6-1-1 ཇོ་ནང་ཆོས་མཛོད་ཆེན་མོ་ལས། ངག་དབང་བློ་གྲོས་གྲ གས་པའི་་གསུང་འབུམ། ༼པོད་དྲུག་པ།༽ 6-1-2 དཀར་ཆག ཐོག་མའི་གླེང་བརྗོད།.........................................................................................(1) ཤར་འཛམ་ཐང་པ་ངག་དབང་བློ་གྲོས་གྲགས་པའི་རྣམ་ཐར་ཉུང་བསྡུས།.......................................(1) གུ་རུའི་བླ་སྒྲུབ་བྱིན་རླབས་ལྷུག་པར་སྩོལ་བའི་ཐབས་མཆོག་ཅེས་བྱ་བ་བཞུགས་སོ།།........................(1) གུ་རུའི་བླ་སྒྲུབ་ཀྱི་ཟུར་ལྷན་ཚོགས་གཉིས་ཉེར་སྐྲུན་ཞེས་བྱ་བ་བཞུགས་སོ།།..................................(5) གུ་རུའི་བསྟོད་པ་དགེ་ལེགས་འབྱུང་གནས་ཞེས་བྱ་བ་བཞུགས་སོ།།............................(20) གུ་རུའི་བླ་སྒྲུབ་དང་འབྲེལ་བའི་ཚེ་གཡང་སྒྲུབ་ཅིང་ཚོགས་མཆོད་བྱེད་པའི་ཚུལ་ཉེར་མཁོ་ འགྲོ་ཕན་སྤེལ་བྱེད་ཅེས་བྱ་བ་བཞུགས་སོ།།...........................................................(23) གུ་རུ་རིན་པོ་ཆེའི་སྒོ་ནས་འཕོ་བ་བྱ་ཚུལ་ཞིང་མཆོག་སྒོ་འབྱེད་ཅེས་བྱ་བ།....................................(29) སློབ་དཔོན་རྡོ་རྗེ་སྐུ་བརྙེས་པད་འབྱུང་གི་རྣམ་པར་ཐར་བ་ཐུན་མོང་དང་མཐུན་པ་ བཀའ་མ་ཡོངས་གྲགས་རབ་གསལ་སྣང་བ་རྡོ་རྗེའི་མེ་ལོང་ཞེས་ བྱ་བ་བཞུགས་སོ།།.................................................................................(33) གུ་རུ་མཚོ་སྐྱེས་རྡོ་རྗེའི་རྣམ་པར་ཐར་པ་ཐུན་མིན་དག་སྣང་རྒྱན་གྱི་འཁོར་ལོ་ལས་ཆ་ཙམ་ མངོན་པར་བརྗོད་པ་བདེ་ཆེན་རྡོ་རྗེ་གཟི་འབར་ཞེས་བྱ་བ་ བཞུགས་སོ།།.........................................................................(73) རྗེ་ཏཱ་ར་ནཱ་ཐའི་སྐུ་འདས་པའི་ཚུལ་གྱི་རྣམ་པར་ཐར་བ་འཇམ་མགོན་དགྱེས་པའི་ཀུན་བཟང་ མཆོད་སྤྲིན་ཞེས་བྱ་བ་བཞུགས་སོ།།.............................................................(125) དཔལ་ལྡན་བླ་མ་སྐྱབས་མགོན་ངག་དབང་མཚན་བཟང་དཔལ་གྱི་སྡེའི་རྣམ་པར་ཐར་པ་ དད་པའི་པདྨོ་མངོན་པར་བཞད་བྱེད་ཉི་གཞོན་གསར་བའི་འོད་བཟང་ ཞེས་བྱ་བ་བཞུགས་སོ།།..........................................................................(187) 6-1-3 གསང་སྔགས་ཀྱི་རྡོ་རྗེ་སློབ་དཔོན་ཆེན་པོ་ཀུན་དགའ་སྙན་གྲགས་རྒྱ་མཚོའི་རྟོགས་བརྗོད་ཀྱི་ རྣམ་ཐར་དཔལ་ལྡན་བླ་མ་དགྱེས་པའི་ཀུན་བཟང་མཆོད་སྤྲིན་ ཞེས་བྱ་བ་བཞུགས།..........................................................................(249) དཔལ་ལྡན་བླ་མ་ངག་དབང་བསྟན་པ་རབ་རྒྱས་ཀྱི་རྣམ་པར་ཐར་པ་མདོ་ཙམ་བཀོད་པ་ དད་པའི་མྱུ་གུ་འཕེལ་བྱེད་ཅེས་བྱ་བ་བཞུགས་སོ།།..................................................(309) དཔལ་ལྡན་བླ་མ་ངག་དབང་དཔལ་བཟང་པོའི་རྣམ་པར་ཐར་པ་རྡོ་རྗེའི་སློབ་མའི་དག་སྣང་ སྦྱོང་བྱེད་ཅེས་བྱ་བ་བཞུགས་སོ།།..................................................................(397) པར་བྱང་སྨོན་ཚིག..................................................................................(470) 6-1-4 ༄༅། །གུ་རུའི་བླ་སྒྲུབ་བྱིན་རླབས་ལྷུག་པར་སྩོལ་བའི་ ཐབས་མཆོག་ཅེས་བྱ་བ་ བཞུགས་སོ། ། ༄༅། །ན་མོ་པདྨ་ཀ་ར་ཡེ། སློབ་དཔོན་རྡོ་རྗེའི་སྐུ་ལ་ཕྱག་འཚལ་ནས་གང་དེའི་བླ་སྒྲུབ་བྱིན་རླབས་ལྷུག་པར་སྩོལ་ བའི་ཐབས་བྱ་བ་ལ་ཐོག་མར་སྐྱབས་འགྲོ་འདི་ལྟ་སྟེ། གཉུག་མ་བདེ་ཆེན་ཆོས་སྐུ་ཀུན་ཏུ་བཟང༌། །རང་ བཞིན་འོད་གསལ་ལྷུན་གྲུབ་ལོངས་སྤྱོད་རྫོགས། །གང་འདུལ་སྤྲུལ་པའི་སྐུ་མཆོག་གུ་རུ་རྗེ། །རྣམ་གསུམ་ཆོས་སྐུའི་ངོ་བོར་སྐྱབས་སུ་བསྟེན། །ལན་གསུམ། སེམས་བསྐྱེད་པ། གདོད་མ་ཉིད་ནས་ཀུན་བྱེད་བྱང་ཆུབ་སེམས། །ཡེ་དག་སྐུ་གསུམ་རང་ བྱུང་ལྷུན་རྫོགས་ཀྱང༌། །ཇི་བཞིན་ངོ་མ་འཕྲོད་པའི་འགྲོ་འདི་ཀུན། །རང་གསལ་ནང་རིག་ ཆེན་པོར་འུབས་ཆུབ་བགྱིད། །ལན་གསུམ། དེ་ནས་དངོས་གཞི་ནི། རིགས་ཁམས་གདོད་ནས་དག་པའི་རང་རྩལ་ལས། །མ་འགགས་ ཆོ་འཕྲུལ་རོལ་པའི་རྒྱན་བཀོད་ཀྱིས། །ཀུན་སྣང་དག་པའི་མཛད་ཆེན་ཡ་མཚན་པ། །སྐད་ ཅིག་རང་མདུན་མཁའ་ལ་འཇའ་ཟེར་སྦུབས། །ཡིད་འཕྲོག་ཆུ་སྐྱེས་འདབ་ལྡན་ཟེའུ་འབྲུའི་ རྩེར། །ཉ་རྒྱས་རི་བོང་ཅན་འབར་གདན་བཟང་སྟེང༌། །ཀུན་ཏུ་བཟང་པོ་ཆོས་སྐུ་ཞི་བའི་ངང༌། །རང་རྩལ་འགག་མེད་རིག་འཛིན་བླ་མའི་རྗེ། །པདྨ་འབྱུང་གནས་མཚོ་སྐྱེས་སྤྲུལ་པའི་ སྐུ། །དཀར་ལ་དམར་བའི་གཟུགས་སྐུ་གཟི་ཆེན་འབར། །ཞབས་གཉིས་རྒྱལ་པོ་རོལ་པའི་ 6-1-5 བཞུགས་སྟངས་ཅན། །ཕྱག་གཡས་སྣང་སྲིད་ཟིལ་གནོན་རྡོ་རྗེ་དང༌། །གཡོན་པས་བདུད་ རྩིས་ལེགས་བལྟམས་ཐོད་པ་བསྣམས། །རིགས་ཀྱི་ཕྱག་མཚན་རྩེ་གསུམ་རྒྱན་བཅས་ཏེ། །ཐུགས་རྗེའི་ཞལ་རས་འཛུམ་དཀར་རབ་གཡོ་བ། །དབུ་ལ་པད་ཞྭ་མཚན་ཉིད་ཀུན་རྫོགས་ ཤིང༌། །སྐུ་ལ་བེར་ཆེན་ངུར་སྨྲིག་ན་བཟས་བཀླུབས། །གསང་སྔགས་བརྟུལ་ཞུགས་མཆོག་ གིས་སྒེག་བཞིན་དུ། །རིག་འཛིན་བླ་མའི་ཚོགས་ཀྱི་སྤྲིན་སྤྲོ་བ། །ཞི་ཁྲོ་རབ་འབྱམས་འཁོར་ ལོའི་དབང་ཕྱུག་རྗེ། །རིགས་ཀྱི་བདག་པོ་འཇིག་མེད་རྡོ་རྗེའི་སྐུ། །མཛེས་སྡུག་གཟི་འོད་ སྟོང་གིས་བརྗིད་པ་ཅན། །གང་གི་གཡས་གཡོན་ཐུགས་ཀྱི་གཟུངས་མ་མཆོག །བདེ་བསྐྱེད་ ཡེ་ཤེས་མཁའ་འགྲོ་མཚོ་རྒྱལ་དང༌། །མན་དཱ་ར་བ་མཛེས་སྡུག་སྒེག་མོའི་ཚུལ། །སྣ་ཚོགས་ རྒྱན་བཟང་དར་གྱི་ཆས་གོས་སོགས། །ངོ་མཚར་ཡིད་འཛིན་བདེ་ཆེན་འདྲེན་པ་མོ། །སྒྱུ་མའི་ གར་གྱི་རོལ་པ་ཅིར་ཡང་ངོམ། །གཞན་ཡང་འབུམ་ཕྲག་ཌཱ་ཀིའི་རིགས་གྱུར་ཚོགས། །མ་ངེས་ སྣ་ཚོགས་རོལ་པས་མཁའ་ཀུན་འགེངས། །ཕྱོགས་མཚམས་ཐམས་ཅད་རྩ་གསུམ་རྒྱ་མཚོ་ ཆེ། །རྣམ་འཕྲུལ་མཐའ་ཡས་དང་བཅས་དགྱེས་བཞིན་དུ། །མཛད་པ་རབ་འབྱམས་བཀོད་ པ་སྤྲིན་ལྟར་གཏིབས། །དེ་དག་ཀུན་ཀྱང་མཛད་ཚུལ་སོ་སོ་ཙམ། །དོན་ལ་བདེ་ཆེན་མཁའ་ འགྲོའི་དབང་ཕྱུག་གི །གསང་བ་གསུམ་གྱི་རྣམ་འཕྲུལ་གཅིག་ཏུ་ངེས། །མཉམ་མེད་ གུ་རུ་ རྗེ་དང་རྣམ་དབྱེར་མེད། །འཁོར་ལོའི་མགོན་གཅིག་མཛད་པ་ཀུན་གྱི་བདག །གང་གི་གནས་ གསུམ་ཡི་གེ་གསུམ་གྱིས་མཚན། །སྐྱབས་ཀུན་འདུས་པའི་བདག་ཉིད་མཆོག་ཏུ་གསལ། ། དེ་ནས་ཡན་ལག་བདུན་པ་ནི། རབ་འབྱམས་རྩ་གསུམ་ཡོངས་ཀྱི་སྤྱི་རྗེ་ཉིད། །ཀུན་བཟང་ཆོས་ སྐུའི་འཕྲུལ་ཆེན་སྣང་བའི་གར། །གསང་སྔགས་བརྟུལ་ཞུགས་མཆོག་གྲུབ་པདྨ་འབྱུང༌། །བླ་ མ་ཀུན་འདུས་རྗེ་ལ་གུས་ཕྱག་འཚལ། །རྣལ་འབྱོར་དག་པས་ཉེར་བསྐྲུན་མཆོད་པའི་ཚོགས། །ཉེར་སྤྱོད་འདོད་ལྔ་ལྷ་མིའི་དཔལ་འབྱོར་དང༌། །མཁོ་དགུའི་རིགས་ཀྱི་ཡིད་སྡུག་དཔལ་ 6-1-6 མངའ་བ། །གང་དག་མཆིས་པ་ཀུན་ཀྱང་ཞེན་མེད་འབུལ། །སྦྱངས་རྟོགས་སྦར་བའི་དྲི་མེད་ དམ་རྫས་མཆོག །ལྕགས་ཀྱུ་སྒྲོན་ལྔའི་ངོ་བོར་གྱུར་པ་དང༌། །དཔའ་བོའི་སྐྱེམས་སོགས་ གསང་སྔགས་དགྱེས་བསྐྱེད་པ། །དེ་ཀུན་བརྟུལ་ཞུགས་གྲུབ་པ་མཆོག་ལ་ཕུལ། །ཀུན་ནས་ དགའ་བདེའི་འཁོར་ལོ་རྟག་འབར་ཞིང༌། །རྣམ་མང་འདོད་པའི་ཉམས་བརྒྱས་སྒེག་པ་ཡི། །རྐེད་མེད་ན་ཆུང་མཛེས་སྡུག་རིག་མ་ཀུན། །དཔའ་བོ་ཧེ་རུ་ཀ་ཁྱོད་དགྱེས་ཕྱིར་མཆོད། །རང་བྱུང་ཡེ་ཤེས་དག་ཆེན་མཆོག་གི་གཤིས། །མ་བཙལ་རང་བབས་སྐྱོང་བའི་ཐབས་ མཁས་ལས། །རིག་སྟོང་རྗེན་པར་ཤར་བའི་དེ་ཉིད་ཀྱིས། །ནང་རིག་བླ་མའི་དགོངས་བཞེད་ ཆེས་དགྱེས་མཛོད། །གདོད་མ་ཀ་ནས་དག་པའི་གཤིས་ལུགས་ལ། །མཚན་འཛིན་སྤྲོས་པས་ རིས་སུ་གཅོད་པའི་འགྲོ། །གང་དག་གནས་ལུགས་རང་ཞལ་མ་མཇལ་བ། །ནོངས་པ་གང་ བགྱིས་དེ་ཀུན་སྒྲིབ་མེད་གསོལ། །ཡེ་གཞི་རྫོགས་ཆེན་ཡེ་ནས་བརྡལ་བ་ཉིད། །ནམ་ཡང་ དོན་ལ་འཕེལ་འགྲིབ་བྲལ་ན་ཡང༌། །གཟུང་འཛིན་ཅན་ངོར་ཐབས་ལམ་ཅོག་བཞག་གིས། །དབང་རིམ་རིག་གདངས་མངོན་ལ་རྗེས་ཡི་རང༌། །དོན་དམ་ཆོས་སྐུའི་འཁོར་འདས་དབྱེར་ མེད་ཀྱང༌། །གཞན་སྣང་ལོངས་སྤྲུལ་རོལ་པ་ཅིར་ཡང་འཆར། །མོས་པ་དང་འཚམས་མཛད་ བཟང་སྣང་བ་ཡིས། །གང་འདུལ་ཟབ་རྒྱས་ཚུལ་གྱིས་འགྲོ་ཁམས་སྐྱོངས། །དག་པ་རྒྱན་གྱི་ འཁོར་ལོ་འཆར་བའི་གཞི། །རང་བྱུང་ཀ་དག་འོད་གསལ་རིག་པའི་གཤིས། །འཕོ་འགྱུར་ སྤྲོས་པ་ཡེ་ནས་མི་སྲིད་མོད། །འགྲོ་བློ་དང་མཐུན་གཟུགས་སྐུའི་བཀོད་པ་སྟོན། །དམིགས་ བྱ་དམིགས་བྱེད་བྲལ་བའི་རང་རིག་དབྱིངས། །དོན་དམ་ངེས་པ་མཆོག་གི་པད་འབྱུང་སྟེ། །གནས་ལུགས་བླ་མའི་རང་ཞལ་རྗེན་ཆར་དུ། །ཇི་བཞིན་ལེགས་མངོན་དགོངས་ཆེན་གཅིག་ ཏུ་སྨོན། ། དེ་ནས་གསོལ་བ་འདེབས་པ་ནི། ཀ་དག་སྐྱེ་མེད་དབྱིངས་ནས་གཟུགས་སྐུའི་འཕྲུལ། །རྩ་ 6-1-7 གསུམ་རྒྱ་མཚོའི་སྤྱི་རྗེ་འཁོར་ལོའི་མགོན། །དཔལ་ལྡན་པདྨ་ལས་འཁྲུངས་ཟག་མེད་སྐུ། །སྐྱེ་ འཆི་བགྲེས་རྒུད་བྲལ་ལ་གསོལ་བ་འདེབས། །གདོད་ནས་བཞུགས་པའི་ནང་དབྱིངས་ཆོས་ སྐུའི་ཐུགས། །འོད་གསལ་འཕོ་འགྱུར་མེད་པའི་དགོངས་ཀློང་དུ། །མ་འབད་ལྷུན་གྲུབ་རྩོལ་ བྲལ་ལྷུག་པའི་ངང༌། །ཅོག་བཞག་ལ་བཟླས་ཞེན་འཛིན་རང་སར་དག །རིང་མིན་གདོས་ བཅས་སྒྱུ་ལུས་རིམ་གྱིས་ཡལ། །སྣང་བཞིའི་ཡེ་ཤེས་དམ་པའི་དགོངས་ཆེན་གྱིས། །མིག་ འཕྲུལ་ཇི་བཞིན་རང་སྣང་ཡོངས་དག་སྟེ། །འཕོ་ཆེན་འཇའ་ལུས་རྡོ་རྗེའི་སྐུ་འགྲུབ་ཤོག །ཅེས་ པའི་གསོལ་འདེབས་ཅི་ནུས་མཐར། གཉུག་ཁམས་དྭངས་པའི་རང་མདངས་ཆོས་ཀྱི་སྐུ། །ངེས་པ་དོན་ གྱི་གུ་རུ་པདྨ་འབྱུང༌། །གང་གི་གསང་གསུམ་ཆོས་དབྱིངས་ཡེ་བཞུགས་ངང༌། །ཐ་མལ་སྒོ་ གསུམ་རོ་མཉམ་དབྱེར་མེད་གྱུར། །ཨ໋་ཨཱཿཧཱུཾ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུཾ། ཞེས་པའང་ཅི་འགྲུབ་ཀྱི་རྗེས་ སུ། རྩ་གསུམ་ཀུན་འདུས་བླ་མའི་གནས་གསུམ་ལས། །འོད་ཟེར་དཀར་དམར་མཐིང་གསུམ་ སྤྲོས་པ་ཡིས། །རང་གི་སྒོ་གསུམ་ཉིད་དུ་ལེགས་ཐིམ་པས། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་ ཡོངས་རྫོགས་ཐོབ། །ཁྱད་པར་འོད་གསལ་ནང་རིག་འགྱུར་མེད་དབྱིངས། །ཇི་བཞིན་རྗེན་ ཆར་ཕོག་པའི་རྩལ་དབང་གིས། །སྐད་ཅིག་ཉིད་ལ་གནས་ལུགས་མངོན་བྱེད་པའི། །ཐུན་ མིན་མཆོག་གི་བཀའ་དབང་བསྐུར་དུ་གསོལ། །འཁོར་འདས་རང་གཤིས་དོན་དམ་གུ་རུའི་ ཐུགས། །གཟུང་འཛིན་སྤྲོས་པ་ཀུན་དང་བྲལ་བའི་དབྱིངས། །གདོད་མའི་ཆོས་ཉིད་ངང་དུ་ རང་བཞག་གིས། །འབད་མེད་ཟང་ཐལ་རྒྱ་ཡན་དགོངས་གྲོལ་ཤོག །མཁའ་དབྱིངས་རང་ སྣང་དག་པའི་ཀློང་ཆེན་དུ། །མ་འགགས་སྒྱུ་མའི་རོལ་པ་འཆར་བའི་འཕྲུལ། །རྩ་གསུམ་རྒྱ་ མཚོའི་སྤྱི་དཔལ་རིགས་ཀྱི་བདག །ནང་དབྱིངས་རིག་པ་ཉག་གཅིག་གཤིས་སུ་བསྡུ། །རབ་ དཀར་འཁོར་གསུམ་དམིགས་མེད་ནམ་མཁའ་ལྟར། །རྒྱ་ཆད་ཕྱོགས་ལྷུང་བྲལ་བའི་ཟང་ཀ་ མ། །རྫོགས་པ་ཆེན་པོའི་བྱང་ཆུབ་སེམས་དཀྱིལ་དུ། །གཉིས་མེད་འུབས་ཆུབ་དགོངས་ཆེན་ 6-1-8 སྤྱོད་གྱུར་ཅིག །ཅེས་གུ་རུའི་བླ་སྒྲུབ་བྱིན་རླབས་ལྷུག་པར་སྩོལ་བའི་ཐབས་མཆོག་ཅེས་བྱ་བ་ཡང་འདི་ལ་མོས་པ་དགེ་རྒན་ ངག་བསམ་གྱིས་མོས་འདུན་མ་བཟློག་ཙམ་དུ་མ་ཏི་ཀིརྟི་ཞེས་པས་འཕྲལ་དུ་སྤེལ་བ་ཡི་གེའི་ལམ་དུ་རི་མོ་ལེགས་བགྱིད་བྱེད་པ་ པོ་ནི་ངག་དབང་ཡོན་ཏན་བཟང་པོ་སྟེ་མཚོ་སྐྱེས་བླ་མའི་བྱིན་རླབས་དུས་སུ་སྩོལ་བར་གྱུར་ཅིག་གུ།། །།ཛ་ཡནྟུ། སརྦ་མངྒ་ལཾ།། 6-1-9 ༄༅། །གུ་རུའི་བླ་སྒྲུབ་ཀྱི་ཟུར་ལྷན་ཚོགས་གཉིས་ ཉེར་སྐྲུན་ཞེས་བྱ་བ་ བཞུགས་སོ། ། ༄༅། །སྐྱབས་མཆོག་སློབ་དཔོན་གུ་རུ་རྗེ་ལ་གུས་ཤིང་འདུད་པའི་སྒོ་ནས། གང་ཉིད་ལ་བརྟེན་བསོད་ནམས་ཚོགས་ བསགས་ཕྲིན་ལས་བཅས་དང༌། རྣམ་ཐར་བཀླག་ཆོག་གི་ཚུལ་གཉིས་ལས། དང་པོ་ལ། སྦྱོར་དངོས་རྗེས་གསུམ་ལས། དང་ པོ་ནི་གུ་རུའི་སྐུ་རྟེན་དང་ཉེར་སྤྱོད་བདུན་སོགས་མཆོད་པ་ཅི་འཛོམས་བཀོད་བསྒྲིགས་དང་བཅས་གུ་རུའི་བླ་སྒྲུབ་བྱིན་རླབས་ ལྷུག་སྩོལ་ལྟར་སྐྱབས་སེམས། གཉུག་མ་བདེ་ཆེན༴ སོགས་དང༌། གདོད་མ་ཉིད་ནས༴ སོགས་གཉིས་སོང་ རྗེས་སུ་མཆོད་པ་བྱིན་རླབས་ནི། ཨ໋་བཛྲ་སྥ་ར་ཎ་ཁཾ། ལན་གསུམ། སྐྱེ་མེད་ཀ་དག་གུ་རུའི་ཐུགས་བཟང་ འཕྲུལ། །ངོ་མཚར་དཔེ་བྲལ་ཡ་མཚན་མཆོད་རྫས་ཚོགས། །ས་དང་བར་སྣང་མ་ལུས་ཡོངས་ ཁྱབ་པ། །ཀུན་བཟང་ཟག་བྲལ་ནམ་མཁའ་མཛོད་དུ་གྱུར། ། གཉིས་པ་དངོས་གཞི་ལ། སྤྲུལ། ལོངས། ཆོས་སྐུ་གསུམ་ལས། དང་པོ་ནི་བླ་སྒྲུབ་ལས། རིག་ཁམས་གདོད་ ནས་དག་པའི༴ སོགས། བླ་མ་ཀུན་འདུས་རྗེ་ལ་གུས་ཕྱག་འཚལ། །དྲི་བྲལ་རབ་དྭངས་ཡན་ ལག་བརྒྱད་ལྡན་ཆབ། །བསིལ་བྱེད་རྙོག་དང་མ་འདྲེས་གཙང་མའི་རྒྱུན། །ལྷ་དང་མི་ཡི་ ཡུལ་གནས་མཆོད་ཡོན་ཚོགས། །མ་ཧཱ་གུ་རུ་འཁོར་བཅས་ལ་འབུལ་བཞེས། །ཨ໋་བཛྲ་གུ་རུ་ པདྨ་ས་པཱ་རི་ཝཱ་ར་ཨརྒྷཾ་པཱུ་ཛ་ཨཱཿཧཱུཾ། ངོ་མཚར་མཛེས་སྡུག་འདབ་མ་ཕྱོགས་སུ་གཡོ། །ཁ་ དོག་རབ་བཀྲ་གེ་སར་དྲི་བསུང་བཅུད། །ཡོངས་འཁྱིལ་འདབ་ལྡན་པདྨོའི་རིགས་གང་དག །མ་ཧཱ་གུ་རུ༴ པུཥྤེ༴ མཚར་སྡུག་དྲི་བཟང་ངད་པ་ཕྱོགས་བརྒྱར་སྤྲོ། །ཡ་མཚན་བདུག་པའི་ 6-1-10 སྤྲིན་དཔུང་མཁའ་ལ་འཕྱུར། །མཁའ་ཀུན་འགེངས་པའི་སྤོས་མཆོག་ཁྱད་པར་བ། །མ་ཧཱ་ གུ་རུ༴ དྷུ་པེ༴ མུན་སེལ་འོད་ཟེར་འབར་བའི་ཕུང་པོ་ཅན། །ཉི་ཟླ་ནོར་བུ་ལ་སོགས་གསལ་ བྱེད་རིགས། །རབ་ཏུ་སྣང་བའི་བྱེ་བྲག་མཐའ་ཡས་པ། །མ་ཧཱ་གུ་རུ༴ ཨཱ་ལོ་ཀེ༴ ཨ་ཀར་ཙན་ དན་ག་བུར་སོགས་སྦྱར་བའི། །དྲི་བཟང་ཕུལ་བྱུང་ཡོན་ཏན་རབ་དགེ་བ། །བསིལ་ཆབ་རྒྱུན་ ལེགས་མ་ལུས་གང་འདི་ཡང༌། །མ་ཧཱ་གུ་རུ༴ གནྡྷེ༴ རོ་མཆོག་ཡན་ལག་ཕྲག་བརྒྱའི་དཔལ་ འཛིན་པ། །བཅུད་ཆེན་ལྷ་དང་མི་ཡི་ཞལ་ཟས་རིགས། །ངོ་མཚར་རོ་ནུས་ལྡན་པ་དེ་དག་ ཀྱང༌། །མ་ཧཱ་གུ་རུ༴ ནཻ་ཝི་ཏེ༴ རབ་སྙན་ལྷ་མིའི་གླུ་དབྱངས་འགྱུར་སྟོང་ལྡན། པི་ཝཾ་གླིང་བུ་ རོལ་མོའི་ཁྱད་པར་རིགས། །ཡིད་འོང་སྒྲ་སྙན་རབ་ལྡི ར་ཚོགས་དེ་དག །མ་ཧཱ་གུ་རུ༴ ཤབྟ༴ སྣ་ཚོགས་དབང་གཞུ་ལྟར་བཀྲ་ཁ་དོག་དཔལ། །རབ་མཛེས་སྲབ་འཇམ་ཡང་བ་ལྷ་ཡི་གོས། །པཉྩ་ལི་ཀ་ལ་སོགས་བཟང་ནབ་རིགས། །གུ་རུ་འཁོར་བཅས་སྐུར་གསོལ་ལེགས་བཞེས་ མཛོད། །བཛྲ་ཝསྟྲ༴ ལྷ་དབང་ལྷ་མིན་དཔུང་ཚོགས་གཡུལ་རྒྱལ་སྐབས། །རྣམ་འདྲེན་སྟོབས་བཅུའི་དབང་ ཕྱུག་གང་ཉིད་ཀྱིས། །བཀྲ་ཤིས་རྫས་སུ་བྱིན་རླབས་མེ་ལོང་དུང༌། །ཞོ་བིལ་གི་དུར་ ལི་ཡུངས་རྣམས་ཀྱིས་མཆོད། །ལྷ་ཆེན་གཙོ་དབང་གང་དག་དགེ་མཚན་རྟགས། །རྒྱལ་ བས་བྱིན་རླབས་དཔལ་བེ་འཁོར་ལོ་དུང༌། །གདུགས་དང་རྒྱལ་མཚན་པདྨོ་བུམ་པ་བཟང༌། །གསེར་ཉ་བཀྲ་ཤིས་རྟགས་མཆོག་རྣམས་ཀྱང་འབུལ། །མི་དབང་འཁོར་ལོས་སྒྱུར་བའི་ རྒྱལ་སྲིད་རྒྱན། །འཁོར་ལོ་ནོར་བུ་བཙུན་མོ་བློན་དམག་དཔོན། །གླང་པོ་རྟ་མཆོག་ཡིད་འོང་ གཟུགས་སྒྲ་དྲི། །རོ་རེག་མཆོད་པར་འོས་པ་གང་མཆིས་འབུལ། །རལ་གྲི་ཁང་བཟང་པགས་ པ་སྐྱེད་མོས་ཚལ། །མལ་གོས་མཆིལ་ལྷྭམ་རྣ་ཆ་གདུབ་ཀོར་སོགས། །རྨད་དུ་བྱུང་བའི་ངོ་ མཚར་ཉེར་སྤྱོད་ཚོགས། །གཞན་ཡང་ལྷ་མིའི་སྣོ ད་བཅུད་དཔལ་འབྱོར་འབུལ། །མཚན་ 6-1-11 ལྡན་ཐོད་པ་སྣོ ད་མཆོག་དུམ་གཅིག་པར། །སྦྱངས་རྟོགས་སྦར་བྱས་ཟག་བྲལ་དམ་ཚིག་རྫས། །དཔའ་བོའི་དགའ་སྟོན་ཤ་ཆེན་བདུད་རྩི་ལྔ། །མྱོས་བྱེད་རོ་ནུས་ལྡན་པ་རྣམས་ཀྱང་འབུལ། །རྡོ་རྗེ་སྒེག་མོས་མཛེས་པའི་གཟུགས་ངོམས་ཤིང༌། །རྡོ་རྗེ་ཕྲེང་མོས་མུ་ཏིག་དོ་ཤལ་སྒྲིག །རྡོ་ རྗེ་གླུ་མས་འགྱུར་ཁུགས་སྟོང་འཐེན་པ། །རྡོ་རྗེ་གར་མས་བྲོ་གར་ཅི་ཡང་རྩེན། །རྡོ་རྗེ་སྤོས་ མས་བདུག་སྤྲིན་མཁའ་ལ་སྤྲོ། །རྡོ་རྗེ་མེ་ཏོག་མས་བསྐྲུན་པད་ཚོགས་འཐོར། །རྡོ་རྗེ་སྣང་ མས་འོད་བཟང་ཕྱོགས་མཚམས་འགྱེད། །རྡོ་རྗེ་དྲི་མས་ངད་བཟང་ཆབ་བསིལ་ཞིང༌། །རྡོ་རྗེ་ མེ་ལོང་མ་ཡིས་སྣང་བརྙན་གསལ། །རྡོ་རྗེ་རྔ་ཟླུམ་མ་ཡིས་རྔ་སྒྲ་ལྡི ར། །རྡོ་རྗེ་པི་ཝཾ་མ་ཡིས་ གདངས་སྙན་འཐེན། །རྡོ་རྗེ་གླིང་བུ་མ་ཡིས་དབྱངས་འཇེབས་སྒྲོགས། །རྡོ་རྗེ་རྫ་རྔ་མ་ཡིས་ རྔ་གདངས་ངོམས། །རྡོ་རྗེ་རེག་བྱ་མ་ཡིས་ན་བཟའ་སྟོབ། །རྡོ་རྗེ་རོ་མས་ཞལ་ཟས་རོ་མཆོག་ འབུལ། །རྡོ་རྗེ་ཆོས་མས་བདེ་ཆེན་དཔལ་བསྐྱེད་བྱེད། །མཁའ་འགྲོའི་དབང་ཕྱུག་མཚོ་སྐྱེས་ སྤྲུལ་པའི་སྐུ། །གང་གི་གསང་གསུམ་རོལ་པ་བདེ་ཆེན་རྒྱན། །མི་ཤིགས་དགའ་བ་བཅུ་དྲུག་ རབ་སྤེལ་བཞིན། །ཀུན་བཟང་གསང་མཆོད་ལེགས་བཞེས་དགྱེས་བསྐྱེད་མཛོད། །འོད་ གསལ་རིག་ཆེན་ཡེ་བརྡལ་དགོངས་པའི་བཅུད། །ཐད་ཀར་མངོན་གྱུར་ཟང་ཐལ་རྗེན་ཆར་ བ། །མ་བཅོས་ཅོག་བཞག་གཉུག་ཁམས་གཤིས་ཀྱི་རྩལ། །དེ་ཉིད་མཆོད་འབུལ་དགོངས་ ཡིད་འུབས་ཆུབ་རོལ། །རྣལ་འབྱོར་དག་པས་ཉེར་བསྐྲུན་མཆོད་པའི་ཚོགས། །ཞེས་སོགས་སམ། གདོད་མ་ཀ་ནས་དག་པའི་གཤིས་ལུགས་ལ། །མན་ཆད་ནས་བཟུང༌། བླ་སྒྲུབ་ཁོག་བཞིན་སོང་ནས་མཐར། སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཡོངས་རྫོགས་ཐོབ། ། གཉིས་པ་ལོངས་སྐུ་ནི། སྐད་ཅིག་སྤྲུལ་སྐུ་གནས་འགྱུར་ལོངས་སྤྱོད་རྫོགས། །པད་ཟླའི་གདན་ ལ་ཐུགས་རྗེ་ཆེན་པོའི་སྐུ། །རབ་དཀར་འོད་ཟེར་ཕུང་པོའི་མཛེས་སྡུག་འབར། །ཞལ་གཅིག་ ཕྱག་བཞི་རྩ་ཕྱག་ཐལ་མོ་སྦྱར། །ལྷག་གཉིས་གཡས་གཡོན་པད་ཕྲེང་ཞབས་སྐྱིལ་བཞུགས། 6-1-12 །དར་གོས་རྒྱན་བཟང་དྲྭ་བས་ཀླུབ་ཅིང་སྒེག །སྣང་ལ་རང་བཞིན་མེད་པ་ཀུན་ཁྱབ་གཟུགས། །མཁའ་དང་མཉམ་པར་གང་འདུལ་རྣམ་རོལ་སྟོན། །སྐུ་ཡི་གཡས་གཡོན་སྒྲོལ་མ་དཀར་ལྗང་ མདོག །ལྷ་མོའི་མཚན་ཉིད་རྒྱན་ཆས་ཀུན་རྫོགས་ཤིང༌། །ཡེ་ཤེས་སྒྱུ་མའི་སྤྲུལ་བཀོད་ཕྱོགས་ མཚམས་འགྱེད། །སྤྲུལ་གཞི་ལོངས་སྤྱོད་རྫོགས་པའི་ཐུགས་དབུས་སུ། །ཧྲཱིཿམཐར་ཡིག་ དྲུག་རང་གསལ་དེའི་འོད་ཀྱིས། །སྣ་ཚོགས་སྤྲུལ་པ་རབ་འབྱམས་གང་འདུལ་གར། ། དུས་ ཀུན་སྟོན་ལ་མཛད་ཕྲིན་ཚད་བྲལ་བ། །མཆོག་གི་སྤྲུལ་པའི་བདག་རྐྱེན་ཉིད་དུ་གསལ། ། ཡན་ལག་བདུན་པ་ནི། སྤྲུལ་པ་ཞིང་གི་རྡུལ་སྙེ ད་འབྱུང་བའི་གཞི། །ཡེ་ཤེས་དཔལ་མངའ་ འཕགས་མཆོག་འཇིག་རྟེན་དབང༌། །གསང་གསུམ་རྣམ་འཕྲུལ་ནམ་མཁའ་རབ་འབྱམས་ མཐར། །ཡོངས་བརྒལ་ལོངས་སྤྱོད་རྫོགས་ལ་གུས་ཕྱག་འཚལ། །དྲི་བྲལ་རབ་དྭངས༴ སོགས་ གོང་བཞིན་ཉེར་སྤྱོད་བདུན་དང༌། གོས་རྒྱན་གསང་མཆོད་རྣམས་འབུལ་སྐབས། མ་ཧཱ་གུ་རུ༴ ཞེས་པར། ཐུགས་རྗེ་ ཆེན་པོ༴ ཞེས་དང༌། བཛྲ་གུ་རུ་པདྨ༴ ཞེས་པར། ཨཱརྱ་ལོ་ཀི་ཤྭ་ར༴ ཞེས་དང༌། གུ་རུ་འཁརོ ་བཅས༴ ཞེས་པར། སྤྱན་གཟིགས་འཁོར་བཅས༴ ཞེས་དང༌། མཁའ་འགའྲོ ི་དབང་ཕྱུག་མཚ་ོ སྐྱེས༴ ཞེས་པར། མཁའ་འགྲོའི་དབང་ཕྱུག་སེམས་དཔའ༴ ཞེས་བསྒྱུར་ནས། འུབས་ཆུབ་རོལ། བླ་སྒྲུབ་ལྟར། གདོད་ མ་ཀ་ནས་དག་པའི༴ སོགས། ངེས་པ་མཆགོ ་གི་པད་འབྱུང༴ ཞེས་པར། ངེས་པ་མཆོག་གི་སེམས་ དཔའ༴ ཞེས་སྦྱར་ཏེ། སྤྱི་རྗེ་འཁོར་ལོའི་མགོན། །དཔལ་ལྡན་འཇིག་རྟེན་དབང་ཕྱུག་ཟག་མེད་ སྐུ། །སྐྱེ་འཆི་བགྲེས་རྒུད༴ སོགས་ནས། རྡོ་རྗེའི་སྐུ་འགྲུབ་ཤོག །ལོངས་སྤྱོད་རྫོགས་སྐུ་སྤྱན་རས་ གཟིགས་དབང་གི །ཐུགས་སྲོག་སྙི ང་པོ་རང་གསལ་འཛིན་མེད་ངང༌། །མཉམ་བཞག་ཡངས་ པ་གཅིག་གི་བཞག་ཐབས་ཀྱིས། །ཤུགས་འབྱུང་རང་གདངས་བསྐྱང་ལ་ཡིག་དྲུག་བཟླ། །ཨོཾ་ མ་ཎི་པདྨེ་ཧཱུཾ། ཞེས་པ་དང༌། ཧྲཱིཿ སྦྱར་བ་ཅི་ནུས་བཟླས་རྗེས། འཇིག་རྟེན་དབང་ཕྱུག་གསང་གསུམ་ མཛད་རླབས་ཅན། །ཡོན་ཏན་ཡེ་ཤེས་མཛོད་དུ་ངེས་ཐག་བཅད། །ཐུགས་ཡིད་རོ་མཉམ་ 6-1-13 ཡིད་ཆེས་དད་མོས་ཀྱིས། །རིག་པ་རྩལ་གྱི་དབང་མཆོག་ལེགས་བསྐུར་གསོལ། །བླ་སྒྲུབ་ ལྟར། ཁྱད་པར་འོད་གསལ་ནང་རིག་འགྱུར་མེད་དབྱིངས། །ནས། དགོངས་གྲོལ་ཤོག ། གསུམ་པ་ཆོས་སྐུ་ནི། སྐད་ཅིག་ལོངས་སྐུ་དེ་ཡང་གནས་འགྱུར་ཏེ། །པད་ཟླར་ཆོས་སྐུའི་ངོ་བོ་ འོད་དཔག་མེད། །དམར་གསལ་པདྨ་རཱ་གའི་མདངས་འོད་འཕྲོ། །ཞལ་གཅིག་ཕྱག་གཉིས་ མཉམ་བཞག་བུམ་བཟང་ཅན། །ཞབས་ཟུང་སྐྱིལ་ཀྲུང་གིས་བཞུགས་མཚན་དཔེ་འབར། །དར་དང་རིན་ཆེན་རྒྱན་ལྡན་དམར་འོད་མདངས། །མཐའ་ཡས་ཞིང་དུ་བརྡལ་བས་ཚད་ བཟུང་བྲལ། །གང་གི་གཡས་གཡོན་མཚར་སྡུག་སྒེག་མོའི་གཟུགས། །མ་མཱ་ཀི་དང་གོས་ དཀར་ལྷ་མོའི་ཚུལ། །གཙོ་འཁོར་ཀུན་ནས་རྣམ་པ་ཐམས་ཅད་པ། །དཔག་མེད་འོད་མངའ་ ཐུགས་སྲོག་སྙི ང་པོའི་བདག །འཁོར་འདས་སྤྱི་དཔལ་ཀ་དག་རིག་པའི་གདངས། །གསང་ གསུམ་བཀོད་ཆེན་རྩ་གསུམ་རྒྱ་མཚོའི་གཤིས། །རང་བྱུང་ཡེ་ཤེས་རོལ་པ་ཟབ་ཡངས་ཀློང༌། །དང་པོའི་སངས་རྒྱས་འོད་མི་འགྱུར་བའི་ཐུགས། །ཀུན་བཟང་ཆོས་ཀྱི་སྐུ་དང་གཉིས་མེད་ གསལ། ། ཡན་ལག་བདུན་པ་ནི། དཔལ་ལྡན་ཡེ་གཞི་དག་ཆེན་སྒྱུ་འཕྲུལ་ཉིད། །དཔག་ཡས་འོད་བཟང་ སྣང་བ་འབྱམས་ཀླས་པ། །རྣམ་ཀུན་རིས་སུ་མ་ཆད་ཁྱབ་བདག་ཆེ། །ཆོས་སྐུ་དཔག་མེད་ འོད་མཛད་དེ་ལ་འདུད། །གོང་བཞིན། རབ་དྭངས༴ སོགས་མཆོད་པའི་སྐབས་ཁ་བསྒྱུར། མ་ཧཱ་གུ་རུའི༴ དོད། དཔག་མེད་འོད་མངའ༴ ཞེས་དང༌། བཛྲ་གུ་རུ་པདྨའི༴ དདོ ། ཨ་མི་དྷེ་ཝ་བྷ་བ༴ ཞེས་དང༌། གུ་རུ་འཁརོ ་བཅས༴ དདོ ། ཆོས་སྐུ་འཁོར་བཅས༴ ཞེས་དང༌། མཁའ་འགའྲོ ི་དབང་ཕྱུག་མཚ་ོ སྐྱེས༴ དདོ ། མཁའ་འགྲོའི་དབང་ཕྱུག་འོད་མི་འགྱུར་བའི་སྐུ། །ཞེས་དང༌། ངེས་པ་མཆགོ ་གི་ པད་འབྱུང༴ དདོ ། ངེས་པ་མཆོག་གི་ཆོས་སྐུ། །ཞེས་བསྒྱུར། སྤྱི་རྗེ་འཁོར་ལོའི་མགོན། །འོད་མི་ 6-1-14 འགྱུར་བ་ཀ་དག་ཟག་མེད་སྐུ། །སོགས་ནས། སྐུ་འགྲུབ་ཤོག །ཆོས་སྐུ་འོད་དཔག་མེད་མགོན་ དག་ཆེན་སྐུ། །གང་གི་ཐུགས་སྲོག་སྔགས་གདངས་རིག་པའི་གཤིས། །ཐད་ཀར་མངོན་གྱུར་ ཐབས་ཚུལ་ལ་བརྟེན་ནས། །མ་འགགས་རང་གསལ་ངང་ནས་སྙི ང་པོ་བཟླ། །ཨ໋་ཨ་མི་དྷེ་ཝ་ ཧྲཱིཿ ཞེས་པ་ཅི་ནུས་བཟླས་རྗེས། རྫོགས་ཆེན་གཉུག་མ་འོད་མི་འགྱུར་བའི་གདངས། །ཆོས་དབྱིངས་ ཀུན་བཟང་ཡབ་ཡུམ་རང་གཤིས་ཉིད། །ཀ་དག་ཁྲེགས་ཆོད་འོད་གསལ་ཐོད་བརྒལ་རྩལ། ཅི་ཡང་རབ་འབྱམས་མཚར་སྣང་ཨེ་མ་ཧོ། །ཞེས་པས་ཅུང་ཟད་མཉམ་པར་བཞག གསུམ་པ་རྗེས་ནི། སྤྲུལ་སྐུའི་མཆོད་བསྙེ ན་ཙམ་ལས་མི་སྤྲོ་ན་བསྡུ་རིམ་མགོར། པད་འབྱུང་སྤྲུལ་པའི་སྐུ་ཉིད་ ལོངས་སྤྱོད་རྫོགས། །ཐུགས་རྗེ་ཆེན་པོ་ལ་བསྡུ་ལོངས་སྐུ་ཡང༌། །དག་ཆེན་འོད་མི་འགྱུར་ བའི་གཤིས་ཀྱི་ངང༌། །ཆོས་དབྱིངས་རྩ་བྲལ་རིག་པའི་གདངས་སུ་བལྟ། །སྤྲོ་མི་སྤྲོ་གང་ལ་ཡང་བླ་ སྒྲུབ་ལྟར། མཁའ་དབྱིངས་རང་སྣང༴ སོགས་བསྡུ་བསྔོ ་བྱའོ། ། གོང་སྤྲུལ་སྐུ་པད་འབྱུང་གི་བསྙེ ན་བཟླས་སྐབས་ཚེ་གཡང་ཚོགས་གསུམ་གང་མོས་བྱ་ཆོག གནས་འདྲེན་མཚོན་ཙམ་སྤྲོ་ན་ འདིར་བྱ་སྟེ། དེ་ཡང་གཟུངས་ཆུ། མིང་བྱང༌། བྲབ་རྫས་སོགས་འདུ་བྱ་ལ། བླ་སྒྲུབ་རང་མཇུག རྩ་གསུམ་ཀུན་འདུས་ བླ་མའི་གནས་གསུམ་ལས། །སོགས་ནས། དགོངས་གྲོལ་ཤོག །བར་བཏང༌། གཟུངས་ཆུ་བྱིན་རླབས་ནི། མདུན་བཞུགས་གུ་རུའི་དགོངས་གཏད་བྱིན་རླབས་འཕོས། །རྐྱེན་ དེས་རང་ཉིད་གནས་འགྱུར་པད་འབྱུང་སྐུར། །ཡོངས་བཞེངས་ཐུགས་སྲོག་ཧཱུཾ་ལས་སིདྡྷིའི་ སྔགས། །སྤྲོས་པས་གཟུངས་ཆུ་བྱིན་གྱིས་བརླབ་པར་གྱུར། །ཨ໋་ཨཱཿཧཱུཾ་བཛྲ་གུ་རུ་པདྨ་སིདྡྷི་ཨ་ བྷི ་ཥི་ཀ་ཏེ་སྭཱཧཱ། ཞེས་པ་ཅི་ནུས་བཟླ། རྟེན་འགུགས་ནི། མདུན་དུ་མིང་བྱང་ཚེ་འདས་གཟུགས་བསྐྱེད་དེ། །རང་ཉིད་པད་འབྱུང་ ཐུགས་ལས་ཐུབ་དྲུག་སྤྲོས། །ཚེ་འདས་རིགས་དྲུག་གང་དུ་སོང་གྱུར་པ། །གནས་དེ་ལས་ འདྲེན་རྟེན་ལ་གཉིས་མེད་བསྟིམ། ། 6-1-15 བགེགས་སྦྱངས་ནི། རང་ཉིད་གུ་རུའི་ཐུགས་སྤྲོས་དྲག་པོའི་ཚོགས། །དེ་དག་གིས་ནི་ཚེ་འདས་ ཐར་ལམ་གྱི། །བར་ཆད་ཡོངས་བསལ་ཆོས་ལ་ཕྱོགས་རྐྱེན་འགྲིག །ཕུན་ཚོགས་དགེ་བའི་ རྟེན་འབྲེལ་ལེགས་འཛོམས་གྱུར། །ཨ໋་བཛྲ་གུ་རུ་ཀྲོ ་དྷ་ཨ་མུ་ཀ་མ་ར་ཡ་ཕཊ། ཅེས་བཟླ་བཞིན་ རྟེན་ལ་ཡུངས་ཀར་གཏོར། བྲབ་པ་ནི། རྩ་གསུམ་སྤྱི་རྗེ་པད་འབྱུང་སྙི ང་པོའི་ཕུལ། །གསང་བ་སྔགས་ཀྱི་རིག་སྔགས་ ཟབ་མོ་ཡིས། །བྱིན་གྱིས་བརླབས་པའི་རྫས་མཆོག་ཁྱད་པར་བས། །མིང་བྱང་སོགས་ལ་ བྲབ་པས་ལས་སྒྲིབ་སྦྱངས། །ཨ໋་ཨཱཿཧཱུཾ་བཛྲ་གུ་རུ་པདྨ་སིདྡྷི་སརྦ་པ་པཾ་ད་ཧ་ན་བཛྲ་ཡེ་སྭཱཧཱ། ཞེས་པའི་སྔགས་ལན་གསུམ་སོགས་ཀྱིས་སྔགས་པའི་བྱེ་མས་མིང་སོགས་ལ་བྲབ། ཁྲུས་ནི། བླ་མ་ལྷ་ཡི་བྱིན་རླབས་ཡེ་ཤེས་ཆུ། །ཉོན་མོངས་དྲི་མ་འཁྲུད་པའི་དག་བྱེད་ཀྱིས། །ཚེ་འདས་སྡིག་སྒྲིབ་བཀྲུས་ནས་བྱང་ཞིང་དག །རྣམ་བྱང་ལམ་གྱི་ཆོས་ཚུལ་མྱུར་རྫོགས་ཤོག །ཨ໋་ཨཱཿཧཱུཾ་བཛྲ་གུ་རུ་པདྨ་སིདྡྷི་སརྦ་པ་པཾ་ཤནྟ່་ཀུ་རུ་སྭཱཧཱ། ཞེས་པའི་སྔགས་བཟླ་བཞིན་གཟུངས་ཆུས་མིང་ བྱང་བཀྲུ། དབང་བསྐུར་ནི། མདུན་བསྐྱེད་གུ་རུ་པད་འབྱུང་གནས་གསུམ་དུ། །སྐུ་གསུང་ཐུགས་ཀྱི་ས་ བོན་གསུམ་པོ་ལས། །འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས་པ་ཡིས། །ཚེ་འདས་སྒོ་ གསུམ་སྡིག་སྒྲིབ་རབ་སྦྱངས་གྱུར། །ཨ໋་ཨཱཿཧཱུཾ་བཛྲ་གུ་རུ་པདྨ་སིདྡྷི་ཀ་ཡ་ཝཀ་ཙིཏྟ་ཨ་བྷི ་ཥིཉྩ་ ཧོ། ལམ་སྦྱངས་ནི། ཕ་མཆོག་གུ་རུ་རྗེ་ལ་གསོལ་བ་འདེབས། །ཚེ་འདས་རྣམ་རིག་རང་སེམས་ དབྱེར་མེད་པ། །དགོངས་ཡིད་གཅིག་ཏུ་བསྲེ་ལ་ཕཊ་ཀྱིས་སྤར། །གཞི་དབྱིངས་རིག་གདངས་ དྲི་བྲལ་གཤིས་སུ་འདྲེས། །འདིར་གུ་རུའི་འཕོ་བ་སྤྲོ་ན་འདོན། ལམ་བསྟན་ནི། འདི་ནས་ལྷོ ་ནུབ་ཕྱོགས་ཀྱི་ས་སྤྱོད་ཞིང༌། །དཔལ་རི་པདྨ་འོད་ཀྱི་གཞལ་ 6-1-16 ཡས་སུ། །ཆོས་ལོངས་སྤྲུལ་གསུམ་གང་དང་འཚམ་པའི་དྲུང༌། །ལེགས་སྐྱེས་ཚེ་དེར་གསང་ ཆེན་མཐར་ཕྱིན་ཤོག ། བྱང་བསྲེགས་ནི། རིག་འཛིན་བླ་མའི་ཐུགས་ཀ་ནས་སྤྲོས་པའི། །ཡེ་ཤེས་མེ་ཡིས་ཚེ་འདས་ ཕུང་པོ་བསྲེགས། །དེ་དང་ལྷན་ཅིག་ལས་སྒྲིབ་མ་ལུས་སྦྱངས། །རང་བཞིན་འོད་གསལ་ སྟོང་པ་ཉིད་ཀྱི་ངང༌། །ཨགྣེ་ཛྭ་ལ་རཾ་དྷརྨཱ་དྷ་ཏུ་ཨ། ཞེས་པས་བྱང་བུ་བསྲེག བསྔོ ་བ་ནི། རབ་དཀར་བསོད་ནམས་སྟོབས་ཀྱིས་མཐའ་ཡས་འགྲོ། །རིང་མིན་གྲོལ་བ་ མཆོག་ལ་མྱུར་རེག་སྟེ། །ཀུན་བཟང་ཐུགས་ཀྱི་དགོངས་ཀློང་མངོན་གྱུར་ནས། །དོན་གཉིས་ ལྷུན་གྲུབ་དཔལ་ལ་སྤྱོད་གྱུར་ཅིག །དེ་ནས་བླ་སྒྲུབ་ལྟར། མཁའ་དབྱིངས་རང་སྣང༴ སོགས་བསྡུ་ བསྔོ ས་མཐར་དབྱུང་ཞིང་ལོངས་ཆོས་མཆོད་བསྙེ ན་དོར་བར་བྱའོ། ། གཉིས་པ་རྣམ་ཐར་བཀླག་ཆོག་ནི། ཧཱུཾ། ལྷོ ་ནུབ་རྔ་ཡབ་པདྨ་འོད་ཀྱི་ཞིང༌། །སྐུ་གསུམ་དག་པའི་ ཕོ་བྲང་ཆེན་པོ་ནས། །གུ་རུ་མཚོ་སྐྱེས་རྡོ་རྗེ་མཁའ་འགྲོའི་ཚོགས། །སྐད་ཅིག་མདུན་མཁར་ ལེགས་བྱོན་རྣམ་འཕྲུལ་གྱི། །བཀོད་ཆེན་ཀུན་ནས་བརྡལ་བའི་མཛད་བཟང་སྟོན། །བདག་ གཞན་རབ་གུས་ངང་ནས་ཕྱག་འཚལ་ལོ། །དངོས་འབྱོར་ཡིད་ཀྱིས་སྤྲུལ་པའི་མཆོད་ཚོགས་ འབུལ། །ཐོག་མེད་ནས་བསགས་ཉམས་ཆགས་གང་ཡོད་བཤགས། །རང་གཞན་དགེ་ ཆེན་ཚོགས་ལ་རྗེས་ཡི་རང༌། །གདུལ་བྱར་གང་འཚམ་ཆོས་འཁོར་བསྐོ ར་བར་བསྐུལ། །མྱ་ ངན་འདའ་ཚུལ་མི་མཛད་རྟག་བཞུགས་གསོལ། །དགེ་བས་ཀུན་བཟང་ཆོས་སྐུ་མྱུར་མངོན་ ཤོག །རིག་འཛིན་རྩ་གསུམ་ཡོངས་ཀྱི་སྤྱི་རྗེ་ཉིད། །པདྨ་འབྱུང་གནས་མཁའ་འགྲོ་རྒྱ་མཚོའི་ ཚོགས། །གང་འདུལ་སྒྱུ་འཕྲུལ་དྲྭ་བའི་རོལ་ཆེན་གར། །གདུལ་བྱའི་མོས་ངོར་འཚམ་པའི་ བཀོད་བཟང་གིས། །ཐུན་མོང་དང་ནི་ཐུན་མོང་མ་ཡིན་པའི། །རྣམ་པར་ཐར་པའི་མཛད་ཆེན་ མངལ་སྐྱེས་དང༌། །བརྫུས་སྐྱེས་ཐབས་ཚུལ་གང་འདུལ་སྣ་ཚོགས་ངོམ། །སོམ་ཉི་བྲལ་ 6-1-17 བའི་ངང་ནས་དག་སྣང་འཕེལ། །འདིར་བཀའ་གཏེར་ལུགས་ཀྱི་རྣམ་ཐར་ཅི་ནུས་འདོན་མཐར། ཀྱེ་ཧོ་བླ་མ་ པད་འབྱུང་མཁའ་འགྲོའི་ཚོགས། །བརྩེ་བ་ཆེན་པོའི་ཐུགས་རྗེས་ལེགས་པར་དགོངས། །དེང་ སྐབས་རྣམ་ཐར་མཛད་བཟང་ལེགས་བསྒྲགས་མཐུས། །འདིར་གནས་འགྲོ་བ་གང་དག་ འཕོས་མ་ཐག །ལྷོ ་ནུབ་ས་ལ་སྤྱོད་པའི་སྔགས་རིག་ཞིང༌། །མཆོག་ཏུ་ཕྱི་ངོར་སྲིན་རྒྱལ་དབང་ ཆེན་ཚུལ། །གུ་རུ་མཆོག་ཉིད་གང་འདུལ་སྤྲུལ་བསྒྱུར་གར། །བཞུགས་དྲུང་གདུལ་ཞིང་གང་ འཚམ་དེར་གྱུར་ཤོག །དེ་ཡང་ཕྱི་རོལ་སྲིན་པོའི་གླིང་བརྒྱད་དུ། །གུ་རུའི་སྤྲུལ་པ་རྒྱལ་པོ་རེ་ རེའི་ཚུལ། །བཞུགས་ནས་སྒྲུབ་ཆེན་བཀའ་བརྒྱད་ལ་སོགས་པའི། །ཟབ་ཆོས་གསང་སྔགས་ ཆོས་སྒོར་ལེགས་ཚུད་ཤོག །རིམ་གྱིས་ཐེག་པ་གསུམ་དང་ཕྱི་རྒྱུད་གསུམ། །རང་རང་ལ་འོས་ ཐུན་མོང་ལམ་བཟང་པོས། །སེམས་རྒྱུད་ལེགས་སྦྱངས་གཞི་རྒྱུད་དག་པའི་ཐབས། །སྒོ་ གང་ཐད་ནས་བརྩོན་པ་ལྷུར་ལེན་ཤོག །དེ་ནས་རིམ་པར་སྐལ་བཟང་ལ་སྤྱོད་ཅིང༌། །རང་ སྣང་དག་པ་སྤྲུལ་སྐུ་པདྨ་འབྱུང༌། །རྒྱ་གར་རིག་འཛིན་བརྒྱད་དང་རྗེ་འབངས་སོགས། །ངོ་ མཚར་སྒྱུ་མ་ཅི་དགར་རོལ་མཐོང་ཤོག །ཁམས་དབང་ལ་བརྟེན་གསང་གསུམ་ལྷའི་འཁོར་ ལོ། །གང་ཟག་སྙན་ནས་བརྒྱུད་པའི་གདམས་ཟབ་ལམ། །བསྐྱེད་པ་དག་སྣང་མཆོག་གི་ ཆོས་ཚུལ་ལ། །མངོན་རྟོགས་ཐུགས་ཀྱི་རྩལ་ཆེན་ཡོངས་འབར་ཤོག །དེ་ནས་ལོངས་སྐུ་ ཐུགས་རྗེ་ཆེན་པོའི་ཞིང༌། །ལེགས་མཐོང་རང་ཉམས་སྤྱོད་པའི་སྐལ་བཟང་ཐོབ། །མ་ལུས་ མཚར་བཀོད་སྒྱུ་འཕྲུལ་རོལ་བ་ཆེ། །ཅི་དགར་སྤྱོད་ལ་དབང་ཐོབ་དེ་འཚམ་ཤོག །ཟབ་ མོའི་དགོངས་དོན་བྱང་ཆུབ་ལ་ཞུགས་ནས། །རིག་འཛིན་བརྡ་དོན་སྤྲོས་བྲལ་གསང་ཆེན་ མཆོག །དགོངས་ཟབ་ཐུགས་ཆུད་རྫོགས་རིམ་གཉུག་མའི་ལམ། །གྲོལ་བ་མཆོག་ལ་མྱུར་ རེག་སྐལ་བཟང་ཤོག །དེ་མཚམས་ཆོས་སྐུ་འོད་མི་འགྱུར་བའི་ཞིང༌། །རྟག་སྤྱོད་རང་འཚམ་ སེམས་དཔའི་འཁོར་ཚོགས་ཆེ། །ཀུན་བཟང་རང་རིག་འོད་གསལ་མངོན་བྱས་ནས། །སྟོན་ 6-1-18 འཁོར་ཕུན་ཚོགས་ཆོས་གྲྭར་ཡོངས་ཚུད་ཤོག །ཟབ་དགོངས་ལེགས་སྤྱོད་འདིས་ནི་རིག་སྟོང་ གསང༌། །རྒྱལ་བ་དགོངས་བརྒྱུད་དོན་ལ་དབང་འབྱོར་ཞིང༌། །ཁྲེགས་ཆོད་ཐོད་བརྒལ་སྣང་ བཞིའི་འོད་གསལ་དབྱིངས། །ཀ་དག་ཀུན་བཟང་དགོངས་མཐར་གཏིང་སླེབས་ཤོག །མཐུ་ ཆེན་སྟོབས་ཀྱིས་མཛད་ཕྲིན་ལྷུན་གྲུབ་ཅིང༌། །གསང་གསུམ་ཆེ་བའི་ཡོན་ཏན་མཁའ་མཐར་ བརྡལ། ། གང་འདུལ་འགྲོ་ལ་དུས་སུ་ཡོལ་མེད་པའི། །གཞོན་ནུ་བུམ་སྐུའི་རང་རྩལ་མངོན་ གྱུར་ཅིག །ཅེས་པས་དགེ་བསྔོ ་བྱ་ཞིང༌། མཐར་བསྟན་པ་རྒྱས་བྱེད་སྨོན་ལམ་ཡང༌། ཕུལ་བྱུང་གདོད་ནས་ཡེ་སངས་རྒྱས་པའི་མགོན། །སྟོན་ པ་ཀུན་བཟང་རྣམ་འཕྲུལ་ཚད་མེད་པ། །ཡ་མཚན་སྐུ་བཞི་ཞིང་ཁམས་སྣང་བའི་དཔལ། །ཚུལ་དེ་འཁོར་བའི་ཕྱི་མཐར་ཡོངས་འཕེལ་སྨོན། །གང་ལས་མི་གཉིས་སྐུ་ལྔ་ལྷུན་གྲུབ་པ། །རིག་འཛིན་རྒྱལ་བ་རྒྱ་མཚོ་བསམ་མི་ཁྱབ། །ཚིག་དང་བརྡ་རྟོག་བྲལ་བ་ཡེ་ཤེས་དབྱིངས། །འབད་མེད་རང་གསལ་དགོངས་རིམ་མཐར་རྒྱས་ཤོག །ཁྱད་པར་ཞིང་འདིའི་རྣམ་འདྲེན་ མཆོག་སངས་རྒྱས། །དེ་ཡི་རྣམ་པར་འཕྲུལ་བ་སྒྱུ་མའི་གར། །རྒྱལ་པོ་ཛ་ཡིས་རྡོར་སེམས་ ཞལ་ལུང་གསན། །བསྐྱེད་པ་མ་ཧཱའི་བསྟན་པ་འབར་གྱུར་ཅིག །དཔལ་ལྡན་གསང་བ་ཟབ་ མོའི་མཛོད་ཀུན་འཛིན། །གང་ལས་རིགས་ཅན་མཆོག་ལྔས་ཆོས་དོན་རྟོགས། །རྫོགས་རིམ་ གཉུག་མ་ལྷན་སྐྱེས་ཨ་ནུའི་ཕུལ། །ལྟ་སྤྱོད་སྒོམ་གསུམ་ཡང་དག་མཐའ་རྒྱས་ཤོག །དགའ་ རབ་རྡོ་རྗེས་གཉུག་ཆེན་འོད་གསལ་མཛོད། །རྫོགས་ཆེན་ཨ་ཏིའི་རྣལ་འབྱོར་ཐེག་དགུའི་ རྩེ། །འཛམ་གླིང་འདི་ན་ཡོངས་སུ་བརྡལ་བ་གང༌། །མཚོ་སྐྱེས་རྒྱལ་བའི་ལུགས་བཟང་འབར་ གྱུར་ཅིག །གསང་ཆེན་སྔ་འགྱུར་ཟབ་མོ་གཏེར་གྱི་མཛོད། །འགྲོ་འདུལ་དུས་བབས་སངས་ རྒྱས་བསྟན་པའི་བཅུད། །མཚོ་སྐྱེས་རྡོ་རྗེའི་རིང་ལུགས་ཟླ་བྲལ་བ། །སྲིད་གསུམ་དགེ་མཚན་ གཤིས་སུ་རབ་བརྟན་ཤོག །ཀུན་བཟང་ཐུགས་ཀྱི་བསྟན་པ་ཡང་གསང་ཕུལ། །དུས་མཐར་ 6-1-19 སྐལ་བཟང་ཡོངས་གྲོལ་གདམས་ཟབ་ཆེ། །ཤིན་ཏུ་ལེགས་དགེའི་རྒྱལ་བསྟན་བཟང་པོའི་ དཔལ། །ཕྱོགས་དུས་ཐམས་ཅད་ཡུན་རིང་འབར་གྱུར་ཅིག །ཅེས་པས་མཐའ་རྒྱས་བྱའོ། །དེ་དག་ནི་སྤྲུལ་ ལོངས་ཆོས་སྐུའི་མཆོད་བསྙེ ན་ཐབས་དང༌། སྤྲུལ་སྐུ་ལ་བརྟེན་ཚེ་གཡང་ཚོགས་གསུམ་གནས་འདྲེན་བྱ་ཐབས་དང༌། རྣམ་ཐར་ བཀླག་ཆོག་རྣམས་ལོགས་སུ་རེ་རེ་བྱ་བའི་ཚུལ་ཡིན། ཉིན་གཅིག་ལ་ཐམས་ཅད་སྤྲོ་ན་སྐུ་གསུམ་མཆོད་བསྙེ ན་ཆ་ཚང་སོང་རྗེས་ སྤྲུལ་སྐུའི་བླ་སྒྲུབ་རང་གཞུང་ལྟར་ལ་ཚེ་གཡང་ཚོགས་གནས་འདྲེན་བཅས་སྤྲད་དེ་བཀླག་ཆོག་སྟེང་ནས་རྣམ་ཐར་ཅི་ནུས་འདོན། ཞེས་གུ་རུའི་བླ་སྒྲུབ་ཀྱི་ཟུར་ལྷན་ཚོགས་གཉིས་ཉེར་བསྐྲུན་ལོགས་སུ་བཀོད་པ་འདི་ཡང་ཆོས་མཆེད་དམ་པའི་ཐུགས་དགྱེས་ སྤྲོས་ཀྱིས་ཡི་གེ་པ་མཛད་ནས་བསྐུལ་མ་ཆེད་གཉེར་དང་གཞན་ཡང་དགེ་ལ་སྤྲོ་བ་བརྩོན་དཔལ་སོགས་དང་ཁྱད་པར་པད་འབྱུང་ ལ་དད་ལྡན་ཚེ་དབང་རིག་འཛིན་ལའང་འདི་ལྟ་བུ་མཁོ་བར་བརྟེན། མ་ཏིས་ལེགས་པར་སྦྱར་བ་དགེ། །། ༈ དྲི་བྲལ་རབ་དྭངས་ཡན་ལག་བརྒྱད་ལྡན་ཆབ། །བསིལ་བྱེད་རྙོག་དང་མ་འདྲེས་ གཙང་མའི་རྒྱུན། །ལྷ་དང་མི་ཡི་ཡུལ་གནས་མཆོད་ཡོན་ཚོགས། །ཐུགས་རྗེ་ཆེན་པོ་ དཔག་མེད་ འོད་མངའ། མཆན། འཁོར་བཅས་ལ་འབུལ་བཞེས། །ཨ໋་ཨཱརྱ་ལོ་ཀི་ཤྭ་ར་ ཨ་མི་དྷེ་ཝ་བྷ་བ་ མཆན། ས་ པཱ་རི་ཝཱ་ར་ཨརྒྷཾ་པཱུ་ཛ་ཨཱཿཧཱུཾ། ངོ་མཚར་མཛེས་སྡུག་འདབ་མ་ཕྱོགས་སུ་གཡོ། །ཁ་དོག་རབ་ བཀྲ་གེ་སར་དྲི་བསུང་བཅུད། །ཡོངས་འཁྱིལ་འདབ་ལྡན་པདྨོའི་རིགས་གང་དག །ཐུགས་ རྗེ་ཆེན་པོ༴ པུཥྤེ༴ མཚར་སྡུག་དྲི་བཟང་ངད་པ་ཕྱོགས་བརྒྱར་སྤྲོ། །ཡ་མཚན་བདུག་པའི་སྤྲིན་ དཔུང་མཁའ་ལ་འཕྱུར། །མཁའ་ཀུན་འགེངས་པའི་སྤོས་མཆོག་ཁྱད་པར་བ། །ཐུགས་རྗེ་ ཆེན་པོ༴ དྷུ་པེ༴ མུན་སེལ་འོད་ཟེར་འབར་བའི་ཕུང་པོ་ཅན། །ཉི་ཟླ་ནོར་བུ་ལ་སོགས་གསལ་ བྱེད་རིགས། །རབ་ཏུ་སྣང་བའི་བྱེ་བྲག་མཐའ་ཡས་པ། །ཐུགས་རྗེ་ཆེན་པོ༴ ཨཱ་ལོ་ཀེ༴ ཨ་ ཀར་ཙན་དན་ག་པུར་སོགས་སྦྱར་བའི། །དྲི་བཟང་ཕུལ་བྱུང་ཡོན་ཏན་རབ་དགེ་བ། །བསིལ་ ཆབ་རྒྱུན་ལེགས་མ་ལུས་གང་འདི་ཡང༌། །ཐུགས་རྗེ་ཆེན་པོ༴ གནྡྷེ༴ རོ་མཆོག་ཡན་ལག་ 6-1-20 ཕྲག་བརྒྱའི་དཔལ་འཛིན་པ། །བཅུད་ཆེན་ལྷ་དང་མི་ཡི་ཞལ་ཟས་རིགས། །ངོ་མཚར་རོ་ནུས་ ལྡན་པ་དེ་དག་ཀྱང༌། །ཐུགས་རྗེ་ཆེན་པོ༴ ནཻ་ཝི་ཏྱ༴ རབ་སྙན་ལྷ་མིའི་གླུ་དབྱངས་འགྱུར་སྟོང་ ལྡན། །པི་ཝཾ་གླིང་བུ་རོལ་མོའི་ཁྱད་པར་རིགས། །ཡིད་འོང་སྒྲ་སྙན་རབ་ལྡི ར་ཚོགས་དེ་དག །ཐུགས་རྗེ་ཆེན་པོ༴ ཤཔྟ༴ སྣ་ཚོགས་དབང་གཞུ་ལྟར་བཀྲ་ཁ་དོག་དཔལ། །རབ་མཛེས་སྲབ་ འཇམ་ཡང་བ་ལྷ་ཡི་གོས། །པཉྩ་ལི་ཀ་ལ་སོགས་བཟང་ནབ་རིགས། །སྤྱན་གཟིགས་ ཆོས་སྐུ་ མཆན། འཁོར་བཅས་སྐུར་གསོལ་ལེགས་བཞེས་མཛོད། །བཛྲ་ཝསྟྲ༴ ལྷ་དབང་ལྷ་མིན་དཔུང་ཚོགས་གཡུལ་རྒྱལ་སྐབས། །རྣམས་འདྲེན་སྟོབས་བཅུའི་དབང་ ཕྱུག་གང་ཉིད་ཀྱིས། །བཀྲ་ཤིས་རྫས་སུ་བྱིན་རླབས་མེ་ལོང་དུང༌། །ཞོ་བུལ་གི་དུར་ལི་ཡུངས་ རྣམས་ཀྱིས་མཆོད། །ལྷ་ཆེན་གཙོ་དབང་གང་དག་དགེ་མཚན་རྟགས། །རྒྱལ་བའི་བྱིན་ རླབས་དཔལ་བེ་འཁོར་ལོ་དུང༌། །གདུགས་དང་རྒྱལ་མཚན་པདྨོ་བུམ་པ་བཟང༌། །གསེར་ ཉ་བཀྲ་ཤིས་རྟགས་མཆོག་རྣམས་ཀྱང་འབུལ། །མི་དབང་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ རྒྱན། །འཁོར་ལོ་ནོར་བུ་བཙུན་མོ་བློན་དམག་དཔོན། །གླང་བོ་རྟ་མཆོག་ཡིད་འོང་གཟུགས་ སྒྲ་དྲི། །རོ་རེག་མཆོད་པར་འོས་པ་གང་མཆིས་འབུལ། །རལ་གྲི་ཁང་བཟང་པགས་པ་སྐྱེད་ མོས་ཚལ། །མལ་གོས་མཆིལ་་རྣ་ཆ་གདུབ་ཀོར་སོགས། །རྨད་དུ་བྱུང་བའི་ངོ་མཚར་ཉེར་ སྤྱད་ཚོགས། །གཞན་ཡང་ལྷ་མིའི་སྣོ ད་བཅུད་དཔལ་འབྱོར་འབུལ། །མཚན་ལྡན་ཐོད་པ་ སྣོ ད་མཆོག་དུམ་གཅིག་པར། །སྦྱངས་རྟོགས་སྦར་བྱས་ཟག་བྲལ་དམ་ཚིག་རྫས། །དཔའ་ བོས་དགའ་སྟོན་ཤ་ཆེན་བདུད་རྩི་ལྔ། །མྱོས་བྱེད་རོ་ནུས་ལྡན་པ་རྣམས་ཀྱང་འབུལ། །རྡོ་རྗེ་ སྒེག་མོས་མཛེས་པའི་གཟུགས་ངོམ་ཤིང༌། །རྡོ་རྗེ་ཕྲེང་མོས་མུ་ཏིག་དོ་ཤལ་བསྒྲིག །རྡོ་རྗེ་ གླུ་མའི་འགྱུར་ཁུགས་སྟོང་འཐེན་པ། །རྡོ་རྗེ་གར་མས་བྲོ་གར་ཅི་ཡང་རྩེན། །རྡོ་རྗེ་སྤོས་མས་ བདུག་སྤྲིན་མཁའ་ལ་སྤྲོ། །རྡོ་རྗེ་མེ་ཏོག་མས་བསྐྲུན་པད་ཚོགས་འཐོར། །རྡོ་རྗེ་སྣང་མས་འོད་ 6-1-21 བཟང་ཕྱོགས་མཚམས་འགྱེད། །རྡོ་རྗེ་དྲི་མས་ངད་བཟང་ཆབ་བསིལ་ཞིང༌། །རྡོ་རྗེ་མེ་ལོང་མ་ ཡིས་སྣང་བརྙན་གསལ། །རྡོ་རྗེ་རྔ་ཟླུམ་མ་ཡིས་རྔ་སྒྲ་ལྡི ར། །རྡོ་རྗེ་པི་ཝང་མ་ཡིས་གདངས་ སྙན་འཐེན། །རྡོ་རྗེ་གླིང་བུ་མ་ཡིས་དབྱངས་འཇེབས་སྒྲོག །རྡོ་རྗེ་རྫ་རྔ་མ་ཡིས་རྔ་གདངས་ ངོམ། །རྡོ་རྗེ་རེག་བྱ་མ་ཡིས་ན་བཟའ་སྟོབ། །རྡོ་རྗེ་རོ་མས་ཞལ་ཟས་རོ་མཆོག་འབུལ། །རྡོ་རྗེ་ ཆོས་མས་བདེ་ཆེན་དཔལ་བསྐྱེད་བྱེད། །མཁའ་འགྲོའི་དབང་ཕྱུག་སེམས་དཔའ་སྤྲུལ་པའི་ སྐུ། །མཁའ་འགྲོའི་དབང་ཕྱུག་འོད་མི་འགྱུར་བའི་སྐུ། །མཆན། གང་གི་གསང་གསུམ་རོལ་བ་བདེ་ཆེན་རྒྱན། །མི་ཤིགས་དགའ་བ་བཅུ་དྲུག་རབ་སྤེལ་བཞིན། །ཀུན་བཟང་གསང་མཆོད་ལེགས་བཞེས་ དགྱེས་བསྐྱེད་མཛོད། །འོད་གསལ་རིག་ཆེན་ཡེ་བརྡལ་དགོངས་པའི་བཅུད། །ཐད་ཀར་ མངོན་གྱུར་ཟང་ཐལ་རྗེན་ཆར་བ། །མ་བཅོས་ཅོག་བཞག་གཉུག་ཁམས་གཤིས་ཀྱི་རྩལ། །དེ་ ཉིད་མཆོད་འབུལ་དགོངས་ཡིད་འུབས་ཆུབ་རོལ། །བླ་སྒྲུབ་ལྟར། གདོད་མ་ཀ་ནས་དག་པའི་ གཤིས་ལུགས་ལ། །མཚན་འཛིན་སྤྲོས་པས་རིས་སུ་གཅོད་པའི་འགྲོ། །གང་དག་གནས་ ལུགས་རང་ཞལ་མ་མཇལ་བ། །ནོངས་པ་གང་བགྱིས་དེ་ཀུན་སྒྲིབ་མེད་གསོལ། །ཡེ་གཞི་ རྫོགས་ཆེན་ཡེ་ནས་བརྡལ་བ་ཉིད། །ནམ་ཡང་དོན་ལ་འཕེལ་འགྲིབ་བྲལ་ན་ཡང༌། །གཟུང་ འཛིན་ཅན་ངོར་ཐབས་ལམ་ཅོག་བཞག་གིས། །དབང་རིམ་རིག་གདངས་མངོན་ལ་རྗེས་ཡི་ རང༌། །དོན་དམ་ཆོས་སྐུ་འཁོར་འདས་དབྱེར་མེད་ཀྱང༌། །གཞན་སྣང་ལོངས་སྤྲུལ་རོལ་པ་ ཅིར་ཡང་འཆར། །མོས་པ་དང་འཚམས་མཛད་བཟང་སྣང་བ་ཡིས། །གང་འདུལ་ཟབ་རྒྱས་ ཚུལ་གྱིས་འགྲོ་ཁམས་སྐྱོངས། །དག་པ་རྒྱན་གྱི་འཁོར་ལོ་འཆར་བའི་གཞི། །རང་བྱུང་ཀ་དག་ འོད་གསལ་རིག་པའི་གཤིས། །འཕོ་འགྱུར་སྤྲོས་པ་ཡེ་ནས་མི་སྲིད་མོད། །འགྲོ་བློ་དང་མཐུན་ གཟུགས་སྐུའི་བཀོད་པ་སྟོན། །དམིགས་བྱ་དམིགས་བྱེད་བྲལ་བའི་རང་རིགས་དབྱིངས། །དོན་དམ་ངེས་པ་མཆོག་གི་སེམས་དཔའ་ ཆོས་སྐུ་ མཆན། སྟེ། །གནས་ལུགས་བླ་མའི་རང་ཞལ་ 6-1-22 རྗེན་ཅེར་དུ། །ཇི་བཞིན་ལེགས་མངོན་དགོངས་ཆེན་གཅིག་ཏུ་སྨོན། །དེ་ནས་གསོལ་བ་འདེབས་པ་ནི། ཀ་དག་སྐྱེ་མེད་དབྱིངས་ནས་གཟུགས་སྐུའི་འཕྲུལ། །རྩ་གསུམ་རྒྱ་མཚོའི་སྤྱི་རྗེ་འཁོར་ལོའི་ མགོན། །དཔལ་ལྡན་འཇིག་རྟེན་དབང་ཕྱུག་ འོད་མི་འགྱུར་བ་ཀ་དག་ མཆན། ཟག་མེད་སྐུ། །སྐྱེ་ འཆི་བགྲེས་རྒུད་བྲལ་ལ་གསོལ་བ་འདེབས། །གདོད་ནས་བཞུགས་པའི་ནང་དབྱིངས་ཆོས་ སྐུའི་ཐུགས། །འོད་གསལ་འཕོ་འགྱུར་མེད་པའི་དགོངས་ཀློང་དུ། །མ་འབད་ལྷུན་གྲུབ་རྩོལ་ བྲལ་ལྷུག་པའི་ངང༌། །ཅོག་བཞག་ལ་བཟླས་ཞེན་འཛིན་རང་སར་དག །རིང་མིན་གདོས་ བཅས་སྒྱུ་ལུས་རིམ་གྱིས་ཡལ། །སྣང་བཞིའི་ཡེ་ཤེས་དམ་པའི་དགོངས་ཆེན་གྱིས། ། མིག་ འཕྲུལ་ཇི་བཞིན་རང་སྣང་ཡོངས་དག་སྟེ། །འཕོ་ཆེན་འཇའ་ལུས་རྡོ་རྗེའི་སྐུ་འགྲུབ་ཤོག ། ༄༅། །ཧྲཱིཿ གདོད་མའི་དང་པོའི་སངས་རྒྱས་ཡེ་དག་སྐུ། །འོད་གསལ་ལྷུན་གྲུབ་ཆོས་ སྐུ་ཀུན་ཏུ་བཟང༌། །སྣང་སྲིད་དག་མཉམ་རང་རིག་རྩལ་རྫོགས་པར། །རྗེན་འཆར་རང་ གསལ་ངང་དུ་གུས་ཕྱག་འཚལ། །ཐུགས་རྗེ་འགག་མེད་རང་སྣང་དག་པའི་ཞིང༌། །ཞི་ཁྲོ་རྩ་ གསུམ་རྣམ་བཀོད་སྣ་ཚོགས་པ། །རིས་སུ་མ་ཆད་ངོ་མཚར་རོལ་པའི་ཀློང༌། །དག་མཉམ་ ལོངས་སྤྱོད་རྫོགས་ལ་ཕྱག་འཚལ་ལོ། །གང་འདུལ་ཡེ་ཤེས་སྒྱུ་མའི་གར་གྱི་འཕྲུལ། །འཁོར་ འདས་ཡོངས་ལ་གདུལ་བྱའི་ཁམས་དབང་བཞིན། །སྣ་ཚོགས་སྤྲུལ་པས་འགྲོ་འདྲེན་མཆོག་ གི་ཕུལ། །རླབས་ཆེན་མཛད་ཕྲིན་བསམ་མི་ཁྱབ་ལ་འདུད། །དག་ཆེན་ཀུན་བཟང་འཕྲུལ་ ལ་འགྲན་པའི་དཔལ། །ནམ་མཁའ་རབ་འབྱམས་ཡོངས་སུ་གང་བ་ཡི། །ཕྱི་ནང་གསང་བའི་ མཆོད་སྤྲིན་རྒྱ་ཆེ་བ། །གུས་འབུལ་བདག་གཞན་ཚོགས་ཆེན་ཡོངས་རྫོགས་མཛོད། །མ་རིག་ ཀུན་གཞིའི་འཁྲུལ་སྣང་ལས་ཤར་བ། །སེམས་ཀྱི་ཆོ་འཕྲུལ་རྟེན་འབྱུང་སྒྱུ་འདྲ་གང༌། །ཡང་ དག་གཤིས་ལུགས་དག་ཆེན་འཁོར་ལོའི་རྒྱན། །གཞི་དབྱིངས་གནས་ལུགས་གཤིས་སུ་ཁོ་ 6-1-23 ཐག་ཆོད། །དེ་ཡང་གསང་གསུམ་ཆོ་འཕྲུལ་ནམ་མཁའི་མཐའ། །ཀུན་ནས་རོལ་བ་ཆེན་པོའི་ ངང་ཉིད་ནས། །སྐལ་བཟང་མཆོག་ལ་མཚོ་སྐྱེས་མཛད་ཆེན་ཤར། །མཐའ་དག་དགོངས་ ཆེན་གཅིག་ཏུ་རོ་མཉམ་པར། །རང་གསལ་རིག་གདངས་སྤྲོས་མེད་ནམ་མཁའ་ལྟར། །འཕོ་ འགྱུར་བྲལ་ཡང་གསང་གསུམ་མཛད་ཆེན་ངོམ། །ཐམས་ཅད་གུ་རུའི་རྣམ་ཐར་རོལ་པའི་ རྒྱན། །རིག་སྟོང་ཟང་ཐལ་ངང་ནས་གསུང་སྒྲོག་བྱ། །བར་འདིར་གུ་རུའི་རྣམ་ཐར་གང་སྤྲོ་འདོན་མཐར། དཔལ་ལྡན་པདྨ་ལས་འཁྲུངས་ཟག་བྲལ་སྐུ། །ངོ་མཚར་སྒྱུ་མའི་ཆོ་འཕྲུལ་ཕ་མཐར་བརྒལ། །གང་དེའི་གསང་གསུམ་རྣམ་ཐར་མཐའ་ཡས་པ། །གདུལ་བྱའི་ཡིད་ཀྱི་རྗེས་འགྲོ་ཨེ་མ་ ཧོ། །ངོ་མཚར་མཛད་པའི་གཏམ་ལས་ལེགས་བརྩམས་པ། །མཚོ་སྐྱེས་རྡོ་རྗེའི་ཡོན་ཏན་ ཕྲིན་ལས་སྒོ། །རྒྱ་ཆེར་རབ་སྤེལ་གང་ཐོས་གྲོལ་བའི་གསུང༌། །ཡོངས་བསྒྲགས་རྣམ་དཀར་ སྟོབས་ཆེན་མི་དམན་པས། །བདག་ཀྱང་སྐྱེ་འདིར་པད་འབྱུང་ཌཱ་ཀིའི་ཚོགས། །སྐད་ཅིག་ ཙམ་ཡང་འབྲལ་བ་མེད་གྱུར་ཏེ། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་བདག་རྒྱུད་ཞུགས། །ཐ་ མལ་སེམས་གཤིས་རང་རིག་མངོན་གྱུར་ཤོག །རྐྱེན་དེས་ཀུན་རྟོག་གྲྭ་ཟུར་ཐམས་ཅད་ ཆོམ། །ཀ་ནས་དག་པའི་རིག་པ་རྗེན་འཆར་བ། །སྤྲོས་པ་ཁྲེག་ཆོད་རང་གསལ་ལྷུན་གྲུབ་ ཏུ། །ནམ་མཁའི་རྣལ་འབྱོར་གཉུག་མ་སྐྱོང་ནུས་ཤོག །སྣང་བཞིའི་ཡེ་ཤེས་རོལ་པ་འབྱམས་ ཀླས་པས། །སྒྲ་ཟེར་སྣང་བ་ཐིག་ལེ་ལུ་གུ་རྒྱུད། །ཐོད་རྒལ་ཀ་དག་རང་གཟུགས་སྣང་སྟོང་ ཆེ། །སྤྲོས་བྲལ་དག་ཆེན་དབྱིངས་སུ་མཐོང་བར་ཤོག །དེར་བརྟེན་སྐྱེ་འདིའི་བེམ་རིག་བྲལ་ མ་ཐག །རྔ་ཡབ་པདྨ་འོད་ཀྱི་གཞལ་ཡས་སུ། །སྐུ་གསུམ་ལྷུན་རྫོགས་རིག་འཛིན་བླ་མ་རྗེའི། །འཁོར་གྱི་གདུལ་བྱ་གང་འོས་དེར་འཕོས་ཤོག །ཆོས་སྐུའི་ཞིང་གཙོ་རྒྱལ་བ་འོད་དཔག་ མེད། །རྣམ་མང་སྤྲུལ་པ་འཁོར་ཚོགས་རྒྱ་མཚོའི་དྲུང༌། །དབང་པོ་རབ་ཀྱི་སྐལ་བ་ལྡན་གྱུར་ ན། །དེ་ལུགས་བཞིན་གྱི་གདུལ་བྱ་མཆོག་ཏུ་ཤོག །ལོངས་སྐུའི་ཞིང་གཙོ་འཕགས་མཆོག་ 6-1-24 པད་དཀར་འཆང༌། །ཡེ་ཤེས་སྒྱུ་མའི་རོལ་པ་སྣ་ཚོགས་པར། །དབང་འབྲིང་ཙམ་གྱི་སྐལ་ བའི་དུས་སྐབས་ན། །འདྲེན་པ་དམ་པའི་ཐུགས་སྲས་ཐུ་བོར་ཤོག །སྤྲུལ་སྐུའི་ཞིང་གཙོ་གུ་རུ་ པདྨ་འབྱུང༌། །གང་འདུལ་སྤྲུལ་པ་དེ་འཚམས་སྒོར་བཞུགས་མདུན། །དབང་པོ་ཐ་མའི་སྐལ་ བར་བབ་པ་ན། །རིག་འཛིན་བླ་མའི་ཞལ་ལུང་ལེགས་ནོད་ཤོག །དེ་འདྲའི་རབ་འབྲིང་ཐ་ མའི་གནས་སྐབས་གང༌། །རང་ལ་ལས་འབྲེལ་ཇི་ལྟར་ཡོད་གྱུར་པ། །དེ་བཞིན་གེགས་མེད་ བསམ་དོན་ལྷུན་གྲུབ་ཅིང༌། །དོན་གཉིས་དཔལ་ཡོན་མྱུར་ནས་རྫོགས་གྱུར་ཅིག །ཅེས་པའི་རྣམ་ ཐར་བཀླག་ཆོག་མདོར་བསྡུས་འདི་ཡང་མཉམ་ཉིད་ཀྱི་ངོར། མ་ཏིས་སྨྲས་པ་ལྟར་བསྐུལ་བ་པོ་རང་གིས་ཡི་གེ་བགྱིས་པ་དགེ། །། སརྦ་མངྒ་ལཾ། 6-1-25 ༄༅། །གུ་རུའི་བསྟོད་པ་དགེ་ལེགས་འབྱུང་གནས་ ཞེས་བྱ་བ་བཞུགས་སོ། ། ༄༅། །ན་མཿཤྲཱི་བཛྲ་གུ་རུ་ཝེ། རྗེ་བཙུན་གུ་རུ་རིན་པོ་ཆེ་ལ་བསྟོད་ཅིང་གསོལ་བ་འདེབས་པ་དགེ་ལེགས་འབྱུང་ གནས་ཞེས་བྱ་བ། རྗེ་བཙུན་དེ་ཉིད་ཀྱི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །གང་ཞིག་འགྱུར་མེད་ཡོངས་གྲུབ་ ཆོས་ཀྱི་དབྱིངས། །ཤེས་བཅུ་རྣམ་དག་རང་བྱུང་ཡེ་ཤེས་ལྔ། །དོན་དམ་འགོག་བདེན་མཁའ་ ཁྱབ་བརྙེས་པ་ཡི། །པདྨ་བཟང་པོ་ཐོད་ཕྲེང་རྩལ་ལ་འདུད། །དབྱིངས་རིག་དབྱེར་མེད་འོད་ གསལ་ཆོས་ཀྱི་སྐུ། །རྡུལ་དང་སྐད་ཅིག་རྣམ་ཤེས་རྟེན་འབྲེལ་ལས། །གདོད་མ་ཉིད་ནས་ རབ་འདས་རྟག་པའི་སྐུ། །མངོན་དུ་མཛད་པ་དེ་ལ་ཕྱག་འཚལ་ལོ། །དོན་དམ་ཆོས་སྐུའི་ཡོན་ ཏན་སྟོབས་ལ་སོགས། །གང་གཱའི་ཀླུང་གི་རྡུལ་སྙེ ད་ལས་འདས་པ། །མཁའ་ཁྱབ་དབྱེར་མེད་ གདོད་ནས་རྟག་བཞུགས་རྣམས། །ཁྱེད་སྐུའི་མངོན་དུ་མཛད་ལ་སྐྱབས་སུ་མཆི། །མཐའ་ གཉིས་མཐའ་བཞི་མཐའ་བརྒྱད་ལ་སོགས་པའི། །སྐྱོན་རྣམས་ཀུན་དང་གདོད་ནས་བྲལ་ བའི་གཞི། །དབུས་མ་བར་མ་ཕུང་པོ་གསུམ་པའི་མཆོག །མ་ནིང་གོ་འཕང་བརྙེས་པ་ཁྱེད་ ལ་འདུད། །བདུད་དང་ཉོན་མོངས་ཤེས་བྱ་སྙོ མས་འཇུག་གི །སྒྲིབ་ཀུན་ལས་གྲོལ་སྐུ་བཞི་ རྡོ་རྗེ་བཞི། ། མངོན་དུ་མཛད་ནས་སྣ་ཚོགས་སྤྲུལ་པའི་སྐུས། །གཞན་དོན་མཛད་པ་ཁྱེད་ལ་ སྐྱབས་སུ་མཆི། །རྣམ་ཐར་སྒོ་བཞི་ཚང་བའི་གནས་བཞི་དང༌། །བསྙེ ན་སྒྲུབ་རྣམ་བཞི་རྡོ་རྗེ་ རྣལ་འབྱོར་བཞིས། །གནས་སྐབས་རིགས་བཞིའི་ཀུན་རྟོགས་ཀུན་བསལ་ནས། །འགྱུར་མེད་ དགའ་བཞི་བརྙེས་པ་ཁྱེད་ལ་འདུད། །རླུང་སེམས་འཕོ་བའི་བག་ཆགས་རབ་འགགས་ནས། །འཕོ་མེད་ཆགས་ཆེན་བདེ་བ་ཆེན་པོ་ཡིས། །ས་ལམ་ཀུན་བགྲོད་ཡོན་ཏན་མ་ལུས་རྫོགས། 6-1-26 །ཕྲིན་ལས་མཁའ་ཁྱབ་མངའ་བ་ཁྱེད་ལ་འདུད། །བྲལ་བའི་ཡོན་ཏན་སུམ་ཅུ་རྩ་གཉིས་ཅན། །དོན་དམ་ཆོས་སྐུ་དབུལ་པོའི་གཏེར་ཆེན་བཞིན། །ཀུན་ལ་ཁྱད་མེད་རྟག་ཏུ་བཞུགས་པ་སྟེ། ། ཁྱེད་ཀྱིས་མངོན་སུམ་ཉིད་དུ་མཛད་པ་ལགས། །འབྲས་མཆོག་ཅན་གྱིས་ལྗོན་ཤིང་མཆོག་ བསྐྱེད་བཞིན། །དགེ་ཚོགས་རླབས་ཆེན་ཡུན་རིང་ལེགས་བསྒྲུབ་པའི། །རྣམ་སྨིན་ཡོན་ཏན་ སུམ་ཅུ་རྩ་གཉིས་ཅན། །གཟུགས་སྐུ་ཕུན་ཚོགས་བརྙེས་པ་ཁྱེད་ལ་འདུད། །ཁྱོད་ཀྱིས་རྣམ་ དག་ཚོགས་གཉིས་ལེགས་བསྒྲུབ་པའི། །སྐུ་གཉིས་ལེགས་ཐོབ་དོན་གཉིས་མཐར་ཕྱིན་པ། །རྩོད་མེད་ཡོངས་གྲགས་པདྨ་འབྱུང་གནས་དཔལ། །མགོན་སྐྱབས་དམ་པ་ཁྱེད་ལ་སྐྱབས་ སུ་མཆི། །དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ་པ་དང༌། །བདག་གིར་མ་བཟུང་མཆོད་རྫས་ བཟང་དགུ་རྣམས། །ཡོན་གནས་དམ་པ་ཁྱོད་ལ་མཆོད་པ་འབུལ། །གཞན་གྱི་དོན་སླད་བརྩེ་ བས་བཞེས་སུ་གསོལ། །ཐོག་མེད་དུས་ནས་མ་རིག་དབང་སོང་བས། །ཆོས་དང་འགལ་བའི་ བྱ་བ་སྣ་ཚོགས་བགྱིས། །རང་གནོངས་འགྱོད་པས་དེ་ཀུན་ཁྱེད་ལ་བཤགས། །མྱུར་བ་ཉིད་ དུ་དག་པར་མཛད་དུ་གསོལ། །དགེ་བ་ཀུན་ལ་དགའ་བས་རྗེས་ཡི་རང༌། །ཟབ་ཡང་ཆོས་ ཀྱི་འཁོར་ལོ་བསྐོ ར་དུ་གསོལ། །ཡུན་རིང་བཞུགས་ནས་གང་གིས་གང་འདུལ་བའི། །ཕྲིན་ ལས་ཕུན་ཚོགས་མཛད་པར་གསོལ་བ་འདེབས། །བདག་ཅག་ལ་སོགས་སེམས་ཅན་ཐམས་ ཅད་ཀྱིས། །འཁོར་བ་སྡུག་བསྔལ་ཉིད་དུ་ཤེས་པ་དང༌། །དེ་རྒྱུ་ཀུན་འབྱུང་དབུགས་དང་ ལྷན་གཅིག་ཏུ། །མྱུར་བར་འགགས་པའི་ལམ་མཆོག་སྩལ་དུ་གསོལ། །སྐུ་གསུང་ཐུགས་ ཀྱིས་མྱུར་བར་བྱིན་རླབས་ནས། །དོན་མེད་བྱ་བ་ཐམས་ཅད་རབ་སྤངས་ཏེ། །བསམ་རྒྱུ་བྱ་ རྒྱུ་ཆོས་ལས་མེད་པ་དང༌། །ཆོས་མཆོག་མྱུར་དུ་འགྲུབ་པར་བྱིན་གྱིས་རློབས། །ཁྱོད་ཀྱི་སྐུ་ མཆོག་མྱུར་དུ་མཐོང་བ་དང༌། །གསུང་མཆོག་ཐོས་ཤིང་ཐུགས་མཆོག་ཡེ་ཤེས་མཆོག །མྱུར་ དུ་ཕེབས་པའི་དབང་བསྐུར་མཆོག་རྩོལ་ནས། །ས་བཅུ་མྱུར་དུ་ཐོབ་པར་བྱིན་གྱིས་རློབས། 6-1-27 །སྲིན་པོ་རྣམས་ལ་ཇི་ལྟར་མཛད་པ་བཞིན། །བསྟན་དགྲ་བསྟན་བཤིག་དམུ་རྒོ ད་མ་རུངས་ བ༑ ༑གདུག་པ་ཅན་རྣམས་ཁྱེད་ཀྱི་མཐུ་རྩལ་གྱིས། །རབ་ཏུ་བཏུལ་ནས་ཆོས་ལ་དགོད་དུ་ གསོལ། །དེ་མིན་དེར་འཛིན་ཕྲ་མ་སྔ་བཙན་གྱིས། །ཆོས་མིན་ཆོས་ལྟར་བཅོས་པའི་སྟོབས་ འཕེལ་ནས། །ཡང་དག་ཆོས་ལ་སྡང་ཞིང་སྨོད་པ་རྣམས། །ཁྱོད་ཀྱིས་ཡང་དག་ལམ་ལ་དགོད་ དུ་གསོལ། །སངས་རྒྱས་བསྟན་པ་སེངྒེའི་ཁོག་པ་བཞིན། །རང་གིས་ནང་ནས་ཉམས་པར་ བྱེད་པར་རྣམས། །ཁྱེད་ཀྱིས་ཐབས་མཁས་ཐུགས་རྗེའི་མཐུ་སྟོབས་ཀྱིས། །སླར་ཡང་བསྟན་ པ་སྐྱོང་བར་བྱིན་གྱིས་རློབས། །བདག་ཀྱང་དེང་ནས་སྐྱེ་བ་ཐམས་ཅད་དུ། །སྐྱེས་མཆོག་ཁྱེད་ ཀྱིས་ཞབས་དྲུང་ཉེར་བརྟེན་ནས། །ཁྱེད་གསུང་བདུད་རྩིའི་དཔལ་ལ་སྤྱོད་པ་དང༌། །ཁྱེད་ ཀྱིས་བཀའ་བཞིན་དོན་གཉིས་འགྲུབ་གྱུར་ཅིག །ཁྱེད་ཀྱིས་རྗེས་སུ་བཟུང་བའི་བྱིན་རླབས་ ཀྱིས། །ཁྱེད་ཀྱི་ཐུགས་དང་འགལ་བ་ཀུན་སྤངས་ཤིང༌། །ཁྱེད་ཀྱི་ཐུགས་དང་མཐུན་པ་ཀུན་ བསྒྲུབ་སྟེ། །ཁྱེད་ཀྱི་གོ་འཕང་ལྟ་བུ་མྱུར་ཐོབ་ཤོག །ཁྱེད་ལ་དད་གུས་བགྱིས་པ་རྟེན་འབྲེལ་ གྱིས། །ལས་རླུང་རབ་འགགས་རྣམས་ཤེས་རབ་འགགས་ཤིང༌། །ཡེ་ཤེས་རླུང་སེམས་ཡེ་ ཤེས་རབ་འཕེལ་ནས། །ཁྱེད་བཞིན་གཞན་དོན་རླབས་ཆེན་བྱེད་གྱུར་ཅིག །མཐའ་ཡི་རྩ་ རྣམས་རླུང་གིས་རབ་སྟོངས་ཤིང༌། །དབུ་མའི་རྩ་བཟང་རླུང་གིས་རབ་གང་བས། །ཞི་བདེ་ འགྱུར་མེད་དགའ་བཞི་རབ་རྫོགས་ནས། །རང་བཞིན་འགྱུར་མེད་མཁའ་ཁྱབ་ཐོབ་གྱུར་ཅིག །ཇི་སྲིད་དེ་མ་ཐོབ་པ་དེ་སྲིད་དུའང༌། །བསླབ་གསུམ་སྡོམ་པ་གསུམ་དང་དམ་ཚིག་རྣམས། །ཡོངས་ཡེ་མི་ཉམས་ཕྱིར་ཞིང་འཕེལ་བ་དང༌། །དགེ་ཚོགས་ཐམས་ཅད་ཀུན་ནས་རྒྱས་པར་ ཤོག །གཞན་ལ་ཕན་ཕྱིར་བསོད་ནམས་ཚོགས་ཆེན་དང༌། །འགྱུར་མེད་བདེ་རྒྱས་ཡེ་ཤེས་ ཚོགས་ཆེན་གྱིས། །ལམ་མཆོག་སྒྲུབ་པའི་འགལ་རྐྱེན་མེད་པ་དང༌། །མཐུན་རྐྱེན་ཐམས་ཅད་ ལྷུན་གྱིས་འགྲུབ་གྱུར་ཅིག །ཡོངས་གྲུབ་ཡབ་ཡུམ་དབུ་མ་ཡབ་ཡུམ་དང༌། །ཤེར་ཕྱིན་ཡབ་ 6-1-28 ཡུམ་དོན་དམ་ཡབ་ཡུམ་གྱིས། །ལྷ་ཚོགས་ཀུན་གྱིས་གཟུགས་ནས་རྣམ་མཁྱེན་བར། །རྣམ་ པ་ཀུན་ལྡན་རྣམ་པ་མེད་པ་འོ། །རྨི་ལམ་སྒྱུ་མ་པྲ་ཕབ་བརྒྱད་ལྟ་བུ། །སོ་སོ་རང་རིག་ཡེ་ཤེས་ སྤྱོད་ཡུལ་བ། །ཀུན་ཏུ་བཟང་པོ་དབང་པོ་ཐམས་ཅད་པ། །མཁྱེན་བརྩེ་ནུས་མཐུ་སྟོབས་དང་ ཕྲིན་ལས་མཆོག །དཔེར་བྱ་ཀུན་ལས་འདས་པ་མཁའ་ཁྱབ་ཏུ། །གདོད་ནས་རྟག་ཏུ་བཞུགས་ པའི་བྱིན་རླབས་དང༌། །དེ་དག་གཟུགས་སྐུ་རྟེན་གསུམ་བྱིན་རླབས་ཀྱིས། །བསྔོ ་བའི་རྒྱལ་པོ་ མཆོག་འདི་འགྲུབ་གྱུར་ཅིག །ཅེས་པ་འདི་ཡང་རྟོན་པ་བཞི་ལྡན་གྱིས་བཀོད་པའོ།། །།སེམས་ཅན་ཐམས་ཅད་ལ་ ཕན་ཐོགས་པར་གྱུར་ཅིག །ཤུ་བྷཾ། 6-1-29 ༄༅། །གུ་རུའི་བླ་སྒྲུབ་དང་འབྲེལ་བའི་ཚེ་གཡང་སྒྲུབ་ཅིང་ཚོགས་ མཆོད་བྱེད་པའི་ཚུལ་ཉེར་མཁོ་འགྲོ་ཕན་སྤེལ་བྱེད་ ཅེས་བྱ་བ་བཞུགས་སོ། ། ༄༅། །ཁྱབ་བདག་པདྨ་ཀ་ར་ལ་གུས་པས་ཕྱག་འཚལ་ཏེ། འདིར་གང་ཉིད་སྒྲུབ་པའི་ཐབས་ལ་བསྟེན་པའི་སྒོ་ནས་ ཚེ་གཡང་ཚོགས་གསུམ་བྱེད་ཐབས་ལ། གསུམ་ལས། དང་པོ་ཚེ་སྒྲུབ་ཀྱི་ཚུལ་གུ་རུའི་བླ་སྒྲུབ་བསྙེ ན་བཟླས་སྐབས་སུ་སྤྲད་པར་ བྱ་བ་སྟེ། ཧྲཱིཿ དུས་གསུམ་སངས་རྒྱས་ཀུན་དངོས་འཆི་མེད་དབང༌། །གང་དང་གཉིས་མེད་གུ་ རུ་པདྨ་འབྱུང༌། །ཟག་མེད་ཡེ་ཤེས་བགྲེས་རྒུད་བྲལ་བའི་སྐུ། །གཞོམ་མེད་རྡོ་རྗེའི་ཚེ་མཆོག་ སྩོལ་བའི་གཉེན། །ཁྱེད་ལ་མོས་གུས་དྲག་པོས་གསོལ་འདེབས་ན། །གང་གི་དགོངས་ཆེན་ དབྱིངས་ནས་ཐུགས་རྗེའི་འཕྲུལ། །ཉེ་བར་བསྐྱོད་དེ་སྒྲུབ་བྱར་ཚེ་འགུགས་ཐབས། །རླབས་ ཆེན་ཕྲིན་ལས་མཛད་སྒོ་བྱེད་པར་གྱུར། །དེ་ནས་ཚེ་བསྙེ ན་བཟླ་བ་ནི། ཨ໋་བཛྲ་གུ་རུ་པདྨ་སིདྡྷི་ཨ་ ཡུརྫྙཱ་ན་ཚེ་བྷྲཱུཾཿཧཱུྃ་སྭཱཧཱ། ཞེས་པ་བཟླས་ཏེ་ཐུགས་རྒྱུད་བསྐུལ། ཧྲཱིཿ ཚེ་དཔག་མེད་དང་དབྱེར་མེད་གུ་རུ་ རྗེ། །གང་གི་ཐུགས་ལས་སྤྲོས་པས་འོད་ཟེར་གྱིས། །འཆི་མེད་དབང་པོ་ཡིད་བཞིན་འཁོར་ ལོ་དང༌། །རྣམ་པར་རྒྱལ་མ་ལ་སོགས་ཚེ་མཆོག་ལྷ། །ཡེ་ཤེས་རྡོ་རྗེ་འཆི་མེད་དཔལ་སྟེར་བ། །གཞོམ་བྲལ་འཁོར་བ་སྲིད་དུ་རྟག་བཞུགས་པ། །དེ་དག་གི་ནི་ཐུགས་རྒྱུད་ཀྱིས་བསྡུས་ཤིང༌། །རབ་བརྟན་ཚེ་སྲོག་དཔལ་གྱི་འཕེལ་ཁ་ཀུན། །སྣུམ་མདངས་གཟི་འབར་ཐིག་ལེའི་ཚུལ་དུ་ བཀུགས། །བསྒྲུབ་བྱའི་ལུས་ལ་རབ་བསྟིམ་བཅུད་དུ་བསྐྱིལ། །ལུས་ཀྱི་ཟུངས་དང་སེམས་ 6-1-30 རྟེན་མཆོག་གྱུར་ཏེ། །ནམ་ཡང་མི་ཉམས་ཚེ་ཡི་དཔལ་ཐོབ་ཤོག །ཚེ་བསྙེ ན་བརྗོད། སླར་ཡང་ ཐུགས་ལས་སྤྲོས་པའི་འོད་ཟེར་གྱིས། །པདྨ་འབྱུང་གནས་ཤ་བ་རི་པ་དང༌། །གྲུབ་པའི་རྒྱལ་ མོ་འཕགས་པའི་གནས་བརྟན་ཚོགས། །སྔ་ཕྱིར་གང་བྱོན་ཚེ་ཡི་རིག་པ་འཛིན། །བི་མ་མི་ཏྲ་ ཚེ་རིང་རྣམ་པ་དྲུག །ལྷ་ཀླུ་གནོད་སྦྱིན་མི་རིག་ཚེ་ལ་དབང༌། །མི་མིན་སྡེ་རིགས་ཡུན་ཚེ་བརྟན་ གང་དག །སྲིད་འདིར་ཆེ་རྒུ་ཚེ་དཔལ་མངའ་ཚོད་ཀུན། །སྣུམ་མདངས་གཟི་འབར༴ སོགས་ནས་ ཚིག་བཞི་ཚེ་བསྙེ ན་བཅས་འགྲེས། སླར་ཡང་ཐུགས་ལས་སྤྲོས་པའི་འོད་ཟེར་གྱིས། །གཞན་ཡང་ནང་ བཅུད་སྐྱེ་འགྲོ་གང་དག་གི །བསོད་ནམས་ཚེ་དབང་རིགས་གྱུར་ཡོད་ཚད་དང༌། །བརྟན་པ་ སྣོ ད་ཀྱི་འབྱུང་བ་སྲ་ཞིང་མཁྲེགས། །རི་རྒྱལ་ལྷུན་པོ་གསེར་རི་བདུན་ལ་སོགས། །འབྱུང་བ་ ས་ཁམས་དྭངས་མའི་བཅུད་ཐམས་ཅད། །བསྒྲུབ་བྱའི་བླ་སྲོག་སྲ་ཞིང་བརྟན་བྱེད་དུ། །ཕན་ པའི་དྭངས་བཅུད་ཉིད་དུ་གང་གྱུར་ཚད། །སྣུམ་མདངས་གཟི་འབར༴ སོགས་འགྲེས། སླར་ཡང་ ཐུགས་ལས་སྤྲོས་པའི་འོད་ཟེར་གྱིས། །རོལ་བའི་མཚོ་བདུན་མཐའ་ཡི་རྒྱ་མཚོ་དང༌། །དེ་ བརྟེན་ཆུ་ཀླུང་ཆུ་ཕྲན་གྲངས་མེད་པའི། །འབྱུང་བ་ཆུ་ཁམས་དྭངས་མའི་བཅུད་ཐམས་ཅད། །སྒྲུབ་བྱའི་བླ་སྲོག་ཉམས་འཐོར་རལ་བ་སོགས། །ལེགས་བཅོས་སྲོག་གི་དངོས་པོར་ཀུན་ བསྡུས་ཤིང༌། །རྟ་གདོང་མེ་སོགས་འབྱུང་བ་མེ་ཁམས་དང༌། །རླུང་གི་འཁོར་ཡུག་མཁའ་ ཁམས་སྟོང་པའི་བཅུད། །སྣུམ་མདངས་གཟི་འབར༴ སོགས། དེ་ལྟར་གུ་རུ་ཚེ་དཔག་མེད་ ཀྱི་མཐུས། །འཁོར་འདས་ཚེ་བཅུད་ལེགས་བཀུག་རྟེན་འབྲེལ་གྱིས། །སྒྲུབ་པོ་གཞོམ་བྲལ་ རྡོ་རྗེའི་ཚེ་ཐོབ་སྟེ། །སྲིད་གསུམ་དཔུང་གི་རྒོ ལ་ཡང་གནོད་བྲལ་གྱུར། །ཅེས་པའི་ཚེ་འགུགས་ཅི་ ནུས་མཐར་ཚེ་སྦ་བ་ནི། བསྒྲུབ་བྱའི་ཚེ་བཅུད་ཡོངས་བསྡུས་གང་འདི་ཡང༌། །དང་པོ་ཆོས་དབྱིངས་ རང་བཞིན་སྟོང་པའི་རྒྱ། །གཉིས་པ་ཐབས་དང་ཤེས་རབ་ཟུང་འཇུག་རྒྱ། །གསུམ་པ་ཡང་ གསང་སྐུ་གསུང་ཐུགས་ཀྱི་རྒྱ། །བཞི་པ་རླབས་ཆེན་ཚད་མེད་རྣམ་བཞིའི་རྒྱ། །ལྔ་པ་ཡེ་ཤེས་ 6-1-31 ཆེན་པོ་ལྔ་ཡི་རྒྱ། །དྲུག་པ་ཕ་རོལ་ཕྱིན་པ་དྲུག་གི་རྒྱ། །བདུན་པ་བྱང་ཆུབ་ཡན་ལག་བདུན་ གྱི་རྒྱ། །འགྱུར་མེད་ཕྱག་རྒྱ་བདུན་གྱིས་རྒྱས་གདབ་པའི། །བླ་ཚེ་སྲོག་གི་དངོས་པོ་རྡོ་རྗེ་ལྟར། །རབ་བརྟན་རྐྱེན་ངན་གང་གིས་མི་གཞིག་པར། །ནམ་ཡང་གླགས་མི་རྙེད་པའི་གནས་ཐོབ་ ཤོག །ཨ໋་བཛྲ་གུ་རུ་པདྨ་སིདྡྷི་ཧཱུཾ་མ་མ་རཀྵ་རཀྵ་སྲུངས་ཤིག་སྭཱཧཱ། ལན་གསུམ་བརྗོད། གཉིས་པ་གཡང་སྒྲུབ་ཚུལ་ནི། ཧྲཱིཿ བསོད་ནམས་ནོར་ལྷ་རྒྱ་མཚོའི་མངའ་བདག་རྗེ། །གང་ འདོད་ལོངས་སྤྱོད་ཆར་གྱིས་དབུལ་སེལ་མཁན། །པད་འབྱུང་འདོད་དགུ་འཇོ་བའི་གཏེར་ ཆེན་ལྷ། །ཁྱེད་ལ་དད་མོས་སྙི ང་ནས་གསོལ་འདེབས་ན། །ཐུགས་དགོངས་ཡིད་བཞིན་ དབང་པོ་དགེ་ལེགས་དཔྱིད། །གང་འདུལ་སྒྲུབ་ལ་ལས་སྐལ་ཆེར་དར་བས། །དངོས་གྲུབ་ དབྱིག་གི་འཕེལ་སྟོབས་མི་དམན་པར། །དུས་སུ་ཇི་བཞིན་རེ་སྐོ ང་མཛད་པར་གྱུར། །དེ་ནས་ གཡང་བསྙེ ན་བྱ་བ་ནི། ཨ໋་བཛྲ་གུ་རུ་པདྨ་སིདྡྷི་པུཎྱེ་ཛྙཱ་ན་གཡང་ཁུག་ཧཱུྃ་སྭཱཧཱ། ཞེས་པ་བཟླས་ཏེ་ཐུགས་ བརྒྱུད་བསྐུལ། ཧྲཱིཿ ནོར་ལྷ་རྒྱ་མཚོའི་མངའ་བདག་གུ་རུ་རྗེ། །གང་གི་ཐུགས་ལས་སྤྲོས་པའི་ འོད་ཟེར་ཀྱིས། །རང་བཞིན་རབ་འབྱམས་ཞིང་ན་ལེགས་བཞུགས་པའི། །རྒྱལ་བ་སྲས་ བཅས་སློབ་མར་བཅས་གང་དག །རྨད་བྱུང་རྒྱུ་འབྲས་ཆོས་ཀྱི་དགའ་སྟོན་འགྱེད། །སྤངས་ རྟོགས་ལུང་གི་ཆོས་གཡང་མ་ལུས་དང༌། །ཞིང་འདིའི་བསྟན་པའི་བདག་པོ་དགེ་འདུན་སྡེ། །འཁོར་ལོ་གསུམ་གྱི་སྡེ་སྣོ ད་ཟབ་རྒྱས་ལམ། །འོད་ཕུང་ཚུལ་གྱིས་ལེགས་བཀུག་གནས་ འདི་རུ། །སྣོ ད་བཅུད་ལ་བསྟིམ་གཡང་གི་བཅུད་ཆགས་ཏེ། །ཁ་རྗེ་བསོད་ནམས་སྒོ་གང་ནས་ རྒྱས་ཤིང༌། །ཕུན་ཚོགས་དཔལ་ཡོན་ཀུན་ནས་འབར་གྱུར་ཅིག །གཡང་བསྙེ ན་བརྗོད། སླར་ ཡང་ཐུགས་ལས་སྤྲོས་པའི་འོད་ཟེར་གྱིས། །ཀླུ་སྒྲུབ་ཐོགས་མེད་ཆོས་ཀྱི་གྲགས་པ་སོགས། །འཛམ་གླིང་མཛེས་རྒྱན་ལུང་རིགས་སྨྲ་བའི་ཕུལ། །ས་ར་ཧ་དང་ཏེ་ལོ་ནཱ་རོ་སོགས། །སྒྲུབ་ མཆོག་གསང་ཆེན་ཆོས་མཛོད་བརྙེས་པའི་དཔལ། །སྐྱེ་དགུའི་ཕན་བདེ་འབྱུང་གནས་རྒྱལ་ 6-1-32 བསྟན་གྱི། །རྒྱུ་དང་འབྲས་བུའི་ཐེག་པས་རབ་བསྡུས་པའི། །ཟབ་མོ་ཆོས་ཀྱི་བཅུད་གཡང་ མ་ལུས་པ། །འོད་ཕུང་ཚུལ་གྱིས༴ སོགས་ཚིག་བཞི་གཡང་བསྙེན་བཅས་འགྲེས། སླར་ཡང་ཐུགས་ལས་ སྤྲོས་པའི་འོད་ཟེར་གྱིས། །འཇིག་རྟེན་མངོན་མཐོའི་བསོད་ནམས་ཆེར་དབང་བ། །ཚངས་པ་ བརྒྱ་བྱིན་ལ་སོགས་ཆེ་དགུའི་དཔལ། །རྣམ་ཐོས་བུ་དང་འཛམ་ལྷ་ནོར་སྦྱིན་མ། །ལ་སོགས་ ནོར་ལྷའི་རིགས་གྱུར་གང་དག་གི །འཇིག་རྟེན་འདས་དང་མ་འདས་ལེགས་ཚོགས་གཡང༌། །སྲིད་ཞིའི་དཔལ་འབྱོར་མངའ་ཐང་ཆེར་དར་བ། །བསོད་ནམས་ནོར་མཆོག་གཡང་བཅུད་ མ་ལུས་པ། །འོད་ཕུང་ཚུལ་གྱིས༴ སོགས་འགྲེས། སླར་ཡང་ཐུགས་ལས་སྤྲོས་པའི་འོད་ཟེར་ གྱིས། །མི་དབང་འཁོར་ལོས་སྒྱུར་བའི་རྒྱལ་པོ་སོགས། །ཆེ་བའི་དཔོན་དང་བཀའ་བློན་ འབངས་ཀྱི་སྡེ། །རང་རང་ལ་འོས་དབང་ཐང་བསོད་ནམས་སྟོབས། །མ་དྲོས་ཀླུ་དབང་ནོར་ སྲིད་འབྱོར་བའི་དཔལ། །ལོངས་སྤྱོད་ཕུན་སུམ་ཚོགས་པའི་ལེགས་སྒོ་དང༌། །གཞན་ཡང་ མངའ་ཐང་དར་བའི་དཔལ་ཡོན་མཆོག །སྲིད་འདིར་གང་ཡོད་མཚར་དགུའི་དངོས་པོ་ཀུན། །འོད་ཕུང་ཚུལ་གྱིས༴ སོགས། དེ་ལྟར་གུ་རུ་ནོར་སྟེར་མཆོག་གི་མཐུས། །འཁོར་འདས་དཔལ་ གཡང་ལེགས་འགུགས་དགའ་སྟོན་གྱིས། །གནས་འདིར་གཡང་བཅུད་ཀུན་ནས་རབ་བསྐྱིལ་ ཞིང༌། །ཕུན་ཚོགས་དཔལ་ཡོན་མཐའ་དག་ལེགས་འཛོམས་གྱུར། །ཅེས་པའི་གཡང་འགུགས་ཅི་ནུས་ མཐར་གཡང་སྦ་བ་ནི། གནས་འདིར་གཡང་བཅུད་གང་འཁྱིལ་མཐའ་དག་ཀྱང༌། །རིག་འཛིན་བླ་ མའི་སྤྱི་རྗེ་པདྨ་འབྱུང༌། །ཡི་དམ་རྩ་གསུམ་རྒྱ་མཚོ་སྤྲོ་བའི་མགོན། །གང་གི་སྐུ་གསུང་ཐུགས་ ཀྱི་མཐུ་བྱིན་གྱིས། །བཀྲ་ཤིས་གཡང་གི་སྒོ་མོ་རབ་བརྟན་ཞིང༌། །གནོད་སྦྱིན་སྡེ་ཚོགས་སྲུང་ སྐྱོབ་ཆེས་དམ་པས། །ཕུན་ཚོགས་དཔལ་གཡང་ནམ་དུ་ཉམས་མེད་ངང༌། །ལེགས་མཐུན་སྒོ་ བརྒྱ་ཀུན་ནས་ཡོངས་འགྲིག་སྟེ། །སྣོ ད་བཅུད་ཁ་རྗེ་མི་ཤིགས་སྲུང་གུར་ནང༌། །རྟག་ཚུད་རྐྱེན་ ངན་གང་གིས་ཚུགས་མིན་པར། །དཔལ་ཡོན་ཕྱོགས་མཐར་ཡོངས་ཁྱབ་དགའ་སྐྱིད་ཀྱི། 6-1-33 །བདེ་བ་མཆོག་ལ་རྟག་པར་རོལ་གྱུར་ཅིག །ཨ໋་བཛྲ་གུ་རུ་པདྨ་སིདྡྷི་རཀྵ་ཧཱུཾ་སྭཱཧཱ། ལན་གསུམ་ བརྗོད། གསུམ་པ་ཚོགས་མཆོད་ནི། ཚོགས་རྫས་གང་འཛོམས་ལེགས་འདུ་བྱས་ལ་འདི་སྐད། རཾ་ཡཾ་ཁཾ་གིས་དྲི་མ་ བསྲེགས་གཏོར་བཀྲུས། །ཟག་མེད་ཀུན་བཟང་བདེ་ཆེན་ཚོགས་མཆོད་སྤྲིན། །ཁ་དོག་རོ་ ནུས་མཆོད་ལྡན་ཕུལ་བྱུང་བ། །མཆོད་ཡུལ་གང་དག་དགྱེས་བསྐྱེད་མཆོག་ཏུ་གྱུར། །ཨ໋་ ཨཱཿཧཱུཾ། ཞེས་པས་བྱིན་གྱིས་རླབས་ལ། ཨེ་མ་ངོ་མཚར་ཟག་བྲལ་ཚོགས་འཁོར་ཆེ། །ཐབས་ཤེས་ ཟུང་འཇུག་དགའ་སྟོན་ཁྱད་པར་བ། །གང་འདི་རྩ་གསུམ་རྒྱ་མཚོའི་སྤྱི་དཔལ་མཆོག །པདྨ་ འབྱུང་གནས་བདེ་ཆེན་མཁའ་འགྲོའི་གཙོ། །སྤྲུལ་པའི་རོལ་གར་བསམ་མི་ཁྱབ་པ་ཅན། །མ་ ལུས་འཁོར་དང་བཅས་ལ་གུས་པས་མཆོད། །དགྱེས་བཞེས་མཆོག་ཐུན་དངོས་གྲུབ་དེང་ འདིར་སྩོལ། །གུ་རུའི་སྤྲུལ་བཀོད་རྩ་གསུམ་ལྷ་ཚོགས་ཀྱང༌། །དགོངས་བརྡ་སྙན་བརྒྱུད་བླ་ མ་མཆོག་རྣམས་དང༌། །ཡི་དམ་ཞི་ཁྲོ་རབ་འབྱམས་མ་སྲིང་གི །མཁའ་འགྲོ་བྱེ་བའི་ཚོགས་ ལ་འདི་འབུལ་ལོ། །བྱིན་རླབས་དབང་བསྐུར་བདེ་ཆེན་མཆོག་སྩོལ་ཅིག །གཞན་ཡང་རིག་ འཛིན་བླ་མའི་བཀའ་ཉན་པ། །དམ་ཅན་རྒྱ་མཚོའི་འཁོར་ལ་ཚོགས་མཆོད་འབུལ། །ཆོས་ བཞིན་སྐྱོང་བའི་སྲུང་མ་ལེགས་པར་མཛོད། །ཚོགས་འཁོར་འདིས་ཀྱང་མཆོད་ཡུལ་དགྱེས་ བསྐངས་ཏེ། །རྣལ་འབྱོར་བདག་ཅག་ཚོགས་ཆེན་རབ་རྫོགས་ཤིང༌། །དམ་ཚིག་ཉམས་ཆག་ མ་ལུས་ཡོངས་བྱང་ནས། །ཆོས་ལ་བར་ཆད་བདུད་རིགས་ཀུན་བསྒྲལ་ཏེ། །ཡང་དག་ཆོས་ རྐྱེན་བཟང་པོ་ཀུན་འགྲིག་ཤོག ། དྲང་བ་ནི། རྣལ་འབྱོར་དགའ་ཆེན་གླུ་བྲོ་ཨ་ལ་ལ། །གསང་གསུམ་ལྷ་ཤར་དག་སྣང་ལྟད་ མོར་ངོམ། །དགོངས་ཡིད་རོ་མཉམ་ཀུན་བཟང་རོལ་པའི་རྒྱན། །བདེ་ཆེན་ཡེ་ཤེས་ཆེར་ འབར་སྐྱེད་དུ་རོལ། ། 6-1-34 ལྷག་མ་ནི། ཧ་ཧོ་ཧྲཱིཿ དམ་ཅན་ལྷག་ལ་དབང་བ་གང་དག་གིས། །རང་རང་ཡིད་འཐད་ཇི་ བཞིན་རྫས་ལ་སྤྱོད། །ཐ་ཚིག་བཀའ་ལས་མ་འདའ་གཡར་དམ་གྱིས། །སྡོང་གྲོགས་སྲུང་མའི་ བྱ་བར་གཡེལ་མེད་མཛོད། །ཨུཥྩི་ཊ་བ་ལིང་ཏ་ཁ་ཧི། བསྔོ ་བ་ནི། གསང་ཆེན་དགའ་སྟོན་ཚོགས་ཀྱི་འཁོར་ལོ་བསྐོ ར། །རིག་འཛིན་བླ་མ་རྩ་ གསུམ་རྒྱ་མཚོ་དགྱེས། །རྣལ་འབྱོར་སྒྲུབ་པོའི་ཚོགས་རྫོགས་སྒྲིབ་སྦྱངས་ཏེ། །བླ་མེད་ཐེག་ པར་རྟག་ཏུ་སྤྱོད་གྱུར་ཅིག །ཅེས་པས་མཐར་དབྱུང་ཚོགས་མཆོད་བླ་སྒྲུབ་དང་མ་འབྲེལ་བའི་སྐབས་སུ་ནི། གོང་བྱིན་ རླབས་འཕྲོ་ནས་སྤྱན་འདྲེན་པ། རང་བཞིན་དག་མཉམ་ཆོས་སྐུའི་དགོངས་དབྱིངས་ནས། །རྩ་གསུམ་ རིགས་ཀྱི་བདག་པོ་པདྨ་འབྱུང༌། །རྣམ་འཕྲུལ་བཀོད་ཆེན་བསམ་མི་ཁྱབ་པ་བཅས། །འདིར་ གཤེགས་ཚོགས་མགྲོན་ཚུལ་དུ་བཞུགས་སུ་གསོལ། །ཞེས་པ་བཙུད་ནས་ཚོགས་འབུལ་མན་ཆད་འདོན་ ཞིང་གྲངས་བསོག་ན་ཚོགས་འབུལ་ཡང་ཡང་བསྐྱར་ཏེ་དྲང་བ་ལ་འཇུག་གོ །ཞེས་གུ་རུའི་བླ་སྒྲུབ་དང་འབྲེལ་བའི་ཚེ་གཡང་སྒྲུབ་ ཅིང་ཚོགས་མཆོད་བྱེད་པའི་ཚུལ་ཉེར་མཁོ་འགྲོ་ཕན་སྤེལ་བྱེད་ཅེས་བྱ་བ་འདི་ཡང་དོན་གཉེར་ཅན་འགའི་ངོར། །མ་ཏིས་ཤར་ མར་སྤེལ་བ་ལྟར་གུ་ཎས་ཡི་གེ་པ་བགྱིས་སོ།། །།སརྦ་མངྒ་ལཾ།། ༈ བསོད་ནམས་སྟོབས་ཀྱིས་ལུས་འདི་བོར་མ་ཐག །པདྨ་འབྱུང་གནས་གང་འདུལ་ རོལ་པའི་གར། །རྔ་ཡབ་གླིང་གི་མངའ་བདག་དགྱེས་བཞུགས་དྲུང༌། །ཐུགས་སྲས་དམ་པའི་ དགོངས་ཆེན་སྤྱོད་གྱུར་ཅིག །ཅེས་པའང་མ་ཏིས་སོ། ། 6-1-35 ༄༅། །གུ་རུ་རིན་པོ་ཆེའི་སྒོ་ནས་འཕོ་བ་བྱ་ཚུལ་ ཞིང་མཆོག་སྒོ་འབྱེད་ཅེས་བྱ་བ། ༄༅། །འདིར་གུ་རུ་རིན་པོ་ཆེའི་སྒོ་ནས་ཟབ་ལམ་འཕོ་བ་བྱ་བའི་ཚུལ་ལ་རྩ་བསྐྱེད་ནི། སྐད་ཅིག་རང་ལུས་ གདསོ ་བཅས་གནས་འགྱུར་ཏེ། །ཕྱི་ནང་དྭངས་ཤིང་གསལ་བའི་དབུས་ཀྱི་ནང༌། །ཨཱ་ཝ་དྷཱུ་ཏཱི་ ཤེལ་གྱི་སྦུ་གུ་ལྟར། །སམྦོ ་ཕྲ་མདའ་སྙུག་ཙམ་པ་སགྲོ ་ཤིང་ཚུལ། །མས་སྣ་ལྟེ་བར་ཟུག་ཅིང་ ཁ་ཟུམ་པ། །ཡས་སྣེ་སྤྱི་བརོ ་ཟུག་སྟེ་མཐངོ ས་ལྟར་ཕྱེ། །དེ་ནང་སྙིང་ཁའི་ཐད་དུ་གཉུག་སེམས་ ཀྱི། །ང་ོབ་ོཐིག་ལེ་ལྔ་ལྡན་རྒྱ་སྲན་ཙམ། །རང་གནས་དག་པ་རྔ་ཡབ་པདྨ་འདོ ། །སྣོད་བཅུད་ རང་སྣང་ལེགས་པ་རྒྱན་བཀདོ ་རགྫོ ས། །གང་འདུལ་འག་ྲོལ་དེར་སྣང་མཛད་ས་ྒོའཆར། །ས་ ལ་སྤདྱོ ་པའི་ཞིང་མཆགོ ་ཉིད་དུ་མསོ ། །རང་གི་སྤྱི་བརོ ་འཇའ་གུར་འཁྱིལ་བའི་ཀངློ ༌། །སྟེང་ འགོ ་པད་ཟླའི་གདན་བཟང་རིམ་གསུམ་ལས། །ཐགོ ་མའི་གདན་ལ་ཆསོ ་སྐུ་འདོ ་དཔག་མེད། །མཚན་དཔེ་གསལ་རགྫོ ས་མཆགོ ་གི་སྤྲུལ་སྐུའི་ཚུལ། །བར་གྱི་གདན་ལ་འཕགས་མཆགོ ་ སྤྱན་རས་གཟིགས། །སེམས་དཔའ་ཆེན་པའོ ི་བརྟུལ་ཞུགས་གར་གྱིས་རལོ ། །འགོ ་གི་གདན་ སྟེང་མཚ་ོ སྐྱེས་བླ་མ་རྗེ། །བདེ་སྐྱིད་མཁའ་འགའྲོ ི་ཚགོ ས་བཅས་ལྷག་གེར་གསལ། །དེ་ནས་ གསོལ་བ་འདེབས་པ་ནི། ཨེ་མ་ཧོ། འོད་མི་འགྱུར་བ་དང་པོའི་སངས་རྒྱས་བདག །གཉུག་མ་ཀ་ ནས་དག་པའི་ཆོས་སྐུའི་གཤིས། །རང་མདངས་འགག་མེད་རྒྱལ་བ་འོད་དཔག་མེད། །མ་ ལུས་འགྲོ་བའི་སྐྱབས་གནས་ཉག་གཅིག་པུ། །བཟོད་མེད་གདུང་ཤུགས་ངང་ནས་གསོལ་བ་ འདེབས། །གཉུག་སེམས་ངོ་བོ་དྭངས་མའི་ཐིག་ལེ་དེ། །སྐད་ཅིག་རྩལ་ཆེན་མདའ་འཕངས་ ཇི་བཞིན་དུ། །དབུ་མའི་ལམ་བརྒྱུད་བླ་མའི་ཐུགས་ཀར་འཕོས། །དབྱིངས་རིག་རོ་མཉམ་ 6-1-36 གདོད་མ་ཆོས་སྐུའི་གཤིས། །འཕོ་འགྱུར་མེད་པ་དགོངས་ཀློང་གཅིག་གི་ངང༌། །རང་རིག་ ཉག་གཅིག་ཀུན་བཟང་རྒྱལ་བའི་ཐུགས། །ཆོས་ཀྱི་དབྱིངས་སུ་འཕོ་བར་བྱིན་གྱིས་རློབས། །ཆོས་སྐུ་གང་ལས་ལོངས་སྤྱོད་རྫོགས་པའི་འཕྲུལ། །བརྩེ་བ་ཆེན་པོའི་དབང་ཕྱུག་པད་དཀར་ འཆང༌། །རླབས་ཆེན་མཛད་པའི་འགྲོ་ཁམས་སྐྱོང་བའི་མགོན། །མཁའ་མཉམ་འགྲོ་བའི་རེ་ སྐོ ང་རྒྱལ་སྲས་ཚུལ། །བཟོད་མེད༴ སོགས་ཚིག་རྐང་བརྒྱད་གོང་བཞིན་འགྲེས། སྤྲུལ་པའི་གར་ཆེན་རིག་ འཛིན་བླ་མའི་དཔལ། །ཞི་ཁྲོ་རབ་འབྱམས་སྤྲོ་ཞིང་སྡུད་པའི་མགོན། །མཚོ་སྐྱེས་རྒྱལ་བ་ གཉིས་པ་འགྲོ་འདྲེན་རྗེ། །སྙི གས་དུས་འདི་ན་མཛད་པ་ཟླ་བྲལ་བ། །བཟོད་མེད༴ སོགས་ འགྲེས། ཡེ་ཤེས་སྐུ་མཆོག་ནམ་མཁའི་མཐའ་དང་མཉམ། །རྣམ་པར་འཕྲུལ་བ་གང་འདུལ་ འགྲོ་བློ་དང༌། །རྗེས་སུ་མཐུན་པའི་མཚར་བཀོད་ཡ་མཚན་པ། །ཀུན་ནས་ཆ་མེད་གདུལ་བྱ་ འདྲེན་པའི་མགོན། །བཟོད་མེད༴ སོགས་འགྲེས། རིག་སྔགས་གསང་བ་འབུམ་གྱི་མཛོད་འཛིན་ པ། །ཆོས་ཕུང་བརྒྱད་ཁྲིའི་དཔལ་གྱུར་རྗོད་བྱེད་མཆོག །མ་ལུས་རྒྱལ་བའི་གསུང་དང་རྣམ་ དབྱེར་མེད། །གདུལ་བྱ་རྒྱ་མཚོའི་ཁམས་དབང་མཐུན་པའི་དབྱངས། །བཟོད་མེད༴ སོགས་འགྲེས། རང་བཞིན་དགོངས་ཆེན་འོད་གསལ་བྱང་ཆུབ་སེམས། །ཡེ་ཤེས་ཀློང་ཡངས་ གཤིས་སུ་ཡེ་རྫོགས་པ། །དག་མཉམ་ཆོས་དབྱིངས་དམ་པའི་མཁྱེན་བཟང་ཁམས། །ཀུན་ ནས་ཡོངས་སུ་རྒྱས་པའི་དཔལ་མངའ་བ། །བཟོད་མེད༴ སོགས་འགྲེས། དེ་ལྟར་གསང་གསུམ་ཆེ་ བ་རྫོགས་པའི་མགོན། །དུས་གསུམ་རྒྱལ་ཀུན་ངོ་བོ་པདྨ་འབྱུང༌། །དཔག་ཡས་མཁྱེན་བརྩེ་ ནུས་མཐུ་མངའ་བའི་རྗེ། །གང་ལ་མི་ཕྱེད་དད་པས་གསོལ་བ་འདེབས། །གཉུག་མ་དོན་གྱི་ འོད་གསལ་འཕོ་ཆེན་མཆོག །ཀ་དག་རིག་པ་ཟང་མ་དེ་གའི་ངང༌། །འཕོ་བྱ་འཕོ་བྱེད་བྲལ་ བའི་རང་བཞིན་གཤིས། །འཛིན་མེད་རྒྱ་ཡན་ཅོག་བཞག་རྗེན་ཆར་བ། །འདི་ཀོ་རྫོགས་ ཆེན་ནམ་མཁའི་རྣལ་འབྱོར་སྟེ། །རང་མདངས་དེ་ལ་སྐུ་གསུམ་ལྷུན་གྱིས་གྲུབ། །རང་གསལ་ 6-1-37 སྐྱོང་ཤེས་འཕོ་ཆེན་འཇའ་ལུས་སུ། །ཀུན་ནས་རབ་དྭངས་ཆོས་ཉིད་དབྱིངས་སུ་ཕཊ། །ཅེས་ པས་དབྱིངས་དང་རིག་པ་བསྲེ་བའི་ངང་ནས་ཅི་ནུས་སུ་མཉམ་པར་བཞག སྐབས་བར་བར་རྣམས་སུ་སྤྲོས་པ་ཁྲེགས་ཆོད་ཀྱི་དོན་ དུ་ཕཊ་སྒྲ་དང་ཧིག་སྒྲ་གང་ཡང་རུང་བ་རང་ཁམས་དང་བསྟུན་ཏེ་བྱ་ཞིང་དེ་ལྟར་དམིགས་བཅས་དང་དམིགས་མེད་ཀྱི་སྒོ་ནས་ ཟབ་ལམ་འཕོ་བ་ལ་ཡང་བསྐྱར་གྱིས་རྟག་པར་འབད་ནུས་ན་ཡུན་མི་རིང་བར་དབྱིངས་རིག་གཉིས་མེད་དུ་ལེགས་པར་གྲོལ་ཐུབ་ པའོ། །ཞེས་གུ་རུ་རིན་པོ་ཆེའི་སྒོ་ནས་ཟབ་ལམ་འཕོ་བ་བྱ་བའི་ཚུལ་ཉུང་བསྡུས་ཞིང་མཆོག་སྒོ་འབྱེད་ཅེས་བྱ་བ་འདི་ཡང་འཛི་ ཡུལ་སྨད་ཀྱི་ཕྱོགས་སུ་གནས་པ་དད་མོས་ཅན་ལྷའི་མིང་གིས་ཉེར་བསྐུལ་བགྱིས་པ་ལྟར། མ་ཏིས་འཕྲལ་དུ་སྤེལ་བའོ།། །། ༈ ཨ໋་སྭ་སྟི། དཔལ་ལྡན་རང་བྱུང་དང་པོའི་མགོན་ཉིད་ཡེ་ནས་ལྷུན་གྲུབ་པ། །མཁའ་ མཉམ་གང་འདུལ་རོལ་གར་ནམ་ཡང་དུས་སུ་ཆད་མི་མངའ། །དེ་སླད་གདུལ་བྱའི་དབང་གི་ སྣ་ཚོགས་སྤྲུལ་བཀོད་སྒྱུ་མའི་འཕྲུལ། །གང་འདུལ་ཡིད་ལ་མཛད་པའི་རྣམ་པར་ཐར་འདི་ཨེ་ མ་རྨད། །མཛད་བཟང་དེ་ལུགས་ཕ་མཐའ་ཡས་པ་རྒྱ་མཚོ་ལྟ་བུ་ལས། །འདིར་བཀོད་མཚོ་ སྐྱེས་བླ་མའི་མཛད་ཚུལ་ཟེགས་མའི་ཆ་ཙམ་པ། །མངོན་བརྗོད་བདེ་ཆེན་རྡོ་རྗེ་གཟི་འབར་ ངོ་མཚར་ཕུལ་བྱུང་ཞིང༌། །དགེ་ལེགས་དབྱིག་གི་དཔལ་འཛིན་རྣམ་ཐར་མདོར་བསྡུས་ ཚིགས་བཅད་པ། །གང་དེའི་ཆོས་སྣང་འོད་ཟེར་ཕྱོགས་སུ་ཡོངས་འབར་ཉེས་ཚོགས་མུན། །ཆེར་གཞོམ་ཕྱིར་དུ་ཐུགས་བསྐྱེད་རྒྱ་ཆེའི་དཔལ་མངའ་དམ་པའི་ཕུལ། །ངོ་མཚར་ཡོ༷ན་ཏ༷ན་ བཟ༷ང་པོ༷འི་ཐབས་མཁས་མཆོག་ལ་ཉེ་བར་བརྟེན། །རྟོགས་བརྗོད་པར་གྱི་ཆོས་གཞི་སྐྲུན་ བྱེད་ཡིག་མཁན་མཁ༷ས་པའི་དཔ༷ལ། །སོར་མོའི་འཕྲུལ་ལས་རྐོ་བྱེད་ལ་མཁ༷ས་ལྷག་བསམ་ བློ་ལྡན༷་པ། །དེ་སོགས་མཐུ་བཟང་དཔལ་ཡོན་ལ་བརྟེན་ལེགས་བྱས་འདིར་གྲུབ་དགེས། །བསྟན་རྩ་བླ་མ་གང་དག་རྡོ་རྗེའི་ཁྲིར་འཁོད་ཅིང༌། །སློབ་ཚོགས་བསྟན་འཛིན་སྦྱིན་བདག་ གིས་མཚོན་འགྲོ་ཀུན་གཏན་བདེར་ཤོག །ཅེས་པའི་པར་བྱང་སྨོན་ཚིག་འདི་ཡང་མ་ཏིས་སྨྲས་པ་དགེ་ལེགས་ འཕེལ། 6-1-38 ༄༅། །སློབ་དཔོན་རྡོ་རྗེ་སྐུ་བརྙེས་པད་འབྱུང་གི་རྣམ་པར་ཐར་བ་ ཐུན་མོང་དང་མཐུན་པ་བཀའ་མ་ཡོངས་གྲགས་རབ་ གསལ་སྣང་བ་རྡོ་རྗེའི་མེ་ལོང་ཞེས་ བྱ་བ་བཞུགས་སོ། ། ༄༅། །ན་མོ་མ་ཧཱ་གུ་རུ་པདྨ་ཀ་ར་ཡེ། སློབ་དཔོན་ཆེན་པོ་རྡོ་རྗེའི་སྐུ་བརྙེས་པདྨ་འབྱུང་ གནས་ཀྱི་རྣམ་པར་ཐར་པ་ཐུན་མོང་དང་མཐུན་པར་བརྗོད་པ་སྒྲ་དབྱངས་གསུང་གི་དབང་ ཕྱུག་ལ་གུས་པས་ཕྱག་འཚལ་ལོ། ། དཔལ་ལྡན་ཡེ་ཤེས་རྡོ་རྗེ་ཆོས་དབྱིངས་ཁམས། །འོད་གསལ་སྒྱུ་འཕྲུལ་དྲྭ་བ་འཁོར་ འདས་རྒྱན། །བགྲང་ཡས་གདུལ་བྱའི་མོས་བཞིན་དེར་འཆར་བ། །ཀུན་བཟང་དགོངས་ཆེན་ ཆོས་སྐུ་དེ་ལ་འདུད། །རང་བཞིན་དབྱིངས་ལས་ཆོ་འཕྲུལ་བཀོད་པ་རྫོགས། །ངོ་མཚར་རིས་ སུ་མ་ཆད་གང་འདུལ་གྱི། །མཛད་ཕྲིན་ཉེ་བར་སྐྱོང་བ་རིགས་ཀྱི་མགོན། །ལོངས་སྐུ་ཞི་ཁྲོ་ རྒྱ་མཚོའི་སྤྱི་དཔལ་མཆོད། །གང་ལས་མ་གཡོས་ཆོ་འཕྲུལ་ནམ་མཁའི་མཐའ། །ནམ་ཡང་ ཟད་མེད་རྒྱན་གྱི་འཁོར་ལོ་ཉིད། །གདུལ་བྱའི་ཁམས་དབང་བཞིན་ཏུ་ལྷུན་གྲུབ་པར། །པད་ འབྱུང་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །གང་གི་གསང་གསུམ་རོལ་བ་འཛད་མེད་ཀློང༌། །ཐུན་མོང་ཐུན་མོང་མིན་པའི་ཁམས་དབང་བཞིན། །ངོ་མཚར་ཡེ་ཤེས་རང་གཟུགས་མི་ཟད་ པ། །དེ་ལས་ཐུན་མོང་དང་འཚམས་རྟོགས་བརྗོད་གཏམ། །དུས་མཐར་འགྲོ་ལ་ཕན་ཐོགས་ 6-1-39 འབྱུང་བའི་སྒོ། །ལེགས་བྱས་གང་དེས་དགའ་སྟོན་འགྱེད་པ་ལ། །ཇི་བཞིན་མཐར་ཕྱིན་ བསམ་དོན་ཡོངས་འགྲུབ་ཅིང༌། །དགེ་མཚན་བཀྲ་ཤིས་གསར་བས་ལེགས་སྐྱོང་མཛོད། །དེ་ ཡང་པད་འབྱུང་རྣམ་ཐར་ཐུན་མོང་བ། །ཐོག་མར་འགྲོ་འདུལ་སླད་དུ་ཉིད་སྐུ་བལྟམས། །དེ་ ནས་རིམ་པར་གང་འདུལ་མོས་ངོ་ལྟར། །རིག་པའི་གནས་ལ་བསླབས་ཤིང་ཟབ་ཆོས་ནོད། །དེར་བརྟེན་བསྙེ ན་སྒྲུབ་གྲུབ་རྟགས་ཁྱད་པར་བ། །ཐབས་ཀྱིས་མཛད་པ་ཉེར་བསྐྱངས་ བརྟུལ་ཞུགས་སྤྱོད། །ཐུན་མོང་དངོས་གྲུབ་སྒྲུབ་པའི་ཚུལ་ཙམ་བསྟན། །རབ་བྱུང་ཡང་གསང་ ཆོས་ལ་ལེགས་ཞུགས་པ། །ཚུལ་དེས་རིང་མིན་ཕྱག་ཆེན་དངོས་གྲུབ་ཐོབ། །ཐོག་མར་རྒྱ་ གར་ཡུལ་དུ་མཐུ་ནུས་བསྟན། །དེ་ནས་ཆེ་བའི་མཚན་སྙན་གྲགས་པ་དང༌། །འགྲོ་དོན་སྣ་ ཚོགས་མཛད་པའི་མཚར་བཀོད་ཆེ། །ཁྱད་པར་ཁ་བ་ཅན་ཚོ་རྗེས་བཟུང་ཚུལ། །ཡང་སྒོས་ སྒྱུ་མའི་རོལ་རྩེད་ཅི་རིགས་དང༌། །དེ་མཐར་རིང་མིན་འགྲོ་ལྡི ང་འདུལ་བར་གཟིགས། །རྔ་ ཡབ་གླིང་ནི་གདུལ་ཞིང་ཐ་མར་བཞེད། །དེས་ན་བསྡུས་དོན་རྣམ་ཐར་རྡོ་རྗེའི་ཆིངས། །ངོ་ མཚར་མཛད་བཟང་རོལ་བའི་ཆེ་བ་བརྒྱད། །གང་འདུལ་འགྲོ་བའི་དཔལ་དུ་ལེགས་ཤར་ བ། །རྣམ་ཐར་རྒྱ་མཚོའི་ཁྱོན་ལས་ཆེས་ཉུང་བསྡུ། །ཐོག་མར་སྤྲུལ་སྐུ་སྒྱུ་མའི་ཚུལ་བསྟན་ པ། །གཉིས་པ་རིག་གནས་ལ་བསླབས་ཆོས་དོན་རྟོགས། །གསུམ་པ་ཐབས་ཀྱི་མཛད་གནང་ བརྟུལ་ཞུགས་སྤྱོད། །བཞི་པ་ལས་ཚོགས་ཉེར་བསྒྲུབས་ཕྱག་ཆེན་ཐོབ། །ལྔ་པ་འཕགས་ཡུལ་ གདུལ་ཞིང་འགྲོ་དོན་མཛད། །དྲུག་པ་གངས་ལྗོ ངས་གདུལ་བྱའི་དཔལ་དུ་ཤར། །བདུན་པ་ འགྲོ་ལྡི ང་འདུལ་བར་ཉེར་གཟིགས་པ། །བརྒྱད་པ་རྔ་ཡབ་གླིང་དུ་གཤེགས་ཚུལ་ལོ། ། དང་པོ་སྤྲུལ་སྐུ་སྒྱུ་མར་ལེགས་བལྟམས་ཚུལ། །རྫོགས་སངས་རྒྱས་ཀྱི་བསྟན་པ་འབྲས་ བུའི་དུས། །འཕགས་ཡུལ་མ་ག་དྷ་པའི་རྒྱལ་པོ་ནི། །དེ་བ་པཱ་ལའི་དུས་དང་མཚུངས་པ་ན། །ནུབ་ཕྱོགས་ཨོ་ཊི་ཡ་ནས་རྒྱལ་ཁབ་ཀྱང༌། །ཕྱི་ནང་ལེགས་འབྱོར་རབ་རྒྱས་ཆོས་དང་ལྡན། 6-1-40 །དེ་ན་རྒྱལ་པོ་ཧ་ཡ་ལཱི་ལ་ཞེས། །རྒྱལ་སྲིད་ཆོས་བཞིན་སྐྱོང་བར་བྱེད་པའི་དུས། །ཡུལ་དེར་ རྒྱལ་རིགས་བློན་གྱི་ཆར་གཏོགས་པ། །རིགས་སྨྲ་དཀོན་མཆོག་བླ་མར་ལེགས་འཛིན་པའི། །ཨོ་རྒྱན་རང་སྐད་སྲ་དོ་ཞེས་ཀྱང་བྱ། །རྒྱ་གར་ཡུལ་སྐད་སྲི་ག་ངྷ་ར་འམ། །བོད་ཀྱི་བརྡ་ལ་ མེ་ཏོག་ཕྲེང་འཛིན་ཞེས། །མིང་གི་རྣམ་གྲངས་དེ་འདྲ་ཉེར་འཆང་བའི། །བཀའ་བློན་མདུན་ ན་འདོན་ཞིག་ཡོད་པ་དེ། །རྒྱལ་གསུང་པདྨའི་རིགས་ཀྱི་ཡེ་ཤེས་ཉིད། །གང་འདུལ་དབང་ གིས་སྤྲུལ་སྐུ་རིགས་ཀྱི་ཡབ། །ཇི་བཞིན་གཟིགས་དགོངས་འགྲོ་འདུལ་དུས་སུ་བབ། །རྒྱལ་ རིགས་བཀའ་བློན་དེ་ཡི་སྲས་ཚུལ་བཟུང༌། །དེ་ཡང་མཚན་ལྡན་ཁྱེའུ་ཆུང་དཀར་དམར་མདོག །མཛེས་སྡུག་ཡན་ལག་ཤ་མཚན་དཔེ་བྲལ་བ། །སྲིན་ལག་ཟུང་ལ་པདྨའི་རི་མོ་དང༌། །པདྨ་ རྒྱས་འདྲའི་མིག་མཛེས་མཆུ་སྒྲོས་ཅན། །གཞན་ཡང་པདྨ་ཨུཏྤལ་ལྕགས་ཀྱུ་དང༌། །ཞགས་པ་ ལ་སོགས་དགེ་བའི་མཚན་མངའ་བའི། །སྤྲུལ་པའི་སྐུ་དེ་ལེགས་འཁྲུངས་དགའ་སྟོན་བཅས། །བྲམ་ཟེ་མཚན་མཁན་རྣམས་ཀྱིས་ལྟས་བརྟགས་པས། །འགའ་ཞིག་རྒྱལ་པོ་སྲིད་དབང་བྱེད་ ལུང་བསྟན། །ལ་ལས་ཁམས་ཀྱི་རྒྱལ་ཕྲན་བྱེད་དོ་ཟེར། །ཁ་ཅིག་དུར་ཁྲོད་དུ་གནས་རིགས་ ཉམས་ཞེས། །དེ་ལྟར་བཟང་ངན་སྣ་ཚོགས་ལུང་བསྟན་མཐར། །འོན་ཀྱང་གཞན་གྱིས་ཐུབ་ དཀར་ལུང་བསྟན་འཆམས། །ལེགས་སྦྱང་རྣལ་འབྱོར་མཆོག་གི་སྒོས་ལུང་ལས། །གསང་ སྔགས་སྒྲུབ་པོ་ཁྱད་ཅན་པདྨའི་རིགས། །མཚན་ཉིད་ཀུན་ཚང་རིགས་ཀྱི་ལྷ་དེ་ཡི། །བྱིན་གྱིས་ བརླབ་པར་འགྱུར་བ་གདོན་མི་ཟ། །དེ་ཕྱིར་འདིའི་མིང་པདྨ་ཨ་བ་བྷ། །སི་མཚམས་སྦྱར་བས་ པདྨ་བཱ་བྷ་སི། །ཞེས་པའི་མིང་ཐོགས་ཟེར་བ་ལྟར་བྱས་སོ། །དེ་ལྟར་སྤྲུལ་པའི་སྐུ་འཁྲུངས་ཨེ་ མ་ཧོ། ། གུ་རུ་པདྨ་འབྱུང་གནས་ཀྱི་རྣམ་པར་ཐར་བ་ཐུན་མོང་དང་མཐུན་པ་ལས་སྤྲུལ་སྐུ་སྒྱུ་མའི་ ཚུལ་བསྟན་པའི་སྐབས་ཏེ་དང་པོའ།ོ ། །། 6-1-41 ༈ གཉིས་པ་རིག་གནས་ལ་བསླབས་ཆོས་རྟོགས་ཚུལ། །དེ་ནས་ཁྱེའུ་ཆུང་སྤྲུལ་པའི་སྐུ་ དེ་ཉིད། །རྫིང་གི་པདྨ་བཞིན་དུ་ཆེར་སྐྱེས་སྐབས། །རིག་གནས་ཡི་གེ་བརྡ་སྤྲོད་རྟོག་གེ་ དང༌། །སྨན་དཔྱད་བཟོ་གནས་བརྟག་པ་བརྒྱད་ལ་སོགས། །ཕྲ་མོའི་རིག་པའི་གནས་རྣམས་ ཀུན་ལ་ཡང༌། །ཚེགས་མེད་བློ་གྲོས་རྩལ་གྱིས་ཁོང་ཆུབ་བྱས། །གཞན་ཡང་ཡང་དག་བསྟན་ ལ་ལེགས་ཞུགས་ཏེ། །ཥཾ་རག་ཥ་ཞེས་བྱ་བའི་གྲོང་ཁྱེར་ན། །གཙུག་ལག་ཁང་དུ་འདུལ་འཛིན་ དམ་པ་ལས། །སྐྱབས་སུ་འགྲོ་དང་བསླབ་པའི་གཞི་ལྔ་བླངས། །ཆོས་མངོན་པ་དང་མདོ་སྡེའི་ གཞུང་ལུགས་ལ། །མང་དུ་ཐོས་པ་རྒྱ་ཆེན་བཙལ་བར་བྱས། །སློབ་དཔོན་སྔགས་མཁན་ཤནྟི་ རཱུ་བའི་དྲུང༌། །ཡེ་ཤེས་སྤྲུལ་པའི་རྒྱུད་གསུམ་དཀྱིལ་འཁོར་བཞེངས། །དེར་བརྟེན་བྱ་སྤྱོད་ རྣལ་འབྱོར་རྒྱུད་གསུམ་གྱི། །དབང་སྐུར་ལེགས་ཞུས་མེ་ཏོག་ཕོག་པའི་ལྷ། །པདྨའི་རིགས་ ཀྱིས་ལྷ་ཚོགས་ཁོ་ནར་ངེས། །སྤྱན་རས་གཟིགས་ཀྱི་ལྷ་ལ་མངའ་བརྙེས་པ། །ཚོང་དཔོན་ རིགས་ཀྱིས་གྲུབ་པའི་གོ་འཕང་ཐོབ། །སུ་ཁ་དེ་བ་ཞེས་བྱའི་སྔགས་འཆང་དྲུང༌། །བླ་མེད་ གསང་བའི་དཀྱིལ་འཁོར་ཞལ་ཕྱེས་ནས། །གསང་ཆེན་ནང་གི་གདམས་པ་ཆེས་མང་གསན། །རྡོ་རྗེ་འཆང་ཆེན་དངོས་ལ་ཆོས་ནོད་པའི། །ཨུ་རྒྱན་གནས་བཞུགས་གྲུབ་བརྙེས་སྨད་འཚོང་ མ། །སུ་ཁ་དྷ་རི་ཞེས་བྱའི་དྲུང་ནས་ཀྱང༌། །གསང་སྔགས་ནང་གི་གདམས་ངག་དེ་བཞིན་ ཐོབ། །དེ་ནས་སྒྲུབ་པ་ཚུལ་བཞིན་བྱ་བའི་ཆེད། །ཕྱོགས་ཀྱི་སྐྱེད་མོས་ཚལ་དུ་སོང་ནས་ཀྱང༌། །བསྙེ ན་པ་ཉེར་སྒྲུབ་སྒྲུབ་པ་སྒྲུབ་ཆེན་རྣམས། །ཇི་བཞིན་ལེགས་བྱས་མཐུ་ལས་ཐོག་མ་ ཉིད། །རབ་འཇིགས་ཐུག་ཆོམ་སྒྲ་ཆེན་བཟོད་དཀའ་དང༌། །གཞན་ཡང་འཇིགས་གཟུགས་སྣ་ ཚོགས་དུ་མ་བྱུང༌། །ཚལ་ལ་མེ་ཤོར་གནས་ཁྱིམ་ཞིག་པ་སོགས། །མི་འཚམ་མཚན་ལྟས་ངན་ པ་གང་བྱུང་ཡང༌། །དེ་དག་དབང་དུ་མ་བཏང་ཆེད་བསྒོམས་པས། །རིགས་སྔགས་ལེགས་ གྲུབ་འབྲས་བུ་ཆེར་མངོན་པ། །དེ་བཞིན་གཤེགས་པ་འོད་དཔག་མེད་ཀྱིས་གཙོས། །སངས་ 6-1-42 རྒྱས་བྱང་སེམས་འབྱམས་ཀླས་མནལ་ལམ་དུ། །འོད་གསལ་དབྱིངས་ནས་ཞལ་གཟིགས་ གསལ་བར་མཐོང༌། །ཁྲོ་བོའི་རྒྱལ་པོ་རྟ་མགྲིན་དངོས་ཀྱི་ཞལ། །དེ་བཞིན་གསལ་བར་ གཟིགས་པ་ཡང་ཡང་བྱུང༌། །མཐུ་ཆེན་མ་མོ་མཁའ་འགྲོ་མང་པོ་དང༌། །འབྱུང་པོ་ཕྲ་མོ་རྣམས་ ཀྱང་བྲན་དུ་འཁོལ། ། གུ་རུ་པདྨ་འབྱུང་གནས་ཀྱི་རྣམ་པར་ཐར་བ་ཐུན་མོང་དང་མཐུན་པ་ལས་རིག་བསླབས་ ཆོས་རྟོགས་ཀྱི་སྐབས་ཏེ་གཉིས་པའོ།། །། ༈ གསུམ་པ་ཐབས་མཛད་བརྟུལ་ཞུགས་ལ་སྤྱོད་ཚུལ། །དེ་ནས་རིང་མིན་ཁྱིམ་གྱི་བྱ་བ་ ལ། །རང་གིས་ཇི་ལྟར་མཛད་པའི་ཐབས་དེ་ཡང༌། །ཡབ་ཀྱི་ལས་རིགས་བློན་གྱི་བྱེད་སྲོལ་ ལྟར། །མདུན་ན་འདོན་གྱི་བྲམ་ཟེ་གང་དག་དང༌། །ལྷན་ཅིག་མཚུངས་པར་སྤྱོད་བཞིན་ཡུལ་ འཁོར་གྱི། །མངའ་བདག་རྒྱལ་པོའི་ཕོ་བྲང་ནང་དག་ཏུ། །ཡང་ཡང་འགྲོ་ཞིང་སྲིད་ཀྱི་བྱ་བ་ དང༌། །སྐར་རྩིས་སོགས་ཀྱིས་ལུང་སྟོན་བྱེད་པའི་སྐབས། །དུས་དེར་ཨོ་རྒྱན་ཡུལ་གྱི་རྒྱལ་པོ་ ནི། །ཧ་ཡ་ལཱི་ལའི་རིགས་ཀྱི་སྐུ་སྲས་མཆོག །ཨ་ཀྵ་ལཱི་ལ་ཞེས་བྱ་རྒྱལ་སར་འཁོད། །དེ་ནས་ རིང་པོར་མ་ལོན་སྐབས་ཙམ་ཡིན། །རྒྱལ་པོའི་ཆབ་སྲིད་ཆོས་ལ་འགོད་བཞེད་དེ། །ས་དབང་ ཉིད་ཀྱང་བསོད་ནམས་དགེ་ལ་བསྐུལ། །རང་གིས་ཀྱང་ནི་སྐྱེད་མོས་ཚལ་དབུས་སུ། །དགེ་ འདུན་འདུ་གནས་ལྷ་ཁང་མཚར་ཅན་བཞེངས། །ཕྱོགས་མཐའ་ཀུན་ཏུ་མཆོད་རྟེན་མང་པོས་ བསྐོ ར། །དེ་མཐར་ལྕགས་རི་རིམ་པ་མང་པོར་བྱས། །དེ་ལྟར་རེ་ཞིག་མཛད་སྒོ་འདིར་གནས་ སྐབས། །སློབ་དཔོན་ཉིད་གཡོག་བྲན་གསུམ་ཡོད་པ་ལས། །གཅིག་ནི་ས་བདག་རྒྱལ་པོའི་ ཡིག་མཁན་དང༌། །གཉིས་ནི་བློན་པོར་གཏོགས་པ་དབང་ཆ་ཅན། །དེ་གསུམ་སེམས་རྒྱུད་ ཕྲག་དོག་གིས་བསླད་ནས། །སློབ་དཔོན་ལ་ནི་ངན་སེམས་ཆེར་སྐྱེས་ཏེ། །ཡུལ་འཁོར་འདི་ རྣམས་རང་ཅག་དབང་བའི་ཐབས། །ལྐོག་ཏུ་ངན་བགྲོས་བྱས་ཏེ་རྒྱལ་པོ་ལ། །བློན་གཏོགས་ 6-1-43 གཉིས་ཀྱིས་ཕྲ་དབྱེན་ཞུ་བ་ཕུལ། །པདྨ་ཨ་བ་བྷ་སཱི་ལྷ་ཉིད་ལ། །འགྲན་རྒོ ལ་བྱས་ནས་རྒྱལ་ སྲིད་འཕྲོག་འདོད་དེ། །སྐྱེད་ཚལ་ལྷ་ཁང་ལ་གནས་རབ་བྱུང་བ། །ཆིག་སྟོང་ཙམ་པ་དགྲ་ ཐབས་ལ་མཁས་ཤིང༌། །གཡུལ་དུ་དཔའ་བ་ཁོ་ནར་ངེས་པ་ལ། །ཕྱི་ཚུལ་རབ་བྱུང་ཟོལ་གྱིས་ གཡོ་ཐབས་བྱས། །ཚལ་དབུས་གཙུག་ལག་ཁང་དུ་བརྫུས་མོད་ཀྱང། །དོན་ལ་ལྕགས་རི་ བརྟན་པོས་བསྐོ ར་བ་སོགས། །རྒྱལ་པོར་འཐབ་པའི་དོན་དུ་བྱས་སོ་ཟེར། །དེ་སྐད་རྫུན་ཚིག་ ལོག་ཞུ་བྱས་པས་ན། །རྒྱལ་པོས་ཐུགས་ཡིད་མ་ཆེས་བློན་ཚོགས་བསྡུས། །ཚུལ་དེའི་ཡིན་ ལུགས་ཀུན་ལ་དྲིས་པའི་ཚེ། །བློན་གཉིས་བསྒྲགས་པའི་རྐྱེན་དང་ཕྲག་དོག་དབང༌། །དེར་ གནས་ཐམས་ཅད་དེ་དང་མཐུན་པར་སྨྲས། །དེ་ནས་རྒྱལ་པོ་ཉིད་ཀྱང་ལོག་རྗེས་སུ། །སོང་ ནས་བློན་ཚོགས་དམག་དང་བཅས་བཏང་སྟེ། །དེ་སྐབས་ཨོ་རྒྱན་ཡུལ་གྱི་རྒྱལ་པོ་རྣམས། །རབ་དཀར་ཆོས་ཁྲིམས་ལྷག་པར་དར་སྟོབས་ཀྱིས། །དགེ་སྦྱོང་པཎྜི་ཏ་དང་བྲམ་ཟེ་སོགས། །གསོད་པའི་ཁྲིམས་ལུགས་མེད་ཕྱིར་རྒྱལ་པོ་དེས། །བློན་པོ་རྣམས་ལ་བཀའ་ཡི་བསྒོ་བ་ ཡང༌། །མཆོད་གནས་དགེ་འདུན་སྦྱིན་བདག་དང་བཅས་པ། །ཡུལ་ཕྱོགས་འདི་ནས་གཞན་ དུ་སྤྱུགས་པར་གྱིས། །ཞེས་པའི་བཀའ་བཞིན་དེ་ལྟར་བྱས་ནའང༌། །ད་དུང་བློན་གཉིས་ལོག་ སེམས་མ་བཏང་སྟེ། །སྦྱིན་བདག་སློབ་དཔོན་ཉིད་ཀྱང་མ་བསད་ན། །ཕྱིས་སུ་ཁོ་བོ་ཅག་ལ་ གནོད་ཀྱི་དོགས། །དེ་གསོད་ཕྱིར་དུ་གཤེད་མ་མང་པོ་བཏང༌། །དེ་དག་གིས་ཀྱང་ཞགས་པ་ ལྕགས་སྒྲོག་གིས། །སློབ་དཔོན་གང་དེ་དམ་པོར་བཅིངས་པའི་ཚེ། །རིགས་སྔགས་ཀྱི་མཐུས་ ཞགས་པ་རྣམས་ཀྱང་བཅད། །ལྕགས་སྒྲོག་གང་དག་དུམ་བུར་གཏོར་ཏེ་བཅག །གཤེད་མ་ དག་གིས་མཚོན་ཆས་བསྣུན་པས་ནི། །སློབ་དཔོན་རྡོ་རྗེའི་སྐུ་ལ་གནོད་མེད་ཅིང༌། །མཚོན་ཆ་ རྣམས་ཀྱང་དུམ་བུ་མང་པོར་སོང༌། །མེ་ལ་བསྲེགས་པས་ཀྱང་ནི་མ་ཚིག་སྟེ། །ཆུ་ལ་འཕངས་ ཀྱང་བྱེའུ་ཟུལ་བྱེད་ཅིང་སོང༌། །གཡང་སར་འཕངས་པ་བར་སྣང་མཁའ་ལ་འཕྱོ། །ས་བྲུས་ 6-1-44 དོང་དུ་བསྐུངས་པ་ཐག་རིང་གི །ས་འོག་ཕུག་ནས་སོང་སྟེ་བཟུང་མ་ཐུབ། །ངོ་མཚར་སྤྲུལ་ བསྒྱུར་དེ་འདྲའི་བཀོད་པ་ཡིས། །གནོད་བྱེད་གང་དག་ཧ་ལས་རེ་ཐག་ཆད། །དེ་ནས་སློབ་ དཔོན་མཆོག་གིས་བརྟུལ་ཞུགས་སྤྱད། །ཡུལ་གནས་ཐུན་མོང་གྲོང་དུ་མ་བྱོན་ཞིང༌། །ཡུལ་ གཞན་དུར་ཁྲོད་དག་དུ་ཉེར་རྒྱུ་བ། །འཇིགས་མེད་བརྟུལ་ཞུགས་སྤྱོད་ལ་དགའ་བས་བྲེལ། །དུར་ཁྲོད་དེར་གནས་འདྲེ་དང་སྲིན་པོ་རྣམས། །ཕན་ཚུན་གྲོགས་བྱས་གསང་ཆེན་བརྟུལ་ ཞུགས་སྤྱད། །སྔར་གྱི་རྒྱལ་པོའི་ཡིག་མཁན་བློན་དང་བཅས། །གཤེད་མ་དེ་དག་ཞག་བདུན་ ཁོངས་སུ་ཤི །ལས་ཚུལ་རང་སྲོག་བཅད་སོགས་རྐྱེན་སྣ་ཚོགས། །སྔོ ན་ལས་འཕྲལ་རྐྱེན་ སོགས་ཀྱིས་དབང་མེད་བསྐུལ། །ཁྱད་པར་རྒྱལ་པོ་ཉིད་ཀྱང་སྔོ ན་ལས་ཀྱིས། །སྦྲུལ་གདུག་ དུག་གིས་ཟིན་ཏེ་དུས་ལས་འདས། །དེ་ནས་སློབ་དཔོན་གང་ཉིད་དུར་ཁྲོད་དག །ཡུན་དུ་ གནས་ནས་འབྱུང་པོ་སྲིན་པོ་དང༌། །ཤ་ཟ་མཁའ་འགྲོ་མ་སོགས་མཐུ་ཆེན་རྣམས། །གྲོགས་ བཤེས་སུ་གྱུར་རིག་སྔགས་བཟླས་བརྩོན་བྱས། །མཐུ་དེས་ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་ དང༌། །གཤིན་རྗེའི་གཤེད་སོགས་རྡོ་རྗེའི་ཁྲོ་བོ་རྣམས། །ཀུན་ཀྱང་ཞལ་གཟིགས་གསུང་ཐོས་ དངོས་གྲུབ་ཐོབ། །ནག་པོ་ཆེ་དང་མ་མོ་བདུན་ལ་སོགས། །མི་ལབ་བཞིན་དུ་ཕན་ཚུན་འདྲིས་ འགྲོགས་བྱེད། །ཀླུ་དང་གནོད་སྦྱིན་གདུག་ཅན་ཐམས་ཅད་ཀྱང༌། །རིག་སྔགས་མཐུ་ཆེན་ དབང་གིས་བྲན་དུ་འཁོལ། །འཇིག་རྟེན་འདས་དང་མ་འདས་དྲག་སྔགས་རིགས། །འབུམ་ ཕྲག་བརྒྱ་ལ་ཇི་བཞིན་དབང་ཐོབ་ཅིང༌། །ཆོས་དང་འཇིག་རྟེན་ལས་ལ་སྒོ་གང་ནས། །རང་ གི་འདོད་པ་ཇི་བཞིན་དབང་གྱུར་ཏེ། །ངོ་མཚར་ལེགས་སྒོ་ཕུན་སུམ་ཚོགས་གྲུབ་ཅིང༌། །པད་ འབྱུང་སངས་རྒྱས་གཉིས་པ་སྤྲུལ་པའི་སྐུ། །མཛད་གནང་བརྟུལ་ཞུགས་གང་འདུལ་ངོ་ཙམ་ སྤྲུལ། ། གུ་རུ་པདྨ་འབྱུང་གནས་ཀྱི་རྣམ་པར་ཐར་བ་ཐུན་མོང་དང་མཐུན་པ་ལས་མཛད་གནང་ 6-1-45 བརྟུལ་ཞུགས་ཀྱིས་སྐབས་ཏེ་གསུམ་པའོ།། །། ༈ བཞི་པ་ལས་སྒྲུབ་ཕྱག་ཆེན་ཐོབ་པའི་ཚུལ། །དེ་སྐབས་འཛམ་གླིང་གནས་ཡུལ་སོ་སོ་ ན། །གདོད་ནས་གྲུབ་པའི་དུར་ཁྲོད་བརྒྱད་རྣམས་སུ། །སྔགས་བཟླས་རྫུ་འཕྲུལ་སྟོབས་ལ་ བརྟེན་ནས་སུ། །མི་མིན་མཐུ་ཆེན་རྣམས་དང་ལྷན་གཅིག་ཏུ། །ཡང་ཡང་བྱོན་ཞིང་དེར་གནས་ སློབ་དཔོན་བརྒྱད། །རང་རང་སྤྲུལ་པའི་འཁོར་ཚོགས་བཅས་པར་མཇལ། །ཐུན་མོང་དངོས་ གྲུབ་རེ་རེ་བསྒྲུབ་པའི་ཚུལ། །དུར་ཁྲོད་གྷོ་ར་ཨནྡྷ་ཀ་ར་ན། །སློབ་དཔོན་དྷ་ནུ་སྐྲ໏་ཏ་ཞེས་བྱ་ བཞུགས། །དེ་ལས་ཐུན་མོང་རལ་གྲིའི་དངོས་གྲུབ་བསྒྲུབས། །དུར་ཁྲོད་ཚང་ཚང་འཁྲིགས་ པར་སློབ་དཔོན་ནི། །ས་ཡི་བུ་ཞེས་བྱ་བ་ལེགས་བཞུགས་དྲུང༌། །ཐུན་མོང་རིལ་བུའི་དངོས་ གྲུབ་ལེགས་པར་བསྒྲུབས། །དུར་ཁྲོད་འབར་བ་འཁྲིགས་པའི་གནས་ཉིད་དུ། །སློབ་དཔོན་ ཉི་མའི་བུ་ཞེས་བྱ་བ་བཞུགས། །གང་ལས་ཐུན་མོང་དངོས་གྲུབ་མིག་སྨན་དང༌། །དེ་བཞིན་ དུར་ཁྲོད་འཇིགས་བྱེད་ཐོད་པ་རུ། །སློབ་དཔོན་ཨ་མྲ໏་ཏ་བྲ་བྷ་བའི་ཞབས། །གང་བཞུགས་ དྲུང་ལས་དངོས་གྲུབ་མཆིལ་་བསྒྲུབས། །དུར་ཁྲོད་ཨཊྚ་ཊྚ་ཧ་ས་ཞེས་བྱར། །སློབ་དཔོན་ ཤཾ་བཾ་ཀ་ར་བཞུགས་དྲུང་ནས། །ནད་ཀུན་འཇོམས་པ་སྨན་གྱི་དངོས་སྒྲུབ་ཐོབ། །དུར་ ཁྲོད་དཔལ་གྱི་ནགས་སུ་སློབ་དཔོན་ནི། །བར་རུ་ཙེ་སྟེ་མཆོག་སྲེད་ཅེས་བྱ་བཞུགས། །གང་ ལས་དངོས་གྲུབ་འཆི་མེད་བཅུད་ལེན་འགྲུབ། །དུར་ཁྲོད་ཅ་ཅོ་ཅན་ཞེས་བྱ་བ་ན། །སློབ་ དཔོན་གཅེར་བུའི་མཚན་ཅན་བཞུགས་པ་ལས། །དངོས་གྲུབ་གཏེར་གྱི་བུམ་པ་ལེགས་པར་ བསྒྲུབས། །དུར་ཁྲོད་གཏུམ་དྲག་འཇིགས་རུང་གནས་མཆོག་ཏུ། །སློབ་དཔོན་ངན་སྤོང་བྱ་བ་ བཞུགས་པའི་དྲུང༌། །དངོས་གྲུབ་གསེར་འགྱུར་རྩི་ཡི་རིག་འཛིན་ཐོབ། །ད་ནི་བརྟུལ་ཞུགས་ སྤྱོད་པ་ཆེར་སྤྱད་ནས། །མྱུར་དུ་སངས་རྒྱས་ཐོབ་པར་བྱའོ་སྙམ། །དེའི་ཚེ་མནལ་ལམ་འོད་ གསལ་དབྱིངས་ཉིད་ལས། །སངས་རྒྱས་འོད་དཔག་མེད་པས་ཞལ་བསྟན་ནས། །བཀའ་ 6-1-46 ལུང་གསལ་བོས་དེ་ཉིད་མ་མཐོང་ཞིང༌། །མངོན་ཤེས་མེད་པའི་དྲག་ཤུལ་དཔའ་བོའི་ལས། །བྱས་ན་འདོད་པའི་དངོས་གྲུབ་མཐར་ཐུག་ལ། །ཤིན་ཏུ་བར་གཅོད་གེགས་སུ་འགྱུར་ཉེན་ ཡོད། །དེ་ཕྱིར་ཁྱོད་ཀྱི་རྟོགས་པ་འདི་ཙམ་གྱིས། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་མི་ཐོབ་པས། །ད་དུང་ཁྱོད་ལ་སྔོ ན་ལས་འབྲེལ་ཟབ་པ། །སློབ་དཔོན་སངས་རྒྱས་དཔལ་གྱི་ཡེ་ཤེས་ཡིན། །དེ་ཕྱིར་དེ་ཡིས་ཇི་སྐད་གདམས་བཞིན་སྒོམས། །ཞེས་པའི་འགྱུར་མེད་ལུང་བསྟན་གསལ་ བོ་ལྟར། །བདག་ཉིད་ཀྱིས་བརྟགས་ནུས་པ་ཆེར་ཐོབ་ཀྱང༌། །དེ་ཁོ་ན་ཉིད་བསྒོམ་པའི་གནས་ ལུགས་ལ། །ཇི་བཞིན་མ་འབྱོར་ཕྱོགས་བསླད་པར་རིགས་ནས། །རྒྱ་གར་ཡུལ་དབུས་མ་ ག་ངྷར་བྱོན་ཏེ། །སྐབས་དེར་ཡུལ་དེའི་མངའ་བདག་རྒྱལ་པོ་ནི། །དྷརྨ་པཱ་ལས་སྲིད་བསྐྱངས་ ལོ་མང་ལོན། །སློབ་དཔོན་སངས་རྒྱས་ཡེ་ཤེས་གྲུབ་བརྙེས་ནས། །སློབ་མ་སྐྱོང་བའི་དུས་ ཀྱི་མགོ་ལ་སླེབས། །ཆོས་ཀྱི་མྱུ་གུ་ཞེས་བྱའི་དགོན་པ་ན། །མཁན་པོ་སངས་རྒྱས་ཡེ་ཤེས་ ཞབས་ཀྱིས་མཛད། །དགེ་འདུན་ཕལ་ཆེན་སྡེ་ལས་རབ་དུ་བྱུང༌། །བསྙེ ན་པར་རྫོགས་པའི་ དངོས་པོ་ལེགས་མནོས་མཛད། །འདུལ་འཛིན་མཆོག་ལས་འདུལ་བ་འབུམ་ཕྲག་སྡེ། །ལན་ གཅིག་ཉན་པས་དོན་ཀུན་ཐུགས་སུ་ཆུད། །སློབ་དཔོན་སངས་རྒྱས་ཡེ་ཤེས་གང་དྲུང་ནས། །ཤེས་རབ་ཕ་རོལ་ཕྱིན་པའི་སྡེ་སྣོ ད་གསན། །མཐུ་དེས་ལྟ་བ་མཁའ་མཉམ་དགོང་རྙེད་གྱུར། །སངས་རྒྱས་ཡེ་ཤེས་ཞབས་ཀྱི་སློབ་གཞན་ལ། །དབང་སྐུར་མཛད་ཚེ་ཆ་རྐྱེན་ཆེར་དཀའ་ མོད། །སློབ་དཔོན་འདི་ལ་ཚེགས་མེད་དབང་གི་རིགས། །མཐའ་དག་ཡོངས་སུ་རྫོགས་པའི་ སྨིན་བྱེད་ཐོབ། །ཡེ་ཤེས་ཞལ་སློབ་སངས་རྒྱས་གསང་བ་ལས། །རྣལ་འབྱོར་རྒྱུད་ཀྱི་དབང་ བསྐུར་མན་ངག་མནོས། །སློབ་དཔོན་སངས་རྒྱས་ཡེ་ཤེས་གང་དེ་ཉིད། །བླ་མ་ཀུན་གྱི་གཙོ་ བོར་ལེགས་བཀུར་ནས། །སྔ་ཕྱི་ཡོངས་བསྡོམ་གསང་ཆེན་ཐེག་པའི་རིམ། །འདུས་པ་སྒྱུ་ དྲྭ་ཟླ་གསང་ཐིག་ལེ་དང༌། །སངས་རྒྱས་མཉམ་སྦྱོར་ལས་ཀྱི་ཕྲེང་བ་སྟེ། །ནང་རྒྱུད་སྡེ་ལྔ་ལ་ 6-1-47 སོགས་ཟབ་མོའི་རྒྱུད། །མན་ངག་དང་བཅས་མཐའ་དག་ལེགས་གསན་མཛད། །སྐབས་ དེར་བླ་སློབ་མཚན་ཉིད་ཆེས་བཟང་བས། །དབང་གི་ཡེ་ཤེས་ཇི་བཞིན་རང་ངོ་འཕྲོད། །ཟབ་ གསལ་གཉིས་མེད་མངོན་རྟོགས་བརྟན་པོ་ཐོབ། །གནས་ལུགས་མཆོག་ལ་ཡང་དག་རེག་ ངེས་གྱུར། །ད་ནི་བདག་གིས་ཇི་ལྟར་བགྱི་ཞུས་ནས། །སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ ན་རེ། །ཤར་ཕྱོགས་བྷངྒ་ལ་ཡི་ཡུལ་གྱི་ཆར། །གྲོང་ཁྱེར་པཎ་ཊུ་བ་ཡི་བྱང་ངོས་སུ། །པད་ཤི་ ཞེས་བྱའི་ནགས་ཀྱི་མཐོངས་དག་ན། །སྒྲུབ་གནས་རི་འབུར་དེའུ་ཆུང་ཞིག་ཡོད་པས། །དེར་ སོང་ཧེ་རུ་ཀ་དཔལ་སྒྲུབ་པ་གྱིས། །ཞེས་པའི་བཀའ་བྱུང་བ་བཞིན་གནས་དེར་བྱོན། །ཕྱག་ རྒྱ་པདྨ་ཅན་ཡང་འབད་མེད་རྙེད། །དེ་ནས་བཟུང་སྟེ་ཟླ་བ་དྲུག་གི་བར། །བསྐྱེད་རྫོགས་ཟུང་ འཇུག་བླ་མེད་སྒྲུབ་ཆེན་ཉིད། །ཇི་བཞིན་ཉམས་སུ་བླངས་པའི་ཚུལ་མཛད་ཏེ། །བསྒྲུབས་ པའི་འབྲས་བུ་ཕྱོགས་བཅུའི་སངས་རྒྱས་ཚོགས། །བསམ་མི་ཁྱབ་པས་རྟག་ཏུ་ཞལ་གཟིགས་ ཤིང༌། །གསུང་གི་སྣང་བ་རོ་མཉམ་འདྲེས་པ་བྱུང༌། །དེ་ནས་རིང་པོར་མི་ཐོགས་ཕྱག་རྒྱ་ཆེ། །མཆོག་གི་དངོས་གྲུབ་གོ་འཕང་རབ་ཐོབ་ཅིང༌། །འཇིགས་མེད་ཁྱད་འཕགས་རྡོ་རྗེའི་སྐུ་ཆེན་ པོ། །མངོན་དུ་མཛད་དེ་དོན་གཉིས་རྩེར་སོན་པས། །གང་འདུལ་རང་རང་འཚམས་པར་ མཛད་ཕྲིན་སྐྱོང༌། ། གུ་རུ་པདྨ་འབྱུང་གནས་ཀྱི་རྣམ་པར་ཐར་པ་ཐུན་མོང་དང་མཐུན་པ་ལས་ལས་སྒྲུབ་ཕྱག་ ཆེན་ཐོབ་པའི་སྐབས་ཏེ་བཞི་པའོ།། །། ༈ ལྔ་པ་འཕགས་ཡུལ་འདུལ་ཞིང་དོན་མཛད་ཚུལ། །ད་ནི་གདུལ་བྱར་གང་གྱུར་དོན་ཅི་ རིགས། །བྱ་བར་དགོངས་ནས་རྒྱ་གར་ཕྱོགས་ཀྱི་ཡུལ། །ཏི་རཱ་ཧུ་ཏི་ལ་སོགས་ཐ་རུའི་ཕྱོགས། །དེར་གནས་ཡུལ་གྲུའི་རྒྱལ་ཁམས་མང་པོ་དང༌། །ཀ་མ་རུ་དང་བལ་བོ་ལ་སོགས་པའི། །བྱང་ཕྱོགས་ཡུལ་རྣམས་སུ་ནི་ལོ་ཤས་བར། །བྱོན་བཞུགས་མཛད་ཏེ་སྐལ་ལྡན་ཅི་རིགས་ 6-1-48 ལ། །རང་རང་ཁམས་དབང་འཚམས་པའི་ཆོས་སྟོན་ཞིང༌། །གསེར་འགྱུར་རྩི་དང་བཅུད་ ལེན་སྨན་སོགས་ཀྱིས། །སྐྱེ་བོ་སྟོང་ཕྲག་མང་པོའི་ཚེ་བསྲིངས་དང༌། །ལོངས་སྤྱོད་འབྱོར་བ་ ཀུན་ནས་རྒྱས་པར་མཛད། །ཆུ་བོ་གཏན་མེད་ཡུལ་དུ་ཆུ་དབྱུང་བ། །ཆུ་ཆེན་རྣམས་ཀྱང་ ས་འོག་འཇུག་པ་སོགས། །ངོ་མཚར་གྲུབ་པའི་རྟགས་མཚན་མང་དུ་བསྟན། །དེ་ཕྱིར་ཐ་ རིའི་ཡུལ་དང་ཙམ་པའི་ཕྱོགས། །ཁ་སྱ་སོགས་ཀྱི་ཡུལ་གྲུ་མང་པོ་ན། །སློབ་དཔོན་འདི་ཡི་ སྒྲུབ་ཆུ་དུ་མ་དང༌། །ཆུ་བོ་ཆེ་རྣམས་ས་འོག་དྲངས་པ་སོགས། །ད་ལྟ་ཐུན་མོང་སྣང་རུང་དུ་མ་ ཡོད། །ཙམྤཱ རྞ་ཞེས་བྱ་བའི་ཡུལ་ཕྱོགས་དེར། །བྷ་ཏཾ་ཟེར་བའི་ཆུ་ཆེན་ཉིན་ལམ་ཙམ། །ས་ འོག་བཅུག་དང་དེ་བཞིན་ཚ་ལམ་རེའི། །བར་བཅུག་གཞུང་གི་ཆུ་བོ་ཆེ་གཉིས་ཡོད། །དུས་ དེ་ཙམ་ན་རྒྱ་གར་ལྷོ ་ཕྱོགས་ཀྱི། །ཏྲི་ལིང་ག་དང་ཉེ་བ་ཏྲི་མ་ལ། །ཙནྡན་ནགས་ཀྱི་གནས་ན་ ལ་ཀྵ་མཱན། །གང་དེའི་གནས་དང་ཉེ་བར་ཤཱི་བའི་ཐཱན། །ཞེས་བྱའི་གཞི་དེར་ལྷ་ཆེན་དབང་ ཕྱུག་གི །རང་བྱུང་ལིངྒ་ཁྲུ་གང་ཙམ་ཞིག་བྱུང༌། །ཉིན་བཞིན་སྲོག་ཆགས་མང་པོ་བསད་པ་ ཡི། །ཁྲག་གི་མཆོད་པ་བརྒྱུད་མར་བྱེད་དགོས་ཤིང༌། །མུ་སྟེགས་ལྷ་རྟེན་དེ་ཡི་མཐུ་ཤེད་ཀྱིས། །དེར་གནས་མུ་སྟེགས་རིགས་གྱུར་གང་དག་གིས། །དམོད་པ་དྲག་པོ་བྱས་པ་ཙམ་གྱིས་ཀྱང༌། །ནང་པའི་ཆོས་སྡེ་རྣམས་ལ་ནད་ཡམས་སོགས། །མི་འཚམས་དུ་མ་དུས་སུ་འབྱུང་བ་སོགས། །དེ་སྐབས་དྲི་མ་ལ་ནི་ཡུལ་བཟང་ཞིང༌། །ནང་པའི་ཆོས་གཞི་མང་ཕྱིར་ཨོ་ཏནྟ། །པུ་རིའི་ མཆོད་པ་ཕལ་ཆེར་ཡུལ་དེ་ནས། །བྱུང་བ་ཡིན་ན་རྟེན་དེས་ཆེར་གནོད་གྱུར། །དུས་སྐབས་ དེ་མཚུངས་རྒྱ་གར་ཤར་ཕྱོགས་སུ། །བྷངྒ་ལ་དང་ཉེ་བ་ནཱ་ལེནྡྲའི། །ལྷོ ་ནུབ་མཚམས་ཡུལ་བཱ་ ག་ལ་ཞེས་པར། །མཚོ་ཆུང་ཞིག་ནི་གསར་དུ་བརྡོལ་བ་དེར། །མུ་སྟེགས་ལ་དགའ་ཀླུ་གཉན་ གདུག་ཅན་གནས། །དེ་འདྲའི་མཚོ་ལ་མུ་སྟེགས་བྱེད་རྣམས་ཀྱིས། །མཆོད་གཏོར་ཕུལ་ཙམ་ གྱིས་ཀྱང་གསེར་དངུལ་དང༌། །མུ་ཏིག་ལ་སོགས་རིན་ཆེན་དཔག་མེད་རྙེད། །ཡོ་བྱད་དེ་དག་ 6-1-49 ལ་བརྟེན་ཤར་ཕྱོགས་ཀྱི། །ཡུལ་ཚོ་ལྔར་ནི་མུ་སྟེགས་གྲྭ་གསར་ཚུགས། །སངས་རྒྱས་པ་ཡི་ ཆོས་སྡེ་གང་དག་ལ། །ཀླུ་དེ་ཤིན་ཏུ་ཆོ་འཕྲུལ་ཆེ་བས་གནོད། །དེ་མཚུངས་མ་ག་དྷ་ཡི་རྒྱལ་ པོའི་ཁབ། །དེ་ན་ཤེལ་གྱི་ཕ་བོང་གཅིག་ཡོད་པ། །དེར་ནི་མུ་སྟེགས་ལྷ་སྲུང་བྲམ་ཟེའི་རིགས། །འབྱུང་པོ་མང་པོ་གནས་པ་གང་དག་ནི། །དཀའ་བས་སྒྲུབ་མི་དགོས་པར་མིག་མཐོང་དང༌། །རྣ་ཉན་མོ་རྩིས་མངོན་ཤེས་ཅི་འདོད་སྟོན། །དེ་དག་བྱུང་ནས་རིང་པོར་མ་ལོན་སྐབས། །སློབ་དཔོན་ཆེན་པོས་དེ་དག་འདུལ་བཞེད་དེ། །རྡོ་རྗེ་གདན་དུ་སྒྲུབ་པའི་སྒོམ་ཁང་མཛད། །སྒྲུབ་གྲོགས་ལ་སོགས་ཆ་རྐྱེན་གང་དགོས་བསྒྲིགས། །རིག་པའི་ལྷ་མཆོག་འཁོར་ལོས་སྒྱུར་ བ་ཡིས། །དཀྱིལ་འཁོར་ཆེན་པོ་དྲུག་གི་ཞལ་ཕྱེ་སྟེ། །ཧེ་རུ་ཀ་ཡི་རིགས་སྔགས་ཀྱིས་བསྒྲུབ་ པས། །འབར་བ་དང་ནི་བཞད་པ་ལ་སོགས་པའི། །གྲུབ་པའི་རྟགས་མཚན་ཉི་ཤུ་རྩ་གཅིག་ བྱུང༌། །ཁྱད་པར་བརྟན་པའི་ཕུར་བུ་གསུམ་བྱུང་བ། །དེ་ལས་ཁྲོ་བོ་འཇིག་རྟེན་གསུམ་རྒྱལ་ གྱི། །ཕུར་བ་སློབ་དཔོན་ཉིད་ཀྱིས་བླངས་ནས་སུ། །རྫུ་འཕྲུལ་མཆོག་གིས་ཡུད་ཙམ་དེ་ ཉིད་ལ། །ལྷོ ་ཕྱོགས་ཏྲི་མ་ལར་ནི་ཉེ་བར་བྱོན། །ལིངྒ་དང་ཉེའི་ཤིང་སྡོང་གཅིག་ལ་བཏབ། །མཐུ་དེས་དེ་སྐོ ར་ནགས་ཚལ་ཐམས་ཅད་ཚིག །ལིངྒ་ཕྱེད་ལྷག་ཙམ་ནི་ཐལ་བར་སོང༌། །དེ་ ཕྱིན་ནང་པའི་སྡེ་ལ་གནོད་མ་བྱུང༌། །ཨོ་ཏན་པུ་རིའི་མཆོད་པ་ཉམས་རྣམས་གསོས། །ཁྲོ་ བོ་བདུད་རྩི་འཁྱིལ་བའི་ཕུར་བ་ནི། །དཀྱིལ་འཁོར་གཟུངས་མ་རྣལ་འབྱོར་ངང་ཚུལ་ཅན། །ཉིད་ཀྱིས་བླངས་ཏེ་ཡུལ་ནི་བྷངྒ་ལའི། །མཚོ་ཆུང་དེ་ལ་བཏབ་པས་སྐད་ཅིག་ལ། །ཀླུ་གཉན་ འཁོར་དང་བཅས་པ་ཐལ་བར་སོང༌། །དེ་རྗེས་ཞག་བདུན་ནས་ནི་མཚོ་ཡང་བསྐམས། །མུ་ སྟེགས་རྣམས་ཀྱི་གྲྭ་གསར་གང་ཡོད་ཞིག །ཡེ་ཤེས་ལྷ་ཡི་ཕུར་བུ་ཆུང་བ་དེ། །སྒྲུབ་གཡོག་ ཀ་མ་རུ་ཡི་རྣལ་འབྱོར་པ། །རཏྣ་ཤཱི་ལ་ཞེས་བྱས་བླངས་ནས་སུ། །རྒྱལ་པོའི་ཁབ་ཏུ་ཤེལ་ གྱི་ཕ་བོང་ལ། །བཏབ་པས་སྐད་ཅིག་དེ་ལ་སིལ་གྱིས་ཞིག །དེ་འདྲའི་དྲག་པོའི་ཐབས་ཀྱིས་ 6-1-50 འདུལ་བ་ཡིས། །ནང་པ་སངས་རྒྱས་པ་ལ་ཕན་ཆེར་བྱུང༌། །སྐབས་དེར་སྒྲུབ་པའི་གཟུངས་ མ་སྒྲུབ་གཡོག་གཉིས། །རིག་འཛིན་གྲུབ་སྟེ་མི་སྣང་བར་གྱུར་ལ། །འདོད་ན་སྤྲུལ་པའི་ལུས་ ཀྱིས་སྣང་བར་བྱེད། །དེ་ནས་སློབ་དཔོན་ཆེན་པོ་ཏྲི་མ་ལར། །ཅུང་ཟད་བཞུགས་ནས་གནས་ དེར་རྟེན་མཆོག་ནི། །ཙནྡན་ལས་གྲུབ་སྤྱན་རས་གཟིགས་ཀྱིས་སྐུ། །ངོ་མཚར་མཛེས་ཁྱད་ རྫོགས་པ་ལེགས་པར་བཞེངས། །ནང་པའི་ཆོས་གཞི་བི་ཀྲ་མ་ཤཱི་ལར། །སྒྲོལ་མའི་ལྷ་ཁང་ ཆུང་ངུ་ཞིག་ཀྱང་མཛད། །དེ་ནས་རང་ཡུལ་ཨོ་རྒྱན་དུ་ཡང་བྱོན། །སྐལ་བ་ལྡན་པའི་སློབ་མ་ ཅི་རིགས་འདུས། །སངས་རྒྱས་པ་ཡི་ལྷ་ཁང་གཅིག་ཀྱང་བཞེངས། །དེ་སྐབས་ཨོ་རྒྱན་ཡུལ་ དང་ཉེ་བའི་གནས། །ཀཙྪ་ཞེས་པར་ནང་པའི་སྡེ་དར་ཞིང༌། །ཆེས་བཟང་ཡུལ་དེའི་མངའ་ བདག་རྒྱལ་པོ་ཡང༌། །དགེ་བསྙེ ན་པཎྜི་ཏ་ཡིས་བྱེད་བཞིན་གནས། །དེ་མཚུངས་མོ་ལ་ཏཱ་ ནའི་ཡུལ་གྲུ་དེར། །གྲོང་ཁྱེར་བཱ་ག་ད་ཡི་རྒྱལ་པོ་ནི། །སྟག་གཟིག་ཏུ་རུ་ཥྐ་ཡི་རིགས་ཡིན་ པས། །དེས་ཀྱང་ནང་པའི་ཕྱོགས་ལ་སྡང་སེམས་ཀྱིས། །དམག་ཆེན་དཔུང་གིས་ཀཙྪའི་ཡུལ་ རྣམས་བཅོམ། །སངས་རྒྱས་པ་ཡི་ཆོས་གྲྭ་འགའ་ཞིག་བཤིག །གཞན་ཡང་མང་པོ་འཇོམས་ ལ་ཁད་ཀྱི་དུས། །ཆུ་ཀླུང་ནཱི་ལ་ཞེས་བྱའི་སྟེང་ནས་ཚུར། །དམག་རྣམས་གྲུ་རྐྱལ་སྦྱོར་བས་ བྱུང་བ་ལ། །ཆུ་ཚུར་ཁ་ནས་སློབ་དཔོན་ལེགས་བཞུགས་ཏེ། །ལྟ་སྟངས་སྡིགས་མཛུབ་དྲག་ཏུ་ མཛད་པ་ཡིས། །གྲུ་ནི་ཆེ་བ་བདུན་དང་ཤིང་གཅིག་པའི། །གྲུ་ཆུང་ལྔ་བརྒྱ་ཙམ་དང་རྐྱལ་བའི་ མི། །གང་ཡོད་ཐམས་ཅད་ཆུར་བྱིངས་གཏིང་དུ་ནུབ། །ཏུ་རུ་ཥྐ་ཡི་དཔའ་བོ་དེ་ཀུན་ཤི། །དེ་ ཕྱིར་མི་རབས་མང་པོར་ཡུལ་ཕྱོགས་དེར། །ནང་པའི་ཆོས་ལ་གནོད་ཚེ་མ་བྱུང་ངོ༌། །དེ་ལྟར་ སློབ་དཔོན་ཆེན་པོ་འདི་ཉིད་ལ། །ཐོག་མར་འདུལ་བའི་ཆོས་ལ་རབ་བྱུང་མཚན། །པདྨ་ཨཱ་ཀ་ ར་སྟེ་པད་འབྱུང་གནས། །དཀྱིལ་འཁོར་མཆོག་ཏུ་དབང་སྐུར་གསང་བའི་མཚན། །པདྨ་སཾ་ བྷ་ཝ་སྟེ་པད་འབྱུང་ལྡན། །སྔོ ན་དུས་ཨོ་རྒྱན་སྐྱེ་བོས་བླ་དྭགས་སུ། །ཀ་མ་ལ་ཀུ་ལི་ཤ་ཞེས་བྱ་ 6-1-51 སྟེ། །པདྨ་རྡོ་རྗེ་ཞེས་པའི་མཚན་ཡང་གསོལ། །དེ་ཡང་དཔྲལ་བར་རྡོ་རྗེས་ལེགས་མཚན་པའི། །པདྨ་རྒྱས་པའི་རི་མོ་ཡོད་པས་སོ། །སྐུ་ན་ཆུང་དུས་བཏགས་པའི་རིགས་ཀྱི་མིང༌། །པདྨ་ཨ་ བ་བྷ་སི་བྱ་བ་སྟེ། །པདྨ་འོད་ཟེར་ལྡན་ཞེས་གསོལ་བ་དང༌། །སློབ་མ་རྣམས་གྱིས་གུས་པས་ མཚན་གསོལ་བ། །ཤྲཱི་མ་ཧཱ་སུ་ཁ་ཞེས་པ་སྟེ། །བདེ་བ་ཆེན་པོའི་དཔལ་ཞེས་མཚན་ཡང་ གསོལ། །ཕྱིས་སུ་ཨོ་རྒྱན་ཡུལ་དུ་བྱོན་པའི་སྐབས། །ཨོ་ཊི་ཡ་ན་བ་རྣམས་མཚན་གསོལ་ བ། །སྔོ ན་གྱི་བདེ་ཆེན་པདྨ་བཛྲ་དང༌། །མཛད་པ་མཚུངས་ཕྱིར་པདྨ་བཛྲ་ཞེས། །དེ་ལྟར་ ཡོངས་སུ་གྲགས་པའི་མཚན་རྣམས་སོ། །རྒྱ་གར་ཤར་ནུབ་ལྷོ ་དང་དབུས་རྣམས་སུ། །གདུལ་ ཞིང་གང་གྱུར་རྣམས་ལ་འགྲོ་དོན་མཛད། །དེ་དག་རྣམས་ལས་ཆུ་བོ་གང་གཱའི་བྱང༌། །བལ་ བོ་ཕན་ཆད་དུ་ནི་འགྲོ་དོན་ཆེ། །དེ་བས་ཀྱང་ནི་འགྲོ་ལྡི ང་ཡུལ་ཁམས་སུ། །འགྲོ་དོན་ཆེ་སྟེ་ འདུལ་མཁན་ཐོག་མ་དང༌། །གསུང་གི་རྗེས་འབྲང་ད་ལྟའི་བར་དུ་མང༌། །དེ་དག་གང་ལས་ བོད་ཁམས་འགྲོ་དོན་ཆེ། །གངས་ལྗོ ངས་འདིར་ནི་ད་ལྟའི་བར་དག་ཏུ། །མི་དང་མི་མིན་ འགྲོ་བར་གྱུར་པ་ལ། །དངོས་བརྒྱུད་ཁྱད་ཙམ་མ་གཏོགས་སྤྲུལ་པའི་སྐུའི། །རྣམ་པ་འདི་ཉིད་ དང་ནི་མཚན་འདི་ཉིད། །རྟགས་མཚན་བྱས་ཏེ་གདུལ་བྱའི་ཞིང་ཉིད་དུ། །མ་གྱུར་པ་ནི་མེད་ པ་ལྟ་བུ་ཡིན། །དེ་དག་ཀྱང་ནི་རྣམ་མཚན་འདིས་དབང་བྱས། །གཞན་དུ་ཟུང་འཇུག་ཐོབ་ རྣམས་རྣམ་ཐར་གྱི། །མཛད་སྒོའི་མཐའ་ནི་སུ་ཡིས་བརྗོད་པར་ནུས། །སློབ་དཔོན་གང་འདི་ གཙོ་བོར་མི་མིན་གྱི། །གདུལ་བྱ་འདུལ་བའི་མཛད་ཕྲིན་མཆོག་ཅན་ཏེ། །མི་ཡུལ་གང་ལས་ རྔ་ཡབ་གླིང་ཕྲན་སོགས། །མི་མ་ཡིན་གྱིས་འགྲོ་དོན་རྒྱ་ཆེར་སྤྱོད། །དེ་ཡང་མི་ཡུལ་སྐྱེ་བོ་ཉི་ ཚེ་བར། །དུས་ཡུན་ཐུང་བའི་མཛད་སྒོ་ཐུན་མོང་ཙམ། །མི་མིན་ཡུལ་དུ་ཐུན་མིན་རྒྱ་ཆེ་བའི། །མཛད་པ་སོ་སོའི་སྐྱེ་བོས་གཞལ་བར་དཀའ། །དེ་སོགས་གཞན་ཡང་མཛད་པའི་རྣམ་རོལ་ ནི། །གང་འདུལ་དབང་གིས་སྣ་ཚོགས་བསམ་མི་ཁྱབ། ། 6-1-52 གུ་རུ་པདྨ་འབྱུང་གནས་ཀྱི་རྣམ་པར་ཐར་བ་ཐུན་མོང་དང་མཐུན་པ་ལས་འཕགས་ཡུལ་ འདུལ་ཞིང་དུ་མཛད་པའི་སྐབས་ཏེ་ལྔ་པའོ།། །། ༈ དྲུག་པ་གངས་ལྗོ ངས་གདུལ་བྱར་གཟིགས་པའི་ཚུལ། །སྤྱིར་ན་འཕགས་པའི་ཡུལ་གྱི་ ཐུན་མོང་ངོར། །གཏམ་རྒྱུད་དུས་ཕྱིས་སུ་ནི་བྱུང་བ་ལ། །ཁ་བ་ཅན་གྱི་ཁོངས་སུ་བྱོན་ནས་ ཀྱང༌། །ཀླུ་དང་གནོད་སྦྱིན་གདུག་ཅན་ཐམས་ཅད་བཏུལ། །རྒྱལ་པོ་ལ་སོགས་རྫུ་འཕྲུལ་ གྱིས་དད་བྱས། །དེ་སྐད་ཙམ་ལས་བོད་དུ་བྱོན་པའི་ཚུལ། །ལོ་རྒྱུས་ཆེས་གསལ་བར་སྐབས་ དེར་མི་སྣང༌། །ཁྱད་པར་འགྲོ་ལྡི ང་བཏུལ་བའི་དུས་སྔ་ཕྱི། །གང་ཡིན་གསལ་ཁ་མེད་ཅིང་ བོད་པ་རྣམས། །བོད་ཕྱོགས་འདི་ནས་སྲིན་གླིང་བྱོན་ཞེས་དང༌། །འགྲོ་ལྡི ང་པ་རྣམས་རང་ ཡུལ་ནས་བྱོན་འདོད། །དོན་ལ་སྐུ་ཡི་བཀོད་པ་ཅིག་ཆར་བ། །མཛད་བཟང་རོལ་བ་གང་ནས་ མི་འགལ་མོད། །འགྲོ་ལྡི ང་ཕྱོགས་སུ་བྱོན་པའི་སློབ་མ་དང༌། །ཡང་སློབ་འགའ་ཡི་འགྲོ་དོན་ མཛད་དུས་དང༌། །བསྟུན་ན་བོད་དུ་བྱོན་པའི་རྗེས་ཉིད་ནས། །འགྲོ་ལྡི ང་ཡུལ་དུ་བྱོན་པའི་ ཁོང་གསལ་ཡོད། །རྣམ་ཐར་ཐང་ཡིག་ཆེན་མོར་མཛད་སྒོ་ཡང༌། །ཐུན་མིན་སློབ་ཚོགས་དག་ པའི་གཟིགས་སྣང་ལས། །རྣམ་པར་རོལ་པ་ཁམས་དབང་དེ་མཐུན་བཞིན། །འདིར་ནི་རྙིང་ མ་བཀའ་མར་གྲགས་པ་ཡི། །ཆོས་ཀྱི་སྡེ་སྣོ ད་དུ་མའི་ནང་ནས་ཀྱང༌། །མན་ངག་ལྟ་ཕྲེང་ཕུར་ བ་རྟ་མགྲིན་སོགས། །ཆོས་སྐོ ར་མང་པོ་ལོ་རྒྱུས་སྤྱི་ཁོག་ཙམ། །མཚུངས་ཀྱང་གདུལ་བྱའི་ དབང་གིས་སྣང་ཚུལ་མང༌། །དེ་ཡང་སློབ་དཔོན་གང་ཉིད་འཁྲུངས་ཚུལ་ལ། །བརྫུས་མངལ་ ལ་སོགས་རྣམ་རོལ་སྣ་ཚོགས་དང༌། །གང་འདུལ་མཛད་སྒོ་གནང་ཚུལ་ཐབས་མཁས་ཀྱིས། །གངས་ལྗོ ངས་སུ་ཡང་བཞུགས་ཡུན་རིང་ཐུང་ནི། །བགྲང་བྱ་ལོ་གྲངས་བརྒྱ་དང་ལྔ་བཅུའི་ ཚད། །བཅོ་བརྒྱད་བཅུ་གཉིས་དྲུག་གསུམ་ལ་སོགས་པ། །སྣང་ཚུལ་འདིས་མཚོན་སྤྱིར་ན་ དག་སྣང་ངོར། །མཁའ་མཉམ་རྟག་བཞུགས་མཛད་ཕྲིན་ཅིག་ཆར་བ། །ངོ་མཚར་ཡེ་ཤེས་ 6-1-53 རྣམ་རོལ་མཐའ་ཡས་ཚོགས། །གང་ལ་གང་འདུལ་དེར་སྟོན་རྣམ་བཀོད་བདག །འོན་ཀྱང་མི་ ཡི་འགྲོ་བ་ཕལ་མོ་ཆེ། །སྤྱི་མཐུན་སྣང་རུང་བོད་ཁམས་འདུལ་བའི་ཚུལ། །ཆོས་རྒྱལ་བཀའ་ ཆེམས་རྣམ་གསུམ་ཞེས་གྲགས་པ། །རྦ་བླ་རྒྱལ་གསུམ་བཞེད་དོན་ཕྱོགས་བསྡུས་ཤིང༌། །སྔ་ འགྱུར་བཀའ་མའི་ལོ་རྒྱུས་སྤྱི་ཁོག་བསྒྲིག །མཛད་ཚུལ་ཕྱོགས་རེའི་ཡིན་ལུགས་དེ་ལྟར་ན། །དེ་ཡང་ཐོག་མར་བསིལ་ལྗོ ངས་ས་དབང་རྗེ། །སྤྲུལ་པའི་ཆོས་རྒྱལ་ཁྲི་སྲོང་ལྡེ ་བཙན་གྱིས། །བོད་ཁམས་ཡོངས་ལ་དམ་ཆོས་ལེགས་དར་ཆེད། །ཨཱ་ཙར་བོ་ངྷི་ས་ཏྭ་ཞེས་གྲགས་པ། །དྷརྨ་ ཤནྟི་གྷོ་ཥ་ཞེས་ཀྱང་བྱ། །སློབ་དཔོན་མཁན་ཆེན་ཞི་བ་མཚོ་དེ་ཉིད། །བལ་ཡུལ་ཕྱོགས་ནས་ བོད་དུ་སྤྱན་དྲངས་ཏེ། །མངའ་བདག་ཕོ་བྲང་ཀླུངས་ཚུགས་ཞེས་བྱ་བའི། །ཡང་ཐོག་དེར་ནི་ དར་གྱི་གུར་ཕུབ་ནང༌། །བཞུགས་སུ་གསོལ་ནས་ཟླ་བ་བཞི་ཡི་རིང༌། །དགེ་བཅུ་རྟེན་ འབྲེལ་བཅུ་གཉིས་ཁམས་བཅོ་བརྒྱད། །དེ་དག་ལས་བརྩམས་མཁན་པོས་ཆོས་བཤད་པས། །བོད་ཀྱི་ནག་ཕྱོགས་འདྲེ་རིགས་རྣམས་ཁྲོས་ནས། །ཕྲག་དོག་གདུག་རྩུབ་དྲག་པོའི་ཆོ་ འཕྲུལ་ལས། །ཕོ་བྲང་འཕང་ཐང་འཕྲལ་བྱུང་ཆུ་བོས་ཁྱེར། །དམར་པོའི་རི་ལ་གནམ་ལྕགས་ ཐོག་གིས་བརྒྱབ། །ཡུལ་ཁམས་རྣམས་སུ་མི་ནད་ཕྱུགས་ནད་དང༌། །སད་དང་སེར་བ་ལ་ སོགས་ལྟས་ངན་བྱུང༌། །རྐྱེན་དེས་བོད་འབངས་ཐམས་ཅད་མ་དགའ་བས། །སྐལ་ངན་འདི་ ནི་ཆོས་བྱས་ལན་ནོ་ཟེར། །དེ་ཀུན་ཆོས་ལ་བློ་ལོག་བྱར་མ་བཏུབ། །སྐབས་དེར་མངའ་ བདག་རྒྱལ་པོས་ཐབས་ལ་བརྟེན། །ཆོས་བློན་སྣང་གསལ་ལ་སོགས་ལྔ་དང་འགྲོགས། །ཨཱ་ཙར་མཁན་པོའི་མདུན་དུ་ལེགས་ཕེབས་དེ། །གསེར་ཕྱེ་བྲེ་གང་ཡོན་ཕུལ་དེ་འདྲ་བ། །ལན་གསུམ་བསྙེ ན་བཀུར་མཛད་མཐར་འདི་སྐད་ཞུས། །ཁྱེད་ནི་རེ་ཞིག་བལ་བོའི་ཡུལ་དུ་ བཞུད། །དེ་བར་མངའ་བདག་རང་གིས་བོད་འབངས་ལ། །ལྷ་ཆོས་མི་བྱེད་མི་རུང་གླ་རྔན་ བྱིན། །ཞང་བློན་རྣམས་ཀྱང་ཐབས་ཀྱིས་བྲིད་བྱས་ནས། །ཆོས་བྱེད་ནམ་བཏུབ་ཙ་ན་སླར་ 6-1-54 སྤྱན་འདྲེན། །ཞེས་གསོལ་ཨ་ཙརྻ་ཡི་ཞལ་ན་རེ། །བོད་ཀྱི་འདྲེ་སྲིན་གདུག་ཅན་འདུལ་བ་ ལ། །སྔགས་མཁན་པདྨ་སཾ་བྷ་ཞེས་བགྱི་བ། །ད་ལྟ་ས་སྟེང་འདི་ན་ཟླ་བྲལ་གྱི། །མཐུ་རྩལ་ ཆེ་ཤོས་ཅན་དེ་སྤྱན་འདྲེན་དགོས། །དེ་ལྟར་བྱུང་ན་བོད་ལ་ཕན་ཐོགས་ཡོང༌། །དེ་སྐད་ གསུངས་ནས་གསེར་ཕྱེ་གང་ཕུལ་ལས། །ཁྱོར་གང་བལ་རྒྱལ་ཉིད་ལ་གནང་བྱ་ཙམ། །ལེགས་ བཞེས་གསེར་ལྷག་བཙད་པོ་ཉིད་ལ་གཏད། །ཕྱི་ངོར་བསྐྲད་པ་ལྟར་བྱས་ཡར་བཞུད་སྐབས། །ཆོས་བློན་ལང་གྲོ་སྣར་དང་གསལ་སྣང་གཉིས། །སྐྱེལ་ཐུང་མཛད་མཁན་བྱས་ནས་བལ་ ཡུལ་བསྐྱལ། །སླར་ལྡོ ག་རྦ་གསལ་སྣང་བ་རྒྱལ་པོ་ཡིས། །ཆོས་དོན་མཛད་པའི་གཉེར་དུ་ ལེགས་པར་བསྐོ ས། །དེ་ཉིད་གཡོག་འཁོར་སུམ་ཅུ་དང་བཅས་ཏེ། །བོད་ལ་ཆོས་ཀྱི་སྐལ་བ་ འདྲེན་པའི་ཕྱིར། །རྒྱ་ནག་ཡུལ་དུ་ཕོ་ཉར་ཆེད་མངགས་བྱས། །སྐབས་བར་དེར་ནི་ཞང་བློན་ ཐམས་ཅད་བསྡུས། །བོད་འབངས་བཅས་ཀྱིས་ཆོས་བྱེད་ཆད་སོ་གྲུབ། །དེ་མཚམས་ཤིག་ ནས་རྒྱལ་ཡུལ་དུ་མངགས་པའི། །ཕོ་ཉ་རྣམས་ལ་རྒྱ་རྗེས་བྱ་དགའ་ཐོབ། །བོད་རྗེ་བཙད་པོ་ ཉིད་ལ་དར་ཡུག་ཆེན། །ཁྲི་ཕྲག་ལ་སོགས་སྐྱེས་ཆེན་དང་བཅས་འབྱོར། །དེ་ནས་ཆོས་བློན་ རྦ་གསལ་སྣང་བ་ཉིད། །བལ་བོའི་ཡུལ་དུ་མཁན་པོ་བོ་དྷི་དང༌། །སློབ་དཔོན་པདྨ་བོད་དུ་ སྤྱན་འདྲེན་ཆེད། །འཁོར་བཅས་ལེགས་ཕེབས་སྐབས་སུ་ཡུལ་དེར་ནི། །མཁན་སློབ་ཟུང་ དང་ལྷ་ཁང་བརྩིགས་མཁན་བཅས། །གསུམ་ཆར་བོད་ལ་འབྱོན་གྲབས་བྱས་འདུག་སྐད། །དེ་ནས་མཁན་པོ་གཞུང་ལམ་ལ་བརྒྱུད་ནས། །མགྱོགས་འགྲོའི་ཚུལ་གྱིས་སྔ་སོར་ཉེ་བར་ བྱོན། །སློབ་དཔོན་གང་ཉིད་ལྷ་ཁང་ཆ་མཁན་དང༌། །བལ་བོའི་རྡོ་བཟོ་བ་སོགས་དང་ བསྡེབས་ནས། །རྗེས་སུ་རིམ་པར་བོད་ཡུལ་ཕྱོགས་ལ་ཕེབས། །ཡུལ་གྲུ་སོ་སོར་མི་མིན་ འདུལ་བ་དང༌། །ས་ཆ་རྣམས་ལ་གཟིགས་རྟོག་མཛད་བཞིན་བྱོན། །དེ་ལས་མཁན་པོ་སྤྱན་ འདྲེན་མྱུར་ཕྱིན་པ། །འགྲན་བཟང་ཞེས་བྱར་བོད་རྗེ་བཙད་པོ་དང༌། །ཞལ་འཕྲད་བཀའ་ 6-1-55 མཆིད་དུས་སུ་བགྱི་བ་ལས། །མཁན་གྱིས་ད་ལན་པདྨ་སམྦྷ་བ། །མྱུར་ནས་སྤྱན་དྲངས་ལྷ་ སྲིན་ལེགས་བཏུལ་ན། །བོད་ཕན་ཆེ་ཚུལ་གསུངས་ལྟར་སྤྱན་འདྲེན་པ། །རྦ་མི་མང་རྗེ་ གསལ་སྣང་ཞེས་བྱ་དང༌། །སེང་མགོ་ལྷ་ལུང་གཟིགས་གཉིས་གཡོག་ལྔ་བཅས། །སྔར་ བཏང་རྣམས་དང་སློབ་དཔོན་འཁོར་བཅས་དག །བོད་ཕྱོགས་མང་ཡུལ་དུ་ནི་ཞལ་འཛོམས་ སྐད། །དེ་སྐབས་སུ་ནི་བོད་ལ་རིམ་བྱོན་དུས། །ཐོག་མར་སྐྱིད་གྲོང་ཡུལ་ནས་ཚུར་ཕེབ་ཚེ། །བོད་ཀྱི་ལྷ་སྲིན་དག་གིས་མཐོ་འཚམས་པ། །ཁ་ཆར་དྲག་པོ་ཕབ་ཅིང་ཕན་ཚུན་གྱི། །རི་ཁ་ ལྟེ བས་ནས་བར་མཚམས་བཅད་པ་ན། །སློབ་དཔོན་ཉིད་ཀྱིས་འཁོར་རྣམས་རྗེས་སུ་བཞག །ཁོང་ཉིད་སྔོ ན་ཕེབས་རྫུ་འཕྲུལ་སྟོབས་ལ་བརྟེན། །རི་གཉིས་ཁོང་སེང་བར་ནས་སྐད་ཅིག་ བཞུད། །ལྷ་སྲིན་དེ་རྣམས་བཅིངས་ཤིང་དམ་ལ་བཏགས། །དེ་ནས་བཟུང་སྟེ་མི་མིན་འདུལ་ བཞིན་བྱོན། །གཙང་བོའི་ཆུ་ལ་བྱེའུ་ཟུལ་བྱེད་པར་རྒྱུ། །ཕན་ཚུན་ཆུ་བོའི་གཞུང་ལ་དྲང་ཤད་ ཀྱིས། །གང་དུ་སྤྱན་དྲངས་ཐོགས་མེད་རྫུ་འཕྲུལ་བསྟན། །ཁྱད་པར་འོ་ཡུག་ཐད་ཀྱི་ཕར་ཀ་ ནས། །སློབ་དཔོན་ཆེན་པོའི་ཞལ་ནས་འདི་སྐད་གསུང༌། །ལ་འདི་བརྒལ་ན་ཉི་ཚེའི་དམྱལ་བ་ མང༌། །དེ་རྣམས་ལ་ཡང་སྙིང་རྗེ་བྱའོ་ཞེས། །ལ་རྒྱབ་ཕེབ་ཚེ་ཆུ་ཚན་དྲག་ཁོལ་ནང༌། །སྲོག་ ཆགས་མང་གནས་ས་ལ་སློབ་དཔོན་གྱིས། །དགོངས་པ་དར་ཅིག་མཛད་པས་སྐད་ཅིག་ལ། །ཆུ་རྣམས་འཇམ་གྱིས་འགྲོ་ཞིང་བདེ་སྐབས་ཐོབ། །དེ་ནས་ཡུད་ཙམ་ཞིག་ནས་སློབ་དཔོན་ གྱིས། །ད་སྐབས་རྣལ་འབྱོར་བྱམས་ཆེན་ནུས་པའི་མཐུ། །ཅུང་ཟད་བསྟན་པ་ལགས་ཀྱི་ སེམས་ཅན་ལར། །མྱོང་ངེས་ལས་ལ་སངས་རྒྱས་དངོས་བྱོན་ཡང༌། །མཛད་ཐབས་ཅི་ འཚལ་ཞེས་གསུངས་སྐད་ཅིག་དེར། །དགོངས་པ་ལྷོད་པས་དམྱལ་སྡུག་སྔར་བཞིན་སོང༌། །དེ་ནས་རུ་མཚམས་སུ་ཡང་ཕེབས་པའི་སྐབས། །གངས་དཀར་གནས་བདག་འཇིགས་ནས་ ཐག་རིང་བྲོས། །གནམ་དུ་ཕེབས་ཚེ་ཐང་ལྷ་འདུལ་དགོས་གསུངས། །ཕྱོགས་དེར་འདུལ་ 6-1-56 ཆས་ཟངས་ཆེན་ཁལ་ཚད་མར། །ལུག་བོང་ཤི་བའི་ཤ་བཙོས་དམར་ཐབ་སྦྱར། །དེ་ན་ཀླུ་ཚ་ ཟེར་བའི་མི་ཞིག་གིས། །འདི་ཅི་དྲི་བར་ལོ་རྒྱུས་བསྙད་པ་ལ། །ཧ་ཧ་གནོད་སྦྱིན་འདུལ་ ཐབས་ལྷ་ཅི་ཟེར། །ཡིད་གཟེང་སྡོད་མི་ཚུགས་པའི་རྣམ་འགྱུར་སྟོན། །དེ་ནས་སློབ་དཔོན་ མཆོག་གི་ཞལ་ན་རེ། །གནོད་སྦྱིན་ཆེན་པོ་དམར་ཐབ་འཚལ་ཞེས་གསུངས། །ཟངས་ལ་རྡོག་ པ་བརྒྱབ་ནས་སྐད་ཅིག་བསྒྱེལ། །དེར་ནི་ཐང་ལྷ་ཁྲོས་ཏེ་འཚུབས་འགྱུར་གྱིས། །གངས་ལ་ ཐུག་ཆོམ་སྒྲ་དང་སྤྲིན་ནག་ཆགས། །ཕལ་བའི་བཟོད་དཀའི་འབྲུག་སྐད་གློག་ཞགས་ འཁྱུགས། །དྲག་པོའི་སེར་འབེབས་འཁུ་ལྡོ ག་ལྟས་ངན་གཏོང༌། །དེ་ལ་སློབ་དཔོན་ཆེན་པོས་ དགོངས་གཏད་བཅས། །སྡིགས་མཛུབ་གངས་ཀྱི་རི་ལ་བསྟན་མ་ཐག །གངས་ཆེར་ཞུ་སྟེ་ ཐང་ལྷ་ཡ་ཞུར་གྲགས། །འདི་སྐབས་སྙི ང་དྲུང་དུ་བཞུགས་གནས་དེ་ན། །ཆོས་ལ་འཚེ་བྱེད་ཀླུ་ གདུག་ཅན་ཞིག་འདུག །དེ་འདུལ་དགོས་གསུང་དགོངས་པར་བཞུགས་ཆས་ཚེ། །ཀླུ་དེ་ཕྱི་ ཡི་རྒྱ་མཚོའི་གཏིང་དུ་བྲོས། །སྐད་ཅིག་དེ་ལ་ཕུག་པ་ཞིག་གི་ནང༌། །སློབ་དཔོན་ཉིད་ཀྱིས་ དཀྱིལ་འཁོར་ལྔ་བཞེངས་ཏེ། །ཞག་གསུམ་དགོངས་པ་མཛད་པའི་མཐུ་ནུས་ཀྱིས། །གངས་ ཀྱི་ཐུག་ཆོམ་ཞི་ཞིང་ཡུལ་ཡང་འཇམ། །ཀླུ་དང་ཐང་ལྷ་མཉམ་དུ་དམ་འོག་ཚུད། །གདུག་ སེམས་ཆེར་ཞི་དམ་པའི་ཆོས་ལ་བཀོད། །གཞན་ཡང་གནམ་མཚོར་གནས་པའི་ལྷ་འདྲེ་དང༌། །ཇོ་མོ་གངས་དཀར་ལ་སོགས་ལྷ་སྲིན་རིགས། །དཔག་མེད་བཏུལ་ཞིང་ཡང་ལེ་ཤོད་དུ་བྱོན། །འཕན་ལུང་རྟ་རོ་ཁ་ཕྱེ་འདྲ་བ་ལ། །སྐུ་དངོས་མ་ཕེབས་ཀྱང་ནི་དེར་གནས་ཀྱི། །ལྷ་འདྲེ་ རྣམས་ཀྱང་དགོངས་པས་དམ་ལ་ཚུད། །སྟོད་ལུང་གཡའ་རལ་མོ་ནས་མར་བྱོན་སྐབས། །ཕ་ གི་རི་ཉིལ་བ་ལ་སྡིགས་མཛུབ་བསྟན། །སྐད་ཅིག་དེར་ནི་རང་སར་བསྡད་ནས་ལོག །དེ་ནས་ རིམ་ཕེབས་གུ་རུ་ཁོང་ཉིད་ཀྱིས། །བཙུན་མོ་འཕྲང་གི་བྲག་ཏུ་སླེབ་པ་ན། །བྲག་འདི་མུ་ སྟེགས་རལ་ཅན་བྲོ་འཁྲབ་འདྲ། །དེ་ཕྱིར་བྲག་འདིའི་རི་གོང་མ་བཅད་ན། །བོད་དུ་མུ་སྟེགས་ 6-1-57 ཀྱིས་འགེངས་མཐའ་ངན་གསུངས། །དེར་བཞུགས་རྫུ་འཕྲུལ་སྟོབས་ཀྱིས་བྲག་གོང་བཅད། །གཞོང་བར་སླེབ་ཚེ་འཁོར་ལ་གྲོ་ཐོབ་གསུངས། །དེར་གནས་ཀུན་གྱིས་ཆུ་མ་མཆིས་ཞུས་ པས། །གུ་རུས་གསེག་ཤང་ས་ལ་ཐམ་ཐམ་རྒྱབ། །རྐྱེན་དེས་འཕྲལ་དུ་གཞི་དེར་ཆུ་མིག་ བདུན། །བྱུང་བ་དེ་ཕྱིར་གཞོང་བ་ལྷ་ཆུར་གྲགས། །མཁར་ནག་ཏུ་ཕེབས་གནས་བདག་ཀླུ་ བཙན་ཞིག །ཆེས་ངན་ཐུ་བ་འཚེ་བྱེད་གདུག་རྩུབ་ཅན། །འདུལ་བྱེད་དགོངས་པ་གཏད་པའི་ ནུས་སྟོབས་ལས། །བྲག་ལ་རྡོ་རྗེ་སེམས་དཔའི་སྐུ་གཅིག་མཛད། །བོད་ཀྱི་རྡོ་ལ་བལ་བོའི་ བཟོ་བོ་ཡིས། །ལེགས་བྱས་འཕྲུལ་དེ་གཞིག་མེད་ཤྭ་བ་བརྐོས། །དེ་ནས་ངམ་ཤོད་ལ་བྱོན་ ཟུར་མཁར་མདར། །རྡོ་ཡི་མཆོད་རྟེན་ལྔ་བཞེངས་རབ་གནས་མཛད། །མཚམས་དེར་ཕོ་བྲང་ དམར་པོ་འོམ་བུ་ཚལ། །དེ་རུ་ལེགས་ཕེབས་བོད་རྗེ་བཙན་པོ་དང༌། །མཇལ་བའི་ཚེ་ན་ཕོ་ ཉས་བརྡའ་སྦྱར་བས། །མངའ་བདག་རྒྱལ་པོས་ཆེ་ཐབས་ཕྱག་བཞེད་ཟེར། །དེ་ལ་སློབ་ དཔོན་ཞལ་ནས་འདི་ལྟར་གསུངས། །ང་ཡི་ཕྱག་སྣ་བཙད་པོས་མི་ཐུབ་ཅེས། །བདེན་རྟགས་ ཕ་བོང་ཞིག་ལ་ཕྱག་མཛད་པས། །ཕ་བོང་དེ་ཉིད་ཤག་ཏེར་གས་ཤིང་འཐོར། །རྒྱལ་པོའི་ན་ བཟའ་ཕུད་ལ་ཕྱག་མཛད་སྐབས། །སྐད་ཅིག་དེ་ལ་ན་བཟའ་གཞོབ་ཐུལ་ཚིག །ནུས་མཐུ་ ཆེར་ལྡན་མངོན་པས་རྒྱལ་པོ་འཇིགས། །སེམས་ཞུམ་སློབ་དཔོན་ཞབས་ལ་གུས་ཕྱག་ཕུལ། །དེ་ནས་སྔ་གོང་མངའ་བདག་ཕྱག་རྗེས་ལ། །སང་ཤིས་བྲག་དམར་མགྲིན་བཟང་བྱ་བ་ན། །རྒྱ་ནག་ལྷ་ཁང་འགོའུ་དེ་ཤན་ཞེས་པ། །དེ་ལ་དཔེ་བླངས་ལྷ་ཁང་ཆེ་བཞེངས་གྲུབ། །ད་དུང་ ཞལ་དྲོ་མ་གྲུབ་སྐབས་ལ་ཐུག །སློབ་དཔོན་མ་ཧཱ་གུ་རུ་གདན་ཕེབས་ཞུས། །དེར་སྤྱན་དྲངས་ པས་རབ་གནས་མངའ་གསོལ་སྐབས། །རྒྱལ་བློན་ཆེན་པོ་རྣམས་ནི་མ་བྱོན་ཞིང༌། །གནང་ ཆེན་གཟིམས་མལ་བ་ཀུན་བལྟ་བར་འོངས། །དེ་ཚེ་སློབ་དཔོན་ཆེན་པོས་ལྷ་རྟེན་རྣམས། །མི་ ལ་བྱ་བཞིན་སྟོན་མོ་བྱེད་པའི་སར། །སྤྱན་དྲངས་སོང་བས་ཀུན་ཡིད་མ་ཆེས་ཏེ། །ནུབ་མོ་ 6-1-58 ནམ་ཕྱེད་ཙམ་ལ་དེ་ཀུན་གྱིས། །གསལ་བྱེད་མར་མེ་ཁྱེར་ནས་ཞིབ་བལྟས་ཚེ། །ནང་ན་ འཇིམ་སྐུ་གཅིག་མེད་སྟོང་སང་འདུག །དབྱུག་སྐོ ར་གྱིས་བཙལ་ཞིབ་བརྟག་བྱས་པས་ཀྱང༌། །རེག་ཐོགས་མེད་ཕྱིར་དེར་གནས་ཀུན་ཡིད་ཆེས། །ནངས་མོར་ལྷ་ཁང་སྒོ་གསེང་ནས་བལྟས་ པས། །སྐུ་གཟུགས་ཐམས་ཅད་སྔར་བཞིན་འཁོད་པ་ལ། །སློབ་དཔོན་པདྨས་མཆོད་པ་མཛད་ པ་དང༌། །ལྷ་རྣམས་བཤོས་གསོལ་གཏམ་མཛད་དངོས་སུ་མཐོང༌། །དེ་ཉིན་སྤོས་དང་མར་མེ་ ཀུན་རང་འབར། །རོལ་མོ་ཐམས་ཅད་རང་འཁྲོལ་བྱུང་བ་དང༌། །ཅོང་རྣམས་རང་སྒྲ་སྒྲོག་ཅིང་ ཕན་བཏགས་ལྔ། །བརྒྱ་ཕྲག་ལྔར་འཕེལ་རྒུན་འབྲུམ་སྙི མ་གང་ཙམ། །སྡེར་ནང་ཡོད་པ་དེར་ ཚོགས་མི་རྣམས་ཀྱིས། །ཅི་ཙམ་ཟོས་ཀྱང་ཉུང་དུ་མ་སོང་བ། །དེར་མཐོང་ཐམས་ཅད་ཧ་ལས་ ངོ་མཚར་སྐྱེས། །དེ་ཕྱིའི་ཉིན་མོའི་ནངས་པར་གཟིམ་མལ་བ། །ལྷ་ལུང་མཚོ་གཞེར་གཉན་ ལེགས་ཞེས་བྱ་ལ། །སྲ་རྟེན་བྱས་ཏེ་ལྷ་མོ་འོད་ཟེར་ཅན། །པྲ་སེན་ལེགས་ཕབ་སྨྲ་རུ་བཅུག་པ་ ན། །བོད་ཀྱི་ལྷ་ཀླུ་མི་སྲུན་ཐམས་ཅད་ཀྱིས། །མིང་སྨྲས་སོ་སོའི་ཡིན་ལུགས་ཇི་བཞིན་བཤད། །དེ་ཡང་འཕང་ཐང་ཆུ་འབེབས་ཤམ་པོ་དང༌། །དམར་པོ་རི་ལ་ཐོག་འབེབས་ཐང་ལྷ་སྟེ། །མི་ ཕྱུགས་ནད་གཏོང་བརྟན་མ་བཅུ་གཉིས་ཚོགས། །སད་སེར་གཏོང་བ་བོད་ལྷ་གཉན་དགུ་ ཡིན། །དེ་སོགས་ཡིན་ལུགས་ཞིབ་རྒྱས་དྲང་པོར་སྨྲས། །དེ་ནས་བཟུང་སྟེ་ཆོ་རིགས་བཟང་བ་ ཡི། །བྱིས་པ་མང་ལ་རྒྱལ་ཆེན་བཞིའི་པྲ་ཕབ། །གནོད་སྦྱིན་མེ་ལྷས་དངོས་ཞལ་མངོན་སུམ་ བསྟན། །ལྷ་ཀླུ་གདུག་ཅན་ཀུན་གྱི་མིང་གནས་དང༌། །སྤྱོད་ཚུལ་ཇི་བཞིན་གབ་སྦས་མེད་པར་ སྨྲས། །དེ་ནས་རྒྱལ་བློན་སོགས་ཡིད་ཆེས་པའི་ཕྱིར། །ལྷ་འདྲེ་མ་རུངས་རགས་རིམ་དངོས་ གནས་སུ། །མི་ལ་ཕབ་ནས་བསྡིགས་ཤིང་གཟིར་བ་དང༌། །རང་འཚམ་ཆོས་ཀྱིས་དམ་འོག་ ཇི་བཞིན་བཅུག །རང་རང་སྲོག་སྔགས་ཆོ་གའི་ཡིན་ལུགས་རྣམས། །སློབ་དཔོན་པདྨར་དད་ གུས་སྒོ་ནས་ཕུལ། །གལ་ཏེ་དེས་ཀྱང་མ་ཐུལ་གདུག་ཅན་རྣམས། །དྲག་པོའི་སྦྱིན་སྲེག་ལ་ 6-1-59 སོགས་ལས་ཀྱི་མཐའ། །སྣ་ཚོགས་ཐབས་ཀྱིས་བཏུལ་བ་ཆེས་མང་ཞིང༌། །དེ་འདྲའི་ཕྲིན་ ལས་རྒྱ་ཆེན་ལན་གཉིས་མཛད། །དེ་ནས་སློབ་དཔོན་གུ་རུས་འདི་སྐད་གསུངས། །ད་ནི་སླན་ ཆད་ལྷ་ཆོས་ཅི་བདེར་མཛོད། །མངའ་བདག་རྒྱལ་པོའི་ཐུགས་ཀྱི་དགོངས་པ་བཞིན། །ཆོས་ གཞི་གཙུག་ལག་ཁང་བ་གང་དགོས་བརྩིགས། །སྔར་ནི་ལྷ་ཀླུ་དམ་འོག་ལན་གཉིས་ཆུད། །ད་དུང་ལན་གཅིག་བགྱིད་ན་འགྲོ་ཕན་ཆེ། །ཞེས་གསུངས་བོད་ཁམས་ཡོངས་ལ་བརྩེ་ གཟིགས་གནང༌། །དེ་ནས་ཕོ་བྲང་ཟུར་ཕུད་རྐྱང་ཚལ་དུ། །ཕེབས་ནས་དེར་བཞུགས་ཚེ་ན་ཀླུ་ རིགས་ཆེ། །མ་དྲོས་གཟི་ཅན་ལ་སོགས་ལེགས་བཏུལ་སྐབས། །གཟི་ཅན་ན་རེ་ས་སྟེང་གང་ འདི་ན། །མངའ་བདག་ཁྲི་སྲོང་སྡེ་བཙན་དབང་ཆེ་ཞིང༌། །ས་ཡི་འོག་ན་ང་ཉིད་དབང་ཡང་ཆེ། །དེ་ཕྱིར་ད་ལན་ངེད་གཉིས་གྲོགས་པོ་བྱ། །རྒྱལ་པོས་ལྷ་ཁང་བཞེངས་པའི་ཆ་རྐྱེན་དུ། །གསེར་ཕྱེ་དྲེའུ་ཁལ་བཅུ་བཞི་འབུལ་ལགས་ན། །གསེར་ཁུང་གླང་པོའི་སྣར་དུ་ལེན་མཁན་ ཐོང༌། །ཟེར་བ་ཇི་བཞིན་གསེར་ཕྱེ་དེ་ལྟར་བྱུང༌། །དེ་ནས་རྒྱལ་པོ་བེ་དཀར་འདུལ་བའི་ སྐབས། །སློབ་དཔོན་ཉིད་ཀྱིས་འདུལ་བྱེད་དཀྱིལ་འཁོར་སྒྲུབ། །དེ་དུས་བེ་ཧ་ར་ཡི་བལྟར་ འོང་སྐབས། །ཐོག་མར་མིག་ལ་ཕུར་བུ་བཏབ་ཅིང་གཟེར། །རིགས་སྔགས་ཉན་པས་རྣ་བར་ ཕུར་བ་བཏབ། །སྔགས་ཟློ ས་ལད་མོ་བྱས་པའི་ལྕེ ར་བཏབ་སྟེ། །དེ་ནས་འབྲོས་པར་འདོད་ ཚེ་ཡན་ལག་བཞིར། །ལེགས་བཏབ་ཕྱོགས་མཚམས་གང་དུ་འགྲོར་མ་ཐུབ། །སློབ་དཔོན་ ཞལ་ནས་ད་ནི་བསྲེག་གོ་གསུང༌། །འཇིགས་རྔམ་མ་བཟོད་བེ་དཀར་ཤིན་ཏུ་སྐྲག །སྐད་ཅིག་ དེ་ལ་མནའ་བོར་དམ་དུ་བཏགས། །དེ་རྗེས་ཡར་ལྷ་ཤམ་པོ་འདུལ་དུ་བྱོན། །དེ་ཕྱོགས་ སླེབས་པའི་ཤམ་པོ་རབ་ཁྲོས་ཏེ། །སློབ་དཔོན་ཐོག་དུ་ཁོ་ཡིས་ཆུ་སྒྱོགས་ཕབ། །དེ་མ་ཐག་ཏུ་ གུ་རུ་གང་ཉིད་ཀྱིས། །བེར་སྣ་ནས་ནི་རྡོ་རྗེ་གདེངས་པ་ཡིས། །ཆུ་སྒྱོག་གྱེན་ལོག་སླར་ཡང་ལྷ་ རྫིང་ནང༌། །བླུགས་ཏེ་དེར་ནི་ཕྱག་མཚན་རྡོ་རྗེ་འཕངས། །ཆུ་ཁོལ་ཤམ་པོ་གངས་ཀྱི་སུམ་ཆ་ 6-1-60 ཞུ། །དེ་མ་ཐག་ནས་ཁོ་ཉིད་གངས་རྩེར་བསྡད། །ང་ལ་དེ་ཙམ་མཐོ་འཚམས་ཅི་ཅི་ཟེར། །སློབ་ དཔོན་ཞལ་ནས་ཁྱོད་ཀྱང་ང་ཉིད་ལ། །དེ་ཙམ་མཐོ་འཚམས་ད་ཕྱིན་དམ་འོག་ཏུ། །མི་འཇུག་ ན་ནི་ངེས་པར་བསྲེག་གོ་གསུངས། །དེ་མཐུས་འཇིགས་ཞུམ་སྒོ་ནས་ཤམ་པོ་ཡིས། །སློབ་ དཔོན་ཞབས་ལ་ཕྱག་ནི་འཚལ་བཞིན་དུ། །བདག་ནི་ནག་ཕྱོགས་རིགས་ཡིན་ཆོས་ཕྱོགས་ ལ། །བགྱི་བའི་རྔོ་མི་ཐོགས་ཕྱིར་ད་ཕན་ཆད། །ཡོངས་ལ་གནོད་འཚེ་མི་བྱེད་དམ་བཅའ་ ཕུལ། །གདུལ་བྱ་ཐུན་མོངས་ཕྱོགས་རེའི་སྣང་ངོ་ལ། །དེ་ལྟར་ཟླ་དྲུག་ཙམ་རིང་མི་མ་ཡིན། །ཕལ་ཆེར་དམ་འོག་བཅུག་པའི་ཕྲིན་ལས་མཛད། །དེ་ནས་རྒྱལ་སྲིད་བོད་འབངས་སྤྱི་ཕན་ ཕྱིར། །སློབ་དཔོན་ཆེན་པོས་སྦྱིན་བསྲེག་རྒྱ་ཆེན་པོ། །ད་ལན་དགོས་གལ་ཆེ་ཚུལ་གསུངས་ པའི་སྐབས། །དགའ་སྟོན་ཆེན་པོའི་དུས་སུ་བཙད་པོ་ཉིད། །དབུ་སྐྲ་འཁྲུ་བའི་སྐབས་ལ་བབ་ པ་ན། །ཨཱ་ཙར་བོ་དྷི་ས་ཏྭའི་ཞལ་ན་རེ། །རི་རབ་བྱང་གི་ངོས་ཀྱི་ཕྱོགས་ཤིག་ན། །ཆུ་མིག་ རྟག་ཏུ་སྣང་བ་ཞེས་བྱ་ཡོད། །དེ་ནས་ཆབ་བླངས་བཙད་པོའི་དབུ་བསིལ་ན། །མངའ་བདག་ སྐུ་ཚེ་རིང་ཞིང་རིགས་བརྒྱུད་འཕེལ། །ཆབ་སྲིད་ཆེན་པོ་ཤ་སྟག་འབྱུང་ཞེས་གསུངས། །བསིལ་ཆབ་དེ་ཉིད་སུས་ལོན་ཞུས་པ་ན། །སློབ་དཔོན་སྔགས་མཁན་མཆོག་གིས་ལོན་ངེས་ གསུངས། །ཚུལ་དེ་སློབ་དཔོན་ལ་ཞུས་ཁོང་ཉིད་ཀྱིས། །མཎྜལ་དབུས་སུ་གསེར་གྱི་བུམ་པ་ བཞག །ཁ་ནི་དར་དཀར་གྱིས་བཅད་སྔགས་བཟླས་ནས། །བུམ་པ་ནམ་མཁར་འཕངས་པས་ ཇེ་མཐོར་སོང༌། །མཐར་ནི་མི་སྣང་བར་ཡུན་ཅུང་འགོར་ན། །སློབ་དཔོན་མདུན་དུ་བུམ་པ་ ཁྲོང་གིས་བྱུང༌། །དེ་ནི་བཙད་པོའི་དབུ་ཁྲུས་བྱ་བའི་ཕྱིར། །བློན་རྣམས་ལ་གཏད་དེ་དག་བུམ་ ཁ་ཕྱེས། །ནང་ན་ཆུ་སྐྱ་ཉོག་གེ་འདུག་པ་མཐོང༌། །དེར་གནས་ཀུན་ཡིད་མ་ཆེས་འདི་སྐད་དུ། །ཆུ་འདི་མོན་གྱི་སྨྱོ་ཆུ་ཡིན་ལས་ཆེ། །ཕོ་ཐོང་ཟེར་བ་དེ་ལུགས་ལྟར་བྱས་པས། །མངའ་བདག་ རྒྱལ་རབས་བཅས་ལ་སྐུ་གེགས་དང༌། །དབང་ཐང་ཉམས་སོགས་དོན་མེད་ཆེན་པོ་བྱུང༌། །དེ་ 6-1-61 ནས་རྗེ་འབངས་སྐལ་བ་ལྡན་རྣམས་ལ། །རང་རང་ཁམས་དབང་ལ་མཐུན་ཟབ་མོའི་ཆོས། །ཀྲི ་ཡ་ལ་སོགས་གསང་སྔགས་ནང་གི་རིམ། །ཡེ་ཤེས་ལེགས་འབེབས་དབང་བསྐུར་གང་ འཚམས་དང༌། །ཁྱད་པར་རྗེ་འབངས་དབང་པོ་ཡང་རབ་ལ། །མན་ངག་ལྟ་ཕྲེང་ཟབ་གནད་ ཇི་བཞིན་གསུངས། །གཞན་ཡང་རྡོ་རྗེ་རྣམ་པར་འཇོམས་པ་དང༌། །ཕུར་བ་འབུམ་སྡེའི་རྒྱུད་ བཤད་སྒྲུབ་ཐབས་དབང༌། །མན་ངག་ཟབ་བཀའ་ཆེས་མང་སྣ་ཚོགས་པ། །དེ་སོགས་སྨིན་ གྲོལ་ཟབ་མོའི་ཆོས་སྒོ་ཕྱེས། །དེ་སྐབས་བོད་རྗེ་མངའ་བདག་རྒྱལ་པོ་ལ། །སློབ་དཔོན་ པདྨས་དབང་བསྐུར་མཛད་པའི་ཚེ། །བཙུན་མོ་རྣམས་ལས་མཆོག་གྱུར་ཚེ་སྤོང་བཟའ། །མེ་ ཏོག་སྒྲོན་དང་འགྲོ་བཟའ་ཁྲི་རྒྱལ་བཙུན། །ཇོ་མོ་བྱང་ཆུབ་རྗེ་ཞེས་རབ་བྱུང་མཚན། །དེ་ སོགས་རྣམས་ཀྱང་དཀྱིལ་འཁོར་མཆོད་བྱེད་པའི། །གཟུངས་མར་ཕུལ་ཡང་སྐལ་མིན་ དགོངས་ནས་ཀྱང༌། །སློབ་དཔོན་ཉིད་ཀྱིས་རེ་ཞིག་བཀས་མ་གནང༌། །མཆིམས་བཟའ་ལྷ་མོ་ བཙན་དང་མཁར་ཆེན་བཟའ། །མཚོ་རྒྱལ་གཉིས་ནི་གཟུངས་མ་སྐལ་ལྡན་དུ། །བཀའ་ལུང་ དུས་སུ་བྱུང་ལ་དེ་གཉིས་ཀྱང༌། །ས་ཐག་རིང་བར་གནས་ལ་ཇི་བགྱི་ཞུས། །སློབ་དཔོན་ཞལ་ ནས་འདི་ལ་ཚེགས་མེད་གསུངས། །ཉིད་ཀྱིས་དགོངས་པར་མཉམ་བཞག་ཡུད་ཙམ་ནས། །བུད་མེད་དེ་གཉིས་དཀྱིལ་འཁོར་མཐའ་རུ་སླེབ། །སྐབས་དེའི་དགོས་པ་གྲུབ་ཅིང་གཟུངས་ མ་བྱས། །དེར་མ་ཟད་པར་ཕྱིས་སུ་གཟུངས་མ་གཉིས། །ལྷུན་གྱིས་གྲུབ་པའི་དགོངས་ཆེན་ སྐྱེས་ནས་ཀྱང༌། །འཇིག་རྟེན་ལས་སྤངས་སྒྲུབ་ལ་ཞུགས་པར་གྱུར། །དེ་ཕྱིར་གཞོན་དུས་ ཉིད་ནས་ཆོས་ལ་གཞོལ། །དེ་སོགས་འདི་དག་གནས་ཚུལ་བཀའ་ཆེམས་ལས། །བོད་ཡུལ་ བཟང་གཏོང་ཙམ་ལས་ཇི་བཞིན་པ། །མ་གསུངས་པ་ནི་གསང་སྒྲོག་འགོག་ཕྱིར་ཡིན། །དེས་ ན་སྔོ ན་དུས་སྒྲུབ་པ་ཆེར་དར་སྐབས། །དབང་བསྐུར་མཚན་ལ་རིམ་པའི་བརྡ་ཚིག་ལྟར། །མ་ སྨིན་པ་ལ་གསང་སྔགས་ཆོས་མཚན་ཙམ། །ཆེས་གསང་བཀའ་རྒྱ་དམ་པའི་ཕྱག་སྲོལ་བྱུང༌། 6-1-62 །འོན་ཀྱང་ལྟ་ཕྲེང་ལོ་རྒྱུས་རྙིང་པ་དང༌། །འོ་བྲན་དཔལ་གྱི་ཕུར་བའི་གཏོང་ཐུན་སོགས། །བཀའ་ཕྱོགས་ཁུངས་མའི་སྤྱི་ཁོག་དང་མཐུན་བརྗོད། །དེ་ལྟར་པད་འབྱུང་ཉིད་ཀྱི་དགོངས་ བཞེད་ལ། །སྤྱིར་ནི་བོད་དུ་ཡུན་རིང་བཞུགས་ནས་ཀྱང༌། །ཡུལ་ཁམས་དེ་ཕྱོགས་མཐའ་དག་ བདེ་སྐྱིད་དང༌། །ལྡན་པར་བྱ་བའི་ཐུགས་འདོད་ཆེ་ན་ཡང༌། །ཕྱིས་འབྱུང་སེམས་ཅན་སྤྱི་ མཐུན་ལས་དབང་གིས། །ནག་ཕྱོགས་གདུག་ཅན་སྙི ང་ཞུགས་ཞང་བློན་རྣམས། །བསམ་པ་ ལོག་པས་ཇི་བཞིན་འགྲུབ་མ་བྱུང༌། །སློབ་དཔོན་གུ་རུའི་བཀའ་དབང་ལེགས་གྲོལ་སྐབས། །མངའ་བདག་བོད་རྗེ་རྒྱལ་པོའི་གཟིམ་མལ་བ། །རྨ་ཅོ་ཅོ་ཞེས་བྱ་བས་བློན་རྣམས་ལ། །བཤད་ཀྱང་དེ་དག་གིས་ནི་ཡིད་མ་ཆེས། །དེ་སྐབས་རྒྱལ་པོས་ལྷ་ཁང་ས་འདུལ་དུས། །དཀྱིལ་འཁོར་བཞེངས་པའི་ཐིག་སྐུད་འཐེན་པ་ལ། །བོད་ཡུལ་བུ་མོ་གཙང་མ་ཆེས་མཚར་ བའི། །མཐར་ཐུག་པ་གཉིས་དགོས་པ་བྱུང་བ་ལ། །བོད་ཁམས་ཆེ་ཞིང་བུ་མོ་དེ་ཙམ་པ། །སུ་ ཡིན་ཆ་མ་ཕྱེད་པའི་སྐབས་དེ་ན། །ཞང་བློན་དག་གིས་ཡིད་མི་མགུ་བའི་གཏམ། །སྔགས་ མཁན་སློབ་དཔོན་ཉིད་ལ་མཐུ་ཡོད་ན། །དེ་འདྲའི་བུ་མོ་གར་གནས་དགུག་རིགས་ཟེར། །སྐབས་དེར་སློབ་དཔོན་དགོངས་པ་མཉམ་བཞག་པས། །དར་ཅིག་ཉིད་ནས་ལྕོ ག་རོ་བཟའ་ ཡི་རིགས། །བུ་ཆུང་སྨན་དང་ལྷ་བུ་སྨན་གཉིས་ཀྱང༌། །གང་ནས་བྱུང་བ་ཆ་མེད་སྐད་ཅིག་ལ། །གཙུག་ལག་ས་འདུལ་མཛད་པའི་སྐབས་སུ་སླེབས། །དེ་གཉིས་ལ་ནི་ཡེ་ཤེས་ལྷ་ཕབ་སྟེ། །ཐིག་སྣ་བ་བྱས་གང་དགོས་བྱ་བ་བསྒྲུབས། །ཕྱིས་སུ་བོད་འབངས་མི་རྣམས་བསྡུས་པས་ ཀྱང༌། །བུ་མོ་དེ་གཉིས་ལས་མཚར་མ་བྱུང་སྐད། །དེ་ནས་ཅུང་ཞིག་ལོན་པའི་དུས་སྐབས་ན། །གངས་ཅན་སྤྱི་མཐུན་ལས་དབང་ཆེས་དམན་པས། །བདུད་ཞུགས་ཞང་བློན་དག་གིས་ལྐོག་ བགྲོས་ལ། །སྔགས་མཁན་འདིས་ནི་བོད་ཀྱི་མཚར་ཅན་དང༌། །ནོར་སྣ་བཟང་པོ་གང་ཡོད་ ཐམས་ཅད་དག །ནམ་ཞིག་རྒྱ་གར་ཕྱོགས་ལ་གཏོད་དམ་ཟེར། །དེ་སྐབས་ཁྱུང་པོའི་སྟག་ཚ་ 6-1-63 ཟེར་བའི་བློན། །ཆོས་ལ་དད་མེད་གནག་པས་བསམ་པ་ལ། །བྲག་དམར་མགྲིན་བཟང་ སྔགས་མཁན་བཅས་པ་འདི། །མེ་ལ་བསྲེག་དགོས་སྙམ་པའི་སེམས་འཆང་བཞིན། །ལན་ གཅིག་སློབ་དཔོན་དྲུང་དུ་ཕྱིན་བྱས་ཏེ། །བློན་སོགས་སྐྱེ་བོ་མང་པོའི་དབུས་འདུག་སྐབས། །གུ་རུའི་ཞལ་གསུང་བློན་ཉིད་གདུག་སེམས་ཅན། །ངན་སྦྱོར་བསམ་པ་འདི་ལྟར་འོས་སམ་ ཅི། །ཞེས་པས་བློན་པོ་ཁོ་ཉིད་ངོ་ཚ་སྟེ། །ཕྱིར་སོང་ཁ་ནས་མཐའ་ཡི་མོན་བུ་འདིས། །ཅི་ཡང་ ཤེས་པར་འདུག་ཅེས་ཟེར་ལོ་སྐད། །གཞན་ཡང་དབས་ལྡོ ང་གཟིགས་ཞེས་བློན་ངན་ཞིག །ཆོས་ལ་ཞེ་བརྣག་པ་འདི་མི་རིང་བར། །དབང་ཆེན་གྱུར་ཏེ་ཆོས་ལ་འཚེ་བྱེད་པ། །སློབ་ དཔོན་མཆོག་གིས་ཚར་གཅོད་དུས་བབ་གསུངས། །ཡུད་ཙམ་དགོངས་པ་མཛད་པས་སྐད་ ཅིག་དེར། །ཁོ་རང་བྱུང་སྟེ་ལུས་ནས་ཁྲག་ཟག་བཞིན། །བེམ་རིག་བྲལ་བའི་ཤི་བ་དེ་འཕྲལ་ བྱུང༌། །དེ་སོགས་སྔར་ཕྱིར་མི་དང་མི་མིན་ཚོགས། །ཆོས་ལ་གདུག་སེམས་སྦྱོར་ངན་གང་ རྩོམ་པ། །ཆེས་མང་སློབ་དཔོན་སྔགས་མཁན་གྱིས་བཏུལ་བའི། །ནུས་མཐུ་བདུད་བློན་ རྣམས་མཐོང་ཆེར་མ་དགའ། །རང་རང་བསམ་སྦྱོར་ངན་ཞུགས་སློབ་དཔོན་ལ། །ཤིན་ཏུ་ བག་དོགས་གྱུར་ཏེ་སྔགས་མཁན་ཉིད། །རྒྱ་གར་ཡུལ་དུ་སླར་བྱོན་ཐབས་ཁོ་ན། །སྒོ་གང་ ཐད་ནས་སེམས་ཤིང་ཡོད་པའི་སྐབས། །སློབ་དཔོན་མ་ཧཱ་གུ་རུའི་ཞལ་ན་རེ། །དེང་སྐབས་ བཙད་པོ་ཁྱོད་ཡུལ་བཟང་པོར་བྱ། །ངམ་ཤོད་བྱ་ཚལ་ནེའུ་སིང་སྤངས་ལྗོངས་བསྒྱུར། །གྲ་ དོལ་རྟ་ལ་ཡུལ་བོ་ཆེ་ཚུན་ཆད། །ཆབ་མེད་ས་ཆ་རྣམས་སུ་ཆུ་དབྱུང་བྱ། །གྲམ་པ་ཐམས་ཅད་ ཞིང་སར་བསྒྱུར་བྱས་ནས། །བོད་རྣམས་འཚོ་བ་ཆེར་འཕེལ་གཞི་རྒྱ་བསྐྱེད། །བཻ་ཤྲ་མ་ཎར་ ནོར་གཏེར་ལེགས་བླངས་ནས། །འཛམ་བུའི་གླིང་གི་དཀོར་ནོར་ཡོད་དོ་ཅོག །འབྱུང་བའི་ ཁུངས་བཟང་བོད་དུ་བྱས་ན་ཆོག །ཡར་ཆབ་གཙང་པོ་གང་བདེ་སྦུབས་སུ་འཇུག །སྔོ ན་ཆད་ འདི་བས་ཆུ་ཆེན་མང་པོ་ཞིག །ངས་ནི་རིག་སྔགས་མཐུ་ཡིས་སྦུབས་སུ་བཅུག །རྒྱ་ཧོར་ལ་ 6-1-64 སོགས་རྒྱལ་པོ་ཐམས་ཅད་ཀྱང༌། །བོད་ཀྱི་དབང་དུ་འདུ་ཐབས་བྱར་ཡོད་གསུངས། །དེ་ སོགས་ལེགས་སྒོའི་བཀའ་མཆིད་རྒྱ་ཆེའི་སྐབས། །མངའ་བདག་རྒྱལ་པོས་སློབ་དཔོན་ལ་ ཞུས་པ། །ལེགས་བདེ་འོང་ངམ་ཉམས་སད་མཛད་པར་གསོལ། །སྔགས་མཁན་མཆོག་གིས་ དཀྱིལ་འཁོར་བཞེངས་དུས་སུ། །སྔ་དྲོ་གཅིག་ལ་དགོངས་པ་མཛད་པའི་མཐུས། །བྲག་ དམར་སྐམས་ས་གཅིག་ཏུ་ཆུ་ཆེན་བརྡོལ། །དེ་ཡི་མིང་ལ་ཀླུ་རྫིང་ཞེས་བྱར་བཏགས། །ད་དུང་ མཐུ་ནུས་བསྟན་ཞུས་སྐད་ཅིག་ལ། །བྲག་དམར་མཚོ་མགུར་བྱེ་ཐང་གང་ཡོད་ཚད། །ནེའུ་ སེང་སྔོ ་ལམ་ཉིད་དུ་ཆམ་གྱིས་སོང༌། །ཉིན་དེའི་ཕྱི་དྲོར་བྲག་དམར་གླ་བའི་གདོང༌། །ནགས་ ཚལ་ཆེན་པོ་སྐད་ཅིག་སྐྱེས་ནས་སུ། །དེ་ཕྱིན་གླ་བའི་ཚལ་དུ་དངོས་མིང་ཆགས། །སང་ཉིན་ སྔ་དྲོར་དེ་བཞིན་དགོངས་མཛད་པས། །ཟུར་མཁར་ཕུ་ཆུ་མེད་ལ་ཆུ་ནར་ཐོན། །ད་ནི་ས་ཞིང་ གང་བྱེད་སློབ་དཔོན་གསུངས། །ཐམས་ཅད་དེ་ལྟར་འོང་བར་ངེས་ཐག་ཆོད། །ཚུལ་དེས་ཞང་ བློན་རྣམས་ཀྱང་སྐྲག་འཇིགས་སྐྱེས། །ལྐོག་ཏུ་གྲོས་ཆུང་བྱས་ནས་འདི་སྐད་ལོ། །ཞིང་དང་ན་ རྒྱས་ཡར་ཀླུང་གཞུང་གིས་ཆོག །སྔགས་མཁན་འདི་ནི་མཐུ་ཆེན་ལྟར་སྣང་ཡང༌། །ཐ་མར་ བོད་ཡུལ་གང་བཟང་རྒྱ་གར་ལ། །གཏོང་འདོད་ཡིན་ངེས་ད་སྐབས་བྱ་བའི་འཕྲོ། །བསྐུལ་ལ་ མཐའ་ཡི་མོན་བུ་ཁོ་རང་ཉིད། །མྱུར་ནས་རང་ཡུལ་ལ་བརྫངས་འདི་ག་ལེགས། །ཞེས་པའི་ གྲོས་མོལ་དབང་ཆེན་རྣམས་ཁ་འཆམས། །ཚུལ་དེ་མངའ་བདག་བོད་རྗེར་འདི་ལྟར་ཞུས། །རྗེ་ལགས་མཐའ་ཡི་མོན་བུ་མཐུ་རྩལ་ཆེ། །བཙད་པོ་ཁོང་གི་ཐུགས་ནི་ཆོས་ལ་གཏད། །འདི་འདྲའི་ཚུལ་གྱིས་མཐར་ནི་ཆབ་སྲིད་ཀུན། །རྒྱ་གར་བས་འཕྲོག་མཐའ་ངན་གོར་མ་ ཆག །ཞེས་སོགས་དབྱེན་ཚིག་ཕྲ་མ་མང་པོ་དང༌། །སློབ་དཔོན་སྔར་གསུང་དེ་ལ་དེ་ལྟར་དུ། །བྱར་མི་རུང་བའི་རྒྱུ་མཚན་ལོག་མང་བཀོད། །ད་ནི་ཨཱ་ཙར་སྔགས་མཁན་ཁོ་རང་ཉིད། །བྱ་ དགའ་ཆེར་ཕུལ་བཅས་ཏེ་སླར་རང་ཡུལ། །རྒྱ་གར་དུ་བཞུད་ཞུ་དགོས་ཚུལ་གྱི་གཏམ། །ཡང་ 6-1-65 ཡང་ནན་ཞུ་ཕུལ་ནས་མངའ་བདག་གིས། །བློན་སོགས་དབང་བཙན་རྣམས་ཀྱི་ངོ་མ་བཟློ ག །གང་ནས་བྱ་ཐབས་བྲལ་ཕྱིར་དེ་ལུགས་ལྟར། །སློབ་དཔོན་ཉིད་ལ་བློན་རྣམས་ཡར་ཞུ་ཕུལ། །དེ་སྐབས་བཙད་པོ་ཐུགས་མ་བདེ་བཞིན་དུ། །ཁོང་གིས་སློབ་དཔོན་བཞུགས་པའི་དྲུང་དུ་ ཕེབས། །གསེར་ཕྱེ་བྲེ་གང་ཕུལ་ནས་ཕྱག་བསྐོ ར་བྱས། །རང་གི་གནས་ཚུལ་ལེགས་པར་དྲང་ བརྗོད་པས། །སློབ་དཔོན་ཞལ་ནས་རྒྱལ་པོར་བཀའ་བསྩལ་པ། །སྤྱི་མཐུན་ལས་མཐུ་འདི་ ལ་བྱ་ཐབས་མེད། །ང་ཉིད་གསེར་འདོད་ནས་ནི་འོང་བ་མིན། །མཐའ་འཁོབ་འདྲེ་སྲིན་ གདུག་ཅན་ལེགས་བཏུལ་ནས། །བོད་དུ་ཡང་དག་ལྷ་ཆོས་དར་བ་དང༌། །ཡུལ་གཤིས་བཟང་ པོར་བསྒྱུར་ཏེ་བོད་ཀྱི་ཁམས། །བདེ་ལ་འགོད་པའི་ཕྱིར་དུ་འོང་བ་ཡིན། །གསེར་འདོད་ན་ནི་ འདི་ལྟར་བྱས་ཆོག་གསུང༌། །མཐའ་སྐོ ར་རྡོ་ལ་ཕྱག་རེག་མཛད་ཙམ་གྱིས། །འབད་མེད་ གསེར་གྱི་རང་བཞིན་ཉིད་དུ་སོང༌། །འོན་ཀྱང་བཙད་པོའི་ཞལ་ངོ་བསྲུང་བའི་ཕྱིར། །གང་ ཕུལ་གསེར་ལས་ཁྱོར་གང་ཙམ་བཞེས་ནས། །རྡོ་རྗེ་གདན་ལ་མཆོད་པ་ཞིག་བྱ་གསུངས། །གསེར་ལྷག་བཙད་པོ་ཉིད་ལ་སླར་གནང་སྟེ། །བཟང་སེམས་ཡོད་ཀྱང་བྱུར་གྱི་སྣ་འདྲེན་ ཡིན། །སྙི ང་རྗེ་རྒས་པ་ཞེ་སྡང་མཆེད་པའི་རྒྱུ། །མངའ་བདག་རྗེ་ཡི་ཁ་ལོ་བློན་གྱིས་བསྒྱུར། །ནག་ཕྱོགས་བོད་ཀྱི་བློན་འདྲེ་གདུག་པ་ཆེ། །སེམས་ཅན་རང་རང་ལས་ངན་སྤྱོད་པ་ལ། །རྒྱལ་བ་རྣམས་ཀྱི་ཐུགས་རྗེའི་ནུས་པའང་རྡུགས། །ཞེས་གསུངས་བློན་རྣམས་ཟེར་ལྟར་ཆད་ སོ་བྱས། །སློབ་དཔོན་པདྨས་གསང་སྔགས་ཆོས་གྲྭལ་དུ། །མངའ་བདག་འཁོར་བཅས་རྗེས་ སུ་བཟུང་བའི་སྐབས། །རྒྱལ་པོའི་ཡི་དམ་སྤྱན་གཟིགས་ལྷ་ལྔར་ཕོག །ཕྱིས་སུ་དེ་ལས་རྟ་ མགྲིན་སྒོས་སུ་གྲུབ། །དེ་ཡི་རྟགས་མཚན་མཐུན་སྣང་དུ་མངོན་པ། །ཨཱརྱ་པ་ལོའི་གླིང་གི་རྟ་ མགྲིན་གྱིས། །རྟ་སྐད་ལེགས་བཏོན་སྒྲ་ནི་འཛམ་གླིང་གི །སུམ་ཆ་གཉིས་སུ་དེར་གནས་སྐྱེ་ དགུ་ཡི། །སྒྲ་འཛིན་ལམ་དུ་གསལ་བར་ཐོས་ཞེས་གྲགས། །རྟ་མགྲིན་སྐུ་འདྲ་སྒྱུ་འཕྲུལ་དྲྭ་ 6-1-66 བ་ལས། །གསུངས་པ་ལྟར་གྱི་རྣམ་པར་ད་ལྟ་ཡོད། །ཐ་མར་བོད་ནས་སློབ་དཔོན་འབྱོན་ བཞེད་ཚེ། །གང་གིས་སློབ་འབངས་ཡོངས་ལ་ཞལ་གདམས་སུ། །མན་ངག་ལྟ་ཕྲེང་འཕྲོ་ ཡང་མདོར་བསྡུས་ཏེ། །རྫོགས་པར་གསུང་ནས་མཇུག་གི་ཞལ་ཏའི་གཏམ། །ང་ཡི་ཆོས་འདི་ ཉམས་ལེན་བྱ་ལུགས་ནི། །ལྟ་བ་ཆོས་ཀྱི་སྐུ་དང་བསྟུན་དགོས་ཤིང༌། །སྤྱོད་པ་བྱང་ཆུབ་ ཕྱོགས་དང་འགལ་མེད་གནད། །གལ་ཏེ་ལྟ་ཕྱོགས་སྤྱོད་པ་ཤོར་གྱུར་ན། །དགེ་སྡིག་མེད་པའི་ ཆད་ལྟར་འགྲོ་ཉེན་གདའ། །ཕྱིས་སུ་སླར་ཡང་གསོར་མི་རུང་བར་འགྱུར། །སྤྱོད་པའི་ཕྱོགས་ སུ་ལྟ་བ་ཤོར་གྱུར་ན། །དངོས་པོའི་མཚན་མས་བཅིངས་ནས་གྲོལ་མི་འགྱུར། །ང་ཡི་སེམས་ ཕྱོགས་ལྟ་བ་ཤས་ཆེ་བས། །མ་འོངས་པ་ན་ཚིག་གི་མདོ་ཤེས་ཤིང༌། །ཉམས་སུ་མྱོང་བའི་ གདེང་ནི་མ་རྙེད་ནས། །འདྲ་མིན་མང་པོས་སེམས་ཅན་དོན་བྱེད་པར། །འདོད་པ་འོང་སྟེ་དེ་ དག་དོན་མི་འགྲུབ། །ཅེས་གསུངས་མན་ངག་མཐར་རྒྱས་མ་རྫོགས་ཏེ། །རྒྱལ་བརྒྱུད་མངའ་ ཐང་འཕེལ་བྱེད་སྦྱིན་སྲེག་ཀྱང༌། །མཛད་འཕྲོ་ལ་ལུས་ལྷ་ཀླུ་དམ་བཞག་ལན། །གཉིས་ལས་ གསུམ་པ་མཛད་པའི་སྐལ་བ་ཆད། །འོན་ཀྱང་མ་འོངས་གནས་ཚུལ་ལེགས་མཁྱེན་པས། །སློབ་མ་རྣམས་ལ་དྲག་སྔགས་མང་དུ་གསུངས། །དྲག་སྔགས་དང་ནི་ཆོས་དཔེ་མང་པོ་དག །རྫ་ལ་སྦས་ཤིང་རྫུ་འཕྲུལ་རྣམ་བཀོད་ཀྱིས། །ཆོས་དང་ནོར་གྱི་གཏེར་ཁ་ཆེན་པོ་ཡང༌། །ཡོངས་སྡོམ་བརྒྱ་རྩ་བརྒྱད་སོགས་ཆེས་མང་པོ། །ཡུལ་གྲུ་ཐ་དད་དུ་སྦས་མཐར་འདི་སྐད། །བདག་དང་གཏན་པ་མཛད་པའི་སྦྱིན་བདག་རྣམས། །ཚེ་རབས་འདི་འམ་ཚེ་རབས་གཞན་ ཡང་རུང༌། །འོག་མིན་ཞེས་བྱའི་གནས་མཆོག་དམ་པ་རུ། །རྣལ་འབྱོར་ཐེག་ཆེན་འབྲས་བུ་ སྤྱོད་པར་ཤོག །ཅེས་པའི་སྨོན་ལམ་མཛད་ཅིང་སོ་སོ་ལ། །ཞལ་གྱི་གདམས་པ་མང་དུ་བསྩལ་ ནས་ཀྱང༌། །གློ་བུར་ཡར་གཤེགས་ལམ་ནི་རུ་ལག་བརྒྱུད། །ཕེབས་ཆིབས་འཁྲིད་མཁན་ལོ་ སྟེ་དགུ་སྣ་གོང༌། །ཞང་ཉང་བཟང་ཞེས་བྱ་བ་བློན་པོ་ཟུང༌། །ཆོས་ལ་དད་ཅན་གཉིས་ཀྱིས་ 6-1-67 མང་ཡུལ་བར། །ལེགས་སྐྱེལ་བྱས་ལ་བདུད་བློན་ཁ་ཅིག་གིས། །སྔགས་མཁན་དེ་ནི་ནུས་ མཐུ་ཆེ་བས་ན། །མ་བསད་བོད་ལ་བྱད་མ་བྱེད་པར་འོང༌། །ཟེར་ནས་ལྐོག་ཏུ་གཤེད་མ་ཆེས་ དཔའ་བ། །བཅོ་བརྒྱད་རྟ་ལ་བསྐྱོད་ནས་རྗེས་འདེད་བཏང༌། །སློབ་དཔོན་མང་ཡུལ་གུང་དུ་ ལེགས་ཕེབ་དུས། །ཞལ་ནས་ནངས་པར་འུ་ཅག་ལ་འཚེ་བའི། །གནོད་བྱེད་འོང་བར་འདུག་ གསུང་དེའི་ཕྱི་ཉིན། །དོང་བབས་འཕྲང་ལ་བྱོན་དུས་རྗེས་སྙེ ག་མཁན། །གཤེད་མ་བཅོ་ བརྒྱད་དང་འཕྲད་དེ་དག་གིས། །མཚོན་ཆ་ལག་ཏུ་བསྟར་ཏེ་སློབ་དཔོན་ལ། །བརྡེག་པར་ གཟས་ཙམ་མོད་ལ་གང་ཉིད་ཀྱིས། །ཕྱག་རྒྱ་བསྟན་པས་གནོད་བྱེད་དེ་ཐམས་ཅད། །ལུས་ ཀུན་འཇིམ་གཟུགས་ཇི་བཞིན་གཡོ་མེད་རེངས། །ངག་རྣམས་སྨྲ་བརྗོད་མ་ཤེས་ལྐུག་པར་ སོང༌། །དེ་ཡི་བར་ལ་སློབ་དཔོན་སྐྱེལ་མིར་བཅས། །ཕར་གཤེགས་གནོད་པས་མ་ཚུགས་ ཡུལ་ཕྱོགས་དེའི། །ལ་ཁ་ཞིག་ནས་ཚུར་ལ་ལྡོ ག་པའི་སྐབས། །སྐྱེལ་མ་གཉིས་ལ་སློབ་དཔོན་ ཞལ་ན་རེ། །དེང་ཆར་ང་ཉིད་བོད་དུ་འོང་བའི་དོན། །དེར་གནས་འདྲེ་སྲིན་ལྷ་ཀླུ་གདུག་ཅན་ རྣམས། །ལན་གསུམ་འདུལ་དགོས་པ་ལས་གཅིག་འཕྲོ་ལྷག །གསུམ་ཚང་མངའ་བདག་ རྒྱལ་པོའི་སྐུ་ཚེ་རིང༌། །ཆབ་སྲིད་ཆེ་ཞིང་རིགས་བརྒྱུད་ཐམས་ཅད་ཀྱང༌། །མངའ་ཐང་རབ་ རྒྱས་ཆོས་ཡུན་རིང་གནས་ལ། །དེ་འདྲའི་སྐལ་བ་མ་འགྲིགས་ཡིད་རབ་འགྱོད། །མ་འོངས་ ནམ་ཞིག་དུས་ན་ཆོས་འཁོར་གཅིག །འབྱོངས་ནས་དེར་ནི་འཁྲུག་པ་ཆེན་པོ་འོང༌། །ཆོས་ལ་ སྐེ ད་ཉག་བག་རེ་འབྱུང་བ་དང༌། །ཀླུ་དང་རྒྱལ་པོ་ཕུགས་སུ་ཞེ་བརྣག་འདུག །རྒྱལ་བརྒྱུད་ ཁྲིམས་ལ་མི་གནས་སིལ་བུར་འགྲོ །ཁྱོད་གཉིས་ཕྱིར་ལ་འགྲོ་བའི་ལམ་ཁ་ན། །ཁ་སང་འཚེ་ བྱེད་མི་རྣམས་རེངས་ཡོད་པ། །དེ་དག་རྣམས་ལ་ཡུངས་དཀར་སྔགས་རྫས་གཏོར། །ང་ནི་ས་ ཆ་འདི་ནས་འཛམ་གླིང་གི །ལྷོ ་ནུབ་མཚམས་སུ་སྲིན་པོ་འདུལ་དུ་འགྲོ །ཞེས་གསུངས་ཡུངས་ དཀར་སྤར་གང་གཏད་ནས་སུ། །ཆིབས་ཀྱི་ཁ་ནས་ནམ་མཁའ་ལ་འཕུར་ཏེ། །སྤྲིན་གྱི་གསེབ་ 6-1-68 ན་ཡར་ལ་ཇེ་མཐོར་བཞུད། །ཆོས་གོས་སྤུ་རེ་གསེག་ཤང་ཁྲོ་ལེ་བཅས། །ངོ་མཚར་བཀོད་པ་ དེར་གནས་ཀུན་གྱིས་མཐོང༌། །འདི་ཡི་ས་ཡུལ་བོད་རྣམས་གུང་ཐང་གི །ལ་ཐོག་ཡིན་པར་ གྲགས་མོད་དོན་ལ་ནི། །དོང་བབས་འཕྲང་གི་ཕ་རོལ་ཡིན་ལྟར་ན། །རྒྱ་བོད་མཚམས་ཀྱི་རི་ གཅིག་ཡིན་པར་བཞེད། །སྐྱེལ་མི་གཉིས་ཕྱིར་ལོག་སྐབས་གཤེད་མ་དག །ད་དུང་རེངས་ པ་རྣམས་ལ་རྫས་གཏོར་བས། །སྨྲ་ཤེས་འགྲོ་ནུས་ཉམས་པ་སླར་གསོ་བྱུང༌། །ཚུལ་དེ་རྒྱལ་ པོའི་སྙན་དུ་སོན་པ་ན། །བཙད་པོའི་ཐུགས་ནི་འགྱོད་པས་གདུང་གྱུར་ཏེ། །སློབ་དཔོན་ ཆོས་འཕྲོ་གང་ལུས་གསན་པའི་ཕྱིར། །དེ་ཕྱིས་པཎ་ཆེན་བི་མ་ལ་མི་ཏྲ། །ཤནྟི་གརྦྷ་ཆེད་ཀྱིས་ སྤྱན་དྲངས་ནས། །མངའ་བདག་ཐུགས་ལ་གང་དགོས་ཕྱོགས་རེ་གྲུབ། །དེ་ལྟར་བོད་རྗེས་ སློབ་དཔོན་གདན་དྲངས་སྐབས། །ཆོས་འཁོར་བསམ་ཡས་བཞེངས་པའི་ས་ཆོག་དང༌། །ཨཱརྱ་པ་ལོའི་གླིང་ལ་རབ་གནས་མཛད། །བོད་དུ་བཞུགས་ཡུན་བཀའ་ཆེམས་རྦ་རྒྱལ་ གཉིས། །ཟླ་བ་བཅོ་བརྒྱད་ཙམ་ལ་ཕྱོགས་མཚུངས་ཤིང༌། །དེ་སོགས་སྣ་ཚོགས་དུ་མའི་རོལ་ པ་གང༌། །དུས་ཡུན་ཐུང་བར་ཡུལ་གྲུ་མང་པོར་བྱོན། །དེ་དག་ཏུ་ཡང་ཆོས་མང་སྟོན་པ་དང༌། །ཆོས་ནོར་གཏེར་ཁ་དེ་སྙེ ད་སྦས་པ་སོགས། །མཐའ་ཡས་རྫུ་འཕྲུལ་མཆོག་ལ་མངའ་དབང་ འབྱོར། །སྐལ་བ་ལྡན་པའི་གང་ཟག་སོ་སོ་ལ། །རང་རང་ལས་འབྲེལ་དང་མཐུན་སྣང་བའི་ གར། །ཇི་ལྟར་ནོར་བུའི་ངོས་ལས་དགོས་འདོད་བཞིན། ། གུ་རུ་པདྨ་འབྱུང་གནས་ཀྱི་རྣམ་པར་ཐར་པ་ཐུན་མོང་དང་མཐུན་པ་ལས་གངས་ལྗོངས་ གདུལ་བྱ་ལ་གཟིགས་པའི་སྐབས་ཏེ་དྲུག་པའོ།། །། ༈ བདུན་པ་འགྲོ་ལྡི ང་འདུལ་བར་ཉེར་གཟིགས་ཚུལ། །རྒྱ་གར་ལྷོ ་ཕྱོགས་ནས་ནུབ་དྲང་ ཐད་དུ། །གྲུ་ལ་བརྟེན་ནས་བརྒལ་ཏེ་སོང་མཚམས་སུ། །རྒྱ་མཚོའི་དབུས་ཀྱི་གླིང་ཕྲན་ཆུང་ བའི་མིང༌། །ཌཱ་མི་ཊཱོ་དི་པ་ཞེས་བྱ་བ་ཡོད། །དེ་ཡང་སྔོན་དུ་སྲིན་པོ་མཁའ་འགྲོ་མ། །ནམ་ 6-1-69 མཁར་ལྡི ང་ཞིང་འགྲོ་བ་ཤ་སྟག་གིས། །གང་བའི་གནས་ཡིན་ཕྱིར་ན་དེ་སྐད་བརྗོད། །ཌཱ་མི་ ཊཱོ་ནི་འགྲོ་ལྡི ང་སྐད་དོད་ལ། །དེར་གནས་བུད་མེད་ཕལ་མོ་ཆེ་བ་ནི། །གདུག་པའི་མཁའ་ འགྲོ་མ་ཡི་རིགས་ཡིན་ཞིང༌། །དེ་དག་གིས་ནི་རིག་སྔགས་སྣ་ཚོགས་པ། །བྱེད་པའི་ཕྱིར་ ན་སྔགས་འཆང་མ་ཞེས་བྱ། །སྐྱེས་པ་གང་དག་འབྱུང་པོ་མི་གཟུགས་ཅན། །ཆེས་མང་ཡོད་ པའི་གནས་ཡུལ་དེ་འདུལ་ཆེད། །སློབ་དཔོན་པདྨ་འབྱུང་གནས་དེར་ཕེབ་སྟེ། །ཐོག་མར་ གླིང་དེའི་བྲག་ཕུག་ཅིག་ཏུ་བཞུགས། །སློབ་དཔོན་ཆེན་པོའི་དགོངས་པ་ལེགས་བཏང་བས། །ཡུལ་དེའི་བདག་མོ་མ་མོ་དྲུག་ཅུ་བཞིའི། །སྤྲུལ་པ་རྒྱལ་པོའི་བཙུན་མོ་སྔགས་འཆང་མ། །དྲུག་ཅུ་རྩ་བཞི་ཡོད་པ་དེ་རྣམས་ཀྱང༌། །ཏིང་ངེ་འཛིན་གྱི་མཐུ་ཡིས་དངོས་སུ་བཀུག །སྔགས་ དང་ཕྱག་རྒྱ་དྲག་པོས་གཟིར་བ་ཡིས། །བརྒྱལ་རེངས་ཚོར་བ་དྲག་པོ་གནད་དུ་ཕོག །ད་ནི་ སྦྱིན་སྲེག་ཐབ་ཏུ་སྲེག་གོ་ཞེས། །དྲག་ཤུལ་བསྡིགས་པས་མཁའ་འགྲོ་དེ་རྣམས་ཐུལ། །སློབ་ དཔོན་ཅི་གསུང་སྒྲུབ་པར་ཁས་བླངས་བྱས། །དེ་ནས་མཁའ་འགྲོའི་གཙོ་མོ་དེ་དག་གིས། །སྔགས་འཆང་མའི་རིགས་དབང་ཆེན་གཞན་རྣམས་ཀྱང༌། །ལེགས་བསྡུ་བྱེད་དུ་བཅུག་སྟེ་དེ་ ཐམས་ཅད། །འདུས་པ་ལ་ནི་གུ་རུས་ཆོས་བསྟན་ཏེ། །བཀའ་ཡིས་དམ་བཞག་དང་པོ་མཛད་ སྒོ་ཚུགས། །ལན་ཅིག་སློབ་དཔོན་གྲོང་ཁྱེར་དུ་བཞུད་སྐབས། །ཕྲ་མེན་སྔགས་འཆང་མ་ནི་ མང་པོ་ཡིས། །འཛམ་གླིང་མི་མང་ཁྲིད་ནས་ཟ་བར་གཟིགས། །དེ་རྣམས་འདུལ་ཕྱིར་བྲག་ ཕུག་ཅིག་གི་ནང༌། །ཉིད་ཀྱིས་ཁྲོ་བོའི་དཀྱིལ་འཁོར་ཆེན་པོ་བཞེངས། །མཁའ་འགྲོ་མ་རྣམས་ ཐམས་ཅད་དབང་མེད་དུ། །བཀུག་ནས་དྲག་ཤུལ་སྟོབས་ཀྱི་ཆེར་བསྡིགས་པས། །གཟི་ བརྗིད་མ་བཟོད་འབྲོས་པར་བརྩམས་པ་ལ། །དེ་ཀུན་ཡན་ལག་རྣམས་ལ་ཕུར་བས་བཏབ། །ཕྱིན་ཆད་འཛམ་བུའི་གླིང་པའི་མི་རྣམས་ལ། །ནམ་ཡང་གནོད་མི་བྱེད་པ་མནའ་བོར་ཞིང༌། །སེམས་བསྐྱེད་ཕོག་སྟེ་དམ་བཞག་གཉིས་པ་མཛད། །ཡང་ཅིག་སློབ་དཔོན་མགྲོན་ཁང་ཞིག་ 6-1-70 ཏུ་བྱོན། །དེ་ན་བུད་མེད་མང་པོས་སྣོ ད་མང་དུ། །ཆུ་ཚན་བསྐོ ལ་གྱིན་འདུག་པས་རེ་ཞིག་ན། །ཆུ་རྣམས་ལ་ལ་ཁྲག་དང་ལ་ལ་ཚིལ། །ལ་ལ་ཐིག་ལེ་ལ་ལ་ཤ་ཆེན་དང༌། །ལ་ལ་མར་ཁུ་ལ་ ལ་བུ་རམ་བཅུད། །ལ་ལ་འབྲུ་ཆན་ལ་ལ་ཆང་དུ་འགྲོ། །དེ་སོགས་གཟིགས་ནས་དེ་རྣམས་ ལ་དྲིས་པས། །སློབ་དཔོན་ངོ་མ་ཤེས་ཤིང་དྲང་སྨྲས་ནས། །འདི་དག་འཛམ་བུའི་གླིང་གི་མི་ རྣམས་ཀྱི། །ལུས་དང་ཟས་བཅུད་བཀུག་པ་ཡིན་ཞེས་ཟེར། །སློབ་དཔོན་ཞལ་ནས་ད་སྐབས་ ཁྱེད་རྣམས་ཀྱིས། །པདྨ་ཨཱ་ཀ་ར་ཡི་དྲུང་ཉིད་དུ། །གནོད་མི་བྱེད་པའི་མནའ་བསྒགས་མ་ ཡིན་ནམ། །གསུང་ལན་ངེད་རྣམས་དཔོན་མོས་མནའ་བོར་ཡང༌། །ཁོ་མོ་ཅག་གིས་དེ་ལྟར་ བྱས་མེད་ཟེར། །སྐབས་དེར་སྔར་གྱི་སྒྲུབ་ཕུག་དེ་ཉིད་དུ། །སློབ་དཔོན་ཉིད་ཀྱིས་དཀྱིལ་ འཁོར་བྲིས་ནས་སུ། །རིགས་སྔགས་འཆང་མ་གཙོ་འཁོར་ཀུན་བསྡུས་པས། །འབུམ་ཕྲག་ བཅུ་གཉིས་གྲངས་སུ་བྱུང་ཞེས་སྐད། །དེར་འདུས་སྔགས་འཆང་མཁའ་འགྲོ་ཐམས་ཅད་ ཀྱིས། །རང་རང་སྲོག་སྔགས་སྒྲུབ་ཐབས་གང་ཕུལ་བླངས། །གཙོ་མོ་རྣམས་ཀྱང་དཀྱིལ་ འཁོར་དུ་བཅུག་སྟེ། །ཡེ་ཤེས་དབང་བསྐུར་གནང་བའི་སྐལ་བར་གཟིགས། །འཁོར་རྣམས་ རང་རང་ལ་འཚམ་སེམས་བསྐྱེད་ཕོག །ཀུན་ཀྱང་གནོད་མི་བྱེད་པའི་མནའ་འདོར་བཅུག །བཀའ་ཡིས་དམ་བཞག་གསུམ་པ་དེ་སྐབས་མཛད། །གཞན་ཡང་ཡུལ་དེའི་གནོད་སྦྱིན་སྲིན་ པོ་དང༌། །ཀླུ་གཉན་གདུག་ཅན་རྣམས་ཀྱང་ལེགས་པར་བཏུལ། །ཡུལ་དེར་ཡི་དྭགས་བ་རྦཱ་ ཞེས་བྱ་བ། །རྒྱལ་པོའི་ཕོ་ལྷ་གདུག་རྩུབ་ཆེ་བ་ཅན། །སློབ་དཔོན་ཉིད་ཀྱིས་འདུལ་བའི་ ཐབས་ལ་ནི། །ཐོག་མར་རྒྱལ་པོ་བཏུལ་ན་ཞོར་བྱུང་དུ། །དེ་ཡང་ཐུལ་བར་མཁྱེན་ནས་ སངས་རྒྱས་ཀྱི། །བསྟན་པ་དར་ཕྱིན་མི་རྣམས་འདུལ་དགོས་དགོངས། །དེ་ནས་སློབ་དཔོན་ རྒྱལ་པོའི་ཕོ་བྲང་དང༌། །ཉེ་བའི་ནགས་ཚལ་ཞིག་ཏུ་ལེགས་བཞུགས་ཏེ། །དེར་ནི་རྒྱལ་པོའི་ བཙུན་མོ་ཐམས་ཅད་ཀྱང༌། །དཀྱིལ་འཁོར་མཆོད་པའི་གཟུངས་མ་བྱ་བའི་ཆེད། །ཉིད་ཀྱི་ 6-1-71 ཏིང་འཛིན་མཐུ་ཡིས་ཡང་ཡང་བཀུག །སྐབས་དེར་བཙུན་མོ་རྣམས་ཀྱང་རང་གནས་སུ། །མི་ སྡོད་པར་ནི་རྒྱལ་པོས་ཤེས་ནས་ཀྱང༌། །ཕལ་བའི་གཟུགས་སུ་བསྒྱུར་ཏེ་ཕྱི་བཞིན་འབྲངས། །བཙུན་མོའི་ཚོགས་ཀྱིས་སློབ་དཔོན་བསྐོ ར་འདུག་མཐོང༌། །རྒྱལ་པོ་ཁྲོས་ཏེ་ནངས་པར་ དམག་དང་བཅས། །མཚོན་ཆ་སྣ་ཚོགས་ཐོགས་བཞིན་སློབ་དཔོན་ཉིད། །དྲག་པོའི་དཔུང་ གིས་འཇོམས་པར་ཆས་པ་ན། །སློབ་དཔོན་གུ་རུས་ཡུངས་ཀར་གཏོར་བའི་མོད། །རྒྱལ་པོ་ གོ་མཚོན་དང་བཅས་འཁོར་མང་ཚིག །མི་རྣམས་ཕལ་ཆེར་ཡན་ལག་ནས་ཁྲག་འཛག །ལུས་ ནི་རེངས་ཤིང་ངག་ལྐུག་སེམས་མྱོས་ཏེ། །ཞག་གསུམ་བར་ལུས་འཆི་ལ་ཐུག་པའི་ཚེ། །སྐྱེ་བོ་ ཀུན་གྱིས་གུས་ཤིང་གསོལ་བཏབ་ངོར། །སློབ་དཔོན་བུམ་ཆུས་ལེགས་བཀྲུས་སྐད་ཅིག་ལ། །སྔར་བཞིན་ཐམས་ཅད་སླར་ཡང་བདེ་བར་གསོས། །ཚུལ་དེས་རྒྱལ་པོ་འཁོར་བཅས་ཆེར་ དད་དེ། །སློབ་དཔོན་ཞབས་ལ་གུས་པས་ཕྱག་བཙལ་ནས། །གང་གིས་གསུང་བཞིན་བསྒྲུབ་ པར་ལེགས་ཞུས་པས། །ཞལ་ནས་སངས་རྒྱས་བསྟན་པ་ཚུགས་ཤིག་གསུང༌། །ཇི་སྐད་བསྒོ་ བཞིན་རྒྱལ་པོས་ཡུལ་དབུས་ཀྱི། །མ་ག་དྷ་ནས་འདུལ་བ་མཁན་པོ་དང༌། །མདོ་སྡེ་མངོན་པ་ མཁན་པོ་སྤྱན་དྲངས་ཏེ། །བི་དྷཱ་ཨརྔྷཱ ་སུ་དྷ་ཞེས་བྱ་བའི། །གཙུག་ལག་ཁང་གསུམ་བཞེངས་ ནས་རབ་གནས་ཀྱང༌། །སློབ་དཔོན་ཉིད་ཀྱིས་མཛད་ཅིང་སྡེ་སྣོ ད་གསུམ། །བཤད་པ་ལག་ ལེན་རང་རྐང་ཚུགས་པ་དང༌། །རྒྱལ་པོ་འཁོར་བཅས་ལ་ཡང་ཟབ་ཆོས་ཀྱི། །གདམས་པ་ མང་དུ་གསུངས་ཤིང་སྐལ་བ་དང༌། །ལྡན་པའི་སློབ་མ་དྲུག་ལ་རྒྱུད་དྲུག་བཤད། །རྫོགས་ པའི་རིམ་དང་ལས་ཚོགས་མང་དུ་གསུངས། །སློབ་མ་དེ་དྲུག་གིས་ཀྱང་གྲུབ་པ་ཐོབ། །ཡུལ་ གྲུ་སོ་སོར་ལྷ་ཁང་ཆུང་ངུ་ལྔ། །བཞེངས་ཏེ་ཆུ་ཚོད་ཡན་ལ་དུས་གཅིག་གྲུབ། །དུས་ཕྱིས་འགྲོ་ ལྡི ང་གླིང་ན་པད་འབྱུང་གི །རང་ལུགས་དཔལ་ལྡན་ཟླ་གསང་ཐིག་ལེའི་རྒྱུད། །བཤད་སྒྲུབ་ ཇི་བཞིན་བྱེད་པ་ཤིན་ཏུ་མང༌། །གཞན་ཡང་རྡོ་རྗེ་སྙི ང་པོ་རྒྱན་གྱི་རྒྱུད། །ཕྱག་རྡོར་རྒྱུད་དང་ 6-1-72 རྡོ་རྗེ་གནྚ་རི། །གཤིན་རྗེའི་གཤེད་དང་རྟ་མགྲིན་ནག་པོ་ཆེ། །མ་མོ་བདུན་ལ་སོགས་པའི་ རྒྱུད་དང་ནི། །རྟོག་པ་ཆུང་ངུའི་སྡེ་ཡང་མང་པོ་ཡོད། །ཡུལ་དེར་མ་ཧཱ་ག་ནི་ཟེར་བའི་སྡེ། །སློབ་དཔོན་ཡེ་ཤེས་ཞབས་པའི་རྗེས་འབྲང་ཡིན། །ཡེ་ཤེས་ཐུགས་སྲས་བཞི་བཅས་གསུང་ ཁོ་ན། །རྩིས་སུ་ཆེ་ཞིང་བཤད་སྒྲུབ་སྲོལ་ཁ་རྒྱས། །དེར་ནི་པད་འབྱུང་ལུགས་ཀྱི་དགྱེས་རྡོར་ དང༌། །དཔལ་མཆོག་དང་པོ་རྒྱུད་འགྲེལ་བསྟན་བཅོས་བཅས། །གསང་འདུས་མན་ངག་ཟབ་ གནད་ལ་སོགས་པ། །སློབ་དཔོན་པདྨས་མཛད་པ་ཆེས་མང་ཞིང༌། །ཁྱད་པར་སྔགས་འཆང་ མཁའ་འགྲོ་མ་རྣམས་ཀྱང༌། །དམ་བཞག་དང་པོ་མཛད་པའི་གནས་དེ་ལ། །མ་བསྠཱ་ན་ཟེར་ ཞིང་དེ་ཕྱོགས་སུ། །སློབ་དཔོན་ཉིད་ཀྱིས་རིག་སྔགས་རྫུ་འཕྲུལ་ལས། །བྲག་ལ་ཕྱག་གིས་ བཅོས་པའི་མེ་ཐབ་ཡོད། །དམ་བཞག་ཕྱི་མ་གཉིས་ཀྱི་གནས་ཡུལ་ལ། །ཨཱ་ལྤསྠཱ་ཞེས་པའི་ ས་གནས་སུ། །མཁའ་འགྲོ་མ་རྣམས་ལ་བཏབ་ཕུར་བུའི་རྗེས། །སྟོང་ཕྲག་ཙམ་ཡོད་ད་ལྟར་ དངོས་སུ་མེད། །སྤྱིར་ནི་གྲུབ་པའི་ཕུར་བུ་དེ་དག་རྣམས། །སྐྱེ་བོ་ཕལ་བའི་སྤྱོད་ཡུལ་དུ་མི་ སྡོད། །ད་ལྟ་གཞན་རྣམས་ཡལ་ཀྱང་གཅིག་ཙམ་པ། །མ་འོངས་སེམས་ཅན་ཡིད་ཆེས་བྱ་བའི་ བསླད། །ཐོག་མའི་དུས་ན་ཕུར་བུའི་ཡེ་ཤེས་པ། །སློབ་དཔོན་ཉིད་ཀྱི་སྐུ་ལ་བསྟིམ་བྱས་ནས། །རྫས་ཀྱི་ཕུར་བུ་ཙམ་བཞག་དེའི་གནས་ཚུལ། །ད་ལྟ་གྲུབ་བྱེད་རྡོ་ཤིང་ཟངས་ལྕགས་སོགས། །གང་ཡིན་མཚོན་དུ་མེད་པ་མ་བཅོས་ཚུལ། །རང་བྱོན་ལྟ་བུ་ཆེ་ཁྱད་མིའི་བོངས་ཀྱི། །སུམ་ འགྱུར་ཙམ་ཞིག་ད་ལྟ་དངོས་སུ་ཡོད། །དེ་ཡང་ཐོག་མར་ཤིང་བཅོས་ཕུར་བུ་རྣམས། །དེ་དག་ འགྲུབ་པའི་དུས་ན་རབ་འཕེལ་ཞིང༌། །ཆེ་ཆུང་སློབ་དཔོན་ཐུགས་ཀྱིས་གང་བྱས་སུ། །འགྲོ་བ་ སྐུ་གསུང་ཐུགས་ཀྱི་སྣང་བ་སོགས། །ཡེ་ཤེས་ལྷ་ཡི་གསང་གསུམ་དངོས་འདྲ་བའི། །འབར་ ཕྲེང་ཀུན་ནས་འཁྲིགས་པ་ཞིག་གྱུར་ཏེ། །སྐབས་དེར་ཕྲ་མེན་སྔགས་འཆང་གཙོ་མོ་ཞིག །རྫུ་ འཕྲུལ་སྟོབས་ཀྱིས་ལུས་ནི་རི་རྒྱལ་ཙམ། །བསྒྱུར་ནས་གཞན་དུ་འབྲོས་པར་བརྩམས་པ་ན། 6-1-73 །སློབ་དཔོན་གྲུབ་པའི་ཕུར་བུ་དེ་ཉིད་ཀྱང༌། །སྐད་ཅིག་གནས་འགྱུར་ལྷུན་པོ་ཆེ་ཙམ་གྱུར། །སྐབས་དེའི་ཕྲ་མེན་ལུས་ལ་ཉེ་བར་བཏབ། །སྒོ་གསུམ་ནུས་སྟོབས་མཐའ་དག་ཉམས་པར་ བྱས། །དེ་ནས་སླར་ཡང་ཕུར་བའི་ཡེ་ཤེས་པ། །སློབ་དཔོན་ཉིད་ཀྱི་སྐུ་ལ་བསྟིམས་བྱས་ནས། །འོད་འཕྲོ་མེ་འབར་ལ་སོགས་ཞི་ནས་ཀྱང༌། །ལྷག་རོ་ལུས་པའི་ཚུལ་དུ་དེ་གྱུར་སྐད། །དེ་ ལྟར་སློབ་དཔོན་མཆོག་གི་གསང་གསུམ་གྱི། །མཛད་བཟང་གང་འདུལ་དེར་འཚམས་རོལ་ འདི་མཚར། ། གུ་རུ་པདྨ་འབྱུང་གནས་ཀྱི་རྣམ་པར་ཐར་བ་ཐུན་མོང་དང་མཐུན་པ་ལས་འགྲོ་ལྡིང་ གདུལ་བྱར་གཟིགས་པའི་སྐབས་ཏེ་བདུན་པའོ།། །། ༈ བརྒྱད་པ་རྔ་ཡབ་གླིང་དུ་གཤེགས་པའི་ཚུལ། །དེ་ལྟར་ཐུན་མོང་ཡོངས་ཀྱི་སྣང་ངོ་ ཙམ། །འགྲོ་ལྡི ང་ཡུལ་དེར་སློབ་དཔོན་པདྨ་ཉིད། །ཚུལ་མཐོང་ཕལ་མོ་ཆེ་བའི་མཐུན་སྣང་ དུ། །ལོ་ནི་བཅུ་གཉིས་ལྷག་ཙམ་བཞུགས་ནས་ཀྱང༌། །དེ་མཐར་ཡུལ་དེའི་གདུལ་བྱ་རེ་ཞིག་ རྫོགས། །སྲིན་པོ་གདུལ་བར་བྱ་བའི་དུས་སུ་གཟིགས། །དེར་ཕེབས་ཆས་ཚེ་ཐོག་མར་སློབ་ དཔོན་གྱིས། །སྐུ་ལུས་རྫུ་འཕྲུལ་བཀོད་ཆེན་མངའ་དབང་བསྒྱུར། །སློབ་དཔོན་བླ་གོས་ གཤོག་པའི་ཚུལ་དུ་བྱས། །བར་སྣང་ནམ་མཁའི་ལམ་ནས་གྱ་གྱུར་གཤེགས། །ལྷོ ་ནུབ་རྔ་ ཡབ་སྲིན་པོ་གླིང་དུ་བཞུད། །དེར་ནི་ཕྱི་ངོར་སྲིན་པོ་འདུལ་ཕྱིར་དང༌། །ནང་དུ་ཆོས་ལོང་སྤྲུལ་ གསུམ་དག་ཞིང་བཟུང༌། །གང་ལ་གང་འདུལ་ཟབ་རྒྱས་ཆོས་ཆར་གྱིས། །གདུལ་བྱ་སྨིན་ གྲོལ་ལམ་བཀོད་རྒྱུན་མི་ཆད། །གཞན་ཡང་སློབ་དཔོན་གུ་རུ་པད་འབྱུང་གིས། །མཛད་ཚུལ་ བསྟན་པ་འདི་ཙམ་མ་ངེས་ཏེ། །འཕགས་པའི་ཡུལ་དུ་གྲུབ་དབང་བི་རུ་པ། །ལཱུ་ཡི་པ་དང་ཛ་ ལནྡྷ་རི་པ། །ལ་སོགས་ངོ་མཚར་དུ་མའི་རྣམ་རོལ་གྱིས། །སྐལ་བ་རང་འཚམས་རྣམས་ལ་དེ་ ལུགས་སྟོན། །དབང་པོ་ཆེས་བཟང་དག་ལ་ཐུན་མོང་དུ། །སྐུ་གསུང་མཚར་བཀོད་ཆད་མེད་ 6-1-74 རྟག་ཏུ་གནས། །གཞན་ཡང་སློབ་དཔོན་མཆོག་གིས་གང་འདུལ་གྱི། །ཞིང་ཁམས་འཛམ་ གླིང་ཡུལ་གྲུ་སོ་སོའི་ཆ། །ཧུར་མུ་ཛུ་དང་སི་ཀ་དྷ་ར་དང༌། །དྷ་ན་ཀོ་ཤ་རུག་མ་ཞེས་བྱ་བའི། །གླིང་སོགས་ཡུལ་ནི་སྣ་ཚོགས་ཆེས་མང་དུ། །མཛད་ཕྲིན་རང་རང་འཚམས་པའི་རྣམ་བཀོད་ ཀྱིས། །འགྲོ་འདུལ་དུས་སུ་གང་བབ་མཐའ་དག་ལ། །དུས་སུ་ནམ་ཡང་མི་གཡེལ་དོན་ཆེར་ མཛད། །སྲིན་ཡུལ་དང་པོ་འགྲོ་ལྡི ང་འདུལ་བའི་སྐབས། །ཐུན་མོང་སློབ་དཔོན་སྐུ་འདིའི་ རྣམ་བཀོད་ཀྱིས། །སྔགས་འཆང་མ་དང་སྲིན་པོ་ཐམས་ཅད་བཏུལ། །དེར་གནས་མཐའ་ དག་གསང་ཆེན་ཐེག་པར་བཙུད། །སྲིན་ཡུལ་གཉིས་པ་རྔ་ཡབ་གླིང་འདུལ་ཚེ། །ཕྱི་ངོར་སྲིན་ པོ་ཡོངས་ཀྱི་མངའ་བདག་ཆེ། །རྒྱལ་པོ་རཀྴ་ཐོད་ཕྲེང་དུ་ུསྤྲུལ་ཏེ། །ཟ་བྱེད་སྲིན་པོ་གང་ཡོད་ གཉའ་ནོན་མཛད། །ནང་ལྟར་སྐུ་གསུམ་དག་ཞིང་ལེགས་བཟུང་སྟེ། །གདུལ་བྱ་གང་དག་བློ་ མཐུ་དང་འཚམས་པར། །པདྨ་འོད་ཀྱི་གཞལ་ཡས་ཆེན་པོ་ནས། །ཁམས་དབང་དང་མཐུན་ ཟབ་རྒྱས་ཆོས་ཀྱིས་འདུལ། །དེ་ལྟར་པདྨའི་རིགས་མཆོག་གསུང་དབང་ཕྱུག །ངོ་མཚར་སྤྲུལ་ པའི་རོལ་གར་མཐའ་ཡས་ལས། །སློབ་དཔོན་གཟུགས་ཀྱིས་འགྲོ་ཁམས་འདུལ་བའི་ཚུལ། །དེ་ལ་ཡ་མཚན་གུས་པས་རེ་འདོད་གསོལ། ། ༈ ཨེ་མ་ཧོ། རྨད་བྱུང་ངོ་མཚར་ཆོས་སྐུ་དམ་པའི་བདག །དགེ་ལེགས་སྐྱེ་དགུའི་བདེ་ སྐྱིད་འཇོ་བའི་དཔྱིད། །རིས་སུ་མ་ཆད་མཁའ་མཉམ་ཡོངས་བརྡལ་བས། །མ་ལུས་འགྲོ་ལ་ དགེ་མཚན་ལེགས་མངོན་མཛོད། །རང་སྣང་འོག་མིན་ཞིང་ཁམས་འབྱམས་ཀླས་པར། །ངེས་ པ་ལྔ་ལྡན་ཞིང་གི་གཙོར་བཞུགས་པ། །སྒྱུ་མའི་རོལ་པ་ཡ་མཚན་ཆེ་བའི་གར། །གང་འདུལ་ ཡིད་ལ་མཛའ་བའི་དཔལ་ཐོབ་ཤོག །རབ་འབྱམས་སྤྲུལ་བཀོད་དག་དང་མ་དག་ཞིང༌། །གདུལ་བྱའི་སྣང་བ་གང་དང་འཚམས་པའི་འཕྲུལ། །འབད་མེད་ལྷུན་གྲུབ་ནོར་བུའི་དགོས་ འདོད་བཞིན། །རང་རང་ལ་འོས་རེ་འདོད་སྐོ ང་བར་མཛོད། །གང་འདུལ་སྒྱུ་མའི་འཕྲུལ་ཆེན་ 6-1-75 མཁའ་མཐར་བརྒལ། །སྤྲུལ་བཀོད་རྣམ་པ་མཆོག་ཀུན་ལྡན་པའི་ཕུལ། །འཛམ་གླིང་ནོར་ འཛིན་ཐིག་ལེར་འགྲོ་འགའི་ངོར། །ཨུ་རྒྱན་རྒྱལ་རིགས་བློན་སྲས་གང་གིས་སྐྱོངས། །དཔལ་ ལྡན་པདྨའི་རིགས་ཆེན་དག་པའི་གཤིས། །སྤངས་རྟོགས་ཡོངས་སུ་རྫོགས་ཀྱང་ཐབས་ཚུལ་ གྱིས། །དགོངས་ཆེན་གསར་དུ་བརྙེས་པའི་ཟོལ་ལ་བརྟེན། །སློབ་དཔོན་མཆོག་གྱུར་གུ་རུའི་ ཐུགས་རྗེས་གཟིགས། །རླབས་ཆེན་མཛད་ཕྲིན་ཕྱོགས་དུས་རིས་མེད་པར། །མཁའ་མཐར་ གདུལ་བྱའི་དཔལ་དུ་བརྡལ་བ་ལས། །ཕྱོགས་རེར་རང་འཚམས་བརྟུལ་བཞུགས་སྤྱོད་ པའི་མགོན། །པདྨ་འབྱུང་གནས་བྱིན་རླབས་དུས་སུ་སྐྱོལ། །གསང་བ་གསུམ་གྱི་ཡོན་ཏན་ དཔགས་ཡས་ཤིང༌། །ལྷུན་གྲུབ་དུས་སུ་མི་ཡོལ་མཛད་ཆེན་གྱིས། །གང་འདུལ་ལུས་ཅན་ འདུལ་བའི་ཞིང་གཟིགས་ཏེ། །སྙི གས་འགྲོ་ཡོངས་ལ་ཕན་བདེའི་སྒོ་ཕྱེས་ཤིག །སྔོ ན་ཚེ་པདྨ་ སཾ་བྷ་གང་ཉིད་ཀྱིས། །འཕགས་ཡུལ་གདུལ་བྱར་ཕན་བདེ་ལེགས་སྤེལ་སྐབས། །གནོད་པ་ ཕྱིར་བཟློ གས་ལེགས་ཚོགས་སྒོ་ཕྱེ་བ། །ཇི་བཞིན་དུས་ཀྱི་མཐའ་འདིར་མཐུ་མ་ཆུང༌། །ཁྱད་ པར་བསིལ་ལྗོ ངས་ཡུལ་གྱི་སྐྱེ་འགྲོ་ཀུན། །ཉེར་འཚེ་བྲལ་ཞིང་བདེ་འབྱོར་གང་བྱུང་ཚད། །སློབ་དཔོན་མ་ཧཱ་གུ་རུའི་མཐུ་ཁོ་ན། །དེ་ཕྱིར་ད་དུང་ཡང་ནི་ཐུགས་རྗེས་ཟུང༌། །བར་དུ་འགྲོ་ ལྡི ང་ཡུལ་གྱི་མ་མོ་དང༌། །སྲིན་པོའི་རིགས་གྱུར་འདུལ་སླད་དཀྱིལ་འཁོར་གྱི། །རྣམ་པ་མང་ པོ་ལེགས་བཞེངས་དེ་ཐམས་ཅད། །སྨིན་གྲོལ་མཆོག་ཐོབ་ཇི་ལྟར་དེང་འདིར་མཛོད། །ད་ ལྟ་ཐ་མ་ལྷོ ་ནུབ་རྔ་ཡབ་གླིང༌། །རྗེས་བཟུང་རྣམ་བཀོད་སྒྱུ་མའི་རོལ་ཆེན་གྱིས། །སྲིན་པོའི་ གནས་དང་མི་ཡུལ་འཛམ་གླིང་ཀུན། །ཅིག་ཆར་འདྲེན་པའི་སྐལ་བཟང་མཆོག་ཏུ་སྨོན། །རྒྱལ་ཀུན་གསུང་གི་རྣམ་རོལ་སྤྲུལ་པའི་སྐུ། །པདྨ་འབྱུང་གནས་འགྲོ་འདུལ་དུས་བབས་ མགོན། །འཛམ་གླིང་བྱེ་བ་ཕྲག་བརྒྱའི་ཞིང་ཀུན་ཏུ། །ངོ་མཚར་སྤྲུལ་པའི་རོལ་གར་ཆད་མེད་ ཤོག །དཔལ་ལྡན་ཡེ་ཤེས་དབང་ཕྱུག་གསུང་གི་རྗེ། །ཕྱོགས་ཀྱི་འཁོར་ལོའི་ཕ་མཐར་ལེགས་ 6-1-76 བརྒལ་བ། །མཛད་ཕྲིན་སྒྱུ་མའི་མཚར་བཀོད་རིས་བྲལ་འདིས། །འཁོར་བ་སྲིད་དུ་བསྟན་ འགྲོ་སྐྱོངས་ཤིག་ཀྱཻ། ། གུ་རུ་པདྨ་འབྱུང་གནས་ཀྱི་རྣམ་པར་ཐར་བ་ཐུན་མོང་དང་མཐུན་པ་ལས་རྔ་ཡབ་ཏུ་ གཤེགས་ཚུལ་དང་རེ་ཞུ་བཅས་ཀྱི་སྐབས་ཏེ་བརྒྱད་པའོ།། །། ༈ དེ་ལྟར་སློབ་དཔོན་རྟོགས་བརྗོད་རྡོ་རྗེའི་ཚིག །ངོ་མཚར་རོལ་བའི་རྣམ་ཐར་ཆེ་བ་ བརྒྱད། །གཏམ་རྒྱུད་ཐུན་མོང་ངོར་ཙམ་ཆེས་ཁུངས་བཙུན། །ཕྱོགས་འདིའི་ཆ་ནས་གཞན་ ལས་ཁྱད་པར་ཆེ། །ཆོས་ཁུངས་ཡིན་ལུགས་རྒྱ་གར་གྲུབ་པའི་དབང༌། །སློབ་དཔོན་ཞུ་བ་ སྦས་པས་གསུང་རྒྱུན་དང༌། །འགྲོ་ལྡི ང་ཡུལ་གྱི་སློབ་དཔོན་ལྷའི་འབྱུང་ལྡན། །དེ་འདྲའི་ སློབ་དཔོན་ཚད་མར་གྱུར་པ་ཟུང༌། །དངོས་སློབ་མཁས་གྲུབ་གཉིས་ལྡན་རིམ་བརྒྱུད་ཀྱི། །ཞལ་ནས་དངོས་ཐོབ་འཇམ་མགོན་བླ་མ་ཡི། །མཁྱེན་རབ་གཏེར་དུ་ལེགས་བསྐྱེལ་ཁུངས་ དང་ལྡན། །གཞན་ཡང་རྙིང་བཀའ་མང་པོའི་ཞལ་མཐུན་པར། །གང་གསུང་དག་གི་རྗེས་སུ་ འབྲང་བྱས་ནས། །ལོ་རྒྱུས་གཏམ་རྒྱུད་དེ་དག་ཆེས་གསལ་བཀོད། །འདི་དག་པཎ་གྲུབ་རྡོ་ རྗེའི་མངོན་ཤེས་མཆོག །ལེགས་པར་མངའ་བ་རྣམས་ཀྱི་གཟིགས་ཇི་བཞིན། །མཁས་གྲུབ་ སྐྱེས་ཆེན་དམ་པ་ཆེས་མང་གི །སྙན་དུ་བརྒྱུད་པའི་གསུང་སྒྲོས་དྲི་མ་མེད། །དེ་དག་དགོངས་ པ་གུང་བསྒྲིགས་ཞིབ་གཏུགས་བྱས། །དེ་ཕྱིར་འདི་ནི་ངོ་མཚར་རྨད་ཀྱི་ཆོས། །གནས་ཚུལ་ འདི་ལས་དོར་བྱ་མེད་པ་དང༌། །ངོ་མཚར་གཏམ་རྒྱུད་བསྣན་པ་བྱས་ཆོག་ཅིང༌། །གཞན་ཡང་ བོད་ཀྱི་གདམས་ངག་དང་འབྲེལ་བའི། །གཏམ་རྒྱུད་ཡ་མཚན་ཅན་མང་སྤྲོས་བསྐྱུང་ཚུལ། །དཔལ་ལྡན་འཁོར་ལོ་སྡོམ་པ་སྒྱུ་མའི་གར། །ངུར་སྨྲིག་དགེ་བའི་བཤེས་ཀྱི་ཟོལ་བསྒྱུར་བ། །འཇམ་མགོན་ཀུན་དགའ་སྙི ང་པོའི་གསུང་གི་གསང༌། །སྐལ་བཟང་དད་པའི་རྐྱེན་དུ་ཚིགས་ སུ་བཅད། །ཉེ་བར་བསྒྲིགས་འདིའི་རབ་དཀར་དྲི་མེད་ཚོགས། །མ་ལུས་བསྟན་འགྲོས་ 6-1-77 གསོས་སུ་ལེགས་སྨིན་ཏེ། །གསུང་གི་རྡོ་རྗེ་བདེ་ཆེན་པདྨའི་རིགས། །གང་གི་དགོངས་ཀློང་ རོ་གཅིག་ཉིད་གྱུར་ཅིག །དེ་བར་གནས་སྐབས་ཀུན་ཏུ་བདག་སོགས་ཀྱི། །ཡང་དག་ཟབ་ ཆོས་ཁོ་ནའི་ཟིལ་བཅུད་མྱང༌། །དུས་མཐར་བསྟན་འགྲོ་ཡོངས་ལ་ཕན་ཐོགས་ཏེ། །རླབས་ ཆེན་ཕྲིན་ལས་ཕྱོགས་མཐར་ལེགས་རྒྱས་ཤོག །བཀྲ་ཤིས་དགེ་མཚན་གསར་བའི་དཔལ་ ཡོན་འཕྱུར། །ཀུན་བཟང་ཐུགས་ཀློང་ཞི་ཁྲོ་རོལ་བའི་རྒྱན། །ངོ་མཚར་གསང་གསུམ་ཆེ་བ་ མཁའ་ཁྱབ་བརྡལ། །སྲིད་གསུམ་བསོད་ནམས་དབང་ཐང་འབར་གྱུར་ཅིག ། ཅེས་སློབ་དཔོན་རྡོ་རྗེའི་སྐུ་བརྙེས་པད་འབྱུང་གི་རྣམ་པར་ཐར་བ་ཐུན་མོང་དང་མཐུན་པ་བཀའ་མ་ཡོངས་གྲགས་རབ་ གསལ་སྣང་བ་རྡོ་རྗེའི་མེ་ལོང་ཞེས་བྱ་བ་འདི་ཡང་སྔ་སོར་བཟོ་གསོའི་རིག་པའི་གནས་ལ་བློ་མིག་བཀྲ་བ་མཉྫུ་ཤྲཱིས། གུ་རུའི་རྣམ་ ཐར་རྒྱ་གར་མ་ཚིགས་སུ་བཅད་པ་ཉེར་བསྐུལ་ལ་བརྟེན། དེང་དུས་སུ་རྣམ་ཐར་གསུང་སྒྲོག་གི་སྲོལ་ལའང་ལེགས་མཁོའི་རྐྱེན་ དུ་དམིགས་ནས་ཆོས་མཆེད་དམ་པའི་ལྷག་བསམ་དགེ་བའི་ཐུགས་མོས་ཀྱིས་དགེ་མཚན་རྟེན་འབྲེལ་ལེགས་ཞུས་དངོས་རྫས་ དར་གོས་གདུགས་བཟང་རིན་ཆེན་གཉིས་པ་བ་སོའི་ལག་གདུབ་བུ་རམ་བཞེས་སྤྲོ་སོགས་གནང་སྦྱིན་བཅས་ཆེས་མཛེས་ཡིག་ རིས་ལེགས་བཞེངས་ཀྱི་ཐུགས་འགན་རྒྱ་ཆེ་བའི་ལེགས་བསྐུལ་མཛད་ཅིང༌། ཉེ་ཆར་ཆོས་ལ་སྤྲོ་སེམས་ཅན་བིདྱ་ཤྲཱིས་ཆ་རྐྱེན་སྒོ་ གང་ནས་རེམ་པ་སོགས་ཀྱི་ངོར། མ་ཏིས་ཚིགས་བཅད་ཤར་མར་སྤེལ་བའི་བསྟན་འགྲོ་ལ་དུས་སུ་ལེགས་སྒོ་འབྱུང་བའི་ཆ་རྐྱེན་ དུ་ཤོག་ཅིག། །། 6-1-78 ༄༅། །གུ་རུ་མཚོ་སྐྱེས་རྡོ་རྗེའི་རྣམ་པར་ཐར་པ་ཐུན་མིན་དག་སྣང་རྒྱན་ གྱི་འཁོར་ལོ་ལས་ཆ་ཙམ་མངོན་པར་བརྗོད་པ་བདེ་ཆེན་ རྡོ་རྗེ་གཟི་འབར་ཞེས་བྱ་བ་ བཞུགས་སོ།། ༄༅། །ཨ໋་ཨཱཿཧཱུཾ་བཛྲ་གུ་རུ་པདྨ་སིདྡྷི་ཕ་ལ་ཧཱུྃ་ཨ་ལ་ལ་ཨེ་མ་ཧོ། གུ་རུ་མཚོ་སྐྱེས་རྡོ་ རྗེའི་རྣམ་པར་ཐར་བ་ཐུན་མིན་དག་སྣང་རྒྱན་གྱི་འཁོར་ལོ་ལས་ཆ་ཙམ་མངོན་པར་བརྗོད་པ་ དཔལ་དང་པོའི་སངས་རྒྱས་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། ། ཆོས་སྐུ་འོད་གསལ་རྡོ་རྗེའི་སྙི ང་པོའི་ཞིང༌། །ཀ་དག་གྲོལ་གཞིར་གདོད་ནས་རང་བཞིན་ གྱིས། །མངོན་བྱང་ཆུབ་པ་ཐོག་མའི་མགོན་པོ་ཉིད། །འོད་མི་འགྱུར་བས་གང་འདུལ་རོལ་ གར་སྟོན། །རང་སྣང་ལོངས་སྐུ་ཚངས་པ་རྔ་སྒྲའི་ཞིང༌། །ཡེ་ཤེས་རིགས་ལྔ་གངས་ཆེན་མཚོ་ ཡི་འཕྲུལ། །ངེས་པ་ལྔ་ལྡན་བཀོད་པ་འབྱམས་ཀླས་སུ། །རང་ཤར་གདུལ་ཞིང་མཆོག་ལ་ དགའ་སྟོན་ཕོབ། །ཕྱིར་སྣང་སྤྲུལ་སྐུ་ཚངས་ཆེན་ཞིང་གི་གནས། །གང་འདུལ་རིགས་ལྔའི་ མཚར་བཀོད་ཡ་མཚན་པ། །རང་འཚམས་སྣང་ལ་རིས་སུ་ཆད་མེད་སྤྲོ། །པདྨ་ཀུན་ཏུ་འཆང་ ལ་གུས་ཕྱག་འཚལ། །དེ་ལས་ཆོ་འཕྲུལ་རྣམ་རོལ་ཕྱོགས་བཅུའི་ཞིང༌། །ཚད་མེད་རྣམས་ དང་བྱེ་བྲག་མི་མཇེད་འདིར། །མཚན་ངེས་མདོ་སྔགས་སྟོན་པ་བརྒྱ་རྩ་བཅས། །ལྔ་བཅུའི་ འཇིག་རྟེན་ཁམས་སུ་སྒྲོན་མེ་མཛད། །རེ་རེ་ལས་ཀྱང་ཕྱོགས་མཚམས་ཞིང་རྣམས་སུ། །གུ་རུ་ མཚན་མཆོག་བརྒྱད་པོ་དེ་སྙེ ད་སྤྲུལ། །འདིར་མ་ཟད་པར་གཞན་ཡང་དག་སྣང་ཚུལ། །ཡེ་ 6-1-79 ཤེས་མཚོ་རྒྱལ་དག་པའི་གཟིགས་ངོ་ལྟར། །ཕྱོགས་བཅུའི་ཞིང་དུ་རྡོ་རྗེ་གངས་ཆེན་མཚོ། །བཞུགས་པ་དེ་དག་བ་སྤུའི་ཁུང་བུ་རེར། །ཞིང་ཁམས་བྱེ་བ་ཕྲག་བརྒྱ་དེ་སྙེ ད་ཚང༌། །ཞིང་ དེར་འཇིག་རྟེན་ཁམས་ནི་བྱེ་ཕྲག་བརྒྱ། །དེ་རྣམས་སུ་ནི་གུ་རུ་བྱེ་བ་ཕྲག །བརྒྱ་རེ་བྱོན་ནས་ དེ་དག་རེ་རེས་ཀྱང༌། །རྣམ་འཕྲུལ་བཀོད་པ་བྱེ་བ་བརྒྱ་སྙེ ད་འགྱེད། །སྤྲུལ་སྐུ་དེ་ཀུན་རང་ རང་དང་འཚམས་པར། །གདུལ་བྱ་བྱེ་བ་ཕྲག་བརྒྱ་རེ་འདུལ་ཞིང༌། །ངོ་མཚར་མཛད་ཆེན་དེ་ ལུགས་བསམ་ཁྱབ་དཀའ། །གཞན་ཡང་བྱེ་བྲག་འཛམ་གླིང་འདི་ཉིད་དུ། །པད་འབྱུང་མཛད་ ཚུལ་ཐ་དད་སྣང་བའི་གར། །གདུལ་བྱའི་ཡིད་ཀྱི་རྗེས་འགྲོ་ངོ་མཚར་བ། །ཕུར་བ་བཀའ་ མའི་ལོ་རྒྱུས་སོགས་ལྟར་དང༌། །འཕགས་ཡུལ་གདུལ་བྱ་ཕལ་ཆེར་སྣང་ངོ་བཞིན། །ཨོ་རྒྱན་ རྒྱལ་པོའམ་བློན་པོ་གང་རུང་གི །སྐུ་སྲས་སུ་འཁྲུངས་མཛད་ཚུལ་ཐུན་མོང་དང༌། །འཚམས་ པར་སྤྲུལ་བའི་ཟློ ས་གར་ཅིར་ཡང་རྩེན། །གཏེར་ཕྱོགས་ཕལ་ཆེར་བརྫུས་སྐྱེས་མཚར་བཀོད་ དང༌། །ཁ་ཅིག་སྣང་ངོར་རི་བོ་མ་ལ་ཡ། །གནམ་ལྕགས་ཡོད་པའི་རྩེ་མོར་ཐོག་བབས་སུ། །ལེགས་བྱོན་སྤྲུལ་པའི་མཛད་བཟང་ཡ་མཚན་པ། །སྣ་ཚོགས་སྟོང་ཕྲག་གཅིག་དང་བརྒྱ་ ཕྲག་དགུ། །འདིས་མཚོན་གསང་གསུམ་རོལ་བ་མཐའ་ཡས་འཆར། །དེ་འདྲའི་ཆེ་བའི་རྣམ་ ཐར་ནམ་མཁའ་དང༌། །མཚུངས་པ་ལས་ཀྱང་ཆེས་ཕྲའི་སྤྱོད་ཡུལ་ཙམ། །འགྲོ་འདི་གེགས་ཞི་ ལེགས་ཚོགས་ཉེར་འབྱུང་ཆེད། །ཆོས་གཏམ་སྒྲོག་ལ་སྤྲོ་བ་ཨེ་མ་ཧོ། །དེ་ཡང་གཏེར་ཕྱོགས་ དག་པའི་སྣང་བ་ལྟར། །མཚོ་སྐྱེས་པད་འབྱུང་སྤྲུལ་སྐུའི་མཛད་ཚུལ་དང༌། །དབང་ཕྱུག་ཡུམ་ ལྔའི་རྣམ་འཕྲུལ་གཟུངས་མ་ལྔ། །ཐུགས་སྲས་རྗེ་འབངས་བཅས་ཀྱི་རྟོགས་བརྗོད་གླེང༌། །མཛད་བཟང་རྣམ་ཐར་ས་བཅད་གསུམ་གྲངས་ལས། །དང་པོ་གུ་རུ་མཆོག་གི་རྣམ་ཐར་ནི། །རིག་འཛིན་རྣམ་བཞིའི་དགོངས་ཆེན་བརྙེས་ཚུལ་གྱིས། །གསང་སྔགས་བསྟན་པ་ཡོངས་ཀྱི་ མངའ་བདག་རྗེ། །གྲུབ་པའི་བརྟུལ་ཞུགས་མཐར་ཕྱིན་སྙི གས་འགྲོས་མགོན། །རྣམ་སྨིན་ 6-1-80 རིག་འཛིན་དགའ་སྟོན་སྤྱོད་པའི་ཚུལ། །ཆོས་སྐུ་ཀུན་བཟང་རྩ་གསུམ་རྒྱ་མཚོའི་གཞི། །འོད་ དཔག་མེད་མགོན་ཡེ་ཤེས་རོལ་པའི་རྒྱན། །ལོངས་སྤྱོད་རྫོགས་སྐུ་འཕགས་མཆོག་སྤྱན་ རས་གཟིགས། །གང་འདུལ་སྤྲུལ་སྐུ་རྣམས་ལས་མཚོ་སྐྱེས་རྗེ། །མཛད་བཟང་ཕྱོགས་རེའི་ སྣང་ངོར་གང་འདི་ན། །འཛམ་གླིང་ས་ཡི་ལྟེ ་བ་འཕགས་པའི་ཡུལ། །བསྐལ་བཟང་རྣམ་ འདྲེན་སྟོང་རྩ་འཁྲུངས་པའི་གནས། །རྒྱ་གར་ནུབ་ཕྱོགས་ཨོ་རྒྱན་མཁའ་འགྲོའི་ཞིང༌། །དེ་ ཡི་ཤར་ལྷོ ་བྱང་གི་ཕྱོགས་གསུམ་དུ། །རྒྱ་མཚོ་ཆེན་པོ་རེ་རེ་ཡོད་པ་ལས། །ལྷོ ་ནས་ནུབ་དུ་ ཉེ་བ་སྲིན་ཡུལ་དང༌། །ཐག་མི་རིང་བ་རྒྱ་མཚོ་ཆེ་བའི་དབུས། །སངས་རྒྱས་འོད་དཔག་མེད་ པའི་བྱིན་རླབས་ལས། །ལེགས་བྱུང་པདྨའི་སྡོང་པོ་ལོ་འདབ་དང༌། །མེ་ཏོག་རབ་རྒྱས་ཁ་དོག་ སྣ་ཚོགས་སྦུབས། །ཟེའུ་འབྲུའི་རྩེ་ལ་བདེ་ལྡན་ཞིང་མགོན་གྱི། །ཐུགས་ནས་གསེར་གྱི་རྡོ་ རྗེ་ཧྲཱིཿས་མཚན་སྤྲོས། །དེ་ལས་ཁྱེའུ་ཆུང་ལོ་བརྒྱད་ན་ཚོད་ཅན། །མཚན་དང་དཔེ་བྱད་ཀྱིས་ བརྒྱན་མཛེས་འོད་འབར། །རྡོ་རྗེ་པདྨ་འཛིན་པ་ཞིག་ཏུ་སྤྲུལ། །དེར་བཞུགས་གང་གིས་ལྷ་ དང་མཚོ་གླིང་གི །མཁའ་འགྲོ་མ་རྣམས་ལ་ནི་ཟབ་ཆོས་སྟོན། །དེའི་ཚེ་ཨོ་རྒྱན་ཡུལ་གྱི་རྒྱལ་ པོ་ནི། །ཨིནྡྲ་བོ་དྷི་ཞེས་བྱར་སྲས་མེད་ཕྱིར། །དེ་ལ་སྲས་མཆོག་ལེགས་སྐལ་ཐོབ་པའི་ཆེད། །དཀོར་མཛོད་ཐམས་ཅད་སྦྱིན་པ་བཏང་བ་ཡིས། །མཐར་ནི་ཟད་དེ་སླར་ཡང་འགྲོ་ཕན་དོན། །རྒྱ་མཚོའི་གླིང་དུ་ནོར་བུ་བླངས་ནས་ཀྱང༌། །ཚུར་བྱོན་ལམ་ཁར་པད་སྡོང་སྤྲུལ་པའི་སྐུར། །ཐོག་མར་ཆོས་བློན་ཏྲིག་ན་འཛིན་གྱིས་མཇལ། །དེ་ནས་རྒྱལ་པོས་མཇལ་ཏེ་སྲས་སྐལ་ བྱས། །ཕོ་བྲང་ནང་དུ་ཆེ་བསུས་ལེགས་སྤྱན་དྲངས། །ཁྲི་ལ་བཞུགས་ནས་མཆོད་བཀོད་དང་ བཅས་ཏེ། །རྒྱལ་བློན་འབངས་འཁོར་ཀུན་གྱི་གཙུག་གིས་བཀུར། །པདྨ་འབྱུང་གནས་མཚོ་ སྐྱེས་རྡོ་རྗེ་ཞེས། །རང་རིགས་དང་མཐུན་མཚན་ནི་ཐོག་མར་གསོལ། །འདོད་འབྱུང་ནོར་ བུའི་མཐུ་ལས་ལེགས་བྱུང་བའི། །རིན་ཆེན་ཁྲི་བཟང་སྟེང་ན་སྲས་སྐལ་མཆོག །སྤྲུལ་པའི་ 6-1-81 སྐུ་ཉིད་བཞུགས་སུ་གསོལ་ནས་ཀྱང༌། །ཟས་གོས་རིན་ཆེན་ཆར་གྱིས་སྐྱེ་བོ་ཀུན། །དབུལ་ བའི་སྡུག་བསྔལ་བསལ་ནས་ཚིམས་པར་བྱས། །སྲས་སྐལ་གཞོན་ནུའི་རོལ་རྩེད་སྣ་ཚོགས་ ཀྱིས། །གདུལ་བྱ་མཐའ་ཡས་པ་དག་ལེགས་སྨིན་མཛད། །མཁའ་འགྲོ་འོད་འཆང་མ་ནི་ཁབ་ ཏུ་བཞེས། །ཨོ་རྒྱན་རྒྱལ་སྲིད་ཆོས་བཞིན་ལེགས་བསྐྱངས་པས། །དེའི་ཚེ་རྒྱལ་པོ་ཐོར་ཅོག་ ཅན་དུ་གྲགས། །དེ་སྐབས་རེ་ཞིག་ནས་ནི་ཁོང་ཉིད་ཀྱི། །དགོངས་ཉམས་སུ་ནི་ད་ལན་བདག་ གིས་ཀྱང༌། །རྒྱལ་སྲིད་བཟུང་བས་གཞན་དོན་ཆེར་མི་འགྲུབ། །དགོངས་ནས་ཚུལ་དེ་ཡབ་ལ་ ནན་ཞུས་ཀྱང༌། །མ་གནང་ཐབས་མཁས་ཚུལ་གྱི་རྩེད་གར་མཛད། །དེར་བརྟེན་རྩེ་གསུམ་ ཤོར་བའི་བརྫུ་བག་གིས། །བདུད་བློན་བུ་ཡི་རྣམ་ཤེས་དབྱིངས་སུ་སྤར། །ཕྱི་ཚུལ་བུ་བསད་ ཁྲིམས་འགལ་ཕོག་ཟོལ་གྱིས། །དུར་ཁྲོད་དུ་སྤྱུགས་བསིལ་ཚལ་དགའ་བའི་ཚལ། །སོ་ས་ གླིང་རྣམས་སུ་ནི་བརྟུལ་ཞུགས་མཛད། །དེ་ཚེ་མཁའ་འགྲོ་བདུད་འདུལ་ཆེན་མོ་དང། །ཞི་ བ་མཚོ་ཡིས་དབང་བསྐུར་བྱིན་རླབས་མཛད། །སྐབས་དེར་དུར་ཁྲོད་དུ་གནས་མཁའ་འགྲོའི་ ཚོགས། །མ་ལུས་པ་དག་ཟིལ་གནོན་དབང་བསྡུས་ཚེ། །ཤཱནྟ་རཀྵི ་ཏ་ཞེས་མཚན་དུ་གྲགས། །དྷ་ན་ཀོ་ཥའི་མཚོ་གླིང་དུ་བྱོན་ཏེ། །གསང་སྔགས་མཁའ་འགྲོའི་བརྡ་སྐད་ཀྱིས་བསྒྲུབ་པས། །མཚོ་དེའི་གླིང་གི་མཁའ་འགྲོ་དབང་དུ་འདུས། །རྩུབ་འགྱུར་ཚལ་དུ་སྦྱོད་པ་མཛད་པའི་ཚེ། །རྡོ་རྗེ་ཕག་མོས་ཞལ་བསྟན་བྱིན་གྱིས་བརླབས། །རྒྱ་མཚོའི་ནང་གནས་ཀླུ་དང་བར་སྣང་གི །གཟའ་སྐར་ཐམས་ཅད་བཀའ་དང་དམ་ལ་བཞག །གནས་གསུམ་དཔའ་བོ་མཁའ་འགྲོ་མ་ རྣམས་ཀྱིས། །དངོས་གྲུབ་ལེགས་བསྩལ་གསང་བའི་མཚན་མཆོག་ཀྱང༌། །རྡོ་རྗེ་དྲག་པོ་རྩལ་ དུ་གྲགས་པའོ། །དེ་ནས་རྡོ་རྗེ་གདན་དུ་ལེགས་བྱོན་ཏེ། །མཛད་པའི་ཆོ་འཕྲུལ་སྣ་ཚོགས་རབ་ བསྟན་པས། །དེར་གནས་མི་རྣམས་ཀྱིས་ནི་འདི་སྐད་དྲིས། །ཁྱོད་ཉིད་སུ་ཞིག་ཡིན་ཟེར་ལན་ དུ་ཡང༌། །ཁོང་གིས་ང་ནི་གདོད་ནས་རང་བྱུང་གི །སངས་རྒྱས་ཡིན་པར་ཞལ་གྱིས་ལེགས་ 6-1-82 བཞེས་སྐབས། །འགའ་ཞིག་དེར་ཡིད་མ་ཆེས་སྐུར་བ་བཏབ། །དེ་ཚེ་དགོས་དབང་མང་དུ་ གཟིགས་ནས་ཀྱང༌། །ཟ་ཧོར་ཡུལ་དུ་ལེགས་བྱོན་དེར་བཞུགས་ཀྱི། །སློབ་དཔོན་པྲ་བྷ་ཧ་སྟི་ ཞེས་བྱའི་དྲུང༌། །རབ་བྱུང་ཚུལ་གྱིས་བསྙེ ན་པར་རྫོགས་པ་མཛད། །སྐབས་དེའི་མཚན་ལ་ ཤཱཀྱ ་སེང་གེར་གྲགས། །སློབ་དཔོན་དེའི་མདུན་ཡོ་གའི་རྒྱུད་སྡེ་རྣམས། །གྲངས་ཚར་བཅོ་ བརྒྱད་གསན་པས་དེ་ཉིད་དུ། །ཡི་དམ་མང་པོའི་ལྷ་ཞལ་མངོན་སུམ་མཐོང༌། །དེ་ནས་མཁའ་ འགྲོ་གསང་བ་ཡེ་ཤེས་ཉིད། །མཚན་ནི་ཀུན་དགའ་དབང་མོ་ཞེས་བྱ་བ། །དགེ་སློང་མ་ཡི་ རྣམ་པར་ལེགས་བཞུགས་དྲུང༌། །གསང་ཆེན་ཟབ་མོའི་དབང་བསྐུར་ཞུ་བའི་སྐབས། །བླ་མ་ མཁའ་འགྲོའི་སློབ་མ་ཧཱུཾ་ཡིག་ཏུ། །བསྒྱུར་ཏེ་ཞལ་དུ་མིད་ནས་ཁོང་པའི་ནང༌། །ཕྱི་ནང་གསང་ བའི་དབང་བསྐུར་རྫོགས་པར་མཛད། །དེ་ནས་པདྨོར་ཕྱིར་བཏོན་སྒྲིབ་གསུམ་སྦྱངས། །བི་ མ་མི་ཏྲ་འཇམ་དཔལ་བཤེས་གཉེན་དང༌། །ཀླུ་སྒྲུབ་སྙི ང་པོ་དྷ་ན་སཾ་ཏྲི་ཏ། །ལ་སོགས་རིགས་ འཛིན་ཆེན་པོ་བརྒྱད་རྣམས་ལས། །བདུད་རྩི་འཇམ་དཔལ་པདྨ་མ་མོ་ཡི། །ཞི་ཁྲོའི་ཆོས་སྐོ ར་ ལ་སོགས་སྒྲུབ་སྡེ་གསན། །མཁའ་འགྲོ་ལས་ཀྱི་དབང་མོར་བཀའ་བརྒྱད་དང༌། །རིགས་ ལྡན་པད་དཀར་དུས་འཁོར་ཆོས་རྣམས་ཞུས། །སངས་རྒྱས་གསང་བ་ལས་ཀྱང་སྒྱུ་འཕྲུལ་སྡེ། །ཤྲཱི་སིང་ཧ་དྲུང་ནས་རྫོགས་ཆེན་སྐོ ར། །དེ་སོགས་འཕགས་ཡུལ་མཁས་གྲུབ་མང་པོ་ལས། །མདོ་རྒྱུད་རིག་པའི་གནས་རྣམས་ཐམས་ཅད་གསན། །ཚར་རེས་གཞུང་དོན་མ་ལུས་ཁོང་དུ་ ཆུད། །མ་བསྒྲུབས་པར་ཡང་ལྷ་ཞལ་མང་དུ་གཟིགས། །མཚན་ནི་བློ་ལྡན་མཆོག་སྲེད་ཅེས་ སུ་གྲགས། །དེ་དག་གིས་ནི་རྣམ་སྨིན་རིག་པ་འཛིན། །མཐར་ཕྱིན་པ་ཡི་མཛད་ཚུལ་བསྟན་པ་ འོ། ། གུ་རུ་མཚོ་སྐྱེས་རྡོ་རྗེའི་རྣམ་ཐར་ལས་རྣམ་སྨིན་རིག་འཛིན་བརྙེས་ཚུལ་གྱི་སྐབས་ཏེ་དང་ པོའ།ོ ། །། 6-1-83 ༈ དེ་ནས་ཡི་དམ་བསྒྲུབས་ཤིང་ཞལ་གཟིགས་ཚུལ། །བསིལ་ཚལ་ཧཱུཾ་ཆེན་བྲག་ དང་འཇིགས་བྱེད་ཚུལ། །པད་བརྩེགས་རོལ་གླིང་ཚལ་དང་ལྷུན་གྲུབ་བརྩེགས། །བདེ་ ཆེན་བརྡལ་དང་ལོ་ཀ་བརྩེགས་ཞེས་པའི། །འཇིགས་རུང་དུར་ཁྲོད་བརྒྱད་ལ་སྒྲུབ་སྡེའི་ རིགས། །བདུད་རྩི་ཡོན་ཏན་ཡང་དག་གཤིན་རྗེ་དང༌། །པདྨ་ཕུར་བ་མ་མོ་རྦོད་གཏོང་ལྷ། །འཇིག་རྟེན་མཆོད་བསྟོད་དམོད་པ་དྲག་སྔགས་སྡེ། །རེ་རེའི་དཀྱིལ་འཁོར་ཞལ་ཕྱེ་ལྷ་ཞལ་ གཟིགས། །ཆོས་སྡེ་ཡོངས་རྫོགས་སྒོ་ནས་གྲུབ་པ་ཐོབ། །རྩ་གསུམ་རིགས་ཀྱི་བདག་པོར་ མངའ་དབང་བསྒྱུར། །རིག་འཛིན་བླ་མའི་སྤྱི་རྗེ་མཆོག་ཏུ་གྱུར། །དེ་མཚམས་ཤིག་ནས་ཟ་ ཧོར་ཡུལ་དུ་བྱོན། །རྒྱལ་པོ་གཙུག་ལག་འཛིན་གྱི་སྲས་མོ་ནི། །ལྷ་ལྕམ་མནྡྷཱ་ར་བ་ཞེས་ བྱ་བ། །མཁའ་འགྲོའི་མཚན་དང་ལྡན་པ་དེ་དབང་བསྡུས། །སྒྲུབ་རྟེན་ཕྱག་རྒྱ་མོར་ནི་ཁྲིད་ ནས་སུ། །བྲག་ཕུག་མ་ར་ཏི་ཀར་ཚེ་སྒྲུབ་ཐབས། །ཟླ་བ་གསུམ་དུ་མཛད་པའི་དེ་སྐབས་སུ། །མགོན་པོ་ཚེ་དཔག་མེད་པ་དངོས་སུ་བྱོན། །དབང་བསྐུར་ཉིད་དང་གཉིས་མེད་བྱིན་གྱིས་ བརླབས། །ཚེ་རྒྱུད་བྱེ་བ་ཕྲག་བརྒྱ་ལེགས་གནང་བས། །ཚེ་ལ་དབང་བའི་རིག་འཛིན་དངོས་ གྲུབ་བརྙེས། །སྐྱེ་འཆི་མེད་པ་རྡོ་རྗེའི་སྐུར་གྲུབ་ནས། །ཟ་ཧོར་རྒྱལ་ཁམས་འདུལ་བའི་དོན་ དུ་གཤེགས། །བསོད་སྙོ མ་མཛད་པས་རྒྱལ་བློན་ལོག་སེམས་ཀྱིས། །གདུག་པའི་གནོད་ཚེ་ མེ་ལ་བསྲེགས་པ་ན། །ཏིལ་མར་མཚོར་འཁྱིལ་དབུས་སུ་པད་སྡོང་རྩེར། །གུ་རུ་ཡབ་ཡུམ་ གཉིས་བཞུགས་རྫུ་འཕྲུལ་བསྟན། །དེར་གནས་ཀུན་ཀྱང་དད་པས་ཆོས་ལ་བཀོད། །ཐམས་ ཅད་ཕྱིར་མི་ལྡོ ག་པའི་ས་ལ་བཞག །སླར་ཡང་ཨོ་རྒྱན་རྒྱལ་ཁམས་འདུལ་བའི་ཕྱིར། །བསོད་ སྙོ མས་ལ་ཕེབས་ཡུལ་མི་དེར་གནས་རྣམས། །སྔར་གྱི་དེ་ངོ་ཤེས་ནས་བདུད་བློན་སོགས། །གནོད་པའི་སྦྱོར་བས་ཙནྡན་མེ་ལ་བསྲེགས། །དེས་ཀྱང་གནོད་མེད་མཚོ་དབུས་དེ་ཉིད་དུ། །པདྨའི་སྡོང་པོ་རབ་རྒྱས་ཟེའུ་འབྲུའི་རྩེར། །ཡབ་ཡུམ་གཉིས་བཞུགས་འགྲོ་རྣམས་འཁོར་བ་ 6-1-84 ལས། །སྒྲོལ་བར་མཚོན་ཕྱིར་ཐོད་ཕྲེང་སྐུ་ལ་གསོལ། །ངོ་མཚར་ཆོ་འཕྲུལ་བཀོད་པ་དེར་ བསྟན་པས། །མཚན་ཡང་པདྨ་ཐོད་ཕྲེང་རྩལ་དུ་གྲགས། །ཟ་ཧོར་རྒྱལ་པོས་སྙི ང་ནས་དད་ པས་བཀུར། །བླ་མཆོད་མི་ལོ་བཅུ་གསུམ་བར་དུ་མཛད། །རྒྱལ་ཁམས་ཐམས་ཅད་ཆོས་ལ་ བཀོད་ནས་ཀྱང༌། །བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་སྨིན་གྲོལ་བསྩལ། །རྒྱལ་པོ་ཡབ་ཡུམ་ལ་ སོགས་ལུས་ཅན་ཀུན། །མཆོག་གི་རིག་འཛིན་གྲུབ་པའི་དགའ་སྟོན་སྤྱོད། །དེར་མཚན་པདྨ་ རྒྱལ་པོ་ཞེས་གསོལ་ཞིང༌། །སྤྱོད་ཡུལ་རྣམ་པར་འཕྲུལ་བའི་མདོ་ལུང་བཞིན། །རྒྱལ་པོ་མྱ་ ངན་མེད་པ་འདུལ་བའི་སླད། །དགེ་སློང་དབང་པོའི་སྡེ་ཞེས་བྱ་བར་སྤྲུལ། །ཆོས་བསྟན་རྒྱལ་ པོ་ཉིད་ལ་ལེགས་ཕན་མཛད། །ཕྱིར་མི་ལྡོ ག་པའི་དད་པ་ལ་སྦྱར་ནས། །འཛམ་བུའི་གླིང་དུ་ ནུབ་མོ་གཅིག་ཉིད་ལ། །དེ་བཞིན་གཤེགས་པའི་རིང་བསྲེལ་སྙི ང་པོ་ཅན། །མཆོད་རྟེན་བྱེ་ བ་སྒྱུ་མའི་འཕྲུལ་བཞིན་བཞེངས། །མུ་སྟེགས་རྒྱལ་པོ་བསྟན་ལ་གནོད་སྟོབས་ཅན། །འགའ་ ཞིག་གནས་སྤར་བ་དང་ཐབས་ཀྱིས་བཏུལ། །རྒྱལ་པོ་གནོད་སེམས་ཅན་ཞིག་དུག་དྲངས་ པས། །རྐྱེན་དེས་མ་ཚུགས་ཆུ་བོ་གངྒཱ་ལ། །ལེགས་བསྒྱུར་ཆུ་གྱེན་བསྐྱིལ་བའི་རྫུ་ུའཕྲུལ་ བསྟན། །ནམ་མཁའ་ལ་ནི་རྩེད་མོའི་གར་མཛད་པས། །དེ་མཚན་ཁྱེའུ་ཆུང་མཁའ་ལྡི ང་ རྩལ་དུ་གྲགས། །གཞན་ཡང་གུ་རུའི་རྣམ་པར་འཕྲུལ་བ་ཡང༌། །དགྱེས་རྡོར་རྒྱུད་སྤྱན་འདྲེན་ མཛད་མཚོ་སྐྱེས་དང༌། །གྲུབ་ཆེན་བརྒྱ་རྩའི་སྤྱི་མེས་ས་ར་ཧ། །རྣལ་འབྱོར་དབང་ཕྱུག་ཌོཾ་བི་ ཧེ་རུ་ཀ །བི་རུ་པ་དང་ནག་པོ་སྤྱོད་ཆེན་མཆོག །ཏིལླི་པ་དང་ཙཎྜ་གོ་མི་སོགས། །སྐུ་ཡི་བཀོད་ པ་མཚན་གྱི་རྣམ་གྲངས་ཚུལ། །སྣ་ཚོགས་དུ་མ་གདུལ་བྱའི་ཁམས་བཞིན་བསྟན། །ཡངས་པ་ ཅན་དང་ལི་ཡུལ་བལ་བོ་སོགས། །ཡུལ་གྲུ་མང་པོར་བསྟན་འགྲོའི་དོན་ཆེན་མཛད། །སྐུ་ལ་ རྫོགས་སོགས་དུར་ཁྲོད་ཆེན་པོར་ཕེབས། །མཁའ་འགྲོ་མ་རྣམས་ལ་ནི་སྔགས་ཆོས་བསྟན། །ཕྱི་དང་ནང་གི་དྲེགས་ཆེན་ཐམས་ཅད་ཀྱིས། །སྲོག་སྙི ང་ཕུལ་བ་བླངས་ནས་བསྟན་སྲུང་ 6-1-85 བཀོད། །མཛད་ཆེན་དེ་འདྲ་གནང་བའི་མཚན་སྙན་ཀྱང༌། །ཉི་མ་འོད་ཟེར་ཞེས་བྱར་རབ་ ཏུ་གྲགས། །ཡུལ་དབུས་རྡོ་རྗེ་གདན་དུ་མི་སྟེགས་ཀྱི། །སྟོན་པ་ལྔ་བརྒྱས་ནང་པའི་བསྟན་པ་ ལ། །འགྲན་རྒོ ལ་བྱེད་པའི་ཚེ་ན་རྩོད་པ་དང༌། །ནུས་མཐུ་བསྟན་པས་གུ་རུ་མཆོག་ཉིད་རྒྱལ། །མུ་སྟེགས་རྣམས་ཀྱིས་ངན་སྔགས་སྒྲུབ་པའི་ཚེ༌། །གུ་རུས་མཁའ་འགྲོ་བདུད་འདུལ་མས་ ཕུལ་བའི༌། །རླབས་ཆེན་དྲག་སྔགས་སྟོབས་ཀྱིས་ཕྱིར་བཟློ གས་ཏེ། །ཐོག་ཆེན་ཕབ་ནས་ སྟོན་པ་རྣམས་ཀྱང་བསྒྲལ། །གྲོང་ཁྱེར་གང་དེ་མེ་ལ་བསྲེགས་ནས་སུ། །ལྷག་མ་སངས་རྒྱས་ པ་ཡི་བསྟན་ལ་བཙུད། །ཆོས་ཀྱི་རྒྱལ་མཚན་དགུང་དུ་སྒྲེང་བའི་ཚེ། །སེང་གེ་སྒྲ་སྒྲོག་ཅེས་ པའི་མཚན་ཡང་གསོལ། །འདི་ཡན་ཟག་པ་གསུམ་ཟད་ལམ་གྱི་མཆོག །ཡོངས་རྫོགས་ཚེ་ དབང་རིག་འཛིན་ཚུལ་བཞུགས་ཏེ། །སྐྱེ་འཆི་བགྲེས་རྒུད་བྲལ་བའི་རྡོ་རྗེའི་ཚེ། །འཇིག་མེད་ ཉི་ཟླ་དང་མཉམ་མཆོག་ལ་དབང༌། །རིག་འཛིན་དེ་མཐར་ཕྱིན་ཚུལ་ལེགས་པར་མཛད། ། གུ་རུ་མཚོ་སྐྱེས་རྡོ་རྗེའི་རྣམ་ཐར་ལས་ཚེ་དབང་རིག་འཛིན་བརྙེས་ཚུལ་གྱི་སྐབས་ཏེ་ གཉིས་པའོ།། །། ༈ དེ་ནས་མཛད་བཟང་དེ་འདྲ་ལ་བརྟེན་ཅིང༌། །འདི་ནས་རེ་ཞིག་ཚེ་ན་རྒྱ་བལ་མཚམས། །ཡང་ལེ་ཤོད་ཀྱི་བྲག་གི་ཕུག་ཆེན་དུ། །བལ་བོའི་རྒྱལ་པོ་དགེ་འཛིན་སྲས་མོ་ནི། །བལ་མོ་ ཤཱཀྱ ་དེ་བ་ཞེས་བྱ་བ། །སྒྲུབ་རྟེན་མཛད་ནས་དཔལ་ཆེན་ཡང་དག་གི །སྒོ་ནས་མཆོག་གི་ དངོས་གྲུབ་ལེགས་སྒྲུབ་ཚེ། །འདྲེ་སྲིན་མཐུ་བོ་ཆེ་གསུམ་བར་ཆད་བྱས། །ལོ་གསུམ་བར་ དུ་ཆར་བ་མ་བབས་ཅིང༌། །ཡུལ་དེར་ནད་དང་མུ་གེ་བཏང་བ་ལས། །གུ་རུ་མཆོག་གིས་རྒྱ་ གར་ཡུལ་ཕྱོགས་སུ། །བླ་མ་རྣམས་ལས་བར་ཆད་འདུལ་བའི་ཆོས། །ལེན་མི་བཏང་བས་ ཕུར་བ་རྩ་རྒྱུད་ཀྱི། །ལུང་གི་ཟབ་ཆོས་མི་ཁུར་གཉིས་བརྫངས་པ། །ཕེབས་ཙམ་གྱིས་ནི་བར་ ཆད་རང་ཞིར་སོང༌། །ཡུལ་དེར་ཆར་བབས་ནད་མུག་རྒྱུན་ཆད་ཅིང༌། །ཡབ་ཡུམ་གཉིས་པོ་ 6-1-86 མཆོག་གི་དངོས་གྲུབ་བརྙེས། །ཕྱག་རྒྱ་ཆེན་པོའི་རིག་འཛིན་སྐུར་བཞེངས་ནས། །དེ་སྐབས་ གུ་རུའི་ཐུགས་ཀྱི་དགོངས་པ་ལ། །ཡང་དག་དངོས་གྲུབ་ཆེ་ཡང་ཚོང་པ་འདྲ། །བར་ཆད་མང་ བར་འདུག་ཀྱང་ཕུར་བ་ནི། །སྐྱེལ་མ་འདྲ་བའི་མེད་དུ་མི་རུང་བར། །གཟིགས་ནས་ཡང་ ཕུར་སྦྲགས་མའི་སྒྲུབ་ཐབས་མཛད། །ཕུར་སྲུང་བཅུ་དྲུག་ལ་སོགས་སྲིད་པ་ཡི། །ཕོ་རྒྱུད་ མོ་རྒྱུད་ཐམས་ཅད་དམ་ལ་བཏགས། །མཚོ་སྐྱེས་གུ་རུ་མཆོག་གི་རྣམ་པར་འཕྲུལ། །གཞན་ ཡང་དུས་སྐབས་ཅི་རིགས་པར་ཡང་ནི། །ཨོ་རྒྱན་གླིང་ཕྲན་ཧུརྨུ་ཛ་དང་ནི། །སི་ཀོ་དྷ་ར་དྷ་ ན་ཀོ་ཤའི་ཡུལ། །རུག་མ་ཏི་ར་ཧུ་ཏི་ལ་སོགས་པ། །ཐ་རའི་རྒྱལ་ཁམས་རྣམས་དང་ཀཱ་མ་ རུ། །ལ་སོགས་ཡུལ་གྲུ་རྣམས་སུ་སྐལ་བ་དང༌། །འཚམ་པར་གདུལ་བྱ་རྣམས་ལ་ཆོས་སྟོན་ མཛད། །ཐུན་མོང་དངོས་གྲུབ་ཐབས་ཚུལ་སྣ་ཚོགས་པས། །སེམས་ཅན་མང་པོ་ལ་ནི་ཕན་ བཏགས་ཤིང༌། །ཡུལ་གྲུ་ཆུ་མེད་རྣམས་སུ་གྲུབ་ཆུ་བཏོན། །ཧ་ཅང་གནོད་འགལ་ཆེ་བའི་ཆུ་ ཆེན་རྣམས། །ས་འོག་ཏུ་བཅུག་རྒྱ་གར་ཤར་ལྷོ ་དབུས། །རྣམས་སུ་མུ་སྟེགས་ལྷ་རྟེན་རང་ བྱུང་བ། །རྣམས་ཀྱིས་ནང་པའི་བསྟན་ལ་ཤིན་ཏུ་གནོད། །དེ་ཚེ་རྡོ་རྗེ་ཕུར་བའི་དཀྱིལ་འཁོར་ བཞེངས། །སྟོབས་ནུས་རླབས་པོ་ཆེ་བས་དེ་ཚར་བཅད། །གཉྩའི་ཡུལ་དུ་ནང་པ་སངས་རྒྱས་ པའི། །ཆོས་སྡེ་ཤིན་ཏུ་དར་བར་ཡོད་པ་ལ། །ཏུ་རུ་ཥྐ་ཡི་རྒྱལ་པོས་དམག་དྲངས་སྐབས། །ཆུ་ ཀླུང་ནཱི་ལར་དམག་རྣམས་གྲུར་ཞུགས་ཚེ། །སློབ་དཔོན་ཉིད་ཀྱིས་སྡིགས་མཛུབ་མཛད་པ་ ཡིས། །དམག་གྲུ་ལྔ་བརྒྱ་གང་དག་ཆུ་བོར་བྱིངས། །ཕྱིན་ཆད་ཏུ་རུ་ཥྐ་ཡི་གནོད་རྒྱུན་ཆད། །འགྲོ་ལྡི ང་ཡུལ་བྱོན་དུས་སུ་ཡུལ་དེ་ཡི། །མཁའ་འགྲོ་མ་དང་མི་དང་མི་མིན་བཏུལ། །གཙུག་ ལག་ཁང་མང་བཞེངས་བཅུག་སློབ་དཔོན་འདིའི། །བཀའ་སྲོལ་དགྱེས་རྡོར་ཟླ་གསང་ཐིག་ ལེ་དང༌། །ཡང་དག་རྟ་མགྲིན་ཕུར་བ་མ་མོས་གཙོར། །རྒྱུད་སྡེ་བཞི་ཡི་ཉན་བཤད་བསམ་ སྒོམ་ཚུལ། །ད་ལྟའི་བར་དུ་དར་ཞིང་རྒྱས་པར་བཞུགས། །སྤྱིར་ན་ཡུལ་དེར་ནམ་བྱོན་ཆེར་མི་ 6-1-87 གསལ། །འདི་ནས་ལྷོ ་ནུབ་སྲིན་ཡུལ་དུ་བཞུད་པར། །རྒྱ་གར་གཏམ་ཁུངས་ཡིད་ཆེས་ཅན་དུ་ གྲགས། །ཐུན་མིན་གདུལ་བྱའི་སྣང་ངོར་སློབ་དཔོན་ཉིད། །ལོ་ནི་སུམ་སྟོང་དྲུག་བརྒྱའི་ཡུན་ ཚད་དུ། །འཕགས་ཡུལ་ན་བཞུགས་བསྟན་འགྲོའི་དོན་མཛད་པར། །ངོ་མཚར་མཛད་ཚུལ་དེ་ འདྲའི་རྣམ་བཀོད་སྟོན། །གང་ལ་གང་འདུལ་ཐབས་ཚུལ་བསམ་མི་ཁྱབ། །གཞན་ཡང་ཧོར་ དང་རྒྱ་རྣམས་འདུལ་བ་ལ། །རྒྱལ་པོ་མངོན་ཤེས་ཅན་དང་རྣལ་འབྱོར་པ། །སྟོབས་ལྡན་མཐུ་ ནུས་ཅན་དུ་སྤྲུལ་པ་དང༌། །ཞང་ཞུང་ཡུལ་དུ་ཏཱ་སི་ཧྲི་ཙ་ཞེས། །རང་བྱུང་ཁྱེའུ་མཆོག་ཏུ་རབ་ སྤྲུལ་ཏེ། །རྫོགས་ཆེན་སྙན་བརྒྱུད་ཟབ་མོའི་གདམས་ངག་གིས། །སྐལ་ལྡན་ལུས་འཕྲོ་བཟང་ པོ་སྨིན་པ་དག །འཇའ་ལུས་འོད་སྐུར་ངེས་པར་བསྐྱེལ་བས་མཚོན། །ཡུལ་དང་སྐད་རིགས་ མི་གཅིག་རྒྱལ་ཁམས་སུ། །གང་འདུལ་ཕྲིན་ལས་སྣ་ཚོགས་རོལ་གར་གྱིས། །སྐལ་བཟང་ སྐྱེ་དགུ་རྣམས་ཀྱང་ཡང་དག་པའི། །བདེ་ཆེན་ཐར་ལམ་མཆོག་ཏུ་བཀོད་པའོ། །དེ་འདྲའི་ ངོ་མཚར་ཡེ་ཤེས་རྣམ་པར་འཕྲུལ། །ཅི་དགར་སྤྱོད་མཛད་ཕྱག་ཆེན་རིག་འཛིན་དཔལ། །མཐར་ཕྱིན་གོ་འཕང་དམ་པར་མངའ་དབང་བསྒྱུར། །མཚོ་སྐྱེས་བླ་མའི་ཕྱོགས་རེའི་གསང་ གསུམ་ཚུལ། ། གུ་རུ་མཚོ་སྐྱེས་རྡོ་རྗེའི་རྣམ་ཐར་ལས་ཕྱག་ཆེན་རིག་འཛིན་བརྙེས་ཚུལ་གྱི་སྐབས་ཏེ་ གསུམ་པའོ།། །། ༈ དེ་ནས་ལྷུན་གྲུབ་ཡེ་ཤེས་རྣམ་རོལ་རྒྱན། །གང་འདུལ་འཚམ་པར་དེར་སྣང་སྒྱུ་འཕྲུལ་ གར། །གདུལ་བྱའི་ཡིད་ཀྱི་རྗེས་འགྲོ་ཡ་མཚན་ངོམ། །ཐུགས་བརྩེའི་མཛད་བཟང་དཔའ་བོ་ འགྲོ་མགོན་རྗེ། །གང་གི་ལེགས་མཛད་སྤྱི་དང་ཁྱད་པར་དུ། །འཛམ་གླིང་ཡངས་པའི་གཞི་ དང་ཡང་སྒོས་སུ། །འཕགས་བོད་འགྲོ་ལྡི ང་སྲིན་ཡུལ་སོགས་འདུལ་ཚུལ། །དེ་རྣམས་ལས་ ཀྱང་གངས་ལྗོ ངས་མཛད་ཚུལ་ཆ། །ཆེས་ཉུང་བསྡུ་ལ་བོད་ཀྱི་མངའ་བདག་རྗེ། །འཇམ་ 6-1-88 དབྱངས་རྣམ་འཕྲུལ་ཁ་བ་ཅན་ཚོའི་འབངས། །ཡོངས་ཀྱི་མི་ཡི་དབང་པོ་ཆོས་རྒྱལ་མཆོག །ཁྲི་སྲོང་ལྡེ འུ་བཙན་དགུང་གྲངས་ཉི་ཤུའི་སྐབས། །དམ་ཆོས་རྒྱ་ཆེར་སྤེལ་བའི་ཐུགས་འདུན་ སྐྱེས། །འཕགས་ཡུལ་རྒྱ་གར་ཕྱོགས་ནས་མཁན་པོ་མཆོག །བོ་དྷཱི་ས་ཏྭ་ཞེས་བྱ་བོད་སྤྱན་ དྲངས། །རྟེན་འབྲེལ་མདོ་དང་དགེ་བཅུའི་ཆོས་ཆར་ཕབ། །མངའ་བདག་དགུང་གྲངས་ཉེར་ གཅིག་ལེགས་བཞེས་དུས། །བཀའ་བློན་བོད་འབངས་ཡོངས་ལ་ཐབས་ཚུལ་སྒོས། །སངས་ རྒྱས་བསྟན་པའི་གཞི་རྩ་གཙུག་ལག་ཁང༌། །བཞེངས་པའི་སྟབས་ལེགས་འགྲིགས་ཤིང་དེའི་ རྨང་བཏང༌། །དེ་ལ་བོད་ཀྱི་ལྷ་འདྲེ་གདུག་རྩུབ་ཅན། །རྣམས་ཀྱིས་བར་ཆད་བྱས་ནས་ བརྩིགས་མ་སྟེར། །སྐབས་དེར་མཁན་པོས་བཀའ་ལུང་གསལ་བསྟན་ལྟར། །རྒྱལ་པོས་བང་ ཆེན་མི་ལྔ་རྒྱ་གར་དུ། །སློབ་དཔོན་པདྨ་སྤྱན་འདྲེན་ཕོ་ཉ་བཏང༌། །སློབ་དཔོན་གྱིས་ཀྱང་དུས་ མཁྱེན་བལ་ཡུལ་ནས། །བོད་དུ་རིམ་པར་ཕེབས་པའི་ལམ་ཞོར་དུ། །མང་ཡུལ་ནས་བཟུང་ མངའ་རིས་དབུས་གཙང་དང༌། །མདོ་ཁམས་ཡན་གྱི་བོད་ཁམས་མ་ལུས་པར། །རྫུ་འཕྲུལ་སྣ་ ཚོགས་བཀོད་པས་ཞབས་ཀྱིས་བཅགས། །བརྟན་མ་བཅུ་གཉིས་མགུར་ལྷ་བཅུ་གསུམ་དང༌། །དགེ་བསྙེ ན་ཉེར་གཅིག་གཙོར་གྱུར་མི་མ་ཡིན། །མཐུ་བོ་ཆེ་ཀུན་དམ་ལ་བཏགས་ནས་ཀྱང༌། །སོ་སོས་སྲོག་སྙི ང་ཕུལ་ནས་དམ་བཞག་མཛད། །བྲག་དམར་འོམ་བུའི་ཚལ་དུ་མངའ་བདག་ དང༌། །མཇལ་འཕྲད་ཞལ་འཛོམས་མཛད་ནས་དགྱེས་སྤྲོ་བྱས། །དེ་ནས་ཧས་པོ་རིར་བྱོན་དེ་ ཕྱོགས་ཀྱི། །ལྷ་སྲིན་ཐམས་ཅད་བཀའ་འོག་ཏུ་བསྡུས་ནས། །བསམ་ཡས་གཙུག་ལག་ཁང་ གི་རྨང་གཞི་བཏིང༌། །ལེགས་བཞེངས་མཛད་སྐབས་དེར་གནས་ལྷ་འདྲེ་རྣམས། །ཐ་ཚིག་ དབང་གིས་བརྩེ་བས་གྲོགས་དན་བྱས། །ལོ་ལྔའི་རིང་ལ་གཙུག་ལག་ཁང་གི་ཚུལ། །རི་རབ་ གླིང་བཞི་གླིང་ཕྲན་ཉི་ཟླ་དང༌། །ལྕགས་རི་དང་བཅས་ཚུལ་དུ་ཡོད་པ་ལས། །དཔལ་ལྡན་ བསམ་ཡས་མི་འགྱུར་ལྷུན་གྲུབ་ཀྱི། །གཙུག་ལག་མཆོག་བཞེངས་བཙུན་མོ་གསུམ་གྱིས་ 6-1-89 ཀྱང༌། །གླིང་གསུམ་དང་བཅས་ལེགས་པར་གྲུབ་ནས་སུ། །རབ་གནས་ལེགས་མཛད་ཚེ་ན་ བྱིན་རླབས་ལྟས། །ངོ་མཚར་དགེ་བའི་ལེགས་མཚན་རྣམ་ལྔ་བྱུང༌། །དེ་ནས་མངའ་བདག་ རྒྱལ་པོའི་ཐུགས་དགོངས་སུ། །ད་ནི་ཆོས་སྣང་གིས་དབེན་མུན་པའི་ཡུལ། །བོད་འདིར་ འཕགས་ཡུལ་གནས་ནས་ཆོས་བསྒྱུར་ཏེ། །སངས་རྒྱས་བསྟན་པ་གཟུགས་པར་བྱ་དགོངས་ ནས། །བོད་ཕྲུག་ཤེས་རབ་ཅན་རྣམས་ཕྱོགས་གཅིག་བསྡུས། །སྐད་གཉིས་ལེགས་སྨྲས་ཆེད་ ལ་ལོ་ཙཱ་བསླབ། །རྒྱ་གར་ཕྱོགས་ནས་སྡེ་སྣོ ད་འཛིན་པ་གཞན། །མང་པོ་སྤྱན་དྲངས་དེ་དག་ རྣམས་ལས་ཀྱང༌། །མཁན་པོ་བོ་དྷི་ས་ཏྭའི་སྐུ་དྲུང་དུ། །སད་མི་མི་བདུན་རབ་ཏུ་བྱུང་ནས་ ཀྱང༌། །རིམ་པར་སོ་ཐར་རབ་བྱུང་སྡེ་ལ་བཀོད། །མཁན་སློབ་གཉིས་སོགས་པཎྜི་ཏ་རྣམས་ དང༌། །བཻ་རོ་ཙ་ན་སྐ་ཅོག་ཞང་གསུམ་གཙོས། །ལོ་པཎ་བདག་ཉིད་ཆེན་པོ་ཁོང་རྣམས་ཀྱིས། །མདོ་སྔགས་ཟབ་བཀའ་མ་ལུས་པ་རྣམས་དང༌། །དགོངས་འགྲེལ་བསྟན་བཅོས་གཙོ་གང་ ཆེ་བ་དག །ལེགས་སྦྱར་བརྡ་ཀུན་བོད་སྐད་ལ་བསྒྱུར་ཏེ། །སངས་རྒྱས་བསྟན་པ་གངས་ ལྗོ ངས་སུ་རྒྱས་མཛད། །སླར་ཡང་མཁན་སློབ་ཆོས་གསུམ་བཀའ་གནང་ལྟར། །བཻ་རོ་ནམ་ མཁའི་སྙི ང་པོ་ལ་སོགས་པ། །རྒྱ་གར་དུ་བཏང་ལོ་ཙཱ་བཻ་རོ་ཡིས། །རིག་འཛིན་ཆེན་པོ་ཤྲཱི་ སིང་ཧ་ལས་ཀྱང༌། །རྫོགས་ཆེན་ཆོས་སྐོ ར་གསན་ཅིང་ནམ་སྙི ང་གིས། །སློབ་དཔོན་ཧཱུཾ་ཀ་ར་ ལས་ཡང་དག་གི །ཟབ་ཆོས་སྐོ ར་གསན་སོ་སོའི་གྲུབ་པའང་ཐོབ། །དེ་ནས་གསང་སྔགས་ ཆོས་སྡེ་དེ་དག་ཀྱང༌། །བཻ་རོ་ནམ་སྙི ང་སླར་ཡང་བོད་ཕེབས་སྐབས། །རྫོགས་ཆེན་ཡང་དག་ ཆོས་ཟབ་ལེགས་སྤེལ་བྱས། །མཚམས་ཤིག་ནས་ནི་མངའ་བདག་རྒྱལ་པོ་ཡིས། །སློབ་དཔོན་ ཆེན་པོ་གུ་རུ་གང་ཉིད་ལ། །རྡོ་རྗེ་ཐེག་པའི་སྨིན་གྲོལ་ལེགས་སྩོལ་བར། །རྩེ་གཅིག་དད་པས་ གསོལ་བ་བཏབ་པ་ན། །བསམ་ཡས་མཆིམས་ཕུའི་གནས་སུ་སློབ་དཔོན་གྱིས། །སྒྲུབ་ཆེན་ བཀའ་བརྒྱད་དཀྱིལ་འཁོར་ཞལ་ཕྱེས་ནས། །ཐུགས་སྲས་མཆོག་གྱུར་རྗེ་འབངས་རྣམ་དགུ་ 6-1-90 ཉིད། །ལེགས་སྨིན་མཛད་ནས་སོ་སོར་བཀའ་བབ་སྒོས། །ཟབ་ཆོས་གཉེར་གཏད་དང་ བཅས་དགུ་པོས་ཀྱང༌། །སྒྲུབ་སྡེ་རང་རིགས་དང་མཐུན་དངོས་གྲུབ་ཐོབ། །གཞན་ཡང་གནས་ ཆེན་ལྷོ ་བྲག་མཁར་ཆུ་དང༌། །གཞོ་སྟོད་ཏི་སྒྲོ་སོགས་སུ་མངའ་བདག་རྗེ། །ཡབ་སྲས་འབངས་ རིགས་ཉེར་ལྔ་གཙོར་གྱུར་པའི། །སྐལ་ལྡན་རྣམས་ལ་ཡོ་ག་རྣམ་གསུམ་དང༌། །འབྲེལ་བའི་ ཟབ་ཆོས་ཐུན་མོང་མ་ཡིན་པ། །དཔག་མེད་གནང་ཞིང་སོ་སོར་ནུས་མཐུ་བརྙེས། །རྗེ་རྒྱལ་ ཡབ་སྲས་ཏིང་འཛིན་མཆོག་གྲུབ་ཅིང༌། །འབངས་རིགས་ནམ་སྙི ང་ཉི་མའི་ཟེར་ལ་བཅིབས། །སངས་ཡེ་བྲག་ལ་ཕུར་འདེབས་རྒྱལ་མཆོག་དབྱངས། །རྟ་སྐད་མངོན་སྒྲོག་མཚོ་རྒྱལ་བསད་ རོ་སློང༌། །དཔལ་ཡེ་མ་མོ་བྲན་འཁོལ་དཔལ་སེང་གིས། །ལྷ་སྲིན་དབང་བསྡུད་བཻ་རོ་ཆོས་ སྤྱན་ལྡན། །གཡུ་སྒྲ་སྙི ང་པོ་ཛྙཱ་ན་ཀུ་མཱ་ར། །རྟོགས་པ་རྫུ་འཕྲུལ་མཆོག་གི་དཔལ་ལ་རོལ། །རྡོ་རྗེ་བདུད་འཇོམས་ཡེ་ཤེས་དབྱིངས་ཀྱི་རྗེ། །རླུང་ལྟར་ཐོགས་མེད་མཁའ་སྤྱོད་གནས་སུ་ གཤེགས། །ལྷ་དཔལ་སྣ་ནམ་དཔལ་གྱི་དབང་ཕྱུག་རྣམས། །གཅན་གཟན་གཉའ་འཛིན་ མཁའ་ལྡི ང་ཕུར་ཚད་བཀུམ། །ལྡན་རྩེ་སྐ་དཔལ་ཤུད་སེང་རྒྱལ་བའི་བློ། །གཟུངས་ཐོབ་ སེམས་ཤེས་ཆུ་བཟློ ག་རོ་གསེར་བསྒྱུར། །ཁྱེའུ་ལོ་དྲན་མཁས་འོ་བྲན་རྨ་དཔལ་རྡོར། །བྱ་ ཟིན་གཡག་འགུགས་ཆུར་འཛུལ་ཕ་བོང་ཟ། །རི་བྲག་ཐོགས་མེད་ལང་གྲོ་རྒྱལ་བྱང་ཆུབ། །ཐོག་འཕེན་མཁའ་ལ་སྐྱིལ་འདུག་མཛད་རླབས་སྟོན། །འབངས་རིགས་གྲུབ་པ་མཆོག་ཐོབ་ ནུས་མཐུ་ཅན། །དེ་སོགས་མི་དང་མི་མིན་རིགས་བྱུང་བ། །ཐུགས་སློབ་སྔགས་རིག་འཛིན་པ་ བསམ་མི་ཁྱབ། །ཐུན་མོང་ཐུན་མིན་གདུལ་བྱ་སྣ་ཚོགས་པ། །རང་རང་ལ་འཚམ་མཛད་ བཟང་དེ་སྙེ ད་སྤྲོ། །སྤྱིར་ན་གུ་རུ་བོད་དུ་བཞུགས་པའི་ཚུལ། །རྣམ་པ་ཐབས་ཚུལ་མང་ཡང་ ཕྱོགས་རེའི་ངོར། །ལོ་གྲངས་བརྒྱ་དང་བཅུ་གཅིག་བཞུགས་ལྟར་ན། །ཕྱེད་ལོའི་དབང་བྱས་ མངའ་བདག་དགུང་གྲངས་ནི། །ཉེར་གཅིག་དུས་སུ་གུ་རུ་བོད་དུ་ཕེབས། །དྲུག་ཅུ་རྩ་དགུར་ 6-1-91 རྒྱལ་པོའི་སྐུ་ཚེ་རྫོགས། །དེ་རྗེས་ལོ་ཤས་བཞུགས་པར་སྣང་ཚུལ་ལྟར། །གུ་རུ་མཆོག་ཉིད་ སྤྱིར་ན་བོད་ཁམས་སུ། །ལོ་ངོ་ཧྲིལ་པོ་ལྔ་བཅུ་རྩ་ལྔ་དང༌། །ཟླ་དྲུག་བར་བཞུགས་ཚུལ་གྱིས་ མངའ་བདག་གི །སྐུ་རིང་ལོ་གྲངས་ཞེ་བརྒྱད་གཤེགས་རྗེས་སུ། །ལོ་བདུན་ཟླ་དྲུག་བར་དུ་ བཞུགས་ཚུལ་བསྟན། །ཁ་ཅིག་སྣང་ངོར་བདུད་བློན་གང་དག་ཀྱང༌། །ནུས་མཐུ་ལ་སྐྲག་སློབ་ དཔོན་གཤེགས་ཞུས་པས། །བསམ་ཡས་སུ་ནི་ལོ་བརྒྱད་བཞུགས་རྗེས་སུ། །མང་ཡུལ་ལ་ཁ་ ནས་ནི་འཕུར་བཞུད་པ། །ཕྱོགས་རེའི་སྤྲུལ་པ་ཙམ་ཡིན་དོན་དུ་ནི། །མཆོད་ཡོན་ལྐོག་ཏུ་ བཀའ་བགྲོས་སོགས་ལ་བརྟེན། །སྐུ་དངོས་མཚོ་རྒྱལ་ལ་སོགས་ལས་ཅན་གྱི། །འཁོར་ ཚོགས་དང་བཅས་བོད་ཡུལ་ས་གཞིའི་ཁྱོན། །རྟ་རྨིག་ཙམ་ཡང་མ་ལུས་ཞབས་ཀྱིས་བཅགས། །མངའ་རིས་སྐོ ར་དུ་གངས་བྲག་ཉི་ཤུ་དང༌། །དབུས་གཙང་སྟོད་སྨད་སྒྲུབ་གནས་ཉེར་གཅིག་ ཚོགས། །མདོ་ཁམས་གནས་ཆེན་ཉེར་ལྔ་སྟོད་བར་སྨད། །གསུམ་གྱི་སྦས་ཡུལ་རྒྱལ་པོ་ གསུམ་དང་ནི། །ལུང་ལྔ་ལྗོ ངས་གསུམ་གླིང་གཅིག་རེ་རེ་ལ། །རྩ་བ་ཡན་ལག་མེ་ཏོག་འབྲས་ བུའི་ཚུལ། །ལ་སོགས་གསང་བྲག་རི་མཚོ་དེ་ཐམས་ཅད། །གསང་ཆེན་སྒྲུབ་པའི་གནས་སུ་ བྱིན་གྱིས་བརླབས། །ཕྱིས་སུ་དབོན་སྲས་བདུད་ཀྱི་སྤྲུལ་པ་ཡིས། །བསྟན་པ་བསྣུབ་པར་ མཁྱེན་ནས་རྒྱལ་པོ་ལ། །མ་འོངས་ལེགས་ཉེས་ལུང་བསྟན་མང་པོ་བསྩལ། །མཆོད་གནས་ ཡོན་བདག་ཁོང་རྣམས་བཀའ་བགྲོས་ཏེ། །ཕྱི་རབས་གདུལ་བྱར་གྱུར་ལ་གང་ཕན་ཆེད། །གསང་སྔགས་བསྟན་པ་མི་ནུབ་གནས་ཕྱིར་དང༌། །རྟོག་གེས་བསླད་ཅིང་བཅོས་སུ་མེད་པ་ ཡིས། །བྱིན་རླབས་ཚན་ཁ་མི་ཡལ་ཆོས་བཅུད་འཕེལ། །གདུལ་བྱ་རིམ་པར་འབྱུང་བ་སོགས་ ལ་དགོངས། །རྒྱལ་པོའི་བླ་གཏེར་བརྒྱ་དང་ཐུགས་གཏེར་ལྔ། །ཟབ་པའི་གཏེར་ཆེན་ཉེར་ ལྔའི་གཙོར་གྱུར་བའི། །མིང་ཅན་མིང་མེད་གཏེར་ཁ་གྲངས་མེད་སྦས། །དེ་ཡང་འདོན་པའི་ དུས་ཚད་འདོན་པ་པོའི། །གང་ཟག་གང་ཡིན་ལས་ཅན་ཆོས་བདག་སོགས། །ལུང་བསྟན་རེ་ 6-1-92 རེ་དང་བཅས་ལེགས་པར་བསྩལ། །མོན་ཁ་ནེ་རིང་སེང་གེའི་རྫོང་ལ་སོགས། །སྟག་ཚང་མིང་ ཅན་བཅུ་གསུམ་གནས་དག་ཏུ། །ཁྲོ་བོ་འཆོལ་བ་འཇིགས་སུ་རུང་བའི་སྐུར། །བཞེངས་ནས་ བོད་ཀྱི་ལྷ་སྲིན་དྲེགས་པ་ཅན། །ཆེ་ཕྲ་ཐམས་ཅད་བཀའ་དང་དམ་ལ་བཞག །གཏེར་གྱི་སྲུང་ མར་གཉེར་དུ་གཏད་པའི་ཚེ། །རྡོ་རྗེ་གྲོ་བོ་ལོཏ་དུ་མཚན་ཡང་གྲགས། །ཕྱི་རབས་གང་དག་ ཡིད་ཆེས་བྱ་བའི་ཕྱིར། །བུམ་ཐང་རྡོ་རྗེ་བརྩེགས་སོགས་ལ་ཞབས་རྗེས། །གནམ་མཚོ་ཕྱུག་ མོ་སོགས་ལ་ཕྱག་རྗེས་དང༌། །སྤ་གྲོའི་བྲག་དཀར་སོགས་སུ་སྐུ་རྗེས་བཞག །གཞན་ཡང་ སྒྲུབ་པའི་གནས་ཆེན་ཐམས་ཅད་དུ། །གུ་རུ་ཡབ་ཡུམ་རྣམས་འཕྲུལ་སྒྱུ་མའི་གར། །སྐུ་ཕྱག་ ཞབས་སོགས་སྣང་བརྙན་ངོ་མཚར་བ། །རྣམ་བཀོད་འདྲ་མིན་གྲངས་ལས་འདས་པ་བཞག །སྐབས་ཤིག་ལྷ་སྲས་མི་རུབ་བཙད་པོ་བཏང༌། །བྷ་ཏ་ཧོར་གྱི་སྒོམ་གྲྭ་བཅོམ་ནས་སུ། །ཀ་ཅ་ རྣམས་ཁྱེར་འོང་བའི་རྗེས་ལ་ནི། །རྒྱལ་པོ་ཤིང་བྱ་ཅན་ཡང་འབྲངས་ནས་འོང༌། །གུ་རུ་དྲག་ པོའི་སྐུར་བསྟན་དམ་ལ་བཏགས། །གཙུག་ལག་ཁང་གི་དཀོར་སྲུང་ལ་བསྐོ ས་ཏེ། །བསྟན་ འགྲོའི་དོན་ཆེན་བསམ་མི་ཁྱབ་པ་མཛད། །དེ་ནས་མངའ་བདག་ཁྲི་སྲོང་གཤེགས་པའི་རྗེས། །ལྷ་སྲས་མི་ཏིག་བཙད་པོ་རྒྱལ་སར་བཀོད། །ཁྲ་འབྲུག་ཏུ་ཡང་གུ་རུ་རིན་པོ་ཆེས། །སྐལ་ ལྡན་ལས་ཅན་ཕོ་མོའི་ཐུགས་སློབ་ལ། །བཀའ་འདུས་སྒྲུབ་ཆེན་སྒོ་ནས་སྨིན་གྲོལ་མཛད། །རྒྱལ་སྲས་ལྷ་རྗེ་ཉིད་ལ་ཟབ་ཆོས་ཀྱི། །གཉེར་གཏད་མཛད་ཅིང་ཁོང་ཉིད་མ་འོངས་པར། །གཏེར་སྟོན་རྐྱང་བའི་སྐྱེ་བ་བཅུ་གསུམ་དུ། །འབྱོན་ནས་འགྲོ་བ་འདུལ་བར་ལུང་ཡང་ བསྟན། །བོད་དུ་སྨིན་གྲོལ་མཛད་པའི་ཐུགས་སློབ་གྲངས། །བསམ་མི་ཁྱབ་ཀྱང་སྔ་ཐོག་བར་ ཕྱིས་སུ། །རྗེ་འབངས་ཉེར་གཅིག་ཉེར་ལྔ་བཅུ་བདུན་དང༌། །ཉེར་གཅིག་རྣམས་ཀྱང་ཐུགས་ སློབ་གཙོ་བོ་ཡིན། །ཆེ་བའི་སློབ་གཙོ་གཞན་ཡང་རགས་བསྡུ་བ། །ཡེར་བའི་འོད་ལུས་གྲུབ་ པ་བརྒྱད་ཅུ་དང༌། །ཆུ་བོ་རི་ཡི་སྒོམ་ཆེན་བརྒྱ་དང་བརྒྱད། །ཡང་རྫོང་ནང་གི་སྔགས་པ་སུམ་ 6-1-93 ཅུ་དང༌། །ཤེལ་བྲག་ཕུག་གི་རྟོགས་ལྡན་ལྔ་བཅུ་ལྔ། །མཁའ་འགྲོ་ཉེར་ལྔ་རྣལ་འབྱོར་མ་ བདུན་སོགས། །ཁྱད་པར་ཨ་མེས་བྱང་ཆུབ་འདྲེ་བཀོལ་དང༌། །སྒྱུས་བྱང་ཆུབ་གཞོན་རོག་ བན་མཁའ་ཡེ་ཤེས། །ཉིང་དེ་བཞིན་གཤེགས་སྤང་རྗེ་བཙན་ཁྲོམ་དང༌། །ཤ་མི་གོ་ཆ་ངབ་ འབྲེ་ལྕེ ་ཤེར་གྲགས། །རླངས་རྔོག་འཁོན་རོག་འགོས་སྤང་སོ་ཟུར་གནུབ། །སྒྱུས་སྐྱོ་ལ་ སོགས་གདུང་རིགས་གྲུབ་ཐོབ་པ། །སྔོ ན་གྱི་དུས་སུ་སྐད་གྲགས་ཆེ་བ་དག །བར་མ་ཆད་པ་ ལས་བྱུང་སྐྱེས་ཆེན་ཚོགས། །ཆེས་མང་བྱོན་པ་དག་གི་མེས་པོ་རྣམས། །སློབ་དཔོན་ཆེན་པོའི་ ཞལ་སློབ་དག་ལ་ཐུག །དེ་ནས་ཞིང་འདིའི་གདུལ་བྱ་རྫོགས་པའི་ཚེ། །ལྷོ ་ནུབ་སྲིན་པོ་ འདུལ་དུ་གཤེགས་ཉེའི་སྐབས། །བོད་ཀྱི་རྒྱལ་བློན་འབངས་དང་བཅས་རྣམས་ཀྱིས། །ཁོང་ ལ་ནན་བཤོལ་བཏབ་ཀྱང་མ་ཐེབས་པར། །སློབ་འབངས་ཡོངས་ལ་རེ་རེ་ཇི་བཞིན་དུ། །ཞལ་ གདམས་ཐུགས་བརྩེའི་བསླབ་བྱ་ཞིབ་རྒྱས་གནང༌། །མཐར་ནི་གུང་ཐང་ལ་ཐོག་དེ་ཕྱོགས་ ནས། །སེང་གེ་འམ་ནི་རྟ་མཆོག་ལ་བཅིབས་ཏེ། །ལྷ་རྣམས་ཀྱིས་ནི་མཆོད་བཀོད་དཔག་མེད་ བཅས། །མཁའ་དབྱིངས་ལམ་ནས་རྔ་ཡབ་གླིང་དུ་ཕེབས། །རྫུ་འཕྲུལ་སྣ་ཚོགས་བཀོད་པས་ དེར་གནས་ཀྱི། །སྐལ་བཟང་གདུལ་བྱ་མང་པོར་ཕན་ཆེར་བཏགས། །དེ་ནས་ས་སྤྱོད་སྔགས་ རིག་འཛིན་པའི་ཞིང༌། །ཟངས་མདོག་དཔལ་གྱི་རི་བོ་ཙིཏྟའི་དབྱིབས། །གང་དེའི་རྩེ་མོར་ ལེགས་གཤེགས་ཕྱི་ངོར་ཙམ། །སྲིན་རྒྱལ་རཀྴ་ཐོད་ཕྲེང་གནས་སྤར་ཏེ། །དེ་ཡི་དོད་དུ་ལེགས་ བཞུགས་སྲིན་པོ་འདུལ། །རང་སྣང་དག་པའི་འཁོར་ལ་ངོ་མཚར་བའི། །སྐུ་གསུམ་མཛད་ ཆེན་ཅི་དགར་འཕྲུལ་བའི་གར། །རྟག་པར་རྒྱུན་མི་ཆད་པའི་ཕྲིན་ལས་ཅན། །གང་འདུལ་ ཆོས་འཁོར་སྣ་ཚོགས་འཕེལ་འགྲིབ་བྲལ། །ཁྱད་པར་ཕྱི་ཚུལ་སྲིན་པོའི་གླིང་བརྒྱད་དུ། །སྤྲུལ་ པའི་རྒྱལ་པོ་རེ་རེ་བཞུགས་ཚུལ་གྱིས། །སྒྲུབ་ཆེན་བཀའ་བརྒྱད་ལ་སོགས་གསང་ཆེན་གྱི། །ཟབ་ཆོས་རང་རང་འཚམ་པས་རེ་འདོད་སྐོ ང༌། །གདུལ་བྱར་གང་གྱུར་འཛམ་གླིང་སྐྱེ་དགུ་ 6-1-94 ཀུན། །སྲོག་གི་འཇིགས་ལས་བསྐྱབས་ཅིང་ཁམས་དབང་དང༌། །མཐུན་པའི་གནས་སྐབས་ མཐར་ཐུག་ལེགས་འབྱོར་དོན། །རང་རང་ལ་འོས་དུས་ཚོད་ཡོལ་མི་སྲིད། །ཡང་སྒོས་དུས་ རྟག་བོད་ལ་བརྩེར་དགོངས་སྟོབས། །གང་འདུལ་སྤྲུལ་པས་འགྲོ་དོན་ཆེར་མཛད་ཅིང༌། །ནམ་ཞིག་མ་འོངས་འདུལ་བསྟན་འཇིག་པའི་ཚེ། །སྔགས་པ་རྣམས་ཀྱི་ནང་དུ་སྤྲུལ་མང་ བྱོན། །སྐལ་ལྡན་འོད་ལུས་འགྲུབ་པ་མང་འབྱུང་ཞིང༌། །ཕུགས་ཀྱི་རྒྱལ་བ་བྱམས་པ་ནམ་ བྱོན་ཚེ། །སློབ་དཔོན་རྒྱལ་སྲས་འགྲོ་བ་ཀུན་འདུལ་དུ། །སྤྲུལ་ནས་སྐལ་ལྡན་རྣམས་ལ་ གསང་སྔགས་སྟོན། །རྣམ་ཐར་མཚོན་ཙམ་གང་འདི་སྣང་མཁན་ཡང༌། །གདུལ་བྱ་ཕྱོགས་ རེའི་ཚུལ་གྱིས་འདུལ་ཐབས་ཏེ། །མཁའ་དང་མཉམ་པའི་གང་འདུལ་མཛད་བཀོད་ལ། །ཚད་བཟུང་ནུས་པ་སུ་ཡང་མ་མཆིས་སོ། །དཔལ་ལྡན་རྩ་གསུམ་རྒྱ་མཚོའི་སྤྱི་དཔལ་རྗེ། །གུ་ རུ་མཚོ་སྐྱེས་རྡོ་རྗེའི་སྤྲུལ་པའི་སྐུ། །གང་འདུལ་རྣམས་ལ་རིས་སུ་ཆད་མེད་པར། །ངོ་མཚར་ རྨད་བྱུང་རྣམ་ཐར་ཅི་ཡང་སྟོན། །གང་འདི་མཐར་ཕྱིན་ལམ་ཀུན་ལྷུན་གྲུབ་ཅིང༌། །བླ་ན་མེད་ པའི་རིག་འཛིན་ས་ལ་བཞུགས། །རྒྱལ་ཚབ་རྣམ་དྲུག་སྤྲུལ་བཀོད་སྣ་ཚོགས་པས། །འཇིག་ རྟེན་མ་སྟོང་བར་དུ་གཡོ་མི་མངའ། ། གུ་རུ་མཚོ་སྐྱེས་རྡོ་རྗེའི་རྣམ་ཐར་ལས་ལྷུན་གྲུབ་རིག་འཛིན་བརྙེས་ཚུལ་གྱི་སྐབས་ཏེ་ བཞི་པའོ།། །། ༈ དེ་ལྟར་གསང་གསུམ་ཡོན་ཏན་ཆེ་བའི་བདག །མཁའ་མཉམ་སྐུ་གསུམ་སྤྲུལ་བསྒྱུར་ ཟད་མེད་པ། །གང་ལ་གང་འདུལ་དེ་སྟོན་བསམ་མི་ཁྱབ། །ཆོས་སྐུ་ཀུན་བཟང་དགོངས་ཟབ་ རབ་ཡངས་ཉིད། །སྣང་མཐའ་སྤྱན་གཟིགས་པད་འབྱུང་རྣམ་པར་ཤར། །བདག་ཅག་སྟོན་པ་ ཤཱཀྱ ་ཐུབ་དབང་གིས། །གསང་སྔགས་སློབ་དཔོན་དུ་སྤྲུལ་ཨོ་རྒྱན་གྱི། །དཔལ་ལྡན་པདྨ་ལས་ འཁྲུངས་སྤྲུལ་པའི་སྐུ། །བདེ་ཆེན་ཡུམ་མཆོག་ཀུན་ཏུ་བཟང་མོ་དང༌། །རྣལ་འབྱོར་མ་དཔལ་ 6-1-95 དབྱིངས་ཡེ་ཟུང་འཇུག་རྩལ། །ཕག་མོ་ལ་སོགས་མཁའ་འགྲོ་ཀུན་གྱི་གཤིས། །དེ་ཕྱིར་སྒྲོལ་ མ་ལས་ཀྱི་དབང་མོ་ཆེ། །ཀུན་དགའ་སྨོན་ལམ་འོད་འཆང་ལྷ་མོ་སོགས། །སྣ་ཚོགས་ཐབས་ ཚུལ་གང་དང་གང་བརྫུ་ུབ། །དོན་ལ་གུ་རུའི་རྣམ་རོལ་གཅིག་པ་ཉིད། །དེ་བཞིན་གང་འདུལ་ ཁམས་དང་མོས་པའི་དབང༌། །འཕགས་བོད་འགྲོ་འདུལ་གྲུབ་དབང་ཏེ་ལོ་པ། །ཙནྡྲ་གོ་མི་ ཨ་ཙར་ནག་པོའི་ཞབས། །སྲོང་བཙན་ཁྲི་སྲོང་མུ་ཁྲི་བཙན་པོ་སོགས། །སྣ་ཚོགས་མཛད་ བཟང་ཅི་ཡང་འགྱེད་འདི་མཚར། །དེ་ལ་སོགས་པའི་ངོ་མཚར་དགེ་ལེགས་དཔལ། །རབ་ ཡངས་ཕྱོགས་ཀྱི་འཁོར་ལོའི་མཐར་བརྒལ་བ། །གང་ལས་ཅུང་ཟད་འདིར་བསྒྲགས་བསོད་ ནམས་ཀྱིས། །ལུས་ཅན་ཟབ་འབྲེལ་གང་ཡོད་མཁའ་ཉམས་ཚོགས། །ཀུན་བཟང་རྒྱལ་བའི་ དགོངས་ཆེན་མྱུར་འཇལ་ཏེ། །ཨ་ཏི་ཡོ་གའི་གསང་ལམ་མཐར་ཕྱིན་ནས། །ལྷུན་གྲུབ་མཛད་ པས་འགྲོ་ཀུན་སྒྲོལ་བ་ལ། །མཚོ་སྐྱེས་བླ་མའི་མཛད་ཕྲིན་ངོམ་གྱུར་ཅིག ། ༈ ཆོས་དབྱིངས་ཀུན་བཟང་བདེ་ཆེན་དབང་མོ་ཉིད། །དབང་ཕྱུག་ཡུམ་ཆེན་ལྔ་ཡི་རྣམ་ རོལ་པར། །གུས་ཕྱག་དང་བཅས་རྣམ་ཐར་རྩ་བ་ཡི། །ས་བཅད་གཉིས་པ་གུ་རུའི་གཟུངས་ མ་ལྔའི། །རྟོགས་བརྗོད་མཛད་བཟང་འདིར་ནི་ཅུང་ཙམ་གླེང༌། །དེ་ལ་ཐོག་མར་འཕགས་ པའི་ཡུལ་དུ་ནི། །དབྱིངས་ཕྱུག་ལྷ་མོའི་རྣམ་པར་སྤྲུལ་བ་ཡི། །གུ་རུའི་ཐུགས་བྱོན་གཟུངས་ མ་དངོས་གྲུབ་བརྙེས། །ལྷ་ལྕམ་མནྡྷཱ་ར་བ་ཞེས་བྱ་ནི། །རྒྱ་གར་ཟ་ཧོར་ཡུལ་གྱི་ཕོ་བྲང་མཆོག །རཏྣ་པུ་རི་ཞེས་པར་རྒྱལ་པོ་ཡང༌། །གཙུག་ལག་འཛིན་ཞེས་བྱ་བ་གང་དེ་ཡབ། །དེ་ཡི་བཙུན་ མོ་ཧ་འུ་ཀི་ཉིད་ཡུམ། །དེ་གཉིས་སྲས་མོ་ངོ་མཚར་ལྟས་དང་བཅས། །མཛེས་སྐུའི་མེ་ཏོག་ གསར་འཁྲུངས་མཚན་སྙན་ལྡི ར། །དེར་བརྟེན་རྒྱ་གར་ནག་གི་རྒྱལ་པོ་ཡང༌། །མང་པོས་བུ་ མོར་ཐོབ་ཤ་བྱས་ན་ཡང༌། །གཞོན་ནུ་མ་དེ་རིགས་ཁྱད་རྫོགས་པའི་མཐུས། །ངེས་འབྱུང་ བསམ་པའི་ཐུགས་འདུན་བཟློ ག་མེད་པས། །ཆུང་ནས་ཆོས་སྒོར་ཞུགས་ཤིང་དེ་མཚམས་ཤིག 6-1-96 །བྲམ་ཟེ་སྐྱེ་བ་བདུན་པའི་པུར་རྙེད་པ། །ཡབ་རྗེ་རྒྱལ་པོ་ལ་ཕུལ་ཐུགས་མཉེས་ནས། །མྱོང་ གྲོལ་ཡིད་བཞིན་ནོར་ལྟར་གཅེས་སྤྲས་བཟུང༌། །འདི་སྐབས་རེ་ཞིག་ནས་ནི་ལྷ་ལྕམ་ཉིད། །སློབ་དཔོན་མཚོ་སྐྱེས་རྡོ་རྗེས་གདུལ་བྱར་གཟིགས། །རྗེས་སུ་བཟུང་བ་ལ་བརྟེན་རྒྱལ་བློན་ དང༌། །འབངས་འགའ་བཅས་ཀྱིསེམས་ལ་ནོར་འཁྲུལ་བྱུང༌། །དེར་བརྟེན་ལོག་པའི་སྐུར་བ་ བཏབ་ནས་ཀྱང༌། །རྒྱལ་པོས་རིགས་བསླད་པར་དགོངས་སློབ་དཔོན་ཉིད། །གནོད་འཚེའི་ སྦྱོར་བས་གསོན་སྲེགས་མཛད་པ་ན། །མེ་དཔུང་མཚོ་རུ་བསྒྱུར་བའི་རྫུ་འཕྲུལ་བསྟན། །རྐྱེན་ དེས་རྒྱལ་བློན་འཁོར་དང་བཅས་པ་ཀུན། །རྩ་བ་མེད་པའི་དད་པ་ལ་བཀོད་ནས། །རྒྱལ་ པོ་གང་ཉིད་ཀྱི་ནི་རྒྱལ་སྲིད་དང༌། །བུ་མོ་ལྷ་ལྕམ་བཅས་པ་ལྟོ ས་མེད་དུ། །མ་ཧཱ་གུ་རུ་ཉིད་ ལ་ཕུལ་ནས་སུ། །སྙི ང་ནས་དད་པའི་ཟབ་ཆོས་ལེགས་ཞུས་སྐབས། །ཐུགས་སློབ་ལྷ་ལྕམ་ གཙོར་གྱུར་རྒྱལ་བློན་འབངས། །ཉེར་གཅིག་སོགས་ལ་གསང་ཆེན་ཟབ་མོས་ལམ། །བཀའ་ འདུས་ཆོས་ཀྱི་རྒྱ་མཚོའི་རྒྱུད་ལུང་དང༌། །མན་ངག་ཟབ་རྒྱས་ཆོས་ཆར་ཆེན་པོ་ཕབ། །རྒྱལ་ བློན་འཁོར་བཅས་རིག་འཛིན་ས་ལ་བཀོད། །ལྷ་ལྕམ་གང་ཉིད་ཕྱག་རྒྱར་ལེགས་བཞེས་ ནས། །མཱ་ར་ཏི་ཀ་ཞེས་སུ་གྲགས་པ་སྟེ། །འཆི་བ་མཐར་བྱེད་ཅེས་བྱའི་བྲག་ཕུག་ཏུ། །ཚེ་ དཔག་མེད་ཀྱི་བསྐྱེད་རྫོགས་སྒྲུབ་པ་མཛད༌། །རིང་མིན་ལྷ་ཞལ་མངོན་སུམ་གཟིགས་ནས་ ཀྱང༌། །ཟབ་མོའི་བཀའ་དབང་ལེགས་བསྐུར་ཡབ་ཡུམ་གཉིས། །ལམ་མཆོག་ཡོངས་རྫོགས་ ཚེ་དབང་རིག་པ་འཛིན། །ཟུང་འཇུག་རྡོ་རྗེའི་སྐུ་མཆོག་བརྙེས་ཚུལ་བསྟན། །དེ་འདྲའི་ཚུལ་ གྱིས་རྒྱ་གར་འཕགས་ཡུལ་དུ། །དངོས་བརྒྱུད་ཅི་རིགས་འགྲོ་དོན་རླབས་ཆེན་མཛད། །ཁ་བ་ ཅན་དུ་ཁྲ་འབྲུག་གནས་མཆོག་དེར། །གུ་རུས་ཆོས་འཁོར་ཆེན་པོ་ལེགས་མཛད་སྐབས། །ལྷ་ ལྕམ་གང་ཉིད་རྫུ་འཕྲུལ་གྱིས་གཤེགས་ཏེ། །སློབ་དཔོན་ལ་ནི་བརྡ་བསྟོད་ཞུས་ལན་མཛད། །དེ་སོགས་གང་འདུལ་མཛད་བཟང་མཐའ་ཀླས་ཤིང༌། །ན་རྒ་འཆི་བ་དང་བྲལ་ཟག་མེད་ཀྱི། 6-1-97 །འཇའ་ལུས་རྡོ་རྗེའི་སྐུར་བཞུགས་སྤྲུལ་བསྒྱུར་གཞན། །ཡེ་ཤེས་མཁའ་འགྲོ་ནཻ་གུ་མ་དང་ ནི། །མཻ་དྲིའི་གསང་ཡུམ་ཆུ་ཤིང་སྙེ ་མ་ཅན། །དུས་ཕྱིས་བོད་དུ་མངའ་བདག་མར་བའི་སྐབས། །མཁའ་འགྲོ་ཆེན་མོ་རུས་པའི་རྒྱན་ཅན་དང༌། །གཉན་ལོའི་སྐབས་སུ་རི་སུལ་རྣལ་འབྱོར་ མ། །རས་ཆུང་དུས་ན་གྲུབ་པའི་རྒྱལ་མོ་སོགས། །རྣམ་འཕྲུལ་འཕགས་བོད་ཀུན་ཏུ་ཆེས་ མང་བྱོན། །ཚུལ་འདི་རྒྱས་པ་ཨོ་རྒྱན་གླིང་པ་ཡི། །བཀའ་འདུས་རྣམ་ཐར་ཐང་ཡིག་སོགས་ སུ་གསལ། །ལྷ་མོ་མ་མཱ་ཀི་ཡི་རྣམ་པར་འཕྲུལ། །བལ་མོ་ཤཱཀྱ ་དེ་བཱི་ཞེས་བྱ་བ། །ནེ་པཱ་ལ་སྟེ་ བལ་བོའི་རྒྱལ་པོ་ནི། །དགེ་བ་འཛིན་གྱི་བཙུན་མོ་བུ་ནད་ཀྱིས། །གྲོངས་པ་བུ་མོ་དང་བཅས་ དུར་ཁྲོད་དུ། །བསྐྱལ་བ་སྤྲེའུས་གསོས་པ་ཅུང་ཟད་དུ། །ནར་སོན་ཚེ་ན་ཕྱག་ཞབས་སོར་མོ་ རྣམས། །ངང་པའི་རྒྱལ་པོ་བཞིན་དུ་དྲྭ་བས་སྦྲེལ། །དེ་སོགས་ངོ་མཚར་མཛེས་སྐུའི་བཀོད་ པ་ཅན། །མོ་ཉིད་སློབ་དཔོན་ཆེན་པོས་མཚན་ལྡན་གྱི། །ཆོས་གྲོགས་དམ་པར་གཟིགས་ ནས་རྗེས་སུ་བཟུང༌། །ཟབ་མོའི་བཀའ་དབང་བསྐུར་ཏེ་སྨིན་པར་མཛད། །ཡང་ལེ་ཤོད་ ཀྱི་སྒྲུབ་གནས་བྲག་ཕུག་ཏུ། །ཡང་དག་ལྷ་དགུ་སྒྲུབ་པའི་གཟུངས་མར་གནང༌། །སྣང་བ་རྣམ་ འབྱེད་ཏིང་ངེ་འཛིན་ལ་བརྟེན། །ཕྱག་རྒྱ་ཆེན་པོའི་རྡོ་རྗེའི་རིག་པ་འཛིན། །སྒྲུབ་ཚུལ་བསྟན་ ཅིང་ཡུམ་གྱིས་མ་མཱ་ཀིའི། །དངོས་གྲུབ་ཐོབ་མཐར་འཇའ་ལུས་རྡོ་རྗེའི་སྐུ། ། མངོན་མཛད་ འདི་ལ་བརྟེན་ནས་སློབ་དཔོན་གྱིས། །འཕྲུལ་མཚན་ཉི་ཤུའི་སྐུ་ཡི་མཚན་སྙན་དང༌། །རྣམ་ འགྱུར་འདོད་དགུར་བསྒྱུར་ཅིང་ཁྱད་པར་དུ། །གཏེར་རིགས་བཅོ་བརྒྱད་ཟབ་བཀའི་བགྲོ་བ་ གང༌། །ཐོག་མར་མཛད་པའི་བདག་པོས་རྐྱེན་མཆོག་ཏུ། །གྱུར་པས་རྗེས་འཇུག་རྣམས་ལ་ བཀའ་དྲིན་ཆེ། །གོས་དཀར་མོ་ཡི་སྒྱུ་མའི་འཕྲུལ་བཟང་ཉིད། །བལ་འབངས་ཀཱ་ལ་སིདྡྷིའི་ རྣམ་པར་ཤར། །དེ་ཡང་རྒྱ་གར་རྔ་ཐུབ་ཅན་གྱི་ཡུལ། །གྲོང་ཁྱེར་བལ་བོད་འགྱུར་དུ་འཐག་ མཁན་གྱི། །བཟའ་མི་གཉིས་ཀྱི་སྲས་མོར་སྐུར་བལྟམས་ཤིང༌། །མ་ཡུམ་འཕྲལ་དུ་གྲོངས་ 6-1-98 པ་ལ་བརྟེན་ནས། །མ་ཡི་པུར་དང་ལྷན་ཅིག་དུར་ཁྲོད་དུ། །བསྐྱལ་བ་ལྷ་ལྕམ་མནྡྷཱ་ར་བ་ཡིས། །སྟག་མོར་སྤྲུལ་ནས་གསོས་པ་ནར་སོན་སྐབས། །སློབ་དཔོན་ཆེན་པོས་དེ་ཉིད་གདུལ་བྱར་ མཁྱེན། །དགེ་སློང་སོ་ཁྱ་དེ་བ་ཞེས་པ་འམ། །ཕན་བདེའི་ལྷ་ཞེས་བྱ་བར་སྤྲུལ་ནས་ཀྱང༌། །ཁོ་ མོ་ཉིད་ཀྱང་རྗེས་བཟུང་སྨིན་པར་མཛད། །ནགས་ཚལ་དྲྭ་བ་ཅན་དུ་ཡབ་ཡུམ་གཉིས། །ལྷན་ གཅིག་ཐབས་ལམ་ཟབ་མོའི་བརྟུལ་ཞུགས་ལ། །སྤྱད་སྐབས་ཞིང་བ་རྔ་ཐུབ་ཅན་གྱི་བུ། །ཁྱེའུ་ ཆུང་རྗེས་བཟུང་གྲུབ་པའི་སློབ་དཔོན་ཆེ། །ཧཱུཾ་ཀ་ར་ཞེས་འཇིག་རྟེན་གང་འདི་ན། །ཉི་ཟླ་ལྟར་ གྲགས་མཁའ་འགྲོ་འདི་ཉིད་ཀྱང༌། །བལ་བོ་ཚུན་ཆད་དུ་བྱོན་ལོ་རྒྱུས་ཀྱང༌། །ཞིབ་པར་དཀའ་ མོད་ཡ་མཚན་ཆེས་མཐོ་ཞིང༌། །གསང་ཆེན་རྟོགས་པ་ཧ་ཅང་བདོ་ནས་ཀྱང༌། །མཐར་ནི་ཟུང་ འཇུག་འཇའ་ལུས་རྡོ་རྗེའི་སྐུར། །ངེས་པར་གྲུབ་པ་ཨེ་མ་ངོ་མཚར་ཆེ། །དམ་ཚིག་སྒྲོལ་མས་ སྤྲུལ་བསྒྱུར་མོན་མོའི་ཚུལ། །ཁྱེ་འདྲེན་འམ་ནི་སྤྱི་འདྲེན་ཞེས་བྱ་བ། །མོན་ཡུལ་ཆ་འོག་ཏུ་ འཁྲུངས་ཆུང་ངུ་ནས། །ཆོས་ཀྱི་རིགས་སད་མནལ་ལམ་མཁའ་འགྲོའི་བརྡས། །བསྐུལ་ནས་ ལྷོ ་བྲག་ཕྱོགས་སུ་ལེགས་བྱོན་ཏེ། །ཡེ་ཤེས་མཚོ་རྒྱལ་མཇལ་རྟེན་སྦྲང་རྩི་ཕུལ། །རྗེས་སུ་ བཟུང་ཞིང་དབང་གིས་ལེགས་སྨིན་མཛད། །གུ་རུ་མཆོག་ཉིད་སྟག་ཚང་དུ་བཞུགས་སྐབས། །རྡོ་རྗེ་ལས་མས་མཚན་ཉིད་ཚང་བར་གཟིགས། །བཀའ་གནང་ཇི་བཞིན་ཕྱག་རྒྱར་ཕུལ་བ་ ལྟར། །ཕུར་བ་སྒྲུབ་པའི་རིག་མར་མཛད་ནས་ཀྱང༌། །གྲུབ་རྟགས་བསམ་མི་ཁྱབ་བསྟན་ཁྱད་ པར་དུ། །གུ་རུས་རྡོ་རྗེ་གྲོ་ལོཏ་སྐུར་བཞེངས་དུས། །མཁའ་འགྲོ་འདི་ཡིས་སྟག་མོའི་རྣམ་པར་ མཛད། །བོད་ཁམས་གླིང་དགུའི་ལྷ་འདྲེ་དམ་ལ་བཞག །དེ་བཞིན་མཐིང་ནག་རྡོ་རྗེ་ཁྲོ་ཕུར་ ཞེས། །སྤ་གྲོ་སྟག་ཚང་དུ་གཤེགས་མོན་བལ་དང༌། །རྒྱ་གར་མཐའ་འཁོབ་ཡང་འཁོབ་ལྷ་ འདྲེ་རྣམས། །དམ་བཏགས་སྨུག་ནག་རྡོ་རྗེ་ཁྲོ་ཕུར་གྱིས། །ཁམས་ཀྱི་སྟག་ཚང་དུ་བཞུགས་ མདོ་ཁམས་ཕྱོགས། །འཇང་དང་རྒྱ་ནག་ཧོར་སོགས་མཐའ་འཁོབ་ཀྱི། །ལྷ་འདྲེ་ཐམས་ཅད་ 6-1-99 དམ་བཏགས་སྲོག་སྙི ང་བླངས། །མཚོ་རྒྱལ་བལ་ཡུལ་རྗེས་མར་བྱོན་པའི་ཚེ། །བལ་བོ་བྷ་ དན་ན་དང་མ་ནཱ་གི །གཉིས་ཀྱི་བུ་མོ་སྐུ་ཡི་ཌཱ་ཀིའི་རིགས། །ལོ་ནི་བཅུ་བཞི་ལོན་པ་ཞིག་ འདུག་ཡོད། །དེ་ཉིད་རྗེས་བཟུང་ཀཱ་ལ་སིདྡྷིར་བཏགས། །བོད་དུ་ཕྱག་ཕྱིར་འབྲངས་ཏེ་ཕྱིས་ སུ་ཡང༌། །གུ་རུའི་བཀའ་བཞིན་གཟུངས་མར་ཕུལ་ནས་ཀྱང༌། །བླ་མ་དགོངས་འདུས་དཀྱིལ་ འཁོར་ཞལ་ཕྱེས་སྐབས། །མཁའ་འགྲོ་འདི་རྐྱེན་ལ་བརྟེན་བོད་ཡུལ་དུ། །གཏེར་ཁ་ཆེས་མང་ སྦས་པའི་བཅའ་གཞི་མཛད། །སྟག་ཚང་གསུམ་སོགས་བོད་ཁམས་ཐམས་ཅད་དུ། །ཞབས་ ཀྱིས་བཅག་ནས་ས་འོག་གཏེར་གྱིས་བཀང༌། །སྐུ་ལུས་དེ་ཉིད་མཐར་ནི་འོད་ལུས་སུ། །རབ་ བསྒྱུར་མཚོ་རྒྱལ་ཐུགས་གཡོན་ཐིམ་ཞེས་གྲགས། ། གུ་རུ་མཚོ་སྐྱེས་རྡོ་རྗེའི་རྣམ་ཐར་ལས་ལྷ་ལྕམ་བལ་འབངས་མོན་མོའི་སྐབས་ཏེ་ལྔ་ པའོ།། །། ༈ དབྱངས་ཅན་ཕག་མོ་ཟུང་འཇུག་ཡེ་ཤེས་འཕྲུལ། །མཁའ་འགྲོ་མཚོ་རྒྱལ་འཁྲུངས་ ཡུལ་ཡབ་ཡུམ་མཚན། །འདྲ་མིན་སྣང་ཡང་ཐང་ཡིག་ཚུལ་ལྟར་ན། །ཡབ་མིང་ནམ་མཁའ་ཡེ་ ཤེས་ཞེས་བྱ་དང༌། །ཡུམ་ནི་གནུབས་མོ་དགེ་བ་འབུམ་གཉིས་ཀྱི། །སྲས་མོར་སྦྲགས་ཀྱི་གྲོང་ མོ་ཆེ་ན་འཁྲུངས། །གདུང་རུས་མཁར་ཆེན་ཡུལ་དེར་གཞོན་ནུའི་དུས། །ཞབས་རྗེས་བླ་མཚོ་ ཆུང་ངུ་འཕེལ་བཞིན་ཡོད། །དེ་དུས་ཡབ་ཡུམ་གཟིགས་སྣང་ཡ་མཚན་པ། །མང་དུ་བྱུང་ཞིང་ ས་གཡོས་འོད་ཟེར་འཕྲོ། །ཐུག་ཆོམ་འུར་སྒྲ་རབ་ལྡི ར་ཆུ་མིག་ཀྱང༌། །མཚོར་གྱུར་མེ་ཏོག་ ཆར་འབེབས་འཇའ་སྤྲིན་འཁྲིགས། །ལྷ་མོ་རྣམས་ཀྱིས་སྔགས་དང་བཀྲ་ཤིས་ཚིག །མང་ བརྗོད་མཛེས་སྡུག་ན་ཆུང་དག་པའི་སྐུ། །འཁྲུངས་མ་ཐག་ནས་ཕྱེད་སྐྱིལ་པུས་བཙུགས་ བཞུགས། །ཞལ་ནས་དབྱངས་གསལ་ངོ་མཚར་ཚིགས་བཅད་གསུངས། །བླ་མཚོ་འཕེལ་ ལྟར་མིང་ལ་མཚོ་རྒྱལ་བཏགས། །ལོ་གཅིག་ཙམ་གྱིས་ལོ་བརྒྱད་ན་ཚོད་རྫོགས། །དེ་སོགས་ 6-1-100 རྨད་བྱུང་ཁྱད་ཆོས་གཞན་ལས་འཕགས། །མངའ་བདག་ཁྲི་སྲོང་སྡེའུ་བཙན་བཙུན་མོར་བྱས། །གུ་རུ་བོད་དུ་ཕེབས་ནས་དབང་ཞུས་སྐབས། །དངོས་འབྱོར་ཆེ་བཅས་གུས་པའི་དབང་ཡོན་ དུ། །ལེགས་པར་ཕུལ་བས་ཐུགས་ཀྱི་གཟུངས་མར་གྱུར། །ཐོག་མར་རབ་བྱུང་གནང་ཐོབ་ ཇོ་མོར་མཛད། །དེ་ནས་དཀྱིལ་འཁོར་འབུམ་ཕྲག་བདུན་ལ་སོགས། །གསང་ཆེན་རྒྱུད་སྡེའི་ དབང་བསྐུར་ཆེས་མང་གནང༌། །བླ་མེད་གདམས་ཟབ་མང་བསྒོམ་རིང་མིན་དུ། །དབང་ གསུམ་ལམ་ཟབ་ཡོན་ཏན་ཡོངས་རྫོགས་ཤིང༌། །གུ་རུའི་བཀའ་ལུང་ཇི་བཞིན་དབང་བཞི་པ། །རྫོགས་ཆེན་ཨ་ཏིའི་དགོངས་ཆེན་མངོན་བྱེད་ཐབས། །གསང་གྲོགས་ཨ་ཙར་ས་ལེ་ཐབས་ ཀྱིས་འགྲིགས། །གསང་ཕུག་གནས་སུ་དེར་བརྟེན་ཟླ་བདུན་རིང༌། །དགའ་བཞིའི་དོན་ སྦྱངས་འོད་གསལ་རིག་ངོ་འཕྲོད། །གཞན་ཡང་གུ་རུའི་ཐུགས་སྒྲུབ་ཕྱི་ནང་གསང༌། །དེ་ཉིད་ རྩ་བ་བསྒྱུར་ཁ་དང་བཅས་པ། །རྩ་གསུམ་གཅིག་སྒྲུབ་ཐབས་གནང་ཏི་སྒྲོ་སོགས། །གནས་ ཆེན་རྣམས་སུ་དཀའ་སྤྱད་སྒྲུབ་པ་མཛད། །གུ་རུ་མཁའ་འགྲོའི་བྱིན་རླབས་ལ་བརྟེན་ནས། །གཏུམ་མོའི་བདེ་རྒྱས་བརྗོད་བྲལ་དོན་རྟོགས་གྱུར། །བཀའ་ལུང་གསལ་བོ་དུས་སུ་ཐོབ་ ནས་ཀྱང༌། །དཀའ་སྤྱད་སྟོབས་ཀྱིས་ཟག་པ་བྲལ་བ་ཡི། །སྒོ་གསུམ་གཙང་ཞིང་ཡང་དག་ སྤྱོད་པའི་འབྲས། །སྣ་ཚོགས་འཇིགས་པའི་ཟིལ་ཤུགས་སྣང་བ་བཀག །མོན་རྒྱལ་གྱིས་ཕུལ་ བཀྲ་ཤིས་སྤྱི་འདྲེན་དང༌། །མཉམ་དུ་ཚེ་དཔག་མེད་ཀྱི་ཞལ་ཕྱེས་ནས། །ཚེ་ཡི་སྒྲུབ་པ་མཛད་ པས་རིག་འཛིན་ཐོབ། །འོན་ཕུར་གུ་རུས་བཀའ་ལུང་གསལ་བོ་བསྟན། །སྒྲུབ་སྡེའི་ནང་ནས་ ཕུར་བའི་དཀྱིལ་འཁོར་ལ། །མེ་ཏོག་ཕོག་སྟེ་ལྷ་ཚོགས་ཡོངས་ཞལ་གཟིགས། །གྲུབ་པ་ བརྙེས་པས་ཕ་མེས་ཟ་འདྲེ་བཏུལ། །བསད་གསོ་ལ་ནི་རང་དབང་ཐོབ་ནས་སུ། །མཚོན་ གྱིས་བསད་པའི་མི་རོ་གསོན་པོར་བསླངས། །ཚེ་མཆོག་ཐོབ་པས་བགྲེས་རྒུད་བྲལ་བའི་ སྐུ། །བོན་མཐའི་བན་ཕྲུག་དགུ་བསད་སླར་གསོས་ཤིང༌། །སྡིགས་མཛུབ་གཏད་པས་མཐུ་ 6-1-101 ཆེན་མི་དགུ་བརྒྱལ། །ཧཱུཾ་གསུངས་སླར་གསོས་འབྱུང་ལྔ་རང་དབང་བསྒྱུར། །གཡས་གཡོན་ ཕྱག་སོར་རྩེ་ནས་འབྱུང་ཆེན་སྤྲོ། །ཕ་བོང་བཟོ་བཅོལ་རང་འདྲ་ཉེར་ལྔ་སྤྲུལ། །ཐོག་བཟློ གས་ བྱད་མ་རང་གཤེད་རང་ལ་ཕབ། །བར་ཆད་བྱེད་པའི་བདུད་བློན་ཤ་ཏ་ཡང༌། །དམྱལ་བར་ སྐྱེས་ཚེ་དེར་བྱོན་ཞི་ཁྲོ་ཡི། །ན་རག་དོང་སྤྲུག་དཀྱིལ་འཁོར་ལེགས་བཞེངས་ཏེ། །ལྕགས་ ཁང་བཤིག་ནས་ཤ་ཏ་ལ་སོགས་པའི། །སེམས་ཅན་མང་བསྒྲལ་དམྱལ་སྟོང་ལན་གཅིག་ མཛད། །དེ་སོགས་མཐུ་ཆེན་གཞོ་སྟོད་ཏི་སྒྲོ་དང༌། །གཞན་ཡང་གནས་ཆེན་རྣམས་སུ་སློབ་ དཔོན་ལས། །ཟབ་ཆོས་གསན་སྒོམ་གྲུབ་འབྲས་དུས་སུ་མངོན། །ཁ་རག་གངས་སུ་སྒྲུབ་ སྡེ་སུམ་བརྒྱ་བསྐྱངས། །རྫུ་འཕྲུལ་སྟོན་ནུས་སུམ་ཅུ་རྩ་དགུ་བྱུང༌། །འགྲོ་དོན་མཛད་ནུས་ཉི་ ཤར་རང་མཉམ་གྱི། །མཁའ་འགྲོ་བདུན་སོགས་ཕན་ཐོགས་དེ་ལུགས་དང༌། །ཇོ་མོ་ནང་ཏུ་ བཙུན་མ་སྟོང་ཕྲག་བསྐྱངས། །གྲུབ་ཐོབ་མོ་ནི་ལྔ་བརྒྱ་འགྲོ་དོན་མཁན། །བརྒྱ་ཕྲག་གཅིག་ དང་རང་མཚུངས་མཁའ་འགྲོ་བདུན། །སྤྱིར་ན་དབུས་གཙང་ཕྱོགས་སུ་སྔགས་བཙུན་རིགས། །ཉིས་སྟོང་བརྒྱ་ཕྲག་གསུམ་ཙམ་སྨིན་གྲོལ་མཛད། །ཤམ་པོ་གངས་སུ་ཇག་པ་མི་བདུན་གྱིས། །སྦྱོར་བྱས་དགའ་བཞིའི་ཡེ་ཤེས་ངོ་འཕྲོད་ནས། །སྨིན་གྲོལ་རྩ་རླུང་ལ་ནི་རང་དབང་ཐོབ། །ལུས་མ་སྤངས་པར་ཨོ་རྒྱན་ཡུལ་དུ་བཞུད། །མང་ཡུལ་དུ་བྱོན་ལོ་གཅིག་བཞུགས་པའི་རིང༌། །གསང་སྔགས་བླ་མའི་དཀྱིལ་འཁོར་ཞལ་ཕྱེས་སྐབས། །སྐུ་རིགས་ཌཱ་ཀི་ཀཱ་ལ་སིདྡྷི་དང༌། །བཙུན་མ་བློ་གྲོས་སྐྱིད་སོགས་གྲུབ་པ་ཐོབ། །ལྷ་སྲས་མུ་ཁྲི་བཙད་པོའི་གདན་ཞུས་ལྟར། །དཔོན་སློབ་བཅུ་གསུམ་བོད་བྱོན་འགྲོ་དོན་བསྐྱངས། །སྤྱིར་ན་བཅུ་གསུམ་ལོ་སྟེང་རྒྱལ་མོ་ བྱས། །བཅུ་དྲུག་གུ་རུས་རྗེས་བཟུང་ཉི་ཤུ་ནས། །དབང་རྫོགས་དཀའ་སྤྱོད་སུམ་ཅུར་གྲུབ་པ་ ཐོབ། །འགྲོ་དོན་སྐྱོང་ཞིང་བཞི་བཅུར་གུ་རུ་རྗེའི། །དགོངས་བསྒྲུབས་ལྔ་བཅུར་བདུད་བཅོམ་ བསྟན་པ་སྐྱོང༌། །དྲུག་ཅུར་དགེ་འདུན་སྡེ་སྤེལ་བདུན་ཅུའི་དུས། །ཆོས་ཉིད་བརྙེས་ཤིང་ 6-1-102 རང་ལོ་བརྒྱད་ཅུའི་དུས། །གུ་རུ་ལྷོ ་ནུབ་ཡུལ་བྱོན་དགུ་བཅུ་ལ། །ཆོས་ཉིད་མངོན་མཐོང་བརྒྱ་ ཕྲག་གཅིག་ལོན་དུས། །རིག་པ་ཚད་ཕེབས་དེ་རྗེས་ཉི་ཤུ་ནས། །ཆོས་རྒྱལ་མཆོད་གནས་ བགྱིས་ཤིང་སུམ་ཅུའི་དུས། །བོད་ཡུལ་མ་ལུས་ཉུལ་ནས་ལྔ་བཅུ་ལ། །གཏེར་སྦས་འགྲོ་དོན་ སྒྲུབ་ཅིང་དྲུག་ཅུའི་དུས། །མུ་ཁྲི་དགུང་གཤེགས་བདུན་ཅུར་གདུལ་ལྷག་སྐྱོང༌། །བརྒྱད་ཅུ་ ལ་ནི་ལྷོ ་བྲག་སྤྲུལ་པ་བཀྱེས། །དགུ་བཅུའི་ལོ་ལ་མཆེད་ཅིག་གྲུབ་རྒྱལ་མཇལ། །དེ་བཞིན་ དགུང་ལོ་ཉིས་བརྒྱ་བཅུ་གཅིག་བཞུགས། །སྐུ་ཚེའི་མཐར་ཡང་མཁའ་འགྲོ་འདི་ཉིད་ཀྱིས། །སློབ་དཔོན་ཆེན་པོའི་གསུང་གི་གསང་བ་མཆོག །བསམ་གྱིས་མི་ཁྱབ་པ་ལ་དབང་མཛད་ ནས། །གུ་རུ་བྱིན་རླབས་གནས་སུ་གཏེར་ཞབས་བསྡམས། །ཏི་སྒྲོ་གཏེར་ཁ་བཅུ་སྦས་ཤེལ་ བྲག་ཏུ། །གཏེར་ཁ་ལྔ་སྦས་ཡང་རྫོངས་གཏེར་བཅུ་གསུམ། །ཡེར་བ་ཙཱ་རིར་གཏེར་ཁ་བཅུ་ དང་ནི། །བཅུ་ཕྲག་གསུམ་སྦས་སྤྱིར་ན་ཀོང་ཡུལ་དུ། །གཏེར་ཁ་བརྒྱ་དང་ང་གཅིག་བསྟན་ འགྲོའི་དོན། །ལེགས་དགེའི་ཆེད་དུ་སྦས་ཤིང་བལ་ཡུལ་དུ། །གཏེར་ཁ་སུམ་ཅུ་རྩ་ལྔ་ལ་ཕྱི་ གངས། །མཁན་གྲ་འཇག་གྲོའི་ལུང་བཞིར་གཏེར་ཁ་ཆེ། ། བཞི་བཅུ་རྩ་གཉིས་ཡར་བུ་གཡུ་ ལུང་སོགས། །གང་གནས་མང་པོར་ཟབ་གཏེར་སྟོང་ཕྲག་གཅིག །གཉིས་ཀྱིས་ལྷག་པའི་ བརྒྱ་ཕྲག་གཅིག་སྦས་ཏེ། །མ་ཀུང་སོགས་སུ་གཏེར་ཁ་ཉེར་བདུན་དང༌། །ཙཱ་རི་ལ་སོགས་ རྫོང་མང་དག་ཏུ་ཡང༌། །གཏེར་ཁ་བཅུ་བདུན་སྦས་ཡུལ་གཏེར་གྱིས་བཀང༌། །སྤྱིར་ནི་གངས་ ར་ཉེར་ལྔ་གནས་ཆེན་བཞི། །རྫོང་ཆེན་བཅོ་བརྒྱད་ལ་སོགས་སྒྲུབ་པའི་གནས། །བརྒྱ་རྩ་ བརྒྱད་དུ་ཟབ་གཏེར་རེ་རེ་སྦས། །དེ་སོགས་གུ་རུ་བཞུགས་བཞུད་གང་གི་སྐབས། །མཁའ་ འགྲོ་མཆོག་འདིས་བཀའ་བསྡུས་གཏེར་ཞབས་བསྡམས། །མཛད་པ་མཐར་ཕྱིན་ཚུལ་གྱིས་ དགུང་གྲངས་ནི། །ཉིས་བརྒྱ་བཅུ་གཅིག་སྟེང་བབ་བྱ་ཟླའི་ཚེས། །བདུན་ཉིན་འཁོར་ཚོགས་ དང་བཅས་ཟབ་བུའི་རིའི། །ཕུག་པར་ཕེབས་བཞུགས་ཆོས་ཚན་ཉི་ཤུ་ལྔའི། །མན་ངག་སློབ་ 6-1-103 ཚོགས་ལ་གནང་ཚོགས་འཁོར་བསྐོ ར། །གཙོ་འཁོར་རྣམས་ཀྱིས་ཞུ་བ་ཞུས་ལན་དང༌། །མ་ འོངས་ལུང་བསྟན་མང་མཛད་ཚེས་བརྒྱད་ཀྱི། །སྲོད་དུ་མཁའ་འགྲོ་ཆེས་མང་བསུ་བ་བྱུང༌། །རྣམ་འཕྲུལ་མཆོད་བཀོད་དང་བཅས་ཚོགས་འཁོར་བསྐོར། །ཚེས་དགུར་ཟབ་བུའི་ཕུག་ ནས་དཔལ་རིས་རྩར། །ལེགས་བྱོན་ཐོ་རེངས་དུས་སུ་ཐུགས་ཞལ་ཕྱེས། །སྲིན་པོ་སྲིན་མོའི་ ཚོགས་འདུས་རྔ་ཡབ་ནས། །གུ་རུས་བསུ་མ་མངགས་པ་ལ་བརྟེན་ཏེ། །གཙོ་འཁོར་ལུང་ བསྟན་འགའ་རེ་བགྲོ་གླེང་མཐར། །མཁའ་འགྲོ་སྤྱི་འདྲེན་ཀཱ་ལ་སིདྡྷི་གཉིས། །ཨུཏྤལ་པད་ དམར་བསྒྱུར་ནས་ཐུགས་ཀ་ཡི། །གཡས་གཡོན་དུ་ཐིམ་སུ་ཡིས་བཤོལ་མ་ནུས། །ཚེས་ བཅུའི་ནམ་ལངས་དུས་སུ་མཁའ་འགྲོ་བཞིས། །འོད་ཀྱི་འདོ་ལི་འོང་བ་ལ་བཞུགས་ནས། །ཌཱ་ རུ་བནྡྷ་བསྣམས་ཤིང་མགུར་དབྱངས་དང༌། །བཅས་ཏེ་འོད་ཟེར་ཁ་དོག་ལྔ་ལྡན་ནང༌། །མཚོ་ རྒྱལ་ནུབ་ནས་པདྨ་འོད་དུ་གཤེགས། ། གུ་རུ་མཚོ་སྐྱེས་རྡོ་རྗེའི་རྣམ་ཐར་ལས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་སྐབས་ཏེ་དྲུག་ པའོ།། །། ༈ དེ་ནས་ཐུགས་སྲས་རྗེ་འབངས་རྟོགས་བརྗོད་ཚུལ། །མངའ་བདག་རྗེ་བོ་མཆོག་ གི་མཛད་པ་དང༌། །འབངས་རིགས་ཉེར་ལྔ་དག་གི་མཛད་བཟང་སྒོ། །གཉིས་ལས་དང་ པོ་རྗེ་རྒྱལ་མཛད་ཚུལ་ནི། །དཔལ་གྱིས་བསམ་ཡས་མཆིམས་ཕུའི་ཡང་དབེན་དུ། །ཨོ་ རྒྱན་གུ་རུ་པདྨ་འབྱུང་གནས་ཀྱིས། །བཀའ་བརྒྱད་བདེར་འདུས་དཀྱིལ་འཁོར་ཞལ་ཕྱེས་ ནས། །རྗེ་འབངས་རྣམས་ལ་དབང་བསྐུར་མཛད་པའི་ཚེ། །གསེར་སྲང་བཅུ་རེ་ལ་ནི་མེ་ ཏོག་བྱས། །དཀྱིལ་འཁོར་ལ་ཕུལ་མེ་ཏོག་གང་ཕོག་པའི། །ལྷ་ནི་སོ་སོར་བཀའ་བབས་དེ་ ལུགས་ལྟར། །རང་རང་སྒོ་ནས་གྲུབ་བརྙེས་རྗེ་གཅིག་དང༌། །འབངས་རིགས་ཉེར་ལྔ་ཕྱོགས་ གཅིག་གྲགས་ལྟར་ན། །འདི་སྐབས་ལྷ་སྲིན་རྣམས་ཀྱིས་སློབ་དཔོན་ལ། །མཐོ་འཚམ་ཕྱིར་ 6-1-104 དུ་ཀླད་ཀྱི་རྫ་མོ་བསྙི ལ། །སློབ་དཔོན་ཞལ་ནས་ཧཱུཾ་ཞེས་གསུངས་པ་ཡིས། །རྫ་མོ་བསྙི ལ་ པ་ཡར་ལོག་ཧཱུཾ་ཡིག་བསྒྱུར། །དེང་སང་རྫ་མོ་ཧཱུཾ་འདྲ་བར་གྲགས་སྐད། །དེ་འདྲའི་སྐབས་ ཀྱི་གྲུབ་བརྙེས་རྗེ་འབངས་ལས། །མངའ་བདག་རྒྱལ་པོ་ཁྲི་སྲོང་སྡེའུ་བཙན་གང༌། །ཇི་སྐད་ འཇམ་དཔལ་རྩ་བའི་རྒྱུད་ལས་ཀྱང༌། །པ་འོད་བཟང་པོ་ཞེས་ལུང་བསྟན་པ་ལྟར། །བོད་རྗེ་ སྲོང་བཙན་སྒམ་པོ་ནས་བཟུང་སྟེ། །རྒྱལ་རབས་བཞི་པ་ཡབ་མེས་ཨག་ཚོམ་དང༌། །ཡུམ་ ནི་རྒྱ་བཟའ་ཀོང་ཇོ་ཕྱི་མས་སྲས། །ཆུ་ཕོ་རྟ་ལོའི་དཔྱིད་ཟླ་ར་བ་ཡི། །ཚེས་བརྒྱད་སྐར་མ་ རྒྱལ་ལ་ཉིད་སྐུ་བལྟམས། །དགུང་ལོ་བཅུ་བདུན་བར་དུ་རྒྱལ་ཐོབ་མཛད། །དེ་ནས་དམ་ པའི་རིགས་སད་ཐུགས་དགོངས་སུ། །ཐོག་མར་གཙུག་ལག་ཁང་ཆེན་བཞེངས་བཞེད་པས། །ཆོས་བློན་འགོས་དང་བཀའ་བགྲོས་གཡོ་ཚུལ་གྱིས། །ལས་ཐབས་བྱ་བའི་གདམ་ཁ་བསྐུར་ བ་ན། །ཐམས་ཅད་གཙུག་ལག་ཁང་བརྩིགས་གྲོས་འཆམས་བྱུང༌། །ས་འདུལ་མཛད་ཕྱིར་ མཁན་ཆེན་ཞི་བ་འཚོ། །གདན་དྲངས་ན་ཡང་དགོས་པའི་དབང་གིས་ནི། །ས་གཞི་མ་ཐུལ་ བ་ལྟར་མཛད་ནས་སུ། །མཁན་པོས་ཇི་བཞིན་ལུང་བསྟན་མཛད་པ་ལྟར། །སློབ་དཔོན་ ཆེན་པོ་པད་འབྱུང་སྤྱན་དྲངས་ཏེ། །བོད་ཁམས་ནག་ཕྱོགས་ལྷ་འདྲེ་གདུག་པ་ཅན། །གང་ཆེ་ གཉན་གཙོ་དེ་དག་ཐམས་ཅད་ཀྱང༌། །ཕྱག་རྒྱ་གཉན་པོའི་སྟོབས་ཀྱིས་ཟིལ་འོག་མནན། །ཅི་ བགྱིས་འབངས་སུ་རྩིས་ལ་ཕབ་ནས་ཀྱང༌། །རྡོ་རྗེ་ཕུར་བའི་དཀྱིལ་འཁོར་ལ་བརྟེན་ནས། །ས་གཞི་ཐམས་ཅད་ལས་སུ་རུང་བར་གནང༌། །སློབ་དཔོན་ནམ་མཁར་རྡོ་རྗེའི་གར་མཛད་ པའི། །གྲིབ་མ་གར་བྱུང་སར་ནི་རྩིགས་རྨང་བཏིང༌། །ཉིན་པར་མི་དང་མཚན་མོར་མི་མིན་ གྱིས། །ལས་བྱས་པ་ལས་བྱུང་བའི་གྲུབ་འབྲས་ཀྱང༌། །ལུགས་གསུམ་མི་འགྱུར་ལྷུན་གྱིས་ གྲུབ་པ་ཡི། །བསམ་ཡས་གཙུག་ལག་ཁང་ཆེན་ངོ་མཚར་བ། །རྟེན་དང་བརྟེན་པར་བཅས་ པའི་བཀོད་པ་ཀུན། །ལོ་ལྔའི་ཁོངས་སུ་གེགས་མེད་ཇི་བཞིན་འབྱོངས། །རབ་ཏུ་གནས་པའི་ 6-1-105 མེ་ཏོག་ཕྱོགས་མཚམས་འཐོར། །རྫུ་འཕྲུལ་གྱི་ནི་མཐུ་བཀོད་ངོ་མཚར་བསྟན། །སློབ་དཔོན་ ཆེན་པོས་བཀའ་ལུང་གནང་བ་ལྟར། །ལོ་ཙཱ་བཻ་རོ་སྐ་ཅོག་སོགས་གདན་དྲངས། །སྒྲ་བསྒྱུར་ སློབ་བཅུག་ཚེགས་མེད་ཇི་བཞིན་མཁྱེན། །སྦ་མི་ཡེ་ཤེས་དབང་པོ་ལ་སོགས་པའི། །སད་ མི་མི་བདུན་རབ་ཏུ་བྱུང་བར་བཅོལ། །སངས་རྒྱས་བསྟན་པའི་སྲོལ་བཟང་དང་པོ་བཏོད། །རྒྱལ་པོས་མདོ་བཅུ་ུལ་སོགས་མདོ་རྒྱུད་ཀྱི། །གསུང་རབ་ཅི་རིགས་པ་ཡང་ལེགས་བསྒྱུར་ ཞིང༌། །བཻ་རོ་དང་ནི་ནམ་མཁའི་སྙི ང་པོ་སོགས། །རྒྱ་གར་དུ་བཏང་ཆོས་ཀྱི་སྐྱེས་ཆེན་བླངས། །ཁྱད་པར་སྐ་ཅོག་རྨ་གསུམ་ཕོ་ཉར་བཏང། །པཎ་ཆེན་བི་མ་མི་ཏྲ་སྤྱན་དྲངས་སྐབས། །བཻ་རོ་ སྔར་ནི་རྒྱལ་མོ་ཚ་རོང་དུ། །ཕེབ་དགོས་བྱུང་བ་དེ་ཡང་སླར་ལ་བྱོན། །འདིར་ནི་མཁན་སློབ་ བི་མ་ལ་སོགས་པའི། །པཎ་ཆེན་བརྒྱ་རྩ་དུས་གཅིག་ཞལ་འཛོམས་ཤིང༌། །བཻ་རོ་སྐ་ཅོག་ལ་ སོགས་ཞུས་ཆེན་དང༌། །འགྱུར་བྱེད་མཆན་བུའི་ལོ་ཙཱ་བརྒྱ་རྩ་བརྒྱད། །མཚམས་སྦྱར་སྡེ་སྣོ ད་ རྒྱུད་སྡེ་དགོངས་འགྲེལ་བཅས། །བསྒྱུར་བཤད་འཆད་ཉན་ཞིབ་མོས་གཏན་ལ་ཕབ། །ཆོས་ རྒྱལ་ལོ་པཎ་དེ་དག་ཐུགས་རྗེ་ལས། །བོད་དུ་སངས་རྒྱས་བསྟན་པ་ཡོངས་རྫོགས་མཛད། །བཀའ་དྲིན་ཕྱག་རྗེས་བསམ་མི་ཁྱབ་པ་མངའ། །བཀའ་མའི་ལོ་རྒྱུས་སྦ་བཞེད་སོགས་ལས་ ཀྱང༌། །རྒྱལ་བློན་རྣམས་ལ་དཔལ་ལྡན་གསང་འདུས་ཀྱི། །རིམ་པ་འམ་སྟེ་དབང་བསྐུར་ མཛད་ནས་ཀྱང༌། །མན་ངག་ལྟ་བའི་ཕྲེང་བ་ལེགས་པར་བཤད། །ཆོས་དང་དྲག་སྔགས་དཔེ་ མང་རྫ་ལ་སྦས། །ཞེས་པ་ཙམ་ལས་ལོ་རྒྱུས་མི་འབྱུང་བ། །ཐུན་མོང་གདུལ་བྱའི་སྣང་ངོར་ དེ་ལྟར་མོད། །ཐུན་མིན་མངའ་བདག་རྗེ་འབངས་ལ་སོགས་པ། །སྐལ་ལྡན་རྣམས་ལ་བླ་ རྫོགས་ཐུགས་གསུམ་དང༌། །སྒྲུབ་པའི་སྡེ་བརྒྱད་སྤྱི་དང་བྱེ་བྲག་གིས། །མཚོན་ཏེ་རྩ་གསུམ་ ཆོས་སྲུང་རབ་འབྱམས་ཀྱི། །རྒྱུད་དང་གདམས་ངག་ལས་ཚོགས་མཐའ་ཡས་པ། །བཀའ་ བསྩལ་ཕལ་ཆེར་མཆོད་ཡོན་གང་དག་གིས། །བཀའ་བགྲོས་མ་འོངས་སེམས་ཅན་དུས་ལ་ 6-1-106 དགོངས། །ཟབ་མོའི་གཏེར་དུ་བཀའ་རྒྱས་ལེགས་པར་བཏབ། །བྱེ་བྲག་ཏུ་ནི་བསམ་ཡས་ མཆིམས་ཕུ་ཡི། །བྲག་དམར་ཀེའུ་ཚང་ཕུག་གི་གནས་མཆོག་དེར། །གུ་རུ་མཚོ་སྐྱེས་རྡོ་རྗེས་ སྤྲུལ་བཀོད་བཅས། །བཀའ་བརྒྱད་བདེ་གཤེགས་འདུས་པའི་དཀྱིལ་འཁོར་བཞེངས། །དེ་ ལ་བརྟེན་ནས་རྗེ་འབངས་དབང་བསྐུར་དུས། །མངའ་བདག་མེ་ཏོག་དཀྱིལ་འཁོར་དབུས་ སུ་བབས། །རིགས་དང་མཐུན་པའི་གསང་བའི་མཚན་གསོལ་བ། །ཚངས་པ་ལྷ་ཡི་མེ་ཏོག་ རྩལ་དུ་གནང༌། །ཆེ་མཆོག་བདེ་གཤེགས་འདུས་པའི་བཀའ་བབས་ཏེ། །ཏིང་འཛིན་མཆོག་ ལས་ནམ་ཡང་མི་གཡོ་བར། །ལྷུན་གྱིས་གྲུབ་པའི་དགོངས་ཆེན་དེ་སྐྱེས་སོ། །མཁན་པོ་བོ་དྷི་ གང་ལས་མདོ་ཕྱོགས་གསན། །དེར་བརྟེན་ཤེར་ཕྱིན་མངོན་པ་རྟོགས་པ་འཁྲུངས། །གསུང་ ཆོས་བཀའ་ཡང་དག་པའི་ཚད་མ་དང༌། །འབུམ་ཊཱིཀ་ལ་སོགས་བསྟན་བཅོས་མང་པོ་མཛད། །མངའ་བདག་སྤྲུལ་དམག་བྱེ་བ་བཅུ་གཉིས་བཏང༌། །རྒྱ་གར་མཆོད་རྟེན་པདྨ་ཅན་ནང་ནས། །དེ་བཞིན་གཤེགས་པའི་རིང་བསྲེལ་མང་གདན་དྲངས། །གཙུག་ལག་ཁང་ནི་བརྒྱ་རྩ་བརྒྱད་ བཞེངས་ཤིང༌། །དེ་འདྲའི་ཆོས་ཀྱི་མཛད་རླབས་མངོན་མཐོ་བ། །བསིལ་ལྡན་ཁ་བའི་ལྗོངས་ ཀྱི་ཆོས་རྒྱལ་ཉིད། །སངས་རྒྱས་བསྟན་པ་ཉིན་བྱེད་འདྲེན་པའི་ཕུལ། །ཤིང་རྟ་གཅིག་པུར་ ངེས་འདི་ཆེས་ངོ་མཚར། །འཇམ་དབྱངས་མི་རྗེའི་ཚུལ་དུ་རྣམ་རོལ་པ། །གང་དེའི་ཐུགས་ བསྐྱེད་ཕྲིན་ལས་མཐའ་ཡས་པས། །བོད་ཁམས་ཡོངས་ལ་བཀའ་དྲིན་མཚུངས་ཟླ་མེད། །ཁོང་ཉིད་འདི་ནས་ཞིང་གཞན་གཤེགས་པའི་དུས། །འདྲ་མིན་མང་ན་རྣམ་ཐར་ཆེན་པོ་ལྟར། །དགུང་གྲངས་ལྔ་བཅུ་རྩ་དགུ་ཙམ་དུ་བཟུང༌། །དེ་ནས་ཡང་དག་སྐྱེ་སྲིད་བརྒྱུད་མ་ནས། །སྐུ་ ཡི་སྤྲུལ་པའི་གཏེར་ཆེན་ཉང་གི་མཚན། །གསུང་སྤྲུལ་ཆོས་དབང་གཏེར་ཁ་གོང་འོག་གཉིས། །ཐུགས་སྤྲུལ་མངའ་རིའི་པཎ་ཆེན་པདྨ་དབང༌། །ཡོན་ཏན་རྣམ་འཕྲུལ་གནས་གསར་མཁྱེན་ དབང་ཕྱུག །བཀྲ་ཤིས་སྟོབས་རྒྱལ་ཕྲིན་ལས་སྤྲུལ་པ་ཡང༌། །རྒྱལ་དབང་ལྔ་པ་རྡོ་རྗེ་ཐོགས་ 6-1-107 མེད་རྩལ། །རྣམ་འཕྲུལ་དེ་ལྔ་རེ་ལ་ཡང་སྤྲུལ་བདུན། །ལ་སོགསུ་སྒྱུ་མའི་ཟློ ས་གར་བསམ་མི་ ཁྱབ། །ཆོས་རྒྱལ་འདི་ཉིད་ཀྱི་ནི་སྐུ་སྲས་ལ། །བཞེད་སྲོལ་མང་དུ་འདུག་ཀྱང་ཡོངས་གྲགས་ ལྟར། །ཆེ་བ་མི་ཁྲི་བཙད་པོ་འམ་ཡང་ན། །མུ་ནེ་བཙན་པོ་ཞེས་གྲགས་འབྲིང་བོའི་མིང༌། །མུ་ རུམ་བཙད་པོ་ཞེས་ཟེར་གཞན་ཡང་ནི། །ལྷ་སྲས་དམ་འཛིན་རོལ་པ་ཡེ་ཤེས་རྩལ། །ཆུང་བ་ མུ་ཏིག་བཙད་དམ་སད་ན་ལེགས། །མཇིང་ཡོན་ཞེས་པ་མང་གི་རྣམ་གྲངས་སོ། །དེ་འདྲའི་ལྷ་ སྲས་ཆེ་འབྲིང་ཆུང་གསུམ་ཡང༌། །གུ་རུའི་ཐུགས་སྲས་སུ་གྱུར་དེ་རྣམས་ལས། །མུ་ནེའི་རྣམ་ འཕྲུལ་འབྲུ་གུང་ཡོངས་དགེ་སོགས། །མུ་རིམ་སྤྲུལ་པ་ལྷ་སྲས་ལོ་ཙཱ་བ། །སངས་རྒྱས་གླིང་པ་ ལྷ་བཙུན་ལ་སོགས་དང༌། །མུ་ཏིག་གར་བསྒྱུར་གུ་རུ་ཇོ་ཚེ་སོགས། །རྣམ་འཕྲུལ་ཆེས་མང་མ་ འོངས་འགྲོ་འདུལ་ཆེད། །ལྷ་སྲས་ཆུང་བ་མུ་ཏིག་བཙད་པོ་ལ། །སྲས་ལྔ་བྱུང་བའི་ནང་ནས་ ཁྱད་པར་བ། །མངའ་བདག་རལ་བ་ཅན་གྱིས་ཆོས་སྲིད་བསྐྱངས། །གསུང་རབ་རྣམས་ལ་ བརྡ་སྐད་གསར་བཅད་ཀྱིས། །ལེགས་བཅོས་དག་ཐེར་བརྡ་འགྱུར་བཟང་པོ་མཛད། །འོན་ ཅང་རྡོ་ཡི་ལྷ་ཁང་ལ་སོགས་པ། །གཙུག་ལག་ཆོས་སྡེ་ཤིན་ཏུ་དར་བར་བྱས། །གཞན་ཡང་ སྲས་ལྔ་ལས་ནི་མཚར་ཁྱད་ཅན། །རྒྱལ་སྲས་ལྷ་རྗེའམ་སྔགས་འཆང་མཆོག་གྲུབ་རྒྱལ། །ཟ་ ཧོར་རྒྱལ་པོའི་སྤྲུལ་པར་སློབ་དཔོན་གྱིས། །ཞལ་ལུང་བསྟན་ཞིང་བཀའ་འདུས་ཆོས་ཀྱི་མཚོ། །གཉེར་གཏད་སོགས་ཀྱི་ཐུགས་སྲས་མཆོག་ཏུ་གྱུར། །འདི་ཉིད་འགའ་ཞིག་མངའ་བདག་ ཁྲི་སྲོང་གི །སྐྱེ་སྲིད་དེ་མ་ཐག་པར་བཤད་སྲོལ་ཡོད། །སྐུ་ན་ཕྲ་མོའི་དུས་ནས་གཤེགས་མོད་ ཀྱང༌། །སློབ་དཔོན་ཐུགས་རྗེ་རྨད་བྱུང་ལ་བརྟེན་ནས། །སྤྲུལ་པའི་གཏེར་ཆེན་སངས་རྒྱས་བླ་ མ་དང༌། །རྒྱལ་ལོ་ཉི་སེང་ཡབ་རྗེ་ཨོ་རྒྱན་གླིང༌། །ཆོས་རྗེ་གླིང་པ་ཡན་ཆད་སྐྱེས་རབས་ཕྲེང༌། །བཅུ་གཉིས་གཏེར་སྟོན་རྐྱང་བའི་མཛད་ཚུལ་གནང༌། །བཅུ་ུགསུམ་འཆི་མེད་འཇིགས་གླིང་ གང་རུང་བ། །སྤྱིར་ན་གཏེར་སྟོན་བཅུ་གསུམ་མཛད་བཟང་སྐྱོང༌། །ཚུལ་དེ་གུ་རུས་བཀའ་ 6-1-108 ལུང་གསལ་བོས་བསྔགས། ། གུ་རུ་མཚོ་སྐྱེས་རྡོ་རྗེའི་རྣམ་ཐར་ལས་མི་རྗེ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་ཏེ་བདུན་པའོ།། །། ༈ དེ་ནས་འབངས་རིགས་ཉེར་ལྔ་དག་གི་ཚུལ། །མཚོ་རྒྱལ་མ་གཏོགས་ལྷག་མ་བཞི་ ཚན་བཅད། །འབངས་གྲངས་ཉེར་བཞིའི་ལོ་རྒྱུས་མདོ་ཙམ་བརྗོད། །དེ་ཡང་ཐོག་མ་སངས་ རྒྱས་ཡེ་ཤེས་ཞབས། །གནུབ་རོང་ཡུལ་དུ་སྐུ་ཉིད་འཁྲུངས་པས་ན། །གནུབ་ཆེན་སངས་རྒྱས་ ཡེ་ཤེས་ཞེས་མཚན་གསོལ། །དུས་སྐབས་ན་ཚོད་ཚད་ཕྱིན་རེ་ཞིག་ཏུ། །སློབ་དཔོན་ཆེན་པོས་ བཀའ་བརྒྱད་དབང་བསྐུར་སྐབས། །མེ་ཏོག་སྐུ་མཆོག་གཤིན་རྗེར་ཕོག་པ་ཡིས། །སྦྲགས་ ཀྱི་ཡང་རྫོང་དུ་ནི་དེ་བསྒྲུབས་པས། །ཡུན་མི་རིང་བར་འཇམ་དཔལ་གཤིན་རྗེའི་གཤེད། །ལྷ་ཚོགས་ཐམས་ཅད་མ་འདྲེས་ས་ལེར་གཟིགས། །མཐུ་ནུས་རབ་འབར་བྲག་ལ་ཕུར་བ་ བཏབ། །འཇིགས་མེད་སྟོབས་ཀྱིས་ཉི་ཟླ་གདན་དུ་བཏིང༌། །དེ་ལ་སོགས་པའི་གྲུབ་རྟགས་ མངོན་ཚན་ཅན། །མང་པོ་བསྟན་པས་དེར་གནས་སྐྱེ་བོ་ཀུན། །ཡིད་ངོ་མཚར་ཞིང་སྣང་བ་ ཧ་ལས་གྱུར། །དམ་པའི་ཆོས་འཚོལ་ཕྱིར་དུ་ུརྒྱ་གར་དང༌། །བལ་བོའི་ཡུལ་དུ་ལན་གྲངས་ བདུན་ལ་བྱོན། །སྔ་འགྱུར་གསང་ཆེན་མདོ་སྒྱུ་སེམས་གསུམ་གྱི། །ཟབ་མོའི་བཀའ་བབས་ བལ་ཡུལ་དུ་བཞུགས་པའི། །བ་སུ་དྷ་རིའི་དྲུང་ནས་མངོན་སྤྱོད་ཀྱི། །དྲག་ལས་མང་པོས་ མན་ངག་རབ་ཞུས་ཤིང༌། །དྲག་པོའི་ཕྲིན་ལས་ཟིལ་ཆེན་མང་དུ་མཛད། །ཁྱད་པར་སྡིག་སྤྱོད་ རྒྱལ་པོ་གླང་དར་མའི། །སངས་རྒྱས་བསྟན་པ་བཤིག་པའི་དུས་སྐབས་སུ། །སློབ་དཔོན་འདི་ ཡི་མཐུ་ནུས་རླབས་ཆེན་ལ། །རྒྱལ་པོ་སྡིག་ཅན་ཁོ་ཡང་ཆེར་སྐྲག་སྟེ། །སློབ་དཔོན་ལ་ནི་འདི་ སྐད་ཁྱོད་ཉིད་ལ། །ནུས་མཐུ་ཅི་ཡོད་ཟེར་བའི་ལན་དུ་ཡང༌། །གནུབས་ཆེན་སློབ་དཔོན་དེ་ཡི་ ཞལ་ན་རེ། །ངས་ནི་སྔགས་ཙམ་བཟླས་པའི་ནུས་པ་ལ། །རྒྱལ་པོ་ཉིད་ཀྱིས་གཟིགས་ཤིག་ 6-1-109 ཅེས་གསུངས་ཏེ། །སྡིགས་མཛུབ་གནམ་དུ་ཕྱར་བའི་རྩེ་སྟེང་ན། །ལྕགས་ཀྱི་སྡིག་པ་ནག་ པོ་གཡག་པོ་ཙམ། །དགུ་བརྩེགས་འདུག་པ་མཐོང་བས་རྒྱལ་པོ་སྐྲག །ད་ནི་རང་གི་ཁྲིམས་ ལུགས་ལས་བརྩམ་སྟེ། །དཀོན་མཆོག་སྔགས་པའི་སྐུ་ལ་མི་བསྡོ་འོ། །སྔགས་ཆོས་མཛོད་ ཅིག་གསུང་ནས་བཀའ་གནང་སྦྱིན། །དེ་དུས་སླར་ཡང་སློབ་དཔོན་གྱིས་གསུངས་པ། །ད་ རུང་ནུས་པ་འདི་ལ་གཟིགས་ཤིག་ཅེས། །སྡིགས་མཛུབ་མཛད་པས་འཕྲལ་དུ་ཐོག་ཆེན་ཕབ། །ཕ་རིའི་བྲག་ལ་བསྣུན་པས་ཚལ་བར་སོང༌། །དེར་བརྟེན་རྒྱལ་པོ་འཁོར་བཅས་འཇིགས་ ཤིང་སྐྲག །ངག་ནས་གསང་སྔགས་ཆོས་སྡེ་འཁོར་བཅས་ལ། །ད་ཕན་གནོད་པ་མི་བྱེད་ཟེར་ ཁས་བླངས། །དེ་ནས་བཟུང་སྟེ་སྡིག་སྤྱོད་རྒྱལ་པོས་ཀྱང༌། །སྔགས་འཆང་གོས་དཀར་ལྕང་ ལོའི་སྡེ་ཚན་ལ། །གནོད་པ་ཡེ་མ་བྱུང་བ་གནུབ་ཆེན་དྲིན། །སངས་རྒྱས་བསྟན་པ་སྤྱི་ལ་ཕན་ ཆེར་བྱུང༌། །ཁོང་གིས་ཚེ་ཡི་རིག་འཛིན་བརྙེས་པས་ན། །མངའ་བདག་དཔལ་འཁོར་བཙན་ གྱི་བར་དུ་བཞུགས། །མཐར་ཐུག་ཞིང་འདིའི་མཛད་པ་རྫོགས་པའི་ཚེ། །ཐུགས་སྲས་ཡོན་ ཏན་རྒྱ་མཚོ་དགེ་བའི་མཆེད། །བཅོ་ལྔ་ལ་སོགས་གདུལ་བྱ་སྨིན་གྲོལ་མཛད། །དེ་ནས་རིམ་ བཞིན་ལྕང་ལོ་ཅན་དུ་གཤེགས། །འདིས་ནི་སྔ་འགྱུར་བཀའ་མའི་བབ་སོ་ཆེ། །སྲོལ་འཛིན་ ཤིང་རྟ་ཆེན་པོའི་རྣམ་པར་བཞུགས། །ཁོང་གི་སྤྲུལ་པའི་གཏེར་སྟོན་གང་འདི་ཡང༌། །དུམ་ རྒྱ་ཞང་ཁྲོམ་དྲི་མེད་ཀུན་དགའ་སོགས། །སྔ་ཕྱིར་མང་བྱོན་དེ་དག་ཐམས་ཅད་ཀྱང༌། །རང་ རང་ལ་འོས་གདུལ་བྱ་འདུལ་བའི་གཉེན། །དུས་དང་འཚམ་པའི་མཛད་བཟང་དཔལ་ ཡོན་འབར། །སུ་ལས་སྐྱབས་ཀྱི་ཕན་ཐོགས་ཆེ་བ་འོ། །གཉིས་པ་ངན་ལམ་རྒྱལ་བ་མཆོག་ དབྱངས་ནི། །དབུ་རུ་འཕན་ཡུལ་དུ་འཁྲུངས་རུས་ངན་ལམ། །མཁན་པོ་བོ་དྷི་ས་ཏྭ་ལས་རབ་ བྱུང༌། །བོད་འདིར་སད་མི་མི་བདུན་ཞེས་གྲགས་པ། །རབ་བྱུང་ཐོག་མའི་གྲལ་དུ་ལེགས་ཚུད་ ཅིང༌། །སྐུ་ནི་ཤིན་ཏུ་བཙུན་པའི་ཚུལ་དུ་བཞུགས། །དེ་ལུགས་ལ་དགོངས་སྦ་བཞེད་ལོ་རྒྱུས་ 6-1-110 ལས། །བཙུན་པའི་རབ་ནི་ངན་ལམ་ལྷ་ཆུང་གཉིས། །ཞེས་གསུངས་པ་དང་ངེས་པར་མཐུན་ པ་སྟེ། །གུ་རུས་བཀའ་བརྒྱད་དབང་བསྐུར་མཛད་པའི་དུས། །མེ་ཏོག་པདྨ་གསུང་གཙོ་རྟ་ མགྲིན་ལ། །ཕོག་ནས་དབེན་རྩར་སྒྲུབ་པ་ལེགས་མཛད་པས། །ཡུལ་གསུམ་གྱད་དུ་གྱུར་ཏེ་ དབུ་གཙུག་ནས། །རྟ་མགོ་ཐོན་ཞིང་རྟ་སྐད་མཚེར་བ་བྱུང༌། །ཚེ་ཡི་རིག་འཛིན་བརྙེས་པས་ ཡུན་རིང་བཞུགས། །ངན་ལམ་རྒྱལ་མཆོག་འདི་ཉིད་དུས་ཕྱིས་སུ། །མངའ་བདག་དཔལ་ འཁོར་བཙན་གྱི་དུས་སྐབས་ཤིག །རྨ་བན་བྱང་ཆུབ་བློ་གྲོས་སྟོད་ཕྱོགས་སུ། །འབྲོ་བ་རྣམས་ ཀྱིས་མི་ཤ་ལ་བཀུམས་པ། །རྒྱལ་པོར་གྱུར་ཏེ་མངའ་བདག་ལ་གནོད་གྱུར། །དེ་ཚེ་རྒྱལ་བ་ མཆོག་དབྱངས་ཁོང་ཉིད་ཀྱིས། །རྒྱལ་པོ་རྩེ་མདོས་མཛད་ནས་ཡས་གླུད་བསྔོ ས། །བཙན་ པོ་བསྙུན་ལས་གྲོལ་ཞིང་བར་ཆད་སེལ། །མདོས་གཟུགས་བསྔོ ་ཆོག་ཆ་ལག་དང་བཅས་ པ། །མཁར་ཆུར་གཏེར་དུ་སྦས་པ་དུས་ཕྱིས་སུ། །ཁམས་པ་དར་བེར་ཅན་གྱིས་གཏེར་ནས་ བཏོན། །དེ་ལུགས་དུས་མཐུན་འགྲོ་ཕན་ཡུན་རིང་བྱུང༌། །འདི་ཡི་རྣམ་འཕྲུལ་ཚེ་བརྟན་རྒྱལ་ མཚན་དང༌། །རྒྱ་སྟོན་པད་དབང་ཀརྨ་པཀྴི ་སོགས། །རང་འཚམས་གདུལ་བྱར་ཕན་པའི་ མཛད་སྒོ་ཅན། །སྣ་ཚོགས་མ་ངེས་ཅི་ཡང་སྟོན་ནས་ཀྱང༌། །གང་འདུལ་འགྲོ་ལ་ཐུགས་ རྗེ་འོས་ཙམ་འཇུག །གསུམ་པ་དགེ་སློང་ནམ་མཁའི་སྙི ང་པོ་ནི། །གདུང་རུས་གནུབས་ རིགས་འཁྲུངས་ཡུལ་གཉལ་སྨད་ཀྱི། །ཉང་དཀར་མདའ་ཡི་ཤམ་བུ་དེ་ཡིན་ཞིང༌། །མཁན་ པོ་ལས་ནི་རབ་བྱུང་རྟེན་དགེ་སློང༌། །སློབ་དཔོན་ཆེན་པོས་བཀའ་བརྒྱད་དབང་བསྐུར་དུས། །མེ་ཏོག་ཡང་དག་ཐུགས་ལ་ཕོག་ནས་ཀྱང༌། །དེ་ལུགས་ལྟར་གྱི་གྲུབ་པའི་མཚན་མ་བརྙེས། །ཉི་ཟེར་ལས་ནི་ཅི་དགར་གཤེགས་བཞུགས་མཛད། །ལོ་ཙཱ་ལེགས་པར་སྦྱངས་ནས་རྒྱ་གར་ ལ། །བྱོན་ཏེ་སློབ་དཔོན་ཧཱུཾ་ཀ་ར་ལ་སོགས། །པཎ་གྲུབ་མང་པོར་མཇལ་ཞིང་དབང་བསྐུར་ དང༌། །གདམས་པ་ཆེས་མང་གསན་ནས་བོད་དུ་བྱོན། །བོན་བློན་རྣམས་ཀྱིས་ཕྲ་དབྱེན་བྱེད་ 6-1-111 ལ་བརྟེན། །ཁོང་ཉིད་རེ་ཞིག་བར་དུ་ལྷོ ་བྲག་གི །མཁར་ཆུར་ཕེབས་དགོས་བྱུང་བའི་སྐབས་ ཤིག་ན། །འཁྲུངས་ཡུལ་ཉེ་འཁོར་བྲག་དམར་ཞེས་བྱ་བའི། །ཕུག་པར་བཞུགས་ཚེ་གཅུང་ པོ་ཁྱིམ་ཐབ་པ། །ཞིག་ཡོད་དེ་ལ་ཞིང་འདེབས་ས་བོན་མེད། །སློབ་དཔོན་གཅེན་ཉིད་ལ་ནི་ སློང་མོར་བྱས། །གཅེན་གྱིས་རང་ལ་ས་བོན་ཁུངས་མེད་ཀྱང༌། །འདི་གཏོར་ཞེས་གསུངས་ རྡེའུ་མང་ཙམ་གནང༌། །གཅུང་བོས་བཀའ་བཞིན་བྱས་པས་ཡུལ་གཞན་ལས། །ལོ་ཐོག་ཆེས་ འཕེལ་གྱུར་ནས་ཀུན་ངོ་མཚར། །ཡང་ཅིག་གནས་ཡུལ་དེ་ཡི་ཕྱོགས་ནས་ཀྱང༌། །གཉལ་ སྨད་དགེ་རིའི་རྩེ་མོར་ནམ་མཁའ་ལ། །འཕུར་ནས་བྱོན་སྐབས་ལམ་དུ་ཕྱག་ཕྲེང་ཟག །ཉང་ སྨད་མཁར་ཐང་དཀྱིལ་དུ་ལྷུང་བ་ན། །ནམ་མཁར་བྱོན་བཞིན་རྫུ་འཕྲུལ་ཕྱག་བརྐྱངས་ནས། །ཕྲེང་བ་བླངས་པས་ས་ལ་ཕྱག་སོར་རྗེས། །ལྔ་བྱུང་རེ་རེ་བཞིན་དུ་མེ་ཏོག་སྐྱེས། །དེ་ལ་ མཁའ་འགྲོ་སྡེ་ལྔ་འབྱུང་བ་ལྔའི། །ལྷ་མོས་མཆོད་རྟེན་ལྔ་བཞེངས་ད་ལྟར་ཡོད། །དགྱེ་རི་སྤྱང་ དམར་ཕུག་ཏུ་ལེགས་བཞུགས་སྐབས། །དགྱེ་འདབས་སྦེ ་དྲིལ་ཞོན་པ་ཅན་ཚོ་ཡིས། །བཟའ་ བཅའ་སྣ་ཚོགས་ཁྱེར་ནས་རི་ལྟར་ཕྱིན། །དགེ་སློང་ནམ་སྙི ང་ཉིད་དང་མཇལ་བའི་ཚེ། །ཁོ་ ཚོས་ཚོགས་འཁོར་ཞུས་པས་འགྲོ་རན་ཁར། །བྱིན་རླབས་ཡིན་གསུངས་མི་རེར་རྡེའུ་དམར་ འགའ། །གནང་བས་རང་རང་གནས་སུ་སོང་བའི་སྐབས། །ཕལ་ཆེར་གྱིས་ནི་རྡེ་འུ་རྣམས་ཀྱང་ ཕོས། །ལ་ལས་མདའ་དོང་དུ་བླུགས་ཕྱིས་དུས་སུ། །མདའ་བཏོན་ཚེ་ན་གཡུ་ཐོན་དངོས་གྲུབ་ ཤེས། །གཞན་རྣམས་ལ་བཤད་རྡེ་འུ་ཕོས་པས་འགྱོད། །སླར་ཡང་སློབ་དཔོན་ལ་ནི་དངོས་ གྲུབ་ཞུས། །དེ་ཚེ་ཕུག་ནང་སློབ་དཔོན་མ་མཇལ་བར། །སྤྱང་ཀི་དམར་པོའི་གཟུགས་ཤིག་ མཐོང་བས་ན། །དེ་ཕན་ཆད་ནས་སྤྱང་དམར་ཕུག་ཅེས་གྲགས། །དགེ་སློང་གིས་གནང་སྔར་ གྱི་གཡུ་དེ་དག །ཐོད་པ་དྲུག་དམར་རྩད་པོ་བརྒྱད་དཀར་དང༌། །སྐར་མ་མིག་བཞི་ལ་སོགས་ གཡུ་མིང་ཅན། །སྐད་གྲགས་རིན་ཐང་ཆེ་བར་བྱུང་སྐད་དོ། །ལོ་རྒྱུས་གཞན་ཡང་སློབ་དཔོན་ 6-1-112 དགེ་སློང་ལ། །བུད་མེད་ཅིག་གིས་ཞོ་རྫེའུ་རེ་ཕུལ་བས། །སྐབས་ཤིག་སློབ་དཔོན་གྱིས་ནི་ཞོ་ སྣོ ད་དུ། །རྡེ་འུས་བཀང་བ་གནང་བས་ཁོ་མོས་ཀྱང༌། །དངོས་གྲུབ་ཡིན་པར་ཤེས་ནས་ཁྱིམ་ དུ་ཁྱེར། །ཞག་འགའ་ཞིག་ནས་ཐམས་ཅད་གཡུ་རུ་སོང༌། །ལྷོ ་བྲག་མཁར་ཆུའི་ཕུག་རིང་ལ་ སོགས་པར། །སྒྲུབ་པ་མཛད་པས་ཡི་དམ་མང་པོ་ཡི། །ལྷ་ཞལ་གཟིགས་ཤིང་ཕྱག་ཆེན་རིག་ འཛིན་བརྙེས། །གསང་ཡུམ་མཁའ་སྤྱོད་གྲུབ་པ་མཁའ་འགྲོ་མཆོག །ཤེལ་དཀར་རྡོ་རྗེ་མཚོ་ ནི་བདེ་བསྐྱེད་ཕུལ། །འདི་ཡི་རྣམ་ཐར་པདྨ་གླིང་པ་ཡི། །བླ་མ་ནོར་བུ་རྒྱ་མཚོར་གསལ་བ་ བཞིན། །དགེ་སློང་འདིས་ནི་མཐར་ཡང་སྐུ་ཚེ་འདིར། །ལུས་མ་བོར་བར་མཁའ་སྤྱོད་ཞིང་དུ་ གཤེགས། །རྣམ་འཕྲུལ་བྱང་ཆུབ་གླིང་སོགས་ཅི་རིགས་བྱོན། །འདི་ཡང་ངོ་མཚར་ཁྱད་ཆོས་ རྫོགས་པ་འོ། །བཞི་པ་གཉགས་ལོ་ཡེ་ཤེས་གཞོན་ནུ་ཉིད། །འཁྲུངས་ཡུལ་ཡར་ལུང་ཤེལ་ ལམ་འཕྱོས་ཞེས་བྱ། །རུས་ལས་མིང་ཆགས་གཉགས་ཀྱི་རིགས་ལས་བྱུང༌། །ཡབ་ནི་སྟག་ སྒྲ་ལྷ་སྣང་ཞེས་པ་དང༌། །ཡུམ་ཡང་སྲུ་བཟའ་མགོན་སྐྱིད་གཉིས་ཀྱི་སྲས། །ཁོང་གིས་གནས་ ཚུལ་མགྲིན་པར་ཤ་མཚན་རྟགས། །སྨེ་བ་རྡོ་རྗེ་རྒྱ་གྲམ་ཚུལ་དུ་ཡོད། །མཚན་ནི་རྒྱལ་བའི་ བློ་གྲོས་ཞེས་སུ་གྲགས། །མཁན་ཆེན་བོ་དྷི་ལས་ནི་རབ་ཏུ་བྱུང༌། །བསྙེ ན་པར་རྫོགས་ཤིང་ མཁྱེན་རབ་བསམ་མི་ཁྱབ། །མདོ་དང་སྔགས་ཀྱི་ཆོས་ཀྱང་མང་དུ་བསྒྱུར། །སློབ་དཔོན་ཆེན་ པོ་བི་མ་ལ་མི་ཏྲ། །བཻ་རོ་གཡུ་སྒྲ་རྣམས་ཀྱང་བླ་མར་བསྟེན། །བཀའ་ཡི་ཆུ་བོ་བཞི་འདུས་སྔ་ འགྱུར་གྱི། །རྡོ་རྗེ་ཐེག་པའི་བསྟན་པ་ཨང་དང་པོ། །གཉགས་ལ་བབས་ཞེས་སྐད་གྲགས་བོད་ འདིར་ཁྱབ། །ཨོ་རྒྱན་ཆེན་པོའི་བཀའ་བརྒྱད་དབང་གི་སྐབས། །མེ་ཏོག་ཆེ་མཆོག་ལ་བབས་ འོན་ཀྱང་ནི། །ཕུར་བ་ལ་བརྟེན་རྫུ་འཕྲུལ་མཐུ་སྔར་གྲུབ། །ཕུར་བ་གཉགས་ལུགས་ཕྱིས་ཀྱི་ བར་དུ་དར། །ཕྱིས་སུ་མངའ་བདག་རྒྱལ་པོ་དང་མཚུངས་པར། །ཆེ་མཆོག་མེ་ཏོག་རིགས་ཀྱི་ གསང་མཚན་ནི། །དྲི་མེད་ཟླ་ཤར་ཞེས་ཏེ་ཁོང་ལ་ཡང༌། །བདུད་རྩི་སྨན་གྱི་བཀའ་ནི་བབས་ 6-1-113 ནས་སུ། །སྒྲུབ་གནས་ཡར་ལུང་ཤེལ་གྱི་བྲག་ཕུག་ནས། །རྨད་བྱུང་རྫུ་འཕྲུལ་གྱིས་ནི་སྒྲུབ་ ཆུ་བཏོན། །དུས་ཕྱིས་ཡུན་རིང་བར་དུ་མངོན་སུམ་ཡོད། །ངན་ལམ་རྒྱལ་བ་མཆོག་དབྱངས་ དང་ལྷན་ཅིག །ཡེར་བར་སྒྲུབ་པ་མཛད་པས་གྲུབ་པ་ཐོབ། །བྱ་རོག་ཏུ་བརྫུས་གྲོགས་པོ་རྒྱལ་ མཆོག་རྩར། །བྱོན་པས་གྲོགས་དེས་ལེགས་མཁྱེན་སླར་སྤྲུལ་པ། །རྔ་མོ་ཆུང་ངུས་བསྐོ ར་བ་ ལན་གསུམ་བྱས། །ཕན་ཚུན་ངོ་མཚར་དང་བཅས་དེང་སང་ཡང༌། །དབེན་གནས་དེར་ནི་བྱ་ རོག་རྫོང་དུ་གྲགས། །ཚུལ་འདི་བདེར་འདུས་བཞིན་ཏེ་གང་ལྟར་ཡང༌། །ལོ་ཆེན་ཉིད་ཀྱང་ མདོ་སྒྱུ་སེམས་གསུམ་གྱི། །བསྟན་པའི་མངའ་བདག་ཏུ་གྱུར་སློབ་མ་ཡང༌། །སོག་པོ་དཔལ་ ཡེ་ལ་སོགས་དཔལ་གྱི་བུ། །བརྒྱད་དུ་གྲགས་པ་རྣམས་དང་དབོན་བརྒྱུད་ཀྱང༌། །ཕྲིན་ལས་ རྒྱ་ཆེར་བྱུང་ཞིང་རྣམ་པར་འཕྲུལ། །ཡར་སྟོད་ར་མོ་ཤེལ་སྨན་བྱ་རོང་གི །ཨེ་ཡི་སྨན་པ་ཉི་ འོད་གསལ་ལ་སོགས། །སྤྲུལ་པའི་གཏེར་སྟོན་ཅི་རིགས་བྱོན་ནས་ཀྱང༌། །ངོ་མཚར་འགྲོ་ འདུལ་མཛད་བཟང་ཨེ་མ་རྨད། ། གུ་རུ་མཚོ་སྐྱེས་རྡོ་རྗེའི་རྣམ་ཐར་ལས་གནུབས་ངན་ནམ་གཉགས་བཞིའི་འབངས་ཀྱི་ སྐབས་ཏེ་བརྒྱད་པའོ།། །། ༈ དེ་ནས་འབངས་རིགས་ཚན་སྐོ ར་གཉིས་པ་ཡང༌། །ལྔ་པ་འབྲོག་མི་དཔལ་གྱི་ཡེ་ཤེས་ ནི། །གདུང་རུས་འབྲོག་མི་ཡར་འབྲོག་སྒང་དུ་འཁྲུངས། །ལོ་ཙཱ་མཁས་པར་མཁྱེན་པས་མ་ མོའི་རྒྱུད། །ལ་སོགས་མདོ་སྔགས་ཆོས་མང་བོད་དུ་བསྒྱུར། །སློབ་དཔོན་ཆེན་པོས་དབང་ བསྐུར་གནང་བའི་དུས། །བླ་མེད་ཧེ་རུ་ཀ་ཡི་དཀྱིལ་འཁོར་ལ། །མེ་ཏོག་ཕོག་པས་མ་མོའི་ བཀའ་བབས་ཏེ། །སྲིད་པ་བདེ་འགྲོའི་དཀྱིལ་འཁོར་མངོན་སུམ་གཟིགས། །སྣང་སྲིད་མ་མོ་ ཐམས་ཅད་བྲན་དུ་འཁོལ། །ཡར་སྟོད་ཤམ་པོ་གངས་རར་སྒྲུབ་གནས་མཛད། །དེར་བརྟེན་ སྒྲུབ་པའི་གནས་སུ་ལྷ་ཆེན་གཙོ། །ཤམ་པོའི་སྲོག་གི་བླ་རྡོ་ལྷ་ཀླུ་མིའི། །རིན་ཆེན་རིགས་ནི་ 6-1-114 བཅོ་ལྔའི་རྒྱུད་ལས་གྲུབ། །དེ་ལ་དྲོད་ནི་རྟ་རྔ་ཙམ་རྒྱུན་དུ། །ཡོད་པ་ཞིག་ནི་འབྲོག་མི་དཔལ་ ཉིད་ཀྱིས། །གཏེར་དུ་བཅོལ་བ་དུས་ཕྱིས་སུ་བྱོན་པ། །སྐལ་ལྡན་རྡོ་རྗེས་གཏེར་ནས་བཏོན་ པར་གྲགས། །དེ་འདྲའི་དཔལ་གྱི་ཡེ་ཤེས་གང་ཉིད་ཀྱང༌། །སྐུ་ཡི་རྟེན་ནི་རིག་སྔགས་འཆང་ ཆེན་པོའི། །ཚུལ་དུ་བཞུགས་པ་ཡིན་པས་གདུང་དབོན་བརྒྱུད། །སྔགས་འཆང་གྲུབ་བརྙེས་ ལོ་ཙཱ་མང་དུ་བྱོན། །ཁོང་དང་བཻ་རོའི་རྣམ་པར་འཕྲུལ་བ་ཡང༌། །ཕྱིས་བྱོན་གཏེར་སྟོན་ར་ཤག་ ཆོས་འབར་དང༌། །ཁ་རག་བདེ་ཆེན་གླིང་པ་ལ་སོགས་པའི། དུས་མཐར་འགྲོ་འདྲེན་དཔའ་ བོ་སྣ་ཚོགས་པ། །སྔ་ཕྱི་བར་གསུམ་རྣམས་སུ་ཅི་རིགས་ཕེབས། །དུས་མཐུན་མཛད་བཟང་ཅི་ ཡང་བསླུ་མེད་འཆར། །དྲུག་པ་རླངས་དཔལ་སེང་གེ་ཕྱི་མ་ནི། །ལྷ་གཟིགས་རླངས་ཀྱི་གདུང་ ལས་ཆད་པ་ཡི། །ཡབ་ནི་ཨ་མེས་བྱང་ཆུབ་འདྲེ་ཁོལ་ཞེས། །ལོ་བརྒྱད་ལོན་ནས་ཨོ་རྒྱན་ དུ་བྱོན་ཞིང༌། །སྲིན་པོ་བཏུལ་ཞིང་དུས་ཀྱི་བར་སྐབས་ལ། །ཁོང་ཉིད་གླིང་རྗེ་གེ་སར་རྒྱལ་ པོ་ཡིས། །གླིང་ཡུལ་དུ་ནི་གདན་འདྲེན་ལན་གཉིས་མཛད། །ཕྱོགས་བཞིའི་འདྲེ་ཆེན་བཞི་ བཏུལ་ལྷ་སྲིན་རྣམས། །བྲན་དུ་ཁོལ་མཛད་དེ་དང་ཡུམ་ཇོ་མོ། །སྐལ་ལྡན་མ་གཉིས་ལ་སྲས་ གསུམ་ཡོད་ཅིང༌། །དེ་ལས་ཆེ་བར་རླངས་དཔལ་འདི་ཉིད་འཁྲུངས། །རྫུ་འཕྲུལ་ནུས་མཐུ་ བསམ་མི་ཁྱབ་པ་མངའ། །ཁྱད་པར་སློབ་དཔོན་ཆེན་པོའི་ཐུགས་སྲས་གྱུར། །དབང་བསྐུར་ ཞུ་དུས་འཇིག་རྟེན་མཆོད་བསྟོད་ཀྱི། །དཀྱིལ་འཁོར་ལ་ནི་མེ་ཏོག་ཕོག་ནས་སུ། །དྲེགས་པའི་ བཀའ་བབས་དྲེགས་ལྡན་ལྷ་སྲིན་ཀུན། །བྲན་གཡོག་ཏུ་བཀོལ་རླབས་ཆེན་སྟོབས་ནུས་ཅན། །སྒྲུབ་གནས་སྤ་གྲོ་སྟག་ཚང་དུ་བཞུགས་སྐབས། །བཅོམ་ལྡན་དྲེགས་པ་ཀུན་འདུལ་ལྷ་ཞལ་ མཇལ། །དངོས་གྲུབ་རྣམ་པ་གཉིས་ཐོབ་རླངས་ལྷ་གཟིགས། །གདུང་ལས་སྡེ་སྲིད་ཕག་མོ་ གྲུབ་པ་དང༌། །ནཻའུ་གདོང་པ་རྣམས་བྱུང་ཞིང་འདིའི་རྣམ་འཕྲུལ། །གཏེར་སྟོན་སྟོབས་ལྡན་ རྡོ་རྗེ་ལ་སོགས་པ། །འགྲོ་འདུལ་དུས་བབ་སྣ་ཚོགས་ཟློ ས་གར་སྟོན། །བདུན་པ་ལོ་ཆེན་བཻ་ 6-1-115 རོ་ཙཱ་ན་ནི། །གདུང་རུས་པ་གོར་འཁྲུངས་ཡུལ་ཕྱོགས་གཉིས་སྣང༌། །དེ་ཡང་ཐང་ཡིག་ལྟར་ ན་སྙེ ་མོར་བཤད། །ཉིད་ཀྱི་འདྲ་འབག་ལས་ནི་ཉང་ཆུ་དང༌། །གཙང་ཆུ་འདྲེས་པ་ཞེས་བྱུང་དེ་ གང་རུང༌། །ད་ལྟ་ཕོ་བྲང་ཆེན་པོ་བསམ་འགྲུབ་རྩེ། །གང་དེའི་ཆུ་ཡི་ཤར་ཁ་ཟངས་དཀར་ ཞེས། །ཟེར་བའི་གྲོང་ཡོད་དེ་ཉིད་དང་ཉེ་བའི། །ཐད་དུ་ལོ་ཙཱ་འདི་ཉིད་འཁྲུངས་པར་བཤད། །དེ་ཡང་གནས་དེ་ཉིད་དུ་ལོ་ཆེན་གང༌། །བྱིས་པའི་དུས་ཀྱི་ཞབས་རྗེས་ཡ་མཚན་པ། །རྡོ་ལ་ གསལ་བར་ཡོད་ཅིང་ཡབ་དངོས་ནི། །པ་གོར་རྡོ་རྗེ་རྒྱལ་པོ་ཉིད་ཡིན་ཞིང༌། །ཁུ་བོ་པ་གོར་ ཧེ་འདོད་ཅེས་བྱར་གྲགས། །དེ་ཡང་ཐང་ཡིག་ལྟར་ན་ཡབ་ཏུ་གསུངས། །གང་ཡང་རུང་བའི་ ཡབ་དང་བསྐྱེད་པའི་ཡུམ། །བྲན་ཀ་བཟའ་སྒྲོན་སྐྱིད་ཀྱི་སྲས་སུ་འཁྲུངས། །སྐུ་ན་གཞོན་པའི་ དུས་ཀྱི་རྣམ་པར་འཕྲུལ། །འཁྲུངས་ཡུལ་བྲག་པོ་ཆེ་ཡི་རི་ཕན་ཚུན། །རྣམས་སུ་བར་སྣང་ མཁའ་ལ་འཕུར་ནས་ཀྱང༌། །རྫུ་འཕྲུལ་མཆོག་གིས་གཤེགས་བཞུད་ཇི་འདོད་མཛད། །སད་ མི་མི་བདུན་ནང་དུ་མཁན་པོ་ལས། །རབ་ཏུ་བྱུང་ཞིང་གང་གི་མཚན་དངོས་ཀྱང༌། །བཻ་རོ་ཙ་ན་ རཀྵི ་ཏ་ཞེས་པ། །རྣམ་པར་སྣང་མཛད་སྲུང་བ་ཞེས་མཚན་བཏགས། །སྒྲ་སྐད་ལོ་ཙཱ་ལ་མཁས་ ཕུལ་དུ་ཕྱིན། །བསིལ་ལྡན་མྱུ་གུས་དཀྲི ས་པའི་ལྗོ ངས་འདི་ན། །སྔ་ཕྱིར་བྱོན་པའི་མཁས་པ་ སུ་དག་གིས། །འགྲན་བཟོད་དང་བྲལ་སྐད་གཉིས་ལེགས་སྨྲ་མཆོག །མངའ་བདག་ཆོས་ རྒྱལ་ཁྲི་སྲོང་བཀས་བསྐུལ་ཏེ། །གཙང་བན་ལེགས་གྲུབ་ཉིད་དང་ལྷན་ཅིག་ཏུ། །རྒྱ་གར་དུ་ ཕེབས་ཤྲཱི་སེངྷ་ལ་སོགས། །པཎ་ཆེན་ཉེར་ལྔ་མཇལ་ཞིང་གསང་སྔགས་ཀྱི། །ཟབ་ཆོས་མང་ དུ་གསན་ཅིང་ཁྱད་པར་དུ། །རིག་འཛིན་ཤྲཱི་སེངྷ་ལས་རྫོགས་པ་ཆེ། །སེམས་ཀློང་གཙོར་ གྱུར་མཐའ་དག་རབ་མནོས་ཤིང༌། །ཐུགས་ཉམས་བཞེས་པས་དགོངས་པ་དབྱེར་མེད་གྱུར། །སླར་ཡང་རྐང་མགྱོགས་རྫུ་འཕྲུལ་མཐུ་ལ་བརྟེན། །བོད་དུ་བདེ་བར་བྱོན་ནས་མངའ་བདག་ ཀྱང༌། །རྗེས་སུ་བཟུང་སྐབས་བདུད་བློན་གང་དག་གིས། །དབྱེན་བཅོས་པ་དང་སྔར་གྱི་སྨོན་ 6-1-116 ལམ་ལ། །བརྟེན་ནས་རྒྱལ་མོ་ཚ་བའི་རོང་ཕྱོགས་སུ། །གཤེགས་དགོས་བྱུང་བའི་ཚུལ་བསྟན་ ཡུལ་དེར་ནི། །སངས་རྒྱས་བསྟན་པ་ཉི་མ་ཤར་ལྟར་མཛད། །ཁྱད་པར་རྒྱ་གར་དུ་ཕེབས་ གྲོགས་པོ་ནི། །ལེགས་གྲུབ་ཡུལ་དེར་ཚེ་འཕོས་སྐྱེ་བ་ཡང༌། །དེ་མ་ཐག་པ་ཚ་རོང་དུ་ཡོད་པ། །གཡུ་སྒྲ་སྙི ང་པོ་ཞེས་བྱ་རྗེས་བཟུང་བས། །ཐུགས་སྲས་མཆོག་གྱུར་སླར་ཡང་ཡུལ་དབུས་ སུ། །ཕེབས་ནས་བསྟན་ལ་བྱ་བ་རྒྱ་ཆེར་མཛད། །སློབ་དཔོན་རིན་པོ་ཆེ་ལས་བཀའ་བརྒྱད་ ཀྱི། །དབང་བསྐུར་གསན་སྐབས་དམོད་པ་དྲག་སྔགས་ལ། །མེ་ཏོག་ཕོག་པས་ལྷ་ཆེན་དྲེགས་ པ་ཡི། །བཀའ་བབས་བདེ་གཤེགས་འདུས་པ་ལ་སོགས་པའི། །བཀའ་བསྡུ་ཆེར་མཛད་སློབ་ དཔོན་ཆེན་པོ་དང༌། །དགོངས་པ་མཉམ་པའི་ཆེ་སྔགས་དུས་སུ་བྱུང༌། །དཔལ་ཆེན་སྟོབས་ ལྡན་ནག་པོའི་ཞལ་གཟིགས་ཤིང༌། །ཡེ་ཤེས་སྤྱན་དང་ལྡན་པའི་དངོས་གྲུབ་བརྙེས། །དྲག་ སྔགས་དམོད་པས་བསྟན་དགྲ་ཆེས་མང་བསྒྲལ། །ཁྱད་པར་ཁོང་ལ་སྔར་འཁོན་ཆེ་བ་ཅན། །རྒྱལ་པོའི་བཙུན་མོ་དམར་རྒྱན་མ་ཞེས་པ། །དེ་ལ་མཛེ་དམར་ཐོད་རྒལ་བཏང་བ་ཡང༌། །སློབ་དཔོན་པདྨའི་ཐུགས་རྗེས་གསོས་པར་མཛད། །དེ་དུས་བཻ་རོས་བཙུན་མོར་རྦད་པའི་ ཀླུ། །དེང་སང་མི་ལ་ཁོག་ཞུགས་གང་བྱུང་བ། །བཙུན་མོའི་གྲིབ་ཀྱིས་ངག་ལྐུག་སྨྲ་རྒྱུ་མེད། །མཆོད་བཞེས་ལུགས་ལ་པྲ་བརྟག་བྱེད་པ་ཡོད། །བཻ་རོ་ཡན་ཆད་རྗེ་འབངས་གང་དག་ལ། །བཀའ་བབས་མི་བརྒྱད་ཡང་ན་མི་དགུར་གྲགས། །ལོ་ཙཱ་འདི་ཉིད་སློབ་དཔོན་རིན་པོ་ཆེའི། །ཐུགས་སྲས་རྗེ་འབངས་གྲོགས་གསུམ་ཞེས་གྲགས་པར། །དེ་ཡང་རྗེ་ནི་མངའ་བདག་རྒྱལ་ པོ་དང༌། །འབངས་ཞེས་བཻ་རོ་ཙཱ་ན་གྲོགས་མཚོ་རྒྱལ། །ཐུགས་སྲས་མཆོག་གྱུར་ལ་བརྟེན་ཟབ་ བཀའི་ཆོས། །ཕལ་མོ་ཆེ་བའི་བཀའ་བབས་རྟེན་འབྲེལ་གྱིས། །སྐུ་སྤྲུལ་གཏེར་ཆེན་རྡོར་གླིང་ ཀུན་སྐྱོང་གླིང༌། །མཆོག་ལྡན་མདོ་སྔགས་གླིང་པ་ཤེས་རབ་འོད། །གསུང་སྤྲུལ་གཏེར་བདག་ གླིང་པ་ཐུགས་ཀྱི་སྤྲུལ། །རོང་སྟོན་བདེ་ཆེན་གླིང་སོགས་གངས་ཅན་གྱི། །མཐའ་དབུས་ཀུན་ 6-1-117 ཏུ་གྲགས་དང་མ་གྲགས་པའི། །སྤྲུལ་པའི་གཏེར་སྟོན་མཐའ་ཀླས་བྱོན་ནས་ཀྱང༌། །སྔ་འགྱུར་ བསྟན་དང་འགྲོ་ལ་ལེགས་དགེའི་དཔལ། །རབ་དར་མཛད་བཟང་ཅི་དགར་སྤྲོ་བའི་གཉེན། །ལོ་ཆེན་བཻ་རོ་གང་ཉིད་སུ་ལས་འཕགས། །བརྒྱད་པ་རྒྱལ་མོ་གཡུ་སྒྲ་སྙི ང་པོ་ནི། །རྒྱལ་མོ་ཚ་ རོང་མདོག་ཞེར་རྒྱལ་ཁམས་སུ། །ལེགས་འཁྲུངས་ལོ་ཆེན་བཻ་རོས་རྗེས་བཟུང་ཞིང༌། །མཁས་ དང་གྲུབ་པའི་ཕུལ་དུ་ཕྱིན་པ་ཅན། །ལོ་ཙཱ་བརྒྱ་རྩ་བརྒྱད་ཀྱི་གྲངས་སུ་བྱོན། །ཨོ་རྒྱན་གུ་རུ་ ཆེན་པོའི་སྐུ་དྲུང་ནས། །མན་ངག་ལྟ་ཕྲེང་ལ་སོགས་ཆོས་མང་མནོས། །སྐུ་ཉིད་གསེར་གྱི་རྡོ་ རྗེར་སྤྲུལ་བ་སོགས། །རྫུ་འཕྲུལ་སྣ་ཚོགས་ལས་ལ་རང་དབང་ཐོབ། །ཐེག་མཆོག་རྫོགས་ ཆེན་ལྟ་དགོངས་ཀློང་དུ་གྱུར། །སེམས་ཀློང་སོགས་ཀྱི་བསྟན་པའི་སྲོག་ཤིང་ཆེ། །འདི་ཡི་རྣམ་ འཕྲུལ་སྨིན་གླིང་ལོ་ཆེན་སོགས། །བསྟན་ལ་བྱ་བ་བྱེད་ནུས་མང་དུ་བྱོན། །གཏེར་སྟོན་བསྟན་ འཛིན་ཟླ་འོད་རྡོ་རྗེ་སོགས། །ཟབ་གཏེར་མཆོག་གིས་བསྟན་འགྲོའི་ལེགས་སྒོ་སྤེལ། །རླབས་ ཆེན་ཕྲིན་ལས་འཇུག་སྒོ་ངོ་མཚར་སྟོན། ། གུ་རུ་མཚོ་སྐྱེས་རྡོ་རྗེའི་རྣམ་ཐར་ལས་འབྲོག་རླངས་བཻ་གཡུ་བཞིའི་འབངས་ཀྱི་སྐབས་ཏེ་ དགུ་པའོ།། །། ༈ དེ་ནས་འབངས་རིགས་ཚན་སྐོ ར་གསུམ་པ་ཡང༌། །དགུ་པ་སྣ་ནམ་རྡོ་རྗེ་བདུད་ འཇོམས་ནི། །གཙང་རོང་ཕྱོགས་ཀྱི་ཞང་བློན་སྣ་ནམ་རིགས། །དེར་འཁྲུངས་གཞོན་དུས་ ཁྲི་སྲོང་ཆོས་བློན་མཛད། །ཕྱིས་སུ་སློབ་དཔོན་ཆེན་པོ་གང་དྲུང་ནས། །སྔགས་ཀྱི་ཆོས་སྒོར་ ཞུགས་ཕྱིན་སྔགས་འཆང་གི །ཚུལ་དུ་ལེགས་བཞུགས་རྡོ་རྗེ་ཕུར་བའི་སྒོས། །གྲུབ་པ་བརྙེས་ པ་ཞིག་སྟེ་ཧས་པོ་རིའི། །ཡང་གོང་བྲག་ལ་ཕུར་བ་བཏབ་པའི་རྗེས། །དུས་ཕྱིས་ད་ལྟར་ཡོད་ ཅིང་བསམ་ཡས་སུ། །མཁན་སློབ་ཆོས་གསུམ་རབ་གནས་མཛད་སྐབས་སུ། །རྡོ་རྗེ་བདུད་ འཇོམས་ཡེ་ཤེས་ཀྱིས་གཟིགས་པས། །མགུལ་ཕུར་བྲག་ལ་གཟིར་ཞིང་འདམ་ལྟར་བཏབ། 6-1-118 །རླུང་སེམས་ལ་ནི་དབང་འབྱོར་ཆེ་བའི་མཐུས། །སྐབས་ཤིག་བྲག་ཁུང་གསེང་ཆུང་ཞིག་ནས་ ཀྱང༌། །ཟང་ཐལ་གྱིས་ཐོན་ཤར་མར་བསམ་ཡས་སུ། །ཕེབས་ཤུལ་བྲག་ཁུང་གསེང་ནི་དེང་ སང་ཡོད། །གཞན་ཡང་རྫུ་འཕྲུལ་གྱིས་ནི་བར་སྣང་ལས། །ཐོགས་པ་མེད་པར་གླིང་བཞི་སྐད་ ཅིག་བསྐོ ར། །དེ་ལ་སོགས་པའི་ཁྱད་མཚར་མང་རབ་གནང༌། །འདི་ཡི་སྒྲུབ་གནས་གཙང་གི་ རོང་ཆེན་དང༌། །ཡར་འབྲོག་མཚམས་སུ་བྲག་དམར་ཀེའུ་ཚང་ཞེས། །ཡོངས་སུ་གྲགས་པ་ ད་ལྟའི་བར་དུ་ཡོད། །རྣམ་འཕྲུལ་གཙོ་བོར་བྱང་གཏེར་རྒོ ད་ལྡེ མ་ཅན། །འཇམ་དབྱངས་བླ་ མ་རིག་འཛིན་ལེགས་ལྡན་རྗེ། །བལ་བོའི་ཨཿཧཱུཾ་ལ་སོགས་ཆེས་མང་བྱོན། །དེ་དག་གིས་ནི་ སྦས་མངོན་ཅི་རིགས་ཚུལ། །བསྟན་དང་འགྲོ་ལ་ལེགས་སྤེལ་མཛད་བཟང་སྐྱོང༌། །བཅུ་ པ་སློབ་དཔོན་ཡེ་ཤེས་དབྱངས་རྗེ་ནི། །ཨོ་རྒྱན་སློབ་དཔོན་ཆེན་པོའི་ཟབ་མོའི་གཏེར། །དེ་ རྣམས་ཀྱི་ནི་གཏེར་ཡིག་འབྲི་མི་ཕུལ། །གསལ་དག་མཁས་པའི་ཡིག་མཁན་མི་བརྒྱད་དུ། །གྲགས་པའི་ཡ་གྱལ་གཞན་ལས་ཁྱད་མཚར་བ། །གསང་སྔགས་ཟབ་མོའི་མངོན་རྟོགས་ཆེ་ རབ་བརྙེས། །མཛད་པ་ཕུལ་དུ་བྱུང་བས་སྐུ་ཚེ་འཁྱོལ། །རྫུ་འཕྲུལ་དང་ནི་དངོས་གྲུབ་མང་ པོ་ཐོབ། །མཐར་ནི་མཁའ་སྤྱོད་ཞིང་དུ་བགྲོད་པར་ནུས། །འདི་ཡི་མིང་ལ་ཁ་ཅིག་གིས་ནི་སྦ། །ཡེ་ཤེས་དབྱངས་ཞེས་ཟེར་ཡང་དོན་ལ་ནི། །ཨཱ་ཙར་ཡེ་ཤེས་དབྱངས་སུ་ངེས་པས་ན། །ཕྱིས་ སུ་འདི་ཡི་ཆ་ལུགས་འབྲི་བའི་སྐབས། །ཨཱ་ཙར་ལུགས་སུ་དེ་འདྲར་བྱས་པ་མང༌། །སློབ་ དཔོན་གང་ཉིད་རྟེན་ནི་རབ་བྱུང་ཡིན། །སྐུ་ཚེའི་མཐའ་བར་ཚངས་སྤྱོད་མཆོག་ཚུལ་བཞུགས། །བཅུ་གཅིག་གྲུབ་ཆེན་སོག་པོ་ལྷ་དཔལ་ནི། །སྔོ ན་དུས་བར་སྐབས་མགར་བའི་མིང་ལ་ཡང༌། །སོག་པོར་འབོད་པའི་དུས་སུ་དེ་འདྲ་ཡི། །རིགས་བརྒྱུད་དུ་འཁྲུངས་རྟེན་ནི་ཁྱིམ་པའི་ཚུལ། །ཨོ་རྒྱན་སློབ་དཔོན་པདྨའི་སྤྱན་སྔ་ནས། །གསང་སྔགས་ཆོས་ཐོབ་གྲུབ་པའི་བརྟུལ་ཞུགས་ ཀྱིས། །གཅན་གཟན་གདུག་ཅན་རྣམས་ཀྱང་གཉའ་བ་ནས། །འཛིན་པར་ནུས་པའི་མཐུ་དང་ 6-1-119 ལྡན་པ་སྟེ། །དེ་ཡང་བར་སྐབས་ཤིག་ཏུ་གཉགས་ལོ་ཡིས། །ཕུར་བ་བསྒྲུབ་པའི་གྲོགས་སུ་ ལེགས་བཙལ་བས། །མཚན་ཉིད་ལྡན་པར་མཁྱེན་ནས་རྗེས་བཟུང་ལྟར། །རྡོ་རྗེ་ཕུར་པའི་ སྒོ་ནས་དངོས་གྲུབ་བརྙེས། །གཉགས་ཀྱི་སྐུ་དགྲ་ལན་གསུམ་བཏུལ་བས་ན། །ཐུགས་ཟིན་ སློབ་མ་ཕལ་ལས་མཆོག་ཏུ་གྱུར། །གང་ལྟར་གུ་རུ་ཉིད་དང་གཉགས་ལོ་སོགས། །བླ་མར་ བསྟེན་པས་མཐུ་ནུས་ཟླ་དང་བྲལ། །བཅུ་གཉིས་སྣ་ནམ་ཡེ་ཤེས་ཞེས་བྱ་ནི། །སྐ་ཅོག་ཞང་ གསུམ་གྲགས་པའི་ནང་གསེས་ཀྱི། །ཞང་གི་བནྡྷེ་ཡེ་ཤེས་སྡེ་ཉིད་ལ། །བཞེད་པས་འདི་ཡང་ སྐད་གཉིས་ལེགས་སྨྲ་ཞིང༌། །སྒྱུར་བྱེད་ལོ་ཙཱ་མཁས་པའི་ཕུལ་དུ་ཕྱིན། །སློབ་དཔོན་མཆོག་ ལས་གདམས་ཐོབ་ནམ་མཁའ་ལ། །བྱ་ལྟར་འཕུར་བར་ནུས་པའི་རྫུ་འཕྲུལ་མངའ། །དེ་ སོགས་ཡོན་ཏན་དབང་འབྱོར་གྲུབ་པ་ཐོབ། །མཁས་གྲུབ་གཉིས་ལྡན་རྟེན་ནི་རབ་བྱུང་ཚུལ། །འདི་ཉིད་ཕུར་བའི་བཀའ་བབས་ཆེན་པོར་གྱུར། །དེ་ཕྱིར་བར་སྐབས་ཡུན་རིང་བར་དག་ ཏུ། །ཕུར་བ་སྣ་ནམ་ལུགས་ཞེས་དར་རྒྱས་བྱུང༌། །ཕུར་བ་འདི་ལས་འཕྲོས་ཏེ་དུས་ཕྱིས་བར། །དྷ་ཏི་རྒྱས་འབྲིང་བསྡུས་གསུམ་ལ་བརྟེན་པའི། །ཡིག་སྣ་ཅི་རིགས་ཡོད་ཅིང་དེའི་ཕྲིན་ལས། །དུས་ཀྱི་ཐ་མ་འདིར་ཡང་མ་ཆད་ཙམ། ། གུ་རུ་མཚོ་སྐྱེས་རྡོ་རྗེའི་རྣམ་ཐར་ལས་བདུད་དབྱངས་ལྷ་སྣ་བཞིའི་འབངས་ཀྱི་སྐབས་ཏེ་ བཅུ་པའོ།། །། ༈ དེ་ནས་འབངས་རིགས་ཚན་སྐོ ར་བཞི་པ་ཡང༌། །བཅུ་གསུམ་མཁར་ཆེན་དཔལ་ གྱི་དབང་ཕྱུག་ནི། །མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་མིང་པོ་ཡིན། །ཨོ་རྒྱན་གུ་རུ་མཆོག་གིས་ རྗེས་སུ་བཟུང༌། །ཐུགས་སྲས་སུ་གྱུར་ཕྱག་གི་ཕུར་བ་ནི། །གདེངས་པ་ཙམ་གྱིས་གཟས་པོ་ཇི་ ཙམ་ཡང༌། །བསྒྲལ་བར་བྱེད་ལ་ཐོགས་པ་མི་མངའ་ཞིང༌། །རྒྱལ་པོ་ཤེལ་ཀེང་འཇིགས་ཆེན་ ཐབས་ཀྱིས་བསྒྲལ། །རྡོ་རྗེ་ཕུར་བའི་ལྷ་ལ་བརྟེན་ནས་ཀྱང༌། །དངོས་གྲུབ་མཆོག་བརྙེས་རྟེན་ 6-1-120 ནི་ཁྱིམ་པར་བཞུགས། །མངོན་སྤྱོད་ལས་ལ་དབང་འབྱོར་སྔགས་རིག་འཆང༌། །མཐུ་ཆེན་ གཞན་ལས་ཁྱད་འཕགས་ཚུལ་དུ་བཞུགས། །བཅུ་བཞི་ལྡན་མ་རྩེ་མང་ཞེས་པ་ནི། །ཁམས་ ཕྱོགས་ལྡན་གྱི་ཡུལ་དུ་འཁྲུངས་པས་ན། །ལྡན་མར་གྲགས་ཏེ་མཚན་དངོས་རྩེ་མང་ངོ༌། །འདི་ ཡང་ཡི་གེ་འབྲི་བ་ལ་མཁས་པའི། །ཕུལ་གྱུར་ལག་རྒྱུན་མ་ཉམས་ཁྲིད་སྲོལ་ཡང༌། །དུས་ མཐའི་བར་ལ་ཕྱག་བཞེས་ཅི་རིགས་སྣང༌། །སྐད་གཉིས་ལེགས་པར་སྨྲ་ལ་མཁས་པའི་ཕྱིར། །ལོ་ཙཱ་ཆེ་གསུམ་ཆུང་གསུམ་དུ་གྲགས་པའི། །ནང་གི་མཆན་བུའི་ལོ་ཙཱ་འདི་ཉིད་ཡིན། །སློབ་ དཔོན་ཆེན་པོ་ལས་ནི་གསང་སྔགས་ཀྱི། །ཟབ་ཆོས་མང་པོ་ཐོབ་སྟེ་རྟོགས་པ་ཤར། །རྐྱེན་ དེས་ཆོས་ཐམས་ཅད་ཀྱི་གནས་ཚུལ་ཀུན། །མི་བརྗེད་གཟུངས་ཀྱི་དྲན་པ་ཡང་དག་ཐོབ། །བཀའ་བརྒྱད་བདེ་གཤེགས་འདུས་པ་ལ་སོགས་པའི། །གཏེར་ཡིག་ཕལ་ཆེར་འབྲི་མཁན་ འདི་ཡིན་པར། །བཤད་དེ་ཕྱིས་སུ་གྲུབ་ཆེན་འདིའི་ཕྱག་བྲིས། །ལྷོ ་བྲག་སྨྲ་བོ་ཅོག་གི་གཞིས་ ཀར་བཞུགས། །རང་གཞན་དོན་གཉིས་དེ་ལུགས་ཆེར་གྲུབ་སྟེ། །སྔགས་རིག་འཛིན་པ་ མཆོག་གི་གོ་འཕང་ན། །ལེགས་བཞུགས་མཛད་པ་ཡ་མཚན་ཅི་ཡང་རྩེ། །བཅོ་ལྔ་ལོ་ཆེན་ སྐ་བ་དཔལ་བརྩེགས་ནི། །སྐ་ཅོག་ཞང་གསུམ་གྲགས་པའི་ནང་ཚན་ཏེ། །དབུ་རུ་འཕན་ ཡུལ་སྐ་བ་ཞེས་པའི་གནས། །དེར་ནི་ཡབ་ཀྱང་སྐ་བ་བློ་ལྡན་དང༌། །ཡུམ་ཡང་འབྲོག་བཟའ་ མཛེས་མ་གཉིས་ཀྱི་སྲས། །འདི་ཉིད་འཁྲུངས་ཏེ་སློབ་དཔོན་ཆེན་པོ་ཡི། །སྤྲུལ་པའི་ལོ་ཙཱར་ ལུང་བསྟན་ཇི་བཞིན་དུ། །སྒྲ་སྐད་ལོ་ཙཱ་ལ་མཁས་ཕུལ་དུ་ཕྱིན། །མཁན་པོ་བོ་དྷི་ས་ཏྭ་གང་ དྲུང་ནས། །རབ་ཏུ་བྱུང་སྟེ་སད་མི་མི་བདུན་གྱི། །ནང་ཚན་ཡིན་ཞིང་སློབ་དཔོན་ཆེན་པོ་ལས། །གསང་སྔགས་ཟབ་མོའི་ཆོས་མང་ཞུས་ནས་ཀྱང༌། །མངོན་པར་ཤེས་པ་ཕྱོགས་མེད་དུ་ཤར་ ཏེ། །གཞན་སེམས་ཐོགས་མེད་མཁྱེན་པའི་དངོས་གྲུབ་བརྙེས། །བོད་ཀྱི་ཡི་གེ་འབྲི་བ་པོ་ ཀུན་གྱི། །ཕྱི་མོ་ཡིན་ཏེ་ཁྲིད་རྒྱུན་མ་ཉམས་པ། །དེང་སང་ཁམས་བོད་གཉིས་ཀར་དར་རྒྱས་ 6-1-121 ཆེ། །གསུང་རབ་རིན་པོ་ཆེ་ཡི་གཏམ་ལ་སོགས། །བསྟན་བཅོས་མང་མཛད་འདི་ཡི་དབོན་ བརྒྱུད་ལས། །བསྟན་པའི་གསལ་བྱེད་ཆེན་པོ་མང་དུ་བྱོན། །འགྲོ་འདུལ་ཐབས་མཁས་མ་ འོངས་ཕྱི་མའི་དུས། །གདུལ་ཞིང་གང་ལ་ཉེར་མཁོ་རྣམ་པར་འཕྲུལ། །གཏེར་སྟོན་གྲ་ པ་མངོན་ཤེས་ལ་སོགས་པའི། །བསྟན་འགྲོར་ཕན་རླབས་ཆེ་བའི་དགའ་སྟོན་འགྱེད། །བཅུ་ དྲུག་ཤུད་བུ་དཔལ་གྱི་སེང་གེ་ནི། །གདུང་རུས་ཆོས་རྒྱལ་དང་གཅིག་ཆུང་དུས་ནས། །བོན་ སྒྲུང་ལྡེ འུ་གསུམ་ལ་ནི་མཁས་པ་ཞིག །བོན་གྱི་ཤུད་བུར་མཚན་གསོལ་དེ་ལྟར་ན། །གང་གི་ མཚན་ཟུར་ཆགས་ཤིང་སྔོ ན་རྒྱལ་པོའི། །ནང་བློན་ཡིན་ཞིང་དེ་དུས་མཚན་ལ་ཡང༌། །ཤུད་བུ་ ཁྲི་འབྲང་ཁང་བཙན་ཞེས་ཀྱང་ཟེར། །སློབ་དཔོན་སྤྱན་འདྲེན་ཕོ་ཉ་ཁོང་གིས་མཛད། །གུ་རུ་ པདྨའི་དྲུང་དུ་ལོ་ཙཱ་ཡང༌། །མཁས་པར་སྦྱངས་ཏེ་མ་གཤིན་ཕུར་གསུམ་གྱི། །གདམས་ངག་ རྙིང་མའི་ཆོས་བཀའ་མང་དུ་བསྒྱུར། །བོད་ཀྱི་མཁས་ཆེན་བརྒྱད་ཀྱི་ནང་ཚན་གཏོགས། །རྡོ་ རྗེ་ཕུར་བ་མ་མོའི་སྒོ་ནས་ཀྱང༌། །གྲུབ་པ་ཐོབ་སྟེ་གྲུབ་རྟགས་ཕུར་བ་ཉིད། །ངོམ་ཤོད་ཀྱི་ནི་ ཆུ་ལ་བཏབ་པ་ཡིས། །ཆུ་བོ་ཡན་མན་དུ་ནི་ཆད་པ་དང༌། །བྲག་ལ་བཏབ་པས་བྲག་ཆེན་རལ་ བ་སོགས། །ད་ལྟ་མཆིམས་ཕུར་ཆུ་བོ་གྱེན་ཟློ ག་རྗེས། །ཡོད་ཅིང་ཁོང་གི་གསུང་ལྟར་རང་ཉིད་ ཀྱི། །གནས་ཚུལ་ཕ་མའི་ཁུངས་དང་རྟེན་བཞེངས་སོགས། །གང་ཐད་ནས་ཀྱང་རྗེ་དང་མཉམ་ ཚུལ་གསུངས། །ཁྱད་པར་མར་ཁུ་ཝ་ལས་དྲངས་པའི་ཐད། །རྗེ་ལས་ལྷག་པར་བྱུང་ཚུལ་ཞིབ་ གསུངས་ལྟར། །དོན་ལ་གནས་ཤིང་བསམ་ཡས་གྲུབ་པའི་མཐར། །དགའ་སྟོན་ལྟད་མོའི་ སྐབས་སུ་མར་ཁུ་ཡང༌། །ཝ་ལས་དྲངས་པ་ཡིན་པར་གྲགས་སྐད་དེ། །སྒྲུབ་གནས་སྤང་ཆུང་ པདྨའི་གླིང་སོགས་ཡིན། །འདི་ཡི་གདུང་རབས་ཞིབ་པར་ལྷོ ་བྲག་པ། །ཤུད་བུ་གསང་བདག་ ལས་ཀྱི་རྡོ་རྗེ་ཡི། །རྣམ་པར་ཐར་ལས་ཇི་སྐད་གསལ་ལྟར་རོ། །སྤྱིར་ན་བསྟན་ལ་བྱ་བ་བྱེད་ ནུས་པའི། །དགེ་བའི་བཤེས་གཉེན་མང་དུ་བྱུང་བར་སྣང༌། །དེ་དག་ལས་ནི་སྔ་མ་རྣམས་ཀྱི་ 6-1-122 ཚུལ། །མ་མོ་གཤིན་རྗེའི་ལས་ཚོགས་ལ་བརྟེན་ནས། །གྲུབ་པ་བརྙེས་པའི་སྔགས་འཆང་ནུས་ པ་ཅན། །ཤ་སྟག་ཏུ་བྱོན་སྤྲུལ་པའི་རྣམ་རོལ་ཀྱང༌། །འགྲོ་འདུལ་དུས་བབ་སྐབས་སུ་གང་ བབ་པ། །གཏེར་སྟོན་མི་འགྱུར་རྡོ་རྗེ་ལ་སོགས་པ། །རྣམ་བཀོད་བསམ་མི་ཁྱབ་པའི་མཛད་ བཟང་གིས། །གདུལ་ཞིང་གང་གྱུར་རྣམས་ལ་གཡེལ་བ་མེད། ། གུ་རུ་མཚོ་སྐྱེས་རྡོ་རྗེའི་རྣམ་ཐར་ལས་མཁར་ལྡན་སྐ་དཔལ་བཞིའི་འབངས་ཀྱི་སྐབས་ཏེ་ བཅུ་གཅིག་པའོ།། །། ༈ དེ་ནས་འབངས་རིགས་ཚན་སྐོ ར་ལྔ་པ་ཡང༌། །བཅུ་བདུན་འབྲེ་ཞེས་རྒྱལ་བའི་བློ་ གྲོས་ནི། །སྔོ ན་ཆད་རྒྱལ་པོའི་ནང་མི་ཡིན་པ་ལ། །དེ་དུས་མིང་ནི་མགོན་པོ་ཞེས་ཀྱང་ཟེར། །ཕྱིས་སུ་རབ་ཏུ་བྱུང་བའི་མཚན་དངོས་ནི། །རྒྱལ་བའི་བློ་གྲོས་ཞེས་སུ་གྲགས་པའོ། །སྐད་ གཉིས་སྨྲ་བའི་ལོ་ཙཱ་ལ་མཁས་ཤིང༌། །རྒྱ་གར་འཕགས་པའི་ཡུལ་དུ་བྱོན་ནས་ཀྱང༌། །སློབ་ དཔོན་ཆེན་པོ་ཧཱུཾ་ཀ་ར་ལས་ཀྱང༌། །དཔལ་ཆེན་ཡང་དག་ཆོས་སྐོ ར་མཐའ་དག་ཞུས། །དེ་ལ་ བརྟེན་ནས་གྲུབ་པ་ཐོབ་ནས་ཀྱང༌། །གཤིན་རྗེའི་ཡུལ་དུ་རྫུ་འཕྲུལ་དམག་དྲངས་ཏེ། །རང་ གི་མ་ཉིད་སྔོ ན་ལས་དབང་གིས་ཀྱང༌། །དམྱལ་བར་ལྷུང་བ་སྐད་ཅིག་དེ་ཉིད་ལ། །མངོན་ སུམ་དུ་ནི་དམྱལ་ཁམས་ལས་བཏོན་ཏེ། །སྤྲུལ་པའི་དམག་གིས་གཤིན་རྗེའི་སྐྱེས་བུ་རྣམས། །འཇིགས་ཤིང་སྐྲག་པར་མཛད་པའི་ཟིལ་ཆེན་ངོམ། །སློབ་དཔོན་པདྨའི་དྲུང་དུ་ཆོས་ལ་ སྦྱངས། །ནུས་པ་ཐོབ་པས་རྫུ་འཕྲུལ་ལ་བརྟེན་ནས། །རོ་ལང་གསེར་དུ་བསྒྱུར་བའི་དངོས་ གྲུབ་བརྙེས། །སློབ་དཔོན་འདི་ཡིས་མི་རོ་གསེར་བསྒྱུར་བའི། །གསེར་མང་དུས་ཕྱིས་སུ་ནི་ གཏེར་སྟོན་འགས། །གཏེར་ཁ་ནས་བཏོན་རྫས་མང་བྱོན་པར་སྣང༌། །ཚེ་ཡི་རིག་པ་འཛིན་ ལ་མངའ་བརྙེས་པས། །སྐུ་ཚེ་རིང་པོར་བཞུགས་པས་རྗེས་སོར་གྱི། །རོང་ཟོམ་ཆོས་བཟང་ དུས་སུ་ལེགས་བཞུགས་ཏེ། །རོང་ཟོམ་གྱིས་ནི་ཁོང་ལ་ཆོས་མང་གསན། །དེ་འདྲའི་མཛད་ 6-1-123 པ་ཡ་མཚན་གནང་བའོ། །བཅོ་བརྒྱད་གྲུབ་ཆེན་ཁྱེའུ་ཆུང་ལོ་ཙཱ་ནི། །གདུང་རུས་འབྲོག་མི་ ཡིན་ཞིང་སྐུ་གཞོན་དུས། །ལོ་ཙཱ་མཁྱེན་པས་མཚན་ཡང་དེ་ལྟར་གྲགས། །སློབ་དཔོན་ཆེན་ པོའི་དྲུང་ནས་གསང་སྔགས་ཀྱི། །ཆོས་ཐམས་ཅད་ལ་མཁས་པར་བསླབས་ནས་ཀྱང༌། །རྫུ་ འཕྲུལ་ཐོབ་སྟེ་ནམ་མཁའི་བྱ་རྣམས་ཀྱང༌། །ལྟ་སྟངས་སྡིགས་མཛུབ་མཛད་པས་འགུགས་ པར་ནུས། །རྟེན་ནི་ཁྱིམ་པའི་ཚུལ་བཞུགས་ཆ་ལུགས་ཀྱང༌། །སྔགས་འཆང་གོས་དཀར་ལྕང་ ལོ་ཅན་ཡིན་ཞིང༌། །འདི་ཡི་རྣམ་འཕྲུལ་བདུད་འདུལ་རྡོ་རྗེ་སོགས། །གཏེར་ཆེན་འགྲོ་འདུལ་ དུས་བབ་འགའ་ཞིག་བྱོན། །བསྟན་དང་འགྲོ་ལ་ལེགས་སྒོ་ཅི་ཡང་སྤེལ། །བཅུ་དགུ་དྲན་པ་ ནམ་མཁའ་ཞེས་བྱ་ནི། །ཐོག་མར་བོན་གྱི་གྱེར་གཤེན་ཆེན་པོ་ཡིན། །འོན་ཀྱང་ཕྱིས་སུ་སློབ་ དཔོན་ཆེན་པོའི་དྲུང༌། །ཆོས་ལ་སྦྱངས་ཤིང་ལོ་ཙཱ་ཕུལ་ཕྱིན་མཁྱེན། །རྫུ་འཕྲུལ་ཆེ་མངའ་ བྱང་གི་གཡག་རྒོ ད་ཀྱང༌། །སྡིགས་མཛུབ་མཛད་པ་ཙམ་གྱིས་འགུགས་པར་ནུས། །དྲན་པ་ ནམ་མཁས་བོན་གྱི་མན་ངག་ཀྱང༌། །མང་པོ་སློབ་དཔོན་ལ་ནི་ཕུལ་ནས་སུ། །སློབ་དཔོན་ མཆོག་གིས་ཐམས་ཅད་གཏེར་དུ་སྦས། །ཕྱིས་སུ་བྱོན་པའི་གཏེར་ཁ་འགའ་རེ་ནས། །མན་ ངག་ཅི་རིགས་པ་ཡང་བྱུང་བར་མཐོང༌། །འདིས་ནི་སློབ་དཔོན་ལས་ནི་རབ་ཏུ་བྱུང༌། །དབུ་ཞྭ་ དམར་པོ་བཞེས་པས་མཚན་ལ་ཡང༌། །ཕུང་བོན་མགོ་དམར་ཞེས་སུ་གྲགས་སྐད་དོ། །མནབ་ ཞྭ་བོན་ལུགས་མ་ཡིན་བནྡེའི་ཚུལ། །སྐྱེ་མཐའ་ཕྱིས་བྱོན་བན་ཕྱོགས་གཏེར་འབྱིན་ཡང༌། །བོན་པོ་བྲག་ཚལ་རིག་འཛིན་ཕྲིན་ལས་ལྷུན། །དེ་ལ་སོགས་དང་བོན་ཕྱོགས་སྔགས་རིག་ འཆང༌། །གྱེར་མི་ཉི་འོད་ཀྱིས་མཚོན་མང་བྱོན་མངོན། །མཛད་པ་ཕྲིན་ལས་ཚུལ་བཟང་རྨད་ དུ་བྱུང༌། །ཉི་ཤུ་འོ་བྲན་དཔལ་གྱི་དབང་ཕྱུག་ནི། །འོ་ཡུག་མདའ་ལ་འོ་བྲན་རིགས་བྱུང་བ། །དཔལ་གྱི་འབྱུང་གནས་ཞེས་བྱའི་སྲས་སུ་འཁྲུངས། །དེ་ཡང་སློབ་དཔོན་པདྨའི་ཐུགས་སྲས་ སུ། །གྱུར་ནས་གསང་སྔགས་ཆོས་ཀྱི་ཚུལ་ཀུན་ལ། །མཁས་ཤིང་གྲུབ་པའི་མཚན་མ་མངོན་ 6-1-124 སུམ་བརྙེས། །རྫུ་འཕྲུལ་གྱིས་ནི་ཆུ་བོ་ཆེན་པོ་ལ། །འཇིགས་པ་མེད་པར་ཉ་ལྟར་རྒྱུ་ནུས་ ཤིང༌། །རྟེན་ནི་ཁྱིམ་པའི་ཚུལ་བཞུགས་འོ་བྲན་ལུགས། །གུར་དྲག་བཀའ་མ་ལ་སོགས་ཆོས་ མང་ཡོད། །ཕལ་ཆེར་དུས་མཐར་དབང་ལུང་རྒྱུན་མ་ཆད། །འདི་ཡི་གདུང་བརྒྱུད་ཡང་ནི་དེ་ བར་བྱུང༌། ། གུ་རུ་མཚོ་སྐྱེས་རྡོ་རྗེའི་རྣམ་ཐར་ལས་འབྲེ་ཁྱེའུ་དྲན་འོ་བཞིའི་འབངས་ཀྱི་སྐབས་ཏེ་བཅུ་ གཉིས་པའོ།། །། ༈ དེ་ནས་འབངས་རིགས་ཚན་སྐོ ར་དྲུག་པ་ཡང། །ཉེར་གཅིག་རྨ་རིགས་རིན་ཆེན་ མཆོག་ཅེས་ནི། །དབུ་རུ་འཕན་ཡུལ་རྨ་གཙོ་ཞེས་བྱ་བར། །གང་འདི་འཁྲུངས་ཤིང་ཆུང་ནས་ བློ་རྣོ་རབ། །བོད་ཡུལ་རབ་ཀྱི་མི་དགུའི་གྲས་ཚན་ཡིན། །ལྷ་བཙན་རྒྱལ་པོ་ཁྲི་སྲོང་ལྡེ འུ་ བཙན་དུས། །རབ་བྱུང་སྔ་བ་སད་མི་མི་བདུན་གྱི། །ནང་ཚན་ལགས་ཏེ་མཁན་ཆེན་བོ་དྷི་ ལས། །རབ་ཏུ་བྱུང་ཞིང་ལྟ་བ་ཀླུ་སྒྲུབ་ཀྱི། །དགོངས་པ་ཇི་བཞིན་རྟོགས་པས་ཧ་ཤང་ཕྱོགས། །ཡང་དག་རིགས་པས་སུན་ཕྱུང་ཡང་ཡང་མཛད། །མདོ་སྔགས་ཟབ་ཆོས་རྒྱ་མཚོ་ལྟ་བུ་ ཡང༌། །བསྒྱུར་བའི་ལོ་ཙཱ་མཆོག་ཅིག་ཡིན་སྐད་དོ། །འདིས་ནི་སློབ་དཔོན་རིན་པོ་ཆེ་ཡི་དྲུང༌། །དབང་དང་གདམས་པ་མང་ཞུས་དངོས་གྲུབ་ཐོབ། །རྫུ་འཕྲུལ་ལ་ནི་མངའ་དབང་བསྒྱུར་ ནས་སུ། །སྲ་མཁྲེགས་རྡོ་ཡང་ཟན་ལྟར་གཅོད་ནས་གསོལ། །རིག་པ་འཛིན་པའི་ས་ལ་ ལེགས་བཞུགས་ཏེ། །འདི་ཉིད་ལ་ཡང་སྒྱུ་འཕྲུལ་བཤད་སྒྲུབ་ཀྱི། །བཀའ་བབས་ཆེན་པོར་ ཡོངས་སུ་གྲགས་ཤིང་གྲུབ། །རྒྱལ་པོའི་ཆད་པའི་ཚུལ་གྱིས་ཁམས་སུ་ཕེབས། །གཙུག་རུ་ རིན་ཆེན་གཞོན་ནུ་རྗེས་སུ་བཟུང༌། །སླར་ཡང་དབུས་སུ་ཕེབས་པ་ལས་བྱུང་བ། །སྒྱུ་འཕྲུལ་ དེ་ནི་ཁམས་པའི་ལུགས་སུ་གྲགས། །བི་མ་ལ་ཡིས་གནང་བའི་རྒྱུད་སྡེ་བཞིའི། །ཟབ་ གཏེར་ཁྱད་པར་ཅན་ཡང་ཁོང་གིས་བཞེས། །རྣམ་འཕྲུལ་གཏེར་ཆེན་ཀློང་གསལ་སྙི ང་པོ་ 6-1-125 སོགས། །བསྟན་འགྲོར་ཕན་པའི་རླབས་སྒོ་གནང་བ་མང༌། །ཉེར་གཉིས་ལྷ་ལུང་དཔལ་གྱི་ རྡོ་རྗེ་ནི། །དབུ་རུ་འགྲམ་སྟོད་གུང་མོ་ཆེ་བར་འཁྲུངས། །སྐྱེ་མིང་སྟག་ཉ་བཟང་ཞེས་བྱ་བར་ གྲགས། །རྒྱ་བོད་ས་མཚམས་བསྲུང་སྟེ་རྒྱ་རྣམས་བཏུལ། །དེ་ནས་ཐུགས་ནི་ངེས་འབྱུང་གིས་ བསྐུལ་ཏེ། །མཆེད་གཉིས་དང་འགྲོགས་ལྷན་ཅིག་གསུམ་ཀ་ཡང༌། །སློབ་དཔོན་བི་མ་མི་ཏྲ་ བཞུགས་དྲུང་ནས། །རབ་ཏུ་བྱུང་ཞིང་པདྨ་སཾ་བྷ་ཝ། །གང་ལས་བྱང་ཆུབ་སེམས་དཔའི་སྡོམ་ པ་བླངས། །སྔགས་ཀྱི་དབང་དང་གདམས་ངག་ཐམས་ཅད་ཐོབ། །གྲིབ་ཀྱི་དཀར་མོ་རོང་ དུ་དོན་བསྒོམས་པས། །ཆོས་གོས་རླུང་གིས་ཁྱེར་བ་ཡེར་བར་བྱུང༌། །གནས་དེར་ས་དཔྱད་ ལེགས་པར་གཟིགས་ནས་ནི། །སྒྲུབ་པ་ལ་བཞུགས་ནུས་པ་ཐོབ་པའི་མཐུས། །རི་བྲག་ལ་ ཡང་ཐོགས་མེད་ཟང་ཐལ་དུ། །གཤེགས་པར་ནུས་པའི་རྫུ་འཕྲུལ་དངོས་གྲུབ་བརྙེས། །ཕྱིས་ སུ་རྒྱལ་པོ་སྡིག་ཅན་བསྒྲལ་ནས་ཀྱང༌། །སངས་རྒྱས་བསྟན་པ་ལ་ནི་ཕན་ཆེར་བཏགས། །ཁམས་ལྡན་ཡུལ་ནས་དན་ཏིག་ཚུན་ཆད་དུ། །བྱོན་ནས་བསྟན་འགྲོའི་དོན་དུ་ཡུན་རིང་ བཞུགས། །ཆོས་ཀྱིས་གདུལ་ཞིང་གང་གྱུར་སྨིན་པར་མཛད། །འགྲོ་ལ་ཉེར་འཚེ་བསལ་ འོས་གེགས་བྲལ་བྱས། །དེ་འདྲའི་མཛད་བཟང་ལེགས་མཐར་ཕྱིན་པ་ན། །ཉིད་སྐུ་འོད་ཀྱི་ ཕུང་པོར་ཡལ་བར་གྲགས། །ཉེར་གསུམ་ལང་གྲོ་དཀོན་མཆོག་འབྱུང་གནས་ནི། །གཙང་གི་ གཡའ་རུ་བྱང་ཕྱོགས་རྟ་ནག་གི །ཕྱོགས་སུ་འདི་ཉིད་ཀྱི་ནི་སྐུ་འཁྲུངས་ཤིང༌། །སྔོ ན་དུ་ཆོས་ རྒྱལ་ནང་བློན་ཆེན་པོ་ཞིག །ཡིན་ཞིང་མིང་ལ་ལང་གྲོ་སྣང་གཞེར་ཟེར། །འོན་ཀྱང་ཕྱིས་སུ་ རབ་ཏུ་བྱུང་བའི་མཚན། །དཀོན་མཆོག་འབྱུང་གནས་ཞེས་སུ་གྲགས་པའོ། །ལོ་ཙཱ་མཁས་ པར་མཁྱེན་པས་ཆོས་མང་བསྒྱུར། །སློབ་དཔོན་ཆེན་པོ་མཆོག་གི་མདུན་དྲུང་ནས། །དབང་ དང་གདམས་ངག་ཞུས་ནས་ཉམས་སུ་བླངས། །གྲུབ་པའི་རྟགས་མཚན་མངོན་སུམ་བསྙོ ན་ མེད་སྟོན། །རྟེན་ནི་སྔགས་འཆང་དུ་བཞུགས་ཁོང་ཉིད་ཀྱིས། །ཐུགས་དགོངས་གཏད་ཙམ་ 6-1-126 གྱིས་ཀྱང་གནམ་ལྕགས་ཐོག །ཆེར་འབར་མདའ་ལྟར་འཕེན་པའི་རྫུ་འཕྲུལ་ལྡན། །སློབ་ དཔོན་པདྨའི་ཐུགས་སྲས་དབང་པོར་གྱུར། །གསང་སྔགས་ཆོས་ཚུལ་རྒྱ་མཚོ་ལྟ་བུ་ལ། །མངའ་དབང་འབྱོར་བའི་རྣལ་འབྱོར་དབང་ཕྱུག་ཆེ། །གདུང་བརྒྱུད་རྟ་ནག་སྒྲོལ་མ་བ་རྣམས་ ཏེ། །སྤྲུལ་པ་གཏེར་སྟོན་རཏྣ་གླིང་པ་དང༌། །རིག་འཛིན་ཀློང་གསལ་སྙི ང་པོ་སོགས་ཀྱིས་ མཚོན། །དུས་འཚམས་མཛད་བཟང་གང་འདུལ་རྗེས་འགྲོ་བ། །སྙི གས་དུས་རྒུད་པས་མནར་ བའི་སེམས་ཅན་གང༌། །རང་རང་ལ་འོས་ཕན་པ་ལྷུར་ལེན་མཁན། །བར་སྐབས་སུ་ཡང་བྱུང་ ལ་བསྟན་འགྲོར་སྐྱོང༌། །ཉེར་བཞི་ལ་གསུམ་རྒྱལ་བ་བྱང་ཆུབ་ནི། །སད་མི་མི་བདུན་གྲགས་ པའི་ནང་ཚན་ཏེ། །མཁན་ཆེན་ཞི་བ་འཚོ་ལས་རབ་ཏུ་བྱུང༌། །བསྙེ ན་པར་རྫོགས་ཤིང་ལོ་ཙཱ་ ལེགས་མཁྱེན་པས། །རྒྱ་གར་དུ་ཡང་ལན་མང་བྱོན་ནས་སུ། །མདོ་དང་སྔགས་ཀྱི་ཆོས་ཀྱང་ མང་པོ་བསྒྱུར། །ཐོས་པ་རྒྱ་མཚོ་ལྟ་བུའི་ཕ་རོལ་སོན། །འདི་ནི་མཁས་ཤིང་ཐོས་རྒྱ་ཆེ་བས་ ན། །རབ་ཀྱི་མི་དགུའི་གྲངས་སུ་བགྲང་བའོ། །སློབ་དཔོན་ཆེན་པོ་ཉིད་ལས་དབང་བསྐུར་ དང༌། །གདམས་ངག་མང་དུ་ཞུས་པས་ནུས་མཐུ་བརྙེས། །རྟེན་མེད་མཁའ་ལ་སྐྱིལ་ཀྲུང་གིས་ བཞུགས་སོགས། །རྫུ་འཕྲུལ་མཛད་སྒོ་ལ་ཡང་དབང་ཐོབ་ཅིང༌། །གྲུབ་པའི་གོ་འཕང་བདག་ གིར་བཞེས་ནས་ཀྱང༌། །ཕན་པ་དེར་ལྟོ ས་གང་ལ་མི་དམན་པ། །འགྲོ་འདུལ་སྐྱེས་བུ་མཆོག་ གི་བཀོད་འདི་མཚར། །དེ་ལྟར་ཉེར་བཞིའི་འབངས་སློབ་རྫོགས་ནས་ཀྱང༌། །གཞན་ཡང་ཨོ་ རྒྱན་ཆེན་པོ་སྲིན་ཡུལ་དུ། །གཤེགས་ཁར་ཁྲ་འབྲུག་གནས་སུ་འཁོར་འབངས་ལ། །བཀའ་ འདུས་ཆོས་ཀྱི་རྒྱ་མཚོའི་ཞལ་ཕྱེས་ནས། །ཆོས་འཁོར་ཆེན་པོ་ལེགས་བསྐོ ར་མཛད་པའི་ སྐབས། །རྗེ་འབངས་འདུས་པ་ཕྱི་མ་གང་དག་ཀྱང༌། །དཀྱིལ་འཁོར་ཚོམ་བུ་རེ་ལ་བཀའ་ བབས་པའི། །དབང་དུ་བྱས་ནས་བདུན་གསུམ་ཉེར་གཅིག་ཏུ། །གྲགས་པ་དེ་དག་ལ་ཡང་ བཀའ་བབས་ཚུལ། །བཀའ་འདུས་ཞི་ཁྲོ་ཡོངས་སུ་རྫོགས་པ་ཡི། །བཀའ་བབས་རྒྱལ་སྲས་ 6-1-127 ལྷ་རྗེ་མཆོག་གྲུབ་རྒྱལ། །སྤྱི་དཔལ་བུདྡྷ་རྩལ་རྫོགས་བཀའ་བབས་པ། །ལྷ་སྲས་མུ་ཏིག་ བཙད་པོ་ཡབ་དང་ཡུམ། །ཡང་དག་ཐུགས་ཀྱི་བཀའ་ནི་ལེགས་བབས་པ། །དགེ་སློང་ནམ་ མཁའི་སྙི ང་པོ་ཡབ་ཡུམ་དང༌། །རྡོ་རྗེ་ཕུར་བའི་བཀའ་བབས་སློབ་དཔོན་ནི། །ཉི་མ་གྲགས་ དང་བྱང་ཆུབ་སྙི ང་པོ་སྟེ། །ཕྱག་ན་རྡོ་རྗེའི་བཀའ་བབས་གཡུ་སྒྲ་སྙི ང༌། །ཡབ་དང་ཡུམ་གཉིས་ རྡོ་རྗེ་རྩལ་རྫོགས་ཀྱི། །བཀའ་བབས་དྷརྨ་བྷ་དྲ་ཡབ་ཡུམ་དང༌། །རིག་འཛིན་བླ་མའི་བཀའ་ ནི་བབས་པ་ཅན། །ལེགས་སྦྱིན་ཉི་མ་ཡབ་ཡུམ་བདེ་མཆོག་གི །བཀའ་བབས་ཡོན་ཏན་ མཆོག་དང་ཡེ་སྡེ་རྗེ། །འཇམ་དཔལ་བཀའ་བབས་སངས་རྒྱས་ཡེ་ཤེས་དང༌། །འབྲོ་བན་སྤྲིན་ འབྱིན་རཏྣ་རྩལ་རྫོགས་ཀྱི། །བཀའ་བབས་འཕགས་ཤེར་ཤུད་བུ་ཁོང་སླེབ་གཉིས། །པདྨ་ གསུང་བཀའ་བབས་པ་རྒྱལ་མཆོག་དབྱངས། །རྡོ་རྗེ་བདུད་འཇོམས་རྣམ་གཉིས་དགྱེས་རྡོར་ གྱི། །བཀའ་བབས་ཅོག་རོ་ཀླུ་ཡི་རྒྱལ་མཚན་མཆེད། །གསང་བ་འདུས་པའི་བཀའ་བབས་ དགོངས་གསལ་དང༌། །ཆོས་ཀྱི་ལྷུན་པོ་པདྨ་རྩལ་རྫོགས་ཀྱི། །བཀའ་བབས་མོན་མོ་སྤྱི་ འདྲེན་སྐྱིད་ལྕམ་མོ། །ཆེ་མཆོག་བཀའ་བབས་ཛྙཱ་ན་ཀུ་མ་ར། །དཀོན་མཆོག་འབྱུང་གནས་ ཞབས་དང་དུས་འཁོར་གྱི། །བཀའ་བབས་ཀླུ་དབང་ཨཱ་ཙར་གསལ་མཆོག་ཟུང༌། །མཁའ་ ཀློང་འཁྱིལ་བའི་བཀའ་བབས་གཉན་དཔལ་དབྱངས། །སྣ་ནམ་ལྡང་ཁྲི་ཀརྨ་རྩལ་རྫོགས་ ཀྱི། །བཀའ་བབས་སྐ་བ་དཔལ་བརྩེགས་གྲ་པ་གྲུམ། །བདེ་འགྲོའི་བཀའ་བབས་འབྲོག་ མི་དཔལ་ཡེ་དང༌། །དཔལ་གྱི་དབང་པོ་ཕུར་བའི་བཀའ་བབས་པ། །མཁའ་འགྲོ་མཚོ་ རྒྱལ་ཡེ་ཤེས་གསལ་ལེ་གཉིས། །དྲེགས་པའི་བཀའ་བབས་དཔལ་གྱི་སེང་གེ་དང༌། །ཡེ་ ཤེས་བརྩེགས་དང་སྟོབས་ལྡན་བཀའ་བབས་པ། །བཻ་རོ་ཙཱ་ན་ལྡན་མ་རྩེ་མང་ངོ༌། །གཞན་ ཡང་འདུས་པ་ཕྱི་མའི་རྗེ་འབངས་ཚུལ། །བཅུ་བདུན་དུ་བཤད་མཆིམས་ཕུའི་རྗེ་འབངས་ལ། །ཉེར་ལྔ་ངོས་འཛིན་འདྲ་མིན་ཉེར་བདུན་གྲངས། །བཞེད་སྲོལ་སྣ་ཚོགས་གང་འདུལ་སྤྲུལ་ 6-1-128 བསྒྱུར་རོ། །དེ་ལྟར་ཨོ་རྒྱན་གུ་རུ་རིན་པོ་ཆེ། །མཚོ་སྐྱེས་རྡོ་རྗེས་གངས་ལྗོ ངས་འདུལ་བའི་ ཚེ། །བོད་ཀྱི་རྗེ་འབངས་ཐུགས་སྲས་མཆོག་གྱུར་གང༌། །སྡེ་ཚན་སོ་སོར་སྣང་ཚུལ་དུ་མ་ལས། །འདིར་ནི་མངའ་བདག་རྗེ་གཅིག་འབངས་ཉེར་ལྔ། །རང་རང་གདུལ་བྱར་ཕན་བདེ་ལེགས་ སྤྱོད་ཚུལ། །ངོ་མཚར་རྟོགས་བརྗོད་མཚོན་ཙམ་དད་འཕེལ་རྐྱེན། །ཉེས་ཞི་ལེགས་སྤེལ་སླད་ དུ་ཨེ་མ་ཧོ། ། གུ་རུ་མཚོ་སྐྱེས་རྡོ་རྗེའི་རྣམ་ཐར་ལས་རྨ་ལྷ་ལང་ལ་བཞི་བཀའ་བབས་བཅས་ཏེ་བཅུ་ གསུམ་པའོ།། །། ༈ མཁའ་མཉམ་རྡོ་རྗེའི་སྐུ་ནི་གང་འདུལ་གཟུགས། །བརྗོད་འདས་ཟབ་གསང་མཐའ་ ཡས་སྐད་རྗེས་ཞུགས། །འོད་གསལ་དགོངས་ཆེན་སྲིད་ཞིར་ཕྱོགས་ལྷུང་བྲལ། །སྤྱི་དཔལ་ བདེ་ཆེན་མཆོག་གིས་དགེ་མཚན་ཕོབ། །སྒྱུ་འཕྲུལ་བཀོད་ཆེན་ནམ་མཁའི་མཐར་བརྒལ་ བ། །སྣ་ཚོགས་གདུལ་བྱའི་ཁམས་དབང་ཇི་བཞིན་དུ། །རྟག་པར་ཕྱོགས་དང་དུས་ཀྱིས་ ཆོད་མིན་ཞིང༌། །གསང་གསུམ་རོལ་པ་བསམ་པའི་ཡུལ་ལས་འདས། །ཁྱད་པར་བྱེ་བ་ཕྲག་ བརྒྱའི་འཛམ་གླིང་དུ། །རིགས་ཅན་སྐལ་བཟང་གང་ཚོ་ཉེར་སྨིན་སླད། །རྨད་བྱུང་ཡ་མཚན་ སྣང་བའི་འདུལ་བྱེད་གར། །པད་འབྱུང་མཛད་པ་ཕྲིན་ལས་འབད་མེད་ཅན། །བདེ་ཆེན་ མཁའ་འགྲོའི་འདུ་བྱེད་སྒྱུ་འཕྲུལ་བཀོད། །རིས་སུ་ཆད་མིན་འཁོར་འདས་ཡོངས་ལ་ཁྱབ། །གཟུངས་མ་རྣམ་ལྔས་དགའ་ཆེན་མཆོད་པའི་སྤྲིན། །རྩ་གསུམ་སྤྱི་རྗེ་ཀུན་ནས་དགྱེས་བསྐྱེད་ བྱེད། །དཔལ་ལྡན་ས་ཡི་འཁོར་ལོར་ཆོས་དཀར་གྱིས། །མངའ་དབང་བསྒྱུར་མཛད་འཇམ་ དབྱངས་རྣམ་པར་འཕྲུལ། །མདོ་སྔགས་དགོངས་པ་མཆོག་བརྙེས་བོད་ཀྱི་རྗེ། །ས་དབང་ བདག་པོ་སུ་ལས་ཁྱད་པར་འཕགས། །གྲུབ་པའི་བརྟུལ་ཞུགས་མཐུ་སྟོབས་རབ་དར་བས། །རླབས་ཆེན་སྲུང་སྐྱོབ་མི་མཐུན་དཔུང་འཇོམས་ཤིང༌། །ནུས་མཐུ་ཟླ་བྲལ་དཔག་ཡས་ཡོན་ 6-1-129 ཏན་མངའ། །འབངས་རིགས་གུ་རུའི་ཐུགས་སྲས་གྲུབ་དབང་ཕུལ། །མཚོ་སྐྱེས་རྒྱལ་བ་ཉིད་ དང་ཐུགས་ཀྱི་སྲས། །ཕུལ་བྱུང་གཟུངས་མ་རྗེ་འབངས་དང་བཅས་པའི། །དགེ་ལེགས་ངོ་ མཚར་རྣམ་ཐར་ས་བོན་ཙམ། །བརྗོད་འདིའི་རླབས་ཆེན་རྣམ་དཀར་དྲི་མེད་མཐུས། །འགྲོ་ མགོན་སྲས་བཅས་གདུལ་ཞིང་གང་གྱུར་ཀུན། །སྐྱེ་འདི་འཕོས་མ་ཐག་ནས་རྔ་ཡབ་ཞིང༌། །པདྨ་འོད་དུ་སྤྲུལ་སྐུའི་བཀོད་མཚར་དྲུང༌། །ལེགས་མཇལ་ཟབ་དབང་གདམས་པ་ཐོབ་པར་ སྨོན། །དེ་ཡང་སྣང་སྲིད་མ་དག་རང་རྩལ་ཁམས། །སྐུ་དང་དཀྱིལ་འཁོར་རབ་འབྱམས་ཡ་ མཚན་འཕྲུལ། །ངོ་མཚར་གཟིགས་སྣང་མཆོག་དང་གཉིས་མེད་འདྲེས། །བསྐྱེད་པ་མ་ཧཱ་ཡོ་ གའི་དོན་རྟོགས་ཤོག །རྩ་གསུམ་རོལ་པ་ཡེ་ཤེས་གཤིས་སུ་རྫོགས། །རང་བབ་དགའ་ཆེན་ བདེ་བ་རྟག་འབར་ཞིང༌། །གཉུག་མ་ཤུགས་འབྱུང་དེ་ཉིད་མངོན་པའི་དཔལ། །རྫོགས་པ་ ཨ་ནུས་ཡོ་ག་དགོངས་ཆུབ་ཤོག །ཀུན་བཟང་ཡེ་བརྡལ་གཤིས་ནས་འཁོར་འདས་ཁམས། །དག་ཆེན་རྒྱན་གྱི་འཁོར་ལོར་རྟག་བཞུགས་ཤིང༌། །འོད་གསལ་རིག་པ་གཞི་བཟང་དྲི་བྲལ་ དབྱིངས། །རྫོགས་ཆེན་ཨ་ཏིའི་ལམ་མཐར་ཡོངས་ཕྱིན་ཤོག །དེ་ནས་སྤྲུལ་ལོངས་ཆོས་སྐུའི་ ཞིང་མཆོག་གི །རྟེན་དང་བརྟེན་པའི་སྤྱི་རྗེ་ཉིད་གྱུར་ཏེ། །རང་རང་ལ་འོས་གང་འདུལ་མཚར་ བཀོད་ཀྱིས། །དོན་གཉིས་ལྷུན་གྲུབ་དཔལ་ཡོན་རྟག་འབར་ཤོག །མ་ལུས་རྩ་གསུམ་རྨད་ བྱུང་རོལ་པའི་དཔྱིད། །ཀུན་ནས་རབ་དགའ་མཁའ་ཁྱབ་དུས་རྣམས་སུ། །ཕྲིན་ལས་དགེ་ མཚན་ཡོངས་འཁྱིལ་བཀྲ་ཤིས་དཔལ། །ཆེར་བསྐྱེད་མཛད་སྒོ་གཡེལ་བ་མེད་གྱུར་ཅིག །ཅེས་ གུ་རུ་མཚོ་སྐྱེས་རྡོ་རྗེའི་རྣམ་པར་ཐར་པ་ཐུན་མིན་དག་སྣང་རྒྱན་གྱི་འཁོར་ལོ་ལས་ཆ་ཙམ་མངོན་པར་བརྗོད་པ་བདེ་ཆེན་རྡོ་རྗེ་ གཟི་འབར་ཞེས་བྱ་བ་འདི་ཡང་བཀའ་གཏེར་གྱི་གུ་རུའི་རྣམ་ཐར་ཚིགས་བཅད་མ་ཟུང་དུ་སྡེབ་པ་ཉུང་བསྡུས་གསུང་སྒྲོག་དེང་ སང་དུས་ཀྱིས་མནར་བ་རྣམས་ལ་འདི་ཕྱི་ལེགས་དགེའི་ཆེད་ཉེར་མཁོར་མཐོང་སྟེ། རང་ནས་སྔ་སོར་འདི་ལྟ་བུ་བྱེད་འདོད་ཡོད་ པའི་ཁར་ཕྱིས་སུ་དེ་ལུགས་ཆོས་ཀྱི་མཆེད་དམ་པ་མཆོག་གིས་ཐུགས་དགའ་སྤྲོ་ཚད་བྲལ་ངང་དངོས་རྫས་ལེགས་འབྱོར་ཕུན་སུམ་ 6-1-130 ཚོགས་པས་ཆ་རྐྱེན་ཉེར་བསྒྲིགས་ཀྱི་བསྐུལ་མ་གཙོར་གྱུར། གཞན་ཡང་ཆོས་ལ་ཆེར་གཞོལ་བརྩོན་འགྲུས་དཔལ་དང༌། མོས་ གུས་ལེགས་ལྟས་མངའ་བ་ཚོགས་གཉིས་མཚན་ཅན་དང༌། ཆ་རྐྱེན་ལེགས་སྦྱར་དགེ་མ་ཚུལ་ཁྲིམས་ལྷ་མོ་མ་བུ་སོགས་ཀྱི་དད་ མོས་ཡང་དག་པའི་ངོར། མ་ཏིས་ཤར་མར་སྤེལ་བཞིན་ཆོས་མཆེད་མཆོག་ཉིད་ཀྱིས་ཡིག་རིས་ལེགས་འབྲི་ཉེ་བར་མཛད་པས་ དུས་མཐའི་བསྟན་འགྲོ་ལ་ཕན་རླབས་མི་བསླུ་བར་ཤོག་ཅིག། །། སྨྲས་པ། གུ་རུ་མཚོ་སྐྱེས་གཟུངས་མ་རྗེ་འབངས་བཅས། །ངོ་མཚར་རྣམ་ཐར་ཚིགས་ བཅད་ལེགས་བསྡེབས་གང༌། །དུས་མཐའི་བསྟན་འགྲོར་ལེགས་ཚོགས་ཉེར་སྤེལ་སླད། །ཆོས་མཆེད་ཡོན་ཏན་རབ་བཟང་ཕྱག་སོར་འཕྲུལ། །རྨད་བྱུང་ངོ་མཚར་ཡིག་རིགས་མཐོང་ ཙམ་གྱིས། །དབང་མེད་དད་པས་ལུས་ཀྱི་སྤུ་ལོང་གཡོ། །འདུ་བྱེད་རབ་དཀར་གང་དེས་ བསྟན་པ་དང༌། །མ་ལུས་སྐྱེ་དགུའི་ཚོགས་ལ་སྨན་བྱེད་ཤོག །བྲིས་བྱང་འདི་ཡང་མ་ཏིས་སོ།། 6-1-131 ༄༅། །རྗེ་ཏཱ་ར་ནཱ་ཐའི་སྐུ་འདས་པའི་ཚུལ་གྱི་རྣམ་པར་ ཐར་བ་འཇམ་མགོན་དགྱེས་པའི་ཀུན་བཟང་ མཆོད་སྤྲིན་ཞེས་བྱ་བ་ བཞུགས་སོ། ། ༄༅། །ར༷ང་བྱུང་ལྷུན་གྲུབ་གདོད་མ་ཆོས་སྐུའི་བདག ། ལྷན༷་སྐྱེས་ཡེ་ཤེས་སྲིད་གསུམ་དྭངས་མའི་ཁམས། ། གཉུག་མ་དོན་གྱི་ཧེ་རུ་ཀ་དཔལ་སྐུ། ། ནང་དབྱིངས་མཆོག་གི་བླ་མ་རྒྱལ་གྱུར་ཅིག ། གཞི་དབྱིངས་ཆོས་ཉིད་དྲི་བྲལ་ཡེ་ཤེས་རྩལ། ། རིང་ནས་སྡོམ་པ་ཆེན་པོར་གྱུར་ཟིན་ཀྱང༌། ། སློབ་པའི་ཟོལ་གྱིས་འགྲོ་ཁམས་ལེགས་སྒྲོལ་བ། ། ལྷར་བཅས་འགྲོ་འདྲེན་མཆོག་གིས་ཤིས་པ་སྩོལ། ། ཀུན་ནས་དགེ་བའི་མཛད་ཕྲིན་ཡ་མཚན་ཀུན། ། སྙི ང་པོའི་དོན་གྱི་གདུལ་བྱ་ཡང་དག་སྙི ང༌། ། དཔལ་ལྡན་ལོངས་སྤྱོད་རྫོགས་སྐུའི་མཛད་ཆེན་དཔལ། ། བཟང་པོ་ཟབ་ཆོས་སྒོ་འཕར་ཕྱེ་འདི་བཟང༌། ། 6-1-132 རྒྱལ་སྲས་མཛད་པ་ཀུ༷ན་ནས་ལེགས་པའི་ཕུལ། ། ཐེག་མཆོག་གདུལ་བྱ་དག༷འ་བའི་དཔལ་གྱུར་པ། ། ངེས་པ་དོན་གྱི་སྙི ༷ང་པོ༷་ལེགས་འདོམས་པའི། ། རྒྱལ་བའི་སྲས་མཆོག་ས་གསུམ་དགེ་བའི་རྒྱན། ། བསིལ་ལྡན་ལྗོ ངས་ལ་ཀུ༷ན་ནས་ད༷གའ་བའི་དཔལ། ། ཟབ་དོན་སྙི ༷ང་པོ༷ས་གདུལ་བྱ་འདྲེན་པའི་མཆོག ། ངོ་མཚར་བ༷ཀྲ་ཤི༷ས་ཆོས་སྒོ་སྣང་བའི་མགོན། ། ཕུན་ཚོགས་དཔ༷ལ་ཡོན་བ༷ཟང་པོ་ཁྱོད་དུ་ངེས། ། རབ་འབྱམས་མཛད་བཟང་ཀུ༷ན་ད༷གའ་སྙི ༷ང་པོ༷འི་དཔལ། ། གང་འདུལ་ལེགས་ལམ་བ༷ཀྲ་ཤི༷ས་རྒྱ༷ལ་མཚ༷ན་འཛིན། ། ཕུལ་བྱུང་ཆོས་དཔ༷ལ་བ༷ཟང་པོ༷འི་མཛད་འཆང་བ། ། རབ་གུས་དང་བའི་ཡིད་ཀྱིས་རྟག་པར་མཆོད། ། གང་གི་དུས་གསུམ་མཛད་བཟང་ཡ་མཚན་དང༌། ། ཁྱད་པར་ལྗོ ངས་འདིར་ཁྱད་འཕགས་སྤྱོད་པ་ཆེ། ། ཡང་སྒོས་ཞི་བར་གཟིམས་པའི་རྣམ་པར་ཐར། ། འདི་ན་མདོ་ཙམ་འཆད་དོ་ལེགས་པར་ཉོན། ། དེ་ལ་འདིར་རང་ཅག་ཡོངས་ཀྱི་འདྲེན་པ་གཅིག་གྱུར་རྗེ་བཙུན་ཐམས་ཅད་མཁྱེན་པ་ ཀུན་དགའ་སྙིང་པོ་གང་ཉིད་ནི་ངེས་པ་དོན་གྱི་ཡིན་ལུགས་ལྟར་ན་གདོད་མ་མཆོག་གི་གནས་ ལུགས་དོན་དམ་རང་བྱུང་ཡེ་ཤེས་ཡེ་གཞི་དང་པོའི་སངས་རྒྱས་ཁྱབ་བདག་རྟག་པའི་རང་ ཞལ་ཇི་བཞིན་དུ་ུམངོན་བྱང་ཆུབ་སྟེ་རྣམ་ཀུན་མཛད་པ་རྒྱ་ཆེ་བ་ནམ་ཡང་རིས་སུ་མ་ཆད་པས་ 6-1-133 གང་འདུལ་གྱི་གདུལ་བྱ་མཐའ་ཡས་པ་ལ་རང་རང་དང་འཚམས་པར་རྒྱུ་ཕ་རོལ་ཏུ་ཕྱིན་པ་ དང་ འབྲས་བུ་གསང་སྔགས་ཀྱི་ཐེག་པ་ཐོག་མཐའ་བར་གསུམ་དུ་དགེ་བ་ལེགས་གདམས་ ཀྱིས། གནས་སྐབས་དང་མཐར་ཐུག་གི་དོན་མ་ལུས་པ་ཇི་བཞིན་བདག་གིར་དབང་བར་ མཛད་དེ་ཕན་བདེ་རྒྱ་ཆེར་སྤེལ་བའི་ཀུན་གཟིགས་སྟོབས་བཅུ་མངའ་བའི་ངོ་བོར་ལེགས་ པར་སྔོ ན་ཆད་རིང་མོའི་དུས་ནས་གྱུར་ཟིན་ཀྱང༌། ཐུགས་སྙི ང་རྗེ་ཆེན་པོའི་གཞན་དབང་ གིས་མ་འགྲོ་བ་མཐའ་དག་ལ་བྱམས་བརྩེ་བླ་ལྷག་པའི་གཟིགས་པ་ནམ་ཡང་འདུ་འགོག་ དང་བྲལ་བའི་འདུ་བྱེད་ལས་གདུལ་བྱ་སྤྱིའི་སྣང་ངོ་ཙམ་དུ་སློབ་པ་མདོ་སྔགས་ཀྱི་སེམས་ དཔའ་མཆོག་གི་བརྟུལ་ཞུགས་ཉེ་བར་འཆང་བའི་མཛད་པ་ལ་གནས་པ་ནི་རྒྱལ་སྲས་རིགས་ གསུམ་མགོན་པོ་ལྟ་བུ་སྟེ། དེ་ཡང་སྐབས་འདིའི་གླེང་བྱ་ཐོག་མར་བརྗོད་བྱ་ཞར་བྱུང་དུས་ གསུམ་དང་འབྲེལ་བའི་བསྟན་འགྲོའི་དོན་བྱས་ཚུལ། བར་དུ་ཞར་བྱུང་ལྗོ ངས་འདིར་ཁྱད་ འཕགས་ཀྱི་མཛད་པ་ངོམས་ཚུལ། ཐ་མར་བརྗོད་བྱ་གཙོ་བོ་གཟུགས་སྐུའི་མཛད་པ་ཆོས་ དབྱིངས་སུ་ལེགས་བསྡུ་མཛད་ཚུལ་དང་གསུམ་ལས། དང་པོ་ནི། སྔོ ན་ཚེ་བསྐལ་པ་ཆེས་རིང་བ་ལས་ཀྱང་ལྷག་པར་རིང་བའི་དུས་ན་འདྲེན་ པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་གཟིགས་ཞེས་བྱ་བ་རྒྱལ་པོའི་ཕོ་བྲང་གཉེན་ ལྡན་ན་བཞུགས་དུས་སུ་ུརང་ཅག་གི་བླ་མའི་སྐལ་བར་གྱུར་པ་རྗེ་བཙུན་རིན་པོ་ཆེ་གང་ཉིད་ ཀྱིས་དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པའི་ཚུལ་བསྟན་པ་ལ། ཁོང་ཉིད་དེ་ཚེ་དེའི་ དུས་ན། གྱད་ཀྱི་གཙོ་བོ་སྟོབས་མཐའ་མེད་ཅེས་བྱ་བར་གྱུར་ཏེ། ལན་གཅིག་རྒྱལ་བ་འཁོར་ དགྲ་བཅོམ་བྱེ་བ་ཕྲག་བརྒྱད་དང༌། བྱང་སེམས་བྱེ་བ་ཕྲག་བཅོ་བརྒྱད་དང་བཅས་སྤྱན་དྲངས་ ཏེ་ཟླ་བ་གསུམ་དུ་མཆོད་པ་དཔག་མེད་ཀྱིས་མཆོད། བྱང་ཆུབ་ཏུ་སེམས་བསྐྱེད། སྨོན་ལམ་ བཏབ་པས། འགྲུབ་རྟགས་མི་ལོ་བརྒྱའི་བར་མཆོད་པའི་མེ་ཏོག་ཀྱང་མ་རྙིང༌། མར་མེ་ཡང་ 6-1-134 རང་འབར་ཏུ་གྱུར་པ་ནས་བཟུང་སངས་རྒྱས་རྣམས་དང་རྟག་ཏུ་འགྲོགས་ཤིང་མཆོད་པ་དང༌། སེམས་དཔའ་ཆེན་པོའི་སྤྱོད་ཁྱད་ངོ་མཚར་བ་བསྟན་པའི་ཚུལ་དཔག་ཏུ་མེད་ལ། གཞན་ ཡང་མངོན་མཐོའི་གནས་རིས་དུ་མ་དང༌། ངན་སོང་ཡན་ཆད་ཀྱི་གནས་རྣམས་སུ་འགྲོ་དོན་ གྱི་ཆེད་ལྷ་མི་ཕལ་བའི་ཚུལ་བྱས་ནས་བསྟན་དང་འགྲོ་བ་ལ་ཕན་བྱེད་དུ་གྱུར་པ་ནི་ཆེས་མང་ ངོ༌། །དེའི་རྗེས་ནས་རང་ཅག་གི་རྣམ་འདྲེན་བཞི་པ་ཐུབ་པའི་དབང་པོའི་བསྟན་པ་ལའང༌། རྔ་བོ་ཆེའི་མདོ་ལས། ངེས་དོན་ཕྱིར་མི་ལྡོ ག་པའི་ཆེད་དུ་བྱ་བའི་གདུལ་བྱ་དབང་པོ་ཤིན་ཏུ་རྣོ་ བ་སེམས་དཔའ་ཆེན་པོ་བཟང་སྐྱོང་དང་ཕུག་སྦས་ལ་སོགས་པའི་ལི་ཙ་བཱི་ལྔ་བརྒྱ་ཡོད་པར་ བཤད་པའི་ནང་གི་བྱང་ཆུབ་སེམས་དཔའ་བློ་གྲོས་ཤིན་ཏུ་རྣམ་པར་དག་པ་ཞེས་བྱ་བ་དེར་ སྔོ ན་རྗེ་བླ་མ་གང་ཉིད་ཀྱིས་སྐྱེ་བ་བཞེས་པའི་ཚུལ་བསྟན་ཏེ། བཀའ་འཁོར་ལོ་ཐ་མ་ངེས་པ་ དོན་གྱི་གནས་ལུགས་རྣམ་པར་ཕྱེ་བའི་དོན་དེ་ཉིད་ཕྱོགས་ཐམས་ཅད་དུ་འཛིན་པར་ཐུགས་ ཀྱི་གཡར་དམ་ནམ་ཡང་མི་ལྷོད་པ་མཛད་པས་དེང་སྐབས་དུས་ཀྱི་ཐ་མ་སྙིགས་མ་ལྔ་བདོ་ བའི་དུས་སུ་ཡང་དག་ལྟ་བ་ཆེས་གསལ་བར་བྱེད་པའི་ངེས་དོན་བསྟན་པའི་དམིགས་བུ་ཟླ་ མེད་གཅིག་ཏུ་གྱུར་པའང་རྟེན་འབྲེལ་དེ་ལུགས་ཀྱིས་སོ། ། ཚུལ་དེ་ལྟ་བུས་སྟོན་པ་འདིའི་བསྟན་པ་ལ་གཞན་ཡང་རྗེ་བླ་མ་གང་གིས་བྱ་བ་བྱས་རིམ། རྒྱ་གར་འཕགས་པའི་ཡུལ་དུ་སྔོན་དཔལ་ནཱ་ལེན་དྲའི་གཙུག་ལག་ཁང་ཆེན་མོ་བཞེངས་ མཁན་གྱི་བྲམ་ཟེ་བདེ་བྱེད་བདག་པོ་ཞེས་བྱ་བ་བཅོམ་ལྡན་འདས་ལ་སྙན་ངག་གིས་བསྟོད་ བསྔགས་མཆོག་མཛད་པ་པོ་དེ་ཉིད་ཀྱི་སྐྱེ་བ་བཞེས་ཏེ་ཐེག་པ་ཆེན་པོ་ལ་བྱ་བ་རྒྱ་ཆེར་བྱས་ ཤིང༌། ཐེག་ཆེན་གསུང་རབ་ཐམས་ཅད་ཡི་གེར་བྲིས་ནས་ཆེས་སྤེལ་བར་མཛད་ལ། ཡང་ ངེས་དོན་དབུ་མའི་སློབ་དཔོན་ཆེན་པོ་དབྱིག་གཉེན་གྱི་ཐུགས་སྲས་སློབ་དཔོན་དཀོན་མཆོག་ གསུམ་གྱི་འབངས་ཞེས་བྱ་བ་རྣམ་རིག་དབུ་མ་རྩལ་དུ་འདོན་མཁན་གྱིས་ཟབ་མོ་མཐར་ཐུག་ 6-1-135 གཞན་སྟོང་གི་ཆོས་ཚུལ་ལེགས་དར་མཛད། ཡང་ཡོ་ག་ལ་མཁས་པའི་སློབ་དཔོན་སངས་ རྒྱས་གསང་བའི་སློབ་མ་དབས་མཉྫུ་ཤྲཱི་ཞེས་པར་གྱུར་ཏེ་ཡོ་ག་གསང་བའི་ཐེག་པ་འཛིན་སྐྱོང་ སྤེལ་བ་བྱས། ཡང་འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱི་ཞལ་ལུང་མནོས་པ་འབར་བའི་གཙོ་བོ་ ༡དང༌། གྲུབ་པའི་དབང་ཕྱུག་ཛཱ་ལནྡྷ་རིའི་ཐུགས་སྲས་རྗེ་སྤྱོད་འཆང་དབང་པོ་༢དང༌། གྲུབ་ ཐོབ་གོ་རཀྵའི་ཕྱག་སྤྱི་བོར་བཞག་ཙམ་གྱིས་གཉུག་མའི་རང་ཞལ་མངོན་དུ་གྱུར་པ་གྲུབ་ཆེན་ ར་ཏན་བྷ་ལ་༣དང༌། རྒྱ་བོད་ཀྱི་པཎ་གྲུབ་དུ་མའི་ཞབས་བསྟེན་ཏེ་ཐུན་མོང་དང་ཐུན་མོང་མ་ ཡིན་པའི་རིག་གནས་མཐའ་དག་ལ་བྱང་ཆུབ་པའི་སྐད་གཉིས་སྨྲ་བ་རོང་ཟོམ་ཆོས་བཟང་ ༤དང༌། རྗེ་དྭགས་པོའི་དངོས་སློབ་ཕྱག་ཆེན་པ་བྷ་རོམ་དར་མ་དབང་ཕྱུག་༥དང༌། ལ་སྟོད་ པ་དཀོན་མཆོག་མཁར་ནས་གདམས་པ་ལ་བརྟེན་ནས་གྲུབ་པ་ཐོབ་པ་རྣལ་འབྱོར་ཆེན་པོ་ཨ་ ཝ་དྷུ་ཏི་འོད་ཟེར་༦དཔལ། ཞང་རིགས་ཀྱི་སྔགས་འཆང་རཏྣའི་མཚན་ཅན་གྱི་སྐུ་དང་ཐུགས་ ཀྱི་སྲས་མཆོག་ཞང་སྟོན་འབྲུག་སྒྲ་རྒྱལ་མཚན་༧དང༌། དཔལ་འབྲི་གུང་པའི་ཐུགས་སྲས་ གཉོས་ལྷ་ནང་པ་སངས་རྒྱས་རས་ཆེན་༨དང༌། སྐུ་ཞང་སངས་རྒྱས་དཔལ་ལས་རིག་གནས་ མཐར་ཕྱིན་མཛད་ཅིང་གསང་སྔགས་ལ་ནུས་པ་ཟླ་མེད་མངའ་བ་སང་གྷ་བྷ་དྲ་༩དང༌། རྗེ་ བདག་ཉིད་ཆེན་པོའི་དངོས་སློབ་འཇམ་དབྱངས་ཆོས་རྗེ་༡༠དང༌། པཎྜི་ཏ་མིའི་ཉི་མ་སོགས་ ནས་གདམས་པའི་དོན་བསྒོམས་པས་ཡི་དམ་གྱི་ལྷ་ཞལ་མཐོང་བ་ཆོས་ཀྱི་ཉིན་བྱེད་༡༡དང༌། ལོ་ཆེན་རིན་ཆེན་བཟང་པོ་སོགས་མཁས་གྲུབ་དུ་མས་རྗེས་སུ་བཟུང་བ་རྗེ་ཀུན་དགའ་གྲོལ་ མཆོག་༡༢དང༌། རྒྱ་གར་གྲུབ་ཆེན་ཛྭ་ལ་ནཱ་ཐའི་ཐུགས་སྲས་རྒྱལ་བུ་དགའ་བྱེད་ས་སྐྱོང་༡༣གི་ བར་ཡོངས་སུ་གྲགས་པ་རྣམས་དང༌། (དེ་མིན་རྒྱ་གར་གྲུབ་ཆེན་ནག་པོ་སྤྱོད་པ་ཆུང་བ་དང་།) གསང་སྔགས་ སྙིང་ཐིག་གི་བསྟན་པའི་མཛོད་འཛིན་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་སོགས་གངས་ ལྗོ ངས་འདིར་སྔགས་རྙིང་ཕྱོགས་ཀྱི་སྐྱེས་ཆེན་དུ་མ་དང༌། སྔོ ན་གྱི་ལོ་ཙཱ་བ་སྤོང་ཞོ་གསལ་ 6-1-136 གྲགས་དང༌། (དཔལ་ལྡན་དུས་གསུམ་མཁྱེན་པ་དབུ་སེ་རང་དང་།) ཀརྨ་པཀྴི ་བསྟན་པ་ཡོངས་རྫོགས་ ཀྱི་མངའ་བདག་གྲུབ་ཐོབ་ཨུ་རྒྱན་པ་རིན་ཆེན་དཔལ་དང༌། ཞང་ཚལ་བ་བརྩོན་འགྲུས་ གྲགས། དྭགས་པོ་བཀྲ་ཤིས་རྣམ་རྒྱལ་སོགས་བཀའ་བརྒྱུད་ཕྱག་ཆེན་གྱི་བསྟན་འཛིན་མང་ པོ་དང༌། སྣར་ཐང་མཁན་པོ་བཟོད་པ་དཔལ་གྲུབ་སོགས་དགེ་ལུགས་ཕྱོགས་ཀྱི་དམ་པ་ འགའ་ཞིག་དང༌། ཇོ་བོ་རྗེའི་སློབ་མ་ཡོངས་རྫོགས་རྣལ་འབྱོར་པ་(འབྲོམ་སྟོན་པ་རྒྱལ་བའི་འབྱུང་ གནས།) སོགས་བཀའ་གདམས་ཕྱོགས་དང༌། བླ་མ་བློ་བཟང་བ་སོགས་ལམ་འབྲས་ཕྱོགས་ ཀྱི་སྐྱེས་ཆེན་འགའ་དང༌། རྒྱལ་སྲས་དངུལ་ཆུ་བའི་སློབ་མ་ཀ་བཞི་པ་སོགས་བསྟན་འགྲོའི་ མཛད་ཕྲིན་རྒྱ་ཆེ་བ་ཆེས་མང་པོ་ཞིག་གི་རྣམ་པར་རོལ་པ་དང༌། གཞན་ཡང་ལི་ཡུལ་གྱི་ རྒྱལ་པོ་འཕགས་པ་ཀུན་ཏུ་བཟང་པོས་རྗེས་སུ་བཟུང་བ་ཨརྦནྟི་ཟེར་བ་ཞིག་དང༌། བོད་ཡུལ་ གྱི་རྒྱལ་པོ་ཐོག་མ་གཉའ་ཁྲི་བཙན་པོའི་རྒྱལ་བརྒྱུད་བཅུ་བཞི་པ་བར་ན་སྟེང་བརྒྱད་ཀྱི་ཐོག་ མ་རྒྱལ་པོ་ཟ་ནམ་ཟིན་ལྡེ་སོགས་དམ་པ་ཆོས་ཀྱི་ས་སྐྱོང་མང་པོ་སོགས་ངོ་མཚར་བའི་བསྟན་ འགྲོ་ལ་ཆེས་སྨན་པའི་ཆོས་སྲིད་ཟུང་འབྲེལ་ལ་དབང་བསྒྱུར་བའི་བྱེད་པོས་སྔོན་བྱུང་འདས་ པ་དང་འབྲེལ་བའི་ཡང་དག་པའི་དོན་ཁྱད་པར་བ་ཉེ་བར་བསྒྲུབ་པའི་ཚུལ་ཡིན་ལ། དེ་རྗེས་ གངས་ལྗོངས་འདིར་འཇམ་མགོན་རིན་པོ་ཆེ་བྱོན་པའི་སྐབས་སུ་ཡང་གང་འདུལ་གྱི་མཛད་ པ་ཅིག་ཆར་བས་ཞིང་གཞན་དང་རང་གནས་འདི་ཀུན་ཏུ་བསྟན་འགྲོའི་དོན་བྱས་པའི་ཚུལ་ ཡང་སྐྱེ་བ་འདིའི་སྐུ་ལུས་ཀྱི་སྤྲུལ་གཞི་དངོས་ནི། ནུབ་ཕྱོགས་ཨུ་རྒྱན་གྱི་ཞིང་ན་དཔའ་བོ་ཆེན་ པོ་བིཥྞུ་ར་ཛ་ཞེས་བྱ་བ་ལྷའི་ལུས་ཅན་འཁོར་དཔའ་བོ་མཁའ་འགྲོ་མང་པོས་བསྐོར་བ་རིག་ པ་འཛིན་པའི་དངོས་གྲུབ་ཐོབ་པ་ཞིག་ཡོད་པ་དེ་ཡིན་ལ། སྤྲུལ་གཞི་དེ་ལ་བརྟེན་ནས་སྐྱེ་བ་ འདིའི་གོང་རོལ་གྱི་དགའ་བྱེད་ས་སྐྱོང་དང་ད་ལྟའི་ཁོང་གི་ལུས་འདི་སོགས་སྣ་ཚོགས་སྤྲུལ་ པས་འགྲོ་དོན་མཛད་པ་ཡིན་ཞིང༌། དེ་ཡང་དེ་སྐབས་དང་དུས་མཉམ་པར་ཤར་ཕྱོགས་མྱ་ 6-1-137 ངན་དང་བྲལ་བའི་ཞིང་ཁམས་ན་དེ་བཞིན་གཤེགས་པ་ཙམྦྷ་ཀའི་དབང་པོའི་དྲུང་ན། འཁོར་ ལོས་སྒྱུར་བའི་རྒྱལ་པོ་རི་བོའི་རྩེ་མོ་ཞེས་བྱ་བ་སོགས་སྐུ་ལུས་ཀྱི་བཀོད་པ་མི་འདྲ་བ་བརྒྱད་ ཀྱིས་ཅིག་ཆར་དུ་བསྟན་འགྲོའི་དོན་མཛད་བཞིན་ཡོད་ཅིང༌། དེ་དག་དང་དུས་མཉམ་པར་ རྒྱ་གར་ཤར་ནུབ་དབང་བསྒྱུར་བའི་རྒྱལ་པོ་ས་ལིམ་པ་ཞེས་བྱ་བ་འགྲོ་བ་མང་པོ་བདེ་བ་ལ་ བཀོད་མཁན་ཞིག་ཀྱང་ཡོད། དེ་སྐབས་ཀྱི་དབུས་གཙང་དུ་ཁོང་གི་སྐུ་ལུས་དངོས་དང༌། ཀརྨ་ པ་དགུ་པ་དབང་ཕྱུག་རྡོ་རྗེ་དང༌། གཙང་གི་སྡེ་སྲིད་ཕུན་ཚོགས་རྣམ་རྒྱལ་རྣམས་དང༌། མདོ་ སྨད་རྨ་ཆུའི་འགྲམ་ན་བླ་མ་དགེ་བའི་བཤེས་ཀྱི་ཚུལ་འཛིན་པ་ཞིག་གིས་མངོན་པའི་སྒོ་ནས་ འགྲོ་བ་ལ་ཕན་ཅུང་ཟད་འདོགས་ཤིང་མི་མངོན་པའི་སྒོ་ནས་སེམས་ཅན་མང་པོ་ལ་ཕན་ཤིན་ ཏུ་ཆེ་བ་འདོགས་བཞིན་ཡོད་པ་དེ་རྣམས་ཀུན་ཀྱང་རང་རང་དང་འཚམ་པར་བསྟན་པ་དང་ འགྲོ་བའི་དོན་ཅི་རིགས་པ་མཛད་པའི་སྒོ་ནས་ལེགས་ཚོགས་སྤེལ་བ་དང༌། གཞན་ཡང་ འཇིག་རྟེན་གྱི་ཁམས་གཞན་དང་སངས་རྒྱས་གཞན་གྱི་ཞིང་ཁམས་ནའང་སྣ་ཚོགས་སྤྲུལ་ པས་འགྲོ་དོན་མང་པོ་མཛད་པ་མཐའ་ཀླས་པ་རྣམ་ཀུན་ཅིག་ཆར་དུ་མངའ་བ་ནི་དེ་སྐབས་ཀྱི་ ད་ལྟར་དང་འབྲེལ་བའི་མཛད་སྒོ་ཡིན་ལ། དེ་རྗེས་སུ་རྗེ་བཙུན་གྱི་སྐུ་ཚེ་འདིའི་འོག་ཏུ་ཡང་ བོད་ཡུལ་འདི་གར་རང་ལུགས་ཀྱི་ཆོས་བརྒྱུད་དར་བར་བྱེད་པའི་སྡེ་དཔོན་སྟོབས་ལྡན་རྒྱལ་ ཁབ་ཕུན་ཚོགས་རྫོང་བདག་ས་སྐྱོང་ང་ཤུ་ཚ་ཚེ་དབང་དྲག་རྒྱལ་དང༌། (མཚོ་སྔོ ན་ཕྱོགས་སུ་སོག་པོ་ པའོ་ཤོག་ཐུའུ་ཨེར་ཏཱི་ནི་རྒྱལ་པོ་ཇུ་ནང་གྲགས་པ་སྟེ་སྡེ་དཔོན་སྟོབས་ལྡན་ལ་ཞྭ་སེར་ཕྱོགས་ཀྱི་ངོས་འཛིན་པ་ཡིན་ལ་)རང་ ལུགས་མི་འཛིན་པའི་དགེ་བཤེས་ཕྲིན་ལས་ཅན་བྱང་བླ་བྲང་གི་དགོན་(འདེབས་པ་པོའི་སྦས་ཚུལ་ སྤྲུལ་པ་ངག་དབང་བརྩོན་འགྲུས་)བདག་འཇམ་དབྱངས་བཞད་པ་འཇིགས་མེད་དབང་པོ་དང༌། སྐྱེ་ བར་གྲགས་པ་ཅིག་འབྱང་ཙམ་ནས་བྱོན་པ་སོག་ཁལ་ཁ་རྗེ་བཙུན་དམ་པ་(བློ་བཟང་བསྟན་པའི་ རྒྱལ་མཚན་)རྣམས་ཀྱིས་བསྟན་འགྲོའི་དོན་མཛད་པར་འགྱུར་ཞིང༌། དེ་ནས་རྒྱ་གར་དུ་རྒྱལ་ 6-1-138 པོ་ཞིག་ཏུ་སྐྱེས་ཏེ་ཆོས་དར་བར་བྱེད་ལ། སྐྱེ་བའི་གཙོ་བོ་དག་པའི་ལུས་གཅིག་འཁོར་ཁྲི་ ཕྲག་ཙམ་དང་བཅས་བདེ་བ་ཅན་དུ་བྱོན་ཞིང་ལུས་གཅིག་སྨན་བླའི་ཞིང་དུ་བྱོན་པ་ནས་སྐྱེ་བ་ གསུམ་བཞི་ཙམ་ལས་མི་འགྱང་པར་འཇིག་རྟེན་གྱི་ཁམས་ཉི་ཟླ་སྐར་འོད་འབུམ་གྱིས་བསྐོར་ བ་ཞེས་བྱ་བར་སངས་རྒྱས་ནམ་མཁའི་ཐིག་ལེ་ཞེས་པར་སངས་རྒྱ་ཚུལ་བསྟན་པ་སོགས་ནི་ གདུལ་བྱའི་སྣང་ངོ་ཙམ་གྱི་མཛད་པ་སྟེ་དེ་དག་ནི་མ་འོངས་པ་དང་འབྲེལ་བའི་མཛད་ཚུལ་ ཙམ་མོ། ། སྨྲས་པ། རིང་མོའི་དུས་ནས་ཉེས་ཀུན་དྲུངས་ཕྱུང་སྟེ། ། གདོད་མིའི་ཧེ་རུ་ཀ་དང་རོ་གཅིག་ཀྱང༌། ། སྣ་ཚོགས་གདུལ་བྱའི་ཁམས་དབང་ཇི་བཞིན་དུ། ། སྲིད་ན་འགྲོ་ཁམས་སྐྱོང་འདི་ཨེ་མ་རྨད། ། གཉིས་པ་བར་དུ་ཞར་བྱུང་ལྗོ ངས་འདིར་ཁྱད་འཕགས་ཀྱི་མཛད་པ་ངོམས་ཚུལ་ལ། སྐྱེས་ ཐོབ་ཡོན་ཏན་ཁྱད་འཕགས་ཀྱི་མཛད་པ། ཀློག་པ་ཐོས་བསམ་ཁྱད་འཕགས་ཀྱི་མཛད་པ། སྤོང་པ་བསམ་གཏན་ཁྱད་འཕགས་ཀྱི་མཛད་པ། བྱ་བ་རྣམ་དཀར་ཁྱད་འཕགས་ཀྱི་མཛད་ པ། དགོངས་དོན་གཏིང་དཔོག་ཁྱད་འཕགས་ཀྱི་མཛད་པ་ལྔ་ལས། དང་པོ་སྐྱེས་ཐོབ་ཡོན་ཏན་ཁྱད་འཕགས་ཀྱི་མཛད་པ་ནི་ངེས་དོན་བསྟན་པའི་མངའ་ བདག་རང་ཅག་གི་འདྲེན་པའི་བླ་མ་རྗེ་སྒྲོལ་བའི་མགོན་པོ་ཉིད་སྔོན་བྱོན་རྒྱལ་དང་དེ་སྲས་ དག་གིས་འགྱུར་མེད་རྡོ་རྗེའི་ལུང་གིས་ཡང་ཡང་བསྔགས་ཚུལ་ཡང༌། དུས་འཁོར་བསྡུས་ པའི་རྒྱུད་ཀྱི་རྒྱལ་པོ་ལས། ཁ་ཊྭཱཾ་ཀ་དང་རུས་རྒྱན་ཅང་ཏེའུ་ཆང་སྣོ ད་ཐོགས་པ་ནག་པོའི་མིང་ ཅན་འབྱུང་བར་འགྱུར། །ཞེས་སོགས་ཀྱིས་ལུང་བསྟན་པ་གྲུབ་པའི་དབང་ཕྱུག་ཆེན་པོ་སློབ་ 6-1-139 དཔོན་ནག་པོ་སྤྱོད་པ་གང་ཉིད་ཀྱི་རྣམ་པར་འཕྲུལ་བ་འགྲོ་འདུལ་དུས་བབ་ཏུ་བསིལ་ལྗོངས་ འཛིན་མའི་ཐིག་ལེར་སྐྱེ་དགུའི་བསོད་ནམས་ཀྱི་ཞིང་དུ་རྒྱལ་བའི་དགོངས་པ་མཐར་ཐུག་ རྫོགས་ལྡན་ཆོས་མཆོག་གསར་བའི་ཟབ་མོ་དབུ་མ་ཆེན་མོའི་དོན་རིགས་ལྡན་སྤྲུལ་པའི་སྐུའི་ བཞེད་དགོངས་ཇི་ལྟ་བ་བཞིན་ལེགས་པར་ཕྱེ་བའི་ངེས་པ་དོན་གྱི་བསྟན་པའི་རྒྱན་གཅིག་པུ་ ཉིད་དུ་རྗེ་ཇོ་ནང་པའི་དགོངས་འགྲེལ་བྱེད་པོར་བསམ་བཞིན་དུ་ལྗོངས་འདིར་རང་ཅག་གི་ བླ་མའི་སྐལ་བར་རྟག་བརྟན་སྤྲུལ་པའི་སྐུ་མཆོག་གི་རྣམ་པར་བྱོན་པ་ཉིད་ཀྱིས་བཀའ་ ལེགས་བཞེས་མཛད་པ་བཞིན་དང༌། (ལྷག་པར་ཨོ་རྒྱན་པདྨས་མ་འོངས་ལུང་བསྟན་འདི་ལྟར་གསུངས། གུ་རུ་ ཨ་ནན་ཏའི་གཏེར་ཁ་ཡི། །ཐུགས་རྗེ་ཆེན་པོ་འོད་མཆོག་ཆོས་སྐོ ར་ནས། །ཕུག་ཅེས་བྱ་བའི་ས་ཆ་རུ༔ བླ་མའི་མཆོག་གཏེར་ ལོངས་སྤྱོད་པའི༔ ཀུ༷ན་དག༷འ་འམ་ནི་སྙི ང༷་པོ༷འི་མཚན༔ པདྨའི་ཐུགས་ཀྱིས་སྤྲུལ་པ་འབྱུང༔ ཞེས་མཚན་དངོས་སོགས་དང་ བཅས་གསལ་བོར་བསྔགས། ཞེས་དང་།) ཁྱད་པར་རྗེ་རྒྱལ་བ་གཉིས་པ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ ཀུན་མཁྱེན་ཇོ་ནང་པ་ཆེན་པོའི་ཞལ་སྔ་ནས་ཀྱང༌། འདི་ལྟར་ལུང་བསྟན་པ་སྟེ། ནམ་ཞིག་ མ་འོངས་པ་ན་རང་རེའི་བསྟན་པ་ཉ་འདྲའི་དུས་སུ་རི་ཁྲོད་ཇོ་ནང་འདིར་ཤིན་ཏུ་ཉམ་ངའི་ སྡུག་བསྔལ་འབྱུང་ཚུལ་རྐྱེན་དང་བཅས་ཞིབ་པར་གསུངས་རྗེས། ང་ཡི་གནས་འདིར་དེ་ལྟར་ འགྱུར་བའི་དུས། །དེ་ཡི་ཚེ་ན་ཁོ་བོ་ཡུལ་འདིར་འོང༌། །དེ་ཡི་མིང་ནི་བསོ༷ད་ན༷མས་བརྒྱ༷་ཡི༷་ མཚན་འཆང་བ། །བྱང་ཆུབ་སེམས་དཔའ་ནུབ་ཀྱི་ཕྱོགས་སུ་སྐྱེ། །གནས་འདིར་བསྙེ ན་བཀུར་ བྱེད་པ་ཤིན་ཏུ་དར། །ང་ཡི་རྟེན་ལ་གསེར་གྱི་ཅོད་པན་གསོལ་བྱེད་ཅིང༌། །དགེ་སློང་ཚུལ་ བཞིན་བྱེད་པ་མང་དུ་འབྱུང༌། །གཙང་གི་དགོན་གནས་ཀུ༷ན་གྱི་བདག་པོར་འགྱུར། །མཐའ་ འཁོབ་རྒྱལ་པོ་མང་པོ་དབང་དུ་བསྡུས། །བཤད་བསྒྲུབ་བསྟན་པ་རབ་ཏུ་རྒྱས་པར་མཛད། །སྙི༷ང་པོའི་མཐའ་སྟོན་སྐྱེས་བུ་དམ་པ་དེ། །མི་ལོ་བརྒྱད་ཅུར་བསྟན་པའི་རྒྱལ་མཚན་ བཙུགས། །ཅེས་པས་ལུང་བསྟན་པ་རྗེ་ཀུན་དགའ་སྙི ང་པོ་བཀྲ་ཤིས་རྒྱལ་མཚན་འདི་ཉིད་དུ་ 6-1-140 ངེས་པ་སྟེ། དེ་ཡང་རྗེ་ཇོ་ནང་པ་ཁོང་དང་རྣམ་དབྱེར་མེད་པ་བསོད་ནམས་བརྒྱ་ཡི་མཚན་ འཆང་བ་སྟེ། དེ་ལས་བསོད་ནམས་ཞེས་པས་ཕུན་སུམ་ཚོགས་པ་བསོ༷ད་ན༷མས་དང་དོན་ གཅིག་པ་བཀྲ་༷ཤི༷ས་ཞེས་པའི་མཚན་དང༌། བརྒྱ༷་ཞེས་པས་ཆེས་མངོན་པར་འཕགས་ཤིང་ བཟང་བའི་ཆོས་མང་པོ་དང་དོན་འདྲ་བ་རྒྱ༷ལ་མཚ༷ན་དཔ༷ལ་བཟ༷ང་ཞེས་པའི་མཚན་གསལ་ བར་བྱས་པའི་སྒོ་ནས་བྱང་སེམས་བོད་ཡུལ་དབུས་ཀྱི་ས་ཆའི་ནུབ་ཕྱོགས་སུ་འཁྲུངས་པ་དེས་ སྐུ་འབུམ་ཆེན་མོ་ལ་གསེར་གྱི་ཅོད་པན་གསོལ་ཞིང༌། གཙང་གི་དགོན་གནས་ཕལ་མོ་ཆེའི་ བདག་པོར་གྱུར་ཏེ་ཡུལ་མཐའ་འཁོབ་སོག་ཡུལ་སོགས་ཀྱི་རྒྱལ་པོ་མང་པོ་དབང་དུ་བསྡུས་ ཤིང་བཤད་སྒྲུབ་ཟུང་གིས་ངེས་དོན་སྙིང་པོའི་རང་ལུགས་སྟོན་སྒོམ་གྱིས་རྒྱ་ཆེར་སྤེལ་རྒྱས་ མཛད་ཅིང༌། རང་ལུགས་ཀྱི་བསྟན་པ་ལ་ལོ་བརྒྱད་ཅུ་ཙམ་དུ་ཆེས་ཆེར་མངོན་པའི་ཕན་ ཐོགས་འབྱུང་བར་གསུངས་པ་ལྟར་དོན་གྱི་གནས་ཚུལ་ཇི་བཞིན་དུ་གྱུར་ཏེ་ཇོ་ནང་གི་སྐུ་ འབུམ་ལ་ཞིག་གསོས་དང་ཟངས་གསེར་གྱི་ཅོད་པན་སོགས་ལེགས་བསྐྲུན་རྒྱ་ཆེ་བའི་མཛད་ སྒོ་ནས་རང་ལུགས་ངེས་དོན་སྙིང་པོའི་བསྟན་པའི་མཛེས་རྒྱན་གཅིག་པུར་གྱུར་པ་དངོས་ གསལ་བསྙོ ན་དུ་མེད་པ་དེ་ཀ་ལྟར་དང༌། གཞན་ཡང་ཐུགས་མངོན་ཤེས་དང་ལྡན་པ་(བླ་མ་ དབུས་སྨྱོན་པ་ཆོས་ཀྱི་གྲགས་པའམ་)ཀུན་བཟང་གྲུབ་པའི་དབང་པོས་ཀྱང༌། འཇམ་པའི་རྡོ་རྗེའི་རྣམ་ པར་འཕྲུལ་པ་ཆེན་པོ་རྡོ་རྗེའི་མཚན་ཉེ་བར་འཆང་བའི་སྐྱེས་བུ་དམ་པ་སྐད་གཉིས་སྨྲ་བའི་ལོ་ ཙཱ་བའི་རིགས་སུ་མངོན་པར་ལུང་གིས་བསྔགས་པ་དང༌། སྔོ ན་དུ་རྗེ་བླ་མ་ཀུན་དགའ་གྲོལ་ མཆོག་གིས་སྔ་ཕྱིའི་ལུང་བསྟན་མང་པོ་གནང་བའི་ཚིགས་བཅད་དུ་ཡང༌། ནམ་ཞིག་རང་ གནས་རི་བོའི་ཕུག་ཏུ་མཇལ། །ཞེས་པས་རང་གི་སྐུ་སྐྱེས་སུ་ལུང་བསྟན་པ་དང༌། མཁན་རིན་ པོ་ཆེ་ལུང་རིགས་རྒྱ་མཚོའི་ཞལ་སྔ་ནས་ཀྱང༌། དེ་གོང་མནལ་ལམ་དུ་ལུང་བསྟན་རིམ་པ་ གསུམ་ཙམ་བྱུང་འདུག་པར་གསུངས་བ་སོགས་འགྱུར་བ་མི་མངའ་བའི་རྡོ་རྗེའི་ལུང་མང་ 6-1-141 པོས་ཡང་ཡང་བསྔགས་པའི་མེ་ཏོག་མངོན་པར་འཐོར་བ་ལྟར་བསིལ་ལྡན་བོད་ལྗོངས་ དབུས་ཀྱི་ཆར་གཏོགས་པ་ཡིད་འོང་འཛིན་མའི་ཐིག་ལེ་མཆོག་གི་གནས་དེར་རྒྱལ་བསྟན་སྤྱི་ དང་ངེས་དོན་སྙིང་པོའི་རང་ལུགས་ཀྱིས་གདུལ་བྱ་མཐའ་ཀླས་པ་ལ་ཕན་པ་རླབས་པོ་ཆེ་ཉེ་ བར་བསྒྲུབ་པའི་ཆེད་དུ་རྗེ་གོང་མ་ཀུན་དགའ་གྲོལ་མཆོག་གི་ཡང་སྲིད་གཉིས་པའི་ཚུལ་དུ་ དུས་ཀྱི་འགྲོ་བའི་ཁམས་དབང་དང་འཚམ་པའི་སྤྲུལ་པའི་བཤེས་གཉེན་མཆོག་གི་གཟུགས་ སྐུའི་བཀོད་པ་ཉེ་བར་བསྟན་པའི་ཚུལ་རྒྱས་པ་ལོགས་ན་གསལ་བས་འདིར་རེ་ཞིག་ཉུང་ བསྡུས་ཀྱིས་ཁྱད་འཕགས་ཡོན་ཏན་གྱི་ཚུལ་རགས་རིམ་ཙམ་བརྗོད་ན། ཐོག་མར་ཁོང་ཉིད་ སྔགས་འཆང་རྡོ་རྗེ་འཛིན་པ་རྗེ་བཙུན་རྭ་ལོའི་སྐུ་རིགས་སུ་འཁྲུངས་པའི་ཡབ་ཀྱང་ཡི་དམ་ ལྷའི་བསྐྱེད་རིམ་དམིགས་པ་ལ་བརྟན་པ་ཐོབ་ཅིང་ཡི་དམ་ཆོས་སྐྱོང་གི་བཟླས་བསྙེན་གྲངས་ མེད་སོང་བ་བྱིན་རླབས་ནུས་མཐུ་ལྡན་པ་ཆོས་བརྒྱད་ཀྱི་རྣམ་རྟོག་ནུབ་པའི་འཁྲུལ་ཞིག་ཆེན་ པོར་(ཡབ་རྣམ་རྒྱལ་ཕུན་ཚོགས་)བཞུགས་ཤིང༌། མ་ཡུམ་(ཡུམ་རྡོ་རྗེ་བུ་དགའ་ལྷ་མོ་)ཉིད་ཀྱང་སྙི ང་རྗེ་ཆེ་ ཞིང་དགེ་ལ་དཀར་བ་ཟབ་ཅིང་དཀྱེལ་ཆེ་བའི་ངང་ཚུལ་ཅན་སོགས་སྒོ་གང་ཐད་ནས་དམ་ ཆོས་སྒྲུབ་པ་ལ་བར་ཆད་མེད་ཅིང་རྣམ་པར་དཀར་བ་ཀུན་ནས་སྒྲུབ་པའི་དུས་འདའ་བའི་ རིགས་ཕུན་སུམ་ཚོགས་པ་དང་ལྡན་པ་ཞིག་ཡིན་ལ། ཁོང་ཉིད་ཀྱང་།(རབ་བྱུང་བཅུ་པའི་ནང་ཚན་ལོ་ བརྒྱད་སོང་བའི་ན་ཚོད་ལྡན་ཞེས་པ་ཤིང་མོ་ཕག་ལོ་ཆུ་སྟོད་ཟླ་བ་)སྐུ་བལྟམས་པ་ནས་བཟུང་སྔོན་གྱིས་སྦྱང་བ་ ཟབ་མོའི་འབྲས་བུ་དུས་སུ་སྨིན་པའི་ཚུལ་དུ་ཐུགས་བློ་ལ་རྣམ་དཀར་དགེ་ཚོགས་ངང་གིས་ འཕེལ་ཏེ་རང་ཤུགས་ཀྱིས་ངར་འཛིན་གྱི་སྣང་བ་སྲབ་ཅིང༌། རྐྱེན་ཕྲན་བུས་གཏིང་ནས་མཆི་ མ་འཁྲིགས་པའི་དད་པ་གསུམ་ལྷག་པར་སྟོབས་སུ་གྱུར་པས་ཆོས་བརྒྱད་ཀྱི་སྣང་བ་འཕྲལ་ འགོག་ནུས་པ་དུས་རྟག་ཏུ་ཡོད་ལ། གཞན་རང་ག་བ་རྨོངས་པའི་སྤྱོད་པ་ལ་ཐུགས་བློས་ གཞིག་འགྲེལ་བཏང་ཚེ་སྙིང་རྗེ་ཆེན་པོ་སྐྱེས་ཏེ་རང་དབང་མེད་པར་མཆི་མ་འཆོར་བ་བྱུང་ 6-1-142 ཞིང་རྐྱེན་དེས་གཞན་སེམས་ཅན་མང་པོ་ལ་སྡུག་བསྔལ་དང་འབྲལ་འདོད་ཀྱི་ཁུར་རང་གིས་ བླངས་ཏེ་གང་དྲག་ཅི་དྲག་མི་ཚུགས་པ་ཙམ་ཡོང་ཞིང༌། ཡང་རེ་འགར་སེམས་གསལ་སྣང་ གིས་མངོན་སུམ་དུ་ཡུལ་མི་སོ་སོའི་བདེ་མི་བདེའི་མཚན་མ་སྣ་ཚོགས་དང་མི་མ་ཡིན་གྱི་སྤྱོད་ ཚུལ་ཐ་དད་པ་དུ་མ་ཡང་མཐོང་ལ། ཉིན་ཞིག་ཏུ་ཨ་ཙ་ར་འགས་ལྟོ ་སློང་བ་མཐོང་བའི་རྐྱེན་ གྱིས་དགའ་སྤྲོ་དཔག་མེད་སྐྱེས་ཤིང་རྒྱ་གར་གྷ་ཡ་ལ་སོགས་པ་ཡིན་སྙམ་པའི་ཡུལ་མང་པོ་ ཞིག་ཐུགས་ཡུལ་དུ་ཝལ་ཝལ་ཤར་ཞིང༌། དེ་མ་ཟད་རྒྱ་གར་ཤར་ནུབ་ལྷོ ་བྱང་གི་ཡུལ་གྲུ་ཕལ་ ཆེ་བ་ཡང་ཤིན་ཏུ་གསལ་བ་བྱུང༌། ཁྱད་པར་སྐྱེ་བ་འདིའི་སྔ་མ་དགའ་བྱེད་ས་སྐྱོང་དུ་སྐྱེས་ པའི་སྐབས་ཐམས་ཅད་ཁ་སང་ཁ་ཉིན་གྱི་བྱ་བྱེད་བཞིན་ཆེས་ཤིན་ཏུ་གསལ་བར་དྲན་ལ། ཚེ་ འདིར་རྒྱ་གར་གྱི་སྐད་མ་བསླབས་པར་ཕུལ་ཏུ་བྱུང་བ་རང་སྐུ་ན་གཞོན་བྱིས་པའི་དུས་ན་རང་ ཤེས་སུ་ཡོད། བཙས་ནས་ལོ་གཉིས་སུ་ཉེ་བ་ཙམ་ན་འཁྲུ་ནད་དྲག་པོ་ཞིག་གིས་ཐེབས་ཚེ་ སྨན་དཔྱད་སོག་ཐབས་གང་དྲག་མཛད་ཀྱང་ཅི་ཡང་ཕན་ཐོགས་མེད་སྐབས་ཡུལ་མི་ཀུན་ གྱིས་མི་འཚོ་བར་སེམས་ཐག་ཆོད་པ་ན་ཁོང་གི་སྐྱེ་བ་གཞན་དུ་བླ་མར་གྱུར་པ་རྒྱ་གར་གྱི་ གྲུབ་ཆེན་འབར་བའི་མགོན་པོ་སོགས་ཀྱིས་སྤྲུལ་པའི་བཀོད་པ་ཨ་ཙ་ར་ལྔ་ཙམ་གྱི་རྣམ་པར་ བྱས་ནས་དངོས་སུ་རང་གཞན་གྱི་མཐོང་སྣང་མཉམ་པོར་སྐུའི་བཀོད་པ་བསྟན་ཏེ་(ཏཱ་ར་ནཱ་ཐའི་ མཚན་གསོལ་བ་)བྱིན་རླབས་མཆོག་གིས་སྲུང་བ་མཛད་ནས་བར་ཆད་ལས་གྲོལ་བར་བྱས་པ་ དང༌། སྐུ་ན་ཤིན་ཏུ་ཆུང་སྐབས་ཀློག་ཡིག་སློབ་དུས། ཐོག་མར་ཀ་མད་སུམ་ཅུ་ལ་དེ་ཉིན་ཚར་ གསུམ་བཞི་ཞིག་ངོས་སྦྱོར་བྱས། སང་ཞོགས་ཀློག་པས་ཧའི་ཐད་དུ་ཅུང་ཞིག་བསམ་དགོས་ གཞན་རྣམས་ཐོགས་མེད་དུ་ཤར་གྱིས་བྱུང་བ་ནས་བཟུང་ཡུན་རིང་མ་འགོར་བར་བརྩོན་པ་ ཆེར་མ་བྱས་ཀྱང་ཀློག་བྱང་རབ་ཏུ་འགྲོ་བར་སོང་བ་ལ་དཀའ་ཚེགས་ཅི་ཡང་མ་དགོས་པ་ སོགས་གཟུགས་སྐུ་ན་ཤིན་ཏུ་ཕྲ་བའི་དུས་ནས་སྔོན་སྦྱང་རྣམ་དཀར་ཟབ་མོའི་མཐུ་དུས་སུ་ 6-1-143 རང་ཤུགས་ཀྱིས་རིམ་པས་ཀློང་རྡོལ་བ་ལྟ་བུའི་ཚུལ་གྱིས་ཆེས་སྦྱངས་བ་སྔོན་སོང་གི་རིགས་ ཉེ་བར་སད་པའི་རྣམ་རྟགས་ཁྱད་པར་བ་སྒོ་མཐའ་དག་ནས་ཅི་དགར་ཉེ་བར་ངོམ་པ་གང་ དག་ནི་ཐུན་མོང་མདོ་ཡི་ཐེག་པའི་མངོན་པར་རྟོགས་པའི་སྒོ་མཐའ་ཡས་པའི་ཐོག་མའི་དབུ་ བརྙེས་པའི་སྔ་ལྟས་ཆེས་གསལ་བའི་སྐྱེས་ཐོབ་ཡོན་ཏན་ཁྱད་པར་དུ་འཕགས་པའི་མཛད་པ་ མཆོག་རྣམ་པ་ཀུན་ནས་མངའ་བ་ཡིན་ལ། གཞན་ཡང་བྱིས་པའི་དུས་ནས་ཀྱང་གསང་ སྔགས་ལྷའི་སྐུ་བརྙན་དང་ཆོ་ག་བཟླས་བརྗོད་སོགས་མཐོང་ཐོས་སུ་གྱུར་པ་དང༌། ཀུན་ སྤངས་ཀྱི་སྤྱོད་པ་དང༌། བསྐྱེད་རྫོགས་ཀྱི་གཏམ་དང་ཆེ་བ་ཅུང་ཟད་མཐོང་ཐོས་སུ་གྱུར་པ་ དང༌། མི་རྟོག་པ་དང་རླུང་སྒོམ་པ་སོགས་ཀྱི་རྣམ་ཆ་མཐོང་ཙམ་གྱིས་བདག་ཀྱང་འདི་ལྟ་བུའི་ ཚུལ་བྱེད་པར་གྱུར་ན་ཅི་མ་རུང་སྙམ་པ་དང༌། རྐྱེན་དེས་དགའ་བདེའི་ཤུགས་ཀྱིས་ཉིན་ མཚན་སྣང་བ་ཀུན་ཀྱང་སྣང་ལ་རང་བཞིན་མེད་པ་ན་བུན་ལྟར་ཡུལ་ཡུལ་པོར་གནས་འགྱུར་ བ་རང་ཤུགས་ནས་བྱུང་ཞིང་སངས་རྒྱས་མྱུར་ནས་ཐོབ་འདོད་ཀྱི་བསམ་པ་གཏིང་ཚུགས་པ་ དྲན་པ་རྙེད་ཙམ་ནས་ཡོད་པ་ཡིན་ལ། སྨྲ་ཤེས་ཙམ་གྱི་དུས་ནས་ཉིན་ཞིག་རླུང་སེམས་དབུ་ མར་ཆུད་པའི་རྟགས་སུ་ནམ་མཁའ་ལ་འཇའ་ཚོན་དྲྭ་བ་རིས་སུ་བྱུང་ཞིང་དེ་དག་གི་བར་བར་ ན་ལྷ་སྐུའི་རྣམ་པ་སྐུ་མདོག་དང་དབྱིབས་སྣ་ཚོགས་པ་ཁོ་ནས་ཁྲིག་མེར་གྱིས་གང་འགྲོ་བ་ ཡང་ཡང་མཐོང་སྣང་དུ་འོང་ཞིང་གསང་ཆེན་རྡོ་རྗེ་ཐེག་པའི་སྔོན་གོམས་བག་ཆགས་ཀྱི་ རིགས་ཡོངས་སུ་སད་ནས་དད་པ་སྟོབས་སུ་གྱུར་ཏེ་གཞན་གྱིས་མ་བསྐུལ་མ་བསྟན་པར་ འགྲོ་བ་ཀུན་ལ་སྡུག་བསྔལ་བྲལ་འདོད་ཀྱི་སྙིང་རྗེའི་འཇུག་པ་རབ་ཏུ་རྒྱས་ཤིང་ཐེག་པ་ མཆོག་སྔགས་ཀྱི་ལྷ་དང་རིག་སྔགས་ཀྱི་དམ་པའི་ཆོས་རང་ཤུགས་ངང་གིས་ཐུགས་ལ་ཤར་ ཏེ་གོ་དོན་མ་བསླབས་པར་གཞན་ལ་ལེགས་པར་འཆད་ནུས་ལ། ཁྱད་པར་ལོ་བདུན་ཙམ་ ལོན་སྐབས་སུ་དགྱེས་རྡོར། རྣལ་འབྱོར་མ། མི་གཡོ་བ། སྒྲོལ་མ། འཇམ་དབྱངས་སོགས་ཀྱི་ 6-1-144 སྒྲུབ་ཐབས་ཐུགས་ལ་རང་ཤར་གྱི་ཚུལ་དུ་ཉིད་ཀྱི་ཞལ་གསུང་ལས་ཐོན་པ་སོགས་ཐུན་མོང་ མ་ཡིན་པའི་གསང་བ་སྔགས་ཀྱི་ཟབ་མོའི་ལམ་ཆེས་ཆེར་ལེགས་པར་འཁྲུངས་པའི་རྣམ་ རྟགས་མཚན་མ་ཁྱད་པར་བ་སྐྱེས་ཐོབ་ཡོན་ཏན་ཁྱད་འཕགས་ཀྱི་མཛད་པ་མཆོག་ཉེ་བར་ མངའ་བའོ། ། སྨྲས་པ། རིང་ནས་གོམས་པའི་མཛད་པ་ཕུལ། ། མཛེས་སྐུའི་མྱུ་གུ་གསར་བའི་དུས། ། མདོ་སྔགས་ལམ་ཟབ་ཆེས་ཡངས་པ། ། ལེགས་སྨིན་སྔ་ལྟས་དགེ་མཚན་བཀྲ། ། ༈ གཉིས་པ་ཀློག་པ་ཐོས་བསམ་ཁྱད་འཕགས་ཀྱི་མཛད་པ་ནི་རྗེ་བཙུན་མཆོག་གིས་ ཐོས་བསམ་གྱིས་རྒྱལ་བའི་གསུང་རབ་ལ་སྒྲོ་འདོགས་བཅད་དེ་ཐུགས་ཉམས་སུ་ལེགས་ པར་བསྟར་བ་ཡང་སེམས་དཔའ་ཆེན་པོ་ཁོང་ནས་གཞུང་ལུགས་སྦྱངས་པའི་ཐོག་མའི་ཀུན་ སློང་ཡང་སྐྱེ་བོ་ཕལ་ལྟར་རང་མཁས་སུ་རེ་བ་དང་གཞན་ལས་ཁྱད་པར་དུ་འཕགས་འདོད་ དང་སྔོན་གྱི་མིག་ལྟོས་ཙམ་མ་ཡིན་པར་སེམས་ཅན་འཁོར་བ་ལས་སྒྲོལ་བ་ཆོས་ལ་རག་ ལས། དེ་ལ་ཡང་ཚིག་དོན་མ་ནོར་ཞིང་རྒྱུན་མ་ཆད་པ་ཞིག་དགོས་པར་མཁྱེན་ནས་ཟབ་ཅིང་ རྒྱ་ཆེ་བ་ལ་སྐྲག་ཅིང་འཁུམ་པར་མ་བྱས་ཉུང་ཞིང་གསལ་བ་ལ་བརྙས་ཤིང་ཁྱད་དུ་མ་བསད་ པར་ནན་ཏན་དུ་བསླབས་པར་མཛད་པ་སྟེ། དེ་ཡང་མཁས་མཆོག་བྱམས་པ་ལྷུན་གྲུབ་པ་ གནས་ཀྱི་བླ་མར་བསྟེན་ནས་ཕྱི་བརྡ་སྤྲོད་ཀྱི་གཞུང་ལུགས་དང་གཏན་ཚིགས་སྣ་ཚོགས་ཀྱི་ རིག་གནས་རྣམས་དང༌། ནང་དོན་བཀའ་པོད་ཀྱི་རིམ་པ་ཚད་མ་སྡེ་བདུན་ལས། རིག་གཏེར་ གྱི་དཔེ་འཛིན་ཐོག་མའི་འཇུག་སྒོར་བྱས་ཏེ་རྣམ་འགྲེལ་ཐལ་ཕྲེང་ཅི་རིགས་པ་དང་བཅས་ 6-1-145 གཏན་ཚིགས་ཀྱི་གཞུང་ལ་བསླབས་པས་དཀའ་ཚེགས་མེད་པར་གཞུང་དོན་ལ་གོ་བ་ལེགས་ པར་ཆགས་ཤིང༌། མངོན་མཛོད་དང་བསླབ་བཏུས་བཟུང་ཞིང་བསླབས་སྐབས་ཐུགས་ ཉམས་ལ་སྟོན་པ་སངས་རྒྱས་ཀྱི་གཟུགས་སྐུ་གྲངས་མེད་པ་ཆར་བཞིན་བབས་པ་ཁོང་གི་སྐུ་ ལུས་ལ་ཐིམ་པར་གཟིགས་ཤིང༌། སྤྱོད་འཇུག་བསླབས་སྐབས་རྒྱལ་སྲས་ཞི་བ་ལྷ་སྐུ་གཞོན་ ནུ་ཤིན་ཏུ་མཛེས་པ་བཙུན་མོ་གཉིས་དང་བཅས་པ་རལ་གྲི་ཤུབས་བྲལ་རེ་རེ་བསྣམས་པ་ ཞིག་གིས་ཁོང་མགྲོན་གྱི་ཚུལ་དུ་འབོད་པའི་སྣང་བ་དང༌། དབུ་མ་འཇུག་པ་བསླབས་དུས་ སློབ་དཔོན་ཟླ་བ་གྲགས་པ་པཎྜི་ཏ་ཆོས་གོས་གསུམ་མེ་ལས་གྲུབ་པ་སྐུ་ལ་གསོལ་བ་ཞིག་ དང་མཇལ། བྱམས་ཆོས་རྒྱུད་བླ་ཕར་ཕྱིན་སོགས་ལ་བསླབས་སྐབས་ཐོག་མར་རྒྱུད་བླའི་ བྱང་ཆུབ་ཀྱི་དུས་ཙམ་ན་ཁོང་རང་ཉིད་སངས་རྒྱས་དྲི་མེད་པདྨ་དྲྭ་བའི་འོད་ཟེར་ཞེས་བྱ་བར་ གནས་འགྱུར་ཏེ་ཞིང་རྣམས་སུ་འགྲོ་དོན་གྱི་ཆེད་དུ་སྤྲུལ་པ་མང་པོ་སྤྲུལ་བཞིན་བཞུགས་ པར་སྣང་བ་ལ་སྐུ་མཚན་དཔེ་གསལ་རྫོགས་ལས་ཕྱག་མཐིལ་གྱི་འཁོར་ལོའི་མཚན་བཟང་ གི་རྩིབས་བགྲངས་པས་བརྒྱད་བརྒྱ་ལས་མ་བྱུང་བ་ལ་ད་དུང་བླ་མ་ལ་བསྙེན་བཀུར་བའི་ ཚོགས་ཡོངས་སུ་མ་རྫོགས་འདུག་པས་བྱང་ཆུབ་སེམས་དཔའི་སྤྲུལ་པས་འགྲོ་དོན་བྱེད་ སྙམ་པའི་གཟིགས་སྣང་ཤར། འདུལ་བ་སློབ་གཉེར་བྱས་དུས་འཕགས་པའི་གནས་བརྟན་ བྷ་ར་དྷྭ་ཛ་གསེར་ཅན་གྱི་སྣང་བ་ཆེས་མང་བ་ལ་གཞན་གནས་བརྟན་བཅུ་དྲུག་ཕལ་ཆེར་གྱི་ སྣང་བ་དང་བཅས་ཡང་ཡང་གསལ་བར་མཐོང་བ་སོགས་རྒྱུ་ཡི་ཐེག་པ་གཙོ་བོར་གྱུར་པའི་ སྡེ་སྣོད་གསུམ་དགོངས་འགྲེལ་དང་བཅས་པ་གཙོ་ཆེ་བ་དང་གསང་བ་སྔགས་ཀྱི་ཟབ་ཆོས་ ཀྱང་ཅི་རིགས་གསན་ཅིང་དེ་དག་གི་དོན་ཐུགས་ལ་ཆུབ་སྟེ་དགོངས་ཉམས་སུ་ལེགས་བསྟར་ མཛད་དེ་དོན་གནད་ཐུགས་ཐོག་ཏུ་ཁེལ་ངེས་བྱས། གཞན་ཡང་མཁན་ཆེན་ལུང་རིགས་རྒྱ་ མཚོའི་དྲུང་ནས་དུས་འཁོར་སྦྱོར་དྲུག་ཇོ་ནང་རང་ལུགས་ཞིབ་ཁྲིད་དང་བུ་ལུགས་མགྱོགས་ 6-1-146 ཁྲིད་ཀྱི་ཚུལ་དང༌། ངེས་དོན་རྒྱ་མཚོ་སོགས་ཇོ་ནང་རང་ལུགས་གཙོ་བོར་གྱུར་པའི་ཇོ་ཞལ། བླ་མ་དམ་པའི་ལུགས་ཀྱི་ཡིག་སྐོ ར་ཚང་མ་སོགས་ཆོས་བཀའ་རྒྱ་ཆེ་བ་དང༌། རྗེ་རྡོ་རིང་པ་ འཇམ་དབྱངས་ཀུན་དགའ་རྒྱལ་མཚན་གྱི་མདུན་ནས་ཐོག་མར་སྒྲོལ་དཀར་སོགས་ཀྱི་བྱིན་ རླབས་དང་བཅས་ཏེ་སྡོམ་པ་གསུམ་གྱི་རིམ་པ་དང་དཔག་ཡས་རྒྱུད་སྡེའི་དབང་ལུང་རྒྱུད་ བཤད་མན་ངག་བཅས་ཀྱི་ཟབ་བཀའ་ལམ་འབྲས་སོགས་ས་ལུགས་གཙོ་བོར་གྱུར་པའི་ཆོས་ སྒོ་མཐའ་ཀླས་པ་མིག་ལྟོས་ཙམ་གྱིས་ཐོབ་བློར་མི་འཇོག་པར་སྡེ་སྣོད་སྤྱི་དང་རྒྱུད་བཤད་ མན་ངག་བཅས་ལ་ནན་ཏན་བསླབ་སྦྱངས་རྒྱུད་ལ་ཁེལ་ངེས་ཀྱི་སྟོབས་སུ་གྱུར་པར་བྱས་ པ་མ་ཟད་དམ་པ་རྣམ་གཉིས་ཀྱི་དབང་བཀའ་སོགས་ཀྱི་སྐབས་བྱིན་རླབས་རྟགས་མཚན་ ཁྱད་པར་བ་གཞན་ལས་ཕུལ་དུ་བྱུང་བ་ཆེས་མང་ཞིང༌། ཡང་སྒོས་སུ་རྗེ་བཙུན་རྡོ་རྗེ་འཆང་ ཆོས་སྐུ་ལྷ་དབང་གྲགས་པ་གང་གི་ཞལ་སྔ་ནས། རྗེ་དྭགས་པོའི་བཀའ་འབུམ། ཞང་ཚལ་ བའི་ཆོས་སྐོ ར་ཆ་ཚང༌། བཀའ་བརྒྱུད་ཀྱི་བླ་མ་སྔར་ཕྱིར་བྱོན་པའི་གསུང་རབ་ཆེས་མང་པོ་ སོགས་ཕྱག་ཆེན་ལུགས་ཀྱི་ཆོས་བཀའ་ཡོངས་རྫོགས་ཀྱི་གཙོར་བྱས་ཏེ་གསང་ཆེན་ཟབ་མོའི་ ཆོས་མཛོད་ལེགས་ཕྱེ་མཛད་པས་རྡོ་རྗེ་ཐེག་པའི་མངོན་རྟོགས་རྩེར་སོན་པ་སོགས་ཐུན་མོང་ གངས་ལྗོངས་ཀྱི་སྐྱེས་ཆེན་དམ་པ་དུ་མའི་ཞབས་པད་སྤྱི་བོས་གུས་བསྟེན་གྱི་སྒོ་ནས་སྤྱིར་སྡེ་ སྣོད་གསུམ་དང་ཁྱད་པར་རྒྱུད་སྡེ་བཞིའི་གསུང་རབ་ལ་ཀློག་པ་ཐོས་བསམ་ཁྱད་འཕགས་ཀྱི་ མཛད་པ་རྒྱ་ཆེ་བ་ཡིན་ཞིང༌། ཁྱད་པར་རྒྱ་གར་ལྷོ ་ཕྱོགས་ཀྱི་གྲུབ་པའི་དབང་ཕྱུག་ཆེན་པོ་རྗེ་ བཙུན་བུདྡྷ་གུཔྟ་ནཱ་ཐ་བསིལ་ལྡན་ལྗོངས་ཀྱི་བསོད་ནམས་ཞིང་མཆོག་གི་སྐལ་བར་ཕེབས་ པའི་དྲུང་ནས་དེ་ཡན་སྔར་གངས་ཅན་དུ་མི་བཞུགས་པའི་གསང་ཆེན་ཐེག་པའི་གསུང་རབ་ ཕྱག་རྒྱ་བཞིའི་སྙི ང་པོ། ཛཱ་ལནྡྷ་རའི་དོ་ཧ། གྲུབ་ཆེན་ཉིད་ཀྱིས་མཛད་པའི་དེ་ཉིད་བདུན་པ། རང་བྱིན་རླབས་སེམས་ཀྱི་ཕྱག་རྒྱ། དགྱེས་པ་རྡོ་རྗེའི་གཞུང་འདྲ་མིན་སོགས་དབང་རྒྱུད་ 6-1-147 བཤད་གདམས་ངག་ཆོས་ཁུངས་ཡིད་ཆེས་ངེས་དང་བཅས་ཟབ་བཀའ་སྔོན་མེད་ཀྱི་གསུང་ རབ་ཆེས་མང་པོ་ཉེས་པའི་དུག་ནད་འཇོམས་པའི་བདུད་རྩིའི་སྨན་ཆེན་པོ་བུམ་པ་གང་བྱོའི་ ཚུལ་དུ་རྗེ་བླ་མ་མཆོག་གི་ཐུགས་ཀྱི་བུམ་བཟང་དུ་ཉེ་བར་བལྟམས་ཤིང་ངོ་མཚར་བའི་དགེ་ མཚན་རྒྱ་ཆེ་བ་དང་བཅས་དེ་ཀུན་གྱི་གདམས་དོན་ཇི་བཞིན་ཐུགས་ཉམས་སུ་ལོན། དེ་རྗེས་ མི་རིང་བར་རྒྱ་གར་ཤར་ཕྱོགས་ཀྱི་སློབ་དཔོན་ནིརྦ་ཎ་ཤྲི་དང་རྒྱ་གར་ནུབ་ཕྱོགས་ཀྱི་སློབ་ དཔོན་པུརྞྞ་བཛྲ་གཉིས་ཀྱང་སྔ་ཕྱིར་རིམ་པས་ཕེབས་པ་དང་མཇལ་ཏེ་སྔར་གྱི་གྲུབ་ཆེན་གྱི་ གསུང་འཕྲོས་གདམས་པ་ལྷག་མ་རྣམས་ཀྱང་ཐུགས་ལ་ལེགས་པར་ཆུབ་པ་སྟེ། དེ་ཡང་རྒྱ་ གར་དུ་སྔོ ན་ས་ར་ཧ་ནས་བརྒྱུད་པའི་ཕྱག་ཆེན་གྱི་བཀའ་དང༌། ཨིནྡྲ་བོ་དྷི་ཆེ་བ་ནས་བརྒྱུད་ པའི་ལས་རྒྱའི་བཀའ་དང༌། བིར་ཝ་པ་ནས་བརྒྱུད་པའི་གཏུམ་མོའི་བཀའ་དང༌། དྲིལ་བུ་པ་ ནས་བརྒྱུད་པའི་འོད་གསལ་གྱི་བཀའ་དང༌། སློབ་དཔོན་སངས་རྒྱས་ཡེ་ཤེས་སོགས་ནས་ བརྒྱུད་པའི་བསྐྱེད་རིམ་གྱི་བཀའ་དང༌། གོ་རཀྵ་ནས་བརྒྱུད་པའི་གདམས་ངག་གི་བཀའ་ དང༌། པཎ་ཆེན་འཇིགས་འབྱུང་སོགས་ནས་བརྒྱུད་པའི་རྒྱུད་བཤད་ཀྱི་བཀའ་རྣམས་ཆུ་བོ་ གཅིག་འདུས་ཀྱི་ཚུལ་དུ་བཀའ་བབས་བདུན་དང༌། དུས་ཀྱི་འཁོར་ལོ་སོགས་རྒྱུད་སྡེ་མང་ པོའི་ཟབ་བཀའི་སྲོལ་འཛིན་ཆེན་པོ་གྲུབ་ཆེན་ཞི་བ་སྦས་པ་ཞེས་འཕགས་ཡུལ་དུ་དུས་ཕྱིས་ སུ་བྱོན་པ་གང་གི་ཐུགས་སྲས་རྗེ་བུདྡྷ་གུཔྟ་ཉིད་ཡིན་ཞིང་དེ་ལས་ཐོབ་པའི་ཟབ་བཀའ་རྣམས་ ལྗོ ངས་འདི་ན་སྔར་མེད་ཀྱི་གདམས་ངག་ཆེ་བ་ཡིན་ནོ། ། དེ་མིན་ཁོང་གི་ཐུགས་ཉམས་དག་སྣང་གི་ངོར་རྒྱལ་བ་མི་ཕམ་པའི་ཞལ་བསྟན་ཏེ་མདོ་ དོན་མཐར་ཐུག་གི་ངེས་གསང་ཟབ་མོ་རྙེད་པ་དང༌། ས་ར་ཧ། ཤཱ་བ་རི། ལཱུ་ཡི་པ། དྲིལ་བུ་པ། ཞི་བ་སྦས་པ་སོགས་ཀྱི་དངོས་ཞལ་མཇལ་ནས་གསང་ཆེན་ཐེག་པའི་དེ་ཉིད་ལ་སྒྲོ་འདོགས་ ཆོད་ཅིང་སྔགས་ཀྱི་གཞན་སྟོང་དབུ་མའི་གནས་ལུགས་ལ་ཐུགས་ཀྱི་ངེས་ཤེས་ཟབ་མོ་རབ་ 6-1-148 ཏུ་བརྟན་པ། པདྨ་འབྱུང་གནས། ཟླ་འོད་གཞོན་ནུ། རྗེ་ཇོ་ནང་པ་ཆེན་པོ་སོགས་དང་ཞལ་ མཇལ་གསུང་ཐོས་ཀྱི་དམ་པ་ཆོས་ཀྱི་བཀའ་མཆིད་ཟབ་རྒྱས་ཀྱི་སྐལ་བཟང་ལེགས་པར་བྱུང་ བས་མདོ་སྔགས་མཐར་ཐུག་པའི་དབུ་མ་ཆེན་པོ་ལ་ཆེས་ཤིན་ཏུ་ནས་ཀྱང་ཐུགས་ཐག་ཆོད་ པར་གྱུར་ཏེ་རྒྱལ་བའི་དགོངས་པ་ངེས་གསང་ཡང་ཟབ་ཀྱི་ཚུལ་ལ་ཐུགས་གཏིང་ནས་རབ་ཏུ་ བརྟོན་ཏེ་དགོངས་མཐིལ་ཉག་གཅིག་ཏུ་བྱས་པ་སོགས་ཆེས་ཡ་མཚན་གྱི་མཛད་བཟང་གང་ དག་ནི་ལྗོངས་འདིར་དམ་པར་ཁས་འཆེ་ཞིང་བདག་ཉིད་ཆེན་པོར་རློམ་པ་མཐའ་དག་གིས་ སྒོ་གང་ཐད་ནས་ཆ་ཙམ་བསྐྲུན་པར་མི་ནུས་པའི་ཐུན་མིན་མཆོག་གི་ཀློག་པ་ཐོས་བསམ་ཁྱད་ འཕགས་ཀྱི་མཛད་པ་རླབས་ཆེ་བའོ། ། སྨྲས་པ། ཀུན་བཟང་སེམས་དཔའ་ཆེན་པོའི་འཕྲུལ་གར་གྱིས། ། དམན་པར་བརྗུ་ཡང་ཁོང་ནས་དགོངས་ཆེན་འཕགས། ། དཔག་ཡས་ཡོན་ཏན་ཀུན་ནས་ཆེར་ངོམ་འདི། ། སྟོབས་བཅུ་མངའ་བའི་རང་གཟུགས་མིན་ནམ་ཅི། ། ༈ གསུམ་པ་སྤོང་བ་བསམ་གཏན་ཁྱད་འཕགས་ཀྱི་མཛད་པ་ནི། རྗེ་བླ་མ་མཚུངས་པ་ མ་མཆིས་པ་གང་གིས་ཐོག་མར་ལམ་ཉམས་སུ་ལེན་ཚུལ་མཛད་སྐབས་ཀྱང་སྤྱིར་ན་མདོ་ སྔགས་ཀྱི་གསུང་རབ་རྒྱ་མཚོ་རྣམས་ལས་མདོ་ཕྱོགས་རྒྱལ་ཚབ་བྱམས་པའི་གཞུང་རྣམས་ དང༌། འཕགས་ཡུལ་གྱི་ཐོགས་མེད་སྐུ་མཆེད་སོགས་ཀྱི་ངེས་དོན་གྱི་གཞུང་མང་པོ་དང༌། སྔགས་ཕྱོགས་བྲམ་ཟེ་ཆེན་པོ་དང་ཀླུ་སྒྲུབ་ཡབ་སྲས། ལཱུ་དྲིལ་ནག་གསུམ། ཡེ་ཤེས་ཞབས་ སོགས་ཀྱི་མན་ངག་རང་བྱན་ཆུད་ཅིང་དགོངས་པ་ལོན་པར་བྱས་པས་སྒོ་ཕྱེད་དེ་མདོ་རྒྱུད་ རྒྱ་མཚོའི་ཚོགས་མཐོང་བ་དང་ཐོས་པ་ཙམ་གྱིས་ལེགས་པར་ཁོང་དུ་ཆུབ་སྟེ། ཟབ་དོན་གྱི་ 6-1-149 སྙི ང་པོ་ཉན་སེམས་སྒོམ་པར་བྱེད་པ་ཡིན་ལ། དེ་ཡང་བོད་དུ་བྱོན་པའི་ལོ་པཎ་སྤྲུལ་པའི་ སྐྱེས་མཆོག་མཐའ་དག་གི་མན་ངག་དང་བཤད་སྒྲོས་ཐུགས་ཀྱི་གསང་བ་ཕལ་ཆེར་བྱང་ཆུབ་ ཅིང་བསྐྱེད་ཆོག་ཕྲིན་ལས་ཀྱི་ལག་ལེན་ཁྲིགས་བཀོད་ཐམས་ཅད་མ་འཛིངས་བར་ཞིབ་པར་ གཟིགས་ཏེ། བྱིན་རླབས་ཉམས་མྱོང་དང་བཅས་གནས་ལུགས་སྤྲོས་བྲལ་མི་རྟོག་ཡེ་ཤེས་ ཀྱི་དབྱིངས་མངོན་བྱེད་མདོ་སྔགས་ལས་གང་གསུངས་པ་དེ་དག་གི་དགོངས་འགྲེལ་དང་ བཅས་པ་ལ་མི་ཕྱེད་པའི་དད་པ་ཐོབ་སྟེ། གསུང་རབ་གང་དག་གི་ཚུལ་འཁྲུལ་བ་དང་འཛོལ་ པ་ཡེ་མེད་པར་ངེས་ནས་ཀུན་གྱི་དགོངས་པ་མཐར་ཐུག་གཅིག་ཏུ་གཞོལ་བ་ལ་ཐུགས་ངེས་ ཆེན་པོ་འཁྲུངས་ཏེ་བསྐྱེད་རྫོགས་ཟུང་འཇུག་གི་རྣལ་འབྱོར་ལ་འཛིན་ཞེན་སྤྲོས་པ་རང་དྭངས་ སུ་བྱས་ནས་མཉམ་བཞག་ཟབ་མོའི་ཚུལ་ལ་བརྩོན་ཏེ། འཕྲལ་གྱི་བྱ་བ་དགག་སྒྲུབ་གཟོབ་ པ་ལྷུར་ལེན་པའི་སྒོ་ནས་གང་གི་ཐུགས་གཙང་དྲི་མས་ནམ་ཡང་མ་གོས་པའི་ངང་ནས་ལམ་ ཟབ་མོ་ཉམས་སུ་ལེན་སྐབས་ཀྱང༌། སྐུ་ན་གཞོན་དགུང་གྲངས་བཅུ་གཅིག་སྐོ ར་ནས་སུམ་ ཅུའི་སྟོད་ལྷག་གི་བར་ལ་ཉམས་མྱོང་གི་སྒོ་དོད་ཚུལ་སྤྱིར་ན་ལེགས་ཉེས་ལྐོག་གྱུར་གྱི་དོན་ ལ་ཆེད་འཛིན་མེད་པར་གསལ་སྣང་གིས་ཇི་བཞིན་མངོན་དུ་གྱུར་པ་ཡང་ཡང་བྱུང་ཞིང༌། རྨི་ ལམ་གསལ་སྣང་ལ་པོ་ཊ་ལར་དངོས་སུ་ཕྱིན་ནས་སྤྱན་རས་གཟིགས་ཁ་སར་པཱ་ཎིའི་སྐུའི་ རྣམ་པ་དང༌། སློབ་དཔོན་ཙནྡྲ་གོ་མི་དང་མཇལ་ནས་ཟབ་ཆོས་ཀྱི་གསུང་གནང་ཐོབ། དེ་ སྐོར་སྦྱོར་དྲུག་གི་འོད་གསལ་རྟགས་བཅུའི་སྣང་བ་ཐིག་ལེའི་རྣམ་པ་གྲངས་མེད་དབུས་ན་ ལྷ་སྐུ་ཡོད་པ་ཆེར་མཆེད་དེ་རིམ་གྱི་བརྟན་ཆ་ཐོབ། རྨི་ལམ་བཟུང་ནས་ཤམྦྷ་ལར་བྱོན་ཏེ་ ཞིང་གི་སྣོད་བཅུད་ཀྱི་བཀོད་པ་གསལ་བར་གཟིགས་ནས་རིགས་ལྡན་སྤྱན་རས་གཟིགས་ ཀྱི་རྣམ་པར་མཇལ། སྐད་ཅིག་ལ་རྡོ་རྗེ་གདན་བཞིའི་དཀྱིལ་འཁོར་མཁའ་དབྱིངས་གང་བ་ གཟིགས་ཤིང༌། (རྣལ་འབྱོར་ནམ་མཁའི་དཀྱིལ་འཁོར་རྒྱུད་ཀྱི་ཤོག་གྲངས་མདའ་ཚད་མ་སུམ་ཅུ་ཙམ་ཉིན་རེ་བློ་ལ་བྱང་ 6-1-150 བར་བཟུང་བ་རེད་)ཨཱརྱ་དེ་བ་དང༌། མ་ཏངྒིས་དབང་བསྐུར་བ་ཞལ་གྱིས་བཞེས་ཐུགས་རྒྱུད་བྱིན་ རླབས་པའི་རྟགས་དཔག་མེད་བྱུང༌། མཐོང་ཉམས་སེམས་ཉམས་ཟད་མི་ཤེས་ཤིང༌། གསང་ འདུས་འཇམ་པའི་རྡོ་རྗེའི་ཞལ་ཡང་གསལ་བར་མཐོང་བ་དང༌། སྒྲོལ་མ། རྣལ་འབྱོར་མ། འོད་དཔག་མེད་གསུམ་གྱིས་ལུང་བསྟན་འདྲ་མིན་ལན་གསུམ་གྱིས་དབུགས་དབྱུང་ཐོབ་པ་ དང༌། ཐུབ་པ་ཆེན་པོའི་ཞལ་གསལ་བར་མཇལ་བ། མཁའ་འགྲོ་མཚོ་རྒྱལ་གྱིས་དོན་དམ་ བརྡའི་དབང་བཞི་བསྐུར་ནས་ཆོས་མང་གསུངས་པ་དང༌། གུ་རུ་ཧེ་རུ་ཀའི་དཀྱིལ་འཁོར་དུ་ དབང་བསྐུར་བ་སོགས་དག་སྣང་མཐའ་ཀླས་ཤིང༌། མེ་ཏྲི་ཛོ་གིའི་གསང་ཡུམ་མཁའ་འགྲོ་ མ་དངོས་ཀྱིས་སྨན་ཨ་རུ་རློན་པ་ཕུལ་བ། རྗེ་བཙུན་མི་ཕམ་པ་ཁོང་རང་ལ་ཐིམ་པས་བྱིན་ གྱིས་བརླབས་པ། འཕགས་མ་སྒྲོལ་མ་སྔོ ་ལྗང་གིས་ཞལ་བསྟན་པས་ཉམས་འུར་ནས་རྡོ་ལ་ མཁར་བའི་རྗེས་བྱུང་བ། (གཟིམས་ཁང་ཕོ་བྲང་འབྲས་སྤུངས་རྩེའི་ཐག་ཉེ་བར་བྲག་ཕ་བོང་ཆེན་པོ་ཞིག་གི་སྟེང་དུ་ རྗེ་འཇམ་མགོན་ཏཱ་ར་ནཱ་ཐས་དགུང་ལོ་བཅོ་ལྔའི་ཞབས་རྗེས་ཡ་མཚན་པ་འགྲན་ཟླ་དང་བྲལ་བ་ཞིག་བཞག་ཡོད་པ་མཐོང་ཐོས་ མཆོད་པའི་རྟེན་དུ་གྱུར། མཆོད་གྲལ་ན་དེ་མིན་དགུང་ལོ་བརྒྱད་པའི་ཞབས་རྗེས་ཞིག་ཀྱང་ཡོད་ མཆན།) ཉིན་དང་རྨི་ ལམ་དུ་ལྷ་སྐུའི་སྣང་བ་རྒྱུན་མི་ཆད་ཅིང་གང་ཤར་སྒྱུ་མ་ལྟ་བུ་ལ་རང་རིག་སྤྲོས་བྲལ་འགྱུར་ མེད་འཕོ་འགྱུར་བྲལ་བར་གནས་པ་ཁོང་ནས་བབས་ཆགས་པའི་ངང༌། རྒྱ་གར་གྲུབ་ཆེན་ བརྒྱད་ཅུ་རྩ་བཞི་ཨིནྚ་བྷུ་ཏཱི་འཁོར་བཅས་བོད་ཀྱི་ལོ་པཎ་རྣམས་དང་ཡི་དམ་གྱི་རིགས་མང་ པོ་འབད་མེད་དུ་མཇལ་བས་རླབས་ཆེ་བའི་བྱིན་ཐོབ་པ་བརྗོད་ཀྱིས་མི་ལང་བ་སོགས་ཐུན་ མོང་ཉམས་བཟང་གི་ཚུལ་ཟད་མེད་དང་བཅས་ཏེ། ལམ་ཟབ་མོ་ལས་དང་པོ་པའི་ཚུལ་གྱིས་ ཉམས་ལེན་ཟབ་གནད་ཐབས་མཁས་ཀྱིས་རྒྱ་ཇེ་ཆེར་ལེགས་བསྐྲུན་མཛད་པ་ནི་སྤོང་བ་ བསམ་གཏན་ཁྱད་འཕགས་ཀྱི་མཛད་པ་ཡིན་ལ། ཁྱད་པར་བྲག་སྟོད་རྡོ་རྗེའི་ཕོ་བྲང་དུ་རྗེ་རྡོ་ རྗེ་འཆང་གི་གཟུགས་སྐུ་མཐོང་བའི་མོད་ལ་ཁོང་གི་ཐུགས་སྔར་དང་ཡེ་མི་འདྲ་བའི་རིག་པ་ 6-1-151 རྗེན་གྱིས་སོང་ནས་མཚན་ཟངས་ཀྱི་ཕྱིའི་སྣང་བ་བན་བུན་ཙམ་ལ་རིག་པ་ཡེར་གྱིས་ཐོན་པ་ བདེ་སྡུག་ཀུན་ལས་འདས་པ་རང་བཞིན་ཆེས་གསལ་བའི་གནས་ལུགས་སྤྲོས་པ་བྲལ་བའི་ ངེས་པ་དོན་གྱི་དབྱིངས་ཉག་གཅིག་མངོན་དུ་གྱུར་པའི་རྡོ་རྗེའི་གནས་པ་དང་པོ་ནས་བཟུང༌། བདེ་ཆེན་ཡེ་ཤེས་ཀྱི་རང་གཟུགས་སྟོང་པ་ཆེན་པོས་རྒྱས་ཐེབས་ནས་ཞུ་བདེ་འབར་སྣང་གིས་ ཐིག་ལེ་གཉུག་མ་ཆེན་པོར་རོ་མཉམ་པའི་དགའ་ཆེན་བདེ་བ་མཆོག་གིས་གདོས་བཅས་ཀྱི་ སྣང་བ་ཟུམ་ནས། གཤིས་ཀྱི་འོད་གསལ་རྗེན་པར་ཤར་ཏེ་རང་བཞིན་འཛག་མེད་ཀྱི་བརྟན་ པ་ཕྱག་རྒྱ་དམ་པས་རྒྱས་ཉེ་བར་འདེབས་བཞིན་ཆེས་འགྱུར་མེད་རོ་ཡིས་སིམ་ཞིང༌། ཟུང་ འཇུག་དོན་གྱི་འོད་གསལ་ལ་འཕོས་ནས་རིག་པ་མཆོག་གི་བརྟུལ་ཞུགས་ཀྱི་གོ་འཕང་རྡོ་ རྗེའི་གནས་བཅུ་གཉིས་པ་ལ་ལེགས་པར་བཞུགས་པ་གྲུབ་དབང་པདྨ་བཛྲ་ཆེ་བའི་གསང་བ་ གསུམ་དང་མཉམ་པའི་ཡང་དག་པའི་ལམ་བཟང་ཡོངས་རྫོགས་མངའ་བ་ནི། ཆེས་ཐུན་མོང་ མ་ཡིན་པའི་སྤོང་བ་བསམ་གཏན་ཁྱད་འཕགས་མཐར་ཐུག་པའི་མཛད་པ་རྡོ་རྗེའི་བརྡ་ཚིག་ གིས་བཅིངས་པའོ། །འདིར་མངོན་པར་རྟོགས་པ་མངའ་བའི་དོན་གྱི་གནས་ཚོད་ལྟར་ན་ལས་ རྒྱའི་བཀའ་བབས་ཀྱི་སྲོལ་འཛིན་ཨུ་རྒྱན་གྱི་གྲུབ་ཆེན་པདྨ་བཛྲ་ཆེན་པོའི་མཛད་པ་ལྟར་བདེ་ ཆེན་མཁའ་འགྲོའི་དབང་ཕྱུག་གི་སྤྱོད་པས་གནས་དང་ཉེ་གནས་སོགས་སུ་མི་དང་མི་མིན་ གྱི་དཔའ་མོ་བགྲངས་པ་ལས་འདས་པའི་དགའ་སྟོན་ཚོགས་ཀྱི་འཁོར་ལོའི་དབུས་ན། རིག་ མའི་བརྟུལ་ཞུགས་ཀྱི་སྤྱོད་པས་མི་སྣང་བའི་རིག་པ་འཛིན་པའམ་སྐུ་ལུས་དེ་ཉིད་ཀྱིས་དག་ པ་མཁའ་སྤྱོད་ཀྱི་གནས་སུ་ཕེབས་པའི་དུས་ཚོད་དུ་གནས་ཀྱང་སྙིགས་དུས་ཀྱི་གདུལ་བྱའི་ སྣང་ངོ་བསྟུན་ཏེ་མཛད་ཚུལ་དེ་མ་གནང་པར་མངོན་ལ། འདིའི་རྡོ་རྗེའི་གནས་འགའི་མངོན་ རྟོགས་ལ་བརྟེན་ནས་འོད་གསལ་ཕྱག་ཆེན་དང༌། ལྷན་སྐྱེས་ཡེ་ཤེས་དང༌། སྔགས་ཀྱི་གཞན་ སྟོང་དབུ་མ་ཆེན་མོའི་གནས་ལུགས་ཀྱི་གནད་གསང་རྒྱ་ཆེར་འཆད་དུ་ཡོད་སྣང་ཡང་འདིར་ 6-1-152 སྐབས་སུ་མ་བབ་པས་རེ་ཞིག་དེ་ཙམ་དུ་བཞག་གོ ། སྨྲས་པ། གསང་ཆེན་རྟོགས་པའི་ཉེ་ལམ་ལས། ། ཡེ་ཤེས་སྒྱུ་མའི་རང་གཟུགས་མངོན། ། གྲུབ་དབང་མཆོག་ཏུ་ཉེར་སོན་པས། ། རང་བྱུང་རྡོ་རྗེའི་ཚིག་གི་གཏེར། ། ༈ བཞི་པ་བྱ་བ་རྣམ་དཀར་ཁྱད་འཕགས་ཀྱི་མཛད་པ་ནི། རྗེ་དམ་པས་རྣམ་པར་དཀར་ བ་ལས་ཀྱི་བྱ་བཞག་སྤྱིར་ན་བོད་ལྗོངས་དབུས་གཙང་གི་ཡུལ་ན་རྒྱལ་བའི་བསྟན་པ་སྤྱི་དང་ ཡང་སྒོས་གསང་ཆེན་སྔགས་ཀྱི་ཟབ་ལམ་བཤད་སྒྲུབ་ཟུང་གིས་འཛིན་སྐྱོང་སྤེལ་བར་མཛད་ པའི་དགེ་འདུན་གྱི་སྡེ་ཡོངས་སུ་འདུས་པའི་གཙུག་ལག་གི་ཆོས་སྡེ་ཆེན་པོ་གྲངས་མང་ལ། སྒོ་གང་ཐད་ནས་བགྱི་བ་རླབས་ཆེ་བ་ཁྱད་པར་དུ་འཕགས་པ་ཆེས་ལེགས་བསྐྲུན་མཛད་པ་ མཐའ་དག་ནི་བརྗོད་པའི་རྔོ་ག་ལ་ཐོག་ཀྱང་སྙིང་པོའི་ཆ་ཙམ་གྱི་དབང་དུ་བྱས་ཏེ་མདོ་ཙམ་ སྨོས་ན། རི་ཁྲོད་ཆེན་པོ་ཇོ་ནང་གི་ཀུན་མཁྱེན་རིན་པོ་ཆེས་བཞེངས་པའི་སྐུ་འབུམ་མཐོང་ གྲོལ་ཆེན་མོའི་མཆོད་རྟེན་ཐོག་མ་ཞིག་གསོས་རྒྱ་ཆེར་མཛད་ཅིང་སྐུ་ཚེ་སྨད་དུ་སྐུ་འབུམ་ གྱི་ཆོས་འཁོར་ལ་ཟངས་གསེར་གྱི་ཅོད་པན་རྒྱུ་བཟང་སྤུས་ལེགས་ཆེས་མཛེས་པ་ཉེ་བར་ གསོལ་ཞིང༌། བླ་ན་མེད་པའི་ཡོན་གནས་ཀྱི་རྟེན་མཆོག་ལ་རྣམ་དཀར་ཟབ་མོའི་འབྲེལ་ཆེ་ བ་བགྱིས་པས་སྐྱེ་དགུའི་ལེགས་ཚོགས་ཀྱི་སྒོ་ཀུན་ནས་ཀུན་ཏུ་འཕྱུར་བ་ལྟ་བུའི་དཔལ་ཡོན་ ཕན་ཚུན་འགྲན་པའི་ངང་ཚུལ་རྣམ་པ་ཐམས་ཅད་དུ་འཆར་བར་མཛད་དེ་བདེ་སྐྱིད་དཔལ་ཁ་ བོད་ལྗོངས་འགྲོ་བའི་ཉེར་འཚོའི་གཞི་ཡང་དག་པ་ཤུགས་འབྱུང་ངང་གིས་ཆེས་འཕེལ་བར་ མཛད་པ་ཡིན་ལ། ཁྱད་པར་ཇོ་ནང་དུ་ལྷ་ཁང་གསར་དུ་ལེགས་པར་བསྐྲུན་པ་གསུམ་གྱི་ནང་ 6-1-153 བཞུགས་ཀྱི་རྟེན་གསེར་ཟངས་ལས་ལེགས་པར་གྲུབ་པའི་བྱམས་ཆེན་ཐོག་ཚད་གཉིས་པ་ དང༌། ཐུབ་པ་མེ་འོད་རབ་གསལ་ཐོག་ཚད་ཕྱེད་གཉིས་ཅན་སོགས་རྒྱུ་རིན་ཐང་ཆེ་བ་ལས་ བཞེངས་པའི་སྐུ་རྟེན་གྲངས་མང་སྨན་འདམ་གྱི་སྤོས་སྐུ་མང་པོ་སོགས་དགོན་གནས་སྤྱིའི་ ཐུན་མོང་གི་ཞིག་གསོས་གསར་བཞེངས་ཀྱི་བྱ་བ་རྣམ་དཀར་ཁྱད་འཕགས་ཀྱི་མཛད་པ་ མང་ལ། ཡང་སྒོས་འཕགས་མཆོག་འཇིག་རྟེན་དབང་ཕྱུག་གིས་ཞལ་བསྟན་ཏེ་གསུང་ལས་ སྙིགས་མའི་དུས་འདིར་རང་ཉིད་སྐྱིད་ཆོས་ལ་མ་ལྟོས་པར་ཆོས་གཞི་འཛུགས་པའང་ལེགས་ མོད་ཀྱི། ང་རྒྱལ་དང་ཁེངས་པར་མ་བྱེད་ཅིག་ཅེས་པའི་བཀའ་ལུང་བསྩལ་པ་ལྟར་སྤྱིར་ ཡང་བསྟན་འགྲོའི་དོན་འབའ་ཞིག་དང་ཁྱད་པར་རྒྱལ་བ་ཇོ་ནང་པའི་ལུགས་བཟང་སྐྱེ་དགུའི་ ཉེར་འཚོའི་སྨན་གྱི་ཕུལ་གྱུར་གང་དེ་ཡུན་རིང་ནུབ་མེད་ཀྱི་སླད། བསྟན་པའི་ཆོས་གཞི་ཆེ་བ་ སྔར་མེད་ཀྱི་ཡོན་གནས་ཆེན་པོ་ལེགས་བཞེངས་ཀྱི་ཐུགས་བསྐྱེད་རླབས་ཆེ་བས་རྟག་བརྟན་ དམ་ཆོས་གླིང་ངེས་དོན་དགའ་བའི་ཚལ་འདི་ཉིད་སྲིན་བུ་ཞེས་)ཤིང་མོ་ཡོས་ཀྱི་ལོ་དབོའི་ཟླ་ བའི་ཚེས་བཅུ་གཅིག་གཟའ་ཚེས་སྦྱོར་བ་བྱེད་པ་ཐམས་ཅད་ཤིན་ཏུ་བཀྲ་ཤིས་པ་ལ་ས་ཆོག་ མཛད། འཕགས་པ་སྤྱན་རས་གཟིགས་དང་སངས་རྒྱས་བྱང་སེམས་དཔག་ཏུ་མེད་པ་ནམ་ མཁའ་ལ་བྱོན་པའི་ལྟས་དང༌། དཔལ་ཡེ་ཤེས་ཀྱི་མགོན་པོ་འཁོར་དང་བཅས་མངོན་སུམ་ དུ་བྱོན་ནས་གནས་དེ་བདག་གིར་མཛད་པའི་བཀོད་པ་དང༌། ཕྱི་ལྟས་ཤིན་ཏུ་ངོ་མཚར་བ་ མང་པོ་དང་བཅས་པ་བྱུང་ཞིང༌། དེ་རྗེས་ཀྱི་ནག་པ་ཟླ་བའི་ཚེས་བརྒྱད་ལ་གཙུག་ལག་ཁང་ གི་རྨང་དང་པོར་བཏིང༌། ནམ་མཁའ་ལ་འཇའ་འོད་ཀྱི་བཀོད་པ་ངོ་མཚར་ཅན་དང་མེ་ཏོག་ གི་ཆར་ཆེན་པོ་སྙོ ན་མེད་དུ་མཐོང༌། ད་སྔར་ས་ཕྱོགས་འདི་ཀུན་ན་གྲོག་མ་ལ་སོགས་པ་སྲོག་ ཆགས་མང་ཡང་དེ་ཕྱིན་ཆད་ནས་སྲོག་ཆགས་ཆེས་དཀོན་ཞིང༌། གཙུག་ལག་ཁང་བཞེངས་ པའི་ས་རྡོའི་བྱ་བ་བྱེད་པ་ཀུན་ལ་ཡང་སྲོག་ཆགས་ཀྱི་རིགས་གཏན་ནས་མེད་པར་སོང༌། 6-1-154 གནས་གཞི་དགོན་སྡེ་ཆེན་པོ་འདི་ཉིད་བཞེངས་པའི་དུས་སྐབས་ཐམས་ཅད་དུ། ལས་བྱེད་ ཀྱི་སྐྱེ་བོ་ཐམས་ཅད་ཀྱང་གཞན་གྱིས་བསྐུལ་བ་ལ་མ་ལྟོས་པར་རབ་ཏུ་དགའ་ཞིང་སྤྲོ་བས་ ལས་ལ་ངང་གིས་འཇུག་པ་དང༌། མཚན་མོའི་ཆ་ལ་སྐྱེ་བོ་ཐམས་ཅད་ཉལ་བའི་སྐབས་སུ་ ཡང་ས་རྡོ་ཤིང་གསུམ་གྱི་ལས་ཀ་བྱེད་མཁན་མང་པོ་ཡོད་པ་འདྲ་བ་དང༌། ཕྱིས་བྲིས་འབུར་ བརྡུང་གསུམ་གྱི་རྟེན་བཞེངས་པའི་སྐབས་སུ་ཡང་ནམ་གུང་ལས་དེ་དང་དེ་བྱེད་པ་པོ་མང་དུ་ འཚོགས་པ་ལྟ་བུ་དང༌། སྒྲ་ཏི་རི་རི་ཡང་ནས་ཡང་དུ་འབྱུང་བ་དང༌། རྡོ་ལེབ་ཆེན་པོ་མི་མང་ པོས་འདེགས་དགོས་པ་ཡང་མཚན་མོ་ཕན་ཚུན་ཐག་རིང་བར་བསྐྱལ་བ་དང༌། བསྣོར་ཏེ་ འཇོག་པ་དང༌། ཆེས་ཆེར་ཤིན་ཏུ་ལྕི ་བའི་ཁུར་ཆེན་པོ་དག་ཁྱེའུ་བུ་མོ་ཆུང་ངུ་རེས་ཀྱང་ཐེག་ པ་དང༌། དགོན་པ་དང་ཉེ་བར་ལུ་མ་བཀོད་མའི་ཆུ་མིག་ཆེན་པོ་སྔར་མེད་གསར་དུ་བརྡོལ་ བ་སོགས་མིའི་འགྲོ་བ་སོ་སོ་སྐྱེ་བོའི་མཐོང་ཐོས་ཀྱི་སྤྱོད་ཡུལ་དུ་ཡང་སྡེ་བརྒྱད་དྲེགས་ཅན་ རྣམས་དང༌། དཔའ་བོ་མཁའ་འགྲོའི་ཚོགས་ཀྱིས་ཕྲིན་ལས་ཀྱི་མཐུན་འགྱུར་མཛད་པའི་ རྟགས་བཤད་ཀྱིས་མི་ལང་པ་ཡོད་ན་ཡེ་ཤེས་འཕགས་པའི་སྤྱོད་ཡུལ་ལ་བསམ་གྱིས་ག་ལ་ ཁྱབ། གཙུག་ལག་ཁང་གི་ཞལ་ས་རྣམས་ནམ་དགོས་སུ་གཏེར་ནས་ཐོན་པ་ལྟ་བུ་ུས་རྡོ་ཤིང་ སོགས་དཀོན་པ་ལྟར་སྣང་བ་ཐམས་ཅད་ཀྱང་འབད་མེད་ལྷུན་གྲུབ་ཏུ་བྱུང༌། སྔར་གྱི་དེ་ཁའི་ འཕྲོས་ལ་ཧོར་ཟླ་དྲུག་པ་ཆུ་ུསྟོད་ཀྱི་ཚེས་བཅུ་བཞིའི་ཉིན་པར། སྔ་དྲོའི་ཚ་བ་ཐོན་པ་ནས་ཉི་མ་ ཕྱེད་ཡན་ལ་གཙུག་ལག་ཁང་ཆེན་མོའི་ཀ་བ་སུམ་ཅུ་སོ་དྲུག་པོ་མི་ཉུང་ངུས་དཀའ་ལས་མེད་ པར་ཚུགས་པ་དང༌། འདིའི་ཐོག་གི་ཤིང་ཐམས་ཅད་ཀྱང་ཉི་མ་གཅིག་ལ་ཁེལ། དེ་སྐབས་ དཔལ་མགོན་པོའི་འཁོར་རྣམས་དེ་འདྲ་བའི་ལས་ལ་ཞུགས་པའི་ཚུལ་གསལ་བར་གཟིགས་ པ་ཡིན་པ་ཡང་གདའ། ནང་གི་གཙུག་ལག་ཁང་རྟེན་གསུམ་དང་བཅས་པ་ཇི་ལྟར་བཞུགས་ པའི་དབང་དུ་བྱས་ན། ས་ཕྱོགས་འདི་ཉིད་རིའི་རྩ་བ་ནས་ཁྲི་སྟེགས་ཡན་ཆད། ཨེ་ཡིག་ཆོས་ 6-1-155 ཀྱི་འབྱུང་གནས་རྩེ་མོ་ཤར་དུ་བསྟན་པའི་རྣམ་པ་ཅན། དེའི་ནང་གི་ངོས་ཡངས་པའི་ཕྱོགས་ སུ་སྤྱིར་གནས་གཞི་འདི་ཉིད་དང༌། ཁྱད་པར་གཙུག་ལག་ཁང་བཾ་ཡིག་བདེ་བ་ཆེན་པོའི་ཚུལ་ དུ་བཞུགས་པ་ལགས། དེ་ལ་སྔོ ན་འོ་སྐོ ལ་གྱི་སྟོན་པའི་བཞུགས་གནས་རྒྱལ་བུ་རྒྱལ་བྱེད་ ཀྱི་ཚལ་ལ་སོགས་པ་ཤིན་ཏུ་གཙོ་བོར་གྱུར་པ་ཐམས་ཅད་དང་མཐུན་པར་དབུས་སུ་གཙུག་ ལག་ཁང་ཆེན་པོ་དེའི་མཐའ་ལ་གཙུག་ལག་ཁང་བཅུ་དྲུག ཁྱོན་སྡོམ་གཙུག་ལག་ཁང་ཉི་ ཤུ་རྩ་གྲངས། གྲྭ་ཁང་བརྒྱ་ཕྲག་ལྕགས་རི་དང་བཅས་པ། ནང་གི་རྟེན་གསུམ་སངས་རྒྱས་ རབས་བདུན་སྐུ་ཚད་ཤིན་ཏུ་ཆེ་བ་གསེར་ཟངས་ལས་གྲུབ་པ་དང༌། ཚེ་དཔག་མེད། སྒྲོལ་མ། ཡུམ་ཆེན་མོ། ཛམ་བྷ་ལ་སོགས་གསེར་ཟངས་ལས་གྲུབ་པ་ཆེ་ཚད་ཕྲ་རྒྱན་སྣ་ཚོགས་ཅན་ དང༌། གསེར་ཟངས་ལས་གྲུབ་པའི་འཁོར་ལོ་སྡོམ་པའི་སྐུ་ཞལ་ཕྱག་ཡོངས་རྫོགས་ཚད་ཤིན་ ཏུ་ཆེ་བ་དང༌། བདེ་གཤེགས་མཆོད་རྟེན་བརྒྱད་དང༌། རེག་པ་མེད་པའམ་དུས་འཁོར་ནས་ བཤད་པའི་མཆོད་རྟེན་རྣམས་གསེར་ཟངས་ཕྲ་ཚོམ་བཟོ་བཀོད་ཁྱད་མཚར་ཅན་དང༌། འོད་ དཔག་མེད་པའི་གསེར་སྐུ་ཐོག་ཚད་ཕྱེད་གཉིས་ཅན་རྣམས་དང༌། གོས་སྐུ་ལེགས་པ་བཅོ་ བརྒྱད་སོགས་བྲིས་འབུར་ལུགས་མ་མཛེས་ལེགས་བགྲང་བར་མི་དཔོག་པ་དང༌། གསུང་ རབ་བཀའ་དང་བསྟན་བཅོས་འགྱུར་རོ་ཅོག་ཚར་གྲངས་མང་པོ། ཉིད་ཀྱི་བཀའ་འབུམ་ སོགས་བཀའ་བསྟན་མཁོ་ཆེ་བའི་སྤར་མང་པོ་སོགས་སྐུ་གསུང་ཐུགས་ཀྱི་རྟེན་མཆོག་ཁྱད་ མཚར་ཅན་མཐའ་ཀླས་པ་རྗེ་དམ་པའི་ཐུན་མིན་བྱ་བ་རྣམ་དཀར་ཁྱད་འཕགས་ཀྱི་མཛད་སྒོ་ ཤིན་ཏུ་རྒྱ་ལྷག་པར་ཆེ་ཡང་རྗེ་ཁོང་གི་ཐུགས་རློམ་པའི་ཁེངས་པ་མི་མངའ་ཚུལ་ནི། ཉིད་ཀྱི་ བཀའ་གསུང་ལས། ལར་བྱ་བ་ལས་ཀྱི་འཁོར་ལོའི་དགེ་བ་བརྒྱ་ཐམ་པ་ལས། ཚུལ་ཁྲིམས་ རྣམ་པར་དག་པས་ཐོས་བསམ་གྱི་དགེ་བ་གཅིག་བཟང་བ་ཡིན། དེ་འདྲ་བརྒྱ་ཐམ་པ་ལས། བདེན་བཞི་སྟོང་ཉིད་བྱང་ཆུབ་སེམས་ཀྱི་དོན་ཡིད་ལ་བྱེད་པའི་དགེ་བ་གཅིག་དགའ་བ་ཡིན། 6-1-156 དོན་འདི་ལ་ངེས་པ་རྙེད་པས་ངེད་ལ་རློམ་སེམས་མི་ཡོང་བའི་རྒྱུ་མཚན་ཡང་དེ་ལགས། ཞེས་ གསུངས་པ་ལྟར་རོ། ། སྨྲས་པ། བསིལ་ལྗོ ངས་བསྟན་འགྲོའི་དགེ་མཚན་ལེགས་སྤེལ་སླད། ། འཇམ་མགོན་ཐུགས་བསྐྱེད་འོད་དཀར་སྐྱ་རེངས་ཟེར། ། ཕུལ་བྱུང་ཆོས་གཞི་ལེགས་ཚོགས་འོད་སྟོང་ཅན། ། བསོད་ནམས་ཞིང་གཅིག་ལེགས་འདྲེན་བྱེད་པོར་ངེས། ། ༈ ལྔ་པ་དགོངས་དོན་གཏིང་དཔོག་ཁྱད་འཕགས་ཀྱི་མཛད་པ་ནི། རྗེ་བཙུན་བླ་མ་ཀུན་ དགའ་སྙིང་པོ་གང་ཉིད་ཀུན་མཁྱེན་དུས་གསུམ་སངས་རྒྱས་རྟོན་པ་བཞི་ལྡན་གྱི་ངེས་དོན་ སྙིང་པོའི་ལུགས་བཟང་སླར་ཡང་ཆེས་དར་བར་བྱེད་པའི་བསྟན་པའི་རྒྱན་གཅིག་པུ་ཉིད་དུ་ རྔ་བོ་ཆེའི་མདོ་སྡེ་ལས། རྗེ་ཇོ་ནང་པ་ཆེན་པོ་ལུང་བསྟན་པའི་རྗེས་སུ་ཁོང་ཉིད་ཇི་བཞིན་ལུང་ གིས་བསྔགས་ཚུལ་ཡང༌། ཀྱཻ་མ་འཇིག་རྟེན་ཀུན་མཐོང་དགའ། །བསྟན་པ་དགེ་སློང་གཟུགས་ གྱུར་ནས། །རིང་ཞིག་བསྟན་པ་འབྱིན་བྱེད་ཅིང༌། །ཆོས་ཀྱི་རྔ་ཆེན་བརྡུང་བར་འགྱུར། །དེ་ནི་ མྱ་ངན་ཡོངས་འདས་ནས། །དེ་འོག་འཇིག་རྟེན་སྟོང་པར་འགྱུར། །ཆོས་སྨྲ་དེ་ནི་འདས་གྱུར་ ནས། །དེ་འདྲ་གཞན་ནི་འགའ་མི་འབྱུང༌། །དེ་འདྲའི་དགེ་སློང་རྙེད་དཀའ་སྟེ། །རིམ་གྱིས་སྣང་ བ་ཉམས་པར་འགྱུར། །འདི་ལྟར་དེ་ནི་ལྷོ ་ཕྱོགས་སུ། །འབྱུང་བའི་ཐ་མ་གཅིག་ཡིན་ནོ། །དམ་ པའི་ཆོས་དེ་ནུབ་པའི་དུས་སུ་སླར་ཡང་ཆོས་སྨྲ་བ་དེ་འབྱུང་བར་འགྱུར་རོ། །ཞེས་གསུངས་ཏེ། སྔོན་དེ་བཞིན་གཤེགས་པའི་དྲུང་གི་ལི་ཙ་བཱི་འཇིག་རྟེན་ཐམས་ཅད་ཀྱི་མཐོང་ན་དགའ་བ་ ཉིད་མ་འོངས་པ་ན་ངེས་དོན་བསྟན་པ་སྤེལ་བའི་དགེ་སློང་གི་གཟུགས་ཀྱིས་སྙིང་པོའི་བསྟན་ པ་རིང་དུ་རྒྱས་པར་བྱེད་ཅིང་ཆོས་ཀྱི་རྔ་བོ་ཆེ་ལེགས་པར་བརྡུང་བས་སྨྲ་བ་ངན་པ་མཐའ་དག་ 6-1-157 ཟིལ་གྱིས་ཡང་ཡང་མནན་རྗེས་སུ་ཁོང་མྱ་ངན་ལས་འདས་ནས་འཇིག་རྟེན་སྟོང་པར་གྱུར་ཏེ། དེ་འདྲ་སླར་འོང་བར་ཆེས་དཀའ་བའི་དུས་ན་རྗེ་རྟོན་པ་བཞི་ལྡན་ཉིད་སླད་མར་ཡང་འཛམ་ བུ་གླིང་གི་ཕྱེད་ལྷོ་ཕྱོགས་ཆུ་བོ་སི་ཏིའི་ཡང་ལྷོ་ཡི་ཕྱོགས་ཀྱི་ཆར་རྗེ་ཐམས་ཅད་མཁྱེན་པ་རྟག་ བརྟན་སྤྲུལ་པའི་སྐུའི་ཚུལ་དུ་ངེས་དོན་བསྟན་པའི་མངའ་བདག་ཕྱི་མ་ཞིག་འབྱུང་བར་འགྱུར་ ཏེ་དེས་སླར་ཡང་ངེས་དོན་སྙིང་པོའི་ཆོས་ཟབ་མོ་ལེགས་པར་སྨྲ་བས་འགྲོ་ཕན་བྱེད་པར་ལུང་ གིས་གསལ་བར་བསྔགས་པ་ལྟར་དེང་སྐབས་ཆེར་སྙིགས་དུས་ཀྱི་མཐར་རྒྱལ་བའི་བསྟན་ པ་མདོ་ཕྱོགས་བཀའ་དང་པོའི་དགོངས་པ་རྗེ་བླ་མ་མཆོག་གིས་ལེགས་པར་བཤད་པ་དཀོན་ མཆོག་རྗེས་དྲན་གྱི་མདོ་དོན། བསྟན་རིམ་གྱི་ཁྲིད་ཡིག་དང༌། ངེས་དོན་དབུ་མའི་གཞུང་ འགའ་སོགས་བརྩམས་པའི་སྒོ་ནས་ཐེག་དམན་དང་ཐུན་མོང་གི་བདེན་བཞིའི་གནས་ལུགས་ ཀྱི་ཚུལ་དང་རང་བཞིན་དོན་དམ་ངེས་པ་དོན་གྱི་སྙིང་པོ་ཡང་བཀའ་འདིས་གནས་ལུགས་ མཐར་ཐུག་ཏུ་བསྟན་ཡོད་ཚུལ་དང་བཅས་པ་ཆེས་གསལ་བར་བྱས་པའི་སྒོ་ནས་དགོངས་ དོན་ལེགས་པར་བཀྲལ་བ་དང༌། བཀའ་བར་བའི་དགོངས་པ་རྗེ་ཉིད་ཀྱིས་མཛད་པའི་ཤེས་ རབ་སྙི ང་པོའི་བསྡུས་འགྲེལ་དང༌། རྒྱས་འགྲེལ་སྔོ ན་མེད་ལེགས་བཤད་སོགས་ཀྱིས་ཀུན་ རྫོབ་ཆོས་ཀུན་བདེན་པས་སྟོང་པ་དབྱིངས་སྤྲོས་པ་ཐམས་ཅད་དང་བྲལ་བ་དང་རང་བཞིན་ དོན་དམ་པའི་རྣམ་པ་ཡོངས་སུ་རྫོགས་པ་གནས་ལུགས་བདེན་པ་ཉག་གཅིག་གི་ཚུལ་ཡུམ་ མདོའི་དགོངས་འགྲེལ་ཀླུ་སྒྲུབ་ཀྱི་བསྟོད་ཚོགས་ཀྱིས་བྱས་ཏེ། སྔར་གངས་ལྗོངས་ཀྱི་མཁས་ པ་ཕལ་མོ་ཆེའི་ཐུགས་བློར་ཤོང་དཀའ་བའི་ཁྱད་ཆོས་ཉི་ཤུ་ལྷག་གི་སྔོན་མེད་ཀྱི་ལེགས་ བཤད་གསར་བས་ཇི་བཞིན་བཤད་དེ་རྒྱལ་བའི་དགོངས་པ་གཏིང་དཔོག་པའི་མཛད་བཟང་ གནང་བ་དང༌། བཀའ་ཐ་མའི་དགོངས་པ་ཐེག་མཆོག་དབུ་མ་ཆེན་པོ་རྣམ་པར་ངེས་པ་དང༌། རྒྱུ་འབྲས་དབུ་མའི་ཐིག་ལེ། དབུ་མ་ཡིད་བཞིན་ནོར་བུ། གཞན་སྟོང་དབུ་མའི་རྒྱན་སོགས་ 6-1-158 ངེས་དོན་ཕྱིར་མི་ལྡོག་པའི་གཏམ་གདོད་མ་ནས་བཞུགས་པའི་ཆོས་ཉིད་བདེ་གཤེགས་ སྙིང་པོ་རང་བཞིན་དོན་དམ་པའི་ཁམས་གཏན་ལ་འབེབས་བྱེད་ཀྱི་གཞུང་བཟང་དུ་མ་ཉིད་ ཀྱིས་གསུང་རྩོམ་གནང་བས། གནས་ལུགས་དོན་དམ་མཐར་ཐུག་པའི་ཚུལ་ལེགས་པར་ཕྱེ་ བས་རྒྱལ་བའི་དགོངས་པ་ཐུན་མོང་རྒྱུའི་ཐེག་པ་མདོ་ཕྱོགས་ཀྱི་གནས་ལུགས་མཐར་ཐུག་ དོན་དམ་རང་ངོས་ནས་མི་སྟོང་ཞིང་ཀུན་རྫོབ་གཞན་ངོས་ནས་སྟོང་པའི་ཚུལ་ཡེ་གཞི་ཆོས་ དབྱིངས་ཟབ་མོའི་དོན་དཔྱིས་ཕྱིན་པར་གཏིང་དཔོགས་པའི་མཛད་པ་ཁྱད་པར་དུ་འཕགས་ པ་དང༌། རྗེ་གང་གིས་མཛད་པའི་གསང་ཆེན་སྔགས་ཀྱི་ཐེག་པའི་གཞུང་ལུགས་དམ་ཚིག་ གསུམ་བཀོད་པའི་དཀྱིལ་ཆོག་བྱ་རྒྱུད་མཐའ་དག་ལ་འཇུག་པ་སོགས་བྱ་སྤྱོད་ཀྱི་ཆར་ གཏོགས་པའི་སྒྲུབ་དཀྱིལ་དུ་མས་བྱ་སྤྱོད་ཀྱི་མཚན་བཅས་ལྷའི་རྣལ་འབྱོར་དང༌། དེ་དག་གི་ དམིགས་ཁྲིད་རྣམ་བཤད་སོགས་ཀྱིས་མཚན་མེད་དེ་ཁོ་ན་ཉིད་ཀྱི་ཚུལ་གསལ་བར་བྱས་པ་ དང༌། ཐམས་ཅད་རིག་པའི་ཆོ་ག་སོགས་རྣལ་འབྱོར་རྒྱུད་དུ་གཏོགས་པ་དག་གིས་ཡོ་གའི་ ལྷའི་རྣལ་འབྱོར་དང༌། སྦྱོང་རྒྱུད་ཀྱི་སྙི ང་པོའི་དོན་ཉི་མའི་སྟོབས་འབར་སོགས་དམིགས་ཁྲིད་ རྣམ་བཤད་དག་གིས་ཡོ་གའི་དེ་ཁོ་ན་ཉིད་ཟབ་གསལ་གཉིས་མེད་ཀྱི་ཚུལ་གསལ་བར་བྱས་ པ་དང༌། གསང་བ་འདུས་བའི་སྒྲུབ་ཐབས་འབར་བའི་འོད་གསལ་སོགས་འདུས་པ་ཡེ་ཤེས་ ཞབས་དང༌། འཕགས་ལུགས་ཀྱི་སྒྲུབ་དཀྱིལ་མང་པོ་དང༌། འཕགས་ལུགས་རིམ་ལྔའི་དམར་ ཁྲིད་དང༌། རིམ་ལྔའི་འགྲེལ་ཆེན་རྡོ་རྗེ་འཆང་གི་དགོངས་པ་སོགས་དམིགས་ཁྲིད་རྣམ་བཤད་ རྣམས་དང༌། གཤིན་རྗེའི་གཤེད་རབ་འབྱམས་ཀྱི་སྒྲུབ་ཐབས་ཕྲིན་ལས་ཉི་འབུམ་དང༌། རྡོ་ རྗེ་འཇིགས་བྱེད་ཀྱི་སྒྲུབ་དཀྱིལ་སོགས་དང༌། གཤེད་དམར་རྣལ་འབྱོར་བཞི་རིམ། སྤྲོས་ མེད་ཀྱི་ཁྲིད་ཡིག་སོགས་དེ་དག་གི་རིམ་པས་བླ་མེད་ཕ་རྒྱུད་དུ་གཏོགས་པ་གསང་བ་འདུས་ པ་དང༌། གཤིན་རྗེའི་གཤེད་ཀྱི་བསྐྱེད་རིམ་ལྷའི་རྣལ་འབྱོར་དང༌། རྫོགས་རིམ་རིམ་ལྔ་རྣལ་ 6-1-159 འབྱོར་བཞི་རིམ་གྱི་ཚུལ་གསལ་བར་བྱས་པ་དང༌། འཁོར་ལོ་སྡོམ་པ་རབ་འབྱམས་ཀྱི་སྒྲུབ་ ཐབས་དངོས་སྒྲུབ་རྒྱ་མཚོ་དང༌། ལཱུ་དྲིལ་ནག་གསུམ་ལུགས་ཀྱི་བདེ་མཆོག་སྒྲུབ་དཀྱིལ་ སོགས་དང༌། བདེ་མཆོག་ནག་པོའི་སྒྲུབ་བཤད་ལྷན་སྐྱེས་གཟི་འོད། དྲིལ་ལུགས་རྫོགས་ རིམ་རྣལ་འབྱོར་ཆེན་པོའི་ཁྲིད་ཡིག བདེ་མཆོག་རིམ་ལྔའི་ཁྲིད་སོགས་དང༌། མ་ཧཱ་མ་ཡའི་ སྒྲུབ་དཀྱིལ་དང༌། དེའི་རྒྱུད་ཀྱི་འགྲེལ་བ་སོགས་དང༌། སངས་རྒྱས་ཐོད་པའི་སྒྲུབ་དཀྱིལ་ དང༌། དེའི་རྫོགས་རིམ་རྣམ་བཤད་སོགས་ཀྱིས་རིམ་པ་མ་རྒྱུད་དུ་གཏོགས་པ་འཁོར་ལོ་ སྡོམ་པའི་སྐོ ར་དང༌། སྒྱུ་འཕྲུལ་ཆེན་མོ་སངས་རྒྱས་ཐོད་པ་རྣམས་ཀྱི་ལམ་རིམ་གཉིས་ཟབ་ མོའི་ཚུལ་གསལ་བར་མཛད་པ་སོགས་གྱི་སྒོ་ནས་བླ་མེད་སྦས་རྒྱུད་གང་དག་གིས་མངོན་དུ་ གྱུར་བྱ་ཡེ་གཞི་རང་བྱུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྔགས་ཀྱི་གཞན་སྟོང་དབུ་མ་ཉིད་ཆེས་ ལེགས་པར་གསལ་བར་བྱེད་པ་ཡིན་ལ། ཁྱད་པར་བླ་མེད་ཀྱི་རྒྱུད་རྒྱལ་དུས་ཀྱི་འཁོར་ལོའི་ ཆོས་སྐོ ར། དུས་འཁོར་སྒྲུབ་དཀྱིལ་གཉིས་དང༌། དེ་གཉིས་ཀྱི་རྣམ་བཤད། སྦྱོར་དྲུག་གི་རྣམ་ བཤད་དམིགས་ཁྲིད་སོགས་ལེགས་པར་བཤད་པ་ཆེས་མཆོག་ཏུ་གྱུར་པ་རྣམས་ཀྱིས་ལུགས་ འདིའི་ཕྱི་ནང་གཞན་གསུམ་གྱི་ཁྱད་སྤྱི་དང་ཁྱད་པར་གཞན་མཆོག་ཆོས་སྐུ་མངོན་བྱེད་ལམ་ རིམ་པ་གཉིས་ཀྱི་རྣལ་འབྱོར་དང༌། གཞི་འབྲས་དབྱེར་མེད་ཀྱི་མངོན་དུ་གྱུར་བྱ་དང་པོའི་ སངས་རྒྱས་ཁྱབ་བདག་རིགས་ཀུན་འདུས་པ་རང་བྱུང་རྡོ་རྗེ་སེམས་དཔའ་གཞན་མཆོག་ ཐེར་ཟུག་ཏུ་གནས་པའི་སྲིད་གསུམ་དྭངས་པའི་ཡེ་ཤེས་གསང་ཆེན་སྔགས་ཀྱི་གཞན་སྟོང་ དབུ་མ་ཆེན་མོའི་ཆོས་ཚུལ་མཐར་ཐུག་པ་ཐུན་མིན་ཆེས་གསང་བ་རྡོ་རྗེ་ཐེག་པའི་གཞི་ལམ་ འབྲས་གསུམ་རྒྱལ་བ་རྡོ་རྗེ་འཆང་གི་དགོངས་བཅུད་ཀྱི་དོན་ཟབ་མོ་གཏིང་ནས་དཔོག་པའི་ ཁྱད་འཕགས་ཀྱི་མཛད་པ་སྟེ། མདོར་ན་རྗེ་དམ་པས་མདོ་སྔགས་ཕྱོགས་ཀྱི་དགོངས་འགྲེལ་ གང་རྩོམ་ཐམས་ཅད་ལ་རང་རང་དང་འཚམས་པར་རྒྱལ་བ་སྲས་བཅས་དང་རྒྱུད་སྡེའི་ལྷ་དེ་ 6-1-160 དང་དེའི་བཀའ་གནང་གི་དགེ་མཚན་རླབས་ཆེ་བ་རེ་རེ་ཡོད་ལ། ཁྱད་པར་རྗེ་བཙུན་སྒྲོལ་ མས་ཉིད་ཀྱི་གསུང་རྩོམ་རྣམས་ཤམྦྷ་ལའི་སེམས་དཔའ་ཆེན་པོ་དག་གི་གསུང་རབ་དང་ ལེགས་མཐུན་གྱི་བཀའ་ལུང་གིས་དབུགས་དབྱུང་མཛད་པ་སོགས་ཆེས་ཁྱད་འཕགས་ཀྱི་ ལེགས་བཤད་མདོ་སྔགས་ཀྱི་དགོངས་འགྲེལ་ཆ་ལག་དང་བཅས་བསྡོམས་ན་གླེགས་བམ་ བཞི་བཅུ་ལྷག་གི་གྲངས་སུ་ལོངས་པ་དེ་དག་གི་བདག་ཅག་གི་སྟོན་པའི་བཀའ་གསུང་རབ་ རྒྱུ་དང་འབྲས་བུའི་ཐེག་པ་སྟོན་བྱེད་མཐའ་དག་གི་སྙིང་པོའི་དོན་ཀུན་མཁྱེན་ཇོ་ནང་པ་ཆེན་ པོའི་བཞེད་དགོངས་ཇི་ལྟ་བ་བཞིན་བསིལ་ལྗོངས་འདིར་སླར་ཡང་ཆེས་གསལ་བར་མཛད་ པའི་མདོ་དང་སྔགས་ཡོངས་རྫོགས་ཀྱི་ཤིང་རྟ་ཆེན་པོ་གཉིས་པ་ནི་རྗེ་བླ་མ་སྒྲོལ་བའི་མགོན་ པོ་ཁོང་ཉིད་གཅིག་པུར་ངེས་པས་ཆེས་ཡ་མཚན་གྱིས་དད་པའི་སྒོ་དབང་མེད་དུ་འཕེལ་ལོ། །སྨྲས་པ། གང་གི་མཁྱེན་བཟང་རྟ་ལྗང་ཟེར། ། མདོ་སྔགས་ཟབ་དོན་པདྨོའི་ཚལ། ། གང་ལ་མཛའ་ཟླར་བོས་པའི་མོད། ། གསལ་བྱེད་མེ་ཁྱེར་ཕལ་གྱིས་ཅི། ། དེ་ལྟ་བུའི་བསྟན་དང་འགྲོ་བའི་ལེགས་ཚོགས་ཀྱི་རྩ་ལག་མཚུངས་པ་མ་མཆིས་པ་གང་ ཉིད་གངས་ཅན་བོད་ཀྱི་ལྗོངས་སུ་སྐྱེ་དགུའི་བསོད་ནམས་ཀྱི་ཞིང་དུ་ལེགས་བཞུགས་གནང་ སྐབས་ཁོང་དང་སྐུ་ཐོག་མཉམ་པའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དམ་པ་གང་དང་ས་ སྐྱོང་ཆོས་ཀྱི་མི་དབང་ཡོངས་དང་བཅས་པའི་ཐུགས་ཡིད་དད་གུས་ཀྱིས་དབང་མེད་དུ་བསྐྱོད་ དེ་ཆེ་བའི་བརྩི་བཀུར་ལེགས་ཞུས་དང༌། ཆོས་ཀྱི་ཐུགས་སྲས་སུ་ུགུས་པར་ལེགས་འདུད་ བྱས་རིམ་ཡང༌། ཁོང་དང་ཐུགས་རྒྱུད་གཅིག་པ་བོད་ལྗོངས་ཡོངས་ཀྱི་བླ་མ་འཛམ་གླིང་སྒར་ 6-1-161 བའི་གོ་ས་ན་བཞུགས་པ་ཀརྨ་པ་ཞྭ་ནག་དགུ་པ་དབང་ཕྱུག་རྡོ་རྗེའི་དྲུང་ནས་ཐོག་མར་སྐུ་ གསུམ་ངོ་སྤྲོད་ནས་བཟུང་ཟབ་བཀའ་མང་པོ་རྗེ་ཉིད་ལ་གནང་སྟེ་ཀརྨ་ཀཾ་ཚང་གི་ཆོས་ཐམས་ ཅད་དོན་གྱིས་ཐོབ་པར་གསུང་ནས་བཀའ་བརྒྱུད་ཕྱག་ཆེན་ཕྱོགས་ཀྱི་ཆོས་ཐམས་ཅད་ཀྱི་ དོན་བརྒྱུད་གཏད་དེ། ཐུགས་དགོངས་ཤིན་ཏུ་དགྱེས་བཞིན་ཐུགས་སུ་བྱོན་པའི་བཀའ་ལུང་ ཞིབ་རྒྱས་ཕེབས་རྗེས་རྗེ་བླ་མ་ཉིད་ལ་གསང་གསུམ་གྱི་ཡོན་ཏན་བརྗོད་པའི་བསྟོད་ བསྔགས་བརྟན་བཞུགས་སྨོན་ལམ་ཤོ་ལོ་ཀ་གསུམ་པ་ཞིག་ཀརྨ་པ་དགུ་པ་ཁོང་གིས་ཕུལ། དེ་ལྟར་རང་གཞན་གྱི་སྐྱེས་ཆེན་དམ་པ་དུ་མས་ཆེད་བསྔགས་ཞབས་བརྟན་སོགས་ཀྱི་ཐུགས་ སྨོན་དགྱེས་ཚོར་གྱི་གུས་འདུན་གནང་རིམ། ཁོང་གི་གནས་ཀྱི་སློབ་དཔོན་བྱམས་པའི་མཚན་ ཅན་གྱིས་རྗེ་ཉིད་ལ་གངས་ཅན་མཁས་མང་གི་གཙུག་རྒྱན་དུ་གྱུར་བཞིན་ཆོས་ཀུན་གྱི་སྙིང་ པོ་ངེས་དོན་ཟབ་མོའི་དགའ་སྟོན་འགྱེད་བྱེད་དུ་ཞབས་བརྟན་ཕུལ་བ། དཔལ་ལྡན་རིགས་ བརྒྱའི་ཅོད་པན་མཐོན་པོ་ལ། །ཞབས་ཟུང་བཀྲ་ཤིས་འཁོར་ལོ་ལེགས་བཀོད་ནས། །འགྲོ་ ལ་ཡ་མཚན་བགྲང་ཡས་སྩོལ་བཞིན་དུ། །མགོན་ཁྱོད་སྲིད་མཐར་ཞབས་པད་བརྟན་གྱུར་ ཅིག །རྒྱལ་བ་ཀུ༷ན་གྱི་དག༷འ་བའི་རང་གཟུགས་ཅན། །ཆོས་ཀུན་སྙི ༷ང་པོ༷་བཀྲ༷་ཤི༷ས་རྒྱ༷ལ་ བའི་དངོས། །དགེ་མཚ༷ན་དཔ༷ལ་འབྱོར་བཟ༷ང་པོ༷་འབྲས་སྩོལ་བ། །མགོན་ཁྱོད་སྲིད་མཐར་ ཞབས་པད་བརྟན་གྱུར་ཅིག །ཅེས་དང༌། མཁན་ལུང་རིག་རྒྱ་མཚོས་ཐུགས་བསྐྱེད་བདེན་ མཐུས་ཞབས་བརྟན་ཕུལ་བ། དཀོན་མཆོག་གསུམ་དང་དྲང་སྲོང་བདེན་པའི་བཀའ། །བཀའ་ སྲུང་དམ་ཅན་རྒྱ་མཚོའི་མཐུ་སྟོབས་དང༌། །ཆོས་དབྱིངས་འགྱུར་མེད་བདེན་པའི་བྱིན་རླབས་ ཀྱིས། །སྤྲུལ་པའི་མཆོག་གི་ཞབས་པད་བརྟན་གྱུར་ཅིག །ཅེས་དང༌། ཁོང་གི་རྡོ་རྗེ་འཆང་ ཆོས་སྐུ་ལྷ་དབང་གྲགས་པས་སྤྱོད་འཆང་ནག་པོའི་རྣམ་སྤྲུལ་རྗེ་གྲོལ་མཆོག་གི་སྤྲུལ་སྐུར་ བྱོན་པ་ངེས་དོན་སྙིང་པོ་སྤེལ་བའི་སྐྱེས་ཆེན་དུ་ཆེ་བསྔགས་དང་བཅས་ཞབས་བརྟན་གསོལ་ 6-1-162 འདེབས། རྒྱལ་བའི་ལུང་བསྟན་རྣལ་འབྱོར་སྤྱོད་པ་ཡི། །རྣམ་སྤྲུལ་རིམ་བཞིན་འཇམ་ མགོན་གྲུབ་པའི་རྗེ། །ཞིང་འདིར་གདུལ་བྱར་དགོངས་པ་ཏཱ་རའི་མཚན། །བསྐལ་བརྒྱར་ ཞབས་པད་བརྟན་པར་གསོལ་བ་འདེབས། །སངས་རྒྱས་བསྟན་ལ་ཀུ༷ན་དག༷འ་བའི། །སྙི༷ང་ པོ༷འི་བསྟན་པ་ཕྱོགས་བཅུ་ཡི། །འཁོར་འདས་ཡོངས་ཀྱི་དཔལ་མགོན་དུ། །མི་ནུབ་རྒྱལ་ མཚན་འཛིན་གསོལ་འདེབས། །ཞེས་པ་གནང་ཞིང་ཉིད་ཀྱིས་གྲུབ་ཆེན་བུདྡྷའི་ཟབ་ཆོས་སྐོ ར་ ཡང་ཁོང་ལ་ལེགས་འབུལ་བགྱིས་པར་མངོན། གང་གི་ཆོས་ཀྱི་འབྲེལ་བ་མངའ་བ་ཅན་ཞྭ་ དམར་ཅོད་པན་འཛིན་པ་(ལྔ་པ་དཀོན་མཆོག་ཡན་ལག་གམ་)དཀོན་མཆོག་འབངས་ཀྱིས་ནག་པོའི་ རྣམ་འཕྲུལ་ཐུགས་རྗེ་དང་བསོད་ནམས་ལས་འཁྲུངས་པ་སྐུ་གཞོམ་མེད་རྡོ་རྗེའི་ངོ་བོར་ བཞུགས་ནས་བཀའ་བརྒྱུད་ཕྱག་ཆེན་གྱི་བསྟན་པ་འཛིན་སྐྱོང་སྤེལ་བཞིན་ཡུན་རིང་འཚོ་ གཞེས་སུ་གསོལ་བའི་ཞབས་བརྟན་སྨོན་ཚིག་སྐྱེས་འབུལ་ཚུལ་སྙན་ངག་གིས་བཅིངས་པ་ ཕུལ་བ། སྲིད་པ་ཀུན་གྱི་མ་འདྲེས་བཤེས་གཅིག་གང༌། །བདག་ལྟའི་ཐ་བ་རིང་ནས་བོར་ གྱུར་ཀྱང༌། །མཁའ་ཁྱབ་འགྲོ་ལ་བདག་གིར་མཛད་པ་པོ། །སྤྱོ༷ད་འཆ༷ང་སྤྲུ༷ལ་སྐུ༷་མཆོག་དེ་ རྒྱལ་གྱུར་ཅིག །རྒྱལ་དང་རྒྱལ་སྲས་བཞད་པའི་འཛུམ་མདངས་དང༌། །གདུལ་བྱའི་གེ་སར་ རྒྱས་པའི་འོད་འཁྲིགས་པས། །སྨིན་པ་དཔག་བསམ་གསར་བའི་མྱུ་གུ་ཉིད། །སྐྱེ་དགུའི་སྨན་ གྱི་ལྗོ ན་པར་འཕེལ་གྱུར་ཅིག །མྱུ་གུ་བདུད་རྩིའི་ཐིགས་པས་བྲན་པ་ན། །ཡིད་སྲུབས་མདའ་ ཡིས་འབིགས་པར་མི་ནུས་པའི། །ཡིད་བཞིན་འབྲས་བུས་ས་ཆེན་བརྡལ་འགྱུར་བ། །དེ་ སྲིད་འཚོ་གཞེས་ཡིད་དམ་ཁོ་ནར་འཚལ། །ཕྲིན་ལས་དབང་པོ་ཡི་ཡང་ཕྲིན་ལས་པ། །ཕྱག་ རྒྱ་ཆེན་པོའི་རྟོགས་པ་གཅིག་ཆོད་ཀྱིས། །གང་ལ་དབང་བཞི་ལན་བརྒྱར་བསྐུལ་བ་བཞིན། །སླར་ཡང་བཀའ་རྟགས་ཕྱག་རྒྱ་འཛིན་གྱུར་ཅིག །འདི་ན་བློ་མིག་སྣང་བའི་ཟླ་བོ་པ། །ལེགས་སྤྱད་གཞན་འཕྲུལ་དགྱེས་པའི་མདངས་ལྡན་གང༌། །ཡིད་ཀྱི་ཕྱང་ཉུག་བསྐྱེད་པས་ 6-1-163 གསལ་གྱུར་ཏེ། །ཆོས་ཀྱི་སྒོ་ལས་སྐྱེས་འདི་སྤྲིངས་པ་ལགས། །ཅེས་པ་སྐྱེས་སུ་དར་དཀར་ ཕུན་ཅན་དང༌། །རུང་བའི་རྔུལ་གཟན་བཞུགས་གདིང་ཆབས་ཅིག་མཆིས། །ཞེས་དང༌། གང་ གི་སློབ་མར་གྱུར་པ་སྟག་ལུང་བ་(ཐང་བ་རིན་པོ་ཆེས་ཡང་སྤྲུལ་)བཀྲ་ཤིས་དཔལ་གྲུབ་ཀྱིས། ཟབ་ ཆོས་ཀྱི་མཛོད་ཕྱེ་དཔལ་ཧེ་རུ་ཀ་དངོས་སྤྱོད་པའི་རྡོ་རྗེའི་རོལ་གར་སྡོམ་གསུམ་མཆོག་མངའ་ མདོ་སྔགས་སྤྱི་དང་ཁྱད་པར་དུས་འཁོར་གྱི་དགོངས་དོན་ཆེས་གསལ་མཛད་ངེས་དོན་ཆོས་ སྒྲ་སྒྲོག་པས་སྨྲ་ངན་ཚར་གཅོད་ཅིང་རིག་གནས་ཀུན་གྱི་མཐར་སོན་པ་རྗེ་བླ་མ་མཆོག་ མཁས་གྲུབ་ཟླ་བྲལ་ལ་མཆོག་གསུམ་བདེན་པས་ཞབས་བརྟན་པར་བཞུགས་པའི་གསོལ་ འདེབས་ཕུལ་བ། ཀུ༷ན་ཁྱབ་དགེ་བའི་ཕྲིན་ལས་ཆེན་པོ་ཡི། །དག༷འ་སྟོན་དུས་གསུམ་ནམ་ དུའང་མི་ནུབ་པ། །སྙི ༷ང་པོ༷འི་དོན་ལ་མོས་པའི་སྐལ་བཟང་ལ། །སྦྱིན་མཛད་དཔལ་ལྡན་བླ་ མ་ཞབས་བརྟན་ཤོག །རབ་འབྱམས་དཀྱིལ་འཁོར་འཁོར་ལོ་རྒྱ་མཚོའི་གཙོ། །དཔལ་ལྡན་ ཧེ་རུ་ཀ་དང་དབྱེར་མེད་པ། །མཆོག་བརྙེས་སྤྱོད་པའི་རྡོ་རྗེའི་ངོ་བོ་ཉིད། །ཁྱོད་ཀྱིས་ཞིང་ འདིའི་གདུལ་བྱ་རྟག་སྐྱོང་གསོལ། །ཉེས་པའི་དྲི་མེད་རབ་གཙང་ཚངས་སྤྱོད་ཅན། །བྱམས་ དང་སྙི ང་རྗེས་གང་བའི་སེམས་དཔའ་ཆེ། །མི་འགྱུར་བདེ༷་ཆེན་གྲུབ་པ་སྡོམ་པའི་བདག །འཕགས་པ་མཆོ༷ག་ཁྱོད་རྟག་ཏུ་འཚོ་ཞེས་གསོལ། །ཕ་རོལ་ཕྱིན་པའི་མདོ་དང་དགོངས་ འགྲེལ་བཅས། །ཀུན་ཀྱང་དྲང་ངེས་ཇི་བཞིན་འབྱེད་པ་དང༌། །ཚིག་ཏུ་མ་ཟད་རྒྱུད་ལ་སྦྱོར་ བའི་ཐབས། །འཁྲུལ་མེད་སྨྲ་ཁྱོད་རྟག་ཏུ་ཆོས་སྟོན་གསོལ། །གང་གི་རྒྱུད་སྡེ་རྒྱ་མཚོའི་ཚིག་ དང་དོན། །ཇི་བཞིན་མཁྱེན་པའི་གྲངས་དང་མིང་ཙམ་གྱིས། །དུས་འདིའི་མཁས་པ་ཀུན་གྱི་ སྤོབས་པའི་ཚོགས། །འཇིལ་ནུས་ཐམས་ཅད་གཟིགས་ཁྱོད་རྟག་བཞུགས་གསོལ། །ཁྱད་ པར་དང་པོའི་སངས་རྒྱས་དུས་འཁོར་ལོའི། །དབང་བསྐུར་རྒྱུད་འཆད་མན་ངག་རབ་སྦྱིན་ པས། །སྙི གས་དུས་འདིར་ཡང་ཆོས་ཀྱི་རྫོགས་ལྡན་མཛད། །བསྟན་པའི་རྒྱན་ཁྱོད་ཞིང་ 6-1-164 འདིར་རྟག་བཞུགས་གསོལ། །བྱེ་བྲག་རྒྱལ་བའི་ཆོས་ཀྱི་འཁོར་ལོའི་དཔྱིད། །ཆོས་ཉིད་རྟག་ ཅིང་ལྷུན་གྲུབ་འདུས་མ་བྱས། །གསལ་སྟོན་ལྟ་ངན་སྐྲག་བྱེད་སེང་གེའི་སྒྲ། །སྲིད་པ་ཇི་སྲིད་ དེ་སྲིད་རྟག་སྒྲོག་གསོལ། །ཁྱོད་ཀྱི་ལེགས་པར་སྦྱར་བའི་སྐད་བྱང་བ། །འདི་ཙམ་མཁས་ རློམ་དག་གི་རང་རང་གི །ཡུལ་གྱི་བརྡའ་ཡང་དག་པོར་བརྗོད་ནུས་མིན། །དེ་ཕྱིར་སྨྲ་བའི་ དབང་ཕྱུག་རྟག་བཞུགས་གསོལ། །འདི་ན་འགའ་ཞིག་རྟོག་གེའི་ཚིག་ལ་སྲེད། །འགའ་ ཞིག་ཚིག་དང་དོན་ལ་ཤིན་ཏུ་རྨོངས། །ཐམས་ཅད་མཁྱེན་ཅིང་ངེས་པར་གྲུབ་བརྙེས་ཁྱོད། །བདག་སོགས་འགྲོ་བའི་དོན་དུ་རྟག་བཞུགས་གསོལ། །མདོར་ན་རྒྱལ་བསྟན་དེ་འཛིན་བྱེད་ པ་ལ། །རག་ལས་བསྟན་པ་ཚུལ་བཞིན་གསལ་ནུས་པ། །ཁྱོད་ལས་དེང་གི་ཚེ་ན་མ་མཆིས་ པས། །ཐུབ་པའི་རང་ལུགས་དགོངས་ལ་རྟག་བཞུགས་གསོལ། །ཀུ༷ན་མཁྱེན་རྒྱལ་བ་རྣམས་ དང་དེས་གསུངས་པ། །དག༷འ་བདེ་རྒྱ་མཚོས་འབྱུང་གནས་དམ་ཆོས་དང༌། །བསྟན་པའི་སྙི༷ང་ པོ༷་དགེ་འདུན་དཀོན་མཆོག་གི །བདེན་པས་མགོན་ཁྱོད་སྐལ་བརྒྱར་ཞབས་བརྟན་ཤོག །ཅེས་དང༌། ཉིད་ཀྱི་ཞལ་སློབ་རྒྱལ་ཚབ་ཏུ་མངའ་གསོལ་བ་ཀུན་དགའ་སངས་རྒྱས་རྒྱ་མཚོས་ སྔགས་ཀྱི་གཞན་སྟོང་དོན་དམ་སྐུ་བཞི་མཛད་པ་བཅས་ལ་སྦྱར་ཏེ་བརྟན་བཞུགས་གསོལ་ འདེབས་ཕུལ་བ། ཨ໋་སྭ་སྟི། ཀུ༷ན་ཁྱབ་ལྷན་ཅིག་སྐྱེས་དག༷འ་ས་གསུམ་གྱི། །སྙི༷༷ང་ལ་ གདོད་མའི་མགོན་པོ༷་རྟག་བཞུགས་པ། །དོན་དམ་མཁའ་ཁྱབ་ཆེན་པོར་གསོལ་བ་འདེབས། །ཁྱབ་བདག་རྡོ་རྗེའི་བདག་པོར་བཞུགས་སུ་གསོལ། །གདོད་ནས་རྣམ་དག་གཞོམ་གཞིག་ བྲལ་བའི་སྐུ། །དཀྱིལ་འཁོར་ཀུན་གྱི་སྲོག་ཏུ་རྟག་བཞུགས་པ། །གཉིས་མེད་འོད་གསལ་ ཆེན་པོར་གསོལ་བ་འདེབས། །ཡེ་ཤེས་ཅིར་ཡང་འཆར་བ་བཞུགས་སུ་གསོལ། །སྲིད་ཞི་ ཀུན་ནས་སྤངས་ཀྱང་རྒྱལ་བ་ཡི། །དཀྱིལ་འཁོར་སྤྱོད་ཡུལ་ཡངས་པར་མངའ་མཛད་པ། །ལྷུན་གྲུབ་རྟག་པའི་སྐུ་ལ་གསོལ་བ་འདེབས། །ཁྱབ་གདལ་མཉམ་པ་ཉིད་དུ་བཞུགས་སུ་ 6-1-165 གསོལ། །འཆིང་བ་ཀུན་བྲལ་ཡེ་ཤེས་འོད་བརྒྱའི་སྐུ། །ཟུང་འཇུག་རྡོ་རྗེའི་ཅོད་པན་མངོན་ མཐོ་བ། །བདེ་བ་མཆོག་གི་བྱེད་པར་གསོལ་བ་འདེབས། །ཆོས་ཀྱི་སྟོན་པ་ཆེན་པོར་བཞུགས་ སུ་གསོལ། །མཁའ་དབྱིངས་ཁྱབ་པའི་སྒྱུ་འཕྲུལ་གར་མཛད་སྐུ། །གང་གིས་གསོལ་གདབ་ བསླུ་བ་མེད་པའི་སྐྱབས། །རྣམ་འཕྲུལ་བསམ་མི་ཁྱབ་པར་གསོལ་བ་འདེབས། །རྒྱལ་བའི་ ཕྲིན་ལས་ཆེན་པོར་བཞུགས་སུ་གསོལ། །མདོར་ན་མཆོག་ཏུ་མི་འགྱུར་བདེ་ཆེན་དང༌། །དཀྱིལ་འཁོར་རྣམ་པ་ཀུན་ལྡན་ཟུང་འཇུག་གི །གདོད་མའི་རྒྱལ་སྲིད་སྐྱོང་བར་གསོལ་བ་ འདེབས། །སྲིད་ཞིའི་ཁྱབ་བདག་ཆེན་པོར་བཞུགས་སུ་གསོལ། །དོན་གཉིས་ལྷུན་གྱིས་གྲུབ་ པའི་ཕྲིན་ལས་ཀྱི། །དགའ་སྟོན་མཆོག་གིས་ཁམས་གསུམ་ཀུན་ཁྱབ་པར། །ཐུགས་ཡིད་ འདྲེས་པར་ཀློང་ནས་གསོལ་བ་འདེབས། །བསྐལ་བརྒྱར་ཞབས་པད་བརྟན་ཅིང་བཞུགས་ སུ་གསོལ། །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང༌། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ ཅིང༌། །ས་དང་ལམ་གྱིས་ཡོན་ཏན་རབ་རྫོགས་ནས། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །ཅེས་དང༌། ཡང་ཉིད་སློབ་རྒྱལ་ཚབ་གཉིས་པ་ཀུན་དགའ་རིན་ཆེན་རྒྱ་མཚོས་རང་ལ་གནང་ བའི་མཚན་གྱི་དོན་ཇི་བཞིན་རྗེ་ཁོང་ལ་མངའ་བའི་ཆ་ནས་གནས་ལུགས་མངོན་གཟིགས་ མདོ་སྔགས་ཡོངས་རྫོགས་ཀྱི་རྡོ་རྗེ་འཛིན་པ་འགྲོ་ཕན་བྱེད་པའི་སྔགས་ཀྱི་སློབ་དཔོན་ མཚུངས་མེད་དམ་པའི་ཞབས་བརྟན་གསོལ་འདེབས་ཕུལ་བ། ཨ໋་སྭ་སྟི། ཀུན་ཁྱབ་བདེ་ ཆེན་དག་པའི་དཀྱིལ་འཁོར་ནི། །ཟག་མེད་དགའ་བཞིའི་ཆ་ཡིས་ཡོངས་གང་བས། རིན་ཆེན་ སེམས་ཀྱི་དེ་ཉིད་མངོན་གཟིགས་པ། །ཡོན་ཏན་རྒྱ་མཚོ་གྱུར་ལ་མགོས་ཕྱག་འཚལ། །མདོ་ རྒྱུད་ཀུན་གྱི་ངེས་གསང་བདུད་རྩིའི་རོ། །འཆི་མེད་དགའ་བའི་ལང་ཚོར་སྨིན་པའི་ལུས། །དངོས་གྲུབ་རིན་ཆེན་ནོར་གྱིས་ཡོངས་གང་བ། །ཕན་བདེ་རྒྱ་མཚོའི་ངོ་བོར་གསོལ་བ་ འདེབས། །ཕུན་ཚོགས་ཆོས་ཀུན་འབྱུང་བ་དབང་བཞིའི་གར། །སྐལ་བཟང་རབ་དགའི་ 6-1-166 དཔྱིད་དུ་བསྒྱུར་བ་ལས། །དགོས་འདོད་རིན་ཆེན་སྩོལ་བའི་གཉེན་གཅིག་པུ། །སྐྱབས་ གནས་རྒྱ་མཚོའི་ངོ་བོ་ཁྱོད་ལ་འདུད། །རིགས་ཀུན་ཁྱབ་བདག་རྡོ་རྗེ་སློབ་དཔོན་ལ། །རྩེ་ གཅིག་དད་པས་ཡིད་ཀྱིས་གསོལ་འདེབས་ན། །མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་ ཀུན། །ཚེ་འདི་ཉིད་ལ་ཐོབ་པར་བྱིན་གྱིས་རློབས། །ཞེས་པའོ། །གཞན་ཡང་རྒྱ་གར་ལྷོ ་ཕྱོགས་ བྷིན་དའི་རིའི་ཁོངས་བྷཾ་དུ་ཞེས་པའི་ཡུལ་ནས་རིག་སྔགས་གྲུབ་པའི་རྒྱལ་པོ་བ་ལ་བྷ་དྲས་ (གྲུབ་པའི་འཁོར་ལོས་སྒྱུར་བ་ཆེན་པོ་ཞི་བ་སྦས་པ་ཡབ་སྲས་རྣམས་བླ་མར་བཀུར་བ་རྒྱལ་པོ་སྟོབས་བཟང་ཟེར་བ་དེ་ཡིན་)རྗེ་ ཉིད་ལ་འཕྲིན་ཡིག་གཽ་རའི་ཡི་གེ་སཾ་སྐྲ ་ཏའི་སྐད་ཀྱིས་བྲིས་པ། བོད་སྐད་དུ་བསྒྱུར་ན་འདི་ ལྟར། རི་ཁ་བ་ཅན་གྱི་ཁོངས་ན་གྲུབ་ཐོབ་ཞི་བ་སྦས་པའི་རིང་ལུགས་འཛིན་པ་གཅིག་པུ་ གཉིས་སུ་མེད་པ་ནི། ཏཱ་ར་གུ་རུ་ཁྱེད་ཡིན་ཞེས་ཐོས། བསོད་ནམས་ཀྱི་སྟོབས་མི་དམན་པར་ སྤྱོད་པའི་རྒྱལ་སྲིད་ཀྱི་དབང་ཕྱུག་ང་དང་ཡང༌། སྲིད་པ་གཞན་དུ་འཐམ་པ་ཡིན་ཞེས་གྲུབ་ པའི་ལུང་ལས་འབྱུང༌། དེའི་དོན་དུ་པ་ཊོ་ལ་ཛརྦྷ་གཉིས་དང་པུར་ཛ་ཀྲན་ཏྱ་གཅིག་ཟུང་ མཆིས། རཱ་ཛཱ་པཱ་ཏྲཾ་ཞེས་པའི་འཕྲིན་ཡིག་རྟེན་བཅས་གསེར་ཆུའི་ཐམ་ཁས་མནན་པ། རྒྱ་ གར་ཡུལ་ནས་ཕུལ་ཏེ་གུས་འདུད་ཞུས། (རྒྱ་གར་མ་ད་ན་སུ་ར་ནས་ཚནྚ་ཤིང་རྒྱལ་པོས་དུང་བཟང་པོ་ཞུ་ཡིག་ སོགས་ལེགས་སྐྱེས་ཀྱི་གུས་འདུད་ཞུས། སོག་ཡུལ་ཐག་ཤིན་ཏུ་རིང་བའི་འཁོར་ཆེན་ཨ་ས་ཁས་ཀྱི་རྒྱལ་པོས་གསེར་ཡིག་འབུལ་ རྟེན་བཟང་པོ་དང་བཅས་པ་བྱུང༌། སོག་པོ་ཡོངས་ཤྭོ་བུའི་རྒྱལ་པོ་དས་བྱིང་གི་བུ་བླ་མ་སྐྱབས་ཆོ་ཁུར་ཐས་ཆི་རྒྱལ་པོས་ཡིག་ འབུལ་སོགས་དང་བཅས་ཏེ་ཏཱི་ཤྲི་བཀུར་)སོག་པོའི་ཡུལ་གྱི་རྒྱལ་པོ་ཁ་དན་བག་དུར་ཞེས་བྱ་བས་ཀྱང༌། རྗེ་བླ་མ་གང་ལ་མི་ཕྱེད་པའི་དད་པ་ཐོབ་སྟེ། (རྗེ་བཙུན་ཐམས་ཅད་མཁྱེན་པ་སོག་ཡུལ་དུ་གདན་འདྲེན་ཞུས་ ཀྱང་ཡེ་མ་ཕེབས་པ་ཡིན་)ཞུ་འབུལ་བ། ཁོ་རང་ཡང་དཔལ་དེ་བཞིན་གཤེགས་པ་སྟག་ལུང་བ་འདི། ངེད་གནམ་གྱིས་བསྐོ ས་པའི་རྒྱལ་པོ་དཀར་པོ་ཨབ་དན་གྱི་རྩ་བའི་བླ་མ་ཡིན། ངེད་སོག་པོ་ རྣམས་ལ་སངས་རྒྱས་དང་འདྲ་བ་ཡིན་པ། དེའི་ཡང་བླ་མ་ཁྱེད་ཉིད་ཡིན་འདུག་པས་ཐུགས་ 6-1-167 དམ་སྐྱབས་འོག་ཏུ་འཇུག་དགོས་ཟེར་བཞིན་གུས་པ་ཆེན་པོ་ནས་བླ་མར་ལེགས་བཀུར་ མཛད། དེ་སོག་ཁོང་དང་ཐོག་མཉམ་གྱི་སྐྱེས་ཆེན་དམ་པ་རྣམས་དང་ས་སྐྱོང་མི་དབང་དག་ གིས་གུས་འདུན་གྱིས་བརྩི་བཀུར་ཞུས་པ་བརྗོད་ཀྱིས་མི་ལང༌། སྤྱིར་ན་རྗེ་བླ་མ་དམ་པ་གང་ གིས་ཟབ་ཆོས་ཀྱི་སྒོ་ཐང་མར་བརྡལ་བ་ལ་ཉེ་བར་ལོངས་སྤྱོད་པའི་སྐལ་བཟང་ལུས་ཅན་ མཐའ་དག་གི་གྲངས་ནི་ས་ཆེན་པོའི་རྡུལ་སྙེད་དང་འདྲ་ན་ཇི་བཞིན་སྨྲ་བ་ལྟ་ཅི་གྲངས་རགས་ པ་ཙམ་ཡང་བརྗོད་པར་ནུས་པ་མ་ཡིན་མོད། འོན་ཀྱང་མཚོན་ཙམ་གྱི་དབྱེ་བསལ་བགྱིད་ན། རྗེ་ཐམས་ཅད་མཁྱེན་པ་གང་གི་ཞལ་སློབ་ཏུ་གྱུར་པ་ཉིད་ཀྱི་མཁན་སྟག་ལུང་བ་(ཐང་བ་རིན་པོ་ཆེ་ མཆན།)ཀུ༷ན་དག༷འ་བཀྲ་༷ཤི༷ས་རྒྱ༷ལ་མཚ༷ན། སྟག་ལུང་མ་ཧ་རིན་པོ་ཆེ་ངག་དབང་རྣམ་རྒྱལ། སྒམ་པོ་སྤྲུལ་པའི་སྐུ་(དྭགས་པོ་ལྷ་རྗེའི་ཡང་སྤྲུལ་ཞབས་དྲུང་ནོར་བུ་བརྒྱན་པ་སྐུ་གོང་འོག ཐང་བ་རིན་པོ་ཆེའི་ཡང་སྤྲུལ་ )ངག་དབང་བཀྲ་ཤིས་དཔལ་གྲུབ། ངེས་དོན་ཆོས་ཀྱི་ཉི་མ། རྗེ་སྤྱན་སྔ་བ་(ལོ་པ་སྤྱན་སྔ་བ་རིན་པོ་ ཆེའི་ངག་དབང་ཆོས་གྲགས་པ་ཡིན་)སྤྲུལ་སྐུ་ངག་གི་དབང་པོ། དྲེ་བོ་སྤྲུལ་པའི་སྐུ། (འཇགས་པ་སྤྲུལ་པའི་སྐུ་ རིན་པོ་ཆེ་)གུ་ཤྲི ་གྲགས་དོན་པའི་ཡང་སྤྲུལ་(གུ་ཤྲི ་ལྔ་པ་)གྲགས་པ་མཆོག་དབྱངས། (རྒྱལ་རྩེ་) ཞབས་དྲུང་བླ་མའི་དྲུང༌།(གྲྭ་ཐང་བླ་ཆེན་རིན་པོ་ཆེ། ཆོས་རྗེ་སྟག་སྣ་བ། བྲག་དཀར་ཆོས་རྗེ། རྗེ་ལྕགས་ནང་བ། རིན་པོ་ ཆེ་རྟ་ར་བའི་དྲུང༌། དྲུང་བ་བར་ལེ་བ་རིན་པོ་ཆེ་རྣམ་རྒྱལ་རིན་ཆེན་དཔལ་བཟང་པོ། རྗེ་གྲོང་ཁ་བ་རིན་པོ་ཆེ་རྣམ་རྒྱལ་ཕུན་ཚོགས་ རིན་ཆེན་ངག་དབང་བཀྲ་ཤིས། རྗེ་དྲུང་ངག་དབང་དྲུང༌། རྗེ་དྲུང་འཇམ་དབྱངས་དྲུང༌། རྗེ་དྲུང་སྐལ་བཟང་དྲུང་སྦེ ར་བ་རྗེ་དྲུང་ རྟོགས་ལྡན་པ། དབུ་སྒོར་བ་ལྕགས་ཟམ་ཆོས་རྗེ་རྗེ་དྲུང༌། ར་བ་རྨད་དྲུང་ཆེན་ཕྲིན་ལས་དཔལ་འབྱོར་) བླ་མ་ཆུ་བོ་ཆུང་ བའི་སྐུ་སྐྱེས།(སྡེ་བ་རྗེ་དྲུང་ཀ་བཞི་རིན་པོ་ཆེ་སྐུ་གོང་འོག འབྲུག་པ་སངས་རྒྱས་རྡོ་རྗེ་)ཞྭ་དམར་བ་(དཀོན་མཆོག་ འབང་དང༌། བྱང་ཡང་བ་ཅན་མཁན་རབས་བཅོ་ལྔ་པ་)ཀརྨ་ཉི་མ་སོགས་བཀའ་བརྒྱུད་ཕྱག་ཆེན་ཕྱོགས་ཀྱི་ སྐྱེ་ཆེན་དམ་པ་མང་པོ་དང༌། རྗེ་དྲུང་གནས་གསར་རིན་པོ་ཆེ་(ཆོས་རྗེ་བསོད་ནམས་རབ་རྒྱས། མང་ཐོས་ )ཀླུ་སྒྲུབ་(རྒྱ་མཚོ་འམ་)སྙིང་པོ།(སྐུ་གོང་འོག་)ཆོས་རྗེ་རིན་སྟེངས་པ།(ཆོས་རྗེ་སྔགས་རམ་པ་)དུས་འཁོར་ 6-1-168 ཤར་ཆེན་པ། ཆོས་རྗེ་ལྷ་འོ་པ་སོགས་(བུ་སྟོན་རིན་པོ་ཆེའི་བརྒྱུད་འཛིན་ཞྭ་ལུ་ུབ་དང་)ས་སྐྱ་ཕྱོགས་ཀྱི་ བཤེས་གཉེན་དམ་པ་མང་པོ་དང༌། རྒྱུད་ཆེན་དཀོན་མཆོག་རྒྱ་མཚོ། རྒྱུད་པ་བ་སངས་རྒྱས་ རྒྱ་མཚོ། སེ་ར་སྟོད་མའི་སློབ་དཔོན་མཁོན་སྟོན་དཔལ་འབྱོར་ལྷུན་གྲུབ། མཁས་པ་བྱམས་ པ་རིན་ཆེན། རབ་འབྱམས་པ་བསོད་ནམས་གྲགས་པ་སོགས་དགེ་ལུགས་ཕྱོགས་ཀྱི་མཁས་ པ་མང་པོ་དང༌། བྱང་གཏེར་བ་ཡོལ་མོ་སྤྲུལ་སྐུ་ནམ་མཁའ་བརྒྱ་བྱིན་(སྐུ་གོང་འོག་སྐྱིད་སྦུག་མངའ་ བདག་སྐུ་སྐྱེས་རིན་པོ་ཆེ་གནས་རྙིང་བ་རྗེ་དྲུང་ཀུན་དགའ་ཡེ་ཤེས་རྒྱ་མཚོ་རི་ནང་སྔགས་འཆང་རིན་པོ་ཆེ་རྡོ་རྗེ་འཛིན་པའི་དབང་ ཕྱུག་)དགེ་སློང་ཡེ་ཤེས་དབང་པོ་སོགས་སྔགས་རྙིང་ཕྱོགས་ཀྱི་རྡོ་རྗེ་འཛིན་པ་མང་པོ་དང༌། སྤྲུལ་སྐུ་སངས་རྒྱས་རྒྱ་མཚོ། བླ་ཆེན་(ཀུན་དགའ་)ཡེ་ཤེས་རྒྱ་མཚོ། རྒྱལ་ཚབ་རིན་ཆེན་རྒྱ་མཚོ། ཉེ་གནས་གྲགས་པ་དཔལ་བཟང༌།(འཇམ་དབྱངས་ཚུལ་བཟང་བ། མཁན་ཆེན་ལུང་རིགས་པ། མངའ་རུ་སྨོན་ཐང་ མཁན་ཆེན། གཙང་པ་ཀུན་དགའ་བསྟན་པའི་རྒྱལ་མཚན། དགེ་སློང་སྙི ང་པོ་མཐའ་ཡས། བྱམས་པ་ཡོན་ཏན་མགོན་པོ༑ རྗེ་དྲུང་ ཀུན་དགའ་བསོད་ནམས། མར་ཡུལ་བདག་པོ་ཆོས་རྗེ་ཡེ་ཤེས་དབང་ཕྱུག བསྟན་འཛིན་ཉི་ཟླ་བཟང་པོའི་ཡང་སྤྲུལ་སློབ་དཔོན་ བཀྲ་ཤིས་ཕུན་ཚོགས་དང༌། བླ་མ་ཀུན་དགའ་བཟང་ལྡན་པ། སློབ་དཔོན་ཀུན་དགའ་ཆོས་བསམ་པ་)རྗེ་ཀུན་དགའ་ དབང་མོ། མཁས་གྲུབ་བློ་གྲོས་རྣམ་རྒྱལ། ཁམས་འཛམ་ཐང་ཕྱོགས་ཀྱིས་སོག་པོ་བླ་མ་ སངས་རྒྱས་དཔལ།(རྙིག་རྗེ་)ཀ་བཞི་རྒྱལ་མཚན་སེང་གེའི་སྐུ་སྐྱེས།(རིན་པོ་ཆེ་)ཆོས་རྗེའི་རྒྱལ་བ་ སེང་གེའི་སྐུ་སྐྱེས་(གསུམ་པ་)བོན་རེ་ཤིང་དུ་འཁྲུངས་པ།(ཨ་རྒེ་སྐུ་སྐྱེས་རིན་པོ་ཆེ་གཉིས་པ་)ཀ་གཞི་པའི་ དབོན་(པོ་གཉིས་སོག་རིགས་པ་)ཀུན་དགའ་བཀྲ་ཤིས།(ཁམས་པ་བརྡ་དུ་སྐུ་སྐྱེས། ཁམས་པ་ཁྲོམ་ཚུགས་སྐུ་སྐྱེས་ དང༌། རག་ཁྲོམ་བླ་མ་ཤེས་རབ་ཆོས་འཕེལ། འགུ་ལོག་སྡོམ་རྩ་དབོན་པོ། རྒང་བ་དབོན་པོ་འཛམ་ཐང་ནང་སོ་ཀུན་དགའ་རིན་ ཆེན་ཞབས་དང༌། ཨ་མདོ་བ། དབོན་ཀུན་དགའ་)ལྷུན་གྲུབ་པ་སོགས་རང་ལུགས་འཛིན་པའི་སྐྱེས་ཆེན་ དམ་པ་མཐའ་ཡས་པ་དང༌། གཞན་ཡང་གྲགས་པ་ཅན་གྱི་སྐྱེས་བུ་དམ་པ་(སྐྱེད་ཚལ་འོག ༡ཆོས་རྗེ་ སློབ་དཔོན་གྲུབ་ཐོབ་པ། ༢གསང་ཕུ་སློབ་དཔོན་རྒྱལ་མཚན་འོད་ཟེར། ༣ལྕང་ར་སློབ་དཔོན་ཨཱརྱ་པ། ༤ངམ་རིང་སློབ་དཔོན་ 6-1-169 བྱམས་པ་བཀྲ་ཤིས། ༥གྲྭ་ཚང་ཆེན་མོའི་སློབ་དཔོན་ཚུལ་ཁྲིམས་པ། ༦བཟང་ལྡན་དགོན་སློབ་དཔོན་བཀྲ་ཤིས་དབང་ཕྱུག་) དགེ་བཤེས་ཤཱཀྱ ་བསྟན་འཛིན། དགེ་བཤེས་ཤཱཀྱ ་བློ་གྲོས་དང༌། (༡ བྲག་དམར་མཁན་ཆེན། ༢མཁན་ཆེན་རིན་པོ་ཆེན་ཤཱཀྱ ་རིན་དབང༌། ༣ཆོས་འཁོར་ལྷུན་པོའི་མཁན་བྱམས་པ་རྡོ་རྗེ་ མཆན། ༤ཡོལ་མཁན་ཆེན་བྱམས་ པ་བློ་གྲོས། ༥ངམ་རིང་མཁན་ཆེན་ཚུལ་ཁྲིམས་པ། ༡ཐོག་ཁ་རབ་འབྱམས་པ་བཀྲ་ཤིས་ཕུན་ཚོགས། ༢ཀོང་པོ་རབ་འབྱམས་པ་ བྱམས་པ་དཀོན་མཆོག ༣ཁམས་པ་རབ་འབྱམས་པ་བློ་གྲོས་བསྟན་འཛིན། ༤བསམ་ཡས་རབ་འབྱམས་པ་སྟོན་པ་གྲགས་པ། ༥རབ་འབྱམས་པ་ཏཱེ་བ། ༦དགེ་བཤེས་ནོར་བུ་དཔལ་བཟང༌། ༧ཆོས་རྗེ་ཕྱ་བ་བཀའ་བཅུ་པ། ༨གསེར་གླིང་བཀའ་བཅུ་ཡེ་ཤེས་ རྒྱལ་མཚན། ༩རབ་འབྱམས་པ་ཀོང་ཕྲུག ༡༠རབ་འབྱམས་པ་སྦྱིན་པ། ༡༡ཤངས་བ་རབ་འབྱམས་པ་དཀོན་མཆོག་དཔལ་ བཟང༌། ༡༢རབ་འབྱམས་པ་རྒྱལ་མཚན་འོད་ཟེར་)མདོ་སྟོད་དགེ་བཤེས་བློ་གྲོས་དཔལ་བཟང་སོགས་ གོང་སྨོས་ཀྱི་ཆོས་ལུགས་གང་ཡང་རུང་བའི་ཕྱོགས་འཛིན་པའི་བསྟན་པའི་རྩ་ལག་རླབས་ ཆེན་གྱི་མཛད་པ་ཅན་ཡང་མང་ལ། བསྟན་པའི་སྦྱིན་བདག་ཀྱང༌། རིང་ནས་གུས་འདུད་ཞུ་བ་ རྒྱ་གར་རྒྱལ་པོ་(བ་ལ་བྷ་དྲ་)དང༌། ཉིད་ཞལ་མཇལ་ཏེ་བྱིན་རླབས་ཐོབ་པ་སོག་པོའི་རྒྱལ་པོ་ གོང་སྨོས་བཞིན་དང༌། བོད་ལྗོ ངས་འདིར་ཡར་འབྲོག་ཁྲི་དཔོན་བསྟན་འཛིན་མི་འགྱུར་ དབང་གི་རྒྱལ་པོ།(ཡབ་སྲས་) བྱང་བདག་(དཔལ་)བཀྲ་ཤིས་སྟོབས་རྒྱས།(མགོན་པད་མའི་བརྒྱུད་འཛིན་ གསང་བ་གཏེར་ཆེན་བདག་པོ་འདི་རྗེ་ཉིད་ཀྱི་ཞལ་སློབ་དང་བསྟན་བདག་ཡིན་)དེ་སྲས་ངག་གི་དབང་པོ་བླ་མའི་ དྲུང༌།(བྱང་བ་སྡེ་སྲིད་)ནམ་མཁའ་རྒྱལ་མཚན།(གཙང་སྟོད་རྒྱལ་པོ། ཞིང་ཤག་པ་ཀརྨ་ཚེ་བརྟན་རྡོ་རྗེ། སྡེ་བ་ཀུན་ སྤང་དྲུང་ཀརྨ་དོན་དམ་ཡང་དག་འཕགས་)རིན་སྤུངས་འཇིགས་མེད་གྲགས་པ་ཡབ་སྲས།(རིན་སྤུངས་སྡེ་བ་ འཇམ་དབྱངས་གྲགས་པ་དང་ཟླ་བ་བཟང་པོ་)གཏིང་སྐྱེས་སྡེ་བ་མ་ཆེན་དྲུང་(ས་སྐྱོང་ངག་དབང་རྣམ་རྒྱལ་དང༌། བསོད་ནམས་རྒྱལ་མཚན་ཡབ་སྲས་)གཙང་སྡེ་བ་ཀརྨ་བསྟན་སྲུང༌། སྐུ་འབྲིང་བ་མཐུ་སྟོབས་རྣམ་རྒྱལ། བོད་ཁྲི་སྐོར་བཅུ་གསུམ་གྱི་མངའ་བདག་ས་ཆེན་སྐྱོང་བའི་ཆོ༷ས་རྒྱ༷ལ་སྡེ༷་སྲི༷ད་ཕུ༷ན་ཚོ༷གས་ རྣ༷མ་རྒྱ༷ལ། རྗེ་ཉིད་ལ་ས་དབང་གིས་ཁམས་གསུམ་ཆོས་ཀྱི་རྒྱལ་པོའི་འཇའ་ས་གཡངས་ 6-1-170 ཁྲེའུའི་གཡང་ཊིའི་དམ་ཁ་བཅས་ཀྱིས་ཆོས་ཀྱི་བླ་མར་མངའ་གསོལ་མཛད། དེ་སྲས་ཀུ༷ན་དག༷འ་ ར༷བ་བརྟ༷ན་དབ༷ང་གི༷་རྒྱ༷ལ་པོ༷་(འམ་གཙང་བ་ཀརྨ་བསྟན་སྐྱོང་དབང་པོ་ཡབ་སྲས་)ཡར་རྒྱབ་དཔོན་སྡེ་བ་ ཀྲ་ལྔའི་དྲུང་(ཡབ་སྲས་)རྒྱལ་རྩེ་མ་ཆེན་བདག་པོའི་དྲུང་(ཡབ་སྲས་) ཧོར་དཔོན་ས་སྐྱོང་དང༌།(གཙང་ པ་བ་དོལ་བྱུང་བ་ཡབ་སྲས། གང་དཀར་གང་མ་ཞབས་དྲུང་ངག་དབང་གྲགས་པ་ཡབ་སྲས་དབུས་དོལ་མདའ་བ་སྡེ་བ་ཁུ་ དབོན། ཤུན་ཞབས་དྲུང་རིན་པོ་ཆེའི་གཉོས་ཆེན་ཞབས་དྲུང་ལྷ་རིན་པོ་ཆེའི་ཁུ་དབོན་)སྡེ་བ་དགའ་ལྡན་པ་གཡུལ་ རྒྱལ་ནོར་བུ། སྣེ འུ་གདོང་ཞབས་དྲུང་གདུང་བརྒྱུད་པ་སོགས་ཆོས་བཞིན་སྐྱོང་བའི་མི་དབང་ རྗེ་ཉིད་ཀྱི་སྐུ་ཐོག་དང་མཉམ་ཚད་ཀྱིས་ཞབས་ལ་གཏུགས་ཤིང་བསྟན་པའི་སྦྱིན་བདག་བྱས། དེ་ཀུན་ལ་དགའ་འདུན་བསླུ་ཐབས་གང་ཡང་མ་བྱས་པར་ཁོང་ཚོ་དམ་པའི་ཡོན་ཏན་གྱིས་ དབང་མེད་ཡིད་འཕྲོག་ཏེ་རང་ཤུགས་ངང་གིས་སྦྱིན་བདག་ཏུ་འདུས་པ་ཤ་སྟག་གོ ། སྨྲས་པ། གང་ཐུགས་མཁྱེན་བཟང་ཤེལ་དཀར་ཁམས་ལས་གྲུབ། ། ཟབ་ཆོས་དགེ་མཚན་བསིལ་ཟེར་འབུམ་དཀྲི གས་པས། ། སྐལ་བཟང་ཀུ་མུད་ཆོས་བློ་འདབ་རྒྱས་གཉེན། ། མཁས་མང་རྒྱུ་སྐར་ཕལ་གྱིས་འགྲན་བཟོད་མིན། ། ༈ གསུམ་པ་ཐ་མར་བརྗོད་བྱ་གཙོ་བོ་གཟུགས་སྐུའི་མཛད་པ་ཆོས་དབྱིངས་སུ་ལེགས་ བསྡུ་མཛད་ཚུལ་ནི། དགྱེས་རྡོར་གྱི་རྒྱུད་ལས། ང་ནི་མྱ་ངན་ཡོངས་མི་འདའ། །ང་ནི་རྡོ་རྗེ་ལྟ་ བུའི་སྐུ། །དུས་རྣམ་ཀུན་ཏུ་ང་འདུག་སྟེ། །བྱིས་པ་རྣམས་ལ་འཕོ་བར་བསྟན། །ཞེས་གསུངས་ པ་ལྟར་རྗེ་བླ་མ་ཁྱབ་བདག་མཚུངས་མེད་གང་ཉིད་དོན་དམ་པར་ན་དཔལ་འཁོར་ལོ་སྡོམ་པ་ ཡེ་ཤེས་སྒྱུ་མའི་སྐུའི་ངོ་བོར་ཆེས་དཔག་མེད་ཀྱི་བསྐལ་པའི་སྔོན་ནས་གྱུར་ཟིན་པ་ལ་བསམ་ ན་མྱ་ངན་ལས་འདའ་བ་མེད་ཅིང་ཟུང་འཇུག་བདེ་བ་ཆེན་པོའི་ངོ་བོ་འཇིག་མེད་རྡོ་རྗེའི་སྐུ་ 6-1-171 དུས་དང་རྣམ་པ་ཐམས་ཅད་དུ་ཀུན་ཁྱབ་རྟག་པའི་རང་བཞིན་ཡིན་མོད། འོན་ཀྱང་གདུལ་ བྱ་སོ་སྐྱེས་གང་དག་གི་སྣང་ངོ་ཙམ་དུ་མྱ་ངན་ལས་འདའ་བའི་འཕོ་ཚུལ་མཛད་པ་སྟེ། དེ་ཡང་ དགོས་པ་གང་གི་ཕྱིར་ན། གསེར་འོད་དམ་པ་ལས། སངས་རྒྱས་མྱ་ངན་ཡོངས་མི་འདའ། །ཆོས་ཀྱང་ནུབ་པར་མི་འགྱུར་རོ། །སེམས་ཅན་ཡོངས་སུ་སྨིན་མཛད་ཕྱིར། །ཡོངས་སུ་ུ མྱ་ངན་འདའ་བར་སྟོན། །ཞེས་པ་ལྟར་རྫོགས་སངས་རྒྱས་རྣམས་དོན་ལ་འདའ་བ་དང་དེའི་ ཆོས་ནུབ་པ་མེད་ཀྱང་སེམས་ཅན་རྣམས་རྣམ་དཀར་བསོད་ནམས་ལ་ཉེ་བར་བསྐུལ་ནས་ རིམ་གྱིས་རྒྱུད་སྨིན་པར་བྱེད་པའི་དོན་དུ་དེ་འདྲའི་རྣམ་པ་ཙམ་ཐབས་ཚུལ་དུ་བསྟན་པ་ལྟར་ རང་རེའི་རྗེ་བླ་མ་གང་གི་མཛད་པ་ཡང་དེ་འདྲ་ཁོ་ན་ལྟར་དུ་གནས་པ་གོར་མ་ཆག་ཅིང་དེ་ ལྟ་བུའི་མཛད་པ་སྐབས་འདིར་མདོ་ཙམ་བརྗོད་པ་ལ་གསུམ་སྟེ། གཟུགས་སྐུ་ལེགས་བསྡུ་ ལ་ཉེ་བ་དང༌། ལེགས་བསྡུ་དངོས་ཀྱི་མཛད་པ་དང༌། ལེགས་པར་བསྡུ་རྗེས་ཀྱི་རིམ་པ་དང་ གསུམ་ལས། དང་པོ་གཟུགས་སྐུ་ལེགས་བསྡུ་ལ་ཉེ་བའི་མཛད་པ་ནི། རྗེ་གང་ཉིད་དགུང་ གྲངས་ལྔ་བཅུ་ང་གསུམ་བཞིའི་བསྐོར་ནས་བཟུང་བར་སྐབས་བར་སྐབས་སུ་ཉེ་བའི་གདུལ་ བྱ་རྣམས་ལ་རང་རང་དང་འཚམས་པར་ཟབ་ཆོས་སྣ་ཚོགས་དང་སྤྱིར་ཆོས་ཀྱི་ཡིན་ལུགས་ འདྲ་མིན་མང་པོ་གསུངས་ཤིང་ཁྱད་པར་ཟབ་མོའི་དོན་གྱི་ཚུལ་རྡོ་རྗེའི་ཉམས་མགུར་དང་ སྦྲེལ་ནས་ཚིག་ལྷུག་པས་ཆེས་གསལ་བརྗོད་གནང་བ། སྨྲས་པ། ཆོས་ཀྱི་སྒོ་ཆེན་བརྒྱ་ཕྱེ་ནས། །རྣམ་པར་གྲོལ་བའི་ཁང་བཟང་དེར། །བདག་ གཞན་མཐའ་དག་འཇུག་བྱེད་པ། །འདི་ཀོ་ངོ་མཚར་ཅིས་མི་ཆེ། །བསོད་ནམས་ཡེ་ཤེས་རྒྱུ་ ཚོགས་ནི། །མཐའ་ཡས་ཀུན་གྱི་རྒྱབ་དཔུང་ཡིན། །ཞིང་མཆོག་རྡོ་རྗེ་ཡན་ལག་མར། །བླ་ན་ མེད་པའི་རྒྱུད་ལས་གསུངས། །ཤེས་བྱ་ཀུན་གྱི་དེ་བཞིན་ཉིད་གང་ཡིན། །ལྷན་ཅིག་སྐྱེས་པ་ འགྱུར་མེད་ཅེས་བྱ་བའང༌། །ཐོབ་འགྱུར་ཐབས་ནི་ཚོགས་གསུམ་ལས་གཞན་མེད། །དེ་ཕྱིར་ 6-1-172 འདི་ལ་ངས་ཀྱང་འབད་པར་བྱས། ། ཇི་སྐད་དུ། བསམ་པ་གང་དང་གང་གིས་ནི། །མི་རྣམས་ཡིད་ནི་ཡང་དག་སྦྱོར། །དེ་དེའི་ རང་བཞིན་འགྱུར་ལྷ་མོ། །སྣ་ཚོགས་གཟུགས་ཅན་ནོར་བུ་བཞིན། །ཅེས་གསུངས་པ་ལྟར། གང་དང་གང་བསྒོམས་པ་དེ་དང་དེ་གསལ་བར་སྣང་བའི་ཚུལ་ནི་ལོས་ཡིན། དང་པོ་ངས་ གནས་ལུགས་ཕྱག་རྒྱ་ཆེན་པོར་གྲགས་པ་རང་རྐང་དུ་བཙུགས་ནས། གཞན་རྣམས་ཆ་ལག་ ཏུ་ཁྱེར་ཕྱིན་པའི་སྐབས། སྟོང་པ་ཁོ་ནས་ཡུལ་དུས་ཐམས་ཅད་ཁྱབ་པར་བརྡལ་བ་ལ། རྩལ་ ཐམས་ཅད་མ་འགགས་པར་འཆར་བ་གཅིག་བྱུང་སྟེ། ཟུང་འཇུག་ཡིན་སྙམ་ཡང༌། རྩལ་ དེ་ཐམས་ཅད་སྟོང་པ་དེ་ཀ་ལས་མ་འདས་པས། སྟོང་རྐྱང་དེ་ཀར་འདུག ཕྱིས་འབྱུང་ཟུང་ འཇུག་གི་ལམ་རྡོ་རྗེའི་རྣལ་འབྱོར་ལ་གཞུང་བསྲིངས་པས། སྔར་གྱི་རྩལ་མ་འགགས་བྱ་བའི་ རྩལ་ཐམས་ཅད་ཀུན་རྫོབ་ཀྱི་སྣང་ཆར་མྱོང༌། དེ་ཙམ་ལ་རག་མ་ལས་པའི་སྟོང་པ་དེ་མཐར་ གཏུགས་ན་བདེ་བར་འདུག བདེ་བ་དེ་ཡེ་ཤེས་རྣམ་པ་མཐའ་ཡས་པར་རང་ཤར། ཤར་ཙམ་ ཉིད་ནས་ཀུན་རྫོབ་གཟུང་འཛིན་གྱི་དྲི་མས་མ་གོས་པ་ཞིག་འདུག་པ་དེ་ཉམས་སུ་ནི་མྱོང། ཐེ་ ཚོམ་ནི་ཆོད། ངེས་ཤེས་ནི་སྐྱེས། དེ་ཙ་ན་གཞན་མཁས་པ་ཡིན། གྲུབ་པ་ཡིན། བྱང་སེམས་ ཡིན། སངས་རྒྱས་ཡིན། འཕགས་པ་ཡིན་ཟེར་ཡང་ཟེར། ཡིན་ཡིན་འདྲ་མདོག་ཁ་མོ་ཡང་ ཡོད་པ། ནམ་མཁའ་ཁེངས་པ་བྱུང་ནས། བློ་གཞན་དུ་བསྒྱུར་ཀྱང་མི་འགྱུར་བའི་གདེང་ ཞིག་ཐོབ། མངོན་སུམ་དུ་རྟོགས་པའི་ཏ་རེ་བ་མེད་དེ། །རྗེས་མཐུན་ཉམས་སུ་མྱོང་བ་ལྟར་ ཡིན་པར་ཁས་ལེན། གནས་སྐབས་འདི་དག་ཏུ་ཡང༌། སེམས་གསལ་རིག་བདེ་བའི་ཉམས་ མྱོང་འདི། །གནས་ཕྱོགས་ཆ་མེད་པ་མཁའ་ལ་ཡས། །དུས་རྟག་ཏུ་འཕོ་འགྱུར་ཡེ་ནས་སངས། །དོན་ཅང་མེད་མ་ཡིན་བདེ་བར་མྱོང༌། །དེ་རིག་ཀྱང་མྱོང་བྱ་མྱོང་བྱེད་བྲལ། །གཞན་སྡུག་ བསྔལ་དང་ཟུག་རྔུའི་མིང་ཡང་སྟོར། །འཕྲལ་དགའ་བདེ་སྲེད་ཞེན་དབྱིངས་སུ་ཞི། །ལར་ 6-1-173 བཏང་སྙོ མས་མ་ཡིན་ཁོང་ནས་བདེ། །ནང་འཁོར་ལོ་དྲུག་གི་གཞལ་ཡས་ནས། །ཁམས་ འབྱུང་ལྔ་དག་པའི་ཡེ་ཤེས་མེ། །དབྱིངས་སྟོང་པའི་དབུས་སུ་འབར་བ་ལས། །ལུས་ལྷན་སྐྱེས་ སུ་འགྱུར་བ་འདི་རྒོ ད་རེ་བྲོ། །ཁོ་ཐོགས་མེད་སེམས་ཀྱི་ཆོ་འཕྲུལ་ལས། །ཕྱི་གདོས་བཅས་ཀྱི་ སྣང་བ་གང་འདོད་དུ་བསྒྱུར། །གནད་རྡོ་རྗེ་ལུས་ཀྱི་བྱེད་བཅིངས་ལས། །དོན་གནས་ལུགས་ མཐར་ཐུག་རྟོགས་པ་འདི། །ལུས་ངག་ཡིད་རྡོ་རྗེ་རོ་མཉམ་ཞེས། །རྒྱུད་ཀུན་ལས་གསུངས་ པའི་སྒྲུབ་བྱེད་ཡིན། །རྩ་རེ་རེ་དག་པའི་ཆོ་འཕྲུལ་ལ། །ཕྱོགས་རབ་འབྱམས་དག་པའི་སྣང་ བས་འགེངས། །མཐུ་མངོན་ཤེས་སོགས་ཡོན་ཏན་ལ་ཟད་པ་མེད། །ཚིག་རྟོག་གེ་མཁན་ པོ་ཚོ་སྙི ང་རེ་རྗེ། །ཞེས་སོ། །དེ་ལྟར་སྨོས་པ་དེ་དག་རྗེས་མཐུན་པ་ཙམ་ལོས་ཡིན། ཤིན་ཏུ་ གསལ་བར་སྣང་བ་ནི་ཤར་བའང་ལགས་ཏེ། ལན་ཅིག་བྱུང་ནས་ཉམས་རྒྱུ་ཡང་མི་འདུག་གོ །འདི་ཐུགས་རྡོ་རྗེའི་རིམ་པའི་གཟུགས་བརྙན་ཙམ་དུ་གདའ་ལགས། ཞེས་དང༌། གཞན་ཡང་ ཟབ་དོན་སྒོམ་ཚུལ་ཞལ་གདམས་ཀྱིས་གསུངས་པ། སྤྱིར་འདུས་བྱས་ཀྱི་དགེ་བ་རྣམ་པ་དུ་ུ མ་ཡོད། སྙི ང་རྗེ་ཆེན་པོ་བྱང་ཆུབ་ཀྱི་སེམས་དང༌། བདག་མེད་དང༌། སྤྲོས་བྲལ་གྱི་ལྟ་བས་ ཟིན་ན་ཐམས་ཅད་སངས་རྒྱས་ཐོབ་པའི་རྒྱུ་བླ་ན་མེད་པར་འདུག གསུམ་པོ་དེས་མ་ཟིན། ཐར་འདོད་ཀྱིས་ཀྱང་མ་ཟིན་ན། སྦྱིན་པ་རྒྱ་ཆེན་པོ་བཏང་ཡང༌། བྱང་ཆུབ་གསུམ་གྱི་རྒྱུར་མ་ ངེས། ཚུལ་ཁྲིམས་བསྲུངས་ཀྱང་འཇིགས་སྐྱོབ་བམ་ལེགས་སྨོན་དུ་འགྲོ་བས་དེ་དང་འདྲ། ཏིང་ངེ་འཛིན་འཇིག་རྟེན་པ་དང༌། མངོན་ཤེས་ཐན་ཐུན་ཡོད་ཀྱང་མུ་སྟེགས་ཅན་གྱི་དཔེས་ མཚོན། སོ་སོ་སྐྱེ་བོས་བྱས་པའི་གཞུང་ལུགས་དང༌། སྒྲ་སོགས་ཕྱིའི་རིག་གནས་ལ་བསླབས་ ཀྱང་དེ་དག་འདྲ་རུང་ལས་ཀྱང་ཁྱེར་ཁ་ཆུང༌། རྩ་རླུང་བྱེད་ཟེར་ནས་སྣ་བུག་ཤ་ཤུ་འབུད་ཅིང༌། འཁྲུལ་འཁོར་ཐག་ཐིག་འདྲ་རྒྱབ་ཀྱང་འཁོར་བའི་རྒྱུ་ཀ་ཡིན། ལས་འབྲས་ཀྱི་བླང་དོར་མ་ ནོར་བ་ཞིག་ལ་གཞི་བྱས་ནས། ངེས་འབྱུང་བྱང་སེམས་སྟོང་ཉིད་གསུམ་གྱི་སྐྱ་བར་ནས་བྱེད་ 6-1-174 ན་ནི། དེ་ཐམས་ཅད་ངོ་མཚར་ཆེ༑ གཞན་ནི་འདོད་པའི་ཁམས་སུ་འཁོར་བ་ཁོ་ནར་གདའ། བསམ་གཏན་དང༌། གཟུགས་མེད་དང༌། ཉན་ཐོས་དང༌། རང་སངས་རྒྱས་ཀྱི་ལམ་སོགས་ དུས་དེང་སང་བཤད་པ་ཙམ་མ་གཏོགས་མཐའ་ཕྱི་རྡོས་བརྡུང་སར་སླེབ་མི་འོང་བས་རེ་ཞིག་ ཆ་ལ་ཞོག རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་དང༌། མི་འགྱུར་བའི་བདེ་བ་ཟུང་འཇུག་གི་ལམ་ གྱིས། ཆོས་དབྱིངས་བདེ་གཤེགས་སྙི ང་པོ་ལ། གཉིས་མེད་རོ་མཉམ་དུ་ཅངས་འཇུས་ཐུབ་ ན། དེ་ལ་འདུས་མ་བྱས་ཀྱི་དགེ་བ་ཟེར་བ་ཡིན། དེ་ཡོང་བའི་ཐབས་ཐུན་མོང་མ་ཡིན་པ་ཚོ་ ལའང་འདུས་མ་བྱས་པའི་དགེ་བའི་མིང་འདོགས་པ་ཡིན། སྡིག་སྤོང་དགེ་བ་སྒྲུབ་པ་ཞིག་ནི་ ལོས་དགོས། ཕྱག་རྒྱ་ཆེན་པོའི་ངང་ནས་མི་ཆུང་གཅིག་སོང༌། གཉིས་ཀྱང་ཐལ། ད་དུང་ བཏང་གི་ཟེར་བ་དེ་འདྲ་དམྱལ་བའི་འགྲམ་རྡོ་རང་ལགས་མོད། དེ་མིན་ངེས་འབྱུང་སོགས་ གཞན་གྲོགས་སུ་ཡོད་ན་དཔལ་ཡིན། མེད་ཀྱང་འདུས་མ་བྱས་ཟུང་འཇུག་གི་དགེ་བ་ལ་ ཐམས་ཅད་ཚང་བས། ཁོ་གཅིག་ཆོག་རྒྱལ་པོ་གནམ་ལྕགས་ཐོག་དང་འདྲ། སེང་གེ་རལ་ པ་ཅན་ལ་གཅན་གཟན་གཞན་གྱི་གྲོགས་ཡོད་ཀྱང་བཟང་སྟེ། མེད་ཀྱང་རང་གཅིག་པུས་ མི་ཕྱུགས་ཐམས་ཅད་འདེད་ཐུབ་པ་ཡིན། དཔའ་བོ་སྟོང་ཐུབ་དེ་ལ་ལ་འགྲོ་ན་རང་གཅིག་ པུས་ཆོམ་རྐུན་ཐམས་ཅད་འཇོམས། གྲོགས་ཟླ་བོ་བྱུང་ན་ཕར་གྲོགས་ཀྱི་འཇིགས་པ་སྐྱོབ་པ་ ཡིན། ཁོ་ལ་འཇིགས་པ་སྐྱོབ་མཁན་མི་དགོས། ཟུང་འཇུག་ཆེན་པོའི་ལམ་འདི་བསྒོམས་ན། འདུས་བྱས་ཀྱི་དགེ་བའང་འདུས་མ་བྱས་པའི་དགེ་བར་གནས་འགྱུར་བ་ཡིན། མཐར་ཐུག་ གི་ཆོས་འདི་ཡར་ལ་ཆོད་འགྲན་ཟླ་གང་ཡོད། གཞན་སངས་རྒྱས་བྱང་སེམས་ཀྱི་སྐུ་གཟུགས་ བཞེངས་པ། སངས་རྒྱས་དང་འཕགས་མཆོག་རྣམས་ཀྱི་བཀའི་གླེགས་བམ་འབྲི་བ། ཆོས་ སྐུའི་མཆོད་རྟེན་བཞེངས་པ། མདོ་རྒྱུད་དང་ཐེག་ཆེན་འཕགས་པའི་གསུང་ལ་ཐོས་བསམ་ བྱེད་པ། ཡི་དམ་གྱི་ལྷ་སྒོམ་པ། གཟུངས་སྔགས་ཟབ་མོ་བཟླ་བ། ཐ་ན་དེ་བཞིན་གཤེགས་ 6-1-175 པའི་སྐུ་གཟུགས་སོགས་ལ་བལྟས་ཤིང་ཕྱག་མཆོད་བྱེད་པ་རྣམས་ཀྱང་འདུས་བྱས་ཀྱི་དགེ་ བ་ཏ་ཡིན། ཆེ་ཆུང་གང་བྱེད་ཀྱང༌། དེ་བཞིན་གཤེགས་པ་ཉིད་དང་ཆོས་ཀྱི་སྐུ་ུལ་དམིགས་ པ་ཡིན་པའི་ཕྱིར། ངེས་འབྱུང་སྙི ང་རྗེ་སྟོང་ཉིད་སོགས་ཀྱིས་ཟིན་ན་ཨ་ཅང་ཆེ། མ་ཟིན་ཀྱང་ དུས་ལན་གཅིག་མི་རིང་བར་རྫོགས་པའི་སངས་རྒྱས་ཐོབ་པའི་རྒྱུ་གྲུང་པོ་འཆུག་པ་མེད་པ་དེ་ ཡིན། མུ་སྟེགས་བྱེད་ཚོ་ཡང་བྱེད་པ་པོ་པ་ར་མེ་ཤྭ་རའི་སྐུ་གཟུགས་ཤིག་བཞེངས་ན། བསོད་ ནམས་སྟོང་ཕྲག་བཅུ་ཐོབ་ཟེར་ན། སངས་རྒྱས་བྱང་སེམས་ཀྱི་རྟེན་གསུམ་བཞེངས་པ་ཡོན་ ཏན་མཐའ་ཅི་ཡོད། ཁོང་མུ་སྟེགས་པའི་གྲྭ་པ་ཕལ་བ་ཚོ་ཡང༌། དད་པ་དེ་ཙམ་དུ་ཡོད་ན། རང་རེ་བོད་ཀྱི་ནང་པའི་དགེ་བཤེས་ཚོ་ལའང་ཁ་བཤད་ཁོ་ན་མ་གཏོགས་ལག་ལེན་དུ་དད་ པ་བཙལ་ཡང་མི་རྙེད་པ་འདི་འདྲ་ཡི་རེ་མུག་ན། དཀོན་མཆོག་སྤྱི་ལ་དད་པ་ཡེ་མེད་ན། ཤ་ ཁྲག་དང་བཤང་གཅིས་གང་བའི་མི་གཅིག་རྫོང་རྫོང་བྱས་བཞག་ཐལ་མོ་སྦྱར་སྦྱར། མིག་ བཙུམ་བཙུམ། མཆུ་སྨེག་སྨེག་བྱེད་པ་སྐད་བྱེད་པ་ནི་རྫུན་པོ་ཆེ་གཅིག་གིས་མི་གཅིག་མགོ་ སྐོ ར། མི་གཅིག་མགོ་འཁོར་བས་ཡོངས་མགོ་འཁོར་ཟེར་བ་དེ་ཡིན། གསང་སྔགས་རྡོ་རྗེ་ ཐེག་པའི་དབང་རྒྱུད་མན་ངག་གི་བཀའ་དྲིན་ཐོབ་པ་ཡིན་ན་ནི་མ་གཏོགས་སོ། །ཞེས་སོགས་ སྙིང་པོའི་དོན་ཟབ་གནད་མཐའ་དག་གི་དོན་གཅིག་དྲིལ་ཡིན་ཚུལ་དང་ལྟ་གྲུབ་ཐ་དད་ལ་ རང་ཕྱོགས་སྒྲུབ་པའི་གཏན་ཚིགས་གཞན་ཕྱོགས་ལ་སུན་འབྱིན་གྱི་ཐལ་འགྱུར་སྒྲ་སྙན་ངག་ སོགས་རིག་གནས་འབའ་ཞིག་ལ་རྒྱ་བསྐྱེད་པ་ལས་རང་རྒྱུད་ལ་སྦྱར་ནས་ལག་ལེན་མི་བྱེད་ པ་ལ་ཐུགས་ཤིན་ཏུ་མི་མགུ་བའི་ཚུལ་རྒྱ་ཆེར་གསུངས་ཤིང༌། དགུང་གྲངས་ང་བརྒྱད་སྐོ ར་ དུ་ཁོང་གིས་རང་ཚུལ་བརྗོད་པའི་གསུང་ཟུར་གྱིས་རང་དོན་མཐར་ཕྱིན་གཞན་དོན་རེ་ཞིག་ ལྗོ ངས་འདིར་གདུལ་བྱ་རྫོགས་ལ་ཉེ་ཚུལ་ཞལ་གསུང་གནང་བ། ང་ཏཱ་ར་ནཱ་ཐ་སྐྲ་སྤར་གང་ ནི་དཔལ་སྟག་ལུང་པ་ལ་བཅད། ཆོས་ནི་ཕྱོགས་མེད་དུ་ཞུས། སེམས་ངོ་ནི་རྟོགས་ལྡན་ 6-1-176 ལྷ་དབང་གྲགས་པས་སྤྲད། བཀའ་བརྒྱུད་རྟོགས་ལྡན་པ་གང་ཅིག་ཡིན་པ་འདུག་ཟེར་ན་ནི་ གཞོགས་གཅིག་ནས་འདྲ་རུང་ཡིན། ལུང་བསྟན་ནི་བྱམས་པ་མགོན་པོས་མཛད། ལྟ་བ་ནི་ དོལ་པོ་པའི་ལུགས་སྐྱོང༌། ཆོས་སྐད་ནི་རྒྱ་གར་གྲུབ་ཐོབ་ཀྱི་རྗེས་སུ་འབྲང༌། ཆོས་ལུགས་སུ་ ཡིན་དང༌། སུའི་གྲྭ་ཡིན་དེ་ང་ཤེས་པར་གདའ་འམ། བླ་མའི་བྱིན་རླབས་ནི་ཞུགས། མདོ་རྒྱུད་ ཀྱི་དོན་ནི་ཤེས། དམ་སྡོམ་ནི་དག གནས་ལུགས་ནི་རྟོགས། ཡི་དམ་ནི་མཇལ། མཁའ་ འགྲོ་ནི་འདུ། བཀའ་བསྲུང་ནི་བྲན་དུ་འཁོལ། སྐལ་ལྡན་ནི་རྗེས་སུ་འཛིན། རང་རྒྱུད་གྲོལ། གཞན་དོན་ནི་ལྷུན་གྱིས་གྲུབ་པ་ཞིག་ཡིན། ཞེས་སོགས་གནས་ཚུལ་མང་པོ་སྔར་ལས་ལྷག་ པ་གསུངས་སོ། ། སྨྲས་པ། ཀུན་གཟིགས་འགྲོ་ཕན་ཕུལ་ཕྱིན་རླབས་ཆེ་བ། ། དུ་མ་ཅིག་ཆར་སྣང་བའི་མཛད་བཟང་གིས། ། མཐའ་ཡས་སྐྱེ་དགུའི་རེ་ཀུན་སྐོ ང་བའི་སླད། ། འཇམ་མགོན་མཛད་ཆེན་གཏིང་མཐའ་སུ་ཡིས་དཔོག ། གཉིས་པ་ཉིད་ཀྱི་གཟུགས་སྐུ་ལེགས་པར་བསྡུ་བ་དངོས་ཀྱི་མཛད་ཚུལ་ནི། དེ་ལྟར་རྗེ་ བཙུན་རིན་པོ་ཆེ་གང་ཉིད་ཐོག་མར་ཤིང་ཕག་ལོར་སྐུ་འཁྲུངས་པ་ནས་བཟུང་དགུང་གྲངས་ ང་དགུའི་མཐའ་བར་ཡན་གྱི་ཚུར་མཐོང་བློ་ཡིས་དཔོག་ནུས་ཙམ་གྱི་གསང་གསུམ་གྱི་ཆེ་བ་ ཞིབ་རྒྱས་གང་གིས་ཞལ་སྔ་ནས་རྣམ་ཐར་ཆེན་མོ་སོགས་སུ་གསུངས་པས་ཆེས་གསལ་ནའང་ འདིར་ཁྱད་འཕགས་ཀྱི་མཛད་པ་ཆེ་ལོང་ཙམ་དད་པའི་དམིགས་རྐྱེན་འཕྲོས་དོན་གྱི་ཚུལ་ གོང་དུ་མདོ་ཙམ་བཀོད་ནས་སྐབས་སུ་བབ་པའི་བརྗོད་བྱ་ཡང་ཉིད་དགུང་གྲངས་ང་དགུ་ སྐོར་ལ་ཁོང་གིས་ཡུན་རིང་དུ་མི་བཞུགས་པའི་ཚུལ་བྱས་ཏེ་རྗེས་འཇུག་བུ་སློབ་སོགས་ལ་ 6-1-177 རང་ཚུལ་གྱི་ཡིན་ལུགས་གསུང་གནང་མཛད་བཞིན་སློབ་སྟོན་དོན་གྱི་རང་ཤུགས་ལ་འོང་ བར་བྱས་པ་ཡང་འདི་ལྟ་སྟེ། ངས་ནི་གཞོན་དུས་ནས་སྐྱིད་སྐྱིད་མོ་མ་བྱས། སྡུག་ཁུར་ཆེན་པོ་ བྱས་པ་ཅིག་ཀ་ཡིན། བླ་མ་གོང་མའི་སྟབས་ཀྱི་མིང་སྒྲ་ཆེ་ཙམ་མ་གཏོགས་པ་འཛིན་ནི་ཕྲན་ ཚེགས་ཀྱང་མེད། གཡོག་རིགས་ཧུར་པོ་ནི་གཅིག་ཀྱང་མེད། མང་པོ་ཡང་མེད། གྲྭ་རིགས་ ཡོན་བདག་གིས་ཆས་ཁ་འབལ་འབོལ་དུ་སྐྱེལ་བ་ཡང་མེད། དེ་ནས་དགོན་གནས་འདྲ་ལ་ སྲེད་པ་ཕྲན་ཚེགས་བྱས་ཀྱང་རང་ལོ་ཉེར་གསུམ་ཡན་ཆད། ཡོན་བདག་གི་སར་ཡལ་ཡུལ་ ཕྱིན་པའི་སྐབས་མ་གཏོགས། རང་གི་དགོན་པར་བསྡད་ནས་ཐུགས་དམ་མམ་སློབ་གཉེར་ བྱེད་པའི་སྐབས་ཀུན་ཏུ། ལོངས་སྤྱོད་ཇ་གཉིས་གསུམ་རེ་སྐོ ལ། དེ་མིན་ལྟོ་རྒྱ་རི་མའི་རྩོལ་ བའང་བྱེད་ཀྱིན་མེད། ཟ་ཚད་འཐུང་ཚད་ཀྱི་རེ་བ་ལྟ་ག་ལ་ཞིག ཐུགས་དམ་བྱེད་དུས་ནམ་ གུང་ཅུང་ཟད་མ་གཏོགས་སྲོད་ཐོར་གཉིད་སྲུང་བའི་ཕྱིར། ཐོག་སྟེང་ངམ་ཕྱི་རུ་འཐོན་ནས་ དགེ་སྦྱོར་བྱེད། སློབ་གཉེར་བྱེད་དུས་ཀྱང་མཚན་བཟང་དཔེ་ཆ་བཤོར་བའང་བྱས། དགུན་ ཀ་ཡང་སྲོད་ཐོར་ཕྱི་རུ་ཐོན་པ་དང༌། སོས་ཀ་ཉིན་གུང་ཚད་པས་གདུངས་པ་ཡང་ཁྱད་དུ་ གསོད་དགོས། ཞོགས་རྒྱུགས་འཛིན་པ་ཀུན་ཡང༌། སྐ་ཚགས་བཅིངས་ནམ་ཟི་ནས་ཕྱི་ལ་ཐོན་ ནས་འཛིན་པ་མ་གཏོགས། མལ་སར་སྤུག་དྷིར་དྷིར་བྱེད་མ་མྱོང༌། བླ་མ་སློབ་དཔོན་རྣམས་ རང་རེ་ལ་བརྩེ་བའི་རང་བཞིན་ཐུགས་སུ་བཅུག་པ་ཡིན་ཀྱང༌། རང་རེའི་སྐྱོན་སེལ་ཞིང་ཆོས་ སྤྱོད་སྟངས་སུ་འཇུག་པའི་ཕྱིར། རྟག་ཏུ་བཀའ་བཀྱོན་པ་དང༌། སྐབས་སྐབས་སུ་ཕྱག་འཇུག་ ཀྱང་ཡོང་སྟེ་ཡོང་བ་དེ་ཀུན་ཀྱང་བཟོད་ཅིང་ཐེག་པ་ཙམ་དུ་མ་ཟད་ཤིན་ཏུ་ཐུགས་མད་ཅིང༌། རང་ལ་སྐུ་དྲིན་ཆེ་བར་ཤེས་པ་ཞིག་དེ་དུས་ནས་གདོག ཅེས་དང༌། གཞན་ཡང་སྐུ་ཚེ་སྨད་ཀྱི་ མཛད་པ་གང་བྱས་དང་དད་ཟས་གང་འདུ་མཐའ་དག་རྣམ་དཀར་དགེ་ཕྱོགས་ཁོ་ན་ལས་དོན་ མེད་དུ་མ་སོང་ཚུལ་སོགས་ཞིབ་རྒྱས་སུ་ཞལ་གསུང་གནང༌། དེ་ནས་རེ་ཞིག་ཁམས་བསྙུང་ 6-1-178 སྐབས་ལ་ཁོང་གི་ཞལ་ནས་ད་སྐབས་འདུན་པ་བཏང་ནས་ཨོ་ཊྱ་ཎ་ལ་ཕྱིན་ན་སྐྱིད་པོ་རང་ གཅིག་ཡོང་རྒྱུར་འདུག་གསུངས། དེ་དུས་སུ་ཕྱག་མཛོད་པས་བཞུགས་ཞུས་ནན་ཆེས་བྱས་ ནས་རེབ་ཙམ་ལ་སྐུ་ཚེ་བསྲིང་ནས་བཞུགས་ཚུལ་མཛད། དེ་ནས་མི་རིང་བར་ཕྱག་མཛོད་ ཀུན་དགའ་དཔལ་བཟང་སྐུ་གཤེགས་ནས་དགོངས་རྫོགས་རྒྱ་ཆེར་བསྒྲུབས་ཏེ་ཀུན་གྲོས་ འཆམས་པར་ཁོང་གི་སྐུ་དབོན་ཀུན་དགའ་བསྟན་པ་(ར་བ་ཀུན་དགའ་བསྟན་པ་)ཕྱག་མཛོད་དུ་ བསྐོ ་བཞག་བྱས། དེ་རྗེས་དགུང་གྲངས་ང་དགུའི་མཐའམ་དྲུག་ཅུར་སོན་ཙམ་ལ་སྐུ་ཚེ་ཐ་ མར་ཐུགས་དགོངས་ཞིང་གཞན་དུ་གཏད་པ་ལ་ཉེ་བས་འཆི་བ་ལ་མི་འཚེར་བའི་རྒྱུ་མཚན་ གསུངས་པ། གཞན་ཡང་ཉོན་ཅིག བདག་འཆི་བ་ལ་མི་འཚེར་བའི་རྒྱུ་མཚན་གྱི་གཙོ་བོ་ ནི། བླ་མ་དམ་པའི་ཆོས་དང་དབྱེར་མེད་རོ་གཅིག་ཏུ་གྱུར་པ་དེ་རྣམས་ཀྱི་སྐུ་དྲིན་ལས། སེམས་གནས་ཀྱང་རུང༌། འགྱུ་ཡང་རུང༌། དགེ་བའི་རྣམ་ཆ་ཤར་ཡང་རུང༌། ཉོན་མོངས་པའི་ རྣམ་ཆ་ཤར་ཡང་རུང༌། ལུང་མ་བསྟན་གྱི་རྣམ་ཆ་ཤར་ཡང་རུང༌། བདེ་བར་ཤར་ཡང་རུང༌། སྡུག་བསྔལ་དུ་ཤར་ཡང་རུང༌། རང་ཤར་རང་གྲོལ་རང་འགྲོས་ལ་བཟོ་བཅོས་མེད་པ་འདི་ཀ དལ་བྲེལ་དང་སྒྲིམ་མ་སྒྲིམས་ལ་མ་ལྟོ ས་པ་ཞིག་རྩོལ་མེད་དུ་འཁྱོངས་ཙམ་གདོག་གོ །འཆི་ བ་ཞེས་བྱ་རྣམ་རྟོག་སྟེ་ཞེས་གསུངས་པ་ལ། རིག་ཐོག་མྱོང་ཐོག་ནས་བློ་ཁ་ཕྱོགས་ཙམ་ཡོང་ བ་འདི་རྒྱུ་མཚན་དང་པོ་ཡིན། ཡང་བླ་མའི་སྐུ་དྲིན་ལས། ད་ལྟ་གཉིད་འཐུག་པོའི་དུས་དང༌། སད་དུས་སུ་ཡང་རྣམ་རྟོག་རགས་པ་འགགས་པའི་སྐབས་དེར་རླུང་ཕྲ་རགས་ཐིམ་པའི་བདེ་ སྟོང་གི་འོད་གསལ་རང་ངོ་འཕྲོད་ཙམ་ནམ་དགོས་སུ་གདོག་ཅིང༌། སྤྱིར་བདག་ལ་སྙི ང་རྗེའི་ སྒོམ་ཅུང་ཟད་འཆར་དཀའ་བ་དང༌། ཕྱིས་ཀྱང་རྩལ་ཆེ་ཤོས་རང་མི་ཡོང་འདུག་ཀྱང༌། སྐབས་འདི་དག་ཏུ་མ་རྟོགས་རྨོངས་པའི་འགྲོ་ལ་སྙིང་རྗེ་ཅུང་ཟད་རང་ཤར་བས་བསྐུལ་ནས། སད་དུས་དང་རྨི་ལམ་དུ་ལྷ་སྐུ་སྣང་སྟོང་རང་ཤར། དེ་ཉིད་ཤར་ཙམ་ཉིད་ནས་རང་གྲོལ་དུ་ 6-1-179 འདུག་པ་ལ་མྱོང་ཐོག་ནས་བློ་ཁ་ཅུང་ཟད་ཕྱོགས་པས། ཐབས་ཀྱི་སྒོ་ནས་ཀྱང་འཆི་བ་དང་ བར་དོ་ལམ་དུ་འཁྱེར་ཐུབ་ཙམ་གདོག་པས། བློ་བདེ་བ་འདི་རྒྱུ་མཚན་གཉིས་པ་ཡིན། ཡང་ བདག་གིས་ཆོས་པ་ལ་ཡོང་བར་མི་འོས་པའི་སྡིག་པ་རྔམས་ཆེ་བ་བྱས་པ་ནི་ཡེ་མི་དྲན་མ་དྲན་ ཀྱང་བག་མེད་པའི་བསགས་པ་ནི་ཡོད་སྲིད། ཚེ་འདིར་སྡིག་པ་ཕྲ་མོ་བསགས་པ་རྣམས་དང༌། ཚེ་རབས་སྔ་མའི་ཉེས་པ་ཐམས་ཅད་ཐབས་ཀྱི་ཆ་ནས་སྟོབས་བཞི་ཚང་བའི་བཤགས་པ་ འཕྲལ་འཕྲལ་བྱས། ཤེས་རབ་ཀྱི་ཕྱོགས་ནས། དྲང་པོར་འདུག་ལ་ཡང་དག་ལྟོ ས། །དེ་ནི་ འགྱོད་ཚང་མཆོག་ཡིན་ནོ། །ཅེས་པའི་དོན་ལ་ཅངས་འཇུས་སུ་བྱས་པ་ལགས་ཤེས་བཞིན་དུ་ ཆོས་སྤོང་གི་ལས་དང༌། སྐྱེས་བུ་དམ་པ་ལ་སྐུར་བ་འདེབས་པ་ནི་སྒྲིམས་ཏེ་སྤངས་པས་བྱས་ པ་ནི་མི་དྲན་དེས་ན་མ་གུས་པའི་ཉེས་པ་ནི་ཆེར་མེད། མེད་པའི་ཁུངས་ཡིན། ཡང་དག་པའི་ ཆོས་ཡིན་པར་མ་ཤེས་པ་དང༌། སྐྱེས་བུ་དམ་པ་ཡིན་པར་མ་ཤེས་ནས། མི་ཤེས་པའི་རྒྱུ་ཅན་ གྱིས་སྡིག་བསགས་པ་ནི་མང་པོ་ཀ་ཡོད་རིགས་སུ་འདུག སྨྲ་བ་ལ་དགའ་ཞིང་བག་མེད་ པའི་སྐྱོན་གྱིས། ཀུ་རེ་དང་ཀྱལ་ཀ་སོགས་ཀྱིས་སྡིག་བསགས་པ་ནི་མང་པོ་རང་ཡོང་བར་ འདུག དེ་དག་ཀྱང་སྙི ང་ཐག་པ་ནས་མ་ཡིན། བློ་སྐྱོན་མེད་པས་ཅུང་ཟད་དྲག་ཟེར་ནི་དགོས་ ཏེ། ལར་སྡིག་པ་ཆུང་ཆུང་གི་ཚད་ནི་མིན་པར་འདུག སྤྱིར་བདག་ལྟ་བུས་སྡིག་པ་མ་བྱས། ཉེས་ལྟུང་མེད་ཟེར་བ་བྱས་ན། གཞན་ལ་རྫུན་དང་མགོ་སྐོ ར་ཁ་ཚ་ལམ་ལམ་པ་ཡིན་པར་ འདུག དེ་ལྟ་ན་ཡང་གཉེན་པོ་བསྒོམས་པས་ཁུར་ཡང་བ་རེ་འཕྲལ་འཕྲལ་བྱས་གདོག་པ་འདི་ ནི་རྒྱུ་མཚན་གསུམ་པ་ཡིན། ཡང་བདག་ལ་ཁེང་དྲེགས་དང་ཆོས་བརྒྱད་མགོ་མ་སྙོ མས་པ་ དང༌། རང་འདོད་དང༌། རང་སྟོས་ཀྱི་བློ་ཤུགས་དྲག་ཤོས་ཟུར་རིང་པོ་རང་མེད་ཀྱང༌། སྤྱིར་ རྣམ་རྟོག་དེ་དག་གི་དཀྱིལ་ན་ཉལ་བ་ལགས་མོད། འོན་ཀྱང་འདི་ན་མང་པོ་ཞིག་རྣམ་རྟོག་སོ་ སོ་ཐ་དད་པ་འདི་ལྟར་འཆར་ཏེ། ངས་ནི་ཆོས་མང་པོ་མ་ཐོས་མང་པོ་མ་ཤེས། གཞན་འདི་ 6-1-180 དང་འདི་ལྟ་བུས་ནི་མང་པོ་ཐོས་པ་དང༌། མང་དུ་ཤེས་འདུག་སྙམ་བློ་ཁ་མ་རྫོགས་པར་འཆི་ བ་དང༌། ཡང་ངས་ཆོས་མང་པོ་ཤེས་ཀྱང་ཞུ་མཁན་མ་བྱུང༌། ཤོད་རྒྱུ་མ་བྱུང་སྙམ་བློ་མ་ཁེངས་ པ་དང༌། ཡང་ཆོས་ཤེས་ཀྱང་སྒོམ་རྒྱུ་མ་བྱུང་སྙམ་འགྱོད་པ་དང༌། ཡང་གཞན་དག་རང་གི་ སྤྱོད་པ་ལ་རང་འགྱོད་པ་དང༌། འགའ་ཞིག་ངས་ཆོས་ཤེས། སྒྲུབ་པ་བྱས། བྱིན་རླབས་ཀྱང་ ཡོད་དེ་འགྲོ་དོན་མ་བྱུང་སྙམ་པ་དང༌། ཡང་འགའ་ཞིག་ང་ཆོས་པ་བཟང་པོ་ཡིན་པ་ལ། མི་ མཐོང་མ་བྱུང༌། སློབ་མ་མ་འདུས། ཡོན་བདག་མ་འཛོམས། རྙེད་བཀུར་མ་བྱུང༌། གྲགས་པ་ མ་ཐོན་སྙམ་ཡིད་མ་རངས་པ་དང༌། ལོག་པ་ངན་པ་ཁ་ཅིག་ནི། ནོར་མ་བསོགས། དགྲ་མ་ ཐུལ། གཉེན་མ་འཁྱོངས། བུ་སྨད་དང༌། གཡོག་རིགས་མགོ་མ་ཐོན་སྙམ། ཡི་མུག་པ་དང༌། ཡང་དེ་འདྲར་གྱུར་གྱི་དོགས་ནས་འདི་དང་འདི་ལྟ་བུ་མ་བྱུང་བ་ལ་ང་ཤི་བ་བས་ཡོང་བ་མེད་ ཟེར་བ་དང༌། ཡང་ང་ལ་ལོངས་སྤྱོད་ཡོད་པ་ལ་ལག་རྗེས་མ་བྱུང༌། རྟེན་གསུམ་མ་བཞེངས། དགེ་འདུན་མ་མཆོད། ང་མ་ཤི་ན་ག་གེ་མོ་ཞིག་བྱེད་དགོས་པ་འདུག་ཟེར། སྔར་འཛིན་ཆགས་ འབའ་ཞིག་བྱས་པའི་གནོང་ལངས་པ་དང༌། ཡང་འགའ་ཞིག་སྐྱིད་ཙ་ན་འབྲེལ་མེད་ཀྱི་བྱ་ བས་དུས་འདས། གཏུགས་ཐུག་ཙ་ན། ད་རེས་མ་ཤི་ན་ཆོས་ཅིག་རང་བྱེད་པ་ཡིན་ཏེ། སྒོམ་ ཅིག་རང་བྱེད་པ་ཡིན་ཏེ་ཟེར་ཞིང༌། ཙབ་ཙོབ་ལངས་པ་དང༌། ཡང་ཁ་ཅིག་ཤུལ་ན། འཁོར་ ལུས་འགྲོ་བར་འདུག གཉེན་ཚན་ལུས་འགྲོ་བར་འདུག བུ་ཚ་བུ་སྨད་ལུས་འགྲོ་བར་འདུག གྲྭ་པ་འདི་རྣམས་ཅི་འདྲས་འོང༌། ནོར་རྫས་འདི་རྣམས་སུས་རང་འཁྱེར། ང་མེད་ན་ག་གེ་མོ་ དང་ཆེ་གེ་མོ་འདི་གནས་སྐབས་ཅི་འདྲར་འགྱུར་ཞེས། ཤུལ་ལ་ཆགས་པར་འདུག་སྟེ། དེ་དག་ ལ་སོགས་པ་འཆི་བ་ལ་འཚེར་བའི་རྣམ་རྟོག་རིགས་མི་གཅིག་པ་མང༌། ལོག་ལྟ་ཅན་ཁ་ཅིག་ ནི། ད་ལྟ་མིག་གིས་བལྟ། རྣ་བས་ཉན། འདོད་ཡོན་ལ་སྤྱོད་པ་ཡིན་ཡང༌། ཤི་ན་དེ་མེད་སྙམ་ ནས། ང་ད་ལྟ་རང་མི་འཆི་ལས་ཆེ། དེ་འདྲ་མི་སྲིད་ལས་ཆེ་ཟེར་བ་དང༌། དེ་བཞིན་དུ་ཁ་ཅིག་ 6-1-181 ང་གཞོན་པ་ལ་འཆི་དགོས་པ་ཨང༌། ལོངས་སྤྱོད་མ་བྱས། སྐྱིད་པོ་མ་བྱས་པར་འཆི་དགོས་ པ་ཨང་ཟེར་བ་སོགས། མི་ཤེས་རྨོངས་པའི་བློ་རིགས་ལ་ཚད་གཟུང་དུ་ག་ལ་ཡོད། ཁོ་བོ་ ཅག་ནི། ལུགས་གཉིས་དང་འབྲེལ་བའི་བཟང་བཟང་མོ་དང༌། འཆོར་འཆོར་པོ་དང༌། རྔམ་ རྔམ་མོ་དང༌། མངོན་པར་མཐོ་མཐོ་མོ་ལ་ཤེས་འདོད་ཆེ་བ་ཙམ་མེད་པས། དེ་རྣམས་མ་བྱུང་ ཀྱང་སྐྱོག་པ་ཡོང་གིན་མེད། འོན་ཀྱང་རང་རེ་ལ་ལྟོ ས་ཚོད་ཀྱི། དེ་དག་ཕལ་ཆེར་བྱུང་ཡང་ བྱུང༌། བྱུང་བ་ཙམ་དུ་མ་ཟད་སྐྱུག་ལོག་ལོག་བྱུང་བས་བློ་ཁ་མ་ཚིམས་ཅིག་ཀྱང་མེད། དེ་ཡང་ ཆོས་མང་པོ་ཐོས་ཀྱང་ཐོས། ཤེས་ཀྱང་ཤེས། མ་ཤེས་མ་ཐོས་སྙམ་འགྱོད་དགོས་པ་མ་བྱུང༌། ཆོས་ཞུ་མཁན་ནི་ཞེ་ལོག་ལོག་ཁམས་གཤིས་ལངས་ལངས་ཀྱང་བྱུང༌། ཡུན་རིང་ལ་དར་དྲག་ པ་ཆོས་བཤད་ཀྱང་བཤད། རང་ཚོད་དང་མཐུན་པར་བསྒོམས་ཀྱང་བསྒོམས། ལྟ་བ་ཟབ་མོ་ དང་ནི་འཕྲད། འགྱོད་པ་མེད་པའི་སྤྱོད་པ་ནི་བྱས། སྐྱེ་བོ་མང་པོ་ལ་ཆོས་དང་ཟང་ཟིང་གིས་ ཕན་ནི་བཏགས། མདོ་ལས། ཕོ་ཤལ་བཀུར་བསྟིས་ཕུང་བར་འགྱུར་གསུངས་པ་ལྟར། མ་ བྱུང་ཡང་ཆོག་པའི་མི་མཐོང་དང༌། རྙེད་བཀུར་དང༌། གྲགས་པ་ཡང་ཆེ་ཚད་བྱུང༌། བྱུང་བ་ལ་ རློམ་སེམས་དང་དགའ་གྲགས་པའང་ཡེ་མེད། རང་རེས་ཕར་འཁྱོངས་ན་རབ་ལ་མི་འཁྱོངས་ པ་ཙམ་གྱི་སློབ་མ་དང༌། ཡོན་བདག་ཀྱང་བསྡུས། ལྷ་ཁང་དང་དགེ་འདུན་ལ་ཡང་མཆོད་པ་ བྱས། ལག་རྗེས་གནས་གཞི་ཡང་མང་དུ་ཐིངས། རྟེན་གསུམ་མང་པོའང་བཞེངས་ཟིན། ད་ ཅིག་ཅིག་བྱེད་དགོས་པ་ཡོད་དེ་ཞེས་བྱ་བ་འཕྲོ་ལུས་པ་ཡང་མེད། ཟས་ནོར་ལོངས་སྤྱོད་གྲྭ་ རིགས་ཡོན་བདག་སོགས་ལ་བསམ་ནས། འདི་ལ་དེ་འདྲ་ཅིག་དགོས་པ་ཡོད་དེ། ང་ཤི་ན་ཅི་ འདྲ་ཞེས་ཤུལ་དུ་འཕྲེང་དགོས་པ་ཅུང་ཟད་ཀྱང་མེད་པ་འདི་ནི་རྒྱུ་མཚན་བཞི་པ་ཡིན། ཡང་ ཤེས་ལྡན་འགའ་ཞིག་གར་སྐྱེའི་ངེས་པ་མེད་པ་འདི་ཁ་འཇིགས། ངན་སོང་དུ་སྐྱེ་ན་ཇི་ཙུག་ བྱེད། ལྷ་དང་མི་ཆོས་བྱེད་པ་ཞིག་ཏུ་ཨེ་སྐྱེ་སྟེ་བསམ་སྟེམ་ལོག་གེ་བྱེད་དེ། དེ་ཡང་བདེན་ཏེ་ 6-1-182 བདེན་པ་ཡིན། སྤྱང་ཡང་སྤྱང་པོ་ཡིན་པ་གདའ། འོན་ཀྱང་བདག་ནི་ཕང་ཚེ་ངན་ཀྱང་ལུང་ ཐག་བཟང་པས། ལས་ཉོན་གྱི་དབང་གིས་ངན་སོང་དུ་མི་ལྷུང་བ་ཙམ་ཁས་ལེན། དེར་མ་ ཟད་བཟང་སྨོན་ཅུང་ཟད་ཐེབས་པ་ཙམ་འདུག་པས། ཇི་སྐད་དུ། སྔོ ན་གྱི་གོམས་པ་དེ་ཡིས་ སླར་ཡང་ཡེ་ཤེས་རྣལ་འབྱོར་ཡངས་པ་དག་ནི་ཀུན་ཏུ་འཛིན་པ་དང༌། །ཞེས་གསུངས་པ་ལྟར། གོང་ནས་གོང་དུ་ཇེ་བཟང་ཇེ་བཟང་དུ་འགྲོ་བའི་གདེང་བག་ཙམ་ཡོད་པ་འདི་ནི་རྒྱུ་མཚན་ལྔ་ པ་ལགས་སོ། །ང་གཞན་དོན་དུ་ནི། སྡུག་བསྔལ་ཅན་གྱི་སེམས་ཅན་དང༌། ཆོས་ལ་འགོད་མི་ ཐུབ་པའི་དམུ་རྒོ ད་རྣམ་མཐོང་བས། སྔར་ཡང་འདོད་ཁ་མ་ཁེངས། ད་དུང་བསྐལ་པ་མཐའ་ ཡས་པ་འདོད་པ་མ་འགྲུབ་པ་དེ་ཀ་ལ་འགྲོ་བར་འདུག རང་དོན་དུ་ནི་འདོད་ཁ་མ་རྫོགས་པ་ གཅིག་ཀྱང་མེད་དེ། ཡིད་བདེ་འབའ་ཞིག་རྒྱུན་དུ་བརྟེན་བྱ་བ་དེ་ལགས་སོ། ། ཞེས་སོགས་བར་སྐབས་ཀུན་ཏུ་ཟབ་དོན་དང་ཞལ་ཆེམ་གྱི་ཚུལ་འདྲ་མིན་མང་པོ་ཡང་ ཡང་གསུང་གིན་འདུག ལོ་འདིའི་དུས་ཁྲིད་དང་ཆོས་ཞུ་མཁན་འགའ་ལ་ཟབ་བཀའ་ རེ་གནང་བ་མ་གཏོགས་གཙོ་བོར་ཐུགས་དམ་མཚམས་སྒྲུབ་ལ་མཛད་ཅིང༌། རྟེན་བཞེངས་ རྣམས་ཀྱི་འཕྲོ་ཡང་རིམ་གྱིས་གཙང་གྲུབ་བྱས་སོ། །དེ་ནས་དགུང་གྲངས་དྲུག་ཅུའི་མ་མཐའ་ ཙམ་ན་རྗེ་འཇམ་མགོན་བླ་མ་གང་གིས་རེ་ཞིག་ལྗོངས་འདིར་དངོས་ཀྱིས་གདུལ་བྱ་རྫོགས་ ནས་སྐུ་ཚེའི་འདུ་བྱེད་བཏང་སྟེ་ངེས་དོན་སྙིང་པོའི་ལུགས་བཟང་སྒྲུབ་བརྒྱུད་གཙོ་བོར་གྱུར་ པའི་བཤད་སྒྲུབ་ཟུང་འབྲེལ་གྱི་བསྟན་པ་དབང་ལུང་མན་ངག་ཡོངས་རྫོགས་དང་བཅས་ པ་ཉིད་འཇམ་དབྱངས་སྤྲུལ་སྐུ་སངས་རྒྱས་རྒྱ་མཚོ་ལ་གཏད་ནས་ཆོས་ཀྱི་དགོན་གཞི་རྟག་ བརྟན་དམ་ཆོས་གླིང་ངེས་དོན་དགའ་བའི་ཚལ་གྱི་གདན་ས་བར་བསྐོ་བཞག་གནང་སྟེ་རྗེ་ རིན་པོ་ཆེ་ཁོང་གི་རྒྱལ་ཚབ་ཏུ་མངའ་གསོལ་མཛད། དེ་ནས་ཆོས་ལུང་བྱང་རྩེའི་སྒྲུབ་སྡེ་བ་ རྣམས་ལ་སྐུ་ཚེ་ཐ་མའི་མཛད་པའི་ཟབ་བཀའ་རྒྱ་ཆེར་གནང་བཞིན་འདི་ངའི་ཆོས་ཀྱི་ཐ་མ་ 6-1-183 ཡིན་ཚུལ་གྱི་གསུང་ཟུར་དང་སྒྲུབ་སྡེ་དེ་ཀུན་ལ་བཀའ་ཆེམ་སྣ་ཚོགས་ཀྱི་རེ་བ་ཀུན་ནས་སྐོང་ བར་བྱས་སོ། ། དེ་རྗེས་སུ་དགུང་གྲངས་དྲུག་ཅུ་རྩ་གཅིག་ཤིང་ཕག་གི་ལོ་ལ་སླེབས་ཚེ་ལོ་དེའི་ཇོ་ནང་ གི་དུས་ཁྲིད་སྔོ ན་གྱི་ཕྱག་བཞེས་བཞིན་གནང་སྐབས་སུ། ཉིད་ཀྱི་བཀའ་གསུང་ལས། རང་ ནས་ད་ལོ་མ་གཏོགས་འདིར་ཆོས་འཆད་མི་དགོས་ཚུལ་དང༌། ད་ནི་རང་གི་བློ་བདེ་སྤྲུལ་སྐུ་ སངས་རྒྱས་རྒྱ་མཚོ་རིན་པོ་ཆེ་འདི་ནི་སྤྱིར་ན་ལུང་རྟོགས་ཀྱི་ཡོན་ཏན་ཆེས་བཟང་ཞིང་ཐུགས་ རབ་རྒྱ་ཆེ་བ་དང་སྤྱི་མང་ལ་མཐུན་པས་འདིར་གདན་སར་ལེགས་བཀོད་བྱས་ཟིན། ད་ནི་ རང་ཡང་ལོང་སྐབས་ཆེར་མི་འདུག་པས་གཞུང་ལུགས་རྩོམ་པ་སོགས་ཀྱང་སྐུལ་བ་པོའི་ངོ་ མ་ཆོག་པ་ཙམ་ལས་གང་ཡང་མི་བྱེད་པར་སྡོད་ན་དགའ་འམ་སྙམ་པ་ཡོད་ཅེས་གསུངས་ཤིང་ དེ་མིན་ཞལ་གདམས་ཟབ་བཀའ་དང་ཞལ་ཆེམས་སྣ་ཚོགས་པ་གསུངས། སྔར་ནས་ད་བར་ ཡན་རང་དང་གཙང་སྡེ་སྲིད་གཉིས་བློ་རྩེ་གཅིག་ཅིང་ཕན་ཚུན་སྒོ་གང་ཐད་ནས་ཆོས་སྲིད་ལ་ ཕན་པའི་ཁུར་ཐང་ཆེ་བ་འདི་ཁ་ལྟར་ཡིན་པས་ད་ནི་ཁོ་བོའི་བྱ་བ་མཐར་ཕྱིན་པ་ཡིན་ཕྱིར་ ཁུར་ཡང་དུ་སོང་ཞིང་ད་ལོ་མ་གཏོགས་དུས་ཁྲིད་ཀྱང་མ་བྱས་པས་ཡོང་འདུག ལྗོངས་འདིར་ རང་གི་ཆོས་ཀྱི་མཛད་པའི་ཐ་མ་ལ་སླེབས་པ་ཡིན་ཚུལ་སོགས་ཉིད་སྐུ་ཞིང་གཞན་དུ་ཐེག་ པ་ལ་ཉེ་ངེས་ཀྱི་གསུང་གནང་བྱུང་བས་དེ་སྐབས་ཀྱི་ཐུགས་སྲས་བུ་སློབ་ཡོངས་ཀྱི་རེ་འདུན་ ཆེ་བས་བཞུགས་ཞུས་གུས་འབུལ་བྱས་ཀྱང༌། ཁོང་གིས་སྒོ་གང་ཐད་ནས་ཞལ་བཞེས་མ་ གནང༌། དེ་ནས་ཞག་འགའ་ཞིག་ཏུ་ཉིད་བསྟན་འགྲོའི་བྱ་བ་རླབས་ཆེན་ཀུན་དང་ཐུན་མོང་ དུ་སྣང་བ་རྣམས་རེ་ཞིག་བཞག་སྟེ་ཐུགས་བག་ཡངས་ཀྱི་ཚུལ་མཛད་ནས་གཟིམས་ཁང་དུ་ཅི་ བདེར་བཞུགས་སྐབས་ཐུགས་སྲས་ཆེ་བ་རྗེ་བཙུན་ཕྲིན་ལས་དབང་མོ་སོགས་སློབ་བུ་མཆོག་ རྣམས་ནས་ཀྱང་སྒོས་སུ་བཞུགས་ཞུས་ཕུལ་ཀྱང་མ་གནང་བས་ད་མི་བཞུགས་པར་ཀུན་གྱིས་ 6-1-184 ཐུགས་ཐག་ཆོད་དེ་མྱ་ངན་བཟོད་དཀས་ཀུན་ནས་ཆེས་གདུང་བར་གྱུར་ཏེ་ཕྲིན་ལས་དབང་ མོ་སོགས་ཐུགས་སྲས་སློབ་ཆེན་དག་གིས་ད་ཕན་རང་རེའི་བསྟན་པ་དེ་འཛིན་སྦྱིན་བདག་ བཅས་ཀྱི་འཕེལ་འགྲིབ་ཇི་ལྟར་ལགས་ཀྱི་ཞུ་བ་ཕུལ་ཚེ། ཁོང་གི་བཀའ་ལས། འོ་ད་ཕན་མི་ རིང་བ་ནས་རང་རེའི་དགོན་གནས་འདི་ལ་དར་རྒུད་ཅུང་ཟད་འོང་འདུག ངེས་དོན་གྱི་བསྟན་ པ་འདི་ཡང་ཆེར་འཕེལ་དཀའ་ཡང་རང་བཞིན་གྱིས་ནི་དར་བར་འགྱུར་རོ། ། རྒྱལ་ཚབ་སྤྲུལ་སྐུ་སངས་རྒྱས་རྒྱ་མཚོ་ཡང་ཁོང་ཐུགས་རྒྱ་ཆེ་ཞིང་སྤྱི་མང་ལ་མཐུན་རུང༌། རྩེ་ནས་ཡུན་རིང་དགོངས་པ་མེད་འདུག་པས་རང་རེའི་བསྟན་པ་ལ་དེ་ལུགས་ལྟར་ལས་མི་ འོང་ཡང་རེ་ཞིག་ཀུན་མཐུན་གྱི་སྒོ་ནས་བསྐོ ་བཞག་བྱས་པ་ཡིན། ད་ཁོ་བོ་འདས་ནས་མི་ རིང་བར་ཟར་ཟིར་འོང་ཏེ་བོད་ཁམས་སོག་པོས་ཁྱབ་འགྲོ། རྐྱེན་དེས་གཙང་སྡེ་སྲིད་ཡང་ རྩེ་ལ་བཞུགས་རྒྱུ་མི་འོང༌། དེ་དུས་རང་རེའི་བསྟན་དགོན་སྡེ་བཅས་ལ་ཆག་གོད་རེ་འབྱུང་ ཡང་བསྟན་པ་རྒྱུན་མི་ཆད་པ་ཙམ་རེ་ནི་ད་དུང་ཡུན་ཅུང་རིང་རེ་འོང་ཆོག་ཚུལ་དང༌། རྒྱལ་ ཁམས་སྤྱིའི་འགྱུར་ལྡོག་ཡང་དུས་མཐར་སླེབས་ཏེ་ཕར་ཕར་བསྟན་འགྲོའི་བདེ་སྐྱིད་གནམ་ འཕང་གི་ཉི་ཟེར་བཞིན་དུ་འགྱུར་ཚུལ་ཞིབ་རྒྱས་བཀའ་ལུང་གིས་གསལ་བར་བསྟན་ཏོ། ། ཡང་དེའི་ཚེ་རྗེ་བཙུན་མ་(ཀུན་དགའ་འཕྲིན་ལས་དབང་མོ་)སོགས་སློབ་བུ་དག་གིས་སླར་ཡང་ ཞུ་བ། སྤྱིར་བསྟན་པ་དང་ཡང་སྒོས་ངེས་དོན་སྙི ང་པོའི་རང་ལུགས་ལ་དགོངས་ཏེ་སླར་སྐུ་སྐྱེ་ ཡང་འདི་རང་གི་བསྟན་པ་ལ་ཕན་པ་ཞིག་རང་ཐུགས་རྗེས་འཛིན་པར་ཞུས་ཚེ། ཉིད་ཀྱིས་ བཀའ་བསྩལ་པ། ཐམས་ཅད་བློ་རྩེ་གཅིག་པས་གསོལ་བ་འདེབས་ནུས་ཤིང་རྟེན་འབྲེལ་ བསྒྱུར་ཕྱོགས་ཤེས་ན་ད་དུང་ཡང་འདིའི་བསྟན་པ་ལ་ཕན་པའང་སྲིད། ཅེས་གསུངས་སོ། ། དེ་ནས་ཤིང་ཕག་གི་ཧོར་ཟླ་གསུམ་པ་ནག་པ་ཟླ་བ་ཚེས་སྐོར་དུ་མཁས་གྲུབ་བློ་གྲོས་ རྣམ་རྒྱལ་སོགས་ཐུགས་སློབ་ཉུང་བསྡུས་ལ་རྡོ་རྗེ་རྣལ་འབྱོར་མའི་བཀའ་དབང་གི་བྱིན་ 6-1-185 རླབས་ཞིག་བྱས་ཏེ་སྤྱིར་ན་བསྟན་འགྲོའི་དོན་ལ་སྒོ་གང་ཐད་ནས་བརྩོན་པ་ཆེར་བསྐྱེད་ དགོས་ཚུལ་དང་ཁྱད་པར་བློ་གྲོས་རྣམ་རྒྱལ་གྱི་སྤྱི་བོར་རྡོར་དྲིལ་བཞག་ནས་བསྟན་པ་དང་ འགྲོ་བའི་དོན་གྱི་བྱ་བ་གང་ལ་བརྩོན་འགྲུས་བསྐྱེད་པ་གལ་ཆེ་ཞིང༌། ལྷག་པར་གསང་མིང་ སོགས་མ་བརྗེད་དངོས་སུ་གསུངས་པའི་ཟུར་གྱིས་ཁམས་ཕྱོགས་ཡན་གྱི་བསྟན་འགྲོ་ལ་ཕན་ ཆེ་བར་དོན་གྱིས་ལུང་བསྟན་ནས་ཞག་འགའ་ཞིག་སོང་རྗེས་སུ་གདུལ་བྱ་འདིའི་ཐུན་མོང་ དུ་སྣང་བའི་མཛད་པ་རེ་ཞིག་བསྡུ་ཚུལ་གྱིས་ཁོང་གིས་ནང་ཡང་དག་འཇོག་ཁོ་ན་ལ་ཉེ་བར་ གནས་པས་དུས་ཉིན་མཚན་འཁོར་ཡུག་ཏུ་འདའ་བར་བྱས་ཏེ་མཉམ་རྗེས་ཆ་མི་མངོན་པའི་ ངང་དེ་ཀ་ནས་ཐུགས་དགོངས་རིམ་གྱིས་ཆོས་དབྱིངས་སུ་ཐིམ་པ་སྟེ། དེ་ཡང་(རབ་བྱུང་བཅུ་ གཅིག་པའི་ཉག་མ་དགུ་པ་ན་ཚོད་ལྡན་ཞེས་པ་ཤིང་མོ་ཕག་ལོའི་)ཟླ་བ་དེའི་ཉེར་བརྒྱད་ཀྱི་ཉིན་པར་རྗེ་བཙུན་ ཐམས་ཅད་མཁྱེན་པ་གང་ཉིད་དོན་གྱི་ཡིན་ལུགས་ལ་ཀུན་བཟང་ཧེ་རུ་ཀའི་ཐུགས་ཆོས་སྐུའི་ དབྱིངས་སུ་ཆ་ཤས་ཀྱི་སྤྲུལ་པ་བསྡུ་བ་ཙམ་ཡིན་ཀྱང་གཞན་སྣང་ངོར་ནི་བདེ་གཤེགས་སྨན་ པའི་རྒྱལ་པོའི་དག་ཞིང་དུ་གཞན་ཕན་རྒྱ་ཆེ་བའི་མཛད་སྒོའི་ཆེད་ལེགས་པར་ཕེབས་པའི་ ཚུལ་གྱིས་གཟུགས་སྐུ་མཆོག་གི་བཀོད་པ་རེ་ཞིག་ཆོས་དབྱིངས་སུ་ལེགས་པར་བསྡུ་བའི་ མཛད་བཟང་གིས་བྱིས་བློ་གང་དག་ཆོས་ལ་བསྐུལ་སླད་རྗེ་ཇོ་ནང་པ་ཆེན་པོ་གཉིས་པ་ལྟ་ བུའི་ངོ་མཚར་བའི་དགེ་མཚན་མཐའ་ཀླས་པ་དང་བཅས་ཉིད་སྐུ་ཞི་བར་གཤེགས་པའི་ཚུལ་ མཛད་དོ། ། དེ་ཡང་གདུལ་བྱ་འདི་ངོར་ཙམ་སྟེ་དོན་ལ་ནི་འོག་མིན་ཆོས་དབྱིངས་ཆེན་པོར་རང་སྣང་ གི་འཁོར་ལ་གཉིས་མེད་ཀྱི་མཛད་པ་དང༌། གནས་གཙང་སྟེང་གི་འོག་མིན་དུ་ས་བཅུའི་ སེམས་དཔའི་ཚོགས་ལ་ཐུགས་རྒྱུད་ཐ་དད་པའི་ཚུལ་དང༌། དག་མ་དག་གི་ཞིང་རྣམས་སུ་ གདུལ་བྱའི་ཁམས་དབང་དང་མཐུན་པའི་སྤྲུལ་བཀོད་དུས་ཅིག་ཆར་དུ་ནམ་ཡང་ཟད་པ་མི་ 6-1-186 མངའ་བས་ན་གསང་གསུམ་གྱི་མཛད་པ་ཆ་ཙམ་ཡང་ཇི་བཞིན་དཔོགས་ནུས་པ་སོ་སོའི་སྐྱེ་ བོའི་གནས་སྐབས་ན་གང་སུ་ཞིག་ཡོད། འོན་ཀྱང་སྔོ ན་བྱོན་ཀུན་བཟང་གྲུབ་དབང་(ཆོས་ ཀྱི་གྲགས་པ་)གིས་རྗེ་ཉིད་འཇམ་པའི་དབྱངས་སུ་ལུང་བསྟན་པ་ལྟར་ཁོང་གིས་ཀྱང༌། འཇམ་ དབྱངས་གཞོན་ནུ་མཁས་ཀུན་དགའ་བར་བྱེད་པ་དང༌། ཞེས་སོགས་ཀྱིས་ཞལ་བཞེས་ མཛད་པ་བཞིན་ཏེ་འཇམ་དཔལ་གཞོན་ནུ་ཀུན་དགའ་སྙིང་པོ་གང་ཉིད་ཀྱིས་མ་འོངས་པ་ན་ དུས་བཞི་ཕྱི་མའི་རྫོགས་ལྡན་ཤར་སྐབས་སུ་སྟོབས་ཀྱི་འཁོར་ལོའི་སྒྱུར་བ་ཆེན་པོ་རིགས་ ལྡན་དྲག་པོའི་སྐུར་བཞེངས་ཏེ་འཛམ་གླིང་ས་ཆེན་དུམ་བུ་བཅུ་གཉིས་ཀྱི་གཞི་ན་འཁོད་པའི་ སྔགས་ཀྱི་གདུལ་བྱ་སྐལ་བཟང་གང་དག་ཚེ་གཅིག་ལ་ཟུང་འཇུག་གི་གོ་འཕང་མཆོག་གི་ གནས་སུ་འགོད་པར་མཛད་པའི་དུས་སུ་རང་རེ་རྗེས་འཇུག་རྣམས་ཀྱང་ད་ལན་ཆོས་ཀྱིས་ འབྲེལ་སྟོབས་ཀྱིས་གང་གི་གདུལ་ཞིང་དེར་སྐྱེ་བ་ལ་གཞན་ལས་ཆེས་ལྷག་པ་ཙམ་དུ་འདུག་ ལ། དེ་ལྟར་གསང་གསུམ་གྱི་མཛད་པ་ཅིག་ཆར་དུས་གསུམ་དུ་མངོན་པར་རྒྱ་ཆེ་བའི་ཚུལ་ ལ་བྱིས་པའི་བློ་ཅན་ཁ་ཅིག་ཡིད་གཉིས་ཟ་ན་དེ་ལུགས་མི་རུང་སྟེ། ཁྱབ་བདག་བླ་མ་མཆོག་ ཉིད་སྔོན་གྱི་དུས་ནས་དཔལ་ཧེ་རུ་ཀ་ཀུན་བཟང་བདེ་མཆོག་འཁོར་ལོའི་བདེ་ཆེན་ཡེ་ཤེས་ ཆོས་སྐུ་དང་མི་གཉིས་པའི་ངོ་བོར་གྱུར་ཟིན་པས་མཐར་ཐུག་གི་གསང་བ་གསུམ་གྱི་ཡོན་ ཏན་ནི་ཆེས་བསམ་གྱིས་མི་ཁྱབ་པའི་ཕྱིར་རོ། །དེས་ན་གོང་དུ་བཤད་པ་བཞིན་རྔ་བོ་ཆེའི་ མདོར་ལུང་བསྟན་པ་ལྟར་ན་སྔོན་སྟོན་པའི་དུས་ཀྱི་ལི་ཙ་བཱི་འཇིག་རྟེན་ཀུན་གྱིས་མཐོང་ ན་དགའ་བ་དང་བྱང་སེམས་བློ་གྲོས་ཤིན་ཏུ་རྣམ་དག་གཉིས་ཀྱང་དུས་མཉམ་པའི་ཐུགས་ རྒྱུད་གཅིག་ཅིང་རྣམ་པ་ཐ་དད་པ་ཙམ་ཡིན་པ་ནི་དཔེར་ན་རྗེ་བཙུན་དང་སྐུ་ཐོག་མཉམ་པའི་ ཀརྨ་པ་དབང་ཕྱུག་རྡོ་རྗེ་དང་ཁོང་གཉིས་བཞིན་ཡིན་ལ། འདི་ལྟར་ན་རྗེ་དྭགས་པོའི་སྐུ་དུས་ ཀྱི་ཀརྨ་པ་དང༌། བྷ་རོམ་པ་གཉིས་ཀྱང་ཐུགས་རྒྱུད་གཅིག་ཚུལ་དེ་ལྟར་དུ་མངོན། དེ་ལྟ་ 6-1-187 བུའི་ཚུལ་གྱི་དུས་གསུམ་དང་འབྲེལ་བའི་གདུལ་བྱའི་ཁམས་དབང་དང་མཐུན་པའི་གསང་ གསུམ་གྱི་མཛད་བཟང་མཐས་ཀླས་པ་ཅིག་ཆར་བ་རིས་སུ་མ་ཆད་པར་དུས་དང་རྣམ་པ་ཀུན་ ཏུ་ཡོངས་སུ་མཉམ་པར་བརྡལ་བ་ནི་མཐར་ཐུག་ཆོས་སྐུ་མངའ་བརྙེས་པ་དག་གི་ངང་ཚུལ་ལོ། །སྨྲས་པ། ཆེར་སྙི གས་རྨོངས་པའི་མུན་ཁྲོད་དུ། ། མདོ་སྔགས་བསྟན་པ་གསལ་བྱེད་མཆོག ། ཀུན་བཟང་ཞིང་གི་ཉིན་བྱེད་དབང༌། ། རེ་ཞིག་ཤར་ཀྱང་སླར་ཡང་ནུབ། ། གསུམ་པ་ལེགས་པར་བསྡུ་རྗེས་ཀྱི་རིམ་པ་ནི། དེ་ལྟ་བུའི་རྗེ་བླ་མ་གང་ཉིད་ཐུགས་ དགོངས་དབྱིངས་སུ་ཞི་བར་གཟིམས་པའི་མོད་རྒྱལ་ཚབ་སྤྲུལ་སྐུ་སངས་རྒྱས་རྒྱ་མཚོ་སོགས་ ཐུགས་སྲས་བུ་ཆེན་དག་གིས་གཙོས་སློབ་འབངས་ཡོངས་དང་སྡེ་བདག་བཅས་ཀྱིས་ཡོངས་ ཀྱི་འདྲེན་པ་མདོ་སྔགས་བསྟན་པའི་ཉི་མ་གློ་བུར་ནུབ་པའི་མྱ་ངན་དང་ཁྱབ་བདག་བླ་མ་ ཐུགས་རྗེ་མཁའ་ལྟར་ཡངས་པ་ལ་རེ་འདུན་གུས་པ་མི་ཕྱེད་པས་ཆོས་གྲྭ་སོ་སོ་ནས་རྒྱུད་སྡེའི་ དཀྱིལ་འཁོར་མང་པོའི་ཞལ་ཕྱེས་ཏེ་དེ་དག་གི་གཙོ་བོ་དང་མི་གཉིས་པའི་ཚུལ་དུ་མཆོད་སྒྲུབ་ བདག་འཇུག་ལེན་པ་སོགས་ཀྱི་སྒོ་ནས་འདས་མཆོད་རྒྱ་ཆེ་བའི་བསོད་ནམས་བསགས་སྒོ་ ལེགས་སྒྲུབ་དང༌། མངའ་རིས་དབུས་གཙང་མདོ་ཁམས་ཡན་གྱི་དགོན་སྡེ་ཆོས་གྲྭ་སོ་སོ་ལ་ རྣམ་དཀར་ལེགས་བགྱིས་གཟབ་ལྡན་བསམ་མི་ཁྱབ་པ་བྱས་སོ། ། དེ་རྗེས་དཔལ་ལྡན་འབྲས་སྤུངས་རྩེར་མངོན་དགའ་གཟིགས་སྣང་གི་གཟིམས་ཁང་དུ་ སློབ་བུ་གྲྭ་ཚང་ཡོངས་དང་སྡེ་པ་སྦྱིན་བདག་བཅས་ཀྱིས་རྒྱུ་རིན་ཆེན་གཉིས་པ་དངུལ་ལས་ ལེགས་པར་བཞེངས་པའི་མཆོད་རྟེན་ཆེན་མོ་གསེར་གྱི་པ་ཊ་རིས་དང༌། རིན་པོ་ཆེ་སྣ་ཚོགས་ 6-1-188 པས་ཕྲ་རྒྱན་ཁྱད་མཚར་ཅན་ཐོག་ཚད་གསུམ་པར་མཐོ་ཁྱད་རྫོགས་པའི་བུམ་པའི་ནང་དུ་རྗེ་ ཐམས་ཅད་མཁྱེན་པའི་སྐུ་གདུང་ཡིད་བཞིན་གྱི་ནོར་བུ་ལྷར་བཅས་འགྲོ་བ་ཡོངས་ཀྱི་བསོད་ ནམས་ཀྱི་ཞིང་གཅིག་པུ་ཉིད་སྤོས་ཆུ་སོགས་དྲི་བཟང་པོས་ལེགས་པར་བྱི་དོར་བྱས་ཏེ་ལོངས་ སྤྱོད་རྫོགས་པའི་ཆེས་ཉེ་བར་གསོལ་བཞིན་ཁྱད་འཕགས་ཀྱི་བྱིན་རྟེན་མང་པོ་དང་བཅས་ ནང་གཞུག་རྟེན་གྱི་ཚུལ་དེ་སྤྱན་དྲངས་ཏེ་ལེགས་པར་བཞུགས་སུ་གསོལ་ནས་མཆོད་རྟེན་ གྱི་ཐོག་འཛམ་བུའི་གསེར་བཟང་གི་རྒྱ་ཕིབས་ལེགས་མཛེས་ཀྱི་བཀོད་པ་དང་བཅས་བསོད་ ནམས་ཞིང་མཆོག་དམ་པར་ཉེར་བསྐྲུན་མཛད། གཞན་ཡང་རྩེ་ཤོད་གཉིས་སུ་རྗེ་བཙུན་ཁོང་ གི་སྐུ་བརྙན་ཆོས་འཁོར་མ་དང༌། རྡོར་འཆང་མ་གཉིས་གསེར་ཟངས་ལས་བསྐྲུན་པ་ཐོག་ ཚད་རེ་རེ་དང༌། གསེར་ཟངས་ཀྱི་དུས་འཁོར་བློས་བསླང་ཆེན་མོ་སོགས་རྟེན་གསུམ་ཁྱད་ མཚར་ཅན་མང་པོ་ཡང་བཞེངས། དེ་དག་ལ་རང་རང་དང་འཚམ་པར་རབ་གནས་མཆོད་ འབུལ་རྒྱ་ཆེ་བ་རེ་རེ་བཅས་ཤིང༌། གསེར་མདོག་ཅན་དུ་ཤཱཀྱ ་བསྟན་འཛིན་པས་བཞེངས་ པའི་གསེར་གདུང་ཆེན་མོ་སོགས་དགོན་སྡེ་ཁག་སོ་སོར་ཡང་རྟེན་གསུམ་མང་པོ་བུ་སློབ་རང་ རང་གིས་བཞེངས་པ་ཆེས་མང་ངོ༌། ། དེ་ནས་རྗེ་བཙུན་ཉིད་ཀྱིས་ལུང་བསྟན་ལྟར་རྒྱལ་ཚབ་སྤྲུལ་སྐུ་སངས་རྒྱས་རྒྱ་མཚོ་ མི་རིང་བར་སྐུ་གཤེགས་སྟབས་རྒྱལ་ཚབ་གཉིས་པ་གདན་ས་བ་ཀུན་དགའ་རིན་ཆེན་རྒྱ་ མཚོས་མཛད་དེ་ལོ་བཅོ་ལྔ་ཙམ་ལ་རང་ལུགས་ཀྱི་བསྟན་པ་བསྐྱངས། དེ་རྗེས་ལོ་དྲུག་ཡས་ མས་ན་མཁས་གྲུབ་བློ་གྲོས་རྣམ་རྒྱལ་ཁམས་ཕྱོགས་སུ་བསྟན་འགྲོའི་དོན་དུ་ལོ་བཅུ་གཉིས་ ཙམ་ཕེབས་ནས་སླར་ཇོ་ནང་སྐྱིད་ཕུག་གི་གནས་སོགས་སུ་(ལོ་ལྔ་ཙམ་)མཚམས་སྒྲུབ་མཛད་ སྐབས་ཆུ་གླང་ལོའི་ཟླ་བ་དང་པོའི་ནང་ལ་སྐུ་གདུང་རང་གནས་སུ་བཞུགས་པར་མངོན་ཡང་ དེ་མཚམས་དུས་དབང་གིས་བསྐྱོད་པ་ཟླ་བ་བཞི་པའི་ནང་ཙམ་ནས་ཆོས་སྐྱོང་གུར་མགོན་ 6-1-189 གྱི་རྣམ་པས་ཞལ་གཟིགས་ཏེ་སྐུ་གདུང་རིན་པོ་ཆེ་ལ་ཞུགས་འབུལ་གྱི་དུས་སུ་སླེབས་པའི་ གསུང་འབྲུག་སྒྲ་ལྟར་བྱུང་བས་མི་ཞིག་གིས་གློ་བུར་སྐུ་གདུང་སྤྱན་དྲངས་ཏེ་བྱོན་པ་ལ་ཞུགས་ ཕུལ་བས་ཞག་ཞེ་དགུའི་བར་མེ་ཏོག་གི་ཆར་དང་འཇའ་འོད་སོགས་ངོ་མཚར་བའི་ལྟས་མང་ པོ་རྒྱུན་མ་ཆད་དོ། ། དེ་ནས་མཁས་གྲུབ་བློ་གྲོས་རྣམ་རྒྱལ་གྱིས་རྗེ་ཁྱབ་བདག་མཆོག་གིས་ཐབས་ཀྱིས་སྤྲུལ་ པའི་བསོད་ནམས་ཞིང་དུ་ལེགས་བཞག་མཛད་པ་རབ་དཀར་ཆུ་ཤེལ་ཞུན་མའི་དུམ་བུ་རབ་ ཏུ་གསལ་ཞིང་དྭངས་པ་དང་ཆོས་མཚུངས་པའི་ངོ་མཚར་བའི་སྣང་བརྙན་དང་རིང་བསྲེལ་གྱི་ ཕུང་པོ་སྐུ་གདུང་ཤ་རི་རམ་བསོད་ནམས་ཞིང་མཆོག་ཆེ་བ་དེ་དག་ཆ་གསུམ་དུ་བགོས་ཏེ་ཆ་ གཅིག་གིས་རྗེ་བཙུན་ཁོང་གི་སྐུ་བརྙན་གྲངས་མང་བཞེངས་པ་དང༌། ཆ་གཅིག་གཏིང་སྐྱེས་ བདག་མོས་རྟེན་བཞེངས་ཀྱི་ནང་གཞུག་ཏུ་བཞུགས་སུ་གསོལ། ཆ་གཅིག་སོགས་འཇམ་ དབྱངས་སྤྲུལ་པའི་སྐུ་(སོག་ཁལ་ཁ་རྗེ་བཙུན་དམ་པ་བློ་བཟང་བསྟན་པའི་རྒྱལ་མཚན་)ལ་མཆོད་པའི་རྟེན་དུ་ ཕུལ་ཏེ་ཚོགས་བསགས་པའི་ཞིང་དུ་བྱས་སོ། ། འདི་སྐབས་ཐོག་མར་སྐུ་གདུང་རྙེད་ཁུངས་དུས་ཟིང་གི་གནོད་པས་བསྐྱོད་དེ་དབུས་ འོལ་ཁའི་ཕྱོགས་ཀྱི་དགོན་སྡེར་སྐུ་གདུང་བཞུགས་པ་མི་ཞིག་གིས་ཕུལ་བའམ་ཡར་ཆབ་ ལས་ལྷ་ཆེན་དྲཀྴད་ཀྱིས་བློ་གྲོས་རྣམ་རྒྱལ་ལ་ཕུལ་ཞེས་ཟེར་བའང་ཡོད། གང་ལྟར་ཀྱང་རྗེ་ བཙུན་སྐུ་འདས་ཁའི་ལུང་བསྟན་ལྟར་འདི་སྐོར་གོང་འོག་ཅི་རིགས་སུ་དུས་འཁྲུགས་ཀྱི་ཟར་ ཟིར་ལངས་ཏེ་བོད་ལྗོངས་སོག་པོས་ཁྱབ་པས་གཙང་སྡེ་སྲིད་ཡབ་(ཀུན་དགའ་རབ་བརྟན་)སྲས་ (དབང་ཆེན་དཔལ་འབར་)རྩེར་རང་གི་ཐོབ་ཐང་ལས་ཉམས་ཏེ་མཐར་ཁྲི་མུན་དུ་དུས་ཀྱི་ཆོས་དང་ ལྡན་སོང༌། སྨོན་འགྲོ་བས་གོང་ས༷་ལྔ༷་པ་ལ་ཕྲ་མ་ཞུས་རྐྱེན་རང་རེའི་གྲུབ་མཐའ་བསྒྱུར་ཞིང་ དགོན་སྡེ་ལ་གནོད་པས་ད་ལྟ་སྐུ་གདུང་རིན་པོ་ཆེ་བསོད་ནམས་ཀྱི་སྐལ་བར་མི་བཞུགས་པ་ 6-1-190 དང༌། གདུང་རྟེན་གྱི་རྒྱ་ཕིབས་ཟབ་ཐང་སོགས་རྟེན་གསུམ་ཁྱད་འཕགས་མང་པོ་ཀླད་ཀྱིས་ གཞུང་བཞེས་ཀྱིས་ཆག་སྒོ་ཆེ་བ་དང༌། ངེས་དོན་བསྟན་པའང་རྒྱུན་མ་ཆད་ཙམ་ད་བར་བྱུང་ ཞིང༌། སྔར་གྱི་བཀའ་ལུང་རྟེན་འབྲེལ་བསྒྱུར་ཕྱོགས་ཤེས་ན་འདིའི་བསྟན་པ་ལ་ཕན་པའང་ སྲིད་ཅེས་པ་ལྟར་རྗེས་སུ་བོད་འདིར་ཡང་རྗེ་ཉིད་ཀྱི་སྤྲུལ་པའམ་བྱིན་ཀྱིས་རླབས་པ་གང་རུང་ ལས་གོང་སྨོས་རྣམས་དང་གཞན་སྨིན་གླིང་གཏེར་ཆེན། ཀོང་སྤྲུལ་(ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་ )ཨ་མཆོག་རིན་པོ་ཆེ་(དཀོན་མཆོག་བསྟན་པའི་རྒྱལ་མཚན། ཇོ་ནང་རང་ལུགས་འཛིན་པ་རྗེ་གྲོང་མང་བ་རྣམ་སྣང་རྡོ་ རྗེ་)སོགས་སྐྱེས་ཆེན་དུ་(ཨོ་རྒྱན་གཏེར་བདག་གླིང་པ་)མ་བྱོན་པས་ཀྱང་དངོས་བརྒྱུདུ་ཅི་རིགས་ཀྱིས་ རང་རེའི་བསྟན་པ་ལ་ཕན་པ་རེ་ཡང་བྱུང་བ་སོགས་དོན་གྱི་གནས་ཚུལ་ཇི་བཞིན་དུ་གྱུར་ ཏོ། །རྗེ་བཙུན་རིན་པོ་ཆེའི་སྐུ་དུས་སུ་ཁོང་གི་དྲུང་ནས་བློ་གྲོས་རྣམ་རྒྱལ་གྱིས་སྐྲ་ཕུད་ཕུལ་ཏེ་ སྐྱབས་སྡོམ་ལེགས་ནོད་སྐབས་ནམ་ཞིག་ཁམས་ཕྱོགས་སུ་སྤྲུལ་པའི་སྐུ་ཕྲེང་རིགས་གསུམ་ མགོན་པོའི་རྣམ་འཕྲུལ་གྱིས་བསྟན་འགྲོའི་དོན་མཛད་ཚུལ་མཚོན་བྱེད་དར་ཚོན་སྣ་མི་ གཅིག་པ་གསུམ་གྱི་ཕྱག་མདུད་གནང་བ་ལྟར་རྗེས་སོར་མཁས་གྲུབ་བློ་གྲོས་རྣམ་རྒྱལ་ཉིད་ ཁམས་འཛམ་ཐང་ཕྱོགས་སུ་རང་རེའི་བསྟན་པ་ལ་བཀའ་དྲིན་ཆེ་བ་སྟེ། འདིའི་སྐུ་ཕྲེང་མིང་ ཙམ་སྨོས་ན། ཨུ་རྒྱན་གནས་སུ་ཕྱག་ན་རྡོ་རྗེའི་རྣམ་འཕྲུལ་ཨིནྡྲ་བྷུ་ཏཱི། ཤམྦྷ་ལར་ཆོས་རྒྱལ་ ཟླ་བ་བཟང་པོ། འཕགས་ཡུལ་དུ་ཉན་ཐོས་ཀུན་དགའ་བོ། གངས་ཅན་དུ་བསྟན་པ་སྔ་འགྱུར་ སྐབས་ལོ་ཙཱ་བེ་རོ་ཙ་ན། ཕྱི་འགྱུར་དུས་ཞང་སྟོན་བསོད་ནམས་གྲགས།༡ དེ་ནས་མཁས་ གྲུབ་བློ་གྲོས་རྣམ་རྒྱལ།༢ གཙང་བ་ངག་དབང་རྣམ་རྒྱལ།༣ རིགས་གསུམ་མགོན་པོའི་རྣམ་ འཕྲུལ་ཀུན་བཟང་ཕྲིན་ལས་རྣམ་རྒྱལ།༤ དཀོན་མཆོག་འཇིགས་མེད་རྣམ་རྒྱལ།༥ དེའི་ ཡང་སྤྲུལ་ཀརྨ་མཐུ་སྟོབས་རྣམ་རྒྱལ་དང༌།༦ འཇིགས་མེད་ཕྱོགས་ལས་རྣམ་རྒྱལ་གཉིས་རིམ་ པར་འཁྲུངས་པའི་བར་གྱི་སྐུ་ཕྲེང་ཉེ་བར་བྱོན་པ་(ང༷ག་དབ༷ང་འཇིགས་མེད་རྡོ་རྗེ་འམ་ཕྲི༷ན་ལ༷ས་རྣ༷མ་རྒྱ༷ལ་ 6-1-191 དང༌།༧ ངག་དབང་བསོད་ནམས་དཔལ་ལྡན་འཇིགས་མེད་ཕྱོགས་ལས་རྣ༷མ་རྒྱ༷ལ་གཉིས་ཀའང་ད་ལྟ་བཞུགས་བཞིན་ མཆན།) རྣམས་ཏེ། དེ་དག་གིས་ཁམས་ཕྱོགས་འདིར་བསྟན་འགྲོ་ལ་ཕན་པ་ཇི་ལྟར་མཛད་ཚུལ་སྐུ་ ཕྲེང་གོང་མ་བློ་གྲོས་རྣམ་རྒྱལ་གྱི་རྣམ་ཐར་གང་བཞུགས་ན་ལེགས་པར་གསལ་བ་ལྟར་རོ། །དེ་དག་གིས་རྗེ་བཙུན་ཐམས་ཅད་མཁྱེན་པའི་རྒྱ་ཆེན་མཛད་པའི་རྟོགས་བརྗོད་དང་འབྲེལ་ བའི་འདས་ཚུལ་གྱི་རྣམ་པར་ཐར་བ་མདོ་ཙམ་བཀོད་ཟིན་ཏོ། ། སྨྲས་པ། རྨད་བྱུང་མཛད་བཟང་དུ་མའི་དཔལ་ཡོན་གྱིས། ། རྣམ་མང་འགྲོ་བ་སྒྲོ༷ལ་བ༷འི་རྣམ་འདྲེན་གཙོ། ། སྙི གས་དུས་སྐྱབས་མགོ༷ན་ཆེན་པོ༷་ཟླ་བྲལ་བ། ། ངེས་དོན་བསྟན་པའི་མངའ་བདག་ཁྱོད་མིན་སུ། ། གསང་གསུམ་མཛད་ཕྲིན་དུས་གསུམ་ཀུན་ལ་ཁྱབ། ། རིས་སུ་མ་ཆད་རྣམ་འཕྲུལ་མཐའ་ཡས་ལས། ། བསིལ་ལྡན་ལྗོ ངས་འདིར་ཟེགས་མའི་ཆ་ཙམ་ལྷུང༌། ། སྙི གས་འགྲོ་རང་རེའི་བསོད་ནམས་སྐལ་བའི་དཔྱིད། ། གང་ལས་ཕྲག་བརྒྱའི་ཆ་ལ་མི་ལོང་པའི། ། ཆེས་ཕྲའི་ཡོན་ཏན་ཉག་ཙམ་བརྗོད་འདི་ཡང༌། ། ལེགས་ཆ་གང་སྲིད་བླ་མར་མཆོད་སྤྲིན་དང༌། ། ཉེས་ནོངས་དྲི་མས་བདག་ལ་སྒྲིབ་མེད་ཤོག ། རྒྱལ་བསྟན་དྭངས་མའི་བཅུད་བཟང་ཉེར་བསྐྱངས་ཏེ། ། རྗེས་འཇུག་ཀུན་གྱིས་བགོ་སྐལ་ལ་སྤྱོད་འདི། ། 6-1-192 ཆེར་སྙི གས་དུས་འདིར་ཁྱོད་དྲིན་ཁོ་ནར་ཟད། ། དེ་སླད་རླབས་ཆེན་བཀའ་དྲིན་སུ་ཡིས་འཁོར། ། འཇམ་དཔལ་གཞོན་ནུའི་སྒྱུ་མའི་རོལ་གར་གྱིས། ། ནམ་ཞིག་བཅུ་གཉིས་ས་ཆེན་དབང་བསྒྱུར་སྐབས། ། བདག་སོགས་འཁོར་གྱི་ཐོག་མར་ལེགས་སྐྱེས་ཏེ། ། ཚེ་དེར་གསང་ཆེན་ལམ་མཐར་ཕྱིན་པར་སྨོན། ། འདིར་འབད་ལེགས་བྱས་འདི་ཉིད་དུས་གསུམ་གྱི། ། སྐྱེ་འཕགས་ཀུན་གྱིས་རྣམ་དཀར་གང་བསགས་དང༌། ། འགྲོགས་ཏེ་སྲས་བཅས་རྒྱལ་བའི་ཐུགས་སྨོན་མཐུས། ། འགྲོ་ཀུན་འཇམ་མགོན་གདུལ་ཞིང་མྱུར་གྱུར་ཅིག ། ཅེས་རྗེ་ཏཱ་ར་ནཱ་ཐའི་ཁྱད་འཕགས་མཛད་ཆེན་གྱི་རྟོགས་བརྗོད་དང་འབྲེལ་བའི་སྐུ་འདས་པའི་ཚུལ་གྱི་རྣམ་པར་ཐར་པ་ འཇམ་མགོན་དགྱེས་པའི་ཀུན་བཟང་མཆོད་སྤྲིན་ཞེས་བྱ་བ་འདི་ཡང་རྗེ་ཉིད་ལ་མི་ཕྱེད་པའི་དད་ལྡན་བིདྱ་ཤྲཱིས་འདི་ལྟར་རྩོམ་ པར་བསྐུལ་ཞིང་རང་གི་ཉེ་ཆར་ཡིག་རིས་པ་གུ་ཎ་བྷ་དྲས་ཀྱང་ཡི་གེའི་མཐུན་རྐྱེན་ལེགས་སྦྱར་བྱས་པ་ལ་བརྟེན་ནས་མགོན་དེའི་ རྗེས་འཇུག་མ་ཏི་ཀིརྟིས་སྦྱར་བས་བདག་སོགས་འཇམ་དབྱངས་བླ་མའི་ཐུགས་རྗེས་ཚེ་རབས་ཀུན་ཏུ་ནམ་ཡང་མི་གཏོང་བར་ ཤོག་ཅིག། །། དགེ་ལེགས་འཕེལ། ཅེས་པའང་རྗེ་བཙུན་འདས་རྣམ་འཇམ་མགོན་དགྱེས་པའི་ཀུན་བཟང་མཆོད་སྤྲིན་གྱི་མཆན་འདི་རྣམས་རྗེ་བཙུན་རིན་ པོ་ཆེ་ཁོང་གི་རྣམ་ཐར་མ་བཅོས་ལྷུག་པའི་རྟོགས་བརྗོད་ལྟར་གོང་གི་སློབ་ཚོགས་སོགས་ཁ་སྐོ ང་བྱས་པ་དང༌། དེ་མིན་རྫུན་མིན་ པའི་མཐོང་ཐོས་འགའ་རེ་འདིའི་ནང་བཀོད་ཡོད་པ་ཡིན་ལ། མཆན་འདིའང་ཀུན་དགའ་རབ་བརྟན་པས་བྲིས། རྗེ་མ་ཏི་ཁོང་ གིས་ཆོག་མཆན་དང་བཀོད་གནང་མཛད་པ་མ་ཟད་ཞུ་དག་གནང་སྟེ་ཕྱག་བྲིས་ཀྱང་འགའ་ཞིག་ཡོད་པ་ང་ཚོས་མཇལ་ཐུབ་པ་ དེར་ངེས་སོ། །བཀྲ་ཤིས་བདེ་ལེགས་ཤོག 6-1-193 ༄༅། །དཔལ་ལྡན་བླ་མ་སྐྱབས་མགོན་ངག་དབང་མཚན་བཟང་ དཔལ་གྱི་སྡེའི་རྣམ་པར་ཐར་པ་དད་པའི་པདྨོ་མངོན་པར་ བཞད་བྱེད་ཉི་གཞོན་གསར་བའི་འོད་བཟང་ ཞེས་བྱ་བ་བཞུགས་སོ། ། ༄༅། །རྨད་བྱུང་གསང་གསུམ་རང་བྱུང་ལྷན་སྐྱེས་གཤིས། ། གདོད་ནས་མི་ཤིགས་དཀྱིལ་འཁོར་རྒྱ་མཚོའི་བདག ། ལྷུན་གྲུབ་དང་པོའི་སངས་རྒྱས་རྟག་པའི་སྐུ། ། ངེས་དོན་བླ་མའི་ཆོས་སྐུ་རྒྱལ་གྱུར་ཅིག ། གང་ལས་སྣ་ཚོགས་བཀོད་པའི་གར། ། གང་འདུལ་ཡིད་ལ་དེར་མཛད་ཞིང༌། ། གང་ཞིག་སེམས་དཔའ་སྙི ང་རྗེའི་དབང༌། ། གང་ལ་གུས་པས་ལན་བརྒྱར་མཆོད། ། སྣ་ཚོགས་གདུལ་བྱའི་ཁམས་བཞིན་ཆོ་འཕྲུལ་གྱིས། ། བརྟན་གཡོ་སྒྱུ་མའི་གར་བཞིན་ཅིར་ཡང་འགྱེད། ། བསིལ་ལྗོ ངས་ཆོ༵ས་ཀྱི་རྒྱ༵ལ་བཞིན་ཡོངས་འཕ༵གས་པ༵། ། འགྲོ་འདྲེན་མཆོག་དེ་བཀུར་བཞིན་སྙི ང་ནས་འདུད། ། 6-1-194 མ་ལུས་ཟབ་རྒྱས་འདོམས་པའི་གདམས་ངག༵་ང༵ག་ལས་ཅི་དགར་སྩོལ་བའི་གཉེན། ། དཔལ་ལྡན་རིགས་ཀྱི་ཁྱབ་བདག་ཡོངས་དབ༵ང་དབ༵ང་ཆེན་གསང་གསུམ་གར་བསྒྱུར་བ། ། སྐལ་བཟང་རིགས་ལ་ལེགས་པའི་དགེ་མཚ༵ན་མཚ༵ན་མ་སྣ་ཚོགས་བཀྱེ་བའི་མགོན། ། རླབས་ཆེན་ཕྲིན་ལས་མཛད་མཆོག་ཀུན་བཟ༵ང་བཟ༵ང་པོའི་དཔལ་གྱི་བཀའ་དྲིན་དྲན། ། གང་གི་གསང་གསུམ་མཛད་ཆེན་ནམ་མཁའི་མཐའ། ། འཕགས་མཆོག་གིས་ཀྱང་ཕ་མཐར་ཆོད་མིན་ན། ། བདག་འདྲས་ཆ་ཙམ་བརྗོད་ལའང་ཇི་བཞིན་ཅི། ། འོན་ཀྱང་དམ་པས་བསྐུལ་སླད་གང་དཔོག་སྤྲོ། ། དེ་ལ་འདིར་གནས་ལུགས་གདོད་མའི་མགོན་པོ་དམ་པ་དང་པོའི་སངས་རྒྱས་རིས་མེད་ ཁྱབ་བདག་རྟག་པའི་དབང་ཕྱུག་དུས་གསུམ་རྒྱལ་བ་མ་ལུས་པའི་གཞི་དབྱིངས་ཆོས་སྐུ་ཉག་ གཅིག་གི་ངང་ལས་མ་ལུས་ཤིང་ལུས་པ་མེད་པའི་ཀུན་རྫོབ་འཁྲུལ་སྣང་ལ་ཉེ་བར་སྤྱོད་པའི་ ཡིད་ཅན་གྱི་ཚོགས་ལ་རང་རང་དང་འཚམས་པའི་མཛད་སྒོ་སྣ་ཚོགས་པ་དུས་དུས་སུ་རྣམ་ པར་རིས་སུ་ཆད་པ་མེད་པར་དུས་རྒྱུན་འཁོར་མོ་ཡུག་ཏུ་ཀུན་ནས་རྣམ་པར་བཀྲ་བའི་འཁོར་ ལོ་རྟག་པར་རོལ་པ་ལས། ཐབས་མཁས་ལ་སྙི ང་རྗེ་ཆེན་པོའི་མཛད་བཟང་བསིལ་ལྡན་གྱི་ ལྗོངས་འདིར་ཉེ་བར་འཁོད་པའི་སྐྱེ་རྒུ་མཐའ་དག་གིས་གཙོས་གདུལ་བྱ་འབྱམས་ཀླས་པ་ ལ་ཕྲིན་ལས་ཀྱི་ཉི་མ་དུས་སུ་ཤར་བའི་འཕགས་མཆོག་འཇིག་རྟེན་དབང་ཕྱུག་རྒྱལ་སྲས་ གྲུ་འཛིན་བདག་པོའི་རྣམ་པར་གང་འདུལ་མཛད་ཆེན་གྱི་མགོན་དུ་ལེགས་པར་བཞུགས་ པ་གང་གི་རྣམ་འཕྲུལ་ནམ་མཁའ་དང་མཉམ་པ་ལས་ཀྱང་གདུལ་བྱ་རང་མཐུན་གྱི་མཛད་ ཕྲིན་དུས་སུ་གནང་པའི་ཚུལ་ཡང༌། མི་གཡོ་བླ་མེད་གཏུམ་པོའི་རྒྱུད་ལས། གང་དང་གང་ གིས་གཟུགས་ཀྱི་ནི། །སེམས་ཅན་གདུལ་བར་དེ་ཉིད་འཇུག །དེང་སང་དེ་ཉིད་ཚུལ་གྱིས་ 6-1-195 ནི། །འཇིག་རྟེན་དོན་མཛད་ང་གནས་སོ། །ཞེས་གསུངས་པ་ལྟར་འཕགས་པ་གང་གི་གདུལ་ བྱ་གང་འདུལ་གྱི་མཛད་པ་དུས་དང་དུས་ཀྱི་དབང་དང་མོས་པ་སྣ་ཚོགས་པའི་ཤུགས་ཀྱིས་ དེ་ལུགས་བཞིན་གྱི་མཛད་སྒོ་རྣམ་པ་སྣ་ཚོགས་པ་རང་རང་ལ་ཇི་ལྟར་དགོས་པ་དེ་ཀ་ལྟར་ འབད་མེད་ལྷུན་གྲུབ་ཏུ་ནམ་ཡང་གཡེལ་བ་མེད་པར་འབྱུང་རིགས་པ་དེ་བས་ན་དེང་སྐབས་ གངས་རིའི་ལྗོ ངས་འདི་ཕྱོགས་ལ་མཚོན་ན། འཕགས་པའི་རྣམ་པར་རོལ་པ་ཆེན་པོ་ས་སྐྱའི་ གོང་མ་རྣམ་ལྔའི་ཡ་གྱལ་ཡོངས་ཀྱི་བླ་མ་འགྲོ་མགོན་ཆོས་རྒྱལ་འཕགས་པ་ཞེས་མཚན་སྙན་ གྱི་གྲགས་པས་ཁྱབ་པ་དེ་ནི་གོང་མ་ཆེན་པོའི་དབུ་བླར་གྱུར་སྟེ་ཁོང་ཉིད་བོད་མཐའ་དག་ གི་ཆོས་སྲིད་ཀྱི་མངའ་བདག་ཏུ་གོང་མའི་ལུང་གིས་ཉེ་བར་བསྔགས་ཤིང་ཚུལ་དེ་ལུགས་ཀྱི་ བསྟན་འགྲོའི་དཔལ་དུ་ངེས་པར་བྱོན་པ་སོགས་བོད་གངས་ཅན་འདི་ནའང་འཕགས་པའི་ རྣམ་འཕྲུལ་ཆེས་མཐའ་ཀླས་པ་རྣམས་ལས་དུས་ངན་སྙིགས་མ་ལྔ་བདོ་བའི་དུས་སུ་ཆོས་ རྗེས་བླ་མ་ཇོ་ནང་པ་ཆེན་པོ་ངེས་དོན་བསྟན་པ་འཛིན་སྐྱོང་སྤེལ་བའི་ཆེད་སླར་བྱོན་པའི་ མཛད་པ་དུས་འདིར་བསྟན་ཏེ་ཆོས་ཀྱི་རྗེ་ཁོང་དང་ཐུགས་རྒྱུད་རྣམ་དབྱེར་མེད་པའི་བདག་ ཉིད་འགྲོ་འདུལ་དུས་བབ་ཀྱི་བསྟན་པའི་རྩ་ལག་ཆེ་བ་སྔགས་ཀྱི་རྡོ་རྗེ་སློབ་དཔོན་དམ་པ་ འཛོང་བོ་སྐྱབས་མགོན་ངག་དབང་མཚན་བཟང་དཔལ་གྱི་སྡེ་ཞེས་བྱ་བའི་གསང་གསུམ་ གྱི་ཡོན་ཏན་ཕ་མཐའ་དང་བྲལ་བ་ལས་འདིར་ཟེགས་མའི་ཆ་ཚུར་མཐོང་གི་ཡུལ་དུ་གྱུར་པ་ རང་བློས་གང་དཔོག་པའི་ཚུལ་ཉུང་ཤས་ཙམ་བརྗོད་པར་བྱ་བ་སྟེ། དེ་ལའང་བོད་གངས་ རིའི་ལྗོངས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་གདུལ་ཞིང་དུ་གྱུར་པའི་ཆར་ གཏོགས་མདོ་ཁམས་སྨད་ལ་རོལ་ཆེན་བཅོ་བརྒྱད་དུ་རྣམ་པར་གྲགས་པ་དེ་ལས་རྡོ་རོལ་གྱི་ ཕྱོགས་འཛི་ཀའི་སྨད་ཆུ་ཉིན་ཕྱོགས་ཀྱི་ས་ཡི་ཐིག་ལེ་མཆོག་གི་གནས་ན་ཡུལ་གྲོང་བྱ་ཡུར་ ཞེས་པར་རྣམ་དཀར་བསོད་ནམས་མི་དམན་པའི་ཡབ་འཛོང་པོ་ལྷ་བསྲུང་དང༌། ཡུམ་ན་ 6-1-196 མདའི་ལྷ་བཟོ་བཟའ་སྐྱ་ལོ་མ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ནང་ཚན་སྤྲེའུ་ཞེས་པ་ མེ་མོ་ལུག་གི་ལོར་དམ་པ་འདི་ཉིད་ཀྱི་གཟུགས་སྐུའི་མེ་ཏོག་གསར་པ་དུས་སུ་མངོན་པར་ བཞད་པ་སྟེ། དེ་ཡང་སྐུ་མཆེད་ལྔ་ཡོད་པ་ལས་ཐོག་མའི་ཚུལ་གྱི་སྐུ་འཁྲུངས་པ་ཡིན་ལ། དེ་ ནས་ཕ་མས་ཆེར་བསྐྱེད་ཀྱི་སྐབས་ཐོག་མར་རང་ཡུལ་དང་ཧ་ཅང་མི་རིང་བ་ན་གཙང་ཆེན་ འཇིགས་མེད་རྣམ་རྒྱལ་གྱི་དངོས་སློབ་རྣལ་འབྱོར་མཆོག་བརྙེས་པས་ཐུགས་ལ་མངོན་ཤེས་ མངའ་བའི་བླ་མ་དམ་པ་བྱང་ཆུབ་རྡོ་རྗེ་ཞེས་བྱ་བ་བཞུགས་པའི་མདུན་དུ། ཕས་བུ་ཆུང་དེ་ ཉིད་ཁྱེར་ནས་ཁོ་བོའི་སེམས་ལ་འདིས་གྲྭ་བཙུན་ཆོས་ལ་གཞོལ་བ་ཞིག་འོང་འདོད་ཀྱི་རེ་བ་ ཡོད་པས་དེ་ལ་མིང་འདོགས་དགོས་ཚུལ་ཞུས་པ་ན་བླ་མ་དམ་པ་དེས། འོ་ཁྱོད་ཀྱི་བུ་འདི་ ནམ་ཞིག་དེ་ལུགས་ལྟར་འོང་ཞིང་རང་གི་རྩ་བའི་བླ་མ་མཆོག་གི་མཚན་གྲྭ་ལ་བརྟེན་ནས་ མིང་ཞིག་འདོགས་པ་ཡིན་པས་བུ་ཆུང་དེ་ལ་འཇིགས་མེད་བཟང་པོའམ། འཇིགས་བཟང་ ཞེས་པའི་མིང་གསོལ་ཞིང༌། དེ་ནས་རིམ་པར་ན་ཚོད་སྨིན་པའི་དུས་ཆུང་སྐྱེས་བྱིས་པ་རང་ མགོ་ཐོན་སྐབས་ཙམ་ན་རང་ཁྱིམ་གྱི་ཟ་འབྲུ་ཆེས་མང་པོ་བུ་ཆུང་དེ་ཉིད་ཀྱིས་ལྐོག་ཏུ་ཁྱེར་ཏེ་ དབུལ་ཞིང་བཀྲེན་པ་གང་དག་ལ་ཕངས་པ་མེད་པར་ཡང་ཡང་སྦྱིན་པར་མཛད་ཅིང་ཟན་གྱི་ རིགས་ཀྱང་མང་པོ་ཉམ་ཐག་བྱ་ཁྱི་སོགས་དང་མི་རིགས་ཆུང་གྲོགས་རྣམས་ལ་དུས་ཀུན་སྦྱིན་ གཏོང་གིས་ཚིམ་པར་བྱེད་པའི་རྒྱལ་སྲས་གཏོང་ལ་དགའ་བའི་ངང་ཚུལ་མཆོག་གི་རིགས་ སད་ལ་ཉེ་བར་གནས་པའི་བློ་ལྡན་ཕུན་སུམ་ཚོགས་པའི་རིགས་ཅན་ཞིག་ཏུ་ངེས་ལ། གཞན་ ཡང་ཆུང་ངུའི་དུས་རྩེད་འཇོ་སོགས་ཀྱི་ཚེ་བྱིས་པ་ཕལ་རྣམས་དང་ཡེ་མི་འདྲ་བར་ཁོང་གིས་ སྐུ་གཟུགས་མཆོད་རྟེན་གྱི་རྣམ་པ་དུ་མ་བཞེངས་པའི་ཚུལ་དང༌། དགོན་པ་འདེབས་པ་དང༌། འཚོགས་ཆོས་འདོན་པ་སོགས་རྣམ་དཀར་ཆོས་ལྡན་གྱི་བྱ་བ་ཁོ་ནས་ཟློས་གར་དང་རྩེད་འཇོ་ དུས་རྒྱུན་མཛད་སྲོལ་འདུག་པ་ཞིག་གོ ། 6-1-197 དེ་ནས་དགུང་ལོ་བཅུ་གཉིས་བཅུ་གསུམ་སྐོར་རང་ཡུལ་དང་ཉེ་བ་ན་དེ་དུས་སུ་བྱ་ཡུར་ དགོན་གཞི་ཆགས་མེད་ཀྱང་དེའི་གནས་ཀྱི་ས་ཁུལ་དུ་འཛམ་ཐང་གཙང་ཆེན་མཆོག་གི་ ཐུགས་སློབ་པུ་ཀོས་བླ་མ་ཚུལ་ཁྲིམས་དང༌། འཛོང་བོ་བླ་མ་བསྟན་སྐྱོང་ཟེར་བ་གཉིས་ཀྱིས་ མཚམས་ཁང་སྤྱིལ་བུ་རེ་རེ་བྱས་ཏེ་ཁོང་རྣམས་གཉིས་དེར་རྒྱུན་བཞུགས་ཀྱིས་མཚམས་སྒྲུབ་ མཛད་སྐབས་བུ་ཆུང་གང་ཉིད་ཀྱིས་རང་གི་ཁུ་བོ་བླ་མ་བསྟན་སྐྱོང་ཉིད་ཀློག་སློབ་པའི་སློབ་ དཔོན་དུ་བསྟེན་ནས་རང་ཡུལ་གྱི་ཆོས་འདོན་བཀླག་ཆོག་གི་རིམ་པ་དག་ཀྱང་ཇི་བཞིན་ ཐུགས་ལ་བྱང་ཆུབ་པ་ལོ་ཁ་ཤས་ནས་བྱུང་རྗེས་ཙམ་ན་དེར་བཞུགས་བླ་མ་ཚུལ་ཁྲིམས་ཀྱི་ མདུན་ནས། དམ་པ་ཆུང་སྐྱེས་ཉིད་ཀྱིས། རྒྱལ་བའི་བསྟན་པ་ལ་འཇུག་པའི་སྒོ་ལམ་ཐམས་ ཅད་ཀྱི་རྩ་བ་དགེ་བའི་བཤེས་གཉེན་བསྟེན་ཚུལ་དང༌། ཐུན་མོང་སྐྱེས་བུ་ཆུང་ངུ་དང་མཐུན་ པའི་དལ་འབྱོར་རྙེད་པར་དཀའ་ཚུལ་སོགས་བློ་ལྡོག་རྣམ་བཞིའི་ཚུལ་ལ་སྦྱང་བརྩོན་རེབ་ ཙམ་རེ་ཡང་བྱས་མཐར་བླ་མ་ཚུལ་ཁྲིམས་པའི་ཞལ་ནས། དམ་པ་ལས་དང་པོ་པའི་ཚུལ་ཅན་ ཉིད་ལ་ཁྱོད་འཛམ་ཐང་གཙང་ཆེན་བླ་མའི་རྒྱལ་ཚབ་དགེ་སློང་རིན་པོ་ཆེའི་དྲུང་དུ་སོང་ལ་རྡོ་ རྗེའི་རྣལ་འབྱོར་གྱི་ཟབ་བཀའ་ཞུས་ཏེ་ཇི་བཞིན་ཉམས་སུ་ལོངས་དང་དོན་གཉིས་ལེགས་ པར་འགྲུབ་ངེས་ཀྱི་བཀའ་ལུང་གསལ་བོ་བྱུང་བ་ལ་བརྟེན་དམ་པ་རང་གིས་ཕ་མ་ལ་གནང་ བ་དེ་ལུགས་བཞིན་ཞུས་ནས་དགུང་ལོ་བཅོ་བརྒྱད་པ་ཤིང་བྱིའི་ལོ་ལ་དཔལ་གྱི་འཛམ་ཐང་ དུ་གཙང་ཆེན་ཕོ་བྲང་གི་གཙང་བའི་རྒྱལ་ཚབ་དགེ་སློང་རིན་པོ་ཆེ་ངག་དབང་ཆོས་འཕེལ་ རྒྱ་མཚོ་སྐུ་དངོས་བཞུགས་ཀྱི་མདུན་དྲུང་དུ་རྡོ་རྗེའི་སློབ་ཚོགས་ཀྱི་ལས་གྲལ་དུ་དམ་པ་ཉིད་ ཀྱང་ལེགས་ཞུགས་ཀྱི་དུས་སུ་བླ་མ་མཆོག་གི་དྲུང་དུ་རང་གི་ཡིན་ལུགས་ཇི་བཞིན་ཞུས་པ་ ན། བླ་མ་དགེ་སློང་རིན་པོ་ཆེའི་ཞལ་ནས། ཁྱོད་ནམ་ཞིག་རང་གནས་སུ་ཆོས་གཞི་ལེགས་ འདེབས་བྱེད་བཞིན་བསྟན་འགྲོའི་དོན་ཆེར་འགྲུབ་པའི་སྐྱེས་ཆེན་རེ་འོང་ཚུལ་གྱི་བཀའ་ལུང་ 6-1-198 ཀྱང་དེ་དུས་ནས་བྱུང་ལ་དེ་ནས་བླ་མ་དགེ་སློང་གང་ཉིད་ཀྱིས་དམ་པ་འདི་སྐལ་བ་དང་ལྡན་ པའི་ཐུགས་སློབ་མཆོག་ཏུ་གཟིགས་ནས་ཇི་བཞིན་རྗེས་སུ་བཟུང་སྟེ། ཆོས་གྲོགས་གཞན་བྱ་ ཡུར་བླ་མ་ཡོན་ཏན། གསེར་བ་བླ་མ་ཆོས་དབྱིངས། འཛི་སྲིབ་སྦ་གསར་བླ་མ་རྒྱལ་མཚན། ཚ་ ཁོའི་བླ་མ་ཆོས་གསལ་སོགས་དང་མཉམ་དུ་དམ་པ་རང་གིས་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་ སྦྱོར་བ་ཡན་ལག་དྲུག་གི་ཟབ་ཁྲིད་དབང་ལུང་བཅས་ཀྱི་རིམ་པ་ཐོག་མར་སྔོན་འགྲོ་ནས་ བཟུང་རིམ་གྱིས་ཟབ་ཆོས་གསན་སྒོམ་གྱི་སྐབས་སུ་སྔོན་འགྲོ་འབུམ་ལྔའི་དུས་དད་པ་ངེས་ འབྱུང་སོགས་ཐུན་མོང་གི་མྱོང་བ་ཐུགས་ལ་འཁྲུངས་ཤིང་དགེ་བསྙེན་གྱི་སྡོམ་པ་ནོད་སྐབས་ ངག་དབང་མཚན་བཟང་རྒྱ་མཚོ་ཞེས་པའི་མཚན་དང༌། དབེན་གསུམ་དང༌། སོར་སྡུད་ཀྱི་ དུས་སུ་འོད་གསལ་རྟགས་བཅུ་གོ་རིམ་བཞིན་གྱིས་གནས་ལུགས་རང་གསལ་མི་རྟོག་པ་ལ་ མྱོང་བ་རབ་ཏུ་གྱུར་པས། དེ་སྐོ ར་ནས་ཀྱང་རྟགས་སྣང་རྣམས་ནུས་མ་ལྷ་མོ་བཅུའི་རྣམ་པར་ གཟིགས་པ་དང་གཞན་ཉམས་སྣང་སྣ་ཚོགས་པའི་འཆར་སྒོ་ཆེས་མང་ཞིང་སྣང་བ་དེ་དག་ཅི་ དགར་བརྟན་པ་སོགས་སྒོ་གང་ཐད་ནས་གཞན་དག་ལས་ཉེ་བར་འཕགས་པའི་རིགས་ཁྱད་ པར་བའི་རྡོ་རྗེའི་སློབ་མ་མཆོག་ཏུ་ངེས་པར་གྱུར་ངོས་ནས། དགུང་ལོ་བཅུ་དགུ་ཤིང་གླང་གི་ལོ་དེར་རྗེ་བླ་མ་དགེ་སློང་རིན་པོ་ཆེའི་ཞལ་སྔ་ནས། ཉིད་སོགས་ལ་ཆོས་བཀའི་རིམ་པ། མི་འཁྲུགས་པའི་དབང་སྟ་དངོས། སྤྱན་རས་གཟིགས་ཀྱི་ རྗེས་གནང༌། འཇམ་དབྱངས་དམར་སེར་ས་ལུགས། རྟ་ཕྱག་ཁྱུང་གསུམ་རྗེས་གནང༌། གྲུབ་ རྒྱལ་ལུགས་ཀྱི་ཚེ་དབང༌། ཀོང་སྤྲུལ་གྱིས་མཛད་པའི་གཅོད་སྐོ ར། གཙང་པཎ་ཆེན་གྱིས་ མཛད་པའི་གཅོད། ནཻ་གུ་ཐང་བརྡལ་མ། གཙོ་འདུས་བཅས་ཀྱི་ཁྲིད་ལུང༌། རྟ་མགྲིན་འབྱུང་ འདུལ་སོགས་བསྐྱེད་རིམ་ཅི་རིགས་པའི་ལུང་ཁྲིད། གཞན་འདོན་ཆ་སྣ་ཚོགས་པའི་བཀླག་ ལུང་དང༌། བླ་མཆོད། གཏོར་བསྔོ ་སོགས་ཀྱི་ལུང་རྣམས་ལེགས་པར་ཐོབ་ཅིང༌། ལོ་དེའི་ཟླ་ 6-1-199 བ་ལྔ་པའི་ནང་ནས་དགེ་སློང་རིན་པོ་ཆེས་གདུལ་བྱའི་ཞིང་ལྗོངས་འདིར་རྫོགས་ལ་ཉེ་བའི་ སྐབས་དགེ་སློང་ཁོང་ཉིད་ཀྱིས་སློབ་བུ་དམ་པ་འདི་སོགས་ལ་སྦྱོར་དྲུག་ཟབ་ཁྲིད་ཆ་ཚང་གི་ མཇུག་ལེགས་རྫོགས་དང༌། གཞན་ཡང་བསྐྱེད་རིམ་སྣ་ཚོགས་པའི་དམིགས་ཁྲིད་སོགས་ ཆོས་བཀའ་དུ་མ་ཇི་བཞིན་གནང་ཞིང་སྐུ་ཚེ་ཐ་མའི་བཀའ་མོལ་ཞལ་ཏ་མཁོ་འོས་དུས་སུ་ གང་བབ་དག་དང་བཅས་བདུན་པའི་ཚེས་གཉིས་ལ་གཙང་བ་དགེ་སློང་ཉིད་ཀྱི་དགོངས་ པ་དབྱིངས་སུ་ཐིམ་པས་སློབ་བུ་དམ་པ་འདིས་བླ་མའི་དགོངས་མཆོད་ཐུགས་སྨོན་ཟབ་མོ་ སོགས་རྣམ་དཀར་བསགས་སྒོ་རྒྱ་ཆེར་བགྱིས་ཤིང༌། དེ་ནས་ཡང་དགེ་སློང་རིན་པོ་ཆེའི་རྒྱལ་ཚབ་རྡོ་རྗེ་སློབ་དཔོན་ཆེན་པོ་ངག་དབང་ཆོས་ཀྱི་ འཕགས་པའི་མདུན་ནས། དམ་པ་སློབ་བུ་རང་གིས་རབ་བྱུང་དགེ་ཚུལ་གྱི་སྡོམ་པ་ལེགས་ པར་ནོད་བཞིན་སྦྱོར་དྲུག་གི་སྔོན་འགྲོའི་མགོ་ནས་སླར་ཡང་ལེགས་ཞུ་མཛད་དེ་འདི་སྐབས་ གཙང་སྐུ་ཆེན་སོགས་ཆོས་མཆེད་རྣམས་དང་ཆབ་གཅིག་ཏུ་ཉམས་ལེན་མཛད་སྐབས་ཐོག་ མར་སྔོན་འགྲོ་རྣམས་ཀྱི་དུས་སུའང་སྔར་ལས་ལྷག་པའི་ཉིད་ཀྱི་ཐུགས་ཉམས་སུ་རྗེ་རྩ་བའི་ བླ་མ་མཆོག་རྣམས་ལ་སངས་རྒྱས་དངོས་མཐོང་གི་སྒོ་ནས་ཡིད་ཆེས་པའི་དད་པ་དང༌། མ་ སེམས་ཅན་མཐའ་དག་སྡུག་བསྔལ་ལས་བསྒྲལ་འདོད་ཀྱི་སྙི ང་རྗེ་ཤུགས་ཆེ་བ་དང༌། སྣང་ ཞིང་གྲགས་པའི་ཆོས་མཐའ་དག་བདེན་མེད་སྒྱུ་མ་ལྟ་བུར་ངེས་ཤེས་ཟབ་མོ་འཁྲུངས་པ་ སོགས་ཐེག་པ་ཐུན་མོང་གི་ལམ་གྱི་མྱོང་བ་ཆེས་ཆེར་འཕེལ་ཞིང༌། དབེན་པ་གསུམ་ཀྱི་ སྐབས་འོད་གསལ་སེམས་ཀྱི་རང་བཞིན་དྭངས་ཤིང་གསལ་བ་མཐའ་དབུས་བརྗོད་བྲལ་ གྱི་རང་ངོ་ཉེ་བར་འཕྲོད་དེ་གནས་ལུགས་ཀྱི་རོལ་པ་འོད་གསལ་རྟགས་སྣང་མཐའ་ཀླས་པ་ དང༌། བླ་མས་བྱིན་རླབས་འབེབས་སྐབས་ཐུགས་སྣང་དུ་སྟོང་གཟུགས་རབ་འབྱམས་ཁ་བ་ བུ་ཡུག་ལྟར་སྐུ་ལུས་ལ་ཐིམ་པས་ཉམས་ཀུན་ནས་འུར་ཞིང་ཁམས་དྲུག་གི་བདག་ཉིད་ཀྱི་ 6-1-200 ཡེ་ཤེས་མཆོག་གི་བྱིན་རླབས་ཤུགས་བཙན་པོ་སྒོ་གསུམ་རང་གར་སྡོད་མི་ཚུགས་པ་ལྟ་བུའི་ འཕར་གཡོའི་ཉམས་གསལ་བོ་དུས་སུ་བྱུང་བ་དང༌། སོར་སྡུད་སྐབས་རྟགས་བཅུའི་ལྷ་མོའི་ སྣང་བ་སྔར་ལས་མཐའ་ཀླས་ཤིང་བསམ་གཏན་སྐབས་ཐིག་ལེ་ཆེན་པོའི་དབུས་སུ་ལོངས་ སྤྲུལ་གྱི་བཀོད་པ་སྣ་ཚོགས་དང་བཅས་དག་མ་དག་གི་ཞིང་ཁམས་མཐའ་མེད་པ་ཇི་བཞིན་ བརྗོད་པའི་ཡུལ་ལས་འདས་པ་སོགས་རྣལ་འབྱོར་ཡན་ལག་དྲུག་གི་ལམ་རྣམས་ཀྱི་རང་ཐད་ ལ་མྱོང་རྟགས་ཀྱི་རྣམ་པ་ཆེས་ངོ་མཚར་བ་རྟོགས་པའི་ཀློང་རྡོལ་བ་ལྟ་བུ་སྒོ་ཀུན་ནས་མང་ ཚོད་དུ་འདུག་ཀྱང་ཇི་བཞིན་གྱི་ཁུངས་མ་རྙེད་པས་འདིར་འབྲི་བར་མ་ནུས་ཀྱང་སྤྱིར་རྗེ་དམ་ པ་འདི་ནི་སྐུ་ཚེའི་མཐའ་ཚུན་ལ་རང་ལུགས་རྣལ་འབྱོར་ཡན་ལག་དྲུག་ཀའི་རྟོགས་པ་དུས་ ལ་ལྟོས་པའི་ཚུལ་གྱིས་ཇི་བཞིན་མངོན་དུ་གྱུར་ངེས་དང་སྔགས་རྙིང་ཕྱོགས་ལ་མཚོན་ན་སྣང་ བཞིའི་ཡེ་ཤེས་ཀྱིས་ཡ་མཐའ་ལ་སླེབས་པའི་རྣལ་འབྱོར་གྱི་དབང་ཕྱུག་མཆོག་གི་ཚོད་དུ་ གཞན་སྐྱེས་ཆེན་མང་དག་གིས་ཐུགས་ཐག་ཆོད་ངེས་སུ་ནམ་ཡང་བསྙོན་དུ་མེད་པའི་མཛད་ ཚུལ་ལེགས་གནང་གི་མངའ་བདག་ཅིག་ཏུ་གོར་མ་ཆག་གོ ། འདིར་སྦྱོར་དྲུག་ཉམས་ལེན་བྱེད་པ་དེ་དག་གི་སྐབས་རྣམས་སུ་རྡོ་རྗེ་འཆང་ངག་དབང་ ཆོས་ཀྱི་འཕགས་པའི་མདུན་ནས། དམ་པ་འདིས་སྔ་ཕྱི་ཅི་རིགས་སུ་སྦྱོར་དྲུག་ཆ་ལག་བཅས་ ཀྱི་ཆོས་སྐོ ར་གཞིར་བཞག་གི་སྟེང་དུ་རྡོ་རྗེ་ཕྲེང་བ་ཡོངས་རྫོགས་ཀྱི་དབང་ལུང༌། བ་རི་ལོ་ ཙཱའི་ལུགས་ཀྱི་རྗེས་གནང་བརྒྱ་རྩ། ས་ལུགས་སྦྱོང་རྒྱུད་བཅུ་གཉིས། དུས་འཁོར་དབང་ ཆེན། ཤངས་ཆོས་སྐོ ར་ནཻ་གུའི་སྒོས་བཀའ་དྲུག་ཆ་ལག་འགའ་དང་བཅས་སོགས་དབང་ བཀའ་དུ་མ་དང༌། དོལ་པོའི་བཀའ་པོད་དྲུག་རྣམ་ཐར་བཅས་དང༌། ཐུགས་སྲས་དག་གིས་ མཛད་པ་འགའ་རེའི་བཀླག་ལུང༌། རྗེ་བཙུན་རིན་པོ་ཆེའི་གསུང་འབུམ་ཡོངས་སུ་རྫོགས་པ། རྭ་པོད། རྟོག་བདུན་རྒྱུད། པོ་ཏི་མེ་འབར་རྒྱབ་ཆོས་བཅས་ཀྱི་ལུང༌། གཞན་ཡང་ཆོ་གའི་ལག་ 6-1-201 ལེན་སོགས་མཁོ་ཚོགས་དུ་མ་རེ་དང་བཅས་དེ་ཐམས་ཅད་ལེགས་པར་གསན། དེ་ལྟ་བུའི་ ཚུལ་གྱིས་དགུང་ལོ་ཉི་ཤུ་ཡན་དུ་སྦྱོར་དྲུག་ལོ་གསུམ་དུ་བཞུགས་ནས་ཁོང་གིས་ཉམས་ལེན་ གནད་སྨིན་མཛད་རྗེས་བླ་མ་མཆོག་གིས་སློབ་ཚོགས་ལ་རྗེས་ཁྲིད་གནང་སྐབས་ཐུགས་སྲས་ དམ་པ་འདི་ཉིད་མ་འོངས་པ་ན་འགྲོ་འདུལ་དུས་བབ་ཀྱི་འདྲེན་པ་འཛོང་བོ་སྐྱབས་མགོན། ཞེས་པའི་མཚན་སྙན་ཡོངས་སུ་གྲགས་པ་ཆེན་པོས་ཕྱོགས་ཀུན་ལ་ཁྱབ་ངེས་ཀྱི་བཀའ་ལུང་ གིས་གཟེངས་བསྟོད་དུས་སུ་ལེགས་གནང་མཛད། དེ་ནས་དགུང་ལོ་ཉེར་གཅིག་པ་མེ་ཡོས་ ཀྱི་ལོ་ལ་རྗེ་བླ་མ་ཆོས་འཕགས་གང་གི་ཞལ་སྔ་ནས། སློབ་བུ་འདི་ཉིད་ཀྱིས་ཟབ་ལམ་ནཻ་ གུའི་དབང་ལུང་གདམས་ངག་ཆ་ཚང་ལེགས་པར་ཞུས་ཏེ་དེ་དག་ལ་ཉམས་ལེན་གནད་ཁེལ་ གྱིས་འོད་གསལ་སྒྱུ་ལུས་གཏུམ་མོ་རྨི་མལ་སོགས་ལ་རང་ཐད་ཀྱི་འཆར་སྒོ་བཟང་ཞིང་མྱོང་ བའི་རྟགས་དུས་སུ་ལེགས་པར་ཐོན་པས་ཉམས་མྱོང་རྟོགས་པའི་རྩལ་སྔར་ལས་ཆེས་རྒྱས་ པར་གྱུར་ཅིང༌། འདི་སྐོ ར་ཞིག་ལ་ཁོང་རང་ཡུལ་འཛི་སྨད་ཕྱོགས་ཀྱི་གྲོང་སྡེ་ར་འོབ་ཅེས་པར་ མི་ཁྱིམ་དུད་ཚང་ཞིག་གི་བསྲུང་རིམ་ལ་བྱོན་སྐབས་ནུབ་ཅིག་དེར་གནས་གྲྭ་པ་བློ་གྲོས་ཟེར་ བ་མཚན་མོ་གཉིད་ཀྱིས་ནོན་སྐབས་གདོན་གྱིས་སེམས་རྒྱུད་བརླམས་ནས་རེ་ཞིག་གི་ཚེ་ཁོ་ ཉིད་ཀྱིས་མགོ་ཡར་བཀྱགས་ཏེ་སྐད་ཅིག་ལ་ལག་གིས་གྲི་ཆུང་ཞིག་བཟུང་སྟེ་མཚོན་དེས་ དམ་པ་འདི་ཉིད་ལ་བསྣུན་གྲབས་བྱས་ཚེ་དམ་པ་འདི་རང་གིས་གྲྭ་པ་དེ་ཉིད་འཕྲལ་དུ་གཉིད་ ལས་སངས་པར་བྱས་ནས་ཡིན་ལུགས་ཞིབ་ཏུ་དྲིས་པ་ན། གྲྭ་པ་ཁོ་ན་རེ། མདང་རྨི་ལམ་གྱི་ སྣང་བ་ལ། བདག་ཐང་ཆེན་ཞིག་གི་དཀྱིལ་དུ་ཡོད་པ་ལ་དེར་བན་རྒན་ཞིག་ཐོན་བྱུང་བ་དེས་ ངེད་གཉིས་བར་ན་མར་གྱི་གོང་བུ་རིལ་བོ་ཞིག་གི་རྣམ་པ་ཡོད་པ་དེ་ཁྱོད་ཀྱིས་ཕྱེད་གཤག་ གྱིས་དང་འུ་ཅག་གཉིས་པོས་སོ་སོར་ཁྱེར་འགྲོ། ཟེར་བ་རྨིས་ཚུལ་ཞིབ་རྒྱས་སུ་གླེང་སྐད། དེ་ལུགས་ཀྱི་གདོན་གྱིས་བརླམས་པའི་ཉེར་འཚེ་དེ་ནི་སྔོན་རྗེ་དམ་པ་ཆོས་ཀྱི་འཕགས་པའི་ 6-1-202 བཀའ་ལུང་གིས་སློབ་བུ་ཐུགས་སྲས་མཆོག་ལ་རྗེས་སོར་དེ་ལྟ་བུས་འཚེ་ངོ་ཡོད་ཀྱང་དོན་ལ་ གནོད་མི་ནུས་ཚུལ་ཞིབ་རྒྱས་སུ་གསུངས་པ་དེ་ཀ་ལྟར་དུ་བྱུང་འདུག དགུང་ལོ་ཉེར་གཉིས་པ་ས་འབྲུག་གི་ལོར་རྗེ་དམ་པ་མཆོག་གི་དྲུང་ནས་སློབ་བུ་རང་ ཉིད་ཀྱིས། འབྱུང་འདུལ་རྟ་མགྲིན་འཇིགས་བྱེད་འབྲུ་ནོན་རྣམས་ཀྱི་དམིགས་ཁྲིད་ཞུས་ཏེ་དེ་ གསུམ་ལ་རིམ་པས་བསྙེ ན་སྒྲུབ་ཚད་ལྡན་མཛད་ཅིང་ལོ་དེར་རྗེ་མཆོག་གི་ཞལ་སྔ་ནས། དུས་ འཁོར་དབང་ཆེན། མི་འཁྲུགས་པའི་དབང༌། རྟ་མགྲིན། སྤྱན་རས་གཟིགས་ཀྱི་རྗེས་གནང་ རྣམས་ཀྱང་ལེགས་པར་གསན། དགུང་ལོ་ཉེར་གསུམ་པ་ས་སྦྲུལ་གྱི་ལོ་ལ་རྗེ་དམ་པའི་དྲུང་ནས། སློབ་བུ་ཉིད་ཀྱིས་སླར་ འབྲུ་ནོན་གྱི་བྱིན་རླབས་ཞུ་བའི་སྒོ་ནས་བསྙེ ན་ཚད་དང༌། འཇིགས་བྱེད་སྙན་བརྒྱུད་ལའང་ གསན་བཟླས་བསྙེ ན་སྒྲུབ་ཚད་ལྡན་བྱས་ཤིང༌། དགུང་ལོ་ཉེར་བཞི་པ་ལྕགས་རྟ་ལའང་བླ་མ་མཆོག་གི་མདུན་ནས། དུས་འཁོར་དབང་ དང༌། རྗེས་གནང་འགའི་བྱིན་རླབས་ཞུ་བ་བཅས་ཀྱི་སྒོས་སྙན་བརྒྱུད་ལ་སླར་བསྙེ ན་ཚད་ དང༌། ཨུཥྞི་ཥ་རྭ་ལུགས་ཀྱི་བསྲུང་བཟློ ག་བསད་གསུམ། མགོན་པོ་བྲག་རྫོང་མའི་དམིགས་ ཁྲིད་ཀྱང་གསན་ནས་དེ་ལུགས་བཞིན་བསྙེ ན་པ་ཁ་སྐོ ང་བཅས་ལེགས་གྲུབ་བགྱིས་ལ། དགུང་ལོ་ཉེར་ལྔ་པ་ལྕགས་ལུག་གི་ལོར་རྡོ་རྗེ་འཆང་ངག་དབང་ཆོས་ཀྱི་འཕགས་པའི་ ཞལ་གྱི་བུམ་བཟང་ལས། རྗེ་བཙུན་རིན་པོ་ཆེའི་བཀའ་འབུམ་ལས་བྱུང་བའི་རྒྱུད་སྡེ་རབ་ འབྱམས་ཀྱི་དབང་ཡོངས་སུ་རྫོགས་པ་དང༌། ཕུར་བ་ས་ལུགས་ཀྱི་དབང་ཆ་ལག་བཅས་སློབ་ བུ་དམ་པ་འདིས་ལེགས་པར་གསན་པའི་སྒོ་ནས་དགུང་ལོ་ཉེར་དྲུག་ནས་ཉེར་དགུའི་བར་ལ་ རྗེ་བླ་མ་གང་ཉིད་ཀྱི་དྲུང་ནས། སྔ་ཕྱི་ཅི་རིགས་པར་ཁྲོ་རྒྱལ་རྡོ་རྗེ་ཤུགས་ཕུབ་ཆེན། དུས་ འཁོར་ལྷ་དགུ་དང་ཡོངས་རྫོགས་གཉིས། ཚེ་སྒྲུབ། མི་འཁྲུགས་པ་སོགས་མཚམས་བསྙེ ན་ 6-1-203 ཆེས་མང་ཞིག་རང་རང་གི་ཁ་སྐོང་སྦྱིན་བསྲེག་བཅས་ཇི་བཞིན་ལེགས་གྲུབ་ཀྱི་དུས་རྣམས་ སུའང་ཕྱི་ནང་གསང་བའི་སྒོ་ཅི་རིགས་ནས་འགྲུབ་རྟགས་ཁྱད་པར་བ་དུས་སུ་ལེགས་པར་ བྱུང་ལ། དགུང་ལོ་སུམ་ཅུའི་དུས་མེ་བྱིའི་ལོར་འཛམ་ཐང་གཙང་བའི་སྒྲུབ་གྲྭ་གོང་མ་གསར་ འཛུགས་ཀྱིས་དུས་སུ་དམ་པ་འདི་དང་གཞན་ཆོས་མཆེད་རྡོ་རྗེའི་སྤུན། གཙང་བ་སྐུ་ཆེན། དབོན་རིག་རྩལ། ཁྱི་ལོ་མའི་བླ་མ་ཆོས་འབྱོར། འཕུར་རྩ་བླ་མ་དགེ་ལེགས་སོགས་མཆེད་ གྲོགས་རང་གཞན་བཅུ་གསུམ་ཙམ་ཐོག་མར་སྒྲུབ་ཁང་དེར་ལེགས་བཞུགས་ཀྱི་སྐབས་དམ་ པ་ཁོང་ལ་སྐྱེས་ཆེན་དུ་མའི་དྲུང་ནས། ཆོས་བཀའ་ཇི་ལྟར་ཐོབ་རིམ། རྡོ་རྗེ་འཆང་ཆོས་ ཀྱི་འཕགས་པའི་དྲུང་ནས། སྦྱོར་དྲུག་ཁྲིད་མཐོང་བ་དོན་ལྡན་དང༌། དེའི་ཆ་ལག་ལྷན་ ཐབས་འོད་བརྒྱ་འབར་བ། ཟུང་འཇུག་རབ་གསལ་གཉིས་དང༌། ངོ་སྤྲོད་ཕྱི་ནང༌། སྟན་ཐོག་ གཅིག་མ༑ གཏོར་ཆོག་བླ་མཆོད་བཅས་ཀྱི་ཁྲིད་ལུང་རྣམས་དང༌། གཞན་ཡང༌། མགོན་པོའི་ ལས་ཚོགས་པོ་ཏི་མེ་འབར། འཇིགས་མཛད་ཀྱི་ལས་ཚོགས་རྭ་པོད། མགོན་པོ་ཁྲོ་བཅུའི་ དབང༌། མཁའ་འགྲོའི་སུན་བཟློ ག ཞང་ཀུན་སྤངས་པའི་སྦྱོར་དྲུག་ཁྲིད་ཐོག་མཐའ་བར་ དགེ ག་ག་ཤྲི འི་གཅོད་སྐོར། ཇོ་ནང་ཡབ་སྲས་དག་གིས་མཛད་པའི་སྦྱོར་དྲུག་ཆོས་སྐོ ར་ མང་ཙམ། སྒྲོལ་མ་དམར་མོའི་ཆོས་སྐོ ར་རྣམས་དང༌། ལྷ་བ་བླ་མའི་སྐུ་དྲུང་དུ། སྦྱོར་དྲུག་གི་ ཆོས་སྐོ ར་ཆ་ཚང་གང་དག་དང༌། ལྷ་ཚེ་སྐྱབས་མགོན་གྱི་ཞལ་སྔ་ནས། སྦྱོར་དྲུག་ཆོས་སྐོ ར། གཅོད་སྐོ ར་རྣམས་དང༌། རྒྱ་བླ་མའི་མདུན། སྦྱོར་དྲུག་སྐོར་འགའ་ཞིག་སོགས་དང༌། སྦྱངས་ བ་སྐྱབས་མགོན་གྱི་སྐུ་མདུན་ནས། སྦྱོར་དྲུག་སྐོ ར་སོགས་དང༌། ལྷ་བཟོ་བླ་མ་རིན་པོ་ཆེ་ གང་དྲུང་ནས་ཀྱང༌། སྦྱོར་དྲུག་ཆ་ལག་བཅས་ཀྱི་ཆོས་སྐོ ར་རྣམས་ལེགས་པར་ཐོབ་པའི་ སྒོ་ནས་ཐུགས་སློབ་མཆོག་དམ་པ་འདི་ཉིད་ཀྱིས་གཙུག་ནོར་དེ་རྣམས་སྤྱི་དང་ཁྱད་པར་བླ་ 6-1-204 མ་ཆོས་ཀྱི་འཕགས་པ་དང༌། ལྷ་བཟོ་ངག་དབང་ཆོས་འཛིན་ཞབས་པ་དང༌། སྦྱངས་བ་ ཀུན་དགའ་ངེས་དོན་རྣམ་པ་གསུམ་གྱི་དྲུང་དུ་རང་གི་ཉམས་ལེན་རྟོགས་པ་ལ་ཞིབ་ཏིག་གིས་ ཐག་བཅད་དེ་སྔར་ལས་ཀྱང་མངོན་རྟོགས་ཟབ་མོའི་ཀློང་རྡོལ་ཞིང༌། ཐུགས་མཉམ་བཞག་ གནས་ལུགས་ཀྱི་མྱོང་བ་ཡང་དག་གི་རང་རྐང་ཉེ་བར་ཚུགས་པ་འདི་ནས་ངེས་པར་བྱུང་ལ༑ འདི་སྐོར་སྒྲུབ་ཁང་དུ་བཞུགས་དུས་ཁོང་འབྲུམ་པའི་རིམས་ཡམས་ཀྱིས་བསྙུང་སྐབས་ཉིད་ ཀྱི་ཐུགས་སྣང་ལ་སྐྱེ་རབས་སྔ་ཕྱི་བར་གསུམ་ཀུན་ཏུ་རྗེས་སུ་འཛིན་མཁན་ཡི་དམ་ལྷག་པའི་ ལྷར་གྱུར་པ་རྗེ་བཙུན་སྒྲོལ་མའི་རྣམ་པར་རོལ་པ་ལྷ་མོ་སྐུ་མདོག་ལྗང་ཁུ་མཛེས་ཤིང་ཡིད་དུ་ འོང་བ་དར་གོས་སོགས་ཀྱི་རྒྱན་ལྡན་ཆེས་གསལ་པོ་ཞིག་ཉེ་བར་བྱོན་ཏེ་ལྷ་མོ་ཉིད་ཀྱི་ཕྱག་ ན་ཤིང་ཐོག་གི་རྣམ་པ་རྒྱ་སྐག་གི་མདོག་ལོ་མ་ལྗང་ཁུ་ཅན་ལེགས་པར་བསྣམས་པ་དེས་སྒྲུབ་ པོ་ཁོང་ཉིད་ཀྱི་སྐུ་ལུས་ལ་ལེགས་བྱུགས་མཛད་པས་རང་གི་བསྙུན་ནད་ཀྱི་ཟུག་གཟེར་ཀུན་ ནས་ཞི་འགྲོ་ཞིང་ལུས་ཀྱི་རེག་བྱ་བསིལ་བའི་རྣམ་པ་ཅན་དུ་སོང་ནས་ཆེས་བདེ་སྐབས་ཀྱི་ ངང་ནས་ཐུགས་རིག་དྭངས་ཤིང་འོད་གསལ་གཤིས་ལུགས་སུ་ལྷག་གེར་གནས་ནུས་པ་རྒྱུན་ དུ་བྱུང་ཞིང་དེར་བར་སྐབས་སུ་རྐྱེན་འགའ་ཞིག་གིས་སྐུ་བསྙུང་སླར་རེབ་ཙམ་དུ་ཐུ་སོང་བའི་ དུས་སུའང་ཐུགས་ཉམས་ལ་རང་གནས་སྟོད་སྨད་དུ་ནད་བདག་གི་རྣམ་པ་བན་གཟུགས་ སོགས་སྣ་ཚོགས་པའི་རྒྱུ་བ་ཆེས་མང་པོ་ཞིག་གིས་གང་འདུག་པ་ལ་སྐད་ཅིག་གིས་ལྷ་བསྲུང་ མི་དཀར་རྟ་དཀར་ཅན་ཕྱག་ཏུ་མདུང་དར་དཀར་པོ་ཐོགས་པ་ཞིག་འཕྲལ་དུ་སླེབས་བྱུང་བ་ དེས་ནད་བདག་དེ་དག་ལ་ཡས་གླུད་ལན་ཆགས་གང་དགོས་འཇལ་ཚུལ་བཅས་བཀའ་ཡི་ བསྒོ་བ་ལེགས་མཛད་ཀྱིས་དེ་མ་ཐག་ནད་བདག་དེ་རྣམས་གར་སོང་ཆ་མེད་རྒྱང་རིང་དུ་ཐལ་ བའི་ཐུགས་སྣང་བྱུང་ཕན་ཆད་ནས་རིམ་པས་སྐུ་བསྙུང་ཇེ་དྭངས་སུ་སོང་ནས་ནད་ཇི་བཞིན་ སོས་པ་བྱུང་ལ། འདི་སྐབས་ཀྱི་ཁ་འཛིན་བྱེད་པའི་ལྷ་སྲུང་ཡང་རང་ཡུལ་བྱ་ཡུལ་གྱི་ཡུལ་ལྷ་ 6-1-205 བོན་གྱི་རིགས་དཀར་ཕྱོགས་པ་མཐུ་ནུས་ཅན་དེ་ཡིན་ཞིང༌། དེ་ལུགས་ལྟར་རྗེ་བླ་མ་ཆོས་ འཕགས་ཀྱིས་ཀྱང་ཐུགས་སློབ་འདི་ཉིད་ལ་སྲུང་སྐྱོབ་ཀྱི་ལྷ་ཡི་ལེགས་མཚན་དུས་སུ་བྱུང་བ་ རྗེ་བཙུན་སྒྲོལ་མ་དང་རང་ཡུལ་གྱི་གནས་བདག་ལྷ་སྲུང་ཉིད་ཡིན་ངེས་དང་མ་འོངས་པ་ན་ རང་ཡུལ་དུ་ཆོས་གཞི་བཏབ་ན་བསྟན་འགྲོ་ལ་ལེགས་ཕན་འབྱུང་བའི་ཚུལ་དང་བཅས་ཀྱི་ བཀའ་ལུང་གསལ་བོ་ཡང་བྱུང༌། དེའི་ལོ་ཕྱི་མ་དགུང་ལོ་སོ་གཅིག་མེ་གླང་གི་ལོ་དེར་རྡོ་རྗེ་འཆང་ཆོས་ཀྱི་འཕགས་པ་ ཁོང་ཉིད་སྒྲུབ་ཁང་དུ་ཕེབས་ནས་དེར་གཟུགས་སྐུའི་མཛད་པ་རེ་ཞིག་འདིར་རྫོགས་པ་ ལ་ཉེ་སྐབས་རྗེ་གང་ཉིད་ཀྱིས་སློབ་ཚོགས་ལ་སྐུ་ཚེ་ཐ་མའི་ཞལ་ཆེམས་ཚུལ་གྱིས་ཆོས་ བཀའ་གནང་རྗེས་ཐུགས་སྲས་མཆོག་དམ་པ་འདི་ཉིད་ཀྱིས་རྗེ་རྩ་བའི་བླ་མ་ལ་ཉམས་ཆག་ བཤགས་ཆེད་ཡིག་བརྒྱ་བྱེ་བ་ལེགས་བཟླས་ཀྱི་ཞུ་བ་ཕུལ་ཚེ། བླ་མ་རྗེ་ཉིད་ཀྱི་ཞལ་སྔ་ནས། ཁྱོད་རང་གིས་ད་ལྟ་ཉམས་ཆག་བསགས་མེད་པས་གཞན་ཕལ་དང་མི་འདྲ། སྤྱིར་བསོད་ ནམས་བསགས་པ་དང་སྒྲིབ་པ་སྦྱོང་བྱེད་ལ་སེམས་གནས་ལུགས་ངང་དུ་མཉམ་པར་འཇོག་ པའི་ཉམས་ལེན་འདི་ཀུན་རྫོབ་ཀྱི་དགེ་སྦྱོར་སུས་ཀྱང་བསྐྲུན་དུ་མེད་པའི་གནད་གཅིག་གི་ ལྟ་བའི་རྒྱལ་པོ་ཡིན་པས་དེ་ལ་སྔོན་བཞིན་རེམ་པ་ལྷུར་ལེན་བྱེད་པ་གལ་ཤིན་ཏུ་ཆེ་ཚུལ་ ཞིབ་རྒྱས་སུ་ལེགས་པར་གསུངས་མཐར་ཁོང་ཉིད་ཀྱི་དགོངས་པ་དབྱིངས་སུ་བསྡུས་ཤིང་ དེ་སྐབས་སུའང་ཐུགས་སློབ་དམ་པ་གང་ཉིད་ཀྱིས་དགོངས་མཆོད་ཐུགས་སྨོན་ཟབ་མོ་ལ་ བརྟེན་ནས། དགུང་ལོ་སོ་གཉིས་པ་ས་སྟག་ལ་སྔར་མེད་ཀྱི་མྱོང་བའི་ལམ་རྟགས་ཁྱད་པར་བ་དུ་མ་ ཐུན་མོང་ངེས་འབྱུང་སོགས་ཀྱི་འཕེལ་སྟོབས་དང་ཐུན་མིན་འོད་གསལ་གནས་ལུགས་ཀྱི་ མཐོང་ཚུལ་ཆེས་རབ་ཏུ་གྱུར་པ་སོགས་སྒོ་གང་ཐད་ནས་སྔར་དང་ཡེ་མི་འདྲ་བ་ཉམས་མྱོང་གི་ 6-1-206 རྟོགས་པའི་ཀློང་ཆེར་རྡོལ་དུ་སོང་ལ་དེ་འདྲའི་ཚུལ་གྱིས་ལོ་གསུམ་ལ་སྒྲུབ་ཁང་དུ་བཞུགས་ སོ། ། དེ་ནས་དགུང་ལོ་སོ་གསུམ་པ་ས་ཡོས་ཀྱི་ལོར་དམ་པ་འདི་ཉིད་ཀྱིས་རང་ཡུལ་བྱ་ཡུར་ དགོན་གྱི་གནས་གཞི་དེ་ཉིད་དུ་མཚམས་ཁང་གཟིམ་སྤྱིལ་ཞིག་གསར་དུ་བྱས་ནས་དེར་ལོ་ མཚམས་ལྷག་རེ་བསྙེན་སྒྲུབ་ཟབ་མོ་ལ་གཞོལ་བར་མཛད་རྗེས་ཙམ་ན་འཛམ་ཐང་གཙང་ བའི་བླ་ཚབ་བྱ་ཡུར་བླ་མ་ཚུལ་ཁྲིམས་ཕེབས་སྐབས་དམ་པ་འདི་བས་ལོ་གཉིས་ཀྱི་རིང་ བླ་མཆན་མཛད་དགོས་བྱུང་ཞིང་དེ་མཚམས་ཉིད་ཀྱི་མ་ཡུམ་ཀྱང་དུས་ལས་འདས་པས་དེ་ ལའང་རང་ཡུལ་གྱི་སྲོལ་དང་བསྟུན་པའི་དགེ་སྒྲུབ་རྒྱ་ཆེ་བ་ལེགས་པར་མཛད་དོ། ། དགུང་ལོ་སོ་བདུན་པ་ཆུ་ལུག་གི་ལོ་དང་དེའི་ལོ་ཕྱི་མ་གཉིས་སུ་རིམ་པར་ཉིད་ཀྱིས་རང་ གི་སྒྲུབ་ཁང་དུ་ལོ་མཚམས་རེ་དང་ལྷ་བཟོ་བླ་མ་ངག་དབང་ཆོས་འཛིན་ཞབས་པའི་དྲུང་ནས། རྗེ་བཙུན་གྱི་བཀའ་འབུམ་ལས་བྱུང་བའི་བདེ་མཆོག་རབ་འབྱམས་ཀྱི་དབང་བཀའ་ཡོངས་ རྫོགས་ཀྱང་གསན། དགུང་ལོ་སོ་དགུ་པ་ཤིང་བྱ་ལ་རྗེ་བླ་མ་དེ་ཉིད་ཀྱི་མདུན་ནས། དམ་པ་འདིས་གཤིན་རྗེ་ རབ་འབྱམས་སོགས་སྤྱིར་སྡོམ་འབྱུང་ལྷ་བཅུ་གསུམ་མ་གཏོགས་རྒྱུད་སྡེ་རབ་འབྱམས་ཆ་ ཚང་ལེགས་པར་ནོད་ཅིང༌། གཞན་ཡང་སྐབས་ཅི་རིགས་པར་བླ་མ་དེ་ཉིད་ཀྱི་ཞལ་སྔ་ནས། དམ་པ་འདི་རང་ལ་སྤྱིར་ཆོས་བཀའ་ཐོབ་རིམ། འཕགས་པ་བརྒྱད་སྟོང་པ་ཀུན་ཏུ་རྒྱུ་ཅན་ ལེའུ་སོ་གཉིས་པའི་བཀླག་ལུང༌། སྦྱོར་དྲུག་ཆོས་སྐོ ར། ཁྲིད་ཡིག་མཐོང་བ་དོན་ལྡན། ལྷན་ ཐབས། ངོ་སྤྲོད་ཕྱི་ནང༌། རྟགས་ཚད། གེགས་སེལ། སྟན་ཐོག་གཅིག་མ། འཁྲུལ་འཁོར་སྡོམ་ གཉིས་སོགས་དང༌། ཐུགས་རྗེ་ཆེན་པོ་སྨྲ་ཁྲིད་ཚོམ་ལུགས། གཅོད་སྐོ ར། རྗེ་རང་བྱུང་པས་ མཛད་པའི་གཅོད་ཀྱི་ཚོགས་ལས་རིན་ཆེན་ཕྲེང་བ། རཱ་ག་ཨ་གསེས་མཛད་པའི་གཅོད་ 6-1-207 ལུགས་སོར་བཞག་གཅོད་འདུལ། བསྟབ་པ་ཆ་དྲུག བསྟབ་པ་དྲག་པོ། གཅོད་ཀྱི་མེ་མཆོད། ཆང་བུ་བརྒྱ་རྩ། ས་འཛིན་བཙོན་བཟུང་བཀྲོ ལ་རྣམས་དང༌། རྗེ་བཙུན་ཏཱ་ར་ནཱ་ཐས་མཛད་ པའི་གཅོད་གནད་དོན་སྙི ང་པོའི་དམིགས་ཁྲིད། སྟན་ཐོག་གཅིག་མ། གྲགས་པ་དཔལ་ཀྱིས་ མཛད་པའི་གནད་དོན་སྙི ང་པོའི་ངག་འདོན་སོགས་ཆོས་བཀའ་མང་པོ་ཐོབ་ཅིང༌། ལྷ་བཟོ་ བླ་མའི་སྐུ་དངོས་བཞུགས་སྐབས་སུ་ཉིད་མདུན་དུ་དམ་པ་འདིས་གཅོད་ཚོགས་བརྒྱ་ཉམས་ ལེན་གྱིས་དུས་སུ་ཐུགས་ལ་ལྷོང་གི་རྟགས་ཚད་ཆེས་རགས་ཤིང་ཀུན་ནས་རྩུབ་པའི་ཉམས་ ཧ་ཅང་མོད་དྲགས་པས་བླ་མ་མཆོག་ཉིད་ཀྱིས་བར་བར་བཞུགས་གྲོགས་མཛད་དགོས་ བྱུང་ལ། ལྷ་ཚེ་སྐྱབས་མགོན་གྱི་མདུན་ནས། སྔ་ཕྱི་གང་ཡང་རུང་བར་སྔགས་རྙིང་ཕྱོགས་ ཀྱི་གཅོད་སྐོ ར་ཡོངས་རྫོགས་ཁོང་གིས་མ་གསན་པ་མེད་པ་ལྟ་བུ་ཡིན། གཞན་ཡང་རང་གི་ མཚམས་ཁང་དུ་ཁོང་ཉིད་ཀྱིས་གཅོད་གནད་དོན་སྙི ང་པོ། སྟན་ཐོག་གཅིག་མ་སོགས་ལ་ལོ་ མཚམས་མཛད་པས་ཐུགས་ལ་ཟབ་མོ་གནས་ལུགས་ཤེར་ཕྱིན་དག་ཆེན་གྱི་དབྱིངས་ཉག་ གཅིག་ཏུ་བཟང་ངན་རོ་སྙོམས་སུ་ཕུ་ཐག་ཆོད་དེ་གཤིས་ལུགས་རྗེན་ཆར་བའི་དགོངས་ཆེན་ ལ་དབང་འབྱོར་བས་རང་གིས་ཚུལ་དེ་ལྷ་བཟོ་རྡོ་རྗེ་འཆང་ཉིད་ལ་ཞིབ་ཏུ་ཞུས་པས་བཀའ་ ལུང་ལས། ད་ནི་ཁྱོད་ལ་ལྷ་མེད་འདྲེ་མེད་ལྟ་བའི་གདེང༌། །ཞེས་པ་ལྟར་འཁྲུལ་སྣང་ལྷ་འདྲེ་ རིས་སུ་གཅོད་བཞིན་རེ་དོགས་ཀྱི་སྒྲོག་གིས་ཀུན་ནས་འཆིང་ཐག་དམ་པོ་མཚན་འཛིན་གྱི་ རྟོག་ཚོགས་ཐམས་ཅད་རང་ཞིག་ཏུ་སོང་སྟེ་དག་མཉམ་གཉུག་མ་གཅིག་གི་ངང་དུ་སླེབས་ འདུག་པས་ཨེ་མ་ཡ་མཚན་ཆེའོ། །ཞེས་སོགས་ཀྱིས་སྔགས་ཚིག་གི་མེ་ཏོག་དུས་སུ་མངོན་ པར་འཐོར་སྐད། དགུང་ལོ་སོ་སྟོད་སྐོར་འདི་ཞིག་ནས་ཁོང་རྔ་ཡུལ་དུ་ཕེབས་ཏེ་འབྲོག་དགེ་ཡོན་ཏན་རྒྱ་ མཚོས་མཁན་པོ་མཛད་དེ། དགེ་འདུན་གྲངས་ཚང་གི་མདུན་ནས། དམ་པ་གང་འདིས་བསྙེ ན་ 6-1-208 པར་རྫོགས་པའི་དངོས་པོ་ལེགས་ནོད་ཀྱིས་ཐར་པའི་གཞི་གཅིག་ངུར་སྨྲིག་གི་རྒྱལ་མཚན་ལྷ་ དང་མིས་མཆོད་པའི་གནས་ཕུལ་དུ་བྱུང་བར་གྱུར་པ་དེ་བདག་གིར་ལེགས་བཞེས་མཛད་དོ། ། དགུང་ལོ་བཞི་བཅུ་པ་མེ་ཁྱི་ལ་སྦྱངས་པ་ཀུན་དགའ་ངེས་དོན་ཞབས་པའི་མདུན་ནས། ཁོང་གིས་ཐུགས་རྗེ་ཆེན་པོ་སྨྲ་ཁྲིད་ཚོམ་ལུགས་ཀྱི་ཁྲིད་ཞུས་སྟེ། སྔར་མ་ཡུམ་གྱི་འདས་པའི་ དགོངས་རྫོགས་སུ་རང་དགོན་བྱ་ཡུར་མཚམས་ཁང་དུ་ལོ་གསུམ་གྱི་རིང་དུ་གསུང་མཆོག་ཡི་ གེ་དྲུག་མའི་བསྙེ ན་མཚམས་ལ་བཞུགས་ནས་མ་ཎི་དུང་ཕྱུར་ལྗགས་བཟླས་མཛད་ཅིང༌། དགུང་ལོ་ཞེ་གསུམ་པ་ས་གླང་གི་ལོ་ལ་སྟོད་ཁམས་སྡེ་དགེ་ཕྱོགས་སུ་ཆོས་རྗེ་དབོན་ འགྱུར་མེད་དང༌། མཉམ་དུ་དམ་པ་འདི་ཉིད་བྱོན་ཏེ་ཡུལ་དེ་ཕྱོགས་ཀྱིས་སྐྱེས་ཆེན་དུ་མ་ ལས་ཟབ་བཀའ་ཇི་ལྟར་ནོད་རིམ་ཡང༌། ཐོག་མར་ཞབས་དྲུང་འཇམ་དབྱངས་མཁྱེན་བརྩེ་ དབང་པོའི་ཞལ་དམ་པ་འདིས་ལེགས་མཇལ་གྱི་སྒོ་ནས་ཆོས་བཀའི་རིམ་པ་བྱང་ཆུབ་སེམས་ སྡོམ། མཚན་བརྗོད་ལུགས་ཀྱི་སྦྱོར་དྲུག་སོགས་སྦྱོར་དྲུག་གི་ཟབ་ཁྲིད་འགའ། གུ་རུའི་སྐུ་ ཚབ་རྟེན་དབང༌། ཉེ་བརྒྱུད་ཚེ་རྟ་ཟུང་འབྲེལ་གྱི་སྒོམ་ལུང་བཅས་ལེགས་པར་གསན་མཐར་ རང་གི་ཐུགས་རྒྱུད་ལ་འཁྲུངས་པའི་ཉམས་རྟོགས་ཀྱི་ཚུལ་ཞིབ་པར་ཞུས་ཏེ་གསང་ཆེན་ ཉམས་མྱོང་ལ་དོགས་གཅོད་དོ་གལ་ཆེ་བར་བྱས་ཚེ། རྗེ་བླ་མ་ཞབས་དྲུང་རིན་པོ་ཆེའི་ཞལ་ སྔ་ནས། ཁྱོད་ལ་ད་སྐབས་སྔ་འགྱུར་གསང་སྔགས་པའི་ལུགས་ལྟར་ལ་མཚོན་ན། ཇི་སྐད་དུ། ཆོས་ཟད་ཀློང་དུ་ཆོས་སྐུའི་དགོངས་པ་བརྙེས། །འོད་གསལ་དབྱིངས་སུ་ལོངས་སྐུའི་ཞིང་སྣང་ གཟིགས། །ཞེས་གསུངས་པ་ལྟར་ཀུན་རྫོབ་འཁྲུལ་སྣང་ཟད་པའི་དོན་དམ་གཞི་དབྱིངས་ དག་པའི་ཞིང་ཁམས་རབ་འབྱམས་རྣམ་པ་ཀུན་ལྡན་དུ་ཇི་བཞིན་གཟིགས་ནུས་པའི་གནས་ ལུགས་ལ་མྱོང་བ་ངེས་པར་ཐོན་ཚུལ་གྱི་ཆེ་བསྔགས་གཟེངས་བསྟོད་དགྱེས་སྤྲོ་རྒྱ་ཆེ་བའི་ངང་ 6-1-209 ནས་མཛད་ལ། དེ་ནས་རིམ་པར་དམ་པ་ཉིད་ཀྱིས་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་མདུན་ནས། དུས་འཁོར་ལྷན་སྐྱེས་རྗེས་གནང༌། སྦྱོར་དྲུག་སྤྱི་བཤད། ཉིད་ཀྱིས་མཛད་པའི་ནམ་སྙི ང་བྱང་ ཆོག་གི་སྒོམ་ལུང་དང༌། སྤྱི་འདུས་ཁྲིད་ཡིག་གཉིས་དང༌། སྒྲོལ་མ་དམར་མོའི་སྐོ ར་དུ་མ་ཞིག་ དང༌། རྫོགས་ཆེན་དཔལ་སྤྲུལ་གྱི་དྲུང་ནས། དངུལ་ཆུ་ཐོགས་མེད་ཀྱིས་མཛད་པའི་བློ་སྦྱོང་ དོན་བདུན་མའི་ཁྲིད། བཟང་པོ་སྤྱོད་པའི་ལུང་སོགས་དང༌། རྒྱལ་སྲས་གཞན་ཕན་ཆོས་ཀྱི་ སྣང་བའི་ཞལ་བཟང་ལས། རྡོར་སེམས་སྒྱུ་འཕྲུལ་དྲྭ་བ་ཞི་བ་འབྲིང་པོའི་དབང་མོ་ཆེ་སྨིན་ གླིང་པདྨ་འགྱུར་མེད་ཀྱིས་མཛད་པའི་དབང་ཆོག་སྟེང་ནས་སྟ་གོན་སྔོན་དུ་འགྲོ་བའི་སྒོས་ རས་བྲིས་ཀྱི་དཀྱིལ་འཁོར་ལ་བརྟེན་ཏེ་ཕྱི་ཕན་པའི་དབང་བཅུ། ནང་ནུས་པའི་དབང་ལྔ། གསང་བ་ཟབ་མོའི་དབང་གསུམ་རྣམས་དང༌། རཏྣའི་གཏེར་བྱོན་གཤིན་རྗེ་དྲེགས་འཇོམས་ ཀྱི་དབང་རྒྱས་པ་ཕྲིན་ལས་གཏེར་མཛོད་ཟབ་གནད་མཚོན་ཆ་འཁོར་ལོ་ཕལ་སྤྲོད་བཅས་ དང༌། བསྡུས་པ་དོན་དབང་ཡིད་བཞིན་ནོར་བུ་གཉིས་དང༌། ཚེ་སྒྲུབ་གསང་འདུས་ཀྱི་དབང་ རྣམས་དང༌། ཀར་གླིང་གི་གཏེར་བྱོན་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་བུམ་དབང་རྒྱས་པ་ འཕྲད་ཚད་རང་གྲོལ། འབྲིང་པོ་འགྲོ་དྲུག་རང་གྲོལ། བསྡུས་པ་གཏོར་དབང་རེག་པ་དོན་ ལྡན་རྣམས་དང༌། གསང་དབང་བདེ་ཆེན་རང་གྲོལ། ཤེས་རབ་ཡེ་ཤེས་དབང་བསྐུར། ཚིག་ དབང་རིན་པོ་ཆེ་སྟེ་དབང་གོང་མ་གསུམ་དང༌། ཞི་ཁྲོའི་བསྐྱེད་རྫོགས་ཆ་ཚང་གི་ཟབ་ཁྲིད་ བཅས་དང༌། བློ་སྦྱོང་ལེགས་བཤད་ཀུན་འདུས་སྙི ང་ཐིག་གཅོད་མཁའ་འགྲོའི་གད་རྒྱངས། རཏྣའི་ཕུར་བ་དང༌། ཚེ་སྒྲུབ་འཆི་བླུ་སུན་བཟློ ག་བཅས་དང༌། བཀའ་བརྒྱད་གསང་རྫོགས་ཀྱི་ བཀླག་ལུང༌། སྨིན་གླིང་གིས་མཛད་པའི་རྡོར་སེམས་སྒྱུ་དྲྭའི་སྒྲུབ་ཐབས་དབང་ཆོག་བཅས་ ཀྱི་བཀླག་ལུང་སོགས་ཟབ་བཀའ་ཆེས་མང་ལེགས་ནོད་མཛད་རྗེས་ཙམ་ནས་ཁོང་ཉིད་རང་ ཡུལ་དུ་ཕེབས་ཏེ། སྔར་གྱི་མཚམས་ཁང་དུ་བཞུགས་བཞིན་གང་གིས་མདོ་སྔགས་སྤྱི་དང་ 6-1-210 ཁྱད་པར་བློ་སྦྱོང་ལ་ཉམས་ལེན་གནད་ཁེལ་གྱིས་ལམ་ལ་མྱོང་བ་དེ་ལུགས་བཞིན་སྔར་ལས་ ལྷག་པ་རྒྱས་ཤིང༌། འདི་སྐོ ར་གོང་འོག་ཅི་རིགས་པར་བླ་མ་དམ་པ་ཆོས་གསལ་གྱི་དྲུང་ ནས། རྟོགས་པ་ཆེན་པོ་རྒྱུས་པའི་མདོ་འགྱོད་ཚངས་ཀྱི་ལེའུ་ཉི་ཚེའི་བཀླག་ལུང༌། ཞི་བ་ལྷའི་ སྤྱོད་འཇུག བསྟན་འཛིན་མིང་གིས་མཛད་པའི་གཅོད་ཀྱི་ཚོགས་ལས། རང་བྱུང་བའི་གཅོད་ ཚོགས། སི་ཏུའི་གཅོད་གྱི་རིགས་འཐོར་བུ། དགེ་སློང་གཅིག་པུའི་གསོ་སྦྱོང༌། ཆོས་བསྟན་ ཚུལ། མ་ཎི་བཀའ་འབུམ། རཱ་གས་མཛད་པའི་ན་རག་དོང་སྤྲུག་རྣམས་དང༌། འཕུར་རྩ་བླ་མ་ དགེ་ལེགས་མདུན། མགོན་པོ་ཚོགས་བདག་བསྒྱུར་བཞི་བཅས། ཀོང་སྤྲུལ་གྱིས་མཛད་པའི་ བསྙུང་གནས་ལག་ལེན། ཟུར་མང་པས་མཛད་པའི་བསྙུང་གནས། གྲོལ་མཆོག་ཁྲིད་བརྒྱ་ བརྒྱུད་རིམ་བཅས། ལྷན་ཅིག་སྐྱེས་སྦྱོར་གྱི་ཟབ་ཁྲིད། ཕུར་བའི་བསྙེ ན་ཡིག ཐར་མདོ། རྡོ་རྗེ་ མཆུ། མོ་སྲི་བཀར་བ། རྒྱལ་གསོལ། གནམ་ཆོས་འགོང་བཀར། གཤེད་བཟློ ག་གཤེད་གཏོ། གཤེད་མདོས་རྣམས་ཀྱི་བཀླག་ལུང་རྣམས་དང༌། ལྷ་ཚེ་སྤྲུལ་སྐུའི་དྲུང་དུ། གཅོད་དབང་ཁ་ ཚང༌། ཐོས་གྲོལ་ཆ་ལག་བཅས་ཀྱི་ལུང་རྣམས་ཉིད་ཀྱིས་ལེགས་པར་གསན་ཏོ། ། དགུང་ལོ་ཞེ་བཞི་པ་ལྕགས་སྟག་ལོར་བླ་མ་ལྷ་བཟོའི་དྲུང་ནས་དམ་པ་ཁོང་གིས་ཚེ་སྒྲུབ་ བདུད་རྩིའི་ཆུ་གཏེར་གྱི་ཁྲིད་ལུང་ཞུས་ཏེ་བསྙེ ན་སྒྲུབ་ཚད་ལྡན་དང༌། དེ་བཞིན་དུ་རཏྣའི་ཚེ་ སྒྲུབ། སྒྲོལ་མ་དམར་མོ། རཏྣའི་ཕུར་བ། དཀོན་མཆོག་སྤྱི་འདུས། ཚེ་རྟ་ཟུང་འབྲེལ། སྒྲོལ་ དཀར་རྣམས་ཀྱི་བསྙེ ན་ཚད་རེ་རེ་བཏང་ཞིང༌། དགུང་ལོ་ཞེ་ལྔ་པ་ལྕགས་ཡོས་ཀྱི་ལོ་སྨད་ཙམ་ནས་འཛམ་ཐང་གཙང་བ་སྤྲུལ་པའི་སྐུ་ སོགས་ཀྱིས་བཀའ་བཀོད་ལ་བརྟེན་དེའི་ལོ་ཕྱི་མའི་ནང་དུ་ཁོང་ཉིད་མགོ་ལོག་ཨ་སྐྱོང་གོང་ མའི་ནང་ལ་བླ་ཚབ་ཏུ་ཕེབ་དགོས་བྱུང་ནས་ཐོག་མར་གཙང་ཆེན་མགོན་ཁང་དུ་ཁོང་གྲྭ་ འཁོར་བཅས་ཀྱིས་ཆོས་སྐྱོང་ལ་གསོལ་མཆོད་མཛད་སྐབས་བསྟན་སྲུང་ལྷ་ཡི་དགྱེས་ཉམས་ 6-1-211 ཁྱད་པར་བའི་ལེགས་མཚན་དུས་སུ་བྱུང་ཞིང༌། ཉིད་ལོ་གཅིག་ལས་བླ་ཚབ་ཏུ་བཞུགས་ མི་དགོས་པའི་བཀའ་གནང་དང་བཅས་ཁོང་དཔོན་སློབ་མགོ་ལོག་ཕྱོགས་སུ་ཆིབས་ཁ་ ལེགས་བསྐྱོད་ཀྱི་སྐབས་རང་ཡུལ་ནས་ལྷ་དང་སྲུང་མས་སྐྱེལ་ཐུང་དང་གཞན་ཡུལ་དུ་ཡུལ་ ལྷས་ཆེད་གཉེར་གྱིས་བསུ་བ་མཛད་ངོས་ནས་མགོ་ལོག་ཕྱོགས་སུ་སླེབས་དུས་ཁོང་ལ་ཨ་ སྐྱོང་གོང་དཔོན་མི་དབང་ནོར་བུ་དགྲ་འདུལ་གྱིས་ད་སྐབས་ལོ་གསུམ་དུ་བཞུགས་དགོས་ ཚུལ་དང་རྗེས་སོར་རི་འཕུང་བླ་མ་ཆོས་རབ་བླ་ཚབ་ཏུ་ཕེབས་དགོས་ཚུལ་སོགས་ཀྱི་ནན་ཞུ་ ཆེ་ན་ཡང་ཁོང་ཉིད་ཀྱིས་བཀའ་ནན་ལྡོག་མེད་སླར་ཕེབས་མཛད་པས་ཉིད་ལོ་གཅིག་ལས་ བཞུགས་མི་དགོས་པ་དང༌། རྗེས་སོར་རི་འཕུང་བླ་མ་བྱོན་མི་དགོས་པའི་འདྲ་ཉིས་འགྱུར་ མེད་ཆད་མདོ་དཔོན་རང་ཉིད་ཀྱིས་ཐག་བཅད་བཅས་དེར་ཁོང་དཔོན་སློབ་ཀྱིས་གདུལ་ཞིང་ མཛད་སྐབས་ཉིན་ཞིག་ཁྱིག་སྟན་ཟེར་བའི་དུད་ཚང་ཕྱུག་པོ་ཞིག་གི་བུ་གྲིར་ཤི་བས་དེར་ཁོང་ རྣམས་བྱོན་པས་གཤིན་ཆོག་མཚན་འཕོ་མཛད་སྐབས་སུ་མི་ཁྱིམ་དེའི་ཉེ་འཁོར་གཟིམ་སྦྲའི་ ནང་ན་ཁྱིག་ཤུལ་དགེ་བཤེས་ཟེར་བ་བྱང་དགོན་ར་རྒྱའི་ཆོས་སྡེ་ནས་དགེ་བཤེས་མཆོག་གི་ གོ་གནས་ལེགས་པར་སོན་པ་མཁས་གྲུབ་གཉིས་ལྡན་གྱི་བླ་མ་ཞིག་བཞུགས་ཡོད་པ་དེས་ གཙང་བའི་བླ་མ་མཆོག་ལ་ཉམས་སད་ཀྱི་ཚུལ་དུ་རང་གི་ཡི་དམ་བདེ་མཆོག་གི་སྐུར་གསལ་ བཏབ་པའི་ཐུགས་སྲོག་སྔགས་ཕྲེང་གི་ཞབས་སུ་ཚེ་འདས་དེའི་རྣམ་ཤེས་བཅུག་ནས་རྐྱེན་ གང་གིས་བསྐྱོད་མི་ནུས་པར་བྱས་པ་ན་གཙང་བ་འཁོར་བཅས་ཀྱིས་འཕོ་ལུང་མཛད་དེ་ ཐུགས་དམིགས་ནན་ཆེར་བགྱིས་སྟབས་ཀྱིས་སྐད་ཅིག་དེ་ཉིད་ལ་དགེ་བཤེས་རང་གི་ཐུགས་ ཚེ་འདས་དེ་ཉིད་ཀྱི་རྣམ་ཤེས་དང་བཅས་ལྷན་ཅིག་ཏུ་དབྱིངས་རིག་གཉིས་མེད་དུ་སྤར་ཏེ་ དགེ་བཤེས་ཉིད་སྐུ་འདས་པ་ལྟ་བུར་རེད་སོང་དེ་ཚེ་གཙང་བ་དཔོན་སློབ་ལ་དེ་ལུགས་ལྟར་ ཞུས་པས་གཙང་བ་ཁོང་གིས་ཚེ་འགུགས་མཛད་པའི་མོད་དགེ་བཤེས་ཉིད་སླར་སོར་ཆུད་ 6-1-212 པར་གྱུར་པའི་དུས་སུ་དགེ་བཤེས་ཁོང་ཉིད་ཤིན་ཏུ་དད་གུས་ཀྱི་ངང་ནས་ཉིད་ཀྱིས་བཀའ་ མོལ་མཛད་སྐབས་རང་ཡང་ར་རྒྱའི་དགོན་ནས་དགེ་བཤེས་མིང་བཏགས་ཙམ་སྟེ་ཡི་དམ་ ཀྱི་ཐུགས་སྲོག་འོག་ཏུ་གཤིན་པོའི་རྣམ་ཤེས་གབ་ཁུལ་བགྱིས་ཀྱང་ཇི་ལྟར་རྔོ་ཐོག སྤྱིར་ ཁྱེད་ཇོ་ནང་པ་ནི་ཚེ་གཅིག་ལ་འདི་ཙམ་གསང་སྔགས་ཀྱི་རྟོག་པ་མཆོག་བརྙེས་ཚབས་ཆེ་བ་ ངོ་མཚར་བའི་གནས་བླ་མེད་དུ་ངེས་ལ། རང་ཅག་སྔགས་གསར་མ་བ་རྣམས་ཀྱང་གནས་ ལུགས་བདེན་སྟོང་ལ་ངེས་པ་དྲངས་ནས་གསང་ཆེན་མངོན་རྟོགས་དང་སྦྲེལ་སྒོམ་བྱེད་པ་ ཡིན་ཀྱང་ཚེ་གཅིག་ལ་ཡོན་ཏན་དེ་འདྲ་སྐྱེ་བ་ད་ལྟ་དཀོན་ཙམ་དུ་འདུག་ཚུལ་དང༌། ཁྱད་ པར་གཙང་བ་ཁྱེད་འགྲོ་འདྲེན་དམ་པར་གྱུར་ཚུལ་གྱི་ཆེ་བའི་བསྔགས་བརྗོད་དང་བཅས་ དགེ་བཤེས་རང་གི་ཆིབས་རྟ་སོགས་འབུལ་ཡོན་རྒྱ་ཆེ་བས་བསྙེན་བཀུར་དཔེ་མེད་མཛད་ ལ། ཁོང་དཔོན་སློབ་ཨ་སྐྱོང་རིན་ཆེན་བྱམས་ཀྱིས་གདན་དྲངས་ཏེ་ཁོང་རྣམས་ཀྱིས་སྲུང་ རིམ་རྒྱ་ཆེར་གནང་དུས་སུ་འབུལ་བ་གཞན་གང་ཡང་མ་བླངས་འཇམ་དབྱངས་བཞད་པའི་ སྐུ་སྲིང་གཟི་བརྗིད་སྒྲོལ་མས་ཕ་ཡུལ་བྱང་བླ་བྲང་ནས་རྟེན་སྐལ་དུ་འོངས་པའི་ཐུབ་པའི་སྐུ་ བརྙན་ཁྱད་མཚར་ཅན་ཞིག་ཕུལ་པ་དེ་ལེགས་བཞེས་ཀྱིས་བསོད་ནམས་ཞིང་གི་རྟེན་དུ་ཉེ་ བར་མཛད་པ་སྟེ། དེ་ཕན་མཆོད་ཡོན་ཟབ་མོས་དམ་སྦྲེལ་གྱིས་ཨ་སྐྱོང་དཔོན་འཁོར་བཅས་ མ་ཟད་བྱང་བླ་བྲང་སྐུ་ཕྱོགས་འཇམ་དབྱངས་བཞད་པའི་སྐུ་དོན་རིམ་གྲོ་སོགས་ཅི་དགོས་ཀྱི་ བཀའ་ལུང་གསལ་པོ་ཞུ་གནས་གཅིག་ཆོག་ཏུ་བཀུར་ཏེ་འདི་ཕྱིའི་སྐྱབས་གནས་ཟླ་བྲལ་དུ་ རྟག་པར་འཛིན་ལ། འདི་སྐོ ར་དུ་གྲུབ་པའི་དབང་ཕྱུག་གི་མཚན་སྙན་ཅན་སྐུ་ཕྱོགས་མཁྱེན་ སྤྲུལ་ཞབས་པའི་དྲུང་ནས། ཀར་གླིང་ཞི་ཁྲོའི་དབང་ལུང་ཁྲིད་གསུམ་དམ་པ་འདིས་ལེགས་ གསན་བཅས་ཀྱིས་ཕར་ལ་སྦྱོར་དྲུག་བསྡུས་ཁྲིད་དང་རྟ་ཕྱག་ཁྱུང་གསུམ་གྱི་རྗེས་གནང་ཟབ་ བཀའ་ཉེ་བར་བསྩལ་ཏེ་མར་རང་ཡུལ་དུ་ཕེབས་ལ་ཆས་ཚེ་དེ་ཕྱོགས་མཆོག་དམན་ཡོངས་ 6-1-213 ཀྱིས་དད་གུས་ཤུགས་ཆེ་བས་འབུལ་ནོར་ཧ་ཅང་རྒྱ་ཆེར་ནན་འབུལ་བྱས་འདུག་ནའང་ཨ་ བློའི་དངུལ་རྡོ་ཚད་དང་ལྕགས་མོའི་རྟ་ཙམ་ལས་གཞན་གང་ཡང་མ་བཞེས་ཤིང་དངུལ་རྟ་ དེ་གཉིས་ཀྱིས་ཆོས་འཁོར་བཞེངས་པའི་ཆ་རྐྱེན་དང་རྒྱལ་བའི་སྐུ་རྟེན་ཁྱད་པར་བ་བླུ་ཡོན་ རྣམ་དཀར་བསོད་ནམས་ཞིང་དུ་ཐེབས་ངེས་མཛད་ཅིང་དེ་ཕྱོགས་གཙང་བླའི་སྒར་དུ་ཐེབས་ བཞག་ཀྱང་མི་དམན་པ་རེ་བྱས་སོ། ། དེ་ནས་དཀར་ཕྱོགས་སྐྱོང་བ་དག་གིས་སྐྱེལ་བསུ་མཛད་བཞིན་གཙང་བ་འཁོར་བཅས་ རང་ཡུལ་དུ་གདན་ཕེབས་ཀྱི་སྒོ་ནས་གྲྭ་འཁོར་དག་ལ་རང་འཚམས་ཀྱི་གནང་སྦྱིན་ལེགས་ པ་དང་བཅས་འཛམ་ཐང་གཙང་ཆེན་གྲྭ་སྡེའི་འདུ་ཁང་ཆེན་མོར་རྡོ་རྗེ་འཆང་ངག་དབང་ཆོས་ འཛིན་ཞབས་པས་ཁྲི་འཛིན་མཛད་དེ་འདུས་པ་མང་ཚོགས་ཀྱིས་དུས་ཀྱི་འཁོར་ལོའི་སྒྲུབ་ མཆོད་ཟབ་མོ་ཞག་གྲངས་མང་པོར་མཛད་སྐབས་ཆོ་ག་ཤེས་པ་དག་གིས་དེ་ལུགས་མཆོད་ སྒྲུབ་དང་མི་ཤེས་པ་རྣམས་ཀྱིས་ཧ་ཀྵ་འདོན་སྲོལ་ཁོང་གིས་མཛད་ནས་གདུལ་བྱ་འབྲེལ་ ཐོགས་མཐའ་དག་ལ་འདི་ཕྱིའི་ལེགས་ཕན་རླབས་ཆེན་གྱིས་མཆོད་སྦྱིན་ཟད་མེད་ལྟ་བུའི་ བསགས་སྒོ་དང་མཆོད་སྒྲུབ་སྐབས་མཆོད་གཏོར་གང་དག་ལ་ལྕགས་སྤུ་འོད་མདངས་བཀྲ་ བ་མེ་ཏོག་འདབ་ལྡན་གྱི་རྣམ་པ་ཅན་མང་པོ་སྐྱེས་ཤིང་ཡོན་ཆབ་རྣམས་ལའང་མེ་ཏོག་ཁ་ དོག་སྣ་ཚོགས་འདབ་མ་མང་ལྡན་དུ་མས་ཁེབས་པ་སོགས་ངོ་མཚར་བའི་དགེ་མཚན་དུས་ སུ་ངོམ་བཞིན་རྗེ་དམ་པ་ཁོང་ལའང་ཐུགས་དག་སྣང་གི་འཆར་སྒོ་འབྱམས་ཀླས་པ་ཕན་ཚུན་ འགྲན་པ་ལྟ་བུའི་ངང་ཚུལ་དུ་གྱུར། དགུང་ལོ་ཞེ་བདུན་ཆུ་སྦྲུལ་ལོར་དམ་པ་གང་ཉིད་རང་གནས་བྱ་ཡུར་དགོན་དུ་ལེགས་ བཞུགས་ཀྱིས་དངོས་རྫས་ལྷག་མ་གང་དག་གིས་ཡི་གེ་དྲུག་མའི་དུང་འཁོར་བཞེངས་ཏེ་ འཁོར་ཁང་ལྷ་རིས་བཅས་ཕྱི་ནང་གི་བཀོད་པ་ཡོངས་རྫོགས་དང་འོད་དཔག་མེད་དང་སྤྱན་ 6-1-214 རས་གཟིགས་ཀྱི་ཞིང་ཐང་དང་ཉིད་ཀྱི་གཟིམ་ཁང་དུ་ཆོས་སྐྱོང་ཆ་ཚང་གི་གྱང་རིས་གསར་ བཞེངས་སོགས་ཀྱི་ཆ་རྐྱེན་དུ་གཙང་དག་མཛད། དེའི་ལོ་ཕྱི་མར་མགོ་ལོག་ཕྱོགས་ནས་ ཨ་སྐྱོང་དཔོན་རིན་ཆེན་བྱམས་ནད་ཀྱིས་ཐེབ་སྐབས་དེའི་རྐྱེན་སེལ་མཛད་ཕྱིར་རྗེ་བླ་མ་ དམ་པ་ཉིད་གདན་འདྲེན་ཏུ་བྱུང་བར་བརྟེན་དེ་ཕྱོགས་སུ་ལེགས་ཕེབས་ཀྱིས་ཟླ་བ་གཅིག་ཏུ་ བཞུགས་ཏེ་ཕུར་བའི་སྒྲུབ་ཆེན་མཛད་པས་དཔོན་དེ་ཉིད་རྐྱེན་ལས་ཐར་ནས་བདེ་སྐབས་སུ་ུ འཚོ་བར་བྱས་རྗེས་སུ་རྗེ་ཁོང་དང་དགེ་སྐོར་བླ་མ་རབ་ཁ་བླ་མ་སོགས་གྲྭ་སློབ་འགའ་བཅས་ རྨ་ཆེན་གངས་སྐོར་ལ་ཕེབས་ནས་གནས་དེ་ཉིད་དུ་དཔོན་སློབ་གང་དག་གིས་ཚོགས་ཀྱི་ འཁོར་ལོ་མཛད་སྐབས་རྗེ་དམ་པའི་ཐུགས་སྣང་དུ་མདུན་མཁར་བླ་མ་ཡི་དམ་སངས་རྒྱས་ བྱང་སེམས་དཔའ་བོ་མཁའ་འགྲོ་རབ་འབྱམས་ཀྱིས་གང་ཞིང་གནས་ནང་དེར་ཞིང་ཁམས་ གྲངས་མེད་ཀྱི་རྣམ་བཀོད་དང་ལྷ་མོ་མཐའ་ཡས་པས་གར་ཐབས་སྣ་ཚོགས་ཀྱི་སྒོ་ནས་རོལ་ དབྱངས་འདྲ་མིན་མང་པོ་མཛད་བཞིན་གནས་དེའི་ཕྱོགས་ཤིག་ན་རྨ་རྒྱལ་ཉིད་ཟ་བེར་ལ་ ཐོད་སོགས་རྒྱལ་པོ་བརྗིད་པའི་ཆས་ལྡན་དུ་གཟིགས་པའི་ནུབ་མོའི་མནལ་ལམ་དུ་རྒྱལ་ པོའི་རྣམ་པ་དེ་ཉིད་རྟ་དཀར་ལ་བཅིབས་ནས་འཁོར་མང་བཅས་ཐོན་བྱུང་བ་དེས་ཁོང་ཉིད་ རྨ་རྒྱལ་ཡིན་ཚུལ་ཞིབ་རྒྱས་གླེང་བཞིན་མཐར་ཁྱེད་ལ་སྐུ་ཚེའི་བར་ཆད་མེད་ཕྱིར་རིན་ཆེན་ མཆོག་ཤེལ་གྱི་ཕྲེང་བ་འདི་སྦྱིན་ཟེར་ནས་མི་སྣང་བར་གྱུར། སང་ཞོགས་སུ་དེ་ལུགས་ལྟ་ བུའི་ཤེལ་ཕྲེང་ཕྱག་ཏུ་འབྱོར་བ་ཕྱིས་སུ་ཉིད་ཀྱི་བླ་མ་ཆོས་འཕགས་རིན་པོ་ཆེའི་གདུང་རྟེན་ བཞེངས་པའི་ནང་གཞུག་ཏུ་ཡོད་ཅེས་གྲགས་སྐད། དེ་ནས་རང་ཡུལ་དུ་ཕེབས་ནས་བཞུགས་ སྐབས་རྟོགས་པའི་དབང་ཕྱུག་བླ་མ་བྱང་ཆུབ་རྡོ་རྗེ་ཞེས་པ་སྔོན་དབུས་ཕྱོགས་སུ་བྱོན་སྐབས་ ཁྲོམ་གྲུབ་ཐོབ་རྒྱལ་བ་བྱང་ཆུབ་ཀྱིས་རྡོ་རྗེའི་ལུང་བསྟན་ཟབ་མོས་རང་གནས་བོན་གྱི་ལྷ་ སྲུང་མི་དཀར་རྟ་དཀར་ཅན་གྱིས་གནས་བདག་མཛད་ས་དེར་བཞུགས་ན་སྐུ་ཚེ་ལ་བར་ཆད་ 6-1-215 མེད་ཅིང་སེམས་ཅན་གྱི་དོན་འོང་བར་གསུངས་པ་ལྟར་རེ་ཞིག་བར་རང་ཡུལ་དང་ཉེ་བར་ བླ་མ་བྱང་ཆུབ་རྡོ་རྗེ་ལེགས་བཞུགས་མཛད་པའི་དུས་སུ་ཞལ་ནས། རང་སྣང་ལ་ས་གནས་ འདིར་འདུས་སྡེ་མང་ཚོགས་དང་གཙུག་ལག་ཁང་སོགས་བསྟན་གཞི་དགོན་སྡེའི་སྣང་ཚུལ་ མང་པོ་ཞིག་གི་འཆར་སྒོ་ཡོད་པས་ནམ་ཞིག་ཁྱོད་ཀྱི་རིང་དུ་ཆོས་གཞི་དགོན་སྡེ་དར་ནས་ དགེ་འདུན་པའི་དབྱར་གནས་སོགས་ཀྱི་མཛད་སྒོ་ཡོངས་རྒྱས་ཀྱི་བཀའ་ལུང་གསལ་བོ་ཡང་ ཡང་གསུངས་ཏེ་མཐར་རིང་མིན་དུ་ཁོང་ཉིད་གནས་པདྨ་རི་མཐོ་ཞེས་པར་ཕེབས་སོང་ནས་ དེར་ཚེ་དང་སྒྲུབ་པ་སྙོ མས་པར་མཛད་ལ། བླ་མ་བྱང་ཆུབ་རྡོ་རྗེ་གང་གི་ལུང་བསྟན་ཕྱིས་དུས་ སུ་མངོན་དུ་གྱུར་ཏེ་སྐྱབས་རྗེ་དམ་པ་འདི་ཉིད་དགོན་གནས་དེར་ལེགས་བཞུགས་ཀྱིས་སྐུ་ ཚེ་དང་མཛད་ཕྲིན་ཡོངས་རྒྱས་ཀྱི་དབུ་རིམ་པས་ཚུགས་ཏེ་མཚན་སྙན་གྱི་གྲགས་པ་ཇེ་མཐོར་ སོང་བ་ཡིན་ཞིང་དེ་ཡང་དགུང་ལོ་ང་གཅིག་མེ་བྱའི་ལོར་སྦྱངས་པ་བླ་མ་ཀུན་དགའ་ངེས་དོན་ ཞབས་པའི་མདུན་ནས་སྒྲུབ་ཐབས་རིན་འབྱུང་སྒྲོལ་དཀར་ཡིད་བཞིན་འཁོར་ལོ་ནས་བཀྲ་ ཤིས་ཚེ་རིང་མཆེད་ལྔའི་བར་ཟབ་དབང་ཡོངས་རྫོགས་དམ་པ་འདིས་ཞུ་ངོར་མཛད་དེ་འདུས་ པ་མང་པོའི་གྲལ་དུ་ལེགས་པར་གསན། དེའི་ལོ་ཕྱི་མ་གསུམ་གྱི་རིང་ལ་དམ་པ་འདི་ཉིད་ འཛམ་ཐང་གཙང་བའི་སྒྲུབ་ཁང་གོང་མར་ཆོས་མཆེད་ས་དམར་བླ་མ་སྙན་གྲགས། གཙང་ དབོན་རིག་རྩལ། གཙང་སྐུ་ངག དགོན་པའི་ཆོས་དབྱིངས་སོགས་དང་ལྷན་ཅིག་ཏུ་ཟབ་ ལམ་རྡོ་རྗེའི་རྣལ་འབྱོར་ལ་ཉམས་ལེན་གནད་སྨིན་གྱིས་སྔར་ལས་རྟོགས་པ་གོང་འཕེལ་ མཛད། དགུང་ལོ་ང་ལྔ་ལྕགས་གླང་དུ་ལོ་སྟོད་ལ་རང་དགོན་དུ་ཐུགས་དམ་མཛད་ཅིང་དེའི་ ལོ་སྨད་ཙམ་ན་འཛམ་ཐང་གཙང་བའི་གཟིམ་ཁང་དུ་ཕུར་བ་ས་ལུགས་ཚོམ་བུ་འབུམ་སྒྲུབ་ ཏུ་ཟླ་བ་གཅིག་ལྷག་ཏུ་བཞུགས། དེའི་ལོ་ཕྱི་མར་རང་དགོན་དུ་བཞུགས་སྐབས་ཤིག་ལ་ ན་མདའ་ཟེར་བའི་གྲོང་སྡེ་ནས་མི་ཞིག་གདོན་གྱིས་བརླམས་ཏེ་སྨྱོ་ནད་ཀྱིས་ཟིན་པས་རང་ 6-1-216 དབང་མེད་པར་འཛེམ་བག་དང་བྲལ་བཞིན་ལུས་གཅེར་བུར་ཕྱུང་སྟེ་ལག་ཏུ་གྲི་མཚོན་ ཐོགས་ཤིང་རྗེ་དམ་པའི་མཚམས་ཁང་སྒོར་མཚན་མོར་སྐད་ཅིག་ལ་ཐོན་ནས་ཁོང་ལ་གླགས་ ལྟ་བར་བརྩམས་ཀྱང་རྗེ་ཉིད་ཀྱི་ཐུགས་སྙིང་རྗེའི་ཤུགས་བཟོད་དཀའ་བའི་ངང་ནས་ཟས་ གོས་གནང་སྦྱིན་བཅས་ཀྱིས་འཚེ་བའི་གོ་སྐབས་མེད་པར་མཛད་ནས་ཁོང་ལ་གནོད་མ་ནུས་ ཀྱང་ཕྱིས་སོར་མི་དེས་སྨྱོ་ནད་དབང་གིས་མའང་བསད་པའི་སྡིག་སྟོབས་ཅན་དུ་གྱུར་ལ་རྗེ་ དམ་པའི་ཐུགས་སྙིང་རྗེ་ཟབ་རླབས་ངེས་པར་ཆེ་བའི་མཐུ་དེས་ནམ་ཞིག་མི་སྡིག་ཅན་དེ་འདྲ་ ལའང་ངན་འབྲེལ་འཁོར་བ་མཐའ་ཅན་གྱི་བག་ཆགས་རེ་ཞོག་པར་མངོན། སྐྱབས་རྗེ་དམ་ པ་ཁོང་ལ་འཚེ་ངོ་འདི་འདྲའི་ཚུལ་འོང་སྐབས་སྔོན་རྩ་བའི་བླ་མ་ཆོས་འཕགས་གང་གིས་རྐྱེན་ སེལ་དབང་ཆེན་བསྙེན་སྒྲུབ་གལ་གནད་ཆེ་ཚུལ་ཀྱི་བཀའ་ལུང་ཡོད་པ་ལྟར་ལེགས་གྲུབ་ ཀྱིས་འཚེ་བ་གང་ལ་འཇིགས་མ་དགོས་པ་བྱུང༌། དགུང་ལོ་ང་བདུན་ཆུ་ཡོས་ལོར་འཛམ་ཐང་གཙང་བའི་འདུ་ཁང་དུ་ཐུབ་བསྟན་དགེ་ ལེགས་རྒྱ་མཚོའི་ཞལ་སྔ་ནས་ཉིད་ཀྱིས་མཛད་པའི་དུས་འཁོར་སྦྱོར་དྲུག་སྤྱི་དོན་བཤད་ཁྲིད་ ཟླ་གཉིས་ཙམ་གསན་ཅིང་གཞན་ཡང་སྔ་ཕྱི་ཅི་རིགས་པར་རྒྱལ་སྲས་ཐོགས་མེད་ཀྱི་བློ་སྦྱོང་ དོན་བདུན་མ་དང༌། བློ་སྦྱོང་མཚོན་ཆ་འཁོར་ལོ། སྤྱོད་འཇུག་ཉིད་གསུང་རོ་ལ་བྱ་བའི་ ཆོ་ག་སོགས་ཆོས་བཀའ་མང་པོ་ལེགས་ནོད་མཛད། སྤྱིར་ཡང་དུས་སྐབས་སྔ་ཕྱི་གང་ཡང་ རུང་བར་དམ་པ་གང་གི་ཕྲིན་ལས་མཛད་སྒོ་འཛམ་ཐང་གཙང་གྲྭའི་སྤྱི་རིམ་ས་བདག་གཏད་ སྤྲུགས་ཀྱི་དབུ་བཞུགས་དང་གཙང་བ་གོང་འོག་སྒར་ཁག་ཟུང་གི་སྐུ་རིམ་གྱི་སྒྲུབ་བླ་གོང་ བཞུགས་དང་གཙང་གྲྭའི་ས་ག་ཟླ་བའི་དུས་མཆོད་ཀྱི་ཁྲི་འཛིན་དང་སྦྱངས་པ་བླ་མའི་སྐུ་རིམ་ བསྐང་གསོལ་དབུ་བཞུགས་ལྷ་ཚེ་སྐྱབས་མགོན་གྱི་སྐུ་རིམ་རཏྣའི་ཕུར་སྒྲུབ་ཆེན་པོའི་དབུ་ བཞུགས་སོགས་ཀྱི་གནང་སྒོ་བར་བར་མཛད། 6-1-217 དགུང་ལོ་ང་བརྒྱད་ཤིང་འབྲུག་ལོར་རྒྱལ་རོང་ཐུགས་རྗེ་ཆེན་པོ་དང་ཀ་ཀོང་སོགས་ གནས་ཆེན་དུ་མ་རྣམས་སུ་ཕྱག་མཆོད་གཟབ་ལྡན་སྒོས་གནས་རྟེན་ལེགས་འཇལ་དང་ གཙང་ཆེན་སྐུ་ཕྲེང་གསུམ་པའི་གདན་ས་རི་ཁྲོད་འགྱུ་ནང་ཞེས་པར་ཟླ་བ་དྲུག་ཏུ་ཐུགས་དམ་ མཛད་གཞན་འཛི་ཡུལ་ཕྱོགས་ཀྱི་གནས་ཁྲ་ཡུས་རྒྱེད་གསུམ་དང་དར་ལྔའི་རི་ཁྲོད་གཉིས་སུ་ དབྱར་ངོ་དང་ཟླ་གསུམ་ཙམ་རེ་གནས་འབྲེལ་མཉམ་བཞག་ཟབ་མོའི་རྣལ་འབྱོར་ལ་གཞོལ་ བར་བྱས་ཏེ་བཞུགས། དགུང་ལོ་ང་དགུ་ཤིང་སྦྲུལ་ལོར་རང་དགོན་དུ་འཛི་སྒར་དགོངས་གཏེར་སྒྲོལ་མ་དམར་ མོའི་བསྙེ ན་སྒྲུབ་མཛད། སྤྱིར་ཡང་སྒྲོལ་མའི་རིགས་དུ་མ་ལ་བསྙེ ན་སྒྲུབ་ཚད་ལྡན་དང་སྔ་ ཕྱིར་ཡོངས་བསྡོམས་སྒྲོལ་མའི་བསྟོད་རྒྱུད་ཕྱག་འཚལ་ཉེར་གཅིག་འབུམ་ཕྲག་ཉེར་ལྔ་ལྷག་ ལྗགས་ཐོག་ཏུ་ལེགས་པར་གསུངས་པ་སོགས་ཀྱིས་རྗེ་བཙུན་མའི་དགྱེས་ཞལ་དགོངས་ཀློང་ དུ་མཇལ་བའི་སྐལ་བཟང་དམ་པ་ཐོབ། དགུང་ལོ་དྲུག་ཅུ་མེ་རྟའི་ལོ་འདི་ཡན་ལ་རང་དགོན་མཚམས་ཁང་འགའ་རེ་ལས་ཆེར་ མེད་ཀྱང་འདི་ལོ་ནས་རབ་ཁའི་བླ་མ་ངག་དབང་དོན་ལྡན་ཞབས་པས་གཙོར་གྱུར་བླ་གྲྭ་ རགས་བསྡུས་ཀྱིས་ནན་ཞུས་ངོར་སྐྱབས་རྗེ་གང་ཉིད་ཀྱིས་རང་དགོན་དུ་སྒྲུབ་པའི་སྡེ་ལེགས་ འཛུགས་ཀྱི་ཐུགས་ཁུར་བཞེས་དགོས་བྱུང་སྟེ་ཁོང་ཉིད་ལ་རབ་ཁའི་བླ་མ་དོན་ལྡན་ནམ་ མཁས་གྲུབ་དབང་པོ་དང་བླ་མ་བསྟན་པ་རབ་རྒྱས་ཟུང་གིས་གནས་སྐབས་ཞབས་འདེགས་ གྲོགས་དན་གང་དགོས་རེམ་པ་ལྷུར་བླང་གི་སྒོ་ནས་རང་དགོན་དེར་དུས་ཀྱི་འཁོར་ལོའི་ཟབ་ ལམ་རྫོགས་རིམ་སྦྱོར་བ་ཡན་ལག་དྲུག་གི་སྒྲུབ་པའི་ཆོས་སྡེ་ཐོག་མར་བཙུགས་སྐབས་གང་ ཉིད་ཀྱིས་རྡོ་རྗེ་སློབ་དཔོན་མཛད་ནས་ཆོས་ཚན་སྒྲུབ་པའི་རྣལ་འབྱོར་གྱི་གྲལ་དུ་ཞུགས་པ་ བླ་མ་བསྟན་པ་རབ་རྒྱས། མཁྱེན་བརྩེ་གསལ་བྱེད་སོགས་སྦྱོར་དྲུག་པ་ལྔ་ཐུགས་སློབ་ 6-1-218 ཐོག་མའི་ཚུལ་དུ་རྗེས་སུ་བཟུང་སྟེ་ཡར་ཚེས་དགེ་བར་ཆོས་ཁྲིད་ཀྱི་དབུ་ཚུགས་པ་ནས་རང་ རེའི་གོང་མའི་ཕྱག་བཞེས་བཞིན་སྦྱོར་དྲུག་སྔོན་འགྲོའི་དམིགས་ཁྲིད་གང་དགོས་རྣམས་དང་ དངོས་བཞིའི་རིམ་པ་བཅས་ཀྱིས་གཞིར་བཟུང་སྨིན་བྱེད་རྡོ་རྗེ་འཆང་དབང༌། ལྷན་སྐྱེས་ བཟླས་ལུང༌། དུས་འཁོར་མཆོག་དབང་སོགས་དང་ཡན་ལག་ཉེར་མཁོ་བླ་མཆོད། ཆུ་གཏོར། གཏོར་ཆོག་རྣམས་ཀྱི་ལུང་ཁྲིད་སྐྱབས་རྗེ་དམ་པ་རྡོ་རྗེ་སློབ་དཔོན་མཆོག་གིས་དུས་སུ་གང་ བབས་རིམ་པར་ལེགས་གནང་གི་དུས་བླ་མ་དོན་ལྡན་ཞབས་པས་ཀྱང་ཆོས་བཀའ་གནང་ རོགས་ཀྱི་བརྩེ་གཟིགས་མི་ལྷོད་པ་དང་བླ་མ་བསྟན་རབ་པས་སློབ་གྲལ་དུ་གསལ་འདེབས་ གང་དགོས་བཅས་དེ་ལུགས་ཀྱིས་སྒྲུབ་པའི་ཆོས་སྡེ་ལེགས་པར་ཚུགས་པ་ཡིན་ལ། འདི་ སྐབས་རབ་ཁའི་བླ་མས་ལོ་རེ་བཞིན་རྡོ་རྗེ་འཇིགས་མཛད་ཀྱི་སྒོ་ནས་དྲུག་ཅུ་རྩ་བཞི་པའི་ གཏོར་སྒྲུབ་མ་ཆག་ན་ཆོས་སྡེ་ལ་བར་ཆད་མེད་པའི་བཀའ་ལུང་མཛད་པ་ལྟར་དེ་ལུགས་ཀྱི་ བསྟན་པའི་སྐུ་རིམ་ཡང་ཚུགས། ལོ་འདིའི་སྟོད་སྨད་ཅི་རིགས་སུ་གཙང་ཆེན་རྡོར་སློབ་ངག་ དབང་ཆོས་འབྱོར་ཞབས་པས་རྗེ་དམ་པ་མཆོག་གི་དྲུང་ནས་རྒྱུད་སྡེ་རབ་འབྱམས་ལས་བདེ་ མཆོག་རབ་འབྱམས་ཆ་ཚང་ཞུས། དགུང་ལོ་རེ་གཅིག་མེ་ལུག་གི་དུས་སུའང་རྗེ་སྐྱབས་མགོན་མཆོག་གིས་སྔར་ལོའི་ཟབ་ དབང་གི་མཇུག་གཤིན་རྗེ་རབ་འབྱམས་དང་ཕུར་བ་ས་ལུགས་སྐོ ར་སོགས་དང༌། ནཻ་གུའི་ ཟབ་དབང༌། གཅོད་དབང་ནམ་མཁའ་སྒོ་འབྱེད། དུས་འཁོར་དབང་ཆེན་རྣམས་བླ་མ་ཆོས་ འབྱོར་སོགས་ལ་ལེགས་པར་གནང་ཞིང་འདི་ལོར་སྦྱོར་དྲུག་པ་གྲྭ་གསར་བྱེད་མཁན་མེད་ ཀྱང་བླ་མ་བློ་རྒྱམ་དང་དགེ་རྒྱམ་གཉིས་འཁྲུལ་འཁོར་འགབ་མར་འདུག་པ་སོགས་ལ་ཆོས་ བཀའ་དེ་ལུགས་ཀྱིས་བསྐྱངས། དེའི་ལོ་ཕྱི་མ་གཉིས་སུ་སྦྱོར་དྲུག་གསར་འདུག་པའི་ཆོས་ ཚན་སྔ་མ་ས་སྤྲེལ་ལོར་བླ་མ་མཆོག་གསལ། ཀུན་དགའ། ངག་ཆོས་གསུམ་དང་ཕྱི་མ་ས་ 6-1-219 བྱའི་ལོར་གསལ་བྱེད་ཚོགས་ལམ་སོགས་བཞི་སྟེ་དེ་རྣམས་ལ་ཆོས་བཀའ་ཟབ་མོ་དུས་སུ་ གང་བབ་ལེགས་པར་བསྩལ། དགུང་ལོ་རེ་བཞི་ལྕགས་ཁྱིའི་ལོར་སྦྱོར་དྲུག་པ་གསར་འདུག་མེད་ཀྱང་གཞི་ཁོག་ཆོས་ ཚན་པ་དང་བསྐྱེད་རིམ་པ་ཁ་ཤས་ལ་དེ་ལུགས་ཀྱི་ཆོས་བཀའ་གནང་བཞིན་བཞུགས་ལྕགས་ ཁྱིའི་ལོ་འདི་ནས་ཤིང་ཡོས་བར་རང་དགོན་དེར་སྦྱོར་དྲུག་པ་མེད་ཅིང་ཁོང་ཡང་མཚམས་ བསྙེན་གྱིས་དུས་འདའ་བཞིན་འདི་སྐོར་བར་སྐབས་ལོ་གཅིག་ལ་འཛམ་ཐང་གཙང་བའི་ སྒྲུབ་གྲྭ་གོང་དུ་ཆོས་མཆེད་དགོན་པའི་ཆོས་དབྱིངས། དབུ་མཛད་དགེ་རྒྱམ་སོགས་དང་ མཉམ་དུ་རྡོ་རྗེ་རྣལ་འབྱོར་ལ་ཉམས་བཞེས་གཟབ་ལྡན་རེའང་མཛད། དགུང་ལོ་བདུན་ཅུ་མེ་འབྲུག་ལོར་རང་དགོན་དུ་སྦྱོར་དྲུག་ཆོས་མཚམས་པ་གྲྭ་གསར་ བྱེད་མཁན་གྱི་ཆོས་ཚན། བླ་མ་རིན་ཆེན་བཟང༌། བླ་མ་མཐོང་ལམ། བླ་མ་མཁྱེན་དཔལ། བླ་མ་དཔལ་འོད་སོགས་དོན་གཉིས་མཆོག་མངའ་དག་གིས་གཙོས་སྒྲུབ་པོ་དགུ་ཙམ་ལ་ཆོས་ བཀའ་དུས་སུ་གང་བབ་གནང༌། དགུང་ལོ་དོན་གཅིག་མེ་སྦྲུལ་ལོར་རྡོ་རྗེ་རྣལ་འབྱོར་བསྒོམ་པའི་ཆོས་ཚན། དཔལ་ མཆོག་སོགས་ལྔ་ཡོད་ལོ་འདིར་རང་དགོན་དུ་ཆོས་འཁོར་ཁྲི་ལྡན་བཅུ་ཕྲག་ཙམ་དེ་དག་ བཞུགས་ཁང་བཅས་གསར་བཞེངས་དང་འཛི་ཉིན་དུས་འཁོར་སྒྲུབ་མཆོད་ཀྱི་ཁྲི་འཛིན་དང་ རང་དགོན་སྲུང་རིམ་ཕུར་པའི་སྒྲུབ་ཆེན་གྱི་གོང་བཞུགས་མཛད་བཞིན་རྒྱུན་བཞུགས་ཆོས་ ཐུན་པ་རྣམས་ལ་དུས་ཆོས་ཅི་དགོས་ཀྱི་བཀའ་དྲིན་མཛད་དེ་འདིའི་ལོ་ཕྱི་མར་སྦྱོར་དྲུག་ཆོས་ ཚན་གསར་བ་མེད་ལ། དགུང་ལོ་དོན་གསུམ་ས་ལུགས་ལོར་སྦྱོར་དྲུག་གྲྭ་གསར་བ་བླ་མ་ཆོས་བློ། བླ་མ་གཞན་ ཕན་སོགས་ལྔ་ཚན་ཞིག་ཆོས་ཀྱིས་བསྐྱངས། ལོ་འདིར་བྲག་དཀར་སྤྲུལ་པའི་སྐུ་བློ་བཟང་ 6-1-220 དཔལ་ལྡན་བསྟན་འཛིན་སྙན་གྲགས་ཞབས་པ་འཛི་ཡུལ་དུ་ཆིབས་བསྐྱོད་གནང་སྐབས་ སྤྲུལ་སྐུ་དེ་ཉིད་ཀྱི་ཞལ་སྔ་ནས། རྒྱལ་བ་ཐུབ་པའི་དབང་པོའི་བཀའ་ཡི་ཟབ་ཆོས་སྐྱེ་དགུའི་ ཕན་བདེའི་གཞི་གཅིག་པུར་གྱུར་པ་གངས་ལྗོངས་སུ་འགྱུར་རོ་ཅོག་གི་བཀླག་ལུང་ཤིན་ཏུ་ རྙེད་དཀའི་གནས་དེ་དུས་སུ་སྐལ་བ་བཟང་པོའི་དཔལ་དུ་གྱུར་ཅིང་གཞན་ཆོས་བཀའ་ཀློང་ ཆེན་མཛོད་བདུན། ཐང་ཡིག་ཤེལ་བྲག་མའི་བཀླག་ལུང༌། རྗེའི་ལམ་རིམ་ཆེན་མོ། སྤྱོད་ འཇུག་ཐོགས་འགྲེལ་སོགས་ཀྱི་བཤད་ཁྲིད་ལེགས་གསན་མཛད། ཁོང་གིས་སྤྲུལ་པའི་སྐུ་ུ ལའང་སྦྱོར་དྲུག་བསྡུས་ཁྲིད་དང་ཉམས་རྟོགས་ལེགས་འབུལ་གྱིས་ཕན་ཚུན་ཐུགས་ནང་ གཅིག་འདྲེས་སུ་གྱུར། ལོ་དེར་སྐྱབས་རྗེ་ཁོང་གིས་ཐུགས་སློབ་ཏ་རོ་བླ་མ་དཔལ་འོད་དང་ཝ་ ཤུལ་མཁྱེན་དཔལ་ཟུང་གིས་ཞུས་ངོར་འདུས་པ་མང་ཙམ་ལ་ཀར་གླིང་ཞི་ཁྲོའི་དབང་བསྐུར་ ཡོངས་རྫོགས་དང་རང་ལུགས་ཀྱི་ཆོས་བཀའ། རྡོ་རྗེ་འཆང་དབང༌། རྡོར་སེམས་བཟླས་ལུང༌། ལྷན་སྐྱེས་བཟླས་ལུང༌། དུས་འཁོར་མཆོག་དབང༌། འདོན་ཆའི་རིགས་ཀྱི་བཀླག་ལུང་མང་པོ་ ལེགས་གནང་མཛད། དགུང་ལོ་དོན་བཞི་ལྕགས་སྤྲེལ་ལོར་སྦྱོར་དྲུག་པ་ཨ་ཀྱ་བླ་མ་སངས་དོན་སོགས་གསུམ་ ལ་དེ་ལུགས་ཀྱི་ཆོས་བཀའ་དང་བླ་མ་མཁྱེན་དཔལ་ལ་ནཻ་གུའི་ཟབ་ཁྲིད་ལེགས་པར་བསྩལ་ ཞིང༌། དགུང་ལོ་དོན་ལྔ་ལྕགས་བྱའི་ལོར་སྦྱོར་དྲུག་ཆོས་ཚན་ཉིད་ཀྱི་སྐུ་ཚ་བླ་མ་མཚན་ལྡན། ངག་ཕྲིན་སོགས་ལྔ་ལ་ཟབ་བཀའ་རྒྱུན་སྲོལ་ལྟར་དང་གཞན་བླ་མ་རིན་ཆེན་བཟང་དང་ཆོས་ བློ་གཉིས་ལ་བསྐྱེད་རིམ་འབྱུང་འདུལ། རྟ་མགྲིན་གྱི་དམིགས་ཁྲིད་སོགས་དེ་འདྲ་འགའ་ཡང་ རྗེས་སུ་བཟུང༌། ལོ་དེར་ས་དམར་བླ་མ་སྙན་གྲགས་བྱ་ཡུར་དགོན་དུ་ཕེབས་ནས། རྗེ་དམ་ པ་ཁོང་དཔོན་སློབ་དྲུག་ཅུའི་ནང་ལ་ཆོས་བཀའ་ནཻ་གུའི་བཀའ་ཕྱི་ནང༌། རྗེས་གནང་བརྒྱ་ 6-1-221 རྩ། རྡོར་སེམས། ལྷན་སྐྱེས། རྡོར་འཆང་གསུམ་གྱི་བཟླས་ལུང༌། ཚེ་དབང་གྲུབ་རྒྱལ་ལུགས། གྲུབ་ཆེན་བརྒྱད་ཅུའི་བསྡུས་དབང་རྣམས་གསུངས་སྐབས་སྐྱབས་རྗེ་ཉིད་ཀྱིས་ཕར་བླ་སློབ་ ཡོངས་ལ་གྲུབ་ཐོབ་བརྒྱད་ཅུའི་དབང༌། སྦྱོང་རྒྱུད་བཅུ་གཉིས། འཇིགས་བྱེད་རོ་ལངས་ བརྒྱད་བསྐོ ར། མགོན་པོ་ཁྲོ་བཅུའི་དབང་རྣམས་ལེགས་བསྐུར་མཛད། དགུང་ལོ་དོན་དྲུག་ཆུ་ཁྱིའི་ལོར་སྦྱོར་དྲུག་གསར་འདུག་པ་ཨ་ཀྱ་བླ་མ་རིག་འཛིན་རྒྱ་ མཚོ། དབུ་མཛད་ངག་དཀོན་སོགས་ལྔ་ལ་ཆོས་བཀའ་ཅི་དགོས་དང་ལོ་དེར་སྐྱབས་མགོན་ མཆོག་གིས་འདུས་པ་མང་ཙམ་ལ། དུས་ཀྱི་འཁོར་ལོའི་དབང་མོ་ཆེ་ཞག་གྲངས་སྦྲེལ་མ་ དང༌། སྒྲོལ་མ་དམར་མོའི་དབང༌། གཅོད་དབང་ནམ་མཁའ་སྒོ་འབྱེད་རྣམས་ལེགས་བསྐུར་ གྱི་དུས་སུ་ཡེ་ཤེས་སྤྱན་འདྲེན་ཞིག་གི་སྐབས་རྗེ་ཁོང་ལ་ཡེ་ཤེས་ཕེབ་རྐྱེན་དབང་གྲལ་དེའི་ སློབ་ཚོགས་ཆེས་མང་ལའང་འཕར་གཡོའི་ཉམས་བྱིན་རླབས་ཟིལ་ཆེ་བ་མངོན་དུ་གྱུར་པའི་ ཚེ་དེར་སྔགས་རྙིང་ཕྱོགས་ཀྱི་སློབ་བུ་རེ་ཡང་ཡོད་པ་སྔར་འཕར་གཡོ་བྱུང་མ་མྱོང་བ་དེ་བྱིན་ རླབས་ཤུགས་ཀྱིས་ཉམས་འུར་ལང་སྟེ་དབང་ལྷ་འབེབས་ཐུབ་པ་སོགས་ངོ་མཚར་ལེགས་ མཚན་མང་བའི་སྐབས་སྐྱབས་མགོན་ཉིད་ཀྱི་ཐུགས་སྣང་དག་པའི་ངོར་མཁའ་དབྱིངས་སུ་ཕ་ གཅིག་དམ་པ། མ་ཅིག་ལབ་སྒྲོན་སོགས་གཅོད་ཡུལ་བརྒྱུད་ལྡན་གང་དག་སྐུ་གར་སྟབས། གསུང་སྔགས་སྒྲ། ཐུགས་ཕྱག་མཚན། ཌ་མ་རུ་འཁྲོལ་བཞིན་ཁ་བ་བུ་ཡུག་ལྟར་བྱོན། དེར་ གནས་རྡོ་རྗེའི་སྤུན་སློབ་ཚོགས་རྣམས་ཀྱང་དཔའ་བོ་དཔའ་མོའི་རྣམ་བཀོད་འབའ་ཞིག་གིས་ དག་ཆེན་སྒྱུ་མའི་རང་གཟུགས་ཅིར་ཡང་མངོན་དུ་བྱ་བའི་སྐལ་བཟང་ལ་རོལ་དུས་གནས་དེ་ སྔགས་རིག་འཛིན་པའི་ཞིང་མཆོག་ཁྱད་པར་ཅན་ལ་སྒོ་ཀུན་ནས་འགྲན་བཟོད་དུ་གྱུར། ལོ་ དེར་ཡང་རང་དགོན་དུ་བླ་མ་བློ་ཆོས་ལ་ནཻ་གུའི་ཟབ་ཁྲིད། བསེར་སྐོ ར་སྲིབ་མའི་གྲྭ་བཙུན་ རབ་དགའ། པདྨ་གསལ། མཆོག་བདེ་གསུམ་ལ་ཐུགས་རྗེ་ཆེན་པོ་དམར་ཁྲིད་ཚོམ་ལུགས་ 6-1-222 མ། བླ་མ་ཆོས་བློ་ལ་དུས་འཁོར་ལྷ་དགུའི་ཁྲིད། སྐུ་ཚ་མཚན་ལྡན་ལ་འབྱུང་འདུལ་དང་རྟ་ མགྲིན་ཁྲིད། བླ་མ་མཆོག་གསལ། གསལ་བྱེད་གཉིས་ལ་ཡིག་བརྒྱའི་དམིགས་ཁྲིད། གསེར་ བ་ཤེར་བློས་ལ་འཇིགས་བྱེད་འབྲུ་ནོན། སྙན་བརྒྱུད་ཀྱི་ཟབ་ཁྲིད་སོགས་སློབ་ཚོགས་ལ་གང་ མཁོའི་ཆོས་ཁྲིད་ཐམས་ཅད་དུས་སུ་བསྩལ། དགུང་ལོ་དོན་བདུན་ཆུ་ཕག་ལོར་སྦྱོར་དྲུག་པ་བླ་མ་རིན་ཆེན་རྒྱ་མཚོ། བླ་མ་ཡོན་རྒྱམ་ སོགས་ལྔ་ཐུགས་སློབ་ཏུ་གྱུར་ཅིང་གཞན་བསྐྱེད་རིམ་པ་ལུང་རིགས་ལ་འབྱུང་འདུལ། རྟ་ མགྲིན་ཁྲིད་དང༌། ཡེ་ཤེས་དཔལ་ལ་རྟ་མགྲིན་དམིགས་ཁྲིད། ངག་ཚུལ་ལ་དུས་འཁོར་ལྷ་ དགུའི་ཟབ་ཁྲིད་རྣམས་དང་འདི་ལོར་སྐྱབས་མགོན་གྱིས་འདུས་པ་བདུན་ཅུ་ཙམ་ལ་དུས་ འཁོར་དབང་ཆེན་དང༌། རྟ་ཕྱག་ཁྱུང་གསུམ་གྱི་རྗེས་གནང་བཅས་ཀྱང་ལེགས་པར་གསུངས། ཐར་མདོ་བརྒྱ་ཕྲག་ལྔ་བཀླག་ཡོན་ལེགས་སྦྱར་ཡང་མཛད། གསང་སྤྲུལ་འཇིགས་མེད་ བསྟན་པའི་ཉི་མ་རང་དགོན་དུ་ཆགས་ཕེབས་ཀྱིས་འོད་དཔག་མེད་མྱུར་ལམ་དབང་ཁྲིད་ སྐྱབས་མགོན་ཉིད་ཀྱིས་ལེགས་གསན་དང་ཕར་ལ་སྦྱོར་དྲུག་ཁྲིད་བསྡུས་ཉམས་ལེན་བགྲོ་ གླེང་མཛད་རྗེས་རྒྱལ་བ་འོད་མཐའ་ཡས་པའི་མཚན་བྱེ་བ་ལྗགས་བཟླས་ཀྱིས་བསྙེན་སྒྲུབ་ ཐུགས་དམ་ལྷུར་ལེན་དང་བཅས་ལོ་འདི་ནས་གསང་ལུང་དགོན་གྱི་འདུལ་འཛིན་མཁན་ དམ་པ་བླ་མ་ལྷུན་པོ་བྱ་ཡུར་དགོན་དུ་བྱོན་ནས་སྨིན་གླིང་ཕྱག་བཞེས་བཞིན་གཞི་གསུམ་ ཆོ་ག་སོགས་ཀྱི་ལག་ལེན་ཞིབ་བསླབ་བཅས་ཀྱིས་དགེ་འདུན་གྱི་བསླབ་པ་ཡོངས་སུ་སྦྱོང་ བའི་དབྱར་གནས་ཀྱི་དབུ་ཚུགས་པ་ནས་བཟུང་རྗེ་སྐྱབས་མགོན་གྱིས་མཁན་པོ་དང་བླ་མ་ བསྟན་པ་རབ་རྒྱས་ཀྱིས་དབྱར་བདག་མཛད་ནས་དེ་ཕན་ལོ་བསྟར་གྱི་དགེ་འདུན་པའི་གསོ་ སྦྱོང་དབྱར་གནས་དགག་དབྱེ་གསུམ་རྒྱུན་ཚུགས་ཀྱིས་སངས་རྒྱས་བསྟན་པའི་རྩ་བ་ལེགས་ བརྟན་གྱི་སྲོལ་བཟང་རིང་དུ་གནས་པ་བྱུང༌། 6-1-223 དགུང་ལོ་དོན་བརྒྱད་ཤིང་བྱའི་ལོར་སྦྱོར་དྲུག་ཉམས་ལེན་པའི་སློབ་ཚོགས་ཁྲ་བླ་མ་ རིག་འཛིན་རྡོ་རྗེ། ཤེར་བརྩོན་སོགས་ཆོས་ཐུན་པ་ལྔ་ལ་དབང་དང་གདམས་པ་གང་དགོས་ དུས་སུ་ལེགས་པར་བསྩལ། ལོ་དེར་རྗེ་སྐྱབས་མགོན་དམ་པས་མཁན་པོ་མཛད། གཞན་ འདུལ་མཛིན་བླ་མ་བསོད་ནམས་བཟང་པོ་དང་བླ་མ་བསྟན་པ་རབ་རྒྱས་སོགས་ཁ་སྐོང་ སློབ་དཔོན་གསང་སྟོན་དུས་བསྒོ་བ་ལ་སོགས་པ་མཁན་སློབ་གྲངས་ཚང་བ་ལྷན་རྒྱས་ཀྱི་ དྲུང་ནས་རབ་བྱུང་བཙུན་པའི་སྡེར་ཞུགས་པ་བླ་མ་ཚུལ་ཁྲིམས་བཟང༌། བླ་མ་རིག་རྡོར། བླ་ མ་རིན་ཆེན་བཟང༌། བླ་མ་མཚན་ལྡན་སོགས་འདུས་པ་བཞི་བཅུ་ལྷག་ལ་ཚིགས་སྔ་མ་དགེ་ ཚུལ་དང་ཕྱི་མ་དགེ་སློང་གི་སྡོམ་པ་ལེགས་འབོགས་ཀྱི་བཀའ་དྲིན་མཛད། འདིའི་སྐབས་ཅི་ རིགས་པར་ངག་དབང་ཚོགས་གཉིས་རྒྱ་མཚོ་ཕེབས་ཏེ་ཞུས་ངོར་སྐྱབས་མགོན་གྱིས་འདུས་ སྡེ་ཉི་ཤུ་ལྷག་ལ་གུར་མགོན་ཁྲོ་བཅུའི་རྗེས་གནང་གིས་ཟབ་བཀའ་གནང་སྐབས་ཞལ་གསུང་ ལས། འོ་བླ་མ་ཚོགས་རྒྱམ་ལགས། ད་ལན་རང་གིས་གནས་ལུགས་གཤིས་ནས་རྟོགས་ ཚབས་ཆེ་བས་དེ་ལུགས་ཀྱིས་ལས་དང་པོ་པ་ལ་སེམས་ངོ་སྤྲད་ན་ལྟ་བ་མཐོན་པོ་སྒང་བཤད་ ལས་ཉམས་ཁ་མི་རེ་བས་ཁྱོད་ཀྱིས་སློབ་གསར་དག་ལ་ཕན་པའི་རྟགས་བཅུ་ངོ་སྤྲོད་སེམས་ གནས་བསྐྱང་ཚུལ་སོགས་ཉུང་གསལ་ཞིག་རྩོམ་དགོས་པའི་བཀའ་ཕེབས་ལྟར་ཚོགས་ གཉིས་རྒྱ་མཚོས་དེ་ལུགས་ཀྱི་གསུང་རྩོམ་ལས་དང་པོ་པའི་མཉམ་བཞག་གི་ཚུལ་དང་བཅས་ ཁམས་དྲུག་གི་རང་བཞིན་ལས་ཤར་བའི་རྟགས་བཅུའི་རབ་དབྱེ་ངོ་སྤྲོད་ཉུང་བསྡུས་རེའང་ མཛད། འདི་སྐབས་སྐྱབས་མགོན་ཉིད་ཀྱིས་ཐུགས་རང་སྣང་འོད་གསལ་དོན་དམ་པའི་ གནས་ལུགས་རྗེན་ཆར་བ་ལ་ལྟོས་ནས་ལྟ་བཤད་སྒང་མའི་གསུང་ཚིག་བར་བར་ཀློང་བརྡོལ་ གྱི་ཚུལ་དུ་རང་སེམས་ཀྱི་གཤིས་འདི་ཁྱབ་བརྡལ་ཀློང་ཡངས་སངས་རྒྱས་དངོས་རེད་དེ་ཤེས་ ན་གནས་ལུགས་དོན་གྱི་སངས་རྒྱས་དང་ཡང་དག་སྒོམ་གྱི་མཐར་ཐུག་འོང་ངེས་སུ་འདུག་ 6-1-224 པས་གཞན་སྒོམ་ཟེར་བ་འཚོལ་མི་དགོས་ཚུལ་ཡང་ཡང་གསུངས་པ་ལ་ཉེ་གནས་སྐུ་མདུན་ པ་དོགས་ནས་ངག་དབང་ཚོགས་གཉིས་རྒྱ་མཚོ་ལ་ཐུགས་བརྟག་སོགས་དགོས་ཚུལ་ཞུས་ ན་ཁོང་གིས་ད་ལན་སྐུ་ཚེ་ལ་གནོད་པ་མེད་ཅིང་སང་ཕོད་རྒྱལ་བའི་བཀའ་ཆོས་ཀློག་ཡོན་ ལེགས་སྦྱར་དགོས་ཚུལ་དང་དབྱར་གནས་རྒྱུན་ཚུགས་འདི་སྐུ་ཚེའི་ཞབས་བརྟན་མཆོག་ཏུ་ ངེས་པར་སོང་བའི་ཚུལ་དང་ད་ཕན་ལོ་འགའ་ནས་རཏྣའི་ཚེ་སྒྲུབ་འཆི་བླུ་དང་དུས་འཁོར་ སྒྲུབ་མཆོད་གྲངས་མང་རེ་གལ་ཆེ་ཚུལ་དང༌། སྐྱབས་མགོན་ཉིད་གསུང་གང་དག་ལ་བཀག་ འགོག་ཅི་ཡང་མི་དགོས་པར་གནས་ལུགས་ལྟ་བ་གདེང་ཚུགས་པའི་རྡོ་རྗེའི་གསུང་ཤ་སྟག་ ཏུ་ངེས་པས་དེ་ལ་གནོད་འཚེ་གང་གིས་མི་ནུས་ཚུལ་སོགས་ཞིབ་རྒྱས་སུ་གསུངས་མཐར་དད་ གུས་ཐུགས་བསྐྱེད་མཆོག་གིས་ཞབས་བརྟན་ཕུལ་བ། རྨད་བྱུང་གདམས་ང༵ག་མཆོག་དང་ དབ༵ང་བཞིའི་ལམ། །ཡོངས་རྫོགས་བསྟན་པའི་རྒྱལ་མཚ༵ན་བཟ༵ང་པོ་མཆོ༵ག །མ་ནོར་ འཛིན་མཛད་དཔལ་ལྡན་བླ་མའི་ཞབས། །སྐུ་ཚེ་བསྐལ་བརྒྱའི་བར་དུ་ཞབས་པད་གསོལ། །རབ་འབྱམས་ཞིང་ན་བཞུགས་པའི་རྒྱལ་བ་དང༌། །ཕུལ་བྱུང་དམ་པའི་ཆོས་དང་འཕགས་ པའི་སྡེ༑ ༑བདེན་སྟོབས་བསླུ་མེད་མཆོག་གསུམ་རྒྱ་མཚོ་ཡིས། །བདག་གི་སྨོན་པའི་དོན་འདི་ འགྲུབ་པར་མཛོད། །ཅེས་སོ། ། དགུང་ལོ་དོན་དགུ་ཤིང་གླང་ལོར་སྦྱོར་དྲུག་ཆོས་ཚན། བླ་མ་རིག་དབང་ཀུན་མཆོག་ ཉིད་ཀྱི་སྐུ་ཚ་བྱང་ཆུབ་འོད་དེ་གསུམ་ལ་ཆོས་བཀའ་སྔོན་སྲོལ་ལྟར་དང་ལོ་དེར་འཛམ་ཐང་ ཆོས་རྗེའི་སྦྱངས་པ་མ་འདས་མཆོག་སྤྲུལ། སྦྱངས་པ་བླ་མ་ཕུན་ཚོགས། བླ་མ་མཐའ་ཡས་ སོགས་ཕེབས་ཏེ་ཞུ་ངོར་སྐྱབས་མགོན་དམ་པས་བླ་སྤྲུལ་དེ་སོགས་འདུས་པ་བཞི་བཅུ་ཙམ་ ལ་བྱང་ཆུབ་སེམས་སྡོམ། སྦྱོར་དྲུག་བསྡུས་ཁྲིད། རང་རང་ལ་འཚམས་པའི་སེམས་ཁྲིད་ སོགས་ལེགས་གནང་མཛད། རང་དགོན་དུ་རྒྱུན་བཞུགས། བླ་མ་བློ་ཆོས་ལ་གཅོད་ཚོགས་ 6-1-225 བརྒྱའི་ཟབ་ཁྲིད། དབུ་མཛད་དགེ་རྒྱམ་ལ་འཇིགས་བྱེད་འབྲུ་ནོན། སྙན་བརྒྱུད་གཉིས་ཀྱི་ ཁྲིད་སོགས་དེ་འདྲ་མང་ཙམ་ཞིག་མཆིས། དགུང་ལོ་བརྒྱད་ཅུ་མེ་སྟག་ལོར་སྦྱོར་དྲུག་ཉམས་ལེན་པ་བླ་མ་བསྟན་འཛིན་དཔལ། ཆོས་ཀུན་དཔལ་སོགས་དྲུག་ལ་དབང་གདམས་སོགས་དུས་སུ་གང་བབ་དང་འདུས་པ་ བདུན་ཅུ་ཙམ་ལ། རྟ་ཕྱག་ཁྱུང་གསུམ་རྗེས་གནང༌། མི་འཁྲུགས་པའི་དབང༌། ཐུགས་རྗེ་ཆེན་ པོའི་དབང༌། གཅོད་དབང་ནམ་མཁའ་སྒོ་འབྱེད་བཅས་གསུངས་ཤིང༌། གཞན་ཡང་ལོ་དེའི་ སྔ་ཕྱི་ཅི་རིགས་པར་གཙང་བ་འགབ་མའི་རྒྱ་སྤྲུལ་ལ་མགོན་པོ་ཁྲོ་བཅུ་གཟའ་དབང་བཅས་ དང༌། ཁང་དམར་རྡོར་སློབ་བླ་མ་བསོད་ནམས་སོགས་ལ་འཇིགས་བྱེད་རོ་ལངས་བརྒྱད་ བསྐོ ར་དབང་རྣམས་ཀྱང་གནང༌། ཁོང་གིས་ལོ་དེར་བཀའ་ཆོས་ངག་འདོན་གྱི་ཡོན་འབུལ་ དང་མགོན་པོའི་བསྐང་ཁྲི་བཟློག་ཁྲི་དང་དུས་འཁོར་ཆོ་ག་སྟོང་གྲངས་དང་རཏྣའི་ཚེ་སྒྲུབ་ བཅས་ལ་ཡོན་ཐང་གཟབ་ལྡན་གྱི་བགྱི་བ་ལེགས་ངེས་མཛད། རང་དགོན་དུ་དེ་ལོར་བླ་མ་ དགེ་རྒྱམ་སོགས་ལ། གཙོ་འདུས་དང༌། ནཻ་གུའི་ཟབ་ཁྲིད། བླ་མ་བློས་རབ་ལ་འཇིགས་བྱེད་ འབྲུ་ནོན། བླ་མ་ཡོན་རྒྱམ་ལ་འབྱུང་འདུལ། བླ་མ་རིག་དབང་སོགས་བླ་གྲྭ་བཅོ་ལྔ་ཙམ་ལ་ དགེ་ཚུལ་སློང་གི་སྡོམ་པ་དང༌། གཙང་བའི་རྡོར་སློབ་ཏུ་གྱུར་པ་བླ་མ་ངག་དཀོན། ཙ་མདའི་ བླ་མ་འཇིགས་བློས་སོགས་ལ་དགེ་ཚུལ་སྡོམ་པ་དང༌། སྦྱོར་དྲུག་བསྡུས་ཁྲིད་རང་འཚམས་ ཀྱི་ཉམས་ཁྲིད་སོགས་ཀྱང་ལེགས་གནང་མཛད་དོ། ། གདུང་ལོ་གྱ་གཅིག་མེ་ཡོས་ལོར་སྦྱོར་དྲུག་པ་གསར་འདུག་མེད་ཅིང་སྐུ་ཚ་མཚན་ལྡན། ངག་སྨོན་སོགས་ལ་ནཻ་གུའི་ཟབ་ཁྲིད། བླ་མ་བློ་ཆོས་ལ་འཇིགས་བྱེད་འབྲུ་ནོན་སྙན་བརྒྱུད། བླ་མ་ཡོན་རྒྱམ་ལ་རྟ་མགྲིན་གྱི་ཁྲིད་དམིགས་རྣམས་གནང༌། ལོ་འདིར་རྒྱལ་བའི་བཀའ་ འགྱུར་སྡེ་དགེའི་སྤར་མ་ཁོང་དང་སྐྱ་བྱང་གཉིས་ཀྱིས་བླུ་ཡོན་ལེགས་སྦྱར་གྱིས་བྱ་ཡུར་དགོན་ 6-1-226 དུ་གདན་འདྲེན་གྱི་སྐལ་བ་བྱུང་གསེར་ཞག་དག་ཚར་གྱི་གསུང་སྒྲོག་བཅས་གླེགས་བམ་ གང་དག་ལ་ཞབས་ཕྱི་ཞལ་ཁེབས་རྒྱབ་རས་ཡིག་ཐུམ་གདོང་དར་གླེགས་ཤིང་གླེགས་ཐག་ སོགས་ཀུན་མཛེས་སྤུས་བཟང་གིས་མཆོད་བཀོད་ཁྱད་པར་བའི་སྒོ་ནས་ཕྱག་མཆོད་བསོད་ ནམས་ཞིང་དུ་བཞུགས་སུ་གསོལ་ཏེ་ཡུལ་སྡེ་མཆོག་དམན་ཡོངས་ཀྱིས་རྒྱལ་བའི་གསུང་རབ་ ལ་ཞབས་འདེགས་ཀྱིས་ཀློག་འདོན་གང་ནུས་དག་ལ་ངོ་སྙོམས་པར་བེད་སྤྱོད་བྱེད་ཆོག་ཏུ་ སྐྱབས་མགོན་དམ་པས་ཐུགས་བསྐྱེད་བཟང་པོའི་སྲོལ་བཟང་ལེགས་གནང་གི་མཛད་སྒོ་ བཏོད། དེ་འདྲའི་རྗེ་སྐྱབས་མཆོག་འགྲོ་འདྲེན་གང་ཉིད་ཀྱི་སྐུ་སྤྱོད་རྒྱུན་གྱི་བྱ་བའང་མཚམས་ ཤིག་ནས་ཐུན་བཞི་ཆག་མེད་ཀྱི་ངང་བསང༌། ཆབ་གཏོར། ཁ་ཕུད་རྒྱུན་མཆོད། ཇ་མཆོད་ དང་ལན་ཆགས་བསུར་བསྔོ ། གཏོར་ཆོག་སོགས་ཞལ་འདོན་པོད་གཅིག་ཆག་མེད། མི་ འཁྲུགས་པའི་ཆོ་ག་ཚར་རེ་དང་ལུས་སྦྱིན་རེ་དང་བཅས་དབྱར་ཁ་རྣམས་སུ་ཚ་ཚ་སྐུ་སྤར་ གྲངས་མང་རྒྱུན་འདེབས་དང་སྐུ་ཚེ་གང་བོར་ལྗགས་ཐོག་ནས་བསྐྱེད་རིམ་སྣ་ཚོགས་པའི་ མཚམས་བསྙེ ན་དུང་ཕྱུར། ཧ་ཀྵ་དུང་ཕྱུར། ཡིག་དྲུག་དུང་ཕྱུར། སྒྲོལ་བསྟོད་གོང་སྨོས་བཞིན་ གྱི་མཛད་སྒོ་དག་གིས་སྐུ་ཚེ་སྨད་དུ་དུང་སོ་དཀར་པོ་གསུམ་སྐྱེས་ཤིང་སྐུ་ལུས་གཟིམ་ཆས་ སོགས་ལ་ཚུལ་ཁྲིམས་རྣམ་པར་དག་པའི་དྲི་བཟང་གིས་ཁྱབ་པ་དང་འདི་སྐབས་གོང་འོག་ ཅི་རིགས་སུ་བྲག་དཀར་སྤྲུལ་སྐུས་རང་གི་གདན་ས་ནས་གསུང་མཆིད་ནང་དོན་འཛོང་པོ་ སྐྱབས་མགོན་དང་ས་དམར་བླ་མ་སྙན་གྲགས་ཁོང་དང་གསུམ་སྤྱན་རས་གཟིགས་ཀྱི་སྤྲུལ་ པ་ཐུགས་རྒྱུད་གཅིག་ཚུལ་གྱིས་བསྟན་འགྲོའི་དོན་དུ་བཞུགས་སྨོན་བཅས་ཀྱིས་བྲག་དཀར་ བ་རང་གིས་རྒྱལ་བའི་བཀའ་འགྱུར་གསེར་བྲིས་མ་ལེགས་བཞེངས་ཀྱི་ཐད་ལ་བར་ཆད་ཡོད་ མེད་དང་ཁོང་ཉིད་ཀྱི་ཚུལ་སོགས་ལ་ཐུགས་བརྟག་ལུང་བསྟན་གྱི་ཞུ་ཡིག་ཚེ་དཔག་མེད་ཀྱི་ གསེར་སྐུ་བཅས་སྐྱེས་གནང་བྱུང་ལན་སྐྱབས་མགོན་མཆོག་གིས་རྡོ་རྗེའི་མཁྱེན་སྤྱན་གྱིས་ 6-1-227 ལྐོག་གྱུར་ལེགས་ཉེས་འབྱུང་འགྱུར་ཇི་བཞིན་གཟིགས་པ་བཞིན་ཉེ་བར་བཀའ་བསྩལ་ཏེ། བསྟན་རྩ་མཆོག་ཉིད་ཡུན་རིང་བསྟན་འགྲོའི་དོན་དུ་བཞུགས་དགོས་ཚུལ་ལས་བརྩམས། སྐབས་དོན་རྟེན་བཞེངས་གེགས་མེད་འགྲུབ་ངེས་དང་གང་ཉིད་སྐུ་ཚེ་ལེགས་བརྟན་སོགས་ སྐྱེས་ལན་ཚེ་ལྷ་རྣམ་གསུམ་གྱི་སྐུ་བརྙན་བཞུགས་གདན་བཅས་བཀའ་ལུང་གང་རྩལ་ཕྱིས་ དོན་ཐོག་ལེགས་ཁེལ་བྱུང༌། གཞན་སྐྱེས་ཆེན་དུ་མས་ཞལ་མཐུན་དུ་སྐྱབས་མགོན་ཉིད་འགྲོ་ མགོན་ཆོས་རྒྱལ་འཕགས་པའི་རྣམ་འཕྲུལ་དུ་ལུང་བསྟན་ལ་དེར་མ་ཟད་ཕྱོགས་ཀྱིས་དགོན་ སྡེ་དག་ལ་གོང་མའི་སྐུ་སྐྱེས་ཡིན་མིན་གྱི་ཐུགས་བརྟག་དང་མ་འོངས་འབྱུང་འགྱུར་དུས་ཀྱི་ འགྱུར་ལྡོག་ཇི་ལྟར་ཡིན་སོགས་ལྐོག་གྱུར་གྱི་གནས་ཚུལ་གང་ལའང་བཀའ་ལུང་གང་བྱུང་གི་ དོན་ལ་བསླུ་བ་མི་མངའ་ཞིང་ཐུགས་སློབ་རྣམས་ཀྱི་སེམས་ཀྱི་རྟོགས་པ་བཟང་ངན་གྱི་འཆར་ སྒོ་སྣ་ཚོགས་ཇི་བཞིན་གཟིགས་པའི་གསུང་ཟུར་ཞལ་ཏ་ཀུ་རེའི་ཚུལ་དུ་ཡང་ཡང་བྱུང་བས་ སློབ་ཚོགས་མཆོག་དམན་གང་དག་གིས་སྒོ་གསུམ་གྱི་སྤྱོད་པ་ལྐོག་གཡོ་ངན་པ་བྱེད་ཐབས་ མེད་ཅིང་སློབ་མ་རང་རང་དང་འཚམས་པའི་གེགས་སེལ་བོགས་འདོན་ཅི་དགོས་དུས་སུ་ གནད་ཁེལ་ཁོ་ནའི་མཛད་སྒོ་གནང་བས་ཐུགས་སྲས་བུ་ཆེན་གྱི་རིམ་པ་ནང་ཉམས་རྟོགས་ རྒྱས་ཤིང་ཚེ་འདི་བློས་བཏང་གི་བྱ་བྲལ་ཀུན་སྤངས་ཀྱི་རྣལ་འབྱོར་པ་ཝ་ཤུལ་བླ་མ་མཁྱེན་ དཔལ། ཀྱ་པི་བླ་མ་རིན་ཆེན་བཟང༌། ཨ་ཀྱ་བླ་མ་རིག་འཛིན་རྒྱ་མཚོ། བྱ་ཡུར་བླ་མ་དཀོན་ ལྡན། ཁྲ་བླ་མ་རིག་རྡོར་སོགས་སྐྱེས་ཆེན་དམ་པ་མང་པོ་བྱོན། གང་གི་མཐུ་བྱིན་རབ་ཏུ་རྒྱས་ པས་བར་སྐབས་ཤིག་ཏུ་ཡུལ་སྡེ་ན་མདའི་ལྷ་བཟོ་ཚང་ཇོ་མོ་ཞིག་འདྲེ་ཁོག་ཞུགས་ཀྱི་དབང་ གིས་བརྫུན་ལབ་ལྷ་ལྟར་བཅོས་མ་མང་པོ་སྨྲ་སྐབས་རྗེ་སྐྱབས་མགོན་གྱིས་དེ་ལ་ཕན་ཐོགས་ མཛད་གནང་གི་དུས་ཡིན་ལུགས་ཇི་བཞིན་མཁྱེན་ཏེ། ཁྱོད་ལྷ་མིན་ལྷ་བརྫུ་བྱེད་པ་སུ་ ཡིན། ཞེས་བཀའ་གསུང་དྲག་པོས་བཀྱོན་པ་མཛད་དུས་སུ་ཁོག་ཞུགས་པ་ཁོས་དབང་མེད་ 6-1-228 འཇིགས་སྐྲག་གིས་རང་ཚུལ་དྲང་བོར་སྨྲ་བཞིན་མི་ལ་མི་གནོད་པར་འགྲོ་བར་ཁས་བླངས་ ཚེ་ཇོ་མོ་དེ་ཉིད་ཀྱང་བརྒྱལ་བ་ལྟར་གྱུར་ཕན་ཆད་མི་བདེ་བ་རྒྱུན་གཏན་ཆད་དུ་སོང་བ་དང༌། ཡང་ཚོ་སྡེ་ཨ་ཀྱ་ཚང་གི་མི་ཞིག་གིས་ཉིན་ཞིག་མཚན་མོར་འདྲེ་གདོན་འབྱུང་པོའི་ཆོ་འཕྲུལ་ གཟུགས་ཅན་ནག་པོ་ཆེ་ཁྱད་གནམ་ལ་ཟུག་པ་དང་འཕྲད་པས་འཕྲལ་དུ་བརྒྱལ་ནད་བྱུང་བ་ རྗེ་སྐྱབས་མགོན་གྱི་མདུན་དུ་སྐྱབས་ཞུ་ལ་འོང་སྐབས་ཁོང་གིས་མདང་བན་གཟུགས་ཤིག་ གིས་མི་ལ་གླགས་ལྟ་བ་དེ་འཇིགས་སྐྱོབས་འོང་བའི་མཚན་མ་མཐོང་བྱུང་བས་ད་ལན་སྐྱོན་ མེད་ཚུལ་གསུངས་ནས་རྗེ་དམ་པས་ཁྲུས་གཅོད་ཀྱིས་བགེགས་འདུལ་ཙམ་མཛད་པས་མི་ དེའི་ནད་སངས་དྲག་ཏུ་སོང་བས་དགོངས་མཚན་དུས་སུ་ཁེལ། རྗེ་གང་གི་སྐུ་དྲུང་དུ་ཉིན་ཞིག་ ཨ་སྐྱོང་གོང་མའི་དཔོན་ཀརྨ་མཐུ་སྟོབས་འོང་ནས་དེ་ན་རེ། ཁྱེད་ཀྱིས་ད་ལན་རང་ལ་ཆོས་ སྐྱོང་མངོན་སུམ་དུ་སྟོན་དགོས་ཚུལ་ཞུས་སྐབས་ཁོང་གིས། ཁྱོད་ལ་ཡེ་ཤེས་པ་བསྟན་པའི་ སྐལ་བ་མེད་ཀྱང་འཇིག་རྟེན་དྲེགས་པའི་གཙོ་བོའི་ཚུལ་གྱི་ཆོས་སྐྱོང་བསྟན་ཆོག་གསུངས་ ནས་ཕྱག་མཛུབ་རྩེར་སྐད་ཅིག་ལ་བཀའ་སྲུང་ཁྱབ་འཇུག་རཱ་ཧུ་ལ་གློག་ཞགས་འཁྱུག་པ་ ལྟར་སྤྱན་དྲངས་པ་དངོས་སུ་བསྟན་ཚེ་དཔོན་ཉིད་མཐོང་དུག་བཟོད་དཀའ་བའི་ཟིལ་ཤུགས་ ཀྱིས་མྱོས་པ་ལྟར་གྱུར་ཏེ་ཡུན་ཅིག་ལ་དྲན་པའི་དབང་པོ་མི་གསལ་བར་སོང༌། དེ་ནས་སླར་ སོར་ཆུད་སྐབས་སྐྱབས་མགོན་གང་གིས་ཆོས་སྐྱོང་ལས་ལ་བཀོལ་ཚུལ་དེས་སྣང་བ་ཧ་ལས་ པའི་ངོ་མཚར་སྐྱེས་ཤིང་སྔར་ལས་དད་གུས་ཆེས་ཆེར་འཕེལ་ཞེས་གྲགས་སྐད། ཡང་སྐབས་ ཤིག་ལ་ཨ་ཀྱ་སང་མི་ཁྱིམ་ཞིག་གི་བོར་སྟོར་ཐད་མཐུ་སྒྲུབ་ཀྱི་དབུར་བཞུགས་སུ་ཕེབས་ དགོས་བྱུང་དུས་སུ་རྐུན་མ་དེ་ཁོང་རྣམ་པས་སྒྲུབ་ཆོག་བྱེད་སར་ཡོད་པ་ཉིད་ཀྱིས་མཁྱེན་ནས་ རྐུན་མ་ཁོས་དཀྱིལ་འཁོར་དུ་བཤམས་པའི་ཇ་ཕུད་མཆོད་པ་ལ་ཁྱོད་རྐུན་མ་ཡིན་འདུག་པས་ གཟའ་གྲིབ་ཀྱིས་གང་ལྟར་ཡང་གནོད་ཤས་ཆེ་གསུང་མ་ཐག་ཁོའི་ལག་གིས་ཕུད་སྣོད་བཟུང་ 6-1-229 བཞིན་པར་སྐད་ཅིག་དེ་ལ་ཁྱབ་འཇུག་མུ་ཟིའི་གཡའ་དུག་གིས་བརྒྱལ་སོང་བ་ལ་ཁོང་གིས་ སྲུང་རིམ་མཛད་པས་སླར་སོས་པར་གྱུར་པ་སོགས་དེ་འདྲའི་ལོ་རྒྱུས་མང་ཙམ་མཆིས་ཤིང་ ཚུལ་དེ་ལྟ་བུའི་རླབས་ཆེན་མཐུ་ནུས་མངའ་བ་གང་གི་བྱ་བ་ལས་ཀྱི་འཁོར་ལོའི་བྱས་རྗེས་ཀྱི་ རིམ་པ་རགས་བསྡུས་ཕྱོགས་གཅིག་ཏུ་འགོད་པར་བྱ་བ་སྟེ། དེ་ཡང་སྐུ་རྟེན་གྱི་རིམ་པ་ནི། བསྟན་པའི་བདག་པོའི་སྐུ་བརྙན་ཁྱད་མཚར་ཅན་གྱི་ གསེར་སྐུ་ཁྲི་གང་བ་གསེར་རག་འཇིམ་བཟོ་གང་རུང་ལས་བསྐྲུན་པའི་འཕགས་པའི་གནས་ བརྟན་བཅུ་དྲུག་ཆ་ཚང་གསུམ། རག་སྐུ་བླུག་མ་སངས་རྒྱས་སྐུ་བརྙན་ཁྲི་གང་དང༌། ཀུན་ མཁྱེན་ཇོ་ནང་པའི་སྐུ་གཟུགས་ཁྲུ་གང་གཉིས། ཡང་བླུགས་མ་ཀུན་མཁྱེན་འདྲ་སྐུ་སོར་ལྔའི་ ཚད་བརྒྱད། ཀུན་མཁྱེན་དང་རྗེ་བཙུན་ང་འདྲ་མར་གྲགས་པ་རེ་རེ། ཟངས་གསེར་ལས་ བསྐྲུན་པའི་སངས་རྒྱས་དོན་ཡོད་གྲུབ་པ་ཁྲུ་གང་གཅིག ལྟུང་བཤགས་ཀྱི་སངས་རྒྱས་སོ་ ལྔ། ཐུབ་སྐུ་བཟང་པོ་མཐོ་ཚད་མ་གཅིག་སོགས་ཡོངས་བསྡོམས་ལུགས་མའི་སྐུ་རྟེན་བརྒྱ་ ཕྲག་གཅིག་དང་བཅོ་ལྔ་ཙམ་བླུས་བཞེངས་ཅི་རིགས་པར་བཞུགས་ཤིང༌། བྲིས་ཐང་གི་སྐུ་ རྟེན་རྡོ་རྗེ་འཆང༌། གྲུབ་ཆེན་བརྒྱད་ཅུ། ཀུན་མཁྱེན་ཡབ་སྲས་བཅོ་ལྔ། རྗེ་བཙུན་སྐུ་སྐྱེས་བཅུ་ བཞི། ཉིད་ཀྱི་རྩ་བའི་བླ་མ་རྣམ་གཉིས་ཀྱི་སྐུ་འདྲ། དུས་འཁོར་ལྷ་དགུ། བདེ་མཆོག་ལྷ་ལྔ། གསང་འདུས་ལྷ་སོ་གཉིས་པ། འཇིགས་བྱེད་ལྷ་བཅུ་གསུམ། དགྱེས་རྡོར་ལྷ་དགུ། མ་ཧཱ་མ་ཡཱ་ ལྷ་ལྔ། རྣམ་རྒྱལ་ལྷ་དགུ། སྒྲོལ་མ་ཉེར་གཅིག་སྒྲོལ་མའི་ཞིང་བཀོད། སྒྲོལ་མ་དམར་ལྗང་རེ་ རེ། སྨན་བླ་མཆེད་བརྒྱད། མི་འཁྲུགས་པའི་ཞིང་བཀོད། མི་འཁྲུགས་པ་ལྷ་དགུ། སྤྱན་རས་ གཟིགས་ཀྱི་ཞིང་བཀོད། རིགས་གསུམ་མགོན་པོ། འོད་དཔག་མེད་ཞིང་བཀོད་ཐང་ཤར་ གསུམ། འཇམ་དཔལ། བྱམས་པ། མཛད་པ་བཅུ་གཉིས། གནས་བརྟན་བཅུ་དྲུག་གཉིས། ལྟུང་བཤགས་སངས་རྒྱས་སོ་ལྔ། ཚེ་ལྷ་རྣམ་གསུམ། མགོན་པོ་ལྷ་བརྒྱད། གཏོར་ཆོག་ལྟར་ 6-1-230 ཆོས་སྐྱོང་ཁ་ཚང་སོགས་ཁྱོན་ཐང་ཤར་ལྔ་བཅུ་རྩ་གསུམ་ལེགས་བཞེངས་མཛད། གསུང་རྟེན་གྱི་རིམ་པ་ནི། རྒྱལ་བའི་བཀའ་ཆོས་ཡོངས་རྫོགས་སྡེ་དགེའི་སྤར་མ། ཡུམ་ ཆ་ཚང༌། སྐལ་བཟང༌། བརྒྱད་སྟོང་པ། གཟུངས་འདུས་མཛོད་ཆེན་གཉིས། སངས་རྒྱས་ མཚན་ལྔ་སྟོང་བཞི་བརྒྱ་པ། ཐར་མདོ་རྣམས་དང༌། ཡིག་དྲུག་དུང་འཁོར་དང་ཁྲི་ལྡན་འཁོར་ ལོ་བཅུ་གསུམ་བླུས་བཞེངས་ཅི་རིགས་དང་དེ་དག་ལས་བྲིས་ཐང་དང་གླེགས་བམ་རྣམས་ལ་ ཞལ་ཁེབས་ཐུམ་སོགས་ཞབས་འདེགས་མཆོད་བཀོད་ཆེས་ཁྱད་པར་བ་དང་བཅས་ནས་སོ། ། ཐུགས་རྟེན་གྱི་རིམ་པ་ནི་ས་རྡོ་ལས་བཞེངས་པ་དང་ཞིག་གསོས་བཅས་ཀྱི་མཆོད་རྟེན་ ཆེ་ཆུང་དགུ་ནང་གི་ལྷ་རིས་མང་པོ་བཅས་དང་དངུལ་ལས་བཞེངས་པའི་མཆོད་རྟེན་ཁྲུ་གང་ བ་གསུམ། རག་གི་མཆོད་རྟེན་ཆ་བརྒྱད་སོར་ལྔའི་ཚད་བཀའ་གདམས་མཆོད་རྟེན་གཅིག་ སོགས་བཞེངས་བླུས་ཅི་རིགས་མཛད། གཞན་ཡང་གསུང་སྒྲོག་ཡོན་བཅོས་ཀྱི་རིམ་པ་ནི། སྔ་ཕྱིར་རྒྱལ་བའི་བཀའ་འགྱུར་དག་ཚར་གསུམ། ཐར་མདོ་སྟོང་ཕྲག་གཉིས་ལྷག་རྡོར་གཅོད་ སྟོང་ཕྲག་གསུམ་ལྷག ཡིག་བརྒྱ་བྱེ་བ། ལྟུང་བཤགས། བཟང་སྤྱོད་མང་པོ་སོགས་ཀྱི་ཡོན་ བཅོལ་ཁྱད་ཐང་ཆེ་བ་ཆེས་མང་མཛད་ཅིང་གོང་སྨོས་ལས་གཞན་གསུང་རྟེན་ཡིག་དྲུག་ཀ་ ཆེན་སྟོང་ཕྲག་དང༌། ཐར་མདོའི་རྡོ་བརྐོས། ཡིག་དྲུག་ཇོ་དར་ཉིས་སྟོང༌། སྒྲོལ་མ། རྣམ་རྒྱལ་ མ། མི་འཁྲུགས་པའི་གཟུངས་སྔགས། ལྟུང་བཤགས་མང་པོ་རས་ལ་སྤར་བ་སོགས་རྣམ་ དཀར་བསགས་སྒོ་རྒྱ་ཀུན་ནས་ཆེ་ཞིང་དེ་དག་ནི་སྐུ་ཚེ་གང་པོའི་བྱ་བ་ལས་ཀྱི་འཁོར་ལོའི་ བྱས་རྗེས་རགས་བསྡུས་ཙམ་མོ། ། ད་ནི་སྐྱབས་མགོན་དཔལ་ལྡན་བླ་མ་མཚན་བརྗོད་པར་བཀའ་བ་དོན་གྱི་སླད་དུ་མཚན་ ནས་སྨོས་ན་ངག་དབང་མཚན་བཟང་དཔལ་གྱི་སྡེ་ཞེས་གྲགས་པ་གསང་ཆེན་སྔགས་ཀྱི་རྡོ་རྗེ་ 6-1-231 སློབ་དཔོན་མཆོག་མཚུངས་པ་མ་མཆིས་པ་གང་ཉིད་ཀྱི་ཞལ་སྔ་ནས་ཐུགས་སྲས་རྡོ་རྗེ་སློབ་ ཚོགས་ལ་བར་བར་ཞལ་གྱི་གདམས་པ་ལེགས་སྩལ་གྱི་རིམ་པ་ཕྱོགས་བསྡུས་སུ་བཀོད་པ་ ལ། སྤྱིར་རྗེ་སྐྱབས་མགོན་གང་གིས་སྦྱོར་དྲུག་གི་ཟབ་ཁྲིད་ནམ་གནང་བའི་སྐབས་རྣམས་སུ་ ཐོག་མ་སྔོན་འགྲོའི་རིམ་པ་ཉུང་བསྡུས་ཆ་ཚང་བཅས་ཀྱི་གང་སྐབས་སུ་བབ་པའི་ཟབ་ཁྲིད་ གནང་སྲོལ་འདུག་པ་དེ་ལ་རྗེ་ཁོང་ཉིད་ཀྱིས། འདི་སྐད་ཅེས་བཀའ་བསྩལ་པ་སྟེ། ཀྱེ་རྡོ་རྗེ་ སློབ་ཚོགས་གང་དག་གི་ཡིད་འཇགས་སུ་དགོས་གལ་ཆེ་བའི་ལམ་ཉམས་ལེན་གྱི་རིམ་པའི་ ཚུལ་འདི་བཞིན་མཛད་དགོས་པ་ཡིན་ཏེ། འོ་ད་ཚོད་རང་ཅག་ཚོས་སྔོ ན་འཁོར་བ་ཐོག་མ་ མེད་པའི་དུས་ནས་ད་ཡན་རིགས་དྲུག་གི་གནས་མཐོ་དམན་ཀུན་ཏུ་འཁོར་བའི་འཁྲུལ་སྣང་ གིས་བསླུས་ཏེ་སྡུག་བསྔལ་དཔག་མེད་མྱོང་ནས་ཐར་དུས་མ་བྱུང༌། ད་ལྟ་ནི་བླ་མ་དཀོན་ མཆོག་གི་ཐུགས་རྗེ་དང་སྔོན་བསགས་རྣམ་དཀར་གྱི་ལེགས་ལྟས་ཤིག་གིས་སྐོར་ཅིག་དལ་ འབྱོར་གྱི་མི་ལུས་ཐོབ་མཚན་ལྡན་གྱི་བླ་མ་དང་མཇལ། ཆོས་ཐེག་ཆེན་གྱི་ཡང་རྩེ་མཚན་ ཙམ་ཐོས་དཀའ་བའི་གསང་ཆེན་རྡོ་རྗེ་ཐེག་པའི་ཉེ་ལམ་སྙིགས་དུས་ཀྱི་ཚེ་ཐུང་གཅིག་ལ་ སངས་རྒྱས་རྡོ་རྗེ་འཆང་གི་གོ་འཕང་ཐོབ་ཐུབ་པ་འདི་ལྟ་བུ་དང་འཕྲད་ན། ཞི་བ་ལྷས། གལ་ ཏེ་འདི་ལ་ཕན་པ་མ་བསྒྲུབས་ན། །ཕྱིས་འདི་ཡང་དག་འབྱོར་བར་ག་ལ་འགྱུར། །ཞེས་ གསུངས་པ་ལྟར་དོན་མེད་འདི་སྣང་གི་བྱ་བས་མི་གཡེང་བར་དོན་ལྡན་དམ་ཆོས་ཀྱི་སྙིང་པོ་ ལོན་ངེས་མ་བྱས་ན་ཕྱིས་སུ་ལུས་རྟེན་འདི་འདྲ་ཐོབ་ཤིན་ཏུ་དཀའ་ཞིང༌། དལ་རྟེན་སྐོ ར་ཅིག་ ཐོབ་པ་དེ་ཡང༌། ཇི་སྐད་དུ། རྙེད་དཀའ་འཇིག་སླ་ནམ་མཁའི་གློག་དང་འདྲ། །ཞེས་ གསུངས་པ་བཞིན་ལུས་འདི་མི་རྟག་པའི་རང་བཞིན་མཐོང་ཆོས་སུ་གྱུར་པ་རང་དང་ན་ མཉམ་རང་ལས་གཞོན་པ་ཅི་ཙམ་ཞིག་ཤི་བ་མ་ཟད་སྔོན་བྱོན་རྒྱལ་བ་སྲས་བཅས་གང་དག་ ཀྱང་གདུལ་བྱ་རྟག་འཛིན་ཅན་གྱི་ངོར་མི་རྟག་སྒྱུ་མའི་ཚུལ་བསྟན་ནས་ད་ལན་མཚན་ཙམ་ 6-1-232 ལས་སྣང་བའི་ཡུལ་དུ་མི་བཞུགས་ན་རང་ཅག་ཉམ་ཆུང་རྣམས་ལ་སྨོས་ཀྱང་ཅི་ཞིག་དགོས། སྤྱིར་འདུས་བྱས་ཐམས་ཅད་མི་རྟག་ཅིང་སྒོས་སུ་འཛམ་གླིང་གི་མི་རྣམས་ཀྱི་ཚེ་ལ་ངེས་པ་ མེད་པས་དར་བའི་ཐ་མ་རྒུད་པ་འབྱོར་བའི་ཐ་མ་དབུལ་བ་འདུས་པའི་ཐ་མ་འབྲལ་བ་སྐྱེས་ པའི་ཐ་མ་འཆི་བ་ནི་སྡུག་བདེན་འདུས་བྱས་ཀྱི་ཆོས་ཉིད་ཡིན་ཞིང་འཇིག་རྟེན་ཆགས་སྡང་གི་ བྱ་བ་ལ་ཟིན་པའི་དུས་མེད་དགྲ་འདུལ་བས་ཐུལ་དུས་དང་གཉེན་བསྐྱངས་པས་མགུ་དུས་ དང་རྒྱུ་རྫས་བསོགས་པས་ཆོག་དུས་གང་ན་མེད་པས་འདི་སྣང་བྱ་བ་སྙིང་པོ་མེད་ཅིང་ཟིན་ དུས་མེད་པ་ལ་བསམ་བློ་བཏང་དགོས་ངེས་སུ་འདུག ཚེ་འདི་སྣང་ཡུད་ཙམ་པོ་ནུབ་རྗེས་ ནས་ཅི་ཡང་གོ་རྒྱུ་མེད་པ་ཞིག་མ་ཡིན་པར་ལས་བཟང་ངན་གྱི་རྗེས་སུ་ངེས་པར་འབྲང་ དགོས་ཏེ། མདོ་ལས། མེ་ནི་གྲང་བར་འགྱུར་ཡང་སྲིད། །རླུང་ནི་ཞགས་པས་ཟིན་ཡང་སྲིད། །ཉི་ཟླ་ཐང་ལ་ལྷུང་ཡང་སྲིད། །ལས་ཀྱི་རྣམ་སྨིན་བསླུ་མི་སྲིད། །ཅེས་བརྟགས་པ་མཐའ་ བཟུང་གི་འཇིག་རྟེན་ན་སྲིད་དཀའ་བ་གང་ལས་ཀྱང་ལས་འབྲས་བསླུ་མི་སྲིད་པ་ནན་གསུང་ གི་བཀའ་བྱུང་བ་ལྟ་བུ་རེད། གཞན་ཡང་མདོ་ལས། ལུས་ཅན་རྣམས་ཀྱི་བདེ་སྡུག་ནི། །ལས་ རྣམས་ཡིན་པར་ཐུབ་པས་གསུངས། །ལས་རྣམས་ཀྱང་ནི་སྣ་ཚོགས་ལ། །དེ་ཡིས་འགྲོ་འདི་ སྣ་ཚོགས་བྱས། །སྣ་ཚོགས་རྣམ་པར་འཁྱམས་ཤིང་འཇུག །ལས་ཀྱི་དྲྭ་བ་འདི་ཆེའོ། །ཞེས་ བདེ་སྡུག་ཐམས་ཅད་ལས་བཟང་ངན་གྱིས་བྱས་པ་ཤ་སྟག་དང་ལས་རྣམས་ཀྱང་དགེ་སྡིག་ བཟང་ངན་སྣ་ཚོགས་ཡིན་པས་དེ་དག་གི་འབྲས་བུའང་བདེ་སྡུག་དེ་ལུགས་བཞིན་གྱི་འཁྲུལ་ སྣང་སྣ་ཚོགས་ལ་ཨ་འཐས་ཤིང་འཁོར་བར་འཁྱམས་པ་ཟད་མེད་འདི་དག་ལས་མཐུ་བཙན་ པོའི་ཤེད་ཡིན་ཚུལ་གསུངས་པ་དང༌། རྒྱལ་པོ་ལ་གདམས་པའི་མདོར། དུས་ཀྱིས་ཉེན་ཏེ་ རྒྱལ་པོ་འགྲོ་གྱུར་ན། །ལོངས་སྤྱོད་མཛའ་དང་བཤེས་རྣམས་རྗེས་མི་འབྲང༌། །སྐྱེས་བུ་དག་ ནི་གང་ནས་གར་འགྲོ་ཡང༌། །ལས་ནི་ལུས་དང་གྲིབ་མ་བཞིན་དུ་འབྲང༌། །ཞེས་ཕྱི་མར་ 6-1-233 ལོངས་སྤྱོད་མཛའ་བཤེས་གང་ཡང་མེད་པར་རང་ཉིད་གཅིག་པུར་འགྲོ་དགོས་ཤིང་དགེ་ སྡིག་གི་ལས་བཟང་ངན་གང་བསགས་སྐྱེ་བ་ཚེ་རབས་རྣམས་སུ་ལས་དེ་མ་ཟད་བར་རྗེས་སུ་ འབྲང་ངེས་སུ་གསུངས་ཤིང༌། ལས་བརྒྱ་པ་ལས། ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་བ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་ པར་འགྱུར། །ཞེས་ལས་བཟང་ངན་གང་བསགས་ཡུན་ཇི་ལྟར་ལོན་ཡང་ནམ་ཡང་ཆུད་ཟོས་ སུ་འགྲོ་ཚུལ་མེད་པར་བསླུ་མེད་དུས་སུ་སྨིན་ངེས་སུ་བཀའ་བསྩལ་པ་ལྟར་དང༌། ཇི་སྐད་དུ། རང་བྱས་གཞན་གྱིས་མི་མྱོང་འགྱུར་བ་མེད། །ཅེས་པ་ལྟར་ལས་གང་བྱས་ཕྱི་མར་འཆོལ་ ཉོག་ཏུ་འགྲོ་ཚུལ་མེད་པར་དྲང་པོར་ནམ་ཡང་མི་བསླུ་བ་སོགས་ལ་ངེས་པ་དྲང་དགོས། སྤྱིར་ འཁོར་བ་མཐོ་དམན་གང་དུ་སྐྱེས་ཀྱང༌། མདོ་དྲན་ཉེར་ལས། སེམས་ཅན་དམྱལ་བ་དམྱལ་ མེས་ཉམས། །ཡི་དྭགས་བཀྲེ ས་ཤིང་སྐོ མ་པས་ཉམས། །དུད་འགྲོ་གཅིག་ལ་གཅིག་ཟས་ ཉམས། །མི་དག་འཚོ་བ་ཐུང་བས་ཉམས། །ལྷ་མིན་འཐབ་ཅིང་རྩོད་པས་ཉམས། །ལྷ་དག་ བག་མེད་པ་ཡིས་ཉམས། །འཁོར་བ་ཁབ་ཀྱི་རྩེ་ཙམ་ལ། །བདེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་རིགས་དྲུག་གི་གནས་རྣམས་སུ་རང་རང་ལ་སྡུག་བསྔལ་དོས་དྲག་པ་རེ་མེད་པ་གང་ ཡང་མེད་པས་འཁོར་བ་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་འབའ་ཞིག་གི་གནས་སུ་ བཀའ་བསྩལ་པ་ལྟར་བསྟན་བཅོས་ཚད་མར་གྱུར་པ་རྣམས་ལས་ཀྱང་ཚུལ་དེ་དང་མཐུན་ པར། མི་གཙང་ཁང་བར་དྲི་ཞིམ་མེད། །འགྲོ་ལྔ་དག་ན་བདེ་བ་མེད། །ཅེས་དང༌། དམྱལ་བ་ བྲིས་པ་མཐོང་དང་ཐོས་པ་དང༌། །དྲན་དང་བཀླགས་དང་གཟུགས་སུ་བགྱིས་པས་ཀྱང༌། །འཇིགས་པ་སྐྱེ་བར་བྱེད་ན་མི་བཟད་པའི། །རྣམ་སྨིན་ཉམས་སུ་མྱོང་རྣམས་ཅི་བྱར་ཡོད། །ཅེས་པ་ལྟར་སྤྱིར་ན་འཁོར་བ་མཐོ་དམན་ཐམས་ཅད་སྡུག་བསྔལ་བའི་རང་བཞིན་དང་ཁྱད་ པར་ངན་སོང་དམྱལ་བའི་ཚུལ་མཐོང་ཐོས་ཙམ་ལའང་འཇིགས་སྐྲག་ཇི་ལྟར་སྐྱེ་ན་དངོས་སུ་ 6-1-234 སྡུག་བསྔལ་ཉམས་སུ་མྱོང་ན་བཟོད་ཐབས་ག་ལ་ཡོད། རང་ཅག་ཚོ་སྐོ ར་རེ་བདེ་བདེ་འདྲ་ ཡང་ཕུགས་ཐུབ་མེད་པ་མ་ཟད། མདོ་ལས། ལྷ་ཡི་འཇིག་རྟེན་དག་ནས་འཕོས་པའི་ཚེ། །གལ་ཏེ་དགེ་བའི་ལྷག་མ་འགའ་མེད་ན། །དེ་ནས་དབང་མེད་དུད་འགྲོ་ཡི་དྭགས་དང༌། །དམྱལ་བར་གནས་པ་གང་ཡང་རུང་བར་འགྱུར། །ཞེས་ལྷ་གནས་སུ་སྐྱེས་ནའང་དགེ་བའི་ ལས་ཀྱི་ལྷག་མ་མེད་ན་དེའི་སྐྱེ་བ་ཕྱི་མར་ངན་སོང་དུ་སྡུག་བསྔལ་མྱོང་དགོས་ངེས་དང༌། ཚུལ་དེ་མཐུན་སློབ་དཔོན་ཀླུས། བརྒྱ་བྱིན་འཇིག་རྟེན་མཆོད་འོས་གྱུར་ནས་ཀྱང༌། །ལས་ཀྱི་ དབང་གིས་ཕྱིར་ཡང་ས་སྟེང་ལྷུང༌། །འཁོར་ལོས་སྒྱུར་བ་ཉིད་དུ་གྱུར་ནས་ཀྱང༌། །འཁོར་བ་ དག་ཏུ་ཡང་བྲན་ཉིད་དུ་འགྱུར། །ཞེས་དང༌། མཐོ་རིས་བུ་མོའི་ནུ་མ་སྐེ ད་པ་ལ། །རེག་པའི་ བདེ་བ་ཡུན་རིང་མྱོང་ནས་སླར། །དམྱལ་བར་འཐག་གཅོད་བྲད་པའི་འཁྲུལ་འཁོར་གྱི། །རེག་ པ་ཤིན་ཏུ་མི་བཟད་བསྟེན་འཚལ་ལོ། །ཞེས་ལྷའི་དབང་པོ་བརྒྱ་བྱིན་དུ་གྱུར་ཀྱང་མཐར་ལས་ དབང་གིས་མི་ཕལ་བར་འགྱུར་བ་དང་མིའི་དབང་པོ་འཁོར་སྒྱུར་དུ་གྱུར་ཀྱང་ཐ་མ་བྲན་དུ་ འགྱུར་ཞིང་ལྷ་གནས་སུ་ལྷའི་ན་ཆུང་དང་འགྲོགས་པའི་རེག་བདེ་མྱོང་བ་གང་དག་མཐར་ དམྱལ་བའི་གནས་སུ་སྐྱེས་ཏེ་འཁྲུལ་འཁོར་གྱིས་བཅད་གཏུབ་དང་ལྕགས་སྲེག་གི་རེག་བྱ་མི་ བཟད་པ་མྱོང་དགོས་ཚུལ་གསུངས་པ་དང༌། ཡང་འདི་སྐད། གཅིག་པུ་ཉི་མ་ཟླ་བས་མི་ གསལ་བའི། །མི་རིག་མུན་ནག་ནང་དུ་འཇུག་འཚལ་ལོ། །ཞེས་འདི་ངོགས་དཀར་འོད་ཀྱི་ སྣང་བ་དང་བྲལ་ནས་ལས་ངན་དབང་གིས་ཕྱི་མར་རང་གི་ལག་པ་རྐྱང་བསྐུམ་ཙམ་ཡང་མི་ མཐོང་བའི་མུན་ནག་དམྱལ་བའི་གནས་སུ་ཡུན་རིང་གཅིག་པུར་འདུག་དགོས་བྱུང་ན་ཅི་ ཚུགས་བྱེད་ཨང༌། ད་རེས་དལ་རྟེན་འདིའི་ཐོག་དམ་ཆོས་ཡང་དག་གིས་ལམ་སྣེ ་ཞིག་མ་ཟིན་ ཚེ། ཇི་སྐད་དུ། རེ་རེ་རྒྱ་མཚོ་བཞི་བས་ལྷག་པ་ཡི། །འོ་མ་འཐུངས་ཏེ་ད་དུང་སོ་སོ་ཡི། །སྐྱེ་ བོའི་རྗེས་སུ་འབྲང་བའི་འཁོར་བ་པས། །དེ་བས་ཆེས་མང་ཉིད་དུ་བཏུང་འཚལ་ལོ། །ཞེས་ 6-1-235 སྔོན་རང་རེས་རྒྱ་མཚོ་བཞི་བས་ལྷག་པའི་མའི་འོ་མ་བཏུངས་ཏེ་སྐྱེ་གྲངས་མང་པོ་བླངས་པ་ ལྟར་ད་ལམ་ཆོས་ཀྱིས་འཁོར་རྩ་མ་ཆོད་ཚེ་རྗེས་སོར་ཡང་དེ་བས་ཆེས་མང་གི་སྐྱེ་བ་བླངས་སྟེ་ སྡུག་བསྔལ་ཡུན་རིང་མྱོང་དགོས་པར་གསུངས་ཤིང༌། དེ་ཡང་དགྲ་གཉེན་སོགས་ཕྱོགས་ཚན་ གཅིག་ཏུ་མ་ངེས་ཚུལ། ཇི་སྐད་དུ། ཕ་ནི་བུ་ཉིད་མ་ནི་ཆུང་མ་ཉིད། །སྐྱེ་བོ་དགྲར་གྱུར་པ་ཡང་ བཤེས་ཉིད་དང༌། །ལྡོ ག་པ་ཉིད་དུ་མཆི་བས་དེ་སླད་དུ། །འཁོར་བ་དག་ན་ངེས་པ་འགའ་མ་ མཆིས། །ཞེས་ད་ལྟ་རང་ཅག་གི་ཕ་མ་དགྲ་གཉེན་སོགས་ནི་འདི་སྣང་ཡུད་ཙམ་པ་ལས་ངེས་ པ་མ་མཆིས་ཤིང་གནས་ཚུལ་གཞན་དང་གཞན་དུ་འགྱུར་ཚུལ་ཁོ་ན་ཡིན་ན་འདི་སྣང་དགྲ་ གཉེན་ལ་ཤི་སྤར་འཐམ་པས་ཅི་ཞིག་བྱ། སྔོ ན་ཆད་རང་རེས་ལུས་བླངས་གྲངས། ཇི་སྐད་དུ། རེ་རེ་དག་གི་རུས་པའི་ཕུང་པོ་ནི། །ལྷུན་པོ་མཉམ་པ་སྙེད་ཅིག་འདས་པར་གྱུར། །ཞེས་སྐྱེ་ ལུས་བླངས་པའི་རུས་པའི་ཕུང་པོ་རི་རབ་ལས་ཀྱང་ཆེས་དཔངས་མཐོ་ཞིང་དེ་དག་གི་སྐབས་ དམྱལ་བར་སྡུག་བསྔལ་ཡང་ཡང་མྱོང་ཚུལ་ཡང༌། འདི་སྐད། ཡང་དང་ཡང་དུ་དམྱལ་བ་ན། །ཟངས་ཞུན་བསྐོ ལ་བ་གང་འཐུང་བ། །རྒྱ་མཚོའི་ནང་གི་ཆུ་ལ་ཡང༌། །དེ་ཡི་ཚད་ཙམ་ཡོད་མ་ ཡིན། །ཞེས་དམྱལ་བའི་ཟངས་ཞུན་འཐུང་བ་རྒྱ་མཚོའི་ཆུ་ལས་མང་བ་དང༌། དུད་འགྲོའི་སྐྱེ་ ལུས་ཀྱིས་སྡུག་བསྔལ་མྱོང་གྲངས། འདི་སྐད། ཁྱི་དང་ཕག་ཏུ་གྱུར་པ་ན། །མི་གཙང་བ་ནི་ གང་ཟོས་པ། །རི་ཡི་རྒྱལ་པོ་ལྷུན་པོ་ཡི། །ཚད་ལས་ཤིན་ཏུ་འདས་པར་གྱུར། །ཞེས་དང༌། སྲིན་བུར་གྱུར་ཅིང་རབ་བཀྲེ ས་པས། །ས་ལུད་ཟོས་པ་གང་ཡིན་པ། །འོ་མའི་རྒྱ་མཚོ་ཆེ་ནང་ དུ། །དེ་ཡིས་བཀང་ན་ཤིན་ཏུ་འགེངས། །ཞེས་ཁྱི་ཕག་ཏུ་གྱུར་པས་མི་གཙང་བ་ཟོས་ཚད་རི་ རབ་ལས་ལྷག་པ་དང་སྲིན་བུར་གྱུར་ནས་ས་ལུད་ཟོས་པ་འོ་མའི་རྒྱ་མཚོ་གང་ཐུབ་པའི་ཚོད་ དུ་འདུག་ཅིང༌། མི་ལུས་བླངས་ཏེ་མྱ་ངན་དང་སྡུག་བསྔལ་མྱོང་ཚུལ། འདི་སྐད། མཛའ་ བཤེས་རབ་ཏུ་བྲལ་བ་ཡིས། །འཁོར་བའི་གནས་སུ་གང་ངུས་པ། །མིག་གི་མཆི་མའི་ཐིགས་ 6-1-236 པ་ཡི། །སྣོ ད་དུ་རྒྱ་མཚོ་རུང་མ་ཡིན། །ཞེས་དང༌། ཕན་ཚུན་དག་ཏུ་རྩོད་པའི་ཕྱིར། །མགོ་བོ་ གཅད་པ་གང་ཡིན་པ། །སྤུངས་ན་དེ་ལྟར་མཐོ་བ་ནི། །ཚངས་པའི་འཇིག་རྟེན་ལས་ཀྱང་ ཐལ། །ཞེས་མི་ལུས་བླངས་ཏེ་མཛའ་བཤེས་དང་བྲལ་བས་ངུས་པའི་མིག་ཆུ་ཟག་པ་རྒྱ་མཚོ་ ཆེན་པོ་ལས་མང་ཞིང་ཕན་ཚུན་འཐབ་འཛིང་གིས་མགོ་བཅད་པ་ཁོ་ན་སྤུངས་པ་ཚངས་པའི་ འཇིག་རྟེན་ལས་མཐོ་བར་གསུངས་པ་སོགས་ལ་ངེས་པ་དྲངས་དགོས་ལ། ཇི་སྐད་དུ། དེ་ ལྟར་ནོངས་པར་འགྱུར་འཚལ་བསོད་ནམས་ནི། །རྣམ་གསུམ་མར་མེའི་སྣང་བ་རབ་བཞེས་ ཤིག །ཅེས་སྤྱིར་འཁོར་བའི་སྡུག་བསྔལ་ལ་བསམ་ནས་དེ་ལས་ཐར་པའི་ཐབས་ལ་འབད་ དགོས་ཚུལ་གསུངས་པ་ལྟར་རང་རེ་དག་གིས་དེ་ལུགས་ཀྱི་བརྩོན་པ་བསྐྱེད་དགོས་པ་སྟེ། རྒྱལ་སྲས་དངུལ་ཆུ་ཐོགས་མེད་ཀྱིས། སྲིད་གསུམ་བདེ་བ་རྩྭ་རྩེའི་ཟིལ་བ་བཞིན། །ཡུད་ཙམ་ ཞིག་གིས་འཇིག་པའི་ཆོས་ཅན་ཡིན། །ནམ་ཡང་མི་འགྱུར་ཐར་པའི་གོ་འཕང་མཆོག །དོན་དུ་ གཉེར་བ་རྒྱལ་སྲས་ལག་ལེན་ཡིན། །ཞེས་གསུངས་པ་ལྟར་སྲིད་གསུམ་གྱི་བདེ་བ་ལ་སྙི ང་པོ་ མེད་པར་ལས་ཉོན་སྤངས་པའི་ཡང་དག་ཐར་པ་མཆོག་དེ་དོན་གཉེར་བྱེད་པ་གལ་ཆེ་ཞིང༌། བཤེས་སྤྲིང་ལས། མ་ཡི་ཐུག་མཐའ་རྒྱ་ཤུག་ཚིག་གུ་ཙམ། །རིལ་བུས་བགྲངས་ཀྱང་ས་ ཡིས་ལྡང་མི་འགྱུར། །ཞེས་གསུངས་པ་ལྟར་རང་རེའི་མ་བྱས་པའི་མཐའ་ལ་ཐུག་པ་མེད་པའི་ སེམས་ཅན་གང་དག་གིས་ད་ལྟའི་རྩ་བའི་མ་བཞིན་དྲིན་གྱིས་བསྐྱངས་པ་ཤ་སྟག་ཡིན་པར་ ངེས་ནས་མར་ཤེས། དྲིན་དྲན། དྲིན་གཟོ་འདོད་ཀྱི་བསམ་པས་དེ་དག་ལ་བདེ་བ་རྒྱུ་བཅས་ བདག་གིས་ལྡན་པར་བྱེད་འདོད་དང་སྡུག་བསྔལ་རྒྱུ་བཅས་བདག་གིས་བྲལ་བར་བྱེད་ འདོད་ཀྱི་ལྷག་བསམ་ཡང་དག་གི་བྱམས་སྙི ང་རྗེ་བསྐྱེད་དེ། རྒྱལ་སྲས་ཐོགས་མེད་ཀྱིས། ཐོག་མེད་དུས་ནས་བདག་ལ་བརྩེ་བ་ཅན། །མ་རྣམས་སྡུག་ན་རང་བདེས་ཅི་ཞིག་བྱ། །དེ་ ཕྱིར་མཐའ་ཡས་སེམས་ཅན་བསྒྲལ་བྱའི་ཕྱིར། །བྱང་ཆུབ་སེམས་བསྐྱེད་རྒྱལ་སྲས་ལག་ 6-1-237 ལེན་ཡིན། །ཞེས་གསུངས་པའི་གོ་དོན་ལྟར་གཞན་དོན་དུ་བདག་རྫོགས་བྱང་ཐོབ་འདོད་ཀྱི་ བྱང་ཆུབ་སེམས་ཀྱི་ཀུན་སློང་ལ་ནན་ཏན་བྱ་དགོས་ཤིང༌། རྒྱལ་སྲས་དེ་ཉིད་ཀྱིས། ཇི་ལྟར་ སྣང་བ་འདི་དག་རང་གི་སེམས། །སེམས་ཉིད་གདོད་ནས་སྤྲོས་པའི་མཐའ་དང་བྲལ། །དེ་ ཉིད་ཤེས་ནས་གཟུང་འཛིན་མཚན་མ་རྣམས། །ཡིད་ལ་མི་བྱེད་རྒྱལ་སྲས་ལག་ལེན་ཡིན། །ཞེས་པའི་ལག་ལེན་གནང་བ་ལྟར་གཟུང་འཛིན་མཚན་མ་ཀུན་བྲལ་མི་རྟོག་པ་ལ་མཉམ་ པར་འཇོག་པ་གལ་གནད་མེད་མི་རུང་བའི་སྙིང་པོར་བཟུང་སྟེ་ཁྱད་པར་རང་ལུགས་གསང་ ཆེན་ཐེག་པའི་ཉམས་ལེན་གྲུབ་ཆེན་ཏེ་ལོ་པའི་ཞལ་ནས། ཀྱེ་ཧོ། བློ་ཡི་ཆོས་ཀྱིས་བློ་འདས་ དོན་མི་མཐོང༌། །བྱས་པའི་ཆོས་ཀྱིས་བྱར་མེད་དོན་མི་རྟོགས། །བློ་འདས་བྱར་མེད་དོན་དེ་ ཐོབ་འདོད་ན། །རང་སེམས་རྩ་བ་ཆོད་ལ་རིག་པ་གཅེར་བུར་ཞོག །རྟོག་པ་དྲི་མའི་ཆུ་དེ་ དྭངས་སུ་ཆུག །སྣང་བ་དགག་སྒྲུབ་མི་བྱ་རང་སར་ཞོག །ཅེས་གསུངས་པ་ལྟར་རིག་པའི་ རང་ངོ་ཟིན་པར་བྱས་ཏེ་ཉམ་བཞག་དེའི་ངང་ལེགས་པར་སྐྱོང་ཅི་ཐུབ་ལ་འབད་དེ་བྱིང་རྒོད་ སྐྱོན་བྲལ་ཨེ་ཡོང་བལྟ་དགོས་པར་སྐབས་ཧ་ཅང་འཇུར་དོགས་ཀྱི་དུས་སུ་གྲུབ་ཆེན་དེ་ཉིད་ ཀྱིས། མ་བཅོས་གཉུག་མའི་ངང་དུ་ཀློད་ལ་ཞོག །བཅིངས་པ་ཀློད་ན་གྲོལ་བར་ཐེ་ཚོམ་མེད། །དཔེར་ན་ནམ་མཁའི་དཀྱིལ་བལྟས་མཐོང་བ་འགག་པར་འགྱུར། །དེ་བཞིན་སེམས་ཀྱིས་ སེམས་ལ་བལྟས་བྱས་ན། །རྣམ་རྟོག་ཚོགས་འགགས་བླ་མེད་བྱང་ཆུབ་ཐོབ། །ཅེས་གསུངས་ པའི་མན་ངག་ལྟར་གནད་ལ་གང་ཐེབ་ཀྱིས་མཉམ་བཞག་སྐྱོང་ཤེས་ཀྱིས་ཚེ་མཐའ་འཁྱོལ་བ་ ཞིག་ཅི་ནས་ཀྱང་རེམ་རེམ། གཞན་ཡང་ཁྱེད་སློབ་ཚོགས་ཀྱིས་ཡིད་འཛིན་བྱ་རྒྱུར་ཇོ་བོ་རྗེ་ལྷ་ ཅིག་གི་ཞལ་སྔ་ནས། དགེ་བའི་བཤེས་གཉེན་གྱི་མཆོག་མཚང་ལ་རྒོ ལ་བ་ཡིན། གདམས་ ངག་གི་མཆོག་མཚང་ཐོག་ཏུ་འབེབས་པ་ཡིན། གྲོགས་ཀྱི་མཆོག་དྲན་དང་ཤེས་བཞིན་ཡིན། བསྐུལ་མའི་མཆོག་དགྲ་བགེགས་དང་ན་ཚ་སྡུག་བསྔལ་ཡིན། ཐབས་ཀྱི་མཆོག་བཅའ་ 6-1-238 བཅོས་མེད་པ་ཡིན། ཞེས་གསུངས་པ་ལྟར་རང་མཚང་ངོས་ཟིན་དྲན་ཤེས་བཞིན་གྱིས་རྒྱུད་ བསྡམས་རྐྱེན་ངན་ཐེག་ཐུབ་དང་གཡོ་ཟོལ་གྱིས་རྒྱུད་བཅའ་བཅོས་མེད་པ་ཞིག་གལ་ཆེ། རྒྱལ་བའི་བཀའ་ལས། ངས་ནི་ཁྱོད་ལ་ཐར་པའི་ཐབས་བསྟན་གྱི། །ཐར་པ་རང་ལ་རག་ལས་ ཤེས་པར་གྱིས། །ཞེས་གསུངས་པ་ལྟར་བླ་རྒན་རང་གིས་ཁྱེད་རྣམས་ལ་གདམས་ངག་ཟབ་ མོ་དག་ནི་བསྟན་ཟིན་གྱི་ཁྱེད་རང་ཚོས་ཉམས་ལེན་ལ་འབད་འབུང་བྱེད་ཐུབ་མི་ཐུབ་ལ་རག་ ལས་པ་ཡིན་པས་དེ་ལུགས་སེམས་ལ་ཟུང༌། ཇི་སྐད་དུ། མེ་ཚོགས་སྤུ་གྲིའི་སོ་ཡང་བརྒལ་ ནས་ནི། །འཆི་མཐར་ཐུག་གི་བར་དུ་དམ་ཆོས་བཙལ། །ཞེས་པ་ལྟར་ཁྱེད་ཅག་ཚོས་ད་རེས་ དལ་འབྱོར་གྱི་ལུས་རྟེན་ལན་ཅིག་ཐོབ་དུས་འདིར་དོན་མེད་དུ་མི་བཏང་བར་གཏན་བདེའི་ འདུན་མ་སྒྲུབ་ཐབས་སྒོ་གང་ཐད་ནས་སྐྱེས་རྩལ་ཅི་ཡོད་ཀྱིས་བརྩོན་པ་ལྷུར་ལེན་པའི་སྒོ་ ནས་དམ་པའི་ཆོས་ཁོ་ན་ལ་གཞོལ་བ་ཞིག་ཅི་ནས་ཀྱང་མ་འཆུགས། ཚེ་རབས་གཏན་གྱི་ འདུན་མ་འཆུགས་ན་མ་འཆུགས་ན་བློ་ཕུག་ལེགས་ན་ཉེས་ན་ས་མཚམས་ད་རེས་ཡིན་དམ་ ཚིག་དང་ཚུལ་ཁྲིམས་གཙང་མས་གཞི་བཟུང་ལས་རྒྱུ་འབྲས་ལ་སྤང་བླང་ཞིབ་མོས་སྟབས་ གཟབ་སངས་རྒྱས་ཀྱི་བསྟན་པ་ལ་གྲུབ་པའི་མཐའ་འདྲ་མིན་ཇི་ལྟར་ཡོད་ཀྱང་དེ་ཐམས་ཅད་ གདུལ་བྱའི་དབང་གིས་གནས་སྐབས་ལམ་ལ་བཀྲི་བའི་ཚུལ་སྣ་ཚོགས་པའི་ཐབས་མཁས་ ཙམ་ལས་མཐར་ཐེག་པ་གཅིག་ཏུ་གཞོལ་ངེས་མ་ཡིན་པ་གཅིག་ཀྱང་མེད་པས་ཀུན་ལ་དག་ སྣང་སྦྱོང་བ་གལ་ཆེ། ཁྱེད་ཅག་གི་རྒྱུན་སྤྱོད་སྐབས། རྒྱལ་སྲས་མཆོག་གིས། སྔོ ན་སྤྱད་བདེ་ སྡུག་ཆུ་ཡི་རི་མོ་འདྲ། །ཟིན་པ་རྗེས་མེད་ཡིན་གྱི་རྗེས་མ་གཅོད། །ཅེས་ཀྱང་དྲན་ན་ནམ་འཆི་ ཆ་མེད་སོམས། །ཆོས་མིན་བྱ་ལོང་འདུག་གམ་མ་ཎི་བ། །འཕྲལ་གྱི་བྱ་བཞག་རྨི་ལམ་སོ་ ཚིས་འདྲ། །འབད་པ་དོན་མེད་ཡིན་གྱི་བོར་ལ་ཐོང༌། །ཆོས་མཐུན་ཟས་ཀྱང་ཞེན་མེད་རྒྱ་ ཡིས་ཐོབ། །བྱ་བྱེད་སྙི ང་པོ་མེད་དོ་མ་ཎི་བ། །རྗེས་ཐོབ་དུས་གསུམ་རྟོག་པ་འདུལ་སྦྱངས་ 6-1-239 འདི། །དྲན་སྣང་ཐམས་ཅད་ཆོས་སྐུར་མ་ཤར་བར། །མེད་ཐབས་མེད་དོ་དགོས་པ་དྲན་པར་ གྱིས། །འཁྲུལ་རྟོག་ཡན་པར་མ་གཏོང་མ་ཎི་བ། །ཞེས་སོགས་གསུངས་པ་བཞིན་དོན་མེད་ སྔར་སོང་ལ་གཡེང་བས་རྗེས་མ་འབྲང་བར་ནམ་འཆི་ཆ་མེད་བསམ་པས་རྒྱུད་བསྡམས་འདི་ སྣང་གི་འདུག་ཆས་ཀུན་ལ་སྙིང་པོ་མེད་ངེས་སུ་ཐག་བཅད་ནས་རྣམ་རྟོག་གང་ཤར་གྱི་རང་ངོ་ ལ་བལྟས་ཏེ་འཛིན་མེད་རང་གྲོལ་རྗེན་ཆར་བར་ངང་གིས་འཇུག་ནུས་པ་ཞིག་སུས་འོང་ན་ང་ རང་བླ་རྒན་མ་བརྗེད་ཅིང་དྲིན་ལན་འཁོར་བ་ཡིན་པས་ཚུལ་དེ་རང་ལ་ལྟོས་པའི་མཆོག་ དམན་ཐམས་ཅད་ཀྱིས་སེམས་འཛིན་ནན་མོ་མཛོད་ཅིག་དེ་སོགས་ད་དུང་འདི་ལས་འཕྲོས་ ན་སྤྲོ་རྒྱུ་མང་མོད་འོན་ཀྱང་ཡི་གེ་མང་བས་འཇིགས་ནས་མ་སྤྲོས། དགུང་ལོ་གྱ་གཉིས་པ་ས་འབྲུག་ལོར་སྦྱོར་དྲུག་ཆོས་གྲྭ་བ་མཁྱེན་རྟོགས། བློ་གསལ་ གཉིས་ཡིན་ཞིང་གོང་འོག་གི་ལོ་རྣམས་སུ་སྦྱོར་དྲུག་གསར་འདུག་གང་ཡོད་དག་ལོ་དེ་དང༌། དེའི་ལོ་སྔ་མའི་དགུན་ཟླའི་མགོ་ཙམ་ནས་ཆོས་དབུ་འཛུགས་པའི་དབང་དུ་བྱས་པ་ཐམས་ ཅད་ལ་འདྲ་འདི་ལོར་ནཻ་གུ་བ་བླ་མ་གཞན་ཕན། གྲགས་རྒྱམ་སོགས་ལྔ་སྟེ་སྦྱོར་དྲུག་དང་ནཻ་ གུ་བ་དེ་ཐམས་ཅད་ལ་རང་རང་དང་འཚམས་པའི་ཆོས་བཀའ་གང་དགོས་ཀྱིས་ལེགས་པར་ བསྐྱངས་ཤིང༌། གཞན་ཡང་ལོ་དེར་བསྐྱེད་རིམ་པ་སྐུ་ཚ་བླ་མ་མཚན་ལྡན་ལ་འཇིགས་བྱེད་ འབྲུ་ནོན། བླ་མ་བློ་ཆོས་ལ་གཅོད་ཚོགས་བརྒྱ། བླ་མ་བརྩོན་འགྲུས་ལ་སྔ་ཕྱི་ཅི་རིགས་སུ་ འབྱུང་འདུལ། རྟ་མགྲིན། འཇིགས་བྱེད་འབྲུ་ནོན། སྙན་བརྒྱུད། ལྡེ འུ་ཐུང་ལྷ་གསུམ། ཨུཥྞི་ཥ་ རྭ་ལུགས། ཞི་ཁྲོ་སྦྲགས་སྒྲུབ། མགོན་པོའི་མདུན་བསྙེ ན། ཟབ་མདོ་སྲུང་ཟློ ག་བསད་གསུམ་ སོགས་བསྙེན་སྒྲུབ་སྣ་ཚོགས་པའི་ཆོས་མཚམས་པ་མང་ཙམ་ཞིག་ཡོད་པ་ལ་དེ་ལུགས་ཀྱི་ དབང་ཁྲིད་ཅི་དགོས་ཐམས་ཅད་གནང༌། དགུང་ལོ་གྱ་གསུམ་ས་སྦྲུལ་ལོར་སྦྱོར་དྲུག་པ་བདེན་རྟོགས་སོགས་བརྒྱད་ལ་སྔར་སྲོལ་ 6-1-240 ལྟར་གྱི་ཆོས་བཀའ་དང༌། བླ་མ་ཆོས་བློ། ཡོན་རྒྱམ་གཉིས་ལ་མགོན་པོ་བྲག་རྫོང་མ། སྐུ་ ཚ་མཚན་ལྡན། ངག་སྨོན་གཉིས་ལ་གཅོད་ཚོགས་བརྒྱ་སོགས་དེ་ལོར་མཚམས་སྒྲུབ་པ་ གང་དག་ལ་ཆོས་ཁྲིད་དེ་ལུགས་བཞིན་མཛད་པ་ལས་བར་བར་དུ་ཁོང་གིས་སློབ་མ་འགའ་ ལ་ཆོས་ཁྲིད་འཇོག་མཚམས་ཉིན་རེ་མཛད་ནས་དེ་རིང་དག་པ་རབ་འབྱམས་ཀྱི་སྣང་བས་ དུས་འདའ་བཞིན་ཡོད་པས་འཇིག་རྟེན་བརྗོད་སྒོ་འགགས་སོང༌། གསུངས་ནས་བཞུགས་ འདུག་དགོས་པ་བྱུང་ཞིང་འདི་སྐོ ར་ནས་བཀའ་ལས་ད་ནི་རང་གི་སྣང་བ་སྔར་ལོ་ཤས་ནས་ཐ་ མལ་འདི་སྣང་འཆར་དཀའ་བ་ཞིག་ཏུ་རེད་སོང༌། ཞེས་པའི་གསུང་གནང་ཡང་ཡང་བྱུང་ལོ་ འདིའི་སྔ་ལོའི་དུས་སྐབས་ཤིག་ནས་བཟུང་ཁོང་གི་ཞལ་སྔ་ནས། ད་ནི་དགེ་བ་ཐམས་ཅད་ རྫོགས་བྱང་དུ་བསྔོ ་བའི་དུས་སུ་བབ་པ་ཡིན། གསུངས་ནས་ཉིན་རེ་བཞིན་འཕགས་པ་ བཟང་པོ་སྤྱོད་པའི་སྨོན་ལམ་ལན་མང་གསུངས་པ་ཤིང་བུ་ཉི་ཤུ་རྩ་གྲངས་ལ་མི་ནོར་གྲངས་ ཀའི་མཚན་མའི་རྟགས་ཀྱིས་གང་ཙམ་རྗེས་སོར་བྱུང་ཞིང༌། ལོ་དེའི་ཟླ་བ་བརྒྱད་པའི་ཚེས་ སྐོ ར་དུ་ཉིན་ཞིག་ཁོང་གི་སྐུ་མདུན་དུ། སྐུ་མདུན་པ་དང་སྐུ་ཚ་རྣམས་ལྷན་རྒྱས་སྐབས། ཞལ་ གསུངས་ལས། ད་ནི་བདག་ན་སོ་མཐོ་ཞིང་ནམ་འཆི་ཆ་མེད་དུ་འདུག་པས་སྔོ ན་ནས་ད་བར་ དགོན་འདིའི་སྒྲུབ་བརྒྱུད་བསྟན་ལ་བླ་མ་བསྟན་པ་རབ་རྒྱས་ཉིད་བཀའ་དྲིན་ལྷག་པར་ཆེ་ ཞིང་འདི་ནས་ཞག་ཁ་ཤས་གཟའ་སྐར་བཟང་བའི་དུས་སུ་བླ་མ་འདི་ཉིད་རང་གི་རྒྱལ་ཚབ་ ཏུ་མངའ་གསོལ་བའི་དུས་སུ་བབ་ཕྱིར་དེ་ལ་ཉེར་མཁོའི་དར་སོགས་ལེགས་བསྒྲིགས་བྱ་ དགོས་ཚུལ་ཞིབ་རྒྱས་སུ་གསུངས་སྐབས་དེར་གནས་སྐུ་མདུན་པས་བླ་མ་རིན་པོ་ཆེ་ཁྱེད་ རང་བས་སྔོན་དུ་བྱོན་ན་ངེད་རང་དག་གིས་རྗེས་ནས་ཅི་བྱེད་སོགས་གདུང་ཡུས་ཀྱིས་མིག་ ཆུ་ཁོལ་བཞིན་སྡུག་མྱ་ངན་གྱི་ནན་ཚིག་མང་པོ་ཞུས་པས་ཁོང་གི་ཞལ་ནས། འོ་ད་ཁྱོད་ཀྱིས་ མྱ་ངན་མ་མཛད་རང་གི་དྲིལ་བུ་འདི་རྒྱུ་སྤུས་བཟང་ལེགས་ཤིག་ཡིན་པས་འདི་ཁྱོད་ལ་སྦྱིན་ 6-1-241 ནོ། །གསུངས། སྐུ་མདུན་པ་ན་རེ། ཁྱེད་ཀྱི་ཞབས་ཕྱི་ཁོ་བོས་ལོ་ཉི་ཤུ་ཙམ་ཞུས་ན་དེ་ཚེགས་ རྔན་ཞིག་ལ་རེ་བས་གཏན་ནས་མིན་བདག་གི་རེ་བ་ནི་ཚེ་ཕྱི་མར་ཐུགས་རྗེ་འབྲལ་མེད་ ལེགས་སྐྱོབ་ཁོ་ནའི་ཆེད་ལ་སྙམ་པ་ཡིན་ཚུལ་ཞིབ་མོར་ནན་ཞུས་ཀྱི་དུས་སུ། ཞལ་ནས། འོ་ ད་བདག་ལོ་མཐོ་ཞིང་རང་སྣང་ལ་བླ་མའི་དོན་དམ་ཆོས་སྐུའི་རང་མདངས་དང་རང་སེམས་ བར་རྟ་རྔ་ཙམ་ལས་མེད་སྣང་ཤར་འདུག་དེ་དབྱེར་མེད་དུ་ནམ་སོང་ཙ་ན་རང་འཆི་བ་ཆོས་ སྐུའི་དབྱིངས་སུ་གྲོལ་བ་ཡིན། ད་སྔོ ན་རང་གིས་དགེ་རྩ་གང་སྒྲུབ་ལ་ཁྱོད་ཀྱིས་རྗེས་སུ་ཡི་ རང་ལས་སེར་སྣ་སོགས་གང་ཡང་མེད་པས་རང་རེ་གཉིས་ལ་དགེ་རྩ་གང་ཡོད་མཐའ་དག་ མཉམ་ཐོབ་ཡིན་ངེས་ཀྱི་ཡུལ་དཔང་བཞག་གི་གསུང་མནའ་དང་བཅས་རང་ལ་ཚེ་ཕྱི་མར་ རང་དབང་ཡོད་ཚེ་ཁྱོད་ལས་དྲིན་ཅན་སུ་ཡང་མེད་པས་ནམ་ཡང་ཐུགས་རྗེས་མི་གཏོང་བའི་ བཀའ་ལུང་ཞིབ་རྒྱས་སུ་གནང་བས་སྐུ་མདུན་པའི་ཡིད་ལ་ཚིམས་པ་ཐོབ་ཅིང་དད་གུས་ཆེར་ འཕེལ་དུ་གྱུར། དེར་གནས་སྐུ་ཚ་དབོན་མཚན་ལྡན་གྱིས་ཀྱང་ད་དུང་ལོ་འགར་བཞུགས་ དགོས་ཚུལ་ཞུས་ཚེ་ཞལ་ནས། ཇི་སྐད་དུ་མྱ་ངན་བསལ་བ་ལས། དྲང་སྲོང་ཆེན་པོ་ལྔ་མངོན་ ཤེས། །མཁའ་ལ་རྒྱང་རིང་འགྲོ་བ་ཡང༌། །གང་དུ་འཆི་མེད་སྤྱོད་ཡུལ་བ། །ས་དེར་འགྲོ་ བར་མི་ནུས་སོ། །ཞེས་གསུངས་པ་ལྟར་སྐྱེས་བུ་མཐོ་དམན་ཇི་ལྟར་གྱུར་ཀྱང་མི་འཆི་བའི་ གནས་སུ་འགྲོ་བ་མེད། ད་སྐབས་རང་འཆི་བའི་དུས་སུ་བབ་ནའང༌། རྗེ་མི་ལས། ང་འཆི་ བས་འཇིགས་ནས་རི་ལ་བྲོས། །ནམ་འཆི་ཆ་མེད་བསྒོམ་བསྒོམ་པས། །འཆི་མེད་གཉུག་ མའི་བཙན་ས་ཟིན། །ད་འཆི་བའི་འཇིགས་པ་བོར་ཏེ་ཐལ། །ཞེས་གསུངས་པ་ལྟར་ད་ཡན་ རང་གིས་ཀྱང་འཆི་བ་མི་རྟག་པ་བསམ་ཁུལ་གྱིས་ཆོས་ཅི་འགྲུབ་ལ་རེམ་པས་ད་ལན་སྐྲག་ འཇིགས་ཅི་ཡང་མེད། དེ་མ་ཟད་ཇི་སྐད་དུ། ཆོས་སེམས་ཨ་མའི་མངལ་ནས་སྐྱེས། །སྐྱེས་པ་ ཐག་ཏུ་འཆི་ཆོས་དྲན། །ཞེས་པ་ལྟ་བུའི་ཚུལ་དེ་རང་གིས་ཀྱང་བསྒྲུབ་ཁུལ་བགྱིས་པས་ད་འཆི་ 6-1-242 བ་ལ་བྲོད་པ་ཆེ་ཙམ་དུ་འདུག ཅེས་གསུངས། ཡང་སྐུ་དབོན་གྱིས་འོ་ན་ངེད་ཅག་ཀྱང་ཐུགས་ རྗེས་མ་འདོར་ཤུལ་དུ་ཇི་ལྟར་བྱེད། ཞུས་པས། ཞལ་ནས། ཁྱོད་ཚོ་ལ་རང་གིས་གདམས་པ་ གང་དགོས་ནི་བསྟན་ཟིན་ད་ཕན་རྒྱུན་དུ་བློ་ལྡོག་རྣམ་བཞི་ལ་ནན་ཏན་དང་དྲན་ཤེས་བཞིན་ གྱིས་རང་སེམས་ལ་བལྟ་རྟོགས་ཀྱི་དོན་གཉེར་མ་ཞན་ན་ནམ་ཞིག་འཆི་ཁ་འགྱོད་མེད་ཅིག་ འོང་རྒྱུ་རེད་སོགས་དེ་ལུགས་ཀྱི་ཞལ་ཏ་ཞིབ་པར་གནང༌། དེ་ནས་གྲྭ་སློབ་གང་དག་གིས་ཉིད་ སྐུ་རིང་དུ་མི་བཞུགས་པ་ལ་དོགས་ནས་དེ་ལུགས་ཀྱི་རྗེ་ངག་དབང་ཚོགས་གཉིས་རྒྱ་མཚོའི་ དྲུང་དུ་ཐུགས་རྟགས་ཞུས་ཚེ་རྗེ་བླ་མ་དེ་ཉིད་ཀྱིས། ད་ལན་ཞབས་བརྟན་ཚེ་ཆོག་སྟོང་མཆོད་ དང་མགོན་པོའི་བསྐང་བཟློག་ཁྲི་གྲངས་དགོས་ཚུལ་དང་ད་ལོ་འདིའི་ནང་དུ་སྐྱོན་མེད་ཀྱང་ ལོ་རྗེས་མར་ཇི་ལྟར་འགྱུར་མི་ཤེས་པས་སྐུ་མདུན་དུ་གྲྭ་སློབ་དག་གིས་ཞིང་འདིར་རེ་ཞིག་ མི་བཞུགས་ན་བསྟན་འགྲོའི་དོན་དུ་སྐུ་སྤྲུལ་འབྱོན་པ་ལ་གསོལ་བ་ཐོབ་དང་དེ་ལུགས་ཀྱི་ ཞལ་བཞེས་གནང་ན་ཁོང་གིས་སྤྲུལ་སྐུ་མྱུར་འབྱོན་གྱི་གསོལ་འདེབས་རྩོམ་ན་ཆོག ཐུགས་ བརྟགས་ཞུ་ཡུལ་ད་ཕན་བླ་མ་ཟླ་བ་གྲགས་པས་མཛད་ན་བཟང༌། སྐུ་མདུན་པ་གང་ཡོད་ དག་གིས་བར་བར་ཞིང་གཞན་དུ་དགོངས་གཏད་མི་བྱེད་པའི་སྙན་གསན་རེ་ཡང་མཛོད། སྐུ་ མདུན་དུ་གང་ཡིན་འགྲོ་འགྲུལ་སྣ་ཚོགས་ལེགས་བསྡམས་བྱ་དགོས་ཚུལ་གྱི་བཀའ་གསུང་ བྱུང་བ་ལྟར། ལོ་དེའི་ཟླ་བ་དགུ་པའི་ཚེས་སྐོ ར་དུ་ལྷ་ཚེ་སྤྲུལ་སྐུ་ཐུབ་བསྟན་ལུང་རྟོགས་རྒྱ་ མཚོ་ཕེབས་ནས་ཚེ་ཆོག་དང་མཁའ་འགྲོ་སུན་ཟློག་གིས་ཞབས་བརྟན་ཕུལ་ནས་སྐུ་མདུན་ དུ། བཞུགས་ཞུས་མཛད་ཚེ། སྐྱབས་མགོན་གྱི་ཞལ་ནས། ཇི་སྐད་དུ། ཚེ་ཟད་ནད་ལ་སྨན་ པས་ཕན་པ་དཀའ། །ཞེས་པ་ལྟར་རེད་གསུངས་ནས་བཞུགས་པར་མ་གནང་ཚེ། སྤྲུལ་ སྐུ་ཉིད་ཀྱིས་དད་གུས་ཆེན་པོས་རྟོགས་འབུལ་བཅས་འོ་ན་ཞིང་ཁམས་གང་དུ་དགོངས་པ་ གཏད་ཚུལ་ཞུས་པ་ན། ཞལ་ནས། སྔོ ན་མངོན་དགའི་ཞིང་ཡིན་ན་ད་ལན་ནུབ་ཕྱོགས་ནས་ 6-1-243 འོད་ཟེར་དམར་པོ་རང་གི་ཐུགས་ཀར་ཐིམ་རྐྱེན་བདེ་སྣང་བརྗོད་མི་ཤེས་པ་སྐྱེ་ཏེ་མགོན་པོ་ འོད་དཔག་མེད་ཡིད་ལ་གསལ་བོར་ཤར་བཞིན་གང་བཞུགས་ཀྱི་གནས་དེར་འགྲོ་འདོད་ཆེ་ བས་དེར་སྐོར་གཅིག་འགྲོ་ངེས་སུ་འདུག་གསུངས་ལོ་དེའི་ཟླ་བ་བཅུ་པའི་ཚེས་སྐོར་ནས་བླ་ མ་བསྟན་པ་རབ་རྒྱས་སོགས་འདུས་པ་མང་ཙམ་གྱིས་མགོན་པོའི་བསྐང་བཟློག་ཁྲི་གྲངས་ ཀྱིས་ཞབས་བརྟན་ཕུལ་ཏེ་ཟླ་བ་བཅུ་གཅིག་པའི་ནང་དུ་སྐྱབས་མགོན་ཉིད་ཀྱི་བཀའ་ལྟར་ སློབ་ཚོགས་ཀུན་ལ་མཇལ་ཁ་གནང་སྟེ་རང་རང་དང་འཚམས་པར་ཆོས་བཀའ་གང་འོས་ བསྩལ། འདི་སྐོ ར་དུ་བར་བར་ཐུགས་མཉམ་པར་བཞག་ཚུལ་གྱིས་སྤྱན་ནམ་མཁར་གཟིགས་ ཏེ་བཞུགས། མཚམས་རེ་རྣམས་སུ་རང་དགའི་ཚུལ་གྱིས་ཆོས་དང་ཞལ་ཏ་གསུང་བཞིན་ པར་ཡང་བཞུགས་སྐབས་ཤིག་ཏུ། སྐུ་མདུན་དུ་ཐུགས་སློབ་བླ་མ་རིན་ཆེན་བཟང་འོང་ནས་ དེས་བཞུགས་ཞུས་དང་གདུང་ཡུས་མྱ་ངན་མཛད་དུས། ཞལ་ནས་ཇོ་ནང་ལོ་ཙཱས། བླ་མའི་ ཡོན་ཏན་རྟོགས་ན་མོས་གུས་འབྱུང༌། །དཀོན་མཆོག་ཡོན་ཏན་རྟོགས་ན་སྐྱབས་འགྲོ་འབྱུང༌། །བདེ་གཤེགས་སྙི ང་པོ་རྟོགས་ན་དག་སྣང་འབྱུང༌། །ཆོས་ཀྱི་གནས་ལུགས་རྟོགས་ན་ཞི་དུལ་ འབྱུང༌། ཞེས་གསུངས་པ་ལྟར་ཁྱོད་ཀྱིས་ད་ལན་མྱ་ངན་མ་བྱེད་པར་བླ་མ་ལ་མོས་གུས་དཀོན་ མཆོག་ལ་སྐྱབས་འགྲོ་ཆོས་ཉིད་ལ་ཡིད་ཆེས་དག་སྣང་མ་བརྗེད་དང་ཁོ་བོ་ནི་ད་སྐབས་རྗེ་ ཏཱ་ར་ནཱ་ཐའི་ཞལ་ནས། བདེ་ཆེན་ཆོས་སྐུའི་རང་ཉམས་ལས། །ཕྱོགས་མེད་ཐུགས་རྗེའི་ འགྲོ་དོན་ཤར། །ཕ་རྡོ་རྗེ་འཆང་གི་ཞབས་ལ་འདུད། །བདག་འདིར་ཚོགས་བྱིན་གྱིས་བརླབ་ ཏུ་གསོལ། །གཞན་དོན་ཕྱོགས་མེད་དུ་འཕེལ་བ་འདི། །སེམས་སྟོང་ཉིད་སྙི ང་རྗེ་ཤར་ བའི་རྟགས། །གནས་ལུགས་ཀྱི་རང་ངོ་འཕྲོད་པ་འདི། །མོས་གུས་ཚད་དུ་ཕྱིན་པའི་རྟགས། །ནམ་ཡང་གཡེང་བ་མེད་པ་འདི། །རྩ་བྲལ་གྱི་གནས་ལུགས་རྟོགས་པའི་རྟགས། །རྣམ་རྟོག་ གི་སྐྱེ་ཐག་ཆོད་པ་འདི། །རྟོགས་མེད་ཀྱི་གནས་ལུགས་རྟོགས་པའི་རྟགས། །བདེ་སྟོང་གི་ 6-1-244 ཉམས་མྱོང་རྒྱུན་ཆད་མེད། །རྩ་ཐིག་རླུང་གསུམ་དུལ་བའི་རྟགས། །སྤྱོད་པ་བཟའ་གཏད་དང་ བྲལ་བ་འདི། །ཆོས་བརྒྱད་ཀྱི་རླུང་མར་ཞི་བའི་རྟགས། །ཐོབ་འདོད་ཀྱི་རེ་དོགས་ཞིག་པ་ འདི། །རང་སེམས་སངས་རྒྱས་སུ་ངེས་པའི་རྟགས། །རྟགས་འདི་བདུན་ཚང་བའི་རྣལ་འབྱོར་ པ། །སེམས་བདེ་ཞིང་སྐྱིད་པའི་རང་ས་ཟིན། །བློ་མི་བདེ་མི་གདའ་བདེ་མོར་གདའ། །སླར་ བདེ་ཞིང་སྐྱིད་པའི་བཀྲ་ཤིས་ཤོག །ཅེས་གསུངས་པ་ལྟར་སེམས་བདེ་བའི་རྟགས་བདུན་ དེང་དུས་ལ་ལྟོས་ན་ལྡན་ཆོག་ཙམ་དུ་ཡོད་ཅིང་ཡུལ་དུས་ཀུན་བདེ་སྐབས་སུ་རང་གི་ཚེ་ མཐར་ཕྱིན་པ་ལ་མྱ་ངན་བྱ་ཅི་ཞིག་དགོས། ཞེས་སོགས་ཞལ་ཏ་བསླབ་སྟོན་མང་དུ་གནང༌། དེ་ནས་ལོ་དེའི་ཟླ་བ་བཅུ་གཉིས་པའི་ནང་དུ་ཁམས་ཅུང་ཟད་བསྙེལ་ཚུལ་གྱིས་ཞབས་རྐང་ མི་བདེ་བ་བག་ཙམ་བྱུང་སྐབས་བླ་མ་ཟླ་གྲགས་ཀྱི་མདུན་ནས་མོ་རྩིས་བྱས་པས་དུས་འཁོར་ ཅི་ཐུབ་དང་སྨན་དཔྱད་སོགས་དགོས་པར་གསུངས་པ་ལྟར་འཕྲོད་བསྟེན་དེ་ལུགས་བཞིན་ གྱི་ཟླ་བ་དེའི་ཉི་ཤུ་དྲུག་ནས་འདུས་པ་མང་པོས་དུས་འཁོར་མཆོད་སྒྲུབ་ཉིན་ཞག་བཅུའི་རིང་ མཛད་སྐབས། ཁོང་ཉིད་ཀྱི་བཀའ་བཀོད་ལྟར་ཉིན་རེ་བཞིན་ཐུགས་སློབ་གྲྭ་སྡེ་མང་པོ་སྐུ་ མདུན་དུ་འོང་མོས་གང་ཡོད་དག་རེ་རེ་བཞིན་རང་རང་གི་ཉམས་མྱོང་དང་བསྟུན་ནས་ཉམས་ ལེན་ལ་རྩར་ཆོད་སེམས་ཁྲིད་བོགས་འདོན་ཇི་ལྟར་དགོས་སོགས་ཐམས་ཅད་ཀྱི་རེ་འདོད་ཇི་ བཞིན་བསྐངས་ཏེ། རང་ཉམས་དང་མཐུན་པའི་ཆོས་བཀའ་ཞལ་ཏ་དུས་སུ་གང་བབ་མཐའ་ དག་བཀའ་དྲིན་དུ་མཛད་པས་ཐུགས་སློབ་དེ་ཀུན་གྱིས་སྒོ་གསུམ་གྱི་དགེ་སྦྱོར་ཅི་ཐུབ་ལ་ རེམ་པའི་ཞེ་དམ་རང་རང་སོ་སོས་དེ་ལུགས་བཞིན་རེ་ཕུལ། དེ་ནས་ཁོང་ལ་བླ་མ་བསྟན་པ་ རབ་རྒྱས་སོགས་ཐུགས་སློབ་བཅུ་གསུམ་ཙམ་གྱིས་བཞུགས་ཞུས་ཕུལ་ཚེ། ཞལ་ནས། ཁྱེད་ རྣམ་པ་སྔ་རྗེས་ཀུན་ཏུ་རང་ལ་བཀའ་དྲིན་ལྷག་པར་ཆེ་བས་འདིར་འབུལ་བ་མཚོན་ཙམ་གང་ ཡོད་ངེས་པར་མ་བཞེས་ཐབས་མེད་ཡིན། བླ་རྒན་རང་ནི་ད་རེབ་ལས་འདུག་རྒྱུ་མེད་པར་ 6-1-245 ཚེ་མཐར་ཕྱིན་པ་ཡིན་ཚུལ་ཞིབ་རྒྱས་སུ་གསུངས་པ་ལ་སློབ་བུ་དེ་དག་གིས་མི་བཞུགས་པར་ ཐག་ཆོད་ནས་འོ་ན་བསྟན་འགྲོའི་དོན་དུ་ཡང་སྤྲུལ་འབྱོན་པའི་བཀའ་དྲིན་ནན་ཞུ་བྱས་པས། བཀའ་ལས། དེང་སྐབས་དུས་ཤིན་ཏུ་སྙི གས་ཤིང་བསྟན་འགྲོ་ལ་རྒུད་པ་ཆེས་ཆེར་བདོ་བས་ བདག་ཕྱིར་ལ་འོང་ཀྱང་ཕན་ཐོགས་འབྱུང་བར་དཀའ། དུས་ངན་སྤྲུལ་སྐུའི་མིང་བཏགས་ ཕལ་ཆེར་ཇེ་ངན་ལས་མི་ཡོང་བ་མཐོང་གསལ་ལྟར་ཡིན་པས་ནམ་ཞིག་ང་འཛོང་བོ་བླ་མ་ ཡིན་ཟེར་ནས་ནམ་མཁར་འཕུར་འོང་ཀྱང་ཁོ་བོ་མིན། དུས་ངན་འདི་འདྲ་ལ་ཕྱིར་འོང་བས་ ཅི་ཞིག་བྱ་ཕན་ཐོགས་ཅི་ཡང་མེད་པར་མ་སྐྱེས་སྨོན་ལམ་ཐོབ་སོགས་གསུངས་ནས་རེ་ཞིག་ ཡང་སྤྲུལ་འབྱོན་པར་བཀས་མ་གནང་ལ། དགུང་གྲངས་གྱ་བཞི་རབ་བྱུང་བཅུ་དྲུག་པའི་གནམ་ལོའི་ཉག་མ་གསུམ་ཤར་བའི་རྗེས་ ལྕགས་ཕོ་རྟ་ཡི་གནམ་ལོ་གསར་ཚེས་ཀྱི་ཉི་མ་གཟའ་སྐར་དུས་བཟང་གི་ཉིན་སྐྱབས་མགོན་ མཆོག་གིས་ཁྲིད་ཡིག་མཐོང་བ་དོན་ལྡན་ཉིད་ཀྱི་ཞལ་བུ་དཀར་ཡོལ་ལེགས་པ་ལྷ་རྫས་དར་ བཟང་གི་སྐྱེས་དང་བཅས་བླ་མ་བསྟན་པ་རབ་རྒྱས་ཀྱི་ཕྱག་ཏུ་གཏད་དེ་རང་གི་རྒྱལ་ཚབ་ཏུ་ ཆོས་ཀྱི་ཁྲི་ལ་མངའ་གསོལ་ནས་རྒྱལ་ཚབ་གང་ཉིད་དང་སྐུ་ཚ་དབོན་པོ་ཟུང་དང་སྐུ་མདུན་ པ་བཅས་ལ་ཆོས་སྐྱོང་བཀའ་གཏད་ཀྱིས་གཉེར་བཞག་མཛད་ཅིང་དགོན་འདིའི་སྒྲུབ་བརྒྱུད་ རྒྱལ་ཚབ་དམ་པས་སྐྱོང་དགོས་ཚུལ་གྱི་བཀའ་གསུང་དུས་སུ་ལེགས་ཕེབས་མཛད་སྐབས། རྒྱལ་ཚབ་པས་རང་གིས་ཆོས་སྲིད་གང་ཐད་ནས་ཁྱེད་ཀྱི་ཤུལ་འཚོབ་འོང་དཀའ་བར་ཞུས་ ཚེའང་ཁོང་གིས་དགོན་སྡེ་འདི་ལྷག་བསམ་ཡང་དག་གི་སྒོ་ནས་ཆོས་སྐྱོང་ལ་ལེགས་བཅོལ་ ཁོ་བོས་བྱས་ཟིན་པས་ང་རང་ལས་ལྷག་པ་འོང་ངེས་ཀྱི་བཀའ་ལུང་གསལ་པོ་བསྩལ། ཁྲིད་ ཡིག་རྒྱལ་ཚབ་འཁོར་བཅས་ཀྱི་དབུར་བཞག་ནས་ཐུགས་སྨོན་རང་འཚམས་དང་མཐུན་པ་ ཅི་རིགས་མཛད་པས་རྒྱལ་ཚབ་ཉིད་ཀྱི་དེ་ལུགས་ཅི་གསུང་གི་བཀའ་དང་བླང་བགྱིས་པས་ 6-1-246 སྐྱབས་མགོན་དམ་པས་ཐུགས་མགུ་སྤྲོ་བར་རྒྱ་ཆེར་གནང༌། དེ་ནས་གང་ཉིད་ཀྱིས་རང་གི་སྐུ་ སྤུར་བཞུ་གནས་དགོན་དེའི་ཕྱོགས་ཤིག་ས་བཀྲ་ལེགས་པ་ངོས་འཛིན་སོགས་ཞལ་བཀོད་ཅི་ རིགས་རེ་དང་བཅས་ཟླ་བ་དེའི་ཚེས་དྲུག་ཉིན་འདུས་སྡེ་དག་གིས་དུས་འཁོར་ཆོ་ག་སྟོང་ཕྲག་ ཕྱེད་གཉིས་ཙམ་སོང་མཚམས་སུ་ད་ནི་རེ་ཞིག་ཞོག་དང་རང་ཡང་བདེ། སྐབས་སུ་གནས་ ཚུལ་ཞལ་གསུང་གནང་བ་ལྟར་བྱས། བར་བར་དུ་བཀའ་གསུང་ལས་ད་ནི་རང་ཟུར་དུ་འོང་ དགོས་ཚད་ཀྱི་རེ་བ་བསྐངས་ཟིན། ན་ཟུག་ཅི་ཡང་མེད་པར་ཤིན་ཏུ་བདེ་མོ་རང་ཞིག་གདའ། ཞེས་ཡང་ཡང་གསུང་གིན་འདུག དེ་ནས་ཟླ་བ་དེའི་ཡར་ཚེས་བཅུའི་ཉིན་སྔ་དྲོའི་ཆར་ཆབ་ བསང་ལ་བྱོན་ནས་གཟིམ་ཁྲིར་བཞུགས་དུས་རང་ཡུལ་གྱི་ཏིའི་ལ་དཔའ་ཀོ་ཟེར་བ་ཚེ་དུས་ བྱས་པའི་བསྔོ ་ཞུ་ཐོན། ཁོང་གི་ཞལ་ནས་འོ་དེ་རིང་ཏིའི་ལ་དཔའ་ཀོ་ངེད་གཉིས་ལྷན་ཅིག་ཏུ་ འགྲོ་རན་པ་རེད། དཔའ་ཀོ་ནི་ཚེ་འདི་ཕྱི་མེད་པ་སྙི ང་རེ་རྗེའོ། །གསུངས་ནས་དར་ཅིག་སྤྱན་ ནམ་མཁར་གཟིགས་བཞིན་བཞུགས། དགོངས་གཏད་འདིས་སྔོ ན་ཚེ་འདས་དཔའ་ཀོས་ ཁོང་ལ་ཞབས་ཕྱི་ལེགས་བགྱིས་སོགས་ཀྱི་འབྲེལ་རེ་ཡོད་པས་ད་ལན་ཁོ་ཉིད་འདྲེན་པའི་ ཐུགས་རྗེས་ཟིན་ངེས་སུ་སོང༌། འདི་སྐོ ར་དུའང་འདུན་འདུག་དག་གིས་རྗེ་ཁོང་ལ་ཞིང་གཞན་ དུ་ཐུགས་དགོངས་མི་གཏད་པའི་སྙན་ཞུ་ཕུལ་ཚེ་ཞལ་ནས། འོ་ཁྱེད་རྣམས་ཚོ་བདེ་མོར་མྱ་ ངན་མི་མཛད་པར་སྡོད། བདག་ཤི་བ་ནི་རང་ག་བ་དག་དང་མི་འདྲ་བར་འོད་གསལ་མ་བུ་ དོན་དམ་ཆོས་སྐུ་ཀུན་ཁྱབ་ཀྱི་དབྱིངས་སུ་དགོངས་ཆེན་གཅིག་ཏུ་རོ་མཉམ་ཡིན་པས་རང་ ཤི་ནས་ལུས་བེམ་ཉི་ཚེ་བར་ཐུགས་དམ་རིས་སུ་བཅད་དེ་སྡོད་པ་ཅི་ཡང་མེད་ཚུལ་གསུངས་ ཏེ་སློབ་ཚོགས་ལ་སྤྲོ་བ་དང་དད་གུས་ཉེར་བསྐྱེད་མཛད། དེ་ནས་བླ་མ་བསྟན་པ་རབ་རྒྱས་ སྐུ་མདུན་དུ་བྱོན་ནས་བསྙུན་འདྲི་ཞུས་པ་ན། བཀའ་ལས། ད་ནི་རང་ལ་མི་བདེ་བ་ཅུང་ཟད་ མེད་པར་དག་སྣང་རབ་འབྱམས་ཀྱིས་དུས་འདའ་བ་བྱུང་ཞིང་ཡུད་ཙམ་ལས་འོད་གསལ་མ་ 6-1-247 བུ་འདྲེས་ལ་ཁད་དུ་ཡོད་པས་བྱིན་རྟེན་ལེགས་སྦྱངས་རང་གིས་ཀྱང་འཐུང་ན་སྙམ། རྗེས་ སོར་སྤུར་མཇལ་དག་ལ་མྱང་དུ་བཅུག་ན་ཕན་ཐོགས་ཆེན་པོ་ཡོད་ཅིང་མཇལ་མ་གང་ཡོང་ དག་བཀག་འགོག་མ་བྱེད། རང་གི་རོ་ལའང་རོ་ལ་བྱ་བའི་ཆོ་ག་ཇི་བཞིན་བྱས་ན་བཟང་ཚུལ་ སོགས་བཀའ་ཆེམས་ཇི་ལྟར་འོས་པ་དག་ལེགས་པར་བསྩལ་ནས་ཚེས་དེའི་དགོང་མོར་བབ་ ཙམ་ལ་སྐུ་སེང་གེ་ཉལ་སྟབས་གློ་གཡས་པ་ས་ལ་ཕབས་ནས་བཞུགས་ཏེ་ཞལ་ནས། སྔོ ན་ སངས་རྒྱས་ཐུགས་རྗེ་ཅན་མྱ་ངན་ལས་འདའ་བའི་བཞུགས་སྟངས་ལྟར་རང་གིས་ཨེ་ཡོང་ སྙམ་པའི་འདུན་པ་ཆེ་བས་ད་ལན་དེ་ལྟར་ཡོང་ཡོད་མེད་ལེགས་པར་ལྟོ ས་ཤིག གསུངས་ སྐུ་འཁོར་དེར་གནས་དག་གིས་བཞུགས་སྟངས་དེ་འདྲ་ལེགས་འོང་གི་ཚུལ་ཞུས་པས། ཞལ་ ནས། ཆོས་གོས་གསར་རྙིང་གཉིས་ལས་ཕྱི་མ་འདི་རྩ་བའི་བླ་མ་གཙང་བ་དགེ་སློང་གི་སྐུ་ ཆོས་ཡིན་པས་མགོ་མཇུག་མ་ནོར་བར་སྟེང་དུ་ཁོབ་དེ་ལས་གོས་གཞན་རྣམས་ཕུད་ཅིག་ གསུངས་པ་ལྟར་བྱས་རྗེས་ནས་རྒྱལ་ཚབ་བསྟན་པ་རབ་རྒྱས་སྐུ་མདུན་ན་བཞུགས་པ་དེས་ད་ ཁྱེད་ཞིང་ཁམས་གང་དུ་ཕེབས། ཞུས་ཚེ། བཀའ་གསུང་ཐ་མའི་ཚུལ་གྱིས། འོ་ད་རེས་སྣང་ མཐའི་ཞིང་དུ་འགྲོ་དེ་རྗེས་སུ་ངེས་པ་ལྔ་ལྡན་གྱི་ཞིང་གང་དུ་འགྲོ་ན་ཕ་ཁྱིམ་དུ་བུ་འགྲོ་བ་ལྟར་ གང་བསམ་རང་དབང་གིས་འཇུག་ཆོག ཁྱེད་རྣམས་བདེ་བདེ་སྐྱིད་སྐྱིད་དུ་བཞུགས་ཤིག་ གསུངས་ནས་དེའི་ཉི་ནུབ་ཀྱི་དུས་སུ་སྤྱན་འབྲས་གྱེན་དུ་བཟློག་བཞིན་ཧིག་སྒྲ་ལན་གསུམ་ མཛད་དེ་རླུང་ནང་དུ་ཤད་ཀྱིས་རྔུབས་ནས་དགོངས་པ་ཆོས་ཀྱི་དབྱིངས་དང་རོ་མཉམ་དུ་ ཞུགས་པར་གྱུར་ཏོ། ། དེ་ནས་ངག་དབང་ཚོགས་གཉིས་རྒྱ་མཚོའི་བཀའ་བཀོད་ལྟར་ཞག་གསུམ་ཐུགས་དམ་ གསང་རྒྱ་བྱས་མཐར་བླ་མ་བསྟན་པ་རབ་རྒྱས་སོགས་ཐུགས་སྲས་ཆེ་བ་དག་གིས་དགོངས་ བཀྲོལ་མཛད་སྐབས་སྐུ་གདུང་ལས་དཀར་ཆ་སྟེང་དང་དམར་ཆ་འོག་ནས་ཇི་བཞིན་པ་བྱུང༌། 6-1-248 དགོངས་པ་དབྱིངས་སུ་ཟུམ་ཉིན་ནས་བཟུང་ཕྱིས་གདུང་ཁང་ཕྱེ་བའི་བར་སྐབས་སྐབས་སུ་ ནམ་མཁའ་གཡའ་དག་ཅིང་བར་བར་རྣམས་སུ་འཇའ་སྤྲིན་ཁ་དོག་སྣ་ཚོགས་པས་མཁའ་ དབྱིངས་གང་བ་རྒྱུན་མར་བྱུང་ལ་ཚུལ་དེའི་སྒོ་ནས་སྐུ་གདུང་རིན་པོ་ཆེའི་ཕུང་པོ་གང་ཉིད་ ལ་ཞབས་ཕྱི་དུས་སུ་བགྱི་བ་གང་འོས་དག་ལེགས་པར་བྱས་ནས་གདུང་ཆས་ལེགས་གསོལ་ གྱིས་འདུས་སྡེའི་སེར་ཕྲེང་གིས་སྐུ་གདུང་དེ་ཉིད་དགོན་པའི་འདུ་ཁང་དུ་སྤྱན་དྲངས་ཏེ་སློབ་ ཚོགས་ཡོངས་ཀྱིས་དུས་ཀྱི་འཁོར་ལོའི་ཆོ་ག་ལ་བརྟེན་ནས་དགོངས་མཆོད་ཞག་བདུན་བར་ ལེགས་བསྒྲུབ་སྐབས་འཛམ་ཐང་སྒར་ཁག་གསུམ་གྱི་བླ་སྤྲུལ་ཆེ་དགུ་གང་འོས་དང༌། ལྷ་ཚེ་ མཆོག་སྤྲུལ་དག་གིས་གཙོས་འཛི་གཞུང་སྟོད་སྨད་ཀྱི་འདུས་སྡེ་ཆེས་མང་དག་གིས་ཆོ་ག་སྣ་ ཚོགས་པའི་སྒོ་ནས་གཤེགས་མཆོད་མཇལ་སྨོན་ལེགས་བགྱིད་དང༌། གཞན་ཡང་རྡོ་འཛི་ རྨར་གསུམ་ནས་འདུས་པའི་མཇལ་མ་ལམ་མི་ཕྱེད་པ་དང་བཅས་བསོད་ནམས་བསགས་ སྒོ་རྒྱ་ཆེ་བའི་མཆོད་སྦྱིན་མཛད་རྗེས་ཟླ་བ་དེའི་ཚེས་བཅུ་དགུའི་ཉིན་གདུང་ཁང་མཆོད་ རྟེན་དབྱིབས་ཅན་དུ་འདུས་སྡེ་བརྒྱ་ཕྲག་ལྷག་ཙམ་གྱི་སེར་ཕྲེང་གིས་མཆོད་བཀོད་བཅས་ སྤྱན་དྲངས་ནས་བླ་སྤྲུལ་དུ་མས་དུས་འཁོར་དང་ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་ མི་འཁྲུགས་པ་གསུམ་གྱི་ཆོ་ག་ལ་བརྟེན་ནས་བསྲེག་བླུག་སོ་སོས་གདུང་ལ་ཞུགས་མཆོད་ འབུལ་སྐབས་མཁའ་དབྱིངས་སུ་འོད་དཀར་པོ་ཟུག་ཅིང་འཇའ་ཁ་དོག་སྣ་ཚོགས་པ་མང་ པོ་འཁྲིགས་པའི་ལེགས་མཚན་དུས་སུ་མངོན་པར་མ་ཟད་ཕྱིས་སུ་ལོ་ཕྱི་མ་དག་གི་སྐབས་ འདས་ཚིགས་དུས་མཆོད་བྱུང་ངོ་ཅོག་ལ་དེ་ལུགས་ཀྱི་དགེ་མཚན་རྒྱུན་མི་ཆད་པར་བྱུང༌། འདིར་གདུང་ལ་ཞུགས་འབུལ་སྐབས་ཐུགས་སྲས་བུ་ཆེན་དག་གི་དག་སྣང་ངོར་ལ་ལར་ མཚན་དཔེས་བརྒྱན་པའི་སངས་རྒྱས་ནམ་མཁར་གཤེགས་པའི་སྣང་བ་དང༌། འགའ་ཞིག་ ལ་དགེ་སློང་གི་ཆ་བྱད་ཅན་ནུབ་ཕྱོགས་སུ་བྱོན་པའི་སྣང་བ་དང༌། ཁ་ཅིག་གི་ངོར་མཁའ་ 6-1-249 དབྱིངས་ཀུན་ཏུ་ལྷ་དང་ལྷ་མོའི་ཚོགས་མང་པོས་གང་བར་མཐོང་བ་དང༌། ཕལ་ཆེ་བའི་རྣ་ ལམ་དུ་རོལ་མོའི་སྒྲ་སྣ་ཚོགས་ཐོས་པ་དང༌། འགའ་ལ་རང་སྣང་སྟོང་གཟུགས་མཐའ་ཀླས་ པས་གང་བ་སོགས་དག་པའི་སྣང་བ་ལ་འཆར་སྒོ་མ་ངེས་པ་སྣ་ཚོགས་མངོན་དུ་གྱུར་ཏེ་བྱིན་ རླབས་ཀྱི་ལེགས་མཚན་དུས་སུ་ཆེ་བ་བྱུང་ཞིང་ཞག་ཉེར་གཅིག་ཏུ་གདུང་ཁང་དམ་རྒྱ་མཆོད་ འབུལ་གྱིས་མཐར་ཟླ་བ་གཉིས་པའི་ཚེས་བཅུའི་ཉིན་གདུང་ཁང་ཞལ་ཕྱེ་སྐབས་རིང་བསྲེལ་ སྲན་མའི་ཚད་གསུམ་བྱོན། དེ་རྗེས་མཆོད་འབུལ་ཁྲུས་གསོལ་སོགས་དང་བཅས་ཟླ་བ་ལྔ་ པའི་ཚེས་བཅུའི་ཉིན་བླ་གྲྭ་མང་པོས་གདུང་ཚྭ་ལེགས་སྒྲུབ་ཀྱི་དུས་རིང་བསྲེལ་ཡུངས་འབྲུ་ ཙམ་པ་བརྒྱ་རྩ་གཅིག་ལེགས་པར་བྱུང་སྟེ་བླ་མ་ཚོགས་གཉིས་རྒྱ་མཚོའི་བཀའ་ལྟར་གདུང་ རུས་ལས་དབུ་ཐོད་དུམ་བུ་ཙམ་མིན་པར་ཡོངས་རྫོགས་ཀྱིས་སྐུ་གསུང་ཐུགས་རྟེན་གྲངས་ མང་ལེགས་བཞེངས་མཆོད་སྒྲུབ་ཚད་ལྡན་ཞག་བདུན་ཕྲག་བར་མཛད་ནས་མང་ཕྱོགས་ ཆུར་གཤེགས་དེ་ལྷག་གི་གདུང་རྟེན་རྣམས་ནི་གཞན་ཐུབ་པའི་རིང་བསྲེལ་གཅིག འོད་སྲུང་ རིང་བསྲེལ་བདུན་ཆ། འབྲུག་པ་རིན་པོ་ཆེའི་རིང་བསྲེལ་གསུམ། སྦྱངས་པ་བླ་མའི་རིང་ བསྲེལ་གཅིག་རྣམས་དང་གཟུངས་ཆེན་སྡེ་ལྔ་ཁྲི་ཕྲག་གཅིག་རྟེན་འབྲེལ་སྙིང་པོ་འབུམ་ཕྲག་ གཅིག་མཚལ་གྱིས་ལེགས་པར་སྤར་བཏབ་པ་སོགས་རྟེན་གསུམ་ཁྱད་འཕགས་ཆེས་མང་ པོ་གང་དག་དང་ལྷན་ཅིག་དེའི་ལོ་ཕྱི་མའི་དབྱར་ཁ་ནས་དབུ་བཟུང་གསེར་དངུལ་གྱི་རྒྱུ་ ལས་ལེགས་པར་བསྐྲུན་པའི་མཆོད་རྟེན་ཁྱད་མཚར་ཅན་རིན་པོ་ཆེའི་ཕྲ་རྒྱན་ཆེས་མང་གིས་ ཉེ་བར་མཛེས་པ་ཁམས་འདི་ཕྱོགས་སུ་འགྲན་ཟླ་དང་བྲལ་བའི་བསོད་ནམས་ཞིང་དམ་པ་ ཐུགས་སློབ་དག་གིས་ལེགས་བཞེངས་ཀྱིས་ལོ་དེའི་ཟླ་བ་བརྒྱད་པའི་ནང་དུ་གྲུབ་པར་མཛད་ པའི་ནང་གཞུག་ཏུ་ལེགས་བཞུགས་སུ་གསོལ་བར་མཛད་ལ་དེ་དུས་མཆོད་རྟེན་གྱི་ཉི་ཟླ་ བཙུགས་ཉིན་ནམ་མཁར་འཇའ་སྤྲིན་དང་འོད་དཀར་ཟུག་པ་སོགས་ཀྱིས་དགེ་མཚན་བྱུང་ 6-1-250 ཞིང་དེ་མཉམ་དུ་རབ་གནས་དགའ་སྟོན་མཛད་པ་སོགས་ཀྱི་ཚེའང་ཕྱོགས་ནས་བྱོན་པའི་ དགེ་སློང་རབ་བྱུང་གི་རྟགས་ཆོས་གོས་རྣམ་གསུམ་དང་ལྷུང་བཟེད་འཁར་བསིལ་བཅས་པ་ ཞི་དུལ་གྱི་ཀུན་སྤྱོད་མཛེས་པ་ཞིག་ཀྱང་དེ་འཕྲལ་བསོད་སྙོམས་མཛད་བཞིན་ཕེབས་བྱུང་ བ་དང་དུས་ཚོད་འགྲིགས་ཏེ་ཁོང་ལ་གདུགས་ཚོད་གསོལ་ནས་ཉིད་ཀྱིས་མཆོད་རྟེན་ལ་རབ་ གནས་དང་ཡོན་བསྔོ་མཛད་དེ་གཙང་ས་སྐྱ་མན་ཆད་ལ་ཁོང་སོང་ཡང་འདི་འདྲའི་རྟེན་རིན་ པོ་ཆེའི་ཕྲ་རྒྱན་སྤུས་ལེགས་ཅན་མཇལ་མ་མྱོང་སོགས་ཀྱིས་ཆེ་བསྔགས་དུས་སུ་གནང་བས་ དེར་བཞུགས་བླ་གྲྭ་ཡོངས་ཀྱིས་རྟེན་འབྲེལ་ལེགས་སྒོ་ལ་ཐུགས་བརྟག་གིས་དགྱེས་ཚོར་ཆེ་ རབས་ཀྱི་དགའ་སྤྲོ་མངོན་པར་འཕེལ་ངེས་མཛད། གཞན་ཡང་རྗེ་སྐྱབས་མགོན་གང་གི་གདུང་རྟེན་དུ་ཐུགས་སློབ་སོ་སོས་བཞེངས་པ་བླ་ མ་རིག་དབང་གིས་སྔ་ཕྱི་ཅི་རིགས་སུ་དངུལ་གྱི་མཆོད་རྟེན་གཅིག་དང་ས་རྡོ་ལས་རྣམ་རྒྱལ་ མཆོད་རྟེན་ཆེ་བ་ལེགས་པར་བཞེངས་པ་དང༌། སྐུ་དབོན་དམ་པ་བླ་མ་མཚན་ལྡན་གྱིས་ དངུལ་གྱི་མཆོད་རྟེན་གཅིག གཉེར་པ་རིན་ཆེན་རྒྱ་མཚོའི་དངུལ་གྱི་མཆོད་རྟེན་གཅིག ཁྲ་ བླ་མ་རིག་རྡོར་གྱིས་དངུལ་གྱི་མཆོད་རྟེན་གཅིག་ལེགས་བཞེངས་གྲུབ་པ་དེ་དག་ལ་རབ་ གནས་དགའ་སྟོན་མཐའ་རྒྱས་བཅས་མཛད་ལ། སྐྱབས་མགོན་ཞི་བར་གཤེགས་པའི་ཕྱི་ལོ་ ནས་བཟུང་དུས་འཁོར་སྒྲུབ་དཀྱིལ་རྒྱས་པའི་སྟེང་ནས་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་ སྒྲུབ་མཆོད་ཞག་ལྔ་པ་ལོ་བསྟར་བཞིན་དགོན་སྡེ་ཅི་གནས་ཀྱི་བར་སློབ་ཚོགས་གང་དག་ གིས་གདུང་མཆོད་དུ་ལེགས་འཛུགས་མཛད་དེ་རྣམ་དཀར་བསགས་སྒོ་རྒྱ་ཆེར་སྤེལ་བཞིན་ པའོ། ། དེ་ལྟར་རྗེ་དཔལ་ལྡན་བླ་མ་སྐྱབས་མགོན་རྡོ་རྗེ་འཆང་གང་ཉིད་ནི་གནས་ལུགས་ གཤིས་ཀྱི་ཆོས་སྐུ་ལྟར་ན་ཁྱབ་བདག་གདོད་མའི་མགོན་དུ་འཁོར་འདས་ཀུན་ལ་ཁྱབ་པར་ 6-1-251 བཞུགས་པས་ནམ་ཡང་རིས་སུ་ཆད་པ་མི་མངའ་ཞིང་གདུལ་བྱ་གཞན་སྣང་ངོར་མཛད་ཚུལ་ གྱི་དབང་དུ་ན་སྔོན་འཕགས་མཆོག་འཇིག་རྟེན་དབང་ཕྱུག་གི་རྣམ་པར་རོལ་པ་བྱང་ཤམྦྷ་ ལའི་རིགས་ལྡན་པདྨ་དཀར་པོའི་ཐུགས་རྗེ་སྒྱུ་མའི་གར་ཆེན་གངས་ལྗོངས་སུ་ངེས་དོན་ བསྟན་པའི་བདག་པོར་ངུར་སྨྲིག་འཆང་བའི་ཚུལ་དུ་བྱོན་པ་རྗེ་རྒྱལ་བ་གཉིས་པ་ཇོ་ནང་པ་ ཆེན་པོ་རང་ཅག་གི་ཆོས་ཀྱི་མངའ་བདག་ཉག་གཅིག་ཏུ་གྱུར་པ་སོགས་ཞིང་རྣམས་སུ་ཡུལ་ དུས་དང་མཐུན་པར་གདུལ་བྱ་འདུལ་མཛད་བསྟན་པའི་དཔལ་དུ་གྱུར་པའི་འགྲོ་འདྲེན་ མཐའ་ཡས་པ་ཉེ་བར་དུས་གསུམ་ཀུན་ཏུ་མངོན་པར་བྱོན་པ་གང་དག་ལས་རྣམ་པར་འཕྲུལ་ བའི་རོལ་གར་སྙིགས་དུས་སུ་འགྲོ་ལ་གང་འདུལ་གྱི་དེར་འཚམས་འགྲོ་འདྲེན་ཞིག་ནི་རྗེ་ སྐྱབས་མགོན་ཉིད་དུ་ངེས་པར་བྲག་དཀར་སྤྲུལ་པའི་སྐུའི་མཁྱེན་གཟིགས་ཀྱིས་གྲུབ་པ་གོང་ སྨོས་ལྟར་ཡིན་པས་མཛད་སྒོ་དེ་འདྲ་ལ་ཡིད་གཏིང་ནས་ཆེས་བཞིན་གསོལ་འདེབས་དང་ མཆོད་སྒྲུབ་གང་བྱེད་དག་ལ། དེང་སྐབས་སུའང་སྐུ་དངོས་བཞུགས་དང་ཁྱད་མེད་པར་ བྱིན་རླབས་ཀྱི་སྣང་བ་དུས་ལས་མི་གཡེལ་ཞིང་ཁྱད་པར་ཐུགས་དགོངས་ཆོས་དབྱིངས་སུ་ རོ་མཉམ་དུ་སོང་བཞིན་མཛད་ཕྲིན་ནམ་མཁའ་དང་མཚུངས་པའི་དུས་ཚིགས་འདས་མཆོད་ ཀྱི་སྐབས་གང་དག་ཏུ་ཐུགས་རྗེའི་འབྲེལ་ཤིན་ཏུ་ཟབ་པའི་སྟོབས་རྒྱས་དབང་གིས་མཆོད་ སྒྲུབ་གསོལ་བ་གང་བཏབ་དག་ལ་ལྷག་པར་བྱིན་རླབས་འཇུག་སྟོབས་ངེས་པར་ཆེ་ཞིང༌། སྐུ་གཟུགས་དང་མཆོད་རྟེན་བཞེངས་པ་དང་དེ་དག་ལ་མཆོད་པ་སོགས་བགྱི་བ་གང་བྱས་ རྣམས་སྐུ་དངོས་ལ་བྱ་བ་ལེགས་བྱས་དང༌། ཁྱད་པར་མེད་པའི་བསོད་ནམས་དང་ཕན་ཡོན་ རླབས་པོ་ཆེ་དུས་ཀུན་ནམ་ཡང་མི་བསླུ་བའི་གནས་རྒྱལ་བའི་བཀའ་དང་འཕགས་མཆོག་ དག་གི་བསྟན་བཅོས་ཀྱི་དགོངས་པར་ཚད་མས་ལེགས་པར་གྲུབ་པའོ། ། སྨྲས་པ། 6-1-252 ཕུལ་བྱུང་དག་ཆེན་ཡེ་ཤེས་དགོངས་སྐྱབས་ངོ་མཚར་བྱེ་བའི་ཕུལ། ། རབ་དྭངས་གདོད་ནས་རྟག་པར་བཞུགས་མགོན་འཁོར་འདས་སྲོག་ཆེན་རབ། ། མཆོག་གྱུར་དོན་དམ་གནས་ལུགས་གཤིས་མཚན་ཡེ་གཞི་སྙི ང་པོའི་མཆོག ། རྒྱལ་དབང་དེ་བཞིན་ཉིད་བདག་མཛད་བཟང་ཀུན་ནས་ཡོངས་བརྡལ་རྒྱལ། ། ཆོས་སྐུ་གང་ལས་རོལ་པ་དཔག་ཡས་འཕྲུལ། ། རབ་འབྱམས་ཞིང་དུ་འཛད་མེད་ཅི་དགར་འགྱེད། ། གང་གདུལ་ཡིད་ལ་དགོས་པ་དེར་སྣང་བ། ། གསང་གསུམ་ཆོ་འཕྲུལ་འཕགས་མཆོག་དགོངས་ཆེན་ཡུལ། ། གྲུ་འཛིན་མངའ་བདག་བརྩེ་བ་རྒྱ་མཚོའི་དཔལ། ། མཐའ་ཀླས་མཛད་བཟང་མཁའ་མཐར་སྤྲོ་བ་ལས། ། སྙི གས་འགྲོ་མགོན་མེད་ཐུགས་རྗེས་ལེགས་སྐྱོང་སླད། ། སྐྱབས་མཆོག་འདྲེན་པ་ལྗོ ངས་འདིའི་མགོན་དུ་ཐོབ། ། དེ་ཕྱིར་དཔལ་ལྡན་ཀུན་བཟང་འཁོར་ལོའི་མགོན། ། གསང་གསུམ་དཔལ་ཡོན་མཐའ་ཚད་སུ་ཡིས་དཔོག ། འོན་ཀྱང་རིས་མཐུན་སྣང་བའི་ཆ་ཙམ་ལ། ། དད་པའི་གསོས་སུ་བྱིས་བློས་གང་ནུས་སྤྲོས། ། བཟང་བཟང་ཚུར་མཐོང་དམ་པའི་སྤྱོད་ལ་ཡང༌། ། མང་མང་བརྗོད་དཀའི་ཡུལ་དུ་གྱུར་མོད་ཀྱང༌། ། ཉུང་ཉུང་ངག་གིས་རགས་བསྡུས་དབྱེ་ཙམ་བྱས། ། མྱུར་མྱུར་བླ་མའི་ཐུགས་རྗེས་འཛིན་ཕྱིར་ཡིན། ། 6-1-253 རྣམ་པར་དཀར་བའི་ལེགས་བྱས་འདིས་ནི་རིང་མིན་དུ། ། སློབ་ཚོགས་ཀྱིས་མཚོན་མ་ལུས་འགྲོ་ལ་བརྩེ་གཟིགས་ཆེ། ། ལྷོ ད་མེད་རྟག་པར་འཇུག་པའི་དགེ་མཚན་གསར་བའི་དཔལ། ། ཡོངས་རྒྱས་འདྲེན་པ་མཆོག་གི་དགོངས་ཆེན་མངོན་གྱུར་ཅིག ། ཅེས་དཔལ་ལྡན་བླ་མ་སྐྱབས་མགོན་ངག་དབང་མཚན་བཟང་དཔལ་གྱི་སྡེའི་རྣམ་པར་ཐར་པ་དད་པའི་པདྨོ་མངོན་པར་ བཞད་བྱེད་ཉི་གཞོན་གསར་བའི་འོད་བཟང་ཞེས་བྱ་བ་འདི་ཡང་ལོ་སྔ་མོའི་དུས་ཤིག་ནས་རྗེ་སྐྱབས་མགོན་ཉིད་ཀྱི་སྐུ་དབོན་ དམ་པར་གྱུར་ཅིང་བསླབ་གསུམ་མངའ་བ་བླ་མ་བྱང་ཆུབ་འོད་གང་གིས་དད་པའི་ཀུན་སློང་གིས་སྔོན་ཆ་འདྲིས་རང་ལ་ཆེ་བ་ དང་གཞན་ཐུགས་སློབ་མཆོག་ཅི་རིགས་ལ་ཞིབ་ཏིག་གིས་རྩད་ཆོད་བཅས་རྣམ་ཐར་རྩོམ་གཞི་རྩ་ཐོ་ལེགས་བསྒྲིགས་ཀྱི་སྒོ་ནས་ འདིར་ཡང་དངོས་རྫས་རྒྱ་ཆེ་བས་གནང་སྦྱིན་དང་བཅས་ཏེ་གུས་པས་བསྐུལ་མ་ཆེད་གཉེར་མཛད་པ་ལྟར་རབ་བྱུང་བཅུ་དྲུག་ པའི་ནང་ཚན་ས་སྤྲེལ་ལོར་མ་ཏི་ཀིརྟིས་སྦྱར་བ་སྟེ་ཡི་གེ་པ་ནི་དད་བརྩོན་ལྡན་པ་ངག་དབང་ཡོན་ཏན་བཟང་པོས་ལེགས་བགྱིས་ མཛད་པ་ཛ་ཡནྟུ།། །།དགེའོ།། མངྒ་ལཾ། 6-1-254 ༄༅། །གསང་སྔགས་ཀྱི་རྡོ་རྗེ་སློབ་དཔོན་ཆེན་པོ་ཀུན་དགའ་སྙན་ གྲགས་རྒྱ་མཚོའི་རྟོགས་བརྗོད་ཀྱི་རྣམ་ཐར་དཔལ་ལྡན་ བླ་མ་དགྱེས་པའི་ཀུན་བཟང་མཆོད་སྤྲིན་ ཞེས་བྱ་བ་བཞུགས་སོ། ། ༄༅། །དཔལ་ལྡན་ཀུན་བཟང་ཆོས་དབྱིངས་དྭངས་པའི་མཁར། །གཟུགས་སྐུ་སྣང་ བརྒྱའི་འཁོར་ཡུག་ཆེས་བཀྲ་བས། །ཕྲིན་ལས་ཚ་ཟེར་འབུམ་དཀྲི གས་བྱེད་པོ་དེས། །འགྲོ་ ཁམས་པད་ཚལ་རིང་དུ་སྐྱོང་གྱུར་ཅིག །དང་པོའི་སངས་རྒྱས་ཆོས་སྐུ་ཉག་གཅིག་ལས། །མ་ ལུས་ཞིང་དུ་རང་སྣང་ཁམས་དབང་བཞིན། །བརྟན་དང་གཡོ་བའི་ཆོ་འཕྲུལ་ངོ་མཚར་བ། །ལྷུན་གྲུབ་མཛད་པ་མཆོག་གིས་དགེ་མཚན་ཕོབ། །གང་ལས་ཡེ་ཤེས་གསར་བའི་ལང་ཚོའི་ དཔལ། །མཛེས་སྡུག་ཉི་མ་འབུམ་ལས་ཆེས་གསལ་སྐུ། །ངོ་མཚར་མཚན་དཔེའི་གཟི་འབར་ དག་ཞིང་གཙོ། །རྣམ་པར་འདྲེན་པ་དེ་ཡི་ཞབས་པད་མཆོད། །རྒྱལ་བའི་བརྩེ་ཆེན་མཁྱེན་ པའི་རོལ་གར་གྱིས། །སེམས་དཔའ་ཆེན་པོའི་ཟོལ་གྱིས་འགྲོ་ཁམས་འདུལ། །འགྲོ་ལ་སྙི ང་ རྗེའི་སྤྱན་དཀྱུས་རིང་མོ་ཅན། །འཕགས་མཆོག་པད་དཀར་འཛིན་པའི་ཐུགས་རྗེའི་སྐྱོངས། །གང་གིས་འགྲོ་ལ་ལེགས་ཚོགས་སྤེལ་བའི་སླད། །གང་འདུལ་ཡིད་ལ་མཛའ་བ་དེར་སྣང་ བཞིན། །གང་ལའང་དེ་འདུལ་མཛད་པའི་ཕྲིན་ལས་ཅན། །གང་ཕན་སྩོལ་འདི་བསམ་ པའི་ཡུལ་ལས་འདས། །རྨད་བྱུང་ཁྲིམས་ཀུན་ཀུན་བཟང་རྙོག་བྲལ་ཡིད་དགའ་དགའ་བའི་ བསླབ་གཙང་བ། །དགེ་སློང་མཚན་སྙན་སྙན་པ་ཕྱོགས་བཅུར་རབ་གྲགས་གྲགས་པའི་བ་ 6-1-255 དན་ཅན། །རྣམ་བྱང་ཆོས་རྒྱ་རྒྱ་ཆེན་ཡོངས་རྫོགས་ཐུགས་མཚོ་མཚོ་བཟང་གདམས་པས་ གཏམས། །འདུལ་འཛིན་ཁྲིམས་དཔལ་དཔལ་གྱི་ཡོངས་བརྒྱན་བསླབ་བཟང་བཟང་པོ་ རྒྱས་འདི་མཚར། །ལྷག་བསམ་རྣམ་ཀུན་ཀུན་ནས་རབ་རྒྱས་སྤྱོད་དགའ་དགའ་བའི་མཛད་ བཟང་གིས། །ཡང་དག་རབ་སྙན་སྙན་པའི་མཆོག་གྱུར་ཆོས་གྲགས་གྲགས་ཆེན་ཕྱོགས་ཁྱབ་ པས། །གདུལ་བྱའི་མཐའ་རྒྱ་རྒྱ་ཆེན་གང་འདི་ཡིད་མཚོ་མཚོ་ཆེན་ཆོས་རབ་སྤེལ། །གཞན་ ཕན་མཆོག་དཔལ་དཔལ་གྱིས་དབང་ཕྱུག་བློ་བཟང་བཟང་པོ་རྒྱལ་སྲས་ཕུལ། །ཟབ་གསང་ གདམས་ཀུན་ཀུན་ནས་སྟེར་མཁས་རབ་དགའ་དགའ་ཆེན་མི་འགྱུར་བདེ། །སྐལ་བཟང་ལ་ སྙན་སྙན་པའི་དབྱངས་ཀྱི་ཆེར་གྲགས་གྲགས་པ་ཕ་མཐའ་ཡས། །གང་འདུལ་མཛད་རྒྱ་རྒྱ་ ཆེན་སྤྱོད་མཁས་མཁྱེན་མཚོ་མཚོ་ཀློང་ཡེ་ཤེས་གཏེར། །རིམ་གཉིས་ཆོས་དཔལ་དཔལ་ལྡན་ བླ་མ་སྐྱབས་བཟང་བཟང་པོའི་ཕ་མཐར་སོན། །ངེས་ངེས་དོན་གྱི་ཡིན་ལུགས་གང་འདི་ ན། །མང་མང་གསང་གསུམ་ཡོན་ཏན་མཆོག་མངའ་བ། །བཟང་བཟང་འཕགས་པ་ཉིད་དང་ དབྱེར་མེད་ཀྱང༌། །མཛེས་མཛེས་ཕྱི་ཚུལ་ངུར་སྨྲིག་བཤེས་སུ་བརྫུ། །དེ་ཕྱིར་ལྗོངས་འདིར་ འགྲོ་ཁམས་འདུལ་བའི་གཉེན། །སོ་བྱང་སྔགས་ཀྱི་རྟོགས་པ་གསར་བརྙེས་ཚུལ། །གསུམ་ ལྡན་རྡོ་རྗེ་འཛིན་པར་ཡོངས་བཞེངས་པ། །རིགས་ཀུན་འཁོར་ལོའི་མགོན་ཁྱོད་ཞབས་ཀྱི་ རྡུལ། །སྙི ང་ནས་དད་པས་སྤྱི་བོའི་རྒྱན་དུ་ལེན། །མོས་གུས་གདུང་བས་གསོལ་འདེབས་དང་ བཅས་ཏེ། །གང་གི་མཛད་བཟང་ནམ་མཁའ་དང་མཉམ་ལས། །ཆ་ཙམ་དད་པའི་གསོས་སུ་ བསྡུ་ལ་སྤྲོ། ། དེ་ལ་འདིར་སྐབས་གང་དུ་བབས་པའི་བརྗོད་བྱའི་དོན་གླེང་བར་བྱ་བ་གང་ལ་ཡང་ འདི་ལྟར་ལགས་ཏེ་སྤྱིར་བརྟན་དང་གཡོ་བའི་རང་བཞིན་ཆོས་སྐུ་རང་བྱུང་གི་ཡེ་ཤེས་གདོད་ ནས་འཁོར་འདས་རིས་སུ་མ་ཆད་པ་དྲི་བྲལ་ཆོས་དབྱིངས་ཉག་མ་གཅིག་གི་གཞིའི་གནས་ 6-1-256 ལུགས་སྤྲོས་པ་ཀུན་གཤིས་ནས་དྭངས་པའི་རང་མདངས་ཁོ་ན་ལས་རང་སྣང་དག་པའི་སྣང་ བ་འབྱམས་ཀླས་པ་དུས་དང་རྣམ་པ་ཐམས་ཅད་དུ་ཚད་གཟུང་དང་བྲལ་བ། ཡེ་ཤེས་རྒྱན་ གྱི་འཁོར་ལོ་ནམ་ཡང་ཟད་པ་མེད་པ་ཆོས་དབྱིངས་ཀྱི་མུ་མཐར་ཐུག་པའི་དག་སྣང་རབ་ འབྱམས་ཀྱི་ཡེ་ཤེས་ཀྱི་རོལ་གར་མཐའ་ཡས་པ་གང་དག་གི་རྒྱལ་བ་ལོངས་སྤྱོད་རྫོགས་སྐུ་ མཐར་ཐུག་པ་ཉིད་ཀྱི་ཐུགས་ཀྱི་དགོངས་མཚོར་ཇི་བཞིན་མངོན་བྱང་ཆུབ་པ་ལས་གཞན་ སྣང་གི་ངོར་བསམ་པའི་ཡུལ་ལས་འདས་པའི་གནས་སུ་གྱུར་ཅིང༌། གདུལ་བྱ་གཞན་སྣང་ དུ་ཆོས་སྐུ་མཆོག་གི་བདག་པོའི་རྐྱེན་གྱི་ཚུལ་དུ་གང་འདུལ་གྱི་མཛད་པ་མཆོག་གི་སྤྲུལ་སྐུའི་ དག་མ་དག་གི་ཞིང་ཁམས་རབ་འབྱམས་ཀུན་ཏུ་གང་ལ་གང་འདུལ་གྱི་ཡིད་ཅན་རང་རང་ དང་འཚམས་པར་མཛད་ཕྲིན་གྱི་སྤྲུལ་པའི་རྣམ་པར་རོལ་པ་དེ་ཉིད་ནམ་ཡང་དུས་ལས་མི་ ཡོལ་ཞིང་གཅིག་དང་དུ་མའི་ཆོ་འཕྲུལ་གྱི་བཀོད་པ་ནམ་མཁའི་མཐའ་དང་མཉམ་པ་སྟེ། དེ་ ཡང་སངས་རྒྱས་ཀྱི་ཕྲིན་ལས་ཀུན་ཁྱབ་མཉམ་པ་ཉིད་ཉེས་པ་ཐམས་ཅད་དང་བྲལ་བ་དུས་ གསུམ་དུ་ཞུགས་པས་མཆོག་རིན་ཆེན་རྣམ་གསུམ་གྱི་གདུང་རྒྱུད་གཞན་སྣང་ངོར་མངོན་ དུ་གྱུར་པའི་ཚུལ་གྱིས་རྒྱ་ཆེར་སྤེལ་ཏེ་བསམ་མི་ཁྱབ་པའི་ཆོས་ཀྱི་སྐུ་སྤྲོས་མེད་ནམ་མཁའ་ ལྟ་བུའི་རང་བཞིན་ནམ་ཡང་མི་འདོར་བའི་སྒོ་ནས་གསང་བ་གསུམ་གྱི་མཛད་པའི་ཆེ་བ་ བསྟན་ཏེ་འཁྲུལ་སྣང་གི་བསམ་སྤྱོད་ཡིན་ལུགས་མཐའ་དག་ཇི་བཞིན་གཟིགས་པའི་ཚུལ་ནི། གཟུངས་དབང་རྒྱལ་པོའི་ཞུས་པའི་མདོ་སྡེ་ལས། རིགས་ཀྱི་བུ་རྣམ་གྲངས་འདི་ལྟ་སྟེ། དེ་ བཞིན་གཤེགས་པའི་ཕྲིན་ལས་བསམ་མི་ཁྱབ་པ་མཉམ་ཉིད་རྗེས་སུ་ཐོབ་པ༑ ཐམས་ཅད་དུ་ ཁ་ན་མ་ཐོ་པ་མེད་པས་དུས་གསུམ་དང་འབྲེལ་བའི་དཀོན་མཆོག་གསུམ་གྱི་གདུང་རྒྱུད་མི་ འཆད་པར་བྱེད་པ་དེ་འདྲའི་ཕྲིན་ལས་གང་ལ་རབ་ཏུ་ཞུགས་པའི་དེ་བཞིན་གཤེགས་སྐུ་ནམ་ མཁའི་རང་བཞིན་ཞིང་ཀུན་ཏུ་སྟོན། གསུང་བརྗོད་མེད་ཀྱི་ཆོས་ཉིད་མི་འདོར་ཇི་བཞིན་ 6-1-257 སེམས་ཅན་རྣམས་ལ་ཆོས་ཀྱང་སྟོན། ཐུགས་དམིགས་བྲལ་སེམས་ཅན་གྱི་བསམ་སྤྱོད་ཡང་ རབ་ཏུ་ཤེས་སོ། །ཞེས་གསུངས་པ་ལྟར་རོ། ། དེ་འདྲའི་རྣམ་པར་འཕྲུལ་བ་མཐའ་ཡས་པ་བདེ་ཆེན་ཞིང་གཙོ་འོད་དཔག་མེད་སོགས་ མཆོག་སྤྲུལ་རབ་འབྱམས་རྒྱལ་སྲས་སྤྱན་རས་གཟིགས་སོགས་སེམས་དཔའ་གྲངས་མེད་ རེ་རེའི་འཁོར་གྱི་ཚོགས་དང་བཅས། རང་རང་གི་གདུལ་ཞིང་དེ་ཉིད་པ་ལས་གངས་ཅན་ ལྗོངས་གནས་ཀྱི་སྐྱེ་རྒུ་རང་རེ་ཀུན་རྒྱལ་བ་སྲས་བཅས་གོང་སྨོས་ཀྱི་མཚན་རྣམ་པར་བཀོད་ པའི་འགྲོ་འདྲེན་རྒྱལ་སྲས་གཉིས་པོའི་གདུལ་བྱར་གྱུར་པ་དེ་བས་ན་དེང་སྐབས་ཀྱི་བཤད་ བྱའི་རྣམ་པར་ཐར་བ་མཆོག་དང་ལྡན་པའི་སྙིགས་དུས་ཀྱི་འགྲོ་འདྲེན་ཆེན་པོ་དཔལ་ལྡན་བླ་ མ་དམ་པ་མཚན་བརྗོད་པར་དཀའ་བ་དོན་ཀྱི་སླད་དུ་མཚན་ནས་སྨོས་ན་ཀུ༵ན་དག༵འ་སྙན༵་ གྲག༵ས་རྒྱ༵་མཚོ༵་དཔལ་བཟང་པོ་གང་དེ་ཉིད་འཕགས་མཆོག་འཇིག་རྟེན་དབང་ཕྱུག་དང་ རྣམ་དབྱེར་མེད་པར་སྔོན་བྱོན་སྐྱེས་ཆེན་དུ་མའི་ལུང་གིས་བསྔགས་ཤིང་དམ་པ་རང་ཉིད་ ཀྱིས་ཀྱང་དེ་ལུགས་ལྟར་ཞལ་བཞེས་མཛད་པ་ལ་མི་བསླུ་བའི་ཚད་མར་བྱ་འོས་པ་ཡིན་ཏེ། རྒྱལ་དང་དེ་སྲས་དག་གི་རྣམ་པར་འཕྲུལ་བ་བསམ་གྱིས་མི་ཁྱབ་ཅིང༌། གང་འདུལ་གྱི་གདུལ་ བྱ་དང་འཚམས་པར་སྤྲུལ་པའི་རོལ་གར་མཐའ་ཡས་པ་ནམ་ཡང་ཟད་པ་མི་མངའ་བའི་ ཕྱིར་ཏེ། མདོ་ཟ་མ་ཏོག་བཀོད་པར་ཡང༌། བཅོམ་ལྡན་འདས་ལ་བྱང་སེམས་ལག་ན་རིན་ ཆེན་གྱིས་འཕགས་པ་སྤྱན་རས་གཟིགས་ཀྱིས་ཐབས་ཇི་ལྟར་གྱི་ཆོས་སྟོན་ཚུལ་ཞུས་པ་ན། རྒྱལ་བས་བཀའ་སྩལ་པ། དེ་བཞིན་གཤེགས་པས་འདུལ་བའི་སེམས་ཅན་རྣམས་ལ་དེའི་ གཟུགས་ཀྱིས་ཆོས་སྟོན། རང་རྒྱལ་གྱིས་འདུལ་བ་རྣམས་ལ་དེའི་གཟུགས་དང༌། དེ་བཞིན་ དུ་དགྲ་བཅོམ་བྱང་སེམས་ལ་སྦྱར་ཞིང༌། གཞན་ཡང་མཐུ་ཆེན་ཚངས་སོགས་ཀྱི་གཟུགས་ཀྱི་ གདུལ་བྱ་རྗེས་སུ་བཟུང་ཚུལ་རྒྱས་པར་གསུངས་པའི་ཕྱིར་རོ། ། 6-1-258 སྤྱིར་ན་མདོ་སྔགས་གང་ཐད་ལ་ལམ་ཐམས་ཅད་ཀྱི་རྩ་བ་དགེ་བའི་བཤེས་གཉེན་ བསྟེན་པ་འདི་ཉིད་ཡིན་པར་མཚུངས་ཤིང་ཁྱད་པར་གསང་སྔགས་ཀྱི་ཐེག་པ་འདིར་ནི་བླ་མ་ དམ་པའི་མན་ངག་ལ་མ་བརྟེན་པར་ལམ་ཟབ་མོ་རྒྱུད་ལ་འབྱོར་ནས་འཁོར་བའི་ཕ་རོལ་ཏུ་ ནམ་ཡང་ཕྱིན་པར་མི་འགྱུར་བའི་ཚུལ་ཡང༌། རྩ་རྒྱུད་ལས། བླ་མའི་ཞལ་ལ་མ་བརྟེན་དང༌། །དེ་ཡི་མན་ངག་མ་ཐོབ་པར། །འཁོར་བ་རྒྱ་ཆེ་རྒྱ་མཚོ་ལས། །ཕ་རོལ་ཕྱིན་པར་མི་འགྱུར་ རོ། །ཞེས་པ་ལྟར་ལགས་ཤིང་བླ་མ་རྡོ་རྗེ་སེམས་དཔའ་དང་གཉིས་སུ་མེད་པའི་བདག་ཉིད་ དེ་དོན་ལ་དེ་ལྟར་ཡིན་ཡང་སེམས་ཅན་རྗེས་སུ་བཟུང་ཆེད་ཁམས་དབང་དང་མཐུན་པར་མི་ ཕལ་བའི་གཟུགས་ཀྱིས་སློབ་དཔོན་གྱི་ཚུལ་ཉེ་བར་སྟོན་པ་ཡིན་ཏེ། མཁའ་འགྲོ་རྡོ་རྗེ་གུར་ ལས། རྡོ་རྗེ་སེམས་དཔའ་ཇི་ལྟ་བུ། །དེ་ལྟར་སློབ་དཔོན་གཟུགས་སུ་འཛིན། །སེམས་ཅན་ རྗེས་སུ་བཟུང་དམིགས་ནས། །ཕལ་བའི་གཟུགས་སུ་གནས་པའོ། །ཞེས་གསུངས་པ་ལྟར་ རོ། །གཞན་ཡང་སྔགས་ཀྱི་རྡོ་རྗེ་སློབ་དཔོན་ཉིད་ཀྱི་ཕུང་པོ་ལྔ་རིགས་ལྔ་ཁམས་ལྔ་ཡུམ་ལྔ་ སྐྱེ་མཆེད་རྣམས་བྱང་སེམས་ཡན་ལག་ཁྲོ་བོའི་རྒྱལ་པོ་རྣམས་ཀྱི་ངོ་བོར་གསུངས་པ་ཡང༌། འདུས་པའི་རྒྱུད་ལས། རྡོ་རྗེ་སློབ་དཔོན་ལུས་འདི་ལ། །རྒྱལ་བའི་སྐུ་ནི་རིམ་བཞིན་གནས། །དེ་ཡི་གཟུགས་ཀྱི་ཕུང་པོ་ནི། །སངས་རྒྱས་རྣམ་པར་སྣང་མཛད་ཡིན། །ཚོར་བ་རྡོ་རྗེ་ཉི་ མ་སྟེ། །འདུ་ཤེས་པདྨ་གར་དབང་ཕྱུག །འདུ་བྱེད་རྡོ་རྗེ་རྒྱལ་པོ་སྟེ། །རྣམ་པར་ཤེས་པ་མི་ བསྐྱོད་པ། །ས་ནི་སྤྱན་ཞེས་བྱ་བ་སྟེ། །ཆུ་ཡི་ཁམས་ནི་མཱ་མ་ཀཱི །གོས་དཀར་སྒྲོལ་མ་ཞེས་བྱ་ སྟེ། །མེ་དང་རླུང་དུ་རབ་ཏུ་གྲགས། །ནམ་མཁའ་རྡོ་རྗེ་དབྱིངས་ཕྱུག་མ། །རྡོ་རྗེའི་སྐྱེ་མཆེད་ འདི་དག་ཀྱང༌། །དབང་ཕྱུག་སེམས་དཔའ་དཀྱིལ་འཁོར་མཆོག །ཡན་ལག་ཁྲོ་བོའི་རྒྱལ་ པོ་རྣམས། །ཞེས་པ་ལྟར་ཤིན་ཏུ་མང་ལ། མཚན་དཔེ་ལྡན་པའི་ལྷ་བསྐལ་པ་སྟོང་དུ་བསྒོམ་ པ་བས་ཀྱང་བླ་མ་ཡིད་ལ་དྲན་པ་ཙམ་གྱིས་བསོད་ནམས་ཆེ་ཚུལ། ཡེ་ཤེས་གསལ་བའི་རྒྱུད་ 6-1-259 ལས། མཚན་དང་དཔེ་བྱད་ལྡན་པའི་ལྷ། །བསྐལ་པ་སྟོང་དུ་བསྒོམ་པ་བས། །བླ་མ་དྲན་ པའི་བསོད་ནམས་ཆེ། །ཞེས་གསུངས་པ་དང་བླ་མ་མེད་པར་རྫོགས་རིམ་བསྐལ་པར་གཡེང་ བ་སྤངས་ཏེ་བསྒོམ་པ་བས་བཀའ་དྲིན་གསུམ་ལྡན་གྱི་བླ་མ་ཉིད་སེམས་ཀྱི་དཀྱིལ་དུ་ལན་ ཅིག་ཤར་བ་ཙམ་གྱི་ནུས་མཐུ་བྱིན་རླབས་ཀྱི་འཇུག་སྒོ་འབུམ་ཕྲག་ཉི་ཤུའི་ཆར་ཡང་བསྐྲུན་ པར་མི་ནུས་པའི་ཚུལ་གྱིས་རྒྱ་ཆེར་གསུངས་པ་ཡང༌། དམ་ཚིག་གསུམ་བཀོད་པའི་རྒྱུད་ལས། རྫོགས་པའི་རིམ་པ་བསྐལ་པའི་བར་དུ་ནི། །འདུ་འཛི་གཡེང་བ་སྤངས་ནས་བསྒོམ་པ་བས། །བླ་མ་སེམས་ཀྱི་དཀྱིལ་དུ་དར་ཅིག་ཤར་བ་ཙམ། །འབུམ་ཕྲག་ཉི་ཤུའི་ཆར་ཡང་མི་ཕོད་དོ། །ཅེས་པ་ལྟར་རོ། ། དེ་ལྟ་བུའི་ཕན་ཡོན་མཐའ་ཀླས་པ་དང་ལྡན་པའི་བླ་མ་དམ་པའི་རྣམ་པར་ཐར་བ་བརྗོད་ པའི་བསོད་ནམས་ཀྱི་ཕུང་པོ་ཆེས་ཆེར་འཕེལ་བའི་ཚུལ་ནི། དྲི་མ་མེད་པར་གྲགས་པས་ཞུས་ པའི་མདོ་ལས། སྟོང་གསུམ་གྱི་སྟོང་ཆེན་པོར་རིན་ཆེན་སྣ་བདུན་གྱིས་བཀང་ཏེ་སྦྱིན་པ་བྱིན་ པ་བས། བླ་མའི་རྣམ་ཐར་གྱི་ཚིག་བཞི་པའི་ཕྱེད་ཙམ་སྟོན་པས་བསོད་ནམས་ཆེས་མང་དུ་ བསྐྱེད་པའི་ཚུལ་རྒྱས་པར་གསུངས་ཤིང༌། འཕགས་པ་གཎྜི་རྒྱས་པའི་མདོར་ཡང༌། སློབ་ དཔོན་མཚན་ཉིད་སུས་བཤད་པ། །བསོད་ནམས་མཐའ་ཡས་དཔག་མེད་ཐོབ། །ལྷ་ཡིས་ སྲུང་ལ་བར་ཆད་མེད། །དེ་ཕྱིར་བླ་མ་ལ་གུས་ཤིག །ཅེས་གསུངས་པ་སོགས་རྒྱས་པར་མདོ་ སྔགས་ཀྱི་སྡེ་སྣོད་ལས་བྱུང་བ་བླ་མ་སློབ་དཔོན་ལ་གུས་ཤིང་དེའི་རྣམ་ཐར་བརྗོད་པའི་ཕན་ ཡོན་གྱི་ཚུལ་ཆེས་ཆེར་ལྷག་པར་མང་ཞིང་མཐའ་ཀླས་པ་དག་གིས་ཡིད་ཉེ་བར་འཕྲོག་ཏེ་ སེམས་ལེགས་པར་དང་བའི་ཡིད་ཀྱི་ནམ་མཁར་མོས་གུས་ཀྱི་ཆུ་འཛིན་ལང་ལོང་འཁྲིགས་པ་ ལས་དཔལ་ལྡན་བླ་མ་མཆོག་གི་རྣམ་པར་ཐར་པའི་བསྔགས་ཚིག་དབྱར་སྐྱེས་ཀྱི་རྔ་གསང་ ལྷག་པར་ལྡི ར་བ་གང་གིས་བརྗོད་པར་བྱ་བ་དེ་ལ་ཡང་གསུམ་སྟེ། ཐོག་མར་རང་དོན་གྱི་ 6-1-260 རྟོགས་པ་མངོན་དུ་བྱས་ཚུལ། བར་དུ་བསྟན་པ་དང་འགྲོ་བའི་དོན་རྒྱ་ཆེར་མཛད་ཚུལ། ཐ་མ་ མཛད་པ་རེ་ཞིག་མཐར་ཕྱིན་པའི་ཚུལ་དང་གསུམ་ལས། ༈ དང་པོ་ལ། ལས་དང་པོ་པའི་ཚུལ་གྱིས་ཆོས་ལ་རིམ་གྱིས་འཇུག་ཚུལ། སྒྲུབ་འབྲས་ མདོ་སྔགས་ཀྱི་རྟོགས་པ་མངོན་དུ་བྱས་ཚུལ་གཉིས། དང་པོ་ནི་སྤྱིར་ཁྱབ་བདག་བླ་མ་མཆོག་གི་གསང་གསུམ་གྱི་ཆེ་བ་མཐའ་དག་མཆོག་ ལྗགས་ཀྱིས་ཇི་བཞིན་མཐའ་རྒྱ་ཆོད་པ་མིན་ན་རང་ལྟ་བུའི་བློ་མཐུས་ག་ལ་ཞིག་སྟེ། འོན་ ཀྱང་འདིར་རེ་ཞིག་པའི་མཛད་ཚུལ་ཉི་ཚེ་བའི་ཆ་ཤས་ཤིན་ཏུ་ཕྲ་བ་ཙམ་དད་པའི་གསོས་སུ་ བརྗོད་པ་ལ་བརྩོན་པ་ལྷུར་བླངས་པ་གང་ཇི་ལྟར་ཞེ་ན། འཕགས་མཆོག་ལག་ན་པད་དཀར་ འཛིན་པ་གང་ཉིད་ཀྱི་ཐུགས་རྗེའི་སྤྱན་རས་ཀྱི་གཟིགས་པ་ནམ་ཡང་མི་འདོར་ཞིང་རླབས་པོ་ ཆེའི་མཐུ་ནུས་ཀྱི་གདུལ་ཞིང་མཆོག་ཏུ་གྱུར་པའི་ཡུལ་ལྗོངས་རབ་དཀར་ཆུ་ཤེལ་ཞུན་མའི་ དུམ་བུ་ཕྱོགས་བརྒྱར་མངོན་པར་བཀྲ་བའི་དཔལ་སྡུག་གི་མཛེས་པ་ངོམ་པའི་བསིལ་ལྡན་ ས་འཛིན་གྱི་ཕྲེང་བ་ཕྱོགས་ཀུན་ལེགས་པར་བཞད་པའི་ཐ་གྲུ་མདོ་སྨད་སྒང་དྲུག་གི་ཡ་གྱལ་ རྨ་རྒྱལ་ཟལ་མོ་སྒང་གི་ཆར་གཏོགས་ཤར་འཛམ་ཐང་བསམ་འགྲུབ་ནོར་བུའི་གླིང་གི་བྱང་ ཕྱོགས་རྗེ་བཙུན་རྭ་ལོའི་རྣམ་འཕྲུལ་སོགས་སྐྱེས་ཆེན་མང་པོའི་ཞབས་ཀྱིས་བཅགས་པ་སྒྲུབ་ བརྒྱུད་གསང་སྔགས་ཀྱི་ཆོས་སྡེ་ས་དམར་དཔལ་གྱི་རྩེ་མོ་ཟབ་གསང་སྒྲུབ་གནས་གླིང་གི་ ཉེ་འདབས་བསོད་ནམས་ནོར་འཛིན་ལྟོ་བའི་གནས་གཞི་ཅལ་སྙིང་ཞེས་བྱ་བའི་ས་ཡི་ཐིག་ ལེ་དེར་ཡབ་ཤི་ནང་སྟོབས་རྒྱལ་དང་ཡུམ་རྦུགས་ཤུལ་བཟའ་གནས་སྐྱིད་གཉིས་ཀྱི་སྲས་སུ་ རབ་བྱུང་བཅུ་བཞི་པའི་ཁྲག་སྐྱུག་ཅེས་པ་ཆུ་མོ་ཕག་ལ་ཡུམ་ཟུག་ངུའི་གནོད་པ་དང་བྲལ་བར་ ལོང་ཁ་ལྟ་བུའི་ནང་དུ་ལྟེ་གཟན་དང་བཅས་ཏེ་གང་ཟག་ཕལ་བ་དང་རིགས་མི་གཅིག་པའི་ གཟུགས་སྐུའི་ལང་ཚོ་ཟླ་གཞོན་གསར་བ་མངོན་པར་ཚེས་པས་སྙིགས་མའི་དུས་སུ་དར་ལ་ 6-1-261 བདོ་བའི་ནག་ཕྱོགས་བདུད་རིགས་ཀྱི་སྙིང་སྟོབས་ཀུན་ནས་ཉམས་པར་བྱས་པ་དང་ཆབས་ གཅིག་དཀར་པོའི་ཕྱོགས་ཀྱི་ལྷ་རིགས་ཀྱི་དབུ་འཕང་དགུང་ལ་སྙེགས་ཏེ་བསོད་ནམས་ཀྱི་ དབང་ཐང་ཆེས་ཆེར་དར་བར་གྱུར་ཏེ། འོད་སྲུང་གིས་ཞུས་པའི་མདོ་ལས། པདྨ་ཆུ་ལས་སྐྱེས་ གྱུར་ཀྱང༌། །ཆུ་ཡི་རྫབ་ཀྱིས་གོས་པ་མེད། །དེ་བཞིན་བྱང་ཆུབ་འཇིག་རྟེན་སྐྱེས་གྱུར་ཀྱང༌། །འཇིག་རྟེན་ཆོས་ཀྱི་ནམ་ཡང་གོས་པ་མེད། །ཅེས་གསུངས་པ་ལྟར་མངལ་སྐྱོན་གྱིས་གོས་པ་ མེད་པར་སེམས་དཔའ་ཆེན་པོའི་ངང་ཚུལ་ཉེ་བར་འཆང་བའི་བརྟུལ་ཞུགས་མཛད་དོ། ། ཁོང་ལྕམ་སྲིང་ལྔ་རིམ་གྱིས་བཙས་པའི་གཉིས་པ་ཡིན་ཞིང་སྐུ་ུན་ཆུང་བྱིས་པའི་དུས་ནས་ སྔོན་སྦྱངས་ཀྱི་ཤུགས་ཀྱིས་རྣམ་དཀར་གྱི་ལས་ལ་ཐུགས་མོས་ཆེ་ཞིང་ཞི་དུལ་གྱི་སྤྱོད་པ་རང་ དང་ན་མཉམ་གྱི་བྱིས་པ་གཞན་རྣམས་ལས་ཁྱད་པར་དུ་འཕགས་པ་ཞིག་ཡིན་པར་རིག་སྟེ། ཕྱིས་སུ་སྐུ་ཚེ་གང་པོའི་མཛད་བཟང་གིས་ཀྱང་ཅི་རིགས་དཔོགས་ནུས་སོ། ། དེ་ནས་དགུང་ལོ་ལྔ་པ་རབ་བྱུང་ཞེས་པ་མེ་ཡོས་ལོ་འདི་ནས་བཟུང་རང་གི་ཁུ་དབོན་ དམ་པ་བླ་མ་སྐལ་ལྡན་ཞེས་ཡི་དམ་ལྷ་སྔགས་ཀྱི་བསྙེན་པ་དུང་ཕྱུར་ཕྲག་བཅུ་གསུམ་བཟླས་ པས་ངག་ནུས་རྒྱ་ཆེ་ཞིང་ཕྱིས་སྐུ་འདས་ཁར་ཁང་སྟེང་དུ་ཆོས་ཀྱི་དུང་སྒྲ་གྲགས་ཟེར་བ་ཞིག་ ཡོད་པ་དེ་ཀློག་སློབ་པའི་སློབ་དཔོན་དུ་བསྟེན་ནས་ཡི་གེ་ལ་སྦྱང་བ་ཐོགས་མེད་མཛད་དེ་ རིམ་པས་དགུང་ལོ་བཅུ་གཉིས་ལ་སླེབས་ཚེ་དངོས་པོ་ཞེས་པ་ཤིང་ཁྱིའི་ལོར་གསང་བདག་ རྣམ་འཕྲུལ་ཆོས་རྗེ་ཞང་སྟོན་པའི་སྐྱེ་བར་གྲགས་པ་འཛམ་ཐང་གཙང་བའི་རྡོ་རྗེ་སློབ་དཔོན་ ངག་དབང་ཆོས་ཀྱི་འཕགས་པ་ས་དམར་དགོན་དུ་ཕེབས་ཏེ་འདུས་སྡེ་མང་པོའི་གྲྭལ་དུ་ ཟབ་ཆོས་བྱིན་རླབས་ཀྱི་སྒོ་ཐོག་མ་སྐྱེ་རྒང་ལུགས་ཀྱི་རྟ་མགྲིན་རྗེས་གནང༌། སྦྱོང་རྒྱུད་བཅུ་ གཉིས་ཀྱི་དབང་བཀའ། གཅོད་ཀྱི་དབང་ཁྲིད་སོགས་ཟབ་བཀའ་དུ་མ་གནང་བའི་སྐལ་ བཟང་ཐོབ་པས་ཡང་དག་པའི་ཆོས་སྒོར་ཚུད་པའི་རྟེན་འབྲེལ་ལེགས། དེ་རྗེས་དགུང་ལོ་བཅུ་ 6-1-262 དྲུག་ཙམ་གྱི་གནས་སྐབས་འབྲུ་མོང་ཞེས་པ་ས་སྟག་ལོ་ནས་བཟུང་དམ་པའི་ཆོས་ཀྱི་སྒོར་ ཞུགས་ཏེ་ཡུལ་དུས་ཀྱིས་སྲོལ་དང་བསྟུན་ཏེ་ཡང་དག་ཟབ་མོའི་ཆོས་ཉམས་སུ་ལེན་པའི་ སྐལ་བཟང་རིག་པ་འཛིན་པའི་གྲལ་དུ་ལེགས་ཞུགས་མཛད་ཚུལ་ཡང་དཔལ་འཛམ་ཐང་གི་ ཆོས་གྲྭ་གཙང་ཆེན་བླ་མའི་ཕོ་བྲང་ཆེན་མོར་རིགས་ཀུན་འཁོར་ལོའི་དབང་ཕྱུག་ཁྱབ་བདག་ རྡོ་རྗེ་འཆང་ཆེན་པོ་ཀུན་དགའ་བསོད་ནམས་དཔལ་ལྡན་བཞུགས་པའི་སྐུ་དྲུང་དུ་ཕྱིན་ཏེ་ བསམ་སྦྱོར་གྱི་གུས་འདུན་བླ་ན་མེད་པས་སྐྱབས་རྗེ་གང་གི་ཞབས་པད་སྤྱི་བོའི་གཙུག་གིས་ ཡང་དག་པར་མཆོད་དེ་ཟབ་ཆོས་ཞུ་ཡུལ་གྱི་བླ་མ་རྡོ་རྗེ་སློབ་དཔོན་དུ་བསྟེན་ནས་ཐོག་མར་ ཡང༌། མདོ་རྒྱན་ལས། སྐྱབས་སུ་འགྲོ་བ་འདིར་སོང་དོན་ཆེ་སྟེ། །དེས་ནི་ཚད་མེད་ཡོན་ཏན་ ཚོགས་འཕེལ་འགྱུར། །འགྲོ་བ་འདི་ལ་སྙི ང་རྗེའི་བསམ་པས་ཁྱབ། །མཚུངས་མེད་འཕགས་ ཆེན་ཆོས་ཀྱང་རྒྱས་པར་བྱེད། །ཅེས་གསུངས་པ་ལྟར་སྐྱབས་འགྲོ་ཆོས་སྤྱིའི་རྩ་བ་ཡོན་ཏན་ འཕེལ་བའི་གཞི་རྟེན་དུ་གདམས་པ་ལྟར་སྐྱབས་གནས་རྣམ་གསུམ་ལ་རང་གཞན་མཐའ་ དག་སྲིད་ཞིའི་འཇིགས་པ་ལས་སྐྱོབ་པའི་སྐྱབས་སུ་བསྟེན་པར་དམ་བཅས་ཏེ་ལུས་ངག་གིས་ ཕྱག་དང་སྐྱབས་འགྲོའི་ཚིག་སྦྲེལ་བ་འབུམ་ཕྲག་གི་དཀའ་སྤྱད་གནད་དུ་ཐེབས་པས་ཐུགས་ གཏིང་ནས་མཆོག་གསུམ་ལ་ཡིད་ཆེས་པའི་དད་པ་ནམ་ཡང་ལྡོ ག་པ་མེད་པར་བྱས། དེ་ནས་ དཔའ་སྦྱིན་གྱིས་ཞུས་པའི་མདོ་ལས། བྱང་ཆུབ་སེམས་ཀྱི་བསོད་ནམས་གང༌། །གལ་ཏེ་དེ་ལ་ གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་སྟེ། །དེ་ནི་དེ་བས་ལྷག་པར་འགྱུར། །ཞེས་གསུངས་པ་ལྟར་ཕན་ཡོན་རྒྱ་ཆེ་བའི་ཐེག་ཆེན་ལམ་གྱི་འཇུག་སྒོ་གཞན་དོན་དུ་རྫོགས་ བྱང་ཐོབ་འདོད་ཀྱི་བསམ་པ་ཁྱད་པར་བ་རྒྱུ་འབྲས་མན་ངག་བདུན་གྱི་རིམ་པ་དང་མཐུན་ པར་སེམས་བསྐྱེད་སྤེལ་བྱེད་ཚད་མེད་བཞིའི་དམིགས་པ་དང་བཅས་བླ་མའི་ཞལ་ནས་ཇི་ སྐད་གསུང་བཞིན་ཉམས་སུ་བླངས་པས་ལས་དང་པོ་པ་གཞན་ལས་ཁྱད་པར་དུ་འཕགས་ 6-1-263 པའི་རྒྱལ་སྲས་ལམ་གྱི་གཞི་རྩ་ངེས་པར་ཚུགས་སོ། །དེ་ནས་མདོ་ལས། གང་ཞིག་སྡིག་པའི་ ལས་བྱས་པ། །དགེ་བས་འགེབས་པར་བྱེད་པ་སྟེ། །སྤྲིན་བྲལ་ཉི་མ་ཟླ་བ་ལྟར། །འཇིག་རྟེན་ འདི་ན་ཀུན་ཏུ་གསལ། །ཞེས་གསུངས་པ་བཞིན་ཐོག་མ་མེད་པ་ནས་བསགས་པའི་ཉེས་ལྟུང་ སྦྱང་བའི་ཐབས་བླ་མེད་ལུགས་ཀྱི་ཧེ་རུ་ཀ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ལ་བརྟེན་ནས་ སྟོབས་བཞི་ཚང་བའི་བཤགས་སྡོམ་བླ་མས་གང་གསུང་ལྟར་ལག་ལེན་ལ་ཐེབས་ངེས་བྱས་ ཏེ་རྒྱུད་སྦྱང་བའི་ཐབས་ཚུལ་ཡང་དག་མཛད། དེ་ནས་བླ་མ་བསྟེན་ཚུལ་ལྔ་བཅུ་པ་ལས། མཆོག་ཏུ་གུས་པས་དུས་གསུམ་དུ། །མཎྜལ་མེ་ཏོག་བཅས་ཐལ་མོས། །བླ་མ་སྟོན་པ་བསྙེ ན་ བཀུར་ཞིང༌། །ཞབས་ལ་སྤྱི་བོས་ཕྱག་དག་བྱ། །ཞེས་བཤད་པ་ལྟར་བླ་མ་རྒྱལ་བ་སྲས་བཅས་ བསོད་ནམས་ཀྱི་ཞིང་མཆོག་ཏུ་བྱས་ཏེ་བླ་མས་གདམས་རིམ་བཞིན་དངོས་སུ་འབྱོར་བ་དང་ ཡིད་ཀྱིས་སྤྲུལ་པའི་མཎྜལ་གྱི་མཆོད་བཀོད་རྒྱ་ཆེ་བ་ཕར་ཕྱིན་དྲུག་གི་སྤྱོད་པ་དང་བཅས་རྣམ་ པར་དཀར་བའི་བསོད་ནམས་བསགས་པའི་ཚོགས་རྒྱ་ཆེན་པོས་དུས་འདའ་བར་བྱས། དེ་ ནས་དགྱེས་རྡོར་གྱི་རྒྱུད་ལས། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་ རྙེད་དེ། །བླ་མའི་དུས་ཐབས་བསྟེན་པ་དང༌། །བདག་གི་བསོད་ནམས་ལས་ཤེས་བྱ། །ཞེས་ གཞིའི་བརྗོད་བྲལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་གྱུར་པའི་ཐབས་ནི་གཞན་གང་གིས་ མི་རྙེད་པར་བླ་མ་དམ་པ་ལ་བརྟེན་ནས་སློབ་མ་རང་གི་བསོད་ནམས་ཀྱི་དབང་ལས་རྙེད་ དགོས་པའི་གནད་རིག་ནས་བླ་མ་སངས་རྒྱས་དངོས་མཐོང་གིས་དེས་ཇི་ལྟར་གདམས་དོན་ བཞིན་དབང་བཞི་ལེན་པས་བྱིན་རླབས་ཕབ་སྟེ་ཐུགས་རྒྱུད་ཆེས་བཟང་བའི་ལས་རུང་ཁྱད་ པར་ཅན་དུ་བསྒྲུབས། དེ་ནས་རྡོ་རྗེ་སྙི ང་འགྲེལ་ལས། རྣམ་རྟོག་བག་ཆགས་ཀྱིས་བཅིངས་ ལ། །ཐོག་མར་རྟོགས་པའི་ཆོ་ག་བསྟན། །ཞེས་གསུངས་པ་བཞིན་ལས་དང་པོ་པ་རྣམ་པར་ རྟོག་པའི་བག་ཆགས་འཐུག་པོ་ཅན་དག་ལ་སྤྲོས་བྲལ་མི་རྟོག་རྫོགས་རིམ་གྱི་སྔོན་འགྲོ་རྟོག་ 6-1-264 སྒོམ་བཅོས་མ་དག་རྫོགས་སྨིན་གསུམ་ཚང་བའི་བསྐྱེད་རིམ་ལྷའི་རྣལ་འབྱོར་བླ་མའི་ཞལ་ ཤེས་ལྟར་བསྒོམ་པས་མ་དག་ཐ་མལ་སྣང་ཞེན་གྱི་རྟོག་ཚོགས་སྦྱངས། སྐབས་འདིར་སྔོ ན་ གྱི་ཕྱག་བཞེས་བཞིན་བླ་མ་མཆོག་གི་དྲུང་ནས་ཡོངས་རྫོགས་དགེ་བསྙེན་དང་བར་མ་རབ་ བྱུང་ཙམ་མནོས་ཏེ་མཚན་ཀུན་དགའ་སྙན་གྲགས་རྒྱ་མཚོ་ཞེས་གསོལ། དེ་ནས་བླ་མ་ཉིད་ བདེ་སྟོང་དུས་ཀྱི་འཁོར་ལོའི་ངོ་བོར་བཞེངས་ཏེ། ཡེ་ཤེས་ཀྱི་དཀྱིལ་འཁོར་བསྡུས་པ་ལ་ བརྟེན་ནས་མཆོག་གི་དབང་གོང་མ་ཁྱད་པར་ཅན་སྔོན་གྱི་དམ་པ་དག་གི་མན་ངག་བཞིན་ བསྐུར་བས་གསང་ཆེན་ཟབ་མོའི་ལམ་སྐྱེ་རུང་དུ་སྨིན་པར་བྱས་ཏེ། སྙི ང་འགྲེལ་ལས། རྣམ་ རྟོག་རང་བཞིན་ཤེས་པ་ན། །མི་རྟོག་པ་ལ་འཇུག་པར་བྱ། །ཞེས་པའི་དགོངས་པ་ལྟར་མུན་ མཚམས་དབེན་པ་གསུམ་གྱི་རྣལ་འབྱོར་ལ་བྱེད་བཅིངས་དམ་པོའི་སྒོ་ནས་ལྟོས་མེད་བཞི་ དང་མ་བྲལ་བའི་ངང་ནས་མི་རྟོག་བཅོས་མ་ཀུན་གཞོམ་པའི་འོད་གསལ་རང་རིག་གི་དོན་ ལ་སོ་མ་རང་ཤར་གྱི་ཚུལ་གྱིས་འགྱུ་རྟོགས་མཐའ་དག་རྒྱང་བསྲིངས་ཏེ་བྱིང་རྒོད་ཀྱི་སླད་མ་ ཞུགས་པར་བླ་མས་མན་ངག་བཏབ་པ་དང༌། བྱིན་རླབས་འབེབས་པ་དང་བཅས་ལེགས་ པར་བསྩལ་པ་ལྟར་ཁོང་གིས་མཉམ་པར་བཞག་པས་ཐོག་མར་སེམས་ཀྱི་གནས་འགྱུ་རིགས་ གསུམ་ངོས་ཟིན་པ་ནས་བཟུང་ཏིང་ངེ་འཛིན་གཡོ་ཐོབ་གོམས་བརྟན་མཐར་ཕྱིན་པའི་ཐུན་ མོང་སྤྱིའི་ཉམས་རིམ་གྱིས་བྱུང་བས་དངོས་གཞིའི་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལེགས་ པར་སྦྱངས་པས་བློ་ལས་རུང་ཁྱད་པར་ཅན་དུ་བསྒྱུར། དེ་ནས་བླ་མ་དམ་པ་ལས་གདམས་ པ་རིམ་གྱིས་ནོད་དེ་དངོས་གཞི་སོ་སོར་སྡུད་པའི་ཉམས་ལེན་ནམ་ཡང་ཆུ་བོའི་གཞུང་བཞིན་ རྒྱུན་ཆད་པ་མེད་པར་ཇི་བཞིན་བསྐྱངས་པའི་ཚུལ་ཡང༌། འཕགས་ཡུལ་གྱི་གྲུབ་ཆེན་བརྒྱད་ ཅུའི་སྤྱི་མེས་རྣལ་འབྱོར་གྱི་དབང་ཕྱུག་ཕྱག་རྒྱ་ཆེན་པོའི་བཀའ་བབས་དཔལ་ས་ར་ཧ་ཆེན་ པོའི་ཞལ་ནས། བསམ་དང་བསམ་བྱ་ཡོངས་སུ་སྤངས་ནས་སུ། །ཇི་ལྟར་བུ་ཆུང་ཚུལ་དུ་ 6-1-265 འདུག་པ་ཡིས། །བསྒྲིམས་ཏེ་བླ་མའི་ལུང་ལ་གུས་འབད་ན། །ལྷན་ཅིག་སྐྱེས་པ་འབྱུང་བར་ ཐེ་ཚོམ་མེད། །ཅེས་གསུངས་པ་ལྟར་རང་ལུགས་དམ་པ་གོང་མའི་མན་ངག་བསམ་བྱ་བསམ་ བྱེད་ཀྱི་ཡུལ་ཡུལ་ཅན་ཀུན་དང་བྲལ་བ་གྲིམ་ལྷོད་རན་པ་མ་བཅོས་སོ་མ་བུ་ཆུང་བཙས་མ་ ཐག་པ་ལྟ་བུའི་ཤེས་རིག་གི་ངང་བསྐྱང་བཞིན་སྨིན་མཚམས་སོར་བཅུ་དྲུག་གཞལ་བའི་སྟེང་ གི་ནམ་མཁར་ཡིད་མིག་རླུང་གསུམ་གྱི་བྱེད་པ་ལྷན་དུ་འཇུག་པར་བྱས་ཏེ། བསམ་མེད་ ཀྱི་རྣལ་འབྱོར་ལ་གཙོ་བོར་མཉམ་པར་བཞག་པས་ཆོས་ཉིད་ཀྱི་རང་གཟུགས་འོད་གསལ་ རྟགས་བཅུའི་སྣང་བ་རབ་འབྱམས་མཆེད་ཅིང༌། ས་ར་ཧས། སེམས་ནི་ནམ་མཁའ་འདྲ་བར་ བཟུང་བྱ་སྟེ། །ནམ་མཁའི་རང་བཞིན་ཉིད་དུ་སེམས་ཉིད་བཟུང༌། །ཞེས་གདམས་པ་ལྟར་ སེམས་ཉིད་མཁའ་དབྱིངས་དང་དབྱེར་མེད་བརྗོད་བྲལ་ནམ་མཁའ་ལྟ་བུའི་རྩེ་གཅིག་པའི་ རྣལ་འབྱོར་གྱིས་གནས་ལུགས་མི་རྟོག་ཡེ་ཤེས་སྔར་ལས་བརྟན་པར་བྱས་ཏེ། ཡང་དེ་ཉིད་ ཀྱིས། སྔར་རྗེས་མི་བཅད་སྔོ ན་མི་བསུ། ལྟར་འཛིན་མེད་པ་ནམ་མཁར་བཞག་ཅེས་པའི་ གདམས་པ་བཞིན་དུས་གསུམ་དུ་གཏོགས་པ་གང་ཡང་ཡིད་ལ་མི་བྱེད་པར་ལྟ་བ་བྱར་མེད་ ཀྱི་སྒོམ་མེད་རྣལ་འབྱོར་མཆོག་གིས་གཟུང་འཛིན་གྱི་སྤྲོས་པ་རང་དྭངས་སུ་བཏང་སྟེ། དོ་ཧ་ ལས་གསུངས་པ། འཁོར་བའི་རང་བཞིན་སེམས་ཀྱི་ངོ་བོ་ཉིད་ཡིན་ཞེས། རྨོངས་པ་མདའ་ བསྣུན་གྱིས་སྨྲས། ཞེས་པ་ལྟར་འཁོར་བ་རྣམ་རྟོག་གི་འཆར་སྒོ་ཀུན་ཤར་ཙམ་ཉིད་ནས་ གསལ་སྟོང་གི་ངང་དུ་རང་དག་བྱེད་པའི་རང་གྲོལ་གྱི་རྣལ་འབྱོར་དམ་པས་རྩ་བྲལ་ལྷུན་གྲུབ་ ཀྱི་དགོངས་པར་རེག་ཅིང༌། རྣལ་འབྱོར་དབང་ཕྱུག་མཆོག་གིས། འཇུར་བུས་བཅིངས་པའི་ སེམས་ཉིད་དེ། །ཀློད་ན་གྲོལ་བར་ཐེ་ཚོམ་མེད། །ཅེས་པའི་གདམས་ངག་ལྟར་གནས་ལུགས་ རང་ས་ཟིན་པའི་ངང་ནས་རྩོལ་བྲལ་གྱི་རྣལ་འབྱོར་ལ་བསླབས་ཏེ་མི་རྟོག་ཐུགས་ཀྱི་རྡོ་རྗེ་ལ་ འབྲེལ་བ་ཟབ་མོ་བཞག་གོ ། 6-1-266 དེ་བཞིན་བསམ་གཏན་གྱི་རྣལ་འབྱོར་བསྒོམ་པས་འོད་གསལ་རྟགས་བཅུའི་སྣང་བ་ སྔར་ལས་བརྟན་པ་བཟང་རབ་ལ་རྩེ་གཅིག་ཏུ་སེམས་པའི་ཤེས་རབ་དང༌། རྟགས་སྣང་ སེམས་སུ་ཤེས་པའི་རྟོག་པ། སེམས་ཉིད་ལས་གཞན་པའི་སྟོང་གཟུགས་མེད་པར་མཐོང་ བའི་དཔྱོད་པ། སྟོང་གཟུགས་ལ་དམིགས་པས་ལུས་སེམས་ལ་དགའ་བདེ་ཅུང་ཟད་ཞེན་ འཛིན་དང་བཅས་པར་འཆར་བའི་དགའ་བ། གཟུགས་སེམས་དབྱེར་མེད་བདེ་བའི་ངོ་བོར་ འཆར་བ་ལ་སྔར་གྱི་ཞེན་འཛིན་དང་བྲལ་བར་ཡིད་བདེ་ཤིན་ཏུ་སྦྱངས་པའི་མཚན་ཉིད་ཅན་ གྱི་གཡོ་མེད་བདེ་བ་སྟེ་ཡན་ལག་ལྔ་པོ་འདི་སྐབས་རྗེས་མཐུན་གྱི་ཉམས་གསལ་བོ་ཆེས་ བཟང་བ་ནི་དུ་མ་ངེས་པར་བྱུང་ངོ༌། ། དེ་ནས་སྲོག་རྩོལ་གྱི་སྐབས་སུ་བུམ་ཅན་སོགས་ཀྱི་རླུང་སྦྱོར་ལ་བརྟེན་ནས་རྡོ་རྗེའི་ལུས་ ཀྱི་རྩ་བ་དང་ཡན་ལག་གི་རླུང་བཅུའི་ཆ་ཅི་རིགས་དབུ་མར་ཐིམ་པས་ཞུ་བདེ་ཁྱད་པར་བ་ དང༌། སྲོག་གཟུགས་དབྱེར་མེད་ཀྱི་རྟགས་སྣང་མཐའ་ཀླས་པ་བྱུང་ཞིང༌། འཛིན་པའི་སྐབས་ གནས་དྲུག་གི་བུམ་ཅན་གྱིས་མི་ཤིགས་པའི་ཐིག་ལེ་དྲུག་ལ་རླུང་སེམས་ཅུང་ཟད་རེ་བརྟེན་ པར་བྱས་པས་རང་ལུས་ཀྱི་རྩ་འཁོར་མཐོང་ཞིང་སྟོང་གཟུགས་རབ་འབྱམས་ལུས་ནང་དུ་ གཡོ་བའི་ཉམས་ཀྱི་གསལ་སྣང་ཉེ་བར་མཆེད་ལ། རྗེས་དྲན་ཉམས་ལེན་ཀྱི་རྟགས་མཚན་ སྔར་ལས་ཞུ་བདེ་ཆེས་ཆེར་འཕེལ་ཞིང་བར་སྐབས་རེར་རང་ལུས་ཀྱི་གོ་ས་སྟོང་གཟུགས་ཀྱི་ སྐུར་སྣང་བ་དང༌། ཏིང་ངེ་འཛིན་མོས་པ་ལམ་བྱེད་ཀྱིས་རང་ལུས་ལྷར་སྣང་ཞིང་བདེ་ཆེན་ གྱིས་འཁོར་ལོ་དྲུག་རིམ་པས་གང་བའི་གསལ་སྣང་ཁྱད་པར་ཅན་གྱིས་གནས་སྣང་འགྱུར་ བ་སོགས་རྣལ་འབྱོར་ཡན་ལག་དྲུག་གི་ལམ་ཉམས་ལེན་ཐོག་མ་ལོ་གསུམ་གྱི་རིང་དུ་བྱེད་ སྐབས་ཀྱང་ཡན་ལག་རང་རང་གི་ལམ་རྟགས་ཁྱད་པར་བ་སྔགས་ལམ་ལ་བརྩོན་པར་ཁས་ འཆེ་བའི་དེང་དུས་ཀྱི་རྣལ་འབྱོར་པ་སུ་དང་ཡང་མི་མཉམ་པའི་རྟོགས་པ་མཆོག་ཏུ་རྒྱས་པའི་ 6-1-267 ཚུལ་ཆེས་མང་བའང༌། དམ་པ་གང་ནི་སྔོ ན་བྱོན་བཀའ་གདམས་གོང་མའི་རྣམ་ཐར་གཙང་ མས་སྐུ་ཚེའི་མཐར་འཁྱོལ་ཞིང་ནང་རྟོགས་པའི་ཡོན་ཏན་གྱིས་ནང་བཅུད་ཤིན་ཏུ་རྒྱས་ཀྱང་ ཕྱི་ཚུལ་གྱི་སྣང་ངོ་མངོན་ཚུལ་བཙུན་ཞིང་གང་ཟག་ཕལ་བ་དང་ཁྱད་མེད་པའི་ཚུལ་གྱིས་ རང་གི་ཡོན་ཏན་ཕྲ་མོའི་ཆ་ཡང་གཞན་ལ་གསུང་ཟུར་ཙམ་ལས་ལེགས་པར་མ་བཀྲོལ་བས་ འདིར་ཇི་བཞིན་འབྲི་བར་མ་ནུས་ཀྱང༌། གང་གི་གསུང་ཟུར་སྔ་ཕྱི་ཀུན་ཀྱི་ཉམས་ལ་དཔག་ ན་ལས་དང་པོ་པའི་སྐབས་སུ་ཡང་གོང་སྨོས་ཀྱི་ལམ་རྟགས་རྣམས་མ་ཟད་དེ་ལས་ཆེས་ལྷག་ རྒྱ་ཆེར་ཡོད་སྣང་ཡང༌། རང་ལྟ་བུའི་བྱིས་བློས་ཧ་ཅང་རྒྱ་བསྐྱེད་ན་ཇི་བཞིན་ཐོན་པ་ལས་འོལ་ ཚོད་དུ་འགྱུར་ཉེན་ཡོད་པས་རེ་ཞིག་བཞག་གོ ། དེ་ལྟར་ལོ་གསུམ་ལ་གཙོ་བོར་རྡོ་རྗེའི་རྣལ་འབྱོར་ཡན་ལག་དྲུག་ལ་ཉིན་རེར་ཐུན་ བཞིར་བཅད་ནས་སྙིང་རུས་བཀའ་སྤྱད་གཞན་ལས་མཆོག་ཏུ་གྱུར་པས་བརྩོན་པ་ལྷུར་ བླངས་པ་དང་མཉམ་དུ་རྩ་བའི་བླ་མ་གང་དྲུང་ནས་ཟབ་ཆོས་གཞན་ཤང་ཆོས་ནཻ་གུ་ཆོས་དྲུག་ གི་སྐོ ར་གྱི་དབང་ལུང་ཁྲིད་བཤད། རྫོགས་པ་ཆེན་པོའི་ལྟ་ཁྲིད་དང་བྱང་ཆུབ་སེམས་དཔའི་ ལྟུང་བཤགས་ཀྱི་དམིགས་རྣམ་སྐྱོང་ཚུལ་སོགས་ཆོས་བཀའ་མང་པོ་གསན་ཅིང་སྔ་ཕྱི་ཅི་ རིགས་སུ་དེ་དག་གི་ཉམས་ལེན་ཀྱང་གནད་སྨིན་ཚད་ལྡན་བསླབ་བྱ་ཕྱག་བཞེས་སུ་ཐེབས་ ངེས་མཛད་དོ། ། དེ་ནས་དགུང་ལོ་བཅུ་དགུ་ཁྱུ་མཆོག་ཅེས་པ་ལྕགས་སྦྲུལ་ལོར་གཙང་བའི་སྒྲུབ་ཁང་གོང་ མར་ལོ་གཅིག་ཏུ་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་ཡན་ལག་ཆ་ཚང་ལ་སྔར་གྱི་རྟོགས་པ་གོང་ འཕེལ་གྱི་ངང་ནས་ཐུགས་དམ་རྩེ་གཅིག་མཛད། ཐུགས་ཀྱི་ཞེ་དམ་ལ་ད་ཕན་ཟབ་མོའི་ རྣལ་འབྱོར་འདི་ལ་སྒྲུབ་པ་རབ་ཀྱིས་མཐའ་ལ་མ་ཐུག་བར་དུ་ཉམས་ལེན་མཐིལ་གཙོ་བོར་ བྱེད་སྙམ་པའི་སྙི ང་སྟོབས་ཀྱི་གོ་ཆ་འགྱུར་མེད་ལེགས་པར་བགོས་ཏེ་རྗེས་ནས་དམ་བཅའ་ཇི་ 6-1-268 བཞིན་མཐར་ཕྱིན་པ་ཡིན་སྐད། དགུང་ལོ་ཉི་ཤུ་སྣ་ཚོགས་ཞེས་པ་ཆུ་རྟ་ལ་ནམ་སྙིང་སྤྲུལ་པ་ཇོ་ནང་ཆོས་གྲགས་དཔལ་ གྱི་སྐྱེ་བར་གྲགས་པ་གསང་ཆེན་རྟོགས་པའི་མཛོད་བརྙེས་ངག་དབང་ཆོས་འཛིན་ཞབས་པ་ འཛམ་ཐང་དུ་ཆགས་ཕེབས་ཏེ་དེའི་དྲུང་ནས་ཡེ་ཤེས་མཁའ་འགྲོ་ནཻ་གུའི་ལུགས་ཀྱི་ཟབ་མོའི་ དབང་བཀའ་བདེ་མཆོག་ལྷ་ལྔའི་དབང་ཐབས་ལམ་བདེ་དྲོད་རང་འབར། སྒྱུ་ལུས་ཆགས་ སྡང་རང་གྲོལ། རྨི་ལམ་ཉིང་འཁྲུལ་རང་དག འོད་གསལ་གཏི་མུག་རང་སངས། འཕོ་བ་མ་ བསྒོམས་སངས་རྒྱས། བར་དོ་རྒྱལ་བ་ལོངས་སྐུ་སྟེ་དྲུག་གི་དབང་དང༌། འཇིགས་བྱེད་རོ་ ལངས་བརྒྱད་བསྐོ ར། ཐམས་ཅད་རིག་པ་རྡོ་རྗེ་རྣལ་འབྱོར་མའི་དབང་དང་ཁྲིད་ལུང་རྒྱ་ཆེར་ གསན་ཅིང་གཙང་བའི་སྒྲུབ་གྲྭར་ལོ་གཅིག་ཏུ་བཞུགས། དེ་ནས་ལོ་གསུམ་དུ་ཐུགས་རྗེ་ཆེན་ པོ་སྨྲར་ཁྲིད་ཚོམ་བུའི་ལུགས་ཀྱི་ཟབ་མོའི་རྣལ་འབྱོར་ལ་ཐུགས་དམ་མཛད་དེ་བཞུགས་རྗེས་ སླར་ཡང་གཙང་བའི་སྒྲུབ་ཁང་གོང་མར་སྔར་གྱི་ཉམས་ལེན་ཟབ་ལམ་རྡོ་རྗེ་རྣལ་འབྱོར་ཁོ་ན་ ལ་སྒྲུབ་པ་རྩེ་གཅིག་བྱས་ཏེ་ལོ་བརྒྱད་དུ་ཉིན་མཚན་ཀུན་ཏུ་གཡེང་བ་སྤངས་ཏེ་ཐུགས་དམ་ གཙོ་བོར་མཛད། དེ་ནས་དགུང་ལོ་སོ་གཉིས་རྒྱལ་བ་ཞེས་པ་ཤིང་རྟའི་ལོར་བརྟན་མཁས་ཀྱི་ཡོན་ཏན་ མཆོག་མངའ་ཀུན་ཁྱེན་དོལ་པོའི་རྣམ་འཕྲུལ་ཀུན་དགའ་ངེས་དོན་ཞབས་པ་གང་གིས་ མཁན་པོ་བྱས་ཏེ། ལས་བྱེད་པའི་སློབ་དཔོན་སོགས་ཁ་སྐོ ང་དགེ་འདུན་གྲངས་ཚང་བའི་ མདུན་ནས་ཚིགས་སྔ་མ་དགེ་ཚུལ་དང་ཕྱི་མ་དགེ་སློང་གི་སྡོམ་པ་ལེགས་པར་ནོད་དེ། ཇི་ སྐད་དུ། སྲིད་གསུམ་བདག་པོ་སྔར་ཡང་ལན་བརྒྱར་ཐོབ། །ངུར་སྨྲིག་རྒྱལ་མཚན་འཛིན་པ་ ད་རེས་ཙམ། །ཞེས་གསུངས་པ་དང་མཚུངས་པར་རབ་ཏུ་བྱུང་བའི་བསིལ་ཁང་ལ་ཉེ་བར་ ཞུགས་ཏེ་ཐོབ་དཀའ་བའི་ཆོས་འདུལ་ཡང་དག་པས་རྒྱུད་བསྡམས་ཏེ་དགྲ་བཅོམ་ཉེ་བར་ 6-1-269 འཁོར་ལྟ་བུའི་འདུལ་བ་རྒྱ་མཚོའི་ཕ་མཐར་ཕྱིན་པའི་གཞི་རྩ་བཟུང་ཏེ་ཕྱི་རབ་བྱུང་ངུར་སྨྲིག་ གི་རྒྱལ་མཚན་འཆང་ཏེ་ནང་གསང་ཆེན་སྔགས་ཀྱི་མངོན་པར་རྟོགས་པས་ཐུགས་རྒྱུད་ཉེ་ བར་གཏམས་པའི་རྡོ་རྗེ་འཛིན་པ་ཆེན་པོར་མངའ་གསོལ་བ་ལགས། སྨྲས་པ། ལེགས་བྱས་བསོད་ནམས་བསགས་པའི་སྟོབས་ལས་འཁྲུངས། ། གསང་ཆེན་རྟོགས་པས་རིག་འཛིན་གྲལ་དུ་ཚུད། ། བདེ་སྟོང་ཉམས་ཀྱིས་ཐུགས་བཟང་དགྱེས་པ་ཁྱོད། ། ཕྱི་ཚུལ་འདུལ་བ་འཛིན་པ་མཆོག་འདི་རྨད། ། མི་རྟོག་ཡེ་ཤེས་བཻ་ཌཱུར་ནོར་བུའི་གཟི། ། དྲི་མེད་སྟོང་པའི་སྣང་བརྙན་འབུམ་དཀྲི གས་པ། ། སྣ་ཚོགས་སྣང་བའི་ཟེར་ལྡན་འདོད་དགུའི་དཔལ། ། བརྗོད་བྲལ་ཡེ་ཤེས་དྭངས་མའི་རྩེད་འཇོའི་འཕྲུལ། ། སྔ་ན་མེད་པའི་ངོ་མཚར་ཉམས་དགའ་བ། ། བླ་མའི་བྱིན་རླབས་གསང་སྔགས་ཐབས་མཁས་ཀྱིས། ། མིག་འཕྲུལ་ཇི་བཞིན་སྒྱུ་མའི་རོལ་པ་འདི། ། ཨེ་མ་མཚར་སྡུག་ལྟད་མོ་མཆོག་གི་ཕུལ། ། འདུལ་འཛིན་མཛེས་སྐུ་གསེར་བཟང་ས་འཛིན་ཁམས། ། དམར་སེར་ཆུ་འཛིན་གསར་བའི་མདངས་འཕྲོག་བྱེད། ། ངུར་སྨྲིག་གོས་ཀྱིས་མངོན་པར་བཀླུབས་པ་འདིས། ། དགེ་སྦྱོང་ཐུབ་པའི་མཛད་ཆེན་ངོམ་པ་སྙམ། ། 6-1-270 ཞེས་པ་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། ། དེ་ནས་དགུང་ལོ་སོ་གསུམ་མྱོས་བྱེད་ཅེས་པ་ཤིང་ལུག་ལོ་ནས་བཟུང་གཙང་ཆེན་སྒྲུབ་ ཁང་དུ་རྡོ་རྗེའི་རྣལ་འབྱོར་ལ་ཐུགས་དམ་ལོ་གསུམ་དུ་བཞུགས་ཏེ་སྔ་ཕྱི་ཁྱོན་ལོ་གྲངས་བཅུ་ གསུམ་ཙམ་ལ་རྣལ་འབྱོར་ཡན་ལག་དྲུག་ཁོ་ནར་ཐུགས་རྩེ་གཅིག་ཏུ་གཞོལ་ཏེ་སྒྲུབ་པ་ལ་ ནན་ཏན་སྙི ང་པོ་བགྱིས་སོ། །འདི་སྐབས་ཞིག་ཏུ་ངག་དབང་ཆོས་འཛིན་ཞབས་ཕེབས་པ་ལ་ ཉམས་རྟོགས་ཀྱི་འདྲི་གཏུག་ལེགས་པོ་ཞུས་སྐབས་ཁོང་གི་ཐུགས་དགྱེས་ཚོར་ཆེར་མཛད་ ནས་ཡང་དག་པའི་ངོ་སྤྲོད་མཛད་དེ་རྗེས་སོར་བསྟོད་བསྔགས་ཀྱི་ཆེ་བརྗོད་དང་བཅས་ཏེ་མ་ འོངས་པ་ན་སྐྱེས་ཆེན་མཆོག་ཏུ་ལུང་བསྟན་པར་མཛད། དེ་ནས་དགུང་ལོ་སོ་དྲུག་རྣམ་འཕྱང་ཞེས་པ་ས་ཁྱིའི་ལོ་འདིའི་སྟོད་ཙམ་ནས་ཀུན་དགའ་ ངེས་དོན་ཞབས་པ་གང་གི་དྲུང་ནས་དཀྱིལ་ཆོག་རྡོ་རྗེ་ཕྲེང་བ་དཀྱིལ་འཁོར་ཞེ་བརྒྱད་ཀྱི་ དབང་དང་གཞན་ཡང་སྔ་ཕྱི་ཅི་རིགས་སུ་སྦྱོར་བ་ཡན་ལག་དྲུག་གི་ཆོས་སྐོར་སོགས་ཟབ་ བཀའ་རྒྱ་ཆེར་གསན། ལྟ་སྒོམ་གྱི་གནད་གསང་ལ་ཞིབ་ཏིག་གིས་དོགས་གཅོད་དང་བཅས་ ཏེ་རྟོགས་འབུལ་ཡང་ཡང་བྱས་པས་ཁོང་གི་ཞལ་ནས་ལྟ་སྒོམ་ངོ་སྤྲད་ཚུལ་གསུངས་པ་རང་རེ་ ཇོ་ནང་པའི་རང་ལུགས་ལམ་ཉམས་ལེན་སྐབས་འོད་གསལ་སྟོང་གཟུགས་མངོན་དུ་གྱུར་པ་ འདི་ཀ་ཉིད་ལྟ་སྒོམ་གྱི་སྙིང་པོ་གནས་ལུགས་ཆོས་ཉིད་ཀྱི་རང་གཟུགས་དོན་དམ་ཉག་ཅིག་ རང་བྱུང་ལྷན་སྐྱེས་ཀྱི་ཡེ་ཤེས་དང་དབྱེར་མེད་ཀྱི་ངོ་བོ་འཁྲུལ་བྲལ་ཡིན་ཏེ། རྒྱུད་ལས། ཕྲ་ རབ་རྡུལ་གྱི་ཆོས་ཉིད་འདས། །པྲ་ཕབ་པ་ཡི་རང་བཞིན་ཅན། །རྣམ་པ་ཀུན་གྱི་མཆོག་ལྡན་ པ། །ཞེས་གསུངས་པ་དང༌། བསྡུས་པའི་རྒྱུད་ལས། ཐེར་ཟུག་ཏུ་གནས་སྙན་དང་ཤངས་དང་ ཞལ་དང་སྤྱན་དང་དབུ་དང་ཕྱག་དང་ཞབས་ནི་ཐམས་ཅད་པ། །ཞེས་གསུངས་པ་སོགས་ ཀྱི་དགོངས་པ་ལྟར། རྗེ་སྒྲོལ་མགོན་ཞབས་ཀྱིས་ཀྱང༌། སྟོང་གཟུགས་ཆོས་ཉིད་ཀྱི་རང་ 6-1-271 གཟུགས་དངོས་ཀྱང་ཡིན། ཆོས་ཉིད་བདེ་གཤེགས་སྙི ང་པོ་གདོད་ནས་བཞུགས་པའི་རྟགས་ དང༌། སངས་རྒྱས་མྱུར་དུ་ཐོབ་པའི་རྟགས་ཀྱང་ཡིན་པར་ཤེས་པར་བྱའོ། །ཞེས་གསུངས་ པའི་དགོངས་དོན་དངོས་ཞབས་དྲུང་འཇམ་དབྱངས་མཁྱེན་རྩེའི་དབང་པོ་དང༌། ཀོང་སྤྲུལ་ ཡོན་ཏན་རྒྱ་མཚོ་རྣམ་གཉིས་ཀྱི་ཞལ་སྔ་ནས་རང་ལ་མི་བསླུ་བའི་བཀའ་ལེགས་པར་བསྩལ་ པ་ཡིན་པའི་ཕྱིར། དེ་བས་ན་ཁྱོད་ནས་དེ་ལུགས་ཁོང་དུ་ཆུད་པར་བྱོས་ཤིག་ཅེས་གནས་ ལུགས་ལྟ་སྒོམ་གཏན་ལ་ཕབ་ནས་ངོ་སྤྲོད་ཞིབ་རྒྱས་མཛད་པ་ལྟར་དམ་པ་འདི་ཉིད་ཀྱིས་ ཀྱང་ཇི་བཞིན་ཐུགས་སུ་མངོན་པར་བྱང་ཆུབ་ཏེ་རྗེས་སོར་སློབ་འབངས་ལ་གདམས་པ་ གནང་སྐབས་རང་གི་ལྟ་སྒོམ་ཀྱི་ཕུག་སྦྱངས་བ་རིན་པོ་ཆེ་ཡིན་ཚུལ་གསུངས་པ་ལྟར་རོ། ། ལོ་དེའི་སྨད་ཕྱོགས་སྟོན་ཁར་འཛམ་ཐང་དུ་ཇོ་ནང་ལོ་ཙཱའི་སྐྱེ་བར་གྲགས་པ་ངག་དབང་ ཆོས་འབྱོར་ཞབས་པ་གང་ལས། གྲུབ་ཐོབ་བརྒྱད་ཅུའི་རྗེས་གནང་དང༌། སྦྱོང་རྒྱུད་བཅུ་ གཉིས་ཀྱི་དབང༌། བདེ་མཆོག་རབ་འབྱམས་ཀྱི་དབང་བཀའ་ཡོངས་རྫོགས་གསན། དེའི་ དགུན་ཁར་གཙང་ཆེན་ཕོ་བྲང་དུ་བླ་མ་དེ་ཉིད་ཀྱི་དྲུང་ནས་ཕུར་པ་ས་ལུགས་ཚོམ་བུ་འབུམ་ སྒྲུབ་ལུགས་ལྟར་གྱི་དབང་ལུང་མཐའ་དག་གསན་ཏེ་དེའི་བསྙེན་སྒྲུབ་ཟབ་མོ་ཚད་ལྡན་ མཐར་འཁྱོལ་བར་བྱས། དེ་ནས་དགུང་ལོ་སོ་བདུན་སྐྱུར་བྱེད་ཅེས་པ་ས་ཕག་ལོར་ཡང་ བླ་མ་དམ་པ་དེ་ཉིད་ཀྱི་དྲུང་ནས་སྒྲུབ་ཐབས་རིན་འབྱུང་གི་དབང་བཀའ་ཡོངས་རྫོགས། གཤིན་རྗེ་རབ་འབྱམས་ཀྱི་དབང་སྐོ ར་ཆ་ཚང༌། གཅོད་དབང་ནམ་མཁའ་སྒོ་འབྱེད་སོགས་ གསན། དགུང་ལོ་སོ་བརྒྱད་ཀུན་ལྡན་ཞེས་པ་ལྕགས་བྱིའི་ལོར་ས་དམར་དགོན་དུ་རྗེ་བཙུན་ རྭ་ལོའི་སྐྱེ་བར་གྲགས་པ་ཀུན་དགའ་ལུང་རྟོགས་ཞབས་པ་གང་གི་ཞལ་སྔ་ནས་འབྱུང་འདུལ་ དམིགས་ཁྲིད་གཙང་བས་མཛད་པ་དང༌། རྟ་མགྲིན་དམིགས་སྐོ ར་བདུན་མའི་ཁྲིད་རྗེ་སྒྲོལ་ མགོན་གྱིས་མཛད་པ་དང༌། འཇིགས་བྱེད་འབྲུ་ནོན་སྙན་བརྒྱུད་ཀྱི་དམིགས་ཁྲིད་ཕུར་པའི་ 6-1-272 ལས་དཀྱིལ་གྱི་དམིགས་ཁྲིད་རིམ་པར་གདམས་པས་དེ་ཐམས་ཅད་ཀྱི་བསྙེན་སྒྲུབ་ཚད་ལྡན་ གྲུབ་འབྲས་རྟགས་མཚན་དང་བཅས་ལེགས་པར་བགྱིས་ཏེ་དམ་རྒྱ་ལྷོད་མེད་ཀྱིས་བསྒྲུབ་པ་ མཛད། དགུང་ལོ་སོ་དགུ་འཕར་བ་ཞེས་པ་ལྕགས་གླང་ལོར་ས་དམར་དཔལ་རྩེ་དགོན་གྱི་ སྒྲུབ་ཁང་དུ་རྡོ་རྗེའི་རྣལ་འབྱོར་ལོ་གཅིག་ཏུ་སྒོམ་སྒྲུབ་ཀྱིས་སྔར་གྱི་ཉམས་རྟོགས་རྣམས་ཆེས་ ཆེར་འཕེལ་བར་བྱས། དགུང་ལོ་བཞི་བཅུ་དགེ་བྱེད་ཅེས་པ་ཆུ་སྟག་ལོར་མགོན་པོ་བྲག་རྫོང་མའི་མདུན་བསྙེན་ པ་བསྐྱར་བས་ཡེ་ཤེས་མགོན་པོས་ཕྲིན་ལས་སྒྲུབ་པའི་དངོས་གྲུབ་བརྙེས་ཤིང་བསྟན་འགྲོ་ ལ་ཕན་པའི་དགེ་མཚན་བྱུང༌། འདི་སྐོ ར་ཞིག་ཏུ་རྡོ་རྗེ་མི་འཁྲུགས་པའི་བསྙེ ན་མཚམས་ཚད་ ལྡན་བསྒྲུབས། དེ་སྐབས་ས་དམར་དགོན་དུ་རྨེའུ་བླ་མ་ངག་དབང་དོན་གྲུབ་ཕེབས་ཏེ་གང་ ལས་རྒྱལ་ཐང་བ་བསམ་གཏན་འོད་ཟེར་གྱི་གཅོད་སྐོ ར་ཆ་ཚང་གསན། དགུང་ལོ་ཞེ་གཅིག་མཛེས་བྱེད་ཅེས་པ་ཆུ་ཡོས་ལོར་མགོ་ལོག་ཏུ་ཕེབས་ཏེ་ཨ་སྐྱོང་རྒྱ་ ཐུགས་ཚང་ལ་ཀློག་འདོན་དུ་བཞུགས་སྐབས་ནུབ་གཅིག་རྨི་ལམ་འོད་གསལ་གྱི་སྣང་བ་ ལ་ལུང་བ་ཁ་ཤར་དུ་ཕྱོགས་པར་མེ་རླུང་འཚུབ་མའི་དབུས་ན་ཡེ་ཤེས་ཀྱི་མགོན་པོ་ལྷ་ཆེན་ དྲཀྴད་སྐུ་འཇིགས་རྔམ་གཟི་བརྗིད་འབར་བ་རྟ་བྲ་ནག་ལ་བཅིབས་ཏེ་ཕྱག་ན་མདུང་དར་ བསྣམས་ཤིང་ཉམས་པ་ལ་ཤིན་ཏུ་ཁྲོས་པ་ཞིག་གསལ་བར་གཟིགས་ཏེ་དེ་སྐབས་འཛམ་ ཐང་གཙང་བ་དང་བྱང་བླ་བྲང་བར་གྱི་མཁོན་སེལ་ཨ་སྐྱོང་དཔོན་གྱིས་བྱེད་སྐབས་ཡིན་ཡང་ དེ་ལ་གཟུ་བཞག་དྲང་མ་དྲང་རེ་ཡོད་པས་ལན་ནམ་དཔོན་ལ་ཆོས་སྐྱོང་གི་ཆིབས་ཀྱི་རྐང་ འཕྲ་གཡུགས་པའི་ཉམས་སྣང་གསལ་བོ་བྱུང་ཞིང་ཕྱིས་སུ་དཔོན་ཁོང་ལ་གདོན་ནད་ཀྱིས་མི་ བདེ་བར་སོང་འདུག་ཅིང་དེ་འདྲའི་ལྐོག་གྱུར་གྱི་དོན་ལ་མཁྱེན་པ་གསལ་ཞིང་ཡེ་ཤེས་མགོན་ པོའི་ཞལ་གསལ་བོར་མཇལ། འདི་དུས་ནི་རྨེའུ་གྲོང་མང་རིན་པོ་ཆེས་ལྷ་ཆེན་མགོན་པོའི་ 6-1-273 སྒོས་གཏོར་ཟོར་བསྡེབ་ནུབ་ཏུ་གསལ། དགུང་ལོ་ཞེ་གཉིས་ཁྲོ་མོ་ཞེས་པ་ཤིང་འབྲུག་ལོར་རྣལ་འབྱོར་རྟོགས་ལྡན་གྱི་དབང་ ཕྱུག་ཀུན་དགའ་ལུང་རྟོགས་ཞབས་དང་ཉེ་གནས་སངས་རིན་གྱི་སྐྱེ་བར་གྲགས་པ་ཀུན་ དགའ་མཁས་གྲུབ་དབང་ཕྱུག་རྣམ་གཉིས་ཀྱི་དྲུང་ནས་ནཻ་གུའི་ལུགས་ཀྱི་ཟབ་ལམ་དམིགས་ ཁྲིད་ཐང་བརྡལ་མ་ལེགས་པར་གདམས་པས་ཟབ་དོན་མཐའ་དག་བུམ་པ་གང་བྱོའི་ཚུལ་དུ་ ཉམས་སུ་བླངས་པས་གསང་སྔགས་ཀྱི་ཉམས་མྱོང་བླ་ལྷག་པ་འཁྲུངས། དགུང་ལོ་ཞེ་གསུམ་ སྣ་ཚོགས་དབྱིག་ཅེས་པ་ཤིང་སྦྲུལ་ལོར་ས་དམར་དགོན་དུ་ཀུན་དགའ་ལུང་རྟོགས་ཀྱི་ཞབས་ དྲུང་ནས་རྡོ་རྗེ་ཕྲེང་བའི་དབང་ཡོངས་རྫོགས། ནཻ་གུའི་བདེ་མཆོག་ལྷ་ལྔའི་དབང༌། བཀའ་ བབ་དྲུག་གི་དབང༌། སྒྱུ་ལུས་དབང་མོ་ཆེ། ཏིང་ངེ་འཛིན་དབང༌། ཕྱག་ཆེན་གའུ་ུམ། རང་ བབས་རྣམ་གསུམ། རིན་འབྱུང་དབང་ཆ་ཚང༌། དུས་འཁོར་དབང་ཆེན། སྦྱོང་རྒྱུད་བཅུ་ གཉིས། གྲུབ་ཆེན་བརྒྱད་ཅུའི་དབང༌། རྗེའི་གནང་བརྒྱ་རྩ། གཅོད་དབང་ནམ་མཁའ་སྒོ་ འབྱེད། རྟ་ཕྱག་ཁྱུང་གསུམ། སྨེ་བརྩེགས་ཚེ་དབང་སོགས་ཟབ་བཀའ་མང་པོ་གསན། དགུང་ལོ་ཞེ་བཞི་ཟིལ་གནོན་ཞེས་པ་མེ་རྟའི་ལོ་ས་དམར་སྒྲུབ་ཁང་དུ་ལོ་དེར་རྡོ་རྗེའི་ རྣལ་འབྱོར་ལ་ཉམས་ལེན་མཛད། དགུང་ལོ་ཞེ་ལྔ་སྤྲེའུ་ཞེས་པ་མེ་ལུག་ལོར་གཙང་བའི་ཕོ་ བྲང་དུ་རྡོ་རྗེ་སློབ་དཔོན་ངག་དབང་ཆོས་འབྱོར་ཞབས་ཀྱི་དྲུང་ནས། རྒྱུད་སྡེ་དེ་ཉིད་ལྔ་པ། ཚེ་ ཆོག་བདུད་རྩིའི་ཆུ་གཏེར། རྣམ་འཇོམས་ཁྲོ་ནག་དུས་འཁོར་དབང་ཆེན་རྣམས་གསན། དགུང་ལོ་ཞེ་དྲུག་ཕུར་བུ་ཞེས་པ་ས་སྤྲེལ་ལོར་རང་དགོན་ས་དམར་སྒྲུབ་ཁང་དུ་ཟབ་ ལམ་རྡོ་རྗེའི་རྣལ་འབྱོར་སྦྱོར་བ་ཡན་ལག་དྲུག་ལ་ཉམས་ལེན་བླ་ལྷག་པས་མངོན་པར་ རྟོགས་པའི་རིམ་པ་ཐུགས་དམ་གོང་འཕེལ་དུ་ཆེས་ཤིན་ཏུ་ལྷག་པ་རྒྱས་པར་མཛད། དགུང་ ལོ་ཞེ་བདུན་ཞི་བ་ཞེས་པ་ས་བྱའི་ལོར་རྟོགས་ལྡན་གྲུབ་དབང་ཀུན་དགའ་ལུང་རྟོགས་རྒྱ་ 6-1-274 མཚོའི་གསུང་འབུམ་ལས་ལུས་དཀྱིལ་ཡོངས་སུ་རྫོགས་པའི་བསྙེན་སྒྲུབ་ཚད་ལྡན་དང༌། དུས་འཁོར་ལྷ་དགུའི་བསྙེ ན་མཚམས་དམ་པོ། གཅོད་ཡུལ་གནད་དོན་སྙི ང་པོའི་ངག་འདོན་ དམིགས་རིམ་ཟུང་འབྲེལ་གྱི་སྒོ་ནས་སྒྲུབ་པ་ལ་ནན་ཏན་སྙི ང་པོ་བྱས་སོ། ། དེ་དག་ནི་དམ་པ་འདི་ཉིད་ཀྱིས་ཆོས་ཉན་སྒོམ་རགས་རིམ་ཙམ་བསྙད་པ་ཡིན་གྱི་ཞིབ་ པར་ནི་འབྲི་བའི་ཁུངས་རྙེད་དཀའ་ཞིང་སྤྱིར་གོང་སྨོས་ཀྱི་ཆོས་ཞུ་ཡུལ་རྣམས་དང་གཙང་བ་ འགབ་མའི་དབོན་རིག་རྩལ་སོགས་སྐྱེས་ཆེན་དུ་མའི་ཞབས་ལ་གཏུགས་ཏེ་ཉམས་ལེན་ལ་ འདྲི་གཏུགས་དང་ཆོས་ཀྱི་ཕུ་ཐག་ཆོད་ངེས་མཛད་ཅིང་དམ་པ་ཉིད་དགུང་ལོ་བཅུ་དྲུག་ལོན་ པ་ནས་བཟུང་ནམ་ཞིག་སྐུ་ཇི་སྲིད་བཞུགས་ཀྱི་བར་སྐུ་ཆིངས་བཀྲོལ་མ་མྱོང་ཞིང་དུས་རྒྱུན་དུ་ རྣམ་དཀར་འཁོར་ལོ་གསུམ་གྱི་བྱ་བ་ལ་རྟག་ཏུ་བརྩོན་པ་ལྷུར་བླངས་ཏེ་ཐུགས་ཉམས་ལེན་ སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་ཞིང་གསུང་རིགས་སྔགས་ཀྱི་བཟླས་བརྗོད་རྣམ་བཅུ་དབང་ ལྡན་གྱི་སྙི ང་པོ་དུང་ཕྱུར། ཡི་གེ་བརྒྱ་པ་དུང་ཕྱུར། ཡི་གེ་དྲུག་མ་དུང་ཕྱུར། ཆུ་གཏོར། ལུས་ སྦྱིན། གཏོར་ཆོག བསུར་བསྔོ ་སོགས་ཞལ་འདོན་རྒྱུན་ཁྱེར་ཆག་མེད། སྐུའི་སྤྱོད་པས་ཤིང་ ལེབ་ལྔ་བུག་པའི་བར་དུ་བརྐྱང་ཕྱག་བཙལ་ཏེ་ཁྱོན་ཕྱག་དུང་ཕྱུར་དང༌། སཱཙྪ་དུང་ཕྱུར་ བཞེངས་པ་སོགས་རྣམ་དཀར་དགེ་བའི་བྱ་བ་འབའ་ཞིག་གིས་དུས་འདའ་བ་མ་གཏོགས་ ཡུད་ཙམ་ལའང་སྙོ མ་ལས་ཀྱིས་ལོང་ཡོད་བྱེད་གཏན་ནས་མི་སྲིད་པ། དེ་ལྟ་བུའི་ཚུལ་གྱིས་ ཐོག་མར་ལས་དང་པོ་པའི་གནས་སྐབས་ལྟ་བུའི་རང་དོན་ལ་ཕྱིས་གཞན་དོན་རྒྱ་ཆེར་སྤྱོད་ པའི་ཕྱིར་དུ་བརྩོན་པའི་སྒོ་བརྒྱ་ཕྲག་གིས་དཀའ་བ་དང་དུ་བླངས་ངལ་བ་ཁྱད་དུ་བསད་པའི་ སྒོ་ནས་རྗེས་འཇུག་རྣམས་མ་འོངས་པ་ན་དེ་ལྟར་སློབ་ཆེན་ལམ་ལ་རིམ་གྱིས་འཇུག་ཚུལ་གྱི་ རྣམ་པར་ཐར་བ་དད་པའི་གསོས་སུ་ཉེ་བར་བསྐྲུན་པའོ། ། སྨྲས་པ། 6-1-275 ཀུན་གཟིགས་མཁྱེན་པ་རྒྱས་པའི་ལྷ་ལམ་ཡངས། ། བརྩེ་ཆེན་ཟིལ་ཕུང་དྲྭ་བའི་རྩེད་འཇོ་ངོམ། ། སེམས་དཔའ་གཞོན་ནུའི་མྱུ་གུ་གསར་བ་བསྐྲུན། ། འདི་དེ་མ་ལུས་སྐྱེ་རྒུའི་ཉེར་འཚོའི་གནས། ། འདམ་ལས་ཐོན་པའི་དྲི་མེད་ཆུ་སྐྱེས་བཞིན། ། སྲིད་འདིར་འཁྲུངས་ཀྱང་ཉེས་པས་གོས་མིན་པ། ། རྒྱལ་སྲས་སྙི ང་སྟོབས་ལང་ཚོ་བདོ་བ་ཅན། ། འགྲོ་ལ་བརྩེ་ཆེན་ཆེར་རྒྱས་ངོ་མཚར་གནས། ། རབ་དཀར་ཟླ་ཤེལ་དྭངས་པའི་ཐུགས་བཟང་གཞིར། ། རིམ་གཉིས་ཚོན་བརྒྱའི་མདངས་གསལ་ཆེས་ངོམ་པ། ། ཕྲིན་ལས་ཕན་བདེའི་གཟི་འོད་ནམ་མཁའི་མཐའ། ། གང་འདི་ཟད་པ་མི་མངའ་འཁོར་ལོའི་རྒྱན། ། ཞེས་པ་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། །། ༈ གཉིས་པ་སྒྲུབ་འབྲས་མདོ་སྔགས་ཀྱི་རྟོགས་པ་མངོན་དུ་བྱས་ཚུལ་ནི། དེ་ལྟར་གོང་ དུ་བཤད་པ་བཞིན་དམ་པ་འདི་ཉིད་ཀྱིས་ཟབ་མོའི་ཆོས་ཉན་པ་དང་སྒོམ་པའི་འབྲས་བུ་སྐུ་ཚེ་ འདིར་ཇི་ལྟར་མངོན་དུ་གྱུར་པའི་ཚུལ་གང་ཞེ་ན། སྤྱིར་གང་གི་ཐུགས་ལ་མངའ་བའི་ཤིན་ ཏུ་གསང་བའི་གནས་མངོན་པར་རྟོགས་པ་རྒྱ་མཚོ་ལྟ་བུ་ནི་ཞིབ་པར་མ་ཟད་སྤྱི་ཙམ་ཡང་ དཔྱིས་ཕྱིན་པར་གོ་ག་ལ་ནུས་ཏེ་འོན་ཀྱང་ཉིད་ཀྱི་གསུང་ཟུར་ཙམ་ལས་བུ་ཆེན་འགའི་ཐུགས་ ལ་ད་ལྟ་ཆ་ཤས་ཀྱི་ཟེགས་མ་རེ་ཙམ་བཞུགས་པ་དག་གིས་མཚོན་བྱེད་ཙམ་བྱས་ཏེ་ཅུང་ཟད་ བསྙད་པར་བྱ་བ་སྟེ། དེ་ཡང་ཁོང་གི་སྐུ་ཚེ་སྨད་ལ་ཉེ་བའི་སྐབས་ཀྱི་གསུང་ཟུར་ལ། ད་ལྟ་ 6-1-276 ཁོང་ནི་ཡན་ལག་དྲུག་པའི་སྨོན་ལམ་ལྷ་བདེ་གཤེགས་མས་བསྟན་དོན་ལྟར་གྱུར་ཟིན་ཅིང་ ཐུན་དང་ཐུན་མཚམས་མེད་པར་འོད་གསལ་གྱི་སྣང་བ་ཁོར་མོ་ཡུག་དང་གསལ་སྣང་ལ་ཉིན་ མཚན་གྱི་དབྱེ་བ་མེད་པར་གསུངས་པ་དང༌། ཡང་བར་སྐབས་ཁོང་གིས་འཁོར་བའི་སྡུག་ བསྔལ་ལ་བསམ་ཚེ་གསོན་པོ་མེ་དོང་དུ་བཅུག་པ་ལྟ་བུའི་ཐར་འདོད་དང་འཁོར་བའི་བདེ་ འབྲས་ལ་ཡིད་སྨོན་སྐད་ཅིག་ཙམ་ཡང་མེད་པར་གསུངས་པ་དང༌། ཡང་བར་སྐབས་ཕྱི་ནང་ གིས་བསྡུས་པའི་ཆོས་མཐའ་དག་བདེན་མེད་སྒྱུ་མ་ལྟ་བུའི་ཡིན་ལུགས་ལ་ངེས་པ་རྙེད་ཚུལ་ དང༌། སེམས་ཅན་གཅིག་གི་དོན་དུ་ངན་སོང་གསུམ་གྱི་སྡུག་བསྔལ་བསྐལ་པའི་བར་དུ་མྱོང་ ཀྱང་བཟོད་པར་གསུངས་པ་དང༌། ཡང་བསྐྱེད་རིམ་རགས་པ་ཁམས་གསུམ་ཁྱབ་པའི་ལྷ་ སྐུའི་སྣང་བ་ཕྲ་བ་རྡུལ་ཕྲན་ཙམ་གྱི་ཁྱོན་དུ་དྲུག་བརྒྱ་སོ་དྲུག་ཡོངས་རྫོགས་གསལ་ཐེབས་པ་ དང༌། རྫོགས་རིམ་བསམ་གཏན་ཀྱི་མངོན་ཤེས་དང་རེ་ཁ་ནག་པོའི་ཐིག་ལེ་མཐོང་བ་དང༌། ཏིང་ངེ་འཛིན་གྱི་རླུང་ཐིག་མཐའ་དག་འགགས་པས་མི་འགྱུར་བའི་བདེ་ཆེན་ཉི་ཁྲི་ཆིག་སྟོང་ དྲུག་བརྒྱ་སྐྱེ་བའི་བདེ་བ་རེ་རེའི་ཆའི་ཡོན་ཏན་ཡང་ཟད་པའི་མཐའ་མེད་པར་གསུངས་པ་ སོགས་ཀྱི་གུང་ལེགས་པར་བསྒྲིགས་ན་བདག་ཉིད་ཆེན་པོ་གང་གི་ཐུགས་ཉམས་སུ་མདོ་དང་ སྔགས་ཀྱི་མངོན་པར་རྟོགས་པའི་གཞི་རྐང་ཁོག་ཆེ་བ་ཞིག་ངེས་པར་མངའ་བ་ཆེས་ཤིན་ཏུ་ ལེགས་པར་གསལ་ཏེ། དེ་ཡང་མདོ་ལམ་དང་ཐུན་མོང་པའི་ལམ་གྱི་གཙོ་བོ་རྣམ་པ་གསུམ་ དང༌། གསང་ཆེན་བླ་མེད་ཀྱི་ཐུན་མོང་མ་ཡིན་པའི་རིམ་གཉིས་མཆོག་གི་མངོན་རྟོགས་ཁྱད་ པར་བ་གཉིས་ལས། དང་པོ་ནི་ཐེག་པ་སྤྱིའི་ལམ་གྱི་འཇུག་སྒོ་ཁམས་གསུམ་གྱིས་བསྡུས་ པའི་ཟག་བཅས་ཉེར་ཕུང་སྡུག་བསྔལ་གསུམ་པོ་ཅི་རིགས་ཀྱི་རང་བཞིན་འདི་ཀ་མི་འདོད་ པ་བརྒྱ་ཕྲག་གི་གཞིར་མཐོང་སྟེ་དེ་ནི་མི་རྟག་པ་སྡུག་བསྔལ་བའི་རང་བཞིན་སྙིང་པོ་མེད་པ་ ཉིད་དུ་ཤེས་ཏེ་སྡུག་བདེན་རྒྱུ་བཅས་ལ་ཡིད་གཏིང་ནས་ལོག་ཅིང་དེ་ཀུན་སྤངས་པའི་འགོག་ 6-1-277 པ་ཞི་བའི་དབྱིངས་དམ་པ་ཉག་ཅིག་དེ་ཡང་དག་གཏན་བདེ་ཉིད་དུ་ངེས་པའི་སྒོ་ནས་དེ་ མངོན་དུ་བྱ་འདོད་ཀྱི་ཐུགས་བློ་དམ་པ་མཆོག་ལ་མངའ་བ་དེ་ནི་ལམ་གྱི་གཙོ་བོ་ངེས་འབྱུང་ གི་བསམ་པ་ཡིན་ཏེ། རྒྱལ་བའི་སྲས་པོ་ཐོགས་མེད་ཀྱིས། སྲིད་གསུམ་བདེ་བ་རྩྭ་རྩེའི་ཟིལ་ བ་བཞིན། །ཡུད་ཙམ་ཞིག་གིས་འཇིག་པའི་ཆོས་ཅན་ཡིན། །ནམ་ཡང་མི་འགྱུར་ཐར་པའི་ གོ་འཕང་མཆོག །དོན་དུ་གཉེར་བ་རྒྱལ་སྲས་ལག་ལེན་ཡིན། །ཞེས་གསུངས་པ་ལྟར་རོ། །མ་མཁའ་ཁྱབ་ཀྱི་འགྲོ་བ་མཐའ་དག་མར་ཤེས་དྲིན་དྲན་དྲིན་གཟོ་སོགས་ཀྱི་སྒོ་ནས་དེ་དག་ སྡུག་བསྔལ་གྱིས་མནར་བ་ལ་ཆེས་མི་བཟོད་ཅིང་སེམས་ཅན་གང་དག་སྡུག་བསྔལ་ཀུན་དང་ བྲལ་འདོད་ཀྱི་སྙིང་རྗེ་དང་བདེ་དགེ་མཐའ་དག་དང་ལྡན་འདོད་ཀྱི་བྱམས་པ་དེ་གཉིས་སྡུག་ བསྔལ་དང་བྲལ་འདོད་ཙམ་དང་བདེ་བ་དང་ལྡན་འདོད་ཙམ་དུ་མི་འཇོག་པར་རང་ཉིད་ཀྱིས་ དེ་ལྟར་བྲལ་ལྡན་དུ་བྱེད་འདོད་ཀྱི་བསམ་པ་ལ་བརྟེན་ནས་གཞན་འགྲོ་བ་མཐའ་དག་གི་ ཕྱིར་དུ་ཐབས་དེ་འདྲ་མངའ་བའི་བླ་ན་མེད་པའི་བྱང་ཆུབ་ཆེན་པོའི་གོ་འཕང་ཐོབ་འདོད་དམ་ པ་མཆོག་གི་ཐུགས་ཉམས་སུ་ལེགས་པར་བསྟར་བ་ནི་ལམ་གྱི་གཙོ་བོ་བྱང་ཆུབ་ཀྱིས་སེམས་ ཡིན་ཏེ། རྒྱལ་སྲས་ཆེན་པོས། ཐོག་མེད་དུས་ནས་བདག་ལ་བརྩེ་བ་ཅན། །མ་རྣམས་སྡུག་ན་ རང་བདེས་ཅི་ཞིག་བྱ། །དེ་ཕྱིར་མཐའ་ཡས་སེམས་ཅན་བསྒྲལ་བྱའི་ཕྱིར། །བྱང་ཆུབ་སེམས་ བསྐྱེད་རྒྱལ་སྲས་ལག་ལེན་ཡིན། །ཞེས་གསུངས་པ་ལྟར་རོ། །སྤྱིར་ཀུན་རྫོབ་གཟུང་འཛིན་ གྱིས་བསྡུས་པའི་སྣང་གྲགས་ཀྱི་ཆོས་མཐའ་དག་དོན་དམ་པར་བདེན་པའི་ངོ་བོ་གང་ཡང་ མེད་པར་རང་བཞིན་བདེན་སྟོང་སྒྱུ་མ་ལྟ་བུའི་ཚུལ་གྱི་ཐ་སྙད་མིང་རྐྱང་བཏགས་ཡོད་ཙམ་ གྱིས་རྟེན་འབྱུང་སྟོང་པའི་དོན་ཟབ་མོ་ལ་ངེས་པ་འཁྲུངས་པའི་དམ་པ་མཆོག་གི་ཡེ་ཤེས་ཡང་ དག་པ་འདི་ཀ་ཉིད་ནི་ལམ་གྱི་གཙོ་བོ་ཟབ་མོ་ཤེར་ཕྱིན་གྱི་དོན་མཐའ་གཉིས་སྤངས་པའི་ དབུ་མ་མཆོག་གི་ལྟ་བ་ཡིན་ཏེ། ཟླ་བ་གྲགས་པའི་དབུ་མ་འཇུག་པ་ལས། དེ་ལྟར་བློ་གྲོས་ 6-1-278 ཟེར་གྱིས་སྣང་བ་གསལ་བྱས་པའི། །རང་གི་ལག་ན་གནས་པའི་སྐྱུ་རུ་ར་བཞིན་དུ། །སྲིད་ གསུམ་འདི་དག་མ་ལུས་གདོད་ནས་སྐྱེ་མེད་པར། །རྟོགས་ཏེ་ཐ་སྙད་བདེན་པའི་སྟོབས་ ཀྱིས་འགོག་པར་འགྲོ། །ཞེས་གསུངས་པའི་དགོངས་དོན་ཡང་དེ་བཞིན་ནོ། ། གཉིས་པ་གསང་ཆེན་བླ་མེད་ཐུན་མོང་མ་ཡིན་པའི་རིམ་གཉིས་མཆོག་གི་མངོན་རྟོགས་ ཁྱད་པར་བ་ནི་བླ་མེད་སྐབས་གཞི་འཁོར་བའི་སྐྱེ་འཆི་བར་དོ་དང་རྣམ་པ་མཐུན་པའི་སྐུ་ གསུམ་ལམ་ཁྱེར་གྱིས་བསྐྱེད་རིམ་རྒྱས་པ་སྐུ་རྫོགས་པ་བསྙེན་པའི་ཡན་ལག་དཀྱིལ་འཁོར་ རྒྱལ་མཆོག་གིས་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཡོངས་རྫོགས་རྒྱུ་རྡོ་རྗེ་འཛིན་པའི་ སྐབས་ལྟར་བཞེངས་ཏེ་གསུངས་རྫོགས་པ་ཉེ་བར་སྒྲུབ་པའི་ཡན་ལག་ནས་རྒྱལ་མཆོག་གིས་ ཞུ་བ་གླུས་བསྐུལ་གྱིས་སླར་ཡང་འབྲས་བུ་རྡོ་རྗེ་འཛིན་པའི་ངོ་བོར་བཞེངས་ནས་ཡེ་ཤེས་ དགུག་གཞུག་དབང་བསྐུར་རྒྱས་གདབ་སོགས་ཀྱི་སྒོ་ནས་རྟེན་དང་བརྟེན་པའི་བཀོད་པ་སྲིད་ གསུམ་གྱི་ཁྱོན་དང་མཉམ་པ་གསལ་སྣང་རགས་པ་ལ་ང་རྒྱལ་འཕོ་ནུས་ཤིང༌། མོས་སྒོམ་ གྱིས་ཡས་བབས་དགའ་བ་བཞིའི་ཐིག་ལེ་རིམ་པར་བྱུང་བ་ལ་དམིགས་པའི་ཐིག་ལེ་རྫོགས་ པ་སྒྲུབ་པའི་ཡན་ལག་གི་རྣལ་འབྱོར་དང༌། མས་ནས་ཐིག་ལེ་གྱེན་དུ་བཟློ ག་པར་དམིགས་ སྐབས་ལྷ་ཚོགས་རབ་འབྱམས་ཀྱི་སྤྲོ་བསྡུས་མོས་སྒོམ་དང་བཅས་ཏེ་ཕྲ་བ་རྡུལ་ཕྲན་ལྟ་བུའི་ ཁྱོན་ལ་རྟེན་དང་བརྟེན་པ་ཡོངས་སུ་རྫོགས་པ་སྤྱན་དཀར་ནག་ཚུན་མ་འདྲེས་པར་གསལ་ ཐེབས་ཤིང་དེ་འདྲའི་ལྷའི་གསལ་སྣང་རགས་པ་དང་ཕྲ་བ་ལ་རིམ་དང་ཅིག་ཆར་གྱིས་གསལ་ སྣང་བསྟན་ཞིང་ང་རྒྱལ་འཕོས་ཏེ་བདེ་བ་རྫོགས་པ་སྒྲུབ་ཆེན་གྱི་ཡན་ལག་གི་སྒོ་ནས་ཐ་མལ་ སྣང་ཞེན་སྦྱངས་ཏེ་སྒོ་གསུམ་གསང་བ་གསུམ་དང་མི་གཉིས་པའི་ཚུལ་གྱི་རྟེན་དང་བརྟེན་ པའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་ལ་གསལ་སྣང་རགས་པ་དང་ཕྲ་བའི་རྣལ་འབྱོར་ མཐར་ཕྱིན་པ་གང་འདི་ནི་རིམ་པ་དང་པོ་བསྐྱེད་རིམ་ལ་ལེགས་པར་གནས་ཏེ་གསང་ཆེན་ 6-1-279 རྫོགས་རིམ་གྱི་རྐང་ཉེ་བར་ཚུགས་པ་སྟེ། ཀུན་མཁྱེན་རྟོན་པ་བཞི་ལྡན་གྱི་ཞལ་ནས། བསྐྱེད་ པའི་རིམ་པར་ལེགས་གནས་ཤིང༌། །སྔགས་ཀྱི་ནུས་པ་མཐར་ཕྱིན་ཏེ། །ཞེས་སོགས་ གསུངས་པ་ལྟར་རོ། ། བླ་མ་དམ་པའི་མན་ངག་ལ་བརྟེན་ནས་བཅོས་མ་ཀུན་དང་བྲལ་བའི་འོད་གསལ་མི་ རྟོག་ཡེ་ཤེས་བསྒོམ་པ་ཆེས་ལྷུར་བླངས་པས་སྔར་གྱི་ཐོག་མར་སྒོམ་པའི་སོར་སྡུད་ཀྱི་སྐབས་ ཀྱི་འོད་གསལ་རྟགས་བཅུའི་སྣང་བ་ཆེས་འབྱམས་ཀླས་པར་གྱུར་ཏེ་ཤིན་ཏུ་གསལ་བ་ཕྲ་བ་ དྭངས་པའི་རང་བཞིན་རེ་རེའི་ཆ་ལ་ཀུན་གྱི་རྣམ་པ་ཡོངས་སུ་རྫོགས་པ་སྣང་ལ་རང་བཞིན་ མེད་པ་དབང་པོའི་ཡུལ་དུ་མངོན་སུམ་བཞིན་སྒྲ་དོན་གྱི་སྤྱི་དང་བྲལ་བ་འཛིན་ཞེན་གྱི་སྤྲོས་པ་ དཔྱིས་ནས་དག་པའི་ངང་དུ་རང་གསལ་ཤུགས་འབྱུང་འཛིན་མེད་དུ་སྣང་བ་བརྗོད་མི་ཤེས་ པ་གཞི་ཆོས་ཉིད་དོན་དམ་པའི་ཡེ་ཤེས་ཀྱི་ཁམས་ཀྱི་རང་བཞིན་རྡོ་རྗེ་སེམས་དཔའི་རིགས་ ཀྱི་ལྷ་ཚོགས་རབ་འབྱམས་མངོན་དུ་གྱུར་བྱེད་ཀྱི་རྫོགས་རིམ་གྱི་ཡན་ལག་དང་པོ་སོར་སྡུད་ ཀྱི་རྣལ་འབྱོར་མཆོག་མངའ་བ་ནི་རྒྱུད་ལས་བསྟན་པ་ལྟར་དང་ལུང་དང་ལེགས་པར་མཐུན་ པ་ཡིན་ཏེ། སོ་སོར་སྡུད་པ་རྒྱལ་བའི་དབང་པོར་འགྱུར་ཞིང༌། །ཞེས་གསུངས་པ་ལྟར་དང༌། སོར་སྡུད་སྐབས་ཀྱི་རྟགས་སྣང་མཐའ་དག་ཡུལ་དང་ཡུལ་ཅན་རྣམ་པར་བྲལ་བ་མི་རྟོག་ཡེ་ ཤེས་ཀྱི་རང་མདངས་ཉིད་དུ་མཐོང་ཏེ་གཟུགས་སེམས་དབྱེར་མེད་ཀྱི་ཡེ་ཤེས་མི་རྟོག་པའི་ ཆོས་ཉིད་སྟོང་པའི་གཟུགས་བརྙན་ལས་མ་འདས་པར་ཐག་ཆོད་དེ་འོད་གསལ་ཡེ་ཤེས་དང་ སྟོང་གཟུགས་དབྱེར་མེད་རང་ཤུགས་ཀྱིས་མངོན་དུ་གྱུར་པ་ལས་ཐོག་མར་ཞེན་པ་ཅུང་ཙམ་ གྱིས་གཡོ་བའི་ལུས་སེམས་ཀྱི་དགའ་བདེ་དང་དེ་ནས་ཞེན་མེད་བདེ་བའི་ཤིན་སྦྱངས་ཁྱད་ པར་ཅན་གྱི་སྒོ་ནས་བསམ་གཏན་ཡན་ལག་ལྔའི་རྟོགས་པ་མངོན་དུ་གྱུར་ཏེ་ཆོས་ཉིད་དོན་ དམ་པ་ནམ་མཁའི་ཁམས་ཀྱི་རང་བཞིན་མི་བསྐྱོད་པའི་རིགས་ཀྱི་ལྷ་ཚོགས་རབ་འབྱམས་ 6-1-280 མངོན་བྱེད་རྫོགས་རིམ་ཡན་ལག་གཉིས་པ་བསམ་གཏན་གྱི་རྣལ་འབྱོར་མངའ་བ་ནི་རྒྱུད་ དང་མཐུན་ཏེ། བསམ་གཏན་མི་བསྐྱོད་པ་ཉིད་དོ། །ཅེས་གསུངས་པ་ལྟར་དང༌། རྒྱུད་ལས། རེ་ཁ་ནག་པོ་དྲི་མེད་འོད་ཟེར་འཕྲོ་བ། །ཞེས་གསུངས་པའི་རེ་ཁའི་རྟགས་ནི་རྗེས་མཐུན་རེ་ ལམ་འོག་མ་ནས་འབྱུང་སྲིད་ཀྱང་ཇི་བཞིན་པ་ནི་སྤྱིར་སྲོག་འཛིན་གཉིས་ཀའི་རྟགས་ཀྱང་ ཡིན་པའི་ཁྱད་པར་སྲོག་རྩོལ་གྱི་རྣལ་འབྱོར་ཤིན་ཏུ་སྨིན་པ་ལ་འབྱུང་བས་གཙོ་བོར་སྲོག་ རྩོལ་གྱི་རྟགས་སུ་རང་ལུགས་ལ་བྱེད་དོ། ། བསམ་གཏན་སྐབས་ཀྱི་གཟུགས་སེམས་དབྱེར་མེད་ཀྱིས་གཟུགས་སྣང་རབ་འབྱམས་ གང་དག་གཡོ་བྱེད་རླུང་གི་ཆོས་ཉིད་དུ་མཐོང་སྟེ་ལས་རླུང་མ་རུངས་པ་ཤིན་ཏུ་དུལ་བའི་ སྲོག་ཐུར་རོ་མཉམ་གྱི་འབར་འཛག་གི་སྣང་བ་བཅས་དབུ་མའི་ཡེ་རླུང་གི་ངོ་བོ་དང་གཟུགས་ སེམས་རང་མདངས་གཅིག་པ་ཉིད་དུ་མཐོང་བའི་རླུང་གཟུགས་དབྱེར་མེད་ཀྱི་རྣལ་འབྱོར་ ཆོས་ཉིད་དོན་དམ་པའི་རླུང་ཁམས་ཀྱི་རང་བཞིན་དོན་གྲུབ་རིགས་ཀྱི་ལྷ་ཚོགས་རབ་ འབྱམས་མངོན་བྱེད་རྫོགས་རིམ་ཡན་ལག་གསུམ་པ་སྲོལ་རྩོལ་གྱི་རྣལ་འབྱོར་མངའ་བ་ནི་ རྒྱུད་དང་མཐུན་ཏེ། སྲོག་རྩོལ་དག་ཀྱང་རལ་གྲི་ཅན་ནོ། །ཞེས་གསུངས་པ་ལྟར་དང༌། སྲོག་ རྩོལ་སྐབས་ཀྱི་རླུང་གཟུགས་དབྱེར་མེད་ཀྱི་སྣང་བའི་འཆར་སྒོ་ཀུན་ཀྱང་དབུ་མའི་ནང་གི་ གནས་དྲུག་གི་མི་ཤིགས་པའི་ཐིག་ལེ་རྣམས་ལ་ཐིམ་ཞིང་བརྟན་པས་སྔར་ལས་འབར་འཛག་ ཉམས་མེད་ཞུ་བདེའི་སྣང་བ་རྒྱ་ཆེར་མཆེད་ཅིང་ཁམས་དྲུག་དྭངས་མའི་རྒྱལ་བ་རིགས་ དྲུག་གི་ལྷ་སྐུ་རབ་འབྱམས་འཁོར་ལོ་དྲུག་གི་ནང་དུ་མཐོང་སྟེ་སྟོང་པའི་གཟུགས་བརྙན་ གང་དག་བདེ་བའི་རང་གཟུགས་སུ་ངེས་ཤེས་འདྲོངས་ཏེ་བདེ་གཟུགས་དབྱེར་མེད་ཀྱི་རྣལ་ འབྱོར་ཆོས་ཉིད་དོན་དམ་པའི་མེ་ཁམས་ཀྱི་རང་བཞིན་རིན་འབྱུང་རིགས་ཀྱི་ལྷ་ཚོགས་རབ་ འབྱམས་མངོན་བྱེད་ཀྱི་རྫོགས་རིམ་ཡན་ལག་བཞི་པ་འཛིན་པའི་རྣལ་འབྱོར་མངའ་བ་ནི་ 6-1-281 རྒྱུད་དང་མཐུན་ཏེ། འཛིན་པ་ཕྱག་ན་རིན་ཆེན་ནོ། །ཞེས་གསུངས་པ་ལྟར་དང༌། འཛིན་ པའི་སྐབས་ཀྱི་བདེ་བ་གཟུགས་སེམས་དབྱེར་མེད་ཀྱི་སྣང་བ་གང་དག་ཕྱག་རྒྱ་གསུམ་པོ་ ཅི་རིགས་ལ་བརྟེན་ནས་ཐིག་ལེ་དབབ་བཟློག་གི་དགའ་བཞིས་བཞུ་བརྟུལ་ཡང་ཡང་བྱས་ པས་སྣང་བཞིའི་ཡེ་ཤེས་འཆི་བ་དང་ཤེད་མཚུངས་པའི་མཐར་སྟོང་གཟུགས་སྒྱུ་མའི་སྐུ་ མཁའ་ལ་འཇའ་ཚོན་བཀྲ་བ་ལྟར་གྱི་འོད་ལུས་ཀྱིས་གདོས་བཅས་ཀྱི་སྣང་བ་ལྕགས་ཁམས་ གསེར་རྩིས་ཟ་བ་བཞིན་དུ་གྱུར་ཏེ་ཡེ་ཤེས་སྟོང་གཟུགས་ཀྱི་སྐུ་རང་ལུས་ཀྱི་དོད་དུ་མཐོང་སྟེ་ ལྷ་ཚོགས་རབ་འབྱམས་ཀྱི་སྣང་བ་འོད་ཟེར་དང་བཅས་པའི་སྤྲོ་བསྡུ་བྱེད་པ་པོ་ཉིད་དུ་རང་ ཤུགས་ཀྱིས་སྣང་ལ་རང་བཞིན་མེད་པ་ཆུ་ཟླ་ལྟ་བའི་བདག་ཉིད་ཅིར་ཡང་སྣང་བ་འགོག་ མེད་དུ་འཆར་བའི་རྣལ་འབྱོར་ཆོས་ཉིད་དོན་དམ་པའི་ཆུ་ཁམས་ཀྱི་རང་བཞིན་སྣང་མཐའི་ རིགས་ཀྱི་ལྷ་ཚོགས་སྣང་བ་རབ་འབྱམས་མངོན་བྱེད་རྫོགས་རིམ་ཡན་ལག་ལྔ་པ་རྗེས་དྲན་ གྱི་རྣལ་འབྱོར་མངའ་བ་ནི་རྒྱུད་དང་མཐུན་ཏེ། རྗེས་སུ་དྲན་པ་པདྨ་འཛིན་པ་འགྱུར་ཏེ། ཞེས་ གསུངས་པ་ལྟར་དང༌། རྗེས་དྲན་སྒྱུ་མའི་ལྷ་སྐུ་ལ་བརྟེན་ནས་མ་དག་པའི་རྩ་ཐིག་རླུང་ དང་བཅས་པ་རིམ་གྱིས་གཞན་སྣང་ངོར་དོན་དངོས་གནས་སུ་ཟད་དེ་དཀར་ཆ་དག་པའི་མི་ འགྱུར་བདེ་བའི་ཆ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ལུས་ཀྱི་མས་རིམ་དང་དམར་ཆ་དག་པའི་སྤྲོས་ བྲལ་མི་རྟོག་པའི་ཆ་དེ་སྙེད་ལུས་ཀྱི་ཡས་རིམ་ནས་བརྩེགས་ཏེ་དག་པའི་དཀར་དམར་གྱི་ ཆ་མཐའ་དག་ཡོངས་སུ་རྫོགས་པའི་སློབ་པའི་བདེ་སྟོང་ཟུང་འཇུག་གི་ཡེ་ཤེས་ཀྱི་སྐུ་དངོས་ གནས་བརྙེས་པ་ནི་ཏིང་ངེ་འཛིན་གྱི་ས་བཅུ་བགྲོད་ཚུལ་ཡིན་ནའང་དུས་ཀྱི་དབང་གིས་དེང་ དུས་སུ་ཡོངས་ཀྱི་མཐུན་སྣང་ངོར་དེ་འདྲ་འོང་དཀའ་ཡང་དམ་པ་མཆོག་གི་རང་སྣང་ངོར་ནི་ ཚུལ་དེ་མཐུན་གྱི་དག་སྣང་འབའ་ཞིག་ལ་དབང་བསྒྱུར་ཚུལ་ཉིད་ཀྱི་ཞལ་གསུང་གོང་སྨོས་ དག་གིས་ཤེས་ནུས་པས་ན་དེ་འདྲའི་རྣལ་འབྱོར་མཆོག་གིར་བཞེས་ཏེ་གཞིའི་ཆོས་ཉིད་དོན་ 6-1-282 དམ་པའི་ས་ཁམས་ཀྱི་རང་བཞིན་རྒྱལ་བ་རྣམ་པར་སྣང་མཛད་ཀྱི་རིགས་ཀྱི་ལྷ་ཚོགས་རབ་ འབྱམས་ཅི་དགར་མངོན་དུ་གྱུར་བྱེད་རྫོགས་རིམ་གྱི་འབྲས་བུར་གྱུར་པའི་ཡན་ལག་དྲུག་པ་ ཏིང་ངེ་འཛིན་གྱི་རྣལ་འབྱོར་སྐུ་ཚེ་འདིའི་མཐར་ཇི་བཞིན་དབང་བའི་ཚུལ་མཛད་པ་ཡང་རྒྱུད་ དང་ཉེ་བར་མཐུན་པ་སྟེ། ཇི་སྐད་དུ། དཔལ་ལྡན་ཏིང་འཛིན་འཁོར་ལོ་ཅན། །ཞེས་གསུངས་ པ་ལྟར་རོ། ། དེ་འདྲའི་ལམ་གྱི་རིམ་པ་གང་དག་དམ་པ་འདིའི་སྐུ་ཚེའི་མཐའ་ཚུན་ལ་ཇི་བཞིན་ཐུགས་ ཉམས་སུ་མངོན་དུ་བྱས་པ་ཡིན་ཚུལ་ནི་ཉིད་ཀྱི་གོང་གསུང་དག་གི་གུང་བསྡུར་ན་ཤེས་ནུས་ པས་ཤེས་ཚུལ་འདིར་མང་བས་མི་སྤྲོས་ལ། ལམ་ཉམས་ལེན་སྐབས་སྔ་མོ་གཙང་བའི་སྒྲུབ་ ཁང་དུ་བཞུགས་དུས་སོགས་ནས་མངོན་ཤེས་ཀྱི་གསལ་སྣང་ལ་སྒྲིབ་པ་མེད་ཚུལ་གྱི་ལོ་ རྒྱུས་མང་ཞིང་སྔ་ཕྱིའི་སྐབས་ཅི་རིགས་སུ་དཀྱིལ་འཁོར་གྱི་ལྷ་གང་སྒྲུབ་དུས་དེ་དང་དེའི་ལྷ་ ཚོགས་རྫོགས་རིམ་གཉུག་མའི་ལྷ་སྐུའི་ངོ་བོར་རང་ཤུགས་ཀྱིས་བཞེངས་པ་དང༌། མཚམས་ ཞིག་ནས་མཉམ་རྗེས་དབྱེར་མེད་དུ་སོང་ནས་དག་སྣང་རྒྱན་གྱི་འཁོར་ལོ་ལ་རྟག་པར་ལོངས་ སྤྱོད་པ་སོགས་གསང་བའི་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་སྟེ་དེ་དག་གིས་ནི་སྐུ་ཚེའི་ སྟོད་སྨད་ཀུན་གྱི་རང་དོན་སྤངས་རྟོགས་ཕུན་ཚོགས་མངོན་དུ་བྱས་ཚུལ་ཕྱོགས་གཅིག་ཏུ་ བསྡེབས་ནས་ཆེ་ལོང་ཙམ་ཞིག་བརྗོད་ཟིན་ཏོ། ། སྨྲས་པ། ལྷ་དང་བླ་མའི་བྱིན་རླབས་གྲུ་ཆར་གྱིས། ། ཆེས་བརླན་གང་ཐུགས་ནོར་འཛིན་ལྟོ ་བའི་གཞིར། ། ངེས་འབྱུང་དཔག་བསམ་རྒྱས་པའི་སྡོང་པོ་ལ། ། རྒྱལ་སྲས་སྤྱོད་པའི་ལོ་འདབ་ཕང་ཕུང་གཡོ། ། 6-1-283 ལྷག་བསམ་དཀར་བའི་མེ་ཏོག་འདབ་བརྒྱ་བཞད། ། ཟབ་མོ་ལྟ་བའི་འབྲས་བཟང་གཡུར་ཟ་བས། ། འཆི་མེད་ཚལ་གྱི་ཡོངས་འདུས་ལྗོ ན་པ་ཡང༌། ། སྒེག་པའི་དྲེགས་པ་གཞི་ནས་གཞོམ་འདི་རྨད། ། མོས་བློས་དག་སྣང་སྒྱུ་མའི་འཁོར་ལོ་ལྔ། ། མ་དག་སྣང་བ་དབྱིངས་སུ་དྭངས་པའི་འཁྲུལ། ། གསང་གསུམ་ལྷ་ཡི་འཁོར་ལོར་ཡོངས་འཕོས་པ། ། སྒྱུ་འཕྲུལ་བྱེད་པོ་ཕལ་པའི་འཕྲུལ་གྱིས་ཅི། ། གཉུག་མ་དཔྱིས་ནས་དག་པའི་ཡེ་ཤེས་གར། ། རིགས་དྲུག་རྒྱལ་བའི་ཀུན་བཟང་རོལ་པའི་རྒྱན། ། དག་ཆེན་རབ་འབྱམས་འབད་མེད་ཤུགས་འབྱུང་བ། ། འདི་ཀོ་ནམ་མཁའི་རྣལ་འབྱོར་ཆེན་པོའི་འཕྲུལ། ། ངོ་མཚར་ཆེའོ་གསང་སྔགས་སྤྱོད་པའི་ཚུལ། ། རིང་མོས་དུས་ནས་སྲིད་པར་འཕྱན་པ་དག ། སྐད་ཅིག་ཡུད་ཀྱིས་གཏན་བདེར་སོན་པ་འདི། ། མིག་འཕྲུལ་ལས་ཀྱང་ཡ་མཚན་ཆེའོ་སྐད། ། ཅེས་པ་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། །། ༈ གཉིས་པ་བར་དུ་བསྟན་པ་དང་འགྲོ་བའི་དོན་རྒྱ་ཆེར་མཛད་ཚུལ་ལ། བསྟན་འགྲོའི་ དོན་མཛད་དངོས་དང༌། དེ་ལས་གདུལ་བྱའི་དག་སྣང་གི་རྒྱན་དུ་གྱུར་ཚུལ་དང་གཉིས་ལས། དང་པོ་ནི་དེ་ལྟར་དམ་པ་འདིས་གནས་སྐབས་དང་མཐར་ཐུག་གི་གང་དགོས་པའི་དོན་ཡང་ 6-1-284 དག་པ་ཐོག་མར་རང་ཉིད་ཀྱིས་ཇི་བཞིན་གྲུབ་ཟིན་པར་བྱས་རྗེས་སུ་གཞན་གདུལ་བྱ་རྣམས་ རྗེས་སུ་བཟུང་བའི་ཚུལ་ཡང༌། དྲི་མེད་འོད་ལས། གང་ཞིག་སེམས་ཅན་རྣམས་ལ་བརྩེ་བ་ ཡིས། །གཞན་དོན་དགེ་ལ་རྟག་ཏུ་བརྩོན་པ་ཅན། །སློབ་མ་དམ་པ་རྣམས་ལ་ལམ་དག་ནི༑ ༑བླ་མ་དམ་པའི་དྲིན་ལས་འབྱུང་བ་ཡིན། །ཞེས་གསུངས་པ་ལྟར་རང་དོན་གྲུབ་ནས་གཞན་ གདུལ་བྱ་མཐའ་དག་རྗེས་སུ་བཟུང་བའི་དུས་ལ་བབ་པར་ཉེ་བ་ན་སྔར་ནས་དམ་པ་འདི་ཉིད་ ལ་དེ་ལུགས་ཀྱི་རྟེན་འབྲེལ་ལུང་བསྟན་ཡང་སྔར་ས་དམར་དགོན་པའི་འདུ་ཁང་གི་ཕྱི་ཁྱམས་ གྲྭ་ཁང་དག་གི་གནས་རྒྱ་ར་བརྩིགས་སྐབས་གྲུབ་དབང་ལུང་རྟོགས་ཉིད་ཀྱི་ཐུགས་མངོན་ ཤེས་ཀྱིས་གཟིགས་ཏེ་རྡོ་དཀར་གྱིས་མཚན་མ་བཏབ་ཏེ་དེར་ཁང་པ་སུ་ལ་ཐོབ་ན་དེས་ངེད་ ཀྱི་རྒྱལ་ཚབ་འཛིན་པར་ལུང་བསྟན་པ་དང༌། སོག་པོ་བླ་མ་ཚུལ་བཟང་ཞེས་པ་མངོན་མཁྱེན་ ཅན་ཞིག་ཡོད་པ་དེས་ཀྱང་བླ་མ་ལུང་རྟོགས་ཀྱིས་མཚན་རྟགས་བཏབ་པའི་རྒྱ་རའི་གནས་ དེར་དར་དཀར་བཙུགས་པ་རྨིས་ཤིང་མ་འོངས་པ་ན་གནས་དེར་གྲྭ་ཁང་སུས་བྱས་ན་དེ་ དགོན་བདག་ཏུ་འགྱུར་བའི་ལུང་བསྟན་དང་མཐུན་པའི་ར་སྐོར་གྱི་ཁང་ས་དེའི་སྟེང་དུ་རྟོགས་ པའི་དབང་ཕྱུག་རྡོ་རྗེ་འཛིན་པ་ལུང་རྟོགས་རྒྱ་མཚོ་ཁོ་རང་གི་གཟིགས་སྣང་ལ་རྒྱལ་མཚན་ སེར་པོ་འཁོར་གིན་ཡོད་པའི་དགེ་མཚན་གྱི་ལྟས་བཟང་བྱུང་བ་དང་མཐུན་པར་ཕྱིས་སུ་དམ་ པ་འདི་ཉིད་ཀྱི་གཟིམ་ཁང་མཛད་དེ་ལུང་བསྟན་ཐོག་ཏུ་ཁེལ་བ་ལྟར་འགྲོ་འདུལ་དུས་བབ་ཏུ་ གྱུར་ཏེ། མདོ་ལས། རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་གནས། །དུས་ལས་ཡོལ་བར་འགྱུར་སྲིད་ཀྱང༌། །གདུལ་བར་བྱ་བའི་སེམས་ཅན་ལ། །ཐུབ་པ་དུས་ལས་ཡོལ་མི་འགྱུར། །ཞེས་གསུངས་པ་ ལྟར་གདུལ་བྱ་འདུལ་བ་དུས་ནམ་ཡང་ཡོལ་བ་མི་མངའ་བའི་དམ་པ་གང་ཉིད་ཀྱི་གཞན་ དོན་འབྱུང་བའི་སྒོ་ཐོག་མར་ཇི་ལྟར་ཞེ་ན། དེ་ནས་ཡང་དམ་པ་ཉིད་དགུང་ལོ་ཞེ་བརྒྱད་ ཐུན་མོང་ཞེས་པ་ལྕགས་ཁྱིའི་ལོར་མགོ་ལོག་ཏུ་ཀློག་འདོན་ལ་བཞུགས་སྐབས་རྡོ་རྗེ་འཆང་ 6-1-285 ཀུན་དགའ་ལུང་རྟོགས་རྒྱ་མཚོས་དམ་པ་ཉིད་འགྲོ་འདུལ་དུས་བབ་ཏུ་གཟིགས་ཏེ་བཀའ་ཡི་ གླེགས་བུ་སྤྱི་བོར་ཕེབས་ཏེ་རང་གནས་སུ་བྱོན་དགོས་ཚུལ་གྱི་བཀའ་བསྩལ་ལེགས་བསྐུར་ བྱུང་བའི་ནུབ་མོར་དམ་པ་ཉིད་ཀྱི་གཟིམས་མལ་དུ་འཛམ་ཐང་གི་ཀོར་བདག་ཡིན་ཟེར་བའི་ ཁྱི་ནག་དང་དཀར་གཉིས་འོང་ནས་ཁོང་ལ་བསྐོར་བ་དང་དགའ་བའི་རྣམ་འགྱུར་བྱས་མཐར་ ཁྱི་དེ་གཉིས་གྲྭ་གཞོན་གཉིས་སུ་གནས་གྱུར་ཏེ་རང་ཡུལ་ས་དམར་དགོན་གྱི་མགོན་ཁང་ནས་ དར་དཀར་བརྐྱངས་པའི་སྣེ ་རང་ལ་ཟུག་པའི་སྣང་བ་ཤར། དེ་སྐབས་གྲྭ་གཞོན་གཉིས་ན་ རེ་ཁྱོད་ད་ལན་དར་དཀར་འདིའི་སྟེང་དུ་སྡོད་ཅིག་ཟེར་བ་རྨིས་ནས་ཆོས་སྐྱོང་དཔལ་མགོན་ གྱིས་བསུ་མ་བྱུང་བ་ལྟར་རང་ཡུལ་དུ་ལེགས་པར་ཕེབས་སོ། ། དེ་ནས་རབ་བྱུང་བཅོ་ལྔ་པའི་ནང་ཚན་འགལ་བྱེད་ཅེས་པ་ལྕགས་ཕག་ལོར་དམ་པ་གང་ ཉིད་དགུང་ལོ་ཞེ་དགུ་ལ་སླེབས་པའི་སྐབས་དཔལ་རྡོ་རྗེ་འཇིགས་མཛད་མི་ཡི་རྣམ་རོལ་ ཏུ་བཞེངས་པ་ཀུན་དགའ་ལུང་རྟོགས་ཞབས་པ་གང་གིས་རང་ཉིད་ཀྱི་རྒྱལ་ཚབ་ཆེན་པོ་ས་ དམར་དཔལ་རྩེ་དགོན་ངེས་དོན་ཟབ་གསང་སྒྲུབ་གནས་གླིང་གི་དགོན་བདག་ཏུ་སྔགས་ཀྱི་ རྡོ་རྗེ་སློབ་དཔོན་ཆེན་པོར་མངའ་གསོལ་ཏེ་ལྷ་རྫས་ཟླ་བའི་གྲོགས་པོ་ཐག་བཟང་ཞིང་དཀྱུས་ ཆེ་བ་ཕུན་སུམ་ཚོགས་པའི་དགེ་མཚན་གྱི་རྫས་དང་བཅས་ཟབ་ཆོས་བཀའ་ཡི་གླེགས་བམ་ ཁྲིད་ཡིག་མཐོང་བ་དོན་ལྡན་དང་དབང་ཞྭ་ཐབས་ཤེས་རྟགས་མཚན་དབང་གི་ཌཱ་དྲིལ་བྱིན་ ཅན་སོགས་དངོས་རྫས་ཀྱི་རྟེན་འབྲེལ་ལེགས་གནང་མཛད་དེ་ཟབ་ལམ་གྱི་བསྟན་པ་གཏད་ དེ་གསང་སྔགས་ཀྱི་བསྟན་པ་དགོན་སྡེ་གྲྭ་ཚང་བཅས་མ་འོངས་པ་ན་ཆེས་རྒྱས་པའི་ལུང་ བསྟན་དང་ད་ཕན་ལོ་རེ་བཞིན་དུས་འཁོར་དབང་མོ་ཆེ་རེ་བསྐུར་བ་མ་ཆད་ན་བསྟན་འགྲོའི་ དོན་ཆེན་འགྲུབ་པའི་བཀའ་ལུང་གསལ་བོ་དང་བཅས་ཁོང་གི་གསུང་རབ་ཀྱི་ཡིག་ཆ་དཔེ་ དུམ་བརྒྱ་དང་ཉེར་གཉིས་ཡོངས་རྫོགས་དགོན་པའི་ཆོས་གཞི་ལ་གནང་བཞག་དང་འདི་དག་ 6-1-286 ལ་སྲུང་བའི་གཉེར་ཁ་བྱེད་མཁན་རྨི་ཉམས་སུ་འོང་ཚུལ་གསུངས་པའི་སྒོ་ནས་དམ་པ་མཆོག་ ཉིད་འཇིགས་མེད་རྡོ་རྗེའི་ཁྲི་ལ་ཞབས་སེན་རྣམ་པར་འགོད་པར་མཛད་དེ་སྐྱེ་རྒུའི་ཆོས་ཀྱི་ཉི་ མ་གསར་དུ་ཤར་བར་གྱུར་ཏོ། ། དེ་ནས་བཟུང་ལོ་རེ་རེ་བཞིན་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་སྦྱོར་བ་ཡན་ལག་དྲུག་གི་ དབང་ལུང་མན་ངག་གི་སྒོ་རྒྱ་ཆེར་སྤེལ་ཏེ་ཞར་བྱུང་ཤངས་ཆོས་ནཻ་གུ་དང་བསྐྱེད་རིམ་གྱི་ རྣམ་པ་གཞན་མང་པོའི་དབང་ལུང་ཟབ་ཁྲིད་ཀྱིས་དུས་འདའ་བར་བྱས་ཏེ་དགོན་པའི་ཁོག་ གི་སྦྱོར་དྲུག་ལོ་གསུམ་མ་དང་སྒྲུབ་ཁང་དུ་སྦྱོར་དྲུག་ལོ་གཅིག་མ་གཉིས་ཟུང་འབྲེལ་དུ་ནམ་ ཡང་ཆད་མེད་དུ་བསྐྱངས་ཤིང༌། སྐབས་སྐབས་སུ་སྐྱེད་རྫོགས་གཞན་མ་མང་པོ་ཡང་སློབ་མ་ རང་རང་གི་བློ་དང་འཚམས་པར་རེ་འདོད་ཇི་བཞིན་བསྐངས་ཏེ་རྗེས་སུ་བཟུང་རིམ་ཡང་ལོ་ འདིའི་ནང་དུ་ཐོག་མར་སྦྱོར་བ་ཡན་ལག་དྲུག་ལོ་གསུམ་དུ་ཞིབ་རྒྱས་ཀྱིས་དབང་ལུང་མན་ ངག་ལེགས་པར་གནང་བའི་སློབ་ཚོགས་སྦྱོར་དྲུག་པ་ལྷ་རྗེ་བླ་མ་ཐུགས་རྗེ་བརྩོན་འགྲུས་ དབུ་མཛད་རིན་ཆེན་རྡོ་རྗེ། སྔགས་པ་ནམ་མཁའ་རིན་ཆེན་སོགས་ཀྱི་ཆོས་ཚན་དང༌། སྒྲུབ་ ཁང་པ་རྟོགས་ལྡན་སྟག་ར་བླ་མ་དབང་ཕྱུག་སོགས་ཀྱི་ཆོས་ཚན་དང༌། དེ་བཞིན་དུ་རིམ་པ་དེ་ ལྟར་དུ། དགུང་ལོ་ལྔ་བཅུ་ཡོངས་འཛིན་ཞེས་པ་ཆུ་བྱའི་ལོར་སྦྱོར་དྲུག་པའི་ཆོས་ཚན་ཉམས་ རྟོགས་མཆོག་མངའ་བླ་མ་འཇིགས་དཔལ་དང༌། འདུལ་བ་འཛིན་པ་བླ་མ་ཆོས་རྒྱམ་སོགས་ དང༌། སྒྲུབ་ཁང་པའི་ཆོས་ཚན་བླ་མ་སྨན་མཆོག་དང་རྟོགས་ལྡན་བླ་མ་བློ་དཔལ་སོགས་ སོ། །འདི་སྐོ ར་ཁོང་ལ་མཁྲིས་ནད་ཀྱིས་བསྙུན་སྐབས་ལུས་ལ་ཕང་བ་མེད་པར་ལུས་གནད་ དྲག་པོས་མཉམ་ལེན་ལ་འབད། རེ་ཞིག་ཕཊ་སྒྲ་གསུངས་པ་ལ་རྒྱུ་མཚན་ཞུས་པས་ད་ལན་ ཁོང་གི་ནད་བདག་རྣམས་དང་བྲལ་ནམ་མཁའ་ནས་དཀྱིལ་འཁོར་གསུམ་ལས་འདི་སྐད་ 6-1-287 གསུངས། འཇིགས་མེད་དབང་པོའི་བཀའ་ཡིན། ཁྱོད་ལ་ད་ལན་འཆི་བ་མེད། ཅེས་བཀའ་ བྱུང་བས་ད་སྐབས་རང་མི་འཆི་བར་གསུངས། དགུང་ལོ་ང་གཅིག་བག་ཡོད་ཅེས་པ་ཆུ་གླང་ལོར་སྦྱོར་དྲུག་པ་རྟོགས་ལྡན་བླ་མ་མཆོག་ གསལ་ཡལ་འགོའི་པ་ཉམས་རྟོགས་ཅན་བླ་མ་ཆོས་རྒྱམ་སོགས་དང༌། སྒྲུབ་ཁང་པ་བླ་མ་ བློས་རབ་སོགས་ཡིན་ལ། ལོ་དེའི་ནང་ལ་ཁོང་ནས་དབོན་འགྱུར་མེད་དྲུང་ནས་ནཻ་གུ་བཀའ་ ཕྱི་ནང༌། རྗེས་གནང་བརྒྱ་རྩ་ནོད་ཅིང༌། ཁོང་གིས་ལོ་དེར་འགྲོ་འདུལ་ཅན་བླ་མ་ཐུགས་ རྗེ་དཔལ་སོགས་འདུས་སྡེ་བརྒྱད་ཅུ་ལྷག་ཙམ་ལ་རང་ཉིད་ཁྱབ་བདག་འཁོར་ལོའི་མགོན་ཏུ་ ལེགས་པར་བཞེངས་ནས་བཀའ་དབང་ཆུ་བོ་ཆེན་པོ་དུས་འཁོར་དབང་མོ་ཆེ། ནཻ་གུ་བཀའ་ ཕྱི་ནང་ཡོངས་སུ་རྫོགས་པ། ཕུར་བ་ས་ལུགས་ཀྱི་སྟོད་ལས་བྱང་ཆུབ་བསྒྲུབ་པ་དང༌། སྨད་ ལས་དགྲ་བགེགས་བསྒྲལ་བའི་དབང་གཉིས་དང༌། སྦྱོང་རྒྱུད་བཅུ་གཉིས་ཀྱི་དཀྱིལ་འཁོར་ ཡོངས་རྫོགས། གཅོད་དབང་ནམ་མཁའ་སྒོ་འབྱེད། རྡོར་སེམས་ལྷན་སྐྱེ། རྡོ་རྗེ་འཆང་ གསུམ་གྱི་བཟླས་ལུང་རྣམས་ལེགས་པར་གནང་བས་སློབ་བུ་སྐལ་བ་དང་ལྡན་པ་དག་ལ་ རིམ་གཉིས་ཟབ་མོའི་ཡེ་ཤེས་སྐྱེ་རུང་གི་བག་ཆགས་ཁྱད་པར་བ་གསར་དུ་བསྐྲུན་པར་མཛད་ དོ། ། དགུང་ལོ་ང་གཉིས་ཀུན་དགའ་ཞེས་པ་ཤིང་སྟག་ལོར་སྦྱོར་དྲུག་པ་མགོ་ལོག་ཁང་རྒན་ སང་རྟོགས་ལྡན་བླ་མ་མཁྱེན་བཟང༌། འདུལ་འཛིན་བླ་མ་ཆོས་བཟང་དཔལ། ཉམས་རྟོགས་ མཆོག་མངའ་བླ་མ་རང་བཞིན་འོད་གསལ་སོགས་དང༌། སྒྲུབ་ཁང་བ་བླ་མ་སྨན་མཆོག་ སོགས་སོ། །ལོ་དེར་བསྟན་པའི་རྩ་ལག་གདུང་ཡངས་བླ་མ་སྨོན་ལམ། འོད་གསལ་རྫོགས་ པ་ཆེན་པོའི་དོན་རྟོགས་ལྷ་རྩེ་མཆོག་སྤྲུལ། རྟོགས་ལྡན་བླ་མ་རིན་ཆེན་དཔལ། རྒྱལ་རོང་ བླ་མ་བདེ་བཟང་སོགས་དགེ་འདུན་འདུས་སྡེ་བརྒྱ་ཕྲག་ཙམ་ལ་དཀྱིལ་འཁོར་རྒྱ་མཚོའི་ 6-1-288 རིགས་ཀྱི་ཁྱབ་བདག་ཏུ་བཞེངས་ཏེ་རྒྱུད་སྡེ་རབ་འབྱམས་མ་ལུས་པའི་དབང་བཀའ་དང༌། དུས་འཁོར་ལྷ་དགུའི་དབང་བཅས་ལེགས་པར་བཀའ་དྲིན་དུ་བསྩལ། དགུང་ལོ་ང་གསུམ་སྲིན་པོ་ཞེས་པ་ཤིང་ཡོས་ལོར་སྦྱོར་དྲུག་པ་ཉིད་ཀྱི་དབོན་རིག་ དབང་ངག་དབང་ཚུལ་ཁྲིམས་སོགས་དང༌། སྒྲུབ་ཁང་བ་བླ་མ་སྨན་མཆོག་བློས་རབ་སོགས་ སོ། ། ལོ་དེར་ཁོང་ཉིད་ཀྱི་རྗེས་ཀྱི་རྒྱལ་ཚབ་བླ་མ་ངག་དཔལ་རྟོགས་ལྡན་ཨ་ཤུལ་བླ་མ་བློས་ བསྟན་སོགས་འདུས་སྡེ་ལྔ་བཅུ་ཙམ་ལ་དུས་འཁོར་དབང་ཆེན། གཅོད་དབང་ནམ་མཁའ་སྒོ་ འབྱེད། རྣམ་འཇོམས་ཁྲོ་ནག་གི་དབང་སོགས་གནང༌། དགུང་ལོ་ང་བཞི་མེ་ཞེས་པ་མེ་འབྲུག་ལོར་སྦྱོར་དྲུག་པ་ཁང་རྒན་ནས་ཧོར་བླ་མ་རྟོགས་ ལྡན་མཆོག་གྱུར་མཁྱེན་ལྡན་ཚེ་མཚམས་པ་ངང་བ་བླ་མ་ངག་མཆོག རྒྱ་སྐོ ར་བསྙུང་གནས་བླ་ མ་དགའ་རབ་སོགས་དང༌། སྒྲུབ་ཁང་པ་ཚོགས་རྒྱམ་ཡེ་ཤེས་རྒྱ་མཚོ་སོགས་སོ། །ལོ་དེར་ གསང་སྔགས་ཟབ་ལམ་གྱི་མཛོད་མངའ་གཟིམས་ཁང་བླ་མ་རྡོར་བཟང་སོགས་དགེ་འདུན་ འདུས་པ་དྲུག་ཅུ་ཙམ་ལ་དུས་འཁོར་དབང་ཆེན། ནཻ་གུ་བཀའ་ཕྱི་ནང་ཡོངས་རྫོགས་སྩལ། དགུང་ལོར་ང་ལྔ་དམར་སེར་ཅན་ཞེས་པ་མེ་སྦྲུལ་ལོར་སྦྱོར་དྲུག་པ་ཉིད་ཀྱི་དབོན་བླ་ མ་དོན་ཀུན་དཔལ་སོགས་དང༌། སྒྲུབ་ཁང་པ་བླ་མ་སྟོང་གསལ་སོགས་སོ། །ལོ་དེར་ལྷ་རྩེ་ མཆོག་སྤྲུལ་ཐུབ་བསྟན་ལུང་རྟོགས་རྒྱ་མཚོ་ཞུས་ངོར་ཉིད་ཀྱི་གདན་ས་ན་མོ་ཆེར་ཕེབས་ ཏེ་རིགས་སྔགས་འཆང་བ་མུ་མདའི་བླ་མ་གསལ་བཟང་ར་འོབས་བླ་མ་རིན་བཟང་སོགས་ དགེ་འདུན་འདུ་འཚོགས་ཇོ་སེར་ཀུན་སུམ་ཅུ་ཙམ་ལ་ནཻ་གུའི་བཀའ་ཕྱི་ནང་ཆ་ཚང་གནང༌། དེ་སྐབས་སྟག་ལུང་རི་ཁྲོད་ན་མ་བླ་མ་ཀུན་མཆོག་བཞུགས་པའི་མནལ་ལམ་གྱི་གསལ་ ཉམས་ལ་དམ་པ་འདི་ཕེབས་ནུབ་རི་ཁྲོད་ཀྱི་གནས་བདག་དཀར་ཕྱོགས་པས་སེར་ཕྲེང་རོལ་ 6-1-289 ཆ་བཅས་ཀྱིས་ཁྱོགས་ཀྱི་སྟེང་དུ་དམ་པ་མཆོག་བསུ་བཀོད་ཀྱི་སྣང་བ་ཡ་མཚན་པ་བྱུང་ཞིང༌། འདི་སྐོར་ཅི་རིགས་སུ་འཛམ་ཐང་གཙང་བའི་གྲྭ་ཚང་གི་དུས་འཁོར་སྒྲུབ་མཆོད་ཀྱི་དབུ་བླར་ ཕེབས་སྐབས་ཡི་དམ་གྱི་དངོས་གྲུབ་ཀྱི་སྐལ་བ་ཡོད་པའི་འགྲུབ་རྟགས་རྡོར་ཤུགས་གཏོར་ མའི་ངོས་སུ་ཤེལ་དཀར་སེར་དྭངས་པའི་རྒྱ་ཁབ་ལྟ་བུ་རིང་ཐུང་སོར་བཞི་ཙམ་གྱི་རྩེར་ཡུངས་ འབྲུའི་ཚད་ཙམ་གྱི་མེ་ཏོག་ཁ་ཟུམ་པ་མདོག་སྣ་ཚོགས་པ་ཀུན་གྱི་མཐོང་སྣང་མཉམ་པོར་བྱུང་ བས་ཆེས་ངོ་མཚར་སྐྱེས་ཤིང་དད་པ་འཕེལ། དགུང་ལོ་ང་དྲུག་དུས་ཀྱི་ཕོ་ཉ་ཞེས་པ་ས་རྟའི་ལོར་སྦྱོར་དྲུག་པ་ཡལ་འགོའི་བླ་མ་དོན་ དབང༌། གཤིན་རྗེའི་གཤེད་ཀྱི་རྣལ་འབྱོར་བ་དབོན་ངག་སྟན་སོགས་དང༌། སྒྲུབ་ཁང་པ་ ཏིང་འཛིན་ཆོས་བཟང་དཔལ་སོགས་སོ། །ལོ་དེར་ཡལ་འགོའི་བླ་མ་གྲགས་པ་དཔལ་སོགས་ སེར་སྡེ་ཉི་ཤུ་ཙམ་ལ་དུས་འཁོར་དབང་ཆེན་བསྐུར། དགུང་ལོ་ང་བདུན་དོན་གྲུབ་ཞེས་པ་ས་ལུག་ལོར་སྦྱོར་དྲུག་པ་ཨ་བཟང་དབང་ དཔལ།ཡལ་འགོའི་མཆོག་རབ་སོགས་དང༌། སྒྲུབ་ཁང་བ་བློས་རབ་ཀླུ་སྒྲུབ་སོགས་སོ། །ལོ་ དེར་ཁོང་ཁྲོ་སྐྱབས་ཐུགས་རྗེ་ཆེན་པོ་ལ་གནས་མཇལ་དུ་བྱོན་ཏེ་ཁ་ཏ་འབྲོང་རིར་ཕེབས་ཚེ་ གཙང་སྤྲུལ་སྐུ་འབྲིང་གི་དག་སྣང་ལ་ཁོང་གི་སྟེང་དེར་གདུགས་སེར་བོ་འཁོར་བ་གཟིགས་ ཤིང༌། རི་སྐོ ར་ཕྱག་ལམ་བགྲོད་དཀའ་བའི་ས་རོང་མི་རང་ག་བ་ཡང་ཐར་དཀའ་བའི་ ལམ་འཕྲང་དུ་ཆིབས་ཀྱི་སྟེང་ནས་བྱོན་པས་ཀུན་ངོ་མཚར་ཧ་ལས་ཏེ་གྲུབ་རྟགས་ཀྱི་སྙན་པ་ ལྡི ར། དེ་རྗེས་ལོ་དེའི་ནང་རེ་ཞིག་ན་བྲག་དཀར་སྤྲུལ་པའི་སྐུ་རྒྱལ་སྲས་གྲུ་འཛིན་བདག་ པོའི་རང་གཟུགས་བློ་བཟང་དཔལ་ལྡན་བསྟན་འཛིན་སྙན་གྲགས་འཛི་ཡུལ་དུ་ཕྱག་ཕེབས་ མཛད་སྐབས་དེའི་མདུན་དྲུང་དུ་དམ་པ་ཉིད་བྱོན་ཏེ། རྒྱལ་བའི་བཀའ་ཆོས་ཆེན་པོའི་བཀླག་ ལུང༌། ཀློང་ཆེན་མཛོད་བདུན། པདྨ་བཀའ་ཐང་རྣམས་ཀྱི་ལུང་དང༌། བྱང་ཆུབ་སེམས་སྡོམ་ 6-1-290 རྣམས་ལེགས་པར་མནོས་ཏེ་ཐུགས་ཟུང་གཅིག་འདྲེས་སུ་གྱུར་ཏེ་ས་དམར་དགོན་དུ་སྤྲུལ་ པའི་སྐུ་མཆོག་ཉིད་ཕྱག་ཕེབས་ཏེ་སངས་རྒྱས་སྟོང་དབང༌། ཐུགས་རྗེ་ཆེན་པོའི་དབང༌། མ་ ཎི་བཀའ་འབུམ་གྱི་བཀླག་ལུང་སོགས་ཆོས་བཀའ་ཆེར་གསན། དམ་པ་ཉིད་ཀྱིས་སྤྲུལ་སྐུ་ ཁོང་ལ་ཡང་ཇོ་ནང་པའི་དུས་འཁོར་སྦྱོར་དྲུག་གི་ཁྲིད་ཡིག་མཐོང་བ་དོན་ལྡན་ལྷན་ཐབས་ བཅས་དང༌། རྫོགས་རིམ་གྱི་རྣམ་བཤད་ཟུང་འཇུག་རབ་གསལ། ངོ་སྤྲོད་ཕྱི་ནང་སོགས་ དུས་འཁོར་གྱི་ཆོས་སྐོ ར་མང་པོ་དང༌། ངེས་དོན་དབུ་མ་ཆེན་པོའི་ལེགས་བཤད་རི་ཆོས་ངེས་ དོན་རྒྱ་མཚོ་སོགས་དཔལ་ལྡན་ཇོ་ནང་པའི་རང་ལུགས་ཀྱི་ཟབ་ཆོས་གཙོ་བོར་རང་མྱོང་དང་ གོང་མའི་ཞལ་རྒྱུན་གྱི་སྒོ་ནས་རྒྱ་ཆེར་ཕུལ་བས་སྤྲུལ་སྐུ་མཆོག་གི་ཐུགས་དགྱེས་པ་རྒྱ་ཆེན་ པོ་མཛད་ཁྱད་པར་དམ་པ་རང་གི་ཐུགས་ཀྱི་རྟོགས་པའི་གསང་རྒྱ་ཉེ་བར་བཀྲོལ་ཏེ་རྟོགས་ འབུལ་གྱི་མཆོད་པའི་སྤྲིན་བཟང་ཆེས་ཆེར་སྤྲོས་པ་ན་སྤྲུལ་པའི་སྐུའི་ཞལ་ནས། ཁྱོད་ཀྱི་ ཐུགས་ལ་མངའ་བའི་མངོན་པར་རྟོགས་པ་འདི་ཀ་ལས་འོད་གསལ་ཕྱག་རྒྱ་ཆེན་པོ་ཟེར་བ་ ལོགས་ན་མེད་པས་གནས་ལུགས་ལྟ་བ་ཟབ་མོ་རྟོགས་ཟེར་བ་དེ་ཕན་ལ་མེད་ངེས་ཀྱི་གསུང་ བསྡུར་ཞིབ་མོས་དོགས་གཅོད་དང་ཕན་ཚུན་ཐུགས་དགོངས་ཉེ་བར་གཅིག་པའི་དགྱེས་ཚོར་ ཆེན་པོ་མཛད་དེ་སྤྲུལ་སྐུ་མཆོག་གིས་དམ་པ་ཉིད་ལ་གསོལ་འདེབས་དང་སྐུ་ཚེ་འགྱུར་མེད་ ཀྱི་ཞབས་བརྟན་ཕུལ་ཏེ་ཐུགས་མགུ་ཆེ་བ་མཛད་དོ། ། དགུང་ལོ་ང་བརྒྱད་དྲག་པོ་ཞེས་པ་ལྕགས་སྤྲེལ་ལོར་སྦྱོར་དྲུག་པ་ཉམས་མྱོང་གི་འཆར་ སྒོ་ཆེ་བ་ཁྲ་བླ་མ་རིག་འཛིན་རྡོ་རྗེ། ར་འོབ་བླ་མ་གྲགས་རྒྱམ། ཕྱག་འཚལ་བླ་མ་ཆོས་རྣམས་ སོགས་དང༌། སྒྲུབ་ཁང་པ་བླ་མ་མཆོག་གསལ་བློ་གསལ་སོགས་སོ། །ལོ་འདིར་ཡང་ བྲག་དཀར་སྤྲུལ་སྐུའི་མདུན་ནས་དུས་འཁོར་རྒྱས་འགྲེལ་དྲི་མེད་འོད་དང༌། བསྟན་ཆོས་ གླེགས་བམ་ཉེར་གཉིས་སོགས་ཀྱི་བཀླག་ལུང་གསན། ཕན་ཚུན་ཐུགས་ཟུང་ལྷག་པར་ 6-1-291 འདྲིས་ཏེ་སྤྲུལ་སྐུ་རིན་པོ་ཆེས་ཁོང་དང་དམ་པ་འདི་གཉིས་ཐུགས་རྒྱུད་གཅིག་ཚུལ་དང་དམ་ པ་གང་ཉིད་སྤྱན་རས་གཟིགས་ཀྱི་རྣམ་འཕྲུལ་དུ་བཀའ་ལུང་གསལ་བས་ཆེ་བསྔགས་མཛད། སྐབས་འདིར་མ་ཟད་དུས་གཞན་རྗེས་སོར་ཡང་བྲག་དཀར་བ་ཁོང་གིས་དམ་པ་འདི་ཉིད་ མདོ་སྨད་དུ་སྔགས་ཀྱི་རྣལ་འབྱོར་མཐར་སོན་པ་མདོ་སྔགས་གཉིས་ཀྱི་གནད་དོན་ཟབ་མོ་ ངེས་དོན་གྱི་ལྟ་བ་མངོན་བྱང་ཆུབ་པའི་ངེས་པ་དོན་གྱི་མཁས་གྲུབ་གཉིས་ལྡན་དུ་ཆེ་བའི་ སྔགས་བརྗོད་དང་བཅས་སྐུ་ཚེ་ཞབས་པད་སྲིད་མཐར་བརྟན་པའི་སྨོན་ཚིག་ཀྱང་ཕུལ་ལོ། །དེའི་ལོར་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དམ་པ་ངག་དབང་ཚོགས་གཉིས་རྒྱ་མཚོ། གསང་སྔགས་བསྟན་པའི་མངའ་བདག་གདུང་ཡངས་བླ་མ་སྨོན་ལམ་སོགས། སྐྱེས་ཆེན་དུ་ མས་གཙོས་དགེ་འདུན་གྱི་སྡེ་བརྒྱ་ཕྲག་ལྷག་ཙམ་ལ་སྒྲུབ་ཐབས་རིན་ཆེན་འབྱུང་གནས་ཀྱི་ དབང་བཀའ་ཡོངས་རྫོགས་དང༌། གཅོད་ཡུལ་གནད་དོན་སྙི ང་པོའི་ཁྲིད་ལུང་བཅས་ཀྱི་ བཀའ་དྲིན་དུ་ལེགས་པར་མཛད་དོ། །འདིའི་ལོ་སྔ་མ་དང་འདི་སྐོ ར་རྟོགས་ལྡན་བླ་མ་དཀོན་ མཆོག་དཔལ་ལས་གྲོལ་མཆོག་ཁྲིད་བརྒྱའི་ལུང་ཁྲིད་གསན་ཏེ་བསྙེན་སྒྲུབ་ཚད་ལྡན་མཛད། འདི་སྐབས་གཙང་བའི་གྲྭ་ཚང་གི་སྤྱི་སྲུང་འཇིགས་བྱེད་དྲུག་ཅུ་པའི་གཏོར་སྒྲུབ་ཀྱི་དབུ་བླར་ ཕེབས་ཏེ་སྨད་ལས་ཞིང་བཅུ་འགུགས་བསྒྲལ་གྱི་སྐབས་སུ་གཟི་བརྗིད་འཇིགས་རྔམ་འབར་ ཞིང་ཕྱག་གི་ཕུར་རྩེ་ནས་མེ་སྟག་ཚ་ཚ་འཕྲོ་བ་དམིགས་བྱ་འགུགས་བསྒྲལ་གྱི་ཡུལ་དེ་རྟེན་ ལིངྒ་ལ་དངོས་སུ་ཐིམ་པ། དེར་གནས་ཀུན་གྱི་མཐོང་སྣང་དུ་གྱུར་ཏེ་ས་གཡོས་ཆེན་པོ་ལན་ གསུམ་གྱི་ཕྱི་རྟགས་ཚམ་རྔམ་ཅན་བྱུང་ཞིང༌། ནང་དོན་དུ་བསྟན་པ་དང་འགྲོ་བའི་དོན་རྒྱ་ ཆེར་བྱུང་ངེས་སུ་རེད་ཅིང་བསྟན་འགྲོ་སྤྱི་ལ་འཚེ་བའི་ཉམས་པ་ཞིང་བཅུ་ཚང་བ་ཀུན་མིང་ གི་ལྷག་མར་མཛད་ཚུལ་མགོ་ལོག་ཕྱོགས་ཀྱི་འོད་གསལ་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་ དམ་པ་བླ་མ་སངས་རྒྱས་ཞེས་པའི་ཐུགས་མངོན་ཤེས་ཀྱིས་ཇི་བཞིན་གཟིགས་ཤིང༌། འདི་ 6-1-292 སྐབས་དམ་པ་གང་གི་ཐུགས་ཉམས་ཀྱི་འཆར་སྒོ་ཁོ་རང་གིས་སེར་སྤྲིན་འཇིགས་གཟུགས་ ནག་ལང་ལོང་ནམ་མཁར་འཁྲིགས་པ་ལས་གློག་དམར་གྱི་ཞགས་པ་བར་སྣང་ལ་འཁྱུག་ པ་འབྲུག་སྐད་དྲག་པོའི་སྒྲ་གདངས་དང་ལྡན་པ་ཆེས་མ་རུངས་པ་སྐད་ཅིག་ལ་བཟློག་པར་ མཛད་པའི་ཉམས་སྣང་དང༌། གཞན་ཡང་ལུང་བ་ཁ་ཐུར་བསྟན་དུ་བསྟན་འགྲོར་འཚེ་བའི་ ཙི་ནའི་དམག་དཔུང་རྒྱ་ཆེར་འཁྲིགས་ནས་ཡོད་པར་གཟིགས་པ་ན་ཁོང་གི་ལྷག་པའི་ལྷ་ལ་ གསོལ་བ་བཏབ་པས་དེ་མ་ཐག་ནམ་མཁར་གཟུ་དཔང་ལ་བླ་མ་ཡི་དམ་མཁའ་འགྲོ་ཆོས་ སྐྱོང་རྣམས་གོ་རིམ་བཞིན་སྐད་ཅིག་གིས་གསལ་བར་གཟིགས་པའི་མོད་ལ་ཁོ་རང་ཡང་ དཔལ་མགོན་པོ་ནག་པོ་ཆེན་པོའི་སྐུར་གྱུར་ཏེ་ཕྱག་གཉིས་རྡོར་དྲིལ་བསྣམས་ཤིང་ཐུགས་ འོད་གསལ་དུ་གནས་པའི་ངང་ནས་དྲིལ་བུ་དཀྲོལ་བས་འཚེ་བྱེད་ཙི་ནའི་དཔུང་ཚོགས་དེ་ ཀུན་མིང་གི་མཐར་བྱས་ཏེ་གང་ཡང་མི་སྣང་བར་གྱུར་པའི་ཉམས་སྣང་བྱུང་ཚུལ་ཉིད་ཀྱི་ཞལ་ ནས་གསུངས་ལ། ཉམས་སྣང་དེ་དག་གི་དུས་ན་ཁོང་ཐོག་མར་མགོན་པོའི་བསྙེ ན་བསྒྲུབ་ལ་ བཞུགས་ཤིང་བསྟན་འགྲོའི་དོན་དུ་སྲུང་རིམ་རྒྱ་ཆེར་མཛད་པ་ནི་ཕྱིའི་སྣང་ངོ་ཙམ་ནའོ། ། དེ་ནས་དགུང་ལོ་ང་དགུ་བློ་ངན་ཞེས་པ་ལྕགས་བྱའི་ལོར་སྦྱོར་དྲུག་པ་རྒྱལ་རོང་རྟོགས་ ལྡན་བྱ་བྲལ་བ་ནམ་མཁའ་རྒྱལ་མཚན། བསྙུང་གནས་བླ་མ་ངང་བ་མཁྱེན་དཔལ་སོགས་ དང༌། སྒྲུབ་ཁང་བླ་མ་དོན་ཀུན་དཔལ་འཇིགས་དཔལ་སོགས་སོ། །ལོ་དེར་ཁོང་དང་བླ་མ་ བསོ་བཟང་སོགས་མཁན་སློབ་གྲངས་ཚང་བས་མཁྱེན་དཔལ་ཀུན་ལྡན་རྒྱ་མཚོ་སོགས་གྲྭ་ བཙུན་ཉི་ཤུ་ཙམ་ལ་དགེ་ཚུལ་སློང་གི་སྡོམ་པ་སོགས་གནང་ཞིང་ཁྲ་བླ་མ་རིན་འཛིན་རྡོ་རྗེ་ སོགས་འདུས་སྡེ་སྤྱི་ལ་དུས་འཁོར་དབང་ཆེན། ནཻ་གུ་བཀའ་ཕྱི་ནང༌། གྲུབ་ཐོབ་བརྒྱད་ཅུ། གྲུབ་བསྡུས། མགོན་པོ་ཁྲོ་བཅུའི་དབང༌། གཅོད་དབང་སོགས་གནང༌། འདི་ལོར་གསང་ལུང་ དགོན་དུ་གསང་སྤྲུལ་འཇིགས་མེད་བསྟན་པའི་ཉི་མའི་དྲུང་དུ་ཕེབས་ནས་འོད་དཔག་མེད་ 6-1-293 མྱུར་ལམ་གྱི་དབང་བཀའ་ལུང་ཁྲིད་སོགས་ཀྱང་གསན། དེ་ནས་བྱ་ཡུར་དགོན་དུ་ཕེབས་ ཏེ་རྣལ་འབྱོར་གྱི་དབང་ཕྱུག་འཛོང་བོ་བླ་མ་མཚན་བཟང་དང༌། རྟོགས་ལྡན་བླ་མ་བསྟན་པ་ རབ་རྒྱས། བྱ་བྲལ་བླ་མ་རིན་ཆེན་བཟང་རྣམས་ཀྱིས་གཙོས་དགེ་འདུན་གྱི་སྡེ་གྲངས་བཞི་ བཅུ་ལྷག་ལ་ནཻ་གུ་བཀའ་ཕྱི་ནང༌། གྲུབ་ཐོབ་བརྒྱད་ཅུ། རྗེས་གནང་བརྒྱ་རྩ། རྡོར་སེམས་ ལྷན་སྐྱེས། རྡོར་འཆང་གསུམ་གྱི་བཟླས་ལུང༌། ཚེ་དབང་ལྷ་གཅིག་བུམ་གཅིག་གྲུབ་རྒྱལ་ ལུགས་དང༌། གཞན་ཡང་ལུང་ཁྲིད་ཅི་རིགས་ཀྱི་ཟབ་བཀའ་འབོགས་པས་ཉམས་རྟོགས་ཀྱི་ འཆར་སྒོ་ཕྱེས། བླ་མ་རྣམ་གཉིས་དང་ཉམས་ལེན་གྱི་གོ་བསྡུར་ཞིང་ཟབ་མོའི་ལྟ་བ་ལ་ངེས་ པ་རྒྱ་ཆེན་ཕན་ཚུན་འགྲན་པ་ལྟ་བུའི་ངང་ཚུལ་གྱིས་ཆེས་ཆེར་འཕེལ། གྲྭ་གཞོན་ཉམས་ལེན་ པ་དག་གིས་རང་ཉམས་ཞུ་བས་རང་དང་འཚམས་པའི་ངོ་སྤྲད་གེགས་སེལ་བོགས་འདོན་ གནད་སྨིན་མཛད། ཁོང་གིས་ཀྱང་འཛོང་བོ་བླ་མའི་མདུན་ནས་གྲུབ་བསྡུས་དབང་གསན་ནོ། ། དགུང་ལོ་དྲུག་ཅུ་པ་རྔ་ཆེན་ཞེས་པ་ཆུ་ཁྱིའི་ལོར་སྦྱོར་དྲུག་པ་ཁང་རྒན་ནས་ཉམས་རྟོགས་ པ་འཇུ་བླ་མ་འགྲོ་འདུལ། ཚེ་མཚམས་པ་རྨེའུ་བླ་མ་ཆོས་གསལ། རྔ་བ་བླ་མ་དཔལ་གྲགས་ སོགས་དང༌། སྒྲུབ་ཁང་པ་མང་རྒེ ་བླ་མ་ངག་དཔལ་བླ་མ་ཆོས་དཔལ་སོགས་སོ། །ལོ་ དེར་ཡ་འགོའི་བྱ་བྲལ་བ་རྟོགས་ལྡན་བླ་མ་མཁྱེན་རྟོགས་སོགས་འདུས་སྡེ་སྤྱི་ལ་དུས་འཁོར་ དབང་ཆེན། མགོན་པོ་ཁྲོ་བཅུའི་དབང༌། གྲུབ་ཐོབ་བརྒྱད་ཅུ། རྗེས་གནང་བརྒྱ་རྩ་གཅོད་ དབང་སོགས་བསྩལ། དགུང་ལོ་རེ་གཅིག་ཁྲག་སྐྱུག་ཞེས་པ་ཆུ་ཕག་ལོར་སྦྱོར་དྲུག་པ་རྟོགས་ལྡན་བླ་མ་ཀུན་ གྲོལ། བླ་མ་དོན་ཀུན་དཔལ་སོགས་དང༌། སྒྲུབ་ཁང་པ་བླ་མ་ངག་རྒྱམ་བློས་རབ་སོགས་ སོ། །ལོ་དེར་འཛོང་བོ་བླ་མ་མཚན་ལྡན་སོགས་སེར་སྡེ་བདུན་ཅུ་ཙམ་ལ་དུས་འཁོར་དབང་ 6-1-294 ཆེན་སྦྱོང་རྒྱུད་བཅུ་གཉིས། ནཻ་གུ་བཀའ་ཕྱི་ནང༌། གཅོད་དབང་རྣམས་གནང༌། འདི་སྐོ ར་ཨ་ ཤུལ་མཁར་གསར་སང་དང་གདོང་ཁང་ཁག་གྱོད་ལ་ཐུག་ཏེ་འཛིང་མཁོན་གྱི་སྐབས་དམ་པ་ ཉིད་ཀྱིས་དེ་རང་སྔ་ཐུན་ནས་དགོན་འདི་ནས་ཆོས་སྐྱོང་མགོན་པོའི་སྤྲུལ་པ་ཞྭ་ནག་ཅན་མང་ པོ་གདོང་ཁང་དཔོན་གྱི་རྒྱབ་རྟེན་དུ་སོང་བར་གསུངས་པ་ལྟར་རྗེས་རང་ཕྱོགས་སུ་རྒྱལ་ཁ་ ཐོབ་པས་ཐོག་ཏུ་ཁེལ། དགུང་ལོ་རེ་གཉིས་མིག་དམར་ཞེས་པ་ཤིང་བྱིའི་ལོར་སྦྱོར་དྲུག་པ་ཡལ་འགོའི་ངག་ དབང་བསྟན་ཆོས་སོགས་དང༌། སྒྲུབ་ཁང་པ་བློས་རབ་སྨན་མཆོག་སོགས་སོ། །ལོ་དེར་ གཟིམས་ཁང་བླ་མ་རྡོར་བཟང༌། གདོང་ཡངས་བླ་མ་སྨོན་ལམ། ཨ་ཀྱ་བླ་མ་བློས་རབ་ སོགས་དགེ་འདུན་བརྒྱ་ཕྲག་ཙམ་ལ་རྡོ་རྗེ་ཕྲེང་བ་སྦྱོང་རྒྱུད། དུས་འཁོར་དབང་ཆེན། གཅོད་ དབང༌། ནཻ་གུ་བཀའ་ཕྱི་ནང་རྣམས་གནང༌། འདི་སྐབས་ཉིད་ཀྱིས་ད་ལན་ཐེའུ་རྒྱལ་གྱིས་སྤང་ དཀྱིལ་ལ་ལྕགས་སྡོང་གི་རྩེར་ནཻའུ་ལེ་སྤྲུལ་ནས་ཆོ་འཕྲུལ་འགྱེད་པའི་མཐོང་སྣང་འདི་ལས་ དཔགས་ན་ནམ་ཞིག་དེས་དབང་དུ་འགྱུར་ཚུལ་གསུངས་པ་སོགས་ཀྱང་ཇི་བཞིན་ཐོག་ཏུ་ ཁེལ། དགུང་ལོ་རེ་གསུམ་ཁྲོ་བོ་ཞེས་པ་ཤིང་གླང་ལོར་སྦྱོར་དྲུག་པ་ཁང་གསར་མའི་ཁྲིད་ དཔོན་བླ་མ་བློས་བཟང་ཉམས་རྟོག་པ་ཨ་བཟང་ཡང་ངག་དཔལ་སོགས་དང༌། སྒྲུབ་ཁང་ པ་བླ་མ་དོན་དབང་དཔལ་གྲགས་སོགས་སོ། །ལོ་དེར་ངྷི་བར་ཆོས་རྗེའི་ཕྱག་འཚལ་བླ་མ་ འོད་ཟེར། རྟོགས་ལྡན་ཨ་བཟང་བླ་མ་མཁས་དབང༌། ཡལ་འགོའི་བླ་མ་རྒྱལ་མཚན་སོགས་ བླ་ཆེན་མང་པོས་གཙོས་འདུས་སྡེ་བརྒྱད་ཅུ་ཙམ་ལ་རྡོ་རྗེ་ཕྲེང་བ། དུས་འཁོར་དབང་ཆེན། བཀའ་ཕྱི་ནང༌། གཤིན་རྗེ་རབ་འབྱམས། ཕུར་པའི་དབང༌། གྲུབ་ཐོབ་བརྒྱད་ཅུ། རྗེས་གནང་ བརྒྱ་རྩ། གཅོད་དབང་གྲུབ་བསྡུས་སོགས་དབང་བཀའ་མང་པོ་དང༌། སེར་སྐྱ་སྤྱི་འཚོགས་ཀྱི་ 6-1-295 ཁྲོམ་བརྒྱ་ཕྲག་བཞི་ལྷག་ལ་འོད་དཔག་མེད་མྱུར་ལམ་གྱི་དབང༌། སྤྱན་རས་གཟིགས་གངས་ རི་མ། རྟ་ཕྱག་ཁྱུང་གསུམ་སྨེ་བརྩེགས་སོགས་ཀྱི་རྗེས་གནང་ལེགས་པར་བསྩལ། འདི་ སྐབས་ཁོང་ཉིད་ཀྱི་ཐུགས་མངོན་ཤེས་ཀྱི་རྗེས་སོར་བླ་མ་ངག་དཔལ་ཉིད་དགོན་བདག་ཏུ་ མཁྱེན་ཏེ་དེ་ལུགས་ལྟར་གྱི་ཞལ་གསུངས་ལ་ད་ལན་ལྷ་བཙན་རྡོ་རྗེའི་ཁྱུང་གྲགས་འདིར་ འོང་ནས་ཕར་འགྲོ་སྐབས་ཕ་གི་བཤམ་འགོའི་ཉག་སྟེང་ནས་ཕྱིར་འཁོར་ཏེ་མདུང་རྟིང་ས་ ལ་བཙུགས་བཞིན་ཕྱི་མིག་བྱེད་གིན་འདུག་པས་ཕྱིས་སུ་ཁྱོད་ཀྱིས་ཕྲིན་ལས་བཅོལ་དང་ཇི་ བཞིན་བསྒྲུབ་ངེས་ཡིན་ཚུལ་གསུངས། དགུང་ལོ་རེ་བཞི་ཟད་པ་ཞེས་པ་མེ་སྟག་ལོར་སྦྱོར་དྲུག་པ་རྟོགས་ལྡན་བླ་མ་སྒྱུ་འཕྲུལ། ངང་བ་བླ་མ་བཞིན་བཟང་སོགས་དང༌། སྒྲུབ་ཁང་པ་བླ་མ་ཚུལ་རྒྱམ་སྟན་རྒྱམ་སོགས་སོ། །ལོ་དེར་མཛི་སྲིབ་བླ་མ་རིན་བཟང༌། བསེ་སྐོ ར་སྲིབ་མའི་བླ་མ་ཤེས་རབ་དཔལ། ཡ་འགོའི་ བླ་མ་ངག་བཟང་སོགས་འདུས་སྡེ་ལྔ་བཅུ་ཙམ་ལ་བདེ་མཆོག་རབ་འབྱམས་དབང་ཡོངས་ རྫོགས་བཀའ་ཕྱི་ནང༌། གཅོད་དབང་སོགས་ལུང་ཁྲིད་མང་པོ་གནང༌། ལོ་དེའི་སྟོན་ཁར་ རྡོའི་གྲུབ་ཆེན་དགོན་གྱི་མཁན་པོ་གསུམ་དང་ཤུགས་ཆུང་དབོན་པོ་སོགས་མཁན་སློབ་ཉི་ཤུ་ ཙམ་གྱིས་གཙོས་འདུས་སྡེ་བདུན་ཅུ་ཙམ་ལ་དུས་འཁོར་དབང་ཆེན། འཇིགས་བྱེད་རོ་ལངས་ བརྒྱད་བསྐོ ར་སོགས་དབང་ཁྲིད་ཅི་རིགས་ཡང་ལེགས་པར་བསྩལ། དགུང་ལོ་རེ་ལྔ་རབ་བྱུང་ཞེས་པ་མེ་ཡོས་ལོར་སྦྱོར་དྲུག་པ་རྟོགས་ལྡན་བླ་མ་མཆོག་ གསལ། མགོ་ལོག་པ་ཆོས་བདེན། བླ་མ་ཀུན་དགའ་སོགས་དང༌། སྒྲུབ་ཁང་པ་ཆོས་བཟང་ དཔལ། བསོད་ནམས་ཡེ་ཤེས་སོགས་སོ། །ལོ་དེར་འདུལ་འཛིན་དམ་པ་བླ་མ་བསོ་བཟང༌། ཕུར་རྩ་བླ་མ་ཆོས་བློས། བླ་མ་གཞན་ཕན་སོགས་འདུས་སྡེ་བདུན་ཅུ་ཙམ་ལ་སྦྱོང་རྒྱུད། དུས་ འཁོར་དབང་ཆེན། བཀའ་ཕྱི་ནང༌། ཇོ་ཕུར་གྱི་དབང་རྣམས་གནང༌། དེའི་དགུན་དུ་ཁོང་ཉིད་ 6-1-296 ཀྱིས་མཁན་པོ་སློབ་དཔོན་ཟུང་འབྲེལ་དང༌། བླ་མ་བསོ་བཟང་སོགས་ཁ་སྐོ ང་འོས་པའི་དགེ་ སློང་གྲངས་ཚང་བས་གསང་སྟོན་དུས་གོ་སོགས་བྱས་ཏེ་ཁང་གསར་བླ་མ་བློས་བཟང༌། ངང་ པ་བླ་མ་བཞིན་བཟང་སོགས་སེར་སྡེ་ཉི་ཤུ་ཙམ་ལ་ཚིགས་སྔ་མ་དགེ་ཚུལ་དང་ཕྱི་མ་དགེ་སློང་ གི་སྡོམ་པ་ཐེག་ཆེན་བྱང་སྡོམ་བཅས་ལེགས་པར་བཀའ་དྲིན་དུ་མཛད། དཔྱིད་དུ་ཡལ་འགོའི་ བླ་མ་རྟོགས་པ་དང་ལྡན་པ་བསོད་ནམས་ཡེ་ཤེས་ཀྱི་དྲུང་ནས་མི་དྲ་བརྒྱ་རྩའི་དབང་གསན། དེའི་དབྱར་དུ་ཀ་ཐོག་བླ་མ་རབ་གསལ་སོགས་འདུས་སྡེ་བརྒྱད་ཅུ་ཙམ་ལ་མི་དྲ་བརྒྱད་ཅུའི་ དབང་ཡོངས་རྫོགས་ལེགས་པར་གནང༌། དེའི་སྟོན་ཁར་ཆོས་རྗེའི་དབོན་ཡོན་ཏན་རྒྱ་མཚོ་ སོགས་ལ། དགྱེས་རྡོར་བི་རུ་པའི་ལུགས་ལྷ་དགུ་མ། བདེ་མཆོག་ལུ་ཡི་པའི་ལུགས་ལྷ་རེ་ གཉིས་ཅན་དང༌། གསང་འདུས་མི་བསྐྱོད་རྡོ་རྗེ་ལྷ་སོ་གསུམ་ཅན་རྣམས་ཀྱི་དབང་དང༌། ཁྲིད་ཡིག་མཐོང་དོན་སྔོན་འགྲོ་ཆོས་བདུན་སོགས་ཀྱི་བཀླག་ལུང་བཅས་ཟབ་བཀའ་འགའ་ རེ་ཡང་བཀའ་དྲིན་དུ་མཛད། དགུང་ལོ་རེ་དྲུག་རྣམ་འབྱུང་ཞེས་པ་ས་འབྲུག་ལོར་སྦྱོར་དྲུག་པ་བསྙུང་གནས་བླ་མ་ རིན་ཆེན་དར་རྒྱས། བླ་མ་རབ་བཟང་སོགས་དང༌། སྒྲུབ་ཁང་བ་བླ་མ་རང་གསལ་ཟླ་བཟང་ སོགས་སོ། །ལོ་དེར་ཡང་བླ་མ་མཆོག་གསལ་སོགས་གྲྭ་སྡེ་ཉི་ཤུ་ཙམ་ལ་དུས་འཁོར་དབང་ ཆེན། ནཻ་གུའི་བདེ་མཆོག་ལྷ་ལྔ། ཁྲོ་ནག མགོན་པོ་ཁྲོ་བཅུའི་དབང་རྣམས་གནང༌། འདི་ སྐབས་གྲུབ་ཆེན་དགོན་ནས་བྱོན་པའི་མཁན་ཆེན་ལྔ་སོགས་སློབ་བུ་འགའ་ལ་དུས་འཁོར་ དབང་ཆེན་བསྐུར། མཁན་པོ་རྣམས་ལ་སྦྱོར་དྲུག་ཁྲིད་ཡིག་མཐོང་དོན་ཆ་ལག་བཅས་པའི་ ལུང་ཁྲིད་ཞིབ་རྒྱས་སུ་གནང་ཏེ། འཚོགས་བཤད་དུ། ད་ལན་བཤད་རྒྱའི་སྤྲོས་པ་མི་དགོས་ པར་ལམ་ཟབ་མོ་བླ་མའི་མན་ངག་བཞིན་བསྒོམ་པ་ལ་འབད་ན་མྱུར་དུ་ལས་དབང་གི་འཆི་ བ་སྤོང་པའི་ཐབས་ཡོད་པས་དེ་ལ་ཐབས་གང་ཐད་ནས་རེམ་དགོས་ཚུལ་དྲི་བ་དྲིས་ལན་ 6-1-297 དང་བཅས་པའི་སྒོ་ནས་ལེགས་པར་གནང་བའི་བཀའ་དྲིན་མཛད་པ་འདིས་ཀྱང་མཁན་པོ་ ཁོང་རྣམས་ཀྱི་ཐུགས་ཡིད་ཀུན་ནས་ཚིམས་པར་གྱུར་ཏེ་དད་གུས་ཀྱི་དབང་གིས་རང་དབང་ མེད་པར་སྤྱན་ཆབ་འཐོར་བར་གྱུར་ཏེ་ཐུགས་གཏིང་ནས་གུས་པ་ནམ་ཡང་མི་ལྷོད་པས་ཕྱིས་ མཁན་པོ་འགས་སྐུ་ཚེ་གང་བོར་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་ལ་ཉམས་ལེན་མཛད། འདི་ སྐབས་ཆོས་ཀྱི་གནད་དོན་མང་པོའི་དྲིས་ལན་ཡང་ཁོང་ནས་གསུངས་ཤིང༌། སྤྱིར་རྭ་རྒྱའི་ དགེ་བཤེས་ཤིག་ལ་ཟབ་མོ་ཆོས་ཀྱི་གནད་དོན་གྱི་ཞལ་གདམས་གསུངས་པས་དེ་ལ་གནད་ དུ་ཐེབས་པས་ཟབ་དོན་ལ་ཐུགས་མྱོང་ཐོན་པ་སོགས་ཀྱིས་མཚོན་དེ་འདྲ་བའི་མཛད་པ་ ཡང་འགའ་རེ་སྣང་ངོ༌། །འདི་ལོར་མཛི་རོང་བླ་མ་ཚེ་ནོར་ལ་སྦྱོར་དྲུག་མགྱོགས་ཁྲིད་ཀྱིས་ གསུངས། གཞན་ཡང་སློབ་བུ་འགའ་ལ་བསྐྱེད་རྫོགས་ཀྱི་ཟབ་ཁྲིད་འཐོར་བུ་སྐབས་སྐབས་ སུ་གསུངས་པའང་ཆེས་མང༌། དགུང་ལོར་རེ་བདུན་དཀར་པོ་ཞེས་པ་ས་སྦྲུལ་ལོ་སྦྱོར་དྲུག་པ་ཀར་ཆེན་དགོན་པའི་དགེ་ བཤེས་རབ་འབྱམས་པ་བྱ་བྲལ་བླ་མ་འགྲོ་དོན་དཔལ་ཚ་ཁའི་རྟོགས་ལྡན་བླ་མ་འཇིགས་ རྡོར་སོགས་དང༌། སྒྲུབ་ཁང་པ་ཀུན་གྲོལ་ཚུལ་རྒྱམ་སོགས་སོ། །ལོ་འདིར་འདུ་ཁང་མེས་ཚིག་ པ་དགོངས་གཏད་བསྡབས་ཆོག་གིས་དེ་མ་ཐག་ཞི་བར་བྱས། ཡིན་ལུགས་སྔ་མོར་ཇི་བཞིན་ མཁྱེན་པས་ཀུན་ལ་གཟབ་དགོས་ཚུལ་གསུངས། འདི་ལོར་དབྱར་དུ་བླ་མ་རིན་ཆེན་དར་ རྒྱས་བླ་མ་འཇིགས་རྡོར་སོགས་འདུས་སྡེ་སྤྱི་ལ་བཀའ་ཕྱི་ནང༌། ཇོ་ཕུར། རྗེས་གནང་བརྒྱ་རྩ། གྲུབ་ཆེན་བརྒྱད་ཅུ། གྲུབ་བསྡུས། གཅོད་དབང་སོགས་གསུངས། དེའི་སྔ་མོ་དཔྱིད་ཁར་གྲུབ་ ཆེན་མཁན་པོ་རྣམས་དང་འདུས་སྡེ་སྤྱི་ལ་དུས་འཁོར་དབང་ཆེན་ཡང་བསྐུར་རོ། །ལོ་འདིའི་ དབྱར་ནང་ལ་སྔ་མོར་ཁང་དམར་བླ་མ་བསོད་ནམས་སོགས་གྲྭ་བཙུན་ཉེར་ལྔ་ཙམ་ལ་ཁོང་ གིས་མཁན་སློབ་ཟུང་འབྲེལ་དང་བླ་མ་ངག་དཔལ་སོགས་ཁ་སྐོང་དུ་འོས་པའི་དགེ་འདུན་ 6-1-298 གྲངས་ཚང་བས་དགེ་ཚུལ་སློང་གི་སྡོམ་པ་དང་བྱང་སྡོམ་ལེགས་སྦྱིན་མཛད། ལོ་འདིའི་ཟླ་བ་ བརྒྱད་པའི་ཉེར་དགུ་ལ་བླ་མ་ཐུགས་རྗེ་དཔལ་གྱིས་བཞེངས་པའི་ཤིགས་མདའི་དུས་འཁོར་ མཆོད་རྟེན་ལ་ཁོང་གིས་ཆོ་ག་འགྲོ་ཕན་རྒྱས་བྱེད་ཀྱི་སྒོ་ནས་ཉིན་གསུམ་དུ་རབ་གནས་ མཛད་པས་མཆོད་རྟེན་ལ་འཇའ་སྣེ་ཟུག་པ་དང་མེ་ཏོག་གི་ཆར་སོགས་ཡ་མཚན་པའི་རྟགས་ མཚན་ཀུན་གྱི་མཐོང་སྣང་དུ་གྱུར་ཞེས་གླེང༌། དགུང་ལོ་རེ་བརྒྱད་རབ་མྱོས་ཞེས་པ་ལྕགས་རྟའི་ལོར་སྦྱོར་དྲུག་པ་འདུལ་འཛིན་མཆོག་ དབང་མགོ་ཙ་བླ་མ་དགའ་མཆོག་སོགས་དང༌། སྒྲུབ་ཁང་པ་བླ་མ་ཤེས་རབ་དཔལ་ངག་ སྟན་སོགས་སོ། །ལོ་འདི་ལ་དམ་པ་བླ་མ་རིན་ཆེན་དར་རྒྱས་ཁང་དམར་བླ་མ་བསོད་ནམས་ སོགས་འདུས་སྡེ་སྤྱི་དྲུག་ཅུ་ཙམ་ལ་རྡོར་ཕྲེང༌། དབང་ཆེན། གྲུབ་བསྡུས་རྣམས་གསུངས། དེའི་དབྱར་ཟླ་གསུམ་པའི་ཚེས་བཅོ་ལྔ་ལ་འཛམ་ཐང་ཚེས་བཅུ་རཏྣ་ཀིརྟིའི་སྐུ་ཕྲེང་བརྒྱད་ པའི་སྐུ་སྐྱེས་དང༌། ཀུན་དགའ་ངེས་དོན་ཞབས་པ་སྐུ་མ་འདས་པའི་སྤྲུལ་སྐུར་གྲགས་པ་སྐུ་ སྐྱེས་རྣམ་གཉིས་སོགས་ལ་ཁོང་ཉིད་ཀྱིས་མཁན་པོ་དང་བླ་མ་བསོ་བཟང་བླ་མ་ཐུགས་རྗེ་ དཔལ་སོགས་དགེ་འདུན་གྲངས་ཚང་བས་དགེ་ཚུལ་སློང་གི་སྡོམ་པ་དང་བྱང་སྡོམ། རྡོར་ འཆང༌། རྡོར་སེམས། དུས་འཁོར་ལྷན་སྐྱེས་གསུམ་གྱི་བཟླས་ལུང་སོགས་ཀྱང་ལེགས་པར་ བསྩལ། དགུང་ལོ་རེ་དགུ་སྐྱེས་བདག་ཞེས་པ་ལྕགས་ལུག་ལོར་སྦྱོར་དྲུག་པ་ཏོས་མནང་བླ་མ་ མཆོག་ལྷ་སོགས་དང༌། སྒྲུབ་ཁང་པ་བླ་མ་གྲགས་པ་དཔལ་སོགས་སོ། །འདིའི་ལོར་འཛམ་ ཐང་གཙང་བའི་ཕོ་བྲང་དུ་ཨ་མགོན་བླ་མ་ངག་གསལ༌། དགེ་སྐོ ར་བླ་མ་ཀུན་དཔལ་སོགས་ གྲྭ་སྡེ་ཕྱེད་དང་ཉིས་བརྒྱ་ཙམ་ལ་བཀའ་ཕྱི་ནང༌། གྲུབ་བསྡུས་སོགས་ཀྱི་དབང་དང་མཐོང་ དོན་ཁྲིད་ལུང་བཅས་གནང༌། འདི་སྐབས་འཛི་རོང་སྤྲུལ་སྐུ་བདེ་བཟང་ལ་སྦྱོར་དྲུག་མགྱོགས་ ཁྲིད་ཀྱང་གནང་ངོ༌། ། 6-1-299 དགུང་ལོ་བདུན་ཅུ་ཨང་གི་ར་ཞེས་པ་ཆུ་སྤྲེལ་ལོར་སྦྱོར་དྲུག་པ་སྤྱན་གཟིགས་ཀྱི་རྣལ་ འབྱོར་པ་བླ་མ་རྒྱལ་བཟང༌། ནུས་ལྡན་རབ་ལྡན་སོགས་དང༌། སྒྲུབ་ཁང་པ་བེ་ཙ་སྤྲུལ་སྐུ། དབུ་མཛད་རྒྱལ་མཚན་སོགས་སོ། །ལོ་འདིར་ལྷ་ཙེ་སྤྲུལ་སྐུ། འཛོང་བོ་བླ་མ་མཚན་ལྡན། བྱ་ ཡུར་བླ་མ་ཆོས་བློས། བླ་མ་རིན་དཔལ་སོགས་འདུས་སྡེ་མཆོག་ལྔ་བཅུ་ཙམ་ལ། དབང་ཆེན། བཀའ་ཕྱི་ནང༌། གཅོད་དབང༌། རྣལ་འབྱོར་མའི་རྗེས་གནང་རྣམས་གསུངས། དེའི་དབྱར་ དུ་ཁོང་གིས་མཁན་སློབ་བསྒྲགས་མ་བྱས་ཏེ་ཁ་སྐོང་རེ་དང་བཅས་པའི་དྲུང་ནས་ཀ་ཞབས་ བླ་མ་དོན་ལྡན་སོགས་གྲྭ་བཙུན་ལྔ་ལ་དགེ་སློང་གི་སྡོམ་པ་གནང༌། སྒྲུབ་ཁང་དུ་བེ་ཙ་སྤྲུལ་ སྐུ་ངང་བ་བླ་མ་བཞིན་བཟང་སོགས་སྒྲུབ་སྡེ་པ་ལྔ་ལ་དུས་འཁོར་དབང་ཆེན། རྗེས་གནང་ བརྒྱ་རྩ། གཅོད་དབང་ནམ་མཁའ་སྒོ་འབྱེད། རྟ་ཕྱག་ཁྱུང་གསུམ་གྱི་རྗེས་གནང་སོགས་ དབང་ལུང་ཅི་རིགས་པ་བསྩལ་ཤིང༌། འདི་སྐབས་ཤིག་ཏུ་ཁོང་གིས་ཞལ་ནས་སྔར་སྦྱངས་ བ་རིན་པོ་ཆེའི་དྲུང་ནས་རང་གི་བསྙེན་རྫོགས་ནོད་སྐབས་རྨི་ཉམས་སུ་དགེ་སློང་དབུ་རེག་ ཞབས་རྗེན་གཞོན་ཉམས་ཅན་ཞིག་གིས་རང་ལ་ཆོས་གོས་སྣམ་སྦྱར་ཞིག་གནང་ཞིང༌། དེའི་ གྲྭ་རྣམས་སུ་སྐལ་བཟང་སངས་རྒྱས་སྟོང་རྩ་གཉིས་ཀྱི་སྣང་བརྙན་ཡོད་པ་གསལ་བར་རྨིས་ ཞིང༌། ཕྱི་དེ་ཉིད་བསྙེ ན་རྫོགས་ཞུ་དུས་རང་གི་ཆོས་གོས་ཀྱི་ངོས་ལ་ནུབ་མོའི་གསལ་སྣང་དེ་ ཀ་ལྟར་ཡོང་འདུག་སྙམ་པའི་ངེས་ཤེས་བྱུང་བས་རང་གི་བསྙེན་རྫོགས་ཀྱི་སྡོམ་རྒྱུན་འདི་ལ་ བྱིན་རླབས་ཀྱི་རྟགས་མཚན་ཆེའོ་གསུངས། སྤྱིར་ཁོང་གིས་སློབ་བུ་གྲྭ་བཙུན་འགའ་ལ༑ ཞལ་ གདམས་སུ་ཕྱི་སོ་ཐར་སྡོམ་པ་ཀོང་བུ་ལྟ་བུ། ནང་བྱང་སེམས་སྡོམ་པ་མར་ཁུ་ལྟ་བུ། གསང་བ་ སྔགས་ཀྱི་སྡོམ་པ་སྡོང་བུ་མར་མེ་འབར་བ་ལྟ་བུ་ཡིན་པས་ཡོན་ཏན་མཐའ་དག་གི་གཞི་རྟེན་ འདུལ་བ་སོ་ཐར་འདི་གལ་ཆེ་སྟེ། ཀླུ་སྒྲུབ་ཀྱིས། ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཡོན་ ཏན་ཀུན་གྱི་གཞི་རྟེན་ལེགས་པར་གསུངས། །ཞེས་གསུངས་པ་ལྟར་རོ། །ཞེས་སོགས་སྐབས་ 6-1-300 སྐབས་སུ་ཞལ་གྱི་གདམས་པ་སྣ་ཚོགས་མཛད་ཅིང་སློབ་འབངས་ཀྱི་ཡིད་ཆོས་ལ་བསྐུལ་བ་ ཡང་ཡང་མཛད་དོ། ། ཁོང་གིས་དབང་བཀའ་སོགས་གསུང་སྐབས་ཐོག་མར་གསུང་དཀའ་དཀའ་འདྲ་ཡང་ མཚམས་ཞིག་གནས་ཇེ་བཟང་དུ་སོང་ཏེ་སྐུ་ཁམས་དྭངས་པའི་རྐྱེན་དུ་འགྲོ། གང་གི་རྗེས་ འཇུག་རྣམས་ལམ་སྣེ ་རེ་མ་ཟིན་པ་མེད། གཞན་ཡང་སྔར་དང་འདི་སྐོ ར་ཡན་དུ་བླ་མ་ཤེས་ རབ་དཔལ་དང༌། བེ་ཙ་སྤྲུལ་སྐུ་རེ་རེ་ལའང་བསྐྱེད་རིམ་གྱི་ཁྲིད་མང་པོ་དང༌། བླ་མ་ངག་ མཆོག་དང་བླ་མ་རང་གསལ་གཉིས་ལ་འབྱུང་འདུལ་རྟ་མགྲིན་འཇིགས་བྱེད་འབྲུ་ནོན་སྙན་ རྒྱུད། མགོན་པོ་བྲག་རྫོང་མ་སོགས་ཟབ་བཀའ་རྒྱ་ཆེར་བསྩལ་ཞིང༌། དེ་མ་ཟད་སྔར་ལོ་རེ་ བཞིན་སྟོན་ཟླ་གསུམ་གྱི་ཐུན་མཚམས་དྲོས་བར་རྣམས་སུ་ཁོང་ནས་སློབ་ཚོགས་ལ་དབུ་མ་ ངེས་དོན་རྒྱ་མཚོ་མདོ་གདུགས་སྒྲོལ་གསུམ་འདོན་ཆ་དུས་འཁོར་ལྷ་དགུ་སོགས་དང་གཅོད་ སྐོ ར་ཆུ་གཏོར་རྣམས་ཀྱི་བཀླག་ལུང་དང་འགའ་རེའི་ཁྲིད་དང་བཅས་གསུངས་ཤིང༌། བར་ བར་དུ་ཀུན་མཁྱེན་གསུང་འབུམ་རྗེ་བཙུན་རྣམ་ཐར་སོགས་དམ་པ་མང་པོའི་རྣམ་ཐར་གྱི་ བཀླག་ལུང༌། འདོན་ཆ་ཇོ་རྙིང་གི་གཏོ་ཡིག་དུ་མའི་ལུང་དང་བཅས་མདོར་ན་མཁོ་ཚོགས་ འདི་མ་གསུངས་སྙམ་པ་མེད་པ་ལྟ་བུ་ཡིན། དབང་བཀའ་སོགས་གསུང་སྐབས་སློབ་མ་མིའི་ འགྲོ་བ་གཅིག་ཏུ་མ་ཟད། མི་མིན་དཀར་ཕྱོགས་པ་དང་ནག་ཕྱོགས་པ་མང་པོ་ལ་ཡང་ཕན་པ་ རྒྱ་ཆེར་བྱུང་སྐད། དམ་པ་ཉིད་ཀྱིས་བྱ་བ་ལས་ཀྱི་འཁོར་ལོ་ཡང་ཇོ་ནང་ཀུན་མཁྱེན་ཆེན་པོའི་ གསུང་འབུམ་རྗེ་བཙུན་ཏཱ་ར་ནཱ་ཐས་རྣམ་ཐར་རྣམས་གསར་བཞེངས་དང༌། ས་དམར་འདུ་ ཁང་མེས་ཚིག་པ་ཞིག་གསོས་དང་ཉིད་ཀྱིས་རྒྱུན་དུ་སཱ་ཙྪ་དུང་ཕྱུར་དུ་ལོངས་བ་ཕྱག་འདེབས་ སོགས་ཀྱི་སྒོ་ནས་ཀྱང་རྣམ་དཀར་གྱི་བྱ་བ་རྒྱ་ཆེར་བསྒྲུབ་ཅིང་སྟོད་སྨད་ཀུན་ཏུ་ཐ་ན་གསོལ་ ཇ་བཞེས་པ་དལ་མོ་ཙམ་ཡང་ཁོམ་ལོང་མེད་པར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཟུང་ 6-1-301 འབྲེལ་གྱིས་དུས་འདའ་བར་བྱས་ཏེ་གུས་སྦྱོར་དང་རྟག་སྦྱོར་གྱི་བརྩོན་པ་ནམ་ཡང་ཉམས་ མེད་ཆུ་བོའི་གཞུང་ལྟར་རྒྱུན་ཤིན་ཏུ་རིང་བར་གྱུར་ཏོ། ། སྨྲས་པ། མ་ལུས་འགྲོ་ལ་རྗེས་བརྩེར་རབ་གཡོ་ཞིང༌། ། མཁྱེན་པའི་ཡེ་ཤེས་དཀྱུས་རིང་འདྲེན་བྱེད་ཀྱིས། ། ཇི་བཞིན་གཟིགས་པ་འདུ་འགོག་ཡོངས་བྲལ་བ། ། སྙི ང་རྗེའི་རང་གཟུགས་སེམས་དཔའ་ཆེན་པོ་ཀྱེ། ། རྒུད་པས་ཆེར་གཙེས་ཉམ་ཐག་འགྲོ་འདི་ཀུན། ། ལས་ཀྱིས་བདས་ཤིང་སྡུག་བསྔལ་ཁུར་གྱིས་དུབ། ། གང་ལ་རེ་བའི་མིག་ཡངས་གཏོད་བྱེད་ན། ། བདེ་དགའི་ངལ་གསོ་བྱིན་ཅིག་ཐུགས་རྗེའི་གཏེར། ། གདུལ་བྱ་འཆི་མེད་གཞོན་ནུའི་བསོད་ནམས་དཔལ། ། འགྲོ་མགོན་དཔག་བསམ་ཡོངས་འདུས་ལྗོ ན་པ་བཟང༌། ། རླབས་ཆེན་ཕྲིན་ལས་ཡལ་ཀ་ཕྱོགས་བརྒྱར་གཡོ། ། མཛེས་སྡུག་ལྷ་བརྒྱས་སྐྱིད་དགའ་སྤྱོད་པའི་གནས། ། བསིལ་ལྗོ ངས་ལྷ་ལམ་འོད་ཟེར་བྱེ་བའི་གཟི། ། ཆོས་མཛོད་ནམ་མཁའི་ནོར་བུ་འོད་སྣང་ཅན། ། གདུལ་བྱའི་རྨོངས་པའི་མུན་དང་མཛའ་མིན་པ། ། གསང་སྔགས་འདབ་སྟོང་ཅིར་ཡང་བཞད་པའི་གཉེན། ། གསང་ཆེན་ཆོས་ཀྱི་ཉི་ཟེར་འབུམ་བརྡལ་བས། ། 6-1-302 ལྗོ ངས་འདིས་དགེ་མཚན་རྣམ་པར་བཀྲ་བ་འདིས། ། འཛམ་གླིང་ཉིན་བྱེད་ནུབ་རིར་ཡིབ་པའི་ཟོལ། ། གསལ་བྱེད་གཟི་འོད་འཕེལ་ཁ་མ་བཟོད་སྙམ། ། ཞེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། ། གཉིས་པ་དེ་ལས་གདུལ་བྱའི་དག་སྣང་གི་རྒྱན་དུ་གྱུར་ཚུལ་ཡང༌། འཕགས་པ་བཟང་ པོ་སྤྱོད་པ་ལས། རྡུལ་གཅིག་སྟེང་ན་རྡུལ་སྙེ ད་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་ དབུས་ན་བཞུགས་པ་དག །ཅེས་གསུངས་པ་ལྟར་དམ་པ་གང་ཉིད་ཀྱི་ཞལ་ནས། སྟེང་འོག་ ཕྱོགས་མཚམས་ཐམས་ཅད་ཞིང་ཁམས་བྱེ་བ་རབ་འབྱམས་ཡིན། ཞེས་གསུངས་པ་ཡང་ སེམས་དཔའ་ཆེན་པོའི་ཐུགས་ཀྱི་དགོངས་སྤྱོད་ཀྱི་ཡུལ་ཆོས་དབྱིངས་ནམ་མཁའ་དང་མཉམ་ པའི་གནས་ཀུན་དག་པ་རབ་འབྱམས་ཀྱི་ཞིང་འབའ་ཞིག་ཏུ་མངོན་དུ་གྱུར་ཏེ་འཕགས་པ་ ཀུན་བཟང་གི་མཛད་པ་ལ་དབང་བསྒྱུར་ནུས་པའི་གསང་ཆེན་ཟབ་མོའི་སྤྱོད་ཡུལ་བློ་དམན་ དག་གི་ཡིད་ལས་འདས་པའི་མཛད་པ་མཆོག་ལགས་ཤིང༌། ཁོང་གིས་གཉུག་མ་དོན་གྱི་རང་ ཞལ་མཇལ་ཟིན་པས་སྐུ་སྒྱུ་འཕྲུལ་མཆོག་ལ་དབང་ཐོབ་པས་གང་འདུལ་གྱི་སྐལ་ལྡན་དབང་ པོ་རབ་འབྲིང་ཐ་མའི་དབང་པོ་དང་འཚམས་པར་ངོ་མཚར་བའི་སྒྱུ་འཕྲུལ་གྱི་བཀོད་པ་ཀུན་ ཏུ་སྟོན་པ་ཡང༌། དམ་པ་གང་གིས་དབང་བཀའ་སོགས་གསུང་སྐབས་སློབ་བུ་དག་སྣང་ཅན་ དག་གི་མཐོང་སྣང་བྱུང་ཚུལ། བར་སྐབས་ཁོང་ཉིད་དཀྱིལ་འཁོར་གྱི་གཙོ་བོར་གྱུར་ཏེ་སྤྱི་ བོ་ནས་སྤྱན་རས་གཟིགས་སྤྲོས་ནས་དབང་འགྲིམ་བྱེད་པར་སྣང་བ་དང༌། བར་སྐབས་སྤྱོད་ ལམ་ཚུན་ལ་མགོན་པོ་གུར་དང་མྱུར་མཛད་ཕྱག་དྲུག་པ་གཉིས་སྔ་ཕྱི་བྱོན་ཏེ་སྐུ་སྲུང་མཛད་ པར་སྣང་བ་དང༌། ཡང་དུས་འཁོར་དབང་ཆེན་བྱིས་འཇུག་སྐབས་ཁོང་ཉིད་དུས་ཀྱི་འཁོར་ ལོ་ཡོངས་རྫོགས་སུ་མཐོང་ཞིང་གསོལ་ཇ་བཞེས་དུས་ཚུན་ལ་དུས་འཁོར་ཞལ་བཞིའི་རྣམ་ 6-1-303 པ་ནམ་ཡང་ཉམས་མེད་དུ་འཆར་བ་དང༌། དེ་སྐབས་བྱང་ཤམ་བྷ་ལ་ནས་འོང་བ་ཡིན་ཟེར་ བའི་མི་དཀར་པོ་ལ་ཐོད་ཅན་གྱིས་བླ་མ་དང་དཀྱིལ་འཁོར་ལ་བསྐོར་བ་བྱེད་པར་མཐོང་བ་ དང༌། ཆོས་དབྱིངས་གསང་དབང་སྐབས་ཁོང་ཉིད་གསང་འདུས་མི་བསྐྱོད་རྡོ་རྗེའི་རྣམ་པར་ མཐོང་ནས་སྐུ་ལས་འོད་ཟེར་གྱི་ཚོགས་སྤྲོས་པའི་སྣེ་ན་ཐབས་ཤེས་ཀྱི་ལྷ་ཡབ་ཡུམ་མཐའ་ ཀླས་པས་ཁྱབ་པ་ཅན་དུ་མཐོང་བ་དང༌། ནཻ་གུའི་དབང་གི་སྐབས་ཁོང་དཔལ་མགོན་པོ་མྱུར་ མཛད་ཡེ་ཤེས་པའི་རྣམ་པར་མཐོང་བ་དང༌། རྣལ་འབྱོར་མའི་རྗེས་གནང་སྐབས་བུད་མེད་ དམར་མོ་ཡེ་ཤེས་ཀྱི་མཁའ་འགྲོའི་རྣམ་པ་དབང་གྲལ་དུ་འགྲོ་བར་མཐོང་བ་དང༌། ཡང་དུས་ འཁོར་དབང་ཆེན་མཆོག་དབང་གི་ཉིན་ཁོང་ཉིད་ཀུན་མཁྱེན་ཆེན་པོའི་སྐུའི་རྣམ་པར་མཐོང་ ཏེ་དེའི་ཐུགས་ཀར་དུས་འཁོར་ཚོན་གང་བ་བཞུགས་པ་ལས་འོད་ཟེར་ཉི་འོད་ལྟར་འཕྲོས་པ་ དེས་གང་ལ་རེག་པའི་སློབ་བུ་རྣམས་ཡེ་ཤེས་ཕེབས་པར་མཐོང་བ་དང༌། དབང་གི་ཡེ་ཤེས་ སྤྱན་འདྲེན་སྐབས་སློབ་བུ་འགའ་ལ་ཡུལ་སྣང་གི་སྟོང་གཟུགས་ཐམས་ཅད་ཆེས་མཆེད་པའི་ རྐྱེན་གྱིས་ཐིག་ལེ་དབབ་བཟློ ག་གི་ཞི་བདེ་འདྲེན་པར་བྱེད་པ་དང༌། སྐབས་འགར་ཐག་ རིང་དུ་གནས་པའི་སློབ་བུ་འགའ་ཡང་རྨི་ཉམས་སུ་དག་ཞིང་དུ་བླ་མ་ཉིད་ཀྱིས་ཁྲིད་པའི་ ཉམས་གསལ་བོར་བྱུང་བ་སོགས་དབང་བཀའ་སོགས་ཀྱི་ཚེ་ཀུན་མཁྱེན་ཇོ་ནང་པ་སླར་བྱོན་ ནས་བྱིན་རླབས་འབེབས་པ་ལྟ་བུའི་རྟགས་མཚན་ཁྱད་པར་བ་ཡོད་པའི་སྐབས་དུ་མ་ཉེ་བར་ མངའ་ཞིང༌། གཞན་སྐྱེས་ཆེན་དུ་མས་ཀྱང༌། དམ་པ་ཉིད། འཛམ་གླིང་མཛེས་རྒྱན་འཕགས་ པ་ཐོགས་མེད་དང༌། གུ་རུའི་རྗེ་འབངས་ཀྱི་གྲལ་དུ་ཚུད་པ་དང༌། ཇོ་ནང་ཕྱོགས་ལས་རྣམ་ རྒྱལ་སོགས་ཁྱད་དུ་འཕགས་པའི་འགྲོ་མགོན་མང་པོའི་སྤྲུལ་པར་ཡང་ཡང་བསྔགས་སོ། །སྨྲས་པ། མཁྱེན་བཟང་ཟླ་ཤེལ་དྭངས་མའི་ཕུང་པོ་ལ། ། 6-1-304 སྣ་ཚོགས་མོས་བློའི་མཚོན་གྱིས་ལེགས་བསྒྱུར་བས། ། རང་དང་འཚམས་པའི་མཛད་བཟང་ཆེས་སྣང་བ། ། གང་འདི་རྒྱལ་བའི་ཅིག་ཆར་མཛད་ཕྲིན་བཞིན། ། ཨ་ཧོ་ཟབ་གསང་ཆོས་ཀྱི་རོལ་པ་འདིས། ། སྐལ་བཟང་གནས་འདིར་སྔགས་རིག་འཛིན་པའི་ཞིང༌། ། གྲོང་མཆོག་ཀ་ལཱ་པ་དང་འགྲན་བཟོད་འདི། ། རིགས་ལྡན་མཛད་དངོས་ཕེབས་སམ་དྭངས་པ་སྐྱེས། ། དཔལ་ལྡན་རིགས་ཀྱི་འཁོར་ལོའི་སྒྱུ་འཕྲུལ་གར། ། རྡོ་རྗེ་བུ་སློབ་དག་སྣང་མཚར་རྒུའི་ཕུལ། ། སྐལ་བཟང་གང་ལས་ཡིད་དགའ་སྤེལ་བ་འདི། ། སྲིད་གསུམ་ཡ་མཚན་གང་གིས་བསྐྲུན་པར་ནུས། ། ཞེས་པ་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། །། ༈ རྩ་བའི་ས་བཅད་གསུམ་པ་མཛད་པ་རེ་ཞིག་མཐར་ཕྱིན་པའི་ཚུལ་ནི། དམ་པ་གང་ གིས་རེ་ཞིག་ལྗོངས་འདི་ནས་མཛད་ཕྲིན་གྱི་སྒོ་ཐུན་མོང་དུ་སྣང་བ་གང་དག་རྫོགས་པ་ལ་ཉེ་ བའི་སྐབས་ཇི་ལྟར་ན། རབ་བྱུང་བཅུ་དྲུག་པའི་ནང་ཚན་དཔལ་གདོང་ཞེས་པ་ཆུ་བྱའི་ལོར་ ཁོང་ཉིད་དགུང་ལོ་དོན་གཅིག་ཏུ་སོན་པའི་ཚེ་སྦྱོར་དྲུག་པ་རྣལ་འབྱོར་མཆོག་མངའ་རྒྱ་སྐོར་ བླ་མ་བསྟན་འཛིན་རྒྱ་མཚོ། རྟོགས་ལྡན་བླ་མ་སངས་བཟང་སོགས་དང༌། སྒྲུབ་ཁང་པ་བླ་ མ་འགྲོ་དོན་དཔལ་བླ་མ་རང་གསལ་སོགས་སོ། །འདི་སྐབས་བླ་མ་བསྟན་འཛིན་རྒྱ་མཚོ་ སོགས་འདུས་སྡེ་སྤྱི་ལ་དུས་འཁོར་དབང་ཆེན་དང༌། བདེ་མཆོག་ལྷ་ལྔའི་དབང་ལེགས་པར་ གནང་ཟིན་པ་ན་སྔར་དབང་ཡིག་དང་ཌ་དྲིལ་རྣམས་ཉིད་ཀྱི་དབུ་སྔས་སུ་འཇོག་རྒྱུ་ཡིན་པ་ལ་ 6-1-305 དེ་སྐབས་སྤྱི་བའི་ཡིག་ཁང་དུ་ཞོག་གསུང་ཚེ་ཀུན་ལ་དོགས་པ་སྐྱེས། དེ་ནས་བཟུང་སྐུ་ཁམས་ ཅུང་ཟད་མི་དྭངས་པའི་ཚུལ་མཛད། སྤྱིར་སྔ་མོ་ནས་དམ་པ་ཉིད་ཀྱི་ཕྱག་རྫས་གང་ཡོད་རེས་ ཧ་ཀྵ་མ་ཎི་ཚེ་བསྙེ ན་དུང་ཡོན་སོགས་ཀྱི་ཡོན་ཐང་བཅོས། ལྷག་རྫས་གང་ཡོད་ཀྱིས་ལོ་རེ་ བཞིན་ཐུན་པ་ཆོས་ཚན་གསུམ་པོ་ལ་ཧ་ཀྵའི་ཡོན་ཐང་དུ་གནང་སྦྱིན་མཛད་དེ་བུ་སློབ་ཀུན་ སྒོ་གསུམ་དམ་པོས་བསགས་སྦྱང་ལ་འབད་དུ་བཅུག་ཏེ་གང་ཕན་གྱི་དོན་གྲུབ་པར་བྱས། དེ་ ནས་སློབ་བུ་རྣམས་ལ་བར་བར་དུ་ཁོང་ཉིད་ནས་ཞལ་གྱི་གདམས་པ་གནང་རིམ། ད་ཁྱེད་ ཅག་སློབ་བུ་ཚོས་ཐོག་མར་རང་དོན་མ་གྲུབ་ན་གཞན་དོན་མི་འོང་བས་འགྲོ་དོན་ཟེར་ལོའི་ དཀོར་གྲོང་ཆོག་སོགས་ལ་ཧེབ་མ་ཆེ། ཁྱེད་ཅག་ཚོས་ཆོས་རྣམ་དག་འཆི་ཆོས་གཤའ་མ་རེ་ བསམ་ན་གྱོང་ལྟོ་གོས་གཏམ་གསུམ་ལ་སྐུར་ཚེ་འདི་བློས་བཏང་སྟེ་འདི་སྣང་གིས་ཅིས་ཀྱང་ དགོས་པ་མེད་པ་ཞིག་གལ་ངེས་པར་ཆེ་བ་ཡིན་ཏེ། རྒྱལ་སྲས་ཐོགས་མེད་ཀྱིས། ཡུན་རིང་ འགྲོགས་པའི་མཛའ་བཤེས་སོ་སོར་འབྲལ། །འབད་པས་བསྒྲུབ་པའི་ནོར་རྫས་ཤུལ་དུ་ལུས། །ལུས་ཀྱི་མགྲོན་ཁང་རྣམ་ཤེས་མགྲོན་པོས་བོར། །ཚེ་འདི་བློས་བཏང་རྒྱལ་སྲས་ལག་ལེན་ ཡིན། །ཞེས་གསུངས་པ་ལྟར་ཁྱེད་རང་རྣམས་ཀྱིས་རེམ་པར་མཛོད་ཅིག ཆོས་སྒྲུབ་སྐབས་ ཀྱང་མི་བས་ཁས་དམན་བྱ་བས་གཉོམ་ཆུང་ཟེར་བ་ལྟར་བྱས་ནས་ཁེ་དང་རྒྱལ་ཁ་གཞན་ལ་ བྱིན། གྱོང་དང་བུབ་ཁ་རང་གིས་ལེན་ཞེས་བཀའ་གདམས་པ་གོང་མ་རྣམས་ཀྱིས་གསུངས་ པ་ལྟར་ཁྱེད་རང་ཚོས་ལག་ལེན་ཅི་ཐེབས་དགོས་ཏེ༑ རྒྱལ་སྲས་ཀྱི་ཞལ་ནས། བདག་ལ་ཉེས་ པ་ཅུང་ཟད་མེད་བཞིན་དུ། །གང་དག་བདག་གི་མགོ་བོ་གཅོད་བྱེད་ནའང༌། །སྙི ང་རྗེའི་དབང་ གིས་དེ་ཡི་སྡིག་པ་རྣམས། །བདག་ལ་ལེན་པ་རྒྱལ་སྲས་ལག་ལེན་ཡིན། །ཞེས་གསུངས་པ་ བཞིན་འབད་དགོས་མ་གཏོགས་ཡར་སྐྱུག་རྒྱུ་མར་བཤལ་རྒྱུ་རེ་ཟོས་ནས་ཆོས་ཐུན་མི་འོང༌། ཁྱེད་ཅག་གི་ཆོས་ཐུན་འོང་བ་ཅི་འདྲ་རེད། ཁོ་བོས་ནི་ཚེ་གང་བོར་ཉིན་མ་བསྡད་མཚན་མ་ 6-1-306 གཉིད་རུང་ཆོས་ཟེར་རྒྱུ་འདི་འོང་དཀའ་མོར་འདུག འདོད་པ་ཧ་ཅང་ཆེ་བས་ཆོས་འགྲུབ་པ་ མ་ཟད་ནམ་ཡང་ངོམ་པ་མེད་པས་ཕྱི་མ་མར་མར་ཐུར་ཐུར་དུ་འགྲོ་བའི་ལས་ངན་ཚབས་པོ་ ཆེ་རེ་དང་འབགས་ཉེན་ཡོད་པས་འདི་ལ་ཆེས་གཟབ་དགོས་ཏེ་དངུལ་ཆུ་ཐོགས་མེད་ཀྱིས། འདོད་པའི་ཡོན་ཏན་ལན་ཚྭའི་ཆུ་དང་འདྲ། །ཇི་ཙམ་སྤྱད་ཀྱང་སྲེད་པ་འཕེལ་བར་འགྱུར། །གང་ལ་ཞེན་ཆགས་སྐྱེ་བའི་དངོས་པོ་རྣམས། །འཕྲལ་ལ་སྤོང་བ་རྒྱལ་སྲས་ལག་ལེན་ཡིན། །ཞེས་གསུངས་པ་ལྟར་འདོད་ཆུང་ཆོག་ཤེས་བསྟེན་པ་ཞིག་གལ་ཆེ། ཆོས་སྒྲུབ་ན་ཆོས་རྣམ་ དག་ཞིག་འོང་དགོས། དེ་ཡང་སྦྱོར་བ་སེམས་བསྐྱེད་དམ་པ་དངོས་གཞི་དམིགས་མེད་དམ་ པ་རྗེས་བསྔོ་བ་དམ་པ་གསུམ་ཚང་བ་རེ་དགོས་ཤིང་ཁོ་བོ་ནི་ཐུན་ལ་འདུག་ཚུན་ཆད་དུ་ལུས་ ངག་ཡིད་གསུམ་གྱིས་དགེ་བ་ལ་འབད་པ་དང༌། ལོ་བཅུ་དྲུག་ཚུན་ནས་སྐ་རགས་ཡང་མ་ བཀྲོལ་བར་ཉིན་མཚན་འཁོར་ཡུག་ཏུ་ཆོས་ཞིག་ཨེ་འོང་བྱས་ཁུལ་ཡིན་པས་ད་ནི་ཤི་ཡང་མ་ འགྲུབ་བསམ་རྒྱུ་ཅི་ཡང་མེད། ཁྱེད་ཅག་ཚོས་ཆོས་ཞིག་བྱ་ན་དཀའ་བ་དང་དུ་ལོངས། ངལ་ བ་ཁྱད་དུ་བསད། ལུས་སྲོག་འབེན་དུ་བཞག ལུས་ཚུགས་དྲང་པོར་བསྲང༌། དྲན་པ་མངོན་ དུ་བཞག ཤེས་པ་དྲག་ཏུ་གཏད་ནས་སེམས་ཁ་ཡེངས་མིག་ཡེངས་སུ་མ་བཏང་བར་བྱ་བ་ རྟག་ཐུབ་ཀྱིས་ཚེ་མཐར་འཁྱོལ་བ་ཞིག་ཅི་ནས་ཀྱང་མ་འཆུགས་རེམ་རེམ། ད་ནི་སྒོམ་པ་མ་ ཡིན་གོམས་པ་ཡིན། གོམས་པ་ཀློང་དུ་གྱུར་ན་བསྒོམ་པའི་མཆོག་ཡིན། ཟེར་བ་ལྟར་སེམས་ ཆོས་ཕྱོགས་སུ་གོམས་པར་བྱེད་པ་འདི་གལ་ཤིན་ཏུ་ཆེ་ཞིང་མེད་མི་རུང་བ་ཡིན་ཚུལ་ཞལ་ཏ་ མང་པོ་གསུངས་སོ། ། དེ་ནས་སྐུ་ཞག་མ་བཞི་བཅུ་ཙམ་བསྙུང་ཚུལ་བསྟན་རིང་ལ་འདུས་སྡེ་སྤྱིས་ཞབས་བརྟན་ དུ་དུས་འཁོར་སྟོང་མཆོད༌། ལྷ་དགུ་དབང་སྟོང༌། ཚེ་བསྙེ ན་དུང་ཡོན། ཚེ་སྒྲུབ་སྟོང་མཆོད། སྒྲོལ་མ་འབུམ་ཐེར་སོགས་བསྒྲུབས། འདིའི་ཞག་འགའ་ཞིག་ཏུ་ཉིན་གཅིག་ཆབ་བསངས་ 6-1-307 སྐབས་དྲི་ཆེན་གནས་འགྱུར་བའི་རིལ་བུ་དྲི་བཟང་ཅན་ཐོན་པ་ལ་དཔགས་ན་སྐབས་འདི་ སྐོ ར་བེམ་རྫས་གནས་འགྱུར་ཏེ་ཡེ་ཤེས་སུ་འགྱུར་ལ་ཁད་དེ། རྒྱུད་ལས་རྟེན་དང་བརྟེན་ པའི་འབྲེལ་བ་མེད། །ཇི་སྲིད་མི་འགྱུར་ཉིད་དུ་འགྱུར། །ཞེས་གསུངས་པ་ལྟར་བེམ་ཤེས་ཀྱི་ འབྲེལ་བ་རིམ་གྱིས་ཆད་པའི་སྒོ་ནས་ཡེ་ཤེས་ཀྱི་སྐུ་མངོན་དུ་གྱུར་པ་ལ་ཉེ་བའི་སྔ་ལྟས་སུ། ཇི་སྐད་དུ། དུ་བ་ལས་ནི་མེར་ཤེས་ལྟར། །ཞེས་གསུངས་པ་ལྟར་ཡེ་ཤེས་ཀྱི་སྐུ་མྱུར་དུ་འགྲུབ་ པའི་ནང་གི་འབྲས་བུའི་རྟགས་མཚན་དུ་མངོན་ནོ། ། དེ་ནས་སློབ་ཚོགས་ཀྱི་གུས་པས་ཕྱག་དང་བཅས་བཞུགས་ཞུས་ཕུལ་ཚེ། རེ་རེ་ལ་དབུ་ གཏུགས་མཛད་བཞིན་ཞལ་ཏ་གནང་བ། སྔོ ན་བདག་ཅག་གི་སྟོན་པ་ནས་བཟུང་བདག་ཉིད་ ཆེན་པོ་གང་དག་བྱོན་ཚད་གདུལ་བྱ་རྫོགས་པ་ན་གཅིག་ཀྱང་མི་བཞུགས་པར་ད་ལྟ་བྱོན་ ཚུལ་བསྟན། རང་ཡང་ད་ནི་ལོ་མཐར་ཕྱིན་ཅིང་རང་གཞན་གྱི་དོན་གང་དགོས་བྱས་ཟིན་པས་ བསམ་པ་འགྲུབ། ཁྱད་པར་ཁྱེད་སློབ་ཚོགས་ཀྱིས་ང་ལ་དྲིན་མ་ཆོད་བསམ་པ་མེད། ད་ སྐབས་རང་གི་ཚེ་ཚད་ལས་ལྷག་པ་ཞག་འགའ་ཁྱེད་བུ་སློབ་དག་གི་བསམ་པ་རྫོགས་ཕྱིར་ བསྡད་པ་ཡིན། ངའི་ཤུལ་དུ་ཆོས་ཉམས་ལེན་ལ་གཟབ་པ་དང་དགོན་འདིར་ཟླ་རེ་འདུག་ པ་དང་དགོན་འདི་ལ་ཞབས་ཏོག་གང་འགྲུབ་རེ་བགྱིས་ན་ང་རང་མ་བརྗེད་པ་ཡིན། རང་ སེམས་ཉམས་ལེན་འདི་ལས་ལོགས་ན་ཁོ་རང་མེད། ཁོ་བོ་ཤི་སོང་རྗེས་རོ་གོག་འདི་ལ་ བལྟ་བས་ཅི་ཞིག་བྱ་ཞེས་སོགས་ཞལ་ཏ་ཡང་ཡང་གསུངས། དེ་ནས་མཚམས་གྲྭ་པ་སོ་སོར་ ལ་རང་རང་གི་ཁྲིད་མཚམས་ཡན་ལེགས་པར་ཁྲིད་ཁྱད་པར་སོར་བསམ་པ་རྣམས་ལ་རང་ རང་གི་ཁྲིད་མཚམས་མན་ཆད་རྗེས་ཁྲིད་རྣམས་ཐུགས་ཐོག་ནས་གསུངས། སྐུ་མདངས་ ཡར་བཟང་ཞིང་དྭངས་པའི་ཚུལ་མཛད། དེ་ནས་རེ་ཞིག་ན་ཁོང་གི་སྐུ་དབོན་བླ་མ་དོན་ཀུན་ ལ་འདི་ལྟར་གསུངས། ཁྱོད་ཀྱིས་སྦྱོར་དྲུག་ཁྲིད་ཡིག་མཐོང་བ་དོན་ལྡན་ལྷ་རྫས་ཀྱི་དར་དང་ 6-1-308 བཅས་འདི་བླ་མ་ངག་དཔལ་ལ་སྤྲོད། བདག་གིས་མཆིད་ནས་ཁོང་ཉིད་ཀྱིས་ཆོས་ཚན་འདི་ རྣམས་ཁྲིད་མཇུག་ལེགས་ཕུད་མཛད་པ་བཀའ་དྲིན་ཆེ་ཞུ་གྱིས་གསུངས་པ་ལྟར་བྱས་པས། བླ་མ་ངག་དཔལ་ནས་ཀྱིས་དེ་ལུགས་ལྟར་གྱི་བཀའ་གསུང་དང་བླངས་མཛད་དེ་དར་ལེགས་ པར་བཞེས་པས་དམ་པ་མཆོག་གིས་ཐུགས་དགྱེས་པས་སྐུ་ཚེ་བརྟན་པའི་ཐུགས་སྨོན་དང་ བཅས་དར་ཅིག་དགོངས་པ་མཉམ་པར་བཞག དེ་རྗེས་བླ་མ་ངག་དཔལ་མདུན་དུ་བོས་ཏེ་ དབང་ཡིག་དང་ཌ་དྲིལ་ཡིག་མཛོད་ལྡེ་མིག་བཅས་གཏད་དེ་རང་ཅག་ཕ་བུ་ལྟ་བུ་ཡིན་པས་ ད་ལན་ཐུགས་རྗེ་ཆེ་ཚུལ་གསུངས། དེ་ནས་ཁོང་གིས་སྐུ་དབོན་ལ་དགོན་འདི་མ་འོངས་པ་ ན་ལྷག་པར་དར་ཞིང་རྒྱས་ཚུལ་གྱིས་བཀའ་ལུང་ཡང་དག་མཛད། ལོ་དེའི་ཟླ་བ་དྲུག་པའི་ ཚེས་བཅུ་བདུན་ཉིན་སྐུ་དབོན་དོན་ཀུན་ལ་ཞལ་ལུང༌། ཁྱོད་ཀྱིས་སང་ཉི་ཤར་དུས་བཅའ་ བཤམས་དང་བཅས་གཏོར་ཆོག་སྐད་གསང་མཐོན་པོས་ཐོན་དང་རང་ནས་ཆོས་སྐྱོང་བརྟན་ བཞུགས་བྱའོ་གསུངས། དེ་ལྟར་བགྱིས་རྗེས་ཞག་འགའ་སོང་ནས་ཚེས་ཉི་ཤུའི་ཉི་དྲོས་ཙམ་ ན་སྔར་ཞག་རང་བོར་གསོལ་ཆས་ཉུང་ཤས་ལས་མི་གསོལ་ན་དེའི་ཉིན་གསོལ་ཆས་བཟང་ པོ་གསོལ་ནས། ཞལ་གསུང་ལ། ད་ནི་ཁོང་འགྲོ་བར་ཆས་པ་ཡིན། འདི་ནས་ཚེ་འདི་འཕོས་ པ་ཐག་ཤར་ཕྱོགས་མངོན་པར་དགའ་བ་དཔལ་རྡོ་རྗེ་སེམས་དཔའི་ཞིང་ཁམས་སུ་ཡེ་ཤེས་ སྒྱུ་མའི་སྐུའི་ངོ་བོ་སྐད་ཅིག་གིས་འགྲུབ་རྒྱུ་ཡིན་པས་ཐུགས་དམ་ལ་འདུག་རྒྱུ་ཅི་ཡང་མེད། རང་ལ་གདུང་མཆོད་རྟེན་ཡང་ཆེ་རྒྱས་མི་དགོས་གདུང་ཆས་སོགས་དཔེ་སྲོལ་ལྟར་རེ་བྱས་ ཀྱང་ཉེས་པ་མེད། རང་གི་གོས་སོགས་ངན་སློང་ལ་སྦྱིན་པ་ཐོང༌། འདི་ན་རང་ལ་ནད་ཅུང་ ཙམ་ཡོད་པ་མནའ་གྲིབ་ཕྲན་བུའི་རྐྱེན་རེ་དང་སྐྱེ་སྲིད་ཐ་མའི་ཟད་མཚམས་ལ་ཐུག་པ་ཡིན་ དེ་ནས་ཁོང་ཕྱིར་མི་ལྡོ ག་པའི་ཞིང་དུ་འགྲོ་རྒྱུ་ཡིན་ཕྱིར་རྗེས་སོར་སྐུ་སྐྱེ་འདིར་མི་འོང༌། ད་ལྟ་ ཁོང་ལ་ཆོས་ཀུན་ལག་མཐིལ་དུ་བལྟས་པ་ལྟར་གསལ་སྒྲིབ་མེད་ཀྱང་འཆི་ཁར་མི་སྨྲ་བའི་ 6-1-309 དམ་བཅའ་ཡོད། ཅེས་གསུངས་ནས་འབྲེལ་ཐོགས་ཚེ་འདས་རྣམས་ལ་འཕོ་བ་ཕཊ་སྒྲ་བཅས་ བསྔོ ་སྨོན་ཡང་མཛད། དེ་ནས་ཚེས་དེའི་ནུབ་མོར་ཉེ་གནས་གཉིས་ལ་ཁོང་ད་ལན་གང་བྱས་ རང་དབང་ཡོད་པས་ལུས་མཉམ་བཞག་གི་ངང་ནས་འགྲོའམ་སེང་གེ་ཉལ་སྟབས་ཀྱིས་འགྲོ་ གསུངས། ཉེ་གནས་གཉིས་ན་རེ། ལུས་མཉམ་བཞག་གིས་འབྱོན་པར་ཞུ། བྱས་པར་རེ་ཞིག་ ཙམ་ནས་སྐུ་བསྙུང་བ་མེད་པའི་ཚུལ་གྱིས་ཡར་བཞེངས་ནས་ཁོང་ལ་ན་ཟུག་གང་ཡང་མེད་ པར་འོ་མ་དང་དམ་རྫས་གསོལ་ནས་རེ་ཞིག་དབུ་གཟན་གྱིས་བཏུམ་ནས་དར་ཅིག་ལ་མཉམ་ པར་བཞག་ཏེ་ཕཊ་སྒྲ་ལན་གསུམ་མཛད། དེ་ནས་སྲོད་འཁོར་ཕག་གི་དུས་སུ་གཟིམས་ཆས་ ཐམས་ཅད་སྤོར་དུ་བཅུག་སྟེ་སྐུ་ལུས་རྣམ་སྣང་ཆོས་བདུན་བྱས། མཐིང་ཤམ་དང་ཆོས་གོས་ ལེགས་པར་མནབས་ཏེ་སྤྱན་ནམ་མཁའ་ལ་གཟིགས་ནས་རླུང་དལ་བུས་ཕྱིར་ཕུད་དེ་སླར་ ནང་དུ་རྔུབ་པ་དང་མཉམ་དུ་ཐུགས་དགོངས་ཆོས་ཀྱི་དབྱིངས་དང་དབྱེར་མེད་དུ་གྱུར་ཏེ་ གཟུགས་སྐུའི་བཀོད་པ་བསྡུས་སོ། །དེ་ནས་སྐུ་ལུས་བཀྲགས་མདངས་སྔར་ལས་རྒྱས་ཤིང་ གཟི་བརྗིད་དང་བཅས་ཏེ་ཞག་གཉིས་ལ་བཞུགས་མཚམས་ནས་དཀར་ཆ་སྟེང་དང་དམར་ ཆ་ནོར་བུ་ནས་མངོན་པར་བྱུང་སྟེ། དབང་མདོར་བསྟན་ལས། ལུས་ཅན་རྣམས་ནི་འཆི་བ་ ན། །ཟླ་བ་བདུད་རྩི་ཐུར་དུ་འགྲོ། །སྟེང་དུ་ཉི་མ་རྡུལ་སྒྲ་གཅན། །ཞེས་འཁོར་བ་པ་རྣམས་ ལ་ཁུ་རྡུལ་དེ་ལྟར་འབབ་ལུགས་དང༌། རྣལ་འབྱོར་མཆོག་ལ་གནས་པ་རྣམས་ལ་དེ་ལས་ བཟློ ག་ནས། སངས་རྒྱས་ཀུན་གྱི་མཛོད་སྤུ་ཡི། །པདྨར་ཟླ་བ་བདུད་རྩི་ཉ། །ཉི་རྡུལ་གནམ་ སྟོང་གསང་བ་སྟེ། །ཞེས་གསུངས་པ་ལྟར་གྱིས་རྟགས་མཚན་ཁྱད་པར་བ་དང་བཅས་ཏེ་སྐུ་ གདུང་དེ་ཉིད་གནས་ལ་བཞེངས་པར་བྱས་ལོངས་སྤྱོད་རྫོགས་པའི་ཆས་ཀྱིས་བརྒྱན་ནས་ འདུ་ཁང་དུ་སྤྱན་དྲངས་ཏེ་མཆོད་རྫས་དུ་མས་ཉེ་བར་མཆོད་དེ་དགེ་འདུན་པ་བརྒྱ་ཕྲག་ལྷག་ གིས་གདུང་མཆོད་ཞག་བདུན་ལ་འཚོགས་དེ་སྐབས་ནམ་མཁའ་ལ་འཇའ་རིས་སྣ་ཚོགས་ 6-1-310 བཀྲ་ཞིང༌། ཤར་ནས་འཇའ་སྔོ ན་པོ་ནུབ་ཕྱོགས་སུ་ཟུག་ཕྱོགས་མཚམས་རྣམས་སུ་འཇའ་ ཟེར་ཟླུམ་འཁོར་དུ་མས་གང་ཞིང༌། འཇའ་སྤྲིན་ལིང་མ་དཀར་སེར་དམར་ལྗང་སོགས་ལང་ ལོང་དུ་འཁྲིགས་ཤིང་སྤྲིན་འཇའ་སྔོན་པོ་སྣམ་བུ་བསྐྱངས་པ་འདྲ་བས་མཁའ་ཀུན་ཁེབས་ ཤིང༌། སློབ་བུ་རྣམ་ལའང་དག་སྣང་གི་ཉམས་ལ། ནམ་མཁའ་འཇའ་སྤྲིན་གྱི་དབུས་ན་ཡེ་ ཤེས་ཀྱི་མཁའ་འགྲོ་དབུ་རྒྱན་ཅན་མང་པོ་དང་བཅས་བླ་མ་ཉིད་པཎ་ཞྭ་གྱོན་བཞིན་བྱོན་པའི་ སྣང་བ་དང༌། བླ་མ་སྐུ་དངོས་ཀྱི་རྣམ་པ་ཉིད་འཕགས་པ་སྤྱན་རས་གཟིགས་བཅུ་གཅིག་ཞལ་ དུ་གནས་འགྱུར་བའི་སྣང་བ་དང༌། བླ་མ་རིན་པོ་ཆེའི་ཕྱག་གིས་བུམ་པ་བསྣམས་པ་ནས་ བདུད་རྩི་འོ་མའི་རྒྱུན་ལྟ་བུ་སྤྱི་བོར་བླུགས་པས་ལུས་ཀུན་གང་བའི་སྣང་བ་སོགས་ཕྱི་ནང་ གི་རྟགས་མཚན་ཆེས་ཕུལ་དུ་བྱུང་བ་མཐའ་ཡས་པ་དང་བཅས་པའི་སྒོ་ནས་སྐུ་གདུང་རིན་ པོ་ཆེ་དེ་ཉིད་དགེ་འདུན་གྱིས་སེར་ཕྲེང་མཆོད་རྫས་ཀྱི་རྣམ་པ་དུ་མས་འདུ་ཁང་གི་ཕྱི་ཁྱམས་ ཀྱི་ར་སྟེང་གདུང་ཁང་དུ་སྤྱན་དྲངས་ཏེ་བླ་གྲྭ་འདུས་སྡེ་མང་པོས་རྒྱུད་སྡེ་སོ་སོ་ལ་བརྟེན་ནས་ དཀྱིལ་འཁོར་བསྒྲུབས་ཏེ་ཞུགས་ཕྲེང་གི་བསྲེག་བླུག་རྒྱ་ཆེན་པོའི་མཆོད་པས་དྲི་བཟང་གི་ ངད་རྒྱ་ཆེར་བཅས་ཞུ་བ་བགྱིས་ནས་གདུང་ཁང་བདུན་ཕྲག་གསུམ་གྱི་ཉིན་ཞག་ཏུ་བུ་སློབ་ སྐྱེས་ཆེན་དུ་མས་རྒྱས་ཉེ་བར་བཏབ་སྟེ་ཁྲུས་གསོལ་མཆོད་འབུལ་ཡང་དག་བྱས། དེ་སྐབས་ སུའང་སློབ་བུ་འགའི་རྨི་ལམ་གྱི་གསལ་ཉམས་ལ་ཤར་ཕྱོགས་ནས་ལམ་དཀར་པོ་སྣམ་བུ་ བརྐྱང་བ་ལྟ་བུ་གདུང་ཁང་ལ་ཟུག་པའི་སྟེང་ནས་བླ་མ་མཆོག་ཉིད་ཕེབས་ཏེ་གདུང་ཁང་ནང་ དུ་བྱོན་རྗེས་ཕྱིའི་ཁྲི་སྟེང་ནས་བུ་སློབ་ཀུན་ལ་ཆོས་ཀྱི་ཁྲིད་མཚམས་ཡན་གསུངས་ནས་འཕྲོ་ རྗེས་ནས་ཁྲིད་མཁན་ཡོད་པའི་ལུང་བསྟན་དང་བཅས་སླར་མངོན་དགའི་ཞིང་དུ་ཕེབས་སྣང་ སོགས་ཀྱང་བྱུང་ངོ༌། །དེ་ནས་ལྷ་རྩེ་སྤྲུལ་སྐུ་ཐུབ་བསྟན་ལུང་རྟོགས་རྒྱ་མཚོ་བྱོན་ནས་ཕྱག་ དང་བཅས་གདུང་ཁང་གི་ཞལ་ཕྱེ་སྐབས། ཇི་སྐད་དུ། སྐུ་ལ་རུས་པ་ཁྲག་མེད་ཀྱང༌། །ཐབས་ 6-1-311 ཀྱི་རང་བསྲེལ་བཞག་པར་མཛད། །ཅེས་གསུངས་པ་ལྟར་གདུང་ཁང་ནང་དུ་གདུལ་བྱའི་ བསོད་ནམས་ཀྱི་ཞིང་དུ་རིང་བསྲེལ་ཁ་དོག་དཀར་པོ་ཁུ་འཕང་བབས་པ་ལྟར་ཤིན་ཏུ་མང་པོ་ བྱོན་ཀྱང་རྗེས་ནས་ལག་བླང་ཇི་བཞིན་ཐེབས་པའི་བསོད་ནམས་མ་ཡོད་པ་འདྲ་ཞིང༌། དེའི་ ཉིན་ཡང་ས་གཡོ་བ་དང་འཇའ་སྤྲིན་གྱིས་མཁའ་དབྱིངས་ཁྱབ་པར་གྱུར་ཏོ། ། དེ་ནས་ས་དམར་དགོན་པའི་དབུ་ཆོས་རྣམས་ཀྱིས་སྔར་དམ་པ་ཉིད་ཀྱི་བཀའ་ལུང་ལྟར་ ཀུན་དགའ་ངག་དཔལ་བཟང་པོ་དགོན་བདག་རྒྱལ་ཚབ་ཏུ་བསྐོ ས། དེ་ནས་ལོ་རེ་བཞིན་བུ་ སློབ་དག་གིས་དམ་པ་མཆོག་གི་གདུང་མཆོད་དུ་དུས་འཁོར་ལྷ་དགུའི་སྒྲུབ་མཆོད་ཉིན་བཞི་ མ་རྒྱུན་ཚུགས་སུ་ནམ་ཡང་ཆད་མེད་བྱས་ཤིང༌། སྐུ་གདུང་ཤ་རི་རམ་གྱི་སྐལ་བ་ལས་འདྲ་ སྐུ་དང་ཐུགས་རྟེན་ཁྱད་པར་བ་བཞེངས་ཏེ་དེ་དག་བཞུགས་སུ་གསོལ་བའི་གནས་སློབ་བུ་ དག་གིས་དངུལ་གྱི་མཆོད་རྟེན་ཆེ་ཆུང་བདུན་དང་ཁྱད་པར་གྲུབ་ཆེན་ཉི་ཕུག་པའི་རྣམ་རོལ་ དམ་པའི་བླ་མ་རིན་ཆེན་དར་རྒྱས་གང་ཉིད་ཀྱིས་མཛི་རོང་གི་མཆོད་རྟེན་མཐོང་གྲོལ་ཆེན་པོ་ ལྗོངས་འདིའི་ལུས་ཅན་མཐའ་དག་གི་བསོད་ནམས་ཀྱི་ཞིང་བླ་ན་མེད་པར་གསར་དུ་ལེགས་ བསྐྲུན་མཛད་པའོ། ། དེ་ལྟར་གསང་བ་སྔགས་ཀྱི་རྡོ་རྗེ་སློབ་དཔོན་ཆེན་པོ་ཀུ༵ན་དག༵འ་སྙན༵་གྲག༵ས་རྒྱ༵་མཚོ༵་ དཔ༵ལ་བཟ༵ང་པོ༵འི་རྟོགས་བརྗོད་ཀྱི་རྣམ་པར་ཐར་པ་གང་གི་རྡོ་རྗེའི་བུ་སློབ་སྐྱེས་ཆེན་དམ་ པ་འགའ་ཞིག་གི་ཐུགས་ཉམས་སུ་རགས་རིམ་གྱི་ཆ་ཅུང་ཞིག་བཞུགས་པ་དག་གིས་གཞི་ བྱས་ཏེ་རང་གིས་ཡང་རྣམ་པར་དཀར་བའི་ལེགས་ཚོགས་ཉེ་བར་བསྐྲུན་ཆེད་དཔལ་ལྡན་བླ་ མ་གང་ཉིད་ཀྱི་ཐུགས་དགྱེས་བསྐྱེད་ཀྱི་མཆོད་པའི་སྤྲིན་རང་བློས་གང་དཔོག་ཙམ་ལེགས་ པར་བཀོད་པ་ལགས། སྨྲས་པ། 6-1-312 ཀུན་ནས་ངོ་མཚར་ཡེ་ཤེས་འཕྲུལ་གྱིས་གསང་གསུམ་ཡོན་ཏན་རླབས་ཆེན་ཀུན། ། དགའ་ཆེན་བདེ་སྟོང་ཟུང་འཇུག་རང་གཟུགས་ཟག་བྲལ་སྒྱུ་མའི་ལང་ཚོས་དགའ། ། སྙན་པའི་ཚངས་དབྱངས་བརྗོད་བྲལ་ནཱ་ད་ཕྱོགས་ཀྱི་འཁོར་ལོར་ཁྱབ་པས་སྙན། ། གྲགས་པ་མཆོག་གི་ཡེ་ཤེས་ཆེ་མངའ་ལྷར་བཅས་ཡོངས་ཀྱི་བླ་མར་གྲགས། ། ཀུན་བཟང་སྤྱོད་པའི་ཆོ་འཕྲུལ་ནམ་མཁའི་མཐའ། ། དགའ་ཆེན་ཡེ་ཤེས་སྒྱུ་མའི་བཀོད་པ་མཆོག ། སྙན་པ་འཇིག་རྟེན་ཁམས་འདིར་ལྷང་ངེ་བ། ། གྲགས་ཆེན་འགྲོ་བའི་འདྲེན་པ་བཤེས་གཉེན་ཚུལ། ། མང་མང་གསང་བ་གསུམ་གྱི་མཛད་པ་ཆེ། ། ཡང་ཡང་དད་པའི་རྒྱན་དུ་རྟག་འཆར་བས། ། གུས་གུས་སེམས་ཀྱིས་མ་བཟོད་རྟོགས་བརྗོད་གཏམ། ། ཉུང་ཉུང་ཚིག་གིས་མཆོད་པའི་སྤྲིན་དུ་སྤྲོས། ། རྒྱ་ཆེན་ཟད་པ་མེད་པའི་ཡོན་ཏན་ཚོགས། ། ཇི་བཞིན་འཕགས་མཆོག་གིས་ཀྱང་བརྗོད་དཀའ་ན། ། སོ་སྐྱེས་རྨོངས་པ་བདག་འདྲས་སྤྱོད་ཡུལ་ཅི། ། འོན་ཀྱང་གཞན་གྱིས་བསྐུལ་ཕྱིར་ཆ་ཙམ་བཀོད། ། ཉུང་ངུའི་ངག་གི་དམ་པའི་རྣམ་ཐར་གྱི། ། ཆ་ཙམ་བརྗོད་ལ་ལེགས་ཆ་གང་མཆིས་པ། ། དེས་ནི་བླ་མ་དགྱེས་པའི་མཆོད་སྤྲིན་དང༌། ། ལྷན་ཅིག་དམ་པས་རྗེས་སུ་འཛིན་བྱེད་ཤོག ། 6-1-313 བདག་སོགས་སྐྱེ་བ་འདི་དང་ཚེ་རབས་སུ། ། རླབས་ཆེན་མགོན་དང་ནམ་ཡང་གཡེལ་མེད་པར། ། ཟབ་གསང་གདམས་པར་སྤྱོད་ལ་དབང་འབྱོར་ཏེ། ། བླ་མའི་རིགས་བདག་སྤྱི་བོའི་རྒྱན་གྱུར་ཅིག ། ལེགས་བྱས་གང་དེའི་རྣམ་པར་དཀར་བའི་ཚོགས་མཆོག་ཟླ་ཟེར་དང༌། ། ཡོངས་འདྲེས་ཀུན་དའི་ཚལ་ལྟར་རབ་ཏུ་དཀར་བ་དྲི་མེད་པ། ། གཞན་ཕན་སེམས་དང་དམིགས་མེད་ལྟ་བས་རྒྱས་བཏབ་བསོད་ནམས་གང༌། ། དེས་ནི་རིང་མིན་བདག་ཀྱང་འགྲོ་ལ་ཕན་པ་སྦྱིན་བྱེད་ཤོག ། ཅེས་གསང་སྔགས་ཀྱི་རྡོ་རྗེ་སློབ་དཔོན་ཆེན་པོ་ཀུན་དགའ་སྙན་གྲགས་རྒྱ་མཚོའི་རྟོགས་བརྗོད་ཀྱི་རྣམ་ཐར་དཔལ་ལྡན་ བླ་མ་དགྱེས་པའི་ཀུན་བཟང་མཆོད་སྤྲིན་ཞེས་བྱ་བ་འདི་ཡང་གང་གི་སློབ་བུའི་མཆོག་རྟོགས་པའི་དབང་ཕྱུག་བླ་མ་རང་གསལ་ ཉིད་ནས་ཐུགས་བསྐྱེད་ཡང་དག་པས་ལྷ་གོས་དྲི་མེད་ཀྱི་གནང་སྦྱིན་དང་བཅས་བཀའ་གསུང་ཕེབས་པ་དང༌། ཁྱད་པར་རབ་ བྱུང་གཙང་མར་ཉེ་བར་བརྩོན་པའི་གྲྭ་བཙུན་བརྩོན་འགྲུས་དང་ཆོས་མཛད་ཟུང་གིས་ལྷ་རྫས་ཀྱི་སྐྱེས་དང་བཅས་བསྐུལ་མ་ཆེད་ གཉེར་མཛད་པ་བཞིན། མ་ཏི་ཀིརྟི་ཞེས་པས་འཕྲལ་དུ་སྦྱར་བ་འདི་ནི་དགེ་བར་གྱུར་ཅིག། །།ཛ་ཡནྟུ། བཀྲ་ཤིས། 6-1-314 ༄༅། །དཔལ་ལྡན་བླ་མ་ངག་དབང་བསྟན་པ་རབ་རྒྱས་ཀྱི་ རྣམ་པར་ཐར་པ་མདོ་ཙམ་བཀོད་པ་དད་པའི་མྱུ་གུ་ འཕེལ་བྱེད་ཅེས་བྱ་བ་ བཞུགས་སོ།། ༄༅། །དཔལ་ལྡན་ཚོགས་གཉིས་ཆུ་གཏེར་ཆེ་ལས་འཁྲུངས། ། གཞན་སྣང་སྐུ་གཉིས་འོད་དཀར་སྣང་བ་ཅན། ། གང་འདུལ་རིགས་གཉིས་ཀུ་མུད་བཞད་པའི་གཉེན། ། རང་གཞན་དོན་གཉིས་མཐར་ཕྱིན་བླ་མར་འདུད། ། ཀུན་ཁྱབ་ཆོས་སྐུ་གདོད་མ་ཉིད་ནས་དག ། རང་གསལ་ཡེ་ཤེས་ཞི་བ་ཆེན་པོའི་དབྱིངས། ། ནམ་མཁའི་བདེ་ཆེན་ཉག་གཅིག་རིས་བྲལ་བ། ། རྒྱལ་ཀུན་དོན་གྱི་ནང་དབྱིངས་གཅིག་འདི་རྒྱལ། ། འོད་གསལ་དབྱིངས་ལས་སྒྱུ་མའི་རོལ་གར་གྱིས། ། ངེས་པ་ལྔ་ལྡན་ཞིང་གི་གཙོར་གྱུར་པ། ། རབ་འབྱམས་ས་བཅུའི་སེམས་དཔའི་གཙུག་ན་མཛེས། ། ལོངས་སྤྱོད་རྫོགས་སྐུ་རིགས་ཀུན་རྗེ་ལ་འདུད། ། 6-1-315 གང་ལས་ཕུན་ཚོགས་ཆོ་འཕྲུལ་ནམ་མཁའི་མཐའ། ། རིས་སུ་མ་ཆད་གང་འདུལ་བཀོད་པའི་གར། ། རྒྱ་ཆེར་ཅིར་ཡང་སྤྲོ་བའི་འཕྲུལ་ཆེན་པོ། ། དཔག་ཡས་ཞིང་གི་སྤྲུལ་པར་གུས་པས་མཆོད། ། ཁྱད་པར་སྙི གས་དུས་འགྲོ་ལ་ང༵ག་གི་དཔལ། ། གསང་ཆེན་ཐེག་པས་དབ༵ང་བསྒྱུར་སྔགས་ཀྱི་མགོན། ། རྨད་བྱུང་ཟབ་གསང་བསྟན༵་པ༵་སྤེལ་བའི་གཉེན། ། འགྲོ་འདྲེན་མཛད་ར༵བ་རྒྱ༵ས་དེའི་བཀའ་དྲིན་དྲན། ། གང་གིས་སྔོ ན་ནས་བྱང་ཆུབ་བརྙེས་ཟིན་ཀྱང༌། ། གང་འདུལ་འགྲོ་ངོར་སློབ་པའི་བརྫུ་བག་གིས། ། རང་དོན་སྤངས་རྟོགས་གཉེར་བའི་ངང་ཚུལ་ཅན། ། རྟོགས་དཀའི་མཛད་བཟང་མངའ་བ་གང་དེ་རྒྱལ། ། ལེགས་བྱས་མ་སྨད་མཛད་མཆོག་ཡ་མཚན་པ། ། རང་གཞན་དོན་གཉིས་མཛད་ཆེན་ཟུང་འབྲེལ་གྱིས། ། ས་འདིར་དགེ་མཚན་མཛད་རབ་རྒྱས་བྱེད་པའི། ། དོན་གཉིས་ལྷུན་གྲུབ་བླ་མའི་ཞབས་ལ་འདུད། ། ཁྱད་པར་སོ་སྐྱེས་དབང་པོའི་སྤྱོད་ཚུལ་གྱིས། ། སྐུ་ཚེ་འདིར་ནི་གདམས་ཟབ་ཉམས་ལེན་ལ། ། རིམ་གྱིས་འབུངས་བས་མངོན་རྟོགས་མཆོག་བརྙེས་ཏེ། ། སྦས་པའི་རྣལ་འབྱོར་ཚུལ་འཆང་རྗེ་འདིས་སྐྱོངས། ། 6-1-316 རང་དོན་མཆོག་མངའ་གཞན་ཕན་བརྩེ་ཆེན་གྱིས། ། གསང་ཆེན་གདམས་པས་གདུལ་བྱ་རྗེས་བཟུང་ནས། ། སེམས་དཔའ་ཆེན་པོའི་སྤྱོད་པ་ཡ་མཚན་གྱིས། ། གཞན་དོན་ལྷུར་ལེན་བྱེད་དེས་འགྲོ་ཁམས་འདུལ། ། རེ་ཞིག་ལྗོ ངས་འདིའི་གདུལ་བྱ་རྫོགས་པའི་སྐབས། ། འགྲོ་ངོར་གཟུགས་སྐུ་ཆོས་དབྱིངས་དབྱེར་མེད་པ། ། སྒྱུ་མའི་ཟློ ས་གར་ཅིར་ཡང་བསྒྱུར་མཛད་པའི། ། འགྲོ་འདྲེན་མཆོག་གི་ཞབས་པད་གུས་པས་མཆོད། ། དམ་པའི་མཛད་བཟང་ཀུན་གསལ་སྒེག་མོ་ལས། ། བརྒལ་ཡང་འདི་ན་འགྲོ་བློ་དང་འཚམས་པར། ། ཆ་ཙམ་དད་འདུན་ཡུལ་དུ་ཉེར་བསྐྲུན་པ། ། མོས་གུས་རྒྱ་ཆེར་འཕེལ་བའི་སླད་དུའོ། ། ཞེས་པའི་ཚིག་ཕྲེང་གིས་འདིར་འོག་ནས་འཆད་པར་འགྱུར་བའི་དམ་པའི་རྣམ་པར་ཐར་ བ་དང་མཐུན་པའི་མཆོད་པར་བརྗོད་པ་སྔོན་དུ་འགྲོ་བའི་སྒོ་ནས་ད་སྐབས་སུ་བབ་པ་གང་ གླེང་བར་བྱ་བ་དེ་ལ་ཡང་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་པའི་དགོངས་ཀློང་དབྱིངས་དང་ ཡེ་ཤེས་རོ་མཉམ་པའི་གཤིས་གཅིག་གི་ངང་ལས་རང་སྣང་དག་པའི་འཁོར་འབའ་ཞིག་དང་ བཅས་ཏེ་འོག་མིན་གྱི་ཞིང་དུ་རྣམ་པ་ཐམས་ཅད་པའི་རོལ་བ་བསམ་གྱིས་མི་ཁྱབ་པ་ཆེས་ཉེ་ བར་བཀོད་པ་ཕྱོགས་དང་དུས་སུ་རྣམ་པ་རིས་སུ་མ་ཆད་པའི་བདག་རྐྱེན་ལས་དག་མ་དག་ གི་ཞིང་ཁམས་རབ་འབྱམས་རྣམས་སུ་གང་འདུལ་སྒྱུ་མའི་བཀོད་པ་གདུལ་བྱ་རང་རང་དང་ འཚམས་པར་མཐའ་ཡས་པ་རྣམ་པ་ཀུན་ཏུ་ཚད་བཟུང་དང་བྲལ་བར་ནམ་ཡང་རྟག་པར་ 6-1-317 རྒྱན་གྱི་འཁོར་ལོར་ཟད་མེད་ཕན་བདེའི་དཔལ་དུ་མཛད་ཕྲིན་རླབས་ཆེ་བའི་རྒྱུན་དུས་ཀུན་ ཏུ་ཆད་པ་མི་མངའ་ཞིང༌། ཀུན་གཟིགས་འགྲོ་འདྲེན་མཆོག་གང་དག་གིས་རང་དོན་སྤངས་ པ་དང་རྟོགས་པའི་བྱང་ཆུབ་རྒྱ་མཚོ་ལྟ་བུ་རིང་མོའི་དུས་ནས་མངའ་བརྙེས་ཏེ་ལེགས་པར་ ཁོང་དུ་ཆུད་ཅིང་མཐར་ཐུག་གི་གོ་འཕང་མངོན་དུ་གྱུར་ཟིན་ནས་གཞན་གདུལ་བར་བྱ་བའི་ སེམས་ཅན་མཐའ་དག་གི་རྒྱུད་རབ་ཏུ་སྨིན་པར་བྱ་བའི་ཕྱིར་དུ་བྱང་ཆུབ་ཀྱི་སྤྱོད་པ་ཐབས་ གང་ལ་གང་འདུལ་གྱི་མཛད་པས་འགྲོ་བའི་ཁམས་འདུལ་བའི་དུས་ལ་ནམ་བབ་ཚེ་ཐུགས་ རྗེའི་འཇུག་པ་ནམ་ཡང་ཡོལ་མི་སྲིད་ཅིང༌། མཛད་པ་གང་དག་འབད་མེད་ལྷུན་གྱིས་གྲུབ་ པའི་ངང་ནས་གང་འདུལ་ཐབས་ཀྱི་ཆོས་སྒོ་རྒྱ་མཚོ་དུས་ཅིག་ཆར་དུ་སྟོན་ཞིང༌། གཞན་ཡང་ མོས་བློ་དང་འཚམས་པའི་རྣམ་པ་འདྲ་མིན་མཐའ་ཡས་པས་གདུལ་བྱའི་ཡིད་ཀྱི་རྗེས་འགྲོའི་ བཀོད་པ་ལ་ནམ་ཡང་ཐོགས་པ་མི་མངའ་བའི་མཛད་སྤྱོད་རྒྱ་ཆེ་བ་དུས་ཀུན་འགོག་མེད་ དུ་སྟོན་པ་ནི་སྟོབས་བཅུའི་དབང་ཕྱུག་བདེ་བར་གཤེགས་པ་རྒྱལ་བ་རྡོ་རྗེ་འཆང་ཆེན་པོའི་ དངོས་བརྒྱུད་ཅི་རིགས་ཀྱི་རྣམ་པར་འཕྲུལ་བའི་ཆོ་འཕྲུལ་གྱི་བཀོད་པ་སྟེ་འཕགས་པ་ཕལ་བོ་ ཆེ་ལས། བྱང་ཆུབ་རྒྱ་མཚོ་རབ་བརྙེས་གྱུར་ནས་ནི། །སེམས་ཅན་རྒྱ་མཚོ་རབ་ཏུ་སྨིན་བྱའི་ ཕྱིར། །བྱང་ཆུབ་སེམས་བསྐྱེད་རྒྱ་མཚོ་སྟོན་མཛད་ཅིང༌། །མི་འགྲིབ་སྤྱོད་པ་རྒྱ་མཚོ་ཀུན་ཏུ་ སྟོན། །བདེ་གཤེགས་རྣམས་ཀྱི་རྣམ་འཕྲུལ་དེ་འདྲའོ། །ཞེས་གསུངས་པ་དང་མཚུངས་ཤིང་ རྒྱལ་བའི་ཕྲིན་ལས་ཀྱི་མཛད་སྒོ་ཡང༌། གདུལ་བྱའི་བསམ་པའི་དབང་གིས་སྙན་ངག་སྡེབ་ སྦྱོར་མཁན་དང་གར་མཁན་རྔ་མཁན་རོལ་མོ་མཁན། དེད་དཔོན་ལམ་མཁན་སོགས་རང་ རང་ལ་ཉེར་མཁོའི་རིགས་གྱུར་གང་དང་གང་དགོས་ལ་དེ་དེ་བཞིན་འབད་མེད་ལྷུན་གྱིས་ གྲུབ་པས་ཡིད་འདོད་བཞིན་ཉེ་བར་འབྱུང་བ་ཡང༌། དཀོན་མཆོག་སྒྲོན་མེའི་མདོ་ལས། དེ་ དག་སྙན་དངགས་མཁན་རྒྱལ་སྙན་དངགས་སྦྱོར། །གར་མཁན་རྔ་མཁན་གྱད་དང་རོལ་མོ་ 6-1-318 མཁན། །བཞད་མཛེས་རྒྱན་ཕྲེང་ཐོགས་ཤིང་གར་བྱེད་དང༌། །སྒྱུ་མ་མཁན་པོ་གཟུགས་མང་ ཀུན་ཏུ་སྟོན། །གྲོང་པ་གྲོང་དཔོན་ཁ་ལོ་སྒྱུར་བར་འགྱུར། །དེ་བཞིན་དེད་དཔོན་ཚོང་དཔོན་ ཁྱིམ་བདག་འགྱུར། །རྒྱལ་པོ་བློན་པོ་འདུན་འདོན་ཕོ་ཉ་དང༌། །སྨན་པ་འཇིག་རྟེན་བསྟན་ བཅོས་ཆོ་ག་མཁན། །དེ་དག་དགོན་པར་ལྗོ ན་ཤིང་ཆེན་པོར་འགྱུར། །སྨན་དང་རིན་ཆེན་མི་ ཟད་གཏེར་རྣམས་དང༌། །ཡིད་བཞིན་ནོར་བུ་འདོད་སྦྱིན་སྡོང་པོ་དང༌། །ལམ་གོལ་དོང་བ་ རྣམས་ལ་ལམ་སྟོན་འགྱུར། །ཞེས་གསུངས་པ་ལྟར་གྱི་སྤྲུལ་པའི་སྐུའི་རྣམ་པར་བཀོད་པས་ གདུལ་བྱ་རང་རང་གི་ཇི་ལྟར་འདོད་ཅིང་མཁོ་བར་གྱུར་པ་གང་དག་གིས་རེ་བའི་འདོད་པ་ མཐའ་དག་དེ་བཞིན་དུ་ཇི་ལྟར་བར་ལེགས་པར་སྐོང་བའི་སྒོ་ནས་འགྲོ་བའི་དོན་རླབས་པོ་ ཆེ་མཛད་པའི་རྣམ་པར་འཕྲུལ་བ་བསམ་གྱིས་མི་ཁྱབ་པ་མངའ་ཞིང༌། དེ་ཡང་ཐུགས་སྙི ང་ རྗེ་ཆེན་པོའི་གཞན་དབང་དུ་གྱུར་པས་ཕྱོགས་བཅུའི་འཇིག་རྟེན་ས་ཆེན་པོའི་རྡུལ་གྱི་གྲངས་ དང་མཉམ་པ་དེ་སྙེད་དུ་རྒྱལ་བའི་གསང་བ་གསུམ་གྱི་ཕྲིན་ལས་ཀྱི་འཇུག་པ་ནམ་ཡང་མི་ གཡེལ་བར་གདུལ་བྱའི་དབང་པོ་ལ་ལྟོས་ནས་དེ་ལུགས་ཀྱི་ཆོས་ཚུལ་ལེགས་པར་བསྟན་ པས་རང་རང་གི་སྐལ་བ་དང་མཐུན་པར་ངན་སོང་ལས་སྒྲོལ་ཞིང་འཁོར་བ་ལས་ཀྱང་གྲོལ་ བར་བྱས་ཏེ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པར་བྱས་པའི་སྒོ་ནས་རིམ་གྱི་བྱང་ ཆུབ་ཆེན་པོ་ལ་སྙེགས་པར་བྱེད་པའི་ཐབས་ཉེ་བར་བསྟན་པས་གནས་སྐབས་དང་མཐར་ ཐུག་གི་ཕན་བདེ་བླ་ལྷག་ཏུ་རྩོལ་བར་མཛད་པ་ནི་རྒྱལ་བ་ཐམས་ཅད་ཀྱི་མཛད་ཕྲིན་གྱི་ཆོས་ ཉིད་ནམ་ཡང་མི་བསླུ་བ་སྟེ། རྒྱུ་འཕྲུལ་རྒྱས་པ་ལས། ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །ཕྱོགས་བཅུའི་འཇིག་རྟེན་རྡུལ་སྙེ ད་དུ། །རྒྱལ་བའི་ཕྲིན་ལས་བསམ་མི་ཁྱབ། །སྐུ་གསུང་ ཐུགས་དང་ཡོན་ཏན་དང༌། །ལྷུན་གྱིས་གྲུབ་པའི་ཕྲིན་ལས་ཀྱིས། །གདུལ་བྱ་རྣམས་ནི་ཆུད་ མི་གསོན། །ངན་སོང་སྦྱོང་ཞིང་བྱང་ཆུབ་ཞིང༌། །ཡེ་ཤེས་ཚོགས་རྫོགས་ཀུན་ཏུ་སྟོན། །ཞེས་ 6-1-319 གསུངས་པ་བཞིན་བསམ་མི་ཁྱབ་པའི་མཛད་པ་དེ་འདྲའི་སྒོ་ནས་གདུལ་བྱ་འདུལ་བའི་རྣམ་ འཕྲུལ་མཐའ་ཡས་པ་ཀུན་ཏུ་སྟོན་པ་གང་དག་ཀྱང་རྩོལ་བའི་འབད་པ་དང་རྟོག་བློའི་གཡོ་བ་ སྔོན་དུ་འགྲོ་མི་དགོས་པར་དཔེར་ན་བཻཌཱུརྱའི་ས་གཞི་གཙང་ཞིང་དྭངས་པ་ལ་ལྷའི་དབང་པོ་ བརྒྱ་བྱིན་གྱི་ལུས་ཀྱི་གཟུགས་བརྙན་འཆར་བ་ལྟར་རྒྱལ་བས་གདུལ་ཞིང་གང་གྱུར་གྱི་འགྲོ་ སེམས་དང་འདུལ་བ་པོའི་ཐུགས་རྗེའི་སྐྱེན་ཉེ་བར་ཚོགས་པ་ལས་སྤྲུལ་པའི་སྐུའི་སྣང་བརྙན་ གདུལ་བྱ་རང་རང་དང་འཚམས་པར་ཉི་མ་ལས་འོད་ཟེར་དང་ནོར་བུ་ལས་འདོད་དགུ་བཞིན་ འབད་མེད་ལྷུན་གྲུབ་ཏུ་ངེས་པར་འབྱུང་བ་ཡིན་ཏེ། རྒྱུད་བླ་མ་ལས། ཇི་ལྟར་བཻཌཱུརྱའི་ས་གཞི་ གཙང་མ་ལ། །ལྷ་དབང་ལུས་ཀྱི་གཟུགས་བརྙན་འཆར་བ་ལྟར། །དེ་བཞིན་འགྲོ་སེམས་ ས་གཞི་གཙང་མ་ལ། །ཐུབ་པའི་དབང་པོའི་སྐུ་ཡི་གཟུགས་བརྙན་འཆར། །ཞེས་གསུངས་ པ་ལྟར་དེ་བཞིན་གཤེགས་པ་ཉག་གཅིག་གི་སྐུ་གསུམ་གྱི་ཕྲིན་ལས་འཇུག་པ་དེ་འདྲའི་སྒོ་ ནས་ལུས་ཅན་སྐྱེ་འགྲོ་མཐའ་དག་གི་གནས་སྐབས་དང་མཐར་ཐུག་གི་ལེགས་ཚོགས་ཉེ་བར་ བསྐྲུན་ཞིང་གསང་བ་གསུམ་གྱི་མཛད་པ་བཟང་པོ་དུས་རྟག་པར་ནམ་ཡང་ཕྱོགས་ལྷུང་དང་ བྲལ་བར་ཐམས་ཅད་རིས་སུ་ཆད་པའི་གོ་སྐབས་མ་མཆིས་པ་ཁོ་ནའོ། ། ཁྱད་པར་སྙི གས་མའི་དུས་འདིར་འོ་སྐོ ལ་རྣམས་ལ་གསང་ཆེན་ཐེག་པའི་ཉེ་ལམ་ལེགས་ པར་འདོམས་པའི་སྔགས་ཀྱི་རྡོ་རྗེ་སློབ་དཔོན་བཀའ་དྲིན་གསུམ་ལྡན་ཐུགས་རྗེ་མཚུངས་པ་ མ་མཆིས་པ་གང་ཉིད་ནི་དོན་གྱི་གནས་ཚོད་ལ་རིགས་ཀྱི་ཁྱབ་བདག་དཔལ་རྡོ་རྗེ་སེམས་ དཔའ་གདོད་མའི་མགོན་པོ། དང་པོའི་སངས་རྒྱས་མཆོག་གི་གོ་འཕང་ན་བཞུགས་ཀྱང་ དེའི་ཐུགས་རྗེའི་རྣམ་པར་འཕྲུལ་བ་ལས་དེང་དུས་ཀྱི་གནས་སྐབས་དང་མཐུན་པར་གསང་ སྔགས་སྟོན་པའི་རྡོ་རྗེ་སློབ་དཔོན་གྱི་གཟུགས་སུ་སྤྲུལ་ཏེ་སྐལ་བ་དང་ལྡན་པའི་སྔགས་ཀྱི་ གདུལ་བྱ་རྣམས་རྗེས་སུ་བཟུང་བའི་སླད་དུ་འཇིག་རྟེན་འདིར་སོ་སྐྱེས་མི་ཕལ་བའི་གཟུགས་ 6-1-320 སུ་རང་ཅག་གི་སྣང་ངོ་ཙམ་དུ་རྣམ་པར་གནས་པ་ཉིད་ཡིན་ཏེ། རྡོ་རྗེ་གུར་གྱི་རྒྱུད་ལས། རྡོ་ རྗེ་སེམས་དཔའ་ཇི་ལྟ་བུས། །དེ་ལྟར་སློབ་དཔོན་གཟུགས་འཛིན་ཏེ། །སེམས་ཅན་རྗེས་སུ་ བཟུང་དམིགས་ནས། །ཕལ་བའི་གཟུགས་སུ་གནས་པའོ། །ཞེས་གསུངས་ཤིང༌། དེ་ཡང་ སངས་རྒྱས་ཀུན་དངོས་རྒྱལ་བ་རྡོ་རྗེ་འཆང་ཆེན་པོ་ཉིད་དུས་སྙིགས་མ་རྩོད་ལྡན་གྱི་དུས་ འདིར་དངོས་སུ་མཐོང་ཞིང་ཞལ་མཇལ་བའི་བསོད་ནམས་ཀྱི་སྐལ་བ་རང་ཅག་ལྟ་བུ་ལ་མེད་ ཀྱང་རང་ཅག་རྣམས་ཀྱི་དོན་སྒྲུབ་པའི་ཆེད་ཉིད་ཀྱིས་དེང་དུས་མི་ཕལ་བའི་མཛད་སྤྱོད་དང་ མཐུན་པར་གཟུགས་སྐུའི་རྣམ་པ་ཉེ་བར་སྟོན་པ་ལ་ཡིད་ངེས་པར་ཆེས་རིགས་ཏེ། གྲུབ་པའི་ དབང་ཕྱུག་བིརྺ་པས། སངས་རྒྱས་ཀུན་དངོས་རྡོ་རྗེ་འཆང༌། །རྩོད་པའི་དུས་འདིར་བདག་ དོན་དུ། །ཀུན་དང་མཐུན་པར་སྟོན་མཛད་པ། །དེ་ལྟར་ཤེས་ནས་དངོས་ཀུན་གྱིས། །ཞེས་ གསུངས་པ་ལྟར་དང༌། དེ་འདྲའི་སློབ་དཔོན་ཉིད་དེ་དཀོན་མཆོག་གསུམ་གྱི་བདག་ཉིད་ ཡིན་པས་གོ་འཕང་མཆོག་ཐོབ་པར་འདོད་པ་དག་གིས་ཅི་ནས་ཀྱང་སྒོ་མཐའ་དག་སྐྱེས་ རྩལ་ཅི་ཡོད་ཀྱིས་བླ་མ་སློབ་དཔོན་དེ་ཉིད་མཉེས་པར་བྱ་བ་གལ་ཆེ་ཚུལ་སླར་ཡང་གསུངས་ པ། འདི་སྐད། བླ་མ་སངས་རྒྱས་ཆོས་དང་ནི། །དེ་བཞིན་དགེ་འདུན་བླ་མ་སྟེ། །དངོས་ གྲུབ་གོ་འཕང་མཆོག་འདོད་པས། །ཀུན་ནས་བླ་མ་མཉེས་པར་བྱ། །ཞེས་པ་ལྟར་རོ། །དེ་ ལྟ་བས་ན་དཔལ་དྲི་མ་མེད་པའི་འོད་ལས། དུས་ཀྱི་འཁོར་ལོའི་རྒྱུ་སྟོན་པ་པོ་རྡོ་རྗེ་སློབ་ དཔོན་ནི་བཅོམ་ལྡན་འདས་འཇམ་དཔལ་ཇི་ལྟ་བ་དང༌། དུས་ཀྱི་འཁོར་ལོ་དང་པོའི་སངས་ རྒྱས་ཇི་ལྟ་བ་བཞིན་དུ་ཐར་པ་དོན་དུ་གཉེར་བ་རྣམས་ཀྱིས་བལྟ་བར་བྱའོ། །ཞེས་གསུངས་ པ་བཞིན་རང་རེ་ལ་སྔགས་བླ་མེད་ཀྱི་དབང་ལུང་མན་ངག་སྟོན་པའི་སློབ་དཔོན་ཉིད་ནི་ཡེ་ ཤེས་སྒྱུ་མའི་སྐུ་ཡི་དམ་ལྷག་པའི་ལྷ་དངོས་སུ་སེམས་ཐག་ཆོད་པའི་ཡིད་ཆེས་དག་སྣང་ལྷག་ པར་གལ་ངེས་པར་ཆེ་ཞིང༌། དེ་ཡང་རྒྱུ་མཚན་གང་གི་ཕྱིར་ན་སློབ་དཔོན་འདྲེན་པ་དེ་འདྲས་ 6-1-321 ནི་གང་གིས་གདུལ་བར་བྱ་བ་རྣམས་ལ་ལམ་ཟབ་མོ་ཉེ་བར་གདམས་པས་རྒྱུད་ཀྱི་ཉེས་ལྟུང་ སྡིག་སྒྲིབ་ཀྱི་དྲི་མ་མཐའ་དག་ཐབས་སླ་བས་ངེས་པར་འཇོམས་ཤིང་དེའི་འབྲས་བུ་སྲིད་ཞིའི་ འཇིགས་པ་ཀུན་ཀྱང་རིང་པོར་མི་ཐོགས་པར་སྔར་ཡོད་ཟད་ཅིང་ཕྱིས་སུ་སླར་ཡང་གཏན་ ནས་འབྱུང་བ་མེད་ངེས་སུ་བྱས་ཏེ་འཁོར་བ་ཕྲ་རགས་ཀྱི་གཏིང་ནས་ལེགས་འབྱིན་མཛད་དེ་ ཟག་པ་ཟད་པའི་སྐུ་ཐུགས་ཟུང་འཇུག་གི་གོ་འཕང་མྱུར་ནས་མངོན་དུ་བྱེད་པར་མཛད་པའི་ ཕྱིར་ནའོ། །དེ་ལུགས་ལ་དགོངས་ནས་ཀླུ་སྒྲུབ་ཀྱིས་མཛད་པའི་རིམ་ལྔ་ལས་ཀྱང༌། སློབ་ དཔོན་གྱིས་ནི་སྡིག་པ་འཕྲོག །སློབ་དཔོན་གྱིས་ནི་འཇིགས་པ་སེལ། །སློབ་དཔོན་གྱིས་ནི་ སྡུག་བསྔལ་གྱི། །རྒྱ་མཚོའི་འཇིངས་ལས་གྲོལ་བར་འགྱུར། །ཞེས་གསུངས་སོ། །ཚུལ་དེ་ མཐུན་རང་རེའི་སྔོ ན་བྱོན་དམ་པ་དག་གི་གསུང་རབ་ལས་འབྱུང་བ་ཡང༌། འདི་སྐད་དེ། བླ་ མ་སངས་རྒྱས་སུ་མཐོང་ན་སངས་རྒྱས་ཀྱི་བྱིན་རླབས་འཇུག བྱང་ཆུབ་སེམས་དཔར་མཐོང་ ན་བྱང་ཆུབ་སེམས་དཔའི་བྱིན་རླབས་དང༌། གྲུབ་ཐོབ་ཏུ་མཐོང་ན་གྲུབ་ཐོབ་ཀྱི་བྱིན་རླབས་ དང༌། སོ་སོའི་སྐྱེ་བོའི་དགེ་བཤེས་བཟང་པོར་མཐོང་ན། དེ་དང་མཐུན་པར་བྱིན་རླབས་ འཇུག་སྟེ། ལར་མོས་གུས་མེད་ན་བྱིན་རླབས་ཡེ་མི་འཇུག་གོ །ཞེས་གསུངས་པ་དང་མཐུན་ པར་ལག་ལེན་དུ་ཐེབས་པ་ནི་ཉམས་ལེན་པ་ཀུན་ལ་གལ་ངེས་པར་ཆེ་བ་ཡིན་ལ། མདོར་ན་ རང་གི་སློབ་དཔོན་རྡོ་རྗེ་འཛིན་པ་གང་ཉིད་དུས་གསུམ་གྱི་སངས་རྒྱས་ཀུན་དང་མཉམ་ཞིང་ དེ་ཉིད་འཁོར་ལོའི་དབང་ཕྱུག་གི་བདག་ཉིད་རྡོ་རྗེ་འཆང་བདེ་གཤེགས་མཐའ་ཡས་པའི་ ཡོན་ཏན་གྱི་མཛོད་ཀློང་ཆེ་བ་བླ་མེད་གདམ་ངག་ཟབ་མོའི་ནོར་མཆོག་ངེས་པར་སྦྱིན་བྱེད་ ཡིན་པས་སློབ་དཔོན་གང་གི་ཡོན་ཏན་གྱི་ཆ་ཁོ་ན་བཟུང་བ་ལས་སྐྱོན་གྱི་ཆ་ཆེས་ཕྲ་བའང་ ནམ་ཡང་བཟུང་མི་འོས་ཤིང་ཡོན་ཏན་བཟུང་བ་ལས་མཆོག་དང་ཐུན་མོང་གི་དངོས་གྲུབ་ བླ་ལྷག་པ་ངེས་པར་ཐོབ་ཅིང་སྐྱོན་བཟུང་བས་འདི་དང་ཕྱི་མ་ཀུན་ཏུ་མི་འདོད་པ་མང་པོས་ 6-1-322 ཀུན་ནས་མནར་ཞིང་དངོས་གྲུབ་མཐའ་དག་ངེས་པར་འཇོམས་པ་ཡིན་ཏེ། རྒྱུ་འཕྲུལ་དྲྭ་བ་ ལས། སློབ་དཔོན་ཇི་ལྟར་བལྟ་ཞེ་ན། །བླ་མ་སངས་རྒྱས་ཀུན་དང་མཉམ། །དེ་ཉིད་རྟག་ཏུ་རྡོ་ རྗེ་འཆང༌། །དེ་བཞིན་གཤེགས་པ་རིན་ཆེན་ཏོག །དེ་ཉིད་ཡེ་ཤེས་རྒྱ་མཚོ་སྟེ། །ཡིད་བཞིན་ ནོར་བུ་རིན་ཆེན་སྦྱིན། །སློབ་དཔོན་གྱི་ནི་ཡོན་ཏན་གཟུང༌། །སྐྱོན་ནི་ནམ་ཡང་མ་ཡིན་ནོ། །ཡོན་ཏན་བཟུང་བས་དངོས་གྲུབ་ཅིང༌། །སྐྱོན་རྣམས་ཀྱིས་ནི་དངོས་གྲུབ་ཉམས། །ཞེས་ གསུངས་པ་ལྟར་ཡིན་ཞིང་ཁྱད་པར་རང་ཅག་རྣམས་ལ་སེམས་ཀྱི་གནས་ལུགས་སྒོམ་པའི་ མན་ངག་ཟབ་མོ་ཉེ་བར་སྟོན་པའི་རྩ་བའི་བླ་མ་གང་ལ་མི་ཕྱེད་པའི་དད་པས་བླ་མ་ཉིད་རང་ གི་སྙིང་དབུས་སམ་སྤྱི་བོ་སོགས་སུ་ལེགསཔར་བསྒོམ་ཏེ་མོས་གུས་ལ་ནན་ཏན་བྱས་ན་སྒོམ་ པ་མོས་གུས་བྱེད་པ་པོ་གང་དག་ལ་སྟོབས་བཅུ་མངའ་བ་སངས་རྒྱས་སྟོང་གི་ཡོན་ཏན་འཛིན་ པའི་ཕན་ཡོན་ཀྱང་བདེ་མཆོག་རིམ་ལྔ་ལས་གསུངས་པ་ཡང༌། རང་སེམས་སྟོན་པའི་བླ་མ་ ནི། །སྙི ང་གི་དཀྱིལ་ལམ་ལག་པའི་མཐིལ། །སྤྱི་བོའི་གཙུག་ཏུ་སུས་བསྒོམ་པ། །སངས་རྒྱས་ སྟོང་གི་ཡོན་ཏན་ནི། །གང་ཟག་དེ་ཡིས་འཛིན་པར་འགྱུར། །ཞེས་པ་ལ་སོགས་སྤྱིར་མདོ་ སྔགས་གང་གི་སྐབས་སུ་ཡོན་ཏན་གང་ཇི་སྙེད་ཅིག་བྱུང་བ་དེ་ཐམས་ཅད་བླ་མ་དགེ་བའི་ བཤེས་གཉེན་ལ་རག་ལས་པས་དངོས་གྲུབ་ཐམས་ཅད་ཀྱི་རྩ་བ་དཔལ་ལྡན་བླ་མ་གང་གི་ གསང་བ་གསུམ་གྱི་རྣམ་པར་ཐར་པ་འབྱམས་ཀླས་པ་ལས་ཆ་ཤས་ཆེས་ཕྲ་བ་རང་བློར་གང་ ཤོང་གི་ཚུལ་མཐོང་སྤྱོད་ཡུལ་ཉག་མ་ཙམ་དཔེ་རྒྱ་མཚོ་ཆེ་བ་ལས་ཆུ་ཐིག་སྐྲ་རྩེའི་ཟིལ་བ་ལ་ འགྲན་འོས་གང་དག་རང་རེ་རྗེས་འཇུག་རྣམས་ཀྱི་དད་པ་ཉེ་བར་བསྐྲུན་པའི་རྐྱེན་དུ་ལེགས་ འགོད་ཀྱི་རྩོལ་བ་ལྷུར་ལེན་པའི་སྤྲོ་འདུན་ཡོད་པ་ལགས་ན་དེ་ཡང༌། དྲི་མེད་འོད་ཟེར་རྒྱུས་ པའི་རྒྱུད་ལས། རྡོ་རྗེ་སློབ་དཔོན་ཐམས་ཅད་མཁྱེན། །ཀུན་མཁྱེན་ཡེ་ཤེས་དབང་གི་རྒྱལ། །མོས་གུས་དྲག་པོ་འབྱུང་བའི་གཞི། །བླ་མའི་རྣམ་ཐར་རྒྱས་བསྡུས་རྣམས། །ཡིད་བཞིན་ 6-1-323 ནོར་བུ་ལྟ་བུ་ཅན། །ཡང་ཡང་བལྟ་བར་བརྩོན་གྱུར་ན། །དངོས་གྲུབ་ཐོབ་པར་ཐེ་ཚོམ་མེད། ། ཅེས་གསུངས་པ་ལྟར་རང་རེ་རྣམས་ཐུགས་བརྩེ་བའི་གཟིགས་པ་ནམ་ཡང་རེས་འཇོག་ དང་བྲལ་བས་ཉེ་བར་གཟིགས་ཏེ་ཡང་དག་ཟབ་མོའི་གདམས་པ་རྒྱ་ཆེར་བཀའ་དྲིན་དུ་ མཛད་པ་གསང་ཆེན་སྔགས་ཀྱི་རྡོ་རྗེ་སློབ་དཔོན་ཆེན་པོ་སྦས་པའི་རྣལ་འབྱོར་གྱི་དབང་ ཕྱུག་དོན་གྱི་གནས་ལུགས་ཐམས་ཅད་རྗེན་ཆར་མངོན་དུ་བྱས་ཏེ་ཇི་བཞིན་མཁྱེན་པའི་དོན་ དམ་ཆོས་ཉིད་ཀྱི་གཞི་དབྱིངས་མཐའ་དག་གཟིགས་པའི་ཀུན་མཁྱེན་ཆོས་དབྱིངས་ཡེ་ཤེས་ མཆོག་གིས་ཐུགས་བཟང་ཉེ་བར་གཏམས་པའི་ཡིད་བཞིན་དབང་གི་རྒྱལ་པོ་དང་མཚུངས་ པ་ཡིད་གདུང་ཤུགས་ཀྱི་དད་པ་ཟབ་མོའི་མོས་གུས་ཤུགས་དྲག་པོ་ཆེས་འབྱུང་བའི་བསོད་ ནམས་ཀྱི་ཞིང་ཁྱད་པར་བའི་གཞི་འདི་དང་ཕྱི་མའི་སྐྱབས་ཉག་གཅིག་ངེས་པ་དོན་གྱི་དཔལ་ ལྡན་བླ་མ་མཚན་བརྗོད་ན་ང༵ག་གི་དབ༵ང་ཕྱུག་ཐེག་མཆོག་གསང་ཆེན་བསྟན༵་པ༵་ར༵བ་ཏུ་ རྒྱ༵ས་བྱེད་ཕྲིན་ལས་དཔལ་བཟང་པོ་གང་གི་གསང་བ་གསུམ་གྱི་རྣམ་པར་ཐར་པ་རྒྱས་འབྲིང་ བསྡུས་པ་གང་གི་རང་བཞིན་ཡང་དགོས་འདོད་ཀུན་འབྱུང་ཡིད་བཞིན་ནོར་བུ་ལྟ་བུའི་གནས་ སྐབས་དང་མཐར་ཐུག་གི་ལེགས་ཚོགས་ངེས་པར་འཇོ་བའི་ངོ་མཚར་བའི་གནས་ཁྱད་པར་ ཅན་རྣམས་ལས་ཆེས་རྒྱས་པ་ལྟ་ཅི་འབྲིང་བོ་ཙམ་ཡང་རང་བློས་དཔོག་པར་དཀའ་ཞིང་ཤིན་ ཏུ་ཉུང་ངུར་བསྡུས་པའི་ས་བོན་གྱི་ཆ་ཙམ་ལ་བྱིས་བློ་རང་གི་ཡང་ཡང་བལྟ་ཞིང་ཞིབ་དཔྱོད་ ཀྱི་སྒོ་ནས་ལེགས་པར་ཡི་གེའི་ལམ་དུ་རྗེས་འཇུག་བུ་སློབ་དག་གི་དད་པ་འཕེལ་རྐྱེན་དུ་ཚིག་ ཕྲེང་གི་སྦྱོར་བས་སྤེལ་ཞིང་དད་མོས་དག་སྣང་ལ་ངེས་པར་བརྩོན་པར་གྱུར་ན། ལེགས་བྱས་ བགྱི་བ་མི་དམན་པའི་དགའ་སྟོན་རྣམ་གཉིས་དངོས་གྲུབ་ཀྱི་འཕེལ་ཁ་ཆེས་ཐོབ་པར་བྱེད་ འོང་བ་ལ་ཡིད་གཉིས་ཀྱི་ཐེ་ཚོམ་མི་དགོས་པར་རྟེན་འབྱུང་བསླུ་མེད་ཀྱི་ངང་ཚུལ་ཆེས་བཀྲ་ 6-1-324 བ་ལ་འདུ་འགོག་ནམ་ཡང་མ་དམིགས་པ་དེ་ལྟ་བས་ན་འདིར་སྐབས་སུ་བརྗོད་པར་བྱ་བའི་ རྣམ་པར་ཐར་པ་དཔལ་ལྡན་བླ་མ་མཆོག་གིས་གསང་གསུམ་གྱི་ཡོན་ཏན་ལེགས་པར་སྟོན་ པ་དེ་ལ་ལྔ་སྟེ། ཐོག་མར་ལྗོ ངས་འདིར་སྐྱེ་བའི་ཚུལ་བསྟན་ཏེ་རང་དོན་གཉེར་བའི་ཚུལ་གྱི་ དམ་པར་བསྟེན་ཏེ་དེའི་གདམས་དོན་ཉམས་སུ་བླངས་ཚུལ་གྱི་རྣམ་པར་ཐར་བ་དང༌། རང་ གཞན་དོན་གཉིས་སྒྲུབ་པའི་བསམ་སྦྱོར་ཟུང་འབྲེལ་གྱི་རྣམ་པར་ཐར་བ་དང༌། སྒྲུབ་འབྲས་ མངོན་པར་རྟོགས་པ་གསང་ཆེན་ཉེ་ལམ་ཁོང་དུ་ཆུད་པའི་རྣམ་པར་ཐར་བ་དང༌། བསྟན་ འགྲོའི་དོན་དུ་གཞན་གང་དག་ལ་ཐེག་པ་མཆོག་གི་དགའ་སྟོན་འགྱེད་པའི་རྣམ་པར་ཐར་བ་ དང༌། རེ་ཞིག་གདུལ་བྱ་རྫོགས་ནས་གཟུགས་སྐུ་ཆོས་དབྱིངས་སུ་ཟུམ་པའི་རྣམ་པར་ཐར་བ་ དང་ས་བཅད་ཀྱི་ཚིགས་ལྔས་བསྡུས་ཏེ་ཉེ་བར་འཆད་པར་བྱ་བ་ལས། ༈ དང་པོ་རང་དོན་གཉེར་བའི་ཚུལ་གྱིས་དམ་པའི་གདམས་དོན་ཉམས་སུ་བླངས་པའི་ ཚུལ་གྱི་རྣམ་པར་ཐར་བ་བརྗོད་པར་བྱ་བ་སྟེ། དེ་ཡང་བརྒྱད་སྟོང་འགྲེལ་ཆེན་ལས། གཞན་ དོན་བརྩེ་བ་ཅན་རྣམས་སྲོག་ཕྱིར་ཡང༌། །རང་གི་ནུས་པ་ལྷོ ད་པར་མི་བྱེད་དེ། །སྐྱེས་བུ་དམ་ པ་ཁུར་ལྕི ་ཁུར་བ་དག །ཉམ་ངའི་གནས་སུ་ནམ་ཡང་འདོར་མི་བྱེད། །ཅེས་གསུངས་པ་ལྟར་ སྤྱིར་གཞན་འགྲོ་བ་མཐའ་དག་ལ་བརྩེ་བའི་གཟིགས་པ་མི་འདོར་བའི་བདག་ཉིད་ཆེན་པོ་ རྣམས་ཀྱི་ངང་ཚུལ་ནི་གདུལ་བྱ་འདུལ་བའི་དུས་ལ་བབ་པའི་ཚེ་ཇི་ལྟར་བྱ་དཀའ་བའི་ལས་ རང་གི་སྲོག་གཏོང་བ་ལ་བབ་པར་གྱུར་ཀྱང་དེས་རང་སེམས་དཔའ་མི་ཞུམ་ཏེ་གཞན་དོན་བྱ་ དཀའི་ལས་ཀྱི་ནུས་པ་བསྐྱེད་པ་ནམ་དུའང་ལྷོད་མི་སྲིད་ཅིང་གཞན་དོན་འདོར་བར་མི་བྱེད་ དེ། སེམས་དཔའ་སྙི ང་སྟོབས་ཅན་སྐྱེས་བུ་དམ་པ་འགྲོ་དོན་ཁུར་བླངས་པའི་ཁུར་ལྕི ་ཁུར་བ་ གང་དག་ནི་འགྲོ་བ་ཉམ་ཐག་ཅིང་གནས་ཤིན་ཏུ་ངན་པ་ཉམ་ང་བའི་ཡུལ་ཡིན་ཡང་དེ་དག་ གིས་ཐུགས་མི་སྐྱོ་བར་ཉམ་ཐག་སྡུག་གིས་མནར་ཞིང་དམན་པ་མགོན་མེད་རྣམས་ཐུགས་ 6-1-325 རྗེས་ནམ་ཡང་མི་འདོར་བའི་སྒོ་ནས་ཕན་པ་ལེགས་པར་སྒྲུབ་པའི་བརྩོན་པ་དང་སྙིང་སྟོབས་ ཀྱི་གོ་ཆ་ནམ་ཡང་མི་ལྷོད་པ་ནི་སྤྱིར་གཞན་དོན་ལ་ཞུགས་པའི་རྒྱལ་སྲས་བདག་ཉིད་ཆེན་པོ་ གང་དག་གི་ཆོས་ཉིད་ཡིན་པས་དེ་ལུགས་ཀྱི་ཚུལ་ལྟར་དེང་སྐབས་ཡང་དུས་སྙིགས་མ་ལས་ ཀྱང་ཤིན་ཏུ་སྙིགས་མར་གྱུར་པ་འགྲོ་རྒྱུད་ཆེར་རྩུབ་ཅིང་ཕན་ལན་གནོད་པས་འཇལ་བའི་ ལོག་སྒྲུབ་མཁན་མང་ཞིང་ཆགས་སྡང་དར་ལ་བདོ་བ་རྐྱེན་ངན་རླུང་ལྟར་འཚུབ་ཅིང་བསམ་ རྒྱུ་ཉོན་མོངས་པ་དང་སྤྱོད་རྒྱུ་སྡིག་པ་ལ་ཕལ་ཆེར་གཞོལ་བའི་འགྲོ་བ་ངན་འགྲོའི་རྒྱུ་སྒྲུབ་པ་ ལས་ངན་གྱི་དབང་དུ་གྱུར་པའི་ཉམ་ཐག་གི་གནས་སུ་སོང་ཞིང་སྐྱོབ་པའི་མགོན་དང་བྲལ་ བའི་སྐབས་འདིར་སྐྱབས་མཆོག་དམ་པ་གང་ཉིད་ཐུགས་སྙིང་རྗེ་ཆེན་པོའི་གཞན་དབང་དུ་ གྱུར་ཏེ་བརྩེ་བ་རྒྱ་ཆེན་པོས་སྙིགས་དུས་འགྲོ་ལ་ཉེ་བར་དགོངས་བཞིན་རྒྱལ་ཀུན་ཆོས་སྐུ་ ཉག་གཅིག་གི་གཞི་དབྱིངས་ལས་རྣམ་པར་འཕྲུལ་བ་མ་འགགས་རོལ་རྩེད་ཀྱིས་གདུལ་བྱ་ འདྲེན་པའི་མགོན་དུ་གཟིགས་སྐུ་མིའི་ཤ་ཚུགས་ཀྱི་རྣམ་པར་བསམ་བཞིན་སྐྱེ་བ་བཟུང་བའི་ ཡུལ་ནི་བསིལ་ལྗོངས་ནོར་འཛིན་མཆོག་གི་ཐིག་ལེ་རབ་དཀར་ཀེ་ལ་ཤའི་ས་འཛིན་གྱི་ཕྲེང་ བ་ཆུ་ཤེལ་ཞུན་མའི་དུམ་བུ་ཕྱོགས་མཐའ་ཀུན་ཏུ་དངར་བའི་དབུས་བོད་ལྗོངས་མདོ་ཁམས་ སྨད་ཆུ་བཞི་སྒང་དྲུག་གི་ཡ་གྱལ་རྨ་གཡང་འདོད་དགུ་འབྱུང་བའི་རྨ་རྒྱལ་ཟལ་མོ་སྒང་གི་ ནང་ཚན་ཤར་ཕྱོགས་རོལ་ཆེན་བཅོ་བརྒྱད་ལས་རྡོ་རོལ་གྱི་ཆར་དུ་གཏོགས་པ་འཇི་ཀའི་ལྷ་ མོ་དར་ཐང་དང་ཉེ་བ་ཡུལ་གྲོང་བྱ་ཡུར་ཞེས་བྱ་བ་ཡིན་ཞིང་དེ་ན་ཡབ་ཝ་ཤུལ་འབྲུག་སྐྱབས་ དང༌། ཡུམ་ཀྱ་བཟའ་པོ་ཀྱ་གཉིས་ཀྱི་སྲས་སུ་ལྕམ་སྲིང་ཆེ་ཆུང་ལྔ་ལས། གསུམ་པར་གྱུར་ ཏེ་རབ་བྱུང་བཅོ་ལྔ་པའི་ནང་ཚན་ན་ཚོད་ལྡན་ཞེས་པ་ཤིང་མོ་ཕག་གི་ལོར་དམ་པ་མཆོག་ གང་ཉིད་ཀྱི་གཟུགས་སྐུ་སྒྱུ་མའི་རོལ་གར་གསར་བ་མངོན་པར་བཞད་པས་གང་གི་གདུལ་ བྱ་མ་ལུས་པའི་སྙིང་གི་རྨོངས་པ་སྨག་རུམ་འཐུག་པོ་སངས་བྱེད་ཀྱི་ཟླ་གཞོན་མྱུ་གུའི་ལང་ཚོ་ 6-1-326 རབ་ཏུ་རྒྱས་པའི་གཟི་བརྗིད་ཀྱིས་ཡུལ་གྲུ་དེའི་དཀར་ཕྱོགས་ལྷ་སྲུང་མཐའ་དག་གི་ཡིད་ལ་ སིམ་པ་སྟེར་བའི་བདུད་རྩི་མཆོག་གི་སྨན་དུ་ལེགས་པར་སོན་པ་དང་ཆབ་གཅིག་ནག་ཕྱོགས་ བདུད་རིགས་ཀྱི་སྙིང་ལ་མྱ་ངན་གྱི་གདུང་བ་དྲག་པོའི་བཙན་དུག་གིས་ཟིན་པས་ཟུག་ངུ་ བཟོད་དཀའ་བ་རེ་ཞིག་ཏུ་ཀུན་ནས་མྱོང་བས་ཉམས་ལྷག་པར་སྨད་པའི་བརྟུལ་ཞུགས་ལ་མི་ འདོད་བཞིན་དུ་གནས་པ་ལས་འོས་མ་མཆིས་སོ། ། དེ་ནས་ཕ་མས་གསོ་ཐབས་ཀྱིས་བསྐྱེད་ཉེ་བར་བསྲིངས་ཏེ་རྫིང་ན་གནས་པའི་པདྨོ་ བཞིན་དུ་སྐུའི་ན་ཚོད་རིམ་གྱིས་སྨིན་པར་བྱས་པའི་སྐབས་སྐུ་ཆུང་བའི་མིང་ཁྱི་གུ་ཞེས་ཟེར་ ཞིང༌། ན་ཚོད་དགུང་ལོ་ལྔ་དྲུག་མཚམས་ཀྱི་བྱིས་པ་གཞོན་ནུའི་དུས་སུའང༌། མདོ་སྡེ་རྒྱན་ ལས། སྦྱོར་བའི་སྔོ ན་དུ་སྙི ང་རྗེ་དང༌། །མོས་པ་དང་ནི་བཟོད་པ་དང༌། །དགེ་བ་ཡང་དག་སྤྱོད་ པ་ནི། །རིགས་ཀྱི་རྟགས་སུ་ཤེས་པར་བྱ། །ཞེས་གསུངས་པ་ལྟར་བྱིས་པ་ཆུང་འགྲོགས་ གཞན་དག་དང་ཡེ་མི་འདྲ་བའི་ཁྱད་ཆོས་ཉམ་ཐག་གི་གནས་ལ་ཐུགས་སྙིང་རྗེའི་བརྩེ་བ་ གཞན་ལས་ལྷག་ཅིང༌། རྣམ་པར་དཀར་བའི་ཆོས་ལ་མོས་འདུན་གྱི་དོན་གཉེར་ཆེ་བ། ཆོས་ ཀྱི་ཕྱིར་ཅི་ལ་ཐུག་ཀྱང་བཟོད་བསྲན་དང་ལྡན་ཞིང༌། དགེ་བ་ལ་སྒོ་མཐའ་དག་ནས་ཀུན་ སྤྱོད་གཙང་བས་རེམ་པ་འདི་རྣམས་རང་ཤུགས་ནས་ཀྱང་བྱུང་ཞིང་ན་གཞོན་བྱིས་པར་གྱུར་ ཀྱང་ཆུང་གྲོགས་གཞན་རྣམས་དང་མི་མཐུན་པའི་ངང་ཚུལ་བྱིས་པའི་རྩེད་མོ་སྣ་ཚོགས་དང༌། ཀློག་སློབ་པའི་སྐབས་ཀུན་ཏུ་ཡུལ་མི་ཤེས་ལྡན་དག་གིས་མངོན་འདུག་རྒྱུ་ཡང་དག་གི་ རིགས་ཁྱད་པར་བའི་ཀུན་སྤྱོད་འདྲ་རུང་ཙམ་ནི་ཆེས་མང་པོ་ཡོད་རིགས་སུ་འདུག་ཀྱང་ཆ་ རྒྱུས་ཇི་བཞིན་ཡོད་མི་མེད་པས་དེ་ཙམ་ལས་སྤྲོས་པའི་ཁུངས་མ་རྙེད། དེ་ནས་དགུང་ལོ་ བདུན་བརྒྱད་ཙམ་ནས་སྔོན་བསགས་རྣམ་དཀར་གྱི་ལེགས་མཐུ་སྨིན་པའི་དབུ་ཚུགས་པའི་ ཚུལ་གྱིས་ཐོག་མར་གསུང་རབ་ཀྱི་སྒྲ་ཚིག་ལ་མི་རྨོངས་པའི་ཐུགས་བློ་ཉེ་བར་འཁྲུང་ཆེད་ 6-1-327 བོད་ཀྱི་ཡི་གེ་ཀ་སོགས་གསལ་བྱེད་སུམ་ཅུ་དབྱངས་ཡིག་འགྲེང་བུ་ན་རོ་སོགས་ཀྱིས་འཇུག་ པ་ལ་བརྟེན་ནས་བོད་ཡིག་ཇི་བཞིན་བཀླག་ཅིང་འདོན་པའི་ཐབས་ལ་ཁོང་ཉིད་ཀྱི་ཁུ་བོ་བློ་ བཟང་ཞེས་བྱ་བ་ཀློག་སློབ་པའི་སློབ་དཔོན་དུ་བསྟེན་ནས་རང་ཡུལ་གྱི་སྲོལ་དང་མཐུན་པའི་ འདོན་ཆ་མཐའ་དག་ལ་མཁས་པར་བྱས་པས་ཀློག་འདོན་པ་རབ་ཏུ་གྱུར་ཏེ་དགུང་ལོ་བཅུ་ གསུམ་གྱི་སྟེང་ལ་སླེབས་ཚེ་རབ་བྱུང་བཅོ་ལྔ་པའི་ནང་ཚན་ཐམས་ཅད་འདུལ་ཞེས་པ་མེ་ཕག་ གི་ལོ་འདིའི་སྟོན་མཇུག་དགུན་ཟླ་ར་བའི་ཚེས་ནང་ཙམ་ནས་རང་ཡུལ་གྱི་ཉེ་འཁོར་དང་ཧ་ ཅང་མི་རིང་བ་ན་བཀྲ་ཤིས་ལྷ་རིའི་རྩེ་ཞེས་པའི་དབེན་གནས་སྤོང་བ་བསམ་གཏན་པའི་སྒྲུབ་ གནས་ཀྱི་རི་ཁྲོད་ཅིག་ཡོད་པ་དེ་ན་འཕགས་པ་ནམ་མཁའི་སྙིང་པོའི་རྣམ་པར་འཕྲུལ་བ་ཇོ་ ནང་ཆོས་གྲགས་དཔལ་གྱི་སྐུ་སྐྱེར་ཡོངས་སུ་གྲགས་པའི་ཡན་ལག་དྲུག་གི་རྣལ་འབྱོར་ མཐར་སོན་ཞིང་ཡེ་ཤེས་སྒྱུ་མའི་སྐུ་མངོན་པར་བརྙེས་པ་ངེས་པ་དོན་གྱི་རྡོ་རྗེ་འཆང་ཆེན་པོ་ ངག་དབང་ཆོས་འཛིན་ཞབས་པ་ཐུགས་འོད་གསལ་བདེ་སྟོང་ཟུང་འཇུག་གི་ངང་ནས་ནམ་ ཡང་གཡོ་མེད་དུ་འགྲོ་བ་འདྲེན་པའི་མགོན་དུ་ལེགས་པར་བཞུགས་པའི་མདུན་དྲུང་དུ་དམ་ པ་འདི་ཉིད་སྐུ་ན་གཞོན་དགུང་གྲངས་བཅུ་གསུམ་པ་ལ་ཉེ་བར་ཕེབས་ཏེ་འགྲོ་མགོན་མཆོག་ གི་ཞབས་པད་སྤྱི་བོས་ལན་བརྒྱར་ཡང་ཡང་མཆོད་དེ་སྐུ་ཚེ་འདི་ནས་མ་འོངས་ཚེ་རབས་ཕྲེང་ བ་ཀུན་ཏུ་ནམ་ཡང་མི་འབྲལ་བའི་རིགས་ཀྱི་བདག་པོ་མཆོག་ཏུ་ལེགས་པར་བཀུར་ནས་ ཟབ་དགུའི་གདམས་ངག་རྒྱ་མཚོ་ནོད་དེ་ཐུགས་མཛོད་ཆེས་ཆེར་རྒྱས་པའི་དགའ་སྟོན་ལ་ ལོངས་ཉེ་བར་སྤྱོད་པའི་ཚུལ་ཡང་འདི་ལྟ་སྟེ། འཕགས་པ་བརྒྱད་སྟོང་པ་ལས། དགེ་བའི་ བཤེས་གཉེན་གྱིས་ཡོངས་སུ་ཟིན་པའི་བྱང་ཆུབ་སེམས་དཔའ་ནི་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱའོ། །ཞེས་དང༌། སྡུད་པ་ལས། སངས་རྒྱས་ཆོས་རྣམས་ དགེ་བའི་བཤེས་ལ་བརྟེན་ཏོ་ཞེས། །ཡོན་ཏན་ཀུན་གྱི་མཆོག་མངའ་རྒྱལ་བས་དེ་སྐད་ 6-1-328 གསུངས། །ཞེས་སོགས་གསུངས་པ་ལྟར་དམ་པ་འདི་ཉིད་ཀྱི་སྐུ་ན་ཕྲ་བའི་སྐབས་ནས་ཀྱང་ འདི་བཞིན་ཐུགས་ཀྱི་དགོངས་ཏེ་དགེ་བའི་བཤེས་གཉེན་མཆོག་གིས་རྗེས་སུ་བཟུང་བ་གང་ དག་ནི་ལོག་པའི་ལམ་དུ་མི་འགྲོ་བར་ཡང་དག་པར་བྱང་ཆུབ་མཆོག་གི་ལམ་ལས་ཕྱིར་མི་ ལྡོ ག་པ་དང༌། སྤྱིར་མཐར་ཐུག་སངས་རྒྱས་ཀྱི་སའི་བར་གྱི་ཡང་དག་པའི་ཆོས་མཐའ་དག་ ཀྱང་དགེ་བའི་བཤེས་གཉེན་ལ་རག་ལས་པས་དེ་ལ་ཆོས་ཀྱི་ཡོན་ཏན་ལེགས་ཚོགས་མ་ལུས་ པ་བརྟེན་པར་སྤངས་རྟོགས་མཆོག་མངའ་རྒྱལ་བ་ཐམས་ཅད་མཁྱེན་པས་བཀའ་བསྩལ་པ་ ལ་ཐུགས་ངེས་ཆེན་པོ་འཁྲུངས་ཤིང༌། དགེ་བའི་བཤེས་གཉེན་བསྟེན་པ་འདི་ཐར་པ་དང་ ཐམས་ཅད་མཁྱེན་པའི་ལམ་མཐའ་དག་གི་གཞི་རྩ་གཅིག་པུར་ཐུགས་ཐག་ཆོད་དེ་དེ་ཉིད་ བསྟེན་པ་ལ་སྐོམ་པའི་གང་ཟག་གིས་ཆུ་དོན་དུ་གཉེར་བ་བཞིན་བཟོད་གླགས་མེད་པའི་དོན་ གཉེར་གྱི་ཐུགས་འདུན་ནམ་དུའང་ལྷོད་པ་མི་མངའ་ཞིང་དེ་འདྲའི་བཤེས་གཉེན་བསྟེན་པའི་ ཚུལ་ཡང༌། རིན་ཆེན་བང་མཛོད་ལས། སྐྱོན་བྲལ་ཡོན་ཏན་རྫོགས་པའི་བླ་མ་ནི༑ ༑སྙི གས་ མའི་དུས་ན་སངས་རྒྱས་དངོས་དང་མཚུངས། །རབ་དྭངས་སྲིད་ཞུས་གུས་པས་སྤྱི་བོས་ བསྟེན། །ཞེས་གསུངས་པ་ལྟར་ཐུགས་དག་སྣང་ཁྱད་པར་བ་དང་བཅས། སངས་རྒྱས་དངོས་ མཐོང་གི་འདུ་ཤེས་ཁ་ཙམ་མ་ཡིན་པར་དང་དུ་བླངས་པའི་སྲི་ཞུ་མཆོག་གིས་བརྩི་བཀུར་ ལེགས་ཞུ་བྱེད་པ་དང༌། སའི་སྙི ང་པོའི་མདོ་ལས། གཅིག་ཏུ་དད་ཅིང་གུས་པས་ཆོས་ཉན་གྱི། །འདི་ལ་འཕྱ་ཞིང་སྐུར་བ་མི་བྱའོ། །ཆོས་སྨྲ་བ་ལ་མཆོད་པར་བྱ་བ་ནི། །སངས་རྒྱས་འདྲ་ བར་དེ་ལ་འདུ་ཤེས་སྐྱེད། །ཅེས་གསུངས་པ་ལྟར་བཤེས་གཉེན་ལ་ཐུགས་གཏིང་ནས་དད་ གུས་ཀྱིས་ཆོས་ལེགས་པར་གསན་ཞིང༌། འཕྱ་སྐུར་སོགས་ཆོས་དང་མི་མཐུན་པ་ལྟ་ཅི་སྨོས། ཐ་མལ་རང་གའི་འདུ་ཤེས་བཞིན་མི་འདུག་ཅིང་སངས་རྒྱས་ཀུན་འདུས་ཀྱི་ངོ་བོར་ནམ་ཡང་ ཡིད་གཉིས་མེད་པའི་སྒོ་ནས་དེང་དུས་ལ་ལྟོས་ན་རྟག་ངུས་སེམས་དཔའ་ཆེན་པོ་ཆོས་ 6-1-329 འཕགས་ལ་བྱ་བ་བཞིན་གུས་བཀུར་ཞབས་འདེགས་བཀའ་བཞིན་སྒྲུབ་པ་སོགས་སྒོ་གང་ ཐད་ནས་བླ་ན་མ་མཆིས་པའི་བཤེས་གཉེན་མཆོག་བསྟེན་ཚུལ་ཁྱད་པར་བ་དེང་སྐབས་སུས་ ཀྱང་ཐོན་དཀའ་བའི་རྣམ་པར་ཐར་བ་རྒྱ་ཆེར་མངའ་བའི་ཚུལ་ཡང༌། ཡེ་ཤེས་རྒྱ་མཚོ་ལས། གང་གིས་བླ་མའི་བྱ་བ་ལ། །མཁས་པའི་སྐལ་ལྡན་གང་ཡིན་དེ། །དུས་གསུམ་སངས་རྒྱས་ ཐམས་ཅད་ལ། །བསྐལ་བ་བྱེ་བ་དྲུག་འབུམ་དུ། །ཕྱག་བྱས་བས་ནི་འདི་དོན་ཆེ། །བླ་མས་ བསྒོ་བ་བཞིན་བསྒྲུབས་ན། །འདོད་པ་ཐམས་ཅད་འགྲུབ་པ་དང༌། །བསོད་ནམས་དཔག་ཏུ་ མེད་པ་ཐོབ། །རང་གི་རྫས་དང་ཡོ་བྱད་ཀྱིས། །བླ་མ་མཉེས་པར་སུས་བྱས་ན༑ ༑འདིས་ནི་ ཁམས་གསུམ་འཁོར་བ་ལས། །སྤྲུལ་སྐུའི་ཞིང་དུ་དབུགས་དབྱུང་སྟེ། །མྱ་ངན་འདས་པའི་ སར་གཤེགས་སོ། །ཞེས་གསུངས་པ་བཞིན་བླ་མའི་ཐུགས་དགྱེས་པའི་བྱ་བ་ཀུན་སྒྲུབ་པ་ལ་ མཁས་པས་དུས་གསུམ་སངས་རྒྱས་ཀུན་ལ་བསྐལ་པ་བྱེ་བ་དྲུག་འབུམ་དུ་ཕྱག་བྱས་པའི་ ཕན་ཡོན་ལས་ལྷག་པ་ཐོབ་ཅིང༌། བླ་མའི་བཀའ་བཞིན་བསྒྲུབས་པས་གང་འདོད་པ་དང་ བསོད་ནམས་དཔག་ཏུ་མེད་པ་ཐོབ་པ་དང༌། རང་གི་རྫས་དང་ཡོ་བྱད་ཀྱིས་བླ་མ་མཉེས་པར་ བྱས་པས་རིང་མིན་འཁོར་བ་ལས་ཐར་ཏེ་མཆོག་གི་སྤྲུལ་སྐུའི་ཞིང་དུ་མྱ་ངན་ལས་འདས་པའི་ གོ་འཕང་ཐོབ་པའི་ཕན་ཡོན་ཆེན་པོ་དང་ལྡན་པས་བླ་མ་བསྟེན་ཚུལ་སྔོན་བྱོན་གོང་མ་མཆོག་ གི་རྗེས་སུ་སླེབས་ངེས་ཀྱི་རྣམ་ཐར་གཙང་མ་ཆེས་མངའ་བ་ལགས་ཀྱི་དེང་དུས་ཀྱི་ཆོས་པའི་ གཟུགས་བརྙན་ཕལ་གྱིས་བླ་མ་བསྟེན་ལོ་དང་ཆོས་ཞུ་ལོ་ཙམ་བྱས་པ་དང་གཏན་ནས་ མཚུངས་པ་མེད་པ་སྟེ། ཚུལ་དེ་ལྟ་བུའི་སྒོ་ནས་དམ་པ་འདིས་ཐོག་མར་བླ་མ་ཇི་ལྟར་བསྟེན་ པ་དང་དེ་ལས་གདམས་པ་ཉམས་སུ་བླངས་ཚུལ་བརྗོད་ན་དེ་ལ་རྡོ་རྗེ་འཆང་དངོས་ངག་ དབང་ཆོས་འཛིན་ཞབས་པའི་མདུན་དྲུང་དུ་ཐོག་མར་དམ་པ་སྐུ་ན་གཞོན་པ་ཉིད་སླེབས་པའི་ དུས་ན་རྡོ་རྗེ་འཆང་བླ་མའི་ཞལ་ནས། དེ་རིང་འབྲུག་སྐྱབས་ཀྱི་བུ་འདིར་འོང་བ་དེ་ནམ་ཞིག་ 6-1-330 མ་འོངས་པ་ན་གཞན་ལ་ཆོས་འཆད་ནུས་པའི་སྐྱེས་ཆེན་ཞིག་འོང་ངེས་ཀྱི་བཀའ་ལུང་གསལ་ བོས་གཟེངས་བསྟོད་དེ། ངོ་མཚར་ལེགས་ཚོགས་ཀྱི་རྟེན་འབྲེལ་ཐོག་མ་འགྲིགས་པ་འདི་ཀ་ ནས་བཟུང་སྟེ་རྡོ་རྗེ་འཆང་བླ་མའི་ཐུགས་བརྩེ་བ་ཆེན་པོའི་དགྱེས་བཞིན་ལེགས་པར་རྗེས་སུ་ བཟུང་བའི་མཛད་ཆེན་གནང་སྟེ་རང་རེ་རྒྱལ་བ་ཇོ་ནང་པའི་མེ་ཏོག་ལྷ་ལས་བབས་པའི་སྐལ་ བ་དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོའི་གསང་ཆེན་རྡོ་རྗེའི་ཐེག་པའི་རིམ་གཉིས་ཟབ་ མོའི་ཉེ་ལམ་མཐར་ཐུག་པའི་གསང་ཆེན་ཆོས་ཀྱི་མཛོད་ཀློང་གི་སྒོ་འཕར་ཕྱེ་བར་དགོངས་ཏེ་ སྐལ་བ་དང་ལྡན་པའི་སློབ་མར་གཟིགས་ན་ཐོག་མར་རྒྱུད་སྦྱངས་ཐབས་ཀྱི་སྔོན་དུ་འགྲོ་བའི་ ཆོས་རྣམ་པ་ལྔའི་དམིགས་ཁྲིད་རིམ་གྱིས་ལེགས་པར་བཏབ་ཏེ་དམ་པ་རང་གིས་རང་དང་ དམ་ཚིག་གཅིག་པའི་སྤུན་རྡོ་རྗེའི་མཆེད་ཟླ་ཕྱིས་སུ་རྣལ་འབྱོར་པ་མཆོག་ཏུ་གྱུར་པའི་ཏའི་ལ་ བླ་མ་བློས་ཚུལ་སོགས་དང་མཉམ་དུ་གདམས་པ་ཉམས་ལེན་བྱས་རིམ་ཐོག་མར་སྐྱབས་ གསུམ་ལ་མི་ཕྱེད་དད་པས་རེ་ལྟོས་བྱ་ཚུལ་གྱི་དམིགས་རིམ་ཞིབ་པར་ཁོང་དུ་ཆུད་ངེས་བྱས་ ཏེ་དམིགས་གནད་མཐའ་དག་རང་རྒྱུད་ལ་གནད་དུ་ཐེབས་པར་ལག་ལེན་དུ་བཏབ་ནས་ སྐྱབས་འགྲོའི་ཚིག་དྲུག་སྐོར་ངག་ནས་འདོན་པ་དང་ལུས་ཀྱི་ཕྱག་རེ་སྦྲགས་ནས་གྲངས་ འབུམ་ཐེར་ལྷག་དང་བཅས་དཀའ་བ་དང་བླངས་དང་ངལ་བ་ཁྱད་དུ་བསད་པའི་སྒོ་ནས་ གསང་ཆེན་ལམ་གྱི་གཞི་རྩ་ཚུགས་པའི་སྐྱབས་འགྲོ་ཡང་དག་གིས་རྒྱུད་སྦྱངས། དེ་ནས་ དགེ་བའི་ལས་གང་བྱས་ཐེག་པ་ཆེན་པོར་ལེགས་བསྒྱུར་བྱེད་པའི་རྒྱལ་པོ་ལྟ་བུའི་སེམས་ བསྐྱེད་དང་དེ་སྤེལ་བྱེད་ཚད་མེད་བཞི་དང་བཅས་པའི་དམིགས་ཁྲིད་སྦྱངས་ཏེ་ཁྲིད་དོན་རང་ རྒྱུད་ལ་སྦྱར་ནས་ལྷག་བསམ་རྒྱ་ཆེ་བས་ཉམས་ལེན་གང་བྱས་ཐེག་པ་ཆེན་པོ་ལས་ནམ་ཡང་ མི་འདའ་བའི་སེམས་བསྐྱེད་ཚད་མེད་བཞི་བཅས་ཀྱི་འདོན་སྒོམ་སྒྲགས་མ་ཞག་བདུན་ཕྲག་ ལས་མི་ཉུང་བར་དམིགས་ཐུན་བཅད་དེ་སྒོམ་པས་ཐེག་ཆེན་རྒྱལ་བའི་སྲས་ཀྱི་རྗེས་སུ་ 6-1-331 ཞུགས། དེ་ནས་ལམ་རིམ་པ་གཉིས་རྡོ་རྗེའི་ལུས་ཁམས་དྲུག་ལྡན་གྱི་རྟེན་ལ་ཚེ་གཅིག་ནས་ སྐྱེ་བའི་གེགས་སུ་གྱུར་པའི་ཉེས་ལྟུང་དྲི་མའི་རིགས་གང་དག་སྦྱང་བའི་ཐབས་དུས་འཁོར་ དང་མི་གཉིས་པའི་དཔལ་ཧེ་རུ་ཀའི་རྡོ་རྗེ་སེམས་དཔའི་ཡི་གེ་བརྒྱ་པའི་བསྒོམ་བཟླས་ཀྱི་ དམིགས་ཁྲིད་ལེགས་པར་བྱང་ཏེ་གནད་དོན་རྡོར་སེམས་སྤྱི་བོར་བསྒོམ་ཞིང་སྔགས་བཟླས་ བདུད་རྩི་འབེབས་སྦྱོང༌། སྟོབས་བཞི་སོགས་ཀྱི་སྒོ་ནས་ཧེ་རུ་ཀའི་ཡིག་བརྒྱ་འབུམ་ཐེར་ལྷག་ གིས་སྒྲིབ་པ་སྦྱངས་པའི་ཐབས་ལ་སྒོ་དུ་མ་ནས་འབད་པར་བྱས། དེ་ནས་རིམ་གཉིས་ཀྱི་རྣལ་ འབྱོར་མྱུར་ནས་སྐྱེ་བའི་ལྷན་ཅིག་བྱེད་རྐྱེན་མཎྜལ་གྱི་ཚོགས་བསགས་ཏེ་རྣམ་དཀར་དགེ་ ཚོགས་ཉེ་བར་བསྐྲུན་ཆེད་དུས་འཁོར་གྱི་རྒྱུད་ལས་བྱུང་བའི་འཇིག་རྟེན་ཁམས་ཀྱི་རྣམ་ གཞག་ལ་མཁས་པར་བྱས་ཏེ་ལྷ་མིའི་དཔལ་འབྱོར་མ་ཚང་བ་མེད་པའི་ཡིད་སྤྲུལ་དང་བཅས་ དངོས་སུ་འབྱོར་བའི་མཆོད་པ་གྱ་ནོམ་པའི་མཆོད་བཀོད་ཀྱིས་མཆོད་ཡུལ་བླ་མ་ཡི་དམ་ སངས་རྒྱས་སྲས་བཅས་སོགས་ལ་ཐུགས་དགྱེས་པ་བསྐྱེད་པའི་ལེགས་བྱས་མི་དམན་པའི་ བསོད་ནམས་ཚོགས་ཆེན་བསགས་པའི་མཆོད་ཚིག་ངག་འདོན་དམིགས་གནད་བཅས་ལུས་ ཀྱིས་ཕྱིན་དྲུག་ཚང་བའི་མཎྜལ་བཀོད་བཤམས་ལེགས་ངེས་ཀྱི་ཚུལ་ལ་བདུན་ཕྲག་གསུམ་ ལས་མི་ཉུང་བར་འབད་པས་གསང་ཆེན་མངོན་རྟོགས་ལེགས་པར་འཁྲུངས་བྱེད་ཀྱི་དགེ་རྩ་ བསྐྲུན་པར་བྱས། དེ་ནས་བསྐྱེད་རྫོགས་ཀྱི་ཡེ་ཤེས་ཉེ་བར་བསྐྱེད་བྱེད་བྱིན་རླབས་འབེབས་ པ་བླ་མའི་རྣལ་འབྱོར་གྱི་དམིགས་པའི་རིམ་པ་ལེགས་པར་སློབ་ཏེ་ཚུལ་དེ་ཀ་ལྟར་བཀའ་ དྲིན་གསུམ་ལྡན་གྱི་སྔགས་ཀྱི་རྡོ་རྗེ་སློབ་དཔོན་ཆེན་པོ་ཉིད་དུས་གསུམ་རྒྱལ་ཀུན་འདུས་པའི་ སྤྱི་གཟུགས་སུ་དག་སྣང་མོས་པའི་ཡུལ་དུ་བྱས་ཏེ་བྱིན་རླབས་དངོས་འབེབས་བྱེད་དབང་ བཞི་བླངས་པའི་དམིགས་གནད་དང་བཅས་བླ་མ་སངས་རྒྱས་དངོས་མཐོང་གི་གུས་འདུན་ ཉམས་པ་མེད་པའི་ཟབ་ལམ་བླ་མའི་རྣལ་འབྱོར་འདོན་སྒོམ་སྦྲགས་མའི་སྒོ་ནས་དེང་སང་ 6-1-332 རང་རེའི་དམ་པ་གོང་མའི་ཕྱག་བཞེས་ཞག་བདུན་ཕྲག་གསུམ་སོགས་སྐབས་དང་བསྟུན་ པའི་ལག་ལེན་གནད་སྨིན་བགྱིས་ཏེ། སྔོ ན་འགྲོ་འབུམ་ལྔ་ཞེས་གྲགས་པ་དེ་དག་ནི་ཐུན་ མོང་གི་སྔོན་འགྲོ་སྟེ་རང་ལུགས་ཀྱི་གོང་མའི་དུས་དབང་གིས་ཕྱག་བཞེས་ལྟར་གྱི་ལག་ལེན་ དམ་པ་འདིས་སྒྲུབ་པ་པོ་ཕལ་བ་གཞན་ལས་ཁྱད་པར་དུ་འཕགས་ངེས་གནད་དུ་ཁེལ་བ་ ལེགས་པར་བགྱིས་པས་གྲུབ་འབྲས་ཀྱང་གཞན་ཕལ་བ་ལས་འཕགས་པའི་སྟོང་པའི་ གཟུགས་ཀྱི་སྣང་བ་མང་པོ་གཟིགས་མོར་མཛད་ཅིང༌། མོས་སྒོམ་སྟོང་ཉམས་ཀྱི་རྣམ་པ་ཤེད་ ཆེ་བ་དུ་མའི་དངོས་ཉམས་དང༌། རྨི་ལམ་རྟགས་མཚན་གྱི་སྣང་བ་ལམ་སྔོ ན་འགྲོ་རང་རང་གི་ སྐབས་དང་འཚམས་པ་ཆེས་མང་བ་བྱུང་ངོ༌། ། དེ་ནས་རྫོགས་རིམ་གྱི་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལ་མོས་སྒོམ་བསྐྱེད་རིམ་ལྷའི་ རྣལ་འབྱོར་བསྡུས་པ་དུས་འཁོར་ལྷན་སྐྱེས་ཀྱི་རྣལ་འབྱོར་བཟླས་པ་བཅས་ཀྱི་དམིགས་ཁྲིད་ བླ་མའི་གདམས་པ་དེའི་དོན་ངེས་པར་བྱས་ནས་རང་ལུས་ཐ་མལ་གྱི་སྣང་བ་དབྱིངས་སུ་སྦྱང་ ཏེ་སྒོ་གསུམ་དུས་ཀྱི་འཁོར་ལོའི་གསང་བ་གསུམ་དང་དབྱེར་མེད་ཀྱི་ངང་ནས་དུས་ཀྱི་འཁོར་ ལོ་རྟེན་དང་བརྟེན་པའི་སྙིང་པོ་རྣམ་བཅུ་དབང་ལྡན་གྱི་སྔགས་བྱེ་བ་བཟླས་ཏེ་མོས་སྒོམ་ དག་པ་ལྷའི་གསལ་སྣང་བླ་མེད་ལུགས་ཀྱི་དག་རྫོགས་སྨིན་གསུམ་གྱི་གནད་ཚང་བའི་སྒོ་ ནས་རྫོགས་རིམ་སྐྱེ་བའི་གཞི་རྟེན་ཁྱད་པར་བ་རིམ་པ་དང་པོའི་རྣལ་འབྱོར་ལ་ལེགས་པར་ བསླབས་པས་དག་གསལ་ང་རྒྱལ་གསུམ་ལ་ཆེས་བརྟན་པ་ཐོབ་ཅིང་ཁྱད་པར་ལྷའི་གསལ་ སྣང་རབ་ཀྱི་མཐར་ཐུག་པ་ལ་ཐུགས་ངེས་ཆེན་པོ་འདྲོངས་ཏེ་ལམ་རྫོགས་པའི་རིམ་པ་སྐྱེ་ མ་རག་ཏུ་བྱས། དེ་ནས་རྡོ་རྗེ་འཆང་དངོས་བླ་མ་རྗེའི་དྲུང་དུ་བར་མ་རབ་བྱུང་གི་སྡོམ་པ་ཞུ་ བའི་སྲོལ་གོང་མའི་ཕྱག་བཞེས་མཛད་པ་ལྟར་འདིར་ཡང་དམ་པ་གང་དེའི་ཐུགས་ཉམས་སུ་ ཚུལ་ཁྲིམས་ཀྱི་ཕན་ཡོན། དབུ་མ་འཇུག་པ་ལས། སོ་སོ་སྐྱེ་བོ་རྣམས་དང་གསུང་སྐྱེས་དང༌། 6-1-333 །རང་བྱང་ཆུབ་ལ་བདག་ཉིད་ངེས་རྣམས་དང༌། །རྒྱལ་སྲས་རྣམས་ཀྱི་ངེས་པར་ལེགས་ པ་དང༌། །མངོན་མཐོའི་རྒྱུ་ནི་ཚུལ་ཁྲིམས་ལས་གཞན་མེད། །ཅེས་གསུངས་པ་ལྟར་ཉན་ རང་བྱང་སེམས་ཀྱི་ངེས་ལེགས་ཐར་པ་མྱང་འདས་དང༌། མངོན་མཐོ་ལྷ་མིའི་གོ་འཕང་གི་རྒྱུ་ ནི་ཚུལ་ཁྲིམས་ལས་གཞན་པའི་བསྐྱེད་བྱེད་རྣམ་པ་ཀུན་ཏུ་མ་དམིགས་པར་གསུངས་པས་ གནས་སྐབས་མཐར་ཐུག་གི་ཕན་བདེ་འབྱུང་བའི་རྩ་བ་ཚུལ་ཁྲིམས་སྐྱོན་མེད་པ་ཞིག་གལ་ ཆེ་བར་དགོངས་ཏེ་ཉིད་ཀྱིས་བླ་མ་རྗེ་བཙུན་མཆོག་གི་ཞལ་ལུང་ལས་རབ་ཏུ་བྱུང་བའི་སྡོམ་ པ་ལེགས་པར་མནོས་ཏེ་ཞི་བསིལ་ཐར་པའི་ཁང་བཟང་མཆོག་ཏུ་ལེགས་པར་ཞུགས་པའི་ དགའ་སྟོན་ཐོག་མ་ཤར་བས། མཚན་ངག་དབང་བསྟན་པ་རབ་རྒྱས་ཞེས་བྱ་བར་གསོལ། དེ་ནས་གཟུང༌། ཇི་སྐད་དུ། དམ་པས་ཁས་འཆེ་མང་པོ་མི་བྱེད་ལ། །གལ་ཏེ་དཀའ་བའི་ཁས་ ནི་བླངས་གྱུར་ན། །རྡོ་ལ་རི་མོ་བྲིས་པ་ཇི་བཞིན་དུ། །ཤི་ཡང་གཞན་དུ་བྱེད་པར་མི་འགྱུར་ རོ། །ཞེས་གསུངས་པ་ལྟར་རབ་བྱུང་དང་དགེ་བསྙེ ན་ལྷན་ཅིག་ཏུ་བྱས་ཏེ་བསྲུང་སྡོམ་ལེགས་ མནོས་མཛད་པ་བཞིན་ཚངས་སྤྱོད་དགེ་བསྙེན་གྱི་བསླབ་བྱ་མཐའ་དག་ཁས་གང་བླངས་ པ་རྡོ་ལ་རི་མོ་བཞིན་སྲོག་འདོར་བ་ལ་ཐུག་ཀྱང་ནམ་ཡང་ཉམས་པར་མི་བྱེད་པའི་ཐ་ཚིག་ བརྟན་པོས་འགྱུར་མེད་ཀྱི་གཡར་དམ་བྱས། དེ་ནས་ལམ་རྫོགས་རིམ་གྱི་ཡེ་ཤེས་མྱུར་ནས་ སྨིན་པར་བྱེད་པའི་ཐབས་རྗེ་བླ་མ་མཆོག་གིས་ཡེ་ཤེས་ལྷའི་དཀྱིལ་འཁོར་ཉེ་བར་བཞེངས་ ཏེ་རྡོ་རྗེའི་རིགས་ཀྱི་སློབ་མ་གཟུགས་བརྙན་གྱི་དཀྱིལ་འཁོར་དུ་བྱིན་རླབས་འབེབས་པ་དང་ བཅས་ལེགས་པར་བཅུག་ཏེ་མཆོག་གི་དབང་གོང་མ་བཞི་ཡོངས་རྫོགས་སུ་བསྐུར་བས་རྡོ་ རྗེ་བཞིའི་ཡེ་ཤེས་བསྐྱེད་པའི་བག་ཆགས་ཁྱད་པར་བ་བཞག་ཏེ་རིམ་པས་མི་རྟོག་གནས་ ལུགས་སྒོམ་ཐབས་ཀྱི་མན་ངག་བྱིན་རླབས་འབེབས་བཅས་ཀྱིས་སློབ་མའི་རྒྱུད་བྱིན་གྱིས་ རླབས་ཏེ་མུན་ཁང་ལ་བྱེད་བཅིངས་དམ་པོས་རྫོགས་རིམ་གྱི་ཐུན་མོང་མ་ཡིན་པའི་ཉེར་ 6-1-334 བསྡོགས་དབེན་པ་གསུམ་གྱིས་རྣལ་འབྱོར་ལ་ཉམས་ལེན་གནད་དུ་བསྣུན་ངེས་ཀྱིས་རེ་ཞིག་ བར་དུས་འདའ་བས་འོད་གསལ་སེམས་ཀྱི་རང་ངོ་ཇི་བཞིན་འཕྲོད་ཅིང་སྣང་བའི་འཆར་སྒོ་ ལ་རྣམ་པ་སྣ་ཚོགས་པའི་སྟོང་པའི་གཟུགས་ཀྱི་སྣང་བརྙན་མཐའ་ཀླས་པ་དང་བཅས་ཏེ་གཡོ་ ཐོབ་གོམས་བརྟན་མཐར་ཕྱིན་པའི་ཉམས་རིམ་པས་མངོན་དུ་བྱས་ཏེ་སེམས་བཏང་སྡོད་ལ་ དབང་ཐོབ་པའི་མི་རྟོག་ཡེ་ཤེས་ཀྱི་རང་མདངས་ཀྱི་ཆ་ཅུང་ཙམ་རང་ཤུགས་ཀྱིས་མངོན་ཏེ་ རང་ངོ་ཡང་དེ་ཙམ་དུ་ཟིན་པར་གྱུར་ཏོ། ། དེ་ནས་རྫོགས་རིམ་དངོས་གཞི་སོར་སྡུད་ཀྱི་རྣལ་འབྱོར་སྒོམ་པའི་མན་ངག་བླ་མ་དམ་ པ་ལས་ལེགས་པར་གསན་ནས་མན་ངག་གི་དོན་བཞིན་སྨིན་མཚམས་ཐད་ཀྱི་ནམ་མཁར་ ཡེ་ཤེས་ཀྱི་དབུ་མ་ཆེན་པོར་རླུང་སེམས་དབང་དུ་བསྡུས་ཏེ་སྤྲོས་བྲལ་མི་རྟོག་པ་རྩེ་གཅིག་ བསམ་མེད་སོགས་ཀྱི་མཚན་མོའི་རྣལ་འབྱོར་ལ་བརྟེན་ནས་མཚན་རྟགས་རྣམས་དེང་དུས་ ལ་ལྟོ ས་ན་ཆེས་བཟང་རབ་ཀྱི་སྣང་བ་བྱུང་ཞིང༌། དེ་ལྟར་མཚན་མོའི་རྣལ་འབྱོར་ཡུན་རིང་ དུ་སྒོམ་པའི་མཐར་ཉིན་མོའི་རྣལ་འབྱོར་གྱིས་ཉིན་རྟགས་རྣམས་ཀྱང་ལེགས་ཙམ་གྲུབ་ཅིང༌། འདི་སྐབས་རྣམས་སུ་དམ་པ་ཉིད་ལ་མུན་ཁང་གི་སྣང་བ་ལ་རྟགས་བཅུ་ཡོངས་རྫོགས་ཆེས་ གསལ་བོ་གཞན་རྣམས་ལས་ཁྱད་པར་དུ་གྱུར་པ་ཡོད་རིགས་སུ་གདའ་བས་མཆེད་ཟླ་རྣམས་ ལས་ཐུགས་སྲས་མཆོག་གི་སྙན་པ་ཐོབ་པ་ཞིག་ཡིན། དེ་ལྟར་རང་རེའི་ཕྱག་སྲོལ་ལྟར་སོར་ སྡུད་ཡུན་རིང་རབ་རེ་བསྒོམ་པ་ལ་གུས་སྦྱོར་དང་རྟག་སྦྱོར་གྱི་བརྩོན་པ་གཞན་རྣམས་ལས་ ཁྱད་དུ་འཕགས་པའི་སྒོ་ནས་ཉམས་ལེན་ལ་རྩེ་གཅིག་ཏུ་ཐུགས་གཞོལ་བར་གྱུར་ཏོ། ། དེ་ནས་བསམ་གཏན་གྱི་རྣལ་འབྱོར་ཉམས་ལེན་གྱི་གདམས་པ་བླ་མ་ལས་ལེགས་ པར་གནང་བ་བཞིན་སྔར་གྱི་རང་སེམས་ཀྱི་སྣང་ཡུལ་སྟོང་གཟུགས་རྣམས་དང་རང་སེམས་ དབྱེར་མེད་ཀྱི་དོན་ལ་མཉམ་པར་བཞག་ཏེ་བཅོས་མ་བྲལ་བའི་ངང་ནས་སྟོང་གཟུགས་ལ་ 6-1-335 ཆེད་གཏད་མེད་པར་རང་བབས་གཟུགས་སྣང་ལ་འཛིན་མེད་དུ་བསྒོམ་པས་སྔར་ལས་ལྷག་ པའི་གཟུགས་སྣང་གི་འཆར་སྒོ་ཡང་མཐའ་ཀླས་ཤིང་སྤྲོས་པ་བྲལ་བའི་གནས་ལུགས་ལའང་ ཐུགས་ངེས་ཆེས་ལྷག་པ་འཁྲུངས་པའི་སྒོ་ནས་སྔ་ཕྱི་དེ་ཀུན་གྱི་ཉམས་སྣང་མཐའ་དག་བླ་མ་ མཆོག་ལ་ཡང་ཡང་ཞུས་པས་ལམ་རྟགས་སོ་སོར་ཇི་བཞིན་ངོ་སྤྲད་དེ་ཐུགས་མགུ་རྒྱ་ཆེར་ གནང༌། དེ་ནས་སྲོག་རྩོལ་གྱི་རྣལ་འབྱོར་ཉམས་ལེན་གྱི་ཚུལ་བླ་མ་དམ་པ་ལས་ལེགས་པར་ གདམས་པ་བཞིན་རླུང་སེམས་དབྱེར་མེད་ཀྱི་རྣལ་འབྱོར་ལ་བརྟེན་ནས་རྡོར་བཟླས་བུམ་ ཅན་ལུས་སྦྱོང་འཁྲུལ་འཁོར་གྱི་ལག་ལེན་རྩ་བའི་རླུང་ལྔ་གཞུག་པའི་རླུང་སྦྱོར་ནང་རླུང་གི་ཆ་ ལག་བཅས་ཀྱིས་གཡས་གཡོན་རོ་རྐྱང་གི་རྒྱུ་བ་བཙན་ཐབས་ཀྱིས་དབུ་མར་བཀག་ཏེ་སྲོག་ ཐུར་གོང་བུ་གཅིག་ཏུ་བསྲེ་བའི་མན་ངག་གི་བོགས་འདོན་སྤོགས་ཆོག་དང་བཅས་པ་གོང་ མའི་ཕྱག་བཞེས་བཞིན་གྱི་ཉམས་ལེན་ཚད་ལྡན་མཛད། དེ་ནས་འཛིན་པའི་རྣལ་འབྱོར་ གྱི་ཉམས་ལེན་ཕ་ཅིག་བླ་མའི་ཐུགས་རྗེས་ལེགས་གནང་མཛད་པ་བཞིན་རླུང་ཐིག་སེམས་ གསུམ་དབྱེར་མེད་རོ་གཅིག་པའི་རྣལ་འབྱོར་ལ་བསྟེན་ནས་རླུང་སྦྱོར་གནས་དྲུག་བུམ་ཅན་ ཚན་སྔ་ཕྱིའི་སྦྱོར་བས་རླུང་སེམས་མཐའ་དག་མི་ཤིགས་པའི་ཐིག་ལེ་དྲུག་ལ་རོ་གཅིག་ཏུ་ བསྟིམས་ཤིང་འབྱུང་འཇུག་མེད་པར་བརྟན་བྱེད་ཀྱི་ཐབས་ཚུལ་སྣ་ཚོགས་སྔོན་བྱོན་རང་རེའི་ དམ་པ་དག་གི་ཕྱག་སྲོལ་བཞིན་དུ་གནད་བསྣུན་གྱི་འབད་པ་རྒྱ་ཆེར་བྱས། དེ་ནས་རྗེས་དྲན་ གྱི་རྣལ་འབྱོར་ལ་བག་ཆགས་འཇོག་ཚུལ་ཀྱང་ལས་དང་པོ་པ་རྣམས་ལ་རྗེ་གཅིག་ཆོག་རྒྱལ་ པོས་བཀའ་དྲིན་དུ་མཛད་པ་ལྟར་ཞུ་བདེ་ཁྱད་པར་ཅན་འདྲེན་པའི་ཐབས་སྐུ་གསུམ་འདུག་ སྟངས་ཀྱི་རླུང་སྦྱོར་རྣམས་དང༌། དབྱེ་སྡུད་སྒོ་གླེག་ཀུན་འདུས་སོགས་རླུང་སྦྱོར་ལྔ་ཚན་བཅས་ འཁྲུལ་འཁོར་ཉི་ཤུའི་ལག་ལེན་སྔོན་འགྲོ་དང་རང་ལུས་འདོད་ལྷ་ཡབ་ཡུམ་རྗེས་ཆགས་ 6-1-336 དགའ་བཞིའི་རྣམ་པ་དང་བཅས་སླར་ཡང་འཁྲུལ་འཁོར་ཉི་ཤུའི་དངོས་གཞིའི་ལག་ལེན་ཚད་ དང་ལྡན་པ་སྔོན་སྲོལ་མ་ཉམས་པའི་རྗེས་སུ་འབྲངས་ཏེ་ལག་ལེན་སྒོ་གང་ཐད་ནས་ལུས་ བཅུད་ཀྱི་དྭངས་མ་ཐིག་ལེ་དབབ་བཟློ ག་དགྲམ་གསུམ་ལ་བརྟན་པ་ཐོབ་པའི་ཐབས་ལ་སྐྱེས་ རྩལ་ཅི་ཡོད་ཀྱིས་སྦྱང་བ་མི་དམན་པ་བྱས་ཚུལ་མཛད། དེ་ནས་ཏིང་ངེ་འཛིན་གྱི་རྣལ་འབྱོར་མཆོག་ལའང་སྨོན་པའི་ཡུལ་དུ་ལམ་བྱེད་ཀྱི་ཚུལ་ མཆོག་དམན་ཐམས་ཅད་ལ་གདམས་པའི་སྲོལ་རང་རེའི་གོང་མ་དག་གི་ཕྱག་བཞེས་ཇི་ལྟ་ བ་བཞིན་ཁྱབ་བདག་འདྲེན་པ་མཆོག་གིས་བརྩེ་ཆེན་མཁྱེན་པའི་དགོངས་ཀློང་ནས་ལེགས་ པར་བསྩལ་པ་ལྟར་དམ་པ་གང་ནས་ཀྱང་རང་ལུས་ལྷ་ཡི་དག་སྣང་སྟོང་གཟུགས་དབྱེར་མེད་ ཀྱི་སྣང་བ་ལས་མི་འགྱུར་བདེ་ཆེན་གྱིས་ལུས་ནང་གི་འཁོར་ལོ་དྲུག་ཏུ་མས་རིམ་གྱིས་རིམ་ པར་ཕྱེད་རེ་གང་བ་དང་ཏིང་ངེ་འཛིན་གྱི་ས་རེ་ཐོབ་པའི་ཚུལ་གྱིས་ས་བཅུ་གཉིས་ཐོབ་པའི་ མོས་འདུན་རྣམ་པ་ལམ་བྱེད་ཀྱིས་ཕུལ་དུ་བྱུང་བའི་གསང་ཆེན་ཐེག་པའི་ཡན་ལག་དྲུག་ པའི་འབྲས་བུའི་རྣལ་འབྱོར་ཉམས་ལེན་གྱི་སྨོན་པ་བཟང་པོ་རང་རེ་ངེས་དོན་སྒྲུབ་བརྒྱུད་ ཀྱི་རྗེས་འཇུག་དག་གིས་ཕྱག་བཞེས་མ་ཉམས་པའི་རྒྱུན་ལེགས་པར་བསྐྱངས་ཏེ་ཉམས་ བཞེས་ཀྱིས་ཟབ་ལམ་འཕོ་བའི་མན་ངག་བཅས་ལས་དང་པོ་པའི་ཚུལ་གྱིས་ཐུགས་ཉམས་ སུ་ལེགས་པར་བསྟར་ཏེ་ཉམས་སུ་ལེན་པ་གནད་སྨིན་ཚད་དུ་འཁྱོལ་བའི་སྒྲུབ་པ་ལ་དགུང་ ལོ་བཅུ་གསུམ་ནས་བཅུ་དྲུག་གི་བར་རྩེ་གཅིག་ཏུ་བརྩོན་པ་དྲག་པོ་ནམ་ཡང་མི་ལྷོད་པ་བླ་མ་ རྗེ་བཙུན་གྱི་ཐུགས་དགྱེས་བསྐྱེད་ཀྱི་ཐུགས་སྲས་ཐུ་བོ་མཆོག་ཏུ་གྱུར་ཅིང་ཟབ་ཆོས་ཉམས་ ལེན་ལོ་གསུམ་གྱི་རིང་དུ་རྡོ་རྗེ་འཆང་དངོས་རྗེ་བླ་མའི་ཞལ་གྱི་བུམ་བཟང་ལས་ཟབ་བཀའ་ རྒྱ་ཆེ་བའི་བདུད་རྩི་གཞན་ཡང་ཉེ་བར་བསྩལ་བའི་རིམ་པ་དམ་པ་གང་གིས་ལེགས་པར་ནོད་ པ་ཡང༌། ལོ་དང་པོར་རྗེ་བླ་མ་མཆོག་གི་དྲུང་ནས་སྒྲུབས་ཐབས་རིན་འབྱུང་ལས་བྱུང་བའི་ 6-1-337 དབང་བཀའ་ཡོངས་སུ་རྫོགས་པ་དང༌། རྗེས་གནང་བརྒྱ་རྩ་གསན། གཉིས་པར་བདེ་མཆོག་ རབ་འབྱམས་ཀྱི་དབང་བཀའ་ཡོངས་རྫོགས་དང༌། གསུམ་པར་གཤིན་རྗེ་རབ་འབྱམས་ཀྱི་ དབང་བཀའ་མཐའ་དག་ལེགས་པར་གསན་པས་ཀྱང་བླ་མའི་བྱིན་རླབས་དང་སློབ་མའི་ གཞི་རྒྱུད་དག་པ་ལྷན་ཅིག་ཚོགས་པའི་བྱེད་རྐྱེན་གྱིས་སྲས་ཀྱི་ཐུ་བོ་དམ་པ་འདི་ཉིད་ལ་ལམ་ གྱི་མངོན་རྟོགས་ན་རིམ་པར་འཕར་ཏེ་དབྱར་གྱི་རྒྱལ་མོའི་བྱེད་པས་ས་གཞིའི་ཁོང་ནས་རྩི་ ཏོག་སྣ་ཚོགས་པ་ཆེས་ཆེར་སྨིན་ཏེ་མངོན་པར་བཀྲ་བ་བཞིན་ནོ། ། འདི་དག་གི་སྐོར་སྔར་སོར་བསམ་ཉམས་ལེན་གྱི་དུས་ནའང་བླ་མའི་ཞལ་ནས་དམ་པ་ འདི་ལ་ཁྱོད་ཀྱིས་དམིགས་ཁྲིད་རྣམས་ལེགས་པར་སློབ་དགོས་དང་ནམ་ཞིག་འདི་བཞིན་ གཞན་ལ་འཆད་དགོས་པར་འགྱུར་རོ་ཞེས་པའི་ལུང་བསྟན་དང༌། སྦྱོར་བ་ཡན་ལག་དྲུག་ ཉམས་བཞེས་རྫོགས་པའི་ཚེ་རྗེ་བླ་མས་རྗེས་ཁྲིད་གནང་སྐབས་ཀྱང་བླ་མའི་ཞལ་ནས། ཡང་ དམ་པ་འདི་ཉིད་ལ་འདི་ལྟར་གསུང་གནང་བསྩལ་ཏེ། ཁོ་བོ་ཕ་རྒན་གྱི་རིང་དུས་ལས། ནམ་ ཞིག་ཁྱོད་སློབ་བུའི་རིང་དུས་སུ་ཟབ་ལམ་གྱི་བསྟན་པ་དང་དེ་འཛིན་གྱི་དགེ་འདུན་སྡེ་ཚོགས་ ཆེས་ཆེར་དར་ཞིང་རྒྱས་པ་ཞིག་འོང༌། ཞེས་པའི་ལུང་བསྟན་འགྱུར་མེད་རྡོ་རྗེའི་ཚིག་གིས་ ལན་གསུམ་དུ་གནང་ཞིང་རྒྱ་ཆེར་དགྱེས་ཚོར་མཆོག་གིས་དབུགས་དབྱུང་གི་གཟེངས་བསྟོད་ ཆེར་བསྔགས་མེ་ཏོག་གསར་བ་ཐུགས་སྲས་སྐལ་བ་དང་ལྡན་པའི་བུའི་གཙུག་གི་ཅོད་པན་ མཛེས་བྱེད་ཀྱི་རྒྱན་བཟང་དུ་ཉེ་བར་ཐོབ་པ་འདི་ལ་བསམ་ནའང་སྔོན་སྦྱངས་མཐུ་ཆེ་བའི་ ཚུལ་ལེགས་པར་དཔོག་ནུས་སོ། ། དེ་ནས་དགུང་ལོ་བཅུ་དྲུག་བཅུ་བདུན་སྐོར་ལ་སྔར་བླ་མས་ཇི་སྐད་གདམས་པ་ལྟར་ ཉམས་ལེན་ལ་སྙིང་པོ་གཅིག་དྲིལ་གྱིས་འགྲོ་འདུག་སྤྱོད་ལམ་ཐམས་ཅད་དུ་སེམས་དྲན་ ཤེས་ཀྱིས་ནམ་ཡང་མི་འབོར་བར་བྱས་ཏེ་ནང་ནུབ་ཀུན་ཏུ་མཉམ་བཞག་ཆག་མེད་ཀྱི་ངང་ 6-1-338 ནས་སྒོ་གསུམ་གྱི་ཀུན་སྤྱོད་གཞན་ཕལ་བ་རྣམས་དང་མི་མཐུན་པར་སྐུ་ན་གཞོན་ཡང་ཞི་དུལ་ རྒན་པའི་བརྟུལ་ཞུགས་ཀྱིས་རྒྱུད་ངང་གིས་འདུལ་ཞིང་ཀུན་གྱི་ཡིད་སྨོན་པའི་གནས་སུ་གྱུར་ བཞིན་དུ་ཕ་མ་ཡིད་འོང་བརྩི་བཀུར་གྱི་གཅེས་སྤྲས་དང་བཅས་ཏེ་དེ་གཉིས་ལ་འཕྲལ་གྱི་བྱ་ བ་གང་དགོས་མཐའ་དག་བསྒྲུབས་ནས་ཇི་ལྟར་འཚམས་པའི་གཡོག་མཛད། དེ་ནས་དགུང་ལོ་བཅོ་བརྒྱད་པ་དགའ་བ་ཞེས་པ་ཆུ་འབྲུག་གི་ལོ་འདི་མཚམས་སྐོར་ ནས་མཛད་ཚུལ་ཡང༌། དེ་ཁོ་ན་ཉིད་ངེས་པར་བསྟན་པའི་མདོ་ལས། ཤཱ་རིའི་བུ་གང་གིས་ བསྐལ་པ་གཅིག་གི་བར་དུ་ཉན་པ་བས། གང་གིས་སེ་གོལ་གཏོགས་པའི་ཡུན་ཙམ་ཞིག་དེ་ ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་ལ་མཉམ་པར་བཞག་ན་བསོད་ནམས་མང་དུ་འཕེལ་ལོ། །ཤཱ་རིའི་ བུ་དེ་ལྟ་བས་ན་དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་འདི་གཞན་ལ་ནན་གྱིས་གདམས་པར་བྱའོ། །ཞེས་དང༌། མདོ་སྡེ་རྒྱན་ལས། དེ་ལྟས་རྣལ་འབྱོར་ཅན་གྱི་སྒོམ་པ་གང་ཡིན་དེ་ནི་དོན་མེད་ མིན། །དེ་ལྟར་བདེ་བར་གཤེགས་ཀྱིས་བསྟན་པ་གང་ཡིན་དེ་ཡང་དོན་མེད་མིན། །གལ་ཏེ་ ཐོས་པ་ཙམ་གྱིས་དོན་མཐོང་འགྱུར་ན་སྒོམ་པ་དོན་མེད་འགྱུར། །གལ་ཏེ་མ་ཐོས་པར་ཡང་ སྒོམ་ལ་འཇུག་ན་བསྟན་པ་དོན་མེད་འགྱུར། །ཞེས་གསུངས་པ་ལྟར་སྤྱིར་ན་ཏིང་ངེ་འཛིན་གྱི་ མཉམ་བཞག་ལ་གནས་པ་ཡོན་ཏན་རྒྱ་ལྷག་པར་ཆེ་ཞིང་དེ་ཡང་ཐོས་སྒོམ་ཟུང་འབྲེལ་གྱིས་ བསྟན་པ་ཉམས་སུ་ལེན་དགོས་ཀྱི་ཐོས་སྒོམ་ཡ་བྲལ་དུ་བྱེད་མི་རུང་མོད་འོན་ཀྱང་ཐོས་སྒོམ་ གཉིས་གཙོ་བོར་གང་བྱེད་ཀྱི་ཕྱོགས་འཛིན་ན་དེང་སང་སྙིགས་དུས་ཀྱི་འགྲོ་ལ་དགོངས་ཏེ་ཇོ་ བོ་བཀའ་གདམས་པ་རྣམས་ཀྱི་གསུང་སྒྲོས་ལས་སྤྱིར་བཤད་པ་བས་སྒྲུབ་པ་གཙོ་ཆེ། ཞེས་ འབྱུང་བ་དང་རང་རེ་ཇོ་ནང་པ་ཡང་དུས་ཀྱི་འཁོར་ལོའི་སྒྲུབ་པའི་བཀའ་བབས་འབྲོ་ལུགས་ ཀྱི་བརྒྱུད་འཛིན་ངེས་དོན་སྒྲུབ་པ་གཙོ་བོར་བྱས་པས་ཟབ་ལམ་གྱི་རྟོགས་པ་ཆེས་ཆེར་མངའ་ བའི་རྟོགས་ལྡན་བརྒྱུད་པའི་ཕྲེང་བ་བར་མ་ཆད་པའི་སྒྲུབ་བརྒྱུད་འབྲས་བུའི་མངོན་རྟོགས་ 6-1-339 ཀྱིས་ཐུགས་རྒྱུད་ཉེ་བར་གཏམས་པ་ཤ་སྟག་ཡིན་པས་དམ་པ་འདིས་ཀྱང་དེ་ལུགས་ལྟར་གྱི་ སྔོན་བྱོན་གོང་མ་དག་གི་རྗེས་སུ་འཇུག་ཚུལ་གྱིས་ངེས་པ་དོན་གྱི་སྒྲུབ་པ་ཉམས་ལེན་འབའ་ ཞིག་ལ་གཙོ་བོར་སྒོ་དུ་མ་ནས་དཀའ་བ་བརྒྱ་ཕྲག་གིས་འབད་པ་ནམ་ཡང་མི་གཡེལ་བ་ ཐུགས་ཀྱི་དགོངས་མཐིལ་དུ་རྟག་པར་བཅངས་ཏེ་འདི་སྐབས་སུའང་ཉིད་ཀྱི་ཐུགས་དགོངས་ སུ་ད་ནི་དལ་འབྱོར་དོན་ཡོད་ཀྱི་ཐབས་སྐུ་ཚེ་གང་བོར་ཉམས་ལེན་སྒྲུབ་པ་ཟབ་མོ་ལ་གཅིག་ དྲིལ་གྱི་ཐུགས་ཐག་བཅད་དེ་སླར་ཡང་རྡོ་རྗེ་འཆང་བླ་མ་རྗེའི་ཞབས་པད་གུས་བསྟེན་གྱི་ སྒོ་ནས་ཞལ་གྱི་གདམས་པ་ལ་བརྟེན་ནས་འཁྲུལ་འཁོར་འགབ་མར་གྲགས་པ་ཟམ་ལམ་ རྡོ་རྗེའི་རྣལ་འབྱོར་སྦྱོར་བ་ཡན་ལག་དྲུག་ཡོངས་སུ་རྫོགས་པ་ལོ་གཅིག་གི་རིང་དུ་སྔར་གྱི་ ཐུགས་ཉམས་སུ་བསྟར་བའི་མངོན་པར་རྟོགས་པའི་ཉམས་མྱོང་རྣམས་གོང་ནས་གོང་དུ་ཆེས་ ཆེར་སྤེལ་བའི་ཐབས་ཚུལ་གྱིས་ཉམས་ལེན་གྱིས་རྒྱུན་བསྐྱངས་པར་བྱས། དེ་སྐབས་སུ་བླ་མ་ མཆོག་གིས་དཀྱིལ་འཁོར་གྱི་གཙོ་བོ་དཔལ་དང་པོའི་སངས་རྒྱས་ཀྱི་སྐུར་བཞེངས་ཏེ་རྡོ་རྗེའི་ སློབ་མ་དག་རྗེས་སུ་བཟུང་སྟེ་དུས་ཀྱི་འཁོར་ལོའི་དབང་མོ་ཆེ་སློབ་མ་རྗེས་འཛིན། སྟ་གོན། བྱིས་པ་འཇུག་པའི་དབང་བདུན། མཆོག་གི་དབང་གོང་མ་བཞི། མཆོག་དབང་ཁྱད་པར་ཅན་ སྟེ་རྡོ་རྗེ་སློབ་མའི་དབང་རྣམས་དང༌། བདག་པོ་དང་བདག་པོ་ཆེན་པོའི་དབང་སྟེ་རྡོ་རྗེ་སློབ་ དཔོན་གྱི་དབང་དང་བཅས་ཡོངས་སུ་རྫོགས་པ་བཀའ་དྲིན་དུ་མཛད་པས་སྐལ་བ་དང་ལྡན་ པའི་རྡོ་རྗེའི་སློབ་བུ་དམ་པ་གང་ཉིད་ཀྱི་ཐུགས་མཚོར་རྡོ་རྗེ་བཞིའི་རྣལ་འབྱོར་སྔར་མ་སྐྱེས་པ་ བསྐྱེད་པ་དང༌། སྐྱེས་ཟིན་གང་དག་མི་ཉམས་པར་གོང་འཕེལ་དུ་བྱེད་པའི་ལེགས་ཚོགས་རྒྱ་ ཆེར་བསྐྲུན་སྐབས་མཆོག་གི་དབང་བསྐུར་དུས་གསང་རྫས་ཐོད་ཆང་བླ་མས་སློབ་མ་རྣམས་ ལ་འགྲིམ་པའི་ཚེ་དབང་གྲལ་དུ་ཉན་པའི་རྟོགས་ལྡན་བླ་མ་ཕྲིན་ལས་བྱ་བ་ཡེ་ཤེས་ཕེབས་ ཏེ་འཕར་བའི་སྐྱེན་གྱིས་ཐོད་པ་བདུད་རྩི་བཅས་དམ་པ་ཉིད་ཀྱི་ཐུགས་ཀར་བརྒྱབ་བྱུང་བས་ 6-1-340 ཉམས་རྟོགས་ཆེས་བཟང་པོ་སྐྱེས་ཤིང༌། བླ་མ་མཆོག་གི་ཞལ་ནས་སྐལ་ལྡན་སློབ་བུ་ཁྱོད་ ལ་ངེས་པ་དོན་གྱི་དབང་བཞི་དགོངས་པའི་དབྱིངས་ནས་ཐོབ་ཚུལ་གྱི་བཀའ་ལུང་གསལ་ བོ་བྱུང༌། གཞན་ཡང་འདི་སྐོ ར་དུས་སྔ་ཕྱི་ཅི་རིགས་སུ་བླ་མའི་ཞལ་སྔ་ནས་བཀླག་ལུང་སྣ་ ཚོགས་ནོད་རིམ། རྗེ་སྒྲོལ་མགོན་ཞབས་ཀྱིས་མཛད་པའི་སྦྱོར་དྲུག་དམིགས་ཁྲིད་ཆེན་མོ་ མཐོང་བ་དོན་ལྡན་གྱི་བཀླག་ལུང་ཟབ་ཁྲིད་ཞིབ་རྒྱས་དང༌། དེའི་ལྷན་ཐབས་འོད་བརྒྱ་ འབར་བ། རྡོ་རྗེའི་རྣལ་འབྱོར་གྱི་རྣམ་བཤད་ཟུང་འཇུག་རབ་གསལ། འཁྲུལ་འཁོར་སྡོམ་ ཚིག་རྩ་འགྲེལ། ངོ་སྤྲོད་ཕྱི་ནང༌། རྟགས་ཚད། སྦྱོར་དྲུག་དྲིས་ལན་བཅས་ཀྱི་བཀླག་ལུང༌། ནཻ་ གུའི་ཁྲིད་ཡིག་ཟབ་དོན་ཐང་བརྡལ་མ། མ་མོའི་ལྷན་ཐབས། འཁྲུལ་འཁོར་ཁྲིད་ཡིག སྒྲུབ་ ཐབས་རིན་འབྱུང་ལས་བྱུང་བའི་བདེ་མཆོག་ལྷན་སྐྱེས་སྒྲུབ་ཐབས་བརྒྱུད་འདེབས་བཅས་ཀྱི་ ལུང་ཁྲིད། བཀའ་བབས་བདུན་ལྡན་བརྒྱུད་པའི་རྣམ་ཐར། རྗེ་བཙུན་རང་གི་རྣམ་ཐར་མ་ བཅོས་ལྷུག་པ་སོགས་དམིགས་ཁྲིད་དང་རྣམ་ཐར་སྣ་ཚོགས་ཀྱི་བཀླག་ལུང༌། དུས་འཁོར་ བསྒྲུབ་དཀྱིལ་ཆེ་ཆུང་དང༌། རྟ་མགྲིན་གསང་སྒྲུབ་ཀྱི་ལས་བྱང་སོགས་ཉེར་མཁོའི་ཆོ་ག་ མང་པོའི་བཀླག་ལུང༌། བླ་མ་རྒྱང་འབོད། ནཻ་གུའི་བླ་བརྒྱུད་ཀྱི་གསོལ་འདེབས་སོགས་དང༌། མཚན་བརྗོད། མདོ་གདུགས་སྒྲོལ་གསུམ་སོགས་འདོན་ཆ་ཉེར་མཁོ་མང་པོ་སོགས་གསན་ པ་ཆེ་ཡང་ཐོ་ཡིག་མེད་པས་ཇི་བཞིན་འབྲིར་མ་ལང་ངོ༌། ། དེ་ནས་དགུང་ལོ་བཅུ་དགུའི་དུས་བླ་མ་མཆོག་གིས་གསང་བདག་འབྱུང་པོ་འདུལ་བྱེད་ ཀྱི་དམིགས་ཁྲིད་བཏབ་པས་དེའི་བསྙེན་མཚམས་དམ་པོ་བྱས་ཏེ་བསྙེན་གྲངས་ཚད་ལྡན་ གྲུབ་འབྲས་ཀྱི་རྟགས་དང་བཅས་ཏེ་ལེགས་པར་བསྒྲུབས་པས་སྐུ་ཚེ་འདིར་གསང་བ་གསུམ་ གྱི་མི་མཐུན་པའི་གཡུལ་ངོ་ལས་རྒྱལ་བའི་དབུ་བརྙེས། དགུང་ལོ་ཉི་ཤུའི་སྐོར་ལ་བླ་མའི་ཞལ་སྔ་ནས་རྟ་མགྲིན་པདྨ་དབང་སྐྱེ་སྒང་ལུགས་ཀྱི་ 6-1-341 དམིགས་ཁྲིད་ཉེ་བར་གདམས་པས་དེ་ལུགས་ཀྱི་ལྷའི་རྣལ་འབྱོར་གསལ་སྣང་ཕུལ་བྱིན་གྱི་ བསྙེ ན་ཚད་བསྐྱལ་བས་པདྨ་དབང་གི་ཡེ་ཤེས་ཀྱི་བྱིན་རླབས་འབེབས་པའི་དགེ་མཚན་ཤར། དགུང་ལོ་ཉེར་གཅིག་སྐོར་བླ་མས་དཔལ་རྡོ་རྗེ་འཇིགས་མཛད་ཆེན་པོའི་སྒྲུབ་པ་ཟབ་ མོའི་མན་ངག་བསྟན་པས་ལྷ་མཆོག་ཁྲོ་བོའི་རྒྱལ་པོའི་སྐུ་གསུང་ཐུགས་སྒོ་གསུམ་དབྱེར་ མེད་ཀྱི་རྣལ་འབྱོར་ལ་ཉེ་བར་བརྩོན་པས་དུས་མིན་གཤིན་རྗེའི་འཇིགས་པ་མཐའ་དག་རྒྱང་ བསྲིངས་ཏེ་གཤིན་རྗེའི་གཤེད་ཆེན་པོའི་ལས་བཞིའི་ཕྲིན་ལས་མངའ་བརྙེས་པའི་ཆེད་འབྲུ་ ནོན་དམིགས་ཁྲིད་ཟབ་མོ་ཉམས་ལེན་གྱི་སྒོ་ནས་བསྙེ ན་ཚད་གནད་འཁྱོལ་བྱས། ཡང་རྡོ་རྗེ་ འཆང་དངོས་ནས་ངན་སོང་སྦྱོང་བའི་རྒྱལ་པོ་རྒྱལ་བ་མི་འཁྲུགས་པའི་དབང་དང་ཟབ་ཁྲིད་ གནང་བས་བྱ་རྒྱུད་ལྷ་དྲུག་གི་རྣལ་འབྱོར་ལ་བརྟེན་ནས་ཡིད་དང་ངག་གིས་བཟླས་པ་གྲངས་ ཚད་ལྡན་བསགས་སྦྱང་སྐུ་གཟུགས་དང་སཱཙྪ་གདབ་པ་སོགས་ཀྱི་དགེ་ལས་རྒྱ་ཆེར་བཅས་ རང་གཞན་ལ་དོན་དང་ལྡན་པའི་ཕན་པ་རླབས་ཆེན་མཛད། དེ་ནས་དགུང་ལོ་ཉེར་གཉིས་གདོང་ངན་ཞེས་པ་མེ་སྤྲེལ་ལོའི་ནང་སྐོར་ཙམ་ན་ཀུན་ མཁྱེན་དོལ་པོའི་རྣམ་འཕྲུལ་དུ་གྲགས་པ་ཀུན་དགའ་ངེས་དོན་ཞབས་པའི་དྲུང་ནས་རྡོ་རྗེ་ ཕྲེང་བ་ཡོངས་རྫོགས་ཀྱི་དབང་བཀའ་གསན་ནས་ལོ་འདིར་དམ་པ་ཉིད་ཀྱིས་བསྙེན་རྫོགས་ ཞུས་པའི་དབང་དུ་བྱས་ནས་བརྗོད་པ་སྟེ། དེ་ཡང་མདོ་སྡེ་མཛངས་བླུན་ལས། གང་ཞིག་རབ་ ཏུ་བྱུང་བ་དེའི་བསོད་ནམས་ནི་རབ་ཏུ་མང་སྟེ། བདག་གི་བུའམ་བུ་མོའམ་བྲན་ཁོལ་ལས་ གང་ཡང་རུང་རབ་ཏུ་བྱུང་བར་གནང་ངམ། བདག་ཉིད་བར་ཏུ་བྱུང་ན་དེའི་བསོད་ནམས་ དཔག་ཏུ་མེད་དོ། །གང་ཞིག་སྦྱིན་པ་བྱས་པའི་བསོད་ནམས་དེ་ནི་སྐྱེ་བ་བཅུ་གཉིས་ཀྱི་བར་ དུ་ལོངས་སྤྱོད་མོད་པར་འགྱུར། གནམ་རིམ་པ་དྲུག་གི་ལྷར་ཡང་དང་ཡང་དུ་སྐྱེ་བ་ལས། གཞན་མི་གཅིག་རབ་ཏུ་བྱུང་ངམ་བདག་ཉིད་རབ་ཏུ་བྱུང་ན་བསོད་ནམས་འདི་ནི་སྔ་མ་བས་ 6-1-342 མཆོག་ཏུ་ཆེའོ། །དེ་ཅིའི་ཕྱིར་ཞེ་ན་སྦྱིན་པ་བྱས་པའི་བསོད་ནམས་ནི་ཟད་མཐའ་ཡོད་ཀྱིས། རབ་ཏུ་བྱུང་བའི་བསོད་ནམས་དཔག་ཏུ་མེད་མཐའ་མེད། གཞན་ཡང་ཚུལ་ཁྲིམས་སྲུང་བའི་ བསོད་ནམས་ཀྱིས་མངོན་པར་ཤེས་པ་ལྔ་དང་ལྡན། དྲང་སྲོང་དང་མཐོ་རིས་ཀྱི་ལོངས་སྤྱོད་ ཚངས་པའི་འཇིག་རྟེན་གྱི་བར་དུ་མྱོང་བར་འགྱུར་གྱི་སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ བའི་བསོད་ནམས་བསམ་གྱིས་མི་ཁྱབ་སྟེ། མྱ་ངན་ལས་འདས་པའི་བར་དུ་བསོད་ནམས་ ཟད་མི་ཤེས་སོ། །ཞེས་དང༌། ཡང་རབ་ཏུ་བྱུང་བའི་ཆོས་ཀྱིས་ནི་བདུད་ཀྱི་འཁོར་མེད་པར་ བྱེད་ཅིང་སངས་རྒྱས་ཀྱི་གདུང་འཚོབ་པར་བྱེད་དོ། །སྡིག་པ་མི་དགེ་བའི་ཕྱོགས་མེད་པར་ བྱེད་ཅིང་དགེ་བའི་ཕྱོགས་སྐྱེད་པར་བྱེད་དོ། །ཁ་ན་མ་ཐོ་བའི་དྲི་མ་མེད་པར་བྱེད་ཅིང༌། བླ་ ན་མེད་པའི་བསོད་ནམས་ཀྱི་ལས་སྐྱེད་པར་བྱེད་དོ། །དེ་བས་ན་བཅོམ་ལྡན་འདས་ཀྱིས་རབ་ ཏུ་བྱུང་བའི་བསོད་ནམས་ནི་རི་རབ་ལྷུན་པོ་བས་ཀྱང་འཕང་མཐོའ།ོ །རྒྱ་མཚོ་བས་གཏིང་ ཟབ་བོ། །ནམ་མཁའ་བས་རྒྱ་ཆེའོ། །ཞེས་སོགས་ཕན་ཡོན་དུ་མ་གསུངས་པ་ལྟར་དམ་པ་ འདི་ཉིད་ཀྱི་ཐུགས་ཀྱང་རབ་ཏུ་བྱུང་བའི་ཕན་ཡོན་གྱིས་ཕྲོགས་ཏེ། ཐར་པའི་རྒྱལ་མཚན་ངུར་ སྨྲིག་གི་ན་བཟའ་མཚམས་སྤྲིན་གསར་བའི་དཔལ་མདངས་ལེགས་བཀྲ་ཀུན་ནས་ཉེ་བར་ འཛིན་པ་ལ་ཐུགས་ལྷག་པར་གཞོལ་པར་གྱུར་ཏེ། ཞི་གྱུར་ཐར་བའི་དེད་དཔོན་དམ་པ་ བརྟན་མཁས་ཀྱི་ཡོན་ཏན་མཆོག་མངའ་ཀུན་དགའ་ངེས་དོན་དཔལ་བཟང་པོ་སོགས་མཁན་ སློབ་ཁ་སྐོང་བཅས་ཀྱི་དགེ་འདུན་གྲངས་ཚང་བའི་མདུན་དྲུང་ནས་ལེགས་པར་ཚིགས་སྔ་ཕྱི་ དགེ་ཚུལ་དང་དགེ་སློང་གི་སྡོམ་པ་རིམ་གྱིས་ནོད་དེ་བསྙེན་པར་རྫོགས་པའི་དངོས་པོ་གུས་ འདུན་གྱིས་བདག་གིར་བཞེས་ཏེ་ནང་རྡོ་རྗེ་ཐེག་པའི་རིག་འཛིན་གྱི་ངོ་བོ་ལ་ཕྱི་སོ་སོར་ཐར་ པའི་ཁྲིམས་གཙང་གིས་ཀུན་ནས་མཛེས་པར་གྱུར་ཏོ། ། སྨྲས་པ། 6-1-343 གཉུག་མའི་ཡེ་ཤེས་སྔོ ་བསང་སྒེག་མོའི་བཞིན། ། སྟོང་པའི་གཟུགས་ཀྱི་དབང་གཞུའི་སྣང་བརྙན་འབར། ། མངོན་རྟོགས་རྒྱ་མཚོའི་ཆུ་འཛིན་ཕྱོགས་བརྒྱར་གཡོ། ། ནང་དོན་གསང་བའི་དཔལ་སྡུག་རོལ་པ་འདིར། ། འདུལ་ཁྲིམས་རབ་གསར་ཁ་དོག་ཆེས་བཀྲ་བའི། ། མཛེས་བྱེད་ལི་ཁྲིའི་དོག་པ་འབུམ་བརྡལ་བ། ། དམར་སེར་མཚམས་སྤྲིན་རྒྱན་བཟང་བཀླུབས་པ་འདིས། ། ལེགས་སྒོའི་སྣང་བ་འཇིག་རྟེན་འདིར་སྦྱིན་ཀྱེ། ། ཞེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། ། དེ་ནས་དགུང་ལོ་ཉེར་གསུམ་སྐོར་རྡོ་རྗེ་འཆང་བླ་མའི་དྲུང་ནས་དུས་འཁོར་ལྷ་དགུའི་ དམིགས་ཁྲིད་ཞིབ་རྒྱས་སུ་ལེགས་པར་ནོད་དེ་དུས་ཀྱི་འཁོར་ལོ་བསྙེན་སྒྲུབ་རྣམ་བཞིའི་ཡན་ ལག་གི་སྒོ་ནས་བསྙེན་ཅིང་སྒྲུབ་པའི་ཐབས་བླ་ལྷག་པའི་མཚམས་སྒྲུབ་གཟབ་རྒྱས་མཐར་ འཁྱོལ་བྱས། ལོ་དེར་ཀུན་དགའ་ངེས་དོན་གང་དྲུང་ནས་རིན་འབྱུང་ཆ་ཚང་གི་དབང་རྣམས་ ལེགས་པར་མནོས་པ་ཡིན། ཡང་དེ་བསྐོ ར་ལ་བླ་མ་དམ་པས་ཁྲོ་རྒྱལ་རྡོ་རྗེ་ཤུགས་ཀྱི་བསྙེ ན་ དམིགས་གདམས་པས་ཁྲོ་བོའི་དབང་པོའི་བསྙེན་སྒྲུབ་ཚད་ལྡན་ནང་མྱོང་རྟགས་ཁྱད་པར་བ་ བཅས་ལེགས་གྲུབ་བགྱིས་ཟིན། ཇི་སྐད་དུ། བླུན་པོ་ཆུ་ཡི་རི་མོ་འདྲ། །གང་ཞིག་བྱས་པ་དེ་ མྱུར་འཇིག །མཁས་པ་རྡོ་ཡི་རི་མོ་འདྲ། །ཤིན་ཏུ་ཕྲ་བའང་རྟག་པར་གནས། །ཞེས་པ་ལྟར་ དམ་པ་འདིས་བླ་མའི་དྲུང་ནས་བསླབ་བྱ་གང་བླངས་པ་ཐམས་ཅད་རགས་པ་རྣམས་མ་ཟད་ ཆེས་ཕྲ་མོ་རྣམས་ལའང་སྐྱོན་མེད་གཙང་དག་མཛད་དེ་འདི་སྐབས་ནས་ཀྱང་རང་གཞན་དོན་ མཛད་ཀྱི་ཡང་དག་པའི་ཆོས་ཀྱི་སྐྱེས་ཆེན་དུ་ལེགས་པར་བཞུགས་པ་དེས་ན། མདོ་སྡུད་པ་ 6-1-344 ལས། འདི་ནི་ད་ལྟ་ན་ཡང་སེམས་ཅན་མང་ཕན་བརྩོན། །ཆོས་ཀྱི་རྒྱལ་པོར་གནས་པར་གྱུར་ ན་སྨོས་ཅི་དགོས། །དེ་ཡི་ཚེ་ན་བདུད་ནི་ཟུག་རྔུ་ལྡན་པར་འགྱུར། །མྱ་ངན་ཉམ་ཐག་སྡུག་ བསྔལ་ཡིད་མི་བདེ་ཉམ་ཆུང༌། །ཞེས་གསུངས་པ་ལྟར་ལོ་འདི་སྐོ ར་ཞིག་ཏུ་དམ་པ་གང་ཉིད་ རང་ཡུལ་གྱི་མི་ཁྱིམ་གསེར་བ་རྡོ་དཔལ་ཚང་བསྲུང་རིམ་ཞིག་གི་ཆེད་དེར་ཕེབས་ནས་གསུང་ སྒྲོག་མཛད་སྐབས་ནུབ་གཅིག་རྨི་ལམ་དུ་བན་རྒན་གཡག་ཞོན་ཞིག་འོང་བ་རང་རྡོ་རྗེ་ཤུགས་ ཁྲོ་བོའི་ང་རྒྱལ་ལ་གནས་ཏེ་ཕྱག་གིས་རྡོ་རྗེ་འཇིགས་རྔམ་པས་གནོད་བྱེད་བན་རྡེའི་གཟུགས་ ལ་དབྱིངས་རིག་དབྱེར་མེད་ཀྱི་ངང་ལས་གདེང་ཆེ་བས་ཆེད་དུ་ཕཊ་ཀྱི་སྒྲ་དང་བཅས་ཏེ་དྲག་ ཏུ་བསྣུན་པས་ཁོ་རང་གར་སོང་ཆ་མེད་དུ་ཡལ་སོང༌། དེའི་ཚུལ་རྡོ་རྗེ་འཆང་གི་ཐུགས་ཀྱིས་ ཇི་བཞིན་མཁྱེན་ཏེ་བཀའ་བསྩལ་པ། དེ་ནི་རང་ཡུལ་གྱི་གདོན་འདྲེ་ཏོ་ཙ་རྒྱལ་ངན་ཡིན་ཁྱོད་ ཀྱིས་དཀར་ཆོས་སྒྲུབ་པ་ལ་འཚེ་སྙམ་ཡོད་ཀྱང་ད་ལྟ་ཁྱོད་ཀྱི་ཉམས་འོག་ཏུ་ཁོ་རང་ཚུད་སོང་ བས་རྗེས་སོར་རྣམ་པ་ཀུན་ཏུ་གནོད་མི་ནུས། ཞེས་པའི་བཀའ་ལུང་གསལ་པོ་བསྩལ། དེ་ནས་དགུང་ལོ་ཉེར་བཞི་སྐོར་ལ་འཛམ་ཐང་གཙང་ཆེན་ཁྲི་ཐོག་པ་ངག་དབང་ཆོས་ འབྱོར་ཞབས་པའི་མདུན་དྲུང་དུ་བདེ་མཆོག་རབ་འབྱམས་ཡོངས་རྫོགས་ཀྱི་དབང་བཀའ་ རྣམས་གསན་པར་མཛད། ལོ་སྐོ ར་དེ་ལ་དཔལ་ལྡན་བླ་མ་རྡོ་རྗེ་འཆང་ཆེན་པོའི་ཞལ་གྱི་བུམ་ པ་བཟང་པོ་ལས་ཤངས་པ་བཀའ་བརྒྱུད་པའི་ཟབ་ཆོས་མཁའ་འགྲོ་མ་ནཻ་གུའི་ལུགས་ཀྱི་ རིམ་གཉིས་ཆེས་ཟབ་པ་རྣམས་དམིགས་ཁྲིད་ཐང་བརྡལ་མ་ལ་བརྟེན་ནས་ལེགས་པར་རིམ་ གྱིས་བཀའ་དྲིན་དུ་མཛད་པས་ལམ་དེ་དག་ལོ་གཅིག་ཏུ་རིམ་པས་ཉམས་ལེན་བྱས་པས་ ཟབ་ལམ་ཆོས་དྲུག་རང་རང་གི་ཐད་ཀྱི་ལམ་རྟགས་ཁྱད་པར་ཅན་རེ་བྱུང་བས་མཚོན་དམ་པ་ རང་གི་ཉམས་མྱོང་སྒོ་གང་ཐད་ནས་འདི་སྐོ ར་རྩལ་ཆེ་རུ་སོང་བར་མངོན་ལ། འདི་སྐོ ར་གྱི་ ཉམས་མྱོང་ཇི་བཞིན་རྒྱུས་ཆུང་བས་ཤེས་པར་དཀའ་སྟེ། དམ་པ་འདིའི་རྣམ་པར་ཐར་བ་ 6-1-345 རྒྱ་ཆེར་སྤྲོས་པ་མ་ཟད་འབྲིང་ཙམ་ཡང་ཇི་བཞིན་འཆད་པའི་རྔོ་ག་ལ་ཐོགས་ཏེ་བླུན་པོའི་འོལ་ ཚོད་དུ་འགྲོ་ཉེན་གྱིས་དོགས་ལ། དེ་མ་ཟད་སྤྱིར་ཡང་གང་ཟག་མཆོག་དམན་སུ་ལའང་རང་ ལྟ་བུས་ཚོད་བཟུང་ན་ཆེས་ཉམས་ཤིང་ཕུང་བའི་གནས་སུ་ངེས་པར་འགྱུར་ཉེན་ཆེ་བ་སྟེ། དེ་ ཡང་འཕགས་པ་ཆོས་ཐམས་ཅད་འབྱུང་བ་མེད་པ་ཞེས་བྱ་བའི་མདོ་ལས། རིགས་ཀྱི་བུ་ཕྲ་བ་ ནི་ལས་ཀྱི་སྒྲིབ་པ་ཡིན་གྱི། སུ་ལས་ཀྱི་སྒྲིབ་པ་མི་འདོད་པ་དེ་དག་གིས་གཞན་གྱི་སྤྱོད་པ་ལ་ ཁོང་ཁྲོ་བར་མི་བྱའོ། །དེའི་སྤྱོད་པ་ཐམས་ཅད་ལ་ཡིད་ཆེས་པར་བྱའོ། །འདི་སྙམ་དུ་ཕ་རོལ་ ཀྱི་སེམས་ནི་བདག་གིས་མི་ཤེས་ཏེ། སེམས་ཀྱི་སྤྱོད་པ་ནི་ཤེས་པར་དཀའ་འོ་སྙམ་དུ་སེམས་ བསྐྱེད་པར་བྱའོ། །དོན་གྱི་དབང་དེ་གཟིགས་ནས་དེ་བཞིན་གཤེགས་པས་འདི་སྐད་དུ་ཆོས་ སྟོན་ཏེ། གང་ཟག་གིས་གང་ཟག་ལ་ཚོད་གཟུང་བར་མི་བྱའོ། །གང་ཟག་གིས་གང་ཟག་གི་ ཚོད་བཟུང་ན་རྨ་འབྱུང་བར་འགྱུར་ཏེ། ངའམ་གཞན་ཡང་ང་དང་འདྲ་བ་དག་གིས་གང་ཟག་ ལ་ཚོད་གཟུང་ངོ༌། །རིགས་ཀྱི་བུ་སུ་བདག་བསྲུང་བར་འདོད་པ་དེས་གཞན་སུའི་སྤྱོད་པ་ ལའང་བརྟག་པར་མི་བྱ་སྟེ། དེ་དག་ལ་འདི་ནི་འདི་འདྲའོ། །འདི་ནི་འདི་འདྲའོ་ཞེས་དཔྱ་བར་ མི་བྱའོ། །ཉིན་མཚན་དུ་སངས་རྒྱས་ཀྱི་ཆོས་ལ་བརྩོན་པར་བྱའོ། །ཞེས་གསུངས་པ་ལྟར་ བག་ཟོན་བྱ་དགོས་སོ། །ཁྱད་པར་རང་གི་ཆགས་སྡང་ཞེན་ཕྱོགས་ཀྱིས་ཆོས་ལ་ཕྱོགས་རིས་ ཀྱིས་བཟང་ངན་འབྱེད་པའང་རྣམ་པ་ཀུན་ཏུ་མི་རིགས་ཏེ། བསྡུས་པའི་མདོ་ལས། འཇམ་ དཔལ་དམ་པའི་ཆོས་སྤོང་བའི་ལས་ཀྱི་སྒྲིབ་པ་ནི་ཕྲའོ། །དེ་བཞིན་གཤེགས་པས་གསུངས་ པའི་བཀའ་ལ་ལ་ནི་བཟང་བར་འདུ་ཤེས། ལ་ལ་ནི་ངན་པར་འདུ་ཤེས་པ་ནི་ཆོས་སྤངས་ པའོ། །གང་ཆོས་སྤངས་པ་དེས་ཆོས་སྤངས་པས་དེ་བཞིན་གཤེགས་པ་ལ་སྐུར་བ་འདེབས་པ་ ཡིན། དགེ་འདུན་ལ་ངན་དུ་བརྗོད་པ་ཡིན་ནོ། །འདི་ནི་རིགས་སོ། །འདི་ནི་མི་རིགས་སོ་ཞེས་ ཟེར་ན་ཆོས་སྤངས་པའོ། །འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆེད་དུ་གསུངས་པའོ། 6-1-346 །འདི་ནི་ཉན་ཐོས་རྣམས་ཀྱི་ཆེད་དུ་གསུངས་པའོ། །འདི་ནི་རང་སངས་རྒྱས་རྣམས་ཀྱི་ཆེད་ དུ་གསུངས་པའོ། །ཞེས་ཟེར་ན་ཆོས་སྤངས་པའོ། །ཞེས་གསུངས་པ་ལ་བསམ་ནས་དོན་མེད་ ཆོས་སྤོང་དུ་འགྲོ་བའི་ཕྱོགས་རིས་ཀྱིས་རྒྱལ་བའི་བཀའ་ལ་བཟང་ངན་དུ་མ་དབྱེ་ཤིག ཅེས་ པའང་འཕྲོས་དོན་དུ་སྨོས་སོ། །ད་ནི་དཀྱུས་ལ་འཇུག་སྟེ། དམ་པ་གང་ཉིད་དགུང་ལོ་ཉེར་བཞི་སླེབས་སྟེང་ཙམ་ནས་རྡོ་རྗེ་འཆང་ཆེན་པོ་ངག་ དབང་ཆོས་འཛིན་དཔལ་བཟང་པོ་གང་ཉིད་སྐུ་ཐུགས་ཟུང་འཇུག་ཆེན་པོ་འོད་གསལ་རྣམ་ ཀུན་མཆོག་ལྡན་གྱི་སྟོང་གཟུགས་རྡོ་རྗེའི་འོད་སྐུར་རྣམ་པར་སྨིན་པའི་གཟུགས་ཕུང་རང་ དངས་སུ་བྱེད་པ་ལ་ཉེ་བའི་ཚེ་རང་སྣང་དུ་གསུང་གཞོམ་མེད་ནཱ་དའི་དབྱངས་རྣམ་པ་ཐམས་ ཅད་པས་དུས་འདའ་ཞིང་ཐ་མལ་སྒྲ་ཚིག་གི་དོད་རྒྱུད་ཚིག་རྡོ་རྗེའི་གླུ་རང་བྱུང་ཤུགས་ཀྱི་ གསུང་ཟུར་ཚུར་མཐོང་གི་སྣང་ངོར་ཐོན་པ་ཐུགས་རང་སྣང་དག་པ་སྟོང་གཟུགས་སྒྱུ་འཕྲུལ་ དྲྭ་བའི་རོལ་གར་མུ་མཐར་ཐུག་པས་མ་དག་པའི་གྲྭ་ཟུར་མཐའ་དག་དབྱིངས་སུ་ཟུམ་པའི་ དུས་སུ་གང་གི་ཐུགས་སྲས་དམ་པ་འདི་ཉིད་ཀྱིས་ཟླ་བ་གཅིག་ཙམ་ལ་མགོན་པོ་མཆོག་ རིགས་ཀུན་གྱི་ཁྱབ་བདག་ཏུ་གྱུར་པ་དང་པོའི་སངས་རྒྱས་དང་མི་གཉིས་པའི་ཞབས་ཕྱི་ ལེགས་བགྱིད་མཛད་སྐབས། ཚུར་མཐོང་ཐ་མལ་གྱི་སྣང་ངོ་ཙམ་ན་ཁྱབ་བདག་མཆོག་ གི་གཟུགས་སྐུ་གཏུམ་མོ་ཡེ་ཤེས་ཀྱི་བདེ་དྲོད་རང་འབར་གྱིས་སྐུ་ལས་རླངས་དྲོད་འཕྱུར་ ཞིང་དབུ་སྐྲའི་རྩེར་ཟིལ་བ་ཁྲོམ་མེར་བརྟུལ་ཞུགས་མཐར་ཕྱིན་པའི་གྲུབ་དབང་མཆོག་གི་ གཟུགས་སྐུའི་སྒེག་འགྱིང་དུས་རྟག་པར་ངོམ་པའི་རེ་ཞིག་ནངས་སྔ་མོའི་དུས་དམ་པ་འདི་ ཉིད་སྐུ་མདུན་དུ་ཞབས་ཕྱིར་ཕེབས་དུས་མགོན་པོ་མཆོག་གི་སྤྱན་གྱིས་ཧྲིག་གེར་གཟིགས་ ནས་ཞལ་གསུང་ལས་རྡོ་རྗེ་འཆང་ཁྱེད་གང་ནས་བྱོན་ཞེས་གསུངས་པ་ན་དམ་པ་འདིས་རང་ ཚུལ་དྲང་པོར་ལེགས་པར་ཞུས་ཏེ་གོ་བརྡ་གསལ་བརྗོད་བྱས་ཀྱང་ཁོང་ནས་ཁྱོད་རྡོ་རྗེ་འཆང་ 6-1-347 ངེས་པར་རེད་ཅེས། དེ་འདྲའི་གསུང་ཚིག་ལན་མང་པོ་རང་བཞིན་ཤུགས་འབྱུང་ལ་གནང་ འདུག་པས་རྡོ་རྗེ་འཆང་རྗེ་བླ་མ་གང་གི་ཞལ་སྔ་ནས་ཀྱིས་ཐུགས་སྲས་དམ་པ་འདི་སྐུ་ཚེ་ འདིར་གསང་སྔགས་བསྟན་པའི་བདག་པོར་གྱུར་ཅིང་མ་འོངས་པ་ན་དཀྱིལ་འཁོར་འཁོར་ ལོའི་ཁྱབ་བྱེད་རིགས་མཆོག་ཏུ་མངོན་པར་འཚང་རྒྱ་བར་འགྱུར་བར་འགྱུར་མེད་རྡོ་རྗེའི་ལུང་ གིས་ཡང་ཡང་བསྔགས་པར་མངོན་ནོ། །འདི་སྐབས་ཕ་ཅིག་རྡོ་རྗེ་འཆང་ཆེན་པོ་གང་ཉིད་ནི་ རང་ཅག་ཚུར་མཐོང་གི་སྣང་ངོར་ཡང༌། རྒྱུད་ལས། མ་ཟོས་བཀྲེ ས་མེད་ཟོས་ཀྱང་འཇུ། །ཐུར་ སེལ་མི་འཛག་བདེ་བ་རྒྱས། །ཞེས་གསུངས་པ་ལྟ་བུའི་ཡོན་ཏན་གྱི་ཚུལ་མངོན་དུ་གྱུར་པ་ལ་ བརྟེན་ནས་དམ་པ་རང་གི་ཐུགས་ལ་བཟོད་གླགས་མེད་པའི་དད་མོས་ཀྱི་ཡིད་ཆེས་གཏིང་ ནས་བཀོད་མ་ལས་ཆུ་མིག་རྡོལ་བ་བཞིན་རང་ཤུགས་བཅོས་མིན་དུ་ཆེས་ཆེར་འཕྱུར་འོང་བ་ ལྟ་བུར་གྱུར་ཏེ་རྐྱེན་དེས་ངེས་འབྱུང་གི་བསམ་པ་བྱང་ཆུབ་ཀྱི་སེམས་སོགས་ཐུན་མོང་ལམ་ གྱི་མངོན་རྟོགས་ཆེས་མང་པོ་འབད་མེད་ཤུགས་འབྱུང་དུ་རྣམ་པ་ཀུན་དུ་ཕན་ཚུན་འགྲན་པ་ ལྟར་འཕེལ་བར་གྱུར་སྐད་དོ། ། དེ་ནས་དགུང་ལོ་ཉེར་ལྔ་སྒྱུར་བྱེད་ཅེས་པ་ས་ཕག་གི་ལོ་ནག་ཟླའི་ཚེས་བཅུ་བདུན་དུ་ དཔལ་ལྡན་བླ་མ་རྒྱལ་ཀུན་འདུས་པའི་སྤྱི་གཟུགས་ཉིད་ཀྱིས་རང་ཅག་གི་མོས་ངོར་དང་ འཚམས་པའི་གང་འདུལ་སྐུའི་བཀོད་པ་དེ་ཉིད་ཆོས་དབྱིངས་གསུང་གི་དབང་ཕྱུག་རྡོ་རྗེ་ རྣམ་བཞི་དབྱེར་མེད་ཀྱི་འོད་གསལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་དགོངས་ཀློང་ཟབ་མོར་ ལེགས་བསྡུ་ཉེ་བར་མཛད་པས་དོན་ལ་ཆོས་སྐུ་ཀུན་ཁྱབ་ཀྱི་བླ་མ་ཉིད་ནམ་ཡང་འདུ་འབྲལ་ མ་དམིགས་ནའང་ཚུར་མཐོང་གི་ངོར་གཟུགས་སྐུའི་སྣང་བ་ཟུམ་པའི་མོད། དམ་པ་ཉིད་ཀྱི་ ཐུགས་སྐྱོ་ཤས་གདུང་བ་དྲག་པོ་བཅས་ཀྱིས་ཀུན་ནས་བསླངས་ཏེ་མོས་གུས་དག་སྣང་ཁྱད་ པར་བའི་སྐོར་དང་དེས་མཚོན་སྔ་ཕྱི་ཀུན་ཏུ་དམ་པ་ཉིད་ཀྱི་ཐུན་མིན་གྱི་གཟིགས་སྣང་ཐམས་ 6-1-348 ཅད་ནི་འོག་གསང་རྣམ་འཆད་པའི་སྐབས་སུ་ལེགས་པར་འབྱུང་ངོ༌། །དེ་ནས་བཟུང་དམ་ པ་འདི་ཉིད་ཀྱིས་སྐུ་ཚེ་གང་བོར་ལོ་དུས་ཀྱི་ནག་ཟླ་བྱུང་ངོ་ཅོག་ལ་སྐྱབས་མགོན་རྡོ་རྗེ་འཆང་ གི་འདས་ཚིགས་ཀྱི་དུས་མཆོད་ཡོན་ཆབ་འབུམ་ཕྲག་ལོངས་བ་རེ་དང་སྣང་གསལ་མར་མེ་ གྲངས་མང་གི་མཆོད་བཀོད་དང་སྦྲེལ་ཏེ་བསོད་ནམས་ཚོགས་ཆེན་ཡུན་རིང་བསགས་པས་ གྲུབ་འབྲས་མཆོད་ཆུ་རྣམས་ལ་མེ་ཏོག་དཀར་བོ་བབས་པ་དང་མར་མེའི་ཀོང་ཆུང་གཅིག་ གིས་ཉིན་ཞག་ཕྲུགས་གཅིག་ཏུ་འདང་བའི་ངོ་མཚར་བའི་དགེ་མཚན་ཤར་རོ། ། དགུང་གྲངས་ཉེར་ལྔ་འདི་ལོར་ཡང་ངག་དབང་ཆོས་འབྱོར་གྱི་ཞལ་སྔ་ནས་རྒྱུད་སྡེ་ གཤིན་རྗེ་རབ་འབྱམས་ཆ་ཚང་དང༌། གཞན་ཡང་རྒྱུད་སྡེའི་རིགས་དུ་མའི་དབང་བཀའ་ ལེགས་པར་གསན་པས་ཁྱོན་སྔ་ཕྱི་བསྡོམས་པས་དམ་པ་གང་དྲུང་ནས་རྒྱུད་སྡེ་རབ་འབྱམས་ མཐའ་དག་མ་ཚང་བ་མེད་པ་ལྟ་བུ་ཡིན། དེ་ནས་དགུང་ལོ་ཉེར་དྲུག་ཀུན་ལྡན་ཞེས་པ་ ལྕགས་བྱིའི་ལོར་འཛམ་ཐང་གཙང་བའི་སྒྲུབ་ཁང་གོང་མར་ལོ་གཅིག་ཏུ་སླར་ཡང་ཟབ་ལམ་ རྡོ་རྗེའི་རྣལ་འབྱོར་སྦྱོར་བ་ཡན་ལག་དྲུག་སྔོན་འགྲོ་དངོས་གཞི་བཅས་མཐའ་དག་ལ་གུས་ རྟག་བརྩོན་པ་ཆུ་བོའི་རྒྱུན་བཞིན་གྱིས་ཉིན་མཚན་གཡེང་བ་དང་གཉིད་སྤངས་ཏེ་དཀའ་བ་ དུ་མས་མཉམ་བཞག་ལྷུར་བཞེས་མཛད་པས་སྔར་གྱི་ཉམས་རྟོགས་རྣམས་ཆེས་ཡང་རབ་ དབྱར་གྱི་ཆུ་གཏེར་གྱི་འཕེལ་ཁ་ལས་རྣམ་པ་ཀུན་ཏུ་འགྲན་བཟོད་དུ་གྱུར་ཏོ། །ལོ་དེར་ངག་ དབང་ཆོས་འབྱོར་ཞབས་པའི་དྲུང་ནས་རིན་འབྱུང་དབང་བཀའ་ཆ་ཚང་དང་གཅོད་དབང་ ནམ་མཁའ་སྒོ་འབྱེད་སོགས་གསན། དགུང་ལོ་ཉེར་བདུན་འབར་བ་ཞེས་པ་ལྕགས་གླང་ལོར་རྡོ་རྗེ་འཆང་བླ་མའི་གདན་ས་ དབེན་རི་བཀྲ་ཤིས་ལྷ་རིའི་རྩེར་གསང་ཆེན་རྟོགས་པའི་ཉམས་བཟང་འབུམ་གྱིས་ཐུགས་ མཚོར་མངོན་པར་གཏམས་པ་ཀུན་དགའ་མཁས་གྲུབ་དབང་ཕྱུག་ཞབས་པ་གང་དྲུང་ནས་ 6-1-349 ཀུན་མཁྱེན་དོལ་པོའི་བཀའ་པོད་དྲུག་གི་བཀླག་ལུང་ཆ་ཚང་གསན་པས་སྔོན་གནས་གསལ་ བར་ཐུགས་ཀྱིས་མཁྱེན་ནས་དད་མོས་ཀྱི་ཉམས་འུར་ལང་བའི་བྱིན་རླབས་ཀྱི་མཚན་མ་ཅིར་ ཡང་མངོན་ནོ། ། དགུང་ལོ་ཉེར་བརྒྱད་དགེ་བྱེད་ཅེས་པ་ཆུ་སྟག་ལོར་འོད་གསལ་གནས་ལུགས་མཆོག་ གི་དོན་མངོན་དུ་གཟིགས་པའི་ཀུན་དགའ་མཉམ་ཉིད་ཞབས་པ་གང་གི་ཞལ་སྔ་ནས། སྦྱོར་ དྲུག་ཁྲིད་དམིགས་མཐོང་བ་དོན་ལྡན། སྦྱོར་དྲུག་གི་ཉམས་ཁྲིད་གེགས་སེལ་བོགས་འདོན་ སོགས་ཀྱི་ཁྲིད་ལུང་སྦྲགས་མ་དང༌། རྒྱུད་སྡེ་ལྔའི་གཙོ་འདུས་ཀྱི་དམིགས་ཁྲིད། ནཻ་གུའི་ དམིགས་ཁྲིད་ཐང་བརྡལ་མ་ཆ་ཚང་གི་ལུང་ཁྲིད་ལེགས་པར་གསན། དགུང་ལོ་ཉེར་དགུ་མཛེས་བྱེད་ཅེས་པ་ཆུ་ཡོས་ལོར་འཛམ་ཐང་གཙང་བའི་གྲྭ་ཚང་གི་ འདུ་ཁང་ཆེན་མོར་འཇམ་དབྱངས་མིའི་རྣམ་རོལ་དུ་བྱོན་པ་ཐུབ་བསྟན་དགེ་ལེགས་རྒྱ་མཚོ་ གང་གི་ཞལ་བཟང་རྣམ་པར་བཞད་པ་ལས། ཉིད་ཀྱིས་མཛད་པའི་སྦྱོར་བ་ཡན་ལག་དྲུག་ གི་རྣམ་བཤད་ཆེན་མོ་རྡོ་རྗེ་བདུད་རྩིའི་ཆུ་གཏེར་ཞེས་བྱ་བའི་བཤད་ཁྲིད་ཞིབ་རྒྱས་མཐའ་ དཔྱོད་ཀྱིས་ཟུར་བརྒྱན་ཏེ་ཉེ་བར་བསྩལ་པ་དང༌། གཞན་ཡང་ཇོ་ནང་རང་ལུགས་ཀྱི་སྦྱོར་ དྲུག་དུ་མའི་བཤད་ཁྲིད་རྒྱ་ཆེར་བཀའ་དྲིན་དུ་མཛད་པ་ཐམས་ཅད་སྐྱེས་ཆེན་དམ་པ་མང་ པོས་དབུར་བཅས་འདུས་སྡེ་བརྒྱ་ཕྲག་ལྷག་ཙམ་གྱི་གྲལ་དུ་དམ་པ་འདི་ཉིད་ཀྱིས་ལེགས་ པར་གསན་ནོ། ། དགུང་ལོ་སུམ་ཅུ་ཁྲོ་མོ་ཞེས་པ་ཤིང་འབྲུག་ལོའི་དུས་ཙམ་ན་འཛམ་ཐང་གཙང་ཆེན་བླ་ མའི་གཟིམས་ཁང་ཕོ་བྲང་དུ་ཀུན་དགའ་མཁ༵ས་གྲུབ་དབ༵ང་པོའི་མདུན་དྲུང་ནས་སྐྱེ་དགུའི་ ཕན་བདེ་མ་ལུས་པའི་འབྱུང་གནས་མཉམ་མེད་བདག་ཅག་ལྷ་དང་བཅས་པའི་སྟོན་པ་ རྒྱལ་བ་ཐུབ་པའི་དབང་པོའི་དཔལ་གྱི་མགུར་ནས་ཚངས་པའི་དབྱངས་ཀྱིས་བཀའ་ཉེ་བར་ 6-1-350 བསྩལ་པའི་རྒྱལ་བའི་བཀའ་ཆོས་མདོ་སྡེ་དང་འདུལ་བ་ཆེན་མོའི་ལེགས་གསུང་བདུད་རྩིའི་ བཀླག་ལུང་རྒྱ་ཆེར་གནང་བ་ཡང་དམ་པ་འདི་ཉིད་ཀྱིས་ཆེད་དུ་གུས་འདུན་གྱིས་ལེགས་ པར་གསན་ཚེ་ངོ་མཚར་བའི་དག་སྣང་གིས་ཉམས་མྱོང་བཟང་པོ་སྔར་ལས་ཆེས་ཆེར་ཐུགས་ ཉམས་སུ་འཁྲུངས་སོ། ། དགུང་ལོ་སོ་གཅིག་སྣ་ཚོགས་དབྱིག་ཅེས་པ་ཤིང་སྦྲུལ་ལོར་དབེན་གནས་ལྷ་རིའི་རྩེ་བླ་ མའི་གདན་ས་དེར་ཀུན་དགའ་མཉམ༵་ཉི༵ད་མཆོག་གི་ཞབས་དྲུང་ནས་དཔལ་རྡོ་རྗེ་འཇིགས་ མཛད་ཆེན་པོའི་ཕྱག་མཚན་དང་རྭ་ཡི་དག་པའི་རྣམ་པར་བཤད་པའི་དམིགས་ཁྲིད་སོགས་ ཟབ་ཆོས་འགའ་རེ་གསན་པར་མཛད་པ་དང༌། འདུལ་འཛིན་དམ་པར་གྱུར་པའི་དགེ་བའི་ བཤེས་གཉེན་ནང་གསང་སྔགས་ཀྱི་ཉམས་རྟོགས་མཆོག་མངའ་ངག་དབང་བསོ༵ད་ནམ༵ས་ བཟ༵ང་པོ༵འི་དྲུང་ནས་ཀྱང་ས་བཟང་མ་ཏིས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ འཇུག་པའི་འགྲེལ་ཆེན་གྱི་བཀླག་ལུང་ཡང་ཞིབ་རྒྱས་སུ་ལེགས་གསན་མཛད་པ་དང༌། ས་ དམར་དགོན་དུ་ཀུན་དགའ་ལུང་རྟོགས་ཀྱི་ཞལ་ནས་རྡོ་རྗེ་ཕྲེང་བ་དཀྱིལ་འཁོར་ཞེ་བརྒྱད་ཀྱི་ དབང་ཡོངས་རྫོགས། ནཻ་གུའི་བདེ་མཆོག་ལྷ་ལྔའི་དབང༌། བཀའ་བབ་དྲུག་གི་དབང༌། སྒྱུ་ ལུས་དབང་མོ་ཆེ། ཏིང་ངེ་འཛིན་དབང༌། ཕྱག་ཆེན་གའུ་མ། རང་བབ་རྣམ་གསུམ་སོགས་ དབང་བཀའ་མང་པོ་གསན་པ་སོགས་དམ་པ་འདི་ཉིད་ཀྱིས་རང་དོན་ཚུལ་གྱི་མཛད་པ་ ལའང་ཆོས་བཀའ་གསན་བསྒྲུབས་ཀྱི་རྣམ་པར་ཐར་པ་ཆེས་མང་པོར་ཡོད་ཚོད་ཡིན་ཡང་དེ་ དག་གི་ཁུངས་རྙེད་དཀའ་བས་རེ་ཞིག་དེ་ཙམ་དུ་བྱས་སོ། ། སྨྲས་པ། ཀུན་གཟིགས་བདེ་ཆེན་ཞི་དབྱིངས་ཉག་གཅིག་ཏུ། ། རིང་མོའི་དུས་ནས་མཛད་དགོངས་མཉམ་གྱུར་ཀྱང༌། ། 6-1-351 སླར་ཡང་འགྲོ་ལ་ཐུགས་རྗེས་མི་འདོར་བའི། ། སྲིད་དུ་གནས་ཀྱང་ཆུ་ཡི་པདྨོ་བཞིན། ། ཨེ་མ་གང་འདུལ་སྤྲུལ་པའི་མཛད་ཆེན་གར། ། འགྲོ་ལ་ནམ་ཡང་རིས་སུ་ཆད་མིན་པ། ། ཐུགས་དགོངས་རྩོལ་པ་ཞི་ཡང་སྤྱོད་བཟང་གིས། ། གདུལ་བྱ་འདུལ་ལ་བསླུ་བ་མེད་འདི་མཚར། ། བརྩེ་ཆེན་མཁྱེན་བཟང་དགུ་ཚིགས་ཞགས་པ་ཡིས། ། མ་ལུས་འགྲོ་ཁམས་མཁའ་འདི་རྟག་བཅིངས་ཏེ། ། སེམས་དཔའ་མཆོག་གི་བརྩེ་གཟིགས་ཟླ་བྲལ་བ། ། འགྲོ་བའི་འདྲེན་པ་གང་ལས་གཞན་སུ་ཞིག ། གོ་འཕང་མཐོན་པོར་བརྙེས་ཀྱང་དམན་པའི་ཚུལ། ། རང་དོན་སྤངས་རྟོགས་རྫོགས་ཀྱང་ལམ་སློབ་ཚུལ། ། འཕགས་པ་མཆོག་ཏུ་སོན་ཡང་སོ་སྐྱེས་ཚུལ། ། མཛད་པ་མཁའ་ལྟར་ཁྱབ་ཀྱང་ཕྱོགས་རེའི་ཚུལ། ། བདག་ཉིད་ཆེན་པོའི་གསང་ཆེན་མཛད་པའི་སྒོ། ། རབ་འབྱམས་ཞིང་དུ་གཅིག་དང་དུ་མ་ཡི། ། འཕྲུལ་ཆེན་སྣང་བའི་ཕ་མཐའ་སུ་ཡིས་དཔོག ། དེ་སླད་བྱིས་བློ་གསང་བའི་དོན་ལ་རྨོངས། ། མ་སྨད་ངག༵་གིས་རྡོ་རྗེའི་བཟླས་སྒྲ་སྒྲོག ། ཕུལ་བྱུང་ཡེ་ཤེས་མཆོག་ལ་དབ༵ང་བསྒྱུར་ཞིང༌། ། 6-1-352 ཡང་དག་འབྲས་བུའི་བསྟན༵་པ༵་ཐུགས་ཆུད་པ། ། འདི་ཉིད་བསྟན་འཛིན་ཕལ་ལས་རབ༵་རྒྱ༵ས་ཕུལ། ། ཞེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། །། ༈ རྩ་བའི་ས་བཅད་གཉིས་པ་རང་གཞན་དོན་གཉིས་སྒྲུབ་པའི་བསམ་སྦྱོར་ཟུང་འབྲེལ་ ཚུལ་གྱི་རྣམ་པར་ཐར་པ་བརྗོད་པར་བྱ་སྟེ། དེའི་ཚུལ་ཡང་སྐྱེས་རབས་ལས། ཟླ་བས་ཀུན་ དགའ་ཉི་མས་རབ་གསལ་དང༌། །མེ་ཡིས་ཚ་བ་རླུང་ནི་མགྱོགས་པ་དང༌། །སྙི ང་རྗེས་དགའ་ བ་སྐྱེ་བོ་ཆེ་རྣམས་ཀྱིས། །གཞན་ལ་ཕན་པ་ལྷན་སྐྱེས་རང་བཞིན་ཡིན། །ཞེས་གསུངས་པ་ ལྟར་འཇིག་རྟེན་ན་ཟླ་བའི་བསིལ་ཟེར་ཉི་མའི་འོད་སྣང་མེའི་ཚ་བ་རླུང་མགྱོགས་པར་གཡོ་ བ་རྣམས་ནི་དངོས་པོ་རང་རང་གི་བྱེད་ལས་སུ་ཤར་བ་ལྟར་སྙིང་རྗེའི་བདག་ཉིད་སྐྱེས་བུ་དམ་ པ་གང་དག་གིས་ནི་གཞན་འགྲོ་བ་མ་ལུས་པ་ལ་ཕན་པ་རྒྱ་ཆེན་གྱི་བྱེད་ལས་ལེགས་པར་ འཇུག་པ་ནི་ཁོང་དག་གི་ངང་ཚུལ་ལམ་ཆོས་ཉིད་ཡིན་པས་འདིར་དམ་པ་མཆོག་ཉིད་ཀྱིས་ ཀྱང་དོན་གཉིས་ཟུང་འབྲེལ་གྱི་མཛད་པ་ཡ་མཚན་པ་གཞན་དག་ལ་ཕན་བདེ་ལེགས་པར་ སྤེལ་བྱེད་ཀྱི་མཛད་ཕྲིན་སྒོ་མཐའ་དག་ནས་ལེགས་བསྐྲུན་གྱི་དུས་ལ་བབ་པའི་ཚེ། འདུལ་ བ་ལུང་ལས། སཱ་ལའི་ཤིང་ལ་འཁྲི་ཤིང་བཞིན། །དམ་པ་རྣམས་ནི་བསྟེན་གྱུར་པ། །བཟང་ པོའི་དཔལ་གྱིས་འཁྱུད་པར་བྱེད། །ཅེས་དང༌། གང་ཞིག་གསེར་གྱི་རི་ལ་བརྟེན་བཅས་པ། །དེ་ཡིས་བྱ་ཚོགས་ཐམས་ཅད་གསེར་དུ་འགྱུར། །ཞེས་གསུངས་པ་ལྟར་ཙནྡན་ཚལ་ལ་བརྟེན་ པའི་ཤིང་དུམ་གཞན་ཡང་ཙནྡན་གྱི་དྲིས་བཟང་པོར་བྱེད་པ་དང་གསེར་རི་ལ་བརྟེན་བྱས་ པའི་བྱ་ཚོགས་ཀྱང་གསེར་གྱི་མདོག་ལྟར་དུ་སྣང་བ་ལྟར་བདག་ཉིད་ཆེན་པོ་སྐྱེས་བུ་དམ་པ་ འདི་ཉིད་དང་ཡང་ལྷན་དུ་གནས་པའི་མཆེད་གྲོགས་ཞལ་སློབ་གང་དག་ལ་ཡོན་ཏན་སྣ་རེ་མ་ སྐྱེས་པ་མེད་པ་ལྟ་བུ་ཡིན་པས་རང་གིས་ཉམས་ལེན་ལ་ནན་ཏན་བྱེད་བཞིན་གཞན་རྣམས་ 6-1-353 ཀྱང་དེ་འདྲའི་ཚུལ་ལ་སྦྱོར་ཅི་ཐུབ་ཀྱི་ཕན་པའི་མཛད་བཟང་ལ་ཇི་ལྟར་གནས་པའི་ཚུལ་ ཡང༌། དམ་པ་གང་ཉིད་དགུང་ལོ་སོ་གཉིས་ཟིལ་གནོན་ཞེས་པ་མེ་རྟའི་ལོར་དམ་པ་འདིའི་ གདན་ས་བྱ་ཡུར་དགོན་ནི་སྔར་གཙང་བ་དཀོ༵ན་མཆོ༵ག་འཇི༵གས་མེ༵ད་རྣམ༵་རྒྱ༵ལ་གྱི་དངོས་ སློབ་པུ་ཀོས་བླ་མ་ཚུལ་ཁྲིམས་ཞེས་བྱ་བ་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པ་དྲག་པོ་མངོན་ སྤྱོད་ཀྱི་ལས་འགྲུབ་པ་དེ་དང་འཛོང་བོ་བསྟ༵ན་སྐྱོ༵ང་ཞེས་པ་གཉིས་ཀྱིས་ཐོག་མ་དགོན་འདི་ ཆགས་འདེབས་ཀྱི་གཞི་མཛད། དེ་ནས་གཙང་བའི་རྡོ་རྗེ་སློབ་དཔོན་ངག་དབང་ཆོས་ཀྱི་ འཕགས་པའི་དངོས་སློབ་སྐྱབས་མགོན་ཀུན་དགའ་མཚན་བཟང་དབང་པོ་གང་དང༌། འགོ་ བ་བླ་མ་ཆོས་དབྱིངས་ཀྱ་པི་བླ་མ་མཁས་དབང་སོགས་ཀྱིས་དར་རྒྱས་མཛད་པ་ཡིན་ལ། དེ་ ནས་རྣལ་འབྱོར་གྱི་མཆོག་རྩ་རླུང་ལ་དབང་ཐོབ་པ་བླ་མ་བྱང༵་ཆུ༵བ་རྡོ༵་རྗེ༵་ལ་ཁྲོམ་གྲུབ་ཐོབ་ རྒྱ༵ལ་བ༵་བྱ༵ང་ཆུ༵བ་ཀྱིས་ལུང་བསྟན་པ་ལྟར་གཡུང་དྲུང་བོན་གྱི་ལྷ་སྲུང་དང་གནས་ཀྱི་བདག་ པོ་དཀར་ཕྱོགས་པས་ཉེ་བར་སྐྱོང་བའི་དགོན་གནས་དེར་བླ་མ་བྱང་ཆུབ་རྡོ་རྗེ་ཁོ་རང་ཡང་ ལོ་འགར་བཞུགས་ཏེ་བརྩེ་གཟིགས་རྒྱ་ཆེར་མཛད་པ་སྟེ། དེ་ལྟ་བུའི་སྐྱེས་ཆེན་དམ་པ་དུ་ མའི་ཞབས་ཀྱིས་བཅགས་ས་རང་ཡུལ་བྱ་ཡུར་འཛམ་ལྷ་དགོན་གསང་སྔགས་ཟབ་རྒྱས་ གླིང་དུ་ཕྲིན་ལས་མྱུར་མ་དཔལ་མོས་རྗེས་སུ་བཟུང་ཞིང་སྔགས་ཀྱི་ཡེ་ཤེས་མཆོག་མངོན་ དུ་བྱས་པའི་སྐྱབས་མགོན་ཀུན་དགའ་མཚན་བཟང་དབང་པོ་གྲུབ་པའི་དབང་ཕྱུག་གི་གོ་ འཕང་བདག་གིར་བཞེས་པ་གང་དང་གསང་ཆེན་ཟབ་མོའི་རྣལ་འབྱོར་གྱི་གཙོ་བོ་ཐུགས་ཀྱི་ ཀློང་མཛོད་དུ་རབ་ཏུ་རྒྱས་པ་ཀུན་དགའ་མཁས་གྲུབ་དབང་པོ་ཁོང་རྣམ་གཉིས་ཞབས་ཟུང་ རྡོ་རྗེའི་ཁྲི་ལ་ལྷན་རྒྱས་ཀྱི་ཞལ་སྔ་ནས་སླར་ཡང་ཟབ་ལམ་ཡན་ལག་དྲུག་གི་རྣལ་འབྱོར་གྱི་ ཟབ་གནད་ཉེ་བར་གདམས་ཏེ་ཞལ་གྱི་གདམས་དོན་ལ་ལོངས་སྤྱོད་པའི་ཚུལ་གྱིས་བྱ་ཡུར་ 6-1-354 དགོན་དུ་དམ་པ་འདི་ཉིད་ཀྱིས་མཆེད་ཟླ་རྡོ་རྗེ་སྤུན་གྱི་ཚུལ་དང་ཟབ་དོན་གདམས་པས་རྒྱུད་ གང་བར་བྱེད་པའི་སློབ་དཔོན་གྱི་ཚུལ་ཟུང་གིས་མཁྱེན་བརྩེ་སོགས་སྦྱོར་དྲུག་ཉམས་ལེན་ པ་བཞི་ལེགས་པར་བསྐྱངས་ཏེ་རང་གཞན་དོན་གཉིས་སྒྲུབ་པའི་སྒོ་ནས་བྱ་ཡུར་དགོན་དེར་ ཐོག་མ་སྦྱོར་དྲུག་གི་སྒོམ་གྲྭ་ཚུགས་པའི་དབུ་བརྙེས་པ་ཡིན་ལ། དེ་ནས་བཟུང་སྐྱབས་མགོན་ མཚ༵ན་བཟ༵ང་དབང་པོའི་ཞབས་པད་གུས་པས་བསྟེན་ཏེ་རིགས་བདག་བླ་མར་བརྩི་བཀུར་ ལེགས་པར་ཞུས་ནས་གང་གི་སྐུ་འཇིག་མེད་རྡོ་རྗེའི་ཁྲི་ལ་དེ་སྲིད་བཞུགས་ཀྱི་བར་སྐྱབས་ མགོན་གང་གི་ཞལ་སློབ་དང་སྒོམ་གྲྭ་པ་རྣམས་ལ་དམིགས་ཁྲིད་གསལ་འདེབས་བྱེད་མཁན་ དུ་བྱས་ནས་ཀླད་སྐྱབས་མགོན་གྱིས་ལེགས་གནང་བཞིན་ཉིད་ཀྱིས་ཟབ་ལམ་སྦྱོར་དྲུག་པ་ སྒོམ་སྒྲུབ་གཡེལ་མེད་ཀྱི་དུས་འདའ་བའི་ངང་ལས་དགོན་དེར་སྦྱོར་དྲུག་སྒོམ་གྲྭ་པ་རྣམས་ ཀྱི་ཆོས་ཚན་སྔ་ཕྱི་ཀུན་ཏུ་གང་བྱུང་མཐའ་དག་ལེགས་བསྐྱངས་མཛད་པ་སྟེ་སྒོམ་གྲྭ་པ་སོ་སོ་ ལ་དམིགས་ཁྲིད་གང་དགོས་གསལ་འདེབས་ཀྱིས་ཀུན་ལ་ངེས་ཤེས་འདྲོངས་ངེས་ཀྱི་འགན་ ཁུར་ཉིད་ནས་བཞེས་ཏེ་ཕན་པ་རླབས་པོ་ཆེ་སྒོ་དུ་མ་ནས་མཛད་པ་ཡིན་ལ། དགུང་ལོ་སོ་གསུམ་པར་སྦྱོར་དྲུག་པ་གསར་འདུག་མེད་ཀྱང་གཞི་ཁོག་ཆོས་ཚན་ལེགས་ བསྐྱངས་མཛད་དོ། ། དེ་ཡང་དམ་པ་འདིའི་དགུང་ལོ་སོ་བཞིའི་སྟེང་ཕུར་བུ་ཞེས་པ་ས་སྤྲེལ་ལོར་བྱ་ཡུར་ དགོན་གསང་སྔགས་ཟབ་རྒྱས་གླིང་དུ་སྦྱོར་དྲུག་སྒོམ་གྲྭ་པའི་ཆོས་ཚན་ངག་ཆོས་སོགས་ གསུམ་གྱིས་བླ་མ་རྣམ་གཉིས་ལས་གདམས་དོན་ལོ་གསུམ་དུ་ཉམས་ལེན་བྱས་པ་བཞིན་ ཚུལ་དེ་ཀས་དགོན་འདིར་ཆོས་ཚན་སྔ་ཕྱི་བྱུང་ཚོད་ལ་དམ་པ་འདི་བཀའ་དྲིན་ལྷག་པར་ཆེ་བ་ ཡིན་ནོ། ། དགུང་ལོ་སོ་ལྔ་ཞི་བ་ཞེས་པ་ས་བྱ་ལ་དགོན་དེའི་སྦྱོར་དྲུག་པ་ཚོགས་ལམ་སོགས་ 6-1-355 བཞིས་བླ་མ་རྣམ་གཉིས་ནས་གདམས་པ་ལྟར་སྦྱོར་དྲུག་ལོ་གསུམ་ལ་ཉམས་ལེན་བྱས། དེ་ ནས་བཟུང་ལོ་བཞི་བཅུའི་བར་ལ་འདིའི་ཆོས་ཚན་མཐར་འཁྱོལ་བར་བསྐྱངས་རྗེས་ཉིད་ཀྱི་ ཐུགས་དམ་གཙོ་བོ་བྱས་ཏེ་དགེ་སྦྱོར་ཆག་མེད་མཛད་དེ་རེ་ཞིག་བཞུགས་པ་ལས། དགུང་ལོ་ཞེ་གཅིག་གི་དུས་ཙམ་ན་ཀུན་དགའ་མཁས་གྲུབ་དབང་པོ་གང་གི་མདུན་དྲུང་ ནས་བདེ་མཆོག་རབ་འབྱམས་ཡོངས་རྫོགས་ཀྱི་དབང་བཀའ་རྣམས་དང༌། ལུ་དྲིལ་ནག་ གསུམ་ལུགས་ཀྱི་བདེ་མཆོག་དངོས་སྟ་བཅས་ཀྱི་དབང་སོགས་ཟབ་བཀའ་མང་པོ་ལེགས་ པར་མནོས་སོ། ། དེ་ནས་དགུང་ལོ་ཞེ་གཉིས་མེ་ཞེས་པ་མེ་འབྲུག་ལོར་སྦྱོར་དྲུག་སྒོམ་གྲྭ་པ་བླ་མ་རིན་ཆེན་ བཟང་བླ་མ་མཐོང་ལམ་སོགས་དགུ་པོ་སྦྱོར་དྲུག་ཉམས་ལེན་བླ་མ་རྣམ་གཉིས་ཀྱི་མདུན་ ནས་བྱས་པ་དེ་བཞིན་རིམ་པ་ལྟར། དགུང་ལོ་ཞེ་གསུམ་དམར་སེར་ཅན་ཞེས་པ་མེ་སྦྲུལ་ལོར་སྦྱོར་དྲུག་པ་བླ་མ་དཔལ་ མཆོག་སོགས་ལྔ། དགུང་ལོ་ཞེ་བཞི་པ་དུས་ཀྱི་ཕོ་ཉ་ཞེས་པ་ས་རྟ་ལ་ཐུན་པ་གསར་འདུག་ མེད་པར་སྔར་གྱི་ཆོས་ཚན་དེ་ཀ་བསྐྱངས། དགུང་ལོ་ཞེ་ལྔ་དོན་གྲུབ་ཅེས་པ་ས་ལུག་ལ་སྦྱོར་ དྲུག་པ་བླ་མ་གཞན་ཕན་བླ་མ་ཆོས་བློ་སོགས་ལྔ། འདི་ལོར་དམ་པ་ཉིད་ཀྱིས་བྱང་སྡོམ་ མནོས་པ་སྟེ། ཞི་བ་ལྷས། སྲིད་པའི་སྡུག་བསྔལ་བརྒྱ་ཕྲག་གཞོམ་འདོད་ཅིང༌། །སེམས་ཅན་ མི་བདེ་བསལ་བར་འདོད་པ་དང༌། །བདེ་མང་བརྒྱ་ཕྲག་སྤྱོད་པར་འདོད་པས་ཀྱང༌། །བྱང་ ཆུབ་སེམས་ཉིད་རྟག་ཏུ་བཏང་མི་བྱ། །ཞེས་གསུངས་པ་ལྟར་བྱང་ཆུབ་སེམས་ཀྱི་ཕན་ཡོན་ དམ་པ་ཉིད་ཀྱི་ཐུགས་ཉམས་སུ་བཞེས་ནས་བྲག་དཀར་སྤྲུལ་པའི་སྐུ་བློ་བཟང་དཔ༵ལ་ལྡན༵་ བསྟ༵ན་འཛི༵ན་སྙན༵་གྲག༵ས་ཞབས་པ་འཛི་ཡུལ་དུ་ཕེབས་ཏེ་རྟ་མདོར་རྒྱལ་བའི་བཀའ་ཆོས་ ཆེན་མོའི་བཀླག་ལུང་མཐའ་དག་གསུང་རྣམ་པ་ཐམས་ཅད་པས་ལེགས་གནང་སྐབས། དམ་ 6-1-356 པ་འདིས་བཀའ་ཆོས་ལུང་གསན་དུས་བྱང་ཆུབ་སེམས་ཀྱི་སྡོམ་པ་དབུ་མ་དང་སེམས་ཙམ་ ལུགས་གཉིས་ལས་འདིར་དབུ་མའི་ལུགས་ཡིན་ནམ་སྙམ་སྟེ་ལེགས་པར་གསན་པ་དང༌། ཀློང་ཆེན་མཛོད་བདུན། པདྨ་བཀའ་ཐང་སོགས་ཆོས་བཀའ་གཞན་མང་པོ་ཡང་ནོད། ཀུན་ དགའ་མཚན་བཟང་དབང་པོའི་དྲུང་ནས་ཞི་ཁྲོ་དམ་པ་རིགས་བརྒྱའི་དབང་བཀའ་ཡང་ གསན། དགུང་ལོ་ཞེ་དྲུག་དྲག་པོ་ཞེས་པ་ལྕགས་སྤྲེལ་ལ་སྦྱོར་དྲུག་པ་བླ་མ་སངས་དོན་ སོགས་གསུམ། འདི་ལོར་སླར་ཁོང་མི་འཁྲུགས་པའི་བསྙེ ན་མཚམས་ལ་བཞུགས་ནས་སྐུ་ བརྙན་བཞེངས་པ་སོགས་རྗེས་ཐོབ་ཀྱི་དགེ་རྩ་རྒྱ་ཆེར་བསྒྲུབས། འདུས་སྡེ་བཞི་བཅུ་ཙམ་ལ་ དུས་འཁོར་གསར་སྙི ང་སོགས་འདོན་ཆ་མང་པོའི་བཀླག་ལུང་ཀྱང་གནང༌། དགུང་ལོ་ཞེ་བདུན་བློ་ངན་ཞེས་པ་ལྕགས་བྱ་ལ་སྦྱོར་དྲུག་པ་བླ་མ་མཚན་ལྡན་ངག་ཕྲིན་ སོགས་ལྔ། འདི་ལོར་ཁོང་ནས་བླ་མ་ཆོས་བློ་ལ་འབྱུང་འདུལ་དམིགས་ཁྲིད་བླ་མ་རིན་ཆེན་ བཟང་ལ་རྟ་མགྲིན་འབྱུང་འདུལ་མི་འཁྲུགས་པ་འབྲུ་ནོན་གྱི་ཁྲིད་གནང༌། ལོ་དེར་ས་ དམར་བླ་མ་སྙན་གྲགས་བྱ་ཡུར་དགོན་དུ་ཕེབས་ནས། ནཻ་གུ་བཀའ་ཕྱི་ནང་གྲུབ་ཐོབ་བརྒྱད་ ཅུའི་རྗེས་གནང་བརྒྱ་རྩ་རྡོར་སེམས་ལྷན་སྐྱེས་རྡོར་འཆང་གསུམ་གྱི་བཟླས་ལུང༌། ཚེ་དབང་ གྲུབ་རྒྱལ་ལུགས་བླ་མ་འཛོང་བོའི་དྲུང་ནས་གྲུབ་བསྡུས། སྦྱོང་རྒྱུད་བཅུ་གཉིས། འཇིགས་ བྱེད་རོ་ལངས་བརྒྱད་སྐོ ར། མགོན་པོ་ཁྲོ་བཅུའི་དབང་རྣམས་ཀྱང་ཁོང་ནས་གསན། དགུང་ལོ་ཞེ་བརྒྱད་རྔ་ཆེན་ཞེས་པ་ཆུ་ཁྱི་ལ་སྦྱོར་དྲུག་པ་བླ་མ་རིག་འཛིན་རྒྱ་མཚོ། ཆོས་ འཕེལ་སོགས་ལྔ། འདིར་སྐྱབས་མགོན་དྲུང་ནས་དུས་འཁོར་དབང་ཆེན། སྒྲོལ་མ་དམར་ མོའི་དབང༌། གཅོད་དབང་ནམ་མཁའ་སྒོ་འབྱེད་སོགས་གསན། འདི་ལོར་ཁོང་གིས་བླ་མ་ བློ་ཆོས་ལ་ནཻ་གུའི་དམིགས་ཁྲིད་དང༌། བླ་མ་ཆོས་བློ་ལ་རྟ་མགྲིན། དུས་འཁོར་ལྷ་དགུའི་ དམིགས་ཁྲིད་དང༌། བླ་མ་མཚ༵ན་ལྡན༵་ལ་འབྱུང་འདུལ། རྟ་མགྲིན་དམིགས་ཁྲིད་གནང༌། 6-1-357 དགུང་ལོ་ཞེ་དགུ་ཁྲག་སྐྱུག་ཅེས་པ་ཆུ་ཕག་ལ་སྦྱོར་དྲུག་པ་བླ་མ་ཡོན་རྒྱམ་སོགས་དྲུག འདི་ལོར་ཁོང་གིས་ལུང་རིགས་ལ་འབྱུང་འདུལ་རྟ་མགྲིན་ཁྲིད་གསུངས། ལོ་དེར་གསང་ སྤྲུལ་འཇི༵གས་མེ༵ད་བསྟན༵་པ༵འི་ཉི༵་མ༵་ཕེབས་ནས་འོད་དཔག་མེད་མྱུར་ལམ་གྱི་དབང་ལུང་ ཁྲིད་རྣམས་དམ་པ་འདིས་གསན་ནས་འོད་དཔག་མེད་མཚན་བྱེ་བ་ལྗགས་གསུངས་མཛད། ཆུ་ཕག་གི་ལོ་འདི་ནས་གསང་ལུང་དགོན་གྱི་འདུལ་འཛིན་ཆེན་པོ་བླ་མ་ལྷུན་པོ་ཞབས་པ་ དགོན་འདིར་ཕེབས་ཏེ་དགེ་འདུན་གྱི་བསླབ་པ་ཡོངས་སྦྱོང་གི་དབྱར་གནས་པའི་དབུ་བརྙེས་ ཏེ། སྐྱབས་མགོན་མཆོག་གི་མཁན་པོ་དང་དམ་པ་འདི་ཉིད་ཀྱིས་དབྱར་བདག་བྱས་ནས་ལོ་ བསྟར་གྱི་དབྱར་གནས་རྒྱུན་ལེགས་པར་ཚུགས་པ་ཡིན། ཉིད་ཀྱི་མ་ཡུམ་གྱི་དགེ་རྩར་ཐར་ མདོ་སྟོང་ཕྲག་དག་སྣང་བཅས་ཀྱིས་ཀློག་འདོན་ཀྱང་མཛད། དགུང་ལོ་ལྔ་བཅུ་མིག་དམར་ཞེས་པ་ཤིང་བྱིའི་ལོར་བླ་མ་རིག་རྡོར་སོགས་ལྔ། དགུང་ ལོ་ང་གཅིག་ཁྲོ་བོ་ཞེས་པ་ཤིང་གླང་ལ་སྦྱོར་དྲུག་པ་བླ་མ་རིག་དབང་སོགས་གསུམ། དགུང་ལོ་ང་གཉིས་ཟད་པ་ཞེས་པ་མེ་སྟག་ལ་སྦྱོར་དྲུག་པ། བླ་མ་བསྟན་འཛིན་དཔལ། ཆོས་ཀུན་སོགས་དྲུག འདི་ལོར་ཁོང་གིས་འདུས་པ་བདུན་ཅུ་ཙམ་ལ་དུས་འཁོར་དབང་ཆེན། རྟ་ཕྱག་ཁྱུང་གསུམ། མི་འཁྲུགས་པའི་དབང་གནང༌། སྐྱབས་མགོན་ནས་ཀྱང་ཐུགས་རྗེ་ཆེན་ པོ་དང༌། གཅོད་དབང་ནམ་མཁའ་སྒོ་འབྱེད་གསུངས། ལུང་རིགས་སོགས་གསུམ་ལ་ནཻ་གུ། བླ་མ་བློས་རབ་ལ་འཇིགས་བྱེད་འབྲུ་ནོན། བླ་མ་ཡོན་རྒྱམ་ལ་འབྱུང་འདུལ་ཁྲིད་པ་སོགས་ ཁོག་སྦྱོར་དྲུག་དང་དེ་ལྷག་ནཻ་གུ་བསྐྱེད་རིམ་པ་ཅི་ཡོད་མཉམ་ཁྲིད་མཛད་པ་གོང་འོག་ཐམས་ ཅད་ལ་འདྲ་བ་སྟེ། དེ་ནས་དགུང་ལོ་ང་གསུམ་པ་རབ་བྱུང་བཅུ་དྲུག་པའི་ནང་ཚན་རབ་བྱུང་ཞེས་པ་མེ་ཡོས་ ལོར་སྦྱོར་དྲུག་གསར་འདུག་མེད་ཅིང་ནཻ་གུ་པ་བླ་མ་མཚན་ལྡན། ངག་སྨོན་སོགས་གསུམ་མོ། 6-1-358 །བླ་མ་ཡོན་རྒྱམ་ལ་རྟ་མགྲིན་ཁྲིད། འདི་ལོར་བྱ་ཡུར་དགོན་འདིར་ཁོང་ཉིད་དུས་འཁོར་སྒྲུབ་ མཆོད་ཀྱི་ཁྲིད་དཔོན་དུ་བཞུགས། དགུང་ལོ་ང་བཞི་རྣམ་བྱུང་ཞེས་པ་ས་འབྲུག་ལོར་མཁྱེན་རྟོགས་བློ་གསལ་གཉིས་སྦྱོར་ དྲུག་པ་དང༌། ནཻ་གུ་པ་བླ་མ་གཞན་ཕན་སོགས་ལྔ། བླ་མ་མཚན་ལྡན་དང་ཡོན་རྒྱམ་གཉིས་ ལ་འབྲུ་ནོན་ཁྲིད། དེ་ནས་དགུང་ལོ་ང་ལྔ་དཀར་པོ་ཞེས་པ་ས་སྦྲུལ་ལོར་སྦྱོར་དྲུག་པ་བདེན་ རྟོགས་སོགས་བརྒྱད། འདི་ལོར་ར་འོབ་ཏུ་ཁོང་གིས་དུས་འཁོར་སྒྲུབ་མཆོད་ཁྲི་འཛིན་མཛད། དེ་ཡན་དུ་བླ་མ་རྣམ་གཉིས་ལྷན་རྒྱས་ཀྱིས་དགོན་གྲྭ་བསྐྱངས་པས་དམ་པ་ཉིད་ཀྱི་དོན་ གཉིས་ཟུང་འབྲེལ་གཙོ་བོར་གྱུར་པའི་སྐབས་ཡིན་ནོ། ། སྨྲས་པ། ཕུན་ཚོགས་མ་སྨད་ལེགས་ཚོགས་པདྨོའི་མཚོར། ། སློབ་འབངས་ངང་མོ་སྐྱོང་དང་ཆབ་གཅིག་ཏུ། ། ཟབ་དོན་བདུད་རྩི་འཐུང་ལ་ངོམ་པ་མེད། ། ཨེ་མ་དོན་གཉིས་མཆོག་སྒྲུབ་སེམས་དཔའ་ཆེ། ། གང་དེའི་མཛད་བཟང་ཡ་མཚན་རྨད་བྱུང་བ། ། རྒྱལ་སྲས་མཛད་ཆེན་བསྡུ་བཞིའི་སྤྱོད་པ་ལས། ། དོན་མཐུན་དོན་སྤྱོད་མཛད་གཙོ་མཆོག་འཛིན་པ། ། འདི་དེ་བླ་མའི་སྐལ་བར་རྟག་ཏུ་སྨོན། ། ལེགས་མཛད་ངག༵་གིས་རང་གཞན་དོན་གཉིས་བསྒྲུབས། ། མཆེད་ཟླ་དབ༵ང་བསྡུས་ཚུལ་གྱིས་གདུལ་བྱ་སྐྱོངས། ། ཟབ་གསང་བསྟན༵་པ༵ས་ཡིད་དགའ་སྤེལ་བའི་གཉེན། ། 6-1-359 དོན་གཉིས་རབ༵་ཏུ་རྒྱ༵ས་བྱེད་ཁྱོད་མིན་སུ། ། ཞེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། །། ༈ རྩ་བའི་ས་བཅད་གསུམ་པ་སྒྲུབ་པའི་འབྲས་བུ་མངོན་པར་རྟོགས་པ་གསང་ཆེན་ཉེ་ ལམ་ཁོང་དུ་ཆུད་པའི་རྣམ་པར་ཐར་པ་བརྗོད་པར་བྱ་སྟེ། དེ་ཡང་དམ་པ་མཆོག་གི་སྐུ་ཚེ་གང་ བོར་ཉམས་ལེན་སྒྲུབ་པ་ལ་ཐུགས་རྩེ་གཅིག་ཏུ་གཞོལ་ཞིང་ཁྱད་པར་ཟབ་ལམ་རྡོ་རྗེའི་རྣལ་ འབྱོར་སྦྱོར་བ་ཡན་ལག་དྲུག་ཐུགས་དགོངས་ཉམས་བཞེས་ཀྱི་མཐིལ་དུ་མཛད་པས་དེ་ཀུན་ གྱི་མངོན་པར་རྟོགས་པ་ནམ་མཁའ་དང་མཉམ་པའི་ཕ་མཐའ་གཞལ་བ་ནི་བདག་ཉིད་ཆེན་ པོ་འཕགས་པའི་མཁྱེན་སྤྱན་མངའ་བ་གང་དག་གིས་སྤྱོད་ཡུལ་ལས་འདས་པ་ཡིན་ན་བྱིས་བློ་ བདག་འདྲས་ལྟ་ག་ལ་ཞིག་སྟེ། འོན་ཀྱང་རྒྱ་མཚོའི་ཆུ་གཏེར་ལས་སྐྲ་རྩེའི་ཆུ་ཐིགས་ཙམ་ བླངས་འོས་དུས་སུ་བབ་པ་ཡང་དམ་པ་གང་གིས་ནི། ཇི་སྐད་དུ། བླུན་པོས་ཡོན་ཏན་ཁ་རུ་ འདོན། །མཁས་པའི་ཡོན་ཏན་ཁོང་དུ་སྦས། །ཞེས་པ་ལྟར་གྱི་ཁོང་གི་ཡོན་ཏན་གྱི་ཚོགས་རྒྱ་ ཆེ་བ་མ་ཟད་ཆེས་ཕྲ་མོ་ཡང་གཞན་ལ་དགོས་མེད་དུ་སྒྲོག་པ་ཆེས་གསང་ཞིང་ཕྱི་ནས་མངོན་ ཚན་ཆུང་ཞིང་ནང་ན་ཡོན་ཏན་གྱི་ཆོད་ཆེ་བ་ཞིག་ཏུ་འདུག་པས་གསང་བའི་རྣམ་ཐར་ཆེས་ཕྲ་ བ་ཡང་རང་ཅག་གི་སྤྱོད་ཡུལ་དུ་གྱུར་དཀའ་བ་ལྟར་གྱུར་ ནའང་སྤྱིར་ན་སྔགས་ཀྱི་ལམ་ ཉམས་ལེན་སྐབས་ཟབ་མོའི་ཆོས་དང་དེ་སྟོན་པའི་བླ་མ་སྒྲུབ་པ་པོ་རང་བཅས་ལ་ཡིད་ལྷག་ པར་ཆེས་པ་གལ་འགག་ཅིག་ལགས་པས་དམ་པ་ཉིད་ཀྱིས་དེ་ལུགས་ཐུགས་དགོངས་སུ་ བྱས་ཏེ་སྐལ་ལྡན་སློབ་བུ་འགའ་ལ་དགོས་པ་དེ་ལྡན་གྱི་གསུངས་འོས་སུ་གྱུར་སྐབས་ཉིད་ཀྱི་ གསུང་གི་ཟུར་ཆ་ཙམ་རེ་གནང་བ་དག་འདིར་ཕྱོགས་གཅིག་ཏུ་ལེགས་བསྡུ་མདོ་ཙམ་བྱ་བ་ ཡིན་ཏེ། དེ་ཡང་དམ་པ་གང་ལ་ལམ་ཐུན་མོང་བ་ཐུགས་ཉམས་སུ་ཇི་ལྟར་བསྟར་བའི་ཚུལ་ ཡང་སྔར་ལྷ་བཟོ་རྡོ་རྗེ་འཆང་གི་ཐུགས་དགོངས་ཆོས་ཀྱི་དབྱིངས་དང་མཉམ་པས་མཉམ་ 6-1-360 རྗེས་རོ་མཉམ་ཆེན་པོར་ལོ་གཅིག་ལ་བཞུགས་སྐབས་ཉིན་གཅིག་བླ་མའི་བྱིན་རླབས་ཀྱི་ སྣང་བ་དང༌། རྗེས་སོར་ཁོང་ནས་ཚོགས་བསགས་རྒྱ་ཆེར་འབད་པ་དང༌། ཉིན་གཅིག་བྱ་ ཡུར་དགོན་དུ་ནུབ་ཐུན་ཞིག་གི་མཐར་དེ་བཞིན་གཤེགས་པ་གཙོ་འཁོར་གསུམ་གྱི་གཟིགས་ སྣང་གི་རྐྱེན་སོགས་ཀྱི་གསུང་ཉམས་ལ་དཔགས་ན་དམ་པ་གང་གིས་ཟབ་ལམ་ལ་ནན་ཏན་ མཛད་པའི་ཐོག་བར་མཐའ་གསུམ་དུ་ཐུན་མོང་ལམ་གྱི་འཇུག་སྒོ་འཁོར་བ་ལ་ཞེན་པ་ལོག་ ཏེ་ཐར་པ་མཆོག་གི་གོ་འཕང་ཐོབ་འདོད་ཀྱི་ངེས་འབྱུང་གི་བསམ་པ་དང༌།གཞན་མཁའ་ཁྱབ་ ཀྱི་འགྲོ་བ་མཐའ་དག་ལ་བདེ་དགའ་རྒྱ་མཚོ་བདག་གིས་སྦྱིན་འདོད་ཀྱི་ལྷག་བསམ་གྱི་ བྱམས་པ་དང༌། དེ་དག་སྡུག་བསྔལ་མ་ལུས་པ་ལས་བདག་གིས་བསྒྲལ་འདོད་ཀྱི་སྙི ང་རྗེ་ ཆེན་པོ་དང༌། གཞན་འགྲོ་བ་མ་ལུས་པའི་ཕྱིར་དུ་བདག་གིས་བྱང་ཆུབ་ཆེན་པོ་མངོན་དུ་བྱེད་ འདོད་གཞན་ཕན་བྱང་ཆུབ་སེམས་སོགས་ཕར་ཕྱིན་ཐེག་པའི་ལམ་རྣམས་ཀྱང་གོམས་ སྟོབས་དང་བླ་མའི་བྱིན་རླབས་ཟབ་མོ་དང་ལམ་གྱི་མཐུ་བྱིན་སོགས་རྐྱེན་ཁྱད་པར་བའི་བྱེད་ པས་དབྱར་གྱི་ཆུ་བོའི་གཞུང་ལྟར་ངམ་ངམ་ཤུགས་ཤུགས་ཀྱིས་ཆེས་ཆེར་སྒོ་ཐམས་ཅད་ནས་ རྣམ་པ་ཀུན་ཏུ་འཕེལ་བས་རྒྱལ་སྲས་སེམས་དཔའི་ངང་ཚུལ་ཉེ་བར་འཛིན་པ་ནི་གཞིར་བྱས་ ཏེ་སྐབས་འདིར་དེ་རྣམས་ཀྱི་ཁར་ཐུན་མོང་མ་ཡིན་པ་གསང་ཆེན་ཉེ་ལམ་གྱི་མངོན་པར་ རྟོགས་པ་གསར་བརྙེས་མཛད་པའི་ཚུལ་གྱི་གསང་བའི་རྣམ་པར་ཐར་པ་གཙོ་བོར་ཉུང་ བསྡུས་ཙམ་མངོན་པར་སྤྲོ་བ་ལ། དག་སྣང་གཉུག་མའི་རང་ཤུགས་ཀྱི་གཟིགས་སྣང་གིས་ཐ་ མལ་སྣང་ཞེན་དབང་བསྒྱུར་ཚུལ། རྡོ་རྗེའི་ཐེག་པ་མཆོག་གི་གསང་ཆེན་ཉེ་ལམ་མངོན་དུ་ བྱས་ཚུལ། གྲུབ་འབྲས་འཕྲལ་སྣང་ལེགས་པའི་དགའ་སྟོན་འགྱེད་ཚུལ་དང་གསུམ་ལས། དང་པོ་དག་སྣང་གཉུག་མའི་རང་ཤུགས་ཀྱི་གཟིགས་སྣང་གིས་ཐ་མལ་སྣང་ཞེན་དབང་ བསྒྱུར་ཚུལ་ནི་ལམ་རྫོགས་རིམ་སྐབས་ཀྱི་དག་པའི་གཟིགས་སྣང་རབ་འབྱམས་ཀྱི་བཀོད་པ་ 6-1-361 མཐའ་དག་ནི་སྤྲོས་པ་བློ་ཡིས་སྒྲ་དོན་གྱི་སྤྱིའི་སྣང་བས་བསྲེ་སླད་ཀུན་ནས་མ་ཞུགས་པར་རྡོ་ རྗེ་ལུས་ཀྱི་རྩ་རླུང་ཐིག་ལེ་ལ་ཐབས་མཁས་ཉེ་ལམ་ཟབ་མོས་གནད་དུ་བསྣུན་པའི་སྟོབས་ཀྱི་ རླུང་སེམས་ཀྱི་དྭངས་མ་སྟོང་པའི་གཟུགས་ཀྱི་སྣང་བརྙན་རང་རང་གི་བློ་ཚོད་དང་མཐུན་པའི་ གསལ་སྣང་རྩོལ་མེད་ཤུགས་ཀྱིས་རང་ཤར་དུ་འོང་བ་འབའ་ཞིག་ཡིན་པས་སྣང་བ་དེ་དག་ གི་གཤིས་ནི་རྣམ་ཀུན་མཆོག་ལྡན་ཆོས་ཀྱི་རང་གཟུགས་ཆེས་དྭངས་པ་མ་ཡིན་མེད་ཕྱིར་རྨད་ དུ་བྱུང་བ་ནམ་མཁའི་དཀྱིལ་ནས་རང་ཤར་གྱིས་ཚུལ་དུ་སྟོང་པ་ཉིད་ཀྱི་གཟུགས་བརྙན་གྱི་ ལེགས་མཛེས་དཔེ་དང་བྲལ་བའི་འོད་གསལ་དྭངས་པ་ཆེན་པོའི་མེ་ཏོག་མཐའ་ཡས་ཀྱི་ཡོན་ ཏན་རིན་ཐང་ཚད་མེད་པ་གང་དེ་ནི་རྣལ་འབྱོར་མཆོག་དང་ལྡན་པ་རྣམས་ཀྱི་དག་སྣང་སྒྱུ་ མའི་ལྟར་མོར་གཟིགས་པའི་གནས་ཕུལ་དུ་བྱུང་བ་སྟེ། ཞི་བ་ལྷའི་རྡོ་རྗེའི་གླུ་ལས། རྨད་བྱུང་ ནམ་མཁའི་དཀྱིལ་ཤར་བྷུ་སུ་ཀུ། །སྟོང་ཉིད་གཟུགས་མཛེས་ཤར་རོ་བྷུ་སུ་ཀུ། །དཔེ་མེད་མེ་ ཏོག་ཤར་རོ་བྷུ་སུ་ཀུ། །རིན་ཐང་མེད་པའི་མེ་ཏོག་རིན་ཆེན་ལོངས། །ཞེས་གསུངས་པ་ལྟར་ གྱི་དམ་པ་མཆོག་གསང་སྔགས་ཀྱི་རྣལ་འབྱོར་པ་ཆེན་པོ་གང་ཉིད་ལ་སྟོང་གཟུགས་སྒྱུ་མའི་ གཟུགས་སྣང་སྔོན་སྦྱང་བའི་མཐུ་ཉེ་བར་ཤར་ཏེ་སྐུ་ན་གཞོན་དུས་ལྷ་བཟོ་རྡོ་རྗེ་འཆང་གི་ མདུན་དྲུང་སྦྱོར་དྲུག་ཐོག་མ་ཉམས་ལེན་གྱི་སྐབས་ནས་མཉམ་བཞག་མ་ཟད་རྗེས་ཐོབ་ཀྱི་ སྐབས་ཐམས་ཅད་དུ་དུས་ཀྱི་འཁོར་ལོ་སྟོང་གཟུགས་སྒྱུ་མའི་སྐུ་རབ་ འབྱམས་ཀྱི་སྣང་བ་ དང་གཞན་ཡང་རྒྱུད་སྡེའི་ལྷ་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་བསམ་གྱིས་མི་ཁྱབ་པས་ འཁོར་ཡུག་རྣམ་པ་ཐམས་ཅད་དུས་འདའ་ཞིང༌། ཀུན་རྫོབ་འདི་སྣང་ཡང་འགགས་ལ་ཁད་པ་ ཙམ་དུ་བར་བར་དུ་འགྱུར་འགྲོ་ཞིང༌། བླ་མའི་མདུན་དྲུང་ནས་སྦྱོར་དྲུག་ཕྱི་མ་འཁྲུལ་འཁོར་ འགབ་མ་ཞེས་པ་ལོ་གཅིག་པའི་ཉམས་ལེན་བྱུང་རྗེས་ཀྱི་མཚམས་དེ་སྐོར་ཞིག་ན་ནུབ་ གཅིག་སྒོར་བྱོན་པར་ཆས་ཚེ་གློ་བུར་དུ་ཁོང་གི་ཤངས་བུག་གཉིས་ནས་ཐིག་ལེ་དཀར་པོ་ 6-1-362 འབའ་ཞིག་པ་འོད་ཟེར་གྱི་སྣང་བ་བན་བུན་འཕྲོ་བ་དཀར་ཆི་ལེ་མང་པོ་མཐའ་ཀླས་པ་སྒྲོ་བ་ ནས་འབྲུ་རིགས་ཕྱིར་འབོ་བ་བཞིན་རང་ཁྱིམ་གྱི་གཞི་ཀུན་ཡོངས་སུ་གང་ཏེ་བར་མཚམས་ མེད་པའི་ངང་ལ་སྟོང་པ་སྤྲོས་བྲལ་གྱི་དབྱིངས་ཉག་གཅིག་ལས་བདེ་བ་ཆེན་པོའི་རང་ གཟུགས་མུ་མཐར་ཐུག་པའི་ཉམས་བཟང་གཤིས་ནས་ཉེ་བར་རྡོལ་ཏེ་འོད་གསལ་བདེ་སྟོང་ ཟུང་འཇུག་གི་མཉམ་བཞག་གཅིག་གིས་མཚན་མོ་ཁ་ཚང་གར་ཐལ་མ་གོ་བ་ལྟ་བུར་གྱུར་ཏེ་ མཉམ་བཞག་གཅིག་གི་དབྱིངས་ལ་འབྱམས་པར་གྱུར་པ་སྟེ། ཇི་སྐད་དུ། ཤེས་རབ་གསུམ་ ལ་སྦྱངས་པ་བྱས་མིན་ཡང༌། །ལྷུན་པོ་བཞེངས་ལས་རྒྱ་མཚོ་རྡོལ་བ་སྙམ། །ཞེས་པ་ལྟ་བུའི་ ཚུལ་དུ་ཉམས་སྣང་གི་འཆར་སྒོ་ཀློང་རྡོལ་བའང་བྱུང་ཞིང༌། ཡང་བར་སྐབས་ཤིག་ཏུ་ར་འོབ་ གྲོང་ཡུལ་དུ་འདོན་རིམ་ལ་བཞུགས་དུས་སྐུ་ན་གཞོན་པས་ཕྱག་གྲངས་མང་དང་ཐུགས་ ཉམས་ལེན་ཟུང་འབྲེལ་ལ་གཡེལ་བ་མེད་པའི་ནུབ་གཅིག་རྨི་ལམ་འོད་གསལ་གྱི་སྣང་བ་ལ་ མི་དཀར་པོ་ལ་ཐོད་ཅན་གཉིས་སྐད་ཅིག་གིས་སླེབས་ནས་ཐོན། མི་གཅིག་གི་ལག་ན་རལ་ གྲི་དང་གཅིག་ཤོས་ཀྱི་ལག་ན་མར་གྱི་གོང་བུ་ལྟ་བུ་འོད་དཀར་ལམ་པ་གཅིག་བསྣམས་ཏེ། རལ་གྲི་ཅན་དེའི་ལག་གི་རལ་གྲིས་ཁོང་གི་མགོ་བོ་ནས་ལུས་ཡོངས་རྫོགས་ཕྱེད་བཀས་ བྱས། མར་གོང་ལྟ་བུ་ཅན་དེའི་ལག་གི་མར་གྱི་གོང་བུ་ལྟ་བུ་དེས་དེ་ལ་ལེགས་བྱུག་མཛད་ པས་རང་སྣང་ལུས་ཀྱི་མི་གཙང་བའི་ཆ་མཐའ་དག་རྣམ་པར་སྦྱང་བའི་སྣང་བ་འཛིན་མེད་ཀྱི་ ངང་དུ་དར་ཅིག་ལུས་པས་དེ་ཕན་རང་ལུས་གདོས་བཅས་ཀྱི་རྣམ་པ་མེད་པར་བདེ་ཡང་ གསལ་བའི་རང་བཞིན་དུ་སྣང་སྟེ། དེ་ནས་བཟུང་ཚེས་ཀྱི་ལྷ་སུམ་བརྒྱ་དྲུག་ཅུའི་མཚན་སྙན་ གྱི་སྒྲ་གདངས་ཕྱོགས་ཀུན་ཁྱབ་ཅིང༌། ཆོས་རྒྱལ་ལ་ཐོད་ཅན་ཆེས་མང་པོས་ས་དང་བར་སྣང་ ཐམས་ཅད་གོ་མཚམས་མེད་པར་གང་བའི་ཉམས་བཟང་གི་དག་སྣང་མཐའ་ཀླས་པ་ཟླ་བ་ གཅིག་ཙམ་ལ་རྒྱུན་མ་ཆད་པ་སྟེ་ཚུལ་དེ་བླ་མ་མཆོག་ལ་ཞུས་པས། གང་གི་ཞལ་ནས་ཁྱོད་ལ་ 6-1-363 སྒྲིབ་པ་དག་པ་དང་ཆོས་རྒྱལ་རིགས་ལྡན་དག་གི་བྱིན་གྱིས་རླབས་པའི་རྟགས་མཚན་ཁྱད་ པར་ཅན་དུ་གསུངས་གནང་ཉེ་བར་བསྩལ་པ་ཡང་ཇི་སྐད་དུ། ལུས་འདི་ཀ་ལཱ་པ་རུ་སླེབས་ མིན་ཀྱང༌། །དད་པའི་སེམས་ལ་རིགས་ལྡན་ཞུགས་སམ་སྙམ། །ཞེས་པ་ལྟ་བུའི་ཚུལ་གྱི་ དགེ་མཚན་ལེགས་པར་མངའ་བ་ལགས། ཡང་ལྷ་བཟོ་རྡོ་རྗེ་འཆང་གིས་འཛམ་ཐང་གཙང་ བའི་ས་ག་ཟླ་བའི་དུས་འཁོར་སྒྲུབ་མཆོད་ཀྱི་ཁྲི་འཛིན་རྡོ་རྗེ་སློབ་དཔོན་དུ་ལེགས་བཞུགས་ མཛད་དེ་གཤིན་པོ་རྗེས་འཛིན་གྱི་ལྷོ་སྒོའི་གནས་འདྲེན་གྱི་དུས་ཐུགས་སྲས་ཀྱི་ཐུ་བོ་སློབ་བུ་ རྣམ་གཉིས་ཀྱི་གྲབ་ཏུ་དམ་པ་འདི་ཉིད་ཀྱིས་དག་སྣང་སྒྱུ་མའི་ལྟད་མོ་དྲི་བྲལ་ཡེ་ཤེས་མཆོག་ གིས་གཟིགས་མོར་མཛད་པ་ན་ལྷོ ་སྒོའི་རང་དུས་སུ་བླ་མ་རྡོ་རྗེ་འཆང་ཉིད་ཀྱིས། སྐད་ཅིག་ ལ་དཔལ་དུས་ཀྱི་འཁོར་ལོ་མཁའ་དབྱིངས་ཐམས་ཅད་དུ་ཁྱབ་པའི་སྐུ་ཡབ་ཡུམ་ཟུང་འཇུག་ གི་བདག་ཉིད་ཞལ་ཕྱག་ཡོངས་སུ་རྫོགས་པ་མིག་འཕྲུལ་ལས་ཤར་བ་ལྟ་བུ་སྣང་ལ་རང་ བཞིན་མེད་པ་འོད་ཟེར་སྣ་ལྔའི་དྲྭ་བ་ཕྱོགས་བརྒྱར་འགྱེད་པ་སྐད་ཅིག་དྲན་རྫོགས་སུ་ལམ་ གྱིས་བཞེངས་ཤིང་གཤིན་པོའི་རྣམ་ཤེས་འགུགས་པའི་སྐབས་ཚེ་འདས་རྣམས་ཁ་བ་བུ་ཡུག་ འཚུབས་པ་ལྟར་བཀུགས་ཏེ་ཟབ་ལམ་འཕོ་བ་འདེབས་པའི་དུས་བླ་མ་ཉིད་སྐད་ཅིག་གིས་རྡོ་ རྗེ་རྣལ་འབྱོར་མ་སྟོང་གསུམ་གང་བ་ལྟ་བུའི་སྐུར་གནས་འགྱུར་ཏེ། གཟུགས་སྐུ་སྟོང་པའི་ གཟུགས་བརྙན་གྱི་སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་རོལ་པ་ལས་རང་འདྲའི་རྣལ་འབྱོར་མའི་སྐུ་ འབྱམས་ཀླས་པ་གཞི་དབྱིངས་དག་ཆེན་མཆོག་གི་ཀློང་ནས་སྤྱན་དྲངས་པའི་ཚུལ་གྱིས་ངོ་ མཚར་བའི་ཚོགས་ཀྱི་དགའ་སྟོན་གྱི་མཆོད་གར་བཅས་ཕཊ་སྒྲ་གསུམ་གྱིས་བདེ་ཆེན་མཁའ་ འགྲོའི་དབང་ཕྱུག་ཕྱག་རྒྱ་ཆེན་མོའི་མཁའ་གསང་ཆོས་དབྱིངས་དག་པའི་ལམ་ནས་རྒྱུད་དེ་ གཤིན་པོ་ཚེ་འདས་ཕལ་མོ་ཆེ་མཁའ་སྤྱོད་དག་པའི་ཞིང་དུ་སྐད་ཅིག་ལ་གནས་སྤར། ད་དུང་ ཤུལ་དུ་ཚེ་འདས་རྒས་པོ་ཞིག་ལྷག་འདུག་པ་དེ་ཡང་ཕཊ་སྒྲ་གཅིག་གིས་བདེ་ཆེན་མཁའ་ 6-1-364 སྤྱོད་དབང་མོའི་ཡེ་ཤེས་མཆོག་གི་མཁའ་གསང་ནས་དྲངས་ཏེ་དག་ཞིང་དུ་འདྲེན་པར་མཛད་ པའི་དག་པ་སྒྱུ་མའི་རོལ་གར་ཇི་བཞིན་མཁྱེན་པའི་ཡེ་ཤེས་ཀྱི་སྤྱན་མངའ་བའང་ཡིན་ཞིང༌། གཞན་ཡང་ཀུན་དགའ་མཉམ་ཉིད་ཞབས་པ་འཇིགས་མཛད་ཀྱི་བསྙེན་མཚམས་མཛད་ སྐབས་དམ་པ་འདིའི་ཐུགས་ཡེ་ཤེས་སྤྱན་གྱིས་མཉམ་ཉིད་ཞབས་པ་ཐ་མལ་བའི་ལུས་ གནས་འགྱུར་ཏེ་དཔལ་རྡོ་རྗེ་འཇིགས་མཛད་ཁྲོ་བོའི་རྒྱལ་པོ་སྐུ་འཇིགས་རྔམ་བཟོད་དཀའ་ བ་སྟོང་གསུམ་གང་བ་ཙམ་དུ་མཐོང་སྟེ་རང་འདྲའི་ཡེ་ཤེས་སེམས་དཔའ་སྤྱན་དྲངས་པ་ སོགས་ཇི་བཞིན་སྒྲིབ་མེད་དུ་གཟིགས་ཤིང་སྔར་སྦྱོར་དྲུག་ཉམས་ལེན་སྐབས་ནས་ཀྱང་ནང་ མཉམ་བཞག་གི་དུས་ཕྱིའི་ཡུལ་རི་མི་སྐྱ་ཕོ་མོ་སོགས་ཀྱི་གནས་ཚུལ་ཇི་བཞིན་གཟིགས་པའི་ ཏིང་ངེ་འཛིན་གྱི་གསལ་ཉམས་ཆེས་བཟང་པོ་ཤིན་ཏུ་མང་ངོ༌། །ཁྱད་པར་ལྷ་བཟོ་རྡོ་རྗེ་འཆང་ ཐུགས་ཡེ་ཤེས་ཆོས་དབྱིངས་སྐྱེ་མེད་དུ་ཟུམ་པའི་དུས་སུ་ཐུགས་སྲས་དམ་པ་ཉིད་ལ་དག་ པའི་བྱིན་རླབས་ཀྱི་གཟིགས་སྣང་ཡང་བླ་མའི་སྐུ་གདུང་ལས་ཁྲོ་བོའི་དབང་པོ་རྡོ་རྗེ་ཤུགས་ ཀྱི་སྐུ་འཇིགས་རྔམ་འབར་བ་ཆེ་ཆུང་དཔག་ཏུ་མེད་པ་ཕྱོགས་མཚམས་ཐམས་ཅད་དུ་བར་ མཚམས་མེད་པར་འཕྲོས་པའི་སྣང་བ་ལས་མེ་སྒྲ་དྲག་པོ་ལྟ་བུའི་འཇིགས་ཟིལ་བཟོད་དཀའ་ བའི་སྒྲ་མཁའ་དབྱིངས་ཀུན་ཏུ་ལྡི ར་བའི་སྣང་བ་དང༌། བར་སྐབས་སུ་བླ་མའི་སྐུའི་སྤྱི་བོ་ནས་ ཐིག་ལེ་སྔོན་པོ་ནོར་བུ་མིག་གཅིག་ལྟ་བུའི་རྣམ་པ་ཞིག་རྒྱངས་ཀྱིས་ཐོན་ཏེ་ནམ་མཁའི་ དབྱིངས་སུ་ཐིམ་སོང་བའི་སྣང་བ་དང༌། ཡང་བར་སྐབས་བླ་མའི་སྐུ་ལས་ངོ་མཚར་ཡིད་ འཕྲོག་པའི་སྙན་ཞིང་འཇེབས་པའི་སྒྲ་དབྱངས་ངོ་བོ་ཇི་བཞིན་པ་སྨྲ་མི་ཤེས་ཤིང་བརྗོད་བྱའི་ ཡུལ་ལས་འདས་པས་མཁའ་དབྱིངས་ཐམས་ཅད་དུ་ཁྱབ་སྟེ་ཐིམ་སོང་བའི་སྣང་བ་སོགས་ངོ་ མཚར་བའི་དག་པའི་གཟིགས་མོ་མཐའ་ཡས་ཤིང༌། བླ་མ་ཞིང་དུ་གཤེགས་པའི་ཕྱིས་རེ་ཞིག་ ན་དམ་པ་ཁོང་གིས་ཐུགས་སྐྱོ་ཤས་གདུང་དབྱངས་ཀྱིས་བཤུམས་ཤིང་གུས་འདུན་དྲག་པོ་ 6-1-365 འབུལ་བའི་ནུབ་ཅིག་རྨི་ལམ་གྱི་སྣང་བ་ལ་མདུན་མཁར་བླ་མ་བྱོན་ཏེ་སྐུ་མདོག་ཆེས་དཀར་ ཞིང་དྭངས་པའི་རང་བཞིན་སྐུ་སྨད་སྤྲིན་དཀར་གྱི་ནང་དུ་ནུབ་བཞིན་པའི་སྣང་བ་གསལ་བོར་ བྱུང༌། དེ་དུས་བླ་མའི་ཞལ་ནས་ད་ལན་ཁོང་མངོན་དགའི་ཞིང་དུ་འགྲོ་རྒྱུ་ཡིན། རླུང་རོ་མ་ ཁྱོད་ཡར་ལོངས་དང་གསུངས། དེ་ནས་རང་ཡར་ལང་བའི་སྣང་བ་ལ་བླ་མ་མཆོག་གིས་བྱིན་ རླབས་མཛད་པས་བདག་གི་ལུས་དཀར་སང་ངེར་གྱུར་ཏེ་རླུང་ནད་མཐའ་དག་རང་དྭངས་སུ་ སོང་བའི་གསལ་སྣང་དང་བཅས་དེ་ཕྱིས་བདེ་མོར་གྱུར་པའི་བྱིན་རླབས་ཀྱི་མཚན་མ་ལེགས་ པའང་བྱུང༌། རྗེས་སོར་འཛམ་ཐང་གཙང་བའི་གཟིམ་ཁང་དུ་ཀུན་དགའ་མཁས་གྲུབ་དབང་ པོའི་དྲུང་ནས་རྒྱལ་བའི་བཀའ་ཆོས་ཀྱི་བཀླག་ལུང་གསན་སྐབས་ཀྱང་དམ་པ་འདིས་དག་ པའི་སྣང་བར་བླ་མ་ཉིད་སྟོན་པ་ཐུབ་པའི་དབང་པོ་དངོས་ཀྱི་སྐུའི་སྣང་བ་དང༌། འཁོར་དགེ་ སློང་གི་དགེ་འདུན་རྣམས་ཀྱང་ལ་ལ་རབ་ཏུ་བྱུང་བའི་མཛད་པ། ལ་ལ་ཆོས་གསུངས་པའི་ མཛད་པ། ལ་ལ་ཤིང་དྲུང་དུ་མཉམ་པར་བཞག་པའི་མཛད་པ། ལ་ལ་གོ་འཕང་མཆོག་མངོན་ དུ་བྱེད་པའི་མཛད་པ་སོགས་རྣམ་པ་དུ་མའི་རོལ་པ་སྣ་ཚོགས་ཀྱི་གཟུགས་སྣང་བྱུང་ཞིང༌། དེ་ དག་གི་རྐྱེན་གྱིས་ཉམས་རྟོགས་ཀྱང་སྔར་ལས་རྒྱ་ཆེར་ན་འཕར་ཏེ་བོགས་བསྐྱེད་ཆེ་བར་གྱུར་ ཏོ། །ཡང་དབེན་གནས་ལྷ་རི་རྩེར་དམ་པ་དེ་ཉིད་ཀྱི་དྲུང་ནས་ཀུན་མཁྱེན་དོལ་པོའི་བཀའ་ འབུམ་གྱི་བཀླག་ལུང་གསན་དུས་སུ་ཁོང་གིས་སྔོན་གྱི་དུས་ཀུན་མཁྱེན་ཇོ་ནང་པ་ཆེན་པོས་ སྐུ་འབུམ་མཐོང་གྲོལ་བཞེངས་པའི་ཤར་གྱི་ཐིག་སྐུད་འཛིན་པ་ན་ཀུན་མཁྱེན་ཆེན་པོའི་ཕྱག་ གིས་ནམ་མཁའ་ནས་ཐིག་གདབ་པའི་ཚེ་ཕྱག་སོར་རྣམས་རྩེ་ཞིང་འདར་བའི་ཚུལ་གྱི་རྣམ་པ་ ཡིད་ལ་ཝལ་ཝལ་ད་ལྟ་འཆར་བ་ན་དབང་མེད་ཀྱི་དད་པས་ལུས་ཀྱི་སྤུ་ལོང་གཡོ་ཞིང༌། བདེ་ སྟོང་གི་རྟོགས་པའི་རྩེ་ཟིལ་བཟོད་དཀའ་བས་ཉམས་འུར་ལང་པ་བཀག་འགོག་གང་ནས་མི་ ཐུབ་པ་དབང་མེད་ཤུགས་འབྱུང་དུ་བསྐྱེད་བྱུང་བས་དེར་གནས་གཞན་དག་གི་ཡིད་སྣང་ཡང་ 6-1-366 ཕྱ་མ་ཕྱོད་དུ་དགའ་བདེའི་ཤུགས་འཕེལ་ཏེ་སྣང་བ་གཞན་དུ་འགྱུར་བར་བྱེད་པའི་བྱིན་ རླབས་ཟིལ་ཆེ་བ་ཡང་དེར་གནས་ཀུན་གྱི་མངོན་དུ་གྱུར་པའོ། །དམ་པ་ཉིད་ཀྱིས་མ་ཡུམ་ གྱི་དགེ་རྩར་ཐར་མདོ་ཀློག་འདོན་མཛད་སྐབས་ནམ་མཁའ་བར་སྣང་ཀུན་ཏུ་དེ་བཞིན་ གཤེགས་པའི་སྐུ་གཟུགས་མཚན་དཔེ་གསལ་རྫོགས་རྣམ་གསུམ་ན་བཟས་མཛེས་པ་འོད་ ཟེར་གྱི་ཕུང་པོ་འབར་བ་མཆོག་གི་སྤྲུལ་སྐུའི་རྣམ་པ་མཐའ་ཀླས་པའི་གཟིགས་སྣང་བྱུང་ ཞིང༌། བར་སྐབས་ཞིག་ན་དགོན་པའི་རྒྱབ་རིར་སྐྱོ་སངས་དུ་ཕེབས་ཏེ་བླ་མ་ལ་གུས་འདུན་མི་ ལྷོད་པས་བླ་རྣམ་ཆར་འབེབས་མ་དབྱངས་ཀྱི་རྟ་ལ་དྲངས་ནས་གསུངས་སྐབས་ནམ་མཁའ་ དྭངས་པའི་དབྱིངས་སུ་སྤྲིན་དཀར་ཞོ་གསར་སྤུངས་འདྲའི་རྩེ་ནས་ཕ་བླ་མ་ལྷ་བཟོ་རྡོ་རྗེ་ འཆང་སྐུ་མཛེས་པའི་རྣམ་འགྱུར་བཅས་བརྩེ་བ་ཆེན་པོའི་ཐུགས་ཀྱིས་དགོངས་ཏེ་དབང་བཞི་ ཡོངས་རྫོགས་བསྐུར་བས་རླབས་པོ་ཆེའི་བྱིན་རླབས་ཀྱིས་ཐུགས་ཀྱི་དགོངས་མཚོ་ཡོན་ཏན་ གྱི་རླབས་ཕྲེང་ཕྱོགས་ཀུན་ཏུ་ནས་ངོམ་པར་བྱེད་པའི་དགེ་མཚན་ཤར་རོ། །ཉིད་འཛི་རོང་ མཆོད་རྟེན་རབ་གནས་བྱེད་པར་ཕེབས་ཚེ་གནས་དེར་ངོ་མཚར་རབ་ཏུ་སྙན་པའི་མཆོད་ཆའི་ སྒྲ་དབྱངས་ཆེས་མང་པོ་གསན་ཅིང་གཞན་ཡང་ཏིང་ངེ་འཛིན་བརྟན་པའི་གསལ་སྣང་ལ་ དགོན་མདུན་གྱི་རི་ངོས་ན་གནས་པའི་སྲོག་ཆགས་ཆེ་ཕྲ་མཐའ་དག་གི་ལུས་སེམས་ཀྱི་རྣམ་ པ་མ་ལུས་པ་གསལ་བར་མཁྱེན་པ་དང་ནམ་མཁར་གནས་པའི་རྒྱུ་སྐར་སོགས་ཀྱི་གཟུགས་ སྣང་འགྱུར་ཏེ་སྣང་བ་དག་པ་སྒྱུ་མའི་འཕྲུལ་ལྟ་བུའི་གཟུགས་སྣང་རབ་འབྱམས་ཀྱིས་མ་དག་ ལུས་སྣང་ཉེ་བར་འགོག་པའི་དགའ་ཆེན་ཡེ་ཤེས་མཆོག་ལ་རྟག་པར་རོལ་པའོ། ། གཉིས་པ་རྡོ་རྗེའི་ཐེག་པ་མཆོག་གི་གསང་ཆེན་ཉེ་ལམ་མངོན་དུ་བྱས་ཚུལ་ནི། སྤྱིར་ ཐུབ་པ་མཆོག་གིས་དང་པོའི་སངས་རྒྱས་ཀྱི་སྐུར་བཞེངས་ཏེ་དག་པའི་འཁོར་ལ་འཇམ་པའི་ རྡོ་རྗེའི་འོད་གསལ་བདེ་སྟོང་ཟུང་འཇུག་གི་དོན་དམ་པའི་མཚན་ཡང་དག་པར་བརྗོད་པ་ 6-1-367 ལས། རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ། །དུས་གསུམ་དུས་མེད་རྟོགས་པ་པོ། །ཞེས་ སོགས་ཀྱིས་ལམ་འབྲས་ཀྱི་སྤྲོས་བྲལ་སྟོང་པའི་ཡེ་ཤེས་གཡོ་མེད་ཐུགས་ཀྱི་རྡོ་རྗེ་བསྟན་ ཅིང༌། ཡང་དེ་ཉིད་ལས། འགྲོ་བའི་མར་མེ་ཡེ་ཤེས་སྒྲོན། །གཟི་བརྗིད་ཆེན་པོ་འོད་གསལ་བ༑ ༑ཞེས་སོགས་ཀྱིས་ལམ་འབྲས་ཀྱི་འགྱུར་མེད་བདེ་བའི་རང་གཟུགས་རྣམ་པ་ཀུན་ལྡན་གྱི་ སྟོང་གཟུགས་ལེགས་པར་བསྟན་པས་དེ་འདྲའི་བདེ་སྟོང་ཟུང་འཇུག་མཐར་ཐུག་པ་ནི་དུས་ ཀྱི་འཁོར་ལོའི་ཐུགས་སྟེ་དེ་ལམ་དུ་བྱེད་པ་ལ་སྔོན་འབྲས་བུའི་བསྟན་པའི་དུས་སྐབས་ན་ བདེ་སྟོང་ཟུང་འཇུག་མངོན་བྱེད་རྣལ་འབྱོར་ཡན་ལག་དྲུག་པོ་རྒྱུད་ལས་བསྟན་ཚོད་ལྟར་གྱི་ ཉམས་མྱོང་ཡན་ལག་རང་རང་གི་ཐད་དེ་ཀར་སྐྱེ་ཐུབ་ཅིང་སོར་བསམ་དུ་ངག་གིས་བདེན་ ཚིག་གྲུབ་ཅིང་རྫུ་འཕྲུལ་ལ་དབང་ཐོབ་པ་སོགས་ཡན་ལག་དྲུག་པོ་རིམ་བགྲོད་ཀྱིས་ཟུང་ འཇུག་མཐར་ཐུག་པ་མངོན་དུ་བྱེད་ནུས་ལ། དེང་སང་སྙི གས་དུས་སྒྲུབ་པའི་བསྟན་པའི་ མཇུག་འདི་ལྟ་བུར་ནི་ཡན་ལག་དྲུག་པོ་རྒྱུད་ལས་བསྟན་པ་ལྟར་དངོས་གནས་སྐྱེ་ཐུབ་པ་ དཀོན་པས་རྗེས་མཐུན་པ་ཙམ་གྱི་སྟེང་ནས་ལམ་ལ་ཡང་ཡང་སྒྲུབ་པ་ནན་ཏན་བྱས་ནས་ཆུའི་ རྙོག་ལྟར་སེམས་རང་བཞིན་གྱིས་འོད་གསལ་བའི་དྲི་མ་རིམ་གྱིས་སྦྱངས་ཏེ་ཟུང་འཇུག་ མཐར་ཐུག་གི་ཡེ་ཤེས་མངོན་དུ་བྱེད་དགོས་པ་དེ་བས་ན་འདིར་ཡང་དམ་པ་མཆོག་གིས་ ལས་དང་པོ་པའི་ཚུལ་གྱིས་ཡན་ལག་དྲུག་ལ་ཉམས་ལེན་བྱེད་སྐབས་དེང་དུས་དང་བསྟུན་ ནས་ལམ་རྣམས་ལ་གཙོ་བོར་རྗེས་མཐུན་པའི་མངོན་རྟོགས་བསྐྱེད་པའི་ཚུལ་གྱིས་རིམ་པར་ སློབ་པ་སྟེ། དེ་ཡང་ཐོག་མར་དམ་པ་འདི་སྦྱོར་དྲུག་ལ་བཞུགས་སྐབས་ནས་བཟུང་མི་འགྱུར་ བདེ་བའི་རང་གཟུགས་སྟོང་གཟུགས་ཕྱག་ཆེན་གྱི་ངོ་བོ་དེང་དུས་དང་མཐུན་པའི་བློ་དང་ འཚམས་པར་རིམ་གྱིས་སྟོང་གཟུགས་སྣ་ཚོགས་ཀྱི་སྣང་བ་སྔོན་འགྲོའི་ཕྱག་གི་སྐབས་ནས་ ཀྱང་བྱུང་བ་སོགས་སྦྱང་བ་སྔོན་སོང་གི་མྱོང་རྟོགས་དུས་སུ་སྨིན་པ་དེ་ལྟ་བས་ན་དམ་པ་ 6-1-368 མཆོག་གི་ཐུགས་ཉམས་སུ་ལམ་རྫོགས་པའི་རིམ་པ་ཡན་ལག་དང་པོ་སོ་སོར་སྡུད་པའི་རྣལ་ འབྱོར་གྱི་མྱོང་རྟགས་ཁྱད་པར་བ་མངའ་བའི་ཚུལ་ཡང་སྤྱིར་མཉམ་བཞག་སྐབས་རླུང་ སེམས་དབུ་མར་འདུ་བའི་བྱེད་ལས་སུ་ཤར་བའི་འོད་གསལ་རྟགས་བཅུའི་སྣང་བ་དུས་ཀྱི་ འཁོར་ལོ་དང༌། རྒྱུད་སྡེ་གཞན་བདེ་གསང་འཇིགས་གསུམ་སོགས་ངེས་པ་མེད་པའི་རྒྱུད་ སྡེའི་ལྷ་དཔའ་བོ་དང་དཔའ་མོ་དྭངས་ཤིང་གསལ་བ་སྣང་བའི་མཐའ་ཡས་པ་སྨྲ་བརྗོད་ཀྱི་ ཡུལ་ལས་འདས་པས་དུས་འདའ་ཞིང་དེ་མ་ཟད་རྗེས་ཐོབ་དུ་ཡང་སྟོང་གཟུགས་ཀྱི་སྣང་བ་ འབྱམས་ཀླས་ཚུལ་གོང་སྨོས་ལྟར་དང༌། འདི་སྐབས་ཀྱི་གནས་ལུགས་སྤྲོས་བྲལ་མི་རྟོག་པ་ རྗེན་པར་ཤར་ཏེ་མངའ་བརྙེས་ཚུལ་ཡང་དམ་པ་ཉིད་ཀྱི་ཞལ་ནས་སློབ་བུ་འགའ་ལ་བར་ སྐབས་རེ་གསུང་ཟུར་གནང་བ། བདག་གིས་ནི། རྒྱུད་ལས། སོ་སོར་སྡུད་པ་ཕྱག་རྒྱ་ཆེ། །ནམ་ མཁའ་སྟོང་པའི་མཚན་ཉིད་དོ། །ཅེས་གསུངས་པའི་དོན་དེ་རྟོགས་པ་རང་རེད། སོགས་ཀྱིས་ མཚོན་ཏེ་དམ་པ་ཁོང་ཉིད་སྔར་གཙང་བའི་སྒྲུབ་གྲྭ་གོང་ན་བཞུགས་སྐབས་ཐུགས་ཀྱི་རང་ མདངས་ཤིན་ཏུ་འོད་གསལ་ཞིང་གསལ་སྟོང་བརྗོད་དུ་མེད་པ་ཀུན་ཁྱབ་ནམ་མཁའི་དབྱིངས་ ལྟ་བུ་རྒྱ་ཆད་ཕྱོགས་སུ་མ་ལྷུང་བ་མཐའ་དབུས་ཀུན་བྲལ་སོ་སོར་རང་རིག་ཡེ་ཤེས་ཉག་ གཅིག་གི་སྤྱོད་ཡུལ་འབའ་ཞིག་ཐུགས་ཉམས་སུ་ཤར་སྐབས་ཚུལ་དེ་ཀུན་དགའ་མཁས་གྲུབ་ དབང་པོ་ལ་ཞུས་པས་ཁོང་གི་ཞལ་ནས། ཁྱོད་འཕགས་པའི་ས་ཞིག་བགྲོད་རྟགས་རེད། དེའི་ རྒྱུན་སྐྱོང་དང་དེ་ལས་གོ་རྒྱུ་མེད་ཅེས་གསུངས་པ་ཡང་ཀུན་མཁྱེན་ཇོ་ནང་པ་ཆེན་པོས། སྟོང་ ཉིད་མངོན་སུམ་གྱུར་པ་ཡི། །སོ་སོར་སྡུད་པ་སྒོམ་པར་ཤོག །ཅེས་གསུངས་པའི་དགོངས་པ་ ལྟར་རང་ལུགས་སྤྲོས་བྲལ་མི་རྟོག་པ་མཚན་མེད་ཀྱི་སྟོང་པ་ཉིད་དང་འོད་གསལ་སྟོང་པའི་ གཟུགས་བརྙན་སྣ་ཚོགས་པའི་སྣང་བ་མཚན་བཅས་ཀྱི་སྟོང་པ་ཉིད་གཉིས་ཟུང་དུ་འཇུག་ པའི་སྒོ་ནས་བློས་བྱས་སྒྲ་སྤྱི་དང་བྲལ་བར་བློ་ཚོད་ལ་ལྟོས་ནས་ཐོག་མར་མངོན་དུ་གྱུར་པའི་ 6-1-369 སོ་སྐྱེས་བློས་བྱས་ཀྱི་ཡུལ་ལས་འདས་པའི་གནས་ལུགས་ཡེ་ཤེས་ཀྱི་རང་ཞལ་བལྟ་གནས་ མཆོག་སྟེ་འདི་ལས་བལྟ་གནས་གཞན་དེ་ལྷག་ལོགས་ན་མེད་ཚུལ་གྱི་ངོ་སྤྲོད་ཉམས་མྱོང་གི་ སྒོ་ནས་མཛད་པ་སྟེ་རྗེ་བཙུན་རིན་པོ་ཆེའི་རང་ལུགས་དུས་འཁོར་སྐབས་ཀྱི་འཕགས་པ་ དངོས་ནི་ཡན་ལག་དྲུག་པ་ཏིང་ངེ་འཛིན་མཐར་ཕྱིན་པ་ན་ཡིན་པས་དེ་དང་མི་འདྲའོ། །ཡང་ དམ་པ་ཉིད་ཀྱིས་སྨྲ་བའི་དབང་ཕྱུག་ཐུབ་བསྟན་དགེ༵་ལེ༵གས་རྒྱ༵་མཚོ༵འི་ཞབས་དྲུང་དུ། ཞུ་ ཕུལ་སྐབས་སྔོན་རང་གི་སེམས་གནས་ཀྱི་རང་བཞིན་ལ་སྟོང་གཟུགས་ལྷ་སྐུ་སོགས་ཀྱི་སྣང་ བ་ཡོད་ཀྱང་ད་ལན་ནི་ནམ་མཁའ་ལྟ་བུའི་འཛིན་མེད་འབའ་ཞིག་ལས་ཅི་ཡང་གོ་རྒྱུ་ཤེས་རྒྱུ་ མེད་པའི་ཐད་ནས་ཉམས་ལེན་ལ་དོགས་གཅོད་ཞིབ་ཏིག་ལེགས་ཞུས་མཛད་ཚེ། ཁོང་གི་ ཞལ་ནས། ཀུན་མཁྱེན་རྗེ་ཇོ་ནང་པའི་རང་ལུགས་ལ་ཐོག་མར་གནས་ལུགས་ལ་མཉམ་པར་ བཞག་སྐབས་འཛིན་མེད་ཡང་དག་ཡོང་དཀའ་ཞིང་འཛིན་པ་གཏད་ཞེན་སོགས་བཅོས་མ་ ཀུན་བྲལ་གྱི་སྤྲོས་བྲལ་མི་རྟོག་པ་ཉག་གཅིག་རང་ལུགས་ལ་ཉེས་ཀུན་གྱི་རྩ་བའི་གཉེན་པོ་ ཉིད་དུ་ངེས་པས་དེ་ཇི་བཞིན་བསྒོམ་པས་གོམས་པ་ཀློང་དུ་གྱུར་པ་ན་ཐོག་མར་ཅི་ཡང་སྒོམ་ དུ་མེད་པ་དང་བསྒོམ་བྱ་བོར་བ་དང་གནས་ལུགས་བོར་བ་སོགས་ཀྱི་སྣང་བ་འཆར་སྲིད་ཀྱང་ དེ་སྐབས་རང་ལུགས་འཛིན་མེད་མི་རྟོག་པའི་གདེང་ལ་སླེབས་པ་ཡིན་པས་དབྱིངས་དེའི་ ངང་ནས་ཤིན་ཏུ་དྭངས་པའི་སྟོང་པའི་གཟུགས་བརྙན་གཞོན་ནུ་མས་པྲ་ཕབ་པ་ལྟ་བུའི་སྲིད་ གསུམ་དྭངས་པ་ཞེས་པའི་རང་གཟུགས་མྱོང་སྣང་མཐའ་དག་དབྱིངས་སུ་ནུབ་བཞིན་པར་སོ་ སོར་རང་རིག་ཡེ་ཤེས་འགྱུར་མེད་བདེ་བའི་རང་བཞིན་གྱིས་སྤྱོད་ཡུལ་དུ་མངོན་པ་ཞིག་ངེས་ པར་དགོས་པ་ཡིན་ཕྱིར་འདི་སྐབས་གནས་ལུགས་ཡང་དག་བོར་བ་མིན་པར་ཤིན་ཏུ་ངེས་ ཚབ་ཆེ་བ་སྤྲོས་མེད་ཀྱི་ངང་དུ་རྙེད་པ་མཆོག་ཏུ་གྱུར་ཚུལ་གྱི་ཞལ་གྱི་གདམས་པ། ཀུན་ མཁྱེན་ཆོས་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །གང་གི་ཞལ་གྱི་གདམས་པ་ཀུན་གྱི་མཆོག 6-1-370 །སོགས་ཀྱི་ཞལ་གདམས་ངོ་སྤྲོད་ཀྱི་ཚུལ་དུ་ལེགས་པར་གསུངས་སོ། །གཞན་ཡང་རྗེ་བཙུན་ རྭ་ལོའི་རྣམ་འཕྲུལ་རང་ལུགས་འཛིན་པ་ཀུན་དགའ་ལུང་རྟོགས་རྒྱ་མཚོའི་དྲུང་དུ། དམ་པ་ ཉིད་ཀྱིས་ཁོང་གི་ཐུགས་སྣང་འོད་གསལ་ཆོས་དབྱིངས་ཉག་གཅིག་འཁོར་འདས་དབྱེར་མེད་ ཀྱི་རང་བཞིན་རྒྱལ་བ་ཐམས་ཅད་གཞི་དབྱིངས་ཡེ་ཤེས་ཀློང་གཅིག་གི་ངང་དུ་མྱོང་བས་ངེས་ ཐག་ཆོད་པ་ཞིག་གི་རྟོགས་འབུལ་ཞུས་ཚེ་བླ་མ་གང་གི་ཞལ་ནས། ཁྱོད་ཀྱི་ཉམས་ལེན་འདི་ ཇོ་ནང་རང་ལུགས་ཀྱི་གཞི་དབྱིངས་ཆོས་སྐུ་དགོངས་གཅིག་གི་དེ་ཉིད་ལ་མྱོང་བས་ངེས་པ་ བཟང་པོ་ཞིག་འཁྲུངས་པ་ཡིན་པའི་ཚུལ། ཇི་སྐད་དུ། སངས་རྒྱས་ཀུན་གྱི་ཡེ་ཤེས་རྒྱ་མཚོ་ དང༌། །རྣམ་པ་ཀུན་ཏུ་རོ་གཅིག་འགྱུར་བར་ཤོག །ཅེས་པ་ལྟ་བུའི་དགོངས་པ་རྙེད་ངེས་རེད་ གསུངས་ནས་ཐུགས་མཉེས་ཆེན་པོ་རང་ཡང་མཛད་པ་སོགས་ལ་བསམ་ན་དམ་པ་འདིས། ཇི་སྐད་དུ། མདོ་དོན་མཐར་ཐུག་གཞན་སྟོང་དབུ་མ་དང༌། །རྒྱུད་དོན་མཐར་ཐུག་རྡོ་རྗེའི་རྣལ་ འབྱོར་གྱི། །ལྟ་སྒོམ་འབྲེལ་བའི་ལམ་གྱི་གནད་བཟུང་ནས། །ཞེས་པ་ལྟ་བུའི་རྣམ་པར་ཐར་ པ་ཕུལ་བྱུང་ཞིག་ངེས་པར་བདག་གིར་མཛད་འདུག་པ་གོར་མ་ཆག་གོ་སྙམ་སེམས་པས་ཡིད་ ཆེས་ཀྱི་དད་པ་དབང་མེད་དུ་འཕེལ་ལོ། །ཡང་དམ་པ་གང་ལ་ཡན་ལག་གཉིས་པ་བསམ་ གཏན་གྱི་རྣལ་འབྱོར་མངའ་བ་ཡང༌། ཁོང་གི་ཉམས་སྣང་གི་སྟོང་གཟུགས་ལ་ཐིག་ལེ་རེ་ཁ་ ནག་པོ་ཤིན་ཏུ་ཕྲ་ཞིང་དྭངས་པའི་ནང་དུ་སྟོང་གསུམ་གྱི་བཀོད་པའི་སྣང་བ་དང༌། ལྷ་སྐུ་རབ་ འབྱམས་ཀྱི་གཟུགས་སྣང་ཁྱད་པར་བ་ཡོད་པར་ལྷ་བཟོ་རྡོ་རྗེ་འཆང་གི་ཞལ་ནས་རང་གི་སྐུ་ ཚ་ཆོས་ཉིད་ལ་གསུངས་ཤིང༌། དེ་ཡང་བསྡུས་རྒྱུད་ལས། རེ་ཁ་ནག་པོ་དྲི་མེད་འོད་ཟེར་འཕྲོ་ བ་དུས་ཀྱི་རྩ་ལ་མཐོང་བར་གྱུར་གྱི་བར་དུའོ། །ཞེས་གསུངས་པ་དང་མཐུན་པ་སྟེ། འདི་ བསམ་གཏན་མ་ཟད་སྲོག་འཛིན་གཉིས་ཀའི་རྟགས་སུ་འགྲོ་ཚུལ་ཡོད། གཞན་ཡང་སྟོང་ གཟུགས་ཆེས་གསལ་བའི་ཤུགས་ཀྱི་ཐིག་ལེ་ཡུངས་འབྲུ་ཙམ་གྱི་ནང་དུ་དུས་ཀྱི་འཁོར་ལོའི་ 6-1-371 རྟེན་དང་བརྟེན་པའི་དཀྱིལ་འཁོར་མཐའ་དག་མ་འདྲེས་གསལ་བའི་རང་བཞིན་དུ་མཐོང་བ་ ཡོད་པར་ཉིད་ཀྱི་གསུང་ཟུར་ལས་ཐོན་པ་དང༌། ཁམས་ལྔའི་དྭངས་མ་ལས་ཤར་བའི་ངེས་ པ་ལྔ་ལྡན་གྱི་ཐིག་ལེ་ཆེས་ཤིན་ཏུ་གསལ་འཚེར་ཕྲ་ཞིང་འདར་བའི་ཉམས་ཅན་ཟིལ་བཟོད་ དཀའ་བའི་གཟིགས་སྣང་དམ་པ་འདི་ལ་མངའ་བར་ཀུན་དགའ་ལུང་རྟོགས་ཞབས་པས་ གསུངས་པ་སོགས་ཀྱིས་ཤེས་ནུས་ལ། དེ་དག་ཀྱང་འདིར་མ་ཟད་གོང་འོག་ཏུ་འཆར་ཚུལ་ འདྲ་མིན་ཅི་རིགས་ཡོད་ཅིང་དེ་ཀུན་ཇི་བཞིན་མཐོང་ཚེ་མིག་གིས་གཟུགས་ལ་བལྟ་བ་ལྟ་བུ་ མ་ཡིན་པར་མཚན་འཛིན་སྤྲོས་སྣང་གིས་མ་བསླད་པར་དབྱིངས་སྐྱེ་བ་མེད་པའི་ངང་ནས་ཇི་ བཞིན་ཡིན་ལུགས་སྨྲ་མི་ཤེས་པའི་ཚུལ་གྱིས་མཐོང་བ་སྟེ། ཇི་སྐད་དུ། སྐྱེ་བ་མེད་པ་མཐོང་བ་ ནི། །གཞོན་ནུ་མ་ཡི་བུ་ཇི་བཞིན། །ཞེས་པ་ལྟར་རོ། །ཡང་དམ་པ་མཆོག་གི་ཐུགས་ཉམས་སུ་ ཡན་ལག་གསུམ་པ་སྲོག་རྩོལ་གྱི་རྣལ་འབྱོར་ཡང་བཞེས་པ་སྟེ། དམ་པ་ཉིད་སྔར་ལྷ་བཟོ་རྡོ་ རྗེ་འཆང་གི་མདུན་ནས་སྦྱོར་དྲུག་འཁྲུལ་འཁོར་འགབ་མར་བཞུགས་དུས་སུ་ཉམས་སྣང་ལ་ རང་ལུས་ཀྱི་རྩ་འཁོར་དྲུག་པོ་གསལ་བོར་གཟིགས་ནས་དེ་དག་གི་ནང་དུ་དུས་ཀྱི་འཁོར་ ལོའི་དྲུག་བརྒྱ་སོ་དྲུག་གི་ལྷ་རྣམས་མཐོང་བ་ལས་སྟེང་ཕྱོགས་ཀྱི་འཁོར་ལོ་གསུམ་གྱི་ལྷ་ རྣམས་དབུ་ཐུར་བསྟན་དུ་གཟིགས་པར་ཚུལ་དེ་བླ་མ་ལ་ཞུས་པས། ཞལ་ནས། རྩ་འཁོར་ སྟེང་མ་གསུམ་ཐུར་བསྟན་གྱི་ཚུལ་དུ་ཡོད་པས་གཟིགས་ཚུལ་དེ་ལུགས་ལྟར་དང་སྲོག་རྩོལ་ གྱི་ཉམས་ཆ་ཤས་སམ་རྗེས་མཐུན་པ་སྐྱེས་པའི་རྟགས་སུ་གསུངས་ཤིང༌། ཡང་ས་དམར་བླ་ མ་ལ་རྟོགས་འབུལ་བཀྱགས་སྐབས་ཀྱི་ཉམས་སྣང་རང་གི་ལུས་དང་སྟོང་གཟུགས་དབྱེར་ མེད་ཀྱི་ངང་ནས་སྟོང་གཟུགས་དཔག་ཏུ་མེད་པ་ཡར་མཆེད་པ་མཁའ་ལ་ན་བུན་བཞིན་གོ་ མཚམས་མེད་པར་གྱུར་པ་སྟོང་གཟུགས་ཕྲ་བ་རེ་རེའི་ནང་དུའང་ལྷ་སྐུ་དང་ཐིག་ལེ་གྲངས་ མེད་གསལ་ལམ་པ་གཡོ་བའི་རང་བཞིན་ཅན་མཐའ་ཀླས་པ་སྐད་ཅིག་རེ་ནས་ཁ་བ་བབས་ 6-1-372 པ་ལྟར་སླར་རང་ལུས་ལ་ཐིམ་སོང་བས་བདེ་སྟོང་ཞུ་བདེ་འདྲེས་མས་ལུས་སེམས་སིམ་པར་ བྱེད་པ་དེ་དག་ཀུན་ཀྱང་སྐབས་འདིའི་རྟགས་སུ་མངོན་ནོ། །ཡང་དམ་པ་ཉིད་ཀྱི་ཐུགས་ལ་ ཡན་ལག་བཞི་པ་འཛིན་པའི་རྣལ་འབྱོར་གྱི་ཉམས་ལེན་མངའ་ཚུལ། དམ་པ་འདིའི་ལྟེ ་བ་ སྤྲུལ་པའི་འཁོར་ལོ་རྩ་འདབ་དྲུག་ཅུ་རྩ་བཞིའི་ནང་དུ་ཚེས་ཀྱི་ལྷ་སུམ་བརྒྱ་དྲུག་ཅུའི་ གཟུགས་སྣང་བརྟན་པོ་རྣམ་པ་དུས་ཀུན་ཏུ་ཡོད་པར་ལྷ་བཟོ་རྡོ་རྗེ་འཆང་གི་ཞལ་ནས་གཙང་ སྐུ་ཆེན་ཀ༵རྨ༵་མཐུ༵་སྟོ༵བས་རྣམ༵་རྒྱ༵ལ་ལ་ལེགས་གསུང་བསླུ་མེད་ཀྱི་གནང་བ་བཞིན་དང༌། ཡང་བར་སྐབས་སུ་རང་ལུས་ནང་གི་རྩ་རོ་རྐྱང་དབུ་མ་གསུམ་ལས་ལྷ་སྐུ་དང་ཐིག་ལེ་ཁ་དོག་ རྣམ་པ་དྲུག་གི་རང་བཞིན་དུ་ཕྱོགས་མཚམས་ཐམས་ཅད་དུ་ཆེས་ཆེར་ཉེ་བར་མཆེད་དེ་ མཁའ་དབྱིངས་མཐའ་དག་ལ་གོ་མཚམས་མེད་པར་ཁྲིག་མེར་གྱིས་ཁྱབ་སླར་ཡང་དེ་ཐམས་ ཅད་རང་ལུས་ལ་ཐིམ་པའི་ཚེ། རང་གི་ལུས་ནང་གི་རྩ་འཁོར་ལོ་དྲུག་པོ་རེ་རེའི་ནང་དུ་རང་ མདོག་དང་མཚུངས་པའི་ལྷ་སྐུ་རེ་རེ་བཞུགས་པ་རྣམས་དང་དབྱེར་མེད་རོ་གཅིག་ཏུ་སོང་ བའི་སྣང་བ་སོགས་གནས་དྲུག་གི་མི་ཤིགས་པའི་ཐིག་ལེ་ལྷའི་ངོ་བོར་རང་ཤུགས་ཀྱིས་སྣང་ བ་ལ་རླུང་སེམས་ཀྱི་འཇུག་པ་ཉེ་བར་ཐིམ་ཞིང་བརྟན་པའི་ཉམས་སྣང་དཔག་མེད་མངའ་ བའོ། ། དེ་འདྲའི་སྒོ་ནས་ཞུ་བདེའི་ཉམས་བརྗོད་མི་ཤེས་པ་སྐྱེས་པའི་སྣང་བ་གང་དག་ནི་ཁོང་ ལ་ཀུན་དགའ་མཉམ་ཉིད་ཞབས་པའི་ཉམས་མྱོང་གིས་འཛིན་པ་རྗེས་མཐུན་གྱི་ཉམས་སུ་ ངོ་སྤྲོད་ལེགས་པར་མཛད་པས་ཀྱང་སྐབས་འདིའི་རྟགས་སུ་ངེས་ནུས། ཡང་སྔགས་ཀྱི་རིག་ པ་འཛིན་པའི་རྣལ་འབྱོར་པ་ཉིད་ཡན་ལག་ལྔ་པ་རྗེས་དྲན་གྱི་རྣལ་འབྱོར་མཆོག་ལ་ཉེ་བར་ གནས་པའི་རྟགས་མཚན་ཁྱད་པར་བ་ཡང༌། དམ་པ་གང་གིས་སློབ་བུ་སྐལ་ལྡན་འགའ་ལ་ ཞལ་གསུང་གནང་བ། ད་ནི་བདག་གི་ལུས་གདོས་བཅས་ཀྱི་སྣང་བ་འདི་ཀ་ཉིད་ཡེ་ཤེས་ཀྱི་ 6-1-373 སྐུ་དུས་ཀྱི་འཁོར་ལོ་ཞལ་ཕྱག་ཡོངས་སུ་རྫོགས་པ་ཞིག་ཏུ་རང་སྣང་ལ་ངེས་པར་གྱུར་ཡོད། རང་བཞིན་འོད་གསལ་སེམས་ཀྱི་གནས་ལུགས་ཉག་གཅིག་གི་དབྱིངས་ནས་ཡི་དམ་བྱེ་བ་ རབ་འབྱམས་རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་མ་ལུས་པའི་བཀོད་པ་ཅིར་ཡང་སྤྲོ་བར་མཛད་ པ་ལ་སྐད་ཅིག་རེ་ནས་ཐམས་ཅད་འགྲུབ་ནུས་པས་ད་ནི་ལྷ་གང་གི་ངོ་བོ་ཡང་མོས་སྒོམ་གྱི་ བློས་བྱས་མི་དགོས་འདུག་བདག་གི་རྒྱུད་ལ་རྗེས་དྲན་གྱི་རྟོགས་པ་རྗེས་མཐུན་པ་རེ་སྐྱེས་པ་ རེད། ཅེས་གསུངས་པ་བསླུ་བ་མི་མངའ་བའི་བཀའ་ཡང་དག་པའོ། །ཚུལ་དེ་ཀ་ལྟར་གྱིས་ རྡོ་རྗེའི་རྣལ་འབྱོར་ཟབ་མོའི་ཉེ་ལམ་སྒོམ་པ་པོ་གང་དག་ནི་མིག་འཕྲུལ་བཞིན་དུ་འབད་མེད་ ཉེ་བར་གྲོལ་བའི་ཟུང་འཇུག་ཡེ་ཤེས་མཆོག་གི་གོ་འཕང་བརྙེས་པ་ལ་དཀའ་ཚེགས་ཅི་ཞིག་ ཡོད་དེ། རྡོ་རྗེ་འཆང་གིས་གདམས་པའི་ཉེ་ལམ་ལ་དབང་འབྱོར་ཟིན་པའི་ཕྱིར་རོ། །གཞན་ ཡང་དམ་པ་ཉིད་ལ་ཀུན་རྫོབ་ཆོས་ཀྱི་ཡིན་ལུགས་ལ་བརྫུན་པ་བསླུ་བའི་ཆོས་སྒྱུ་མ་རྨི་ལམ་ ལྟ་བུའི་སྣང་བ་དང༌། མཉམ་བཞག་གཅིག་གིས་སྟོང་གཟུགས་རྒྱལ་བ་གཙོ་འཁོར་གསུམ་ གྱི་གཟུགས་སྣང་ལས། ངེས་འབྱུང་དང་སྙི ང་རྗེ་སོགས་མངོན་པར་རྟོགས་པའི་རིམ་པ་ན་ འཕར་ཚུལ་སྐུ་ཚེ་སྨད་དུ་གཉིད་འོད་གསལ་འབའ་ཞིག་གི་སྣང་བར་སོང་ཚུལ་གང་སྣང་ གིས་སྐྱོན་ལས་དག་སྣང་ཆེན་པོས་འཁོར་ཡུག་དུ་དུས་འདའ་ཚུལ་སོགས་དང༌། གོང་སྨོས་རྡོ་ རྗེའི་ཐེག་པའི་ལམ་གྱིས་ད་དུང་ཐུགས་མཚོར་འདི་ལྟར་གང་ཆོག་པའི་དཔྱད་པ་དང༌། ཉིད་ ཀྱི་ཞལ་ནས་ཁོང་ཇོ་ནང་པ་ཆེན་པོ་ཡབ་སྲས་གང་རུང་གི་སྐུ་སྐྱེ་ཡིན་ཆོག་ཚུལ་གསུངས་པ་ སོགས་ཞིབ་བཤད་རེ་ཡོད་སྣང་ཡང་ཤིན་ཏུ་དཔག་དཀའ་ཟབ་གསང་ལྐོག་གྱུར་གྱི་གནས་ ཡིན་པས་རེ་ཞིག་དེ་ཙམ་ལས་མ་སྤྲོས་སོ། ། གསུམ་པ་གྲུབ་འབྲས་འཕྲལ་སྣང་ལེགས་པའི་དགའ་སྟོན་འགྱེད་ཚུལ་ནི། དེ་ལྟར་དམ་ པ་མཆོག་གི་རྒྱལ་བསྟན་སྙི ང་པོ་ཐུགས་ཀྱི་བཅུད་དུ་ཉེ་བར་གཏམས་པས་དེ་གང་འགྲོ་བ་མང་ 6-1-374 པོའི་བསོད་ནམས་ཀྱི་ཞིང་དུ་འདྲེན་པ་གཅིག་པུར་གྱུར་པ་གང་དེ་ལ་བསྟན་སྲུང་ཆོས་སྐྱོང་ བའི་སྲུང་མ་མཐའ་དག་གི་བུ་བཞིན་བརྩེ་གཟིགས་རྒྱུན་ཆད་མེད་ཅིང་བྲན་ལྟར་བགོ་བ་མ་ ལུས་པ་སྒྲུབ་པ་ཆོས་ཉིད་མི་བསླུ་བ་སྟེ། རྒྱལ་བའི་སྤྱན་སྔར་ཆོས་བཞིན་སྤྱོད་པ་ལ་དེ་ལུགས་ ཀྱི་གཡར་དམ་ནམ་ཡང་མི་ལྷོ ད་པ་རྡོ་རྗེའི་ཚིག་གིས་བྲོ་བོར་བས་སོ། ། དེས་ན་དམ་པ་གང་ཉིད་སྔར་ཨ་སྐྱོང་གོང་མ་སོགས་ཀྱི་ཡུལ་སྡེ་ལ་འཚེ་བའི་དུས་ཟིང་ ལང་སྐབས་བསྲུང་རིམ་གྱི་ཆེད་འཛམ་ཐང་གཙང་བའི་མགོན་ཁང་དུ་མགོན་པོའི་གཏོར་ བཟློག་མཛད་པར་ཕེབས་དུས་ཉིད་ཀྱི་དག་སྣང་དུ་མགོན་པོ་ལྷ་དམག་བྱེ་བ་གནམ་ས་བར་ སྣང་ཀུན་ཏུ་ཁྱབ་པར་སྤྲོ་བའི་གཟིགས་སྣང་ཁྱད་པར་བ་དང་བཅས་བསྟན་སྲུང་གིས་ཕྲིན་ ལས་སྒྲུབ་ངེས་ཀྱི་དགེ་མཚན་ཤར་ཞིང༌། ཕྱིས་སུའང་བྱ་ཡུར་དགོན་དུ་བཞུགས་སྐབས་ མཚམས་གྲྭ་པ་འགའ་རེ་ལ་གནོད་འཚེའི་རྐུན་མ་བྱུང་དུས་བསྟན་པ་ལ་གནོད་བྱེད་རྣམས་ ལ་བཟོད་པར་བྱ་མི་རུང་ཞེས་ཁོང་གི་ཐུགས་ཁྲོས་པའི་ཚུལ་གྱིས་ཞག་འགའ་ལ་མཐུ་ལས་ མཚོན་ཙམ་བྱས་པས་ཀྱང་ཁོང་གི་གཟིམ་ཁྲིའི་འོག་ནས་བཀའ་སྲུང་ཁྱབ་འཇུག་ཆེན་པོ་མུ་ ཟིའི་དུག་རླངས་ཀྱི་དྲི་ངན་ཤུགས་བཙན་པ་འཇིགས་པའི་སྒྲ་ཆེན་བཟོད་ཐབས་དཀའ་བ་དང་ བཅས་དྲེགས་པའི་འཇིགས་གཟུགས་དམར་ནག་གློག་ཞགས་ལྟར་འཁྱུགས་ཏེ་ཉམས་པའི་ དགྲ་ལ་མ་རུངས་དུག་རླངས་ཀྱིས་གཟེར་མདའ་ཐོག་ལྟར་ཕོག་པའི་རྟགས་མཚན་ཟིལ་ཆེ་ ཞིང་འཇིགས་རྔམས་འབར་བ་ཀུན་གྱི་མཐོང་སྣང་དུ་གྱུར་པ་སོགས་དམ་པ་གང་གི་ཕྲིན་ལས་ སྒྲུབ་པའི་སྲུང་མ་རྣམས་ཀྱང་ནམ་དགོས་དུས་སུ་དྲག་རྩལ་གྱི་ཤུགས་ནམ་ཡང་གཡེལ་བ་མི་ མངའ་བའོ། ། སྨྲས་པ། གང་ཐུགས་གཉུག་མ་འོད་གསལ་དྭངས་པའི་དབྱིངས། ། 6-1-375 སྣ་ཚོགས་གཟུགས་སྐུའི་རོལ་པ་མུ་མཐའ་བྲལ། ། མ་འདྲེས་སྣང་བའི་དགའ་སྟོན་ཟླ་མེད་པ། ། སྲིད་ན་མི་སྲིད་དོན་དམ་སྲིད་པའི་གར། ། ཡིད་མཁར་ཐུགས་རྗེའི་ཆུ་འཛིན་གཡོ་བའི་ཟིལ། ། ཟད་མེད་ཉམས་མྱོང་གྲུ་ཆར་འཇོ་བའི་དཔྱིད། ། སྐལ་བཟང་བློ་ཡི་འཛིན་མར་རོལ་པ་འདིས། ། གྲུབ་འབྲས་རླབས་ཕྲེང་འཕྱུར་བའི་མཚོ་ཆེན་གྲུབ། ། ཐུགས་བཟང་སྔོ ་བསང་མཛེས་མ་འཛུམ་པའི་མདངས། ། ཡེ་ཤེས་འོད་གསལ་ནམ་མཁའི་ནོར་བུ་འབར། ། ལེགས་གཟུགས་རླུང་གི་རྒྱལ་མཚན་གཡོ་བའི་ཟོལ། ། རབ་གསལ་སྣང་བའི་མདངས་འོད་སུ་ཡིས་འགོག། ། ཀུན་མཁྱེན་རིག་འཛིན་དགྱེས་པའི་འོད་དཀར་ཅན། ། མ་དག་རྡུལ་ཁམས་འོད་ཀྱི་གོང་བུར་བསྡུ། ། དག་ཆེན་སྒྱུ་མ་སྐུ་ཡི་ལང་ཚོ་བདོ། ། རྣམ་ཀུན་འཕྲུལ་གྱི་བྱེད་པོར་འོས་སམ་ཅི། ། ནམ་མཁའ་སྟོང་པའི་ཆུ་སྐྱེས་གཟི་བརྒྱ་ཡི། ། བདེ་ཆེན་ཡང་བཅུད་བདུད་རྩིའི་ཟིལ་གྱི་རོས། ། ཡིད་དགའ་བུང་བ་མྱོས་པའི་གཤོག་སྒྲའི་གདངས། ། རང་བྱུང་རྡོ་རྗེའི་གླུ་དབྱངས་འགོག་མེད་ཐལ། ། མངོན་པར་རྟོགས་པ་གསང་ཆེན་ཡེ་ཤེས་རྩལ། ། 6-1-376 དཔག་ཡས་ཐུགས་ཀྱི་ཡོན་ཏན་དཔོག་དཀའ་བ། ། བདེ་བ་དགའ་ཆེན་ཀུན་བཟང་འཁོར་ལོ་ཅན། ། ཐ་མལ་ཟློ ས་གར་འཛིན་འདི་ཐབས་ཚུལ་ཡིན། ། རྡོ་རྗེའི་ངག༵་མཆོག་གཞོམ་མེད་ནཱ་དའི་དབྱངས། ། གསང་གསུམ་ཐུགས་ཀྱི་འཁོར་ལོས་དབ༵ང་བསྒྱུར་བ། ། ཡང་སྙི ང་བསྟན༵་པ༵འི་དྭངས་བཅུད་ཡོངས་བསྐྱིལ་ཏེ། ། གསང་ཆེན་དགེ་ལེགས་ར༵བ་རྒྱ༵ས་འདི་ཀོ་རྨད། ། ཅེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། ། ༈ རྩ་བའི་ས་བཅད་བཞི་པ་བསྟན་འགྲོའི་དོན་དུ་གཞན་གང་དག་ལ་ཐེག་པ་མཆོག་གི་ དགའ་སྟོན་འགྱེད་པའི་རྣམ་པར་ཐར་པ་བརྗོད་པར་བྱ་སྟེ། དེ་ལའང་རྒྱན་སྟུག་པོ་བཀོད་པའི་ མདོ་ལས། འཇམ་དཔལ་གང་ན་ཆོས་སྨྲ་བ་འདུག་གམ། དེ་མཐོང་ན་མཚམས་མེད་པ་ལྔ་ བྱང་བར་འགྱུར་རོ། །ཆོས་སྨྲ་བ་དེ་ལའང་མཆོད་པར་བྱ་སྟེ། གལ་ཏེ་ཆོས་སྨྲ་བ་དེས་མཚམས་ མེད་པ་ལྔ་སྤྱོད་ཀྱང་དེ་ལ་སེམས་འཁྲུགས་པར་མི་བྱའོ། །ཞེས་གསུངས་པ་ལྟར་ཆོས་སྨྲ་བ་ ལ་མཚམས་མེད་ཀྱི་སྡིག་པ་བྱང་བའི་ཡོན་ཏན་དང་དེར་སྤྱོད་ཀྱང་ཉེས་པས་ཆེར་མི་གོས་པ་ སོགས་ཀྱི་ཆ་ནས་བསམ་ན་གཞན་ལ་ཆོས་སྨྲས་ན་དགོས་པ་ཆེ་བ་དང་ལྡན་ཞིང༌། ཁྱད་པར་ བྱམས་པས་སེང་གེའི་སྒྲ་བསྒྲགས་པའི་མདོ་ལས། གངྒཱའི་བྱེ་སྙེ ད་འཇིག་རྟེན་གསེར་དག་ གིས། །བཀང་སྟེ་གང་ལ་སྦྱིན་པ་བྱིན་པ་བས། །དུས་ངན་ཚེ་ན་ཚིགས་བཅད་གཅིག་འཆད་ པ། །དེ་ཡི་བསོད་ནམས་ཅི་འདྲ་སྔ་མར་མེད། །ཅེས་གསུངས་པ་ལྟར་བསྐལ་པ་བྱེ་བར་ འཇིག་རྟེན་འདིར་གསེར་གྱིས་བཀང་ཏེ་སྦྱིན་པ་བྱིན་པའི་བསོད་ནམས་བས་དེང་སང་དུས་ སྙིགས་མའི་སྐབས་འདི་ལྟ་བུ་ལ་ཚིགས་བཅད་གཅིག་གི་ཆོས་དོན་བཤད་པའི་བསོད་ནམས་ 6-1-377 ཆེ་བར་གསུངས་པ་ལྟ་བུའི་དོན་དམ་པ་གང་གི་ཐུགས་ཉམས་སུ་ལེགས་པར་བཞེས་ཏེ་ད་ སྐབས་གཞན་དོན་གཙོ་བོར་བྱས་ཏེ་འགྲོ་ཕན་རྒྱ་ཆེར་མཛད་པ་སྐབས་སུ་བབ་པ་སྟེ། དེ་ ཡང་དགུང་ལོ་ང་དྲུག་པ་རབ་མྱོས་ཞེས་པ་ལྕགས་རྟའི་ལོར་སྐྱབས་མགོན་ཀུན་དགའ་མཚན་ བཟང་པོ་གང་གི་ཞལ་ནས། དམ་པ་འདི་ཉིད་ལ་གསུངས་གནང་མཛད་པ། ད་ཡན་ཁྱེད་ཀྱིས་ སྒྲུབ་བརྒྱུད་ཀྱི་བསྟན་པ་ལ་ཐུགས་ཁུར་ཆེ་བཞེས་མཛད་པ་བཀའ་དྲིན་བླ་ན་མེད་པ་ཆེ། ད་ ནི་རང་ཡང་ན་སོ་རྒས་པས་ཚེ་ཅི་ཡོད་མི་ཤེས་པས་ཁྱོད་ཀྱིས་ང་རང་གི་རྒྱལ་ཚབ་བྱས་ནས་ ཆོས་གཞི་འདི་ལེགས་པར་སྐྱོང་དགོས་ཞེས་ཁྲིད་ཡིག་མཐོང་བ་དོན་ལྡན་ལྷ་རྫས་དར་བཟང་ བཅས་ལེགས་པར་གཏད་དེ་བཀའ་གནང་མཛད་སྐབས། དམ་པ་འདིས་རང་ནས་ཁྱེད་ལྟར་ མི་འོང་ཚུལ་ཞུས་པ་ན་སྐྱབས་མགོན་གྱི་གསུངས་གནང་ལ། ཁོང་ལས་ལྷག་པ་འོང་ཚུལ་གྱི་ ལུང་བསྟན་དང་ཆོས་སྐྱོང་བཀའ་ཡིས་གཉེར་གཏད་ཀྱི་སྒོ་ནས་རང་གི་རྒྱལ་ཚབ་ཏུ་འཇིགས་ མེད་རྡོ་རྗེའི་ཁྲི་ལ་མངའ་གསོལ། དེ་ནས་བཟུང་ཆོས་གཞིའི་ཁུར་ཐང་བཞེས་ཏེ་དགོན་དེའི་ སྦྱོར་དྲུག་པ་ནཻ་གུ་པ་བསྐྱེད་རིམ་པ་དབྱར་གནས་མཁན་པོ་སོགས་ཆོས་ལྡན་བྱ་བ་འགངས་ ཆེན་དག་དམ་པ་ཉིད་ཀྱིས་མཛད་དེ་དགོན་སྡེ་ལེགས་སྐྱོང་གི་མགོ་འཛིན་མཛད་པ་ཡིན། དེ་ ནས་རིང་པོར་མ་ལོན་པར་ལོ་དེའི་ཟླ་བ་དང་པོའི་ཚེས་བཅུའི་དགུང་མོར་སྐྱབས་མགོན་ མཆོག་གི་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་སོ། ། འདི་ལོར་སྦྱོར་དྲུག་པ་གསར་འདུག་མེད་ཀྱང་གང་གའི་གྲགས་རྒྱམ་ལ། འབྱུང་འདུལ། རྟ་མགྲིན་འབྲུ་ནོན། མི་འཁྲུགས་པའི་ཁྲིད་དང༌། བླ་མ་མཐོང་ལམ་ལ་མི་འཁྲུགས་པའི་ཁྲིད་ གནང་བཞིའི་ཐུན་པ་སོགས་ལ་དམ་པ་གང་ཉིད་ཀྱིས་དུས་འཁོར་མཆོག་དབང༌། གཏོར་ ཆོག བླ་མཆོད། ཀུན་རིག་མི་འཁྲུགས་པ། ལྷ་དགུ། མཚན་བརྗོད། སྨན་བླ་མཆོག་བདེན་མ་ རྣམས་ཀྱི་བཀླག་ལུང་གནང་ངོ༌། ། 6-1-378 དགུང་ལོ་ང་བདུན་སྐྱེ་བདག་ཞེས་པ་ལྕགས་ལུག་ལོར་སྦྱོར་དྲུག་པ་བླ་མ་བློ༵ས་ཕྲི༵ན་ སོགས་བཅུ་གསུམ། དགུང་ལོ་ང་བརྒྱད་ཨངྒི་ར་ཞེས་པ་ཆུ་སྤྲེལ་ལ་སྦྱོར་དྲུག་པ་བླ་མ་བློ་གྲོས་ བཟང༌། བླ་མ་ཆོས་འཛིན་དཔལ་སོགས་ལྔ། འདི་ལོར་དམ་པ་མཆོག་གིས། བླ་མ་མཚ༵ན་ ལྡ༵ན་སོགས་བླ་གྲྭ་མང་པོ་ལ་དུས་འཁོར་དབང་ཆེན། རྟ་ཕྱག་ཁྱུང་གསུམ། ལྷན་སྐྱེས། རྡོར་ སེམས་ཀྱི་བཟླས་ལུང་རྣམས་དང༌། མི་འཁྲུགས་པའི་ཁྲིད། རུས་ཆོག་ལྷོ ་སྒོའི་དམིགས་ རིམ་བཅས་གསུངས། འཛམ་ཐང་ཚོགས་པའི་ཁྲི་བ་དང༌། གཙང་བའི་སྒྲུབ་བླར་ཕེབས་རྭ་ ཟོར་ལེགས་མི་ལེགས་ཇི་བཞིན་སྔོ ན་ནས་མཁྱེན། དགུང་ལོ་ང་དགུ་དཔལ་གདོང་ཞེས་པ་ ཆུ་བྱ་ལ་སྦྱོར་དྲུག་པ་མེད་ཀྱང་གཞིའི་ཆོས་ཚན་སོགས་ལ་ཁོང་གིས་བསྐང་གསོལ་གསར་ སྙི ང༌། དུས་འཁོར་སོགས་དང་བླ་མ་རིག་རྡོར་ལ་མི་འཁྲུགས་པའི་ཁྲིད། བྱང་ཆུབ་འོད་ལ་ མི་འཁྲུགས་པ། རྟ་མགྲིན། འབྱུང་འདུལ། ཤེར་བརྩོན་ལ་རྟ་མགྲིན། འབྱུང་འདུལ་ཁྲིད། དགུང་ལོ་དྲུག་ཅུ་དངོས་པོ་ཞེས་པ་ཤིང་ཁྱི་ལ་སྦྱོར་དྲུག་པ་ངག་བློས་ལེགས་མཐོང་ སོགས་བརྒྱད། ནཻ་གུ་པ་ཕྲིན་བཟང༌། བྱང་ཆུབ་འོད་གཉིས། བླ་མ་དཀོན་ལྡན་ལ། འབྱུང་ འདུལ། རྟ་མགྲིན་དང༌། ཆོས་རྗེའི་བླ་མ་ཆོས་འགྲུབ་སོགས་ལ་བྱང་ཆུབ་སེམས་སྡོམ་གནང༌། ར་འོབ་ཏུ་དུས་འཁོར་ཁྲི་བ་བཞུགས། འདི་སྐབས་གྲིབ་སྐྱེན་གྱིས་སྐུ་ཅུང་ཟད་བསྙུང་བ་ལ་ བཀའ་ཆོས་སོགས་ཞབས་བརྟན་ཆེར་བསྒྲུབས། དགུང་ལོ་རེ་གཅིག་ན་ཚོད་ལྡན་ཞེས་པ་ཤིང་ཕག་ལ་སྦྱོར་དྲུག་པ་བླ་རིག་སོགས་ལྔ། ནཻ་ གུ་པ་ཤེར་བརྩོན། བླ་མ་དཀོན་ལྡན་ལ་འབྲུ་ནོན། གྲྭ་ཚང་ཆེན་མོའི་དམག་མདོས་ཁྲི་བ་ བཞུགས། དུས་འཁོར་དབང་ཆེན། རྟ་ཕྱག་ཁྱུང་གསུམ། མི་འཁྲུགས་པའི་དབང་དང༌། ཕྱག་ རྫས་ཀྱི་ཆོས་ཆེན་ཡོན་བཅོལ། བསྔོ ་རྟེན་གྱི་ཇོ་དར་མང་པོ་སྤར། དགུང་ལོ་རེ་གཉིས་འཛིན་ བྱེད་ཅེས་པ་མེ་བྱི་ལ་སྦྱོར་དྲུག་པ་དུས་ཟིང་ཆེ་བས་མེད་ཀྱང་ཁོང་གིས། ཆོས་འཛིན་དཔལ་ 6-1-379 ལ། རྟ་མགྲིན་འབྱུང་འདུལ། འབྲུ་ནོན་དང༌། བླ་མ་བསྟན་འཛིན་དཔལ་ལ། རྟ་མགྲིན། འབྱུང་འདུལ་རྣམས་ཁྲིད། འཛམ་ཐང་འཚོགས་པའི་ཁྲི་བ་མཛད། དགུང་ལོ་རེ་གསུམ་པ་ དབང་ཕྱུག་ཅེས་པ་མེ་གླང་ལ་སྦྱོར་དྲུག་པ་ངག་དབང་བཀྲ་ཤིས་སོགས་བརྒྱད། དེའི་ལོར་ ཟབ་མདོའི་ཁྲིད་གསུངས། དགུང་ལོ་རེ་བཞི་འབྲུ་མང་པོ་ཞེས་པ་ས་སྟག་ལ་སྦྱོར་དྲུག་པ་ཀུན་སྨོན་སོགས་བཞི། འཛམ་ཐང་དང་བྱ་ཡུར་འཚོགས་པའི་ཁྲི་བ་མཛད། དགུང་ལོ་རེ་ལྔ་མྱོས་ལྡན་ཞེས་པ་ས་ཡོས་ལ་སྦྱོར་དྲུག་པ་ཀུན་དགའ་བཟང་སོགས་ ལྔ། འདིར་འཇིགས་བྱེད་རོ་ལངས་བརྒྱད་བསྐོ ར་གྱི་དབང་གསུངས། དགུང་ལོ་རེ་དྲུག་ རྣམ་གནོན་ཞེས་པ་ལྕགས་འབྲུག་ལ། སྦྱོར་དྲུག་པ་བླ་མ་མཁས་གྲུབ་དཔལ་སོགས་བདུན། འདིར་ཁོང་ནས་ཚུལ་ཁྲིམས་དཔལ་ལ། ཚེ་དཔག་མེད་ཁྲིད་ལུང༌། ཕུར་བ། འབྱུང་འདུལ། རྟ་མགྲིན་འབྲུ་ནོན་རྣམས་དང༌། བླ་མ་འོད་ཟེར་བཟང་ལ་རྟ་མགྲིན། འབྱུང་འདུལ། ངག་ བློས་ལ་རྟ་མགྲིན་འབྱུང་འདུལ་འབྲུ་ནོན་ལྷ་དགུ་སོགས་ཀྱི་ཁྲིད་རྣམས་གསུངས། ར་ཤུགས་ རི་ཁྲོད་དུ་ངག་དབང་ཚོ༵གས་གཉི༵ས་རྒྱ༵་མཚོ༵་དག་ཞིང་དུ་གཟིགས་ཚེ་གདུང་མཆོད་ལ་ཕེབས། དགུང་ལོ་རེ་བདུན་ཁྱུ་མཆོག་ཅེས་པ་ལྕགས་སྦྲུལ་ལ་སྦྱོར་དྲུག་པ་ཡར་ཐང་རྒྱ་སྤྲུལ་སྐུ་སྐུ་ མཆེད་གཉིས་སོགས་བདུན། འདི་ལོར་དུས་འཁོར་དབང་ཆེན་དང༌། སྦྱོང་རྒྱུད་བཅུ་གཉིས་ གསུངས། ཕྱག་རྫས་རྣམས་ཀྱི་བཀའ་ཆོས་བཀླགས་འདོན་ཞུས། དགུང་ལོ་རེ་བརྒྱད་སྣ་ཚོགས་ཞེས་པ་ཆུ་རྟ་ལ་སྦྱོར་དྲུག་པ་གང་ཤར་སོགས་དྲུག འདི་ ལོར་ཁོང་ནས་བླ་མ་ཆོས་ཀུན་དཔལ་ལ། མི་འཁྲུགས་པ། རྟ་མགྲིན། འབྱུང་འདུལ་རྣམས་ ཀྱི་ཁྲིད་གསུངས། དགུང་ལོ་རེ་དགུ་ཉི་མ་ཞེས་པ་ཆུ་ལུག་ལ་སྦྱོར་དྲུག་པ་ཤེས་རབ་བཟང་ཆོས་ཉིད་བཟང་ 6-1-380 སོགས་བརྒྱད། འདི་ལོར་ཉིད་ནས་མཁན་པོ་མཛད་དེ་ཀ་ཏོག་ཤུགས་སྒང་སྤྲུལ་སྐུ་ཕྲིན་ བཟང་སོགས་བསྙེ ན་རྫོགས་ཀྱི་སྡོམ་པ་གནང༌། དགུང་ལོ་བདུན་ཅུ་ཉི་སྒྲོལ་བྱེད་ཅེས་པ་ཤིང་སྤྲེལ་ལ་སྦྱོར་དྲུག་པ་མེད་ཀྱང་གཞིའི་ འདུས་སྡེ་ལ་དུས་འཁོར་དབང་ཆེན། རྟ་ཕྱག་ཁྱུང་གསུམ། མི་འཁྲུགས་པའི་དབང་རྣམས་ དམ་པ་གང་གིས་གནང་བ་དང་ཡང་ཉིད་ཀྱིས་མཁན་པོ་མཛད་དེ། དགེ་སྐོ ར་བླ་མ་ཚུལ་ལྡན་ སོགས་ལ་བསྙེ ན་རྫོགས་གསུངས། འདི་དུས་སྐོ ར་དགོན་གྱི་མཚམས་གྲྭ་པ་སོགས་ལ་གློ་བུར་ རིམས་ཡམས་ཀྱིས་མི་བདེ་བ་བྱུང་དུས་སྔར་ལྷ་བཟོ་རྡོ་རྗེ་འཆང་གིས་མ་འོངས་པ་ན་རྒྱལ་ གདོན་རེའི་འཚེ་བས་གནོད་པ་རེ་འོང་ཀྱང་སྐྱོན་ཆེར་མེད་པའི་ཚུལ་གྱི་ལུང་བསྟན་སོགས་ ཁོང་ལ་ཕྱིའི་གནས་ཚུལ་མི་བསླུ་བའི་ལུང་བསྟན་མང་པོ་གནང་བ་དམ་པ་ཉིད་ཀྱི་ཐུགས་ངེས་ སུ་གྱུར་ཏེ་སྣང་བ་སེམས་སུ་ཐག་ཆོད་ནས་བག་ཚ་བ་མེད་པར་བཞུགས་པས་མཐར་སྐྱོན་ མེད་དུ་སོང་བ་དེ་ཀ་ལྟར་དུ་གྱུར་ཏོ། ། དགུང་ལོ་དོན་གཅིག་ས་སྐྱོང་ཞེས་པ་ཤིང་བྱའི་ལོར་སྦྱོར་དྲུག་པ་མཁས་ཚུལ་སོགས་ལྔ། དགུང་ལོ་དོན་གཉིས་མི་ཟད་ཅེས་པ་མེ་ཁྱི་ལ་སྦྱོར་དྲུག་པ་འཇམ་དབྱངས་སོགས་བཅུ་གཅིག དགུང་ལོ་དོན་གསུམ་ཐམས་ཅད་འདུལ་ཞེས་པ་མེ་ཕག་ལ་སྦྱོར་དྲུག་པ་དབྱངས་སྙན་སོགས་ གསུམ། འདི་ལོར་ཁོང་ནས་ཐུབ་བཟང་སོགས་ལ་དགེ་ཚུལ་གསུངས་ཤིང༌། ཐུན་པ་སོགས་ ལ་མི་འཁྲུགས་པ་བཟང་སྤྱོད་སོགས་ཀྱི་བཀླག་ལུང་མཛད། དགུང་ལོ་དོན་བཞི་ཀུན་འཛིན་ ཞེས་པ་ས་བྱིའི་ལོར་སྦྱོར་དྲུག་པ་བླ་མ་བྱང་བཟང༌། ཆོས་མཛད་སོགས་དྲུག་ཁོང་གིས་ མཁན་པོ་མཛད་དེ་ཚུལ་ཁྲིམས་དཔལ་བཟང་རྒྱམ་སོགས་ལ་བསྙེ ན་རྫོགས་གནང༌། དགུང་ལོ་དོན་ལྔ་འགལ་བ་ཞེས་པ་ས་གླང་གི་ལོར་སྦྱོར་དྲུག་པ་མཁས་དཔལ་སོགས་ ལྔ། ནཻ་གུ་བ་བླ་མ་མཁས་གྲུབ་དཔལ། ངག་བློས་གཉིས་འདི་ལོར་དམ་པ་ཉིད་ཀྱིས་མཁན་ 6-1-381 པོ་མཛད་ནས་ཀ་ཏོག་ཚོགས་གཉིས་དཔལ་སོགས་དང༌། བླ་མ་བློས་ཕྲིན་སོགས་ཚན་སྔ་ཕྱི་ གཉིས་ལ་རབ་བྱུང་བསྙེན་པར་རྫོགས་པ་དགེ་ཚུལ་སློང་གི་སྡོམ་པ་ལེགས་གནང་མཛད་པ་ སྟེ། དེ་ལྟ་བུའི་སྒོ་ནས་སྐལ་བ་དང་ལྡན་པ་གང་དག་ལ་གནས་སྐབས་དང་མཐར་ཐུག་གི་ ཕན་བདེ་ཅིར་ཡང་བསྐྲུན་པར་མཛད་པ་ལགས། གཞན་ཡང་དམ་པ་མཆོག་གིས་སྐུ་ཚེ་གང་ བོར་སྤྱིར་ན་ཆོས་གཤའ་མ་ཁོ་ན་མཛད་ཁྱད་པར་གསང་ཆེན་ཐེག་པའི་ཉེ་ལམ་དངོས་གཞི་ དམིགས་མེད་ཀྱི་རྣལ་འབྱོར་ཁོ་ན་མཉམ་བཞག་སྐབས་བྱེད་བཅིངས་སོགས་དང༌། ཐོག་ མ་སྔོན་འགྲོ་འདོན་ལུགས་སོགས་ཀྱིས་མཚོན་ལས་དང་པོ་པ་བཞིན་དུ་རྩེ་གཅིག་པས་རྣལ་ འབྱོར་ལ་གནད་དུ་ཞོག་ངེས་ཀྱི་སྒྲུབ་ཚུགས་ཁོ་ན་ཐུགས་དམ་ཀྱི་མཐིལ་དུ་བྱས་ནས་སྐད་ ཅིག་ལ་ཡེངས་མེད་ཀྱི་དྲན་ཤེས་ཀྱི་རྒྱུན་ཆུ་བོའི་གཞུང་བཞིན་ནམ་ཡང་ཆད་པ་མི་མངའ་བའི་ ཉམས་ལེན་ལ་གུས་རྟག་གི་བརྩོན་པ་དྲག་པོས་དུས་འདའ་བར་བགྱིད་པ་ཁོ་ན་ལ་གཙོ་བོར་ ཐུགས་དགྱེས་པ་བསྐྱེད་ཀྱིས་ཟབ་ཟོབ་ཟང་ཟིང་གི་དགེ་ལས་གྲགས་སྙན་གྱི་སྤུན་པ་ཕྱར་བ་ ལ་ཐུགས་འདོད་མོས་གཏིང་ནས་མེད་ཅིང༌། བསྙེ ན་སྒྲུབ་བཟླས་གྲངས་ཞལ་གསུང་གནང་བ་ ཡང་ཧ་ཀྵ་དུང་ཕྱུར། མ་ཎི་དུང་ཕྱུར། ཡིག་བརྒྱ་འབུམ་ཐེར། སྔ་ཕྱིར་མི་འཁྲུགས་པའི་བསྙེ ན་ མཚམས་གསུམ་གྱི་སྒོ་ནས་ཀཾ་ཀ་ནི་འབུམ་ཐེར་དུ་མ་སོགས་གྲངས་བསྙེན་མང་པོ་ལྗགས་ བཟླས་མཛད་པས་སྐུ་ཚེ་སྨད་དུ་དུང་སོ་དཀར་པོ་ཞིག་སྐྱེས་ནས་ཞག་བདུན་ཕྲག་ཙམ་དུ་ཡོད་ ཅིང༌། བྱོན་བཞུགས་ཐམས་ཅད་དུ་ཐུགས་ཡེང་མེད་རྣལ་འབྱོར་མཆོག་ལ་རྟག་པར་གཞོལ་ བའི་གྲུབ་འབྲས་ཁོང་གིས་སྒྲུབ་མཆོད་ཀྱི་ཚོགས་དཔོན་གཅིག་ཙམ་བྱས་པས་ཀྱང་ལོ་གཅིག་ གི་མཚམས་སྒྲུབ་ལས་ལྷག་པའི་བོགས་བསྐྱེད་ཁྱད་པར་བའི་ཉམས་མྱོང་བཟང་པོ་འཁྲུངས་ པ་སོགས་ཡུན་ཐུང་ངུས་མངོན་རྟོགས་ཆེས་ཆེར་འཕེལ་སླ་བའི་གསང་ཆེན་ཉམས་བཟང་རྡོལ་ མ་རག་ཏུ་དབང་པོ་རབ་ཏུ་སྨིན་པར་གྱུར་པའི་རྣམ་ཐར་འཛིན་པ་ཞིག་སྟེ་དེ་འདྲ་ལགས་ཀྱང་ 6-1-382 ད་དུང་ཕྱག་རྫས་འབད་མེད་དུ་ཇི་ལྟར་འདུ་ཡང་ཐམས་ཅད་ལྷག་མེད་དུ་རྣམ་དཀར་བསོད་ ནམས་ཀྱི་ཞིང་དུ་དངོས་གཙང་སྤུས་དག་བྱ་ཞིང་ཁོང་གིས་རྒྱུན་གྱི་མཛད་སྤྱོད་ཡང་ཀུན་ སྤངས་བྱ་བྲལ་མཆོག་གི་ངང་ཚུལ་གྱིས་སྐུ་ཚེའི་རིང་དུ་ས་རྫ་ཁོ་ནས་སྣོད་ཆ་དང་ཉེར་མཁོ་ ངན་ངོན་ཙམ་ཤ་སྟག་གིས་འཚོ་ཆས་མཛད་དེ་འདོད་ཡོན་ལ་ཐུག་གཏིང་ནས་ཞེན་ཆགས་ཀྱི་ དྲི་མ་སྤུ་ཉག་ཙམ་མི་སྲིད་པ་མཐོང་བའི་ཆོས་སུ་སྐུ་འཁོར་ན་གནས་པ་དག་གི་མངོན་སུམ་ གྱིས་གྲུབ་པ་འདི་ཀ་ལྟར་རོ། །དེ་ལྟ་བུའི་སྐྱེས་མཆོག་དམ་པ་ཉིད་གསང་གསུམ་ཡོན་ཏན་ མཆོག་གི་སྤྱི་དཔལ་དུ་ཉེ་བར་བཞུགས་པས་གང་གིས་སློབ་བུ་རྣམས་ལ་ཟབ་བཀའ་ལེགས་ པར་གནང་བའི་སྐབས་སྐལ་བ་དང་ལྡན་པའི་རྡོ་རྗེའི་སློབ་མ་རྣམས་ཀྱི་དག་སྣང་གི་དགེ་ མཚན་གཟིགས་ཚུལ་ཡང༌། དམ་པ་མཆོག་གིས་དབང་བཀའ་གནང་དུས་སུ། སློབ་བུ་དམ་ པ་འགའི་ཐུགས་སྣང་ལ་བླ་མའི་སྐུ་ལས་འོད་ཟེར་དང་ལྷ་སྐུ་དཔག་མེད་སྤྲོས་པ་སློབ་ཚོགས་ ལ་ཐིམ་ཞིང༌། སློབ་མ་དེ་དག་ལས་ཀྱང་འོད་ཟེར་མང་པོ་བྱུང་སྟེ་བླ་མ་ཉིད་ཀྱི་སྐུ་ལ་ཐིམ་ འགྲོ་བའི་སྣང་བ་ལས་སློབ་མ་རང་ལའང་ཞུ་བདེ་སྡོད་མི་ཚུགས་པའི་ཉམས་ཆེས་འབར་འོང་ བ་དང༌། ཡང་ལ་ལའི་སྣང་ངོར་བླ་མ་ཉིད་རྡོ་རྗེ་སེམས་དཔའ་ཧེ་རུ་ཀའི་ཆ་བྱད་ཅན་དུ་མཐོང་ བ་དང༌། ཡང་ལ་ལའི་སྣང་བར་བླ་མ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་སྐུ་མདོག་སྨུག་ནག་ སྤྱན་གསུམ་ཕྱག་དྲུག་གི་རྣམ་པ་མཐོང་བ་དང༌། དེ་སྐུ་མདོག་དཀར་པོའི་རྣམ་པར་སྐད་ ཅིག་གནས་འགྱུར་འགྲོ་སྣང་སོགས་བྱུང༌། ཡང་ལ་ལར་བླ་མ་ཉིད་འཇའ་འོད་ཀྱི་དབུས་སུ་ འོད་དཔག་མེད་གཙོ་འཁོར་གསུམ་གྱི་རྣམ་པ་དང༌། བར་སྐབས་སུ་དུས་ཀྱི་འཁོར་ལོ་ཡོངས་ རྫོགས་ཕྱག་མང་གི་རྣམ་པ་དང༌། དེ་འབར་མ་བརྒྱད་ཀྱིས་བསྐོ ར་ཡོད་པའི་རྣམ་པའང་ སྐབས་འགར་བྱུང༌། ཡང་ལ་ལར་འཇའ་འོད་ཀྱི་དབུས་སུ་བླ་མ་ཉིད་ཆོས་རྗེ་ཀུན་མཁྱེན་ ཆེན་པོའི་རྣམ་པར་མཐོང་བ་ཡང་ཡོད། ཡང་བླ་མ་ཉིད་དགོན་པའི་དྲུག་ཅུའི་གཏོ་སྒྲུབ་ཀྱི་ 6-1-383 དབུར་བཞུགས་སྐབས་ཉིན་ཞིག་སྤྱན་འདྲེན་དུས་སློབ་བུ་ཞིག་གི་ཉམས་སྣང་ལ་དཔལ་རྡོ་རྗེ་ འཇིགས་མཛད་ཆེན་པོ་ཕྱག་མང་ཡོངས་རྫོགས་སྟོང་གསུམ་གང་བ་ཞིག་སྐད་ཅིག་གིས་གར་ སྟབས་དང་བཅས་པས་བྱོན། སླར་དཔག་ཚད་ཙམ་བཀྱེད་སོང་བའི་སྣང་བ་ཤར། ཚུལ་དེ་ བླ་མ་ལ་ཞུས་པས་སྤྱན་འདྲེན་རྔ་རོལ་གྱི་བརྡུང་ནོར་བའི་བྱེད་ལས་སུ་གསུང་ལ། ཡང་བླ་མ་ ཉིད་ཀྱིས་འདུས་སྡེ་མང་པོ་ལ་དུས་འཁོར་དབང་ཆེན་རྡུལ་ཚོན་སྟེང་ནས་བསྐུར་བར་མཛད་ ཚེ་སློབ་གྲལ་དུ་བཞུགས་པའི་དམ་པ་ཞིག་གིས་དག་སྣང་ངོར། བླ་མ་ཉིད་དུས་འཁོར་ཞལ་ ཕྱག་ཡོངས་རྫོགས་སུ་མཐོང་ཏེ། དེའི་ཐུགས་ཀ་ནས་དྲུག་བརྒྱ་སོ་དྲུག་གི་ལྷ་ཚོགས་ཕར་ སྤྲོས་ཏེ་མདུན་བསྐྱེད་རྟེན་དང་བརྟེན་པ་ལ་ཐིམ་ཞིང༌། སླར་ཕྱིར་སྤྲོས་ཏེ་བླ་མ་ཉིད་ལ་ཐིམ་ སོང་བའི་སྣང་བ་བརྒྱུད་མར་ཞག་བདུན་གྱི་རིང་དུ་བྱུང་ལ། དབང་ཉན་ཞིང་ཞུ་བ་རྣམས་ཀྱང་ རིགས་དྲུག་གི་སེམས་ཅན་ཉི་ཟེར་གྱི་རྡུལ་ལྟར་གྲངས་མཐའ་ཡས་པར་མཐོང་བ་སོགས་སློབ་ མ་རང་རང་གི་རྒྱུད་ཚོད་དང་མཐུན་པའི་དག་སྣང་ཆེས་མང་ངོ༌། །ཁྱད་པར་རྡོའི་གྲུབ་ཆེན་ རིན་པོ་ཆེའི་སྤྲུལ་སྐུ་ཆགས་ཕེབས་ཏེ་བླ་མ་གྲྭ་ཚང་བཅས་ལ་ཚེ་དབང་བསྐུར་དུས། སྤྲུལ་པའི་ སྐུའི་ཞལ་ནས། འདི་འདྲའི་སྐྱེས་བུ་དམ་པ་མཇལ་མ་མྱོང༌། རང་ལ་མོས་གུས་དག་སྣང་སྐྱེ་ ལུགས་ཀྱིས་ཁོང་ཉིད་རང་གི་སྐྱེ་བ་སྔོན་གྱི་རྩ་བའི་བླ་མ་ཞིག་ཡིན་ངེས་ཀྱི་ཞལ་གསུང་དང་ བཅས་མཆོག་ཏུ་གུས་པས་བརྩི་བཀུར་ཞུས་ཏེ་བསྔགས་པའི་ཚིག་གི་མེ་ཏོག་ཡང་ཡང་མངོན་ པར་འཐོར་བར་མཛད་དོ། ། སྨྲས་པ། དྲི་མེད་འོད་ལྡན་ཤེལ་དཀར་ལས་གྲུབ་པའི། ། བདུད་རྩིའི་བཅུད་ཀྱིས་ཉེར་བལྟམས་བུམ་བཟང་མཆོག ། ཐུགས་རྗེས་རབ་བསྐུལ་བཅུད་ཆེན་འཕྱུར་ལུད་པས། ། 6-1-384 སྐལ་བཟང་གང་རེག་ཡིད་ལ་བདེ་དགའ་སྦྱིན། ། ནམ་ཡང་ཟད་པ་མི་མངའི་བདུད་རྩིའི་གཏེར། ། དམ་པའི་ཐུགས་ཀྱི་བུམ་བཟང་ལས་ཐོན་པ། ། ཉེར་འཚོར་གང་གྱུར་ཟག་མེད་སྤྱོད་པའི་ཕུལ། ། འདི་དེས་དགེ་མཚན་འགྲོ་ཁམས་ཡོངས་ལ་ཁྱབ། ། བཅུད་མཆོག་ཟད་མེད་འཇོ་བའི་གཏེར་བུམ་ལས། ། ལེགས་སྦྱིན་ཉལ་འགྲོའི་ཀླུང་གི་རྗེས་འགྲོ་བས། ། གངྒའི་དཔལ་ལ་འཁུ་བའི་ཅོ་འདྲི་འདིས། ། གང་ཀླུང་ཟིལ་ཐིགས་ཉག་མར་བྱས་མིན་ནམ། ། རིང་ནས་སྲིད་པར་འཕྱན་པའི་ངང་ཚུལ་ལ། ། འཕགས་མཆོག་བརྩེ་ཆེན་གཟིགས་པས་བཟོད་མིན་ཏེ། ། དེ་སླད་ཡིད་བདེའི་ངལ་བསོ་རེ་བ་གང༌། ། མི་འགྱང་མྱུར་ནས་དོན་འབྲས་དམན་མི་སྲིད། ། ཕུལ་བྱུང་ངག་མཆོག་གདམས་བཟང་འཇོ་བའི་དཔྱིད། ། གང་འདུལ་ཁམས་དབང་བསྒྱུར་ལ་ཐབས་མཁས་ཅན། ། གསང་ཆེན་བསྟན་པ་ཉེས་པའི་ནད་འཕྲོག་བྱེད། ། སྐལ་བཟང་ཉེར་སྤྱོད་རབ་རྒྱས་ཁྱོད་ཀྱི་དྲིན། ། ཞེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། ། ༈ རྩ་བའི་ས་བཅད་ལྔ་པ་རེ་ཞིག་གདུལ་བྱ་རྫོགས་ནས་གཟུགས་སྐུ་ཆོས་དབྱིངས་སུ་ ཟུམ་པའི་རྣམ་པར་ཐར་བ་བརྗོད་པར་བྱ་སྟེ། དེ་ཡང་མདོ་སྡེ་རྒྱན་ལས། ཇི་ལྟར་ཆུ་ཡི་སྣོ ད་ 6-1-385 ཆག་ན། །ཟླ་བའི་གཟུགས་བརྙན་མི་སྣང་བ། །དེ་བཞིན་སེམས་ཅན་ངན་པ་ལ། །སངས་རྒྱས་ གཟུགས་ཀྱང་མི་སྣང་ངོ༌། །ཞེས་གསུངས་པ་ལྟར་དྭངས་པའི་ཆུ་སྣོ ད་ཆག་པར་གྱུར་པ་ན་ ནམ་མཁའི་ཟླ་བ་མེད་པ་མིན་ཀྱང་ཟླ་བརྙན་འབྱུང་དུ་ུམེད་པ་བཞིན་འདྲེན་པ་མཆོག་ལ་ནམ་ ཡང་ཐུགས་རྗེ་ཉེ་རིང་མི་མངའ་ནའང་འགྲོ་བའི་བསོད་ནམས་ཟད་པ་ན་བསོད་ནམས་ཀྱི་ ཞིང་གི་སྐལ་བ་རེ་ཞིག་དུས་དེར་སྣང་མི་ཐུབ་ཅིང་བསོད་ནམས་ཀྱི་ཞིང་དུ་མི་གྱུར་པ་ནི་རྟེན་ འབྱུང་བསླུ་མེད་རྒྱུ་འབྲས་ཀྱི་ངང་ཚུལ་ཉིད་ཡིན་ཕྱིར་དེ་ལྟ་བུའི་ཚུལ་གྱིས་དཔལ་ལྡན་བླ་མ་ དམ་པ་གང་ཉིད་ཀྱང་དགུང་གྲངས་བདུན་ཅུ་དོན་དྲུག་རབ་བྱུང་བཅུ་དྲུག་པའི་ནང་ཚན་རྣམ་ འགྱུར་ཞེས་པ་ལྕགས་སྟག་གི་ལོ་ཤར་བའི་ཚེ། འདི་ལོར་སྦྱོར་དྲུག་པ་གསར་འདུག་མེད་ ཀྱང་བླ་མ་འོད་ཟེར་བཟང་ལ། ཕུར་བ། འབྲུ་ནོན། རྟ་མགྲིན་གཞུང་ཁྲིད་རྣམས་དམ་པ་ མཆོག་གིས་བཀའ་དྲིན་དུ་མཛད་པ་སོགས་གདམས་ཟབ་ཀྱི་རྒྱུན་འགའ་རེ་ཡང་ལེགས་སྤེལ་ མཛད་ངོས་ནས་དེ་ལོར་ཁོང་གི་ཞལ་ནས། སྤྱིར་རྒྱལ་བའི་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་ འདི་ཕན་ཡོན་ཤིན་ཏུ་ཆེ་ཚུལ་གསུང་གནང་དང་བཅས་ད་རེས་འདུ་ཁང་དུ་སྟོན་པའི་མཛད་ བརྒྱ་སོགས་ཀྱི་ལྷ་རིས་བཞེངས་ཐབས་བྱས་ན་ཇི་བཞིན་མཐར་འཁྱོལ་འོང་ངེས་ཀྱི་བཀའ་ ལུང་དང་ལྷ་རིས་གྲྭ་སྡེ་སྤྱིའི་རས་གཞི་ལ་བཞེངས་འདོད་མེད་ཀྱང་དམ་པ་གང་གིས་ད་སྐབས་ དུས་ཀྱི་དབང་གིས་ཀྱང་རས་འདི་ཆེས་བཟང་བར་གསུངས་པ་ལྟར་དེ་ལུགས་བཞིན་གྱི་ལྷ་བྲི་ ཟླ་བ་བཞི་ཙམ་ནས་ལེགས་པར་གྲུབ་པས་ཁོང་དང་གྲྭ་ཚང་བཅས་ཀྱིས་ཀུན་མཁྱེན་སྐུ་འབུམ་ མཐོང་གྲོལ་གྱི་བཀོད་པ་དང་སྟོན་པའི་མཛད་བརྒྱ་སོགས་ཀྱི་ལྷ་ཡོན་ལེགས་སྦྱིན་གྱིས་ལྷ་ རིས་པ་དག་ཆེས་ཆེར་མགུ་ངེས་བྱས་ཏེ། ཁོང་གི་ཞལ་ནས་ད་ནི་བདག་གི་བསམས་པ་འགྲུབ་ ནི་ཡིན། འདུ་ཁང་སྒོ་འཁྱམས་ཀྱི་ངོས་རིས་འདིར་མ་འཛོམས་ཀྱང་རྗེས་ནས་བཞག་ཆོག་ གསུངས། ཐུགས་མཉེས་ཆེན་པོའི་སྒོ་ནས་རབ་གནས་དགའ་སྟོན་དང་བཅས་པས་མཐའ་ 6-1-386 རྒྱས་ལེགས་པ་བསྒྲུབས། འདིའི་སྔར་ལོ་ནས་དགོན་པའི་མདུན་ཐང་དེར་སྔར་མཐོང་མ་ མྱོང་བའི་མེ་ཏོག་སྣ་ཚོགས་འདབ་མ་མང་དུ་ཡོད་པ་ཆེས་མང་པོ་སྐྱེས་པ་བྱུང༌། འདི་སྐོ ར་ཕན་ དུ་སྐབས་སྐབས་སུ་ཁོང་གི་ཞལ་ནས་སློབ་བུ་རྣམས་ལ་ཞལ་གདམས་ཡང་འདི་ལྟར་མཛད་ དེ། ཁྱེད་སློབ་བུ་དག་གི་ཡིད་ལ་འདི་བཞིན་ཞོག ཕ་དམ་པའི་ཞལ་ནས། དངོས་པོ་འདི་ཀུན་ སྤྲིན་དང་ན་བུན་འདྲ་བ་ཡིན་པས་དེ་ལ་རྟག་པར་མ་འཛིན། སྙན་གྲགས་ཐམས་ཅད་བྲག་ཆ་ དང་འདྲ་བ་ཡིན་པས་སྙན་གྲགས་མ་བསྒྲུབས་ཆོས་ཉིད་བསྒྲུབས། གོས་བཟང་པོ་གྱོན་ཡང་ འཇའ་ཚོན་དང་འདྲ་བ་ཡིན་པས་དུག་པོ་གྱོན་ནས་ཉམས་སུ་ལོངས། རང་གི་ལུས་པོ་འདི་ རྣག་ཁྲག་ཆུ་སེར་གྱི་རྐྱལ་བ་ཡིན་པས་གཅེས་པར་མ་འཛིན། ཞིམ་པོ་ཟོས་ཀྱང་མི་གཙང་བའི་ སྣོ ད་ཡིན་པས་ལྟོ ་ལ་ཆེད་དུ་མ་ལྟ། སྣང་བ་དགྲ་རུ་ལང་པ་ཡིན་པས་དགོན་པའི་རི་ལ་ཉོལ། འཁྲུལ་བའི་ཚེར་མ་སེམས་ལ་ཟུག་པ་ཡིན་པས་མཉམ་པ་ཉིད་དུ་ཉམས་སུ་ལོངས། དགོས་ འདོད་ཐམས་ཅད་རང་ལས་འབྱུང་བ་ཡིན་པས་རང་སེམས་སྦྱོངས། ཞེས་གསུངས་པ་ལྟར་ ཆོས་པ་ཞིག་བསམ་ན་ཨེ་ཡོང་བལྟ་དགོས་གསུངས། ཡང་ཁོང་གི་ཞལ་སྔ་ནས་གསུངས་པ། ཕ་དམ་པས། ཆ ད་རེས་འདི་ནས་རྡོག་སྣ་འདྲེད་གྱུར་ན། །མི་ལུས་ཕྱི་ནས་དཀའོ་དིང་རི་པ། །ཞེས་ སོགས་དལ་འབྱོར་རྙེད་པར་དཀའ་ཚུལ་དང༌། ཚེ་ཟད་ནད་ལ་སྨན་པས་ཕན་མི་ཐོགས། །སྐྱིད་ཀྱང་འགྲོ་དགོས་རིན་ཆེན་གླིང་པའི་མི། །ཞེས་སོགས་ཚེ་མི་རྟག་པ་དང༌། ལས་ཀྱི་རྣམ་ སྨིན་རྒྱུ་འབྲས་བདེན་པར་ངེས། །མི་དགེའི་སྡིག་ལ་འཛེམས་ཤིག་དེང་རི་པ། ཞེས་སོགས་ ལས་རྒྱུ་འབྲས་དང༌། སྐྱེ་འཆི་བར་དོའི་སྒུག་འཕྲང་དམ་པོ་ལ། །དུག་ལྔའི་འཇིགས་པས་ཅིས་ ཀྱང་སྒུག་པར་ངེས། ཞེས་སོགས་འཁོར་བའི་ཉེས་དམིགས་ཀྱི་ཚུལ་ཡང་ཡང་གསུངས་ཤིང༌། གཞན་ཡང་ཕ་དམ་པས། ཚེ་འདིའི་ལྟོ ་རྒྱབ་ཇི་ལྟར་བྱས་ཀྱང་སླ། །མདོ་དོན་ཆོས་ལ་དྲིལ་ཅིག་ དིང་རི་པ། །གཞོན་པའི་དུས་སུ་དཀའ་ཐུབ་རེམ་ལ་གྱིས། །རྒས་ནས་འབྱུང་བས་མི་འཆུན་ 6-1-387 དིང་རི་པ། །ཉོན་མོངས་སྐྱེས་ཚེ་གཉེན་པོས་སླེབས་པར་གྱིས། །མཚན་མ་རང་སར་གྲོལ་ལོ་ དིང་རི་པ། །ཞེས་སོགས་གསུངས་པ་ལྟར། རེམ་མཛོད་དང་དོན་ཞིག་འགྲུབ་འོང་མ་གཏོགས་ རང་གར་ཟ་ཉལ་གཉིད་ཀྱིས་དུས་འདའ་བར་བྱས་ན་ཆོས་ཇི་ལྟར་ཡོང་གསུངས། ཡང་ཉིད་ ཀྱི་ཞལ་ནས། ད་རང་རེ་ཚོས་སྤྱིར་ཆོས་ལ་བཟང་ངན་མེད་གང་ལ་རེམ་ཀྱང་ཁྱད་ཅི་ཞིག་ཡོད་ འོན་ཀྱང་མེ་ཏོག་ལྷ་བབས་ཀྱི་སྐལ་བ་དམ་པའི་མན་ངག་སྤྲོས་བྲལ་མི་རྟོག་པའི་ངང་རང་ ཤུགས་ཀྱིས་དུས་ཀུན་བསྐྱང་ནུས་ན་འདི་ལས་ལྷག་པ་མི་དགོས་ཏེ། རིགས་ལྡན་སྤྲུལ་པའི་ སྐུའི་ཞལ་ནས། མཆོག་ཐུན་མོང་འགྲུབ་པའི་སྔ་ལྟས་ཡིན། །ད་འདི་ལ་བཅའ་བཅོས་མི་བྱེད་ པར། །ཉམས་བྱུང་རྒྱལ་དུ་སྐྱོང་ན་དེ་ཀས་ཆོག །དུས་རིང་པོར་འཁོར་བར་འཁྱམས་མི་ དགོས། །ཞེས་གསུངས་པ་ལྟར་ཡིན་ཞིང༌། ཁྱད་པར་རང་རེ་རྡོ་རྗེའི་རྣལ་འབྱོར་སྒོམ་པ་དག་ གི་ལུས་རྩ་མདུད་གྲོལ་བའི་རྟགས་སུ་ནད་མེད་པའི་སྐྲང་འབུར་དང་འཕར་གཡོ་འཁྲུལ་ འཁོར་སྣ་ཚོགས་པའི་ངེས་མེད་ཀྱི་སྤྱོད་པ་ཇི་ལྟར་འདོད་ཀྱང་བཀག་འགོག་མེད་པར་བྱུང་ རྒྱལ་དུ་བྱེད་པ་ཡང༌། ཕ་ཅིག་རིགས་ལྡན་བླ་མས་བཀའ་བསྩལ་པ་འདི་ལྟ་སྟེ། ནད་མེད་ པའི་སྐྲང་འབུར་ལ་སོགས་པ་དེ་མ་ཟད་འཕར་ཞིང་སྤྲུགས་པ་དང༌། གཡོ་འགུལ་འཁྲུལ་ འཁོར་སྣ་ཚོགས་བྱེད། དེ་བཀག་པས་མི་ཁེག་བྱེད་དུ་ཆུག་སོགས་ཉེ་གནས་སངས་རྒྱས་རིན་ ཆེན་ལ་ཉེ་བར་གདམས་པ་ལྟར་རྗེས་འཇུག་རང་ཅག་གིས་ཀྱང་དེ་ལུགས་ལྟར་ཉམས་སྐྱོང་ ཚུལ་ཤེས་པ་འདི་གལ་ཤིན་ཏུ་ཆེ་བ་དང༌། ང་ཡི་ཆོས་འདི་ཡོངས་སུ་མ་བསྒོམས་ན། །ཆོས་ ཉིད་འོད་གསལ་མཐོང་བ་ག་ལ་སྲིད། །གསུངས་པ་བཞིན་སྙི ང་རུས་ནན་ཏན་གྱིས་གོམས་པ་ ཡར་ལྡན་སྙིང་པོ་བྱེད་པ་འདི་མེད་ཕྱིན་འོད་གསལ་སེམས་ཀྱི་རང་བཞིན་མཐོང་ཚུལ་ནམ་ ཡང་མེད་པ་དང༌། སེམས་བཞག་ཚུལ་ཡང་སེམས་རྒྱ་ཡན་དུ་ཐོང་ཞིག་རྣལ་འབྱོར་པ། །ལུས་རྒྱ་ཡན་དུ་ཐོང་ཞིག་རྣལ་འབྱོར་པ། །ཞེས་སོགས་བཞིན་བདེ་ཡངས་ཅི་དགར་འཇོག་ 6-1-388 ཐབས་ཐོན་པ་ཞིག་ལེགས་པར་གྱིས་ཤིག ཅེས་སོགས་ཀྱི་ཞལ་གདམས་མང་པོ་དང༌། ཡང་ བར་སྐབས་རེར་ཁོང་གིས་སློབ་བུ་དག་ལ། ཁྱོད་ཅག་གིས་ཆོས་ཀུན་གྱི་རྩ་བ་དམ་ཚིག་ཚུལ་ ཁྲིམས་གཙང་མ་ཞིག་གལ་ཆེ་སྟེ། ཕ་དམ་པས། ཚུལ་ཁྲིམས་བསྲུང་བ་ལ་མ་ཡེངས་པ་བྲན་ མོས་ཆུ་ཁུར་བ་ལྟ་བུ་ཞིག་དགོས་ཞེས་གསུངས་པ་བཞིན་ཏེ། ཡང་ཁྱེད་རང་སློབ་བུ་གང་དག་ གི་སེམས་ལ་འཛིན་རྒྱུ་གཞན་ཡང༌། ཕ་དམ་པས། བསྒོམས་པའི་ཡོན་ཏན་མ་ལོན་པ་རྣལ་ འབྱོར་པ་ཀུན་གྱི་བྱ་སྤྱོད་ལ་གསལ། ཟས་ནོར་ཡོད་པའི་ཕྱོགས་དེར་སེམས་ཅན་གྱི་དོན་ལ་ བརྩོན་པ་སྐད། རྙེད་པ་འཚོལ་བའི་ཕྱོགས་དེར་འགྲོ་བའི་དོན་བྱེད་པ་སྐད། ནོར་མ་རྙེད་ཙ་ ན་འདོད་པ་ལ་བློ་ལོག་པ་སྐད། རང་བསླབ་པ་བསྲུང་མ་ནུས་པ་དུས་ངན་ལ་ཁུངས་ཕུལ། དཀོན་མཆོག་གི་རྟེན་སྡིག་གིས་བཞེངས་ནས་ཚེ་འདི་རླུང་ལ་བསྐུར། ནོར་འཚོལ་བའི་ཡང་ ཟོག་ཆོས་ལ་བྱེད་ནས་སྡིག་པ་འཛེམས་པ་སྐད། གསང་སྔགས་ཀྱི་དཀྱིལ་འཁོར་ཁྱིམ་པའི་ རང་ཚང་དུ་བཞེངས་ནས་གཉེན་པོ་ཡིན་པ་སྐད། མི་ཆོས་ཀྱི་མདུན་མ་དམྱལ་བར་འགྲོ་བའི་ གྲོས་གཞི་བཏིང་ནས་གྲོས་ཆེ་བ་སྐད། དགེ་འདུན་གྱི་སྤྱི་ནོར་རང་གི་ཟ་ཞིང་དགོས་པར་ གཏོང་བ་སྐད། རང་དམྱལ་བར་འགྲོ་བའི་ལས་མཐའ་དག་བསོགས་ནས་སངས་རྒྱས་ཀྱི་ཡེ་ ཤེས་རྩད་ནས་གཅོད་པ་སྐད། སྡིག་རྫུན་བསླུ་བྲིད་ཀྱིས་ཟས་ནོར་བཙལ་ཞིང་སྒོམ་རྒྱགས་ བསོགས་པ་སྐད། བོད་ཀྱི་ཆོས་པ་འདི་ཚོ་མཐོང་ན་དགོད་རེ་བྲོ། ཐོས་པ་སུ་ཆེ་ང་རྒྱལ་ཆེ། །སྒོམ་པ་སུ་བཟང་ཟས་ནོར་བསགས། །དབེན་པ་སུ་བསྟེན་འདུ་འཛི་མང༌། །རང་ཡུལ་གང་ སྤངས་ངོ་ཚ་མེད། །ཞེས་གསུངས་པ་ལྟ་བུའི་གནས་ཚུལ་གང་དག་དང་དུས་ཀྱི་ཆོས་གཟུགས་ པ་རང་ཅག་ལྟ་བུ་ལ་འབྱུང་ལྷག་པར་ཉེ་བས་ཁྱེད་རྣམས་ཚོས་ཚུལ་འདི་དག་ལ་སྟབས་ གཟབ་རེ་བྱས་ནས་དཀོར་རྫས་རེ་བ་ཅན་གྱི་དུག་དང་མ་འདྲེས་པ་ཞིག་ཅི་ནས་ཀྱང་མ་ འཆུག་རེམ་རེམ། རང་ལ་འདང་རྒྱབ་མི་ཡོད་ན་དེ་ཀ་རང་མཛོད་ཅེས་སོགས་ཀྱི་ཞལ་ཏ་མང་ 6-1-389 པོ་བར་བར་གནང༌། ཁྱད་པར་བླ་མ་མཁས་གྲུབ་དཔལ་ལ་མ་འོངས་པ་ན་རིགས་ལྡན་དྲག་ པོ་འཁོར་ལོ་ཅན་གྱིས་བྱང་ཤམ་བྷ་ལ་ནས་ཆོས་མིན་ཀླ་ཀློ་འདུལ་བའི་དམག་གི་དཔུང་ཆེན་ ངོམ་ཞིང་ལྷགས་པའི་ཚེ་དེ་དུས་བདག་དམག་དཔོན་གྱི་ཚུལ་དང་ཁྱེད་སློབ་བུ་གང་དག་ དམག་མིའི་ཚུལ་དུ་སྐྱེ་ངེས་ཀྱི་ཞལ་གསུང་ཡང་གནང༌། དེ་ནས་རིམ་པར་ཟླ་བ་བརྒྱད་པའི་ ཚེས་མགོ་ནས་བཟུང་ཉིད་སྐུ་ཅུང་ཙམ་མི་བདེ་བའི་བསྙུན་ཚུལ་མཛད་དེ་སློབ་བུ་ངག་བློས་སྐུ་ མདུན་དུ་ཡོད་པ་ལ། ཞལ་ནས། ཡ་ཀི་རྒྱབ་རི་འདི་ཀ་ན་ས་རྟགས་རྡོ་དཀར་ཟླུམ་པོ་ཞིག་སྦས་ ཡོད། དེ་ནི་ང་རང་གི་སྤུར་བཞུ་བྱེད་གནས་སུ་བླ་མ་ངག་དཀོན་གྱིས་བལྟས་པ་ཡིན་གསུངས་ པ་ལ། ངག་བློས་ཀྱིས་ཞུས་པ། དེ་ལྟར་གསུང་གནང་མི་འོས་པའི་ཡར་ཞུ་ཕུལ་ཚེ། སླར་ཞལ་ ནས། སྔར་སྐྱབས་མགོན་རིན་པོ་ཆེས་ཀྱང་དེ་ལྟར་གསུང་སྲོལ་ཡོད་པས་ཅི་ཡང་སྐྱོན་མེད་ ཅེས་སྤྱན་གྱིས་ནམ་མཁར་གཟིགས་ཏེ་བཞུགས་འདུག དེ་ནས་ཟླ་བ་དེའི་ཚེས་བཅོ་ལྔའི་ཉིན་ བླ་མ་དམ་པ་གསལ་བཟང་གང་ཉིད་སྐུ་མདུན་དུ་ཕེབས་པ་ན། ཞལ་ནས། ད་ཁྱེད་བྱོན་པ་ བཟང་འདུག རང་གི་རྒྱུ་རྫས་ཐང་སྣམ་ཁ་གང༌། སྐྱོགས། ཁྲོ་རྫ་འདི་གསུམ་སྤུན་ནུ་བོའི་ཤི་ བཅས་སུ་ཞོག་གསུངས། བླ་མ་གསལ་བཟང་ཉིད་ནས་ཀྱང་ད་དུང་བཞུགས་དགོས་ཀྱི་ ཞབས་བརྟན་ཕུལ་ནའང༌། ཁོང་གིས་ད་རེབ་ཕན་ལ་བདག་མི་འདུག་སེམས་ཐག་ཆོད། ཆུ་ ཟམ་པ་ལྷན་དུ་ཐུག་པ་ཡིན་ཞེས་གསུངས་ནས་བཞུགས་པར་མ་གནང༌། ཞལ་གསུངས་ལ། ད་བླ་མ་ཁྱེད་དང་བླ་མ་མཚན་ལྡན་གཉིས་ཀྱིས་དགོན་འདི་ལ་བལྟ་རྟོགས་བྱེད་དགོས་ཚུལ་ གྱི་བཀའ་གནང་བྱུང༌། དེ་ནས་མི་བཞུགས་པར་སེམས་ཐག་ཆོད་པ་ན། བླ་མ་གསལ་བཟང་ གིས། ཁྱེད་ཀྱི་ཐུགས་ཇི་ལྟར་རེད། ད་ཞིང་ཁམས་གང་དུ་བྱོན་ཞུས་པས། ཞལ་ནས། བདག་ གི་སེམས་ནམ་མཁའ་སྔོ་སང་ངེ་བ་སྟོན་གནམ་གཡའ་དག་ལྟ་བུའི་སྤྲོས་པ་ཀུན་བྲལ་ཞིག་ རེད། ད་འདི་ནས་བྱང་ཕྱོགས་ཀ་ལཱ་པའི་ཕོ་བྲང་དུ་རིགས་ལྡན་མཆོག་གི་མདུན་དྲུང་དུ་མོས་ 6-1-390 འདུན་ཡོད་གསུངས། འདི་སྐོ ར་དུ་སློབ་བུ་བརྒྱ་ཕྲག་ཙམ་གྱིས་ཚེ་ཆོག་སྟོང་མཆོད་དང༌། དུས་འཁོར་ཆོ་གས་ཞབས་བརྟན་བསྒྲུབས། དེ་ནས་ཞག་འགའ་ལ་སློབ་བུ་རྣམས་ལའང་ ཆོས་དང་མཐུན་པའི་ཞལ་ཏ་མང་པོ་མཛད། ཚེས་བཅུ་བདུན་གྱི་མཚན་མོར་ཉིད་ཀྱིས་ཧིག་སྒྲ་ ལན་བདུན་ཙམ་མཛད། རྗེས་དེ་ཕན་དུ་བསྙུན་ཟུག་གང་ཡང་མི་མངའ་བའི་ཚུལ་དུ་བཞུགས། ཡང་སློབ་བུ་དག་གིས་བཞུགས་ཞུས་ཕུལ་ཚེ། ཞལ་ནས། སྐྱེས་མཐར་འཆི་བ། འདུས་མཐར་ འབྲལ་བ། འདུས་བྱས་མི་རྟག་པའི་ཚུལ་དང༌། རྗེ་མི་ལས་ཚེ་བློ་ཡིས་ཐོང་བའི་ཆོས་པ་ཀུན། །གཅིག་མུ་གེས་ཤི་བ་ཐོས་མ་མྱོང༌། །ཞེས་གསུངས་པ་ལྟར་ཚེ་འདི་ངོགས་བློས་ཐོང་དགོས་ ཚུལ་དང༌། དཀོར་ནག་པོ་སྲོག་གི་སྤུ་གྲི་ཡིན། །ཟས་རེག་ན་ཐར་པའི་སྲོག་རྩ་གཅོད། །ཅེས་ པ་ལྟར་གྱི་དཀོར་ཟས་ཀྱི་ཉེས་པ་མང་པོ་ཡང་གསུངས། ཡང་སྐབས་རེར་ཉིད་ཀྱི་ཞལ་ནས། སྤྱིར་ན་འཁོར་བའི་གནས་སུ་བདེ་བ་མེད། སྒོས་སུ་དེང་སང་སྙི གས་མའི་དུས་ཀྱི་རང་རྟགས་ ནད་མུག་མཚོན་གསུམ་ཆེས་དར་ཞིང་ཁྱད་པར་དུས་འཁྲུགས་བཟོད་དཀའ་བའི་འཕོ་འགྱུར་ སོགས་ལ་བསམ་ཚེ་ཁྱེད་སློབ་བུ་རྣམས་སྙི ང་རེ་རྗེའོ། །ད་འདི་འདྲའི་དུས་བདག་སྐྱེས་ཀྱང་ ཕན་ཐོགས་མི་འོང་བས་སྐབས་འདི་འདྲ་ལ་མི་སྐྱེ་བའི་སྨོན་ལམ་ཡང་ཡང་འདེབས་པ་ཡིན་ གསུངས། དེ་ནས་ཟླ་བ་བརྒྱད་པའི་ཚེས་ཉི་ཤུའི་དགུང་མོ་ནས་ཁོང་ཉིད་སྔོ ན་དེ་བཞིན་ གཤེགས་པ་མྱ་ངན་ལས་འདའ་བའི་བཞུགས་སྟངས་གློ་གཡས་པ་ས་ལ་ཕབ་ནས་སེང་གེ་ ཉལ་སྟབས་ཀྱིས་གཟིམས་པར་མཛད་ནས་སྤྱན་གཉིས་ནམ་མཁར་གཟིགས་བཞིན་ གཟུགས་ཀྱི་སྐུ་རང་ཅག་ལ་བསོད་ནམས་ཀྱི་ཞིང་དུ་ལེགས་པར་སྣང་བ་འདི་ཀ་ཉིད་ཆོས་ དབྱིངས་ཡེ་ཤེས་དམ་པའི་དགོངས་མཚོར་ཉེ་བར་ཞུགས་སོ། ། དེ་ནས་ཉིན་ཞག་དྲུག་ཏུ་འོད་གསལ་མ་བུའི་དབྱིངས་མཆོག་གི་ངང་ནས་མི་བཞེངས་ པའི་ཚུལ་མཛད་རྗེས་བླ་མ་གསལ་བཟང་ཉིད་ཕེབས་ཏེ་ཐུགས་དམ་བཀྲོ ལ་ཚེ། རྗེ་ཇོ་ནང་པ་ 6-1-391 ཆེན་པོས། ནོར་བུའི་རྩེ་མོ་ཉི་རྡུལ་བརྟན། །གཙུག་ཏོར་བྱང་སེམས་ཟླ་བ་ཉ། །ཞེས་གསུངས་ པ་ལྟར་གྱི་ཏིང་འཛིན་ཡེ་ཤེས་མཆོག་བརྙེས་པའི་སྒོ་ནས་ཟུང་འཇུག་མཐར་ཐུག་པ་མྱུར་ནས་ མངོན་བྱེད་ཀྱི་སྔ་ལྟས་དབང་མདོར་བསྟན་གྱི་རྒྱུད་ལས་གསུངས་པ་དང་མཚུངས་པའི་རྟགས་ མཚན་ཁྱད་པར་བ་དཀར་ཆ་སྟེང་གི་ཤངས་བུག་ནས་ལུད་ཅིང་དམར་ཆ་ནོར་བུའི་རྩེ་མོར་ ཆེས་གསལ་བར་བྱུང་ངོ༌། ། དེ་ནས་སྐུ་གདུང་རིན་པོ་ཆེའི་ཕུང་པོ་འདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པའི་རྒྱལ་བའི་ མཚན་བཟང་པོ་ལེགས་པར་མངའ་བ་ཉིད་གཙང་སྦྲའི་ཀུན་སྤྱོད་ཀྱིས་བཀྲུ་ཕྱི་གནས་ཀྱི་ གཟུངས་སྔགས་ཉེར་འབུལ་རིགས་ལྔའི་ཅོད་པན་གསོལ་བ་སོགས་ཀྱི་གདུང་ཆས་ལེགས་ ངེས་བྱས་ཏེ་འདུ་ཁང་དུ་སྤྱན་དྲངས་ཏེ་སློབ་བུ་འདུས་སྡེ་མང་པོས་ཉིན་ཞག་དྲུག་ཏུ་དུས་ འཁོར་ལྷ་དགུའི་ཆོ་གས་གདུང་མཆོད་ཕུལ། དེ་ནས་ཟླ་བ་དགུ་པའི་ཚེས་གཉིས་ཀྱི་ཉིན་སྐུ་ གདུང་རིན་པོ་ཆེའི་ཕུང་པོ་ཉིད་འདུས་སྡེ་མང་པོའི་སེར་ཕྲེང་གིས་མཆོད་བཀོད་ཀྱིས་བསུས་ ཏེ་གདུང་ཁང་དུ་སྤྱན་དྲངས་ནས་རྒྱུད་སྡེ་སོ་སོའི་བསྲེག་བླུགས་ཀྱིས་ཞུགས་མཆོད་ལེགས་ འབུལ་མཛད་དེ་རེ་ཞིག་གདུང་ཁང་ལ་རྒྱས་བཏབ་སྟེ་སློབ་བུ་རྣམས་ཀྱིས་མཆོད་འབུལ་རྒྱ་ ཆེར་བྱས་ནས་ཟླ་བ་དགུ་པའི་ཚེས་བཅོ་ལྔའི་ཉིན་གདུང་ཁང་ཞལ་ཕྱེ་མཛད་སྐབས་ནམ་ མཁའ་ལ་འཇའ་འོད་ཁ་དོག་སྣ་ལྔ་ཤར་བ་སོགས་ངོ་མཚར་བའི་ལྟས་བྱུང༌། དེ་ནས་སློབ་བུ་ འདུས་སྡེ་མང་པོས་དུས་འཁོར་ལྷ་དགུའི་མཆོད་ཆོག་སྟོང་ཕྲག་དང་བཅས་གདུང་རུས་རིན་པོ་ ཆེ་ལ་ཁྲུས་གསོལ་མཆོད་འབུལ་གཟབ་རྒྱས་བྱས་མཐར་གདུང་ཚྭ་ཡང་བླ་མ་གསལ་བཟང་ སོགས་བླ་སེར་ཉེར་ལྔས་ཞག་བདུན་དུ་བསྒྲུབས་ཏེ་གདུང་རུས་ཕྱེ་མས་སཱཙྪ་དང་དུས་འཁོར་ མི་འཁྲུགས་པ་སོགས་སྐུ་བརྙན་མང་པོ་ལེགས་བཞེངས་མཛད་པ་རྣམས་ཕལ་ཆེར་ཆུ་བོར་ གཤེགས་སུ་གསོལ་ཞིང༌། གདུང་རྟེན་ལྷག་མ་སོ་སོར་བགོས་ཏེ་ས་རྡོ་ལས་བཞེངས་པའི་ 6-1-392 མཆོད་རྟེན་ཆེ་ཆུང་གསུམ་དང་དངུལ་གདུང་མཆོད་རྟེན་ཆེ་ཆུང་ལྔ་ཙམ་བཞེངས། ཁྱད་པར་ སློབ་བུ་སྤྱིས་བྱ་ཡུར་དགོན་པར་གདུང་རྟེན་དུ་དུས་ཀྱི་འཁོར་ལོའི་སྐུ་གསུང་ཐུགས་ཀྱི་དཀྱིལ་ འཁོར་ཡོངས་སུ་རྫོགས་པའི་བློས་བསླངས་ཆེན་མོ་ཡང་བླ་མ་བློ་བཟང་ཆོས་འཕེལ་གྱི་ཐིག་ རྩ་མཛད་ནས་གསར་བཞེངས་ལེགས་བསྐྲུན་བྱས་ཏེ་རབ་གནས་གཙང་ཆེན་སྤྲུལ་པའི་སྐུ་ དང༌། བླ་མ་གས༵ལ་བཟ༵ང་གང་ཉིད་དང༌། བླ་མ་མཚ༵ན་ལྡན༵་སོགས་བླ་གྲྭ་ལྔ་བཅུ་ལྷག་གིས་ འགྲོ་ཕན་རྒྱས་བྱེད་ཀྱི་ཆོ་གའི་སྒོ་ནས་ཞག་བདུན་དུ་དགའ་སྟོན་བཀྲ་ཤིས་དང་བཅས་པས་ མཐའ་ལེགས་པར་བརྒྱན་པ་གྲུབ་ཅིང༌། དེ་ནས་བཟུང་གདུང་མཆོད་ལ་དུས་འཁོར་རྡུལ་ཚོན་ ཅན་གྱི་སྒྲུབ་མཆོད་ཞག་ལྔ་པ་རྒྱུན་འཛུགས་སུ་བྱས་པ་སོགས་སྒོ་གང་ཐད་ནས་མི་དམན་ པའི་བསོད་ནམས་རྣམ་དཀར་གྱི་བགྱི་བ་དོན་ལྡན་ངེས་པར་བསྒྲུབས་པ་ལགས་སོ། ། དེ་ལྟར་རྟེན་བཞེངས་མཆོད་སྒྲུབ་བྱས་ན་ལེགས་ཚོགས་ཕན་ཡོན་གྱི་སྒོ་ཡང༌། སྤྱིར་དེ་ བཞིན་གཤེགས་པ་སོགས་ཀྱི་མཆོད་རྟེན་དང་སྐུ་གཟུགས་ལེགས་བཞེངས་བགྱིས་ན་མཆོད་ རྟེན་དང་སྐུ་གཟུགས་ལ་རྡུལ་ཕྲ་རབ་ཅི་སོང་བའི་གྲངས་སྙེད་ཀྱི་མངོན་མཐོ་ལྷ་མིའི་རྒྱལ་ སྲིད་ཀྱི་བདེ་འབྱོར་རྟེན་བཞེངས་མཁན་རྣམས་ལ་ཐོབ་ཅིང༌། ཁྱད་པར་སྐུ་གཟུགས་བཞེངས་ པའི་ཕན་ཡོན་གཟུགས་བཟང་བ་དང༌། ཡིད་འོང་གི་དངོས་པོ་དང་ལྡན་པ་དང། དབང་པོའི་ སྒོ་བསྡམས་པ་དང༌། འོད་འབར་ཉི་མ་བཞིན་གཟི་བརྗིད་ཆེ་བ་དང༌། འཇིག་རྟེན་ན་མིག་ གིས་མཐོང་ཚེ་བལྟ་ན་སྡུག་པའི་ཡོན་ཏན་དང་ལྡན་པ་དང༌། མཆོད་རྟེན་བཞེངས་པའི་ཕན་ ཡོན། མྱ་ངན་མེད་པ་དང༌། ལུས་ཡོངས་སུ་བརྟན་ཞིང༌། གནོད་འཚེ་དང་བྲལ་བ་དང༌། ལོངས་ སྤྱོད་མཆོག་དང་ལྡན་པ་དང༌། རིན་པོ་ཆེའི་མཛོད་དང་ལྡན་པ་དང༌། དགྲ་ཡི་ཚོགས་དབང་ དུ་འདུ་བའི་ཡོན་ཏན་དང་ལྡན་པའི་ལེགས་ཚོགས་དེ་དག་རྟེན་བཞེངས་མཁན་གང་དག་ལ་ ངེས་པར་ཐོབ་པ་ཡིན་ཏེ། མདོ་ལས། བཅོམ་ལྡན་འདས་ཀྱི་མཆོད་རྟེན་རྣམས་དང་ནི། །སྐུ་ 6-1-393 གཟུགས་རྣམས་ལ་རྡུལ་ཕྲན་ཅི་སོང་བ། །དེ་ཡི་གྲངས་སྙེད་དེ་བྱེད་མི་རྣམས་ཀྱིས། །ལྷ་ཡུལ་ ས་སྟེང་ངེས་པར་རྒྱལ་སྲིད་ཐོབ། །སུ་དག་འདིར་ནི་རྒྱལ་བའི་གཟུགས་བྱེད་པ། །དེ་དག་ གཟུགས་བཟང་ཡིད་འོང་ཡོན་ཏན་ལྡན། །དབང་པོ་བསྡམས་ཤིང་འོད་འབར་ཉི་མ་བཞིན། །འཇིག་རྟེན་དག་ན་མིག་ཏུ་སྡུག་པར་འགྱུར། །ཐུབ་པའི་མཆོད་རྟེན་བྱེད་པའི་མི་ རྣམས་ནི། །མྱ་ངན་ཡོངས་མེད་ལུས་ཀུན་བརྟན་པ་དང༌། །ལོངས་སྤྱོད་མཆོག་ལྡན་རིན་ཆེན་མཛོད་དང་ ལྡན། །དགྲ་ཡི་ཚོགས་རྣམས་ཀུན་ཀྱང་འཐོབ་པར་འགྱུར། །ཞེས་སོགས་གསུངས་པའི་ཕྱིར། དེ་ལྟ་བུའི་མཆོད་རྟེན་སོགས་ལ་སྤོས་དང་མེ་ཏོག་སོགས་ཀྱིས་མཆོད་པ་དང་མཁན་སློབ་ གུས་པར་བསྟེན་པ་གང་དག་ལ་མཚན་བཟང་སུམ་ཅུ་རྩ་གཉིས་དང་ལྡན་པར་འགྱུར་བའི་ ཕན་ཡོན་གསུངས་པ་ཡང་མདོ་ལས། དྲི་ཞིམ་འབྲུ་མར་རྣམས་ཀྱིས་མཆོད་རྟེན་འཁྲུ། །སྤོས་ དང་མེ་ཏོག་སིལ་སྙན་སྣ་ཚོགས་འབུལ། །ཡིད་དུ་འོང་བས་མཁན་པོ་སློབ་དཔོན་བསྟེན། །དེ་ལུས་སུམ་ཅུ་རྩ་གཉིས་མཚན་དང་ལྡན། །ཞེས་གསུངས་པ་ལྟར་རོ། །ཁྱད་པར་སངས་ རྒྱས་དང་བླ་མ་སོགས་ཀྱི་རིང་བསྲེལ་ཡུངས་འབྲུ་ཙམ་ལ་མཆོད་པ་གང་བྱས་ཀུན་སངས་རྒྱས་ བླ་མ་དངོས་ལ་མཆོད་པ་དང་ཁྱད་པར་མེད་པ་ཡིན་ཏེ། མདོ་ལས། གང་ཞིག་བཞུགས་ལ་ མཆོད་པ་དང༌། །གང་ཡང་མྱ་ངན་འདས་པ་ཡི། །རིང་བསྲེལ་ཡུངས་འབྲུ་ཙམ་མཆོད་ན། ། བསོད་ནམས་མཉམ་ཞིང་འབྲས་བུའང་མཚུངས། །ཞེས་གསུངས་པའི་ཕྱིར། ཡང་སྒོས་ སུ་རང་ཅག་ལ་བཀའ་དྲིན་གསུམ་ལྡན་གྱི་དཔལ་ལྡན་བླ་མ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་ གང་ལ་གདུང་མཆོད་ཀྱིས་ཚུལ་དུ་སྤོས་དང་དྲི་བྱུག་པ་དང་གོས་རྣམ་པ་སྣ་ཚོགས་དང་ནོར་ བུ་མུ་ཏིག་སོགས་རྒྱན་དང་བཟའ་བཅའ་རོ་མཆོག་སྣ་ཚོགས་པ་གང་དག་སྦྱང་སྤེལ་མཆོག་ ཏུ་བསྒྱུར་བྱེད་སྔགས་དང་ཏིང་ངེ་འཛིན་གྱི་སྒྲུབ་མཆོད་ཟབ་མོ་ལ་བརྟེན་ནས་མཆོད་སྒྲུབ་ ལ་འབད་པ་གང་དག་འདི་ནས་ཚེ་འདི་འཕོས་པ་ན་བྱང་ཤམ་བྷ་ལ་སོགས་སྔགས་ཀྱི་ཞིང་ 6-1-394 མཆོག་ཏུ་སྐྱེ་བ་བླངས་ནས་བླ་མེད་བྱང་ཆུབ་ཀྱི་ཉེ་ལམ་ལ་བརྟེན་ནས་རིང་པོར་མི་ཐོགས་ པར་ཟུང་འཇུག་ཡེ་ཤེས་ཞི་བ་ཆེན་པོར་མཐར་ཐུག་གི་གོ་འཕང་ལ་ངེས་པར་ཕྱིན་པ་ཡིན་ཏེ། འཇམ་དཔལ་རྩ་རྒྱུད་ལས། སྤོས་དང་དྲི་དང་བྱུག་པ་ཡིས། །མཆོད་བྱ་བསྙེ ན་བཀུར་བྱ་བ་ དང༌། །རྣམ་པ་སྣ་ཚོགས་གོས་མཆོག་དང༌། །གཞན་ཡང་ནོར་བུའི་གདུབ་ཀོར་རྒྱན། །རྣམ་ པ་སྣ་ཚོགས་བཅའ་དང་བཟའ། །ཡང་དག་སྦྱར་བ་དབུལ་བར་བྱ། །རྣམ་པ་སྣ་ཚོགས་ ཕུན་སུམ་ཚོགས། །ཅི་འདོད་ཁ་ཟས་བྱས་པ་ལ། །དེ་བཞིན་སྔགས་ནི་བཟླས་བྱས་དབུལ། །སེམས་ཅན་དགེ་བའི་སྐྱེ་གནས་འགྱུར། །དམ་པའི་འགྲོ་བའི་སྐྱེ་གནས་སུ། །གྲོང་མཆོག་ དག་ཏུ་སྐྱེ་བར་འགྱུར། །མཐར་ནི་བྱང་ཆུབ་གཞོལ་འགྱུར་ཞིང༌། །ཕྱིས་ནི་ཞི་བར་ཡང་དག་ འགྲོ། །ཞེས་གསུངས་པའི་དགོངས་པ་ལྟར་ཡིན་པའི་ཕྱིར། རང་ཅག་རྣམས་ལ་གསང་ཆེན་ ཐེག་པའི་དབང་ལུང་མན་ངག་མཆོག་གནང་བའི་དཔལ་ལྡན་བླ་མའི་བཀའ་དྲིན་ལ་བསམ་ ན་མཆོད་ཡུལ་གཞན་སྤངས་ནས་བླ་མ་ཉིད་ལ་མཆོད་པ་ཡང་དག་གིས་མཆོད་པས་ཐུགས་ མཉེས་པར་བྱས་ན་དེའི་སྟོབས་ཀྱི་ཡེ་ཤེས་མཆོག་མྱུར་ནས་ཐོབ་ཅིང༌། བླ་མ་སློབ་དཔོན་ མཆོད་པ་དང་རྡོ་རྗེ་སེམས་དཔའ་མཆོད་པ་ཁྱད་པར་མེད་པས་མཆོད་མཁན་སློབ་བུ་གང་དེ་ དག་གིས་བསོད་ནམས་མ་ལུས་པ་བསགས་པ་དང་དཀའ་ཐུབ་ཀྱི་སྡོམ་པའི་བརྟུལ་ཞུགས་ མཐའ་དག་ལ་གནས་པ་ཡིན་ཏེ། གསང་འདུས་རིམ་ལྔ་ལས། མཆོད་པ་ཐམས་ཅད་ཡོངས་ སྤངས་ནས། །བླ་མ་མཆོད་པ་ཡང་དག་བརྩམས། །དེ་མཉེས་པས་ནི་ཀུན་མཁྱེན་གྱི། །ཡེ་ ཤེས་མཆོག་ནི་ཐོབ་པར་འགྱུར། །བླ་མེད་བྱེད་པ་སློབ་དཔོན་གྱི། །རྡོ་རྗེ་སེམས་དཔའ་ མཆོད་བྱས་པས། །དེ་ཡིས་བསོད་ནམས་མ་བྱས་ཅི། །དཀའ་ཐུབ་མ་བསྟེན་གང་ཞིག་ཡོད། །ཅེས་གསུངས་པའི་ཕྱིར། གསང་འདུས་སྒྲོན་གསལ་ལས་ཀྱང༌། རིགས་ཀྱི་བུ་སངས་རྒྱས་ བཅོམ་ལྡན་འདས་ཕྱོགས་བཅུ་ན་ཇི་སྙེ ད་བཞུགས་པ་དང༌། སངས་རྒྱས་བཅོམ་ལྡན་འདས་ 6-1-395 དེ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་བྱུང་བའི་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་པ་ དེ་བས་ཀྱང་སློབ་དཔོན་གྱི་བ་སྤུའི་བུ་ག་གཅིག་གི་བསོད་ནམས་ཁྱད་པར་འཕགས་སོ། །དེ་ ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྙི ང་པོར་གྱུར་ པའོ། །ཞེས་གསུངས་པ་ལྟ་བུའི་བསོད་ནམས་ཀྱི་ཞིང་ཆེས་ཁྱད་པར་དུ་འཕགས་པ་དང༌། གཞན་ཡང་མདོ་རྒྱུད་རྣམས་སུ་བསྐལ་པ་གྲངས་མེད་པར་རྒྱལ་བ་རྣམས་ལ་རིན་པོ་ཆེས་ཞིང་ ཁམས་བཀང་ཏེ་འབུལ་བ་བས་བླ་མའི་སྐུ་ལ་མཆོད་པ་ཕྲ་མོ་ཙམ་ཕུལ་བའི་བསོད་ནམས་ཆེ་ བ་དང༌། བླ་མ་ལ་མཆོད་པ་འབུལ་བས་ཚེ་འདིར་ནད་རིམས་གདོན་སོགས་ཀྱིས་མི་འཚེ་ཞིང་ ཕྱོགས་བཅུའི་རྒྱལ་བ་ཀུན་ལ་མཆོད་འབུལ་བྱས་པ་དང་ཁྱད་པར་མེད་པས་མཆོག་ཐུན་མོང་ གི་དངོས་གྲུབ་མཐའ་དག་ངེས་པར་ཐོབ་པར་གསུངས་པ་སོགས་ལ་བསམ་པར་བྱ་དགོས་ སོ། ། ཡང་འོ་སྐོལ་གྱི་དཔལ་ལྡན་བླ་མ་རྡོ་རྗེ་འཆང་དཔའ་བོ་མཁའ་འགྲོའི་ཚོགས་བཅས་ གནས་དག་པ་འོག་མིན་དུ་བཞུགས་པ་ལ་མོས་གུས་དད་པ་མི་ཕྱེད་པ་དང་བཅས་སྙིང་ནས་ གདུང་ཤུགས་ཀྱི་འོ་དོད་དྲག་པོའི་ང་རོའི་དབྱངས་ཀྱིས་འབོད་པར་བྱས་ན་སྐྱེས་བུ་འབོད་ བཞིན་མངོན་སུམ་དུ་བྱོན་ངེས་པར་འོང་བ་ཡིན་ཏེ། རྡོ་རྗེ་གུར་གྱི་རྒྱུད་ལས། མཁའ་འགྲོ་མ་ དང་རང་བཙུན་མོ། །མངོན་སུམ་དུ་ནི་བྱ་བའི་ཕྱིར། །སྔགས་ནི་སྙན་གསན་འབེབས་པར་ བྱེད། །དཔེར་ན་སྐྱེས་བུ་ལ་ལ་ཞིག །སྐད་ཀྱི་ང་རོས་བོས་པ་ན། །མངོན་སུམ་དུ་ནི་འོང་ འགྱུར་བ། །དེ་བཞིན་དེ་བཞིན་གཤེགས་ཀུན་གཤེགས། །ཞེས་གསུངས་པའི་དགོངས་དོན་ དང་ཉེ་བར་མཚུངས་པ་ཡིན་པའི་ཕྱིར་རོ། །དེ་དག་གིས་དཔལ་ལྡན་བླ་མ་ངག་དབང་བསྟན་ པ་རབ་རྒྱས་དཔལ་བཟང་པོ་གང་གི་རྣམ་པར་ཐར་པ་མདོ་ཙམ་ལེགས་པར་བརྗོད་ཟིན་ཏོ། ། འདིར་སྨྲས་པ། 6-1-396 གསང་ཆེན་ཉམས་བརྒྱའི་ལང་ཚོ་ཅིར་ཡང་བཀྲ། ། མཁའ་ཁྱབ་རང་བཞིན་འོད་གསལ་སྐུ་རྡོ་རྗེ། ། ནམ་ཡང་མཛད་པ་རིས་སུ་ཆད་མིན་པ། ། ནང་རིག་དོན་དམ་བླ་མ་རྒྱལ་གྱུར་ཅིག ། འདི་ན་གདུལ་བྱའི་མོས་ངོར་རོལ་པའི་འཕྲུལ། ། བཤེས་གཉེན་བསྟེན་དང་ཆོས་ལ་གསན་སྦྱངས་སོགས། ། དང་པོའི་ལས་ཅན་དག་དང་འཚམས་པ་གང༌། ། དེ་ཀུན་བླ་མའི་ཕྱི་ཡི་རྣམ་ཐར་ལགས། ། དམ་པའི་བྱིན་རླབས་སྙི ང་ལ་ཞུགས་ཚུལ་གྱིས། ། གདམས་དོན་ཇི་བཞིན་ཉམས་སུ་ལེན་པ་ལ། ། གཞན་དང་འགྲན་ཟླ་བྲལ་བའི་བརྩོན་མཆོག་འདི། ། དམ་པ་གང་དེའི་ནང་གི་རྣམ་ཐར་ཚུལ། ། གསང་ཆེན་ཐེག་པའི་ཡང་བཅུད་རིམ་གཉིས་ལས། ། རྫོགས་རིམ་གཉུག་མ་བདེ་སྟོང་ཡེ་ཤེས་འཕྲུལ། ། རྩོལ་བྲལ་སེམས་ཀྱི་གཤིས་སུ་ཆེས་མངོན་པ། ། གང་འདི་གསང་བའི་རྣམ་ཐར་ཟླ་མེད་དོ། ། དང་པོ་གདམས་ང༵ག་མང་གསན་སྒྲོ་འདོགས་བཅད། ། བར་དུ་གདམས་དོན་ཉམས་བླངས་རང་དབ༵ང་ཐོབ། ། ཐ་མ་གསང་ཆེན་བསྟན༵་པ༵འི་དྭངས་བཅུད་བརྙེས། ། ཆོས་མཆོག་ར༵བ་རྒྱ༵ས་མགོན་དེའི་ཐུགས་རྗེས་སྐྱོངས། ། 6-1-397 གང་དེའི་གསང་གསུམ་མཛད་པ་མཁའ་མཉམ་ལས། ། ཁབ་མིག་བུ་གར་དཔེ་ཟླ་འོས་ཙམ་གྱི། ། ཕྲ་བའི་ཆ་ལ་རྟོག་དཔྱོད་མཚོན་ཙམ་འདི། ། གང་གི་སློབ་འགའི་གསུང་སྒྲོས་ཁོ་ན་བསྐྱངས། ། ཚུལ་འདི་བླ་མ་དགྱེས་པའི་མཆོད་སྤྲིན་དང༌། ། མཐུན་འོས་གང་མཆིས་དེ་ལུགས་གནས་སུ་སྨོན། ། གང་ལེགས་མིན་པའི་ནོངས་ཆ་ཡོད་དོ་ཅོག ། དེས་ཀྱང་ཉེས་མེད་བླ་མའི་ཐུགས་ཟིན་ཤོག ། རབ་དཀར་གང་མཆིས་འདི་ནི་འགྲོ་ཀུན་ལ། ། གནས་སྐབས་མཐར་ཐུག་ཕན་པའི་རྒྱུར་གྱུར་ཏེ། ། ཀ་ལཱ་པ་རུ་བླ་མ་བཞུགས་དྲུང་དུ། ། དེ་ཀུན་གདུལ་ཞིང་འབའ་ཞིག་ཉིད་གྱུར་ཅིག ། ཅེས་དཔལ་ལྡན་བླ་མ་ངག་དབང་བསྟན་པ་རབ་རྒྱས་ཀྱི་རྣམ་པར་ཐར་པ་མདོ་ཙམ་བཀོད་པ་དད་པའི་མྱུ་གུ་འཕེལ་བྱེད་ ཅེས་བྱ་བ་འདི་ཡང་གང་གི་བུ་སློབ་ཐུགས་སྲས་མཆོག་དག་གིས་དབུར་བཅས་འདུས་སྡེ་སྤྱིས་བཀའ་གནང་སྤྱི་བོར་སོན་ཅིང་འདི་ རྩོམ་པའི་སྐུལ་མ་དང་ཁྱད་པར་ཐུགས་སློབ་ཉམས་མྱོང་ལ་བརྩོན་པ་གྲྭ་བཙུན་མཁས་ཚུལ་ཆོས་མཛོད། ངག༵་བློ༵ས་རྣམས་ཀྱིས་ ཆེད་གཉེར་མཛད་དེ་ལྷ་རྫས་དར་བཟང་སོགས་བཀྲ་ཤིས་པའི་དངོས་རྫས་མཁོ་འོས་སྔ་ཕྱི་ཀུན་ཏུ་ཡང་ཡང་སྤྱི་སྒོས་ཐམས་ཅད་ ཀྱིས་གནང་སྦྱིན་དང་བཅས་བསྐུལ་ངོར། མ་ཏི་ཀིརྟི་ཞེས་པས་སྦྱར་བའོ།། །།དགེ་ལེགས་འཕེལ། སླར་ཡང་སྨྲས་པ། རྨད་བྱུང་ངོ་མཚར་དཔལ་ཡོན་བདག །དོན་དམ་རྣམ་ཀུན་རོལ་པ་ ཅན། །གང་འདུལ་མོས་སྣང་དེར་འཆར་བ། །ཡེ་བཞུགས་སྙི ང་པོ་མཆོག་འདི་རྒྱལ། །གང་ ཉིད་ཆོས་སྐུ་རང་བྱུང་ཁམས། །དཔལ་ལྡན་འཁོར་འདས་སྲོག་གི་བཅུད། །ངེས་པ་དོན་གྱི་ 6-1-398 བླ་མའི་ ཐུགས། །ཡ་མཚན་ལེགས་སྣང་དུས་ཀུན་ངོམ། །དེ་ལས་ལྗོ ངས་འདིར་གདུལ་བྱའི་ ངོར། །གསང་ཆེན་མན་ངག༵་དབ༵ང་བའི་མཛོད། །བསྟན༵་པ༵འི་ཡང་བཅུད་རབ༵་རྒྱ༵ས་ཕུལ། །འགྲོ་འདྲེན་མཆོག་དེའི་རྟོགས་བརྗོད་གཏམ། །གསང་གསུམ་མཛད་བཟང་མཁའ་མཉམ་ ལས། །ཆེས་ཉུང་ས་བོན་ཙམ་གྱི་ཆར། །བརྗོད་འོས་རྣམ་པར་ཐར་པ་གང༌། །སློབ་ཚོགས་དད་ གསུམ་སྤེལ་བའི་རྐྱེན། །ཡུན་རིང་ནུབ་མེད་ཕྱོགས་བརྒྱར་སྤྲོ། །གཅིག་ལས་དུ་མར་འབྱུང་ བའི་འཕྲུལ། །ཆོས་གཞི་པར་གྱི་དཔག་བསམ་ལྗོ ན། །གང་འདོད་ཆོས་སྣང་ལེགས་འཇོ་བ། །བསྟན་འགྲོར་ཉེར་ཕན་འབྱུང་སླད་དང༌། །དཔལ་ལྡན་བླ་མར་དགྱེས་མཆོད་དུ། །གང་གི་ ཐུགས་སློབ་ཆོ༵ས་འཛི༵ན་དཔ༵ལ། །ངག༵་བློ༵ས་མཁ༵ས་ཚུ༵ལ་ཆོ༵ས་མཛོད་དང༌། །ཁྱད་པར་ལྷག་ བསམ་རབ་དགེ་བ། །དབྱ༵ངས་སྙ༵ན་ལ་སོགས་སློབ་ཚོགས་ཀྱིས། །བསོད་ནམ་བསགས་སྒོ་ ཟླ་བྲལ་བ། །རྒྱུ་རྐྱེན་གང་དགོས་ལེགས་པར་སྦྱར། །ཆོས་སྦྱིན་མཆོད་སྡོང་དཔག་བསམ་ ཤིང༌། །སྔར་མེད་འདོད་འབྱུང་ལྗོ ན་བཟང་ཉིད། །ཟབ་རྒྱས་གླིང་གི་ནོར་འཛིན་གཞིར། །བསོད་ནམས་ཞིང་མཆོག་ཉེ་བར་སྐྲུན། །ལེགས་བྱས་སྤར་རྐོས་འདུ་བྱེད་གང༌། །སོར་མོའི་ འཕྲུལ་ཆེན་འཛིན་པ་ཉིད། །ཆེས་སྤེལ་དར་རྒྱས་རྟེན་འབྲེལ་མིང༌། །དེ་ཡང་དགེ་མཚན་དར་ བའི་ལྟས། །བསོད་ནམས་དོན་ལྡན་ལེགས་གྲུབ་ཀྱི། །རབ་དཀར་དགེ་བ་ཟླ་འོད་ཟིལ། །དུང་དང་ཀུན་ད་ལྟར་དཀར་བ། །ཡ་མཚན་རྨད་བྱུང་མཚུངས་མེད་པས། །རྒྱལ་བསྟན་སྤྱི་ དང་གསང་ཆེན་ཐེག །སྒོ་གང་ཐད་ནས་ཡོངས་རྒྱས་ཤིང༌། །བསྟན་འཛིན་རྣམས་ཀྱང་བཤད་ སྒྲུབ་འཕེལ། །ཁྱད་པར་དཔལ་ལྡན་བླ་མ་ཡི། །ཐུགས་སློབ་ཀུན་ལ་སྒྲིབ་སྦྱངས་དང༌། །ཚོགས་རྫོགས་ཉམས་སྣང་ཆེས་འཕེལ་ཏེ། །གཞན་ཡང་འདི་ལ་འབྲེལ་ཚད་ཀུན། །བླ་མའི་ གདུལ་ཞིང་མཆོག་གྱུར་ཅིག །ཅེས་ངག་དབང་བསྟན་པ་རབ་རྒྱས་ཀྱི་རྣམ་ཐར་པར་བསྐྲུན་སྐབས། མ་ཏིས་སྨོན་ཚིག་ ཏུ་སྨྲས་པ་དགེ་བར་གྱུར་ཅིག། །། སརྦ་མངྒ་ལཾ། 6-1-399 ཨ໋་སྭ་སྟི། ངོ་མཚར་སྒྱུ་འཕྲུལ་དྲྭ་བའི་རོལ་གར་ལས། །ཕུན་ཚོགས་བཀྲ་ཤིས་དཔལ་གྱི་ ཆེ་བ་རྫོགས། །ས་གསུམ་ལ་འོས་གང་འདུལ་མཛད་བཟང་ཅན། །ཆོས་སྐུའི་མངའ་བདག་བླ་ མ་རྗེ་ལ་འདུད། །གང་གི་གསང་གསུམ་ཆ་ཤས་ཕྲ་བའི་འཕྲུལ། །སྙི གས་མའི་གདུལ་བྱར་ དེར་སྣང་མཚན་ཙམ་ལས། །གསང་ཆེན་བསྟན་པ་རབ་ཏུ་རྒྱས་བྱེད་ཚུལ། །རྟོགས་བརྗོད་ ཆེས་སྤེལ་རབ་དཀར་བསོད་ནམས་ཀྱིས། །དཔལ་ལྡན་སྔགས་ཀྱི་ཞིང་མཆོག་ཤམྦྷ་ལར། །ད་ལྟ་རྩ་བའི་བླ་མ་བཞུགས་པའི་མདུན། །སློབ་ཚོགས་འདི་ནས་འཕོས་ཚད་དེར་སྐྱེས་ ཏེ། །རྐྱེན་གེགས་ཉམས་ཆག་གང་གིས་གོས་མེད་ཤོག །སྐྱེས་མ་ཐག་ནས་བླ་མའི་གདུལ་ ཞིང་གྱུར། །གསང་ཆེན་ཐེག་མཆོག་ལ་ཞུགས་སྐལ་བཟང་ཐོབ། །དབང་རྒྱུད་མན་ངག་ཟབ་ མོས་རྗེས་བཟུང་སྟེ། །རིམ་གཉིས་ལམ་གྱི་ལེགས་སྒོ་ཡོངས་འགྲིག་ཤོག །སྔོ ན་གོམས་ ཤུགས་དང་བླ་མའི་བྱིན་རླབས་ལས། །འཁོར་བར་ཞེན་ལོག་གཞན་ཕན་བྱང་ཆུབ་སེམས། །ཟབ་མོའི་ལྟ་བ་སྤྱི་དང་ཁྱད་པར་དུ། །ངེས་དོན་རྫོགས་ལྡན་ལྟ་དགོངས་མྱུར་ཆུབ་ཤོག །དེར་ བརྟེན་མ་དག་ཐ་མལ་ཡོངས་སྦྱངས་ཤིང༌། །ཡེ་ཤེས་རང་གཟུགས་གསང་གསུམ་འཁོར་ལོའི་ ཆ། །སྣ་ཚོགས་རོལ་པ་ཅི་ཡང་འཆར་བའི་ལམ། །རིམ་པ་དང་པོའི་རྣལ་འབྱོར་མཆོག་རྒྱས་ ཤོག །ཡེ་ཤེས་དཀྱིལ་འཁོར་མོས་བློས་བཏགས་པའི་རིགས། །ཡོངས་ཟད་གཉུག་མ་ཆོས་ ཉིད་ལྷར་ཤར་བ། །དོན་དམ་རྣམ་ཀུན་དབྱིངས་ཀྱི་བཀོད་ཆེན་ཚོགས། །ཇི་བཞིན་མངོན་བྱེད་ རིམ་གཉིས་མཐར་ཕྱིན་ཤོག །བསོད་ནམས་ཡེ་ཤེས་ཚོགས་ཆེན་དེ་འདྲའི་ངང༌། །རང་གཞན་ དོན་གཉིས་སྤྱོད་བཟང་མིག་འཕྲུལ་ལྟར། །མཁའ་མཉམ་འགྲོ་ལ་རིས་སུ་ུཆད་མེད་པར། །གདོད་མ་ཆོས་སྐུའི་མཛད་ཆེན་མྱུར་སྤྱོད་ཤོག །ཇི་སྲིད་དེ་མ་ཐོབ་པའི་གནས་སྐབས་སུ། །དཔལ་ལྡན་བླ་མའི་བྱིན་རླབས་ལ་བརྟེན་ནས། །ཆོས་ལ་གེགས་བྱེད་དམ་ཚིག་ཉམས་ཆག་ སྦྱངས། །བསམ་པའི་དོན་ཀུན་ཡིད་བཞིན་འགྲུབ་པར་སྨོན། །བླ་མ་མཆོག་གི་ཆོས་སྐུ་ཀུན་ 6-1-400 ཁྱབ་དབྱིངས། །དོན་དམ་སྐྱབས་གསུམ་རྒྱུད་སྡེ་རྒྱ་མཚོའི་བདག །ཡེ་ནས་གཞི་འབྲས་དབྱེར་ མེད་ཚུལ་དུ་བཞུགས། །མཐུ་དེས་སྨོན་དོན་གཡེལ་བ་མེད་གྱུར་ཅིག །ཅེས་དཔལ་ལྡན་བླ་མ་བསྟན་པ་ རབ་རྒྱས་ཀྱི་རྣམ་ཐར་བསྐྲུན་སྐབས་དགེ་བའི་སྨོན་ཚིག་སློབ་ཚོགས་ཀྱི་ཐུགས་བསྐྱེད་ཉེར་བསྐུལ་འདི་ཡང་རྟེན་བཞེངས་རྩ་ལག་ པ་གང་སློབ་དབྱ༵ངས་སྙ༵ན་གྱི་མོས་འདུན་མ་བཟློ ག་ཙམ་དུ་མ་ཏིས་སྦྱར་བ་དགེའོ།། །། 6-1-401 ༄༅། །དཔལ་ལྡན་བླ་མ་ངག་དབང་དཔལ་བཟང་པོའི་རྣམ་པར་ ཐར་པ་རྡོ་རྗེའི་སློབ་མའི་དག་སྣང་སྦྱོང་བྱེད་ཅེས་ བྱ་བ་བཞུགས་སོ།། ༄༅། །ན་མོ་བཛྲ་དྷཱ་ར་ཡེ། མི་ཤིགས་གདོད་ནས་རང་བྱུང་བདེ་ཆེན་བདག །རྣམ་ ཀུན་གཟུགས་སྐུ་ཕྲ་བའི་ལུས་བཟང་འབར། །སྲིད་མིན་སྲིད་པའི་ཆོ་འཕྲུལ་རོལ་པའི་གར། །དང་པོའི་སངས་རྒྱས་རྟག་པའི་མགོན་དེར་འདུད། །མ་ལུས་རིགས་ཀྱི་བདག་པོ་ཡེ་ཤེས་སྐུ། །རང་སྣང་དག་པའི་གཞལ་མེད་བཀོད་པའི་དབུས། །ངོ་མཚར་སྒྱུ་མའི་རོལ་གར་འབྱམས་ ཀླས་པའི། །ཁྱབ་བདག་རྡོ་རྗེ་འཆང་གིས་དགེ་མཚན་ཕོབ། །དབང་སྔོ ན་མཁའ་ལ་བྲིས་པའི་ འཇའ་ཟེར་བཞིན། །དྲི་བྲལ་ཐུགས་མཆོག་དབྱིངས་ལས་གཟུགས་སྐུའི་འཕྲུལ། །གང་འདུལ་ མོས་ངོར་མཛད་བཟང་རབ་འབྱམས་ཅན། །ཞིང་རྡུལ་སྙེ ད་ལ་ཡིད་རབ་དྭངས་པས་མཆོད། །ཁྱད་པར་ཀུན་ནས་མཛད་པ་རྨད་བྱུང་བ། །རབ་དགའི་ཤུགས་ཀྱིས་བདག་སོགས་སྐྱོང་བའི་ གཉེན། །གདམས་ཟབ་ངག་གིས་འགྲོ་ཕན་སྤེལ་མཛད་མགོན། །དཔལ་ལྡན་ཀུན་བཟང་ སྤྱོད་འཆང་རྗེ་ལ་འདུད། །ཀུན་རྟོག་གྲྭ་ཟུར་དབྱིངས་ནས་ཆོམ་པའི་གཤིས། །དགའ་ཆེན་བདེ་ བའི་འཁོར་ལོ་རྟག་འབར་བ། །མན་ངག་ཟབ་གསང་ཐུགས་ཀྱི་དགོངས་མཚོར་རྡོལ། །རིམ་ གཉིས་དཔལ་མངའ་ཐུགས་རྗེ་བཟང་པོའི་དཔྱིད། །གང་གི་གསང་གསུམ་ཀུན་ཁྱབ་ཐམས་ ཅད་པ། །རྣམ་པ་རིས་སུ་མ་ཆད་རབ་དགའི་འཕྲུལ། །ཇི་བཞིན་ང༵ག་གིས་བརྗོད་བྱའི་ཡུལ་ 6-1-402 ལས་འདས། །ཡོན་ཏན་དཔ༵ལ་ལས་བཟང་ཆ་ཉག་ཙམ་གླེང༌། ། དེ་ལ་འདིར་མཁའ་ཁྱབ་གདོད་ནས་བཞུགས་པའི་དཔལ་ལྡན་དང་པོའི་སངས་རྒྱས་ སྲིད་ཞི་རོ་མཉམ་གྱི་ངོ་བོ་ཡེ་ཤེས་རྒྱ་མཚོའི་བདག་ཉིད་ལས་རང་སྣང་དག་པ་མཆོག་གི་སྣང་ བ་མུ་མཐའ་མེད་པ་གང་དག་དང་དེ་ལས་ཀྱང་གང་འདུལ་གྱི་གདུལ་བྱ་རྣམས་ལ་སྣང་རུང་ གི་ཡེ་ཤེས་སྒྱུ་མ་ཆེན་པོའི་ངོ་མཚར་བའི་འཕྲུལ་བཀོད་སྣ་ཚོགས་པ་གདུལ་བྱ་རང་རང་དང་ འཚམས་པ་དུས་ནམ་དུ་ཡང་རིས་སུ་ཆད་མིན་མི་ཟད་རྒྱན་གྱི་འཁོར་ལོ་ཉིད་དུ་རྟག་པར་ གནས་པ་སྟེ། ཐབས་ཚུལ་གྱི་སྒོ་དེ་འདྲ་ལས་རང་ཅག་རྣམས་དང་སྐལ་བ་ཉེ་བར་འཚམས་ པའི་མཛད་བཟང་མཆོག་གི་རོལ་པ་ཡང་དེ་ལུགས་ལྟར་སེམས་ཅན་གང་དག་གི་ཡིད་ཀྱི་ རྗེས་སུ་ངེས་པར་འགྲོ་བ་ཡིན་ཕྱིར་ད་ལྟ་བདག་ཅག་གི་དཔལ་ལྡན་བླ་མ་བཀའ་དྲིན་གསུམ་ ལྡན་གྱི་རྡོ་རྗེ་འཛིན་པ་ཆེན་པོ་དེ་ཡང་གང་འདུལ་གྱི་གདུལ་བྱ་ལ་དུས་སུ་སྐྱོབ་པའི་མགོན་ གཅིག་ཆོག་ཏུ་གཞི་དབྱིངས་ཆོས་སྐུ་ཉག་གཅིག་ལས་ཤར་བ་ཡིན་ཞིང༌། དེ་འདྲའི་བཀའ་ དྲིན་གསུམ་ལྡན་གྱི་བླ་མ་རང་ཅག་ལ་བསོད་ནམས་ཀྱི་སྐལ་བ་དུས་འདི་ཉིད་དུ་ལེགས་པར་ ཐོབ་པའི་སྐྱབས་མགོན་དེ། མཁའ་འགྲོ་མ་རྡོ་རྗེ་གུར་གྱི་རྒྱུད་ལས། །སངས་རྒྱས་ཀུན་གྱི་ རང་བཞིན་སྐུ། །ཡན་ལག་བྱང་ཆུབ་སེམས་དཔའ་སྟེ། །བ་སྤུ་རྣམས་ནི་དགྲ་བཅོམ་ཉིད། །སྤྱི་ གཙུག་རིགས་ལྔ་སངས་རྒྱས་སྟེ། །འཇིག་རྟེན་པ་ནི་ཞབས་ཀྱི་གདན། །འོད་ཟེར་གནོད་སྦྱིན་ གསང་ལ་སོགས། །དེ་ལྟར་ཡོན་ཏན་རང་བཞིན་ལུས། །རྣལ་འབྱོར་ཅན་གྱིས་རྟག་ཏུ་བལྟ། །ཞེས་གསུངས་པ་ལྟར་རང་ལ་རྒྱུད་ལེགས་སྨིན་ཐབས་ཀྱི་དབང་ལུང་མན་ངག་སྟོན་པའི་བླ་ མ་བཀའ་དྲིན་གསུམ་ལྡན་གྱི་རྡོ་རྗེ་འཛིན་པ་ཉིད་དེ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ ཀྱི་སྐུའི་བདག་ཉིད་དང་བྱེ་བྲག་ཏུ་བསམ་ན་དཔལ་ལྡན་བླ་མའི་སྐུའི་ཡན་ལག་རྣམས་བྱང་ ཆུབ་སེམས་དཔའ་དང་བ་སྤུ་རྣམས་དགྲ་བཅོམ་པའི་རང་བཞིན་སྤྱི་གཙུག་རྒྱལ་བ་རིགས་ 6-1-403 ལྔའི་བདག་ཉིད་འཇིག་རྟེན་གྱི་ཆེ་དགུ་མཐའ་དག་གིས་ཞབས་ལ་གཏུགས་པའི་སྐྱབས་ གནས་ཆེ་བ་སྟེ་འོད་ཟེར་ཅན་དང་གནོད་སྦྱིན་དང་གསང་བ་པ་ལ་སོགས་པའི་མཐུ་མ་ལུས་ པ་ཀུན་མངའ་བའི་ཡོན་ཏན་མང་པོའི་རང་བཞིན་དུ་གདུལ་བྱ་རྡོ་རྗེ་སློབ་མ་གང་དག་གིས་ཇི་ བཞིན་ལེགས་པར་བལྟ་དགོས་ཤིང་སྣང་འདུན་དག་པའི་ཡུལ་དུ་བྱེད་པ་གལ་ཤིན་ཏུ་ནས་ ཀྱང་ཆེ་ལ། དེ་ཡང་རྒྱུད་སྒྱུ་འཕྲུལ་དྲྭ་བ་ལས། རེ་ཞིག་དང་པོར་དངོས་གྲུབ་ནི། །སློབ་དཔོན་ རྗེས་སུ་འབྲང་ཡིན་པས། །སློབ་དཔོན་མེད་པར་གྱུར་ནས་ནི། །དངོས་གྲུབ་ཐོབ་པར་མི་ འགྱུར་བས། །ཞེས་གསུངས་པ་ལས་དང་པོ་པ་དངོས་གྲུབ་འདོད་པ་ཐམས་ཅད་ཀྱིས་ནི་ སློབ་དཔོན་ཉིད་མཉེས་པར་བྱ་བ་ལམ་ཐམས་ཅད་ཀྱི་རྩ་བ་ཡིན་ཏེ། དངོས་གྲུབ་རབ་འབྲིང་ ཐ་གསུམ་གང་ཡིན་ཀྱང་སློབ་དཔོན་རྡོ་རྗེ་འཛིན་པ་ཉིད་ལ་རག་ལས་ཤིང་སློབ་དཔོན་དེ་འདྲ་ མེད་པར་ནམ་ཡང་དངོས་གྲུབ་ཐོབ་མི་སྲིད་པ་ལྟ་བུ་ཡིན་པའི་ཕྱིར། དེས་ན་དཔལ་ལྡན་རྩ་ བའི་བླ་མ་ཉིད། བདེ་མཆོག་གི་རྒྱུད་ལས། རང་སེམས་སྟོན་པའི་བླ་མ་ནི། །ཞེས་དང༌། སྤྱི་ བོའི་གཙུག་ཏུ་སུས་བསྒོམ་པ། །ཞེས་སོགས་ལྟར་མོས་གུས་ཀྱིས་ལེགས་པར་བསྒོམ་སྟེ། ཡེ་ ཤེས་རྒྱ་མཚོའི་རྒྱུད་ལས། བླ་མའི་སྐུ་ཡི་དཀྱིལ་འཁོར་ལ། །དབང་བཞི་ཡོངས་སུ་རྫོགས་པར་ བླང༌། །ས་ལམ་རིམ་པ་མ་ལུས་བགྲོད། །ཅེས་སོགས་གསུངས་པ་ལྟར་བླ་མའི་གནས་བཞི་ ལས་དབང་བཞི་བླངས་པའི་དམིགས་པས་བྱིན་རླབས་འབེབས་པ་བྱས་ན་ཡེ་ཤེས་གསར་དུ་ སྐྱེ་བ་ལ་ཆེས་མྱུར་པའི་དགོས་པ་སོགས་ཡོད་ཅིང༌། ཡེ་ཤེས་སྒྲོན་མའི་རྒྱུད་ལས། ལྷ་སྐུ་བྱེ་ བ་ས་ཡ་སྟོང་བསྒོམ་པས། །བླ་མའི་སྐུ་གཅིག་བསྒོམ་པའི་བསོད་ནམས་ཆེ། །ཞེས་སོགས་ དེ་འདྲ་ཆེས་མང་པོའི་སྒོ་ནས་ལྷ་གཞན་ཇི་ལྟར་བསྒོམ་པ་བས་རང་གི་བླ་མའི་སྐུ་བསྒོམ་པ་ མཆོག་ཏུ་གྱུར་ཚུལ་སོགས་ལ་བསམ་ནས་རང་ཅག་རྣམས་ཀྱི་བཀའ་དྲིན་གསུམ་ལྡན་གྱི་ བླ་མ་རྡོ་རྗེ་སློབ་དཔོན་མཆོག་ཉིད་ལ་སྒོ་གང་ཐད་ནས་མོས་གུས་དག་སྣང་བྱ་བ་འདི་བྱིན་ 6-1-404 རླབས་ཉམས་མྱོང་འདོད་པ་དག་ལ་ནམ་ཡང་མེད་མི་རུང་བ་ཡིན་ནོ། ། དེ་ལྟ་བས་ན་འདིར་བྱིན་རླབས་འཇུག་པའི་སྒོ་དམ་པ་ལམ་ཉམས་ལེན་པ་གང་དག་ གིས་རང་རང་ལ་བཀའ་དྲིན་ཆེ་བའི་བླ་མ་མཆོག་ཉིད་ལ་མོས་གུས་དག་སྣང་སངས་རྒྱས་ དངོས་མཐོང་གི་ཡིད་ཆེས་ཀྱི་དད་པ་བརྟན་པོ་ངེས་པར་བྱ་དགོས་ན་དེ་འདྲའི་དད་པ་སྐྱེ་བའི་ རྐྱེན་མཆོག་ཏུ་གྱུར་པ་གང་ཞེ་ན་དཔལ་ལྡན་བླ་མ་གང་ཉིད་ཀྱིས་གསང་གསུམ་མཛད་པའི་ རྣམ་པར་ཐར་པ་ཇི་བཞིན་བསམ་ནས་ཡིད་ཀྱི་དང་བ་འདྲེན་པའི་སྒོ་ནས་ཡིད་ཆེས་ཀྱི་དད་ པའི་སྣ་དྲངས་དགོས་ཤིང༌། དེ་འདྲའི་ཡིད་ཆེས་ཀྱི་དད་པ་ཡོད་ན་བླ་མ་སངས་རྒྱས་དངོས་ མཐོང་གི་འདུ་ཤེས་སྐྱེ་སླ་བར་གྱུར་ཏེ་རིམ་པས་དཀའ་ཚེགས་མི་དགོས་པར་དག་སྣང་ཁྱད་ པར་བ་ངེས་པར་འབྱུང་ལ། དེ་འདྲའི་དག་སྣང་དང་བཅས་ཡིད་ཁྱེད་ཤེས་ཀྱི་བློ་གཏིང་ནས་ བཀལ་ཏེ་གསོལ་བ་ཕུར་ཚུགས་སུ་འདེབས་པ་ལྷུར་ལེན་ནུས་ན་ཡུལ་གྱི་བླ་མ་རབ་འབྲིང་ཐ་ གསུམ་ཇི་ལྟར་ཡིན་ཡང་རུང་སློབ་མ་རང་ལ་བྱིན་རླབས་ཀྱི་ཚན་ཁ་ཆེས་ལྷག་པར་མྱུར་ཞིང་ འཇུག་སྟོབས་རྒྱ་ཆེ་བ་གཞན་ལས་ཁྱད་འཕགས་འབྱུང་བའི་རྟེན་འབྱུང་ནི་རྣམ་པ་ཀུན་ཏུ་མི་ བསླུ་བ་མ་ཟད་ཡུལ་ཇི་ལྟར་བཟང་ཡང་རང་ལ་དག་སྣང་དད་གུས་མེད་པར་འདྲ་མཉམ་པའི་ ཚོད་གཤིབ་ན་ཕན་ཐོགས་མི་འབྱུང་ཚུལ་སྔོན་གྱི་དེ་བཞིན་གཤེགས་པ་དང་མཚུངས་པར་ ཡོད་པའི་དགེ་སློང་ལེགས་སྐར་བཞིན་ཡིན་ཞིང༌། རང་སྣང་དག་ན་ཁྱི་སོ་ལ་བརྟེན་ཀྱང་ སངས་རྒྱས་ཐོབ་པར་གྲགས་པ་ལྟར་ཡིན་པས་རང་རང་གི་བླ་མ་མ་ཟད་སྤྱིར་ནའང་དག་སྣང་ ངེས་པར་གལ་ཆེ་བ་ནི་སྨོས་ཀྱང་མ་དགོས་པ་ལྟ་བུ་ཡིན་ཕྱིར་སྒོ་གང་ཐད་ནས་སྤྱིར་དད་པའི་ རྒྱ་བསྐྱེད་ཅིང་ཁྱད་པར་བཀའ་དྲིན་གསུམ་ལྡན་གྱི་བླ་མས་ཅི་མཛད་ལེགས་པར་མཐོང་བའི་ མོས་གུས་བརྟན་པོ་བསྐྱེད་ཐབས་ལ་འདིར་དཔལ་ལྡན་བླ་མ་ཀུན་དགའ་ངག་དབང་དཔལ་ བཟང་པོའི་རྣམ་པར་ཐར་པ་རྒྱ་མཚོ་ལྟ་བུ་ལས་ཟེགས་མའི་ཆ་ཙམ་གང་གི་སློབ་བུ་དག་གི་ 6-1-405 དད་པའི་གསོས་སུ་འདིར་འགོད་པར་བྱ་བ་སྟེ། དེ་ལའང་གང་གི་རྣམ་པར་འཕྲུལ་པ་མཐའ་ ཡས་པ་ལས་སྔོན་འཕགས་ཡུལ་དུ་ཟངས་གླིང་ཕྱོགས་སུ་བྱ་རྒྱུད་ཀྱི་རྣལ་འབྱོར་པ་མཆོག་ སོགས་འདྲ་མིན་སྣ་ཚོགས་པས་བསྟན་འགྲོ་ལ་ཕན་པ་ཡང་ཡང་མཛད་ཅིང༌། བོད་ལྗོངས་ སུའང་མཉམ་མེད་གུ་རུའི་ཐུགས་སྲས་སྐད་གཉིས་སྨྲ་བའི་ལོ་ཙཱ་མཆོག་སོགས་དང་གཞན་ ཡང་བྱ་བཏང་སྒོམ་ཆེན་དང་ཁྲིམས་ལྡན་གྱི་དགེ་སློང་གི་གཟུགས་དང་རིག་གནས་ལ་མཁས་ པ་མཆོག་དང་ཁྱད་པར་སྔགས་གསར་ཕྱོགས་ཀྱི་སྐྱེས་བུ་དམ་པ་དུ་མ་དང་དེད་དཔོན་སོགས་ འགྲོ་ལ་ཕན་བདེ་སྤེལ་བྱེད་ཐབས་གང་ལ་གང་འདུལ་གྱི་མཛད་བཟང་ཉེ་བར་བསྐྱངས་ པའི་ཚུལ་སྔགས་རིག་འཛིན་པ་ཆེན་པོའི་གཏེར་ལུང་གིས་བསྔགས་པའི་མེ་ཏོག་འཐོར་བ་ ལྟར་མཛད་པ་ཆེས་མཐའ་ཀླས་མོད། འོན་ཀྱང་རང་ཅག་གི་སྣང་ངོ་དང་འཚམས་པ་ལྟར་ན་ གངས་རིའི་ལྗོངས་ཀྱི་མདོ་སྨད་ཆུ་བཞི་སྒང་དྲུག་གི་ནང་ཚན་རྨ་རྒྱལ་ཟལ་མོ་སྒང་གི་ཤར་ ཕྱོགས་རོལ་ཆེན་བཅོ་བརྒྱད་ལས་རྡོ་རོལ་གྱི་ཆར་གཏོགས་འཛི་ཡུལ་གྱི་བྱང་ཕྱོགས་འཛིན་ མའི་ཐིག་ལེའི་ཆ་རབ་ཏུ་རྒྱས་པར་ས་དམར་དཔལ་རྩེ་དགོན་གྱི་ཤར་ཕྱོགས་གནས་ཆེན་སྒྱེ་ མའི་རི་བརྒྱུད་དུ་གཏོགས་པ་དམ་པ་མང་པོའི་སྒྲུབ་གནས་སྟག་ལུང་རི་ཁྲོད་ཀྱི་ཉེ་འདབས་ རྩ་རིང་ཐང་ཞེས་བྱ་བའི་སྨད་ཕྱོགས་ཁོད་ཀྱི་མདོ། ས་དབྱིབས་ཕུན་སུམ་ཚོགས་པ་རྒྱབ་རི་ ཁྱུང་ཆེན་འདྲ་བའི་མཐོ་ཞིང་བརྗིད་ཆགས་པ། མདུན་ངོས་སུ་རྩི་ཤིང་ནགས་ཚལ་རྒྱས་ཤིང་ གཙང་ཆབ་བསིལ་མའི་རྒྱུན་བཟང་འབེབས་པའི་གནས་ཀྱི་གཞི་ཁྱད་པར་དུ་འཕགས་པའི་ ས་ཆ་དེར་ཡབ་མང་དགེ་ལྷ་རྒྱལ་ཞེས་བྱ་བ་དང་ཡུམ་གསེར་ཟ་གཡུང་སྐྱིད་ཅེས་པ་གཉིས་ལ་ སྲས་ལྕམ་སྲིང་ཆེ་ཆུང་དྲུག་ལས་གཉིས་པར་གྱུར་ཏེ་རབ་བྱུང་བཅོ་ལྔ་པའི་ནང་ཚན་ཐམས་ ཅད་འདུལ་ཞེས་པ་མེ་མོ་ཕག་གི་ལོའི་ནམ་ཟླ་དུས་ཤིན་ཏུ་སྐྱིད་པའི་སྤང་ལྗོངས་མེ་ཏོག་འབྲུ་ རིགས་ཀྱི་རྩེ་དགའ་ཀུན་ནས་དགོད་པའི་དབྱར་ཕྱོགས་སུ་དགེ་མཚན་བྱིས་པ་ཕལ་དང་མི་ 6-1-406 འདྲ་བར་ལྟེ་ཐག་གཟན་གྱི་རྣམ་པ་བྱས་ནས་སྐུ་ན་ཤིན་ཏུ་ཕྲ་བའི་མྱུ་གུ་དགའ་ཚལ་གྱི་པདྨོ་ སྦུབས་རྒྱ་ལས་གྲོལ་བ་བཞིན་ལེགས་མཛེས་ཡིད་དུ་འོང་བར་བལྟམས་ནས་དམ་པ་འདི་ ཉིད་འཁྲུངས་པ་ཡིན་ལ། དེ་ནས་བཟུང་སྐུ་ན་གཞོན་གྱི་ལང་ཚོ་ཀུན་ནས་རིམ་པས་བསྐྱེད་ བསྲིངས་ཏེ་རྫིང་བུར་གནས་པའི་པདྨ་བཞིན་དུ་གྱུར་པའི་སྐབས་ཐམས་ཅད་ན་མའི་ནུ་ཞོ་ གཏན་ནས་མ་གསོལ་བར་ཞལ་ཟས་གཙང་མས་གསོ་བསྐྱེད་བྱས་ཤིང༌། གཞོན་ནུ་བྱིས་པའི་ གྲལ་དུ་རྩེ་བ་ནའང་གཞན་ཕལ་བ་དང་མི་འདྲ་བར་སྔོན་གྱི་བག་ཆགས་བཟང་པོ་ཡོད་པའི་ སྔ་ལྟས་སྐུ་ན་གཞོན་ཞི་དུལ་བག་ཡོད་དང་ལྡན་ཞིང་དྲི་ཆུ་འོ་མའི་ཁ་དོག་ལྟར་གྱུར་པ་ཀུན་ སྤྱོད་བྱིས་པ་གཞན་རྣམས་ལས་ཤིན་ཏུ་གཙང་ཞིང་མཛེས་པ་ཕ་མས་ཆུང་མིང་དུ་ཚེ་འཕེལ་ ཞེས་གསོལ་ཞིང༌། དེ་སྐབས་སུ་སྔོ ན་གྱི་དུས་ན་རྡོ་རྗེའི་རྣལ་འབྱོར་སྒོམ་པ་ལ་བག་ཆགས་ ཆེས་འཐུག་པའི་སྔོན་སྦྱང་ཟབ་མོའི་བྱེད་པ་དུས་སུ་སྨིན་པས་སྐུ་ན་གཞོན་བྱིས་པའི་སྐབས་ ནས་ཀྱང་བློ་སྒོ་གང་གིས་སྨིན་པར་མ་བྱས་ཀྱང་སྦྱངས་པ་སྔོན་སོང་གི་སྟོབས་ཀྱི་འོགསལ་ སྟོང་གཟུགས་ཀྱི་རྣམ་པ་ནམ་མཁའ་ནས་དྲུག་སྒོང་ལྟ་བུའི་ཐིག་ལེ་ཁ་དོག་སྣ་ཚོགས་པ་ཆེས་ གསལ་བའི་གཟུགས་སྣང་བར་བར་དུ་ཐུགས་ཉམས་སུ་གཟིགས་ཤིང༌། སྔོ ན་གྱི་བག་ཆགས་ བཟང་པོ་སྨིན་པ་ལ་རང་ཤུགས་ཀྱིས་ཉེ་བའི་དབང་གིས་ན་ཕྲ་མོའི་སྐབས་ཀྱི་ཐུགས་གཤིས་ ཀྱང་གཞན་ཕལ་བ་རྣམས་ལས་ཁྱད་པར་དུ་འཕགས་པ་དཔྱིད་ཀྱིས་ཉེ་བར་ལེགས་དུལ་བྱས་ པའི་གཞི་བཟང་པོའི་ས་དང་མཚུངས་པ་ལོ་འབྲས་ཀྱི་རྟོགས་པའི་འཆར་སྒོ་ཆེས་སྨིན་ལ་ཁད་ དུ་གྱུར་ཏོ། ། དེ་ནས་དགུང་གྲངས་བདུན་པ་ཆུ་སྦྲུལ་ལོ་ནས་འཛམ་ཐང་གཙང་སྐུ་ཆེན་གྱི་ཆོས་མཆེད་ དམ་པར་གྱུར་པ་དུས་ཀྱི་འཁོར་ལོའི་རྣམ་བཅུ་དབང་ལྡན་གྱི་བསྙེན་པ་དུང་གྲངས་མང་ མཛད་པས་ཆེས་ནུས་པ་ཅན་དམ་པ་ཉིད་ཀྱི་ཁུ་བོ་བླ་མ་བཟང་ལྡན་ཞེས་བྱ་བ་ཀློག་སློབ་པའི་ 6-1-407 སློབ་དཔོན་དུ་བསྟེན་ཏེ་ཡི་གེ་བསླབས། འདི་སྐབས་སུའང་རང་ཡུལ་གྱི་འགམ་སྟོད་བྲག་ སྒོ་ཞེས་པའི་མདོར་ཁོང་ན་ཕྲ་བྱིས་པ་རང་ག་བའི་དུས་ཡིན་ནའང་གཞན་ཕལ་དང་མི་འདྲ་ བར་ཐུགས་ཀྱི་གཟིགས་སྣང་དུ་མི་མ་ཡིན་གྱི་ཆར་གཏོགས་ཐེའུ་རང་གི་རིགས་མི་འདྲ་བ་ མང་པོའི་ཡིན་ལུགས་ཇི་བཞིན་མཐོང་ནུས་པ་སོགས་གཟིགས་སྣང་འདྲ་མིན་ཁྱད་པར་བ་ ཆེས་མང་པོ་ཡོད་ལ། དེ་ནས་དགུང་ལོ་བཅུ་གཉིས་པ་ས་ཁྱིའི་ལོའི་སྟོན་ཁར་ས་དམར་དཔལ་རྩེ་དགོན་པའི་ མངའ་བདག་རྗེ་བཙུན་རྭ་ལོའི་རྣམ་འཕྲུལ་རྡོ་རྗེའི་མངོན་ཤེས་ཀྱི་མཁྱེན་སྤྱན་ཅན་གང་དེ་ དམ་པ་འདི་ཉིད་ཀྱི་ཁྱིམ་གཞི་ལ་སྲུང་རིམ་གྱི་ཆེད་བྱོན་སྐབས་སུ། གང་ཉིད་ཀྱི་ཞལ་སྔ་ ནས། བུ་ཆུང་འདི་རང་ཡུལ་གྱི་ཕྱག་སྲོལ་ལྟར་ད་རེབ་དགོན་པར་ཆོས་ཐུན་གྱི་གྲལ་ཞུགས་ དགོས་ཤིང༌། དེ་ལྟར་ཞུགས་ན་ནམ་ཞིག་ཁྱིམ་ཚང་ལ་དྲིན་ཆོད་ཅིང་ཀུན་ཕན་ཅན་དུ་འོང་ བའི་བཀའ་ལུང་གིས་ཉེ་བར་བསྐུལ་ནས་ལོ་དེའི་ཟླ་བ་བཅུ་པའི་ཚེས་གཅིག་ནས་རང་ཁྱིམ་ ནས་ཉེ་བར་བྱུང་ཏེ་ས་དམར་དཔལ་རྩེ་དགོན་པའི་ཆོས་གྲྭར་ལེགས་ཞུགས་མཛད་ནས་ སྐྱབས་མགོན་ཀུན་དགའ་ལུང་རྟོགས་ཞབས་པ་གསང་ཆེན་ཐེག་པའི་སྨིན་གྲོལ་ལམ་གྱི་སྒོ་ འབྱེད་བཀའ་དྲིན་གསུམ་ལྡན་དུ་སྤྱི་བོས་བཀུར་ནས་བླ་མ་རྡོ་རྗེ་སློབ་དཔོན་ཆེན་པོར་གུས་ པས་བསྟེན་ཏེ་དལ་འབྱོར་གྱི་སྙིང་པོ་མཆོག་གྱུར་དོན་གཉིས་ཕུན་ཚོགས་སྒྲུབ་པའི་གཞི་ཁྱད་ པར་ཅན་ནང་པ་སངས་རྒྱས་པའི་གྲལ་དུ་ཞུགས་བྱེད་ཆོས་ཀུན་གྱི་ཐོག་མའི་འཇུག་སྒོ་དམ་ པ་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་ཆོས་གྱི་སྒོ་འཕར་ཕ་ཅིག་བླ་མ་མཆོག་གིས་ལེགས་ འབྱེད་མཛད་དེ་གསང་ཆེན་ལམ་གྱི་ཐེག་པའི་ཐུན་མོང་སྔོན་འགྲོའི་ཆོས་ཐུན་གྱི་གྲལ་ཞུགས་ བྱས་ནས་ཐོག་མར་སྐྱབས་འགྲོ་ཕྱག་དང་སྦྲེལ་བ་འབུམ་ཕྲག་འགྲོ་ངེས་བྱས། དེ་ནས་ཐེག་ ཆེན་ལམ་གྱི་གཞི་རྩ་སྨོན་པ་དང་འཇུག་པའི་ཁྱད་པར་ཅན་གྱི་སེམས་བསྐྱེད་ཀྱིས་རྒྱལ་སྲས་ 6-1-408 ལམ་གྱི་འཇུག་སྒོར་ཞུགས། དེ་ནས་རྡོར་སེམས་སྒོམ་བཟླས་ལ་བརྟེན་ནས་རྒྱུད་ཀྱི་དྲི་མ་ སྦྱང༌། དེ་ནས་རྣམ་པར་དཀར་བའི་དགེ་རྩ་རྒྱ་ཆེར་བསྐྲུན་ཆེད་མཎྜལ་གྱིས་ཚོགས་བསགས། དེ་ནས་གསང་ཆེན་ཐེག་པའི་བྱིན་རླབས་འབེབས་ཕྱིར་བླ་མའི་རྣལ་འབྱོར་བསྒོམ་པའི་བར་ གོང་མའི་ཕྱག་སྲོལ་བཞིན་སྔོན་འགྲོ་འབུམ་ལྔ་ཞེས་གྲགས་པ་ལ་རིམ་གྱིས་འབད་འབུང་ བྱེད་སྐབས་སུ་རང་ག་ཕལ་བ་དང་མི་འདྲ་བའི་ཉམས་དང་རྨི་ལམ་གསལ་པོ་བྱུང༌། དེ་ནས་ ཐུན་མོང་མ་ཡིན་པའི་སྔོན་འགྲོ་དུས་ཀྱི་འཁོར་ལོའི་ལྷའི་རྣལ་འབྱོར་བསྐྱེད་རིམ་ལ་འཇུས་ཏེ་ མ་དག་ཐ་མལ་གྱི་སྣང་བ་སྦྱངས་ནས་རྫོགས་རིམ་སྐྱེ་སླ་བར་བྱས། དེ་ནས་བླ་མ་མཆོག་གི་ ཞལ་སྔ་ནས་ཡོན་ཏན་མཐའ་དག་གི་གཞི་རྟེན་སོ་ཐར་གྱི་བསླབ་པ་གཞི་ལྔ་བསྲུང་བའི་སྡོམ་ པ་ལེགས་མནོས་མཛད་དེ། མཚན་ཀུན་དགའ་ངག་དཔལ་བཟང་པོ་ཞེས་གསོལ་ཞིང༌། དེ་ ནས་རྡོ་རྗེ་འཆང་རྗེ་ལུང་རྟོགས་མཆོག་གིས་དངོས་གཞི་རྫོགས་རིམ་གྱི་ཉེར་བསྡོགས་གནས་ མུན་ཁང་བརྟེན་ཚུལ་ལུས་བྱེད་བཅིངས་སྡོམ་ལུགས་ཡིད་མི་རྟོག་པ་ལ་མཉམ་པར་འཇོག་ ཚུལ་མན་ངག་ཞལ་ཤེས་ཀྱི་རྒྱུན་བཞིན་མུན་ཁྲིད་ཞིབ་རྒྱས་ལག་བླང་ཐེབས་ངེས་བཀའ་དྲིན་ དུ་བྱས། རྗེ་རང་གིས་རྡོ་རྗེའི་བྱིན་རླབས་སློབ་བུ་དག་ལ་འབེབས་པ་མཛད་སྐབས་རྡོ་རྗེའི་ སློབ་མ་དག་ལས་དམ་པ་འདི་མ་འོངས་པ་ན་སྒྲུབ་བརྒྱུད་ཀྱི་བསྟན་པ་ལ་ཕན་ཐོགས་འབྱུང་ བ་ཐུགས་མངོན་ཤེས་ཀྱིས་གཟིགས་ཏེ་ཚུལ་མཐུན་གྱི་ཞལ་གསུང་གནང་བ། སློབ་བུ་འདིའི་ སྒོམ་ཐག་ཕྱག་ཏུ་བཞེས་ནས། འདི་སྔོ ན་གྱི་རྣལ་འབྱོར་གྱི་དབང་ཕྱུག་རྗེ་མི་ལའི་སྒོམ་ཐག་ ལྟར་ཡིན་པས་འདིའི་མདུད་རྒྱ་བྱེད་ལུགས་ལ་ཁྱོད་ཀྱིས་ལྟོ ས་དང༌། ནམ་ཞིག་མ་འོངས་པ་ ན་མཁོ་ཚུལ་གྱིས་བཀའ་ལུང་གསལ་བོར་བསྟན། དེ་ནས་རིམ་པས་མུན་ཁྲིད་ཉམས་ལེན་ ལ་ཞུགས་སྐབས་དབེན་པ་གསུམ་གྱི་རྣལ་འབྱོར་ལ་གནད་དུ་བསྣུན་དུས་སུ་གཉུག་མ་རང་ སེམས་གསལ་བའི་རང་ངོ་ཇི་བཞིན་འཕྲོད་ནས་གློ་བུར་རྟོག་ཚོགས་ཀྱི་ངོ་ཟིན་ཅིང་དེ་ནས་ 6-1-409 རིམ་པས་ཀུན་རྟོག་གི་རྙོག་དྭངས་ཚབ་ཇེ་ཆེར་སོང་བའི་སྒོ་ནས་གཡོ་ཐོབ་གོམས་བརྟན་ མཐར་ཕྱིན་པའི་ཉམས་ཀྱང་ཇི་བཞིན་ཤར། དངོས་གཞི་སོར་སྡུད་མཚན་མོ་དང་ཉིན་མོའི་ རྣལ་འབྱོར་གྱི་སྐབས་འོད་གསལ་རྟགས་བཅུའི་སྣང་བ་རིམ་པས་བྱུང་བ་ཀུན་བླ་མའི་མན་ ངག་གིས་ནུས་མ་བཅུའི་ལྷ་སྐུར་ངོ་སྤྲད། དེ་ནས་བསམ་གཏན་གྱི་མཚན་མོའི་རྣལ་འབྱོར་ དང་རྡེའུ་གྲིབ་གཟུགས་སོགས་དང༌། སྲོག་རྩོལ་གྱི་ནང་རླུང་གི་རིམ་པའི་དུས་རྣམས་སུ། སེམས་ཀྱི་རང་གཤིས་སྟོང་གཟུགས་སུ་ཆེས་མངོན་ཞིང་སྟོང་གཟུགས་རགས་པའི་སྣང་བ་ རྣམས་ཀྱང་ལྷ་སྐུ་དང་ཡིག་འབྲུའི་རྣམ་པ་རེ་རེས་སྲིད་གསུམ་ཁྱབ་སྣང་དང་སྟོང་གཟུགས་ཕྲ་ བ་རྣམས་ཐིག་ལེ་སྤུ་རྩེ་ཙམ་གྱི་ནང་ལ་གཤིན་རྗེའི་གཤེད་ཀྱི་ལྷ་སྐུའི་སྣང་བརྙན་བྱེ་བ་རབ་ འབྱམས་ཚད་བཟུང་དང་བྲལ་བའི་སྣང་བ་དང༌། སྟོང་གཟུགས་ཐམས་ཅད་བར་བར་དུ་བདེ་ གསང་འཇིགས་གསུམ་སོགས་རྒྱུད་སྡེའི་ལྷ་བགྲང་ཡས་དང་ངོ་མཚར་བའི་ཞིང་གི་བཀོད་པ་ སོགས་ཡ་མཚན་དག་པའི་གཟིགས་སྣང་རྒྱ་ཆེ་བ་དང༌། སྟོང་གཟུགས་དེ་ཀུན་སེམས་དང་ རླུང་གི་རྣམ་པར་མཐོང་ཞིང་དྲི་བཅས་རྣམ་ཤེས་ཀྱི་ཤུན་སྦུབས་ནས་དྲི་མེད་རང་བྱུང་གདོད་ ནས་བཞུགས་པའི་ཡེ་ཤེས་ཀྱི་རང་ཞལ་ཕྱོགས་རེར་མྱོང་སྟོབས་ཀྱིས་ཇི་བཞིན་མངོན་ཏེ་ངེས་ ཤིང་རྟོགས་ནུས་པ་དང༌། ཁྱད་པར་སྲོག་རྩོལ་ལུས་སྦྱོང་གི་འཁྲུལ་འཁོར་ལ་འདུག་པར་ཆས་ ཚེ་བུམ་ཅན་གྱི་རླུང་སྦྱོར་ཆེས་བཟང་བ་གྲུབ་ཅིང་གནས་ལྔ་རེག་པ་ལན་བརྒྱ་རྩ་ལྷག་གི་བར་ རླུང་ཁུག་གཅིག་གིས་བྱེད་ནུས་པའི་བུམ་ཅན་ལེགས་པོ་འབྱོངས་པ་དང༌། འཁྲུལ་འཁོར་ གྱི་ལག་ལེན་བླ་མས་མ་ཁྲིད་གོང་ནས་སྤྲུལ་པའི་བཤེས་གཉེན་གྲུབ་ཐོབ་ཨང་རག་གྱོན་པ་ ཉམས་སྣང་ལ་བྱོན་ནས་དེས་འཁྲུལ་འཁོར་གྱི་ཕྱག་རྒྱ་རྣམས་ལེགས་པར་བསླབ་ནས་ཇི་ བཞིན་ཐུགས་ཀྱིས་ངེས་གསལ་འདྲོང་ནས་སང་བླ་མས་འཁྲུལ་འཁོར་གྱི་ཕྱག་རྒྱ་རྣམས་ཁྲིད་ སྐབས་ཐུགས་ལ་སྔར་ནས་ངེས་པ་དེ་ཀ་ཁོ་ན་ཉིད་དུ་ངེས་ཤིང་མི་འདྲ་བ་མེད་པ་དང༌། དེ་ 6-1-410 ཕན་འཁྲུལ་འཁོར་འཁྱེར་སྐབས་ཀུན་ཏུའང་སྔར་གྱི་སྤྲུལ་པའི་བཤེས་གཉེན་གྲུབ་ཐོབ་པའི་ རྣམ་པ་ལ་སྤྱན་བཙུམ་ནས་གཟིགས་པ་ཁོ་ནས་འཁྲུལ་འཁོར་འཁྱེར་ཐུབ་པ་བྱུང་ཞིང༌། དེ་ འདྲའི་ཉམས་ལེན་གྱི་རྩལ་ཁ་ལྷག་པར་རྒྱས་བཞིན་འཛིན་པའི་རྣལ་འབྱོར་གནས་དྲུག་བུམ་ ཅན་སྔ་ཕྱི་ཚན་གཉིས་སོགས་དང་རྗེས་དྲན་སྐབས་ཀྱི་ནང་རླུང་གི་སྦྱོར་བ་རྣམས་དང་ཐིག་ ལེ་དབབ་བཟློ ག་དགྲམ་བརྟན་སོགས་བྱེད་པའི་འཁྲུལ་འཁོར་རྣམས་དང༌། ཏིང་ངེ་འཛིན་ མོས་པ་ལམ་བྱེད་ཀྱི་ཚུལ་རང་ལུགས་དམ་པ་གོང་མའི་ཕྱག་བཞེས་བཞིན་ཏེ་ཟབ་ལམ་རྡོ་ རྗེའི་རྣལ་འབྱོར་སྦྱོར་བ་ཡན་ལག་དྲུག་ཆ་ཚང་བ་མཐར་སྦྱོར་དྲུག་སྟན་ཐོག་གཅིག་མ་འཕོ་ བ་བཅས་ལོ་གསུམ་དུ་ཉམས་ལེན་བྱེད་སྲོལ་ཡོད་པ་ལྟར་ལེགས་གྲུབ་བགྱིས་ཤིང༌། འདི་ སྐབས་རྣམས་སུ་དམ་པ་འདི་ཉིད་ནང་ཉམས་ལེན་གྱི་རྟོགས་པ་བཟང་ཞིང་ཕྱི་ལུས་ངག་གི་ སྤྱོད་པ་གཙང་བས་ཚུལ་ཁྲིམས་ཀུན་ནས་ཉམས་པ་མི་མངའ་བའི་རྟགས་སུ་སྐུ་ལུས་ལ་བར་ བར་དྲི་བཟང་པོའི་ངད་འཐུལ་བ་མཆེད་གྲོགས་དག་གི་དབང་པོའི་སྤྱོད་ཡུལ་དུ་གྱུར་པ་དེ་ དུས་ནས་ཡོད་པ་སོགས་དམ་པའི་ངང་ཚུལ་སྒོ་མཐའ་དག་ནས་གཞན་ལས་ཆེས་ཁྱད་པར་དུ་ འཕགས་པའོ། ། སྨྲས་པ། སྔོ ན་བསགས་ལེགས་མཐུའི་ཆབ་ཀྱིས་ཉེར་བཅུས་པས། ། གཞི་བཟང་ཐུགས་རྒྱུད་དག་པའི་ནོར་འཛིན་ཁམས། ། དབང་བསྒྱུར་སྔ་ན་མེད་པའི་དགེ་མཚན་གྱི། ། གཟུགས་སྐུ་མྱུ་གུའི་ལང་ཚོ་ཅིར་ཡང་ངོམ། ། ཨེ་མ་གང་འདི་ལེགས་པའི་དགའ་སྟོན་གྱིས། ། གདམས་པའི་བཅུད་ཀྱིས་ཐུགས་བཟང་ག་དར་བྱས། ། 6-1-411 གསང་ཆེན་མངོན་རྟོགས་ཆེས་རབ་ལེགས་བཀྲ་བ། ། འདི་ནི་སྔོ ན་སྦྱང་ལེགས་མཐུ་ལས་གཞན་ཅི། ། རྨད་བྱུང་གདམས་ངག་ལེགས་འབྱོར་ལྷ་བྱེད་ལས། ། ངོ་མཚར་རིམ་གཉིས་དཔལ་གྱི་འབྲས་བཟང་སྨིན། ། ཟབ་དོན་སྙི ང་པོའི་དེ་ཉིད་མངོན་བྱས་པ། ། འགྲོ་བ་ཕལ་གྱི་བླ་ན་མངོན་པར་འཕགས། ། ཞེས་དམ་པ་ཉིད་སྐུ་འཁྲུངས་ཤིང་རྣམ་དཀར་ཆོས་བློ་རྒྱས་ནས་གསང་ཆེན་ཐེག་པར་ ལེགས་ཞུགས་མཛད་པའི་སྐབས་སྟེ་དང་པོའ།ོ ། །། ༈ དེ་ནས་དགུང་ལོ་བཅུ་དྲུག་ཆུ་སྟག་གི་ལོ་འདི་ནས་རྨོག་ཅོག་པ་རིན་ཆེན་བརྩོན་ འགྲུས་ཀྱི་ཡང་སྤྲུལ་དུ་གྲགས་པ་རྨེའུ་བླ་མ་ངག་དབང་དོན་འགྲུབ་ཅེས་བྱ་བའི་མདུན་དྲུང་ ནས་རྒྱལ་ཐང་བ་བསམ་གཏན་འོད་ཟེར་གྱིས་མཛད་པའི་གཅོད་སྐོ ར་ཆ་ཚང་གི་དབང་བཀའ་ ལུང་ཁྲིད་མཐའ་རྒྱས་སུ་ལེགས་པར་གསན། འདི་སྐོ ར་དུ་འཇམ་དབྱངས་དངོས་བྱོན་ཐུབ་ བསྟན་དགེ་ལེགས་རྒྱ་མཚོའི་ཞབས་དྲུང་ནས་ཀྱང་ཆོས་འབྲེལ་ཅི་རིགས་ཐོབ་ཅིང༌། ཀུན་ མཁྱེན་དོལ་པོའི་རྣམ་འཕྲུལ་དུ་གྲགས་པ་འཛམ་ཐང་སྦྱང་བ་བླ་མ་ཀུན་དགའ་ངེས་དོན་ ཞབས་པའི་མདུན་ནས་ཉམས་ལེན་གྱི་རྟོགས་འབུལ་བྱས་པས་གསང་ཆེན་ཐེག་པ་མཆོག་ གི་རྡོ་རྗེའི་རྣལ་འབྱོར་གྱི་ཡན་ལག་གཉིས་པ་བསམ་གཏན་ཉམས་ལེན་གྱི་སྟོང་གཟུགས་ སེམས་དང་དབྱེར་མེད་དུ་ཇི་བཞིན་མཐོང་བའི་ཤེས་རབ་དང༌། སེམས་ལས་གཞན་པའི་སྟོང་ གཟུགས་ཕྱི་རོལ་དུ་མེད་པ་ལ་ངེས་ཤེས་འདྲོངས་པའི་རྟོག་པ་དང༌། ཡེ་ནས་སྟོང་གཟུགས་ སེམས་ཀྱི་ཆོས་ཉིད་དུ་མཐོང་བའི་དཔྱོད་པ་དང༌། གཟུགས་སེམས་རོ་མཉམ་གྱི་བདེ་བ་ ཆེས་ཆེར་འབར་བའི་དགའ་བ་དང༌། བདེ་བ་སེམས་ཀྱི་གཤིས་སུ་ལྷག་པར་མངོན་ཞིང་སྟོང་ 6-1-412 གསལ་ཞི་བ་ཉིད་དུ་རོ་སྙོམས་པའི་གཡོ་མེད་བདེ་བའི་རྣམ་པ་ཇི་བཞིན་སྦྱང་བ་བླ་མ་ཁོང་ ནས་ངོ་སྤྲོད་གནང་བཞིན་ཟབ་མོ་ཆོས་ཀྱི་འབྲེལ་བ་ལེགས་པར་མནོས་ཞེས་གྲགས། དེ་ ལྟར་ན་དགུང་ལོ་བཅུ་དྲུག་པའི་སྐབས་དག་ཏུ་རྡོ་རྗེའི་རྣལ་འབྱོར་སོར་བསམ་གྱི་ཉམས་མྱོང་ མཚན་ཉིད་པ་ཐུགས་ལ་བཞུགས་ཆོག་པར་གསལ་ཞིང་གསང་སྔགས་འཛིན་པ་ཆེན་པོ་ཉིད་ དུ་ངེས་པའོ། ། དགུང་ལོ་བཅུ་བདུན་པ་ཆུ་ཡོས་ཀྱི་ལོར་ས་དམར་དཔལ་རྩེ་དགོན་པའི་སྒྲུབ་གྲྭ་བཙུགས་ པའི་ཐོག་མ་ཡིན་ཞིང་འདིར་ཁོང་གིས་སྔར་བླ་མས་གདམས་པའི་ཟབ་ལམ་རྡོ་རྗེའི་རྣལ་ འབྱོར་སྦྱོར་བ་ཡན་ལག་དྲུག་ལོ་གཅིག་ཏུ་སླར་ཡང་ཉམས་ལེན་མཛད་པའི་སྐབས་རྗེ་བླ་མ་ རྡོ་རྗེ་འཆང་གི་ཞལ་སྔ་ནས་ཁྱོད་ཀྱིས་ཀུན་མཁྱེན་རིན་པོ་ཆེའི་གསོལ་འདེབས་དངོས་གྲུབ་ འབྱུང་གནས་མ་འབུམ་ཕྲག་ལོངས་པ་ཞིག་ཐོན་དང་ཉམས་མྱོང་གི་འཆར་སྒོ་ལ་ཆེས་བཟང་ བར་གསུངས་པ་ལྟར་ལེགས་པར་བཏོན་པས་སྔར་ལས་རྟོགས་པ་ན་འཕར་ཏེ་ཉམས་སྣང་ ལ་རང་ལུས་ཀྱི་མིག་རྣ་སྣ་ལྕེ་དཔྲལ་བ་ལྟེ་བ་སོགས་སུ་རིམ་པར་སེམས་དཔའ་ས་ཡི་སྙིང་པོ་ ཡུམ་གཟུགས་རྡོ་རྗེ་མ་དང༌། ཕྱག་ན་རྡོ་རྗེ་ཡུམ་སྒྲ་རྡོ་རྗེ་མ་དང༌། ནམ་མཁའི་སྙི ང་པོ་ཡུམ་དྲི་ རྡོ་རྗེ་མ་དང༌། འཇིག་རྟེན་དབང་ཕྱུག་ཡུམ་རོ་རྡོ་རྗེ་མ་དང༌། སྒྲིབ་པ་རྣམ་སེལ་ཡུམ་རེག་ བྱ་རྡོ་རྗེ་མ་དང༌། ཀུན་ཏུ་བཟང་པོ་ཡུམ་ཆོས་ཁམས་རྡོ་རྗེ་མ་སྟེ་དེ་འདྲའི་ཡབ་ཡུམ་ཐབས་ ཤེས་ཟུང་འཇུག་གི་ངོ་བོ་ཡི་གེ་ཀྵཾ་ལ་སོགས་པ་རྣམས་ཀྱང་འབྱུང་བ་རང་རང་གི་ཁམས་དང་ མཐུན་པའི་ཁ་དོག་སྣ་ཚོགས་པའི་ཡི་གེའི་རྣམ་པ་དང་དེ་དག་ལས་ལྷ་སེམས་དཔའ་སེམས་ མ་ཡབ་ཡུམ་ཁ་སྦྱོར་གྱི་རྣམ་པ་ཆེས་གསལ་བ་ཞལ་ཕྱག་ཡོངས་རྫོགས་ཁ་དོག་སོགས་ཀུན་ ནས་བཀྲ་བས་ཐ་མལ་གྱི་སྣང་བ་འགོག་ནུས་པ་རྟོག་བློས་བཅོས་མ་མ་ཡིན་པར་གཉུག་མ་ སྒྱུ་ལུས་ཀྱི་ལྷ་འོད་གསལ་སྟོང་གཟུགས་ཀྱི་འཆར་སྒོ་སྤྲོས་བྲལ་མི་རྟོག་མཆོག་གི་སྣང་ངོར་ 6-1-413 སྤྱི་སྣང་གི་སྒྲིབ་བྱེད་དང་བྲལ་བར་མངོན་སུམ་པྲ་ཕབ་གཟུགས་སྣང་བཞིན་གྱུར་ཏེ་འདི་ཡང་ སྔོན་ནས་ཡི་དམ་གཤིན་རྗེ་གཤེད་ཀྱི་རིམ་གཉིས་ལ་གོམས་བརྟན་སོང་ཞིང་འདིར་ཡང་དུས་ ཀྱི་འཁོར་ལོའི་རྫོགས་རིམ་སྒྱུ་མའི་ལྷ་སྐུ་འགྲུབ་པའི་སྔ་ལྟས་ཀྱི་དགེ་མཚན་ཉམས་བཟང་གི་ འཆར་སྒོ་ངེས་པར་བཀྲ་བ་ཞིག་ཏུ་འདུག་གོ །འདི་སྐོ ར་དུ་རྡོ་རྗེ་འཆང་རྗེ་ལུང་རྟོགས་ཞབས་ པ་གང་གི་ཞལ་གྱི་བུམ་བཟང་ལས། སྦྱོར་དྲུག་གི་ཁྲིད་མཐོང་བ་དོན་ལྡན་ལྷན་ཐབས་བཅས་ དང༌། ཡན་ལག་དྲུག་གི་རྣམ་བཤད་ཟུང་འཇུག་རབ་གསལ། ངོ་སྤྲོད་ཕྱི་ནང་དང་བཅས་པ་ སོགས་ཀྱི་ཟབ་བཀའ་ལུང་ཁྲིད་སྤེལ་མ་དང༌། གཞན་ཡང་ཇོ་ནང་རང་ལུགས་ཀྱི་ཁྲིད་བཀའ་ འདོན་ཆ་གང་མང་དང་སྔགས་རྙིང་ཕྱོགས་ཀྱི་ཟབ་བཀའ་མཁོ་ཚོགས་ཡང་མང་པོར་ལེགས་ པར་གསན་ནོ། ། དགུང་ལོ་བཅོ་བརྒྱད་པ་ཤིང་འབྲུག་ལོར་བླ་མ་རྡོ་རྗེ་འཆང་གིས་ཤངས་པ་བཀའ་བརྒྱུད་ པའི་ཟབ་ཆོས་ཡེ་ཤེས་ཀྱི་མཁའ་འགྲོ་མ་ནཻ་གུའི་དགོངས་བཅུད་ཟབ་བཀའ་བྱིན་རླབས་ཀྱི་ ངད་ཤུགས་ཆེས་མྱུར་ཞིང་དཔལ་འཁོར་ལོ་སྡོམ་པའི་རིམ་གཉིས་ཀྱི་ཟབ་གནད་རྫོགས་རིམ་ ཟབ་མོའི་ཆོས་བཀའ་དྲུག་གི་མན་ངག་ཟབ་དོན་ཐང་བརྡལ་མའི་ཁྲིད་སྟེང་ནས་ལེགས་པར་ གདམས་པ་ལ་བརྟེན་ནས་ལོ་གཅིག་ཏུ་ཉམས་ལེན་ཟབ་མོ་གནད་འཁྱོལ་བྱས་སོ། ། དགུང་ལོ་བཅུ་དགུ་པ་ཤིང་སྦྲུལ་ལོར་བླ་མ་མཆོག་གིས་གདམས་པ་ལ་བརྟེན་ནས་ གསང་བདག་འབྱུང་པོ་འདུལ་བྱེད་ཀྱི་བསྐྱེད་རིམ་དང་དབང་ཆེན་རྟ་མགྲིན་ཤངས་ལུགས་ ཀྱི་བསྐྱེད་རིམ་ལ་བསྙེན་སྒྲུབ་དམ་རྒྱ་མཛད་སྐབས་ཕྱི་མའི་མཚམས་སྒྲུབ་དུས་བསྐྱེད་རིམ་ གྱི་ལྷ་སྐུ་ལ་གསལ་སྣང་ཆེ་བར་བྱུང་ཞིང་དམ་ཚིག་པ་བསྐྱེད་ནས་ཡེ་ཤེས་པ་དང་དབང་ལྷ་ སྤྱན་འདྲེན་སྐབས་ཡེ་ཤེས་པའི་ལྷ་དང་དབང་ལྷ་སེམས་དཔའ་སེམས་མ་ཁྲོ་བོ་ཁྲོ་མོ་རྣམས་ ཀྱི་རྣམ་པ་ཆེས་གསལ་ཞིང་དེ་དག་དང་རང་ཡང་རྣམ་པ་ཀུན་ནས་ཁྱད་མེད་དུ་སྣང་བས་དུས་ 6-1-414 འདའ་བ་བྱུང་ལ། བསྐྱེད་རིམ་གྱི་ལྷ་གང་དང་གང་དམ་ཡེ་གཉིས་མེད་དུ་བློས་དམིགས་ནས་ བསྒོམ་རྗེས་ལྷ་དེ་དང་དེའི་གསལ་སྣང་ཁོ་ནས་ཐ་མལ་རྟོག་ཚོགས་རིང་དུ་ཆོམ་ནུས་པའང་ ཡིན། འདི་ལོར་རྡོ་རྗེ་འཆང་གི་ཞལ་སྔ་ནས། རྡོ་རྗེ་ཕྲེང་བའི་དབང་ཡོངས་རྫོགས་དང༌། རིན་ འབྱུང་ཆ་ཚང༌། སྦྱོང་རྒྱུད་བཅུ་གཉིས། དུས་འཁོར་དབང་ཆེན། གྲུབ་ཆེན་བརྒྱད་ཅུ་དང་རྗེས་ གནང་བརྒྱ་རྩ། ནཻ་གུའི་བདེ་མཆོག་ལྷ་ལྔའི་དབང༌། བཀའ་བབས་དྲུག་གི་དབང༌། སྒྱུ་ལུས་ དབང་མོ་ཆེ། ཏིང་ངེ་འཛིན་དབང་ཕྱག་ཆེན་གའུ་མ། རང་བབས་རྣམ་གསུམ། གཙོད་ དབང་ནམ་མཁའ་སྒོ་འབྱེད། རྟ་ཕྱག་ཁྱུང་གསུམ་དང༌། སྨེ་བརྩེགས་རྗེས་གནང༌། ཚེ་དབང་ སོགས་ཟབ་མོ་སྨིན་བྱེད་ཀྱི་དབང་བཀའ་རྒྱ་ཆེ་བའི་ཆོས་ཆར་ལེགས་འབེབས་མཛད་པ་ཀུན་ ཀྱང་ལུས་པ་མེད་པར་གསན་ནོ། ། དགུང་ལོ་ཉི་ཤུ་པ་མེ་རྟ་ལ་བླ་མའི་ཞལ་གྱི་བདུད་རྩི་ལ་བརྟེན་ནས་དཔལ་ཁྲོ་བོའི་རྒྱལ་ པོ་རྡོ་རྗེ་འཇིགས་མཛད་ཆེན་པོའི་སྐྱེད་རིམ་འབྲུ་ནོན་དང་སྙན་བརྒྱུད་མགོན་པོ་སོགས་ཀྱི་ བསྙེ ན་མཚམས་དམ་པོ་ཚད་ལྡན་མཐར་འཁྱོལ་ལེགས་གྲུབ་མཛད། འདིའི་ལོའི་སྟོན་ཁར་ འཛམ་ཐང་གཙང་ཆེན་ཕོ་བྲང་དུ་རྡོ་རྗེ་འཛིན་པ་ཆེན་པོ་གང་དབང་ཆོས་འབྱོར་ཞབས་པའི་ དྲུང་ནས། དཔལ་འཁོར་ལོ་སྡོམ་པ་རབ་འབྱམས་ཀྱི་དབང་ཡོངས་སུ་རྫོགས་པ་གསན། འདིའི་འཇིགས་བྱེད་འབྲུ་ནོན་བསྙེན་མཚམས་སྐབས་མཁྲིས་ནད་ཀྱིས་ཐེབ་པས་སྨན་པས་ གཏར་ཁ་དགོས་པ་ན་སྨན་པས་གཏར་གྲིས་ལན་གསུམ་བསྣུན་ཀྱང་མ་ཆོད་པས་མཚོན་གྱི་ གནོད་པ་མི་འཇུག་པའི་སྔགས་ཀྱི་ནུས་མཐུ་གྲུབ། ཉིད་ཀྱི་ནུབ་ཐུན་གྲོལ་སྐབས་ཤིག་ཏུ་པང་ ནས་རྡོ་རྗེ་ལྷུང་སྟེ་ཀར་ཡོལ་ལ་རྒྱབ་པས་ཅུང་ཙམ་མ་སྙད་པ་སོགས་ཕྱིའི་རྟགས་མཚན་ངོ་ མཚར་བ་དུ་མ་ཡོད་ཅིང༌། ནང་རྟགས་ཀྱང་མ་བཅོས་གཉུག་མར་རང་ཤུགས་ཀྱིས་ཤར་བའི་ སྟོང་གཟུགས་རྣམས་ཀྱང་རྡོ་རྗེ་འཇིགས་མཛད་ཀྱི་སྐུ་ཁ་དོག་སྣ་ཚོགས་པ་འབྱམས་ཀླས་སུ་ 6-1-415 གྱུར་ཅིང་རང་ཉིད་འཇིགས་མཛད་ཀྱི་ལྷའི་ང་རྒྱལ་གསལ་སྣང་བརྟན་པོར་གནས་སྐབས་སྟོང་ གསུམ་མཐའ་དག་སེན་སྟེང་གི་རྡུལ་ལྟར་ཅི་དགར་དབང་བསྒྱུར་ཐུབ་པའི་གསལ་སྣང་ཁྱད་ པར་ཅན་བྱུང་བ་དང༌། སྤྱིར་ན་ཡི་དམ་གྱི་ལྷ་གང་གི་རྣམ་པ་ཡིད་ལ་བྱས་ཚེ་མོས་སྒོམ་བློས་ བྱས་ཆེར་དགོས་པའི་དཀའ་ངལ་མེད་པར་སྟོང་གཟུགས་རྣམས་དེ་དང་དེར་གནས་འགྱུར་ འགྲོ་བ་ལྟ་བུའི་རྫོགས་རིམ་གཉུག་མའི་ལྷ་སྐུ་རང་གསལ་དུ་ཕལ་ཆེར་བར་མངོན་དུ་བྱེད་ པའི་ཚུལ་གྱིས་གནས་ནུས་པ་དང༌། འདི་སྐོ ར་མཚམས་ནས་ཉམས་སྣང་ལ་བར་བར་དུ་མི་ ནག་པོ་ཞིག་གིས་ལེགས་ཉེས་གསལ་བར་ལུང་སྟོན་པ་ཡོད་པར་ཡང་གྲགས་སོ། ། དགུང་ལོ་ཉེར་གཅིག་པ་མེ་ལུག་ལོའི་དགུན་དུ་ཟབ་མོ་གཅོད་ཡུལ་གནད་དོན་སྙིང་པོའི་ སྟེང་ནས་ཉམས་ལེན་ཆེད་བསྒྲུབ་མཛད་སྐབས་གཅོད་ཀྱི་ལྷོང་ཉམས་རང་ཁྱིམ་གྱི་ཕྱགས་ མ་སོགས་འཇིགས་གཟུགས་ངོམ་པའི་གཡག་རྒོ ད་ཀྱི་རྣམ་པ་དང༌། ཁྱིམ་གྱི་རྩིག་ངོས་སུ་སྐྱ་ མི་རྒྱུག་སྣང་སོགས་གནས་སྣང་གཞན་དུ་གྱུར་པའི་རྩུབ་ཉམས་ཆེས་མང་བ་དེ་ཐམས་ཅད་ རང་གི་སེམས་སྣང་ཙམ་དུ་ཟད་པར་ཤེས་པའི་ངང་ནས་བཟང་ངན་ལ་རེ་དོགས་གང་ཡང་ མེད་པར་ཞེན་བྲལ་རོ་སྙོ མས་འབའ་ཞིག་ཏུ་བསྐྱངས་པར་བྱས། འདི་ལོར་སྔ་ཕྱི་ཅི་རིགས་ སུ་འདུལ་འཛིན་ཆེན་པོ་རྨེའུ་བླ་མ་དོན་གྲུབ་ཞབས་པ་གང་དང་སྐྱབས་རྗེ་རྡོ་རྗེ་འཆང་རྣམ་ གཉིས་ཀྱི་མཁན་སློབ་བྱས་ཏེ་རབ་བྱུང་སྔོན་དུ་འགྲོ་བའི་སྒོ་ནས་ཚིགས་སྔ་མ་དགེ་ཚུལ་གྱི་ སྡོམ་པ་ཇི་བཞིན་པ་ཐོབ་ཅིང༌། ལོ་དེའི་སྔ་མོ་དཔྱིད་ཐོག་ཏུ་གཙང་བའི་གཟིམ་ཁང་དུ་བླ་མ་ ངག་དབང་ཆོས་འབྱོར་ཞབས་པ་གང་གི་དྲུང་ནས་གཤིན་རྗེའི་གཤེད་རབ་འབྱམས་ཀྱི་དབང་ བཀའ་ཆ་ཚང་དང༌། ཕུར་བ་ནཻ་གུའི་དབང་དང༌། དུས་འཁོར་དབང་ཆེན། གཅོད་དབང་ རྣམས་ལེགས་པར་ཐོབ། དེའི་དབྱར་དུ་རྡོ་རྗེ་མི་འཁྲུགས་པའི་ལྷའི་རྣལ་འབྱོར་བྱ་རྒྱུད་ལྷ་ དྲུག་གི་གནད་དང་མ་བྲལ་བར་བསྙེ ན་པ་ཚད་ལྡན་བསྐྱལ་ལོ། ། 6-1-416 དགུང་ལོ་ཉེར་གཉིས་པ་ཕུར་བུ་ཞེས་པ་ས་སྤྲེལ་ལོར་སྐྱབས་རྗེ་རྡོ་རྗེ་འཆང་གི་བཀའ་ འབུམ་ཆ་ཚང་གི་ལུས་དཀྱིལ་སྒྲུབ་ཐབས་ཉེར་མཁོ་བསྡུས་པ་མཐའ་དག་བསྙེན་མཚམས་ ཡོངས་རྫོགས་དང༌། དུས་འཁོར་ལྷ་དགུའི་རྣལ་འབྱོར་དང༌། ཕུར་བའི་བསྙེ ན་མཚམས་ སོགས་ལ་བཞུགས་ཤིང༌། ལོ་འདིའི་ནང་དུ་འཛམ་ཐང་གཙང་ཆེན་གཟིམས་ཁང་ཕོ་བྲང་ ཆེན་པོ་གོང་མའི་སྒྲུབ་གནས་མཆོག་ཉིད་དུ་བརྟན་མཁས་ཀྱི་ཡོན་ཏན་ཆེས་ཁྱད་པར་བས་ཉེ་ བར་མཛེས་པ་འདུལ་འཛིན་རྨད་དུ་བྱུང་བའི་གོ་འཕང་ན་བཞུགས་པ་ངག་དབང་ཆོས་འབྱོར་ རྒྱ་མཚོ་གང་ཉིད་ཀྱིས་མཁན་པོ་བྱས་གཞན་ལས་སློབ་དང་གསང་སྟོན་པ་སོགས་ཁ་སྐོང་ དང་བཅས་པའི་གྲངས་ངེས་པར་ཚང་བའི་མདུན་དྲུང་ནས། དམ་པ་འདི་ལ་སོ་ཐར་ཚིགས་ ཕྱི་མ་བསྙེན་པར་རྫོགས་པ་དགེ་སློང་གི་བསླབ་སྡོམ་ཉེར་བར་བསྩལ་ཏེ་མཚན་ཤཱཀྱ འི་དགེ་ སློང་འོད་གསལ་འགྱུར་མེད་ཅེས་གསོལ་ཞིང་ནང་གསང་སྔགས་རྟོགས་པའི་ནོར་གྱིས་ཕྱུག་ བཞིན་ཕྱི་ངུར་སྨྲིག་རྒྱལ་མཚན་འཆང་བའི་རྟེན་ཁྱད་པར་བ་ཉིད་དུ་ངེས་པར་མཛད་དོ། ། སྨྲས་པ། གང་ཐུགས་ཟླ་བའི་མ་མ་ཆེས་གསལ་བར། ། ཉམས་མྱོང་རླབས་ཕྲེང་འཛུམ་དཀར་སྟོང་གཡོ་ཞིང༌། ། རབ་དྭངས་རྟོག་ཚོགས་རྙོག་དང་བྲལ་བའི་གཤིས། ། སྟོང་གཟུགས་ཆུ་ཟླའི་སྣང་བརྙན་ངོམ་འདི་མཚར། ། གསང་ཆེན་མངོན་རྟོགས་བདེ་སྟོང་གཉིས་མེད་ཀྱི། ། ཟུང་འཇུག་ཡིད་བཞིན་དབང་གིས་རྒྱལ་པོ་ཡང༌། ། ངུར་སྨྲིག་དར་གོས་རྒྱན་གྱིས་ལེགས་སྤུད་པ། ། གང་འདི་ས་གསུམ་འགྲོ་བའི་ཕྱག་གི་ཡུལ། ། 6-1-417 བླ་མའི་གདམས་ངག་ཐུགས་ཀྱི་བཅུད་དུ་བསྐྱིལ། ། ཡེ་ཤེས་ཉམས་མྱོང་འཆར་སྒོའི་དཔལ་མངའ་ཞིང༌། ། ཡང་དག་མཛད་བཟང་སྐྱོང་བའི་རིག་འཛིན་ཁྱོད། ། ལྗོ ངས་འདིའི་གདུལ་བྱའི་མགོན་པོ་ཉིད་དུ་བཀུར། ། ཞེས་པ་གསང་སྔགས་རྟོགས་པའི་རྒྱུན་བཟང་སྐྱོང་བཞིན་རབ་བྱུང་ཐར་བའི་དཔལ་ཡོན་ ཉེ་བར་འཛིན་པའི་སྐབས་སྟེ་གཉིས་པའོ།། །། ༈ དེ་ནས་ལོ་འདི་དག་གི་སྐོ ར་གོང་འོག་ཅི་རིགས་སུའང་སྐྱབས་རྗེ་རྡོ་རྗེ་འཆང་དང་སློབ་ བུ་ཁོང་གཉིས་ཀྱིས་ཡུལ་མི་ནད་པ་ཞིག་ལ་ཟབ་མོ་གཅོད་ཀྱི་ལུས་སྦྱིན་མཛད་སྐབས་སྐྱབས་ རྗེ་རང་གི་ཐུགས་དགོངས་སུ་ཌ་དྲིལ་གྱི་སྒྲ་སོགས་གང་སྣང་ཐམས་ཅད་ནམ་མཁའི་རྣལ་ འབྱོར་ཉག་གཅིག་གི་དབྱིངས་སུ་རོ་མཉམ་སྤྲོས་བྲལ་འབའ་ཞིག་ཏུ་གྱུར་པ་རང་གི་ཐུགས་ སྲས་སློབ་བུའི་མཐུ་ནུས་སུ་མཁྱེན་ཏེ་ཚུལ་དེ་ལུགས་བཞིན་གྱི་གཟེངས་བསྟོད་དབུགས་ དབྱུང་གནང༌། ཡང་རེ་ཞིག་ཏུ་རྡོ་རྗེ་འཆང་ཉིད་ཀྱི་ཞལ་སྔ་ནས། ཐུགས་སྲས་མཆོག་ཉིད་མེ་ དཔུང་ལས་མེ་སྟག་མཆེད་པ་ལྟར་ཁོང་གི་ཐུགས་ལས་མཆེད་པའི་སྤྲུལ་པ་ཉིད་དུ་ངེས་ཤིང༌། འདིས་གསོ་རིག་གིས་འགྲོ་ཕན་སྤེལ་ན་ཕན་པ་འབྱུང་ཚུལ་ཞིབ་པར་གསུངས་ལ། ཁྱད་པར་ མ་འོངས་པ་ན་དགོན་འདི་ཚོ་བསམ་པ་དཀར་པོ་རེ་འཆང་རྒྱུ་མ་འཆུག་ཅེས་དང༌། ཡང་བར་ སྐབས་སུ་ཉིད་ཀྱི་ཞལ་གསུང་ལས་དམ་པ་འདི་ལ། ཁྱོད་ཀྱིས་བླ་མ་སྙན་གྲགས་ཉིད་ཀྱིས་ ཅི་གསུང་གང་མཛད་ཐམས་ཅད་མི་ཐུབ་མ་ཟེར་དང་མ་འོངས་པ་ན་དེ་ལྟར་ཁྱོད་ཀྱིས་འོང་ ངེས་ཡིན། ཁྱོད་སྐྱེ་བ་སྔོ ན་སྟོད་ཕྱོགས་སུ་བྱ་བྲལ་བ་དུ་མར་སྐྱེས་པས་ཚེ་འདིར་བྱ་བྲལ་ཙམ་ མ་འོངས་ཀྱང་དགོན་འདིར་འདུག་ན་ཚེ་མཐར་འཁྱོལ་ཞིང་དགོན་འདི་ལ་ཕན་པ་ངེས་པར་ འབྱུང་ཚུལ་འགྱུར་མེད་རྡོ་རྗེའི་ཚིག་གིས་བཀའ་ལུང་གསལ་བོར་ལེགས་པར་བསྟན་པ་མ་ 6-1-418 ཟད་གཙང་བའི་བླ་ཚབ་ཏུ་དེའི་བར་འགྲོ་དགོས་ཚུལ་ད་ལྟ་བཅའ་ཀ་སྒྲིག་བྱེད་དགོན་ལ་ཡོན་ བཅོས་ཀྱི་བགོས་སྐལ་ཕྲུག་དུམ་བཞག་ན་ནམ་ཞིག་དགོས་མཁོ་ཡོད་ཚུལ་ཚུན་གྱི་གསུང་ གླེང་ཞིབ་རྒྱས་གནང་བ་སོགས་ལ་དཔགས་ན་དམ་པ་འདི་ཉིད་སྙིགས་དུས་སུ་བསྟན་པ་ དང་གདུལ་བྱ་འགའ་ལ་ཕན་ཐོགས་ཆེ་ཞིང་འགྲོ་འདུལ་དུས་བབ་ཏུ་བྱུང་བའི་སྔགས་ཀྱི་སློབ་ དཔོན་བཤེས་གཉེན་མཆོག་གཅིག་ཏུ་སྔོན་ནས་ལས་འཕྲོ་ཡོད་ངེས་སུ་ཆེས་ཤིན་ཏུ་རྟོགས་ ནུས་སུ་ཡོད་པ་ཡིན་ལ། དགུང་ལོ་ཉེར་གསུམ་པ་ས་བྱའི་ལོ་དང་ཉེར་བཞི་ལྕགས་ཁྱིའི་ལོ་གཉིས་ལ་དམ་པ་མང་ པོའི་སྒྲུབ་གནས་རང་ཡུལ་སྟག་ལུང་རི་ཁྲོད་དུ་ཀུན་སྤངས་ཀྱི་རྣལ་འབྱོར་ལ་གཞོལ་བ་བླ་མ་ ཐུགས་རྗེ་དཔལ་དང་མཉམ་དུ་གསང་སྔགས་ཟབ་མོའི་ཉམས་ལེན་ལ་རྩེ་གཅིག་སྒྲུབ་ཚུགས་ བྱས་ནས་བསྒོམ་པར་མཛད་པས་འདི་སྐོར་གོང་འོག་ཅི་རིགས་ལ་དམ་པ་འདི་ཉིད་ཀྱི་ཐུགས་ དམ་སྔར་ནས་སོར་བསམ་ཀྱི་ཉམས་མྱོང་ཡོད་པའི་ཁར་གཟུགས་སེམས་དབྱེར་མེད་དང་ སྲོག་གཟུགས་དབྱེར་མེད་ཀྱི་ཉམས་སྣང་གོང་དུ་འཕེལ་ཏེ་གནས་དྲུག་གི་ཐིག་ལེར་རླུང་ཐིམ་ པའི་བྱེད་ལས་ལུས་ནང་དུ་སྟོང་གཟུགས་ཀྱི་ལྷ་སྐུ་མཐོང་བ་ཡོད་པ་མ་ཟད། རང་ལུས་ཉིད་ དུས་ཀྱི་འཁོར་ལོའི་སྐུ་རྣམ་ཀུན་མཆོག་ལྡན་དུ་སྣང་སྟེ་དེའི་སྐུའི་བ་སྤུའི་བུ་ག་ཐམས་ཅད་ ནས་ལྷ་སྐུ་དང་ཐིག་ལེ་སྣ་ཚོགས་པ་རབ་འབྱམས་མཁའ་དབྱིངས་ཀུན་ཏུ་རྣམ་པར་སྤྲོ་ཞིང༌། སླར་ཡང་སྐུ་དང་ཐིག་ལེའི་རྣམ་པ་མཐའ་ཀླས་པ་ས་ཆེན་པོའི་རྡུལ་གྱི་གྲངས་སྙེད་ཚུར་ཁ་བ་ བུ་ཡུག་ལྟར་རང་ལུས་ལ་ཞུགས་ཏེ་ལུས་ནང་གི་དབུ་མའི་སྟོད་སྨད་ཀྱི་གནས་དྲུག་གི་འཁོར་ ལོར་གནས་པའི་མི་ཤིགས་པའི་ཁམས་དྲུག་གི་ཐིག་ལེ་དག་ལ་ཐིམ་པས་བདེ་བ་དང་སྟོང་ པའི་གཟུགས་སྣང་མཐའ་ཡས་པ་བདེ་བའི་ཟིལ་བཟོད་དཀའ་བ་ཆེས་འབར་ཏེ་མཚམས་དེ་ ནས་ཞི་བདེ་མཆོག་གི་རང་བཞིན་ཀུན་ཁྱབ་ཀྱི་ཚུལ་དུ་རང་ལུས་མ་ཟད་སྣང་བ་ཐམས་ཅད་ 6-1-419 འོད་གསལ་སྟོང་པའི་གཟུགས་བདེ་ཆེན་གྱི་ངོ་བོ་གཉིས་སུ་མེད་པར་དུས་བར་བར་དུ་རོ་ མཉམ་དུ་གྱུར་པས་ཐ་མལ་འདི་སྣང་ཀུན་གཏན་འགག་གི་སྣང་བ་བྱུང་བ་ན། ཕ་ཅིག་བླ་མ་རྡོ་ རྗེ་འཆང་ལ་ཚུལ་དེ་ཞུས་པས་ཁོང་གི་ཞལ་སྔ་ནས། མ་དག་གནས་འགྱུར་ཡེ་ཤེས་སྒེག་མོའི་ ལུས། །ཞེས་པ་ལྟ་བུའི་སྒྱུ་ལུས་ཀྱི་ཉམས་སུ་ངོ་སྤྲད་ཅིང༌། རྨེའུ་བླ་མ་ངག་དབང་དོན་གྲུབ་པ་ ལའང༌། ཚུལ་དེ་ཞུས་པས་ཁོང་གིས་ཀྱང་རྣམ་སྨིན་སྒྱུ་ལུས་དབྱིངས་སུ་དག་པ་ཡིས། །པྲ་ཕབ་ བརྒྱད་དང་མཚུངས་པའི་ཆོས་ཉིད་ཅན། །ཞེས་པ་ལྟར་གྱི་སྔགས་ཀྱི་སྒྱུ་ལུས་ཀྱི་ཉམས་སུ་ཚུལ་ དེ་མཐུན་དུ་ངོ་སྤྲོད་མཛད་པ་སྟེ་གང་ལྟར་ཡང་སྤྱིར་ན་ལམ་ཉམས་ལེན་སྐབས་ཡན་ལག་ལྔ་ པ་རྗེས་དྲན་མན་ཆད་ཀྱི་ཉམས་དངོས་དང་རྗེས་མཐུན་ཅི་རིགས་དང་གསང་ཆེན་ཐེག་པའི་ སྒྱུ་ལུས་གྲུབ་ཚུལ་ཡང་མ་དག་པ་དང་དག་པའི་སྒྱུ་ལུས་འདྲ་མིན་དང་འགྲུབ་པའི་ས་མཚམས་ ཡང་དུས་འཁོར་ལུགས་ཀྱི་ཡན་ལག་དྲུག་གི་སྐབས་དང༌། གཞན་གསང་འདུས་བདེ་མཆོག་ གི་རིམ་ལྔ་སོགས་ཀྱི་སྐབས་སུ་འཇོག་ཚུལ་མི་འདྲ་བ་སོགས་ཁྱད་པར་རབ་འབྲིང་ཐ་མའི་ ཚུལ་སྤྱིར་ནའང་ཡོད་ཅིང༌། འདིར་ཉམས་ལེན་སྐབས་རྣལ་འབྱོར་པའི་དབང་པོ་རབ་འབྲིང་ ཐ་མའི་རིམ་པས་སྣང་ཚུལ་ཡང་དེ་ལུགས་འབྱུང་དུ་ཡོད་པས་ལམ་སྒྲུབ་པོ་དག་གི་ཉམས་ སྣང་ལ་བཟང་ངན་གྱི་དབྱེ་བ་ཆེས་མང་ནའང་འདིར་དམ་པ་འདི་ཉིད་ཀྱི་ཐུགས་དགོངས་སུ་ དགུང་ལོ་ཉི་ཤུ་སྐོར་འདི་ནས་ཀྱང་དུས་འཁོར་རང་ལུགས་ཀྱི་རྫོགས་རིམ་རྗེས་དྲན་མན་ཆད་ ཀྱི་མྱོང་རྟགས་ཀྱི་རྣམ་པ་ཅི་རིགས་ཀྱི་མཚན་མ་ལེགས་པར་མངའ་བ་ནི་ཆེས་བསྔགས་པར་ འོས་པའི་ཡུལ་ཡིན་ཞིང༌། ཁྱད་པར་དོན་དམ་པའི་མཚན་ཡང་དག་པར་བརྗོད་པ་ལས། རྣམ་ པར་ཤེས་པའི་ཆོས་ཉིད་འདས། །ཡེ་ཤེས་གཉིས་མེད་ཚུལ་འཆང་བ། །ཞེས་གསུངས་པ་ལྟར་ དུས་འཁོར་བསྡུས་རྒྱུད་ལས་ཀྱང༌། རྣམ་གསུམ་སྲིད་པ་ལ་གནས་ཡེ་ཤེས་རྣམས་ཤེས་དབྱེ་བ་ དག་གིས་རྣལ་འབྱོར་པ་ཡིས་རིག་པར་བྱ། ཞེས་གསུངས་པའི་སྔགས་རྒྱུད་ཀྱི་དགོངས་པའི་ 6-1-420 དོན་ལ་ཉམས་ལེན་སྐབས་རྣམ་ཤེས་ཀྱི་རྒྱལ་ཁམས་ལས་བརྒལ་མཚམས་དང་ཡེ་ཤེས་ཀྱི་ རྒྱལ་ཁམས་ལ་འཕོས་མཚམས་ཀྱི་ཁྱད་པར་ཀུན་གཞིའི་རྣམ་ཤེས་ཀྱི་ཤུན་སྦུབས་ལས་ཀུན་ བཞིའི་ཡེ་ཤེས་ཀྱི་རང་མདངས་རྣལ་འབྱོར་པ་རང་གི་བློ་ཚོད་དང་མཐུན་པ་ཇི་བཞིན་མངོན་ ཏེ་མྱོང་སྟོབས་ཀྱིས་ལ་ཤན་འབྱེད་ཐུབ་པ་འདི་ཡང་སྔགས་རྒྱུད་མཆོག་གི་དགོངས་པ་བཞིན་ ཉམས་མྱོང་གི་སྣེ ་དོད་པ་ཡིན་པས་དེང་དུས་ལ་ལྟོས་ན་ལྷག་པར་ངོ་མཚར་བའི་གནས་རྨད་དུ་ བྱུང་བའོ། ། དེ་ལྟ་བུའི་ཉམས་མྱོང་གི་རྟོགས་པའི་གདེང་ཚད་ཅིག་དགུང་ལོ་ཉི་ཤུའི་ནང་འདི་སྐོར་ སྟོད་སྨད་ལ་ཡོད་པར་མངོན་ནོ། །སྤྱིར་དམ་པ་ཉིད་ཀྱིས་ལོ་འདི་སྐོ ར་ནས་བཟུང་ལོ་བདུན་ ལ་དགོན་མ་ལག་ཀུན་ལ་མཆོད་གཡོག་ལས་རྡོར་གྱི་གོ་ས་བཟུང་བ་སོགས་ལས་སྣེ་པ་ མཛད་སྐབས་ཀྱང་དེང་དུས་ཀྱི་ཟ་འདོད་གྲལ་ཆོད་ཙམ་རེམ་པ་ལྷུར་ལེན་པའི་ཕལ་བ་ཁ་ཅིག་ ཚོ་དང་མི་འདྲ་བར་ཀུན་སྤྱོད་གཙང་མས་རང་གི་ཚོགས་བསགས་ཐབས་ཀྱི་ལྷ་ལ་མཆོད་པ་ དང་གུས་ཕྱག་འབུལ་བ་དང་མཆོད་རྫས་རྣམས་ཀྱང་གར་དང་པད་སྐོར་སྟབས་ལེགས་ཀྱིས་ འདུད་ཉམས་མཛེས་པར་བསྒྱུར་ཏེ་བཞེས་བསྟབ་བྱེད་པ་སོགས་སྒོ་གང་ཐད་ནས་རང་གཞན་ གཉིས་ཀ་རྣམ་པར་དཀར་བའི་ཚོགས་ཆེན་དང་འབྲེལ་བར་བྱེད་པ་དང༌། སྤྱིར་ན་ཡ་རབས་ དམ་པའི་སྤྱོད་པ་ཆོ་གའི་ཕྱག་ལེན་ཐིག་རྩ་དབྱངས་འདོན་རྟ་གཏོར་བཟོ་རོལ་མོ་དཀྲོལ་བ། གླིང་བུ་འབུད་པ་སོགས་ཆོས་དང་མཐུན་པའི་རིགས་གནས་ལ་མཁྱེན་པ་བཀྲ་ཞིང༌། བསླབ་ སྦྱང་དཀའ་ཚེགས་ཆེར་མི་དགོས་པར་ཤུགས་འབྱུང་ཉིད་ནས་མི་མཁྱེན་པ་མེད་ལ། སྐུ་ན་ཚོད་ གཞོན་པའི་དུས་སུའང་ཁོང་གི་ཐུགས་ཉམས་སུ། འདུལ་བ་མེ་ཏོག་ཕྲེང་རྒྱུད་ལས། ཇི་ལྟར་ ཟླ་བ་མེད་པ་ཡི། །མཚན་མོ་དག་ནི་མཛེས་མ་ཡིན། །དེ་བཞིན་ཚུལ་ཁྲིམས་མི་གནས་པའི། །རབ་བྱུང་རྒྱལ་བའི་བསྟན་མི་མཛེས། །ཞེས་གསུངས་པའི་དོན་ལྟར་ནན་དགོངས་མཛད་ 6-1-421 དེ་གཞོན་པའི་ལང་ཚོས་རྒྱགས་པ་ལ་བརྟེན་ནས་ཙབ་ཙོབ་ཀྱི་ཀུན་སྤྱོད་ངན་པ་དེང་དུས་གྲྭ་ རྒོད་ཕལ་བས་བྱེད་པ་ལྟ་བུ་ནི་དམ་པ་འདིས་སྐུ་གཞོན་པའི་དུས་ན་ནམ་དུའང་བྱེད་པ་གཤོ་ མི་དར་ཞིང་རང་ཤུགས་ངང་གིས་ཀུན་སྤྱོད་མཛེས་པ་ཞི་དུལ་དུ་གནས་པ་ཐུན་གྱི་ཆོས་གྲྭལ་ ཞུགས་ཕན་ཆད་ཐུན་དུ་འདུག་སྐབས་མ་ཟད་རང་ཡུལ་དུ་གྲོང་ཆོག་སོགས་ཀྱི་སྐབས་ནའང་ མི་གཡོ་གསུམ་ལྡན་ལ་རེག་ཅི་ཐུབ་དང་ནང་ནུབ་ཏུ་ཐུན་མཉམ་བཞག་ཆག་མེད་བྱེད་ཅིང༌། དུས་རྒྱུན་དུ་དམ་པའི་སྤྱོད་པ་ཡ་རབས་ཀྱི་རིགས་གནས་ལ་རང་གིས་སློབ་པ་དང་གཞན་ལ་ སློབ་ཏུ་འཇུག་པར་མཛད་པ་ནི། རིན་ཆེན་ཕྲེང་བ་ལས། བདག་དང་གཞན་གྱི་དོན་བྱེད་དང༌། །གཞན་ལ་གནོད་པ་སྤོང་བ་ནི། །བསོད་ནམས་ཡིན་ནོ་སྡིག་པ་བཟློ ག །བདག་ཉིད་ཆེན་པོ་ དེ་སྐད་གསུངས། །ཞེས་གསུངས་པ་ལྟ་བུའི་རང་གཞན་དོན་མཆོག་ལ་གནས་ཤིང་སྦྱོར་བར་ བྱེད་པ་དང་གཞན་ལ་གནོད་འཚེ་སྤངས་པའི་སྒོ་ནས་ཡུལ་མི་རྒན་གཞོན་ཐམས་ཅད་ཀྱི་ཡིད་ ལ་འཐད་ཅིང་དགའ་བའི་ཡུལ་དང་བའི་དད་པ་འདྲེན་བྱེད་ཀྱི་དམིགས་རྐྱེན་དུ་གྱུར་པ་དགེ་ སྡིག་ལ་སྤང་བླང་མ་འབད་ཤུགས་ཀྱིས་བྱུང་བའི་ངང་ཚུལ་ཆེས་བཟང་པོ་ཞིག་སྟེ། དེ་ཡང་ ཁོང་གི་ཐུགས་ལ་ན་གཞོན་དུས་ནས་ཀྱང་གཡེང་བ་རྩེ་རྒོད་སོགས་དོན་མེད་ཀྱི་བྱ་བ་ལ་མི་ དགའ་ཞིང་གཞན་དག་གིས་དེ་ལྟར་བྱེད་པ་ལ། ཇི་སྐད་དུ། སྡིག་གྲོགས་ཞེས་བྱ་རྭ་ཅན་མི་ འབྱུང་སྟེ། །རྩེ་རྒོ ད་གཡེང་བའི་གྲོགས་དེ་སྡིག་གྲོགས་ཡིན། །ཞེས་པ་ལྟ་བུའི་གནས་སུ་ངོ་ ལེགས་པར་ཤེས་ནས་སྤྱོད་ངན་ཅན་གྱི་གྲོགས་དང་མི་འགྲོགས་ཤིང་དེའི་ཁ་ལ་མི་ཉན་པར་ རང་ཚུགས་འཛིན་ནུས་པ་དང༌། སྤྱོད་འཇུག་ལས། མི་ལུས་གྲུ་ལ་བརྟེན་ནས་ནི། །སྡུག་བསྔལ་ ཆུ་བོ་ཆེ་ལས་སྒྲོལ། །ཞེས་གསུངས་པ་ལྟར་ད་རེས་དལ་འབྱོར་གྱི་མི་ལུས་འདི་བརྒྱ་ལམ་དུ་ ལྟས་དབང་གིས་ལན་ཅིག་ཐོབ་དུས་འདིར་ཕ་བླ་མའི་དྲིན་ལས་ཆོས་ཟབ་མོ་ཐོབ་ཡོད་པ་དེ་ ལ་སྙིང་པོ་ཞིག་ངེས་པར་ལོན་ཐབས་བྱས་ནས་ད་ཕན་འཁོར་བའི་སྡུག་བསྔལ་ཐར་དཀའ་བ་ 6-1-422 འདི་ལས་སྒྲོལ་ཐུབ་པ་ཞིག་རང་ནས་བྱ་དགོས་སྙམ་པའི་ཞེ་དམ་དྲག་པོ་དང་བཅས་པས་ཆོས་ ལ་སྒོ་གསུམ་གང་ཐད་ནས་གཅེས་སྤྲས་ཀྱིས་འབད་འབུང་ཆེར་བྱེད་པ་ཡིན་གྱི་དེང་དུས་སུ་ གྲྭ་བཙུན་གྱི་མིང་བཏགས་ཁ་ཅིག་ལ་ནི། ཇི་སྐད་དུ། དུད་འགྲོ་ཕག་ལ་ཁ་ཟས་གཙང་མས་ ཅི། བོང་བུ་ཕྱུགས་ལ་མུ་ཏིག་ནོར་བུས་ཅི། ལོང་བ་རི་མོ་འོན་པ་པི་ཝང་དང༌། །བླུན་པོ་དག་ ལ་ཆོས་ཀྱིས་ཅི་བྱར་ཡོད། །ཅེས་པ་ལྟར་ཡ་རབས་ཀྱི་སྤྱོད་པ་སྤྱི་དང་ཁྱད་པར་ཆོས་ཕྱོགས་ ཀྱིས་དགོས་མཁོ་གཏན་ནས་མེད་པ་དག་གི་འདུག་ཚུལ་ལྟར་ལོང་ཡོད་དུ་ཁ་ཡེངས་མིག་ ཡེངས་བྱས་ནས་དོན་མེད་ལུང་མ་བསྟན་པའམ་ཚེ་འདིའི་དགྲ་གཉེན་ལ་ཆགས་སྡང་གི་དུས་ འདའ་བར་བྱས་ཏེ་ཤི་སྤར་འཐམ་པ་ལྟ་བུ་ནི་དམ་པ་འདིས་ཆེས་སྨད་པའི་གནས་སུ་གཟིགས་ ཏེ་འདི་འདྲ་ལ་ཉིད་ནས་རེམ་པ་ལྟ་ཅི་ཁོང་དང་སྙིང་ཉེ་བའི་མཆེད་གྲོགས་ཚུན་ལ་སྤྱོད་ངན་དེ་ འདྲ་དང་གཏན་མ་འབྲེལ་བའི་གཙང་དག་བཟང་པོའི་མིག་ལྟོ ས་འཇོག་མཁན་ཞིག་གོ །ལོ་ འདི་སྐོར་ཞིག་ཏུ་ཁྲོ་བོའི་དབང་པོ་རྡོ་རྗེ་ཤུགས་ཀྱིས་བསྲུང་འཁོར་གྱི་བསྙེན་མཚམས་མཛད་ དེ་བསྲུང་སྔགས་འབུམ་འཕྲག་བསྐྱལ་ལོ། ། དགུང་ལོ་ཉེར་ལྔ་པ་ལྕགས་ཕག་ལོ་འདི་ནས་སྐྱབས་རྗེ་རྡོ་རྗེ་འཆང་ལུང་རྟོགས་རྒྱ་མཚོ་ སྐུ་ཞི་བར་གཟིམས་པ་ལ་ཉེ་བའི་སྐབས་སུ་ཁོང་གི་ཞལ་སྔ་ནས། ད་ནི་རང་འདི་ནས་ལྷོ ་ནུབ་ རྔ་ཡབ་པདྨ་འོད་དུ་སྲིན་པོ་ཕོ་མོ་འདུལ་བྱེད་དུ་རཀྴ་ཐོད་ཕྲེང་གི་སྐུར་ངེས་པར་འགྱུར་ཚུལ་ དང་ཐུགས་དམ་དུ་བཞུགས་ཚུལ་བཅས་ཞིབ་རྒྱས་བཀའ་གནང་གིས་ཞལ་ཆེམས་མཛད་ ནས་གསུང་གི་མཛད་པ་ཐ་མས་དམ་པ་འདི་ཉིད་ལ་སྔར་ཡང་ཡང་བཀའ་ལུང་བྱོན་པ་ལྟར་ འདི་ཡང་ཁྱོད་ཀྱིས་ཁོང་གི་རྒྱལ་ཚབ་རྡོ་རྗེ་འཛིན་པ་བླ་མ་སྙན་གྲགས་གང་ཉིད་ཀྱིས་རྗེས་ སོར་བཀའ་གསུང་ཅི་མཛད་ལ་དང་ལེན་བརྩི་འཇོག་གི་ཇི་བཞིན་སྒྲུབས་དགོས་ཚུལ་གྱི་ བཀའ་ནན་ཆེར་ཉེ་བར་བརྩལ་ཏེ་ཁོང་གི་གཟུགས་སྐུ་དབྱིངས་སུ་བསྡུ་ཚུལ་མཛད་པ་ལ་དམ་ 6-1-423 པ་འདི་སོགས་སློབ་འབང་ཡོངས་ཀྱིས་མཆོད་སྨོན་གཟབ་ལྡན་བགྱིས། དགུང་ལོ་ཉེར་དྲུག་པ་ཆུ་བྱི་ལ་རང་དགོན་དེ་ཀར་བཞུགས། འདི་སྐོ ར་འཛོང་བོ་སྐྱབས་ མགོན་རིན་པོ་ཆེའི་ཞལ་སྔ་ནས། མགོན་པོ་ཁྲོ་བཅུའི་རྗེས་གནང་གསན་ཏེ། ཁོང་ལ་ཉམས་ ལེན་གྱི་རྟོགས་འབུལ་བྱས་པས་ཁྱོད་ཀྱི་རང་སེམས་འོད་གསལ་བའི་གཤིས་ལུགས་དྭངས་ མ་སྤྲོས་པ་ཀུན་ཟད་ཀྱི་དབྱིངས་ཆེས་མངོན་ཚབ་ཆེ་བ་འདི་ཀ་ལྟར་ན་སྔགས་རྙིང་མའི་སྣང་ བཞིའི་ཡེ་ཤེས་ཀྱི་ཡ་མཐའ་ཆོས་ཉིད་ཟད་པ་བྱ་བ་སྤྲོས་པ་ཆེས་ཟད་པའི་ནང་དབྱིངས་གཉུག་ མ་ཆོས་ཉིད་ཀྱི་ཤེས་པ་མཐར་ཐུག་པ་ཞིག་ཡོད་པ་དེའི་ཚུལ་དང་མཐུན་པར་ངོ་སྤྲོད་ཀྱིས་ཆེ་ བརྗོད་མཛད། རྫོགས་ཆེན་རང་ལུགས་ལའང་སྣང་བཞི་འཆར་ཚུལ་གང་ཟག་གི་རིམ་པས་ བཟང་ངན་ཅི་རིགས་ཡོད་པས་འདི་ལ་བཤད་བྱ་མང་ཡང་སྐབས་འདིར་དགོས་དོན་མི་འདུག དགུང་ལོ་ཉེར་བདུན་པ་ཆུ་གླང་གི་ལོ་འདིར་བསྙེན་མཚམས་ཀྱི་དམ་རྒྱ་མཛད་ནས་ སྒྲུབ་པ་ལྷུར་ལེན་གྱི་ངང་ནས་བཞུགས། དགུང་ལོ་ཉེར་བརྒྱད་པ་ཤིང་སྟག་གི་ལོ་ལ་ས་ དམར་དཔལ་རྩེ་དགོན་པར་རྡོ་རྗེ་འཛིན་པ་ཆེན་པོ་ཀུན་དགའ་སྙན་གྲགས་རྒྱ་མཚོའི་མདུན་ དྲུང་ནས། རྒྱུད་སྡེ་རབ་འབྱམས་ཡོངས་སུ་རྫོགས་པའི་སྨིན་བྱེད་དབང་གི་ཟབ་བཀའ་དང༌། གཞན་དུས་འཁོར་ལྷ་དགུའི་དབང་སོགས་ཟབ་ཆོས་ཆེས་མང་བ་དམ་པ་རང་ཉིད་ཀྱིས་ལས་ རྡོར་མཛད་བཞིན་ལེགས་པར་མནོས། དགུང་ལོ་ཉེར་དགུ་པ་ཤིང་ཡོས་ལོར་ས་དམར་དགོན་གྱི་ཁྲིད་དཔོན་ཆེན་པོ་དེ་ཉིད་ཀྱི་ དྲུང་ནས་དུས་འཁོར་དབང་ཆེན། གཅོད་དབང་རྣམ་འཇོམས་ཁྲོ་ནག་གི་དབང་རྣམས་རང་ ཉིད་ལས་རྡོར་གྱི་སྒོ་ནས་ཐོབ། འདི་སྐོ ར་རྟོགས་པའི་དབང་པོ་ཀུན་དགའ་མཁས་གྲུབ་དབང་ ཕྱུག་གི་ཞལ་ནས། སྦྱོར་དྲུག་སྔོ ན་འགྲོ་བཅས་ཀྱི་ཁྲིད་ཡོངས་རྫོགས་གསན་ཞིང་ཉམས་ལེན་ ཞུས་པས་སེམས་ཁྲིད་ཀྱང་གནང༌། 6-1-424 དགུང་ལོ་སུམ་ཅུ་པ་མེ་འབྲུག་ལོ་འདིར་འཛམ་ཐང་གཙང་བའི་ས་ག་ཟླ་བའི་དུས་འཁོར་ སྒྲུབ་མཆོད་ཀྱི་ལས་ཀྱི་རྡོ་རྗེ་དམ་པ་འདི་ཡིན་སྐབས་ནུབ་གཅིག་འདུ་ཁང་གི་མདུན་འོག་གི་ དུར་ཁྲོད་དེར་ཕྱིན་པ་ན་ཁྲོལ་ལྡིང་མང་པོ་སྒྲ་རྒྱང་རིང་ནས་ཐོས་སྙམ་བྱེད་དེར་རེ་ཞིག་མཉམ་ པར་བཞག་ཚེ་གོང་ཏ་ཙའི་འཕྲང་ལམ་ནས་ཀེང་ཆེན་བཞི་གར་བྱེད་བཞིན་འོང་ནས་དུར་ཁྲོད་ དེར་སླེབས་གར་འཆམ་སྣ་ཚོགས་མཛད་པར་མཐོང་ཚུལ་དེ་སྐབས་དེའི་སྒྲུབ་མཆོད་ཀྱི་ཁྲི་ འཛིན་ཀུན་དགའ་ངག་གི་དབང་པོ་ལ་ཞུས་པས་ཁོང་གི་ཞལ་ནས། ཀེང་འཆམ་ལ་ཕོ་མོའི་ འཆམ་གཉིས་ཡོད་པ་ལས་ཁྱོད་ཀྱིས་མཐོང་བ་དེ་ཕོ་འཆམ་རེད། འཛི་སྟོད་ནས་དེ་འདྲ་འོང་ན་ དེ་ཕྱོགས་ནས་ཕོ་ཞིག་གི་རོ་དུར་ཁྲོད་འདིར་ཐོན་པ་སོགས་ཀེང་འཆམ་ཕོ་མོའི་ཁྱད་པར་དང་ ཕྱོགས་གང་ནས་འོང་བརྟག་པས་སྟོད་སྨད་ཀྱི་ཕོ་མོའི་རོ་དུར་ཁྲོད་འདིར་ཇི་ལྟར་ཐོན་གོ་ནུས་ པ་ལྟ་བུ་ཡོད། ཅེས་གསུངས་པ་ལྟར་དེའི་སང་ཉིན་སྟོད་ཕྱོགས་ནས་ཕོ་ཞིག་གི་རོ་དུར་ཁྲོད་ དུ་ཐོན་པ་དང༌། ལོ་འདི་སྐོ ར་དུ་མཉམ་རྗེས་ཐམས་ཅད་དུ་ཁྱད་མེད་པར་སྟོང་པའི་གཟུགས་ ཀྱི་རང་སྣང་ཞིང་ཁམས་རབ་འབྱམས་ཀྱི་སྣང་བ་དང་དེ་དག་ཏུ་རྒྱལ་བ་གཙོ་འཁོར་ཆེས་མང་ པོས་དམ་པའི་ཆོས་ཀྱི་འཆད་ཉན་མཛད་པ་དང་ཏིང་ངེ་འཛིན་ལ་མཉམ་པར་བཞག་པ་དང་ སྤྱོད་ལམ་བཞེངས་བཞུད་ཀྱི་ཚུལ་སོགས་གཟིགས་སྣང་ཆེས་འདྲ་མིན་སྔར་ལས་ཉམས་སྣང་ གསལ་ཞིང་འཐུག་པ་དུ་མ་བྱུང་ངོ༌། ། དགུང་ལོ་སོ་གཅིག་པ་མེ་སྦྲུལ་ལ་རྫོགས་ཆེན་སྙིང་ཐིག་པ་རིག་འཛིན་འཇིགས་མེད་ གླིང་པའི་དངོས་སློབ་འཇིགས་མེད་རྒྱལ་བའི་མྱུ་གུའི་ཡང་སྤྲུལ་དུ་གྲགས་པ་ལྷ་རྩེ་སྤྲུལ་པའི་ སྐུ་ཐུབ་བསྟན་ལུང་རྟོགས་རྒྱ་མཚོ་གང་དྲུང་ནས་མགོན་པོ་ཚོགས་བདག་དངོས་གྲུབ་འབྱུང་ གཏེར་གྱི་དབང་བཀའ་ཁྲིད་ལུང་སོགས་དང༌། གཞན་ཡང་སྔ་ཕྱི་ཅི་རིགས་སུ་ཁོང་ཉིད་ཀྱི་ ཞལ་སྔ་ནས། སངས་རྒྱས་སྟོང་དབང་སོགས་སྔགས་རྙིང་ཕྱོགས་ཀྱི་ལུང་ཁྲིད་དུ་མ་ལེགས་ 6-1-425 པར་མནོས། དགུང་ལོ་སོ་གཉིས་པ་ས་རྟའི་ལོར་དགོན་དུ་བསྙེ ན་མཚམས་ཞིག་མཛད། དགུང་ལོ་ སོ་གསུམ་པ་ས་ལུག་ལོ་འདིར་ན་མདའི་རྟ་མདོར་བྲག་དཀར་སྤྲུལ་སྐུ་བློ་བཟང་དཔལ་ལྡན་ བསྟན་འཛིན་སྙན་གྲགས་ཞབས་པ་ཆགས་ཕེབས་མཛད་དེ་གང་གི་ཞལ་སྔ་ནས། འགྲོ་བ་ ལྷ་དང་བཅས་པའི་བླ་མ་མཉམ་མེད་བསྟན་པ་ཡོངས་ཀྱི་མངའ་བདག་སྟོན་པ་ཐུབ་དབང་ མཆོག་གི་དཔལ་གྱི་མགུལ་བཟང་ནས་ཚངས་པའི་དབྱངས་ཀྱིས་བཀའ་ལེགས་པར་བསྩལ་ པའི་མདོ་སྔགས་ཡོངས་རྫོགས་གངས་ལྗོངས་སུ་འགྱུར་རོ་ཅོག་གི་བཀའ་ཡི་གླེགས་བམ་ མཐའ་དག་གི་བཀླག་ལུང་ངོ་མཚར་བའི་ཆོས་སྒོ་ལེགས་པར་ཕྱེས་ནས་ཇི་བཞིན་ནོད་པའི་ སྐལ་བ་བཟང་པོར་གྱུར་པ་དང༌། གཞན་ཡང་ཀློང་ཆེན་མཛོད་བདུན། པདྨ་བཀའ་ཡི་ཐང་ཡིག ཀླུ་སྒྲུབ་ལུགས་ཀྱི་བྱང་ཆུབ་སེམས་སྡོམ། མ་ཎི་བཀའ་འབུམ་སོགས་ཀྱི་བཀླག་ལུང་དང༌། ས་དམར་དགོན་དུ་སྤྲུལ་སྐུ་དེ་ཉིད་བྱོན་སྐབས་སངས་རྒྱས་སྟོང་དབང༌། ཐུགས་རྗེ་ཆེན་པོའི་ དབང་སོགས་ཆོས་བཀའ་རྒྱ་ཆེར་གསན། འདི་ལོར་ཡག་མདོའི་གཙང་བ་འགབ་མའི་ལྕགས་ མདུད་སྤྲུལ་སྐུ་པདྨ་དགྱེས་པའི་རྡོ་རྗེ་གང་དྲུང་དུ་རྟོགས་འབུལ་བྱས་ཤིང༌། རྣལ་འབྱོར་གྱི་ དབང་ཕྱུག་ཀུན་དགའ་ངག་གི་དབང་པོའི་ཞལ་སྔ་ནས་ཀྱང༌། སྦྱོར་དྲུག་ཆོས་སྐོ ར་ཆ་ཚང༌། ཉིད་ཀྱིས་མཛད་པའི་སློབ་མ་ལ་ཕན་པའི་སྙིང་གཏམ་ནོར་བུའི་ཕྲེང་བ་ཁྲིད་ལུང་བཅས་དང༌། སྔ་ཕྱི་ཀུན་ལ་ཉམས་ལེན་གྱི་འདྲི་གཏུགས་ཆེད་གཉེར་བྱས་པས་ཁོང་གིས་གནས་ལུགས་དེ་ ཉིད་སྐྱོང་ཚུལ་གྱི་ཟབ་གནད་ལག་བཅང་དུ་ཡང་ཡང་གནང་བའི་བཀའ་དྲིན་དང་ཐུགས་ཀྱིས་ བརྩི་བཀུར་གྱིས་གཟེངས་བསྟོད་ཀྱང་མཛད་དོ། ། དགུང་ལོ་སོ་བཞི་པ་ལྕགས་སྤྲེལ་ལོར་འཛི་སྟོད་དགོན་པ་ལ་ཁར་བྲག་དཀར་སྤྲུལ་པའི་ སྐུ་ཉིད་ཕེབས་ཏེ་གང་དྲུང་ནས་དུས་འཁོར་རྒྱས་འགྲེལ་དྲི་མེད་འོད་ཀྱིས་ཐོག་དྲངས་བསྟན་ 6-1-426 འགྱུར་གྱི་གླེགས་བུ་ཉེར་གཉིས་ཙམ་གྱི་བཀླག་ལུང་དང༌། གཞན་ཡང་མཁོ་ཚོགས་ཀྱི་ཆོས་ སྣ་མང་པོའི་ལུང་ཁྲིད་ཆེས་མང་པོ་བཀའ་དྲིན་དུ་ཐོབ། དགོན་དེར་བསླབ་གསུམ་གྱི་ཐུགས་ མངའ་ངག་དབང་བསྟན་འཛིན་གྲགས་པའི་མདུན་ནས་ཀྱང༌། དུས་འཁོར་ལྷན་སྐྱེས་སྨོན་ ལམ་ལྷ་བདེ་གཤེགས་མ་དང་བཅས་གསན། མཁས་པའི་དབང་པོ་ངག་དབང་ཚོགས་གཉིས་ རྒྱ་མཚོའི་ཞལ་སྔ་ནས། བཟང་སྤྱོད་ཁྲིད་ལུང་སྤེལ་མ་ཐོབ། ནུས་པ་མཆོག་མངའ་བླ་མ་ཆོས་ རབ་ནས། ལྷན་སྐྱེས་སྨོན་ལམ་བཅས་དང༌། རྟོགས་ལྡན་བླ་མ་ཀུན་རྒྱམ་ནས་ཀྱང་ཆོས་ འབྲེལ་དེ་མཐུན་ཙམ་དང༌། ཚེ་མཚམས་པ་བླ་མ་ངག་དབང་བདེ་ལེགས་ཀྱི་མདུན་ནས། ཕྱག་ འཚལ་བསྟན་པ་སྤྱི་འགྲེལ་དྲཀྴད་འབྲིང་གི་གཏོར་ཆོག་རྣམས་ལེགས་པར་མནོས། འདི་ལོར་ ས་དམར་རྡོ་རྗེ་སློབ་དཔོན་ཆེན་པོ་བླ་མ་སྙན་གྲགས་ཉིད་ནས་ཀྱང་སྒྲུབ་ཐབས་རིན་འབྱུང་ཆ་ ཚང་གི་རྗེས་གནང༌། གཅོད་ཡུལ་གནད་དོན་སྙི ང་པོའི་ལུང་ཁྲིད་སྤེལ་མ་གསུངས་པ་རྣམས་ ཀྱང་གསན་ནོ། ། དགུང་ལོ་སོ་ལྔ་པ་ལྕགས་བྱ་ལ་རང་དགོན་དུ་རྡོ་རྗེ་སློབ་དཔོན་མཆོག་གི་ཞལ་ལུང་ལས། དུས་འཁོར་དབང་ཆེན། ནཻ་གུའི་བཀའ་ཕྱི་ནང༌། གྲུབ་ཐོབ་བརྒྱད་ཅུ། གྲུབ་བསྡུས། མགོན་ པོ་ཁྲོ་བཅུའི་རྗེས་གནང༌། གཅོད་དབང་རྣམས་ཐོབ། ལོ་འདིར་གསང་ལུང་དགོན་དུ་གསང་ སྤྲུལ་འཇིགས་མེད་བསྟན་པའི་ཉི་མའི་མདུན་ནས། འོད་དཔག་མེད་མྱུར་ལམ་དབང་ལུང་ ཁྲིད་བཅས་སོགས་ཆོས་བཀའ་དུ་མ་གསན། རང་དགོན་དུ་འཛམ་ཐང་གཙང་བའི་རྡོ་རྗེ་སློབ་ དཔོན་ཀུན་དགའ་དཔལ་ལྡན་གྱི་དངོས་སློབ་འཕགས་པ་རབ་འབྱོར་གྱི་སྤྲུལ་པར་གྲགས་ པ་ཉམས་རྟོགས་ཀྱི་མངའ་བདག་ངག་དབང་རིན་ཆེན་དཔལ་གྱི་ཞལ་སྔ་ནས། སྔ་ཕྱི་ཀུན་ཏུ་ སྦྱོར་དྲུག་ཆོས་སྐོ ར་སོགས་མཁོ་ཚོགས་དུ་མ་དང༌། ལོ་འདིར་གཟུངས་འདུས། རཏྣའི་ཕུར་པ་ སོགས་རྙིང་གཏོ་ཐམས་ཅད་ཀྱི་ལུང་ཡང་ལེགས་པར་མནོས་སོ། ། 6-1-427 དགུང་ལོ་སོ་དྲུག་པ་ཆུ་ཁྱིའི་ལོར་ས་དམར་སྒྲུབ་ཁང་དུ་རྡོ་རྗེའི་རྣལ་འབྱོར་ཡན་ལག་ དྲུག་ལ་སླར་ཡང་ཉམས་ལེན་གོང་འཕེལ་གྱི་མཚམས་སྒྲུབ་ལོ་གཅིག་མཛད། འདི་སྐོ ར་ཡན་ ལ་ཉིད་ནས་ཕྱག་འབུམ་བདུན་ཙམ་འཚལ་བ་གྲུབ་ཟིན་ཏོ། ། དགུང་ལོ་སོ་བདུན་པ་ཆུ་ཕག་ལོར་ས་དམར་དགོན་དུ་རྡོ་རྗེ་སློབ་དཔོན་ཀུན་དགའ་སྙན་ གྲགས་ཞབས་པ་ལས། དུས་འཁོར་དབང་ཆེན། སྦྱོང་རྒྱུད་བཅུ་གཉིས། ནཻ་གུའི་བཀའ་ཕྱི་ ནང༌། གཅོད་དབང་རྣམས་ཐོབ། དགུང་ལོ་སོ་བརྒྱད་པ་ཤིང་བྱི་ལ་རང་དགོན་དུ་རྡོ་རྗེ་སློབ་དཔོན་དེ་ཉིད་ཀྱི་མདུན་ནས། རྡོ་རྗེ་ཕྲེང་བའི་དབང་ཡོངས་རྫོགས། སྦྱོང་རྒྱུད་བཅུ་གཉིས། དུས་འཁོར་དབང་ཆེན། ནཻ་གུ་ བཀའ་ཕྱི་ནང༌། གཅོད་དབང་རྣམས་གསན། དགུང་ལོ་སོ་དགུ་པ་ཤིང་གླང་ལོ་གཙང་བའི་ཁྲིད་དཔོན་རྟོགས་པ་མཆོག་མངའ་བླ་མ་ དམ་པ་སྨོན་ལམ་ཞབས་པ་གང་དྲུང་ནས། མགོན་པོ་བྲག་རྫོང་མའི་ཁྲིད། རྫོགས་ཆེན་སྔོ ན་ འགྲོའི་དམིགས་ཁྲིད་ཀུན་བཟང་བླ་མའི་ཞལ་ལུང་སོགས། ཆོས་འབྲེལ་ཆེས་མང་སྔ་ཕྱི་དུ་ མར་ཐོབ། དགུང་ལོ་བཞི་བཅུ་པ་མེ་སྟག་ལ་ས་དམར་དགོན་དཔོན་གྱི་མདུན་ནས་བདེ་མཆོག་རབ་ འབྱམས་ཀྱི་དབང་བཀའ་ཆ་ཚང༌། ནཻ་གུ་བཀའ་ཕྱི་ནང༌། གཅོད་དབང༌། དུས་འཁོར་ དབང་ཆེན། འཇིགས་མཛད་རོ་ལངས་བརྒྱད་བསྐོ ར་གྱི་དབང་རྣམས་གསན། འདི་ལོར་ འཛི་སྲིབ་དགོན་གྱི་རྡོ་རྗེ་སློབ་དཔོན་མཁས་བཙུན་བཟང་པོའི་དཔལ་མངའ་བླ་མ་རིན་ཆེན་ བཟང་པོ་ས་དམར་དགོན་དུ་ཕེབ་ཏེ་དུས་འཁོར་སྦྱོར་དྲུག་གི་སྒོམ་རིམ་གྱི་ཁྲིད་ལུང་སྤེལ་མ་ ལེགས་པར་ཐོབ། དགུང་ལོ་ཞེ་གཅིག་པ་རབ་བྱུང་བཅུ་དྲུག་པའི་ཐོག་མ་རབ་བྱུང་ཞེས་པ་མེ་ཡོས་ཀྱི་ལོར་ 6-1-428 རང་དགོན་གྱི་རྡོ་རྗེ་སློབ་དཔོན་མཆོག་གི་ཞལ་ནས། དུས་འཁོར་དབང་ཆེན། ནཻ་གུ་བཀའ་ ཕྱི་ནང༌། ཇོ་ནང་ཕུར་བའི་དབང་རྣམས་ཐོབ། ལོ་དེའི་དཔྱིད་ཁར་རྟོགས་ལྡན་བླ་མ་བསོད་ ནམས་ཡེ་ཤེས་ཀྱི་མདུན་ནས། མི་དྲ་བརྒྱ་རྩའི་དབང་བཀའ་ཡོངས་རྫོགས་རང་ཉིད་ལས་ རྡོར་གྱི་སྒོ་ནས་ལེགས་པར་གསན། དེའི་དབྱར་དུ་དགོན་གྱི་སློབ་དཔོན་མཆོག་ཉིད་ཀྱི་ཞལ་ སྔ་ནས། མི་དྲའི་དབང་ཡོངས་སུ་རྫོགས་པ་རང་ཉིད་ཕྱག་ལེན་པའི་ཚུལ་གྱིས་མནོས་པའོ། ། དགུང་ལོ་ཞེ་གཉིས་པ་ས་འབྲུག་ལོར་རང་དགོན་གྱི་རྡོ་རྗེ་འཛིན་པ་ཆེན་པོའི་མདུན་ནས། དུས་འཁོར་དབང་ཆེན་ལེགས་པར་ཐོབ་ཅིང༌། གཞན་ཡང་ཉིད་ཞལ་ལས། སྔ་ཕྱི་བསྡོམས་ན་ མཐོང་དོན་ལྷན་ཐབས། ཟུང་འཇུག་ངོ་སྤྲོད་ཕྱི་ནང་གེགས་སེལ། དབུ་མ་ངེས་་དོན་རྒྱ་མཚོ། བླ་མ་ལུང་རྟོགས་གསུང་འབུམ། རྫོགས་ཆེན་སྔོ ན་འགྲོ། བླ་མཆོད་ཆ་ལག་གཏོར་ཆོག མདོ་ གདུགས་སྒྲོལ་གསུམ། ཆོས་སྤྱོད། དུས་འཁོར་གསར་རྙིང༌། ལྷ་དགུ། ཀུན་རིག མི་ འཁྲུགས་པ། ཐམས་ཅད་རིག་པ། གཅོད་ཚོགས་མང་པོ། རྣམས་ལོ་རེ་རེ་བཞིན་ཐོབ་པ་ དང༌། ཡང་བར་སྐབས་རེར། ཀུན་མཁྱེན་ཆེན་པོའི་བཀའ་པོད་དྲུག་གི་བཀླག་ལུང༌། ཀུན་ མཁྱེན་རྗེ་བཙུན་རྣམ་ཐར། བླ་མ་མང་པོའི་རྣམ་ཐར་དྲུག་ཅུ། ལྷ་བརྒྱད། དམར་ཆེན། ཐར་ མདོ། སྨན་བླ། བསྐང་གསོལ། རྟ་མགྲིན། ཇོ་ཕུར། བསང་ཡིག བཀའ་བརྒྱད། གུ་དྲག སེང་གདོང་སོགས་ཇོ་རྙིང་གི་ཕྱོགས་ནས་མཁོ་ཚོགས་འདི་མ་ཐོབ་སྙམ་པའི་ཡིད་ཁ་མ་ཚིམས་ པ་ལྟ་བུ་ནམ་ཡང་མེད་ངེས་ཀྱི་ཆོས་བཀའ་རྒྱ་ཆེར་ལེགས་མནོས་མཛད། འདི་ལོར་གྲུབ་ཆེན་ མཁན་པོ་ཕེབས་ནས་བཤེས་སྤྲིང་གི་ཁྲིད་ལུང་ཀྱང་གསན་ཏོ། ། དགུང་ལོ་ཞེ་གསུམ་པ་ས་སྦྲུལ་ལོར་རང་དགོན་སློབ་དཔོན་མཆོག་གི་ཞལ་ལུང་ལས་ དཔྱིད་དུ་དུས་འཁོར་དབང་ཆེན། དབྱར་ཇོ་ཕུར། ནཻ་གུ་བཀའ་ཕྱི་ནང༌། རྗེས་གནང་བརྒྱ་རྩ། གྲུབ་ཆེན་བརྒྱད་ཅུ། གྲུབ་བསྡུས་སོགས་ལེགས་པར་མནོས། དེའི་ལོར་ཁང་དམར་རྡོ་རྗེ་སློབ་ 6-1-429 དཔོན་བླ་མ་བསོད་ནམས་ཀྱིས་དབུར་བྱས་གྲྭ་བཙུན་ཉི་ཤུ་ཙམ་གྱིས་བསྙེན་པར་རྫོགས་པ་ ལ་གསང་སྟོན་པ་དམ་པ་འདི་ཉིད་ཀྱིས་མཛད། འདི་སྐོ ར་ཨ་བཟང་སྦ་གསར་ཚང་ལ་བསྐང་ གསོལ་མཛད་ནུབ་མོ་མཁར་བདག་མི་མིན་རིགས་ཀྱིས་མཐོ་འཚམས་པ་རེ་འདོད་ཀྱང་ཁོང་ གིས་ཟབ་མོ་གཅོད་དམིགས་མཆོག་གིས་བདུད་བཞི་དབྱིངས་སུ་རོ་སྙོམས་མཛད་པས་འཚེ་ བ་ཅི་ཡང་མ་ནུས་སོ། ། དགུང་ལོ་ཞེ་བཞི་པ་ལྕགས་རྟ་ལ་དགོན་པའི་རྗེ་སློབ་དཔོན་དམ་པའི་མདུན་དྲུང་ནས་རྡོ་ རྗེ་ཕྲེང་བ་ཆ་ཚང་གི་དབང་བཀའ། དུས་འཁོར་དབང་ཆེན། གྲུབ་བསྡུས་རྗེས་གནང་རྣམས་ ལེགས་གསན་མཛད་དོ། ། སྨྲས་པ། རྨད་བྱུང་ཐུགས་བཟང་གསེར་ཀྱི་འཛིན་མ་ལ། ། མངོན་རྟོགས་དཔག་བསམ་མྱུ་གུ་ཆེས་སྨིན་པ། ། སླར་ཡང་རྒྱ་ཆེན་བསྐྱེད་པའི་ཐབས་མཁས་ཀྱིས། ། ཟུང་འཇུག་ལོ་འབྲས་ཕྱོགས་བརྒྱར་བཀྲ་འདི་རྨད། ། དཔག་ཡས་དམ་པའི་ཞབས་སེན་འགོད་པའི་རྡུལ། ། སྤྱི་བོས་ཡང་ཡང་ལན་བརྒྱར་གུས་མཆོད་དེ། ། ཟབ་རྒྱས་ཆོས་ཀྱིས་ཐུགས་མཛོད་ཡོངས་རྒྱས་འདི། ། ཆོས་འཛིན་སེམས་དཔའི་བརྟུལ་ཞུགས་མཆོག་ཏུ་ངེས། ། སྣ་ཚོགས་མན་ངག་ཐུགས་ལ་གནད་དུ་ཐེབས། ། ཉམས་མྱོང་དཔལ་ཁ་ཀློང་ནས་རྡོལ་བ་ཡིས། ། རྣལ་འབྱོར་དག་སྣང་ཆེས་བཟང་ཡོངས་འབར་བ། ། 6-1-430 སྐྱེས་ཆེན་དམ་པའི་ཞལ་སྐྱིན་མཐོན་པོར་སོན། ། ཞེས་གསང་ཆེན་རིམ་གཉིས་མངོན་རྟོགས་སླར་ཡང་ཆེར་སྤེལ་གྱི་སྤོང་བ་བསམ་གཏན་ བསྒོམ་བཞིན་ཟབ་ཆོས་རྒྱ་ཆེ་བས་ཐུགས་མཛོད་ལེགས་གཏམས་མཛད་པའི་སྐབས་ཏེ་ གསུམ་པའོ།། །། ༈ དེ་ལྟར་གོང་དུ་བཤད་པ་ལྟར་རང་དགོན་གྱི་རྡོ་རྗེ་སློབ་དཔོན་ཆེན་པོ་གང་ཉིད་ཀྱིས་ དབང་བཀའ་སོགས་གསུང་སྐབས་སློབ་དཔོན་ཆེན་པོ་ཉིད་དམ་པ་འདིའི་གཟིགས་སྣང་ལ་ མི་ནག་པོ་གཟི་བརྗིད་ཆེ་བ་ཅིག་དང་ལྷན་ཅིག་བཞེངས་བཞུད་བྱེད་པར་མཐོང་གིན་འདུག་ པས་ཚུལ་དེ་ཁོང་ལ་ཞུས་ཚེ། ཉིད་ཀྱི་ཞལ་ནས། དེ་ནི་མགོན་པོ་ནག་པོ་ཆེན་པོ་སངས་རྒྱས་ སྟོང་གི་བསྟན་པ་བསྲུང་མཛད་ཀྱི་ཆོས་སྐྱོང་གི་གཙོ་བོ་དེ་རེད། ངེད་དང་ནམ་ཡང་གཡེལ་བ་ མི་མངའ་བ་བཀའ་ཐ་ཚིག་གིས་ལུས་དང་གྲིབ་མ་བཞིན་འགྲོགས་པ་ཡིན། ནམ་ཞིག་ མ་འོངས་པ་ན་ང་རང་བཞིན་དུ་ཁྱོད་ལ་ཡོད་ངེས་ཡིན་ཚུལ་ཞིབ་པར་གསུངས་པའི་ཟུར་ གྱིས་དམ་པ་འདིས་བསྟན་འགྲོའི་དོན་འོང་བར་བཀའ་ལུང་གསལ་བོར་བསྟན་ཅིང་སྔོན་གྱི་ རྗེ་གོང་མ་རྡོ་རྗེ་འཆང་གང་གིས་ཡང་ལན་མང་པོར་བཀའ་ལུང་གསལ་བས་དམ་པ་འདིས་ བསྟན་འགྲོའི་དོན་ཆེན་འོངས་ངེས་ཀྱི་ཚུལ་གོང་སྨོས་བཞིན་འགྲོ་འདུལ་དུས་སུ་བབ་པ་ལ་ ཉེ་བའི་དབང་གིས་ཉིད་ཀྱི་དགུང་གྲངས་ཞེ་ལྔ་པ་ལྕགས་ལུག་གི་ལོ་འདི་ནས་བཟུང་བསྟན་ པ་དང་འགྲོ་བའི་དོན་རིམ་པ་བཞིན་བྱེད་པའི་རྟེན་འབྲེལ་གྱི་དབུ་ཚུགས་ཏེ་དུས་གང་ཞིག་ གི་ཚེ་ཡ་འགོའི་ཟེར་བའི་ཡུལ་སྡེ་ན་དགྲ་བླ་ཚེ་འཕན་བྱ་བའི་ཁྱིམ་ཚང་ལ་དམ་པ་འདི་ཉིད་ ཀྱིས་ཀློག་འདོན་བྱེད་ནས་བཞུགས་སྐབས་ས་ག་ཟླ་བའི་ཚེས་བཅོ་ལྔའི་ནུབ་མོའི་རྨི་ལམ་ན༑ འཛམ་ཐང་གཙང་བའི་རྡོ་རྗེ་སློབ་དཔོན་ཆེན་པོ་བླ་མ་སྨོན་ལམ་ཞབས་པ་དང་གཙང་སྤྲུལ་སྐུ་ འབྲིང་ཕྱོགས་ལས་རྣམ་རྒྱལ་གཉིས་འོང་ནས་ཁོང་ལ་དར་ཞིག་འཐེན་པར་གཟིམས་མལ་དུ་ 6-1-431 ཤར་བ་བཞིན། ནང་སྔ་མོ་ཉེ་འཁོར་ན་ཡོད་པ་དག་ལ་ཇི་བཞིན་བསྙད་དེ་མདང་གི་རྨི་ལམ་ ལྟར་ན་རང་ལ་དར་ཞིག་འཐེན་པ་འོང་སྣང་ཡང་དར་དེ་ལ་ནམ་ཞིག་རང་ཕྱོགས་ལ་འཚུབ་ པའི་དྲུད་ཅིག་ཡོད་པ་འདྲ་གསུངས་པ་ལྟར་ཕྱིས་སུ་གཙང་བའི་བླ་འཚབ་ཏུ་བྱོན་སྐབས་རང་ ཁྱིམ་ལ་མི་བདེ་བ་དེ་ལུགས་ཀྱི་དྲུད་བྱུང་བས་ཇི་བཞིན་ཐོག་ཏུ་ཁེལ། དེ་ནས་ཞག་འགའ་ན་ འཛམ་ཐང་ནས་གཙང་བའི་བླ་ཚབ་ཀྱི་དར་ཚུལ་དེ་ལུགས་བཞིན་ཐོན་ནས་གཙང་བའི་བླ་ ཚབ་ཏུ་མགོ་ལོག་ཨ་སྐྱོང་གོང་མའི་ནང་དུ་བྱོན་དགོས་བྱུང༌། དགུང་ལོ་ཞེ་དྲུག་པ་ཆུ་སྤྲེལ་གྱི་ལོ་དང་ཞེ་བདུན་པ་ཆུ་བྱའི་ལོ་མགོའི་བར་ཡུལ་དེར་ གཤིན་པོ་གནས་འདྲེན་གཙོ་བོར་གྱུར་པའི་འགྲོ་ཕན་མཛད་སྐབས་ཀྱང་ལྐོག་གྱུར་གྱི་དོན་ མཁྱེན་པའི་མངོན་ཤེས་ཡང་མངའ་བས་བར་བར་དུ་གཤིན་པོའི་རྣམ་ཤེས་ཀྱི་འགྲོ་ལུགས་ དང་གསོན་པོ་ལ་ལེགས་ཉེས་ཇི་ལྟར་འོང་བའི་ཚུལ་ཡང་མང་དུ་གསུངས། ཉིན་ཞིག་ཤི་སྔས་ སུ་བྱོན་སྐབས་ཞིག་ལ་གྲྭ་པ་རྣམས་སྔོ ན་ལ་སོང༌། ཁོང་ཉིད་གཅིག་པུར་ཤུལ་དུ་བྱོན་པའི་ དུས་ན་འབྲོག་པའི་ཁྱི་རྒོད་པོ་མང་པོ་ཕྱོགས་མཐའ་ཀུན་ནས་སླེབས་ཏེ་ངར་སྐད་ཀྱི་ཟུག་སྒྲ་ དྲག་པོ་འབྱིན་སྐབས། ཉིད་ཀྱིས་སྡིགས་མཛུབ་གཏད་ནས། ཁྱོད་ཅག་མ་འོངས་ཤིག་ཅེས་ གསུངས་མ་ཐག་ཁྱི་རྣམས་རེངས་ཤིང་ཅི་ཡང་མི་ནུས་པ་ཅན་དུ་གྱུར་སྐད་དོ། །འདི་དག་གི་ སྐབས་སུ་ཤུལ་གྱི་རང་ཁྱིམ་ལ་ཁོང་ཉིད་ཀྱི་ཕ་སོགས་ཤི་ཆད་འགའ་རེ་འོང་ལ་གནས་ཚུལ་དེ་ ཀུན་ཉིད་ནས་མངོན་གསུམ་བཞིན་མགོ་ལོག་ནས་ཇི་བཞིན་མཁྱེན་ཅིང་སྔར་གསུངས་པའི་ དར་གྱི་དྲུད་ཡོད་ཅེས་པའང་འདིར་དུས་ཐོག་ཏུ་ཁེལ། ཁོང་གིས་རྗེས་སོར་ཡང་སྔར་གྱི་ གཤིན་པོ་གང་དག་ལ་ཕན་མ་ཐོགས་བསམ་པ་མེད་ཚུལ་གྱིས་གསུངས་ཟུར་ཡང་ཡང་བྱུང་ གིན་འདུག་པ་ལྟར་གྱི་འགྲོ་བ་གདུལ་ཞིང་ལ་ཕན་པ་རྒྱ་ཆེར་བྱུང༌། དེ་ནས་མར་རང་ཡུལ་དུ་ ཕེབས་ནས་གཙང་བའི་གྲྭ་ཚང་གི་འཚོགས་ཆེན་གྱིས་འཛམ་ཐང་གི་འདུ་ཁང་ཆེན་མོར་དུས་ 6-1-432 འཁོར་སྒྲུབ་མཆོད་རྡུལ་ཚོན་ཞག་གི་ཆོ་ག་སྔར་གྱི་ཕྱག་སྲོལ་བཞིན་གཤིན་པོ་གང་དག་གི་ གནས་འདྲེན་དུ་ལེགས་བསྔོ་རྒྱ་ཆེ་བས་རྣམ་པར་དཀར་བའི་བསོད་ནམས་ཀྱིས་ཞིང་ཁྱད་ པར་བ་མཆོག་ཏུ་བསྐྲུན་པར་མཛད། སྤྱིར་ན་དམ་པ་འདི་ཉིད་སྐྱབས་རྗེ་རྡོ་རྗེ་འཆང་གི་སྐུ་ དྲུང་ན་ཡོད་དུས་ནས་ཀྱང་ལྐོག་གྱུར་གྱི་དོན་གཟིགས་པའི་མངོན་པར་ཤེས་པ་མངའ་བར་ གྲགས་ཤིང༌། རྗེས་ནས་ཀྱང་ས་ཐག་རིང་བ་ནས་འོང་བའི་མགྲོན་པོ་རྣམས་ཇི་ལྟར་འོང་གིན་ ཡོད་སྒྲ་ལ་བརྟེན་ནས་མཁྱེན་ཚུལ་མང་དུ་གསུངས་པ་སོགས་ཐག་རིང་གི་སྒྲ་སྐད་མཁྱེན་པའི་ རྣ་བའི་མངོན་ཤེས་བསྙོན་མེད་དུ་མངའ་བ་ཉེ་འཁོར་གྱི་སློབ་བུ་དག་གིས་མྱོང་བས་གྲུབ་ པའང་མང༌། དེ་ནས་སྔར་སྐྱབས་རྗེ་རྡོ་རྗེ་འཆང་ཀུན་དགའ་ལུང་རྟོགས་ཞབས་པ་གང་གི་ གཟིགས་སྣང་དུ་ས་དམར་དགོན་པ་སྔར་བཞེངས་སྐབས་འདུ་ཁང་རྒྱ་རའི་སྟེང་དུ་རྒྱལ་ མཚན་སེར་པོ་འཁོར་བཞིན་ཡོད་པར་གཟིགས་པའི་ས་དེར་བླ་མ་སྙན་གྲགས་དང་དམ་པ་ འདི་གཉིས་ཀྱི་གྲྭ་ཁང་རྗེས་ནས་ལེགས་བྱས་ཀྱི་རྟེན་འབྲེལ་དགེ་མཚན་ཁྱད་མཚར་ཅན་དང༌། ཡང་ངང་བ་བླ་མ་བཞིན་བཟང་ཟེར་བ་རྟོགས་པའི་ཉམས་ཀྱིས་གསལ་ཁ་ཅན་ཞིག་ཡོད་པ་ གང་གི་མཐོང་སྣང་དུའང༌། བླ་མ་སྙན་གྲགས་སྐུ་འདའ་ཁར་ཁོང་གི་ཁང་སྟེང་དུ་གདུགས་ སེར་པོ་འཁོར་བཞིན་ཡོད་པ་དེ་བླ་མ་འདི་ཉིད་ཀྱི་གཟིམས་ཁང་ཐོག་ཏུ་འཁོར་བཞིན་ཡོད་ པར་གཟིགས་པའི་ལེགས་མཚན་དང༌། སྔར་རྡོ་རྗེ་འཆང་ཉིད་ཀྱི་ཞལ་གསུང་གིས་བཀའ་ ལུང་གསལ་བོ་གོང་སྨོས་བཞིན་དང༌། བླ་མ་སྙན་གྲགས་ནས་ཀྱང་དབང་གསུངས་སྐབས་ དམ་པ་འདི་ལ་ནག་པོ་ཆེན་པོ་གཡེལ་མེད་ཀྱི་ནམ་ཞིག་དོན་ཡོད་ཚུལ་གསུང་ཟུར་བྱུང་བ་ སོགས་གནས་ཚུལ་ཇི་བཞིན་པ་དུས་སུ་ལེགས་པར་བབ་སྟེ་རབ་བྱུང་བཅུ་དྲུག་པའི་ནང་ཚན་ དཔལ་གདོང་ཞེས་པ་ཆུ་མོ་བྱའི་ལོ་དགུང་ལོ་ཞེ་བདུན་པའི་སྐབས་དེ་ཉིད་དུ་ས་དམར་དཔལ་ རྩེ་དགོན་གྱི་རྡོ་རྗེ་འཛིན་པ་ཆེན་པོ་ཀུན་དགའ་སྙན་གྲགས་ཞབས་པ་གང་ཉིད་ཀྱི་གཟུགས་ 6-1-433 སྐུ་ལེགས་བསྡུའི་ཚུལ་ལ་ཉེ་བའི་སྐབས་སུ། ཁོང་ཉིད་ཀྱིས་ཞལ་ཆེམས་ཀྱི་ཚུལ་དུ་ལེགས་ གསུང་གནང་བ། སྔ་སོར་ང་རང་གིས་དབང་རེ་འདོན་སྐབས་བྱ་བ་གང་དགོས་ཁྱོད་ཉིད་ཀྱིས་ བསྒྲུབས་ཐད་ནས་རང་ཅག་ཕ་བུ་ལྟ་བུ་ཡིན་པས་འདིར་རང་གི་རྗེས་ནས་ཐུན་པ་ཆོས་ཚན་པ་ འདི་རྣམས་ལ་ཁྲིད་མཇུག་ཁྱོད་ཀྱིས་ལེགས་ཕུད་མཛད་དགོས་ཚུལ་དང་བཅས་ཁྲིད་ཡིག་ མཐོང་བ་དོན་ལྡན་ལྷ་རྫས་ཀྱི་དར་བཟང་སོགས་དང་ལྷན་ཅིག་ཐུགས་དགྱེས་པས་ལེགས་ གནང་གིས་གཏད་པ་ན་དེ་ལ་མི་ནུས་ཚུལ་མ་ཞུས་པས་བཀའ་དྲིན་ཆེ་ཚུལ་གྱི་དགྱེས་ཚོར་ཆེ་ རབ་དཔེ་མེད་མཛད་ཅིང༌། ཡང་འདི་སྐོ ར་རྗེས་ཞིག་ན། ཁོང་གི་ཞལ་ནས་དམ་པ་འདི་ལ་ ཁྱོད་ཀྱང་ཁོ་བོའི་སེམས་ལ་རྩིས་ཤིན་ཏུ་ཆེ་བ་ཡིན་པས་ད་ལན་དབང་ཆེན་གྱི་ཡི་གེ ཌ་དྲིལ། པཎ་ཞྭ། ཡིག་མཛོད་ལྡེ ་མིག་འདི་རྣམས་ཁྱོད་ཀྱིས་ཉར་ཚགས་ཡག་པོ་མཛོད་ཅིག་ཅེས་དེ་ ཐམས་ཅད་ཀྱང་ལེགས་པར་གཏད་པ་ན། དམ་པ་འདིས་ཀྱང་འོ་ལེགས་སོ་སྔར་སྐྱབས་ མགོན་ལུང་རྟོགས་རྒྱ་མཚོ་ཉིད་སྐུ་འདའ་ཁར་རང་ལ་ཁྱོད་ཀྱིས་ནམ་ཞིག་མ་འོངས་པ་ན་བླ་ མ་སྙན་གྲགས་གང་ཉིད་ཀྱིས་བཀའ་གང་བུད་ཐམས་ཅད་ཁྱོད་ཀྱིས་ལེགས་པར་བསྒྲུབ་ དགོས་དང་དེ་ལུགས་ལྟར་རང་ནས་ཀྱང་འོང་བར་གསུངས་ཡོད་ཅེས་གསུང་བཀའ་དང་དུ་ བླངས་བཞིན་དུ་ུས་དམར་དཔལ་རྩེ་དགོན་པར་བླ་མ་མཆོག་གི་རྒྱལ་ཚབ་ཏུ་བཀའ་དབང་ ལེགས་བསྐུར་མཛད་ནས་གསང་སྔགས་ཀྱི་རྡོ་རྗེ་སློབ་དཔོན་ཆེན་པོ་ཉིད་དུ་ུམངའ་གསོལ་ བར་བྱས་ཏེ། ཇི་སྐད་དུ། བརྟན་ཞིང་དུལ་ལ་བློ་གྲོས་ལྡན། །བཟོད་ལྡན་དྲང་ལ་གཡོ་སྒྱུ་མེད། །སྔགས་དང་རྒྱུད་ཀྱི་སྦྱོར་བ་ཤེས། །སྙི ང་བརྩེ་ལྡན་ཞིང་བསྟན་བཅོས་མཁས། །ཞེས་གསུངས་ པ་ལྟར་གྱི་སྔགས་ཀྱི་སློབ་དཔོན་གྱི་མཚན་ཉིད་དེང་དུས་ལ་ལྟོས་ན་ཉེ་བར་ཚང་བའི་བདག་ ཉིད་ཆེན་པོའི་གོ་འཕང་ལ་ལེགས་བཞུགས་མཛད་དེ་རང་དོན་མདོ་སྔགས་ལམ་གྱི་གཞི་རྩ་ཉེ་ བར་ཚུགས་ནས་གཞན་བསྟན་པ་དང་འགྲོ་བའི་དོན་ཐུགས་བསྐྱེད་ཀྱི་སྒོ་རྒྱ་ལྷག་པར་ཆེ་བའི་ 6-1-434 ངོས་ནས་མཛད་པ་རླབས་པོ་ཆེ་དུས་སུ་ཡོལ་བ་མེད་པའི་ཕྲིན་ལས་ཀྱི་ཐོག་མའི་འཇུག་པ་ཉེ་ བར་ལྷུར་ལེན་པ་ཡང༌། ཞི་བ་ལྷས། ཕན་བཏགས་ལན་ལྡོ ན་གང་ཡིན་པ། །དེ་ཡང་རེ་ཞིག་ བསྔགས་འོས་ན། །མ་བཅོལ་ལེགས་པར་བྱེད་པ་ཡི། །བྱང་ཆུབ་སེམས་དཔའ་སྨོས་ཅི་དགོས། །ཞེས་གསུངས་པ་ལྟར་གྱི་ཕན་པ་རླབས་ཆེན་འགྲོ་བ་གདུལ་ཞིང་སྤྱི་དང་ཁྱད་པར་གསང་ ཆེན་ཐེག་པའི་སྣོད་དུ་གྱུར་པ་གང་དག་ལ་མཛད་པ་དུས་ལས་གཡེལ་བ་མི་མངའ་བའི་རྒྱལ་ སྲས་བྱང་སེམས་མཆོག་གི་ཚུལ་ལྟ་བུས་སེམས་ཅན་ལ་མ་བཅོལ་ཕན་པ་རྒྱ་ཆེར་ལེགས་སྒྲུབ་ མཛད་པའི་ཚུལ་དེ་གང་ཞེ་ན། འདི་བཞིན་རིམ་གྱིས་འཆད་པར་བྱ་བ་སྟེ་དེ་ཡང་ཟབ་ལམ་རྡོ་ རྗེའི་རྣལ་འབྱོར་སྦྱོར་བ་ཡན་ལག་དྲུག་གི་བྱིན་རླབས་དོན་བརྒྱུད་ཀྱི་རིམ་པ་དཔལ་ལྡན་དང་ པོའི་སངས་རྒྱས་མཆོག་གིས་ཆོས་སྐུ་རྡོ་རྗེ་འཆང་ཆེན་པོའི་སྐུར་ལེགས་བཞེངས་མཛད་དེ་ གསང་ཆེན་རྒྱུད་ཀྱི་དགོངས་མཛོད་ཕྱེ་བ་ནས་བཟུང་རླབས་ཆེན་བྱིན་རླབས་ཀྱི་ངད་ཤུགས་ རྣམ་པ་ཀུན་ནས་ཡལ་མ་མྱོང་བའི་བརྒྱུད་ལྡན་བླ་མའི་ཚོགས་མུ་ཏིག་བསྟར་ལ་བརྒྱུས་པ་ ལྟར་རིམ་པར་བྱོན་པ་ལས་གསང་ཆེན་སྒྲུབ་བརྒྱུད་ཀྱི་ཆོས་སྡེ་ས་དམར་དཔལ་རྩེ་དགོན་པར་ ཆོས་འདིའི་བརྒྱུད་རིམ་དྲུག་གིས་ལྷག་པའི་བཅུ་ཕྲག་བཞི་པ་རྡོ་རྗེ་འཆང་ངག་དབང་དཔལ་ བཟང་པོ་འདི་ཉིད་ཡིན་ལ། དེ་ལྟར་གྱི་གསང་ཆེན་ཐེག་པའི་རྡོ་རྗེ་སློབ་དཔོན་ཆེན་པོར་མངའ་ གསོལ་ཟིན་པ་ན་འཛི་ཡུལ་གྱི་སྐྱེས་ཆེན་དམ་པ་དག་གིས་ཞལ་མཐུན་པར་དེ་ལྟར་འོས་ཚུལ་ གྱི་གསུང་གིས་གཟེངས་བསྟོད་བྱུང་ཚུལ་ཡང༌། འཛམ་ཐང་གཙང་པའི་སྒྲུབ་བརྒྱུད་ཀྱི་རྡོ་རྗེ་ སློབ་དཔོན་དུའང་བཞུགས་ཞིང་གསང་སྔགས་ཉམས་བཟང་གི་ཀློང་ཆེན་འཕྲལ་དུ་རྡོལ་དེ་ ཐུགས་ཆོས་དབྱིངས་ནམ་མཁའི་རྣལ་འབྱོར་ཉག་གཅིག་ཏུ་རོ་མཉམ་མཆོག་གིས་དུས་འདའ་ བའི་གྲུབ་པའི་དབང་ཕྱུག་གི་གོ་འཕང་ན་བཞུགས་པའི་རྡོ་རྗེའི་མཁྱེན་སྤྱན་ཐོགས་མེད་ མངའ་བ་ཀུན་དགའ་ངག་གི་དབང་པོ་གང་ཉིད་ཀྱི་ཞལ་སྔ་ནས་ཀྱང༌། དམ་པ་དེ་ཉིད་སློབ་ 6-1-435 དཔོན་ཆེན་པོར་མངའ་གསོལ་བ་དེ་སྒོ་གང་ཐད་ནས་ནོར་འཁྲུལ་མ་སོང་བར་འདུག་སྟེ་འདི་ ལ་སློབ་དཔོན་གྱི་མཚན་ཉིད་ཚང་བ་ཞིག་སྔོན་ནས་བདག་གིས་ཤེས་པས་ད་ལན་འདིའི་རིང་ ལ་ས་དམར་དགོན་ལྷ་སྡེ་བཅས་ཡར་རྒྱས་སུ་འགྲོ་ངེས་པ་དང་ཁྱད་པར་བླ་མ་ཁོང་རང་གི་ རླུང་རྟ་མཚན་སྙན་དགུང་དང་མཉམ་པ་ཞིག་ལེགས་པར་འོང་ངོ༌། །ཞེས་རྡོ་རྗེའི་མངོན་མཁྱེན་ བསླུ་མེད་ཀྱིས་ཇི་བཞིན་གཟིགས་པ་ལྟར་ཡིན་ལུགས་གསལ་པར་བཀའ་གསུང་གིས་འགྱུར་ བ་མེད་པར་ལུང་བསྟན་དང་བཅས་པས་གཟེངས་བསྟོད་གནང༌། ཡང་འཛམ་ཐང་གཙང་བའི་ སློབ་དཔོན་ཆེན་པོའི་གོ་ས་བཟུང་བ་ཉམས་རྟོགས་རྒྱ་མཚོའི་མངའ་བདག་ངག་དབང་སྨོན་ ལམ་བཟང་པོ་ཞེས་བྱ་བས་ཀྱང༌། དམ་པ་འདི་ཉིད་ལ་སློབ་དཔོན་གྱི་མཚན་ཉིད་ཚང་ཚུལ་ ཡང་ཡང་གསུངས་པ་སོགས་སྐྱེས་ཆེན་དུ་མས་ཆེ་བསྔགས་བྱ་བའི་ཡུལ་དུའང་གྱུར་ལ། ཚུལ་ དེ་ལུགས་ཀྱི་སྒོ་ནས་དགུང་ལོ་ཞེ་བདུན་འདི་ལོ་ནས་བཟུང་ལོ་རེ་རེ་བཞིན་དགོན་པའི་སྦྱོར་ དྲུག་ལོ་གསུམ་མ་དང་སྒྲུབ་ཁང་གི་སྦྱོར་དྲུག་ལོ་གཅིག་མ་དང་གཞན་བསྐྱེད་རིམ་སྣ་ཚོགས་ པ་དང་བཅས་པའི་ཆོས་གྲྭ་དགོན་གཞིའི་འདུས་སྡེ་ལ་དེ་ཕན་དབང་ལུང་མན་ངག་གིས་སྐུ་ཚེ་ གང་བོར་ལེགས་བསྐྱངས་མཛད་པ་སྟེ། དེ་ཡང་ཐོག་མར་ལོ་འདིར་སྦྱོར་དྲུག་མཚམས་གྲྭ་པ། བླ་མ་དེ་ཉིད་དཔལ། དཔག་མེད་རྡོ་རྗེ་ཆོས་དབྱིངས་སོགས་སྒྲུབ་པོ་དྲུག་དང༌། སྒྲུབ་གྲྭ་པ་ རྟོགས་ལྡན་བླ་མ་མཆོག་གསལ། བླ་མ་མཆོག་འཕེལ་སོགས་ཡིན་ལ་དེ་དག་རྗེས་སུ་ལེགས་ བཟུང་གི་སྒོ་ནས་དབང་ལུང་མན་ངག་ཟབ་མོའི་སྒོ་འཕར་ཕྱེས་ཏེ་ཐུན་པ་སྦྱོར་དྲུག་སྒོམ་ མཁན་རྣམས་དང་རྟོགས་ལྡན་སྟག་ར་བླ་མ་དབང་ཕྱུག་སོགས་ལ་ཐོག་མར་མཆོག་གི་དབང་ གོང་མ་བཞིས་བྱིན་རླབས་ཕབ་སྟེ་དབང་བསྐུར་མཛད་སྐབས་སུ། སྟག་ར་བླ་མའི་ཉམས་ སྣང་དུ་བླ་མ་མཆོག་གི་དབང་ཉན་ལ་རྒྱལ་པོ་བེ་དཀར་དང་འཛི་སྟོད་སྨད་ཀྱི་ལྷ་འདྲེ་མང་པོ་ འདུས་སྟེ་ཀུན་གྱིས་གུས་འདུད་འབུལ་བ་མཐོང་ནས་བླ་མ་འདིའི་མཛད་ཕྲིན་ལ་གང་ཐད་ 6-1-436 ནས་བར་ཆད་མེད་ཅིང་ཆོས་ལྡན་གྱི་བྱ་བ་ཡར་རྒྱས་སུ་འགྲོ་བར་སྟག་ར་བླ་མའི་ཐུགས་ ཉམས་སུ་ཤར་ནས་ཚུལ་དེ་ལུགས་ལྟར་ཉེ་འཁོར་བ་དག་ལ་གསལ་བརྗོད་བྱས་པ་སོགས་ དགེ་མཚན་ཐོག་མའི་རྟེན་འབྲེལ་ཀྱང་ལེགས་པ་བྱུང༌། ལོ་འདིར་སློབ་བུ་གང་དག་ལ་བཀའ་ ལུང་བསྩལ་རིམ། རྟ་མགྲིན། ཇོ་ཕུར། བསྐང་གསོལ། དུས་འཁོར་གསར་རྙིང༌། ལྷ་དགུ། ཀུན་རིག མི་འཁྲུགས་པ། ཆོས་སྤྱོད་ཆ་ཚང༌། བླ་མཆོད་ཆ་ལག་གཏོར་ཆོག སྐྱབས་རྗེ་ལུང་ རྟོགས་གསུང་འབུམ། མདོ་གདུགས་སྒྲོལ་གསུམ། ངོ་སྤྲོད་ཕྱི་ནང༌། སྐྱབས་མགོན་ངག་དབང་ བསམ་གཏན་གྱི་རྣམ་ཐར། རྗེ་བླ་མ་གོང་མ་ལུང་རྟོགས་ཀྱི་རྣམ་ཐར་རྣམས་ལེགས་པར་ གསུངས། ཟབ་ཁྲིད་ཁོག་མཐོང་བ་དོན་ལྡན་ལྷན་ཐབས་བཅས་ཀྱི་དགོངས་དོན་བླ་མའི་ མན་ངག་ཞལ་ཤེས་ཀྱིས་བརྒྱན་ཏེ་སློབ་བུ་གང་དག་གི་རྒྱུད་ཚོད་དང་མཐུན་པར་བཤད་ཁྲིད་ ལེགས་འདེབས་བྱེད་པ་ཡིན་ཞིང༌། འདི་ལོར་ཁོང་གི་སྐུ་མདུན་དུ་བླ་མ་དོན་རྒྱམ་གྱིས་ལྷ་ སར་ཕྱག་འཚལ་བར་ཞུས་པས། ཉིད་ཞལ་ནས། ནང་སྔ་མོར་ཤོག་ཅིག་གསུངས། དེ་ལྟར་ བྱས་སྐབས་ཉིད་ནས་མདང་གི་རྨི་ལམ་ལྟར་ན་རང་ཡུལ་འདི་ནས་ཕྱག་འཁྱེར་མཁན་གསུམ་ རིམ་པར་འོང་སྣང་ཡང་ད་ལན་ཐོག་མ་ཁྱོད་ཀྱིས་ཕྱག་འཁྱེར་བ་འདི་ཀ་ལེགས་པོ་འོང་ཞིང་ ཚེགས་མེད་དུའང་ཐོན། བར་བ་ཅན་དེ་ཅུང་དཀའ་ངལ་ཆེ་རབ་རེ་འོང་སྲིད། ཅེས་གསུངས་ པ་ལྟར་རྗེས་སོར་ཕྱག་འཁྱེར་གསུམ་ཡང་བྱུང་ཞིང་བར་བ་བླ་མ་ཀུན་དགའ་ཡིན་པས་ཁོང་ གིས་འདི་ལ་མགྱོགས་པར་མར་འོང་དགོས་ཚུལ་གསུངས་ནའང་ཕྱིར་འགྱང་གིས་འགོར་ སོང་སྟབས་མ་རྒན་ཤི་བ་སོགས་ཀྱིས་བཀའ་ངལ་ཅུང་ཟད་བྱུང་བས་གསུང་ཇི་བཞིན་ཐོག་ཏུ་ ཁེལ། དེ་ལྟར་གྱི་ཆོས་གྲྭ་སྐྱོང་ཚུལ་བཟང་པོའི་སྒོ་ནས་རིམ་པ་བཞིན་དགུང་ལོ་ཞེ་བརྒྱད་པ་ ཤིང་ཁྱིའི་ལོར་སྦྱོར་དྲུག་པ་བླ་མ་ཡེ་ཤེས་རྡོ་རྗེ། བླ་མ་ཡོན་ཏན་རྒྱ་མཚོ་སོགས་བརྒྱད། སྒྲུབ་ 6-1-437 གྲྭ་པ་རྟོགས་ལྡན་བླ་མ་གྲགས་པ་སོགས་དང༌། བྱ་བྲལ་བླ་མ་འགྲོ་དོན་དཔལ་ལ་བསྐྱེད་རིམ་ ཆ་ཚང་ཁྲིད། འདི་ལོར་ཉིན་གཅིག་ཁོང་གིས་སློབ་བུ་ཞིག་ལ་ད་ལན་རང་གི་སྣང་བ་ལ་འགམ་ ཉག་སྟེང་ཚུན་ཆད་ལེགས་པར་སྒྲིབ་མེད་དུ་གསལ་འདུག ཅེས་གསུངས་ལ་སྐབས་འདི་ སྐོར་གཏེར་ཆེན་དཔའ་བོ་ཆོས་དབྱིངས་རྡོ་རྗེ་དགོན་དུ་ཆགས་ཕེབས་ཏེ་བླ་གྲྭ་ཡོངས་ལ་ཉིད་ ཀྱི་གཏེར་ཁ་ནས་བྱོན་པའི་ཐང་སྟོང་རྒྱལ་པོའི་ལུགས་ཀྱི་ཚེ་དབང་དང་ལུང་བསྟན་མཛད། འདིའི་དཔྱིད་དུ་སྤྱིའི་སྲུང་རིམ་རྡོ་རྗེ་འཇིགས་མཛད་ཀྱི་དྲུག་ཅུ་རྩ་བཞི་པའི་གཏོ་སྒྲུབ་ཀྱི་གོང་ བཞུགས་མཛད་ནས་གསེར་སྐྱེམས་ཀྱི་དུས་སུ་ཁོང་གིས་ཆེ་བརྗིད་བསྐྱེད་སྐབས་རྟོགས་ལྡན་ བླ་མ་རིན་ཆེན་དཔལ་གྱི་མཐོང་སྣང་བླ་མ་མཆོག་གི་སྐུ་དེ་ཉིད་སྐད་ཅིག་གིས་གཤིན་རྗེའི་ གཤེད་དམར་ཞལ་གསུམ་ཕྱག་དྲུག་རྡོ་རྗེའི་གཤོག་པ་ཅན་ལྷ་ཀླུ་གནོད་སྦྱིན་སོགས་སྣང་ཞིང་ སྲིད་པའི་ཆེ་དགུ་མཐའ་དག་དབང་དུ་བསྡུ་བའི་ཚུལ་གྱི་གཟི་བརྗིད་བཟོད་པར་དཀའ་བའི་ བདག་ཉིད་དུ་གཟིགས་མོར་མཛད་པས་དམ་པ་འདི་གཤེད་དམར་གྱི་རྣལ་འབྱོར་པ་མཆོག་ ཏུ་ཐུགས་ཡིད་ཆེས་ཚུལ་དེ་མཐུན་དུ་རྡོ་རྗེ་རྣལ་འབྱོར་གྱི་རྟོགས་པ་བརྙེས་པ་སོག་པོའི་བླ་མ་ ཚུལ་ཁྲིམས་བཟང་པོའི་ཞལ་སྔ་ནས་ཀྱང་སྔོན་རྗེ་ལུང་རྟོགས་ཞབས་པ་རྭ་ལོ་ཆེན་དུ་གྱུར་ སྐབས་ཁོང་གི་ཐུགས་སྲས་གཤེད་ནག་གི་རྣལ་འབྱོར་པ་བརྒྱད་དང༌། གཤེད་དམར་གྱི་རྣལ་ འབྱོར་པ་གཉིས་ཡོད་པ་ལས། སྔ་མ་དག་གི་ནང་ནས་ཁོང་དང་བླ་མ་སྨན་མཆོག་གཉིས་ད་ ལྟ་འདིར་སྐྱེས། ཕྱི་མ་གཉིས་ཀྱི་ཅིག་ཤོས་དེ་དམ་པ་འདི་ཉིད་ཡིན་པར་སྔོ ན་གནས་མཁྱེན་ པའི་མངོན་ཤེས་ཀྱིས་གཟིགས་ཏེ་ཚུལ་དེ་ལུགས་ལྟར་དུ་གསུངས་པ་དང༌། ཡང་དེ་གཉིས་ཀྱི་ གསུང་དང་མཐུན་པར་སྔོན་རྗེ་ལུང་རྟོགས་ཞབས་སྐུ་བཞུགས་པའི་དུས་སློབ་བུ་དམ་པ་འདི་ ཉིད་ཀྱིས་ཐུགས་སྣང་ལེགས་ཞུས་སྐབས་སུའང་གཤེད་དམར་གྱི་ལུས་དཀྱིལ་རྡོ་རྗེའི་ཚིག་ རང་བྱུང་ལྷུག་པར་ཐུགས་ངོར་ཤར་ནས་སྒྲུབ་ཐབས་དེ་ལེགས་གནང་མཛད་པ་སོགས་སྐྱེས་ 6-1-438 ཆེན་དུ་མས་ཞལ་མཐུན་པར་དམ་པ་འདིའི་ལྷག་པའི་ལྷ་གཤིན་རྗེའི་གཤེད་དམར་པོ་ཉིད་དུ་ ཆེ་བསྔགས་ཡང་ཡང་མཛད་དོ། ། དགུང་ལོ་ཞེ་དགུ་པ་ཤིང་ཕག་གི་ལོ་འདིར་སྦྱོར་དྲུག་པ་ཡ་འགོའི་བླ་མ་འཇིགས་རབ་ སོགས་གསུམ། སྒྲུབ་གྲྭ་པ་བླ་མ་དེ་ཉིད་དཔལ་སོགས་དང༌། འགྲོ་འདུལ་དུས་བབ་ཀྱི་ འཕགས་པ་མཆོག་དང་མི་གཉིས་པ་རྗེ་འགྲོ་མགོན་པདྨ་སིདྡྷི་དགོན་དུ་ཕེབས་ནས་མ་ཎིའི་ བསྡུས་དབང་དང་ཚེ་འགུགས་གཡང་འབོད་སོགས་མཛད། འདིའི་དཔྱིད་དུ་སྟག་ར་བླ་མ་སྐུ་ གཤེགས་པའི་དགོངས་ཆོག་ཏུ་ཁོང་ཉིད་ཕེབས་ནས་སྒྲུབ་པའི་དཀྱིལ་འཁོར་གྱི་ཆོ་ག་ཡོངས་ རྫོགས་རིང་ཐུགས་ཉམས་སུ་འཇའ་ཟེར་དུ་མའི་དབུས་ན་འཕགས་པ་སྤྱན་རས་གཟིགས་ ཞལ་གཅིག་ཕྱག་བཞི་པའི་སྐུའི་སྣང་བ་འབའ་ཞིག་གིས་ཐ་མལ་འདི་སྣང་འགོག་པ་ཁོ་ནར་ བྱུང་ཞིང་དེ་སྐོར་ལ་སྲིབ་ལུང་དུ་གཉེར་སྐོར་གྱི་སྤྱི་སྲུང་གི་དབུ་བླར་བྱོན་དགོས་བྱུང་བའི་ནུབ་ མོར་གནས་བདག་ཁྱུང་མགོན་གྱི་སྡོད་གནས་སུ་ཕེབས། ཁང་བཟང་ལེགས་པའི་ནང་དུ་ཁོང་ དགེ་སློང་གི་གཟུགས་སུ་ཡོད་ལོངས་སྤྱོད་འབྱོར་བ་ཆུང་ངུར་འདུག་པས་ཁོས་བསང་མཆོད་ བྱས་ན་རང་གིས་སྡོང་གྲོགས་བྱེད་ངེས་ཀྱི་གཡར་དམ་ཡང་མཛད་འདུག དེ་ལ་བསམ་ནས་ ཁོང་གིས་ད་རེབ་ཀྱི་བསང་རྣམས་ཀྱང་སྦྱིན་པས་ཁོ་ལ་ལོངས་སྤྱོད་ཀྱི་འབྱོར་བར་ཅུང་ཙམ་ ཕན་པ་བྱུང་ཞིང་གནས་བདག་དེ་ནི་སྤྱིར་དཀར་ཕྱོགས་པ་ཞིག་ཀྱང་ཡིན་ལ། ཚུལ་དེ་ལུགས་ གཟིགས་པ་ལྟར་ཕྱིས་ནང་སྔ་མོར་ཉེ་འཁོར་བ་དག་ལ་ཁོང་གིས་ཇི་བཞིན་གསུངས་ནས་ རྗེས་སོར་ཡུལ་ལྷ་དེའི་བྲིས་ཐང་ཀྱང་དེ་ལྟར་དུ་ལེགས་གྲུབ་བྱས་སོ། ། དགུང་ལོ་ལྔ་བཅུ་པ་མེ་བྱི་ལ་སྦྱོར་དྲུག་པ་བསླབ་གཙང་སངས་རྒྱས་དཔལ་སོགས་བཞི། སྒྲུབ་གྲྭ་པ་བླ་མ་རབ་ལྡན་ཐབས་མཁས་སོགས་སོ། ། དགུང་ལོ་ང་གཅིག་པ་མེ་གླང་གི་ལོར་སྦྱོར་དྲུག་པ་བླ་མ་ཤེས་རབ་འབྱུང་གནས་སོགས་ 6-1-439 གཉིས། སྒྲུབ་གྲྭ་པ་བླ་མ་འཇིགས་རྡོར་རིག་གྲོལ་སོགས་དང༌། ལོ་དེར་བླ་མ་དོན་དབང་ལ་ མི་འཁྲུགས་པའི་ཁྲིད་བཏབ། དགུན་དུ་སྤྲུལ་སྐུ་རིག་རྡོར་བྱོན་ནས་ཚེ་དབང་གསན། དབྱར་ ཐོག་དེར་སྟག་ལུང་རི་ཁྲོད་དུ་བླ་མ་རང་གསལ་དང་ལྷན་དུ་བཞུགས་སྐབས་སུ་ནང་སྔ་ཞིག་ ལ་ཁོང་གི་ཞལ་ནས། མདང་གི་རྨི་ལམ་དུ་རང་ནམ་ཞིག་སངས་རྒྱས་རྔ་སྒྲའི་ཞིང་དུ་འགྲོ་རྒྱུ་ ཡིན་ཟེར་བ་ཞིག་ཀྱང་རྨིས་གསུངས། འདི་སྐོ ར་ལས་ཅུང་རྗེས་སུ་ཁོང་གི་རྨི་ཉམས་སུ་བན་ ཆུང་ཞིག་གིས། མགོན་པོའི་ཞལ་གཟིགས་པ་རེད། ཟེར་བ་བྱུང་མ་ཐག་མགོན་པོ་ནག་པོ་ ཆེན་པོ་གུར་གྱི་སྐུའི་རྣམ་པ་འཇིགས་རྔམ་ཆེས་གཟི་བརྗིད་རབ་ཏུ་རྒྱས་པ་ཞིག་མཐོང་སྣང་ དུ་གྱུར་ཚེ་དེའི་གཟི་མ་བཟོད་པ་ན་མདུན་དེར་མཚོ་ཆེན་པོ་ཞིག་ཡོད་པ་དེའི་ནང་དུ་གཟུགས་ བརྙན་གྱི་ཚུལ་དུ་ལེགས་པར་མཇལ་སྣང་བྱུང༌། དགུང་ལོ་ང་གཉིས་པ་ས་སྟག་གི་ལོ་ལ་སྦྱོར་དྲུག་པ་རིན་ཆེན་བཟང་པོ་སོགས་གསུམ། སྒྲུབ་གྲྭ་པ་ཆོས་དབྱིངས་སོགས་དང༌། འདི་ལོར་བླ་མ་བློ་གསལ་ལ་རྗེ་ལུང་རྟོགས་རྒྱ་མཚོའི་ གསུང་འབུམ་གྱི་ཁྲིད་ལུང༌། བླ་མ་ཡེ་ཤེས་རྡོ་རྗེ་ལ་འབྱུང་འདུལ། རྟ་མགྲིན་གཉིས་ཀྱི་ཁྲིད། བླ་མ་དེ་ཉིད་དཔལ་དང་ཡོན་ཏན་རྒྱ་མཚོ་ལ་འབྱུང་འདུལ་གྱི་ཁྲིད་རྣམས་མཛད་དོ། ། དགུང་ལོ་ང་གསུམ་པ་ས་ཡོས་ལོར་སྦྱོར་དྲུག་པ་རྟོགས་ལྡན། བླ་མ་དོན་ཀུན་དཔལ་ སོགས་བཞི། སྒྲུབ་གྲྭ་པ་བླ་མ་མཆོག་གསལ། ཡ་འགོའི་དགེ་དབང་སོགས་དང་བླ་མ་གྲགས་ པ་ལ་སྐྱབས་རྗེའི་གསུང་འབུམ་ཁྲིད་ལུང༌། བླ་མ་དེ་ཉིད་དཔལ་ལ་འཇིགས་བྱེད་འབྲུ་ནོན་ གྱི་ཁྲིད་གནང༌། འདི་སྐོ ར་དུ་སྟག་ལུང་རི་ཁྲོད་ཀྱི་གནས་དེར་བར་བར་སེར་ཕྲེང་རོལ་ཆ་སྣ་ ཚོགས་པ་དང་བཅས་པའི་སྒྱུ་འཕྲུལ་གྱི་སྣང་བ་ཡ་མཚན་པ་དུས་དུས་སུ་མཐོང་རྒྱུ་ཡོད་ཚུལ་ གྱི་གནས་བཤད་མཛད། འདི་ལོར་འཛམ་ཐང་ཚེས་བཅུ་རཏྣ་ཀིརྟིའི་སྐུ་ཕྲེང་བརྒྱད་པ་ཉིད་ ཀྱང་དགོན་འདིར་ཕེབས་ནས་ཁོང་རྣམ་གཉིས་ཀྱིས་ཉམས་ལེན་ཞིབ་ཏིག་ཕན་ཚུན་ནས་ 6-1-440 མཛད་དེ་སྤྲུལ་པའི་སྐུ་ཉིད་ཀྱིས་དམ་པ་འདི་ལ་གསོལ་འདེབས་ཞབས་བརྟན་ཀྱང་མཛད། ལོ་འདི་ལ་ཁོང་གིས་སློབ་བུ་སྤྱི་ལ་དུས་འཁོར་དབང་ཆེན། སྦྱོང་རྒྱུད་བཅུ་གཉིས། ནཻ་གུ་ བཀའ་ཕྱི་ནང༌། རྟ་ཕྱག་ཁྱུང་གསུམ། སྨེ་བརྩེགས་བཅས་ཀྱི་རྗེས་གནང༌། ཚེ་དབང༌། གཅོད་ དབང་ནམ་མཁའ་སྒོ་འབྱེད་རྣམས་གསུངས། དགུང་ལོ་ང་བཞི་པ་ལྕགས་འབྲུག་ལོར་སྦྱོར་དྲུག་པ་བླ་མ་རིན་ཆེན་བརྩོན་འགྲུས། དབོན་འཇམ་དབྱངས་བཟང་པོ་སོགས་བདུན། སྒྲུབ་གྲྭ་པ་ཡ་འགོའི་བྱ་བྲལ་བླ་མ་མཁྱེན་ རྟོགས། བླ་མ་མཆོག་ལྷ་སོགས་དང༌། བླ་མ་རིག་ཀུན་ལ་མི་འཁྲུགས་པའི་ཁྲིད་མཛད། སྤྱིར་ ལོ་རེ་རེ་བཞིན་དུས་འཁོར་མཆོག་དབང་དཀྱུས་ཀྱི་ལམ་རྫོགས་རིམ་སྨིན་བྱེད་ཆད་མེད་དང༌། འདི་ལོར་གཅོད་དབང་རྗེས་གནང་བརྒྱ་རྩ། མི་འཁྲུགས་པ། ཀུན་རིག ལྷ་དགུ་ངོ་སྤྲོད་ཕྱི་ ནང་སོགས་ཀྱི་བཀླག་ལུང་མཛད་ཅིང༌། མ་ཡུམ་འདས་པའི་དགོངས་རྫོགས་རྣམ་དཀར་དགེ་ རྩ་ཆེར་བསྐྲུན་ཀྱང་བྱས། དགུང་ལོ་ང་ལྔ་པ་ལྕགས་སྦྲུལ་གྱི་ལོ་ལ་སྦྱོར་དྲུག་པ་བླ་མ་ཆོས་དཔལ། རིན་ཆེན་དོན་ འགྲུབ་སོགས་ལྔ། སྒྲུབ་གྲྭ་པ་རིག་རྒྱམ། དོན་ཆོས་སོགས་དང༌། འདི་ལོར་འགྲོ་འདུལ་ གྱི་མགོན་གཅིག་དམ་པའི་བླ་མ་རིན་ཆེན་དར་རྒྱས་ཀྱིས་དབུར་བྱས་གྲྭ་ཚང་འདུས་སྡེ་སྤྱི་ལ་ དཔྱིད་ཁར་དུས་འཁོར་དབང་མོ་ཆེ། ལྷ་དགུའི་དབང༌། འཇིགས་བྱེད་རོ་ལངས་བརྒྱད་སྐོ ར། གཅོད་དབང་སོགས་ཟབ་བཀའ་དུ་མ་གནང༌། ཏོས་མནང་བླ་མ་མཆོག་ལྷ་ལ། ཕུར་བའི་ལུས་ དཀྱིལ། བླ་མ་རབ་བཟང་ལ་སྐྱབས་རྗེ་ལུང་རྟོགས་གསུང་འབུམ་ཁྲིད་རྣམས་མཛད། ལོ་ འདིར་འཛི་རོང་གི་མཆོད་རྟེན་ཆེན་མོ་ལ་རབ་གནས་ཀྱི་དབུ་བླར་ཕེབས་སྐབས་དགེ་ལེགས་ ཀྱི་མཚན་མ་མེ་ཏོག་འདབ་བརྒྱད་དབྱིབས་ཅན་གྱི་ཁ་བ་དང་གསེར་ཕྱེ་བབས་ཤིང༌། མཆོད་ རྟེན་གྱི་ཏོག་ཉི་ཟླ་འཛུགས་ཉིན་སྟེང་གི་ནམ་མཁར་འཇའ་ཟླུམ་ཆེ་ཆུང་དུ་མ་དང་ཁ་དོག་རྣམ་ 6-1-441 པ་དྲུག་གི་མདོག་ཚང་བའི་འཇའ་ཟེར་གྱིས་གང་ཞིང༌། མཆོད་རྟེན་ལ་འཇའ་སྣེ ་ཟུག་པ་ལ་ སོགས་ཡ་མཚན་གྱི་སྣང་བ་དུ་མ་ཀུན་གྱི་མཐོང་སྣང་དུ་བྱུང༌། དགུང་ལོ་ང་དྲུག་པ་ཆུ་རྟ་ལ་སྦྱོར་དྲུག་པ་ཡ་འགོའི་ཚུལ་ཁྲིམས་དཔལ་སོགས་གསུམ། སྒྲུབ་གྲྭ་པ་བླ་མ་ཡོན་ཏན་རྒྱ་མཚོ་སོགས་དང༌། བླ་མ་འཇིགས་རྡོར་ལ་འབྱུང་འདུལ། རྟ་ མགྲིན་གྱི་ཁྲིད་དང༌། སངས་རྒྱས་དཔལ་ལ་འབྱུང་འདུལ་སོགས་གཞན་བསྐྱེད་རིམ་མང་པོའི་ ཁྲིད་གནང༌། འདི་ལོར་ཡ་འགོའི་བླ་མ་གྲགས་པས་གཙང་བའི་བདེ་མཆོག་རྡུལ་ཚོན་གྱི་ སྒྲུབ་མཆོད་འཚོགས་པའི་ཁྲི་འཛིན་དུ་འཛམ་ཐང་གི་འདུ་ཁང་ཆེན་མོར་ཕེབས། དགུང་ལོ་ང་བདུན་པ་ཆུ་ལུག་གི་ལོར་སྦྱོར་དྲུག་པ་མཆོད་རྟེན། བླ་མ་བཟང་དགའ། གྲ་ བཙུན་སྟོང་ཉིད་སོགས་བདུན། སྒྲུབ་གྲྭ་པ་བླ་མ་དོན་ཀུན་དཔལ་སོགས་དང་འདི་ལོར་སློབ་ བུ་དག་ལ་དུས་འཁོར་དབང་ཆེན། རྣམ་འཇོམས་ཁྲོ་ནག་གི་དབང༌། རྟ་ཕྱག་ཁྱུང་གསུམ། སྨེ་བརྩེགས་བཅས་ཀྱི་རྗེས་གནང༌། ཚེ་དབང༌། གཅོད་དབང་སོགས་དང༌། རྗེ་ལུང་རྟོགས་ གསུང་འབུམ་ཁྲིད་ལུང་རྣམས་གནང་ཞིང༌། འདི་དུས་སུ་སློབ་བུ་འགའ་ལ་བྱིན་རླབས་ཀྱི་ མཚན་མ་མཉམ་སྣང་དུ་སྟོང་གཟུགས་ཀྱི་དབུས་སུ་བླ་མ་མཆོག་གི་སྐུ་གཅེར་བུའི་རྣམ་པ་ ཕྱག་གཉིས་མཉམ་བཞག་ཞབས་སྐྱིལ་ཀྲུང་གིས་བརྩེ་བས་གཟིགས་བཞིན་བཞུགས་པ་སྐུ་ མདོག་དཀར་འོད་འབར་བ་དེ་ལས་ཐིག་ལེ་སྣ་ཚོགས་པ་གྲངས་མེད་འཕྲོ་བ་སློབ་བུ་རང་ ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པ་དང༌། སྤྱིར་ནའང་བླ་མ་མཆོག་གིས་དབང་གསུང་ སྐབས་སློབ་བུ་འགའ་ལ་བླ་མ་སྟོང་གཟུགས་ཀྱི་སྐུར་སྣང་བའང་ཅི་རིགས་པ་ཡོད་ལ། ལོ་ འདིར་ཤི་མདའི་ལྷ་མཆོག་ལ། གཅོད་གནད་དོན་སྙི ང་པོ། མི་འཁྲུགས་པ་དང༌། དཔག་ མེད། འཇམ་དབྱངས་ལ། རྟ་མགྲིན། རིན་ཆེན་བརྩོན་འགྲུས་སོགས་ལ་འབྱུང་འདུལ་ རྣམས་ཀྱི་ཁྲིད་མཛད། འདིའི་དགུན་གྲུབ་ཆེན་སྤྲུལ་སྐུ་རིག་འཛིན་འཇའ་ལུས་རྡོ་རྗེ་བྱོན་ནས་ 6-1-442 ཚེ་དབང་ཚེ་འགུགས་གསན། བླ་མ་མཆོག་གང་ཉིད་སྔར་སྐྱབས་རྗེ་ལུང་རྟོགས་རྒྱ་མཚོའི་ དྲུང་ན་བཞུགས་དུས་ཉིན་གཅིག་རྨི་ལམ་བརྟག་ཏུ་བཅུག་པས་ཕྲེང་བ་ལྗང་གུ་རྙེད་པར་རྨིས་ པ་སྐྱབས་རྗེ་གང་གི་ཞལ་སྔ་ནས། ཁྱོད་ལ་རྗེ་བཙུན་སྒྲོལ་མའི་ཐུགས་རྗེས་གཟིགས་རྟགས་ རེད་ཅེས་གསུངས་ནས་སྒྲོལ་མའི་ལས་ཚོགས་ལེགས་གནང་མཛད་ལྟར་ཁོང་ལ་རྗེས་སོར་ སྒྲོལ་མའི་ཞལ་གཟིགས་ཀྱང་ཡོད་པར་གྲགས་སོ། ། དགུང་ལོ་ང་བརྒྱད་པ་ཤིང་སྤྲེལ་ལོར་སྦྱོར་དྲུག་པ་བླ་མ་ཡོན་ཏན་རྒྱ་མཚོ་འགྲོ་བཟང་ སོགས་གསུམ། སྒྲུབ་གྲྭ་པ་བླ་མ་རབ་བཟང་སྟན་རྒྱམ་སོགས་དང༌། ལོ་འདིའི་དཔྱིད་དུ་ ཨ་སྐྱེས་དབོན་པོ་བློ་གྲོས་རྡོ་རྗེ་སོགས་འདུ་ཚོགས་མང་པོ་ལ་སྦྱོང་རྒྱུད་བཅུ་གཉིས་ཀྱི་དབང་ གསུངས། དཔྱིད་དེ་ཀར་སློབ་བུ་ཞིག་གི་ཉམས་སྣང་དུ་མཆོད་རྟེན་ཞིག་ལ་ཕྱོགས་བཞིར་ འཇའ་བཞི་ཟུག་པའི་བུམ་པ་ནས་འཇའ་ཟེར་དར་ལམ་ལྟ་བུ་བླ་མ་གང་གི་ནུབ་ཕྱོགས་སུ་ ཟུག་སྟེ་འཇའ་ལམ་དེ་ནས་མཁའ་འགྲོ་བཞིའི་བླ་མ་ཁོང་ཉིད་གདན་དྲངས་ཏེ་ཕེབས་པར་ སྣང་བ་བྱུང་བ་ཁོང་ལ་ཞུས་པས་སྔ་ལྟས་ཞིག་རེད་གསུངས་པའི་ཞག་འགའ་ཞིག་སོང་རྗེས་ སུ་འཛི་རོང་མཆོད་རྟེན་ཆེན་མོ་ཕྱི་ནང་ལེགས་གྲུབ་ཀྱི་རབ་གནས་ཀྱི་ཁྲི་འཛིན་དུ་ཕེབས་ དགོས་བྱུང་བའི་སྐབས་ཀྱང༌། མཆོད་རྟེན་ནང་གི་འོད་དཔག་མེད་དང་སློབ་དཔོན་པདྨའི་ འདྲ་སྐུ་ལུགས་མ་དག་སྔར་བས་གཟི་མདངས་ཆེར་རྒྱས་ཤིང་མེ་ཏོག་དང་གསེར་ཕྱེའི་ཆར་ བསྙོ ན་མེད་དུ་བབ་པ་སོགས་དགེ་མཚན་ཆེ་བར་གྲགས་ལ། ལོ་འདིའི་དབྱར་དུ་རྟོགས་པ་ མཆོག་མངའ་བླ་མ་མཆོག་གསལ་གཤེགས་པའི་དགོངས་ཆོག་ཏུ་ཕེབས་པའི་ཆོ་ག་ཡོངས་ རྫོགས་ཀྱི་རིང་འོད་དཔག་མེད་ཀྱི་སྐུའི་སྣང་བ་སྟོང་གཟུགས་འབྱམས་ཀླས་པ་དང་བཅས་ པས་དུས་འདའ་བར་བྱུང༌། དགུང་ལོ་ང་དགུ་པ་ཤིང་བྱའི་ལོ་ལ་སྦྱོར་དྲུག་པ་བླ་མ་རིན་ཆེན་བརྩོན་འགྲུས། སྒྲུབ་གྲྭ་ 6-1-443 པ་བླ་མ་རིག་ཀུན་སོགས་དང༌། འདི་ལོར་དུས་འཁོར་དབང་ཆེན་གསུངས། མ་ཎི་བླ་མ་པདྨ་ བདེ་ཆེན་བྱོན་ནས་མ་ཎིའི་བསྡུས་དབང་སོགས་གསན། འདི་ལོར་སློབ་བུ་འགའ་ལ་ཁོང་ གིས་ཞལ་གསུང་གནང་བ། སྤྱིར་འཁོར་འདས་གཉིས་ཀྱི་གཞི་དབྱིངས་ནི་འོད་གསལ་ཆོས་ ཉིད་བདེ་གཤེགས་སྙི ང་པོ་ཉག་གཅིག་གི་རྣམ་པ་ཡིན་ལ། ད་ནི་གཤིན་ཆོག་གི་སྐབས་བེམ་ པོ་མིང་བྱང་ཁྱད་མེད་དུ་གནས་འདྲེན་འཕོ་དམིགས་སོགས་ལ་བཟང་ངན་མེད། རང་སེམས་ གཤིན་པོའི་རྣམ་ཤེས་དང་དབྱེར་མེད་བྱས་པའི་རྟེན་འབྲེལ་གྱིས་གཤིན་པོ་དེ་སྔར་གསོན་ སྐབས་ཀྱི་ལས་ཀྱི་ན་ཚའི་གཞི་དེ་ཡང་རང་ལུས་ཀྱི་གོ་སར་འཕོས་པའི་སྣང་བའང་བྱུང་འདུག སྣང་བ་འདི་ཀ་ལ་ཞེན་ཚེ་ད་ཕན་གཤིན་ཆོག་ཀྱང་འདོན་པར་མི་སྤྲོ་བ་ཙམ་དུ་སུན་སྣང་སྐྱེ། ད་ནི་རང་གི་སྣང་བ་ཉིན་མཚན་ཐུན་ཐུན་བར་ཁྱད་མེད་དུ་འོད་གསལ་ཉག་གཅིག་གི་སྣང་བ་ ལས་མེད། སྔར་སྐྱབས་རྗེ་རྡོ་རྗེ་འཆང་གི་ཞལ་སྔ་ནས། ཁོང་གི་ཡི་དམ་སྒྲོལ་མ་ཡིན། ཁྱད་ པར་དགོན་འདི་གཉན་ནད་སོགས་ལས་སྲུང་ཆེད་རྟ་ཕྱག་ཁྱུང་གསུམ་འདི་གལ་ཆེ་ཚུལ་ཡང་ ཡང་གསུངས་མྱོང་ཕྱིར་འདིར་ང་རང་གིས་ཀྱང་སྒྲོལ་མ་ལ་ཡི་དམ་བྱས་ཤིང་བར་བར་རྟ་ཕྱག་ ཁྱུང་གསུམ་གྱི་ཁྲོམ་དབང་རེ་བྱས་པ་ཡིན་ཞེས་གསུངས་སོ། །འདི་ལོར་ཚ་ཁོ་ཕྱོགས་ཀྱི་རྒྱ་ ཁྲི་བཅུའི་དམག་གི་དུས་ཟིང་བྱུང་སྐབས་རྒྱ་ཁྱུང་ཏ་རོས་ལས་དམག་བསྐུལ་ཏེ་དམག་དཔུང་ ས་དམར་དགོན་དུ་སླེབ་ཚེ་དེའི་ནུབ་མོར་སྐད་ཅིག་ལ་ནམ་མཁར་སྤྲིན་ནག་འཇིགས་སུ་རུང་ བ་གློ་བུར་དུ་འཁྲིགས་ཤིང་ཚམ་རྔམ་དྲག་པོའི་འབྲུག་སྒྲ་ཆེས་ངར་བ་དང་བཅས་གློག་ཞགས་ གནམ་སའི་བར་སྣང་དུ་འཁྱུག་བཞིན་གནམ་ལྕགས་ཀྱི་མེ་ཆར་བཟོད་དཀའ་བ་འཕྲལ་དུ་ ལྷུང་ཞིང་ཆོས་སྐྱོང་ཁྱབ་འཇུག་ར་ཧུ་ལའི་འཇིགས་གཟུགས་འོད་སྒོར་བ་མཁའ་ལམ་དུ་ ལྷོག་ལྷོག་རྒྱུག་པ་སོགས་རྟགས་མངོན་མཚན་ཅན་དེ་དུས་སུ་དམག་དཔུང་དག་གིས་མཐོང་ ཐོས་སུ་གྱུར་པས་དཔའ་ཉེ་བར་ཞུམ་སྟེ་ནངས་པར་ལྷ་ལ་མགོ་གཏུགས་པའི་ཚུལ་གྱིས་ཏ་རོ་ 6-1-444 དམག་དཔུང་བཅས་ཀྱིས་བརྩི་བཀུར་ལེགས་ཞུ་བྱས་སོ། ། དགུང་ལོ་དྲུག་ཅུ་པ་མེ་ཁྱིའི་ལོར་སྦྱོར་དྲུག་པ་ཡ་འགོའི་གྲྭ་བཙུན་དོན་རྟོགས། རིག་ དགའ་སོགས་ལྔ། སྒྲུབ་གྲྭ་པ་བླ་མ་བློ་གསལ། བཟང་དགའ་སོགས་དང༌། བླ་མ་དེ་ཉིད་ དཔལ་སོགས་བཞི་ལ་མི་འཁྲུགས་པ་དང༌། འཇམ་དབྱངས་ལ་རྟ་མགྲིན་གཙོ་འདུས། ནཻ་གུ་ རྣམས་ཀྱི་ཁྲིད་མཛད། འདི་སྐོ ར་ཕུར་པའི་བསྙེ ན་མཚམས་ཀྱི་སྐབས་རྫས་ཀྱི་ཕུར་པ་དངོས་ སུ་འབྱོར་ནས་རྙེད་པའི་དགེ་མཚན་ཡོད་ཅིང༌། ཁོང་ཉིད་སྒྲུབ་ཁང་དུ་བྱོན་སྐབས་དགུང་ མོ་ཞིག་ཏུ་ཐུགས་བརྟགས་པའི་རྣམ་པས་ཡུད་ཙམ་བཞུགས་རྗེས་སུ་གསུངས་ལས་སྔར་གྱི་རྒྱ་ འདྲེ་ངན་པ་ཞིག་ད་ལན་འགྲོ་གིན་ཡོད་པས་དེ་ལ་ལན་ཆགས་སྦྱིན་དགོས་གསུངས་ནས་མྱུར་ སྟབས་སུ་དེ་ལུགས་ཀྱི་སྦྱིན་བསྔོ ་མཛད། དགུང་ལོ་རེ་གཅིག་པ་མེ་ཕག་གི་ལོ་འདི་ལ་སྦྱོར་དྲུག་པ་ཐེག་མཆོག་སོགས་དང༌། སྒྲུབ་ གྲྭ་པ་བླ་མ་རིན་ཆེན་བརྩོན་འགྲུས་སོགས་སོ། །བླ་མ་དེ་ཉིད་དཔལ་ལ་རྟ་མགྲིན་གྱི་ཁྲིད་ བཏབ། འདིའི་དཔྱིད་དུ་གྲྭ་ཚང་གི་སྲུང་རིམ་དུ་འཛམ་ཐང་འདུ་ཁང་ཆེན་མོར་ཕེབས། གཙང་ བའི་རྡོ་རྗེ་སློབ་དཔོན་ཆེན་པོ་རྟོགས་པ་མངོན་པར་མཐོ་བ་བླ་མ་རྡོ་རྗེ་བཟང་པོ་ལ་མཆོག་ དབང་གནང་དུས་རྨི་ལམ་དུ་ལྷ་མོ་ཞིག་གིས། འཇུར་བུའི་བཅིངས་པའི་སེམས་ཉིད་འདི། །ཀློད་ན་གྲོལ་བར་ཐེ་ཚོམ་མེད། །ཅེས་ཟེར་བའི་སྣང་བ་བྱུང༌། འདི་སྐོ ར་དུ་ཉིན་གཅིག་ལ་ རླུང་འཚུབ་འཁོར་འདུག་སྐབས་སུ་སློབ་བུ་འགའ་ལ་ཁྱེད་ཅག་གིས་ཅང་རིག་གམ་མི་རིག་ གསུངས། དེ་དག་གིས་རླུང་འཚུབ་ལས་ཅི་ཡང་མི་མཐོང༌། ཞུས་པས་ཁོང་གིས་འདི་ན་ ནོར་ནད་ཀྱི་བདག་པོ་འགྲོ་གིན་ཡོད། ཅེས་གསུངས་ནས་སྡིགས་མཛུབ་མཛད་འདུག་གོ །ཡང་ཉིན་གཅིག་ཏུ་སློབ་བུ་ཞིག་ལ་ཉིད་ཞལ་ནས་ད་སྐབས་ནི་ཕྱི་ནང་གི་བྱ་བ་ཐམས་ཅད་གོ་ འདུག་པ་འདྲ་ཡང་དེ་ནི་རླུང་གི་བྱེད་ལས་ཙམ་དུ་ཟད་དོ། །ཞེས་གསུངས་པའོ། ། 6-1-445 དགུང་ལོ་རེ་གཉིས་པ་ས་བྱིའི་ལོར་སྦྱོར་དྲུག་པ་ཆོས་མཛད་སོགས་གསུམ། སྒྲུབ་གྲྭ་པ་ རིན་ཆེན་དོན་གྲུབ་སོགས་དང༌། བླ་མ་འཇིགས་རྡོར་ཆོས་དབྱིངས་གཉིས་ལ་འཇིགས་མཛད་ འབྲུ་ནོན། སྙན་བརྒྱུད་སོགས་གཞན་ཡང་བསྐྱེད་རིམ་མང་པོའི་ཁྲིད་གསུངས། འདི་ལོར་ སློབ་བུ་འགས་ཁོང་ཉིད་ཕ་དམ་པ་རྒྱ་གར་གྱི་སྐུའི་རྣམ་པ་དང༌། ལ་ལས་སྟོང་གཟུགས་ཀྱི་ དབྱིངས་སུ་ཐིམ་འགྲོ་བ་སོགས་ཀྱི་མཐོང་ཚུལ་ཡོད། སྐབས་དེར་གནས་ནང་བླ་མ་འཇམ་ དབྱངས་བྱོན་ནས་བར་དོའི་དྲུག་ཁྲིད་དང༌། རྔ་བའི་རྩི་ནང་དགོན་གྱི་རྡོ་རྗེ་སློབ་དཔོན་ཀུན་ དགའ་མཚན་བཟང་བྱོན་ནས་མགོན་པོ་ཁྲོ་བཅུའི་དབང་རྣམས་ཀྱང་ལེགས་པར་གསན། འདི་དུས་སུ་ཁོང་ཉིད་སྒྲུབ་ཁང་དུ་ཕེབས་སྐབས་སྒྲུབ་གྲྭ་པ་ཞིག་གི་ཕྲེང་བ་བོར་སོང་ནས་ ཞག་འགར་སླེབ་པའི་ཚུལ་ཁོང་ལ་ཞུས་པས། ཞལ་ནས་ད་ལྟ་ཕྲེང་བ་ཁང་སྟེང་དུ་ཡོད་ཚུལ་ གསུངས་པ་བཞིན་ཐོག་ཏུ་ཁེལ་ཏེ་ཁང་སྟེང་ནས་དེ་ལྟར་རྙེད། འདི་ལོར་ཁོང་གི་ཞབས་བརྟན་ སཱཙྪ་བྱེ་བ་སྤར་དུ་བཏབ་བོ། ། དགུང་ལོ་རེ་གསུམ་པ་ས་གླང་གི་ལོ་ལ་སྦྱོར་དྲུག་པ་ར་འོབ་དོན་བཟང་དོན་དགའ་ སོགས་དགུ། སྒྲུབ་གྲྭ་པ་རྟོགས་པ་ཅན་བླ་མ་སྒྱུ་འཕྲུལ་སྟོང་ཉིད་སོགས་དང་བླ་མ་བསྟན་ འཛིན་རྒྱ་མཚོ་ལ་བསྐྱེད་རིམ་ཡོངས་རྫོགས་ཀྱི་ཁྲིད་དང༌། འཇིགས་རྡོར་ལ་མགོན་པོའི་ཁྲིད། བླ་མ་རང་གསལ་ཀུན་དགའ་གཉིས་ལ་གནད་དོན་སྙི ང་པོའི་ཁྲིད། དཔག་མེད་ལ་རྟ་མགྲིན་ འབྱུང་འདུལ་ཁྲིད་རྣམས་མཛད། འདི་ལོར་ཀྱང་ཁང་སངས་རྒྱས་དཔལ་ལྡན་གྱི་སྤྲུལ་སྐུར་ གྲགས་པ་ལྷོ་སྤྲུལ་པདྨ་ཤེས་རབ་དཔལ་བཟང་པོ་ཕེབས་བྱུང་བའི་ནུབ་ཁོང་ནས་རྨི་ལམ་དུ་ ས་དམར་ཉག་སྟེང་ནས་རྒྱལ་མཚན་སེར་པོ་འཁོར་ནས་འོང་བ་རྨིས་ཤིང༌། དེ་འདྲའི་སྤྲུལ་ པའི་སྐུ་དང་འཛི་སྲིབ་ཀྱི་བླ་མ་ཚུལ་ཁྲིམས་བཟང་པོ་སོགས་འདུས་སྡེ་མང་པོ་ལ་དུས་འཁོར་ དབང་ཆེན། གཅོད་དབང༌། རྟ་ཕྱག་ཁྱུང་གསུམ། སྨེ་བརྩེགས་བཅས་ཀྱི་རྗེས་གནང༌། ཚེ་ 6-1-446 དབང་སོགས་ཟབ་བཀའ་དུ་མ་གནང༌། ལྷོ ་སྤྲུལ་གྱི་ཐུགས་ཉམས་སུ་དབང་ཡོངས་རྫོགས་ རིང་བླ་མ་མཆོག་ཉིད་གཤིན་རྗེའི་གཤེད་དམར་པོའི་སྐུའི་རྣམ་པར་རྒྱུན་དུ་གཟིགས་ཤིང༌། སྤྲུལ་སྐུ་ཁོང་གིས་བླ་གྲྭ་ཡོངས་ལ་ལྟུང་བཤགས་ཀྱི་དབང་དང་བླ་མ་མཆོག་ལ་གསོལ་ འདེབས་དང་བཅས་ཀྱི་ལུང་ཚུར་བསྩལ། འདིའི་སྟོན་དུ་དམ་པའི་བླ་མ་རིན་ཆེན་དར་རྒྱས་ གང་ཉིད་ཀྱང་ཕེབས་ནས་ཐུགས་རྗེ་ཆེན་པོའི་དབང་གསུངས་པ་ཡང་གསན། ལོ་དེའི་སྔ་ གོང་དཔྱིད་དེར། བླ་མ་མཆོག་གི་ཞལ་སྔ་ནས། ད་ལན་རྨི་ལམ་ཤིན་ཏུ་ངན་ཞིང་གནའ་སྔ་ མོའི་དུས་ཀྱི་ཙི་ནའི་མཐའ་དམག་འོང་དུས་ཀྱི་རྨི་ལམ་དང་ཁྱད་པར་མེད་ངེས་སུ་འདུག་པར་ སྔར་གྱི་དེ་དུས་སུའང་རང་ཡུལ་གྱི་ལྷ་སྲུང་ཆེས་མྱུར་ཚོད་དུ་ཡོད་པས་ད་ལན་ཡང་ཁོ་བོ་དེ་ལ་ བསྟོད་གསོལ་ཞིག་བྱ་རུ་འགྲོ། ཁྱེད་མཚམས་གྲྭ་པ་གང་དག་གིས་ད་ཕན་ཆད་དུ་ཟབ་མདོ་ ཚར་བཅུ་ཕྲག་རེ་ཆགས་མེད་བྱས་ན་དེས་ཅི་དྲག་སྙམ་ཡང༌། རྐྱེན་ཆེན་པོ་དེ་འཕྲལ་གྱི་རིམ་ གྲོ་དེ་ཀུན་ཚོས་མ་བཟློག་ཕྱིན་ཆད་གང་ཐད་ནས་ཀྱང་ཆེས་དཀའ་བ་ཞིག་ཏུ་འགྲོ་ངེས་ཀྱི་ གསུང་མནའ་མཛད་དོ། །འདི་སྐོ ར་བླ་མ་མཆོག་གིས་དབང་སོགས་གསུངས་སྐབས་སུ་སློབ་ བུ་ལ་ལའི་ཉམས་སྣང་དུ་བླ་མ་ཁོང་ཉིད་རྡོ་རྗེ་འཇིགས་མཛད་ཀྱི་སྐུ་ཡོངས་རྫོགས་ཀྱི་རྣམ་ པ་ལས་རང་འདྲ་དཔག་མེད་མདུན་ཕྱོགས་སུ་སྤྲོ་བ་ལས་འཇམ་དཔལ་ཁྲོ་བོའི་སྐུ་འཇིགས་ རྔམས་ཀྱི་རྣམ་པར་གྱུར་པ་སོགས་ཀྱི་སྣང་བ་བྱུང་བ་དང༌། སློབ་བུ་ཞིག་གི་དྲིལ་བུ་བོར་བ་ ཁོང་ལ་ཐུགས་བརྟག་ཞུས་པས། ཞལ་ནས། ཁྱོད་ཀྱི་དྲིལ་བུ་དེ་བྱང་ཕྱོགས་སུ་མདོག་ལྗང་ཁུ་ ཞིག་གི་ཞབས་སུ་ཡོད་གསུངས་པ་ལྟར་ཌ་མ་རི་གཡོགས་ལྗང་ཁུ་ཅན་གྱི་ཕག་ནས་དེ་ལུགས་ ལྟར་རྙེད་པ་སོགས་ཕྲན་བུའི་ལྐོག་གྱུར་གཟིགས་ཚུལ་དུ་མ་ཡོད། ལོ་འདིའི་དབྱར་དུ་ལྷ་རྩེ་ མཆོག་གི་སྤྲུལ་སྐུ་ཞི་དབྱིངས་སུ་ཟུམ་པ་ལ་ཉེ་བ་དང་ཟུམ་རྗེས་སུ་སྔ་ཕྱིར་ཕེབས་དགོས་བྱུང༌། སྟོན་ཁར་བླ་མ་བཟང་དགའི་མཆོད་རྟེན་ཁང་བུ་བརྩེགས་པའི་ཐིག་རྩ་གདབ་ཅིང༌། འདི་སྐོ ར་ 6-1-447 དུ་ཁོང་གི་ཞལ་ནས་བླ་མ་དོན་ཀུན་དཔལ་ལ་འདས་མ་འོངས་ད་ལྟ་གསུམ་དུ་ཁོང་ཉིད་ཀྱི་སྐྱེ་ བའི་གནས་ཇི་ལྟར་ཡིན་ཚུལ་གསལ་པོའི་ཞིབ་བཤད་ཀྱི་གསུང་གནང་མཛད་ཀྱང་གཞན་ལ་ མི་སྨྲ་བར་བཀའ་རྒྱས་བཏབ་པའོ། ། དགུང་ལོ་རེ་བཞི་པ་ལྕགས་སྟག་གི་ལོ་ལ་སྦྱོར་དྲུག་པ་དབུ་མཛད་འོད་གསལ། ཚུལ་ ཁྲིམས་དཔལ་སོགས་དྲུག སྒྲུབ་གྲྭ་པ་ཤེས་རབ་འབྱུང་གནས། འགྲོ་བཟང་སོགས་དང༌། བླ་ མ་བསྟན་འཛིན་རྒྱ་མཚོ་དང༌། ཆོས་རྒྱམ་གཉིས་ལ་མི་འཁྲུགས་པའི་ཁྲིད། སངས་རྒྱས་དཔལ་ ལ་འཇིགས་བྱེད་སྙན་བརྒྱུད་ཁྲིད་སོགས་གཞན་བསྐྱེད་རིམ་པ་མང་པོ་ཡང་ཁྲིད་བཏབ། འདི་ སྐོ ར་ཞིག་ཏུ་སློབ་བུ་ཚོས་ཉམས་ལེན་ཞུ་སྐབས། ཁོང་གི་ཞལ་ནས། ཁྱོད་ཚོས་ང་གཅིག་པུ་ ལས་མི་མཐོང་ཡང་སྤྱིར་འཛམ་གླིང་བྱེ་བ་ཕྲག་བརྒྱ་ན་ང་འདྲ་བ་དེ་སྙེད་ཡོད་པ་ཡིན་ཞེས་ གསུངས། གཞན་ཡང་སློབ་བུ་འགའ་ལ་ཞལ་གསུང་ལས། རང་ལ་དཀོར་བདག་རྣམ་སྲས་ མདུང་དམར་ཅན་དང༌། ཆོས་སྐྱོང་གཟའ་མཆོག་ཆེན་པོ་སོགས་ཀྱིས་བགོ་བ་ཇི་བཞིན་གྱི་ ཕྲིན་ལས་ལེགས་སྒྲུབ་མཛད་པའི་གཡར་དམ་རེ་ཡང་སྐབས་འགར་བྱེད་མྱོང་ཞིང༌། དེ་ ལས་ཆོས་སྐྱོང་བནྡྷེའི་གཟུགས་ཀྱིས་འཕྲལ་འཕྲལ་དུ་བྱ་བའི་ཚུལ་ལབ་པའང་ཡོད། ཅེས་ གསུངས་ལ། དེ་ལུགས་ལྟ་བུའི་གསོལ་མཆོད་ཡང་ལྷུར་མཛད། ལོ་འདིར་དབྱར་དུས་སུ་འོད་ གསལ་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་བླ་མ་ཟླ་བ་གྲགས་པ་ཞེས་བྱ་བ་རྟོགས་འབུལ་དུ་ བྱོན། སྤྱིར་ཐུན་པ་ཡུལ་མི་སྤྱི་ལ་བདེ་མི་བདེའི་མཚན་རྟགས་སྔོ ན་ནས་མཁྱེན་ཏེ་དེ་ལུགས་ ཀྱི་གསུང་མཛད་གནང་ཞིང༌། ཁྱད་པར་མོ་རྩིས་བྱེད་ཟོལ་གྱིས་ལེགས་ཉེས་ཇི་བཞིན་ཐུགས་ ཀྱིས་གཟིགས་པ་ཞིག་སྟེ། འདི་སྐོ ར་ཐ་མལ་གྱི་དྲི་སོགས་ཀྱི་སྣང་བ་ཡང་འགག་གོ ། དགུང་ལོ་རེ་ལྔ་པ་ལྕགས་ཡོས་ཀྱི་ལོར་སྦྱོར་དྲུག་པ་ཚུལ་ཁྲིམས་རྡོ་རྗེ། དྲི་མཆོག་རྡོ་ རྗེ་སོགས་ལྔ། སྒྲུབ་གྲྭ་པ་བླ་མ་སངས་རྒྱས་དཔལ། ནམ་མཁའ་རྡོ་རྗེ་སོགས་དང༌། བླ་མ་ 6-1-448 ཀུན་དགའ་ལ་རིགས་འདུས། གུ་དྲག ཆོས་མཛད་སོགས་གསུམ་ལ། འབྱུང་འདུལ། སྟོང་ ཉིད་ལ་འབྲུ་ནོན། དོན་རྟོགས་ལ་གཙོ་འདུས་སོགས་ཀྱི་ཁྲིད་གནང༌། རྟོགས་པ་ཅན་བླ་མ་ བསོད་ནམས་ཡེ་ཤེས་སོགས་གྲྭ་ཚང་ཡོངས་ལ་སྟོན་ཁར་དབང་ཆེན་སོགས་ཆོས་བཀའ་དུ་མ་ གསུངས། འདི་ལོར་འབྲོག་དགེ་སྤྲུལ་སྐུ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོས་གསུང་རྩོམ་ གྱི་ཞབས་བརྟན་སོགས་སྐྱེས་བསྐུར་བྱུང༌། འཛི་རོང་གི་དམ་པ་བླ་མ་འགྲོ་འདྲེན་མཆོག་གི་སྐུ་ ཁམས་བསྙེ ལ་སྐབས་ཁོང་ལ་ཐུགས་བརྟགས་ཀྱི་བཀའ་ལུང་ཞུ་མི་བྱུང་བ་ལ། ཉིད་ཞལ་ནས་ དེང་སྐབས་སུ་ཡུལ་སྤྱིའི་དཀར་ཕྱོགས་པའི་གཞི་བདག་རྣམས་ཀྱང་མྱ་ངན་གྱིས་ནོན་བཞིན་ ནང་མི་བདེ་ཞིང་འཁྲུགས་གིན་ཡོད་པ་རེད། རང་ཅག་གི་བླ་མ་ཡང་མཆོད་གནས་སུ་ཡུན་ ཐུང་ཙམ་ལས་མི་བཞུགས་ངེས་ཐག་ཆོད་ཚུལ་གྱི་གསུང་གནང་མཛད་ནས་བཤུམ་པའང་མང་ དུ་མཛད་པ་ལྟར་ཐོག་ཁེལ་དུ་སོང༌། དགུང་ལོ་རེ་དྲུག་པ་ཆུ་འབྲུག་གི་ལོ་ལ་སྦྱོར་དྲུག་པ་སྟག་ར་བླ་མའི་ཡང་སྲིད་དུ་གྲགས་ པ་རྡོ་བ་ངག་དབང་དཔལ་འབར་རྡོ་རྗེ་དང༌། དམ་ཚིག་རྡོ་རྗེ་སོགས་བཞི། སྒྲུབ་གྲྭ་པ་ཆོས་ མཛད་སོགས་དང༌། སྐྱབས་རྗེ་ལུང་རྟོགས་ཀྱིས་མཛད་པའི་སྒྲོལ་དཀར་གྱི་དམིགས་ཁྲིད་བླ་ མ་མཆོག་གི་ཞལ་ནས། བླ་མ་བསོད་ནམས་ཡེ་ཤེས་ལ་གནང་བས་ཁོང་གི་སྐུ་གེགས་བསལ་ ཏེ་ཚེ་བསྲིང་བར་མཛད། འདི་ལོར་རྡོ་ཁོག་གི་དགོན་འགབ་མའི་སྒྲུབ་བླ་ཀརྨ་ཕྲིན་ལས་འོད་ ཟེར་བྱ་བ་ལ། ཁོང་གིས་སྦྱོར་དྲུག་མགྱོགས་ཁྲིད་གནང་ཞིང་ཁོང་རྣམ་གཉིས་ཀྱིས་ཉམས་ ལེན་ཞིབ་གླེང་གིས་ཐུགས་མཉེས་ཀྱང་མཛད། འདི་སྐོ ར་བླ་མ་རིག་འཛིན་རྡོ་རྗེ་དང་ཡང་ ཉམས་ལེན་ཕན་ཚུན་ཞུ་རེས་ཀྱིས་རྩིས་འཛིན་ཆེར་མཛད་པའོ། ། དགུང་ལོ་རེ་བདུན་པ་ཆུ་སྦྲུལ་ལོར་སྦྱོར་དྲུག་པ་ཆོས་རྡོར་སོགས་གཉིས། སྒྲུབ་གྲྭ་པ་གྲྭ་ བཙུན་རིན་ཆེན་བཟང་པོ་སོགས་དང༌། བླ་མ་ཆོས་དཔལ་སོགས་བདུན་ལ་མི་འཁྲུགས་པའི་ 6-1-449 ཁྲིད། བླ་མ་རིན་ཆེན་བརྩོན་འགྲུས་ལ། རྟ་མགྲིན་འབྲུ་ནོན་སྙན་བརྒྱུད། མགོན་པོ་བྲག་རྫོང་ མའི་ཁྲིད་གནང་ལ། འདི་སྐོ ར་སློབ་བུའི་དག་སྣང་ལ་བླ་མ་ཉིད་ཕེབས་པའི་སྔར་ནུབ་མོར་ གང་གི་ཡེ་ཤེས་ཀྱི་རོལ་པ་ཆེ་མཆོག་དཔལ་དགུའི་ཁྲོ་ཚོགས་ཀྱི་དབུ་ཐོག་ཏུ་འོད་གསལ་ཉི་མ་ འཆར་བའི་བྱིན་རླབས་ཀྱི་མཚན་མ་དང༌། བླ་མ་ཉིད་ཕྱག་ན་རྡོ་རྗེ་སྟོང་གཟུགས་མཐའ་ཀླས་ པའི་སྣང་བ་བྱུང་ཞིང༌། དོན་རྟོགས་ལ། རྟ་མགྲིན་ཁྲིད་རྣམས་མཛད། འདི་ལོའི་སྟོན་ཁར་ འཛམ་ཐང་ཆོས་རྗེའི་སྦྱང་བ་མ་འདས་སྤྲུལ་པའི་སྐུ་དང༌། གཙང་བའི་སྐུ་སྐྱེས་རྣམ་གཉིས་ སོགས་འདུས་སྡེ་མང་པོ་ལ། དུས་འཁོར་དབང་ཆེན། མི་འཁྲུགས་པའི་དབང༌། འཇིགས་ བྱེད་རོ་ལངས་བརྒྱད་བསྐོ ར་དབང༌། རྟ་ཕྱག་ཁྱུང་གསུམ་སྨེ་བརྩེགས་བཅས་ཀྱི་རྗེས་གནང༌། ཚེ་དབང་རྣམས་གནང༌། འདི་ལོར་དཔྱིད་དུ་ཁོང་གི་སྐུ་བསྙེ ལ་སྐབས་སུ་གང་སྣང་ལྷའི་རྣམ་ རོལ་འབའ་ཞིག་གི་དུས་འདའ་ཞིང༌། བར་སྐབས་ཞག་བཅོ་ལྔའི་རིང་ཙམ་ལ་བསྙུང་ནད་ ཆེས་དྲག་པས་སྐུ་ཤིན་ཏུ་བསྙེལ་བག་གིས་གཞན་གྱིས་ཕྱོགས་བརྗེ་བ་སོགས་དགོས་པ་ལྟ་བུ་ ཡིན་ཡང་གློ་བུར་དུ་ཐུགས་ཀྱིས་མཉམ་པར་བཞག་ཚུལ་གྱིས་བསྙུང་ནད་གང་ཡང་མེད་པར་ སྐུ་བཞེངས་བཞུད་སོགས་བྱེད་ཅིང་སྤྱོད་ལམ་གྱི་སྐབས་ན་ཡང་སྟོང་གཟུགས་ལྷ་སྐུའི་སྣང་ བ་ཤ་སྟག་གིས་གོ་མཚམས་མི་རྙེད་པ་ལྟ་བུ་དང༌། བར་སྐབས་སུ་རྐྱེན་རེའི་བྱེད་པས་ཐོགས་ བཅས་གང་ལ་མི་ཐོགས་པར་ཟང་ཐལ་དུ་འགྲོ་བའི་ཐུགས་སྣང་ཤར་བ་དང༌། དེ་མཚམས་ ཞིག་ནས་ཁོང་ཉིད་ཁང་པའི་ཕྱི་ནང་གང་དུ་བཞུགས་ཀྱང་མཉམ་བཞག་འཐུག་པས་ཐ་མལ་ འདི་སྣང་རེབ་རེ་འགག་ནས་སྣང་དུ་མེད་པ་ཞིག་ཏུ་སོང་བས་སློབ་བུ་རྣམས་ཀྱིས་དོགས་པ་ སྐྱེས་ནས་ཞབས་བརྟན་སྒྲུབ་པར་ཞུས་པ་ན། ཁོང་ཉིད་ཀྱིས་དེ་ལྟར་བྱེད་པ་མ་གནང༌། དེ་ ནས་སློབ་བུ་ཚོས་ཁོང་ཉིད་ཀྱི་ཐུགས་ལ་འདི་སྣང་ཇི་བཞིན་གཟིགས་ཏེ་ཡུན་རིང་གཟུགས་སྐུ་ ཚུར་མཐོང་གི་ཡུལ་དུ་བཞུགས་ཆེད་ལ་བསམ་ནས་ཐུབ་པའི་སྐྱེ་རབས་རྣམ་ཐར་གྱི་བྲིས་ཐང་ 6-1-450 ལེགས་པ་གཟིགས་མོར་ཕུལ་བའི་ཚེ་ཁོང་གིས་དེ་དག་ལ་ཞིབ་གཟིགས་བྱས་པས་ཐུགས་ སྣང་ཀྱང་རང་སར་གནས་ཤིང་བྲིས་ཐང་གི་སྣང་བས་ཞག་འགར་ཐུགས་བདེ་འབའ་ཞིག་ བྱུང༌། ཡང་འདི་སྐོ ར་ནུབ་གཅིག་ཏུ་ཇོ་ནང་རང་ལུགས་ཀྱི་གཏོར་ཆོག་བཞིན་ཡི་དམ་ཆོས་ སྐྱོང་ཡོངས་སུ་རྫོགས་པའི་སྐུའི་རྣམ་པ་མ་ལུས་པའི་ཞལ་གཟིགས་ཀྱི་སྣང་བ་བྱུང་བས་ཁོང་ རེ་ཞིག་བདེ་སྐབས་ཀྱི་དགེ་མཚན་ཤར། ཟླ་བ་གཉིས་ཙམ་ལ་འདི་ལོར་ཁོང་གི་སྐུ་བསྙུང་ ཡང་རང་སྣང་ལ་ནི་སྟོང་གཟུགས་ལྷ་སྐུའི་སྣང་བ་འབའ་ཞིག་གིས་འཁོར་མོ་ཡུག་ཏུ་སོང་བས་ ཞག་བདུན་གྱི་སྣང་བ་ཙམ་ལས་མ་ཡོད་ཅེས། ཉིད་ཞལ་ནས་གསུངས། འདི་སྐབས་ཁོང་ ལ་གཞན་གྱིས་མནན་གཏད་བྱས་པ་རེ་ཡོད་ཀྱང་དེས་ད་ལན་བདག་ལ་སྐྱོན་མེད་ཚུལ་ཀྱང་ ཞལ་ནས་གསུངས། ཡང་འདི་སྐོ ར་ཞིག་ལ་དུས་འཁོར་རྫོགས་རིམ་གྱི་ཁྲིད་གནང་སྐབས་ སོར་བསམ་ཙམ་སོང་རྗེས་ནས་ཁྲིད་ཡིག་བཞག་ནས་ཐུགས་ཐོག་ཏུ་སྲོག་འཛིན་དྲན་ཏིང་ རྣམས་ས་ལམ་བགྲོད་ཚུལ་དང་མཐར་ཐུག་གི་འབྲས་བུ་མངོན་དུ་བྱེད་པའི་ཚུལ་དང་བཅས་ ཞིབ་རྒྱས་སུ་ལེགས་གསུང་གནང་བས་དེར་གནས་སློབ་བུ་དག་གི་ཡིད་ལ་ཚིམ་པ་སྟེར་ཞིང་ ངོ་མཚར་བའི་ཡ་མཚན་ཉེ་བར་སྐྱེས་སོ། །འདི་ལོར་ཁོང་གིས་དབང་ཆེན་གསུངས་སྐབས་ སློབ་བུ་འགའ་ལ་འབར་མ་བརྒྱད་ཀྱི་སྐུ་མདོག་ཕྱག་མཚན་སོགས་རྒྱུན་དུ་མཐོང་སྣང་དང༌། རོ་ལངས་བརྒྱད་སྐོར་གསུངས་དུས་སུ་སློབ་བུ་འགའི་ཉམས་སྣང་ལ་དཔལ་རྡོ་རྗེ་འཇིགས་ མཛད་ཡོངས་རྫོགས་ཀྱི་སྐུ་ཆེས་མཐའ་ཀླས་པ་བླ་མ་ཁོང་ལ་ཐིམ་ཞིང་ཁོང་ལས་ཀྱང་ཁྲོ་བོའི་ རྒྱལ་པོའི་སྐུ་དེ་སྙེད་སྤྲོས་ཏེ་དེ་དག་ཀྱང་གཅིག་ལས་དུ་མ་སྤྲོ་བའི་ཚུལ་གྱིས་མཁའ་དབྱིངས་ ཁྱབ་པར་བྱས་ནས་དེ་དག་ཀྱང་སློབ་མའི་ལུས་ངག་ཡིད་གསུམ་ལ་ཐིམ་པས་སྒོ་གསུམ་ བྱིན་གྱིས་རླབས་པ་སོགས་ཀྱི་སྣང་བ་བྱུང༌། ཡང་སློབ་འགས་བླ་མ་ཉིད་སྟོང་གཟུགས་རྡོ་རྗེ་ འཇིགས་མཛད་ཆེན་པོའི་རྣམ་པར་མཐོང་རྐྱེན་གྱིས་འཕར་གཡོའི་ཉམས་ཟླ་བ་གཅིག་ཙམ་ 6-1-451 གྱི་རིང་ལ་རྒྱུན་དུ་འོང་ཞིང༌། བླ་མ་ཉིད་ཀྱིས་དབང་གསུངས་སྐབས་སློབ་བུ་ལ་ལའི་ཉམས་ སྣང་ལ་བླ་མ་ཉིད་སྟོང་གཟུགས་གཤེད་དམར་སྐུའི་རྣམ་པར་གནས་འགྱུར་བའི་སྣང་བ་དང༌། ཉིད་ཞལ་མགར་ཁུང་ཚ་ལ་ལྟ་བུའི་དམར་ཟང་ངེ་བའི་རྣམ་པར་མཐོང་བས་ལུས་སེམས་ལ་ བདེ་ཉམས་མཆེད་པ་སོགས་ཀྱང་བྱུང་ལ། ཡང་ལ་ལས་བླ་མ་ཉིད་འོད་ཕུང་ལྗང་ཁུའི་རྣམ་ པར་ཡང་ཡང་མཐོང་བ་སོགས་དག་པའི་སྣང་བ་སྟོན་པའི་མཐུ་ནུས་རྫོགས་པ་ཞིག་ཀྱང་ཡིན་ ནོ། ། དགུང་ལོ་རེ་བརྒྱད་པ་ཤིང་རྟ་ལ་སྦྱོར་དྲུག་པ་དཀོན་གསལ། ངག་དབང་རྡོ་རྗེ་སོགས་ དྲུག སྒྲུབ་གྲྭ་པ་རྒྱལ་མཚན་སོགས་དང༌། ཚུལ་ཁྲིམས་རྡོ་རྗེ་སོགས་ལྔ་ལ་རྟ་མགྲིན་གྱི་ཁྲིད། འགྲོ་བཟང་ལ་འབྱུང་འདུལ་ཁྲིད། སྟོང་ཉིད་ལ་སྙན་བརྒྱུད་ཀྱི་ཁྲིད་རྣམས་གནང༌། ལོ་དེའི་ དབྱར་དུ་གཡུ་ཐོག་དགོན་གྱི་སློབ་དཔོན་བླ་མ་ཡུམ་མེ་སོགས་འདུས་སྡེ་ལྔ་བཅུ་ཙམ་ལ། དབང་ཆེན། གྲུབ་ཆེན་བརྒྱད་ཅུའི་རྗེས་གནང་རྟ་ཕྱག་ཁྱུང་གསུམ་སྨེ་བརྩེགས་རྗེས་གནང༌། གཅོད་དབང་རྣམས་གནང༌། ལོ་དེའི་སྔ་གོང་དཔྱིད་དུ་བླ་མ་བཟང་དགའི་མཆོད་རྟེན་ཆ་ བརྒྱད་གྱི་ཐིག་རྩ་གདབ་པར་བྱས། དགུང་ལོ་རེ་དགུ་པ་ཤིང་ལུག་གི་ལོར་སྦྱོར་དྲུག་པ་བླ་མ་རིན་ཆེན་བརྩོན་འགྲུས་སོགས་ བཞི། སྒྲུབ་གྲྭ་པ་བླ་མ་གྲགས་པ། དྲི་མཆོག་རྡོ་རྗེ་སོགས་དང༌། ཆོས་མཛད་རིན་དོན་གཉིས་ ལ་རྟ་མགྲིན་ཁྲིད། བླ་མ་སེམས་ཉིད་རྡོ་རྗེ་ལ། སྐྱབས་རྗེ་ལུང་རྟོགས་ཀྱི་གསུང་འབུམ་ལས་ ཀུན་རིག་ལུས་དཀྱིལ་གྱི་ཁྲིད་དང་རྩིས་ནག་བསླབ། འདིའི་དགུན་དུ་གཏེར་སྟོན་རང་གྲོལ་ རྡོ་རྗེ་བྱོན་ཏེ། ཉིད་ཀྱི་གཏེར་ཁ་ནས་བྱོན་པའི་རིགས་འདུས་དང༌། གུ་རུ་མཚན་བརྒྱད། གུ་ དྲག རྟ་ཕྱག་ཁྱུང་གསུམ་རྣམས་ཀྱི་ཟབ་དབང་གསན། འདི་སྐོ ར་དུ་གཙང་བ་སེ་སྤྲུལ་པའི་སྐུ་ སྔགས་འཆང་པདྨ་དབང་དྲག་རྩལ་ཉིད་གཙང་བའི་གཟིམས་ཁང་དུ་བཞུགས་ན་ཆེས་བཟང༌། 6-1-452 དེ་ལས་གཞན་དུ་བྱོན་ན་ཆོས་སྐྱོང་གིས་མི་མངག་པ་འདྲ་བས་གཟིམས་ཁང་དུ་མ་བཞུགས་ ཕྱིན་བཀའ་བརྒྱད་རི་ཁྲོད་དུ་འདུག་ན་མ་གཏོགས་སྤྱིར་གཞན་དུ་བྱོན་མི་ཉན་ཁྱད་པར་གྲུབ་ ཆེན་ཕྱོགས་སུ་བྱོན་ལྷག་པར་མི་ཉན་ཞེས་ཆེས་ནན་དུ་ཡང་ཡང་ཉིད་ཀྱིས་ཞལ་གསུང་གནང་ ཡང་དེ་ལྟར་དུ་མ་ལྡན་པས་སྤྲུལ་སྐུ་ཉིད་འཕྲལ་རྐྱེན་གྱིས་མྱུར་ནས་སྐུ་ཞི་བར་གཤེགས་པས་ གསུང་ཐོག་ཇི་བཞིན་ཁེལ། གཙང་བ་གྲྭ་ཚང་གི་འཚོགས་ཟངས་རྒྱ་ནང་དུ་ཉོར་སོང་བ་ཇི་ བཞིན་རྙེད་ཚུལ་རིན་གོང་བཅས་སོགས་གསལ་བར་མཁྱེན་ནས་དེ་ལུགས་ཀྱི་གསུང་གནང་ མཛད། འདི་སྐོ ར་དུའང་དུས་ཟིང་གི་ཚུལ་ཁོང་གི་རིང་ཙམ་དུ་སྐྱོན་མེད་ཚུལ་དང༌། སློབ་བུ་ དག་གི་རྒྱུད་ཚོད་མཐོ་དམན་གྱི་ཁྱད་པར་དང༌། ལ་ལའི་སེམས་ཀྱི་འགྱུ་རྟོག་ཚུན་ཆད་ཀྱི་ བཀའ་ལུང་ཡང་གནང་གིན་འདུག དགུང་ལོ་བདུན་ཅུ་པ་མེ་སྤྲེལ་གྱི་ལོ་ལ་སྦྱོར་དྲུག་པ་ཆོས་དབྱིངས་སོགས་གཉིས། སྒྲུབ་ གྲྭ་པ་བླ་མ་སྒྱུ་འཕྲུལ། བརྩོན་འགྲུས་སོགས་དང༌། མགོ་ལོག་གི་ཁང་རྒན་བླ་མ་རྟོགས་པ་ ཅན་སངས་རྒྱས་བཟང་པོ་དང༌། ཡོན་ཏན་རྒྱ་མཚོ་གཉིས་ལ་འཇིགས་བྱེད་འབྲུ་ནོན། སྙན་ བརྒྱུད་ཀྱི་ཁྲིད། རིག་དགའ་ལ་འབྱུང་འདུལ། རྟ་མགྲིན་ཁྲིད། འབྲུ་ནོན་སྙན་བརྒྱུད་ཁྲིད། གྲྭ་བཙུན་བྱང་ཆུབ་རིན་ཆེན་ལ་རྟ་མགྲིན། སྔོ ན་འགྲོའི་ཁྲིད་རྣམས་གནང༌། གཙང་སྡེའི་བླ་ མ་སྐལ་ལྡན་ལ་རྩིས་ནག་བསླབ། བླ་མ་བཟང་དགའི་མཆོད་རྟེན་གྱི་རབ་གནས་ཀྱི་གོང་ བཞུགས་མཛད། འདི་སྐོ ར་སྒྲུབ་ཁང་དུ་བྱོན་ནས་ཁོང་གིས་སློབ་མ་ཚོས་དམ་ཚིག་བསྲུང་ ཐུབ་མི་ཐུབ་ཚུལ་ཇི་བཞིན་གསུངས་པ་ཐོག་ཏུ་ཁེལ། དགུང་ལོ་དོན་གཅིག་པ་མེ་བྱ་ལ་སྦྱོར་དྲུག་པ་ནོར་བུ། དོན་ལྡན་སོགས་དྲུག སྒྲུབ་གྲྭ་ པ་བླ་མ་ཆོས་དཔལ། དཀོན་གསལ་སོགས་དང༌། བླ་མ་སངས་བཟང་སོགས་འགའ་ལ། མི་ འཁྲུགས་པའི་ཁྲིད། བླ་མ་དེ་ཉིད་དཔལ་ལ། གུ་དྲག་བཀའ་བརྒྱད་བསྡུས་པའི་སྒྲུབ་ཐབས་ 6-1-453 ཀྱི་ཁྲིད། འཇམ་དབྱངས་ལ། སྐྱབས་རྗེའི་གསུང་འབུམ་ཆ་ཚང་གི་ཁྲིད་ལུང་རྣམས་མཛད། འདི་སྐབས་སློབ་བུ་འགའི་ཐུན་གྱི་མཉམ་བཞག་དུས་བླ་མ་མཆོག་གི་སྐུ་རྒྱབ་ནས་འོད་ཟེར་ སྣ་ལྔ་འཇའ་ཟེར་གྱི་རྣམ་པ་འཁོར་ཏེ་སྙི ང་གར་ཟུག་པའི་ཉམས་སྣང་བྱུང༌། ལོ་དེར་འཛམ་ ཐང་གཙང་བའི་རྡོ་རྗེ་སློབ་དཔོན་ངག་དབང་དཀོན་མཆོག་དར་རྒྱས་ཞབས་པ་ཡང་ཕེབས་ ནས་ཁོང་རྣམ་གཉིས་ཀྱིས་ཉམས་ལེན་འདྲི་གཏུག་ལེགས་པོའི་བགྲོ་གླེང་གི་ཕན་ཚུན་ཐུགས་ གཉེས་ཆེན་པོ་མཛད། ལོ་དེའི་དབྱར་ས་ཟླའི་ནང་འཛམ་ཐང་དུ་ཕེབས་ནས་བྱ་ཡུར་དགོན་ གྱི་རྡོ་རྗེ་སློབ་དཔོན་བླ་མ་མཚན་ལྡན་གང་ཉིད་དང་ཉམས་ལེན་ཞལ་བསྡུར་གྱིས་དགྱེས་ཚོར་ ཀྱང་མཛད་ཅིང༌། བཞུགས་གནས་གཙང་བའི་གྲྭ་ཚང་གི་འདུ་ཁང་ཆེན་མོར་བྱས་ཏེ་ཁོང་གི་ ཞལ་གསུང་ལས། སྔོ ན་བླ་མ་ཆོས་འཕགས་ཀྱིས་དུས་འཁོར་རྡུལ་ཚོན་མིག་གིས་མཐོང་ན་ ཤམྦྷ་ལར་སྐྱེ་བར་གསུངས་པས་ད་རེབ་འཚོགས་ཁང་རྡུལ་ཚོན་འདུ་འཚོགས་བཅས་ལེགས་ པར་མཇལ། ད་རྗེས་སུ་འདིར་ཐོན་སོ་ཅི་ཤེས་རང་ལ་ར་རྒན་ཞིག་གི་ཚེ་བས་ཡོད་ཚོད་མི་ གདའ་ཞེས་གསུངས་ལ། འདིར་བཞུགས་སྐབས་ཉིན་ཅིག་ཏུ་ཞབས་ཕྱི་བའི་གྲྭ་པ་གཉིས་ལ། ཞལ་ནས། མ་གི་རྒྱ་སྐས་ཁར་བལྟ་འདུག་མཁན་ཞིག་ཡོད་པས་གཟབ་དགོས། ཞེས་གསུང་ རྗེས་ཞག་འགའ་ན་གསེར་བ་ནོར་བུ་དཔལ་ཇ་ཁང་རྒྱ་མཐོང་ནས་ལྷུང་བས་འཚེ་བྱེད་ཀྱི་ལྟས་ སྔོ ན་ནས་མཁྱེན། འདི་སྐོ ར་དུའང་སྔར་དང་མི་འདྲ་བར་སྐུ་ལ་སྤྱོད་ལམ་ཀྱང་མ་ངེས་པའི་ ཚུལ་གྱིས་བཞུགས་པས་སྐུ་འཁོར་དག་གིས་ཁོང་གི་ཐུགས་མཐོའམ་སྙམ་པ་སྐྱེས། དགུང་ལོ་དོན་གཉིས་པ་ས་ཁྱི་ལ་སྦྱོར་དྲུག་པ་རིག་དགའ་དང་བརྩོན་འགྲུས་གཉིས། སྒྲུབ་གྲྭ་པ་བླ་མ་རབ་ལྡན་ཆོས་བཞིན་སོགས་སོ། །དེ་ཡན་ཆད་ཀྱི་ལོ་བསྟར་བཞིན་དུ་སྤྱིར་ ཆག་མེད་རྒྱུན་གསུང་ནི་སྦྱོར་དྲུག་པ་རྣམས་ལ་མཆོག་དབང༌། གཅོད་དབང༌། རྡོར་སེམས་ བཟླས་ལུང༌། རྡོ་རྗེ་འཆང་དབང༌། ལྷན་སྐྱེས་བཟླས་ལུང༌། གཏོར་ཆོག བླ་མཆོད། གཅོད་ 6-1-454 སྐོ ར། ཆུ་གཏོར་མདོ་གདུགས་སྒྲོལ་གསུམ། རྟ་མགྲིན་ལུས་དཀྱིལ་སོགས་དང༌། སྒྲུབ་གྲྭ་ པ་རྣམས་ལ་ཁྲིད་ལུང་ཆ་ཚང་དང༌། སེར་བསྲུང་སོགས་ལ་རྡོ་རྗེ་མཆུའི་ལས་ཚོགས་ཡོངས་ རྫོགས་རྣམས་ལོ་རེ་རེ་བཞིན་གནང་བའི་རིམ་པའོ། །འདི་ལོར་མགོ་ལོག་ཏུ་དུས་འཁྲུགས་ ཀྱི་སྐབས་སུ་དགེ་སྐོས་ཡིད་ཆོས་བསད་པའི་གཤིན་ཆོག་ཁོང་ནས་མཛད་ཚེ་ཤི་བོའི་མགོ་ ལ་མཚོན་གྱིས་བརྒྱབ་པ་སོགས་ཐུགས་ཀྱི་གསལ་སྣང་ལ་ཇི་བཞིན་གཟིགས་པ་བཞིན་ཉིད་ ཞལ་ནས་གསུང་གནང་མཛད་པ་ལྟར་ཐོག་ཁེལ་དུ་སོང༌། དཔལ་ལྡན་བླ་མ་མཆོག་གི་ ཞབས་བརྟན་དུ་བར་སྐབས་རྣམས་སུ། དུས་འཁོར་སྟོང་མཆོད། སྒྲོལ་མ་མཎྜལ་བཞི་བ་སྟོང་ མཆོད། རཏྣའི་ཚེ་སྒྲུབ་སྟོང་མཆོད། བསྐང་ཁྲི་བཟློ ག་ཁྲི་བསྐང་རྫས་གྲངས་མང་བཅས་དང༌། གདུགས་རིང་ཁྲི་རྫོགས། གཟའ་གསོལ་བྱེ་བ་བསྐང་རྫས་གྲངས་མང་བཅས་དང༌། ཡིག་ བརྒྱའི་དར། ཚེ་ཐར་གྲངས་མང་སོགས་གྲྭ་ཚང་ཡོངས་ཀྱིས་ལེགས་སྒྲུབ་མཛད་པ་དང༌། བླ་ མ་བཟང་དགས་མཆོད་རྟེན་ཆ་བརྒྱད་ཀྱང་ཁོང་གི་ཞབས་བརྟན་དུ་ཕུལ། སྨྲས་པ། ཀུན་གསལ་བཞིན་ལ་སྣང་བརྒྱའི་བྱེད་པོ་དང༌། ། བསིལ་ཟེར་བདག་པོ་ཟུང་གིས་སྐྱོང་བ་བཞིན། ། མཐའ་ཡས་གདུལ་བྱ་མདོ་སྔགས་ཆོས་ཟུང་གིས། ། འགྲོ་རྒྱུད་དྲི་མའི་མུན་སེལ་མཆོག་ཁྱོད་རྒྱལ། ། གང་ཞིག་ལེགས་ལམ་གདམས་བཟང་བདུད་རྩིའི་བཅུད། ། གང་ཐུགས་དགོངས་པའི་བུམ་པར་རབ་བསྐྱིལ་བ། ། གང་ལས་ཅི་དགར་མཛད་མེད་སྤེལ་འདི་ཡིས། ། གང་འདུལ་འགྲོ་བློའི་དགའ་སྟོན་བསྐྲུན་འདི་རྨད། ། 6-1-455 རྒྱལ་བའི་དགོངས་ཟབ་མན་ངག་དམ་པའི་ཕུལ། ། སྐལ་བཟང་གདུལ་བྱའི་དཔལ་དུ་འགྱེད་མཛད་པ། ། གསང་ཆེན་ཆོས་མཛོད་བཟང་རབ་མངའ་བའི་གཏེར། ། སྔགས་ཀྱི་སློབ་དཔོན་ཆེན་པོ་ཁྱོད་མིན་སུ། ། ཞེས་བསྟན་པ་དང་གདུལ་བྱའི་དོན་མཛད་པའི་སྐབས་སྟེ་བཞི་པའོ།། །། ༈ དེ་ནས་དཔལ་ལྡན་བླ་མ་གང་ཉིད་ཀྱིས་གོང་དུ་ཞིབ་པར་བཤད་པ་བཞིན་བསྟན་ འགྲོའི་དོན་ཉེ་བར་མཛད་པ་ལས་གཞན་པའི་བསྟན་པ་ལ་བྱས་རྗེས་དང་ཚོགས་བསགས་ ཀྱི་རིམ་པའང་འདི་ལྟ་ཏེ། དེ་ཡང་དམ་པ་མཆོག་ཉིད་ཀྱིས་རྡོ་རྗེ་འཆང་ཆེན་པོའི་མཛད་ཆེན་ ཉེ་བར་གནང་བཞིན་སྐལ་བ་དང་ལྡན་པའི་རྡོ་རྗེའི་སློབ་བུ་གང་དག་ལ་རང་རང་གི་བློ་དང་ འཚམས་པར་ཟབ་ལམ་གྱི་མན་ངག་གིས་ཉེར་འཚོའི་དགའ་སྟོན་རྒྱ་ཆེར་མཛད་པའི་ཐབས་ གང་གིས་གསུང་རྩོམ་གནང་རིམ། བསམ་གཏན་ཉམས་ལྔའི་ངོ་སྤྲོད། རྣལ་འབྱོར་པ་འཆི་ ཀའི་ངོ་སྤྲོད། དུས་འཁོར་རྩ་བསྐྱེད། གསོལ་འདེབས་ཚན་ལྔ། སྨོན་ལམ་གསུམ་སོགས་སློབ་ བུ་རྣམས་ཀྱི་ཡིད་ཀྱི་རེ་འདོད་སྐོང་བའི་གསུང་རབ་གཅེས་བསྡུས་ཀྱི་མཛད་སྒོས་ཕན་པ་དུ་མ་ བྱེད་ཅིང༌། ཉིད་ཀྱི་ཐུགས་ཉམས་སུ་རྣལ་འབྱོར་མཆོག་ལ་གཙོ་བོར་ཐུགས་དམ་མཛད་པས་ རིམ་གཉིས་ཀྱི་རྟོགས་པ་གོང་དུ་སྤེལ་བར་མཛད་ཚུལ་གོང་སྨོས་ལྟར་ལས་གཞན་ལྗགས་ བསྙེ ན་སོགས་མཛད་ཚུལ་ཡང༌། དུས་ཀྱི་འཁོར་ལོའི་རྣམ་བཅུ་དབང་ལྡན་ཀྱི་སྙི ང་པོ་གཙོ་ བོ་ཡབ་ཡུམ་སོགས་ལྷ་ཡོངས་རྫོགས་ཀྱི་མཐར་ཐུག་གི་ཡང་སྙིང་དུ་གྱུར་པའི་སྔགས་དེ་ཉིད་ ལྗགས་བསྙེ ན་དུང་གསུམ་དང༌། འཕགས་པ་སྤྱན་རས་གཟིགས་ཀྱི་སྙི ང་པོ་ཡི་གེ་དྲུག་མ་ དུང་གཅིག་དང༌། དབང་ཆེན་ཧྱ་གྲ໏་ཝའི་སྙི ང་པོ་ཡི་གེ་འབྲུ་ཉི་ཤུ་པ་དུང་གཅིག་དང༌། རྒྱལ་བ་ ཚེ་དཔག་མེད་ཀྱི་སྙི ང་པོ་དུང་གཅིག་དང༌། ཞལ་འདོན་རྒྱུན་ཁྱེར་ཆག་མེད་སོགས་ངག་གིས་ 6-1-456 གསུང་སྒྲོག་ཟབ་མོ་བླ་ལྷག་པ་ཆེར་མཛད་ལ། གཞན་ཡང་ཕྱག་གིས་ཀྱང་དུས་འཁོར་རྙིང་ བ། ལྷ་དགུ། མི་འཁྲུགས་པ་རྣམས་ཀྱི་ཆོ་ག་དང༌། མགོན་པོའི་གཏོ་པོད་སོགས་གླེགས་བམ་ གྱི་ཡི་གེ་འབྲི་བའི་ཆོས་སྤྱོད་ཀྱང་མང་པོ་མཛད་པ་སོགས་ཐུགས་གསུང་སྐུའི་སྒོ་ནས་རབ་ཏུ་ དཀར་བའི་ཚོགས་སྒོ་དུ་མ་ནས་ཉེ་བར་བསགས་པ་དང༌། བསོད་ནམས་ཀྱི་ཞིང་ཁྱད་པར་ ཅན་དཀོན་མཆོག་རིན་ཆེན་རྣམ་གསུམ་ལ་རྟག་ཏུ་དད་གུས་ལྷོད་པ་མི་མངའ་བའི་ངང་ནས་ དངོས་སུ་འབྱོར་བའི་མཆོད་པ་ཟླ་བ་བྱུང་ངོ་ཅོག་གི་ཉ་སྟོང་རྣམས་སུ་མཚན་ཐུབ་པའི་མར་མེ་ ཆེ་བ་བཞི་བཞི་རེ་དང༌། ཉིན་རེ་བཞིན་དུ་མར་མེ་ཆུང་བ་གཉིས་གཉིས་བཅས་པའི་ཆུ་མཆོད་ ཀྱང་གྲངས་མང་རྟག་པར་རྒྱུན་མི་ཆད་པའི་མཆོད་སྤྲིན་ལེགས་འབུལ་བྱེད་པ་དང༌། གཞན་ ཡང་ཉིན་རེ་བཞིན་གཅོད་ཡུལ་ཟབ་མོའི་ལུས་སྦྱིན་དང༌། སྲིད་པ་བར་མ་དོའི་སེམས་ཅན་ དག་ལ་འདོད་ཡོན་བསུར་བསྔོ ་མཛད་པ་དང༌། མཆོད་རྟེན་ཆ་བརྒྱད་བཞེངས་པའི་ཆ་རྐྱེན་ དུ་དངོས་རྫས་ཀྱི་འབྲེལ་འཇོག་གཟབ་ལྡན་བྱེད་པ་སོགས་རླབས་པོ་ཆེའི་ཕན་པའི་མཛད་ པ་གང་སྒོ་གང་ཐད་ནས་ནམ་ཡང་དམ་ལྷོད་མེད་པར་ཆུ་བོ་ཆེན་པོའི་རྒྱུན་བཞིན་ངང་གིས་ ལེགས་པར་ཆ་སྙོམས་སུ་ངེས་པར་བྱུང་བའི་མཛད་བཟང་ཆེས་ཁྱད་པར་བ་མངའ་བའོ། །སྨྲས་པ། རྟག་པར་ཆད་མེད་ནམ་མཁའི་རྣལ་འབྱོར་ཆེ། ། ནམ་ཡང་རིས་སུ་མ་སོང་དལ་འགྲོས་རྒྱུན། ། ཉན་སེམས་སྒོམ་པས་ནང་དབྱིངས་ཡེ་ཤེས་མཇལ། ། འདི་ཀོ་སྔགས་རིག་འཛིན་པའི་ཁྱད་ཆོས་ཉིད། ། རྟོགས་པ་མཐོ་ཡང་དགེ་ཀུན་བརྩོན་པས་ལེན། ། ཟབ་དོན་རྟོགས་ཀྱང་རིག་པའི་གནས་ལ་སློབ། ། 6-1-457 འགྲོ་ལས་འཕགས་ཀྱང་འགྲོ་བ་རང་གའི་ཚུལ། ། འགལ་བར་སྣང་ཡང་དོན་ལ་འགལ་མེད་མཆོག ། རྨད་བྱུང་ངག་གིས་ཟབ་མོའི་ཆོས་སྒྲ་སྒྲོག ། རྣལ་འབྱོར་མཆོག་གི་དཔལ་མངའ་རྡོ་རྗེ་འཛིན། ། སྟོང་པའི་གཟུགས་བཟང་གང་ཐུགས་དབྱེར་མེད་པ། ། རྟོགས་པའི་དབང་པོ་བཤེས་གཉེན་བཀའ་དྲིན་ཅན། ། ཞེས་བསྟན་འགྲོའི་དོན་མཛད་ཚུལ་ཆེ་བ་ལས་གཞན་པའི་བསྟན་ལ་བྱས་རྗེས་དང་ ཚོགས་བསགས་ཀྱི་རིམ་པའི་སྐབས་སྟེ་ལྔ་པའོ།། །། ༈ ད་ནི་དཔལ་ལྡན་བླ་མ་རྡོ་རྗེ་འཆང་ངག་དབང་དཔལ་བཟང་པོ་གང་ཉིད་ཀྱིས་རྡོ་ རྗེའི་སློབ་བུ་གང་དག་ལ་བརྩེ་བའི་ཐུགས་ཀྱིས་ཉེ་བར་དགོངས་ཏེ་ཕན་པའི་བསླབ་བྱ་གནང་ བའི་རིམ་པ་ཡང༌། ཁོང་ཉིད་ཀྱི་ཞལ་སྔ་ནས། ཀྱཻ་རྡོ་རྗེ་སློབ་མ་གང་དག་ལེགས་པར་ཉོན་ ཅིག ད་ནི་ཁོ་བོ་ར་རྒན་ཞིག་གི་ཚེ་བས་མེད། ད་སྔ་ཡན་ཆད་ཀྱི་དབང་ལུང་ཁྲིད་གསུམ་ཁ་ ཏ་གང་བྱས་ཐམས་ཅད་སེམས་ལ་ཟུང༌། ང་རང་གི་དོན་མིན་ཁྱེད་ཅག་ཚོའི་དོན་ཡིན། དེང་ སང་གི་མི་རྣམས་ལ་ཁྱེད་ཀྱིས་བྱ་བ་འདི་བྱོས་ཤིག་ཟེར་བའི་ཁ་ཏ་བྱས་ན་མ་བྱེད་ཟེར་བ་ལྟ་ བུ་ལས་ཁ་ལ་ཉན་མཁན་དཀའ་མོ་ཞིག་རེད། ད་ཕྱིན་ཁྱེད་ཅག་ཚོས་ཡིན་ན་ཕྱིའི་སྤྱོད་ཚུལ་ སེར་གོས་རེ་ནམ་ཡང་མི་བསྒྱུར་བར་སེར་མོ་ཆོས་པ་ཞིག་གི་འགྲོ་ལུགས་ཨེ་ཐོན་གི་བལྟ་རྒྱུ་ མ་འཆུགས། དེ་ཡང་འཁོར་བའི་བྱ་བ་དགྲ་འདུལ་གཉེན་སྐྱོང་ཚོང་མནའ་ལྐུག་ལ་ཤི་འཛེམ་ རོ་འཛེམ་གྱིས། གྲོང་ཆོག་སོགས་སུ་འགྲོ་བ་ན་སུ་ཡིན་ཡང་གྲོགས་བཟང་པོ་རེ་འགྲོགས་པ་ གལ་ཆེ། འདོན་པ་རེ་ཡིན་ན་ཆོ་ག་ལྷག་ཆད་མེད་པ་རེ་ཨེ་ཡོང་ལྟོས། ལུས་ངག་ཡིད་གསུམ་ གྱིས་སྡོམ་པ་མིག་འབྲས་ལྟ་བུ་ལེགས་པར་བསྲུང་དགོས། ཁྱད་པར་ཁམས་ཀུནྡ་བྱང་ཆུབ་ 6-1-458 ཀྱི་སེམས་འདི་མདོ་སྔགས་གང་གི་སྐབས་སུ་མི་ཉམས་པར་བསྲུང་བ་གལ་ཆེ་སྟེ། རྒྱུ་མཚན་ བཤད་ན་མདོ་ཕྱོགས་འདུལ་ཁྲིམས་ཀྱི་སྐབས་ན་ཁུ་བ་བུད་མེད་ཀྱི་རྨའི་སྒོ་གསུམ་པོ་གང་ རུང་དུ་ཉམས་ན་ཕམ་པ་བྱུང་སྟེ་སྡོམ་པ་ལྷག་མེད་དུ་གཏོང༌། དེ་ལས་གཞན་དུ་ཆགས་སེམས་ ཀྱིས་ཉམས་ན་དགེ་འདུན་གྱི་ལྷག་མ་བྱུང་བས་སྡོམ་པ་ལྷག་མ་ཙམ་ལས་མི་ལུས་པ་ཡིན། རང་ལུགས་བླ་མེད་སྔགས་ཀྱི་སྐབས་ན་མི་འགྱུར་བདེ་བའི་གཞི་རྟེན་བྱང་སེམས་དེ་ཆགས་ སེམས་ཀྱིས་དགོས་མེད་དུ་ཉམས་ན། རྒྱུད་ལས། བྱང་ཆུབ་སེམས་ནི་རབ་ཏུ་ཉམས་པ་ལས་ ཀྱང་མདའ་རུ་འགྱུར། །ཞེས་གསུངས་པ་ལྟར་གྱི་རྩ་ལྟུང་ལྔ་པ་ཕོག་སྟེ་དམ་ཚིག་ཆེས་ཉམས་ པ་ཉིད་དུ་འགྱུར་པ་ཡིན། འདི་མ་བསྲུང་བའི་ཉེས་དམིགས་ནི། རྒྱུད་ལས། ཅི་སྟེ་ཆགས་པས་ ཟིལ་མནན་དག །གཙོ་བོའི་མདུན་དུ་བླང་ནས་ནི། །སྡོམ་པ་སྐྱོང་བར་མི་བྱེད་ན། །དེ་ཚེ་ངུ་ འབོད་དུད་འགྲོར་འགྱུར། །ཞེས་གསུངས་པ་ལྟར་བྱང་སེམས་བསྲུང་བར་བླ་མའི་མདུན་ནས་ ཁས་བླངས་རྗེས་མ་བསྲུང་ན་ཤི་མ་ཐག་དམྱལ་བ་ངུ་འབོད་དུ་འགྲོ་ངེས་པ་ཡིན་ཞིང་ཚེ་འདིར་ ཡང་མི་འགྱུར་བདེ་བའི་རྟེན་དང་བྲལ་བས་སྔགས་ལམ་བདེ་ཆེན་ཡེ་ཤེས་ཀྱི་རྟོགས་པ་སྐྱེ་བ་ མི་སྲིད། དེ་བསྲུངས་པའི་ཕན་ཡོན་ནི། རྒྱུད་ལས། བསྲུང་བ་འདི་ཉིད་ཁོ་ན་ཡིས། །སྐྱེ་བ་ འདི་ལ་སངས་རྒྱས་ཉིད། །ཚུལ་ཁྲིམས་ཚོགས་ནི་ཡང་དག་རྫོགས། །བསོད་ནམས་ཡེ་ཤེས་ ཡང་དག་ལྡན། །ཞེས་གསུངས་པ་ལྟར་ཐིག་ལེ་མི་ཉམས་པར་བསྲུང་བ་ཁོ་ནས་ཀྱང་ཚེ་ལུས་ གཅིག་ལ་སངས་རྒྱས་ཐོབ་ནུས་ཏེ་ཚུལ་ཁྲིམས་དང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ མཐའ་དག་རྫོགས་པར་གསུངས་པ་ཡིན་པས་ཐིག་ལེ་འདི་ཉིན་དུས་སུ་ཆགས་སེམས་ཀྱིས་ ཉམས་པ་ལྟ་ཅི་སྨོས། རྨི་ལམ་དུའང་དེ་ལྟར་དུ་ཉམས་ན་ཉིན་དུས་ཀྱི་ཉེས་པའི་ཕྱེད་ཙམ་ཡོད་ པས་དེ་ལུགས་སེམས་ལ་ཟུང༌། འདི་ཉིད་སྲོག་ལས་ཕངས་པར་གྱིས་ཤིག ཁྱེད་ཅག་ཚོས་ ནང་གི་སྤྱོད་ཚུལ་ཡང་ཆོས་ཉན་པའི་ཚེ་སྐྱོན་གསུམ་དྲི་མ་དྲུག་མི་འཛིན་པ་ལྔ་སྤངས་ཅི་ཐུབ་ 6-1-459 དང༌། ཐོག་མར་སེམས་བཅོས་ཐབས། དལ་འབྱོར་རྙེད་དཀའ།འཆི་བ་མི་རྟག་པ། ལས་རྒྱུ་ འབྲས། འཁོར་བའི་ཉེས་དམིགས་སོགས་ལ་བློ་སྦྱངས་ནས་སེམས་ནང་དུ་འཁོར་ཐབས་ལ་ འབད་དགོས། སྤྱིར་གསོན་ན་ཤི་ན་སྐྱིད་སྡུག་ལེགས་ཉེས་ཅི་བྱུང་ཡང་བླ་མ་དཀོན་མཆོག་ མ་གཏོགས་རེ་ས་སྐྱབས་གནས་གཞན་གང་ཡང་མེད་ངེས་ལ་སེམས་ཐག་བཅད་ནས་བློ་རྩེ་ གཅིག་དྲིལ་བླ་མ་དཀོན་མཆོག་ལ་ལེགས་པར་གཏད་པ་གལ་ཆེ། ཆོས་རྣམ་དག་ཤི་དུས་ འགྱོད་མེད་ཅིག་ཨེ་ཡོང་བལྟ་དགོས། དེ་ཡང་སེམས་ཅན་ལ་བདེ་བ་ལྡན་འདོད་ཀྱི་བྱམས་ པ་དང་སྡུག་བསྔལ་བྲལ་འདོད་ཀྱི་སྙིང་རྗེ་འདི་གཉིས་ཀྱི་སྒོ་ནས་གཞན་དོན་དུ་བདག་སངས་ རྒྱས་ཐོབ་འདོད་ཅིག་ཅི་ནས་ཀྱང་མེད་ཐབས་མེད་པ་ཡིན། ཆོས་རྒྱུད་ལ་སྐྱེ་བའི་གེགས་ཉེས་ ལྟུང་གི་ཚོགས་དག་པའི་ཆེད་སྟོབས་བཞི་ཚང་བས་མ་མཐའ་ཡང་ཉིན་རེར་ཡིག་བརྒྱ་ཉེར་ གཅིག་ལས་མི་ཉུང་བར་བཟླ་དགོས། བླ་མ་སངས་རྒྱས་དངོས་མཐོང་གིས་གནས་བཞིའི་ འོད་ཟེར་གྱིས་དབང་བཞི་བླང་བའི་དམིགས་པ་རེ་ཡང་ཅི་ཐུབ་ལ་འབད་ནས་ཆོས་གང་སྒྲུབ་ ལ་སྦྱོར་དངོས་རྗེས་གསུམ་རེ་ངེས་པར་ཚང་དགོས་ཤིང༌། སྦྱོར་བ་སེམས་བསྐྱེད་དང་དངོས་ གཞི་དམིགས་མེད་དང་རྗེས་བསྔོ ་བ་གསུམ་ལས། གཙོ་བོར་དངོས་གཞི་ལ་ནན་ཏན་བྱ་ དགོས་དངོས་གཞི་ཡང་ཐུན་དང་འགྲོ་འདུག་སྤྱོད་ལམ་ཐམས་ཅད་དུ་སེམས་རང་རིག་གི་ངོ་ བོ་སྐྱོང་བཞིན་མ་ཡེངས་དྲན་ཤེས་བག་ཡོད་ཀྱིས་གཟོབ་པ་ལྷུར་ལེན་པ་ཞིག་གལ་ཆེ། ཉམས་ ལེན་སྐྱོང་དུས་ན་སྤྱིར་རྣལ་འབྱོར་ཉམས་ལ་མི་འཆར་མེད། །དབྱར་ཁའི་སྤང་ལ་མི་སྐྱེ་མེད། །ཅེས་པ་ལྟར་ཉམས་མྱོང་གི་འཆར་སྒོ་བཟང་ངན་ལ་རེ་དོགས་མི་བྱེད་པར། རྗེ་ཇོ་ནང་པ་ཆེན་ པོའི་ཞལ་ལུང་ལས། རྒྱལ་བའི་སྐུ་དང་འགྲོ་བ་བཟང་ངན་སོགས། །བཟང་ངན་དུ་མར་སྣང་ ཡང་བཟང་ངན་མེད། །ཐམས་ཅད་ཆོས་སྐུའི་རྣམ་པར་རོལ་པ་ཡིན། །དེ་ཕྱིར་གང་ཤར་དེ་ལ་ བལྟ་བ་ཙམ། །རེ་དོགས་སྤང་བླང་དགག་བསྒྲུབ་མི་བྱེད་པར། །སྤྲོས་བྲལ་མཉམ་ཉིད་ངང་ 6-1-460 དུ་ལྷན་གྱིས་བཞག །ཅེས་གསུངས་པ་ལྟར་འཆར་སྒོ་བཟང་ངན་མཐའ་དག་གཞི་དབྱིངས་ ཆོས་ཉིད་ཀྱི་རྩལ་ཡིན་པ་ལ་ཁྱད་པར་མེད་པས་གང་ཤར་ལ་བལྟ་བ་ཙམ་ལས་དགག་སྒྲུབ་ སོགས་གང་ཡང་མི་བྱེད་པར་སྤྲོས་མེད་ཀྱི་གནས་ལུགས་རང་གསལ་གྱི་ངང་གཟུགས་སེམས་ དབྱེར་མེད་ཀྱི་གཤིས་དེ་ཀ་ཉིད་བྱིང་རྒོད་སོགས་དང་བྲལ་བར་རང་བབས་མ་བཅོས་སོ་མ་ ཉིད་དུ་བསྐྱང་བ་འདི་ཉིད་རང་ལུགས་ཀྱི་སྒོམ་གྱི་གཞི་རྩ་ཡིན། སྤྱིར་གོ་བ་ཙམ་གྱིས་མི་འོང་ གོམས་འདྲིས་ཡོད་དགོས། ཇི་སྐད་དུ། ལྟ་བ་ནམ་མཁའ་འདྲ་སྟེ་འགྱུར་བ་མེད། །གོ་བ་ལྷན་ པོ་འདྲ་སྟེ་གོག་ནས་འགྲོ། །ཞེས་གསུངས་པ་ལྟར་གོམས་འདྲིས་སོང་བའི་གནས་ལུགས་རང་ གསལ་གཟུགས་སེམས་སོགས་དབྱེར་མེད་ཀྱི་གཤིས་མངོན་པའི་ལྟ་བ་ནི་ངེས་པར་གལ་ཆེ་ བ་མ་གཏོགས་ཉམས་སོགས་ཀྱི་གོ་བ་ནི་འགྱུར་བག་ཆེ་བས་དགོས་དོན་ཆུང༌། ཡིད་ཆེས་ གསུམ་ལྡན་གྱི་སྒོ་ནས་གཟུགས་སོགས་དབྱེར་མེད་ཀྱི་རྣལ་འབྱོར་གྱི་ངང་བསྐྱངས་ཏེ་གཤིན་ པོ་ལ་འཕོ་བ་བྱེད་སྐབས་ཡང་རང་གསལ་རྣལ་འབྱོར་དམ་པའི་ཡིན་ལུགས་དེ་བླ་མའི་ངེས་ པ་དོན་གྱི་ཐུགས་ཡིན་པས་དེའི་དབྱིངས་སུ་གཤིན་པོའི་རྣམ་ཤེས་དང་མི་གཉིས་པར་རང་ རིག་འཛིན་མེད་ཁོ་ན་བྱས་པས་གནད་ཀུན་ཚང་བ་ཡིན། གཞན་ལྷ་སྔགས་སོགས་ཀྱི་སྐབས་ སུའང་གཟུགས་སེམས་དབྱེར་མེད་ཀྱི་ངང་ཁོ་ནས་བྱེད་ནུས་ན་བསྐྱེད་རྫོགས་ཟུང་འཇུག་ཏུ་ འགྲོ་ཞིང༌། སྟོང་གཟུགས་རྒྱུན་ལྡན་དུ་ཡོད་པ་དེའི་དབྱིངས་སུ་མཉམ་པར་འཇོག་ཐུབ་པ་ ནི་དོན་དམ་པའི་དགེ་བ་འདུས་མ་བྱས་ལྟ་བའི་རྒྱལ་པོ་མཆོག་གཅིག་ཡིན། ཉམས་ལེན་གྱི་ དུས་ན། ལས་དང་པོ་པས་སེམས་འཇུར་བུས་མ་བཅིང་བར་ལྷོ ད་གྲོལ་གྱི་རྒྱ་ཡངས་བསྐྱེད་ དེ་མཚན་འཛིན་བློས་བྱས་འགྱུ་རྟོག་ཕྲ་རགས་ཀུན་ནས་རང་དྭངས་སུ་བྱེད་པ་ནི། རྒྱུད་ཚིག དངོས་པོ་མེད་ལ་སྒོམ་པ་མེད། །སོགས་ཀྱི་དགོངས་དོན་གྱི་གནད་དང་འབྱོར་བ་ཡིན། སྤྱིར་ ནི་ཀུན་རྫོབ་རྣམ་ཤེས་ཀྱི་སྣང་ཆ་མཐའ་དག་དོན་ལ་དངོས་པོ་གང་ཡང་མེད་པ་ནམ་མཁའ་ 6-1-461 ལྟ་བུ་ཡིན་པས། རྒྱུད་ལས་ཀྱང༌། གཟུགས་སྒྲ་ལ་སོགས་དྲུག་པོ་ནི། །དངོས་མེད་ནམ་མཁའ་ ལྟ་བུ་ལ། ཞེས་སོགས་གསུངས་ཤིང༌། དེ་ཡང་སྟོང་གཟུགས་འདི་ནི་རྣམ་ཀུན་མཆོག་ལྡན་གྱི་ རང་གཟུགས་དང་བདེ་བ་ཆེན་པོ་ནམ་ཡང་མི་འགྱུར་བ་གཉིས་ཟུང་འཇུག་གདོད་ནས་དབྱེར་ མེད་ཡིན་ཞིང་དེ་ཡང་བེམ་ཆོས་ལས་འདས་པའི་རང་བཞིན་དྭངས་པ་པྲ་ཕབ་པའི་གཟུགས་ ལྟར་སྣང་ལ་གདོས་བཅས་མེད་པའི་གཤིས་ལུགས་ཡིན་པས། དྲི་མེད་འོད་ལས་ཀྱང༌། སྟོང་ ཉིད་སྙི ང་རྗེའི་བདག་ཉིད་ཅན། །ཞེས་པ་ལ་སོགས་པ་གསུངས་པ་དང༌། གནས་ལུགས་བདེ་ སྟོང་ཟུང་འཇུག་དེ་ཉིད་ཀྱང་རང་བཞིན་དག་མཉམ་གྱི་སྟོང་གཟུགས་རིག་པ་ཡེ་ཤེས་ཀྱི་རང་ མདངས་མི་འགྱུར་བདེ་ཆེན་གྱི་ངོ་བོ་རང་གསལ་དམ་པའི་གཤིས་ཇི་བཞིན་པ་ཡིན་པས་ན། དེ་ལ་སྟོང་གཟུགས་རིག་པའི་བདེ་བ་ལ། བདེ་བ་ཆེན་པོ་རང་གིས་རིག་ཅེས་ཟེར་བ་ཡིན། དེ་དག་གི་རང་བཞིན་ངོ་བོ་ནི་དོན་དམ་ཆོས་ཉིད་ཀྱི་དུས་ཀྱི་འཁོར་ལོ་གནས་ལུགས་ཡེ་ཤེས་ ཀྱི་རྣམ་པ་ཀུན་གྱི་མཆོག་དང་ལྡན་ཡང་ཀུན་རྫོབ་རྣམ་ཤེས་ཀྱི་སྣང་ཆ་དང་བྲལ་བའི་གཞི་ དབྱིངས་བདེ་གཤེགས་སྙི ང་པོ་ཡིན་པས། རྒྱུད་ལས། ཁྱོད་ནི་སྲིད་པ་གསུམ་ལས་འདས་ཀྱང་ སྲིད་པ་གསུམ་གྱི་རྣམ་པ་ཅན་དུའང་གསུངས་ལ། དེ་ཡང་ཡེ་གདོད་མ་ནས་རང་བྱུང་ཐེར་ཟུག་ ཏུ་བཞུགས་ཚུལ་ལ་དེ་ཉིད་ལས། ཐེར་ཟུག་ཏུ་གནས་སྙན་དང་ཤངས་དང་ཞལ་དང་སྤྱན་ དང་དབུ་དང་ཕྱག་དང་ཞབས་ནི་ཐམས་ཅད་པ། །ཞེས་སོགས་གསུངས་པ་ལྟར་དེ་སེམས་ ཅན་ཀུན་ལ་ཡེ་ནས་བཞུགས་པའི་ཆོས་ཉིད་བདེ་གཤེགས་སྙིང་པོ་དུས་གསུམ་གྱི་སངས་ རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ངོ་བོ་རང་རིག་དོན་དམ་མཆོག་གི་བླ་མའི་ཐུགས་ཡེ་ ཤེས་ཆོས་སྐུ་ཉག་གཅིག་ཏུ་ངེས་པ་ཡིན་པས་ཡིད་ཆེས་པར་གྱིས་ཤིག སྤྱིར་ནའང་བཤད་པ་ གཙོ་བོར་བྱས་པ་བས་སྒོམ་པ་གཙོ་བོར་བྱེད་པ་འདི་གལ་ཆེ་ཞིང་ཕན་ཡོན་ཀྱང་བརྒྱ་སྟོང་གི་ ཆར་ཉེ་བར་མི་འགྲོ་བའི་ཁྱད་ཐང་ཡོད། མདོ་ལས་ཡང༌། སྐད་ཅིག་ཡུད་ཙམ་སྒོམ་བྱེད་པས། 6-1-462 །སྟོང་ཁམས་གང་བའི་སེམས་ཅན་ལ། །སྲོག་གི་སྦྱིན་པ་བྱིན་པ་བས། །བསམ་གཏན་སྒོམ་ པ་ཡོན་ཏན་ཆེ། །ཞེས་སོགས་མང་དུ་གསུངས་པ་ལྟར་རང་རེའི་གོང་མ་དག་གི་ཞལ་ནས་ ཀྱང༌། དཔྲལ་བ་ནས་ཆུ་ཐིགས་སྣ་རྩེར་ལྷུང་ཚད་དུ་སྒོམ་ན་འཛམ་གླིང་གསེར་གྱི་མཆོད་རྟེན་ གྱིས་བཀང་བ་བས་ཕན་ཡོན་ཆེ་ཚུལ་སོགས་ཀྱི་གསུང་རྒྱུན་ཡོད་པ་ལྟར་ཡིན། དེ་ལྟར་སྒོམ་ ལ་འབད་ན་རབ་ཚེ་འདི་དང་འབྲིང་འཆི་ཁ་ཐ་མ་ཡང་སྐྱེ་བ་བདུན་སོགས་སུ་ཟུང་འཇུག་རྡོ་རྗེ་ འཆང་གི་གོ་འཕང་མངོན་དུ་བྱེད་ནུས་པ་ལ་ཐེ་ཚོམ་མི་དགོས། ནམ་ཞིག་རང་རང་འཆི་ཀར་ ཡང་རང་གི་རྒྱུ་རྫས་གང་ཡོད་རྣམ་དཀར་དུ་བཏབ། འདི་སྣང་གི་ཞེན་པ་མཐའ་དག་བཅད་ དེ་མི་གཡོ་གསུམ་ལྡན་གྱི་ངང་ནས་གནས་ལུགས་བླ་མའི་ཐུགས་དང་རང་སེམས་དབྱེར་མེད་ ཅི་ཐུབ་བྱེད་པ་ལས་བྱ་ཐབས་གཞན་མེད། ཉམས་ལེན་དེ་འདྲ་རེ་ལོ་ཐུན་ཟླ་ཐུན་སོགས་ཀྱིས་ ཅི་ཐུབ་ལ་འབད་དེ་དགོན་འདིར་འདུག་གནས་རེ་བྱེད་པ་ནི་བླ་རྒན་རང་ཤི་གསོན་ཇི་ལྟར་ གྱུར་ཀྱང་རེ་བ་ངེས་པར་བཅའ་འདུག་པས་དེ་ལུགས་ཁོ་བོ་བསམ་ཚོད་ཀྱི་མཆོག་དམན་ཀུན་ གྱི་སེམས་ལ་ནན་འཇགས་རེམ་རེམ། ཞེས་བླ་མ་མཆོག་གི་ཞལ་གདམས་སྔ་ཕྱིར་ཡང་ཡང་ གསུངས་པ་རྣམས་གང་གི་སློབ་བུ་གང་དག་ལ་ཕན་པའི་ཆེད་འདིར་ཕྱོགས་གཅིག་ཏུ་ལེགས་ བསྒྲིགས་བྱས་པའོ། ། སྨྲས་པ། སྙི གས་དུས་མི་ཤེས་རྨོངས་པའི་སྨག་ཁྲོད་དུ། ། ངེས་གསང་ཟབ་མོའི་སྣང་བ་ཆེར་སྤེལ་ནས། ། འཇིག་རྟེན་སྣང་རྒྱས་གསལ་བར་མི་ནུས་པ། ། ལེགས་གསལ་ཆོས་སྣང་སྦྱིན་འདི་ཁྱོད་ཉིད་དྲན། ། འདི་ཕྱིའི་དགོས་འདོད་ལེགས་འཇོ་ཡིད་བཞིན་དབང༌། ། 6-1-463 རྨོངས་པའི་མུན་སེལ་ཉིན་བྱེད་འོད་སྟོང་བདག ། ལེགས་ཉེས་ཇི་བཞིན་སྟོན་མཛད་ཕ་མ་མཆོག ། མགོན་ཁྱོད་མཛད་བཟང་སྐུ་དྲིན་སུ་ཡིས་འཁོར། ། གང་གསུང་རྡོ་རྗེའི་ངག་གིས་བླང་དོར་འབྱེད། ། མཐུ་ནུས་དཔལ་གྱིས་སློབ་རྒྱུད་ཆོས་ལ་བསྒྱུར། ། འགྲོ་ཕན་སྤྱོད་བཟང་ཀུན་ནས་ཡ་མཚན་པ། ། ཕྲིན་ལས་བྱེད་པོ་ཁྱོད་ལ་སྙི ང་ནས་དད། ། ཅེས་གང་གིས་སློབ་འབངས་མཐའ་དག་ལ་ཞལ་གྱི་གདམས་པ་གནང་བའི་སྐབས་སྟེ་ དྲུག་པའོ།། །། ༈ དེ་ནས་དཔལ་ལྡན་བླ་མ་མཆོག་གང་ཉིད་ཀྱི་གདུལ་བྱའི་མཛད་པ་ལྗོངས་འདིར་ ཐུན་མོང་གི་སྣང་ཡུལ་དུ་གྱུར་པ་གང་དག་རེ་ཞིག་རྫོགས་པ་ལ་ཉེ་བའི་སྐབས་ནི་གོང་དུ་ བཤད་པ་ལྟར་དགུང་གྲངས་དོན་གཉིས་སུ་སོན་སྐབས་རབ་བྱུང་བཅུ་དྲུག་པའི་ནང་ཚན་ རྣམ་འཕྱང་ཞེས་པ་ས་ཕོ་ཁྱིའི་གནམ་ལོ་ཤར་བ་ན་ཡིན་ཞིང༌། དེ་ནས་བཟུང་ལོ་འདིའི་དབྱར་ ཟླ་བ་དྲུག་པའི་ཚེས་བཅུ་སྐོར་ཞིག་ན་དཔལ་ལྡན་བླ་མ་མཆོག་ཉིད་རང་དགོན་གྱི་གཟིམ་ ཆུང་ན་བཞུགས་སྐབས་ཁོང་གི་ཞལ་ནས་ཉིན་ཞིག་སློབ་བུ་ཞིག་ལ། ད་ལན་ཁུ་བྱུག་གི་ སྐད་འགགས་སམ་མ་འགགས་གསུང་སློབ་བུས་འགགས་ལགས་ཞུས་པས་ཞལ་ནས། ད་ རེབ་མ་གཏོགས་ཁོ་བོས་ཁུ་བྱུག་གི་སྐད་མི་ཚོར་བར་འདུག་གསུངས་པས་དེ་དུས་ནས་ཀྱང་ ཐུགས་དགོངས་ཞིང་གཞན་དུ་གཏད་པའི་འཕེན་པ་བཏང་བར་ངེས་སྟེ་དེ་ནས་ལོ་དེའི་ཟླ་བ་ བརྒྱད་པ་ཁྲུམ་སྟོད་ཀྱི་ཚེས་ཉེར་བརྒྱད་ཉིན་རང་དགོན་གྱི་བཞུགས་ཡུལ་ནས་འཛི་ཡུལ་སྨད་ ཕྱོགས་རྒུ་ནང་དུ་ཆགས་ཕེབས་པར་ཆས་ཚེ་ཁོང་གིས་ཁྱིམ་གྱི་སྐུ་ཚ་རྣམས་ལ་གནང་སྦྱིན་ 6-1-464 ཀྱང་མཛད། དེ་ནས་རྒུ་ནང་དུ་ལེགས་ཕེབས་མཛད་ནས་དེར་ཁོང་དང་ཕྱག་ཕྱི་བ་སློབ་བུ་ འགའ་དང་བཅས་བཞུགས་གནས་མཛད་ནས་བཞུགས་པའི་སྐབས་རེ་ཞིག་གི་ཚེ་ཉིད་ཀྱིས་ ཕྱག་ཕྲེང་པང་དུ་འཕངས་པས་དཔལ་བེའུའི་རྣམ་པར་དོད་པ་བྱུང་བས་སྐུ་འཁོར་བ་དག་གིས་ དེའི་རྒྱུ་ཞུས་པས། ཁོང་གིས་བསྙེ ན་སྔགས་ཀྱི་ཚད་ཅུང་མང་རེ་སོང་བའི་རྟགས་མཚན་དུ་ འདུག་གསུངས། ཡང་བར་སྐབས་སུ་རླུང་ཆེན་བྱུང་དུས་སྡིགས་མཛུབ་མཛད་པས་རང་ཞིར་ འགྲོ་བ་ཡང་ཡང་བྱུང༌། འདི་སྐོ ར་དུ་ཐུན་བཞིར་བཅད་ནས་སྐུ་མཚམས་དམ་པོ་མཛད་བཞིན་ བཞུགས་དུས་ནང་ནུབ་ཀྱི་ཐུན་ལ་འཕོ་བ་ངག་འདོན་གྱི་སྒོ་ནས་ཕཊ་སྒྲ་བཅས་ཀྱིས་ཁོང་ཉིད་ ཀྱི་ཐུགས་བླ་མ་ཆོས་སྐུའི་དགོངས་ཀློང་དུ་གཏོད་ཅིང་འབྲེལ་ཐོགས་རྣམས་ཀྱང་བདེ་གནས་ སུ་སྤར་པའི་ཐབས་ཀྱང་མཛད་འདུག འདི་དུས་སུ་སློབ་བུ་ཞིག་བསམ་གཏན་གྲིབ་གཟུགས་ ལ་འདུག་པའི་ཉམས་ཞུས་པས། ཞལ་ནས། ཁོང་ཉིད་གནའ་གྲིབ་གཟུགས་ལ་འདུག་ དུས་སུ་ལུས་གྲིབ་ཀྱི་སྙིང་ཀར་ཤེས་པ་གཏད་པས་ལུས་སྣང་ཡལ་ནམ་མཁར་སྐྱེས་བུ་དུ་བའི་ མདོག་ཅན་ཤར་བའི་སྙིང་ཁར་སེམས་བཞག་པས་ལྐོག་གྱུར་གྱི་དོན་མང་པོ་སྔོན་གནས་དང་ བཅས་གོ་ལ་ཁད་བྱུང་བ་ཡོད་པས་ཁྱོད་ནས་ཀྱང་དེ་ལུགས་ལྟར་རེམ་མཛོད། ཅེས་སོགས་ གསུངས་འདི་སྐབས་ཁོང་ལ་གློ་རླུང་ཆེ་བས་ལུད་པ་ཆེས་མང་མོད་ཀྱང་ཐུན་མཉམ་བཞག་ གི་དུས་ན་ཐམས་ཅད་རང་འགགས་ལ་འགྲོ། འདི་དང་སྔ་གོང་ཞིག་ནས་ཀྱང་མཉམ་བཞག་ གི་དུས་སུ་ནི་མདུན་དུ་འགྲོ་འོང་ཇི་ལྟར་བྱས་ཀྱང་ཏིང་ངེ་འཛིན་གྱི་གནས་ཆ་ཆེས་བརྟན་པར་ སོང་བས་ཐ་མལ་གྱི་སྣང་བ་གང་ཡང་མི་གཟིགས་པའི་ངང་ནས་བཞུགས་འདུག་དེ་ལྟར་དུ་ ཐུགས་བདེ་འབའ་ཞིག་གི་ངང་དུ་ཞག་པོ་བརྒྱད་ཅུ་རྩ་བཞི་ཙམ་བཞུགས་དུས་སུ་ཉིད་ཀྱི་ གཟུགས་སྐུ་ཡུན་རིང་མི་བཞུགས་པའི་སྔ་ལྟས་སུ་ཐུགས་སློབ་ལ་ལའི་ཉམས་སྣང་དུ་དུས་ཀྱི་ འཁོར་ལོའི་རྡུལ་ཚོན་དཀྱིལ་འཁོར་གཤེགས་ལ་ཁད་པའི་སྣང་བ་དང༌། ལ་ལའི་སྣང་བར་ 6-1-465 སྟོང་གཟུགས་ཀྱི་དབུས་སུ་བླ་མའི་སྐུ་གཅེར་བུའི་རྣམ་པ་སྐུ་མདོག་དཀར་པོ་ཞབས་ཟུང་སྐྱིལ་ ཀྲུང་ཕྱག་གཉིས་མཉམ་བཞག་སྤྱན་གྱིས་ཧྲིག་གེར་གཟིགས་བཞིན་བཞུགས་པ་དང༌། བར་ སྐབས་སྟོང་གཟུགས་དང་དབྱེར་མེད་ཀྱི་སྣང་བ་སོགས་དང༌། ལ་ལ་བླ་མའི་ཐུགས་དང་རང་ སེམས་དབྱེར་མེད་ཀྱི་ཉམས་ཆེས་གསལ་བོ་བྱུང་བ་དང༌། འགའ་ཞིག་ལ་ཁང་བཟང་ལེགས་ པར་ཁྲི་གསུམ་ཡོད་པ་ལས་གཉིས་ལ་བླ་མ་རེ་བཞུགས་ཤིང་ཁྲི་གཅིག་གི་སྟེང་ལ་བླ་མ་ཞིག་ ཕེབས་ལ་ཁད་དུ་ཡོད་པར་རྨི་བ་སོགས་སྣ་ཚོགས་པའི་རྟགས་མཚན་ཅི་རིགས་པ་རྣམས་ ཀྱང་བྱུང་ཞིང༌། འདི་དག་གི་སྐབས་སུ། ཉིད་ཀྱི་ཞལ་ནས་སྐུ་འཁོར་བ་དག་ལ། དེ་བཞིན་ གཤེགས་པ་མཆོག་གི་བཀའ་ལས་ཀྱང༌། ངས་ནི་ཁྱོད་ལ་ཐར་པའི་ཐབས་བསྟན་གྱི། །ཐར་ པ་རང་ལ་རག་ལས་ཤེས་པར་གྱིས། །ཞེས་གསུངས་པ་ལྟར་བླ་རྒན་རང་གིས་ཁྱེད་ཅག་ཚོ་ ལ་ལམ་ཉམས་སུ་ལེན་ཚུལ་བསྟན་ཟིན་གྱི་ད་ཁྱེད་རང་ཚོ་བྱེད་ལུགས་ལ་རག་ལས་པ་ཡིན་ ཚུལ་དང༌། འདུ་འཛིའི་ཉེས་དམིགས་དང་དབེན་པའི་ཕན་ཡོན་སོགས་ཆོས་དང་མཐུན་པའི་ བསླབ་བྱའི་ཚུལ་གྱི་ཞལ་ཏ་སྣ་ཚོགས་པ་མཛད་འདུག་ཅིང༌། ཁྱད་པར་ང་རང་གི་རྒྱུ་རྫས་གང་ ཡོད་ཐམས་ཅད་ནི་རང་བློས་སྔར་ནས་བླ་མ་དཀོན་མཆོག་ལ་ཕུལ་ཟིན་ཁྱེད་ཅག་ཚོས་ནམ་ ཞིག་འཆི་བ་ཐོག་ཏུ་བབ་ཉིན་དངོས་རྫས་མཐའ་དག་ཡར་མཆོད་མར་སྦྱིན་གྱིས་རྣམ་དཀར་ ལ་བཏབ་ནས་འདི་སྣང་ལ་ཞེན་པ་ཆོད་པ་ཞིག་ཅི་ནས་ཀྱང་གལ་ཆེ། ཚུལ་དེ་དམ་པ་གོང་མའི་ ཕྱག་སྲོལ་ཀྱང་ཡིན་པས་སེམས་ལ་ཟུང༌། སློབ་བུ་སྤྱི་ལ་ཕྱག་མདུད་རེ་དང་མདོ་གདུགས་ ཟངས་གྲི་ཅན་གྱི་གསོལ་ཁ་སོགས་ཀྱི་ཁ་འདོན་དགོས་ཚུལ་དང་ཡུལ་སྡེ་སྤྱིས་སྐྱབས་འགྲོ་ སིངྷིྔ་འབུམ་ཕྲག་གི་བསྲུང་རིམ་ལོ་རྙིང་དུ་ལེགས་སྒྲུབ་བྱེད་དགོས་ཚུལ་དང་དུས་ཀྱི་འགྱུར་ ལྡོ ག་བཅས་ཀྱི་ཞལ་ཆེམས་ཡང་མང་དུ་གནང༌། དེ་ནས་ཞག་འགའ་ན་སྐུ་འཆམ་བཞེས་ཚུལ་ གྱི་ཅུང་ཟད་བསྙུང་ཚུལ་བསྟན། འདི་སྐོ ར་བཞུགས་གནས་ཤིང་གི་སྤྱིལ་པོ་བྱས་ཡོད་པ་ལ་ 6-1-466 ཆོས་སྐྱོང་ཁྱབ་འཇུག་གི་གཟུགས་གསལ་བོས་བསྐོ ར་བ་བྱེད་པ་སྐུ་འཁོར་པ་དག་གིས་མཐོང་ བ་ཁོང་ལ་ཞུས་པས་ཞལ་ནས། དེ་ནི་རྟགས་མཚན་ཞིག་རེད་གསུངས། གནས་དེར་ཨ་བྲ་ ཞིག་ལ་ཉིན་རེ་བཞིན་ཟན་རིལ་རེ་སྦྱིན་སྲོལ་ཡོད་པ་ལ་ལོ་དེའི་ཧོར་ཟླ་བཅུ་གཅིག་པའི་ ཚེས་ཉེར་གཉིས་ཀྱི་ཉིན་ཨ་བྲ་ལ་ཞག་འགའ་ཞིག་གི་རིང་དུ་སྦྱིན་རྒྱུའི་ཟན་རིལ་ཀྱང་མང་ པོ་བསགས་ནས་ཁོང་གི་ཞལ་ནས་ཕྱག་ཕྱི་བ་ནོར་བུ་ལ། དེ་རིང་གི་གཟའ་སྐར་ཇི་ལྟར་ཡིན་ ལྟོ ས་གསུངས་པ་ན། ཕྱག་ཕྱི་བས་བལྟ་ཚུལ་མི་ཤེས་པར་ཞུས་ཚེ། ཁོང་ཉིད་ཀྱིས་གཟིགས་ ཏེ། ཞལ་ནས། དེ་རིང་གཟའ་ཕུར་བུ་དང༌། སྐར་མ་དབོ་གཉིས་ཡིན་འདུག དོ་ནུབ་མཚན་ ཐུབ་ཅིག་བྱོས་ཤིག་གསུང་ནས། དེའི་ཉིན་གྱི་ཞལ་འདོན་རྒྱུན་ཁྱེར་རྣམས་ཀྱང་ལེགས་པར་ སྔར་བཞིན་མཛད། དེའི་ནུབ་མོར་ཡང་ཐུགས་ཤིན་ཏུ་དྭངས་པའི་ཚུལ་གྱིས་དགྱེས་བཞིན་ བཞུགས་ཏེ་ཞལ་ཟས་ཀྱི་བྱ་བའང་སྔར་ལྟར་མཛད་ནས། ཞལ་གསུང་ལས། ད་ནི་ཁོ་བོ་ལ་ ནད་མི་བདེ་བ་ཅུང་ཟད་ཙམ་ཡང་མེད། དོ་དགུང་ཉལ་བའི་དུས་ལ་བབ་བོ་ཞེས་གསུངས་ ནས། ཕྱག་གསུམ་མཛད་དེ་སྔར་གཟིམས་དུས་སྐུ་ཆིངས་དབུ་སྔས་སུ་འཇོག་པ་ཡིན་ཀྱང་ དེའི་ནུབ་སྐུ་ཆིངས་རྟེན་མར་བཞག་ནས་ཁོང་ཉིད་ཀྱིས་སྐུའི་གློ་གཡས་པ་ས་ལ་ཕབ་ཏེ་སེང་ གེ་ཉལ་སྟབས་ཀྱིས་གཟིམ་པར་མཛད་དེ་ཞག་དེའི་ནུབ་མོའི་སྲོད་འཁོར་ཕག་གི་དུས་ཚོད་ དུ་སླེབས་པ་ན་གང་གིས་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་ཏེ་ཐུགས་དགོངས་ འོད་གསལ་མ་བུ་དབྱེར་མེད་ཀྱི་གཞི་དབྱིངས་ཆོས་སྐུའི་ངང་དུ་ལེགས་བཞུགས་མཛད་དོ། ། འདི་དུས་སུ་རང་དགོན་གྱིས་འདུས་སྡེ་ཡོངས་ཀྱིས་ཞབས་བརྟན་དུ་དུས་འཁོར་སྒྲུབ་ མཆོད་འཚོགས་པ་ཞག་གཅིག་ཙམ་ལས་མ་སོང་བླ་མ་མཆོག་དེ་ཞི་བར་གཟིམས་པའི་རྟགས་ ཐུགས་སློབ་འགའི་རྨི་ལམ་གྱི་སྣང་བར། དགེ་སློང་སྐུ་མདོག་སྔོ ་ནག་ཅན་གྱི་རྣམ་པས་གཞི་ དབྱིངས་དོན་དམ་མཆོག་གི་ཡེ་ཤེས་ཀྱི་གནས་ལུགས་རྗེན་པར་ངོ་སྤྲད་པའི་ཉམས་སྣང་བྱུང་ 6-1-467 ཞིང་གཟུགས་སྐུ་རིན་པོ་ཆེའི་ཕུང་པོ་དེ་ཉིད་ཀྱང་ཞལ་མདངས་ཤིན་ཏུ་དཀར་བ་སྣུམ་བག་གི་ རྣམ་པ་འཛུམ་དཀར་གཡོ་བ་གསུང་འབྱོན་ལ་ཁད་པ་སྐུ་ལ་གཉེར་མ་མེད་པ་དྭངས་གསལ་ ཤེལ་གྱི་ཟོ་བ་འོ་མས་བཀང་བ་ལྟ་བུའི་ཆེས་གསལ་འཚེར་འབར་བའི་གཞོན་ཉམས་ཀྱི་ ལང་ཚོ་རྒྱས་པ་སྐུ་བལྟ་བས་ཆོག་མི་ཤེས་པ་ཞིག་ཏུ་ཉིན་ཞག་བཅུ་གཅིག་ལ་ཐུགས་དམ་དུ་ ལེགས་བཞུགས་མཛད། དེའི་རིང་དུ་ནམ་མཁའ་གཡའ་དག་ཅིང་གནས་དེར་བྱ་དང་བྱེའུ་ སོགས་གང་ཡང་མ་གྲགས་པར་ངག་སྒྲ་རང་བསྡམས་ལ་སོང༌། ཧོར་ཟླ་དེའི་ཉི་ཤུ་བརྒྱད་ ཀྱི་ཉིན་ཐུགས་དམ་ལས་བཞེངས་རྟགས་ཤངས་བུག་ནས་བྱང་སེམས་ལུད་པ་སོགས་བྱུང་ སྐབས་གང་གི་ཐུགས་སློབ་བླ་མ་སྒྱུ་འཕྲུལ། བླ་མ་དེ་ཉིད་དཔལ། བླ་མ་རིན་ཆེན་བརྩོན་ འགྲུས་སོགས་ཀྱིས་ཐུགས་དམ་ལེགས་བཀྲོལ་མཛད་ནས་སྐུ་གདུང་ཡིད་བཞིན་ནོར་བུ་ལྟ་ བུ་དེ་ལོངས་སྤྱོད་རྫོགས་པའི་ཆས་ཀྱིས་བརྒྱན་ཏེ་སེར་ཕྲེང་གིས་མཆོད་རྫས་དུ་མ་དང་བཅས་ རང་དགོན་གྱི་འདུ་ཁང་དུ་སྤྱན་དྲངས། དེའི་ཉིན་ནམ་མཁའ་ཀུན་ཏུ་འཇའ་རིང་ཐུང་དུ་མ་ དང་འཇའ་ཟླུམ་ཆེ་ཆུང་དུ་མ་དང་འཇའ་སྤྲིན་ཆེས་མང་པོས་གང་བར་གྱུར་ཅིང༌། སློབ་བུ་ རེའི་དངོས་དང་རྨི་ཉམས་སུའང་ནམ་མཁའི་འཇའ་སྤྲིན་གྱི་དབུས་ནས་བླ་མ་ཉིད་བྱོན་པར་ སྣང་བ་སོགས་བྱུང༌། དེ་ནས་འཛམ་ཐང་ཆོས་གཙང་གི་བླ་སྤྲུལ་ཆེ་དགུ་གང་དག་བྱོན། རང་ དགོན་གྱི་འདུས་སྡེ་ཡོངས་དང་བཅས་པས་ཉིན་ཞག་ལྔའི་རིང་གདུང་མཆོད་དུས་འཁོར་ལྷ་ དགུའི་ཆོ་ག་ལ་བརྟེན་ནས་མཆོད་པ་དངོས་སུ་འབྱོར་བ་སྒོ་གང་ཐད་ནས་མི་དམན་པར་བྱས་ ཏེ་རྣམ་དཀར་གྱི་བསགས་སྒོ་རྒྱ་ཆེར་ལེགས་བསྐྲུན་བྱས། དེ་སྐབས་སུ་སློབ་འགའི་སྣང་ ངོར་སྐུ་གདུང་ལ་ལྷ་མོ་བཞིས་མཆོད་པར་སྣང་བ་དང༌། སྟོང་གཟུགས་ཡིག་འབྲུའི་རྣམ་པ་ མང་པོའི་སྣང་བ་སོགས་བྱུང༌། དེ་ནས་ཧོར་ཟླ་བཅུ་གཉིས་པའི་ཚེས་གསུམ་གྱི་ཉིན་འདུ་ཁང་ སྟེང་དུ་གདུང་ཁང་གི་ནང་ལ་སྐུ་གདུང་མཆོག་ཉིད་སེར་ཕྲེང་གིས་མཆོད་པའི་སྤྲིན་དཔུང་རྒྱ་ 6-1-468 ཆེ་བས་བསུ་བཀོད་བཅས་སྤྱན་དྲངས་ཏེ་བླ་མ་བཞིས་རྒྱུད་སྡེ་བཞིའི་སྒོ་ནས་བསྲེག་བླུགས་ གིས་ཞུགས་འབུལ་མཛད། འདི་ཉིད་སློབ་བུ་འགའི་ཉམས་སྣང་དུ་སྐུ་གདུང་དེ་ཉིད་ཐིག་ལེ་ སྔོ ན་པོར་སྣང་བ་དང༌། བཟོད་གསོལ་སྐབས་ཐིག་ལེའི་དབུས་སུ་རྡོ་རྗེ་འཆང་གི་སྐུའི་རྣམ་ པ་བྱེ་བ་རབ་འབྱམས་ཀྱི་བཀོད་སྣང་དགའ་བདེ་དཔག་མེད་བཅས་དང༌། ལ་ལར་ཡེ་ཤེས་ པ་གཤེགས་གསོལ་སྐབས་གདུང་ཁང་ནས་རྡོ་རྗེ་འཇིགས་མཛད་དཔག་མེད་ཇེ་མཐོར་སོང་ ནས་མཁའ་དབྱིངས་སུ་ཐིམ་པའི་སྣང་བ་སོགས་བྱུང་ཞི་བའི་སྐབས་སྐུ་གདུང་འགྱེལ་ཚུལ་དུ་ འདུག་པ་དྲང་པོར་ལེགས་བཞུགས་མཛད་དེ་ཞུགས་ཕྲེང་གིས་ལྷག་མེད་དུ་བཞུས་སོ། ། འདི་སྐབས་ཀྱང་ནམ་མཁའ་གཡའ་དག་ལ་ནུབ་ཕྱོགས་ནས་འཇའ་དཀར་པོ་དར་ལམ་ ལྟ་བུ་ཤར་ཕྱོགས་སུ་ཟུག ཞག་བདུན་གདུང་ཁང་སྒོ་དམ་རྒྱ་བྱས་ནས་སློབ་ཚོགས་ཀྱིས་ མཆོད་འབུལ་སོགས་བགྱིས་ནས་གདུང་ཁང་ཕྱེ་བ་ན་ཤ་སོགས་ཀྱི་རིང་བསྲེལ་ཁ་དོག་སྣ་ ཚོགས་ཅན་དང་དུང་དཀར་དབྱིབས་སོགས་བྱུང་ཞིང༌། གདུང་རུས་མདོག་ལྔ་ཡོད་པ་རུས་ པའི་རིང་བསྲེལ་སྲན་རིལ་འདྲ་བ་མང་པོ་དང༌། གདུང་རུས་ལྷ་སྐུའི་དབྱིབས་དོད་པའང་ འགའ་རེ་བྱུང་ཞིང༌། དེ་དག་ཀྱང་འཇིགས་བྱེད་རོ་ལངས་བརྒྱད་སྐོ ར་གྱི་ཆོ་གས་ལེགས་སྒྲུབ་ དང༌། སྤྱིར་གདུང་མཆོད་དབང་སྟོང་གཉིས་སོགས་དང་ཕྱག་རྫས་མཐའ་དག་རྣམ་དཀར་ དུ་ཐེབས་ངེས་བྱས་ལ། གདུང་མཆོད་སྐབས་ཞལ་སློབ་འགའ་ལ་རྨི་ལམ་དུ་ཞལ་གཟིགས་ ཡང་ཡང་བྱུང་ཞིང་དབང་བསྐུར་གདམས་པ་གནང་བ་སོགས་ཀྱི་སྣང་བ་དང༌། ལ་ལའི་སྣང་ བར་སྟོང་གཟུགས་གནས་འགྱུར་གྱི་དུས་འཁོར་བདེ་དགྱེས་འཇིགས་གསང་རྡོར་ཤུགས་ གུར་མགོན་སོགས་ཡི་དམ་ཆོས་སྐྱོང་གི་རྣམ་པ་གཞན་དང་གཞན་དུ་རེས་མོས་ཀྱི་རྣམ་པ་ཕྲ་ རགས་གསལ་བར་སྣང་བ་སོགས་དག་སྣང་ཆེས་མང་དུ་བྱུང༌། གདུང་རུས་རྣམས་ཀྱང་སྐུ་ བརྙན་དང་མཆོད་རྟེན་གྱི་རྣམ་པར་ལེགས་བཞེངས་བྱས་ནས་དངུལ་གདུང་གཉིས་དང་འདྲ་ 6-1-469 སྐུ་བྲིས་འབུར་ལུགས་མ་སོགས་ཀྱི་ནང་གཞུག་ཏུ་ཅི་ཙམ་རུང་བར་བཞུགས་སུ་གསོལ། ལོ་ དུས་ཀྱི་གདུང་མཆོད་ཀྱང་རྒྱུན་མ་ཆད་དུ་བྱས། ཉིད་སྐུ་ཞལ་བཞུགས་དུས་སུའང་སྐུ་ལས་ དྲི་བཟང་གི་ངད་འཐུལ་བར་མ་ཟད་ཤུལ་གྱི་མནབ་སྟོད་དང་བཞུགས་གནས་ཀྱི་གཟིམས་ ཆུང་ནང་དུའང་ལོ་མང་དུ་དྲི་བཟང་བར་བར་བྱུང་བ་ཡོད་ཅིང་ཁོང་ཉིད་འདས་ནས་ཕྱི་ལོའི་ དུས་མཆོད་ཀྱི་སྐབས་སུའང༌། ཐུགས་སྲས་འགའ་ལ་ཉམས་སྣང་དུ་དུས་ཀྱི་འཁོར་ལོ་ཡོངས་ རྫོགས་ཀྱི་སྐུའི་རྣམ་པ་དང༌། བླ་ཆས་དང་བཅས་པའི་ལ་ཐོད་ཅན་དང༌། ཁྲི་ཆེན་ལ་བཞུགས་ པ་དང༌། སེང་གེ་ལ་བཅིབས་པ་དང༌། བླ་མ་པཎ་ཞྭ་ཅན་ཕྱག་གིས་བུམ་པ་བསྣམས་པ་ དང༌། ངུར་སྨྲིག་ན་བཟའ་ཅན་དུ་མའི་དབུས་སུ་བཞུགས་པ་དབང་ལུང་སོགས་གསུངས་པ་ ལ་སོགས་པའི་མཐོང་སྣང་དུ་མར་རང་རང་དང་འཚམས་པར་བྱུང་ཞིང༌། གདུང་མཆོད་སྔ་ཕྱི་ ཐམས་ཅད་དུ་འཇའ་སྤྲིན་ངོ་མཚར་བའི་སྣང་བ་དུས་སུ་མ་ཆད་པར་ཡ་མཚན་ལེགས་པའི་ རྟགས་མཚན་སོགས་སྒོ་གང་ཐད་ནས་ཆེས་རྨད་དུ་བྱུང་པའི་ཟླ་བྲལ་ཞིག་ཏུ་གོར་མ་ཆག་གོ །སྨྲས་པ། ཆོས་དབྱིངས་དྲི་བྲལ་ཐུགས་མཆོག་ཀུན་གསལ་གཤིས། ། ལྷུན་གྲུབ་གཟུགས་སྐུ་དབང་གཞུའི་མཛེས་སྒེག་ངོམ། ། ཡ་མཚན་བཀོད་པའི་སྣང་བ་ཆེས་བཀྲ་ཡང༌། ། སྐད་ཅིག་འགྱུར་བག་ཚུལ་འདིས་སེམས་པ་སྐྱོ། ། འོད་སྣང་ཤར་དཀར་ཐིག་ལེའི་མཛེས་གཟུགས་ཅན། ། གསང་ཆེན་ཟབ་ཆོས་སྣང་བའི་གཟི་འོད་ཀྱིས། ། དུས་ཀྱི་རྨོངས་མུན་རེ་ཞིག་བཅོམ་ཡང་སླར། ། ད་དུང་མུན་སྐལ་གྱུར་འདི་ཀྱེ་མ་ཧུད། ། 6-1-470 མ་དག་བརྗོད་ངག་གཞོམ་མེད་གསུང་དུ་གྱུར། ། རྣམ་ཤེས་སྣང་ཆ་ཡེ་ཤེས་དཔལ་དུ་ཤར། ། ཀུན་བཟང་མཚན་ཕྲིན་ལེགས་མངའ་གདུལ་བྱའི་མགོན། ། གང་འདུལ་མཛད་མཆོག་བྱེད་པོ་ཁྱོད་གཅིག་པུ། ། ཞེས་དཔལ་ལྡན་བླ་མ་མཆོག་གི་གཟུགས་སྐུ་མྱ་ངན་ལས་འདའ་ཚུལ་མཛད་པའི་སྐབས་ སྟེ་བདུན་པའོ།། །། ༈ དེ་ལྟ་བུའི་བཀའ་དྲིན་གསུམ་ལྡན་རྡོ་རྗེ་སློབ་དཔོན་ཆེན་པོ་ཞལ་སློབ་གང་དག་ ལ་སངས་རྒྱས་ལས་ལྷག་པའི་སྐུ་དྲིན་འཁོར་མཐའ་དང་བྲལ་བ་གང་དེ་ནི་གདུལ་བྱ་རྡོ་རྗེའི་ སློབ་མ་རྣམས་ཀྱི་ཡིད་ཁ་མིན་གཏིང་ནས་གུས་པ་ཆེན་པོའི་སྒོ་ནས་མཆོད་དགོས་ཚུལ། རྒྱུད་ གསང་བ་འདུས་པ་ལས། དུས་གསུམ་སངས་རྒྱས་ཀུན་མཆོད་པས། །བླ་མའི་བ་སྤུ་གཅིག་ མཆོད་པ། །དེ་ཡི་བསོད་ནམས་ཁྱད་པར་འཕགས། །ཞེས་གསུངས་པ་ལྟར་དཔལ་ལྡན་བླ་མ་ བཀའ་དྲིན་གསུམ་ལྡན་དེ་ཉིད་རྡོ་རྗེའི་སློབ་བུ་དག་གིས་གུས་པས་མཆོད་ན་དུས་གསུམ་གྱི་ སངས་རྒྱས་ཀུན་བས་བླ་མའི་བ་སྤུ་གཅིག་མཆོད་པས་བསོད་ནམས་ཕུང་པོ་ཁྱད་དུ་འཕགས་ ཚུལ་དེ་ལུགས་ལྟར་དང༌། དེ་ཡང་ཚེ་འདིར་སངས་རྒྱས་ཐོབ་པའི་ཐབས་གཞན་གང་བྱས་ པས་བླ་མ་ཉིད་མཉེས་པར་བྱ་བ་འདི་གཅིག་ཆོག་ཡིན་ཚུལ། དུས་འཁོར་རྒྱུད་ཀྱི་རྒྱལ་པོ་ ལས། བསྐལ་པ་དུས་གསུམ་ཐམས་ཅད་དུ། །དཀོན་མཆོག་གསུམ་པོ་མཆོད་པ་དང༌། །སྲོག་ ཆགས་བྱེ་བ་ཚེ་བསྐྱབས་པས། །ཚེ་འདིར་སངས་རྒྱས་མི་ཐོབ་སྟེ། །ཡོན་ཏན་རྒྱ་མཚོའི་བླ་མ་ ལ། །དངས་བའི་ཡིད་ཀྱིས་མཉེས་བྱས་ན། །མཆོག་དང་ཐུན་མོང་དངོས་གྲུབ་ནི། །ཚེ་འདི་ ཉིད་དུ་ཐོབ་པར་འགྱུར། །ཞེས་གསུངས་པ་ལྟར་བསྐལ་པ་མང་པོར་མཆོག་གསུམ་མཆོད་ པ་དང་མི་འཇིགས་པ་སྲོག་གི་སྦྱིན་པ་བྱས་པས་ཚེ་འདིར་སངས་རྒྱས་མི་ཐོབ་པར་ལྷོ་བྲག་ 6-1-471 མར་པ་ལ་ཐུགས་སྲས་མཐུ་ཆེན་གྱི་བྱ་དཀས་མཉེས་པར་བྱེད་པ་ལྟར་གསང་སྔགས་སྟོན་ པའི་བླ་མ་ལ་སློབ་བུ་དག་གིས་བྱེད་ནུས་ན་སྙིགས་དུས་ཀྱི་ཚེ་ཐུང་གཅིག་ཏུ་ཟུང་འཇུག་གི་གོ་ འཕང་ལག་རྩེར་འགུགས་འོང་བ་བཞིན་ཏེ་ཚུལ་དེ་ལྟར་ན་བླ་མ་མཉེས་ཤིང་མཆོད་ཐབས་ ལ་སྐུ་གདུང་མཆོད་རྟེན་དང་སྐུ་འདྲ་བྲིས་འབུར་སོགས་བཞེངས་པ་ཐམས་ཅད་ལ་བསོད་ ནམས་ཀྱི་ཕུང་པོ། ཇི་སྐད་དུ། ད་ལྟ་ང་ལ་མཆོད་པ་དང༌། །མ་འོངས་སྐུ་གཟུགས་མཆོད་པ་ གཉིས། །བསོད་ནམས་མཉམ་ཞིང་རྣམ་སྨིན་མཉམ། །ཞེས་པ་ལྟར་གྱི་བླ་མ་ཁོང་ཉིད་དང་སྐུ་ འདྲ་སོགས་བསོད་ནམས་ཀྱི་ཞིང་དུ་ངེས་པར་མཚུངས་པའི་ཕན་ཡོན་འདྲ་བར་གསུངས་ལ། གཞན་ཡང་གསང་འདུས་ལས། མཚན་ཉིད་ལྡན་པའི་སློབ་དཔོན་ལ། །མོས་གུས་ལྡན་པའི་ སློབ་མ་ཡིས། །སྐད་གསང་མཐོན་པོས་གསོལ་བཏབ་ན། །དེ་ལ་ང་ཡིས་དངོས་གྲུབ་སྟེར། །ཞེས་གསུངས་པ་ལྟར་བླ་མ་ལ་མོས་གུས་ཀྱི་རྒྱང་འབོད་ལྟ་བུའི་གསོལ་འདེབས་བྱས་ན་བྱིན་ རླབས་ཀྱི་དངོས་གྲུབ་ངེས་པར་སྟེར་བ་ལ་ཐེ་ཚོམ་མི་དགོས་པ་ཡིན་ཞིང༌། བོད་ཀྱི་སྒོམ་ཆེན་ དག་གི་ཞལ་སྒྲོས་ལས། མཚན་ལྡན་བླ་མ་རིན་ཆེན་འདིས། །གང་མཛད་ཐམས་ཅད་ལེགས་ པ་ཡིན། །ཅི་མཛད་ཐམས་ཅད་ཡོན་ཏན་ཡིན། །ཅི་མཛད་བཤན་པ་མཛད་ནའང༌། །དེ་ཁས་ འཚེངས་ཤིང་དེ་ཁ་ལེགས། ཞེས་གསུངས་པ་དང་མཐུན་པར་བླ་མ་ཉིད་ཀྱི་ཅི་མཛད་ཐམས་ ཅད་དག་སྣང་དུ་ལྟ་བ་ནི་སྤྱིར་མདོ་ལམ་དང་ཁྱད་པར་གསང་སྔགས་ཀྱི་ལམ་ཉམས་སུ་ལེན་ པ་གང་དག་ལ་ནམ་ཡང་མེད་མི་རུང་ཞིང་ཆོས་ཀུན་གྱི་ཐོག་མའི་འཇུག་སྒོ་གཅིག་པུར་ངེས་ པ་ཞིག་སྟེ། ལམ་ཐམས་ཅད་ཀྱི་རྩ་བ་དགེ་བའི་བཤེས་གཉེན་བསྟེན་པ་དེ་ཉིད་ལ་ཐུག་པ་ནི་ སྤྱིར་མདོ་སྔགས་གཉིས་ཀར་མཚུངས་པ་ལ་སོགས་པའི་ཕྱིར་རོ། ། འདིར་སྨྲས་པ། གང་ཐུགསས་རབ་ཡངས་ནོར་འཛིན་དགའ་མའི་གཞིར། ། 6-1-472 རིམ་གཉིས་ལྗོ ན་པ་གསར་བུའི་སྡོང་བུ་ལ། ། དགེ་ལེགས་མངོན་རྟོགས་ཡལ་འདབ་ཀུན་ནས་གཡོ། ། སྐུ་བཞིའི་འབྲས་བུ་གཡུར་དུ་ངོམ་འདི་མཚར། ། བླ་མེད་ཟབ་ལམ་གདམས་པའི་ངག་གི་མཛོད། ། རིམ་གཉིས་རྣལ་འབྱོར་མཆོག་ལ་དབང་བྱས་པའི། ། རབ་འབྱམས་རིགས་ཀུན་འདུས་པའི་སྤྱི་དཔལ་ཆེ། ། དཀྱིལ་འཁོར་མ་ལུས་སྤྲོ་བའི་མཛད་བཟང་ཅན། ། གང་དེའི་གསང་གསུམ་རྣམ་ཐར་ནམ་མཁའི་མཐའ། ། གང་འདི་མཐའ་དག་རྒྱལ་བའི་མཁྱེན་པའི་ཡུལ། ། གང་གི་ཆེས་ཕྲའི་ཆ་ལ་རྟོག་དཔྱོད་འདི། ། གང་ལ་མོས་པའི་སློབ་འགའི་ངག་རྗེས་ཞུགས། ། དེ་ལ་ལེགས་ཆ་གང་ཞིག་སྲིད་ན་དེས། ། དཔལ་ལྡན་བླ་མ་དགྱེས་ཕྱིར་མཆོད་སྤྲིན་དང༌། ། ཉེས་བཤད་དགོངས་ཟབ་ལོག་བརྟགས་ཆ་ཇི་སྙེ ད། ། དེས་ཀྱང་བདག་ལ་ཉེས་པར་མ་གྱུར་ཅིག ། དཔལ་ལྡན་བླ་མའི་གདུལ་ཞིང་གང་གྱུར་ཚོགས། ། སྐྱེ་དང་ཚེ་རབས་བླ་མར་རིགས་བདག་ཏུ། ། ནམ་ཡང་འབྲལ་མེད་སྤྱི་བོའི་རྒྱན་དུ་བཅིངས། ། བྱིན་རླབས་མཆོག་གིས་གདུལ་བྱ་ཀུན་སྐྱོང་ཤོག ། བླ་མ་མཆོག་གི་མཛད་པ་གང་གནང་བ། ། 6-1-473 དེ་ཀུན་དག་སྣང་འབའ་ཞིག་ཏུ་མཐོང་ནས། ། བླ་མའི་བྱིན་རླབས་སྙི ང་གི་བུམ་པར་བསྡུས། ། རྟོགས་པ་དམ་པའི་དགའ་སྟོན་སྤྱོད་པར་སྨོན། ། འདིར་འབད་དགེ་བ་ཟླ་ཟེར་ལྟར་དཀར་བས། ། མཐའ་ཡས་འགྲོ་བའི་སྡུག་བསྔལ་ཚ་གདུང་འཕྲོག། རབ་དགའ་ཕན་བདེ་སྣང་བས་ལེགས་ཁྱབ་སྟེ། ། ཟད་མེད་སྤང་རྟོགས་རྒྱ་མཚོར་སྤྱོད་གྱུར་ཅིག ། ཅེས་དཔལ་ལྡན་བླ་མ་ངག་དབང་དཔལ་བཟང་པོའི་རྣམ་པར་ཐར་པ་རྡོ་རྗེའི་སློབ་མའི་དག་སྣང་སྦྱོང་བྱེད་ཅེས་བྱ་བ་འདི་ ཡང་གང་གི་ཐུགས་སློབ་ཁྲིམས་གཙང་ཉམས་མྱོང་གི་མྱུ་གུ་འཁྲུངས་པ་གྲྭ་བཙུན་བརྩོན་འགྲུས་དང་ཆོས་མཛད་སོགས་སློབ་བུ་དུ་ མས་དངོས་རྫས་དར་བཅས་ཀྱིས་བསྐུལ་མ་ཆེར་མཛད་པ་བཞིན། མ་ཏི་ཀིརྟིས་ལེགས་པར་སྦྱར་བ་སྟེ། འདིའི་ཡི་གེ་པ་ནི་ངག་ དབང་ཡོན་ཏན་བཟང་པོ་ཞེས་པས་བགྱིས་པ་དགེ་ལེགས་འཕེལ།། །།