བཅས་དང་གསུམ་ལས། དང་པོ་གཡང་གཏད་པ་ནི། ཐུགས་བསྐུལ་གྲུབ་མཚམས་ནས་ སྟན་དཀར་པོ་འབྲུ་དཀར་གྱི་གཡུང་དྲུང་བྲིས་པ་ལ་གཡང་གཏད་གང་ལ་བྱ་བའི་སྦྱིན་བདག་རྣམས་འཁོད་དུ་བཅུག སློབ་དཔོན་ གྱིས་མདའ་དར་གཡབ་སྟེ་གཡང་འགུགས་གྱེར་བའི་ཚེ། ཕྱྭ་གཡང་རྣམས་སྦྱིན་བདག་དང་གཡང་རྟེན་གཉིས་ཀ་ལ་བཀུག་ ཅིང་བསྟིམ། སྦ་བསྟིམ། ནོངས་བཤགས། ཡེ་ཤེས་པ་བརྟན་བཞུགས། འཇིག་རྟེན་པ་གཤེགས་གསོལ་ཡན་གྲུབ་པ་ན། འདི་ སྐད་གྱེར། ཀྱེ། དེ་རིང་ཕུན་ཚོགས་དངོས་གྲུབ་རྒྱ་མཚོ་བརྡོལ། །རིན་ཆེན་འབྱུང་ལྡན་དཔལ་ གྱི་ནམ་ཡང་ལངས། །བཀྲ་ཤིས་གཟའ་སྐར་གདུགས་ཀྱི་སྔ་དྲོ་ལ། །སྔགས་འཆང་རིག་པ་ འཛིན་པ་བདག་ཅག་གིས། །མི་ཡི་གཡང་དང་ཕྱུགས་རབ་འཕེལ་བའི་གཡང༌། །ཕན་ཚུན་ དགྲ་བླའི་བཀྲག་མདངས་གཡང་བཅུད་བཅས། །བཀྲ་ཤིས་གཡང་རྟེན་ཕུན་སུམ་ཚོགས་པ་ རྣམས། །གཏི་མུག་རྨོངས་པའི་ལག་ཏུ་གཡང་མི་གཏད། །ང་རྒྱལ་དྲེགས་པའི་ལག༴ འདོད་ ཆགས་གླེན་པའི་ལག༴ ཕྲག་དོག་གཏུམ་པའི་ལག༴ ཕ་སྤུན་ཕྱི་ཚེའི་ལག༴ བུ་སྲིང་མག་པའི་ ལག༴ འདྲེ་སྲིན་བྱུར་གསུམ་ལག༴ མི་ལ་བསེ་རག་ལག༴ གོད་འདྲེ་ཐེའུ་རང་ལག་ཏུ་གཡང་ མི་གཏད། །ད་ནི་གཡང་གཏད་སུ་དང་གང་ལ་གཏད། །གཡང་གཏད་ཡོན་བདག་བསོད་ ནམས་ཅན་ལ་གཏད། །ལྷ་མདའ་ལེགས་མཛེས་དར་སྣའི་རྒྱན་ལྡན་ལ། །རིན་ཆེན་དངུལ་ 7-1-65 དཀར་མེ་ལོང་གཙང་མ་བཏགས། །རྗེ་བཙུན་འཕགས་མ་སྒྲོལ་མ་འཁོར་དང་བཅས། །ཙནྡན་ དྲི་ངད་ཇི་བཞིན་འབྲལ་མེད་བཞུགས། །འཁོར་འདས་གཉིས་ཀྱི་ཕྱྭ་གཡང་མ་ལུས་འདུ། །དེ་ རིང་ཡོན་གྱི་བདག་པོ་ཁྱོ ད་ལ་གཏད། །རིན་ཆེན་གཡང་བཤོས་རབ་མཛེས་རྒྱན་ལྡན་འདི། །བརྗིད་ལྡན་རི་རབ་ལྷུན་པོ་ཇི་བཞིན་དུ། །དགོས་འདོད་འབྱུང་བའི་ཡིད་བཞིན་ནོར་བུ་འདྲ། །དེ་རིང་ཡོན་གྱི་བདག་མོ་ཁྱོ ད་ལ་གཏད། །གཡང་སྒྱེ་རིན་ཆེན་སྣ་ལྔའི་བཅུད་ལྡན་མཆོག །དར་སྣ་གཡང་རྔ་དཀར་མཛེས་ཀྱིས་བརྒྱན་པ། །མི་ནོར་ཕྱུགས་གསུམ་ལེགས་པར་འཕེལ་ བའི་གཡང༌། །དེ་རིང་ཡོན་བདག་རྣམས་ལ་ལེགས་པར་གཏད། །གཡང་སྤེལ་གཡང་འཁྱི ལ་ གཡང་ཕོར་བཅུད་ལྡན་དང༌། །གསེར་དངུལ་གཡུ་སོགས་རིན་ཆེན་སྣ་ཚོགས་རིགས། །དར་ གོས་གོ་མཚོན་ལོ་ཏོག་འབྲུ་བཅུད་མར། །བདུད་རྩི་ཇ་ཆང་འོ་མཚོ་རོ་ལྡན་ཟས། །སྣ་ཚོགས་ གཡང་རྫས་གང་འདི་ཡོད་ཚད་ཀུན། །འདོད་རྒུ་འབྱུང་བའི་ཡིད་བཞིན་ནོར་འདྲ་འདི། །དེ་ རིང་ཡོན་བདག་རྣམས་ལ་ལེགས་པར་གཏད། །ཚེ་ཡི་རྟེན་ཕུར་མ་འབུད་རྟེན་ཕུར་ཚུགས། །གཡང་གི་མཚོ་མོ་མ་སྐམ་གཡང་མཚོ་འཁྱི ལ། །བཀྲ་ཤིས་བདེ་ལེགས་སྐྱིད་ཉི་ལེགས་འཆར་ ཞིང༌། །ནོར་དཔལ་གཡང་འཕེལ་སྲིད་ཀྱི་ཆུ་མིག་རྡོལ། །བླ་མེད་བྱང་ཆུབ་གོ་འཕང་མྱུར་ཐོབ་ ཤོག །མདའ་དར་སྐྱེས་པ། གཡང་བཤོས་གཡང་སྒྱེ་ཡོན་བདག་མོ། གཞན་རྣམས་གང་འོས་སུ་གཏད་ལ། གཡང་སྒྲུབ་དཀྱུས་ ལྟར་གཡང་གཏད་ནི། ཀྱེ། དེ་རིང་བཀྲ་ཤིས་གཟའ་སྐར་ཕུན་ཚོགས་འདིར། །ཞེས་པ་ནས། བཅུད་ གཡང་དཔལ་ཁ་ཉམས་པ་མེད་གྱུར་ཅིག །ལན་གསུམ་བཅས་རྟེན་སྙིང་བརྗོད་བཞིན་སྦྱིན་བདག་ལ་མེ་ཏོག་ འཐོར་ཏེ། གཡང་སྒྲུབ་དཀྱུས་ལྟར་གྱི་བཀྲ་ཤིས་སམ་ལོགས་གྱི་བཀྲ་ཤིས་གང་རུང་གིས་མཐའ་བརྒྱན་པར་བྱ་ཞིང་ཡོན་བདག་ རྣམས་རང་གནས་སུ་བཏང༌། གཡང་སྒམ་ཡོད་ན་དེར་གཡང་རྟེན་རྣམས་བཞུགས་སུ་གསོལ་ལ་ཉེར་སྤྱོད་མཆོད་པའང་བཤམ། དེར་སྒྲུབ་པོ་གང་དག་སོང་སྟེ། གཉིས་པ་རྟེན་བཀོད་སྲུང་བཙུགས་བྱ་བ་ནི། ཀྱེ། ངོ་མཚར་བཀྲ་ཤིས་གཡང་གི་ར་བ་འདིར། །འདོད་ 7-1-66 རྒུ་ལོངས་སྤྱོད་འབྱུང་བའི་བང་མཛོད་དུ། །འཁོར་འདས་བཅུད་རྟེན་གཡང་འདུའི་གཏའ་ འཛུགས་སོ། །རྗེ་བཙུན་སྒྲོལ་མའི་ལྷ་ཚོགས་བྱིན་རླབས་ཀྱིས། །བསོད་ནམས་མངའ་ཐང་ དཔལ་ལས་ལེགས་གྲུབ་པའི། །འཁོར་ལོ་ནོར་བུ་བཙུན་མོ་ཁྱི མ་བདག་དང༌། །རྟ་མཆོག་གླང་ ཆེན་རྣམ་རྒྱལ་སྡེ་དཔོན་ཏེ། །རྒྱལ་སྲིད་རིན་ཆེན་སྣ་བདུན་གཡང་གི་རྟེན། །རྒྱལ་བའི་མཚན་ བཟང་ལས་གྲུབ་དགེ་ལེགས་དཔལ། །དཔལ་བེའུ་འཁོར་ལོ་པདྨ་གདུགས་རྒྱལ་མཚན། །དུང་དཀར་བུམ་པ་གསེར་གྱི་ཉ་མོ་ཟུང༌། །ཕུན་ཚོགས་བཀྲ་ཤིས་རྟགས་བརྒྱད་གཡང་གི་ རྟེན། །སྲིད་ཞིར་དགེ་ཞིང་ལེགས་པར་བྱེད་པའི་རྫས། །མེ་ལོང་དཱུར་བ་བིལ་ཞོ་གི་ཝཾ་མཆོག །ལི་ཁྲི་ཡུངས་ཀར་ཆོས་དུང་གཡས་སུ་འཁྱི ལ། །རྒྱལ་བས་བྱིན་བརླབས་རྫས་བརྒྱད་གཡང་ གི་རྟེན། །དེ་ཀུན་གཡང་རྟེན་འདི་ལ་ལེགས་འཁོར་མཛོད། །རིན་ཆེན་དར་ཟབ་གོས་དང་གོ་ མཚོན་མཆོག །འབྲུ་ཟས་སྣ་ཚོགས་ཕྱུགས་ལུག་སྤུ་བལ་རིགས། །དཀར་མངར་ཕུད་སོགས་ བཀྲ་ཤིས་དགེ་མཚན་གྱི། །དཔལ་དང་འབྱོར་བའི་བཅུད་གཡང་ཀུན་བསྡུས་ནས། །ཕྱྭ་རྟགས་ གཡང་རྟེན་དམུ་ཞག་ངད་བཟང་ཅན། །ཁང་ཁྱི མ་འདི་རུ་བཅུད་ཆེན་རྟེན་དུ་བཀོད། །ཕྱྭ་གཡང་ མ་ཉམས་རྟེན་ལ་བརྟན་པར་བཞུགས། །སངས་རྒྱས་བྱང་སེམས་འཕགས་མའི་ལྷ་ཚོགས་ རྣམས། །མོས་རྟེན་མདའ་དར་ལ་སོགས་རྟེན་ལ་བཞུགས། །གང་རྣམས་གསང་གསུམ་མཐུ་ ཆེན་ཟླ་བྲལ་བས། །སྟེང་འོག་བར་གསུམ་ནོར་ལྷའི་ཚོགས་རྣམས་དང༌། །འགོ་བའི་ལྷ་དང་ སྐྱོབ་ལྷ་རྒྱབ་བརྟེན་ལྷ། །སྡོང་གྲོགས་མཛད་ལྷ་དགྲ་ལྷ་ཡུལ་ཁྱི མ་ལྷ། །མ་འཁྱམས་མ་བྲོས་ གཡང་གི་རྟེན་འདིར་བཞུགས། །སྲིད་པ་གསུམ་གྱི་ཕྱྭ་གཡང་མ་ལུས་བསྡུས། །ཁྱི མ་ལྷ་གེལ་ ཐུང་མ་ལྷ་བུ་རྫི་ཆེ། །འཕེན་ནོར་རྨ་གཡང་བཙན་ཕྱུག་ཐབ་ཀྱི་ལྷ། །གྲགས་མཛངས་སྒོ་ལྷ་ སྟག་གཡག་དཔའ་ངར་ལྷ། །གཡང་ར་སྒོ་བཞི་མཐུན་རྫས་ལ་རྟེན་ཆོས། །མི་ནོར་ཟས་སྲུང་ དགྲ་འདྲེ་གདོན་གསུམ་རློག །དུས་རྒྱུན་དད་མོས་ཀྱིས་མཆོད་དགྱེས་བཞེས་ལ། །འཁོར་ 7-1-67 འདས་བཅུད་བསྡུས་འཛད་མེད་སྤྱོད་ཡུལ་གྱུར། །ཡོན་བདག་མི་ནོར་ཟས་གསུམ་དུས་ཀུན་ སྲུངས། །འཕགས་མ་སྒྲོལ་མའི་ཐུགས་རྗེའི་བདེན་སྟོབས་ཀྱིས། །ཤ་བཱ་རི་ཡིས་གནག་གཡང་ ཤར་ནས་སྲུངས། །རེ་མནྟ་ཡིས་རྟ་གཡང་ལྷོ ་ནས་སྲུངས། །ཧ་ནུ་མནྟས་ལུག་གཡང་ནུབ་ནས་ སྲུངས། །རྣམ་ཐོས་སྲས་ཀྱི་ནོར་གཡང་བྱང་ནས་སྲུངས། །དཔལ་འབྱོར་ཕྱྭ་གཡང་མི་ཉམས་ ཀུན་སྲུང་ཞིང༌། །བཅུད་ཆེན་འཕེལ་རྒྱས་རབ་བརྟན་སྦྱིན་བདག་ལ། །ལོངས་སྤྱོད་མི་ཟད་ གཏེར་གྱི་སྐལ་བར་ཤོག ། གསུམ་པ་གཡང་སྒོ་བསྡམ་པ་དང་སྨོན་ལམ་བཅས་ལ་གཉིས་ལས། དང་པོ་སྒོ་བསྡམ་ནི། ཀྱེ། འཕགས་མ་སྒྲོལ་ མའི་རླབས་ཆེན་མཛད་ཕྲིན་གྱིས། །སྲུང་བཙུགས་ཕྱྭ་གཡང་མི་ཉམས་སྒོ་བསྡམ་མོ། །རྗེ་ བཙུན་ལྷ་མོའི་མཐུ་ལས་ལེགས་ཤར་བ། །དོན་དམ་ཡུམ་ཆེན་འབྱུང་བའི་ལྷ་མོ་ལྔས། །འབྱུང་ ལྔའི་དྭངས་བཅུད་ཕྱག་རྒྱས་རྒྱས་ཐོབ་ལ། །གཡང་གི་བཅུད་འཁྱི ལ་ཕྱིར་ལ་མ་བཏང་ཞིག །ཛམ་ལྷ་གང་བཟང་ནོར་བདག་ཀུ་བེ་ར། །གནོད་སྦྱིན་གཙོ་འཁོར་བཅས་ཀྱིས་གཡང་བསྡུས་ ལ། །ཕྱི་རུ་མ་བཏང་ཐུགས་དམ་ཇི་བཞིན་སྲུངས། །རྒྱལ་ཆེན་སྡེ་བཞིས་ཕྱོགས་བཞི་ནས་སྲུང་ སྟེ། །མཆོང་གི་སྒོ་འདན་གསེར་གྱི་འདན་བུས་བཀག །ཏིང་འཛིན་རྒྱས་བཏབ་སྔགས་རྒྱས་ ཉམས་མེད་བྱས། །སྐུ་གསུང་ཐུགས་གསུམ་ཕྱག་རྒྱ་གཡང་སྒོར་གདབ། །མ་བཀྲོ ལ་བར་དུ་ མི་འགྲོལ་གཡང་བཅུད་བརྟན། །སྟག་འབྲུག་བྱ་སྦལ་བཞི་ཡིས་སྒོ་བཞི་སྲུངས། །ཕྱི་ནང་སྒོ་ མོ་གསེར་ལྕགས་མི་བོ་ཆེས། །ལེགས་སྲུང་གཡང་བརྟན་གཡང་བརྟེན་མ་འཆུག་ཅིག །འདྲེ་ སྲིན་ནང་དུ་མ་ཞུགས་གཡང་ཉམས་མེད། །བཀྲ་ཤིས་བདེ་ལེགས་རྟག་པར་ཡོངས་འཕེལ་ ཞིང༌། །ཕུན་སུམ་ཚོགས་པའི་དགེ་མཚན་འབར་བར་ཤོག །ༀ་སུ་པྲ་ཏིཥྛ་བཛྲཱ་ཡེ་སྭཱཧཱ། གཉིས་པ་སྨོན་ལམ་ནི། འདོད་ཁམས་ལོངས་སྤྱོད་དངོས་གྲུབ་བདག་གིས་ཐོབ། །བླ་མ་ཡི་དམ་ དཀོན་མཆོག་ཚོགས་ལ་མཆོད། །ཕྲིན་ལས་བཞི་རྫོགས་རིན་ཆེན་གཏེར་ལ་སྤྱོད། །དངོས་ 7-1-68 གྲུབ་བརྗིད་ཆགས་འཕགས་མས་བདག་སྲུང་ཤོག །གནས་སྐབས་ཚེ་འདིར་བང་མཛོད་འབྲུ་ འཕེལ་ཞིང༌། །ལོངས་སྤྱོད་དཔལ་འབྱོར་གཡང་བཅུད་ཀུན་འདུས་ཏེ། །དབུལ་ཕོངས་ཀུན་ བྲལ་དམ་ཆོས་རབ་རྒྱས་ནས། །སྲིད་ཆོས་གང་གི་སྒོ་ནས་ལེགས་འཛོམས་ཤོག །དེར་བརྟེན་ འདོད་འཇོའི་བ་དང་བསམ་འཕེལ་ནོར། །མངའ་ཐང་ལྷུན་གྲུབ་འཁོར་བསྒྱུར་ཆེ་དགུའི་ དཔལ། །ཐོགས་མེད་རྫུ་འཕྲུལ་ཁ་རྗེ་ཆེས་རབ་དར། །ལམ་མཆོག་བདེ་ནས་བདེ་བར་རིམ་ བགྲོད་ཤོག །དེང་འདིར་ཉི་མ་ཐམས་ཅད་ལེགས་དགེ་ཞིང༌། །གཟའ་དང་རྒྱུ་སྐར་ཐམས་ཅད་ བཟང་དུས་འཛོམས། །རྣམ་འདྲེན་སངས་རྒྱས་ཐམས་ཅད་རྫུ་འཕྲུལ་ཆེ། །འཕགས་པ་དགྲ་ བཅོམ་རྣམས་ནི་ཟག་ཟད་བདེ། །ཤིན་ཏུ་རྨད་བྱུང་ནམ་ཡང་མི་བསླུ་བ། །ཀུན་ནས་བདེན་ པའི་གནས་ཚུལ་འདི་བརྗོད་པས། །བདག་དང་སྦྱིན་བདག་ལྟོས་བཅས་མ་ལུས་པ། །རྟག་ཏུ་ བདེ་ལེགས་མཆོག་གིས་འཚོ་གྱུར་ཅིག །ཛ་ཡ་ཛ་ཡ་སུ་ཛ་ཡ། ཞེས་པའི་སྨོན་ལམ་བྱ་ཞིང་དེ་ཕན་གཡང་ རྟེན་རྒྱུན་བཞག་རྣམས་ལ་བར་བར་མཆོད་བསྟོད་ཅི་འཛོམས་དང་ནམ་ཞིག་གཡང་སྒོ་ཕྱེ་དགོས་ཚེ་སྒོ་འབྱེད་ཆོ་ག་ཟུར་བ་ལ་ བརྟེན་ནས་ཕྱེ་བ་ཕྱག་སྲོལ་ཡིན། དེ་ནས་སྒྲུབ་པོ་གང་དག་གིས་སྒྲུབ་ཁང་དུ་རྗེས་ཀྱི་རིམ་པ་ཉིན་སྔ་མ་བཞིན་བདག་བསྐྱེད་སྒྲོལ་ སྒྲུབ་ལྷུག་བཅད་གང་ཡིན་ལྟར་བསྡུ་བསྔོ ་གོང་སྨོས་བཞིན་གང་ཡང་རུང་བས་མཐར་དབྱུང༌། གཡང་སྒམ་མེད་ན་གོང་གི་གཡང་ གཏད་རྗེས་ཀྱི་བཀྲ་ཤིས་སོང་མཚམས་ནས་བདག་བསྐྱེད་བསྡུ་བསྔོ་བྱས་ན་ཆོག་ཅིང་གཡང་རྟེན་རྣམས་ཀྱང་སྦྱིན་བདག་གིས་ གང་འོས་ཀྱི་གནས་སུ་འཇོག་པར་བྱ་ལ། གཡང་སྒྲུབ་ཇི་བཞིན་གྲུབ་རྗེས་ཞག་གསུམ་བདུན་ལ་སོགས་པར་བཏང་ལེན་གྱི་སྤང་ བླང་ཡང་ལུགས་སྲོལ་དང་བསྟུན་ཏེ་བྱ། དེ་དག་གིས་ལྷ་མོ་ཉེར་གཅིག་ལ་བརྟེན་པའི་གཡང་སྒྲུབ་ཡུལ་སྲོལ་དང་འཚམས་ལེགས་ པར་ཟིན་ཏོ། ། གསུམ་པ་ཐ་མར་བླ་མེད་སྒྲོལ་མའི་ལུགས་ཀྱི་ཚོགས་མཆོད་སོགས་ཇི་ལྟར་བྱ་བའི་ཚུལ་ལ། སྔོ ན་དུ་འདིར་གྲུབ་སྒྲོལ་ཆོག་ སྒྲུབ་མཆོད་ཕྲིན་ལས་བཅས་དང༌། བར་བླ་མེད་ཚོགས་མཆོད་དངོས་ཀྱི་རིམ་པ་དང༌། མཇུག་གསོན་གཤིན་གང་ལ་ཉེར་མཁོ་ སྦྱིན་སྲེག་བྱ་ཚུལ་དང་གསུམ་ལས། 7-1-69 དང་པོ་འདིར་གྲུབ་སྒྲོལ་ཆོག་སྒྲུབ་མཆོད་ཕྲིན་ལས་བཅས་ལ། སྒྲོལ་ཆོག་སྒྲུབ་མཆོད་དངོས་དང༌། དེའི་ཕྲིན་ལས་ཉེར་ སྒྲུབ་ཀྱི་རིམ་པ་གཉིས་ལས། དང་པོ་སྒྲོལ་ཆོག་སྒྲུབ་མཆོད་དངོས་ལ། སྦྱོར། དངོས། རྗེས་གསུམ་ལས། དང་པོ་སྦྱོར་བ་ནི་མཆོད་ གཞི་སྟེགས་བུ་ཇི་ལྟར་འཛོམས་པའི་སྟེང་དུ་སྒྲོལ་ཆོག་འདིའི་སྒོ་ནས་རྟེན་གཞལ་ཡས་ཁང་བརྟེན་པ་ལྷ་མོ་ཉེར་གཅིག་བཅས་ཀྱི་ རས་བྲིས་སམ་ཚོམ་བུ་གང་རུང་དབུས་སུ་ལེགས་བཀོད་ཀྱི་གཡས་གཡོན་གང་བདེར་རྣམ་རྒྱལ་བུམ་པ་མཚན་ལྡན་བྱ་རྒྱུད་ཉེར་ ལྔའི་རྫས་དང་ཆུས་བཀང་བ་དེའི་ཁར་དུང་ཆོས་གཟུངས་ཐག་སྤྱི་ལྟར་བཤམ། མདུན་ཕྱོགས་སྡེར་གཙང་དུ་འབྲུ་དཀར་བླུགས་ པའི་ཁར་ཟན་གོར་སྟེང་གཏོར་མ་རིན་ཆེན་འབར་བའི་དབྱིབས་ནོར་བུ་ཉི་ཟླ་མར་གོར་གྱིས་བརྒྱན་པ་མཐར་མཆོད་ཆུང་ཉི་ཤུས་ བསྐོར་བ། དེ་དག་གི་མདུན་ཐད་ཉེར་སྤྱོད་ཕྲེང་སྒྲིག་ལག་ལེན་བཞིན་དང༌། བདག་འཇུག་སྐབས་ལ་ཉེར་མཁོ་མཎྜལ་ནས། མིག་ དར། མེ་ཏོག གླེགས་བམ། ཨུཏྤལ་གཉིས་ཀྱི་ཙ་ཀ་ལི་དང༌། རིགས་ལྔའི་ཕྱག་མཚན་ལྷན་འགོད་ཀྱི་ཙ་ཀ་ལི་སོགས་མཆོད་བསྟར་ ལེགས་ངེས་བྱའོ། ། གཉིས་པ་དངོས་གཞི་ཆོ་ག་ངག་འདོན་གྱི་རིམ་པ་ལ། བདག་བསྐྱེད། བུམ་སྒྲུབ། མདུན་བསྐྱེད། བདག་འཇུག་དང་བཞི་ ལས། དང་པོ་བདག་བསྐྱེད་ལ། གསོལ་འདེབས། མཆོད་རྫས་བྱིན་རླབས། སྐྱབས་འགྲོ། སེམས་བསྐྱེད། ཚོགས་བསགས། ཚད་ མེད་བཞི། བདག་བསྐྱེད་དངོས་དང་བདུན་ལས། དང་པོ་གསོལ་འདེབས་ནི། ཕུལ་བྱུང་དག་པའི་སྣང་ངོར་རང་མདུན་མཁར། །རྗེ་བཙུན་འཕགས་ མ་ལྷ་མོ་ཉེར་གཅིག་ཚོགས། །དེ་དག་རྗེས་བཟུང་གྲུབ་བརྙེས་བརྒྱུད་རིམ་སྡེ། །མ་ལུས་འཇའ་ ཟེར་ཀློ ང་ན་ཇི་བཞིན་གསལ། །ན་མོ་ཨཱརྱ་ཏཱ་རེ་བྷྱཿ གོང་སྨོས་བཀླག་ཆོག་སྐབས་ལྟར། དཔལ་ལྡན་ ཆོས་སྐུ་གཤེགས་སྙིང་དེ་བཞིན་ཉིད། །ཅེས་སོགས་ནས། འཕགས་མའི་ཆོས་སྐུའི་རང་ཞལ་མྱུར་ མཇལ་ཤོག །ཅེས་པའི་བར་བཏང་མཐར། གསོལ་བ་འདེབས་ཡུལ་འཕགས་མའི་ལྷ་ཚོགས་དང༌། །བརྒྱུད་རིམ་བྱིན་རླབས་དཔལ་གྱུར་བླ་མ་རྣམས། །རྗེ་བཙུན་སྒྲོལ་མ་གཅིག་གི་རྣམ་པར་ བསྡུ། །དེ་ཡང་རང་དང་གཉིས་མེད་རོ་མཉམ་གྱུར། །པར་བསམ། གཉིས་པ་མཆོད་རྫས་བྱིན་རླབས་ནི། ཨ་མྲ໏་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་གནས་ 7-1-70 ཁང་དག་པའི་ནང༌། །རིན་ཆེན་སྣོ ད་མཆོག་རྣམས་སུ་ༀ་ཡིག་ལས། །ལེགས་བྱུང་མཆོད་ཡོན་ ཞབས་བསིལ་མེ་ཏོག་སྤོས། །མར་མེ་དྲི་ཆབ་ཞལ་ཟས་རོལ་མོ་སོགས། །མཆོད་པའི་ཡོ་བྱད་ དྭངས་ཤིང་ཐོགས་པ་མེད། །བསམ་གྱིས་མི་ཁྱབ་ངོ་མཚར་རྨད་བྱུང་བ། །འཕགས་པ་ཀུན་ཏུ་ བཟང་པོའི་རྣམ་འཕྲུལ་བཞིན། །ས་དང་བར་སྣང་མ་ལུས་ཡོངས་གང་གྱུར། །ༀ་བཛྲ་ཨརྒྷཾ་ སྭཱཧཱ། པཱ་དྱཾ་སྭཱཧཱ། ༀ་བཛྲ་པུཥྤེ་ཨཱཿཧཱུཾ། ནས། ཤབྟའི་བར་དང༌། ༀ་སརྦ་བིད་པཱུ་ར་པཱུ་ར། སུ་ར་སུ་ར། ཨཱ་བརྟྟ་ཡ་ཨཱ་བརྟྟ་ཡ་ཧཱུཾ། རྣམས་ཕྱག་རྒྱ་དང་བཅས་པས་བྱིན་གྱིས་རླབས། གསུམ་པ་སྐྱབས་སུ་འགྲོ་བ་ནི། མདུན་མཁར་སྐྱབས་ཡུལ་འཕགས་མའི་ལྷ་ཚོགས་ཀུན། །སྐྱབས་ གནས་མ་ལུས་འདུས་པའི་བདག་ཉིད་དུ། །སྣང་ལ་རང་བཞིན་མེད་པ་འོད་གསལ་དབྱིངས། །བཀྲ་ལམ་མངོན་སུམ་མཐོང་ཡུལ་ཇི་བཞིན་གྱུར། །གོང་གཡང་སྒྲུབ་ལྟར། ན་མོ། སྐྱབས་ཀུན་ འདུས་པའི༴ ནས། བསྐྱབ་དུ་གསོལ། །ལན་ཉེར་གཅིག་སོགས་བྱ། བཞི་པ་སེམས་བསྐྱེད་པ་ནི། གཡང་སྒྲུབ་བཞིན། ཀྱེ་མ་འཁོར་བར༴ ནས། ལེགས་བགྱིད་དོ། །ལན་ བདུན་སོགས་ཀྱི་མཐར། སྐྱབས་ཡུལ་གང་དག་འོད་ཕུང་རྣམ་པར་བསྡུ། །རང་ལ་ཐིམ་པས་གདོས་ བཅས་གནས་འགྱུར་ཏེ། །འཕགས་མའི་འོད་སྐུར་གྱུར་པའི་ཐུགས་ཀ་ནས། །རབ་སྤྲོས་འོད་ ཀྱིས་གཤིས་ལུགས་ཆོས་སྐུ་ཆེ། །གང་འདུལ་མོས་ངོར་འཕགས་མའི་ལྷ་ཚོགས་དང༌། །རྣམ་ འཕྲུལ་སངས་རྒྱས་བྱང་སེམས་དཔག་ཡས་བཅས། །རང་འཚམས་བསོད་ནམས་ཞིང་མཆོག་ ཁྱད་པར་བ། །ཆོས་དབྱིངས་རང་མདངས་ཀུན་ནས་སད་པར་གྱུར། །ན་མོ་ཨཱརྱ་ཏཱ་རེ་མཎྜལ་ ལ་ས་པཱ་རི་བཱ་རེ་བྷྱཿ གཡང་སྒྲུབ་ལྟར། གདོད་མའི་ཆོས་དབྱིངས་གཤིས་ལས༴ སོགས་ནས། ལྔ་པ་ཚོགས་བསགས་ཡན་ལག་བདུན་པ་བསྡུ་རིམ་བཅས་དང༌། དྲུག་པ་ཚད་མེད་བཞི་རྣམས་ལེགས་པར་བཏང༌། བདུན་ པ་བདག་བསྐྱེད་དངོས་ལ། བསྐྱེད་པ། ཡེ་ཤེས་སྤྱན་དྲངས། དབང་བསྐུར། མཆོད་བསྟོད། བཟླས་པ། མཆོད་བསྟོད་རྗེས་མཁོ་ བཅས་དང་དྲུག་ལས། དང་པོ་བསྐྱེད་པ་ནི། གཡང་སྒྲུབ་དཀྱུས་མ་ལོགས་སུ་ཡོད་པ་ལྟར། སྭ་བྷཱ་ཝས་སྦྱངས། སྟོང་པའི་ 7-1-71 ངང་ལས་སྐད་ཅིག་སྐྱེ་མེད་དབྱིངས། །ཞེས་པ་ནས། ཉ་རྒྱས་ཟླ་བའི་སྟེང༌། །རང་སེམས་ཏཱྃཿཡིག་ འཕྲོ་འདུ་ཡོངས་གྱུར་ལས། །རྒྱལ་ཀུན༴ སོགས་ནས། འདོད་དགུའི་མཆོག་སྦྱིན་གྱིས། །མཆོག་ ཐུན་དངོས་གྲུབ་རང་དང་གང་འཚམས་པ། །དེ་བཞིན་ལེགས་སྩོལ་གདུལ་བྱ་རྗེས་སུ་འཛིན། །སྣ་ཚོགས་དར་ལས༴ ནས། སྒེག་ལྟར་མཛེས་ཆ་རྫོགས། །གང་དེའི་ཐུགས་ཀར་ཟླ་བའི་གདན་ སྟེང་དུ། །ཐུགས་སྲོག་ཏཱྃཿཡིག་ལྗང་གུས་མཚན་པར་གྱུར། ། གཉིས་པ་ཡེ་ཤེས་སྤྱན་དྲངས་ནི། གཡང་སྒྲུབ་དཀྱུས་ལྟར། བདག་གི་ཐུགས་ཀའི་ཏཱྃཿཡིག་ལྗང་གསལ་ ལས། །འོད་འཕྲོས༴ ནས། བཾ་ཧོཿ གསུམ་པ་དབང་བསྐུར་ནི། སླར་ཡང་ཐུགས་སྲོག་ལས་སྤྲོས་འོད་ཟེར་གྱིས། །དབང་ལྷ་རིགས་ ལྔ་སྤྱན་དྲངས་མཁའ་དབྱིངས་གང༌། །ཐུགས་ཀའི་ཉེར་སྤྱོད་སྤྲོས་ཏེ་ལེགས་མཆོད་ཅིང༌། །དེ་ བཞིན་གཤེགས་ཀུན་བདག་ལ་དབང་བསྐུར་སྩོལ། །ཞེས་གསོལ་མཐུ་ལས་དབང་ལྷ་གང་ དག་གིས། །རང་རང་ཐུགས་ནས་རིགས་ཀྱི་ལྷ་མོ་སྤྲོས། །ཞལ་རྣམས་ལས་ནི་བྱིན་ཆེན་དབང་ བསྐུར་ཚིག །གསུང་བཞིན་ཕྱག་བསྣམས་བུམ་པས་ཆུ་དབང་བསྐུར། །སྐུ་ལུས་རབ་གང་ ལྷག་མ་ཡར་ལུད་ལས། །རང་རིགས་འོད་དཔག་མེད་ཀྱིས་དབུ་བརྒྱན་གྱུར། ། བཞི་པ་མཆོད་བསྟོད་ནི། ༀ་ཨཱརྱ་ཏཱ་རེ་བྷྱཿཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། ནས། ཤབྟའི་བར་གྱིས་མཆོད་ལ། བསྟོད་ པ་ནི། ཏཱཾ། རྒྱལ་ཀུན་ཕྲིན་ལས་གཅིག་བསྡུས་རྗེ་བཙུན་མ། །སྐུ་གསུང་ཐུགས་ཡོན་ལྷུན་གྲུབ་ཟླ་ དང་བྲལ། །མཚུངས་མེད་སྟོབས་བཅུ་མངའ་བའི་བཅོམ་ལྡན་མ། །འཕགས་མ་སྒྲོལ་མ་ཉིད་ ལ་གུས་པས་བསྟོད། ། ལྔ་པ་བཟླས་པ་ནི། རང་གི་ཐུགས་ཀར་ཟླ་སྟེང་ཏཱཾཿཡིག་མཐར། །ཡི་གེ་བཅུ་པའི་སྙིང་པོ་ལྗང་ གསལ་མདོག །སྔགས་ཕྲེང་གཡས་སུ་བསྐོར་བའི་ཚུལ་ལ་དམིགས། །སྣང་སྟོང་རང་གསལ་ ངང་ནས་རིག་སྔགས་བཟླ། །བ་ནི། ༀ་ཏཱ་རེ་ཏུཏྟ་རེ་ཏུ་རེ་སྭཱཧཱ། ཞེས་པའི་ཡི་གེ་བཅུ་པ་ཅི་འགྲུབ་ཀྱི་བཟླས་ 7-1-72 པའི་མཐར། དྲུག་པ་མཆོད་བསྟོད་ནི། གོང་ལྟར་བྱ་ཞིང༌། དེ་ནས་རྗེས་མཁོ་ནི། རང་གནས་གཞལ་ཡས་ཁང་པ་བསྡུས་ ནས་ཀྱང༌། །འཕགས་མ་རང་གསལ་ཚུལ་གྱི་ང་རྒྱལ་ལ། །ཉེ་བར་གནས་ཏེ་མདུན་གྱི་གང་ སྒྲུབ་ལྷ། །དག་ལ་དགོས་མཁོ་དུས་སུ་བྱེད་པར་གྱུར། ། གཉིས་པ་བུམ་སྒྲུབ་ལ། བསྐྱེད་པ། སྤྱན་འདྲེན། དབང་བསྐུར། མཆོད་བསྟོད། བཟླས་པ། མཆོད་བསྟོད་བསྡུ་བཅས་དང་ དྲུག་ལས། དང་པོ་བསྐྱེད་པ་ནི། བུམ་པ་ལ་དམིགས་ཏེ། ཨ་མྲ໏་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ ལས་པཾ་ལས་པདྨའི་གདན། །དེ་སྟེང་ཨ་ཡིག་ལས་བྱུང་ཟླ་དཀྱིལ་དབུས། །བྷྲཱུྃ་ཡིག་གནས་ འགྱུར་རིན་ཆེན་བུམ་པ་མཆོག །ལྟོ ་ལྡི ར་མཆུ་འཕྱང་ལ་སོགས་མཚན་ཉིད་རྫོགས། །ལྷ་རྫས་ གོས་ཀྱིས་མགུལ་བ་ལེགས་པར་མཛེས། །ལོ་འབྲས་ཕུན་ཚོགས་དཔག་བསམ་ཤིང་རྒྱས་ པས། །ཁ་རྒྱན་དང་བཅས་ནང་བཅུད་རྡོ་རྗེའི་ཆུ། །རྟེན་འབྲེལ་རྫས་ཀྱིས་ཡོངས་སུ་གང་བའི་ དབུས། །སྡོང་བུ་དང་བཅས་པད་འདབ་ཉི་ཤུ་པ། །འདབ་མ་རྣམས་དང་ལྟེ་བའི་ཟེའུ་འབྲུའི་ རྩེར། །ཉ་རྒྱས་ཟླ་བའི་གདན་བཟང་རེ་རེར་གྱུར། །དབུས་ཀྱི་ཟླ་སྟེང་ཏཱྃཿཡིག་ཡོངས་གྱུར་ ལས། །གོང་བདག་བསྐྱེད་བཞིན། རྒྱལ་ཀུན༴ སོགས་ནས། སྒེག་ལྟར་མཛེས་ཆ་རྫོགས། །ཞེས་པས་གཙོ་ མོ་བསྐྱེད། མྱུར་མ་གང་གི་སྐུ་ལས་འོད་ཟེར་ཚོགས། །ཕྱོགས་མཚམས་སུ་སྤྲོས་ཉེར་སྤྲུལ་ལྷ་མོའི་ ཚོགས། །འདབ་མ་ཉི་ཤུའི་ཟླ་གདན་རྣམས་ཀྱི་སྟེང༌། །བྱང་ཤར་ནས་བརྩམ་ཕྱོགས་རེར་ལྔ་ ལྔའི་གྲངས། །གཡང་སྒྲུབ་མདུན་བསྐྱེད་ལྟར། རིམ་པས་གཡས་བསྐོར་འཁོར་གྱི་ལྷ་མོའི་ཚུལ། །ཞེས་ པ་ནས། སྣང་ལ་རང་བཞིན་མེད་པ་ཡེ་ཤེས་གཟུགས། །ཞེས་པའི་བར་གྱིས་འཁོར་རྣམས་བསྐྱེད། གཉིས་པ་སྤྱན་འདྲེན་ནི། ཀུན་གྱི་སྤྲུལ་གཞི་རྗེ་བཙུན་བཅོམ་ལྡན་མ། །གང་གི་ཐུགས་ཀར་ ཟླ་བའི་གདན་སྟེང་དུ། །གཙོ་འཁོར་ཐུན་མོང་སྲོག་ཆེན་ཡི་གེའི་འཕྲུལ། །ཏཱྃཿཡིག་ལྗང་འོད་ འབར་བའི་རྣམ་པར་གྱུར། །དེ་ལས་འོད་འཕྲོས་དག་མཉམ་ཆེན་པོ་ནས། །གནས་ལུགས་ 7-1-73 དོན་ལ༴ སོགས་ནས་བདག་བསྐྱེད་སྐབས་བཞིན་སྤྱན་འདྲེན་དང༌། གསུམ་པ་དབང་བསྐུར་མཐའི། དབུ་བརྒྱན་གྱུར། །ཅེས་པའི་བར་བྱ་བ་ལས། བདག་ལ༴ ཞེས་པར། འདི་ ལ༴ ཞེས་འདོན་པ་སྤོ་བ་ཁྱད་པར་རོ། ། བཞི་པ་མཆོད་བསྟོད་ནི། བདག་བསྐྱེད་འཕགས་མའི་ཐུགས་ལས་རབ་སྤྲོས་ཤིང༌། །དཔག་ ཡས་ལྷ་མོས་སྔགས་རྒྱས་བྱིན་བརླབས་པ། །མཆོད་ཡོན་ཞབས་བསིལ་ལ་སོགས་ངོ་མཚར་ བའི། །མཆོད་སྤྲིན་རྒྱ་མཚོས་བུམ་ལྷ་འཁོར་བཅས་མཆོད། །ༀ་ཨཱརྱ་ཏཱ་རེ་ས་པཱ་རི་བཱ་རེ་བྷྱཿ ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། དེ་བཞིན་དུ། པཱདྱཾ། ནས། ཤབྟའི་བར་གྱིས་མཆོད་ལ། བསྟོད་པ་ནི། ཏཱཾཿ ཆོས་སྐུ་སྐྱེ་མེད་ དབྱིངས་ལས་གཟུགས་སྐུའི་འཕྲུལ། །མྱུར་མ་དཔའ་མོ་ཁམས་གསུམ་འགྲོ་སྒྲོལ་མ། །གཙོ་ འཁོར་ལྷ་མོ་ཉེར་གཅིག་ཕྲིན་ལས་གཏེར། །རབ་སྤྲུལ་འཕགས་མའི་ལྷ་ཚོགས་ཡོངས་ལ་ བསྟོད། ། ལྔ་པ་བུམ་བཟླས་ནི་གཟུངས་ཐག་ལག་གཡས་ཀྱིས་འཛིན་བཞིན། བདག་བསྐྱེད་ཐུགས་སྲོག་སྔགས་ཕྲེང་ བཅས་པ་ལས། །འཕྲོས་པའི་འོད་ཟེར་ལྗང་གསལ་གཟུངས་ཐག་ལ། །ལེགས་བརྒྱུད་བུམ་ ལྷའི་ཐུགས་བསྐུལ་སྐུ་ལུས་ལས། །བདུད་རྩིའི་རྒྱུན་བབས་བུམ་པ་ཡོངས་གང་གྱུར། །པར་ བསམ་ལ། ཡི་གེ་དྲུག་པ། ༀ་ཏཱ་རེ་ཏཱཾཿསྭཱཧཱ། ཞེས་དང༌། ཡི་གེ་བཅུ་པ་གོང་སྨོས་གཉིས་རིམ་པས་ཅི་ནུས་སུ་བུམ་བཟླས་བྱ་ ཞིང་གཞན་ཡང༌། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི ་ཥི་ཀ་ཏེ་ས་མ་ཡ་ཤྲཱི་ཧཱུྃ། ཞེས་པ་ཉེར་གཅིག་གི་མཐར། དྲུག་པ་མཆོད་བསྟོད་གོང་བཞིན་དང༌། གཤེགས་བསྡུའང༌། མཆོད་ཡོན་ཕུལ་བས་བུམ་ནང་ཡེ་ཤེས་པ། །དབྱིངས་སུ་གཤེགས་ལ་དམ་ཚིག་ལྷ་མོའི་ཚོགས། །འོད་ཕུང་རྣམ་པར་བུམ་པའི་ཆུ་ལ་བསྡུ། །ཆུ་མཆོག་ནུས་པ་རབ་ཏུ་བརྟན་པར་གྱུར། ། གསུམ་པ་མདུན་བསྐྱེད་ལ། བསྐྱེད་པ། སྤྱན་འདྲེན། དབང་བསྐུར། མཆོད་བསྟོད། བཟླས་པ། མཆོད་བསྟོད་གཏོར་ འབུལ་བཅས་དྲུག་ལས། དང་པོ་བསྐྱེད་པ་ནི། རས་བྲིས་སམ་ཚོམ་བུ་ལ་དམིགས་ཏེ། ཨ་མྲ໏་ཏས་བསངས། སྭ་བྷཱ་ཝས་ 7-1-74 སྦྱངས། སྟོང་པའི་ངང་ལས་འོད་ཟེར་ཕྲེང་བའི་ཀློ ང༌། །རྡོ་རྗེ་ར་བས་ཡོངས་བསྐོར་དེ་དབུས་སུ། །སྣ་ཚོགས་པདྨའི་ལྟེ ་བ་རབ་ཡངས་པར། །བྷྲཱུྃ་ལས་ནོར་བུའི་རང་བཞིན་གཞལ་མེད་ཁང༌། །བཻཌཱུར་གསེར་དང་བྱུ་རུས་ཕྱི་རིམ་ནས། །བརྩིགས་པ་རིམ་གསུམ་གསེར་བཟང་ཕ་གུའི་ སྟེང༌། །རིན་ཆེན་སྣ་ཚོགས་ཀ་ཐུང་དྲྭ་ཕྱེད་རྒྱན། །ཤར་བུ་མདའ་ཡབ་ལེགས་མཛེས་སྟེང་ཐོག་ ཕུབ། །དབུས་སུ་ཀ་བས་རབ་བཏེག་མཐོངས་ཟླུམ་སྟེང༌། །ཀུན་ནས་འཕྱུར་བའི་གཡུ་ལྗང་རྒྱ་ ཕིབས་ཐོག །རིན་ཆེན་གསེར་འོད་འབར་བའི་ཏོག་གིས་མཛེས། །ཕོ་བྲང་ཕྱོགས་བཞིར་སྒོ་ འཁྱུད་སོགས་ལྡན་པའི། །རྟ་བབས་སྣམ་བཞིས་ལེགས་བརྒྱན་སྒོ་བཞི་པོ། །ནོར་དབྱིབས་ སྐར་ཁུང་སྟེང་ཐོག་གདུགས་ཆོས་འཁོར། །རི་དྭགས་ཕོ་མོས་མཛེས་སོགས་གཞལ་མེད་ཀྱི། །ངོ་མཚར་ཁང་བཟང་མཚན་ཉིད་ཀུན་རྫོགས་པ། །དམར་གསལ་རཱ་གའི་སྟེགས་བུར་མཆོད་ ལྷས་མཛེས། །ཕོ་བྲང་མཆོག་གི་ནང་གཞིར་ཤར་དཀར་ཞིང༌། །ལྷོ ་སེར་ནུབ་དམར་བྱང་ལྗང་ རིན་ཆེན་ཁམས། །སྣ་ཚོགས་ལས་གྲུབ་དབུས་སུ་པཾ་ཡིག་ལས། །བུམ་སྒྲུབ་ལྟར། སྡོང་བུ་དང་ བཅས་པད་འདབ་ཉི་ཤུ་པ། །ཞེས་སོགས་ནས། བསྐྱེད་པ་དང༌། གཉིས་པ་སྤྱན་འདྲེན། གསུམ་པ་དབང་བསྐུར་ཡན་དེ་བཞིན་དུ་སོང་བའི་མཐར། བཞི་པ་མཆོད་བསྟོད་ལ་གཉིས་ ལས། དང་པོ་མཆོད་པ་ནི། གཡང་སྒྲུབ་མདུན་བསྐྱེད་སྐབས་བཞིན་བདེན་སྟོབས་བྱིན་རླབས་ནི། རབ་འབྱམས་ཞིང་ གི་སངས་རྒྱས་བྱང་སེམས་དང༌། །ཞེས་པ་ནས། ནམ་ཞིག་བྱང་ཆུབ་རྒྱལ་སར་འཚོ་བར་མཛོད། །ཅེས་པའི་བར་བྱ། གཉིས་པ་བསྟོད་པ་ནི། གཡང་མདུན་དེ་ཉིད་ལྟར། ༀ་ཏཱ་རེ་ན་མོ། རྗེ་བཙུན་བཅོམ་ལྡན་འདས་མ་ མྱུར་མའི་ལྷ། །ཕྲིན་ལས་དཔའ་མོ་འཇིགས་ཀུན་སྒྲོལ་བ་མོ། །མཆོག་ཐུན་དངོས་གྲུབ་ དབྱིག་དཔལ་སྩོལ་པའི་གཉེན། སོགས་ནས། གསང་བ་གསུམ་གྱི་རླབས་ཆེན་མཐུ་སྟོབས་ཀྱིས། །བདག་དང་འགྲོ་བ་སེམས་ཅན་མ་ལུས་པ། །གནས་སྐབས་མཐར་ཐུག་ཕན་བདེ་གང་འོས་ 7-1-75 སུ། །རེ་འབྲས་དུས་ལས་གཡེལ་བ་མེད་པར་མཛོད། ། ལྔ་པ་མདུན་བསྐྱེད་བཟླས་པ་ནི། གཡང་མདུན་དཀྱུས་བསྙེན་བཞིན། ལྷ་མོ་ཉི་ཤུའི་སྤྲུལ་གཞི་མྱུར་མའི་ལྷ། །ཞེས་པ་ནས་སྙིང་པོ་ཡི་གེ་དྲུག་པ་དང་བཅུ་པ་ཇི་ལྟར་བཟླ་བའི་ཚུལ་མདུན་བཟླས་དེ་ཁོ་ན་ལྟར་བྱས་པས་འཐུས་ལ། མཐར་དྲུག་ པ་མཆོད་བསྟོད་གཏོར་འབུལ་བཅས་ལ། མཆོད་པ། བསྟོད་པ། གཏོར་འབུལ་དང་གསུམ་ལས། དང་པོ་མཆོད་པ་ཅུང་ཙམ་རྒྱས་ པ་སྟེ། དེ་ཡང་འདིར་སྒྲུབ་མཆོད་ཐོག་མའི་མཆོད་རྫས་བྱིན་རླབས་བྱ། དེ་ནས་གོང་གཡང་སྒྲུབ་མཆོད་ཕྲེང་ལྟར། ཏཱྃ། ཆོས་ དབྱིངས་ཡེ་ཤེས་བྱ་གྲུབ་རང་མདངས་ལས། །སོགས། སརྦ་པཱུ་ཛའི་བར་ཡོངས་རྫོགས་བྱ། གཉིས་པ་བསྟོད་པ་ནི། གཡང་སྒྲུབ་དེ་ཉིད་བཞིན། ༀ་ཏཱ་རེ་ཡ་ན་མོ། རྒྱལ་ཀུན་ཕྲིན་ལས་གཅིག་ བསྡུས་མྱུར་མ་རྗེ། །ཞེས་པ་ནས། རྣམ་འཕྲུལ་དཔག་ཡས་ཀུན་ལ་གུས་པས་བསྟོད། །འཕགས་ མའི་ལྷ་ཚོགས་སངས་རྒྱས་བྱང་སེམས་སོགས། །གང་དག་བཞུགས་གནས་ངོ་མཚར་གཞལ་ མེད་ཁང༌། །ཡེ་ཤེས་མདངས་ལས་ཉི་དང་འོད་ཟེར་བཞིན། །ལེགས་ཤར་ཆོས་ཀྱི་ཕོ་བྲང་ མཆོག་དེར་བསྟོད། །རིན་ཆེན་བཻཌཱུར་གསེར་བཟང་བྱུ་རུའི་ཁམས། །འདོད་འབྱུང་ནོར་ བུའི་རང་བཞིན་ལས་གྲུབ་པའི། །དཔག་ཡས་དགེ་མཚན་ཡོངས་འབར་རྒྱན་བཀོད་རྫོགས། །འཕགས་མ་ཤེར་ཕྱིན་ཡེ་ཤེས་རོལ་པར་བསྟོད། །ཆོས་དབྱིངས་ཁང་བཟང་ལེགས་མཛེས་ རྣམ་ཀུན་པ། །གང་འདུལ་ཡིད་ཀྱི་རྗེས་འགྲོ་མཚར་བཀོད་ཅན། །ཕུན་ཚོགས་དཔལ་ཡོན་ ཀུན་ནས་ལྷུན་གྲུབ་ཅིང༌། །ཡ་མཚན་ལེགས་རྫོགས་གཞལ་ཡས་ཁང་ལ་བསྟོད། །དེ་ལྟར་ འཕགས་མའི་དཀྱིལ་འཁོར་ཆེ་བསྔགས་འདིས། །བདག་སོགས་འགྲོ་ཀུན༴ ནས། ཕ་མཐར་ མྱུར་ཕྱིན་ཤོག །ཅེས་པའི་བར་བྱའོ། ། གསུམ་པ་གཏོར་མ་འབུལ་བ་ནི། གཡང་སྒྲུབ་ལྟར། གཏོར་མ་ལ་དམིགས་ནས། ཏཱྃཿ རཾ་ཡཾ་ཁཾ་སྤྲོས་མཆོད་ གཏོར་མི་གཙང་དྲི། །ཞེས་སོགས་ནས། ནོར་བདག་ཆེན་མོ་མཆོག་གི་དཔལ་སྟེར་མོ། །མཛེས་ སྐུ༴ ནས། ཕྱག་གཡས་མཆོག་སྦྱིན་ཕྱག་རྒྱ་འདོད་འཇོའི་དཔལ། །སོགས། དེ་རྣམས་ཨུཏྤལ་ཕྱག་ 7-1-76 མཚན་རྒྱན་ཆ་ལུགས། །ཕལ་ཆེར་གཙོ་མོ་དང་མཚུངས་དཔལ་ལྷ་མོ། །མ་ལུས་འཁོར་དང་ བཅས་ལ་གསོལ་ལོ་མཆོད། །དགྱེས་བཞེས་བདག་དང་སེམས་ཅན་མ་ལུས་པ། །དེང་ནས་ སྡིག་སྒྲིབ་རབ་སྦྱངས་ཚོགས་གཉིས་རྫོགས། །རིམ་པས་འཁོར་བ་རྒྱབ་ཀྱིས་ལེགས་ཕྱོགས་ ཏེ། །སྤངས་དང་རྟོགས་པའི་དགའ་སྟོན་རིམ་འཕེལ་ནས། །མཐར་ཐུག་བྱང་ཆུབ་ཆེན་པོ་མྱུར་ ཐོབ་མཛོད། །དེ་བར་གནས་སྐབས་ཀུན་ཏུ་མི་འདོད་རྐྱེན། །ཀུན་ཞི་གང་བསམ་ཆོས་དང་ ལེགས་མཐུན་ཞིང༌། །མདོར་ན་ཡིད་ལ་བསམ་པའི་དོན་ཐམས་ཅད། །འབད་མེད་ཇི་བཞིན་ ལེགས་འགྲུབ་ཕྲིན་ལས་མཛོད། །ཏཱ་རེ་དཔལ་མོའི་དགེ་མཚན་ལྷུན་གྲུབ་ཀྱིས། །ཕུལ་བྱུང་ ཆོས་སྲིད་ཟུང་གི་བྱ་བ་འཕེལ། །བཀྲ་ཤིས་སྐྱིད་དགའ་མཆོག་ལ་རྟག་སྤྱོད་དེ། །ཕུན་སུམ་ ཚོགས་པའི་སྒོ་བརྒྱ་ཡོངས་འབར་ཤོག །ཅེས་པའི་གཏོར་འབུལ་བྱས་ན་ལེགས་སོ། ། བཞི་པ་བདག་འཇུག་ལ། སྔོ ན་འགྲོ། འཇུག་པ། དངོས་གཞི། མཐའ་རྟེན། རྗེས་དང་ལྔ་ལས། དང་པོ་སྔོ ན་འགྲོ་ལ། མཎྜལ་འབུལ་བ་ནི། ས་གཞི་སྤོས་ཆུས་བྱུགས་ཤིང༴ སོགས་སྤྱི་ལྟར་རམ། དཀྱིལ་འཁོར་གཙོ་མོ་བླ་ མ་དབྱེར་མེད་ལ། །གླིང་བཞི་རི་རབ་བྱེ་བ་ཕྲག་བརྒྱས་མཚོན། །མཁའ་མཉམ་འཇིག་རྟེན་ ཁམས་བཀོད་ལེགས་དགེ་ཀུན། །གུས་པས་དབང་བསྐུར་ཟབ་མོའི་ཡོན་དུ་འབུལ། །གུ་རུ་ ཨི་དཾ་མཎྜལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། གསོལ་འདེབས་ནི། འཕགས་མ་བླ་མ་ དབྱེར་མེད་བརྩེ་བས་དགོངས། །བདག་ནི་ཁྱེ ད་ཀྱི་དཀྱིལ་འཁོར་མཆོག་གི་སྒོར། །ལེགས་ འཇུག་འདོད་པས་དམ་ཚིག་མཆོག་རྣམས་སྩོལ། །རྗེ་བཙུན་ལྷ་མོས་བདག་ཉིད་འཇུག་པར་ འཚལ། །ལན་གསུམ། སྡོམ་པ་བཟུང་བ་ནི། འཕགས་མ་རྟེན་དང་བརྟེན་པའི་དཀྱིལ་འཁོར་དྲུང༌། །གུས་པས་ཕྱག་འཚལ་སྙིང་ནས་སྐྱབས་སུ་མཆི། །སྡིག་ལྟུང་ཀུན་བཤགས་སྡོམ་པ་མ་ལུས་ བཟུང༌། །ཁྱོ ད་ཀྱི་སློབ་མའི་སྐལ་བར་བདག་ཐོབ་མཛོད། །ལན་གསུམ། གདོང་གཡོགས་ཤིང་མེ་ཏོག་ གཏད་པ་ནི། དཀྱིལ་འཁོར་གཙོ་མོའི་དགོངས་གཏད་རླབས་ཆེན་གྱིས། །ལས་བྱེད་སྤྲུལ་པས་ 7-1-77 བདག་གི་མིག་བཀབ་ཅིང༌། །མེ་ཏོག་ཕྲེང་བ་ལག་ཏུ་གཏད་བྱས་ནས། །དཀྱིལ་འཁོར་མཐོང་ བར་སྒྲིབ་ལ་མཇལ་ཡོན་ཟུང༌། །མིག་རས། ༀ་ཙཀྵུ་བན་དྷ་ཝ་ར་མཱ་ན་ཡ་ཧཱུྃ། ཞེས་པས་བཅིངས། ༀ་ ཨཱཿཁཾ་ཝཱི་ར་ཧཱུྃ། གིས་མེ་ཏོག་གི་ཕྲེང་བ་བྱིན། བར་ཆད་བསལ་ཞིང་སེམས་བསྐྱེད་པ་ནི། གཙོ་མོའི་ཐུགས་ལས་ སྤྲོས་པའི་ཁྲོ་མོ་ཡིས། །དབང་ལེན་པ་ཡི་བར་ཆད་རིང་དུ་བསྐྲད། །ༀ་ཏཱ་རེ་ཀྲོ ་དྷ་ཧཱུྃ་ཕཊཿ བུམ་ ཆུས་བསངས། རང་གི་སྙིང་གར་ཀུན་རྫོབ་དོན་དམ་སེམས། །ཟླ་བར་རྡོ་རྗེ་རྩེ་ལྔ་གནས་པར་ གྱུར། །སྙིང་གར་རྡོ་རྗེ་བཞག་ལ། ༀ་སརྦ་ཡོ་ག་ཙིཏྟཾ་ཨུཏྤ་ད་ཡཱ་མི། སུ་ར་ཏེ་ས་མ་ཡ་སྟྭཾ་ཧོཿསིདྡྷྱ་བཛྲ་ ཡ་ཐཱ་སུ་ཁཾ། དམ་བསྒྲག་ནི། གཙོ་མོ་འཕགས་མའི་གསུང་དབྱངས་ཟབ་བསྒྲག་གིས། །ང་ཁྱོ ད་དེ་ རིང་སློབ་དཔོན་སློབ་མར་གྱུར། །གསང་སྔགས་ཚུལ་ཆེན་སྣོ ད་མིན་གཞན་ལ་སྦོ ས། །དམ་ ཚིག་འདི་ལས་འདས་ན་ཉམས་པར་འགྱུར། །ༀ་ས་མ་ཡ་སྭཱཧཱ། ཕྱག་འཚལ་ནི། ལྷ་མོའི་དཀྱིལ་ འཁོར་ཕྱི་རོལ་སྒོ་བཞི་ནས། །ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ། །ན་མཿཏེ་ཧཱུྃ། ན་མཿམེ་ཧཱུྃ། ན་མོ་ན་མཿཧཱུྃ། གཉིས་པ་འཇུག་པ་ལ། མཎྜལ་ཕུལ་ནས། གསོལ་འདེབས་ནི། འཕགས་མས་ཡེ་ཤེས་འབེབས་པར་ མཛད་དུ་གསོལ། །ལན་གསུམ། ཡེ་ཤེས་འབེབས་པ་ནི། མདུན་བསྐྱེད་གཙོ་མོའི་ཐུགས་ཀའི་འོད་ཟེར་ གྱིས། །ཡེ་ཤེས་ཏཱྃཿཡིག་རྣམ་པ་དཔག་མེད་གཟུགས། །རང་ཉིད་འཕགས་མར་གསལ་བའི་ སྐུ་ལ་ཐིམ། །སེམས་རྒྱུད་ཡེ་ཤེས་ལྔ་རུ་བྱིན་རླབས་གྱུར། །པར་བསམ་ལ་སྤོས་རོལ་བཅས་སྙིང་པོ་ཡི་གེ་ དྲུག་པ་དང་བཅུ་པ་བཟླ་བའི་མཐར། ཨཱ་བེ་ཤ་ཡ། ཨཱ་བེ་ཤ་ཡ། ཨཿཨཿ ཞེས་བཏགས་པ་ཅི་ནུས་བརྗོད། གང་ འབེབས་བརྟན་པ་ནི། སྤྱི་བོར་རྡོ་རྗེ་བཞག་ལ། གཙོ་མོས་བརྟན་བྱེད་རིག་སྔགས་ལེགས་བརྗོད་གྱུར། །པར་བསམ་ལ། ༀ་ཏིཥྛ་བཛྲ། ལན་གཉིས། མེ་ཏོག་འབུལ་བ་ནི། སླར་ཡང་གཙོ་མོས་བདེན་སྟོབས་ བརྗོད་པར་བརྟེན། །བདག་གིས་མེ་ཏོག་དཀྱིལ་འཁོར་ཕྱོགས་སུ་དོར། །པྲ་ཏཱིཙྪ་བཛྲ་ཧོཿ མེ་ ཏོག་ཕྲེང་དབང་ནི། རང་རིགས་ལ་ཕོག་མེ་ཏོག་ལེགས་བཞེས་ཀྱིས། །སླར་ཡང་ཕྲེང་བའི་དབང་ 7-1-78 བསྐུར་བསྩལ་བར་གྱུར། །མིག་དར་བསལ་བ་ནི། དཀྱིལ་འཁོར་གཙོ་མོས་སྤྲུལ་པའི་ལས་བྱེད་ ཀྱིས། །མིག་རས་བསལ་བས་རྡོ་རྗེའི་མིག་ཐོབ་གྱུར། །ༀ་ཛྙཱ་ན་ཙཀྵུ་ཧཱུྃ་ཨཿ ལས་བྱེད་སྤྲུལ་ པས་ལྟ་བར་རབ་བསྐུལ་ནས། །རྟེན་དང་བརྟེན་པའི་དཀྱིལ་འཁོར་ཡོངས་རྫོགས་མཐོང༌། ། གསུམ་པ་དངོས་གཞི་ལ། སློབ་མ་དང༌། སློབ་དཔོན་གྱི་དབང་གཉིས་ལས། དང་པོ་སློབ་མའི་དབང་ལ། མཎྜལ་ཕུལ་ ནས། གསོལ་འདེབས་ནི། དེ་བཞིན་གཤེགས་དངོས་འཕགས་མ་ཐུགས་རྗེའི་གཏེར། །བདག་ལ་ སློབ་མ་སྨིན་བྱེད་དབང་བསྐུར་སྩོལ། །ལན་གསུམ། ཆུ་དབང་ནི། རང་ཉིད་དབང་སྟེགས་གདན་ལ་ འཕགས་མར་གསལ། །མདུན་བསྐྱེད་དགོངས་གཏད་དབང་ལྷ་སྤྱན་དྲངས་ནས། །རིགས་ ལྔའི་རང་བཞིན་བུམ་ཆུས་དབང་བསྐུར་ཏེ། །ལྷ་མོའི་གཟུགས་སྐུ་སྒོམ་ལ་ཡོངས་དབང་གྱུར། །ༀ་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཨ་བྷི ་ཥིཉྩ་ༀ་ཧཱུྃ་ཏྲཱཾ་ཧྲཱིཿཨཿཀ་ཡ་སིདྡྷི་ཕ་ལ་ཏཱྃཿ བུམ་པ་སྤྱི་བོར་འཇོག་ཅིང་ བུམ་ཆུ་འཐུང༌། དེ་ལྟར་བུམ་པའི་ཆུ་དབང་ལེགས་ཐོབ་པས། །འཁོར་བའི་དུག་ལྔ་ཕུང་ལྔ་གནས་ གྱུར་ཏེ། །རྣམ་བྱང་ཡེ་ཤེས་ལྔ་ལ་དབང་བྱས་ནས། །ཡེ་ཤེས་ནུས་པ་ཟབ་མོ་ཡོངས་སུ་ཐེབ། །གླེགས་དབང་ནི། འཕགས་མས་ཆོས་ཕུང་བརྒྱད་ཁྲིའི་གསུང་རང་བཞིན། །འགག་མེད་ཡི་གེའི་ གཟུགས་སུ་ལེགས་ཤར་བ། །ཟབ་རྒྱས་གདམས་མཛོད་གླེགས་བམ་དབང་བསྐུར་བས། །ལྷ་ མོའི་རིག་སྔགས་བཟླ་ལ་ཡོངས་དབང་གྱུར། །ༀ་ཏཱ་རེ་ཏཱྃཿཝཀ་སིདྡྷི་ཕ་ལ་ཧཱུྃ་ཨཿ གླེགས་བམ་ ལག་ཏུ་གཏད། དེ་ལྟར་གསུང་རབ་གླེགས་བམ་དབང་ཐོབ་པས། །འཁོར་བའི་དུས་ཀྱི་ངག་སྒྲིབ་ མཐའ་དག་སྦྱངས། །འཕགས་མ་མཆོག་གི་གསུང་གི་གསང་བར་དབང༌། །རླབས་ཆེན་ངག་ ནུས་ཟབ་མོ་ཇི་བཞིན་ཐེབས། །བཟླས་པའི་དབང་ནི། མདུན་བསྐྱེད་གཙོ་མོའི་ཐུགས་ཀའི་ཏཱྃཿཡིག་ ལས། །ལྗང་གསལ་ཡི་གེ་དྲུག་དང་བཅུ་ཕྲག་ཚོགས། །འོད་ཟེར་དང་བཅས་ཕྲེང་བའི་རྣམ་ པར་བྱུང༌། །རང་གི་ཁར་ཞུགས་ཐུགས་སྲོག་དབྱེར་མེད་གྱུར། །པར་བསམ་ལ། ཡི་གེ་དྲུག་པ་དང་བཅུ་པ་ གཉིས་ལན་གསུམ་གསུམ་རེ་བརྗོད། དེ་ལྟར་རིག་སྔགས་བཟླས་པ་གསུམ་རིམ་གྱིས། །འཕགས་མའི་ 7-1-79 བྱིན་རླབས་རང་གི་སེམས་རྒྱུད་ལ། །རབ་ཏུ་ཞུགས་ཤིང་མི་ཉམས་བརྟན་པ་དང༌། །ཟད་མེད་ ཡོངས་འཕེལ་བྱང་ཆུབ་བར་དུ་གྱུར། །ཕྱག་མཚན་དབང་ནི། ཆོས་སྐུ་ཀུན་ཁྱབ་འཕགས་མ་བཅོམ་ ལྡན་མ། །གང་གིས་ཡེ་ཤེས་རོལ་པ་ཟབ་དགོངས་ཀློ ང༌། །ཕྱག་མཚན་ཨུཏྤལ་དམ་པས་དབང་ རབ་བསྐུར། །རང་གསལ་དེ་ཉིད་སྒོམ་ལ་ཡོངས་དབང་གྱུར། །ༀ་ཏཱ་རེ་ཏཱྃཿཛྙཱ་ན་སརྦ་སིདྡྷི་ཕ་ ལ་ཧཱུྃ། ཕྱག་མཚན་ལག་ཏུ་གཏད། དེ་ལྟར་ཐུགས་མཆོག་དམ་པའི་དབང་ཐོབ་པས། །གཟུང་འཛིན་ འཁྲུལ་བའི་དྲི་མ་ཡོངས་སྦྱངས་ཏེ། །གཉུག་མ་རང་གསལ་དགོངས་ཆེན་རབ་མངོན་ཞིང༌། །གནས་ལུགས་དོན་ལ་མྱུར་རེག་ས་བོན་ཐེབས། ། གཉིས་པ་སློབ་དཔོན་དབང་ནི། དཀྱིལ་འཁོར་གཙོ་མོ་མཆོག་གིས་རབ་དགྱེས་ངང༌། །ཉམས་ མེད་སྐུ་གསུང་ཐུགས་ཀྱི་དམ་ཚིག་གདམས། །གནས་ལུགས་དོན་དམ་དག་པའི་རང་ངོ་སྤྲད། །རྡོ་རྗེ་སློབ་དཔོན་གོ་འཕང་ལེགས་སྦྱིན་གྱུར། ། བཞི་པ་མཐའ་རྟེན་ནི། གཙོ་མོས་གཞན་དོན་ཕྲིན་ལས་རྗེས་སུ་གནང༌། །རྣམ་སྣང་རྡོར་སེམས་ རིན་འབྱུང་འོད་དཔག་མེད། །དོན་གྲུབ་རིགས་ཀྱི་ཟབ་མོའི་ཆོས་འཁོར་སྐོར། །རང་རིགས་ གདུལ་བྱ་དག་ལ་ཉེར་ཕན་མཛོད། །རིགས་ལྔའི་ཕྱག་མཚན་སྦྱིན། ལྔ་པ་རྗེས་ལ། དམ་ཚིག་ཁས་བླང་ནི། གཙོ་མོ་མཆོག་གིས་དབང་བསྐུར་གང་གདམས་པའི། །གནས་སྐབས་དམ་ཚིག་རིགས་ཀྱི་ཆར་གང་གཏོགས། །ཇི་བཞིན་ལེགས་བགྱིས་ཁས་བླང་ བདག་གིས་བྱེད། །བརྩེ་བས་ཐུགས་ཀྱི་སློབ་མར་བཟུང་དུ་གསོལ། །ལན་གསུམ། གཏང་རག་གི་མཎྜལ་ཕུལ་ནས་སྒོ་གསུམ་འབུལ་བ་ནི། བཅོམ་ལྡན་ལྷ་མོ་དངོས་གྲུབ་རྒྱ་མཚོའི་བདག །དེང་ནས་བརྩམས་ཏེ་རྟག་པར་གུས་བཀུར་གྱིས། །ལུས་ངག་ཡིད་གསུམ་འཕགས་མ་ཁྱེ ད་ ལ་འབུལ། །བྱམས་བརྩེས་ཇི་བཞིན་བདག་གིར་ལེགས་བཞེས་མཛོད། །ལན་གསུམ། དགེ་བསྔོ ་ནི། རབ་དཀར་བསགས་སྟོབས་འདིའི་མཐུས་སྒྲུབ་པོ་དག །རིང་མིན་དཀྱིལ་ 7-1-80 འཁོར་མཆོག་ཏུ་གྲོལ་བ་ཐོབ། །འཕགས་མའི་གསང་གསུམ་དཔལ་ཡོན་དབང་བྱས་ཏེ། །དཔག་ཡས་འགྲོ་ལ་གསང་ཆེན་ལེགས་སྦྱིན་ཤོག ། འདིར་གཞན་ལ་དབང་བསྐུར་དགོས་ན། བདེན་སྟོབས་བརྗོད་པ་ནི། ཀུན་ཁྱབ་གཉུག་མ་ཤེར་ཕྱིན་ཆོས་ སྐུའི་དབྱིངས། །འཕགས་མ་ལྷ་མོའི་དཀྱིལ་འཁོར་རོལ་པར་ཤར། །མཛད་ཆེན་གང་འདུལ་ རེ་སྐོང་བསླུ་མེད་འདིས། །སློབ་ཚོགས་ཡེ་ཤེས་དཀྱིལ་འཁོར་མཐོང་གྱུར་ཅིག །ལན་གསུམ་ བརྗོད། ལྷོ ་སྒོ་དབང་བསྐུར་སྤྲོ་ན་འདིར་བྱ། གསུམ་པ་རྗེས་མཆོད་ནི། མཆོད་རྫས་བྱིན་རླབས་བྱ། ཕུན་ཚོགས་དགེ་ལེགས་དཔལ་ཡོན་རབ་དར་ ཞིང༌། །ཡིད་དུ་འོང་བའི་ངོ་མཚར་མཆོད་ཡོན་ཚོགས། །འཕགས་མའི་དཀྱིལ་འཁོར་སྤྲུལ་ བཀོད་བཅས་ལ་འབུལ། །དགྱེས་བཞེས་སྒྲིབ་སྦྱངས་ཚོགས་རྫོགས་དངོས་གྲུབ་སྩོལ། །ༀ་ ཨཱརྱ་ཏཱ་རེ་ས་པཱ་རི་བཱ་རེ་བྷྱཿཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། དེ་བཞིན་དུ་མཆོད་ཚིག་རྣམས་ལ། ཞབས་བསིལ། ནས། རོལ་མོའི་བར་དང༌། སྔགས་ཚིག་རྣམས་ལ། པཱདྱཾ། ནས། ཤབྟའི་བར་འགྲེས་སྦྱར་ཏེ་མཆོད། བསྟོད་པ་ནི། ཏཱྃ། འཕགས་མའི་ཡེ་ཤེས་རོལ་གར་ཆོ་འཕྲུལ་ཆེ། །རྟེན་དང་བརྟེན་པའི་དཀྱིལ་འཁོར་བཀོད་པ་ ཤར། །མཆོག་ཐུན་དངོས་གྲུབ་རྒྱ་མཚོའི་མངའ་བདག་དཔལ། །རྨད་བྱུང་བསོད་ནམས་ཞིང་ མཆོག་ཡོངས་ལ་བསྟོད། ། དངོས་གྲུབ་ཉེར་བླང་ནི། བཅོམ་ལྡན་འདས་མ་སྒྲོལ་མའི་ལྷ་ཚོགས་ལ། །སྒྲུབ་ཅིང་མཆོད་ པའི་ལེགས་སྒོ་གང་དག་གིས། །དེང་འདིར་སྒྲུབ་པོ་རེ་ལྟོ ས་བཅས་པ་ལ། །ཐུགས་རྗེས་མཆོག་ དང་ཐུན་མོང་དངོས་གྲུབ་སྩོལ། །ཡིག་བརྒྱ་ལན་གསུམ། ནོངས་བཤགས་ནི། གཡང་སྒྲུབ་ལྟར། འཕགས་མའི་ ཆོས་སྐུ་འཁོར་འདས༴ སོགས་དང༌། ཡེ་ཤེས་པ་བརྟན་བཞུགས། ཕྱོགས་བཅུར་བཞུགས་པའི་སངས་ རྒྱས༴ སོགས་དང༌། བཀྲ་ཤིས་ལྷ་མོ་ཉེར་གཅིག་གི་ཤིས་བརྗོད་དང་གཡུ་ཞིང་གི་སྨོན་ལམ་བཅས་ཀྱིས་མཐའ་བརྒྱན་པས་སྒྲོལ་ ཆོག་སྒྲུབ་མཆོད་དཀྱུས་མ་གྲུབ་བོ། ། 7-1-81 གཉིས་པ་དེའི་ཕྲིན་ལས་ཉེར་སྒྲུབ་ཀྱི་རིམ་པ་ལ། འདིར་ཚེ་འདས་ཀྱི་དོན་དུ་ལྷོ ་སྒོ་དང་དཀྱུས་དབང་སྦྲེལ་མ་བྱེད་ཚུལ་ཙམ་ སྟེ། དེ་ལའང་གོང་དུ་མ་སྨོས་པའི་རྟེན་བྱང༌། སྦྱོང་ཆས། བྲབ་རྫས། འདོད་ཡོན་བསུར་རྫས་སོགས་ཅི་དགོས་འདུ་བྱས་ལ། དཀྱིལ་ འཁོར་ལྷོ འི་རྟེན་བྱང༌། ཨ་མྲ໏་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་སྦྱོང་སྟེགས་པད་ཟླ་ལ། །ནྲ໏་ལས་ཚེ་འདས་གསོན་པོའི་གཟུགས་ཇི་བཞིན། །དཀྱིལ་འཁོར་ཕྱོགས་ལ་གུས་འདུད་དང་ བཅས་ཏེ། །ལེགས་པར་གནས་པ་སྐད་ཅིག་གསལ་བར་གྱུར། །འགུགས་པ་ནི། ན་མོ། བླ་མ་ཡི་ དམ་སྒྲོལ་མའི་ལྷ་ཚོགས་དང༌། །བསླུ་མེད་མཆོག་གསུམ་མཁའ་འགྲོ་ཆོས་སྐྱོང་བཅས། །རིག་ སྔགས་ཏིང་འཛིན་ཕྱག་རྒྱའི་བདེན་སྟོབས་ཀྱིས། །ཚེ་འདས་རྣམ་ཤེས་གར་གནས་འདིར་ ཁུག་ཅིག །ཊཀྐི་ཧཱུཾ་ཛཿ ལན་གསུམ། རྣམ་ཤེས་རྟེན་དང་དབྱེར་མེད་རང་མདུན་གྱི། །འཕགས་ མའི་ཐུགས་སྤྲོས་འོད་ཀྱིས་དེ་ལ་ཕོག །ཚེ་འདས་སྒོ་གསུམ་སྒྲིབ་པ་རབ་སྦྱངས་ཏེ། །རྣམ་ཤེས་ དྲི་མེད་ཨ་དཀར་རྣམ་པར་གྱུར། །བགེགས་སྦྱངས་པ་ནི། ཆང་བུ་ཏིང་ལོ་སོགས་ལ་འབྲུ་གསུམ་བརྗོད། ༀ་གྱིས་ འདོད་རྫས་རྣམས་ཀྱི་དྲི་མ་སྦྱངས། །ཨཱཿཡིས་རང་འདོད་མོས་རྫས་ཅི་དགོས་བསྒྱུར། །ཧཱུྃ་ གིས་རྒྱ་ཆེར་རབ་སྤེལ་ཟད་མེད་གཏེར། །གཤིན་གནོད་བགེགས་ལ་མཁོ་དགུའི་ལོངས་སྤྱོད་ གྱུར། །ཆང་ཏིང་རྣམས་རྟེན་ལ་རིམ་པས་སྐོར་བཞིན། མཁའ་མཛོད་སྔགས་དང༌། སུམ་བྷའི་སྔགས་ལན་གསུམ་གསུམ་རེ་ བརྗོད། དེང་འདིར་ཚེ་འདས་ལ་གནོད་བགེགས་ཚོགས་རིགས། །གཏོར་མ་འདིས་ཚིམ་མཛོད་ ལ་གཞན་དུ་དེངས། །གལ་ཏེ་མི་འགྲོ་གླགས་ལྟ་བྱེད་གྱུར་ན། །ཁྲོ་ཆེན་འབར་བས་རྡུལ་དུ་ བརླག་ངེས་སོ། །སུམ་བྷ་ནིའི་སྔགས་བརྗོད་ལ་ཆང་ཏིང་རྣམས་བསྐྱལ། ཏིལ་སྦྱངས་ནི། ཏིང་ལོའི་མེ་ཆུ་ལ་དམིགས་ ནས། ཚེ་འདས་སྡིག་སྒྲིབ་ལྟེ ་བར་ཀཾ་ནག་གཟུགས། །སྡིག་པ་རྭ་ཅན་རྣམ་པའི་ཏིལ་ལ་ཐིམ། །ༀ་སརྦ་པཱ་པཾ་ད་ཧ་ན་བྷསྨ່་ཀུ་རུ་སྭཱཧཱ། ལན་གསུམ་གྱིས་ཏིལ་མེ་ཆུར་དོར་ལ། སྡིག་པ་གང་དག་མེར་ བསྲེགས་ཆུས་བཀྲུས་གྱུར། །བྲབ་པ་ནི། སྒྲོལ་མའི་སྙིང་པོ་ཡི་གེ་དྲུག་པ་དང་བཅུ་པ་ལན་གསུམ་གསུམ་རེ་བཟླས་ནས་ སྔགས་པའི་བྱེ་མས་རྟེན་སོགས་ལ་བྲབ། ཚེ་འདས་ངན་སོང་གསུམ་ལས་ཐར་གྱུར་ཅིག །ཁྲུས་ནི། རྣམ་རྒྱལ་ 7-1-82 བུམ་ཆུས་རྟེན་སོགས་བཀྲུ་བཞིན། འདི་ནི་ཡེ་ཤེས་ལྷ་ཡི་བྱིན་རླབས་ཆུ། །གང་དེས་ལེགས་བཀྲུས་ཚེ་ འདས་སེར་སྣ་སོགས། །དྲི་མ་དྲུག་སྦྱངས་ཕར་ཕྱིན་ཡེ་ཤེས་དྲུག །སེམས་རྒྱུད་གཤིས་སུ་མྱུར་ ནས་གསལ་གྱུར་ཅིག །སྙིང་པོ་གཉིས་ལན་གསུམ་གསུམ་རེ་དང༌། འཕགས་མ་དཀོན་མཆོག་གསུམ་གྱི་ བདག་ཉིད་ཆེར། །བདེན་པའི་སྟོབས་ཀྱིས་ཚེ་འདས་དུག་གསུམ་ཆོམ། །འབྱུང་བ་ལས་སྐྱེས་ ཉོན་མོངས་རིགས་གྱུར་ཚོགས། །རང་རང་ཆོས་ཉིད་ངང་དུ་ཞི་གྱུར་ཅིག །སྙིང་པོ་གསུམ་གསུམ་ བརྗོད། རྗེ་བཙུན་འཕགས་མའི་ལེགས་དགེ་ཡ་མཚན་གྱིས། །ཚེ་འདས་ཕྱོགས་རྣམས་གང་དུ་ ཡོངས་བདེ་ཞིང༌། །ཐར་ལམ་བར་ཆད་མཐའ་དག་ཀུན་ནས་ཞི། །ཕུན་ཚོགས་ལེགས་དོན་ ཐམས་ཅད་མྱུར་འགྲུབ་ཤོག །བཤགས་པ་ནི། འཕགས་མ་སངས་རྒྱས་བྱང་སེམས་བཅས་ཀྱི་ དྲུང༌། །ཚེ་འདས་ཐོག་མེད་ནས་བསགས་སྡིག་ལྟུང་ཀུན། །སྙིང་ནས་འགྱོད་པ་ཆེན་པོའི་སྒོ་ ནས་བཤགས། །བརྩེ་ཆེན་ཐུགས་རྗེས་ངན་སོང་འཇིགས་ལས་སྐྱོབས། ། འདིར་དབང་བསྐུར་བ་ལ་གོང་བདག་འཇུག་རྣམས་ལ་གོ་དོན་ཕྲན་བུས་མཚམས་སྦྱར་བཞིན་འདི་ལྟ་སྟེ། འ་ོནམ་ མཁའ་དང་མཉམ་པའི་སེམས་ཅན་མཐའ་དག་གི་དནོ ་དུ་བདག་བྱང་ཆུབ་ཐབོ ་ཆེད་ དབང་བསྐུར་ལེགས་གསན་བགྱི་སྙམ་པའི་ངང་ནས་ཐགོ ་མར་འཕགས་མ་བླ་མ་དང་ གཉིས་སུ་མེད་པའི་དྲུང་དུ་སནྔོ ་འགའྲོ ི་ཆསོ ་རྣམས་ཞུ་བའི་ཡནོ ་དུ་མཎྜལ་ཕུལ། ས་ གཞི་འམ། དཀྱིལ་འཁོར་གཙོ་མོ༴ ནས། ཧཱུྃ། དེ་ནས་གསལོ ་བ་འདེབས་པ་འདིའི་རྗེས་ཟསློ ་ མཛདོ ། འཕགས་མ་བླ་མ༴ ནས། འཚལ། འཕགས་མ་བླ་མ་དབྱེར་མེད་པའི་དཀྱིལ་འཁརོ ་ མཆགོ ་གི་དྲུང་དུ་སམྡོ ་པ་བཟུང་བར་མསོ ་ལ་རྗེས་ཟསློ ་མཛདོ ། འཕགས་མ་བླ་མ་དབྱེར་ མེད་དཀྱིལ་འཁོར་དྲུང༌། །གུས་པས༴ ནས། ཐོབ་མཛོད། །དཀྱིལ་འཁརོ ་མཐངོ ་བ་སྒྲིབ་བྱེད་ མཚནོ ་ཆེད་གདངོ ་གཡགོ ས་འཆིང་བ་དང༌། ལྷ་ཚགོ ས་ལ་མཇལ་རྟེན་མེ་ཏགོ ་ཕྲེང་བ་ ཟུང་ཞིག གཙོ་མོ་བླ་མའི་དགོངས་གཏད༴ ནས། བདག་གི་ཞེས་པ། སློབ་མའི་ཞེས་བསྒྱུར། ར་ཧཱུཾ། 7-1-83 དབང་ལེན་པའི་བར་ཆད་འདི་ལྟར་བསལ་བར་མསོ ། སློབ་དཔོན་ཐུགས་ལས་སྤྲོས་པའི༴ ནས། ཧཱུཾ་ཕཊཿ དེ་ནས་སེམས་བསྐྱེད་པའི་སླད་དུ། སློབ་མའི་སྙིང་གར། ནས། སུ་ཁཾ། སློབ་ དཔནོ ་གྱིས་དམ་ལ་བཞག་པ་ནི། འཕགས་མ་བླ་མའི་གསུང་དབྱངས༴ ནས། སྭཱཧཱ། དཀྱིལ་ འཁརོ ་གྱི་ས་ྒོབཞི་དང་སློབ་དཔནོ ་གཙ་ོམ་ོགཉིས་མེད་ལ་ཕྱག་འཚལ་བར་མསོ ། སློབ་ དཔོན་དཀྱིལ་འཁོར་ཕྱི་རོལ༴ ནས། མཿཧཱུཾ། འཇུག་པའི་དནོ ་དུ་མཎྜལ་ཕུལ། དེ་ནས་གསལོ ་ བ་འདེབས་པ་འདིའི་རྗེས་ཟསློ ་མཛདོ ། བླ་མས་ཡེ་ཤེས༴ ནས། གསོལ། ཡེ་ཤེས་དབབ་པའི་ དམིགས་པ་འདི་ལྟར་མཛདོ ། སློབ་དཔོན་གཙོ་མོའི་ཐུགས་ཀའི༴ ནས། རང་ཉིད་ཅེས་པ་ལ། སློབ་མ། ཞེས་བསྒྱུར། ཨཿ ཡེ་ཤེས་པ་ཕབ་པ་དེ་ཉིད་བརྟན་པའི་སླད་དུ། བླ་མས་བརྟན༴ ནས། བཛྲ། སློབ་དཔནོ ་གཙ་ོམ་ོདབྱེར་མེད་ཀྱི་དཀྱིལ་འཁརོ ་ལ་མེ་ཏགོ ་ཕུལ་ཞིག སླར་ཡང་ བླ་མས་བདེན་སྟོབས༴ ནས། བདག་གིས་ཞེས་པ། སློབ་མས་ཞེས་བསྒྱུར། ཧོཿ སློབ་དཔནོ ་གྱིས་ མེ་ཏགོ ་དེ་ཉིད་སྔགས་ཕྲེང་དུ་བྱིན་གྱིས་བརླབས་ནས་སློབ་མའི་མགརོ ་བཅིང་བར་ མསོ ། རང་རིགས་ལ༴ ནས། པར་གྱུར། དཀྱིལ་འཁརོ ་སྒྲུབ་བྱེད་མ་རིག་པ་མིག་རས་དང་ མཉམ་དུ་གསལ་བ་ནི། གཙོ་མོ་བླ་མས་སྤྲུལ༴ ནས། ཧཱུཾ་ཨཿ དཀྱིལ་འཁརོ ་ལ་ལྟ་བར་སྐུལ་ ཞིང་ལྷ་ང་ོབསྟན་པ་ནི། མདུན་འདིར་རྗེ་བཙུན་འཕགས་མ་སྒལྲོ ་མ་ཉེར་གཅིག་གི་ རྟེན་དང་བརྟེན་པའི་དཀྱིལ་འཁརོ ་ཡངོ ས་སུ་རགྫོ ས་པ་བཞུགས་པ་འདི་བཞིན་ཡིན་ པས་དེ་དག་མངནོ ་སུམ་མཐངོ ་བ་ལྟར་ལེགས་པར་ལྟོས་ལ་ང་ོཤེས་པར་མཛདོ ་ཅིག ལས་བྱེད་སྤྲུལ་པས༴ ནས། མཐོང༌། དེ་ནས་དངསོ ་གཞིའི་དབང་བསྐུར་ཞུ་བའི་ཡནོ ་དུ་ མཎྜལ་ཕུལ། དེ་ལྟར་གསལོ ་བ་འདེབས་པ་འདིའི་རྗེས་ཟསློ ་མཛདོ ། དེ་བཞིན་གཤེགས་ དངོས་སློབ་དཔོན་ཐུགས་རྗེའི༴ ནས། སྩོལ། །ཆུ་དབང་བསྐུར་བའི་སླད་དུ་དམིགས་པ་ འདི་བཞིན་མཛདོ ། ཁྱེ ད་རང་དབང་སྟེགས༴ ནས། མདུན་བསྐྱེད་ཅེས་པ། སློབ་དཔོན་ཞེས་བསྒྱུར། 7-1-84 ཡོངས་སུ་ཐེབས། །གླེགས་དབང་བསྐུར་བའི་དནོ ་དུ་དམིགས་པ་འདི་བཞིན་མཛདོ ། བླ་ མས་ཆོས་ཕུང་བརྒྱད་ཁྲིའི༴ ནས། ཇི་བཞིན་ཐེབས། །བཟླས་པའི་དབང་ལ་འདི་ལྟར་མསོ ་ ཤིག སློབ་དཔོན་གཙོ་མོའི་ཐུགས་ཀའི༴ ནས། རང་གི་ཞེས་པ། སློབ་མའི་ཞེས་བསྒྱུར། མེད་གྱུར། །སྔགས་གཉིས་རྗེས་ཟསློ ་ལན་གསུམ་གསུམ་རེ་མཛདོ ། དེ་ལྟར་རིག་སྔགས༴ ནས། རང་ གི་ཞེས་པ། སློབ་མའི་ཞེས་བསྒྱུར། དུ་གྱུར། །ཕྱག་མཚན་དབང་གི་ཆེད་དུ་དམིགས་པ་འདི་ བཞིན་མཛདོ ། ཆོས་སྐུ་ཀུན་ཁྱབ་བླ་མ་བཅོམ༴ ནས། ས་བོན་ཐེབས། །དེ་ནས་སློབ་དཔནོ ་ གྱི་དབང་གི་སླད་དུ་འདི་ལྟར་མསོ ་མཛདོ ། གཙོ་མོ་སློབ་དཔོན་མཆོག་གིས་རབ༴ ནས། སྦྱིན་གྱུར། །གཞན་དནོ ་ཕྲིན་ལས་རྗེས་སུ་གནང་བ་ནི། བླ་མས་གཞན་དོན་ཕྲིན་ལས༴ ནས། ཕན་མཛོད། །དེ་དག་གི་སྐབས་སུ་ཐབོ ་པའི་དམ་ཚིག་རྣམས་སྲུང་སམྡོ ་བགྱིད་ སྙམ་དུ་འདིའི་རྗེས་ཟསློ ་མཛདོ ། སློབ་དཔོན་མཆོག་གིས་དབང༴ ནས། དུ་གསོལ། །བཀའ་ དྲིན་གཏང་རག་ཏུ་མཎྜལ་ཕུལ། སློབ་མའི་ལུས་ངག་ཡིད་གསུམ་བླ་མ་ལ་འབུལ་བའི་ རྗེས་ཟསློ ་འདི་བཞིན་མཛདོ ། སློབ་དཔོན་ལྷ་མོ་དངོས་གྲུབ་རྒྱ་མཚོའི༴ ནས། འཕགས་མ་ ཞེས་པ། བླ་མ་ཞེས་བསྒྱུར། བཞེས་མཛོད། །དེ་ལྟ་བུའི་དབང་བསྐུར་ལེགས་ཐབོ ་ཀྱི་དགེ་ རྩ་གཞན་དནོ ་དུ་འཕགས་མའི་བྱང་ཆུབ་དམ་པ་ཐབོ ་པའི་རྒྱུར་ལེགས་བསསྔོ ་རྒྱས་ གདབ་པར་གྱིས་ཤིག རབ་དཀར་བསགས་སྟོབས༴ ནས། ལེགས་སྦྱིན་ཤོག ། གསུར་བསྔོ ་ནི། དེ་ལྟར་དབང་བསྐུར་སྟོབས་ཀྱིས་ཚེ་འདས་ཉིད། །འཕགས་མར་གསལ་ ཞིང་མཆོད་བསྟོད་ལེགས་བགྱིད་དོ། །གསུར་རྫས། ཨ་མྲ໏་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ ངང་ལས་འདོད་ཡོན་མི་ཟད་གཏེར། །རང་མཐུན་ལོངས་སྤྱོད་ནམ་མཁའ་མཛོད་དུ་གྱུར། །འབྲུ་ གསུམ་ལན་གསུམ་དང༌། སཾ་བྷ་རའི་སྔགས་ལན་ཉེར་གཅིག་གི་མཐར། འདོད་པའི་ཡོན་ཏན་གཟུགས་སྒྲ་དྲི་ རོ་རེག །ཚེ་འདས་འཕགས་མར་འབུལ་ལ་ལེགས་ཚིམ་མཛོད། །གཞན་ཡང་དྲི་ཟའི་རིགས་ 7-1-85 གྱུར་ཀུན་ལ་བསྔོ ། །རང་རང་རེ་འདོད་ཇི་བཞིན་བསྐང་གྱུར་ཅིག །འདོད་ཡོན་འདི་ལ་ཁྱོ ད་ ཅག་ཡིད་མཐུན་ལྟར། །ཅི་དགར་ལོངས་སྤྱོད་བར་དོའི་འཁྲུལ་སྣང་ཞི། །བྱང་ཆུབ་སེམས་ ཀྱིས་རྒྱུད་སྨིན་ལམ་མཆོག་སྒོར། །ལེགས་ཞུགས་རིང་མིན་དོན་གཉིས་མཐར་ཕྱིན་ཤོག །རྣམ་ ཤེས་སྤར་བ་ནི། མདུན་མཁར་རྗེ་བཙུན་འཕགས་མ་འཁོར་བཅས་བཞུགས། །གཙོ་མོའི་ཐུགས་ ཀའི་འོད་ཀྱིས་རྣམ་ཤེས་དྲངས། །འཕགས་མའི་ཐུགས་དང་རྣམ་ཤེས་དབྱེར་མེད་ངང༌། །རང་ བཞིན་འོད་གསལ་གཤིས་སུ་ཨ་དོན་སྒོམས། །འདིར་སྤྲོ་ན་སྒྲོལ་མའི་འཕོ་བ་སོགས་འདོན། རྟེན་བྱང་བསྲེག་ པ་ནི། མདུན་མཁར་བཞུགས་པའི་འཕགས་མའི་ཐུགས་ཀ་ནས། །ཡེ་ཤེས་རང་བཞིན་འོད་ གསལ་མེ་སྤྲོས་པས། །ཚེ་འདས་རྣམ་སྨིན་ཉེར་ཕུང་གདོས་བཅས་ཁམས། །རབ་སྦྱངས་ཞི་བ་ ལྷག་མེད་མྱང་འདས་གྱུར། །ༀ་ཨགྣེ་ཛྙཱ་ན་ཛྭ་ལ་རཾ། སྙིང་པོ་གཉིས་ཅི་ནུས་བཟླས་མཐར། ཚེ་འདས་ཀྱི་ སྡིག་སྒྲིབ་ཐམས་ཅད་ཞི་བ་ཤནྟ່་ཀུ་རུ་སྭཱཧཱ། ཞེས་པས་བསྲེག་ལ། ལམ་སྦྱངས་ནི། དཀོན་མཆོག་ཀུན་ དངོས་འཕགས་མའི་ལྷ་ཚོགས་དྲུང༌། །རླབས་ཆེན་མཐུ་ཡིས་ཚེ་འདས་སྒྲིབ་པ་སྦྱངས། །དེར་ བརྟེན་རྣམ་པར་གྲོལ་བའི་བག་ཆགས་བཞག །རིང་མིན་འཁོར་བ་རྒྱབ་ཀྱིས་ལེགས་ཕྱོགས་ གྱུར། །ༀ་རཏྣེ་རཏྣེ་མ་ཧཱ་རཏྣེ་རཏྣ་སམྦྷ་ཝེ། རཏྣ་ཀཱི ་ར་ཎེ། རཏྣ་མཱ་ལ་བི་ཤུདྡྷེ་ཤོ་དྷ་ཡ་སརྦ་པཱ་ པཾ་ཧཱུཾ་ཕཊ། ལམ་བསྟན་ནི། བླ་མ་འཕགས་མའི་ཐུགས་ཀའི་རྣམ་ཤེས་ཉིད། །རྩལ་ལྡན་མདའ་ འཕང་ཇི་བཞིན་སྐད་ཅིག་ལ། །གཡུ་ལོ་བཀོད་པའི་ཞིང་དུ་འཕགས་མའི་དྲུང༌། །བདུད་རྩིའི་ རྫིང་བུར་པདྨོར་ལེགས་འཕོས་ཤོག །ༀ་པདྨེ་པདྨེ་པདྨོདྦྷ་ཝེ་སུ་ཁ་ཝ་ཏི་གཙྪནྟུ་སྭཱཧཱ། ཕཊ་སྒྲ་ ལན་གཅིག་བརྗོད། ཞིང་དེར་འཕོས་མ་ཐག་ནས་སྐྱེས་ཐོབ་ཀྱིས། །གཟུངས་དང་ཏིང་འཛིན་ཡོན་ ཏན་མཐའ་ཡས་པ། །རང་ཤུགས་ཀྱིས་བྱུང་འཕགས་མའི་དགྱེས་ཞལ་མཇལ། །གསུང་གི་ བདུད་རྩིས་སྤངས་རྟོགས་མྱུར་རྫོགས་མཛོད། །དང་པོར་སྐྱེས་མ་ཐག་ནས་མངོན་ཤེས་ཀྱིས། །སྔགས་འཆང་སློབ་དཔོན་མཐུ་ཉིད་ཡིན་པར་ཤེས། །བཀའ་དྲིན་གསོ་ཕྱིར་སླར་ལོག་ཆེ་ 7-1-86 བསྔགས་ཀྱིས། །དགའ་སྟོན་དུས་ཀྱི་མཆོད་བསྟོད་ལེགས་བྱེད་གྱུར། །དེ་ནས་རང་གནས་ ཞིང་དུ་ཐོགས་མེད་སླེབ། །ཚེ་དེར་སྤངས་རྟོགས་མ་ལུས་རིམ་པས་རྫོགས། །དོན་གཉིས་ལྷུན་ གྲུབ་དཔག་ཡས་མཛད་བཟང་གིས། །འཁོར་བ་སྲིད་དུ་འགྲོ་ཕན་བྱེད་གྱུར་ཅིག །བསྔོ ་སྨོན་ ནི། རྗེ་བཙུན་བཅོམ་ལྡན་མ་ཡི་གསང་བ་གསུམ། །ཀུན་ནས་རླབས་ཆེན་མཆོག་གི་མཐུ་ནུས་ དང༌། །བདག་ཅག་ལྷ་སྔགས་ཏིང་འཛིན་ཕྱག་རྒྱའི་སྟོབས། །ལེགས་འཛོམས་མཐུ་ཡིས་སྨོན་ དོན་གེགས་མེད་ཤོག །གཞན་ཡང་སྨོན་ལམ་ཇི་ལྟར་འོས་པ་བྱའོ། །དེ་དག་གིས་ལྷོ ་སྒོ་དབང་བསྐུར་བསྡུས་པ་སོང་ཟིན། གཉིས་པ་བར་བླ་མེད་ཚོགས་མཆོད་དངོས་ཀྱི་རིམ་པ་ལ། སྦྱོར། དངོས། རྗེས་གསུམ་ལས། དང་པོ་སྦྱོར་བ་ནི། གནས་ ཁང་ཡིད་མཐུན་གྱི་ནང་ག་དར་ལེགས་བྱེད་ཀྱི་སྒོས་མཆོད་ཡུལ་འཕགས་མའི་རྟེན་བཀྲམ་པའི་མདུན། མཆོད་སྟེགས་ཀྱི་ཁར་ ཚོགས་གཏོར་མཆོད་པ་རྒྱན་ལྡན་ཅི་འཛོམས་སྐབས་གྲངས་མཉམ་པ་དང༌། ཉེར་སྤྱོད་ཕྲེང་སྒྲིག་ལེགས་པ། ཚོགས་རྫས་ཤ་ཆང༌། ནང་མཆོད་བདུད་རྩི་སོགས་དུས་སུ་གང་མཁོ་དག་ལེགས་བསྒྲིགས་ཐོག་མར་བྱ་བའོ། ། གཉིས་པ་དངོས་གཞི་ངག་འདོན་གྱི་རིམ་པ་ལ། བདག་བསྐྱེད་བསྙེན་བཟླས། མདུན་བསྐྱེད་ཚོགས་མཆོད། རྗེས་བསྔོ ་ བ་བཀྲ་ཤིས་ཀྱི་རིམ་པ་དང་གསུམ་ལས། དང་པོ་བདག་བསྐྱེད་བསྙེན་བཟླས་ལ་ནང་མཆོད་བྱིན་རླབས་ནི། ཨ་མྲ໏་ཏས་ བསངས། སྭ་བྷཱ་ཝས་སྦྱངས། ༀ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ ལན་གསུམ་གྱིས་བྱིན་གྱིས་བརླབས། ཟག་མེད་ཡེ་ཤེས་ ཀྱི་རང་བཞིན་མཆོད་རྫས་མཐའ་དག་གང་འཚམས་སུ་བསྒྱུར་བྱེད་ཀྱི་བདུད་རྩིའི་རྒྱ་མཚོར་ གྱུར། མཆོད་རྫས་བྱིན་རླབས་ནི། ཨ་མྲ໏་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ༀ་ཡིག་ལས་ བྱུང་བའི། མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་སོགས་མཆོད་རྫས་བསམ་མི་ཁྱབ་པས་ས་དང་བར་སྣང་ཡོངས་སུ་གང་བར་གྱུར། ༀ་ བཛྲ་ཨརྒྷཾ་སྭཱཧཱ། པཱདྱཾ་སྭཱཧཱ། ༀ་བཛྲ་པུཥྤེ་ཨཱཿཧཱུྃ། ནས། ཤབྟའི་བར་བརྗོད། དེ་ནས་སྐྱབས་འགྲོ་ནི། སྐྱབས་ ཡུལ་འཕགས་མ་མདུན་གྱི་ནམ་མཁར་དངོས་བཞུགས་སུ་མོས་ལ། བསྡུ་ན། སྒྲོལ་ཚོགས་ལས། ཏཱཾཿ སྐྱབས་ཀུན་འདུས་པའི༴ སོགས་སྐྱབས་སེམས་ལན་གསུམ་བྱ་བའམ། སྤྲོ་ན། དབང་གི་ལྷ་མོའི་ལས་ཚོགས་ལྟར། 7-1-87 སྐྱབས་གནས་རིན་ཆེན་གསུམ་གྱི༴ ནས། འཇིགས་ལས་སྐྱོབས། ལན་གསུམ་སོགས་དང༌། མར་ གྱུར་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་བླ་མེད་བྱང་ཆུབ་ ཐོབ་པའི་ཆེད་དུ་དམིགས་ལ། དབང་ལས་དེ་ཉིད་བཞིན། ཀྱེ་མ་རྨོངས་པའི་དབང༴ ནས། བསྒྲུབ་པར་ བྱ། །ལན་གསུམ་གང་རུང་བྱ། སྐྱབས་ཡུལ་ཚོགས་ཞིང་དམ་པ་གང་དག་གི་དྲུང་དུ། སྐྱབས་གནས་ མཆོག་ལ་གུས་ཕྱག་འཚལ། །སྡིག་པ་བཤགས་ཤིང་སེམས་བསྐྱེད་བགྱིད། །རང་གཞན་དགེ་ ལ་རྗེས་ཡི་རང༌། །དོན་གཉིས་བསྒྲུབ་ལ་ཆེས་འབད་དོ། །ལན་གསུམ། སྐྱབས་ཡུལ་ཚོགས་ཞིང་ རང་ལ་བསྡུ། །སེམས་ཅན་ཀུན་ལ་བདེ་ལྡན་ཞིང༌། །སྡུག་བསྔལ་ཀུན་བྲལ་བདེ་མཆོག་ལྡན། །བཏང་སྙོམས་ངང་ལ་རྟག་གནས་ཤོག །བསྡུས་ན་སྒྲོལ་ཚོགས་ལས། རང་ཉིད་སྐད་ཅིག༴ སོགས་བདག་ བཟླས་བསྡུས་པའམ་སྤྲོ་ན། སྭ་བྷཱ་ཝས་སྦྱངས། སྣང་གྲག་ཀུན་རྫོབ་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ རང་བཞིན་སྟོང་པའི་དབྱིངས་སུ་སྦྱངས་ཤིང་དབྱིངས་དེ་ཉིད་འཕགས་མའི་ཐུགས་ཆོས་སྐུ་ འཆི་བ་སྦྱོང་བྱེད་དུ་དམིགས་པའི་ངང་ནས། དབང་ལས་ལྟར། སྐད་ཅིག་རང་ལུས་ཐ་མལ་སྣང་བ་ སྦྱངས། །ནས། སྣང་ལ་རང་བཞིན་མེད་པའི་ཚུལ་དུ་གསལ། །དེ་ཡང་འཕགས་མ་བདེ་ཆེན་ལྷ་ མོ་རང་སྣང་ལ་ཐབས་མཆོག་གིས་མཉེས་པ། བར་སྐྱེ་སྦྱོང་བ། འབྲས་བུ་མཐར་ཐུག་ལོངས་ སྤྲུལ་གྱི་རང་བཞིན་ལམ་དུས་ཀྱི་འོད་གསལ་རྫོགས་པའི་རིམ་པ་སྨིན་བྱེད་ཁྱད་པར་བའོ། །དབང་ལས་བཞིན། འཕགས་མའི་ཐུགས་སྲོག་ས་བོན་ཡི་གེའི་གཟུགས། །ཞེས་སོགས་ནས། རང་དཀྱུས་ བཞིན་བཟླས་པ་ཁོག་མ་དང༌། ལས་བཞིའི་བསྙེན་བཟླས་བཅས་ལོང་སྐབས་དང་བསྟུན་པར་བཟླས་མཐར། སྤྲོས་པའི་ལྷ་ ཚོགས་གང་དག༴ ནས། གནས་ལུགས་བསྐྱངས། །ཞེས་བར་རྫོགས་པར་བཏང་བའི་བདག་བསྐྱེད་བསྡུས་རྒྱས་ གང་རུང་བྱའོ། ། གཉིས་པ་མདུན་བསྐྱེད་ཚོགས་མཆོད་ལ། ཚོགས་རྫས་ལ་འཁྲི་བའི་བགེགས་བསྐྲད། ཚོགས་རྫས་བྱིན་རླབས། མཆོད་ཡུལ་ སྤྱན་དྲངས། ཚོགས་མཆོད་དངོས་འབུལ་གྲངས་ཅི་འཚམས། དྲང་ལྷག་གི་རིམ་པ་དང་ལྔ་ལས། དང་པོ་བགེགས་བསྐྲད་ནི། རང་ 7-1-88 ཉིད་དབང་གི་ལྷ་མོའི་ཐུགས་ཀ་ནས་ཁྲོ་བོ་བདུད་རྩི་འཁྱིལ་བ་སྐུ་མདོག་སྔོ་སང་ཕྱག་གཡས་ དགྲ་སྟྭ་འཛིན་ཞིང༌། གཡོན་སྡིགས་མཛུབ་མཛད་པ་ཞབས་བཞེངས་སྟབས་ཅན་ཁྲོ་བོའི་ཆ་ བྱད་རྫོགས་པ་མེ་དཔུང་གི་ཀློང་ན་འགྱིངས་པ་ཆེས་མཐའ་ཡས་པའི་ཚོགས་ས་དང་བར་སྣང་ ཡོངས་སུ་གང་བ་སྤྲོས་པས་ཚོགས་ཀྱི་ཡོ་བྱད་ལ་འཁྲི་བའི་བགེགས་རིགས་ཀྱི་ཚོགས་མ་ལུས་ པ་སྐད་ཅིག་ལ་རྒྱང་རིང་དུ་བསྐྲད་པར་བསམ། ༀ་ཏཱ་རེ་ཏཱྃཿསྭཱཧཱ། ༀ་བཛྲ་ཨ་མྲ໏་ཏ་ཀུཎྜ་ལཱི་ཧ་ ན་ཧ་ན་ཧཱུྃ་ཕཊ། ཅེས་པའི་རིག་སྔགས་གཉིས་ཅི་ནུས་བཟླས་མཐར། ཁྲོ་ཚོགས་གང་དག་ཚུར་འདུས་པ་ལས་ ཡེ་ཤེས་ཀྱི་རང་སྣང་ལས་གྲུབ་པའི་རྡོ་རྗེའི་གུར་ཁང་རྒྱ་ཆེ་བ་ཤིན་ཏུ་བརྟན་པར་གྱུར། ༀ་ཏཱ་ རེ་ཏཱྃཿབཛྲ་རཀྵ་རཀྵ་ཡེ་སྭཱཧཱ། གཉིས་པ་ཚོགས་རྫས་བྱིན་རླབས་ནི། བསྡུས་ན་སྒྲོལ་ཚོགས་ལས། ཐུགས་སྲོག་ཏཱྃཿལས༴ སོགས་དང་སྤྲོ་ ན། ཨ་མྲ໏་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨ་ལས་བྱུང་བའི་ཡེ་ཤེས་ཀྱི་ཀ་པཱ་ ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཚོགས་ཀྱི་འཁོར་ལོ་དམ་རྫས་ཤ་ལྔ་བདུད་རྩི་ལྔའི་རྣམ་པ་ སྔགས་རྒྱས་སྦྱངས་རྟོགས་སྦར་བས་དཔལ་མོ་རྣལ་འབྱོར་མའི་ལྷ་ཚོགས་དགྱེས་བསྐྱེད་ཟག་ མེད་བདུད་རྩིའི་བཅུད་ཆེན་པོས་ཡོངས་སུ་གང་བར་གྱུར། ༀ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ ཞེས་པའི་སྔགས་ ལན་བདུན་གྱིས་བྱིན་རླབས་གང་རུང་བྱ། གསུམ་པ་མཆོད་ཡུལ་སྤྱན་དྲངས་པ་ནི། རང་སྐད་ཅིག་གིས་དབང་གི་ལྷ་མོའི་ཐུགས་སྲོག་ལས་ འཕྲོས་པའི་འོད་ཟེར་གྱིས་དབྱིངས་དག་ཆེན་ན་ཡེ་གདོད་མ་ནས་བཞུགས་པའི་དོན་དམ་ འཁོར་འདས་ཀུན་ཁྱབ་ཆོས་སྐུ་རང་བཞིན་ཤེས་རབ་ཕ་རོལ་ཕྱིན་མའི་རང་མདངས་གཞན་ སྣང་ངོར་ཇི་བཞིན་སད་པར་བྱས་ནས། འཕགས་མ་དཔལ་མོ་སྒྲོལ་མ་བདེ་ཆེན་དབང་ཕྱུག་ ལྷ་མོ་ཉེར་གཅིག་གི་ཚོགས་རྣམ་པར་འཕྲུལ་ཆེན་བྱོན་བཞུགས་ཀྱི་ཚུལ་དང་བཅས་མཁའ་ འགྲོ་མཛེས་མའི་གར་སྒེག་ཆེས་དར་ལ་བདོ་ཞིང་རུས་པ་དང་རིན་པོ་ཆེའི་རྒྱན་བཟང་དྲ་བ་ 7-1-89 མངོན་པར་འཕྱངས་པ་སྐུ་གར་སྟབས་སྣ་ཚོགས་དང་གསུང་རྡོ་རྗེའི་གླུ་སྒྲ་ཟབ་མོ་ཐུགས་ བདེ་ཆེན་ཡེ་ཤེས་ཆེར་འབར་བའི་མཛད་སྒོ་ཡ་མཚན་གྱི་ཆེ་བ་ཀུན་ནས་ངོམ་བཞིན་མཁའ་ དབྱིངས་ཐམས་ཅད་དུ་སྤྲིན་འཁྲིགས་པ་ལྟར་བྱོན་བཞུགས་བརྩེ་གཟིགས་མཆོག་གིས་སྒྲུབ་ པོ་རྣམས་སྐྱོང་བཞིན་མངོན་སུམ་ཡུལ་སྣང་དད་གུས་དག་པའི་སྣང་བར་ལེགས་གསལ་བྱེད་ པར་གྱུར། སྒྲོལ་ཚོགས་ལས། ཏཱྃཿ རང་གི་ཐུགས་ཀའི་འོད་ཟེར་གྱིས༴ ནས། འདིར་གཤེགས་ ཚོགས་མགྲོན་ཚུལ་དུ་བཞུགས། ། བཞི་པ་ཚོགས་མཆོད་དངོས་འབུལ་གྲངས་ཅི་འཚམས་ནི། ན་མོ་ཐབས་ཤེས་གཉིས་མེད་ཀྱི་ཚོགས་ འཁོར་རྒྱ་ཆེན་པོའི་དགའ་སྟོན་འདི་རང་བཞིན་སྐྱེ་བ་མེད་ཅིང་ངོ་བོ་རྣམ་པར་དག་པ་མཚན་ ཉིད་ཤ་ལྔ་བདུད་རྩི་ལྔས་རྒྱས་བཏབ་པ། དཔའ་མོའི་ལྷ་ཚོགས་གཙོ་བོར་གྱུར་པའི་མཆོད་ གནས་རྒྱ་མཚོ་དགྱེས་བསྐྱེད་ཀྱི་མཆོད་སྤྲིན་སྔགས་འཆང་རྣལ་འབྱོར་ཕོ་མོའི་དམ་ཚིག་རྫས་ ཆེན་མཆོག་གི་བཅུད་བཟང་དམ་པ་ཉིད། བྱིན་རླབས་མཆོག་གི་དཔལ་མངའ་རྩ་བརྒྱུད་ཀྱི་བླ་ མའི་ཚོགས་གང་དག་གི་ཞལ་དུ་ག་ན་ཙཀྲ་ཨི་དཾ་བ་ལ່་ཏ་ཁ་རཾ་ཁཱ་ཧི། སྒྲོལ་ཚོགས་ལས། བདེ་ཆེན་ ཀུན་བཟང་ཚོགས་མཆོད་འདི། །རྩ་བརྒྱུད་བླ་མའི༴ ནས། མྱུར་ཕོབས་མཛོད། །དེ་བཞིན་དུ། ན་མོ་ ཐབས་ཤེས་གཉིས་མེད༴ སོགས། བཅུད་བཟང་དམ་པ་ཉིད། དངོས་གྲུབ་རྒྱ་མཚོའི་མངའ་ བདག་ཡི་དམ་འཕགས་མ་དཔའ་མོའི་ལྷ་ཚོགས་གང་དག་གི་ཞལ་དུ༴ ནས། ཁཱ་ཧི། སྒྲོལ་ཚོགས་ ལས། བདེ་ཆེན་ཀུན་བཟང་ཚོགས་མཆོད་འདི། །འཕགས་མ་ལྷ་མོའི༴ ནས། དེང་འདིར་སྩོལ། །ན་མོ་ཐབས་ཤེས༴ ནས། དམ་པ་ཉིད། སྐྱབས་གནས་མཐར་ཐུག་བདག་ཉིད་སངས་རྒྱས་བྱང་ སེམས་དང་བཅས་པའི་ཚོགས་གང་དག་གི༴ ནས། ཁཱ་ཧི། སྒྲོལ་ཚོགས་ལས། བདེ་ཆེན་ཀུན་བཟང་ ཚོགས་མཆོད་འདི། །སངས་རྒྱས་བྱང་སེམས༴ ནས། སྦྱང་དུ་གསོལ། །ན་མོ་ཐབས་ཤེས༴ ནས། དམ་པ་ཉིད། བསྟན་སྲུང་ཕྲིན་ལས་མངའ་བདག་ཆོས་སྐྱོང་ཡེ་ཤེས་ཀྱི་སྤྱན་ལྡན་ཚོགས་གང་ 7-1-90 དག་གི༴ ནས། ཁཱ་ཧི། སྒྲོལ་ཚོགས་ལས། བདེ་ཆེན་ཀུན་བཟང་ཚོགས་མཆོད་འདི། །ཆོས་སྐྱོང་སྤྱན་ ལྡན༴ ནས། བསལ་དུ་གསོལ། །སྤྲོ་ན་མཆོད་ཚན་རེ་ལན་གསུམ་རེ་བྱ། ཏཱྃཿ ཆོས་དབྱིངས་དག་ཆེན་ ཕོ་བྲང་ནས། །ཕུན་ཚོགས་བྱིན་རླབས་འདུས་པའི་དཔལ། །ཐུགས་རྗེ་ཆེ་མངའ་བརྒྱུད་རིམ་ ཚོགས། །རྣམ་འཕྲུལ་མཁའ་ལ་སྤྲིན་བཞིན་གཏིབས། །འདིར་གཤེགས་ཚོགས་ཀྱི་མཆོད་པ་ བཞེས། །གནས་ཁང་འདིར་ནི་བྱིན་ཆེན་ཕོབ། །སྒྲུབ་མཆོག་བདག་ཅག་ཕོ་མོ་ལ། །བདེ་ཆེན་ ཡེ་ཤེས་དངོས་གྲུབ་སྩོལ། །ག་ན་ཙཀྲ་པཱུ་ཛ་ཧོ་ཁཱ་ཧི། རང་བཞིན་ཤེར་ཕྱིན་རྣམ་རོལ་ཉིད། །བདེ་ཆེན་མཆོག་ཐུན་དངོས་གྲུབ་བདག །ཡི་དམ་སྒྲོལ་མའི་ལྷ་ཚོགས་ཀུན། །རྣམ་འཕྲུལ་ མཁའ་ལ༴ མན་གོང་གིས་འགྲེས། དོན་གཉིས་ཕུལ་བྱུང་སྐྱབས་ཀྱི་མཆོག །མཁྱེ ན་བརྩེ་ནུས་པ་ཟླ་ བྲལ་བ། །སངས་རྒྱས་བྱང་སེམས་སྲས་བཅས་ཚོགས། །རྣམ་འཕྲུལ་མཁའ་ལ༴ སོགས་འགྲེས། ཡེ་ཤེས་དབྱིངས་ལས་ལེགས་བཞེངས་པ། །ཕྲིན་ལས་རྩལ་མངའ་དྲེགས་ལྡན་སྐུ། །ཆོས་ སྐྱོང་ཡེ་ཤེས་སྤྱན་ཅན་ཀུན། །རྣམ་འཕྲུལ་མཁའ་ལ༴ སོགས་འགྲེས་སོ། །སྒྲོལ་ཚོགས་ལས། དེ་ལྟར་ མཆོད་པའི་ནུས་མཐུ་ཡིས༴ ནས། ཨ་ལ་ལ། འདིར་ཚོགས་འབུམ་གྱི་གྲངས་ལྟར་ན་ཚོགས་རྫས་གྲངས་བརྒྱ་ཚན་ བཅད་དེ། རེ་རེ་བཞིན་གྱི་འདོན་ལུགས་ནི། འདི་མཚམས་ནས་སླར་གོང་སྨོས་བྱིན་རླབས་སྤྱན་འདྲེན་བསྡུས་ཙམ་རེ་དང་བཅས་ ཚོགས་མཆོད་དངོས་འབུལ་ནས་བཟུང་འདི་བར་ལན་བདུན་བསྐྱར། དེ་ནས་ལོགས་སུ་ཡོད་པའི་ཚོགས་བསྡུས། ༀ་ཨཱཿཧཱུྃ། ཐུགས་བདེ་སྟོང་གཉིས་མེད་རོལ་པ་ལས། །སོགས་ནས། ཐུགས་བརྩེ་བས་བཞེས་ལ་དངོས་ གྲུབ་སྩོལ། །ཅེས་པའི་བར་ལན་ཉེར་གཅིག་བྱ། དེ་རྗེས་སུ་སྒྲོལ་ཚོགས་ཤིན་ཏུ་བསྡུས་པ། ༀ་ཨཱཿཧཱུྃ། རྨད་བྱུང་བདེ་ ཆེན་ཚོགས་འཁོར་འདི། །མཆོད་ཡུལ་རྒྱ་མཚོ་ཡོངས་ལ་འབུལ། །དགྱེས་བཞེས་སྒྲིབ་སྦྱངས་ ཚོགས་ཆེན་རྫོགས། །བར་ཆད་ཀུན་སེལ་དངོས་གྲུབ་སྩོལ། །ག་ན་ཙཀྲ་པཱུ་ཛ་ཁཱ་ཧི་སིདྡྷི་ཕ་ལ་ ཧོ། ཞེས་པ་ལན་དོན་གཉིས་ཙམ་གྱིས་ཚོགས་བརྒྱ་ཕྲག་གི་ཁ་བཀང་སྟེ་འོག་ནས་འབྱུང་བའི་དྲང་ལྷག་ལན་རེ་བྱ། ཚན་རེའི་ མགོར་བྱིན་རླབས། སྤྱན་འདྲེན་རྒྱས་པ་རེ་དང༌། བསྡུས་པ་མང་ཕྱོགས་ཀྱི་སྒོ་ནས་དེ་འདྲ་ཡང་བསྐྱར་གྱིས་ཚོགས་འབུམ་འབུལ་བ་ 7-1-91 ལག་ལེན་ཡིན། དེ་དག་གི་སྐབས་སུ་གྲངས་དེ་སྙེད་ལ་ཚོགས་རྫས་འབུལ་གྲངས་མ་ཆད་པ་གལ་ཆེའོ། །ལྔ་པ་དྲང་ལྷག་གི་རིམ་པ་ ལ། དྲང་བ་དང༌། ལྷག་མ་གཉིས་ལས། དང་པོ་དྲང་བ་ནི། ལས་རྡོར་གྱིས་སློབ་དཔོན་སོགས་ལ་འདྲེན་བཞིན། ཀྱེ། དཔའ་ བོ་དཔའ་མོ་རྣལ་འབྱོར་ཚོགས། །གསང་ཆེན་རྫས་ལ་ཐེ་མ་ཚོམ། །གཙང་སྨེ་རང་བཞིན་དག་ མཉམ་དུ། །ལེགས་དགོངས་དག་སྣང་ངང་ནས་རོལ། །སློབ་དཔོན་སོགས་ཀྱིས། ཨཱཿ བདེ་གཤེགས་ ཆོས་སྐུ་ཤེར་ཕྱིན་མ། །རང་གཤིས་འདོད་ཆགས་གཟུང་འཛིན་སྤངས། །མི་འགྱུར་བདེ་ཆེན་ ལྷུན་གྱིས་གྲུབ། །དེ་བཞིན་ཉིད་ལ་བདག་ཕྱག་འཚལ། །སྒྲོལ་ཚོགས་ལས། ཨེ་མ་ངོ་མཚར་ཆེ་བའི་ རྫས༴ ནས། ལ་ཧོ། སྣང་སྟོང་ཆོས་སྐུའི་རོལ་པ་ལས། །དག་ཆེན་སྒྱུ་མའི་དཀྱིལ་འཁོར་ཤར། །ཐ་མལ་མ་དག་རྫུན་རིས་ཚོགས། །རང་དྭངས་ཞི་བའི་ཀློང་ཆེན་ངོམས། །ཨ་ཧོཿམ་ཧཱ་སུ་ཁ། ཨ་ལ་ལ་ཧོ། ངོ་བོ་དག་པའི་གསང་ཆེན་རྫས། །དཔའ་བོ་དཔའ་མོ་དགྱེས་བྱེད་མཆོག །ག་ན་ ཙཀྲའི་དགའ་སྟོན་འདི། །རྡོ་རྗེའི་གླུ་དབྱངས་སྒྲོག་བཞིན་རོལ། །ཨ་ཧོཿམ་ཧཱ་སུ་ཁ། ཨ་ལ་ལ་ ཧོ། རྣལ་འབྱོར་ཕོ་མོའི་རང་སྣང་ཆེ། །བདེ་སྟོང་ཟུང་འཇུག་རབ་དགའི་དཔྱིད། །གཉུག་མ་ ཐབས་ཤེས་དཔལ་ཡོན་འབར། །ཀུན་བཟང་དགྱེས་པའི་སྟོན་མོ་མཚར། །ཨ་ཧོཿམ་ཧཱའ་སུ་ ཁ། ཚོགས་བསྡུས་ལས། ཨེ་མ་ཧོ། ཆེས་ངོ་མཚར་གསང་བ༴ ནས། བདེ་བར་རོལ༴ ཞེས་པས་དགའ་ སྟོན་ཚོགས་རྫས་ལ་ཇི་བཞིན་ལོངས་སྤྱོད་མཐར། གཉིས་པ་ལྷག་མ་ལ། བསྡུས་རྒྱས་གཉིས་ལས། དང་པོ་བསྡུས་པ་ནི། ལྷག་ གཏོར་ཕྱོགས་གཅིག་ཏུ་བཤམས་ལ། སྒྲོལ་ཚོགས་ལས། ༀ་ཨཱཿཧཱུྃ། སོགས་ནས། སྡོང་གྲོགས་དམ་པ་མཛད་དུ་ གསོལ། ཨུཙྪིཥ་ྟབ་ལིང་ཏ་ཁཱ་ཧི། ལན་གསུམ། ཚོགས་བསྡུས་ལས། རྫས་ལྷག་ལ་དབང་བའི༴ ནས། ཁཱ་ ཧི། ལན་གསུམ་བརྗོད་དེ་ལྷག་གཏོར་འབུལ། གཉིས་པ་རྒྱས་པ་ནི། ལྷག་གཏོར་གཙང་སྨེ་གཉིས་བཤལ་ཆུ་བཅས་ལེགས་པར་བཤམས་ནས་དེ་ལ་དམིགས་ཏེ། ཕུད་ དང་ལྷག་མའི་གཏོར་མ་བཟང་ཞིང་རྒྱ་ཆེ་བར་གྱུར། ༀ་ཨཱཿཧཱུྃ། ལན་གསུམ་གྱིས་བྱིན་གྱིས་བརླབས། ཏཱྃཿ ལྷ་མོའི་ཐུགས་ལས་སྐད་ཅིག་ལ། །ལྷག་མགྲོན་ཡོངས་རྫོགས་སྤྱན་དྲངས་གྱུར། །དཔལ་ 7-1-92 གྱི་ལྷ་མོའི་བཀའ་ཉན་ཚོགས། །ལས་ཀྱི་མཁའ་འགྲོ་འཇིགས་པའི་གཟུགས། །ཀེང་རུས་ཕུང་ པོ་རུས་འཁོར་ཅན། །སྙིང་ཁྲག་རྔུབ་ཅིང་རྐན་སྒྲ་སྒྲོག །རྐང་མགྱོགས་བརྟུལ་ཞུགས་གདུག་ རྩུབ་ཆེ། །དམ་ཚིག་ཅན་ལ་སྡོང་གྲོགས་མཁན། །དམ་ཉམས་རྣམས་ཀྱི་གཤེད་མ་བྱེད། །རྫུ་ འཕྲུལ་མཐུ་སྟོབས་བསམ་མི་ཁྱབ། །མཁའ་ལ་རྒྱུ་ཞིང་ཕྱོགས་ཀུན་ཉུལ། །དཔལ་གྱི་མ་མོ་ ཁྱེ ད་རྣམས་ཀྱིས། །ཕུད་ལྷག་བཤལ་ཆུའི་གཏོར་མ་བཞེས། །རྒྱལ་བསྟན་སྤྱི་དང་གསང་ཆེན་ ཐེག །ཀུན་ནས་རྒྱས་པའི་ཕྲིན་ལས་དང༌། །སྒྲུབ་ལ་སྲུང་སྐྱོབས་གཡེལ་མེད་མཛོད། །འཇིག་ རྟེན་མཁའ་འགྲོ་འཕྲུལ་སྲིན་གཟུགས། །སྤྱང་གདོང་སྦྲུལ་ལྕེ ་གློག་གི་སྤྱན། །དུག་གི་ཁ་རླངས་ འབྲུག་སྐད་ལྡི ར། །མི་ལྤགས་ཕྱོགས་རྡེབ་རྒྱུ་ཞགས་འདྲེན། །ཁྲོས་སྨིན་སེར་འབེབས་བ་ སྤུ་མཚོན། །བྱེ་བ་དུང་ཕྱུར་མཁའ་འགྲོའི་ཚོགས། །དམ་ཚིག་སྲུང་ཉམས་ལག་ལེན་མཁན། །འཇིག་རྟེན་མ་མོ་ཁྱེ ད་རྣམས་ཀྱིས། །ཕུད་ལྷག༴ སོགས་ཚིག་རྐང་བཞི་འགྲེས། ཤ་ཟའི་མཁའ་འགྲོ་ ཡི་དྭགས་གཟུགས། །དུར་བྱའི་གདོང་ལ་ཆུ་སྲིན་རྐན། །ཐོད་རྒྱན་ལུས་ལས་རྣག་ཁྲག་འཛག །སྨྲེ་ཚིག་ངུ་འབོད་འདྲེ་ཚུབ་བཀོལ། །མི་ཤིས་ངན་གཏོང་རོ་ལངས་གཟུགས། །རྐང་པས་ དུར་ཉུལ་སྲི་ལག་ཅན། །གཟའ་དང་སྲིན་པོའི་སྡང་མིག་ལྟ། །ཤ་ཟའི་མ་མོ་ཁྱེ ད་རྣམས་ཀྱིས། །ཕུད་ལྷག༴ སོགས་འགྲེས། གཞན་ཡང་མཁའ་འགྲོ་ཕོ་ཉའི་རིགས། །བུ་ཆུང་བྱ་རོག་གདོང་པ་ ཅན། །བཤུགས་གླུ་དང་བཅས་སྨྲེ་སྔགས་བརྗོད། །རི་གསུམ་རྩེར་འགྲིམ་ལུང་གསུམ་སྐོར། །ཆུར་ཞོན་ཉི་སོགས་གྲིབ་ལ་འགྲིམ། །དཀྱིལ་འཁོར་མཐའ་བསྐོར་ཕྱི་ནང་ཉུལ། །ཅེ་སྤྱང་ རོལ་ཁྲིད་ལས་ལ་མྱུར། །ཕོ་ཉའི་མ་མོ་ཁྱེ ད་རྣམས་ཀྱིས། །ཕུད་ལྷག༴ སོགས་འགྲེས། འཕགས་ མ་ལྷ་མོའི་གང་འདུལ་གྱིས། །རིགས་བཞིའི་མཁའ་འགྲོ་གྲངས་མེད་སྤྲུལ། །རང་རང་དམ་ ཚིག་སྣ་ཚོགས་ལ། །ལེགས་ཉེས་ཇི་བཞིན་དུས་བབ་མཛོད། །མཁའ་འགྲོའི་རིགས་གྱུར་གང་ དག་ལ། །རང་དང་འཚམས་པར་ལྷག་གཏོར་འབུལ། །ཇི་ལྟར་བཅོལ་བའི་ལས་འདི་དག 7-1-93 །ཐོགས་མེད་ལེགས་སྒྲུབ་མཛད་དུ་གསོལ། །ༀ་སརྦ་ཨུཙྪིཥ།ྟ བྷཱུ་ཏེ་བྷྱ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ ཧི་ཁཱ་ཧི། ལན་བདུན་བརྗོད། དེ་ལྟར་ལྷག་ཆོག་བསྡུས་རྒྱས་གང་རུང་གིས་ལྷག་མ་གཏོང་ཞིང་ཚོགས་གྲངས་ཆེར་དགོས་ མེད་ན་དཀྱུས་ལྟར་ཤད་རྒྱུག་གིས་ཆོག གསུམ་པ་རྗེས་བསྔོ ་བ་བཀྲ་ཤིས་ཀྱི་རིམ་པ་ལ། བསྔོ ་བ། བཀྲ་ཤིས་གཉིས་ལས། དང་པོ་བསྔོ ་བ་ནི། སྒྲོལ་ཚོགས་ ལས། གསང་ཆེན་བསོད་ནམས༴ ནས། དབང་པོར་ཤོག །ཚོགས་བསྡུས་ལས། ཚོགས་བསགས་ པའི་འཁོར་ལོའི༴ ནས། ཡོངས་བྱང་ཤོག །དེ་ལྟར་བདེ་ཆེན་དཔའ་མོའི་དཀྱིལ་འཁོར་ལ། །རྨད་བྱུང་ཚོགས་ཀྱི་འཁོར་ལོ་ལེགས་བསྐོར་འདིས། །བདག་ཅག་སྒྲུབ་པོ་གསང་ཆེན་སྒོར་ ཞུགས་སྐབས། །དམ་ཚིག་ལམ་གྱི་མཐུན་རྐྱེན་ཀུན་འགྲིག་ཤོག །ཚེ་འདིར་ཐོག་མར་བསྟན་ ལ་འཇུག་པའི་སྒོ། །གསང་སྔགས་སྟོན་པའི་སློབ་དཔོན་མཆོག་དང་མཇལ། །སྨིན་གྲོལ་ གདམས་ཐོབ་དམ་ཚིག་གཙང་མ་བཟུང༌། །སྒོ་གང་ཐད་ནས་ལེགས་སྒོ་ཕུན་ཚོགས་ཤོག །དེ་ ཡང་བཀའ་དྲིན་གསུམ་ལྡན་བླ་མ་ལ། །དཀྱིལ་འཁོར་རིགས་ཀྱི་བདག་པོར་ཐག་བཅད་ནས། །སྐུ་གསུང་ཐུགས་ཀྱི་དམ་ཚིག་སྒོ་གང་ལས། །ཅུང་ཟད་ཙམ་ཡང་འདའ་བའི་སྐབས་མེད་ ཤོག །དེར་བརྟེན་རྩ་ལྟུང་སྦོ མ་པོའི་དམ་ཚིག་དང༌། །རིགས་ལྔ་སྤྱི་དང་བྱེ་བྲག་དམ་ཚིག་རིམ། །གསང་ཆེན་བསླབ་ཁྲིམས་ས་ཡ་བྱེ་བའི་སྒོ། །ཡོངས་དག་སྨིན་གྲོལ་ལམ་མཆོག་ཆེས་འཕེལ་ ཤོག །ཁྱད་པར་བླ་མེད་འཕགས་མའི་གསང་ཆེན་རྒྱུད། །གང་ལས་དབང་དང་ལས་ཚོགས་ རིམ་གཉིས་ལམ། །ཇི་སྐད་བསྟན་པའི་མན་ངག་ཟབ་པའི་གནད། །ཡང་དག་ལག་ལེན་ཀུན་ ནས་ཡོངས་ཐེབ་ཤོག །སྨིན་བྱེད་དབང་བསྐུར་རིམ་པའི་སྦྱོར་བ་ཡིས། །ཐུན་མོང་རིམ་པ་དང་ པོའི་རྣལ་འབྱོར་དང༌། །ཐུན་མིན་གཉུག་མའི་ཡེ་ཤེས་རྫོགས་པའི་རིམ། །ལམ་མཆོག་ཟུང་དེ་ སྐྱེ་མ་རག་ཏུ་ཤོག །འཁོར་བའི་འཆི་བར་སྐྱེ་བའི་སྲིད་པ་གསུམ། །ཆོས་ལོངས་སྤྲུལ་པའི་དག་ ཆེན་དང་སྦྱར་ཏེ། །རྫོགས་རིམ་སྤྲོས་བཅས་སྤྲོས་མེད་ཉེར་སྨིན་ལམ། །འབྲས་བུ་རབ་བསྐྱེད་ 7-1-94 རྣལ་འབྱོར་མཐར་ཕྱིན་ཤོག །རྩོལ་བྲལ་གཉུག་མའི་རང་མདངས་ཆེས་གསལ་བས། །བདེ་ སྟོང་ཟུང་འཇུག་མངོན་རྟོགས་དར་བའི་དཔལ། །ཟག་ཟད་འོད་ལུས་སྟོང་གཟུགས་ཕྱག་རྒྱ་ ཆེ། །དོན་དམ་ནམ་མཁའི་རྣལ་འབྱོར་ཆེས་མངོན་ཤོག །གནས་ལུགས་གཤིས་མཆོག་ཆོས་ སྐུ་ཤེར་ཕྱིན་མ། །མི་འགྱུར་བདེ་ཆེན་རྣམ་ཀུན་སྟོང་པའི་གཟུགས། །རང་བཞིན་འཕགས་མ་ ཟུང་འཇུག་ཀུན་ཁྱབ་བདག །རྡོ་རྗེ་རྣམ་བཞིའི་དཔལ་ཡོན་བརྡལ་གྱུར་ཅིག ། གཉིས་པ་བཀྲ་ཤིས་ནི། ༀ་ཏཱ་རེ་སྭ་སྟི་བྷྱཿ བཀྲ་ཤིས་ལེགས་སྒོ་ཀུན་གྱི་གཞི་གཅིག་པུ། །འཁོར་ འདས་ཡོངས་ཁྱབ་སྲོག་གི་དྭངས་མ་ཆེ། །འཕགས་མཆོག་ལྷ་མོའི་ཆོས་སྐུ་དགེ་ལེགས་བཅུད། །རྣམ་ཀུན་དོན་གྱི་བཀྲ་ཤིས་ལེགས་སྣང་སྩོལ། །དཔག་ཡས་བྱིན་རླབས་གཏེར་གྱུར་དམ་ པའི་མགོན། །གནས་ལུགས་འཕགས་མའི་ཆོས་སྐུ་ལེགས་མཇལ་བ། །ངེས་པ་དོན་གྱི་བརྒྱུད་ ལྡན་རིན་པོ་ཆེ། །རྩ་བརྒྱུད་བླ་མས་བཀྲ་ཤིས་བྱིན་རླབས་ཕོབ། །རྒྱལ་ཀུན་ཆོས་སྐུའི་འཕྲུལ་ ཆེན་གར་བསྒྱུར་ཞིང༌། །མྱུར་མ་དཔའ་མོ་མཚན་དཔེའི་དཔལ་འབར་བ། །གང་འདུལ་སྤྲུལ་ པའི་རོལ་གར་ཟད་མེད་གཏེར། །འཕགས་མའི་སྐུ་ཡིས་བཀྲ་ཤིས༴ ཀུན་ཁྱབ་ནམ་མཁའི་ མཐའ་ལ་ཡོངས་བརྡལ་ཞིང༌། །འགག་མེད་ཕུན་ཚོགས་ལེགས་སྒོ་རྒྱ་མཚོའི་དཔྱིད། །མཐའ་ ཡས་གང་འདུལ་འགྲོ་ཕན་སྤེལ་བའི་གཉེན། །འཕགས་མའི་གསུང་གིས་བཀྲ་ཤིས༴ བདེ་ ཆེན་རྣམ་ཀུན་སྟོང་པའི་ཡེ་ཤེས་དབྱིངས། །གསང་གསུམ་མཛད་བཟང་ཀུན་ནས་རོལ་པའི་ ཀློ ང༌། །རྣམ་མང་མངོན་རྟོགས་རྒྱ་མཚོའི་དཔལ་ཡོན་བདག །འཕགས་མའི་ཐུགས་ཀྱིས་བཀྲ་ ཤིས༴ གང་གི་གསང་གསུམ་འཕྲུལ་ལས་ཤར་བའི་སྐུ། །མཛེས་མ་བཅུ་ཕྲག་ཟུང་གི་སྤྲུལ་ བསྒྱུར་གར། །ངོ་མཚར་རིས་སུ་ཆད་མིན་གང་འདུལ་དཔལ། །འཁོར་གྱི་ལྷ་མོས་བཀྲ་ཤིས༴ རླབས་ཆེན་མཁྱེ ན་བརྩེ་ནུས་པ་རྒྱ་མཚོའི་བདག །མཁའ་མཉམ་འགྲོ་བའི་དཔལ་མགོན་ སྐྱབས་ཀྱི་ཕུལ། །སྤངས་རྟོགས་ཡོངས་རྫོགས་བདེ་གཤེགས་རྒྱལ་བའི་སྲས། །སངས་རྒྱས་ 7-1-95 སེམས་དཔས་བཀྲ་ཤིས༴ དཔལ་ལྡན་རླབས་ཆེན་ཕྲིན་ལས་ཡོངས་འབར་ཞིང༌། །རྩལ་མྱུར་ དྲེགས་པའི་གཙོ་བོ་སྟོབས་ཀྱི་བདག །ཡེ་ཤེས་སྤྱན་ལྡན་སངས་རྒྱས་བསྟན་སྐྱོང་བ། །ཆོས་ སྐྱོང་སྲུང་མས་བཀྲ་ཤིས༴ གཞན་ཡང་འཕགས་མཆོག་ལྷ་མོའི་བཀའ་ཉན་ཚོགས། །རིགས་ བཞིའི་མཁའ་འགྲོ་སྣ་ཚོགས་ལས་ཀྱི་བདག །འབུམ་ཕྲག་བགྲང་འདས་མ་ཚོགས་ཌཱ་ཀིའི་ དཔུང༌། །དམ་ཅན་ཕོ་ཉས་བཀྲ་ཤིས༴ རྨད་བྱུང་མཆོད་ཡུལ་རྒྱ་མཚོས་བཀྲ་ཤིས་དཔལ། །མ་ལུས་འགྲོ་ལ་ཀུན་ནས་ཡོངས་སྩོལ་ཞིང༌། །ཕུན་ཚོགས་དཔལ་མངའ་གསང་ཆེན་བསྟན་ པ་དར། །ཕྱོགས་དུས་ཀུན་ནས་ལེགས་ཚོགས་འབར་གྱུར་ཅིག ། གསུམ་པ་རྗེས་ལ་གོང་དུ་སྒྲོལ་ཚོགས་བདག་བསྐྱེད་ཙམ་ལས་མ་སོང་ན། བདག་བསྐྱེད་འོད་ཞུ་སླར་ཡང་ བཞེངས། །རབ་དཀར་འདི་མཐུས་འགྲོ་ཀུན་ལ། །ཆོས་ཀྱི་དབང་པོར་བདག་མྱུར་གྱུར། །ཕན་ བདེས་ལེགས་ཚོགས་རྟག་སྦྱིན་ཤོག །ཅེས་པ་དང༌། གོང་དུ་དབང་ལས་བདག་བསྐྱེད་ཡིན་ན། རང་མཇུག་ནས། ཆོས་དབྱིངས་གཤིས་ལས་ཤར་བའི་འཕྲུལ་ཆེན་སྐུ། །སོགས་ནས། ཇི་སྲིད་བསྐལ་པའི་བར་དུ་ གནས་གྱུར་ཅིག །གི་བར་བདག་བསྐྱེད་བསྡུ་ལྡང་བསྔོ ་སྨོན་རྣམས་ལེགས་པར་བྱས་པས་རྗེས་གྲུབ་ཅིང་ཚུལ་དེས་ཚོགས་ འབུམ་ཆོ་ག་རྫོགས་པའོ། ། གསུམ་པ་མཇུག་གསོན་གཤིན་གང་ལ་ཉེར་མཁོ་སྦྱིན་སྲེག་བྱ་ཚུལ་ལ། སྦྱོར། དངོས། རྗེས་གསུམ་ལས། དང་པོ་སྦྱོར་ བ་ལ། ས་ཆོག ཐིག་བཤམ་གྱི་ཚུལ་གཉིས་ལས། དང་པོ་ས་ཆོག་ནི། གནས་གསར་བའི་དབང་དུ་བྱས་པ་སྟེ། དེ་ཡང་སྦྱིན་སྲེག་ བྱ་བའི་གཞི་དེ་ཉིད་དུ་དཀར་གཏོར། གུ་གུལ། ཡུངས་དཀར་རྣམས་བཤམས་ལ། གནས་དེར་སློབ་དཔོན་འཁོར་བཅས་འདུག་ པས་འདི་སྐད། སྐད་ཅིག་གིས་རང་ཉིད་འཕགས་མ་སྒྲོལ་མ་སྐུ་མདོག་ལྗང་ནག་ཞལ་གཅིག་ སྤྱན་གསུམ་ཅུང་ཟད་ཁྲོ་ཉམས་ཅན་ཕྱག་གཡས་ལྕགས་ཀྱུ་མཁའ་ལ་ཕྱར་བ། གཡོན་ ཐུགས་ཀར་སྡིགས་མཛུབ་ཀྱིས་ཞགས་པ་བསྣམས་ཤིང༌། ཞབས་གཉིས་ཕྱེད་སྐྱིལ་གྱིས་པད་ ཉིའི་གདན་ལ་བཞུགས་པ་མེ་དཔུང་གི་ཀློང་ན་འགྱིང་སྟབས་ཀྱིས་གནས་ཤིང་ཐུགས་སྲོག་ 7-1-96 ཏཱྃཿཡིག་ལྗང་ནག་གིས་མཚན་པའི་སྐུར་གྱུར། ༀ་ཏཱ་རེ་ཏཱྃཿསྭཱཧཱ། ཅི་འགྲུབ་བཟླས་མཐར། དཀར་གཏོར་ ལ་ཆུ་གཙང་བྲན། ཨ་མྲ໏་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་གཏོར་མ་གནས་བདག་ རྣམས་ཀྱི་གང་འདོད་པའི་ལོངས་སྤྱོད་ཕུན་སུམ་ཚོགས་པར་གྱུར། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་ སོགས་ནམ་མཁའ་མཛོད་ཀྱི་སྔགས་ལན་བདུན་གྱིས་འབུལ་ལ། གང་ཡང་འདིར་གནས་ལྷ་དང་ཀླུ། །གནོད་ སྦྱིན་སྲིན་པོ་ལ་སོགས་པ། །ཁྱེ ད་རྣམས་ལ་ཡང་གཏོར་མ་སྦྱིན། །སྦྱིན་སྲེག་དོན་དུ་ས་འདི་ སྩོལ། །ལན་གསུམ་བརྗོད་དེ་གཏོར་མ་ས་བརྐོ ་བའི་གནས་སུ་ཁྱེ ར་ཏེ་ས་བསླང་བས་སྟེགས་བུ་བྱ། དེ་དུས་སུ་གནས་བདག་ འཁུ་ལྡོ ག་ཅན་ཡོད་ན་ཕྱིར་བསལ་བ་ནི། རང་ཉིད་སྒྲོལ་མའི་ཐུགས་སྲོག་ལས་ཁྲོ་མོའི་ཚོགས་མེ་དཔུང་ དང་བཅས་པ་སྐད་ཅིག་ལ་སྤྲོས་ཏེ་དེ་རྣམས་ཀྱིས་ས་འདི་ལ་འཁྲི་བའི་བགེགས་ཀྱི་རིགས་སུ་ གནས་པ་མཐའ་དག་རིང་དུ་བསྐྲད་པར་བསམ། ༀ་ཏཱ་རེ་ཌཱ་ཀི་ཀྲོ ་དྷ་སརྦ་བིགྷནྣ་ཧཱུྃ་ཕཊཿ ཅེས་པ་བཟླ་བཞིན་ས་ཕྱོགས་དེར་གུ་གུལ་གྱིས་བདུག་ཅིང་ཡུངས་དཀར་གྱིས་བྲབ། དེ་ནས་སློབ་དཔོན་གྱིས་གོང་སྨོས་སྔགས་ ཐུང་བཟླ་བཞིན་ས་གཞིའི་དབུས་སུ་ལག་གཡས་རྡོ་རྗེ་བཅས་བཞག་ལ། དེ་མཚམས་རེ་ཞིག་ནས། ༀ་བྷུ་ཁཾ། ཞེས་པ་ཉེར་ གཅིག་བརྗོད་པས། ས་གཞི་དེ་ཉིད་ནམ་མཁའི་རང་བཞིན་དུ་གྱུར། པར་བསམ། ༀ་ཧ་ན་ཧ་ན་ཀྲོདྷ ་ ཧཱུྃ་ཕཊཿ ཅེས་མང་དུ་བཟླས་པས། ས་གཞི་དེའང་རྡོ་རྗེའི་རང་བཞིན་དུ་གྱུར། པར་བསམ་ལ་སླར་ཡང་གོང་གི་ སྔགས་ཐུང་ཅི་རིགས་བཟླ་བཞིན་ས་གཞིར་སློབ་དཔོན་འདུག་ནས་འཕགས་མའི་ང་རྒྱལ་བཅས་ཀྱིས། བདག་གིས་སའི་ ཕྱོགས་འདིར་རྗེ་བཙུན་ལྷ་མོ་འཕགས་མ་སྒྲོལ་མའི་སྒོ་ནས་སྦྱིན་སྲེག་གི་ལས་ལ་འཇུག་སྟེ་ སེམས་ཅན་གྱི་དོན་རྒྱ་ཆེར་བྱའོ། །ཞེས་བརྗོད་ཅིང་སེམས་བསྐྱེད་པས་ས་བཟུང་སྔར་ས་ཆོག་བྱས་ཟིན་གནས་རྙིང་ ལ་ས་ཆོག་བྱེད་མི་དགོས་སོ། ། གཉིས་པ་ཐིག་བཤམ་གྱི་ཚུལ་ལ། ཐིག་འདེབས་དང༌། བཤམ་བཀོད་གྲ་སྒྲིག་གི་ཚུལ་གཉིས་ལས། དང་པོ་ཐིག་འདེབས་ པ་ནི། སྟེགས་བུར་ཐིག་ཆེན་བརྒྱད་ཚངས་སྟེང༌། །མཐའ་ནས་དཀྱིལ་བར་གཉིས་སུ་བགོ །ནང་མའི་ཕྱེད་སྐོར་དེའི་ནང་དུ། །བཅུ་ གཉིས་ཆ་རེ་སོར་ཚད་ཡིན། །སྐོར་ཐིག་ཕྱི་ལ་སོར་བཞི་གཉིས། །བསྐོར་བ་མུ་རན་ཁ་ཁྱེ ར་དང༌། །སྔར་གྱི་གཉིས་བགོས་ཕྱི་རྟགས་ 7-1-97 སྟེང༌། །གྲུ་བཞི་གདབ་པ་སྟེགས་ཕྱི་ཐིག །དེ་ནང་སོར་བཞི་དེ་བཞིན་གདབ། །དེ་ནི་སྟེགས་བུའི་ནང་ཐིག་གོ །དབུས་སུ་པདྨ་ འདབ་ཟླུམ་བརྒྱད། །ལག་ལེན་ཇི་བཞིན་བྲི་བར་བྱ། །ལྟེ ་བར་ཨུཏྤལ་ཕྱག་མཚན་ནམ། །ཚོམ་བུ་ཐིག་ལེ་ཅི་འཛོམས་བཀོད། །མུ་ རན་ཁ་ཁྱེ ར་རིམ་པ་བཞིན། །ཟེའུ་འབྲུ་པད་འདབ་བརྒྱད་རིས་བྲི། །དབུས་ཀྱི་པདྨ་མཛེས་ཚོན་ལ། །ལྷ་མཚན་ལྗང་ཁུའི་མདོག་ ཏུ་བྱ། །ཟེའུ་འབྲུ་དམར་སེར་འདབ་སྣ་ཚོགས། །ཤར་དཀར་ལྷོ ་སེར་ནུབ་དམར་བྱང༌། །ལྗང་གུས་ཕྱི་ཁྱམས་མདངས་འོད་རིས། །རིམ་སྤེལ་སྟེགས་བུ་སེར་པོའི་གྲྭར། །ཟླ་ཕྱེད་རྡོ་རྗེ་དཀར་པོས་མཚན། །དེ་དག་ཐིག་ཚོན་རིམ་པ་འོ། ། གཉིས་པ་བཤམ་བཀོད་ཀྱི་ཚུལ་ནི། ཟླུམ་ཐིག་ནང་མའི་སྟེང་ནས་དྲི་ཞིམ་ཤིང་གིས་ཟླུམ་པོར་བརྩིགས་ལ་ཐབ་དེའི་གཡོན་ དུ་ཡམ་ཤིང༌། མར་ཁུ། ཏིལ་ནག ཟས་མཆོག འབྲས། སོ་བ། ནས། སྲན་མ། གྲོ། དུར་བ། ཀུ་ཤ ཡུངས་དཀར་རྣམས་བསྲེག་ རྫས་ཁྱོ ན་དང་བསྲེས་ནས་མེ་ལྷ་འདས་ལྷ་གཉིས་ལ་རིམ་པར་ཉུང་མང་དུ་ཚན་སོ་སོར་བཤམས། ཐབ་གཡས་སུ་མཆོད་ཡོན་ སོགས་ཉེར་སྤྱོད་རྣམས་དང༌། མེ་ལྷའི་གཏོར་མ་འདས་ལྷའི་གཏོར་མ་གཉིས་དང༌། ཐབ་ཀྱི་ཤར་ལྷོ ར་མེ་ཚང་ཏིང་ལོ། ཐབ་དང་ རང་བར་མེ་ཡོལ་རྣམས་བཤམས། གཞན་ཡང་ཀུ་ཤའི་ཆུན་པོ། འབུད་ཤིང༌། དཔལ་འབར། རླུང་གཡབ། ཐོད་ཆིངས། བསངས་ ཆུ། འཐོར་ཡབ། རྡོར་དྲིལ། དགང་བླུགས་སོགས་ཉེར་མཁོ་གང་དགོས་ལེགས་འདུ་བྱ་བའོ། ། གཉིས་པ་དངོས་གཞི་ལ། བདག་བསྐྱེད། སྦྱིན་སྲེག་གི་རིམ་པ་གཉིས་ལས། དང་པོ་བདག་བསྐྱེད་ནི། འདི་ལ་སྤྲོ་ན་སྒོས་ མཆོད་ཉེར་སྤྱོད་བཤམ་ཞིང་བསྡུས་ན་སྦྱིན་སྲེག་གི་ཉེར་སྤྱོད་དང་གཅིག་ཏུ་བྱས་ལ། ངག་འདོན་གྱི་རིམ་པ་ནི། གོང་ཚོགས་ མཆོད་སྐབས་ལྟར། མཆོད་རྫས་བྱིན་རླབས་དང༌། སྐྱབས་འགྲོ། སེམས་བསྐྱེད་གཉིས་དབང་ལས་དང་སྦྱར་བ་བཞིན་གྱི་མཐར། སྐྱབས་ཡུལ་ཚོགས་ཞིང་དམ་པ་གང་དག་གི་དྲུང༴ ཞེས་པ་ནས། རྟག་གནས་ཤོག །དེ་ནས་བདག་ བསྐྱེད་དངོས་ནི། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་སྐད་ཅིག་གིས་པཾ་ལས་པདྨ་དང་ཨ་ལས་ཟླ་ བའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་སེམས་ཉིད་གསལ་སྟོང་གི་ངོ་བོ་འཕགས་མའི་ཐུགས་ སྲོག་ཏཱྃཿཡིག་ལྗང་གསལ་ལས་འོད་འཕྲོས། འཕགས་པ་རྣམས་མཆོད་སེམས་ཅན་གང་དག་ གི་དོན་བྱས་སླར་འདུས་པ་ཡོངས་སུ་གྱུར་པ་ལས། རང་ཉིད་བཅོམ་ལྡན་ལྷ་མོ་སྒྲོལ་མ་སྐུ་ མདོག་ལྗང་གསལ་འོད་ཟེར་གྱི་ཕུང་པོ་འབར་བ༴ སོགས་ནས་ཕྱོགས་མཐུན་ལྟར། འོད་ཟེར་གྱི་ཕུང་ 7-1-98 པོས་མཁའ་ཀུན་འགེངས་པའོ། །དེའི་དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་ དེ་ཉིད་ཀྱི་གོ་སར་མེ་ལོང་ལ་གཟུགས་བརྙན་ལྟར་ཏཱྃཿཡིག་ལྗང་གསལ་ཟླ་གདན་དང་བཅས་ ཡོངས་སུ་རྫོགས་པར་གྱུར། ཐུགས་ཀའི་ཏཱྃཿཡིག་ལས་སྤྲོས་པའི་འོད་ཟེར་གྱིས་རང་འདྲ་ འཕགས་མ་སྒྲོལ་མ་ཡེ་ཤེས་པའི་རྣམ་པ་སྐད་ཅིག་ལ་སྤྱན་དྲངས། ༀ་བཛྲ་ས་མཱ་ཛ། ཛཿཧཱུྃ་ བཾ་ཧོཿ ཡེ་ཤེས་པ་དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཏཱྃཿལས་ སྤྲོས་པའི་འོད་ཀྱིས་དབང་ལྷ་རིགས་ལྔ་སྤྱན་དྲངས་ཏེ་ནམ་མཁར་བཞུགས་པ་ལ། དེ་བཞིན་ གཤེགས་པ་ཁྱེ ད་རྣམས་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་ བཏབ་པས་དབང་གི་ལྷ་རྣམས་ཀྱིས། ཡེ་ཤེས་ལྔ་ཡི་རང་བཞིན་ཆུས། །ཁྱོ ད་ལ་དེ་རིང་དབང་ བསྐུར་རོ། །འོད་གསལ་དོན་དམ་ཡེ་ཤེས་དབང༌། །ཀུན་ནས་ཡོངས་གསལ་མངོན་གྱུར་ཤོག །ༀ་ཛྙཱ་ན་ཨབྷི ་ཥིཉྩ་དུ་མཾཿ ཞེས་གསུངས་ཤིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་སྐུ་གང་ དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས་རིགས་བདག་འོད་དཔག་མེད་པས་དབུ་བརྒྱན། ༀ་ཨཱརྱ་ཏཱ་རེ་བྷྱཿཨརྒྷཾ་པྲ་ཏིཙྪ་སྭཱཧཱ། དེ་བཞིན་དུ་པཱདྱཾ༴ ནས། ཤབྟའི་བར་གྱིས་མཆོད། ཏཱྃཿ རྒྱལ་ཀུན་ ཕྲིན་ལས་གཅིག་བསྡུས་ལྷ། །མྱུར་མ་དཔའ་མོ་འགྲོ་སྒྲོལ་མ། །མི་མཐུན་འཇིགས་ཀུན་ལས་ སྐྱོབས་བདག །རྗེ་བཙུན་ལྷ་མོ་མཆོག་ལ་བསྟོད། །རྗེ་བཙུན་ལྷ་མོའི་ཐུགས་ཀར་ཟླ་གདན་ ལ་ཏཱྃཿཡིག་ལྗང་གསལ་གྱི་མཐར་སྙིང་པོའི་རིག་སྔགས་ཡི་གེ་བཅུ་པ་ཁ་དོག་ལྗང་ཁུ་གཡས་ བསྐོར་དུ་འཁོད་པ་ལ་དམིགས། ནས། ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། ཞེས་པ་ཅི་འགྲུབ་བཟླས་མཐར་གོང་ བཞིན་མཆོད་བསྟོད་བྱའོ། ། གཉིས་པ་སྦྱིན་སྲེག་གི་རིམ་པ་ལ། མེ་ལྷ། འདས་ལྷ། གཏང་རག་དང་གསུམ་ལས། དང་པོ་མེ་ལྷ་ལ་བསངས་ཆུ་བྱིན་རླབས་ ནི། བསངས་ཆུ། ཨ་མྲ໏་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཤཾ་ལས་དུང་ཕོར་གྱི་ནང་ དུ་ཧཱུཾ་ལས་བསངས་ཆུ་ལྷ་མོའི་བྱིན་གྱིས་བརླབས་པ་རྫས་ཐམས་ཅད་ཀྱི་མ་དག་པ་སེལ་ནུས་ 7-1-99 དྭངས་ཤིང་ཐོགས་པ་མེད་པའི་རང་བཞིན་དུ་གྱུར། ༀ་ཨ་མྲ໏་ཏེ་ཧཱུྃ་ཕཊ། བརྒྱ་རྩ་བཟླ་མཐར་ཧཱུྃ་རིང་ པོ་བདུན་བརྗོད། དེ་ནས་མཆོད་རྫས་ལ་བསངས་ཆུ་འཐོར་བཞིན་མཆོད་རྫས་བྱིན་རླབས་བྱ། བསྲེག་རྫས་རྣམས་ལ་བསངས་ ཆུ་འཐོར་ཏེ། བསངས། སྦྱངས། ༀ་ལས་བྱུང་བའི་བསྲེག་རྫས་རྣམས་མི་མཐུན་ཕྱོགས་ཀུན་འཇོམས་ པའི་ནུས་ལྡན་དྭངས་ཤིང་ཐོགས་མེད་དུ་གྱུར། ༀ་ཨ་སྭཱ་ཧཱས་ཡམ་ཤིང༌། ༀ་ཤྲ່་སྭཱ་ཧཱས་མར་ཁུ། ༀ་ ཛྲ່་སྭཱ་ཧཱས་འབྲུ་རྣམས། ༀ་ཀུ་རུ་ཀུ་རུ་སྭཱ་ཧཱས་རྫས་གཞན་རྣམས་བྱིན་གྱིས་བརླབས་པ་སྟེ། སྔགས་རེ་རེ་བཞིན་གསུམ་ རེ་བརྗོད། ༀ་ཨཱཿཧཱུྃ་གིས་དཔལ་འབར་གྱི་མེས་མེ་ཚང་ཏིང་ལོ་སྦར། དེ་ལ་ཨ་མྲ໏་ཏས་བསངས་ཆུ་གཏོར། ཡང་སྔགས་དེ་ བཟླ་བཞིན་ཐབ་ལ་གཡས་བསྐོར་གྱིས། ༀ་བཛྲ་ཛྭ་ལ་ཛྭ་ལ་ཧཱུྃ། ཞེས་མེ་སྒྲོན་ཐབ་ཏུ་བཅུག་ལ། ཧཱུྃ་ཧཱུྃ། ཞེས་བརྗོད་ དེ་རླུང་གཡབ་ཀྱིས་སྦར། དེ་ནས་ཐབ་ལ་བསངས་ཆུ་འཐོར་ཏེ། ཨ་མྲ໏་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ ངང་ལས་ཧཱུྃ་ལས་ཐབ་ཁུང་ཟླུམ་པོ་མུ་རན་ཁ་ཁྱེར་སྟེགས་བུ་དང་བཅས་པ་དེའི་གྲྭར་ཟླ་ཕྱེད་ རྡོ་རྗེས་མཚན་ཞིང་པདྨའི་དབྱིབས་ཅན་མཚན་ཉིད་ཀུན་ཚང་གི་ཐབ་ཀྱི་ནང་དུ་རཾ་ལས་མེ་ལྷ་ དཀར་པོ་ཕྱག་གཡས་བགྲང་ཕྲེང་དང་གཡོན་སྤྱི་བླུགས་འཛིན་པ་རང་འོད་འཕྲོ་ཞིང་ར་སྐྱེས་ དཀར་པོའི་སྟེང་ན་སྐྱིལ་ཀྲུང་གིས་བཞུགས་པ། རྒྱན་དང་ན་བཟའ་དཀར་པོ་ཅན་རལ་པའི་ ཐོར་ཚུགས་དང་ལྡན་པའོ། །རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་ཤར་ལྷོ ་ནས་མེ་ལྷ་སྤྱན་ དྲངས་ཏེ་བྱོན་པར་གྱུར། ༀ་ཚུར་བྱོན་མེ་ལྷ་འབྱུང་པོ་ཆེ། །ལྷ་ཡི་དྲང་སྲོང་བྲམ་ཟེའི་ཚུལ། །བསྲེགས་བླུགས་ཞལ་ཟས་བཞེས་པའི་སླད། །འདིར་གཤེགས་ལས་ཀྱི་ཕྲིན་ལས་མཛོད། །ༀ་ཌཀྐི་ཧཱུྃ་ཛཿ ཞེས་སྤྱན་དྲངས། བསངས་ཆུ་གཏོར་ཞིང་ཨ་མྲ໏་ཏས་བགེགས་བསྐྲད། ཛཿཧཱུྃ་བཾ་ཧོཿ དམ་ཚིག་ པ་དང་གཉིས་མེད་དུ་གྱུར། དེ་ནས་མཆོད་བསྟོད་ནི། ༀ་ཨགྣ་ཡེ་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། དེ་བཞིན་དུ་པཱདྱཾ༴ ནས། ཤབྟའི་བར་གྱིས་མཆོད། ཚངས་པ་འཇིག་རྟེན་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོར་དབང་ བསྐུར་བ། །ཤེས་རབ་མཆོག་གིས་ཉོན་མོངས་སྲེག །འཛིན་བྱེད་མེ་ལྷ་ཉིད་ལ་འདུད། །ཕྲིན་ བཅོལ་དམ་བཞག་ནི། ༀ་བཛྲ་ཨ་ན་ལ་མཱ་ཧ་བྷུ་ཏ་ཛྭ་ལ་སརྦ་བྷ་སྨི་ཀུ་རུ་ཧཱུྃ་ཕཊ། དྲི་ཤྱ་ཛཿཧཱུྃ་བཾ་ 7-1-100 ཧོཿ ས་མ་ཡ་སྟྭཾ། ས་མ་ཡ་ཧོཿ ཞེས་པའི་སྔགས་ལན་གསུམ། ཀུ་ཤའི་ཆུན་པོ་བརྒྱད། བསངས། སྦྱངས། ཧཱུྃ་ལས་ བྱུང་བའི་ཀུ་ཤ་སྔོ་ལྗང་རྩ་རྩེ་མ་ཉམས་པ་དྭངས་ཤིང་ཐོགས་མེད་ལས་འགྲུབ་པའི་ནུས་ལྡན་ དུ་གྱུར། ༀ་ཀུ་ཤ་གཙང་བྱེད་ལེགས་དགེའི་རྫས། །ས་ལས་འཁྲུངས་ཤིང་སྙིང་པོའི་བཅུད། །མཆོག་གསུམ་བྱིན་རླབས་དག་བྱེད་མཆོག །ཚངས་པ་ལྷ་ཡི་དག་བྱེད་ཡིན། །འདིས་བདག་ ཅག་ལ་གེགས་མེད་ལས་ཀྱི་དངོས་གྲུབ་ཀྱང་ཉེ་བར་སྩོལ་ཅིག ཅེས་པ་ཀུ་ཤའི་ཆུན་པོའི་གྲངས་མཉམ་ བརྗོད། མེ་ལྷ་ལ་བྱོན་ཟན་འབུལ་བ་ནི། མེ་ལྷའི་ཐུགས་ཀར་ཧཱུྃ། ལྗགས་རྡོ་རྗེའི་རྣམ་ཅན་གྱི་ལྟེ་བར་ རཾ་དང་དགང་བླུགས་ཀྱི་ཁ་ལ་ཧཱུྃ་གིས་མཚན་པར་གྱུར། ༀ་ཨགྣ་ཡེ། ཨགྣེ། བདག་སོགས་ ཀྱི་མི་མཐུན་ཕྱོགས་ཐམས་ཅད་ཤནྟིཾ་ཀུ་རུ་སྭཱཧཱ། ཞེས་པའི་འབུལ་སྔགས་ཉེར་གཅིག་གིས་མར་ཁུ་ཕུལ། ཐབ་ ལ་བསངས་ཆུ་གཏོར། ཨ་མྲ໏་ཏས་བགེགས་སྲུང༌། དེ་ནས་མེ་ལྷའི་རྫས་འབུལ་དངོས་ནི། ལྷ་སྔགས། ༀ་ཨགྣ་ཡེ་སྭཱཧཱ། ཞེས་པ་ལན་གཅིག རྫས་སྔགས། ༀ་བོ་དྷི་བྲ໏ཀྵ་ཡེ་སྭཱཧཱ། ཞེས་པ་ལན་བདུན། ལས་སྔགས། བདག་སོགས་ཀྱི་ གཟི་བརྗིད་ལ་བར་གཅོད་ཐམས་ཅད་ཤནྟ່་ཀུ་རུ་སྭཱཧཱ། ཞེས་པ་ལན་གཅིག་གིས་ཡམ་ཤིང་འབུལ། དེ་ བཞིན་དུ་སྔགས་སྔ་མ་ལྷ་སྔགས་ཨགྣ་ཁོ་ནས་ཆོག་ཅིང༌། སྔགས་བར་བ་རྫས་སྔགས་དང༌། ཕྱི་མ་ལས་སྔགས་གཉིས་རྫས་ལས་ སོ་སོའི་ཁ་བསྒྱུར་དགོས་པས་དེ་ལྟར་ན་སྔགས་སྔ་མ་དེ་ཉིད་གཅིག་གི་རྗེས་སུ། ༀ་ཨགྣེ་ཡེ་སྭཱཧཱ། ཞེས་པ་བདུན། བདག་སོགས་ཀྱི་འབྱོར་བ་ལ་བར་གཅོད་ཐམས་ཅད་ཤནྟ່་ ཀུ་རུ་སྭཱཧཱ། གཅིག་གིས་མར་ཁུ་དང༌། ཡང་སྔགས་སྔ་མ་གཅིག་རྗེས་སུ། ༀ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་སྭཱཧཱ། ཞེས་པ་ལྔ། བདག་སོགས་ཀྱི་སྡིག་པ་ཐམས་ཅད་ཤནྟ່་ཀུ་རུ་སྭཱཧཱ། གཅིག་གིས་ཏིལ་འབུལ་བ་བཞིན་འོག་ མ་རྣམས་ལ་སྔགས་གྲངས་དེས་འགྲེས་སྦྱར་ཏེ། ༀ་སརྦ་སཾ་བོ་དྷ་ཡེ་སྭཱཧཱ། བདག་སོགས་ཀྱི་ཤེས་བདེ་ལ་ བར་གཅོད་ཐམས་ཅད་ཤནྟ່་ཀུ་རུ་སྭཱ་ཧཱས་ཟས་མཆོག་དང༌། ༀ་བཛྲ་པུཥྚ་ཡེ་སཱཧཱ། བདག་སོགས་ཀྱི་ བསོད་ནམས་ལ་བར་གཅོད་ཐམས་ཅད་ཤནྟ່་ཀུ་རུ་སྭཱ་ཧཱས་འབྲས་དང༌། ༀ་བཛྲ་བི་ཛ་ཡེ་སྭཱཧཱ། བདག་སོགས་ཀྱི་འབྲུ་འཕེལ་ལ་བར་གཅོད་ཐམས་ཅད་ཤནྟ່་ཀུ་རུ་སྭཱ་ཧཱས་སོ་བ་དང༌། ༀ་མ་ཧཱ་ 7-1-101 བེ་གཱ་ཡེ་སྭཱཧཱ། བདག་སོགས་ཀྱི་མྱུར་ཤུགས་ལ་བར་གཅོད་ཐམས་ཅད་ཤནྟ່་ཀུ་རུ་སྭཱ་ཧཱས་ནས་ དང༌། ༀ་མཧཱ་བ་ལ་ཡེ་སྭཱཧཱ། བདག་སོགས་ཀྱི་སྟོབས་རྒྱས་ལ་བར་གཅོད་ཐམས་ཅད་ཤནྟ່་ཀུ་ རུ་སྭཱ་ཧཱས་སྲན་མ་དང༌། ༀ་བཛྲ་གྷསྨ་རི་ཡེ་སྭཱཧཱ། བདག་སོགས་ཀྱི་ནད་ཐམས་ཅད་ཤནྟ່་ཀུ་རུ་སྭཱ་ ཧཱས་གྲོ་དང༌། ༀ་བཛྲ་ཨཱ་ཡུ་ཥེ་སྭཱཧཱ། བདག་སོགས་ཀྱི་ཚེ་འཕེལ་ལ་བར་གཅོད་ཐམས་ཅད་ཤནྟ່་ ཀུ་རུ་སྭཱ་ཧཱས་དུར་བ་དང༌། ༀ་ཨ་པྲ་ཏི་ཧ་ཏ་བཛྲ་ཡེ་སྭཱཧཱ། བདག་སོགས་ཀྱི་སྲུང་བ་ལ་བར་གཅོད་ ཐམས་ཅད་ཤནྟ່་ཀུ་རུ་སྭཱ་ཧཱས་ཀུ་ཤ་དང༌། ༀ་སརྦ་ཨརྠ་སིདྡྷ་ཡེ་སྭཱཧཱ། བདག་སོགས་ཀྱི་བགེགས་ ཞི་ལ་བར་གཅོད་ཐམས་ཅད་ཤནྟ່་ཀུ་རུ་སྭཱ་ཧཱས་ཡུངས་དཀར་རྣམས་ཕུལ་བའི་མཐར། ༀ་ཨགྣ་ཡེ་སྭཱཧཱ། ཞེས་པ་ཁོ་ནས་འོག་མེ་ལྷའི་གཏང་རག་གི་རྫས་སྐལ་མིན་ཚད་འདིར་རྫས་གང་ཡོད་འབུལ་ཆོག མཐར་མེ་ལྷ་ལ་ཨ་མྲ໏་ཏས་ བསངས་ཆུ་གཏོར། ༀ་ཨརྒྷཾ་སྭཱཧཱས་མཆོད་ཡོན་ཕུལ། ༀ་ཨགྣེ་ཡེ་སྭཱ་ཧཱས་མར་ཁུ་བླུགས་གཟར་གང་ཕུལ་བས། མེ་ ལྷ་དེ་ཉིད་འབར་བ་མེའི་རྣམ་པར་གྱུར། གཉིས་པ་འདས་ལྷ་ལ་མེ་དཔུང་དེ་ཉིད་དུ་དམིགས་ཏེ། ཨ་མྲ໏་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ ངང་ལས་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་དུ་པཾ་ལས་སྡོང་བུ་དང་བཅས་པའི་པདྨ་འདབ་ མ་བརྒྱད་པའི་ལྟེ་བ་ཟེའུ་འབྲུར་ཨ་ལས་ཟླ་བའི་གདན་གྱི་སྟེང་དུ་ཏཱྃཿཡིག་ལྗང་གསལ་ཡོངས་ སུ་གྱུར་པ་ལས་བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་སྐུ་མདོག་ལྗང་གསལ་འོད་ཟེར་གྱི༴ སོགས་ནས་གོང་བདག་བསྐྱེད་ལྟར། བསྐྱེད་པ། སྤྱན་འདྲེན་གྱི་ས་མཱ་ཛའི་བར་བྱ། ཏཱྃཿ ཆོས་དབྱིངས་ཡེ་ཤེས་ཀློ ང་ ཡངས་ནས། །ཉེར་བཞེངས་འཕགས་མའི་ཡེ་ཤེས་ལྷ། །གང་འདུལ་སྤྲུལ་བཀོད་དང་བཅས་ གཤེགས། །དམ་ཚིག་ལྷ་དང་གཉིས་མེད་བཞུགས། ཛཿཧཱུཾ་བཾ་ཧོཿ ནས་དབང་བསྐུར་མཐའི་དབུ་ བརྒྱན། ཞེས་པའི་བར་བྱ་བ་ལས། བདག་ལ་ཞེས་པ། འདི་ལ་ཞེས་བསྒྱུར། དེ་ནས་འདས་ལྷ་ལ་བྱོན་ཟན་འབུལ་བ་ ནི། བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མའི་ལྗགས་ཧཱུཾ་ལས་བྱུང་བའི་རྡོ་རྗེ་རྩེ་གཅིག་པ་ དབུས་རྭ་སྦུབས་ཅན་དུ་གནས་པ་དགང་བླུགས་ཀྱི་ཁ་ལ་རཾ་གྱིས་མཚན་པར་གྱུར། ༀ་ཏཱ་རེ་ 7-1-102 ཏུཏྟཱ་རེ་ཏུ་རེ་སྭཱཧཱ། ༀ་ཨགྣེ་ཡེ་བདག་སོགས་ཀྱི་མི་མཐུན་ཕྱོགས་ཐམས་ཅད་ཤནྟ່་ཀུ་རུ་སྭཱཧཱ། ཞེས་པ་ལན་ཉེར་གཅིག་གིས་མར་ཁུ་ཕུལ་མཐར། བཅོམ་ལྡན་འདས་མའི་ཞལ་དུ་ཕུལ་བས་དགྱེས་བཞེས་ ཀྱིས་སྒྲུབ་པོས་གང་བཅོལ་ལ་ཕྲིན་ལས་ཐོགས་པ་མེད་པར་གྱུར། ཉེར་སྤྱོད་འབུལ་བ་ནི། མཆོད་རྫས་ བྱིན་རླབས་བྱ། རབ་དྭངས་ཡན་ལག་བརྒྱད་ལྡན་ཆབ། །ཕུལ་དུ་བྱུང་བའི་མཆོད་ཡོན་འདི། །རྗེ་ བཙུན་འཕགས་མའི་ལྷ་ལ་འབུལ། །དགྱེས་བཞེས་གང་བཅོལ་ལེགས་འགྲུབ་མཛོད། །ༀ་ ཨཱརྱ་ཏཱ་རེ་བྷྱཿཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། གཙང་མར་འཁྲུད་བྱེད་དག་པའི་ཆུ། །ཞབས་ཀྱི་པདྨོའི་ རྙོག་སེལ་འདི། །རྗེ་བཙུན་འཕགས་མའི༴ དགྱེས་བཞེས་གང་བཅོལ༴ པཱདྱཾ༴ མཛེས་སྡུག་སྣ་ ཚོགས་འདབ་ལྡན་པ། །ངོ་མཚར་ལེགས་མཛེས་མེ་ཏོག་ཚོགས། །རྗེ་བཙུན༴ དགྱེས་བཞེས༴ པུཥྤེ༴ དྲི་སྲུང་ངད་པ་ཆེས་བཟང་བ། །བདུག་པའི་སྤྲིན་གྱི་ཕུང་པོ་གང༌། །རྗེ་བཙུན༴ དགྱེས་ བཞེས༴ དྷུ་པེ༴ མི་ཤེས་མ་རིག་མུན་སེལ་ཞིང༌། །སྣང་གསལ་འོད་ཟེར་འབར་བའི་ཚོགས། །རྗེ་བཙུན༴ དགྱེས་བཞེས༴ ཨཱ་ལོ་ཀེ༴ ཙནྡན་ག་བུར་སོགས་སྦྱར་བའི། །དྲི་བཟང་ཡོན་ཆབ་ མཆོག་འདི་དག །རྗེ་བཙུན༴ དགྱེས་བཞེས༴ གནྡྷེ༴ ལྷ་མིའི་བཅུད་ཆེན་ཟས་སྦྱར་ཞིང༌། །རོ་ མཆོག་ཕུན་ཚོགས་ཞལ་ཟས་ཚོགས། །རྗེ་བཙུན༴ དགྱེས་བཞེས༴ ནེ་བི་དྱ༴ རྣམ་མང་སྙན་ པའི་སྒྲ་ལྡན་པ། །ཡིད་འཕྲོག་རོལ་མོ་སྣ་ཚོགས་འདི། །རྗེ་བཙུན༴ དགྱེས་བཞེས༴ ཤབྟའི་མཆོད་ ལ་ཉེར་སྤྱོད་སོ་སོར་དེ་ལུགས་ལྟར་རིམ་པས་འབུལ། བསྟོད་པ་ནི། ཏཱྃཿ རྒྱལ་ཀུན་བྱ་གྲུབ་ཡེ་ཤེས་མདངས། །མཛེས་སྡུག་སྒྱུ་འཕྲུལ་གར་བསྒྱུར་བ། །ལྗང་གསལ་གཡུ་ལྗོ ན་གསར་བའི་དཔལ། །མཚན་ དཔེས་ལེགས་མཛེས་སྐུ་ལ་བསྟོད། །རྣམ་པ་ཀུན་ཁྱབ་དབྱངས་ཀྱི་མཐའ། །གདུལ་བྱའི་མོས་ བློའི་རྗེས་འགྲོ་བ། །ཡན་ལག་དྲུག་ཅུའི་དཔལ་གྱིས་བརྗིད། །བདུད་རྩིའི་དཔལ་སྟེར་གསུང་ ལ་བསྟོད། །དོན་དམ་སྤངས་རྟོགས་ཡེ་ནས་རྫོགས། །ཀུན་རྫོབ་བྱང་ཆུབ་གསར་བའི་དཔལ། །ཀུན་ནས་རབ་རྒྱས་ཕྲིན་ལས་མྱུར། །བདེན་གཉིས་མཁྱེ ན་བཟང་མཆོག་ལ་བསྟོད། །སྐུ་ 7-1-103 གསུང་ཐུགས་ཀྱི་གསང་བ་ལ། །རྨད་བྱུང་ཡོན་ཏན་འབྱམས་ཀླས་ཤིང༌། །ཕུན་ཚོགས་ལེགས་ དགེས་ཀུན་ནས་བརྗིད། །ཟླ་བྲལ་གོ་འཕང་དེ་ལ་བསྟོད། །གདུལ་བྱ་འདུལ་ལ་གཡེལ་ མེད་པའི། །རླབས་ཆེན་མཐུ་ནུས་མཆོག་མངའ་ཞིང༌། །ཁྱད་པར་ཡེ་ཤེས་འོད་གསལ་བས། །རྨོངས་མུན་རབ་འཇོམས་ཁྱོ ད་ལ་བསྟོད། །ཅེས་པས་བསྟོད། དེ་ནས་འདས་ལྷའི་རྫས་འབུལ་དངོས་ནི། ལྷ་ སྔགས་ཡི་གེ་བཅུ་པ། ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། ཞེས་པ་ལན་གཅིག རྫས་སྔགས། ༀ་བོདྷི་བྲ໏ཀྵ་ཡེ་སྭཱཧཱ། ཞེས་པ་ལན་ཉེར་གཅིག ལས་སྔགས། བདག་སོགས་ཀྱི་གཟི་བརྗིད་ལ་བར་གཅོད་ཐམས་ཅད་ཤནྟིཾ་ཀུ་ རུ་སྭཱཧཱ། ཞེས་པ་ལན་གཅིག་གིས་ཡམ་ཤིང་འབུལ། ལྷ་སྔགས་ཡི་གེ་བཅུ་པ། རྫས་ལས་སྔགས་མེ་ལྷའི་སྐབས་ཀྱིས་འགྲེས་ ཏེ་རྫས་སྔགས་ཉེར་གཅིག་ཉེར་གཅིག་རེས་མར་ཁུ་དང༌། ཏིལ་གཉིས་འབུལ། དེ་མན་ལྷ་སྔགས་གཅིག རྫས་སྔགས་བདུན། ལས་སྔགས་གཅིག་གི་སྒོ་ནས། ཟས་མཆོག འབྲས། སོ་བ། ནས། སྲན་མ། གྲོ། དུར་བ། ཀུ་ཤ ཡུངས་དཀར་རྣམས་གོང་ལྟར་ འབུལ་མཐར། ༀ་ཨཱརྱ་ཏཱ་རེ་བྷྱཿཨརྒྷཾ༴ ནས། ཤབྟའི་བར་གྱིས་མཆོད་ཅིང༌། ཏཱྃཿ རྒྱལ་ཀུན་ཕྲིན་ལས༴ སོགས་བདག་བསྐྱེད་སྐབས་ལྟར་ཤོ་ལོ་ཀ་གཅིག་གིས་བསྟོད། འདོད་གསོལ་ནི། བཅོམ་ལྡན་འདས་མ་སྒྲོལ་མས་ བདག་ཅག་ལ་མི་མཐུན་ཕྱོགས་ཀུན་ཞི་བ་དང་ལེགས་མཐུན་གྱི་རྐྱེན་མཆོག་དང་ཐུན་མོང་གི་ དངོས་གྲུབ་གང་འོས་དུས་སུ་ཉེ་བར་བསྩལ་དུ་གསོལ། གྲངས་འཛིན་དངོས་ནི། ཡམ་ཤིང༌། མར་ཁུ། ཏིལ་ གསུམ་ལ་རང་སྔགས་ལན་བདུན་བདུན་གྱི་སྒོ་ནས་གོང་ལྟར་རེ་སོང་མཚམས་ནས། ལྷ་སྔགས་ཡི་གེ་བཅུ་པ་ཁོ་ན་བརྒྱ་ཕྲག་རེས་ རྫས་རྣམས་ཕུལ་མཐར། མཆོད་བསྟོད་འདོད་གསོལ་རེ་བྱ། གྲངས་འཛིན་དེ་འདྲ་ཡང་བསྐྱར་ལོང་སྐབས་དང་བསྟུན་ཏེ་འདས་ ལྷའི་རྫས་རྣམས་ལྷག་ལུས་མེད་པར་ཕུལ་མཐར། གཏོར་མ་འབུལ་བ་སྟེ། གཏོར་མ་ཨ་མྲ໏་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་གཏོར་མ་ བདུད་རྩིའི་རྒྱ་མཚོར་གྱུར། ༀ་ཨཱཿཧཱུཾ། གིས་བྱིན་གྱིས་བརླབས་ལ། ༀ་ཨཱརྱ་ཏཱ་རེ་བྷྱཿཨི་དཾ་བ་ལ່་ཏ་ ཁ་ཁ་ཁཱའ་ཧི་ཁཱ་ཧི། ལན་བདུན་གྱིས་ཕུལ་མཐར། ཨརྒྷཾ༴ ནས། ཤབྟའི་བར་གྱིས་མཆོད་ལ། ཏཱྃཿ རྒྱལ་ཀུན་ ཕྲིན་ལས༴ ནས། མཆོག་ལ་བསྟོད། །མཆོད་གཏོར་འདི་བཞེས་བདག་ཅག་ལ། །མི་མཐུན་རྐྱེན་ 7-1-104 སོལ་དངོས་གྲུབ་སྩོལ། །མདོར་ན་གང་བཅོལ་ལས་མཐའ་དག །ཇི་བཞིན་འགྲུབ་པར་མཛད་ དུ་གསོལ། །ཞེས་པས་འདོད་དོན་གསོལ་ལ། འདས་ལྷའི་རྗེས་ཆོག་ནི། མཆོད་རྫས་བྱིན་གྱིས་བརླབས། ཕུལ་བྱུང་ངོ་མཚར་རྨད་བྱུང་བའི། །མཆོད་ ཡོན་གང་དག་མཆིས་པ་ཀུན། །རྒྱལ་ཡུམ་བཅོམ་ལྡན་མ་ལ་འབུལ། །ཐུགས་རྗེས་བཞེས་ ལ་དངོས་གྲུབ་སྩོལ། །ༀ་ཨཱརྱ་ཏཱ་རེ་བྷྱཿཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། དེ་བཞིན་དུ་མཆོད་པའི་ཚིགས་བཅད་རྣམས་ ལ། ཞབས་བསིལ༴ ནས། རོལ་མོའི་བར་དང༌། སྔགས་ཚིག་རྣམས་ལ། པཱདྱཾ༴ ནས། ཤབྟའི་བར་སྦྱར་ཏེ་མཆོད་ ལ། བསྟོད་པ་གོང་སྨོས་རྒྱས་བསྡུས་གང་རུང་བྱ། དངོས་གྲུབ་བླང་བ་ནི། བཅོམ་ལྡན་འདས་མ་འཕགས་མ་ སྒྲོལ་མས་བདག་ལ་གནས་སྐབས་དང་མཐར་ཐུག་གི་དངོས་གྲུབ་གང་དང་གང་འཚམས་པ་ མཐའ་དག་ཇི་བཞིན་སྩོལ་ཞིང་གེགས་མེད་ཡིད་བཞིན་དུ་ཐོབ་པར་མཛད་དུ་གསོལ། ཡིག་བརྒྱ་ ལན་གསུམ་མཐར་བཟོད་གསོལ་ནི། ཡེ་ཤེས་ལྷ་མོ་འཕགས་མ་ལ། །བདག་རྨོངས་དབང་གིས་མཆོད་ ཚོགས་ཀུན། །སྒོ་གང་ཐད་ནས་ཉེས་འགལ་རིགས། །ནོངས་པ་གང་སོང་བཟོད་པར་གསོལ། །སླར་འདས་ལྷའི་བྱོན་ཟན་སྐབས་ཀྱི་འབུལ་སྔགས་ཉེར་གཅིག་གིས་གཤེགས་སྐྱེམས་མར་ཁུ་ཕུལ་ནས་གཤེགས་གསོལ་ནི། ༀ་ཏཱ་རེ་དཔལ་མོ་མྱུར་མའི་ལྷ། །ཡེ་ཤེས་མེ་དཔུང་གཞལ་ཡས་ནས། །རང་གནས་གཞན་དུ་ གཤེགས་ཚུལ་གྱིས། །གནས་ལུགས་གཤིས་བཞུགས་སླར་ཡང་བྱོན། །ༀ་བཛྲ་མུཿ གསུམ་པ་གཏང་རག་ལ། འབར་བའི་མེ་དེ་ཉིད་སླར་ཡང་མེ་ལྷའི་རང་གཟུགས་སུ་བཞེངས་ པར་གྱུར་པ་ལ། མེ་ལྷའི་ལྷ་སྔགས་ཚར་གཅིག་གི་མཐར། ཡམ་ཤིང༌། མར་ཁུ། ཏིལ་གསུམ་གྱི་རྫས་སྔགས་བདུན་བདུན་ རེ་དང༌། དེ་མན་ཆད་ཀྱི་རྫས་ཆེན་དགུའི་སྔགས་རྣམས་གསུམ་གསུམ་རེའི་སྒོ་ནས་རྫས་ལྷག་གཏང་རག་ཏུ་འབུལ་མཐར་ལས་ སྔགས། བདག་ཅག་རྣམས་ཀྱི་ལེགས་ཚོགས་སྒོ་ཀུན་ནས་འཕེལ་ཞིང་མི་མཐུན་ཕྱོགས་ཐམས་ ཅད་ཞི་བ་ཤནྟ່་ཀུ་རུ་སྭཱཧཱ། ཞེས་པ་ལན་གཅིག་བརྗོད། དེ་ནས་གོང་མེ་ལྷའི་སྐབས་བཞིན་ཨརྒྷཾ༴ ནས། ཤབྟའི་ བར་གྱིས་མཆོད། ཤེས་རབ་ཆེན་པོ་ཐུགས་ཆུད་ཅིང༌། །ཐུགས་རྗེ་ཆེན་པོས་འགྲོ་ལ་གཟིགས། 7-1-105 །ཐབས་མཁས་དྲང་སྲོང་ཆ་ལུགས་འཛིན། །ཡེ་ཤེས་མེ་ལྷ་མཆོག་ལ་བསྟོད། །ཅེས་པས་བསྟོད། མེ་ ལྷའི་གཏོར་མ། ཨ་མྲ໏་ཏས་བསངས། སྭ་བྷཱ་ཝས་སྦྱངས། ༀ་ཨཱཿཧཱུཾ། ལན་གསུམ་གྱིས་བྱིན་གྱིས་བརླབས། ༀ་ཨགྣ་ ཡེ་ཨི་དཾ་བ་ལིང་ཏ་ཁཱ་ཧི། ལྔས་གཏོར་མ་འབུལ་ལ་ཨརྒྷཾ༴ ནས། ཤབྟའི་བར་གྱིས་མཆོད་ལ། ཞི་བ་བརྙེས་ ཀྱང་འཇིག་རྟེན་ཚུལ། །སྐྱོན་བྲལ་སྲེག་ཟ་དྲང་སྲོང་མཆོག །ཆོས་ཀྱི་བདུད་རྩི་བསིལ་བྱེད་ གཉེན། །རིག་སྔགས་བདག་པོ་ཁྱོ ད་ལ་བསྟོད། །མཆོད་གཏོར་འདི་བཞེས་སོགས་ཀྱིས་འདོད་དོན་ གསོལ། སླར་ཡང་མེ་ལྷའི་བྱོན་ཟན་སྐབས་ལྟར་འབུལ་སྔགས་ཉེར་གཅིག་གིས་མར་ཁུ་གཤེགས་སྐྱེམས་སུ་འབུལ་རྗེས་མེ་ལྷ་ལ་ སླར་ཨ་མྲ໏་ཏས་བསངས་ཆུ་གཏོར། ཨརྒྷཾ་གྱིས་མཆོད་ཡོན་ཕུལ་ལ། ཡིག་བརྒྱ་ལན་གཅིག་བརྗོད། མེ་ལྷ་བཟོད་གསོལ་ གཤེགས་གསོལ་ནི། ༀ་བྱིན་ཟ་ཁྱོ ད་དགོངས་ཉེས་ནོངས་བཟོད། །དོན་གཉིས་སྒྲུབ་ཕྱིར་རང་ གནས་སུ། །ལེགས་བཞུད་སླར་ཡང་དུས་སུ་གཤེགས། །བདག་འདོད་ཇི་བཞིན་ལེགས་པར་ སྒྲུབས། ༀ་ཨགྣ་ཡ་ཧི་གཙྪ། གསུམ་པ་རྗེས་ལ་བསྔོ ་བ་དང་བཀྲ་ཤིས་བཅས་ནི། ཡེ་ཤེས་མེ་ལྷ་སྲེག་བྱེད་ལྷར། །སྲེག་བླུགས་ ལེགས་མཆོད་བསོད་ནམས་ཀྱིས། །བདག་ཅག་རིང་མིན་བྱང་ཆུབ་ཐོབ། །རང་གཞན་དོན་ གཉིས་ལྷུན་གྲུབ་སྟེ། །མཛད་པ་མཆོག་གི་སྤྱོད་བཟང་གིས། །མཁའ་དང་མཉམ་པའི་འགྲོ་ བ་ཀུན། །རང་དང་འཚམས་པར་ཆོས་ཀྱིས་བསྐྱང༌། །དེར་བརྟེན་མཐར་ཐུག་སངས་རྒྱས་ ཤོག །ཕུན་ཚོགས་སྐུ་ཡི་བཀྲ་ཤིས་ཤོག །ལེགས་བཤད་གསུང་གི་བཀྲ་ཤིས་ཤོག །རྨད་བྱུང་ ཐུགས་ཀྱི་བཀྲ་ཤིས་ཤོག །ཡ་མཚན་མཛད་ཕྲིན་བཀྲ་ཤིས་ཤོག །དེ་ནས་བདག་བསྐྱེད་བསྡུ་ལྡང་ནི། སྐད་ཅིག་གིས་རང་འཕགས་མ་སྒྲོལ་མའི་ཡེ་ཤེས་ཀྱི་སྐུ་དེ་ཉིད་འོད་ཕུང་གི་རྣམ་པས་ཡས་ མས་ནས་བསྡུས་ཏེ་ཐུགས་སྲོག་ལ་ཐིམ། དེ་ཡང་རིམ་པས་ཡལ་ནས་འོད་གསལ་སྟོང་པ་ཉིད་ ལ་མཉམ་པར་བཞག་སླར་ཡང་རྗེས་ཐོབ་སྒྱུ་མའི་ལྷ་སྐུའི་རྣམ་པར་གྱུར། སྨོན་ལམ་གདབ་པ་ནི། དབང་གི་ལས་ཚོགས་མཐའི། འདིར་འབད་རྣལ་འབྱོར་ཟབ་མོའི་ལེགས་བྱས་ཀྱིས། །ནས། ཇི་སྲིད་ 7-1-106 བསྐལ་པའི་བར་དུ་གནས་གྱུར་ཅིག །གཞན་ཡང་སྤྲོ་ན་གཡུ་ཞིང་གི་སྨོན་ལམ་རྒྱས་བསྡུས་ཅི་རིགས་པས་མཐའ་ བརྒྱན་པས་འཐུས་ལ། དེ་རྗེས་སུ་བསྲེག་བླུགས་ཀྱི་མེ་གང་དག་ཀྱང་རང་ཞིར་གྱུར་པ་ན་སོལ་བ་སོགས་འོ་མས་བཀྲུས་ལ་སྣོ ད་ གཙང་དུ་བསྡུས་ནས་ཆུར་དོར། ཐབ་ཀྱི་ཉེ་འཁོར་དྲི་ཞིམ་ཆུས་བྱུགས་ཏེ་ལས་རྗེས་མི་མངོན་པར་བྱ་བ་སོགས་སྤྱི་དང་འདྲ། དེ་ ལྟར་འདིར་བཀོད་སྦྱིན་སྲེག་གི་འདོན་ལུགས་ནི་རང་མགོ་ཐུབ་པའི་དབང་དུ་བྱས་ལ། གོང་གྲུབ་སྒྲོལ་ཆོག་སྒྲུབ་མཆོད་དང་སྦྲེལ་ བར་འདོད་ན་སྒྲུབ་མཆོད་རང་དཀྱུས་བཞིན་བདག་བསྐྱེད་ཡན་སོང་མཚམས་སུ། གནས་གསར་ལ་སྦྱིན་སྲེག་ལྟར་ས་ཆོག་དཀར་ གཏོར་གྱིས་ས་བསླང་བ་ནས་སེམས་བསྐྱེད་པས་ས་བཟུང་བའི་བར་བཏང༌། དེ་ནས་སྒྲུབ་མཆོད་བུམ་མདུན་བདག་འཇུག་ལྷོ ་སྒོ་ དབང་བསྐུར་རྣམས་ཇི་ལྟར་མོས་པ་བཞིན་བྱས་ནས་རྗེས་མཆོད་ཀྱི་མགོར། སྦྱིན་སྲེག་རང་གཞུང་གི་བསངས་ཆུ་བྱིན་རླབས་ནས་ བཟུང་ཁོག་ལྟར་ཡོངས་རྫོགས་བསྔོ ་བ་བཀྲ་ཤིས་ཡན་གྲུབ་པ་ན། སྒྲུབ་མཆོད་རྗེས་ཆོག་མན་གྱིས་མཐར་དབྱུང་བ་བྱས་ན་ཆོག་གོ ། འདིར་སྨྲས་པ། ཆོས་སྐུ་ཀུན་ཁྱབ་བདེན་མཐུ་ལས། །རང་འཚམས་དག་སྣང་ཆོས་སྐོར་ཤར། ། སྐྱེ་ཀུན་བདག་དང་ཆོས་མཆེད་ཟུང༌། །འཕགས་མའི་གདུལ་ཞིང་མི་འབྲལ་སྨོན། ། རབ་དཀར་ལེགས་བྱས་འདིར་འབད་པས། །དུས་མཐའི་བསྟན་འགྲོར་དེ་འཕྲལ་ཉིད། ། རྫོགས་ལྡན་གསར་བའི་དཔལ་ཡོན་འབར། །རླབས་ཆེན་ཕན་ཐོགས་འབྱུང་གྱུར་ཅིག ། དག་སྣང་ཆོས་སྐོར་ལེགས་གྲུབ་ཀྱི་མཇུག་གིས་བརྗོད་བྱ་ཡང་རང་རེའི་སྐྱེ་ལུས་འདི་བླངས་ནས་མཚམས་རེ་ཞིག་གི་སྐོར་ དེ་སྐབས་ཡན་གྱི་དུས་རིང་ཙམ་ན་འདི་ཕྱིའི་སྐྱབས་གནས་སུ་ལས་ཡི་དམ་སྙིང་གི་དཀྱིལ་ནས་བྱེད་ཡུལ་གཙོ་ཆེ་ཤོས་ནི་ལྷ་མོ་ སྒྲོལ་མ་ཉིད་ཡིན་གཤིས། དེ་ལུགས་རེ་ལྟོ ས་དང་ཡིད་ཆེས་ཀྱི་དད་པ་འཕེལ་ཚབས་ཡང་དུས་ཀྱི་ཐ་མ་འདི་ལྟ་བུར་རང་ཅག་སྐལ་ བ་ཆེས་དམན་དག་ལ་ལྟོ ས་ཚོད་ཙམ་ལ་མཚོན་ན་ཅུང་དྲག་རེ་ཡོང་ཁུལ་གྱི་རྟེན་འབྲེལ་ལ་བརྟེན། ལོ་སྔ་མོ་འགའི་རིང་ནས་རང་ གཞན་ཅི་རིགས་པའི་རྐྱེན་ལས་སྒྲོལ་མའི་དག་སྣང་གི་ཆོས་འགའ་སྣ་ཚོགས་པ་སེམས་ལ་རང་ཤར་གྱི་ཡིག་ཚོགས་ཕྲན་བུ་རེ་ཡོད་ པ་དང༌། དེ་མཐུན་རྨི་ལམ་ཟ་ཟིའི་ལེགས་སྣང་གི་མཚན་མ་རེ་དང་བཅས་འདིའི་ཆོས་སྐོར་གང་གྲུབ་ལ་དུས་དབང་གིས་དཀའ་ 7-1-107 ངལ་ཧ་ཅང་ཆེ་ཡང་ལན་གྲངས་མང་པོར་གསུང་རབ་ལེགས་བསྐྲུན་གྱི་སྙིང་སྟོབས་ཡོ༵ན་ཏ༵ན་གྱི་སྒང་ངེས་པར་མཐོ་ཞིང་ཆོས་སྤྱོད་ ཡིག་རིས་ཀྱི་ཐུགས་ཁུར་བཟ༵ང་པོ༵ས་ཆོས་ལ་ལེགས་སྐྱེས་སྒྲོལ་མའི་སྐུ་བརྙན་ཟབ་གོས་ཀྱི་འཕན་ཆ་གདུགས་བཟང་ཞལ་ཕོར་ བཀྲ་ཤིས་རྟགས་ཀྱི་ལེགས་མཚན་ཅན་རྣམས་ཀྱིས་ཆེ་བཀུར་དང་བཅས་བསྐུལ་མ་ཆེད་གཉེར་ཡང་དག་དང༌། གཞན་ཡང་ཆོས་ ལ་སྒོ་ཀུན་ནས་བརྩོན་འགྲུས་རབ་ཀྱི་དཔལ་དུ་གྱུར་པ་གང་གིས་སྐབས་འདིའི་བགྱི་འོས་མཐའ་དག་ལེགས་སྒྲུབ་ཀྱི་ངང་ནས་ སྔར་ཆོས་འདིའི་སྐོར་ལ་དོན་གཉེར་གྱི་ཐུགས་མངའ་ཚོགས་གཉིས་དཔལ་གྱི་མིང་འཛིན་གང་ནས་རིན་ཆེན་གསེར་བཟང་གི་ སྐྱེས་རབ་བཅས་ཀྱིས་ལེགས་བསྐུལ་དང༌། ཆོས་མཆེད་ཉིད་སྲིང་སྔོ ན་ནས་སྐྱེ་གནས་འཕོས་པ་མོ་མ་བུའི་དགེ་རྩ་ཡོངས་སྨིན་ཕྱིར་ དང༌། རང་གི་གནས་བདག་གཤིན་པོའི་ཆོས་སྐལ་དུ་ཀུན་ནས་ཉེར་ཕན་གྱི་ཆེད་དུ་དམིགས་པ་སོགས་ཀྱི་བསྐུལ་རྐྱེན་ལ་ཉེ་བར་ བརྟེན། བསྟན་འགྲོ་སྤྱིའི་ལེགས་ཚོགས་རྒྱས་འཕེལ་གྱི་རྐྱེན་དུ་གཙོ་ཆེར་དམིགས་ཁུལ་བགྱིས་ཏེ། ངེས་དོན་ཀུན་ཁྱབ་དག་སྣང་ སྒྲོལ་མའི་ཆོས་སྐོར་ཆོག་སྒྲིག་གྲུབ་གཉིས་དཔལ་སྟེར་ཞེས་བྱ་བ་འདི་ཀུན་ནས་དགའ་བའི་ལྷག་བསམ་བཟང་པོའི་བློ༵་གྲོ༵ས་ཀྱི་ མྱུ་གུ་ཤིན་ཏུ་ན་ཕྲ་ཞིང་ཁ་ནས་གྲ ༵ གས་པ༵་སྐམ་པོ་ཙམ་དུ་ཟད་ཀྱང་སྙིགས་དུས་བསྟན་པའི་ཉག་མར་འབྲེལ་གང་འོས་ལ་ཉེ་བར་ སྤྱོད་པ་ཅན་གྱི་བརྗོད་སྒོ་ལས་ངེས་པར་སྤེལ་བ་སྟེ། འདིས་ཀྱང་མ་ལུས་པའི་འགྲོ་བ་གང་དག་བདུད་བཞིའི་འཇིགས་པ་ཆེ་ལས་ མྱུར་དུ་གཡུལ་ངེས་པར་རྒྱལ་བའི་དགའ་སྟོན་གྱི་དཔལ་ཡོན་སྒོ་ཀུན་ནས་འགུགས་པའི་དབང་མཛད་ལྷ་མོའི་ལྕགས་ཀྱུའི་བརྟུལ་ ཞུགས་གེགས་མེད་ཇི་བཞིན་དུ་འཛིན་པར་གྱུར་ཅིག། །། 7-1-108 ༄༅། །སྒྲོལ་མ་ཉེར་གཅིག་ཕྱོགས་མཐུན་ཉེར་བསྡུས་ ཀྱི་སྒྲུབ་ཐབས་བཞུགས་སོ། ། ༄༅། །རྗེ་བཙུན་སྒྲོལ་མ་ལ་གུས་པས་བཏུད་དེ་གང་གི་སྒྲུབ་ཐབས་མདོར་བསྡུས་རྒྱུན་ཁྱེ ར་བྱ་བ་ལ་ཐོག་མར་ སྐྱབས་སེམས་སྤྱི་མཐུན་དང་ཚད་མེད་བཞིའི་བསམ་པའི་ངང་ནས། ཤུ་ནྱ་ཏས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ སྐད་ཅིག་གིས་པདྨ་འདབ་མ་ཉི་ཤུ་པའི་ལྟེ་བར་ཟླ་བའི་གདན་སྟེང་དུ་རང་སེམས་འཕགས་ མའི་ཐུགས་སྲོག་ཏཱྃཿཡིག་ལྗང་གསལ་ལས་འོད་ཟེར་འཕྲོ་འདུས་ཡོངས་སུ་གྱུར་པ་ལས་ རང་ཉིད་བཅོམ་ལྡན་འདས་མ་རྗེ་བཙུན་ལྷ་མོ་སྒྲོལ་མ་སྐུ་མདོག་ལྗང་གསལ་འོད་ཟེར་གྱི་ ཕུང་པོ་འབར་བ་ཟག་མེད་ཡེ་ཤེས་ཀྱི་སྐུ་ཅན་ཞལ་གཅིག་ཕྱག་གཉིས་ཞབས་ཟུང་ཕྱེད་སྐྱིལ་ གྱིས་བཞུགས་པ། ཕྱག་གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་པུས་མོར་སོན་ཞིང༌། གཡོན་པའི་ དཀོན་མཆོག་གསུམ་མཚོན་གྱི་ཕྱག་རྒྱས་ཐུགས་ཀ་ནས་ཨུཏྤལའི་སྡོང་བུ་ནས་འཛིན་པ་མེ་ ཏོག་དང་ལོ་འབྲས་ཕུན་སུམ་ཚོགས་པ་སྙན་གྱི་ཐད་དུ་ཁ་ཕྱེ་ཞིང་གཡུར་ཟ་བ། དར་གྱི་སྟོད་ གཡོགས་དང་ཤམ་ཐབས་ཀྱི་ན་བཟའ་ཉེ་བར་བཀླུབས་པ་རིན་པོ་ཆེའི་རྒྱན་རྣམ་པ་སྣ་ཚོགས་ ཀྱིས་ཀུན་ནས་མཛེས་ཤིང༌། ངོ་མཚར་བའི་སྒེག་པ་ལྟ་བས་ཆོག་མི་ཤེས་པའི་ལང་ཚོ་བདོ་ ཞིང༌། ཞལ་རས་རབ་ཏུ་རྒྱས་པ་ལ་སྤྱན་ཟུང་གིས་མཛེས་བཞིན་འཛུམ་པའི་གཟི་མདངས་ འབར་བའི་དྲི་མེད་ཡེ་ཤེས་ཀྱི་སྐུ་ལྗང་གསལ་འོད་ཟེར་གྱི་ཕུང་པོས་མཁའ་ཀུན་འགེངས་པ། དེའི་མཐའ་སྐོར་གྱི་པད་འདབ་ཉི་ཤུ་པོ་རྣམས་སུ་ཟླ་གདན་རེ་རེ་ལ་མདུན་ནས་བརྩམས་ཏེ་ 7-1-109 གཡས་བསྐོར་གྱི་རིམ་པས་འཕགས་མའི་སྐུ་ལས་སྤྲུལ་པའི་ལྷ་མོ་བསོད་ནམས་མཆོག་སྟེར་ དབྱངས་ཅན་མ་སོགས་སྒྲོལ་མ་ཉི་ཤུ་པོ་སྐུ་མདོག་ལྗང་ཁུ་རབ་ཏུ་མཛེས་པ། དར་དང་རིན་ པོ་ཆེའི་རྒྱན་ཆ་ལུགས་ཀྱི་བཀོད་པ་ཕལ་ཆེར་གཙོ་མོ་ཉིད་དང་འདྲ་བ་ལས་ཅུང་ཟད་མི་འདྲ་ བ་ཞི་ཁྲོའི་ཉམས་སྣ་ཚོགས་ཅན་དབུས་གཙོ་མོ་ལ་མངོན་པར་ཕྱོགས་ཏེ་བཞུགས་པ། གཙོ་ འཁོར་དེ་དག་ཐམས་ཅད་ཀྱི་ཐུགས་ཀར་ཟླ་གདན་ལ་ཏཱྃཿཡིག་རེ་རེས་མཚན་ཞིང༌། གཙོ་མོའི་ ཐུགས་ཀའི་ཏཱྃཿཡིག་རང་མདོག་ལས་འོད་ཟེར་འཕྲོས་པས་རང་བཞིན་དག་པའི་ཞིང་ནས་ རང་འདྲའི་ལྷ་མོ་ཉེར་གཅིག་སངས་རྒྱས་བྱང་སེམས་ཀྱི་ཚོགས་བཅས་སྐད་ཅིག་གིས་སྤྱན་ དྲངས། ༀ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ གཙོ་འཁོར་ཐམས་ཅད་ལ་དམ་ཡེ་གཉིས་སུ་མེད་པར་ ཐིམ། སླར་ཡང་གཙོ་མོའི་ཐུགས་ཀའི་འོད་ཟེར་གྱིས་དབང་ལྷ་རིགས་ལྔ་སྤྱན་དྲངས་ཏེ། གཙོ་ འཁོར་ཐམས་ཅད་ལ་དབང་ལྷ་རྣམས་ཀྱིས་བུམ་པས་དབང་བསྐུར་བས་གཙོ་འཁོར་ཐམས་ ཅད་ཀྱི་སྐུ་ལུས་གང་རང་གི་སྒོ་གསུམ་གྱི་དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པ་ལས་གཙོ་འཁོར་ ཐམས་ཅད་ལ་རིགས་བདག་འོད་དཔག་མེད་རེ་རེས་དབུ་བརྒྱན། དབང་ལྷ་རྣམས་ཀྱང་དམ་ ཡེ་དབྱེར་མེད་པ་གང་དག་ལ་གཉིས་སུ་མེད་པར་ཐིམ་པར་གྱུར། གཙོ་མོ་དང་འཁོར་གྱི་ལྷ་མོ་ རྣམས་དང་བཅས་པའི་ཐུགས་ཀར་ཟླ་བ་ལ་ཏཱྃཿཡིག་རེ་རེའི་མཐར་སྔགས་ཕྲེང་གིས་བསྐོར་ བར་དམིགས་ལ། ༀ་ཏཱ་རེ་ཏཱཾ་སྭཱཧཱ། ཞེས་པ་ཅི་ནུས་དང༌། ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། ཞེས་པ་དང༌། དེ་ ལ་ཤམ་བུ་མཱ་མ་ཨཱ་ཡུར་པུཎྱེ་ཛྙཱ་ན༴ ཞེས་སོགས་བཏགས་པའང་བཟླ་བར་བྱའོ། །མཐར། ལྷ་མོ་ཉི་ཤུ་པོ་གཙོ་ མོ་ལ་ཐིམ། དེ་ཡང་འོད་གསལ་གྱི་ངང་དུ་རིམ་གྱིས་བསྡུས་ཏེ་དམིགས་མེད་སྟོང་པ་ཆེན་པོས་ རྒྱས་གདབ་པར་གྱུར། པར་བསམ་ལ་དར་ཅིག་མཉམ་པར་བཞག་མཐར། དགེ་བ་འདི་ཡིས་རིང་པོར་མི་ ཐོགས་པར། །བདག་གིས་འཕགས་མའི་སྐུ་མཆོག་མངོན་བྱས་ཏེ། །མཐའ་ཡས་འགྲོ་ལ་ཟབ་ རྒྱས་ཆོས་ཆར་གྱིས། །ཁམས་གསུམ་འཁོར་བའི་སྡུག་རྒྱུན་བཅད་པར་ཤོག །ཅེས་སོགས་བསྔོ ་བ་ 7-1-110 བྱའོ། ། གཏོར་མ་མཆོད་པར་སྤྲོ་ན། ཨ་མྲ ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་གཏོར་སྣོ ད་ རིན་པོ་ཆེའི་ནང་དུ་དཀར་གསུམ་མངར་གསུམ་སོགས་ཟག་མེད་ཀྱི་དགྱེས་པ་སྐྱེད་བྱེད་ཀྱི་ རྫས་ཁྱད་པར་བས་ཡོངས་སུ་གང་བར་གྱུར། ཨ་ཀཱ་རོས་བྱིན་གྱིས་བརླབས། རང་གི་ཐུགས་ཀའི་ འོད་ཀྱིས་ལྷ་མོ་ཉེར་གཅིག་སྐད་ཅིག་གིས་སྤྱན་དྲངས། ༀ་ཨཱརྱ་ཏཱ་རེ་ས་པཱ་རི་ཝཱ་ར་ཨེ་དཾ་བ་ ལིང་ཏ་ཁ་ཧི། ལན་གསུམ། ཨརྒྷཾ་སོགས་ཀྱིས་མཆོད་ལ། ༀ་ཏཱ་རེ་དཔའ་མོ་རྗེ་བཙུན་མ། །དུས་གསུམ་ རྒྱལ་བའི་ཕྲིན་ལས་ཡུམ། །མ་ལུས་འཇིགས་པ་སྐྱོབས་པའི་མགོན། །ལྷ་མོ་ཉེར་གཅིག་ བཅས་ལ་བསྟོད། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་འདོད་དོན་གསོལ། ཡིག་བརྒྱ། ནོངས་བཤགས་སྤྱི་ལྟར་གྱི་མཐར་གཏོར་མགྲོན་ཡེ་ཤེས་པ་རང་ལ་བསྡུ་བའམ། གཤེགས་གསོལ་གང་རུང་བྱའོ། །ཞེས་རྗེ་བཙུན་ སྒྲོལ་མ་ཉེར་གཅིག་ཕྱོགས་མཐུན་ཉེར་བསྡུས་ཀྱི་སྒྲུབ་ཐབས་བྱིན་རླབས་གསང་བའི་སྒོ་འབྱེད་ཅེས་བྱ་བ་འདི་ཡང་ལྷ་འདི་ལ་ མོས་པ་བླ་མ་རིག་དགའི་མོས་འདུན་མ་བཟློ ག་ཙམ་དུ། མ་ཏིས་སྦྱར་བའི་ཡི་གེ་པ་ཆོས་མཆེད་ཀྱིས་བགྱིས་སོ།། །། 7-1-111 ༄༅། །སྒྲོལ་ལྗང་གཙོ་མོའི་བདག་བསྐྱེད་བཞུགས་སོ། ། ༄༅། །ན་མོ་སྐྱབས་ཀུན་འདུས་པའི་བླ་མ་རྗེ། །དེང་ནས་བྱང་ཆུབ་བར་དུ་སྐྱབས་སུ་ བསྟེན། །མར་གྱུར་འགྲོ་ལ་ཕན་བདེ་སྤེལ་བའི་ཆེད། །རྗེ་བཙུན་འཕགས་མའི་རྣལ་འབྱོར་ སྒོམ་བཟླས་བགྱིད། །ལན་གསུམ། སྐད་ཅིག་རང་ལུས་གདོས་བཅས་སྟོང་པའི་གཞིར། །རང་ སེམས་གསལ་སྟོང་ངོ་བོ་ཏཱྃཿཡིག་ལྗང༌། །འོད་ཟེར་འཕྲོ་འདུས་གནས་འགྱུར་འཕགས་མའི་ སྐུ། །ལྗང་གསལ་འོད་ཀྱི་ཕུང་པོ་་མེ་བ། །མཛེས་འཛུམ་ཞལ་བཟང་ཞབས་གཉིས་ཕྱེད་སྐྱིལ་ བཞུགས། །ཕྱག་གཡས་མཆོག་སྦྱིན་གཡོན་པ་རིན་ཆེན་གསུམ། །མཚོན་བྱེད་ཕྱག་རྒྱས་ ཨུཏྤལ་སྡོང་བུ་འཛིན། །སྣ་ཚོགས་དར་དང་རིན་ཆེན་རྒྱན་གྱིས་མཛེས། །ལང་ཚོར་བབ་ཅིང་ སྒེག་པའི་ཉམས་བཟང་གིས། །པད་ཟླའི་གདན་བཞུགས་དམ་ཡེ་དབྱེར་མེད་པར། །སྤྱི་བོར་ འོད་དཔག་མེད་པའི་རིགས་བདག་ཅན། །ཐུགས་ཀར་ཟླ་སྟེང་ཏཱྃཿལྗང་སྔགས་ཕྲེང་བཀོད། །དེ་དང་རང་སེམས་བརྗོད་བྲལ་གཉུག་མའི་ངང༌། །མ་བཅོས་དབྱེར་མེད་སྙིང་པོ་རང་ཤུགས་ བཟླ། །དེ་ནས་ཡི་གེ་བཅུ་པ་སོགས་ཅི་ནུས་བཟླ་མཐར། རང་གི་ཐུགས་ལས་མཆོད་སྤྲིན་ཟད་མེད་གཏེར། །མི་ཟད་ནམ་མཁའ་མཛོད་ཀྱི་རང་བཞིན་དུ། །སྤྲོ་བས་ཡི་དམ་ལྷ་ཉིད་མཆོད་ཅིང་བསྟོད། །ལྷ་སྐུ་འོད་ཞུ་དམིགས་མེད་ཆོས་དབྱིངས་ངང༌། །དགེ་འདིས་མ་འོངས་བདག་ནི་འགྲོ་ཀུན་ སླད། །འཕགས་མའི་ཡེ་ཤེས་སྐུ་ལ་དབང་འབྱོར་ནས། །འཁོར་བའི་གནས་ནས་འགྲོ་ཁམས་ སྒྲོལ་བ་ལ། །ལྷུན་གྲུབ་མཛད་པའི་འཇུག་པ་ལྷོ ད་མེད་ཤོག །ཅེས་པའང་བརྩོན་འགྲུས་དཔལ་ལ་མཁོ་ ཆེད། མ་ཏིའི་མིང་གིས་སྨྲས་ལྟར་ཡི་གེ་མཆེད་ཀྱིས་བྲིས་སོ།། །། 7-1-112 ༄༅། །ལྷ་མོ་ཉེར་གཅིག་གི་བསྟོད་གསོལ་ཕྲིན་ལས་ མྱུར་འཇུག་བཞུགས་སོ། ། ༄༅། །ༀ་མྱུར་མ་དཔའ་མོ་ལྷ་མོའི་ཚོགས་ལ་གུས་པས་ཕྱག་འཚལ་ལོ། །རེ་བའི་ དོན་ཀུན་གེགས་མེད་འགྲུབ་པར་མཛད་དུ་གསོལ། །ཏཱ་རེ་དཔའ་མོ་ཆོས་དབྱིངས་ཡེ་ཤེས་ གནས་ལུགས་འཁོར་འདས་ཡོངས་ཁྱབ་པ། །ཡོངས་གྲུབ་གདོད་མའི་རང་བཞིན་དེ་ཉིད་ནམ་ ཡང་རིས་བྲལ་རྟག་པའི་སྐུ། །འཕོ་མེད་བདེ་བ་ཆེན་པོའི་རང་གཟུགས་རྣམ་ཀུན་མཆོག་གི་ བཀོད་པ་ཅན། །མཛེས་སྡུག་ལྷ་མོའི་རྣམ་པར་ཡོངས་འཕོས་རྒྱལ་ཡུམ་ཕྲིན་ལས་མྱུར་མ་ཀྱེ།༡ །འཇིག་རྟེན་དབང་ཕྱུག་མཛེས་ཞལ་ལས་བསྐྲུན་མྱུར་མཛད་དཔའ་མོས་༡འཇིགས་ཀུན་ སྐྱོབས། །ཡེ་ཤེས་ཟླ་ཤེལ་ཞུན་མའི་ཕུང་པོ་དབྱངས་ཅན་འཕགས་མས་༢ངག་མཆོག་སྩོལ། །ཕ་རོལ་ཕྱིན་མ་བསོད་ནམས་སྦྱིན་མོས་༣འགྲོ་ཀུན་དབུལ་བ་མྱུར་ནས་སོལ། །རྣམ་པར་ རྒྱལ་མ་༤ ཤེར་ཕྱིན་དགའ་མས་ཉམ་ཆུང་སྐྱེ་དགུའི་སྒྲིབ་པ་སྦྱོངས།༢ །དབང་མཛད་ལྷ་མོ་ རིག་བྱེད་མ་༥ཡིས་འཇིག་རྟེན་ཆེ་དགུ་དབང་བསྡུད་མཛོད། །གཟི་བརྗིད་རབ་རྒྱས་འཇིགས་ བྱེད་ཆེན་མོས་༦ནག་ཕྱོགས་འབྱུང་པོའི་སྡེ་རིགས་ཆོམ། །སྟོབས་ལྡན་གཞན་གྱིས་མི་ཐུབ་ མ་༧ཡིས་གནོད་འཚེའི་འཁྲུལ་འཁོར་མཐའ་དག་ཟློ ག །གཞན་ལས་རབ་རྒྱལ་༨འཇིགས་ གཟུགས་རྔམ་མས་བསྟན་ལ་འཚེ་བའི་བདུད་དགྲ་སོད།༣ །རྗེ་བཙུན་སེང་ལྡེ ང་ནགས་ཀྱི་ སྒྲོལ་མས་༩སྒྲུབ་པོའི་གང་འདོད་རེ་བ་སྐོང༌། །འཇིག་རྟེན་གསུམ་རྒྱལ་༡༠དཔལ་ལྡན་ལྷ་མོས་ བདུད་སྡེའི་རིགས་ཀུན་དབང་བསྡུས་ཤིག །ནོར་སྟེར་༡༡དཔལ་གྱི་གཡང་ཀུན་འགུགས་མས་ ནོར་ལྷ་དབང་བསྡུད་གཡང་བཅུད་སྐྱོལ། །བཀྲ་ཤིས་དོན་ཀུན་མཛད་པའི་༡༢ལྷ་མོས་དགེ་ 7-1-113 མཚན་ནོར་བུ་ཆར་དུ་བསྙིལ།༤ །བསྟན་དགྲའི་དཔུང་འཇོམས་༡༣ཁྲོ་ཆེན་མྱུར་མས་དྲག་པོའི་ ཕྲིན་ལས་རྩལ་ཤུགས་ཕྱུང༌། །རབ་ཁྲོས་གཏུམ་པའི་སྤྱན་༡༤ལྡན་མ་ཡིས་ཞིང་བཅུའི་དགྲ་ སྡེ་མིང་མེད་མཛོད། །རབ་ཏུ་ཞི་བ་༡༥ཆེན་མོ་མཆོག་གིས་འགྲོ་འདིའི་ཉེས་སྡིག་དྲུངས་ནས་ ཕྱུང༌། །འོད་ཕྲེང་དྲག་པོ་རབ་ཏུ་འབར་མས་༡༦ནག་ཕྱོགས་ལུས་ཕུང་འགེམས་པར་མཛོད།༥ །དཔག་མེད་སྟོབས་ཀྱིས་གནོན་༡༧མཛད་མ་ཡིས་བདུད་ཁམས་མ་ལུས་རྡུལ་དུ་རློགས། །རྨ་ བྱ་ཆེན་མོ་དུག་༡༨སེལ་ལྷ་མོས་བརྟན་གཡོའི་དུག་ཀུན་རབ་ཞི་མཛོད། །རྗེ་བཙུན་འཕགས་ མ་མི་ཕམ་རྒྱལ་མོས་༡༩འཐབ་འཁྲུག་ལྟས་ངན་རིགས་ཀུན་ཟློ ག །རི་ཁྲོད་ལྷ་མོ་ནད་༢༠ཀུན་ འཇོམས་མས་དྲག་པོའི་རིམས་ལས་འགྲོ་ཀུན་སྐྱོབས།༦ །འོད་ཟེར་ཅན་མ་༢༡འཕྲུལ་སྟོབས་ ལྡན་དེས་གདོན་སོགས་འཚེ་ཀུན་མྱུར་བཟློ ག་མཛོད། །དེ་ལྟར་ཉེར་གཅིག་ལྷ་མོའི་ཚོགས་ལ་ སྙིང་ནས་གུས་པའི་རེ་འདུན་གྱིས། །ཆེར་སྙིགས་དུས་ཀྱིས་མནར་བའི་འགྲོ་ལ་རིང་མིན་བདེ་ དགའ་སྦྱིན་པའི་སླད། །བསྟོད་བསྔགས་འདོད་གསོལ་ཟུང་དུ་སྤེལ་བ་འདི་ཡིས་དགེ་མཚན་ འབར་གྱུར་ཅིག༧ ། ཅེས་ལྷ་མོ་ཉེར་གཅིག་གི་བསྟོད་གསོལ་ཟུང་འབྲེལ་འཕགས་མའི་ཕྲིན་ལས་མྱུར་འཇུག་ཅེས་བྱ་བ་ འདི་ཡང་གང་གི་སྐྱབས་འོག་པ་གུས་ཕྲན་མ་ཏི་ཀིརྟིས་འཕྲལ་དུ་ཤར་མར་སྤེལ་བས་རྗེ་བཙུན་བཅོམ་ལྡན་འདས་མའི་ཐུགས་རྗེའི་ བྱིན་རླབས་མྱུར་དུ་འཇུག་པར་གྱུར་ཅིག། །། ༈ སྙིགས་དུས་ལས་ངན་རྒུད་པས་གཙེས་ཤིང་ལས་ཉོན་གཞན་དབང་གིས། །བསྟན་ ལ་འཚེ་བའི་བསམ་སྦྱོར་ལོག་པ་རྣམ་སྨིན་ཁུར་ལྕི ་བ། །འཕགས་མ་ཐུགས་ཉིད་ཞི་བ་ཆེན་ པོའི་དབྱིངས་ལས་སྙིང་རྗེའི་མཐུས། །འདོད་ཁམས་དབང་ཕྱུག་ཁྲོ་མོའི་རྣམ་པས་དྲག་པོས་ ལེགས་བསྒྲལ་མཛོད། །འདི་ཡང་མ་ཏིས་སོ།། །། 7-1-114 ༄༅། །གཙོ་མོའི་སྒོས་བསྟོད་གཏང་རག་དགའ་སྟོན་ བཞུགས་སོ། ། ༄༅། །ལེགས་མཛེས་ལྗང་གསལ་གཡུ་ཡི་ལྗོ ན་བཟང་མཉེན་ལྕུག་ལྡེ མ་བག་ངོམས། །ངོ་མཚར་འཇའ་ཟེར་རྣམ་བཀྲས་ཕན་ཚུན་ཀུན་ནས་དཀྲིས་པ་ལྟར། །ཡེ་ཤེས་སྐུ་མཆོག་ ལང་ཚོ་རབ་གསར་དྲི་མེད་ལྗང་འོད་འབར། །ཟག་བྲལ་མཚན་དཔེའི་མཛེས་སྡུག་འཆང་ ཁྱོ ད་མིག་གི་བདུད་རྩི་མཆོག༡ །རྡུལ་བྲལ་འཕགས་མའི་སྐུ་བཟང་བཟང་པོའི་དཔལ་གྱིས་ རྣམ་པར་མཛེས། །མ་སྨད་བསོད་ནམས་ཆེས་མཆོག་མཆོག་གིས་ཀུན་ནས་ཉེ་བར་བརྒྱན། །མཚར་སྡུག་ལང་ཚོ་རབ་གསལ་གསལ་བའི་མདངས་བརྒྱ་ཅིར་ཡང་འབྱིན། །རྣམ་བྱང་ཡེ་ ཤེས་འོད་ལུས་ལུས་ཅན་ཀུན་གྱི་མཆོག་སྐུ་འཛིན།༢ །མརྒད་དུམ་བུ་བཞུས་པ་མིན་ཡང་ ལྗང་གསལ་ཁ་དོག་བཀྲ། །དཔག་བསམ་ལྗོ ན་པའི་ཡལ་ག་མིན་ཡང་འཇམ་མཉེན་ཕྱག་ ཟུང་བསྐྱོད། །སྣ་ཚོགས་དབང་གཞུའི་མཛེས་གཟུགས་མིན་ཡང་མདངས་བཀྲའི་དར་གོས་ བཀླུབས། །འདམ་ལས་ཐོན་པའི་ཆུ་སྐྱེས་མིན་ཡང་ཨུཏྤལ་འཁྲི་ཤིང་གཡོ།༣ །སྟོབས་བཅུའི་ གོ་འཕང་ཀུན་ནས་རྒན་ཡང་ན་ཆུང་མཛེས་གཟུགས་ངོམ། །ཁྱོ ད་སྐུ་ཀུན་ཁྱབ་ཚད་བཟུང་ བྲལ་ཡང་པད་ཟླར་ཕྱེད་སྐྱིལ་བཞུགས། །འཕྱོར་སྒེག་བསམ་པ་རིང་དུ་དོར་ཡང་རྐེ ད་མེད་སྒྱུ་ རྩལ་འཆང༌། །རྣམ་སྨིན་ཕུང་པོའི་སྦུབས་རྒྱ་གྲོལ་ཡང་མཛེས་སྐུ་ལེགས་སྨིན་ཚུལ།༤ །འཆི་ མེད་སྒེག་མོས་ཐགས་སུ་མ་སྐྲུན་སྣ་ཚོགས་དར་བཟང་གྱོན། །གདེངས་ཅན་བུ་མོས་སྐྱེས་ 7-1-115 སུ་མ་ཕུལ་ནོར་བུའི་རྒྱན་ཕྲེང་གཡོ། །སུམ་རྩེན་བཟོ་བོས་ལག་རྩལ་མ་བྱས་རིན་ཆེན་ཕྱང་ ཕྲུལ་འཆང༌། །བདེ་སོགས་ལྷ་མོས་ཅོད་པན་མ་བསྐོན་ནོར་མཆོག་དབུ་རྒྱན་ཅན།༥ །མཛེས་ སྡུག་ཉམས་ཀྱིས་སྒེག་འདི་འཆི་མེད་ན་ཆུང་ཀུན་ལས་ལྷག །ཡ་མཚན་སྐུ་ཡི་དཔལ་འདི་ སྲིད་ན་ཆེ་དགུ་སུ་ཡིས་འགྲན། །ཡེ་ཤེས་རང་གཟུགས་རྒུད་བྲལ་རྣམ་བྱང་ཆོས་སྐུ་ཕུལ་བྱུང་ བ། །འཇིག་རྟེན་ཡ་མཚན་དངོས་པོ་ཀུན་ཀྱིས་བརྒྱ་ཡི་ཆར་མི་ཕོད།༦ །ཕྱོགས་གཅིག་རིས་སུ་ མ་ཆད་གདུལ་བྱའི་ཡིད་དང་མཐུན་པའི་སྐུ། །སྣ་ཚོགས་གང་འདུལ་བཀོད་པ་རབ་འབྱམས་ འགྲོ་ལ་ཅིག་ཆར་སྟོན། །གཅིག་ལས་དུ་མ་ཡོངས་འཕྲུལ་ཁྱོ ད་སྐུའི་སྣང་བ་ངེས་བཟུང་མེད། །འོན་ཀྱང་སྒྱུ་འཕྲུལ་བཀོད་པའི་ཆེས་ཕྲའི་ཆ་ལ་ཅུང་ཙམ་བསྔགས།༧ །འགག་མེད་ཡན་ལག་ དྲུག་ཅུའི་གསུང་དབྱངས་མཁའ་མཐར་ཡོངས་ལ་ཁྱབ། །སྣ་ཚོགས་སྐད་ཀྱིས་གང་འདུལ་ འགྲོ་བའི་ཡིད་ཀྱི་རྗེས་མཐུན་པ། །ཟབ་རྒྱས་ཆོས་ཚུལ་མཆོག་གིས་མཐའ་ཡས་གདུལ་བྱ་ གྲོལ་མཛད་པའི། །འཕགས་མའི་གསུང་གི་གསང་བ་བདག་ཉིད་ཆེན་པོས་དཔོག་ནུས་མིན།༨ །ཀུན་མཁྱེ ན་ཟག་མེད་ཐུགས་མཆོག་དབྱིངས་ལ་སྤྲོས་པའི་དྲི་མས་དབེན། །འོད་གསལ་ཡེ་ ཤེས་དམ་པའི་ཡིན་ལུགས་འཁོར་འདས་དྭངས་མའི་བཅུད། །སྤྲོས་ཀུན་རབ་ཞིའི་དབྱིངས་ ནས་མ་ལུས་འགྲོ་བའི་ཁམས་དབང་གཟིགས། །བཅོམ་ལྡན་འདས་མའི་ཆོས་སྐུའི་གསང་ བ་བསམ་མི་ཁྱབ་པའི་ཡུལ།༩ །མཁྱེ ན་པ་མཆོག་གིས་འགྲོ་བའི་ཁམས་དབང་མཐའ་དག་ ཇི་བཞིན་གཟིགས། །བརྩེ་ཆེན་སྙིང་རྗེ་འགྲོ་ལ་ནམ་ཡང་ལྷོ ད་མེད་རྗེས་སུ་ཞུགས། །གསང་ གསུམ་མཛད་པའི་མཐུ་ནུས་གང་དེ་ནམ་ཡང་ཐོགས་པ་མེད། །མཁྱེ ན་བརྩེ་ནུས་པ་རྒྱ་མཚོའི་ མངའ་བདག་མྱུར་མ་དཔའ་མོ་རྗེ།༡༠ །རྩོལ་མེད་ལྷུན་གྲུབ་གང་འདུལ་མཛད་པས་འགྲོ་ ཁམས་རྟག་སྐྱོང་བ། །ཡིད་བཞིན་ནོར་ལས་དགོས་འདོད་འབྱུང་བ་ཇི་བཞིན་ཟད་པ་མེད། །ཕྲིན་ལས་གློག་ལྟར་མྱུར་བའི་ཤུགས་ཀྱིས་གདུལ་བྱ་དུས་མི་ཡོལ། །རྗེ་བཙུན་འཇིགས་སྐྱོབ་ 7-1-116 ལྷ་མོས་འདི་ཕྱི་ཀུན་ཏུ་ཐུགས་རྗེས་ཟུང༌།༡༡ །འཕགས་མ་མཆོག་གི་གཡེལ་མེད་རླབས་ཆེན་ མཛད་པའི་འཇུག་སྒོ་ལས། །སྔོ ན་ནས་ད་བར་བདག་ཅག་ལྟོ ས་བཅས་ཀུན་ལ་གཡེལ་མེད་ པར། །མི་ཤིགས་བསྲུང་བས་སྦས་ཏེ་ཉེས་ཀུན་ལས་རྒྱལ་ཁྱོ ད་ཀྱི་དྲིན། །ད་དུང་འདི་ཕྱི་ཀུན་ ཏུ་ཐུགས་རྗེས་ནམ་ཡང་ལྷོ ད་མེད་མཛོད།༡༢ །སྡུག་སྡུག་གིས་མནར་བདག་གིས་དུང་དུང་ རེ་འདུན་དྲག་པོ་ཡིས། །ལྷང་ལྷང་འོ་དོད་བོས་པས་བརྩེ་བརྩེ་ཐུགས་རྗེས་གཟིགས་མཛོད་ ལ། །དམན་དམན་སྙིགས་མ་བདོ་འདིར་འགྱང་འགྱང་བྱེད་པའི་ལོང་མེད་པར། །མྱུར་མྱུར་ རེ་འབྲས་དོན་ལྡན་གསལ་གསལ་མངོན་དུ་གྱུར་པར་མཛོད།༡༣ །འཕགས་མ་ཁྱོ ད་ལ་རེ་འོ་ ཉིད་ལས་རེ་ཡུལ་གཞན་མེད་ཕྱིར། །བདག་གིས་འདི་ཕྱི་ཀུན་ཏུ་རེ་ལྟོས་ཕུར་ཚུགས་བྱ་བ་ ལ། །རེ་འདོད་ཇི་བཞིན་འགྲུབ་པར་མཛོད་ཅིག་རྒྱལ་ཡུམ་ཐུགས་རྗེ་ཅན། །འདི་ཕྱི་ཀུན་ཏུ་ ཡི་དམ་ལྷར་བགྱིད་ཉིད་དང་དབྱེར་མེད་ཤོག༡༤ །དེང་སྐབས་འདི་ན་ལེགས་ཚོགས་ཉིད་ མཐུས་གནང་བའི་བཀའ་དྲིན་ལས། །བདག་གིས་ཁྱེ ད་མཆོད་ཕྱིར་དང་བདག་ནི་རྟག་པར་ རྗེས་བཟུང་ཆེད། །ཉིད་ལ་བསྔགས་ཚིག་དང་བཅས་རེ་འདུན་ལེགས་ཞུའི་དགའ་སྟོན་འདི། གཏང་རག་ཚུལ་དུ་འབུལ་ན་ཐུགས་རྗེས་གཡེལ་བ་མེད་གྱུར་ཅིག༡༥ །ཅེས་རྗེ་བཙུན་འཕགས་མ་ལ་ བསྟོད་བསྔགས་དང་བཅས་ཏེ་རེ་འདུན་ཞུ་བའི་འདོད་གསོལ་གཏང་རག་དགའ་སྟོན་ཞེས་བྱ་བ་འདི་ཡང་འཕགས་མ་མཆོག་གི་ སྐྱབས་འོག་གྱི་ན་བ་མ་ཏིའི་མིང་གིས་དད་གུས་དང་བཅས་འཕྲལ་དུ་བྲིས་པ་དགེ། །། ༈ མཛེས་འཛུམ་ལྗང་གསལ་མུ་ཏིག་སྒེག་མོའི་བཞིན། །དཀྱུས་རིང་འདྲེན་བྱེད་ཨུཏྤལ་ ཟུང་གིས་མཛེས། །པད་དམར་སྒྲོས་ལ་ཀུ་མུད་སོ་ཕྲེང་དགོད། །ལེགས་བཤད་གླུ་དབྱངས་ སྒྲོགས་འདི་ངོ་མཚར་གནས། །མ་ཏིས་བྲིས་པའོ།། །། 7-1-117 ༄༅། །འཕགས་མ་ལ་བཀྲ་ཤིས་རྟགས་བརྒྱད་ཀྱི་འདོད་གསོལ་ ཉེར་བསྡུས་ཕྲིན་ལས་མྱུར་འཇུག་ ཅེས་བྱ་བ་སོ། ། ༄༅། །ༀ་ཏཱ་རེ་མྱུར་མ་དཔའ་མོ་ལ་ཕྱག་འཚལ་ལོ། །ལེགས་ལམ་ཚོགས་གཉིས་བྱེ་ བའི་དཔལ་ལས་འཕོས། །གཟུགས་སྐུ་ལྗང་གསལ་འོད་བཟང་ཕུང་པོ་ཅན། །ལྷ་མིའི་མིག་ གི་བདུད་རྩིར་སིམ་པའི་གཉེན། །འགྲོ་ཀུན་འཇིགས་ལས་སྒྲོལ་མཛད་དཔའ་མོ་རྗེ།༡ །ཕྲིན་ ལས་དགེ་མཚན་འབུམ་གྱི་དཔ༵ལ་བེ༵འུ། །ངོ་མཚར་རིས་སུ་ཆད་མེད་མཛད་བཟང་གིས། །ལུས་ཅན་ཡོངས་ལ་བཀྲ་ཤིས་གསར་བའི་དཔལ། །མི་རིང་མྱུར་ནས་རྒྱས་པའི་དགའ་སྟོན་ ཕོབ།༢ དྲི་མེད་ཐུགས་མཆོག་རབ་རྒྱས་པ༵དྨོ༵འི་ཁམས། །མཁྱེ ན་བརྩེའི་འདབ་བརྒྱ་ཡངས་ པའི་ཆོས་བཅུད་ཀྱིས། །སྐལ་བཟང་འགྲོ་འདིའི་གཉུག་སེམས་དབང་བསྒྱུར་ཏེ། །བདེ་ སྟོང་ལྗོ ན་པའི་ལོ་འབྲས་ངོམ་པར་མཛོད།༣ །གསང་གསུམ་ཡོན་ཏན་དར་གྱི་ཤམ་བུ་གཡོ། །འཁོར་སྡུག་ཚ་གདུང་ཡོངས་སེལ་གདུ༵གས་གྲིབ་ཀྱིས། །ཉམ་ཐག་རྒུད་པས་མནར་བའི་ འགྲོ་འདི་ཀུན། །ལེགས་སྐྱོབས་སྡུག་བསྔལ་དབུགས་ལས་དབྱུང་བར་མཛོད།༤ །དྲུག་ཅུའི་ དབྱངས་ལྡན་ཚངས་པའི་ངག་གི་དཔལ། །ཟབ་རྒྱས་ལེགས་ལམ་སྒྲོག་པའི་ཆོ༵ས་དུ༵ང་གིས། །རྨོངས་དུབ་ཆོས་སྒྲ་ཙམ་གྱིས་དབེན་པའི་འགྲོ། །གསུང་རབ་དམ་པས་ཡོངས་ལ་ཕན་ཐོགས་ ཤོག༥ །རྣམ་མང་སྤངས་རྟོགས་ཆ་ཀུན་ཡོངས་རྫོགས་ཤིང༌། །ཕྲིན་ལས་མུ་འཁྱུད་རབ་རྫོགས་ 7-1-118 གསེ༵ར་འཁོ༵ར་གྱིས། །ལུས་ཅན་མཐའ་དག་འཇིགས་ལས་ལེགས་བསྒྲལ་ཏེ། །དགའ་སྐྱིད་ གསར་བའི་དཔལ་ཡོན་ཐོབ་པར་མཛོད།༦ །རིང་མོའི་དུས་ནས་མི་མཐུན་ཕྱོགས་ལས་རྒྱལ། །སྲིད་ན་མངོན་མཐོའི་རྒྱ༵ལ་མཚ༵ན་ལེགས་བསྒྲེངས་པས། །དུས་ཀྱི་རང་རྟགས་རྣོ་བ་མི་ བཟད་པ། །ཕྱོགས་མཐར་ཡོངས་འགེངས་འདི་ལས་མྱུར་རྒྱལ་མཛོད།༧ །ཕུན་ཚོགས་ལེགས་ སྒོ་འབྱུང་བའི་གཏེར་ཆེན་པོ། །གང་འདོད་རེ་སྐོང་འདོད་དགུའི་བུ༵མ་བཟ༵ང་གིས། །འགྲོ་ཀུན་ རྫོགས་ལྡན་གསར་བའི་མགྲོན་དུ་བོས། །རང་རང་ཡིད་འཐད་ཇི་བཞིན་འགྲུབ་པར་མཛོད།༨ །མ་སྨད་ཚོགས་གཉིས་ཕུལ་བྱུང་ཏཱ་རེ་མ། །དོན་གཉིས་གསེར་གྱི་ཉ༵་མོ༵་ཡོངས་འཁྱི ལ་བས། །སྲིད་མཐའི་བར་དུ་འགྲོ་ཁམས་སྐྱོང་བ་ལ། །ནམ་ཡང་གཡེལ་བ་མེད་པའི་རྗེས་བརྩེར་ མཛོད། ༩ །བཀྲ་ཤིས་ཀུན་འབྱུང་མྱུར་མ་དཔའ་མོ་ལ། །བཀྲ་ཤིས་རྟགས་ཀྱི་འདོད་དོན་ ལེགས་གསོལ་བས། །བཀྲ་ཤིས་དགེ་ལེགས་འབུམ་གྱི་དཔལ་འབར་ཏེ། །བཀྲ་ཤིས་སྒོ་ མཐའ་ཀུན་ནས་ཡོངས་རྒྱས་ཤོག ༡༠ །ཅེས་འཕགས་མ་ལ་བཀྲ་ཤིས་རྟགས་བརྒྱད་ཀྱི་འདོད་གསོལ་ཉེར་བསྡུས་ ཕྲིན་ལས་མྱུར་འཇུག་ཅེས་བྱ་བ་འདི་ཡང་དོན་འགའ་ཞིག་ལ་དམིགས་ནས་དབང་མེད་དུ་འབྲི་འདོད་བྱུང་བའི་རྐྱེན་གྱིས་མ་ཏིའི་ མིང་གིས་བསྙད་བཞིན་ཆོས་གྲོགས་ཀྱིས་ཡི་གེར་ཤར་མར་སྤེལ་བ་ཛ་ཡནྟུ།། །། 7-1-119 ༄༅། །མདོ་སྔགས་ཡོངས་རྫོགས་དང་འབྲེལ་བའི་འཕགས་མ་ལ་ གདུང་འབོད་ཀྱི་ཚུལ་གྱིས་འདོད་གསོལ་ ལམ་ཟབ་ལེགས་འཇོ་ཞེས་བྱ་བ་ བཞུགས་སོ། ། ༄༅། །རྒྱལ་ཀུན་ཕྲིན་ལས་ཐུགས་རྗེ་མྱུར་མའི་ལྷར། །ཡོངས་བཞེངས་བདུད་བཞིའི་ གཡུལ་ལས་རྒྱལ་བའི་མ། །རྗེ་བཙུན་བཅོམ་ལྡན་འདས་མ་དཔའ་མོ་རྗེ། །མཚན་ཙམ་གྱིས་ ཀྱང་འཇིགས་ཀུན་སེལ་བའི་མགོན། །སྲིད་གསུམ་མཛེས་སྡུག་ཅིག་ཆར་བཟླུམས་པས་ཀྱང༌། །ལྷ་མོའི་སྐུ་ཡི་ལང་ཚོའི་ཆར་མི་ཕོད། །རབ་མཛེས་མཚར་སྡུག་སྒྱུ་མའི་འཕྲུལ་ཆེན་གྱིས། །སྲིད་གསུམ་དགེ་མཚན་སྦྱིན་མཛད་དཔའ་མོ་ཀྱེ། །ནམ་ཡང་ཐུགས་རྗེས་ཡལ་བར་མི་གཏོང་ ཞིང༌། །རླབས་ཆེན་མཛད་ཕྲིན་དུས་ལས་ཡོལ་མེད་པ། །ཐུགས་རྗེ་ཉེ་རིང་མི་མངའི་རྗེ་བཙུན་ མ། །གདུང་བའི་ང་རོས་འབོད་དོ་བརྩེ་བས་དགོངས། །མཐུ་ཆེན་ལས་ཤུགས་བཙན་པའི་ གཞན་དབང་ཅན། །འཁོར་བར་རིང་ནས་ལུས་པའི་བདག་སོགས་འགྲོ། །ད་རེས་རྣམ་དཀར་ ཆོས་ཀྱི་བློ་མིག་སད། །ཡང་དག་ལམ་ལ་མྱུར་ནས་འཇུག་པར་མཛོད། །དེ་ཡང་ཚེ་འདིའི་ འཁོར་བའི་ཕུན་ཚོགས་ཀུན། །ཆུ་ཤིང་བཞིན་དུ་སྙིང་པོ་མེད་མཐོང་ནས། །ཅིས་ཀྱང་དགོས་ མེད་རྒྱུད་ལ་སྐྱེས་གྱུར་ཏེ། །འདི་སྣང་ཞེན་པ་དྲུངས་ནས་ཆོད་པར་མཛོད། །ཁམས་གསུམ་ འཁོར་བ་མཐོ་དམན་ཐམས་ཅད་དུ། །བདེ་བའི་གོ་སྐབས་སྐད་ཅིག་མེད་པ་དང༌། །གཏན་ 7-1-120 བདེ་མཆོག་གྱུར་ཐར་པ་དམ་པའི་གྲོང༌། །ཐོབ་པའི་རེ་ཡུལ་ཉིད་དུ་མྱུར་ངེས་མཛོད། །རང་ ཉིད་བདེ་ཡང་མ་རྒན་འགྲོ་དྲུག་ཀུན། །མི་བཟོད་སྡུག་བསྔལ་ཁུར་གྱིས་ཆེས་མནར་བ། །འདི་ ཡང་བློས་མི་ལོང་བའི་བསམ་པ་ཡིས། །བྱམས་དང་སྙིང་རྗེ་རྒྱུད་ལ་སྐྱེ་བར་མཛོད། །ཁྱད་པར་ མར་གྱུར་འགྲོ་བ་མཐའ་དག་གི །ཆེད་དུ་བདག་ཉིད་བྱང་ཆུབ་གོ་འཕང་མཆོག །ཐོབ་པར་ འདོད་པའི་བློ་ཡི་སེམས་བསྐྱེད་དེ། །བཅོས་མ་མིན་པའི་རང་དབང་ཐོབ་པར་མཛོད། །ཀུན་ རྫོབ་ཆོས་ཀུན་བདེན་པས་སྟོང་པ་དང༌། །དོན་དམ་ཆོས་ཉིད་གདོད་ནས་འགྱུར་མེད་ཚུལ། །ཡང་དག་མཐའ་གཉིས་ལེགས་སྤངས་དབུ་མའི་ལམ། །ངེས་པ་དོན་གྱི་ཆོས་ལ་མཁས་པར་ མཛོད། །གསང་ཆེན་ཐེག་པའི་ལམ་བཟང་ལ་ཞུགས་ཏེ། །སྨིན་བྱེད་དབང་གིས་ལེགས་སྨིན་ དམ་ཚིག་ལྡན། །སྐལ་ལྡན་རྡོ་རྗེའི་སྤུན་གྱི་གྲལ་དུ་ཞུགས། །ཁྱབ་བདག་བླ་མའི་ཐུགས་བཅུད་ འཛིན་ནུས་མཛོད། །མ་དག་འཁོར་བའི་སྐྱེ་འཆི་བར་སྲིད་གསུམ། །དག་པ་སྐུ་གསུམ་སྣང་ བས་ལེགས་སྦྱངས་ཏེ། །ཐ་མལ་སྣང་གྲགས་གསང་གསུམ་འཁོར་ལོར་ཤར། །བསྐྱེད་རིམ་ རྣལ་འབྱོར་མཆོག་ལ་དབང་ཐོབ་མཛོད། །གཉུག་མ་ཡེ་ཤེས་ཇི་བཞིན་མངོན་བྱེད་ཐབས། །ཀུན་རྟོག་གྲྭ་ཟུར་ཆོམ་པའི་རང་གཤིས་ནས། །མི་ཤིགས་ཆོས་སྐུའི་རང་གཟུགས་ཆེས་ གསལ་བ། །སྐུ་ཡི་རྡོ་རྗེའི་རྣལ་འབྱོར་མཐར་ཕྱིན་མཛོད། །རླུང་དང་ཐིག་ལེའི་རང་བཞིན་ བདེ་བ་ཆེ། །སྟོང་གཟུགས་སྒྱུ་མའི་གཤིས་སུ་བཀྲ་བ་ཅན། །གཞོམ་མེད་ནཱ་ད་ཉེ་བར་བསྐྲུན་ པའི་ཕུལ། །གསུང་གི་རྡོ་རྗེའི་རྣལ་འབྱོར་མཐར་ཕྱིན་མཛོད། །མ་དག་ལུས་སྣང་འོད་གསལ་ སྟོང་པའི་གཟུགས། །དགའ་བཞིའི་བདེ་ཆེན་རབ་ཏུ་རྒྱས་པ་ཡིས། །སྤྲོས་བྲལ་དམིགས་མེད་ དག་སྣང་ལྟད་མོར་ངོམ། །ཐུགས་ཀྱི་རྡོ་རྗེའི་རྣལ་འབྱོར་མཐར་ཕྱིན་མཛོད། །གདོས་བཅས་ བེམ་པོ་ཡེ་ཤེས་དབྱིངས་སུ་ཡལ། །མི་འགྱུར་བདེ་བའི་ཆ་ཀུན་ཡོངས་རྫོགས་ཤིང༌། །རྣམ་ ཀུན་མཆོག་ལྡན་ཟུང་འཇུག་མཐར་ཐུག་པ། །ཡེ་ཤེས་རྡོ་རྗེའི་རྣལ་འབྱོར་མཐར་ཕྱིན་མཛོད། 7-1-121 །འཕོ་མེད་བདེ་སྟོང་ཟུང་འཇུག་གཉུག་མའི་ལྷ། །མཛད་པ་ལྷུན་གྲུབ་ལོངས་སྤྱོད་རྫོགས་སྐུའི་ འཕྲུལ། །ནམ་ཡང་རིས་བྲལ་རྒྱལ་ཡུམ་བཅོམ་ལྡན་མའི། །ཟག་མེད་ཆོས་སྐུ་ཇི་བཞིན་མྱུར་ མངོན་མཛོད། །གཞི་ལམ་འབྲས་བུའི་ཆོས་ཚུལ་ཡོངས་རྫོགས་དང༌། །ཁྱད་པར་གསང་ཆེན་ རིམ་གཉིས་ལམ་འབྲས་ཀུན། །བརྗོད་བྱའི་དོན་ལ་རྫོགས་པའི་རྒྱུད་ཀྱི་རྒྱལ། །ཟབ་བཀའ་ གང་དེའི་དགོངས་དོན་དཔྱིས་ཕྱིན་མཛོད། །འཕགས་མ་མཆོག་གི་རྡོ་རྗེའི་སྔགས་རྒྱུད་ཀྱིས། །ཇི་སྐད་བསྟན་པའི་ལས་ཚོགས་རབ་འབྱམས་བཅས། །གསང་ཆེན་རིམ་གཉིས་མཐའ་དག་ ཇི་བཞིན་དུ། །མན་ངག་ཟབ་མོས་བདེ་བླག་ཀུན་ཤེས་མཛོད། །སྟོང་གཟུགས་ཡེ་ཤེས་སྒྱུ་ མའི་རང་གཟུགས་འབར། །རྣམ་པ་ཀུན་ལྡན་སྤྲོས་མེད་ནམ་མཁའ་ལྟར། །ཟག་བྲལ་བདེ་ ཆེན་འཁོར་འདས་ཡོངས་ཁྱབ་པ། །ཟུང་འཇུག་དཔའ་མོས་འགྲོ་བའི་མ་རིག་སོལ། །གཞི་ དབྱིངས་འཕོ་མེད་རྒྱལ་ཡུམ་འཕགས་མའི་སྐུ། །ལྷན་སྐྱེས་གདོད་མའི་གནས་ལུགས་ཚུལ་དུ་ བཞུགས། །རང་སེམས་ཆོས་ཉིད་ལས་གཞན་ལོགས་ན་མེད། །དེ་ཕྱིར་རང་ཞལ་མཇལ་བར་ ནང་ནས་སྨོན། །ཞེས་མདོ་སྔགས་ཡོངས་རྫོགས་དང་འབྲེལ་བའི་འཕགས་མ་ལ་གདུང་འབོད་ཀྱི་ཚུལ་གྱིས་འདོད་གསོལ་ ལམ་ཟབ་ལེགས་འཇོ་ཞེས་བྱ་བ་འདི་ཡང་གསང་སྔགས་ལ་ཉམས་ལེན་བརྩོན་པ་གྲྭ་བཙུན་རིག་འཛིན་དགའ་བའི་རྡོ་རྗེ་ལ་མཁོ་ ཕྱིར། མ་ཏིའི་མིང་གིས་ལེགས་བརྗོད་བཞིན་མཆེད་ཀྱིས་ཡི་གེར་ཕབ་བོ།། །། 7-1-122 ༄༅། །སྒྲོལ་མའི་གསོལ་སྨོན་བསྟན་འགྲོའི་ ལེགས་ཕན་ཞེས་བྱ་བ་བཞུགས་སོ། ། ༄༅། །ༀ། ཏཱ་རེ་མྱུར་མ་དཔའ་མོ་སྐྱེ་དགུའི་མགོན། །ཏཱུཏྟཱ་རེ་ཡིས་འཇིགས་ཆེན་ཀུན་ སེལ་མ། །ཏུ་རེ་གྲུབ་གཉིས་འདོད་པ་ལེགས་འཇོ་བ། །སྭཱཧཱས་མཁའ་མཉམ་འགྲོ་ལ་མཆོག་ སྩོལ་ཅིག །ཕྲིན་ལས་རབ་མྱུར་འགྲོ་འདུལ་ཤུགས་ཕྱུང་ལ། །དབྱངས་ལྡན་ངག་གིས་སྙིང་ནང་ རྨོངས་པ་སོལ། །བསོད་ནམས་དབྱིག་མཆོག་ཀུན་ནས་དཔལ་སྟེར་ཞིང༌། །མི་མཐུན་ཕྱོགས་ ལས་རྣམ་པར་རྒྱལ་བར་མཛོད། །རིག་བྱེད་འཇིག་རྟེན་ཆེ་དགུའི་མཐུ་དབང་བསྡུས། །ཕ་རོལ་ བདུད་སྡེ་སྐྲག་ཅིང་འཇིགས་མཛད་པ། །འཚེ་བྱེད་གཞན་གྱིས་མི་ཐུབ་དཔའ་རྫོགས་ཤིང༌། །དགྲ་སྡང་གཞན་ལས་རྒྱལ་བའི་མཐུ་ཆེན་སྩོལ། །མ་ལུས་འགྲོ་བ་སྡུག་བསྔལ་དབུགས་ལས་ དབྱུང༌། །འཇིག་རྟེན་གསུམ་རྒྱལ་ཆེ་བའི་ཡོན་ཏན་རྫོགས། །ནོར་མཆོག་རབ་སྟེར་དབུལ་ ཕོངས་དྲུངས་འབྱིན་ཅིང༌། །བཀྲ་ཤིས་ཕུན་ཚོགས་ལེགས་སྒོ་ཡོངས་རྒྱས་མཛོད། །མ་རུངས་ འཚེ་བྱེད་དགྲ་སྡེའི་དཔུང་ཆེན་གཞོམ། །བགེགས་རིགས་ལ་སྡང་མི་མཐུན་གཡུལ་ངོ་ཟློ གས། །ཉེར་འཚེ་མཐའ་དག་ཞི་བའི་དཔལ་འབར་ཞིང༌། །ངོ་མཚར་བདེ་དགའ་དེ་བཞིན་ཆེས་ཆེར་ སྦོ ར། །དཔག་མེད་སྟོབས་ཀྱིས་ཕ་རོལ་དྲེགས་པ་གནོན། །སྲོག་འཕྲོག་བརྟན་དང་གཡོ་ བའི་དུག་ཀུན་གཞིལ། །རྨི་ལམ་མཚན་ངན་གང་གིས་འཚེ་མེད་པར། །ནད་རིམས་ཡམས་ སོགས་གནོད་པ་ལས་སྐྱོབ་གསོལ། །དགྲ་ཇག་ཆོམ་རྐུན་རིགས་ཚོགས་ཕྱོགས་མཐར་བསྐྲད། 7-1-123 །མདོར་ན་མི་འདོད་རྐྱེན་ངན་མཐའ་དག་སོལ། །ཆོས་དང་དཔལ་འབྱོར་སྒོ་མཐའ་ཀུན་ནས་ རྒྱས། །འདི་ཕྱིར་བདེ་དགའ་རྒྱ་མཚོར་ཡོངས་དབང་མཛོད། ། ༀ། ཏཱ་རེ་ཕྲིན་ལས་རབ་མྱུར་དཔའ་མོ་དེས། །གསང་གསུམ་ཆོ་འཕྲུལ་འགྱེད་གཞི་ ཏཱྃཿལྗང་ལས། །འཁོར་འདས་དཔལ་གཡང་སྭཱཧཱས་གཞི་ཚུགས་ལ། །ཡིད་འདོད་ཇི་བཞིན་ སྐོང་བའི་དགེ་མཚན་ཕོབ། །འཕགས་མ་ལྷ་ཡི་མཐུ་སྟོབས་རབ་དར་བས། །སྒྲུབ་པོ་འདས་ མཚོན་རྣམ་མང་འགྲོ་བའི་ཁམས། །ཐོགས་མེད་ནས་བསགས་སྡིག་ལྟུང་ཡོངས་སྦྱངས་ཤིང༌། །བཟོད་དཀའ་འཁོར་བའི་མཚོ་ལས་མྱུར་བར་སྒྲོལ། །དེར་བརྟེན་ཐུགས་རྗེ་ཆེ་བའི་དབང་ ཤུགས་ཀྱིས། །སྟོབས་བཅུའི་མངའ་བདག་རྒྱལ་བ་བྱེ་ཕྲག་བདུན། །ངོ་མཚར་གསང་བ་ཟབ་ མོའི་སྒོ་ཆེན་གྱིས། །མཛད་ཕྲིན་དུས་བབ་སྨིན་བྱེད་མཆོག་སྩོལ་ཅིག །སྐལ་བཟང་དེ་ལས་ ཆོས་སྣང་དགའ་བདེ་རྒྱས། །གནས་སྐབས་དྲི་མ་སྦྱངས་པའི་རླབས་མཐུ་རྫོགས། །ཟུང་ འཇུག་དགའ་ཆེན་གནས་ལུགས་རིམ་མངོན་ཏེ། །འཕགས་མའི་དགོངས་ཆེན་དབྱིངས་དང་ མྱུར་འདྲེས་མཛོད། །ཇི་སྲིད་དེ་མ་ཐོབ་པའི་གནས་སྐབས་རིང༌། །སྐྱེ་བའི་ཕྲེང་བ་རྣམས་སུ་ སྲོག་འཕྲོག་དུག །གདོན་རིམ་གྱིས་གཟིར་སྡུག་བསྔལ་དང་བྲལ་ཞིང༌། །རང་རང་ལ་མཁོའི་ བུ་ནོར་རིགས་འཕེལ་ཤོག །སྐབས་དེར་དགོས་པ་ཕུན་སུམ་ཚོགས་གྲུབ་སྟེ། །ཡིད་ཀྱིས་ གང་འདོད་པ་ཀུན་ལེགས་འབྱོར་ཅིང༌། །གེགས་བྱེད་ཉེར་འཚེའི་རིགས་རྣམས་ཡོངས་བྲལ་ ནས། །ཉེས་ཞི་ལེགས་རྒྱས་སྣང་བ་རྟག་འབར་མཛོད། །ཁྱད་པར་དམིགས་བསལ་བསྲུང་ བྱའི་རིགས་གང་དག །འཇིག་རྟེན་འདི་ན་མཆིས་པ་དེ་ཀུན་ལ། །སེམས་དང་སེམས་མེད་ ལས་བྱུང་གནོད་བྱེད་ཚོགས། །མ་རུང་འཚེ་བའི་རིགས་ཀྱང་ཞི་བར་སྨོན། །དེ་ཡང་སྟོབས་ ཆེན་འཇིགས་ཟིལ་ཆེར་བསྐྱོད་པ། །རྔམ་བརྗིད་ཀྱིས་བརླག་གཅན་གཟན་སེང་གེའི་མཐུ། །མ་དུལ་དཔུང་དར་གླང་ཆེན་གཏུམ་པའི་གཟུགས། །འབྱུང་བ་ཆེར་འཁྲུགས་མེ་གནོད་ཞི་ 7-1-124 བར་མཛོད། །མི་བསྲུན་དུག་ཅན་སྦྲུལ་ཆེན་ངར་མ་དང༌། །མ་རུངས་གླགས་ལྟ་ཇག་ཆོམ་ རྐུན་པོའི་རིགས། །ཁྲིམས་ཀྱི་འཆིང་བྱེད་དམ་པོ་ལྕགས་ཀྱི་སྒྲོག །རླབས་བསྐྱོད་རྒྱ་མཚོའི་ འཇིགས་ལས་མྱུར་དུ་སྒྲོལ། །སྐྱེ་འགྲོའི་སྲོག་ལ་རྒོ ལ་བ་ཤ་ཟའི་དཔུང༌། །གཞན་ཡང་གནོད་ འཚེའི་རིགས་གྱུར་ཡོད་དོ་ཅོག །རྒྱལ་ཡུམ་ཆོས་སྐུའི་ཀུན་ཁྱབ་གསང་བ་གསུམ། །རླབས་ ཆེན་མཛད་པས་དུས་ཀུན་གཞོམ་གྱུར་ཅིག །ཅེས་པའི་སྒྲོལ་མའི་གསོལ་སྨོན་ཆོས་སྲིད་གེགས་མེད་སྤེལ་བྱེད་ བསྟན་འགྲོའི་ལེགས་ཕན་ཞེས་བྱ་བ་འདི་ཡང་ཚེ་རིང་རྡོ་རྗེ་ལ་མཁོ་ནས་མ་ཏིས་སྨྲས་པ་ལྟར་ཆོས་མཆེད་ཀྱིས་ཡི་གེ་པ་བགྱིས་ ནས་རྫོགས་པར་གྲུབ་བོ།། །། 7-1-125 ༄༅། །གདུང་འབོད་ཐུགས་རྗེ་འགུགས་པའི་ལྕགས་ཀྱུ་ ཞེས་བྱ་བ་བཞུགས་སོ། ། ༄༅། །ༀ་ཏཱ་རེ། དཔའ་མོ་ཕྲིན་ལས་མྱུར་མའི་དཔལ་སྟུག་གིས། །མཛེས་གཟུགས་གཡུ་ འོད་འབར་བའི་ལྗོ ན་བཟང་ཚལ། །རྣམ་རྒྱས་ཆུ་སྐྱེས་འཛུམ་དཀར་སྟོང་གཡོ་བའི། །རང་ བྱུང་རིན་ཆེན་ཁམས་ལས་གྲུབ་པའི་གཞིར། །བསིལ་དྭངས་ཡོན་ཆབ་ཀླུང་ཕྲན་རབ་འབབ་ ཅིང༌། །ལེགས་མཛེས་སྣང་བརྙན་རི་མོ་འབུམ་བཀྲ་བའི། །ཡན་ལག་བརྒྱད་ལྡན་མཚོ་རྫིང་ དུ་མས་བརྒྱན། །རབ་ཡངས་གནས་བཟང་ཞིང་གི་གཙོ་མོའི་ཚུལ། །རྨད་བྱུང་གཞལ་མེད་ཕོ་ བྲང་ཆེན་པོ་ན། །འཕགས་མ་ལྗང་གསལ་གཡུ་འོད་ཕུང་པོ་ཅན། །ངོ་མཚར་ལང་ཚོ་རྫོགས་ པའི་མཛེས་སྡུག་འབར། །མཚན་དཔེའི་མེ་ཏོག་གསར་བ་མངོན་བཞད་ཅིང༌། །རིན་ཆེན་རྒྱན་ བཟང་དྲ་བའི་ཕྱང་ཕྲུལ་གཡོ། །སྣ་ཚོགས་དར་གྱི་ན་བཟས་ཀླུབ་བཞིན་དུ། །ལེགས་བཤད་ ཆོས་སྒོ་རྒྱ་མཚོའི་དགའ་སྟོན་འགྱེད། །བགྲང་ཡས་གདུལ་བྱར་ཞི་བསིལ་སྩོལ་པའི་གཉེན། །མཁྱེ ན་བརྩེ་ནུས་པའི་ཡོན་ཏན་ཕ་མཐའ་ཡས། །གསོལ་བ་བཏབ་ན་མི་བསླུ་མགོན་གྱི་མ། །གང་གི་གསང་གསུམ་མཛད་པའི་ཡོན་ཏན་ལ། །སྙིང་ནས་དད་དེ་གདུང་བའི་དབྱངས་ཀྱིས་ འབོད། །བདག་ནི་ཀུན་འབྱུང་ལས་ཉོན་བཙན་པོ་ཡིས། །དབང་མེད་སྲིད་པར་མཐོ་དམན་ ཀུན་ཏུ་འཕྱན། །སྡུག་བསྔལ་གསུམ་གྱིས་མནར་བའི་ཉམ་ཐག་སྐབས། །རེ་ས་བྱ་ཡུལ་ཁྱོ ད་ ལས་གཞན་ན་མེད། །དམན་དམན་འཁོར་བར་ལུས་པའི་ཉམ་ཆུང་ངས། །དུང་དུང་རེ་བའི་ 7-1-126 གདུང་ཤུགས་དྲག་པོ་ཡིས། །ལྷང་ལྷང་ཚིག་གིས་གསོལ་བ་འདེབས་ལགས་ན། །མྱུར་མྱུར་ ཐུགས་རྗེས་བརྩེ་གཟིགས་འདོར་མེད་མཛོད། །འགྲོ་ལ་ཕན་དང་བདེ་བའི་སྒོ་གཅིག་པུ། །ཀུན་གཟིགས་བུ་རམ་ཤིང་པའི་ལུང་རྟོགས་བསྟན། །ཡིད་ཅན་ཚོགས་ཀྱི་བསོད་ནམས་ཞིང་ མཆོག་ཏུ། །ཡུན་རིང་གནས་པའི་མཛད་ཕྲིན་ཡོངས་རྒྱས་མཛོད། །ཡངས་པའི་རྒྱལ་ཁམས་ ཀུན་ཏུ་བདེ་འབྱོར་རྒྱས། །སྐལ་ངན་རང་རྟགས་རྒུད་པ་མཐའ་དག་ཞི། །སྐྱེ་དགུ་ཀུན་ཀྱང་ བདེ་སྐྱིད་གསར་བས་འཚོ། །དགེ་མཚན་སྣང་བས་ལྗོ ངས་མཐར་ཁྱབ་པར་མཛོད། །ཁྱད་ པར་བདག་ནི་འདི་དང་ཚེ་རབས་ཕྲེང༌། །འཕགས་མ་ཁྱེད་ཀྱིས་འབྲལ་མེད་རྗེས་བཟུང་སྟེ། །སྒོ་གསུམ་བྱ་བ་གང་དང་གང་བརྩམས་པ། །རྣམ་དཀར་ཆོས་ཀྱི་ལས་བཟང་འབའ་ཞིག་ཏུ། །གྱུར་ནས་དལ་འབྱོར་ལུས་རྟེན་དོན་ཡོད་དང༌། །རང་ལ་བརྟེན་པའི་འགྲོ་བ་གང་དག་གིས། །ཕན་པ་ཁོ་ན་མ་གཏོགས་གནོད་ལས་ཀྱི། །འཚེ་བའི་རིགས་ཀུན་སྤངས་ནས་བདེ་བསྒྲུབ་ ཤོག །ནམ་ཞིག་བདག་གི་ལུས་འདི་བོར་མ་ཐག །འཕགས་མའི་སྐུ་ཡི་སྣང་བ་འབྲལ་མེད་ ངང༌། །གནས་བཟང་གཡུ་ལོ་བཀོད་པའི་ཞིང་མཆོག་ཏུ། །སྐྱེས་ནས་ལྷ་མོའི་ཞལ་རས་མཇལ་ གྱུར་ཅིག །ཅེས་སྒྲོལ་མའི་གདུང་འབོད་ཐུགས་རྗེ་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ་འདི་ཡང་ཤེས་རབ་གསལ་གྱི་མོས་ འདུན་མ་བཟློགས་ཙམ་དུ་མ་ཏི་ཀིརྟི་ཞེས་པས་འཕྲལ་དུ་བརྗོད་སྒོ་ལྟར་ཆོས་མཆེད་དམ་པས་སླད་ནས་ཡི་གེར་བྲིས་པ་དགེ་བར་ གྱུར་ཅིག་གུ།། །། 7-1-127 ༄༅། །འཕགས་མ་ལ་རེ་སྐྱབས་སྙིང་ནས་བྱེད་པ་ ཞེས་བྱ་བ་བཞུགས་སོ། ། ༄༅། །ཨེ་མ་ཧོ། གནས་མཆོག་གཡུ་ལོ་བཀོད་པའི་ཞིང་ཁམས་ན། །ལེགས་བཞུགས་ རྗེ་བཙུན་འཕགས་མ་ཐུགས་རྗེ་ཅན། །བུ་ཡིས་མ་ལ་འབོད་འདྲའི་གདུང་དབྱངས་ཀྱིས། །འབོད་དོ་བརྩེ་ཆེན་ཐུགས་རྗེས་བདག་ལ་གཟིགས། །གནས་སྐབས་འདི་ན་འཁོད་པའི་ ཉམ་ཆུང་བདག །ཕྱི་ནང་ཉེར་འཚེས་མནར་བས་ངལ་ཞིང་དུབ། །རང་དབང་མེད་པའི་ལས་ ཀྱིས་བཀོལ་བའི་ཚུལ། །དཔའ་མོའི་མཁྱེ ན་བརྩེས་གཟིགས་པ་འགོག་མེད་པར། །དུས་ཀུན་ གཟིགས་པས་ཐུགས་རྗེའི་ཕྱག་རིང་རྐྱོངས། །མི་མཐུན་འཇིགས་པ་ཀུན་ལས་བསྲུང་སྐྱོབ་ ཞུ། །གལ་ཏེ་བདག་གི་གནས་ཚུལ་མ་གཟིགས་ན། །སྙིང་ནས་རེ་འདུན་བྱ་བའི་དགོས་དོན་ ཅི། །བརྩེ་ཆེན་འཕགས་མ་ཉག་གཅིག་མ་གཏོགས་པའི། །སྐལ་ངན་རང་ལ་མགོན་སྐྱབས་ གཞན་མ་མཆིས། །དེ་སླད་ཁྱེ ད་ལ་རེ་ལྟོ ས་གང་བྱས་ཀྱང༌། །བྱམས་བརྩེའི་རེ་འབྲས་སྐོང་བ་ མི་འདུག་ན། །ཉམ་ཐག་ཡི་མུག་བྱེད་ཅིང་རེ་བ་ཆད། །ཀྱཻ་ཧོ་བརྩེ་ལྡན་ལྷ་མོས་མ་དགོངས་ སམ། །ད་དུང་སྙིང་ནས་དད་གུས་གདུང་ཤུགས་ཀྱིས། །མིག་མཐར་མཆི་མའི་རྦ་རླབས་གཡོ་ བཞིན་དུ། །འཇིགས་ལས་སྐྱོབས་པའི་རེ་བ་ཆེར་བྱེད་ན། །ཐུགས་རྗེས་བཏང་སྙོམས་འཇོག་ གམ་བྱམས་ལྡན་མ། །བདག་ནི་འདི་དང་ཕྱི་མ་ཐམས་ཅད་དུ། །ནམ་ཡང་གཡེལ་བ་མེད་པར་ རྗེས་བཟུང་སྟེ། །བརྩེ་ལྡན་མ་ཡིས་བུ་ལ་ཕན་བསྒྲུབ་བཞིན། །རང་ལ་མགོན་སྐྱབས་དཔུང་ གཉེན་དུས་ཀུན་མཛོད། །ཅེས་པའང་འཕགས་མ་ལ་རེ་སྐྱབས་སྙིང་ནས་བྱེད་པ་མཚན་ལྡན་གྱི་མོས་འདུན་སྐོང་ཕྱིར། མ་ཏིའི་མིང་གིས་སྨྲས་བཞིན་མཆེད་ཀྱིས་སླད་ནས་བྲིས།། །། 7-1-128 ༄༅། །འཕགས་མ་ལ་རེ་ཞུ་རྐྱེན་ངན་ཀུན་གཞོམ་ ཞེས་བྱ་བ་བཞུགས་སོ། ། ༄༅། །ཕུལ་བྱུང་རླབས་ཆེན་དགེ་ལེགས་དར་བའི་དཔྱིད། །རང་བཞིན་ཤེར་ཕྱིན་ཆོས་ དབྱིངས་སྒྱུ་མའི་འཕྲུལ། །མྱུར་མ་དཔའ་མོ་སྐྱབས་ཀུན་སྤྱི་གཟུགས་མ། །ཁྱེ ད་ལ་རེ་བར་བྱ་ འོ་ཐུགས་རྗེས་ཟུང༌། །རྨད་བྱུང་བྱིན་རླབས་མཆོག་གི་དཔལ་མངའ་བ། །རྩ་བརྒྱུད་བླ་མ་ཀུན་ འདུས་འཕགས་མ་ཡི། །བྱིན་རླབས་སྙིང་གི་གཤིས་སུ་ལེགས་འཕོས་པས། །བློ་སྣ་ཆོས་ལ་ གང་ཕྱོགས་དེ་མཐུན་མཛོད། །ཡི་དམ་རྒྱ་མཚོ་གྲུབ་གཉིས་འཇོ་བའི་དབྱིག །མ་ལུས་གཅིག་ འདུས་ཕྲིན་ལས་མྱུར་མ་རྗེ། །གང་གིས་དངོས་གྲུབ་རིམ་གཉིས་ཟབ་མོའི་ལམ། །སྒྲུབ་པོ་ བདག་ལ་གང་འཚམས་གཡེལ་མེད་མཛོད། །བསླུ་མེད་གཏན་གྱི་སྐྱབས་གནས་རིན་ཆེན་ གསུམ། །དངོས་གནས་འགྲོ་ཀུན་སྒྲོལ་བའི་སྐྱབས་གཅིག་མ། །ཁྱེ ད་ཀྱིས་འདི་ཕྱི་ཀུན་ཀྱི་ མགོན་མཛད་དེ། །རིང་མིན་མཐར་ཐུག་གོ་འཕང་ལ་རེག་མཛོད། །གནས་གསུམ་དཔའ་མོ་ བདེ་ཆེན་དབང་ཕྱུག་གི །ཆེས་གཙོ་རྗེ་བཙུན་མྱུར་མ་ཐུགས་རྗེ་ཅན། །གང་གི་གསང་གསུམ་ སྒོ་གསུམ་དབྱེར་མེད་ངང༌། །ཕྱི་ནང་གསང་བའི་བར་ཆད་མཐའ་དག་སོལ། །ཆོས་སྐྱོང་ཡེ་ ཤེས་སྤྱན་ལྡན་ཡོངས་ཀྱི་འཕྲུལ། །བདུད་འདུལ་ཕྲིན་ལས་རབ་མྱུར་དཔའ་མོ་ཡིས། །ཆོས་ དང་འགལ་བའི་རྐྱེན་ངན་ཀུན་གཞོམ་སྟེ། །སྒྲུབ་ལ་ཆོས་མཐུན་རྟག་པར་མ་གཡེལ་ཞིག །དེར་བརྟེན་བདག་ནི་ཚེ་འདིའི་རིང་དག་ཏུ། །ལྷ་དང་བླ་མའི་བྱིན་རླབས་སྙིང་ལ་ཞུགས། 7-1-129 །མདོ་སྔགས་སྤྱི་དང་ཁྱད་པར་གསང་ཆེན་གྱི། །ཟབ་མོའི་ལམ་གྱི་གཞི་རྩ་གང་འཚམས་ ཚུགས། །ཚེ་འདིར་དལ་འབྱོར་སྙིང་པོ་ལོན་གྱུར་ཏེ། །ཆོས་ཀྱིས་སེམས་རྒྱུད་འདུལ་ལ་གེགས་ བྲལ་བར། །ཡ་མཚན་མཐའ་ཀླས་སྤྱོད་པའི་སྐལ་བཟང་དུ། །རེ་བ་ངེས་པར་བྱའོ་ཐུགས་རྗེ་ ཅན། །ཞེས་པ་འདི་ནི་ཚོགས་གཉིས་དཔལ་ལ་འདོན་རྒྱུ་སྙམ་ནས་མ་ཏིས་སྨྲས་པ་དགེ། །། ༈ ངོ་མཚར་གཡུ་ལྗོ ན་གསར་བ། །མཛེས་སྡུག་ཡ་མཚན་རོལ་པ། །ཨ་ཧོ་དགེ་ལེགས་ དཔལ་ཡོན། །བསམ་པ་ཆོས་བཞིན་འགྲུབ་མཛོད། །མ་ཏིས་སྨྲས། 7-1-130 ༄༅། །གསོལ་འདེབས་གདུང་འབོད་ཉེར་བསྡུས་ སོགས་བཞུགས་སོ། ། ༄༅། །རྒྱལ་ཀུན་ཕྲིན་ལས་བྱེ་བའི་རང་གཟུགས་མཆོག །མར་གད་འཁྲི་ཤིང་གསར་ བའི་མཛེས་སྒེག་ལ། །སྣ་ཚོགས་དབང་གཞུའི་འོད་མདངས་བཀྲ་བ་བཞིན། །ལྗང་གསལ་ སྐུ་མཆོག་ལང་ཚོ་དར་བའི་དཔལ། །ལེགས་མཛེས་མིག་གི་བདུད་རྩི་འཕགས་མའི་སྐུ། །ད་ དུང་གནས་ཡུལ་གང་ན་བཞུགས་གྱུར་ཀྱང༌། །གདུང་བའི་དབྱངས་ཀྱིས་འབོད་དོ་ཐུགས་ རྗེས་གཟིགས། །སྐྱབས་མེད་བདག་ལ་མགོན་དང་དཔུང་གཉེན་མཛོད། །རླབས་ཆེན་མཛད་ ཕྲིན་ནམ་མཁའ་དང་མཉམ་ཞིང༌། །འགྲོ་ཀུན་ཐུགས་རྗེས་ནམ་ཡང་མི་འདོར་བའི། །མྱུར་མ་ དཔའ་མོ་རྒྱལ་ཀུན་བསྐྱེད་པའི་ཡུམ། །གསོལ་བ་འདེབས་སོ་བྱིན་རླབས་གྲུ་ཆར་ཕོབ། །གང་ ལ་རེ་ལྟོ ས་བྱ་བའི་བདག་སོགས་འགྲོ། །ཆོས་སྲིད་ཟུང་གི་དཔལ་འབྱོར་ཡོངས་རྒྱས་ཤིང༌། །བསོད་ནམས་མངའ་ཐང་གཡང་བཅུད་ལེགས་འཁྱི ལ་བའི། །དགེ་མཚན་གསར་བས་རྟག་ པར་འཚོ་བྱེད་མཛོད། །ཁྱད་པར་སྐལ་བ་དམན་པའི་ཉམ་ཐག་འགྲོ། །དུས་ཀྱིས་རྒུད་པས་ མནར་བའི་ངང་ཚུལ་འདི། །བརྩེ་ལྡན་ལྷ་མོའི་ཐུགས་རྗེས་ལེགས་གཟིགས་ཏེ། །སྡུག་བསྔལ་ དབུགས་ལས་དབྱུང་བའི་མགོན་སྐྱབས་ཞུ། །བདག་ལ་དུས་དང་གནས་སྐབས་ཐམས་ཅད་ དུ། །མ་ཡི་བུ་ལ་བརྩེ་སེམས་ཇི་བཞིན་དུ། །མཁྱེ ན་བརྩེ་ཟབ་མོའི་གཟིགས་པ་ལྷོ ད་མེད་པས། །སྲུང་སྐྱོབ་བྱ་བ་དུས་ཀུན་མ་གཡེལ་ཞིག །འདི་དང་ཕྱི་མའི་སྐྱབས་གནས་གཅིག་གྱུར་པ། །རྗེ་བཙུན་སྒྲོལ་མ་ཐུགས་རྗེ་མངའ་བའི་གཏེར། །བདག་གིས་སྙིང་ནས་རེ་འདུན་ཆེར་བགྱིད་ 7-1-131 ན། །རེ་འབྲས་དོན་གང་འབད་མེད་ལྷུན་གྲུབ་མཛོད། །ཅེས་རྗེ་བཙུན་སྒྲོལ་མ་ལ་གསོལ་འདེབས་གདུང་ འབོད་ཉེར་བསྡུས་འདི་ཡང༌། གང་གི་སྐྱབས་འོག་འཇིགས་བཟང་གིས་གསོལ་བ་འདེབས་ཆེད་བློས་གྲགས་ཀྱིས་འཕྲལ་དུ་ བྲིས།། །། ༈ ལྷ་རྗེ་བཙུན་སྒྲོལ་མ་ཐུགས་རྗེ་ཅན། །གནས་གཡུ་ལོ་བཀོད་པའི་ཞིང་ན་བཞུགས། །སེམས་མོས་གུས་དད་པས་གསོལ་བཏབ་ན། །ཐག་རིང་ཐུང་མེད་པར་སྐྱོབ་ངེས་ཡིན། །མ་ ཏིས་སྨྲས།། །། ༈ ཡིད་གཏིང་ནས་ཆེས་པའི་འཕགས་མ་མཁྱེ ན། །དུས་དེང་སྐབས་དོན་གཉིས་བྱ་བའི་ སྒོ། །གང་ཇི་ལྟར་འགྲུབ་ན་མྱུར་གསལ་མཛོད། །མགོན་ཁྱེ ད་ལས་རེ་ས་གཞན་མ་མཆིས། །མ་ ཏིས་སྨྲས།། །། ༈ ཕྲིན་ལས་རབ་མྱུར་དཔའ་མོ་སྐྱེ་དགུའི་སྐྱབས། །འཇིགས་པ་ཀུན་སེལ་རྒྱལ་ཡུམ་ སྒྲོལ་མ་ལ། །སྙིང་ནས་དད་གུས་དང་བཅས་གསོལ་འདེབས་ན། །མི་མཐུན་རབ་ཞི་ལེགས་ ཚོགས་དངོས་གྲུབ་སྩོལ། །ཅེས་པ་འདི་ཡང་མ་ཏིས་སོ།། །། ༈ ཏཱ་རེ། རྒྱལ་བ་ཀུན་གྱི་ཕྲིན་ལས་གཅིག་བསྡུས་པ། །མྱུར་མ་དཔའ་མོ་འཇིགས་བརྒྱད་ སྐྱོབ་པའི་ལྷ། །སྙིང་ནས་རེ་ལྟོ ས་བྱ་འོ་ཐུགས་རྗེས་ཟུང༌། །བདག་ཅག་འཇིགས་པ་ཀུན་ལས་ བསྐྱབ་ཏུ་གསོལ། །འདི་ཡང་ཆོས་རིན་ལ་མཁོ་ནས་མ་ཏིས་སོ།། །། 7-1-132 ༄༅། །རྗེ་བཙུན་སྒྲོལ་མའི་སྒོ་ནས་སྒྲིབ་སྦྱོང་བྱེད་པའི་ ཐབས་ཉེས་སེལ་ལེགས་འབྱོར་ བཞུགས་སོ། ། ༄༅། །ན་མོ་ཨཱརྱ་ཏཱ་རེ་བྷྱཿ འདིར་བླ་མ་དང་གཉིས་སུ་མེད་པ་རྗེ་བཙུན་མའི་སྒོ་ནས་སྒྲིབ་སྦྱོང་བྱེད་པའི་ཐབས་ལ་ སྦྱོར་དངོས་རྗེས་གསུམ་ལས། དང་པོ་ནི། ན་མོ། སྐྱབས་གནས་ཀུན་འདུས་པའི་བདག་ཉིད་མཚུངས་པ་ མ་མཆིས་པའི་དཔལ་ལྡན་རྩ་བའི་བླ་མ་དང་དབྱེར་མེད་པའི་རྗེ་བཙུན་བཅོམ་ལྡན་འདས་མ་ ཕྲིན་ལས་མྱུར་མ་འཇིགས་ཀུན་སྐྱོབ་མཛད་ཆེན་མོ་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་ མཆིའོ། །བདག་གིས་མར་གྱུར་པའི་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་བསྒྲལ་ཆེད་ འཕགས་མ་མཆོག་གི་སྒོས་མཆོད་བསག་སྦྱང་བསྒྲུབ་པའི་ཐབས་ལ་ཉེ་བར་འཇུག་པར་བྱའོ། །ལན་གསུམ། གཉིས་པ་དངོས་གཞི་ནི། སྐད་ཅིག་གིས་རང་མདུན་གྱི་མཁའ་དབྱིངས་སུ་ཀུན་ཏུ་བཟང་པོའི་ རྣམ་འཕྲུལ་ལ་འགྲན་པའི་མཆོད་བཀོད་ཁྱད་པར་བ་ཀུན་ནས་འཁྲིགས་པའི་དབུས་སུ་ངོ་ མཚར་བའི་པདྨ་འདབ་མ་ཉི་ཤུ་དང་ལྡན་པའི་ལྟེ་བར་ཟེའུ་འབྲུ་ཁེབས་པའི་ཟླ་གདན་ལ་རྩ་ བའི་བླ་མའི་ཐུགས་ཆོས་སྐུ་དང་མི་གཉིས་པར་རྒྱལ་ཀུན་བྱ་གྲུབ་ཡེ་ཤེས་ཀྱི་རང་མདངས་ ལས་ཤར་བའི་ཏཱྃཿཡིག་ལྗང་གསལ་ཡོངས་སུ་གྱུར་པ་ལས། རྗེ་བཙུན་བཅོམ་ལྡན་འདས་མ་ མྱུར་མ་དཔའ་མོ་གཟུགས་སྐུའི་ལང་ཚོ་གསར་དུ་བདོ་བ་གཡུ་འོད་འབར་བའི་འོད་ཟེར་གྱིས་ 7-1-133 ནམ་མཁའ་རབ་འབྱམས་ཀུན་ཏུ་བརྡལ་བ། ཞལ་རས་མཛེས་འཛུམ་གྱི་ཉམས་བཟང་པོ་རབ་ ཏུ་རྒྱས་ཤིང་ཕྱག་གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་པུས་མོར་སོན་པ། ཕྱག་གཡོན་དཀོན་མཆོག་ གསུམ་མཚོན་གྱི་ཕྱག་རྒྱས་ཐུགས་ཀར་ཨུཏྤལའི་སྡོང་བུ་ནས་འཛིན་བཞིན་སྙན་གྱི་ཐད་དུ་ འདབ་མ་ཁ་ཕྱེ་བ་ཞབས་གཉིས་ཕྱེད་སྐྱིལ་གྱིས་པད་ཟླའི་གདན་ལ་བཞུགས་པ། སྐུ་ཤིན་ཏུ་ སྒེག་ཅིང་ནུ་འབུར་རྒྱས་པ་སོགས་མཛེས་ཆ་ཀུན་ནས་ཡོངས་སུ་རྫོགས་ཤིང་སྐུ་སྨད་ལ་དར་ གྱི་ཤམ་བུས་དཀྲིས་པ་དབུ་ལ་རལ་པའི་ཐོར་ཅོག་དང་རིན་པོ་ཆེའི་དབུ་རྒྱན་སོགས་དར་དང་ རིན་ཆེན་རྒྱན་བཟང་གིས་ཉེ་བར་བཀླུབས་པ། སྐུ་ལྟ་བས་ཆོག་མི་ཤེས་པ་ལྗང་གསལ་འོད་ བཟང་གི་ཕུང་པོའི་དབུས་ན་འགྱིང་བཞིན་སྤྱི་བོར་རིགས་བདག་འོད་དཔག་མེད་ཀྱིས་རྒྱས་ གདབ་ཅིང༌། གནས་གསུམ་གྱི་ས་བོན་འབྲུ་གསུམ་གྱིས་མཚན་པ་གང་གི་མཐའ་སྐོར་གྱི་པད་ འདབ་ཉི་ཤུ་ལ་རྗེ་བཙུན་མའི་རྣམ་པར་རོལ་པ་སྐུ་མདོག་དང་ཕྱག་མཚན་རྒྱན་ཆ་ལུགས་སྣ་ ཚོགས་པའི་བཀོད་ཆེན་འདྲ་མིན་གྱི་ཚུལ་དུ་ལེགས་པར་བཞུགས་པ། དེ་ལྟར་གཙོ་འཁོར་ ཐམས་ཅད་ཡེ་ཤེས་གཅིག་གི་རོལ་པ་ལས་ཤར་ཞིང༌། གདོད་ནས་དམ་ཡེ་གཉིས་མེད་པའི་ རང་བཞིན་དོན་དམ་ཆོས་སྐུའི་བླ་མ་འཕགས་མའི་ལྷ་ཚོགས་སུ་བཞེངས་པ་ཅན་དུ་གྱུར་པར་ བསམ་ལ། དེ་ནས་ཕྱག་འཚལ་ཞིང་རྒྱུད་འདོན་པ་སོགས་ཀྱི་ཐབས་ནི། བླ་མ་འཕགས་མའི་ལྷ་ཚོགས་རྣམ་ འཕྲུལ་གྱི་བཀོད་པ་མཐའ་ཀླས་པ་ནམ་མཁའི་དབྱིངས་ཀུན་ཏུ་ཡོངས་སུ་གང་བ་ལ་དམིགས་ ནས་རང་གིས་ལུས་ཞིང་གི་རྡུལ་སྙེད་དང་མཉམ་པར་སྤྲུལ་ནས་དེ་རེ་རེས་མཆོད་པ་མཐའ་ ཡས་པས་མཆོད་བཞིན་བཅོམ་ལྡན་འདས་མའི་གསང་གསུམ་གྱི་ཆེ་བ་ཕྱི་ནང་གསང་བའི་དེ་ ཉིད་ཟབ་མོའི་ཚུལ་གྱིས་སྒོ་ཀུན་ནས་མངོན་པར་བསྟོད་པའི་བསོད་ནམས་ཀྱི་བསགས་སྒོ་རྒྱ་ ཆེ་བའི་ངང༌། ཐོག་མ་མེད་པའི་དུས་སུ་ཉེ་བར་བསགས་པའི་ཉེས་ལྟུང་སྡོམ་པ་གསུམ་དང་ འགལ་བར་གྱུར་པ་གང་མཆིས་པ་ཐམས་ཅད་གནོང་ཞིང་འགྱོད་པའི་སྒོ་ནས་མཐོལ་ཞིང་ 7-1-134 བཤགས་སོ། །ཕྱིན་ཆད་ཅི་ལ་བབ་ཀྱང་ལེགས་སྡོམ་ངེས་པར་བགྱིད་ན་སྒྲིབ་པ་མ་ལུས་པ་ དེ་ཀུན་བྱང་ཞིང་དག་པར་མཛད་དུ་གསོལ། བདག་སོགས་རྣམས་གནས་སྐབས་འདི་ཕྱིའི་ འཇིགས་པ་མཐའ་དག་ལས་སྐྱོབ་པ་དང༌། མཐར་ཐུག་འཕགས་མ་མཆོག་གི་དགོངས་ཆེན་ དང་རོ་མཉམ་དུ་གྱུར་པར་མཛད་དུ་གསོལ། འདིར་ཕྱག་འཚལ་ཉེར་གཅིག་ཅི་ནུས་འདོན་ཞིང༌། རྗེ་བཙུན་ ལྷ་མོའི་རྣམ་པར་རོལ་པ་ཆེན་པོའི་སྟོབས་ཀྱིས་སྣོད་ཐམས་ཅད་གཡུ་ལོ་བཀོད་པའི་ཞིང་གི་ ཁྱད་ཆོས་ཡོངས་སུ་རྫོགས་ཤིང་བཅུད་ཀྱི་སེམས་ཅན་མ་ལུས་པ་འཕགས་མའི་སྐུ་ཤ་སྟག་གི་ རྣམ་པར་མོས་འདུན་རྩེ་གཅིག་པའི་ངང་ནས་གསང་གསུམ་གྱི་ཆེ་བ་བརྗོད་ཅིང་སྒོ་གསུམ་ གུས་པས་སྙིང་ནས་ཕྱག་འཚལ་ལོ། །ཕྱག་འཚལ་ཉེར་གཅིག་ཅི་ནུས་དང༌། འཕགས་མའི་གསུང་གི་ གསང་བ་མཐའ་ཡས་པའི་བཀོད་པ་ལས་སྣོད་བཅུད་དག་པ་རབ་འབྱམས་ཀྱི་རང་སྣང་ལས་ སྔགས་རྒྱུད་ཟབ་མོའི་རྡོ་རྗེ་ཚིག་གི་སྒྲ་དབྱངས་མཁའ་མཐར་ཁྱབ་པས་མི་མཐུན་ཉེར་འཚེ་ མཐའ་དག་དབྱིངས་སུ་ཞི་བའི་རྒྱ་ཆེན་ཕྲིན་ལས་ཀྱི་འཇུག་སྒོ་ཡངས་པས་དུས་ཀུན་ལེགས་ པར་སྐྱོང་བ་ལ་ཉེ་བར་དམིགས་ཏེ། ཕྱག་འཚལ་ཉེར་གཅིག་ཅི་ནུས་དང༌། བཅོམ་ལྡན་ལྷ་མོའི་ངེས་པ་ དོན་གྱི་ཆོས་སྐུ་རྩ་བའི་བླ་མའི་ཡེ་ཤེས་དང་བདག་ཉིད་གཅིག་པ་ལ་རང་སེམས་དབྱེར་མེད་ རོ་མཉམ་ཆེན་པོའི་ངང་ནས། ཕྱག་འཚལ་ཉེར་གཅིག་ཅི་ནུས་དང༌། མཐར་དངོས་གྲུབ་བླངས་པ་ནི། བཅོམ་ལྡན་ འདས་མ་རྗེ་བཙུན་མྱུར་མ་དཔའ་མོ་རྣམ་པར་རོལ་པ་ཆེན་པོའི་མངའ་བདག་རྩ་བའི་བླ་མའི་ ཆོས་སྐུའི་དབྱིངས་ལས་བཞེངས་པ་གང་གི་གནས་གསུམ་གྱི་ཡི་གེ་ལས་སྐུ་གསུང་ཐུགས་ཀྱི་ བྱིན་རླབས་ཡི་གེ་འབྲུ་གསུམ་གྱི་རྣམ་པ་དཔག་ཏུ་མེད་པ་བྱུང་སྟེ། རང་གི་གནས་གསུམ་དུ་ ཐིམ་པས་སྒོ་གསུམ་གྱི་སྡིག་པ་མ་ལུས་པ་དག་ནས་གསང་བ་གསུམ་གྱི་བྱིན་རླབས་སྟོབས་ཆེ་ བས་ཐ་མལ་གྱི་ལུས་ངག་ཡིད་གསུམ་འཕགས་མ་མཆོག་གི་སྐུ་གསུང་ཐུགས་དང་རོ་མཉམ་ པའི་གོ་འཕང་དམ་པ་ལ་དབང་བར་བྱས་པ་དེ་ཉིད་རིང་དུ་མི་འགྱང་པར་མོས། འདིར་ཡང་ཕྱག་ 7-1-135 འཚལ་ཉེར་གཅིག་ལན་གསུམ་གྱིས་མཇུག་བསྡུ། གསུམ་པ་རྗེས་བསྲུང་བར་བྱ་བ་ནི། རྗེ་བཙུན་ཕྲིན་ལས་མྱུར་མ་འཁོར་དང་བཅས་པའི་སྐུ་ལུས་ ནས་གསང་སྔགས་ཀྱི་སྙིང་པོ་ཡི་གེ་བཅུ་པ་ལྗང་གསལ་འོད་ཟེར་གྱི་ཚོགས་རང་རང་གི་སྒྲ་ གདངས་དང་བཅས་ཆེས་མང་པོ་ཕྱོགས་མཚམས་ཐམས་ཅད་དུ་འཕྲོས་པས་རང་དང་བསྲུང་ བྱ་མཐའ་དག་ལ་མི་ཤིགས་སྲ་ཞིང་བརྟན་པའི་སྲུང་གུར་གཞོམ་བྲལ་རྡོ་རྗེའི་རང་བཞིན་དུ་ གྱུར་ནས་བསྲུང་བྱ་དེ་ཀུན་ནམ་ཡང་རྐྱེན་གང་གི་འཚེ་བས་གླགས་མི་རྙེད་པར་གྱུར། ཡི་གེ་ བཅུ་པའི་ཤམ་དུ། མ་མ་རཀྵ་རཀྵ་སྲུངས་ཤིག་ཅེས་བཏགས་པ་ཅི་འགྲུབ་བཟླ་མཐར། བསྡུ་རིམ་ནི། མདུན་གྱི་ འཕགས་མའི་ལྷ་ཚོགས་སྐད་ཅིག་གིས་འོད་ཕུང་གི་རྣམ་པར་ཞུ་སྟེ་རང་གི་སྤྱི་བོར་ཐིམ་པས་ སྒོ་གསུམ་སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས་པར་གྱུར་པར་བསམ་ལ། བསྔོ ་བ་ནི། ལེགས་ བྱས་འདི་ལ་བརྟེན་ནས་བདག་སོགས་ཚེ་འདིར་གནས་སྐབས་ཀྱི་འཇིགས་པ་བྲལ་ཞིང་ཚེ་ འདི་འཕོས་མ་ཐག་ཕྱི་མར་གཡུ་ལོ་བཀོད་པའི་དག་ཞིང་དུ་རྒྱལ་ཡུམ་ཕྲིན་ལས་དབང་མོའི་ དགྱེས་ཞལ་ཉེར་མཇལ་གྱི་སྐལ་བ་ཐོབ་པའི་ལུས་རྟེན་ཡང་དག་པར་ལེགས་འཁྲུངས་བྱེད་ པར་ཤོག་ཅིག སྙམ་པའི་དགེ་བསྔོ ་བྱའོ། །ཞེས་བླ་མ་དང་གཉིས་སུ་མེད་པ་རྗེ་བཙུན་མའི་སྒོ་ནས་སྒྲིབ་སྦྱོང་བྱེད་པའི་ ཐབས་ཉེས་སེལ་ལེགས་འབྱོར་འདི་ཡང་ཆོས་ཉིད་ལ་མཁོ་ནས་མ་ཏིས་སྨྲས་པ་བཞིན་ཡིག་རིས་མཆེད་ཀྱིས་མཛད་པ་དགེ་བར་ གྱུར་ཅིག། །། 7-1-136 ༄༅། །སྒྲོལ་མའི་བཀླག་ཆོག་ཆོས་བཅུད་ ཉེར་སྩོལ་ཞེས་བྱ་བ་བཞུགས་སོ། ། ༄༅། །སྐྱབས་གནས་དཀོན་མཆོག་གསུམ་གྱི་བདག་ཉིད་དཔལ་ལྡན་རྩ་བའི་བླ་མ་ དང་གཉིས་སུ་མེད་པ་རྗེ་བཙུན་འཕགས་མ་སྒྲོལ་མ་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་ མཆིའོ། །བདག་དང་སེམས་ཅན་ཐམས་ཅད་སྲིད་ཞིའི་འཇིགས་པ་ལས་བསྐྱབ་ཏུ་གསོལ། ལན་གསུམ། རང་གི་མདུན་གྱི་ནམ་མཁའ་ལ་དད་གུས་དག་སྣང་ལས་ཤར་བའི་ཁ་དོག་སྣ་ལྔ་ པའི་འཇའ་ཟེར་གྱི་ཕུང་པོ་འཁྲིགས་པའི་ཀློང་ན་པདྨ་འདབ་མ་ཉི་ཤུ་པའི་ལྟེ་བར་ཟླ་གདན་ ལ་ཏཱྃཿཡིག་ལས་འཁྲུངས་པའི་བཅོམ་ལྡན་འདས་མ་སྒྲོལ་ལྗང་མྱུར་མ་དཔའ་མོ་བརྩེ་བའི་ དགྱེས་ཞལ་རྣམ་པར་བཞད་པ་ཕྱག་གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་པུས་མོར་སོན་ཞིང་གཡོན་ དཀོན་མཆོག་གསུམ་མཚོན་གྱི་ཕྱག་རྒྱས་ཐུགས་ཀར་ཨུཏྤལའི་སྡོང་བུ་ནས་འཛིན་པ། མཛེས་ སྐུ་ལྗང་གསལ་གྱི་ཕུང་པོ་ལ་དར་གོས་རིན་ཆེན་གྱི་རྒྱན་ཆས་ཀུན་ནས་རྫོགས་པ། ཞབས་ གཉིས་ཕྱེད་སྐྱིལ་གྱིས་བཞུགས་པའི་མཐའ་སྐོར་པད་འདབ་རྣམས་སུ་རྗེ་བཙུན་མའི་སྐུའི་ འོད་ཟེར་ལས་སྤྲུལ་པའི་འཕགས་མ་སྒྲོལ་མ་གཞན་ཉི་ཤུ་པོ་འཁོར་གྱི་ཚུལ་དུ་བཞུགས་པ་ མཛེས་སྐུ་རྣམས་ལ་ལྷ་མོའི་ཆས་ཡོངས་སུ་རྫོགས་ཤིང་ངོ་མཚར་བའི་རྣམ་འགྱུར་སྣ་ཚོགས་ པའི་རྣམ་པ་ཅན། གཙོ་འཁོར་དེ་དག་ཀྱང་གདོད་མ་ཆོས་ཉིད་ནས་དམ་ཡེ་གཉིས་སུ་མེད་པ་ རྩ་བའི་བླ་མ་རྡོ་རྗེ་འཆང་ཆེན་པོའི་ཐུགས་ཆོས་སྐུའི་རོལ་པ་ལས་ཤར་བ་གསང་བ་གསུམ་གྱི་ རྣམ་འཕྲུལ་ནམ་མཁའ་དང་མཉམ་པ། ཕྲིན་ལས་མཐའ་ཡས་པའི་མངའ་བདག་ཏུ་བཞུགས་ ཡོད་པ་མངོན་སུམ་ལྟ་བུར་གསལ་བར་གྱུར། ཡན་ལག་བདུན་པ་ནི། རྗེ་བཙུན་བཅོམ་ལྡན་འདས་ 7-1-137 མ་འཕགས་མ་ལྷ་མོ་གཙོ་འཁོར་ཉེར་གཅིག་པོ་བླ་མའི་ཐུགས་ཆོས་སྐུ་དང་མི་གཉིས་པ་ལ་ སྒོ་གསུམ་གུས་པ་ཆེན་པོའི་སྒོ་ནས་ཕྱག་འཚལ་ལོ། །སྲིད་པ་དང་ཞི་བའི་ལེགས་ཚོགས་མ་ ལུས་པ་ངོ་མཚར་མཆོད་པར་འོས་པ་གང་ཡོད་ཚད་མཐའ་དག་བླ་མ་འཕགས་མའི་ཚོགས་ལ་ གུས་པས་འབུལ་ལོ་ཐུགས་རྗེས་བདག་གིར་མཛད་དུ་གསོལ། བདག་སོགས་གང་དག་གིས་ ཚེ་འཁོར་བ་ཐོག་མ་མེད་པ་ནས་ད་ལ་ཐུག་གི་བར་ཀུན་ནས་ཉོན་མོངས་པའི་དབང་གིས་ སྡིག་ལྟུང་ཉམས་ཆགས་གང་བསགས་པ་ཐམས་ཅད་དེང་ནས་ངེས་པར་འཆགས་ཤིང་ཕྱིན་ ཆད་སྡོམ་པར་བགྱིད་ལགས་སོ། །ཕྱོགས་བཅུའི་ཞིང་རབ་འབྱམས་ན་རྗེ་བཙུན་མའི་མཛད་ པའི་རྣམ་འཕྲུལ་དེ་སྙེད་ཀྱི་རྣམ་པར་དཀར་བ་རྒྱ་མཚོའི་དཔལ་ཡོན་ལ་སྙིང་ནས་དགའ་ བས་རྗེས་སུ་ཡི་རང་ངོ༌། །འཕགས་མ་བཅོམ་ལྡན་འདས་མའི་སྤྲུལ་པའི་རོལ་གར་གྱིས་གང་ འདུལ་མཛད་ཆེན་གནང་བའི་གཟུགས་སྐུའི་བཀོད་པ་དག་གདུལ་བྱ་ཐུན་མོང་གི་ངོར་ནམ་ ཡང་མི་བསྡུ་བར་རྟག་བཞུགས་མཆོག་གིས་གང་འདུལ་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་བསྐོར་བར་ བསྐུལ་ལོ། །འཕགས་མའི་མཛད་པ་རླབས་ཆེ་བས་དག་མ་དག་གི་ཞིང་དུ་གང་འདུལ་གྱི་ འགྲོ་དོན་སྣ་ཚོགས་པའི་སྤྲུལ་བཀོད་གང་དག་གི་གཟུགས་སྐུ་མྱ་ངན་འདའ་ཚུལ་མི་མཛད་ པར་ཡུན་རིང་དེ་འཚམ་དུ་བཞུགས་པར་གསོལ་བ་འདེབས་སོ། །དེ་ལྟར་རྣམ་པར་དཀར་ བའི་བསོད་ནམས་ཀྱི་བསགས་སྟོབས་རྒྱ་ཆེ་བ་འདིས་བདག་དང་སེམས་ཅན་ཐམས་ཅད་ རིམ་གྱིས་འཕགས་མའི་གདུལ་ཞིང་དུ་གྱུར་ཏེ་རིང་པོར་མི་ཐོགས་པར་རྒྱལ་ཡུམ་ཤེར་ཕྱིན་ མའི་གཞི་དབྱིངས་ཆོས་སྐུའི་དགོངས་ཆེན་དང་རོ་མཉམ་འོང་བར་ཤོག དེ་ནས་རྒྱུད་བཀླག་པ་ལ། འཕགས་མ་བཅོམ་ལྡན་འདས་མ་གཙོ་འཁོར་ཐམས་ཅད་ཀྱི་དྲུང་དུ་ཕྱག་མཆོད་སོགས་ཡན་ ལག་བདུན་པའི་བསགས་སྒོ་མཆོག་ལེགས་བགྱིས་བྱས་པའི་སྟོབས་ཀྱིས་འཕགས་མ་གཙོ་ འཁོར་ཐམས་ཅད་ཀྱི་ཐུགས་རྗེ་བརྩེ་བ་ཆེན་པོའི་ངང་ནས་དགོངས་པ་ཡང་དག་གི་མཛད་ 7-1-138 བཟང་ལས་ནམ་མཁའ་རབ་འབྱམས་ཀུན་ཏུ་རྡོ་རྗེའི་སྔགས་རྒྱུད་ཟབ་མོའི་སྒྲ་དབྱངས་ཀྱིས་ ཁྱབ་སྟེ་སེམས་ཅན་མཐའ་དག་ལ་གནས་སྐབས་དང་མཐར་ཐུག་གི་ཕན་བདེ་དུས་སུ་ཉེ་བར་ སྩོལ་ཞིང༌། ཁྱད་པར་འཕགས་མ་གཙོ་འཁོར་གང་དག་གིས་ཕྱག་གཡས་མཆོག་སྦྱིན་གྱི་ཕྱག་ རྒྱ་བསྒྱུར་ཏེ་སྐྱབས་སྦྱིན་མཆོག་གི་ཕྱག་རྒྱ་མཛད་པའི་འོག་ཏུ་བདག་དང་བསྲུང་བྱ་རྣམས་ ལེགས་པར་ཚུད་དེ་ཐུགས་རྗེའི་སྐྱབས་འོག་ལས་ནམ་ཡང་མི་འདའ་བར་བསམ་ལ། འདིར་ཕྱག་ འཚལ་ཉེར་གཅིག་གི་རྒྱུད་ཅི་འགྲུབ་དང་ཕན་ཡོན་བཅས་འདོན་པར་བྱ་ལ་དེ་མཐར། འཕགས་མ་འཁོར་བཅས་ལ་ དེ་ལྟ་བུའི་བསྟོད་ཕྱག་གུས་པར་ཕུལ་བས་ཐུགས་རབ་ཏུ་དགྱེས་ཏེ་སྐད་ཅིག་ལ་གཙོ་འཁོར་ ཐམས་ཅད་འོད་ཕུང་ལྗང་ཁུའི་རྣམ་པར་གྱུར་ནས་རང་གི་སྤྱི་བོར་ཐིམ་པས་འཕགས་མའི་སྐུ་ གསུང་ཐུགས་ཀྱི་བྱིན་རླབས་མཆོག་གི་སྟོབས་ཀྱིས་བདག་གི་སྒོ་གསུམ་བྱིན་གྱིས་བརླབས་ པར་གྱུར། དེ་ནས་བསྔོ ་སྨོན་ནི། བདག་གིས་འཕགས་མ་གཙོ་འཁོར་ལ་བསྟོད་ཕྱག་སོགས་ལེགས་ བགྱིས་རྣམ་པར་དཀར་བའི་སྟོབས་འདི་ལས་བདག་སོགས་ལ་ཚེ་འདི་ཀུན་ཏུ་ཡང་དག་པའི་ ཆོས་ཀྱི་མཐུན་རྐྱེན་ཁོ་ནས་དུས་འདའ་ཞིང་དམ་པའི་ཆོས་བསྒྲུབ་པ་ལ་སྐྱེ་འདི་འཕོ་བའི་ བར་ཆོས་མིན་རྐྱེན་ངན་པའི་བར་ཆད་གང་ཡང་མེད་པར་ཤོག་ཅིགཚེ་འདི་དང་ཕྱི་མའི་ཕྲེང་ བ་རྣམས་སུ་རྗེ་བཙུན་འཕགས་མ་སྒྲོལ་མ་གཙོ་འཁོར་ཐམས་ཅད་ཀྱི་ཐུགས་རྗེས་གཡེལ་བ་ ནམ་ཡང་མི་བཏང་ཞིང་བྱིན་རླབས་ལེགས་མཚན་གྱི་སྣང་བ་དུས་སུ་ངོམ་པར་ཤོག་ཅིག ཚེ་ འདིའི་སྣང་བ་ནུབ་པར་གྱུར་མ་ཐག་ནས་ཀྱང་སྐྱེ་བ་གཞན་གྱིས་མ་ཆོད་པར་རྗེ་བཙུན་མའི་ དག་ཞིང་གཡུ་ལོ་བཀོད་པར་བདུད་རྩིའི་རྫིང་བུར་མེ་ཏོག་པདྨོའི་སྦུབས་སུ་བདག་སོགས་ གང་དག་གིས་བརྫུས་ཏེ་སྐྱེ་བ་ལེན་པར་ཤོག་ཅིག དེར་སྐྱེས་ནས་ཀྱང་དེ་མ་ཐག་ཏུ་འཕགས་ མ་མཆོག་གི་ཞལ་བཟང་མཇལ་བའི་སྐལ་བ་ཡོད་དེ་གསུང་གི་གདམས་ཟབ་དུས་སུ་ལེགས་ ནོད་བྱེད་པར་ཤོག་ཅིག གདམས་དོན་གང་དག་ལ་རིམ་པས་བསླབས་ཏེ་མདོ་སྔགས་ཀྱི་ 7-1-139 ལམ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་མངོན་པར་རྟོགས་པ་རྣམས་ཇི་ལྟ་བ་བཞིན་རྒྱུད་ལ་ ལེགས་པར་འཁྲུངས་ཏེ་སྤངས་རྟོགས་ཀྱི་དགའ་སྟོན་གསར་བ་ཆེས་ཆེར་འཕེལ་བར་ཤོག་ ཅིག དེ་ནས་མི་རིང་བར་རྒྱལ་ཡུམ་ཤེར་ཕྱིན་ལྷ་མོ་རྗེ་བཙུན་བཅོམ་ལྡན་འདས་མའི་ཆོས་ སྐུའི་དགོངས་ཀློང་ཟབ་མོ་བདག་སོགས་རྣམས་ཀྱིས་ཇི་བཞིན་མངོན་དུ་གྱུར་ནས་ལྷུན་གྲུབ་ མཛད་པས་འགྲོ་དོན་སྲིད་མཐའི་བར་དུ་བྱེད་ནུས་པར་ཤོག་ཅིག དེ་ལྟར་སྨོན་དོན་རྣམས་ རྒྱལ་ཡུམ་ཤེར་ཕྱིན་གཞི་དབྱིངས་ཟབ་མོ་འཁོར་འདས་གཤིས་སུ་བདེན་སྟོབས་ཀྱིས་དེ་ཁོ་ན་ བཞིན་མྱུར་དུ་འགྲུབ་པར་གྱུར་ཅིག ཅེས་སྒྲོལ་མའི་བཀླག་ཆོག་མདོར་བསྡུས་སུ་བཀོད་པ་ཆོས་བཅུད་ཉེར་སྩོལ་ ཞེས་བྱ་བ་འདི་ཡང་ངག་དབང་ཆོས་ཀྱི་བློ་གྲོས་ཀྱིས་དད་མོས་ངང་ནས་གུས་པར་བསྐུལ་བ་ལྟར་མ་ཏིས་འཕྲལ་དུ་སྨྲས་པ་དགེ་ བར་གྱུར་ཅིག་གུ། འདིའི་ཡི་གེ་པའང་ཆོས་མཆེད་དམ་པ་གང་གིས་ལེགས་བགྱིས་མཛད་པ་སརྦ་མངྒ་ལཾ།། །། 7-1-140 ༄༅། །སྒྲོལ་མའི་བཀླག་ཆོག་སོགས་བཞུགས། ༄༅། །ན་མོ། རང་སྣང་དག་པའི་ཡུལ་དུ་རྗེ་བཙུན་མ་ལྷ་མོ་ཉེར་གཅིག་སྐད་ཅིག་གིས་གསལ་བར་གྱུར། སྐྱབས་ གནས་ཐམས་ཅད་འདུས་པའི་བདག །རྩ་བའི་བླ་མའི་ངོ་བོ་ཉིད། །འཕགས་མ་སྒྲོལ་མར་ སྐྱབས་སུ་གསོལ། །འགྲོ་ཀུན་སྒྲོལ་བར་དམ་བཅའ་འོ། །ལན་གསུམ་སོགས་ཀྱི་མཐར། མདུན་གྱི་ མཁའ་དབྱིངས་འཇའ་ཟེར་སྦུབས། །པད་འདབ་ཉི་ཤུའི་ལྟེ ་བ་ལ། །རྒྱལ་ཀུན་འདུས་ཞལ་བླ་ མའི་འཕྲུལ། །ཏཱཾ་ཡིག་ལས་བྱུང་འཕགས་མ་རྗེ། །ལྗང་གསལ་ཞལ་གཅིག་ཕྱག་གཉིས་མ། །སེམས་སྐྱིལ་གྱིས་བཞུགས་དར་གོས་བཀླུབས། །རིན་ཆེན་རྒྱན་བཟང་དྲ་བ་ཅན། །ལང་ཚོ་ བབ་ཅིང་སྒེག་པའི་ཉམས། །ཕྱག་གཡོན་ཐུགས་ཀར་ཨུཏྤལ་བསྣམས། །ཞལ་འཛུམ་འོད་ཟེར་ ཕུང་པོ་འབར། །སྟོང་གཟུགས་སྒྱུ་མའི་རོལ་གར་མཆོག །ཕྱག་གཡས་སྐྱབས་སྦྱིན་མཛད་པའི་ འོག །བདག་སོགས་འགྲོ་ཀུན་ཡོངས་ཚུད་ཅིང༌། །སྐུ་ལས་སྤྲུལ་པའི་ལྷ་མོའི་ཚོགས། །བཅུ་ ཕྲག་ཟུང་གི་པད་འདབ་ལ། །སྣ་ཚོགས་སྒྱུ་འཕྲུལ་གར་གྱིས་རོལ། །གསང་གསུམ་ཆོ་འཕྲུལ་ མཁའ་དང་མཉམ། །སྣང་ལ་རང་བཞིན་མེད་པའི་སྐུ། །བདེ་ཆེན་སྟོང་གཟུགས་རོལ་པའི་ འཕྲུལ། །རྩ་བའི་བླ་མའི་ཐུགས་ལས་ཤར། །གཙོ་འཁོར་ཐམས་ཅད་ཡེ་ཤེས་གཅིག །ཆོས་ སྐུ་སྤྲོས་བྲལ་དབྱིངས་ཀྱི་རྩལ། །སྨྲ་བསམ་བརྗོད་འདས་རང་རིག་གཤིས། །ཐུགས་ཡིད་རོ་ མཉམ་ཀློ ང་ཡངས་སུ། །མ་བཅོས་སོ་མའི་གདངས་བསྐྱེད་ནས། །ཀུན་རྟོག་འདུ་བ་ཡོངས་ཞི་ སྟེ། །འོད་གསལ་འཆར་སྒོ་མ་འགགས་པར། །རང་བབས་ངང་ནས་སྔགས་རྒྱུད་སྒྲོགས། །དེ་ ནས་བསྟོད་རྒྱུད་གཟུངས་ཆད་མེད་ཆུ་བོའི་རྒྱུན་བཞིན་སེམས་ཀྱི་གནས་ལུགས་ཁོ་ནར་འཇོག་པ་ལ་འབད་དེ་མཐར་ཕན་ཡོན་ 7-1-141 ཚར་གཅིག་གི་རྗེས་སུ། ཐམས་ཅད་འོད་གསལ་སྟོང་པའི་དབྱིངས། །འཕགས་མའི་ཆོས་སྐུ་རྗེན་ འཆར་བ། །གནས་ལུགས་དེ་ཉིད་ངང་ལ་འཇོག །ཡེ་ཤེས་ཆེན་པོར་རོ་མཉམ་གྱུར། །དགེ་ འདིས་ཀུན་རྫོབ་རྟོག་ཚོགས་ཀུན། །རིང་མིན་དགོངས་ཆེན་མཆོག་ཏུ་གྲོལ། །ཟུང་འཇུག་སྒྱུ་ མའི་སྐུ་བཟང་ལ། །བརྟེན་ནས་དོན་གཉིས་ལྷུན་གྲུབ་ཤོག །ཅེས་པའི་སྒྲོལ་མའི་བཀླག་ཆོག་འདི་བླ་མ་ རིག་འཛིན་དགའ་བའི་རྡོ་རྗེ་དང༌། ཆོས་མཐུན་ཟུང་གི་ངོར། མ་ཏིས་འཕྲལ་དུ་སྨྲས་པ་དགེ ༈ གནས་ལུགས་ཆོས་སྐུ་ཤེར་ཕྱིན་མོ། །འཕགས་མ་བླ་མ་གཉིས་མེད་ཐུགས། །རང་ གསལ་འཛིན་བྲལ་གསལ་སྟོང་ངང༌། །མ་བཅོས་ཤུགས་འབྱུང་དེ་ག་བསྐྱང༌། །ༀ་ཏཱ་རེ་ཏཱཾཿ སྭཱཧཱ། འཇིགས་འོད་ངོར་མ་ཏིས་སོ།། །། ༈ རླབས་ཆེན་གནས་ལུགས་སྐྱབས་གནས་རྒྱ་མཚོའི་བདག །དོན་དམ་འཕགས་མའི་ ཆོས་སྐུ་ཀུན་ཁྱབ་དཔལ། །བསླུ་བ་མེད་པའི་ཐུགས་རྗེའི་མཐུ་སྟོབས་ཀྱིས། །བསམ་དོན་ཆོས་ བཞིན་མྱུར་ནས་ལེགས་འགྲུབ་མཛོད། །ༀ་ཏཱ་རེ་ཏཱྃཿརྟེན་འབྲེལ་བསླུ་མེད་དུ་སྭཱཧཱ། ཞེས་པ་འབུམ་ ཕྲག་ཏུ་འདོན་ན་བཟང་འདི་ཡང་མ་ཏིས་སོ།། །། ༈ མྱུར་མ་དཔའ་མོས་གསང་གསུམ་སྟོབས་ཀྱིས། །སྦྲུ༵མ་མ༵་རྣམས་ལ་འཚེ་བ་ཀུན་ སྐྱོབས། །སྒོ་གསུམ་བདེ་བའི་དཔལ་ཡོན་ཐོབ་སྟེ། །བསམ་དོན་ལྷུན་གྲུབ་ལེགས་ཚོགས་ སྩོལ་ཅིག །ༀ་ཏཱ་རེ་ཏཱྃཿསྒྲུབ་བྱ་སྲུངས་ཤིག་རཀྵ་ཀུ་རུ་སྭཱཧཱ། གོང་གི་སྦྲུམ་མ་ཞེས་པར་བསྲུང་བྱ་ཞེས་བསྒྱུར་ ན་ཆོག འདི་ཡང་གཡང་སྐྱིད་ལ་མཁོ་ནས་མ་ཏིས་སོ།། །། ༈ སྐུ་ལྔ་ཡེ་ཤེས་ལྔ་ཡི་བདག །མཆོག་གསུམ་ངོ་བོ་རྗེ་བཙུན་མས། །ཚེ་དང་བསོད་ ནམས་བརྟན་གཡོའི་བཅུད། །ཀུན་ནས་ཉམས་མེད་གཞི་ཚུགས་ཤིག །ༀ་བུདྡྷ་དྷརྨ ་སཾ་གྷ་ཏཱ་ རེ་ཏུཏྟཱ་རེ་ཏུ་རེ་ཏཱྃཿམ་མ་ཨཱ་ཡུར་པུཎྱ་ཛྙཱ་ན་པུཥྚ່་ཀུ་རུ་སིདྡྷི་ཕ་ལ་ཨཱཿཧཱུཾ་སྭཱཧཱ། ཡེ་དྷརྨཱ་ཧེ་ཏུ་པྲ་ བྷ་ཝཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་བ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དི་མ་ཧཱ་ཤྲ་མ་ཎཿ ཅི་ནུས་བཟླ། 7-1-142 ལེགས་ཚོགས་རྟེན་འབྲེལ་ཕུན་ཚོགས་སུ། །སྐྱེ་འགྲོ་ཡོངས་ལ་བདེ་སྐྱིད་དཔལ། །གང་འདོད་ ཡིད་བཞིན་རབ་རྒྱས་ཤིང༌། །ཁ་རྗེ་དབང་ཐང་ཆོས་དར་ཤོག །ཅེས་པའང་ཚེ་རིང་རྡོ་རྗེ་ལ་མཁོ་ནས་མ་ ཏིས་བྲིས་ལྟར་མཆེད་ནས་ཡི་གེར་བཀོད།། །། ༄༅། །སྒྲོལ་མའི་སྔགས་དོན་ནི། ༀ་ཞེས་པ་རྒྱལ་ཀུན་སྐུ་གསུང་ཐུགས་ཀྱི་ངོ་བོ། ཏཱ་རེ་ནི་ཐུགས་རྗེ་མྱུར་མ་དཔའ་ མོ། ཏུཏྟཱ་རེ་ནི་འཇིགས་པ་མཐའ་དག་སེལ་མ། ཏུ་རེ་ནི་མཆོག་ཐུན་མོང་གི་འདོད་དོན་སྦྱིན་མཛད་ཉིད་མ། སྭཱཧཱ་ནི་གང་ བཅོལ་བའི་དོན་མ་ལུས་པ་གཞི་ཚུགས་ཤིང་ལེགས་གྲུབ་མཛོད་ཅིག ཅེས་པ་སྟེ། འདིའི་བསྡུས་དོན་ནི། རྒྱལ་ཀུན་སྐུ་གསུང་ ཐུགས་ངོ་བོ། །ཐུགས་རྗེ་རབ་མྱུར་དཔའ་མོ་རྗེ། །འཇིགས་ཀུན་སེལ་མཛད་མགོན་གཅིག་མས། །སྒྲུབ་གཉིས་གང་འོས་བདག་ལ་ སྩོལ། །ༀ་ནི་སྤངས་རྟོགས་ཀྱི་དཔལ་དང༌། ཏཱ་རེ་ནི་འཇིགས་ཀུན་སྒྲོལ་མཛད། ཏཱྃཿནི་རྗེ་བཙུན་མ། སྭཱཧཱ་ནི་གཞི་ཚུགས་པ་ སྟེ། བསྡུས་དོན། སྤངས་རྟོགས་དཔལ་ལྡན་འཇིགས་སེལ་མ། །རྗེ་བཙུན་འཕགས་མ་སྒྲོལ་མས་སྐྱོབས། །ཞེས་སོ། །སྒྲོལ་སྔགས་ ཤམ་བུ་ཅན་གྱི་སྔགས་དོན་བསྡུས་པ་ནི། རྒྱལ་ཀུན་གསང་གསུམ་རོལ་པའི་གར། །མྱུར་མ་དཔའ་མོ་འཇིགས་སེལ་མས། །སྒྲུབ་ ལ་རྣམ་མང་ཚེ་བསོད་ཀྱི། །ཡེ་ཤེས་ཀུན་ནས་ཡོངས་རྒྱས་མཛོད། །ཞེས་སོ། །འདི་ཡང་མ་ཏིས་སོ།། །། 7-1-143 ༄༅། །སྒྲོལ་མའི་གཏོར་བསྔོ་བསྡུས་པ་དང་ བསྐང་བསྡུས་བཞུགས། ༄༅། །སྒྲོལ་མའི་གཏོར་བསྔོ་བསྡུས་པ་ནི། ཨ་མྲ ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ རིན་པོ་ཆེའི་སྣོ ད་དུ་གཏོར་མ་བདུད་རྩིའི་རང་བཞིན་ཟག་པ་མེད་པར་གྱུར། ༀ་ཨཱཿཧཱུཾ། ༀ་ ཨཱརྱ་ཏཱ་རེ་ས་པཱ་རི་ཝ་རེ་བྷྱཿ ན་མཿསརྦ་ཏཱ་ཐ༴ ནས། བ་ལིང་ཏ་ཡེ་སྭཱཧཱ། ལན་གསུམ་སོགས་ཀྱིས་གཏོར་ མ་འབུལ། ཨརྒྷཾ་ནས། ཤབྟའི་བར་གྱིས་མཆོད། ཏཱྃཿ རྒྱལ་ཀུན་ཕྲིན་ལས་མངའ་བདག་མོ། །འཇིགས་ པ་ཀུན་ལས་སྐྱོབ་མཛད་ལྷ། །སྒྲོལ་མ་ལྷ་མོ་ཉེར་གཅིག་ཚོགས། །མ་ལུས་འཁོར་དང་བཅས་ ལ་བསྟོད། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་འདོད་དོན་གསོལ། སྒྲོལ་ཆོག་གི་དཀྱུས་ གཏོར་བྱེད་ན་དེ་ཙམ་གྱིས་ཆོག རྒྱུན་ཁྱེ ར་གཏོར་བསྔོ འི་སྐབས་ལ། གོང་བྱིན་རླབས་སོང་མཚམས་སུ། སྙིང་ཁའི་འོད་ ཟེར་གྱིས་དབྱིངས་དག་ཆེན་ན་བཞུགས་པའི་ལྷ་མོ་འཕགས་མའི་ལྷ་ཚོགས་སྐད་ཅིག་གིས་ སྤྱན་དྲངས། ཞེས་བརྗོད་པ་ཁྱད་པར་རོ། །ཞེས་པ་འདི་ཡང་མ་ཏིས་སྦྱར་བའོ།། །། ༈ སྒྲོལ་མའི་བསྐང་བསྡུས་ནི། ཏཱྃཿ སྐྱེ་མེད་ཆོས་སྐུའི་རང་མདངས་ལས། །ངོ་མཚར་གཟུགས་ སྐུ་སྒྱུ་མའི་འཕྲུལ། །གང་འདུལ་ལྷ་མོ་ཉེར་གཅིག་ཚོགས། །འདིར་གཤེགས་སྒྲུབ་ལ་དགྱེས་ བཞིན་བཞུགས། །ༀ་ཨཱཿཧཱུཾ། རྣལ་འབྱོར་སྔགས་རྒྱས་རབ་སྤེལ་བ། །ཀུན་བཟང་འཕྲུལ་ལ་ ཉེར་འགྲན་པའི། །ཟག་བྲལ་ནམ་མཁའ་མཛོད་ཀྱི་ཕུལ། །དགྱེས་བསྐྱེད་མ་ཚང་མེད་པ་ཡིས། 7-1-144 །ཕྲིན་ལས་མྱུར་མ་དཔའ་མོ་དང༌། །ལྷ་མོ་ཉེར་གཅིག་སྤྲུལ་འཁོར་བཅས། །དགྱེས་བསྐང་ ཟག་མེད་བདེ་བ་ཆེ། །ཀུན་ནས་ཡོངས་སུ་རྒྱས་པའི་རྐྱེན། །ཕུལ་བྱུང་ཚོགས་ཆེན་བསགས་ པའི་སྒོ། །རླབས་ཆེན་བགྱི་བ་ཟབ་མོ་འདིས། །རྣལ་འབྱོར་དམ་ཚིག་ཉམས་ཆགས་བྱང༌། །གྲུབ་གཉིས་དངོས་གྲུབ་རིམ་པས་འཐོབ། །ཚེ་འདིར་འཕགས་མའི་དགྱེས་ཞལ་མཇལ། །སྐལ་བཟང་གདུལ་ཞིང་གང་དེ་ལས། །རིང་མིན་གསང་གསུམ་སྒོ་གསུམ་དང༌། །ནམ་ཡང་ གཡེལ་མེད་མཛད་དུ་གསོལ། །ཞེས་པ་འདི་ཡང་མ་ཏིས་སྨྲས་པའོ།། །། 7-1-145 ༄༅། །སྒྲོལ་མ་དཀར་དམར་གྱི་བསྐང་བསྡུས་ བཞུགས་སོ། ། ༄༅། །ༀ་ཨཱཿཧཱུཾ། རྣལ་འབྱོར་སྔགས་རྒྱས་རབ་སྤེལ་མཆོད་པའི་སྤྲིན། །ཀུན་བཟང་ འཕྲུལ་ལ་འགྲན་པའི་དགའ་སྟོན་ཆེ། །དགྱེས་བསྐང་དམ་པའི་མཉེས་རྫས་ཁྱད་པར་བ། །ཟད་མེད་ནམ་མཁའ་མཛོད་ཀྱི་ལོངས་སྤྱོད་གྱུར། ཏཱཾ། སྐྱེ་མེད་གཞི་དབྱིངས་ཆོ་འཕྲུལ་རོལ་ པའི་གར། །འཕགས་མ་ལྷ་མོ་དཀར་དམར་མཛེས་སྡུག་སྐུ། །མཚར་བཀོད་སྤྲུལ་པ་རབ་ འབྱམས་དང་བཅས་ཏེ། །རྣལ་འབྱོར་དད་པས་སྤྱན་འདྲེན་གནས་འདིར་བྱོན། །ཟག་བྲལ་ ཡེ་ཤེས་ལང་ཚོ་གསར་ལ་བདོ། །ཟླ་ཤེལ་ཞུན་མའི་ཕུང་པོ་འོད་གསལ་སྐུ། །འཕགས་མ་ ཡིད་བཞིན་འཁོར་ལོ་འཕྲིན་ལས་བདག །མི་མཐུན་འཇིགས་ཀུན་སྒྲོལ་མཛད་དཔའ་མོ་ཆེ། །རབ་སྤེལ་དགྱེས་རྫས་མཆོད་པ་གང་དག་གིས། །དཀར་མོ་རྗེ་བཙུན་སྒྲོལ་མའི་ཐུགས་དམ་ བསྐང༌། །མི་མཐུན་རྐྱེན་གསོལ་གྲུབ་གཉིས་ཆར་ལྟར་ཕོབ། །སྒོ་གསུམ་སྐུ་གསུང་ཐུགས་ དང་དབྱེར་མེད་མཛོད། །ཕྲིན་ལས་དབང་མཛད་རྗེ་བཙུན་མྱུར་མའི་ལྷ། །རབ་དམར་བྱུ་རུའི་ མདང་ལྡན་མཛེས་སྡུག་སྐུ། །ཡིད་ལ་དྲན་པས་འདོད་དགུའི་དཔལ་སྩོལ་བ། །དབང་གི་རྗེ་ མོ་འཕགས་མའི་ཐུགས་དམ་བསྐང༌། །རྒྱ་ཆེན་རབ་སྤེལ་མཉེས་རྗས་ཁྱད་མཚར་བ། །གང་ དང་འཚམས་པའི་དཔལ་ཡོན་ཆེན་པོ་འདི། །དགྱེས་བཞེས་རྣལ་འབྱོར་ལས་བཞི་ལྷུན་གྲུབ་ ཅིང༌། །དབང་བསྡུད་དབྱིག་གི་དངོས་སྒྲུབ་རྟག་པར་སྙིལ། །དེ་ལྟར་ཐུགས་དམ་བསྐང་བའི་ 7-1-146 བྱིན་རླབས་ཀྱིས། །རྣལ་འབྱོར་སྒྲུབ་པ་ལྟོ ས་བཅས་གང་དག་ཀུན། །ཕྱི་ནང་གསང་བའི་སྐྱེན་ ངན་ལས་བསྒྲལ་ཏེ། །དགེ་མཚན་ལེགས་སྣང་གསར་བས་རྟག་སྐྱོང་མཛོད། །ཅེས་པའི་སྒྲོལ་མ་ དཀར་དམར་གྱི་བསྐང་བསྡུས་འདི་ཡང་ཆོས་ཉིད་བཟང་ལ་མཁོ་ནས་མ་ཏིས་འཕྲལ་སྤེལ་ལྟར་ངག་གྲུབ་པས་ཡི་གེར་བགྱིས་སོ། །དགེའོ།། །།མངྒ་ལཾ། བཀྲ་ཤིས། 7-1-147 ༄༅། །སྒྲོལ་མའི་འཕོ་བ་བཞུགས། ༄༅། །སྒྲོལ་མའི་འཕོ་བ་ནི། ཏཱྃཿ སངས་རྒྱས་ཀུན་དངོས་རྗེ་བཙུན་བཅོམ་ལྡན་མ། །གསུམ་ ལྡན་རྡོ་རྗེ་འཛིན་པའི་ངོ་བོ་སྟེ། །རྩ་བའི་བླ་མར་དབྱེར་མེད་གསོལ་བ་འདེབས། །གཞི་ དབྱིངས་དགོངས་པ་གཅིག་དུ་འཕོ་བར་མཛོད། །རང་ལུས་དག་པ་གདོས་བཅས་བྲལ་བའི་དབུས། །ཨ་ཝ་དྷཱུ་ ཏཱི་དྲི་མེད་ཤེལ་སྦུག་ལྟར། །དེ་ནང་རང་སེམས་གཉུག་མ་ཐིག་ལེའི་གཟུགས། །འདར་ལ་ཁད་པའི་ཚུལ་དུ་གནས་པར་གྱུར། །ན་ མོ། དུས་གསུམ་རྒྱལ་བ་ཀུན་གྱི་ཕྲིན་ལས་གཟུགས། །མ་ལུས་འགྲོ་ལ་བརྩེ་བའི་རྗེ་བཙུན་ མ། །ཡུམ་ཆེན་ཤེར་ཕྱིན་ལྷ་མོ་ཆོས་སྐུའི་དབྱིངས། །སྐུ་གསུམ་ལྷུན་གྲུབ་གདོད་ནས་བཞུགས་ པའི་སྐུར། །མོས་གུས་གདུང་ཤུགས་དྲག་པོས་གསོལ་བ་འདེབས། །དབྱིངས་རིག་དབྱེར་ མེད་ཆོས་སྐུའི་དགོངས་ཀློ ང་དུ། །རྣམ་ཤེས་ཤུན་པའི་སྦུབས་ནས་གཉུག་མའི་སེམས། །རང་ བཞིན་དྭངས་པ་ཆེན་པོར་དབྱེར་མེད་ཐིམ། །ཕཊ། འོད་གསལ་དབྱིངས་ནས་བཞེངས་པའི་ཡེ་ ཤེས་སྐུ། །ངོ་མཚར་སྒྱུ་མའི་ལང་ཚོ་ཡོངས་རྫོགས་པ། །མཐོང་ཐོས་དྲན་པས་ཉེར་ཞི་ལེགས་ སྦྱིན་ཅིང༌། །མཚན་དང་དཔེ་བྱད་ལྡན་པའི་འཕགས་མ་རྗེ། །མོས་གུས༴ སོགས་འགྲེས། དྲི་མེད་ ཡེ་ཤེས་དབྱིངས་ལས་འཕོས་པའི་གདངས། །ཡན་ལག་དྲུག་ཅུའི་དབྱངས་སྙན་མཁའ་མཐར་ ཁྱབ། །མ་ལུས་འགྲོ་བའི་ཉེར་འཚོའི་གཞིར་གྱུར་པ། །རྒྱལ་ཀུན་གསུང་གི་མངའ་བདག་ འཕགས་མ་རྗེ། །མོས་གུས༴ ཆོས་ཀུན་རང་བཞིན་གནས་ལུགས་དྲི་བྲལ་དབྱིངས། །གདོད་ ནས་མི་ཤིགས་ཤེར་ཕྱིན་ཀུན་ཁྱབ་པའི། །སྟོང་ཆེན་དགའ་མ་འོད་གསལ་རྣམ་ཀུན་པ། །རང་ བྱུང་ཡེ་ཤེས་མཁྱེ ན་མངའ་འཕགས་མ་རྗེ། །མོས་གུས༴ འགྲོ་ཀུན་བཟོད་དཀའི་སྡིག་ལས་ སྒྲོལ་བའི་མ། །རྒྱལ་ཀུན་བསྐྱེད་པའི་ཡུམ་གཅིག་ཐུགས་རྗེ་ཅན། །མཁྱེ ན་དང་བརྩེ་བ་རྒྱ་ 7-1-148 མཚོའི་མངའ་བདག་མོ། །ནམ་ཡང་མི་བསླུ་སྐྱབས་མཆོག་རྗེ་བཙུན་མ། །མོས་གུས༴ སྟོབས་ བཅུ་མངའ་བའི་བདག་ཉིད་བཅོམ་ལྡན་འདས། །འགྲོ་ལ་བུ་བཞིན་བརྩེ་བས་གཟིགས་ མཛད་མ། །གང་འདུལ་རེ་བ་སྐོང་བའི་མཛད་ཕྲིན་ཅན། །གཏན་གྱི་རེ་ཡུལ་འཕགས་མ་ཁོ་ ན་ལ། །མོས་གུས༴ རང་རིག་རང་གདངས་འོད་གསལ་འཕགས་མའི་ཐུགས། །རང་གཤིས་ ཇི་བཞིན་མངོན་དུ་གྱུར་པ་ཡིས། །རང་བབས་ཤུགས་འབྱུང་ངང་དུ་ལྷུག་པར་བཞག །རང་ བཞིན་དག་མཉམ་དམིགས་མེད་དབྱིངས་སུ་ཨ། །ཞེས་འཕགས་མའི་ཐུགས་དང་རང་སེམས་དབྱེར་མེད་ཀྱི་ ངང་བསྐྱང་སྟེ་མ་བཅོས་འཛིན་བྲལ་གཤིས་སུ་དབྱིངས་རིག་བསྲེ་བཞིན་ཕཊ་སྒྲ་ལན་གསུམ་བྱའོ། །དེ་ལྟར་དུ་རྟགས་མ་བྱུང་བར་ ཡང་ཡང་བསྐྱར། ཞེས་པ་འདི་ཡང་མ་ཏིས་འཕྲལ་དུ་སྦྱར་བའོ།། །། 7-1-149 ༄༅། །ངེས་དོན་དང་འབྲེལ་བའི་རྗེ་བཙུན་མ་གཙོ་འཁོར་ལ་མཎྜལ་ བཞི་ཡི་སྒོ་ནས་མཆོད་པ་འབུལ་བའི་ཐབས་ གྲུབ་གཉིས་མྱུར་སྩོལ་ཞེས་བྱ་བ་ བཞུགས་སོ། ། ༄༅། །ན་མཿཨཱརྱ་ཏཱ་རེ་བྷྱཿ ཆོས་དབྱིངས་གནས་ལུགས་ཤེར་ཕྱིན་མོ། །གང་འདུལ་སྤྲུལ་པའི་རོལ་གར་མཆོག །ཕྲིན་ལས་མྱུར་མ་ལ་བཏུད་ནས། །དེ་མཆོད་མཎྜལ་ཆོ་ག་འཆད། །དེ་ལ་འདིར་ངེས་དོན་དང་འབྲེལ་བའི་རྗེ་བཙུན་མ་གཙོ་ འཁོར་ལ་མཎྜལ་བཞི་ཡིས་མཆོད་ཐབས་ཉེར་བསྡུས་བྱ་བ་ལ། སྦྱོར། དངོས། རྗེས་གསུམ་ལས། དང་པོ་ནི། སྒྲོལ་མའི་སྐུ་རྟེན་ བཀྲམ་པའི་མདུན་དུ་གཏོར་ཟླུམ་དཀར་རྒྱན་ཅན་དང་མཎྜལ་བཞི་ཚོམ་ཉེར་སྤྱོད་སོགས་དགོས་པའི་ཡོ་བྱད་ཇི་ལྟར་འོས་པ་དག་ ལེགས་པར་འདུ་བྱས་ནས། གཉིས་པ་དངོས་གཞི་ལ། དཀོན་མཆོག་སྤྱི་མཆོད་དང༌། སྒྲོལ་མའི་སྒོས་མཆོད་གཉིས་ལས། དང་ པོ་སྐྱབས་སེམས་ནི། རང་སྣང་གདོད་ནས་ཡེ་བཞུགས་ཆོས་སྐུའི་འཕྲུལ། །སྐྱབས་གནས་ཀུན་ དངོས་འཕགས་མའི་ལྷ་ཚོགས་ལ། །གསོལ་འདེབས་སྐྱབས་མཆི་མ་ལུས་འགྲོ་བའི་དོན། །བསྒྲུབ་ཕྱིར་བླ་མེད་སེམས་མཆོག་བསྐྱེད་པར་བྱ། །ལན་གསུམ། མཆོད་རྫས་བྱིན་རླབས་ནི། དག་ཆེན་ ཡེ་གཞིའི་དགོངས་པར་མཉམ་བཞག་སྟེ། །ཀུན་བཟང་འཕྲུལ་ལ་འགྲན་པའི་མཆོད་སྤྲིན་ ཚོགས། །ཡ་མཚན་ཉེར་སྤྱོད་དཔག་ཡས་མཚར་བཀོད་ཆེ། །ནམ་མཁའི་མཐའ་ཀླས་ཡོངས་ བརྡལ་ཆེར་སྤེལ་གྱུར། །ༀ་བཛྲ་སྥ་ར་ཎ་ཁཾ། སྔགས་ལན་ཅི་རིགས་བརྗོད། དེ་ནས་སྤྱི་མཆོད་དངོས་ནི། ཨཱཿ ཆོས་དབྱིངས་གཤིས་ལུགས་རྣམ་ཀུན་འཆར་རུང་བ། །གང་ལ་གང་འདུལ་སྤྲུལ་བཀོད་འཛད་ 7-1-150 མེད་ཅིང༌། །མཐའ་ཡས་ཞིང་བཞུགས་རྒྱལ་བ་སྲས་བཅས་ཚོགས། །གདུལ་བྱའི་བསམ་པའི་ རྗེས་འགྲོ་གང་མོས་ལྟར། །དག་སྣང་ཡུལ་དུ་ངོ་མཚར་བསོད་ནམས་ཞིང༌། །ཡ་མཚན་རོལ་ པ་ཅིར་ཡང་འགྱེད་བཞིན་དུ། །དཀོན་མཆོག་ཀུན་འདུས་མཆོད་ཡུལ་བླ་མེད་པ། །དད་མོས་ བྱ་ཡུལ་འདིར་ནི་མངོན་སུམ་ལྟར། །སྒྲིབ་མེད་ཇི་བཞིན་རང་བྱུང་ལས་ཤར་བ། །ཡི་དམ་ རྒྱ་མཚོ་རྒྱལ་བ་སྲས་བཅས་སློབ། །འཕགས་མ་སྒྲོལ་མའི་ལྷ་ཚོགས་སྤྲུལ་བཀོད་ཆེ། །གང་ འདུལ་ཐབས་མཁས་རོལ་གར་ཅི་ཡང་རྩེན། །གཞི་དབྱིངས་གཤིས་ནས་མངོན་གསལ་ཚུལ་ ཙམ་ལས། །གཤེགས་བཞུགས་དོན་ལ་མི་མངའ་གཞི་འབྲས་གཅིག །ཀུན་ཁྱབ་རིས་བྲལ་ ནམ་མཁའ་ལྟར་ཡངས་པ། །ཆོས་སྐུ་དགོངས་ཆེན་ཀློ ང་དུ་བཟང་ངན་བྲལ། །བུདྡྷ་བོ་དྷི་ས་ཏྭ་ ཨཱརྱ་ཏཱ་རེ་ཏིཥྛ་ས་མ་ཡ་སྟྭཾ། མཆོད་པ་འབུལ་བ་ནི། ༀ། དངོས་འབྱོར་ཡིད་ལས་སྤྲུལ་པའི་མཆོད་ སྤྲིན་ཚོགས། །མཆོད་ཡོན་མེ་ཏོག་བདུག་སྤོས་སྣང་གསལ་དྲི། །ཞལ་ཟས་རོལ་མོ་ངོ་མཚར་ མཐའ་ཀླས་པ། །མཆོད་ཡུལ་རྒྱ་མཚོའི་ཚོགས་ལ་གུས་པས་འབུལ། །ༀ་བུདྡྷ་བོ་དྷི་ས་ཏྭ་ཨཱརྱ་ ཏཱ་རེ་ས་པ་རི་ཝཱ་ར་བྷྱཿཨརྒྷཾ་པུཥྤེ་དྷུ་པེ་ཨཱ་ལོ་ཀེ་གནྡྷེ་ནེ་ཝི་དྱེ་ཤབྟ་ཨཱཿཧཱུྃ། ཕུལ་བྱུང་ཟག་མེད་ ཡིད་འོང་འདོད་ཡོན་ཚོགས། །རྣམ་བྱང་དབང་ལྔ་དགྱེས་བསྐྱེད་ཁྱད་པར་བ། །གཟུགས་སྒྲ་ དྲི་རོ་རེག་བྱ་མཆོག་འདི་དག །གུས་པས་ལེགས་འབུལ་ཐུགས་རྗེས་བདག་གིར་བཞེས། །ༀ་ བུདྡྷ་བོ་དྷི༴ ནས། རུ་པ་ཤབྟ་གནྡྷེ་ར་ས་སྤརྴེ་ཨཱཿཧཱུྃ། ངོ་མཚར་དགེ་ལེགས་རྒྱལ་སྲིད་རིན་ཆེན་ བདུན། །ཕུན་སུམ་ཚོགས་པ་བཀྲ་ཤིས་རྫས་རྟགས་བརྒྱད། །ཀུན་ནས་དགེ་བའི་འདོད་འབྱུང་ ཡ་མཚན་པ། །བསོད་ནམས་ཉེར་བསག་སླད་དུ་འབུལ་ལོ་བཞེས། །ༀ་བུདྡྷ༴ ནས། མཧཱ་སབྟ་ ཨུ་པ་རཏྣ་པཱུ་ཛ་ཨཱཿཧཱུྃ། མཎྜལ་ནི། ༀ་ཨཱཿཧཱུྃ། ཕུན་ཚོགས་བསོད་ནམས་དཔལ་སྟུག་ཆེས་འབར་ བ། །རབ་བརྟན་གླིང་བཞིའི་དབུས་ན་གསེར་རི་བདུན། །རོལ་མཚོ་ཟུང་ལྡན་གྱིས་བསྐོར་རི་ རྒྱལ་ལྷུན། །ཆེ་མཐོ་རིན་ཆེན་སྣ་ལྔ་ལས་གྲུབ་ཅིང༌། །སྣོ ད་དང་བཅུད་ཀྱི་འབྱོར་བ་ཡ་མཚན་ 7-1-151 པ། །ལྷ་མིའི་དཔལ་འབྱོར་མ་ཚང་མེད་པའི་ཕུལ། །ཁྱད་པར་བདག་གཞན་དུས་གསུམ་རབ་ དཀར་ཚོགས། །བདག་པོས་བཟུང་དང་མ་བཟུང་ཡིད་འོང་ཀུན། །རྒྱལ་ཀུན་དགྱེས་བསྐྱེད་ འཕགས་མཆོག་ཀུན་ཏུ་བཟང༌། །གང་གི་རྣམ་པར་འཕྲུལ་བའི་མཛད་ཆེན་ལ། །ལེགས་པར་ འགྲན་པའི་མཆོད་བཀོད་ཁྱད་པར་བ། །གུས་འབུལ་ཐུགས་རྗེས་བཞེས་ལ་དངོས་གྲུབ་སྩོལ། །ཏྲཾ་རཏྣ་མཎྜ་ལ་ཀཾ་ནིརྱ་ཏ་ཡ་མི། འདོད་གསོལ་ནི། ཀྱེ་ཧོ། ཀུན་གཟིགས་བརྩེ་བའི་གཏེར་གྱུར་ འགྲོ་བའི་མགོན། །མ་ལུས་འགྲོ་ལ་ཉེར་དགོངས་ཐུགས་རྗེའི་སྟོབས། །རབ་བསྐྱེད་མཛད་ པ་ཕྲིན་ལས་རླབས་པོ་ཆེས། །གང་འདུལ་འགྲོ་ལ་དུས་བབ་དགའ་སྟོན་ཕོབ། །བཟོད་དཀའ་ ངན་སོང་སྡུག་བསྔལ་གྱིས་གཟིར་བས། །ཡིད་འོང་བདེ་དགའི་གོ་སྐབས་བྲལ་བ་དག །ཆེས་ མནར་ཉམ་ཐག་རྒུད་པ་ལས་ཐར་ཏེ། །དལ་རྟེན་ཕུན་ཚོགས་ལེགས་འབྱོར་མྱུར་རྙེད་མཛོད། །མངོན་མཐོ་འཁོར་བའི་བདེ་ལ་ཉེར་སྤྱོད་པ། །རང་རང་ལ་ཡང་དེར་ལྟོས་སྡུག་བསྔལ་ཞི། །ཡང་དག་ཆོས་དང་མཇལ་བའི་སྟབས་འགྲིག་སྟེ། །གང་འདོད་དོན་ལྡན་རེ་བ་ལེགས་སྐོང་ མཛོད། །སྤྱིར་ན་ལས་ཀྱི་དབང་གིས་འཁོར་བའི་གནས། །མཐོ་དམན་གང་དུ་སྐྱེས་པ་དེ་ ཐམས་ཅད། །ཀུན་འབྱུང་ལས་ཉོན་མྱུར་ནས་བྲལ་གྱུར་ཏེ། །རང་དང་འཚམས་པའི་བྱང་ཆུབ་ ལ་སྙེགས་མཛོད། །ཁྱད་པར་འཇིག་རྟེན་འཛམ་གླིང་འདིར་གནས་པ། །ལུས་ཅན་སྐྱེ་དགུ་ ཀུན་ལ་རིང་མིན་དུ། །སྡེ་བཞིའི་དཔལ་འབྱོར་རབ་དར་རྫོགས་ལྡན་གྱི། །དགེ་མཚན་བཟང་ པོའི་དགའ་སྟོན་བཞད་དུ་གསོལ། ། གཉིས་པ་སྒྲོལ་མའི་སྒོས་མཆོད་ལ་མཎྜལ་གྱི་མཆོད་པ་གསུམ་ལས་དང་པོ་ནི། ཀུན་ཁྱབ་ཆོས་ཀྱི་དབྱིངས་ ལས་བཞེངས་པའི་ལྷ། །ཕྲིན་ལས་མྱུར་མ་དཔའ་མོའི་ཆོ་འཕྲུལ་གར། །གང་འདུལ་མོས་ངོར་ བསོད་ནམས་ཞིང་མཆོག་ཏུ། །ཐབས་མཁས་སྒྱུ་མའི་འཕྲུལ་བཟང་གང་འགྱེད་པ། །མཆོད་ ཡུལ་ཚུལ་གྱིས་མཚར་བཀོད་ཁྱད་པར་བ། །བཅུ་ཕྲག་ཟུང་གི་འདབ་ལྡན་ཆུ་སྐྱེས་སྟེང༌། །ཉ་ 7-1-152 གང་ཟླ་བར་རང་གསལ་འཕགས་མའི་སྐུ། །མཛེས་འཛུམ་ལང་ཚོ་རབ་རྫོགས་ལྗང་འོད་ འབར། །ཕྲིན་ལས་རབ་མྱུར་ངོ་མཚར་རོལ་པ་སྟོན། །དབུས་སུ་བཅོམ་ལྡན་འདས་མ་དཔའ་ མོ་རྗེ། །གང་གི་འོད་ཟེར་ལས་སྤྲུལ་ལྷ་མོའི་ཚོགས། །སྣ་ཚོགས་མདོག་ལྡན་སྒེག་མཛེས་ རྒྱན་ཆས་རྫོགས། །འདབ་གྲངས་དགྱེས་དགུར་རོལ་ཞིང་གཙོ་འཁོར་ཀུན། །རྣམ་འཕྲུལ་ ཆེ་བའི་གར་བསྒྱུར་ཕྱོགས་མཚམས་སུ། །སངས་རྒྱས་བྱང་སེམས་དཔག་ཡས་མཛད་བཟང་ ཅན། །གདོད་ནས་གཞི་འབྲས་དབྱེར་མེད་རང་བཞིན་ལས། །ཡེ་ཤེས་ཆེན་པོའི་དགོངས་ པར་མངོན་གསལ་བ། །མཆོད་ཡུལ་བསོད་ནམས་ཞིང་དུ་ལེགས་བཞུགས་གསོལ། །གནས་ ལུགས་གཤིས་ཀྱི་ལྷ་ལས་སྤྲུལ་པ་མོ། །གང་ལ་དགོངས་ཡིད་གཅིག་པར་ཕྱག་འཚལ་ལོ། །ཨཱརྱ་ཏཱ་རེ་ཏིཥྛ་ས་མ་ཡ་སྟྭཾ། ༀ་ན་མོ། འཕགས་མ་སྤྲུལ་པའི་ལྷ་མོའི་རོལ་གར་གྱིས། །གདུལ་ བྱ་དེར་སྣང་ཙམ་དུ་མཛད་ཚུལ་སྟོན། །རང་རང་ལ་འོས་ཕྲིན་ལས་གདུལ་ཞིང་དུ། །གང་གྱུར་ དེ་ཀུན་བསླུ་མེད་ཐུགས་རྗེས་ཟུང༌། །འདིར་གོང་སྨོས་ཀྱི་མཆོད་པ་ཡོངས་རྫོགས་བྱ་བ་ལས་མཆོད་ཚིག་དང་པོའི་ རྐང་པ་བཞི་པའི་རྒྱ་མཚོའི་ཚབ་ཏུ་འཕགས་མའི་ཞེས་བསྒྱུར་ཞིང་སྔགས་མཆོད་སྐབས་བུདྡྷ་བོ་དྷི་ས་ཏྭ་དོར་བ་ཁྱད་པར་རོ། །ཕྱག་ འཚལ་ཉེར་གཅིག་ལན་གཉིས་སམ། ༀ། མྱུར་མ་དཔའ་མོས་འགྲོ་བ་ཀུན་སྒྲོལ། །དབྱངས་ཅན་ལྷ་ མོས་ངག་མཆོག་སྩོལ་ཅིག །བསོད་ནམས་སྟེར་མས་ནོར་མཆོག་གཡང་སྐྱོལ། །རྣམ་རྒྱལ་ལྷ་ མོས་ཚེ་ཡི་དཔལ་ཕོབ། །རིག་བྱེད་དབང་མོས་འཁོར་འདས་དབང་མཛོད། །འཇིགས་བྱེད་ ཁྲོ་མོས་བདུད་སྡེ་ཆོམ་ཤིག །གཞན་ཐུབ་དཔའ་མོས་གཞན་སྡེའི་དཔུང་གཏོར། །གཞན་རྒྱལ་ རྗེ་མོས་རྒྱལ་ཁ་ཀུན་ལོངས། །སེང་ལྡེ ང་ལྷ་མོས་དངོས་གྲུབ་ཀུན་སྩོལ། །གསུམ་རྒྱལ་བདག་ མོས་འཇིག་རྟེན་གནོན་མཛོད། །ནོར་གཏེར་དཔལ་མོས་ལོངས་སྤྱོད་སྩོལ་ཅིག །བཀྲ་ཤིས་ ལྷ་མོས་དགེ་མཚན་མྱུར་ཕོབ། །དགྲ་འཇོམས་དཔའ་མོས་ཕས་རྒོ ལ་དཔུང་ཆོམ། །ཁྲོ་གཉེར་ ངོམ་མས་བགེགས་རིགས་གཞོམ་མཛོད། །རབ་ཞི་ལྷ་མོས་འཇིག་རྟེན་སྐྱོངས་ཤིག །འབར་ 7-1-153 འོད་ཕྲེང་མས་ཆོས་སྣང་མྱུར་སྩོལ། །དཔག་མེད་གནོན་མས་གཞན་སྟོབས་ཟིལ་གནོན། །རྨ་ བྱ་ཆེན་མོས་དུག་ནད་སོལ་ལ། །མི་ཕམ་རྒྱལ་མོས་ལྟས་ངན་ཟློ ག་ཅིག །རི་ཁྲོད་བདག་མོས་ རིམས་ཡམས་ཆོད་ལ། །འོད་ཟེར་ཅན་མས་དགྲ་རྐུན་བཅིང་མཛོད། །ཉེར་གཅིག་ལྷ་མོས་ རང་རང་ལས་སྒྲུབས། །སྐྱབས་འོག་པ་ཀུན་གཡེལ་མེད་སྐྱོང་མཛོད། །ཀུན་ནས་དགེ་བའི་ དཔལ་ཡོན་སྩོལ་ཅིག །ཅེས་སྒྲོལ་མ་བསྡུས་པ་ལན་གཉིས་བརྗོད། མཎྜལ་གཉིས་པ་ནི། མཆོད་ཡུལ་འཕགས་ མ་སྒྲོལ་མའི་ལྷ་ཚོགས་ལས། །འཕྲོས་པའི་འོད་ཀྱིས་སྣོ ད་བཅུད་དྲི་མ་སྦྱངས། །སྐྱེ་འགྲོ་ཀུན་ ཀྱང་བསོད་ནམས་སྟོབས་སུ་རྒྱས། །རྒྱུད་དག་སྐལ་བཟང་དབང་རྣོན་ལས་རུང་གྱུར། །དེ་ནས་ སླར་སྒོས་མཆོད་གོང་བཞིན་དང༌། ཕྱག་འཚལ་ཉེར་གཅིག་སྒྲོལ་བསྡུས་གང་རུང་ལན་གསུམ་བརྗོད། མཎྜལ་གསུམ་པའང༌། འཕགས་མ་སྒྲོལ་མའི་བྱིན་རླབས་ལ་བརྟེན་ནས། །འཇིག་རྟེན་ཁམས་འདིར་གང་གནས་དེ་ དག་ཀྱང༌། །རྫོགས་ལྡན་ཆོས་ཀྱིས་གདུལ་ཞིང་ཕུལ་བྱུང་བ། །སྨིན་མ་རག་པར་ཆོས་སྣང་ ཆེས་ཆེར་འཕེལ། །སླར་ཡང་སྒོས་མཆོད་གོང་ལྟར་དང༌། ཕྱག་འཚལ་ཉེར་གཅིག་ལན་བདུན་མཐར་ཕན་ཡོན་བརྗོད་ པའམ་སྒྲོལ་བསྡུས་ལན་བདུན་གང་མོས་བྱ་ཞིང་མཐར་གཏོར་མ་འབུལ་བ་ནི། ༀ་ཨཱཿཧཱུཾ། ཨཱརྱ་ཏཱ་རེ་ས་པ་རི་ཝཱ་ར་ ཨི་དཾ་བ་ལ່་ཏ་ཁཱ་ཧི། ལན་གསུམ། སྦྱངས་རྟོགས་སྦར་བའི་ཟག་བྲལ་དམ་པའི་རྫས། །འཕགས་ མ་སྒྲོལ་མའི་ལྷ་ཚོགས་ཡོངས་ལ་མཆོད། །བདེ་ཆེན་ཡེ་ཤེས་སྣང་བ་ཆེས་འབར་ཏེ། །གང་ བཅོལ་དོན་ཀུན་ལེགས་འགྲུབ་ཕྲིན་ལས་མཛོད། །དེ་ནས་འདོད་གསོལ་ནི། ཏཱྃཿ ཆོས་དབྱིངས་ཤེར་ ཕྱིན་གང་འདུལ་ལྷ་མོའི་སྐུར། །ཡོངས་བཞེངས་ཕྲིན་ལས་མྱུར་མ་དཔའ་མོ་རྗེ། །སྤྲུལ་པའི་ རོལ་གར་ཇི་སྙེད་དང་བཅས་ལ། །སྙིང་ནས་རེ་ལྟོ ས་བྱ་འོ་བརྩེ་བས་དགོངས། །འཁོར་བ་ཕྲ་ རགས་གང་དུ་གཏོགས་པའི་ཚོགས། །རང་རང་ལ་འོས་མི་མཐུན་ཕྱོགས་སེལ་ཞིང༌། །གང་ མཐུན་དོན་མཆོག་ཡོངས་ལྡན་ལེགས་དགེའི་དཔལ། །དུས་དང་དུས་སུ་ནམ་ཡང་ཆད་མེད་ མཛོད། །ཡང་སྒོས་འཛམ་གླིང་ཡུལ་གྱི་ལུས་ཅན་ཀུན། །གནས་སྐབས་ཉེར་འཚེའི་རིགས་ 7-1-154 གྱུར་མཐའ་དག་ཞི། །ཚེ་དང་བསོད་ནམས་དཔལ་འབྱོར་ཁ་རྗེ་དར། །འཇིག་རྟེན་ཕུན་ཚོགས་ དཔལ་ཡོན་ཆེས་ཆེར་སྤེལ། །འགྲོ་ཀུན་སྨན་གཅིག་སངས་རྒྱས་བསྟན་པའི་བཅུད། །གྲོལ་བ་ མྱུར་སྟེར་གསང་ཆེན་ཐེག་མཆོག་ལམ། །རྫོགས་ལྡན་ཆོས་ལ་ཀུན་མཐུན་སྤྱོད་དབང་ཐོབ། །ཚེ་གཅིག་ཟག་མེད་ཆོས་སྐུར་གྲོལ་བྱིན་རློབས། །དེ་ཚེ་ཀུན་གཟིགས་དགོངས་ཆེན་མངོན་ བྱས་ནས། །མཁའ་མཉམ་འགྲོ་ལ་རླབས་ཆེན་དགེ་ལེགས་དཔལ། །ཅི་དགར་འགྱེད་པའི་ བྱེད་པོ་མཆོག་གྱུར་ཏེ། །ཞིང་འདིའི་ལུས་ཅན་བྱང་ཆུབ་ཆེན་པོར་སྨོན། །དེ་ལྟར་གང་གསོལ་ དོན་ཀུན་གེགས་བྲལ་དུ། །རིམ་པས་ཇི་བཞིན་ཡོངས་འགྲུབ་རེ་བའི་དོན། །མྱུར་མ་དཔའ་ མོ་ཆོས་དབྱིངས་གཉུག་མའི་ལྷར། །ཡོངས་སུ་བཅོལ་བ་ལགས་ན་རེ་འབྲས་སྩོལ། །དེ་བར་ འཇིག་རྟེན་འདི་ན་ཉེར་འཚེའི་རིགས། །སེང་གླང་མེ་སྦྲུལ་ཆོམ་རྐུན་ལྕགས་སྒྲོགས་མཚོ། །ཤ་ཟ་སོགས་ཀྱིས་གང་ལ་གནོད་མེད་ཅིང༌། །བསམ་དོན་ཆོས་བཞིན་འགྲུབ་པར་མཛད་དུ་ གསོལ། །བཟླས་པ་ནི། འཕགས་མ་སྒྲོལ་མའི་ཆོས་སྐུའི་དགོངས་ཀློ ང་དབྱིངས། །བདག་གཞན་ གཉིས་མེད་ཡེ་ཤེས་གཅིག་གི་རྩལ། །ཀུན་གྱི་ཆོས་ཉིད་ཤེར་ཕྱིན་དམ་པའི་གཤིས། །རང་ གསལ་འཛིན་བྲལ་ངང་ནས་སྙིང་པོ་བཟླ། །ཡི་གེ་བཅུ་པ་ཅི་ནུས་བཟླ་མཐར་ཡིག་བརྒྱ་ལན་གསུམ་བརྗོད། ལྷ་ གང་གཞི་དབྱིངས་དེ་ཉིད་ལས་ཤར་ཚུལ། །མ་རྟོགས་ཏིང་འཛིན་མི་གསལ་ཆོ་ག་ཡང༌། །ཆད་ ལྷག་ཀུན་སྤྱོད་ཡང་དག་མ་ཐོན་པ། །དེ་སོགས་ཉེས་ནོངས་གང་བགྱིས་བཟོད་མཛོད་རིགས། ། གསུམ་པ་རྗེས་གཤིས་བསྡུ་བ་ནི། མ་འདྲེས་རང་གསལ་ཡི་དམ་ལྷའི་འཁོར་ལོ། །གཤིས་ལུགས་ ཀུན་ཁྱབ་དབྱིངས་སུ་སླར་བསྡུས་ལ། །གཞི་འབྲས་དབྱེར་མེད་དོན་དམ་རྣམ་ཀུན་པ། །དེ་ ཉིད་ལ་རྨོངས་ཀུན་ལ་སྙིང་པོའི་ཚུལ། །བཀྲ་ཤིས་ནི། ༀ་ཏཱ་རེ། ཆོས་དབྱིངས་ཤེར་ཕྱིན་སྒྱུ་ འཕྲུལ་དྲ་བ་ལས། །གསང་བ་གསུམ་གྱི་ཆོ་འཕྲུལ་ནམ་མཁའི་མཐའ། །གང་འདུལ་མོས་ 7-1-155 བློའི་རྗེས་འགྲོ་ཡ་མཚན་པ། །ངོ་མཚར་དགེ་ལེགས་མཆོག་གི་བཀྲ་ཤིས་ཤོག །ཅེས་སོགས་ཀྱིས་ མཐའ་བརྒྱན་པར་བྱའོ། །སྨྲས་པ། འཕགས་མ་དོན་དམ་རྣམ་ཀུན་པ། །གདུལ་བྱའི་དབང་གིས་སྣ་ཚོགས་ཤར། །དེ་ལས་ངེས་ དོན་སྒྲོལ་མའི་ལུགས། །ཅུང་ཙམ་འཕྲལ་དུ་ལེགས་གྲུབ་ཟིན། །ཞེས་ངེས་དོན་དང་འབྲེལ་བའི་རྗེ་བཙུན་མ་གཙོ་འཁོར་ལ་མཎྜལ་ བཞི་ཡིས་མཆོད་པའི་ཐབས་གྲུབ་གཉིས་མྱུར་སྩོལ་ཞེས་བྱ་བ་འདི་ཡང་རྔ་ཡུལ་དུ་གནས་པའི་རང་ལུགས་བསྟན་ལ་ལྷག་བསམ་ ཆེ་བ་ཀུན་དགའ་སྐལ་ལྡན་གྱིས་ཉེ་བར་བསྐུལ་ཞིང༌། ཆོས་མཆེད་དམ་པའི་ཐུགས་མོས་དེ་ལུགས་བཞིན་ལ་བརྟེན་མ་ཏིས་སྦྱར་ བ་སྟེ། ཡི་གེ་པ་ནི་མཆེད་གུ་ཎ་བྷ་དྲ་ཁོང་གིས་བགྱིས་པ་དགེ་ལེགས་འཕེལ།། །། 7-1-156 ༄༅། །རྗེ་བཙུན་སྒྲོལ་མའི་སྒོ་ནས་གཡང་འགུགས་ཀྱི་ སྒྲུབ་ཐབས་མདོར་བསྡུས་ཞེས་བྱ་བ་ བཞུགས་སོ། ། ༄༅། །ན་མོ་ཨཱརྱ་ཏཱ་རེ་བྷྱཿ འདིར་རྗེ་བཙུན་སྒྲོལ་མའི་སྒོ་ནས་གཡང་འགུགས་ཀྱི་སྒྲུབ་ཐབས་མདོར་བསྡུས་བྱ་བ་ ལ། ཐོག་མར་གཡང་རྟེན་སོགས་འདུ་བྱས་ཏེ་མཎྜལ་སྒྲོལ་མའི་བཟླས་པའི་སྐབས་སུ་འདི་སྤྲད་པར་བྱ་སྟེ། གཡང་རྟེན་རྣམས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་སྐད་ཅིག་སྐྱེ་མེད་དབྱིངས། །རིན་ཆེན་ནོར་བུའི་གཞལ་ མེད་ཁང་ཆེན་དབུས། །པཾ་ལས་ཆུ་སྐྱེས་འདབ་བརྒྱད་ཟེའུ་འབྲུའི་རྩེར། །ཨ་ཡིག་ལས་བྱུང་ ཉ་རྒྱས་ཟླ་བའི་སྟེང༌། །ལྗང་གསལ་ཏཱྃཿཡིག་འཕྲོ་འདུ་ཡོངས་གྱུར་ལས། །རྒྱལ་ཀུན་ཕྲིན་ ལས་རང་གཟུགས་མྱུར་མ་རྗེ། །འགྲོ་ཀུན་དབུལ་སེལ་ཐུགས་རྗེའི་མངའ་བདག་མོ། །རབ་ མཛེས་ལྗང་འོད་གཡུ་ལྗོ ན་གསར་བའི་དཔལ། །མཛེས་འཛུམ་ལང་ཚོ་མིག་གི་བདུད་རྩིར་ འཕོས། །ཞལ་རས་དགྱེས་པར་ཨུཏྤལ་འདྲེན་བྱེད་གཡོ། །གནག་སྣུམ་སྨིན་ཚུགས་རིང་མོ་ བསྐྱོད་པ་ཡིས། །སྒྲུབ་ལ་བྱིན་ཆེན་སྣང་བ་འབེབས་མཛད་ཅིང༌། །ཆེར་དགྱེས་བཞད་ཉམས་ དགའ་བའི་མདངས་བཟང་གིས། །འདི་ཕྱི་ཀུན་ཏུ་རྗེས་བརྩེ་ལྷོ ད་མེད་མངའ། །པད་དམར་ ཞལ་སྒྲོས་ཚེམས་དཀར་ཀུ་མུད་ཕྲེང༌། །སྙལ་ཤལ་དཔག་བསམ་ཡལ་འདབ་རིང་དུ་འཕྱངས། །མཛེས་སྡུག་རལ་བའི་ཟར་བུ་ཉལ་ཉིལ་གཡོ། །འགྱིང་སྒེག་མཛེས་ངོམས་ཞབས་ཟུང་ ཕྱེད་སྐྱིལ་བཞུགས། །བདེ་ཆེན་ནུ་འབུར་ན་ཆུང་དར་ལ་བདོ། །ཕྱག་གཡོན་སྐྱབས་གསུམ་ ཐུགས་རྗེ་སྐུལ་བྱེད་ཀྱིས། །ཆེས་མཛེས་ཨུཏྤལ་འཁྲི་ཤིང་འདབ་རྒྱས་པ། །བཻཌཱུར་ཞུན་མའི་ 7-1-157 ཁུ་བས་བརླན་པ་ལྟར། །ལྟེ ་བར་དམར་སེར་ཟེའུ་འབྲུ་ཅིར་ཡང་རྒོད། །དེ་ལས་སྣང་བྱེད་ འབུམ་གྱིས་ཞིང་ཀུན་འགེངས། །འདབ་ལྡན་ཉེར་མཛེས་སྡོང་བུ་བསྐྱོད་བཞིན་པར། །ཐུགས་ མཆོག་དཔལ་བེའུའི་ཐད་ནས་ཅི་དགར་འཛིན། །ཕྱག་གཡས་སྒྲུབ་ལ་འདོད་དགུའི་མཆོག་ སྦྱིན་གྱིས། །རིན་ཆེན་ནོར་བུའི་གཏེར་བུམ་ལེགས་བསྣམས་པ། །གང་ལས་འདོད་པ་ཡིད་ བཞིན་འཇོ་བའི་དཔྱིད། །སྣ་ཚོགས་དར་ལྭས་སྟོད་སྨད་མཛེས་གཡོགས་ཤིང༌། །ནོར་བུའི་ དབུ་རྒྱན་རྣ་ཆ་གདུབ་ཀོར་དང༌། །འོག་པག་དྲ་བ་རྒྱན་ལྡན་སེ་མོ་དོ། །མཛེས་སྡུག་རྒྱན་ཕྲེང་ ཀུན་ནས་ཉེར་འཕྱངས་པ། །འཆི་མེད་ན་ཆུང་སྒེག་ལྟར་མཛེས་ཆ་རྫོགས། །རལ་བར་དཔག་ མེད་འོད་མངའ་རིགས་བདག་བཅས། །ལྗང་གསལ་འོད་བཟང་ཕྱོགས་བརྒྱར་འཛད་མེད་ སྤྲོ། །མ་ལུས་རྒྱལ་བའི་ཡུམ་ཆེན་ཤེར་ཕྱིན་མོ། །རང་འདྲའི་སྤྲུལ་པའི་ལྷ་མོ་རབ་འབྱམས་ ཀྱིས། །ཕྱོགས་ཀྱི་འཁོར་ལོར་རླབས་ཆེན་ཆོ་འཕྲུལ་འགྱེད། །ཕྲིན་ལས་མྱུར་མ་དཔའ་མོ་ནོར་ སྟེར་ལྷ། །བརྟན་གཡོའི་དྭངས་བཅུད་འགུགས་པའི་བྱེད་པོར་གསལ། །གང་གི་ཐུགས་ཀའི་ ཏཱྃཿཡིག་ལྗང་གསལ་ལས། །འོད་འཕྲོས་རང་བཞིན་དག་མཉམ་ཆེན་པོ་ནས། །གནས་ལུགས་ དོན་ལ་བཞེངས་བཞུགས་མེད་མོད་ཀྱང༌། །གང་འདུལ་མོས་སྣང་དེར་འཚམས་སྤྲུལ་བཀོད་ ཀྱིས། །རང་འདྲ་ཡེ་ཤེས་སེམས་དཔའ་འཕགས་མའི་ཚུལ། །དཔག་ཡས་སྤྱན་དྲངས་དམ་ཡེ་ གཉིས་མེད་ཐིམ། །ཨཱརྱ་ཏཱ་རེ་ས་པཱ་རི་ཝཱ་ར་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ སླར་ཡང་ཐུགས་ཀའི་ འོད་ཀྱིས་རིགས་ལྔའི་ཚོགས། །དཔག་མེད་སྤྱན་དྲངས་དབང་ལྷ་དེ་དག་གིས། །བྱིན་ཆེན་དྲི་ མེད་ཆུ་མཆོག་དབང་བསྐུར་ནས། །དབང་ལྷ་རྣམས་ཀྱང་ནོར་སྟེར་ལྷ་མོར་བསྡུ། །ཐུགས་རྗེ་ རླབས་ཆེན་བསོད་ནམས་གཡང་གི་བདག །དམ་ཡེ་རོ་གཅིག་རྒྱལ་ཀུན་ཕྲིན་ལས་གཟུགས། །འཕགས་མ་བཅོམ་ལྡན་མ་ཁྱོ ད་གཡང་བཅུད་ལྷ། །གང་གི་ཐུགས་སྲོག་ལས་སྤྲོས་འོད་ཟེར་ གྱིས། །བརྟན་དང་གཡོ་བའི་བཅུད་གཡང་མ་ལུས་པ། །ཁབ་ལེན་རྡོ་ཡིས་ལྕགས་ཀྱི་ཕྱེ་མ་ 7-1-158 བཞིན། །ཁ་བ་བུ་ཡུག་འཚུབ་ལྟར་རབ་བཀུག་ནས། །གཡང་རྟེན་རྣམས་དང་སོ་སོར་གཉིས་ མེད་གྱུར། །པར་བསམ་བཞིན། ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མཱ་བརྟན་དང་གཡོ་བའི་གཡང་བཅུད་མ་ ལུས་པ་ཆར་ལྟར་ཕོབ་ཅིག་སྭཱཧཱ། ཞེས་པ་ཅི་ནུས་བཟླ། འཕགས་མ་སྒྲོལ་མའི་ཕྱག་གཡས་མཆོག་ སྦྱིན་ལས། །བྱུང་བའི་གཏེར་བུམ་འདོད་དགུའི་བང་མཛོད་ནས། །གང་འདོད་རིན་ཆེན་ དབྱིག་གི་འཕེལ་ཁ་འབར། །སྒྲུབ་ལ་མཁོ་བའི་གཡང་བཅུད་འཁྱི ལ་བར་བསམ། །བཞིན་སྔགས་ ཤམ་ཅན་ཅི་འགྲུབ་བཟླས་པའི་མཐར། ཕྲིན་ལས་མྱུར་མ་དཔའ་མོ་གཡང་གི་ལྷ། །གང་གི་གསང་བ་ གསུམ་གྱི་ཡོན་ཏན་ལ། །རླབས་ཆེན་མཐུ་ནུས་ཟད་མེད་ལེགས་མངའ་བའི། །རྟེན་འབྲེལ་ གང་དེས་སྣོ ད་བཅུད་གཡང་འགུགས་མཛོད། །དེ་ནས་གཡང་འབོད་གང་སྤྲོ་བྱས་རྗེས། རྟེན་སྙིང་བརྗོད་བཞིན། རྒྱལ་ཡུམ་འཕགས་མའི་ཐུགས་རྗེའི་ནུས་སྟོབས་ཀྱིས། །དེང་འདིར་དགེ་མཚན་ཕྱྭ་གཡང་གང་ འགུགས་དང༌། །འཕགས་མའི་སྐུ་ཡང་གཡང་རྟེན་འདི་དག་དང༌། །གཉིས་མེད་གྱུར་ནས་ བརྟན་པར་ལེགས་གནས་མཛོད། །ལན་གསུམ་མཐར་སུ་པྲས་མེ་ཏོག་གཡང་རྟེན་ལ་འཐོར་བར་བྱ། དེ་ནས་ གཡང་གཏད་པ་ནི། ཀྱེ། དེ་རིང་བཀྲ་ཤིས་གཟའ་སྐར་ཕུན་ཚོགས་འདིར། །རྒྱལ་ཡུམ་བཅོམ་ལྡན་ འདས་མའི་བྱིན་རླབས་གཡང༌། །གཉིས་མེད་བསྟིམས་པ་ཆེན་པོའི་བཅུད་གཡང་ཆེ། །སྦྱིན་ བདག་ཁོང་ལ་བསོད་ནམས་སྐལ་བར་གཏད། །འདི་ལ་བརྟེན་ནས་དེ་རིང་ཕན་ཆད་དུ། །མི་ གཡང་ཆད་མེད་ཆུ་བོའི་གཞུང་ལྟར་རྒྱས། །ནོར་གཡང་ཆད་མེད་ཟད་མེད་དཔལ་འབྱོར་ འཕེལ། །ཁ་རྗེ་ཆད་མེད་མངའ་ཐང་དགུང་ལ་བསྙེགས། །བདེ་སྐྱིད་གཡང་གི་ར་བ་གྲུ་བཞིའི་ ནང༌། །བསོད་ནམས་གཡང་བཅུད་དཔེ་མེད་རབ་འཁྱིལ་ཞིང༌། །དགེ་མཚན་རླབས་ཕྲེང་ གསར་བའི་དཔལ་ཡོན་འབར། །ནམ་ཡང་ཉམས་མེད་སྲུང་བས་རྒྱ་གཅིག་འདེབས། །ཡི་ དམ་རྩ་གསུམ་རྒྱ་མཚོའི་མངའ་བདག་མོ། །རྒྱལ་ཡུམ་རྗེ་བཙུན་སྒྲོལ་མའི་བྱིན་རླབས་ཀྱིས། །བསོད་ནམས་ཁ་རྗེ་རབ་བརྟན་འགྱུར་བ་མེད། །གཡང་བཅུད་དཔལ་ཁ་ཉམས་པ་མེད་གྱུར་ 7-1-159 ཅིག །ལན་གསུམ་བྱ། དེ་ནས་རྟེན་སྙིང་བརྗོད་བཞིན་སྦྱིན་བདག་ལ་མེ་ཏོག་འཐོར་ཏེ། བཀྲ་ཤིས་ནི། ༀ་ཏཱ་རེ་སྭ་སྟི་སིདྡྷི་ ཕ་ལ་ཡེཿ རྨད་བྱུང་རིན་ཆེན་རྣམ་གསུམ་ཕྲིན་ལས་གཟུགས། །ལེགས་ལམ་བསོད་ནམས་བྱེ་ བའི་དཔལ་མངའ་བ། །མཚན་དཔེ་ཡོངས་རྫོགས་རྣམ་བྱང་མཁྱེ ན་པའི་ལུས། །ཟག་བྲལ་ འཕགས་མའི་སྐུ་ཡི་བཀྲ་ཤིས་ཤོག །དབྱངས་སྙན་ཡན་ལག་དྲུག་ཅུས་མཁའ་མཐར་ཁྱབ། །སྒྲུབ་ལ་མཆོག་སྟེར་བདུད་སྡེའི་ཀླད་པ་འགེམས། །རིག་སྔགས་ལེགས་སྤེལ་ཉེས་སེལ་ མཛད་པའི་དཔལ། །འགག་མེད་འཕགས་མའི་གསུང་གི་བཀྲ་ཤིས་ཤོག །ཆོས་དབྱིངས་ གཉུག་མ་ཡེ་ཤེས་རང་བྱུང་བ། །དོན་དམ་རང་བཞིན་ཤེར་ཕྱིན་སྤྲོས་མེད་ཐུགས། །རྣམ་བྱང་ མངོན་རྟོགས་རྒྱ་མཚོའི་ཀློ ང་གཅིག་པུ། །འཁྲུལ་བྲལ་འཕགས་མའི་ཐུགས་ཀྱི་བཀྲ་ཤིས་ཤོག །རྒྱལ་ཀུན་གསང་གསུམ་ཡོན་ཏན་གཅིག་བསྡུས་པ། །མྱུར་མ་དཔའ་མོ་མཐུ་སྟོབས་ནུས་ པའི་བདག །ཟླ་བྲལ་མཛད་ཆེན་ཁམས་གསུམ་ཆེ་དགུའི་གཙོ། །བདུད་འདུལ་ཁྲོ་ཆེན་འབར་ མའི་བཀྲ་ཤིས་ཤོག །གང་མཚན་སྙིང་ནས་དད་དེ་བོས་ཙམ་གྱིས། །མ་རུངས་འཇིགས་པའི་ གཡུལ་ཆེན་སྒྲོལ་མཛད་ཅིང༌། །སྒྲུབ་པོའི་སྙིང་གི་ཡེ་ཤེས་མངོན་བྱེད་པའི། །ཕྲིན་ལས་རབ་ མྱུར་དཔའ་མོའི་བཀྲ་ཤིས་ཤོག །འཇིགས་གཟུགས་གང་འདུལ་མཛད་པ་ཆེར་ངོམ་ཚེ། །ས་ གསུམ་སྟོབས་ཀྱིས་གནོན་མཛད་དྲག་མོའི་སྐུ། །མི་ཕམ་སྲིད་གསུམ་བདག་མོས་བགེགས་ དཔུང་གཞོམ། །རྣམ་འཕྲུལ་ཐབས་མཁས་འཆང་བའི་བཀྲ་ཤིས་ཤོག །གང་གི་གསང་གསུམ་ ཡོན་ཏན་རྒྱ་མཚོའི་གཏེར། །ཆོས་སྐུ་གཞི་འབྲས་དབྱེར་མེད་གཅིག་གི་རྩལ། །བླ་མ་ཡི་དམ་ རྣམ་གསུམ་སྐྱབས་ཀྱི་ཕུལ། །ཡོངས་རྫོགས་གཞི་དབྱིངས་མཆོག་གི་བཀྲ་ཤིས་ཤོག །མྱུར་ མཛད་ལྷ་མོའི་ཕྲིན་ལས་རོལ་གར་གྱི། །གང་ལ་གང་འདུལ་མཛད་པ་དེར་སྣང་ཞིང༌། །གདུལ་ བྱའི་ཡིད་ཀྱི་རྗེས་འགྲོ་མཛད་བཟང་ཅན། །རྣམ་བཀོད་བསམ་མི་ཁྱབ་པའི་བཀྲ་ཤིས་ཤོག །ཕུལ་བྱུང་དཔག་ཡས་དགེ་ལེགས་མཆོག་སྩོལ་བ། །ཡིད་བཞིན་ནོར་ལྟར་འདོད་པ་འཇོ་ 7-1-160 བའི་དཔྱིད། །འདི་ཕྱིའི་ལེགས་ཚོགས་གང་འདོད་སྦྱིན་པའི་གཉེན། །བསམ་འཕེལ་དབང་གི་ རྒྱལ་མོའི་བཀྲ་ཤིས་ཤོག །རྗེ་བཙུན་འཕགས་མ་སྐྱབས་གཅིག་ཏཱ་རེ་མ། །སྐྱེ་དང་ཚེ་རབས་ ཡི་དམ་ལྷར་བགྱིད་དེ། །གསང་བ་གསུམ་དང་སྒོ་གསུམ་དབྱེར་མེད་ངང༌། །ནམ་ཡང་འདུ་ འབྲལ་མེད་པའི་བཀྲ་ཤིས་ཤོག །ཚེ་འདིར་ལེགས་ཉེས་བྱ་བ་ཇི་ལྟར་ཀྱང༌། །འཕགས་མའི་ སྐུ་ཡི་སྣང་བ་མི་འབྲལ་བར། །ཕྱི་ནང་གསང་བའི་བར་ཆད་དབྱིངས་སུ་ཞི། །ཆོས་སྣང་དགའ་ བདེས་ཚིམ་པའི་བཀྲ་ཤིས་ཤོག །བརྩེ་ཆེན་མ་ཡིས་བུ་ལ་བྱ་བ་བཞིན། །གང་གི་ཐུགས་རྗེས་ བདག་སོགས་འདོར་མེད་པར། །ནམ་ཡང་རྗེས་བརྩེར་མཛད་པའི་ཐུགས་དགོངས་ཀྱིས། །ལུས་དང་གྲིབ་བཞིན་འགྲོགས་པའི་བཀྲ་ཤིས་ཤོག །འཕགས་མ་བཅོམ་ལྡན་མ་ཁྱོ ད་བྱིན་ རླབས་ཀྱིས། །རླབས་ཆེན་དགེ་ལེགས་མཚན་མ་སྤྲིན་ལྟར་འཁྲིགས། །བདེ་སྐྱིད་འོད་སྣང་ འབུམ་གྱི་དཔལ་འབར་ཞིང༌། །ཡིད་དགའ་ཡ་མཚན་མཐའ་ཀླས་ཉམས་མེད་ངང༌། །བཀྲ་ ཤིས་འདི་གསུམ་སྲིད་ན་གསལ་གྱུར་ཅིག །འདི་ལ་སྤྲོ་ན་གོང་བསྐྱེད་པའི་སྐབས། དབང་ལྷ་རྣམས་ཀྱང་ ནོར་སྟེར་ལྷ་མོར་བསྡུ། །མདུན་དུ་ནོར་གཏེར་རིན་ཆེན་ཕུང་པོ་བརྡལ། །འདོད་དགུ་མ་ཚང་ མེད་པའི་དཔལ་སྟུག་བཅས། །དངོས་རྫས་གཡང་རྟེན་རྣམ་པ་སྣ་ཚོགས་ཀུན། །སྒྲུབ་པོར་ དཔལ་འབྱོར་འགུགས་པའི་རྟེན་དུ་གྱུར། །ཞེས་པའི་མཚམས་དང༌། མཇུག་གཡང་འབོད་ཚར་རྗེས་གཉིས་སུ་ འདི་ལྟར་བྱ་སྟེ། ཕུལ་བྱུང་སྔགས་རྒྱས་རབ་སྤེལ་མཆོད་པའི་སྤྲིན། །མཆོད་ཡོན་མེ་ཏོག་ལ་སོགས་ ཉེར་སྤྱོད་རིགས། །ཀུན་བཟང་འཕྲུལ་གྱི་རྗེས་འགྲོ་ཡ་མཚན་པ། །ནམ་མཁའི་ཁྱོ ན་ཀུན་ བཀང་སྟེ་འབུལ་ལོ་བཞེས། །ཆོས་ཉིད་གཉུག་མའི་རང་མདངས་སྒྱུ་མའི་ལྷ། །རྒྱལ་ཀུན་ཕྲིན་ ལས་གཏེར་གྱུར་དཔའ་མོ་རྗེ། །གསང་གསུམ་ཆེ་བའི་ཡོན་ཏན་རྒྱས་ལ་བསྟོད། །བྱིན་ཆེན་ བསོད་ནམས་གཡང་གི་དངོས་གྲུབ་ཞུ། །ཞེས་པ་བཙུད་ནའང་ལེགས་ཤིང་གོང་འཕགས་མ་བསྟིམ་པ་དང་མཉམ་ དུ་ཕོ་བྲང་ཡང་དེ་ལུགས་ལྟར་ཐིམ་པར་བྱས་ན་ཆོག་གོ །ཞེས་རྗེ་བཙུན་སྒྲོལ་མའི་སྒོ་ནས་གཡང་འགུགས་ཀྱི་སྒྲུབ་ཐབས་མདོར་ 7-1-161 བསྡུས་འདི་ཡང་མཆེད་གྲོགས་ཡོན་ཏན་བཟང་དང༌། རིན་ཆེན་རྡོ་རྗེ་གཉིས་ལ་མཁོ་ནས་མ་ཏིས་འཕྲལ་དུ་སྨྲས་བཞིན་ཡོན་མིང་ རང་ནས་ཡིག་རིས་སུ་བྲིས་པ་དགེ་བར་གྱུར་ཅིག། །།སརྦ་མངྒ་ལཾ། 7-1-162 ༄༅། །འགོང་བཀར་བསྡུས་པ་བཞུགས། ༄༅། །འགོང་བཀར་བསྡུས་པ་ནི། རང་ཉིད་སྒྲོལ་མ་ཁྲོ་གཉེར་ཅན་མར་གྱུར། །སྔགས་དང་ ཕྱག་རྒྱས་བསེ་རག་འགོང་བོའི་རིགས། །དབང་མེད་སྐད་ཅིག་ཉིད་དུ་འདིར་བཀུག་སྟེ། །གནོད་སེམས་སྤངས་ནས་ཅི་བདེར་གནས་པར་མཛོད། །ལན་གསུམ། ན་མོ་ཡེ་ཤེས་དབྱིངས་ ཀྱི་རྗེ་བཙུན་མ། །སྙིང་རྗེས་དཀར་ལྡན་ཞི་བ་ཆེན་མོའི་སྐུ། །རང་འཚམས་མཁོ་དགུའི་ འདོད་རྫས་སྦྱིན་མཛད་མོར། །ལེགས་བཞེངས་གང་དེས་གཏོང་སྒོ་འགྱེད་པ་ཡིས། །གང་ལ་ གང་འདོད་དེ་དེ་བཞིན་གྱུར་པའི། །མི་ཟད་འདོད་མཁོ་སྣ་ཚོགས་ཡིད་མོས་བཞིན། །དེར་ འཆར་ཅི་བསམ་རེ་བ་སྐོང་བ་འདིས། །བསེ་རག་ཀུན་ཚིམས་ཡིད་ཁ་གང་བར་གྱུར། །ལན་ གསུམ། དེ་ཡང་བྱུར་འགོང་རིགས་ཀྱི་འཚེ་བྱེད་ཚོགས། །ཁྱེ ད་རྣམས་གང་ལ་གང་མཁོའི་ འདོད་པའི་རྫས། །ནམ་ཡང་མི་ཟད་གཏེར་དུ་གྱུར་འདི་གང༌། །རང་རང་འོས་པའི་མཁོས་ སུ་ལེགས་བསྣམས་མཛོད། །ལེགས་སྦྱིན་འདི་ཡིས་ཁྱེ ད་རྣམས་མགུ་བྱོས་ལ། །བསྲུང་བྱའི་ ཕྱུག་གི་གཡང་ལ་མི་བརྐུ་ཞིང༌། །ཟས་ཀྱི་བཅུད་ལ་མ་བསྙབས་འདོད་རྫས་ལོངས། །འཁུ་ བའི་སེམས་སྤོངས་བྱམས་སེམས་ཉིད་དུ་མཛོད། །དེ་ནས་ཁྱེ ད་རྣམས་འདོད་པ་ཚིམ་བཞིན་ དུ། །སོ་སོ་རང་གི་གནས་སུ་འགྲོ་བར་གྱིས། །ཕྱིར་མ་འཁོར་ལ་ཕྱི་མིག་མི་བལྟ་བར། །རང་ གནས་གཏན་བདེར་སྡོད་ཅིང་འདིར་མ་འཁོར། །གལ་ཏེ་མི་འགྲོ་བདག་གི་བཀའ་འདས་ ན། །རང་ཉིད་ཁྲོ་མོ་ཁམས་གསུམ་དཔའ་མོ་ཡིས། །ཉམ་ཆུང་ཁྱེ ད་རྣམས་མིང་གི་ལྷག་མར་ བྱེད། །དེ་བས་དམ་ལས་མ་འདའ་གཞན་དུ་དེངས། །སྤྲོ་ན་དྲག་སྔགས་བཅས་མཐར། འཕགས་མའི་ 7-1-163 ཐུགས་རྗེའི་མི་ཤིགས་སྲུང་བའི་གུར། །རབ་བརྟན་འཁོར་ལོར་བསྲུང་བྱ་ཁྱི མ་གཞི་ཚུད། །ཁ་ རྗེ་དཔལ་གཡང་བཅུད་ཆེན་རབ་བསྐྱིལ་ཏེ། །བསེ་རག་གནོད་པའི་གོ་སྐབས་བྲལ་གྱུར་ཅིག །ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་བཛྲ་རཀྵ་རཀྵ་ཡེ་སྭཱཧཱ། ཞེས་པ་ལན་གསུམ་བརྗོད། ཅེས་པའང་མ་ཏིས་སྨྲས་བཞིན་མཆེད་ ཀྱིས་སོ།། །། 7-1-164 ༄༅། །རྗེ་བཙུན་འཕགས་མ་ལ་བསྟོད་པའི་སྒོ་ནས་ གཡང་འབོད་དངོས་གྲུབ་མྱུར་འགུགས་ ཞེས་བྱ་བ་བཞུགས་སོ། ། ༄༅། །ༀ་ཏཱ་རེ། ལེགས་ཚོགས་ཡེ་ཤེས་དཔལ་ལས་འཕོས་པའི་མདངས། །མར་ གད་རི་དབང་གསར་བའི་དཔལ་སྟུག་ཁམས། །ལྗང་གསལ་དྲི་མེད་འོད་སྣང་འབུམ་འཇོ་ བ། །མཚར་སྡུག་ལང་ཚོའི་སྐུ་མངའ་རྗེ་བཙུན་མ། །བཅོམ་ལྡན་མ་ཁྱོ ད་མཛེས་སྐུའི་སྣང་ འོད་ཀྱིས། །ས་གསུམ་དགེ་མཚན་མ་ལུས་མགྲོན་དུ་འགུགས། །གནས་འདིར་བསོད་ནམས་ ཕྱུར་བུས་ཡོངས་གཏམས་པའི། །ཕུན་སུམ་ཚོགས་པའི་ཡོན་ཏན་ཆར་དུ་བསྙིལ། །དྲི་བྲལ་ ཞལ་རས་རྒྱས་པའི་འཛུམ་དཀར་ལས། །རྣམ་མང་མཛེས་པ་འབྱིན་པའི་ཉམས་བཟང་གིས། །སྒྲུབ་ལ་གྲུབ་གཉིས་འདོད་དགུའི་དཔལ་གཡང་འབར། །གང་འདོད་རེ་བ་སྐོང་བའི་བྱིན་ ཆེན་ཕོབ། །ངོ་མཚར་གནག་སྣུམ་ལན་བུ་གཡོ་བའི་རྩེར། །མུ་ཏིག་འོད་ཟེར་སྣང་བ་སྟོང་ལྡན་ པ། །རིན་ཆེན་ཅོད་པན་འཕྱང་འཕྲུལ་མཛེས་པ་ཡིས། །ཡེ་ཤེས་སྣང་བའི་འཆར་སྒོ་ལེགས་ འབྱེད་མཛོད། །ལེགས་མཛེས་གཡུ་ཡི་འཁྲི་ཤིང་གཡོ་ལྡེམ་ཅན། །སྣ་ཚོགས་དབང་གཞུའི་ སྣང་འོད་བཀྲ་བ་བཞིན། །ཡེ་ཤེས་སྒྱུ་མའི་གཟུགས་སྐུའི་དཔལ་བརྗིད་ཀྱིས། །ཟག་མེད་དག་ སྣང་འབར་བའི་ཕྱྭ་གཡང་སྩོལ། །མི་འགྱུར་བདེ་ཆེན་རྒྱས་པའི་བུམ་པ་བཟང༌། །ཟག་བྲལ་ དགའ་བ་འཁྱི ལ་བའི་འོ་འཛིན་གྱིས། །སྔགས་རིག་སྐལ་བཟང་སྙིང་ནང་གཞོམ་མེད་འབར། 7-1-165 །བདེ་སྟོང་ལྷན་སྐྱེས་གསར་བའི་ཕྱྭ་གཡང་སྩོལ། །རིན་ཆེན་རྒྱན་མཆོག་དྲ་བས་ལེགས་བརྒྱན་ ཅིང༌། །སྣ་ཚོགས་དར་གྱི་ཤམ་བུ་དཀྲི ས་པ་ཡི། །ཕྱེད་སྐྱིལ་ཟློ ས་གར་རོལ་པའི་ཞབས་ཟུང་ གིས། །དངོས་གྲུབ་མི་འཇིག་བརྟན་པའི་ཕྱྭ་གཡང་སྩོལ། །མཛེས་སྡུག་སྒེག་མོའི་ལང་ཚོ་ སྒྲིབ་པའི་ཟོལ། །རབ་གསར་དར་ལྭའི་སྟོད་གོས་ཉེར་བཀླུབས་པ། །ཡིད་འོང་ལྷ་ཡི་ན་ཆུང་ མཆོག་གི་ཚུལ། །ཏིང་འཛིན་མིག་གི་བདུད་རྩིའི་ཕྱྭ་གཡང་སྩོལ། །དམར་སེར་གེ་སར་ཟེའུ་ འབྲུ་དགོད་པ་ཅན། །སྔོ ་ལྗང་འདབ་ལྡན་ཨུཏྤལ་སྡོང་བུ་ནས། །ཕྱག་གཡོན་གསུམ་མཚོན་ ཕྱག་རྒྱས་ལེགས་བཟུང་བས། །འགྲོ་ཀུན་འཇིགས་ལས་སྒྲོལ་བའི་ཕྱྭ་གཡང་སྩོལ། །སྲིད་ཞིའི་ ཕུན་ཚོགས་མ་ལུས་འཇོ་བའི་དཔྱིད། །བསོད་ནམས་ལེགས་བྱས་གཡུ་ལྗོན་ཡལ་ག་བཞིན། །མཛེས་སྡུག་མཚན་མངའ་ཕྱག་གཡས་མཆོག་སྦྱིན་གྱིས། །སྒྲུབ་ལ་གང་འདོད་སྩོལ་བའི་ཕྱྭ་ གཡང་སྩོལ། །གསང་སྔགས་རང་སྒྲའི་སྙིང་པོ་བརྗོད་བྲལ་བ། །དོན་དམ་ཡི་གེ་བཅུ་པ་གཞོམ་ མེད་གསུང༌། །ཉེས་སེལ་ལེགས་ཚོགས་ཀུན་ནས་རབ་སྤེལ་བས། །སྣང་སྲིད་དབང་བསྒྱུར་ མཆོག་གི་ཕྱྭ་གཡང་སྩོལ། །ཀུན་ཁྱབ་ཐུགས་ཉིད་ཞི་བ་ཆོས་སྐུའི་དབྱིངས། །རྩོལ་བྲལ་འབད་ མེད་ཆོ་འཕྲུལ་ནམ་མཁའི་མཐའ། །ནམ་ཡང་རེས་འཇོག་མེད་པའི་མཛད་ཕྲིན་གྱིས། །གདུལ་ བྱ་གཡེལ་མེད་སྐྱོང་བའི་ཕྱྭ་གཡང་སྩོལ། །ས་གསུམ་མ་ལུས་ཅིག་ཆར་དབང་བྱེད་ཅིང༌། །ཁྱད་ པར་འདོད་ཁམས་ཡོངས་ལ་མངའ་མཛད་པའི། །མ་ཅིག་སྲིད་གསུམ་བདག་མོའི་རོལ་གར་ གྱིས། །ཁམས་གསུམ་དབང་དུ་བསྡུད་པའི་ཕྱྭ་གཡང་སྩོལ། །ཕུན་ཚོགས་ལེགས་བྱས་སྒྱུ་མའི་ བཟོ་བོ་ཡིས། །གང་འདུལ་སྤྲུལ་བསྒྱུར་འཆང་བའི་མཛེས་སྡུག་དཔལ། །ངོ་མཚར་རིས་སུ་ བཀྲ་བའི་མཛད་བཟང་གིས། །སྐྱེ་དགུའི་རེ་འདོད་སྐོང་བའི་ཕྱྭ་གཡང་སྩོལ། །འཕགས་མ་ཏཱ་ རེ་དཔལ་མོའི་སྒྱུ་འཕྲུལ་གར། །རིག་བྱེད་དབང་གི་ལྷ་མོར་ཡོངས་བསྒྱུར་ཏེ། །སེངྒེ་འཕྲོག་ བྱེད་ཚངས་དབང་ལ་སོགས་པའི། །འཇིག་རྟེན་ཆེ་དགུའི་དབང་ཐང་ཕྱྭ་གཡང་སྩོལ། །རིགས་ 7-1-166 བརྒྱུད་སྤེལ་མཛད་དབང་ཕྱུག་མཛེས་མ་ཡིས། །བུ་ཚའི་རིགས་གྱུར་ཉལ་འགྲོའི་རྒྱུན་བཞིན་ བསྐྱེད། །བསོད་ནམས་རྗེ་མོས་འཇིག་རྟེན་དཔལ་འབྱོར་ཀུན། །ཁ་རྗེ་མ་ཚང་མེད་པའི་ཕྱྭ་ གཡང་སྩོལ། །ནོར་གྱི་བདག་མོས་གསེར་དངུལ་ལ་སོགས་བསྡུས། །ཕྱུགས་བདག་ལྷ་མོས་ གནག་ཕྱུགས་མཐའ་མེད་སྤེལ། །འབྲུ་བདག་སྐྱོང་མས་འབྲུ་རིགས་ཡོངས་བསྡུས་ནས། །བསོད་ནམས་མངའ་ཐང་དར་བའི་ཕྱྭ་གཡང་སྩོལ། །མཚར་སྡུག་གཟུགས་འཆང་སྤྲུལ་པའི་ ལྷ་མོ་ཡིས། །སྒྲུབ་པོའི་ལུས་གཟུགས་དབང་པོ་ཀུན་ཚང་བ། །ངོ་མཚར་ལང་ཚོ་བདོ་བས་ དར་ལ་བབ། །ལུས་རྩལ་ཡོངས་སུ་རྫོགས་པའི་ཕྱྭ་གཡང་སྩོལ། །དབྱངས་ལྡན་ངག་གི་ལྷ་ མོའི་རྣམ་རོལ་གྱིས། །སྒྲུབ་ངག་ཚངས་པའི་ང་རོ་ལྡན་གྱུར་ཏེ། །ལེགས་སྦྱར་གཏམ་གྱི་སྦྱོར་ བ་ཀུན་ཚང་བའི། །སྨྲ་མཁས་དབང་ཕྱུག་མཆོག་གི་ཕྱྭ་གཡང་སྩོལ། །ཀུན་མཁྱེ ན་སྐེད་མེད་ཡེ་ ཤེས་སྤྱན་ལྡན་མས། །རྣལ་འབྱོར་ཡིད་ཁམས་རྨོངས་པ་རབ་བསལ་ནས། །ཤེས་བྱའི་གནས་ ལ་བཀྲ་བའི་རྣམ་དཔྱོད་སྒོ། །བློ་གྲོས་ཕུན་སུམ་ཚོགས་པའི་ཕྱྭ་གཡང་སྩོལ། །འཕགས་མ་ བརྩེ་བའི་གཏེར་གྱུར་རྗེ་བཙུན་མ། །མྱུར་མ་དཔའ་མོ་འགྲོ་ཀུན་སྒྲོལ་མཛད་མ། །ཞི་མ་བྱམས་ བརྩེའི་མངའ་བདག་ནོར་སྟེར་མ། །མཛེས་མ་ལྷ་མོའི་གཟུགས་འཆང་སྣང་གསལ་མ། །རྒྱལ་ ཀུན་ཕྲིན་ལས་རང་གཟུགས་བདུད་ལས་རྒྱལ། །རྒྱལ་བསྟན་འཛིན་ལ་གཡེལ་མེད་རྟག་ཏུ་ རྒྱལ། །རྒྱལ་བའི་ཐུགས་རྗེའི་འཕྲུལ་ཆེན་རྣམ་པར་རྒྱལ། །རྒྱལ་མཆོག་མྱུར་མཛད་ལྷ་མོ་ཏཱ་ རེ་རྒྱལ། །ལེགས་ལེགས་ཚོགས་གཉིས་བྱེ་བའི་ཆུ་གཏེར་ལས། །མཛེས་མཛེས་གཟུགས་སྐུ་ སྒྱུ་མའི་རྣམ་རོལ་ཅན། །མང་མང་གསང་གསུམ་མཛད་པ་ཕ་མཐའ་ཡས། །ཡང་ཡང་འགྲོ་ལ་ དགེ་མཚན་སྦྱིན་གྱུར་ཅིག །ཡོན་ཏན་བསྔགས་པའི་པད་དཀར་མངོན་བྲེས་ཤིང༌། །རེ་འདོད་ ཕྱྭ་གཡང་ཞུ་བའི་འདོད་གསོལ་ཟུང༌། །འཕགས་མའི་དགྱེས་ཞལ་དྲུང་དུ་གུས་མཆོད་འབུལ། །རེ་འབྲས་མི་འགྱང་ཉིད་ནས་དོན་ལྡན་མཛོད། །ཅེས་རྗེ་བཙུན་འཕགས་མ་ལ་བསྟོད་པའི་སྒོ་ནས་གཡང་ 7-1-167 འབོད་དངོས་གྲུབ་མྱུར་འགུགས་ཞེས་བྱ་བ་འདི་ཡང་ལྷ་འདི་ལ་མོས་པ་ངག་དབང་འཇམ་དཔལ་བཟང་པོས་ཉེར་བར་བསྐུལ་ ངོར། འཕགས་མ་མཆོག་གི་སྐྱབས་འོག་པ་མ་ཏི་ཀིརྟིས་ལེགས་སྤེལ་ལྟར་ཆོས་མཆེད་དམ་པས་ཡི་གེའི་རི་མོར་ཕྱིས་སུ་བྲིས་པ་ དགེ་ལེགས་འཕེལ།། །། 7-1-168 ༄༅། །སྒྲོལ་མའི་གཡང་འགུགས་འཇིག་རྟེན་ཉེར་མཁོ་ ལག་སྦྱིན་ཞེས་བྱ་བ་བཞུགས་སོ། ། ༄༅། །དཔལ་གྱི་དབང་ཕྱུག་དཔལ་མོ་ཏཱ་རེ་མ། །ནོར་གྱི་མངའ་བདག་ནོར་སྟེར་ལྷ་མོ་ རྗེ། །བསོད་ནམས་འདོད་པ་སྩོལ་མཛད་གཡང་བདག་མོ། །རྒྱལ་ཡུམ་འཕགས་མས་དངོས་ གྲུབ་གཡང་སྒོ་ཕྱེས། །སྙིང་ནས་གུས་ལྡན་སྒྲུབ་པོ་བདག་ཅག་ལ། །གང་འདོད་རེ་བའི་དཔལ་ འབྱོར་དངོས་པོ་ཀུན། །ཁབ་ལེན་རྡོ་ཡིས་ལྕགས་ཕྱེ་ཇི་བཞིན་དུ། །མ་ལུས་གནས་འདིར་ འདུས་ནས་བཅུད་གཡང་ཕོབ། །ལྷ་བརྒྱས་གཙུག་རྒྱན་སུམ་རྩེན་བདག་པོ་ཡི། །རྣམ་རྒྱལ་ ལེགས་ཚོགས་འཆི་མེད་གཞོན་ནུའི་དཔལ། །འདོད་ཡོན་གང་བསམ་འགྲུབ་པའི་མཁོ་དགུའི་ རིགས། །རྗེ་བཙུན་སྒྲོལ་མས་གནས་འདིར་ཕྱྭ་གཡང་ཁུག །བསོད་ནམས་རིགས་གཟུགས་ ལང་ཚོ་ཆེར་དར་ཞིང༌། །སྡེ་བཞིའི་དཔལ་འབྱོར་འཛད་མེད་གངྒཱའི་རྒྱུན། །འཁོར་བསྒྱུར་གླིང་ བཞི་དབང་བའི་མངའ་ཐང་ཀུན། །རྗེ་བཙུན་སྒྲོལ་མས་གནས་འདིར་ཕྱྭ་གཡང་ཁུག །ནོར་ གཏེར་རིན་ཆེན་ཕུང་པོ་འབུམ་བརྡལ་བ། །ལོངས་སྤྱོད་འབྱོར་བ་གང་བཟང་དབང་བའི་ བདག །མ་དྲོས་ཀླུ་དབང་མཆོག་གི་དཔལ་གཡང་ཀུན། །རྗེ་བཙུན་སྒྲོལ་མས་གནས་འདིར་ ཕྱྭ་གཡང་ཁུག །མི་རིགས་ཆེས་བཟང་ཡ་རབས་སྤྱོད་པས་མཛེས། །བློ་སེམས་ཆོས་ལ་དགའ་ ཞིང་ངང་བཟང་བ། །ཕུན་ཚོགས་གཞི་ཁོག་དག་པའི་མི་བརྒྱུད་རིགས། །རྗེ་བཙུན་སྒྲོལ་མས་ གནས་འདིར་ཕྱྭ་གཡང་ཁུག །ཚེ་རིང་ནད་མེད་འདོད་པའི་དོན་ཀུན་འགྲུབ། །འཇིག་རྟེན་ མི་ཡི་བཟང་པོའི་ཆ་ཤས་རྫོགས། །སྐྱོན་མེད་བུ་ཚའི་རིགས་བརྒྱུད་ཆད་མེད་པ། །རྗེ་བཙུན་ 7-1-169 སྒྲོལ་མས་གནས་འདིར་ཕྱྭ་གཡང་ཁུག །རྣམ་དཔྱོད་བློ་ཁོག་ཡངས་ཤིང་གཉེན་ལ་བྱམས། །ལུགས་གཉིས་ཚུལ་ལ་མཁས་པའི་བློ་རྣོ་བ། །བྱ་བ་གང་ལ་ཐོགས་མེད་མཐུ་ནུས་རིགས། །རྗེ་བཙུན་སྒྲོལ་མས་གནས་འདིར་ཕྱྭ་གཡང་ཁུག །བརྩེ་བའི་འཁོར་མང་སྐྱོང་ལ་ངང་མི་ཐུང༌། །སྡང་དགྲའི་དཔུང་ཚོགས་གཞོམ་ལ་ཉམ་མི་ང༌། །དཔལ་མཛངས་འཕྲུལ་གྱི་ཆ་རྐྱེན་མ་ལུས་ པ། །རྗེ་བཙུན་སྒྲོལ་མས་གནས་འདིར་ཕྱྭ་གཡང་ཁུག །མ་སྲིང་བུད་མེད་སྐྱོན་བྲལ་དགེ་ལ་ གཞོལ། །བཀུར་འོས་འཚོ་ལུགས་ལེགས་ཤིང་ཟོང་སོགས་ལྡན། །ཡིད་འཐད་ཀུན་གྱི་སྨོན་ པའི་ལམ་ལུགས་ཀུན། །རྗེ་བཙུན་སྒྲོལ་མས་གནས་འདིར་ཕྱྭ་གཡང་ཁུག །རང་ཕྱོགས་ཕན་ པ་ཆེ་ཞིང་གཅེས་སྤྲས་ཅན། །ཕ་རོལ་དགྲ་ལ་གཏིང་ནས་གནག་སེམས་ཀྱིས། །དགྲ་ཟིན་ ལེགས་འབྱེད་ཕུ་ནུ་ཉེ་བའི་རིགས། །རྗེ་བཙུན་སྒྲོལ་མས་གནས་འདིར་ཕྱྭ་གཡང་ཁུག །གང་ བསམ་བྱ་བ་སྒྲུབ་ལ་མི་ངལ་ཞིང༌། །བསྒོ་བའི་ངག་ལ་ནམ་ཡང་མི་འདའ་བའི། །ཅི་འདོད་ ལས་བྱེད་བྲན་དང་འཁོར་གཡོག་ཀུན། །རྗེ་བཙུན་སྒྲོལ་མས་གནས་འདིར་ཕྱྭ་གཡང་ཁུག །བཀོད་ལེགས་མཛེས་པའི་འདུག་གནས་མཆོག་གྱུར་པ། །སྲ་ཞིང་བརྟན་པ་རྒྱ་ཆེན་འཁོར་ ཡུག་ལྡན། །བསོད་ནམས་བཅུད་གཡང་འཁྱི ལ་བའི་ཁང་བཟང་རིགས། །རྗེ་བཙུན་སྒྲོལ་ མས་གནས་འདིར་ཕྱྭ་གཡང་ཁུག །རྒྱ་ཆེན་ཞིང་ས་གཤིན་ཞིང་གཏིང་བཟང་བ། །མཐའ་རྒྱ་ འཁོར་ཡུག་ཡོངས་རྒྱས་འབྲུ་འཕེལ་གནས། །འབྲུ་རིགས་ཟད་མེད་འབྱུང་བའི་དཔལ་གཡང་ ཀུན། །རྗེ་བཙུན་སྒྲོལ་མས་གནས་འདིར་ཕྱྭ་གཡང་ཁུག །བཅུད་ཆེན་འབྲུ་ཡི་བང་མཛོད་ གྲངས་མེད་དང༌། །གསེར་དངུལ་གཡུ་བྱུར་ལ་སོགས་རིན་ཆེན་རིགས། །ནང་ནོམ་འབྱོར་བ་ གྱ་ནོམ་མཐའ་ཀླས་པ། །རྗེ་བཙུན་སྒྲོལ་མས་གནས་འདིར་ཕྱྭ་གཡང་ཁུག །དར་ཟབ་གོས་ དང་གཅན་གཟན་པགས་པའི་རིགས། །སྣམ་ཕྲུག་ཐེར་མ་ལ་སོགས་བགོ་བའི་གོས། །ལྷབ་ ལྷུབ་གཡོ་བའི་བེར་ཁྲབ་སོགས་དང་བཅས། །རྗེ་བཙུན་སྒྲོལ་མས་གནས་འདིར་ཕྱྭ་གཡང་ 7-1-170 ཁུག །མ་བཞོན་མ་བརྒྱ་བུ་སྟོང་ཡོངས་འཕེལ་ཞིང༌། །འོ་འཛིན་བཅུད་རྒྱས་བཞོ་འབྲི་མཛོ་ མོའི་རིགས། །གཡང་དཀར་ར་ལུག་ཁྱུ་ཚོགས་རྒྱ་ཆེ་བ། །རྗེ་བཙུན་སྒྲོལ་མས་གནས་འདིར་ ཕྱྭ་གཡང་ཁུག །བརྗིད་ལྡན་ཤེད་རྒྱས་ཁལ་མ་མཛོ་གཡག་རིགས། །ཁུར་ཐེག་སྟོབས་ལྡན་ ཤ་རྒྱས་སྤུ་སྡུག་པ། །རི་ལུང་གང་བའི་གཡང་གི་ཁྱུ་ཚོགས་ཀུན། །རྗེ་བཙུན་སྒྲོལ་མས་གནས་ འདིར་ཕྱྭ་གཡང་ཁུག །རྩལ་ཤུགས་མྱུར་མགྱོགས་བང་ཞགས་གློག་ལ་འགྲན། །མཛེས་ ལེགས་མདོ་བ་རྟ་དྲེལ་རྒོ ད་མ་འབུམ། །ནོར་འཛིན་གཞི་འདི་དོག་པོར་བྱེད་པའི་གཡང༌། །རྗེ་ བཙུན་སྒྲོལ་མས་གནས་འདིར་ཕྱྭ་གཡང་ཁུག །བསོད་ནམས་གཡང་གི་ར་བ་གྲུ་བཞིའི་ནང༌། །ཁ་རྗེ་དབང་ཐང་རྒྱས་པའི་དཔལ་ཡོན་འཕྱུར། །ངོ་མཚར་ལེགས་ཚོགས་ཀུན་ནས་རབ་དར་ ཞིང༌། །དགེ་ལེགས་བཀྲ་ཤིས་གསར་བ་བཞད་པར་མཛོད། །མི་ལ་གཡང་འཕེལ་བཙན་ཕྱུག་ འཕན་དར་འཛོམས། །ནོར་ལ་གཡང་འཕེལ་མངའ་ཐང་དགུང་ལ་བསྙེགས། །ཆོས་ལ་གཡང་ འཕེལ་རྒྱལ་བསྟན་དར་ཞིང་རྒྱས། །མི་ནོར་ཆོས་གསུམ་མཐའ་མེད་འཕེལ་གྱུར་ཅིག །རྒྱལ་ ཡུམ་འཕགས་མའི་ཐུགས་རྗེའི་ནུས་མཐུ་དང༌། །བདག་གི་རབ་དཀར་ལྷག་བསམ་དྲི་མེད་ པས། །གང་སྨོན་འདོད་པའི་དོན་ཀུན་གེགས་བྲལ་དུ། །ལྷུན་གྱིས་གྲུབ་པའི་དཔལ་གཡང་ སྤྱོད་པར་ཤོག །ཅེས་སྒྲོལ་མའི་གཡང་འགུགས་འཇིག་རྟེན་ཉེར་མཁོ་ལག་སྦྱིན་ཞེས་བྱ་བ་འདི་ཡང་འཇམ་དཔལ་བཟང་ལ་ མཁོའམ་སྙམ་ནས་མ་ཏིའི་མིང་གིས་སྨྲས་བཞིན་ཆོས་མཆེད་ཀྱིས་ཕྱིས་སུ་བྲིས།། །། 7-1-171 ༄༅། །རྗེ་བཙུན་སྒྲོལ་མ་ལ་བརྟེན་ནས་ཆོས་དང་མཐུན་པའི་ གཡང་འགུགས་ཐབས་འཕགས་མའི་ཐུགས་རྗེའི་ ལྕགས་ཀྱུ་ཞེས་བྱ་བ་བཞུགས་སོ། ། (རྟགས་བརྒྱད་གཡང་འགུགས།) ༄༅། །ༀ་ཏཱ་རེ། འཇིག་རྟེན་དབང་ཕྱུག་ཞལ་རས་ཆུ་སྐྱེས་ལས། །ལེགས་འཕོས་ཕྲིན་ ལས་མྱུར་མ་དཔའ་མོ་རྗེ། །ངོ་མཚར་གཡུ་ཡི་འཁྲི་ཤིང་གསར་བའི་དཔལ། །ཡེ་ཤེས་སྐུ་ མངའ་བཅོམ་ལྡན་འདས་མས་སྐྱོངས། །རྒྱལ་བསྟན་དགེ་མཚན་འབུམ་གྱི་དཔལ་མངའ་ བ། །ཕན་བདེའི་རེ་མིག་ཕྱོགས་ཀུན་མངོན་བཀྲ་འདི། །བསླབ་ཁྲིམས་མདུད་པས་ནམ་ཡང་ ལྷོ ད་མེད་པར། །ཕུན་ཚོགས་དཔ༷ལ་གྱི་བེ༷འུའི་གཡང་མཆོག་ཁུག །བླ་མེད་བྱང་ཆུབ་སྙིང་ པོའི་ཟིལ་མངར་རྒྱས། །རླབས་ཆེན་འགྲོ་ཕན་སྤྱོད་པའི་འདབ་བརྒྱ་བཞད། །རྒྱལ་སྲས་སྤྱོད་ པ་རྒྱ་མཚོའི་ལོ་འདབ་ཅན། །སེམས་མཆོག་པ༵དྨོ༵་འཁྲུངས་པའི་གཡང་ཆེན་ཕོབ། །ངོ་མཚར་ རྟེན་འབྲེལ་དར་གྱི་ཤམ་བུ་གཡོ། །རྒྱ་ཆེན་འཁོར་ཡུག་ཡོངས་ཁྱབ་ཆོས་ཀྱི་དབྱིངས། །ནང་ དབྱིངས་ཟག་མེད་གསེར་བཟང་ཏོག་གིས་མཛེས། །གནས་ལུགས་ག༵དུགས་ཆེ༵ན་འཁོར་ བའི་བཅུད་གཡང་སྩོལ། །ཐ་མལ་སྣང་ཞེན་སེར་སྣང་གིས་མ་བསླད། །གསང་གསུམ་དག་ སྣང་དཀར་མདངས་གསལ་བ་དང༌། །གསང་སྔགས་སྙིང་པོའི་གདངས་སྙན་གྲག་བཞིན་ 7-1-172 པར། །དགེ་མཚན་གཡ༵ས་འཁྱི ལ་དུ༵ང་གི་ཆོས་གཡང་སྐྱོལ། །རྣམ་པ་ཀུན་ཏུ་མི་འགྱུར་བདེ་ བའི་ཁམས། །ཡོངས་རྒྱས་སྟོང་པའི་གཟུགས་བརྙན་རྩིབས་སྟོང་བཀྲ། །མི་ཤིགས་གཉིས་ མེད་ཡོངས་སྡོམ་མུ་ཁྱུད་ཅན། །གསང་ཆེན་ཟབ་མོའི་ཆོ༵ས་འཁོ༵ར་གཡང་ཆར་ཕོབ། །སྣང་ གསུམ་འཕོ་བའི་མི་མཐུན་གཡུལ་ངོ་ལས། །ལེགས་རྒྱལ་ཟུང་འཇུག་མཆོག་གི་དགའ་སྟོན་ གྱིས། །མ་ལུས་ཞིང་དུ་དག་སྣང་རབ་བཀྱེ་བའི། །བདེ་ཆེན་རྒྱ༵ལ་མཚ༵ན་གཡང་གི་གོ་འཕང་ སྩོལ། །བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་བདུད་རྩིའི་བཅུད། །ནམ་ཡང་ཟད་པ་མེད་པའི་ཀློ ང་ གིས་གཏམས། །མཐའ་ཡས་ཡེ་ཤེས་བཅུད་ཆེན་ཡོངས་བསྐྱིལ་བའི། །འདོད་འབྱུང་བུ༵མ་པ༵་ བཟང་པོའི་བཅུད་གཡང་ཕོབ། །ཡང་དག་ཞིང་བཟང་ཡན་ལག་བརྒྱད་ལྡན་མཚོར། །བདེ་ སྟོང་རང་བཞིན་སྐུ་ཐུགས་ཟུང་འཇུག་གིས། །རིམ་གཉིས་ཟབ་མོས་སྐལ་བཟང་སྐྱོང་མཁས་ པའི། །མཛད་ཕྲིན་གསེ༷ར་གྱི་ཉ༷་མོའི་གཡང་ཆེན་ཁུག །བཀྲ་ཤིས་ཀུན་གྱི་འབྱུང་གནས་བཀྲ་ ཤིས་དཔལ། །བཀྲ་ཤིས་ལེགས་ཚོགས་དོན་གྱི་བཀྲ་ཤིས་སྒོ། །བཀྲ་ཤིས་ཆོས་མཆོག་ངོ་ མཚར་བཀྲ་ཤིས་དགེ །བཀྲ་ཤིས་ཟབ་རྒྱས་ཆོས་མཛོད་བཀྲ་ཤིས་གཡང༌། །གཡང་ཆེན་ཆོས་ ལ་གཞོལ་བའི་སྒྲུབ་པོ་ལ། །གཡང་མཆོག་མདོ་སྔགས་ལམ་ཟབ་གསང་ཆེན་གྱིས། །གཡང་ བཅུད་ནམ་ཡང་ཀུན་ནས་ཉམས་མེད་པར། །གཡང་གི་དཔལ་གྱུར་ཟབ་ཆོས་མཐར་ཕྱིན་ མཛོད། །དེ་ལྟར་སྨོན་པ་ཇི་བཞིན་འདོད་པའི་དོན། །བླ་མ་ལྷར་བཅས་མཆོག་གསུམ་བདེན་ པ་དང༌། །ཁྱད་པར་འཕགས་མ་སྒྲོལ་མའི་ཐུགས་རྗེ་ཡིས། །མྱུར་དུ་རེ་འབྲས་དོན་དང་ལྡན་ པར་མཛོད། །ཅེས་རྗེ་བཙུན་སྒྲོལ་མ་ལ་བརྟེན་ནས་ཆོས་དང་མཐུན་པའི་གཡང་འགུགས་ཐབས་འཕགས་མའི་ཐུགས་རྗེའི་ ལྕགས་ཀྱུ་ཞེས་བྱ་བ་འདི་ཡང་བརྩེ་མཆེད་ངག་དབང་ཡོན་ཏན་བཟང་པོའི་ཐུགས་མོས་བཞིན། མ་ཏིའི་མིང་གིས་བཀོད་པ་ལྟར་ ལེགས་བསྐུལ་མཛད་པོ་ཉིད་ཀྱིས་ཡི་གེར་བྲིས།། །། 7-1-173 ༄༅། །རྗེ་བཙུན་སྒྲོལ་མ་ལ་བརྟེན་ནས་འཇིག་རྟེན་དང་ མཐུན་པའི་གཡང་འགུགས་ཐབས་འདོད་པ་ མྱུར་འབྱིན་ཞེས་བྱ་བ་བཞུགས་སོ། ། (སྣ་བདུན་གཡང་འགུགས།) ༄༅། །རྗེ་བཙུན་མྱུར་མ་དཔའ་མོ་ལ་ཕྱག་འཚལ་ལོ། །གནས་མཆོག་གཡུ་ལོ་བཀོད་ པའི་ཞིང་གི་གཙོ། །གང་བསམ་འདོད་པ་འཇོ་བའི་ཡིད་བཞིན་དབང༌། །གསང་གསུམ་ཕྲིན་ ལས་བདག་མོ་རྗེ་བཙུན་མ། །སྲིད་ཞིའི་ལེགས་ཚོགས་སྟེར་བའི་ལྷ་མོ་ཀྱེ། །བསོད་ནམས་མུ་ ཁྱུད་ཀུན་ནས་ཡོངས་བསྡམས་པས། །ཁ་རྗེ་རྩིབ་སྟོང་ནམ་ཡང་ཉམས་པ་མེད། །དབང་ཐང་ གསེ༵ར་གྱི་འཁོ༵ར་ལོའི་དགེ་མཚན་དར། །སྔོ ན་བསགས་རྣམ་དཀར་འབྲས་བཟང་ཕྱྭ་གཡང་ སྩོལ། །ཡ་རབས་སྤྱོད་པ་དམ་པས་མ་སྨད་པ། །གང་བྱས་ལམ་དུ་འགྲོ་ཞིང་མི་མཐུན་མེད། །འབད་མེད་གང་འདོད་འགྲུབ་པའི་ནོ༵ར་བུ༵་མཆོག །གེགས་མེད་བསམ་དོན་མྱུར་འགྲུབ་ ཕྱྭ་གཡང་སྩོལ། །རིགས་གཟུགས་ལང་ཚོ་རབ་དར་མི་རྒྱུད་དག །དབང་པོ་ཀུན་ཚང་རྣམ་ དཔྱོད་ལེགས་བཀྲ་བ། །སྐྱོན་བྲལ་འཁོར་ལོས་སྒྱུར་བའི་བཙུ༵ན་མོ༵་བཞིན། །ལྷག་བསམ་ངང་ ཚུལ་དཀར་བའི་ཕྱྭ་གཡང་སྩོལ། །འཇིག་རྟེན་ལེགས་ཉེས་ཚུལ་ལ་མ་རྨོངས་ཤིང༌། །གཉེན་ དང་དགྲ་ལ་སྐྱོང་འདུལ་ལེགས་མཁས་པའི། །གཞུང་བཟང་བློ་ཕུགས་བརྟན་པའི་མི༵་བློ༵ན་ 7-1-174 གྱི། །རྒྱ་ཆེན་ཤེས་དཔྱོད་ཡངས་པའི་ཕྱྭ་གཡང་སྩོལ། །སྔོ ན་བསགས་བསོད་ནམས་ལུས་བོང་ ཡོངས་རྫོགས་ཤིང༌། །ཆེ་དགུའི་མངའ་ཐང་ཀུན་གྱིས་མངོན་བརྗིད་པ། །སྟོབས་ལྡན་གླང༵་ པོ༵འི་ཁུར་གྱི་ཤེད་ཇི་བཞིན། །མཐའ་དག་དབང་དུ་འདུ་བའི་ཕྱྭ་གཡང་སྩོལ། །རང་གཞན་བྱ་ བ་གང་དང་གང་བསྒྲུབ་པ། །དེ་དེ་བཞིན་དུ་མྱུར་བའི་ཤུགས་ཕྱུང་སྟེ། །མྱུར་བགྲོད་ཅ༵ང་ཤེ༵ས་ གློག་གི་ཤུགས་འཆང་བཞིན། །དོན་གཉིས་རིང་མིན་འགྲུབ་པའི་ཕྱྭ་གཡང་སྩོལ། །རང་དང་ ལྟོ ས་བཅས་ཀུན་ལ་འཚེ་བའི་རིགས། །མ་རུངས་སྡང་དགྲ་ཕ་རོལ་རྒོ ལ་བའི་དཔུང༌། །དྲག་ ཤུལ་སྟོབས་ཀྱིས་བཅོམ་པའི་དམ༵ག་དཔོ༵ན་མཆོག །ཁ་རྗེ་ལས་བྱེད་དམ་པའི་ཕྱྭ་གཡང་སྩོལ། །གཞན་ཡང་སྲིད་འདིའི་མངའ་ཐང་ཆེ་བའི་དཔལ། །གསེར་མངལ་མིག་སྟོང་ཅན་དང་རྒྱལ་ ཆེན་བཞི། །གླིང་བཞི་དབང་བྱེད་འཁོར་ལོས་སྒྱུར་རྒྱལ་སོགས། །ཆེ་རྒུ་ཀུན་གྱི་དཔལ་འབྱོར་ ཕྱྭ་གཡང་སྩོལ། །མི་ལ་གཡང་འཕེལ་རིགས་བརྒྱུད་ཆད་པ་མེད། །ཕྱུགས་ལུག་གཡང་འཕེལ་ མ་བརྒྱ་བུ་སྟོང་འཛོམས། །ཞིང་ལ་འབྲུ་འཕེལ་སྐྱེ་དགུ་བདེ་ཞིང་སྐྱིད། །རིན་ཆེན་གོས་རིགས་ ཡོངས་འཕེལ་ཕྱྭ་གཡང་སྩོལ། །མི་ཡི་དབང་ཕྱུག་འཁོར་ལོས་སྒྱུར་རྒྱལ་གྱི། །བསོད་ནམས་ དབང་ཐང་དར་བའི་དཔལ་ཡོན་མཆོག །ལེགས་སྤེལ་རྒྱལ་སྲིད་རིན་ཆེན་སྣ་བདུན་གྱིས། །ཡིད་འོང་འདོད་པ་འཇོ་བའི་ཕྱྭ་གཡང་སྩོལ། །དེ་ལྟར་ཁ་གཡང་བོས་པའི་ལེགས་འབྱོར་དོན། །རྒྱལ་ཡུམ་རྗེ་བཙུན་སྒྲོལ་མའི་བྱིན་རླབས་ཀྱིས། །རང་དང་འཚམས་པའི་རེ་འདོད་མ་ལུས་ པ། །ཇི་བཞིན་གེགས་མེད་འགྲུབ་པར་མཛད་དུ་གསོལ། །ཞེས་རྗེ་བཙུན་སྒྲོལ་མ་ལ་བརྟེན་ནས་འཇིག་ རྟེན་དང་མཐུན་པའི་གཡང་འགུགས་ཐབས་འདོད་པ་མྱུར་འབྱིན་ཞེས་བྱ་བ་འདི་ཡང་ངག་དབང་ཡོན་ཏན་བཟང་པོས་བསྐུལ་ ངོར། མ་ཏིའི་མིང་གི་སྨྲ་སྒོ་ལས་ཐོན་པ་སྐུལ་བ་པོ་ཉིད་ཀྱིས་ཡིག་རིས་སུ་བྲིས།། །། 7-1-175 ༄༅། །སྒྲོལ་མའི་གཡང་འགུགས་ཉུང་བསྡུས་ བཞུགས་སོ། ། ༄༅། །རྒྱལ་ཀུན་ཕྲིན་ལས་བྱེ་བའི་ཆུ་གཏེར་ལས། །ལེགས་འཕོས་འཕགས་མའི་ མཛེས་སྐུ་ཟླ་གཞོན་ཁམས། །ཐུགས་རྗེ་འོད་དཀར་སྣང་བའི་འཁོར་ཡུག་ཅན། །བསོད་ ནམས་དབྱིག་གི་བསིལ་ཟེར་འཇོ་བར་མཛོད། །དཔའ་མོ་ནོར་གྱི་མངའ་བདག་དབང་གི་ ལྷ། །ཕྲིན་ལས་རབ་མྱུར་རྗེ་བཙུན་ཏཱ་རེ་མ། །གང་འདོད་རེ་བ་སྐོང་བའི་དབུལ་སེལ་མཁན། །སྲིད་ཞིའི་དགེ་ལེགས་དེང་འདིར་ཆར་དུ་བསྙིལ། །བསོད་ནམས་དབང་ཐང་གཡང་གི་ར་ བ་ན། །ཁ་རྗེ་ཆོས་སྲིད་ཟུང་གི་ལེགས་བཅུད་འཁྱི ལ། །རྨད་བྱུང་ལེགས་ཚོགས་གསར་བའི་ དགའ་སྟོན་བཞད། །རབ་དགའི་དཔལ་གྱིས་བདག་སོགས་རྟག་སྐྱོངས་ཤིག །ལུས་ཅན་ཚེ་ སྲོག་འགྱུར་མེད་རྡོ་རྗེའི་ཚེ། །དབང་ཕྱུག་སྟོབས་འབྱོར་རྒྱས་པའི་རིགས་རྒྱུད་བཟང༌། །རྣམ་ དཔྱོད་བློ་ཁོག་རབ་ཡངས་བུ་ཚའི་དཔུང༌། །དབྱར་ལྗོ ངས་དགའ་ཚལ་རྒྱས་བཞིན་ཕྱྭ་གཡང་ ཁུག །རྒྱ་ཆེན་ཞིང་ལས་འབྲུ་རིགས་དགུང་ལ་ཕྱུར། །རྣམ་རྒྱས་ཕྱུགས་ལས་དཀར་གསུམ་ཐང་ མར་བརྡལ། །དར་ཟབ་ལྷབ་ལྷུབ་ལྷོ ་སྤྲིན་ཕྱུག་མོར་འགྲན། །ཕུན་སུམ་ཚོགས་པའི་དཔལ་ གཡང་དེང་འདིར་ཕོབ། །གསེར་དངུལ་ལ་སོགས་རིན་ཆེན་འདོད་དགུའི་རིགས། །དབྱིབས་ ལེགས་མཁོ་ཆས་རིགས་གྱུར་མ་ཚང་མེད། །ཅང་ཤེས་རྟ་དྲེལ་གཡང་དཀར་ལུག་ཁྱུའི་ཚོགས། །བསོད་ནམས་འབྱོར་བའི་གཡང་ཆེན་ཀུན་ནས་སྐྱོལ། །རླབས་ཆེན་ཕན་སྤེལ་མཛའ་ཞིང་ 7-1-176 བརྩེ་སེམས་ཅན། །ཤ་ཚ་སྙིང་ཉེ་ཡིད་མཐུན་བྱམས་པའི་གཉེན། །གང་འདོད་ལས་བྱེད་མཐུ་ ལྡན་མཐའ་དག་གིས། །གཅེས་བཀུར་ཕན་བདེའི་གཡང་སྒོ་ཉམས་མེད་མཛོད། །ཁྱད་པར་ བདག་རྒྱུད་ཆོས་འབྱོར་ཡོངས་རྒྱས་པ། །བློ་ལྡོ ག་བཞི་ཡིས་སྲིད་ལ་ཞེན་པ་ལྡོ ག །ཚད་མེད་ བཞི་ཡིས་བྱང་ཆུབ་སེམས་མཆོག་སྤེལ། །གནས་ལུགས་ལྟ་བས་སྲིད་རྩ་གཏིང་ནས་གཞོམ། །རིམ་གཉིས་ལམ་བཟང་ཅིར་ཡང་མངོན་པར་བཀྲ། །ལས་བཞིའི་ཕྲིན་ལས་གཞན་ཕན་རྒྱ་ ཆེན་བསྒྲུབ། །ཕྱི་མར་ཕན་པའི་དམ་ཆོས་ཟབ་མོའི་གཡང༌། །སྒྲུབ་པོ་བདག་ལ་དུས་ཀུན་ དབང་གྱུར་ཅིག །ཅེས་སྒྲོལ་མའི་གཡང་འགུགས་ཉུང་བསྡུས་སུ་བཀོད་པ་འདི་ཡང་གྲོགས་དགེ་དཔལ་གྱི་མོས་འདུན་ བཞིན་མ་ཏིའི་མིང་གིས་བྲིས་པའོ།། །། ༈ གཡང་འབོད་ནི། ནོར་གཏེར་ལྷ་མོ་ལོངས་སྤྱོད་དཔལ་མངའ་བ། །སྲིད་ཞིའི་དངོས་གྲུབ་ དབྱིག་གི་ཆར་འབེབས་མཁན། །ཁྱེ ད་ཀྱི་ཐུགས་རྒྱུད་རབ་བསྐུལ་དེང་འདི་རུ། །བསོད་ ནམས་གཡང་གི་དགེ་མཚན་ལེགས་བསྐྱིལ་མཛོད། །ཅེས་པའང་མ་ཏིས་སོ།། །། 7-1-177 ༄༅། །རྗེ་བཙུན་སྒྲོལ་མའི་སྒོ་ནས་གཡང་འབོད་བསྡུས་པ་ གང་འདོད་འཇོ་བའི་བུམ་བཟང་ཞེས་བྱ་བ་ བཞུགས་སོ། ། ༄༅། །རྒྱལ་ཀུན་ཕྲིན་ལས་འདུས་པའི་རོལ་གར་གྱིས། །ངོ་མཚར་མཛེས་པའི་སྣང་ བ་ཅིར་ཡང་རྩེན། །ཐུགས་རྗེ་འབུམ་བརྡལ་རྗེ་བཙུན་འཕགས་མའི་ལྷ། །འགྲོ་ཀུན་སྐྱབས་ གཅིག་དེ་ཡིས་སྐྱོངས་གྱུར་ཅིག །འཛད་པ་མེད་པའི་ཡོན་ཏན་དང་ལྡན་པའི། །རབ་འབྱམས་ ཕྲིན་ལས་སྟོང་འབར་རྒྱལ་བའི་ཡུམ། །ཀུན་གཟིགས་མཁྱེ ན་པ་ཟབ་མོའི་མཛོད་འཛིན་ པ། །རྗེ་བཙུན་བཅོམ་ལྡན་འདས་མ་བདག་ལ་དགོངས། །རྨད་བྱུང་ཡེ་ཤེས་འཕྲུལ་ལས་ ཉེར་བསྐྲུན་པའི། །ཡ་མཚན་སྣང་བ་རྒྱས་པའི་མཛེས་སྐུ་མཆོག །སྲིད་གསུམ་མིག་གི་བདུད་ རྩིར་འཕོས་འདྲ་བའི། །མཛེས་གཟུགས་མཆོག་གིས་སྒེག་པ་དེ་ལ་འདུད། །རྡུལ་བྲལ་ཡེ་ ཤེས་སྐུ་མཆོག་དྲི་མ་མེད། །བེམ་ཆོས་ལས་འདས་འོད་གསལ་དྭངས་མའི་གཟུགས། །དགེ་ ལེགས་འཕྲུལ་ཆེན་ཅིག་ཆར་སྤྲོ་མཛད་པ། །ཕུན་སུམ་ཚོགས་པའི་སྐུ་བཟང་ཅིར་ཡང་འཛིན། །རབ་མཛེས་མར་གད་མདོག་ལ་གཡུ་འོད་འབར། །བལྟ་བས་ཆོག་མི་ཤེས་པའི་ལང་ཚོ་ ངོམ། །ལྗང་གསལ་ཡིད་ཀྱི་རྗེས་འགྲོ་ངོ་མཚར་བ། །འཕགས་མ་ལྷ་མོ་བསོད་ནམས་གཏེར་ གྱི་བདག །ལེགས་བྱས་ཚོགས་གཉིས་མཆོག་གི་རྩེར་སོན་ཅིང༌། །སྤངས་རྟོགས་མཐར་ ཕྱིན་དྲི་མེད་ཡེ་ཤེས་རྒྱས། །རབ་འབྱམས་ཕྲིན་ལས་འཇུག་པ་ཤུགས་མྱུར་བའི། །རྗེ་བཙུན་ སྒྲོལ་མས་གནས་འདིར་དགེ་ལེགས་སྩོལ། །ཕུན་ཚོགས་དཔལ་གྱིས་བརྒྱན་པའི་ཆོས་གཞི་ 7-1-178 འདིར། །བསྟན་པའི་རྩ་ལག་ཁྲིམས་གཙང་འདུས་སྡེའི་ཚོགས། །ལི་ཁྲིའི་མཚོ་ཆེན་གཏིང་ ནས་འཕྱུར་བ་བཞིན། །ནམ་ཡང་འཛད་པ་མེད་པའི་ཕྱྭ་གཡང་སྩོལ། །ཡང་དགོས་བསྟན་ པའི་གཞི་མ་བཤེས་གཉེན་ཀུན། །སྐུ་ཚེ་མཛད་ཕྲིན་ཡར་ཟླའི་དཔལ་བཞིན་འཕེལ། །སྙན་ པའི་གྲགས་པ་འཇིག་རྟེན་ཐམས་ཅད་ཁྱབ། །ཐུགས་ཀྱི་གང་བཞེད་འགྲུབ་པའི་ཕྱྭ་གཡང་ སྩོལ། །སྡེ་སྣོ ད་གསུམ་དང་རྒྱུད་སྡེ་བཞིས་བསྡུས་པའི། །གསུང་རབ་ཀུན་གྱི་བརྗོད་བྱའི་དོན་ ཇི་བཞིན། །མ་འདྲེས་སོ་སོར་འབྱེད་པའི་བློ་གྲོས་མཆོག །མཁས་པའི་རྣམ་དཔྱོད་དམ་པའི་ ཕྱྭ༴ བདེ་གཤེགས་བསྟན་ལ་འཇུག་པའི་རིམ་པ་ཡང༌། །ཐོས་བསམ་སྒོམ་པའི་བྱ་བ་མཐར་ ཆགས་སུ། །ཡེང་མེད་བརྩོན་པའི་སྟོབས་ཀྱིས་ཆེར་འབད་པ། །རྣམ་དཀར་བྱ་བ་རྒྱས་པའི་ ཕྱྭ༴ འདིར་བཞུགས་དགེ་འདུན་དཔོན་སློབ་ཐམས་ཅད་ཀྱི། །བཤད་དང་སྒྲུབ་པའི་ལས་དོན་ འབའ་ཞིག་ལ། །རྟག་ཏུ་གཞོལ་བའི་ཡ་རབས་དམ་པའི་ཚུལ། །ཉམས་མེད་གོང་དུ་འཕེལ་ བའི་ཕྱྭ༴ ཁྱི མ་པའི་འདུ་འཛིའི་གཡེང་བ་ཀུན་སྤངས་ནས། །རབ་བྱུང་ཆོས་གྲྭར་འགྲིམ་པའི་ འདུས་སྡེ་ཡི། །ཐུགས་རྒྱུད་འདུལ་ཁྲིམས་དག་པས་ཉེར་མཛེས་ཏེ། །བསླབ་པ་ཕ་མཐར་ཕྱིན་ པའི་ཕྱྭ༴ ཡང་དག་རྒྱལ་སྲས་སྤྱོད་ལ་ལེགས་ཞུགས་ནས། །གཞན་ཕན་མཛད་པའི་བློ་མཐུ་ ཡོངས་རྒྱས་ཏེ། །སེམས་དཔའ་ཆེན་པོའི་ལམ་ལ་སློབ་པ་ལས། །རླབས་ཆེན་སྤངས་རྟོགས་ འཁྲུངས་པའི་ཕྱྭ༴ ངོ་མཚར་ཐབས་ཤེས་འཕྲུལ་བཟང་ལ་བརྟེན་ནས། །རིང་མིན་འཁོར་བ་ ཕྲ་རག་རབ་སྤངས་ཏེ། །གདོད་མའི་རྒྱལ་བ་མཆོག་ལ་དབང་བསྐུར་བའི། །གསང་སྔགས་ མྱུར་ལམ་ཟབ་མོའི་ཕྱྭ༴ ཁྱད་པར་ཤིན་ཏུ་ཉེ་བའི་བླ་མེད་ལམ། །འོད་གསལ་སྒྱུ་ལུས་ཐབས་ ཀྱི་རོལ་པ་ལས། །ཚེ་གཅིག་ཟུང་འཇུག་སྐུ་མཆོག་མངོན་བྱེད་པའི། །ཀུན་བཟང་དགའ་བ་ རྒྱ་མཚོའི་ཕྱྭ༴ དེ་ལྟར་ཆོས་སྲིད་འབྱོར་བ་རྒྱས་པ་དང༌། །ཆབ་གཅིག་ཡེ་བཞུགས་དྲི་བྲལ་ ཆོས་ཀྱི་དབྱིངས། །ཀུན་རྫོབ་སྤྲོས་པས་སྟོང་པའི་ཡིན་ལུགས་ལ། །ཡང་དག་ངེས་པ་མཆོག་ 7-1-179 གི་ཕྱྭ༴ རྨད་བྱུང་དགེ་ལེགས་བྱེ་བའི་གཞིར་གྱུར་པ། །རྒྱལ་བསྟན་སྤྱི་དང་ངེས་དོན་སྙིང་པོའི་ ལུགས། །བཤད་དང་སྒྲུབ་པའི་སྒོ་ནས་ལེགས་འཛིན་པའི། །རྣམ་མང་སྐྱེས་ཆེན་དམ་པའི་ཕྱྭ༴ འདུས་སྡེ་དག་གི་ཆོས་ལྡན་བྱ་བའི་ལས། །གང་དང་གང་ལ་རེམ་པ་དེ་དག་ཀུན། །མི་མཐུན་ རྐྱེན་གྱིས་ནམ་ཡང་མི་འཚེ་བར། །བྱ་བ་ལམ་འགྲོ་འོང་བའི་ཕྱྭ༴ ཁྱད་པར་ཆོས་ཀྱི་མཐུན་རྐྱེན་ ལོངས་སྤྱོད་ཚོགས། །ཟས་གོས་གང་འདོད་འཇོ་བའི་བང་མཛོད་བཞིན། །ནམ་ཡང་ཕོངས་པ་ མེད་པའི་དབུལ་སེལ་བའི། །བསོད་ནམས་ཁ་རྗེ་དར་བའི་ཕྱྭ༴ བསྟན་འཛིན་སྡེ་དགོན་བཅས་ པའི་ཞབས་བརྟན་པ། །རྣམ་དཀར་དགེ་ལ་སྤྲོ་བའི་སྦྱིན་བདག་རྣམས། །ལོངས་སྤྱོད་སྟོབས་ འབྱོར་མངའ་ཐང་རྒྱས་པ་དང༌། །རྒྱུན་དུ་དགའ་སྐྱིད་བདེ་བའི་ཕྱྭ༴ དེ་སླད་སྐྱབས་གཅིག་ རྗེ་བཙུན་ཏཱ་རེ་མ། །གང་ལ་དེ་ལྟར་རེ་འདོད་ཞུ་བ་རྣམས། །འཕགས་མ་མཆོག་གི་ཐུགས་ རྗེའི་མཐུ་ནུས་ཀྱིས། །རེ་འབྲས་མ་ལུས་འགྲུབ་པར་མཛད་དུ་གསོལ། །མྱུར་མྱུར་ཕྲིན་ལས་ འཇུག་སྒོ་རྒྱ་ཆེ་བ། །ཟབ་ཟབ་ཡོན་ཏན་གཏིང་མཐའ་མི་མངོན་པའི། །བཟང་བཟང་མཁྱེ ན་ བརྩེ་ཕ་མཐའ་ཡས་པ་ཅན། །ལེགས་ལེགས་མྱུར་མ་དཔའ་མོའི་ཐུགས་རྗེས་ཟུང༌། །གང་ གིས་གུས་པ་ནམ་ཡང་མི་ལྷོ ད་པས། །གང་ལ་རེ་ལྟོ ས་འཆའ་བའི་བདག་སོགས་འགྲོ། །གང་ གི་བརྩེ་ཆེན་མཁྱེ ན་པའི་ཀློ ང་ཡངས་ནས། །གང་དུའང་ཐུགས་རྗེའི་འཇུག་པ་འབྲལ་མེད་ མཛོད། །ཆོས་སྐུ་ཞི་བ་ཆེན་པོའི་དབྱིངས་ཉིད་ལས། །སྲིད་ཞིའི་ལེགས་ཚོགས་འགུགས་པའི་ གཉེན་དུ་ཤར། །བསོད་ནམས་མཐའ་ཀླས་མངའ་བའི་སྒེག་པ་ངོམ། །འཕགས་པའི་ནོར་གྱི་ གཏེར་གཡང་མཐའ་དག་སྩོལ། །སྐྱེ་བ་འདི་དང་ཚེ་རབས་ཀུན་ཏུ་ཡང༌། །མ་གྱུར་འགྲོ་རྣམས་ འཕགས་མས་རྗེས་བཟུང་ནས། །རྣམ་སྨིན་ཕུང་པོའི་སྦུབས་རྒྱ་ལས་གྲོལ་ཏེ། །དགའ་བའི་ཡེ་ ཤེས་སྐུ་བཟང་འཛིན་གྱུར་ཅིག །ཅེས་རྗེ་བཙུན་སྒྲོལ་མའི་སྒོ་ནས་གཡང་འབོད་བསྡུས་པ་གང་འདོད་འཇོ་བའི་བུམ་ བཟང་ཞེས་བྱ་བ་འདི་ཡང་དགོན་སྡེ་ལ་ཆེད་དུ་མཁོ་བར་མཐོང་ནས་དམ་པའི་ངང་ཚུལ་ལ་ཉེ་བར་གནས་པའི་ལྷ་རྗེ་དགེ་བཟང་ 7-1-180 གང་གིས་ལྷ་རེག་སོགས་ཀྱི་གནང་སྦྱིན་བཅས་གསུང་བསྐུལ་མི་བཟློག་ཙམ་དུ་སྙོམ་ལས་པ་མ་ཏི་ཀིརྟི་ཞེས་པས་བྲིས་པ་དགེ་ བར་གྱུར་ཅིག་གུ།། །། 7-1-181 ༄༅། །སྒྲོལ་མའི་གཡང་འགུགས་ཉེར་མཁོ་ བསྡུས་པ་བཞུགས། ༄༅། །མདུན་གྱི་ནམ་མཁར་རྗེ་བཙུན་མ་བཞུགས་པའི་ཐུགས་ཀའི་འོད་ཟེར་གྱིས་ འཁོར་འདས་ཀྱི་ཕྱྭ་གཡང་མ་ལུས་པ་བཀུག་པར་བསམ། ཏཱ་རེའི་སྔགས་བཟླས། ཏཱཾ། རྒྱལ་ཀུན་ཕྲིན་ལས་རང་གཟུགས་ལྷ་མོའི་སྐུ། །མར་གད་ལྗོན་བཟང་གསར་བའི་ མདངས་འཕྲོག་ཅིང༌། །རབ་མཛེས་ལྗང་གསལ་གཡུ་འོད་སྟོང་འབར་བ། །འཕགས་མ་བསོད་ ནམས་དབང་མོས་དགེ་མཚན་ཕོབ། །བཅོམ་ལྡན་འདས་མ་ཐུགས་རྗེ་བྱེ་བའི་གཏེར། །འགྲོ་ ལ་དབུལ་ཕོངས་མཐའ་དག་སེལ་བའི་གཉེན། །སྲིད་ཞིའི་དཔལ་གྱི་གཡང་ཀུན་སྩོལ་བའི་ ལྷ། །དེ་ཕྱིར་གང་ལ་རེ་བས་དོན་ཀུན་སྩོལ། །ཐུགས་རྗེ་མྱུར་མ་དཔའ་མོ་ཏཱ་རེ་མ། །འདོད་ དགུ་འཇོ་བའི་ནོར་བདག་དཔལ་ལྡན་མོ། །ཁྱེ ད་ཀྱི་ཐུགས་རྒྱུད་ཉེ་བར་ལེགས་བསྐུལ་ནས། །ཕུན་ཚོགས་ཕྱྭ་གཡང་ཐམས་ཅད་དེང་འདིར་སྩོལ། །འདི་ཕྱིའི་བདེ་སྐྱིད་ཐམས་ཅད་འབྱུང་ བའི་གནས། །རྣམ་དཀར་དགེ་བའི་ལོ་ཏོག་གསར་བའི་ཁམས། །གོང་ནས་གོང་དུ་འཕེལ་ ཞིང་རྒྱས་པའི་གཡང༌། །རྒྱལ་ཡུམ་འཕགས་མས་དུས་ཀུན་ཉམས་མེད་མཛོད། །འབྱོར་ལྡན་ ཡོན་གྱི་བདག་པོའི་མི་རྒྱུད་རིགས། །གཉེན་ལ་བྱམས་ཞིང་དགྲ་བོ་འདུལ་ལ་དཔའ། །རང་ བཞིན་བཟང་ཞིང་བསམ་པ་དགེ་བ་ཅན། །མཐའ་མེད་འཕེལ་བའི་ཕྱྭ་གཡང་དེང་འདིར་སྩོལ། །བུ་ཚའི་གང་བྱས་བྱ་བ་ལམ་འགྲོ་ཞིང༌། །སྙན་དང་གྲགས་པ་ལྗོ ངས་འདིའི་ཡུལ་དུ་འཕགས། །དགེ་མཚན་རླུང་རྟ་ཡར་ཟླའི་དཔལ་ལ་འགྲན། །དབང་ཐང་ཁ་རྗེ་དར་བའི་ཕྱྭ་གཡང་སྩོལ། 7-1-182 །གོས་ཕྲུག་ཐེར་མ་ལ་སོགས་དར་ཟབ་ཚོགས། །གསེར་དངུལ་གཡུ་བྱུར་ལ་སོགས་རིན་ཆེན་ རིགས། །ནས་འབྲས་གྲོ་སྲན་ལ་སོགས་འབྲུ་དྲུག་སྟེ། །ནང་ནོམ་འབྱོར་བས་ཁྱི མ་གྱི་བང་ མཛོད་གང༌། །འོ་འཛིན་བཅུད་ལྡན་མཛེས་པའི་སྤུ་སྡུག་ཅིང༌། །སྒོ་བཞོན་གནག་ཕྱུག་མཛོ་མོ་ འབྲི་ཡི་རིགས། །ཁྱུང་དཀར་མཛོ་དང་བརྗིད་ཅན་ཁལ་མའི་ཚོགས། །ནམ་ཡང་ཕྱུགས་ཀྱིས་ ནོར་འཛིན་གཞི་འདིར་ཁྱབ། །ཤ་རྒྱས་ལྤགས་མདོག་མཛེས་པའི་མདངས་དང་ལྡན། །ཅང་ ཤེས་གྱི་ལིང་རྟ་མཆོག་རྒོ ད་མའི་རིགས། །གཡང་དཀར་ལུག་གི་ཁྱུ་ཚོགས་བསམ་མི་ཁྱབ། །དེ་སོགས་འབྲོག་སྡེའི་འབྱོར་བའི་དཔལ་གཡང་ཁུག །གཞན་ཡང་ཁང་ཁྱི མ་གྲུ་བཞི་བཀོད་ ལེགས་དང༌། །བསོད་ནམས་ལོ་ཏོག་འབྲུ་དྲུག་ཀུན་འཕེལ་བའི། །རྒྱ་ཁྱོ ན་རབ་ཏུ་ཡངས་པའི་ ཞིང་ས་སོགས། །རོང་གི་ཁ་རྗེའི་ཕྱྭ་གཡང་མ་ལུས་ཁུག །མདོར་ན་དཔལ་འབྱོར་མ་ཚང་མེད་ པའི་གཡང༌། །རྗེ་བཙུན་སྒྲོལ་མའི་བྱིན་རླབས་ནུས་མཐུ་ཡིས། །དེང་འདིར་ཡོན་བདག་འདི་ ལ་ལེགས་བསྩལ་ནས། །དགའ་སྐྱིད་བདེ་བས་རྟག་ཏུ་སྐྱོང་གྱུར་ཅིག །ཅེས་སྒྲོལ་མའི་གཡང་འགུགས་ བསྡུས་པ་འདི་ཡང་གཙང་སྤྲུལ་སྐུ་སྐྱེས་གཞོན་ནུ་ལ་ཉེ་བར་མཁོ་ཕྱིར་མ་ཏི་ཀིརྟི་ཞེས་པས་འཕྲལ་དུ་བྲིས།། །། 7-1-183 ༄༅། །བླ་མེད་ལུགས་ཀྱི་སྒྲོལ་ཚོགས་བཞུགས། ༄༅། །འདིར་སྒྲོལ་མའི་རྒྱུད་གྱིས་བསྟན་དོན་ཚོགས་མཆོད་འབུལ་བ་འདི་ལྟར། ཏཱྃཿ སྐྱབས་ཀུན་འདུས་ པའི་རྗེ་བཙུན་མར། །བདག་སོགས་གུས་པས་སྐྱབས་སུ་གསོལ། །མར་གྱུར་འགྲོ་བ་ཀུན་དོན་ དུ། །བླ་མེད་ཚོགས་ཆེན་བསག་པར་བྱ། །ལན་གསུམ། རང་ཉིད་སྐད་ཅིག་འཕགས་མའི་སྐུར། །དག་རྫོགས་སྨིན་པའི་བདག་ཉིད་ཅན། །ངོ་བོ་སྣང་སྟོང་ཟུང་འཇུག་ཏུ། །དམ་ཡེ་གཉིས་སུ་ མེད་པར་གསལ། །ཡི་གེ་བཅུ་པ་ཅི་འགྲུབ་མཐར། ཐུགས་སྲོག་ཏཱྃཿལས་མེ་དཔུང་གིས། །ཚོགས་རྫས་ མ་དག་དྲི་མ་སྦྱངས། །ཟག་བྲལ་བདུད་རྩིའི་རང་བཞིན་ཅན། །ཟད་མེད་ནམ་མཁའ་མཛོད་དུ་ གྱུར། །བཛྲ་སྥ་རཏྣ་ཁཾ། གིས་བྱིན་རླབས་བྱ། ཏཱྃཿ རང་གི་ཐུགས་ཀའི་འོད་ཟེར་གྱིས། །རང་བཞིན་ དག་མཉམ་ཆེན་པོ་ནས། །རྩ་བརྒྱུད་དཔལ་ལྡན་བླ་མ་དང༌། །གཞི་དབྱིངས་ཆོས་སྐུ་ཤེར་ ཕྱིན་མོ། །འཕགས་མ་ལྷ་མོ་ཉེར་གཅིག་ཚུལ། །གང་འདུལ་མོས་བློ་དང་འཚམས་པར། །རྣམ་ འཕྲུལ་མཛད་པ་རབ་འབྱམས་བཅས། །གཞན་ཡང་སངས་རྒྱས་བྱང་སེམས་དང༌། །ཆོས་སྐྱོང་ ཡེ་ཤེས་སྤྱན་ལྡན་ཚོགས། །འདིར་གཤེགས་ཚོགས་མགྲོན་ཚུལ་དུ་བཞུགས། །བདེ་ཆེན་ཀུན་ བཟང་ཚོགས་མཆོད་འདི། །རྩ་བརྒྱུད་བླ་མའི་ཚོགས་ལ་འབུལ། ༀ་ཨཱཿཧཱུྃ། ཟག་མེད་བདུད་ རྩིས་ཐུགས་མཉེས་ནས། །ཨེ་མ་ཧོ། ཐུགས་རྗེའི་བྱིན་རླབས་མྱུར་ཕབ་མཛོད། །བདེ་ཆེན་ ཀུན་བཟང་ཚོགས་མཆོད་འདི། །འཕགས་མ་ལྷ་མོའི་ཚོགས་ལ་འབུལ། །ༀ་ཨཱཿཧཱུྃ། ཟག་མེད་ བདུད་རྩིས་ཐུགས་མཉེས་ནས། །ཨེ་མ་ཧོ། མཆོག་ཐུན་དངོས་གྲུབ་དེང་འདིར་སྩོལ། །བདེ་ ཆེན་ཀུན་བཟང་ཚོགས་མཆོད་འདི། །སངས་རྒྱས་བྱང་སེམས་བཅས་ལ་འབུལ། །ༀ་ཨཱཿཧཱུྃ། 7-1-184 ཟག་མེད་བདུད་རྩིས་ཐུགས་མཉེས་ནས། །ཨེ་མ་ཧོ། ཉམས་ཆགས་སྒྲིབ་ཀུན་སྦྱང་དུ་གསོལ། །བདེ་ཆེན་ཀུན་བཟང་ཚོགས་མཆོད་འདི། །ཆོས་སྐྱོང་སྤྱན་ལྡན་རྣམས་ལ་འབུལ། །ༀ་ཨཱཿཧཱུྃ། ཟག་མེད་བདུད་རྩིས་ཐུགས་མཉེས་ནས། །ཨེ་མ་ཧོ། གསང་གསུམ་བར་ཆད་བསལ་དུ་ གསོལ། །དེ་ལྟར་མཆོད་པའི་ནུས་མཐུ་ཡིས། །མཆོད་ཡུལ་ཀུན་གྱི་ཐུགས་དགྱེས་ཏེ། །བྱིན་ རླབས་ཐོབ་ཅིང་བར་ཆད་སེལ། །སྒྲིབ་སྦྱངས་ཚོགས་རྫོགས་ཨ་ལ་ལ། །དེ་ནས་ཚོགས་ལ་རོལ་པ་ནི། ཨེ་མ་ངོ་མཚར་ཆེ་བའི་རྫས། །འདོད་ཡོན་དགའ་བདེ་རབ་སྤེལ་བ། །ཟག་བྲལ་བདུད་རྩིའི་ བཅུད་ཆེན་པོ། །རྣལ་འབྱོར་ལྷ་རྣམས་དགྱེས་ཕྱིར་རོལ། །ཨ་ལ་ལ་ཧོ། ཞེས་པས་རོལ་མཐར། ༀ་ ཨཱཿཧཱུྃ། གིས་ལྷག་མ་བྱིན་གྱིས་བརླབས་ལ། སྐད་ཅིག་ལྷག་མགྲོན་སྤྱན་དྲངས་གྱུར། །དམ་ཅན་ལྷག་ལ་ དབང་བ་རྣམས། །ལྷག་མའི་རྫས་ལ་ལོངས་སྤྱོད་ཅིག །རང་རང་འདོད་པ་རབ་ཚིམས་ནས། །སྒྲུབ་པོ་བདག་ཅག་ཐམས་ཅད་ལ། །ཆོས་བཞིན་སྒྲུབ་པའི་མཐུན་རྐྱེན་སྒྲུབས། །མི་མཐུན་ ཕྱོགས་ཀུན་བཟློ ག་གྱུར་ཏེ། །སྡོང་གྲོགས་དམ་པ་མཛད་དུ་གསོལ། །དེ་ནས་བསྔོ ་བ་ནི། གསང་ ཆེན་བསོད་ནམས་གང་བསགས་དེས། །རྣལ་འབྱོར་དམ་ཚིག་ཉམས་ཆགས་བསྐང༌། །རིམ་ གཉིས་མཐར་ཕྱིན་ཟུང་འཇུག་ཐོབ། །འགྲོ་ཕན་བྱེད་པའི་དབང་པོར་ཤོག །འདི་གྲངས་བསོག་ན། བྱིན་རླབས། སྤྱན་འདྲེན། ཚོགས་འབུལ་གསུམ་ཡང་ཡང་བསྐྱར་ལ། དྲང་ལྷག་གིས་མཐར་འབྱུང་བར་བྱའོ། །ཞེས་པ་འདི་ཡང་ ཚོགས་གཉིས་ཀྱི་ངོར། མ་ཏིས་སྦྱར་བཞིན་ཆོས་མཆེད་ཀྱིས་ཡི་གེར་བགྱིས་སོ།། །། 7-1-185 ༄༅། །སྒྲོལ་མའི་ཚོགས་བསྡུས་སོགས་བཞུགས། ༄༅། །ༀ་ཨཱཿཧཱུྃ། ཐུགས་བདེ་སྟོང་གཉིས་མེད་རོལ་པ་ལས། །མདངས་འགག་པ་ མེད་པའི་རྟེན་འབྲེལ་མཆོག །ཐབས་ཀུན་རྫོབ་དགའ་སྟོན་ལེགས་ཤར་བ། །རྫས་ཟག་མེད་ བདུད་རྩིའི་རྒྱ་མཚོར་གྱུར། ཀྱེ་ཧོ། དབྱིངས་དག་མཉམ་ཆེན་པོའི་ཀློ ང་ཡངས་ནས། །མ་རྒྱལ་ ཡུམ་འཕགས་མའི་ལྷ་ཚོགས་རྣམས། །སྐུ་འོད་བཟང་སྣང་བ་འཁོར་ཡུག་ཁྱབ། །གསུང་རྡོ་ རྗེའི་གླུ་དབྱངས་ལྷང་ལྷང་སྒྲོགས། །ཆོས་ཀུན་གཟིགས་ཐུགས་མཆོག་རབ་རྒྱས་པ། །ལས་ ཕྲིན་ལས་འཇུག་པ་རྒྱ་ཆེ་བའི། །མཐུ་བྱིན་རླབས་འཛད་མེད་གཡོ་བཞིན་དུ། །རྗེ་དཔའ་ མོ་འཁོར་བཅས་འདིར་གཤེགས་བཞུགས། །ལམ་ཐབས་ཤེས་འཕྲུལ་ལས་ལེགས་ཤར་ བ། །བཅུད་སྔགས་རྒྱས་སྤེལ་བའི་ཚོགས་མཆོད་འདི། །མགོན་ལྷ་མོ་འཕགས་མའི་ཚོགས་ ལ་འབུལ། །ཐུགས་བརྩེ་བས་བཞེས་ལ་དངོས་གྲུབ་སྩོལ། །ཨེ་མ་ཧོ། ཆེས་ངོ་མཚར་གསང་ བ་ཐབས་ཤེས་ལམ། །ཉམས་རྟོགས་པའི་དགའ་སྟོན་རྒྱས་བཞིན་དུ། །བློ་ཐ་མལ་ཀུན་རྟོག་ རྒྱང་བསྲིངས་ཏེ། །རྫས་དག་པ་མཆོག་ལ་བདེ་བར་རོལ། །ཚོགས་བསགས་པའི་འཁོར་ལོའི་ མཆོད་པ་འདིས། །བདག་སྒྲུབ་པོ་རྣལ་འབྱོར་འཁོར་བཅས་ཀྱི། །ལམ་ཚོགས་གཉིས་མ་ལུས་ ཀུན་རྫོགས་ནས། །ཆགས་ཉམས་ཀྱི་སྒྲིབ་པ་ཡོངས་བྱང་ཤོག །རྫས་ལྷག་ལ་དབང་བའི་དམ་ ཅན་ཚོགས། །སེམས་རེ་འདོད་སྐོང་བའི་རྫས་མཆོག་འདི། །དམ་ཚིག་ལ་དབང་བ་དེ་དག་གི །ཡིད་རེ་བའི་འདོད་ཀུན་རྫོགས་གྱུར་ཅིག །ཨུ་ཙི་ཊཱ་བ་ལིང་ཏ་ཁཱ་ཧི། ཞེས་སྒྲོལ་མའི་ཚོགས་བསྡུས་ འདི་ཡང་ཚོགས་གྲངས་བསོག་པ་ལ་མཁོ་ནས་གྲོགས་ཀྱི་ངོར་མ་ཏི་ཀིརྟིས་སྨྲས་པ་དགེ། །། ༈ ༀ་ཨཱཿཧཱུྃ། རྨད་བྱུང་ཟག་མེད་ཚོགས་ཀྱི་མཆོད་པའི་སྤྲིན། །བླ་མ་ཡི་དམ་མཆོག་ 7-1-186 གསུམ་སྲུང་ཚོགས་ལ། །གུས་འབུལ་དགྱེས་བསྐངས་སྒྲུབ་པོའི་ཉམས་ཆག་སྦྱངས། །ལྷག་ མགྲོན་ཀུན་ཚིམས་བསྟན་འགྲོར་ཡོངས་ཕན་མཛོད། །ག་ན་ཙཀྲ་པུ་ཙ་ཁཱ་ཧི། འདི་ཡང་མ་ཏིས་སོ།། །། ༈ སྒྲོལ་ཚོགས་ཤིན་ཏུ་བསྡུས་པ། ༀ་ཨཱཿཧཱུཾ། རྨད་བྱུང་བདེ་ཆེན་ཚོགས་འཁོར་འདི། །མཆོད་ཡུལ་ རྒྱ་མཚོ་ཡོངས་ལ་འབུལ། །དགྱེས་བཞེས་སྒྲིབ་སྦྱངས་ཚོགས་ཆེན་རྫོགས། །བར་ཆད་ཀུན་ སེལ་དངོས་གྲུབ་སྩོལ། །ག་ན་ཙཀྲ་པཱུ་ཛ་ཁ་ཧི་སིདྡྷི་ཕ་ལ་ཧོ། ཞེས་པ་འདི་ཡང་མ་ཏིས་སོ།། །། ༈ བཟློག་པ་ནི། དཔལ་ལྡན་ཕྲིན་ལས་མྱུར་མ་དཔའ་མོ་ཡི། །གསང་ཆེན་ཟླ་བྲལ་སྟོབས་ ཆེན་མཐུ་བཟང་གིས། །བདག་ཅག་ལ་འཚེ་ཕྱི་ནང་གསང་བའི་རྐྱེན། །མཐའ་དག་དམིགས་ མེད་ཆོས་ཀྱི་དབྱིངས་སུ་བཟློ ག །ཅེས་པའང་མ་ཏིས་སོ།། །། 7-1-187 ༄༅། །དགའ་སྟོན་ཚོགས་ཀྱི་གླུ་རང་བྱུང་ལྷན་སྐྱེས་ འཆར་བྱེད་ཅེས་བྱ་བ་བཞུགས་སོ། ། ༄༅། །ཨེ་མ་ཨ་ལ་ལ་ག་ན་ཙཀྲ་ཧོ། །བདེ་ཆེན་ཀུན་ཁྱབ་དབང་ཕྱུག་རྣམ་ཀུན་གྱི་ དགའ་མ། །སྐུ་དང་ཐིག་ལེའི་འོད་ཀྱི་རྩེད་འཇོ་དང་འགྲོགས་ནས། །ངོ་མཚར་བྱིན་རླབས་ ལེགས་སྣང་ཡ་མཚན་གྱི་བཀོད་པ། །ཐབས་ཤེས་གཉིས་མེད་དགའ་སྟོན་དེང་འདི་རུ་ཕོབ་ ཤོག༡ །རྣལ་འབྱོར་ཕོ་མོའི་དག་སྣང་རྒྱན་མཆོག་གི་འཁོར་ལོ། །ཀུན་རྫོབ་གཟུང་འཛིན་རྫུན་ རིས་རང་ཡལ་གྱི་ངང་ནས། །དོན་དམ་འཕགས་མའི་རང་མདངས་ཡེ་ཤེས་ཀྱི་བཀོད་ཆེན། །རྣམ་ཀུན་མཆོག་ལྡན་རང་གཟུགས་པྲ་ཕབ་དང་མཚུངས་པ།༢ །ཨ་ཧོ་ག་ན་ཙཀྲའི་གསང་ ཆེན་གྱི་སྟོན་མོ། །མཚན་འཛིན་སྤྲོས་པ་གཞི་ནས་ཡོངས་དག་གི་རང་བཞིན། །བདེ་སྟོང་ ལྷན་སྐྱེས་ཟུང་འཇུག་དགོངས་ཆེན་དུ་རོལ་ཏེ། །ཀུན་བཟང་མཆོད་སྤྲིན་རྒྱ་མཚོ་ཅི་དགའ་རུ་ སྤྲོས་ནས།༣ ། རང་གཞན་བསོད་ནམས་ཡེ་ཤེས་ཚོགས་ཆེན་གྱི་འཁོར་ཡུག །རླབས་ཆེན་ མཛད་བཟང་སྐྱོང་བའི་ཕྲིན་ལས་ལ་བརྟེན་ཏེ། །དཔའ་བོའི་བརྟུལ་ཞུགས་སྤྱོད་ལ་འགྲན་ བཞིན་པའི་དགའ་སྟོན། །ཐབས་དང་ཤེས་རབ་ཞེན་བྲལ་ཟུང་འཇུག་ཏུ་རོལ་མཛོད།༤།ཚུལ་ འདིས་མྱུར་མ་དཔའ་མོ་བདེ་ཆེན་གྱི་དབང་ཕྱུག །རྣམ་འཕྲུལ་དཀྱིལ་འཁོར་བཀོད་པ་རབ་ འབྱམས་ཀྱི་ལྟད་མོ། །དགའ་ཆེན་ཚོགས་ཀྱི་འཁོར་ལོས་དགྱེས་སྐོང་གི་རོལ་པས། །སྒྲུབ་ ལ་རྣམ་གཉིས་དངོས་གྲུབ་ཆར་ལྟར་དུ་སྙིལ་ཤོག༥ །མཐུ་བྱིན་ཆེར་འབར་ཚོགས་ཁང་འདིར་ བཞུགས་ཀྱི་ཕོ་མོ། །བདེ་བ་དགའ་ཆེན་གྱིས་མྱོས་རང་བྱུང་གི་རྡོར་གླུ། །རྩོལ་མེད་ཤུགས་ ཀྱིས་འགྱུར་ཁུགས་གདངས་སྙན་གྱི་རོལ་མོ། །ཨ་ཧོ་གསང་ཆེན་རྟོགས་པའི་ཆ་རྐྱེན་དུ་ངོམས་ 7-1-188 མཛོད།༦ ། རབ་དགའི་དཔྱིད་བཟང་དགའ་ཆེན་སྟོང་པ་ཡི་རང་མདངས། །ངོ་མཚར་སྒྱུ་མའི་ ལྟད་མོར་གཟིགས་པ་དང་ཆབས་ཅིག །ཟག་མེད་བདེ་ཆེན་ནམ་ཡང་འབྲལ་མེད་ཀྱི་ངང་ ནས། །དག་པ་རྒྱན་གྱི་འཁོར་ལོར་རིས་ཆད་དུ་སྤྱོད་པ།༧ །གསང་བ་བདེ་སྟོང་ཟབ་མོའི་རང་ མདངས་ལས་ཤར་བའི། །ཐབས་ཤེས་མཆོག་གི་དཔའ་བོའི་སྟོན་ཆེན་གྱི་དུས་འདིར། །ཡི་ དམ་བདེ་ཆེན་དབང་མོའི་བྱིན་ཆེན་གྱི་མཐུ་ལས། །ཨེ་མ་རྨད་བྱུང་ལེགས་མཚན་རྟེན་འབྲེལ་ ཞིག་ཞུ་འོ།༨ ། ཞེས་པའི་དགའ་སྟོན་ཚོགས་ཀྱི་གླུ་རང་བྱུང་ལྷན་སྐྱེས་འཆར་བྱེད་ཅེས་བྱ་བ་འདི་ཡང་འཕགས་མའི་ཆོས་སྐོར་ ལ་མོས་པ་བརྩོན་བློ་ཟུང་གི་ངོར་མ་ཏིས་ཤར་མར་སྤེལ་བ་ཛ་ཡནྟུ།། །། 7-1-189 ༄༅། །གནས་ལུགས་དང་འབྲེལ་བའི་བསྔགས་གསོལ་གྱི་ གླུ་བཞད་འཕགས་མའི་དགྱེས་མཆོད་ ཅེས་བྱ་བ་བཞུགས་སོ ། ། ༄༅། །ཏཱྃཿ ཡིག་དཔལ་ལྡན་དབང་ཕྱུག །རང་བཞིན་ཤེར་ཕྱིན་ཆོས་སྐུ། །ཡེཤེས་རོལ་ པའི་ཆོ་འཕྲུལ། །མྱུར་མ་དཔའ་མོ་དགོངས་མཛོད།༡ །གང་འདུལ་སྒྱུ་མའི་སྤྲུལ་བཀོད། །སྣ་ ཚོགས་བསམ་པའི་རྗེས་འགྲོ། །འཇིགས་སྐྱོབ་ལྗང་གསལ་ལྷ་མོ། །མོས་དབང་གཟུགས་སྐུར་ བཞེངས་ཤོག༢ །བེམ་མིན་ཡེ་ཤེས་རང་མདངས། །ངོ་མཚར་ལང་ཚོར་སྨིན་པ། །གཡུ་འོད་ འབར་བའི་ཕུང་པོ། །དག་སྣང་ཡུལ་དུ་ཕེབས་མཛོད།༣ །མཛེས་འཛུམ་གཡུ་བཞིན་གསར་བ། །དྲི་བྲལ་ལྗང་འོད་འབར་ཞིང༌། །བརྩེ་ཆེན་སྤྱན་རས་བསྐྱོད་དེ། །སྙིང་གི་རྨོངས་པ་སོལ་ཞིག༤ །ལྗང་འོད་འབུམ་གྱི་དཔལ་ཁ། །ངོ་མཚར་སྣང་བརྒྱའི་འཁོར་ཡུག །མཁའ་མཐར་ཀུན་ནས་ བརྡལ་བ། །རང་སྣང་དག་ཆེན་ངོམས་ཤོག༥ །རྣམ་བྱང་ཟག་མེད་སྐུ་བཟང༌། །དར་གོས་རིན་ ཆེན་རྒྱན་ལྡན། །མར་གད་གསར་བའི་དཔལ་འཛིན། །ཁམས་དབང་དེ་འཚམ་མངོན་མཛོད།༦ ། ཨུཏྤལ་འཁྲི་ཤིང་གཡོ་ལྡན། །མཛེས་སྡུག་འདབ་རྒྱས་དབུས་ན། །གེ་སར་ཟེའུ་འབྲུ་དགོད་ པ། །ལེགས་མཚན་ཡིད་ལ་གསལ་ཤོག༧ །ཁྱོ ད་སྐུ་གཅིག་ཏུ་མ་ངེས། །གང་འདུལ་དེར་སྣང་ ཚུལ་དུ། །རྣམ་པ་རིས་སུ་ཆད་མེད། །སྒྲུབ་ལ་གང་མོས་སྟོན་མཛོད།༨ །ཡེ་ཤེས་སྒྱུ་མའི་རོལ་ གར། །དཔག་ཡས་འཕྲུལ་གྱི་དགའ་སྟོན། །ཀུན་བཟང་སྤྱོད་ལ་འགྲན་འདི། །ནམ་ཡང་ནུབ་ མེད་མཛོད་ཅིག༩ །དབྱངས་ཀྱི་རྗེས་འགྲོ་མཁའ་མཐར། །ཡོངས་ཁྱབ་ཚངས་པའི་ངག་མཆོག །མ་ལུས་སྒྲ་སྐད་ལེགས་འཇོ། །གསུང་རབ་སྙིང་ལ་ཕོབ་ཤོག༡༠ །དྲི་མེད་ཞི་བ་ཆེན་པོ། །རང་ བཞིན་འོད་གསལ་ཆོས་སྐུ། །དོན་དམ་རྣམ་ཀུན་བདག་ཉིད། །འཕགས་མའི་ཡེ་ཤེས་མངོན་ 7-1-190 མཛོད།༡༡ །གསང་བ་གསུམ་གྱི་ཡོན་ཏན། །ཀུན་ནས་ཟད་པ་མེད་པའི། །རྒྱན་གྱི་འཁོར་ལོར་ སྤྱོད་པ། །རིང་མིན་བདག་གིར་དབང་ཤོག༡༢ །ལྷུན་གྲུབ་རྩོལ་བྲལ་མཛད་ཕྲིན། །ཐུགས་ཉིད་ ཞི་དབྱིངས་ངང་ནས། །གདུལ་བྱའི་ཡིད་དང་འཚམ་པར། །དུས་སུ་བསླུ་བ་མེད་མཛོད།༡༣ །ནང་དབྱིངས་འཕགས་མའི་དེ་ཉིད། །རྣམ་ཤེས་རྟོག་གེའི་ཡུལ་མིན། །རང་རིག་རང་གསལ་ དབྱིངས་ནས། །གདུལ་བྱ་དེ་འཚམ་འཆར་ཤོག༡༤ །འཕགས་མ་ཤེར་ཕྱིན་ལྷ་མོ། །ཡེ་ཤེས་ཞི་ དབྱིངས་ཉིད་ལས། །རྒྱང་རིང་ཡུལ་ན་མི་བཞུགས། །རང་གསལ་ལྷུག་པར་མངོན་མཛོད།༡༥ །ཨ་ཧོ་ངོ་མཚར་མཛེས་མ། །སེམས་ཉིད་སྟོང་གཟུགས་གཤིས་སུ། །སྣ་ཚོགས་སྤྲུལ་པའི་ རོལ་གར། །སྟོང་པའི་གཟུགས་སུ་མངོན་ཤོག༡༦ །ཚུལ་འདི་ཏཱ་རེའི་གསང་གསུམ། །བསྟོད་ བསྔགས་ལས་བརྩམས་འདོད་གསོལ། །ཟུང་དང་སྤེལ་འདིས་སྒྲུབ་པོས། །ཆོས་སྐུ་མྱུར་ མཇལ་གྱུར་ཅིག༡༧ །འོད་གསལ་འཕགས་མའི་གནས་ལུགས། །མན་ངག་ཟབ་མོའི་ལམ་ གྱིས། །རང་བབས་གང་འཚམས་མཇལ་འདི། །ཤུགས་འབྱུང་དེ་གར་བརྗོད་དོ།༡༨ ། ཐུགས་ རྗེའི་དཔལ་གྱུར་ལྷ་མོ། །མཛེས་མ་གཡུ་འོད་རབ་འབར། །ཀུན་གཟིགས་རྐེ ད་མེད་དཔའ་མོ། །རབ་གསལ་འོད་བཟང་ཕུང་པོ།༡༩ །རྣམ་བྱང་ཡེ་ཤེས་ལས་གྲུབ། །སྣ་ཚོགས་སྒྱུ་འཕྲུལ་སྲས་ མོ། །གཅིག་དང་དུ་མའི་རྣམ་རོལ། །གང་འདུལ་སྤྲུལ་བསྒྱུར་བྱེད་པོ།༢༠ །རྒྱལ་ཀུན་ཕྲིན་ལས་ རང་གཟུགས། །མ་ལུས་འཇིགས་པ་སྒྲོལ་མཛད། །ཏཱ་རེ་ཐུགས་རྗེ་མྱུར་མ། །འདི་ཕྱིའི་མགོན་ སྐྱབས་མཛོད་ཅིག༢༡ །ངོ་མཚར་ལེགས་ཚོགས་ལས་བསྐྲུན་པའི། །མཛེས་སྐུ་ལྗང་གསལ་གྱི་ རང་བཞིན། །འཆི་མེད་ན་ཆུང་ལྟར་སྒེག་ཅིང༌། །ཡིད་འཛིན་ལྷ་མོ་དེས་སྐྱོབས་ཤོག༡ །མཁྱེ ན་ བརྩེ་ནུས་གསུམ་གྱི་མངའ་བདག །འཇིགས་པ་ཀུན་སྒྲོལ་གྱི་སྐྱབས་གཅིག །མ་ཅིག་ཐུགས་ རྗེ་ཡི་གཏེར་གྱུར། །ཁྱེ ད་ལས་སྐྱབས་གཞན་ནི་མ་མཆིས།༢ །དེ་སླད་བདག་སོགས་ཀྱི་འགྲོ་ བ། །ནམ་ཡང་གཡེལ་མེད་ཀྱི་ཕྲིན་ལས། །དུས་ཀུན་རབ་མྱུར་གྱི་འཇུག་སྒོ། །བསླུ་མེད་ 7-1-191 མགོན་སྐྱབས་སུ་མཁྱེ ན་ནོ།༣ །དེ་རྣམས་ཀྱང་མཆོད་པ་དགའ་སྟོན་སོགས་ཀྱི་ཚེ་གླུ་མཆོད་ བྱས་ན་ཆོག ཅེས་པའི་གནས་ལུགས་དང་འབྲེལ་བའི་བསྔགས་གསོལ་གྱི་གླུ་བཞད་འཕགས་མའི་དགྱེས་མཆོད་ཅེས་བྱ་བ་ མ་ཏིས་སྨྲས་ལྟར་མཆེད་ཀྱིས་ཡིག་རིས་བགྱིས་སོ།། སྨྲས་པ། ཨེ་མ་དག་སྣང་ཡེ་ཤེས་རོལ་པར་གང་སྣང་བདེ་ཆེན་འབར་བའི་གཟི། །འཕགས་མའི་གཟུགས་སྐུ་སྒྱུ་འཕྲུལ་བཀོད་པར་ཐབས་ཤེས་ཚོགས་འཁོར་དགྱེས་བསྐྱེད་ ཕུལ། །གླུ་དབྱངས་འདོད་གསོལ་མཆོད་སྤྲིན་སྤྲོ་གང་རབ་སྤེལ་འདུ་བྱེད་སྤྲུལ་བསྒྱུར་གཞི། །པར་བསྐྲུན་གང་འདོད་འཇོ་བའི་བྱེད་པོ་སྔོ ན་མེད་ངོ་མཚར་ལེགས་བཞད་རྨད། ། ཡ་མཚན་འཕྱུར་བ། །ལེགས་མཛད་མཁྱེ ན་ལྡན། ། བློ༵་བཟ༵ང་ཆོ༵ས་འཕེ༵ལ། །དེའི་དགོངས་འགྲུབ་ཤོག ། མ་ཏིས་སོ།། །། ༄༅། །དེང་དུས་དང་མཐུན་པའི་སྨོན་ཚིག་བསམ་པ་ 7-1-192 མྱུར་འགྲུབ་ཅེས་བྱ་བ་བཞུགས། ༄༅། །ལྷར་བཅས་འགྲོ་བ་ཀུན་གྱི་སྐྱབས་གཅིག་པུ། །མཚུངས་བྲལ་རླབས་ཆེན་ཕྲིན་ ལས་བཟང་པོའི་དཔལ། །བསླུ་མེད་སྐྱབས་གནས་རིན་ཆེན་རྣམ་པ་གསུམ། །བརྩེ་བ་ཆེན་ པོའི་གཟིགས་རྒྱ་བསྐྱེད་དུ་གསོལ། །རྒྱལ་ཀུན་ཕྲིན་ལས་རང་གཟུགས་བྱིན་རླབས་གཏེར། །སྙིགས་དུས་འགྲོ་འདྲེན་མཛད་པ་ཟླ་མེད་པ། །གདུལ་བྱ་བུ་བཞིན་སྐྱོང་བའི་བརྩེ་ཆེན་མ། །རྒྱལ་ཡུམ་འཕགས་མའི་ཐུགས་རྗེས་གཟིགས་པར་མཛོད། །དེང་སྐབས་རྣམ་པར་དཀར་ བའི་བྱ་བ་དང༌། །ལེགས་མཐུན་གང་སྨོན་འདོད་པའི་དོན་རྣམས་ལ། །གེགས་མེད་ཇི་བཞིན་ འགྲུབ་པའི་དཔང་པོ་རུ། །བཞུགས་པར་མཛོད་ལ་བརྩེ་བས་དགོངས་སུ་གསོལ། །ཉམ་ཆུང་ ལས་ཀྱིས་དེད་པའི་བདག་སོགས་འགྲོ། །བཟློ ག་དཀའ་སྔོ ན་གྱི་ལས་མཐུ་བཙན་པོའི་ཤེད། །ཚེ་འདིར་སྨིན་ལ་ཉེ་བར་གྱུར་སྲིད་ན། །ཐུགས་རྗེའི་སྟོབས་ཀྱིས་གནོད་ཚབས་ཆུང་བར་ མཛོད། །སྒོ་གསུམ་བྱ་བ་གང་བརྩམས་དེ་དག་ཀུན། །བརྣག་དཀའ་སྡིག་པའི་ལས་དང་མ་ འདྲེས་པར། །རྣམ་དཀར་བསོད་ནམས་ཚོགས་དང་ཉེར་འབྲེལ་ཏེ། །ཚེ་འདིར་གང་བྱས་དོན་ མཆོག་ཡོངས་ལྡན་ཤོག །ལྷག་བསམ་དག་སྣང་དགའ་བས་སེམས་གཤིས་བསྒྱུར། །ཁོང་ ཁྲོའི་དུག་གིས་བསླད་པ་མ་ཞུགས་པར། །རྒྱལ་བསྟན་ལུང་གི་ཕྱོགས་ལ་ཉན་བཤད་ཀྱིས། །ཚེ་འདིའི་མཐར་འཁྱོ ལ་བར་ཆད་ཀུན་བྲལ་མཛོད། །ཐོས་དོན་རང་བློ་དང་འཚམས་གཏན་ ལ་ཕབ། །རང་རྒྱུད་བཅོས་པའི་ཐབས་ལ་ལེགས་སྦྱར་ཏེ། །ཁ་བཤད་ཙམ་དུ་མི་འཇོག་བློ་ ཉམས་སུ། །ཐོག་ཏུ་ཅི་ཁེལ་རེམ་པ་ལྷུར་ལེན་ཤོག །བློ་རྩེ་གཅིག་དྲིལ་སྐྱབས་མཆོག་རྣམ་ གསུམ་དང༌། །རྗེ་བཙུན་འཕགས་མ་ཉག་གཅིག་ཁོ་ན་ལ། །འདི་ཕྱིའི་འཇིགས་ལས་སྐྱོབས་ པའི་མགོན་དུ་བཅོལ། །སྐྱབས་གནས་མཆོག་ལ་ཡིད་གཉིས་ཀུན་ཆོད་མཛོད། །དགེ་དང་ 7-1-193 མི་དགེའི་ཁྱད་པར་སོ་སོ་ལས། །འབྲས་བུ་བདེ་སྡུག་འདྲ་མིན་འབྱུང་བའི་ཚུལ། །ཞིབ་མོའི་ གནས་ནི་ཤིན་ཏུ་གོ་དཀའ་བས། །དེ་ཡི་ཚུལ་ལ་ལོག་རྟོག་མ་གྱུར་ཅིག །ཐོག་མེད་དུས་ནས་ བསགས་པའི་ཉེས་ལྟུང་ཚོགས། །སྒོ་གསུམ་རྣམ་དཀར་གང་དང་འབྲེལ་ཚད་ཀྱིས། །ཚེ་ འདིར་སྒྲུབ་སྦྱངས་ཟབ་མོ་གནད་ལ་ཐེབས། །ཕྱི་མར་བཟོད་དཀའི་རྣམ་སྨིན་མེད་པར་ཤོག །རྣམ་དཀར་བསོད་ནམས་ཀུན་འཇོམས་སྡིག་པོ་ཆེ། །ལོག་ལྟ་ཆོས་སྤངས་སྔར་བྱས་དག་པ་ དང༌། །ཕྱིན་ཆད་རང་རྒྱུད་དྲི་མས་གོས་མེད་པར། །ལས་ངན་འདི་འདྲ་ནམ་ཡང་མ་འཕྲད་ཅིག །བཟོད་དཀའི་རྣམ་སྨིན་ཤིན་ཏུ་སྟོབས་ཆེ་བ། །དགེ་མཐུ་ཆུང་ཞིང་བསོད་ནམས་གོ་བཀག་ པའི། །མཚམས་མེད་ཉེ་བ་དང་བཅས་སྡིག་པའི་ལས། །བདག་སོགས་གང་དང་ནམ་ཡང་མ་ འབྲེལ་ཤོག །བསྐལ་པའི་དགེ་རྩ་བརླག་པའི་སྟོབས་ནུས་ཅན། །ཁོང་ཁྲོའི་མེ་ཡིས་རང་རྒྱུད་ སྲེག་བྱེད་པ། །འདི་ཀོ་དབང་མེད་སྐྱེ་བའི་སྐབས་བཅོམ་སྟེ། །རང་རྒྱུད་བྱམས་བརྩེའི་བདེ་ དགའ་སྤྱོད་གྱུར་ཅིག །ཚེ་འདིར་ད་ཕན་སྒོ་གསུམ་བྱ་བའི་ལས། །བསམ་བཞིན་པ་དང་མ་ བསམ་དབང་མེད་པར། །སྡིག་ལས་གང་དངའང་འདྲེས་པ་མེད་བཞིན་དུ། །ཞར་བྱུང་དགེ་ ལས་ངང་གིས་འགྲུབ་པར་ཤོག །ཚེ་མཇུག་གང་དེར་ཅི་ལ་ཐུག་གྱུར་ཀྱང༌། །རྣམ་དཀར་ཆོས་ ལ་བློ་རྩེ་གཅིག་དྲིལ་དང༌། །སྡིག་པའི་ལས་ལ་རྒྱབ་ཀྱིས་ཕྱོགས་བྱས་ཏེ། །བླང་དོར་བྱེད་ལ་ གོ་ལོག་མེད་གྱུར་ཅིག །མདོར་ན་འདི་ངོགས་ཚེ་མཇུག་ཅི་ཡོད་རིང༌། །མ་རུངས་སྡིག་པའི་ ལས་དང་མི་འཕྲད་ཅིང༌། །དགེ་ལས་རང་ཤུགས་འགྲུབ་པའི་སྐལ་བཟང་ལ། །གནས་པའི་ རེ་བ་བྱའོ་ཐུགས་རྗེ་ཅན། །ནམ་ཞིག་འཆི་བ་ཐོག་ཏུ་བབ་པའི་ཚེ། །སྐལ་ངན་འཁྲུལ་བས་ སྣང་ལོག་མི་འབྱུང་སྟེ། །ཡང་དག་མཚམས་སྦྱོར་བཟང་པོའི་བྱེད་རྐྱེན་ལ། །བརྟེན་ནས་དག་ སྣང་འབའ་ཞིག་སྤྱོད་གྱུར་ཅིག །ཚེ་འདི་འཕོས་མ་ཐག་ནས་སྐྱེ་གཞན་གྱིས། །བར་མ་ཆོད་ པར་བྱང་ཕྱོགས་ཀ་ལ་པའི། །མ་འགགས་རྒྱལ་པོའི་ཞབས་དྲུང་སྐྱེས་ནས་ཀྱང༌། །གསུང་གི་ 7-1-194 བདུད་རྩིའི་དཔལ་ལ་རོལ་པར་ཤོག །སྐྱབས་མཆོག་དགོངས་ཀློ ང་ཀུན་གསལ་ཡངས་པ་ ནས། །ཐུགས་རྗེ་མཛད་བཟང་ཆུ་འཛིན་འབུམ་དཀྲི གས་ལས། །དགེ་མཚན་བྱིན་རླབས་གྲུ་ ཆར་ལེགས་འཇོ་བས། །གང་སྨོན་དཔག་བསམ་ལྗོ ན་པ་ཡོངས་རྒྱས་མཛོད། །ལེགས་བྱས་ རྣམ་དཀར་ཉལ་འགྲོའི་རྒྱུན་བཟང་ཉིད། །སྲས་བཅས་རྒྱལ་བའི་ཐུགས་སྨོན་ཆུ་ཀླུང་དང༌། །འགྲོགས་ཏེ་མཐར་ཐུག་སྐུ་བཞིའི་རྒྱ་མཚོ་ཆེར། །ཡོངས་འབབ་ངོ་བོ་རོ་གཅིག་ཉིད་གྱུར་ཅིག །ཅེས་དེང་དུས་དང་མཐུན་པའི་སྨོན་ཚིག་བསམ་པ་མྱུར་འགྲུབ་ཅེས་བྱ་བ་འདི་ཡང་ངག་དབང་ཡོན་ཏན་བཟང་པོ་ལ་མཁོ་ནས་མ་ ཏིས་སྨྲས་པ་ཇི་བཞིན་མཆེད་ཁོང་གིས་ཡི་གེར་བྲིས།། །། ༄༅། །གཡུ་ལོ་བཀོད་པའི་ཞིང་གི་སྨོན་ལམ་ 7-1-195 བསྡུས་པ་བཞུགས། ༄༅། །ཡེ་ཤེས་སྒྱུ་མའི་ལང་ཚོ་གསར་བ་ཡིས། །མར་གད་རི་དབང་ཉི་གཞོན་བྱེ་བའི་ འོད། །ཕན་ཚུན་མཛའ་བའི་མདངས་རབ་འབྱིན་པ་ལྟར། །ལེགས་མཛེས་ཁ་དོག་བཀྲ་བའི་ དཔལ་སྡུག་ཅན། །གང་གི་གཟུགས་སྐུའི་སྣང་བརྙན་ཡ་མཚན་པ། །བདག་བློ་དད་པའི་རྫིང་ བུར་ལེགས་ཤར་ཏེ། །ངོ་མཚར་དགེ་ཚོགས་ཅིར་ཡང་འཕེལ་བའི་རྐྱེན། །འདིས་ཀྱང་བེམ་ རིག་ནམ་ཞིག་འབྲལ་མ་ཐག །འཕགས་མའི་ཞབས་རྡུལ་སྤྱི་བོར་འགོད་པའི་ཞིང༌། །གནས་ བཟང་གཡུ་ལོ་བཀོད་པར་བདུད་རྩིའི་མཚོ། །དྲི་མེད་ཡན་ལག་བརྒྱད་ལྡན་དྭངས་པའི་ ངོགས། །པདྨོའི་གེ་སར་གསར་བར་ཡོངས་འཕོས་ཤོག །དེ་ཚེ་ལྷ་མོའི་ཞལ་བཟང་བཞད་ པ་ལས། །ལེགས་པར་འོང་བའི་གདམས་པའི་བཅུད་མཆོག་གིས། སྐལ་བཟང་ཡིད་ཁམས་ རིགས་ཀྱི་གསོས་གྱུར་ཏེ། །རིང་མིན་རྒྱལ་ཡུམ་གོ་འཕང་ཐོབ་གྱུར་ཅིག །འདི་ཡང་ཆོས་ལ་བརྩོན་ འགྲུས་ཆེ་བ་དཔལ་མིང་གི་མཐའ་ཅན་གང་གི་ངོར་མ་ཏིས་སྨྲས་བཞིན་མཆེད་ཀྱིས་ཡིག་རིས་བགྱིས་སོ།། །། ༄༅། །ངེས་དོན་དང་འབྲེལ་བའི་གཡུ་ལོ་བཀོད་པའི་ 7-1-196 ཞིང་གི་སྨོན་ལམ་འཕགས་མའི་བདེན་དོན་ ཞེས་བྱ་བ་བཞུགས་སོ། ། ༄༅། །ན་མོ་ཨཱརྱ་ཏཱ་རེ་བྷྱཿ གདོད་ནས་ཞི་བ་ཆེན་པོའི་དེ་ཉིད་གཤིས། །རང་བཞིན་ ཤེར་ཕྱིན་གཞི་དབྱིངས་བཅོམ་ལྡན་མ། །རྒྱལ་ཀུན་ཡུམ་གཅིག་འཕགས་མ་ཕྲིན་ལས་ གཏེར། །སྣ་ཚོགས་མོས་བློ་དང་འཚམས་དག་ཆེན་འཕྲུལ། །ཨེ་མ་ཡ་མཚན་ཆེ་བའི་མཚར་ བཀོད་མཆོག །ཏཱ་རེ་ལྷ་མོས་ཐོག་མར་ཐུགས་བསྐྱེད་ལས། །བདེན་མཐུ་དུས་སྨིན་གཡུ་ལོ་ བཀོད་པའི་ཞིང༌། །འདིས་མཚོན་བསགས་དགེ་གནས་དེར་འཕོ་ཕྱིར་བསྔོ ། །དེ་ཡང་ཕྲིན་ ལས་དབང་མོ་རྗེ་བཙུན་མ། །གང་ཉིད་གོ་འཕང་མཆོག་ལ་རོལ་བའི་ཞིང༌། །རིན་ཆེན་མར་ གད་བེམ་མིན་ཡེ་ཤེས་འཕྲུལ། །གཡུ་ལོ་བཀོད་མཆོག་ཞིང་དེར་སྐྱེ་བར་ཤོག །ཕུན་ཚོགས་ ལེགས་བྱས་ཐ་གྲུ་རབ་ཡངས་ཤིང༌། །ངོ་མཚར་གཡུ་ལྗོན་འདོད་དགུ་འབྱུང་བའི་གཏེར། །ཀུན་བྱང་གནས་རིས་ཇི་བཞིན་སྣང་བའི་ཞིང༌། །གཡུ་ལོ་བཀོད་མཆོག་ཞིང་དེར་སྐྱེ་བར་ ཤོག །འཕགས་མའི་གཞལ་ཡས་ཁང་བཟང་ནམ་མཁའི་མཐའ། །རྒྱ་ཆད་ཕྱོགས་སུ་མ་ལྷུང་ དབང་རིམ་བཞིན། །མཚར་སྡུག་བཀོད་ཆ་ལེགས་རྫོགས་གཞལ་མེད་ཁང༌། །གཡུ་ལོ་བཀོད་ མཆོག་ཞིང་དེར་སྐྱེ་བར་ཤོག །ཕོ་བྲང་མཆོག་གི་གཞི་ཁྱོན་ཡངས་པ་ལ། །པདྨོའི་ཟེའུ་འབྲུར་ ཟླ་གཞོན་གསར་བའི་སྟེང༌། །འཕགས་མའི་ཡེ་ཤེས་སྐུ་བཟང་ལྗང་འོད་འབར། །གཡུ་ལོ་ བཀོད་མཆོག་ཞིང་དེར་སྐྱེ་བར་ཤོག །གང་སྐུའི་འོད་ལྗང་གསར་བ་མཁའ་མཐར་སྤྲོ། །མཚན་ དཔེའི་དཔལ་གྱིས་མཛེས་ཆ་ཀུན་ནས་ངོམ། །དར་གོས་རྒྱན་གསོལ་ཞིང་དེའི་གཙོ་མོའི་ཚུལ། །གཡུ་ལོ་བཀོད་མཆོག་ཞིང་དེར་སྐྱེ་བར་ཤོག །གསང་གསུམ་མཛད་པ་རིས་སུ་མ་ཆད་བཞིན། །དཔག་མེད་འོད་མངའི་རིགས་ལས་འཁྲུངས་པའི་སྐུ། །བཅོམ་ལྡན་འཕགས་མ་རིགས་ཀྱི་ 7-1-197 བདག་མོའི་ཚུལ། །གཡུ་ལོ་བཀོད་མཆོག་ཞིང་དེར་སྐྱེ་བར་ཤོག །སྐུ་གསུང་ཐུགས་དང་ཡོན་ ཏན་ཕྲིན་ལས་དཔལ། །སྣ་ཚོགས་འཕྲུལ་བཟང་མ་ཚོགས་ཌཱ་ཀིའི་དཔུང༌། །དཀར་དམར་ མཐིང་སེར་ལྗང་གུའི་སྐུ་མདངས་འབར། །གཡུ་ལོ་བཀོད་མཆོག་ཞིང་དེར་སྐྱེ་བར་ཤོག །རྣམ་ འཕྲུལ་ལྷ་མོ་དེ་དག་རེ་རེས་ཀྱང༌། །མཁའ་དབྱིངས་ཀུན་ཏུ་ངོ་མཚར་ཆོ་འཕྲུལ་འགྱེད། །ཟབ་ དགུའི་གདམས་པ་རྒྱ་མཚོས་གདུལ་བྱར་སྐྱོང༌། །གཡུ་ལོ་བཀོད་མཆོག་ཞིང་དེར་སྐྱེ་བར་ ཤོག །སེམས་དཔའ་ཆེན་པོ་རིག་སྔགས་འཆང་བའི་སྡེ། །གསང་ཆེན་ཐེག་པའི་དགའ་སྟོན་ སྤྱོད་བཞིན་པར། །ཟུང་འཇུག་རྩེ་མོར་སོན་པ་བགྲང་ལས་འདས། །གཡུ་ལོ་བཀོད་མཆོག་ ཞིང་དེར་སྐྱེ་བར་ཤོག །ཕ་རོལ་ཕྱིན་དྲུག་བསྡུ་དངོས་བཞི་ལ་སོགས། །རྒྱུ་ཐེག་རླབས་ཆེན་བྱ་ དཀའི་སྤྱོད་བཟང་ཅན། །རྒྱལ་སྲས་འདུས་པ་རྒྱ་མཚོ་ཀུན་ནས་རོལ། །གཡུ་ལོ་བཀོད་མཆོག་ ཞིང་དེར་སྐྱེ་བར་ཤོག །དེ་ལྟའི་ཐེག་ཆེན་སྔགས་དང་མདོ་ལམ་ལ། །ཉེར་བརྟེན་སེམས་ དཔའ་སེམས་མའི་འདུས་པ་ཆེ། །ས་ཆེན་ཡངས་པའི་རྡུལ་ལ་ཅོ་འདྲི་བྱེད། །གཡུ་ལོ་བཀོད་ མཆོག་ཞིང་དེར་སྐྱེ་བར་ཤོག །གཞན་ཡང་མདོ་སྔགས་ལམ་ལ་ལེགས་གཞོལ་བའི། །ཐེག་ ཆེན་རིགས་ཁྱད་དབང་པོ་རྣོ་བའི་ཕུལ། །སྐལ་བ་བཟང་པོའི་གདུལ་བྱ་འབའ་ཞིག་གནས། །གཡུ་ལོ་བཀོད་མཆོག་ཞིང་དེར་སྐྱེ་བར་ཤོག །དེ་མཐུན་སྣོད་ཀྱི་འབྱོར་བ་དཔེ་བྲལ་ཞིང༌། །རིན་ཆེན་རི་དང་ཡན་ལག་བརྒྱད་ལྡན་མཚོ། །སྨན་ལྗོ ངས་པདྨོའི་དགའ་ཚལ་ལེགས་མཛེས་ པ། །གཡུ་ལོ་བཀོད་མཆོག་ཞིང་དེར་སྐྱེ་བར་ཤོག །སུམ་རྩེན་གནས་ཡུལ་ཇི་བཞིན་ལེགས་ འབྱོར་ཀུན། །ཡིད་ཀྱིས་གང་མོས་དུས་སུ་བྱུང་བ་དང༌། །མ་དག་གནས་རིས་གཞི་ན་མི་དར་ བའི། །གཡུ་ལོ་བཀོད་མཆོག་ཞིང་དེར་སྐྱེ་བར་ཤོག །གང་དེ་ཞིང་འདིའི་གནས་ལུགས་སྤྱི་ ཡི་ཚུལ། །དབང་པོ་རབ་ཀྱི་གདུལ་བྱའི་དག་སྣང་ངོར། །དེ་ལྟ་མོད་ཀྱི་རིས་སུ་གཅོད་དུ་མེད། །གཡུ་ལོ༴ འཕགས་མའི་རང་སྣང་ངེས་པ་དོན་གྱི་ཞིང༌། །བཅོམ་ལྡན་ལྷ་མོ་རྒྱལ་ཡུམ་དག་ 7-1-198 ཆེན་འཕྲུལ། །སྟོན་འཁོར་སྣོ ད་བཅུད་རྣམ་པ་ཐམས་ཅད་པ། །གཡུ་ལོ་བཀོད་མཆོག་ཞིང་ དེར་སྐྱེ་བར་ཤོག །ནམ་མཁའ་ཀུན་ཏུ་ཡོངས་སུ་བརྡལ་བའི་ཞིང༌། །གང་འདུལ་མོས་སྣང་དེ་ དང་འཚམས་པའི་འཕྲུལ། །ལོངས་སྤྲུལ་སྒྱུ་མའི་མཚར་བཀོད་ཡ་མཚན་པ། །གཡུ་ལོ་བཀོད་ མཆོག་ཞིང་དེར་སྐྱེ་བར་ཤོག །འདི་ནི་གནས་ལུགས་གཤིས་ཀྱི་དག་ཆེན་ཞིང༌། །གདོད་མ་ ཆོས་སྐུ་ཉག་གཅིག་བཟང་ངན་མེད། །རང་བཞིན་ཆོས་དབྱིངས་བརྡལ་ཁྱབ་ལྷུན་གྲུབ་པ། །གཡུ་ལོ་བཀོད་མཆོག་ཞིང་དེར་སྐྱེ་བར་ཤོག །གནས་སྐབས་ལུས་ཅན་སོ་སོའི་དག་སྣང་ ལས། །དག་དང་མ་དག་ཞིང་ཁམས་རང་འཚམས་ལྟར། །འཕགས་མ་གཙོ་འཁོར་རང་ཞལ་ དེ་ལུགས་བཞིན། །གཡུ་ལོ་བཀོད་མཆོག་ཞིང་དེར་སྐྱེ་བར་ཤོག །དེ་ཕྱིར་སྣང་བ་མཐའ་ཡས་ སྤྱན་རས་གཟིགས། །རྒྱལ་དང་སྲས་ཀྱི་ཐུ་བོའི་འཕྲུལ་ཆེན་གར། །ཏཱ་རེ་དཔལ་མོའི་ཕྲིན་ ལས་མཛད་སྒོ་ཤར། །གཡུ་ལོ་བཀོད་མཆོག་ཞིང་དེར་སྐྱེ་བར་ཤོག །གང་འདི་གདུལ་བྱའི་ ཁམས་དབང་དང་མཐུན་པར། །སྒྲོལ་མ་ཐུགས་རྗེ་དབང་མོའི་འཕྲུལ་བཀོད་ལས། །གཡུ་ ལྗང་གསར་བའི་གནས་བཟང་མཐའ་མེད་སྤྲུལ། །གཡུ་ལོ་བཀོད་མཆོག་ཞིང་དེར་སྐྱེ་བར་ ཤོག །རྣམ་པ་སྣ་ཚོགས་ཞིང་གི་གཙོ་མོའི་ཚུལ། །ཕྲིན་ལས་མཚར་བཀོད་རྒྱལ་ཡུམ་བཅོམ་ ལྡན་མ། །རང་གི་བསོད་ནམས་བགོ་སྐལ་གང་ཐོབ་ཙམ། །དེ་ལུགས་ལྟར་གྱི་ཞིང་དུ་བདག་ འཕོས་ཤོག །ད་སྐབས་འཕགས་མའི་ཡེ་ཤེས་སྐུ་བཟང་མཆོག །དག་པའི་འཁོར་དང་སྣོ ད་ བཅུད་འབྱོར་བའི་དཔལ། །དག་སྣང་གུས་པས་ཡིད་ངོར་རབ་བཀོད་དེ། །སྙིང་ནས་རེ་ལྟོས་ འཆའ་ན་ཐུགས་རྗེས་ཟུང༌། །ནང་དབྱིངས་ཡེ་ནས་ལྷུན་གྲུབ་ཆོས་སྐུའི་ཐུགས། །དོན་དམ་ གནས་ལུགས་འཕགས་མར་བདེན་གང་གིས། བདག་གིས་གང་སྨོན་དོན་ཀུན་གེགས་བྲལ་ དུ། །རིང་མིན་ཚེ་འདིའི་ཕྱི་མར་མངོན་གྱུར་ཅིག །ཅེས་ངེས་དོན་དང་འབྲེལ་བའི་གཡུ་ལོ་བཀོད་པའི་ཞིང་གི་ སྨོན་ལམ་འཕགས་མའི་བདེན་དོན་ཞེས་བྱ་བ་ར་འོབ་དངོས་གྲུབ་དཔལ་གྱིས་ཉེར་བར་བསྐུལ་ངོར། མ་ཏིས་འཕྲལ་དུ་སྨྲས་པ་ 7-1-199 ལྟར་རྗེས་ནས་ཆོས་མཆེད་དམ་པས་ཡིག་རིས་སུ་སྤེལ་བ་དགེ་བར་གྱུར་ཅིག་གུ། །།དགེའོ།། ༈ འདིར་འབད་དགེ་འདིས་ལུས་འདི་བོར་མ་ཐག །གཡུ་ལོ་བཀོད་པར་འཕགས་མའི་ དགྱེས་ཞལ་དྲུང༌། །ཐུགས་སྲས་གདུལ་ཞིང་མཆོག་ཏུ་ལེགས་གྱུར་ཏེ། །སྐྱེ་སྲིད་དེ་ལ་ལམ་ མཐར་ཕྱིན་གྱུར་ཅིག །ཅེས་པ་འདི་བརྩོན་འགྲུས་དཔལ་ལ་མཁོ་ནས་མ་ཏིས་སྨྲས་པའོ།། །། ༈ གཡུ་ལོ་བཀོད་པའི་ཞིང༌། །འཕགས་མ་བཞུགས་པའི་གནས། །ང་ཚོ་ཕྱི་མའི་དུས། །དེ་རུ་སྐྱེ་སྨོན་འདེབས། །མ་ཏིས་སྨྲས།། །། ༈ རབ་དཀར་བསགས་དགེ་འདིས་ནི་ཕྱི་མའི་སྐབས། །སྐྱེ་སྲིད་གཞན་གྱིས་གོ་མཚམས་ མ་ཕྱེ་བར། །འཕགས་ཞིང་པོ་ཊཱ་ལ་ཡི་གནས་མཆོག་ཏུ། །ཡང་དག་གདུལ་བྱ་བཟང་པོར་ ལེགས་འཕོས་ཤོག །ཅེས་པ་མ་ཏིས་སོ།། །། 7-1-200 ༄༅། །ངེས་པ་དོན་གྱི་བླ་མ་དང་ཡི་དམ་ལྷ་མོ་གང་དག་གདོད་མ་ནས་ དབྱེར་མེད་རྟག་བརྟན་སྤྲོས་བྲལ་འོད་གསལ་རྣམ་ཀུན་ཏུ་ བཞུགས་པ་ཉིད་འགྲོ་ཀུན་ལ་མངོན་པའི་སྨོན་ལམ་ དོན་དམ་བདེ་ཆེན་རྡོ་རྗེ་འབར་བའི་ གཟི་བརྒྱ་ཞེས་བྱ་བ་བཞུགས་སོ། ། ༄༅། །བླ་མའི་ཐུགས་ཀྱི་འཕྲུལ་བཟང་ཉིད། །ལྷ་ཚོགས་རབ་འབྱམས་ཡོངས་སྤྲོ་བའི། །སྐུ་དང་ཞིང་ཁམས་མཁྱེ ན་བརྩེའི་ཀླུང༌། །ནུས་པ་རྒྱ་མཚོའི་སྤྱི་གཞིའི་མགོན། །འགྱུར་མེད་ བདེ་ཆེན་རབ་རྒྱས་པ། །ཡེ་བཞུགས་བདེ་གཤེགས་སྙིང་པོའི་དཔལ། །རང་སེམས་གཤིས་ བཞུགས་བླ་མའི་ཐུགས། །དགོངས་ཡིད་རོ་མཉམ་ངང་དུ་བསྟེན། །མི་བསྐྱོད་ལྗང་འོད་ཡེ་ ནས་འཁྲིགས། །བདེ་ཆེན་དགའ་བའི་ཤེས་རབ་རྒྱས། །དཔལ་ལྡན་རྡོར་དབྱིངས་དབང་ ཕྱུག་མ། །བདག་སོགས་བདེ་ཆེན་རྟག་འབར་ཤོག །ཡེ་བཞུགས་རྣམ་པར་སྣང་མཛད་དང༌། །དབྱེར་མེད་མིག་སྨན་མདོག་འཆང་མ། །ཡུམ་ཆེན་ལྷ་མོ་སྒྲོལ་མ་རྗེ། །མི་རྟོག་བདེ་ཆེན་ མཐོང་བར་ཤོག །སྣང་བ་མཐའ་ཡས་བདེ་ཆེན་སྦར། །དམར་གསལ་བདེ་བའི་རང་གཟུགས་ རྒྱས། །ཡུམ་ཆེན་ལྷ་མོ་གོས་དཀར་མོ། །གཞི་དབྱིངས་དགོངས་དོན་རྟོགས་པར་ཤོག །ཡེ་ བཞུགས་རིན་འབྱུང་དགའ་བདེའི་དཔལ། །དཀར་གསལ་ཕུང་པོ་འབུམ་བརྡལ་བ། །ཡུམ་ ཆེན་ལྷ་མོ་མ་མཱ་ཀཱི །ཟུང་འཇུག་བདེ་ཆེན་མྱུར་རྟོགས་ཤོག །དོན་ཡོད་གྲུབ་པའི་བདེ་ཆེན་ 7-1-201 གྲོགས། །གསེར་གྱི་ཁུ་བའི་མདོག་མངའ་བ། །ཡུམ་ཆེན་ལྷ་མོ་སྤྱན་མ་རྗེ། །གཞི་དབྱིངས་ ཡེ་ཤེས་རྟོགས་པར་ཤོག །ལྷ་ཚོགས་རབ་འབྱམས་འཆར་བའི་གཞི། །རྒྱལ་ཡུམ་ཤེས་རབ་ ཕ་རོལ་ཕྱིན། །ཆོས་དབྱིངས་སངས་རྒྱས་ཀུན་བསྐྱེད་མ། །འབད་མེད་རང་གསལ་རྟོགས་ པར་ཤོག །གཞི་འབྲས་དབྱེར་མེད་གདོད་ནས་བཞུགས། །རྒྱལ་བའི་གཙུག་ཏོར་ནས་བྱུང་ མ། །གཞན་གྱིས་མི་ཐུབ་གདུགས་དཀར་ཅན། །རང་གསལ་ངང་ནས་རྟོགས་པར་ཤོག །རྩ་ བའི་བླ་མའི་ཐུགས་ཀྱི་འཕྲུལ། །རྒྱལ་ཀུན་ཡུམ་གཅིག་རྗེ་བཙུན་མ། །འཁོར་འདས་ཀུན་ ལ་ཁྱབ་པའི་བདག །བསམ་མེད་ངང་ནས་རྟོགས་པར་ཤོག །འཁོར་འདས་ཚེ་བཅུད་དྭངས་ མར་བཞུགས། །སངས་རྒྱས་ཚེ་དཔག་མེད་མགོན་སྐུ། །འཆི་བ་མེད་པ་ཚེ་ཡི་བདག །གཞི་ འབྲས་དབྱེར་མེད་དོན་རྟོགས་ཤོག །རྟག་བརྟན་མི་འགྱུར་བདེ་ཆེན་རྒྱས། །སྒྲོལ་དཀར་ ཡིད་བཞིན་འཁོར་ལོའི་མཚན། །བསམ་དོན་ཡིད་བཞིན་འགྲུབ་བྱེད་ལྷ། །འབད་མེད་བདེ་ བའི་དོན་རྟོགས་ཤོག །བགྲེས་རྒུད་ཡེ་བྲལ་གཞི་དབྱིངས་ལས། །རྣམ་པར་རྒྱལ་མ་ཡེ་ཤེས་ བདག །དཔལ་ལྡན་ཚེ་སྤེལ་ལྷ་མོ་རྗེ། །རྒུད་བྲལ་བདེ་ཆེན་རྟོགས་པར་ཤོག །གཞི་དབྱིངས་ སྐྱབས་གནས་རྒྱ་མཚོའི་དཔལ། །ཀུན་གཟིགས་རྒྱལ་བའི་ཕྲིན་ལས་བདག །མྱུར་མ་དཔལ་ མོ་ཐུགས་རྗེའི་ལྷ། །འབད་མེད་ཞལ་བཟང་མཐོང་བར་ཤོག །ཡེ་བཞུགས་གསུང་གི་མངའ་ བདག་མོ། །ལྷ་མོ་དབྱངས་ཅན་འཕགས་མ་རྗེ། །ངག་གི་དཔལ་སྟེར་རྨོངས་པ་སེལ། །ཅིག་ ཆར་བརྗོད་པའི་མཐུ་ལྡན་ཤོག །རྟག་བརྟན་བྱུ་རུའི་འཁྲི་ཤིང་རྒྱས། །ཡིད་བཞིན་དབང་གི་ ལྷ་མོ་མཆོག །བསོད་ནམས་ནོར་མཆོག་ལེགས་སྩོལ་བ། །རང་ཞལ་འབད་མེད་རྟོགས་པར་ ཤོག །རྒུད་བྲལ་ཆུ་ཤེལ་འབུམ་དཀྲི གས་པ། །འཕགས་མ་གཙུག་ཏོར་རྣམ་པར་རྒྱལ། །ཚེ་ དང་ཡེ་ཤེས་དཔལ་གྱི་བདག །འབད་མེད་རྒུད་བྲལ་དོན་རྟོགས་ཤོག །དམར་གསལ་རཱ་ གའི་གཟི་འབར་བ། །འཇིག་རྟེན་དབང་དུ་འགུགས་མཛད་པའི། །རིག་བྱེད་ལྷ་མོ་དཔལ་ 7-1-202 གྱི་ཡུམ། །ཇི་བཞིན་འབད་མེད་ངང་ནས་རྟོགས། །སྲིད་གསུམ་འོད་དམར་སྣང་བས་ཁྱབ། །གཟི་བརྗིད་རབ་རྒྱས་ཆེ་བའི་བདག །འཇིགས་བྱེད་ཆེན་མོ་འགྲོ་སྒྲོལ་མ། །འབད་མེད་ལྷུན་ གྲུབ་དོན་རྟོགས་ཤོག །ཕ་རོལ་སྟོབས་ཀྱི་འཚེ་བའི་གེགས། །གཞན་གྱིས་མི་ཐུབ་སྒྲོལ་མ་ ཉིད། །མཁའ་གཡུའི་མདོག་འོད་ཕྱོགས་བརྒྱར་སྤྲོ། །ཡེ་བཞུགས་ལྷ་མོ་མྱུར་རྟོགས་ཤོག །མི་ མཐུན་ཉེས་ཀུན་སེལ་མཛད་མ། །གཞན་ལས་རབ་རྒྱལ་སྒྲོལ་མ་རྗེ། །ལྗང་ནག་འོད་ཟེར་ ཕུང་པོའི་སྐུ། །རང་ཞལ་ནང་ནས་མཇལ་བར་ཤོག །འཇིགས་པ་བརྒྱད་ལས་སྐྱོབ་མཛད་མ། །རྗེ་བཙུན་སེང་ལྡེ ང་ནགས་ཀྱི་སྒྲོལ། །འོད་གསལ་ལེགས་བཞེངས་ལྗང་འོད་འཕྲོ། །གསང་ གསུམ་འབད་མེད་རྟོགས་པར་ཤོག །བདུད་དང་འཇིག་རྟེན་དབང་སྡུད་མ། །དཔའ་མོ་འཇིག་ རྟེན་གསུམ་ལས་རྒྱལ། །ཀུནྡ་དུང་ཟླའི་གཟུགས་སྐུ་འཆང༌། །གཞི་དབྱིངས་དགོངས་པ་མྱུར་ རྟོགས་ཤོག །ཐེར་ཟུག་དགེ་བའི་འབྱུང་གནས་དཔལ། །ལོངས་སྤྱོད་ནོར་གཏེར་དཔལ་ལྷ་ མོ། །ནོར་ལྷ་དབང་སྡུད་ཕྲིན་ལས་བདག །ཕན་བདེའི་དཔལ་ཁ་ཀུན་རྟོགས་ཤོག །དགེ་བའི་ མཚན་མ་ཕྱོགས་བརྒྱར་བཞད། །སྐྱེ་དགུའི་བཀྲ་ཤིས་དོན་མཛད་མ། །དམར་གསལ་འོད་ བཟང་རབ་གཡོ་བ། །ལྷ་མོའི་དགོངས་ཆེན་མྱུར་རྟོགས་ཤོག །ཡེ་ཤེས་མེ་ཡིས་བདུད་སྲེག་ མ། །དགྲ་དཔུང་རབ་འཇོམས་སྟོབས་ཆེན་མོ། །མཐིང་ནག་འཇིགས་པའི་ཉམས་བརྒྱ་འབར། །དགོངས་དོན་མྱུར་ནས་རྟོགས་པར་ཤོག །བདུད་སྡེ་འཇོམས་ལ་དཔའ་བ་མོ། །ཁྲོ་གཉེར་ སྤྱན་རས་གཡོ་མཛད་མ། །མཐིང་ནག་འཇིགས་པའི་གཟི་ལྡན་མ། །ལྷག་ལྷ་ཁྱེ ད་དང་འབྲལ་ མེད་ཤོག །བདེ་དགའ་མྱང་འདས་མཆོག་གི་ཕུལ། །རབ་ཏུ་ཞི་བ་ཆེན་མོ་རྗེ། །དཀར་གསལ་ དྭངས་པའི་འོད་བཟང་འབར། །ལྷ་མོའི་དགོངས་པ་ཀུན་རྟོགས་ཤོག །འོད་ཕྲེང་འཁྲིགས་ པར་དགྱེས་བཞུགས་མ། །འབར་བའི་འོད་ཅན་ལྷ་མོ་རྗེ། །བཻཌཱུར་གསར་བའི་དཔལ་འཛིན་ མ། །ལྷ་མོ་ཁྱེ ད་དང་རྟག་འགྲོགས་ཤོག །འཇིག་རྟེན་གསུམ་རྣམས་གཡོ་བྱེད་མ། །དཔག་ 7-1-203 མེད་སྟོབས་ཀྱིས་གནོན་མཛད་མོ། །དམར་གསལ་འོད་སྣང་འགྱེད་པའི་མཆོག །འོད་གསལ་ བདེ་ཆེན་རྟོགས་པར་ཤོག །བརྟན་གཡོའི་དུག་ཀུན་རབ་གཞིལ་མ། །མྱུར་མཛད་རྨ་བྱ་ཆེན་མོ་ རྗེ། །ལྗང་གསལ་གཡུ་ལྗོ ན་གསར་བའི་དཔལ། །ལྷུན་གྲུབ་བདེ་ཆེན་རྟོགས་པར་ཤོག །རྩོད་ དང་རྨི་ལམ་ངན་སེལ་མ། །རྗེ་བཙུན་མི་ཕམ་རྒྱལ་མོ་མཆོག །དཀར་གསལ་ཕུང་པོ་མཛེས་ སྡུག་འབར། །ཇི་བཞིན་དགོངས་དོན་རྟོགས་པར་ཤོག །དྲག་པོའི་རིམས་ནད་ཀུན་སེལ་མ། །རི་ཁྲོད་ལྷ་མོ་ལོ་མ་གྱོན། །པདྨ་རཱ་གའི་འོད་འཕྲོ་བ། །ལྷ་མོའི་དགོངས་དབྱིངས་རྟོགས་པར་ ཤོག །གདོན་སོགས་འཚེ་ཀུན་རབ་འཇོམས་མ། །རྗེ་བཙུན་ལྷ་མོ་འོད་ཟེར་ཅན། །གསེར་ གྱི་མདོག་བཟང་མངོན་བཞད་མས། །ཚེ་རབས་ཀུན་ཏུ་རྗེས་བཟུང་ཤོག །དེ་ལྟར་ཡི་དམ་ ལྷག་ལྷ་རྣམས། །གཤེགས་སྙིང་རྟག་བརྟན་འགྱུར་མེད་དུ། །གདོད་ནས་བཞུགས་པ་མངོན་ པའི་ཐབས། །རེ་སྨོན་བྱས་པ་ཇི་བཞིན་དུ། །གནས་ལུགས་འགྱུར་མེད་བདེན་པ་དང༌། །རྒྱུ་ འབྲས་བསླུ་མེད་ནུས་མཐུ་ཡིས། །སྨོན་དོན་ཇི་བཞིན་གེགས་མེད་དུ། །འགྲུབ་པར་བྱིན་གྱིས་ བརླབ་ཏུ་གསོལ། །ཞེས་ངེས་པ་དོན་གྱི་བླ་མ་དང་ཡི་དམ་ལྷ་མོ་གང་དག་གདོད་མ་ནས་དབྱེར་མེད་རྟག་བརྟན་སྤྲོས་བྲལ་ འོད་གསལ་རྣམ་ཀུན་ཏུ་བཞུགས་པ་ཉིད་འགྲོ་ཀུན་ལ་མངོན་པའི་སྨོན་ལམ་དོན་དམ་བདེ་ཆེན་རྡོ་རྗེ་འབར་བའི་གཟི་བརྒྱ་ཞེས་བྱ་ བ་འདི་ཡང་ཚེ་རིང་རྡོ་རྗེ་དང་རྡོ་རྗེ་ཐར་སངས་རྒྱས་མཚོ་སོགས་ལ་མཁོ་ཕྱིར། མ་ཏིས་འཕྲལ་སྨྲས་ལྟར་ཆོས་མཆེད་ཀྱིས་ཡི་གེ་པ་ བགྱིས་ངོས་ནས་སླར་ཡང་མང་སྤེལ་མཛད་པའོ།། །། 7-1-204 ༄༅། །སྒྲོལ་མའི་སྨོན་ལམ་གང་སྨོན་ལེགས་འགྲུབ་དང་ གདུང་འབོད་བཞུགས། ༄༅། །སྐྱབས་གནས་ཀུན་འདུས་བླ་མ་དཀོན་མཆོག་གསུམ། །ཐུགས་རྗེའི་གཏེར་གྱུར་ འཕགས་མ་སྒྲོལ་མ་རྗེ། །བརྩེ་བས་ཉེར་དགོངས་གང་སྨོན་ལེགས་འགྲུབ་ཅིང༌། །བསམ་དོན་ མ་ལུས་དུས་སུ་ཡོངས་མངོན་མཛོད། །བདག་གིས་འདིར་འབད་དགེ་རྩ་ལེགས་བསགས་ འདིས། །སེམས་ཅན་ཡོངས་ལ་གནས་སྐབས་བདེ་འབྱོར་རྒྱས། །ཡང་དག་སངས་རྒྱས་ བསྟན་དང་མི་འབྲལ་ཞིང༌། །ཚེ་རིང་ནད་མེད་བསོད་ནམས་ཕུན་ཚོགས་ཤོག །ཁྱད་པར་ འདི་ངོགས་སྤྱི་མཐུན་ལས་ཅན་དག །རང་རང་ལ་ཉེན་སྡུག་བསྔལ་གང་ཡོད་ཚད། །མ་ལུས་ ཞི་ཞིང་བདེ་དགེའི་དཔལ་ཐོབ་ཅིང༌། །དབུགས་དབྱུང་ངལ་གསོ་མཆོག་ལ་གནས་པར་ཤོག །དེ་ནས་བཟུང་སྟེ་རིམ་པར་རྫོགས་ལྡན་ལ། །ལེགས་སྤྱོད་སེམས་ཅན་ཀུན་བདེ་ཆོས་སྲིད་ ཟུང༌། །སྐྱིད་དགའ་ཉམས་མེད་ངང་ནས་རྟག་འཚོ་ཞིང༌། །འཛམ་གླིང་ས་ཆེན་མཐའ་དག་ ཡོངས་བདེ་ཤོག །སྤྱིར་ན་ཁམས་གསུམ་འཁོར་བ་ཡིས་བསྡུས་པའི། །མར་གྱུར་སེམས་ཅན་ ཐམས་ཅད་རང་རང་ལ། །འཁོར་བ་ངན་སོང་སྡུག་བསྔལ་མྱུར་ཞི་སྟེ། །ཐར་པ་ཐམས་ཅད་ མཁྱེ ན་དུ་ལེགས་བགྲོད་ཤོག །དེ་ལྟར་བསྔོ ་སྨོན་གང་བྱས་མ་ལུས་པ། །དཀོན་མཆོག་གསུམ་ དང་རྒྱལ་ཡུམ་སྒྲོལ་མ་ཡི། །བསླུ་མེད་ཐུགས་རྗེའི་སྟོབས་ཀྱིས་ཇི་བཞིན་དུ། །འབད་མེད་ ལྷུན་གྲུབ་དུས་སུ་སྨིན་གྱུར་ཅིག །བདག་གིས་དགེ་བ་གང་བསགས་འདི་ཡིས་ནི། །སེམས་ 7-1-205 ཅན་ཐམས་ཅད་བདེ་ཞིང་སྐྱིད་པ་དང༌། །གནས་སྐབས་མཐར་ཐུག་ཕན་བདེ་མཆོག་སྤེལ་ བའི། །བླ་ན་མེད་པའི་རྒྱུ་ཚོགས་ཉིད་གྱུར་ཅིག །སྨོན་ལམ་གང་སྨོན་ལེགས་འགྲུབ་འདི་གཉིས་བཛྲ་མིང་གིས་ བསྐུལ་བ་ལྟར་མ་ཏི་ཀིརྟིས་བྲིས་པའོ།། །། ༄༅། །རང་མདུན་དག་པའི་སྣང་ངོར་རྗེ་བཙུན་མ། །སྐྱབས་ཀུན་འདུས་པའི་བདག་ ཉིད་ལེགས་བཞུགས་ཏེ། །བདག་ལ་ཐུགས་རྗེའི་གཟིགས་པ་འབྲལ་མེད་ངང༌། །འདི་ཕྱིའི་ ལེགས་ཉེས་གང་གྱུར་ཁྱེ ད་རང་མཁྱེ ན། །ཀྱེ་མ་ཐུགས་རྗེ་མྱུར་མ་དཔའ་མོ་རྗེ། །སྐྱབས་ གནས་བླ་མ་ཀུན་འདུས་ཁྱེ ད་རང་ཡིན། །ཡི་དམ་རྒྱུད་སྡེ་ཀུན་འདུས་ཁྱེ ད་རང་ཡིན། །བསླུ་ མེད་མཆོག་གསུམ་ཀུན་འདུས་ཁྱེ ད་རང་ཡིན། །མཁའ་འགྲོ་ཆོས་སྐྱོང་ཀུན་འདུས་ཁྱེ ད་རང་ ཡིན། །ཐམས་ཅད་འདུས་པའི་སྐྱབས་མཆོག་རྗེ་བཙུན་མ། །སྙིང་ནས་དྲན་ནོ་གདུང་བའི་ཡུས་ ཀྱིས་འབོད། །རྩེ་གཅིག་དད་པས་གསོལ་བ་འདེབས་ལགས་ན། །ཚེ་འདིར་གནས་སྐབས་མི་ མཐུན་གེགས་ཞི་ཞིང༌། །གང་བསམ་ཐམས་ཅད་ཆོས་བཞིན་ལམ་དུ་འགྲོ། །རྐྱེན་ངན་གང་ གིས་ནམ་ཡང་མི་འཚེ་བར། །བྱ་བ་ལམ་འགྲོས་ཚེ་མཐའ་འཁྱོ ལ་བར་མཛོད། །ནམ་ཞིག་འདི་ སྣང་རྩུབ་ལ་ཉེ་བའི་ཚེ། །གནད་གཅོད་སྡུག་བསྔལ་རང་ཞི་བདེ་དགེ་འཕེལ། །སོས་དལ་ཕན་ པའི་གོ་སྐབས་ཉིད་ཐོབ་ནས། །དག་སྣང་མཆོག་ལ་སྤྱོད་དབང་ཡོད་གྱུར་ཅིག །དེ་མཐར་ བར་དོར་འཁྲུལ་སྣང་མི་འབྱུང་ཞིང། འཕགས་མའི་ཞལ་གཟིགས་དགེ་མཚན་ལྟས་བཟང་ གིས། །མ་ཡིས་བུ་ལ་བྱམས་བརྩེ་ཇི་བཞིན་དུ། །གཡུ་ལོ་བཀོད་པའི་ཞིང་དུ་ལེགས་ཁྲིད་ཤོག །བདག་གིས་རྣམ་པར་དཀར་བའི་དགེ་བསགས་མཐུས། །འཕགས་མ་མཆོག་གིས་གདུལ་ ཞིང་རང་གྱུར་ཏེ། །སྐད་ཅིག་ཙམ་ཡང་ཐུགས་རྗེས་གཡེལ་མེད་པར། །མ་ཡིས་བུ་བཞིན་རྟག་ སྐྱོང་མཛད་པར་སྨོན། །ཞེས་པ་རྡོ་རྗེ་ཐར་ལ་མཁོ་ནས་མ་ཏིས་སོ།། །། 7-1-206 ༄༅། །རྗེ་བཙུན་སྒྲོལ་མ་ཉེར་གཅིག་གི་བཀྲ་ཤིས་ དགེ་ལེགས་མྱུར་སྩོལ་ཞེས་བྱ་བ་ བཞུགས་སོ། ། ༄༅། །བཀྲ་ཤིས་གང་ཞིག་རྣམ་ཀུན་སྟོང་པའི་ཡེ་ཤེས་མདངས། །ཀུན་ཁྱབ་འོད་ གསལ་འདུས་མ་བྱས་ཤིང་རྟག་པའི་སྐུ། །ནང་དབྱིངས་དོན་གྱི་ཡུམ་ཆེན་ཤེར་ཕྱིན་བཅོམ་ ལྡན་མ། །བདེན་པ་དེས་ཀྱང་འཕགས་མའི་བཀྲ་ཤིས་དགེ་མཚན་ཕོབ། །དཔལ་ལྡན་ གསང་བ་ཟབ་མའོ ི་མཛདོ ་འཛིན་ཀུན་གཟིགས་རྒྱལ་བ་རྣམ་སྣང་མཛད་ཀྱི་དཔལ་གྱི་ མགུར་ནས་བྱུང་བ་འགྱུར་མེད་ར་ྡོརྗེའི་ཚིག་གཞི་ལམ་འབྲས་བུ་ཡངོ ས་རགྫོ ས་ལེགས་ པར་བརདྗོ ་བྱར་བྱེད་པ་ཕྱག་འཚལ་ཉེར་གཅིག་གི་རྒྱུད་ཆ་ཚང་ཕན་ཡནོ ་དང་བཅས་ པ་ལས་ལེགས་པར་བསྟན་པའི་ལྷ་མ་ོགཅིག་ལྷག་བཅུ་ཕྲག་ཟུང་གི་མཆདོ ་སྒྲུབ་ཟབ་ མའོ ི་བཀའ་སལྲོ ་བསིལ་ལྡན་དུ་ལེགས་ཕྱེ་མཛད་པའི་མཉམ་མེད་ཇ་ོབ་ོལྷ་ཅིག་དཱི་ པཾ ་ཀ་ར་ཡབ་སྲས་སགོ ས་ཟབ་ཆསོ ་འདིའི་སསྒོ ་བརྒྱུད་ཀྱི་བླ་མ་རྣམས་ལ་ལེགས་ ཚགོ ས་ཇི་སྙེད་མངའ་བ་དེས་དེང་འདིར་འཁདོ ་པ་དག་གིས་གཙརོ ་གྱུར་མཐའ་ཡས་ པའི་འག་ྲོབ་རྣམས་ལྷག་པར་སྐངྱོ ་བར་གྱུར་ཅིག བཀྲ་ཤིས་གང་ཞིག་བྱིན་རླབས་འཛད་ མེད་འཇོ་བའི་གཏེར། །འཕགས་མའི་སྔགས་རྒྱུད་ཟབ་དོན་ཐུགས་མཆོག་དགོངས་བཅུད་ བསྐྱིལ། །བྱིན་རླབས་དོན་བརྒྱུད་འདྲེན་མཆོག་དཔལ་ལྡན་བླ་མའི་ཚོགས། །བདེན་པ་དེས་ 7-1-207 ཀྱང་འཕགས་མའི་བཀྲ་ཤིས་དགེ་མཚན་ཕོབ། །རྒྱལ་བ་ཐམས་ཅད་ཀྱི་ཕྲིན་ལས་རང་ གཟུགས་མ་ལུས་པའི་འག་ྲོབ་འཇིགས་པ་མཐའ་དག་ལས་སྐབྱོ ་པའི་མཐུ་དཔལ་གྱི་ དགེ་མཚན་བླ་ན་མེད་པ་མངའ་བའི་རྗེ་བཙུན་བཅམོ ་ལྡན་འདས་མ་མྱུར་མ་དཔའ་ མའོ ི་རླབས་པ་ོཆེའི་སྐུ་དང༌། གསུང་དང༌། ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་ པའི་ཐུགས་རྗེ་ནུས་སྟོབས་ཟབ་མསོ ་འདིར་འཁདོ ་དག་གི་གཙསོ ་གྱུར་མཐའ་ཡས་ པའི་འག་ྲོབ་རྣམས་ལྷག་པར་སྐངྱོ ་བར་གྱུར་ཅིག བཀྲ་ཤིས་གང་ཞིག་གཞི་དབྱིངས་སྟོང་ ཆེན་དགའ་བའི་གཤིས། །ཕུལ་བྱུང་བྱ་གྲུབ་ཡེ་ཤེས་ངོ་མཚར་སྣང་བའི་གར། །མྱུར་མ་དཔའ་ མོའི་མཛེས་སྡུག་གཟུགས་སྐུའི་ལང་ཚོ་ངོམ། །བདེན་པ་དེས་ཀྱང་འཕགས་མའི་བཀྲ་ཤིས་ དགེ་མཚན་ཕོབ། །བཀྲ་ཤིས་གང་ཞིག་གཞོམ་དུ་མེད་པ་ཚངས་པའི་དབྱངས། །འགག་མེད་ ནཱ་ད་སྒྲ་སྐད་ཀུན་གྱི་རྗེས་འགྲོའི་དཔལ། །འབྱམས་ཀླས་བདེ་ཆེན་ཡེ་ཤེས་ཉེར་སྩོལ་དཔའ་ མོའི་གསུང༌། །བདེན་པ་དེས་ཀྱང་འཕགས་མའི་བཀྲ་ཤིས་དགེ་མཚན་ཕོབ། །བཀྲ་ཤིས་གང་ ཞིག་རྟག་བརྟན་རང་བྱུང་ཡེ་ཤེས་ཆེ། །རྣམ་ཀུན་མཁྱེ ན་བཟང་སྲིད་ཞིའི་མཐའ་ལས་ཡོངས་ འདས་པ། །མི་འགྱུར་བདེ་ཆེན་འདོད་དགུ་སྩོལ་མཛད་འཕགས་མའི་ཐུགས། །བདེན་པ་དེས་ ཀྱང་འཕགས་མའི་བཀྲ་ཤིས་དགེ་མཚན་ཕོབ། །རྗེ་བཙུན་འཕགས་མ་མཆགོ ་དང་གཉིས་ སུ་མེད་པ་ང་ོམཚར་བའི་སྤྲུལ་པའི་བཀདོ ་པ་ཉེར་བར་སྟོན་པའི་འཕགས་མ་རབ་ཏུ་ ཞི་བ་ཆེན་མ།ོ བསདོ ་ནམས་ནརོ ་མཆགོ ་སྟེར་མཛད། གཙུག་ཏརོ ་རྣམ་རྒྱལ་ལྷ་མ།ོ རྗེ་བཙུན་ཧཱུཾ་སྒྲ་སྒགྲོ ་མ། ཁ་ྲོམ་ོའཇིག་རྟེན་གསུམ་རྒྱལ། ནག་མ་ོགཞན་མཐུ་འཇམོ ས་ མ། དམར་ནག་ཁ་ྲོགཉེར་ཅན་མ་སགོ ས་རིགས་ཀྱི་སྤྲུལ་པའི་ལྷ་མ་ོབཅུ་ཕྲག་ཟུང་གི་ ལས་ཚགོ ས་རབ་འབྱམས་ཀྱི་དགེ་མཚན་སྣང་བས་འདིར་འཁདོ ་དག་གིས་གཙརོ ་ གྱུར་མཐའ་ཡས་པའི་འག་ྲོབ་རྣམས་ལྷག་པར་སྐངྱོ ་བར་གྱུར་ཅིག བཀྲ་ཤིས་གང་ཞིག་ 7-1-208 སྟོན་ཟླ་ལྟར་དཀར་རབ་ཞི་མ། །ཚེ་དང་ལོངས་སྤྱོད་རྒྱས་མཛད་ལྷ་མོ་གསེར་བཟང་མདོག །གཟི་བརྗིད་ཚེ་སྤེལ་འཕགས་མ་གཙུག་ཏོར་རྣམ་པར་རྒྱལ༌། །བདེན་པ་དེས་ཀྱང་འཕགས་ མའི་བཀྲ་ཤིས་དགེ་མཚན་ཕོབ། །བཀྲ་ཤིས་གང་ཞིག་ཧཱུཾ་སྒྲ་སྒྲོག་མས་གཞན་ཡིད་འགུགས། །འཇིག་རྟེན་གསུམ་རྒྱལ་འབྱུང་པོ་མཐའ་དག་མྱོས་མཛད་མ། །ནག་མོ་ཞལ་གདངས་གཞན་ གྱི་རིག་སྔགས་ཀུན་འཇོམས་པ། །བདེན་པ་དེས་ཀྱང་འཕགས་མའི་བཀྲ་ཤིས་དགེ་མཚན་ ཕོབ། །བཀྲ་ཤིས་གང་ཞིག་དགྲ་འཇོམས་མཚོན་ཆའི་ཆར་འབེབས་ཤིང༌། །དཀོན་མཆོག་ གསུམ་མཚོན་ཕྱག་རྒྱས་འགྲོ་ཀུན་འཇིགས་སྐྱོབས་མ། །འཇིག་རྟེན་དབང་བསྡུད་བདུད་སྡེ་ འཇོམས་པའི་དཔའ་མོ་ཆེ། །བདེན་པ་དེས་ཀྱང་འཕགས་མའི་བཀྲ་ཤིས་དགེ་མཚན་ཕོབ། །བཀྲ་ཤིས་གང་ཞིག་སེམས་ཅན་དབུལ་ཕོངས་ཀུན་སེལ་ཞིང༌། །ངོ་མཚར་བདེ་ལེགས་དགེ་ མཚན་འབུམ་གྱི་ཆར་འབེབས་མཁན། །ཆོས་བཞིན་བསྒྲུབ་ལ་བར་ཆད་མཐའ་དག་བསྲུང་ བའི་གཉེན། །བདེན་པ་དེས་ཀྱང་འཕགས་མའི་བཀྲ་ཤིས་དགེ་མཚན་ཕོབ། །བཀྲ་ཤིས་ གང་ཞིག་བགེགས་ལ་བསྣུན་བྱེད་ཁྲོ་གཉེར་ཅན། །མི་བཟད་སྡིག་པ་ཀུན་འཕྲོག་ཞི་བ་ཆེན་ མོ་རྗེ། །ཉེས་ཞི་ལེགས་ཚོགས་སྤེལ་བའི་རིག་སྔགས་སྩོལ་བར་མཛད། །བདེན་པ་དེས་ཀྱང་ འཕགས་མའི་བཀྲ་ཤིས་དགེ་མཚན་ཕོབ། །བཀྲ་ཤིས་གང་ཞིག་གཞན་གྱི་རིག་སྔགས་མཐའ་ དག་གནོན། །བཟོད་དཀའི་དུག་ནད་དྲུངས་ནས་འབྱིན་མཛད་དུག་སེལ་མ། །འགྲོ་བའི་སྡུག་ བསྔལ་མ་ལུས་པ་དག་གཞོམ་མཛད་པ། །བདེན་པ་དེས་ཀྱང་འཕགས་མའི་བཀྲ་ཤིས་དགེ་ མཚན་ཕོབ། །བཀྲ་ཤིས་གང་ཞིག་འགྲོ་ལ་འཚེ་བའི་རིམས་ནད་འཇོམས། །སྣ་ཚོགས་ཕྲིན་ ལས་རབ་འབྱམས་སྒྲུབ་པའི་མྱུར་མཛད་མ། །དེ་ལྟར་ཉི་ཤུའི་ལྷ་མོ་གསང་གསུམ་མཛད་ཆེན་ མངའ། །བདེན་པ་དེས་ཀྱང་འཕགས་མའི་བཀྲ་ཤིས་དགེ་མཚན་ཕོབ། །གཞན་ཡང་བཅམོ ་ ལྡན་འདས་མ་མྱུར་མ་དཔའ་མ་ོའག་ྲོཀུན་འཇིགས་པ་མཐའ་དག་ལས་སྐབྱོ ས་མཛད་ 7-1-209 ཆེན་མ་ོགང་གི་ཐུགས་ལས་སྤྲུལ་པའི་འཕགས་མ་ལྷ་མ་ོཉི་ཤུ་པ་ོགང་དག་གི་ལས་ ཆེན་བཞི་དང་འཇིགས་པ་བཅུ་དྲུག་ལས་སྒྲུབ་པ་ོརྣམས་ལེགས་སྐབྱོ ས་མཛད་པའི་ ལས་ཚགོ ས་ང་ོམཚར་བ་མང་པ་ོའགྲུབ་པར་མཛད་པའི་ལེགས་ཚགོ ས་ཇི་སྙེད་མངའ་ བ་དེས་འདིར་འཁདོ ་དག་གིས་གཙརོ ་གྱུར་མཐའ་ཡས་པའི་འག་ྲོབ་རྣམས་ལྷག་པར་ སྐངྱོ ་བར་གྱུར་ཅིག བཀྲ་ཤིས་གང་ཞིག་མྱུར་མ་དཔའ་མོའི་སྒྱུ་འཕྲུལ་གར། །བཅུ་ཕྲག་ཟུང་ གི་ལྷ་མོས་ལས་བཞི་ཀུན་བསྒྲུབ་ཅིང༌། །བཅུ་དྲུག་འཇིགས་ལས་སྐྱོབས་པའི་ལས་ཚོགས་ སྒྲུབ་ལ་སྟེར། །བདེན་པ་དེས་ཀྱང་འཕགས་མའི་བཀྲ་ཤིས་དགེ་མཚན་ཕོབ། །བཀྲ་ཤིས་གང་ ཞིག་གདོད་ནས་འགྱུར་མེད་ཆོས་དབྱིངས་ཁམས། །དོན་དམ་གཉུག་མ་རྒྱལ་ཡུམ་ཤེར་ཕྱིན་ རྗེ་བཙུན་མ། །ངོ་བོ་གཞི་འབྲས་དབྱེར་མེད་ཐེར་ཟུག་རྟག་པའི་བདག །བདེན་མཐུས་འགྲོ་ ཀུན་མྱུར་ནས་རང་ཞལ་མངོན་གྱུར་ཅིག །ཅེས་རྗེ་བཙུན་སྒྲོལ་མ་ཉེར་གཅིག་གི་བཀྲ་ཤིས་དགེ་ལེགས་མྱུར་སྩོལ་ ཞེས་བྱ་བ་འདི་ཡང་རབ་བྱུང་གཙང་མར་བརྩོན་པ་གྲྭ་བཙུན་ཚོགས་གཉིས་ཀྱིས་བསྐུལ་ངོར། མ་ཏིའི་མིང་གིས་ལེགས་སྨྲས་ལྟར་ དུས་ཕྱིས་ཆོས་མཆེད་མཆོག་གིས་ཡིག་རིས་སུ་སྤེལ་བ་ཛ་ཡནྟུ།། །། 7-1-210 ༄༅། །སྙན་ངག་མེ་ལོང་གི་སྤྱི་བསྡུས་འཕགས་མ་སྒྲོལ་མ་ལ་བསྔགས་ ཚིག་གི་མཆོད་པ་མཛེས་སྡུག་ཨུཏྤལ་ཕྲེང་བའི་ཆུན་པོ་ རྒྱལ་ཡུམ་དགྱེས་བསྐྱེད་ཅེས་བྱ་བ་ བཞུགས་སོ། ། ༄༅། །ན་མོ་ཨཱརྱ་ཏཱ་རེ་སྭ་ར་སྭ་ཏྱཻ་བྷྱཿ དཔལ་ལྡན་འཕྲིན་ལས་སྒྱུ་འཕྲུལ་དྲ་བའི་གར། །མྱུར་མ་དཀར་གསལ་འོད་བཟང་སྣང་བ་མོ། །ཚངས་སྲས་ངག་གི་མཛེས་མའི་ཟོལ་གྱིས་ སྒེག །སྒྲ་དབྱངས་ལྷ་མོ་སྙིང་གི་པད་མཚོར་རོལ། །མང་མང་རླབས་ཆེན་མཛད་ཕྲིན་བགྲང་ ཡས་ལས། །གང་གང་འདུལ་ལ་དེར་སྣང་འཚམ་པའི་གར། །རང་རང་རེ་སྐོང་ཡིད་བཞིན་ དབང་གི་རྒྱལ། །གསལ་གསལ་ངག་གི་འདོད་པ་ལེགས་འཇོའི་མ། །རེ་བས་དད་གུས་གཏིང་ ནས་བསྐྱེད་དེ་དྲན། །དྲན་པས་སྙིང་གི་རྨོངས་པ་སེལ་བའི་གཉེན། །གཉེན་ལེགས་ངག་གི་ དཔལ་སྟེར་སྐེད་མེད་གཟུགས། །གཟུགས་མཛེས་ན་ཆུང་ནང་གི་སྣང་བྱེད་མོ། །དབྱིངས་ཀྱི་ མི་གཉིས་ཇི་སྲིད་བྱིན་ཉིད་ཀྱིས། །ལེགས་སྡེབ་མཛེས་འཇེབས་བྱེད་བདེས་དགེ་སྤེལ་ཆེད། །མགོན་ཁྱོ ད་བསྟོད་འོས་བརྗོད་སྒོ་ཡོངས་སྒྲོགས་སློང༌། །ཀུན་ཏུ་ནུས་མཐུའི་ཤུགས་འབྱུང་ ཚུལ་དུ་ལུད། །དེ་ཡང་དཎྜིའི་སྙན་གཞུང་ཤོ་ལོ་ཀ །བརྒྱ་ཕྲག་དྲུག་དང་ལྔ་བཅུ་རྩ་དྲུག་ཚད། །ལུས་རྒྱན་སྐྱོན་བསལ་གསུམ་གྱི་དོན་བསྡུས་པ། །མཛེས་སྡེབ་མིང་ཚིག་ཡི་གེའི་ལུས་བཟང་ ལ། །དོན་སྒྲ་གབ་ཚིག་རྒྱན་ཉམས་ཕུན་སུམ་ཚོགས། །འབྲེལ་མེད་འགལ་ཟློ ས་སོགས་ཀྱི་ 7-1-211 སྐྱོན་བྲལ་ཞིང༌། །རིག་གཞུང་མེ་ལོང་གང་དེར་ལུས་བརྗོད་དཔེ། །ཡི་དམ་འཕགས་མར་ བསྔགས་བརྗོད་དང་སྦྱར་བ། །གྲོལ་རིགས་མཛོད་དང་འདུས་པའི་སྦྱོར་ཚུལ་བཞི། །དང་པོ་ ཚིགས་བཅད་གཅིག་ནང་བརྗོད་དོན་རྫོགས། །གཉིས་པ་ཚིགས་བཅད་དུ་མ་མཇུག་གསལ་ ཅན། །གསུམ་པ་ཚིགས་བཅད་ངེས་མེད་བྱ་གཅོད་ཚིག །བཞི་པ་བརྗོད་བྱ་གཅིག་ལ་ཚིགས་ བཅད་མང༌། །འདིར་ནི་རྣམ་པ་དེ་འདྲའི་སྦྱོར་ཚུལ་ལས། །རྗེ་བཙུན་ལྷ་མོའི་ཆེ་བསྔགས་དང་ འབྲེལ་བའི། །དཔེར་བརྗོད་རྣམ་བཞི་རིམ་པ་བཞིན་དུ་འགོད། །མཚར་སྡུག་ལྗང་གསལ་ འོད་བཟང་འབར་བའི་སྐུ། །དགེ་ལེགས་དབྱངས་སྙན་བརྗོད་དོན་རྫོགས་པའི་གསུང༌། །ཆོས་ དབྱིངས་གནས་ལུགས་རྣམ་ཀུན་མཁྱེ ན་པའི་ཐུགས། །རླབས་ཆེན་མཛད་ཕྲིན་མྱུར་ཞིང་ དཔའ་བ་མོ། །ཟག་བྲལ་ཡེ་ཤེས་འཕྲུལ་ལས་ཤར་བ་ཡི། །སྔོ ་ལྗང་འདབ་ལྡན་འཁྲི་ཤིང་གཡོ་ བའི་རྩེར། །དམར་སེར་ཟེའུ་འབྲུ་གསར་བའི་ལང་ཚོ་ངོམས། །ངོ་མཚར་མིག་གི་བདུད་རྩིར་ སིམ་པའི་གཉེན། །མཆོག་གསུམ་མཚོན་བྱེད་ཕྱག་སོར་འདུ་བྱེད་ལས། །འཇམ་མཉེན་ཡལ་ ག་ཕྱོགས་སུ་ཉེར་བསྐྱོད་པ། །མཛེས་བྱེད་སྡོང་བུ་མཐིང་སྔོ ན་འོད་བཟང་སྤྲོ། །ཨུཏྤལ་ཕྱག་ མཚན་འགྲོ་ཀུན་འཇིགས་སྐྱོབ་ཕུལ། །མཆོག་སྦྱིན་མཛོད་ཀྱི་སྒོ་འཕར་ཕྱེ་བ་དང༌། །ཆབས་ ཅིག་མི་འཇིགས་དབུགས་དབྱུང་སྦྱིན་པ་མོ། །བརྩེ་ཆེན་དགྱེས་འཛུམ་བཞད་པའི་མདངས་ འབར་ཞིང༌། །ཡིད་སྡུག་ལྷ་ཡི་ན་ཆུང་དར་བའི་ཟོལ། །དཔག་ཡས་དགེ་མཚན་ཀུན་ནས་ འཕྱུར་བའི་ལྷ། །ཚོགས་གཉིས་དཔལ་གྱི་འཕེལ་ཁ་ཡོངས་སུ་རྫོགས། །རྨད་བྱུང་གཡུ་འོད་ གསར་བས་ཞིང་ཀུན་འགེངས། །ཕྲིན་ལས་འཇུག་པ་དུས་ལས་མི་ཡོལ་བ། །གང་འདོད་ཡིད་ བཞིན་འཇོ་བའི་བསོད་ནམས་ཞིང༌། །ལེགས་དགེ་ཅིར་ཡང་ཐ་གྲུའི་དཔལ་དུ་ཤར། །ཕྲིན་ ལས་རབ་མྱུར་དཔའ་མོ་བྱེ་བ་འབུམ། །རྣམ་འཕྲུལ་འཛད་མེད་ནམ་མཁའི་མཐའ་ལ་བརྒལ། །མཛད་ཕྲིན་དྲག་པོས་འདུལ་ལ་གཏུམ་ཆེན་མོ། །འཆི་མེད་དགའ་བའི་ཚལ་ན་སྒེག་མོའི་ 7-1-212 གཟུགས། །དྲི་ཟའི་དབུས་ན་གླུ་བཞད་དབྱངས་ཀྱི་མ། །ཟབ་དོན་ཀུན་སྟོན་སྤོབས་པའི་ མཁྱེ ན་མཆོག་མངའ། །ཉམ་ཐག་འགྲོ་ལ་བརྩེ་ཆེན་རབ་ཡངས་པ། །ཐབས་ཚུལ་གང་འདུལ་ རང་ག་ཕལ་བའི་གཟུགས། །ཤིན་ཏུ་དམན་པ་རྣམས་ལ་དེར་སྣང་ཚུལ། །རྨད་བྱུང་ལེགས་ ཉམས་སོགས་ཏེ་ལུས་ཚུལ་ལོ། །གཞན་ཡང་འཕགས་མའི་ཞབས་སེན་འགོད་པའི་དྲུང༌། །བདུད་རྩིའི་རྫིང་བུ་ཡན་ལག་བརྒྱད་ལྡན་ཆབ། །ངོ་མཚར་ཁ་དོག་རབ་འབར་པདྨོས་ཁེབས། །བསིལ་དྭངས་སྔོ ་བའི་ཀླུང་འདི་ཨེ་མ་རྨད། །རིན་ཆེན་ལྷུན་པོར་མཛེས་སྡུག་འོད་བཟང་ འཁྲིགས། །ཆེས་གསལ་མུ་ཏིག་གསེར་བཟང་བཻཌཱུར་ཁམས། །བསོད་ནམས་མངའ་ཐང་ ཡོངས་འབར་དཔལ་ཡོན་བརྡལ། །སྲིད་པའི་ལེགས་ཚོགས་གང་གིས་འགྲན་མི་ནུས། །གང་ ཁྱོ ད་ཐུགས་རྗེ་མཛད་རླབས་ཉེ་རིང་མེད། །དེ་ཕྱིར་གང་འོས་རེ་འདོད་མ་ལུས་པ། །དུས་བབ་ གཡེལ་བ་མེད་འདི་ཡ་མཚན་གནས། །བརྗོད་པ་དེ་དག་ལུས་ཀྱི་ཆ་རུ་གཏོགས། །ད་ནི་རྒྱན་ གྱི་ཚུལ་ལ་སྤྱི་དང་སྒོས། །གཉིས་ལས་དང་པོ་ཡི་གེ་འཇམ་རྩུབ་ཀྱིས། །སྡེབ་ལ་བརྟེན་ནས་ སྦྱར་བ་རབ་དྭངས་སོགས། །བཅུ་ཕྲག་ལ་མཁོ་དཔེར་བརྗོད་མཚོན་ཙམ་ཡང༌། །ཁྱོ ད་ཐུགས་ ཞི་ལྷོ ད་ཆོས་བཟང་ཕུན་ཚོགས་ཤིང༌། །རྩོལ་མེད་དབྱངས་སྙན་སྒྲ་ཀུན་ལེགས་འཇོའི་དཔལ། །སྔོ ་ལྗང་འོད་ལུས་ཨེ་ཝཾ་ཡོངས་འཛོམས་སྐུ། །བཅོམ་ལྡན་མ་ཁྱོ ད་ཡོན་ཏན་ཀུན་གྱི་གཏེར། །རང་བཞིན་རིགས་ཁམས་ནང་རིག་ཡེ་ཤེས་དབྱིངས། །རིག་གྲོལ་རང་སྣང་རིགས་ཀྱི་རིགས་ སྤྱི་ཉིད། །རབ་རྒྱས་རང་མདངས་རང་གསལ་ཤེས་རབ་ཕྱིན། །རིས་བྲལ་རོལ་པ་རང་རང་ ཁམས་བཞིན་སྟོན། །བདུད་སྡེ་འདུལ་ལ་དཔའ་བའི་བརྗིད་ངོམས་ཤིང༌། །ཤིན་ཏུ་ཁྲོ་ལ་ གཏུམ་ཆེན་རྔམ་པའི་ཞལ། །སྲིད་གསུམ་ཅིག་ཆར་རྔུབ་ཀྱང་ངོམ་མེད་པ། །སྟོབས་ཆེན་ཁྲོ་ མོའི་འཇིགས་ཟིལ་སུ་ཡིས་འགྲན། །གཉིས་པ་སྒོས་རྒྱན་སུམ་ཅུ་རྩ་ལྔ་སྟེ། །བཅུ་ཚན་དང་པོ་ རང་བཞིན་དཔེ་རྒྱན་དང༌། །གཟུགས་ཅན་གསལ་བྱེད་བསྐོར་བ་འགོག་པའི་རྒྱན། །དོན་ 7-1-213 ལྡོ ག་སྲིད་ཅན་བསྡུས་བརྗོད་རྒྱན་གྱི་རིམ། །རང་བཞིན་ཆོས་དབྱིངས་ཀུན་ཁྱབ་གཉུག་ཁམས་ རིགས། །གང་འདུལ་ཕྲིན་ལས་བྱ་བ་ལྷུན་གྱིས་གྲུབ། །གསང་གསུམ་ཡོན་ཏན་གདུལ་བྱའི་ ཁམས་དབང་བཞིན། །མཐུ་ནུས་དུས་མི་ཡོལ་བའི་བཅོམ་ལྡན་མ། །དཔེ་རྒྱན་ནང་གསེས་ སུམ་ཅུ་རྩ་གཉིས་ལས། །ནང་ཚན་དང་པོ་ཆོས་དངོས་བཟློ ག་པའི་དཔེ། །ཕན་ཚུན་ངེས་མ་ ངེས་དང་བསྡུས་པའི་དཔེ། །ཕུལ་བྱུང་རབ་བཏགས་རྨད་དུ་བྱུང་བའི་དཔེ། །ཆོས་དཔེ་ གཟུགས་སྐུའི་ལང་ཚོ་གཡུ་ལྗོ ན་བཞིན། །འཆི་མེད་ན་ཆུང་ལྟ་བུར་མཛེས་རྒྱན་བཀླུབས། །རྒྱུད་མངས་གདངས་འདྲར་རབ་སྙན་གསུང་གི་དཔལ། །མཁའ་མཚུངས་ཡེ་ཤེས་རབ་ ཡངས་འགྲོ་ཀུན་སྐྱབས། །དངོས་དཔེ་འཕགས་མའི་མཛད་ཆེན་རྣམ་ཀུན་པ། །གཟི་འབར་ ནོར་བུ་རྐྱེན་དང་འཚམ་པ་བཞིན། །སྣ་ཚོགས་གདུལ་བྱའི་རེ་འདོད་འདྲ་མིན་སྒོ། །ཀུན་ནས་ ངེས་མེད་ཆུ་ཡི་རི་མོ་བཞིན། །བཟློ ག་དཔེ་མཁྱེ ན་བཟང་རྒྱ་མཚོའི་ཀློ ང་ཆེན་ནི། །ཆེས་ཟབ་ གཏིང་མཐའ་བྲལ་བའི་ངང་ཚུལ་བཞིན། །ཟད་མེད་ཆུ་གཏེར་ཀློ ང་ནས་རྡོལ་བའི་མཚོ། །ཡོངས་སུ་རྒྱས་པའི་དཔལ་ཡོན་ཀུན་ནས་འབར། །ཕན་ཚུན་དཔེ་རྒྱན་མཛེས་འཛུམ་ལྷ་མོའི་ བཞིན། །མཐོ་རིས་པད་ཚལ་སྙིང་དུ་སྡུག་པ་ལྟར། །པད་གཞོན་ལང་ཚོ་དང་མཚུངས་དགྱེས་ པའི་ཞལ། །ཡ་མཚན་ཕུན་ཚོགས་འགྲན་ལ་དགའ་བས་བྲེལ། །ངེས་དཔེ་མཚར་སྡུག་ གཟུགས་སྐུའི་དཔལ་ཡོན་གང༌། །ཕུལ་བྱུང་ལོངས་སྐུའི་དག་ཞིང་ཡ་མཚན་ཆ། །ཀུན་ནས་ བཟླུམས་པ་ཉིད་དང་མཚུངས་ལགས་ཀྱི། །གཞན་དུ་མཚུངས་ཟླར་འོས་པ་འགའ་མ་མཆིས། །ངེས་མེད་དཔེ་རྒྱན་མཛེས་སྐུ་མཆོག་གི་དཔེར། །རྨད་བྱུང་དག་ཞིང་ལེགས་ཆ་འགོད་ལགས་ ཏེ། །སྲིད་པའི་ཕུན་ཚོགས་དེ་མཉམ་གཞན་པ་ཞིག །གལ་ཏེ་ཡོད་ན་དཔེ་རུ་ཅིས་མི་བྱེད། །བསྡུས་དཔེ་ཕྲིན་ལས་རབ་མྱུར་གྲགས་སྙན་དེ། །གང་འདུལ་འགྲོ་ལ་ཕྱོགས་རེའི་མཛད་པ་ མིན། །མཁའ་མཉམ་མཛད་ཕྲིན་འཇུག་ཡུལ་གང་གྱུར་ཚད། །ལེགས་དགེ་མཉམ་པོར་བརྡལ་ 7-1-214 བའི་དཔལ་འདིས་ཀྱང༌། །ཕུལ་བྱུང་དཔེ་རྒྱན་དག་ཞིང་གཡུ་ལོ་བཀོད། །འོག་མིན་སྟུག་པོའི་ ཞིང་དང་ཕན་ཚུན་དུ། །གདུལ་བྱའི་དབང་གིས་རྣམ་པ་སོ་སོ་ཙམ། །དོན་ལ་ཁྱད་པར་འབྱེད་ ཆོས་སོ་སོ་མེད། །རབ་དཔེ་ལྗང་གསལ་དཔལ་ནི་ང་ཉིད་ལ། །ཡོད་ཅེས་གཡུ་ལྗོན་འཁྲི་ཤིང་ སྙེམས་མ་བྱེད། །རིན་ཆེན་མར་གད་གསར་བའི་དུམ་བུ་ལ། །ལེགས་མཛེས་ལྗང་འོད་གང་དེ་ ཡོད་ཕྱིར་རོ། །རྨད་བྱུང་དཔེ་རྒྱན་ཀར་ཀེ་ཏ་ཡི་ལྷུན། །སྣ་ཚོགས་འཇའ་ཚོན་མཚར་སྡུག་ དཔལ་གྱིས་འཁྱུད། །ངོ་མཚར་འོད་བཟང་ཕྱོགས་བརྒྱར་སྤྲོ་བ་ན། །གཟུགས་སྐུའི་ཆ་ཤས་ ཙམ་ལ་རྗེས་སུ་འགྲོ། །ནང་ཚན་གཉིས་པ་རྨོངས་ཐེ་གཏན་འབེབས་དཔེ། །སྦྱར་དང་མཉམ་ ཉིད་སྨད་བསྔགས་བརྗོད་འགལ་དཔེ། །དགག་དང་ངོ་བསྟོད་དེ་ཉིད་བརྗོད་པའི་དཔེ། །ཐུན་ མིན་བྱུང་མིན་སྲིད་མིན་མང་བའི་དཔེ། །རྨོངས་དཔེ་ཞལ་བཟང་དཀྱིལ་འཁོར་རྒྱས་པ་ནས། །འདྲེན་བྱེད་དཀྱུས་རིང་ཨུཏྤལ་ཟུང་ལྡན་གྱིས། །ཆེས་གསལ་མདངས་རབ་ངོམ་པར་རྣམ་ བརྟགས་ནས། །དར་ཅིག་ཡིད་མྱོས་སླར་ཚིག་དོན་ལ་གཞིག །ཐེ་ཚོམ་དཔེ་རྒྱན་མྱུར་མའི་ མཛད་ཕྲིན་དཔལ། །ཅི་འདི་རྒྱལ་ཀུན་ཕྲིན་ལས་ཕྱོགས་གཅིག་ཏུ། །ཀུན་ནས་དར་བའི་ མཛད་བཟང་ངོམ་པ་འམ། །འདི་ན་ཉིད་ཀྱིས་མཛད་སྒོ་གནང་ངམ་ཅི། །གཏན་དཔེ་གང་གི་ ཞལ་རས་འཛུམ་པ་ནས། །མཐོན་མཐིང་སྤྱན་ཟུང་བསྐྱོད་ཕྱིར་ཨུཏྤལ་མིན། །མཁྱེ ན་བརྩེ་ མཆོག་གིས་འགྲོ་ལ་རྟག་གཟིགས་པས། །མཁྱེ ན་གཟིགས་རྣམ་ཀུན་གཡེལ་བ་མེད་པར་ ངེས། །སྦྱར་བའི་དཔེ་རྒྱན་ཞལ་སྒྲོས་བཞད་པ་ལས། །རབ་དཀར་ཚེམས་ཕྲེང་ཅིར་ཡང་ བསྒྲིགས་པའི་དཔལ། །ཆེས་གསལ་འོད་བཟང་ལམ་ལམ་གཡོ་བ་འདིས། །ཟླ་གཞོན་གསར་ བའི་ཕྲེང་ལ་ལན་བརྒྱར་འགྲན། །མཉམ་དཔེ་འཆི་མེད་ན་གཞོན་དར་བའི་གྲལ། །ལང་ཚོ་ རབ་རྫོགས་སྒེག་མོ་མཆོག་གི་ཉམས། །སྒྱུ་རྩལ་བྱེ་བའི་མཛོད་འཛིན་སྐེད་མེད་གཟུགས། །འཇིག་རྟེན་ཕལ་དང་མཉམ་པའི་གོ་སྐབས་བྲལ། །སྨད་པའི་དཔེ་རྒྱན་ཀུན་གསལ་མེ་ལོང་ 7-1-215 ནི། །ཆོས་ཀུན་རབ་ཤེས་གསལ་བ་དེ་ལ་མེད། །ཆུ་སྲིན་གྲོང་ཁྱེ ར་གཏིང་ཟབ་མུན་པས་གབ། །མཁྱེ ན་བཟང་ཀློ ང་དེ་དཔེ་དེས་གཞལ་མི་སྤོབས། །བསྔགས་དཔེ་མཁའ་དབྱིངས་མཐའ་ ཚད་གཞལ་མི་ནུས། །ཆུ་གཏེར་ཟབས་སུ་ཚད་ཀྱང་དེ་འདྲ་ན། །དེ་ཕྱིར་འཕགས་མའི་ཡེ་ཤེས་ ཟབ་ཡངས་པ། །ཀུན་ནས་དཔག་པར་ནུས་པ་དེ་སུ་ཞིག །བརྗོད་འདོད་དཔེ་རྒྱན་ཆེ་བའི་ ཡོན་ཏན་དང༌། །སྨད་པའི་སྐྱོན་ཆར་གྱུར་པ་གང་ལྟར་ཀྱང༌། །རྗེ་བཙུན་ལྷ་མོའི་མཁྱེ ན་པའི་ཡེ་ ཤེས་ཉིད། །ནམ་མཁའི་དབྱིངས་དང་མཚུངས་བརྗོད་སུ་ཡིས་འགོག །འགལ་དཔེ་དགུང་ བསྙེགས་མཁའ་དང་རྒྱ་མཚོའི་ཀློ ང༌། །ཀུན་གཟིགས་ལྷ་མོའི་མཛད་ཕྲིན་མཁྱེ ན་པའི་རླབས། །ཕན་ཚུན་གཅིག་པ་ཉིད་དུ་མི་སྨྲ་ཞེས། །བདག་གི་མགྲིན་པའི་ལམ་ནས་འདི་ཙམ་ཐལ། །དགག་པའི་དཔེ་རྒྱན་བྱམས་ལྡན་ལུས་བསྐྱེད་མ། །བརྩེ་བ་ཆེ་ཡང་གཏན་བདེ་སྦྱིན་མི་ནུས། །དེ་ཕྱིར་འཕགས་ཡུམ་བརྩེ་ཆེན་མངའ་བ་མོ། །གང་ལ་འགྲན་པའི་གོ་སྐབས་ཡོད་རེ་སྐན། །བསྟོད་དཔེ་ཤེར་ཕྱིན་ཆོས་སྐུའི་གཤིས་ལུགས་དང༌། །འཕགས་མ་རབ་ཞི་དགེ་མའི་མཚན་ འཆང་བ། །དོན་ལ་གང་ཞིག་དམན་དང་ཅིག་ཤོས་ལྷག །ཁྱད་པར་དེ་འདྲ་འབྱེད་ནུས་སུ་ཞིག་ ཡོད། །དེ་ཉིད་བརྗོད་དཔེ་ཡེ་ཤེས་མཛེས་མའི་སྐུ། །ལང་ཚོ་གསར་བདོ་མིག་གི་བདུད་རྩི་དེ། །དྲི་ཟའི་ན་ཆུང་སྒེག་མོའི་ཟོལ་ཉམས་ཀྱིས། །ཆགས་ལྡན་ཡིད་འགུགས་འཕྱོར་མཛེས་ངོམ་པ་ མིན། །ཐུན་མིན་དཔེ་རྒྱན་ཁྱོ ད་སྐུའི་ལེགས་ཆ་ཉིད། །རྣམ་སད་ན་ཆུང་གང་གིས་བསྐྲུན་མིན་ ན། །ཆེས་མཛེས་སྙིང་གི་དཔྱིད་དཔལ་ལང་ཚོའི་དཔེར། །རང་ཉིད་ལས་གཞན་སུས་ཀྱང་ འགྲན་མི་བསྡོ། །བྱུང་བ་མིན་པའི་དཔེ་རྒྱན་སྲིད་ལེགས་ཚོགས། །མ་ལུས་གཅིག་ཏུ་སྤུངས་ འདྲའི་དགེ་མཚན་འབར། །ཨེ་མ་ལྷག་ལྷ་བསོད་ནམས་དབང་ཕྱུག་མོ། །ཁྱེ ད་ནི་སྲིད་ཞིའི་ རྨད་བྱུང་གཏེར་ཆེན་ལགས། །སྲིད་མིན་དཔེ་རྒྱན་དྭངས་བསིལ་ལེགས་འབབ་རྒྱུན། །མེ་ ཆར་ཚ་བའི་ངད་དང་ནེའུ་གསིང་ཚལ། །ཤུགས་ཆེན་དྲོད་རླབས་རྒྱུན་འཕྱུར་མི་འོས་བཞིན། 7-1-216 །ཁྱེ ད་ལ་གང་གཏད་འཁྲུལ་བ་ཅང་སྲིད་དམ། །མང་དཔེ་དཔལ་ལྡན་ཛམ་ལྷ་ནོར་སྦྱིན་མ། །རིག་བྱེད་ལྷ་མོ་ལ་སོགས་ནོར་ལྷའི་ཚོགས། །དཔལ་དང་འབྱོར་བའི་དབྱིག་ཆེན་གང་སྩོལ་ བ། །དེ་དག་ཇི་བཞིན་ནོར་གཏེར་ལྷ་མོ་རྗེ། །ནང་ཚན་གསུམ་པ་རྣམ་འགྱུར་ཕྲེང་བའི་དཔེ། །ངག་དོན་ཟླ་དངོས་མཚུངས་སྦྱོར་རྒྱུ་ཡི་དཔེ། །དཔེ་རྒྱན་ནང་གསེས་སུམ་ཅུ་གཉིས་རྫོགས་ པ། །འདིར་ལྷག་ལ་ཡང་དཔེར་བརྗོད་མཇུག་བསྡུ་བ། །རྣམ་འགྱུར་དཔེ་རྒྱན་མཐིང་སྔོ ན་ ཨུཏྤལ་ལྗོ ན། །གནམ་སྔོ ན་དུམ་བུ་བཞུས་པའི་འཁྲི་ཤིང་བཞིན། །ཟག་བྲལ་ཡེ་ཤེས་གཟུགས་ སྐུའི་འོ་འཛིན་ཟུང༌། །བདེ་ཆེན་བདུད་རྩིས་ཉེར་བལྟམས་བུམ་བཟང་བཞིན། །ཕྲེང་དཔེ་ མངོན་རྟོགས་རྒྱ་མཚོས་ཐུགས་ལ་བཞིན། །དེ་ཡིས་གཞོམ་བྲལ་སྒྲ་དབྱངས་གསུང་ལ་བཞིན། །དེས་ཀྱང་བེམ་མིན་ཡེ་ཤེས་སྐུ་ལ་བཞིན། །གསང་གསུམ་ཕུལ་འདིས་བཅོམ་ལྡན་མ་ལ་ མཛེས། །ངག་དོན་དཔེ་རྒྱན་འདོད་འབྱུང་ནོར་བུ་བཞིན། །ཡེ་ཤེས་ཐུགས་མཆོག་རབ་སྙན་ ཚངས་དབྱངས་བཞིན། །འགག་མེད་གསུང་མངའ་གཡུ་ལྗོན་གསར་བ་བཞིན། །སྐུ་ཡི་ལང་ ཚོ་རབ་རྫོགས་དེ་དེ་བཞིན། །ཟླ་དཔེ་གྲུབ་གཉིས་འདོད་འཇོའི་ལྷ་མང་ཡང༌། །ཕྲིན་ལས་རབ་ མྱུར་མངའ་ལ་སུ་ཡིས་འགྲན། །འགྲོ་ལ་འཇིགས་སྐྱོབ་ལེགས་བྱེད་མང་ན་ཡང༌། །འཇིགས་ ཆེན་མྱུར་སྒྲོལ་མཛད་ལ་འགྲན་ནུས་སུ། །མཚུངས་སྦྱོར་དཔེ་རྒྱན་སྒྲོལ་མ་ཞབས་པད་ལྟོར། །ཆུ་སྐྱེས་རྐང་འཐུང་འདམ་གྱི་ཕང་བར་རྟེན། །དེ་ཡིས་འགྲོ་ཀུན་དམ་ཆོས་བདུད་རྩིས་ཏེ། །ཁྱེ ད་ཀྱིས་སྦྲང་བུའི་ཚོགས་རྣམས་ཅི་དགར་གསོ། །རྒྱ་དཔེ་ཡོན་ཏན་མཐའ་མེད་རྒྱ་མཚོ་ དང༌། །བྱམས་བརྩེ་འཛུམ་གྱིས་ལེགས་བསུ་མ་མ་ཉིད། །ངེས་དོན་བསྟན་བདག་རིགས་ལྡན་ སྤྲུལ་པའི་སྐུ། །དེ་དག་ལེགས་མཚུངས་སྐྱབས་མགོན་ལྷག་པའི་ལྷ། །དཀྱུས་ཀྱི་གཟུགས་ཅན་ ཁྱོ ད་སྐུ་གཡུ་ལྗོ ན་བཟང༌། །མཚར་སྡུག་ཕྱག་ཟུང་ཡལ་ག་ཕྱོགས་སུ་བསྐྱོད། །རིན་ཆེན་རྒྱན་ གྱིས་ལེགས་སྤུད་མེ་ཏོག་བརྗིད། །འཕགས་མ་དཔག་བསམ་ལྗོན་ལ་སུ་མི་དད། །གསལ་ 7-1-217 རྒྱན་འོད་སྣང་ཤར་རོ་ཀུན་གསལ་ལྟོ ར། །ནམ་མཁའི་བླ་རེ་གསར་བའི་སྤྲིན་གྱིས་ཏེ། །ཐུགས་ རྗེའི་བྱིན་རླབས་དགའ་སྟོན་ལེགས་ཤར་བ། །འཕགས་མ་མཆོག་ལ་སྙིང་ནས་གུས་པས་སོ། །བསྐོར་རྒྱན་གསང་གསུམ་ཕྲིན་ལས་ཡོལ་མེད་པར། །གདུལ་བྱ་ཉེ་རིང་ཁྱད་མེད་ཀུན་ལ་ མཐུན། །རང་རང་དང་འཚམ་ཆོས་ཀྱིས་ཕན་པ་ལ། །ཁམས་དང་དབང་པོས་གང་འཆུན་དེ་ ལུགས་མཐུན། །འགོག་རྒྱན་འཕགས་མ་ཡི་དམ་སྐྱབས་ཀུན་བདག །འདི་དང་ཕྱི་མའི་སྐྱབས་ གནས་ཁོང་གཅིག་པུ། །དེ་ལས་གཞན་པའི་རེ་ལྟོ ས་བྱ་བའི་ཡུལ། །གང་དག་གིས་ཀྱང་སྒྲུབ་ པོ་བདག་ལ་ཅི། །དོན་གཞན་བཀོད་རྒྱན་འདོད་འབྱུང་ཡིད་བཞིན་གཏེར། །རྩོལ་མེད་ལྷུན་ གྱིས་གྲུབ་པའི་དཔལ་གང་དག །སྔོ ན་བྱུང་ཚོགས་གཉིས་ཡོངས་རྫོགས་དོན་མཆོག་ཟུང༌། །ཡོངས་གྲུབ་ལག་རྗེས་འདི་འདྲ་མིན་མི་སྲིད། །ལྡོ ག་པ་ཅན་རྒྱན་རྗེ་བཙུན་སྒྲོལ་ལྗང་དཀར། །འཇིགས་སྒྲོལ་དོན་མཆོག་སྩོལ་ལ་མཚུངས་མོད་ཀྱང༌། །གཅིག་ནི་གཡུ་འོད་འབར་བའི་ཕུང་ པོ་ཅན། །ཅིག་ཤོས་དུང་ཟླ་འབུམ་ལྟར་གསལ་བའི་སྐུ། །སྲིད་རྒྱན་བཟོ་ལས་མ་བསྐྲུན་ཡེ་ ཤེས་འཁྲུལ། །འབད་བརྩོན་གྱིས་མིན་རང་བཞིན་ལྷུན་གྲུབ་པ། །སྟོབས་ཀྱིས་མ་བསྡུས་ ལེགས་ཚོགས་ངང་གིས་འདུ། །རིས་སུ་གཅོད་མིན་སྲིད་ན་རྣམ་ཀུན་བདག །བསྡུས་རྒྱན་ མཚར་སྡུག་མར་གད་གསར་བའི་ལྗོ ན། །ལྗང་གསལ་ཚོན་གྱིས་མ་སྦགས་གཡུ་འོད་འབར། །བསྐྱེད་བསྐྲུན་ཕ་མས་མ་བྱས་ན་གཞོན་གཟུགས། །རང་བྱུང་དགའ་མའི་ཟོལ་འདི་ངོ་མཚར་ གནས། །བཅུ་ཚན་གཉིས་པ་ཕུལ་བྱུང་རབ་བཏགས་རྒྱན། །རྒྱུད་དང་ཕྲ་མོ་ཆ་དང་རིམ་ཅན་ རྒྱན། །དགའ་བ་ཉམས་ལྡན་གཟི་བརྗིད་ཅན་གྱི་རྒྱན། །རྣམ་གྲངས་བརྗོད་པའི་རྒྱན་ཏེ་བཅུ་ ཡི་ཚུལ། །ཕུལ་རྒྱན་བསོད་ནམས་དབྱིག་གིས་ཆེས་ལྕི ་ཞིང༌། །རྣམ་མང་དགེ་མཚན་འཕེལ་ཁ་ ཀུན་ནས་དར། །འདེགས་དཀའ་ལྷུན་པོའི་རྒྱལ་པོ་ལས་ལྷག་པ། །གང་གནས་ནོར་འཛིན་ ཅིའི་ཕྱིར་གས་མ་གྱུར། །རབ་རྒྱན་བྱུ་རུའི་སྒོ་འཕར་ཡངས་པ་ནས། །ཆེས་དཀར་ཟླ་གཞོན་མྱུ་ 7-1-218 གུ་གསར་བའི་ཕྲེང༌། །རིམ་པར་ལེགས་བསྟར་དུང་དང་ཁ་བའི་མདོག །ཞལ་སྒྲོས་ཚེམས་ ཕྲེང་དགོད་པའི་དཔེ་ཟླར་འོས། །རྒྱུའི་རྒྱན་རྒྱལ་བསྟན་འོད་སྟོང་ནུབ་རིར་ཡིབ། །སྐྱེ་དགུའི་ བདེ་སྐྱིད་ཆུ་སྐྱེས་དགའ་ཚལ་ཟུམ། །དུས་མཐའ་འདི་འདྲར་སྐྱབས་གཅིག་མྱུར་མའི་ལྷ། །ཁྱེ ད་ཉིད་ལས་གཞན་རེ་ཡུལ་གཉིས་པ་མེད། །ཕྲ་རྒྱན་ཕྲིན་ལས་རབ་མྱུར་དཔའ་བ་མོ། །གང་གི་དགེ་མཚན་བྱིན་རླབས་དབྱིག་གི་རྟགས། །དེང་ཆར་མཛེས་སྐུའི་སྙང་བརྙན་སྐྱེས་ འབྱོར་དང༌། །ཆབས་གཅིག་ཟབ་ཆོས་གསར་བའི་དཔལ་ཁ་ཚུགས། །ཆའི་རྒྱན་སྒེག་འཆང་ མཚར་སྡུག་ལང་ཚོ་འབར། །འོ་འཛིན་རབ་རྒྱས་གཅེར་བུར་མི་མཛེས་པ། །གང་དེ་ལེགས་ བསྒྲིབ་དར་ལྭའི་གོས་བཀླུབས་འདིས། །སྦེ ད་འོས་ཟོལ་གྱིས་རྣམ་འགྱུར་ཅིར་ཡང་འཛིན། །རིམ་ཅན་རྒྱན་ལ་རྒྱལ་ཀུན་ཕྲིན་ལས་གཟུགས། །འཕགས་མར་ལེགས་བཞེངས་གང་དེ་ དབྱངས་ཅན་དང༌། །རིག་བྱེད་བསོད་ནམས་དབང་ཕྱུག་ལྷ་མོ་སོགས། །སྣ་ཚོགས་ཕྲིན་ལས་ མངའ་བདག་རྣམས་དང་མཚུངས། །དགའ་རྒྱན་མཛེས་ཞལ་ལན་གཅིག་མཐོང་བས་ཀྱང༌། །སྙིང་གི་གདུང་སེལ་ཡིད་བདེ་རབ་སྤེལ་བ། །འདི་ཙམ་གཞན་གྱིས་མཚོན་པར་མི་ནུས་ཤིང༌། །དེ་ཕྱིར་འཕགས་མ་དགྱེས་པའི་ཞལ་བཟང་སྟོན། །ཉམས་རྒྱན་ལ་ལར་སྒེག་མོའི་ཟོལ་གྱིས་ རྩེན། །ལ་ལར་དྲག་ཤུལ་འཇིགས་སུ་རུང་བའི་ཉམས། །དེ་བཞིན་དཔའ་བ་སྙིང་རྗེ་མི་སྡུག་ པ། །བཞད་གད་རྨད་དུ་བྱུང་བའི་ཉམས་འགྱུར་སྟོན། །གཟི་རྒྱན་ཁྲོ་ཆེན་འབར་མའི་འཇིགས་ རྔམ་གྱིས། །མ་རུང་བདུད་སྡེ་ཟིལ་གྱིས་ཆེར་མནན་ཏེ། །ཁོ་ཚོ་ཞུམ་པའི་ངང་ཚུལ་འཛིན་པ་ ལས། །ཁྲོ་མོའི་བཀའ་ལ་ལེགས་ཉོན་ཐ་ཚིག་སྲུངས། །རྣམ་རྒྱན་རྗེ་བཙུན་ལྷ་མོ་གསང་ཆེན་ མཛོད། །གང་ལས་ཆོས་བཅུད་ཟབ་མོ་ལེན་འདོད་པས། །ཅི་དགར་འོས་ལ་འཚམ་པའི་སྙིང་ གི་དཔྱིད། །དེ་བཞིན་མི་འགྱང་རེ་སྐོང་དངོས་གྲུབ་ཞུ། །བཅུ་ཚན་གསུམ་པ་ཀུན་ཕན་རྒྱ་ཆེའི་ རྒྱན། །བསྙོན་དོར་སྦྱར་བ་ཁྱད་པར་བརྗོད་པའི་རྒྱན། །མཚུངས་སྦྱོར་འགལ་བ་སྐབས་མིན་ 7-1-219 བསྟོད་པའི་རྒྱན། །ཟོལ་བསྟོད་ངེས་བསྟན་རྒྱན་གྱི་རིམ་པ་ཡང༌། །ཀུན་རྒྱན་སྐྱབས་གཅིག་ལྷ་ ལ་རེ་ལྟོ ས་ཀྱིས། །ཡང་ཡང་སྙིང་ནས་གུས་པ་མི་ལྷོ ད་ཅིང༌། །རང་གཤིས་ཆོས་སྐུའི་ངང་ནས་ ཉེར་འཇོག་འདིས། །དེ་འཕྲལ་རང་སྣང་བདེ་ཆེན་ལྷུག་པ་སྩོལ། །རྒྱ་རྒྱན་ཐུགས་རྗེ་འཛད་ མེད་རོལ་པའི་ཀླུང༌། །བསོད་ནམས་ཡེ་ཤེས་མངའ་ཐང་དར་བའི་དཔལ། །སྲིད་ཞིའི་དགེ་ མཚན་གང་ལས་སྟོབས་ཆེ་བ། །སྒྲུབ་པོ་དག་ལ་རང་འཚམ་དངོས་གྲུབ་གནང༌། །བསྙོན་རྒྱན་ འཕགས་མའི་གསང་གསུམ་ཕྲིན་ལས་ལ། །ནམ་ཡང་དུས་མི་ཡོལ་བའི་རླབས་ཆེན་ཕན། །གང་འདུལ་ཁམས་དབང་དང་བསྟུན་བསླུ་མེད་ལ། །ལས་ཟད་མྱོང་བ་མེད་པས་བསྙོན་འདི་ བླུན། །སྦྱར་རྒྱན་བུ་རམ་ཤིང་པའི་ལུང་རྟོགས་བསྟན། །འོད་སྟོང་སྣང་བ་རེ་ཞིག་ནུབ་ལ་ཉེ། །དེ་མཚམས་འཕགས་མའི་ཕྲིན་ལས་འོད་དཀར་ཟེར། །ཅིར་ཡང་སྤྲོ་བའི་དཔལ་ཁ་ལམ་ ལམ་གཡོ། །ཁྱད་རྒྱན་སྟོབས་ཆེན་དཔུང་ཚོགས་མ་བཤམས་ཤིང༌། །སྙིང་རྩ་གཅོད་པའི་ མཚོན་གྱིས་མ་བརྡེགས་ལ། །བཟོད་དཀའི་བཀའ་ལུང་དྲག་པོས་གཟིར་མིན་པར། །བཅོམ་ ལྡན་མ་ཁྱོ ད་བདུད་དཔུང་གཡུལ་ལས་རྒྱལ། །མཚུངས་རྒྱན་དར་ཞིང་རྒུད་པ་རེས་མོས་ཀྱིས། །རླུང་གིས་བསྐྱོད་པའི་ཉིན་བྱེད་འཆར་ནུབ་དང༌། །འཇིགས་སྐྱོབ་ལྷ་མོའི་ཕྲིན་ལས་འཇུག་མི་ འཇུག །གདུལ་བྱའི་དབང་གིས་ཕན་ཚུན་འགྲན་བཞིན་སྟོན། །འགལ་རྒྱན་སྨིན་གནག་ ཚེམས་ཀྱི་ཕྲེང་བ་དཀར། །འོ་འཛིན་རབ་རྒྱས་སྐེད་པའི་འཁོར་ཡུག་ཕྲ། །ཉ་གང་གདན་ལ་ དགྱེས་ཤིང་གཙུག་ཏོར་དུ། །ཟླ་བ་ཕྱེད་པས་མཛེས་པ་དབྱངས་ལྷ་མོ། །སྐབས་མིན་བསྟོད་ རྒྱན་འཕགས་མ་མཆོག་གི་ཞལ། །ད་རེས་མཇལ་སྐབས་མེད་ཅིང་འདི་སྣང་གི །རྒུད་དུས་ ཀྱིས་མནར་སྡུག་བསྔལ་མྱོང་བ་ལས། །འཇིག་རྟེན་ཕ་རོལ་ཁྱི མ་དུ་འཇུག་པ་བཟང༌། །ཟོལ་ རྒྱན་འཕགས་མ་ཟླ་བྲལ་མཁྱེ ན་མངའི་མགོན། །ཐུགས་རྗེ་ཉེ་རིང་མེད་པའི་བརྩེ་མངའ་ན། །ལས་མཐུ་བཟང་ངན་རྗེས་སུ་འགྲོ་ལྡོ ག་པ། །བརྩེ་མ་ཁྱེད་ཀྱིས་མཛད་པར་འོས་ལགས་སམ། 7-1-220 །ངེས་རྒྱན་ཤར་རིའི་ཕྲག་འཛུམ་ཉིན་བྱེད་ཀྱིས། །ལྗང་ཕོད་མཐའ་དག་གཡུར་དུ་ལྡེ མ་པར་ བྱེད། །བརྩེ་ཆེན་ཐུགས་དང་ལྡན་པའི་རྗེ་བཙུན་མས། །གདུལ་ཞིང་གང་གྱུར་མཐའ་དག་ བརྩེ་བས་སྐྱོང༌། །ཚན་གསུམ་འཕྲོ་ལ་ལྷག་པའི་ལྔ་ཚན་གཅིག །ལྷན་ཅིག་བརྗོད་དང་ཡོངས་ སུ་བརྗེ་བའི་རྒྱན། །ཤིས་པའི་རྒྱན་དང་རབ་ཏུ་སྤེལ་བའི་རྒྱན། །དགོངས་པ་ཅན་གྱི་རྒྱན་དང་ ལྔ་རིམ་བཞིན། །འཕགས་མ་ལས་འཕྲོ་སྐལ་པའི་ཡི་དམ་དང༌། །ལེགས་མཚན་སྣང་བ་དུས་ སུ་ལེགས་འཇོ་དང༌། །འགྱུར་མེད་ཡིད་ཀྱི་དད་གུས་མི་ལྷོ ད་པ། །འདི་གསུམ་ལྷན་ཅིག་ བདག་ཅག་དཔལ་དུ་གྲུབ། །ཡི་དམ་ལྷ་ལ་དད་གུས་བྱས་སྟོབས་ལས། །རྣམ་སྨིན་འཁོར་བ་ རིམ་པས་ལེགས་ཟད་དེ། །འོད་གསལ་ཟུང་འཇུག་དྲ་བར་ཡོངས་འཕོས་པ། །ཕན་ཚུན་བརྗེ་ བ་ལྟ་བུའི་ངང་ཚུལ་ལགས། །ཕུན་ཚོགས་ལེགས་དགེ་ཀུན་ནས་འཕྱུར་བའི་གཞི། །ངོ་མཚར་ བྱིན་རླབས་སྣང་བ་འཇོ་བའི་དཔྱིད། །ནམ་ཡང་གཡེལ་མེད་ཕྲིན་ལས་མྱུར་འཇུག་དཔལ། །དགེ་མཚན་བཀྲ་ཤིས་འདི་གསུམ་ཡོངས་གསལ་མཛོད། །མྱུར་མ་དཔའ་མོའི་བྱིན་རླབས་ ལེགས་སྣང་གིས། །གང་འདུལ་འགྲོ་ལ་རང་སྐལ་དང་འཚམ་པ། །ནམ་ཡང་འགྱུར་བ་མེད་ པའི་དངོས་གྲུབ་དབྱིག །རབ་ཏུ་སྤེལ་བ་སྒྲུབ་པོའི་རེ་འདོད་ལགས། །ལུས་རྒྱན་ཕུན་སུམ་ ཚོགས་པའི་སྙན་ངག་གཞུང༌། །མཆོག་དམན་ཀུན་ལ་རབ་བསྔགས་ཆ་ཚང་བ། །ཕྱོགས་རེས་ བསོད་ནམས་ཉེར་བསགས་དགོས་པ་དེ། །རིག་གཞུང་དཔལ་གྱི་བདག་པོའི་དགོངས་པ་ ལགས། །དེས་ནི་དོན་རྒྱན་སུམ་ཅུ་ལྔ་རྫོགས་ཤིང༌། །ད་ནི་སྒྲ་རྒྱན་བྱ་སླ་དཀའ་བ་དང༌། །གབ་ རྒྱན་སྐྱོན་བསལ་དག་གི་རིམ་པ་ཡང༌། །བྱ་སླ་ཟུང་ལྡན་དཀའ་བ་ཀུན་འཁོར་སོགས། །ལེགས་ལེགས་ཚོགས་གཉིས་ལས་བསྐྲུན་སྐུ་ལེགས་ལེགས། །མཛེས་མཛེས་གསུང་ དབྱངས་རབ་སྙན་ཚིག་མཛེས་མཛེས། །ཟབ་ཟབ་ཡེ་ཤེས་མཁྱེ ན་མཆོག་ཐུགས་ཟབ་ཟབ། །མྱུར་མྱུར་མཛད་ཕྲིན་རླབས་ཆེན་འཇུག་མྱུར་མྱུར། །གསལ་རབ་འཆར་བཟང་འོད་འབར་ 7-1-221 མཛེས་སྐུ་མཆོག །སྒྲ་ཀུན་རྗེས་ཞུགས་སྙན་གསུང་དགེ་ལེགས་དཔལ། །མཁྱེ ན་མཆོག་ གསལ་ཀུན་ཡོངས་ཁྱབ་རྒྱ་ཆེན་ཐུགས། །ཞི་བ་འབར་ཕྲེང་མཛེས་མ་སྒྲོལ་མྱུར་མགོན། །སྐྱབས་གང་ལེགས་མཐུས་ཉག་ཕྲན་སྨིན་བྱེད་ཕུལ། །རབ་བཏགས་མཁའ་ཡི་མེ་ཏོག་ཆེས་ གསལ་བ། །ངོ་མཚར་སྒྱུ་མའི་རྗེས་འགྲོ་ཟུང་འཇུག་འཕྲུལ། །ཆེས་མྱུར་སྐད་ཅིག་ཡོངས་ བགྲོད་གསང་དོན་འབྱོར། །དེ་སྐད་འཕགས་མར་བསྔགས་བརྗོད་སྐྱོན་གྱི་ཆ། །འཆོལ་དམན་ སྡེབ་ཉམས་ཐེ་ཚོམ་སྐྱེད་བྱེད་སོགས། །རྨོངས་པའི་དབང་གིས་ཉེས་ནོངས་གང་སོང་དག །སྙིང་ནས་འཆགས་ལ་ལྷ་མོས་བཟོད་པར་མཛོད། །ཚུལ་དེ་སྙན་ངག་རིག་གཞུང་མེ་ལོང་གི །ལེའུ་དང་པོས་ལུས་ཀྱི་རིམ་པ་དག །གཉིས་པས་དོན་རྒྱན་རྣམས་དང་གསུམ་པ་ཡིས། །སྒྲ་ གབ་རྒྱན་དང་སྐྱོན་བསལ་རྣམ་བཞག་བསྟན། །དེ་ལས་འགངས་ཆེན་སྡེབ་རིམ་ལས་ བརྩམས་ཏེ། །ཡི་དམ་གྲུབ་གཉིས་འདོད་པ་འཇོ་བའི་མ། །འདི་ཕྱིའི་སྐྱབས་གནས་གཅིག་ པུར་ཆེ་བསྔགས་ཚིག །མཛེས་སྡུག་ཨུཏྤལ་ཕྲེང་བ་ཆེད་བསྟར་གང༌། །ཀུན་མཁྱེ ན་དགའ་ མའི་སྤྱན་རས་གཡོ་བའི་ཟིལ། །མི་ཤིགས་སྙིང་གི་བཅུད་དུ་ཉེར་བཅིང་བ། །དབྱངས་ལྡན་ དགའ་ཆེན་རྡོ་རྗེའི་ཡིད་མཚོ་ལས། །ཉེར་ཐོན་འཕགས་མ་དགྱེས་མཆོད་མཆོག་གྱུར་ཅིག །ལེགས་བྱས་གང་དེ་འཕགས་མའི་སྐྱབས་འོག་པ། །ཆོས་མཆེད་ཐུགས་བཟང་འོད་དཀར་ རབ་སྣང་ཅན། །ཕྲིན་ལས་མྱུར་མ་དགྱེས་བསྐྱེད་ཁོང་ཉིད་ཀྱིས། །ཡིག་རིས་བསྐྲུན་འདིས་ གཏན་བདེ་ཡོངས་ཐོབ་ཤོག །བཅོམ་ལྡན་མྱུར་མའི་རླབས་ཆེན་ཐུགས་རྗེ་ཡིས། །དགའ་ཆེན་ རྡོ་རྗེ་ཆོས་མཆེད་རབ་དགྱེས་ཟུང༌། །འདི་དང་སྐྱེ་བའི་ཕྲེང་བར་གཡེལ་མེད་པར། །དོན་ གཉིས་ལྷུན་གྲུབ་དཔལ་ལ་རོལ་པར་སྨོན། །མྱུར་མའི་དཔལ་ཡོན་སྒེག་མོའི་འགྲམ་ཆང་ གིས། །དད་བློ་སིནྡྷུ་ཝ་རའི་འདབ་མ་ལ། །རེག་པར་གྱུར་ཚེ་ཚིག་གི་མེ་ཏོག་ལས། །བསྔགས་ བརྗོད་དྲི་བསུང་མི་སྤྲོའི་གདེང་ཡང་ཅི། །དེ་སླད་མཁྱེ ན་ཀློ ང་མཐོ་རིས་ལམ་བཟང་ལས། 7-1-222 །བརྩེ་ཆེན་རླུང་གི་རྒྱལ་མཚན་རབ་གཡོ་བས། །བྱིན་ཆེན་ལེགས་དགེའི་གྲུ་ཆར་འབུམ་བརྡལ་ ཞིང༌། །རྟེན་འབྲེལ་མཆོག་གིས་འགྲོ་ཀུན་རྟག་སྐྱོང་མཛོད། །ཅེས་པའི་སྙན་ངག་མེ་ལོང་གི་སྤྱི་བསྡུས་ འཕགས་མ་སྒྲོལ་མ་ལ་བསྔགས་ཚིག་གི་མཆོད་པ་མཛེས་སྡུག་ཨུཏྤལ་ཕྲེང་བའི་ཆུན་པོ་རྒྱལ་ཡུམ་དགྱེས་བསྐྱེད་དད་གསུམ་བློ་ ཡིས་གུས་པར་ཕུལ་བས་མྱུར་མ་དཔའ་མོ་དབྱངས་ཅན་མས་ཚིག་ལ་སྤོབས་པ་རིང་མིན་དུ་སྩོལ་བར་གྱུར་ཅིག་གུ།། །། ༈ འདིར་འབད་ལེགས་བྱས་རབ་དཀར་ཚོགས། །བླ་མ་ཡི་དམ་མཆོད་པར་བསྟར། །བདག་སོགས་སྒྲིབ་གཉིས་དག་ཕྱིར་དང༌། །ཚེ་རབས་བླ་མར་གུས་བསྟེན་སྨོན། །ཞེས་པ་འདི་ ཡང་པར་བསྐྲུན་བྱེད་སྐབས་ར༵བ་དགྱེ༵ས་ཀྱིས་སྨྲས་པས་བསྟན་འགྲོའི་དོན་ཆེན་དུ་གྱུར་ཅིག། །། 7-1-223 ༄༅། །འོད་ཟེར་ཅན་མའི་གསོལ་འདེབས། ༄༅། །ༀ་མ་རཱི་ཙྱཻ་ན་མོ། དཔལ་ལྡན་ཤེས་རབ་དབྱིངས་ཀྱི་མཁའ་འགྲོ་མ། །མཚར་ སྡུག་གསེར་མདོག་མཛེས་སྒེག་འབུམ་ལྡན་ཞིང༌། །ཕག་ལ་ཆིབས་བཞིན་ཉི་མའི་ཟེར་ལ་ རྒྱུག །ཕྱག་ཟུང་ཁབ་སྐུད་རང་སྲུང་དགྲ་འཇོམས་མོ། །རྣམ་འཕྲུལ་མ་ངེས་གཞན་ཡང་བསམ་ མི་ཁྱབ། །འགྲོ་ལ་ལེགས་སྤེལ་འཚེ་བ་གཞོམ་སྟོབས་ཅན། །མཐུ་ཆེན་དཔའ་མོ་འཇིགས་པ་ ཀུན་སྐྱོབ་བདག །སྙིང་ནས་རེ་བ་རྣམས་ལ་མགོན་མཛད་མ། །མཱཾཿ ལྷ་མོ་འོད་ཟེར་ཅན་མ་སྐྱེ་ དགུའི་མགོན། །ཡང་ཡང་དྲན་པས་གསོལ་བ་འདེབས་ལགས་ན། །ནམ་དགོས་དུས་སུ་ཕྲིན་ ལས་མི་གཡེལ་ཞིང༌། །སྒྲུབ་ལ་བརྩེ་གཟིགས་གསེར་ཞལ་སྣང་བ་ཡིས། །མ་བུའི་འདུ་ཤེས་ ཇི་བཞིན་ཉེར་དགོངས་ཏེ། །རང་དང་ལྟོ ས་བཅས་ཀུན་ལ་གང་འདོད་པའི། །རེ་བ་དུས་སུ་ ནམ་ཡང་མི་བསླུ་ཞིང༌། །ཇི་ལྟར་འོས་པའི་དངོས་གྲུབ་བསྩལ་དུ་གསོལ། །མཐུ་ཆེན་དྲག་མོ་ བསྐལ་མེ་འབར་བའི་དབུས། །འཇིགས་གཟུགས་གཏུམ་པའི་ཁྲོ་ཆེན་དཔའ་མོའི་སྐུ། །ཕྲིན་ ལས་དྲག་རྩལ་ངར་མའི་སྟོབས་ཤེད་ཀྱིས། །བདག་ཅག་ལ་སྡང་འཚེ་བའི་གནོད་བྱེད་རིགས། །དགྲ་རྐུན་ཇག་ཆོམ་ལ་སོགས་གཟུགས་ཅན་དང༌། །རྒྱལ་བསྲེན་ཐེའུ་རང་དམ་འགོང་སྨན་ མོའི་རིགས། །གཟུགས་མེད་འབྱུང་པོའི་ཚོགས་རྣམས་མ་ལུས་པ། །སྐད་ཅིག་ཉིད་ལ་ཐལ་ བའི་རྡུལ་དུ་རློགས། །མཐུ་སྟོབས་དཔུང་གིས་བགེགས་རིགས་དབང་དུ་བསྡུས། །དཔལ་ འབྱོར་སྒོ་བརྒྱས་ཀུན་ནས་རིང་དུ་སྐྱོངས། །མི་ཤིགས་ཐུགས་རྗེའི་སྲུང་གུར་རབ་བརྟན་པར། །སྒྲུབ་པོ་བདག་སོགས་དུས་ཀུན་སྲུང་སྐྱོབས་མཛོད། །ལྷ་མོ་ཁྱེ ད་ལ་གུས་པས་གསོལ་བཏབ་ མཐུས། །ནམ་ཞིག་བདག་གི་འདི་སྣང་ནུབ་མ་ཐག །འོད་ཟེར་ཅན་མ་བཞུགས་པའི་དག་ཞིང་ 7-1-224 དུ། །དཔལ་མོའི་དགྱེས་ཞལ་དངོས་སུ་མཇལ་གྱུར་ཅིག །མཁྱེ ན་ནོ་མཁྱེ ན་ནོ་འོད་ཟེར་ཅན་ མ་མཁྱེ ན། །གཟིགས་ཤིག་གཟིགས་ཤིག་ཐུགས་རྗེའི་སྤྱན་གྱིས་གཟིགས། །སྐྱོབས་ཤིག་ སྐྱོབས་ཤིག་བདག་ཅག་འཁོར་བཅས་སྐྱོབས། །མ་གཡེལ་མ་གཡེལ་མཛད་ཕྲིན་དུས་མ་ གཡེལ། །ༀ་མ་རཱི་ཙྱཻ་མཱཾཿསྭཱཧཱ། །ཅི་ནུས་བཟླའོ། །ཞེས་པ་ཚེ་རིང་བཀྲ་ཤིས་ལ་མཁོ་ནས་མ་ཏིས་སྨྲས་པའོ།། །། ༈ ཀུན་ཁྱབ་རང་བྱུང་ཡེ་ཤེས་ཤེར་ཕྱིན་དབྱིངས། །འཕགས་མ་ཕྲིན་ལས་དབང་མོའི་ རོལ་གར་གྱིས། །གང་འདུལ་མཛད་པ་དེར་སྣང་འགྲོ་བའི་བཤེས། །ཕན་བདེའི་དཔལ་གྱུར་ བླ་མར་གསོལ་བ་འདེབས། །འཁོར་བ་ཇི་སྲིད་འགྲོ་ལ་ཆོས་སྣང་གི །རྟག་པར་མཛད་བཟང་ རྒྱུན་མི་འཆད་པ་དང༌། །བདག་ལ་དུས་ཀུན་ཐུགས་རྗེས་གཡེལ་མེད་དུ། །ནམ་ཡང་འབྲལ་ མེད་བརྩེ་གཟིགས་ལེགས་པར་མཛོད། །འདི་ཡང་མཁས་གསལ་ལ་མཁོ་ནས་མ་ཏིས་སོ།། །། 7-1-225 ༄༅། །སྒྲོལ་མའི་མིག་གི་འཁོར་ལོའི་ཐབས་བཞུགས། ༄༅། །སྒྲོལ་མའི་མིག་གི་འཁོར་ལོའི་ཐབས། །ར་བ་གྲུ་བཞི་སྟེང་འོག་རིང༌། །གཡས་གཡོན་ཐུང་བའི་དབུས་གཞི་སེར། །འཕགས་མའི་འབྲུ་སྤྱན་དཀྱུས་རིང་ཟུང༌། །མཛོད་སྤུ་བཅས་པ་སྤྱན་མདོག་ལྟར། །ཚོན་རིས་ཀྱིས་བྱུག་སྟེང་འོག་དང༌། །གཡས་ གཡོན་རྣམས་སུ་སྔགས་འདི་འགོད། །ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨ་ཀྵ་པྲ་ས་ཀ་མ་མཱ་ཧཱུཾ་པྲ་ཛྙཱ་ཨཱཿསྭཱཧཱ། ཞེས་པའི་ སྔགས་ཡིག་ཉི་ཤུ་པ། །སྟེང་གི་ར་བའི་དབུ་ནས་བརྩམ། །རིམ་པ་བཞིན་དུ་འགོད་པ་སྟེ། །དེ་ཡང་སྟེང་འོག་གཉིས་པོ་ལ། །གཞི་ ལྗང་ཕྱོགས་ཀུན་ལེགས་བྱས་དེར། །སྔགས་ཡིག་འབྲུ་ནི་དྲུག་དྲུག་རེ། །གཡས་གཡོན་གཉིས་སུ་ཡིག་འབྲུ་ནི། །བཞི་བཞི་རེ་ནི་ ཐོབ་པར་བྱ། །དེ་འདྲའི་མིག་འཁོར་ལེགས་གྲུབ་མཐར། །རང་ཉིད་འཕགས་མ་ལྗང་མོར་གྱུར། །ཐུགས་ཀར་ ཟླ་སྟེང་ཏཱྃཿཡིག་མཐར། །སྙིང་པོ་ཡི་གེ་ཉི་ཤུས་བསྐོར། །དེ་ཡི་འོད་ཀྱིས་བྱིན་གྱིས་རླབས། །སྒྲོལ་མའི་སྙིང་པོ་འབུམ་ཕྲག་གིས། །ཡོངས་སུ་བསྔགས་ལ་དེ་རྗེས་སུ། །ནངས་རེ་བཞིན་དུ་ངག་འདོན་ཡང༌། །ཏཱྃཿ སྟོང་ གསལ་རིག་པའི་རང་མདངས་ལས། །སྐད་ཅིག་ཉིད་ལ་འཕགས་མར་གསལ། །མདུན་ ཕྱོགས་མིག་གི་འཁོར་ལོ་ཉིད། །འཕགས་མའི་ཡེ་ཤེས་སྤྱན་རས་ཟུང༌། །སྨིན་མཚམས་དཀར་ གསལ་མཛོད་སྤུ་བཅས། །མངོན་སུམ་ཇི་བཞིན་ལྷང་ངེར་གསལ། །རང་བཞིན་དེའི་ངང་གཡོ་ མེད་དུ། །སྒྲུབ་པོའི་མིག་གིས་རྩེ་གཅིག་པར། །མདུན་གྱི་ཡེ་ཤེས་འཁོར་ལོར་བལྟ། །སྤྱན་ དང་ཡིག་འབྲུ་རང་གསལ་ངང༌། །འཕགས་མའི་གསང་གསུམ་སྒོ་གསུམ་དང༌། །གཉིས་སུ་ མེད་པར་དྲན་འདུན་བྱ། །ཡི་གེ་ཉི་ཤུ་པ་བརྒྱ་ཕྲག་བཟླ་རྗེས་སུ། གདོད་མ་ཆོས་དབྱིངས་སྐྱེ་ མེད་དུ། །བདག་མདུན་འོད་གསལ་ངང་དུ་ཐིམ། །དགེ་འདིས་རིང་མིན་འཕགས་མའི་སྐུ། །བྱང་ཆུབ་མཆོག་ལ་གཞོལ་གྱུར་ཅིག །ཅེས་པའི་སྒྲུབ་བཟླས་ཉིན་རེ་བཞིན། །རྒྱུན་མ་ཆད་པའི་རྣལ་འབྱོར་གྱིས། 7-1-226 །རྟག་ཏུ་ཉམས་ལེན་ལ་འབད་ན། །ཆུ་བུར་མིག་ལ་ངེས་པར་ཕན། །དེ་སྐད་སྒྲོལ་མའི་མིག་འཁོར་འདི། །ཡིག་རིས་རིག་གནས་ ཕུལ་བྱུང་བ། །ཀུན་དགའ་མཆོག་ལ་མཁོ་བའི་སླད། །མ་ཏིས་ཤར་མར་སྤེལ་བ་ལས། །མཆེད་ཀྱིས་ཡིག་རིས་སུ་ཕབ་དགེ ། སྨྲས་པ། འདིར་པར་བཞེངས་མཁན་བློ༵་བཟ༵ང་ཆོ༵ས་རབ་འཕེ༵ལ་བའི་ཐུགས་བསྐྱེད་ལྟར་བསྟན་འགྲོ་ལ་ཕན་པར་ཤོག ༀ་ཏཱ་རེ་ ཏུཏྟཱ་རེ་ཏུ་རེ་ཨ་ཀྵ་པྲ་ས་ཀ་མ་མཱ་ཧཱུཾ་པྲ་ཛྙཱ་ཨཱཿསྭཱཧཱ། 7-1-227 ༄༅། །རྗེ་བཙུན་སྒྲོལ་མ་དམར་མོའི་སྒོ་ནས་མཎྜལ་བཞི་པའི་མཆོད་པ་ བྱེད་པའི་ཐབས་ཚུལ་ཉུང་ངུར་བཀོད་པ་ བྱིན་རླབས་འདོད་པ་འཇོ་བའི་ བུམ་བཟང་ཞེས་བྱ་བ་ བཞུགས་སོ། ། ༄༅། །ན་མོ་ཨརྱ་ཏཱ་རེ་བྷྱཿ འདིར་སྒྲོལ་མ་དམར་མོའི་སྒོ་ནས་མཎྜལ་བཞི་པའི་ཆོ་ག་བྱ་བའི་ཐབས་ལ་གནས་ ཡིད་དུ་འོང་བར་མཆོད་སྟེགས་བཟང་པོའི་ཁར་འཕགས་མའི་སྐུ་རྟེན་ལེགས་པར་བཀྲམ་པའི་མདུན་དུ་མཎྜལ་དང་ཉེར་སྤྱོད་ སོགས་མཆོད་པའི་དངོས་པོ་གང་འབྱོར་འདུ་བྱས་ལ། བསོད་ནམས་གསོག་པ་པོ་རང་གིས་ཀྱང་ཤ་ཆང་སོགས་དང་མ་འདྲེས་པའི་ དཀར་གསུམ་གྱི་ཟས་ལ་ལོངས་སྤྱོད་བཞིན་སེམས་ངེས་འབྱུང་དད་པའི་བསྐུལ་མ་ཉམས་མི་དམན་པའི་སྒོ་ནས་འདི་ལྟར་བྱ་བ་ སྟེ། དེ་ལ་ཐོག་མར་སྐྱབས་འགྲོ་ནི། མ་ལུས་རྒྱལ་ཀུན་འདུས་པའི་རང་གཟུགས་མཆོག །འཕགས་མ་ དབང་གི་ལྷ་མོ་ཐུགས་རྗེའི་གཏེར། །མཐའ་ཡས་སྐྱེ་དགུ་སྐྱོབ་པའི་ཕྲིན་ལས་ཅན། །གང་དེ་ བྱང་ཆུབ་བར་དུ་སྐྱབས་སུ་བསྟེན། །ལན་གསུམ། སེམས་བསྐྱེད་ནི། མཁའ་དང་མཉམ་པའི་མར་གྱུར་ འགྲོ་བ་རྣམས། །ཡང་དག་ཞི་བ་མཆོག་ལ་འགོད་པའི་ཆེད། །རྒྱལ་ཡུམ་རྗེ་བཙུན་འཕགས་ མའི་སྤྱན་སྔ་རུ། །བསོད་ནམས་བསགས་པའི་ཐབས་ལ་འབད་པར་བགྱི། །ལན་གསུམ། དེ་ནས་ གནས་ཁང་བྱིན་རླབས་ནི། ཨ་མྲ ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་གནས་ཁང་རྨད་ བྱུང་བ། །རིན་ཆེན་རང་བཞིན་རྒྱ་ཁྱོ ན་ཡངས་པའི་དབུས། །ཀུན་བཟང་འཕྲུལ་ལ་འགྲན་པའི་ 7-1-228 ཉེར་སྤྱོད་ཚོགས། །ས་དང་བར་སྣང་ཀུན་ཏུ་ཁྱབ་པར་གྱུར། །ༀ་བཛྲ་ཨརྒྷཾ༴ ནས། ཤབྟའི་བར་ བརྗོད་མཐར། ༀ་བཛྲ་ས་ཕ་ར་ཎ་ཁཾ། ཞེས་བརྗོད། དེ་ནས་དཀོན་མཆོག་སྤྱི་མཆོད་ནི། བདག་གི་དད་གུས་ གདུང་ཤུགས་དྲག་པོ་ཡིས། །དཔག་ཡས་ཕྱོགས་བཅུའི་ཞིང་ན་ལེགས་བཞུགས་པའི། །རྒྱལ་ བ་སྲས་བཅས་མ་ལུས་སྤྱན་དྲངས་ནས། །ངོ་མཚར་མཆོད་པའི་ཞིང་དུ་བཞུགས་སུ་གསོལ། །རྣམ་མང་ཐུགས་རྗེའི་དབང་ཕྱུག་འགྲོ་བའི་སྐྱབས། །རླབས་ཆེན་ཕྲིན་ལས་ཕ་མཐའ་བྲལ་ བའི་མགོན། །རྣམ་པ་ཀུན་ཏུ་ཐུགས་རྗེ་གཡེལ་མེད་པ། །གཏན་གྱི་སྐྱབས་མཆོག་ཡོངས་ལ་ གུས་ཕྱག་འཚལ། །བདེ་གཤེགས་སྲས་བཅས་ཡོན་ཏན་རྒྱ་མཚོའི་གཏེར། །གསང་བ་གསུམ་ གྱི་མཛད་པ་བགྲང་ལས་འདས། །རྨད་བྱུང་བྱམས་བརྩེ་རབ་རྒྱས་འགྲོ་མགོན་རྗེ། །བསོད་ ནམས་ཞིང་མཆོག་འཁོར་དང་བཅས་ལ་བསྟོད། །རབ་ཡངས་ཕྱོགས་ཀྱི་འཁོར་ལོ་ཡོངས་ ཁྱབ་པའི། །འཛད་པ་མེད་པའི་མཚར་སྡུག་མཆོད་སྤྲིན་ཚོགས། །ལྷ་དང་མི་ཡི་ཕུན་ཚོགས་ གང་ཡོད་པ། །མཐའ་དག་མཎྜལ་ཚུལ་དུ་འབུལ་བར་བགྱི། །ཐོག་མེད་ནས་བསགས་རང་གི་ སྡིག་པའི་ལས། །བཟོད་དཀའ་ཤིན་ཏུ་ལྕི ་བ་གང་ཡོད་རྣམས། །རྒྱལ་བ་སྲས་བཅས་བཞུགས་ པའི་སྤྱན་སྔ་རུ། །དེང་ནས་འཆགས་ཅིང་ཕྱིན་ཆད་ཡོངས་མི་བགྱིད། །ཕྱོགས་བཅུའི་ཞིང་དུ་ རྒྱལ་དང་དེ་སྲས་དག །བསོད་ནམས་ཚོགས་ཀྱི་དངོས་པོ་ཉེར་བསྐྲུན་པ། །གང་དག་ལའང་ སྙིང་ནས་དགའ་བའི་སེམས། །རྗེས་སུ་ཡི་རང་བ་ཡང་བདག་གིས་བྱ། །རབ་འབྱམས་འཇིག་ རྟེན་རྣམས་སུ་གང་འདུལ་གྱི། །གདུལ་བྱ་མཐའ་ཡས་པ་ལ་ཆོས་ཀྱི་ཆར། །ནམ་ཡང་ཟད་པ་ མེད་པར་ལེགས་ཕབ་ནས། །ལེགས་ལམ་བདུད་རྩིས་འགྲོ་རྒྱུད་འཚོ་བར་མཛོད། །མཛད་པ་ ལྷུན་གྱིས་གྲུབ་པའི་གཟུགས་སྐུའི་འཕྲུལ། །རྟག་པར་བཀོད་པའི་ཡ་མཚན་སྣང་བ་ཆེ། །ཞི་བ་ ཆེན་པོའི་དབྱིངས་སུ་མི་བསྡུ་བར། །རྒྱུན་དུ་འཛད་མེད་འཕྲུལ་ཆེན་ཅིར་ཡང་སྟོན། །བདེ་ གཤེགས་སྲས་བཅས་ཡོངས་ཀྱི་ཞིང་མཆོག་ཏུ། །རྣམ་པར་དཀར་བའི་ལེགས་བྱས་འདི་ 7-1-229 བགྱིས་པས། །རྒྱལ་བསྟན་རབ་རྒྱས་དེ་འཛིན་སྐུ་ཚེ་བརྟན། །ཉེར་འཚེའི་རིགས་ཀྱིས་རྒྱལ་ ཁམས་དབེན་གྱུར་ཅིག །ཁྱད་པར་བདག་གི་བསོད་ནམས་ཚོགས་ཆེན་རྫོགས། །བླ་མེད་ ཀུན་མཁྱེ ན་ཡེ་ཤེས་རྩེར་སོན་ནས། །རྣམ་མང་སེམས་ཅན་སྒྲོལ་བའི་མཐུ་རྒྱས་ཏེ། །མ་གྱུར་ འགྲོ་བའི་རེ་བ་སྐོང་བར་ཤོག །དེ་ནས་འཕགས་མ་ཉིད་ལ་མཎྜལ་གྱི་མཆོད་པ་གསུམ་ལས། དང་པོ་ནི། རང་ཉིད་ སྐད་ཅིག་གནས་འགྱུར་འཕགས་མའི་སྐུ། །དབང་གི་མཛེས་མ་ལྷ་མོ་ཞི་བའི་ལྷ། །རཱ་གའི་ མདངས་ལྡན་རབ་མཛེས་དར་སྣས་བཀླུབས། །རིན་ཆེན་རྒྱན་རྫོགས་པད་ཉིར་བཞུགས་པར་ གྱུར། །བདག་གི་ཐུགས་སྲོག་ཏཱཾ་ཡིག་དམར་གསལ་ལས། །དཔག་མེད་འོད་ཟེར་སྣང་བ་ འབྱམས་ཀླས་ཚོགས། །འཕྲོས་པའི་རང་བཞིན་དག་མཉམ་ཆེན་པོ་ནས། །དབང་གི་ལྷ་མོ་ འཁོར་བཅས་ས་མ་ཛཿ མདུན་མཁར་རྒྱ་ཁྱོ ན་ཡངས་པར་འཇའ་ཟེར་སྦུབས། །སྣ་ཚོགས་པདྨ་ ཉི་གཞོན་རྒྱས་པའི་དབུས། །རྗེ་བཙུན་སྒྲོལ་མ་དབང་གི་ལྷ་མོ་ནི། །རབ་དམར་བྱུ་རུའི་ མདངས་ལ་འོད་སྟོང་འབར། །མཛེས་སྡུག་ལང་ཚོ་རྫོགས་པའི་སྒེག་པ་མོ། །ཞལ་གཅིག་ཕྱག་ གཉིས་གཡས་པས་སྐྱབས་སྦྱིན་དང༌། །གཡོན་པས་དམར་སེར་ཆུ་སྐྱེས་ཡུ་བ་འཛིན། །འཛུམ་ པའི་མདངས་ངོམ་ཞབས་གཉིས་ཕྱེད་སྐྱིལ་བཞུགས། །མཛེས་ལྡན་དར་དམར་མཆོག་གི་སྨད་ གཡོགས་སྟེང༌། །རིན་ཆེན་རྒྱན་བཟང་དྲ་བ་ཕྱོགས་ཀུན་འཕྱངས། །གསེར་མདོག་དར་གོས་ སྟོད་ན་ཀླུབ་བཞིན་དུ། །རིན་ཆེན་མུ་ཏིག་གསར་བའི་མགུལ་རྒྱན་གཡོ། །གསེར་སྦྱངས་གདུ་ བུས་ཕྱག་ཞབས་ཉེར་མཛེས་ཤིང༌། །དབུ་ལ་ནོར་བུའི་ཅོད་པན་རབ་རྒྱས་པ། །གནག་སྣུམ་ རལ་བའི་ཟུར་ཕུད་ལྡེ མ་པའི་སྣེ ། །དྲི་མེད་མཛེས་སྐུའི་རྒྱབ་ན་ཉལ་ཉུལ་གཡོ། །ལྗང་གསལ་ གཡུ་མདོག་འཛིན་པའི་སྙན་རྒྱན་དང༌། །ནོར་བུའི་དོ་ཤལ་མཚར་སྡུག་དར་དཔྱངས་སོགས། །སྣ་ཚོགས་རྒྱན་བཟང་དུ་མས་སྐུ་ལུས་བཀླུབས། །རབ་གསལ་དམར་འོད་སྣང་བ་སྤྲོ་བཞིན་ དུ། །འཕགས་མའི་ཐུགས་སྤྲུལ་དབང་གི་ལྷ་མོའི་ཚོགས། །མཛེས་སྡུག་ལང་ཚོ་འཛིན་པ་ 7-1-230 གྲངས་མེད་པས། །རབ་འབྱམས་ནམ་མཁའི་ཁམས་ཀུན་ཉེར་བཀང་ནས། །མ་ཚོགས་ འཁོར་བཅས་དགྱེས་ཤིང་བརྟན་པར་བཞུགས། །པདྨ་ཀ་མ་ལ་ཡ་སྟྭཾ། ༀ་ཕྲིན་ལས་མྱུར་མ་ རྗེ་བཙུན་དབང་ལྷ་མོ། །མི་མཐུན་འཇིགས་པ་ཀུན་ལས་སྐྱོབ་མཛད་མ། །གསང་གསུམ་ཡོན་ ཏན་ཕ་མཐའ་ཡས་པ་ཅན། །སྒྲོལ་མ་དམར་མོའི་ཚོགས་ལ་གུས་པས་འདུད། །དེ་ནས་མཆོད་པ་ནི། ཨ་ཡེ་ཤེས་དབྱིངས་ལས་ཤར་བའི་མཆོད་ལྷའི་ཚོགས། །ཡོན་ཆབ་མེ་ཏོག་བདུག་སྤོས་སྣང་ གསལ་དང༌། །དྲི་མཆོག་ཞལ་ཟས་རོལ་མོའི་བྱེ་བྲག་ཀུན། །ལེགས་འཛིན་དཔག་མེད་སྤྲུལ་ ནས་འཕགས་མ་མཆོད། །ༀ་ཨརྱ་ཏཱ་རེ་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ༴ ནས། ཤབྟའི་བར་གྱིས་མཆོད། ཕུལ་བྱུང་བཀོད་པའི་ཁྱད་པར་མཐའ་ཡས་པ། །གླིང་བཞི་གླིང་ཕྲན་ལྷ་མིའི་དཔལ་འབྱོར་ ཀུན། །རྒྱལ་སྲིད་སྣ་བདུན་བཀྲ་ཤིས་རྟགས་བརྒྱད་སོགས། །ངོ་མཚར་མཆོད་པའི་རྣམ་པ་ འབུམ་བརྡལ་བ། །བློ་ཡི་བླངས་ནས་དད་གུས་རེ་འདུན་གྱིས། །འཕགས་མ་སྒྲོལ་མའི་ཚོགས་ ལ་ལེགས་འབུལ་ན། །བརྩེ་ཆེན་ཐུགས་ཀྱིས་བདག་གིར་ཉེར་བཞེས་ཏེ། །འཇིགས་བརྒྱད་ གཡུལ་ལས་བདག་ཅག་རབ་རྒྱལ་ཞིང༌། །མཐུན་འཇུག་རིགས་ཀྱི་དངོས་གྲུབ་ཀུན་སྩོལ་ཅིག །ཏྲཾ་རཏྣ་མཎྜལ་པུ་ཛ་ཨ་ཧོ། དེ་ནས་བསྟོད་པ་ནི། ༀ་དཔལ་ལྡན་རིགས་ཀྱི་བདག་མོ་དབང་གི་ལྷ། །ཡེ་ཤེས་སྐུ་མཆོག་རྡུལ་བྲལ་དྲི་མ་མེད། །རབ་འབར་རྗེས་ཆགས་གཡོ་བའི་གར་བསྒྱུར་མ། །ཕྲིན་ལས་རབ་མྱུར་འཕགས་མས་རྟག་ཏུ་སྐྱོངས། །མཚར་སྡུག་རཱ་གའི་མདངས་ལ་འོད་ དམར་འཁྱུག །ཡ་མཚན་ལང་ཚོ་ཡོངས་རྫོགས་བཅུ་དྲུག་ཉམས། །མི་ཤིགས་རྡོ་རྗེའི་སྐུ་ མཆོག་ཁྱད་པར་བས། །དགྲ་གདོན་འཚེ་བའི་གནོད་པ་ཀུན་ལས་སྐྱོབས། །ཡེ་ཤེས་རང་ གཟུགས་གཞོམ་དུ་མེད་པའི་གསུང༌། །མ་ལུས་སྐད་རིགས་ཀུན་གྱི་རྗེས་འགྲོ་བ། །རིག་ སྔགས་ནུས་པའི་མཐུ་རྣམས་ཡོངས་རྫོགས་པས། །འབྱུང་བའི་ཁམས་ཀྱི་འདུ་འཁྲུགས་མཐའ་ དག་ཆོམ། །གཞལ་བྱའི་ཡུལ་གྱི་རྣམ་པ་སྲིད་པའི་ཚད། །ཅིག་ཆར་མངོན་དུ་བྱ་བའི་དྲི་མེད་ 7-1-231 ཐུགས། །ཡེ་ཤེས་མཁྱེ ན་པ་མཆོག་གི་བྱིན་རླབས་ལས། །གཞི་རྩ་དྭངས་པའི་རིགས་ཁམས་ མངོན་དུ་སྟོན། །དགེ་ལེགས་མཛད་ཕྲིན་ཟླ་དང་བྲལ་བ་ཡིས། །དགེ་བའི་དངོས་པོ་མཐའ་ དག་ཀུན་བསྡུས་ནས། །དགེ་ཞིང་བཟང་པའི་བཀྲ་ཤིས་དང་བཅས་ཏེ། །དགེ་འདུན་འདུས་ སྡེས་ས་སྟེང་ཀུན་ཁྱབ་མཛོད། །ལན་གཉིས། དེ་ནས་འདོད་གསོལ་ནི། འཕགས་མ་སྒྲོལ་མ་རྗེ་བཙུན་ དབང་ལྷ་མོ། །ཐུགས་རྗེ་མྱུར་མ་འཇིགས་ཚོགས་སྒྲོལ་བའི་མཆོག །རྒྱལ་ཡུམ་བཅོམ་ལྡན་ འདས་མའི་ལྷ་ཚོགས་ལ། །སྙིང་ནས་རེ་བས་འདོད་དོན་ཞུ་བ་ནི། །ཁྱད་པར་བདག་གིས་དམ་ ཆོས་སྒྲུབ་པའི་རྐྱེན། །ཡིད་འོང་ཉམས་དགའ་དབེན་པའི་གནས་མཆོག་ཏུ། །མཐུ་ཆེན་ཡིད་ ཀྱི་འདུན་པ་གཞོལ་བ་ཡིས། །འདི་སྣང་ཁྱི མ་ལ་ཞེན་བློ་ལྡོ ག་མཛོད་ཅིག །ཚེ་འདིར་འདུག་ ཆས་གང་ནས་ཉེར་འབད་ཀྱང༌། །སྙིང་པོ་མེད་པའི་ཚུལ་ལ་ངེས་རྙེད་ནས། །འཆི་ཆོས་གཤའ་ མ་སྒྲུབ་པར་བྱེད་པ་ལ། །བརྩོན་པ་ལྷུར་ལེན་ནུས་པར་བྱིན་གྱིས་རློབས། །གནས་ཆེན་ཉམས་ དགར་སོང་ནས་སྐད་ཅིག་ཀྱང༌། །མ་ཡེངས་བརྩོན་པའི་འཇུག་པ་མི་ལྷོ ད་པར། །རྩེ་གཅིག་ ཏིང་འཛིན་མཆོག་ལ་ཉེར་གནས་ཏེ། །སྙིང་པོ་ལྷ་ཆོས་འགྲུབ་པར་བྱིན་གྱིས་རློབས། །ལམ་ བཟང་སྒོམ་པའི་གནས་སྐབས་ཀུན་ཏུ་ཡང༌། །ཐོག་མར་བློ་ལྡོ ག་རྣམ་བཞིས་རྒྱུད་བསྡམས་ ནས། །འཁོར་བ་རྒྱུ་འབྲས་ཕྱོགས་ལ་ཞེན་ལོག་སྟེ། །ལམ་གྱིས་གཞི་རྩ་ཚུགས་པར་བྱིན་གྱིས་ རློབས། །དེ་ནས་འགྲོ་ལ་བློ་སྒོ་ཡངས་པའི་སེམས། །མཁའ་མཉམ་སེམས་ཅན་རྫོགས་བྱང་ ཐོབ་པའི་ཆེད། །རང་ཉིད་བདེ་གཤེགས་གོ་འཕང་ཐོབ་འདོད་པའི། །བསམ་པ་བླ་མེད་སྐྱེ་ བར་བྱིན་གྱིས་རློབས། །ཡང་དག་ཐབས་ཤེས་ཟུང་གིས་ཉེར་ཟིན་པའི། །སྦྱིན་སོགས་ཕ་རོལ་ ཕྱིན་པའི་ཆོས་ཚུལ་ལ། །རྟག་པར་འབད་པའི་རྒྱལ་སྲས་མཛད་བཟང་གིས། །རྒྱུན་དུ་རང་ རྒྱུད་མཛེས་པར་བྱིན་གྱིས་རློབས། །ཐོག་མ་མེད་ནས་རྨོངས་ཤིང་འཁྲུལ་བའི་བློ། །བདག་ཏུ་ ཞེན་པའི་འཛིན་སྟངས་འཇིག་བྱེད་པའི། །ཡང་དག་བདག་མེད་ལྟ་བའི་ཡེ་ཤེས་ཀྱིས། །ཆོས་ 7-1-232 ཉིད་རྗེན་ཆར་མཐོང་བར་བྱིན་གྱིས་རློབས། །མདོར་ན་ཚེ་འདིར་དལ་འབྱོར་དོན་ལྡན་གྱི། །བྱ་བ་ཁོ་ནས་ཚེ་མཐར་འཁྱོ ལ་བྱས་ནས། །དོན་མེད་ངང་དུ་ཅུང་ཟད་མི་གཡེང་བར། །བཀའ་ གདམས་གོང་མའི་རྣམ་ཐར་འཛིན་པར་ཤོག །ཅེས་མཎྜལ་གྱི་མཆོད་པ་དང་པོའི་སྐབས་གོང་གི་བསྟོད་པ་དེ་ ཉིད་ལན་གཉིས་དང༌། གཉིས་པའི་ཚེ་གོང་གི་མཆོད་པ་ནས་འཇུས་ཏེ་བསྟོད་པའི་མགོར་སླེབ་པ་ན། རྗེ་བཙུན་ལྷ་མོའི་ ཕྱག་གཡས་སྐྱབས་སྦྱིན་གྱི། །ཕྱག་རྒྱ་མཛད་པའི་འོག་ཏུ་རང་ཅག་ཚུད། །ཀུན་ཏུ་བདེ་བས་བློ་ ཡིད་ཚིམ་བྱས་ཏེ། །དགའ་འདུན་མོས་པས་བསྟོད་ཚིག་འདོད་གསོལ་ཞུ། །ཞེས་བརྗོད་ནས་བསྟོད་ པ་ཚར་གསུམ་འདོན་མཐར་འདོད་གསོལ་ཡང་བྱ། ཡང་གསུམ་པའི་ཚེ་གོང་གི་མཆོད་པ་ནས་བཟུང་བསྟོད་པའི་མགོར་ཐོན་པ་ན། འཕགས་མའི་དྭངས་གསལ་ཡེ་ཤེས་སྐུ་བཟང་ལས། །ཉེ་བར་ཐོན་པའི་དམར་སེར་བདུད་ རྩིའི་རྒྱུན། །ཅིར་ཡང་ལུད་པས་རང་གི་སྤྱི་བོར་ཞུགས། །ལས་གང་འཕགས་མའི་བྱིན་གྱིས་ རླབས་པར་གྱུར། །དེ་ནས་བསྟོད་པ་ཚར་བདུན་འདོད་གསོལ་དང་བཅས་པ་བྱའོ། །འདི་ལ་གཏོར་ཆོག་བྱེད་པར་སྤྲོ་ན་ སྔོ ན་ནས་ཟླུམ་གཏོར་རྒྱན་ལྡན་སོགས་ཀྱང་འདུ་བྱས་ལ་འདིའི་འདོད་གསོལ་གྱི་གོང་དུ་གཏོར་ཆོག་བྱ་སྟེ། དེའི་ཚུལ་ཡང༌། ཨ་ མྲ ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་རིན་ཆེན་གཏོར་སྣོ ད་ནང༌། །འབྲུ་གསུམ་ ལས་བྱུང་ཟག་མེད་དགྱེས་པའི་རྫས། །སྦྱང་སྤེལ་བསྒྱུར་བའི་དམ་རྫས་ཟླ་བྲལ་བ། །རྒྱ་ཆེན་ མཆོད་གཏོར་ཟད་པ་མེད་པར་གྱུར། །ༀ་ཨཱཿཧཱུཾ། ལན་གསུམ་གྱིས་བྱིན་གྱིས་བརླབས་ལ། ༀ་ཨརྱ་ཏཱ་རེ་ ས་པ་རི་ཝ་ར་བྷྱཿན་མཿསརྦ་ཏ་ཐ་ག་ཏ༴ སོགས། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་ལན་གསུམ་མམ་བདུན་ སོགས་ཅི་རིགས་ཀྱིས་འབུལ་མཐར། ཨརྒྷཾ༴ ནས། ཤབྟའི་བར་གྱིས་མཆོད། ཏཱཾ། སྐྱེ་མེད་དབྱིངས་ལས་ འགག་མེད་སྒྱུ་མའི་འཕྲུལ། །གསང་གསུམ་ངོ་མཚར་བཀོད་པའི་རྣམ་རོལ་པ། །མཁའ་ མཐར་སྤྲོ་མཛད་ཐུགས་རྗེའི་ཤུགས་མྱུར་བའི། །རྒྱལ་བའི་ཡུམ་ཆེན་གཙོ་འཁོར་བཅས་ལ་ བསྟོད། །རྣལ་འབྱོར་སྔགས་རྒྱས་སྤེལ་བའི་ཟག་མེད་མཆོག །འཕགས་མའི་ལྷ་ཚོགས་ དགྱེས་པ་བསྐྱེད་པའི་རྫས། །རྒྱ་ཆེན་མཆོད་གཏོར་དམ་པ་འདི་འབུལ་ལོ། །བརྩེ་བས་བཞེས་ 7-1-233 ལ་དངོས་གྲུབ་མཐའ་དག་སྩོལ། །ཞེས་བྱས་པས་ཆོག་ལ་འོན་ཀྱང་གཏོར་ཆོག་མ་བྱས་ཀྱང་རུང་ངོ༌། །གང་ལྟར་ ཡང༌། སྐྱེ་མེད་ཆོས་སྐུའི་དབྱིངས་ལས་གཟུགས་ཀྱི་སྐུ། །གང་འདུལ་སྒྱུ་མའི་འཕྲུལ་བཟང་ཅིར་ ཡང་སྣང༌། །འཕགས་མ་ལྷ་མོའི་ཚོགས་དང་བཅས་པ་ལ། །སྦྱོར་བ་མ་དག་ཅི་མཆིས་བཟོད་ པར་གསོལ། །ཡི་གེ་བརྒྱ་པ་ལན་གསུམ་བརྗོད་མཐར་གཏོར་མགྲོན་གློ་བུར་དུ་ལྷགས་པ་རྣམས་ཀྱང་གཤེགས་སུ་གསོལ། མདུན་བསྐྱེད་ལྷ་མོ་འཕགས་མ་འཁོར་དང་བཅས། །འོད་དམར་བདེ་བའི་རང་བཞིན་ཉིད་དུ་ ཞུ། །རང་ལ་ཐིམ་པས་སྒོ་གསུམ་སྒྲིབ་དག་ནས། །བདག་གི་ཡེ་ཤེས་ལྷ་དང་དབྱེར་མེད་གྱུར། །དེ་ནས་ཡི་གེ་བཅུ་པ་ཅི་འགྲུབ་བཟླས་མཐར། བདག་ཉིད་ཡེ་ཤེས་ལྷ་ཡི་རྣམ་པ་ཀུན། །དྲི་མེད་འོད་ གསལ་དབྱིངས་སུ་ཉེར་བསྡུས་ཏེ། །སླར་ཡང་གཟུགས་སྐུའི་ངོ་བོར་ལྡང་བྱས་ནས། །ཀུན་ཏུ་ བཟང་པོའི་སྤྱོད་ལམ་བྱེད་པར་གྱུར། །དགེ་བ་བསྔོ ་བ་ནི། རབ་དཀར་དགེ་བའི་བསོད་ནམས་གང་ མཆིས་དེས། །སྲིད་ན་འཆིང་བའི་སྐྱེ་དགུ་འགྲོ་བ་རྣམས། །འཇིགས་རུང་འཁོར་བའི་རྒུད་པ་ དང་བྲལ་ཏེ། །རྒྱལ་ཡུམ་འཕགས་མའི་སྐུ་བཟང་འཛིན་གྱུར་ཅིག །དེ་ནས་བཀྲ་ཤིས་ནི། ༀ་རྒྱལ་ ཡུམ་དཔའ་མོ་རྗེ་བཙུན་ཏཱ་རེ་མའི། །གང་འདུལ་སྒྱུ་འཕྲུལ་བཀོད་པའི་ཟློ ས་གར་གྱིས། །ངོ་ མཚར་དགེ་མཚན་གསར་བའི་ཆར་ཕབ་སྟེ། །སྲིད་ཞིའི་རྒུད་པ་སེལ་བའི་བཀྲ་ཤིས་ཤོག །མཛེས་སྡུག་སྐུ་ཡི་འོད་བཟང་སྣང་བ་ཡིས། །ས་གསུམ་རྨོངས་པའི་མུན་ནག་འཇོམས་པ་ དང༌། །ཆབ་གཅིག་དགའ་སྐྱིད་གཟི་འོད་རྟག་འབར་བའི། །ཡ་མཚན་ཆེ་བ་མཆོག་གི་བཀྲ་ ཤིས་ཤོག །ལེགས་གསུང་དབྱངས་སྙན་རྣམ་མང་ཆོས་ཀྱི་མཛོད། །མ་ལུས་རྨོངས་པ་གཉིད་ འཐུག་ཀུན་འཇོམས་པའི། །གཞོམ་མེད་སྒྲ་ལྡན་འཆི་མེད་དཔལ་སྟེར་བ། །གསུང་མཆོག་ དམ་པ་དེས་ཀྱང་བཀྲ་ཤིས་ཤོག །མི་འགྱུར་ཞི་བ་ཆེན་པོའི་དབྱིངས་ཉིད་ལས། །རབ་ འབྱམས་ཆོས་ཀུན་ཅིག་ཆར་ལེགས་བཀྲ་བའི། །འབད་མེད་བརྟན་དང་གཡོ་བའི་གར་ བསྒྱུར་མཁན། །དྲི་མེད་ཐུགས་མཆོག་རྒྱས་པའི་བཀྲ་ཤིས་ཤོག །རྒྱལ་ཀུན་སྤྱི་གཟུགས་ 7-1-234 དབང་གི་ལྷ་མོའི་སྐུ། །རླབས་ཆེན་མཛད་པའི་ཕྲིན་ལས་སྟོང་འབར་བ། །ངོ་མཚར་དགེ་བའི་ མཚན་མ་འབུམ་དཀྲི གས་པའི། །རྒྱལ་ཡུམ་རྗེ་བཙུན་སྒྲོལ་མའི་བཀྲ་ཤིས་ཤོག །ཅེས་རྗེ་བཙུན་ སྒྲོལ་མ་དམར་མོའི་སྒོ་ནས་མཎྜལ་བཞི་པའི་མཆོད་པ་བྱེད་པའི་ཐབས་ཚུལ་ཉུང་ངུར་བཀོད་པ་བྱིན་རླབས་འདོད་པ་འཇོ་བའི་ བུམ་བཟང་ཞེས་བྱ་བ་འདི་ཡང་གྲྭ་བཙུན་མཁས་དཔལ་གྱིས་དབེན་པའི་རི་ངོགས་སུ་ཉམས་ལེན་གྱི་ཆ་རྐྱེན་དུ་མཁོ་བར་མཐོང་ ནས་རྨོང་བན་མ་ཏི་ཀཱིརྟི ་ཞེས་པས་ལྷག་བསམ་དག་པས་བགྱིས་པ་ཛ་ཡནྟུ།། །། 7-1-235 ༄༅། །དབང་གི་ལྷ་མོའི་ལས་ཚོགས་སྒྲུབ་ཚུལ་སྙིང་པོ་ཙམ་ བཀོད་པ་གྲུབ་འབྲས་མྱུར་འབྱིན་ཞེས་བྱ་བ་ བཞུགས་སོ། ། ༄༅། །རྗེ་བཙུན་མ་ལ་ཕྱག་འཚལ་ནས། འདིར་དབང་གི་ལྷ་མོའི་སྒོ་ནས་ལས་ཚོགས་སྒྲུབ་ཚུལ་སྙིང་པོ་ཙམ་ལ་ཐོག་ མར་སྐྱབས་སུ་འགྲོ་བ་ནི། སྐྱབས་གནས་རིན་ཆེན་གསུམ་གྱི་བདག་ཉིད་ཅན། །ཕྲིན་ལས་དབང་ ཕྱུག་རྗེ་བཙུན་བཅོམ་ལྡན་མ། །བདག་སོགས་དེང་ནས་བྱང་ཆུབ་སྙིང་པོའི་བར། །སྐྱབས་ སུ་བསྟེན་ནོ་སྲིད་ཞིའི་འཇིགས་ལས་སྐྱོབས། །ལན་གསུམ། སེམས་བསྐྱེད་ནི། ཀྱེ་མ་རྨོངས་པའི་ དབང་སོང་མར་གྱུར་འགྲོ། །བཟོད་དཀའ་སྲིད་པའི་མཚོ་ལས་སྒྲོལ་བའི་ཆེད། །བདག་ གིས་རྗེ་བཙུན་ལྷ་མོའི་རྣལ་འབྱོར་ལ། །བརྟེན་ནས་ཡང་དག་གོ་འཕང་བསྒྲུབ་པར་བྱ། །ལན་ གསུམ། དངོས་གཞི་ནི། སྐད་ཅིག་རང་ལུས་ཐ་མལ་སྣང་བ་སྦྱངས། །དྲི་མེད་པདྨ་ཟླ་བའི་གདན་གྱི་ སྟེང༌། །རིག་སྟོང་རང་མདངས་ཏཱྃཿདམར་འཕྲོ་འདུ་ལས། །རང་ཉིད་སྒྲོལ་མ་དམར་མོ་མཛེས་ གཟུགས་ཅན། །ཞབས་གཉིས་ཕྱེད་སྐྱིལ་ཕྱག་གཡོན་ཐུགས་ཀ་ནས། །དཀོན་མཆོག་རྣམ་ གསུམ་མཚོན་པའི་ཕྱག་རྒྱ་ཡིས། །བྱུ་རུའི་མདངས་འཛིན་ཨུཏྤལ་ཟེའུ་འབྲུའི་རྩེར། །དགོས་ འདོད་ཀུན་འབྱུང་དབང་གི་གཏེར་བུམ་བསྣམས། །ཕྱག་གཡས་མཆོག་སྦྱིན་ཕྱག་རྒྱའི་མཐེབ་ མཛུབ་ནས། །ལོངས་སྤྱོད་འགུགས་པའི་དབང་གི་ལྕགས་ཀྱུ་ཡིས། །གང་བསམ་འདོད་ དགུའི་དཔལ་ལ་དབང་བྱས་ཏེ། །སྒྲུབ་པོའི་ཡིད་ཀྱི་རེ་འདོད་མ་ལུས་སྐོང༌། །བཅུ་དྲུག་དགའ་ 7-1-236 མའི་ལང་ཚོ་རྫོགས་པས་སྒེག །ཞལ་རས་སྤྱན་ཟུང་གནག་སྣུམ་རལ་པ་གཡོ། །རིན་ཆེན་རྒྱན་ བཟང་དར་གྱི་ན་བཟའ་ཀླུབ། །འོད་དམར་མཛེས་པ་འབྱིན་པའི་གཟུགས་ཀྱི་སྐུ། །ཐུགས་ ཀར་བདུན་པའི་བདག་པོ་ལ་གནས་པའི། །ཏཱྃཿཡིག་དམར་གསལ་པདྨ་རཱ་གའི་མདོག །དམ་ཡེ་གཉིས་སུ་མེད་པའི་བདག་ཉིད་དུ། །སྣང་ལ་རང་བཞིན་མེད་པའི་ཚུལ་དུ་གསལ། །འཕགས་མའི་ཐུགས་སྲོག་ས་བོན་ཡི་གེའི་གཟུགས། །ཏཱྃཿདམར་རཱ་གའི་མདངས་འོད་འབྱིན་ པའི་མཐར། །སྙིང་པོ་སྔགས་ཀྱི་འབྲུ་མཆོག་ཕྱི་ནང་བསྐོར། །རང་གསལ་རྗེན་འཆར་ངང་ནས་ གཟུངས་སྔགས་བཟླ། །ༀ་ཏཱ་རེ་ཏཱཾཿསྭཱཧཱ། ཞེས་པའི་ཡི་གེ་དྲུག་པ་ཆུ་བོའི་རྒྱུན་བཞིན་ལྷ་སྐུ་གསལ་སྣང་དང་སྔགས་ འཁོར་ལ་སེམས་འཛིན་བཞིན་ཡེང་མེད་དུ་བཟླ། བར་སྐབས་སུ་ཡང༌། རང་ལུས་སྟོང་གསལ་འཕགས་མའི་ཡེ་ ཤེས་སྐུ། །གསང་བ་གསུམ་གྱི་མཛད་པ་མཁའ་ཁྱབ་པ། །མ་ལུས་འགྲོ་བའི་གང་གང་འདོད་ པའི་འཕྲུལ། །འབད་མེད་ལྷུན་གྲུབ་ཤུགས་ཀྱིས་རང་བྱུང་གྱུར། །པར་བསམ་བཞིན། ༀ་ཏཱ་རེ་ ཏུཏྟཱ་རེ་ཏུ་རེ་སྭཱཧཱ། ཞེས་པའི་ཡི་གེ་བཅུ་པ་ཅི་འགྲུབ་མཐར། རང་གི་ཐུགས་ལས་རང་འདྲ་འཕགས་མའི་ ཚོགས། །སྟེང་འོག་ཕྱོགས་མཚམས་ཀུན་ཏུ་སྤྲོས་པ་ཡིས། །ཕྱག་ནས་ཤེལ་དཀར་བུམ་པའི་ བདུད་རྩིའི་རྒྱུན། །རང་དང་བསྲུང་བྱའི་ལུས་བཀྲུས་སྒྲིབ་ཀུན་བྱང༌། །བར་བསམ་བཞིན། ཡི་གེ་བཅུ་ པའི་ཤམ་དུ། སརྦ་པཱ་པཾ་ཤཱནྟ່་ཀུ་རུ་སྭཱཧཱ། ཞེས་སྦྱར་བ་ཅི་ནུས་དང༌། སླར་ཡང་ཐུགས་ལས་སྤྲོས་པའི་ ལྷ་ཚོགས་ཀྱི། །ཕྱག་ནས་ཚེ་བསོད་རྒྱས་པའི་ནོར་མཆོག་གིས། །སྒྲུབ་པོའི་དབུལ་བ་མ་ལུས་ ཡོངས་བཅོམ་སྟེ། །ཚེ་དང་བསོད་ནམས་ཕ་མཐའ་མེད་པར་གྱུར། །པར་བསམ་བཞིན། ཡི་གེ་བཅུ་པའི་ ཤམ་དུ། སརྦ་ཨ་ཡུར་པུཎྱེ་ཛྙཱ་ན་པུཥྚ່ཀུ་རུ་སྭཱཧཱ། ཞེས་པ་སྦྱར་བ་དང༌། སླར་ཡང་ཐུགས་ལས་སྤྲོས་པའི་ ལྷ་མོའི་ཚོགས། །དབང་གི་ལྕགས་ཀྱུ་ཐོགས་པ་དཔག་མེད་སྤྲོས། །འཇིག་རྟེན་ཆེ་རྒུ་མ་ལུས་ བཀུག་བྱས་ནས། །དབང་དུ་བསྡུས་ཏེ་གང་བསམ་མངགས་གཞུག་གྱུར། །པར་བསམ་བཞིན། ཡི་ གེ་བཅུ་པའི་ཤམ་དུ། སརྦ་ལོ་ཀ་ཝ་ཤཾ་ཀུ་རུ་སྭཱཧཱ། ཞེས་པ་སྦྱར་བ་དང༌། སླར་ཡང་ཐུགས་ཀ་ནས་སྤྲོས་ཁྲོ་ 7-1-237 མོའི་ཚོགས། །ལྕགས་ཀྱུ་ཕུར་བུ་ཐོགས་པ་གྲངས་མེད་སྤྲོས། །གནོད་བྱེད་འཚེ་བའི་རིགས་ གྱུར་གང་དག་གི །ལུས་སེམས་ཞི་བ་ཆེན་པོའི་དབྱིངས་སུ་བསྒྲལ། །པར་བསམ་བཞིན་ཡི་གེ་བཅུ་ པའི་ཤམ་དུ། སརྦ་ཨ་མུ་ཀ་མ་ར་ཡ་ཕཊ་སྭཱཧཱ། ཞེས་སྦྱར་བ་བཟླ་ལ་དེ་དག་ལས་རྩ་བའི་བསྙེན་པ་ཐུང་རིང་གཉིས་ འབྲུ་འབུམ་མན་ལས་མི་ཉུང་བར་བཟླ་བར་གལ་ཆེ་ཞིང༌། དེ་ནས་ལས་བཞིའི་དམིགས་པ་བཅས་སྔགས་ཤམ་ཅན་རྩ་བསྙེན་ གྱི་གྲངས་ཆ་བརྒྱད་དམ་བཞི་གང་རུང་བཟླས་པས་བསྙེན་གྲངས་གྲུབ་ལ། དེ་ཕན་རྒྱུན་ཁྱེ ར་ལ་བསྙེན་པ་ཅི་ནུས་བཅས་མི་ཆག་ པར་བྱས་ན་དེང་དུས་སུ་དགོས་ཕན་རེ་བྱུང་བར་མངོན་ལ། ཐུན་མཐར། སྤྲོས་པའི་ལྷ་ཚོགས་གང་དག་ཐུགས་ ཀར་བསྡུ། །འཕགས་མ་དབང་གི་ལྷ་མོའི་ཡེ་ཤེས་སྐུ། །སྣང་ཡང་རང་བཞིན་ཀུན་བྲལ་ཆུ་ཟླ་ ལྟར། །སྣང་སྟོང་ཟུང་འཇུག་ངང་ནས་གནས་ལུགས་བསྐྱངས། །དེ་ནས་དར་ཅིག་ལ་མཉམ་པར་བཞག ཆོས་དབྱིངས་གཤིས་ལས་ཤར་བའི་འཕྲུལ་ཆེན་སྐུ། །ངོ་མཚར་མཛེས་གཟུགས་ཉེར་འཆང་ སྒྱུ་མའི་ལྷ། །སྐད་ཅིག་འོད་གསལ་སྟོང་པའི་དབྱིངས་སུ་བསྡུ། །གཉུག་མ་བརྗོད་བྲལ་ངང་ དུ་མཉམ་པར་འཇོག །སྟེ་ཅུང་ཟད་གནས་པར་བྱ། མཐར། སླར་ཡང་སྒྱུ་མའི་ལྷ་སྐུར་ང་རྒྱལ་འཕོས། །སྣང་གྲག་རིག་གསུམ་གསང་གསུམ་ལྷའི་འཁོར་ལོ། །བཟའ་བཏུང་སྤྱོད་ལམ་ཐ་མལ་འདུ་ ཤེས་སྤངས། །དག་ཆེན་མཆོག་གི་རྒྱན་དུ་རྟག་པར་རོལ། །བསྔོ ་སྨོན་ཡང༌། འདིར་འབད་རྣལ་ འབྱོར་ཟབ་མོའི་ལེགས་བྱས་ཀྱིས། །གནས་སྐབས་ཡང་དག་ལམ་གྱི་གེགས་བྲལ་ཏེ། །ནམ་ ཞིག་རིང་མིན་བདག་ལུས་གདོས་བཅས་ཟད། །གཞོམ་མེད་འཕགས་མའི་སྐུ་མཆོག་ཐོབ་ པར་ཤོག །དེ་ཚེ་འགྲོ་བའི་ཉེས་བརྒྱ་ནད་ཀྱི་སྨན། །ལེགས་ལམ་བདུད་རྩིའི་བགོ་སྐལ་སྦྱིན་ པའི་གཉེན། །མཐའ་ཡས་ཆོས་ཕུང་བརྒྱད་ཁྲིའི་མཛོད་གྱུར་ཏེ། །གདུལ་དཀའ་འདུལ་བའི་ མཐུ་ནུས་ཡོངས་རྫོགས་ཤོག །ལུས་ཅན་འགྲོ་ལ་ཆོས་ཀྱི་མཛད་བཟང་གིས། །རང་རང་དང་ འཚམ་རླབས་ཆེན་ཕན་པའི་ཐབས། །ཕྲིན་ལས་སྒོ་བརྒྱ་ཕྱོགས་མཐར་ཁྱབ་པའི་རྒྱུན། །ཇི་ སྲིད་བསྐལ་པའི་བར་དུ་གནས་གྱུར་ཅིག །ཅེས་པའི་བསྔོ ་བས་མཐར་དབྱུང་ངོ༌། འདི་དུས་དང་བསྟུན་པའི་ལས་ 7-1-238 སྒྲུབ་ཀྱི་ཐབས་ཡིན་ཕྱིར་བཅའ་བཤམས་སོགས་གང་ཡང་མི་དགོས་པར་རྣལ་འབྱོར་བསྙེན་སྒྲུབ་ཁོ་ན་འབད་པས་འཐུས་སོ། །ཞེས་དབང་གི་ལྷ་མོའི་ལས་ཚོགས་སྒྲུབ་ཚུལ་སྙིང་པོ་ཙམ་བཀོད་པ་གྲུབ་འབྲས་མྱུར་འབྱིན་ཞེས་བྱ་བ་འདི་ཡང་རབ་བྱུང་གཙང་ མར་བརྩོན་པ་གྲྭ་བཙུན་བློ་འོད་ཀྱི་ཆེད། མ་ཏིའི་མིང་གིས་འཕྲལ་ཏུ་ཤར་མར་སྤེལ་བ་ཛ་ཡནྟུ།། །། 7-1-239 ༄༅། །དབང་གི་ལྷ་མོའི་སྒོ་ནས་ནོར་སྒྲུབ་སོགས་བཞུགས། ༄༅། །དབང་གི་ལྷ་མོའི་སྒོ་ནས་ནོར་སྒྲུབ་བསྡུས་པ་བྱ་ཐབས་ལ། གཏེར་བུམ་སོགས་འདུ་བྱས་ལ་འདི་སྐད་ དོ། །སྐྱབས་སེམས་སྤྱི་མཐུན་སྔོ ན་དུ་འགྲོ་བའི་སྒོ་ནས། བདག་ཉིད་སྐད་ཅིག་འཕགས་མའི་སྐུ་གསལ་ཏེ། །ཐུགས་ཀའི་ཏཱཾཿལས་འོད་ཟེར་ཚོགས་སྤྲོས་པས། །རང་བཞིན་དབྱིངས་ནས་ལྷ་མོ་ནོར་གཏེར་ མ། །མ་ཚོགས་སྡེ་འཁོར་བཅས་པ་སྤྱན་དྲངས་གྱུར། །མདུན་གྱི་གཏེར་རྫས་རྣམས་ཀྱི་སྟེང་གི་ མཁར། །རིན་ཆེན་སྣ་ལྔའི་ཁྲི་བཟང་རྒྱས་པའི་དབུས། །ནོར་བདག་ལྷ་མོ་དམར་འོད་འཕྲོ་བ་ ཅན། །ཞལ་གཅིག་ཕྱག་གཉིས་ཞབས་གཉིས་ཕྱེད་སྐྱིལ་བཞུགས། །ཕྱག་གཡས་མཆོག་སྦྱིན་ གཡོན་པའི་གཏེར་བུམ་ལས། །རབ་དམར་ནོར་བུ་དུ་མ་འཕྱུར་བ་རྣམས། །གཏེར་རྫས་དག་ ལ་གཉིས་མེད་ཚུལ་དུ་ཞུགས། །མ་ལྷ་གང་གི་མཛེས་པའི་སྐུ་ལུས་ལ། །སྣ་ཚོགས་དར་ཟབ་ ཉེ་བར་བཀླུབས་པ་དང༌། །རིན་ཆེན་རྒྱན་ཕྲེང་མཆོག་གིས་འཕྱོར་ཞིང་སྒེག །ནོར་སྦྱིན་ལྷ་མོ་ འབུམ་སྡེའི་འཁོར་དང་བཅས། །བརྩེ་བས་བཞུགས་ལ་ནོར་གྱི་དངོས་གྲུབ་སྩོལ། །དེ་ནས་ཡི་ གེ་བཅུ་པའི་གཤམ་དུ། ནོར་དང་ལོངས་སྤྱོད་སརྦ་སིདྷི་ཕ་ལ་ཧཱུཾ། ཞེས་པ་བཏགས་ནས་བཟླས་ལ་འབད་མཐར། འཕགས་མའི་ཕྱག་གི་བུམ་བཟང་ལས་རྡོལ་བའི། །དགོས་འདོད་ནོར་བུའི་ཆར་གྱིས་གཏེར་ རྫས་རྣམས། །ལོངས་སྤྱོད་འཕེལ་བའི་མཛོད་དུ་ལེགས་བསྒྱུར་བས། །སྒྲུབ་པོའི་དབུལ་ ཕོངས་སྡུག་བསྔལ་ཀུན་འཇོམས་གྱུར། །ཅེས་བརྗོད་དོ། ཡེ་ཤེས་པ་རང་གནས་སུ་གཤེགས་ལ། འདི་ཡང་གང་ ཤར་ཚུལ་དུ་མ་ཏིས་སྤེལ། 7-1-240 ༄༅། །རྒྱལ་ཡུམ་ལྷ་མོ་གང་གི་ཞབས་ལ་གུས་པས་བཏུད་ནས་འདི་ལྟར་སྟེ། མདུན་མཁར་འཇའ་ཟེར་ འཐིབས་པའི་འོད་ཀློ ང་ན། །སྣ་ཚོགས་ཆུ་སྐྱེས་ཉི་དཀྱིལ་རྒྱས་པའི་སྟེང། །ལེགས་བཞུགས་ འཕགས་མ་དབང་གི་ལྷ་མོ་ནི། །བྱུ་རུའི་མདངས་ལ་འོད་དམར་འཁྱུག་པ་བཞིན། །ཞབས་ གཉིས་བརྐྱངས་བསྐུམས་ཚུལ་གྱིས་འགྱིངས་ཤིང་རྩེན། །གཅེར་བུ་རུས་པའི་རྒྱན་བཟང་དྲ་ བ་ཅན། །ཕྱག་གཡས་དབང་གི་ལྕགས་ཀྱུ་མཁའ་ལ་ཕྱར། །གཡོན་པས་འདོད་དགུ་འཇོ་བའི་ ནོར་བུ་འཛིན། །ཞལ་བཟང་རྗེས་ཆགས་དམར་འོད་སྣང་བ་འབར། །གང་དེའི་ཐུགས་ཀར་ ནོར་བུ་རྒྱས་པའི་ནང༌། །རབ་དམར་ཏཱྃ་ཡིག་སྣང་བ་སྟོང་ལྡན་པ། །ཡི་གེ་བཅུ་པའི་རང་སྒྲ་ གྲག་པར་བསམ། །ཚུལ་དེ་ཀའི་ངང་ལ་སེམས་གནས་པའི་སྒོ་ནས་འཇོག་ཅི་ཐུབ་བྱས་ན་ཤིན་ཏུ་ལེགས་ཤིང༌། ཡང་ན་ དེ་ལ་སེམས་གཏད་ནས་ཡི་གེ་བཅུ་པའི་གཤམ་དུ་སརྦ་སིདྡྷི་ཕ་ལ་ཧཱུཾ། ཞེས་པ་བཏགས་ནས་ངག་ཏུ་བཟླས་པ་ལ་འབད་ ནའང་བཟང་བར་མངོན་ནོ། །ཞེས་པའང་ཅི་ཡང་མ་བཅོས་པར་སྣང་བ་གང་ཤར་ལྷུག་པར་མ་ཏིས་སྤེལ་བའོ།། །།དགེའོ།། ༄༅། །ཡང་འདི་ལྟར། རང་ཉིད་འཕགས་མར་གསལ་བའི་ཐུགས་ཀ་ནས། །འོད་ཀྱིས་ བསྐུལ་བའི་ལྷ་མོ་ལེགས་མཛེས་མ། །སྙིང་རྗེའི་ཞི་བ་ཆེན་པོས་ཐུགས་རྒྱུད་གང༌། །རབ་ དམར་ལང་ཚོ་འཛིན་པའི་མཛེས་སྡུག་མ། །ཞལ་གཅིག་ཕྱག་གཉིས་ཞབས་གཉིས་བཞེངས་ སྟབས་ཀྱིས། །དར་དང་རིན་ཆེན་རྒྱན་གྱིས་སྒེག་བཞིན་དུ། །རང་མདུན་མཁའ་ལ་གློ་བུར་ ཐོན་པ་དེའི། །ཕྱག་མཐིལ་གཉིས་པོའི་སོར་མོ་བསྐྱོད་པ་ལས། །དམར་སེར་བདུད་རྩིའི་གྲུ་ ཆར་ལེགས་ཕབ་པས། །ཀླུ་གཉན་ཀུན་གྱི་ལུས་སེམས་ཚིམས་བྱས་ཏེ། །བདེ་སྐྱིད་དཔལ་ ལ་རྟག་ཏུ་རོལ་བཞིན་དུ། །འཁུ་ལྡོ ག་བསམ་པ་ཀུན་ནས་མེད་པར་བསམ། །ཞེས་པའི་ཚིག་ བརྗོད་བཞིན་ཚུལ་དེ་ཀའི་ངང་ལ་རང་བབས་སུ་ཅི་གནས་ལ་སེམས་འཇོག་པ་གལ་གནད་ དོ། །ཡེ་ཤེས་པ་གཤེགས་སུ་གསོལ་ལོ། །ཞེས་པ་གང་ཤར་ཚུལ་དུ་མ་ཏིས་སོ།། །། 7-1-241 ༄༅། །འཕགས་མའི་ཚོགས་ལ་གུས་ཕྱག་འཚལ་ནས་འདིར་བྱ་བ་ལ་ཐོག་མར་རང་སེམས་བག་ཕབ་ནས་འདི་ སྐད་དོ། །ཀུན་གསལ་དྭངས་བའི་དབྱིངས་ཀྱི་སྣང་བ་ལ། །དྲི་མེད་པད་ཟླ་རྒྱས་པའི་སྟེང་ཤེད་ དུ། །འཕགས་མ་ཞི་བའི་ལྷ་མོ་དུང་ཟླའི་མདོག །རབ་དཀར་འོད་བརྒྱའི་ཕུང་པོ་འཕྲོ་བ་ ཅན། །ཞབས་གཉིས་ཕྱེད་སྐྱིལ་ཕྱག་གཡས་སྐྱབས་སྦྱིན་དང༌། །གཡོན་པས་ཐུགས་ཀར་པད་ དཀར་ཡུ་བ་བསྣམས། །ཞལ་རས་གསལ་བ་འཛུམ་མདངས་རབ་རྒྱས་པ། །དར་དམར་སྨད་ གཡོགས་ལྗང་ཁུའི་སྟོད་གོས་དང༌། །རིན་ཆེན་རྒྱན་བཟང་དྲ་བའི་མཛེས་སྐུ་ལས། །ཉེ་བར་ འཕྲོས་པའི་དུང་མདོག་འོད་བཟང་ཚོགས། །ས་དང་བར་སྣང་ཀུན་ཏུ་སྤྲིན་བཞིན་གཏིབས། །དེ་ལ་རིག་པ་དབྱེར་མེད་བསྲེས་བཞིན་དུ། །བསལ་བཞག་བྲལ་བའི་ངང་ནས་རང་བབས་ བཞག །ཅེས་བརྗོད་པའི་སྒོ་ནས་འཕགས་མ་ཞི་བའི་ལྷ་མོའི་སྐུ་འོད་ཀྱི་སྣང་བ་དང་རང་སེམས་གསལ་སྟོང་གི་རང་བཞིན་ གཉིས་དབྱེར་མེད་དུ་བསྲེས་ནས་རང་བབས་སུ་བཞག་པ་འདི་ཉིད་གནད་དུ་ཞོག་ནས་འཇིགས་པ་གང་གིས་འཚེ་མི་ནུས་ཤིང༌། བློ་མཐུ་ཞན་པས་དེ་འདྲ་མི་འོང་ན་ཚུལ་དེ་ཀའི་ངང་ནས་ངག་ཏུ་ཡི་གེ་བཅུ་པའི་གཤམ་དུ། ཉེ་བར་འཚེ་བ་ཐམས་ཅད་ ཤནྟ ་ཀུ་རུ་ཡེ་སྭཱཧཱ། ཞེས་པ་བཏགས་ནས་བཟླས་པ་བྱས་པས་ཀྱང་ལེགས་པ་འགྲུབ་བོ། །ཞེས་པའང་སེམས་ལ་གང་ཤར་ མ་ཏིས་སྤེལ་བའོ།། །།དགེའོ། ། ༄༅། །འདིར་རྣལ་འབྱོར་མའི་སྒོ་ནས་ཉམས་ལེན་བྱ་བའི་ཚུལ་ཉུང་ངུར་སྤེལ་བ་ལ་འདི་ལྟ་སྟེ། སྐད་ཅིག་རང་ མདུན་འཇའ་ཟེར་འཁྲིགས་པའི་དབུས། །ལྔ་ལྡན་ཐིག་ལེ་འབར་བའི་ཀློ ང་དཀྱིལ་ན། །རྗེ་ བཙུན་རྡོ་རྗེའི་རྣལ་འབྱོར་གསང་བའི་ཡུམ། །རབ་དམར་མཛེས་པའི་མདོག་འཛིན་ཞལ་ གཅིག་པ། །བརྩེ་ཆེན་དགྱེས་པའི་འཛུམ་དཀར་གཡོ་བ་ཅན། །ཉི་མའི་གདན་ལ་ཞབས་ གཉིས་བརྐྱང་བསྐུམ་གྱིས། །ལེགས་པར་འགྱེད་པའི་མཚར་སྡུག་ལང་ཚོ་ངོམ། །ཕྱག་གཡས་ གྲི་གུག་མཁའ་ལ་ཅིར་ཡང་རྩེན། །གཡོན་པའི་ཐོད་པ་བདུད་རྩིས་རབ་བཀང་བ། །དཔའ་ 7-1-242 མོའི་ཐུགས་ཀའི་ཐད་ནས་རྣམ་པར་རོལ། །རུས་པའི་རྒྱན་ཆ་དྲུག་གིས་ཉེར་མཛེས་པ། །ཕྱོགས་བཅུའི་རྒྱལ་ཀུན་སྐུ་ལ་བསྟིམས་པར་མཛད། །གང་དེའི་སྐུ་ལས་འོད་འབར་སྣང་བའི་ ཚོགས། །ས་དང་བར་སྣང་ཀུན་ཏུ་ཡོངས་ཁྱབ་པས། །རང་ལུས་ལ་རེག་གདོས་བཅས་བེམ་ པོའི་རྫས། །སྣང་གསལ་འོད་ཀྱི་གོང་བུ་ཉིད་གྱུར་ཏེ། །ལུས་སེམས་འོད་དང་དབྱེར་མེད་སོང་ བའི་ངང༌། །དེ་ལ་གཡོ་མེད་སེམས་ཀྱིས་མཉམ་པར་བཞག །ཅེས་བརྗོད་བཞིན་དེ་འདྲའི་ངང་དུ་ཅི་ནུས་ སུ་མ་བཅོས་རང་བབས་ཉིད་དུ་འཇོག་པར་བྱའོ། །མཐར་ལྷ་སྐུ་རང་ལ་བསྡུ། ཞེས་པའང་གང་ཤར་ཚུལ་དུ་མ་ཏིས་བྲིས་པའོ།། །། ༄༅། །ཡང་འདི་ལྟར། བདག་ཉིད་སྐད་ཅིག་འཕགས་མ་གསལ་བ་ཡི། །ཐུགས་ཀའི་ ཏཱྃཿཡིག་འོད་ཀྱིས་ཉེར་བསྐུལ་བའི། །སྒྲོལ་མ་དམར་མོ་བྱི་རུའི་མདངས་འཛིན་མ། །སྣ་ ཚོགས་དར་ཟབ་རིན་ཆེན་རྒྱན་ཆས་མཛེས། །ཞལ་གཅིག་ཕྱག་གཉིས་ཞབས་གཉིས་བཞེངས་ ཚུལ་གྱིས། །ཕྱག་གཉིས་པདྨ་དམར་པོའི་ཡུ་བ་ནས། །ཐུགས་ཀའི་ཐད་ནས་བར་སྣང་འདེག་ བཞིན་འཛིན། །སྒྱུ་རྩལ་སྟོབས་ཀྱིས་མཆོད་པའི་གར་བསྒྱུར་བ། །མཛེས་མ་ལྷ་མོ་འཕྱོར་སྒེག་ ངོམ་པ་བཞིན། །ཡུད་ཙམ་ཉིད་ནས་བར་སྣང་ལམ་དུ་བྱོན། །གང་དེའི་ཕྱག་གི་མེ་ཏོག་དམར་ པོ་ལས། །ལེགས་པར་འཕྲོས་པའི་འོད་ཟེར་སྣ་ལྔའི་ཚོགས། །རང་ལུས་ལ་ཐིམ་ཁམས་ལྔའི་ དྭངས་བཅུད་རྒྱས། །འཕགས་མའི་ཡེ་ཤེས་ལྔ་དང་དབྱེར་མེད་གྱུར། །ལུས་ཀྱི་འབྱུང་བཞི་ ཁམས་མ་སྙོམས་པའི་མཐུས། །ཉེ་བར་བསྐྱེད་པའི་ནད་རིམས་མཐའ་དག་གི །ནམ་ཡང་མི་ བརྫི་རྡོ་རྗེའི་སྐུ་བརྙེས་ཏེ། །རྒྱལ་ཡུམ་འཕགས་མ་ཉིད་དང་མཚུངས་པར་བསམ། །ཞེས་བརྗོད་ བཞིན་དེ་ལྟ་བུའི་གོ་འཕང་མཆོག་བདག་གིར་བྱས་ཡོད་པར་བསམ་པའི་ངང་ནས་ཅི་གནས་སུ་སེམས་འཇོག་པ་ལ་འབད་དོ། །འདིའི་ཡེ་ཤེས་པ་རང་ལ་བསྡུའོ། །གང་ཤར་ཚུལ་དུ་མ་ཏིས་སོ།། །།དགེའོ། ། 7-1-243 ༄༅། །ཡང་འདི་ལྟ་སྟེ། རང་ཉིད་འཕགས་མའི་ཐུགས་ལས་འོད་འཕྲོས་པས། །དབང་གི་ལྷ་ མོ་དམར་ནག་ཁྲོ་གཉེར་ཅན། །འཇིགས་པའི་ཞལ་གདངས་རལ་བ་མེ་ལྟར་འབར། །ཞབས་ གཉིས་བརྐྱང་བསྐུམ་ཕྱག་གཉིས་མེ་ཞགས་བསྣམས། །སྨིན་མ་སོགས་ལ་མེ་འོད་ལམ་ལམ་ མཆེད། །གཅེར་བུ་རྒྱན་མེད་མེ་ཀློ ང་འགྱིང་བ་ཞིག །སྐད་ཅིག་ཉིད་ནས་མདུན་མཁར་སྤྱན་ དྲངས་ཏེ། །གང་གི་སྐུ་ལས་སྤྲུལ་པའི་ཕོ་ཉའི་ཚོགས། །རང་འདྲ་ཁྲོ་མོ་གྲངས་མེད་སྤྲོས་པ་ ཡིས། །གནོད་ཅིང་འཚེ་བའི་རིགས་ཀུན་བཅིང་བར་གྱུར། །ཡི་གེ་བཅུ་པའི་གཤམ་དུ། གནོད་བྱེད་ འབྱུང་པོ་ཐམས་ཅད་ཁ་ཐུམ་ཁ་ཐུམ་ཁ་ཆིངས་ཁ་ཆིངས་སྭཱཧཱ། ཞེས་བཏགས་པ་ཅི་ནུས་བཟླས་ལ་བཞག་ གོ །དེ་དག་བཀྲོ ལ་བར་འདོད་ན། ཁྲོ་མོ་གང་གི་དམར་མོ་ཞི་བའི་ཚུལ། །རྣམ་པར་སྤྲུལ་པའི་ཐུགས་ ཀའི་འོད་དམར་ཚོགས། །འཚེ་བྱེད་རྣམས་ལ་ཕོག་པས་དེ་དག་གི །བཅིང་བའི་སྡུག་བསྔལ་ མཐའ་དག་ཞི་བར་བྱས། །ཞེས་བརྗོད། ཡེ་ཤེས་པ་གཤེགས། གང་ཤར་ཚུལ་དུ་མ་ཏིས་སོ།། །། 7-1-244 ༄༅། །སྒྲོལ་མའི་སྒོ་ནས་བུམ་གཏེར་སྒྲུབ་འཇོག་གི་ཐབས་ ཕུན་ཚོགས་ཉེར་སྩོལ་ཞེས་བྱ་བ་ བཞུགས་སོ། ། ༄༅། །རྗེ་བཙུན་མ་ལ་ཕྱག་འཚལ་ནས་དེའི་སྒོ་ནས་བུམ་གཏེར་འཇོག་ཚུལ་དེང་དུས་སུ་ཉེར་མཁོའི་ཐབས་ལ། སྦྱོར་ བ་གཞི་སྟེགས་བུ་བཟང་པོའི་སྟེང་དུ་རས་སོགས་སྣོད་གཙང་མའི་ནང་འབྲུ་དཀར་རིགས་སྣ་ཚོགས་རིན་ཆེན་ཕྱེ་མ་ས་སྣ་ཆུ་སྣ་ ཁྱད་པར་བས་དགང་ཞིང༌། འབྲུ་རིགས་ཀྱི་ནང་དབུས་སུ་ཤོག་དྲིལ་ལ་སྒྲོལ་མའི་སྙིང་པོ་ཡི་གེ་བཅུ་པ་རྟེན་སྙིང་བཅས་གང་ཤོང་ དང༌། ཕྱོགས་བཞིར་ཤོག་དྲིལ་དུ་སྙིང་པོ་ཡི་གེ་དྲུག་པའི་སྭཱཧཱའི་མགོར་བསྟན་འགྲོའི་ཉེར་འཚེ་སརྦ་ཤཱནྟིཾ་ཀུ་རུ་དང༌། བསྟན་ འགྲོའི་ལེགས་འབྱོར་སརྦ་པུཥིཾ་ྟཀུ་རུ་དང༌། བསྟན་འགྲོའི་གང་མཁོ་སརྦ་ཝ་ཤཾ་ཀུ་རུ་དང༌། བསྟན་འགྲོ་ལ་སྡང་དགྲ་སརྦ་མ་ར་ ཡ་ཕཊ་རྣམས་བཙུད་དེ་མཐར་སྭཱཧཱ་རེ་རེ་སྦྱར་བ་ཤར་ལྷོ་ནུབ་བྱང་གི་རིམ་པས་འཇོག་ཅིང་དེའི་མཚམས་བར་འབྲུ་བཅུད་ཀྱིས་ ལེགས་པར་བཀང་ནས་གཏེར་སྣོ ད་དེའི་ཁ་ཕྱེ་ལ་དར་གོས་ཀྱིས་བཀབ་ཅིང་བཤམས། དེའི་མཐར་ཉེར་སྤྱོད་ཕྱོགས་མཚམས་ བསྐོར་ཏེ་བཀོད་བསྒྲིག་བྱ་ལ། ངག་འདོན་སྒྲུབ་འཇོག་གི་རིམ་པ་གཉིས་ལས། དང་པོ་སྒྲུབ་པའི་རིམ་པ་ལ། སྦྱོར་བ་བདག་བསྐྱེད་ དང༌། དངོས་གཞི། གཏེར་སྒྲུབ་གཉིས་ལས། དང་པོ་ནི། གསོལ་འདེབས། རབ་འབྱམས་རྒྱལ་བའི་ཡེ་ཤེས་ཆོས་ སྐུ་ཆེ། །ངེས་པ་དོན་གྱི་གནས་ལུགས་ཤེར་ཕྱིན་མོ། །རང་བཞིན་བདེ་ཞི་འཕགས་མ་མཆོག་ གི་ཐུགས། །ཀུན་ཁྱབ་ཆོས་ཀྱི་དབྱིངས་ལ་གསོལ་བ་འདེབས། །གང་ལས་རྣམ་པར་རོལ་པ་ འགྲོ་འདྲེན་ཕུལ། །དུས་མཐར་རྫོགས་ལྡན་གསར་བའི་དཔལ་ཡོན་ཅན། །ལྷ་མོའི་དོན་དམ་ དགོངས་ཆེན་མངོན་མཛད་པའི། །རྩ་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས། །འཕགས་ 7-1-245 མའི་ཆོས་སྐུའི་དབྱིངས་ལས་གང་འདུལ་གྱི། །ལོངས་སྤྲུལ་ཕྲིན་ལས་རོལ་པ་བསམ་མི་ཁྱབ། །རང་བཞིན་སྣང་ངོར་ཞིང་ཁམས་གང་བཞུགས་པའི། །འགྲོ་བའི་སྐྱབས་གནས་ཡོངས་ལ་ གསོལ་བ་འདེབས། །དེང་འདིར་བདག་གིས་བསྟན་འགྲོར་ལེགས་དགེའི་ཐབས། །སྒོ་གང་ ཐད་ནས་ཇི་ལྟར་བསྒྲུབ་པ་ལ། །ཡིད་ཀྱི་བསམ་པའི་དོན་གང་འབད་མེད་དུ། །ཇི་བཞིན་ འགྲུབ་པའི་དགེ་མཚན་དུས་སུ་ཕོབ། །མཆོད་པ་བྱིན་རླབས། ༀ། ཀུན་བཟང་མཆོད་རྫས་ཟག་ བྲལ་ཏིང་འཛིན་འཕྲུལ། །ཨཱཿ ངོ་མཚར་རིས་སུ་མ་ཆད་ཡོངས་ཁྱབ་པ། །ཧཱུཾ། ཟག་མེད་ཉེར་ སྤྱོད་ནམ་མཁའ་མཛོད་ཀློ ང་དུ། །ཏཱཾ། འཕགས་མ་དགྱེས་བསྐྱེད་རང་བཞིན་དམ་པར་གྱུར། །བཛྲ་ཨརྒྷཾ༴ ནས། ཤབྟའི་བར་ལ་འབྲུ་གསུམ་སྦྱར་བ་ལན་གསུམ། སྐྱབས་སེམས། ན་མོ། སྐྱབས་གནས་ ཀུན་འདུས་རྗེ་བཙུན་སྒྲོལ་མ་ལ། །སྒོ་གསུམ་གུས་པས་སྙིང་ནས་སྐྱབས་སུ་མཆི། །བསྟན་ དང་འགྲོ་བའི་དོན་ཆེན་བསྒྲུབ་པ་ལ། །ལྷག་བསམ་དག་པས་སྣ་ཚོགས་ཐབས་མཆོག་བསྐྱེད། །ལན་གསུམ། བདག་བསྐྱེད་དངོས། སྐད་ཅིག་གདོས་བཅས་ལུས་འདི་སྟོང་པར་སྦྱངས། །ཏཱྂཿ ཡིག་ ལྗང་གསལ་ལས་བྱུང་སྒྲོལ་མའི་སྐུ། །རབ་གསལ་ལྗང་འོད་འཕྲོ་བ་ཞི་ཞལ་གཅིག །ཕྱག་ གཡས་ལྕགས་ཀྱུ་མཁའ་ལ་འཕྱར་སྟབས་ཅན། །གཡོན་པས་ཨུཏྤལ་ཡུ་བ་ཐུགས་ཀར་འཛིན། །ཞབས་གཉིས་ཕྱེད་སྐྱིལ་པད་ཟླའི་གདན་ལ་བཞུགས། །དར་གོས་རིན་ཆེན་རྒྱན་ཆས་ཡོངས་ སུ་རྫོགས། །དམ་ཡེ་གཉིས་མེད་དབང་བསྐུར་རིགས་བདག་བཅས། །རང་གསལ་འཕགས་ མའི་ཐུགས་ཀར་ཏཱཾཿཡིག་མཐར། །སྔགས་ཕྲེང་རིང་ཐུང་ནང་དང་ཕྱི་རུ་བསྐོར། །ལྷ་སྐུ་གཤིས་ ལུགས་དབྱིངས་ནས་ཤར་བའི་མདངས། །མ་འགགས་འཛིན་བྲལ་ཟུང་འཇུག་ཚུལ་དུ་བལྟ། །སྙིང་པོ་ཡི་གེ་བཅུ་པ། ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། ཞེས་པ་གཙོ་བོར་བཟླ་ཞིང༌། ཡི་གེ་དྲུག་པ། ༀ་ཏཱ་རེ་ཏཱྂཿསྭཱཧཱ། ཞེས་ཅི་རིགས་བཟླ་མཐར། ལྷ་ཉིད་འོད་གསལ་ངང་བསྡུ་སླར་ཡང་ལྡང༌། །དགེ་འདིས་བདག་གི་ རླབས་ཆེན་མཛད་ཕྲིན་གྱིས། །བསྟན་དང་འགྲོ་ལ་ལེགས་ཕན་དུས་སུ་འབྱུང༌། །དོན་གཉིས་ 7-1-246 རྒྱ་མཚོ་ཇི་བཞིན་སྤྱོད་གྱུར་ཅིག ། གཉིས་པ་དངོས་གཞི་གཏེར་སྒྲུབ་ནི། སྐད་ཅིག་སྒྲུབ་རྫས་སྟེང་གི་ནམ་མཁའ་ལ། །པདྨ་འདབ་ བརྒྱད་དབུས་སུ་ཟླ་བའི་སྟེང༌། །ཏཱྂཿཡིག་ལས་བྱུང་ལྷ་མོ་སྒྲོལ་མའི་སྐུ། །རབ་གསལ་ལྗང་ འོད༴ ནས་བདག་བསྐྱེད་སྐབས་བཞིན། རྒྱན་ཆས་ཡོངས་སུ་རྫོགས། །ཕྱོགས་བཞིའི་འདབ་མ་ཤར་ལྷོ ་ ནུབ་བྱང་རིམ། །བཞི་ལ་རབ་ཞི་བསོད་སྟེར་རིག་བྱེད་མ། །དགྲ་འཇོམས་ལྷ་མོ་རྣམས་ཀྱང་ དེ་རིམ་བཞིན། །དཀར་སེར་དམར་དང་རབ་སྔོ འི་མདངས་རབ་འབར། །དེ་ལྷག་བཞུགས་ སྟངས་ཕྱག་མཚན་རྒྱན་ཆས་རྣམས། །གཙོ་མོ་སྒྲོལ་མ་དང་མཚུངས་སྤྱིར་བཏང་ནས། །དབང་ བསྡུད་ལྷ་མོ་རྣམ་ལྔ་དགོས་དབང་གིས། །ལས་བཞིའི་ཕྲིན་ལས་མཛད་པའི་ཚུལ་དུ་བཞུགས། །མཚམས་བཞིའི་འདབ་མར་མཆོད་བུམ་རྒྱན་ལྡན་བཅས། །ལྷ་མོ་གཙོ་འཁོར་རྣམས་ཀྱང་ གདོད་མ་ནས། །དམ་ཡེ་དབང་བསྐུར་གཉིས་མེད་རང་བྱུང་རྫོགས། །ཐམས་ཅད་ཆོས་སྐུ་ གཅིག་གི་རོལ་པར་གསལ། །རྣལ་འབྱོར་ཏིང་འཛིན་ལས་སྤྲུལ་མཆོད་ཡོན་དང༌། །ཞབས་ བསིལ་མེ་ཏོག་བདུག་སྤོས་མར་མེ་དྲི། །ཞལ་ཟས་རོལ་མོའི་ཁྱད་པར་མཐའ་ཀླས་པ། །ནམ་ མཁའ་རབ་འབྱམས་ཀུན་ཏུ་བཀང་སྟེ་འབུལ། །ༀ་བཛྲ་ཨརྒྷཾ་ཨཱཿཧཱུཾ། ནས། ཤབྟའི་བར་ལ་སྦྱར། དཔལ་ལྡན་ཡེ་ཤེས་ལྷ་མོ་རིགས་ལྔའི་བདག །དབང་བསྡུད་ལས་བཞིའི་རྣམ་རོལ་མཛད་ བཟང་ཅན། །མ་ལུས་སྤྲུལ་འཁོར་རླབས་ཆེན་མཐུ་མངའ་བ། །དེ་དག་ལ་ཡང་གུས་པས་ ལེགས་བསྟོད་བགྱི། །ལྷ་མོ་རྣམ་ལྔའི་ཐུགས་ཀར་ཟླ་བའི་སྟེང༌། །ཐུགས་སྲོག་སྔགས་ཕྲེང་ བཅས་པ་རབ་གསལ་བར། །བདག་བསྐྱེད་ཐུགས་ལས་འཕྲོས་པའི་འོད་ཀྱིས་སྦྲེལ། །ཀུན་ ཀྱང་ཕྲིན་ལས་རང་རྩལ་འབར་བར་གྱུར། །ཁྱད་པར་གཙོ་མོའི་ཐུགས་ལས་བྱིན་འོད་ཀྱིས། །རྫས་ལ་སྣོ ད་བཅུད་གང་འཚམ་དངོས་གྲུབ་དབྱིག །རབ་བསྟིམ་བརྟན་དང་གཡོ་བའི་སྲོག་ གི་བཅུད། །ཀུན་ནས་ལེགས་དགེ་དམ་པའི་དཔལ་དུ་བསམ། །ཡི་གེ་བཅུ་པ་ལ་རྟེན་སྙིང་བཏགས་ 7-1-247 པ་མང་དུ་བཟླ། ལྷ་མོ་རབ་ཞི་མ་ཡི་ཐུགས་ཀ་ནས། །ཡོངས་སྤྲོས་རང་མདོག་འོད་ཀྱིས་བརྟན་ གཡོའི་ཁམས། །རབ་ཞི་བདེ་བའི་དངོས་ཀུན་བསྡུས་ནས་སུ། །སྒྲུབ་རྫས་རྟེན་ལ་བསྟིམ་ནས་ བཅུད་ལྡན་མཛོད། །ཡི་གེ་དྲུག་པའི་ཤམ་དུ་གོང་གི་འབྲི་ཚུལ་ལྟར་ཞི་སྔགས་སྦྱར་ཏེ་བཟླ། ལྷ་མོ་བསོད་ནམས་ རྒྱས་བྱེད་ཐུགས་ཀ་ནས། །ཡོངས་སྤྲོས༴ སོགས་ལ། རབ་རྒྱས་འཕེལ་བའི་དངོས་ཀུན༴ སོགས་ སྦྱར་ནས་ཡིག་དྲུག་རྒྱས་སྔགས་ཅན་བཟླ། ལྷ་མོ་རིག་བྱེད་དབང་གི་ཐུགས་ཀ་ནས། །ཡོངས་སྤྲོས༴ སོགས་ ལ། རབ་དབང་སྡུད་པའི་དངོས་ཀུན༴ དང༌། ཡིག་དྲུག་དབང་སྔགས་ཅན་སྦྱར་བ་དང༌། ལྷ་མོ་དགྲ་འཇོམས་ དྲག་མོའི་ཐུགས་ཀ་ནས། །ཡོངས་སྤྲོས༴ སོགས་ལ། རབ་འདུལ་བགེགས་འཇོམས་དངོས་ཀུན༴ དང༌། ཡིག་དྲུག་དྲག་སྔགས་ཅན་སྦྱར་ཏེ་བཟླ་བ་དེ་བཞིན་བྱས་མཐར། རྨད་བྱུང་སྤྲུལ་བཀོད་ཉེར་སྤྱོད་དག་གིས་ མཆོད། །གསང་གསུམ་ཆེ་བའི་ཡོན་ཏན་རྒྱས་ལ་བསྟོད། །ལྷ་ཚོགས་གང་དག་སྒྲུབ་གཏེར་ རྣམས་ལ་ཐིམ། །ས་ཕྱོགས་གང་སྦས་བཅུད་རྟེན་མཆོག་ཏུ་གྱུར། །བུམ་གཏེར་རྣམས་ཁ་བསྡམ་རྒྱས་ གདབ་བྱ་ཞིང་སུ་པྲས་མེ་ཏོག་འཐོར་བ་ཅི་རིགས་པས་འཐུས་སོ། ། གཉིས་པ་སྒྲུབ་གཏེར་ཇི་ལྟར་འཇོག་ཚུལ་ནི། གང་དུ་འཇོག་པར་བྱ་བའི་གནས་དེར་འདི་སྐད། གང་འདིར་ཡུལ་ གནས་ཕྱོགས་སུ་སྒྲུབ་པོ་ཡིས། །དག་སྣང་དད་པའི་རྟེན་འབྲེལ་ལ་བརྟེན་ནས། །གཞི་ དབྱིངས་འཕགས་མའི་ཆོས་སྐུའི་མཛད་སྒོ་ལས། །ཕྱོགས་འདིར་སྒྲོལ་མ་རྣམ་ལྔའི་བྱིན་ རླབས་གཡོ། །ཕུན་སུམ་ཚོགས་པ་ལེགས་མཚན་སྣང་བ་ཡིས། །ས་འདི་མ་ལུས་བཀྲ་ཤིས་ ཕྱུར་བུས་བཀང༌། །གནས་བདག་མི་མིན་སྡེ་རིགས་གང་གཏོགས་པ། །རང་རང་ཡིད་བདེ་ འཐད་པ་འབའ་ཞིག་ལས། །མི་མཐུན་འདུ་ཤེས་ལོག་པའི་བསམ་སྦྱོར་རྐྱེན། །རུ་ང་ཕྲག་དོག་ གདུག་སེམས་ཀུན་ཞི་སྟེ། །ལེགས་མཐུན་ལྷག་བསམ་དག་པས་མཐུན་རྐྱེན་གྲོགས། །གང་ བསམ་ལེགས་དོན་ཀུན་ལ་སྡོང་གྲོགས་མཛོད། །བརྟན་པ་སྣོ ད་དང་གཡོ་བ་སྐྱེ་དགུའི་ཚོགས། །ཕྱི་ནང་གསང་བའི་རྐྱེན་ངན་མཐའ་དག་ཞི། །ལེགས་ཚོགས་བསོད་ནམས་སྟོབས་འབྱོར་ 7-1-248 མངའ་ཐང་དཔལ། །ཁྱད་པར་རྣམ་དཀར་དགེ་སྟོབས་ཆེས་འཕེལ་ཤོག །རྗེ་བཙུན་འཕགས་ མ་ལྗང་མོའི་བྱིན་རླབས་ཀྱིས། །ས་འདིའི་བཅུད་ཆགས་དེར་གནས་སྐྱེ་འགྲོ་ཀུན། །རྨད་བྱུང་ ལེགས་སྒོ་ཕུན་ཚོགས་ཀྱིས་བརྒྱན་ཞིང༌། །བསོད་ནམས་རབ་བརྟན་དུས་རྒྱུན་རྟག་འཕེལ་ ཤོག །འཕགས་མ་ཞི་བ་ཆེན་མོའི་མཛད་སྒོ་ལས། །འདིར་གནས་ཡོངས་ལ་ནད་མུག་མཚོན་ བསྐལ་ཞི། །ལེགས་བདེའི་དཔལ་ལ་རྟག་པར་རོལ་ནས་ཀྱང༌། །ཕྱི་ནང་འབྱུང་བ་ཉེར་ཞི་ མཆོག་ཐོབ་ཤོག །བསོད་ནམས་རབ་རྒྱས་མཛད་མ་ལྷ་མོ་ཡི། །ལེགས་ཚོགས་དགེ་མཚན་ སྣང་བའི་དཔལ་ཡོན་གྱིས། །སྣོ ད་བཅུད་གང་འདི་ཁ་རྗེ་དབང་ཐང་རྒྱས། །རབ་དར་དགེ་ ལེགས་གསར་བ་ཐོབ་པར་ཤོག །རིག་བྱེད་དབང་མཛད་ལྷ་མོའི་གཟི་བརྗིད་ཀྱིས། །སྣོ ད་ བཅུད་མཚར་སྡུག་དཔལ་ཀུན་དབང་དུ་འདུས། །ཆེ་དགུ་ལོངས་སྤྱོད་མཐའ་དག་བདག་ གིར་གྱིས། །སྐྱིད་དགའ་ཁ་རྗེ་མཆོག་ལ་རྟག་སྤྱོད་ཤོག །དགྲ་འཇོམས་ལྷ་མོ་ཕྲིན་ལས་མྱུར་ མཛད་མས། །མ་རུངས་ཕྱི་ནང་ཉེ་བར་འཚེ་བའི་རིགས། །ཕ་རོལ་བསམ་སྦྱོར་ངན་པའི་སྡང་ བྱེད་ཚོགས། །དེ་དག་ཕྱིར་ཟློ ག་ཀུན་ནས་གཞོམ་པར་ཤོག །ལས་བཞི་ལྷུན་གྱིས་གྲུབ་པའི་ དཔལ་ཡོན་བདག །ཕྱི་ནང་སྣོ ད་བཅུད་སྲོག་གི་བཅུད་ཆེན་པོ། །ཡུན་རིང་ཉམས་མེད་ལེགས་ སྲུང་སྒྲུབ་པའི་གཏེར། །ལྷ་མོ་རྣམ་ལྔའི་མཐུ་ཡིས་ཕྱོགས་འདིར་སྦས། །མྱུར་མ་གཙོ་དང་ལས་ བཞིའི་མངའ་བདག་མོས། །སྣོ ད་བཅུད་འབྱུང་ལྔ་ཀུན་ནས་མཐུན་བྱས་ཏེ། །མ་ལུས་གཞི་ གང་ལེགས་སྒོ་འབའ་ཞིག་ལས། །མི་མཐུན་འཚེ་བའི་རིགས་གྱུར་ཡོངས་བྲལ་ཤོག །རླབས་ ཆེན་མཐུ་ཡིས་སྐྱེ་དགུའི་ཕན་བདེའི་གཞི། །རྒྱལ་བསྟན་སྤྱི་དང་ཁྱད་པར་ངེས་དོན་མཆོག །འཁོར་ལོ་ཕྱིར་མི་ལྡོ ག་པའི་ལུགས་བཟང་ཉིད། །ཡུན་རིང་ནུབ་མེད་སྲིད་མཐར་རྒྱས་པར་ ཤོག །དེར་བརྟེན་ཡུལ་ཁམས་དགེ་ལེགས་སྣང་བ་འབར། །བསོད་ནམས་ཆོས་སྲིད་ཟུང་ འབྲེལ་ཉམས་མེད་པར། །ཕུན་ཚོགས་ལེགས་སྒོ་ནམ་ཡང་འཆར་ནུབ་བྲལ། །རྟེན་འབྲེལ་ 7-1-249 བཟང་སྒོ་དུས་སུ་ཡོངས་མངོན་ཤོག །ཚུལ་འདི་ཇི་བཞིན་ལེགས་འགྲུབ་བླ་མ་ལྷ། །འཕགས་ མ་རྣམ་ལྔའི་དོན་དམ་ཤེར་ཕྱིན་དབྱིངས། །འཁོར་འདས་གཤིས་སུ་གདོད་ནས་དག་ཆེན་དུ། །བདེན་མཐུས་བཀྲ་ཤིས་དགེ་མཚན་འབར་གྱུར་ཅིག །དང༌། སྒྲོལ་མའི་སྙིང་པོ་ཡི་གེ་བཅུ་པ་རྟེན་སྙིང་དང་ སྦྲེལ་ནས་ལན་ཉེར་གཅིག་གི་མཐར། བསོད་ནམས་རི་བོ༴ སོགས་ཚིགས་བཅད་རེ་དང་བཅས་བརྗོད། དེ་ལྟ་བུའི་བུམ་གཏེར་ ཉེར་འཇོག་གི་སྐབས་ཐོག་མར་གཏེར་སྒྲུབ་གང་བྱས་རྣམས་རེ་རེ་བཞིན་གནས་གང་དུ་འཇོག་པ་ན་གོང༌། གང་འདིར་ཡུལ་ གནས༴ ཞེས་པ་མན་ཆད་ནས་བཟུང་ལེགས་སྨོན་རྟེན་འབྲེལ་གྱི་ངག་འདོན་བསྙེན་བཟླས་བཅས་གྲངས་དེ་སྙེད་དུ་འཛོམས་ ན་བཟང་བས་ཚུལ་དེ་ལུགས་ལྟར་བྱས་མཐར། ཐུགས་རྗེའི་གཏེར་གྱུར་འཕགས་མ་རྣམ་ལྔའི་མཐུས། །དེང་འདིར་ལེགས་ཚོགས་རྟེན་འབྲེལ་རྫས་ཆེན་གྱིས། །ཕྱི་ནང་སྣོ ད་བཅུད་ཡོངས་ལ་ལེགས་ སྤེལ་ཏེ། །ཕུན་ཚོགས་དཔལ་སྒོ་བསླུ་མེད་འབྱུང་གྱུར་ཅིག །ༀ་ཏཱ་རེ་ཏུཏྟཱ་རེ་ཛ་ཡེ་ཛ་ཡེ་སུ་ཛ་ ཡེ་སརྦ་མངྒ་ལཾ་སྭཱཧཱ། ཞེས་པའི་སྔགས་ལན་ཅི་རིགས་པ་བྱའོ། །ཞེས་སྒྲོལ་མའི་སྒོ་ནས་བུམ་གཏེར་སྒྲུབ་འཇོག་གི་ཐབས་ ཕུན་ཚོགས་ཉེར་སྩོལ་ཞེས་བྱ་བ་འདི་ཡང་བསྟན་འགྲོ་ལ་ལྷག་བསམ་དགེ་བ་ཅན་ཀུན་དགའ་སྐལ་བཟང་རབ་ཏུ་ལྡན་པའི་ཐུགས་ མོས་བཞིན། མ་ཏིས་སྤེལ་བ་ཆོས་མཆེད་མཆོག་གིས་ཡི་གེར་ཕབ་པ་དགེ སརྦ་མངྒ་ལཾ། དགེའོ།། 7-1-250 ༄༅། །སྒྲོལ་མའི་དམིགས་རིམ་བསྡུས་པ་བཞུགས། ༄༅། །འདིར་དག་པའི་ཞིང་ན་བཞུགས་པའི་སྒྲོལ་མ་འཁོར་བཅས་ལ་གདུང་ཡུས་ཀྱིས་ འདི་ལྟར་འབོད་པ་སྟེ་དེ་ཡང་ད་ལྟ་བདག་གིས་ནི་འཁོར་བར་སྐྱེ་བ་གྲངས་མེད་བླངས་ཀྱང་ སྙིང་པོ་ཅི་ཡང་མ་ལོན་པས་ལས་ཤིན་ཏུ་ངན་ཞིང༌། སྡུག་བསྔལ་གྱིས་མནར་བ་དང་སེམས་ མི་ཤེས་པའི་རྨོངས་པ་དང་དགེ་བའི་བློ་ཅི་ཡང་མ་མཆིས་པའི་སྐབས་འདི་ལྟ་བུ་ལ་འཕགས་ མ་ཁྱེད་ལ་བུ་ཕྲུག་གིས་མ་ལ་གདུང་ཡུས་ཀྱིས་འབོད་པ་ལྟར་རེ་བའི་སེམས་ཀྱིས་ངེས་པར་ འབོད་པ་ཡིན་ན་བདག་ཁྱེད་ཀྱི་རེ་ཞིག་ཐུགས་རྗེས་བཏང་བ་མིན་ན་ད་ལན་ཐུགས་རྗེས་ཅིའི་ ཕྱིར་མི་གཟིགས་ཏེ་གཟིགས་པར་ཞུ་བ་ནན་གྱིས་ཕུལ་བ་དང༌། སྨྲེ་སྔགས་ཀྱི་ཚིག་གིས་ འཕགས་མ་ལ་འབོད་བཞིན། ད་ནི་བདག་ལ་ཁྱེ ད་ལས་སྐྱབས་རེ་ལྟོས་བྱ་ཡུལ་གཞན་སུ་ ཡང་མེད་ཅིང་རང་ལ་བཟང་ངན་ཅི་བྱུང་ན་ཁྱེད་ཀྱིས་ཤེས་པས་རྗེ་བཙུན་མ་ཐུགས་རྗེ་བརྩེ་བ་ ལྷག་པར་ཆེ་བ་གང་དེས་ཕྲིན་ལས་ཀྱིས་སྟོབས་ནུས་རྒྱ་ཆེ་བས་བདག་ཚེ་འདི་ཕྱིའི་འཇིགས་ སྐྲག་མཐའ་དག་ལས་བསྐྱབ་ཏུ་གསོལ་སྙམ་པའི་སྒོ་ནས་རཏྣའི་གདུང་འབོད་འདོན་དེ་ནས་ རང་གི་མདུན་གྱི་ནམ་མཁར་རྗེ་བཙུན་སྒྲོལ་མ་བཞུགས་པར་མོས་ལ་དེ་ལ་སྐྱབས་སུ་འགྲོ་ བའི་རེ་ལྟོ ས་དང༌། གཞན་དོན་དུ་རྫོགས་བྱང་ཐོབ་འདོད་ཀྱི་བློ་བསྐྱེད། དེ་ནས་རང་སེམས་ ཀྱི་སྣང་ཆ་མ་དག་པ་སྦྱང་ནས་དག་སྣང་བྱས་ཏེ་ཉེར་སྤྱོད་རྣམས་ཀྱང་བསམ། དེ་ནས་ཕྱོགས་ བཅུའི་ཞིང་ན་བཞུགས་པའི་རྒྱལ་བ་སྲས་བཅས་སྤྱན་དྲངས་ཏེ། དེ་དག་ལ་ཕྱག་འཚལ། མཆོད་པ་འབུལ། སྡིག་པ་བཤགས་པ་སོགས་ཡན་ལག་བདུན་པ་བྱ། རྗེས་ནས་སྟོང་གསུམ་ 7-1-251 གྱི་འབྱོར་བ་བློས་སྤྲུལ་ནས་མཎྜལ་འབུལ། དེ་ནས་རང་ཉིད་སྐད་ཅིག་གི་འཕགས་མ་སྒྲོལ་ མ་གསལ་བཏབ་ནས་ཐུགས་ཀའི་ཏཱཾ་ཡིག་ལས་འོད་ཟེར་འཕྲོས་པས་རང་བཞིན་དག་པའི་ དབྱིངས་ནས་འཕགས་མ་ལྷ་མོ་ཉེར་གཅིག་དང་བཅས་པ་སྐད་ཅིག་གིས་སྤྱན་དྲངས་ནས་ མདུན་དུ་བཞུགས་སུ་གསོལ། དེ་དག་ལ་ཉེར་སྤྱོད་ཡོན་ཆབ་མེ་ཏོག་སོགས་ཀྱིས་མཆོད་པ་ དང༌། ཁམས་གསུམ་གྱི་འབྱོར་བའི་མཎྜལ་གྱི་མཆོད་པ་འབུལ་མཐར། སྒྲོལ་མ་ཉེར་གཅིག་ གི་བསྟོད་པ་བྱ། ཡང་རང་ཉིད་དང་བསྲུང་བྱ་བཅས་རྗེ་བཙུན་མའི་ཕྱག་གཡས་སྐྱབས་སྦྱིན་ མཛད་པའི་འོག་ཏུ་ལེགས་པར་ཚུད་པར་མོས་བཞིན་གོང་བཞིན་མཆོད་པ་དང་བསྟོད་པའང་ ལན་གསུམ་བྱ། དེ་ནས་འཕགས་མའི་སྐུ་ལས་བདུད་རྩིའི་རྒྱུན་བྱུང་བས་རང་ལུས་གང་བར་ མོས་བཞིན་མཆོད་པ་དང་བསྟོད་པའི་གྲངས་ཀྱང་བདུན་འདོན། དེ་ནས་རིན་པོ་ཆེའི་གཏོར་ སྣོད་ཀྱི་ནང་དུ་གཏོར་མ་ཟག་མེད་དུ་མོས་ལ་དེ་ལྷ་མོ་འཕགས་མ་ལ་འབུལ་ཞིང་གང་འདོད་ ཀྱི་ཕྲིན་ལས་བཅོལ་ལ་མཆོད་བསྟོད་ཀྱང་བྱའོ། །དེ་ནས་གུས་པས་འཕགས་མ་འཁོར་བཅས་ ལ་སྤྱིར་བསྟན་པ་དང་སེམས་ཅན་གྱི་བདེ་སྐྱིད་རྒྱས་པའི་བཅོལ་གཏམ་དང་སྒོས་སུ་རང་ཡུལ་ གྱི་ཕྱོགས་ཐམས་ཅད་བདེ་བའི་ཕྲིན་བཅོལ་བྱས་ཏེ་མདུན་བསྐྱེད་ལྷ་མོ་འཁོར་བཅས་རང་ལ་ བསྟིམ་ཞིང་རང་ཉིད་འཕགས་མའི་ང་རྒྱལ་ལ་གནས་པའི་སྒོ་ནས་བཟླས་པ་བྱ། དེ་ནས་རང་ གི་ངོ་བོར་ཡེ་ཤེས་པའི་ལྷ་མོ་བཞུགས་ཡོད་པ་ལ་ནོངས་བཤགས་བྱ། དེ་ནས་རང་དང་ལྷ་ མི་གཉིས་པ་ལ་སེམས་རང་བབས་སུ་བཞག་ནས་ལྟ་བ་བསྐྱང༌། དེས་རྗེས་དགེ་བ་བསྔོ ས་ མཐར་རང་ལ་འཕགས་མ་གང་གི་ཡོན་ཏན་གྱི་ལེགས་པའི་ཆ་ཀུན་དང་ལྡན་པའི་ཤིས་བརྗོད་ བྱ་བ་ལགས། 7-1-252 ༄༅། །སྒྲོལ་མའི་བསང་འབོད་ཉུང་ངུ༌སོགས་བཞུགས། ༄༅། །ༀ་ཨཱཿཧཱུྃ། བསོད་ནམས་ནོར་གྱི་གཏེར་ཆེན་མཆོག་གི་དབང་མོ་རྗེ་བཙུན་མ་ སྒྲོལ་མ་ལྷ་མོ་ཉེར་གཅིག་དང་བཅས་པའི་བསང་སྐལ་དམ་པ་ཡིན། གཡང་གི་ལྷག་པའི་ ལྷ་མོ་དཔལ་ཆེན་མོ་འཁོར་དང་བཅས་པའི་བསང་སྐལ་དམ༴ གནོད་སྦྱིན་ནོར་བདག་ཛམ་ ལྷ་རིགས་ལྔ་ལྷ་མོ་ནོར་སྦྱིན་མ་སོགས་ནོར་ལྷའི་སྡེ་རིགས་ཐམས་ཅད་ཀྱིས་གསང་སྐལ་དམ་ པ་ཡིན། ནོར་གྱི་དབང་ཕྱུག་ཁྱེ ད་རྣམས་ཀྱིས་ཐུགས་རྗེའི་མཛད་པ་རྒྱ་ཆེ་བས་གཟིགས་ དགོས། ལོངས་སྤྱོད་ནོར་གྱི་དངོས་གྲུབ་སྩོལ་དགོས། ཕྱྭ་གཡང་གཏེར་གྱི་བང་མཛོད་གནང་ དགོས། གསེར་དངུལ་རིན་ཆེན་བཟང་པོའི་ནོམ་སྒམ་མ་སྟོང༌། དར་ཟབ་གོས་ཕྲུག་ཐེར་ མའི་ཐང་བལ་མ་རལ། །འབྲུ་དྲུག་གསེར་སྒོ་གསར་བའི་སྒོ་འཕར་རྒྱས་དགོས། རྟ་ཕྱུགས་ རྐང་བཞི་ནོར་གྱིས་གཡང་ར་གང་དགོས། བསོད་ནམས་གསེར་གྱི་རི་ལ་གཡོ་འགུལ་མེད་ དགོས། ཁ་རྗེ་འོ་མའི་མཚོ་ལ་འཕེལ་འགྲིབ་བྲལ་དགོས། དབང་ཐང་ལྗོ ན་བཟང་གསར་ བའི་ལོ་འདབ་མ་སྐེམས། གཡང་གི་གཡུ་ཡི་མཚོ་མོའི་ཞབས་རྡོལ་མ་འབུད། རྟ་ལྷ་རེ་མན་ ཏ་ཡིས་རྟ་གཡང་སྩོལ་དགོས། ཕྱུགས་ལྷ་ཤ་བ་རི་ཡིས་ནོར་གཡང་སྩོལ་དགོས། ལུག་ལྷ་གང་ བ་བཟང་པོའི་ལུག་གཡང་སྩོལ་དགོས། རྒྱུ་ནོམ་པས་སྤུས་ཁ་ལྡན་ནི་གྱིས། ཟས་བཅུད་ མོའི་གཡང་ཞགས་འཁྱི ལ་ནི་གྱིས། ཕྱུགས་མ་དར་དགུང་ལ་མཉམ་ནི་གྱིས། འདི་ཡང་མ་ཏིས་ བྲིས་པའོ།། །། ༄༅། །མིང་སྲིང་དཔལ་བགོ་བསྡུས་པའི་རྟེན་འབྲེལ་ནི། ༀ། དཔལ་ལྡན་ཞི་ཁྲོ་གསང་གསུམ་ཆེ་ 7-1-253 བའི་བདག །རྩ་གསུམ་རྒྱ་མཚོ་ཀུན་བཟང་རོལ་པའི་རྒྱན། །ཡེ་གཞི་དགོངས་ཀློ ང་གཅིག་ཏུ་ བརྡལ་བ་ལས། །སྣང་སྟོང་རྟེན་འབྲེལ་ལུ་གུ་རྒྱུད་ཀྱི་འཕྲུལ། །ཕུན་ཚོགས་བསོད་ནམས་ཁ་ རྗེ་གང་འཚམས་སུ། །རང་རང་སོ་སོར་ཇི་བཞིན་ལེགས་ངེས་ཤིང༌། །ཐ་དད་མི་མཐུན་རིགས་ གྱུར་ཀུན་ཞི་ནས། །ཁྱད་པར་བསྒྲུབ་བྱ་མིང་སྲིང་གང་འདི་ལ། །ལས་ཐང་དབང་བ་ཕན་ཚུན་ མཐུན་པར་བསྡེབས། །ཅི་བསམ་དགའ་བདེའི་དཔལ་ལ་རོལ་ནས་ཀྱང༌། །སྔོ ན་བསགས་ ཀྱིས་བཀུག་ལས་ཐད་ཡོལ་མེད་པར། །དུས་སུ་གེགས་བྲལ་གང་བསམ་ལེགས་འགྲུབ་ མཛོད། །རྟེན་ཅིང་འབྲེལ་འབྱུང་དཔལ་ཡོན་གསར་བ་ཡིས། །ངོ་མཚར་སྒྱུ་མ་ཅི་ཡང་འཕེལ་ བའི་གཟི། །རང་རང་ལ་འོས་བསླུ་མེད་དབང་ཐང་སྒོ། །ཀུན་ནས་འཕྱུར་བའི་དགེ་མཚན་ དབང་གྱུར་ཅིག །ཅེས་པ་མིང་སྲིང་མཉམ་སྡོད་དུ་ལན་བཅུ་གསུམ་བརྗོད་མཐར་རྟེན་སྙིང་ཉེར་གཅིག་དང་ཤིས་བརྗོད་ བྱའོ། །མ་ཏིས་སོ།། །། ༈ སྒྲོལ་མའི་སྒྲིབ་ཤིང་ནི༔ སྲེག་པའི་སྒྲོ་དང་སྲེག་པ་ཉལ་འོག་གི་ས་དང་བྱ་ནག་ཚང་གསུམ་བསགས་པའི་ ཤིང་རྣམས་དར་ནག་གིས་དྲིལ་ལ་རང་གི་ལུས་ལ་འཆང་ན་ཆོམ་རྐུན་གང་གིས་མཐོང་མི་འགྱུར༔ ༀ་ཨཱརྱ་མ་རི་ཙྱེ་ཀོ་རུ་ ཐིབ་ཐིབ་ཆུ་བུར་མིག་གི་ཀོ་རི་ཐིབ་ཐིབ་ཙཀུ་མ་ར་ཡ་ཐིབ་ཐིབ་ཛཿཕོབ༔ ཅི་མང་བཟླས་པས་ཟབ་ པའི་མཆོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨྠใ༔ ཆོམ་རྐུན་གྱི་འཇིགས་པ་ཞི་བར་འདོད་ན༔ མཐིང་ཤོག་ལ་མཚལ་དང་རིན་པོ་ཆེ་སྣ་ ཚོགས་ཀྱིས་འདི་བྲིས༔ ༀ་ཏཱ་རེ་ཏུཏྟཱ་རེ་ཧཱུཾ་ཕཊ༔ ༀ་མ་མ་མ་རུ་ཙྱེ་མུཾ་ཧཱུཾ་ཕཊ༔ སརྦ་རོ་ག་ཀི་མ་ཛ་ཧཱུཾ་ བཾ་ཧོཿབྲེ་དུ་ནན་ཆད་ཆད་སྭཱཧཱ༔ ཞེས་གཡོན་དུ་བསྐོར་བས་ཆོམ་རྐུན་གྱི་འཇིགས་པ་ལས་གྲོལ་བར་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨྠใ༔ 7-1-254 ༄༅། །འཕགས་མ་སྒྲོལ་མའི་སྒོ་ནས་རྣོ་མཐོང་ གསལ་བའི་ཐབས་བཞུགས། ༄༅། །ན་མོ་ཨཱརྱ་ཏཱ་རེ་བྷྱཿ འདིར་འཕགས་མ་སྒྲོལ་མའི་སྒོ་ནས་རྣོ་མཐོང་གསལ་བའི་ཐབས་ལ་འདི་ལྟར། ཐོག་མར་ མོ་ཕྲེང་ལག་གཉིས་ཐལ་མོའི་བར་བཟུང་ནས། མོ་བརྡར་བྱ་བ་ནི། རང་མདུན་མཁའ་ལ་འཕགས་མ་གསལ། །གུས་ཕྱག་འཚལ་ཞིང་ཐུགས་རྗེས་གཟིགས། །གང་གི་བྱིན་རླབས་བདེན་སྟོབས་ཀྱིས། །ཡིན་ལུགས་རྟེན་འབྲེལ་གསལ་བོར་སྟོན། །ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། ཞེས་པ་ལན་བརྒྱ་རྩ་བརྒྱད་ མཐར་རྟེན་སྙིང་ཤམ་བུར་བཏགས་པ་ཉེར་གཅིག་བཟླས་མཐར། ན་མོ་བླ་མ་མཆོག་གསུམ་ཡི་དམ་ཚོགས། །མཁའ་འགྲོ་ཆོས་སྐྱོང་ནོར་ལྷའི་རིགས། །མ་ལུས་སྐྱབས་གནས་ཡོངས་ཀྱི་བདག །རྗེ་བཙུན་ འཕགས་མ་ཐུགས་རྗེའི་གཏེར། །སྙིང་ནས་འབོད་དོ་མཁྱེན་སྤྱན་གྱིས། །རླབས་ཆེན་མཐུ་ ནུས་ཆེར་བསྐྱེད་ལ། །ལེགས་ཉེས་བར་མ་གང་བྱུང་གི །རྟེན་འབྲེལ་གསལ་བོ་དུས་འདིར་ ཕོབ། །ལན་གསུམ་བརྗོད་དེ། ཕུ་བཏབ་མོ་ལན་གསུམ་གྱི་དབང་དུ་བྱས་ནས་ཕྲེང་བ་ཚན་གསུམ་བགོས་ལ་ཕྲེང་རྡོག་གསུམ་ གསུམ་རེ་བགྲང་བའི་སྒོ་ནས་ཕྱི་མ་གཅིག་གཉིས་གསུམ་གྱི་ཕྲེང་རྡོག་གང་བབས་ལ་བརྟག་དགོས་ཏེ། ཕྲེང་ཚན་དང་པོའི་སྐབས་ ལ་གསུམ་རེ་བགྲང་བས་ཕྱི་མ་ལ། ཕྲེང་རྡོག་གཅིག་བབས་ན། གཞི་ཕྱྭ་ལ་གང་ལྟར་བཟང་ཞིང་དོན་ཐམས་ཅད་འགྲུབ་ངོ་ ཤར་བས་ཤིང་སྐམ་ལ་ལོ་མ་སྐྱེ། ལུང་སྐམ་ལ་ཆུ་རྡོལ། རབས་ཆད་ལ་བུ་རྙེད། དབུལ་བོ་ལ་ ནོར་ཐོབ་པ་འོང་བས། ཆོས་སྲིད་གང་ཐད་ཀྱི་དོན་ལ་བཟང༌། མགྲོན་ཕྱྭ་ལ་དོན་འཚོལ་བས་ དོན་འགྲུབ། ཐག་རིང་དུ་སོང་ན་ཐོན་ལ་ཁད་དུ་ཡོད། གྲོགས་ཡོད། དགྲ་མེད་པས་བཟང༌། 7-1-255 གར་བྲོས་ཟིན་དགོས་ཡོད་ན་དེའང་ཟིན་ངོ་ཤར། མགྲོན་གང་དེ་ནད་མེད་བདེ་སྐབས་ཡིན། ནད་ཕྱྭ་ལ་ལྷ་ལ་ཕོག་ཐུག་དང་རྒྱལ་གདོན་གྱི་ངོ་ཡོད་པས་ལྷ་ཁྲུས། གཙང་སྦྲ་དང༌། སིདྡྷི། རྟ་བསྙེན། དུས་འཁོར་ཆོ་ག་སོགས་ཀྱི་རིམ་གྲོ་དང་སྨན་བྱས་ན་ཕུག་སྐྱོན་མེད། བོར་ཕྱྭ་ལ་ བོར་སྟོར་གང་བྱུང་རིང་མིན་རྙེད་ངེས་དང༌། དེ་ཡང་ཕྱོགས་བཅུའི་ནང་གི་ཤར་དང་ཤར་ ལྷོ འི་མཚམས་དང༌། སྟོད་བར་སྨད་གསུམ་གྱི་སྟོད་ཕྱོགས་དང༌། ཕར་ཚུར་བར་གསུམ་གྱི་ ཕར་ཕྱོགས་ན་ཡོད། ཕོ་དང་རྟ་ས་ལ་བཟང་ལྷ་ངོ་ཅུང་ཙམ་དམའ་བས་གསོལ་མཆོད་ཅུང་རེ་ འགྲུབ་ན་ལེགས། ཕྲེང་རྡོག་གཉིས་བབས་ན། གཞི་ཕྱྭ་ལ་སྐྱེ་བོ་སྤུན་དང་ཁྱིམ་གྲོགས་ཀུན་ལ་ངན། མགྲོན་ ཕྱྭ་ལ་ལམ་དུ་དམར་ངོ་ཁེལ་རྟ་སོགས་ངལ་ཆད་ཀྱི་ངོ༌། གང་དུ་སོང་ན་ཕྱི་དལ་ཆེ་བས་རིམ་ གྲོ་ལྷ་གསོལ་ཟློ ག་པ་སོགས་གལ་ཆེ། ནད་ཕྱྭ་ལ་ཤ་དུག་གམ་དམར་རྩོག་གི་རྐྱེན་གྱིས་ན་ངོ་ ཤར། སྲོག་ཕྱྭ་ལ་ངན་ཞིང༌། བུད་མེད་རྐང་ཐང་གི་ཕྱི་ནས་གདོན་འོང་བས་རྫ་མདོས་སོགས་ དགོས། འདི་ལ་ལྷ་མ་དགའ་བ་དང་དགྲ་གྲིབ་ཀྱི་ངོ་ཡོད་པས་སྲུང་མ་གསོལ་མཆོད། དགྲ་ མནན། ཁྲུས་བྱབ་གཟབ་ནན་དང༌། སྨན་ཡང་གལ་ཆེ། འདི་ནི་སྐབས་རེ་ལས་ཕུགས་རིང་དུ་ འཚོ་ཐབས་དཀའ། བོར་ཕྱྭ་ལ་བོར་སྟོར་གང་བྱུང་འཕྲལ་ཕུགས་ནམ་དུ་མི་རྙེད་ངོ༌། ལྷ་ངོ་ཤིན་ ཏུ་དམའ། ཕྲེང་རྡོག་གསུམ་བབས་ན། གཞི་ཕྱྭ་ལ་ཁྱི མ་ནོར་ཆོས་ཕྱྭ་ཀུན་ལ་བཟང༌། མགྲོན་ཕྱྭ་ ལ་མགྲོན་པོ་མྱུར་དུ་ཐོན་ངོ་དང་ཚོང་པ་ལ་དོན་བཟང་པོ་ཡོད། ནད་ཕྱྭ་ལ་སྨན་དང་རིམ་གྲོ་ དགེ་འདུན་ལ་གསོལ་སྟོན་དང་ཉ་གྲོག་སོགས་ལ་སྦྱིན་གཏོང་ལ་སོགས་པ་རང་གིས་ཚོགས་ བསགས་སྒྲིབ་སྦྱོང་གི་ཤུགས་གཙོ་བོར་བསྐྱེད་ན་རིམ་པས་དྭངས་འགྲོ། བོར་ཕྱྭ་ལ་བོར་སྟོར་ བྱུང་བ་གང་ཐད་རྙེད་པར་དཀའ། ལྷ་ངོ་མཐོ་ཕྱི་ས་ཡང་ཞིང་ཐབ་ས་དང༌། བུ་རྟ་ཆུང་བའི་ 7-1-256 རིགས་ལ་བཟང་ངོ་ཤར། ཕྲེང་ཚན་གཉིས་པ་ལ་ཕྲེང་རྡོག་གཅིག་བབས་ན། གཞི་ཕྱྭ་ལ་དོན་ཕྱྭ་གྲོགས་སོགས་སྤྱི་ལ་ བཟང༌། མགྲོན་ཕྱྭ་ལ་དོན་དང་རྙེད་པ་སོགས་བྱ་བ་ལམ་དུ་འགྲོ། ནད་ཕྱྭ་ལ་ཕུགས་ཀྱི་སོས་ངོ་ ཤར་ཡང་དེ་བར་མོ་སྨེ་བ་ཅན་གྱི་རྗེས་སུ་གདོན་ངོ་ཡོད་པས་མ་མོའི་འཁྲུགས་བསྐང་སོགས་ བྱ། བོར་ཕྱྭ་ལ་ལྷོ ་དང་ལྷོ ་ནུབ་བམ་བར་སྐེད་དམ་ཕར་ཚུར་བར་རྣམས་གང་རུང་ནས་རྙེད་ངོ་ ཤར། ཕོ་ས་རྟ་ས་ལྷ་ས་ཀུན་ལ་བཟང༌། ཕྲེང་རྡོག་གཉིས་བབས་ན། གཞི་ཕྱྭ་ལ་ཁྱི མ་དོན་སྲོག་ཕྱྭ་ཀུན་ལ་ངན། བསྐལ་བཟང༌། མཎྜལ་བཞི་ཆོག རྣམ་རྒྱལ་གཟུངས་ཆོག ཚེ་ཆོག་སོགས་རིམ་གྲོ་གཟབ་མོ་དགོས། མགྲོན་ཕྱྭ་ ལ་གང་དུ་འགྲོ་སའི་ཡུལ་དུ་ཐོན་ནས་ད་དུང་གཞི་ནས་མ་བཀྱགས་ངོ༌། ནད་ཕྱྭ་ལ་རྒྱལ་བཙན་ བྱད་ཕུར་སོགས་བཟློ ག་ངོ་ཆེ་བས་སེང་གདོང་གདུགས་ཟློག་དང༌། སྐྱེས་ནག་ཤ་དམར་ཕྱི་ ནས་གདོན་ངོ་རེའང་ཡོད་པས་ཁྲུས་བསང་ཅི་འགྲུབ་དང༌། དབང་བསུར་ཆེས་མང་དང་སྨན་ བྱས་ན་འཚོ་བ་སྲིད་ཙམ་ཡིན། བོར་ཕྱྭ་ལ་ནམ་ཕུགས་རིང་མོའི་དུས་ན་དོན་དག་ཆུང་ངོ་རེ་མ་ གཏོགས་ད་སྐབས་ཅི་ཡང་རྙེད་ངོ་མེད། ལྷ་ངོའང་དམའ་བས་སྲུང་མ་གསོལ་མཆོད་གཟབ་ ལྡན་བྱ་དགོས་པའོ། ། ཕྲེང་རྡོག་གསུམ་བབས་ན། གཞི་ཕྱྭ་ལ་གསེར་སྤང་ལ་གཡུ་སྡོང་སྐྱེ་བའི་མོ་ཡིན་ཆོས་སྲིད་ སྤྱི་ལ་ལམ་འགྲོ་ཆེན་པོ་འོང༌། མགྲོན་ཕྱྭ་ལ་མགྲོན་པོ་འཁོར་བཅས་མྱུར་ནས་སླེབ་ཅིང་བསམ་ དོན་ཇི་བཞིན་འགྲུབ། ནད་ཕྱྭ་ལ་ནི་ཡུམ་མདོ་ཟློ ག་པ་སོགས་སྲུང་རིམ་ཕྲན་བུ་བྱས་ན་ཤིན་ཏུ་ ཡང་ངོ་ཆེ་བས་མྱུར་དུ་སོས་ངོ་ཡོད། བོར་ཕྱྭ་ལ་ནུབ་དང་ནུབ་བྱང་མཚམས་དང་སྟོད་དམ་ཚུར་ ངོ་གང་ཡང་རུང་བ་ནས་ལེགས་པར་རྙེད། ལྷ་ཡི་ངོ་ལ་ཉི་མ་འཆར་བའི་མོ་ཡིན། སྤྱིར་གང་ ཐད་ལ་གཡང་ཉམས་རེའི་ངོ་ཡོད་པས་གཡང་སྒྲུབ་གཡང་འབོད་ཅི་ནུས་འབད། 7-1-257 ཕྲེང་ཚན་གསུམ་པ་ལ་ཕྲེང་རྡོག་གཅིག་བབས་ན། གཞི་ཕྱྭ་ལ་ལྷ་བཙན་མགོན་སྐྱབས་ བྱེད་པའི་མོ་ཡིན་འགྲོ་འདུག་གང་ལྟར་ཀྱང་ལྷ་དང་བླ་མས་ཐུགས་རྗེས་འཛིན་པའི་དགེ་ མཚན་ཆེ་བས་ཀུན་གྱི་དབུས་ན་མངོན་པར་མཐོ་བ་འོང༌། མགྲོན་ཕྱྭ་ལ་ཕྱི་འགྱངས་ཆེ་ཡང་ གེགས་གང་ཡང་མེད། ནད་ཕྱྭ་ལ་སྲོག་ཕྱྭ་ཤིན་ཏུ་བཟང་བས་སྨན་རིམ་གྲོ་གང་ཡང་མེད་ཀྱང་ འཚོ་ཐུབ་པ་ཡིན། བོར་ཕྱྭ་ལ་བྱང་དང་བྱང་ཤར་མཚམས་དང་སྟོད་བར་སྨད་གསུམ་གང་རུང་ དང་ཕར་ཚུར་བར་གསུམ་གང་རུང་རྣམས་ནས་རྙེད་ངོ་ཤར། ལྷ་དང་མི་ནོར་མཐའ་དག་ལ་ རེབ་ཙམ་དགེ་ལེགས་ཀྱི་དཔལ་འབར། ཕྲེང་རྡོག་གཉིས་བབས་ན། གཞི་ཕྱྭ་ལ་ལྷ་འདྲེ་མི་གསུམ་གྱི་འཚེ་ངོ་ཆེ་བས་གསོལ་མཆོད་ ཟློ ག་པ་སྤྱི་དང་ཁྱད་པར་དགྲ་མནན་དང་གྲི་འདུལ་གལ་ཆེ། མགྲོན་ཕྱྭ་ལ་གང་ནས་ཀྱང་མི་ འདོད་པ་མང་རིམ་འགྲོ་དེ་ལུགས་གཟབ་དགོས། ནད་ཕྱྭ་ལ་ནོར་དཀར་མཚན་གྱི་ཕྱི་ནས་ རྒྱལ་གདོན་འོང་བས་རྒྱལ་མདོས་དང༌། རེ་ཆགས་ཆེ་བས་སྒྲོལ་མའི་དབང་སྟོང་དང༌། བསུར་ འབུམ། འཕྲོད་སྟེན་སོགས་གལ་ཆེ། བོར་ཕྱྭ་ལ་ཐུང་མྱུར་ནས་མི་རྙེད་ཀྱང་འགྱང་ཙམ་ནས་ ལེགས་པར་རྙེད། ལྷ་ངོ་འབྲིང་ཙམ་ཡིན་པས་ལྷ་གསོལ་དེ་ལུགས་བཞིན། ཕྲེང་རྡོག་གསུམ་བབས་ན། གཞི་ཕྱྭ་ལ་སྤྱིར་དོན་བསྒྲུབ་ཀྱང་ཕྱི་དལ་ཆེ་བ་མ་གཏོགས་ ཕུགས་ནས་མི་འགྲུབ་པ་མེད་ཅིང་ཆོས་ཀྱི་བྱ་བ་ལ་ཧ་ཅང་བཟང༌། མགྲོན་ཕྱྭ་ལ་ཡུལ་གང་དུ་ འགྲོ་འདུག་སྐབས་ལམ་དུ་འགྲོ་བའི་གནས་སྐབས་འབའ་ཞིག་ཡིན། ནད་ཕྱྭ་ལ་སྲོག་ཕྱྭའི་ ཆ་ནས་ཕུགས་སུ་འཚེ་ངོ་རེ་ཡོད་པས་ཕུར་བསྙེན་སྒྲོལ་མའི་ཚོགས་འབུམ་སྦྱིན་སྲེག་སོགས་ རིམ་གྲོ་གལ་ཆེ། སྨན་ལ་བསྟེན་པ་བྱས་ན་བཟང༌། བོར་ཕྱྭ་ལ་ནམ་ཕུགས་མི་འབོར་བའི་ངོ་ ཡོད་སྤྱིར་བཏང་མི་ནོར་འགྱུར་བག་ཆེ། ལྷ་ངོ་འབྲིང་སྟོད་ཙམ་ཡིན་པས་གསོལ་མཆོད་ཉུང་ བ་རེའང་དགོས། དེ་དག་མོ་ལན་གསུམ་བཏབ་པའི་སྐབས་ཀྱི་བརྟག་ཚུལ་ཡིན། 7-1-258 མོ་ལན་གཅིག་དང་གསུམ་སོགས་རང་གིས་ལག་ལེན་གང་ཐེབས་ཡིན་པས་དེ་འདྲའི་ ཕྲེང་མོ་ལན་གསུམ་འདེབས་པའི་སྐབས་སུ་བརྟག་པ་བྱ་ལུགས་ནི། ལན་སྔ་མ་གཅིག་བཟང་ ཕྱི་མ་གཉིས་ངན་ན། ཁྱི མ་དང་སྲོག་ཕྱྭ་ལ་རྒྱལ་སྲིན་གྱི་གདོན་ངོ་དང་གེགས་ཡོད། དོན་ཆོད་ མེད་ཀྱང་མགྲོན་པོ་ཐོན་ལ་ཉེ་ངོ་དང་བོར་སྟོར་བརླག་བཅས་རྙེད་ངོ་དང༌། ནད་ཕྱྭ་ལ་རྒྱལ་ པོ་ཁ་ཆིངས་སོགས་དགོས། ལན་སྔ་མ་གཉིས་བཟང་ཕྱི་མ་ངན་ན་མོ་ཁོག་བཟང་ཙམ་པ་ལ་ ཅུང་ཙམ་འགྱོད་ངོ་ཡོད། ལན་གསུམ་ག་བཟང་ན་ལོ་གཅིག་ལ་འགན་ཁུར་ཆོག ཡང་བརྟག་ ཚུལ་གཞན་ཡང་ལན་སྔ་མ་ངན་ཕྱི་མ་གཉིས་བཟང་ན། ཁྱི མ་ཐབ་མོ་ལ་ངན་པས་ཕུར་བའི་སྲི་ མནན་སོགས་བྱ། སྔ་མ་གཉིས་ངན་ཕྱི་མ་བཟང་ན་གདོན་ངོ་སོགས་གེགས་ཆུང་ཆེ་བས་སྒྲོལ་ མ་ཁྲི་མཆོད་གཟབ་ལྡན་སོགས་རིམ་གྲོ་གནད་དུ་ཁེལ་ན་བཟློ ག་ཐབས་མེད་པ་མིན། གསུམ་ ག་ངན་ན་ཟླ་གཅིག་ལས་མི་འགྱང་པར་མི་ནོར་གང་ཐད་ལ་འཚེ་ངོ་ལྷག་པར་ཆེ། ཐོག་མཐའ་ བཟང་ཞིང་བར་ཙམ་ངན་ན་ལོ་ཕྱེད་ཚུན་ལ་གནོད་རྐྱེན་མེད་ངོ་དང༌། ཐོག་མཐའ་ངན་ལ་བར་ ཙམ་བཟང་ན་ཟླ་གཅིག་ཚུན་ལ་ཆེར་རྐྱེན་ངན་པ་ཞི་ངོ་ཙམ་དུ་དཔྱད། མོ་བཟང་ལན་དྲུག་ རྟག་ན་ལོ་གསུམ་དང༌། ལན་དགུ་རྟག་ན་ལོ་དྲུག་ཏུ་འོས་འགན་ཁུར་ཆོག་པ་སོགས་ཚུལ་དེ་ ལུགས་ཀྱིས་འགྲེས་པ་ལག་ལེན་ཡིན་ཞིང་མོ་གཅིག་ལ་རང་ངོས་གཅིག་གིས་དཔྱད་པས་ ཆོག་པ་ཡིན་ནོ། །དེ་དག་གིས་སྒྲོལ་མའི་སྒོ་ནས་མོ་བཏབ་ཚུལ་མདོར་བསྡུས་གྲུབ་པའོ། །འདི་ ཡང་བཛྲ་མིང་ཅན་ལ་མཁོ་ནས་ཀིརྟིས་སོ།། །། 7-1-259 ༄༅། །སྒྲོལ་མའི་མོ་ཡིག་རྣོ་མཐོང་གསལ་བའི་ ཉེར་མཁོའི་ལྷན་ཐབས་བཞུགས། ༄༅། །འཕགས་མ་ལ་ཕྱག་འཚལ་ནས་སྒྲོལ་མའི་རྣོ་མཐོང་གསལ་བའི་ཉེར་མཁོ་ལྷན་ ཐབས་ཀྱི་ཚུལ་ལ་འདིར་གསུམ་སྟེ། ལག་ལེན་འདེབས་ཚུལ། ཁ་སྐོང༌། མཚན་མ་བརྟག་ ཐབས་རྣམས་ལས། དང་པོ་ལག་ལེན་འདེབས་ཚུལ་ལ། རྒྱས་བསྡུས་གཉིས་ལས། དང་པོ་ནི་མོ་ཁོག་ལྟར་མོ་བརྡར་བཅས་མོ་ལན་གསུམ་གྱི་དབང་དུ་བཏང་ན་ཕྲེང་ཚན་ གསུམ་པོ་ལ་ཕྲེང་རྡོག་གཅིག་གཉིས་གསུམ་ཇི་ལྟར་བབས་ཚུལ་རེ་རེ་བཞིན་བརྟག་པའི་སྒོ་ ནས་མོ་གསུམ་སྤྱིའི་བབས་ལ་དཔྱད་དགོས་ཤིང༌། དེ་ཡང་གཞི་ཕྱྭ་མགྲོན་ཕྱྭ་ནད་ཕྱྭ་བཞི་གང་ ཡིན་ཀྱང་འདྲ་སྤྱིར་བཏང་ཕྲེང་ཚན་རེ་རེ་བཞིན་ཕྲེང་རྡོག་གཅིག་གསུམ་ཁོ་ནར་བབས་ན་ བཟང༌། གཉིས་ཁོ་ན་ངན། གཅིག་གཉིས་གསུམ་པོ་འདྲེས་མར་བབས་ན་འབྲིང་ཡིན། དེ་ ལུགས་མོ་གསུམ་རབ་འབྲིང་ཐ་མ་གང་ཡིན་དཔྱད། གསུམ་ག་བཟང་ན་གཞི་ཕྱྭ་ལ་གནོད་ སྐྱོན་མེད་ཐད་ལོ་འགན་དང༌། མགྲོན་ཕྱྭ་གང་ཐད་བདེ་སྐབས་ངེས་ཅན་དང༌། ནད་ཕྱྭ་གང་ ལྟར་སྐྱོན་མེད་སྲོག་འཚོ་དང༌། བོར་ཕྱྭ་གང་ལྟར་རྙེད་ངོས་ཀྱི་སེམས་ཐག་བཅད་ཆོག མོ་ བཟང་འདི་ལ་རིམ་གྲོ་རྐྱེན་སེལ་སོགས་ཅི་ཡང་མི་དགོས། གསུམ་ག་ངན་ན་གཞི་ཕྱྭ་ལ་ཟླ་ གཅིག་ལས་མི་འགྱང་པར་འཚེ་ངོ་ཡོད་པས་སེར་མོ་རང་སྒོས་སུ་དུས་འཁོར། ཐམས་ཅད་ རིག་པ། མི་འཁྲུགས་པ། ཚེ་དཔག་མེད། སྤྱན་རས་གཟིགས། སྒྲོལ་མ་དཀར་ལྗང༌། རྣམ་ རྒྱལ་མ་སོགས་ཞི་བའི་རིགས་ཀྱི་ཡི་དམ་གང་འོས་བསྙེན་སྒྲུབ་དང༌། འབྱུང་འདུལ། རྟ་ 7-1-260 མགྲིན། འཇིགས་བྱེད། ཕུར་བ། མགོན་པོ་སོགས་དྲག་པོའི་རིགས་གང་འཚམ་ལ་བསྙེན་ སྒྲུབ་བྱེད་པ་གལ་ཆེ། ཁྱི མ་ཚང་ཡིན་ན་དེ་ལུགས་ཀྱི་དུས་འཁོར་དང༌། ཐམས་ཅད་རིག་པ། མི་འཁྲུགས་པ། སྒྲོལ་མ། རྣམ་རྒྱལ་མ་སོགས་ཀྱི་བསྙེན་པ་དང༌། སྒྲུབ་མཆོད་ལྷོ ་སྒོ་དབང་ བསྐུར་གྲངས་མང་སྦྱིན་སྲེག་གང་འོས་དང༌། རྟ་མགྲིན། འཇིགས་བྱེད་དྲུག་ཅུ་པ། ཕུར་བ་ བསྙེན་བཟློ ག མགོན་པོ་སྐང་གསར་སྙིང་བཟློ ག་པ་བཅས། གསོལ་ཁ་སོགས་གང་འཚམ་གྱི་ རིམ་གྲོ་དགོས། མགྲོན་ཕྱྭ་ལ་ཕྱི་དལ་ཆེ་ཞིང་མི་འདོད་པ་མང་བས་མགོན་པོའི་སྐང་གསོལ། གཏོར་ཆོག་རིགས། མདོ་གདུགས་སྒྲོལ་གསུམ་སོགས་དགོས། ནད་ཕྱྭ་ལ་ལྷ་ལ་ཕོག་ཐུག་ རྒྱལ་གདོན་གྲིབ་ངོ་རེ་ཆགས་ཆེ་བས་སེར་མོ་ཡིན་ན་དུས་འཁོར། མི་འཁྲུགས་པ། ཚེ་དཔག་ མེད། སྒྲོལ་མ། རྣམ་རྒྱལ་མ་སོགས་དང༌། འབྱུང་འདུལ། རྟ་མགྲིན་སོགས་ཀྱི་མཚམས་ བསྙེན་སྐབས་སུ་གང་གཟི་དང༌། ཁྱི མ་ཚང་མི་སྐྱ་ཕོ་མོའི་ནད་པ་ལ་དུས་འཁོར། མི་འཁྲུགས་ པ། སྒྲོལ་མ། རྣམ་རྒྱལ་མ་སོགས་ཀྱི་བསྙེན་མཆོད་འདོད་ཡོན་བསུར་བསྔོ ་སྦྱིན་སྲེག་སོགས་ ཅི་འོས་དང༌། རྟ་མགྲིན་བསྙེན་བཟློ ག་ལ་རྒྱལ་བསེན་སྒྲགས་མདོས་སྤྲད། གཞན་ཡང་པད་ འབྱུང༌། ཀུན་མཁྱེ ན་མཆོད་ཐབས་བཅས་ཀྱིས་རྣམ་ཐར་ཀློ ག་འདོན། དེ་མིན་བླ་མ་གོང་མའི་ རྣམ་ཐར་ཀློ ག་པ་དང་གསོལ་འདེབས་ལ་ཡང་གང་བདེ་སྨོད་ནས་རེམ། བོར་ཕྱྭ་གང་ཡིན་ཡང་ གང་ཐད་རྙེད་པར་དཀའ་བས་བྱ་ཐབས་བྲལ་བར་དཔྱད་དགོས་པས་གཞི་ཕྱྭར་སེར་མོ་ལ་ཡི་ དམ་ཞི་དྲག་གང་རུང་དང་ཁྱད་པར་སྒྲོལ་མ་དང་རྣམ་རྒྱལ་མའི་བསྙེན་པ་ལོ་མཚམས་དང༌། སྔོ ན་འགྲོ ཆུ་གཏོར། བླ་མཆོད། གཏོར་ཆོག་སོགས་རྒྱུན་ཁྱེ ར་ཆག་མེད་དང༌། ཁྱི མ་ཚང་ལ་ཞི་ དྲག་བསྙེན་མཆོད་བཟློ ག་པ་སོགས་གོང་སྨོས་རིམ་གྲོ་གང་འོས་ངང༌། ཁྱད་པར་བྱིས་པ་གསོ་ ཐད་སྒྲོལ་མའི་དབང་སྟོང༌། རྣམ་རྒྱལ་ཁྲི་མཆོད་དང༌། བསྟན་དགོན་ལ་སྒྲོལ་མའི་ཚོགས་ འབུམ། རྟེན་སྙིང་དང་ཡིག་བརྒྱ་བཀླག་ཆོག་གི་སྒོ་ནས་བསྙེན་སྒྲུབ་དང་གང་མ་འཛོམས་པ་ 7-1-261 དེ་ལུགས་ལྷ་བསྙེན་པར་འདེབས་ཁ་སྣོན་གང་བདེ་བྱས་ནས་སྲུང་རིམ་གཟབ་ལྡན་གྱིས་སླར་ མོ་ལན་གཅིག་བཏབ་ཚེ་ཕྲེང་གསུམ་ག་ཕྲེང་རྡོག་གཉིས་ཁོ་ནར་བབས་ན་གང་ལྟར་བྱ་ཐབས་ བྲལ་བ་ཡིན། ཕྲེང་རྡོག་གཅིག་གཉིས་གསུམ་པོ་འདྲེས་མར་བབས་ན་ལོ་ཕྱེད་ཙམ་དུ་བདེ་ ངོ་དང༌། གཅིག་གསུམ་ཁོ་ནར་བབས་ན་ལོ་གཅིག་ལ་འགན་ཁུར་ཆོག མགྲོན་ཕྱྭ་ལ་གོང་ ལྟར་རིམ་གྲོ་ཅི་འོས་དང་ཁྱད་པར་སྒྲོལ་མའི་བཀླག་ཆོག་དང་མཎྜལ་གྱིས་མོ་སྨོད་ན་སྔར་ ལྟར་རང་སར་ངན་ན་མགྲོན་པོ་ལ་འཚེ་ངོ་ཤིན་ཏུ་ཆེ། དེ་ལས་ཅུང་ཟད་བཟང་ན་ཞག་འགའ་ ནས་དོན་འབྲིང་རེ་དང་བཅས་སླེབ་ངོ་དང༌། དེ་བས་ཀྱང་ཆེས་བཟང་ན་ཐུང་མྱུར་དུ་དོན་ཆེན་ བཅས་བདེ་བར་ཐོན་ངེས་ཡིན། ནད་ཕྱྭ་ལ་གོང་ལྟར་རིམ་གྲོ་ཅི་རིགས་དང་ཁྱད་པར་སྨན་དང་ སྒྲོལ་མའི་དབང་སྟོང༌། པད་འབྱུང་དང་ཀུན་མཁྱེ ན་སོགས་བླ་མ་གོང་མའི་རྣམ་ཐར་གསུང་ བསྒྲག་དང་བསུར་འབུམ་གྱིས་མོ་སླར་བཏབ་ན་གོང་བཞིན་ངན་འབྲིང་བཟང་གི་རིམ་པས་ འཚོ་ཐབས་བྲལ་བ་དང་རེ་ཞིག་བར་ཡར་དྭངས་དང་ཕུགས་ཀྱི་དྭངས་ངོ་ལ་དཔྱད། བོར་ཕྱྭ་ གང་ཡིན་ཀྱང་དེ་ལུགས་རིམ་པར་མྱུར་རྙེད་ངོ་དང་འགྱང་ཙམ་རྙེད་ངོ་དང་གཏན་མི་རྙེད་པའི་ ངོར་བརྟགས། གཅིག་གཉིས་གསུམ་འདྲེས་ལའང་བཟང་ངན་འདྲེས་མ་གསུམ་གང་གིས་ མང་ཕྱོགས་བརྟགས་སྟེ་བཟང་ཕྱོགས་མང་ན་རིམ་གྲོ་སྨན་ཉུང་ཙམ་དང༌། ངན་ཕྱོགས་མང་ན་ རིམ་གྲོ་སྨན་གཟབ་གཟབ་ཙམ་པ། འདྲེས་མ་ལ་བར་འབྲིང་ཙམ་རིགས་པས་བརྟགས་ཆོག དེ་ཡང་ཕྲེང་ཚན་ཐོག་མཐར་ཕྲེང་རྡོག་གཅིག་གསུམ་ཁོ་ནས་བཟང༌། བར་བ་ལ་གཉིས་ཀྱིས་ ངན་ན་བཟང་ཕྱོགས་མང་བ་ཡིན་པས་གཞི་ཕྱྭ་ལ་སེར་མོས་ཡི་དམ་བསྙེན་བཟླས་རྒྱུན་ཁྱེར་ ཁ་ཏོན་མི་ཆག་པ་རེ་དང༌། ཁྱི མ་ཚང་ལ་སྒྲོལ་མའི་མཎྜལ་གཡང་སྒྲུབ་དང་མ་ལྡན་བསྙེན་པར་ གྲངས་མང༌། བསྟན་དགོན་ལ་རྟེན་འབྲེལ་བཀླག་ཆོག་ཙམ་གྱིས་བདེ་སྐབས་ཤར། མགྲོན་ཕྱྭ་ ལ་མདོ་གདུགས་སྒྲོལ་གསུམ་བཀླག་ཆོག་གི་སྟེང་ནས་ཅུང་ཟད་བྱས་པས་བསམ་དོན་འགྲུབ་ 7-1-262 ཅིང་བདེ་བར་སླེབས། ནད་ཕྱྭ་ལ་རིམ་གྲོ་སྒྲོལ་མ་མདོ་གཉིས་བཀླག་ཆོག་དང་བཅས་ཅི་ འགྲུབ་ཀྱིས་སྨན་ཉུང་ཤས་རེ་བསྟེན་པས་ལེགས་སོས་འབྱུང༌། བོར་ཕྱྭ་གནས་སྐབས་འཚོལ་ བའི་བརྩོན་པ་རེ་དགོས་ཀྱང་མཐར་རྙེད་ངེས་མི་བསླུ་བའོ། ། ཡང་ཕྲེང་ཚན་ཐོག་མར་གཅིག་གསུམ་གང་རུང་གིས་བཟང་བར་ཐ་གཉིས་ལ་གཉིས་ ཁོ་ནས་ངན་ན་ངན་ཕྱོགས་མང་བ་ཡིན་པས་གཞི་ཕྱྭ་ལ་སེར་མོའི་ཡི་དམ་ཞི་དྲག་གང་རུང་གི་ བཟླས་བསྙེན་ཚད་ལྡན་ཁ་ཏོན་རང་འཚམ་ལ་ནན་ཏན་བྱ་བ་དང༌། ཁྱི མ་ཚང་ལ་རྟ་མགྲིན་ གྱི་སྒོ་ནས་རྒྱལ་བསེན་སྒྲགས་མདོས་མ་ལྡན་བསྙེན་པར་འདེབས་པ། དགོན་སྡེ་ལ་བཀླག་ ཆོག་སྟེང་ནས་གདུགས་རིང་ཁྲི་རྫོགས་བསྒྲུབ་ན་བདེ། མགྲོན་ཕྱྭ་ལ་སྒྲོལ་མ་མཎྜལ་གྲངས་ མང་གིས་དོན་འགྲུབ། ནད་ཕྱྭ་ལ་སྨན་བསྟེན་ཅིང་པད་འབྱུང་ཀུན་མཁྱེ ན་སོགས་ཀྱི་རྣམ་ཐར་ བསྒྲག་ན་སྐྱོན་མེད། བོར་ཕྱྭ་བསང་གསོལ་དང་བཅས་བཙལ་ན་གཏན་འབོར་མི་བྱེད་ཙམ་གྱི་ ངོ་ཡོད། ཡང་ཕྲེང་ཚན་གསུམ་ལ་ཐོག་མཐར་གཅིག་གསུམ་རེ་རེའམ་གང་རུང་གིས་བཟང་ ཞིང་བར་ལ་གཉིས་ཀྱིས་ངན་པ་དང་བར་ལ་གཅིག་གསུམ་གང་རུང་གིས་བཟང་ཡང་ཐོག་ མཐར་གཉིས་ཁོ་ནས་ངན་པ་ནི་འདིར་འདྲེས་མ་ཡིན་པས་གཞི་ཕྱྭ་ལ་སེར་མོས་སྒྲོལ་དཀར་ དང་རྣམ་རྒྱལ་མའི་བསྙེན་ཚད་བསྐྱལ་ཞིང་མདོ་གདུགས་སྒྲོལ་གསུམ་བཀླག་ཆོག་སྟེང་ནས་ རྒྱུན་ཁྱེར་ཆགས་མེད་དང་ཁྱིམ་ཚང་ལ་ཕུར་བའི་ལུས་དཀྱིལ་སྟེང་ནས་བསྙེན་བཟླས་དང༌། སྒྲོལ་མའི་སྒོ་ནས་དབང་སྟོང་སྦྱིན་སྲེག་མ་ལྡན་བསྙེན་པར་འདེབས་པ་གྲངས་མང༌། དགོན་ པ་ལ་རྣམ་རྒྱལ་མའི་དབང་སྟོང་སྦྱིན་སྲེག་སྒྲོལ་མའི་བུམ་གཏེར་དང༌། ཚོགས་འབུམ་ཀུན་ མཁྱེ ན་ཁྲི་མཆོད་དང་ཚོགས་འབུམ་བྱས་ན་བཟང༌། མགྲོན་ཕྱྭ་ལ་བཀླག་ཆོག་སྟེང་ནས་སྒྲོལ་ རྒྱུད་འདོན་ན་གང་བསམ་རིམ་པས་འགྲུབ། ནད་ཕྱྭ་ལ་སྤྱན་རས་གཟིགས་ཀྱི་བདག་བསྐྱེད་ ལ་བརྟེན་བསྙུང་གནས་ཀྱི་སྒོ་ནས་ཡིག་དྲུག་བཟླ་ཞིང་ཉ་གྲོག་ལ་སྦྱིན་པ་བཏང་བས་ཕན། 7-1-263 བོར་ཕྱྭ་ནི་ཡུན་རིང་ཙམ་ནས་རྙེད་འོང་ན་ཐང༌། དེ་མིན་འདི་དག་སྐབས་དཔྱད་པ་འགའ་མོ་ གཞུང་ན་ཡོད། གཉིས་པ་བསྡུས་པའི་ལག་ལེན་ནི་མོ་གཅིག་གི་དབང་དུ་བྱས་ན་མོ་ཁོག་གི་ ཕྲེང་ཚན་གསུམ་བགོས་གང་ཡང་རུང་བ་རང་གིས་ལག་ལེན་ཐེབས་པ་འདྲ་བ་ཞིག་གི་སྟེང་ ནས་མོ་ལན་གཅིག་བཏབ་སྟེ། དེ་ཡང་མོ་བརྡར་མོ་ཁོག་ལྟར་ལས་བསྙེན་པ་ཤམ་བུ་ཅན་ ཉེར་གཅིག་ཙམ་གྱིས་ཆོག་ཅིང་མོ་དཔྱད་ཕྲེང་རྡོག་འབབ་ལུགས་ཐོག་མཐའ་གཉིས་བཟང་ འབྲིང་དང་བར་བ་ངན་པར་དཔྱད་དེ་མོ་ཁོག་ལྷན་ཐབས་ཀྱི་རིམ་གྲོ་གང་འབེན་སྦྱར་ཏེ་གཞི་ ཕྱྭ་མགྲོན་ཕྱྭ་ནད་ཕྱྭ་བོར་ཕྱྭ་བཞི་ལ་བཟང་འབྲིང་ངན་གསུམ་གང་ཡིན་གྱི་ཐག་བཅད། དེ་ཡང་ ཕྲེང་ཚན་དང་པོའི་ལག་ལེན་ལྟར་ན་ཕྲེང་རྡོག་གཅིག་བབས་ལ་གཞི་ཕྱྭ་མགྲོན་ཕྱྭ་བོར་ཕྱྭ་ལ་ རིམ་གྲོ་གང་ཡང་མི་དགོས། ནད་ཕྱྭ་ལ་མོ་ཁོག་རིམ་གྲོའི་སྟེང་པད་འབྱུང་ཀུན་མཁྱེ ན་སོགས་ བླ་མ་བརྒྱུད་པའི་རྣམ་ཐར་གསུང་བསྒྲགས་དང་མ་ལྡན་པར་གྲངས་འདེབས་པ་ཡུལ་སྤྲུས་ བྱས་ན་ལེགས། ཕྲེང་རྡོག་གཉིས་བབས་ལ་གཞི་ཕྱྭ་མགྲོན་ཕྱྭའི་ཐད་རིམ་གྲོ་ཁོག་ལྟར་ལས་ ཁྱད་པར་བཀླག་ཆོག་སྟེང་ནས་གདུགས་རིང་ཁྲི་གསུམ། ནད་ཕྱྭ་ལ་མོ་ཁོག་ལྟར་རིམ་གྲོའི་ ཁར་གདོན་རྫས་འདྲ་ཡོད་ན་ཕུད་དགོས། ཕྲེང་རྡོག་གསུམ་བབས་ལ་གཞི་མགྲོན་གཉིས་ལ་ རིམ་གྲོ་མི་དགོས། ནད་ཕྱྭའི་ཐད་རིམ་གྲོ་ཁོག་ལྟར་ལས་དེ་ལྷག་ཡིག་བརྒྱའི་བཀླག་ཆོག་ སྟེང་ནས་སྒྲིབ་སྦྱངས་གལ་ཆེ། ཕྲེང་ཚན་གཉིས་པའི་ལག་ལེན་ལྟར་ན་ཕྲེང་རྡོག་གཅིག་ བབས་ལ་གཞི་མགྲོན་པོར་ཐད་རིམ་གྲོ་མི་དགོས། ནད་ཕྱྭ་ལ་གདོན་རྫས་ཡོད་ན་ཕུད། ཕྲེང་ རྡོག་གཉིས་བབས་ལ་གཞི་ཕྱྭའི་རིམ་གྲོ་ཁོག་ལྟར་གྱི་སྟེང་རྣམ་རྒྱལ་མ་དང་སྒྲོལ་མ་ཁྲི་མཆོད་ གལ་ཆེ། ནད་ཕྱྭའི་ཐད་མདོ་གདུགས་སྒྲོལ་གསུམ་བཀླག་ཆོག་སྟེང་ནས་གྲངས་མང་སོང་ ན་བཟང༌། གདོན་རྫས་ཡོད་ན་ཕུད། ཕྲེང་རྡོག་གསུམ་བབས་ལ་གཞི་ཕྱྭ་མགྲོན་བོར་ལ་ རིམ་གྲོ་མི་དགོས། ནད་ཕྱྭའི་རིམ་གྲོ་ཁོག་ལྟར་ལས་བཀླག་ཆོག་སྒོ་ནས་མདོ་ཁྲི་འདོན་ན་ 7-1-264 ལེགས་ཤིང་སྒྲོལ་མའི་གཡང་སྒྲུབ་རྒྱས་པ་ཐུབ་ན་དགོས། འདི་ཡང་མ་ལྡན་ན་བསྙེན་པར་ གྲངས་འདེབས་ཆོག ཕྲེང་ཚན་གསུམ་པའི་ལག་ལེན་ལྟར་ན་ཕྲེང་རྡོག་གཅིག་བབས་ལ་ གཞི་ཕྱྭ་མགྲོན་ནད་བོར་བཞི་ལ་རིམ་གྲོ་གང་ཡང་མེད་ཀྱང་ཆོག ཕྲེང་རྡོག་གཉིས་བབས་ལ་ གཞི་ཕྱྭའི་བསྲུང་རིམ་ཁོག་ལྟར་གྱི་ཁར་ཕུར་བའི་བསྙེན་པ་དུང་ཡོན་བཀླག་ཆོག་སྟེང་ནས་ གདུགས་རིང་ཁྲི། མགྲོན་པོ་ལ་མགོན་པོ་བསྐང་ཁྲི་བཟློ ག་ཁྲི། ནད་ཕྱྭའི་རིམ་གྲོ་ཁོག་ལྟར་གྱི་ སྟེང་སྒྲོལ་མ་དང་རྣམ་རྒྱལ་མ་ཁྲི་མཆོད། གདོན་རྫས་ཡོད་ན་ཕུད། ཕྲེང་རྡོག་གསུམ་བབས་ ལ་གཞི་མགྲོན་ཐད་སྲུང་རིམ་མེད་ཀྱང་ཆོག ནད་ཕྱྭའི་རིམ་གྲོ་མོ་ཁོག་ཏུ་གསལ་བའི་ཁར་ ཀུན་མཁྱེ ན་ཁྲི་མཆོད་དང༌། རྗེས་གནང༌། བླ་མ་ཡིན་ན་བསུ་བཟློ ག བརྟན་བཞུགས། ཉ་ གྲོགས་ལ་སྦྱིན་པ་རྒྱ་ཆེ་བ་རེ་གཏོང་ཐུབ་ན་ཤིན་ཏུ་བཟང་ངོ་ཤར། འདིར་མ་བཀོད་པས་མི་གསལ་བ་ དག་མོ་གཞུང་རང་ས་ལྟར་ལས་ཅི་ཡང་མི་དགོས་ཚོད་ཡིན། དེ་ལྟར་ཕྲེང་མོ་རྒྱས་བསྡུས་ལག་ལེན་གང་ཐེབས་ལ་ཕུགས་གཏད་ དེ་མོ་འདེབས་པ་གནད་དམ་པའོ།། །། ༄༅། །གཉིས་པ་ཁ་སྐང་གདོན་རྫས་ངོས་བཟུང་གི་ཚུལ་ནི། ཐོག་མར་གདོན་རྫས་ཡོད་མེད་བརྟག་པ་ལ་རྗེ་བཙུན་སྒྲོལ་ མ་མདུན་མཁར་བཞུགས་པར་མོས་ནས། འདི་སྐད། ༀ་ཏཱ་རེ་མྱུར་མའི་གསང་གསུམ་སྟོབས་ཀྱིས་འདིར་ གདོན་དང་འབྲེལ་བའི་རྫས་ཇི་ལྟར་ཡོད་མེད་ཤན་འབྱེད་མཛོད་ཅིག་སྭཱཧཱ། ལན་བདུན་བརྗོད་ མཐར་ལག་ཏུ་ཕྲེང་ཚན་བཅད་པ་ལ་ཕུ་འདེབས་བཞིན་ཏཱ་རེའི་ཡིག་འབྲུ་གཉིས་ཀྱིས་ཕྲེང་རྡོག་བགྲངས་པས་མཐའ་མ་ཏཱ་ཡིག་ ཐོབ་ན་གདོན་རྫས་མེད་ངོ་དང༌། རེ་ཡིག་ཐོབ་ན་ཡོད་པའི་ངོར་དཔྱད་པ་བྱས་ནས་དེ་ལུགས་ཀྱིས་ཤན་ཕྱེ། ཡོད་པ་འདྲ་ན་གང་ ཡིན་ངོ་མ་ཟིན་སྐབས། རྗེ་བཙུན་སྒྲོལ་མ་ཡིད་ལ་དྲན་བཞིན། སྙིང་པོ་ཡི་གེ་བཅུ་པ་བཅུ་གསུམ་བཟླས་མཐར། རྗེ་བཙུན་ འཕགས་མ་སྒྲོལ་མ་ཁྱེ ད་ཉིད་མཁྱེ ན། །རྣོ་མཐོང་དུས་སུ་ལེགས་གསལ་བྱིན་གྱིས་རློབས། །ལན་གསུམ་བརྗོད་ནས་ལག་གཉིས་ཀྱིས་ཕྲེང་ཚན་གཅིག་བཅད་ལ་ཕུས་བཏབ་སྟེ་ཡི་གེ་བཅུ་པའི་གྲངས་བཞིན་རིམ་པར་ཕྲེང་ རྡོག་བཅད་ནས་མ་མཐའ་ཡི་གེ་གང་བབས་ལ་བརྟག་དཔྱད་བྱ་བ་སྟེ། དེ་ཡང་ༀ་ཡིག་བབས་ན་གདོན་རྫས་དེ་ཤར་ཕྱོགས་ཀྱི་ 7-1-265 སྟེང་འོག་བར་གསུམ་གཡས་གཡོན་གང་རུང་ན་ཡོད། དེ་བཞིན་དུ་ཏཱ་ཡིག་ལྷོ་དང༌། རེ་ཡིག་ནུབ་དང༌། ཏུཏ་ཡིག་བྱང་དུ་སྦྱར། ཡང་ཏཱ་ཡིག་ཤར་ལྷོ ། རེ་ཡིག་ལྷོ ་ནུབ། ཏུ་ཡིག་ནུབ་བྱང༌། རེ་ཡིག་བྱང་ཤར། སྭཱ་ཡིག་སྟེང་ཕྱོགས། ཧཱ་ཡིག་འོག་ཕྱོགས་ རྣམས་ལ་དེ་ལུགས་སྦྱར་ནས་ཕྱོགས་གང་ན་ཡོད་ངོ་བཟུང་སྟེ་དེ་ཕྱོགས་གདོན་རྫས་གང་ཡིན་ཨེ་གོ་བལྟ། གསུམ་པ་མཚན་མ་ བརྟག་ཐབས་ནི། གདོན་རྫས་ཕྱོགས་གང་ཡོད་ཙམ་ངོས་ཟིན་ཀྱང་ཁ་དོག་གི་མཚན་མ་ཇི་ལྟར་ཡིན་མི་གསལ་ན། སྒྲོལ་མ་ ཡིད་ལ་མ་བརྗེད་པར་སྙིང་པོ་ཡི་གེ་དྲུག་པ་བཅུ་གསུམ་བཟླས་མཐར། འཕགས་མ་སྒྲོལ་མའི་བྱིན་རླབས་ཀྱིས། །གདོན་རྫས་མཚན་མ་གསལ་བར་སྟོན། །ལན་གསུམ་བརྗོད་ལག་པས་ཕྲེང་ཚན་གཅིག་བཅད་ལ་ཕུ་འདེབས་ ཡི་གེ་དྲུག་པའི་གྲངས་རིམ་བཞིན་ཕྲེང་རྡོག་བགྲང་བས་མཐར་ཡི་གེ་གང་བབས་ལ་དཔྱད་པ་སྟེ། དེ་ཡང་ༀ་ཡིག་བབས་ན་ གདོན་རྫས་ཁ་དོག་སྔོ ་ལམ་པའི་རྣམ་པར་ཡོད། ཏཱ་ཡིག་བབས་ན་དེ་ལྗང་ཁུའི་མདོག་ཏུ་ཡོད། རེ་ཡིག་བབས་ན་དེ་ནག་པོའི་ མདོག་ཏུ་ཡོད། ཏཱཾཿཡིག་བབས་ན་དམར་པོའི་མདོག་ཏུ་ཡོད། སྭཱ་ཡིག་བབས་ན་དཀར་པོའི་མདོག་ཏུ་ཡོད། ཧཱ་ཡིག་བབས་ན་ སེར་པོའི་མདོག་ཅན་དུ་ཡོད་པས་དེ་ལྟར་ཕྱོགས་དང་ཁ་དོག་གིས་ངོས་འཛིན་སྐབས་ཕྱོགས་མདོག་གཉིས་ཐོ་མ་ཐུག་བར་དོགས་ གནས་གདོན་རྫས་རང་ཡིན་སྙམ་པ་གང་ཡོད་ལ་མོ་སྨོད་དགོས་ཤིང་ཕྱོགས་མདོག་མཚུངས་ཙམ་གྱི་སྟེང་ནས་རེ་ཞིག་རྣམ་རྟོག་ བསལ་བར་བྱའོ། །གོང་སྨོས་ཡི་གེ་བཅུ་པའི་བརྟག་ཐབས་ཀྱིས་ཕྱོགས་ཀྱི་གདོན་གང་དང་ཡི་གེ་དྲུག་པའི་བརྟག་ཐབས་ཀྱིས་ ཁམས་དྲུག་གི་རང་བཞིན་གང་ལས་ཤར་བའི་གནོད་བྱེད་འཚེ་བའི་རིགས་ཇི་བཞིན་གོ་ནུས་ལ། གཞན་ཡང་འདི་ལས་འཕྲོས་ཏེ་ ཟུར་བཀོལ་དཔྱད་པ་རྒྱ་བསྐྱེད་ན་ཅུང་རེ་ཡོད་སྣང་ཡང་རེ་ཞིག་དགོས་དོན་ཆུང་བས་དེ་ཙམ་དུ་བཞག་པ་ལགས། ཞེས་པའི་སྒྲོལ་ མོ་རྣོ་གསལ་ཉེར་མཁོ་ལྷན་ཐབས་བསྡུས་པ་འདི་ཡང་བསྟན་ལ་ལྷག་བསམ་དགེ་བའི་ཐུགས་མངའ་ཀུན་དགའ་སྐལ་ལྡན་དང༌། རྩིས་རིས་ལག་བླང་གི་རིག་གནས་ཅན་བསླབ་གཙང་ངག་དབང་སེམས་ཉིད་དང༌། ཆོས་མཆེད་དམ་པ་ཡིག་རིས་མཁན་ཡོན་ ཏན་བཟང་དང༌། དད་བློ་ཅན་རྡོ་རྗེ་སོགས་ཀྱིས་དགོངས་བཞེད་འདོད་པ་ལྟར་མ་ཏིས་འཕྲལ་དུ་བྲིས།། །། 7-1-266 ༄༅། །འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་ལས་ བསྐྱབས་པའི་གཏམ་རྒྱུད་ཀྱི་ བརྗེད་བྱང༌བཞུགས། ༄༅། །བླ་མ་དང་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་གུས་པས་ཕྱག་འཚལ་ལོ། །༡ སེངྒེ། ཤིང་ཐུན་ནགས་ཚལ་དུ་སོང་བ་ལས་སེངྒེ་མོ་བཀྲེས་པ་དང་འཕྲད་ནས་ཁར་ཐོགས་པ་ སོགས་ནས། སྒྲོལ་མ་ལ་སོགས་ནས། མདུན་དུ་བུད་མེད་ཤིང་ལོའི་གོས་ཅན་སོགས་ནས། གྲོང་ཁྱེ ར་གྱི་ཚོང་འདུས་སུ་བཞག་གོ ། ༢ གླང་ཆེན། ཡུལ་གྱི་བུ་མོ་ལོ་བཅུ་གཉིས་སོགས། མེ་ཏོག་ནགས་གསེབ་ཏུ་སོང༌། ཁུ་ ནི་ཞེས་བྱ་བ་སོགས༴ སྣ་ཤལ་སོགས། མཆེ་བ་སོགས། སྒྲོལ་མའི་མཚན་དྲན་པ་སོགས་ དབང་ཏུ་གྱུར་ཏེ། རྡོའི་སྟེང་༴ གྲོང་ཁྱེ ར་གྱི་ཚོང་འདུས། འདུ་ཁང༌། ལྷ་ཁང༌། རྒྱལ་པོའི་ ཕོ་བྲང་གི་སྒོ་སོགས། མཐར་རྒྱལ་པོའི་བཙུན་མོར་གྱུར་ཏོ། ། ༣ མེ། ཤ་འཁོན་ཆགས་པའི་ཁྱི མ་ཚང་སོགས། ཀྱེ་སྒྲོལ་མ་ཀྱེ་མ་ཧོ་སྒྲོལ་མ་ཞེས་མཚན་ སོགས། སྤྲིན་སྔོ ན་པོ་མཛེས་པ་སོགས། ཆར་གྱི་རྒྱུན་གཉའ་ཤིང་ཙམ་ཁྱི མ་ཁོ་ན་ལ་བབས་ པས་མེ་ཞིའོ། ། ༤ དུག་སྦྲུལ། གྲོང་ཁྱེ ར་གྱི་སྨད་འཚོང་སོགས། མུ་ཏིག་གི་དོ་ཤལ་ལྔ་བརྒྱ་སྦྱིན་པའི་ཚོང་ དཔོན་སོགས། ནམ་ཕྱེད་སོགས། རང་གི་ཁྱི མ་སོགས། ལམ་དུ་ཤིང་ཤི་རི་ཤིའི་སོགས། དྲན་ 7-1-267 པ་ཙམ་གྱིས་སོགས། མེ་ཏོག་གི་ཕྲེང་བར་གྱུར་ནས་ཞག་བདུན་སོགས། མཐར་དཀོར་ དུག་དང་བྲལ་སོགས། ༥ ཆོམ་རྐུན། གུ་ཛ་ར་ཐིའི་ཡུལ་གྱི་ནང་ཚན་བྷ་རུ་ཀཙྪ་སོགས། ཚོང་དཔོན་སོགས། མ་ རུ་ཡུལ་དུ་རྔ་མོང་སྟོང༌། ཁྱུ་མཆོག་ལྔ་བརྒྱ་སོགས། གསོལ་བ་བཏབ་པ་ན་སྒྲོལ་མའི་སྤྲུལ་པ་ དཔའ་བོ་གོ་མཚོན་ཐོགས་པའི་དམག་དཔག་ཏུ་སོགས། ཚོང་པ་དེ་ཉིད་བདེ་བར་ཕྱིན་ནས་ སླར་ཡང་བྷ་རུ་ཀཙྪར་སླེབས་སོ། ། ༦ ལྕག་སྒྲོག རྐུན་པོའི་དཔོན༴ ཆང་གི་བུམ་པ༴ རྒྱལ་པོའི་མི་རྣམས་ཀྱིས་རིག་སྟེ༴ གསོལ་བ་བཏབ་པས་འདབ་ཆགས་ཁ་དོག་སྣ་ཚོགས༴ རང་ཡུལ་དུ་ཕྱིན་པ་ན་རྨི་ལམ་དུ་བུད་ མེད་རྒྱན་ཐམས་ཅད༴ ༧ རྒྱ་མཚོའི་རླབས། ལྷོ ་ཕྱོགས་ཀྱི་ལམ་དུ་ཞུགས་པའི་ཚོང་པ་ལྔ་སྟོང་ཙམ་ཞིག་གྲུ་བོ་ ཆེ་གསུམ་བཟུང་སྟེ་གཟིངས་ཆེན་པོར་ཞུགས་ནས་རིན་པོ་ཆེའི་གླིང་དུ་ཕྱིན་ཏེ། གྲུ་གཅིག་ནི་ རིན་པོ་ཆེ༴ དེ་ནས་སོང་ནས་གཅིག་ཙན་དན་ས་མཆོག༴ རྒྱ་མཚོ་ཁ་དོག་མི་གཅིག༴ རྦ་ཀློ ང༴ དེའི་གོང་དུ། ཚངས་པ། ཁྱབ་འཇུག དབང་ཕྱུག ཟླ་བ། ཉི་མ། ཀུ་བེ་ར་ལ་སོགས༴ དགེ་ བསྙེན་གཅིག་ཡོད་པས་ཡི་གེ་བཅུ་པའི་སྔགས༴ གྲུ་ཚུར་ལོག་ནས་ནུབ་གཅིག་ལ་འཛམ་གླིང་ དུ་སླེབས་པ་ན། རིན་པོ་ཆེ་དང་ཙན་དན་གྱི་གྲུ་ཡང་མཉམ་དུ་འཛོམས་སོ། ། ༨ ཤ་ཟའི། ཤར་ཕྱོགས་ཀྱི་གཙུག་ལག་ཁང༴ ཉན་ཐོས་སེནྡྷ་པ་ཁོ་ན༴ ནུབ་མོ་རེས་ཀྱི་ གཙུག་ལག་ཁང་གི་ཕྱི་རོལ་ས་ལ་འཆག་ཏུ༴ ནུབ་གཅིག་དགེ་ཚུལ༴ ཤ་ཟ༴ མཚན་ནས༴ ལྷ་ མོ་ནག་མོ་རལ་གྲི་ཐོགས་པ༴ ལྕགས་ཀྱི་བུམ་པ་མུ་ཏིག་གིས་གང་བ༴ དེ་ཕྱིན་ཆད་གཙུག་ ལག་ཁང་དེར་གནོད་པ་དེ་རྒྱུན་ཆད་དོ། ། ༩ མཛེ་ནད་ཀྱི་འཇིགས་པ་ལས་བསྐྱབས་པ་ནི། ཡུལ་ཀུ་མ་ར་ཀྵེ་ཊར་ལས་ཀྱི་དབང་ 7-1-268 གིས་བྲམ་ཟེའི་སློབ་དཔོན༴ འཁོར་བྲམ་ཟེ་ལྔ་བརྒྱ་ཡང་མཛེ་ནད་དྲག་པོའི་ཐེབ༴ ཉེ་དུ་དང་ སྨན་པ་སོགས་ཀྱིས་བོར། གཙང་སྒྲའི་ཆོས་ལས་ཉམས་ནས་སློང་མོས༴ ལམ་ཁ་ན་སྒྲོལ་མའི་ རྡོ་སྐུ༴ ཕྱག་ནས་རྩི་སྨན་གྱི་རྒྱུན༴ ལུས་ཁྲུས་བྱས་པ་ཙམ༴། ༡༠ དབང་པོའི་ཕོ་ཉ༴ ཡུལ་བཅོམ་བརླག་གི་ནགས་ཚལ་ན། ཉན་ཐོས་དགེ་སློང༴ བསམ་ གཏན་པ་ལྔ་བརྒྱ༴ དུས་གཞན་ཞིག་ན། དབང་པོའི་ཕོ་ཉ་བྱུང་སྟེ། ཁ་ཅིག་བྲམ་ཟེ། བུད་ མེད། དགེ་སློང༌། རེས་འགའ་གནོད་སྦྱིན་གྱི་གཟུགས། ཁ་ཅིག་སེངྒེ། གླང་ཆེན། ཤ༴ དགེ་ སློང་ཁ་ཅིག་དྲན་མེད། སྨྱོ། གླུ་དང་གར། མཚན་བྲིས་ནས་ནགས་ལ་བཏགས༴ མཐར་ ཐམས་ཅད་ཐེག་ཆེན་ལ་མོས་སོ། ། ༡༡ དབུལ་བའི༴ བྲམ་ཟེ་ཤིན་ཏུ་དབུལ་བའི༴ སྒྲོལ་མའི་རྡོ་སྐུ༴ མཆོད་རྟེན་དང་ཉེ་བའི་ ས༴ གསེར་གྱི་བུམ་པ་མུ་ཏིག་གིས་གང་བ་དང༌། དངུལ་བུམ་མུ་ཏིག་གིས༴ བདུན་བརྒྱུད་དུ་ དབུལ་བའི་རྒྱུད་ཆད་སྐད། ཡང་ཞིང་པ་དབུལ་བོས་གསོལ་བ་རྩེ་གཅིག་ཏུ༴ ཤར་ཕྱོགས༴ བྱེ་ མའི༴ རྨིག་པའི་ཤུལ༴ དངུལ། གསེར། ཤེལ། བཻ་ཌཱུརྱའི་སྒོ༴ ཕྱིས་ཡུལ་གཞན་དུ་གླུ་དང་ལྷ་ མ༴ དེ་བར་དུ་རྒྱལ་རབ་གསུམ་སོང་སྐད༴ འདི་མན་ཆད་ཀྱི་མ་ཕྱི་མ་རྙེད་པ་ལགས་སོ།། 7-1-269 7-1-270 ༄༅། །གཙུག་ཏོར་རྣམ་པར་རྒྱལ་མ་ལྷ་དགུའི་སྒྲུབ་ཆོག་མཆོད་རྟེན་ བུམ་པ་ལ་གཙོར་བརྟེན་སྟོང་མཆོད་ཀྱི་ཆོ་ག་ བུམ་སྒྲུབ་དབང་ཆོག་གི་ལག་ལེན་འགྲོ་ཕན་ སྤེལ་བྱེད་རབ་གསལ་ བཞུགས་སོ། ། 7-1-271 ༄༅། །རྣམ་རྒྱལ་མཆོད་ཆོག་གི་འདོན་འགྲིགས་ དེང་དུས་ཀྱི་ལག་ལེན་བཞུགས། ༄༅། །ཡེ་ཤེས་ལྷ་མོ་མཆོག་ལ་གུས་པས་བཏུད་དེ་འདིར་གང་ལ་སྟོང་མཆོད་ཀྱི་སྒོ་ནས་ཚོགས་བསགས་ཀྱི་རིམ་པ་ དེང་དུས་དང་མཐུན་པར་བྱེད་ཐབས་ལ། སྦྱོར། དངོས། རྗེས་གསུམ་ལས། དང་པོ་སྦྱོར་བ་བཅའ་ བཤམ་གྱི་ཚུལ་ནི། དཀྱིལ་འཁོར་གྲུ་བཞི་འཛོམས་ན་ལེགས་ཤིང་མ་འཛོམས་ན་ངོས་ གཅིག་པའི་དཀྱིལ་འཁོར་སྟེགས་བུ་ཇི་ལྟར་འོས་པའི་སྟེང་དབུས་སུ་རྣམ་རྒྱལ་མཆོད་རྟེན་ དང་བུམ་པ་གཉིས་སྟེང་འོག་གི་ཚུལ་དུ་བཤམ། དཀྱིལ་འཁོར་གྲུ་བཞི་ལ་ཕྱོགས་མཚམས་ ནས་བསྐོར་བཤམ་དང་ངོས་གཅིག་པ་ལ་མདུན་ནས་སྟེང་འོག་ཇི་ལྟར་འཚམ་པར་མཆོད་ གཏོར་རྣམས་བཤམ་དགོས། དེ་ལའང་བཤམ་པར་བྱ་བའི་མཆོད་གཏོར་གྱི་རིམ་པ་ལ། ལྷ་ འདིའི་སྒོས་ཀྱི་དཀྱུས་གཏོར་ཟན་གོར་བཅས་ཟླུམ་གཏོར་མར་གོར་ཉི་ཟླའི་རྒྱན་ལྡན་སྤྲོ་ན་ འཁོར་བཤོས་ཟླུམ་བརྒྱད་ཀྱིས་བསྐོར་བ། སྟོང་མཆོད་གཏོར་མ་གོང་དཀྱུས་གཏོར་ལྟར་ ལ། བཤོས་ཟླུམའམ་ཟན་རིལ་གྲངས་མང་སྟོང་གཏོར་གྱི་དོད་བཤམ་སྤུང་གི་གཏོར་མ་རྒྱན་ ལྡན་ཆེ་བ་གཅིག་དང༌། རྒྱལ་ཆེན་སྡེ་བཞིའི་གཏོར་མ་ཟླུམ་གཏོར་བཞི། ཞལ་ཟས། མར་ མེ། བདུག་སྤོས་གྲངས་མང༌། གདུགས། བ་དན་ཅི་འཛོམ། ཆ་གསུམ་གཏོར་མ། ལྷོ ་སྒོའི་ སྦྱོང་ཆས། མིག་དར། མེ་ཏོག སྣ་བདུན། རྫས་བརྒྱད་བཅས་ཀྱི་ཙ་ཀ་ལི། ཉེར་སྤྱོད་ཕྲེང་ བསྒྲིགས་སྤྱི་ལྟར་ལ། མཆོད་རྟེན་དང་བུམ་པའི་མདུན་དུང་ཆོས་སུ་མཆོད་ཡོན་ལ་འོ་མ་དང་ 7-1-272 མེ་ཏོག་དཀར་པོ་བཏབ་པ་རྣམས་འདུ་བྱས་ཏེ་བཤམ་བཀོད་ལེགས་པ་བྱའོ། ། གཉིས་པ་དངོས་གཞི་འདོན་ཆ་ལ། འདོན་པ་པོ་རྣམས་དགེ་ཚུལ་སློང་ཡིན་ན་བསྙེན་ གནས་ལེན་མི་དགོས་དེ་མིན་བླངས་ན་བཟང་ཞིང་བསྙེན་གནས་ལེན་སྐབས་ཐོག་མར་རྣམ་ རྒྱལ་བུམ་ཆོག་བཞིན་ཕྱག་ཚིག་ཇི་ལྟར་འོས་པ་དང༌། ཡན་ལག་བདུན་པ་ལན་གསུམ་ བཅས་ཀྱི་སྒོ་ནས་བསྙེན་གནས་ལེན་དགོས། འདོན་ཆ་དངོས་ལ། དང་པོ་བརྒྱུད་འདེབས་ དང༌། དེ་ནས་བུམ་ཆོག་གཞུང་གི་བདག་བསྐྱེད་མཆོད་པ་བྱིན་རླབས་ནས་བཟུང༌། སྐྱབས་ འགྲོའི་སྐབས་ལན་བརྒྱ་རྩ་དང༌། རྒྱུན་བཤགས་ཉིན་སྔ་མ་ཅི་ཡོད་རིང་རྒྱས་པ་དང་ཉིན་ ཐ་མ་ལ་བསྡུས་པ། བཟླས་པའི་སྐབས་གཟུངས་རིང་ཉེར་གཅིགསྔགས་ཐུང་གཉིས་བརྒྱ་ ཕྲག་རེ་རེ། ཚེ་སྤེལ་སྔགས་ལྔ་བཅུ་དང་བཅས་ཉེར་བསྡུས་བར་བྱ། དེ་ནས་མདུན་བསྐྱེད་ བསངས་སྦྱངས་ནས་བཟུང༌། བསྐྱེད་པ། སྤྱན་འདྲེན། སྒོས་ཀྱི་མཆོད་པ་དཀྱུས་མ། སྟོང་ མཆོད་ལྔ་པོ་བྱིན་རླབས་བྱས་ནས། དེ་རེ་རེ་ལ་ལན་བརྒྱ་ཕྲག་རེ་རེ་དང་བཅས་བསྟོད་པ་ ཡན་གྲུབ་རྗེས། མདུན་བསྐྱེད་སྒོས་བཟླས་ལ་བསྙེན་དམིགས་བཅས་གཟུངས་རིང་ཚར་ བཅུ། ཚེ་གཟུངས་ཉེར་ལྔ། སྔགས་ཐུང་གཉིས་རེ་རེ་ལ་ལྔ་བཅུ་ཙམ་རེ་སོང་མཚམས་སུ་སྟོང་ མཆོད་དངོས་ཀྱི་བཟླས་མཆོད་སོགས་ཏེ། དེ་ཡང་མཆོད་བསྟོད། བུམ་དམིགས། གཟུངས་ རིང་བཅུ་རེའི་མཚམས་མཆོད་བསྟོད་རེ་དང༌། གཟུངས་རིང་བཅུ་ཚན་དེ་འདྲ་ལན་བཅུ་ཉིན་ རེ་ལ་འགྲོ་ཞིང༌། དེ་དག་གི་སྐབས་ཕྱག་དངོས་སམ་ཐལ་སྦྱར་མགོ་འདུད་གང་རུང་གཟུངས་ གྲངས་དང་མཉམ་པ་བྱ་ལ། བསྐོར་ཡུལ་ཡོད་ན་གཟུངས་རིང་བཅུ་ཚན་ཕྱི་མ་ལྔའི་རིང་ལ་ བསྐོར་བ་གཉིས་རེ་འགྲོ་བའི་ལག་ལེན་དང་བཅས་གཟུངས་རིང་བཅུ་ཚན་མཆོད་བསྟོད་ ལན་བཅུ་རྫོགས་པ་ན། གཏོར་མ་སྟོང་བསྔོ ་བའང་བུམ་ཆོག་རང་གཞུང་ལྟར་ལས་གཏོར་ སྔགས་ཨ་ཀཱ་རོ་བཅུ་རེའི་མཚམས་འདོད་གསོལ་རེ་བཅུག་པ་དེ་འདྲ་ལན་བཅུས་འཐུས་ 7-1-273 ཤིང༌། དེ་ནས་དཀྱུས་གཏོར་བྱིན་རླབས་ནས་བཟུང་རྒྱལ་ཆེན་སྡེ་བཞིའི་གཏོར་འབུལ་བར་ བུམ་ཆོག་རང་གཞུང་ལྟར་བྱ། བར་འདིར་ཆ་གསུམ་གཏོར་མ་བཏང་རྗེས་སུ་དབང་ཆོག་ ལྟར་བདག་འཇུག་ཡོངས་རྫོགས། ལྷོ ་སྒོ་ཆ་ཚང་ལས་བཤགས་པའི་མགོར་ངོ་སྤྲོད་ཟུར་བ་ གང་འཚམ་དང༌། དབང་བསྐུར་དུས་སུ་མཚམས་སྦྱར་རྒྱས་བསྡུས་གང་སྤྲོ། བསུར་བསྔོ འི་ མཐར་མཚན། གསོལ་འདེབས། འཕོ་བ་བཅས་སྤྲད་དེ་ཚུལ་དེས་ལྷོ ་སྒོ་གྲུབ་ནས་བུམ་ཆོག་ བཞིན་རྗེས་མཆོད། ནོངས་བཤགས། བཟོད་གསོལ། མགྲོན་གཤེགས་གསོལ། ཡེ་ཤེས་ པ་བརྟན་བཞུགས་རྣམས་ཀྱི་མཐར་སྨོན་ལམ་དང་བཀྲ་ཤིས་རྒྱས་པ་བྱའོ། ། གསུམ་པ་རྗེས་ནི་ཉིན་ཐ་མའི་ཕྱི་ཉིན་དུ་སྤྲོ་ན་ལྷ་འདིའི་སྒོ་ནས་ལས་མཐའ་སྦྱིན་བསྲེག་ བྱ་བ་སྟེ་བདག་བསྐྱེད་ཙམ་ལ་བརྟེན་པའི་སྒོ་ནས་ས་ཆོག་དགོས་མི་དགོས་གནས་ཁང་ལ་ བརྟག་པ་སོགས་ཞི་བའི་སྦྱིན་སྲེག་བྱ་བའི་ཚུལ་གྱི་ཆོ་ག་ལོགས་སུ་བཀོད་ཡོད་པ་ལྟར་ཤེས་ པར་བྱ་བ་ལས། ཉིན་དེ་ཉིད་དུ་བདག་བསྐྱེད་རྫོགས་པར་བཏང་རྗེས་ས་ཆོག་དགོས་མི་ དགོས་གང་ཡིན་གྱི་མཐར་ཐིག་འདེབས་ལ་འགོར་དགོས་བྱུང་ན་དེའི་ཡུན་ལ་གཟུངས་ རིང་བཟླ་ཞིང་ཐིག་འདེབས་ཟིན་པ་ན་སྦྱིན་སྲེག་དངོས་ལ་འཇུག་ན་ལག་ལེན་བདེ་བས་དེ་ ལུགས་ལྟར་གྱི་སྒོ་ནས་འདོན་ཆ་ཁོག་གི་ཚུལ་སྦྱིན་སྲེག་རང་གཞུང་ལྟར་རོ། །དེ་དག་ནི་སྟོང་ མཆོད་ཀྱི་འདོན་འགྲིགས་ཡིན་ལ་ཁྲུས་ཆོག་ཤད་རྒྱུག་བྱ་བའི་ཚུལ་ནི་རྣམ་རྒྱལ་དབང་ཆོག་ རང་གཞུང་ལྟར་དཀྱུས་ཐོག་གཅིག་གི་རྗེས་སུ་འབྲངས་ནས་འདོན་ཚུལ་དེ་ཁོ་ན་ལྟར་བྱས་ ནས་གཤིན་པོ་རྗེས་བཟུང་དབང་བསྐུར་སོགས་ལ་འབད་ན་དེང་དུས་སུ་ཕན་ཐོགས་ཆེ་ཞིང་ སྟབས་བདེ་བར་སེམས་པས་དེ་ལུགས་ལྟར་བསྒྲིགས་ཡིག་བགྱིས་ཁུལ་བྱས་པ་ལགས། ཞེས་ རྣམ་རྒྱལ་མཆོད་ཆོག་གི་འདོན་འགྲིགས་དེང་དུས་ཀྱི་ལག་ལེན་འདི་ཡང་མ་ཏིས་སྦྱར་བ་བཞིན། ཆོས་མཆེད་ཀྱིས་ཡི་གེར་ཕབ་ པའོ།། །།དགེའོ།། 7-1-274 ༄༅། །རྣམ་རྒྱལ་ལྷ་དགུའི་བརྒྱུད་འདེབས་བྱིན་རླབས་ མྱུར་འཇུག་ཅེས་བྱ་བ་བཞུགས་སོ། ། ༄༅། །ན་མོ་ཨུཥྞཱི་ཥ་བི་ཛ་ཡ། ཆོས་སྐུ་གདོད་མའི་ཁམས་སུ་རྟག་བཞུགས་པ། །རང་ བྱུང་ཤེར་ཕྱིན་དོན་དམ་ཡེ་ཤེས་མདངས། །འཕགས་མ་ལྷ་མོའི་རོལ་གར་ཅིར་ཡང་འཛིན། །གཙུག་ཏོར་རྣམ་རྒྱལ་མ་ལ་གུས་པས་འདུད། །བསྟན་པའི་བདག་པོ་སངས་རྒྱས་བཅོམ་ ལྡན་འདས། །རྒྱལ་ཚབ་མི་ཕམ་སེམས་དཔའ་ཆེན་པོའི་ཚུལ། །འཛམ་གླིང་མཛེས་རྒྱན་ ཐོགས་མེད་དབྱིག་གཉེན་ཞབས། །གུས་པས་གསོལ་བ་འདེབས་སོ་བྱིན་རླབས་སྩོལ། །སློབ་ དཔོན་ཆེན་པོ་བྷ་བྱ་ཀིརྟིའི་མཚན། །ཤི་ལ་མ་ཏི་སྡེ་སྣོ ད་རྒྱ་མཚོའི་མཛོད། །རྣམ་སྣང་བསྲུང་ བ་མཁས་ཤིང་གྲུབ་པའི་ཕུལ། །གུས་པས་གསོལ་བ་འདེབས་སོ་བྱིན་རླབས་སྩོལ། །གྲུབ་ དབང་རྡོ་རྗེ་གདན་པ་སྐྱེ་དགུའི་མགོན། །སྐད་གཉིས་སྨྲ་མཁས་བ་རི་ལོ་ཙཱ་བ། །ས་ཆེན་ཀུན་ སྙིང་རྡོ་རྗེ་འཛིན་པའི་གཙོ། །གུས་པས་གསོལ་བ་འདེབས་སོ་བྱིན་རླབས་སྩོལ། །སློབ་དཔོན་ ཆེན་པོ་བསོད་ནམས་རྩེ་མོ་རྗེ། །གང་དེའི་བུ་ཆེན་གྲགས་པ་རྒྱལ་མཚན་མཆོག །མཁས་ པའི་དབང་ཕྱུག་ས་སྐྱ་པཎྜི་ཏ། །གུས་པས་གསོལ་བ་འདེབས་སོ་བྱིན་རླབས་སྩོལ། །འགྲོ་ བའི་འདྲེན་པ་ཆོས་རྒྱལ་འཕགས་པའི་ཞབས། །མཁས་མཆོག་ཆེན་པོ་ཞང་སྟོན་ཆོས་ཀྱི་ རྗེ། །གསང་ཆེན་རྟོགས་པའི་མཛོད་བརྙེས་བྲག་ཕུག་པ། །གུས་པས་གསོལ་བ་འདེབས་སོ་ བྱིན་རླབས་སྩོལ། །དཔལ་ལྡན་བླ་མ་བསོད་ནམས་རྒྱལ་མཚན་ཞབས། །ཟབ་རྒྱས་མཛོད་ 7-1-275 མངའ་ཐེག་ཆེན་ཆོས་ཀྱི་རྗེ། །རྟོགས་པ་ཟླ་བྲལ་ཆོས་རྗེ་ཉང་དགོན་པ། །གུས་པས་གསོལ་ བ་འདེབས་སོ་བྱིན་རླབས་སྩོལ། །པཎ་ཆེན་ཤཱཀྱ་མཆོག་ལྡན་མཁས་པའི་དབང༌། །བྲག་ དཀར་སེམས་དཔའ་ཐུགས་རྗེ་མངའ་བའི་མགོན། །བཀྲ་ཤིས་རྣམ་རྒྱལ་འགྲོ་བ་འདྲེན་པའི་ རྗེ། །གུས་པས་གསོལ་བ་འདེབས་སོ་བྱིན་རླབས་སྩོལ། །མཁན་ཆེན་དམ་པ་ཆོས་ཀྱི་མཛོད་ འཆང་བ། །ཟབ་གསང་བསྟན་པའི་མངའ་བདག་སྒྲོལ་བའི་མགོན། །རྒྱལ་ཚབ་དམ་པ་རིན་ ཆེན་རྒྱ་མཚོའི་ཞབས། །གུས་པས་གསོལ་བ་འདེབས་སོ་བྱིན་རླབས་སྩོལ། །སྡེ་སྣོ ད་འཛིན་པ་ སྙིང་པོ་བློ་གྲོས་མཚན། །ཆ་ལུང་གྲུབ་ཆེན་ངག་དབང་ཕྲིན་ལས་རྗེ། །དཔལ་ལྡན་རྒྱལ་བའི་ དབང་པོ་རྡོ་རྗེ་འཛིན། །གུས་པས་གསོལ་བ་འདེབས་སོ་བྱིན་རླབས་སྩོལ། །རིག་པ་འཛིན་པ་ ཚེ་དབང་ནོར་བུ་མཆོག །འགྲོ་མགོན་སི་ཏུ་རིག་གནས་རྒྱ་མཚོའི་མཛོད། །དེ་ཡི་ཐུགས་སྲས་ ཚེ་དབང་ཀུན་ཁྱབ་མཚན། །གུས་པས་གསོལ་བ་འདེབས་སོ་བྱིན་རླབས་སྩོལ། །ལས་ཀྱི་ རིན་ཆེན་དཔལ་ལྡན་བླ་མ་རྗེ། །འོད་གསལ་འགྱུར་མེད་དབང་ལུང་མན་ངག་བདག །ཆོས་ འཕེལ་རྒྱ་མཚོ་བསྟན་པའི་རྩ་ལག་ཆེར། །གུས་པས་གསོལ་བ་འདེབས་སོ་བྱིན་རླབས་སྩོལ། །ཆོས་ཀྱི་འཕགས་པ་ཟབ་ཆོས་སྤེལ་མཛད་མཆོག །ངག་དབང་ཆོས་འབྱོར་བརྒྱུད་འཛིན་ དམ་པའི་ཕུལ། །བསྟན་པ་གསལ་བྱེད་དབང་ལུང་གདམས་ངག་མཛོད། །གུས་པས་གསོལ་ བ་འདེབས་སོ་བྱིན་རླབས་སྩོལ། །མ་ལུས་བྱིན་རླབས་འདུས་པའི་དཔལ་གྱུར་ཞིང༌། །རང་ ལ་སངས་རྒྱས་ལས་ལྷག་བཀའ་དྲིན་ཅན། །མཚུངས་བྲལ་རྩ་བའི་བླ་མ་རིན་པོ་ཆེར། །གུས་ པས་གསོལ་བ་འདེབས་སོ་བྱིན་རླབས་སྩོལ། །དེ་ལྟར་རྩེ་གཅིག་གུས་པས་གསོལ་བཏབ་ མཐུས། །བདག་ལ་ཚེ་འདིར་དུས་མིན་འཆི་བ་དང༌། །ཕྱི་མར་ངན་འགྲོའི་སྡུག་བསྔལ་བཟོད་ དཀའ་བ། །འཇིགས་པ་གང་དག་མ་ལུས་ཞི་བར་མཛོད། ཁྱད་པར་འདི་ན་བདག་གིས་གང་ འབད་པའི། །རྣམ་པར་དཀར་བའི་ཐུན་མོང་ཆོས་ཀྱི་ཚུལ། །ངེས་འབྱུང་བྱང་ཆུབ་སེམས་ 7-1-276 དང་ཡང་དག་ལྟ། །ཇི་བཞིན་རྣམ་དག་བློ་ལ་དབང་འབྱོར་ཤོག །ཐུན་མིན་གསང་ཆེན་ཐེག་ པའི་ལམ་གྱི་སྲོག །མཚན་བཅས་མཚན་མེད་ཟབ་གསལ་གཉིས་མེད་ཀྱི། །རྣལ་འབྱོར་ མཆོག་གིས་གཞི་བཟུང་རིག་སྔགས་སྒོ། །ལས་ཚོགས་གང་ལ་ཐོགས་པ་མེད་གྱུར་ཅིག །ཡང་ ན། དཔལ་ལྡན་བླ་མ་བསོད་ནམས་རྒྱལ་མཚན་གྱི། རྗེས་སུ། རྗེ་བཙུན་དཔལ་ལྡན་ཚུལ་ཁྲིམས་འགྲོ་བའི་ མགོན། །ཤར་ཆེན་ཀུན་དགའ་སེང་གེ་མཁྱེ ན་རབ་གཏེར། །གུས་པས་གསོལ་བ་འདེབས་སོ་ བྱིན་རླབས་སྩོལ། །ངོར་ཆེན་ཀུན་དགའ་བཟང་པོ་འགྲོ་འདྲེན་དཔལ། །རིག་གནས་མཐར་ སོན་པཎྜི་ཏ་ཡི་མཚན། །གློ་བོ་མཁན་ཆེན་དམ་པ་ཐུགས་རྗེའི་བདག །གུས་པས་གསོལ་ བ་འདེབས་སོ་བྱིན་རླབས་སྩོལ། །རྗེ་བཙུན་ཆེན་པོ་བློ་གསལ་རྒྱ་མཚོའི་སྡེ། །དེ་ཡི་ཐུགས་ སྲས་བཀའ་དྲིན་ཆེ་བའི་ཕུལ། །རྡོ་རིང་ཀུན་དགའ་རྒྱལ་མཚན་མཆོག་གི་ཞབས། །གུས་པས་ གསོལ་བ་འདེབས་སོ་བྱིན་རླབས་སྩོལ། །མཁན་ཆེན་དམ་པ་ལུང་རིགས་རྒྱ་མཚོའི་མཚན། །ཟབ་གསང་བསྟན་པའི་མངའ་བདག་སྒྲོལ་བའི་མགོན། །མན་གོང་ལྟར་རོ། །ཞེས་རྣམ་རྒྱལ་ལྷ་དགུའི་ བརྒྱུད་འདེབས་བྱིན་རླབས་མྱུར་འཇུག་ཅེས་བྱ་བ་འདི་ཡང་བླ་མ་རིན་ཆེན་མིང་གི་ཐུགས་མོས་བཞིན་མ་ཏིས་སྤེལ་པ་ལ་ཡི་གེ་པ་ ནི་ཡོན་ཏན་བཟང་པོས་བགྱིས་པའོ།། །། རྣམ་རྒྱལ་བརྒྱུད་འདེབས་ཁ་སྐོང༌། ཆོས་ཀྱི་འཕགས་པ་ཟབ་ཆོས་སྤེལ་མཛད་མཆོག །ཀུན་དགའ་ ངེས་དོན་སྒྲུབ་བརྒྱུད་བསྟན་རྩ་ཕུལ། །འགྱུར་མེད་རྒྱ་མཚོ་དབང་ལུང་གདམས་པའི་མཛོད། །གུས་པས་གསོལ་བ་འདེབས་སོ་བྱིན་རླབས་སྩོལ། །ཀུན་དགའ་དཔལ་གྱི་དབང་ཕྱུག་བསྟན་ པའི་གཉེན། །བསོད་ནམས་མགོན་པོ་ཆོས་བརྒྱུད་མཛད་རླབས་ཅན། །དེ་སོགས་བརྒྱུད་རིམ་ འདིར་གང་བཞུགས་རྣམས་ལ། །གུས་པས་གསོལ་བ་འདེབས་སོ་བྱིན་རླབས་སྩོལ། །མ་ལུས་ བྱིན་རླབས་འདུས་པའི་དཔལ་གྱུར་ཅིང༌། །ཞེས་པ་མན་ཆད་བརྒྱུད་འདེབས་ཁོག་ལྟར་རོ། །ཞེས་པའི་ཁ་སྐོང་ འདི་ཡང་མ་ཏིས་སོ།། །། 7-1-277 ༄༅། །གཙུག་ཏོར་རྣམ་པར་རྒྱལ་མ་ལྷ་དགུའི་སྒྲུབ་ཆོག་མཆོད་རྟེན་ བུམ་པ་ལ་གཙོར་བརྟེན་སྟོང་མཆོད་ཀྱི་ ཆོ་གའི་ལག་ལེན་རབ་གསལ་ བཞུགས་སོ། ། ༄༅། །ༀ་སྭ་སྟི། གུ་རུ་བུདྡྷ་བོ་དྷི་ས་ཏྭ་ན་མོ་ན་མཿ ཡེ་ཤེས་ལྷ་མོ་ངོ་མཚར་ཆ་ཤས་ནི། །རྣམ་པ་དུ་མར་ཡོངས་སུ་ རྫོགས་པའི་སྐུ། །ནང་གི་མུན་སེལ་བདུད་རྩིའི་འོད་དཀར་ཅན། །གང་ཁྱོ ད་འདིར་ནི་རྣམ་པར་རྒྱལ་གྱུར་ཅིག །དེ་ལ་གཙུག་ཏོར་ རྣམ་རྒྱལ་གྱི་རིག་སྔགས་འདི་གངྒཱའི་ཀླུང་ཁྲག་ཁྲིག་ཆེན་པོ་བརྒྱད་ཅུ་རྩ་བརྒྱད་སྙེད་ཀྱི་སངས་རྒྱས་རྣམས་ཀྱིས་གསུངས་ཤིང༌། བྱིན་གྱིས་བརླབས་པས། ངན་འགྲོ་དང་ལས་ཀྱི་སྒྲིབ་པ་མཐའ་དག་ཡོངས་སུ་སྦྱོང་བ། བདེ་འགྲོ་དང་བདེ་བའི་ལམ་སྟོན་པ། འཆི་བ་མེད་པའི་གོ་འཕང་མྱུར་དུ་ཐོབ་པར་བྱེད་པ་ཡིན་པར་གསུངས་པས། བློ་ལྡན་སྔགས་ཀྱི་སྒོར་སྤྱད་པ་སྤྱོད་པ་རྣམས་ཀྱིས་ མཆོག་ཏུ་ནན་ཏན་དུ་བྱ་བར་འོས་སོ། །དེ་ལ་འདི་ཉིད་ཀྱི་དཀྱིལ་འཁོར་གྱི་ཆོ་ག་རྒྱས་པ་གཞན་དུ་འབྲི་བར་འགྱུར་ལ། ལྷ་དགུའི་ རྣལ་འབྱོར་ལ་བརྟེན་ནས་ཁྲུས་ཆོག་དང་སྟོང་མཆོད་སོགས་བླ་མ་གོང་མ་རྣམས་ཀྱིས་ཕྱག་ལེན་དུ་མཛད་པ་གང་ཡིན་པ་དེ་འབྲི་ བར་བྱའོ། །འདི་ལ་ཆོ་གའི་སྔོ ན་དུ་འགྲོ་བའི་བྱ་བ་ནི། སྟེགས་བུ་གྲུ་བཞི་པའི་སྟེང་དུ་བུམ་པ་སྤྱི་དང་མཐུན་པར་བཤམས། བུམ་ པའི་སྟེང་དུ་གཟུངས་འདིའི་སྙིང་པོ་ཅན་གྱི་རྣམ་རྒྱལ་མཆོད་རྟེན་བཞུགས་སུ་གསོལ། མཉྫི་སོགས་སྟེགས་མཐོ་བ་ལ། དུང་ཆོས་ སམ་ཟངས་ཆོས་སུ་མཆོད་ཡོན་ཆུ་གཙང་མ་ལ་འོ་མ་དང་མེ་ཏོག་དཀར་པོ་བཏབ་པར་བཞགམཆོད་པ་གཞན་རྣམས་གཤོམ་ཚུལ་ ནི། ཕྱིས་ཀྱི་བླ་མ་འགའ་ཞིག་གི་ཕྱག་ལེན་ལྟར། བྱང་ཤར་དུ་མཚམས་འཛིན་གྱི་མེ་ཏོག་དང་མཆོད་ཡོན་ནས། ཞལ་ཟས་ཀྱི་ བར་བདུན་པོ་ཤར་ནས་བྱང་གི་བར་དུ་གཡས་བསྐོར་དུ་བྱེད་པའི་ལུགས་བཞིན་བཤམས་ཀྱང་ཆོག མདུན་དུ་མཆོད་ཡོན་ཞབས་ 7-1-278 བསིལ། གཡས་སུ་མེ་ཏོག་བདུག་སྤོས་མར་མེ་གསུམ། གཡོན་དུ་ཞལ་ཟས་དྲི་ཆབ་དང༌། ཡང་མར་མེ་སྟེ་གསུམ་དང༌། རྒྱབ་ ཏུ་མཚམས་འཛིན་བཤམས་པའམ། ཡང་ན་གཡས་སུ་ཉེར་སྤྱོད་ལྔ་དང༌། གཡོན་དུ་ཆུ་གཉིས་སོགས་བཤམས་པས་ཆོག་པས། གཅིག་ཏུ་ངེས་པར་དགོས་པ་ནི་མ་ཡིན་ནོ། །དེ་བཞིན་དུ་འཇིག་རྟེན་ལས་འདས་པའི་གཏོར་མ་དང༌། རྒྱལ་ཆེན་བཞིའི་གཏོར་མ་ དང༌། ཆ་གསུམ་རྣམས་སྤྱིར་ཕྱོགས་ལ་ངེས་པ་མེད་ཀྱང༌། འདས་གཏོར་དཀྱིལ་འཁོར་གྱི་མདུན་གྱི་ཕྱོགས་དང༌། རྒྱལ་ཆེན་ བཞིའི་གཏོར་མ་ཕྱི་རོལ་གྱི་ཕྱོགས་བཞི། ཆ་གསུམ་ཇི་ལྟར་བདེ་བར་བསྒྲིག ཡང་དེ་ལྟར་མི་བདེ་ན། ཤར་དུ་འཇིག་རྟེན་འདས་ གཏོར་གྱི་སྣེ ་མཐུད་ནས་རྒྱལ་ཆེན་བཞིའི་གཏོར་མ་བསྒྲིག ཆ་གསུམ་ཅི་བདེ་བའི་ཕྱོགས་སུ་བཞག་པས་ཆོག་གི་ལྷོ ་ཉིད་དུ་དགོས་ ཟེར་བ་ལ་ནི་ལུང་རིགས་མེད་དོ། །སྤྱིར་བཏང་ལ་བུམ་པ་དང་རྟེན་གྱི་ཞལ་ཡང་འཇིག་རྟེན་ཤར་ལ་བལྟ། ཅི་སྟེ་སྟོང་མཆོད་བྱེད་ ན། ལྷ་བཤོས་སྟོང་དང༌། མར་མེ་སྟོང་དང༌། བདུག་སྤོས་སྟོང་རྣམས་ངེས་པར་དགོས་ཤིང༌། གཞན་ཡང་གདུགས་དང་བ་ དན་ལ་སོགས་པ་འགྲུབ་ན་སྟོང་དུ་ཚང་བ་དགོས་ཤིང༌། མ་འགྲུབ་ན་ཇི་ལྟར་རིགས་པ་བྱ་བ་ལས། རས་སམ་དར་གྱི་ཚལ་བ་ཕྲ་ མོས་ཀྱང་རུང་མོད། དུག་ཅན་གྱི་ཤོག་བུ་ལ་བྲི་བ་དང༌། རས་བྲིས་རྙིང་པ་དྲི་མ་ཅན་གྱིས་ནི་གོ་མི་ཆོད་དོ། །དེ་འདྲ་བྱེད་པ་དེས་ ནི་གང་ལ་བྱ་བའི་བསྒྲུབ་བྱ་ལ་ཕན་མི་ཐོགས་པ་དང༌། དཀྱིལ་འཁོར་གྱི་ལྷ་ལ་བརྙས་པར་འགྱུར་བ་དང༌། ལག་ལེན་ངན་པས་ ལག་ལེན་བཟང་པོ་སུན་འབྱིན་པའི་སྤྱོད་པར་འགྱུར་བའི་ཕྱིར་རིང་དུ་དོར་བར་བྱའོ། །མཆོད་པ་དེ་རྣམས་ནི་བུམ་པའི་དཀྱིལ་ འཁོར་གྱི་མཐའ་ལ་བསྐོར་ཀྱང་རུང༌། སྟེགས་བུ་གཞན་ལ་བཀོད་ནས། ཕྱོགས་བཞི་ནས་བསྐོར་ཀྱང་རུང་ངོ༌། །གཏོར་མ་སྟོང་ ཕྲག་ཀྱང་དེ་ལྟར་བཀོད་ན་རུང་མོད་ཀྱི། གཏོར་སྣོ ད་གཞན་དུ་སྒྲིག་པའི་ལག་ལེན་གཙོ་ཆེ་ལ། གཞན་ཡང་རོལ་མོ་སོགས་ དགོས་པའི་ཡོ་བྱད་ཚང་བར་བྱས་ཏེ། དེ་རྣམས་ལག་ལེན་མཐོང་བ་ལས་ཀྱང་ཤེས་པར་བྱའོ། །དེ་ནས་ཐམས་ཅད་ཁྲུས་དང་ གཙང་སྦྲ་སྔོ ན་དུ་འགྲོ་བས། སངས་རྒྱས་བྱང་སེམས་འཕགས་པའི་དགེ་འདུན་སོགས་ནམ་མཁའ་གང་བ་ལ་དམིགས་ནས་ཕྱག་ འཚལ་རྒྱས་བསྡུས་གང་ཡང་རུང་བ་བྱ་སྟེ། དེ་ཡང་ལས་དང་པོ་པའི་རིམ་པ་ཆོས་སྤྱོད་ཁྲིགས་ཆགས་སུ་བཤད་ཟིན་ཏོ། །དེ་ནས་ བཟང་སྤྱོད་ནས་བྱུང་བའི་ཡན་ལག་བདུན་པ་ཚར་གསུམ་བྱ་སྟེ། མེ་ཏོག་དམ་པ་ཞེས་སོགས་མཆོད་པའི་ཚིགས་བཅད་གསུམ་པོ་ ལ་རོལ་ཆེན་བྱེད། དེ་ནས་བསྙེན་གནས་རང་གིས་བླང་བའི་ཆོ་ག་བྱེད་པ་ཞིག་སྣང་བ་ལ། ཆོ་ག་བྱེད་པ་པོ་ཐམས་ཅད་དགེ་ཚུལ་ ཡན་ཆད་ཀྱི་སྡོམ་པ་ཐོབ་ལ་མ་ཉམས་པ་ཡིན་ན་བསྙེན་གནས་བླང་དགོས་པ་མ་ཡིན་ཞིང༌། དགེ་ཚུལ་དགེ་སློང་གི་སྡོམ་པ་མ་ 7-1-279 ཐོབ་པ་ཤ་སྟག་ཡིན་ན་ངེས་པར་བླང་བར་བྱ་ལ། རབ་བྱུང་གི་སྡོམ་པ་ཐོབ་མ་ཐོབ་འདྲེས་མ་ཡིན་ན་ལེན་པ་དང་མི་ལེན་པའི་དབྱེ་ བ་སོ་སོར་བྱེད་དགོས་པ་ཡིན་ཀྱང༌། དུས་ཀྱི་ཐ་མ་འདི་ལྟ་བུར་ལག་ལེན་ལྟར་སྣང་གི་ཆོས་གྲྭ་སྒྲིག་དགོས་པ་འདི་འདྲའི་རིགས་ ལ་རབ་བྱུང་གི་སྡོམ་པ་མ་ཐོབ་པ་རྣམས་ཀྱིས་བསྙེན་གནས་ལེན་པའི་ཞོར་ལ། དགེ་ཚུལ་དང་དགེ་སློང་རྣམས་ཀྱང་ཇི་སྲིད་འཚོའི་ བར་དུ་རང་རང་གི་སྡོམ་པ་བརྟན་པོར་དམ་འཆའ་བའི་བསམ་པས། ཆོ་ག་དེ་ཁ་ཏོན་དུ་བྱེད་པ་ཙམ་ལས་འགལ་བ་མེད་དོ། །དེ་ ལ་ཆོ་ག་ནི་འདི་ལྟ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཇི་ ལྟར་སྔོ ན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ། ཡང་དག་པར་རྫོགས་པའི་སངས་རྒྱས་རྟ་ ཅང་ཤེས་ལྟ་བུ། གླང་པོ་ཆེན་པོ། བྱ་བ་བྱས་ཤིང༌། བྱེད་པ་བྱས་པ། ཁུར་བོར་བ། རང་ གི་དོན་རྗེས་སུ་ཐོབ་པ། སྲིད་པ་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་བཀའ། ལེགས་པར་རྣམ་པར་གྲོལ་བའི་ཐུགས། ལེགས་པར་རྣམ་པར་གྲོལ་བའི་ཤེས་རབ་ཅན་དེ་ རྣམས་ཀྱིས། སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་དང༌། ཕན་པར་བྱ་བའི་ཕྱིར་དང༌། གྲོལ་བར་བྱ་ཕྱིར་དང༌། ནད་མེད་པར་བྱ་བའི་ཕྱིར་དང༌། མུ་གེ་མེད་པར་བྱ་བའི་ཕྱིར་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དང༌། བླ་ན་མེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་ངེས་པར་རྟོགས་པར་བྱ་བའི་ཕྱིར། གསོ་སྦྱོང་ངེས་པར་ མཛད་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང༌། དུས་འདི་ནས་བཟུང་སྟེ། ཇི་ སྲིད་སང་ཉི་མ་མ་ཤར་གྱི་བར་དུ། གསོ་སྦྱོང་ངེས་པར་ཡང་དག་པར་བླང་བར་བགྱིའོ། །དེང་ ནས་སྲོག་གཅོད་མི་བྱ་ཞིང༌། །གཞན་གྱི་ནོར་ནི་བླང་མི་བྱ། །འཁྲིག་པའི་ཆོས་ཀྱང་མི་སྤྱད་ ཅིང༌། །རྫུན་གྱི་ཚིག་ཀྱང་མི་སྨྲ་འོ། །སྐྱོན་ནི་མང་པོ་ཉེར་བརྟེན་པའི། །ཆང་ནི་ཡོངས་སུ་སྤང་ བར་བྱ། །ཁྲི་གདན་ཆེ་མཐོ་མི་བྱ་ཞིང༌། །དེ་བཞིན་དུས་མ་ཡིན་པའི་ཟས། །དྲི་དང་ཕྲེང་བ་ དང་ནི་རྒྱན། །གར་དང་གླུ་སོགས་སྤང་བར་བྱ། །ཇི་ལྟར་དགྲ་བཅོམ་རྟག་ཏུ་ནི། །སྲོག་གཅོད་ ལ་སོགས་མི་བྱེད་པ། །དེ་བཞིན་སྲོག་གཅོད་ལ་སོགས་སྤངས། །བླ་མེད་བྱང་ཆུབ་ཐོབ་པར་ 7-1-280 ཤོག །སྡུག་བསྔལ་མང་དཀྲུགས་འཇིག་རྟེན་འདི། །སྲིད་པའི་མཚོ་ལས་སྒྲོལ་བར་ཤོག །ཅེས་ ལན་གསུམ་བརྗོད། ༀ་ཨཱ་མོ་གྷ་ཤཱི་ལ་སམྦྷ་ར། སམྦྷ་ར། བྷ་ར་བྷ་ར། མཧཱ་ཤུདྡྷ། སཏྭ་པདྨ་བི་བྷུ་ཥི་ ཏ། བྷུ་ཛ་དྷ་ར་དྷ་ར། ས་མནྟ་ཨ་བ་ལོ་ཀི་ཏེ་ཧཱུཾ་ཕཊ། ཅེས་ཚུལ་ཁྲིམས་རྣམ་དག་གི་གཟུངས་བདུན་ནམ་ཉེར་ གཅིག་བཟླ། ཁྲིམས་ཀྱི་ཚུལ་ཁྲིམས་སྐྱོན་མེད་ཅིང༌། །ཅེས་སོགས་ཀྱིས་སྨོན་ལམ་གདབ། དེ་དག་ནི་ཆོ་གའི་ སྔོ ན་དུ་གྲུབ་ན་ལེགས་པའི་ཡན་ལག་ཡིན་གྱི། མ་བྱས་ཀྱང་ཆོ་ག་ཆད་པའི་སྐྱོན་དུ་མི་འགྱུར་རོ། ། དེ་ནས་མཆོད་པ་བྱིན་རླབས་ནི། ༀ་ཨ་མྲ໏་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ༀ་སྭ་བྷཱ་བ་ཤུདྡྷ་སརྦ་ དྷརྨ ་སྭ་བྷཱ་བ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་ༀ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོ ད་ ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ༀ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་ མཆོད་ཡོན། ཞབས་བསིལ། མེ་ཏོགབདུག་སྤོས། མར་མེ། དྲི་མཆོགཞལ་ཟས་རྣམས་ དང༌། གཞན་ཡང་རོལ་མོ་དང་འཕན་གདུགས་ལ་སོགས་པའི་མཆོད་རྫས་བསམ་གྱིས་མི་ ཁྱབ་པ། དྭངས་ཤིང་ཐོགས་པ་མེད་པ། ནམ་མཁའི་མཐའ་ཀླས་པར་གྱུར། སོ་སོའི་ཕྱག་རྒྱ་དང་ བཅས་ཏེ། ༀ་བཛྲ་ཨརྒྷཾ་སྭཱཧཱ། ༀ་བཛྲ་པཱ་དྱཾ་སྭཱཧཱ། ༀ་བཛྲ་པུཥྤཾ་སྭཱཧཱ། ༀ་བཛྲ་དྷུ་པཾ་སྭཱཧཱ། ༀ་ བཛྲ་དཱི་པཾ་སྭཱཧཱ། ༀ་བཛྲ་གནྡྷཾ་སྭཱཧཱ། ༀ་བཛྲ་ནཻ་བིདྱཾ་སྭཱཧཱ། ༀ་བཛྲ་ཤབྟ་སྭཱཧཱ། ༀ་བཛྲ་དྷརྨ ་ ར་ཎི་ཏ༴ སོགས་དང༌། རོལ་མོ་ཇི་སྙེད་པ་འབུད་དཀྲོ ལ་བྱས་ཏེ་བྱིན་དབབ། འདི་མ་གཏོགས་པའི་མཆོད་པ་བྱིན་རླབས་ འོག་མ་རྣམས་ལ་དྷརྨ ་ར་ཎི་དང་རོལ་ཆེན་མི་དགོས་སོ། ། དངོས་གཞི་ལ། བདག་བསྐྱེད་སྒོམ་བཟླས། མདུན་བསྐྱེད་སྒྲུབ་མཆོད། གཏོར་མ་འབུལ་བའོ། །དང་པོ་ནི། བདག་ དང་འགྲོ་བ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད། དུས་འདི་ནས་བཟུང་སྟེ་ཇི་ སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་ མཆིའོ།། རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ།། དམ་ པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ།། འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། 7-1-281 །ཞེས་གསུམ་ནས་ཉི་ཤུ་རྩ་གཅིག་གི་བར་ཅི་རིགས་ཀྱི་མཐར། བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་ གསུམ་ལ་བདག་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཁྱེ ད་རྣམས་ཀྱིས་བདག་གི་རྒྱུད་བྱིན་ གྱིས་བརླབ་ཏུ་གསོལ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་ འཕང་ཐོབ་པར་བྱ། དེའི་ཆེད་དུ་གཙུག་ཏོར་རྣམ་པར་རྒྱལ་མའི་སྒོམ་བཟླས་ལ་འཇུག་པར་ བགྱིའོ། །ཞེས་ལན་གསུམ་བརྗོད། རང་སྐད་ཅིག་གིས་བཅོམ་ལྡན་འདས་མར་གསལ་བའི་ཐུགས་ ཀར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྷྲཱུཾ་དཀར་པོ། དེ་ལས་འོད་ཟེར་འཕྲོས། རང་ བཞིན་གྱི་གནས་ནས་བཅོམ་ལྡན་འདས་མ་ལྷ་དགུའི་དཀྱིལ་འཁོར་ལ་སངས་རྒྱས་དང་བྱང་ ཆུབ་སེམས་དཔའི་ཚོགས་ཐམས་ཅད་ཀྱིས་བསྐོར་བ། ༀ་བཛྲ་ས་མཱ་ཛཿ དཔལ་ལྡན་ལྷ་མོ་ སྟོན་ཀའི་ཟླ་བའི་མདོག །ཞལ་གསུམ་ཕྱག་བརྒྱད་རབ་མཛེས་ཞི་བའི་སྐུ། །ཡེ་ཤེས་དཔག་ ཡས་ཚེ་ཡི་མཆོག་སྩོལ་མ། །རྣམ་པར་རྒྱལ་མའི་ཞབས་ལ་ཕྱག་འཚལ་ལོ། །ༀ་སརྦ་ཏ་ཐཱ་ག་ ཏ་ཨུཥྞཱི་ཥ་བི་ཛ་ཡ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། དེ་བཞིན་དུ། པཱདྱཾ་པུཥྤེ་དྷུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ བིདྱ་ཤབྟ་པྲ་ཏཱིཙྪ་སྭཱཧཱ། ཕྱག་རྒྱ་ཡང་སྤྱི་དང་འདྲའོ། །དེ་ནས་ཐལ་མོ་སྦྱར་ཏེ་རྒྱུན་བཤགས་བྱ་བ་ནི། འཇིག་རྟེན་ དག་གི་ཕྱོགས་ཀུན་ན། །དེ་བཞིན་གཤེགས་པ་གང་བཞུགས་དང༌། །དགྲ་བཅོམ་བྱང་ཆུབ་ སེམས་དཔའ་དག །དེ་དག་བདག་ལ་དགོངས་སུ་གསོལ། །ཚེ་རབས་གང་ཡང་རུང་བ་ན། །བདག་གིས་སྡིག་པ་ཅི་བགྱིས་པ། །སྔོ ན་གྱི་ཚེ་རབས་གཞན་དག་དང༌། །ཚེ་རབས་འདི་དང་ འཁོར་བ་ན། །འདོད་ཆགས་དབང་དང་བླུན་པ་དང༌། ཁྲོ་བ་དག་གིས་འཁྲུགས་གྱུར་ཏེ། །སངས་རྒྱས་ཆོས་དང་དགེ་འདུན་ནམ། །བླ་མ་དག་དང་ཕ་མ་དང༌། །དགྲ་བཅོམ་བྱང་ཆུབ་ སེམས་དཔའ་དང༌། །སྦྱིན་གནས་གང་ཡང་རུང་བ་དང༌། །དེ་ལས་གཞན་པའི་སེམས་ཅན་ དག །ཡོན་ཏན་ལྡན་དང་མི་ལྡན་ལ། །སྡིག་པའི་ལས་རྣམས་གང་བགྱིས་དང༌། །གང་ཡང་ བགྱིད་དུ་བསྩལ་པ་དང༌། །གང་ཡང་ཅུང་ཟད་ཡི་རང་བ། །བག་མེད་པས་ནི་ཕྲ་མོ་ཡང༌། 7-1-282 །ལུས་ངག་ཡིད་ཀྱིས་བགྱིས་པ་རྣམས། །དེ་དག་མ་ལུས་བློས་བསྡུས་ནས། །རྫོགས་པའི་ སངས་རྒྱས་སྲས་བཅས་ལ། །བདག་གིས་ད་ནི་མངོན་སུམ་བཞིན། །རབ་ཏུ་གུས་པས་ཕྱག་ འཚལ་ཏེ། །སྐྱོ་བའི་ཡིད་དུ་གྱུར་པ་ཡིས། །ཐལ་མོ་སྦྱར་ཏེ་ནོངས་པ་རྣམས། །ཡང་དང་ཡང་དུ་ སོ་སོར་བཤགས། །བདག་གིས་མི་དགེ་བགྱིས་པ་རྣམས། །རྫོགས་སངས་རྒྱས་ཀྱིས་མཁྱེ ན་ པ་བཞིན། །དེ་ལྟར་བདག་གིས་སོ་སོར་བཤགས། །སླན་ཆད་དེ་ལྟར་ཡོངས་མི་བགྱིད། །མི་ རྟོག་བློ་གྲོས་བསྐྱེད་པའི་ཕྱིར། །ཆོས་ཀྱི་འཁོར་ལོ་སྐོར་བ་དང༌། །གདུལ་བྱ་ཇི་སྲིད་ཚིམ་བར་ དུ། །མྱ་ངན་མི་འདའ་གསོལ་བ་འདེབས། །སྲོག་ཆགས་སྡུག་བསྔལ་ཞི་བྱའི་ཕྱིར། །བདག་ནི་ ཇི་སྲིད་འཚོ་ཡི་བར། །སངས་རྒྱས་ཆོས་དང་དགེ་འདུན་ལ། །གུས་པས་ཡང་དག་སྐྱབས་སུ་ མཆི། །སེམས་ཅན་ཁམས་ནི་མཐའ་ཡས་པའི། །སྡུག་བསྔལ་ཉེ་བར་ཞི་བ་དང༌། །ངན་འགྲོ་ རྣམས་ལས་བསྒྲལ་བ་དང༌། །ཉོན་མོངས་རྣམས་ལས་དགྲོལ་བའི་ཕྱིར། །སྲིད་པ་མི་བདེ་ དོགས་པ་ན། །སྡུག་བསྔལ་སྣ་ཚོགས་ཅི་མཆིས་པ། །དེ་ལྟར་ཡོངས་སུ་བསྐྱབ་པའི་ཕྱིར། །བདག་གིས་བྱང་ཆུབ་སེམས་བསྐྱེད་དོ། །སེམས་ཅན་ཕོངས་པ་ཐམས་ཅད་ཀྱི། །སྐྱབས་སུ་ བདག་ཉིད་རྟག་ཏུ་ཤོག །བདག་ནི་མགོན་མེད་རྣམས་ཀྱི་མགོན། །རྟེན་མེད་རྣམས་ཀྱི་རྟེན་དུ་ བདག །སྐྱབས་མེད་རྣམས་ཀྱི་སྐྱབས་འགྱུར་ཞིང༌། །སྡུག་བསྔལ་བདེ་བར་བྱེད་པ་དང༌། །བདག་ནི་སེམས་ཅན་ཐམས་ཅད་ཀྱི། །ཉོན་མོངས་ཞི་བར་བྱེད་པར་ཤོག །དགེ་བའི་ལས་ རྣམས་གང་དང་གང༌། །འདི་དང་གཞན་དུ་བསགས་པ་རྣམས། །བསོད་ནམས་ཡེ་ཤེས་ཞེས་ བྱ་ཡི། །ཚོགས་ནི་རྣམ་པ་གཉིས་སུ་ཤོག །ཕ་རོལ་ཕྱིན་པ་དྲུག་བསྒོམས་ནས། །བདག་གིས་ བརྩོན་འགྲུས་གང་བརྩམས་པ། །དེ་ཡང་སེམས་ཅན་མ་ལུས་པ། །ཐམས་ཅད་ལ་ནི་ཕན་པར་ ཤོག །སྔོ ན་གྱི་རྒྱལ་བའི་སྲས་རྣམས་ཀྱིས། །སྨོན་ལམ་ཇི་ལྟར་མཛད་པ་བཞིན། །བདག་ཀྱང་ དགེ་བའི་སེམས་ཀྱིས་སུ། །དེ་བཞིན་དུ་ནི་སྨོན་ལམ་འདེབས། །སེམས་ཅན་ཐམས་ཅད་བདེ་ 7-1-283 བ་དང༌། །ཐམས་ཅད་ནད་ཀྱང་མེད་པར་ཤོག །བདག་ནི་བྱ་བ་ཀུན་ནུས་ཤིང༌། །ཡོན་ཏན་ དང་ཡང་ལྡན་པར་ཤོག །ནོར་ལྡན་གཏོང་ཕོད་ཤེས་རབ་ཅན། །བཟོད་ལྡན་དགེ་ལ་དད་པ་ དང༌། །སེམས་ཅན་ཚེ་རབས་ཐམས་ཅད་དུ། །སྐྱེ་བ་དྲན་ཞིང་བརྩེ་ལྡན་ཤོག །ཅེས་ལན་གསུམ། ཤིན་ཏུ་བསྡུས་པ་ལ་དགའ་ན། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་གུར་ནས་འབྱུང་བའི་ རྒྱུན་བཤགས་བྱེད། དེ་ནས་ཚད་མེད་བཞི་བསྒོམས་ཏེ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་ དང་ལྡན་པར་གྱུར་ཅིག །ཅེས་སོགས་སྤྱི་དང་འདྲ། ༀ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། སྟོང་པའི་ངང་ལས་པཾ་ལས་པདྨ་དང༌། ཨ་ལས་ཟླ་བའི་སྟེང་དུ་བྷྲཱུཾ་ལས་རིན་པོ་ཆེ་ལས་གྲུབ་ པའི་མཆོད་རྟེན་དུ་གྱུར་པ་ནི། རིན་པོ་ཆེའི་རང་བཞིན་སེང་ཁྲིའི་སྟེང་དུ་པདྨ། དེའི་སྟེང་དུ་ ཁྲི་ཟླུམ་པོ་བང་རིམ་སུམ་བརྩེགས། དེའི་སྟེང་དུ་ཟླ་བ་ལ་གནས་པའི་བུམ་པ་ཟླུམ་པོ་ཡངས་ ཤིང་རྒྱ་ཆེ་བ་སྒོ་དང་བཅས་པ། སྟེང་དུ་རིན་པོ་ཆེའི་བྲེ། གདུགས་བཅུ་གསུམ། ཆར་ཁེབས་ ཏོག་དང་བཅས་པ། མེ་ཏོག་གི་འཕྲེང་བ་དང༌། དར་གྱི་ལྡ་ལྡི ་སོགས་རྒྱན་ཐམས་ཅད་ཀྱིས་ བརྒྱན་པའོ། །དེའི་བུམ་པའི་ནང་དུ། པདྨ་དང་ཟླ་བའི་གདན་ལ། བྷྲཱུཾ་ལས་སྣ་ཚོགས་རྡོ་རྗེ་ བྷྲཱུཾ་གྱིས་མཚན་པ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་ འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་བཅོམ་ལྡན་འདས་མ་གཙུག་ཏོར་རྣམ་པར་རྒྱལ་མ། སྐུ་མདོག་དཀར་མོ། ཞལ་གསུམ་ཕྱག་བརྒྱད་མ། རྩ་ཞལ་དཀར་བ། གཡས་སེར་བ། གཡོན་སྔོ ་ཞིང་ཡུད་ཙམ་ཁྲོ་བ། ཞལ་རེ་རེ་ཞིང་ཞི་བའི་སྤྱན་གསུམ་གསུམ་དང་ལྡན་པ། ཕྱག་ གཡས་ཀྱི་དང་པོས་སྣ་ཚོགས་རྡོ་རྗེ་ཐུགས་ཀར་འཛིན་པ། གཉིས་པས་པདྨའི་སྟེང་དུ་འོད་ དཔག་ཏུ་མེད་པ་བཞུགས་པ་བསྣམས་པ། གསུམ་པས་མདའ། བཞི་པས་མཆོག་སྦྱིན་གྱི་ ཕྱག་རྒྱ་མཛད་པ། གཡོན་དང་པོས་ཞགས་པ་དང་བཅས་པའི་སྡིགས་མཛུབ། གཉིས་པས་ གཞུ། གསུམ་པས་སྐྱབས་སྦྱིན་གྱི་ཕྱག་རྒྱ། བཞི་པས་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིས་གང་ 7-1-284 བའི་བུམ་པ་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དར་དང་རིན་པོ་ཆེའི་ རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །དེའི་གཡས་སུ་སྤྱན་རས་གཟིགས་དཀར་པོ། །ཕྱག་ གཡས་རྔ་ཡབ་དང༌། གཡོན་པདྨ་དཀར་པོའི་སྡོང་པོ་འཛིན་པ། གཡོན་དུ་ཕྱག་ན་རྡོ་རྗེ་སྔོ ན་ པོ། །ཕྱག་གཡས་རྔ་ཡབ་དང༌། གཡོན་ཨུཏྤལ་ལ་གནས་པའི་རྡོ་རྗེ་སྔོ ན་པོ་འཛིན་པ། དེ་ གཉིས་མཉམ་པའི་སྟབས་ཀྱིས་བཞེངས་ཤིང༌། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་ བརྒྱན་པ། གཞོན་ནུ་ལང་ཚོ་ལ་བབ་པ། ཞི་ཞིང་སྒེག་པའི་སྐུར་གྱུར། གཙོ་འཁོར་གསུམ་ གྱི་ཕྱོགས་བཞིར་ཁྲོ་བོ་བཞི་གནས་པ་ནི། ཤར་དུ་མི་གཡོ་བ་གཡས་རལ་གྲི་འཕྱར་བ། ལྷོ ར་ འདོད་པའི་རྒྱལ་པོ་གཡས་ལྕགས་ཀྱུ་འཕྱར་བ། ནུབ་ཏུ་དབྱུག་སྔོ ན་ཅན་གཡས་དབྱུག་པ་ འཕྱར་བ། བྱང་དུ་སྟོབས་པོ་ཆེ་གཡས་རྡོ་རྗེ་རྩེ་གསུམ་འཕྱར་བ་ཐམས་ཅད་ཀྱང་སྐུ་མདོག་ མཐིང་ཁ་རབ་ཏུ་ཁྲོས་པ། ཕྱག་གཡོན་སྡིགས་མཛུབ་ཐུགས་ཀར་གཏོད་ཅིང༌། སྤྱན་གསུམ། མཆེ་བ་གཙིགས་པ། དབུ་སྐྲ་ནག་པོ་ཐོར་ཚུགས་སུ་བྱས་པ། སྟག་ལྤགས་དང༌། སྦྲུལ་གྱི་ རྒྱན་ཅན། རོལ་པའི་ཁྲོ་བོ་ཆེན་པོ་སྟེ། མེ་དཔུང་འབར་བའི་དབུས་ན་གཡོན་བརྐྱང་གིས་ བཞུགས་པའོ། །གཙོ་མོའི་སྟེང་གི་ནམ་མཁའ་ལ་གནས་གཙང་མིའི་རིས་ཀྱི་ལྷའི་བུ་གཉིས་ བདུད་རྩིས་གང་བའི་བུམ་པ་ཐོགས་ནས། གཙོ་མོ་ལ་སྐུ་ཁྲུས་གསོལ་བ། དེ་ཐམས་ཅད་ཀྱི་ སྤྱི་བོར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུཾ་སྔོ ན་པོ། དཔྲལ་བར་ཏྲཱཾ་སེར་ པོ། ལྟེ ་བར་ཧྲཱིཿདམར་པོ། བརླ་གཉིས་ལ་ཨཾ་ཨཱཿལྗང་ཁུ། རང་གི་སྙིང་ཁ་ནས་འོད་ཟེར་ འཕྲོས་པས་རང་བཞིན་གྱི་གནས་ནས། བཅོམ་ལྡན་འདས་མ་གཙུག་ཏོར་རྣམ་པར་རྒྱལ་མ་ འཁོར་དང་བཅས་པ། ༀ་སརྦ་ཏ་ཐཱ་ག་ཏ་ཨུཥྞཱི་ཥ་བི་ཛ་ཡ་ས་པ་རི་བཱ་ར་བཛྲ་ས་མཱ་ཛཿ དེ་བཞིན་ དུ་སྦྱར། ཨརྒྷཾ་ནས། ཤབྟའི་བར་གྱིས་མཆོད། ཛཿཧཱུཾ་བཾ་ཧོཿགཉིས་སུ་མེད་པར་ཐིམ། ཡང་འོད་ཟེར་ འཕྲོས་པས། དབང་གི་ལྷ་དེ་བཞིན་གཤེགས་པ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ༀ་བཛྲ་ 7-1-285 ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། ནས། ཤབྟ་པྲ་ཏཱིཙྪ་སྭཱཧཱའི་བར་གྱིས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། ཇི་ལྟར་ བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི ་ཥེ་ཀ་ཏེ་ས་མ་ཡ་ཤྲི ་ཡེ་ཧཱུཾ། ཞེས་གསུངས་ཤིང༌། བུམ་པའི་ཆུས་དབང་བསྐུར། སྐུ་ལུས་ཐམས་ཅད་གང༌། དྲི་མ་ཐམས་ ཅད་དག ཆུའི་ལྷག་མ་སྤྱི་བོར་ལུད་པ་ལས། གཙོ་མོ་ལ་རྣམ་པར་སྣང་མཛད། སྤྱན་རས་ གཟིགས་ལ་འོད་དཔག་མེད། ཕྱག་ན་རྡོ་རྗེ་དང་ཁྲོ་བོ་བཞི་ལ་མི་བསྐྱོད་པ། ལྷའི་བུ་གཉིས་ ལ་རིན་ཆེན་འབྱུང་ལྡན་གྱིས་དབུ་བརྒྱན། ༀ་སརྦ་ཏ་ཐཱ་ག་ཏ་ཨུཥྞཱི་ཥ་བི་ཛ་ཡ་ས་པ་རི་བཱ་ར་ བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། ནས། བཛྲ་ཤབྟ་པྲ་ཏཱིཙྪ་སྭཱཧཱའི་བར་གྱིས་མཆོད། དཔལ་ལྡན་ལྷ་མོ་སྟོན་ ཀའི་ཟླ་བའི་མདོག །ཞེས་སོགས་ཀྱིས་བསྟོད། སྙིང་ཁར་སྣ་ཚོགས་རྡོ་རྗེའི་ལྟེ ་བ་ལ། བྷྲཱུཾ་ཡིག་བསྲུང་ བྱ་སྔགས་ཕྲེང་དང་བཅས་པ་འཁོད་པར་གྱུར། ༀ་ཧཱུཾ་ཏྲཱཾ་ཧྲཱིཿཨཾ་ཨ། བདག་དང་སྒྲུབ་བྱ་ལ་ རཀྵ་རཀྵ་ཀུ་རུ་སྭཱཧཱ། ཞེས་ཅུང་ཟད་བཟླས། ལག་པ་ཐལ་མོ་མཉམ་པར་སྦྱར་བའི་མཛུབ་མོའི་ཚིགས་བར་བ་ བཅགམཐེབ་མཛུབ་རྩེ་སྤྲད་དེ། གཟུངས་རིང་ཚར་གཅིག་བརྗོད་ཅིང་དམ་ལ་བཞག་རྗེས་གཟུངས་རིང་ཉིད་གཙོ་བོར་བཟླ་ཞིང༌། སྔགས་ཐུང་གཉིས་ཀྱང་ཅི་རིགས་སུ་བཟླའོ། །ༀ་ཨ་མྲ໏་ཏེ། ཨ་མྲ໏་ཏ་ཏོཏ་བྷ་བེ། ཨ་མྲ໏་ཏ་བི་ཀྲན་ཏེ། ཨ་ མྲ໏་ཏ་ག་ཏྲེ། ཨ་མྲ໏་ཏ་གཱ་མི་ནི། ཨ་མྲ໏་ཏ་ཨ་ཡུར་དད་ཏེ། ག་ག་ན། ཀིར་ཏི་ཀ་རེ། སརྦ་ཀརྨཱ་ ཀླེ ་ཤ་ཀྵ་ཡཾ་ཀ་རཱི་ཡེ་སྭཱཧཱ། ཅེས་པའང་ཚེ་སྤེལ་བའི་དོན་དུ་ཅི་ནུས་བཟླའོ། །མཐར། སྙིང་ཁ་ནས་འོད་ཟེར་ འཕྲོས་པས་ཡོངས་སུ་དྲངས་ཏེ། བསྒོམ་པའི་དཀྱིལ་འཁོར་རང་གི་སྙིང་ཁར་ཐིམ། ཞེས་བརྗོད། ཡེ་ཤེས་པ་གཤེགས་འདོད་ཅིང་བདག་བསྐྱེད་ཁོ་ན་ཡིན་ན། འོག་ནས་འཆད་པའི་རྗེས་བསྡུ་བ་དེ་བྱ་ཞིང༌། མདུན་བསྐྱེད་དང་ འབྲེལ་ན་རྗེས་ཆོག་གི་མཐར་བྱས་པས་རུང་བ་ཡིན་ལ། སྤྱིར་བྱ་རྒྱུད་ཀྱི་ལྷ་སྔགས་ལ་རྒྱུད་སྡེ་གོང་མའི་ཐུན་མོང་གི་ཆོ་ག་སྦྱར་བ་ འདི་རིགས་ལ་བདག་བསྐྱེད་ཀྱི་ཡེ་ཤེས་པ་གཤེགས་པ་མཐའ་གཅིག་ཏུ་ཡང་མི་དགོས་ལ། བླ་མ་གོང་མ་རྣམས་ཀྱི་ཕྱག་ལེན་དེ་ 7-1-286 ལྟར་བྱེད་པ་ཡང་མི་འགལ་ལོ། ། གཉིས་པ་མདུན་བསྐྱེད་ལ་དམིགས་ཏེ། ཨ་མྲ໏་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ པཾ་ལས་པདྨ་དང༌། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། བྷྲཱུཾ་ལས་རིན་པོ་ཆེའི་བུམ་ པ་ཡངས་ཤིང་རྒྱ་ཆེ་བ། ལྟོ ་བ་ལྡི ར་བ། ཞབས་ཞུམ་པ། མགྲིན་པ་ཕྲ་བ། ཁ་གཡེལ་ བ། མཆུ་འཕྱང་བ་ལྷ་རྫས་ཀྱི་གོས་ཀྱིས་མགུལ་པ་བཅིངས་པ། དཔག་བསམ་གྱི་ཤིང་གིས་ ཁ་བརྒྱན་པ། ནང་ཆུ་དང་བཅུད་སྣ་ཚོགས་ཀྱིས་ཡོངས་སུ་གང་བའི་བུམ་པའི་སྟེང་དུ། པཾ་ ལས་པདྨ་དང༌། ཨ་ལས་ཟླ་བའི་སྟེང་དུ། བྷྲཱུཾ་ལས་རིན་པོ་ཆེ་ལས་གྲུབ་པའི༴ ཞེས་པ་ནས། བི་ ཛ་ཡ་ས་པ་རི་བཱ་ར་བཛྲ་ས་མཱ་ཛཿ ཞེས་པའི་བར་བདག་བསྐྱེད་བཞིན་ལས། རང་ཉིད་བཅོམ་ལྡན་འདས་མ་ཞེས་པའི་ རང་ཉིད་ཅེས་པ་དོར། ས་མཱ་ཛཿའི་རྗེས་ལ། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །ཅེས་པ་ནས། ཡོངས་དག་འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །ཞེས་སྤྲོ་ན་དབྱངས་དང་བཅས་པས་སྤྱན་དྲངས། ཡང་མཆོད་པ་ནས། རིན་ཆེན་འབྱུང་ལྡན་གྱིས་དབུ་བརྒྱན་གྱི་བར་ཡང་གོང་དང་འདྲ་བ་ལས། བདག་ལ་མངོན་པར་ཅེས་པ། འདི་ལ་མངོན་པར་ཅེས་པར་སྤོ། དེ་ནས་མཆོད་པ་གསར་པའང་བཤམས་ཤིང༌། སྔ་མ་རྣམས་ཀྱང་ཁ་གསོ་ལ། གོང་བཞིན་ བྱིན་རླབས་བྱ། ཆུ་བོ་གངྒཱའི་རྒྱུན་བཞིན་དུ། །ཨརྒྷཾ་རྒྱུན་ཡང་མི་འཆད་དེ། །བླ་མེད་མཆོད་པ་འདི་ འབུལ་ན། །ཐུགས་རྗེས་དགོངས་ཏེ་བཞེས་སུ་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་ཨུཥྞཱི་ཥ་བི་ཛ་ཡ་ས་ པ་རི་བཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། དྲི་ཞིམ་རེག་ན་བདེ་བ་ཡི། །ཞབས་བསིལ་རྒྱུན་ཡང་མི་འཆད་ དེ། །སོགས། པཱདྱཾ། ཇི་ལྟར་བལྟམས་པ་ཙམ་ཉིད་ཀྱིས། །དེ་བཞིན་གཤེགས་ཀུན་ཁྲུས་གསོལ་ བ། །དེ་ལྟར་བདག་གིས་ལྷ་རྣམས་ལ། །གཙང་མའི་ཆབ་ཀྱིས་ཁྲུས་གསོལ་ལོ། །ༀ་སརྦ་དེ་ བ་ཏ་ཨརྩི་ཏ་ཨ་མྲ໏་ཏ་སྭཱཧཱ། སྣ་ཚོགས་དབང་པོའི་གཞུ་ལྟར་རབ་བཀྲ་ཞིང༌། །གང་ལ་རེག་ ན་བདེ་བའི་རྒྱུར་འགྱུར་པའི། །གོས་བཟང་རིན་ཆེན་བདག་བློ་སྦྱང་ཕྱིར་འབུལ། །བཟོད་པ་ དམ་པའི་གོས་ཀྱིས་བརྒྱན་པར་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་ཨུཥྞཱི་ཥ་བི་ཛ་ཡ་ས་པ་རི་བཱ་ར་བཛྲ་ 7-1-287 བསྟྲཱ་ཡེ༴ ཕྲེང་བ་རིན་ཆེན་སེ་མོ་དོ་ཤལ་དང༌། །རྒྱན་གྱི་དམ་པ་མ་ལུས་དབུལ་བ་ཡིས། །བྱང་ ཆུབ་མཆོག་གི་རྒྱན་དང་ལྡན་གྱུར་ནས། །བླ་མེད་ཐར་པ་མཆོག་ལ་གནས་པར་ཤོག །ཨ་ལང་ ཀ་ར༴ ཐེག་མཆོག་བླ་རེ་མགོན་སྐྱབས་གདུགས་དང་ལྡན། །བདུད་བཅོམ་རྒྱལ་མཚན་བ་ དན་ཏིང་འཛིན་འཕན། །བདག་དང་འགྲོ་བའི་དོན་དུ་འབུལ་ལགས་ཀྱི། །དབང་མཆོག་དམ་ པ་དུས་འདིར་བསྩལ་དུ་གསོལ། །ཨུ་བསྠ་ན༴ སྣ་ཚོགས་རོལ་མོ་སྙན་པའི་སྒྲ་དག་དང༌། །ལྷ་ དང་མི་ཡི་མཆོད་པའི་གླུ་དབྱངས་ཀྱིས། །རྒྱལ་བའི་དཀྱིལ་འཁོར་མཛེས་པར་རབ་བརྒྱན་པ། །ཐེག་པ་མཆོག་གི་ངེས་པས་བགྲོད་པར་ཤོག །སྤ་ར་ན་ད༴ གཙང་ཞིང་གཙང་མ་ལས་བྱུང་ བའི། །ལྷ་རྫས་བཟང་པོའི་དྲི་འདི་དག །བདག་གི་དད་པས་འབུལ་ལགས་ཀྱི། །བཞེས་ནས་ བདག་ལ་དགྱེས་པར་མཛོད། །གནྡྷེ་ཨཱ་ཧ་ར་ཨཱ་ཧ་ར་སརྦ་བིདྱ་དྷ་ར་པཱུ་ཛི་ཏེ་སྭཱཧཱ། གཙང་ཞིང་ གཙང་མར་སྐྱེས་པ་ཡི། །ལྷ་རྫས་བཟང་པོའི་མེ་ཏོག་འདི། །བདག་གི༴ སོགས། པུཥྤེ༴ ཨཱ་ཧ་ར༴ དྲི་ཡི་རྒྱས་པ་ལྷ་ཡི་རྫས། །ནགས་ཚལ་བཅུད་ནི་ཡིད་འོང་འདི། བདག་གི༴ དྷུ་པེ༴ ཨཱ་ཧ་ར༴ སྨན་རྣམས་བཅུད་གཙང་ཡིད་གར་འོང༌། །སྔགས་ཀྱི་ཞལ་ཟས་མཆོག་འདི་དག །བདག་གི༴ ནཻ་བི་དྱ་༴ ཨཱ་ཧ་ར༴ གནོད་པ་འཇོམས་ཤིང་བཀྲ་ཤིས་པ། །དགེ་ཞིང་མུན་པ་རྣམ་སེལ་འདི། །བདག་གི་དད་པས་འབུལ་ལགས་ཀྱི། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཨཱ་ལོ་ཀེ་ ཨཱ་ལོ་ཀ་ཨཱ་ལོ་ཀ་སརྦ་བིདྱ་དྷ་ར་པཱུ་ཛི་ཏེ་སྭཱཧཱ། ཞེས་པ་ནི་མཆོད་པ་དཀྱུས་སོ། །སྟོང་མཆོད་ཀྱི་སྐབས་ནི། ཞལ་ ཟས་སོགས་སྟོང་ཕྲག་ཏུ་སྤེལ་བ་ལ། མཆོད་པ་སྒོས་སུ་བསྔོ ་བར་འདོད་ན། སྟོང་ཚན་ལྔ་པོ་ལ། ན་མཿསརྦ་ཏ་ཐཱ་ག་ཏ་ བྷྱོཿབི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ། ཨུད་ག་ཏེ་སྥ་ར་ཎ་ཨེ་མཾ་ག་ག་ན་ཁཾ་སྭཱཧཱ། ཞེས་ལན་གསུམ་གྱིས་ བྱིན་གྱིས་བརླབས་ནས། ཞལ་ཟས་མར་མེ་སྤོས་རྣམས་ལ་སྔགས་སྤྱི་འགྲོ་དང༌། གདུགས་ལ་ཚ་དྲཾ་ཀ བ་དན་ལ་པ་ཏཾ་ཀ ཞེས་སྦྱར་བ་ལན་མང་དུ་བཟླས་པས་མཆོད། སྔ་མའམ། སྟོང་མཆོད་གང་ཡིན་ཡང་རུང༌། མཐར། དེ་ལས་གཞན་ཡང་ མཆོད་པའི་ཚོགས། །རོལ་མོ་དབྱངས་སྙན་ཡིད་འོང་ལྡན། །སེམས་ཅན་སྡུག་བསྔལ་སིམ་ 7-1-288 བྱེད་པའི། །སྤྲིན་རྣམས་སོ་སོར་གནས་གྱུར་ཅིག །དམ་ཆོས་དཀོན་མཆོག་ཐམས་ཅད་དང༌། །མཆོད་རྟེན་རྣམས་དང་སྐུ་གཟུགས་ལ། །རིན་ཆེན་མེ་ཏོག་ལ་སོགས་ཆར། །རྒྱུན་མི་ཆད་པ་ འབབ་པར་ཤོག །ཇི་ལྟར་འཇམ་དབྱངས་ལ་སོགས་པས། །རྒྱལ་བ་རྣམས་ལ་མཆོད་མཛད་ པ། །དེ་བཞིན་བདག་གིས་དེ་བཞིན་གཤེགས། །མགོན་པོ་སྲས་དང་བཅས་རྣམས་མཆོད། །ཡོན་ཏན་རྒྱ་མཚོ་རྣམས་ལ་བདག །བསྟོད་དབྱངས་ཡན་ལག་རྒྱ་མཚོས་བསྟོད། །བསྟོད་ དབྱངས་སྙན་སྤྲིན་དེ་དག་ལས། །ངེས་པར་ཀུན་ཏུ་འབྱུང་གྱུར་ཅིག །ཚིགས་བཅད་བཞི་པོ་དེ་དག་རེ་ རེའི་མཐར་རོལ་ཆེན་དང༌། རོལ་མོ་བྱིན་འབེབས་ཀྱི་སྔགས་དང༌། མཆོད་པའི་སྤྲིན་གྱི་གཟུངས་གང་རུང་རེ་བརྗོད། ༼ལྡེ བ་ཤར་ཡིན། ན་མོ་རཏྣ་ཏྲ་ཡཱ་ཡ། ༀ་ན་མོ་བྷ་ག་ཝ་ཏེ། བཛྲ་སཱ་ར་པྲ་མརྡྷ་ནི། ཏ་ཐཱ་ག་ཏ་ ཡ། ཨརྷ་ཏེ་ས་མྱཀྶཾ་བུདྡྷ་ཡ། ཏརྱ་ཐཱ། ༀ་བཛྲེ་བཛྲེ། མཧཱ་བཛྲེ། མཧཱ་ཏེ་ཛ་བཛྲེ། མཧཱ་བིརྱ་ བཛྲེ། མཧཱ་བོ་དྷི་ཙིཏྟ་བཛྲེ། མ་ཧཱ་བོ་དྷི་མནྚོ་པ་སཾ་ཀྲ་མ་ཎ་བཛྲེ། སརྦ་ཀརྨྨ་ཨ་བ་ར་ཎ་བི་ཤོ་དྷ་ ན་བཛྲེ་སྭཱཧཱ།༽ དེ་ནས་བསྟོད་པ་ནི། སློབ་དཔོན་ཙནྡྲ་གོ་མིས་མཛད་པ་འདི་བྱ་སྟེ། གཙོ་མོ་བཅོམ་ལྡན་འདས་མ་ནི། །པུནྚ་རཱི་ཀའི་མེ་ཏོག་ལྟར། །སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །ཞལ་གསུམ་ཕྱག་བརྒྱད་ སྤྱན་གསུམ་མངའ། །དབུ་རྒྱན་མགུལ་རྒྱན་སྙན་ཆའི་ཚོགས། །རིན་ཆེན་སྣ་ཚོགས་མཛེས་ པས་བརྒྱན། །པདྨ་ཟླ་བའི་གདན་ལ་བཞུགས། །དབུས་དཀར་གཡས་སེར་གཡོན་ཞལ་སྔོ ། །ཁྲོ་མོའི་ཞལ་ནི་མཆེ་བ་གཙིགས། །ཕྱག་གཡས་སྣ་ཚོགས་རྡོ་རྗེ་དང༌། །པད་སྟེང་རྒྱལ་བ་ འོད་དཔག་མེད། །མདའ་དང་མཆོག་སྦྱིན་ཕྱག་རྒྱའོ། །གཡོན་པས་སྡིགས་མཛུབ་ཞགས་པ་ དང༌། །གཞུ་དང་མི་འཇིགས་ཕྱག་རྒྱ་ཅན། །རིན་ཆེན་བུམ་པ་ལེགས་པར་བསྣམས། །བཻ་རོ་ ཙ་ནས་དབུ་བརྒྱན་ཅིང༌། །འོད་ཟེར་དཀར་པོ་འཕྲོ་ཞིང་འདུ། །སྟོད་གཡོག་ལྷ་ཡི་ན་བཟའ་ ཅན། །མཆོད་རྟེན་ནང་ན་ལེགས་པར་བཞུགས། །བློ་དང་ཚེ་འཕེལ་མཛད་པ་མོ། །བཅོམ་ 7-1-289 ལྡན་འདས་མ་ཉིད་ལ་བསྟོད། །གཡས་ན་རྗེ་བཙུན་སྤྱན་རས་གཟིགས། །སྐུ་མདོག་དཀར་ པོ་སྐྱོན་མ་གོས། །གཡོན་པས་པདྨ་གཡས་པ་ན། །རྔ་ཡབ་འཛིན་ལ་ཕྱག་འཚལ་ལོ། །གཡོན་ ན་གསང་བའི་བདག་པོ་ནི། །ཨུཏྤལ་མདོག་འདྲ་རྡོ་རྗེ་གཡོན། །གཡས་པས་རིན་ཆེན་རྔ་ཡབ་ འཛིན། །མཐུ་སྟོབས་ཅན་ལ་ཕྱག་འཚལ་ལོ། །ཤར་ལྷོ་ནུབ་བྱང་ཕྱོགས་བཞི་ཡི། །ཁྲོ་བོའི་ རྒྱལ་པོ་བཞི་པོ་ནི། །མདུན་ན་ཁྲོ་རྒྱལ་མི་གཡོ་མགོན། །སྔོ ་སངས་གཡས་པ་རལ་གྲི་འཛིན། །གཡོན་པ་སྡིགས་མཛུབ་མཛད་པ་ཡིས། །མ་རུངས་འདུལ་ལ་ཕྱག་འཚལ་ལོ། །ཁྲོ་ཆེན་ འདོད་པའི་རྒྱལ་པོ་ནི། །སྔོ ་སངས་ལྕགས་ཀྱུ་འབར་བ་བསྣམས། །མ་རུངས་འདུལ་བའི་ཆ་ ལུགས་ཅན། །ཐམས་ཅད་འགུགས་ལ་ཕྱག་འཚལ་ལོ། །ཁྲོ་ཆེན་དབྱུག་པ་སྔོ ན་པོ་ནི། །ཞལ་ གཅིག་ཕྱག་གཉིས་གཡས་པ་ན། །དབྱུག་ཐོགས་གཡོན་པ་སྡིགས་མཛུབ་མཛད། །སྔོ ་སངས་ ཀུན་འདུལ་ཁྱོ ད་ལ་བསྟོད། །ཁྲོ་བོའི་རྒྱལ་པོ་སྟོབས་པོ་ཆེ། །ཨུཏྤལ་མདོག་འདྲ་ཕྱག་གཉིས་ པ། །གཡས་པ་རྡོ་རྗེ་སྡིགས་མཛུབ་གཡོན། །བདུད་འདུལ་དྲག་པོ་ཁྱོ ད་ལ་བསྟོད། །ཀུན་ ཀྱང་སྦྲུལ་དང་སྟག་ལྤགས་རྒྱན། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་སྔོ ། །གཡོན་བརྐྱང་པད་ ཉིའི་གདན་ལ་བཞུགས། །བར་ཆད་ཞི་མཛད་ཁྱོ ད་ལ་བསྟོད། །སྟེང་གི་ཕྱོགས་སུ་བཞུགས་ པ་ཡི། །གནས་གཙང་ལྷ་ཡི་བུ་གཉིས་པོ། །ལྷ་ཡི་རྒྱན་དང་ན་བཟའ་འཛིན། །ཕྱག་ན་བདུད་ རྩིའི་བུམ་པ་བསྣམས། །བདུད་རྩིའི་ཆུ་རྒྱུན་ཀུན་ལ་སྙོམས། །དག་པའི་སྐུ་ལ་ཕྱག་འཚལ་ ལོ། །གང་ཞིག་ནངས་པར་སྔར་ལངས་ནས། །བསྟོད་པ་འདི་ཡིས་དུས་ཀུན་ཏུ། །འཁོར་དང་ བཅས་ལ་བསྟོད་བྱས་ན། །བློ་དང་ཚེ་རྣམས་འཕེལ་བར་འགྱུར། །དཔལ་དང་འབྱོར་བའི་ དངོས་གྲུབ་སྟེར། །མཆོག་གི་དངོས་གྲུབ་ཐོབ་པར་འགྱུར། །གུས་པའི་ཡིད་ཀྱིས་བསམ་བྱ་ ཞིང༌། །རྩེ་གཅིག་སེམས་ཀྱིས་བསྟོད་པར་བྱ། །བདག་བསྐྱེད་ཀྱི་དམིགས་པ་མདུན་བསྐྱེད་ལ་གོ་བརྗེས་ཞིང༌། སྔར་གྱི་ཕྱག་རྒྱ་དེས་མེ་ཏོག་བཟུང་སྟེ་གཟུངས་རིང་ཚར་གཅིག་བཏོན་ནས། སྭཱཧཱ་ཞེས་བརྗོད་པའི་ཚེ་མེ་ཏོག་མདུན་བསྐྱེད་ལ་ 7-1-290 དོར་རོ། ། དེ་ནས་བཟླས་པ་བྱེད་པ་ཡིན་ལ། དེ་ལ་གཟུངས་རིང་ངམ། རྩ་སྔགས་ནི། ༀ་ན་མོ་བྷ་ག་ཝ་ཏེ་སརྦ་ཏྲཻ་ལོཀྱཱ་ པྲ་ཏི་བི་ཤིཥྚཱ་ཡ་བུདྡྷཱ་ཡ་ཏེ་ན་མཿ ཏདྱ་ཐཱ། ༀ་བྷྲཱུཾ་བྷྲཱུཾ་བྷྲཱུཾ། ཤོ་དྷ་ཡ་ཤོ་དྷ་ཡ། བི་ཤོ་དྷ་ཡ་བི་ཤོ་ དྷ་ཡ། ཨ་ས་མ་ས་མནྟ་ཨ་བ་བྷཱ་ས་སྥ་ར་ཎ་ག་ཏི་ག་ག་ན་སྭ་བྷཱ་བ་བི་ཤུདྡྷེ། ཨ་བྷི ་ཥིཉྩ་དུ་མཱཾ། སརྦ་ཏ་ཐཱ་ག་ཏཱཿ སུ་ག་ཏ་བ་ར་བ་ཙ་ནཱ་ཨ་མྲ໏་ཏ་ཨ་བྷི ་ཥེ་ཀཻ་ར་མཧཱ་མུ་དྲཱ་མནྡྲ་པ་དཻཿ ཨཱ་ཧ་ར་ ཨཱ་ཧ་ར། མ་མ་ཨཱ་ཡུརྶནྡྷཱ་ར་ཎི། ཤོ་དྷ་ཡ་ཤོ་དྷ་ཡ། བི་ཤོ་དྷ་ཡ་བྷི ་ཤོ་དྷ་ཡ། ག་ག་ན་སྭ་བྷཱ་ བ་བི་ཤུདྡྷེ་ཨུཥྞཱི་ཥ་བི་ཛ་ཡ་པ་རི་ཤུདྡྷེ་ས་ཧ་སྲ་རསྨི་སཉྩོ་དི་ཏི། སརྦ་ཏ་ཐཱ་ག་ཏ་ཨཱ་བ་ལོ་ཀི་ནི། ཥཊྤཱ་ར་མི་ཏཱ་པ་རི་པཱུ་ར་ཎི། སརྦ་ཏ་ཐཱ་ག་ཏ་མཱ་ཏེ་ད་ཤ་བྷུ་མི་པྲ་ཏིཥྛཱི་ཏེ། སརྦ་ཏ་ཐཱ་ག་ཏ་ཧྲཱི་ད་ ཡ། ཨ་དྷིཥྛཱ་ན་ཨ་དྷིཥྛི ་ཏེ། མུ་དྲེ་མུ་དྲེ་མ་ཧཱ་མུ་དྲེ། བཛྲ་ཀཱ་ཡ་སཾ་ཧ་ཏ་ན་པ་རི་ཤུདྡྷེ་སརྦ་ཀརྨ་ ཨཱ་བ་ར་ཎ་བི་ཤུདྡྷེ། པྲ་ཏི་ནི་བརྟ་ཡ་མ་མ་ཨཱ་ཡུརྦི་ཤུདྡྷེ། སརྦ་ཏ་ཐཱ་ག་ཏ་ས་མ་ཡ་ཨ་དྷིཥྛཱ་ན་ ཨ་དྷིཥྛི ་ཏེ། ༀ་མུ་ནི་མུ་ནི། མཧཱ་མུ་ནི་བི་མུ་ནི་བི་མུ་ནི། མ་ཧཱ་བི་མུ་ནི། མ་ཏི་མ་ཏི། མཧཱ་མ་ ཏི། མ་མ་ཏི། སུ་མ་ཏི། ཏ་ཐཱ་ཏཱ། བྷཱུ་ཏ་ཀོ་ཊི་པ་རི་ཤུདྡྷེ་བི་སྥུ་ཊ། བུདྡྷེ་ཤུདྡྷེ། ཧེ་ཧེ་ཛ་ཡ་ ཛ་ཡ། བི་ཛ་ཡ་བི་ཛ་ཡ། སྨ་ར་སྨ་ར། སྥ་ར་སྥ་ར། སྤཱ་ར་ཡ་སྤཱ་ར་ཡ། སརྦ་བུདྡྷ་ཨ་དྷིཥྛཱ་ན་ ཨ་དྷིཥྛི ་ཏེ། ཤུདྡྷེ་ཤུདྡྷེ། བུདྡྷེ་བུདྡྷེ། བཛྲེ་བཛྲེ་མཧཱ་བཛྲེ། སུ་བཛྲེ། བཛྲེ་གརྦྷེ། ཛ་ཡ་གརྦྷེ། བི་ཛ་ཡ་གརྦྷེ། བཛྲ་ཛྭཱ་ལཱ་གརྦྷེ། བཛྲདྦྷོ་ཝེ་བཛྲ་སམྦྷ་བེ། བཛྲེ་བཛྲི་ཎཱི་བཛྲམྦྷ་ཝནྟུ། མ་མ་ ཤ་རཱི་རཾ། སརྦ་སཏྭཱ་ནཱཉྩ་ཀཱ་ཡ། པ་རི་ཤུདྡྷིརྦྷ་ཝནྟུ་མེ་ས་དཱ། སརྦ་ག་ཏི་པ་རི་ཤུདྡྷིཤྩ། སརྦ་ཏ་ ཐཱ་ག་ཏཱཤྩ་མཱཾ། སརྦ་ས་ཏྭཱཾ་ཥྩ། ས་མཱ་ཤྭཱ་ས་ཡནྟུ། བུདྡྷྱ་བུདྡྷྱ། སིདྡྷྱ་སིདྡྷྱ། བོ་དྷ་ཡ་བོ་དྷ་ཡ། བི་ བོ་དྷ་ཡ་བི་བོ་དྷ་ཡ། མོ་ཙ་ཡ་མོ་ཙ་ཡ། བི་མོ་ཙ་ཡ་བི་མོ་ཙ་ཡ། ཤོ་དྷ་ཡ་ཤོ་དྷ་ཡ། བི་ཤོ་དྷ་ ཡ་བི་ཤོ་དྷ་ཡ། ས་མནྟཱཾ་མོ་ཙ་ཡ་མོ་ཙ་ཡ། ས་མནྟ་རསྨི། པ་རི་ཤུདྡྷེ། སརྦ་ཏ་ཐཱ་ག་ཏ་ཧྲཱི་ད་ ཡ་ཨ་དྷིཥྛཱ་ན་ཨ་དྷིཥྛི ་ཏེ། མུ་དྲེ་མུ་དྲེ། མཧཱ་མུ་དྲེ་མཧཱ་མུ་དྲཱ་མནྡྲ་པ་དཻཿསྭཱཧཱ། ཞེས་པའོ། །དེ་ལྟར་ 7-1-291 ན་དེ་ཉིད་བཟླས་པའི་གཙོ་བོར་བྱ་ཞིང༌། གོང་དུ་བཤད་པ་ལྟར་ཚེ་སྒྲུབ་ཀྱི་གཟུངས་དང༌། ༀ་བྷྲཱུཾ་སྭཱཧཱ། ཞེས་པ་དང༌། ༀ་ ཨ་མྲ໏་ཏ་ཨཱ་ཡུར་ད་ཏེ་སྭཱཧཱ། ཞེས་པའང་ཅི་ནུས་བཟླའོ། །དེ་ཡང་ཐུགས་དམ་བསྐུལ་བའི་གཟུངས་ཚར་གཅིག་བརྗོད་ རྗེས་སུ། བཟླས་པ་བྱེད་པ་ཙམ་དཀྱུས་མའི་ལུགས་ཡིན་ལ། སྟོང་མཆོད་ཀྱི་སྐབས་ཡིན་ན། སླར་ཡང་ཚོགས་ཞིང་གི་སྐབས་ ལྟར། ཨརྒྷཾ༴ ནས། ཤབྟའི་བར་གྱིས་མཆོད། དཔལ་ལྡན་ལྷ་མོ༴ སོགས་ཀྱིས་བསྟོད། བཅོམ་ལྡན་འདས་ མའི་སྐུ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་ཡོངས་སུ་གང་བར་གྱུར། ཞེས་བརྗོད། དེ་ནས་ བཟླས་པ་དངོས་ལ། ༀ་ན་མོ༴ ཞེས་བརྗོད་པའི་ཚེ་ཐོབ་ཐང་ལ་ཕྱག་དངོས་སུ་འཚལ་བ་ཡིན་ནའང༌། ལག་ལེན་ལ་ཐལ་ མོ་སྦྱར་ནས་མགོ་འདུད་པར་བྱེད། གཟུངས་བཟླ་མཁན་བཅུ་ཡོད་པའི་དབང་དུ་བྱས་ན། གཟུངས་རིང་ཚར་བཅུ་རེ་སོང་བའི་ མཚམས་མཆོད་བསྟོད་བསྡུས་པ་རེ་བྱ། དེ་ལྟར་ལན་བཅུས་གཟུངས་སྟོང་ཕྲག་གཅིག་འགྲོ་བ་ཡིན་པ་ལས། གཟུངས་བཅུ་ཚན་ ལྔ་ཙམ་སོང་བ་ནས། གཟུངས་རེ་རེ་ལ་བསྐོར་བ་གཉིས་འགྲོ་བར་བྱས་པས། བསྐོར་བ་ཡང་སྟོང་འགྲོ། འདིས་རིགས་སྒྲེ་སྟེ། གཟུངས་བཟླ་མཁན་མང་ཉུང་གི་རྩིས་གདབ་མ་འཁྲུགས་པར་བྱ་དགོས་ཏེ། དཔེར་ན་བཟླས་པ་བྱེད་མཁན་ཉི་ཤུ་ཡོད་ན་ལྔ་ཚན་ བཅུ་དང༌། བཟླས་པ་བྱེད་མཁན་ལྔ་ལས་མེད་ན་ཉི་ཤུ་ཚན་བཅུ་བྱེད་དགོས་པ་བཞིན་ནོ། ། གཏོར་མ་སྟོང་ཕྲག་བསྔོ ་བ་ནི། བསངས་སྦྱངས། ཨ་མྲ໏་ཏས། སྭ་བྷཱ་ཝས། སྟོང་པའི་ངང་ལས་རིན་པོ་ ཆེ་ལས་གྲུབ་པའི་སྣོ ད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། གཏོར་མ་ཁ་དོག་དྲི་རོ་ནུས་མཐུ་ཕུན་ སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ༀ་ཨཱཿཧཱུྃ། ལན་གསུམ། དེ་ནས་འཇིག་རྟེན་དང་ འཇིག་རྟེན་ལས་འདས་པའི་མགྲོན་ཐམས་ཅད་ལ་དམིགས་ནས། ཨ་ཀཱ་རོའི༴ སྔགས་ཁོ་ན་སྟོང་ཕྲག་གཅིག་གིས་བསྔོ ་ བ་ལས། སྔགས་བརྒྱ་བརྒྱ་སོང་བའི་མཚམས་སུ། མཆོད་སྦྱིན་གཏོར་མ་དམ་པ་འདིས། །འཕགས་པའི་ ཚོགས་རྣམས་མཉེས་གྱུར་ཅིག །དམ་ཅན་ཐུགས་དམ་སྐོང་གྱུར་ཅིག །རིགས་དྲུག་གཏོར་ མས་ཚིམ་གྱུར་ནས། །ལན་ཆགས་བུ་ལོན་ཁྱེ ར་བ་དང༌། །བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །དེ་ རྗེས་འབུད་དཀྲོ ལ་གྱི་སྒྲ་དང་བཅས་ཏེ། འདོད་དོན་གང་ཡིན་པ་དེ་གསོལ་བ་དྲག་ཏུ་བཏབ་བོ། ། གསུམ་པ་ནི། གཏོར་མ་དང་པོ། ༀ་བཛྲ་ཡཀྵཱ་ཧཱུཾ། གིས་བསངས། ༀ་བཛྲ་ཛྭ་ལ་ཨ་ན་ལ་ཧ་ན་ད་ཧ་པ་ 7-1-292 ཙ་མ་ཐ་བྷཉྩ་ར་ཎ་ཧཱུཾ་ཕཊ། ཀྱིས་སྦྱངས། ༀ་ཨ་ཀཱ་རོ་མུ་ཁཾ། སརྦ་དྷརྨ ་ཎཾ། ཨདྱ་ནུདྤནྣ་ཏྭཏ་ ཀྱིས་བྱིན་གྱིས་བརླབས། གཟུངས་རིང་ཚར་གཅིག་གི་མཐར། ཨུཥྞཱི་ཥ་བི་ཛ་ཡ་ས་པ་རི་བཱ་ར་བྷྱཿ ༀ་ཨ་ཀཱ་རོ༴ སོགས་བཏགས་པ་ལན་བདུན་གྱིས་ཕུལ། མཆོད་བསྟོད་བསྡུས་པ་བྱས་ལ། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་གསོལ་བ་བཏབ། རྒྱལ་ཆེན་བཞིའི་གཏོར་མ་གོང་བཞིན་བྱིན་གྱིས་བརླབས། ༀ་དྷྲི་ཏ་རཥྚ་ཡ་ༀ་ཨ་ཀཱ་རོ་སོགས་ལན་གསུམ། ༀ་ བི་རུ་དྷ་ཀ་ཡ། ༀ་བེ་རུ་པཱ་ཀྵ་ཡ། ༀ་བཻ་ཤྲ་བ་ཎཱ་ཡ། ཞེས་པ་རྣམས་ལའང༌། ཨ་ཀཱ་རོ་སྦྱར་བ་ལན་གསུམ་ གྱིས་ཕུལ། རྒྱལ་པོ་ཆེན་པོ་དཔལ་ལྡན་པ། །མར་གད་མདོག་ཅན་པི་ཝཾ་འཛིན། །དྲི་ཟའི་ཚོགས་ ལ་དབང་བསྒྱུར་བའི། །ཡུལ་འཁོར་སྲུང་ལ་ཕྱག་འཚལ་ལོ། །བདག་ཅག་དཔོན་སློབ་ཡོན་ མཆོད་ཐམས་ཅད་ཤར་ཕྱོགས་སུ་བདེ་ལེགས་སུ་གྱུར་ཅིག དཔའ་བོ་ཆེན་པོ་སྟོབས་པོ་ཆེ། །ཁ་དོག་སྔོ ན་པོ་རལ་གྲི་འཛིན། །གྲུལ་བུམ་ཚོགས་ལ་དབང་བསྒྱུར་བའི། །འཕགས་སྐྱེས་པོ་ ལ་ཕྱག་འཚལ་ལོ། །(ཉིན་དང་པོ་རྣམས་ལ་བདག་ཅག་དཔོན་སློབ༴ ཉིན་ཐ་མ་ལ་ལྷོ ་ཕྱོགས༴) ལྷོ ་ཕྱོགས་སུ་བདེ་ ལེགས་སུ་གྱུར་ཅིག མངའ་བདག་ཆེན་པོ་མཐུ་བོ་ཆེ། །ཁ་དོག་དམར་པོ་སྦྲུལ་ཞགས་འཛིན། །ཀླུའི་ཚོགས་ལ་དབང་བསྒྱུར་བའི། །མིག་མི་བཟང་ལ་ཕྱག་འཚལ་ལོ། །ནུབ་ཕྱོགས་སུ་བདེ་ ལེགས་སུ་གྱུར་ཅིག དེད་དཔོན་ཆེན་པོ་གསེར་མདོག་ཅན། །བེ་ཅོན་དང་ནི་ནེའུ་ལེ་འཛིན། །གནོད་སྦྱིན་ཚོགས་ལ་དབང་བསྒྱུར་བའི། །རྣམ་ཐོས་སྲས་ལ་ཕྱག་འཚལ་ལོ། །བྱང་ཕྱོགས་ སུ་བདེ་ལེགས་སུ་གྱུར་ཅིག མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་འདོད་དོན་ཞུ། དེ་ནས་ བར་འདིར་གཏོར་མ་ཆ་གསུམ་བཏང༌། རྗེས་ཆོག་ནི། མཆོད་པ་རྣམས་ཁ་གསོས་ལ། མཆོད་ཡོན་ཕལ་ཆེར༴ སོགས་ཀྱིས་ཚིགས་བཅད་དང་སྤེལ་བའམ། མ་སྤེལ་ཀྱང་རུང་སྟེ། ཨརྒྷཾ་ནས། ཤབྟའི་བར་གྱིས་མཆོད། བསྟོད་པ་རྒྱས་བསྡུས་གང་རུང་གིས་བསྟོད། བཅོམ་ལྡན་ འདས་མའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་དང༌། སངས་རྒྱས་དང་བྱང་ཆུབ་སེམས་ 7-1-293 དཔའ་ཐམས་ཅད་ཀྱིས། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ཀྱི། འགལ་རྐྱེན་བར་ཆད་ཐམས་ཅད་ཞི་བར་མཛད་དུ་གསོལ། མཆོག་དང་ཐུན་མོང་གི་དངོས་ གྲུབ་མ་ལུས་པ་ཐོབ་པར་མཛད་དུ་གསོལ། སྡིག་སྒྲིབ་མ་ལུས་པ་བྱང་ཞིང་དག་ནས། འཆི་ བ་མེད་པ་ཚེའི་དངོས་གྲུབ་ཐོབ་པར་མཛད་དུ་གསོལ། ཞེས་སོགས་འདོད་དོན་གསོལ་བ་བཏབ། བདག་ བསྐྱེད་ཀྱི་ལྷ་གཤེགས་སུ་གསོལ་བར་འདོད་ན། རྗེས་ཆོག་གི་སྔོ ན་དུ། བདག་བསྐྱེད་ཀྱི་ཡེ་ཤེས་པ་མདུན་དུ་བཞུགས་པར་གྱུར། ཞེས་བརྗོད་ལ། མཆོད་བསྟོད་མན་ཆད་ལྷན་གཅིག་བྱས་ན་ཟོར་ཡང་ཞིང་སོ་སོར་བྱེད་ན་མདུན་བསྐྱེད་ཀྱི་ལྷ་རྣམས་གཤེགས་སུ་ གསོལ་བའི་རྗེས་ལ་བྱེད་པ་ཡིན་ཡང༌། རྒྱུད་སྡེ་གོང་མའི་སྒྲུབ་པ་པོས་ནི། གཤེགས་སུ་མི་གསོལ་བ་ཉིད་བཟང་བར་མཐོང་ངོ༌། །དེ་ནས་ཡིག་བརྒྱ་མང་དུ་བཟླ། མ་འབྱོར་པ་དང༴ སོགས་ཀྱིས་བཟོད་པར་གསོལ། ༀ་ཁྱེ ད་ཀྱིས་སེམས་ཅན༴ སོགས་ཀྱིས་མགྲོན་རྣམས་གཤེགས་སུ་གསོལ། མཆོད་རྟེན་དང་རས་བྲིས་ལ་དམིགས་ནས་བརྟན་བཞུགས་བྱ། དགེ་བ་བསྔོ ་བ་ དང་ཤིས་བརྗོད་རོལ་མོ་དང་བཅས་པ་བྱ། ལས་ཀྱི་རྗེས་མི་མངོན་པར་བསྡུ་ཞིང༌། བུམ་ཆུས་སེམས་ཅན་ལ་ཕན་གདགས་པར་ བྱ་བ་ལས་དམིགས་གསལ་ཅན་ལ། ཁྲུས་ཀྱིས་རྗེས་སུ་བཟུང་དགོས་ན། དང་པོར་ཞི་བ་དང༌། ཞི་དྲག་ཕྱེད་མ་དང༌། དྲག་ པོའི་སྒོ་ནས་བགེགས་སྦྱངས། དེ་རྗེས་ཏིལ་ལམ་ཉུང་དཀར་གྱིས་སྡིག་སྒྲིབ་སྦྱང་བ་ཡང་བྱས་ན་ལེགས། དེ་ནས་སྙིང་ཁའི་འོད་ ཟེར་གྱིས། དཀྱིལ་འཁོར་མདུན་གྱི་ནམ་མཁར་སྐད་ཅིག་གིས་སྤྱན་དྲངས། མཆོད་བསྟོད་བསྡུས་པ་དང༌། བསྒྲུབ་བྱའི་དོན་ དུ་གསོལ་བ་འདེབས་པ་ཙམ་བྱས་ནས། ནམ་མཁའི་ལྷ་རྣམས་ཀྱིས་ཆོ་ག་མཛད་པར་མོས་ནས། དངོས་སུ་བཀྲུ་བྱབ་བསྲུང་ གསུམ། བཀྲ་ཤིས་དང་བཅས་པ་བྱ། ནམ་མཁའི་ལྷ་མཆོད་ནས་རང་བཞིན་གྱི་གནས་སུ་བཞུགས་པར་བསྒོམ། བཀྲུ་བྱབ་སྲུང་ གསུམ་གྱི་བྱ་བ་འདི་གཞན་དང་འདྲ་བའི་ཕྱིར། འདིར་ཞིབ་པར་མ་སྨོས་སོ། །བྱིན་རླབས་མཆོག་གི་གཟི་བྱིན་ཟླ་བྲལ་བས། །སྡིག་ འཕྲོག་མི་འགྱུར་ཚེ་ཡི་དཔལ་སྟེར་བ། །གང་གི་ཆོ་གའི་ལག་ལེན་གསལ་བོར་བཤད། །དགེ་བས་ཚེ་དཔག་མེད་པའི་གནས་ཐོབ་ ཤོག །ཅེས་པའང་ཤིན་ཏུ་ཉེར་མཁོར་མཐོང་ནས། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་སྨྲས་པའོ།། །། འདི་བྲིས་ལེགས་དགེས། །ཚེ་རབས་ཀུན་ཏུ། །ངེས་དོན་ཟབ་མོར། །ཇི་བཞིན་སྤྱོད་ཤོག ། 7-1-294 འདིར་སྨྲས་པ། ཆོས་དབྱིངས་རང་བྱུང་ཡེ་ཤེས་སྒྱུ་འཕྲུལ་གར། །རབ་དཀར་སྟོན་ཟླ་འབུམ་ལྟར་གསལ་བའི་སྐུ། །སྒྲིབ་ སེལ་ཚེ་མཆོག་སྩོལ་མཛད་རྣམ་པར་རྒྱལ། །ལྷག་ལྷར་གྱུར་ལ་སྒོ་གསུམ་གུས་ཕྱག་འཚལ། །རྒྱལ་བའི་ལུང་ཟིན་ཀུན་མཁྱེ ན་ཇོ་ ནང་པ། །གངས་རིའི་ལྗོ ངས་འདིར་རྫོགས་ལྡན་ཆོས་སྒྲ་བསྒྲགས། །དེ་སྤྲུལ་རང་ལུགས་སླར་གསལ་འབྱེད་མཁས་པ། །ཏཱ་ར་ནཱ་ ཐའི་ཞབས་པད་ལན་བརྒྱར་འདུད། །རྒྱལ་བ་གཉིས་པས་ལུང་བསྟན་འཛམ་ཐང་འདིར། །དབང་ལུང་གདམས་པ་ཐུགས་ཀྱི་བུམ་ བཟང་བསྐྱིལ། །ངེས་དོན་ལུགས་བཟང་སྨྲ་ལ་ཟླ་མེད་པ། །མ་ཏི་ཀིརྟིའི་ཞབས་པད་གཙུག་གིས་བསྟེན། །འགྲོ་བ་ཀུན་ལ་ཉོན་ མོངས་དུག་ནད་སེལ་བའི་སྨན་མཆོག་བདུད་རྩི་ལྟར། །མོས་པ་རྣམས་ལ་ཚེ་ཡི་དཔལ་སྟེར་འཆི་བདག་བདུད་ཚོགས་མ་ལུས་ འཇོམས། །འདིར་བརྩོན་ཡོངས་ལ་སྒྲིབ་ཀུན་སྦྱོང་ཞིང་བསོད་ནམས་བསགས་པའི་ཐབས་མཆོག་ཏུ། །རྣམ་རྒྱལ་གཙུག་ཏོར་ལྷ་ མོའི་བུམ་སྒྲུབ་ཆོ་ག་རྗེ་བཙུན་ཆེན་པོས་བརྩམས། །ད་ལྟའི་སྐབས་འདིར་རང་ཅག་འགྲོ་བ་ཡོངས་ཀྱིས་འདི་ལ་འབད་པར་རིགས། །དེ་ཡི་མཐུན་རྐྱེན་ལ་ཡང་འདོད་པ་འཇོ་བའི་དགོས་འདོད་ནོར་བུ་བཞིན། །པར་གྱི་སྦྱིན་བདག་ལེགས་བཞེངས་བྱེད་པོ་བཟང་ པོ་དཔལ་ལྡན་ཁོང་གི་དྲིན། །པར་ཚ་བཞེངས་དང་གཞན་ཡང་བགྱི་བ་གང་དགོས་བློ་བཟང་ཆོས་འཕེལ་ཉིད། །བླ་མ་རྣམས་ཀྱི་ དགོངས་པ་རྫོགས་ཕྱིར་དང༌། །ཡི་དམ་རྣམས་ཀྱི་ཐུགས་དམ་བསྐང་ཕྱིར་དང༌། །བདག་གཞན་རྣམས་ལ་བསོད་ནམས་བསགས་ ཕྱིར་དང༌། །སྐལ་ལྡན་རྣམས་ཀྱི་ཉམས་ལེན་བྱ་ཕྱིར་བསྐྲུན། །འདིར་བསགས་དགེ་བས་འབྲེལ་ཐོག་གང་ཡོད་དང༌། །ཡང་དགོས་ ནོར་བུ་བཀྲ་ཤིས་གཙོར་བྱས་པའི། །མཁའ་མཉམ་འགྲོ་ཀུན་སྲིད་པའི་རྒྱ་མཚོ་ལས། །མིག་འཕྲུལ་བཞིན་དུ་འབད་མེད་གྲོལ་ བར་ཤོག ཅེས་པའི་སྨོན་ཚིག་རྣམ་དག་འདི་གུ་ཎ་བྷ་དྲས་དཔལ་ལྡན་བླ་མ་དམ་པའི་ཞབས་ཏོག་ཏུ་དམིགས་ནས་བྲིས་པའོ།། །། ༀ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱཧཱ། 7-1-295 ༄༅། །རྣལ་འབྱོར་རྒྱུད་དང་བྱ་རྒྱུད་ཡན་ལ་ཐུན་མོང་དུ་ སྦྱར་རུང་ཆ་གསུམ་གྱི་གཏོར་ཆོག་མདོར་བསྡུས་ ཞེས་བྱ་བ་བཞུགས་སོ། ། ༄༅། །ༀ་སྭ་སྟི། གཏོར་མ་ཆ་གསུམ་དུ་གྲགས་པའི་ལག་ལེན་ལ། ཆོ་གའི་རིམ་པ་རྒྱས་འབྲིང་བསྡུས་གསུམ་དང༌། རྒྱུད་སྡེའི་དབྱེ་བས་བྱ་སྤྱོད་ཀྱི་ལུགས་དང་རྣལ་འབྱོར་རྒྱུད་ཀྱི་ལུགས་གཉིས་ཏེ། གསུམ་ལ་གཉིས་ཀྱིས་ཕྱེ་བས་རྒྱུད་གཞུང་ཁོང་ མ་རྣམས་ཀྱི་བསྟན་ཚོད་ལ་ཡང་རྩ་བའི་དབྱེ་བ་དྲུག་ཏུ་འགྱུར་ཞིང༌། བོད་སྔ་མ་རྣམས་ཀྱི་ལག་ལེན་ནི་མི་གཅིག་པ་མཐའ་ཡས་ པའང་ཡོད་ལ། དེ་དག་ལས་སྐབས་འདིར་རྣལ་འབྱོར་རྒྱུད་ཀྱི་ལུགས་ཆོ་ག་བསྡུས་པ་ནི་འདི་ལྟར་བྱ་སྟེ། འབྲས་ཡོས་བཅས་ ཤིང་ཏིལ་དང་བཅས། །འབྲས་ཆན་འབྲས་བུ་དག་དང་བཅས། །སྲན་ཆན་བཅས་ཤིང་ལ་དུ་དང༌། །སྣུམ་ཁུར་ལ་སོགས་བཟའ་བ་ རྣམས། །ཞེས་གསུངས་པ་ལྟར་རྒྱུ་ལ། གཏོར་མ་དང་པོ་དང་གཉིས་པ་ལྕོ ག་ཟླུམ་དཀར་གཏོར་རེ་དང༌། གསུམ་པ་བགེགས་ གཏོར་དབུས་སུ་ཤུ་ལུ་གཡས་གཡོན་དུ་ཏིང་ལོ་ཆང་བུ་བཅས་པའམ། མཐེབ་སྐྱུ་ཏིང་ལོ་ཆང་བུ་ཅན་བྱས་ཀྱང་རུང་སྟེ། ཤ་ཆང་ ལ་ཕུག་སོགས་ཀྱིས་ཀྱང་བརྒྱན་ནོ། །བདག་ཉིད་ལྷའི་ང་རྒྱལ་ལ་གནས་པས་གཏོར་མའི་ཆོ་ག་བྱ་སྟེ། ཞི་དྲག་ལ་ཁྱད་པར་མེད་ དོ། །མཆོད་ཡོན་དང་བཅས་པའི་ཉེར་སྤྱོད་ལྔ་ཡང་འགྲུབ་ན་ཚར་གསུམ་བཤམ། དེ་ཙམ་མ་གྲུབ་ན་ཚར་གཅིག་བཤམས་ལ་ ཁ་གསོས་ཀྱིན་མཐར་བགེགས་གཏོར་གྱི་གཏོར་སྣོ ད་དུ་བླུག་པ་ཡིན། ཤིན་ཏུ་བསྡུ་ན་མཆོད་པ་དེ་རྣམས་ཡིད་ཀྱིས་སྤྲུལ་པ་སྟེ། འོན་ཀྱང་དམིགས་པ་ལ་བརྟན་པ་ཐོབ་པ་ཡིན་ན་མ་གཏོགས། མཆོད་ཡོན་ལ་སོགས་པ་དངོས་སུ་བཤམ་དགོས་སོ། །མཆོད་པ་ བྱིན་རླབས་ནི་སྤྲོ་ན་ལོགས་སུ་བྱ་ལ། བསྡུ་ན་གཏོར་མ་བྱིན་རླབས་དང་ལྷན་ཅིག་དམིགས་པས་ཆོག་གོ །དེ་ལ་དང་པོ་ཕྱོགས་ སྐྱོང་གི་གཏོར་མ་ནི། རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱ་དང༌། ༀ་བཛྲ་ཡཀྵ་ཧཱུཾ། རྡོ་རྗེ་མེའི་ཕྱག་རྒྱ་དང༌། ༀ་བཛྲ་ཛྭ་ལ་ ཨ་ན་ལཱ་ཧ་ན་ད་ཧ་པ་ཙ་མ་ཐ་བྷཉྫཱ་ར་ཎ་ཧཱུཾ་ཕཊ། རྡོ་རྗེ་བསྡམས་པའི་ཕྱག་རྒྱས་འདེབས་ཚུལ་དང༌། ༀ་ཨ་ 7-1-296 ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཾ་ཨ་དྱ་ནུཏྤནྣ་ཏྭཏ། ཅེས་པས་བྱིན་གྱིས་བརླབས་པའོ། །ཡང་ན། ༀ་ཨ་མྲ ་ཏེ་ཧཱུཾ་ཕཊ། དང༌། སྭ་བྷཱ་ཝ་དང༌། ཨ་ཀཱ་རོ། གསུམ་གྱིས་བྱིན་རླབས་བྱས་ཀྱང་རུང་སྟེ། ཕྱི་མ་འདི་བྱ་སྤྱོད་ཀྱི་དཀྱིལ་འཁོར་ལ་ཆོ་ ག་རྣལ་འབྱོར་རྒྱུད་སོགས་རྒྱུད་སྡེ་གོང་མ་དང་མཐུན་རུང་དུ་བཀྲལ་བ་རྣམས་དང་སྦྱར་ན་ལེགས་སོ། །རང་གི་མདུན་དུ་བྷྲཱུཾ་ ལས་བྱུང་བའི་གཞལ་མེད་ཁང་ལྷའི་གདན་དང་བཅས་པར་གྱུར། རྡོ་རྗེ་གཡབ་ཅིང་དྲིལ་བསིལ་དང་ བཅས། ཧཱུཾ། མགོན་པོ་ཀུན་གཤེགས་ཐུགས་དམ་ཅན། །ད་ལྟ་སྙིགས་མ་ལྔ་ཡི་དུས། །གཤེགས་ ཤིང་བཞུགས་པའི་གནས་ངན་ཡང༌། །ཤཱཀྱའི་བསྟན་པ་བསྲུང་བ་དང༌། །བདག་ཅག་རྣམས་ ལ་ཕན་གདགས་ཕྱིར། །གནས་འདི་ཉིད་དུ་གཤེགས་སུ་གསོལ། །ཕྱོགས་བཅུའི་འཇིག་རྟེན་ སྐྱོང་བ་དབང་དང་ལྡན། །ཐུགས་རྗེ་ཐབས་མཁས་ཡི་དམ་བསྐྱིལ་པོ་ཆེ། །ལྷ་དང་དྲང་སྲོང་ ཡི་དྭགས་སྲིན་པོ་ཀླུ། །རིག་འཛིན་རྒྱལ་པོ་དང་ནི་གནོད་སྦྱིན་བདག །དེ་དག་སོ་སོའི་དབང་ པོའི་སྐུར་སྟོན་ཅིང༌། །ཕྱོགས་བཅུའི་འཇིག་རྟེན་སྐྱོང་བ་བཞུགས་སོ་འཚལ། །བསྟན་པ་རྒྱས་ པའི་སླད་དུ་སྤྱན་འདྲེན་ན། །འགྲོ་བའི་དོན་ཕྱིར་མཆོད་ཀྱི་གཤེགས་སུ་གསོལ། །ༀ་ཨེ་ཧྱེ ་ཧི་ དཱ་ཤ་དིཀ་ལོ་ཀ་པཱ་ལ་ས་པཱ་རི་ཝཱ་ར་ས་མ་ཡེ་སྭཱཧཱ། ཨེ་ཧྱེ ་ཧི། ཞེས་པ་ལན་མང་དུ་བརྗོད། ཤིན་ཏུ་བསྡུ་ན། ༀ་དཱ་ཤ་དིཀ་ལོ་ཀ་པཱ་ལ་ཨ་དྷི་པ་ཏི་ས་པ་རི་ཝཱ་ར་གྲ ཧྞེ་དམ་ཨརྒྷཾ་སྭཱཧཱ། དེ་བཞིན་དུ། པུཥྤཾ། ནས། ཤབྟའི་བར་གྱིས་མཆོད། ཅུང་ཟད་རྒྱས་པ་ལ་དགའ་ན། ༀ་ཨིནྡྲཱ་ཡ་སྭཱཧཱ། ༀ་ཨགྣ་ཡེ་སྭཱཧཱ། ༀ་ཡ་མཱ་ ཡ་སྭཱཧཱ། ༀ་ནེ་རི་ཏྱ་ཡ་སྭཱཧཱ། ༀ་ཝ་རུ་ཎཱ་ཡ་སྭཱཧཱ། ༀ་བཱ་ཡ་བཻ་སྭཱཧཱ། ༀ་ཀུ་བེ་རཱ་ཡ་སྭཱཧཱ། ༀ་ཨི་ཤཱ་ན་ཡེ་སྭཱཧཱ། ༀ་པྲཧྨ་ཎ་ཡེ་སྭཱཧཱ། ༀ་སུརྱཱ་ཡ་སྭཱཧཱ། ༀ་ཙནྡྲ་ཡེ་སྭཱཧཱ། ༀ་བཱ་སུ་དྷ་ རི་ཎྱཻ་སྭཱཧཱ། ༀ་ནཱ་ག་བྷྱཿསྭཱཧཱ། ༀ་ཨ་སུ་ར་བྷྱཿསྭཱཧཱ། གྲ ཧྞེ་དམ་ཨརྒྷཾ་སྭཱཧཱ། ཞེས་མཆོད་ཡོན་ ཕུལ། དེ་བཞིན་དུ། པུཥྤཾ་ནས། ཤ བྟའི་བར་གྱིས་ཉེར་སྤྱོད་འབུལ། དེ་ནས་དྲིལ་སྟབས་དང་བཅས། དབང་པོ་ རྡོ་རྗེ་འཆང་བའི་ལྷ། །ལྷ་ཡི་རྒྱལ་པོ་གདོན་གྱི་བདག །ཤར་ཕྱོགས་གདོན་གྱི་ཚོགས་བཅས་ ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །མེ་སྟེ་སྲེག་བྱ་ཟ་བའི་ལྷ། །དྲང་སྲོང་རྒྱལ་པོ༴ 7-1-297 ཤར་ལྷོ ་མེ་ལྷའི༴ མཆོད་ཅིང༴ གཤིན་རྗེ་བེ་ཅོན་འཆང་བའི་ལྷ། །མ་མོའི་རྒྱལ་པོ༴ ལྷོ ་ཕྱོགས་ གཤིན་རྗེའི༴ མཆོད་ཅིང༴ བདེན་དང་འབྲལ་བ་ལེགས་ལྡན་ལྷ། །སྲིན་པོའི་རྒྱལ་པོ༴ ལྷོ ་ ནུབ་སྲིན་པོའི༴ མཆོད་ཅིང༴ ཞགས་པ་ཐོགས་པ་ཆུ་ཡི་ལྷ། །ཀླུ་ཡི་རྒྱལ་པོ༴ ནུབ་ཕྱོགས་ཀླུ་ ཡི༴ མཆོད་ཅིང༴ རླུང་སྟེ་སྲོག་ཀྱང་འཛིན་པའི་ལྷ། །རིག་འཛིན་རྒྱལ་པོ༴ ནུབ་བྱང་རླུང་ལྷའི༴ མཆོད་ཅིང༴ གནོད་སྦྱིན་ལག་ན་དབྱུག་ཐོ་ཐོགས། །ནོར་སྲུང་རྒྱལ་པོ༴ བྱང་ཕྱོགས་གནོད་ སྦྱིན༴ མཆོད་ཅིང༴ དབང་དང་ལྡན་པ་འདྲེན་པའི་ལྷ། །འབྱུང་པོའི་རྒྱལ་པོ༴ བྱང་ཤར་དབང་ ལྡན༴ མཆོད་ཅིང༴ སྟེང་གི་ཚངས་པ་ཆེན་པོ་དང༌། །ཉི་མ་ཟླ་བ་གཟའ་ཆེན་པོ། །གཟའ་དང་ རྒྱུ་སྐར་ལྷར་བཅས་ལ། །མཆོད་ཅིང༴ འོག་གི་ཀླུ་དང་ས་ཡི་ལྷ། །ས་འཛིན་ལག་པ་ཆེན་པོ་ དང༌། །དམ་ཚིག་ཤེས་པའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད༴ ཞེས་པས་བསྟོད། ༀ་ ཨིནྡྲ་ཡ་སྭཱཧཱ། ནས། ཨ་སུ་ར་བྷྱཿསྭཱཧཱ། ན་མ་ཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ། གྲ ཧྞེ་དཾ་བཱ་ལ່་ཏ་ཡེ་སྭཱཧཱ། ཅེས་པ་ལན་གསུམ་མམ་བདུན་གྱིས་ གཏོར་མར་བཏབ། དེ་ནས་ཚིགས་བཅད་ཀྱིས་འབུལ་བ་ནི། དྲིལ་ཐབས་དང་བཅས། ཤར་ཕྱོགས་རྡོ་རྗེ་ཅན་གྱི་ལྷ་ ཚོགས་འཁོར་དང་བཅས། །གཏོར་མ་ཕུལ་བ་འདི་དག་བཞེས་སུ་སོལ། །མེ་དང་གཤིན་རྗེ་ བདེན་བྲལ་སྲིན་པོའི་བདག །ཆུ་བདག་རླུང་བདག་ནོར་གྱི་བདག་པོ་དང༌། །དབང་ལྡན་ལྷ་ སྟེ་འབྱུང་པོའི་བདག་པོ་དང༌། །སྟེང་གི་ཉི་ཟླ་ཚངས་པ་ཆེན་པོ་དང༌། །ལྷ་རྣམས་ཀུན་དང་ས་ ཡི་ཀླུ་རྣམས་དང༌། །རི་ཡི་ལྷ་དང་གཙང་མའི་ཚོགས་འདུས་ལ། །ས་ས་སོ་སོར་གཏོར་མ་ཕུལ་ བ་རྣམས། །རབ་ཏུ་དགྱེས་པ་ཡིས་ནི་བཞེས་ནས་ཀྱང༌། །རང་རང་ཕྱོགས་སུ་ལེགས་པར་ བཞུགས་ནས་སུ། །རང་གི་བུ་སྨད་མཛའ་བཤེས་གཉེན་འདུན་དང༌། །ནང་མི་དམག་དང་ དཔུང་བཅས་ཐབས་གཅིག་ཏུ། །མེ་ཏོག་ཕྲེང་བ་དྲི་དང་བྱུག་པ་དང༌། །བསྟོད་དང་གཏོར་མ་ མར་མེ་གུས་འབུལ་ན། །འདི་དག་བཞེས་ཏེ་བཏུང་ཞིང་གསོལ་ནས་སུ། །བདག་གི་ལས་ཀྱི་ 7-1-298 འབྲས་བུ་མཆིས་པར་མཛོད། ཅེས་དང༌། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ནས། ཤོག ཅེས་ཕྲིན་ལས་གཞོལ། ཆོས་རྣམས་གང་དག་རྒྱུ་ལས་བྱུང༌། །དེ་རྒྱུ་དེ་བཞིན་གཤེགས་པས་བསྟན། །རྒྱུ་ལ་འགོག་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་འདི་སྐད་གསུངས། །སྡིག་པ་ཅི་ཡང་མི་ བྱ་ཞིང༌། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་ སངས་རྒྱས་བསྟན་པ་ཡིན། །ལུས་ཀྱི་སྡོམ་པ་ལེགས་པ་སྟེ། །ངག་གི་སྡོམ་པ་ལེགས་པ་ཡིན། །ཡིད་ཀྱི་སྡོམ་པ་ལེགས་པ་སྟེ། །ཐམས་ཅད་དུ་ནི་སྡོམ་པ་ལེགས། །ཐམས་ཅད་སྲུང་བའི་ དགེ་སྦྱོང་དག །སྡུག་བསྔལ་ཀུན་ལས་ངེས་པར་གྲོལ། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ ཀུན་ཏུ་བྱུང༌། །ངོ་བོ་ཉིད་མེད་གནས་མེད་པ། །དེ་ལྟར་ཆོས་རྣམས་ཤེས་གྱིས་ལ། །སེམས་ ཅན་དོན་ནི་མཉམ་མེད་བྱོས། །འོན་ཀྱང་སྐྱོབ་པའི་སྲས་སུ་སྐྱེ། །ༀ་དཱ་ཤ་དིཀ་ལོ་ཀ་པཱ་ལ་ས་ པ་རི་ཝཱ་ར་གཙྪ། མཆོད་པ་གཏོར་སྣོ ད་དུ་བླུགས་ལ་ཕྱིར་བཏང་ངོ༌། ། གཉིས་པ་འབྱུང་པོ་སྤྱིའི་གཏོར་མ་ནི། གོང་བཞིན་བྱིན་གྱིས་རླབས་ནས། དྲིལ་ཐབས་དང་བཅས་ པས་རྡོ་རྗེ་གཡབ་ཅིང༌། ལྷ་དང་ལྷ་མིན་གནོད་སྦྱིན་ལྟོ་འཕྱེ་གྲུལ། །ནམ་མཁའ་ལྡི ང་དང་ འདབ་བཟང་ལུས་སྲུལ་པོ། །དྲི་ཟ་སྲིན་པོ་གདོན་གྱི་ཚོགས་རྣམས་དང༌། །གང་དག་ས་ལ་ གནས་པའི་རྫུ་འཕྲུལ་ཅན། །བུ་སྨད་བཅས་ཤིང་གཡོག་འཁོར་བཅས་རྣམས་ལ། །བདག་ གིས་པུས་མོ་ས་ལ་བཙུགས་ནས་སུ། །ཐལ་མོ་སྦྱར་ནས་ཁྱེད་ལ་གསོལ་འདེབས་ཀྱི། །གསན་ ནས་ཕན་གདགས་སླད་དུ་འདིར་གཤེགས་ཤིག །ༀ་ཨེ་ཧྱེ ་ཧི་ལོ་ཀ་ཀ་རཱ་ཡ་སརྦ་བྷཱུ་ཏ་ག་ཎེ་ ས་པ་རི་ཝཱ་ར་ས་མ་ཡེ་སྭཱཧཱ། ཨེ་ཧྱེ ་ཧི། ལན་མང་དུ་བརྗོད། ༀ་སརྦ་བྷཱུ་ཏ་ག་ཎེ་ས་པ་རི་ཝཱ་ར་གྲ ཧྞེ་ དམ་ཨརྒྷཾ་ནས། ཤབྟའི་བར་གྱིས་མཆོད། སྤྲོ་ན། དྲིལ་བསིལ་དང་བཅས་པས་སྡེ་བརྒྱད་སོ་སོའི་བསྟོད་པའམ། བསྡུ་ན། མཐུ་ལྡན་རང་གི་དམ་ཚིག་ལ་གནས་པའི། །ས་ཆུ་བར་སྣང་ས་འོག་མཁའ་ལ་སྤྱོད། །འཇིག་ 7-1-299 རྟེན་རྣམས་ལ་འཕེལ་ཟད་ལས་བྱེད་པ། །སྡེ་བརྒྱད་འབྱུང་པོའི་ཚོགས་ལ་བསྟོད་པར་བགྱི། །ༀ་དེ་བཱ་ནཱ་ག་ཡཀྵ་གནྡྷརྦྷ་ཨ་སུ་ར་ག་རུ་ཊ་ཀིནྣ་ར་མ་ཧོ་ར་ག་མ་ནུ་ཥྱ་ཨ་མ་ནུ་ཥྱ་ས་པ་རི་ཝཱ་ ར་ན་མ་ཿ སརྦ༴ སོགས་བཏགས་པ་ལན་གསུམ་སོགས་ཀྱིས་གཏོར་མར་བཏབ། དེ་ནས་ཚིགས་བཅད་ཀྱིས་འབུལ་བ་ནི། འབྱུང་པོ་གང་དག་རི་རབ་སྟེང་གནས་དང༌། །དགའ་བའི་ཚལ་དང་ལྷ་ཡི་གནས་རྣམས་དང༌། །ཤར་ནུབ་རི་དང་ཉི་ཟླའི་ཁྱི མ་རྣམས་དང༌། །རི་བོ་ཀུན་ལ་གང་དག་གནས་རྣམས་དང༌། །ཆུ་ བོ་ཀུན་དང་ཆུ་ཡི་མདོ་རྣམས་དང༌། །རིན་ཆེན་གླིང་ན་ལྷག་པར་གང་གནས་དང༌། །མཚོ་དང་ རྫིང་བུ་སྟེང་ཀ་ཆུ་ངོགས་དང༌། །གཡའ་ཆུ་སིལ་མ་ཅན་ལ་གནས་པ་དང༌། །གྲོང་དང་ཕྱུགས་ ལྷས་གྲོང་ཁྱེ ར་སྟོང་པ་དང༌། །ཁང་སྟོང་དག་དང་ལྷ་ཡི་ཁང་པ་དང༌། །གཙུག་ལག་ཁང་ངམ་ གྲོང་ཁྱེ ར་གནས་དག་གམ། །དཀའ་ཐུབ་གནས་དང་གླང་ཆེན་བྲེས་དང་ནི། །རྒྱལ་པོའི་དཀོར་ ཁང་དག་ན་གང་གནས་དང༌། །ལམ་སྲང་བཞི་མདོ་དག་དང་སུམ་མདོ་དང༌། །གང་དག་ལམ་ པོ་ཆེ་དང་ཤིང་གཅིག་དྲུང༌། །དུར་ཁྲོད་ཆེན་པོ་ནགས་ཚལ་ཆེན་པོ་དང༌། །སེང་གེ་དྲེད་དང་ གཅན་གཟན་གནས་དག་དང༌། །འབྲོག་ཆེན་འཇིགས་སུ་རུང་བར་གང་གནས་དང༌། །གང་ དག་གླིང་མཆོག་དག་ན་གནས་པ་དང༌། །ལྷུན་པོ་དུར་ཁྲོད་དག་ན་གནས་པ་རྣམས། །རབ་ཏུ་ དགེས་ཏེ་མགུ་བར་གྱུར་ནས་སུ། །མེ་ཏོག་ཕྲེང་བ་དྲི་དང་བདུག་པ་དང༌། །བསྟོད་དང་གཏོར་ མ་མར་མེ་གུས་འབུལ་ན། །འདི་དག་བཞེས་ཏེ་བཏུང་ཞིང་བསྣམས་ནས་སུ། །ལས་དེ་རྣམས་ ཀྱི་འབྲས་བུ་མཆིས་པར་མཛོད། །ཅེས་སོ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་ཕྲིན་ ལས་གཞོལ། ཆོས་རྣམས་གང་དག༴ སོགས་གོང་བཞིན་ནམ། དེ་བཞིན་གཤེགས་པ་རྟག་ཏུ་སྐྱེ་མེད་ ཆོས། །ཆོས་རྣམས་ཐམས་ཅད་བདེ་བར་གཤེགས་དང་འདྲ། །བྱིས་པའི་བློ་ཅན་མཚན་མར་ འཛིན་པ་ནི། །འཇིག་རྟེན་དག་ན་མེད་པའི་ཆོས་ལ་སྤྱོད། །ཅེས་པས་ཆོས་བཤད། ༀ་སརྦ་བྷཱུ་ཏ་ག་ ཎེ་ས་པ་རི་ཝཱ་ར་གཙྪ། ཞེས་མཆོད་པ་གཉིས་པ་གཏོར་མ་གཉིས་པར་བཏབ་ནས་ཕྱིར་བཏང་ངོ༌། ། 7-1-300 གསུམ་པ་བགེགས་གཏོར་ནི། གོང་བཞིན་བྱིན་རླབས་བྱས་ལ། འདོད་རྒྱལ་གྱི་ཕྱག་རྒྱ་བཅས་ཏེ། ན་མོ་རྗེ་བཙུན་ རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང༌། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས༴ སངས་རྒྱས༴ ཆོས་ཀྱི༴ དགེ་འདུན༴ གསང་ སྔགས་ཀྱི་རྒྱལ་པོ་ཁྲོ་བོ༴ གཟུངས་སྔགས་ཀྱི་རྒྱལ་མོ་ཁྲོ་མོ༴ དཔལ་མགོན་དམ་པ་ཆོས་སྐྱོང་ བའི་སྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ༴ བདེན་པ་ཆེན་པོའི་བྱིན་གྱིས་རླབས་ཀྱིས་བགེགས་ ཀྱི་རིགས་གང་ཡོད་པ་ཐམས་ཅད་ཕན་པ་བདེ་བ་བྱང་ཆུབ་ཀྱི་སེམས་དང་ལྡན་པས་སྐད་ཅིག་ ཐང་ཅིག་ཡུད་ཙམ་འདི་ཉིད་ལ་གཏོར་མ་ལེན་པའི་གནས་སུ་མཆིས་པར་གྱུར་ཅིག ༀ་ཊཀྐི་ ཧཱུཾ་ཛཿ ༀ་གུང་ཀ་རེ་གུང་ཀ་རེ་སྭཱཧཱ། ༀ་པི་ཙི་པི་ཙི་སྭཱཧཱ། ༀ་གུང་གུང་སྭཱཧཱ། གྲ ཧྞེ་དམ་ཨརྒྷཾ་ སྭཱཧཱ། དེ་བཞིན་དུ་སྦྱར་ཏེ། ཤབྟའི་བར་གྱིས་མཆོད། སྔགས་གསུམ་པོ་དེའི་མཐར། ན་མཿསརྦ༴ སོགས་བཏགས་པ་ ལན་བདུན་སོགས་ཀྱིས་གཏོར་མ་བསྔོ ས། གང་ཞིག་མཚན་མོར་རྒྱུ་བ་ཡི། །འབྱུང་པོ་རྣམས་དང་ཤ་ཟ་ དང༌། །སྲིན་པོ་ཤ་རྗེན་ཟ་བ་དང༌། །སེམས་ཅན་རྣམ་པ་སྣ་ཚོགས་དང༌། །ལྗོན་ཤིང་གེལ་བ་ སོགས་གནས་པ། །དེ་དང་དེ་ལ་གཏོར་མ་ནི། །བཟའ་བ་ཤ་ཆང་ལ་ཕུག་བཅས། །འབྲས་ ཆན་འབྲས་བུ་མང་པོ་ཡི། །གཏོར་མ་འདི་ཡིས་མགུ་བར་བྱོས། །གནོད་པའི་བསམ་པ་ཞི་བ་ དང༌། །སེམས་ཅན་ཀུན་ལ་ཕན་པའི་ཡིད། །དེ་རིང་ཕྱིན་ཆད་བསྐྱེད་པར་བགྱི། །རྒྱན་གྱིས་ བརྒྱན་པར་བྱས་ཀྱང་ཆོས་སྤྱོད་ཅིང༌། །དུལ་ཞིང་ཡང་དག་སྡོམ་ལ་ཚངས་པར་སྤྱོད། །འབྱུང་ པོ་ཀུན་ལ་ཆད་པ་སྤངས་པ་ནི། །དགེ་སློང་དགེ་སྦྱོང་དེ་ཡིན་བྲམ་ཟེའང་སྟེ། །མཚོན་ཆས་ མི་འཇིགས་གང་ཡང་མེད། །འཚོ་བའི་ཟས་ལ་ཀུན་ཀྱང་འདུ། །འཆི་བའི་སྲོག་ལ་ཀུན་ཀྱང་ འཛེམ། །རང་གི་ལུས་ལ་དཔེ་ལོངས་ལ། །གཞན་ལ་གནོད་པ་མ་བྱེད་ཅིག །ཆེན་པོའམ་ ཆུང་ངུ་གང་ཡང་རུང༌། །ལུས་ལ་མངོན་པར་གནོད་གྱུར་པའི། །ནད་དེ་རབ་ཏུ་ཕྱུང་མཛོད་ལ། །གདོན་ཁྱོ ད་རང་གི་གནས་སུ་སོང༌། །དེ་ལྟར་བདག་གིས་ཅི་ནུས་པའི། །མཆོད་དང་གཏོར་ 7-1-301 མ་ཕུལ་བ་ཡིས། །དམ་ཚིག་གནས་ལ་གནས་ནས་སུ། །བདག་གི་འདོད་པ་བསྐོང་བར་ མཛོད། །རྟག་ཏུ་དམ་ཚིག་ལ་གནས་ཤིང༌། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །ནད་དེ་རབ་ ཏུ་ཕྱུང་མཛོད་ལ། །གདོན་ཁྱོད་རང་གི་གནས་སུ་དེངས། །ཅེས་པ་ཙམ་མམ། སྤྲོ་ན་འདི་ལྟར། བདག་ གིས་དེ་རིང་ཁྱེ ད་མཆོད་ཀྱི། །སོང་ཅིག་བགེགས་ཆེན་འགྲོ་བར་གྱིས། །ཕྱིན་ཆད་དེ་ལྟར་མ་ བྱེད་ཅིག །ཁྱོ ད་ཀྱི་སྟོབས་དང་རྩལ་མཐོང་གི །ཁྱོ ད་ནི་བགེགས་ཀྱང་བྱེད་པར་ནུས། །ཁྱོ ད་ ནི་ལྷ་ཡི་སྤྲུལ་པ་སྟེ། །ཁྱོ ད་ནི་བགེགས་བྱེད་མི་ནུས་མིན། །སྔོ ན་ཆད་མཆོད་སྦྱིན་མ་ཐོབ་པ། །དེ་རིང་བདག་གིས་ཁྱོ ད་མཆོད་ཀྱི། །མེ་ཏོག་ཕྲེང་བ་སྤོས་དང་དྲི། །མར་མེ་གཏོར་མ་འདི་ ཁྱེ ར་ལ། །བགེགས་ཀྱི་དབང་པོ་འགྲོ་བར་གྱིས། །སྔོ ན་གྱི་ལན་ཆགས་ཡོད་ན་ཡང༌། །མཆོད་ སྦྱིན་འདི་ཡིས་བྲལ་བར་གྱིས། །དཀོན་མཆོག་གསུམ་གྱི་མཐུ་དག་དང༌། །དམ་ཚིག་ཉམས་ པའི་ཉེས་པ་ཡིས། །གནོད་པར་གྱུར་ན་མི་ལེགས་ཀྱི། །གེགས་བྱེད་ཁྱོ ད་ནི་ད་སོང་ཞིག །ཅེས་ བརྗོད་ཅིང༌། མཆོད་པ་རྣམས་གཏོར་མར་བཏབ་ལ་ཕྱི་རོལ་ཏུ་དོར། ༀ་སུམྦྷ་ནི་སུམྦྷཧཱུཾ། གྲ ཧྞ་གྲ ཧྞ་ཧཱུཾ། གྲ ཧྞ་པཱ་ཡ་གྲ ཧྞ་པཱ་ཡ་ཧཱུཾ། ཨཱ་ན་ཡ་ཧོཿབྷ་ག་ཝཱན་བིདྱ་རཱ་ཛ་ཧཱུཾ་ཕཊ་སྭཱཧཱ། ཅེས་པའམ། བདུད་རྩི་འཁྱི ལ་ བའི་སྔགས་རིང་ཐུང་གང་རུང་བརྗོད་ཅིང་མཚམས་བཅད་དོ། །འདི་དག་ལས་རོལ་མོའི་སྔགས་དང་འཕྲིན་བཅོལ་ལ་སྤྲོ་ན་རོལ་ ཆེན་ཡང་བྱ་ལ། གང་ཞིག་མཚན་མོར་རྒྱུ་བ་ཡི། །ཞེས་པ་མན་ཆད་རྔ་ཚིགས་བྱེད་པའང་ཡོད་དོ། །བགེགས་གཏོར་གྱི་མཐའི་ཚམ་ རྔམ་གྱི་སྐབས་འདིར་ལྷ་ཞི་བའི་རྣལ་འབྱོར་ཁོ་ན་ལ་གནས་པས་ཀྱང་ངེས་པར་རུང་མོད་ཀྱི། རང་ཉིད་ཞི་བར་གསལ་བ་ཡིན་ན་ ཐུགས་ཀ་ནས་ཁྲོ་བོ་སྤྲོ་བ་སོགས་ཀྱི་དམིགས་པ་བྱེད་པ་འགའ་ཞིག་གི་ལག་ལེན་དུ་ཡང་སྣང་བ། རྣམ་པ་གསལ་བ་ཙམ་ཡིན་ལ། སྤྱིར་འདི་ནི་བགེགས་ལ་གཏོར་མ་སྦྱིན་པ་ཙམ་ཡིན་པ་དང༌། མཚམས་གཅོད་ཀྱང་རང་ཉིད་ལ་སྲུང་བའི་དོན་ཡིན་ཞིང༌། འདྲེ་ འདུལ་བྱེད་པའི་སྐབས་མ་ཡིན་པ་གོ་བར་བྱའོ། །མཇུག་ཏུ་སྨོན་ལམ་དང་བཀྲ་ཤིས་ཅི་རིགས་པ་བརྗོད་དོ། །དེ་ལྟར་ན་ཆ་གསུམ་ གྱི་གཏོར་ཆོག་མདོར་བསྡུས་འདི་ཡང་སློབ་མ་བྱམས་པ་ཀུན་དགའ་ལ་སོགས་པས་བསྐུལ་བའི་ངོར་ཏཱ་ར་ནཱ་ཐས་ནགས་རྒྱལ་གྱི་ དབེན་གནས་སུ་སྨྲས་པའོ།། །། 7-1-302 རབ་དཀར་འདི་སྐྲུན་པས། །མ་ལུས་འགྲོ་ཚོགས་ཀྱི། །གནས་སྐབས་མཐར་ཐུག་གི །དཔལ་ཡོན་མཐའ་མེད་ཤོག །སྒྲོལ་ མགོན་གྱིས་མཛད་ཆ་གསུམ་ལག་ལེན་གང༌། །པར་དུ་ལེགས་བསྐྲུན་དགེ་འདིས་དུས་ཀྱི་མཐར། །བསྟན་འགྲོའི་རྨད་བྱུང་ཕུན་ ཚོགས་སྤེལ་བའི་ཆེད། །དཀར་ཕྱོགས་དབུ་འཕང་མཐོ་བའི་རྐྱེན་དུ་ཤོག། །། 7-1-303 ༄༅། །རྗེ་བཙུན་ཏཱ་ར་ནཱ་ཐས་མཛད་པའི་རྣམ་རྒྱལ་བུམ་སྒྲུབ་ཀྱི་ དབང་ཆོག་འགྲོ་ཕན་སྤེལ་བྱེད་ བཞུགས་སོ། ། ༄༅། །ༀ་སྭ་སྟི། རྨད་བྱུང་ཡེ་ཤེས་དྭངས་མའི་མཚར་སྡུག་གིས། །རབ་དཀར་སྟོན་ཟླ་འབུམ་ལྟར་གསལ་བའི་སྐུ། །སྒྲིབ་སེལ་ཚེ་ཡི་དཔལ་སྟེར་རྣམ་པར་རྒྱལ། །འཕགས་མ་མཆོག་གིས་དགེ་མཚན་ཆར་དུ་ཕོབ། །གང་དེ་བསྙེན་ཅིང་མཆོད་སྒྲུབ་ ལ་བརྟེན་ནས། །གཤིན་པོ་རྗེས་འཛིན་སྡིག་སྦྱོང་ཆོ་གའི་ཐབས། །སྨིན་བྱེད་དབང་བསྐུར་བྱེད་ཚུལ་དང་བཅས་པར། །འདི་ན་ཇི་ བཞིན་འཆད་འདོད་སྤྲོ་བ་སྐྱེས། །དེ་ལ་འདིར་དཔལ་ལྡན་ལྷ་མོ་གཙུག་ཏོར་རྣམ་པར་རྒྱལ་མ་ལྷ་དགུའི་བསྙེན་མཆོད་རྗེ་བཙུན་ རིན་པོ་ཆེས་མཛད་པའི་སྒྲུབས་ཐབས་བུམ་ཆོག་ལ་བརྟེན་ནས་དཀྱུས་བཞིན་བདག་འཇུག་ལྷོ་སྒོ་དབང་བསྐུར་བྱེད་ཚུལ་ལ་ གསུམ་སྟེ། སྦྱོར་བ། དངོས་གཞི། རྗེས་དང་གསུམ་ལས། དང་པོ་ནི། འདིར་བཤད་བྱའི་མཆོད་ཆོག་ལ་ཉེར་མཁོའི་སྦྱོར་ བ་སྟེགས་བུ་ཇི་ལྟར་འཚམས་པའི་སྟེང་དུ་བུམ་པ་སྤྱི་མཐུན་བཤམས་པའི་ཁར་ལྷ་འདིའི་གཟུངས་སྔགས་ཀྱི་སྙིང་པོ་ཅན་གྱི་རྣམ་ རྒྱལ་མཆོད་རྟེན་ཆེན་མོ་བཞུགས་སུ་གསོལ་ཞིང༌། དེའི་གཡས་གཡོན་གང་བདེར་ལྷ་འདིའི་འདས་གཏོར་ཟླུམ་གཏོར་རྒྱན་ལྡན་ དང༌། མདུན་ཕྱོགས་སུ་སྟེགས་མཐོ་བ་ལྟ་བུའི་ཁར་དུང་ཆོས་ཀྱི་ནང་དུ་མཆོད་ཡོན་ཆུ་གཙང་ལ་འོ་མ་དང་མེ་ཏོག་དཀར་པོ་བཏབ་ པ་བཞགམཆོད་པ་གཞན་བཤམ་ཚུལ་རྣམ་རྒྱལ་སྒྲུབ་ཆོག་ཏུ་གོང་མའི་ཕྱག་བཞེས་སྣ་ཚོགས་གསུངས་ན་ད་ལྟར་གྱི་དུས་བསྟུན་ འདིར་ཉེར་མཁོ་ཙམ་ལ་དེ་དག་གི་མདུན་ཉེར་སྤྱོད་ཕྲེང་བསྒྲིག་སྤྱི་ལྟར་དང༌། དཀྱིལ་འཁོར་ཕྱོགས་བཞིར་རྒྱལ་ཆེན་བཞིའི་ གཏོར་མ་བཞགཆ་གསུམ་གཏོར་མའང་གང་བདེར་བཤམས་པ་དང༌། གཞན་ཡང་མིག་དར། མེ་ཏོག སྣ་བདུན། རྫས་བརྒྱད་ ཀྱི་ཙ་ཀ་ལི། སྦྱངས་ཆས་ཅི་དགོས་སོགས་ལྷོ ་སྒོའི་ཆས་འདུ་བྱ་བ་ཙམ་ཡིན་ལ། ཆོ་ག་འདི་སྟོང་མཆོད་དང་འབྲེལ་ན་ལྷ་བཤོས་ 7-1-304 མར་མེ་སོགས་སྟོང་ཚན་ལྔ་རེ་བཤམ་པའི་ཚུལ་དང༌། དཀྱིལ་འཁོར་དུ་བཤམ་བཀོད་ཀྱི་ཚུལ་འདྲ་མིན་ཡོད་པ་དག་ནི་སྒྲུབ་ཆོག་ གཞུང་དུ་གསལ་བ་ལྟར་བྱ་དགོས་ནའང་དེ་དག་གི་ཚུལ་ཞིབ་པར་རེ་ཞིག་འདིར་སྨོས་པ་སྐབས་སུ་མ་བབ་ལ། དེ་འདྲའི་དཀྱུས་ ལྟར་གྱི་སྦྱོར་བ་འདི་ནི་མཁོ་ཙམ་ལེགས་གྲུབ་བྱ་དགོས་པའོ། །གཉིས་པ་དངོས་གཞིའི་རིམ་པ་ལ། བདག་བསྐྱེད་བསྙེན་བཟླས། མདུན་བསྐྱེད་བུམ་སྒྲུབ། གཏོར་མ་འབུལ་བ། བདག་འཇུག་དབང་བླང༌། ལྷོ ་སྒོ་དབང་བསྐུར་བཅས་ཀྱི་ཚུལ་དང་ལྔ་ལས། དང་པོ་ལ། སྔོ ན་འགྲོ། དངོས་གཉིས་ལས། དང་པོ་ནི་སྒྲུབ་པོ་གང་དག་གིས་ཁྲུས་དང་གཙང་སྦྲ་བཅས་མཆོད་ཡུལ་ཡིད་ཀྱིས་ དམིགས་པའི་ངང་ཕྱག་མཆོད་སོགས་ཆོས་སྤྱོད་ལས་བྱུང་བ་ལྟར་དང༌། བསྙེན་གནས་བླང་ཚུལ་སྒྲུབ་ཆོག་ལྟར་བྱས་ནའང་ཆོག་ མོད། འོན་ཀྱང་འདིར་མ་གྲུབ་ན་མི་ཆོག་པ་མེད། གཉིས་པ་དངོས་ནི། ཐོག་མར་བརྒྱུད་འདེབས་དང༌། དེ་ནས་བདག་བསྐྱེད་ མཆོད་པ་བྱིན་རླབས་ནས་བཟུང་ཉེར་བསྡུས་བར་སྒྲུབ་ཐབས་བུམ་ཆོག་གཞུང་བཞིན་ལས་བསྙེན་པའི་གོ་རིམ་གཟུངས་རིང་དང་ སྔགས་ཐུང་གཉིས་དང་ཚེ་སྤེལ་སྔགས་དང་བཅས་སྐབས་བསྟུན་གྱི་བསྙེན་བཟླས་གྲུབ་རྗེས་དཀྱིལ་འཁོར་སྙིང་ཁར་ཐིམ་པའི་ བར་ཡོངས་སུ་རྫོགས་པར་བཏང་ངོ༌། ། གཉིས་པ་མདུན་བསྐྱེད་བུམ་སྒྲུབ་ནི། བུམ་པ་དང་དེའི་སྟེང་གི་མཆོད་རྟེན་བཅས་ལ་དམིགས་ཏེ། ཨ་མྲ໏་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་དང༌། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་ དུ༴ སོགས་ནས་མདུན་བསྐྱེད་སྐབས་ཇི་བཞིན་ལས། རིན་ཆེན་འབྱུང་ལྡན་གྱིས་དབུ་བརྒྱན། ཞེས་པའི་བར་ བྱའོ། །དེ་ནས་མཆོད་བསྟོད་བཟླས་པ་བཅས་ནི། མཆོད་པ་བྱིན་རླབས་ནས་བཟུང་མཆོད་པ་དཀྱུས་ཀྱི་བར་རྫོགས་པར་བྱ། སྟོང་ མཆོད་དང་འབྲེལ་ན་འདིར་སྒོས་མཆོད་སྟོང་ཚན་ལྔ་པོ་བྱིན་རླབས་འབུལ་བ་བཅས་ཐོབ་ཐང་ཡིན་ཡང་ད་སྐབས་མི་དགོས་པས། དེ་ལས་གཞན་ཡང་མཆོད་པའི་ཚོགས་ཞེས་པ་མན་ཆད་ནས་བསྟོད་པ་སོང་ནས། མདུན་བསྐྱེད་ཐུགས་ ཀར་སྣ་ཚོགས་རྡོ་རྗེའི༴ སོགས། སྭཱཧཱའི་བར་བསྙེན་དམིགས་བཅས་ཀྱིས་བཟླས་པ་གཟུངས་རིང་གཙོ་བོ་དང༌། ཚེ་ གཟུངས་དང༌། (འདིའི་སྲུང་སྔགས་ཀྱང་ལན་བདུན་ཙམ་བཟླ་ན་ལེགས་ཤིང་དེ་སྐབས་བདག་མདུན་གང་ཡིན་ཀྱང་ཐུགས་ སྲོག་མཐར་ནང་དུ་སྲུང་སྔགས་དང་ཕྱིར་རྩ་སྔགས་སྔགས་ཐུང་བཅས་ཀྱི་ཕྲེང་བ་སྦྲུལ་འཁྱིལ་བའི་རྣམ་པར་གསལ་འདེབས་པ་ ཡིན།) སྔགས་ཐུང་གཉིས་བཅས་སྐབས་བསྟུན་མདུན་བསྐྱེད་དཀྱུས་ཀྱི་བཟླས་པ་དང༌། མཆོད་བསྟོད་བསྡུས་པ་ཞིག་ཀྱང་བྱ་ལ། 7-1-305 སྟོང་མཆོད་དང་འབྲེལ་ཚེ་ཡང་འདིར་མཆོད་བསྟོད་རྗེས་སུ་བུམ་དམིགས་བཅས་ཕྱག་སོགས་ཀྱི་སྒོ་ནས་གཟུངས་བཟླས་སྟོང་ གྲངས་དགོས་མོད། ད་ལན་དེ་མི་དགོས་པའི་ལུགས་ལྟར་ན་དབང་སོགས་ཀྱི་དོན་དུ་བུམ་ཆུ་ལ་སྒོས་སུ་དམིགས་ཏེ། མདུན་ བསྐྱེད་བཅོམ་ལྡན་འདས་མའི་སྐུ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་ཡོངས་སུ་གང་ བར་གྱུར། པར་བསམ་པའི་ངང་ནས་བུམ་བཟླས་ཀྱི་ཚུལ་དུ་གོང་ལྟར་གཟུངས་རིང་དེ་ཉིད་ལོང་སྐབས་དང་མཐུན་པར་ཅི་ རིགས་རེ་བཟླས་མཐར་མཆོད་བསྟོད་བསྡུས་པ་བྱས་པས་བུམ་པའི་སྒོས་བཟླས་སུ་འགྱུར་ཞིང༌། དེ་མི་སྤྲོ་ན་གོང་མདུན་བསྐྱེད་ བཟླས་པ་དང་མཉམ་དུ་བྱའོ། ། གསུམ་པ་གཏོར་མ་འབུལ་བ་ནི། སྟོང་མཆོད་དང་འབྲེལ་ཚེ་འདིར་གཏོར་མ་བྱིན་རླབས་རྒྱས་འབུལ་སྟོང་གྲངས་དགོས་ ནའང་ད་སྐབས་མི་དགོས་པའི་དབང་གིས་དཀྱུས་ཀྱི་གཏོར་མ་དང་པོ་ལ་དམིགས་ཏེ། ༀ་བཛྲ་ཡཀྵ་ཧཱུཾ། གིས་བསངས་ པ་ནས་བཟུང༌། འདས་གཏོར་དང༌། རྒྱལ་ཆེན་བཞིའི་གཏོར་མ་གཞུང་བཞིན་རིམ་པས་སོང་རྗེས་སུ་ཆ་གསུམ་གཏོར་མ་ཡང་ བཏང་ངོ༌། ། བཞི་པ་བདག་འཇུག་དབང་བླང་གི་རིམ་པ་ལ། ཐོག་མར་དཀྱིལ་འཁོར་དུ་འཇུག་པའི་དོན་དུ་མཎྜལ་ཕུལ། དེ་ནས། དགའ་ཆེན་ཁྱོ ད་བདག་སྟོན་པ་སྟེ། །སོགས་ལན་གསུམ་གྱིས་གསོལ་བ་བཏབ། རྒྱུན་བཤགས་ཀྱི་དོན་དུ། དཀོན་ མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ལན་གསུམ་བརྗོད་ལ། ༀ་ཙཀྵུཿབནྡྷ་ཝཱ་ར་ཨ་མ་ནཱ་ ཡ་ཧཱུཾ།གིས་གདོང་བཅིང༌། ཨཱ་ཁཾ་ཝཱི་ར་ཧཱུཾ། གིས་མེ་ཏོག་གི་ཕྲེང་བ་གཏད། དཀྱིལ་འཁོར་གྱི་གཙོ་མོ་བཅོམ་ ལྡན་འདས་མའི་ཐུགས་ཀ་ནས་སྤྲུལ་པའི་ཁྲོ་བོ་བདུད་རྩི་འཁྱིལ་བའི་ཚོགས་ཀྱིས་བགེགས་ བསྐྲད་པར་གྱུར། ཨ་མྲ ་ཏའི་སྔགས་བརྗོད། རིགས་དང་འདུན་པ་བརྟག་པའི་སླད་དུ། བུ་ཁྱོ ད་སུ་ཡིན་ཅི་ལ་ དགའ། ཞེས་དྲིས་པ་ལ། སྐལ་བཟང་བདག་བདེ་བ་ཆེན་པོ་ལའོ། །ཞེས་པས་ལན་བཏབ། སླར་མཐར་ཐུག་ གི་དོན་གཉེར་བརྟག་སླད། དེ་ཡིས་བུ་ལ་ཅི་ཞིག་བྱ། ཞེས་དྲིས་པ་ལ། སངས་རྒྱས་མཆོག་གི་དམ་ཚིག་ གོ །ཞེས་པས་ལན་བཏབ། རང་གི་སྙིང་གར་ཀུན་རྫོབ་བྱང་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་ གྱི་སྟེང་དུ་དོན་དམ་བྱང་སེམས་ཀྱི་ངོ་བོ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་འཁོད་པར་གྱུར། ༀ་སརྦ་ཡོ་ 7-1-306 ག་ཙིཏྟཱ་ཨུཏ་པཱ་ཏ་ཡ་མི། ཞེས་དང༌། རྡོ་རྗེ་སྙིང་གར་གཏུགས་ལ། སྭ་ར་ཏི་ས་མཱ་ཡ་སྟྭཾ། ཧོ་སིདྡྷིཿབཛྲ་ཡཱ་ ཐ་སུ་ཁཾ། ཞེས་པས་བྱང་ཆུབ་ཀྱི་སེམས་གཉིས་བརྟན་པར་བྱས། རྡོ་རྗེ་མགོ་བོར་བཞག་ལ། དེང་ཁྱོ ད་དཔལ་ལྷ་མོ་ ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱི། ལྷ་མོའི་མཆོག་ཏུ་གསང་བ་ཆེན་པོ་འདི། དཀྱིལ་འཁོར་ དུ་མ་ཞུགས་པ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། མ་དད་པ་རྣམས་ལ་ཡང་མ་ཡིན་ནོ། །ཞེས་ པས་གསང་བར་གདམས། གཙོ་མོས་སྤྲུལ་པའི་ལས་བྱེད་ཀྱིས་ཕྱག་གི་རྡོ་རྗེ་ལ་འཇུས་ཏེ། དཀྱིལ་འཁོར་གྱི་ཤར་སྒོའི་དྲུང་དུ་ རང་ཉིད་ཁྲིད་པར་མོས་ལ། ཧཱུཾ་ཛཿཧཱུཾ། ཞེས་པས་ཡོལ་བ་བསལ་ནས་ལྷ་ཚོགས་ལ་ཕྱག་འཚལ་བར་མོས་བཞིན། ༀ་ ན་མ་ཏེ་ཧཱུྃ། ༀ་ན་མ་མེ་ཧཱུྃ། ༀ་ན་མོ་ན་མཿཧཱུྃ། ཞེས་བརྗོད། དེ་ནས་ཡེ་ཤེས་དབབ་པའི་དོན་དུ་མཎྜལ་ ཕུལ། དཔལ་ལྡན་ལྷ་མོ་འཁོར་དང་བཅས་པ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག བདག་ལ་ འཆི་མེད་ཚེའི་དངོས་གྲུབ་མ་ལུས་པ་བསྩལ་པ་དང༌། བཅོམ་ལྡན་འདས་མ་གཙུག་ཏོར་རྣམ་ པར་རྒྱལ་མའི་ཡེ་ཤེས་མཆོག་ཉིད་དབབ་པར་མཛད་དུ་གསོལ། ཞེས་པས་གསོལ་བ་ལན་གསུམ་ བཏབ། རང་ཉིད་སྐད་ཅིག་གིས་གཙུག་ཏོར་རྣམ་པར་རྒྱལ་མའི་སྐུར་གསལ་བའི་སྙིང་ཁར་ཟླ་ བ་ལ་གནས་པའི་བྷྲཱུཾ་ཡིག་ལས་འོད་ཟེར་འཕྲོས་པ་དང༌། དཀྱིལ་འཁོར་གྱི་གཙོ་མོའི་ཐུགས་ ཀའི་བྷྲཱུཾ་ཡིག་ལས་ཀྱང་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས། མདུན་བསྐྱེད་དཀྱིལ་འཁོར་གྱི་ ལྷ་ཚོགས་ཐམས་ཅད་དང༌། གཞན་ཡང་ཕྱོགས་བཅུའི་ཞིང་རབ་འབྱམས་ན་བཞུགས་པའི་ སངས་རྒྱས་བྱང་ཆུབ་སེམས་དཔའ། འཕགས་པ་ཉན་ཐོས་དང༌། རང་སངས་རྒྱས་དང༌། གྲུབ་པ་རིག་པ་འཛིན་པའི་ཚོགས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང༌། ཡོན་ ཏན་དང༌། ནུས་མཐུ་ཐམས་ཅད་དང༌། ལྷ་ཀླུ་གནོད་སྦྱིན་མི་དང་མི་མ་ཡིན་ཐམས་ཅད་ཀྱི་ ཚེ་དང་བསོད་ནམས་མཐུ་སྟོབས་མ་ལུས་པ་དང༌། ནོར་བུ་དང་སྨན་དང༌། རིག་སྔགས་དང་ བཅུད་ལེན་དང༌། གྲུབ་པའི་རྫས་རྣམས་གཙོ་བོར་གྱུར་པ་འབྱུང་བའི་ཁམས་ཐམས་ཅད་ཀྱི་ བཀྲག་མདངས་བཅུད་དེ། མདོར་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྣོ ད་བཅུད་ 7-1-307 བརྟན་གཡོ་ཐམས་ཅད་ཀྱི་དྭངས་མ་མི་ཤིགས་པའི་ངོ་བོ་རྣམས་འཆི་མེད་ཡེ་ཤེས་ཀྱི་བདུད་ རྩིའི་རང་བཞིན་ཚེ་ལྷ་གཙུག་ཏོར་རྣམ་པར་རྒྱལ་མའི་སྐུའི་རྣམ་པར་བསྡུས། ནམ་མཁའི་ དབྱིངས་ལས་ཁ་བ་བུ་ཡུག་འཚུབ་པ་ལྟར་ཕྱོགས་ཐམས་ཅད་ནས་བྱོན་ཏེ། རང་གི་བ་སྤུའི་བུ་ ག་ཐམས་ཅད་ནས་ཞུགས་ཤིང་འདྲེས། ལུས་ཀྱི་ནང་ཐམས་ཅད་འཆི་མེད་ཡེ་ཤེས་ཀྱི་བདུད་ རྩི་དང༌། འོད་ཟེར་དཀར་པོའི་རྣམ་པས་གང༌། སྡིག་སྒྲིབ་ཐམས་ཅད་བྱང༌། ལུས་སེམས་ ཐམས་ཅད་བདེ་བས་ཁྱབ་པར་གྱུར། སྙིང་པོ་སྔགས་ཐུང་གཉིས་ཀྱི་མཐར། ༀ་བཛྲ་ཨཱ་བེ་ཤ་ཡ་ ཨཿཨཿཨཿཨཿ ཞེས་པ་བཟླས་ཤིང་སྤོས་རོལ་བྱ། དེ་ནས་རང་གི་སྤྱི་བོར་གཙོ་མོའི་ལས་བྱེད་ཀྱིས་སྣ་ཚོགས་རྡོ་རྗེ་བཞག་ བཞིན། ཏིཥྛ་བཛྲ། ཞེས་ལན་གཉིས་ཀྱིས་ཡེ་ཤེས་བརྟན་པར་བྱས་ནས། ༀ་པྲ་ཏཱིཙྪ་བཛྲ་ཧོས་གཙོ་མོའམ་རིགས་ ཀྱི་ལྷ་ལ་མེ་ཏོག་དོར། དེ་གང་རུང་གིས་མེ་ཏོག་བཞེས་ནས་སྔགས་ཕྲེང་དུ་བྱིན་གྱིས་བརླབས་ནས་སླར་རང་གི་མགོར་བཅིངས་ ཏེ། པྲ་ཏི་གྲ ཧྞཱ་སྟྭཾ། ཨེ་མཾ་ས་ཏྭ་མ་ཧཱ་བ་ལ། ༀ་དཔལ་ལྡན་ལྷ་མོས་དེང་ཁྱོ ད་ཀྱི། །མིག་འབྱེད་ པར་ནི་བརྩོན་པར་མཛད། །ཕྱེ་བས་ཐམས་ཅད་མཐོང་འགྱུར་པ། །རྡོ་རྗེའི་མིག་ནི་བླ་ན་མེད། ༀ་ཛྙཱ་ན་ཙཀྵུ་ཧཱུྃ་ཨ། ཞེས་བརྗོད་དེ་གདོང་གཡོགས་བཀྲོ ལ། ཧེ་བཛྲ་པ་ཤྱ། ཞེས་ལྟ་བར་བསྐུལ་ཏེ། དཔལ་ལྷ་ མོའི་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ཐམས་ཅད་མངོན་སུམ་བཞིན་དུ་གསལ་ བར་གྱུར། དེ་ནས་དབང་གི་དངོས་གཞིའི་དོན་དུ་མཎྜལ་ཕུལ། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་སྦྱིན་ ཇི་ལྟར་བསྩལ་པ་ལྟར། །བདག་ཀྱང་སྐྱབས་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་ སྩོལ། །ལན་གསུམ་གྱིས་གསོལ་བ་བཏབ། དཀྱིལ་འཁོར་གྱི་ཤར་གྱི་ལྷ་རྣམས་ལ་དབང་སྟེགས་རིན་ པོ་ཆེའི་ཁྲིའི་སྟེང་དུ། པདྨ་དང་ཟླ་བའི་གདན། དེའི་སྟེང་གི་ཕྱོགས་སུ་གདུགས་དཀར་པོ་ གསེར་གྱི་ཡུ་བ་ཅན། མཐའ་བསྐོར་དུ་རྒྱལ་མཚན་དང་བ་དན་དང༌། རོལ་མོ་ལ་སོགས་པ་ མཆོད་པའི་ཡོ་བྱད་དཔག་ཏུ་མེད་པས་བསྐོར་བ། གདན་དེ་ཉིད་ཀྱི་སྟེང་དུ་རང་ཉིད་བྷྲཱུཾ་ལས་ གཙུག་ཏོར་རྣམ་པར་རྒྱལ་མ་སྐུ་མདོག་དཀར་མོ་ཞལ་གསུམ་ཕྱག་བརྒྱད་མ། རྩ་ཞལ་དཀར་ 7-1-308 བ། གཡས་སེར་བ། གཡོན་སྔོ ་ཞིང་ཡུད་ཙམ་ཁྲོ་བ། ཞལ་རེ་རེ་ཞིང་ཞི་བའི་སྤྱན་གསུམ་ གསུམ་དང་ལྡན་པ། ཕྱག་གཡས་ཀྱི་དང་པོས་སྣ་ཚོགས་རྡོ་རྗེ་ཐུགས་ཀར་འཛིན་པ། གཉིས་ པས་པདྨའི་སྟེང་དུ་འོད་དཔག་ཏུ་མེད་པ་བཞུགས་པ་བསྣམས་པ། གསུམ་པས་མདའ། བཞི་པས་མཆོག་སྦྱིན་གྱི་ཕྱག་རྒྱ་མཛད་པ། གཡོན་དང་པོས་ཞགས་པ་དང་བཅས་པའི་ སྡིགས་མཛུབ། གཉིས་པས་གཞུ། གསུམ་པས་སྐྱབས་སྦྱིན་གྱི་ཕྱག་རྒྱ། བཞི་པས་ཏིང་ངེ་ འཛིན་གྱི་ཕྱག་རྒྱ་མཛད་པའི་སྟེང་ན་བདུད་རྩིའི་བུམ་པ་དང་བཅས་པ། ཞབས་རྡོ་རྗེའི་སྐྱིལ་ ཀྲུང་གིས་བཞུགས་པ། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །སྤྱི་བོར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། དཀྱིལ་འཁོར་གྱི་གཙོ་མོའི་ཐུགས་ཀའི་ས་བོན་ལས་འོད་ ཟེར་འཕྲོས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་གཙུག་ཏོར་རྣམ་པར་རྒྱལ་ མའི་རྣམ་པར་ༀ་བཛྲ་ས་མ་ཛཿ ཛཿཧཱུྃ་བཾ་ཧོཿ ཡང་གཙོ་མོའི་ཐུགས་ཀའི་བྷྲཱུཾ་ཡིག་ལས་འོད་ ཟེར་འཕྲོས། རང་བཞིན་གྱི་གནས་ནས་དབང་གི་ལྷ་འཕགས་མ་གཙུག་ཏོར་རྣམ་པར་རྒྱལ་ མའི་དཀྱིལ་འཁོར་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཚད་མེད་པ་རྣམས་དང༌། འཆི་ མེད་ཚེའི་དངོས་གྲུབ་བརྙེས་པའི་ལྷ་དང་དྲང་སྲོང་རིག་པ་འཛིན་པའི་ཚོགས་དཔག་ཏུ་མེད་ པས་བསྐོར་བ་ༀ་བཛྲ་ས་མཱ་ཛཿ ཨརྒྷཾ༴ ནས། ཤ བྟའི་བར་གྱིས་མཆོད། བཅོམ་ལྡན་འདས་ མ་ལྷ་མོའི་ཚོགས་ཀྱིས་བདག་ལ་མངོན་པར་དབང་བསྐུར་བ་བསྩལ་དུ་གསོལ། ཞེས་གསོལ་ བ་བཏབ་པས། དཀྱིལ་འཁོར་གྱི་གཙོ་མོ་འཁོར་དང་བཅས་པ་རྣམས་ཀྱིས། རིན་པོ་ཆེའི་ བུམ་པ་སྒྲིབ་ཀུན་སྦྱོང་བ་དང་འཆི་མེད་ཀྱི་ངོ་བོའི་ཡེ་ཤེས་བདུད་རྩིས་གང་བས་དབང་བསྐུར་ བར་གྱུར། བུམ་པ་རང་གི་སྤྱི་བོར་གཏུགས་བཞིན་བུམ་ཆུ་འཐུང༌། ༀ་ཨུཥྞཱི་ཥ་བི་ཛ་ཡ་སརྦ་པཱ་པཾ་བི་ཤོ་དྷ་ཡ་ ཨཱ་ཡུར་ཛྙཱ་ན་སིདྡྷི་ས་མ་ཡ་ཨ་བྷི ་ཥིཉྩ་ཧཱུྃ། གཙུག་ཏོར་རྣམ་རྒྱལ་འཁོར་བཅས་ཀྱིས། །ཁྱོ ད་ལ་ དབང་མཆོག་རབ་བསྐུར་བས། །སྒྲིབ་པ་ཀུན་དག་ཚེ་དབང་ཐོབ། །ཡེ་ཤེས་ཆེན་པོར་ཡོངས་ 7-1-309 དབང་ཤོག །ཞེས་གསུངས་ཤིང༌། བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། ཡེ་ཤེས་ཀྱི་ ཆུས་ལུས་ཀྱི་ནང་ཐམས་ཅད་གང༌། འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ ཐམས་ཅད་དང༌། ཁྱད་པར་དུ་ཀུན་ནས་ཉོན་མོངས་པ་འདོད་ཆགས་དང༌། ཞེ་སྡང་དང་ གཏི་མུག་སྟེ་དུག་གསུམ་གྱི་ལས་སྒྲིབ་བག་ཆགས་ཐམས་ཅད་སྦྱངས། དཔལ་ལྡན་ལྷ་མོ་ གཙུག་ཏོར་རྣམ་རྒྱལ་མས་རྒྱུད་བྱིན་གྱིས་རླབས་པར་གྱུར། དེ་ནི་ཆུ་དབང་ངོ༌། །དེ་ནས་ཅོད་པན་གྱི་ དབང་ནི། དེ་ལྟར་ན་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་བས། སྐུ་གང་དྲི་མ་དགཆུའི་ལྷག་ མ་ཡར་ལུད་པ་ལས་རྣམ་པར་སྣང་མཛད་གཙོ་བོར་གྱུར་པའི་རིགས་ལྔས་དབུ་བརྒྱན། འཁོར་ ལོའི་ཕྱག་རྒྱ་སྤྱི་བོར་གཏུགས་ལ། ༀ་སརྦ་ཏ་ཐཱ་ག་ཏ་ཙཀྲ་ཨུད་བྷ་བ་ཨ་བྷི ་ཥིཉྩ་ཧཱུྃ། དེ་ལྟར་ཅོད་པན་ གྱི་དབང་ཐོབ་པས་འཕགས་མ་མཆོག་གི་རིགས་ཀྱི་ལྷ་རྣམ་སྣང་གཙོ་བོར་གྱུར་པའི་རིགས་ ལྔས་དབུ་བརྒྱན་དུ་བྱས་ཏེ་འཁོར་བའི་དུས་ཀྱི་མ་དག་པའི་ཕུང་པོ་ལྔ་གནས་འགྱུར་རུང་དང༌། མཐར་ཐུག་དོན་དམ་པའི་རྒྱལ་བ་རིགས་ལྔ་མངོན་དུ་མྱུར་ནས་འགྱུར་རུང་གི་བག་ཆགས་ ཁྱད་པར་ཅན་བཞག་གོ །དེ་ནས་མཐའ་རྟེན་ནི། དཀྱིལ་འཁོར་གྱི་གཙོ་མོའི་འཁོར་གྱི་ཡེ་ཤེས་ཁྲོ་ རྒྱལ་བཞི་པོ་རྣམས་ཀྱིས་རང་གི་སྡིག་སྒྲིབ་ནད་གདོན་ཐམས་ཅད་བཀྲུས་པར་གྱུར། ཞེས་བརྗོད་ ལ། སྔགས་ཐུང་གཉིས་ཀྱི་མཐར། སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤནྟཱ ་ཀུ་རུ་སྭཱཧཱ། ནད་ཐམས་ཅད༴ གདོན་ཐམས་ཅད༴ རིམས་ཐམས་ཅད༴ ཉེ་བར་འཚེ་བ་ཐམས་ཅད༴ འཁོན་དང་གྲིབ་དང་མི་ གཙང་བ་ཐམས་ཅད༴ བྱད་དང་བྱུར་དང་སྐལ་བ་ངན་པ་ཐམས་ཅད༴ མཚན་མོ་ནག་མོ་དང་ དུས་ཀྱི་ཞགས་པ་དང༌། གཤིན་རྗེའི་ཕོ་ཉ་ཐམས་ཅད༴ དུས་མ་ཡིན་པར་འཆི་བ་ཐམས་ཅད༴ བགེགས་དང་ལོག་པར་འདྲེན་པ་ཐམས་ཅད༴ གཟའ་དང་རྒྱུ་སྐར་གྱི་གནོད་པ་ཐམས་ཅད༴ རྒྱལ་པོ་དང་ཐེའུ་བྲང་གི་གནོད་པ་ཐམས་ཅད༴ བཙན་དང་མུའི་གནོད་པ་ཐམས་ཅད༴ ཀླུ་ དང་ས་བདག་གི་གནོད་པ་ལ་སོགས་པ་མདོར་ན་མི་མཐུན་པའི་ཕྱོགས་ཐམས་ཅད་ཤནྟཱ ་ཀུ་རུ་ 7-1-310 སྭཱཧཱ། ཞེས་བཀྲུའོ། ། དེ་ནས་བྱབ་པ་ནི། རྨ་བྱའི་མདོངས་ཀྱི་དབུས་སུ་ཟླ་བའི་སྟེང་དུ་བྷྲཱུཾ་གྱི་མཐར་སྔགས་ཀྱི་ཕྲེང་ བས་བསྐོར་བ་ལས་འཕྲོས་པའི་འོད་ཟེར་གྱིས། རང་གི་ནད་གདོན་སྡིག་སྒྲིབ་ཕྲ་ཞིང་ཕྲ་བ་ ཐམས་ཅད་ཀྱང་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བླངས་པ་བཞིན་དུ་བླངས་ཏེ་ཕྱིར་དོར་བར་གྱུར། སྔགས་ཐུང་གཉིས་ཀྱི་མཐར། གོང་ལྟར་ལས་ཤནྟཱ ་ཀུ་རུའི་དོད། ཨ་པཱ་ན་ཡེ། ཞེས་པ་གཞུག་གོ ། དེ་ནས་བསྲུང་བ་ནི། རང་གི་གནས་བདུན་དུ་རྡོ་རྗེ་རྒྱ་གྲམ་རེ་རེ་བཞག་པས། རྡོ་རྗེ་དེ་ལས་ དེ་འདྲ་བ་བསམ་གྱིས་མི་ཁྱབ་པ་སྤྲོས། ལུས་ལ་རྡོ་རྗེའི་གོ་བསྐོན་ཏེ། ཕྱིན་ཆད་གནོད་པ་ གང་གིས་ཀྱང་མི་ཚུགས་པར་བྱས་པར་གྱུར། སྔགས་ཐུང་གཉིས་ཀྱི་མཐར། གོང་ལྟར་ལས་ཤནྟཱ ་ཀུ་རུའི་ཚབ་ཏུ། རཀྵ་རཀྵ་ཞེས་པ་བཅུག་གོ །དེ་ལ་གནས་བདུན་ནི། སྤྱི་བོ། སྙིང་ཁ། སོག་ཕྲག དཔུང་པ་གཡས་གཡོན། པུས་མོ་གཡས་ གཡོན་རྣམས་སོ། ། དེ་ནས་སྣ་བདུན་གཟུགས་བརྙན་དག་སྔགས་ཐུང་གཉིས་པ་ལན་གསུམ་གྱིས་བྱིན་གྱིས་བརླབས་ལ། ༀ་ཙཀྲ་རཏྣ་ཨ་ བྷི ་ཥིཉྩ་མཾ། དེ་བཞིན་དུ། མ་ཎི། ཝསྟི། མཧཱ་སྟ། ཧསྟི། ཨ་ཤྭ། པུ་རུ་ཥ། རྣམས་ལ་སྦྱར། རྫས་བརྒྱད་རྣམས། ༀ་མངྒ་ལཾ་ཨཥྚི་དྲ་བྱ་སྭཱཧཱས་བྱིན་རླབས་ཙམ་བྱས་ལ། མེ་ལོང་ཡེ་ཤེས་རྒྱ་མཚོ་ཆེན་པོ་སྟེ། །ཡེ་ཤེས་རྒྱ་ མཚོ་མཆོག་ཏུ་དག་གྱུར་ཏེ། །རྣམ་དག་ཆོས་ལ་ཐོགས་མེད་ལོངས་སྤྱོད་པའི། །བཀྲ་ཤིས་དེས་ ཀྱང་སྒྲིབ་པ་དག་གྱུར་ཅིག །གི་ཧཾ་དུག་གསུམ་འཇོམས་པ་ནད་ཀྱི་སྨན། །སྨན་མཆོག་ཆོས་ ཉིད་རབ་ཏུ་རྟོགས་གྱུར་ཏེ། །ཉོན་མོངས་ཟུག་རྔུ་མེད་པར་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་ དུག་གསུམ་ཞི་གྱུར་ཅིག །ཞོ་ནི་ཀུན་གྱི་སྙིང་པོར་གྱུར་པ་སྟེ། །སྙིང་པོ་རྣམ་དག་ཡེ་ཤེས་རྣམ་ རྟོགས་ཏེ། །ཡོན་ཏན་ཀུན་གྱི་དབྱིངས་སུ་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་ནད་ཀུན་ཞི་གྱུར་ ཅིག །དུར་བས་ཚེ་ནི་འཕེལ་བར་བྱེད་པ་སྟེ། །རྡོ་རྗེ་སེམས་དཔའི་ཚེ་ནི་རབ་གྲུབ་སྟེ། །ཉོན་ མོངས་སྐྱེ་ཤི་རྒྱུན་ཆད་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་ཚེ་ཡང་འཕེལ་གྱུར་ཅིག །བིལ་བ་རྒྱུ་ 7-1-311 རྐྱེན་འབྲས་བུར་བཅས་པའི་ཆོས། །འཇིག་རྟེན་འཇིག་རྟེན་འདས་པའི་སྤྱོད་པ་ཀུན། །བྱང་ ཆུབ་སྙིང་པོ་མཆོག་ཏུ་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་དོན་ཀུན་གྲུབ་གྱུར་ཅིག །དུང་ནི་ཆོས་ ཀྱི་སྒྲ་རྣམས་སྒྲོག་པའི་ཚུལ། །ཡེ་ཤེས་རྒྱ་མཚོ་མཆོག་ཏུ་དག་གྱུར་ཏེ། །ཆོས་རྣམས་མ་ནོར་ ཡོངས་སུ་སྟོན་པ་ཡི། །བཀྲ་ཤིས་དེས་ཀྱང་ཚིག་ལ་དབང་ཐོབ་ཤོག །ལི་ཁྲི་དམར་པོ་དབང་ གི་རང་བཞིན་ཏེ། །ཆོས་རྣམས་མ་ནོར་དབང་དུ་བསྡུས་བྱས་ནས། །ཆོས་ཀྱི་རྒྱལ་སྲིད་རབ་ ཏུ་བརྟན་གྱུར་པའི། །བཀྲ་ཤིས་དེས་ཀྱང་ཁྱེ ད་སྲིད་བརྟན་གྱུར་ཅིག །ཡུངས་དཀར་རྡོ་རྗེའི་ རིགས་ཏེ་ཐམས་ཅད་དུ། །བགེགས་རྣམས་མ་ལུས་འཇོམས་པར་བྱེད་པ་སྟེ། །མཐུ་སྟོབས་ ཡོན་ཏན་ཕུན་སུམ་ཚོགས་པ་ཡི། །བཀྲ་ཤིས་དེས་ཀྱང་བགེགས་ཀུན་ཞི་བྱེད་ཤོག །གཞན་ཡང་ སྤྲོ་ན། སྟོན་མཆོག་དམ་པ༴ སོགས་ཤོ་ལོ་ཀ་གསུམ་གྱི་མཐར། ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །སོགས་ནས། གསུམ་གྱིས་བདེ་ལེགས་སྩོལ། །ༀ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱཧཱ། ཞེས་པས་ཤིས་བརྗོད་བྱ། དེ་ནས། གཙོ་བོས་ཇི་ལྟར༴ སོགས་ཀྱིས་དམ་ཚིག་བསྲུང་བར་ཁས་བླངས། གཏང་རག་གི་ཡོན་དུ་མཎྜལ་ཕུལ། དེང་ ནས་བརྩམས་ཏེ༴ སོགས་ཀྱིས་སློབ་མར་ཁས་བླངས་ནས་དགེ་བ་བྱང་ཆུབ་ཏུ་བསྔོ ་བའོ། ། ལྔ་པ་ལྷོ ་སྒོ་དབང་བསྐུར་བཅས་ཀྱི་ཚུལ་ནི། སྤྱིར་ངན་སོང་སྦྱོང་བའི་རྒྱུད་ལས། སྦྱངས། བྲབ། ཁྲུས། བཤགས། སྦྱངས། བསྟན། དྲུག་ལ་རྒྱལ་བས་གསུངས་པའི་ཆོ་ག་སྒོ་དྲུག་ཅེས་བྱ་ཞིང་འདིའི་ཚུལ་ལ་བླ་མེད་མན་ཆད་ནས་བྱ་རྒྱུད་ཡན་ལ་ཅུང་མི་ འདྲ་བ་རེ་ཡོད་ཀྱང་དོན་གནད་ལ་རྒྱུད་སྡེ་དེ་དག་ཁྱད་མེད་པས་ལྷོ ་སྒོ་ལ་གང་ལྟར་བྱས་ཀྱང་འགལ་བ་ཆེར་མེད་མོད། འོན་ཀྱང་ འདི་ནི་བྱ་རྒྱུད་དུ་གཏོགས་ཕྱིར་ཡོངས་གྲགས་གྲོལ་མཆོག་གིས་མཛད་པའི་མི་འཁྲུགས་པའི་ཆོ་གའི་ལྷོ་སྒོས་འགེབས་པར་བྱ་བ་ སྟེ། དེ་ཡང་ཐོག་མར་རྟེན་བསྐྱེད་མི་འཁྲུགས་པའི་ལྷོ ་སྒོ་དེ་ཁོ་ན་ལྟར་དང༌། འགུགས་པའི་སྐབས། བཅོམ་ལྡན་འདས་ མ་གཙུག་ཏོར་རྣམ་པར་རྒྱལ་མའི་ལྷ་ཚོགས་འཁོར་དང་བཅས་པའི་བདེན་པ༴ ཞེས་བསྒྱུར། སྦྱངས་ པ་གསུམ་ཏིལ་སྦྱངས་བཅས་ཀྱང་དེ་ལྟར་ལ། བྲབ་པའི་སྐབས་གཟུངས་རིང༌། སྔགས་ཐུང་གཉིས་བཅས་ཚར་གཅིག་གི་མཐར་ བྲབ་སྔགས་དེ་ལུགས་བཞིན་དང༌། ཁྲུས་གསོལ་མཇུག་གི་རྟེན་བཀྲུའི་སྐབས་སུ། འདི་ནི་སྦྱིན་པའི༴ སོགས་ཕྱིན་དྲུག་གི་ 7-1-312 མཚམས་རྣམས་སུ་དང༌། འདོད་ཆགས་ཞེ་སྡང༴ སོགས་དང༌། ས་ནི་དུག་གི་ཕ་ཡིན༴ སོགས་ཀྱི་མཚམས་རྣམས་ སུ་ཁྲུས་སྔགས་ལ་སྔགས་ཐུང་གཉིས་པོ་དང༌། སྤྲོ་ན་ཀཾ་ཀ་ནི་རེ་སྦྱར་ཡང་ཆོག དེ་ནས། གང་ལ་སེར་སྣ་རྣམ༴ སོགས་ཀྱི་ ཤིས་བརྗོད་དང༌། བཤགས་པ། གཙོ་བོ་རྒྱལ་བ༴ སོགས་ནས། གོ་འཕང་ཐོབ་པར་མཛད་དུ་གསོལ།གྱི་བར་ བྱ། དེ་ནས་དབང་བསྐུར་ན་འདིར་བྱ་དགོས་ཤིང༌། དེ་ཡང་མཎྜལ་འབུལ་བ་ནས་བཟུང་གོང་དུ་བཤད་པའི་བདག་འཇུག་ཡོངས་ རྫོགས་རིམ་པར་སློབ་མ་ལ་དབང་བསྐུར་བའི་ཚུལ་གྱིས་གཙོ་མོ་ཞེས་པ་རྣམས་ལ། སློབ་དཔོན་དང༌། རང་ཞེས་པ་རྣམས་ ལ་སློབ་མའམ། ཁྱེ ད་རང༴ ཞེས་ཅི་རིགས་བསྒྱུར་བཞིན་དབང་དོན་ཅུང་ཟད་རེས་མཚམས་སྦྱར་བ་དང་བཅས་བདག་འཇུག་ ཆ་ཚང་དེ་ལུགས་བཞིན་ལེགས་གྲུབ་ཀྱིས་འཐུས་སོ། །དེ་ལྟར་དབང་བསྐུར་བས༴ ཆྒཻ་མོ། ལྷའི་རང་བཞིན་དུ་ གྱུར་པ་ནི། ཁྱེ ད་རང་གཙུག་ཏོར་རྣམ་པར་རྒྱལ་མ་སྐུ་མདོག་དཀར་མོ། ཞལ་གཅིགཕྱག་ གཉིས་མ། ཕྱག་གཡས་ཀྱིས་སྣ་ཚོགས་རྡོ་རྗེ་ཐུགས་ཀར་འཛིན་ཅིང༌། གཡོན་པས་ཞགས་ པ་དང་བཅས་པའི་སྡིགས་མཛུབ་མཛད་པ། ཞབས་སྐྱིལ་ཀྲུང་གིས་བཞུགས་ཤིང༌། དར་དང་ རིན་པོ་ཆེས་བརྒྱན་པའི་སྐུ་ཅན་དུ་གྱུར་པ་ལ། ༀ་ཨུཥྞཱི་ཥ་བི་ཛ་ཡ་བྷྱཿ ཨརྒྷཾ༴ ནས། ཤབྟའི་བར་ གྱིས་མཆོད། དཔལ་ལྡན་ལྷ་མོ་སོགས་ལ་ཞལ་གཅིག་ཕྱག་གཉིས་ཀྱིས་ཁ་བསྒྱུར་བཅས། ཤོ་ལོ་ཀ་གཅིག་གིས་བསྟོད། དེ་ནས་ཟས་གཏད་སོགས་ཀྱི་ཚེ་འདོད་ཡོན་རྣམ་ལྔ་འབུལ་སྐབས། ཁ་དོག་དབྱིབས་ལེགས་སོགས་ཀྱི་ཚིགས་བཅད་ ལ་ཚིག་རྐང་ཕྱི་མ་གཉིས། རྣམ་ཤེས་རྟེན་གྱི་ལྷ་ལ་གཟུགས་འབུལ་ན། །བཞེས་ཤིག་དམིགས་ཡུལ་ འདོད་པ་ཡོངས་རྫོགས་ཤོག །ཅེས་པས་འདོན་པ་བསྒྱུར་བ་སོགས་ནས། བསུར་བསྔོ ་སྤྱི་ལྟར་དང༌། མཚན་གསོལ་ འདེབས། འཕོ་བ་བཅས་ཀྱི་རྗེས་སུ་བྱང་བུ་བསྲེག་ཆོག་ཀྱང་བྱ། དེ་ནས་ལམ་སྦྱངས་པ་ནི། དཀོན་མཆོག་རིན་ཆེན༴ སོགས་ནས། ཧཱུཾ་དྲ་ཐའི་བར་དང༌། ལམ་བསྟན་ཡང༌། པདྨོ་འདམ་གྱིས༴ སོགས་ནས། བདག་གིས་ཀྱང་སླར་ དེ་ལ་མཆོད་པས་མཆོད་ཅིང་ཨརྒྷཾ་ནས།ཤབྟའི་བར་གྱིས་མཆོད་པ་སོགས་ལས་མངོན་དགའི་ཞིང་གི་ཚབ། བདེ་ བ་ཅན་དང༌། མི་འཁྲུགས་པའི་ཚབ། འོད་དཔག་མེད། ཀྱིས་བྱེད་པ་ཁྱད་པར་རོ། །དེ་ལྟར་འདིའི་བདག་འཇུག་དང་ལྷོ ་ སྒོ་གཉིས་རིམ་པས་རྗེ་བཙུན་གྱིས་མཛད་པའི་ཚེ་ཆོག་གི་བདག་འཇུག་དང༌། གྲོལ་མཆོག་གི་མི་འཁྲུགས་པའི་ལྷོ ་སྒོ་དང་འབྲེལ་ 7-1-313 ཆགས་པས་གཙོ་བོར་དེ་ལུགས་ཀྱི་དགོངས་པ་ལྟར་བསྒྲིགས་པའོ། ། གསུམ་པ་རྗེས་ཀྱི་བྱ་བ་ལ། (དུང་ཆོས་ཀྱི་མཆོད་ཡོན་གཙོར་གྱུར་ཉེར་སྤྱོད་སོགས་ལ་དམིགས་ཏེ་གཏང་རག་གི་མཆོད་པ་ བྱེད་དགོས་པས་དེའི་ཚུལ་རྗེས་མཆོད་ཡིན།) མཆོད་བསྟོད། འདོད་གསོལ། ནོངས་བཤགས། མགྲོན་གཤེགས་གསོལ། ཡེ་ཤེས་པ་བརྟན་བཞུགས་བཅས་སོགས་བུམ་ཆོག་གཞུང་ལྟར་ལས། བུམ་ཆུས་ཕན་གདགས་ཚུལ། སྦྱངས་པ་གསུམ་ཏིལ་ སྦྱངས་བཅས་སྤྱི་ལྟར་དང༌། དེ་ནས། རང་གི་སྙིང་ཁའི་འོད་ཟེར་གྱིས། གཙུག་ཏོར་རྣམ་པར་རྒྱལ་མའི་ དཀྱིལ་འཁོར་མདུན་གྱི་ནམ་མཁར་སྐད་ཅིག་གིས་སྤྱན་དྲངས་པར་གྱུར། མཆོད་བསྟོད་བསྡུས་པ་ དང༌། བཅོམ་ལྡན་འདས་མའི་ལྷ་ཚོགས་ཀྱིས་སྒྲུབ་བྱ་ལ་ཉེས་ཀུན་སེལ་ཞིང་བསྲུང་བའི་ཆོ་ག་ མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས། ནམ་མཁར་བཞུགས་པའི་ལྷ་རྣམས་ཀྱིས་ ཇི་བཞིན་ཉེས་སེལ་ཕན་པའི་ལེགས་སྒོ་མཛད་པར་གྱུར། བཀྲུ་བྱབ་བསྲུང་གསུམ་གོང་ལྟར་བཀྲ་ཤིས་ བཅས་ཀྱི་རྗེས་སུ། ནམ་མཁའི་ལྷ་ཚོགས་ལ་མཆོད་པ་གང་དག་གིས་མཆོད་ནས་ཐུགས་དགྱེས་ ཏེ་རང་བཞིན་གྱི་གནས་སུ་བཞུགས་པར་གྱུར།པར་བསམ་ལ། འདི་ནམ་དགོས་སུ་བྱ་བ་ལས་རྒྱུན་གྱི་ངེས་པ་ མེད་ཅིང༌། དེ་དག་གིས་སྐབས་འདིའི་དགོས་དོན་ལེགས་པར་གྲུབ་ཟིན་ཏོ། ། སྨྲས་པ། དཔལ་ལྡན་ཕྲིན་ལས་རླབས་ཆེན་མངའ་བའི་གཏེར། །གང་འདུལ་སྒྲིབ་འཇོམས་འཆི་མེད་སྩོལ་བའི་གཉེན། །གཙུག་ཏོར་རྣམ་རྒྱལ་དཀར་མོ་འགྲོ་བའི་མགོན། །གང་དེའི་ཐུགས་རྗེ་གདུལ་བྱར་དུས་མི་གཡེལ། །ཨེ་མ་འགྲོ་ལ་ཕན་པའི་སྒོ་ གཅིག་པུ། །ལྷ་མོའི་རིག་སྔགས་ལ་བརྟེན་ལས་ཚོགས་སྒོ། །སྒྲིབ་སྦྱངས་ཆོག་འགྲིག་འདིར་འབད་ལེགས་བྱས་མཐུས། །མར་ གྱུར་སེམས་ཅན་ཡོངས་ལ་ཕན་ཐོགས་ཤོག །ཅེས་རྗེ་བཙུན་ཏཱ་ར་ནཱ་ཐས་མཛད་པའི་རྣམ་རྒྱལ་བུམ་སྒྲུབ་ཀྱི་དབང་ཆོག་འགྲོ་ ཕན་སྤེལ་བྱེད་ཅེས་བྱ་བ་འདི་ཡང་ལུང་རྟོགས་ཀྱི་ཡོན་ཏན་མཆོག་མངའ་དམ་པ་ངག་དབང་རིན་ཆེན་འོད་ཟེར་བཟང་པོའི་ཐུགས་ བཞེད་ལྟར། མ་ཏིས་བསྒྲིགས་པ་སྟེ་ཡི་གེ་པ་ནི་ཡོན་ཏན་བཟང་པོས་བགྱིས་པ་ཛ་ཡནྟུ།། །། སྨྲས་པ། ལེགས་དགེ་བྱེ་བའི་གཏེར་གྱུར་པ། །ངོ་མཚར་ཞིང་མང་དག་གི་གཙོ། །རྣམ་འཕྲུལ་བཀོད་ཆེན་ཡ་མཚན་ཅན། །རྒྱལ་ཡུམ་ཀུན་ཁྱབ་ཤེར་ཕྱིན་མོ། །སྣ་ཚོགས་འཁོར་འདས་རོལ་པའི་རྒྱན། །གང་འདུལ་སྒྱུ་མར་སྣང་བ་ལས། །སྒྲིབ་སྦྱངས་ཚེ་ 7-1-314 ཡི་དཔལ་སྟེར་ལྷ། །རྣམ་པར་རྒྱལ་མའི་གཟུངས་ཆོག་ཕུལ། །སྙིགས་དུས་འགྲོ་ལ་རླབས་ཆེན་ཕན། །དུས་སུ་ཉེར་སྩོལ་ཆོ་གའི་ ཐབས། །གོང་མའི་གསུང་རབ་ཇི་སྙེད་ལས། །ཁྱད་འཕགས་འཇམ་མགོན་བླ་མའི་ལུགས། །དེ་ལ་སྦྱར་འོས་སྡིག་སྦྱངས་ཚུལ། །དབང་ཆོག་འགྲོ་ཕན་རབ་སྤེལ་བ། །མི་ཟད་ཆོས་ཆར་ལེགས་འཇོའི་ཐབས། །སྔོ ན་མེད་པར་གྱི་འདུ་བྱེད་གང༌། །གཅིག་ལས་ དུ་མ་འཆར་བའི་འཕྲུལ། །ལེགས་མཛེས་གསུང་རབ་ཡི་གེའི་གཟུགས། །བྱ་སླས་གང་འདོད་རེ་སྐོང་བ། །ཡིད་བཞིན་དབང་གི་ རྒྱལ་པོར་འགྲན། །ཚུལ་དེ་ལེགས་སྒྲུབ་བྱེད་པ་པོ། །བསྟན་འགྲོར་ཐུགས་བསྐྱེད་དགེ་བ་ཅན། །སྦྱིན་བདག་བཟང་པོ་དཔལ་ལྡན་ མཚན། །པར་ཚ་ལེགས་བཞེངས་ཆ་རྐྱེན་སྒོ། །གཞན་ཡང་བགྱི་བ་རླབས་ཆེན་བདག །བློ་བཟང་ཆོས་འཕེལ་ཁོང་གི་དྲིན། །མཐུ་ དེ་ལ་བརྟེན་ལག་རྩལ་གྱི། །འཕྲུལ་ལྡན་དགེ་ལེགས་པར་བཟོ་མཁན། །དེ་སོགས་འདིར་འབྲེལ་གང་ཡོད་ཚད། །ཀྱིས་མཚོན་ མཁའ་མཉམ་འགྲོ་བ་ཀུན། །ཆོས་གེགས་རིམ་བྲལ་ཐར་པ་དང༌། །ཐམས་ཅདམཁྱེ ན་པ་མྱུར་ཐོབ་ཤོག །མ་ཏིས་སོ།། །། 7-1-315 ༄༅། །ལྷ་རྫས་ལས་གྲུབ་ལྟེ ་བ་ཤིན་ཏུ་ཟླུམ། །རྩིབས་སྟོང་ལྡན་ཞིང་མུ་ཁྱུད་རབ་མཉམ་ ལྡན། །སྡང་བའི་དགྲ་ལས་རྣམ་པར་རྒྱལ་གྱུར་པའི། །འཁོར་ལོ་རིན་ཆེན་དམ་པའི་དབང་ བསྐུར་རོ། །ༀ་ཙཀྲ་རཏྣ་ཨ་བྷི ་ཥིཉྩ་མཾ། རིན་ཆེན་ངོ་བོ་ལྷ་རྫས་བཻཌཱུརྱ། །ཀུན་ཏུ་དཔག་ཚད་ ཙམ་དུ་སྣང་བྱེད་ཅིང༌། །དྲི་མེད་ཉིན་མོ་ཇི་བཞིན་མཚན་དེ་བཞིན། །ནོར་བུ་རིན་ཆེན་དམ་ པས་དབང་བསྐུར་རོ། །ༀ་མ་ཎི་རཏྣ་ཨ་བྷི ་ཥིཉྩ་མཾ། གཟུགས་མཛེས་ལྟ་ན་སྡུག་ཅིང་ཚུལ་ བཟང་མ། །པགས་པའི་མདོག་ལེགས་འཇམ་ཞིང་དྲི་མཆོག་ལྡན། །ཡིད་འོང་འདོད་དགུའི་ རེག་བྱ་དང་ལྡན་པའི། །བཙུན་མོ་རིན་ཆེན་དམ་པས་དབང་བསྐུར་རོ། །ༀ་ཝསྟི་རཏྣ་ཨ་བྷི ་ ཥིཉྩ་མཾ། གང་ཡང་རྒྱལ་བུའི་མུ་ཏིག་མདངས་ལྡན་པའི། །གསེར་སོགས་མང་པོ་ཐུབ་ལ་ཕུལ་ བ་ལྟར། །བཟོད་ལྡན་མཚུངས་པའི་ཁྱི མ་བདག་ནོར་ལྡན་པའི། །བློན་པོ་རིན་ཆེན་དམ་པས་ དབང་བསྐུར་རོ། །ༀ་མ་ཧཱ་སྟ་རཏྣ་ཨ་བྷི ་ཥིཉྩ་མཾ། ཡན་ལག་ཐམས་ཅད་ལེགས་སྐྱེས་ས་ལ་ ནི། །རབ་གནས་གངས་ཆེན་རི་འདྲ་གླང་པོ་ཆེ། །རྒྱལ་པོ་ལ་འོས་མཁའ་ལ་རབ་འགྲོ་བའི། །གླང་པོ་རིན་ཆེན་དམ་པས་དབང་བསྐུར་རོ། །ༀ་ཧསྟི་རཏྣ་ཨ་བྷི ་ཥིཉྩ་མཾ། ཐོ་རེངས་དུས་སུ་ ཕྱོགས་རྣམས་མ་ལུས་པའི། །ས་རྣམས་བསྐོར་ཏེ་སླར་ཡང་ལྡོ ག་གྱུར་པའི། །རྨ་བྱའི་མགྲིན་ པའི་སྤུ་ལྟར་ཡིད་འོང་བའི། །རྟ་མཆོག་རིན་ཆེན་དམ་པས་དབང་བསྐུར་རོ། །ༀ་ཨ་ཤྭ་རཏྣ་ ཨ་བྷི ་ཥིཉྩ་མཾ། འགྲོ་དང་ལྡོ ག་དང་ཀུན་ནས་འོང་གྱུར་པས། །མ་ལུས་བདུད་དཔུང་འཇོམས་ པར་བྱེད་པ་སྟེ། །དཔའ་བརྟན་འབྱོར་བའི་དཔུང་དང་བཅས་པ་ཡི། །དམག་དཔོན་རིན་ཆེན་ དམ་པས་དབང་བསྐུར་རོ། །ༀ་པུ་རུ་ཥ་རཏྣ་ཨ་བྷི ་ཥིཉྩ་མཾ། སྨྲས་པ། འགྲོ་ཕན་བྱེད་ལ་ཉེར་སྤྲོ་བས། །རྣམ་རྒྱལ་དབང་ཆོག་སྐབས་མཁོ་ཞིང༌། །གཞན་ཡང་དེ་འདྲ་ལ་འོས་པར། །རྒྱལ་སྲིད་སྣ་བདུན་དབང་མཐའ་རྟེན། །ཚིགས་ བཅད་སྔགས་བཅས་ཡོངས་གྲགས་འདི། །ལྷག་བསམ་ཐུགས་ལྡན་བཟང་ཟུང་མཚན། །ལེགས་མངའ་དེ་ཡིས་པར་དུ་བསྐྲུན། །འདིས་ཀྱང་དུས་བསྟུན་ཕན་ཐོགས་ཤོག །འདི་ཡང་མ་ཏིས་སོ།། 7-1-316 7-1-317 ༄༅། །འཕགས་མ་གཙུག་ཏོར་རྣམ་པར་རྒྱལ་མའི་ ལྷོ ་སྒོ་བཞུགས། ༄༅། །ལྷོ ་སྒོ་བྱ་བའི་ཚུལ་ལ་ཐོག་མར་རྟེན། ཨ་མྲ ་ཏ་ཀུཎྜ་ལིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་ པའི་ངང་ལས་སྦྱོང་སྟེགས་ཀྱི་སྟེང་དུ་ཎི་ཡིག་ཡོངས་སུ་གྱུར་པ་ལས་ཆྒཻ་མོ་ཞེས་བྱ་བའི་ཕུང་པོ་ དང་ཁམས་དང༌། སྐྱེ་མཆེད་ཐམས་ཅད་ཡོངས་སུ་རྫོགས་པ་གསོན་པོའི་རྣམ་པ་ཇི་ལྟ་བ་ བཞིན་དུ་གྱུར། རང་གི་སྙིང་གའི་ཧཱུཾ་དང་ཆྒཻ་མོའི་སྙིང་གའི་ཎི་ལས་འོད་འཕྲོས་པས་ཆྒཻ་མོའི་རྣམ་ ཤེས་ཁམས་གསུམ་གང་ན་གནས་པ་ནས་བཀུག་པར་གྱུར། ན་མོ་རྗེ་བཙུན་རྩ་བ་དང་བརྒྱུད་ པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང༌། སངས་རྒྱས་ ཀྱི༴ ཆོས་ཀྱི༴ དགེ་འདུན་གྱི༴ གསང་སྔགས་དང་རིག་སྔགས་ཀྱི་རྒྱལ་པོ་ཁྲོ་བོ་ཁྲོ་མོ་རྣམས་ ཀྱི༴ བཅོམ་ལྡན་འདས་མ་གཙུག་ཏོར་རྣམ་པར་རྒྱལ་མའི་ལྷ་ཚོགས་འཁོར་དང་བཅས་པའི༴ དཔལ་མགོན་དམ་པ་ཆོས་སྐྱོང་བའི༴ བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས་ཆྒཻ་མོ་ཞེས་བྱ་ བའི་རྣམ་པར་ཤེས་པ་ཁམས་གསུམ་སྐྱེ་གནས་བཞི། རིགས་དྲུག་གང་ན་གནས་ཀྱང་འདིར་ མཆིས་པར་གྱུར་ཅིགༀ་ཊཀྐི་ཧཱུཾ་ཛཿ ཞེས་པ་ལན་གསུམ་དང༌། བདག་དང་མདུན་བསྐྱེད་ཀྱི་བཅོམ་ ལྡན་འདས་མ་འཁོར་དང་བཅས་པའི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་ཆྒཻ་མོ་ ལ་ཐིམ་པས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ བྱང་ཞིང་དག་ནས་རྣམ་པར་ཤེས་པ་ཨ་དཀར་པོ་དྲི་མ་མེད་པར་གྱུར། ཨ་མྲ ་ཏ་ཀུཎྜ་ལིས་ 7-1-318 བསངས། སྭ་བྷཱ་ཝས་སྦྱངས། ཨ་ཀཱ་རོས་བྱིན་གྱིས་བརླབས་པ་ཕྱག་བཞེས་ལྟར་བྱ། སརྦ་བིགྷྣན༴ ལན་གསུམ་ གྱིས་ཞི་སྦྱངས། སུམྦྷ་ནི༴ ལན་གསུམ་གྱིས་ཞི་དྲག་ཕྱེད་སྦྱངས་མཐར། དེང་འདིར་དམིགས་ཡུལ་ཆྒཻ་མོ་གསོན་ གྱི་དུས་ན་ཚེ་གནས་པ་ལ་བར་དུ་གཅོད་ཅིང༌། གཤིན་གྱི་དུས་ན་སྡིག་པ་སྦྱོང་བ་ལ་བར་ཆད་ བྱེད་པའི་གདོན་བགེགས་ལོག་པར་འདྲེན་པ་ཐམས་ཅད་གཏོར་མ་འདི་ལམ་རྔན། ཏིང་ལོ་ ལམ་སྒྲོན། ཆང་བུ་ལམ་རྒྱགས་ཀྱི་ཚུལ་དུ་ཁྱེ ར་ལ་སའི་ཕྱོགས་འདིར་མ་གནས་པར་གཞན་ དུ་སོང་ཞིགཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་ཀྱི་ཁྲོ་བོའི་ཚོགས་འཁོར་ དང་བཅས་པ་སྤྱན་དྲངས་བཛྲ་ས་མཱ་ཛཿ ཧཱུཾ་ཡེ་ཤེས་བསྐལ་པ༴ སོགས་ནས། བགེགས་ཀྱི་དགྲ་ ལ་ཕྱག་འཚལ་བསྟོད། །ན་མོ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་ དམ་པ་རྣམས་ཀྱི་བཀའ་བདེན་པ་དང༌། ཞེས་པ་ནས། བདེན་པ་དང་བདེན་པ་ཆེན་པོའི་བྱིན་ གྱིས་རླབས་ཀྱིས་དམིགས་ཡུལ་ཆྒཻ་མོ་གསོན་གྱི་དུས་ན་ཚེ་གནས་པ་ལ་བར་དུ་གཅོད་ཅིང༌། གཤིན་གྱི་དུས་ན་སྡིག་པ་སྦྱོང་བ་ལ་བར་ཆད་བྱེད་པའི་བགེགས་ཀྱི་རིགས་གང་ཡིན་པ་དེ་ དག་ལ་རྒྱུད་སྡེ་དང་མཐུན་པའི་སྦྱང་བ་རྣམ་པར་དག་པ་བྱས་ཟིན་པས་དེས་ཚིམ་པར་གྱིས་ལ་ སའི་ཕྱོགས་འདིར་མ་གནས་པར་གཞན་དུ་སོང་ཞིག གང་དག་མི་འགྲོ་བ་དེ་དག་དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ལས་བྱུང་བའི་རྡོ་རྗེ་འབར་ ཞིང་ཆེར་འབར་བ་འདིས། ཁྱེ ད་རྣམས་ཀྱི་མགོ་བོ་ཚལ་བ་བརྒྱར་འགས་པར་བྱའོ། །དྲག་ སྔགས་བརྗོད། ཁྱེ ད་རང་རྣམས་ཀྱི་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་ སྒྲིབ་པ་ཐམས་ཅད་སྙིང་གར་ཡི་གེ་ཀཾ་ནག་པོའི་རྣམ་པས་གནས་པ་སྣ་བུག་ནས་ཐོན། སྡིག་ པ་རྭ་ཅན་གྱི་རྣམ་པས་ཏིལ་ལ་ཐིམ། དེའི་གཡས་སུ་མེ་དང༌། གཡོན་དུ་ཆུ་དོར་བས་སྡིག་ སྒྲིབ་ཐམས་ཅད་བསྲེགས་ཤིང་སྦྱངས་པར་བསམ། ༀ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་སྭཱཧཱ། འདིར་ གཟུངས་རིང་སྔགས་ཐུང་གཉིས་ཚར་གཅིག་དང༌། སྤྲོ་ན་ཀཾ་ཀ་ནི་རེ་དང་བཅས་མཐར། སརྦ་ན་ར་ཀ་ག་ཏེ་ཧེ་ཏུན་ཧཱུཾ་ 7-1-319 ཕཊ། སརྦ་པྲེ་ཏ་ཀ་ག་ཏེ་ཧེ་ཏུན་ཧཱུཾ་ཕཊ། སརྦ་ཏིརྻ་ཀ་ག་ཏེ་ཧེ་ཏུན་ཧཱུཾ་ཕཊ། དམིགས་ཡུལ་ཆྒཻ་མོ་ གཙོར་བྱས་པའི་སེམས་ཅན་ཐམས་ཅད་དམྱལ་བ་ཡི་དྭགས་དུད་འགྲོར་སྐྱེ་བའི་རྒྱུ་ལས་ངན་ སྡིག་སྒྲིབ་ཐམས་ཅད་རྩ་བ་ནས་བྱང་ཞིང་དག་པར་གྱུར་ཅིག ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ༴ སོགས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི༴ སོགས། འདི་ནི་ཁྲུས་མཆོག་དཔལ་དང་ལྡན༴ སོགས། དེ་བཞིན་གཤེགས་པ་རྣམས་དང་དེ་སྲས་ལ། །རིན་ཆེན་བུམ་པ་མང་པོ༴ བླ་མ་ཡི་དམ་མཆོག་གསུམ་ མཁའ་འགྲོ་ཆོས་སྐྱོང་བཅས་ལ་ཚིགས་བཅད་ཅི་རིགས་མཐར། རྒྱལ་བའི་སྐུ་གསུང༴ དེ་དག་སྐུ་ལ༴ སྭཱཧཱ། དེ་ ནས་དེ་ལ༴ སོགས་ཀྱི་ཕྱག་སྲོལ་བཞིན་དང༌། འདི་ནི་སྦྱིན་པའི་རང་བཞིན་ཆུ། །སེར་སྣའི་དྲི་ མ་སྦྱོང་མཛད་པ། །གཏོང་བ་དྲི་ཡིས་ལེགས་བསྒོས་ཆུ། །ཁྲུས་ལེགས་མཛད་ཀྱིས་ཁྲུས་བྱའོ། །དེ་བཞིན་དུ་ཚིགས་རྐང་དང་པོ་དང་གསུམ་པའི་གནས་སུ། ཚུལ་ཁྲིམས༴ བཟོད་པ༴ བརྩོན་འགྲུས༴ བསམ་ གཏན༴ ཤེས་རབ༴ རྣམས་གཞུག རྐང་པ་གཉིས་པའི་སེར་སྣའི་གནས་སུ། ཁྲིམས་འཆལ༴ ཁོང་ཁྲོ༴ ལེ་ལོ༴ རྣམ་གཡེང༴ ཤེས་འཆལ༴ རྣམས་བཅུག་པའི་བར་རྣམས་སུ་གཟུངས་ཐུང་གཉིས་དང༌། སྤྲོ་ན་ཀཾ་ཀ་ནི་རེ་དང་བཅས་ བརྗོད་པ་འོག་མ་རྣམས་ལའང་འགྲེས་ཤིང༌། ཆུ་བོ་དྲུག་གི་ཁྲུས་བྱས་པས། །བག་ཆགས་རྣམ་དྲུག་སྦྱངས་ ནས་ནི། །གང་ལ་ཉེས་པ་མི་མངའ་ཞིང༌། །ཁྲུས་ལེགས་མཛད་ལ་ཕྱག་འཚལ་ལོ། །དྲི་ཆུ་དྲུག་ གིས་ཁྲུས་བྱས་པས། །བག་ཆགས་རྣམ་དྲུག་སྦྱངས་ནས་ནི། །རྒྱ་ཆེན་ཡོན་ཏན་དྲུག་ལྡན་པ། །ཁྲུས་ལེགས་མཛད་ལ་ཉེས་མི་མངའ། །དྲི་མ་རྣམ་དྲུག་དག་པ་ཡིས། །ཡོན་ཏན་ཐམས་ཅད་ ལྡན་པ་དང༌། །སངས་རྒྱས་ཐམས་ཅད་མཆོད་དོན་དུ། །དད་པས་བདག་གིས་ཁྲུས་བགྱིའོ། ། སྔགས་མཐར། དམིགས་ཡུལ་ཆྒཻ་མོས་གཙོར་བྱས་པའི་སེམས་ཅན་ཐམས་ཅད་ཀྱི་ཕ་རོལ་ཏུ་ ཕྱིན་པ་དྲུག་གི་མི་མཐུན་པའི་ཕྱོགས་དག་ནས་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་ཕུན་སུམ་ཚོགས་ པ་དང་ལྡན་པར་གྱུར་ཅིག འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་དག་འཇིག་རྟེན་ དུག་གསུམ་སྟེ། །སངས་རྒྱས་བཅོམ་ལྡན་དུག་མི་མངའ། །སངས་རྒྱས་བདེན་པས་དུག་ 7-1-320 བཅོམ་མོ། །ཚིགས་རྐང་གསུམ་པ་དང་བཞི་པར། བཅོམ་ལྡན་དམ་ཆོས༴ དམ་ཆོས་བདེན་པས༴ འཕགས་པའི་དགེ་འདུན༴ དགེ་འདུན་བདེན་པས༴ ཞེས་སོགས་སྦྱར་བའི་ཚིག་བཞི་པ་གཉིས་བརྗོད་ཅིང༌། དཀོན་མཆོག་གསུམ་གྱི་བདེན་པའི་བྱིན་རླབས་ཀྱིས་ཆྒཻ་མོའི་ཉོན་མོངས་པ་དུག་གསུམ་གྱི་སྒྲིབ་ པ་ཐམས་ཅད་བཅོམ་ནས་དགེ་བ་གསུམ་དང་ལྡན་པར་གྱུར་ཅིག ས་འདི་དུག་གི་ཕ་ཡིན་ ཏེ། །ས་འདི་དུག་གི་མ་ཡང་ཡིན། །བདེན་པའི་བདེན་ཚིག་འདི་དག་གིས། །དུག་གསུམ་ས་ ཡི་ནང་དུ་སོང༌། །ཆུ༴ མེ༴ རླུང༴ དུ་འདོན་པ་བསྒྱུར། དམིག་ཡུལ་ཆྒཻ་མོ་གཙོར་བྱས་པའི་སེམས་ ཅན་ཐམས་ཅད་ཀྱི་འབྱུང་བ་བཞི་ལ་བརྟེན་ནས་སྐྱེས་པའི་རྣམ་རྟོག་རྒྱུ་དང་བཅས་པ་ཐམས་ ཅད་འབྱུང་བཞིའི་ཆོས་ཉིད་ཀྱི་ངང་དུ་ཐིམ་ནས་སྡུག་བསྔལ་རྒྱུ་དང་བཅས་པ་ཐམས་ཅད་དང་ བྲལ་བར་གྱུར་ཅིག གང་ལ་སེར་སྣ་རྣམ་ཆགས་པ། །རྣམ་འཇོམས་དྲི་མ་མེད་མཛད་ཅིང༌། །ཐུགས་ཞི་གནོད་པ་མི་མངའ་དེས། །ཁྱེ ད་ལ་བདེ་ལེགས་མཛད་པར་གྱུར། །འདྲེན་པ་གང་ ཞིག་འགྲོ་བ་རྣམས། །ཐར་པའི་ལམ་དུ་འཇུག་མཛད་ཅིང༌། །ཆོས་རྣམས་ཐམས་ཅད་སྟོན་པ་ དེས། །ཁྱེ ད་ལ་བདེ༴ སྟོན་པ་འགྲོ་བ་རྣམས་ཀྱི་རྟེན། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །གང་ ལ་བདེ་བ་མངའ་མཛད་དེས། །ཁྱེ ད་ལ༴ སྐྱོབ་པ་གང་ཞིག་བྱམས་པ་ཡི། །ཐུགས་ཀྱིས་འགྲོ་ བ་འདི་དག་ཀུན། །བུ་གཅིག་བཞིན་དུ་རྟག་བསྐྱངས་དེས། །ཁྱེ ད་ལ༴ གང་ཞིག་འཁོར་བར་ འགྲོ་བ་ཡི། །སེམས་ཅན་ཀུན་གྱི་རྟེན་གྱུར་ཅིང༌། །གླིང་དང་དཔུང་གཉེན་གྱུར་པ་དེས། །ཁྱེ ད་ ལ༴ གང་ཞིག་ཆོས་ཀུན་མངོན་སུམ་གྱུར། །གཙང་ཞིང་བཀྲུ་བ་མི་མངའ་ལ། །སུམ་གཙང་ གཙང་མར་མཛད་པ་དེས། །ཁྱེ ད་ལ༴ དཔའ་བོ་ཆེན་པོ་གང་སྐྱེས་པ། །ཕུན་སུམ་ཚོགས་དོན་ གང་འབྱོར་ཅིང༌། །དོན་གྲུབ་ཚོགས་ཀྱང་གྲུབ་པ་དེས། །ཁྱེ ད་ལ༴ གང་ཞིག་སྐྱེས་པས་ས་ རྣམས་ནི། །ནགས་ཚལ་བཅས་པ་རབ་གཡོས་ཤིང༌། །སེམས་ཅན་ཐམས་ཅད་རབ་དགའ་ དེས། །ཁྱེ ད་ལ༴ བྱང་ཆུབ་སྙིང་པོར་གཤེགས་པ་ན། །ས་དག་རྣམ་དྲུག་གཡོས་གྱུར་ཅིང༌། 7-1-321 །བདུད་ཡིད་མི་བདེར་གྱུར་པ་དེས། །ཁྱེ ད་ལ༴ ཆོས་ཀྱི་འཁོར་ལོ་བསྐོར་བ་ན། །འཕགས་ པའི་བདེན་པ་རྣམས་གསུངས་ཤིང༌། །ཐུབ་པའི་སྙན་པ་གང་བྱུང་དེས། །ཁྱེ ད་ལ༴ ཡིད་འཕྲོག་ གང་ཞིག་མུ་སྟེགས་བྱེད། །ཐམས་ཅད་ཆོས་ཀྱིས་ཕམ་མཛད་ཅིང༌། །ཚོགས་རྣམས་དབང་དུ་ མཛད་པ་དེས། །ཁྱེ ད་ལ༴ སངས་རྒྱས་ཁྱེ ད་ལ་བདེ་ལེགས་མཛད། །བརྒྱ་བྱིན་ཚངས་པའི་ ལྷ་རྣམས་དང༌། །འབྱུང་པོ་ཀུན་གྱི་བདེ་ལེགས་ནི། །ཁྱེ ད་ལ་རྟག་ཏུ་སྦྱིན་གྱུར་ཅིག །སངས་ རྒྱས་བསོད་ནམས་མཐུ་དག་དང༌། །ལྷ་རྣམས་ཀུན་གྱི་བསམ་པ་ཡིས། །ཁྱེ ད་ཀྱི་འདོད་དོན་ གང་ཡིན་པ། །དོན་དེ་དེ་རིང་འགྲུབ་གྱུར་ཅིག །རྐང་གཉིས་ཁྱེ ད་ཅག་བདེ་ལེགས་ཤོག །རྐང་ བཞི་ཁྱེ ད་ཅག་བདེ་ལེགས་ཤོག །ཁྱེ ད་ཅག་ལམ་འགྲོ་བདེ་ལེགས་ཤོག །ཕྱིར་འོངས་དག་ ཀྱང་བདེ་ལེགས་ཤོག །ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ལ་བདེ་ལེགས་ ཤིང༌། །ཁྱེ ད་ཅག་ཀུན་ཏུ་བདེ་ལེགས་གྱུར། །ཁྱེ ད་ཅག་སྡིག་པར་མ་གྱུར་ཅིག དམིགས་ ཡུལ་ཆྒཻ་མོ་གཙོར་བྱས་པའི་སྐྱེ་དགུ་ཐམས་ཅད་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་ཤིན་ཏུ་ བཀྲ་ཤིས་ཤིང་རྒྱལ་བར་གྱུར་ཅིག ཕྱག་ཚིག་ཅི་རིགས་བཅས། གཙོ་བོ་རྒྱལ་བ་འགྲོ་བའི་མགོན། །འགྲོ་བ་སྐྱོབས་པའི་དོན་བརྩོན་པ། །སྟོབས་ཆེན་འཇིགས་པ་ཀུན་སེལ་ལ། །དམིགས་ ཡུལ་སྐྱབས་སུ་མཆི་ལགས་སོ། །དེ་ཡི་ཐུགས་སུ་ཆུད་པའི་ཆོས། །འཁོར་བའི་འཇིགས་པ་ སེལ་བ་དང༌། །བྱང་ཆུབ་སེམས་དཔའི་ཚོགས་ལ་ཡང༌། །དེ་བཞིན་དམིགས་ཡུལ་སྐྱབས་སུ་ མཆི། །དམིགས་ཡུལ་འཇིགས་པ་ཆེར་མཐོང་ནས། །ཀུན་ཏུ་བཟང་ལ་དམིགས་ཡུལ་འབུལ། །འཇམ་པའི་དབྱངས་ལ་དམིགས་ཡུལ་གྱི། །ལུས་འདི་བདག་གིས་དབུལ་བར་བགྱི། །ཐུགས་ རྗེའི་སྤྱོད་པ་མ་འཁྲུལ་པའི། །སྤྱན་རས་གཟིགས་མགོན་དེ་ལ་ཡང༌། །ཉམ་ཐག་ང་རོས་འོ་ དོད་འབོད། །སྡིག་ལྡན་འདི་ལ་བསྐྱབ་ཏུ་གསོལ། །འཕགས་པ་ནམ་མཁའི་སྙིང་པོ་དང༌། །ས་ ཡི་སྙིང་པོ་དག་དང་ནི། །ཐུགས་རྗེའི་བདག་ཉིད་ཐམས་ཅད་ལ། །སྐྱབས་ཚོལ་སྙིང་ནས་འོ་ 7-1-322 དོད་འབོད། །གང་ཞིག་མཐོང་ན་གཤིན་རྗེ་ཡི། །ཕོ་ཉ་ལ་སོགས་སྡང་བ་རྣམས། །སྐྲག་ནས་ ཕྱོགས་བཅུར་འབྱེར་བྱེད་པ། །རྡོ་རྗེ་ཅན་ལ་སྐྱབས་སུ་མཆི། །སྔོ ན་ཆད་ཁྱེ ད་ཀྱི་བཀའ་ལས་ འདས། །ད་ནི་འཇིགས་པ་ཆེར་མཐོང་ནས། །ཁྱེ ད་ལ་སྐྱབས་སུ་མཆི་ལགས་ཀྱི། །འཇིགས་པ་ མྱུར་དུ་བསལ་དུ་གསོལ། །དམིགས་ཡུལ་ཆྒཻ་མོ་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ་བྱང་ཆུབ་ སྙིང་པོ་ལ་མཆིས་ཀྱི་བར་དུ། བརྒྱུད་ལྡན་བླ་མ་ཐུགས་རྗེ་ཅན། ལྷ་ཇོ་བོ་དཀོན་མཆོག་རིན་ པོ་ཆེ་རྣམ་པ་གསུམ་དང༌། བཅོམ་ལྡན་འདས་མ་གཙུག་ཏོར་རྣམ་པར་རྒྱལ་མའི་ལྷ་ཚོགས་ འཁོར་དང་བཅས་པ། བྱང་ཆུབ་སེམས་དཔའ་ཉེ་བའི་སྲས་བརྒྱད་དང་བཅས་པ་ཐམས་ཅད་ ལ་ཕྱག་འཚལ་ཞིང༌། སྐྱབས་སུ་མཆིའོ། །སྡིག་པ་ཐམས་ཅད་སྦྱང་དུ་གསོལ། ལམ་བསྟན་ དུ་གསོལ། མྱུར་དུ་རྣམ་པ་ཐམས་ཅད་མཁྱེ ན་པ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་མཛད་དུ་ གསོལ། འདིར་དབང་བསྐུར། བསུར་བསྔོ ། མཚན་འཕོ་རྣམས་དབང་ཆོག་ལྟར་དང༌། བྱང་བུ་བསྲེག་སྐབས་མེ་བྱིན་རླབས་ དང༌། སྟོང་ཉིད་ཡེ་ཤེས་འབར་བའི་མེ། །དམིགས་ཡུལ་སྒྲིབ་པའི་བུད་ཤིང་དང༌། །འཁོར་བའི་ སྡུག་བསྔལ་མ་ལུས་པ། །ཡེ་ཤེས་སྣང་བ་འབར་གྱུར་ཅིག །གཟུངས་སྔགས་རིང་ཐུང་ཅི་རིགས་སོགས་ཀྱི་ མཐར། དཀོན་མཆོག་རིན་ཆེན་དཔལ་ཞིང་དུ། །དཀོན་མཆོག་རིན་ཆེན་ལས་བྱུང་བ། །དཀོན་ མཆོག་རིན་ཆེན་འོད་ཟེར་གྱིས། །རིན་ཆེན་ཕྲེང་བ་རྣམ་དག་པ། །ཚོགས་ཀྱི་ལམ་དང་སྦྱོར་ བའི་ལམ། །མཐོང་བའི་ལམ་དང་སྒོམ་པའི་ལམ། །བྱང་ཆུབ་བར་ཆད་མེད་པའི་ལམ། །བླ་ན་ མེད་པའི་ཁྱད་པར་ལམ། །རྣམ་པར་གྲོལ་བའི་ལམ་དག་ལ། །བརྟེན་ནས་སྡིག་པ་ཀུན་སྦྱངས་ ཏེ། །འཕགས་པའི་ལམ་དེར་འགྲོ་བར་ཤོག །ༀ་རཏྣེ་རཏྣེ། མ་ཧཱ་རཏྣེ་རཏྣ་སམྦྷ་ཝེ། རཏྣ་ ཀི་རཏྣེ་རཏྣ། མཱ་ལ་བི་ཤུདྡྷ། ཤོ་དྷ་ཡ། སརྦ་པཱ་པཾ་ཧཱུཾ་དྲཱ་ཐ། པདྨ་འདམ་གྱིས་མ་གོས་ལྟར། །སྲིད་གསུམ་དྲི་མས་མ་གོས་པའི། །སྲིད་པའི་པདྨོ་ལས་བྱུང་བའི། །བདེ་བ་ཅན་དུ་སྐྱེ་བར་ ཤོག །ༀ་པདྨེ་པདྨེ་པདྨ་སཾ་བྷ་ཝེ་ཨ་བྷི ་ནནྟ་གཙྪ་སཱཧཱ། དེར་སྐྱེས་པའི་བྱང་སེམས་རྙིང་པ་ 7-1-323 རྣམས་ཀྱིས་ཕྱིས་དེ་ལ་མཆོད་ཅིང་ཨརྒྷཾ༴ སོགས་དང༌། དེས་ཀྱང་སངས་རྒྱས་འོད་དཔག་མེད་ འཁོར་བཅས་ལ་མཆོད་ཅིང་ཨརྒྷཾ༴ སོགས་དང༌། དེར་སྐྱེས་པའི་རྒྱུ་བརྟགས་པས་རྡོ་རྗེ་སློབ་ དཔོན་གྱི་ཆོ་གའི་མཐུ་ཡིན་པར་ཤེས་ཏེ། རྫུ་འཕྲུལ་གྱིས་འདིར་འོང་ནས། བདག་དང་དཀྱིལ་ འཁོར་ལ་མཆོད་ཅིང་ཨརྒྷཾ༴ སོགས་དང༌། ཨེ་མ་སངས་རྒྱས་ཨེ་སངས་རྒྱས། །ཨེ་མ་སངས་རྒྱས་ མཛད་པ་ལེགས། །གང་ཕྱིར་ངན་སོང་བདག་ཅག་སྦྱངས། །བྱང་ཆུབ་སྤྱོད་པ་ཉིད་ལ་བཞག །བདག་གིས་ཀྱང་སླར་དེ་ལ་མཆོད་པས་མཆོད་ཅིང་ཨརྒྷཾ༴ སོགས་དང༌། སྤྲོ་ན་བསྟོད་པ་ཚིག་ བཞི་རེའང་བྱ། སླར་ཡང་བདེ་བ་ཅན་དུ་སོང་བར་བསམ། འདི་ནས་ནུབ་ཀྱི༴ སོགས། བསྔོ ་ སྨོན་ཅི་རིགས་པས་མཐར་དབྱུང་ངོ༌།། །། 7-1-324 ༄༅། །ལྷོ ་སྒོའི་བཤགས་པའི་སྐབས་ཀྱི་ངོ་སྤྲོད་བཞུགས། ༄༅། །བར་དོའི་ངོ་སྤྲོད། ལྷོ ་སྒོའི་བཤགས་པའི་སྐབས། བསྒྲུབ་བྱ་ལ་ངོ་སྤྲོད་བྱ་ཚུལ་ནི། འ་ོརིགས་ཀྱི་བུ་ གང་དག་ལེགས་པར་ཉནོ ་ཅིག སྤྱིར་ན་ཁམས་གསུམ་གང་དུ་ལས་ཀྱི་དབང་གིས་ འཁརོ ་བའི་འག་ྲོབ་མཐའ་དག་ནི་སྡུག་བསྔལ་ལས་གཏན་དུ་ཐར་བའི་སྐལ་བ་སྔར་ ཡང་ཐགོ ་མ་མེད་པའི་དུས་ནས་ཡདོ ་མ་མངྱོ ་ཞིང་ད་ལན་དུའང་སྡུག་བསྔལ་གྱི་རྩ་ བ་ཆདོ ་ཐབས་ཞི་བསིལ་ཆསོ ་ཀྱི་ས་ྒོམའོ ི་གསང་ལམ་ཞིག་རྙེད་སྐབས་མ་འགྲིགས་ ཚེ། ད་དུང་ཕྱིས་སུའང་མཐའ་མེད་པའི་བར་དུ་སྡུག་བསྔལ་གྱི་ཁུར་ཚང་ཆེས་ཤིན་ཏུ་ ལྕི་བ་དསོ ་དྲག་པ་ཤུགས་ངར་བའི་རླབས་མཐུ་བཟགློ ་དཀའ་བའི་ཟུག་རྔུས་གདུང་བ་ བཟདོ ་ཐབས་བྲལ་བ་ལས་ནམ་ཡང་འདའ་ཞིང་ཐར་པའི་དུས་ངེས་པར་དཀའ་བས་ ན་ཚུལ་འདི་ཡིད་ལ་བཞག་ནས་སྡུག་བསྔལ་ལས་ཐར་ཐབས་ལ་འབད་དགསོ ་པ་ ཡིན་ལ། དེ་འདྲའི་སྡུག་བསྔལ་མཐའ་དག་ནི་རྒྱུ་གང་ལས་འབྱུང་ན་སྡིག་པ་མི་དགེ་ བ་ཁ་ོན་ལས་འབྱུང་བ་རྒྱུ་འབྲས་ཀྱི་ངང་ཚུལ་རྣམ་པ་ཀུན་ཏུ་མི་བསླུ་བ་ཡིན་པས་ སྐྱེད་བྱེད་སྡིག་པ་མ་བཅམོ ་པར་བསྐྱེད་འབྲས་སྡུག་བསྔལ་ལྡོག་པ་ནམ་ཡང་མི་སྲིད་ པས་སྡུག་བསྔལ་གང་དག་གི་རྒྱུ་མི་དགེ་བ་གང་བྱས་དག་པའི་ཐབས་ལ་ལེགས་པར་ བརྩོན་དགསོ ་པ་ཡིན་ན། དེའི་ཐབས་མཆགོ ་ནི་རྒྱལ་བས་གསུངས་པའི་སྡིག་སྦངྱོ ་ གི་ཆ་ོག་སྦྱངས་བྲབ་ཁྲུས་གསུམ་དང་སྡིག་བཤགས་ལམ་སྦྱངས་བསྟན་གསུམ་སྟེ་ས་ྒོ དྲུག་པ་ོཡིན་པ་ལས་འདིར་ད་ལན་གྱི་སྐབས་སུ་བབ་པ་ནི་བཤགས་པའི་ས་ྒོནས་སྡིག་ 7-1-325 པ་སྦངྱོ ་བའི་དུས་ཡིན། དེ་ལའང་སྡིག་པ་བཤགས་པའི་ཡུལ་མསོ ་སྣང་དག་པའི་རེ་ འདུན་གྱིས་མདུན་འདི་ན་འཕགས་མ་གཙུག་ཏརོ ་རྣམ་པར་རྒྱལ་མའི་རྟེན་དང་བརྟེན་ པའི་ལྷ་ཚོགས་སངས་རྒྱས་བྱང་སེམས་འབྱམས་ཀླས་པ་དང་བཅས་པ་སྤྱན་དྲངས་ ཡོད་པ། ཁྱོད་རང་རྣམས་ཀྱི་སྡིག་ལྟུང་བཤགས་ཡུལ་ཡིན་པས་དེ་དག་གི་མདུན་དྲུང་ དུ་སྔར་བྱས་ཀྱི་སྡིག་པ་ལ་འགདྱོ ་སེམས་ཤུགས་དྲག་དང་ཕྱིན་ཆད་མི་བྱ་བའི་ཞེ་དམ་ བརྟན་པོ་དང་བཅས་པའི་སྒོ་ནས་ཕྱག་འཚལ་བ་དང་སྐྱབས་སུ་འགྲོ་བའི་ཚིག་འདི་ དག་རྗེས་ཟློས་མཛོད་ཅིག། །། ༄༅། །ཚེ་འདས་ལ་བར་དོའི་ངོ་སྤྲོད་འ་ོཚེ་ལས་འདས་པ་ཆྒཻ་མོ་ཁྱོད་མ་ཡེངས་པར་ལེགས་ པར་ཉནོ ་ལ་ངས་ག་ོབརྡ་གང་སྤྲད་པ་བཞིན་ཡིད་ལ་ཟུང་ཞིག དེ་ཡང་སྐྱེས་པའི་ཐ་མ་ འཆི་བ་དང་འདུས་པའི་ཐ་མ་འབྲལ་བ་ནི་སྤྱིར་མི་རྟག་འཁརོ ་བའི་གནས་ཚུལ་ཡིན་ པས་མདང་ཞག་རྐྱེན་འགའ་ཞིག་གི་བྱེད་པས། ཁྱོད་ཀྱང་ཚེའི་དུས་བྱས་ཏེ་ད་སྐབས་ སྲིད་པ་བར་མ་ད་ོན་སླེབ་པའི་དུས་ཚད་དུ་གདའ་བས་འདི་སྣང་གི་ལངོ ས་སྤདྱོ ་འབྱོར་ བ་གཉེན་ཉེ་མཛའ་གང་གིས་ཀྱང་ཕན་པ་སྤུ་ཙམ་མེད་པ་ཡིན། ཁྱོད་རང་ད་ལན་བར་ དརོ ་གནས་པའི་རྟགས་ནི་ལུས་ལ་གྲིབ་མ་མེད་ཅིང་ཉི་ཟླའི་སྣང་བ་སགོ ས་མི་འབྱུང་ ཞིང་རླུང་གཟུགས་སྣང་མུན་འདྲེས་པའི་འདོ ་སྐྱ་རེངས་ཤར་བ་ལྟ་བུའི་གསལ་སྣང་ བྱུང་བ་ནི་གདསོ ་བཅས་ཀྱི་ལུས་དང་དབང་པ་ོསགོ ས་མེད་པའི་རྐྱེན་གྱིས་ཡིན། ལུས་ ཀྱང་གང་ལ་ཐགོ ས་པ་མེད་ཅིང་ཐལ་བུད་དུ་འག་ྲོནུས་ཤིང་སེམས་ལ་ཟག་བཅས་ཀྱི་ མངནོ ་ཤེས་ཅུང་ཙམ་ཡདོ ་པས་གཞན་གྱི་སེམས་རྣམ་རགྟོ ་གི་འགྱུ་བ་རགས་པའང་ ཤེས་ནུས་པ་ནི་བེམ་རིག་དང་བྲལ་བའི་ཡིད་ལུས་དབང་པ་ོཀུན་ཚང་ཐགོ ས་མེད་དུ་ རྒྱུ་བའི་སེམས་གསལ་སྣང་གི་བྱེད་པས་ཡིན་ཞིང༌། ཟས་ཁམ་གྱིས་ཟ་བ་མེད་པར་ 7-1-326 དྲི་ཚརོ ་བ་ཙམ་གྱིས་ཡིད་ཚིམ་པ་ཡང་དབང་པ་ོརགས་པ་མེད་པའི་དབང་གིས་ཡིན། འག་ྲོའདུག་སྤདྱོ ་ལམ་ཀྱང་ངེས་པ་མེད་པར་འཕྲལ་འཕྲལ་འགྱུར་བག་གི་རང་བཞིན་ དང་ཡུལ་ཡང་ཆ་རྒྱུས་ཡདོ ་མེད་སྣ་ཚགོ ས་པའི་གླིང་མི་འདྲ་བ་དུ་མར་དབང་མེད་དུ་ ལས་ཀྱི་རླུང་ཤུགས་བཙན་པསོ ་དེད་དེ་རང་དབང་གིས་ཡུད་ཙམ་རེ་ལས་རྒྱུན་གནས་ དལ་བར་འདུག་དབང་མེད་པའང་རྣམ་སྨིན་གྱི་སྐྱེ་སྲིད་རིས་སུ་ཆད་པ་དེ་ཉིད་དརོ ་ ཏེ་སྲིད་པ་བར་མ་དརོ ་སླེབས་ནས་ཡིད་ལུས་ཙམ་ལ་བརྟེན་པའི་རྟགས་དང༌། ལས་ སྣང་འཁྲུལ་བའི་སྣང་ཚབས་ཆེ་བ་དཔེ་རྨི་ལམ་གྱི་ཡུལ་སྣང་ལྟ་བུར་རེད་ནས་སྣ་ ཚགོ ས་པའི་འཁྲུལ་སྣང་དུ་མས་དུས་འདའ་བའང་ཇི་བཞིན་ང་ོཤེས་དགསོ ་པ་ཡིན་ ལ། གཞན་ཡང་གཡང་ས་འཇིགས་སུ་རུང་བ་དང༌། འབྱུང་བ་འཁྲུགས་པའི་སྒྲ་བཟདོ ་ དཀའ་བ་དང༌། གཤིན་རྗེའི་སྐྱེས་བུ་འཇིགས་གཟུགས་ཅན་དུ་མ་མཐངོ ་བ་དང༌། བྱོལ་སངོ ་གི་ཡུལ་གླིང་འདྲ་མིན་མང་པ་ོསགོ ས་སྣང་ཚུལ་མ་ངེས་པ་ཡིད་གཟེངས་ པའི་སྣང་བ་དུས་ཀྱི་འགྱུར་ལྡོག་གི་འཚུབ་ལངོ ་ཧ་ཅང་འཁྲུགས་པས་སྣང་ལགོ ་ཡ་ང་ བའི་གནས་སྣང་གང་དག་ནི། ཁྱོད་རང་ཚ་ོ བར་དརོ ་གནས་པའི་རྟགས་སུ་འདུག་ པས་དེ་དག་ཀྱང་དནོ ་གྱི་ཡིན་ལུགས་ལ་ནི་བདེན་པར་གྲུབ་པ་གང་ཡང་མེད་པར་ རྨི་ལམ་གྱི་སྣང་ལགོ ་བརྫུན་པ་དང་ངེས་པར་མཚུངས་པས་འཁྲུལ་སྣང་གི་ཡ་ོལང་དེ་ དག་ལ་ཨ་འཐས་ཀྱི་ཞེན་པས་ཚུགས་ཐུབ་ཏུ་གྲུབ་པའི་ཕན་གནདོ ་ཀྱི་དངསོ ་པ་ོཉིད་ དུ་མ་འཛིན་པར་བདེན་མེད་སྒྱུ་མ་ལྟ་བུའི་ངང་ཚུལ་དུ་ཤེས་པར་གྱིས་ལ། ད་ཕན་ ཆད་ནས་འཁྲུལ་སྣང་མེད་པ་གསལ་སྣང་གི་འཆར་ས་ྒོཙམ་གྱི་རྟེན་འབྲེལ་འདི་ཀ་ ངེས་པར་བསལ་བའི་ཐབས་ནི་ངན་སངོ ་སྦངྱོ ་བའི་རྒྱུད་ལས་བསྟན་པའི་སྡིག་སྦངྱོ ་གི་ ཆ་ོག་ས་ྒོདྲུག་དང་འབྲེལ་བའི་ཐབས་ཚུལ་རྟེན་འབྱུང་ཟབ་མའོ ི་འཕྲུལ་གྱི་བྱེད་པ་ཉིད་ 7-1-327 མཆགོ ་ཏུ་བཟང་བས། དེ་ལུགས་ཀྱི་ཚུལ་ལས་འདིར་ད་ལན་འཁྲུལ་སྣང་གི་རྒྱུ་སྡིག་ ལྟུང་གང་བསགས་ལ་བཤགས་བསྡམས་ཀྱིས་ཉེས་སྒྲིབ་སེལ་ཐབས་ལ་འབད་འབུང་ བྱེད་དགསོ ་པ་གལ་ཤིན་ཏུ་ཆེ་བ་ཡིན་ཏེ་དེའི་ཚུལ་ཡང༌། ཇི་སྐད་དུ། གང་ཞིག་ སནྔོ ་ཆད་བག་མེད་གྱུར་པ་འང༌། །ཕྱིས་ནས་བག་དང་ལྡན་པར་གྱུར་དེ་ཡང༌། །ཟླ་བ་ སྤྲིན་བྲལ་ལྟ་བུར་རྣམ་མཛེས་ཏེ། །དགའ་བ་ོསརོ ་འཕྲེང་མཐངོ ་ལྡན་བདེ་བྱེད་བཞིན། །ཞེས་གསུངས་པ་ལྟར་སནྔོ ་ཆད་སྡིག་པ་ཅི་ཙམ་ཆེ་ཡང་ཕྱིས་སུ་གནངོ ་འགདྱོ ་ཀྱིས་ བཤགས་པ་གཟབ་ལྡན་སྟོབས་ཆེན་བྱེད་ནུས་ན་མི་འདག་པའི་སྡིག་པ་མི་སྲིད་ཅིང་ ངེས་པར་དག་ཚངས་མཆགོ ་ཏུ་འགྱུར་བའི་ཚུལ་ཡིད་ལ་བཞག་སྟེ། འདིར་སྤྱན་དྲངས་ བའི་འཕགས་མ་གཙུག་ཏརོ ་རྣམ་པར་རྒྱལ་མའི་དཀྱིལ་འཁརོ ་གྱི་ལྷ་ཚགོ ས་གང་དག་ གི་དྲུང་དུ་ཡིད་ཁ་མིན་གཏིང་ནས་སྡིག་ལྟུང་གང་དག་ལ་འགདྱོ ་སེམས་དང་སླན་ ཆད་སམྡོ ་སེམས་འགྱུར་མེད་ཀྱི་ས་ྒོནས་གུས་ཕྱག་འཚལ་བའི་མསོ ་པ་མཛདོ ། ཅེས་པའི་ངོ་ སྤྲོད་གཉིས་པོ་མ་ཏིས་སྨྲས་པ་བཞིན་ཡི་གེ་པ་ཡོན་ཏན་བཟང་པོའ།ོ ། །། 7-1-328 ༄༅། །འཕགས་མ་གཙུག་ཏོར་རྣམ་པར་རྒྱལ་མའི་ འཕོ་བའི་མགོར་མཚན་དང་གསོལ་འདེབས་ བྱ་ཚུལ་བཞུགས། ༄༅། །འཕོ་བའི་མགོར་མཚན་དང་གསོལ་འདེབས་བྱ་བ་ནི། བཅོམ་ལྡན་འདས་མ་དེ་བཞིན་གཤེགས་ པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཕགས་མ་སྒྲིབ་ཀུན་སྦྱོང་མཛད་ ཆེན་མོ་གཙུག་ཏོར་རྣམ་པར་རྒྱལ་མ་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །ལན་ གསུམ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་འཕགས་པ་ སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །ལན་གསུམ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཐུ་སྟོབས་ཀྱི་དབང་ཕྱུག་དཔལ་གསང་བའི་ བདག་པོ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །ལན་གསུམ། གསོལ་ བ་འདེབས་སོ་གཙུག་ཏོར་རྣམ་པར་རྒྱལ། །ཐུགས་རྗེས་གཟིགས་ཤིག་འཕགས་མཆོག་སྤྱན་ རས་གཟིགས། །བྱིན་གྱིས་རློབས་ཤིག་གསང་བདག་རྡོ་རྗེ་འཛིན། །སྙིང་ནས་དྲན་ནོ་བདག་ སོགས་འཇིགས་ལས་སྐྱོབས། །ཞེས་པ་ལན་གསུམ་བརྗོད་བཞིན་ཡིད་དད་གུས་རྩེ་གཅིག་པས་ཅི་མཛད་ཁྱེ ད་ཤེས་ ཀྱི་བློ་གཏད་འགྱུར་མེད་བྱའོ། །ཞེས་པའང་མ་ཏིས་སྨྲས་ལྟར་མཆེད་ཀྱིས་བྲིས།། །། 7-1-329 ༄༅། །འཕགས་མ་གཙུག་ཏོར་རྣམ་པར་རྒྱལ་མའི་ འཕོ་བ་དབྱིངས་རིག་བསྲེ་བྱེད་ ཅེས་བྱ་བ་བཞུགས་སོ། ། ༄༅། །འ་ོའཇིག་རྟེན་འདི་ནས་ཕ་རལོ ་ཏུ་སངོ ་བའི་ཆེ་གེ་མ་ོགང་དག་གིས་ཟབ་ ལམ་འཕ་ོབའི་དམིགས་པ་འདི་བཞིན་དུ་མཛདོ ་ཅིག ཁྱོད་རང་རྣམས་ཀྱི་སྤྱི་བའོ ི་ སྟེང་གི་ནམ་མཁར་པད་ཟླའི་གདན་སུམ་བསྒྲིག་གི་དབུས་ཀྱི་སྟེང་དུ་དུས་གསུམ་ སངས་རྒྱས་ཀུན་འདུས་ཀྱི་བདག་ཉིད་རྩ་བའི་བླ་མའི་ང་ོབ་ོལ་རྣམ་པ་འཕགས་མ་ ཐུགས་རྗེའི་གཏེར་ཆེན་གཙུག་ཏརོ ་རྣམ་པར་རྒྱལ་མ་སྐུ་མདགོ ་དཀར་མ་ོཞལ་གསུམ་ གཡས་སེར་གཡནོ ་ས་ྔོདབུས་དཀར་གསལ་གྱི་མདངས་ཅན། ཕྱག་བརྒྱད་ལས་ གཡས་དང་པསོ ་སྣ་ཚགོ ས་ར་ྡོརྗེ་ཐུགས་ཀར་དང༌། གཡནོ ་དང་པསོ ་ཞགས་པ་སྡིགས་ མཛུབ་ཀྱིས་བསྣམས་ཤིང༌། དེ་བཞིན་དུ་གཡས་གཉིས་པས་པདྨའི་སྟེང་དུ་འདོ ་དཔག་ མེད་དང༌། གཡནོ ་གཉིས་པས་གཞུ། གཡས་གསུམ་པས་མདའ་དང༌། གཡནོ ་གསུམ་ པས་སྐྱབས་སྦྱིན་གྱི་ཕྱག་རྒྱ། གཡས་བཞི་པས་མཆགོ ་སྦྱིན་གྱི་ཕྱག་རྒྱ་དང༌། གཡནོ ་ བཞི་པས་ཏིང་ངེ་འཛིན་གྱི་ཕྱག་རྒྱའི་སྟེང་ན་ཚེ་བུམ་བཅས་ལེགས་པར་འཛིན་པ། སྐུ་ ལ་དར་དང༌། རིན་པ་ོཆེས་བརྒྱན་བཞིན་ཞབས་སྐྱིལ་ཀྲུང་གིས་བཞུགས་པ། དེའི་ གཡས་ཀྱི་པད་ཟླ་ལ་འཕགས་པ་སྤྱན་རས་གཟིགས་དཀར་པ་ོཕྱག་གཡས་རྔ་ཡབ་ 7-1-330 དང་གཡནོ ་པད་དཀར་གྱི་སངྡོ ་བུ་འཛིན་པ། གཡནོ ་གྱི་པད་ཟླར་ཕྱག་ན་ར་ྡོརྗེ་སནྔོ ་པ་ོ གཡས་རྔ་ཡབ་དང་གཡནོ ་ར་ྡོརྗེ་རང་མདགོ ་འཛིན་བཞིན་དེ་གཉིས་ཀ་དར་དང་རིན་ པ་ོཆེས་མཛེས་ཤིང་གཙ་ོ འཁརོ ་དེ་གསུམ་ཐུགས་བརྩེ་བའི་ངང་ནས་དགྱེས་བཞིན་ བཞུགས་པར་མསོ ་ལ། དབུས་ཀྱི་གཙ་ོམའོ ི་སྐུ་ལུས་ལས་འདོ ་ཟེར་དཀར་པ་ོབྱུང་སྟེ་ ཁྱོད་ཅག་གི་ལུས་ལ་ཕགོ ་རྐྱེན་ལུས་གང་དག་གདསོ ་བཅས་ཀྱི་རྣམ་པ་མ་ཡིན་པར་ འདོ ་དཀར་གྱི་རང་བཞིན་ཕྱི་ནང་གསལ་བ་དེའི་ནང་དུ་རྩ་དབུ་མ་ཤེལ་གྱི་སྦུ་གུ་ ལྟ་བུ་དྭངས་ཤིང་གསལ་བ་མདའ་སྨྱུག་ཙམ་མས་སྣེ་ལྟེ་འགོ ་ཏུ་ཁ་ཟུམ་ཞིང་ཡས་སྣེ་ ཚངས་བུག་ཏུ་ཁ་ཕྱེ་བ་དེའི་ནང་གི་སྙིང་གའི་ཐད་ཙམ་ན་ཁྱོད་རང་གི་གཉུག་སེམས་ དྭངས་མའི་ང་ོབ་ོརྣམ་པ་ཐིག་ལེ་ཕྲ་བ་འདོ ་ལྔ་འབར་ཞིང་འདར་ཕྲུག་འཕར་བའི་ བདག་ཉིད་དུ་གསལ་ཐབོ ་ལ་ཁྱེད་རྣམས་ཀྱིས་སྤྱི་བའོ ི་སྟེང་ན་བཞུགས་པའི་འཕགས་ མ་གཙ་ོའཁརོ ་གསུམ་ལ་རིག་པ་ཐུགས་ཀར་འཕ་ོའདུན་གྱིས་གསལོ ་བ་གདུང་ཤུགས་ དྲག་པ་ོའདི་ལྟར་ཐབོ ་ཅིག སངས་རྒྱས་ཀུན་འདུས་ཀྱི་བདག་ཉིད་ཅན། །རྩ་བའི་བླ་མ་དང་གཉིས་མེད་པ། །གཙུག་ ཏོར་རྣམ་རྒྱལ་གྱི་ལྷ་མོ་རྗེ། །བརྩེ་ཆེན་ཐུགས་རྗེ་ཡི་མངའ་བདག་མོ། །མོས་གུས་གདུང་ ཤུགས་ཀྱིས་གསོལ་བ་འདེབས། །དྭངས་མའི་རིག་ཤེས་ཀྱི་ཐིག་ལེ་ཉིད། །དབུ་མའི་རྩ་ལམ་ ལ་ལེགས་བརྒྱུད་དེ། །འཕགས་མའི་དགོངས་ཆེན་དུ་རོ་གཅིག་གྱུར། །གདོད་མ་ཆོས་ཉིད་ཀྱི་ རོལ་པ་ལས། །གང་འདུལ་སྒྱུ་འཕྲུལ་གྱི་མཚར་བཀོད་ཆེ། །མཛེས་སྡུག་ལྷ་མོ་ཡི་སྐུ་བཟང་ ཅན། །རྣམ་འཕྲུལ་ནམ་མཁའ་དང་མཉམ་པའི་མགོན། །མོས་གུས༴ འགག་མེད་དོན་དམ་ གྱི་རྡོ་རྗེའི་ཚིག །གཞོམ་བྲལ་སྐྱེ་མེད་ཀྱི་སྒྲ་གདངས་ལས། །སྣ་ཚོགས་གང་འདུལ་གྱི་བརྗོད་ སྒོ་ཡིས། །གདུལ་བྱ་རྣམ་གྲོལ་ལ་འགོད་པའི་གཉེན། །མོས་གུས༴ ཆོས་དབྱིངས་གནས་ 7-1-331 ལུགས་ཀྱི་བདེ་བ་ཆེ། །འཁོར་འདས་ཀུན་ཁྱབ་ཀྱི་ཡེ་ཤེས་ཉིད། །གཉུག་མ་སྤྲོས་བྲལ་གྱི་ ཞི་བའི་ཀློ ང༌། །དཔག་ཡས་ཡོན་ཏན་གྱི་གཞིར་གྱུར་པ། །མོས་གུས༴ རྒྱལ་ཀུན་སྙིང་རྗེ་ཡི་ རང་གཟུགས་མཆོག །ཉམ་ཐག་འགྲོ་ཀུན་གྱི་མགོན་གཅིག་པུ། །རླབས་ཆེན་ཐུགས་རྗེ་དང་ མཛད་ཕྲིན་ཅན། །སྤྱན་རས་གཟིགས་དབང་ཉིད་སྐྱབས་གནས་ཆེ། །མོས་གུས༴ དཔལ་ལྡན་ གསང་ཆེན་གྱི་མཛོད་འཛིན་པ། །མཐུ་སྟོབས་རབ་འབར་གྱི་གཙོ་བོ་རྗེ། །གསང་གསུམ་ཡོན་ ཏན་གྱི་ཕུང་པོ་ཅན། །རྡོ་རྗེ་འཛིན་པ་ཡི་བདག་ཉིད་མཆོག །མོས་གུས་༴ རྣམ་གསུམ་འགྲོ་ བའི་སྐྱབས་ཉག་གཅིག་པོ། །དད་མོས་གདུང་དབྱངས་ཀྱིས་གསོལ་འདེབས་ན། །ཐུགས་ ཡིད་དབྱེར་མེད་ཀྱི་དགོངས་ཀློ ང་ངང༌། །རིག་པ་འཕོ་ཆེན་དུ་གྲོལ་བར་ཤོག །ཅེས་པའི་མཐར་ ཕཊ་སྒྲ་ཆུང་འབྲིང་ཆེ་གསུམ་གྱིས་རིག་པའི་ངོ་བོ་ཐིག་ལེའི་རྣམ་པ་དེ་ཉིད་རྩ་དབུ་མའི་ལམ་ནས་སྐད་ཅིག་ལ་སྐར་མདའ་ཆད་པ་ ལྟར་རྒྱང་ཀྱིས་སོང་སྟེ་འཕགས་མ་མཆོག་གི་ཐུགས་ཀར་ཐིམ་ཞིང་ཐུགས་ཡིད་རོ་མཉམ་ཆེན་པོར་དར་ཅིག་ལ་འཇོག་ཅིང༌། སླར་ ཡང་གོང་བཞིན་གསོལ་བ་འདེབས་པ་ནས་བཟུང་ཡང་བསྐྱར་གང་འཚམ་བྱས་ཀྱང་ཆོག་པའོ། །ཞེས་པའི་རྣམ་རྒྱལ་མའི་འཕོ་བ་ དབྱིངས་རིག་བསྲེ་བྱེད་ཅེས་བྱ་བ་འདི་ཡང་བླ་མ་རིན་ཆེན་མཚན་ཅན་གྱི་བཀས་བསྐུལ་མ་བཟློ ག་ཙམ་དུ། མ་ཏིས་སྨྲས་པ་ལྟར་ ཡི་གེ་པའང་ཡོན་ཏན་བཟང་པོས་བྱས་པ་དགེ། །། 7-1-332 ༄༅། །འཕགས་མ་གཙུག་ཏོར་རྣམ་པར་རྒྱལ་མའི་སྨོན་ལམ་གྱི་ ཚིག་འདོད་དོན་ལེགས་འགྲུབ་ཅེས་བྱ་བ་ བཞུགས་སོ། ། ༄༅། །བླ་མ་དང་གཉིས་སུ་མེད་པ་གཙུག་ཏོར་རྣམ་པར་རྒྱལ་མ་ལ་ཕྱག་འཚལ་ལོ། །ཕུན་ཚོགས་ལེགས་བྱས་རབ་དཀར་བསོད་ནམས་ཚོགས། །འདི་ན་གང་འབད་འདིས་ མཚོན་དུས་གསུམ་གྱི། །སྐྱེ་འཕགས་ཡོངས་ཀྱི་བསགས་སྒོ་རྨད་བྱུང་བ། །རླབས་ཆེན་བགྱི་བ་ དེ་ཀུན་གྱི་མཐུ་ཡིས། དེང་སྐབས་རིག་སྔགས་གཟུངས་ཀྱི་ཆོ་ག་ལ། །བརྟེན་ནས་སྒྲིབ་སྦྱོང་ ཚེ་སྤེལ་བསྙེན་མཆོད་སོགས། །གང་བྱས་ལས་ཀྱི་དོན་ཀུན་ཐོགས་མེད་པར། །ཇི་བཞིན་དུས་ སུ་ལེགས་འཁྱོ ལ་མཛད་དུ་གསོལ། །ཐོག་མེད་ནས་བསགས་སྒོ་གསུམ་སྡིག་ལྟུང་ཚོགས། །གང་དང་གང་བྱས་ལས་སྒྲིབ་བག་ཆགས་ཀུན། །ཡོངས་བྱང་སྲིད་པའི་རྣམ་སྨིན་བཟོད་ དཀའ་བ། །རིམ་པས་གྲོལ་བ་ཐོབ་ནས་ངལ་བསོ་ཤོག །ཁྱད་པར་འདི་ན་བསྒྲུབ་བྱ་གང་གི་ དོན། །ཐུན་མོང་རྣམ་དཀར་ཆོས་བློ་གསར་བའི་དཔལ། །སྐྱབས་མཆོག་ལྷ་ལ་སྙིང་ནས་དད་ པ་འཕེལ། །མོས་གུས་ཐུགས་རྗེའི་དཔྱང་ཐག་མྱུར་ལྡན་ཤོག །ལྷག་བསམ་རྣམ་དག་སྙིང་ རྗེ་བྱང་ཆུབ་སེམས། །ཟབ་མོའི་གནས་ལུགས་ལྟ་བ་ཟུང་འབྲེལ་ངང༌། །ལྷ་མོའི་རིག་སྔགས་ ཕྱག་རྒྱ་ལྷའི་འཁོར་ལོ། །འོད་གསལ་ངང་ནས་ལེགས་སྣང་བྱེད་པར་ཤོག །མཐུ་དེས་སྒྲིབ་ སྦྱངས་ཚོགས་ཆེན་རབ་རྫོགས་ནས། །མི་ཤིགས་ཡེ་ཤེས་ཚེ་མཆོག་ཡོངས་འགྲུབ་སྟེ། །རང་ 7-1-333 གཞན་དོན་གཉིས་བསྒྲུབ་ལ་དཔའ་བའི་མཐུ། །སྒོ་གང་ཐད་དུ་ཀུན་ནས་ཡོངས་རྒྱས་ཤོག །དེར་བརྟེན་ཕྲིན་ལས་རོལ་པ་ཆེན་པོ་ཡིས། །འཁོར་བའི་འགྲོ་བ་སྤྱི་དང་ཁྱད་པར་དུ། །ངན་ སོང་གསུམ་གྱི་སྡུག་བསྔལ་གཞོམ་པའི་ཐབས། །རང་རང་ལེགས་འཚམ་མཛད་བཟང་ཆད་ མེད་ཤོག །འདི་ན་འབྲེལ་བའི་ལྟོ ས་བཅས་མ་ལུས་པ། །རང་རང་ལའང་ལས་སྒྲིབ་ཤུགས་ ཆེ་བ། །གང་ཡོད་དག་གི་རྣམ་སྨིན་མི་བདེ་བ། །མཐའ་དག་འཕྲལ་དུ་ཉེར་ཞི་མཆོག་ཐོབ་ཤོག །དེ་ནས་བཟུང་སྟེ་དགའ་ཆེན་བདེ་བའི་ངང༌། །བགྲེས་རྒུད་བྲལ་བའི་ཚེ་མཆོག་ལ་བརྟེན་ ནས། །ཟབ་གསལ་གཉིས་མེད་རྣལ་འབྱོར་ཡོངས་སྨིན་ཅིང༌། །སྲིད་པ་འཁོར་བ་རྒྱབ་ཀྱིས་ ཕྱོགས་པར་ཤོག །བདག་སོགས་རྣམས་ཀྱིས་གནས་སྐབས་འདི་དག་ཏུ། །རང་དོན་སྡིག་པ་ ཚབས་ཆེན་སྦྱོང་བ་དང༌། །ཚེ་དང་ཡེ་ཤེས་གསར་བ་སྤེལ་ནུས་ཤིང༌། །གཞན་ཕན་དེ་ལུགས་ བཞིན་ལ་ཐོགས་མེད་ཤོག །དཔལ་ལྡན་ལྷ་མོ་འཁོར་བཅས་ལེགས་མཆོད་པའི། །རྣམ་ དཀར་བསོད་ནམས་ཞིང་གི་བྱ་བ་ལ། །ཚེ་རབས་འདི་དང་སྐྱེ་བ་ཐམས་ཅད་དུ། །རླབས་ཆེན་ ཕུན་ཚོགས་སྒོ་ཆེན་རྟག་སྤྱོད་ཤོག །ཡེ་ཤེས་ལྷ་མོའི་ཟག་བྲལ་སྐུ་མཆོག་གི །འོད་དཀར་ སྣང་བའི་མཛེས་པ་འབྱིན་པའི་དཔལ། །དག་སྣང་རང་རིག་གཤིས་སུ་རྩལ་རྫོགས་ཏེ། །སྒྱུ་ འཕྲུལ་དྲ་བའི་འཁོར་ལོར་དབང་ཐོབ་ཤོག །གཉུག་མ་གཞོམ་བྲལ་འགྱུར་མེད་རྡོ་རྗེའི་ཚིག །བརྗོད་བྲལ་ནཱ་དའི་རང་བཞིན་མཁའ་ཁྱབ་པ། །ཡེ་བཞུགས་གསུང་གི་དབང་ཕྱུག་འགག་ མེད་སྒྲ། །དོན་དམ་སྤྲོས་བྲལ་དབྱིངས་སུ་ཆེར་ངོམ་ཤོག །འོད་གསལ་ཆོས་སྐུ་འཕགས་མ་ མཆོག་གི་ཐུགས། །ཀུན་ཁྱབ་གཤེགས་སྙིང་ངོ་བོར་རྟག་བཞུགས་པ། །ནམ་ཡང་རིས་བྲལ་ གདོད་མའི་དེ་ཉིད་མཆོག །ཇི་བཞིན་དག་པའི་དགོངས་ཆེན་སྤྱོད་པར་ཤོག །རབ་དཀར་ འཕགས་མའི་མཆོད་སྒྲུབ་ཟབ་མོ་དང༌། །ཉེ་བར་འབྲེལ་བའི་ཚོགས་ཆེན་རབ་བསགས་ པ། །གང་འདིས་དུས་ཀྱི་མཐའ་མ་འདི་ཉིད་དུ། །ལེགས་སྒོ་མཆོག་གི་བཀྲ་ཤིས་ཐོབ་པར་ 7-1-334 ཤོག །ཕན་བདེ་འབྱུང་གནས་རྒྱལ་བསྟན་དར་བ་དང༌། །དེ་འཛིན་དམ་པ་སྡེ་བཅས་ཡོངས་ རྒྱས་ཤིང༌། །སྐྱེ་དགུའི་ཕན་བདེ་དབྱར་མཚོ་བཞིན་འཕེལ་ཏེ། །གང་ལ་གང་འདོད་རེ་སྐོང་ དེ་ལུགས་ཤོག །དཔལ་ལྡན་ཡེ་ཤེས་མཆོག་གི་གཏེར་གྱུར་པ། །གསང་གསུམ་རླབས་ཆེན་ ཆོས་སྐུ་ཤེར་ཕྱིན་མོ། །ནམ་ཡང་འཁོར་འདས་གཤིས་སུ་བདེན་གང་གིས། །གང་སྨོན་དོན་ ཀུན་ལྷུན་གྱིས་འགྲུབ་གྱུར་ཅིག །ཅེས་རྣམ་རྒྱལ་མའི་སྨོན་ཚིག་འདོད་དོན་ལེགས་འགྲུབ་འདི་ཡང་བརྩོན་འགྲུས་ཀྱི་ ངོར་མ་ཏིས་སྦྱར་བའོ།། །།དགེའོ།། 7-1-335 ༄༅། །འཕགས་མ་གཙུག་ཏོར་རྣམ་པར་རྒྱལ་མའི་ཤིས་བརྗོད་ ཕན་བདེ་ཀུན་སྩོལ་ཞེས་བྱ་བ་ བཞུགས་སོ། ། ༄༅། །བཀྲ་ཤིས་གང་ཞིག་བཅོམ་ལྡན་འདས་མ་རྣམ་པར་རྒྱལ། །བྱིན་རླབས་གསང་ བའི་མཛོད་འཛིན་བརྒྱུད་རིམ་གསེར་རིའི་ཕྲེང༌། །རླབས་ཆེན་དགེ་མཚན་དཔལ་གྱིས་ཡོངས་ མཛེས་དེ་དག་གིས། །ལེགས་ཚོགས་སྒོ་བརྒྱའི་མེ་ཏོག་ཆར་ཆེན་དེང་འདིར་སྙིལ། །རྗེ་ བཙུན་བཅམོ ་ལྡན་འདས་མ་གཙུག་ཏརོ ་རྣམ་པར་རྒྱལ་མ་ཆེན་མོའི་ངོ་མཚར་བའི་ སྐུ་གསུང་ཐུགས་ཀྱི་གསང་བ་མི་ཟད་པ་རྒྱན་གྱི་འཁརོ ་ལ་ོནམ་ཡང་རིས་སུ་ཆད་པ་ མི་མངའ་བ་གང་དེ་ཉིད་ལ་ང་ོམཚར་བཀྲ་ཤིས་གསར་བའི་དཔལ་ཡནོ ་ཇི་སྙེད་མངའ་ བ་དེས་དེང་འདིར་སྐལ་བ་དང་ལྡན་པ་གང་དག་ལྷག་པར་སྐངྱོ ་བར་གྱུར་ཅིག བཀྲ་ ཤིས་གང་ཞིག་རབ་དཀར་སྟོན་ཟླ་འབུམ་གྱི་དཔལ། །ཟག་བྲལ་ཡེ་ཤེས་ལང་ཚོ་གསར་ བའི་མཛེས་འབར་བ། །དཔག་ཡས་དགེ་མཚན་ལེགས་མངའི་འཕགས་མ་མཆོག་གི་སྐུ། །བདེན་པ་གང་དེས་འགྲོ་ལ་ལེགས་ཚོགས་སྦྱིན་པར་མཛོད། །བཀྲ་ཤིས་གང་ཞིག་འཕགས་ མའི་གསུང་མཆོག་ཚངས་པའི་དབྱངས། །ཟབ་དང་རྒྱ་ཆེའི་ཆོས་སྒོ་འབྱམས་ཀླས་སྩོལ་བའི་ དཔལ། །ལྷ་ཡི་རྔ་བཞིན་རྣམ་པར་རྟོག་མེད་ལྷུན་གྲུབ་པ། །བདེན་པ་གང་དེས༴ བཀྲ་ཤིས་ གང་ཞིག་ཡེ་ཤེས་རྒྱ་མཚོ་མཁའ་ལྟར་ཡངས། །དོན་དམ་གནས་ལུགས་དེ་བཞིན་ཉིད་དང་ 7-1-336 རྣམ་དབྱེར་མེད། །འཕགས་མའི་མཁྱེ ན་བཟང་མངོན་པར་རྟོགས་པ་མཆོག་གི་ཀློ ང༌། །བདེན་ པ་གང་དེས༴ བཅམོ ་ལྡན་འདས་མའི་རྣམ་པར་རལོ ་པ་ཆེན་པ་ོལས་ལེགས་པར་ཤར་ བ་འཕགས་མཆགོ ་འཇིག་རྟེན་དབང་ཕྱུག་དང་གསང་བདག་ར་ྡོརྗེ་འཛིན་པ་ཟུང་གི་ ཐུགས་རྗེ་བརྩེ་བ་ཆེན་པ་ོདང་མཐུ་སྟོབས་ནུས་པ་མཆགོ ་གི་དཔལ་ཡནོ ་ལ་ང་ོམཚར་ བཀྲ་ཤིས་གསར་བའི་དཔལ་ཡནོ ་ཇི་སྙེད་མངའ་བ་དེས་དེང་འདིར་སྐལ་བ་དང་ལྡན་ པ་གང་དག་ལྷག་པར་སྐངྱོ ་བར་གྱུར་ཅིག བཀྲ་ཤིས་གང་ཞིག་བརྩེ་ཆེན་སྙིང་རྗེའི་རང་ གཟུགས་མཆོག །པད་དཀར་འཛིན་པ་རྒྱལ་སྲས་སྐུ་བཟང་་མེ་བ། །རྣམ་མང་འགྲོ་ལ་རྗེས་ བརྩེར་མཛད་དགོངས་རྒྱ་ཆེར་སྤྱོད། །བདེན་པ་གང་དེས༴ བཀྲ་ཤིས་གང་ཞིག་གསང་བ་རིག་ སྔགས་ཟབ་མོའི་མཛོད། །དཔལ་ལྡན་མཐུ་སྟོབས་རབ་འབར་གསང་བདག་རྡོ་རྗེ་འཛིན། །བླ་མེད་གསང་ཆེན་མཛད་སྒོ་ངེས་པར་ཡོངས་བརྡལ་བ། །བདེན་པ་གང་དེས༴ དཔལ་ལྡན་ ལྷ་མ་ོགཙ་ོའཁརོ ་གསུམ་གྱི་རྣམ་པར་རལོ ་པ་དེ་དག་གི་སྐུའི་མཐའ་སྐོར་ཕྱོགས་བཞི་ ལ་ཁ་ྲོརྒྱལ་མི་གཡ་ོབ་སགོ ས་ཡེ་ཤེས་ཀྱི་ཁ་ྲོཆེན་བཞི་ལེགས་པར་བཞུགས་ཤིང་སྟེང་ གི་ནམ་མཁའ་ནས་གནས་གཙང་རིས་ཀྱི་ལྷའི་བུ་ཟུང་གིས་བུམ་པའི་བདུད་རྩིས་ གཙ་ོ མ་ོའཕགས་མ་མཆགོ ་ལ་སྐུ་ཁྲུས་ལེགས་གསལོ ་གྱི་ཚུལ་མཛད་པའི་ཡ་མཚན་ དགེ་ལེགས་ཀྱི་ཆེ་བ་ལ་ང་ོམཚར་བཀྲ་ཤིས་གསར་བའི་དཔལ་ཡནོ ་ཇི་སྙེད་མངའ་ བ་དེས་དེང་འདིར་སྐལ་བ་དང་ལྡན་པ་གང་དག་ལྷག་པར་སྐངྱོ ་བར་གྱུར་ཅིག བཀྲ་ ཤིས་གང་ཞིག་ཡེ་ཤེས་ཁྲོ་རྒྱལ་མི་གཡོ་མགོན། །ཆེ་བའི་ཡོན་ཏན་ཀུན་ནས་རབ་རྫོགས་ འཇིགས་རྔམ་འབར། །ཐུགས་མཆོག་ཆོས་དབྱིངས་ངང་ལས་ནམ་ཡང་གཡོ་མེད་པ། །བདེན་ པ་གང་དེས༴ བཀྲ་ཤིས་གང་ཞིག་ཁྲོ་མཆོག་འདོད་པའི་རྒྱལ་པོ་ཆེ། །གཏུམ་རྔམ་མེ་ལྟར་རབ་ འབར་ཧ་ཧའི་གད་མོ་སྒྲོག །རང་བཞིན་ཞི་བ་ཆེན་པོའི་དེ་ཉིད་མཆོག་ཏུ་ངེས། །བདེན་པ་གང་ 7-1-337 དེས༴ བཀྲ་ཤིས་གང་ཞིག་ཁྲོ་ཆེན་དབྱུག་སྔོ ན་ཕྱར་བའི་གཟི། །བདུད་སྡེའི་རིགས་གྱུར་མིང་ གི་ལྷག་མར་མཛད་པའི་གཤེད། །བརྩེ་ཆེན་སྙིང་རྗེས་སྒྲོལ་བ་ཆེན་པོར་ཐུགས་གཞོལ་བ། །བདེན་པ་གང་དེས༴ བཀྲ་ཤིས་གང་ཞིག་ཁྲོ་བོ་སྟོབས་ཆེན་མཐུ་ལྡན་པ། །ཁམས་གསུམ་ ཡོངས་སྒྲོལ་སྟོབས་ལ་དཔའ་བའི་གར་བསྒྱུར་མཁན། །ཐུགས་མཆོག་མི་ཤིགས་བདེ་ཆེན་ ངང་ལས་མཛད་སྒོ་ཅན། །བདེན་པ་གང་དེས༴ བཀྲ་ཤིས་གང་ཞིག་བཅོམ་ལྡན་འདས་མ་ ལེགས་མཆོད་པ། །གནས་གཙང་ལྷ་གཞོན་ཟུང་གིས་བུམ་ཆུ་གཙང་མའི་ཆབ། །དག་བྱེད་ བདུད་རྩིའི་རྒྱུན་བཟང་ལེགས་བསྒྲེང་ངོ་མཚར་གནས། །བདེན་པ་གང་དེས༴ གཞན་ཡང་ གཙུག་ཏརོ ་རྣམ་པར་རྒྱལ་མ་འཕགས་མའི་ལྷ་ཚགོ ས་ལེགས་བཞུགས་ཀྱི་གནས་ང་ོ མཚར་ཆསོ ་སྐུའི་རྟེན་བང་རིམ་སུམ་ཟླུམ་བུམ་བྲེ་གདུགས་ཏགོ ་སགོ ས་མཚན་ཉིད་ ཡངོ ས་རགྫོ ས་རྒྱན་དང་བཀདོ ་པ་ཕུན་སུམ་ཚགོ ས་པ་ཆེས་ཁྱད་པར་དུ་འཕགས་ཤིང་ བླ་ན་མེད་པའི་ཆསོ ་ཀྱི་ཕ་ོབྲང་དམ་པ་གང་དེ་ལའང་ང་ོམཚར་བཀྲ་ཤིས་གསར་བའི་ དཔལ་ཡནོ ་ཇི་སྙེད་མངའ་བ་དེས་དེང་འདིར་སྐལ་བ་དང་ལྡན་པ་གང་དག་ལྷག་པར་ སྐངྱོ ་བར་གྱུར་ཅིག བཀྲ་ཤིས་གང་ཞིག་འཕགས་མའི་ལྷ་ཚོགས་ལེགས་བཞུགས་གནས། །ངོ་མཚར་ཆོས་སྐུ་འབར་བའི་རྟེན་མཆོག་མཚན་ཉིད་ཚང༌། །ལེགས་མཛེས་མཆོད་བཀོད་ ཁྱད་མཚར་ཀུན་ནས་ཡོངས་རྫོགས་པ། །བདེན་པ་གང་དེས༴ བཀྲ་ཤིས་གང་ཞིག་གཙུག་ ཏོར་རྣམ་རྒྱལ་བཅོམ་ལྡན་མ། །གསང་གསུམ་ཆེ་བའི་ལེགས་སྒོའི་ཆོ་འཕྲུལ་བསམ་མི་ཁྱབ། །ནམ་ཡང་གཡེལ་མེད་གདུལ་བྱར་མཛད་ཆེན་དུས་མི་གཡེལ། །བདེན་པ་གང་དེས༴ བཀྲ་ ཤིས་གང་ཞིག་སྤངས་རྟོགས་མཐར་ཕྱིན་རྗེ་བཙུན་མ། །བཀྲ་ཤིས་སྒོ་བརྒྱའི་མཛད་པ་ཅིག་ ཆར་ཟད་མེད་ཅིང༌། །བཀྲ་ཤིས་ངོ་མཚར་ཡིད་དགའ་སྣང་བའི་སྐྱེ་དགུ་ཀུན། །བཀྲ་ཤིས་བདེ་ ལེགས་རིང་དུ་གནས་པས་རྟག་འཚོ་ཤོག །ཅེས་རྣམ་རྒྱལ་ལྷ་དགུའི་ཤིས་བརྗོད་ཕན་བདེ་ཀུན་སྩོལ་ཞེས་བྱ་ 7-1-338 བ་འདི་ཡང་ཚོགས་གཉིས་ཀྱི་ངོར་མ་ཏིས་སྤེལ་བཞིན་ཡི་གེ་པའང་ངག་དབང་ཡོན་ཏན་བཟང་པོས་ལེགས་པར་བགྱིས་པ་དགེ། །། ༈ དཔལ་ལྡན་གསང་གསུམ་བདག་མོ་རྣམ་པར་རྒྱལ། །གང་གི་ལེགས་མཐུས་ངེས་དོན་ སྙིང་པོའི་ལུགས། །རྫོགས་ལྡན་གསར་བའི་དགའ་སྟོན་འདྲེན་བྱེད་དུ། །ནམ་ཡང་ནུབ་མེད་ དགེ་མཚན་སྟོང་འབར་ཤོག །རྒྱལ་བའི་དགོངས་ཆེན་ཕྱིར་ལྡོ ག་མི་མངའི་གཏམ། །རིགས་ ལྡན་ཆོས་རྗེའི་སྲོལ་བཟང་མཐར་ཐུག་པ། །ཕྱོགས་དུས་ཡོངས་ཀྱི་བསྟན་འགྲོའི་ལེགས་ དགེའི་དཔལ། །ཕན་བདེ་འབྱུང་གནས་མཆོག་ཏུ་གནས་གྱུར་ཅིག །ཅེས་པའི་བསྟན་པ་རྒྱས་སྨོན་ བསྡུས་པ་འདི་ཡང་གུ་ཎ་བྷ་དྲའི་ཐུགས་བཞེད་ལྟར་མ་ཏིས་སོ།། །། 7-1-339 ༄༅། །རྣམ་རྒྱལ་ལྷ་དགུའི་དབང་གི་མཚམས་སྦྱར་ དབང་དོན་གསལ་བྱེད་ཅེས་བྱ་བ་ བཞུགས་སོ། ། ༄༅། །འ་ོནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་འཁརོ ་བ་ཕྲ་ རགས་ཀྱི་རྒྱ་མཚ་ོ ཆེན་པ་ོལས་ཉེ་བར་བསྒྲལ་ཏེ་སྤངས་རགྟོ ས་ཡངོ ས་རགྫོ ས་གདདོ ་ མའི་ཤེར་ཕྱིན་མཆགོ ་གི་རང་ཞལ་དེ་དག་གིས་མྱུར་བ་ཉིད་དུ་མཇལ་བའི་ཆེད། ད་ ལན་གྱི་སྐབས་སུ་གཙུག་ཏརོ ་རྣམ་པར་རྒྱལ་མའི་དབང་གི་རིམ་པ་ལེགས་ནདོ ་ བགྱིད་སྙམ་པའི་ཀུན་སློང་དང་བཅས་གུས་པས་གསན་པར་ཞུ། དེ་ལ་གང་གསན་ པར་བྱ་བ་དམ་པའི་ཆསོ ་རིན་པ་ོཆེ་ཡིད་བཞིན་གྱི་ནརོ ་བུ་ལྟ་བུ་གང་འདི་ཡང་སནྔོ ་ གྱི་དུས་སུ་རྒྱ་གར་འཕགས་པའི་ཡུལ་དུ་རང་ཅག་གི་སྟོན་པ་ཤཱཀྱའི་རྒྱལ་པསོ ་བཀའ་ ལེགས་པར་བསྩལ་པ་ལ། རྒྱུ་ཕ་རལོ ་ཏུ་ཕྱིན་པའི་ཐེག་པ་དང༌། འབྲས་བུ་སྔགས་ཀྱི་ ཐེག་པ་གཉིས་སུ་ཡདོ ་ཅིང༌། སྔགས་ཀྱི་ཐེག་པ་ལའང་རྒྱུད་སྡེ་བཞིའི་དབྱེ་བ་ཡདོ ་པ་ ལས། ད་ལན་གྱི་གཙུག་ཏརོ ་རྣམ་པར་རྒྱལ་མའི་རིག་སྔགས་ཀྱི་གཟུངས་ཆགོ ་འདི་ ཉིད་ནི་རྒྱུད་ཐམས་ཅད་ཀྱི་རྩ་བར་གྱུར་པ་བྱ་བའི་རྒྱུད་དུ་གཏགོ ས་པ་ཡིན། རིག་ སྔགས་ཀྱི་རྒྱལ་མ་ོ གང་འདི་སནྔོ ་ཐགོ ་མའི་དུས་ན་བདེ་བ་ཅན་དུ་སངས་རྒྱས་ཚེ་ དཔག་མེད་ཀྱིས་སྤྱན་རས་གཟིགས་སགོ ས་རྒྱ་ཆེ་བའི་འཁརོ ་ལ་ཚེ་སྒྲུབ་པའི་རིག་ 7-1-340 སྔགས་ཟབ་མའོ ི་ཚུལ་དུ་ཡང་ཡང་གསུངས་ཤིང༌། གཞན་ཡང་དེ་དང་འདྲ་བའི་སངས་ རྒྱས་བཅམོ ་ལྡན་འདས་གང་གཱའི་ཀླུང་འབུམ་ཕྲག་བྱེ་བ་ཕྲག་བརྒྱད་ཅུ་རྩ་བརྒྱད་ཀྱི་ བྱེ་མ་སྙེད་དག་གིས་གསུངས་པ། བྱིན་གྱིས་བརླབས་པ། རྗེས་སུ་ཡི་རང་བར་མཛད་ པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱས་བཏབ་པ་སྟེ། སེམས་ ཅན་ཐམས་ཅད་བདེ་འགརྲོ ་འག་ྲོབར་བྱེད་བ་དང༌། ངན་འག་ྲོལྟུང་བ་རྣམས་བཟགློ ་ པ་དང༌། སེམས་ཅན་དམྱལ་བ་དང༌། དུད་འགའྲོ ི་སྐྱེ་གནས་དང༌། གཤིན་རྗེའི་འཇིག་ རྟེན་ལ་སགོ ས་པ་སྡུག་བསྔལ་གྱི་གནས་ཐམས་ཅད་དུ་སྡུག་བསྔལ་ཞིང་ཉམ་ང་བར་ གྱུར་པ་རྣམས་དང༌། སྡུག་བསྔལ་གྱི་རྒྱ་མཚོར་ལྷུང་བའི་སེམས་ཅན་རྣམས་རྣམ་པར་ གལྲོ ་བར་བྱ་བའི་ཕྱིར་གསུངས་པའང་ཡིན། སྟོན་པ་མཆགོ ་ཉིད་ཀྱིས་ཀྱང་སུམ་ཅུ་རྩ་ གསུམ་གྱི་ལྷ་གནས་སུ་ལྷའི་བུ་ཤིན་ཏུ་བརྟན་པ་ཞག་བདུན་ནས་འཆི་བའི་དུས་བྱེད་ པར་འགྱུར་ངེས་ཀྱི་ས་ྒོནས་ངན་སངོ ་དུ་རིམ་པ་མང་པའོ ི་སྐྱེ་བ་ལེན་དགསོ ་ལ་ཐུག་ སྐབས། ལྷའི་བུ་དེ་ཉིད་ཀྱི་ཆེད་དུ་རིག་སྔགས་ཀྱི་གཟུངས་འདི་ངན་སངོ ་སྦངྱོ ་བར་ མཛད་ནུས་སུ་བྱིན་གྱིས་བརླབས་ཏེ་ལེགས་པར་གསུངས་པས་ལྷའི་བུ་ཤིན་ཏུ་བརྟན་ པ་གནས་སྐབས་ཀྱི་འཇིགས་པ་དེ་དག་ལས་ངེས་པར་བསྒྲལ་ནས་བདེ་འགའྲོ ི་དཔལ་ འབྱོར་ལས་མ་ཉམས་ཤིང་ཅི་དགར་རང་དབང་བདེ་བླག་ཏུ་གྱུར་པས་མཚོན། རྒྱལ་བ་ གང་གིས་དེ་འདྲའི་མཛད་ཚུལ་སྣ་ཚགོ ས་པའི་སསྒོ ་གཙུག་ཏརོ ་རྣམ་པར་རྒྱལ་མའི་ གཟུངས་མད་ོམང་པ་ོབཀའ་བསྩལ་པ་རྣམས་ལས་ཅི་རིགས་པའི་དགངོ ས་པ་ལྟར། རྒྱལ་ཚབ་མི་ཕམ་མགནོ ་དང་ཐགོ ས་མེད་སྐུ་མཆེད་ནས་བརྒྱུད་དེ་འཕགས་བདོ ་ཀྱི་ པཎ་གྲུབ་ས་ོསསོ ་རིག་པའི་ལྷ་མའོ ི་གཟུངས་ཆགོ ་འདྲ་མིན་དུ་མ་རིམ་པས་ལེགས་ སྤེལ་མཛད་པ་ནས་བཟུང་རང་རེའི་འཇམ་མགནོ ་བླ་མ་རྗེ་སྒལྲོ ་མགནོ ་གྱི་བར་དུ་བྱུང་ 7-1-341 ཞིང༌། རྗེ་གང་ཉིད་ཀྱིས་གཙུག་ཏརོ ་རྣམ་པར་རྒྱལ་མའི་སྒྲུབ་ཐབས་བུམ་ཆགོ ་བཀའ་ དྲིན་དུ་མཛད་པའི་དགངོ ས་པ་ཇི་ལྟ་བ་བཞིན་དེང་སྐབས་དབང་བསྐུར་པའི་སྐབས་ ཡིན། དེ་ལ་སློབ་དཔནོ ་གྱི་བྱ་བ་བདག་མདུན་བུམ་པ་སྒྲུབ་ཅིང་མཆདོ ་བསྙེན་བྱ་བ་ དང༌། བདག་ཉིད་འཇུག་ཅིང་དབང་བླངས་པ་རྣམས་སངོ ་ཟིན། ད་ཁྱེད་རང་སློབ་མའི་ ངསོ ་སྐལ་དུ་གྱུར་པའི་དབང་ལ། འཇུག་པ། དངསོ ་གཞི། མཐའ་རྟེན་གསུམ་གྱི་དབང་ རིམ་པར་འབྱུང་བ་ལས་ཐགོ ་མར་འཇུག་པའི་ཆསོ ་རྣམས་ཞུ་བའི་ཡནོ ་དུ་མཎྜལ་ཕུལ། མཎྜལ་གང་འོས་བྱ། དེ་ནས་སློབ་དཔནོ ་ཉིད་གཙུག་ཏརོ ་རྣམ་རྒྱལ་ལྷ་མ་ོདངསོ ་སུ་མསོ ་ལ། དགའ་བ་ཆེན་པ་ོརིགས་ཀྱི་ཁྱབ་བདག་ཐེག་གསུམ་གྱི་ལམ་མ་ནརོ ་བར་སྟོན་པའི་ སློབ་དཔནོ ་ཆེན་པ་ོབདག་ལ་བརྩེ་བས་དགངོ ས་ཤིག བདག་གིས་བྱང་ཆུབ་ཆེན་པའོ ི་ ལམ་བསྟན་པ་མི་ཤིགས་པའི་ཡེ་ཤེས་ཆེན་པ་ོཐབོ ་པར་འདདོ ་པས། མགནོ ་པ་ོཆེན་པ་ོ ཁྱེད་ཀྱིས་ར་ྡོརྗེའི་ཐེག་པའི་སྔགས་ཀྱི་ཡེ་ཤེས་དང་རྒྱུད་དང་ཕྱག་རྒྱ་ལ་སགོ ས་པ་ བདག་ལ་སྩོལ་ཅིག བྱང་ཆུབ་ཀྱི་སེམས་གཉིས་དང་སྐྱབས་གསུམ་པ་ོདག་ཀྱང་བདག་ ལ་སྩོལ་ཅིག ཐར་པ་ཆེན་པའོ ི་གངྲོ ་མཆགོ ་རྣམ་རྒྱལ་ལྷ་མའོ ི་དཀྱིལ་འཁརོ ་དུ་བདག་ འཇུག་པར་འདདོ ་པས་ཁྱེད་ཀྱིས་དེ་ལྟར་གཞུག་པར་མཛདོ ་ཅིག་སྙམ་དུ་གསལོ ་བ་ འདེབས་པ་འདིའི་རྗེས་ཟསློ ་མཛདོ ། དགའ་ཆེན་ཁྱོ ད་བདག༴ སོགས་ནས། གཞུག་ཏུ་གསོལ། ལན་གསུམ། དེ་ནས་རྒྱུན་བཤགས་ཀྱི་དནོ ་དུ་དམིགས་པ་འདི་བཞིན་མཛདོ ། ཁྱོད་རང་ གི་མདུན་གྱི་ནམ་མཁར་གཙུག་ཏརོ ་རྣམ་རྒྱལ་མའི་དཀྱིལ་འཁརོ ་ལ་སངས་རྒྱས་དང་ བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྐོར་བའི་དྲུང་དུ་མཆགོ ་གསུམ་འཁརོ ་བ་ ཕྲ་རགས་ལས་སྐབྱོ ་པའི་སྐྱབས་སུ་བསྟེན་པ་དང༌། སྡིག་སྒྲིབ་ཐམས་ཅད་གནངོ ་ འགདྱོ ་ཀྱིས་བཤགས་པ། རང་གཞན་གྱི་དགེ་བ་ལ་དགའ་བ་བསམྒོ ་པ། དནོ ་གཉིས་ 7-1-342 ལ་དམིགས་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་ཅིང༌། བྱང་ཆུབ་ཀྱི་སྤདྱོ ་པ་ལ་སློབ་པར་ དམ་བཅའ་བ་དང༌། དགེ་བའི་རྩ་བ་ཐམས་ཅད་གཞན་དནོ ་དུ་སངས་རྒྱས་ཀྱི་རྒྱུར་ བས་ྔོབའི་བསམ་པ་རྣམས་རིམ་གྱིས་བསྐྱེད་བཞིན་འདིའི་རྗེས་ཟསློ ་མཛདོ ། དཀོན་ མཆོག་གསུམ་ལ༴ སོགས། མཆོག་ཐོབ་ཤོག ལན་གསུམ། འ་ོན་ཁྱོད་རང་དཀྱིལ་འཁརོ ་དུ་ འཇུག་པ་ལ་སནྔོ ་ཆད་མ་རིག་པས་ཡེ་ཤེས་ཀྱི་མིག་བསྒྲིབས་ནས་ཁྱོད་ཀྱིས་རྣམ་པར་ རྒྱལ་མའི་དཀྱིལ་འཁརོ ་མ་མཐངོ ་བའི་བརྡར་སྔགས་འདིས་གདངོ ་གཡགོ ས་འཆང་ བར་མསོ ་ཤིག ༀ་ཙཀྵུ༴ ནས། མ་ན་ཡ་ཧཱུཾ། དཀྱིལ་འཁརོ ་དུ་འཇུག་ཅིང་ལྷ་དང་མཇལ་ བ་ལ་ལག་སྟོང་དུ་མཇལ་བ་རྟེན་འབྲེལ་མི་རུང་བ་ཡིན་པས་ལྷ་དང་མཇལ་བའི་ཕྱག་ རྟེན་དུ་ཨ་ཁཾ ་ཞེས་སགོ ས་ཀྱིས་བསྔགས་ཤིང་གཏད་པའི་མེ་ཏགོ ་གི་འཕྲེང་བ་འཛིན་ པར་མསོ ་མཛདོ ། ཨ་ཁཾ༴ ནས། ཧཱུཾ། དེ་ནས་སློབ་དཔནོ ་གྱི་ཐུགས་ཀ་ནས་སྤྲུལ་པའི་ཁ་ྲོ བ་ོབདུད་རྩི་འཁྱིལ་བའི་ཚགོ ས་ཀྱིས་ཁྱོད་རང་གིས་དབང་ལེན་པ་ལ་བར་དུ་གཅདོ ་ པའི་བགེགས་ཚགོ ས་ཐམས་ཅད་རིང་དུ་བསྐྲད་པར་གྱུར་པར་མསོ ་ཤིག ཨ་མྲ ་ཏའི་ སྔགས། དེ་ནས་ཁྱོད་རང་དཀྱིལ་འཁརོ ་དུ་འཇུག་རུང་བའི་རིགས་ཡདོ ་མེད་དང་གང་ ལ་མསོ ་པའི་འདུན་པ་བརྟག་པའི་སླད་དུ་བདག་གིས་ཁྱོད་ལ་བུ་ཁྱོད་སུ་ཡིན་ཅི་ལ་ དགའ་ཞེས་དྲིས་པ་ལ། སྐལ་པ་བཟང་པ་ོཔ་བདག་བདེ་བ་ཆེན་པ་ོལ་དགའ་ཞེས་ འདིའི་ལན་མཛདོ ་ཅིག སྐལ་བཟང༴ ནས། ལའོ། །སླར་ཡང་ཁྱོད་ལ་མཐར་ཐུག་གི་དནོ ་ གཉེར་བརྟག་པའི་སླད་དུ་བདེ་བ་ཆེན་པ་ོདེས་བུ་ལ་ཅི་ཞིག་བྱ་ཞེས་པའི་ལན་དུ་ འདིའི་རྗེས་ཟསློ ་མཛདོ ། སངས་རྒྱས༴ ནས། གོ །དེ་ནས་ཁྱོད་རང་གི་སྙིང་ཁར་གཞན་ དནོ ་དུ་སངས་རྒྱས་ཐབོ ་པར་འདདོ ་པའི་རྣམ་པ་ཅན་གྱི་ཀུན་རབྫོ ་བྱང་ཆུབ་སེམས་ཀྱི་ ང་ོབ་ོཟླ་བའི་དཀྱིལ་འཁརོ ་གྱི་སྟེང་དུ། ཚགོ ས་གཉིས་རྒྱ་ཆེན་པསོ ་བརྒྱན་པའི་སྟོང་ 7-1-343 ཉིད་མངནོ ་སུམ་དུ་རགྟོ ས་པའི་དནོ ་དམ་བྱང་ཆུབ་སེམས་ཀྱི་ང་ོབ་ོར་ྡོརྗེ་དཀར་པ་ོརྩེ་ ལྔ་པ་འཁདོ ་པར་མསོ ་ལ། བྱང་ཆུབ་ཀྱི་སེམས་འདི་གཉིས་རྒྱུད་ལ་བསྐྱེད་པར་བྱའ་ོ སྙམ་པའི་ས་ྒོནས་སྔགས་འདིའི་རྗེས་ཟསློ ་མཛདོ ། ༀ་སརྦ་ཡོ་ག༴ ནས། ཡཱ་མི། བདག་ གིས་ཁྱེད་རང་གི་སྙིང་ཁར་ར་ྡོརྗེ་གཏུགས་ཤིང་སྔགས་བརདྗོ ་པའི་རྐྱེན་གྱིས་བྱང་ཆུབ་ ཀྱི་སེམས་གཉིས་བྱང་ཆུབ་སྙིང་པའོ ི་བར་དུ་བརྟན་པར་བྱས་པའི་མསོ ་པ་མཛདོ ། སུ་ར་ ཏི༴ ནས། སུ་ཁཾ། དེ་ནས་བདག་གིས་ཁྱོད་ལ་གསང་བར་གདམས་པ་ནི། དེང་ཁྱོད་ དཔལ་ལྷ་མ་ོཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱི། ལྷ་མའོ ི་མཆགོ ་ཏུ་གསང་བ་ཆེན་པ་ོ འདི། དཀྱིལ་འཁརོ ་དུ་མ་ཞུགས་པ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། མ་དད་པ་ རྣམས་ལ་ཡང་སྨྲ་བར་བྱ་བ་མ་ཡིན་ན།ོ །དེ་ནས་ཁྱེད་རང་དཀྱིལ་འཁརོ ་དུ་འཇུག་པ་ ནི་སློབ་དཔནོ ་གྱི་ཕྱག་གི་ར་ྡོརྗེས་འཁྲིད་དེ་ཤར་སའྒོ ི་དྲུང་དུ་འཁདོ ་པར་མསོ ་བཞིན་ སྔགས་འདིའི་རྗེས་ཟསློ ་མཛདོ ། ཧཱུཾ་ཛཿཧཱུཾ། གནས་གསུམ་དུ་ཐལ་མ་ོསྦརྱོ ་ཞིང་དཀྱིལ་ འཁརོ ་གྱི་ལྷ་ཚགོ ས་རྣམས་ལ་ཕྱག་འཚལ་བའི་མསོ ་པ་དང་བཅས་ཏེ་སྔགས་འདིའི་ རྗེས་ཟསློ ་མཛདོ ། ༀ་ན་མ༴ ནས། ན་མ་ཧཱུཾ། དེ་ནས་གཙུག་ཏརོ ་རྣམ་པར་རྒྱལ་མའི་ཡེ་ ཤེས་ཀྱི་བྱིན་རླབས་ཞུ་བའི་ཡནོ ་དུ་མཎྜལ་ཕུལ། མཎྜལ་བྱ། ཡེ་ཤེས་དབབ་པའི་དནོ ་ དུ་གསལོ ་བ་འདེབས་པ་འདིའི་རྗེས་ཟསློ ་མཛདོ ། དཔལ་ལྡན་ལྷ་མོ༴ ནས། གསོལ། ལན་ གསུམ། ཡེ་ཤེས་མཆགོ ་གི་བྱིན་རླབས་འབེབས་པ་དངསོ ་ཀྱི་སླད་དུ་འདི་ལྟར་མསོ ་པ་ མཛདོ ། ཁྱེད་རང་སྐད་ཅིག་གིས་གཙུག་ཏརོ ་རྣམ་པར་རྒྱལ་མའི་སྐུར་གསལ་བའི་སྙིང་ ཁར་ཟླ་བ་ལ་གནས་པའི་བྷྲཱུཾ་ཡིག་ལས་འདོ ་ཟེར་འཕསྲོ ་པ་དང༌། སློབ་དཔནོ ་གྱི་ཐུགས་ ཀའི་བྷྲཱུཾ་ཡིག་ལས་ཀྱང་འདོ ་ཟེར་ལྕགས་ཀྱུ་ལྟ་བུ་འཕསྲོ ། མདུན་བསྐྱེད་དཀྱིལ་འཁརོ ་ གྱི་ལྷ་ཚོགས་ཐམས་ཅད་དང༌། གཞན་ཡང་ཕྱོགས་བཅུའི་ཞིང་རབ་འབྱམས་ན་ 7-1-344 བཞུགས་པའི་སངས་རྒྱས་བྱང་ཆུབ་སེམས་དཔའ། འཕགས་པ་ཉན་ཐསོ ་དང༌། རང་ སངས་རྒྱས་དང༌། གྲུབ་པ་རིག་པ་འཛིན་པའི་ཚོགས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ ཀྱི་བྱིན་རླབས་དང༌། ཡནོ ་ཏན་དང༌། ནུས་མཐུ་ཐམས་ཅད་དང༌། ལྷ་ཀླུ་གནདོ ་སྦྱིན་ མི་དང་མི་མ་ཡིན་ཐམས་ཅད་ཀྱི་ཚེ་དང་བསདོ ་ནམས་མཐུ་སྟོབས་མ་ལུས་པ་དང༌། ནརོ ་བུ་དང༌། སྨན་དང༌། རིག་སྔགས་དང༌། བཅུད་ལེན་དང༌། གྲུབ་པའི་རྫས་རྣམས་ གཙ་ོབརོ ་གྱུར་པ་འབྱུང་བའི་ཁམས་ཐམས་ཅད་ཀྱི་བཀྲག་མདངས་བཅུད་དེ། མདརོ ་ ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྣོད་བཅུད་བརྟན་གཡ་ོཐམས་ཅད་ཀྱི་ དྭངས་མ་མི་ཤིགས་པའི་ང་ོབ་ོརྣམས་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་ཚེ་ ལྷ་གཙུག་ཏརོ ་རྣམ་པར་རྒྱལ་མའི་སྐུའི་རྣམ་པར་བསྡུས། ནམ་མཁའི་དབྱིངས་ལས་ ཁ་བ་བུ་ཡུག་འཚུབ་པ་ལྟར་ཕྱོགས་ཐམས་ཅད་ནས་བྱོན་ཏེ། ཁྱེད་རང་གི་བ་སྤུའི་བུ་ ག་ཐམས་ཅད་ནས་ཞུགས་ཤིང་འདྲེས། ལུས་ཀྱི་ནང་ཐམས་ཅད་འཆི་མེད་ཡེ་ཤེས་ཀྱི་ བདུད་རྩི་དང༌། འདོ ་ཟེར་དཀར་པའོ ི་རྣམ་པས་གང༌། སྡིག་སྒྲིབ་ཐམས་ཅད་བྱང༌། ལུས་སེམས་ཐམས་ཅད་བདེ་བས་ཁྱབ་པར་གྱུར་པའི་མསོ ་པ་མཛདོ ། སྔགས་ཐུང་གཉིས་ མཐར། ༀ་བཛྲ་ཨཱ་བེ་ཤ༴ ནས། ཨཿ དེ་ལྟ་བུའི་ཡེ་ཤེས་ཆེན་པ་ོམཆགོ ་གི་བྱིན་རླབས་ ཕབ་པ་དེ་ཉིད་མི་ཉམས་པར་བརྟན་པར་བྱས་པའི་མསོ ་པ་མཛདོ ་ཅིག ཏིཥྛ་བཛྲ། ལན་ གཉིས། ད་ཁྱོད་རང་གི་ལག་གི་མེ་ཏགོ ་དེ་ཉིད་དཀྱིལ་འཁརོ ་གྱི་གཙ་ོམའོ ི་དབུ་ལ་ཕུལ་ བའི་མསོ ་པས་སྔགས་འདིའི་རྗེས་ཟསློ ་དང་བཅས་ཏེ་མེ་ཏགོ ་ཕུལ་ཞིག ༀ་པྲ་ཏཱིཙྪ་བཛྲ་ ཧོ། དེ་ལྟར་ཕུལ་བའི་མེ་ཏགོ ་དེ་ཉིད་གཙ་ོམའོ ི་གསུང་རིག་སྔགས་ཀྱི་རང་བཞིན་དུ་ བདག་གིས་བྱིན་གྱིས་བརླབས་ཏེ། ཁྱེད་ཀྱི་མག་ོབརོ ་བཅིངས་པས་གཙུག་ཏརོ ་རྣམ་ རྒྱལ་མས་ཚེ་རབས་ཐམས་ཅད་དུ་ཁྱོད་རང་རྗེས་སུ་འཛིན་པའི་དབང་དམ་པ་ཐབོ ་ 7-1-345 པའི་མསོ ་པ་མཛདོ ། པྲ་ཏི་གྲཧྞ ༴ ནས། བ་ལ། དེ་ནས་དཀྱིལ་འཁརོ ་མཐངོ ་བ་སྒྲིབ་བྱེད་ ཀྱི་མ་རིག་པ་མིག་རས་དང་མཉམ་དུ་བསལ་བས་ཡེ་ཤེས་ཀྱི་མིག་ཐབོ ་པར་མསོ ་ མཛདོ ། ༀ། དཔལ་ལྡན་ལྷ་མོས་དེང་ཁྱོ ད་ཀྱི༴ སོགས། ཧཱུཾ་ཨ། ད་བདག་གིས་ཁྱོད་ལ་ དཀྱིལ་འཁརོ ་མཆགོ ་གི་རྣམ་པ་འདི་དག་ལེགས་པར་ལྟོས་ཤིག ཅེས་བསྐུལ་བ་ནི། ཧེ་བཛྲ་ པ་ཤྱ། མདུན་འདི་ཉིད་ན་དཔལ་ལྡན་ལྷ་མ་ོམཆགོ ་གི་ཐུགས་ཡེ་ཤེས་ཀྱི་སྣང་ཆ་ལས་ གྲུབ་པའི་རིན་པ་ོཆེའི་རང་བཞིན་ང་ོམཚར་བའི་མཆདོ ་རྟེན་ཆེན་མ་ོསེང་ཁྲིའི་སྟེང་དུ་ པདྨ། དེའི་སྟེང་དུ་ཁྲི་ཟླུམ་པ་ོབང་རིམ་སུམ་བརྩེགས། དེའི་སྟེང་དུ་ཟླ་བ་ལ་གནས་ པའི་བུམ་པ་ཟླུམ་པ་ོཡངས་ཤིང་རྒྱ་ཆེ་བ་ས་ྒོདང་བཅས་པ། སྟེང་དུ་རིན་པ་ོཆེའི་བྲེ། གདུགས་བཅུ་གསུམ་ཆར་ཁེབས་ཏགོ ་དང་བཅས་པ། མེ་ཏགོ ་གི་ཕྲེང་བ་དང༌། དར་ གྱི་ལྡ་ལྡི་སགོ ས་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་དེ་ནི་ཕྱི་ཕ་ོབྲང་ཆེན་པའོ ི་རྣམ་པ་སྟེ། དེ་འདྲའི་མཆདོ ་རྟེན་དེའི་བུམ་པའི་ནང་དུ་པདྨ་དང་ཟླ་བའི་གདན་གྱི་སྟེང་ན་གཙ་ོ མའོ ི་ཚུལ་དུ་བཞུགས་པ་ནི་བཅམོ ་ལྡན་འདས་མ་གཙུག་ཏརོ ་རྣམ་པར་རྒྱལ་མ་ཞེས་ བྱ་བ་ཡིན་ཞིང༌། དེའི་ཆ་ལུགས་སྐུ་མདགོ ་དཀར་གསལ་གྱི་ཕུང་པ་ོལས་འདོ ་ཟེར་གྱི་ སྣང་བ་ཕྱོགས་སུ་འཕ་ྲོཞིང༌། ཞལ་གསུམ་ཕྱག་བརྒྱད་མ། རྩ་ཞལ་དཀར་བ། གཡས་ སེར་བ། གཡནོ ་ས་ྔོཞིང་ཡུད་ཙམ་ཁ་ྲོབ། ཞལ་རེ་རེ་ཞིང་ཞི་བའི་སྤྱན་གསུམ་གསུམ་ དང་ལྡན་པ། ཕྱག་གཡས་ཀྱི་དང་པསོ ་སྣ་ཚགོ ས་ར་ྡོརྗེ་ཐུགས་ཀར་འཛིན་པ། གཉིས་ པས་པདྨའི་སྟེང་དུ་འདོ ་དཔག་ཏུ་མེད་པ་བཞུགས་པ་བསྣམས་པ། གསུམ་པས་མདའ། བཞི་པས་མཆགོ ་སྦྱིན་གྱི་ཕྱག་རྒྱ་མཛད་པ། གཡནོ ་དང་པསོ ་ཞགས་པ་དང་བཅས་ པའི་སྡིགས་མཛུབ། གཉིས་པས་གཞུ། གསུམ་པས་སྐྱབས་སྦྱིན་གྱི་ཕྱག་རྒྱ། བཞི་པས་ ཏིང་ངེ་འཛིན་གྱི་ཕྱག་རྒྱ་མཛད་པའི་སྟེང་ན་བདུད་རྩིའི་བུམ་པ་དང་བཅས་པ། ཞབས་ 7-1-346 ར་ྡོརྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དར་དང་རིན་པ་ོཆེའི་རྒྱན་ཐམས་ཅད་ཀྱིས་ བརྒྱན་པའ།ོ། དེའི་གཡས་སུ་སྤྱན་རས་གཟིགས་དཀར་པ།ོ གཡས་རྔ་ཡབ་དང་གཡནོ ་ པདྨ་དཀར་པའོ ི་སངྡོ ་བུ་འཛིན་པ། གཡནོ ་དུ་ཕྱག་ན་ར་ྡོརྗེ་སནྔོ ་པ་ོགཡས་རྔ་ཡབ་དང༌། གཡནོ ་ར་ྡོརྗེ་སནྔོ ་པ་ོའཛིན་པ། གཙ་ོའཁརོ ་གསུམ་གྱི་ཕྱོགས་བཞིར་ཁ་ྲོབ་ོབཞི་གནས་ པ་ནི། ཤར་དུ་མི་གཡ་ོབ་གཡས་རལ་གྲི་འཕྱར་བ། ལྷོར་འདདོ ་པའི་རྒྱལ་པ་ོགཡས་ ལྕགས་ཀྱུ་འཕྱར་བ། ནུབ་ཏུ་དབྱུག་སནྔོ ་ཅན་གཡས་དབྱུག་པ་འཕྱར་བ། བྱང་དུ་ སྟོབས་པ་ོཆེ་གཡས་ར་ྡོརྗེ་རྩེ་གསུམ་འཕྱར་བ། ཐམས་ཅད་ཀྱང་སྐུ་མདགོ ་མཐིང་ཁ་ རབ་ཏུ་ཁསྲོ ་པ། ཕྱག་གཡནོ ་སྡིགས་མཛུབ་ཐུགས་ཀར་གཏདོ ་ཅིང༌། སྤྱན་གསུམ་ མཆེ་བ་གཙིགས་པ། དབུ་སྐྲ་ནག་པ་ོཐརོ ་ཚུགས་སུ་བྱས་པ། སྟག་ལྤགས་དང་སྦྲུལ་ གྱི་རྒྱན་ཅན་མེ་དཔུང་འབར་བའི་དབུས་ན་གཡནོ ་བརྐྱང་གིས་བཞུགས་པའ།ོ །གཙ་ོ མའོ ི་སྟེང་གི་ནམ་མཁའ་ལ་གནས་གཙང་མིའི་རིས་ཀྱི་ལྷའི་བུ་གཉིས་བདུད་རྩིས་གང་ བའི་བུམ་པ་ཐགོ ས་ནས། གཙ་ོམ་ོལ་སྐུ་ཁྲུས་གསལོ ་བ་སྟེ། དེ་རྣམས་ནི་ནང་ལྷ་ ཚགོ ས་ཀྱི་རྣམ་པར་རལོ ་པའི་བཀདོ ་པ་ཡིན་ལ། དེ་འདྲའི་རྟེན་དང་བརྟེན་པའི་དཀྱིལ་ འཁརོ ་གྱི་ལྷ་ཚགོ ས་ཐམས་ཅད་མངནོ ་སུམ་དུ་མཐངོ ་བའི་མསོ ་པ་དང་བཅས་ཡིད་ལ་ ལེགས་པར་ཟུངས་ཤིག དེ་ཡན་ཆད་ཀྱིས་འཇུག་པའི་དབང་གི་རིམ་པ་སངོ ་ཟིན། ད་ ནི་གཉིས་པ་དངསོ ་གཞིའི་དབང་ཞུ་བའི་ཡནོ ་དུ་མཎྜལ་ཕུལ། མཎྜལ་བྱ། དེ་ལྟར་མཎྜལ་ ཕུལ་ནས་སློབ་དཔནོ ་ལ་འདི་ལྟར་གསལོ ་བ་ཐབོ ་ཅིག བྱང་ཆུབ་ཆེན་པ་ོར་ྡོརྗེ་འཆང་ གིས་རང་དང་ང་ོབ་ོཐ་མི་དད་པའི་འཁརོ ་ལ་མཆདོ ་ཆེན་དབང་བསྐུར་བ་ལྟར་བདག་ སྒྲིབ་པ་ལས་བསྐྱབ་པའི་ཆེད་དུ་སློབ་དཔནོ ་ར་ྡོརྗེ་འཆང་ཆེན་པ་ོཁྱེད་ཀྱིས་ཕུང་ཁམས་ ལྷར་སྨིན་ཅིང་སེམས་ནམ་མཁའི་ར་ྡོརྗེར་ཤར་བའི་དབང་བསྐུར་བ་སྩོལ་ཅིག་སྙམ་དུ་ 7-1-347 གསལོ ་བ་འདེབས་པ་འདིའི་རྗེས་ཟསློ ་མཛདོ ། བྱང་ཆུབ་རྡོ་རྗེ༴ སོགས། དེང་བདག་སྩོལ། །ལན་གསུམ། དེ་ནས་ཁྱེད་རང་གིས་དམིགས་པ་འདི་བཞིན་མཛདོ ་ཅིག དཀྱིལ་འཁརོ ་ གྱི་ཤར་གྱི་ལྷ་སྣམ་ལ་དབང་སྟེགས་རིན་པ་ོཆེའི་ཁྲིའི་སྟེང་དུ། པདྨ་དང་ཟླ་བའི་གདན་ དེའི་སྟེང་གི་ཕྱོགས་སུ་གདུགས་དཀར་པ་ོགསེར་གྱི་ཡུ་བ་ཅན། མཐའ་བསྐོར་དུ་རྒྱལ་ མཚན་དང་བ་དན་དང༌། རལོ ་མ་ོལ་སགོ ས་པ་མཆདོ ་པའི་ཡ་ོབྱད་དཔག་ཏུ་མེད་ པས་བསྐོར་བ། གདན་དེ་ཉིད་ཀྱི་སྟེང་དུ་ཁྱོད་རང་ཉིད་གཙུག་ཏརོ ་རྣམ་པར་རྒྱལ་མ་ སྐུ་མདགོ ་དཀར་མ་ོཞལ་གསུམ་ཕྱག་བརྒྱད་མ། རྩ་ཞལ་དཀར་བ། གཡས་སེར་བ། གཡནོ ་ས་ྔོཞིང་ཡུད་ཙམ་ཁ་ྲོབ། ཞལ་རེ་རེ་ཞིང་ཞི་བའི་སྤྱན་གསུམ་གསུམ་དང་ལྡན་ པ། ཕྱག་གཡས་ཀྱི་དང་པསོ ་སྣ་ཚགོ ས་ར་ྡོརྗེ་ཐུགས་ཀར་འཛིན་པ། གཉིས་པས་པདྨའི་ སྟེང་དུ་འདོ ་དཔག་ཏུ་མེད་པ་བཞུགས་པ་བསྣམས་པ། གསུམ་པས་མདའ། བཞི་པས་ མཆགོ ་སྦྱིན་གྱི་ཕྱག་རྒྱ་མཛད་པ། གཡནོ ་དང་པསོ ་ཞགས་པ་དང་བཅས་པའི་སྡིགས་ མཛུབ། གཉིས་པས་གཞུ། གསུམ་པས་སྐྱབས་སྦྱིན་གྱི་ཕྱག་རྒྱ། བཞི་པས་ཏིང་ངེ་ འཛིན་གྱི་ཕྱག་རྒྱ་མཛད་པའི་སྟེང་ན་བདུད་རྩིའི་བུམ་པ་དང་བཅས་པ། ཞབས་ར་ྡོརྗེའི་ སྐྱིལ་ཀྲུང་ཀྱིས་བཞུགས་པ། དར་དང་རིན་པ་ོཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པའ།ོ སྤྱི་བརོ ་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། སློབ་དཔནོ ་གྱི་ཐུགས་ཀའི་ས་བནོ ་ལས་ འདོ ་ཟེར་འཕསྲོ ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་གཙུག་ཏརོ ་རྣམ་ པར་རྒྱལ་མའི་རྣམ་པར་ༀ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧཿོ ཁྱེད་རང་ལ་གཉིས་སུ་མེད་ པར་ཐིམ། ཡང་སློབ་དཔནོ ་གྱི་ཐུགས་ཀའི་བྷྲཱུཾ་ཡིག་ལས་འདོ ་ཟེར་འཕསྲོ ། རང་བཞིན་ གྱི་གནས་ནས་དབང་གི་ལྷ་འཕགས་མ་གཙུག་ཏརོ ་རྣམ་པར་རྒྱལ་མའི་དཀྱིལ་འཁརོ ་ ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཚད་མེད་པ་རྣམས་དང་འཆི་མེད་ཚེའི་ 7-1-348 དངསོ ་གྲུབ་བརྙེས་པའི་ལྷ་དང་དྲང་སངྲོ ་རིག་པ་འཛིན་པའི་ཚགོ ས་དཔག་ཏུ་མེད་ པས་བསྐོར་བ་ༀ་བཛྲ་ས་མཱ་ཛཿ ཞེས་སྤྱན་དྲངས་པའི་དབང་གི་ལྷ་རྣམས་ལ་མཆདོ ་ པ་ཕུལ་བར་ཡང་མསོ ་ཤིག ཨརྒྷཾ༴ ནས། ཤབྟའི་བར། དེ་ནས་མདུན་གྱི་ནམ་མཁར་ བཞུགས་པའི་དབང་གི་ལྷ་དཔལ་ལྡན་ལྷ་མ་ོའཁརོ ་དང་བཅས་པ་དང་སློབ་དཔནོ ་ དབྱེར་མ་མཆིས་པ་ལ་དབང་བསྐུར་བར་གསལོ ་བ་འདེབས་པ་འདིའི་རྗེས་ཟསློ ་མཛདོ ། བཅོམ་ལྡན་འདས་མ༴ ནས། སྩལ་དུ་གསོལ། དེ་ལྟར་གསལོ ་བ་བཏབ་པས་སློབ་དཔནོ ་ དང་དཀྱིལ་འཁརོ ་གཙ་ོམ་ོདབྱེར་མ་མཆིས་པ་འཁརོ ་དང་བཅས་པ་རྣམས་ཀྱིས། རིན་ པ་ོཆེའི་བུམ་པ་སྒྲིབ་ཀུན་སྦངྱོ ་བ་དང་འཆི་མེད་ཀྱི་ང་ོབའོ ི་ཡེ་ཤེས་ཀྱི་བདུད་རྩིས་གང་ བས་དབང་བསྐུར་བའི་མསོ ་པ་མཛདོ ། ༀ་ཨུཥྞཱི་ཥ་བི་ཛ་ཡཱ་སརྦ༴ སོགས། ཡོངས་དབང་ཤོག །ཅེས་གསུངས་ཤིང༌། བུམ་པའི་ཆུས་སྤྱི་བ་ོནས་དབང་བསྐུར། ཡེ་ཤེས་ཀྱི་ཆུས་ལུས་ཀྱི་ནང་ ཐམས་ཅད་གང༌། འཁརོ ་བ་ཐགོ ་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་ དང༌། ཁྱད་པར་དུ་ཀུན་ནས་ཉནོ ་མངོ ས་པ་འདདོ ་ཆགས་དང༌། ཞེ་སྡང་དང༌། གཏི་ མུག་སྟེ་དུག་གསུམ་གྱི་ལས་སྒྲིབ་བག་ཆགས་ཐམས་ཅད་སྦྱང༌། དཔལ་ལྡན་ལྷ་མ་ོ གཙུག་ཏརོ ་རྣམ་པར་རྒྱལ་མས་རྒྱུད་བྱིན་གྱིས་བརླབས་པའི་མསོ ་པ་གྱིས་ཤིག དེ་ ལྟར་ན་བུམ་པའི་ཆུས་སྤྱི་བ་ོནས་དབང་བསྐུར་བས། སྐུ་གང་དྲི་མ་དག ཆུའི་ལྷག་མ་ ཡར་ལུད་པ་ལས་རྣམ་པར་སྣང་མཛད་གཙ་ོ བརོ ་གྱུར་པའི་རིགས་ལྔས་དབུ་བརྒྱན་ པར་སམྒོ ས་ཤིག ༀ་སརྦ་ཏ་ཐཱ་ག་ཏ་ཙཀྲ༴ ནས། ཥིཉྩ་ཧཱུཾ། དེ་ལྟར་ཅདོ ་པན་གྱི་དབང་ཐབོ ་ པས་འཕགས་མ་མཆགོ ་གི་རིགས་ཀྱི་ལྷ་རྣམ་སྣང་གཙ་ོ བརོ ་གྱུར་པའི་རིགས་ལྔས་ དབུ་བརྒྱན་དུ་བྱས་ཏེ་འཁརོ ་བའི་དུས་ཀྱི་མ་དག་པའི་ཕུང་པ་ོལྔ་གནས་འགྱུར་རུང་ དང༌། མཐར་ཐུག་དནོ ་དམ་པའི་རྒྱལ་བ་རིགས་ལྔ་མངནོ ་དུ་མྱུར་ནས་འགྱུར་རུང་གི་ 7-1-349 བག་ཆགས་ཁྱད་པར་ཅན་བཞག་པའི་མསོ ་འདུན་མཛདོ ་ཅིག དེ་ཡན་ཆད་ཀྱིས་ དབང་གི་དངསོ ་གཞི་ཆུ་དང་རིགས་ལྔས་དབུ་བརྒྱན་པའི་དབང་བསྐུར་བ་སངོ ་ཟིན། ད་ནི་གསུམ་པ་མཐའ་རྟེན་གྱི་དབང་ལ་བཀྲུ་བྱབ་བསྲུང་བ་རྣམས་ལས་བཀྲུ་བའི་ དནོ ་དུ་དམིགས་པ་འདི་བཞིན་མཛདོ ། ཡེ་ཤེས་ཁ་ྲོརྒྱལ་བཞི་པ་ོརྣམས་ཀྱིས་བདུད་ རྩིའི་བུམ་པའི་ཆུས་ཁྱེད་རང་གི་སྡིག་སྒྲིབ་ནད་གདནོ ་ཐམས་ཅད་བཀྲུས་ནས་དག་ པར་མསོ ་ཤིག སྔགས་ཐུང་གཉིས་མཐར་སྡིག་པ་དང་སྒྲིབ་པ་ཐམས་ཅད༴ སོགས། ཀུ་རུ་སྭཱཧཱ། དེ་ ནས་བྱབ་པ་ནི་རྨ་བྱའི་མདངོ ས་ཀྱི་དབུས་སུ་ཟླ་བའི་སྟེང་དུ་བྷྲཱུཾ་གྱི་མཐར་སྔགས་ཀྱི་ ཕྲེང་བས་བསྐོར་བ་ལས་འཕསྲོ ་པའི་འདོ ་ཟེར་གྱིས་ཁྱེད་རང་གི་ནད་གདནོ ་སྡིག་སྒྲིབ་ ཕྲ་ཞིང་ཕྲ་བ་ཐམས་ཅད་ཀྱང་ར་ྡོཁབ་ལེན་གྱིས་ལྕགས་ཕྱེ་བླངས་པ་བཞིན་དུ་བླངས་ ཏེ་ཕྱིར་དརོ ་བར་མསོ ། སྔགས་ཐུང་གཉིས་ཀྱི་མཐར། སྡིག་པ་དང་སྒྲིབ་པ་ཐམས་ཅད༴ ནས། སྭཱཧཱ། དེ་ནས་བསྲུང་བ་ནི་ཁྱེད་རང་གི་གནས་བདུན་དུ་ར་ྡོརྗེ་རྒྱ་གྲམ་རེ་རེ་བཞག་པས། ར་ྡོ རྗེ་དེ་ལས་དེ་འདྲ་བ་བསམ་གྱིས་མི་ཁྱབ་པ་སྤྲོས། ལུས་ལ་ར་ྡོརྗེའི་ག་ོབསྐོན་ཏེ་ཕྱིན་ ཆད་གནདོ ་པ་གང་གིས་ཀྱང་མི་ཚུགས་པར་བྱས་པའི་མསོ ་པ་གྱིས། སྔགས་ཐུང་གཉིས་ མཐར། སྡིག་པ་དང་སྒྲིབ་པ་ཐམས་ཅད༴ སོགས། རཀྵ། སྣ་བདུན་སྔགས་ཐུང་གཉིས་པ་དེས་ལན་གསུམ་བྱིན་ རླབས་བྱ། དེ་ནས་མཐར་ཐུག་སངས་རྒྱས་ཀྱི་རྒྱལ་ས་དང་གནས་སྐབས་འཕགས་པའི་ ནརོ ་བདུན་ལ་དབང་བསྒྱུར་བའི་ཆེད་དུ་རིན་ཆེན་སྣ་བདུན་གྱི་དབང་བསྐུར་བ་ནི། ལྷ་རྫས་ལས་གྲུབ༴ སོགས། ཚིག་བཞི་རེ་རེའི་མཐར་རང་སྔགས་རེ་རེ་སྦྱར། དེས་མཐར་ཐུག་གཙུག་ ཏརོ ་རྣམ་པར་རྒྱལ་མའི་ག་ོའཕང་ལ་དབང་བསྒྱུར་བ་དང༌། གནས་སྐབས་འཕགས་ ནརོ ་བདུན་དང་ལྡན་པའི་འཁརོ ་སྒྱུར་གྱི་གཟུགས་ཀྱིས་འག་ྲོབའི་དནོ ་བྱེད་པའི་སྐལ་ པ་ཅན་དུ་གྱུར་སྙམ་དུ་མསོ ་པ་མཛདོ ་ཅིག རྫས་བརྒྱད་བྱིན་རླབས། བཀྲ་ཤིས་ལོ་རྒྱུས་ཀྱི་གོ་དོན་དང་ 7-1-350 བཅས། མེ་ལོང་ཡེ་ཤེས༴ སོགས། ཆ་ཚང་སྤྱི་ལྟར་བྱ། དེ་ལྟར་བཀྲ་ཤིས་ཀྱི་རྫས་བརྒྱད་ལག་ཏུ་ གཏད་པས་ཆསོ ་ལ་རྒྱུན་དུ་ལངོ ས་སྤདྱོ ་པ་དང་ཉནོ ་མངོ ས་བྲལ་ཞིང་ནད་ཞི་བ་ལ་ སགོ ས་བའི་བཀྲ་ཤིས་པ་ཀུན་དང་ལྡན་པའི་མསོ ་པ་མཛདོ ། དེ་ནས་དཔལ་ལྡན་ལྷ་ མའོ ི་ལྷ་ཚགོ ས་འཁརོ ་དང་བཅས་པ་རྣམས་ཀྱིས་ང་ོམཚར་བའི་ཆ་ོའཕྲུལ་གྱི་བཀདོ ་པ་ དང་མེ་ཏགོ ་གི་ཆར་དང་བཀྲ་ཤིས་པའི་བདེན་ཚིག་ལེགས་བསྩལ་གྱི་ས་ྒོནས་དགེ་ ལེགས་མཆགོ ་གི་ཤིས་བརདྗོ ་དུས་སུ་གནང་བའི་མསོ ་འདུན་གྱིས་ཤིག སྟོན་མཆོག་ དམ་པ༴ སོགས། བཛྲ་ཡེ་སྭཱཧཱ། དེ་དག་གི་གནས་སྐབས་སུ་ཐབོ ་པའི་དམ་ཚིག་དང་སམྡོ ་ པ་རྣམས་སྲུང་སྙམ་དུ་འདིའི་རྗེས་ཟསློ ་མཛདོ ། གཙོ་བོས་ཇི་ལྟར༴ ནས། བགྱིས། དབང་ ཐབོ ་པའི་བཀའ་དྲིན་གཏང་རག་གི་ཡནོ ་དུ་མཎྜལ་ཕུལ། མཎྜལ་བྱ། ལུས་ལངོ ས་སྤདྱོ ་ དགེ་ཚགོ ས་དང་བཅས་བླ་མ་ལ་འབུལ་སྙམ་པས་འདིའི་རྗེས་ཟསློ ་མཛདོ ་ཅིག དེང་ ནས་བརྩམས་ཏེ༴ ནས། གསོལ། །དེ་ལྟར་དམ་པའི་ཆསོ ་འཆད་ཉན་གྱི་དགེ་བ་དེ་ཡང་ སངས་རྒྱས་ཀྱི་རྒྱུར་བས་ྔོབར་ཞུ། བསོད་ནམས་འདི་ཡིས༴ སོགས། ཤོག །དེ་ལྟར་རྣམ་རྒྱལ་ལྷ་ དགུའི་དབང་གི་མཚམས་སྦྱར་དབང་དོན་གསལ་བྱེད་ཅེས་བྱ་བ་འདི་བླ་མ་རིན་ཆེན་འོད་ཀྱི་ངོར། མ་ཏིས་སྦྱར་བ་སྟེ་ཡི་གེ་པ་ནི་ ཡོན་ཏན་བཟང་པོའ།ོ ། །། 7-1-351 ༄༅། །བཀྲ་ཤིས་རྫས་བརྒྱད་ཀྱི་ལོ་རྒྱུས་ཀྱི་གོ་དོན་དང་ བཅས་པ་བཞུགས། ༄༅། །གོང་དུ་མཁོ་བ། སནྔོ ་བཅམོ ་ལྡན་འདས་ལ་གཟུགས་ཀྱི་ལྷ་མ་ོའདོ ་འཆང་ མས་མེ་ལངོ ་ཕྱག་ཏུ་ཕུལ་བ་ན་བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་བརླབས་པ་དེ་བཞིན་ དུ་དེང་འདིར་ཡང་ར་ྡོརྗེ་སློབ་མ། ཆྒཻ་མོས་ གཙརོ ་བྱས་ནམ་མཁའི་མཐའ་དང་མཉམ་ པའི་སེམས་ཅན་ཐམས་ཅད་མེ་ལངོ ་གི་རྫས་ལ་བརྟེན་ནས་ཤིན་ཏུ་བཀྲ་ཤིས་པར་གྱུར་ ཅིག སནྔོ ་བཅམོ ་ལྡན་འདས་ལ་གླང་པ་ོཆེ་ས་སྲུང་གིས་གི་ཝཾ ་ཕྱག་ཏུ་ཕུལ་བ་ན་བཀྲ་ ཤིས་པའི་རྫས་སུ་བྱིན་གྱིས་རླབས་པ་དེ་བཞིན་ཏུ་དེང་འདིར་ཡང་ར་ྡོརྗེ་སློབ་མ་འདི་ རྣམས་གཙརོ ་བྱས་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་གི་ཝཾ ་ གི་རྫས་ལ་བརྟེན་ནས་ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག སནྔོ ་བཅམོ ་ལྡན་འདས་ལ་ ཞིང་པའི་བུ་མ་ོལེགས་སྐྱེས་མས་ཞ་ོ ཕྱག་ཏུ་ཕུལ་བ་ན་བཀྲ་ཤིས་པའི་རྫས་སུ་བྱིན་ གྱིས་རླབས་པ་དེ་བཞིན་ཏུ་དེང་འདིར་ཡང་ར་ྡོརྗེ་སློབ་མ་འདི་རྣམས་གཙརོ ་བྱས་ནམ་ མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཞའོ ི་རྫས་ལ་བརྟེན་ནས་ཤིན་ ཏུ་བཀྲ་ཤིས་པར་གྱུར་ཅིག སནྔོ ་བཅམོ ་ལྡན་འདས་ལ་རྩ་འཚངོ ་ཁྱེའུ་བཀྲ་ཤིས་ཀྱིས་ རྩཱ་དུར་བ་ཕྱག་ཏུ་ཕུལ་བ་ན་བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་རླབས་པ་དེ་བཞིན་ཏུ་ དེང་འདིར་ཡང་ར་ྡོརྗེ་སློབ་མ་འདི་རྣམས་གཙརོ ་བྱས་ནམ་མཁའི་མཐའ་དང་མཉམ་ པའི་སེམས་ཅན་ཐམས་ཅད་དུར་བའི་རྫས་ལ་བརྟེན་ནས་ཤིན་ཏུ་བཀྲ་ཤིས་པར་གྱུར་ 7-1-352 ཅིག སནྔོ ་བཅམོ ་ལྡན་འདས་ལ་ལྷ་ཚངས་པས་ཤིང་ཐགོ ་བིལ་བ་ཕྱག་ཏུ་ཕུལ་བ་ན་ བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་རླབས་པ་དེ་བཞིན་ཏུ་དེང་འདིར་ཡང་ར་ྡོརྗེ་སློབ་མ་ འདི་རྣམས་གཙརོ ་བྱས་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ བིལ་བའི་རྫས་ལ་བརྟེན་ནས་ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག སནྔོ ་བཅམོ ་འདས་ལ་ ལྷའི་དབང་པ་ོབརྒྱ་བྱིན་གྱིས་དུང་དཀར་པ་ོགཡས་སུ་འཁྱིལ་བ་ཕྱག་ཏུ་ཕུལ་བ་ན་ བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་རླབས་པ་དེ་བཞིན་ཏུ་དེང་འདིར་ཡང་ར་ྡོརྗེ་སློབ་མ་ འདི་རྣམས་གཙརོ ་བྱས་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ དུང་དཀར་གྱི་རྫས་ལ་བརྟེན་ནས་ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག སནྔོ ་བཅམོ ་ལྡན་ འདས་ལ་བྲམ་ཟེ་སྐར་རྒྱལ་གྱི་བུས་ལི་ཁྲི་ཕྱག་ཏུ་ཕུལ་བ་ན་བཀྲ་ཤིས་པའི་རྫས་སུ་ བྱིན་གྱིས་རླབས་པ་དེ་བཞིན་ཏུ་དེང་འདིར་ཡང་ར་ྡོརྗེ་སློབ་མ་འདི་རྣམས་གཙརོ ་བྱས་ ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལི་ཁྲིའི་རྫས་ལ་བརྟེན་ ནས་ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག སནྔོ ་བཅམོ ་ལྡན་འདས་ལ་གསང་བའི་བདག་པ་ོ ཕྱག་ན་ར་ྡོརྗེས་གྲུབ་པའི་རྫས་ཡུངས་དཀར་ཕྱག་ཏུ་ཕུལ་བ་ན་བཀྲ་ཤིས་པའི་རྫས་སུ་ བྱིན་གྱིས་རླབས་པ་དེ་བཞིན་ཏུ་དེང་འདིར་ཡང་ར་ྡོརྗེ་སློབ་མ་ཆྒཻེ་མོ་འདི་རྣམས་གཙརོ ་ བྱས་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཡུངས་དཀར་གྱི་རྫས་ ལ་བརྟེན་ནས་ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག རྣམས་ལ་སྦྱར་ཏེ་ཤེས་པར་བྱ། 7-1-353 ༄༅། །རྣམ་རྒྱལ་མའི་དབང་གི་མཚམས་སྦྱར་བསྡུས་པ་བཞུགས། ༄༅། །འ་ོནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དནོ ་དུ་ འཕགས་མ་གཙུག་ཏརོ ་རྣམ་པར་རྒྱལ་མའི་དབང་གི་རིམ་པ་ཇི་བཞིན་ཉན་ཏེ་དབང་ དནོ ་ཉམས་སུ་བླངས་པས་འག་ྲོཕན་སྤེལ་བར་བྱའ་ོསྙམ་པའི་ངང་ནས་ལེགས་པར་ གསན་མཛདོ ། དེ་ལའང་འདིར་གང་གི་ས་ྒོནས་དབང་བསྐུར་བར་བྱ་ན་གཙུག་ཏརོ ་ རྣམ་པར་རྒྱལ་མ་ལས་སྒྲིབ་འཇམོ ས་བྱེད་ཚེ་དང་ཡེ་ཤེས་འཕེལ་བར་མཛད་པའི་རིག་ སྔགས་ཀྱི་གཟུངས་ཆགོ ་སནྔོ ་གྱི་དུས་ན་བྱོན་པའི་སངས་རྒྱས་ཆེས་མང་པ་ོདག་ཁྱད་ པར་བདག་ཅག་གི་སྟོན་པ་མཆགོ ་གིས་ཇི་ལྟར་བཀའ་བསྩལ་པ་རྣམས་ལས་ད་ལན་ སྐབས་སུ་བབ་པ་རྒྱལ་ཚབ་བྱམས་པ་དང་ཐགོ ས་མེད་མཆེད་ནས་བརྒྱུད་འཕགས་ བདོ ་ཀྱི་པཎ་གྲུབ་དུ་མའི་ཕྱག་བཞེས་ཡང་དག་རྒྱུན་མ་ཆད་པ་རང་རེའི་རྗེ་འཇམ་ མགནོ ་བླ་མའི་བཀའ་སལྲོ ་ཇི་ལྟ་བ་བཞིན་དབང་བསྐུར་བ་ལ་ཐགོ ་མར་སློབ་དཔནོ ་ གྱིས་བགྱི་བར་འསོ ་པ་རྣམས་གྲུབ་ནས་ད་ཁྱེད་རང་སློབ་མའི་བྱ་བ་རྣམས་ལས་སནྔོ ་ དུ་འཇུག་པའི་ཆསོ ་རྣམས་ཞུ་བའི་ཡནོ ་དུ་མཎྜལ་ཕུལ། མཎྜལ་བྱ། དེ་ལྟར་མཎྜལ་ཕུལ་ ནས་གསལོ ་བ་འདེབས་པ་འདིའི་རྗེས་ཟསློ ་མཛདོ ། དགའ་ཆེན་ཁྱོ ད་བདག༴ གཞུག་ ཏུ་གསོལ། །དེ་ནས་རྒྱུན་བཤགས་ཀྱི་རིམ་པ་འདི་དག་རྗེས་ཟསློ ་མཛདོ ་ཅིག དཀོན་ མཆོག་གསུམ༴ ཐོབ་ཤོག །མ་རིག་པའི་ང་ོབ་ོགདངོ ་གཡགོ ས་འཆང་བར་མསོ ། ༀ་ ཙཀྵུ༴ ན་ཡ་ཧཱུཾ། དཀྱིལ་འཁརོ ་ལ་མཇལ་བའི་ཕྱག་རྟེན་མེ་ཏགོ ་གི་ཕྲེང་བ་འདི་ཟུང་ 7-1-354 ཞིག ཨ་ཁཾ༴ ཧཱུྃ། དབང་ལེན་པའི་བར་ཆད་རིང་དུ་བསྐྲད་པར་མསོ ། ཨ་མྲ ་ཏ༴ འདུན་ པ་བརྟག་པའི་སླད་དུ་བུ་ཁྱོད་སུ་ཡིན་ཅི་ལ་དགའ་ཞེས་དྲིས་པ་ལ་དེའི་ལན་མཛདོ ། སྐལ་བཟང༴ ལའོ། །སླར་མཐར་ཐུག་གི་དནོ ་གཉེར་བརྟག་སླད་དེས་བུ་ལ་ཅི་ཞིག་བྱ་ ཞེས་པ་ལའང་ལན་རྗེས་ཟསློ ་གྱིས། སངས་རྒྱས༴ གོ །དེ་ནས་ཁྱོད་རང་གི་སྙིང་གར་ ཀུན་རྫོབ༴ ཏ་ཡ་མི། བྱང་ཆུབ་ཀྱི་སེམས་དེ་གཉིས་བརྟན་པར་བྱས་པའི་མསོ ་པ་མཛདོ ། སུ་ར་ཏི༴ ཁཾ། དེ་ནས་གསང་བར་གདམས་པ་ནི། དེང་ཁྱོ ད་དཔལ་ལྷ་མོ་ཐམས་ཅད་ཀྱི་ རིགས་སུ་ཞུགས་ཀྱི༴ མ་ཡིན་ནོ།། དཀྱིལ་འཁརོ ་གྱི་ཤར་སའྒོ ི་དྲུང་དུ་འཁདོ ་པར་མསོ ་ལ། ཧཱུཾ་ཛཿཧཱུཾ། ཕྱག་འཚལ་བའི་མསོ ་པ་དང་བཅས་ཏེ། ༀ་ན་མ་༴ ཧཱུཾ། ཡེ་ཤེས་དབབ་པའི་ དནོ ་དུ་མཎྜལ་ཕུལ། མཎྜལ། གསལོ ་བ་འདེབས་པ་འདིའི་རྗེས་ཟསློ ་མཛདོ ། དཔལ་ ལྡན༴ གསོལ། འདི་ལྟར་མསོ ་མཛདོ ། ཁྱེད་རང་སྐད་ཅིག་གིས་གཙུག་ཏོར་རྣམ་པར་རྒྱལ་ མའི༴ ཞེས་པ་ནས། སློབ་དཔོན་གྱི་ཐུགས་ཀའི༴ སོགས་དང༌། ཁྱོ ད་རང་གི་བ་སྤུའི༴ ཞེས་བསྒྱུར་བ་ སོགས་ནས། ཨཿཨཿ ཡེ་ཤེས་ཕབ་པ་དེ་བརྟན་པའི་སླད་དུ། ཏིཥྛ་བཛྲ། སྔར་གྱི་མེ་ཏགོ ་དེ་ ལྷ་ལ་ཕུལ་ཤིག ༀ་པྲ༴ ཧོ། སླར་བྱིན་གྱིས་བརླབ་པ་ནི། པྲ་ཏི་གྲ ༴ བ་ལ། དེ་ནས་མིག་རས་བསལ་ཏེ། ༀ་དཔལ་ལྡན༴ ཧཱུཾ་ཨ། དཀྱིལ་འཁརོ ་ལ་ལྟ་བར་བསྐུལ་བ་ནི། ཧེ་བཛྲ་པ་ཤྱ། མདུན་ འདི་ཉིད་ན་དཔལ་ལྡན་ལྷ་མ་ོགཙུག་ཏརོ ་རྣམ་པར་རྒྱལ་མ་ལྷ་དགུའི་དཀྱིལ་འཁརོ ་ རྟེན་དང་བརྟེན་པར་བཅས་པའི་རྣམ་པ་ཐམས་ཅད་མ་འདྲེས་བཀྲ་ལམ་མེར་སྤྱན་ དྲངས་ཡདོ ་པ་དེ་དག་མངནོ ་སུམ་དུ་མཐངོ ་བའི་མསོ ་པ་དང་བཅས་ཡིད་ལ་ཟུང་ཞིག དེས་འཇུག་པ་སངོ ་ནས་དངསོ ་གཞིའི་དནོ ་དུ་མཎྜལ་ཕུལ། མཎྜལ། གསལོ ་བ་འདི་ལྟར་ ཐབོ ་ཅིག བྱང་ཆུབ་རྡོ་རྗེ༴ སྩོལ། དེ་ནས་དམིགས་པ་འདི་བཞིན་མཛདོ ། དཀྱིལ་འཁོར་ གྱི་ཤར་གྱི་ལྷ་རྣམས་ལ་དབང་སྟེགས༴ ཞེས་པ་ནས། ཁྱོ ད་རང་བྷྲཱུཾ་ལས་ཞེས་དང༌། སློབ་དཔོན་གྱི་ 7-1-355 ཐུགས་ཀའི་ས་བོན༴ ཞེས་དང༌། ཡང་སློབ་དཔོན་གྱི་ཐུགས་ཀའི་བྷྲཱུཾ་ཡིག༴ ཅེས་དང༌། སློབ་དཔོན་ དཀྱིལ་འཁོར་གྱི་གཙོ་མོ་དབྱེར་མ་མཆིས་པ་འཁོར་དང་བཅས་པ༴ ཞེས་བསྒྱུར་པ་སོགས་ནས། བྱིན་ གྱིས་བརླབས་པར་གྱུར། དེ་ནས་ཅདོ ་པན་གྱི་དབང་བསྐུར་བ་ནི། དེ་ལྟར་ན་བུམ་པའི་ ཆུས༴ བཞག་གོ །དངསོ ་གཞིའི་དབང་གྲུབ་ནས་མཐའ་རྟེན་སྦྱིན་པ་ནི། དཀྱིལ་འཁོར་ གྱི་གཙོ་མོའི་འཁོར་གྱི་ཡེ་ཤེས་ཁྲོ་རྒྱལ་བཞི་པོ་རྣམས་ཀྱིས་ཁྱོ ད་རང་གི༴ རཀྵ་རཀྵ་སྭཱཧཱ། སྣ་ བདུན་བྱིན་གྱིས་བརླབས། དེ་ནས་རིན་པ་ོཆེ་སྣ་བདུན་གྱི་དབང་བསྐུར་བ་ནི། ༀ་ཙཀྲ་རཏྣ༴ སོགས་ཀྱི་མཐར་རྫས་བརྒྱད་བྱིན་གྱིས་བརླབས། སནྔོ ་གྱི་དུས་ན་སྟོན་པ་མཆགོ ་གི་མདུན་དྲུང་དུ་ བཀྲ་ཤིས་པའི་འཁརོ ་སྐལ་བ་དང་ལྡན་པ་གཟུགས་ཀྱི་ལྷ་མ་ོའདོ ་འཆང་མ་ལ་སགོ ས་ པ་གང་དག་གིས་རིམ་པས་བཀྲ་ཤིས་དགེ་མཚན་གྱི་རྫས་བརྒྱད་ལེགས་འབུལ་བྱས་ པ་དེ་ལུགས་ལྟར་སྟོན་པས་བྱིན་གྱིས་བརླབས་པ་དེ་བཞིན་དུ་དེང་འདིར་ཡང་སློབ་མ་ ཆྒཻ་མོས། གཙརོ ་གྱུར་མཁའ་མཉམ་གྱི་སེམས་ཅན་ཐམས་ཅད་མེ་ལངོ ་སགོ ས་བཀྲ་ཤིས་ པའི་རྫས་བརྒྱད་པ་ོལ་རིམ་བཞིན་བརྟེན་ནས་ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག མེ་ལོང་ ཡེ་ཤེས༴ བགེགས་ཀུན་ཞི་བྱེད་ཤོག །དེ་ནས་ཤིས་པ་ལེགས་པར་བརདྗོ ་པ་ནི། སྟོན་ མཆོག༴ ཡེ་སྭཱཧཱ། དམ་ཚིག་བསྲུང་བར་ཁས་བླངས་པ་འདིའི་རྗེས་ཟསློ ་མཛདོ ། གཙོ་ བོས༴ བགྱི། །བཀའ་དྲིན་གཏང་རག་གི་ཡནོ ་དུ་མཎྜལ་ཕུལ། མཎྜལ། སློབ་མར་ཁས་ བླངས་བ་འདིའི་རྗེས་ཟསློ ་གྱིས་ཤིག དེང་ནས༴ སྤྱད་དུ་གསོལ། །དེ་ལྟར་གྱི་དགེ་རྩ་བྱང་ ཆུབ་ཏུ་བས་ྔོབར་ཞུ། བསོད་ནམས༴ ཤོག །ཅེས་པའི་རྣམ་རྒྱལ་མའི་དབང་གི་མཚམས་སྦྱར་བསྡུས་པ་འདི་ ཡང་མ་ཏིས་སྨྲས་བཞིན་ཡོན་ཏན་མིང་གིས་ཡི་གེར་ཕབ་པའོ།། །། རྣམ་རྒྱལ་ལྷ་མོའི་དབང་ཆོག་ལ་མཁོ་བའི། །མཚམས་སྦྱར་གོ་དོན་གསལ་བྱེད་ཟུང་བཀོད་པ། །གང་འོས་རྒྱས་བསྡུས་པར་ དུ་ལེགས་བསྐྲུན་འདིས། །སྙིགས་འགྲོའི་སྒྲིབ་སྦྱངས་ཚོགས་ཆེན་རྫོགས་གྱུར་ཅིག། །། 7-1-356 ༄༅། །འཕགས་མ་གཙུག་ཏོར་རྣམ་པར་རྒྱལ་མའི་རིག་སྔགས་ལ་ བརྟེན་ནས་ཞི་བའི་སྦྱིན་སྲེག་བྱ་བའི་ཚུལ་གྱི་ཆོ་ག་ བསྟན་འགྲོའི་ཕན་བདེ་སྤེལ་བྱེད་ ཅེས་བྱ་བ་བཞུགས་སོ། ། ༄༅། །རབ་གསལ་ཡེ་ཤེས་ལང་ཚོ་རྫོགས། །སྒྲིབ་སེལ་འཆི་མེད་སྩོལ་བའི་གཉེན། །འཕགས་མ་རྣམ་རྒྱལ་ལྷ་མོ་ ལ། །སྙིང་ནས་གུས་པས་ལན་བརྒྱར་འདུད། །གང་གི་ཕྲིན་ལས་རིག་སྔགས་སྒོ། །སྡིག་སྦྱོང་འགྲོ་ཕན་སྤེལ་བའི་ཐབས། །རབ་ འབྱམས་ལས་ཚོགས་མཐའ་ཀླས་ལས། །ཞི་བའི་སྦྱིན་སྲེག་ཚུལ་ཙམ་འཆད། །དེ་ལ་ལས་སྒྲིབ་སྦྱོང་ཞིང་ཚེ་ཡི་དཔལ་སྟེར་མཛད་ ཆེན་མོ་འཕགས་མ་གཙུག་ཏོར་རྣམ་པར་རྒྱལ་མའི་རིག་སྔགས་ལ་བརྟེན་ནས་འདིར་ཞི་བའི་སྦྱིན་སྲེག་ཇི་ལྟར་བྱ་བའི་ཚུལ་ ལ། སྦྱོར། དངོས། རྗེས་གསུམ་ལས། དང་པོ་སྦྱོར་བ་ལ། སྐབས་འགར་དགོས་པ་ས་ཆོག་གི་ཚུལ་དང༌། རྒྱུན་དུ་དགོས་པ་ཐིག་ འདེབས་སོགས་ཀྱི་རིམ་པ་གཉིས་ལས། དང་པོ་ནི་སྔར་ས་ཆོག་བྱས་ཟིན་པའི་གནས་ཁང་རྙིང་བ་ཡིན་ན་ས་ཆོག་མི་དགོས་ ལ། དེ་མ་ཡིན་པར་གནས་གསར་བ་ལ་ངེས་པར་དགོས་པས་དེའི་ཚུལ་ནི་ཐོག་མར་སྦྱིན་སྲེག་གང་དུ་བྱ་བའི་གནས་སུ་ཆ་གསུམ་ གཏོར་མ་བཤམ། དེ་དག་གི་མཐར་ཉེར་སྤྱོད་རྣམ་ལྔ། ཡུངས་དཀར། གུ་གུལ་སོགས་ཀྱང་འདུ་བྱས་ཏེ། སྒྲུབ་པོ་གང་དག་ གིས། བརྒྱུད་འདེབས་དང༌། མཆོད་པ་བྱིན་རླབས་ནས་བཟུང་བདག་བསྐྱེད་ཉེར་བསྡུས་བར་རྫོགས་པར་བཏང་མཐར་གཏོར་ མ་ཆ་གསུམ་གྱི་ཆོ་ག་ལྟར་དང་པོ་ཕྱོགས་སྐྱོང་ལ་གཏོར་མ་ཕུལ་རྗེས། ཕྱོགས་སྐྱོང་འཁོར་དང་བཅས་པ་རྣམས་ ཀྱིས་སའི་ཕྱོགས་འདི་བདག་ལ་སྩོལ་ཞིང་སྦྱིན་སྲེག་གི་ཆོ་ག་མཐར་ཕྱིན་པའི་སྡོང་གྲོགས་ མཛད་དུ་གསོལ། ཞེས་བརྗོད་པ་ཕྱོགས་སྐྱོང་ལ་ས་བསླང་བ་དང༌། གཉིས་པ་འབྱུང་པོ་ལ་གཏོར་མ་ཕུལ་མཐར། 7-1-357 འབྱུང་པོའི་ཚོགས་འཁོར་དང་བཅས་པ་རྣམས་ཀྱིས་ས་ཕྱོགས་འདི་བདག་ལ་གནང་ཞིང་སྦྱིན་ སྲེག་གི༴ ཞེས་སོགས་གོང་ལྟར་བརྗོད་པས་འབྱུང་པོ་ལ་ས་བསླང་སྟེ་ཞི་བས་བསླང་ཚུལ་དེ་གཉིས་དང༌། གསུམ་པ་བགེགས་ གཏོར་བསྔོ ་མཇུག་ཏུ། སའི་ཕྱོགས་འདི་ཉིད་ན་གནས་པའི་འབྱུང་པོ་གསང་སྤྱོད་ལྟ་བར་མི་དབང་ བ་རྣམས་དང༌། སྦྱིན་སྲེག་གི་ཆོ་ག་བསྒྲུབ་པ་ལ་བར་ཆད་བྱེད་པའི་བགེགས་དང་ལོག་འདྲེན་ གྱི་རིགས་གང་ཡོད་པ་ཐམས་ཅད་གཏོར་མ་འདིས་ཚིམ་པར་གྱིས་ལ་སའི་ཕྱོགས་འདིར་མ་ གནས་པར་གཞན་དུ་སོངས་ཤིག ཅེས་པས་བགེགས་གཏོར་གཏོང་བཞིན་དྲག་སྔགས་བརྗོད། ས་ཕྱོགས་དེར་གུ་ གུལ་གྱིས་བདུག་ཅིང་ཡུངས་དཀར་གྱིས་བྲབ་ལ་བགེགས་བསལ་བ་ནི་དྲག་པོས་ས་བསླང་ཚུལ་སྟེ། འདིའི་མཐར་གོང་ཆ་གསུམ་ ནང་གི་ཕྱོགས་སྐྱོང་དང་འབྱུང་པོ་གཤེགས་སུ་གསོལ་བའི་སྔགས་ཚིག་གཉིས་ཀྱང་བརྗོད། དེ་ནས། སྐད་ཅིག་གིས་རང་ ཉིད་འཕགས་མ་གཙུག་ཏོར་རྣམ་པར་རྒྱལ་མ་སྐུ་མདོག་དཀར་མོ་ཞལ་གཅིག་ཕྱག་གཉིས་ མ། ཅུང་ཟད་ཁྲོ་བའི་ཉམས་ཅན་ཕྱག་གཡས་ཀྱིས་སྣ་ཚོགས་རྡོ་རྗེ་དང་གཡོན་པས་ཞགས་ པ་དང་བཅས་པའི་སྡིགས་མཛུབ་མཛད་པ། དར་དང་རིན་པོ་ཆེའི་རྒྱན་ལྡན་ཞབས་སྐྱིལ་ ཀྲུང་གིས་བཞུགས་པར་གྱུར། སྤྲོ་ན་གཟུངས་རིང་ཚར་གཅིག་བཅས་སྔགས་ཐུང་གཉིས་ཅི་རིགས་རེ་དང༌། མིན་ ན་སྔགས་ཐུང་གཉིས་ཅི་རིགས་རེ་བཟླ་བཞིན་སྦྱིན་སྲེག་བྱ་བའི་གཞིར་དབུས་སུ་ལག་གཡས་རྡོ་རྗེ་བཅས་བཞག་ལ། དེ་ནས་ༀ་ བྷུ་ཁཾ། ཞེས་པ་ཉེར་གཅིག་བརྗོད་པས། ས་གཞི་དེ་ཉིད་ནམ་མཁའི་རང་བཞིན་དུ་གྱུར། པར་བསམ། ༀ་ཧ་ ན་ཧ་ན་ཀྲོདྷ ་ཧཱུཾ་ཕཊཿ ཅེས་མང་དུ་བཟླས་པས། ས་གཞི་དེའང་རྡོ་རྗེའི་རང་བཞིན་དུ་གྱུར། པར་བསམ་ པ་སྟེ་དེ་དག་ནི་སྔགས་དང་ཕྱག་རྒྱས་ས་སྦྱངས་པ་ཡིན་ཞིང༌། དེ་རྗེས་སུ་སྔགས་ཐུང་གཉིས་ཅི་རིགས་པ་བཟླ་བཞིན་སྦྱིན་སྲེག་ གི་ས་གཞི་ག་དར་ལེགས་པར་བྱས་ནས་བྱ་བས་ས་སྦྱངས་ཏེ། གཞི་དེ་ཉིད་དུ་འདུག་ལ་རང་ཉིད་འཕགས་མའི་ང་རྒྱལ་བཅས། བདག་གིས་སའི་ཕྱོགས་འདིར་དཔལ་ལྷ་མོ་གཙུག་ཏོར་རྣམ་པར་རྒྱལ་མའི་སྒོ་ནས་སྦྱིན་སྲེག་ གི་ལས་ལ་འཇུག་སྟེ་སེམས་ཅན་གྱི་དོན་རྒྱ་ཆེར་བྱའོ། །ཞེས་སེམས་བསྐྱེད་དེ་བློས་ས་གཞི་བཟུང་བར་བྱ་སྟེ་ རྒྱས་པ་ལ་དགའ་ན་དེ་དག་ཚང་བར་བྱ། བསྡུས་ཚེ་གོང་གི་ས་བསླང་བའི་རྗེས་ནས་སྔགས་འོག་མ་རྣམས་ཉུང་ཙམ་རེ་བརྗོད་པས་ 7-1-358 ཆོག གཉིས་པ་རྒྱུན་དགོས་ཐིག་འདེབས་སོགས་ཀྱི་རིམ་པ་ནི། ས་སྟེགས་ལ་སོགས་ཁོད་སྙོམས་གཞིར། །ཚངས་ཟུར་ཐིག་ རྣམས་ལེགས་པར་བཏབ། །ཟུར་ཐིག་སྟེང་ནས་མཐའ་དབུས་བར། །ས་ཁྱོ ན་བཞི་རུ་གཏུབ་པར་བྱ། །བཞི་བགོས་དེ་ཡི་ནང་མ་ ནི། །ཟླུམ་པོ་ཉིད་དུ་བསྐོར་བར་བྱ། །ཟླུམ་ཐིག་ནང་མར་ཆ་བཅུ་གཉིས། །བགོས་པས་ཆ་རེ་སོར་ཚད་ཡིན། །ཟླུམ་ཐིག་དེ་ནི་ཐབ་ ནང་ཐིག །དེ་ཕྱིར་སོར་བཞི་ཉིས་རིམ་བསྐོར། །མུ་རན་ཁ་ཁྱེ ར་རིམ་པ་བཞིན། །དེ་ཀུན་ཁྱོ ན་སོར་ཉི་ཤུ་ཡིན། །དེ་ཕྱིར་ཉེར་བཞིའི་ སོར་གྱིས་ནི། །ཟུར་ཐིག་སྟེང་དུ་བྱ་རྗེས་བཙལ། །དེ་མཚམས་ནས་ནི་གྲུ་བཞིར་གདབ། །དེ་ཡི་ཕྱི་རུ་སོར་མོ་བཞི། །ཟུར་སྟེང་ བཏབ་པས་སྟེགས་བུ་གྲུབ། །ཐབ་དང་འདི་བར་ཁྲུ་གང་ཚད། །དབུས་སུ་པདྨ་འདབ་བརྒྱད་ནི། །གཅུས་ཐིག་ལག་ལེན་ཇི་བཞིན་ བྱ། །ལྟེ ་བར་སྣ་ཚོགས་རྡོ་རྗེ་དང༌། །ཕྱོགས་བཞི་ཤར་ནས་རིམ་པ་བཞིན། །བུམ་པ་པདྨ་བུམ་པ་དང༌། །རྡོ་རྗེའི་ཕྱག་མཚན་རིམ་ པར་བཀོད། །མཚམས་བཞི་ཤར་ལྷོ ་ནས་བཟུང་སྟེ། །གཡས་བསྐོར་ཚུལ་གྱིས་རལ་གྲི་དང༌། །ལྕགས་ཀྱུ་དབྱུག་པ་རྡོ་རྗེ་ནི། །རྩེ་མོ་ གསུམ་པའི་རྣམ་ཅན་འགོད། །ཕྱག་མཚན་དེ་འདྲ་མ་འཛོམས་ན། །ཚོམ་བུ་ཐིག་ལེ་ཅི་རིགས་བྱ། །མུ་རན་ལ་ནི་ཟེའུ་འབྲུ་དང༌། །ཁ་ ཁྱེ ར་ངོས་སུ་འདབ་བརྒྱད་བྲི། །ཐབ་ཁྱོ ན་དཀར་པོའི་མདོག་ཅན་ལ། །ཕྱོགས་མདོག་ཤར་དཀར་ལྷོ ་སེར་དང༌། །ནུབ་དམར་བྱང་ ལྗང་ཚུལ་གྱིས་ནི། །ཕྱི་འཁྱམས་མདངས་ལ་འོད་རིས་སྤེལ། །སྟེགས་བུ་སེར་པོར་ཟླ་ཕྱེད་ལ། །རྡོ་རྗེས་མཚན་པ་དེ་ཡང་དཀར། །དབུས་ཀྱི་པདྨ་སྣ་ཚོགས་མདོག །མུ་རན་ཁ་ཁྱེ ར་ལ་གནས་པའི། །ཟེའུ་འབྲུ་འདབ་བརྒྱད་རིམ་པ་བཞིན། །སེར་པོ་སྣ་ཚོགས་ཅི་ མཛེས་དང༌། །ཡང་ན་ཐམས་ཅད་དཀར་པོར་བྱ། །དེ་དག་གིས་ནི་ཐིག་ཚོན་གྲུབ། །ཅེས་པ་ལྟར་ཐིག་འདེབས་ཚོན་བཅས་ལེགས་ པར་གྲུབ་པ་ན་ཟླུམ་ཐིག་ནང་མའི་སྟེང་ནས་དྲི་ཞིམ་པོའི་བུད་ཤིང་གིས་ཟླུམ་པོར་བརྩིགས་པ་རྒྱར་ཁྲུ་གང་ངམ་སོར་ཉེར་བཞིའི་ ཚད་དང་ཟབས་སུ་ཁྲུ་ཕྱེད་དམ་མཐོ་གང་ངམ་སོར་བཅུ་གཉིས་ཡོད་པ་བྱ་ལ། གཞན་ཡང་བསྲེག་རྫས་དང་མཆོད་པ་བཤམ་པའི་ ཚུལ་ལ་སྤྱིར་ཐབ་མདུན་ནུབ་ཏུ་ཕྱོགས་ཤིང་སྒྲུབ་པ་པོ་དག་ཁ་ཤར་དུ་ཕྱོགས་པའི་དབང་དུ་བྱས་ནས་སྒྲུབ་པོའི་གཡས། ཐབ་ཀྱི་ གཡོན་དུ་རྫས་ཆེན་ཡམ་ཤིང༌། མར་ཁུ། ཏིལ་ནག ཟས་མཆོག འབྲས། སོ་བ། ནས། སྲན་མ། གྲོ། དུར་བ། ཀུ་ཤ ཡུངས་དཀར་དང་བཅུ་གཉིས་པོ་རྣམས་མེ་ལྷ་དང་བསྲེག་ལྷ་གཉིས་ལ་ཚར་གཉིས་རེ་རིམ་པ་བཞིན་དུ་བཤམ། སྒྲུབ་པོའི་གཡོན། ཐབ་ཀྱི་གཡས་སུ་མཆོད་གཏོར་ཡང་མཆོད་ཡོན་སོགས་ཉེར་སྤྱོད་དང་བསྲེག་ལྷ་དང་མེ་ལྷའི་གཏོར་མ་ལ་སོགས་པ་བཤམས་ལ། 7-1-359 དེ་དག་ལས་ཡམ་ཤིང་ནི་རྙིང་བ་ཕྲ་ཀྱོག་རིང་ཐུང་ཅན་ལོ་མ་མེད་པ་ཟོས་རུལ་དང་ཤུན་བྲལ་ཆག་བུག་ཅན་རྩེ་གཉིས་ཧ་ཅང་སྦོམ་ པ་སོགས་ཀྱི་སྐྱོན་དང་བྲལ་བའི་འོམ་བུའམ། ཤུག་པ་སོགས་དྲི་ཞིམ་པོའི་ཤིང་གི་རྩ་བ་དང་དབུས་དོར་བའི་རྩེ་མོའི་ཕྱོགས་ལས་ བྱས་པ་ཁྲུ་གང་ངམ་ཁུ་ཚུར་གཉིས་བཅིངས་པའི་ཚད། རྩ་བ་ཟླུམ་ལ་རྩེ་མོ་རལ་གྲི་ལྟར་བྱས་པའམ། ཡང་ན་རྩེ་མོ་གཉིས་མཉམ་ པོར་བཅད་པའམ། ཡང་ན་འོག་ངོས་མཉམ་པོ་དང་སྟེང་ངོས་པདྨའི་རྣམ་པར་བཅད་པ་རྣམས་གང་རུང་ལ་རྩེ་མོ་གཉིས་སྦྲང་རྩི་ དང་འོ་མ་དང་མར་དུ་བསྙུགས་ཤིང༌། ག་བུར་དང་གུར་གུམ་ལ་སོགས་པའི་དྲི་ཞིམ་པོས་བགོས་པའོ།། ཀུ་ཤ་ནི་སྔོ ་ལྗང་རྩ་བ་ དང་རྩེ་མོ་མ་ཉམས་པ། འདབ་མ་མ་གྲུག་པ་མར་དང་འོ་མས་སྦགས་པ་དང༌། དུར་བ་ནི་མྱུ་གུ་རྩ་རྩེ་མ་ཉམས་པ་དང༌། འབྲས་ ནི་ཤུན་པ་ཅན་ཡིན་མིན་གང་ཡིན་ཡང་མ་གྲུག་ཅིང་མ་ཆག་པ་དང༌། ཏིལ་ནི་ཏིལ་ནག་དང༌། ཏིལ་དང༌། འབྲས་དང༌། སོ་བ་ དང༌། ནས་དང༌། གྲོ་དང༌། སྲན་མ་རྣམས་ས་རྡོ་སོགས་ལྷད་མེད་པ། ཆུས་བཀྲུས་པ་ལ་དྲི་བཟང་གི་ཆུས་སྦངས་ནས་རླན་ཕབ་ ཅིང་མར་ཁུས་བྲན་པ་དང༌། ཡུངས་དཀར་ཡང་གུ་གུལ་མར་དང་བསྲེས་པ་རྣམས་དང༌། ཟས་མཆོག་ནི་རྩམ་པའི་ཕྱེ་ལ་སྦྲང་རྩི་ བུ་རམ་ཀ་ར་འོ་མ་ཞོ་མར་རྣམས་བསྲེས་ཏེ་ལག་པས་འཕུར་ཞིང་ཕྱེ་ཕུར་བྱས་པའམ་དེང་སང་གི་ལག་ལེན་ལྟར་འོ་ཞོ་མར་བསྲེས་ པའི་ཟན་རིལ་དག་གིས་ཀྱང་རུང་ཞིང༌། གཞན་ཡང་ཀུ་ཤའི་ཆུན་པོ་བརྒྱད་དང་འབུད་ཤིང་དང་གཅེད་ལྡེ ་རྣམས་དང༌། རང་དང་ ཐབ་ཀྱི་བར་དུ་མེ་ཡོལ། ཐབ་དེའི་ཤར་ལྷོ ར་མེ་ཚང་ཏིང་ལོ་དང༌། རླུང་གཡབ། ཐོད་ཆིངས། བསངས་ཆུ། འཐོར་གཡབ། རྡོར་ དྲིལ། དགང་བླུགས་ལ་སོགས་པ་དགོས་པའི་ཡོ་བྱད་ཐམས་ཅད་བཤམ་པ་ནི་སྦྱོར་བའོ། ། གཉིས་པ་དངོས་གཞི་ལ། མེ་ལྷ་དང༌། བསྲེག་ལྷ་དང༌། གཏང་རག་གི་སྒོ་ནས་སྒྲུབ་ཅིང་མཆོད་པའི་ཚུལ་གསུམ་ལས། དང་པོ་མེ་ལྷ་སྒྲུབ་ཅིང་མཆོད་པ་ནི། ས་ཆོག་སྟབས་གཅིག་ལ་བྱས་ན་བདག་བསྐྱེད་གཅིག་གིས་ཆོག་ལ་དེ་མིན་འདིར་གོང་ བཞིན་བདག་བསྐྱེད་རྫོགས་པར་བཏང་ནས་ཐོག་མར་བསངས་ཆུ་བྱིན་གྱིས་བརླབ་པ་སྟེ། དེ་ཡང༌། ཨ་མྲ ་ཏ་ཀུཎྜ་ལིས་ བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཤཾ་ལས་བྱུང་བའི་དུང་ཕོར་ཚད་དང་མཚན་ཉིད་ ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ། ཧཱུཾ་ཞུ་བ་ལས་བྱུང་བའི་བསངས་པའི་ཆུ་དྭངས་ ཤིང་ཐོགས་པ་མེད་པ། རང་གི་སྙིང་གའི་འོད་ཟེར་གྱིས་སངས་རྒྱས་ཐམས་ཅད་ཀྱི་བྱིན་ རླབས་ནུས་སྟོབས་ཐམས་ཅད་བཀུག་ནས་ཐིམ་པས། བསྲེག་རྫས་ལ་སོགས་པ་རྫས་ཐམས་ 7-1-360 ཅད་ཀྱི་མ་དག་པའི་སྐྱོན་ཐམས་ཅད་སེལ་བའི་ནུས་པ་དང་ལྡན་པར་གྱུར། པར་བསམ་པའི་ངང་ ནས། ༀ་ཨ་མྲ ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ཅེས་པ་ཅི་ནུས་བཟླས་པའི་མཐར། ཧཱུཾ་རིང་པོ་བདུན་ནམ་ ཉེར་གཅིག་བཟླ། དེ་ནས་མཆོད་རྫས་རྣམས་ལ་བསངས་ཆུ་འཐོར་ཏེ་རྣམ་རྒྱལ་བུམ་ཆོག་བཞིན། མཆོད་པ་བསངས་སྦྱངས་ བྱིན་གྱིས་བརླབས། དེ་ནས་བསྲེག་རྫས་རྣམས་ལ་བསངས་ཆུ་འཐོར་ཏེ། ཨ་མྲ ་ཏ་ཀུཎྜ་ལིས་བསངས། སྭ་བྷཱ་ཝས་ སྦྱངས། སྟོང་པའི་ངང་ལས་ༀ་ཞུ་བ་ལས་བྱུང་བའི་བསྲེག་རྫས་རྣམས་དྭངས་ཤིང་ཐོགས་པ་ མེད་པ་མི་མཐུན་པའི་ཕྱོགས་ཀུན་ཡོངས་སུ་འཇོམས་པར་བྱེད་པའི་ནུས་པ་དང་ལྡན་པར་ གྱུར། ཞེས་བརྗོད་ཅིང་བསམ་ལ། རྡོ་རྗེ་ཁུ་ཚུར་ལས་མཛུབ་མོ་གཉིས་བསྒྲེངས་ཏེ་རྩེ་གཤིབ་པ་ཆོས་འབྱུང་གི་ཕྱག་རྒྱ་རྫས་ རྣམས་ལ་གཏོད་བཞིན། ཡམ་ཤིང་གི་དྲི་མ་ཐམས་ཅད་དག་ནས་ངོ་བོ་དཔལ་ལྷ་མོའི་སྐུ་གསུང་ ཐུགས་རྡོ་རྗེའི་རང་བཞིན་ལ་རྣམ་པ་བྱང་ཆུབ་ཀྱི་ཤིང་ཟག་མེད་བདུད་རྩིའི་རང་བཞིན་ཅན་ ལྷ་རྣམས་ཀྱི་ཐུགས་རྒྱུད་མཉེས་པ་དང་མི་མཐུན་པའི་ཕྱོགས་འཇོམས་པའི་ནུས་པ་དང་ལྡན་ པར་གྱུར། པར་བསམ་བཞིན། ༀ་ཨ་སྭཱཧཱ། ལན་གསུམ། མར་ཁུ་ལ་ཉེས་སྐྱོན་གྱི་དྲི་མ་སྦྱངས་ཏེ་ ལྷ་མོའི་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་ལས་གྲུབ་པའི་ཟག་མེད་བདུད་རྩིའི་རང་བཞིན་ ཅན་ལྷ་རྣམས་མཉེས་པ་དང་མི་མཐུན་པའི་ཕྱོགས་འཇོམས་པའི་ནུས་ལྡན་དུ་གྱུར།པར་བསམ་ བཞིན། ༀ་ཤྲཱ ་སྭཱཧཱ། ལན་གསུམ། ཏིལ་དང་འབྲས་དང་སོ་བ་དང་ནས་དང་སྲན་མ་གྲོ་ལ་སོགས་ པའི་འབྲུ་རྣམས་ཀྱི་ཉེས་སྐྱོན་གྱི་དྲི་མ་སྦྱངས་ཏེ་ལྷ་མོའི་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་ ཟག་མེད་བདུད་རྩིའི་བདག་ཉིད་ཅན་དུ་ལྷ་མཉེས་པ་དང་མི་མཐུན་ཕྱོགས་འཇོམས་པའི་ ནུས་ལྡན་དུ་གྱུར། པར་བསམ་ཞིང༌། ༀ་ཛྲ ་སྭཱཧཱ། ལན་གསུམ། ཀུ་ཤ་དང་ཟས་མཆོག་དང་དུར་ བ་དང་བུད་ཤིང་ལ་སོགས་པའི་རྫས་གཞན་པ་ཐམས་ཅད་ཉེས་སྐྱོན་གྱི་དྲི་མ་སྦྱངས་ཏེ་བཅོམ་ ལྡན་འདས་མའི་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་ཟག་མེད་བདུད་རྩི་ལྷ་མཉེས་པ་དང་མི་ མཐུན་ཕྱོགས་འཇོམས་པའི་ནུས་ལྡན་དུ་གྱུར། པར་བསམ་པའི་ངང་ནས། ༀ་ཀུ་རུ་ཀུ་རུ་སྭཱཧཱ། ལན་ 7-1-361 གསུམ་བརྗོད་པས་རྫས་རྣམས་བྱིན་གྱིས་བརླབས། དེ་ནས། ༀ་ཨཱཿཧཱུཾ་གིས་གཅེད་ལྡེ ས་མེ་བླངས་མེ་ཚང་ཏིང་ལོ་སྦར་བ་ལ། ཨ་མྲ ་ཏ་ཀུཎྜ་ལིས་བསངས་ཆུ་གཏོར། ཨ་མྲ ་ཏ་བཟླས་བཞིན་དུ་ཐབ་ལ་གཡས་བསྐོར་བྱ། ༀ་བཛྲ་ཛྭ་ལ་ཛྭ་ལ་ ཧཱུཾ། ཞེས་མེ་སྒྲོན་ཐབ་ནང་དུ་གཞུག་ཧཱུཾ་ཧཱུཾ་ཞེས་བརྗོད་ཅིང༌། རླུང་གཡབ་ཀྱིས་མེ་སྦར་རོ། ། དེ་ནས་ཐབ་ལ་བསངས་ཆུ་འཐོར་ཏེ། ཨ་མྲ ་ཏ་ཀུཎྜ་ལིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ ལས་ཧཱུཾ་ལས་བྱུང་བའི་ཞི་བའི་ཐབ་ཁུང་དཀར་པོ་ཟླུམ་པོ་ཁྲུ་གང་བ། མུ་རན་དང་ཁ་ཁྱེ ར་ གྱིས་བསྐོར་ཞིང༌། སྟེགས་བུའི་གྲ་ལ་ཟླ་ཕྱེད་རྡོ་རྗེས་མཚན་པ་པདྨ་རྒྱས་པའི་དབྱིབས་ཅན། དྭངས་ཤིང་ཐོགས་པ་མེད་པར་གྱུར། དེའི་ནང་དུ་རཾ་ལས་མེའི་དཀྱིལ་འཁོར་རཾ་གྱིས་མཚན་ པ་ཡོངས་སུ་གྱུར་པ་ལས། ཞི་བའི་མེ་ལྷ་དཀར་པོ། ཕྱག་གཡས་བགྲང་ཕྲེང་དང་གཡོན་སྤྱི་ བླུགས་འཛིན་པ། རང་འོད་དཀར་པོ་དྲི་མ་མེད་པ་ཕྱོགས་སུ་འཕྲོ་བ། རྣམ་སྣང་གི་དབུ་རྒྱན་ ཅན། མེ་ལྕེ ་དཀར་པོའི་ཕྲེང་བ་དཀྲི ས་ཤིང༌། ར་སྐྱེས་དཀར་པོའི་སྟེང་ན་རྡོ་རྗེའི་སྐྱིལ་ཀྲུང་ གིས་བཞུགས་པ། རྒྱན་དང་ན་བཟའ་དཀར་པོ་ཅན། རལ་པའི་ཐོར་ཚུགས་དང་ལྡན་པའོ། །རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཤར་ལྷོ ་ནས་མེ་ལྷ་འཁོར་དང་བཅས་པ་ཐམས་ ཅད་སྤྱན་དྲངས་ཏེ་བྱོན་པར་གྱུར། སྐྱབས་སྦྱིན་གྱི་ཕྱག་རྒྱ་ལས་མཐེ་བོང་རྣ་བའི་དྲུང་དུ་གཡབ་ཅིང༌། ༀ་ ཚུར་བྱོན་ཚུར་བྱོན་འབྱུང་པོ་ཆེ། །ལྷ་ཡི་དྲང་སྲོང་བྲམ་ཟེ་མཆོག །བསྲེགས་བླུགས་ཞལ་ཟས་ བཞེས་སླད་དུ། །འདིར་ནི་ཡང་དག་བསྙེན་པར་མཛོད། །ༀ་ཊཀྐི་ཧཱུཾ་ཛཿ ཞེས་སྤྱན་དྲངས། བསངས་ ཆུ་གཏོར་ཞིང༌། ཨ་མྲ ་ཏ་ཀུཎྜ་ལིས་བགེགས་བསྐྲད། ཛཿཧཱུཾ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། ཀུ་ ཤའི་ཆུན་པོས་བསངས་གཏོར་བྱེད་པ་དང་ལྷན་ཅིག་ཏུ་མཆོད་ཡོན་གྱི་སྣོ ད་ནས་བཟེད་ཞལ་དུ་བླུག་སྟེ། ༀ་ཨཱཿཧྲིཿཔྲ་ཝ་ར་ སཏྐ་རཱ་རྠཾ་ཨརྒྷཾ་པྲ་ཏཱིཙྪ་ཨ་ཧཱུཾ་སྭཱཧཱ། དེ་བཞིན་དུ་པཱ་དྱཾ་ལ་སྦྱར་ནས། ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་པུཥྤེ་ པྲ་ཏཱིཙྪ་ཡེ་སྭཱཧཱ། དེ་བཞིན་དུ་མཚན་སྔགས་སྔོ ན་དུ་འགྲོ་བའི་ཉེར་སྤྱོད་རོལ་མོའི་བར་གྱིས་མཆོད། འཇིག་རྟེན་ དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་ཊཀྐིས་དབང་སྐུར་བ། །ཤེས་རབ་ 7-1-362 མཆོག་གིས་ཉོན་མོངས་ཐམས་ཅད་སྲེག །འཛིན་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །ཅེས་པས་ བསྟོད། ༀ་བཛྲ་ཨ་ན་ལ་མཧཱ་བྷུ་ཏ་ཛྭ་ལ་ཛྭ་ལ་སརྦ་བྷསྨི་ཀུ་རུ་སརྦ་དུཥནྟ ་ཧཱུཾ་ཕཊ། དྲ ་ཤྱཱ་ཛཿཧཱུཾ་ བཾ་ཧོཿ ས་མ་ཡ་སྟྭཾ། ས་མ་ཡ་ཧོཿ ཞེས་ལན་གསུམ་གྱིས་ཕྲིན་བཅོལ་དང་དམ་ལ་བཞག དེ་ནས་ཀུ་ཤའི་ཆུན་ པོ་བརྒྱད། ཨ་མྲ ་ཏ་ཀུཎྜ་ལིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ལས་བྱུང་བའི་ཀུ་ ཤ་སྔོ་ལྗང་རྩ་བ་དང་རྩེ་མོ་མ་ཉམས་པ་དྭངས་ཤིང་ཐོགས་པ་མེད་པ་ཞི་བའི་ལས་འགྲུབ་པའི་ ནུས་པ་དང་ལྡན་པར་གྱུར། ༀ་ཀུ་ཤ་འདི་ནི་གཙང་ཞིང་དགེ །ས་ལ་སྐྱེས་པའི་སྙིང་པོ་མཆོག །དཀོན་མཆོག་གསུམ་གྱི་དག་བྱེད་དེ། །ཚངས་པ་ཡི་ཡང་དག་བྱེད་ཡིན། །འདིས་བདག་ཅག་ འཁོར་དང་བཅས་པ་ལ་གེགས་མེད་ཅིང་ལས་ཀྱི་དངོས་གྲུབ་ཀྱང་བསྩལ་དུ་གསོལ། ཀུ་ཤ་འདི་ ནི་མན་ཀུ་ཤའི་ཆུན་པོའི་གྲངས་མཉམ་དུ་བརྗོད་པའི་ལག་ལེན་བཞིན་དང༌། དེ་ནས་རང་གི་མདུན་ནས་གཡས་བསྐོར་གྱི་རིམ་ པས། ༀ་བཛྲ་ས་ཏྭ་ཨ་ཞེས་བརྗོད་ཅིང་ཐབ་ཀྱི་ཕྱོགས་མཚམས་བརྒྱད་དུ་སྔ་མ་སྔ་མའི་རྩེ་མོ་ཕྱི་མ་ཕྱི་མའི་རྩ་བས་ནོན་ པར་བཀྲམ་མོ། །དེ་ལྟར་ཀུ་ཤའི་ཆུན་པོ་བརྒྱད་ནི་མེ་ལྷའི་གདན་དུ་ཕུལ་བས་དེར་དགྱེས་བཞིན་ བཞུགས་པར་གྱུར། པར་བསམ། དེ་ནས་མེ་ལྷ་ལ་བྱོན་ཟན་འབུལ་བ་ནི། མེ་ལྷའི་ཐུགས་ཀར་ཧཱུཾ། ལྗགས་ རྡོ་རྗེའི་རྣམ་པ་ཅན་གྱི་ལྟེ ་བར་རཾ་དང༌། དགང་བླུགས་ཀྱི་ཁ་སྟེ་ནང་གི་རྡོ་རྗེའི་མཚན་མའི་ལྟེ་ བར་ཧཱུཾ་གིས་མཚན་པར་གྱུར། ཟག་པ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་ལས་གྲུབ་པའི་མར་ ཁུའི་རྣམ་པ་གང་དག་མེ་ལྷའི་ཞལ་དུ་ཕུལ་བས་གསོལ་ཞིང་མཉེས་ནས་བདག་སོགས་ལ་མི་ མཐུན་པའི་ཕྱོགས་ཐམས་ཅད་ཉེ་བར་ཞི་ནས་ཆོས་མཐུན་ལེགས་ཚོགས་ཀུན་ནས་འགྲིགས་ པར་བསམ་ལ། འོག་ཏུ་འཆད་འགྱུར་བྱང་ཆུབ་མཆོག་གི་ཕྱག་རྒྱས་བླུགས་གཟར་གྱིས་དགང་གཟར་མར་ཁུས་བཀང་སྟེ། གཟར་བུ་གཉིས་ཁ་སྦྱར་ཏེ་ཐབ་གཡས་བསྐོར་གྱིས་འབུལ་ཞིང༌། ༀ་ཨགྣ་ཡེ། ཨཱ་དཱི་བྱ་ཨཱ་དཱི་བྱ། ཨཱ་བི་ཤ་ཨཱ་ བི་ཤ། མཧཱ་ཤྲི ་ཡེ་ཧ་བྱ་ཀ་བྱ་ཝཱ་ཧཱ་ནཱ་ཡ། བདག་སོགས་ཀྱི་སྡིག་སྒྲིབ་བར་ཆད་ནད་གདོན་ བཀྲ་མི་ཤིས་པ་མི་མཐུན་པའི་ཕྱོགས་ཐམས་ཅད་ཤནྟ ་ཀུ་རུ་ཡེ་སྭཱཧཱ། ཞེས་ལན་ཉེར་གཅིག་གིས་མར་ 7-1-363 ཁུ་ཕུལ། སྐབས་འདིར་མེ་བཀྲ་བརྟག་ན། ཡོན་ཏན་དྲུག་སྟེ། མེའི་ཁ་དོག་དཀར་པོ་འབར་བ་བག་ཆགས་ངན་པ་ཟད་རྟགས། གཡས་སུ་འཁྱི ལ་ཞིང་འབར་བ་འཁོར་བ་ལས་ལྡོ ག་རྟགས། གྱེན་དུ་འབར་བ་མཐོ་རིས་སུ་ཕྱིན་རྟགས། དྲི་མེད་དུ་འབར་བ་ཉེ་ བཞི་ལ་ཁ་ན་མ་ཐོའི་སྐྱོན་གྱིས་མ་གོས་རྟགས། མེ་ལྕེ ་ཟླུམ་ལ་མེ་སྟག་མི་འཕྲོ་བར་འབར་བ་ཉེ་བཞི་བཀྲ་ཤིས་པའི་རྟགས། མེ་ ལྕེ ་བརྟན་ལ་གློག་བཞིན་དྲི་མེད་གསལ་བར་འབར་བ་ནོར་ཕྱུགས་འཕེལ་རྟགས་དང་དྲུག་གོ། སྐྱོན་ལྔ་སྟེ། མེ་མདོག་ཁམ་ལ་ མི་གསལ་བར་འབར་བ་སྒྲིབ་པ་བག་ཆགས་མ་བྱང་བའི་རྟགས། མེ་ལྕེ ་སྔོ ་ལ་སྔོ ན་དུ་གཡོན་ཕྱོགས་སུ་འཁྱི ལ་བ་མཐོ་རིས་སུ་མི་ ཐར་པའི་རྟགས། མེ་ལྕེ ་ཐུར་འཚུབ་དུ་བ་དང་འདྲེས་པ་ཉེ་བཞིར་མི་ཁས་བཙོགས་རྟགས། མེ་ལྕེ ་འཕྲོ་ཞིང་སྔོ ་ནག་ཏུ་འབར་བ་ ནོར་ཕྱུགས་མི་ཆགས་རྟགས། མེ་འཚུབ་རླུང་གིས་ལྷོ ་ཕྱོགས་སུ་བསད་པ་རིམས་ཡམས་འོང་རྟགས་དང་ལྔ་ལ་སོགས་པ་ལེགས་ ཉེས་བརྟགས་ཚུལ་སྣ་ཚོགས་བཀའ་བསྟན་ལས་གསུངས་ལ། དེ་དག་ལས་ངན་རྟགས་བྱུང་ན་ཐབ་ལ་བསངས་ཆུ་གཏོར། ཨ་ མྲ ་ཏའི་སྔགས་དང་ཧཱུཾ་རིང་བརྗོད་པས་བགེགས་སྲུང༌། དེ་ནས་མེ་ལྷ་ལ་རྫས་འབུལ་ཚུལ་རྒྱས་བསྡུས་གཉིས་ལས། དང་པོ་ལ། རྫས་ཆེན་བཅུ་གཉིས་ཀྱི་ཐོག་མར་ཡམ་ཤིང་འབུལ་བ་ནི། ཟག་མེད་ཡེ་ཤེས་ལས་གྲུབ་པའི་ བདུད་རྩིའི་རང་བཞིན་ཅན་གྱི་ཡམ་ཤིང་གང་དག་མེ་ལྷའི་སྐུའི་འོད་ཀྱི་དཀྱིལ་འཁོར་དུ་ཕུལ་ བས་ཐུགས་རྒྱུད་ཟག་བྲལ་བདེ་བས་མཉེས་ཏེ་བདག་སོགས་ལ་མི་མཐུན་ཕྱོགས་མཐའ་དག་ ཞི་བར་གྱུར།པར་བསམ་བཞིན་ཡམ་ཤིང་རེ་རེ་ལག་གཡས་པའི་མཐེབ་སྲིན་སྦྱར་བས་བཟུང་སྟེ་མཆོག་སྦྱིན་གྱི་ཕྱག་རྒྱས་ འབུལ་ཞིང༌། ༀ་ཨགྣ་ཡེ། བོ་དྷི་བྲ ་ཀྵ་ཡེ། བདག་སོགས་ཀྱི་མི་མཐུན་ཕྱོགས་སྤྱི་དང་ཁྱད་པར་ གཟི་བརྗིད་ཕུན་སུམ་ཚོགས་པ་ལ་བར་གཅོད་ཐམས་ཅད་ཤནྟ ་ཀུ་རུ་ཡེ་སྭཱཧཱ། ཞེས་པས་ཡམ་ཤིང་ ལན་བདུན་སོགས་ཕུལ། དེ་ལྟར་གྱི་རིམ་པས་གཉིས་པ་མར་ཁུ་འབུལ་བ་ནི། ཟག་མེད་ཡེ་ཤེས༴ སོགས་ནས། མར་ཁུ་གང་དག་ མེ་ལྷའི་ཞལ་དུ་ཕུལ་བས་ཐུགས་རྒྱུད་ཟག་བྲལ༴ སོགས་ནས། ཞི་བར་གྱུར། པར་བསམ་བཞིན་ལག་ གཡོན་ཁུ་ཚུར་བཅིངས་པའི་སྟེང་ནས་མཐེ་བོང་བཀབ་པ་དེ་བཞིན་གཤེགས་པའི་ཁུ་ཚུར་ལས་མཛུབ་མོ་བརྐྱངས་ཏེ། གན་རྐྱལ་ དུ་བཞག་པས་དགང་གཟར་བཟུང༌། གཡས་པའང་དེ་བཞིན་གཤེགས་པའི་ཁུ་ཚུར་ལས་མཛུབ་མོ་བརྐྱངས་པས་བླུགས་གཟར་ 7-1-364 བཟུང་སྟེ། དགང་གཟར་གྱིས་བླུགས་གཟར་མར་ཁུས་བཀང་སྟེ་བླུགས་གཟར་གྱེན་དུ་བསྟན་པའི་སྟེང་དུ་དགང་གཟར་ཁ་སྦུབ་ཏུ་ སྦྱར་ཏེ་འཛིན་པ་བྱང་ཆུབ་མཆོག་གི་ཕྱག་རྒྱས་ལག་པ་གཉིས་པུས་མོའི་ནང་ནས་ཕྱིར་མི་འདའ་བར་གཡས་སུ་བསྐོར་ཏེ་མར་ཁུ་ འབུལ་ཞིང༌། ༀ་ཨགྣ་ཡེ། ཨགྣེ་ཡེ། བདག་སོགས་ཀྱི་མི་མཐུན་ཕྱོགས་སྤྱི་དང་ཁྱད་པར་འབྱོར་ བ་ཕུན་སུམ་ཚོགས་པ་ལ་བར་གཅོད་ཐམས་ཅད་ཤནྟ ་ཀུ་རུ་ཡེ་སྭཱཧཱ། ཞེས་པ་ལན་ལྔ་སོགས་ཀྱིས་མར་ ཁུ་ཕུལ། གསུམ་པ་ཏིལ་འབུལ་བ་ནི། ཟག་མེད་ཡེ་ཤེས༴ སོགས་ནས། ཏིལ་གང་དག་མེ་ལྷའི་ཕྱག་ཏུ་ཕུལ་ བས༴ སོགས། ཞི་བར་གྱུར། པར་བསམ་བཞིན་བླུགས་གཟར་གྱིས་ཏིལ་འབུལ་ཞིང༌། ༀ་ཨགྣ་ཡེ། སརྦ་པཱ་ པཾ་ད་ཧ་ན་བཛྲ་ཡེ། བདག་སོགས་ཀྱི་མི་མཐུན་ཕྱོགས་སྤྱི་དང་ཁྱད་པར་སྡིག་པ་ཐམས་ཅད་ ཤནྟ ་ཀུ་རུ་ཡེ་སྭཱཧཱ། གསུམ་སོགས་ཀྱིས་ཏིལ་དང༌། བཞི་པ་ཟས་མཆོག་ནི། ཟག་མེད་ཡེ་ཤེས༴ སོགས་ནས། ཟས་མཆོག་གང་དག་མེ་ལྷའི་ཞལ་དུ་ ཕུལ་བས༴ སོགས། ཞི་བར་གྱུར། པར་བསམ་བཞིན་བླུགས་གཟར་གྱིས་ཟས་མཆོག་འབུལ་ཞིང༌། ༀ་ཨགྣ་ཡེ༴ སརྦ་སཾ་བོ་དྷ་ཡ། བདག་སོགས་ཀྱི་མི་མཐུན་ཕྱོགས་སྤྱི་དང་ཁྱད་པར་ཤེས་རབ་དང་བདེ་བ་ མཆོག་ལ་བར་གཅོད་ཐམས་ཅད་ཤནྟ ་ཀུ་རུ་ཡེ་སྭཱཧཱ། གསུམ་སོགས་ཀྱིས་ཟས་མཆོག་དང༌། ལྔ་པ་འབྲས་འབུལ་བ་ནི། ཟག་མེད་ཡེ་ཤེས༴ སོགས་ནས། འབྲས་གང་དག་མེ་ལྷའི་ཕྱག་ཏུ་ ཕུལ་བས༴ སོགས། ཞི་བར་གྱུར། པར་བསམ་བཞིན་བླུགས་གཟར་གྱིས་འབྲས་འབུལ་ཞིང༌། ༀ་ཨགྣ་ཡེ། བཛྲ་པུཥྚཱ་ཡེ། བདག་སོགས་ཀྱི་མི་མཐུན་ཕྱོགས་སྤྱི་དང་ཁྱད་པར་བསོད་ནམས་རྒྱས་པ་ལ་ བར་གཅོད་ཐམས་ཅད་ཤནྟ ་ཀུ་རུ་ཡེ་སྭཱཧཱ། གསུམ་སོགས་ཀྱིས་འབྲས་དང༌། དྲུག་པ་སོ་བ་འབུལ་བ་ནི། ཟག་མེད་ཡེ་ཤེས༴ སོགས་ནས། སོ་བ་གང་དག་མེ་ལྷའི་ཕྱག་ཏུ་ཕུལ་ བས༴ སོགས། ཞི་བར་གྱུར། པར་བསམ་བཞིན་བླུགས་གཟར་གྱིས་སོ་བ་འབུལ་ཞིང༌། ༀ་ཨགྣ་ཡེ། བཛྲ་ བི་ཛ་ཡེ། བདག་སོགས་ཀྱི་མི་མཐུན་ཕྱོགས་སྤྱི་དང་ཁྱད་པར་ནོར་འབྲུ་རྒྱས་པ་ལ་བར་གཅོད་ 7-1-365 ཐམས་ཅད་ཤནྟ ་ཀུ་རུ་ཡེ་སྭཱཧཱ། གསུམ་སོགས་ཀྱིས་སོ་བ་དང༌། བདུན་པ་ནས་འབུལ་བ་ནི། ཟག་མེད་ཡེ་ཤེས༴ སོགས་ནས། ནས་གང་དག་མེ་ལྷའི་ཕྱག་ཏུ་ཕུལ་ བས༴ སོགས། ཞི་བར་གྱུར། པར་བསམ་བཞིན་བླུགས་གཟར་གྱིས་ནས་འབུལ་ཞིང༌། ༀ་ཨགྣ་ཡེ། མཧཱ་བེ་ གཱ་ཡེ། བདག་སོགས་ཀྱི་མི་མཐུན་ཕྱོགས་སྤྱི་དང་ཁྱད་པར་མྱུར་བའི་ཤུགས་ཕུན་ཚོགས་ལ་ བར་གཅོད་ཐམས་ཅད་ཤནྟ ་ཀུ་རུ་ཡེ་སྭཱཧཱ། གསུམ་སོགས་ཀྱིས་ནས་དང༌། བརྒྱད་པ་སྲན་མ་འབུལ་བ་ནི། ཟག་མེད་ཡེ་ཤེས༴ སོགས་ནས། སྲན་མ་གང་དག་མེ་ལྷའི་ཕྱག་ཏུ་ ཕུལ་བས༴ སོགས། ཞི་བར་གྱུར། པར་བསམ་བཞིན་བླུགས་གཟར་གྱིས་སྲན་མ་འབུལ་ཞིང༌། ༀ་ཨགྣ་ཡེ། མཧཱ་བ་ལ་ཡེ། བདག་སོགས་ཀྱི་མི་མཐུན་ཕྱོགས་སྤྱི་དང་ཁྱད་པར་སྟོབས་རྒྱས་པ་ལ་བར་ གཅོད་ཐམས་ཅད་ཤནྟ ་ཀུ་རུ་ཡེ་སྭཱཧཱ། གསུམ་སོགས་ཀྱིས་སྲན་མ་དང༌། དགུ་པ་གྲོ་འབུལ་བ་ནི། ཟག་མེད་ཡེ་ཤེས༴ སོགས་ནས། གྲོ་གང་དག་མེ་ལྷའི་ཕྱག་ཏུ་ཕུལ་བས༴ སོགས། ཞི་བར་གྱུར། པར་བསམ་བཞིན་བླུགས་གཟར་གྱིས་གྲོ་འབུལ་ཞིང༌། ༀ་ཨགྣ་ཡེ། བཛྲ་གྷསྨ་རི་ ཡེ། བདག་སོགས་ཀྱི་མི་མཐུན་ཕྱོགས་སྤྱི་དང་ཁྱད་པར་ནད་ཐམས་ཅད་ཤནྟ ་ཀུ་རུ་ཡེ་སྭཱཧཱ། གསུམ་སོགས་ཀྱིས་གྲོ་དང༌། བཅུ་པ་དུར་བའི་མྱུ་གུ་འབུལ་བ་ནི། ཟག་མེད་ཡེ་ཤེས༴ སོགས་ནས། དུར་བའི་མྱུ་གུ་རྣམས་མེ་ལྷའི་ དབུའི་གཙུག་ཏོར་དུ་ཕུལ་བས༴ སོགས། ཞི་བར་གྱུར།པར་བསམ་བཞིན་དུར་བའི་མྱུ་གུ་གཉིས་གཉིས་ལག་ པ་གཡས་པའི་མཐེབ་སྲིན་སྦྱར་བས་བཟུང་སྟེ་མཆོག་སྦྱིན་པའི་ཕྱག་རྒྱས་རྩེ་མོ་ལྷ་ལ་བསྟན་ནས་འབུལ་ཞིང༌། ༀ་ཨགྣ་ཡེ། བཛྲ་ཨཱ་ཡུ་ཥེ། བདག་སོགས་ཀྱི་མི་མཐུན་ཕྱོགས་སྤྱི་དང་ཁྱད་པར་ཚེ་མཐར་ཕྱིན་པ་ལ་བར་ གཅོད་ཐམས་ཅད་ཤནྟ ་ཀུ་རུ་ཡེ་སྭཱཧཱ། གསུམ་སོགས་ཀྱིས་དུར་བ་དང༌། བཅུ་གཅིག་པ་ཀུ་ཤ་འབུལ་བ་ནི། ཟག་མེད་ཡེ་ཤེས༴ སོགས་ནས། ཀུ་ཤ་རྣམས་མེ་ལྷའི་གཙུག་ཏོར་ དུ་ཕུལ་བས༴ སོགས། ཞི་བར་གྱུར།པར་བསམ་བཞིན་སྔ་མ་དུར་བ་འབུལ་བའི་ཕྱག་རྒྱས་ཀུ་ཤ་གཉིས་གཉིས་རེ་ 7-1-366 འབུལ་ཞིང༌། ༀ་ཨགྣ་ཡེ། ཨ་པྲ་ཏི་ཧ་ཏ་བཛྲ་ཡེ། བདག་སོགས་ཀྱི་མི་མཐུན་ཕྱོགས་སྤྱི་དང་ཁྱད་ པར་སྲུང་བ་མཆོག་ལ་བར་གཅོད་ཐམས་ཅད་ཤནྟ ་ཀུ་རུ་ཡེ་སྭཱཧཱ། གསུམ་སོགས་ཀྱིས་ཀུ་ཤ་དང༌། བཅུ་གཉིས་པ་ཡུངས་དཀར་འབུལ་བ་ནི། ཟག་མེད་ཡེ་ཤེས༴ སོགས་ནས། ཡུངས་དཀར་རྣམས་མེ་ ལྷའི་ཕྱག་ཏུ་ཕུལ་བས༴ སོགས། ཞི་བར་གྱུར། པར་བསམ་བཞིན་བླུགས་གཟར་གྱིས་ཡུངས་དཀར་འབུལ་ ཞིང༌། ༀ་ཨགྣ་ཡེ། སརྦ་ཨརྠ་སིདྡྷི་ཡེ། བདག་སོགས་ཀྱི་མི་མཐུན་ཕྱོགས་སྤྱི་དང་ཁྱད་པར་ བགེགས་ཞི་བ་ལ་བར་གཅོད་ཐམས་ཅད་ཤནྟ ་ཀུ་རུ་ཡེ་སྭཱཧཱ། གསུམ་སོགས་ཀྱིས་ཡུངས་དཀར་འབུལ་ བར་བྱ་ལ། གཞན་ཡང་མེ་ཏོག་དཀར་པོའི་རིགས་དང༌། ཙནྡན་དཀར་པོའི་ཐང་ཆུ། ཞོ་འོ་མ། ཟས་སྣ་སྣ་ཚོགས་དར་སྣ་རས་ སྣ་སོགས་ཀྱང་འབུལ་ན། ༀ་ཨགྣ་ཡེ་སྭཱཧཱ། ཞེས་པ་མེ་ལྷའི་ལྷ་སྔགས་ཁོ་ནས་ཕུལ་ཀྱང་རུང་ལ། མེ་ལྷའི་རྫས་སྐལ་ འོག་གཏང་རག་ཏུ་ལྷག་པ་མ་གཏོགས་ཁ་ཚང་འདིར་མེ་ལྷའི་སྔགས་དེ་ཉིད་ཀྱིས་ཕུལ་ན་ཆོག དེ་ལྟར་ལྷ་སྔགས་རྫས་སྔགས་ ལས་སྔགས་གསུམ་གས་འབུལ་བ་ནི་རྒྱས་པའི་ལུགས་སོ། ། གཉིས་པ་རྫས་འབུལ་བསྡུས་པ་ནི། ཐོག་མར་ལྷ་སྔགས། ༀ་ཨགྣ་ཡེ་སྭཱཧཱ། ཞེས་པ་ལན་གཅིག རྫས་སྔགས། ༀ་བོ་དྷི་བྲ ་ཀྵ་ཡེ་སྭཱཧཱ། ཞེས་པ་ལན་བདུན་བརྗོད་རྗེས་སུ་ལས་སྔགས། བདག་སོགས་ཀྱི་མི་མཐུན་ཕྱོགས༴ སོགས་ལན་གཅིག་སྦྱར་བ་སྟེ། ཚུལ་དེས་མར་ཁུའི་རྫས་སྔགས་ལན་ལྔ་དང༌། ལྷག་མའི་རྫས་ཆེན་བཅུ་པོའི་སྔགས་ལན་གསུམ་ གསུམ་རེའི་སྒོ་ནས་མགོ་མཇུག་རྣམས་སུ་ལྷ་སྔགས་དང་ལས་སྔགས་ལན་གཅིག་རེ་སྦྱར་བའི་སྒོ་ནས་ཚང་བར་བྱ་ཞིང༌། རྫས་ ལྷག་ཕུལ་ཚུལ་གོང་ལྟར་སྐབས་བསྟུན་དང་བཅས་གང་ལྟར་མཐར་མེ་ལྷ་ལ། ཨ་མྲ ་ཏ་ཀུཎྜ་ལིས་བསངས་ཆུ་གཏོར་ཞིང༌། ༀ་ཨརྒྷཾ་སྭཱཧཱ། ཞེས་པས་མཆོད་ཡོན་ཕུལ། མར་ཁུ་བླུགས་གཟར་གང་ཕུལ་ཏེ། ༀ་ཨགྣེ་ཡེ་སཱཧཱ། ཞེས་བརྗོད་དོ། ། གཉིས་པ་བསྲེག་ལྷ་སྒྲུབ་ཅིང་མཆོད་པའི་ཚུལ་ནི། མེ་ལྷ་དེ་ཉིད་ཀྱི་ཐུགས་ཀའི་གནས་སུ་དམིགས་ཏེ། ཨ་མྲ ་ཏ་ཀུཎྜ་ ལིས་བསངས། སྭ་བྷཱ་ཝས་སྦྱངས། མེ་ལྷའི་ཐུགས་ཀ་རབ་ཏུ་ཡངས་པའི་དབུས་སུ་པཾ་ལས་པདྨ་ འདབ་མ་བརྒྱད་པའི་ལྟེ ་བར་ཟླ་བའི་དཀྱིལ་འཁོར་གྱི་གདན་དང༌། འདབ་མ་བརྒྱད་ལའང་ ཕྱོགས་བཞིར་ཟླ་གདན་རེ་རེ་དང་མཚམས་བཞི་རྣམས་སུ་ཉི་མའི་གདན་རེ་རེའོ། །དབུས་ཀྱི་ 7-1-367 གདན་གྱི་སྟེང་དུ་བྷྲཱུཾ་ལས་སྣ་ཚོགས་རྡོ་རྗེ་བྷྲཱུཾ་གྱིས་མཚན་པ་ལས་འོད་ཟེར་འཕྲོ་འདུས་ཡོངས་ སུ་གྱུར་པ་ལས། འཇིག་རྟེན་ལས་འདས་པའི་ལྷ་མོ་ཆེན་མོ་སྡིག་སྒྲིབ་སྦྱོང་ཞིང་ཚེ་མཆོག་ སྩོལ་བར་མཛད་པའི་བཅོམ་ལྡན་འདས་མ་གཙུག་ཏོར་རྣམ་པར་རྒྱལ་མ་སྐུ་མདོག་དཀར་མོ༴ སོགས། རྣམ་རྒྱལ་བུམ་ཆོག་མདུན་བསྐྱེད་ལྟར་ལས། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ པའོ། །གཙོ་མོ་དེའི་གཡས་ཀྱི་འདབ་མར་ཟླ་བ་ལ་གནས་པའི་ཧྲཱིཿཡིག་ཡོངས་སུ་གྱུར་པ་ལས་ སྤྱན་རས་གཟིགས་དཀར་པོ༴ ཞེས་པ་ནས། སྡོང་པོ་འཛིན་པ། གཡོན་གྱི་འདབ་མར་ཟླ་བ་ལ་ གནས་པའི་ཧཱུྃ་ཡིག་ཡོངས་སུ་གྱུར་པ་ལས་ཕྱག་ན་རྡོ་རྗེ་སྔོན་པོ༴ སོགས། ཞི་ཞིང་སྒེག་པའི་ སྐུར་གྱུར། གཙོ་འཁོར་གསུམ་གྱི་མཚམས་བཞིའི་འདབ་མར་ཉི་མ་ལ་གནས་པའི་ཧཱུཾ་ཡིག་ རེ་རེ་ཡོངས་སུ་གྱུར་པ་ལས། རིམ་པ་བཞིན་ཤར་ལྷོ ར་མི་གཡོ་བ་གཡས་རལ་གྲི་འཕྱར་ བ། ལྷོ ་ནུབ་ཏུ་འདོད་པའི་རྒྱལ་པོ་གཡས་ལྕགས་ཀྱུ་འཕྱར་བ། ནུབ་བྱང་དུ་དབྱུག་སྔོ ན་ ཅན་གཡས་དབྱུག་པ་འཕྱར་བ། བྱང་ཤར་དུ་སྟོབས་པོ་ཆེ་གཡས་རྡོ་རྗེ་རྩེ་གསུམ་འཕྱར་བ། ཐམས་ཅད་ཀྱང་སྐུ་མདོག་མཐིང་ཁ༴ ཞེས་པ་ནས། གཡོན་བརྐྱང་གིས་བཞུགས་པའོ། །གཙོ་ མོའི་མདུན་རྒྱབ་ཀྱི་འདབ་མར་ཟླ་བ་ལ་གནས་པའི་ཨཱ་ཡིག་ཡོངས་སུ་གྱུར་པ་ལས། གནས་ གཙང་མའི་རིས་ཀྱི་ལྷའི་བུ་གཉིས༴ ཅེས་སོགས་ནས་གནས་རྣམས་བྱིན་རླབས། ཡེ་ཤེས་སྤྱན་དྲངས། དབང་ བསྐུར། དབུ་རྒྱན་གྱི་བར་བུམ་ཆོག་མདུན་བསྐྱེད་ཇི་ལྟ་བ་བཞིན་བྱ། དེ་ནས་མདུན་བསྐྱེད་གཙོ་འཁོར་བཅས་ལ་བྱོན་ཟན་ འབུལ་བ་ནི། མདུན་བསྐྱེད་བཅོམ་ལྡན་འདས་མ་གཙུག་ཏོར་རྣམ་པར་རྒྱལ་མ་ལྷ་དགུའི་ལྗགས་ ཧཱུཾ་ལས་བྱུང་བའི་རྡོ་རྗེ་རྩེ་གཅིག་པ་དབུས་རྭ་སྦུབས་ཅན་དུ་གནས་པ་དགང་བླུགས་ཀྱི་ཁ་ལ་ རཾ་གྱིས་མཚན་པར་གྱུར། པར་བསམ་ནས་གཟར་བུ་གཉིས་པུས་མོ་གཉིས་ཀྱི་བར་དུ་བཅུག་སྟེ། བྱང་ཆུབ་མཆོག་གི་ ཕྱག་རྒྱས་བཟུང་ལ། གཙོ་མོ་ལ་གཟུངས་རིང་ལན་གསུམ་དང༌། འཁོར་སྤྱན་གཟིགས་ལ། ༀ་ཧྲཱིཿསྭཱཧཱ། ཞེས་དང༌། དེ་ བཞིན་དུ་ཕྱག་རྡོར་ལ། ༀ་ཧཱུྃ་སྭཱཧཱ། ལན་གཅིགཁྲོ་བོ་བཞི་ལ། ༀ་ཧཱུྃ་སྭཱཧཱ། ལན་བཞི། ལྷའི་བུ་གཉིས་ལ། ༀ་ 7-1-368 ཨཱ་སྭཱཧཱ། ལན་གཉིས་བརྗོད་པ་རྣམས་ལ་རེ་རེ་བཞིན། མར་ཁུ་འབུལ་སྔགས། ༀ་ཨགྣེ་ཡེ་སྭཱཧཱ། ཞེས་པ་རེ་རེ་སྦྱར་ ཞིང༌། བླུགས་གཟར་གྱིས་དགང་གཟར་བཀང་ལ། གཟར་བུ་གཉིས་ཁ་སྦྱར་ཏེ་ཐབ་ལ་གཡས་སུ་བསྐོར་ལ། བཅོམ་ལྡན་ འདས་མ་འཁོར་དང་བཅས་པའི་ཞལ་དུ་ཕུལ་བས་དགྱེས་བཞེས་མཆོག་གིས་སྒྲུབ་པོས་གང་ བཅོལ་བའི་དོན་ལ་ཕྲིན་ལས་གཡེལ་བ་མེད་པར་གྱུར། པར་བསམ་བཞིན་གོང་མེ་ལྷའི་སྐབས་ལྟར་གྱི་ བྱོན་ཟན་འབུལ་སྔགས་ལན་ཉེར་གཅིག་གིས་མར་ཁུ་འབུལ། མཆོད་པའི་སྐབས་ཉེར་སྤྱོད་སྤྱི་ལྟར་ལ་འདིའི་སྒོས་མཆོད། ཁྲུས་ ཀྱི་ཡོན་ཆབ། རྒྱན་ཕྲེང༌། གདུགས་རྒྱལ་མཚན་བ་དན་འཕན་རྣམས་ཀྱང་དངོས་སམ་སྣང་བརྙན་ཅི་རིགས་པ་འབྱོར་ན་དེ་ཐམས་ ཅད་འབྱུང་འགྱུར་མཆོད་ཚིག་རྣམས་དང་སྦྱར་ནས་འབུལ་ལ་མ་འབྱོར་ན་ཞལ་ཟས་རེས་ཚབ་བྱེད་པའི་ཕྱག་བཞེས་ལྟར་བྱ་བ་སྟེ། དེ་ཡང་མདུན་བསྐྱེད་བཞིན། མཆོད་པ་བྱིན་རླབས་ནས་བཟུང་དཀྱུས་ཀྱི་མཆོད་པ་ཆ་ཚང་བསྟོད་པ་དང་བཅས་སོང་བའི་མཐར་ བསྲེག་ལྷ་ལ་རྫས་འབུལ་བར་བྱ་སྟེ། དེ་ལའང་རྒྱས་བསྡུས་གཉིས་ལས། དང་པོ་ལ། ཡམ་ཤིང་འབུལ་བ་ནི་གོང་ལྟར། ཟག་མེད་ཡེ་ཤེས་ལས་ གྲུབ་པའི༴ སོགས་ནས། ཡམ་ཤིང་གང་དག་བཅོམ་ལྡན་འདས་མ་འཁོར་དང་བཅས་པའི་སྐུའི་ འོད་ཀྱི་དཀྱིལ་འཁོར་དུ་ཕུལ་བས། སོགས། ཞི་བར་གྱུར། པར་བསམ་བཞིན་པའི་དམིགས་པ་དང་ བཅས་ཡམ་ཤིང་འབུལ་བའི་ཕྱག་རྒྱ་གོང་ལྟར་ལ། ༀ་བྷྲཱུཾ་ཨུཥྞཱི་ཥ་བི་ཛ་ཡ་ས་པ་རི་ཝཱ་ར་ཡེ། ཞེས་པའི་ལྷ་སྔགས་ དང༌། བོ་དྷི་བྲ ་ཀྵ་ཡེ། ཞེས་པའི་རྫས་སྔགས་དང༌། བདག་སོགས་ཀྱི་མི་མཐུན་ཕྱོགས་སྤྱི་དང་ཁྱད་ པར་གཟི་བརྗིད་ཕུན་སུམ་ཚོགས་པ་ལ་བར་གཅོད་ཐམས་ཅད་ཤནྟ ་ཀུ་རུ་ཡེ་སྭཱཧཱ། ཞེས་པའི་ ལས་སྔགས་གསུམ་ཀ་སྦྱར་ཏེ་ལན་ཉེར་གཅིག་སོགས་ཀྱིས་ཡམ་ཤིང་ཕུལ་ལ། ཚུལ་དེ་ཁོ་ན་ལྟར་གྱིས་མར་ཁུའི་དམིགས་པ་ འབུལ་བའི་ཕྱག་རྒྱ་རང་འཚམ་དང་བཅས་ལྷ་སྔགས་རྫས་སྔགས་ལས་སྔགས་གསུམ་སྦྱར་ནས་ལན་བདུན་སོགས་ཀྱིས་མར་ ཁུ་འབུལ་བ་དང༌། ཏིལ་གྱི་དམིགས་པ་འབུལ་ཚུལ་ལྷ་རྫས་ལས་ཀྱི་སྔགས་སྦྱར་ལུགས་ཇི་ལྟར་འོས་པས་ལན་ལྔ་སོགས་ཀྱིས་ ཏིལ་འབུལ་བ་དང༌། དེ་བཞིན་དུ། ཟས་མཆོག འབྲས། སོ་བ། ནས། སྲན་མ། གྲོ། དུར་བའི་མྱུ་གུ། ཀུ་ཤ ཡུངས་ དཀར་རྣམས་ལ་དམིགས་པ་འབུལ་ཚུལ་སྔགས་གསུམ་སྦྱར་ལུགས་ལན་ལྔ་སོགས་ཀྱི་གྲངས་རང་རང་ལ་ཅི་འོས་སུ་དེ་ལུགས་ 7-1-369 ལྟར་འགྲེས་སྦྱར་ཏེ་ཆ་ཚང་རྫོགས་པའི་མཐར་འདོད་གསོལ་ནི། བཅོམ་ལྡན་འདས་མ་ངན་སོང་སྦྱོང་ཞིང་ཚེའི་ དངོས་གྲུབ་སྩོལ་མཛད་ཆེན་མོ་གཙུག་ཏོར་རྣམ་པར་རྒྱལ་མ་འཁོར་དང་བཅས་པས་བདག་ སོགས་མཐའ་ཡས་པའི་སེམས་ཅན་གང་དག་གི་ཚེ་རབས་འདི་དང་གཞན་ཐམས་ཅད་དུ་ གནས་སྐབས་མངོན་མཐོའི་རྟེན་ལ་གཟི་བརྗིད་འབྱོར་པ་ཕུན་སུམ་ཚོགས་ཤིང་སྒྲིབ་ཀུན་ བྱང་ཚེ་རིང་བགེགས་ཞི་བ་སོགས་ཀྱི་ལེགས་སྒོ་དུས་སུ་གཡེལ་མེད་ཉེ་བར་སྩོལ་བའི་ཕྲིན་ ལས་མཛོད་ཅིག མཆོད་བསྟོད་ནི། ༀ་སརྦ་ཏ་ཐཱ་ག་ཏ་ཨུཥྞཱི་ཥ་བི་ཛ་ཡ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱི་ཙྪ་སྭཱཧཱ། དེ་བཞིན་ དུ། པཱདྱཾ་ནས། ཤབྟའི་བར་གྱིས་མཆོད་ཅིང༌། དཔལ་ལྡན་ལྷ་མོ་སྟོན་ཀའི༴ སོགས་ཀྱི་ཤོ་ལོ་ཀའམ། རྣམ་ རྒྱལ་འཇིག་རྟེན་དབང་ཕྱུག༴ སོགས་ཀྱི་ཤོ་ལོ་ཀ་གང་རུང་གིས་བསྟོད། དེ་ནས་མེ་ཏོག་དཀར་པོའི་རིགས་དང༌། ཙནྡན་དཀར་པོའི་ཐང་ཆུ། ཞོ་འོ་མ། ཟས་སྣ་སྣ་ཚོགས་དར་སྣ་རས་སྣ་སོགས་འབུལ་བ་ནི། གཟུངས་རིང་བཅུ་ཚན་གྱི་སྒོ་ ནས་བྱེད་པ་སྟེ། དེའང་ཐོག་མར་གཟུངས་རིང་རྐྱང་བ་བཞི་བཟླ། དེ་ནས་གཟུངས་རིང་ལྔ་པའི་མཇུག་གི མནྡྲ་པ་དཻཿ ཅེས་ པ་ལ། ས་པ་རི་ཝཱ་ར་ཡེ། ཞེས་སྦྱར་བའི་མཚམས་དང༌། བཅུ་པའི་དེ་འདྲའི་མཚམས་གཉིས་སུ། གོང་ཏིལ་གྱི་རྫས་ སྔགས། སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ། ཞེས་དང༌། དེའི་ལས་སྔགས་གཉིས་ཚར་གཅིག་རེ་སྦྱར་བའི་སྒོ་ནས་འབུལ་ལ་ འདོད་གསོལ་མཆོད་བསྟོད་གོང་བཞིན་བྱ། དེ་ནས་གྲངས་འཛིན་དངོས་གཟུངས་རིང་བཅུ་ཚན་ལ་བར་བར་ཡམ་ཤིང༌། མར་ཁུ། ཏིལ། དུར་བ། ཡུངས་དཀར་ རྣམས་ཀྱི་རྫས་སྔགས་ལས་སྔགས་བཅས་རེ་སྦྱར་བས་འབུལ་ཚུལ་ཏེ། དེ་ཡང་གཟུངས་རིང་རྐྱང་བ་ཚར་ལྔ་དང༌། གཟུངས་རིང་ དྲུག་པའི་མཇུག་གི མནྡྲ་པ་དཻཿས་པ་རི་ཝཱ་ར་ཡེ། ཞེས་པ་ལ་གོང་ཡམ་ཤིང་རྫས་སྔགས། བོ་དྷི་སོགས་དང༌། དེའི་ལས་སྔགས། བདག་སོགས་ཀྱི་སོགས་ལན་རེ་རེ་སྦྱར། དེ་བཞིན་དུ་གཟུངས་རིང་བདུན་པའི་མཇུག་ཏུ། ས་པ་ རིའི་ཤམ་བུ་བཅས་མར་ཁུའི་རྫས་སྔགས་ལས་སྔགས་གཉིས་རེ་རེ་དང༌། བརྒྱད་པའི་མཇུག་ཏུ་དེ་ལྟ་བུས་ཏིལ་གྱི་རྫས་སྔགས་ ལས་སྔགས་གཉིས་དང༌། དགུ་པའི་མཇུག་ཏུ་དུར་བའི་རྫས་ལས་ཀྱི་སྔགས་དང༌། བཅུ་མཇུག་ཡུངས་དཀར་གྱི་སྔགས་གཉིས་ 7-1-370 ལན་རེ་རེ་ཚུལ་དེ་ལུགས་བཞིན་སྦྱར་ནས་བཅུ་ཚན་གཅིག་གིས་འབུལ་ཚུལ་རྫོགས་པ་ན་འདོད་གསོལ་མཆོད་བསྟོད་གོང་བཞིན་ ལ། བཅུ་ཚན་ཕྱི་མ་འདི་ལོང་སྐབས་དང་བསྟུན་ཏེ་བཅུ་རེའི་མཚམས་འདོད་གསོལ་མཆོད་བསྟོད་རེ་བཅས་ཡང་སྐྱར་ཅི་ནུས་ ཀྱིས་གྲངས་བཟུང་སྟེ་བསྲེག་ལྷའི་རྫས་སྐལ་ཆ་ཚང་འབུལ་མཐར་འདོད་གསོལ་མཆོད་བསྟོད་བྱས་པས་འཐུས་སོ། ། གཉིས་པ་བསྡུས་པ་ནི། རྫས་འབུལ་དག་གི་བར་གྱི་དམིགས་པ་རྣམས་དོར་ལ་ཐོག་མར་ལྷ་སྔགས། ༀ་བྷྲཱུཾ་སྭཱཧཱ། ཞེས་པ་ལན་གཅིག གོང་གི་ཡམ་ཤིང་རྫས་སྔགས་ལན་ཉེར་གཅིག ཡམ་ཤིང་ལས་སྔགས་ལན་གཅིག་བརྗོད། ཚུལ་དེའི་སྒོ་ ནས་རིམ་པར་ལྷ་སྔགས་དེ་ཁོ་ན་ལྟར་ལས། མར་ཁུའི་རྫས་སྔགས་ལན་བདུན་དང༌། དེའི་ལས་སྔགས་ལན་གཅིག་དང༌། དེ་ལྷག ཏིལ། ནས། ཡུངས་དཀར་གྱི་བར་བཅུ་པོ་ལ་ལྷ་སྔགས་གོང་དེ་ཉིད་བཞིན་ལན་གཅིག་རེ་དང༌། རང་རང་གི་རྫས་ སྔགས་ལན་ལྔ་ལྔ་རེ་དང་ལས་སྔགས་རྣམས་ལན་རེ་རེ་སྦྱར་ཏེ་ཚང་བར་བྱ། གཞན་མེ་ཏོག་དཀར་པོའི་རིགས་སོགས་དང་རྫས་ ལྷག་གང་ཡོད་ཚད། ༀ་བྷྲཱུཾ་སྭཱཧཱ། ཞེས་པའི་གཙོ་མོའི་ལྷ་སྔགས་ཁོ་ནས་གཙོ་འཁོར་ཀུན་ལ་ཐུན་མོང་དུ་འབུལ་ཏེ་གྲངས་ འཛིན་པར་བྱས་ཏེ་འདོད་གསོལ་མཆོད་བསྟོད་ཙམ་རེ་བྱས་ན་ཆོག གང་ལྟར་གྱི་མཐར་གཏོར་མ་འབུལ་བར་བྱ་བ་ནི། བུམ་ཆོག་ གི་དཀྱུས་གཏོར་ལྟར། བཛྲ་ཡཀྵཱ་ཧཱུཾ། གིས་བསངས་པ་ནས་བཟུང་འདོད་དོན་གསོལ་བཏབ་པར་གྱིས་བསྲེག་ལྷ་ལ་གཙོ་ འཁོར་ཐུན་མོང་དུ་གཏོར་མ་འབུལ། དེ་ནས་བུམ་ཆོག་གི་རྗེས་ཆོག་ལྟར། མཆོད་པ་བྱིན་རླབས་དང༌། མཆོད་ཡོན་ཕལ་ ཆེར༴ སོགས་ཀྱི་ཚིགས་བཅད་དང་སྤེལ་ཏེ་ཉེར་སྤྱོད་ཨརྒྷཾ་ནས། ཤབྟའི་བར་གྱིས་མཆོད་ལ། འདིའི་ཚིག་རྐང་བཞི་པ་ལ། བདག་ཉིད་ཆེན་མོ་རྣམ་རྒྱལ་འཁོར་བཅས་མཆོད། །ཅེས་པར་བསྒྱུར། སྤྲོ་ན་མདུན་བསྐྱེད་སྐབས་བཞིན་ བསྟོད་པ་རྒྱས་པར་བྱ་ཞིང༌། དེ་ནས་དངོས་གྲུབ་བླངས་པ་ནི། བཅོམ་ལྡན་འདས་མའི་ལྷ་ཚོགས༴ སོགས་ནས། དངོས་གྲུབ་ཐོབ་པར་མཛད་དུ་གསོལ། ཞེས་པའི་མཐར་ཡིག་བརྒྱ་ལན་གསུམ་བརྗོད་པས་ལྷག་ཆད་ཁ་བསྐང༌། མ་འབྱོར་པ་དང་ཉམས་པ༴ སོགས་ཀྱིས་ནོངས་པ་བཟོད་པར་གསོལ། མཐར་མདུན་བསྐྱེད་ལ་གཤེགས་སྐྱེམས་སུ་ མར་དགང་གཟར་བདུན་ཚན་གསུམ་བྱོན་ཟན་སྐབས་ལྟར་ཕུལ་ནས། ༀ་ཁྱེ ད་ཀྱིས༴ སོགས་དང༌། བཛྲ་མུཾཿ ཐབ་ ནང་གི་ཡེ་ཤེས་སེམས་དཔའ་རང་བཞིན་གྱི་གནས་སུ་གཤེགས་སུ་གསོལ། ཞེས་པའམ། ཡེ་ ཤེས་ཀྱི་འཁོར་ལོ་རང་བཞིན་གྱི་གནས་སུ་གཤེགས་ཤིང༌། དམ་ཚིག་པ་རང་ལ་བསྡུ་བའམ། 7-1-371 གཉིས་ཀར་ཡང་རང་གི་སྙིང་ཁར་བསྡུ་བ་སྐབས་སུ་གང་བབ་སྦྱོར་ཞིང་དེ་དག་ནི་བསྲེག་ལྷ་སྒྲུབ་ཅིང་མཆོད་པའོ། ། གསུམ་པ་གཏང་རག་གི་སྒོ་ནས་སྒྲུབ་ཅིང་མཆོད་པ་ནི། མེ་ལྷ་ཉིད་ལ་གཏང་རག་བྱ་བ་སྟེ། དེ་ཡང་གཏང་རག་ལ་རྫས་ཇི་ ལྟར་འབུལ་ཚུལ་གོང་དུ་རྫས་འབུལ་རྒྱས་པ་སོང་ན་མེ་ལྷའི་སྐབས་ཀྱི་རྫས་འབུལ་བསྡུས་པ་དེ་འདིར་བྱེད་ཀྱང་ཆོག་ལ། དེ་ལས་ བསྡུས་ཙམ་བྱེད་ན། མེ་ལྷའི་ལྷ་སྔགས། ༀ་ཨགྣ་ཡེ་སྭཱཧཱ། ཞེས་པ་ལན་གཅིག་བརྗོད། དེ་ནས་རྫས་སྔགས་ཀྱི་རིམ་ པ། ཡམ་ཤིང་ལ་བདུན། མར་ཁུ་ལ་ལྔ། ཏིལ། ནས། ཡུངས་དཀར་བར་ལ་དཀྱུས་ཐོག་གཅིག་ཏུ་ཚར་རེ་རེ་ཙམ་བརྗོད་ནས་ ཐུན་མོང་དུ་ལས་སྔགས། བདག་སོགས་རྣམས་ཀྱི་ལེགས་ཚོགས་འཕེལ་ཞིང་མི་མཐུན་པའི་ཕྱོགས་ མཐའ་དག་ཤནྟ ་ཀུ་རུ་ཡེ་སྭཱཧཱ། ཞེས་པ་ལན་གཅིག་བརྗོད་པས་འཐུས། དེ་ནས་མཆོད་པ་གོང་མེ་ལྷའི་སྐབས་ལྟར་ མཚན་སྔགས་སྔོ ན་དུ་འགྲོ་བའི་ཉེར་སྤྱོད་ཨརྒྷཾ་ནས། ཤབྟའི་བར་གྱིས་མཆོད་ལ། བསྟོད་པ་ནི། ཤེས་རབ་ཆེན་ པོས་བདག་མེད་ཐུགས་ཆུད་ཅིང༌། །ཐུགས་རྗེ་ཆེན་པོས་འགྲོ་ལ་ཡང་དག་གཟིགས། །ཐབས་ ལ་མཁས་པས་དྲང་སྲོང་ཆ་ལུགས་ནི། །འཛིན་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །ཚངས་ དབང་འཇིག་རྟེན་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །འབྱུང་པོ་ཡོངས་སུ་ བསྐྱབ་པའི་ཕྱིར། །ཐུགས་རྗེའི་སྤྲུལ་པས་སྐུ་སྤྲུལ་པ། །རིག་སྔགས་གྲུབ་པའི་དྲང་སྲོང་ཚུལ། །ཉོན་མོངས་སྲེག་པའི་ཤེས་རབ་འོད། །བསྐལ་པའི་མེ་ལྟར་གཟི་བརྗིད་འབར། །མངོན་ཤེས་ རྫུ་འཕྲུལ་ཞབས་དང་ལྡན། །ཐབས་ཀྱིས་སྤྲུལ་པའི་ཐེག་པ་ཆིབས། །རིག་སྔགས་གསུང་ གི་བགྲང་ཕྲེང་འཛིན། །བདུད་རྩི་བཅུད་ལྡན་གྷནྡྷེ་བསྣམས། །ཆོས་ཀྱི་བདུད་རྩི་ཡོངས་ལ་ བསིལ། །ཉེས་པའི་སྐྱོན་བྲལ་ཚངས་པར་སྤྱོད། །འཇིག་རྟེན་གནས་ཀྱང་མྱ་ངན་འདས། །ཞི་ བ་བརྙེས་ཀྱང་ཐུགས་རྗེ་ཆེ། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །ཞེས་པས་བསྟོད་པ་བྱ། མེ་ལྷའི་གཏོར་ མ། ཨ་མྲ ་ཏ་ཀུཎྜ་ལིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ༀ་ཨཱ་ཧཱུཾ་ལས་བྱུང་བའི་ བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ༀ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿ ༀ་ཨགྣ་ཡེ། ཨཱ་དཱི་བྱ༴ ནས། ཝཱ་ཧཱ་ནཱ་ ཡ། ཨ་ཀཱ་རོ་མུ་ཁཾ༴ སོགས་སྦྱར་བ་ལན་བདུན་གྱིས་གཏོར་མ་ཕུལ། ཡང་ཨརྒྷཾ་ནས། ཤབྟའི་བར་གྱིས་མཆོད། མེ་ 7-1-372 སྟེ་བསྲེག་བྱ་ཟ་བའི་ལྷ། །དྲང་སྲོང་རྒྱལ་པོ་གདོན་གྱི་བདག །མེ་ལྷ་འཁོར་དང་བཅས་པ་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་ བདག་ཅག༴ ནས། ཀུན་འགྲུབ་ཤོག །གི་བར་གྱིས་ཕྲིན་ལས་བཅོལ། མེ་ལྷའི་གཤེགས་སྐྱེམས་སུ་མར་ཁུའི་ རྫས་སྔགས། ༀ་ཨགྣེ་ཡེ་སྭཱཧཱ། ཞེས་པ་ཉེར་གཅིག་གིས་མར་ཁུ་དགང་བླུགས་བདུན་ཚན་གསུམ་ཕུལ། སླར་ཡང་གོང་ བཞིན། ཨ་མྲ ་ཏས་བསངས་ཆུ་གཏོར། ཨརྒྷཾ་གྱིས་མཆོད་ཡོན་ཕུལ་ལ། འདིར་སྤྲོ་ན་བཟོད་གསོལ་ཅི་རིགས་དང་བཅས་ སྤྱན་དྲངས་པའི་སྐྱབས་སྦྱིན་ཕྱག་རྒྱའི་མཐེ་བོང་རྣ་བའི་ཐད་ཀར་ཕྱིར་བཀྱེད་དེ། ༀ། བདག་གི་དོན་དང་གཞན་གྱི་ དོན། །བསྒྲུབ་ཕྱིར་བཞུད་ཅིག་བྱིན་ཟ་ཁྱོ ད། །ཇི་བཞིན་དུས་སུ་སླར་གཤེགས་ཏེ། །བདག་ གི་འདོད་པ་ཐམས་ཅད་སྒྲུབས། །ༀ་ཨགྣ་ཡ་ཧི་གཙྪ་ཞེས་བརྗོད་པས། ཡེ་ཤེས་པ་རང་བཞིན་གྱི་ གནས་སུ་གཤེགས། དམ་ཚིག་པ་འབར་བ་མེའི་ནང་དུ་ཐིམ་པར་གྱུར། སྨོན་ལམ་དང་བཀྲ་ཤིས་ཅི་ འགྲུབ་ཀྱིས་མཐར་དབྱུང་བར་བྱ་བ་སྟེ་དེ་དག་གིས་གཏང་རག་སྒྲུབ་མཆོད་ལེགས་པར་གྲུབ་ཟིན་ཏོ། ། གསུམ་པ་རྗེས་ཀྱི་བྱ་བ་ནི། བསྲེག་བླུགས་ཀྱི་མེ་གང་དག་རང་བཞིན་གྱིས་ཞི་བར་མ་གྱུར་གྱི་བར་དུ་དཀྲུག་པར་མི་བྱ་ལ། གློ་བུར་དུ་ལས་རྗེས་བསྡུ་དགོས་པར་བྱུང་ན། འོ་མ་དང་དྲི་བཟང་གི་ཆུ་ལ། ༀ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷ་ལོ་ཙ་ནི་ སརྦ་ཨརྠ་སཱ་དྷཱ་ནི་སྭཱཧཱ། ཅེས་པ་བརྒྱ་རྩ་ཙམ་བཟླས་པས་བསྔགས་ཤིང་བྱིན་གྱིས་བརླབས་ནས་ཆུ་དེས་མེ་ལ་བླུགས། གང་ལྟར་ཡང་སོལ་བ་སོགས་དེ་དག་འོ་ཆུས་བཀྲུས་ལ་སྣོ ད་གཙང་མར་བསྡུས་ཏེ། ཆུའི་ནང་ན་གནས་པའི་སྲོག་ཆགས་མང་པོ་ ལ་ཕན་གདགས་པའི་ཕྱིར་རྒྱ་མཚོ་ཆེན་པོར་འབབ་པའི་ཆུར་དོར། ཐབ་ཀྱི་ཉེ་འཁོར་དྲི་ཞིམ་པོའི་ཆུས་བྱུགས་ཏེ་ལས་ཀྱི་རྗེས་མི་ མངོན་པར་བྱའོ། དེ་ལྟར་ཞི་བའི་སྦྱིན་བསྲེག་གི་ཚུལ་འདི་ལ་བརྟེན་ནས་རོ་བསྲེག་ཀྱི་ཁ་བསྒྱུར་བྱ་ལུགས་དང་གཞན་ཡང་རྒྱས་ པ་དབང་དང་དྲག་པོའི་སྦྱིན་བསྲེག་ཇི་ལྟར་བྱ་བའི་ཚུལ་སོགས་སྤྲོས་ན་མཁོ་བྱ་ལས་ཚོགས་མང་པོ་ཡོད་མོད་འོན་ཀྱང་འདིར་ཞི་ བའི་ལས་ཀྱི་ཕྱོགས་ཙམ་ལས་རེ་ཞིག་དེ་ཙམ་དུ་བཞག་གོ། །། སྨྲས་པ། ལེགས་ཚོགས་དཔག་ཡས་འཕྲུལ་གྱིས་བསྐྲུན། །མཚན་ཙམ་གྱིས་ཀྱང་འགྲོ་འདྲེན་དཔལ། །རླབས་ཆེན་ ཐུགས་རྗེ་མངའ་བའི་གཏེར། །འཕགས་མའི་མཛད་ཕྲིན་བསམ་ལས་འདས། །གང་གི་རབ་འབྱམས་ལས་ཚོགས་སྒོ། །ཡོངས་ 7-1-373 བརྡལ་ལས་ཐོན་ཞི་བའི་ཐབས། །འདི་ན་ཆ་ཙམ་དབྱེ་བའི་དགེས། །འགྲོ་ཀུན་སྒྲིབ་སྦྱངས་ཚོགས་རྫོགས་ཤོག །ཅེས་འཕགས་ མ་གཙུག་ཏོར་རྣམ་པར་རྒྱལ་མའི་རིག་སྔགས་ལ་བརྟེན་ནས་ཞི་བའི་སྦྱིན་སྲེག་བྱ་བའི་ཚུལ་གྱི་ཆོ་ག་བསྟན་འགྲོའི་ཕན་བདེ་སྤེལ་ བྱེད་ཅེས་བྱ་བ་འདི་ཡང་ཆོས་ལ་ལྷག་བསམ་དགེ་བ་ཅན་གུ་ཎ་བྷ་དྲའི་ཐུགས་བསྐྱེད་རྒྱ་ཆེ་བས་ལེགས་བསྐུལ་ལྟར། མ་ཏིས་ སྦྱར་ཞིང་ཡར་ཚེས་འགྲུབ་པའི་སྦྱོར་བ་ལ་རྫོགས་པར་བྱས་པ་སྟེ་སྐུལ་བ་པོ་ཁོང་ཉིད་ཀྱིས་ཡི་གེའི་རིས་སུ་ཉེ་བར་ཕབ་པ་འདིས་ ཀྱང་བསྟན་པ་དང་འགྲོ་བ་ཡོངས་ལ་ཕན་ཐོགས་པར་གྱུར་ཅིག། །། 7-1-374 ༄༅། །རྒྱུད་སྡེ་ལྔའི་སྦྱིན་སྲེག་གི་ལས་འགྲིག་ ཉུང་བསྡུས་བཞུགས། ༄༅། །འདིར་སྦྱིན་སྲེག་གི་ལས་འགྲིག་ཉུང་བསྡུས་སུ་བཀོད་ན། ཐོག་མར་གསང་བ་སྤྱིའི་ཆོ་ག་ལས། བདག་ ཉིད་རྡོ་རྗེ་སོགས་ནས་སུམ་བྷ་ནི་ལན་བདུན་བཟླ་བ་ཡན་བྱ། དེ་ནས་བརྒྱུད་འདེབས་ནས་བཟུང་སྔོ ན་གཏོར་ཡན་ བཏང༌། སླར་གསང་བ་སྤྱི་ཆོག་ལས། ༀ་ཨཱཿཧཱུྃ་ཧ་ན་ཧ་ན་ཀྲོ ་དྷ་ཧཱུཾ་ཕཊཿ ཅེས་པ་ལན་མང་བཟླས་མཐར། མཆོད་ པ་བྱིན་རླབས་ནས་འཇུག་ཏེ་སྐྱབས་འགྲོ་ནས་བདག་བསྐྱེད་རྫོགས་པ་ཉེར་བསྡུས་བར་བྱ། དེ་ནས་སྤྱི་ཆོག་ལས། ༀ་བཛྲ་ ཨ་མྲ ་ཏ༴ སོགས། བརྒྱ་རྩ་བརྒྱད་བཟླ། འདིར་བདག་བསྐྱེད་ཀྱི་སྐབས་སུ་མ་སོང་ན་ནང་མཆོད་བྱིན་རླབས་བྱ་སོང་ན་དེས་ ཆོགདེ་ནས། ༀ་བཛྲ་ཨ་མྲ ་ཏ་ལན་གཅིག་ཙམ་བརྗོད་མཐར་འབྲུ་གསུམ་ཉེར་གཅིག་བརྗོད། མཆོད་པ་བྱིན་རླབས་ བྱས་ནས་སྤྱི་ཆོག་ལས། བསྲེགས་རྫས་བྱིན་རླབས་ཀྱི་སྔགས་ཚན་ལྔ་པོ་ལན་གསུམ་གསུམ་རེ་བཟླས་རྗེས་སུ་འབྲུ་གསུམ་ལན་ གཅིག་བརྗོད། ཨ་མྲ ་ཏ་ལན་གཉིས་རིམ་ཅན་དུ་བརྗོད་པ་སོགས་ནས་མེ་ལྷ་དམ་བཞག་གི་བར་སྦྱིན་བསྲེག་རང་གཞུང་ལྟར་ བྱ། དེ་ནས་མེ་ལྷའི་ཐུགས་ཀར་ཧཱུྃ་སོགས། མཚན་པར་གྱུར། ༀ་ཨགྣེ་ཡེ། ཞེས་པ་ནས་ཤམ་བུ་བཅས་ ལན་བདུན་བཟླ། ཡང་སྔགས་དེ་ཉིད་ལན་གསུམ་དང༌། ཡང་སྔགས་དེ་ཉིད་ལན་ཉེར་གཅིག་ཙམ་བཟླས་མཐར་ༀ་ཨགྣེ་ ཡེ། ཞེས་པ་ལན་གཅིག་བརྗོད་དོ། །དེ་ཡན་ཆད་མེ་ལྷ་མཆོད་པའོ། །དེ་ནས་འདས་ལྷ་མཆོད་པ་ནི། ཨ་མྲ ་ཏས་བསངས། སྭ་བྷ་ཝས་སྦྱངས། མེ་ལྷའི་ཐུགས་ཀར་རབ་ཏུ་ཡངས་པའི་དབུས་སུ་ཨེ་ལས་ཆོས་འབྱུང་གྲུ་ གསུམ་ཕྱི་དཀར་ལ་ནང་དམར་བ་གདེངས་ཀ་ཆེ་བ། སོགས། བ་དན་ལ་སོགས་པས་བརྒྱན་པ། རྩིག་པའི་ཕྱི་རོལ་འགྲམ་སྟེགས་ཞེས་སོགས་ནས་མདུན་བསྐྱེད་ཀྱི་སྐབས་བཞིན་རྟེན་དང་བརྟེན་པའི་དཀྱིལ་འཁོར་ གྱི་རྫོགས་པར་བསྒོམ་པའི་མཐུའི་དབུས་ན་བཞུགས་པའོ། །ཞེས་བར་བཏང་མཐར། སྙིང་གའི་ས་བོན་གྱི་ འོད་ཟེར་དགྱེས་མཛད་རྡོ་རྗེ་མཚོན་ཆ་ཅན་ལྷ་བཅུ་གསུམ་རྒྱུད་སྡེ་ལྔའི་ལྷ་ཚོགས་དང་བཅས་ 7-1-375 པ་ༀ་བཛྲ་ས་མཱ་ཛཿ ཞེས་པ་ནས་འཁོར་རྣམས་ལ་གཙོ་བོས་དབུ་རྒྱན། ཞེས་པའི་བར་བུམ་བསྐྱེད་ཀྱི་ སྐབས་བཞིན་བྱ། །དེ་ནས་མཆོད་པ་བྱིན་རླབས་ནས་བསྟོད་པའི་བར་ལྷ་སྟ་གོན་གྱི་སྐབས་ལྟར་མཆོད་ཕྲེང་རྒྱས་པ་བསྟོད་པ་དང་ བཅས་ཆ་ཚང་བྱ་བ་ལགས། དེའི་འཕྲོར་བསྲེགས་རྫས་འབུལ་བ་ནི། དང་པོ་དགྱེས་རྡོར་མཚོན་ཆ་ཅན་གྱི་སྔགས། ༀ་དེ་ཝ་ པི་ཙུ་སོགས་ལན་གཅིག རྫས་སྔགས་ལས་མར་ཁུ་ༀ་ཨགྣེ་སྭཱཧཱ། ཞེས་པ་ལན་བདུན། ལས་སྔགས་བདག་གཞན་ སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་བར་ཆད་སོགས་ནས། ཀུ་རུ་སྭཱཧཱ། ཞེས་པ་ལན་གཅིག་བརྗོད་པའོ། །དེ་ནས་ལྷ་སྔགས་དེ་ཉིད། ལན་གཅིག ཡམ་ཤིང་གི་རྫས་སྔགས་ལན་ལྔ། ལས་སྔགས་ལན་གཅིག་བྱ། དེ་མན་ཆད་ཀྱི་རྫས་ སྔགས་ལྷག་མ་རྣམས་ལ་ལྷ་སྔགས་ལན་གཅིག རྫས་སྔགས་ལན་གསུམ་གསུམ་རེ་དང་ལས་སྔགས་ལན་གཅིག་བཅས་ཀྱིས་ ཡུངས་ཀར་གྱི་བར་རྫོགས་པར་བྱས་ནས་མཚོན་ཆ་ཅན་གྱི་སྙིང་པོ་ཁོ་ན་བརྒྱ་རྩ་བརྒྱད་ཀྱི་གྲངས་འཛིན་པར་བྱ་སྟེ། དེས་འགྲེས་ ཏེ། ཀྱཻ་རྡོར་ལྷ་དགུ གསང་འདུས། བདེ་མཆོག མ་ཧཱ་མ་ཡ། འཇིགས་བྱེད་རྣམས་ཀྱི་གཙོ་སྔགས་དག་གིས་བསྲེགས་རྫས་དེ་ ལྟར་ཕུལ་བ་བྱས་ན་རྫས་འབུལ་བསྡུས་པ་ཙམ་འོང་བར་སྣང་བས་དེ་ལུགས་བྱས་སོ། །དེ་ནས་སྒྲུབ་ཐབས་ལྟར་གཏོར་མ་འབུལ་ བ་ལ་ཁྱད་པར་ཅུང་ཙམ་སྟེ་སྟ་གོན་གྱི་སྐབས་བཞིན་བྱས་ཏེ་མཆོད་བསྟོད་འདོད་གསོལ་ཡན་ཆད་བྱས་ལ། དེ་ཡང་འདས་གཏོར། ཕུར་གཏོར། ཕྱག་དྲུག་པ། འབྱུང་གཏོར་རྣམས་སོ། །སྤྱི་ཆོག་ལས། ཡིག་བརྒྱ་ལན་གསུམ་བཟླས། གང་ཡང་བདག་བློ་ སོགས་ནས། དམ་ཚིག་པ་རང་ལ་བསྡུ། ཞེས་པའི་བར་བྱས་པས་འདས་ལྷ་མཆོད་པ་གྲུབ་བོ། །དེ་ནས་ༀ་ཨགྣེ་ ཡེ་སྭཱཧཱ། ཞེས་པས་མར་ཁུ་ཕུལ་ནས་མཆོད་བསྟོད་བྱས་མཐར། མེ་ལྷའི་གཏོར་མ་འབུལ་བ། མཆོད་བསྟོད་བཟོད་གསོལ་ གཤེགས་བསྡུ་སྨོན་ལམ་བཀྲ་ཤིས་བཅས་གསང་བ་སྤྱི་ཆོག་རང་གཞུང་ལྟར་བྱ་བ་ལག་ལེན་བསྡུས་པ་ཙམ་ལགས་སོ། །འདི་ཡང་ མ་ཏིས་སོ།། །། 7-1-376 ༄༅། །གཙོ་འདུས་བརྒྱུད་པའི་གསོལ་འདེབས་དངོས་གྲུབ་ ཆར་འབེབས་བཞུགས་སོ། ། ༄༅། །རྡོར་འཆང་ནེ་གུ་ཁྱུང་པོ་རྨོག་ཅོག་པ། །སྐྱེ་རྒང་གཉན་སྟོན་སངས་སྟོན་ཤངས་ སྟོན་རྗེ། །ཚུལ་མགོན་རས་ཆེན་ཤངས་དཀར་ལྐུགས་ལུང་བ། །ནམ་རྒྱལ་རྒྱ་སྒོམ་རྗེ་ལ་ གསོལ་བ་འདེབས། །གྲོལ་མཆོག་ལྷར་གྲགས་ཀུན་རྒྱལ་སྒྲོལ་བའི་མགོན། །ཀུན་མཚན་ བྱམས་མགོན་ལྷུན་བློ་འཇམ་པའི་དབྱངས། །གྲགས་པ་བློས་སྟོབས་འཇིགས་མེད་རྣམ་པར་ རྒྱལ། །ཆོས་འཕེལ་རྒྱ་མཚོའི་སྡེ་ལ་གསོལ་བ་འདེབས། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་ འདུས་པའི་དཔལ། །བདེ་ཀྱཻ་འཇིགས་གསང་མ་ཧཱ་མ་ཡ་སོགས། །གཙོ་མཆོག་ལྔ་པོའི་དཀྱིལ་ འཁོར་ལྷ་ཚོགས་ལ། །རབ་གུས་གསོལ་འདེབས་མཆོག་ཐུན་དངོས་གྲུབ་སྩོལ། །གཏུམ་མོའི་ བདེ་དྲོད་སྒྱུ་མའི་རང་ཉམས་དང༌། །རྨི་ལམ་རང་ཟིན་རྩོལ་མེད་འོད་གསལ་འཆར། །འཕོ་ མེད་ལེགས་རྟོགས་བར་དོ་དང་པོ་ལ། །རང་སེམས་ཆོས་སྐུར་འཆར་བར་བྱིན་གྱིས་རློབས། །འདིའི་ཐོག་མཐའི་ཤྭོ་ལོ་ཀ་གཉིས་པོ་རྗེ་གྲོལ་མཆོག་གི་རྡོ་རྗེའི་ལྗགས་ཀྱིས་བསྩལ་པ་དངོས་ཡིན་ལ་བར་གྱི་ཁ་སྐོང་གི་ཤོ་ལོ་ཀ་ ཟུང་ནི་དྷརྨཱ་ཝརྟིས་གནང་བའོ།། །། ༈ ཁ་སྐོང་ནི། ཡོན་ཏན་རྒྱ་མཚོ་རྣམ་སྣང་རྡོ་རྗེ་དང༌། །ཀུན་དགའ་འགྱུར་མེད་གསང་བ་ མཐའ་ཡས་རྗེ། །བཀའ་དྲིན་མཉམ་མེད་ཀུན་དགའ་རྒྱལ་མཚན་དཔལ། །རྩ་བརྒྱུད་བླ་མ་ རྣམས་ལ་གསོལ་བ་འདེབས། །བརྒྱུད་འདེབས་ཁ་སྐོང་འདི་ཡང་ཀུ་སི་ལི་བ་ཞིག་གིས་བྲིས། 7-1-377 ༄༅། །རྒྱུད་སྡེ་ལྔའི་ལྷ་ལྔ་གཙོ་བོར་བསྡུས་པའི་མན་ངག་བླ་མ་ གོང་མའི་ཕྱག་ལེན་བཞུགས་སོ། ། ༄༅། །ༀ་སྭ་སྟི། དཀྱིལ་འཁོར་མ་ལུས་ཀུན་འདུས་པ། །ཡེ་ཤེས་རྣམ་ལྔའི་ངོ་བོ་ཉིད། །དེ་ལ་གུས་པས་ཕྱག་འཚལ་ ནས། །དེ་ཡི་སྒྲུབ་ཐབས་མདོ་ཙམ་བཤད། །དེ་ལ་བྱང་ཆུབ་སེམས་དཔའ་བློ་གྲོས་རིན་ཆེན་གྱིས་མཛད་པའི་སྒྲུབ་ཐབས་དང༌། །གྲུབ་ཆེན་ཁྱུང་པོ་རྣལ་འབྱོར་གྱིས་མཛད་པའི་སྒྲུབ་ཐབས་ཀྱི་མན་ངག་རྣམས་ནི། གཞི་ལུས་བདེ་མཆོག་ལྷན་སྐྱེས་དང༌། དགྱེས་ མཛད་ལྷན་སྐྱེས་ལ་སྦྱར་བ་ཅི་རིགས་པ་ཡོད་ཅིང༌། བླ་མ་རྣམས་ཀྱི་ཕྱག་ལེན་ལ་ཡང་ཅི་རིགས་སུ་མཛད་པ་གཉིས་ཀ་ལྟར་རུང་ ཞིང་ཡིད་ཆེས་ཅན་ཡིན་ནོ། །དེས་ན་འདིར་བདེ་མཆོག་ལྷན་སྐྱེས་ལ་བརྟེན་ནས་རྣལ་འབྱོར་བཤད་པར་བྱ་སྟེ། དེ་ལ་ཡིད་དང་ མཐུན་པའི་གནས་སུ། ནང་མཆོད་མཆོད་གཏོར་སོགས་ཡོ་བྱད་རྣམས་ཚོགས་པར་བྱས་ནས། སྐྱབས་འགྲོ་སེམས་བསྐྱེད་སྤྱི་དང་ མཐུན་པར་བྱས་ནས། ནང་མཆོད་གཏོར་མ་ལྟར་བྱིན་གྱིས་རླབས་ལ། ༀ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། པདྨ་དང་ཉི་མའི་སྟེང་དུ་ཧཱུཾ་སྔོ ན་པོ་ཡེ་ཤེས་ལྔའི་བདག་ཉིད་ཅན། ཧཱུྃ་ལས་རྡོ་རྗེ་ཧཱུཾ་གིས་མཚན་ པའི་འོད་ཟེར་གྱིས་སྣོ ད་བཅུད་མ་ལུས་པ་སྦྱངས་ནས། སླར་འདུས་ཏེ་འོད་དུ་ཞུ་བ་ཐིག་ལེར་ གྱུར། དེ་ལས་རང་ཉིད་འཁོར་ལོ་སྡོམ་པའི་སྐུར་གྱུར་པའི་ཐུགས་ཀར་ཧཱུྃ། ༀ་བཛྲ་རཀྵ་རཀྵ་ ཧཱུྃ་ཧཱུྃ་ཧཱུྃ་ཕཊ། ལན་གསུམ། ཐུགས་ཀའི་ཧཱུཾ་ལས་རཾ་འོག་ཕྱོགས་སུ་ཉི་མའི་དཀྱིལ་འཁོར་དུ་གྱུར། ཧཱུྃ་སྤྲོས་པ་ལས་སྣ་ཚོགས་རྡོ་རྗེའི་རང་བཞིན་གྱི་ས་གཞི་དང༌། དེ་ལས་འཕྲོས་པའི་རྭ་གུར་དུ་ གྱུར་ཅིང་ཧཱུྃ་ལས་ཧཱུྃ་དཔག་ཏུ་མེད་པ་ཕྱོགས་བཅུར་འཕྲོས་རྡོ་རྗེ་རྩེ་གཅིག་པ་ནས་དགུ་པའི་ བར་དུ་གྱུར་པས་བར་མཚམས་མེད་པར་གཏམས། ཉི་མ་ལས་འབར་བའི་མེས་རབ་ཏུ་ཞུ་སྟེ། 7-1-378 རྭ་གུར་གྱི་ཕྱི་རོལ་དུམ་བུ་གཅིག་ཏུ་འདྲེས་ཤིང་ཕྱི་ནང་ཀུན་ཏུ་མེ་ལྕེ ས་གང་བར་གྱུར། སྙིང་ གའི་ཧཱུྃ་གི་འོད་ཟེར་གྱིས་བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་མདུན་ གྱི་ནམ་མཁར་བཛྲ་ས་མཱ་ཛཿ ཨརྒྷཾ༴ ནས། ཤབྟའི་བར་གྱིས་མཆོད། དཀོན་མཆོག་གསུམ་ལ་བདག་ སྐྱབས་མཆི། སོགས་ལན་གསུམ་བྱ། རང་གི་ལུས་ངག་ཡིད་གསུམ་དྲི་མ་མཐའ་དག་དག་སྟེ། མེ་ ལོང་དང་གཟུགས་བརྙན་ལྟར་རང་དང་ཚོགས་ཞིང་དབྱེར་མེད་དུ་གྱུར། ཚད་མེད་བཞི་སྤྱི་དང་མཐུན་ པར་བསྒོམ། ༀ་སྭ་བྷཱ་ཝས་སྟོང་པར་སྦྱངས། གཟུང་བ་རང་བཞིན་མེད་པའི་བདག་ཉིད་དོ། །ༀ་ཤུ་ནྱ་ ཏ༴ སོགས། འཛིན་པ་རང་བཞིན་མི་དམིགས་ཏེ་ཆོས་ཐམས་ཅད་སྟོང་པ་ཉིད་དོ། །ཞེས་མཉམ་པར་ བཞག སྟོང་པའི་ངང་ལས་སྐད་ཅིག་གི་སྲུང་འཁོར་གྱི་དབུས་སུ་སྣ་ཚོགས་པདྨ་འདབ་མ་བརྒྱད་ པའི་ལྟེ ་བར་འཇིགས་བྱེད་དུས་མཚན་གྱི་གདན། དེའི་སྟེང་དུ་བྱང་སེམས་ཟླ་བ་ཧཱུྃ་ལས་ རྡོ་རྗེ་ཧཱུྃ་གིས་མཚན་པ་དེ་ལས་འོད་ཟེར་འཕྲོས། དེ་བཞིན་གཤེགས་པ་སྲས་དང་བཅས་པ་ རྣམས་མཉེས་པར་བྱས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། ཧེ་རུ་ཀ་ཡབ་ཡུམ་གྱི་ གོ་འཕང་ལ་བཀོད། དེ་རྣམས་ཐམས་ཅད་ཧེ་རུ་ཀ་ཡབ་ཡུམ་གྱི་རྣམ་པར་སྤྱན་དྲངས་ཏེ། ཧཱུྃ་ ཡིག་རྡོ་རྗེ་དང་བཅས་པ་ལ་ཐིམ་པས་ཡོངས་སུ་གྱུར་པ་ལས། རང་ཉིད་དཔལ་ཧེ་རུ་ཀ་འཁོར་ ལོ་བདེ་མཆོག་སྐུ་མདོག་མཐིང་ག་ཨིནྡྲ་ནཱི་ལ་ལྟར་རབ་ཏུ་འབར་བའི་འོད་ཟེར་འཕྲོ་བ། ཞལ་ གཅིག་ཕྱག་གཉིས་དམར་ལ་ཟླུམ་པའི་སྤྱན་གསུམ་གཡོ་བ་ཁྲོ་ཞིང་སྒེག་ལ་ཆགས་པའི་ ཉམས་ཅན། མཆེ་བའི་མྱུ་གུ་ཅུང་ཟད་གཙིགས་པ། བཞིན་ཤིན་ཏུ་འགྱུར་བའི་ཁྲོ་གཉེར་ཅན། བུང་བ་ལྟར་གནག་པའི་རལ་པའི་ཐོར་ཅོག་སྤྱི་བོར་བཅིངས་པའི་རྩེ་མོར་རུས་པའི་འཁོར་ལོ་ ལ་གནས་པའི་ནོར་བུ་དང༌། རལ་བའི་ངོས་ལ་སྣ་ཚོགས་རྡོ་རྗེ་དང༌། གཡོན་ངོས་སུ་ཟླ་བ་ཕྱེད་ པས་བརྒྱན་པ། མི་རུས་ཀྱི་རྣ་ཆ་དང༌། མགུལ་རྒྱན་དང༌། གདུ་བུའི་ཚོགས་དང༌། སྐ་རགས་ དང༌། མཆོད་ཕྱིར་ཐོགས་ཀྱིས་བརྒྱན་པ་ཐལ་བ་ཆེན་པོའི་ཉེ་བར་བྱུགས་ཤིང༌། མི་མགོ་སྐམ་ 7-1-379 པོ་ལྔའི་དབུ་རྒྱན། དཔའ་བོའི་དར་དཔྱངས་དང་བཅས་པ། མིའི་རྒྱུ་མ་ལ་བརྒྱུས་པའི་ཁྲག་ འཛག་མགོ་བོ་ལྔ་བཅུའི་དོ་ཤལ་ཅན། སྟག་གི་པགས་པའི་ཤམ་ཐབས་གྲོལ་བ། ཕྱག་གཡས་ རྡོ་རྗེ་དང་གཡོན་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། ཞབས་གཡོན་བསྐུམས་པས་འཇིགས་ བྱེད་ནག་པོ་དང༌། གཡས་བརྐྱངས་པས་དུས་མཚན་མ་དམར་མོ་མནན་པ། གར་གྱི་ཉམས་ དགུ་དང་ལྡན་ཞིང་མཚན་དང་དཔེ་བྱད་ཡོངས་སུ་རྫོགས་པའོ། །དེ་ལ་འཁྱུད་པའི་ཡུམ་རྡོ་རྗེ་ ཕག་མོ་སྐུ་མདོག་དམར་མོ་བསྐལ་པའི་མེ་ལྟར་གཟི་བརྗིད་འབར་བ། ཕྱག་གཡས་རྡོ་རྗེ་གྲི་ ཁུག་དང་བཅས་པའི་སྡིགས་མཛུབ་ཀྱིས་ཕྱོགས་ཐམས་ཅད་གནོན་ཅིང༌། གཡོན་ཐོད་པ་ ཁྲག་གིས་གང་བ་འཛིན་པས་ཡབ་ལ་འཁྱུད་པ། གཅེར་བུ་སྐྲ་གྲོལ་ཞིང་ཕྱག་རྒྱ་ལྔས་བརྒྱན་ པ། ཐོད་སྐམ་གྱི་དབུ་རྒྱན་དང་དོ་ཤལ་ཅན། ཞབས་གཡས་བསྐུམ་གཡོན་བརྐྱངས་པས་ཡབ་ ལ་འཁྱུད་པ། ཡབ་ཡུམ་གཉིས་ཀ་ལང་ཚོ་གསར་དུ་བདོ་བ། མེ་ཕུང་འབར་བའི་དབུས་ན་ བཞུགས་པའོ། ཡབ་ཀྱི་སྐུ་ལ་རྩ་གསུམ་འཁོར་ལོ་ལྔ་དང་བཅས་པ་སྐད་ཅིག་གིས་གྲུབ་པའི་ སྤྲུལ་པའི་འཁོར་ལོ་རྩ་འདབ་དྲུག་ཅུ་རྩ་བཞིའི་ལྟེ ་བར་རྡོ་རྗེ་གསུམ་གཅིག་ཏུ་འདུས་པའི་ཡོན་ ཏན་གྱི་ངོ་བོ་རང་དང་མཚུངས་པའི་འཁོར་ལོ་བདེ་མཆོག་ཡབ་ཡུམ། བདེ་ཆེན་འཁོར་ལོར་ སྐུ་གསང་བ་འདུས་པ་སྐུ་མདོག་སྔོན་པོ་ཡུད་ཙམ་ཁྲོས་པ་རྡོ་རྗེ་དང་དྲིལ་བུ་འཛིན་པས་རང་ མཚུངས་ཀྱི་ཡུམ་ལ་འཁྱུད་པ། རྡོ་རྗེའི་སྐྱིལ་ཀྲུང་གིས་པད་ཉི་ལ་བཞུགས་ཤིང་དར་དང་རིན་ པོ་ཆེས་བརྒྱན་པའོ། །ལོངས་སྤྱོད་འཁོར་ལོར་གསུང་མཧཱ་མ་ཡ་མཐིང་ག་ཕྱག་གཉིས་ཀྱིས་ མདའ་གཞུ་འཛིན་པས་ཡུམ་སངས་རྒྱས་མཁའ་འགྲོ་མ་དམར་མོ་རང་མཚུངས་ལ་འཁྱུད་པ། སྐྲ་སེར་གྱེན་ཏུ་བརྫེས་པ་གཡོན་བརྐྱང་གིས་པད་ཉི་ལ་མི་རོ་མནན་པའོ། །ཆོས་ཀྱི་འཁོར་ ལོར་ཐུགས་དགྱེས་མཛད་རྡོ་རྗེ་མཐིང་ག་ཕྱག་གཉིས་ཀྱིས་རྡོ་རྗེ་དྲིལ་བུ་འཛིན་པས་བདག་ མེད་མ་སྔོ ན་མོ་གྲི་ཐོད་འཛིན་པ་ལ་འཁྱུད་པ། སྐྲ་སེར་གྱེན་ཏུ་བརྫེས་པ་གཡས་བརྐྱང་གིས་ 7-1-380 པད་ཉི་ལ་ཚངས་པ་དང་དྲག་པོ་མནན་པའོ། །བདེ་སྐྱོང་འཁོར་ལོར་ཕྲིན་ལས་རྡོ་རྗེ་འཇིགས་ བྱེད་མཐིང་ནག་མ་ཧེའི་ཞལ་ཅན་ཕྱག་གཉིས་ཀྱིས་གྲི་གུག་ཐོད་ཁྲག་འཛིན་པས་ཡུམ་ཕག་ མོ་གྲི་ཐོད་འཛིན་པ་ལ་འཁྱུད་པ། སྐྲ་སེར་གྱེན་དུ་བརྫེས་ཤིང་དུར་ཁྲོད་ཀྱི་ཆས་རྫོགས་པ། གཡོན་བརྐྱང་གིས་པད་ཉི་ལ་མ་ཧེ་མནན་པའོ། །ཡང་ན་ཐམས་ཅད་ཧཱུཾ་ལས་བསྐྱེད་ཀྱང་རུང་བར་བཤད་དོ། ། རང་གི་སྙིང་གའི་ཧཱུཾ་ལས་འོད་ཟེར་འཕྲོས། རྒྱུད་སྡེ་ལྔའི་གཙོ་འཁོར་གྱི་ལྷ་ཚོགས་བཛྲ་ས་ མཱ་ཛཿ ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། རང་གི་དཔྲལ་བར་ༀ་དཀར་པོ། མགྲིན་པར་ ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོ ན་པོ། ཡང་སྙིང་གའི་ཧཱུྃ་ལས་འོད་ཟེར་འཕྲོས། དབང་གི་ལྷ་ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཁྲོ་བོའི་དབང་པོ་བཙུན་མོར་བཅས་པ་ཐམས་ཅད་ སྤྱན་དྲངས། ཕྱི་ནང་གསང་བའི་མཆོད་པ་ཐམས་ཅད་ཀྱིས་མཆོད་པར་གྱུར། ༀ་སརྦ་ཏ་ཐཱ་ག་ ཏ་ཨ་བྷི ་ཥིཉྩ་ཏུ་མཱཾ། གཙོ་བོའི་ཐུགས་ཀ་ནས་ཡུམ་ལྔ་བདུད་རྩིས་གང་བའི་བུམ་པ་ཐོགས་པ་ སྤྲོས། ༀ་བཛྲ་བྷ་ཝ་ཨ་བྷི ་ཥིཉྩ་ཧཱུྃ། ཞེས་གསུངས་ཤིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་ སྐུ་གང་དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན། ཨརྒྷཾ༴ སོགས་ནས། ཤབྟའི་བར་བརྗོད། ༀ་ཨཱཿཧཱུྃ་གིས་ནང་མཆོད་ཕུལ། བསང་མཆོད་དེ་ཁོ་ན་ཉིད་ཀྱི་མཆོད་པ་ཡིད་ཀྱིས་དྲན་ཙམ་བྱ། དེ་ཉིད་ ལྔ་པའི་བསྟོད་པའམ། ཆོས་དབྱིངས་རྣམ་དག་དབྱིངས་ལས་མ་གཡོས་ཀྱང༌། །ཐབས་ཀྱིས་ཁྲོ་བོའི་ སྐུར་སྟོན་གདུག་པ་འདུལ། །ཆེ་བའི་ཆེ་མཆོག་ལྷ་ཡི་ལྷར་གྱུར་པ། །ཀུན་བཟང་ཧེ་རུ་ཀ་ལ་ ཕྱག་འཚལ་ལོ། །ཧེ་རུ་ཀ་དཔལ་དཔའ་བོ་ཆེ། །རྣམ་དག་རྡོ་རྗེ་དབང་ཕྱུག་མ། །རྗེས་ཆགས་ ཆགས་པ་ཆེ་རྣམས་ཀྱིས། །རྡོ་རྗེ་ཕག་མོ་དེ་ལ་འདུད། །སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རབ་རྫོགས་པ། །དཀྱིལ་འཁོར་ལྔ་པོ་ཐམས་ཅད་ལ། །ཀུན་ནས་དང་ བས་ཕྱག་འཚལ་ལོ། །ཞེས་བསྟོད། ༀ་ཧྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ། ༀ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ་སྭཱཧཱ། ཅེས་པ་གཙོ་བོར་བཟླ་ཞིང༌། ༀ་ཨཱཿབཛྲ་དྡྷྲ ཀ་ཧཱུྃ་ཧཱུྃ་ཕཊ་སྭཱཧཱ། ༀ་ཨཱཿ་ཧྲིཿཧཱུྃ་ཕཊ་སྭཱཧཱ། ༀ་དེ་བ་པི་ཙུ་ 7-1-381 བཛྲ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱཧཱ། ༀ་ཧྲཱིཿཥྚི་བི་ཀྲ ་ཏ་ན་ན་ཧཱུཾ་ཕཊ། ཅེས་པ་རྣམས་ཀྱང་ཅི་རིགས་བཟླའོ། །རྫོགས་པའི་ རིམ་པ་ནི། འཁོར་ལོ་ལྔའི་ལྷ་རྣམས་ཐིག་ལེར་ཞུ་བ་དང༌། དེ་ཡི་འོད་ཟེར་གྱིས་ལུས་གང་བ་སོགས་སྤྲོ་བསྡུ་ལ་སེམས་འཛིན་ པར་བཤད་ཅིང༌། གཙོ་བོ་ཆོས་དྲུག་ཉིད་བསྒོམ་པ་ཡིན་ནོ། །མཐར། དཀྱིལ་འཁོར་གྱི་འཁོར་ལོ་འོད་གསལ་གྱི་ ངང་དུ་ཐིམ་པར་གྱུར། ཞེས་བརྗོད་ཅིང་ཅུང་ཟད་མི་རྟོག་པ་ལ་མཉམ་པར་བཞག སླར་ཡང་རང་ཉིད་ཧེ་རུ་ཀ་ཡབ་རྐྱང་གི་ ང་རྒྱལ་ལ་གནས་པས། གནས་གསུམ་བྱིན་རླབས་ནས་ཐུན་མཚམས་ལ་འཇུག་གོ ། གཏོར་མ། ༀ་ཨ་མྲ ཏས་བསངས། ༀ་སྭ་བྷཱ་ཝས་སྦྱངས། ཡཾ་ལས་རླུང། རཾ་ལས་མེའི་སྟེང་དུ་ཨཱ་ ལས་ཀཱ་པཱ་ལ་ཤ་ལྔ་བདུད་རྩི་ལྔས་ཡོངས་སུ་གང་བ་ཧཱུྃ་བྷྲུཾ་ༀ་ཛ ་ཁཾ་རྣམས་ཀྱིས་མཚན་པ་རླུང་ གཡོས་མེ་སྦར་རྫས་བཅུ་ཡི་གེ་དང་བཅས་པ་ཞུ། སངས་རྒྱས་རྣམས་ཀྱི་ཐུགས་ཀ་ནས་བདུད་ རྩི་སྤྱན་དྲངས་ཏེ་བསྟིམས་པས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ༀ་ཨཱཿཧཱུྃ་ཧ་ཧོ་ ཧྲཱིཿ ལན་གསུམ་གྱིས་བྱིན་གྱིས་རླབས། རང་ཉིད་ཀྱི་སྙིང་ག་ནས་འོད་ཟེར་འཕྲོས། རྒྱུད་སྡེ་ལྔའི་དཀྱིལ་ འཁོར་གྱི་ལྷ་ཚོགས་བཛྲ་ས་མཱ་ཛཿ ཞེས་སྤྱན་དྲངས། གོང་དུ་བཤད་པའི་སྙིང་པོ་རྣམས་ཀྱི་མཐར། ༀ་ཨཱ་ཀཱ་རོ༴ བཏགས་པ་ལན་གསུམ་གྱིས་ཕུལ། གོང་བཞིན་མཆོད་བསྟོད། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ ནས། ཀུན་འགྲུབ་ཤོག །གི་བར་གྱིས་འདོད་དོན་གསོལ་བ་བཏབ། ཡིག་བརྒྱ། བཟོད་གསོལ། གཤེགས་གསོལ། སྨོན་ ལམ་བཀྲ་ཤིས་རྣམས་བྱའོ། །གལ་ཏེ་དགྱེས་མཛད་ལྷན་སྐྱེས་ལ་བརྟེན་ནས་བསྒོམ་པར་འདོད་ན། སྒྱུ་ལུས་དགྱེས་མཛད་ལྷན་ སྐྱེས་ཉིད་དུ་བྱེད་པ་དང༌། སྐུ་གསུང་ཐུགས་བྱིན་གྱིས་རླབས་ཀྱི་རྗེས་སུ་སྐྱེ་མཆེད་དྲུག་བྱིན་རླབས་བྱ། བཟླས་པ་ཡང་དེ་བི་པི་ཙུ་ བཛྲ་གཙོ་བོར་བྱེད་པ་རྣམས་ཁྱད་པར་རོ། །ཕྱིའི་དཀྱིལ་འཁོར་ལྷ་ལྔའི་ཚུལ་བསྒོམ་པར་འདོད་ན། པདྨ་འདབ་བརྒྱད་ཀྱི་ཤར་དུ་ གསང་འདུས། ལྷོ ་རུ་དགྱེས་མཛད། ནུབ་ཏུ་མ་ཧཱ་མ་ཡ། བྱང་དུ་འཇིགས་བྱེད། མཚམས་ཀྱི་འདབ་མ་རྣམས་ལ་བུམ་ཐོད་བཞི་ གསལ་འདེབས། ཕྱི་དཀྱིལ་དུ་བསྒོམ་པའི་ཡིག་རྙིང་ཕལ་ཆེ་བ་ན། གཙོ་བོར་གསང་བ་འདུས་པ་ལ་བྱས་པ་ཉིད་མང་བ་ཡོད་ ནའང༌། རང་གང་ལ་མོས་པ་ཉིད་གཙོ་བོར་བྱས་པས་ཆོག དེ་བཞིན་ཏུ་ཡིག་རྙིང་འགའ་ན་ཕྱི་དཀྱིལ་འཁོར་ལོ་བདེ་མཆོག་ལྷ་ལྔ་ ལ་བརྟེན་པའང་ཡོད་དོ། །ཤིན་ཏུ་ཟབ་པའི་སྒྲུབ་ཐབས་ནི། །ཁྱུང་པོ་རྣལ་འབྱོར་ལ་སོགས་པ། །དེ་ཉིད་མཁྱེ ན་པའི་ལུང་གི་དོན། 7-1-382 །ངག་འདོན་ཙམ་དུ་སྒྲིག་པ་ཡིན། །ཞེས་པའང་རྒྱལ་ཁམས་པ་ཏ་རཱ་ན་ཐས་སྨྲས་པའོ།། །།སརྦ་ཛ་ག་ཏཾ། རྒྱུད་ཆེན་རིན་ཆེན་རྒྱ་མཚོའི་བརྒྱུད། །ཡེ་ཤེས་ཌཱ་ཀིའི་ཞལ་གྱི་ལུང༌། །གྲུབ་མཆོག་ཡོངས་ཀྱི་བརྩེ་བའི་དབྱིག །ལོ་གསུམ་ བར་མ་ཆད་པར་སྒོམ། །ངེས་པར་མཁའ་སྤྱོད་གྲུབ་བྱེད་པ། །མཁས་གྲུབ་ཁྱུང་པོའི་ཁྱད་ཆོས་མཆོག །སྤྱོད་འཆང་གྲུབ་པའི་ རྡོ་རྗེའི་གསུང༌། །སྤར་དུ་བསྒྲུབས་པས་འབྲེལ་ཚད་ཀུན། །མཁའ་སྤྱོད་རྡོ་རྗེའི་གྲོང་ཁྱེ ར་དུ། །མི་ཟད་རྒྱན་འཁོར་ལྔ་ཡི་བདག །དཔལ་ལྡན་ཧེ་རུ་ཀ་ཐོབ་ཤོག །ཅེས་པའང་དཔལ་སྤུངས་ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་པའི་སྒྲུབ་པ་རྣམས་ ཀྱི་རྒྱུན་ཉམས་བཞེས་སུ་ཉེ་བར་མཁོ་བས་མཚམས་སྦྱར་ཏེ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་འདུ་བགྱིས་པའི་དགེ་བའི་མཐུན་ རྐྱེན་ཀརྨ་ཆོས་འཕེལ་ལོ།། །།དགེ་ལེགས་འཕེལ། དགེའོ།། 7-1-383 ༄༅། །རྒྱུད་སྡེ་ལྔ་གཙོ་བསྡུས་ལ་བརྟེན་པའི་དཀྱིལ་འཁོར་ མཆོད་ཆོག་བདག་དང་བཅས་པ་སྨིན་གྲོལ་སྙིང་པོ་ ཞེས་བྱ་བ་བཞུགས་སོ། ། ༄༅། །མི་ཟད་རྒྱན་གྱིས་འཁོར་ལོ་ལྔ། །གཅིག་བསྡུས་ཧེ་རུ་ཀ་དཔལ་ལ། །གུས་པས་ཕྱག་བྱས་དེ་མཆོད་ཚུལ། །ཡང་ ཟབ་སྙིང་པོ་འདིར་གསལ་བྱ། །ཤངས་ལུགས་རྒྱུད་སྡེ་ལྔ་གཙོ་བསྡུས་ཀྱི་ཕྱི་དཀྱིལ་ལ་བརྟེན་པའི་སྒྲུབ་མཆོད་ཏིང་ངེ་འཛིན་གྱི་ དབང་ལེན་པར་སྤྲོ་ན། དམ་ཚིག་བྲིས་སྐུ་སོགས་རྟེན་ཡོད་ན་བཀྲམ་པའི་མདུན་དུ་མཎྜལ་སྣ་ཚོགས་པདྨ་འདབ་བརྒྱད་ཀྱི་ལྟེ ་བ་ དང་ཕྱོགས་བཞིར་ཚོམ་བུ་འམ་ཐིག་ལེ་སྔོ ན་པོ་རེ། མཚམས་བཞིར་སེར་བོ་རེ་བཀོད་པའི་རྒྱབ་ཏུ་མཆོད་གཏོར་ལྔ་ཚོམ་བརྒྱན་ ལྡན། མགོན་པོའི་གཏོར་འབུལ་དང་མཁའ་འགྲོ་སྤྱི་གཏོར། མདུན་དུ་ནང་མཆོད་ཐོད་ཆང༌། ཕྱི་མཆོད་ཚར་དུ་བཤམས། དབང་ལེན་ན་མཎྜལ་སྟེགས་རྐང་གསུམ་ལ་བུམ་པ་མགུལ་ཆིངས་སྔོ ན་པོ་ཅན། བཅུད་ལྡན་ཁ་བརྒྱན་དང་བཅས་པ་བཀོད་ ཅིང༌། ཁྲུས་ཆབ་ཀྱང་བསྡོག སྔོ ན་འགྲོ་དཀར་གཏོར་ཚོགས་ཀྱི་ཡོ་བྱད་ཅི་འབྱོར་པ་རྣམས་ཀྱང་འདུ་བྱའོ། ། དེ་ནས་སྔོ ན་འགྲོ་གཏོར་མ། བཛྲ་ཨ་མྲ ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨ་ལས་ ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཧཱུྃ་ཞུ་བ་ལས་བྱུང་བའི་གཏོར་མ་ཡེ་ཤེས་ཀྱི་རང་ བཞིན་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ༀ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ ལན་གསུམ་གྱིས་བྱིན་གྱིས་རླབས། རང་ གི་སྙིང་ཁ་ནས་འོད་ཟེར་འཕྲོས། ཕྱོགས་སྐྱོང་བ་བཅུ་གནས་བདག་གཉུག་མར་གནས་པ་ལྷ་ ཀླུ་གནོད་སྦྱིན་སྲིན་པོ་འབྱུང་པོའི་ཚོགས་དང་བཅས་པ་བཛྲ་ས་མཱ་ཛཿ ཨ་ཀཱ་རོ༴ ལན་གསུམ་གྱིས་ ཕུལ། ཨརྒྷཾ༴ ནས། ཤབྟའི་བར་གྱིས་མཆོད། གང་དག་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་ 7-1-384 པོ་གཞན་དག་ལ། །ས་འདི་བདག་གིས་བླང་བར་གྱིས། །དཀྱིལ་འཁོར་དོན་ཏུ་ཁྱོ ད་ཀྱིས་ སྩོལ། །སའི་ཕྱོགས་འདིར་བདག་དཀྱིལ་འཁོར་གྱི་ལས་བརྩམ་ན། སའི་ཕྱོགས་འདི་བདག་ ལ་སྩོལ་ཞིང་ཕན་པ་དང་བདེ་བའི་སེམས་ཀྱི་སྡོང་གྲོགས་ཁྱད་པར་ཅན་མཛད་དུ་གསོལ། གང་དག་སྡང་བ་དང་གདུག་པའི་སེམས་དང་ལྡན་པ་ལོག་པར་ལྟ་བའི་བགེགས་དང༌། ལོག་ པར་འདྲེན་པ་ཐམས་ཅད་སའི་ཕྱོགས་འདིར་མ་གནས་པ་གཞན་དུ་སོང་ཞིག ཅེས་བརྗོད་ལ་ཚམ་ རྔམ་དང་རོལ་མོའི་སྒྲ་དང་བཅས་གཏོར་མ་ཕྱིར་དོར་ཨ་མྲ ་ཏས་སྔགས་བརྗོད། མཆོད་པ་བྱིན་རླབས་ནི། གོང་ལྟར། བསངས་ སྦྱངས། སྟོང་པའི་ངང་ལས་ཨ་ལས་བྱུང་བའི་རིན་པོ་ཆེའི་སྣོ ད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ ནང་དུ། ༀ་ཨཱཿཧཱུྃ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས་རོལ་མོ་ལ་སོགས་པ་མཆོད་རྫས་རྣམས་ དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་མཐའ་ཀླས་པར་གྱུར། ༀ་བཛྲ་ཨརྒྷཾ་སྭཱཧཱ། པཱདྱཾ། ༀ་ བཛྲ་པུཥྤེ་ཨཱཿཧཱུཾ། དྷུ་པེ། ཨཱ་ལོ་ཀེ གནྡྷེ། ནཻ་ཝི་ཏྱ། ཤབྟ་ཨཱཿཧཱུྃ། ཞེས་བརྗོད་ལ་རོལ་མོ་བྱ། དེ་ནས་ སྐྱབས་འགྲོ་ནི། བདག་དང་འགྲོ་བ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་ འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་ཕྱོགས་བཅུ་དུས་གསུམ་གྱི་ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་གཅིག་ ཏུ་བསྡུས་པའི་ངོ་བོ། ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་འབྱུང་གནས། འཕགས་ པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་ དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་ རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས༴ དམ་པའི་ཆོས་ རྣམས༴ འཕགས་པའི་དགེ་འདུན་རྣམས༴ མཁའ་འགྲོ་ཆོས་སྐྱོང༴ ལན་ཅི་ནུས་བྱ། སེམས་ཅན་ ཐམས་ཅད་ཀྱི་དོན་དུ་རྣམ་པ་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་ 7-1-385 བྱ། དེའི་ཆེད་དུ་བཅོམ་ལྡན་འདས་རྒྱུད་སྡེ་ལྔའི་གཙོ་བསྡུས་ཀྱི་རྣལ་འབྱོར་ཉམས་སུ་བླང་ བར་བགྱིའོ། །ལན་གསུམ། ༀ་ཨ་མྲ ་ཏས་བསངས། སྭ་བྷ་ཝས་སྦྱངས། ཡཾ་ལས་རླུང་རཾ་ལས་མེའི་ སྟེང་དུ་ཨ་ལས་ཀ་པཱ་ལ་ཤ་ལྔ་བདུད་རྩི་ལྔས་ཡོངས་སུ་གང་བ་ཧཱུྃ་བྷྲུཾ་ༀཿཛིཾ་ཁཾ་རྣམས་ཀྱིས་ མཚན་པ་རླུང་གཡོས་མེ་སྦར་རྫས་བཅུ་ཡི་གེ་དང་བཅས་པ་ཞུ་སངས་རྒྱས་རྣམས་ཀྱི་ཐུགས་ ཀ་ནས་བདུད་རྩི་སྤྱན་དྲངས་ཏེ་བསྟིམས་པས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ༀ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ བསྡུས་པ་བསྡུ་སྟངས་ཀྱི་བར་གཙོ་བསྡུས་ཀྱི་བསྒྲུབ་ཐབས་རྫོགས་པར་བྱས་ལ། མདུན་བསྐྱེད་བྱིན་ རླབས་བསངས་སྦྱངས། སྟོང་པའི་ངང་ལས་སྐད་ཅིག་གིས་སྲུང་འཁོར་གྱི་དབུས་སུ་སྣ་ཚོགས་པདྨ་ འདབ་མ་བརྒྱད་པའི་ལྟེ ་བར་འཇིགས་བྱེད་དུས་མཚན་གྱི་གདན། དེའི་སྟེང་དུ་བྱང་སེམས་ ཟླ་བ་ཧཱུཾ་གིས་མཚན་པ་དེ་ལས་འོད་ཟེར་འཕྲོས། དེ་བཞིན་གཤེགས་པ་སྲས་དང་བཅས་ རྣམས་མཉེས་པར་བྱས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། ཧེ་རུ་ཀ་ཡབ་ཡུམ་གྱི་ གོ་འཕང་ལ་བཀོད། དེ་རྣམས་ཐམས་ཅད་ཧེ་རུ་ཀ་ཡབ་ཡུམ་གྱི་རྣམ་པར་སྤྱན་དྲངས་ཏེ། ཧཱུཾ་ ཡིག་རྡོ་རྗེ་དང་བཅས་པ་ལ་ཐིམ་པས་ཡོངས་སུ་གྱུར། དཔལ་ཧེ་རུ་ཀ་འཁོར་ལོ་བདེ་མཆོག་ སྐུ་མདོག་མཐིང་ག་ཨིནྚ་ནཱི་ལ་ལྟར་རབ་ཏུ་འབར་བའི་འོད་ཟེར་འཕྲོ་བ། ཞལ་གཅིག་ཕྱག་ གཉིས་དམར་ལ་ཟླུམ་པའི་སྤྱན་གསུམ་པ་ཁྲོ་ཞིང་སྒེག་ལ་ཆགས་པའི་ཉམས་ཅན། མཆེ་བ་མྱུ་ གུ་ཅུང་ཟད་གཙིགས་པ། བཞིན་ཤིན་ཏུ་འགྱུར་བའི་ཁྲོ་གཉེར་ཅན། བུང་བ་ལྟར་གནག་པའི་ དབུ་སྐྲ་རལ་པའི་ཐོར་ཅོག་སྤྱི་བོར་བཅིངས་པའི་རྩེ་མོར་རུས་པའི་འཁོར་ལོ་ལ་གནས་པའི་ ནོར་བུ་དང༌། རལ་པའི་ངོས་ལ་སྣ་ཚོགས་རྡོ་རྗེ་དང༌། གཡོན་ངོས་སུ་ཟླ་བ་ཕྱེད་པས་བརྒྱན་ པ། མི་རུས་ཀྱི་རྣ་ཆ་དང༌། མགུལ་རྒྱན་དང༌། གདུ་བུའི་ཚོགས་དང༌། སྐ་རགས་དང༌། མཆོད་ཕྱིར་ཐོགས་ཀྱིས་བརྒྱན་པ་ཐལ་བ་ཆེན་པོས་ཉེ་བར་བྱུགས་ཤིང༌། མི་མགོ་སྐམ་པོ་ ལྔའི་དབུ་རྒྱན། དཔའ་བོའི་དར་དཔྱངས་དང་བཅས་པ་མིའི་རྒྱུ་མ་ལ་བརྒྱུས་པའི་ཁྲག་འཛག་ 7-1-386 མགོ་བོ་ལྔ་བཅུའི་དོ་ཤལ་ཅན། སྟག་གི་པགས་པའི་ཤམ་ཐབས་གྲོལ་བ། ཕྱག་གཡས་རྡོ་རྗེ་ དང་གཡོན་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པས། ཞབས་གཡོན་པ་བསྐུམས་པས་འཇིགས་ བྱེད་ནག་པོ་དང༌། གཡས་བརྐྱངས་པས་དུས་མཚན་མ་དམར་མོ་མནན་པ། གར་གྱི་ཉམས་ དགུ་དང་ལྡན་ཞིང་མཚན་དང་དཔེ་བྱད་ཡོངས་སུ་རྫོགས་པའོ། །དེ་ལ་འཁྱུད་པའི་ཡུམ་རྡོ་ རྗེ་ཕག་མོ་སྐུ་མདོག་དམར་མོ་བསྐལ་པའི་མེ་ལྟར་གཟི་བརྗིད་འབར་བ། ཕྱག་གཡས་རྡོ་རྗེ་ གྲི་གུག་དང་བཅས་པའི་སྡིགས་མཛུབ་ཀྱིས་ཕྱོགས་ཐམས་ཅད་གནོན་ཅིང༌། གཡོན་ཐོད་པ་ ཁྲག་གིས་གང་བ་འཛིན་པས་ཡབ་ལ་འཁྱུད་པ། གཅེར་བུ་དབུ་སྐྲ་གྲོལ་ཞིང་ཕྱག་རྒྱ་ལྔས་ བརྒྱན་པ། ཐོད་སྐམ་ཀྱི་དབུ་རྒྱན་དང་དོ་ཤལ་ཅན། ཞབས་གཡས་བསྐུམ་གཡོན་བརྐྱངས་ པས་ཡབ་ལ་འཁྱུད་པ། ཡབ་ཡུམ་གཉིས་ཀ་ལང་ཚོ་གསར་དུ་བདོ་བ། མེ་དཔུང་འབར་བའི་ དབུས་ན་བཞུགས་པའོ། །ཕྱོགས་བཞིའི་པདྨའི་འདབ་མ་རྣམས་ལ། ཤར་དུ་གསང་བ་འདུས་ པ་སྐུ་མདོག་སྔོན་པོ་ཡུད་ཙམ་ཁྲོས་པ་རྡོ་རྗེ་དང་དྲིལ་བུ་འཛིན་པས་རང་མཚུངས་ཀྱི་ཡུམ་ལ་ འཁྱུད་པ། རྡོ་རྗེའི་སྐྱིལ་ཀྲུང་གིས་པད་ཉི་ལ་བཞུགས་ཤིང་དར་དང་རིན་པོ་ཆེའི་བརྒྱན་པའོ། ལྷོར་དགྱེས་མཛད་རྡོ་རྗེ་མཐིང་ག་ཕྱག་གཉིས་ཀྱིས་རྡོ་རྗེ་དྲིལ་བུ་འཛིན་པས་བདག་མེད་མ་ སྔོ ན་མོ་གྲི་ཐོད་འཛིན་པ་ལ་འཁྱུད་པ། སྐྲ་སེར་གྱེན་དུ་བརྫེས་པ་གཡས་བརྐྱང་གི་པད་ཉི་ལ་ ཚངས་པ་དང་དྲག་པོ་མནན་པའོ། །ནུབ་ཏུ་མ་ཧཱ་མ་ཡ་མཐིང་ག་ཕྱག་གཉིས་ཀྱི་མདའ་གཞུ་ འཛིན་པས་ཡུམ་སངས་རྒྱས་མཁའ་འགྲོ་དམར་མོ་རང་མཚུངས་ལ་འཁྱུད་པ། སྐྲ་སེར་གྱེན་དུ་ བརྫེས་པ་གཡོན་བརྐྱང་གིས་པད་ཉི་ལ་མི་རོ་མནན་པའོ། །བྱང་དུ་རྡོ་རྗེ་འཇིགས་བྱེད་མཐིང་ ནག་མ་ཧེའི་ཞལ་ཅན་ཕྱག་གཉིས་ཀྱི་གྲི་གུག་ཐོད་ཁྲག་འཛིན་པས་ཕག་མོ་གྲི་ཐོད་འཛིན་པ་ ལ་འཁྱུད་པ། སྐྲ་སེར་གྱེན་དུ་བརྫེས་ཤིང་དུར་ཁྲོད་ཀྱི་ཆས་རྫོགས་པ། གཡོན་བརྐྱང་གིས་ པད་ཉི་ལ་མ་ཧེ་མནན་པའོ། །མཚམས་ཀྱི་འདབ་མ་རྣམས་ལ་བདུད་རྩི་ལྔས་གང་བའི་བུམ་ 7-1-387 པ་ཐོད་པས་ཁ་བརྒྱན་པ་རྣམས་འཁོད་པར་གྱུར། རང་གི་སྙིང་གའི་ཧཱུཾ་ལས་འོད་ཟེར་འཕྲོས། རྒྱུད་སྡེ་ལྔའི་དཀྱིལ་འཁོར་གྱི་ལྷ་ཚོགས་བཛྲ་ས་མཱ་ཛཿ མ་ལུས་སེམས་ཅན་ཀུན་གྱི་མགོན་ གྱུར་ཅིང༌། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་ བཞིན་མཁྱེ ན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཡེ་ ཤེས་པ་རྣམས་མདུན་གྱི་ནམ་མཁར་བཞུགས་པར་གྱུར། ༀ་བཛྲ་ཨརྒྷཾ་སྭཱཧཱ། པདྱཾ༴ སོགས་ ནས། ཤབྟ་ཨཱ་ཧཱུཾ་གི་བར་དང༌། ༀ་ཨཱཿཧཱུྃ་གིས་ནང་མཆོད་འབུལ། གསང་མཆོད་དང་དེ་ཁོ་ན་ཉིད་མཆོད་དྲན་ཙམ་བྱ། ཛཿཧཱུཾ་བཾ་ཧོཿ དམ་ཚིག་པ་ལ་གཉིས་སུ་མེད་པར་ཐིམ། ལྷ་རྣམས་ཀྱི་དཔྲལ་བར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོ ན་པོ། ཡང་སྙིང་གའི་ཧཱུཾ་ལས་འོད་ཟེར་འཕྲོས། དབང་གི་ལྷ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཁྲོ་བོའི་དབང་པོ་བཙུན་མོར་བཅས་པ་ ཐམས་ཅད་སྤྱན་དྲངས། ཕྱི་ནང་གསང་བའི་མཆོད་པ་ཐམས་ཅད་ཀྱིས་མཆོད་པར་གྱུར། ༀ་ སརྦ་ཏ་ཐཱ་ག་ཏ་ཨ་བྷི ་ཥིཉྩ་ཏྭ་མཱཾ། གཙོ་བོའི་ཐུགས་ཀ་ནས་ཡུམ་ལྔ་བདུད་རྩིས་གང་བའི་བུམ་ པ་ཐོགས་པ་སྤྲོས། ༀ་བཛྲཱི་བྷ་ཝ་ཨ་བྷི ་ཥིཉྩ་ཧཱུྃ། ཞེས་གསུངས་ཤིང་བུམ་པའི་ཆུས་སྤྱི་བོ་ནས་ དབང་བསྐུར། སྐུ་གང་དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པའི་དབུ་རྒྱན་པར་ གྱུར། མདུན་བསྐྱེད་ལ་དམིགས་པའི་བཟླས། ༀ་ཧྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ། ༀ་བཛྲ་བཻ་རོ་ཙ་ནི་ཡཻ་ཧཱུྃ་ཧཱུྃ་ཕཊ་ སྭཱཧཱ། ཅེས་པ་གཙོ་བོར་བཟླ་ཞིང༌། ༀ་ཨཱཿབཛྲ་ཌྷྲ ཀ་ཧཱུྃ་ཧཱུྃ་ཕཊ་སྭཱཧཱ། ༀ་ཨཱཿཧྲིཿཧཱུྃ་ཕཊ་སྭཱཧཱ། ༀ་དེ་བ་ པི་ཙུ་བཛྲ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱཧཱ། ༀ་ཧྲཱིཿཥི་ྟབི་ཀྲ ་ཏ་ན་ན་ཧཱུྃ་ཕཊ། ཅི་འགྲུབ་བྱ། མཆོད་པ་བྱིན་རླབས་ནི། ༀ་ བཛྲ་ཨ་མྲ ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨ་ལས་བྱུང་བའི་རིན་པོ་ཆེའི་སྣོ ད་ ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ༀ་ཨཱཿཧཱུཾ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་ མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་ལ་ སོགས་པ་མཆོད་རྫས་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་མཐའ་ཀླས་པར་གྱུར། 7-1-388 ༀ་བཛྲ་ཨརྒྷཾ་སྭཱཧཱ། པདྱཾ། ༀ་བཛྲ་པུཥྤེ་ཨཱཿཧཱུྃ། དྷུ་པེ། ཨཱ་ལོ་ཀེ གནྡྷེ། ནཻ་བཱི་ཏྱཻ། ཤཔྟ་ཨཱཿཧཱུྃ། དྲི་ མེད་ཡིད་དུ་འོང་བ་ཡི། །ལྷ་རྫས་དམ་པའི་མཆོད་ཡོན་འདི། །བཅོམ་ལྡན་འཁོར་དང་བཅས་ ལ་འབུལ། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ༀ་ཤྲི ་ཧེ་རུ་ཀ་པཉྩ་མཎྜ་ལ་ས་པཱ་རི་ ཝཱ་རེ་བྷྱཿཨརྒྷཾ་པྲ་ཏི་ཙྪ་སྭཱཧཱ། དེ་བཞིན་ཏུ་སྦྱར་ཏེ་མཆོད། ཞེས་པའི་གནས་སུ། ཞབས་བསིལ། ཨརྒྷཾ་ཞེས་ པའི་གནས་སུ། པདྱཾ། ཞེས་པ་སྦྱར་ལ་ཆུ་གཉིས་འབུལ། མེ་ཏོག་བཟང་པོ་མཛེས་ཤིང་གཙང༌། །གཙང་ མའི་གནས་སྐྱེས་འདི་རྣམས་ནི། །བདག་གིས་གུས་པས་འབུལ་ལགས་ཀྱི། །སོ་སོར་བཞེས་ ཏེ་རབ་དགྱེས་མཛོད། །ༀ་ཤྲི ་ཧེ་རུ་ཀ་པཉྩ་མཎྜ་ལ་ས་པཱ་རི་ཝཱ་རེ་བྷྱཿབཛྲ་པུཥྤེ་ཨཱཿཧཱུྃ། དེ་བཞིན་ ཏུ། ཡིད་དགའ་སྙིང་པོ་རོ་མཆོག་ལྡན། །བདུག་པ་བླ་མེད་དྲི་མཆོག་འདི། །བདག་གིས་གུས་ པས་འབུལ་ལགས་ཀྱི། །སོ་སོར་བཞེས་ཏེ་རབ་དགྱེས་མཛོད། དྷུ་པེ། སྲིན་པོ་འཇོམས་ཤིང་ དག་བྱེད་ལ། །དགྱེས་ཤིང་མུན་སེལ་མར་མེ་འདི། །བདག་གིས་གུས་པས་འབུལ་ལགས་ཀྱི། །སོ་སོར་བཞེས༴ ཨ་ལོ་ཀེ གཙང་ཞིང་གཙང་མ་དགེ་བའི་དྲི། །སྐྱེ་གནས་གཙང་མར་ལྡན་ དྲི་རྣམས། །བདག་གིས༴ སོ་སོར་བཞེས༴ ༀ་ཤྲི ་ཧེ་རུ་ཀ་པཉྩ་མཎྜ་ལ་ས་པཱ་རི་ཝཱ་རེ་བྷྱཿགནྡྷེ༴ སྨན་རྣམས་བཅུད་གཙང་ཡིད་གར་འོང༌། །སྔགས་ཀྱི་ཞལ་ཟས་མཆོག་འདི་དག །བདག་གིས་ གུས་པས་འབུལ་ལགས་ཀྱི། །སོ་སོར་བཞེས་ཏེ་རབ་དགྱེས་མཛོད། ནཻ་བཱི་ཏྱེ༴ པ་ཊ་ཧ་དང་ ཅང་ཏེའུ་སོགས། །དུང་དང་རྔ་སོགས་སྒྲ་དབྱངས་རྣམས། །ཡིད་འཕྲོག་སིལ་སྙན་སྣ་ཚོགས་ པ། །འབུལ་གྱི་ཡང་དག་བཞེས་སུ་གསོལ། ཤབྟ༴ གོས་ཟུང་བསང་སྦྱངས། སྟོང་པའི་ངང་ལས་བྷྲུཾ་ལས་བྱུང་བའི་ལྷ་རྫས་ཀྱི་ན་བཟའ་བཟང་ཞིང་ རྒྱ་ཆེ་བ་ནམ་མཁའི་མཐའ་ཀླས་པར་གྱུར། ཁ་དོག་བཟང་ཞིང་དྲི་ཞིམ་རེག་ན་བདེ། །སྲབ་ འཇམ་ཡང་མཛེས་ལྷ་ལས་བྱུང་བ་ཡི། །ན་བཟའ་མཆོག་འདི་རྡོ་རྗེའི་སྐུ་ལ་འབུལ། །བཀྲེ ས་ པ་མེད་པ་རྡོ་རྗེའི་སྐུ་ཐོབ་ཤོག ༀ་ཤྲི ་ཧེ་རུ་ཀ་པཉྩ་མཎྜ་ལ་ས་པཱ་རི་ཝཱ་ར་བྷྱཿབཛྲ་ཝསྟྲ་ཡ་ 7-1-389 ཨཱཿཧཱུྃ། རང་གི་སྙིང་ག་ནས། ཨ་ཨཱ། ཨི་ཨཱི ། ཨུ་ཨཱུ། ར ་རཱ ། ལ ་ལཱ ། ཨེ་ཨེ། ཨོ་ཨཽ། ཨཾ་ཨ། ཞེས་པ་རྣམས་ཡོངས་སུ་གྱུར་པ་ལས། མཆོད་པའི་ལྷ་མོ་བཅུ་དྲུག་ནམ་མཁའ་གང་བར་གྱུར། ༀ་ཝཱི་ཎི་བཛྲ་ཧཱུྃ་ཧཱུྃ་ཕཊ། དེ་བཞིན་དུ། ཝཾ་སེ༴ མྲ ་ཏཾ་གི༴ མུ་ར་ཛེ༴ ཧཱ་སྱ༴ ལཱ་སྱ༴ གིརྟི༴ ནིརྟི༴ པུཥྤེ༴ དྷུ་པེ༴ ཨ་ལོ་ཀེ གནྡྷེ༴ རུ་པ༴ ར་ས༴ སྤརྴེ༴ ༀ་དྷརྨ ་དྷཱ་ཏུ་བཛྲཱི་ཧཱུྃ་ཧཱུྃ་ཕཊ། ཅེས་རིག་མ་བཅུ་ དྲུག་དང༌། འཁོར་ལོ་རིན་ཆེན་གླང་པོ་རྟ། །བཙུན་མོ་དམག་དཔོན་བློན་པོ་དང༌། །ཉེ་བའི་རིན་ ཆེན་སྣ་བདུན་བཅས། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ། །ༀ་ཤྲི ་ཧེ་རུ་ཀ་པཉྩ་མཎྜ་ ལ་ས་པཱ་རི་ཝཱ་རེ་བྷྱཿསཔྟ་རཏྣ་པྲ་ཏིཙྪ་སྭཱཧཱ། ཞེས་རྒྱལ་སྲིད་དང༌། གཟུགས་སྒྲ་དྲི་རོ་རེག་བྱ་དང༌། །འདོད་ཡོན་ལྔ་ཡི་མཆོད་སྤྲིན་འདིས། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ། །ཐུགས་ རྗེས་དགོངས་ལ་བཞེས་སུ་གསོལ། ༀ་ཤྲི ་ཧེ་རུ་ཀ་པཉྩ་མཎྜ་ལ་ས་པཱ་རི་ཝཱ་རེ་བྷྱ་པཉྩ་ཀ་མ་གུ་ ཎ་པྲ་ཏཱིཙྪ་སྭཱཧཱ། ཞེས་འདོད་ཡོན་ལྔ་འབུལ། ནང་མཆོད་སྒྲུབ་ཐབས་ལྟར་བྱིན་གྱིས་རླབས་ལ། རྡོ་རྗེ་འཆང་དང་ དཔལ་གྱི་ནཻ་གུ་ལ། །ཁྱུང་པོ་ཛོ་ཀི་རཏྣ་བིརྻ་སོགས། །རིན་ཆེན་བརྒྱུད་པའི་བླ་མ་དམ་པ་ལ། །རྣམ་དག་བདུད་རྩིའི་མཉེས་མཆོད་དམ་པ་འབུལ། ༀ་ཨཱཿཧཱུཾ། ཟབ་དང་རྒྱུད་སྡེ་ལྔ་ཡི་བཅུད་ བསྡུས་པ། །ཚེ་གཅིག་སངས་རྒྱས་སྟེར་བའི་སྨིན་གྲོལ་ལམ། །དངོས་སུ་འདོམས་མཛད་རྩ་ བའི་བླ་མ་ལ། །རྣམ་དག་བདུད་རྩིས༴ འཁོར་ལོ་བདེ་མཆོག་གསང་འདུས་དགྱེས་མཛད་ དང༌། །སྒྱུ་མ་ཆེན་པོ་རྡོ་རྗེ་འཇིགས་བྱེད་སོགས། །ཡི་དམ་དཀྱིལ་འཁོར་ལྷ་ཚོགས་ཐམས་ ཅད་ལ། །རྣམ་དག་བདུད་རྩིའི་མཉེས་མཆོད༴ མྱུར་མཛད་སྤྱན་རས་གཟིགས་མགོན་རེ་མ་ ཏཱི། །ཀྵེ ་ཊ་པ་ལ་ཛི་ན་མི་དྲ་དང༌། །ཊཱཀྐི་ར་ཛ་བདུད་མགོན་དྲཀྴད་ལ། །རྣམ་དག་བདུད་རྩིའི༴ ཕྱོགས་སྐྱོང་ཞིང་སྐྱོང་ཀླུ་ཡི་དབང་པོ་དང༌། །དཔའ་བོ་མཁའ་འགྲོ་དམ་ཅན་ཆོས་སྐྱོང་ཚོགས། །གཉུག་མར་གནས་པའི་གཞི་བདག་མ་ལུས་ལ། །རྣམ་དག་བདུད་རྩིའི་མཉེས་མཆོད་དམ་པ་ འབུལ། ༀ་ཨཱཿཧཱུྃ། ༀ་ཧྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ། ༀ་ཨཱཿཧཱུྃ། ༀ་བཛྲ་བཻ་རོ་ཙ་ནཱི་ཡཻ་ཧཱུྃ་ཧཱུྃ་ཕཊ་སྭཱཧཱ། ༀ་ 7-1-390 ཨཱཿཧཱུྃ། ༀ་ཨཱཿབཛྲ་ཌྷྲ ཀ་ཧཱུྃ་ཧཱུྃ་ཕཊ་སྭཱཧཱ། ༀ་ཨཱཿཧཱུྃ། ༀ་ཨཱཿཧྲིཿཧཱུྃ་ཕཊ་སྭཱཧཱ། ༀ་ཨཱཿཧཱུྃ། ༀ་དེ་ བ་པི་ཙུ་བཛྲ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱཧཱ། ༀ་ཨཱཿཧཱུྃ། ༀ་ཧྲིཿཥི་ྟབི་ཀྲ ་ཏཱ་ན་ན་ཧཱུྃ་ཕཊ། ༀ་ཨཱཿཧཱུྃ། ༀ་གུ་རུ་ བུདྡྷ་བོ་དྷི་སཏྭ་ས་པཱ་རི་ཝཱ་ར་ༀ་ཨཱཿཧཱུྃ། ༀ་ཀྵཾ་ཀྵེ ་ཊ་པ་ལ་བིགྣན༴ ནག་པོ་ཆེན་པོ་འཁོར་དང་ བཅས་པའི་ཞལ་དུ་ༀ་ཨཱཿཧཱུྃ། མཁའ་འགྲོ་སྡེ་ལྔའི་ཚོགས་ཀྱི་ཞལ་དུ་ༀ༴ གཞན་ཡང་གནས་ གསུམ་གྱི་དཔའ་བོ་མཁའ་འགྲོ་མ་རྣམས་དང༌། སྲིད་པ་གསུམ་གྱི་འབྱུང་པོའི་ཚོགས། གནས་ བདག་གཞི་བདག འགྲོ་བ་རིགས་དྲུག་དང་བཅས་པ་ལ་མཆོད་པར་འབུལ་ལོ། །ༀ་ཨཱཿཧཱུྃ། ཡང་འབྲུ་གསུམ་གྱིས་བདུད་རྩི་མྱོང༌། ༀ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷ་ཝ་ཨདྨ་ཀོ྅་ཧཾ། ཞེས་ལྷ་ ཐམས་ཅད་བདེ་སྟོང་གིས་མཉེས་པར་བསམ། དེ་ཐམས་ཅད་འཁོར་གསུམ་མི་དམིགས་པས་རྒྱས་བཏབ་སྟེ། འདིར་ནི་ཐོག་ མ་དབུས་མཐའ་མེད། །སྲིད་མེད་མྱ་ངན་འདས་པ་མེད། །བདག་མེད་གཞན་ཡང་མེད་པ་སྟེ། །འདིར་ནི་མཆོག་ཏུ་བདེ་ཆེན་ཉིད། །ཅེས་དེ་ཁོ་ན་ཉིད་ཀྱིས་མཆོད་དོ། ། བསྟོད་པ་ནི། ༀ་བཅོམ་ལྡན་མགོན་པོ་དཔའ་བོའི་དབང་ཕྱུག་ནི། །བསྐལ་པའི་མེ་དཔུང་ ལྟ་བུར་རབ་ཏུ་འབར། །རལ་པའི་ཅོད་པན་དབུ་ཡི་རྒྱན་དུ་བཅིངས། །མཆེ་བ་རབ་གཙིགས་ དྲག་ཤུལ་འཇིགས་པའི་ཞལ། །སྐུ་ལ་གཟི་བརྗིད་ཕྱག་སྟོང་ལྡན་པ་པོ། །དགྲ་སྟྭ་ཞགས་པ་ ཁ་ཊྭཾ་མདུང་བསྣམས་ཤིང༌། །རབ་འཇིགས་སྟག་གི་པགས་པ་སྐུ་ལ་གསོལ། །སྐུ་ཆེན་དུད་ ཁ་བགེགས་མཐར་མཛད་ལ་འདུད། །བཅོམ་ལྡན་རྣམ་ཀུན་རྡོ་རྗེ་ཕག་མོ་ཆེན་མོ་ནི། །འཇིག་ རྟེན་གསུམ་སོགས་ཕྱོགས་གཞན་རྒོ ལ་བས་མི་ཐུབ་ཅིང༌། །འབྱུང་པོའི་འཇིགས་པ་མ་ལུས་ རྡོ་རྗེ་ཆེན་པོའི་འཇོམས། །རྡོ་རྗེ་གདན་བཞུགས་ཚངས་སོགས་དབང་བྱེད་ལས་རྒྱལ་ཞིང༌། །རྡོ་རྗེ་ཕག་མོ་ཁྲོ་མོའི་གཟུགས་ཅན་དྲག་སྙེམས་པས། །རྨུག་བྱེད་རེང་བྱེད་རྨོངས་བྱེད་ལས་ ནི་རྣམ་རྒྱལ་ཞིང༌། །བདུད་ཀྱི་འཇིགས་པ་ལ་སོགས་སྐེམ་ཞིང་ཕམ་པར་མཛད་པ་མོ། །རྣལ་ འབྱོར་ཆེན་མོ་འདོད་པའི་དབང་ཕྱུག་མ་ལ་འདུད། །ཧཱུྃ། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་ 7-1-391 རྗེ་དབྱིངས་ནི་མཁའ་ཆེན་པོ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །རྡོ་རྗེ་དབྱིངས་ ལ་ཕྱག་འཚལ་ལོ། །ཁྱོ ད་ནི་རྣལ་འབྱོར་མ་སོགས་ཡོངས་སུ་བསྐོར། །ཉིད་ཀྱི་ཐུགས་ཀྱི་ དགོངས་པ་ཡོངས་སུ་བསྒྲུབ། །ཁྱོ ད་ནི་རྒྱུ་དང་མི་རྒྱུ་འཁོར་བ་ཀུན་སྒྲུབ་པ། །སྙིང་རྗེའི་ཐུགས་ ཀྱི་སེམས་ཅན་བྱང་ཆུབ་ཏུ། །ཀུན་རྫོབ་སྒྱུ་མས་བྱང་ཆུབ་སྒྲུབ་པའི་ཡིད། །དགེས་མཛད་རྡོ་ རྗེ་དཔལ་ཆེན་ཧེ་རུ་ཀ་ལ་བསྟོད། །མཆེ་བ་གཙིགས་ཤིང་འཇིགས་པ་ཆེ། །སྔགས་ཀྱི་མེ་ཏོག་ ཕྲེང་བས་བརྒྱན། །ཤ་ཆེན་རབ་ཏུ་གསོལ་མཛད་པ། །ཧེ་རུ་ཀ་དཔལ་བདག་ཕྱག་འཚལ། །དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །མཁའ་འགྲོ་མ་ཡི་འཁོར་ལོའི་སྒྱུར། །ཡེ་ཤེས་ལྔ་དང་སྐུ་ གསུང་ཐུགས། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་ལོ། །ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ། །ཀུན་ཏུ་རྟོག་ པའི་འཆིང་གཅོད་ཅིང༌། །འཇིག་རྟེན་བྱ་བ་རབ་འཇིག་མ། །དེ་སྙེད་རྣམས་ལ་བདག་ཕྱག་ འཚལ། །དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི། །བཀའ་ཡི་འཁོར་ལོ་རབ་ཏུ་བསྐོར། །བདུད་ དང་མུ་སྟེགས་ལྷ་མིན་བཅོམ། །གཤིན་རྗེ་འཇོམས་ལ་ཕྱག་འཚལ་ལོ། །ཆོས་ཉིད་ལས་ བཞེངས་ཡེ་ཤེས་སྐུ། །དང་པོའི་སངས་རྒྱས་འཇམ་པའི་དཔལ། །མངོན་བྱང་ཡེ་ཤེས་ལོངས་ སྤྱོད་སོགས། །ཡ་མནྟ་ཀར་ཕྱག་འཚལ་བསྟོད། །སངས་རྒྱས་ཀུན་གྱི་ངོ་བོ་ཁྱོ ད། །སངས་རྒྱས་ ཐམས་ཅད་གཅིག་བསྡུས་པ། །སངས་རྒྱས་ཀུན་མཆོག་གཙོ་བོའི་གཙོ། །དཀྱིལ་འཁོར་གཙོ་ ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། གཏོར་མ། ༀ་ཨ་མྲ ་ཏས་བསངས། སྭ་བྷ་ཝས་སྦྱངས། ཡཾ་ལས་རླུང་རཾ་ལས་མེའི་སྟེང་དུ་ཨ་ལས་ ཀ་པཱ་ལ་ཤ་ལྔ་བདུད་རྩི་ལྔས་ཡོངས་སུ་གང་བ་ཧཱུྃ་བྷྲུཾ་ཨཾ་ཛྲ ་ཁཾ་རྣམས་ཀྱིས་མཚན་པ། རླུང་ གཡོས་མེ་སྦར་རྫས་བཅུ་ཡི་གེ་དང་བཅས་པ་ཞུ་སངས་རྒྱས་རྣམས་ཀྱི་ཐུགས་ཀ་ནས་བདུད་ རྩི་སྤྱན་དྲངས་ཏེ་བསྟིམ་པས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ༀ་ཨཱཿཧཱུྃ་ཧ་ཧོ་ཧྲིཿ ལན་གསུམ། ༀ་ཧྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ་སྭཱཧཱ། ཨ་ཀཱ་རོ༴ ༀ་བཛྲ་བཻ་རོ་ཙ་ན་ནི་ཧཱུྃ་ཧཱུྃ་ཕཊ་སྭཱཧཱ། ཨ་ཀཱ་ 7-1-392 རོ༴ ༀ་ཨཱཿབཛྲ་ཌྷྲ ཀ་ཧཱུྃ་ཧཱུྃ་ཕཊ་སྭཱཧཱ། ཨ་ཀཱ་རོ༴ ༀ་ཨཱཿཧྲཱིཿཧཱུྃ་ཕཊ་སྭཱཧཱ། ཨ་ཀཱ་རོ༴ ༀ་དེ་བ་པི་ ཙུ་བཛྲ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱཧཱ། ཨ་ཀཱ་རོ༴ ༀ་ཧྲཱིཿཥི་ྟབི་ཀྲི ་ཏ་ན་ན་ཧཱུྃ་ཕཊ། ཨ་ཀཱ་རོ༴ བཏགས་པ་ལན་ གསུམ་གྱི་ཕུལ། ཨརྒྷཾ་ནས། ཤབྟའི་བར་བརྗོད། ༀ་ཨཱཿཧཱུྃ། ཆོས་དབྱིངས་རྣམ་དག་དབྱིངས་ལས་མ་ གཡོས་ཀྱང༌། །ཐབས་ཀྱིས་ཁྲོ་བོའི་སྐུར་སྟོན་གདུག་པ་འདུལ། །ཆེ་བའི་ཆེ་མཆོག་ལྷ་ཡི་ལྷར་ གྱུར་པ། །ཀུན་བཟང་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཧེ་རུ་ཀ་དཔལ་དཔའ་བོ་ཆེ། །རྣམ་དག་རྡོ་ རྗེ་དབང་ཕྱུག་མ། །རྗེས་ཆགས་ཆགས་པ་ཆེ་རྣམས་ཀྱི། །རྡོ་རྗེ་ཕག་མོ་དེ་ལ་འདུད། །སངས་ རྒྱས་ཀུན་ཀྱི་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རབ་རྫོགས་པ། །དཀྱིལ་འཁོར་ལྔ་པོ་ ཐམས་ཅད་ལ། །ཀུན་ནས་དང་བས་ཕྱག་འཚལ་ལོ། །མཆོད་སྦྱིན་གཏོར་མ༴ སོགས། ཡིད་ ལ་འདོད་པ་ཀུན་འགྲུབ་ཤོག །མྱུར་མཛད་མགོན་པོའི་གཏོར་འབུལ་ཉུང་བསྡུས་བྱ། སྤྱི་གཏོར་ནི། ཕ ། བཛྲ་ཨ་རལླི་ཧོ། ཛཿཧཱུྃ་བཾ་ཧོཿ བཛྲ་ཊཱ་ཀི་ནི། ས་མ་ཡ་སྟྭཾ། དྲི་ཤྱ་ཧོ། ༀ་ ཁ་ཁ་ཁ་ཧི་ཁཱ་ཧི། སརྦ་ཡཀྵ་རཀྵ་ས། བྷུ་ཏ་པྲེ་ཏ་པི་ཤ་ཙ། ཨུནྨ་ད་ཨ་པ། སྨ་ར་ཌ་ཀ་ཊ་ཀི་ནྱ་ ཏ་ཡ། ཨེ་མཾ་བ་ལ ་གྲ ཧྣནྟུ་ས་མ་ཡ་རཀྵནྟུ། མ་མ་སརྦ་སིདྡྷི་མེ་པྲ་ཡཙྪནྟུ། ཡ་ཐེ་བཾ། ཡ་ཐེ་ཊཾ། བྷུནྫ་ཐ། པི་པ་ཐ། ཛི་གྷྲ་ཐ། མ་ཏི་ཀྲ་མ་ཐ། མ་མ་སརྦ་ཀརྟ་ཡ། སད་སུ་ཁཾ་བི་ཤུདྡྷ་ཡ། ས་ཧ་ ཡི་ཀ་བྷ་ཝནྟུ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱཧཱ། ཞེས་ལན་གསུམ་གྱིས་ཕུལ། ཨརྒྷཾ་ནས། ཤབྟའི་བར་དང༌། ༀ་ཨཱཿཧཱུྃ་ གིས་ཕྱི་ནང་གི་མཆོད་པ་འབུལ། དམ་ཚིག་ལྡན་ཞིང་འཇིག་རྟེན་སྐྱོང༌། །སྲིད་པ་གསུམ་ན་གང་གནས་ པ། །འགྲོ་བའི་དོན་ཀུན་སྤྱོད་པ་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། ཅེས་བསྟོད། བླ་ མ་ཡི་དམ་མཁའ་འགྲོ་དང༌། །སངས་རྒྱས་བྱང་སེམས་ཆོས་སྐྱོང་ལ། །བདུད་རྩི་འབར་བའི་ གཏོར་མ་དང༌། །ཕྱི་ནང་གསང་བའི་མཆོད་པ་འབུལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ དང༌། །མཐའ་ཡས་སེམས་ཅན་མ་ལུས་ལ། །མཆོག་དང་ཐུན་མོང་དངོས་གྲུབ་གསོལ། །ཡོན་ ཏན་ཕྲིན་ལས་རྒྱས་པར་ཤོག །ཅེས་འདོད་དོན་སྤྱིར་གསོལ། ཀོལླ་ཨཻ་རཱི་ཊ་ཋི། ཨ་བོ་ལ། མུམྨུ་ཎེ་རི། 7-1-393 ཀཀྐོ་ལ། གྷ་ཎཻ་ཌ་བི་ཌ་ཧ། བཛྫ་ཨི། ཀ་རུ་ཎི་ཀ་ཨ་ཨི། ཎ་རོ་ལ། ཏ་ཧ ་བཱ་ལ་ཁཛྫ་ཨི། ག་ ཊེཾ་མ་ཨ་ན། བི་ཛ་ཨ་ཨི། ཧ་ལེ་ཀ་ལེན་ཛ་ར། པ་ནི་ཨ་ཨི། དུ་དྷུ་ར་བཛྫི་ཨ་ཨི། ཙ་ཨུ་ས་མ། ཀཙྪུ་རི། སི་ཧླ། ཀ་པུ་རི་ལ་ཨི། ཨ་ཨི། མ་ལ་ཨིནྡྷ་ན། ས་ལ ་ཛ། ཏ་ཧ ་བྷ་རུ། ཁ་ཨི་ཨ་ཨི། ཕྲེང་ཁ་ན། ཁེ་ཊ། ཀ་རནྟེ། ཤུདྡྷ་ཨ་ཤུདྡྷ། ཎ་མ་ཎི་ཨ་ཨི། ནི་རང་སུ་ཨངྒ་ཙ་ཊ་ཝི། ཏ་ཧིཾ་ཛ། ས་ར་བཱ་པ་ནི། ཨ་ཨི། མ་ལ་ཨ་ཛེ། ཀུནྟུ་རུ་བ་ཊ་ཨི། ཊིནྚི་མ། ཏ་ཧ ་ནི་བཛྫི། ཨ་ཨི། ཞེས་རྡོ་ རྗེའི་གླུ་བླངས། ཡིག་བརྒྱ་བརྗོད། གཙྪ་གཙྪ་སྭ་བྷ་བཱ་ནཱཾ། ཞེས་འཇིག་རྟེན་པ་རང་གནས་སུ་གཤེགས་ལ་གཏོར་མ་ཕྱིར་ དོར་རོ། ། དེ་ནས་བདག་འཇུག་ལེན་ན་སྐབས་འདིར་བྱ་སྟེ། རྣམ་བུམ་ལ་དམིགས་ནས། ༀ་ཧྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ། ༀ་བཛྲ་ བཻ་རོ་ཙ་ནཱི་ཡཻ་ཧཱུྃ་ཧཱུྃ་ཕཊ་སྭཱཧཱ། ༀ་ཨཱཿབཛྲ་ཌྷྲ ཀ་ཧཱུྃ་ཧཱུྃ་ཕཊ་སྭཱཧཱ། ༀ་ཨཱཿཧྲཱིཿཧཱུྃ་ཕཊ་སྭཱཧཱ། ༀ་དེ་ བི་པི་ཙུ་བཛྲ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱཧཱ། ༀ་ཧྲཱིཿཥྚི་བི་ཀྲི ་ཏ་ན་ན་ཧཱུྃ་ཕཊ། ཅི་འགྲུབ་བཟླ། ཨ་མྲ ་ཏས་བྱིན་གྱིས་ རླབས་པའི་ཆུས་ཁྲུས་བྱ་ཞིང༌། མཎྜལ་བཀའ་བརྒྱ་མ་འབུལ་བའི། བཀོད་པ་ཤིན་ཏུ་མཛེས་པའི་མཎྜལ་མཆོག །དབུས་ཀྱི་རི་རྒྱལ་གླིང་བཞི་གླིང་ཕྲན་བཅས། །གསལ་བྱེད་ཉི་མ་ཟླ་བའི་བསྐོར་ཞིང་མཛེས། །ཕྱི་རོལ་ལྕགས་རི་བར་ནི་རོལ་མཚོས་བརྒྱན། །རིན་ཆེན་དཔག་བསམ་ཤིང་དང་འདོད་ འཇོའི་བ། །རྒྱལ་སྲིད་སྣ་བདུན་རིན་ཆེན་གཏེར་དང་བརྒྱད། །མ་རྨོས་ལོ་ཏོག་ཡན་ལག་ བརྒྱད་ལྡན་ཆུ། །ཕྱི་ནང་གསང་གསུམ་མཆོད་སྤྲིན་བསམ་མི་ཁྱབ། །དགའ་དང་སྤྲོ་བ་སྐྱེད་ པའི་མཎྜལ་འདི། །དོན་གཉིས་བསྒྲུབ་པར་འདོད་པའི་རྣལ་འབྱོར་པས། །བརྩོན་པའི་སྟོབས་ ཀྱིས་བླ་མ་ཡི་དམ་དང༌། །རྒྱལ་བ་རྒྱ་མཚོའི་ཚོགས་ལ་འབུལ་བར་བྱ། །སངས་རྒྱས་ཀུན་གྱི་ གདུང་འཛིན་རྣལ་འབྱོར་པས། །མཉེས་བྱེད་མཎྜལ་བཟང་པོ་འདི་ཕུལ་བས། །ཉེས་སྐྱོན་དྲི་ མའི་ཚོགས་རྣམས་ཀུན་སྤངས་ནས། །མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། ། གསོལ་འདེབས་ནི། དགའ་ཆེན་ཁྱོ ད་བདག་སྟོན་པ་སྟེ། །སློབ་དཔོན་ཁྱོ ད་ནི་དགོངས་སུ་ 7-1-394 གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ ཚིག་དེ་ཉིད་བདག་ལ་སྩོལ། །སྡོམ་པ་རྣམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་ དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ཀྱང་འཇུག་པར་འཚལ། ལན་གསུམ། རྒྱུན་བཤགས་ནི། དཀོན་མཆོག་གསུམ་ལ་ བདག་སྐྱབས་མཆི། །སོགས་ལན་གསུམ། སྡོམ་བཟུང་ནི། སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན། །ཇི་ ཙམ་དུས་ནས་བཟུང་ནས་སུ། །མ་ལུས་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་ བགྱི་བ་ཡིས། །དུས་འདི་ཉིད་ནས་བཟུང་ནས་སུ། །ནམ་ཞིག་བྱང་ཆུབ་སྙིང་པོ་ལ། །ཡོངས་ སུ་གནས་ཀྱི་བར་དག་ཏུ། །བདག་གིས་བྱང་ཆུབ་མཆོག་གི་སེམས། །མ་ལུས་པར་ནི་བསྐྱེད་ པར་བགྱི། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །སངས་རྒྱས་རྣལ་འབྱོར་ སྡོམ་པ་ལ། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང༌། །དགེ་བའི་ཆོས་ནི་སྡུད་པ་དང༌། །སེམས་ཅན་ དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བསྟན་པོར་བཟུང་བར་བགྱི། །སངས་རྒྱས་ཆོས་ དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །དེང་ནས་བརྩམས་ཏེ་བཟུང་བར་ བགྱི། །ནམ་དུ་ཡང་ནི་མི་སྤང་ངོ༌། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ ཡང༌། །ཡང་དག་ཉིད་དུ་བཟུང་བར་བགྱི། །སློབ་དཔོན་དག་ཀྱང་བཟུང་བར་བགྱི། །རིན་ ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་ཡང་དུས་དྲུག་ ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིན་ཆེན་དག་ པ་ལ། །ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ནི་མ་ལུས་བཟུང༌། །ལས་ཀྱི་རིགས་ མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་བཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་ 7-1-395 བསྐྱེད་བགྱིས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་བཟུང༌། །མ་བསྒྲལ་བ་རྣམས་བསྒྲལ་བར་བགྱི། །མ་གྲོལ་བ་རྣམས་བདག་གིས་གྲོལ། །དབུགས་མ་ བྱིན་པ་དབུགས་དབྱུང་ཞིང༌། །སེམས་ཅན་མྱ་ངན་འདས་ལ་འགོད། ཅེས་ལན་གསུམ། གནས་གསུམ་ དྲི་བཟང་གི་ཐིག་ལེ་བྱས་ལ། དཔྲལ་བར་ༀ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ། དེ་རྣམས་ཀྱི་འོད་ཀྱིས་ ལུས་གང་བས་ལུས་ངག་ཡིད་གསུམ་གྱི་དྲི་མ་དག་པར་གྱུར། སྙིང་གར་ཀུན་རྫོབ་བྱང་ཆུབ་ ཀྱི་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་ དཀར་པོ་རྩེ་ལྔ་པ་རེ་གསལ། ༀ་སརྦ་ཡོ་ཀ་ཙིཏྟ་ཨུཏྤ་ཏ་ཡ་མི། རྡོ་རྗེ་མེ་ཏོག་དང་བཅས་སྙིང་གར་བཞག་ ལ། ༀ་སུ་ར་ཏི་ས་མ་ཡ་སྟཾ། ཧོ་སིདྡྷི་བཛྲ་ཡ་ཐཱ་སུ་ཁཾ། རྡོ་རྗེ་མགོ་བོར་བཞག་ལ། འདི་ནི་དམ་ཚིག་རྡོ་རྗེ་ སྟེ། །ཁྱོ ད་ཀྱི་སྤྱི་བོར་བཞག་པ་ཡིས། །རྡོ་རྗེ་སྐུ་རུ་ཁྱོ ད་འགྲུབ་ཅིང༌། །མི་ཕྱེད་ཡེ་ཤེས་ཐོབ་པར་ འགྱུར། །སྙིང་གར་རྡོ་རྗེ་གཏུགས་ལ། རྡོ་རྗེ་འཛིན་པ་དང་ཁྱོ ད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་གྱུར། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་བྲལ་ཏེ་གཤེགས། །ནང་མཆོད་ལྕེ ར་བཞག་ལ། འདི་ནི་ ཁྱོ ད་ཀྱི་དམྱལ་བའི་ཆུ། །དམ་ཚིག་ཉམས་ན་བསྲེག་པར་བྱེད། །དམ་ཚིག་བསྲུང་ན་དངོས་ གྲུབ་ནི། །ཡེ་ཤེས་བདུད་རྩིའི་ཆུ་འདིས་འགྲུབ། །ༀ་བཛྲ་སརྦ་པཉྩ་ཨ་མྲ ་ཏ་ཨུ་ད་ཀ་ཧཱུྃ། ཡང་རྡོ་ རྗེ་མགོར་བཞག་ལ། དེང་ནས་བཟུང་སྟེ་བུ་ཁྱོ ད་ཀྱི། །རྡོ་རྗེ་འཛིན་པར་ང་ཡིན་གྱི། །ང་ཡིས་ཇི་ལྟར་ བཀའ་བསྩལ་པ། །གུས་པའི་ཚུལ་གྱིས་ཉན་པར་གྱིས། །གལ་ཏེ་ང་ལ་བརྙས་ན་ནི། །སངས་ རྒྱས་ཐམས་ཅད་བརྙས་པ་ཡིན། །མི་དེ་མ་སྤངས་དུས་བྱས་ནས། །དམྱལ་བ་ཆེན་པོར་འགྱུར་ ཏ་རེ། །ཞེས་བརྗོད། ཡེ་ཤེས་པ་དབབ་པའི་གསོལ་འདེབས་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། །བདག་ལ་བྱིན་གྱིས་རློབས་མཛོད་ལ། །རྡོ་རྗེ་ཡེ་ཤེས་བླ་མེད་ནི། །དེ་རིང་ཉིད་དུ་དབབ་ཏུ་ གསོལ། །ལན་གསུམ། ཞེས་གསོལ་བ་བཏབ་པས། མདུན་བསྐྱེད་རྒྱུད་སྡེ་ལྔའི་དཀྱིལ་འཁོར་གྱི་ ལྷ་ཚོགས་རྣམས་ལས། དེ་དང་འདྲ་བའི་ལྷ་ཚོགས་དཔག་ཏུ་མེད་པ་བྱུང༌། རང་གི་སྤྱི་བོ་ནས་ 7-1-396 ཞུགས། ལུས་ཐམས་ཅད་གང༌། ལུས་སེམས་བདེ་བས་ཁྱབ་པར་གྱུར། ཡང་ཕྱོགས་བཅུའི་ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་དཔའ་མོ་ཆོས་སྐྱོང་གི་ལྷ་ཚོགས་ཐམས་ ཅད་རྒྱུད་སྡེ་ལྔའི་རྣམ་པར་ས་གཞི་བར་སྣང་ཐམས་ཅད་ཁྱབ་པ་ཙམ་སྤྱན་དྲངས་ཏེ་རང་གི་ ལུས་ལ་སིབ་སིབ་ཐིམ་པར་གྱུར། སྤོས་རོལ་བྱ་ཞིང་རྒྱུད་སྡེ་ལྔའི་སྙིང་པོའི་མཐར། བཛྲ་ཨ་བེ་ཤ་ཡ་ཨ་ཨ། ཞེས་བཏགས་ལ་ཡེ་ཤེས་ཕབ། དེ་དག་གིས་སྔོ ན་འགྲོའི་ཆོས་རྣམས་འགྲུབ་ནས་དངོས་གཞིའི་དོན་ཏུ་མཎྜལ་ཕུལ། བསམ་ གྱིས་མི་ཁྱབ་དམ་ཆོས་སྣོ ད། །དབང་བསྐུར་དམ་པ་བསྩལ་དུ་གསོལ། །གསུམ་གྱིས་གསོལ་བ་བཏབ། རྣམ་བུམ་བླངས་ལ། མདུན་བསྐྱེད་རྒྱུད་སྡེ་ལྔའི་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱིས་ཕྱག་ཏུ་བུམ་པ་ བཟུང་སྟེ་སྤྱི་བོ་ནས་དབང་བསྐུར་བར་གྱུར། སྐྱོབ་པའི་དཀྱིལ་འཁོར་མངོན་སུམ་དུ། །ཏིལ་ གྱི་གོང་བུ་བཞིན་གང་བས། །རྒྱལ་བའི་བུམ་པ་བཟུང་ནས་ནི། །འདི་ཉིད་དུ་ནི་དབང་བསྐུར་ རོ། །ཇི་ལྟར་བལྟམས་པ༴ ནས། སྐུ་ཁྲུས་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་ཀ་ལ་ཤ་ཨ་བྷི ་ཥིཉྩ་མཾ། ཞེས་གསུངས་ཤིང་དབང་བསྐུར་བས། སྤྱི་བོ་གང༌། བུམ་དབང་ཐོབ། ལུས་སྒྲིབ་དག ཡུལ་ སྣང་སྟོང་གི་ལྟ་བ་རྒྱུད་ལ་སྐྱེས་པར་གྱུར། བུམ་པ་མགོར་བཞག་བུམ་ཆུ་འཐོར་འཐུང་བྱ། བུམ་ཆུ་མངར་གསུམ་ སྦྱར་བ་མྱང་ལ། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི། །མཁའ་མཉམ་ཡེ་ཤེས་བདུད་རྩི་ནི། །རྡོ་རྗེའི་ལམ་ནས་ཕྱུང་ནས་ཀྱང༌། །བདེ་བ་བསྐྱེད་ཕྱིར་རིགས་ཀྱི་ཡུམ། །སྲས་བཅས་གསང་ བའི་དབང་བསྐུར་རོ། །ༀ་བཛྲ་གུ་ཧྱ་ཨ་བྷི ་ཥིཉྩ་མཱཾ། གསང་རྫས་ཁར་བྱིན་པས། མགྲིན་པ་ གང༌། གསང་དབང་ཐོབ། ངག་སྒྲིབ་དག སྒྲ་གྲག་སྟོང་གི་ལྟ་བ་རྒྱུད་ལ་སྐྱེས་པར་གྱུར། རང་ སྣང་ལྷ་སྐུ་ཡབ་ཡུམ་སྙོམས་པར་ཞུགས་པའི་བདེ་སྟོང་ལྷན་ཅིག་སྐྱེས་པར་གྱུར། བུམ་ཆུ་སྙིང་ ཁར་འཐོར་ལ། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི། །གསང་གསུམ་གནས་ལས་བྱུང་བ་ ཡི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །རྡོ་རྗེ་དབང་བསྐུར་ཆེན་པོར་སྦྱིན། ༀ་བཛྲ་པྲ་ ཛྙཱ་ཛྙཱ་ན་ཨ་བྷི ་ཥིཉྩ་མཾ། ཞེས་སྔར་གྱི་བུམ་ཆུས་དབང་བསྐུར་བས་སྙིང་ག་ཡན་ཆད་གང༌། ཤེས་ 7-1-397 རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་སྒྲིབ་དག རང་རིག་བདེ་སྟོང་བརྗོད་བྲལ་གྱི་ལྟ་བ་རྒྱུད་ལ་ སྐྱེས་པར་གྱུར། དབང་བཞི་པའི་གསོལ་གདབ་ནི། བདག་ཉིད་ཆེ་ཁྱེ ད་བཀའ་དྲིན་གྱིས། །གཙོ་བོའི་ དབང་བསྐུར་རྣམ་གསུམ་ཐོབ། །དེ་རིང་རིན་ཆེན་བཞི་པ་ཡང༌། །བཀའ་དྲིན་གྱིས་ནི་བསྐྱང་ དུ་གསོལ། །ཞེས་གསོལ་བ་བཏབ་པས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས། །ༀ་ བཛྲ་ཙ་ཏུར་ཨ་བྷི ་ཥིཉྩ་མཾ། བུམ་ཆུ་འཐོར། ཞེས་གསུངས་ཤིང་སྔགས་ཀྱི་བུམ་ཆུས་དབང་ བསྐུར་བས། ལུས་ཐམས་ཅད་གང༌། དབང་བཞི་པ་ཚིག་དབང་རིན་པོ་ཆེ་ཐོབ། སྒོ་གསུམ་ གྱི་སྒྲིབ་པ་དག འཛིན་རྟོག་ཐམས་ཅད་དང་བྲལ་བར། བརྗོད་བྲལ་ལྷན་ཅིག་སྐྱེས་པའི་ལྟ་བ་ རྒྱུད་ལ་སྐྱེས་པར་གྱུར། གཙོ་བོས་ཇི་ལྟར་བཀའ་བསྩལ་པ། །དེ་དག་ཐམས་ཅད་བདག་གིས་ བགྱི། །སོགས་གཏང་རག་མཎྜལ། དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱེ ད་ལ་བདག་ནི་འབུལ་ ལགས་ན། །ཁྱོ ད་ཀྱི་སློབ་མར་བཟུང་བ་དང༌། །ཆ་ཤས་ཀྱིས་ཀྱང་སྤྱད་དུ་གསོལ། །བརྗོད་པར་ བྱའོ། །སྐབས་འདིའི་བུམ་པ་ནི་ཏིང་ངེ་འཛིན་གྱི་དྲན་རྟེན་ཙམ་ཡིན་པས་བུམ་སྒྲུབ་རྒྱས་པ་མི་དགོས་སོ། ། བདག་འཇུག་བྱེད་མིན་གང་ལྟར་ཚོགས་མཆོད་ནི། བྱིན་རླབས་ནས་ལྷག་མ་བཏང་བའི་བར་བདེ་མཆོག་ལྷ་ལྔ་ལྟར་བྱས་ ལ། རྗེས་ཆོག་མཆོད་པ་ཁ་གསོ། བསངས་སྦྱངས། སྟོང་པའི་ངང་ལས་ཨ་ལས་བྱུང་བའི་རིན་པོ་ཆེའི་སྣོ ད་ ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ༀ་ཨཱཿཧཱུྃ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་ མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་ལ་ སོགས་པ་མཆོད་རྫས་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་མཐའ་ཀླས་པར་གྱུར། ༀ་བཛྲ་ཨརྒྷཾ༴ ནས། ཤབྟ་ཨཱཿཧཱུྃ། ༀ་ཤྲི ་ཧེ་རུ་ཀ་པཉྩ་མཎྜ་ལ་ས་པཱ་རི་ཝཱ་རེ་ཨརྒྷཾ་པྲ་ཏིཙྪ་སྭཱཧཱ། དེ་བཞིན་ཏུ། པཏྱཾ༴ སོགས། བཛྲ་པུཥྤེ་ཨཱཿཧཱུྃ། ནས། ཤབྟའི་བར་བྱ། ༀ་ཨཱཿཧཱུྃ། ཆོས་དབྱིངས་རྣམ་དག་ དབྱིངས་ལས་མ་གཡོས་ཀྱང༌། །ཐབས་ཀྱིས་ཁྲོ་བོའི་སྐུར་སྟོན་གདུག་པ་འདུལ། །ཆེ་བའི་ཆེ་ མཆོག་ལྷ་ཡི་ལྷར་གྱུར་པ། །ཀུན་བཟང་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཧེ་རུ་ཀ་དཔལ་དཔའ་བོ་ 7-1-398 ཆེ། །རྣམ་དག་རྡོ་རྗེ་དབང་ཕྱུག་མ། །རྗེས་ཆགས་ཆགས་པ་ཆེ་རྣམས་ཀྱི། །རྡོ་རྗེ་ཕག་མོ་དེ་ལ་ འདུད། །སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རབ་རྫོགས་པ། །དཀྱིལ་ འཁོར་ལྔ་པོ་ཐམས་ཅད་ལ། །ཀུན་ནས་དང་བས་ཕྱག་འཚལ་ལོ། །བཅོམ་ལྡན་འདས་རྒྱུད་ སྡེ་ལྔའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱིས། བདག་ཅག་ལ་ཐུགས་བརྩེ་བ་ཆེན་པོར་ མཛད་དེ་བར་ཆད་ཞི་བ་དང་དངོས་གྲུབ་མ་ལུས་པ་བསྩལ་དུ་གསོལ། ཞེས་འདོད་དོན་གསོལ། ཡིག་ བརྒྱ་ལན་གསུམ། སྔགས་དམན་པ་དང་ཆོ་ག་དམན། །བྱ་བ་དམན་པ་གང་གྱུར་པ། །ཟབ་དང་ མཆོག་གི་བདག་ཉིད་གཙོ། །ལྷ་མོ་དེ་དག་བཟོད་མཛོད་རིགས། །ལྷ་མོ་ཚད་མ་དམ་ཚིག་ ཚད་མ་དང༌། །དེས་གསུངས་ཚིག་ཀྱང་ཚད་མའི་མཆོག་ཡིན་ཏེ། །བདེན་པ་དེ་ཡིས་ལྷ་མོ་འདི་ དག་གིས། །བདག་ལ་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །བདག་ལ་དངོས་གྲུབ༴ ༀ་ཁྱེ ད་ ཀྱིས༴ འདིར་ནི་བརྟེན༴ ཅེས་དངོས་བཤགས་དང་སྨོན་ལམ་བྱ། རྟེན་ཡོད་ན་བརྟན་བཞུགས་དང༌། མེད་ན་གཤེགས་ གསོལ། ཀུན་ཏུ་སངས་རྒྱས་ཐམས་ཅད་ཀྱི། །རྡོ་རྗེ་འཆང་ཆེན་གོ་འཕང་ལྡན། །བདག་གི་དགེ་ བ་འདིས་ཐོབ་སྟེ། །འགྲོ་ཀུན་གྱིས་ཀྱང་ཐོབ་པར་ཤོག །རྫོགས་པའི་བྱང་ཆུབ་ཕྱིར་སྤྱོད་དང༌། །རྫོགས་སངས་རྒྱས་ནས་གང་སྤྱོད་པ། །བྱང་ཆུབ་རྡོ་རྗེའི་བསྔགས་པ་ཡི། །སྤྱོད་པ་དེ་གཉིས་ བདག་སྤྱོད་ཤོག །ཅེས་དགེ་བ་བསྔོ ་བ། བཀྲ་ཤིས་བཀའ་བརྒྱ་མའམ། བསྡུ་ན། ལེགས་པའི་ཡོན་ཏན་རབ་ རྫོགས་པ། །བླ་མ་ཡི་དམ་བཀྲ་ཤིས་ཤོག །ཕྲིན་ལས་ཐམས་ཅད་སྒྲུབ་མཛད་པ། །མཁའ་ འགྲོ་ཆོས་སྐྱོང་བཀྲ་ཤིས་ཤོག །ཅེས་ཤིས་པ་བརྗོད། རྒྱུ་དང་གྲུབ་ཆེན་ཐམས་ཅད་ཀྱི། །གདམས་ཟབ་སྙིང་པོའི་ལམ་ མཆོག་འདི། །ཞུགས་ནས་སྐྱེ་བོ་མ་ལུས་པ། །དཀྱིལ་འཁོར་ལྔ་པོ་མྱུར་འགྲུབ་ཤོག །ཅེས་པའང་རང་བཞིན་འཇུག་བདེའི་ཕྱིར་ དང༌། བླ་མ་ཚབ་ཚ་བསྟན་འཛིན་རྡོ་རྗེ་ནས་བསྐུལ་བའི་ངོར། ཤངས་པ་བཀའ་བརྒྱུད་ལ་མོས་པ་ལམ་དུ་བྱེད་པ་བློ༵་གྲོ༵ས་མཐ༵འ་ ཡ༵ས་ཀྱིས་མཁས་གྲུབ་ཁྱུང་པོའི་དུས་ཆེན་གྱི་ཉིན་མོར་གདན་ས་ཆེན་པོ་དཔལ་སྤུངས་ཀྱི་ཡང་ཁྲོད་སྒྲུབ་པའི་དབེན་ཁང་དུ་བརྒྱུད་ པའི་གསུང་བྱིན་རླབས་དང་ལྡན་པ་འབའ་ཞིག་ལེགས་པར་བསྡེབས་པ་དགེ་ལེགས་འཕེལ།། །།དགེའོ།། 7-1-399 ༄༅། །གཙོ་འདུས་ཀྱི་སྒོ་ནས་ཚོགས་མཆོད་ བྱ་ཐབས་བཞུགས། ༄༅། །འདིར་རྒྱུད་སྡེ་ལྔའི་གཙོ་བསྡུས་ལ་བརྟེན་ནས་ཚོགས་མཆོད་བསྡུས་པ་བྱ་ཚུལ་ཚོགས་རྫས་ཅི་འབྱོར་འདུ་ བྱས་ལ། འདི་སྐད། རང་ཉིད་ལྷར་གསལ་ཐུགས་སྲོག་ལས། །མེ་དཔུང་ཁྲོ་ཚོགས་རབ་སྤྲོས་པས། །ཚོགས་རྫས་ལ་འཁྲི་བགེགས་ཚོགས་བསྐྲད། །མི་ཤིགས་སྲུང་བའི་འཁོར་ལོར་གྱུར། །ༀ་ བཛྲ་རཀྵ་རཀྵ་ཡེ་སྭཱཧཱ། དེ་ནས་བྱིན་རླབས་ནི། རྣལ་འབྱོར་སྔགས་རྒྱས་བྱིན་རླབས་ཀྱིས། །ཚོགས་ འཁོར་ཟག་མེད་བདེ་བསྐྱེད་པ། །ཀུན་བཟང་འཕྲུལ་ལ་འགྲན་པའི་ཕུལ། །ཁ་དོག་རོ་མཆོག་ བདུད་རྩིར་གྱུར། །ༀ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ ལན་གསུམ། སྤྱན་འདྲེན་ནི། འོག་མིན་དག་ཆེན་ཞིང་ཁམས་ནས། །རྡོ་རྗེ་འཆང་སོགས་བརྒྱུད་རིམ་ ཚོགས། །ཡི་དམ་རྒྱུད་སྡེ་ལྷ་ཡི་ལྷ། །སངས་རྒྱས་བྱང་སེམས་དཔའ་བོ་དང༌། །མཁའ་འགྲོ་ དམ་ཅན་རྒྱ་མཚོའི་ཚོགས། །འདིར་གཤེགས་ཚོགས་མགྲོན་ཚུལ་དུ་བཞུགས། །བརྩེ་བ་ཆེན་ པོས་ཉེར་དགོངས་ཏེ། །ཚོགས་ཀྱི་འཁོར་ལོའི་མཆོད་པ་བཞེས། དཀྱིལ་འཁོར་དང་འབྲེལ་ན་འདི་ མ་བྱས་ཀྱང་ཆོག་མཆོད་འབུལ་དངོས་ནི། ཕུལ་བྱུང་ཀུན་བཟང་ཚོགས་མཆོད་འདི། །ཁྱབ་བདག་རྡོ་ རྗེ་འཆང་ཆེན་སོགས། །རྩ་བརྒྱུད་བླ་མའི་ཚོགས་ལ་འབུལ། །ཐུགས་རྗེས་བྱིན་རླབས་མྱུར་ ཕབ་མཛོད། །ག་ན་ཙཀྲ་པུཙྪ་ཁ་ཧི། ཕུལ་བྱུང་ཀུན་བཟང༴ དཔལ་ལྡན་འཁོར་ལོ་སྡོམ་པ་ ཆེ། །དཔའ་བོ་མཁའ་འགྲོའི་ཚོགས་ལ་འབུལ། །བདེ་ཆེན་ཡེ་ཤེས་སྣང་བ་སྩོལ། ག་ན་ཙཀྲ༴ ཕུལ་བྱུང༴ གསང་བ་འདུས་པ་འཇམ་པའི་གཙོ། །སེམས་དཔའ་སེམས་མའི་འཁོར་ལ་འབུལ། །ཐུན་མོང་མཆོག་གི་དངོས་གྲུབ་སྩོལ། ག་ན་ཙཀྲ༴ ཕུལ་བྱུང༴ དགྱེས་པ་རྡོ་རྗེ་བདེ་སྟོང་སྐུ། 7-1-400 །རང་རིགས་འཁོར་ཚོགས་བཅས་ལ་འབུལ། །རིམ་གཉིས་མངོན་པར་རྟོགས་པ་སྩོལ། ག་ ན་ཙཀྲ༴ ཕུལ་བྱུང༴ སྒྱུ་འཕྲུལ་ཆེན་མོ་བདེ་ཆེན་དབང༌། །གང་དེའི་སྤྲུལ་འཁོར་བཅས་ལ་ འབུལ། །ཟབ་གསང་མཆོག་གི་བྱིན་རླབས་སྩོལ། ག་ན་ཙཀྲ༴ རྡོ་རྗེ་འཇིགས་མཛད་ཁྲོ་ཆེན་ ལྷ། །བཀའ་སྡོད་ཡང་འཁོར་ཚོགས་ལ་འབུལ། །ལས་བཞིའི་ཕྲིན་ལས་དམ་པ་སྩོལ། ག་ན་ ཙཀྲ༴ སངས་རྒྱས་བྱང་སེམས་འཕགས་པའི་ཚོགས། །ཐུགས་རྗེ་ཆེ་མངའ་རྣམས་ལ་འབུལ། །རླབས་ཆེན་གསང་གསུམ་དངོས་གྲུབ་སྩོལ། ག་ན་ཙཀྲ༴ ཕུལ་བྱུང༴ གནས་གསུམ་དཔའ་བོ་ མཁའ་འགྲོ་དང༌། །ཡང་སྤྲུལ་སྡེ་རིག་བཅས་ལ་འབུལ། །མཐུན་འཇུག་གང་བབས་ལས་ཆེན་ སྩོལ། ག་ན་ཙཀྲ༴ ཕུལ་བྱུང༴ རང་རང་བཀའ་སྡོད་སྡེར་གཏོགས་པ། །དམ་ཅན་རྒྱ་མཚོའི་ ཚོགས་ལ་འབུལ། །གང་བཅོལ་སྡོང་གྲོགས་བསྩལ་དུ་གསོལ། ག་ན་ཙཀྲ་པུཙྪ་ཁ་ཧི། དེ་ལྟར་ ཚོགས་མཆོད་ལེགས་ཕུལ་བས། །བདག་ཅག་སྒྲུབ་པོ་ཐམས་ཅད་ལ། །ཕྱི་ནང་གསང་བའི་ བར་ཆད་ཞི། །སྒྲུབ་སྦྱངས་ཚོགས་ཆེན་རྫོགས་པར་མཛོད། ། དེ་ནས་ཚོགས་ལ་རོལ་བ་ནི། ཀྱེ་ཧོ། ཟག་མེད་ཚོགས་འཁོར་རྒྱ་ཆེན་འདི། །གཙང་སྨེ་རོ་མཉམ་ བདེ་ཆེན་དང༌། །མི་རྟོག་རྣལ་འབྱོར་མཆོག་གི་རོལ། །བདེ་སྟོང་རབ་དགའ་ཅི་ཡང་སྤེལ། །ཨ་ལ་ལ་ཧོ་བདེ་བ་ཆེ། །ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །ཨ་ཧོ་དགའ་ཆེན་སྟོན་མོ་མཆོག །ག་ ན་ཙཀྲའི་དཔལ་འདིར་རོལ། །ཞེས་པས་དྲངས་བ་མཛད་མཐར། ལྷག་མ། ༀ་ཨཱཿཧཱུྃ་ཧོཿ ལན་གསུམ་གྱིས་བྱིན་རླབས་བྱ། གནས་ཡུལ་ཉེར་བཞི་གང་དག་ན། །ཉུལ་ བའི་དམ་ཅན་ལྷག་མགྲོན་རྣམས། །འདིར་བྱོན་ལྷག་མའི་གཏོར་མ་ལོངས། །སྡོང་གྲོགས་ དམ་པ་མཛད་དུ་གསོལ། །ཨུ་ཙུ་ཊ་བ་ལ່་ཏ་ཁ་ཧི། བསྔོ ་བ་ནི། གསང་ཆེན་ཚོགས་འཁོར་རབ་བསྐོར་བའི། །རྣམ་པར་དཀར་བའི་ཚོགས་ཆེན་ དེས། །གདུལ་ཞིང་གང་གྱུར་སྐྱེ་དགུ་ཀུན། །རིམ་གཉིས་མྱུར་དུ་མཐར་ཕྱིན་ཤོག ། 7-1-401 བཀྲ་ཤིས་ནི། བྱིན་རླབས་མཆོག་རྩོལ་བླ་མ་དང༌། །དངོས་གྲུབ་མངའ་བདག་གཙོ་ཆེན་ལྔ། །སྒྱུ་འཕྲུལ་རབ་འབྱམས་སྤྲུལ་བཀོད་ཀྱིས། །དེང་འདིར་དགེ་མཚན་འབར་གྱུར་ཅིག །ཅེས་པའི་ གཙོ་འདུས་ཀྱི་སྒོ་ནས་ཚོགས་མཆོད་བྱ་ཐབས་བསྡུས་པ་འདི་ཡང་བསྟན་ལ་ཐུགས་རྗེའི་དཔལ་ཉེ་བར་མངའ་བ་གང་གི་ཐུགས་ བཞེད་ལྟར། མ་ཏིས་འཕྲལ་དུ་སྤེལ་བ་ཛ་ཡནྟུ།། །། 7-1-402 ༄༅། །དཔལ་རྒྱུད་སྡེ་ལྔའི་གཙོ་བསྡུས་ཀྱིས་སྒོ་ནས་གཤིན་པོ་ རྗེས་འཛིན་ཐར་པར་བགྲོད་པའི་ཐེམ་སྐས་ བཞུགས་སོ། ། ༄༅། །ༀ་བཛྲ་ཨ་མྲ ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་དཀྱིལ་འཁོར་ཆེན་ པོའི་ལྷོ་ཕྱོགས་སུ་སྦྱོང་སྟེགས་ཁྲུ་གང་བའི་སྟེང་དུ་པདྨ་འདབ་བརྒྱད་ཀྱིས་མཚན་པའི་དབུས་ སུ་ཚེ་འདས་ཀྱི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ཞུ་བ་ལས་བྱུང་བའི་གསོན་པོའི་རྣམ་པ་ ཇི་ལྟ་བ་བཞིན་ཏུ་གྱུར། ཚེ་འདས་ཀྱི་སྙིང་གའི་ས་བོན་དང་རང་གི་སྙིང་གའི་ས་བོན་གྱི་འོད་ ཟེར་གྱི་ཚེ་འདས་ཀྱི་རྣམ་ཤེས་ཁམས་གསུམ་གང་ན་གནས་པ་ནས་བཀུག་པར་གྱུར། ན་མོ་ སངས་རྒྱས་ཀྱི་བདེན་པ་དང༌། ཆོས་ཀྱི་བདེན་པ་དང༌། དགེ་འདུན་གྱི་བདེན༴ བཅོམ་ལྡན་ འདས་དཔལ་རྒྱུད་སྡེ་ལྔའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི༴ བདེན་པ་ཆེན་པོའི་བྱིན་ གྱིས་རླབས་ཀྱི་འཇིག་རྟེན་འདི་ནས་ཕ་རོལ་དུ་སོང་ཞིང་ཚེ་དུས་ལས་འདས་པ་ཆྒཻེ་མོ་ཞེས་བྱ་ བའི་རྣམ་པར་ཤེས་པ་ཁམས་གསུམ་གང་ན་གནས་ཤིང་རིགས་དྲུག་གང་དུ་སྐྱེས་སམ་སྐྱེ་ གནས་བཞི་གང་གི་བསྡུས་ཏེ་འདུག་ཀྱང་སྐད་ཅིག་ཐང་ཅིག་ཡུད་ཙམ་འདི་ཉིད་ལ་འདིར་ མཆིས་པར་གྱུར་ཅིག ལན་གསུམ། ༀ་ཤོ་དྷ་ནེ་ཤོ་དྷ་ནེ་སརྦ་པཱ་པཾ་ཨ་པ་ན་ཡ་ཧཱུྃ། ཞེས་པ་དེས་སྡིག་ པ་རྣམས་ཀྱང་བཀུག་པར་བསམ། དྲལ་བའི་ཕྱག་རྒྱ་དང༌། ༀ་བཛྲ་པཱ་ཎི་བི་སྤོ་ཊ་སརྦ་ཨ་པཱ་ཡ་བནྡྷ་ནི་ པྲ་མོ་ཀྵ་ཡ། སརྦ་ཨ་པཱ་ཡ་ག་ཏི་བྷྱཿ སརྦ་སཏྭ་སརྦ་ཏ་ཐཱ་ག་ཏ་བཛྲ་ས་མ་ཡ་ཏྲཊ། ལན་གསུམ། 7-1-403 ༀ་སརྦ་བིད་སརྦ་པཱ་པཾ་བི་ཤོ་དྷ་ནེ་ཧཱུྃ་ཕཊ། ༀ་སརྦ་བིད་ཏྲཊ། དཔྲལ་བར་ༀ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ། རྣམ་པར་ཤེས་པ་ཨ་དཀར་པོ་དྲི་མ་མེད་པར་གྱུར། ༀ་བཛྲ་ཨ་མྲ ་ཏ༴ སྭ་བྷ་ཝ༴ ༀ་ཨཱཿཧཱུྃ། ལན་གསུམ། ༀ་སརྦ་བིགྷྣན༴ སོགས། སུམ་བྷ་ནི༴ སོགས། དེང་འདིར་འཇིག་རྟེན་འདི་ ནས་ཕ་རོལ་ཏུ་སོང་ཞིང་ཚེ་དུས༴ སོགས། ལས་ཀྱི་དབང་གི་འཆི་ཁ་དང་བར་དོ་དང་ཚེ་རབས་ གཞན་ཐམས་ཅད་དུ་གནོད་ཅིང་འཚེ་བར་བྱེད་པའི་གནོད་བྱེད་གདོན་བགེགས་ཀྱི་ཚོགས་ གང་ཡིན་པ་ཐམས་ཅད་གཏོར་མ་འདིས་ཚིམ་པར་གྱིས་ལ་གནོད་སེམས་ཞི་ཞིང༌། དགེ་བའི་ སེམས་དང་ལྡན་པས་དམིགས་ཡུལ་ཆྒཻ་མོའི་ཉེ་འཁོར་དུ་མ་གནས་པར་གཞན་ཏུ་སོང་ཤིག རང་ གི་སྙིང་ག་ནས་འོད་ཟེར་འཕྲོས༴ སོགས། བཛྲ་ས་མཱ་ཛཿ ཧཱུཾ་ཡེ་ཤེས་བསྐལ་པ་མེ་ལྟར༴ སོགས། དགྲ་ལ་ཕྱག་འཚལ་བསྟོད། །ཧཱུྃ། དཀྱིལ་འཁོར་ཆེན་པོའི་ས་གཞི༴ སོགས། ཚེ་འདས་སྡིག་སྒྲིབ་ སྦྱངས། སོགས། ན་མོ་སངས་རྒྱས་ཀྱི་བདེན་པ་དང༌། ཆོས་ཀྱི་བདེན༴ དགེ་འདུན་གྱི༴ གསང་ སྔགས་དང་རིགས་སྔགས་ཀྱི་རྒྱལ་པོ་ཁྲོ་བོ་ཁྲོ་མོ་རྣམས་ཀྱི༴ བཅོམ་ལྡན་འདས་དཔལ་རྒྱུད་ སྡེ་ལྔའི་དཀྱིལ་འཁོར་གྱི་ལྷ་ཚོགས༴ དཔལ་མགོན་དམ་པ་ཆོས་སྐྱོང་སྲུང་མ༴ བདེན་པ་དང་ བདེན་པ་ཆེན་པོའི་བྱིན་གྱིས་རླབས་པས་འཇིག་རྟེན་འདི་ནས་ཕ་རོལ་དུ་སོང་ཞིང་ཚེ་དུས་ ལས་འདས་པ་ཆྒཻ་མོ་ཞེས་བྱ་བ་ལ་ལས་ཀྱི་དབང་གིས་འཆི་ཁ་དང༌། བར་དོ་དང་ཚེ་རབས་གཞན་ ཐམས་ཅད་དུ་གནོད་ཅིང་འཚེ་བར་བྱེད་པ་དང༌། སྡིག་པ་སྦྱོང་ཞིང་དགེ་བའི་ཆོས་བསྐྱེད་པ་ ལ་བར་དུ་གཅོད་པར་བྱེད་པ་དང༌། འབྲེལ་བ་ཅན་ཤུལ་ན་གནས་པ་ལ་གནོད་ཅིང་འཚེ་བར་ བྱེད་པ་ལ་སོགས་པ་གནོད་བྱེད་གདོན་བགེགས་ཀྱི་ཚོགས་གང་ཡིན་པ་ཐམས་ཅད་གཏོར་ མ་འདིས་ཚིམ་པར་གྱིས་ལ་གནོད་སེམས་ཞི་ཞིང་དགེ་བའི་སེམས་དང་ལྡན་པས་དམིགས་ ཡུལ་བསྒྲུབ་བྱ་འདིའི་ཉེ་འཁོར་དུ་མ་གནས་པར་གཞན་ཏུ་སོང་ཤིག གལ་ཏེ་མི་འགྲོ་ན། ཡེ་ ཤེས་ཀྱི་རྡོ་རྗེ་འབར་བས་མགོ་བོ་ཚལ་བ་བརྒྱར་འགས་པར་བྱའོ། །ཞེས་གཏོར་མ་དོར། རོལ་མོའི་སྒྲ་ 7-1-404 བསྒྲགས། སྦྱངས་རྟེན་ལ་ཕྱོགས་བཅུར་ཡུངས་ཀར་གྱིས་བྲབ། གུ་གུལ་གྱིས་བདུག་སྟེ་དྲག་པོའི་སྦྱངས་བའོ། །ཚེ་འདས་ཀྱི་ རྐང་མཐིལ་དུ་ཡཾ་ལས་རླུང་ལྟེ ་བར་རཾ་ལས་མེ། སྡིག་པ་དང་སྒྲིབ་པ་ཐམས་ཅད་སྙིང་གར་ཡི་ གེ་པཾ་གྱི་རྣམ་པར་གནས་པ། ལྟེ ་བའི་གཏུམ་མོ་འབར་བའི་འོད་ཟེར་གྱི་དེད་དེ། སྣ་སྒོར་སྡིག་ པ་རྭ་ཅན་གྱིས་རྣམ་པར་གྱུར་པ་མདུན་གྱི་ཏིལ་ལ་ཐིམ། དེ་ཉིད་གཡས་སུ་མེ་དང་གཡོན་དུ་ ཆུ་དོར་བའི་རྡོ་རྗེ་མཁའ་འགྲོའི་ཞལ་དུ་གསོལ་བ་དང༌། རྒྱ་མཚོ་ཆེན་པོ་དོར་བར་གྱུར། ༀ་ བཛྲ་ཌཱ་ཀི་ཁ་ཁ་ཁ་ཧཱི་ཁ་ཧཱི། སརྦ་པཱ་པཾ་ད་ཧ་ན་བྷསྨི་ཀུ་རུ་སྭཱཧཱ། བཛྲ་ཌཱ་ཀི བཛྲ་མུཿ ༀ་ཧྲཱིཿཧ་ ཧ་ཧཱུྃ་ཧཱུྃ་ཕཊ། ༀ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊཿསྭཱཧཱ། ༀ་ཨཱཿཌྷྲ ཀ་ཧཱུྃ་ཧཱུྃ་ཕཊ་སྭཱཧཱ། ༀ་ཧྲཱིཿཧ་ཧ་ ཧཱུྃ་ཧཱུྃ་ཕཊ། ༀ་བཛྲ་བཻ་རོ་ཙ་ནི་ཡེ་ཧཱུྃ་ཧཱུྃ་ཕཊ། ༀ་ཨཱཿབཛྲ་ཌྷྲ ཀ་ཧཱུྃ་ཧཱུྃ་ཕཊ་སྭཱཧཱ། ༀ་ཨཱཿཧྲཱིཿཧཱུྃ་ ཕཊ་སྭཱཧཱ། ༀ་དེ་བ་པི་ཙུ་བཛྲ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱཧཱ། ༀ་ཧྲཱིཿཥྚི་བི་ཀྲ ་ཏ་ན་ན་ཧཱུྃ་ཕཊ། སྤྲོ་ན་ཀུན་རིག་མི་ འཁྲུགས་པ་སོགས་ཀྱི་གཟུངས་རྣམས། ༀ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཧཱུྃ་ཕཊ། ༀ་སརྦ་ཨ་པ་ཡ་བི་ཤོ་དྷ་ནི་ བཛྲ་ཧཱུྃ་ཕཊ། ༀ་སརྦ་ཀརྨ་ཨ་བ་ར་ཎ་ནི་བྷསྨི་ཀུ་རུ་ཧཱུྃ་ཕཊ། ༀ་བྷྲུཾ་བི་ན་ཤ་ཡ་ཨ་བ་ར་ཎ་ནི་ བཛྲ་ཧཱུྃ་ཕཊ། ༀ་དྲུཾ་བི་ཤོ་དྷ་ཡ་ཨ་བ་ར་ཎ་ནི་ཧཱུྃ་ཕཊ། ༀ་ཛྭ་ལ་ཛྭ་ལ་དྷ་ཀ་དྷ་ཀ་ཧ་ན་ཧ་ན་ཨཱ་ བ་ར་ཎ་ནི་ཧཱུྃ་ཕཊ། ༀ་པྲ་ས་ར་ས་ར་པྲ་ས་ར་པྲ་ས་ར་སརྦ་ཨ་བ་ར་ཎཱ་ནི་ཧཱུྃ་ཕཊ། ༀ་ཧཱུྃ་ཧ་ར་ཧ་ ར་ཨ་བ་ར་ཎཱ་ནི་ཧཱུྃ་ཕཊ། ༀ་ཧཱུྃ་ཕཊ་སརྦ་ཨཱ་བ་ར་ཎ་ནི་ཧཱུྃ་ཕཊ། ༀ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ ཏེ་ཧེ་དུ་ན་ཧཱུྃ་ཕཊ། ༀ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་དུན་ཧཱུྃ་ཕཊ། ༀ་མ་ཐ་མ་ཐ་སརྦ་ཏིརྻ་ཀ་ ག་ཏེ་ཧེ་དུན་ཧཱུྃ་ཕཊ། ཚེ་ལས་འདས་ཆྒཻ་མོ་དམྱལ་བ་ཡི་དྭགས་དུད་འགྲོ༴ སོགས་ནས། དག་པར་ གྱུར་ཅིག ཁྲུས་གསོལ་བྱ། ཆོས་དབྱིངས་རྣམ་དག་དབྱིངས་ལས་མ་གཡོས་ཀྱང༌། །ཐབས་ཀྱིས་ ཁྲོ་བོའི་སྐུར་སྟོན་གདུག་པ་འདུལ། །ཆེ་བའི་ཆེ་མཆོག་ལྷ་ཡི་ལྷར་གྱུར་པ། །ཀུན་བཟང་ཧེ་རུ་ ཀ་ལ༴ སོགས། བཅོམ་ལྡན་ཀྱཻ་རྡོར་རྣམ་གཉིས་དཀྱིལ་འཁོར་དང༌། །གསང་བ་འདུས་པ་མ་ཧཱ་ མ་ཡ་ཚོགས། །འཁོར་ལོ་བདེ་མཆོག་རྡོ་རྗེ་འཇིགས་བྱེད་དེ། །ཡི་དམ་ལྷ་ཚོགས་རྣམས་ལ༴ 7-1-405 སོགས། བཛྲ་བསྟྲ་ཨ་ཧཱུྃ་གི་བར་དང༌། འདི་ནི་སྦྱིན་པའི་རང་བཞིན༴ སོགས་ཕར་ཕྱིན་དྲུག་དང༌། ཆུ་ བོ་དྲུག་གི་ཁྲུས་བྱས༴ སོགས། འདོད་ཆགས་ཞེ་སྡང་གཏི་མུག་གསུམ༴ སོགས། ས་ནི་དུག་གི་ ཕ་ཡིན༴ སོགས། གང་ལ་སེར་སྣ་རྣམ་ཆགས༴ འདྲེན་པ༴ སྟོན་པ༴ སྐྱོབ་པ༴ གང་ཞིག་འཁོར་ བ༴ གང་ཞིག་ཆོས༴ དཔའ་བོ་ཆེན་པོ༴ གང་ཞིག་སྐྱེས༴ བྱང་ཆུབ་སྙིང་པོར༴ ཆོས་ཀྱི་འཁོར་ ལོ༴ ཡིད་འཕྲོག༴ སངས་རྒྱས་ཁྱེ ད༴ སངས་རྒྱས་བསོད་ནམས༴ རྐང་གཉིས༴ ཉིན་མོར་བདེ་ ལེགས༴ གྱུར་ཅིག ཕྱག་འཚལ་ནི། སངས་རྒྱས་ཐམས་ཅད་འདུས་པའི༴ སྟོན་པ་བླ་མེད༴ ཆོས་ དབྱིངས་རྣམ་དག༴ བཅོམ་ལྡན་ཀྱཻ་རྡོར་རྣམ་གཉིས༴ གཙོ་བོ་རྒྱལ་བ་འགྲོ་བའི༴ སོགས་ནས། མྱུར་དུ་བསལ་དུ་གསོལ། དེ་ལྟར་སྦྱངས་ཁྲུས་བྲབ་གསུམ་གྱི་སྒོ་ནས་ཚེ་འདས་ཀྱི་སྡིག་སྒྲིབ་ དག་ནས་དཔལ་འཁོར་ལོ་སྡོམ་པའི་སྐུ་གསལ་བར་གྱུར། ༀ་བཛྲ་ཨརྒྷཾ༴ ནས། ཤབྟའི་བར་ མཆོད། ཆོས་དབྱིངས་རྣམ་དག༴ སོགས་ཀྱིས་བསྟོད་ལ། ཟས་གོས་རྣམས། ༀ་བཛྲ་ཨ་མྲ ་ཏ༴ སྭ་བྷ་ཝ༴ སྟོང་པའི་ངང་ལས་འདོད་ཡོན་ཁཾ་ལྗང་གུ༴ སོགས། གང་བར་གྱུར། ན་མཿསརྦ་ཏ༴ སོགས་ནམ་ མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བྱིན་གྱིས་རླབས། ཁ་དོག་དབྱིབས་ལེགས༴ སོགས། འཁོར་ལོ་སྡོམ་ པའི་གནས་ཐོབ་ཁྱོ ད་ལ་འབུལ། །སོགས། ༀ་ཤྲི ་ཀ་ལ་ཙཀྲ་སཾ་བྷ་ར་རུ་པ༴ སོགས་ནས་གསུར་བསྔོ ་ ཡོངས་རྫོགས་བྱ། སངས་རྒྱས་མྱུར་ཐོབ་ཤོག ཚེ་འདས་ཀྱི་རྣམ་པར་ཤེས་པ་ཨ་དཀར་པོ་དེ་ཉིད་ འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཞིང་ཁམས་ན་བཞུགས་པའི་ཆོས་སྐུ་རྡོ་རྗེ་འཆང་གི་ཐུགས་ཀར་ འཕོས་པར་གྱུར། དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར༴ སོགས། སྟོང་ཉིད་ཡེ་ཤེས་འབར་བའི༴ གསོན་ཅིག་དགོངས་ཤིག༴ ཕུང་པོ་དྲུག་གི་བུད་ཤིང་ ལ། །རྒྱལ་བ་རིག་དྲུག་མེ་སྤར་རོ། །ལས་དབང་ཡུལ་བཅས་བུད་ཤིང་ལ། །ཁྲོ་བོ་ཁྲོ་མོའི་ མེ་སྤར་རོ། །ལུས་ངག་ཡིད་གསུམ་བུད་ཤིང་ལ། །རྒྱལ་བ་སྐུ་གསུམ་མེ་སྤར་རོ། །སྐུ་གསུམ་ ཡེ་ཤེས་ལྔ་ལྡན་དུ། །འགྲོ་བའི་དོན་ཏུ་འབྱུང་བར་ཤོག དཀོན་མཆོག་རིན་ཆེན་དཔལ་ཞིང༴ 7-1-406 སོགས། པདྨ་འདམ་གྱིས་མ་གོས༴ སོགས། གཙྪནྟུ་སྭཱཧཱ། ཚེ་འདས་དེ་ཉིད་བདེ་བ་ཅན་དུ༴ དེའི་རྒྱུ་ བརྟགས་པའི་རྡོ་རྗེ་སློབ་དཔོན་གྱི་ཆོ་གས་མཐུ་ཡིན་པར་ཤེས༴ ༀ་བཛྲ་ཨརྒྷཾ༴ སོགས། ཨེ་མ་ སངས་རྒྱས་རྣམས་ཀྱི་ནི། །སྔགས་ཀྱི་བྱིན་རླབས་ཡ་མཚན་ཆེ། །གང་ཕྱིར་མཚམས་མེད་ལྷུང་ བ་ཡི། །སེམས་ཅན་ལྷ་གནས་མྱུར་དུ་སྐྱེས། །ཨེ་མ་ཤཱཀྱ་མགོན་པོ་ཡི། །སངས་རྒྱས་མཛད་ པ་ཡ་མཚན་ཆེ། །གང་ཕྱིར་ངན་སོང་ལྷུང་བ་ཡི། །སེམས་ཅན་གློག་བཞིན་མྱུར་དུ་གྲོལ། །ཞེས་ ཆེད་དུ་བརྗོད་པར་གྱུར། རང་གནས་སུ་སྤར་བ་ནི། སླར་ཡང་བསྒྲུབ་བྱ་དེ་ཉིད་བདེ་བ་ཅན་གྱི་ཞིང་ཁམས་སུ་སོང་བར་བསམ་ལ། བསྔོ ་བ་སྨོན་ལམ་བྱའོ།། །།བཀྲ་ཤིས། 7-1-407 ༄༅། །གཙོ་འདུས་ཀྱི་སྒོ་ནས་ལྷོ ་སྒོའི་ཆོ་ག་མཚོན་ཙམ་ བྱ་ཚུལ་བཞུགས་སོ། ། ༄༅། །བླ་མ་རྒྱུད་སྡེ་ལྔའི་ལྷ་ལ་ཕྱག་འཚལ་ནས། གཙོ་འདུས་དེའི་སྒོ་ནས་ལྷོ ་སྒོ་མཚོན་ཙམ་བྱ་བར་སྤྲོ་ན། ཚུལ་ དེ་ལ་རྒྱུད་སྡེ་འོག་མ་དང་ཐུན་མོང་གི་རྒྱལ་བས་གསུངས་པའི་ཆོ་ག་སྒོ་དྲུག་སྟེ། སྦྱངས་པ། བྲབ་པ། ཁྲུས་དང༌། བཤགས་ པ། ལམ་སྦྱངས། ལམ་བསྟན་ཡོད་པ་ལས། དང་པོ་སྦྱངས་པ་ནི། རང་ཉིད་སྐད་ཅིག་གིས་ཡི་དམ་ལྷའི་རྣམ་ པར་གསལ་བར་གྱུར། མདུན་གྱི་རྟེན་མི་དམིགས་པ་ལས་ཚེ་འདས་ལྡན་ཆྒཻ་མོ་ཕུང་ཁམས་སྐྱེ་ མཆེད་ཡོངས་སུ་རྫོགས་པ་གསོན་པོའི་རྣམ་པ་ཇི་ལྟ་བཞིན་ཏུ་གྱུར། དེ་ནས་འགུགས་པ་ནི། ན་མོ། རྩ་བརྒྱུད་ཀྱི་བླ་མ་དཀོན་མཆོག་གསུམ་དང་ཡི་དམ་རྒྱུད་སྡེ་ལྔའི་ལྷ་ཚོགས་དཔའ་བོ་མཁའ་ འགྲོ་ཆོས་སྲུང་དང་བཅས་པའི་བཀའ་བདེན་མཆོག་གི་སྟོབས་ཀྱིས་དེང་སྐབས་དམིགས་ ཡུལ་ཆྒཻ་མོའི་རྣམ་པར་ཤེས་པ་ལས་དབང་གིས་རིགས་དྲུག་གང་ན་གནས་ཀྱང་སྐད་ཅིག་ལ་ འདིར་མཆིས་ཏེ་དམིགས་རྟེན་དང་གཉིས་སུ་མེད་པར་གྱུར་ཅིག ༀ་ཊཀྐི་ཧཱུྃ་ཛཿ ལན་གསུམ། དེ་ ལ་ཞི་སྦྱངས། ཕྱེད་སྦྱངས། དྲག་སྦྱངས། ཏིལ་སྦྱངས་དང་བཞི་ལས། དང་པོ་ཞི་སྦྱངས་ནི། ༀ་ཨཱཿཧཱུྃ། རྫས་ཀྱི་དངོས་ པོ་དམིགས་ཡུལ་བར་ཆད་བྱེད་པ་རྣམས་ཚིམས་ནུས་པའི་འདོད་རྫས་ཕུན་སུམ་ཚོགས་པར་ གྱུར། ན་མཿ སརྦ་ཏ༴ སོགས། ལན་གསུམ་གྱིས་མཐེབ་སྐྱུ་རྟེན་ལ་ལག་ལེན་བཞིན་བསྐོར། གཉིས་པ་ཕྱེད་སྦྱངས་ ནི། སུམྦྷ་ནིའི་སྔགས་ལན་གསུམ་གྱིས་རྟེན་ལ་ཏིང་ལོ་ཆངས་བུ་བསྐོར། གཏོར་མ་འདིས་ཚིམ་པར་གྱིས་ལ་ དམིགས་ཡུལ་འདིའི་ཟུར་ལ་མ་འཁོར་བར་བགེགས་ཚོགས་རང་རང་གི་གནས་སུ་སོང་ཞིག 7-1-408 གསུམ་པ་དྲག་སྦྱངས་ནི། གོང་ལྟར། ན་མོ་རྩ་བརྒྱུད་ཀྱི་བླ་མ་དཀོན་མཆོག་གསུམ་དང་ཡི་དམ་རྒྱུད་སྡེ་ ལྔའི༴ སོགས། མཆོག་གི་སྟོབས་ཀྱིས་འདིར་དམིགས་ཡུལ་ཐར་ལམ་ཐོབ་པ་ལ་གེགས་སུ་གང་ གྱུར་པ་གཏོར་མ་འདི་དག་གིས་ལེགས་ཚིམས་གྱིས་ལ་གཞན་ཏུ་སོང་ཤིག གལ་ཏེ་མི་འགྲོ་ན་ ཐུགས་ལས་སྤྲོས་པའི་ཁྲོ་ཚོགས་མེ་དཔུང་གིས་བསྲེག་ཅིང་བརླག་པར་གདོན་མི་ཟའོ། །སུམ་ བྷ་ནིའི་སྔགས་སོགས་བརྗོད། བཞི་པ་ཏིལ་སྦྱངས་ནི། དམིགས་ཡུལ་སྡིག་སྒྲིབ་ཐམས་ཅད་སྙིང་གར་ ཀཾ་ཡིག་གི་རྣམ་པར་གནས་པ་སྣ་བུག་ནས་ཐོན་ཏེ་སྲོག་ཆགས་ཀྱི་གཟུགས་སུ་གྱུར་པ་མེས་ བསྲེགས་ཤིང་ཆུས་བཀྲུས་པར་གྱུར། ༀ་སརྦ་པཱའ་པཾ་ད་ཧ་ན་བྷསྨི་ཀུ་རུ་སྭཱཧཱ། ལན་གསུམ་གྱིས་ ཏིལ་མེ་ཆུར་དོར། དེ་ནས་གཉིས་པ་བྲབ་པ་ནི། གཙོ་བོ་ལྔའི་སྙིང་པོ་རྣམས་དང་རྩ་རིག་བཟླས་ཏེ། ཕྱེ་མ་སོགས་ལ་སྔགས་ནས་རྟེན་ལ་བྲབ། དམིགས་ཡུལ་ངན་སོང་གསུམ་གྱི་སྡུག་བསྔལ་ལས་མྱུར་དུ་ཐར་བར་གྱུར་ཅིག གསུམ་པ་ཁྲུས་ནི། རྩ་བརྒྱུད་བླ་མ་རྒྱུད་སྡེ་ལྔའི་ལྷ་ཚོགས། །མཆོག་གསུམ་མཁའ་འགྲོ་ཆོས་ སྐྱོང་སྐུ་ཁྲུས་ཆུས། །དམིགས་ཡུལ་རྟེན་ལ་ཁྲུས་བྱས་སྦྱིན་སོགས་དྲུག །ཡོངས་རྫོགས་མི་ མཐུན་དྲི་མ་བྱང་གྱུར་ཅིག །གཙོ་བོ་ལྔའི་སྙིང་པོ། རྩ་རིག་དེ་དང་བཅས་བུམ་ཆུས་རྟེན་བཀྲུ། དཀོན་མཆོག་ གསུམ་གྱི་བདེན་པའི་བྱིན་རླབས་ཀྱིས། །དམིགས་ཡུལ་རྒྱུད་ཀྱི་དུག་གསུམ་ཉེས་སྒྲིབ་བཅོམ། །ངན་སོང་གསུམ་དུ་སྐྱེ་བའི་སྒོ་བཅད་ནས། །ཡང་དག་སྐྱེ་སྲིད་མཆོག་ལ་ཡོངས་འགོད་ཤོག །གཙོ་བོ་ལྔའི་སྙིང་པོ། རྩ་རིག དམིགས་ཡུལ་འདི་ཡི་རྒྱུད་ལ་ཐོག་མེད་ནས། །འབྱུང་བཞི་ལས་སྐྱེས་ ཀུན་ནས་ཉོན་མོངས་ཚོགས། །འབྱུང་བ་རང་རང་གཤིས་ཀྱི་ཆོས་ཉིད་དུ། །རབ་དྭངས་ཞི་བ་ ཆེན་པོར་གྲོལ་གྱུར་ཅིག གཙོ་བོ་ལྔའི་སྙིང་པོ། རྩ་རིག་བཅས་ཁྲུས་བྱ། ཤིས་བརྗོད་ནི། དཔལ་ལྡན་སྐུ་གསུང་ ཐུགས་ཡོན་ཕྲིན་ལས་བདག །རྟེན་དང་བརྟེན་པའི་དཀྱིལ་འཁོར་ཡོངས་རྫོགས་པ། །ལེགས་ ཚོགས་དགེ་མཚན་ཅིར་ཡང་བཞད་པ་ཡིས། །དམིགས་ཡུལ་འགྲོ་ལ་རྟག་པར་སྐྱོང་གྱུར་ཅིག 7-1-409 ། བཞི་པ་བཤགས་པ་ནི། བརྒྱུད་ལྡན་བླ་མ་ཡི་དམ་ལྷ་ལྔའི་ཚོགས། །སངས་རྒྱས་བྱང་སེམས་ མཁའ་འགྲོ་ཆོས་སྲུང་སོགས། །ཕྱག་འོས་ཀུན་ལ་གུས་པས་ཕྱག་འཚལ་ལོ། །དམིགས་ཡུལ་ སྡིག་སྒྲིབ་མ་ལུས་སྦྱང་དུ་གསོལ། །སྙིང་ནས་ཉེས་ལྟུང་འགྱོད་པ་ཆེན་པོས་བཤགས། །སླན་ ཆད་ཡོངས་མི་བགྱིད་པའི་དམ་བཅའ་འབུལ། །སྐྱབས་མགོན་རྣམས་ཀྱིས་བརྩེ་ཆེན་ཐུགས་ རྗེས་ཟུང༌། །འཁོར་བ་སྡུག་བསྔལ་མཚོ་ལས་མྱུར་སྒྲོལ་མཛོད། །འདིར་གཙོ་འདུས་མདུན་བསྐྱེད་བདག་ འཇུག་སྔོ ན་ཏུ་སོང་ཡོད་ན་དབང་བསྐུར་ཚུལ་གྱིས་འདོན། དེ་ནས་བསུར་བསྔོ ་འདོད་ན། དམིགས་ཡུལ་ཡི་དམ་ལྷ་ ཉིད་དུ་སྐད་ཅིག་གིས་གསལ་བར་གྱུར། ནམ་མཁའ་མཛོད་སྔགས་ལན་གཅིག སཾ་བྷ་ར་ལན་བདུན་མཐར། ༀ་ཨཱཿཧཱུྃ། གསུར་མཆོད་འདོད་ཡོན་རྣམ་པ་ལྔའི་ཕུང་པོ་འདི་ཉིད་དམིགས་ཡུལ་ལྷར་གསལ་ བ་ལ་ཕུལ་བས་ཟག་པ་མེད་པའི་དགའ་བདེ་ལེགས་ཚིམ་མཛོད་ཅིག བདེ་བར་གཤེགས་ པ་རིན་ཆེན་མང་དང་གཟུགས་མཛེས་འཇམ་ཀླས་འཇིགས་ཀུན་བྲལ་བ་ལ་གུས་པས་ཕྱག་ འཚལ་ལོ། །གསུར་གྱིས་ལོངས་སྤྱོད་ཟད་མེད་སྲིད་པ་བར་མ་དོ་རང་རང་དང་འཚམས་པའི་ ཟས་གོས་གང་དགོས་སུ་གྱུར་ཏེ་བར་སྲིད་པ་ཐམས་ཅད་ལ་གང་མོས་ཀྱི་འབྱོར་བ་ཇི་ལྟར་ དགའ་བདེས་ཡིད་ཚིམ་པར་ནུས་པ་ཕམ་རྒྱལ་དང་འཇིགས་སྐྲག་མེད་པ་སོ་སོའི་རང་དབང་ དུ་སྤྱོད་པའི་སྐལ་བ་ཐོབ་ནས། ལུས་གཟུགས་སྐུ་དང་སེམས་ཆོས་སྐུའི་ངོ་བོར་མངོན་པར་ སངས་རྒྱས་པར་གྱུར་ཅིག ལྔ་པ་ལམ་སྦྱངས་ནི། རྡོ་རྗེ་འཆང་ཆེན་རྒྱུད་སྡེ་རྣམ་ལྔའི་དཔལ། །སྙིང་ནས་གསོལ་འདེབས་ ཁྱོ ད་ལུས་འོད་སྦུབས་སུ། །དྷུ་ཏཱིའི་ལམ་ནས་རིག་ཤེས་ཐིག་ལེའི་ཚུལ། །སྐར་མདའ་ཆད་ བཞིན་བླ་མའི་ཐུགས་ཀར་ཐིམ། །ཕཊཿ དེ་ནས་བླ་མ་ལྷ་ཡི་ཐུགས་རྗེའི་མཐུས། །སྒྲིབ་སྦྱངས་ ཚོགས་རྫོགས་མཐུན་རྐྱེན་ཕུན་ཚོགས་ནས། །དག་པ་བདེ་ཆེན་ཞིང་དུ་ཆས་པ་ལ། །སྒོ་གང་ 7-1-410 ཐད་ནས་རྒྱུ་ཚོགས་སྟོབས་ཆེན་གྱུར། །ༀ་རཏྣེ་རཏྣེ་མ་ལ་བི་ཤུདྡྷེ་སྭཱཧཱ། དྲུག་པ་ལམ་བསྟན་ནི། རྒྱུ་ཚོགས་དེར་བརྟེན་རྣམ་ཤེས་རིག་པའི་ཁམས། །བདེ་ཆེན་ཞིང་གཙོ་ རྒྱལ་བ་ལེགས་བཞུགས་དྲུང༌། །པདྨོའི་གེ་སར་བཞད་དེར་རྫུས་སྐྱེས་སུ། །གཟུང་སྤོབས་སྐྱེས་ ཐོབ་ཅན་ཏུ་སྐད་ཅིག་འཕོས། ༀ་པདྨེ་པདྨོ་སཾ་བྷ་ཝ་ཨ་བྷི ་ནན་ཏ་གཙྪ་སྭཱཧཱ། ཕཊཿ དེར་སྐྱེས་ མ་ཐག་པ་ལ་ཞིང་དེའི་བྱང་སེམས་དག་གིས་མཆོད་ཅིང༌། སྐྱེ་བ་པོ་རང་ཉིད་ཀྱིས་ཞིང་གཙོ་ རྒྱལ་བ་འཁོར་བཅས་ལའང་མཆོད་རྗེས་སུ་རང་སྐྱེ་བའི་རྐྱེན་ལ་བརྟགས་ནས་འདིར་ལྷག་ཏེ་ སློབ་དཔོན་ལ་སྐུ་དྲིན་གསོལ་ཐབས་སུ་མཆོད་དེ་ཆེད་དུ་བརྗོད་པ་ནི། ཨེ་མ་ངོ་མཚར་རྨད་ཀྱི་ ཆོས། །ཆོ་གའི་མཐུན་རྐྱེན་བླ་མེད་པས། །བདག་ལ་སྐལ་བཟང་དམ་པ་ཐོབ། །བཀའ་དྲིན་ ཆེའོ་ཐུགས་རྗེའི་གཏེར། །ཞེས་བརྗོད་ནས་དམིགས་ཡུལ་དེ་ཉིད་སླར་རང་གནས་བདེ་བ་ ཅན་ཏུ་བཞུད་པར་གྱུར། དེ་ནས་བསྔོ ་སྨོན་ནི། དཔལ་ལྡན་བྱིན་རླབས་ཀུན་འདུས་གཏེར། །རྒྱུད་སྡེ་ ལྔ་ཡི་དཀྱིལ་འཁོར་ལ། །བརྟེན་ནས་སྡིག་སྦྱོང་སྒོ་དྲུག་གིས། །དམིགས་ཡུལ་སྒྲིབ་པ་ལེགས་ སྦྱོང་མཐུས། །དེ་ལྟར་གང་བྱས་འགྲོ་འདི་ཀུན། །བདེ་ཆེན་ཞིང་དུ་སླར་བཞུད་དེ། །ཐུན་མིན་ གདུལ་བྱ་མཆོག་གྱུར་ནས། །དབང་རབ་ལུས་རྟེན་ཐོབ་པར་ཤོག ཞིང་གཙོ་རྒྱུད་སྡེའི་དཀྱིལ་ འཁོར་བཞེངས། །སྨིན་བྱེད་དབང་གི་སྒོ་ཕྱེས་ནས། །རིམ་ལྔའི་ལམ་གྱི་གཞི་རྩ་ཚུགས། །གསང་ཆེན་ཐེག་པར་ཡོངས་འཇུག་ཤོག །དབེན་པ་གསུམ་ལ་བརྟེན་ནས་སུ། །འོད་གསལ་ སྒྱུ་ལུས་ཟུང་འཇུག་མཆོག །མྱུར་བགྲོད་རིམ་པའི་འཕེལ་ཁ་རྫོགས། །འཁོར་སྡུག་རྒྱལ་ས་ གྲོལ་བར་ཤོག །དེར་བརྟེན་མིག་འཕྲུལ་ཇི་བཞིན་ཏུ། །འབད་མེད་མྱུར་གྲོལ་དགའ་བདེའི་ དཔྱིད། །བདེ་སྟོང་ཟུང་འཇུག་མཐར་ཐུག་པར། །ཁྱབ་བདག་དགོངས་ཆེན་ལེགས་སྤྱོད་ཤོག །གང་སྨོན་དོན་ཀུན་བླ་མ་ལྷ། །ལྔ་ཕྲག་རྒྱུད་སྡེ་གཙོ་བོ་མཆོག །ཧེ་རུ་ཀ་དཔལ་འཁོར་བཅས་ ཀྱི། །ཐུགས་རྗེའི་སྟོབས་ཀྱིས་འགྲུབ་གྱུར་ཅིག །ཅེས་སོགས། བསྔོ ་སྨོན་གྱིས་མཐའ་བརྒྱན་པའི་ལྷོ ་སྒོ་ཞེས་ 7-1-411 གྲགས་པའི་སྡིག་སྦྱོང་སྒོ་དྲུག་གི་ལག་ལེན་མདོ་བསྡུས་གྲུབ་ཟིན། ཞེས་གཙོ་འདུས་ཀྱི་སྒོ་ནས་ལྷོ ་སྒོའི་ཆོ་ག་མཚོན་ཙམ་བྱ་ཚུལ་ འདི་ཡང་བརྟན་ལ་ཐུགས་བརྩེའི་ཁུར་ཉེ་བར་འཛིན་པའི་རྗེ་བོ་མཛད་སྒོའི་དཔལ་རབ་ཏུ་ཡངས་པ་གང་གི་ཐག་རིང་ནས་ལེགས་ བསྐུལ་ལྟར།། མ་ཏིས་ཤར་མར་བཀོད་པ་འདིས་འགྲོ་ཀུན་ལ་ལེགས་ཕན་འབྱུང་བར་ཤོག་ཅིག། །།སརྦ་མངྒ་ལཾ།