5-1-1 ཇོ་ནང་ཆོས་མཛོད་ཆེན་མོ་ལས། ངག་དབང་བློ་གྲོས་གྲ གས་པའི་་གསུང་འབུམ། ༼པོད་ལྔ་པ།༽ 5-1-2 དཀར་ཆག ཐོག་མའི་གླེང་བརྗོད།......................................................................................(1) ཤར་འཛམ་ཐང་པ་ངག་དབང་བློ་གྲོས་གྲགས་པའི་རྣམ་ཐར་ཉུང་བསྡུས།.......................................(1) ཕྱི་ནང་གྲུབ་མཐའི་རྣམ་བཞག་གི་བསྡུས་དོན་བློ་གསལ་ཡིད་ཀྱི་ རྒྱན་བཟང་ཞེས་བྱ་བ།...................................................................................(1) ཐོག་མཐའ་བར་དུ་དགེ་བའི་གཏམ་བཟང་ཡང་དག་ཆོས་བློའི་ མྱུ་གུ་སྐྱེད་བྱེད་ཅེས་བྱ་བ།.................................................................................(93) ལས་དང་པོ་པ་རྣམས་ལ་གོ་སླའི་ལྡོག་ཆ་ངོས་འཛིན་ཤེས་བྱའི་གནས་ཚུལ་གསལ་བྱེད།..................(175) བསྡུས་གྲྭའི་སྤྱི་དོན་གྱི་སྙིང་པོ་མདོར་བསྡུས་སུ་བཀོད་པ།......................................(225) ཡིན་ལོག་མིན་ལོག་གི་ཟེར་ཚུལ་ཉུང་བསྡུས།.......................................................(321) མཚན་མཚོན་དང་རིགས་ཚོགས་བརྗོད་པའི་རྣམ་གཞག་ཉུང་བསྡུས།............................(324) མཐོ་རིས་ཀྱི་ཡོན་ཏན་བདུན་ནི།......................................................................(326) སྐྱེ་མཆེད་བཅུ་གཉིས་ནི།........................................................................(327) ཡིད་ཀྱི་སྐྱེ་མཆེད་ནི།..........................................................................(328) ཐེག་གསུམ་གྱི་ལམ།............................................................................(328) དབང་པོ་ལྔ་ནི།...............................................................................(329) དོན་ལྔའི་གཟུགས་ནི།...........................................................................(330) བསྟན་འཛིན་སྐྱེས་ཆེན་རིམ་པར་བྱོན་པའི་ལོ་རྒྱུས་མདོར་བསྡུས།..............................(333) ཐོག་མར་མང་པོས་བཀུར་བའི་རྒྱལ་པོ།......................................................(397) དགེ་སློང་ལ་ཉེ་བར་མཁོ་བའི་ཁྲིམས་ཀྱི་མི་མཐུན་ཕྱོགས་ཉུང་གསལ་དུ་བཀོད་པ།........................(403) 5-1-3 དགེ་ཚུལ་གྱི་བསླབ་པ་བསྲུང་ཚུལ་བསྡུས་པ་ཁྲིམས་གཙང་འགུགས་པའི་ལྕགས་ཀྱུ།......................(419) དགེ་ཚུལ་རྣམས་ཀྱིས་གལ་ཆེའི་ལག་ལེན།.........................................................(421) སུམ་ཅུ་པའི་སྡོམ།.................................................................................(423) བསྡུས་དོན་གྱི་ཟུར་མཆན།.....................................................................(425) མགྱོགས་འགྲོའི་རྟ་མཆོག་གི་བང་རྩལ་འགྲན་ཚུལ་མདོར་བསྡུས།..............................(453) པར་བྱང་སྨོན་ཚིག..............................................................................(477) 5-1-4 ༄༅། །ཕྱི་ནང་གྲུབ་མཐའི་རྣམ་བཞག་གི་བསྡུས་དོན་ བློ་གསལ་ཡིད་ཀྱི་རྒྱན་བཟང་ཞེས་བྱ་བ་ བཞུགས་སོ། ། ༄༅། །ཀུན་མཁྱེན་ཡེ་ཤེས་ཟླ་བའི་མ་མ་ལ། ། རབ་ཡངས་ཤེས་བྱ་ཕྱོགས་ཀྱི་འཁོར་ལོའི་ལྟོར། ། ལེགས་ཉེས་རྒྱུ་སྐར་ཡོངས་བཀྲའི་སྣང་བརྙན་དཔལ། ། ཅིག་ཅར་གསལ་བའི་མཁྱེན་མངའ་གང་དེ་རྒྱལ། ། ཐུབ་དགོངས་ཟབ་མོའི་གཏིང་མཐའ་ཀུན་དཔོགས་ཏེ། ། ངེས་དོན་ལྟ་བའི་ལམ་བཟང་འབྱེད་པའི་གཉེན། ། རྒྱལ་ཚབ་མི་ཕམ་ཐོགས་མེད་སྐུ་མཆེད་སོགས། ། ཤིང་རྟ་ཆེན་པོ་དེ་དག་གཙུག་གིས་མཆོད། ། གངས་ལྗོངས་ཡུལ་འདིར་ཡང་དག་ལམ་མཆོག་གིས། ། ངེས་པ་དོན་གྱི་སྙིང་པོ་གསལ་མཛད་པའི། ། རྟོན་བཞི་ལྡན་པ་རིགས་ལྡན་སྤྲུལ་པའི་སྐུ། ། ཡབ་སྲས་བརྒྱུད་འཛིན་བཅས་ལ་གུས་པས་འདུད། ། མཁྱེན་པའི་ཐུགས་མངའ་བརྩེ་བ་ཆེན་པོའི་གཏེར། ། རླབས་ཆེན་མཛད་ཕྲིན་ཟླ་དང་བྲལ་བའི་མགོན། ། 5-1-5 རང་ལ་རྒྱལ་བའི་ཆོས་ཚུལ་ལེགས་འདོམས་པའི། ། དྲིན་ཅན་བླ་མའི་ཐུགས་རྗེས་རྟག་སྐྱོངས་ཤིག ། ཡང་དག་ལམ་དང་ལམ་མིན་གསལ་བའི་ཕྱིར། ། ཕྱི་ནང་གྲུབ་མཐའི་རྣམ་གཞག་མདོ་ཙམ་ཞིག ། དང་པོའི་ལས་ཅན་འགའ་ལ་ཕན་པའི་བློས། ། དམ་པའི་གསུང་ལས་ཆ་ཙམ་འདི་ན་བསྡུ། ། དེ་ལ་འདིར་རང་གཞན་གྱི་གྲུབ་མཐའི་ཚུལ་ལ་ཐོག་མར་རིགས་པས་སྦྱར་བའི་གཞུང་ ལུགས་ལ་མ་བརྟེན་པར་ཚེ་འདིའི་བདེ་བ་ཙམ་དོན་དུ་གཉེར་བའི་གང་ཟག་དེ་གྲུབ་མཐའ་ ལ་མ་ཞུགས་པའི་གང་ཟག་དང༌། གཞུང་ལུགས་ལ་སྦྱངས་ནས་གཞི་ལམ་འབྲས་བུའི་རྣམ་ གཞག་ལུང་རིགས་ཀྱི་ལམ་ནས་བཤད་པའི་གང་ཟག་དེ་གྲུབ་མཐའ་ལ་ཞུགས་པའི་གང་ ཟག་ཡིན་ལ། ལུང་དང་རིགས་པའི་སྒོ་ནས་རང་རང་གི་འདོད་པའི་ཕྱོགས་གྲུབ་ཅིང༌། དེ་ ལས་གཞན་དུ་ལུང་རིགས་ཀྱིས་བཅོས་བསྒྱུར་མེད་པའི་འདོད་པ་མཐར་ཐུག་པ་ཞིག་ལ་གྲུབ་ མཐའ་ཞེས་བརྗོད་པའོ། །དེ་འདྲའི་གྲུབ་མཐའ་སྨྲ་བ་ལ། ཕྱི་ནང་གཉིས་ལས། དང་པོ་ལ། མཚན་ཉིད། དབྱེ་བ་གཉིས་ལས། དང་པོ་ནི། དཀོན་མཆོག་གསུམ་ལ་ སྐྱབས་སུ་མི་འགྲོ་ཞིང་དབང་ཕྱུག་སོགས་ལྷར་འཛིན་པ་གང་ཞིག རྟག་ཆད་སོགས་མཐའ་ བཞི་ཅི་རིགས་པར་ཁས་ལེན་པའི་གང་ཟག་དེ། ཕྱི་རོལ་པའི་མཚན་ཉིད། མཚན་གཞི། དྲང་ སྲོང་སེར་སྐྱ་ལྟ་བུའོ། ། གཉིས་པ་དབྱེ་བ་ལ། བྱེ་རིག་གཉིས། གྲངས་ཅན་པ། ཁྱབ་འཇུག་པ། གཅེར་བུ་པ། རྒྱང་འཕེན་པ་དང་ལྔའོ། ། དང་པོ་ལ། རྩ་བའི་སློབ་དཔོན་ངོས་བཟུང་བ། འདོད་པ་སྟོན་པའི་གཞུང་ལུགས་བཤད་ 5-1-6 པ། མིང་གི་རྣམ་གྲངས་དང༌། སྒྲ་བཤད། དེའི་འདོད་པའི་ཁྱད་པར་བཤད་པ་དང་ལྔ་ལས། དང་པོ་ནི། དྲང་སྲོང་འུག་པ། གཟེགས་ཟན། རྐང་མིག་སོགས་སོ། ། གཉིས་པ་ནི། དབང་ཕྱུག་སྒྲ་བསྒྲག་གི་རྒྱུད་དང༌། སྨེ་བ་བརྩེགས་པའི་རྒྱུད་སོགས་ཡིན། གསུམ་པ་ནི། དབང་ཕྱུག་པ། བྱེ་བྲག་པ། ཞི་བ་པ། ཡེ་སྲི ད་པ། རིག་པ་ཅན། རྐང་མིག་པ་ སོགས་ཡིན། བཞི་པ་ནི། སྤྱི་དང་བྱེ་བྲག་གི་ཁྱད་པར་མང་དུ་སྨྲ་བས་ན་བྱེ་བྲག་པ་དང༌། དྲང་སྲོང་རྐང་ མིག་གིས་བྱས་པའི་རིགས་པའི་ལྟ་བའི་རྗེས་སུ་འབྲང་ཕྱིར་རིག་པ་ཅན་ཞེས་བྱའོ། ། ལྔ་པ་ནི། དེ་འདྲའི་བྱེ་རིག་གཉིས་ཀྱི་འདོད་ཚུལ་ཅུང་ཟད་ཙམ་མི་འདྲ་བ་རེ་ཡོད་ཀྱང་ སྤྱིའི་ཚུལ་ལ་མི་འདྲ་བ་མེད་ཕྱིར་དེ་གཉིས་ཀྱི་སྤྱིའི་འདོད་ལུགས་ཆོས་ཐམས་ཅད་རྫས་དགུའི་ ནང་དུ་འདུ་བར་འདོད་ཅིང༌། རྫས་དགུ་ནི། ས་ཆུ་མེ་རླུང་གི་འབྱུང་བ་བཞི་དང༌། ནམ་མཁའ་ བདག་ཡིད་ཕྱོགས་དུས་རྣམས་སོ། །དེ་ལས་ནམ་མཁའ་བདག་ཕྱོགས་དུས་རྣམས་ཆོས་ ཐམས་ཅད་ལ་རྗེས་སུ་འགྲོ་བའི་རྟག་རྫས་དང༌། དེའི་ལྷག་མ་རྣམས་དེ་ལྟར་རྗེས་སུ་མི་འགྲོ་ བའི་མི་རྟག་པའི་རྫས་དང༌། རྡུལ་ཕྲ་རབ་རྟག་པ་དང་རགས་པ་མི་རྟག་པར་འདོད། ཚིག་གི་ དོན་དྲུག་ནི། རྫས་དང་ཡོན་ཏན་གཉིས། ལས་དང་འདུ་བ་གཉིས། སྤྱི་དང་བྱེ་བྲག་གཉིས་ རྣམས་སོ། །ཁྲུས་དང༌། དབང་བསྐུར། བསྙུང་གནས་སོགས་ཐར་ལམ་དུ་ཁས་ལེན་ཞིང༌། ནམ་ཞིག་བླ་མའི་མན་ངག་ལ་བརྟེན་ནས་བདག་ཀུན་ལ་ཁྱབ་པའི་རང་བཞིན་ཅན་དེ་ཉིད་ བྱེད་པ་མེད་པར་ཧ་གོ་ནས་ལས་གསར་བ་མི་བསག་ཅིང༌། རྙིང་པ་མཐའ་དག་ཟད་ནས་བུད་ ཤིང་ཟད་པའི་མེ་བཞིན་སྐྱེ་བའི་རྒྱུན་ཆད་དེ་བདག་འབའ་ཞིག་ཏུ་གྱུར་པ་ན་ཐར་པ་ཐོབ་པར་ འདོད་དོ། ། གཉིས་པ་ལ། རྩ་བའི་སློབ་དཔོན་ངོས་བཟུང་བ། འདོད་པ་སྟོན་པའི་གཞུང་ལུགས་ 5-1-7 བཤད་པ། མིང་གི་རྣམ་གྲངས་དང༌། སྒྲ་བཤད། དེའི་འདོད་པའི་ཁྱད་པར་བཤད་པ་དང་ལྔ་ ལས། དང་པོ་ནི། དྲང་སྲོང་སེར་སྐྱ། མཆོད་འོས། དབང་ཕྱུག་ཆེན་པོ། སྟོན་པ་ཆུ་ཀླུང་སོགས་ ཡིན། གཉིས་པ་ནི། དབང་ཕྱུག་ནག་པོའི་རྒྱུད། གཞུང་ལུགས་སུམ་ཅུ་པ། གསེར་བདུན་སུམ་ ཅུ་པ་སོགས་སོ། ། གསུམ་པ་ནི། གྲངས་ཅན་པ། སེར་སྐྱ་པ། གཙོ་བོ་པ། ཤེས་རིག་ཅན། ཡོན་ཏན་གསུམ་ པ་ཅན་སོགས་ཡིན། བཞི་པ་ནི། ཤེས་བྱའི་ཆོས་ཐམས་ཅད་གྲངས་ཉེར་ལྔར་འདུ་བར་འདོད་པས་གྲངས་ཅན་ པ་ཞེས་བརྗོད། ལྔ་པ་ནི། འདིའི་ལུགས་ཀྱི་ཤེས་བྱ་ཉེར་ལྔ་ནི། རང་བཞིན་གཙོ་བོ་དང༌། ཆེན་པོ་ཞེས་པ་ བློ་དང༌། ང་རྒྱལ་ཏེ་གསུམ་དང༌། གཟུགས་སྒྲ་དྲི་རོ་རེག་བྱ་སྟེ་དེ་ཙམ་ལྔ་དང༌། ས་ཆུ་མེ་རླུང་ ནམ་མཁའ་སྟེ་འབྱུང་བ་ལྔ་དང༌། ངག་གི་དབང་པོ། ལག་པའི་དབང་པོ། རྐང་པའི་དབང་ པོ། འདོམས་ཀྱི་དབང་པོ། རྐུབ་ཀྱི་དབང་པོ་སྟེ་ལུས་ཀྱི་དབང་པོ་ལྔ་དང༌། མིག་དབང༌། རྣ་ དབང༌། སྣ་དབང༌། ལྕེ ་དབང༌། ལུས་དབང་སྟེ་བློའི་དབང་པོ་ལྔ་དང༌། དབང་པོ་དེ་གཉིས་ ཀའི་བདག་ཉིད་ཡུལ་ངེས་པའི་རྣམ་ཅན་གསལ་རིག་གི་ཤེས་རྫས་ཆེ་བ་ཅན་གྱི་ཡིད་ཀྱི་ དབང་པོ་སྟེ། སྤྱིར་དབང་པོ་བཅུ་གཅིག་ཡོད་པ་དང༌། བདག་ཤེས་རིག་གི་སྐྱེས་བུ་སྟེ་ཤེས་ བྱ་ཉེར་ལྔ་ཡོད་པར་འདོད་ཅིང༌། དེ་དག་གི་ནང་དུ་མ་འདུས་པའི་ཆོས་གཅིག་ཀྱང་མེད་པར་ འདོད་དོ། །དེ་ལས་གཙོ་བོ་ནི་རང་བཞིན་ཁོ་ན་ལས་རྣམ་འགྱུར་མ་ཡིན་པའི་མུ་དང༌། བློ་ དང་ང་རྒྱལ་དང་དེ་ཙམ་ལྔ་སྟེ་བདུན་ནི། རང་བཞིན་རྣམ་འགྱུར་གཉིས་ཀ་ཡིན་པའི་མུ་དང༌། དབང་པོ་བཅུ་གཅིག་དང་འབྱུང་བ་ལྔ་སྟེ་བཅུ་དྲུག་ནི། རྣམ་འགྱུར་ཁོ་ན་ལས་རང་བཞིན་མ་ 5-1-8 ཡིན་པའི་མུ་དང༌། བདག་ཤེས་རིག་གི་སྐྱེས་བུ་ནི། རང་བཞིན་རྣམ་འགྱུར་གཉིས་ཀ་གང་ ཡང་མ་ཡིན་པའི་མུ་དང་བཞིའོ། །གཙོ་བོ་དང་བདག་ཤེས་རིག་གི་སྐྱེས་བུ་གཉིས་ནི་གནས་ ལུགས་མཐར་ཐུག་ཏུ་ནམ་ཡང་མི་བསླུ་བས་དོན་དམ་བདེན་པ་དང༌། ལྷག་མའི་ཤེས་བྱ་ཉེར་ གསུམ་ནི་རྣམ་འགྱུར་གློ་བུར་བ་ཡིན་ཕྱིར་ཀུན་རྫོབ་བདེན་པ་ཡིན་པར་འདོད། བདག་ཤེས་ རིག་ཤེས་པ་ཁོ་ན་དང༌། ལྷག་མ་ཉེར་བཞི་བེམ་པོ་ཁོ་ནར་འདོད་ཕྱིར་འདི་བའི་ལུགས་ལ་ བློ་ཡང་བེམ་པོ་ཡིན་དགོས་སོ། །གཙོ་བོ་ནི་རྣམ་འགྱུར་རྣམས་བྱེད་པ་པོ། སྐྱེ་འགག་མི་བྱེད་ པའི་རྟག་པ། དུ་མ་མ་ཡིན་པས་གཅིག་པུ། ཡུལ་ཁོ་ན་ཡིན་པ། སྣོད་བཅུད་ཀུན་ལ་ཁྱབ་པ། སུ་ལའང་མངོན་དུ་མ་གྱུར་པའི་མི་གསལ་བ། རྡུལ་མུན་སྙིང་སྟོབས་ཀྱི་ཡོན་ཏན་གསུམ་ཆ་ མཉམ་པའི་ཁྱད་ཆོས་དུ་མ་དང་ལྡན་པ་ཞིག་གོ།བདག་ཤེས་རིག་གི་སྐྱེས་བུ་ནི། རྡུལ་མུན་ སྙིང་སྟོབས་ཀྱི་མཚན་ཉིད་ཅན་མ་ཡིན་པ། བྱ་བ་དང་བྱེད་པ་པོ་གང་ཡང་མིན་པ། རྟག་པ་ ཡིན་པ། བདེ་སྡུག་ལ་ལོངས་སྤྱོད་པའི་ཟ་བ་པོ། གསལ་རིག་ཤེས་པའི་ངོ་བོ་སྟེ་ཁྱད་ཆོས་ལྔ་ དང་ལྡན་པའོ། །སྐྱེས་བུ་དེས་ཡུལ་ལ་ལོངས་སྤྱོད་ཚུལ་ནི། བློ་མེ་ལོང་ངོ་གཉིས་པ་ལྟ་བུ་དེའི་ ནང་ནས་སྐྱེས་བུའི་གཟུགས་བརྙན་འཆར་བ་དང༌། ཕྱི་ནས་ཡུལ་རྣམས་ཀྱི་གཟུགས་བརྙན་ འཆར་བའི་ཚུལ་གྱིས་ཡུལ་ལ་ལོངས་སྤྱོད་པར་བྱེད་དོ། །འཇིག་རྟེན་ཐ་མལ་པ་རྣམས་བདག་ གཙོ་བོ་གཉིས་གཅིག་ཏུ་འཁྲུལ་བའི་དབང་གིས་འཁོར་བར་འཁྱམས་པར་འདོད་ལ། ནམ་ ཞིག་བླ་མའི་མན་ངག་ལ་བརྟེན་ནས་རྣལ་འབྱོར་བས་བསམ་གཏན་གྱི་ལྷའི་མིག་འགྲུབ་པས་ བདག་གཙོ་བོ་གཉིས་ཐ་དད་དུ་ལེགས་པར་གོ་བ་ན་གཙོ་བོས་རྣམ་འགྱུར་རྣམས་བསྡུས་ནས་ རྣལ་འབྱོར་པ་ལ་ཀུན་རྫོབ་ཀྱི་སྣང་བ་མཐའ་དག་ལོག་ནས་སྟོང་པ་འབའ་ཞིག་ཏུ་གྱུར་པའི་ ཚེ་བདག་ཤེས་རིག་གི་སྐྱེས་བུས་ཡུལ་ལ་ཡང་ལོངས་སྤྱོད་པ་མེད་པར་གསལ་རིག་ཁོ་ན་ཙམ་ དུ་ལུས་པ་ན་ཐར་པ་ཐོབ་པར་འདོད་དོ། ། 5-1-9 གསུམ་པ་ལ། རྩ་བའི་སློབ་དཔོན་ངོས་བཟུང་བ། འདོད་པ་སྟོན་པའི་གཞུང་ལུགས། མིང་གི་རྣམ་གྲངས། སྒྲ་བཤད། དེའི་འདོད་པའི་ཁྱད་པར་བཤད་པ་དང་ལྔ་ལས། དང་པོ་ནི། ལྷ་ཁྱབ་འཇུག བླ་མ་ཟླ་བ། གཞོན་ནུ་མ་ལེན་སོགས་སོ། ། གཉིས་པ་ནི། རྟོག་པ་ལ་ཕན་པའི་ཡལ་ག་དང༌། མཚན་མོ་ལྔ་པ་དང༌། གཡུལ་གྱི་ལས་ སྟོན་པའི་ཚིག་སོགས་ཡིན། གསུམ་པ་ནི། ཁྱབ་འཇུག་པ། ཟླ་བ་པ། གླུའི་ཆོས་སྨྲ་བ་སོགས་སོ། །བཞི་པ་ནི། ལྷ་ཁྱབ་ འཇུག་ནི་སྣོད་བཅུད་ཐམས་ཅད་ཀྱི་གཙོ་བོ་དང་བརྟན་གཡོ་ཀུན་ལ་ཁྱབ་པར་འདོད་པས་ན་ ཁྱབ་འཇུག་པ་ཞེས་བརྗོད། ལྔ་པ་ནི། དེ་འདྲའི་ལྷ་ཁྱབ་འཇུག་ནི། ཚངས་པ་དང༌། བརྒྱ་བྱིན་དང༌། ཉི་ཟླ་དང༌། རིག་ བྱེད་དང༌། སྦྱིན་པ་པོ་དང༌། ཟ་བ་པོ་སོགས་མཐའ་དག་རང་ཉིད་ཡིན་པར་སྨྲ་བའི་མངོན་པའི་ ང་རྒྱལ་དང་ལྡན་པའི་སྒོ་ནས་རྒྱ་མཚོའི་ནང་དུ་གྲོང་ཁྱེར་སྒོ་ལྡན་ཞེས་བྱ་བ་ན་བུད་མེད་ཀྱི་ འཁོར་ཚོགས་མང་པོ་དང་བཅས་ཏེ་གནས་པར་འདོད་ལ། དེ་ལྟ་བུའི་ཁྱབ་འཇུག་གི་ངོ་བོ་དེ་ ལ། ཞི་བ། མ་ཞི་བ། འཆི་བ་མེད་པ་དང་གསུམ་ལས། དང་པོས་ནི། ལྷ་ཆེན་ཁྱབ་འཇུག་གི་ ངོ་བོ་དེ་ཉིད་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་པའི་བདག་ཉིད་དུ་ངེས་པར་མཐོང་ནས་ ཐར་པ་ཐོབ་པར་བྱེད། གཉིས་པས་ནི། འཇུག་པ་བཅུའི་སྒོ་ནས་འགྲོ་བའི་དོན་བྱེད་པ་སྟེ། དེ་ཡང་ཁྱབ་འཇུག་ གིས་ཉའི་གཟུགས་སུ་སྤྲུལ་ནས་རྒྱ་མཚོའི་ནང་ནས་རིག་བྱེད་ཀྱི་བསྟན་བཅོས་བཞི་ལེན་ པ་དང༌། ཡང་དེས་རུས་སྦལ་གྱི་གཟུགས་སུ་སྤྲུལ་ནས་འཇིག་རྟེན་ཐམས་ཅད་ཀྱི་འོག་ནས་ བཏེག་སྟེ་གནས་པ་དང༌། ཡང་ཕག་རྒོད་ཀྱི་གཟུགས་སུ་སྤྲུལ་ནས་སྟེང་ཚངས་པའི་འཇིག་ རྟེན་མན་ཆད་མནན་པ་དང༌། ཡང་མིའི་སེང་གེའི་གཟུགས་སུ་སྤྲུལ་ནས་ལྷ་མིན་གྱི་དཔོན་པོ་ 5-1-10 གསེར་ཅན་བསད་པ་དང༌། ཡང་མིའུ་ཐུང་གི་གཟུགས་སུ་སྤྲུལ་ནས་ལྷ་མིན་སྟོབས་ཅན་ས་ འོག་ཏུ་བཅུག་པ་དང༌། ཡང་ཤིང་རྟ་བཅུའི་བུ་ར་མ་ཎའི་གཟུགས་སུ་སྤྲུལ་ནས་སྲི ན་པོའི་རྒྱལ་ པོ་མགྲིན་བཅུ་བསད་པ་དང༌། ཡང་ཛ་མ་ད་ཨགྣེའི་བུ་ར་མ་ཎའི་གཟུགས་སུ་སྤྲུལ་ནས་སྲི ད་ སྒྲུབ་སོགས་བསད་པས་རྒྱལ་རིགས་བཅད་པ་དང༌། ཡང་ནག་པའི་གཟུགས་སུ་སྤྲུལ་ནས་ ཆུ་བོ་གངྒཱ་སོགས་དྲངས་ནས་སེམས་ཅན་ལ་ཕན་པར་བྱས་པ་དང༌། ཡང་སྲི ན་པོ་བསད་པ་ ལ་སོགས་པའི་སྡིག་སྦྱོང་གི་ཆེད་དུ་སྲོད་དུས་སུ་ཤཱཀྱ་ཐུབ་པའི་གཟུགས་སུ་སྤྲུལ་ནས་སྡིག་པ་ སྦྱོང་བ་དང༌། ཡང་དེས་མ་འོངས་པ་ན་བྲམ་ཟེ་གྲགས་པའི་བུ་ཀིརྟི་ཞེས་བྱ་བའི་གཟུགས་སུ་ སྤྲུལ་ནས་འགྲོ་བ་མང་པོ་བཏུལ་བ་སྟེ་དེ་འདྲའི་འཇུག་པ་བཅུའི་སྒོ་ནས་འགྲོ་བའི་དོན་བྱེད་ པར་འདོད་པའི་ཕྱིར། གསུམ་པས་ནི། འགྲོ་བ་རྣམས་བསྐྱེད་པ་སྟེ། དེ་ཡང་ཁྱབ་འཇུག་གི་ལྟེ་བའི་པདྨོ་ལས་ལྷ་ ཚངས་པ་སྐྱེ་བ་དང༌། གཞན་ཡང་འགྲོ་བ་སྣ་ཚོགས་པ་མང་པོ་དག་ཀྱང་སྤྲུལ་པར་འདོད་དོ། །འདིའི་ནང་གསེས་ལ་དབྱེ་ན། ཚངས་པ་ཆེན་པོ་པ་དང༌། སྒྲའི་ཚངས་པ་བ་དང༌། དཔྱོད་པ་བ་ དང༌། རིག་བྱེད་མཐའ་སྨྲ་བ་དང༌། གསང་བ་པ་དང་ལྔ་ལས། དང་པོའི་རྩ་བའི་སློབ་དཔོན། ཚངས་པ་སོགས་ཡིན། འདིའི་མིང་གི་རྣམ་གྲངས་ཚངས་པ་བ། བྲམ་ཟེ་པ། རིག་བྱེད་པ་ སོགས་ཟེར། ལྷ་ཚངས་པ་ནི་ཁྱབ་འཇུག་གི་ལྟེ་བའི་པདྨོ་ལས་སྐྱེ་བར་འདོད་པ་དང༌། དབང་ ཕྱུག་གིས་སྤྲུལ་པའི་སྒོ་ང་ལས་སྐྱེ་བར་འདོད་པ་དང་གཉིས་ཡོད། ཚངས་པ་ལ་དུས་ཀྱི་རིམ་ པས་མིང་བདུན་བྱུང་སྟེ། བསྐལ་པ་དང་པོ་ལ་རང་བྱུང་དང༌། གཉིས་པ་ལ་ཚངས་པ་དང༌། གསུམ་པ་ལ་སྐྱེ་དགུའི་བདག་པོ་དང༌། བཞི་པ་ལ་པདྨའི་སྐྱེ་གནས་ཅན་དང༌། ལྔ་པ་ལ་གདོང་ བཞི་པ་དང༌། དྲུག་པ་ལ་མེས་པོ་དང༌། བདུན་པ་ལ་གསེར་གྱི་སྙིང་པོ་ཅན་དང་བདུན་བྱུང་ བར་འདོད་པའི་ཕྱིར། ལྷ་ཚངས་པས་འཇིག་རྟེན་མ་བརྒྱད་བསྐྱེད་པ་སྟེ། ལྷ་རྣམས་བསྐྱེད་ 5-1-11 པའི་ཉི་མའི་མ་དང༌། ལྷ་མ་ཡིན་རྣམས་བསྐྱེད་པའི་སྦྱིན་བྱེད་མའི་མ་དང༌། ཀླུ་རྣམས་བསྐྱེད་ པའི་ཀླུའི་མ་དང༌། ནམ་མཁའ་ལྡིང་རྣམས་བསྐྱེད་པའི་ནམ་མཁའ་ལྡིང་གི་མ་དང་བཞི་བསྐྱེད་ པ་དང༌། ལྷ་ཚངས་པའི་ཁ་ནས་བྲམ་ཟེའི་རིགས་དང༌། དཔུང་པ་ནས་རྒྱལ་རིགས་དང༌། བརླ་ ནས་རྗེ་རིགས་དང༌། རྐང་མཐིལ་ནས་དམངས་རིགས་རྣམས་བསྐྱེད་པར་འདོད། ཚངས་པའི་ ཞལ་བཞི་ལས་མཆོད་སྦྱིན་གྱི་རིག་བྱེད་དང༌། ངེས་བརྗོད་ཀྱི་རིག་བྱེད་དང༌། སྙན་ཚིག་གི་ རིག་བྱེད་དང༌། སྲི ད་སྲུང་གི་རིག་བྱེད་དེ་རིག་བྱེད་ཀྱི་བསྟན་བཅོས་བཞི་བྱུང་བར་འདོད་ལ། བསྟན་བཅོས་བཞི་པོ་དེ་ཡང་གང་ཟག་སུས་ཀྱང་མ་བྱས་པར་ཆ་མེད་རྟག་པ་རང་བྱུང་ནམ་ མཁའ་ལྟ་བུ་ཞིག་ཏུ་འདོད་པ་དང༌། རྟའི་མཆོད་སྦྱིན་བྱས་ན་མཐོ་རིས་ཀྱི་བདེ་བ་དང༌། ལྷ་ ཚངས་པ་ཆེན་པོའི་གོ་འཕང་འཐོབ་པར་འདོད་པའོ། ། གཉིས་པའི་རྩ་བའི་སློབ་དཔོན་ཚངས་པ་རྟག་ཞི་བ་སོགས་ཡིན། འདིའི་མིང་གི་རྣམ་ གྲངས། སྒྲའི་ཚངས་པ་པ་དང༌། བརྡ་སྤྲོད་པ་དང༌། སྒྲ་བྱེད་པ་སོགས་ཡིན། སྣོད་བཅུད་སྣ་ ཚོགས་པའི་གཞིར་གྱུར་པའི་སྒྲའི་ཚངས་པའི་ངོ་བོ་ཇི་བཞིན་པ་དེ་ནི་ཡི་གེ་ༀ་རིང་པོ་དོན་ དམ་པར་གནས་པ་ཞིག་ཡིན་ཀྱང་དེའི་ཡིན་ལུགས་མ་ཤེས་པའི་རྨོངས་པས་བསླད་པས་འགྲོ་ བ་རྣམས་ལ་གཟུང་འཛིན་སྣ་ཚོགས་སུ་སྣང་བར་འདོད། འདི་སང་ཐར་པ་ཐོབ་པའི་ཐབས་ནི་ ཕྱིའི་མཆོད་སྦྱིན་ཕྱུགས་ཀྱི་སྦྱིན་སྲེ ག་དང༌། ནང་གི་སྦྱིན་སྲེ ག་བུད་མེད་ཀྱི་སྐྱེ་གནས་སུ་སྐྱེས་ པའི་ཁམས་འཛག་པ་ཉིད་ལ་འདོད་ཅིང༌། ཐར་པའི་ངོ་བོ་ཡང་ཁམས་འཛག་དུས་ཀྱི་སྟོང་པ་ དང་བདེ་བ་གཉིས་ལ་འདོད་པའི་གྲུབ་མཐའ་ཞིག་གོ། གསུམ་པའི་རྩ་བའི་སློབ་དཔོན་ཁྱབ་འཇུག་དང༌། རྒྱལ་དཔོག་སོགས་ཡིན། མིང་གི་རྣམ་ གྲངས་ཡང༌། རྒྱལ་དཔོག་པ་དང༌། དཔྱོད་པ་བ་སོགས་ཟེར་བའོ། །འདི་ཚང་ལུགས་ཀྱི་བདག་ ནི། བློའི་ངོ་བོ་སེམས་པ་ཅན་དང༌། བེམ་པོ་མ་ཡིན་པའི་ཤེས་རིག་གི་རང་བཞིན་དང༌། རྟག་ 5-1-12 པའི་ངོ་བོ་དང༌། ལུས་ལས་ཡན་གར་བའི་སྒོས་རྫས་ཅན་དང༌། བདེ་སྡུག་སོ་སོའི་དུས་ཀྱི་མྱོང་ བ་པོ་དང༌། གནས་སྐབས་མི་རྟག་ཀྱང་ངོ་བོ་ཆ་ཤས་སོགས་ཕྱེ་བ་མེད་པ་ཅན་དུ་འདོད། དྲི་ མ་སེམས་ཀྱི་གཤིས་སུ་ཞུགས་པས་ཉེས་པ་ཟད་པའི་སྐྱེས་བུ་ཡང་མེད། ཤེས་བྱ་མཐའ་ཡས་ པ་ཡིན་པས་ཐམས་ཅད་མཁྱེན་པ་ཡང་མེད། དེའི་ཕྱིར་ལམ་སྒོམ་པས་སྔར་ཡོད་ཀྱི་སྐྱོན་ཟད་ པ་དང༌། སྔར་མེད་ཀྱི་ཡོན་ཏན་སྐྱེ་བའི་ཚུལ་སོགས་གསུངས་པའི་བདེན་པའི་ངག་ཀྱང་མེད་ པར་འདོད་དོ། ། བཞི་པའི་རྩ་བའི་སློབ་དཔོན་ཚངས་པ་སོགས་ཡིན། མིང་གི་རྣམ་གྲངས་ཚངས་པ་དང༌། བྲམ་ཟེ་པ་དང༌། རིག་བྱེད་པ་སོགས་ཟེར། འདིས་བདག་འདོད་ཚུལ་བརྟན་གཡོ་ཀུན་གྱི་ བྱེད་པ་པོ་བདག་ཀུན་ལ་ཁྱབ་པ། ཆ་ཤས་མེད་པས་གཅིག་པུ། ནམ་ཡང་མི་ཉམས་པས་ རྟག་པ། ཐོག་མཐའ་མེད་པས་འཆི་བ་མེད་པ། ཉི་མའི་མདོག་ཅན་མུན་པའི་དཀྱིལ་འཁོར་ ལས་འདས་པ་སོགས་ཁྱད་ཆོས་དུ་མ་དང་ལྡན་པའི་སྐྱེས་བུ་ཞིག་གོ།དེ་ལྟ་བུའི་སྐྱེས་བུ་ཉི་ མའི་མདོག་ཅན་དེ་སྣོད་བཅུད་སྐྱེ་འཇིག་དང༌། འགྲོ་བ་འཆིང་གྲོལ་དང༌། བདེ་སྡུག་ཀུན་གྱི་ བྱེད་པ་པོ་དང༌། ལྷ་ཐམས་ཅད་ཀྱི་བདག་ཉིད་དང༌། དབང་ཕྱུག་ཆེན་པོའི་ངོ་བོའང་ཡིན་པར་ འདོད། ནམ་ཞིག་བསམ་གཏན་ལ་བརྟེན་ནས་བདག་བསྒོམ་པའི་སྟོབས་ཀྱིས་བདག་གི་རང་ བཞིན་དེ་ཉིད་གསེར་གྱི་ཁ་དོག་ཅན་དུ་མཐོང་ནས་བདེ་སྡུག་འཁོར་འདས་མཉམ་པ་ཉིད་དུ་ གྱུར་པ་ན་ཐར་པ་ཐོབ་པ་ཡིན་པར་འདོད་དོ། ། ལྔ་པའི་རྩ་བའི་སློབ་དཔོན་ནི། ཚངས་པ་སོགས་ཡིན། འདིའི་མིང་གི་རྣམ་གྲངས་རིག་ བྱེད་གསང་བ་པ་ཟེར། འདི་བས་བདག་གིས་འདོད་ཚུལ་བདུད་རྩིའི་ཐིགས་ལུང་ཞེས་བྱ་བའི་ རིག་བྱེད་ལ་བརྟེན་ནས་བདག་ཤེས་རིག་རྟག་པ་ཆ་མེད་གཅིག་པུའི་རང་བཞིན་ཅན་བདེན་ པར་གྲུབ་པ་ཞིག་ཡོད་པར་འདོད་པའི་ཁྱད་པར་ཙམ་མ་གཏོགས་གྲུབ་མཐའ་སྤྱི་ཁོག་ཚངས་ 5-1-13 པ་རྣམས་དང་འདྲའོ། ། བཞི་པ་ལ། རྩ་བའི་སློབ་དཔོན་ངོས་བཟུང་བ། འདོད་པ་སྟོན་པའི་གཞུང་ལུགས། མིང་ གི་རྣམ་གྲངས། སྒྲ་བཤད། འདོད་པའི་ཁྱད་པར་དང་ལྔ་ལས། དང་པོ་ནི། རྒྱལ་བ་དམ་པ། དྲང་སྲོང་མཆོད་འོས། སྟོན་པ་ཁྱུ་མཆོག་སོགས་ཡིན། གཉིས་པ་ནི། རྒྱས་བྱེད་སྐར་མའི་བསྟན་བཅོས་དང༌། དྲང་སྲོང་མཆོད་འོས་ཀྱིས་ བརྩམས་པའི་རྩིས་སྣ་ཚོགས་སོགས་ཡིན། གསུམ་པ་ནི། གཅེར་བུ་པ། ཟད་བྱེད་པ། ཕྱོགས་ཀྱི་གོས་ཅན་པ། ནམ་མཁའི་གོས་ཅན་ པ། རྒྱལ་བ་པ། མཆོད་འོས་པ། ཐལ་བ་པ། ཀུན་ཏུ་རྒྱུ་རྣམས་ཡིན། བཞི་པ་ནི། ལུས་ལ་གོས་མི་གྱོན་པས་གཅེར་བུ་པ། དཀའ་ཐུབ་ཀྱིས་སྡིག་པ་ཟད་པར་ འདོད་པས་ཟད་བྱེད་པ། རྒྱལ་བ་དམ་པའི་རྗེས་སུ་འབྲང་བས་རྒྱལ་བ་པ། ཐལ་བ་ལུས་ལ་ བྱུགས་པས་ཐལ་བ་པ། སློང་མོ་བྱ་བའི་ཕྱིར་ཕྱོགས་ཀུན་ཏུ་རྒྱུ་བས་ཀུན་ཏུ་རྒྱུ་ཞེས་བརྗོད། ལྔ་པ་ནི། འདིའི་ལུགས་ལ་ཆོས་ཐམས་ཅད་ཚིག་དོན་དགུར་འདུ་བར་འདོད་ལ། ཚིག་ དོན་དགུ་ནི། སྲོག་དང༌། ཟག་པ། སྡོམ་པ། ངེས་པར་རྒ་བ། འཆིང་བ། ལས། སྡིག་པ། བསོད་ ནམས། ཐར་པ་རྣམས་སོ། །དེ་ལས། སྲོག་ནི་གང་ཟག་དང་སྐྱེས་བུ་སྟེ། དེ་གཉིས་ནི། ངོ་བོ་ རྟག་ལ། གནས་སྐབས་མི་རྟག་པའི་རང་བཞིན་ཅན་སྐྱེས་བུ་རྣམས་ཀྱི་ལུས་ཚད་དང་མཉམ་ པ་ཅན་ནོ། ། གཉིས་པ་ནི། འཁོར་བར་ཟག་བྱེད་ཀྱི་དགེ་མི་དགེའི་ལས་རྣམས་སོ། །གསུམ་པ་ནི། ལས་གསར་དུ་མི་བསགས་པས་ཟག་པ་འགོག་པར་བྱེད་དོ། །བཞི་པ་ནི། སྡོམ་པ་དེ་ཉིད་ལ་ གནས་པའི་སྒོ་ནས་ལུས་དཀའ་ཐུབ་དང་སེམས་བསམ་གཏན་སྒོམ་པ་ལ་བརྟེན་ནས་སྔོན་གྱི་ ལས་རྣམས་ཟད་བྱེད་དོ། །ལྔ་པ་ནི། ལྟ་བ་ངན་པ་རྣམས་སོ། །དྲུག་པ་ལས་ལ་བཞི་སྟེ། ཕྱིས་ 5-1-14 ནས་མྱོང་བར་འགྱུར་བའི་ལས་དང༌། ཐ་སྙད་ཀྱི་མིང་དང༌། རིགས་རུས་དང༌། འཚོ་བྱེད་ཀྱི་ ཚེ་རྣམས་སོ། །བདུན་པ་ནི། ཆོས་མིན་རྣམས་སོ། །བརྒྱད་པ་ནི། ཡང་དག་པའི་ཆོས་རྣམས་ སོ། །དགུ་པ་ནི། ལས་ཐམས་ཅད་ཟད་པས་འཇིག་རྟེན་ཐམས་ཅད་ཀྱི་སྟེང་ན་འཇིག་རྟེན་ འདས་པ་ཞེས་བྱ་བ་གདུགས་དཀར་པོ་གྱེན་ལ་བསླངས་པ་ལྟ་བུ་ཁ་དོག་དཀར་པོ་རྒྱ་ཁྱོན་ དཔག་ཚད་འབུམ་ཕྲག་རེ་ལྔ་ཡོད་པ་སྲོག་ཡོད་པས་དངོས་པོ་དང་འཁོར་བ་ལས་གྲོལ་བས་ དངོས་པོ་ཡང་མེད་པ་ཅན་གྱི་གནས་དེར་འགྲོ་བ་ན་ཐར་པ་ཐོབ་པར་འདོད་དོ། །འདི་བའི་ ལུགས་ལ་སྲོག་ཅན་གྱི་གཙོ་བོ་སྡེ་དགུ་སྟེ། དེ་ཡང་ས་ཆུ་མེ་རླུང་གི་འབྱུང་བ་བཞི་དང༌། ཤིང༌། སྲི ན་བུ། གྲོག་མ། བུང་བ། མི་རྣམས་སོ། །འབྱུང་བཞི་ཆོས་ཅན། ཁྱོད་སེམས་ལྡན་ཡིན་ཏེ། ཕན་གནོད་ཀྱི་བྱ་བ་དུས་སུ་བྱེད་པའི་ཕྱིར། ལྗོན་ཤིང་ཆོས་ཅན། སེམས་ལྡན་ཡིན་ཏེ། ཤུན་ པ་བཤུས་ན་འཆི་བའི་ཕྱིར། ཡང་དེ་ཆོས་ཅན། དེ་ཡིན་ཏེ། དགུན་དུས་སུ་གཉིད་ལོག་ཅིང་ དབྱར་དུས་སུ་སད་དེ་རྐང་པས་ཆུ་འཐུང་ནས་མེ་ཏོག་དང་འབྲས་བུ་འབྱུང་བའི་ཕྱིར། འཁྲི་ ཤིང་ཆོས་ཅན། ཁྱོད་ལ་མིག་དབང་ཡོད་དེ། ཤིང་གཞན་ལ་བརྟེན་ནས་སྐྱེ་བའི་ཕྱིར། མེ་ ཏོག་ཕལ་ཆེར་ཆོས་ཅན། ཁྱོད་ལ་དེ་ཡོད་དེ། ཉི་མ་ལ་ཁ་ཕྱོགས་ནས་སྡོད་པའི་ཕྱིར། ཆུ་ཤིང་ ཆོས་ཅན། ཁྱོད་ལ་རྣ་དབང་ཡོད་དེ། འབྲུག་སྒྲ་གྲགས་པ་ན་འབྲས་བུ་འབྱུང་བར་རྩོམ་པའི་ ཕྱིར། མ་དུ་ལུང་ཀ་ཞེས་པའི་ཤིང་ཆོས་ཅན། ཁྱོད་ལ་སྣ་དབང་ཡོད་དེ། ཁྱོད་ཀྱི་རྩར་ཁྱི་རོ་ རུལ་བ་བཞག་ན་འབྲས་བུ་མང་པོ་འབྱུང་བའི་ཕྱིར། སྐྱུ་རུ་རའི་ཤིང་ཆོས་ཅན། ཁྱོད་ལ་ལྕེ ་ དབང་ཡོད་དེ། ཁྱོད་ཀྱི་རྩར་འོ་མ་བླུག་ན་འབྲས་བུ་མང་པོ་འབྱུང་བའི་ཕྱིར། མྱ་ངན་མེད་པའི་ ཤིང་ཆོས་ཅན། ཁྱོད་ལ་ལུས་དབང་ཡོད་དེ། བུད་མེད་ལང་ཚོ་དར་བའི་རྐང་པ་རྒྱན་དང་ལྡན་ པས་བསྣུན་ན་འབྲས་བུ་སྣ་ཚོགས་འབྱུང་བའི་ཕྱིར། སིནྡྷུ་ཝ་ར་ཞེས་པའི་མེ་ཏོག་ཆོས་ཅན། ཁྱོད་ཆགས་ལྡན་ཡིན་ཏེ། བུད་མེད་གཞོན་ནུ་མའི་འགྲམ་ཆུས་བརླན་ན་འདབ་མ་མངོན་པར་ 5-1-15 བཞད་པའི་ཕྱིར། འདི་བས་ཤེས་བྱ་ཐམས་ཅད་མཁྱེན་པ་གཏན་ནས་མི་འདོད་པས་སྟོན་པ་ སངས་རྒྱས་ནི་ལུང་མ་བསྟན་གྱི་ལྟ་བ་བཅུ་བཞི་ལུང་དུ་མ་བསྟན་པ་དང༌། འཁོར་བའི་ཐོག་མ་ མ་ཤེས་པ་དང༌། ལྷས་བྱིན་རབ་ཏུ་བྱུང་བར་བྱས་པ་ལ་སོགས་པའི་རྒྱུ་མཚན་གྱིས་ཐམས་ཅད་ མཁྱེན་པའང་མིན་པར་འདོད། དེ་བཞིན་གཤེགས་པའི་ཞབས་ལ་སེང་ལྡེང་གི་ཚལ་བ་ཟུག་ པས་རྣམ་སྨིན་མྱོང་བ་སོགས་ཡོད་ཕྱིར་རང་བཞིན་པའི་སྐྱེས་བུ་ཐ་མལ་པ་ལྟ་བུར་འདོད་པའོ། ། ལྔ་པ་ལ། རྩ་བའི་སློབ་དཔོན་ངོས་བཟུང་བ། འདོད་པ་སྟོན་པའི་གཞུང་ལུགས། མིང་གི་ རྣམ་གྲངས་དང༌། སྒྲ་བཤད། དེའི་འདོད་པའི་ཁྱད་པར་དང་ལྔ་ལས། དང་པོ་ནི། ལྷའི་བླ་མ་ ཕུར་བུ། དྲང་སྲོང་འཇིག་རྟེན་མིག དེའི་སློབ་མ་འཇིགས་སྟོབས་སོགས་སོ། ། གཉིས་པ་ནི། འཇིག་རྟེན་མིག་གིས་བརྩམས་པའི་གཞུང་ལུགས་འབུམ་ཕྲག་གཅིག་པ་ དང༌། ཕུར་བུས་བསྟན་པའི་རྒྱུད་སོགས་ཡིན། གསུམ་པ་ནི། ཚུ་རོལ་མཛེས་པ། ཆད་པར་སྨྲ་བ། མེད་པར་སྨྲ་བ། ཕུར་བུ་པ། རྒྱང་ འཕེན་པ་སོགས་ཟེར། བཞི་པ་ནི། ཡང་དག་པའི་ལྟ་བ་ལས་རྒྱང་རིང་དུ་ཕར་སོང་བས་རྒྱང་འཕེན་པ་ཞེས་བྱའོ། ། ལྔ་པ་ནི། འདི་བས་སྐྱེ་བ་སྔ་མ་ནས་འདིར་འོང་བ་མེད་པ་དང༌། ས་སོགས་འབྱུང་བ་ འདུས་པ་ལ་བརྟེན་ནས་ལུས་བེམ་དེ་ལས་སེམས་གློ་བུར་དུ་སྐྱེ་བ་དང༌། ད་ལྟའི་ལུས་སེམས་ རྫས་གཅིག་པས་ཚེ་འདི་ནས་ཕྱི་མར་འགྲོ་བ་ཡང་མེད་པར་འདོད་པ་དང༌། གཞལ་བྱ་ལ་སོ་ སྐྱེས་དབང་པོའི་སྤྱོད་ཡུལ་དུ་གྱུར་པ་ཁོ་ན་མ་གཏོགས་ལྐོག་གྱུར་གང་ཡང་མི་འཐད་པས་ཚད་ མ་ལའང་མངོན་སུམ་གཅིག་པུ་ལས་མེད་པར་འདོད། ཡང༌། ཉི་ཤར་ཆུ་བོ་ཐུར་དུ་འབབ་ 5-1-16 པ་དང༌། །སྲན་ཟླུམ་ཚེར་མ་གཟེངས་རིང་རྣོ་བ་དང༌། །རྨ་བྱའི་མདོངས་བཀྲ་ལྟ་ན་སྡུག་པ་ སོགས། །སུས་ཀྱང་མ་བྱས་ངོ་བོ་ཉིད་ལས་བྱུང༌། །ཞེས་པ་ལྟར་རྒྱང་འཕེན་པ་ཁ་ཅིག་གིས་ནི་ སྲན་མ་ཟླུམ་པོ་དང༌། ཚེར་མའི་རྣོ། མེ་ཏོག་གི་ཚོན་མདངས། རྨ་བྱའི་མདོངས་བཀྲ་ལ་སོགས་ པའི་དངོས་པོ་ཕལ་ཆེར་ལ་བྱེད་མཁན་ཡོད་པ་སུས་ཀྱང་མ་མཐོང་བས་ན་དེ་དག་ཐམས་ཅད་ རྒྱུ་མེད་རྐྱེན་མེད་དུ་ངོ་བོ་ཉིད་ཀྱིས་འབྱུང་བར་འདོད་དོ། །དེ་དག་ནི་ཕྱི་རོལ་པའི་རྩ་བའི་གྲུབ་ མཐའ་རྟོག་གེ་སྡེ་ལྔ་དང་དེ་ལས་གྱེས་པའི་ཡན་ལག་གི་གྲུབ་མཐའ་དང་བཅས་པའི་རྣམ་ གཞག་མདོ་ཙམ་མོ། ། གཉིས་པ་རང་སྡེ་ནང་བ་པ་ལ། ཐེག་དམན་སྡེ་པ་དང༌། ཐེག་ཆེན་སྡེ་པ་དང་གཉིས་ལས། དང་པོ་ལ། བྱེ་བྲག་སྨྲ་བ་དང༌། མདོ་སྡེ་པ་གཉིས་ལས། དང་པོ་ལ། རྩ་བའི་སློབ་དཔོན་ངོས་བཟུང་བ། འདོད་པ་སྟོན་པའི་གཞུང་ལུགས། མཚན་ ཉིད། དབྱེ་བ་དང་སྒྲ་བཤད། དེའི་འདོད་པའི་ཁྱད་པར་དང་ལྔ་ལས། དང་པོ་ནི། བཙུན་པ་ ཆོས་སྐྱོབ། སློབ་དཔོན་དབྱིག་བཤེས། བཙུན་པ་དབྱངས་སྒྲོགས། སློབ་དཔོན་སངས་རྒྱས་ ལྷ། བཙུན་པ་མེའུ་ཐུང༌། མཛོད་རྩ་བ་རྩོམ་སྐབས་ཀྱི་སློབ་དཔོན་དབྱིག་གཉེན་སོགས་ཡིན། གཉིས་པ་ལ། བཀའ་དང་བསྟན་བཅོས་གཉིས་ལས་དང་པོ། ཀ་ཏྱ་ནའི་མདོ། གདམས་ ངག་བརྒྱ་བ། མངོན་པ་སྡེ་བདུན་སོགས་དང༌། གཉིས་པ་ནི། མཛོད་ཀྱི་རྩ་བའི་ཚིག་ཕལ་ཆེ་ བ་རྣམས་སོ། ། གསུམ་པ་ནི། བྱེ་བྲག་བཤད་མཛོད་ཆེན་མོ་སོགས་དང་མཐུན་པར་རང་ལུགས་འཇོག་ པའི་སངས་རྒྱས་པ་གང་ཞིག རང་རིག་མི་འདོད་ཅིང་ཕྱི་དོན་བདེན་གྲུབ་ཏུ་ཁས་ལེན་པའི་ཆ་ ནས་བཞག་པའི་གྲུབ་མཐའ་སྨྲ་བའི་གང་ཟག་དེ། བྱེ་བྲག་སྨྲ་བའི་མཚན་ཉིད་དོ། ། བཞི་པ་དབྱེ་བ་དང་སྒྲ་བཤད་ནི། བྱེ་སྨྲ་ལ། ཁ་ཆེ་པ་དང༌། ཉི་འོག་པ་དང༌། ཡུལ་དབུས་ 5-1-17 ཀྱི་བྱེ་སྨྲ་དང་གསུམ་མོ། །དུས་གསུམ་རྫས་ཀྱི་བྱེ་བྲག་ཏུ་སྨྲ་བས་ན་བྱེ་བྲག་སྨྲ་བ་ཞེས་བྱའོ། ། ལྔ་པ་ལ། ཤེས་བྱ་གཞི་ལྔ། བདེན་གཉིས་ཀྱི་རྣམ་གཞག འཕྲོས་དོན་གཞན། ལྟ་སྒོམ་ སྤྱོད་གསུམ། གཞི་ལམ་འབྲས་གསུམ་ལྔ་ལས། དང་པོ་ལ། གཟུགས། སེམས། སེམས་བྱུང༌། ལྡན་མིན་འདུ་བྱེད། འདུས་མ་བྱས་ཀྱི་གཞི་དང་ལྔ་ལས། དང་པོ་ལའང་ཀ་བུམ་ལྟ་བུའི་བསྟན་ཡོད་ཐོགས་བཅས་ཀྱི་གཟུགས་དང༌། དབང་པོ་ལྔ་ སྒྲ་དྲི་རོ་རེག་བྱ་བཞིའི་གཟུགས་ལྟ་བུའི་བསྟན་མེད་ཐོགས་བཅས་ཀྱི་གཟུགས་དང༌། རིག་ མིན་གྱི་གཟུགས་ལྟ་བུའི་བསྟན་མེད་ཐོགས་མེད་ཀྱི་གཟུགས་དང་གསུམ་མོ། །ཁ་ཅིག་གིས་ འདི་བས་རྡུལ་ཕྲན་ཆ་མེད་འདོད་པས་རྡུལ་ཕྲན་གཅིག་དབུས་སུ་བཞག་རྡུལ་ཕྲན་བཅུས་ ཕྱོགས་མཚམས་ནས་བསྐོར་ཀྱང་དེ་དག་ཕན་ཚུན་མ་རེག་པའི་བར་སྟོང་དུ་འདོད་པར་བཤད་ དོ། །འདོད་པའི་གོང་བུ་ཡིན་ན་འབྱུང་བ་བཞི་འདུས་ཡིན་པས་ཁྱབ་ཕྱིར་དཔེར་ན་འབྱུང་བ་ ཆུ་ལྟ་བུ་ལ་གྲུ་སོགས་འདེགས་པ་སའི་བྱེད་ལས། ཤིང་ལོ་སོགས་འགྲིལ་བ་མེའི་བྱེད་ལས། ཐུར་དུ་འགྲོ་བ་རླུང་གི་བྱེད་ལས་ཡོད་པ་ལྟར་འབྱུང་བ་རེ་རེ་ལ་འབྱུང་བ་བཞི་བཞིའི་བྱེད་ ལས་ཚང་བར་འདོད། གཉིས་པ་ནི། དོན་གྱི་ངོ་བོ་རང་སྟོབས་ཀྱིས་མཐོང་བའི་རྣམ་པར་ཤེས་པ་ཚོགས་དྲུག་ དེ་ཡིན་ལ། དེ་དག་གིས་རང་ཡུལ་འཛིན་པ་ན་ཡུལ་གྱི་རྣམ་ལྡན་དུ་སྐྱེ་བ་མེད་པར་རྣམ་མེད་ ཐུག་འཕྲད་དུ་འཛིན་པར་འདོད་ཅིང༌། དེ་མ་ཟད་མིག་ཤེས་ཁོ་ནས་གཟུགས་མཐོང་ན་རི་ལ་ སོགས་པས་བར་ཆོད་པའི་གཟུགས་མཐོང་དགོས་ཀྱང་དེ་འདྲ་མི་མཐོང་བས་ན་མིག་ཤེས་ དབང་པོ་བཅས་པས་གཟུགས་མཐོང་བར་ཁས་ལེན་ནོ། ། གསུམ་པ་ནི། ཡུལ་གྱི་ཁྱད་པར་འཛིན་པའི་ཀུན་འགྲོ་ལྔ་ལ་སོགས་པའི་སེམས་བྱུང་ རྣམས་ཡིན་ལ། དེ་དག་གྲུབ་མཐའ་གོང་མའི་ལུགས་ལྟར་གྱི་རྩ་ཚིག་མདོ་ཙམ་ནི། ཚོར་འདུ་ 5-1-18 སེམས་པ་རེག་ཡིད་བྱེད། །དེ་དག་ཀུན་འགྲོ་ལྔ་ཡིན་ནོ། །འདུན་མོས་དྲན་ཏིང་ཤེས་རབ་དང༌། །འདི་དག་ཡུལ་ངེས་ལྔ་ཡིན་ནོ། །དད་དང་བག་ཡོད་ཤིན་ཏུ་སྦྱང༌། །བཏང་སྙོམས་ངོ་ཚ་ཤེས་ ཁྲེལ་ཡོད། །འདོད་ཆགས་ཞེ་སྡང་གཏི་མུག་མེད། །རྣམ་པར་མི་འཚེ་བརྩོན་འགྲུས་ཏེ། །འདི་ དག་དགེ་བ་བཅུ་གཅིག་ཡིན། །འདོད་ཆགས་ཁོང་ཁྲོ་ང་རྒྱལ་དང༌། །མ་རིག་ཐེ་ཚོམ་ལྟ་བ་སྟེ། །དྲུག་པོ་རྩ་བའི་ཉོན་མོངས་ཡིན། །ཁྲོ་དང་འཁོན་འཛིན་འཆབ་དང་འཚིག ། ཕྲག་དོག་སེར་ སྣ་སྒྱུ་དང་གཡོ། །རྒྱགས་དང་རྣམ་འཚེ་ངོ་ཚ་མེད། །ཁྲེལ་མེད་རྨུགས་རྒོད་མ་དད་དང༌། །ལེ་ ལོ་བག་མེད་བརྗེད་ངས་དང༌། །ཤེས་བཞིན་མ་ཡིན་རྣམ་གཡེང་ངོ༌། །འདི་རྣམས་ཉེ་ཉོན་ཉི་ ཤུ་ཡིན། །གཉིད་འགྱོད་རྟོག་དང་དཔྱོད་པ་སྟེ། །འདི་ནི་གཞན་འགྱུར་བཞི་ཡིན་ནོ། ། བཞི་པ་ནི། ཐོབ་པ། སྙོམས་པར་འཇུག་པ། མིང་གི་ཚོགས། ཚིག་གི་ཚོགས། ཡི་གེའི་ ཚོགས། སྐྱེ་བ། རྒ་བ། གནས་པ། འཇིག་པ། གང་ཟག འབྱོར་འབྲེ ལ། གོ་རིམ། གྲངས་ སོགས་སོ། །དེ་དག་ནི་རང་རང་གི་གདགས་གཞི་ལ་མ་ལྟོས་པའི་སྒོས་རྫས་ཅན་དུ་འདོད། ལྔ་པ་ནི། བྱེ་སྨྲ་སྤྱིའི་ལུགས་ལ། ནམ་མཁའ་བརྟགས་འགོག་བརྟགས་མིན་འགོག་ གསུམ་དང༌། ཉི་འོག་པ་ལྟར་ན་དེ་གསུམ་གྱི་སྟེང་དུ་གང་ཟག་གི་བདག་མེད་རགས་པ་དང་ བཞི་པོ་འདུས་མ་བྱས་རྟག་རྫས་སུ་འདོད་དེ། གོང་གི་སེམས་བྱུང་རྣམས་ལས་ལྟ་བ་ལའང་ལྔ་ སྟེ། དེ་ཡང་རང་རྒྱུད་ཀྱི་ང་ལ་དམིགས་ནས་རང་རྐྱ་ཐུབ་པའི་རྫས་ཡོད་དུ་ལྟ་བའི་ཤེས་རབ་ ཉོན་མོངས་ཅན་དེ་འཇིག་ལྟ་དང༌། འཇིག་ལྟའི་ཞེན་ཡུལ་གྱི་ང་དེ་ཚེ་ཕྱི་མར་རྒྱུན་ཆད་པར་ལྟ་ བའི་ཤེས་རབ་ཉོན་མོངས་ཅན་དེ་ཆད་ལྟ་དང༌། དེ་འདྲའི་ཞེན་ཡུལ་གྱི་ང་དེ་ཚེ་ཕྱི་མར་རྒྱུན་ མི་ཆད་པར་ལྟ་བའི་ཤེས་རབ་ཉོན་མོངས་ཅན་དེ་རྟག་ལྟ་དང༌། ལྟ་བ་དེ་དག་དག་གྲོལ་ངེས་ འབྱིན་གྱི་རྒྱུར་ལྟ་བའི་ཤེས་རབ་ཉོན་མོངས་ཅན་དེ་ལྟ་བ་མཆོག་འཛིན་དང༌། མེ་ལྔ་བསྟེན་པ་ སོགས་ཚུལ་ཁྲིམས་ངན་པ་དང་ཁྱི་དང་བ་གླང་གི་སྤྱོད་པ་སོགས་བརྟུལ་ཞུགས་ངན་པ་རྣམས་ 5-1-19 དག་གྲོལ་ངེས་འབྱིན་གྱི་རྒྱུར་ལྟ་བའི་ཤེས་རབ་ཉོན་མོངས་ཅན་དེ་ཚུལ་ཁྲིམས་བརྟུལ་ཞུགས་ མཆོག་འཛིན་དང༌། ལས་འབྲས་སོགས་མེད་པར་ལྟ་བའི་ཤེས་རབ་ཉོན་མོངས་ཅན་དེ་ལོག་ ལྟ་སྟེ་གོང་གི་རྟག་ཆད་གཉིས་གཅིག་ཏུ་བྱས་པ་དང་ལྔའོ། ། གཉིས་པ་ལ། ཀུན་རྫོབ་དང༌། དོན་དམ་བདེན་པ་གཉིས་ལས། དང་པོ་ནི། བཅོམ་ པའམ་ཆ་ཤས་སོ་སོར་བསལ་བ་ན་རང་འཛིན་གྱི་བློ་འདོར་དུ་རུང་བའི་ཆོས་དེ། ཀུན་རྫོབ་ བདེན་པའི་མཚན་ཉིད། མཚན་གཞི་བུམ་པ་དང༌། སྣམ་བུ་ལྟ་བུའོ། །ཀུན་རྫོབ་བདེན་པ། ཀུན་རྫོབ་ཏུ་གྲུབ་པ། བཏགས་པར་ཡོད་པ་རྣམས་དོན་གཅིག འདི་བའི་ལུགས་ལ། གཞི་ གྲུབ་ན་རྫས་གྲུབ་ཡིན་པས་ཁྱབ་ཀྱང་རྫས་ཡོད་ཡིན་པས་མ་ཁྱབ་སྟེ། འདི་བའི་རྫས་ཡོད་ ནི་བཅོམ་པའམ་ཆ་ཤས་སོ་སོར་བསལ་བ་ན་རང་འཛིན་གྱི་བློ་འདོར་དུ་མི་རུང་བའི་ཆོས་དེ་ ཡིན་པ་གང་ཞིག ཀུན་རྫོབ་བདེན་པ་ལ་དེ་འདྲ་མི་སྲི ད་པའི་ཕྱིར། བུམ་པ་ལྟ་བུ་ནི་བཅོམ་ པས་འཇིག་པ་དང་དབྱིབས་ཀྱི་ཀུན་རྫོབ་དང༌། མཆུ་ལྟོ་སོགས་ཀུན་རྫོབ་གཞན་ལ་བརྟེན་ པའི་ཀུན་རྫོབ་དང༌། ཆུ་ལྟ་བུ་ནི་བློས་འཇིག་པ་དང་འཚོགས་པའི་ཀུན་རྫོབ་དང་གཟུགས་དྲི་ སོགས་རྫས་གཞན་ལ་བརྟེན་པའི་ཀུན་རྫོབ་ཡིན་ལ། དབྱིབས་ཀྱི་ཀུན་རྫོབ་ལ་ཚོགས་པའི་ ཀུན་རྫོབ་ཀྱིས་ཁྱབ་སྟེ། དབྱིབས་ཀྱི་ཀུན་རྫོབ་ཡིན་ཚད་ལ་ཚོགས་པའི་ཀུན་རྫོབ་མ་ཡིན་པ་ མེད་པའི་ཕྱིར། ཚོགས་པའི་ཀུན་རྫོབ་ལ་དབྱིབས་ཀྱི་ཀུན་རྫོབ་ཀྱིས་མ་ཁྱབ་སྟེ། འབྱུང་བ་ཆུ་ དེ་ཚོགས་པའི་དེ་ཡིན་ཀྱང་དབྱིབས་ཀྱི་དེ་མ་ཡིན་པའི་ཕྱིར་ཏེ། དེ་དབྱིབས་དང་ཁ་དོག་གི་ཆ་ ནས་གཙོ་བོར་མ་བཞག་པར་ལུས་ཤེས་ཀྱིས་གཟུང་བྱ་རེག་བྱའི་རྡུལ་རྫས་བརྒྱད་འདུས་ཀྱི་ ཆ་ནས་གཙོ་བོར་བཞག་པ་གང་ཞིག རྡུལ་རྫས་བརྒྱད་པོ་དེ་ཡང་བློས་སོ་སོར་བསལ་བ་ལས་ བཅོམ་པས་སོ་སོར་བསལ་དུ་མེད་པའི་ཕྱིར། གཉིས་པ་ནི། བཅོམ་པའམ་ཆ་ཤས་སོ་སོར་བསལ་བ་ན་རང་འཛིན་གྱི་བློ་འདོར་དུ་མི་ 5-1-20 རུང་བའི་ཆོས་ཏེ། དོན་དམ་བདེན་པའི་མཚན་ཉིད། མཚན་གཞི་ཤེས་པ་དུས་ཀྱི་ཆ་མེད་དང༌། རྡུལ་ཕྲན་ཕྱོགས་ཀྱི་ཆ་མེད་དང༌། འདུས་མ་བྱས་ལྟ་བུའོ། །དོན་དམ་བདེན་པ་དང༌། དོན་ དམ་པར་གྲུབ་པ་དང༌། རྫས་སུ་ཡོད་པ་རྣམས་དོན་གཅིག འདི་བའི་ལུགས་ལ་གཞི་གྲུབ་ན་ བདེན་གྲུབ་ཀྱིས་ཁྱབ་ཀྱང་གཞི་གྲུབ་ན་དོན་དམ་པར་གྲུབ་པས་མ་ཁྱབ་སྟེ། འདིའི་དོན་དམ་ པར་གྲུབ་པ་ནི་བཅོམ་བསལ་གྱིས་རང་གི་ངོ་བོ་འདོར་དུ་མི་རུང་བའི་ཆོས་དེ་ཡིན་པ་གང་ ཞིག གཞི་གྲུབ་ལ་དེ་འདྲ་ཡིན་མིན་གཉིས་ཡོད་པའི་ཕྱིར། གཟུགས་ཤེས་རེ་རེ་ནས་དོན་དམ་ བདེན་པ་ཡིན་ཡང་དེ་གཉིས་ཀྱི་ཚོགས་པ་དང་རྒྱུན་ནི་བཅོམ་བསལ་གྱིས་རང་གི་ངོ་བོ་འདོར་ དུ་རུང་བས་ན་དོན་དམ་བདེན་པ་མ་ཡིན་པར་འདོད། གསུམ་པ་ནི། བྱེ་སྨྲའི་ལུགས་ལ་ནམ་མཁའ་སོགས་འདུས་མ་བྱས་རྣམས་ནི་རྒྱུ་རྐྱེན་ ལས་མ་སྐྱེས་པས་ན་འདུས་མ་བྱས་དང༌། རང་དབང་བའི་སྒོས་རྫས་ཡིན་པས་རང་བཞིན་གྱི་ དངོས་པོ་དང༌། ཤེས་པའི་དམིགས་རྐྱེན་ཡིན་ཕྱིར་དམིགས་པའི་དངོས་པོ་དང༌། དུས་སྔ་མ་ ན་ཡོད་པ་དེ་ཉིད་ཕྱི་མ་ན་ཡོད་པས་རྟག་པ་དང༌། བློས་ཆ་ཤས་སོ་སོར་བསལ་ན་རང་འཛིན་ གྱི་བློ་འདོར་དུ་མི་རུང་བས་ན་དོན་དམ་བདེན་པ་དང༌། གཟུགས་དང་གཟུགས་ཕུང་གཉིས་ གོ་ལུགས་ཁྱད་ཐང་མི་ཕྱེ་བར་གཞིའི་རྫས་རང་དབང་བར་དམ་དུ་བཟུང་བའི་དབང་གིས་ གཟུགས་ཕུང་ཡང་སྒོས་རྫས་ཅན་དུ་འདོད་པ་བཞིན་ཚོར་ཕུང་སོགས་ཀྱང་དེ་ལྟར་དུ་འདོད་ པ་དང༌། དབྱིབས་ཀྱང་ཁ་དོག་ལས་གཞན་པའི་སྒོས་རྫས་ཅན་དུ་འདོད་དོ། །ལུང་གི་རྗེས་ འབྲང་གི་མདོ་སྡེ་པ་ཡན་ཆད་ཀྱིས་ནི་ནམ་མཁའ་སོགས་འདུས་མ་བྱས་རྣམས་ནི་རང་བཞིན་ གྱིས་དངོས་པོ་དང་ཤེས་པའི་དམིགས་རྐྱེན་གང་ཡང་མ་ཡིན་པར་རྫས་སུ་མ་གྲུབ་པའི་དངོས་ མེད་ཀྱི་ཆོས་སུ་འདོད་པ་དང༌། ཕུང་པོ་རྣམས་རང་རང་གི་གདགས་གཞིའི་རྫས་ལ་བཏགས་ པ་ཙམ་ལས་ལོགས་སུ་སྒོས་རྫས་མེད་པ་དང༌། དབྱིབས་ཀྱང་ཁ་དོག་གི་རྫས་འཚོགས་ 5-1-21 ལུགས་ཀྱི་ཁྱད་པར་ལ་བཏགས་པ་ཙམ་ལས་རང་རྐྱ་འཛིན་ཐུབ་པའི་རྫས་སུ་མེད་པར་འདོད་ དོ། ། བཞི་པ་ནི། ལྟ་སྒོམ་སྤྱོད་གསུམ་ལས། དང་པོ་ནི། གང་ཟག་གི་བདག་མེད་རྟོགས་པའི་ ཤེས་རབ་སོགས་སོ། །གཉིས་པ་ནི། ལྟ་བ་དེ་དག་རྩེ་གཅིག་ཏུ་གོམས་པར་བྱེད་པ་དེའོ། ། གསུམ་པ་ནི། ལྟ་བ་དེ་དག་བསོད་ནམས་ཀྱི་ཚོགས་དང་སྦྲེལ་ནས་ཉམས་སུ་ལེན་པ་དེ་ ཡིན་ལ། དེ་ཡང་ཚོགས་བསགས་ཚུལ་ནི། བྱང་སེམས་རྣམས་ཀྱིས་ཚོགས་ལམ་ཆེན་པོ་མན་ ཆད་དུ་བསྐལ་ཆེན་གྲངས་མེད་གསུམ་ལ་ཚོགས་བསགས་ནས་སྦྱོར་ལམ་དྲོད་ཡན་ཆད་ནས་ མི་སློབ་ལམ་མན་ཆད་སྟན་ཐོག་གཅིག་ལ་མངོན་དུ་བྱེད་པ་དང༌། རང་རྒྱལ་བསེ་རུ་ལྟ་བུའི་ རིགས་ཅན་རྣམས་ཀྱིས་ཚོགས་ལམ་ཆེན་པོ་མན་ཆད་དུ་བསྐལ་པ་བརྒྱར་ཚོགས་བསགས་ ནས་དྲོད་ཡན་ཆད་སྟན་ཐོག་གཅིག་ལ་མངོན་དུ་བྱེད་པ་དང༌། ཉན་ཐོས་རིགས་ཅན་རྣམས་ ཀྱིས་སློབ་ལམ་བཞིའི་གནས་སྐབས་སུ་ཚོགས་བསགས་ཤིང་འཕགས་ལམ་ཐོབ་རྗེས་སུ་ད་ དུང་སྐྱེ་སྲི ད་བཅུ་བཞིའི་བར་དུ་སློབ་ལམ་ལ་སློབ་དགོས་པ་ཡང་ཡོད་པར་འདོད་དོ། ། ལྔ་པ་ལ་གཞི་ལམ་འབྲས་བུ་གསུམ་ལས། དང་པོ་ནི། བླང་དོར་བྱ་བའི་གཞི་ཤེས་བྱ་ གཞི་ལྔའི་ནང་དུ་བསྡུས་པའི་ཆོས་ཐམས་ཅད་དེ་ཡིན། གཉིས་པ་ལ། བྱང་ཆོས་སོ་བདུན་དང༌། བསླབ་པ་གསུམ་སོགས་ཡོད་པ་ལས། དང་ པོ་བྱང་ཆོས་རྣམས་ཀྱི་ངོ་བོ་ཤེས་ཆེད་དུ་ཐེག་ཆེན་སྤྱིའི་ལུགས་ལྟར་མདོ་ཙམ་བཤད་ན། དེ་ ལ། དྲན་པ་ཉེར་བཞག་བཞི། ཡང་དག་སྤོང་བ་བཞི། རྫུ་འཕྲུལ་གྱི་རྐང་པ་བཞི། དབང་པོ་ ལྔ། སྟོབས་ལྔ། བྱང་ཆུབ་ཡན་ལག་བདུན། འཕགས་པའི་ལམ་ཡན་ལག་བརྒྱད་དང་སྡེ་ཚན་ བདུན་ལས། དང་པོ་ལ་བཞི་ལས། དང་པོ་ནི། རང་གཞན་གྱི་ཟག་བཅས་ཀྱི་ལུས་ལ་དམིགས་ནས་མི་གཙང་བའི་རྫས་སོ་ 5-1-22 གཉིས་སོགས་ཀྱི་སྒོ་ནས་མི་སྡུག་པ་ཡིན་པ་སོགས་སུ་ཤེས་རབ་ཀྱིས་རྟོགས་པ་ལ་དྲན་པས་ གནས་པར་བྱས་པའི་སྒོ་ནས་ཐོས་བསམ་སྒོམ་གསུམ་གཙོ་བོར་གྱུར་པའི་མངོན་རྟོགས་དེ་ ལུས་མི་གཙང་བ་དྲན་པ་ཉེ་བར་བཞག་པའོ། ། གཉིས་པ་ནི། རང་གཞན་གྱི་ཚོར་བ་བདེ་སྡུག་བཏང་སྙོམས་གསུམ་ལ་དམིགས་ནས་ དེ་དག་རང་གི་མཚན་ཉིད་སྡུག་བསྔལ་བ་ཡིན་པ་སོགས་སུ་ཤེས་རབ་ཀྱིས་རྟོགས་པ་ལ། སོགས་ནས། མངོན་རྟོགས་དེ། ཚོར་བ་སྡུག་བསྔལ་བ་དྲན་པ་ཉེ་བར་བཞག་པའོ། ། གསུམ་པ་ནི། རང་གཞན་གྱི་རྣམ་ཤེས་ཚོགས་དྲུག་ལ་དམིགས་ནས་དེ་དག་རང་གི་ མཚན་ཉིད་མི་རྟག་པ་ཡིན་པ་སོགས་སུ་ཤེས་རབ་ཀྱིས། སོགས་ནས། མངོན་རྟོགས་དེ། སེམས་མི་རྟག་པ་དྲན་པ་ཉེ་བར་བཞག་པའོ། ། བཞི་པ་ནི། རང་གཞན་གྱིས་ལུས་ཚོར་སེམས་གསུམ་ལས་གཞན་པའི་སེམས་བྱུང་གང་ ཡོད་རྣམས་དང་ལྡན་མིན་འདུ་བྱེད་རྣམས་རང་གི་མཚན་ཉིད་བདག་མེད་པ་ཡིན་པ་སོགས་ སུ་ཤེས་རབ་ཀྱིས། སོགས་ནས། མངོན་རྟོགས་དེ། ཆོས་བདག་མེད་པ་དྲན་པ་ཉེ་བར་བཞག་ པའོ། ། གཉིས་པ་ལ་བཞི་ལས། དང་པོ་ནི། རང་གཞན་ཅི་རིགས་པའི་རྒྱུད་ལ་ཀུན་ནས་ཉོན་ མོངས་པའི་ཕྱོགས་སྐྱེས་པ་སྤོང་བ་ལ་སྤྲོ་བའི་བརྩོན་འགྲུས་གཙོ་བོར་གྱུར་པའི་མངོན་རྟོགས་ དེ། མི་དགེ་བ་སྐྱེས་པ་སྤོང་བའི་ཡང་དག་སྤོང་བའོ། ། གཉིས་པ་ནི། རང་གཞན་ཅི་རིགས་པའི་རྒྱུད་ལ་ཀུན་ནས་ཉོན་མོངས་པའི་ཕྱོགས་མ་ སྐྱེས་པ་མི་སྐྱེ་བའི་ཐབས་ལ་སྤྲོ་བའི། སོགས་ནས། མངོན་རྟོགས་དེ། མི་དགེ་བ་མ་སྐྱེས་པ་མི་ སྐྱེད་པའི་ཡང་དག་སྤོང་བའོ། ། གསུམ་པ་ནི། རང་གཞན་ཅི་རིགས་པའི་རྒྱུད་ལ་རྣམ་བྱང་ཐར་པ་ཕྱོགས་ཀྱི་ཆོས་སྐྱེས་པ་ 5-1-23 སྤེལ་བ་ལ་སྤྲོ་བའི། སོགས་ནས། མངོན་རྟོགས་དེ། དགེ་བ་སྐྱེས་པ་སྤེལ་བའི་ཡང་དག་སྤོང་ བའོ། ། བཞི་པ་ནི། རང་གཞན་ཅི་རིགས་པའི་རྒྱུད་ལ་རྣམ་བྱང་ཐར་པ་ཕྱོགས་ཀྱི་ཆོས་མ་སྐྱེས་པ་ སྐྱེ་བའི་ཐབས་ལ་སྤྲོ་བའི། སོགས་ནས། མངོན་རྟོགས་དེ། དགེ་བ་མ་སྐྱེས་པ་སྐྱེད་པའི་ཡང་ དག་སྤོང་བའོ། ། གསུམ་པ་ལ་བཞི་ལས། དང་པོ་ནི། ཏིང་ངེ་འཛིན་དོན་དུ་གཉེར་བའི་འདུན་པ་ལ་བརྟེན་ ནས་བསྒོམས་པས་ཏིང་ངེ་འཛིན་ལས་བྱུང་བའི་རྫུ་འཕྲུལ་གྱི་རྐང་པ་དེ། འདུན་པའི་རྫུ་ འཕྲུལ་གྱི་རྐང་པའོ། ། གཉིས་པ་ནི། ཏིང་ངེ་འཛིན་ལ་རྟག་སྦྱོར་གྱི་བརྩོན་འགྲུས་ལ་བརྟེན་ནས་བསྒོམས་པས་ ཏིང་ངེ་འཛིན་ལས་བྱུང་བའི། སོགས་ནས། རྐང་པ་དེ། བརྩོན་འགྲུས་ཀྱི་རྫུ་འཕྲུལ་གྱི་རྐང་ པའོ། ། གསུམ་པ་ནི། ཡང་སྔོན་ཡང་ཡང་སེམས་ཤིང་གོམས་པའི་སྟོབས་ཀྱིས་སྐྱེས་ཐོབ་ཀྱི་ཏིང་ ངེ་འཛིན་ལས་བྱུང་བའི་རྫུ་འཕྲུལ་གྱི་རྐང་པ་དེ་སེམས་པའི་རྫུ་འཕྲུལ་གྱི་རྐང་པའོ། ། བཞི་པ་ནི་གཞན་གྱིས་བསྟན་པའི་གདམས་ངག་གི་དོན་ལ་དཔྱོད་ཅིང་རྟོགས་པའི་ཤེས་ རབ་ལ་བརྟེན་ནས་བསྒོམས་པའི་ཏིང་ངེ་འཛིན་ལས་སོགས་ནས་རྐང་པ་དེ་དཔྱོད་པའི་རྫུ་ འཕྲུལ་ཀྱི་རྐང་པའོ། ། བཞི་པ་ལ་ལྔ་ལས། དང་པོ་ནི། བདེན་པ་ལ་བསྒོམས་བྱུང་ཐོབ་པའི་སྟོབས་ཀྱིས་རྣམ་ བྱང་ལ་དབང་བྱེད་པའི་བདེན་པའི་གནས་ལུགས་ལ་ཡིད་ཆེས་པའི་དད་པ་དེ། དད་པའི་ དབང་པོའོ། ། གཉིས་པ་ནི། བདེན་པ་ལ། སོགས་ནས། བདེན་པའི་གནས་ལུགས་ལ་སྤྲོ་བའི་བརྩོན་ 5-1-24 འགྲུས་དེ། བརྩོན་འགྲུས་ཀྱི་དབང་པོའོ། ། གསུམ་པ་ནི། བདེན་པ་ལ་སོགས་ནས། གནས་ལུགས་ཀྱི་དམིགས་རྣམ་མི་བརྗེད་པའི་ དྲན་པ་དེ། དྲན་པའི་དབང་པོའོ། ། བཞི་པ་ནི། བདེན་པ་ལ། སོགས་ནས། གནས་ལུགས་ལ་རྩེ་གཅིག་ཏུ་གནས་པའི་ཏིང་ ངེ་འཛིན་དེ། ཏིང་ངེ་འཛིན་གྱི་དབང་པོའོ། ། ལྔ་པ་ནི། བདེན་པ་ལ། སོགས་ནས། གནས་ལུགས་ཇི་བཞིན་པ་སོ་སོར་རྟོགས་པའི་ ཤེས་རབ་དེ། ཤེས་རབ་ཀྱི་དབང་པོའོ། ། ལྔ་པ་ལྔ་ལས། དང་པོ་ནི། བདེན་པའི་གནས་ལུགས་ལ་ཡིད་མ་ཆེས་པའི་མ་དད་པས་ བརྫི་མི་ནུས་པའི་སྟོབས་དང་ལྡན་པའི་བདེན་པའི་གནས་ལུགས་ལ་ཡིད་ཆེས་པའི་དད་པ་དེ། དད་པའི་སྟོབས་སོ། ། གཉིས་པ་ནི། ཡང་བདེན་པའི་གནས་ལུགས་ལ་སྒྱིད་ལུག་པའི་ལེ་ལོ་སོགས་ཀྱིས་བརྫི ་ མི་ནུས་པའི་སྟོབས་དང་ལྡན་པའི་བདེན་པའི་གནས་ལུགས་ལ་སྤྲོ་བའི་བརྩོན་འགྲུས་དེ། བརྩོན་འགྲུས་ཀྱི་སྟོབས་སོ། ། གསུམ་པ་ནི། བདེན་པའི་གནས་ལུགས་ཀྱི་དམིགས་རྣམ་བརྗེད་པའི་བརྗེད་ངས་ཀྱིས་ བརྫི་མི་ནུས་པའི་སྟོབས་དང་ལྡན་པའི་བདེན་པའི་གནས་ལུགས་ཀྱི་དམིགས་རྣམ་མི་བརྗེད་ པའི་དྲན་པ་དེ། དྲན་པའི་སྟོབས་སོ། ། བཞི་པ་ནི། བདེན་པའི་གནས་ལུགས་ལས་གཞན་དུ་གཡེང་པའི་རྣམ་གཡེང་གིས་བརྫི ་ མི་ནུས་པའི་སྟོབས་དང་ལྡན་པའི་བདེན་པའི་གནས་ལུགས་ལ་རྩེ་གཅིག་ཏུ་གནས་པའི་ཏིང་ ངེ་འཛིན་དེ། ཏིང་ངེ་འཛིན་གྱི་སྟོབས་སོ། ། ལྔ་པ་ནི། བདེན་པའི་གནས་ལུགས་ལ་ཕྱིན་ཅི་ལོག་ཏུ་རྟོག་པའི་ཤེས་འཆལ་གྱིས་བརྫི ་ 5-1-25 མི་ནུས་པའི་སྟོབས་དང་ལྡན་པའི་བདེན་པའི་གནས་ལུགས་ཇི་བཞིན་པ་སོ་སོར་རྟོགས་པའི་ ཤེས་རབ་དེ། ཤེས་རབ་ཀྱི་སྟོབས་སོ། ། དྲུག་པ་ལ་བདུན་ལས། དང་པོ་ནི། འཕགས་རྒྱུད་ཀྱི་བདེན་པའི་གནས་ལུགས་མངོན་ སུམ་དུ་རྟོགས་པའི་ཡེ་ཤེས་དེས་རང་ཡུལ་གྱི་དམིགས་རྣམ་མི་བརྗེད་པར་དྲན་འདུག་པའི་ ཆའི་སེམས་བྱུང་དེ། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ། གཉིས་པ་ནི། ཡང་འཕགས་རྒྱུད་ཀྱི། སོགས་ནས། ཡེ་ཤེས་དེས། རང་ཡུལ་ལ་སྤྲོ་བའི་ བརྩོན་འགྲུས་ཀྱི་ལྡོག་ཆའི་སེམས་བྱུང་དེ། བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ། གསུམ་པ་ནི། འཕགས་རྒྱུད། སོགས་ནས། དེས་རང་ཡུལ་གྱི་གནས་ཚུལ་ཇི་བཞིན་པ་སོ་ སོར་རྟོགས་པའི་ཤེས་རབ་ཀྱི་ལྡོག་ཆའི་སེམས་བྱུང་དེ། ཆོས་རབ་རྣམ་འབྱེད་ཡང་དག་བྱང་ ཆུབ་ཀྱི་ཡན་ལག་གོ། བཞི་པ་ནི། འཕགས་རྒྱུད་ཀྱི། སོགས་ནས། ཡེ་ཤེས་དེ་རང་ཡུལ་ལ་ཅི་དགར་བཀོལ་དུ་ རུང་བའི་ཐུགས་རྣམ་པར་ཞི་བའི་ཆའི་སེམས་བྱུང་དེ། ཤིན་ཏུ་སྦྱང་བ་ཡང་དག་བྱང་ཆུབ་ཀྱི་ ཡན་ལག་གོ། ལྔ་པ་ནི། འཕགས་རྒྱུད། སོགས་ནས། ཡེ་ཤེས་ལས་རུང་དུ་གྱུར་པའི་སྟོབས་ཀྱིས་ ཐུགས་གཤིས་དགའ་བའི་ཆའི་སེམས་བྱུང་ཚོར་བ་ལ་བཏགས་པ་ཅན་གྱི་ཆོས་དེ། དགའ་བ་ ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ། དྲུག་པ་ནི། འཕགས་རྒྱུད། སོགས་ནས། ཡེ་ཤེས་དེ་རང་ཡུལ་ལ་རྩེ་གཅིག་ཏུ་གནས་ པའི་ཏིང་ངེ་འཛིན་དེ། ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ། བདུན་པ་ནི། འཕགས་རྒྱུད། སོགས་ནས། ཡེ་ཤེས་དེ་རང་ཡུལ་ལ་གཉེན་པོ་བསྟེན་པའི་ 5-1-26 རྩོལ་བའི་སྤྲོས་པ་འདུ་བར་མི་བྱེད་པའི་ཆའི་སེམས་བྱུང་དེ། བཏང་སྙོམས་ཡང་དག་བྱང་ཆུབ་ ཀྱི་ཡན་ལག་གོ། བདུན་པ་ལ་བརྒྱད་ལས། དང་པོ་ནི། འཕགས་རྒྱུད་ཀྱི་མཉམ་བཞག་ཏུ་བདེན་པའི་ གནས་ལུགས་རྟོགས་པའི་ཚུལ་རྗེས་ཐོབ་ཀྱི་སྐབས་སུ་ཇི་བཞིན་པར་ངེས་པའི་ཡེ་ཤེས་དེ། ཡང་དག་པའི་ལྟ་བའོ། ། གཉིས་པ་ནི། འཕགས་རྒྱུད་ཀྱི་གཞན་ལ་ཆོས་སྟོན་བྱེད་ཀྱི་ཡེ་ཤེས་དེ་ཡང་དག་པའི་རྟོག་ པའོ། ། གསུམ་པ་ནི། འཕགས་རྒྱུད་ཀྱི་གཞན་ལ་སྟོན་རྒྱུའི་མདོའི་དོན་དང་བདེན་བཞིའི་གནས་ ལུགས་ཇི་བཞིན་པ་སོ་སོར་རྟོགས་པའི་ཤེས་རབ་དེ་ཡང་དག་པའི་ངག་གོ། བཞི་པ་ནི། འཕགས་རྒྱུད་ཀྱི་ཉེས་སྤྱོད་ཐམས་ཅད་སྡོམ་པར་བྱེད་པའི་བསྲུང་སེམས་ཀྱི་ ཚུལ་ཁྲིམས་དེ་ཡང་དག་པའི་ལས་ཀྱི་མཐའོ། ། ལྔ་པ་ནི། འཕགས་རྒྱུད་ཀྱི་འདོད་ཡོན་ལ་ཞེན་པ་བྲལ་བའི་ཡེ་ཤེས་དེ་ཡང་དག་པའི་ འཚོ་བའོ། ། དྲུག་པ་ནི། འཕགས་རྒྱུད་ཀྱི་ཡུན་རིང་པོར་སྐྱོ་བ་མེད་པར་སྒོམ་སྤང་སོགས་སྒྲིབ་པ་སྤོང་ བ་ལ་འབད་ཅིང་རྩོལ་བའི་བརྩོན་འགྲུས་དེ་ཡང་དག་པའི་བརྩོན་འགྲུས་སོ། ། བདུན་པ་ནི། འཕགས་རྒྱུད་ཀྱི་ཞི་གནས་དང་དམིགས་པ་ལ་སེམས་རབ་ཏུ་འཛིན་པ་ དང་བྱིང་རྒོད་བྲལ་ཚེ་གཉེན་པོ་བསྟེན་པ་ལ་མི་རྩོལ་བའི་བཏང་སྙོམས་རྣམས་མི་བརྗེད་པར་ དྲན་འདུག་པའི་ཆའི་སེམས་བྱུང་དེ་ཡང་དག་པའི་དྲན་པའོ། ། བརྒྱད་པ་ནི། འཕགས་རྒྱུད་ཀྱི་མངོན་ཤེས་དང་གཟུངས་ཀྱི་སྒོ་བརྒྱ་ཕྲག་སོགས་བསྒྲུབ་ པའི་གཞིར་གྱུར་པའི་ཏིང་ངེ་འཛིན་དེ་ཡང་དག་པའི་ཏིང་ངེ་འཛིན་ནོ། ། 5-1-27 གཉིས་པ་ལ་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་དང༌། ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་ དང༌། ལྷག་པ་ཤེས་རབ་ཀྱི་བསླབ་པ་སོགས་སློབ་པའི་རྒྱུད་ཀྱི་ལམ་གཞན་ཐམས་ཅད་དོ། ། གསུམ་པ་ནི། ཐེག་པ་གསུམ་གྱི་དགྲ་བཅོམ་པའི་རྒྱུད་ཀྱི་སྤངས་རྟོགས་ཀྱི་ཡོན་ཏན་ ཐམས་ཅད་དང་ལྷག་མེད་མྱང་འདས་སོགས་ཡིན་ནོ། ། གཉིས་པ་མདོ་སྡེ་པ་ལ། རྩ་བའི་སློབ་དཔོན་ངོས་བཟུང་བ། འདོད་པ་སྟོན་པའི་གཞུང་ ལུགས། དེའི་མཚན་ཉིད། དབྱེ་བ་དང་སྒྲ་བཤད། འདོད་པའི་ཁྱད་པར་དང་ལྔ་ལས། དང་པོ་ ནི། ཁ་ཆེའི་གནས་བརྟན་བཙུན་པ། བཙུན་པ་དཔལ་ལེན། བཙུན་པ་གཞོན་ནུ་ལེན། བཙུན་ པ་རྟོགས་པའི་ལྷ། མཛོད་རང་འགྲེལ་རྩོམ་སྐབས་ཀྱི་སློབ་དཔོན་དབྱིག་གཉེན། ཕྱོགས་གླང༌། ཆོས་ཀྱི་གྲགས་པ་སོགས་སོ། ། གཉིས་པ་ལ། བཀའ་དང་བསྟན་བཅོས་གཉིས་ལས། དང་པོ་ནི། མདོ་རྒྱ་ཆེར་རོལ་པ། ཚིགས་སུ་བཅད་པ་གཉིས་པ། ཚིགས་སུ་བཅད་པ་བཞི་པའི་གཟུངས། སྒོ་དྲུག་པ་སོགས་ དང༌། གཉིས་པ་ནི། མཛོད་རང་འགྲེལ་དང་ཚད་མ་རྣམ་འགྲེལ་གཉིས་ཀྱི་དངོས་བསྟན་ཕལ་ ཆེ་བ་རྣམས་སོ། ། གསུམ་པ་ནི། བཅོམ་ལྡན་འདས་ཀྱི་མདོ་སྡེ་དུ་མའི་རྗེས་སུ་འབྲང་ནས་རང་ལུགས་ འཇོག་པའི་སངས་རྒྱས་པ་གང་ཞིག རང་རིག་དང་ཕྱི་དོན་གཉིས་བདེན་གྲུབ་ཏུ་ཁས་ལེན་ པའི་ཆ་ནས་བཞག་པའི་གྲུབ་མཐའ་སྨྲ་བའི་གང་ཟག་དེ། མདོ་སྡེ་པའི་མཚན་ཉིད། བཞི་པ་ལ་དབྱེ་བ་སྒྲ་བཤད་གཉིས་ལས། དང་པོ་ནི། ངོ་བོའི་སྒོ་ནས་དབྱེ་ན་ས་སྡེ་ལྔའི་ རྗེས་སུ་འབྲང་བའི་ལུང་གི་རྗེས་འབྲང་གི་མདོ་སྡེ་པ་དང༌། ཚད་མ་སྡེ་བདུན་གྱི་རྗེས་སུ་འབྲང་ བའི་རིགས་པའི་རྗེས་འབྲང་གི་མདོ་སྡེ་པ་དང་གཉིས་ཡོད། རྣམ་པའི་སྒོ་ནས་དབྱེ་ན། ལུང་ 5-1-28 གི་རྗེས་འབྲང་གི་མདོ་སྡེ་པ་ཁ་ཅིག་ལ་སྣ་ཚོགས་རིམ་འབྱུང་བ་དང༌། རིགས་པའི་རྗེས་འབྲང་ གི་མདོ་སྡེ་པ་ལ། སྣ་ཚོགས་གཉིས་མེད་པ་དང༌། གཟུང་འཛིན་གྲངས་མཉམ་པ་དང་གསུམ་ མོ། ། གཉིས་པ་ནི། སྤྱིར་ཁྲ་འཛིན་ཤེས་པས་ཁྲ་བོ་འཛིན་པའི་དུས་སུ་ཡུལ་ཁྲ་བོའི་སྟེང་གི་ སྔོ་སེར་སོགས་ཀྱི་གྲངས་དང་མཉམ་པའི་ཡུལ་ཅན་ཤེས་པའི་རྣམ་པ་རེ་རེ་བ་རིམ་བཞིན་ དུ་སྐྱེ་བར་འདོད་པས་ན་སྣ་ཚོགས་རིམ་འབྱུང་བ་ཞེས་བྱའོ། །ཡང་དེ་ལྟར་འཛིན་པའི་དུས་ སུ་ཡུལ་ཁྲ་བོའི་སྟེང་གི་སྔོ་སེར་སོགས་ཀྱི་གྲངས་དང་མཉམ་པའི་ཡུལ་ཅན་ཤེས་པའི་རྣམ་ པ་རེ་རེ་བ་མི་སྐྱེ་བར་ཁྲ་བོའི་ཆ་ཤས་སྣ་ཚོགས་སྣང་བའི་ཆ་ཅན་ཁྲ་འཛིན་ཤེས་པ་གཅིག་པུ་ སྐྱེ་བར་འདོད་པས་ན་སྣ་ཚོགས་གཉིས་མེད་པ་ཞེས་བྱའོ། །ཡང་དེ་ལྟར་འཛིན་པའི་དུས་སུ་ ཡུལ་ཁྲ་བོའི་སྟེང་གི་སྔོ་སེར་སོགས་ཀྱི་གྲངས་དང་མཉམ་པའི་ཡུལ་ཅན་ཤེས་པའི་རྣམ་པ་རེ་ རེ་བ་ཅིག་ཆར་དུ་སྐྱེ་བར་འདོད་པས་ན་གཟུང་འཛིན་གྲངས་མཉམ་པ་ཞེས་བྱའོ། །གཙོ་བོར་ མདོའི་སྡེ་སྣོད་ལ་བརྟེན་ནས་རང་གི་གྲུབ་མཐའ་སྨྲ་བས་ན་མདོ་སྡེ་པ་ཞེས་དང༌། ཆོས་ཐམས་ ཅད་དཔེའི་སྒོ་ནས་སྟོན་པས་ན་དཔེས་སྟོན་པ་ཡང་ཟེར་རོ། ། ལྔ་པ་ལ་རིགས་པའི་རྗེས་འབྲང་གི་མདོ་སྡེ་པའི་འདོད་པ་གཙོ་བོར་བཤད་ན། དེ་ལ། བདེན་གཉིས་ཀྱི་རྣམ་གཞག ལྟ་སྒོམ་སྤྱོད་གསུམ། གཞི་ལམ་འབྲས་གསུམ། འཕྲོས་དོན་ གཞན་དང་བཞི་ལས། དང་པོ་ལ་དོན་དམ་བདེན་པ་དང༌། ཀུན་རྫོབ་བདེན་པ་གཉིས་ལས། དང་པོ་ལ། དེ་ དངོས་དང༌། རང་མཚན་བཤད་པ་གཉིས་ལས། དང་པོ་ནི། རྟོག་པས་བཏགས་ཙམ་མ་ཡིན་པར་རང་གི་སྡོད་ལུགས་ཀྱི་ངོས་ནས་རིགས་ པས་དཔྱད་བཟོད་དུ་གྲུབ་པའི་ཆོས་དེ། དོན་དམ་བདེན་པའི་མཚན་ཉིད། མཚན་གཞི་བུམ་ 5-1-29 པ་ལྟ་བུའོ། །དོན་དམ་བདེན་པ། བདེན་གྲུབ། རང་མཚན། དངོས་པོ་སོགས་དོན་གཅིག གཉིས་པ་ནི། རྟོག་པས་བཏགས་པ་མིན་པར་རང་ངོས་ནས་ཐུན་མོང་མ་ཡིན་པའི་རང་ བཞིན་དུ་གནས་པའི་དངོས་པོ་དེ། རང་མཚན་གྱི་མཚན་ཉིད། མཚན་གཞི་ཡུལ་དུས་རང་ བཞིན་མ་འདྲེས་པའི་དངོས་པོ་ཐམས་ཅད་དོ། །དེ་ཡང་ཀ་བ་ལྟ་བུ་ཞིག་ཡིན་ན་ཤར་ལ་རེག་ པའི་ཀ་བའི་རྫས་དེས་ནུབ་ལ་མ་རེག་པ་ལྟ་བུ་ནི་ཡུལ་མ་འདྲེས་པའི་དོན་དང༌། སྔ་དྲོའི་ཀ་བ་ དེ་ཉིད་ཕྱི་དྲོ་ན་མེད་པ་ལྟ་བུ་ནི་དུས་མ་འདྲེས་པའི་དོན་དང༌། ཀ་བ་ལ་ཡོད་པའི་རང་བཞིན་དེ་ ཉིད་བུམ་པ་ལ་མེད་པ་ལྟ་བུ་ནི་རང་བཞིན་མ་འདྲེས་པའི་དོན་ནོ། །རང་སྣང་ཡུལ་དུ་བྱེད་པའི་ བློ་དེས་རང་གི་ཐུན་མོང་མ་ཡིན་པའི་མཚན་མ་ཤར་བའི་སྒོ་ནས་རྟོགས་དགོས་པའི་ཆོས་ཡིན་ ཕྱིར་རང་མཚན་ཞེས་བརྗོད། གཉིས་པ་ལ། དེ་དངོས་དང༌། སྤྱི་མཚན་གཉིས་ལས། དང་པོ། རྟོག་པས་བཏགས་ཙམ་ དུ་གྲུབ་པའི་ཆོས་དེ། ཀུན་རྫོབ་བདེན་པའི་མཚན་ཉིད། མཚན་གཞི་ནམ་མཁའ་ལྟ་བུའོ། །ཀུན་རྫོབ་བདེན་པ། བརྫུན་པར་གྲུབ་པ། སྤྱི་མཚན། དངོས་མེད་ཀྱི་ཆོས་སོགས་དོན་གཅིག གཉིས་པ་ནི། ཡུལ་རང་ངོས་ནས་གྲུབ་པའི་གནས་ལུགས་ཀྱི་ངོ་བོ་མ་ཡིན་པར་རྟོག་པས་ བཏགས་པ་ཙམ་གྱི་ཆོས་སུ་གྲུབ་པ་དེ། སྤྱི་མཚན་གྱི་མཚན་ཉིད། མཚན་གཞི་ཡུལ་དུས་རང་ བཞིན་འདྲེས་འཛིན་གྱི་རྟོག་པའི་གཟུང་ཡུལ་རྣམས་སོ། །དཔེར་ན་ཤར་ནུབ་ཀྱི་ཀ་འཛིན་ རྟོག་པ་ལ་རིགས་སྤྱི་ཀ་བ་གཅིག་པུ་རྗེས་སུ་འགྲོ་བར་སྣང་བ་ནི་ཡུལ་འདྲེས་པར་སྣང་བའི་ དོན་དང༌། སྔ་དྲོ་དང་ཕྱི་དྲོའི་ཀ་འཛིན་རྟོག་པ་ལ་དེ་ལྟར་སྣང་བ་ནི་དུས་འདྲེས་པར་སྣང་བའི་ དོན་དང༌། རྫ་གསེར་གྱི་བུམ་འཛིན་རྟོག་པ་ལ་དེ་ལྟར་སྣང་བ་ནི་རང་བཞིན་འདྲེས་པར་སྣང་ བའི་དོན་ནོ། །རང་སྣང་ཡུལ་དུ་བྱེད་པའི་བློ་དེས་རང་གི་ཐུན་མོང་མ་ཡིན་པའི་མཚན་མ་ཤར་ རྒྱུ་མེད་པར་སྤྱིའི་རྣམ་པ་ཡིད་ལ་བྱེད་པའི་སྒོ་ནས་རྟོགས་དགོས་པའི་ཆོས་ཡིན་ཕྱིར་སྤྱི་མཚན་ 5-1-30 ཞེས་བརྗོད་དོ། ། གཉིས་པ་ལ། ལྟ་སྒོམ་སྤྱོད་གསུམ་ལས། དང་པོ་ནི། བདེན་བཞིའི་རྣམ་པ་བཅུ་དྲུག་ དང༌། ཆོས་དང་གང་ཟག་གི་བདག་མེད་རྣམས་ལྟ་བུའི་ཡུལ་དང༌། དེ་དག་གི་གནས་ཚུལ་ ཇི་བཞིན་པ་སོ་སོར་རྟོགས་པའི་ཤེས་རབ་རྣམས་ནི་ལྟ་བ་དངོས་སོ། །དེ་ལས་བདེན་བཞིའི་ རྣམ་པ་བཅུ་དྲུག་ནི། རང་རྒྱུ་ཀུན་འབྱུང་བདེན་པ་ལས་སྐྱེས་པ་ཡིན་པའི་ཆ་ནས་བཞག་པའི་ ཟག་བཅས་ཀྱི་དངོས་པོ་དེ། སྡུག་བསྔལ་བདེན་པའི་མཚན་ཉིད། མཚན་གཞི་རྣམ་སྨིན་སྐྱེས་ ཀྱི་གཟུགས་ཕུང་ལྟ་བུའོ། །གང་ཟག་ཚོགས་སྦྱོར། བདེན་འཛིན་སོགས་ཆ་བཞག་གིས་སྡུག་ བདེན་ཡིན་པར་གཅོད། སྡུག་བདེན། ཆོས་ཅན། ཁྱོད་མི་རྟག་པ་ཡིན་ཏེ། རེས་འགའ་སྐྱེ་བའི་ ཕྱིར། དེ་ཆོས་ཅན། ཁྱོད་སྡུག་བསྔལ་བ་ཡིན་ཏེ། ལས་ཉོན་གྱི་གཞན་དབང་ཅན་ཡིན་པའི་ ཕྱིར། དེ་ཆོས་ཅན། ཁྱོད་སྟོང་པ་ཡིན་ཏེ། ཉེར་ཕུང་ལ་དབང་སྒྱུར་བ་པོ་གང་ཟག་གི་བདག་ གིས་སྟོང་པའི་ཕྱིར། དེ་ཆོས་ཅན། ཁྱོད་བདག་མེད་པ་ཡིན་ཏེ། ཉེར་ཕུང་གང་ཟག་གི་བདག་ ཏུ་གྲུབ་པ་མེད་པའི་ཕྱིར། རང་འབྲས་སྡུག་བདེན་བསྐྱེད་པའི་ལས་ཉོན་གྱི་ཆ་ནས་བཞག་ པའི་ཟག་བཅས་ཀྱི་དངོས་པོ་དེ། ཀུན་འབྱུང་བདེན་པའི་མཚན་ཉིད། མཚན་གཞི་འདོད་ པའི་འདོད་ཆགས་དང༌། དེ་དང་མཚུངས་ལྡན་གྱི་སེམས་བྱུང་སེམས་པ་ལྟ་བུའོ། །ལས་ཉོན་ མ་ཡིན་པའི་དགེ་བ་དང་ཉོན་མོངས་པ་དང་མཚུངས་ལྡན་གྱི་སེམས་སེམས་བྱུང་རྣམས་དང་ སྟོབས་བཞིས་བཤགས་འགྱུར་གྱི་སྲོག་གཅོད་ཀྱི་ལས་སོགས་དང་ཐེག་ཆེན་མཐོང་ལམ་སྐྱེ་ ཁ་མའི་རྒྱུད་ཀྱི་ཉོན་མོངས་པ་རྣམས་ཆ་བཞག་གིས་ཀུན་འབྱུང་བདེན་པར་སྡུད་དོ། །ལས་ ཉོན་གཉིས་ཆོས་ཅན། རྒྱུའི་རྣམ་པ་ཡིན་ཏེ། རང་འབྲས་སྡུག་བདེན་གྱི་རྩ་བ་ཡིན་པའི་ཕྱིར། དེ་ཆོས་ཅན། ཀུན་འབྱུང་གི་རྣམ་པ་ཡིན་ཏེ། སྡུག་བདེན་དུས་དང་རྣམ་པ་ཐམས་ཅད་དུ་ བསྐྱེད་པའི་ཕྱིར། སྲེ ད་པ་ཆོས་ཅན། རྐྱེན་གྱི་རྣམ་པ་ཡིན་ཏེ། འཕེན་བྱེད་ཀྱི་ལས་ལ་གསོས་ 5-1-31 འདེབས་པའི་སྒོ་ནས་སྡུག་བདེན་གྱི་ལྷན་ཅིག་བྱེད་རྐྱེན་བྱེད་པའི་ཕྱིར། ལས་ཉོན་གཉིས་ ཆོས་ཅན། རབ་སྐྱེའི་རྣམ་པ་ཡིན་ཏེ། མནར་མེད་ཀྱི་སྡུག་བསྔལ་ལྟ་བུའི་སྡུག་བསྔལ་ཤུགས་ དྲག་པོ་བསྐྱེད་པའི་ཕྱིར། རང་ཐོབ་བྱེད་ཀྱི་ཐབས་སུ་གྱུར་པའི་བར་ཆད་མེད་ལམ་གྱིས་ངོས་ སྐལ་གྱི་སྒྲིབ་པ་སྤངས་པའི་སོ་སོར་བརྟགས་འགོག་དེ། འགོག་བདེན་གྱི་མཚན་ཉིད། མཚན་ གཞི་མཐོང་སྤངས་སྤངས་པའི་སྤངས་ཆ་ལྟ་བུའོ། །ཉོན་སྒྲིབ་སྤངས་པའི་བྲལ་བ་དེ། ཆོས་ ཅན། འགོག་པའི་རྣམ་པ་ཡིན་ཏེ། སྡུག་བསྔལ་སྤངས་པའི་འགོག་པ་ཡིན་པའི་ཕྱིར། དེ་ཆོས་ ཅན། ཞི་བའི་རྣམ་པ་ཡིན་ཏེ། ཉོན་མོངས་སྤངས་པའི་ཞི་བ་ཡིན་པའི་ཕྱིར། དེ་ཆོས་ཅན། གྱ་ ནོམ་གྱི་རྣམ་པ་ཡིན་ཏེ། ཕན་པ་དང་བདེ་བའི་བདག་ཉིད་ཀྱི་ཐར་པ་ཡིན་པའི་ཕྱིར། དེ་ཆོས་ ཅན། ངེས་འབྱུང་གི་རྣམ་པ་ཡིན་ཏེ། སླར་ལྡོག་པ་མེད་པར་འཁོར་བ་ལས་གཞན་དུ་ངེས་པར་ འབྱུང་ཟིན་པའི་ཕྱིར། འགོག་བདེན་ཐོབ་བྱེད་ཀྱི་ཐབས་སུ་གྱུར་པའི་ལམ་གྱི་ཆ་ནས་བཞག་ པའི་འཕགས་ལམ་དེ། ལམ་བདེན་གྱི་མཚན་ཉིད། མཚན་གཞི་ནི། བདག་མེད་མངོན་སུམ་ དུ་རྟོགས་པའི་ཡེ་ཤེས་ལྟ་བུའོ། །མི་སློབ་པའི་ལམ་བདེན་དེ་ཆ་བཞག་གིས་ལམ་བདེན་དུ་ སྡུད་དོ། །བདག་མེད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་དེ། ཆོས་ཅན། ལམ་གྱི་རྣམ་པ་ཡིན་ ཏེ། ཐར་པར་བགྲོད་བྱེད་ཀྱི་མ་ནོར་བའི་ལམ་ཡིན་པའི་ཕྱིར། དེ་ཆོས་ཅན། རིགས་པའི་རྣམ་ པ་ཡིན་ཏེ། རང་གི་ངོ་སྐལ་གྱི་སྒྲིབ་པའི་དངོས་གཉེན་དུ་རིགས་ཤིང་འོས་པའི་ལམ་ཡིན་པའི་ ཕྱིར། དེ་ཆོས་ཅན། སྒྲུབ་པའི་རྣམ་པ་ཡིན་ཏེ། རང་ཡུལ་བདེན་པའི་གནས་ལུགས་ལ་ཕྱིན་ ཅི་མ་ལོག་པའི་ཡེ་ཤེས་ཡིན་པའི་ཕྱིར། དེ་ཆོས་ཅན། ངེས་འབྱིན་གྱི་རྣམ་པ་ཡིན་ཏེ། སླར་མི་ ལྡོག་པར་མྱང་འདས་རྟག་པའི་གནས་སུ་ངེས་པར་འབྱིན་བྱེད་ཡིན་པའི་ཕྱིར། དེ་དག་ཀྱང་ ཐེག་ཆེན་གྱི་ལུགས་ལྟར་རོ། ། གཉིས་པ་ནི། དེ་འདྲའི་ལྟ་བའི་རིགས་རྒྱུན་རྩེ་གཅིག་ཏུ་གོམས་པར་བྱེད་པའི་ཞི་ལྷག་ 5-1-32 ཟུང་འབྲེ ལ་གྱི་ཏིང་ངེ་འཛིན་རྣམས་སོ། ། གསུམ་པ་ནི། ལྟ་བ་དེ་དག་བསོད་ནམས་ཀྱི་ཚོགས་ཆུང་ངུ་དང་འབྲེ ལ་ནས་ཉམས་སུ་ ལེན་པ་ནི་ཉན་ཐོས་ཀྱི་སྤྱོད་པ་དང༌། བསོད་ནམས་ཀྱི་ཚོགས་འབྲི ང་པོ་དང་སྦྲེལ་ནས་ཉམས་ སུ་ལེན་པ་ནི་རང་རྒྱལ་གྱི་སྤྱོད་པ་དང༌། བསོད་ནམས་ཀྱི་ཚོགས་ཆེན་པོ་དང་སྦྲེལ་ནས་ཉམས་ སུ་ལེན་པ་ནི་ཐེག་ཆེན་གྱི་སྤྱོད་པའོ། ། གསུམ་པ་ལ་གཞི་ལམ་འབྲས་གསུམ་ལས། དང་པོ་ནི། ཕུང་ཁམས་སྐྱེ་མཆེད་འདུས་ བྱས་འདུས་མ་བྱས་ཀྱིས་བསྡུས་པའི་ཆོས་རྣམས་སོ། ། གཉིས་པ་ལ། རང་ལམ། བྱང་ཆོས་སོ་བདུན་དང༌། རྣམ་ཐར་བརྒྱད། མཐར་གནས་ དགུ་རྣམས་དང༌། སྤྱིར་ན། སྙིང་རྗེ་ཆེན་པོ། ཕར་ཕྱིན་དྲུག་སོགས་ཡོད་ལ། དེ་ལས་རྣམ་ཐར་ བརྒྱད་སོགས་ཀྱི་ངོ་བོ་ཐེག་ཆེན་ལྟར་ན། ཐོག་མར་བསམ་གཟུགས་གང་རུང་གི་སེམས་ཀྱི་ སྟེང་ནས་རང་གི་ལུས་གཟུགས་གཞན་གྱིས་མཐོང་ནུས་སུ་བྱས་ཏེ་དེ་ནས་བསམ་གཏན་བཞི་ པའི་སེམས་ཀྱིས་གཟུགས་ཆེ་ཆུང་བཟང་ངན་གང་འདོད་སྤྲུལ་པའི་ཏིང་ངེ་འཛིན་ཤེས་རབ་ མཚུངས་ལྡན་དང་བཅས་པ་དེ་གཟུགས་ཅན་གཟུགས་ལ་ལྟ་བའི་རྣམ་ཐར་རོ། །ཐོག་མར་ བསམ་གཟུགས་གང་རུང་གི་སེམས་ཀྱི་སྟེང་ནས་རང་གི་ལུས་གཟུགས་གཞན་གྱིས་མི་མཐོང་ བར་བྱས་ཏེ་དེ་ནས་བསམ་གཏན་བཞི་པའི་སེམས་ཀྱིས། སོགས་ནས། བཅས་པ་དེ་གཟུགས་ མེད་གཟུགས་ལ་ལྟ་བའི་རྣམ་ཐར་རོ། །ཐོག་མར་བསམ་གཟུགས་གང་རུང་གི་སེམས་ཀྱི་སྟེང་ ནས་གཟུགས་སྡུག་མི་སྡུག་རང་ངོས་ནས་ཞེན་པ་སྤངས་པས་དེ་གཉིས་སྤྲུལ་འདོད་མི་འདོད་ མེད་པར་འདྲ་མཉམ་དུ་ཀུན་ནས་མཛེས་པར་མཐོང་བའི་མོས་པ་ཐོབ་སྟེ་དེ་ནས་བསམ་ གཏན་བཞི་པའི་སེམས་ཀྱིས་ནས། བཅས་པ་དེ་སྡུག་པའི་རྣམ་ཐར་རོ། །གཟུགས་མེད་དང་ པོའི་ཉོན་མོངས་མངོན་གྱུར་དང་བྲལ་བའི་ནམ་མཁའ་མཐའ་ཡས་ཀྱི་སྙོམས་འཇུག་དག་པ་ 5-1-33 དེ་ནམ་མཁའ་མཐའ་ཡས་ཀྱི་རྣམ་ཐར་དང༌། དེས་འགྲེས་ཏེ་རྣམ་ཤེས་མཐའ་ཡས། ཅི་ཡང་ མེད། ཡོད་མིན་མེད་མིན་གྱི་བར་གྱི་དེ་གསུམ་ནི་དེ་དང་དེའི་རྣམ་ཐར་དང༌། ཚོར་འདུ་རགས་ པའི་སྒྲིབ་པ་དང་བྲལ་བའི་ཚོར་འདུ་རགས་པ་བཀག་པའི་ཆའི་ཡིད་ཤེས་ཕྲ་མོ་དེ་འགོག་ པའི་རྣམ་ཐར་རོ། །ཟག་མེད་བདེན་པའི་རྣམ་པ་ཅན་གྱི་བསམ་གཟུགས་བརྒྱད་ཀྱི་སྙོམས་ འཇུག་དང་འགོག་པའི་སྙོམས་འཇུག་རྣམས་ནི་མཐར་གནས་དགུའོ། །སེམས་ཅན་མཐའ་ དག་གི་སྡུག་བསྔལ་རང་གིས་བསྒྲལ་འདོད་ཀྱི་བློ་དེ་སྙིང་རྗེ་ཆེན་པོ་ཡིན། སྤྱིར་ཕར་ཕྱིན་དྲུག་ ནི། ཆོས་བཞི་ལྡན་གྱི་གཏོང་བའི་སེམས་པའི་ཆ་ནས་བཞག་པའི་ཡེ་ཤེས་དེ། སྦྱིན་པའི་ཕར་ ཕྱིན་གྱི་མཚན་ཉིད། མཚན་གཞི་བྱང་སེམས་ཀྱི་རྒྱུད་ཀྱི་སྦྱིན་པ་ལྟ་བུའོ། །དེས་འགྲེས་ཏེ་ཚུལ་ ཁྲིམས་ནས་ཤེས་རབ་ཀྱི་བར་ལ་བསྲུང་བའི་སེམས་པ། ཁོང་མི་འཁྲུགས་པའི་སེམས་པ། རྣམ་དཀར་དགེ་བ་ལ་སྤྲོ་བའི་བརྩོན་འགྲུས། དགེ་བའི་དམིགས་པ་ལ་རྩེ་གཅིག་ཏུ་གནས་ པའི་ཏིང་ངེ་འཛིན། ཆོས་ཀྱི་གནས་ཚུལ་ཇི་བཞིན་པ་སོ་སོར་རྟོགས་པའི་ཤེས་རབ་རྣམས་ལ་ སྦྱར་བས་ཕར་ཕྱིན་ལྷག་མ་རྣམས་ཤེས་སོ། །དེ་ལས་ཆོས་བཞི་ནི། སེར་སྣ་སོགས་རང་རང་ གི་མི་མཐུན་ཕྱོགས་ཉམས་པ་དང༌། གྲོགས་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་ལྡན་པ་དང༌། བྱེད་ལས་འདོད་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་དང༌། སེམས་ཅན་གྱི་རྒྱུད་སྨིན་ པར་བྱེད་པ་དང་བཞིའོ། །དེ་ལྟར་གོང་གི་བྱང་ཆོས་དང་འདི་དག་གི་སྐོར་བྱེ་མདོའི་རང་ ལུགས་ཁོ་ན་མ་ཡིན་པར་ཐེག་ཆེན་སྡེ་པའི་ལུགས་ལྟར་བྱས་ནས་ཟུར་དུ་བཤད་དོ། །འདི་ བའི་ལམ་གྱི་སྤང་བྱ་ནི་གང་ཟག་གི་བདག་འཛིན་རྩ་ཉོན་ཉེ་ཉོན་དང་བཅས་པ་ཉོན་སྒྲིབ་ དང༌། ཉོན་མོངས་ཅན་མ་ཡིན་པའི་མི་ཤེས་པའི་རྨོངས་པ་སོགས་ཐ་སྙད་ཙམ་རེ་བྱེད་པ་མ་ གཏོགས་ཤེས་སྒྲིབ་ཁས་ལེན་པའི་ཉན་ཐོས་རྩ་བའི་སྡེ་པ་ནི་སྤྱིར་མེད་དོ། །གསུམ་པ་འབྲས་ བུ་ནི་གོང་སྨོས་བྱེ་སྨྲ་དང་ཕལ་ཆེར་འདྲའོ། ། 5-1-34 བཞི་པ་འཕྲོས་དོན་གཞན་བཤད་པ་ནི། མདོ་སྡེ་པའི་རང་ལུགས་ལ་དངོས་པོ་རྣམས་ སྐད་ཅིག་མའི་མི་རྟག་པ་དང༌། མངོན་པ་སྡེ་བདུན་ནི་རྒྱལ་བའི་བཀའ་མ་ཡིན་པར་ཤཱ་རིའི་ བུ་སོགས་ཀྱིས་བརྩམས་པ་དང༌། མངོན་པའི་སྡེ་སྣོད་ནི་མདོ་དང་འདུལ་བའི་ནང་ནས་རང་ སྤྱིའི་མཚན་ཉིད་བཤད་པའི་ཚིག་ཐམས་ཅད་དང༌། སྤྱིར་བཀའ་དང་བསྟན་བཅོས་གང་ཡིན་ ཡང་ཚིག་གི་ཕྲེང་བ་ཡིན་ཕྱིར་གཟུགས་སུ་འདོད། འདི་བ་ལ་རྡུལ་ཕྲན་ཆ་མེད་དང་ཆ་བཅས་ སུ་འདོད་པ་གཉིས་ཡོད་ཅིང༌། དེ་ལས་ཆ་མེད་འདོད་པ་པ་ལ་རྡུལ་ཕྲན་རྣམས་ནང་ཕན་ཚུན་ བར་བཅས་དང་བར་མེད་དུ་འདོད་མཁན་གཉིས་ཀྱང་ཡོད། རྡུལ་ཕྲན་བསགས་རྡུལ་མིན་ ཡང་རྡུལ་རྫས་བརྒྱད་འདུས་ཡིན་པ་དང༌། རིག་མིན་གྱི་གཟུགས་གཟུགས་མཚན་ཉིད་པ་མ་ ཡིན་པ་དང༌། ཤེས་པ་ཁོ་ནས་ཡུལ་མཐོང་བ་ལས་དབང་པོ་དང་བཅས་པས་ཡུལ་མཐོང་མི་ སྲི ད་པ་དང༌། ཤེས་པས་ཡུལ་མཐོང་ཚུལ་དེ་ཡང་ཤེས་པ་ཡུལ་གྱི་རྣམ་ལྡན་དུ་སྐྱེ་བའི་སྒོ་ནས་ མཐོང་དགོས་ཤིང༌། རྟག་པ་རྣམས་རྟོག་བཏགས་དངོས་མེད་ཀྱི་ཆོས་ཁོ་ན་དང༌། ལྡན་མིན་ལ་བེམ་པོ་མེད་པར་གཟུགས་ཤེས་གང་རུང་གི་རྫས་ལ་བཏགས་པའི་རང་སྐྱ་ འཛིན་མི་ཐུབ་པའི་དངོས་པོ་དང༌། ཡུལ་ཡུལ་ཅན་རྒྱུ་འབྲས་རྣམས་སྔ་ཕྱི་ལས་དུས་མཉམ་མི་ སྲི ད། བསམ་གཏན་དང་པོ་གཉིས་ཀྱི་ཡན་ལག་གི་བདེ་བ་ནི་ལུས་ཤེས་འཁོར་གྱི་ཚོར་བདེ་ ལ་འདོད་ཅིང༌། དགྲ་བཅོམ་ཉམས་པའི་ཆོས་ཅན་མི་སྲིད་ཅིང༌། བྱང་འཕགས་ལ་མཉམ་ བཞག་གིས་མ་ཁྱབ་པ་དང༌། འདི་བས་ཆོས་སྐུ་གཟུགས་སྐུ་གཉིས་འདོད་པ་དང༌། སངས་ རྒྱས་ཀྱི་གཟུགས་ཕུང་ཡང་སངས་རྒྱས་སུ་ཁས་ལེན་ནོ། ། གཉིས་པ་ཐེག་ཆེན་སྡེ་པ་ལ། སེམས་ཙམ་པ་དང༌། དབུ་མ་པ་གཉིས་ལས། དང་པོ་ལ། རྩ་བའི་སློབ་དཔོན་ངོས་བཟུང་བ། འདོད་པ་སྟོན་པའི་གཞུང་ལུགས། དེའི་ མཚན་ཉིད། དབྱེ་བ་དང་སྒྲ་བཤད། འདོད་པའི་ཁྱད་པར་དང་ལྔ་ལས། དང་པོ་ནི་འཕགས་པ་ 5-1-35 ཐོགས་མེད། རྣམ་བཤད་རིགས་པ་སོགས་རྩོམ་སྐབས་ཀྱི་སློབ་དཔོན་དབྱིག་གཉེན། གནས་ བསྟན་ཆོས་སྐྱོང༌། ཕྱོགས་གླང༌། ཆོས་གྲགས། གསེར་གླིང་པ་དང༌། ཤནྟི་པ་སོགས་སོ། ། གཉིས་པ་ལ་བཀའ་དང་བསྟན་བཅོས་གཉིས་ལས། དང་པོ་ནི། མདོ་ལང་ཀར་གཤེགས་ པ། དགོངས་འགྲེལ། རྒྱན་སྟུག་པོ་བཀོད་པ། མདོ་སྡེ་ཕལ་བོ་ཆེ་སོགས་དང༌། གཉིས་པ་ནི། ཐོགས་མེད་ཀྱིས་མཛད་པའི་ས་སྡེ་ལྔ་དང༌། སྡོམ་རྣམ་གཉིས་སོགས་དང༌། དབྱིག་གཉེན་གྱི་ཉི་ཤུ་པ་སུམ་ཅུ་པ་སོགས་ཀྱི་དངོས་བསྟན་ཕལ་ཆེ་བ་རྣམས་སོ། ། གསུམ་པ་ནི། གང་སྣང་རང་གི་སེམས་ཀྱི་སྣང་བར་ཁས་ལེན་པའི་སངས་རྒྱས་པ་གང་ ཞིག ཕྱི་དོན་ཁས་མི་ལེན་ཅིང་རྣམ་ཤེས་བདེན་གྲུབ་ཏུ་ཁས་ལེན་པའི་གྲུབ་མཐའ་སྨྲ་བའི་ གང་ཟག་དེ། སེམས་ཙམ་པའི་མཚན་ཉིད། བཞི་པ་ལ་དབྱེ་བ་དང་སྒྲ་བཤད་གཉིས་ལས། དང་པོ་ནི། ངོ་བོའི་སྒོ་ནས་དབྱེ་ན། མདོ་ སྡེ་པ་ལྟར་ལུང་རིགས་ཀྱི་རྗེས་འབྲང་གི་སེམས་ཙམ་པ་གཉིས་ཡོད། རྣམ་པའི་སྒོ་ནས་དབྱེ་ ན། རྣམ་བདེན་པ་དང༌། རྣམ་བརྫུན་པ་གཉིས་ཡོད། གཉིས་པ་ནི། ཆོས་ཐམས་ཅད་རང་གི་སེམས་ཀྱི་བདག་ཉིད་ཙམ་དུ་སྨྲ་བས་ན་སེམས་ ཙམ་པ་ཞེས་དང༌། རྣལ་འབྱོར་པས་གཞིའི་སྒོ་ནས་ལམ་གྱི་སྤྱོད་པ་ཉམས་ལེན་གཏན་ལ་ འབེབས་པས་ན་རྣལ་འབྱོར་སྤྱོད་པ་པ་ཞེས་བྱའོ། ། ལྔ་པ་ལ། གཞི་ལམ་འབྲས་གསུམ་ལས། དང་པོ་ལ། བདེན་པ་གཉིས་ཀྱི་རྣམ་བཞག མཚན་ཉིད་གསུམ། འཕྲོས་དོན་གཞན་བཤད་དང་གསུམ་ལས། དང་པོ་ལ། བདེན་གཉིས་ ཀྱི་དབྱེ་གཞི་དང༌། བདེན་གཉིས་དངོས་གཉིས་ལས། དང་པོ་ནི། མདོ་ལས། ཤེས་པར་བྱ་བ་ཡང་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་ པོ་འདིར་ཟད་དོ། །ཞེས་གསུངས་པ་ལྟར་སྤྱིར་བདེན་གཉིས་ཀྱི་དབྱེ་གཞི་ནི་ཤེས་བྱ་ཡིན་པར་ 5-1-36 འདོད་དོ། ། གཉིས་པ་ལ། ཀུན་རྫོབ་དང༌། དོན་དམ་བདེན་པ་གཉིས་ལས། དང་པོ་ལ། མཚན་ཉིད། དབྱེ་བ། རྣམ་གྲངས། སྒྲ་བཤད་དང་བཞི་ལས། དང་པོ་ནི། རང་འཛིན་སྟངས་སུ་བྱས་ཏེ་བསྒོམས་པས་སྒྲིབ་པ་རྣམ་པར་དག་པར་འགྱུར་ བའི་དམིགས་པ་མཐར་ཐུག་མ་ཡིན་པའི་ཆོས་དེ། ཀུན་རྫོབ་བདེན་པའི་མཚན་ཉིད། མཚན་ གཞི་གཞན་དབང་ཀུན་བཏགས་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་དོ། ། གཉིས་པ་ནི། ཀུན་རྫོབ་ལ་དབྱེ་ན། བཏགས་པའི་ཀུན་རྫོབ་དང༌། ཤེས་པའི་ཀུན་རྫོབ་ དང༌། བརྗོད་པའི་ཀུན་རྫོབ་གསུམ་མོ། ། གསུམ་པ་ནི། ཐ་སྙད་བདེན་པ། བརྫུན་པ། བསླུ་བའི་ཆོས། སྣང་གནས་མི་མཐུན་པའི་ ཆོས་སོགས་སོ། ། བཞི་པ་ནི། བཏགས་པ་དང་ཤེས་པ་དང་བརྗོད་པའི་ཀུན་རྫོབ་ཀྱི་ངོར་བདེན་པས་ན་ ཀུན་རྫོབ་བདེན་པ་ཞེས་བརྗོད་དོ། ། གཉིས་པ་ལ། མཚན་ཉིད། དབྱེ་བ། མིང་གི་རྣམ་གྲངས། སྒྲ་བཤད་དང་བཞི་ལས། དང་ པོ་ནི། རང་འཛིན་སྟངས་སུ་བྱས་ཏེ་བསྒོམས་པས་སྒྲིབ་པ་རྣམ་པར་དག་པར་འགྱུར་བའི་ དམིགས་པ་མཐར་ཐུག་ཏུ་གྱུར་པའི་ཆོས་ཏེ། དོན་དམ་བདེན་པའི་མཚན་ཉིད། མཚན་གཞི་ བདག་མེད་གཉིས་ལྟ་བུའོ། ། གཉིས་པ་ནི། འདི་ལ་བསྡུས་པར་དབྱེ་ན་བདག་མེད་གཉིས་དང༌། རྒྱས་པར་དབྱེ་ན་ སྟོང་ཉིད་བཅུ་དྲུག་སོགས་ཡོད། དེ་ལས་སྟོང་ཉིད་བཅུ་དྲུག་ནི། ཕྱིའི་སྐྱེ་མཆེད་རྣམས་མིང་གི་ འཇུག་གཞི་རང་མཚན་གྱིས་གྲུབ་པས་སྟོང་པ་དེ། ཕྱི་སྟོང་པ་ཉིད་དང༌། དེ་བཞིན་དུ་ནང་གི་སྐྱེ་ མཆེད་དང༌། ནང་སྟོང་པ་ཉིད། བར་གྱི་དབང་རྟེན་དང༌། ཕྱི་ནང་སྟོང་པ་ཉིད། ཀུན་བཏགས་ 5-1-37 རང་མཚན་གྱིས་གྲུབ་པས་སྟོང་པ་ཉིད་དང༌། སྟོང་པ་ཉིད་སྟོང་པ་ཉིད། ཕྱོགས་བཅུ་པོ་དང༌། ཆེན་པོ་སྟོང་པ་ཉིད། སྟོང་ཉིད་དོན་དམ་པར་གྲུབ་པ་དེ་ཉིད་དང༌། དོན་དམ་པ་སྟོང་པ་ཉིད། འདུས་བྱས་དང༌། འདུས་བྱས་སྟོང་པ་ཉིད། འདུས་མ་བྱས་དང༌། འདུས་མ་བྱས་སྟོང་པ་ཉིད། འཁོར་བ་ལ་དེ་ལ་ཐོག་མ་ཡོད་པ་རྟག་མཐའ་དང་ཐ་མ་མེད་པ་ཆད་མཐའ་དང་དེ་གཉིས་ཀྱི་ བར་ན་གནས་པའི་འཁོར་བ་དེ་ཉིད་མིང་གི་འཇུག་གཞི་རང་མཚན་གྱིས་གྲུབ་པ་བར་མཐའ་ སྟེ་དེ་འདྲའི་མཐའ་གསུམ་ལས་འདས་པ་དེ་ཉིད་དང༌། མཐའ་ལས་འདས་པ་སྟོང་པ་ཉིད། འཁོར་བ་ལ་ཐོག་མ་དང་ཐ་མ་མེད་པ་དེ་ཉིད་དང༌། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད། ཐེག་ཆེན་གྱི་ལམ་ནམ་ཡང་དོར་བ་མེད་པ་དེ་ཉིད་དང༌། དོར་བ་མེད་པ་སྟོང་པ་ཉིད། ཆོས་ རྣམས་ཀྱི་གནས་ལུགས་དེ་བཞིན་ཉིད་དབང་ཕྱུག་སོགས་བྱེད་པོ་མེད་པར་ཐོག་མ་ནས་རང་ བཞིན་དུ་གྲུབ་པས་སྟོང་པ་དེ་ཉིད་དང༌། རང་བཞིན་སྟོང་པ་ཉིད། གཟུགས་ནས་རྣམ་མཁྱེན་ གྱི་བར་གྱི་ཆོས་ཐམས་ཅད་དང༌། ཆོས་ཐམས་ཅད་སྟོང་པ་ཉིད། ཆོས་རྣམས་ཀྱི་མཚན་ཉིད་ རྣམས་དང༌། རང་གི་མཚན་ཉིད་སྟོང་པ་ཉིད། དུས་གསུམ་དུས་མཉམ་དུ་དམིགས་པ་མེད་པ་ དེ་ཉིད་དང༌། མི་དམིགས་པ་སྟོང་པ་ཉིད། ཆོས་རྣམས་རང་འཛིན་རྟོག་པའི་ཞེན་གཞིར་རང་ མཚན་དུ་གྲུབ་པའི་དངོས་པོ་མེད་ཀྱང་རང་འཛིན་རྟོག་པའི་ཞེན་གཞི་ཙམ་དུ་གྲུབ་པའི་ངོ་བོ་ ཡོད་པ་དེ་ཉིད་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་རྣམས་ལ་སྟོང་གཞིའི་སྒོ་ནས་ འགྲེས་སྦྱར་བས་ཤེས་སོ། ། གསུམ་པ་ནི། སྟོང་ཉིད། ཆོས་དབྱིངས། ཡོངས་གྲུབ། དོན་དམ་བདེན་པ། ཡང་དག་ མཐའ། དེ་བཞིན་ཉིད་རྣམས་སོ། ། བཞི་པ་ནི། དགག་བྱ་ཆོས་བདག་གིས་སྟོང་པས་ན་སྟོང་ཉིད་དང༌། འཕགས་པའི་ཆོས་ ཀྱི་རྒྱུ་བྱེད་པས་ན་ཆོས་དབྱིངས་དང༌། གནས་ལུགས་མཐར་ཐུག་ཏུ་ཡོངས་སུ་གྲུབ་པས་ན་ 5-1-38 ཡོངས་གྲུབ་དང༌། འཕགས་པའི་མཉམ་བཞག་གི་སྤྱོད་ཡུལ་དུ་བདེན་པས་ན་དོན་དམ་བདེན་ པ་དང༌། ཕྱིན་ཅི་མ་ལོག་པའི་ཡུལ་ཡིན་པས་ན་ཡང་དག་མཐའ་དང༌། རྟག་ཏུ་མི་འགྱུར་བར་ གནས་པས་ན་དེ་བཞིན་ཉིད་ཅེས་པའོ། །འདི་བས་བདེན་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་ དད་དུ་འདོད་དོ། ། གཉིས་པ་ལ། ཀུན་བཏགས། གཞན་དབང༌། ཡོངས་གྲུབ་གསུམ་ལས། དང་པོ་ལ། མཚན་ཉིད། སྒྲ་བཤད། དབྱེ་བ་གསུམ་ལས། དང་པོ་ནི། གཞི་གང་ལ་སྒྲ་དང་རྟོག་པའམ་ མིང་བརྡ་ཅི་རིགས་ཀྱིས་སྒྲོ་བཏགས་པའི་ཆ་དེ་ཀུན་བཏགས་ཀྱི་མཚན་ཉིད། མཚན་གཞི་ ཤེས་བྱ་དང་བདག་གཉིས་ལྟ་བུའོ། ། གཉིས་པ་ནི། རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་མིང་བརྡས་བཞག་ཙམ་ཡིན་པས་ན་ མཚན་ཉིད་ངོ་བོ་ཉིད་མེད་པ་ཞེས་དང༌། རྟོག་པས་ཀུན་ནས་བཏགས་པའི་ཆ་ཙམ་ཡིན་པས་ ན་ཀུན་བཏགས་ཞེས་བྱའོ། ། གསུམ་པ་ལ། ཤེས་བྱ་ལྟ་བུའི་རྣམ་གྲངས་པའི་ཀུན་བཏགས་དང༌། གང་ཟག་གི་བདག་ ལྟ་བུའི་མཚན་ཉིད་ཡོངས་སུ་ཆད་པའི་ཀུན་བཏགས་དང་གཉིས་ཡོད་དོ། ། གཉིས་པ་ལ། མཚན་ཉིད། སྒྲ་བཤད། དབྱེ་བ་དང་གསུམ་ལས། དང་པོ་ནི། རྒྱུ་རྐྱེན་ གཞན་ལས་བྱུང་བའི་དངོས་པོ་དེ། གཞན་དབང་གི་མཚན་ཉིད། མཚན་གཞི་རྣམ་ཤེས་ ཚོགས་བརྒྱད་ལྟ་བུའོ། ། གཉིས་པ་ནི། སྐྱེ་ནས་སྐད་ཅིག་མ་གཅིག་ལས་སྡོད་མི་ཐུབ་པས་ན་གཞན་དབང་དང༌། རྒྱུ་རྐྱེན་གྱིས་སྐྱེ་ཡང་རང་དབང་དུ་སྐྱེ་བ་མེད་པས་ན་སྐྱེ་བ་ངོ་བོ་ཉིད་མེད་པ་ཞེས་སོ། ། གསུམ་པ་ལ། འཕགས་པའི་མི་རྟོག་ཡེ་ཤེས་དང་མཚན་དཔེ་ལྟ་བུའི་དག་པའི་གཞན་ དབང་དང༌། ཀུན་ཉོན་དང་ཟག་བཅས་ཀྱི་ཕུང་པོ་ལྟ་བུའི་མ་དག་པའི་གཞན་དབང་དང་ 5-1-39 གཉིས་ཡོད། གསུམ་པ་ལ། མཚན་ཉིད། སྒྲ་བཤད། དབྱེ་བ་དང་གསུམ་ལས། དང་པོ་ནི། བདག་ འཛིན་གཉིས་ཀྱིས་སྒྲོ་བཏགས་པ་ལྟར་དུ་གྲུབ་པས་སྟོང་པའི་དེ་བཞིན་ཉིད་དེ། ཡོངས་གྲུབ་ ཀྱི་མཚན་ཉིད། མཚན་གཞི་ཆོས་ཉིད་ལྟ་བུའོ། ། གཉིས་པ་ནི། རྣམ་པ་གཞན་དུ་མི་འགྱུར་བའི་རྣམ་དག་ལམ་གྱི་དམིགས་པ་མཐར་ཐུག་ ཡིན་པས་ན་ཡོངས་གྲུབ་དང༌། དོན་དམ་པའི་རང་བཞིན་ལ་དགག་བྱ་ཆོས་བདག་གི་ངོ་བོ་ ཉིད་མེད་པས་ན་དོན་དམ་པ་ངོ་བོ་ཉིད་མེད་པ་ཞེས་བརྗོད། གསུམ་པ་ལ། འཕགས་པའི་མཉམ་བཞག་ལྟ་བུའི་ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་ དང༌། སྟོང་ཉིད་ལྟ་བུའི་འགྱུར་མེད་ཡོངས་གྲུབ་དང་གཉིས་ཡོད་པ་ལས་སྔ་མ་བཏགས་པ་བ་ དང་ཕྱི་མ་དངོས་སོ། ། གསུམ་པ་འཕྲོས་དོན་གཞན་བཤད་པ་ལ། རྫས་བཏགས་ཀྱི་ཁྱད་པར། རྣམ་ཤེས་ཀྱི་ གྲངས་མང་ཉུང༌། སེམས་ཙམ་རྣམ་བདེན་བརྫུན་གྱི་ཁྱད་པར་དང་གསུམ་ལས། དང་པོ་ ལ། ཡོད་མེད་གཉིས་ཀྱི་སྒོ་ནས་དང༌། དངོས་པོ་དངོས་མེད་གཉིས་ཀྱི་སྒོ་ནས་དང༌། རང་རྐྱ་ འཛིན་ཐུབ་པའི་རྫས་ཡོད་དང་དེ་མི་ཐུབ་པའི་བཏགས་ཡོད་གཉིས་ཀྱི་སྒོ་ནས་འཇོག་ཚུལ་ དང་གསུམ་ལས། སྔ་མ་གཉིས་རྫས་བཏགས་བཏགས་པ་བ་དང༌། ཕྱི་མ་ནི་རྫས་བཏགས་ མཚན་ཉིད་པའོ། །དེ་ལས་རང་རྐྱ་འཛིན་ཐུབ་པའི་རྫས་ཡོད་ནི། རང་འཛིན་པའི་དུས་སུ་ ཆོས་གཞན་བཟུང་བ་ལ་མ་ལྟོས་པར་རང་ཉིད་བློ་ཡུལ་དུ་འཆར་ཐུབ་པའི་ཆོས་དང༌། དེ་མི་ ཐུབ་པའི་བཏགས་ཡོད་ནི། དེ་ལས་ལྡོག་པའི་ཆོས་སོ། །དེ་ལས་རང་རྐྱ་འཛིན་ཐུབ་པའི་རྫས་ ཡོད་ནི་བློ་ལ་འཆར་ཚུལ་གྱིས་དེ་ལྟར་བཞག་ལ། རང་རྐྱ་ཐུབ་པའི་རྫས་ཡོད་ནི་ཆོས་རང་གི་ གདགས་གཞི་རྣམས་ལ་མ་ལྟོས་པར་རང་དབང་བའི་ཚུགས་ཐུབ་ལ་གོ་རྒྱུ་ཡིན་ཕྱིར་དེ་གཉིས་ 5-1-40 མི་འདྲའོ། །རང་རྐྱ་འཛིན་མི་ཐུབ་པའི་བཏགས་ཡོད་ལ་ནི་རང་རྐྱ་མི་ཐུབ་པའི་བཏགས་ཡོད་ མ་ཡིན་པ་མེད་དོ། ། གཉིས་པ་ལ། ཀུན་གཞིའམ་ཡིད་ཀྱི་རྣམ་ཤེས་ཁོ་ན་སྟེ་རྣམ་ཤེས་ཚོགས་གཅིག་ཏུ་འདོད་ པ་དང༌། ཉོན་ཡིད་དང་འཇུག་ཤེས་ཏེ་རྣམ་ཤེས་ཚོགས་གཉིས་སུ་འདོད་པ་དང༌། མིག་གི་ རྣམ་ཤེས་ནས་ཡིད་ཀྱི་རྣམ་ཤེས་ཀྱི་བར་ཏེ་རྣམ་ཤེས་ཚོགས་དྲུག་ཏུ་འདོད་པ་དང༌། རྣམ་ ཤེས་ཚོགས་དྲུག་དང་ཉོན་ཡིད་དེ་རྣམ་ཤེས་ཚོགས་བདུན་དུ་འདོད་པ་དང༌། ཚོགས་དྲུག་ཉོན་ ཡིད་ཀུན་གཞི་སྟེ་རྣམ་ཤེས་ཚོགས་བརྒྱད་དུ་འདོད་པ་དང༌། དེ་བརྒྱད་ཀྱི་སྟེང་དུ་དེ་བཞིན་ ཉིད་དམིགས་པར་བྱེད་པའི་དྲི་མ་མེད་པའི་རྣམ་ཤེས་ཏེ་རྣམ་ཤེས་ཚོགས་དགུ་རུ་འདོད་ཚུལ་ དང་དྲུག་ཡོད་པ་ལས། རྣམ་ཤེས་ཚོགས་བརྒྱད་འདོད་པ་ནི་ལུང་གི་རྗེས་འབྲང་གི་སེམས་ ཙམ་པ་དང༌། ཚོགས་དྲུག་འདོད་པ་ནི་རིགས་པའི་རྗེས་འབྲང་གི་སེམས་ཙམ་པའོ། །དེ་དག་ ལས་ཉོན་ཡིད་ནི། དམིགས་པ་ཀུན་གཞི་ལ་དམིགས་ནས་རྣམ་པ་ང་དང་ང་ཡི་བ་འཛིན་པ་ ཅན་འཁོར་ཀུན་འགྲོ་ལྔ་དང༌། འདོད་ཆགས། མ་རིག་པ། ང་རྒྱལ། བདག་ལྟ་སྟེ་སེམས་ བྱུང་དགུ་པོ་ཁོ་ན་དང་མཚུངས་པར་ལྡན་པའི་རང་གི་ངོ་བོ་སྒྲིབ་ལུང་མ་བསྟན་གྱི་གཙོ་སེམས་ ཤིག་གོ།ཀུན་གཞི་ནི། རང་གི་ངོ་བོ་མ་སྒྲིབ་ལུང་མ་བསྟན་འཁོར་ཀུན་འགྲོ་ལྔ་དང་མཚུངས་ པར་ལྡན་པ་དུས་ཐོག་མེད་ནས་བརྒྱུད་དེ་འོང་བ་ལས་བཟང་ངན་ཐམས་ཅད་ཀྱི་བག་ཆགས་ ཀྱི་བགོ་གཞིར་གྱུར་པ་དམིགས་པ་མངོན་པར་བརྗོད་པའི་བག་ཆགས་སོགས་བག་ཆགས་ བཞི་པོ་ཅི་རིགས་ལ་དམིགས་ནས་རྣམ་པ་སྣོད་བཅུད་སོགས་ཅི་རིགས་སྣང་ཡང་དེ་ལ་ངེས་ པ་འདྲེན་མི་ནུས་པའི་དམིགས་རྣམ་མི་གསལ་བའི་གཙོ་སེམས་ཤིག་གོ།དེའི་དམིགས་ཡུལ་ གྱི་བག་ཆགས་བཞི་ནི། སྔོ་འཛིན་མིག་ཤེས་ལ་སྔོན་པོ་རང་འཛིན་རྟོག་པའི་ཞེན་གཞིར་རང་ མཚན་གྱིས་གྲུབ་པར་སྣང་བ་ལ་དབང་བྱེད་པའི་བག་ཆགས་ལྟ་བུ་ནི་མངོན་པར་བརྗོད་པའི་ 5-1-41 བག་ཆགས་དང༌། བདག་གཞན་རིས་སུ་བཅད་ནས་བདག་ཏུ་འཛིན་པའི་ལྟ་བ་ལ་དབང་ བྱེད་པའི་བག་ཆགས་ལྟ་བུ་ནི། བདག་ཏུ་ལྟ་བའི་བག་ཆགས་དང༌། འཁོར་བར་འཕེན་བྱེད་ ཀྱི་དགེ་སྡིག་གི་ལས་ཀྱི་བག་ཆགས་ལྟ་བུ་ནི། སྲི ད་པའི་ཡན་ལག་གི་བག་ཆགས་དང༌། སྔོ་ འཛིན་མིག་ཤེས་ལ་སྔོན་པོ་སྔོན་པོར་སྣང་བ་ལ་དབང་བྱེད་པའི་བག་ཆགས་ལྟ་བུ་ནི། རིགས་ མཐུན་གྱི་བག་ཆགས་ཡིན་ནོ། །འདི་བའི་ལུགས་ལ། ཤེས་པ་ཡིན་ན་རྐྱེན་བཞི་ཀ་ཡོད་པས་ ཁྱབ་ཅིང་རྟོག་པ་རྣམས་ཀྱི་དམིགས་རྐྱེན་ལ་བག་ཆགས་འཇོག་གོ།དེ་ཡང་སྔོ་འཛིན་མིག་ ཤེས་ལ། རང་གི་རྒྱུའི་རྐྱེན་ནི་རང་ཉིད་སྐྱེད་བྱེད་ཀྱི་རྒྱུ་དང༌། དེ་མ་ཐག་རྐྱེན་ནི་རང་གི་སྔ་ ལོག་དེ་མ་ཐག་ཏུ་བྱུང་བའི་ཤེས་པ་རྣམས་དང༌། དམིགས་རྐྱེན་ནི་ཡུལ་སྔོན་པོ་དང༌། བདག་ རྐྱེན་ནི་ནང་གི་དབང་པོ་གཟུགས་ཅན་པ་ཡིན་པ་ལྟར་རོ། །དེ་ཡང་སློབ་དཔོན་ཕྱོགས་ཀྱི་གླང་ པོས། ལྷན་ཅིག་བྱེད་དབང་ནུས་པ་ཡི། །ངོ་བོ་གང་ཡིན་དབང་པོའང་ཡིན། །དེ་ཡང་རྣམ་རིག་ ལ་མི་འགལ། །ཞེས་གསུངས་པ་ལྟར་སེམས་ཙམ་རང་ལུགས་ལ་དོན་དམ་པར་ན་དབང་པོ་ གཟུགས་ཅན་པའི་བེམ་པོ་མི་འདོད་ཅིང་དེ་མ་ཐག་རྐྱེན་གྱི་ཤེས་པ་སྔ་མའི་སྟེང་གི་དབང་ ཤེས་བསྐྱེད་པའི་ནུས་པ་ཙམ་ལ་དབང་པོ་ཡིན་པར་འདོད་དོ། ། གསུམ་པ་ནི། འཇུག་ཤེས་མངོན་སུམ་ལ་སྔོན་པོ་སོགས་ཁ་དོག་དང༌། གྲུ་བཞི་སོགས་ དབྱིབས་དང༌། སྐད་ཅིག་སྔ་ཕྱི་སོགས་རྒྱུན་དུ་སྣང་བ་རྣམས་ནི་སེམས་ཙམ་རྣམ་བདེན་རྫུན་ གཉིས་ཀྱི་རྩོད་གཞི་ཡིན་ལ། སེམས་ཙམ་རྣམ་བདེན་པས་ནི་སོ་སྐྱེས་རྒྱུད་ཀྱི་གཟུགས་འཛིན་ མངོན་སུམ་ལ་གཟུགས་ཕྱི་དོན་སོགས་སུ་སྣང་བའི་ཆ་ལ་མ་རིག་པས་བསླད་པ་ཞུགས་ཀྱང་ གཟུགས་གཟུགས་སུ་སྣང་བ་དང་གཟུགས་རགས་པར་སྣང་བའི་ཆ་ལ་མ་རིག་པས་བསླད་པ་ ཅུང་ཟད་ཀྱང་མ་ཞུགས་པར་འདོད། སེམས་ཙམ་རྣམ་བརྫུན་པས་སོ་སྐྱེས་རྒྱུད་ཀྱི་གཟུགས་ འཛིན་མངོན་སུམ་ལ་གཟུགས་ཕྱི་དོན་སོགས་སུ་སྣང་བའི་ཆ་ལ་མ་རིག་པས་བསླད་པ་ 5-1-42 ཞུགས་པ་མ་ཟད་གཟུགས་གཟུགས་སུ་སྣང་བ་དང་གཟུགས་རགས་པར་སྣང་བའི་ཆ་ལའང་ མ་རིག་པས་བསླད་པ་ཞུགས་པར་འདོད་དོ། །དེས་ན། སེམས་ཙམ་པ་གང་ཞིག སོ་སྐྱེས་རྒྱུད་ ཀྱི་གཟུགས་འཛིན་མངོན་སུམ་ལ་གཟུགས་རགས་པར་སྣང་བའི་ཆ་ལ་མ་རིག་པས་བསླད་ པ་མ་ཞུགས་པར་འདོད་པ་དེ། སེམས་ཙམ་རྣམ་བདེན་པའི་མཚན་ཉིད། འདི་ལ་དབྱེ་ན། གཟུང་འཛིན་གྲངས་མཉམ་པ། སྒོ་ང་ཕྱེད་ཚལ་པ། སྣ་ཚོགས་གཉིས་མེད་པ་དང་གསུམ་ཡོད་ པ་ལས། དང་པོའི་ལུགས་ལ་ཁྲ་འཛིན་མིག་ཤེས་ཀྱིས་ཁྲ་བོ་ལ་བལྟས་པའི་ཚེ་ཡུལ་ཁྲ་བོའི་ སྟེང་གི་སྔོ་སེར་སོགས་ཀྱི་གྲངས་དང་མཉམ་པའི་ཡུལ་ཅན་ཤེས་པའི་རྣམ་པ་རེ་རེ་བ་སྐྱེ་བར་ འདོད་པ་ནི་སློབ་དཔོན་ཤཱཀྱ་བློ་དང༌། གཉིས་པའི་ལུགས་ལ་སྔོན་པོ་དང་སྔོ་འཛིན་གཉིས་ གྲུབ་དུས་ལ་ལྟོས་ནས་སྔ་ཕྱི་རྫས་ཐ་དད་ཀྱང་དམིགས་དུས་ལ་ལྟོས་ནས་རྫས་གཅིག་པར་སྨྲ་ བ་ནི་བྲམ་ཟེ་བདེ་བྱེད་དགའ་བ་དང༌། གསུམ་པའི་ལུགས་ལ་ཁྲ་འཛིན་མིག་ཤེས་ཀྱིས་ཁྲ་བོ་ལ་བལྟས་པའི་ཚེ་ཡུལ་ཁྲ་བོའི་ སྟེང་གི་སྔོ་སེར་གྱི་གྲངས་དང་མཉམ་པའི་ཡུལ་ཅན་ཤེས་པའི་རྣམ་པ་རེ་རེ་བར་མི་སྐྱེ་བར་ཁྲ་ བོའི་ཆ་ཤས་སྣ་ཚོགས་སྣང་བའི་ཆ་ཅན་ཁྲ་འཛིན་ཤེས་པ་གཅིག་པུ་སྐྱེ་བར་འདོད་པ་ནི་སློབ་ དཔོན་ཆོས་ཀྱི་གྲགས་པའོ། །ཡང་སེམས་ཙམ་པ་གང་ཞིག སོ་སྐྱེས་རྒྱུད་ཀྱི་གཟུགས་འཛིན་ མངོན་སུམ་ལ་གཟུགས་རགས་པར་སྣང་བའི་ཆ་ལ་མ་རིག་པས་བསླད་པ་ཞུགས་པར་འདོད་ པ་དེ། སེམས་ཙམ་རྣམ་བརྫུན་པའི་མཚན་ཉིད། འདི་ལ་དབྱེ་ན་རྣམ་བརྫུན་དྲི་བཅས་པ་དང༌། དྲི་མེད་པ་གཉིས་ཡོད། དེ་གཉིས་ཀྱི་ཁྱད་པར་ནི་སེམས་ཀྱི་ངོ་བོ་ལ་མ་རིག་བག་ཆགས་ཀྱི་དྲི་ མས་བསླད་མ་བསླད་ཀྱི་སྟེང་ནས་འཇོག་ཚུལ་དང༌། སངས་རྒྱས་ཀྱི་ས་ན་མ་རིག་པ་མེད་ཀྱང་ འཁྲུལ་སྣང་ཡོད་མེད་ཀྱི་སྟེང་ནས་འཇོག་ཚུལ་དང་གཉིས་ཡོད་དོ། ། གཉིས་པ་ལམ་ལ། ཐེག་དམན་དང༌། ཐེག་ཆེན་གྱི་ལམ་གཉིས་ལས། དང་པོ་ལ། ཉན་ 5-1-43 ཐོས་དང༌། རང་རྒྱལ་གྱི་ལམ་གཉིས་ལས། དང་པོ་ལ། ཉན་ཐོས་ཀྱི་རིགས་དང༌། ལམ་དངོས་ གཉིས་ལས། དང་པོ། ཉན་ཐོས་ཀྱི་ཆོས་གནས་པ་དང་འཕེལ་བར་བྱེད་རུང་བའི་ནུས་པ་ཐོག་མ་མེད་ པའི་དུས་ནས་སྐད་ཅིག་ཀྱང་རྒྱུན་མ་ཆད་པར་ཡོད་པ་དེ་ཡིན་ལ། རིགས་ཀྱི་རྟགས་ནི་ལུས་ ལོངས་སྤྱོད་ལ་ཆགས་ཞེན་ཆུང་བ། འཁོར་བ་ལ་སྐྱོ་ཤས་ཆེ་བ། བག་ཡོད་དང་ལྡན་ཞིང་མི་ དགེ་བ་ལ་འཛེམ་པ། བདེན་བཞིའི་ཆོས་ཚུལ་ཐོས་པ་ན་ཡིད་ཆེས་པའི་དད་པ་སྐྱེ་བ། སོ་ ཐར་གྱི་སྡོམ་པ་ལེན་ཅིང་བསླབ་པ་སྲོག་ལ་བབས་ཀྱང་མི་གཏོང་བ། རང་གིས་དགེ་བ་གང་ བསགས་རྣམས་འཁོར་བ་ལས་གྲོལ་བའི་རྒྱུར་བསྔོ་བ་དང་དྲུག་དེའོ། ། གཉིས་པ་ལམ་དངོས་ནི། ཆེད་དུ་བྱ་བ་ནི་རང་ཉིད་གཅིག་པུར་འཁོར་བ་མཐའ་དག་ ལས་གྲོལ་འདོད་པའི་བསམ་པའི་ཀུན་སློང་གི་སྒོ་ནས་བསླབ་པ་གསུམ་ལ་སློབ་པར་བྱེད་པ་ དེ་ཡིན་ཞིང༌། དེ་ལས་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་ནི་སོ་ཐར་རིས་བརྒྱད་ཀྱི་ཚུལ་ཁྲིམས་ གང་ཡང་རུང་བ་ཞིག་གོ། སོ་ཐར་རིས་བརྒྱད་ནི། བསྙེན་གནས་དགེ་བསྙེན་ཕ་མ། དགེ་ཚུལ་ཕ་མ། དགེ་སློབ་ མ། དགེ་སློང་ཕ་མ་དང་བརྒྱད་དོ། །ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་ནི། འདོད་སེམས་ དགུ་དང་སྟོབས་དྲུག་དང་ཡིད་བྱེད་བཞིའི་སྒོ་ནས་བསྒྲུབས་པའི་ཤིན་སྦྱངས་ཁྱད་པར་ཅན་ གྱིས་ཟིན་པའི་རྩེ་གཅིག་ཏུ་གནས་པའི་ཏིང་ངེ་འཛིན་དེ་ཡིན། ལྷག་པ་ཤེས་རབ་ཀྱི་བསླབ་ པ་ནི། དེ་འདྲའི་ཞི་གནས་ཀྱི་ཏིང་ངེ་འཛིན་ལ་བརྟེན་ནས་སོ་སོར་རྟོགས་པའི་ཤེས་རབ་ཀྱིས་ ཡང་ཡང་དཔྱད་སྟོབས་ཀྱིས་དྲངས་པའི་ཤིན་སྦྱངས་དང་བཅས་པའི་ཤེས་རབ་ལྷག་མཐོང་གི་ ཕྱོགས་ཀྱིས་བསྡུས་པ་ཞིག་ཡིན་ལ། དེ་ལས་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་དང་གང་ཟག་ གི་བདག་མེད་གཏན་ལ་འབེབས་པའི་ཐོས་བྱུང་དང་བསམ་བྱུང་གཙོ་བོར་གྱུར་པའི་སྐབས་ 5-1-44 ཀྱི་ལམ་ནི་ཉན་ཐོས་ཀྱི་ཚོགས་ལམ་དང༌། སྒོམ་བྱུང་གཙོ་བོར་གྱུར་པས་གང་ཟག་གི་བདག་ མེད་དོན་སྤྱིའི་ཚུལ་གྱིས་ཡིད་ལ་བྱེད་པའི་ལམ་ནི་ཉན་ཐོས་ཀྱི་སྦྱོར་ལམ་དང༌། གང་ཟག་གི་ བདག་མེད་གསར་དུ་མངོན་སུམ་དུ་མཐོང་བའི་ཡེ་ཤེས་ནི་ཉན་ཐོས་ཀྱི་མཐོང་ལམ་དང༌། དེ་ འདྲའི་བདག་མེད་མངོན་སུམ་དུ་མཐོང་ཟིན་དེ་ལ་ཡང་ནས་ཡང་དུ་གོམས་པའི་ཡེ་ཤེས་ནི་ ཉན་ཐོས་ཀྱི་སྒོམ་ལམ་དང༌། དེ་འདྲའི་རང་ལམ་གྱི་བགྲོད་པ་མཐར་ཕྱིན་པའི་ལམ་ནི་ཉན་ ཐོས་ཀྱི་མི་སློབ་ལམ་མོ། ། གཉིས་པ་ལ། རང་རྒྱལ་གྱི་རིགས་དང༌། ལམ་དངོས་གཉིས་ལས། དང་པོ་ནི། རང་ སངས་རྒྱས་ཀྱི་ཆོས་གནས་པ་དང་འཕེལ་བར་བྱེད་རུང་བའི་ནུས་པ་ཙམ་མ་གཏོགས་སྤྱིར་ གོང་ཉན་ཐོས་དང་འདྲ། རིགས་ཀྱི་རྟགས་ནི་ཉོན་མོངས་ཆུང་ཞིང་འདུ་འཛི་ལ་མི་དགའ་བ་ དང༌། སྙིང་རྗེ་ཆུང་ཞིང་སེམས་ལས་ཆུང་ངུར་གནས་པ་དང༌། ང་རྒྱལ་ཆེ་ཞིང་རང་བཞིན་གྱི་ དབང་པོ་འབྲི ང་ཞིག་གོ།རང་རྒྱལ་བསེ་རུ་ལྟ་བུ་ནི་རང་རྒྱལ་རིགས་ངེས་དང༌། རང་རྒྱལ་ ཚོགས་སྤྱོད་པ་དང་ཞིང་སྤྱོད་པ་གཉིས་ནི་མ་ངེས་པའི་རིགས་སོ། ། གཉིས་པ་ལམ་དངོས་ནི། རང་རྒྱལ་གྱི་ལམ་ནི་སྤྱིར་ཉན་ཐོས་དང་འདྲ་བ་ལས་རྟེན་ འབྲེ ལ་བཅུ་གཉིས་ལུགས་འབྱུང་ལྡོག་སྒོམ་པ་དང༌། གཉིས་སྟོང་སྒོམ་པ་རྣམས་ནི་ཁྱད་པར་ རོ། །རང་རྒྱལ་དགྲ་བཅོམ་པའི་བྲལ་འབྲས་ནི་ཉོན་སྒྲིབ་དང་ཤེས་སྒྲིབ་རགས་པ་ཙམ་སྤངས་ པའི་འགོག་བདེན་ནོ། ། གཉིས་པ་ཐེག་ཆེན་གྱི་ལམ་ལ། རིགས་དང༌། ལམ་དངོས་གཉིས་ལས། དང་པོ་ལ། རང་ བཞིན་གནས་རིགས་དང༌། རྒྱས་འགྱུར་གྱི་རིགས་གཉིས་ལས། དང་པོ་ནི་ཀུན་གཞིའི་རྣམ་ཤེས་སྟེང་གི་ཟག་མེད་སེམས་ཀྱི་ས་བོན་བླ་མེད་བྱང་ཆུབ་ བསྐྱེད་པའི་ནུས་པ་དེ་ཡིན། ལུང་གི་རྗེས་འབྲང་གི་སེམས་ཙམ་པས། སྤྱིར་སེམས་ཅན་རྣམས་ 5-1-45 ལ་རྐྱེན་གང་གིས་བསྒྱུར་དུ་མེད་པའི་ཐེག་པ་གསུམ་པོ་ལ་སོ་སོར་ངེས་པའི་རིགས་ཤིག་དང༌། རྐྱེན་གྱིས་བསྒྱུར་དུ་ཡོད་པའི་མ་ངེས་པའི་རིགས་ཤིག་དང༌། ལམ་གང་བསྒོམས་ཀྱང་རྒྱུད་ ལ་སྐྱེ་བ་མེད་པའི་རིགས་ཆད་པ་ཞིག་དང་གསུམ་ཡོད་པར་འདོད་ཕྱིར་འདི་བས་མཐར་ཐུག་ ཐེག་པ་གསུམ་གྲུབ་དང་རིགས་ཆད་འདོད་ལ། རིགས་པའི་རྗེས་འབྲང་གི་སེམས་ཙམ་པས་ ནི། སེམས་ཅན་གྱི་ནང་ལ་གནས་སྐབས་ལམ་ཤེས་སྐྱེ་མི་སྐྱེ་རེ་ཡོད་ཀྱང་དེ་དག་གི་སེམས་ དྲི་མ་འབྲལ་རུང་མ་ཡིན་པ་གཅིག་ཀྱང་མེད་པས་མཐར་སངས་རྒྱ་བའི་རིགས་ཡོད་པས་ཁྱབ་ པར་འདོད་དོ། ། གཉིས་པ་ནི། དེ་འདྲའི་རིགས་ལ་ཐོས་སོགས་གོམས་པར་བྱས་པས་གསོས་བཏབ་པའི་ སྟོབས་ཀྱིས་སྔར་ལས་རྒྱས་པར་འགྱུར་བ་དེ་ཡིན་ནོ། །སྤྱིར་དབང་པོ་ཤིན་ཏུ་རྣོ་བ། གཞན་ ཕན་བྱ་བའི་ཕྱིར་དུ་ཞུགས་པ། ཤེས་བྱའི་གནས་རྒྱ་ཆེན་པོ་ལ་མཁས་པར་བྱ་བ་རང་འབྲས་ བླ་མེད་བྱང་ཆུབ་ཐོབ་པར་བྱེད་པ་སྟེ་ཁྱད་ཆོས་བཞིའི་སྒོ་ནས་ཐེག་ཆེན་གྱི་རིགས་འདི་ཐེག་ དམན་ལས་ཁྱད་དུ་འཕགས་སོ། །རིགས་ཀྱི་རྟགས་ནི་རང་བཞིན་གྱི་སྙིང་རྗེ་ཆེ་བ། ཐེག་ཆེན་ གྱི་ཆོས་ལ་མོས་པ། ཆོས་ཀྱི་ཕྱིར་དཀའ་སྤྱད་ལ་བཟོད་པ། ཕྱིན་དྲུག་སོགས་ཡང་དག་པར་ སྤྱོད་པ་དང་བཞི་དེའོ། །རིགས་ཀྱི་ཕན་ཡོན་ནི་ངན་སོང་དུ་སྐྱེ་དཀའ་ཞིང་གལ་ཏེ་སྐྱེས་ཀྱང་ ཚོར་བ་མི་བཟོད་པ་མི་མྱོང་བར་དེ་ལས་མྱུར་དུ་ཐར་བ་དང༌། དེས་ཀྱང་ཡིད་སྐྱོ་ནས་སེམས་ ཅན་ལ་སྙིང་ལྷག་པར་བརྩེ་བ་དང༌། སེམས་ཅན་རྣམས་སྨིན་པར་བྱེད་པའི་བྱ་བ་ལ་ཆེད་དུ་ བརྩོན་པ་རྣམས་སོ། ། གཉིས་པ་ལམ་བཤད་པ་ལ། ལྟ་སྒོམ་སྤྱོད་གསུམ་ལས། དང་པོ་ནི། བདེན་བཞིའི་རྣམ་ པ་བཅུ་དྲུག་སོགས་ནི་ལྟ་བའི་ཡུལ་ཙམ་དང་གཟུགས་སོགས་ཕྱི་དོན་དུ་གྲུབ་པས་སྟོང་པ་དང་ ཆོས་རྣམས་རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པས་སྟོང་པ་གཉིས་ནི་ལྟ་ 5-1-46 བའི་ཡུལ་གྱི་གཙོ་བོ་དང༌། དེ་དག་གི་གནས་ཚུལ་ཇི་བཞིན་རྟོགས་པའི་ཤེས་རབ་རྣམས་ནི་ ལྟ་བ་དངོས་སོ། །ལྟ་བའི་སྤང་བྱ་ནི། གང་ཟག་གི་བདག་འཛིན་དང་དེས་བསྐྱེད་པའི་རྩ་ཉོན་ ཉེ་ཉོན་དང་བཅས་པའི་ཉོན་སྒྲིབ་དང༌། གཟུགས་སོགས་ཕྱི་དོན་དང་མིང་གི་འཇུག་གཞིར་ རང་མཚན་གྱིས་གྲུབ་པར་འཛིན་པའི་ཤེས་སྒྲིབ་རྣམས་སོ། ། གཉིས་པ་ནི། དེ་དག་རྩེ་གཅིག་ཏུ་གོམས་པར་བྱེད་པའོ། །གསུམ་པ་ནི། ལྟ་བ་དེ་དག་ བསོད་ནམས་ཀྱི་ཚོགས་དང་སྦྲེལ་ནས་ཉམས་སུ་ལེན་པ་དེ་ཡིན་ནོ། ། གསུམ་པ་ལ། ཐེག་དམན་དང༌། ཐེག་ཆེན་གྱི་འབྲས་བུ་གཉིས་ལས། དང་པོ་ནི། སྤྱིར་ ཉན་རང་གཉིས་ཀ་ལ་མཐོང་སྤང་སྤངས་པའི་ཆ་ནས་རྒྱུན་ཞུགས་ཀྱི་འབྲས་བུ་དང༌། འདོད་ ཉོན་དྲུག་པ་སྤངས་པའི་ཆ་ནས་ཕྱིར་འོང་གི་འབྲས་བུ་དང༌། འདོད་ཉོན་དགུ་པ་སྤངས་པའི་ ཆ་ནས་ཕྱིར་མི་འོང་གི་འབྲས་བུ་དང༌། སྲི ད་ཉོན་དགུ་པ་སྤངས་པའི་ཆ་ནས་དགྲ་བཅོམ་པའི་ འབྲས་བུ་རྣམས་འཇོག་པ་ཡོད་ཕྱིར་འདི་གཉིས་ལ་ཞུགས་འབྲས་བརྒྱད་ཀྱི་དབྱེ་ཚུལ་མི་འདྲ་ བ་མེད་ཀྱང་ཚོགས་བསགས་ཚུལ་མང་ཉུང་ཡོད་པས་རང་ལམ་གྱི་ཐོབ་བྱ་མཐར་ཐུག་པའི་ འབྲས་བུ་ལ་མཆོག་དམན་ཡོད་པར་འདོད་དོ། ། གཉིས་པ་ནི། ལུང་གི་རྗེས་འབྲང་གི་སེམས་ཙམ་པས་ནི། ཐེག་དམན་དགྲ་བཅོམ་ཞི་ བ་བགྲོད་པ་ཕྱོགས་གཅིག་པའི་རིགས་ཅན་རྣམས་ནི་རང་ལམ་གྱི་ལྷག་བཅས་དགྲ་བཅོམ་ ཐོབ་པའི་རྗེས་སུ་ལྷག་མེད་མྱང་འདས་ཀྱི་དབྱིངས་དེ་ཀ་ལ་བཞུགས་པའི་ཚེ་སྒྲིབ་པ་ཀུན་དང་ བྲལ་བ་ལ་དེ་བཞིན་གཤེགས་པ་དང་ཁྱད་པར་མེད་ཀྱང་སྔོན་གྱི་དུས་སུ་སྨོན་ལམ་རླབས་ པོ་ཆེ་མ་བཏབ་པ་དང་ཞི་བདེའི་དབྱིངས་ལས་བཞེངས་འདོད་མེད་པ་ལ་སོགས་པའི་རྐྱེན་ གྱིས་ཉེར་ཞིའི་གོ་འཕང་ཙམ་ལ་རྟག་ཏུ་བཞུགས་པ་ལས་སངས་རྒྱས་ཀྱི་མཛད་པ་གང་ཡང་ མི་མཛད་པ་དང༌། ཐེག་དམན་དགྲ་བཅོམ་བྱང་ཆུབ་ཡོངས་གྱུར་གྱི་རིགས་ཅན་རྣམས་ཀྱིས་ 5-1-47 རང་ལམ་གྱི་ལྷག་བཅས་དགྲ་བཅོམ་ཐོབ་པའི་རྗེས་སུ་ལྷག་མེད་མྱང་འདས་མ་ཐོབ་པའི་ མཚམས་དེ་ནས་སངས་རྒྱས་བྱང་སེམས་ཀྱིས་བསྐུལ་བ་ལ་བརྟེན་ནས་རྫུ་འཕྲུལ་གྱིས་སྤྲུལ་ པའི་ལུས་ཙམ་མྱ་ངན་ལས་འདའ་ཚུལ་མཛད་ནས་སྔར་གྱི་ལུས་དེ་ཉིད་མྱ་ངན་ལས་མི་འདའ་ བར་བྱིན་གྱིས་བརླབས་ནས་གཞན་གྱིས་མི་མཐོང་བར་བྱས་ཏེ་དབེན་པར་སོང་ནས་ཐེག་ ཆེན་གྱི་ལམ་རྣམས་ལ་རིམ་གྱིས་སློབ་པར་འདོད་པ་དང༌། རིགས་པའི་རྗེས་འབྲང་གི་སེམས་ ཙམ་པས་ཐེག་དམན་དགྲ་བཅོམ་ཡིན་ན་མཐར་ཐེག་ཆེན་གྱི་ལམ་དུ་ཞུགས་པས་ཁྱབ་པར་ འདོད་དོ། །ཐེག་ཆེན་གྱི་འབྲས་བུ་ནི་ཐེག་ཆེན་གྱི་ལྟ་བ་དེ་དག་བསོད་ནམས་ཀྱི་ཚོགས་རྒྱ་ ཆེན་པོ་དང་སྦྲེལ་ནས་བསྐལ་ཆེན་གྲངས་མེད་གསུམ་དུ་གོམས་པའི་མཐར་འོག་མིན་གྱི་རྟེན་ ལ་ཆོས་སྐུ་དང་གཟུགས་སྐུ་གཉིས་མངོན་དུ་བྱེད་པ་དང༌། མིའི་ལུས་རྟེན་ལ་གསར་དུ་འཚང་ རྒྱ་བར་འདོད་མཁན་ཡང་ཡོད། འདི་བས་ཡེ་ཤེས་ལྔ་འདོད་ཅིང་ཆོས་དབྱིངས་ཡེ་ཤེས་ནི་ངོ་ བོ་ཉིད་སྐུ་དང༌། མེ་ལོང་ཡེ་ཤེས་སོགས་བཞི་ནི་ཡེ་ཤེས་ཆོས་སྐུ་ཡིན་པར་བཤད་ལ། བཙུན་ པ་ཟླ་བས་ཀུན་གཞི་གནས་འགྱུར་ཆོས་སྐུ་དང་ཉོན་ཡིད་གནས་འགྱུར་ལོངས་སྐུ་དང་སྒོ་ལྔའི་ དབང་ཤེས་གནས་འགྱུར་སྤྲུལ་སྐུ་ཡིན་པར་གསུངས་ཤིང༌། འདི་བའི་ལུགས་ཀྱི་བླ་མེད་བྱང་ ཆུབ་ནི། འཕགས་པ་ཐོགས་མེད་ཀྱིས་དམ་པ་བདུན་དང་ལྡན་པ་ཡིན་པར་གསུངས་ཏེ། དེ་ ཡང་མཚན་དང་དཔེ་བྱད་ཀྱིས་བརྒྱན་པས་སྐུ་དམ་པ་དང༌། རང་གཞན་གྱི་ཕན་བདེ་མ་ལུས་ པ་འབྱུང་བའི་ཕྱིར་དུ་ཞུགས་པས་སྒྲུབ་པ་དམ་པ་དང༌། ཚུལ་ཁྲིམས་དང་ལྟ་བ་དང་ཆོ་ག་ དང་འཚོ་བ་ཕུན་ཚོགས་དང་ལྡན་པས་ཕུན་སུམ་ཚོགས་པ་དམ་པ་དང༌། ཆོས་དོན་ངེས་ཚིག་ སྤོབས་པ་སྟེ་སོ་སོར་ཡང་དག་པར་རིག་པ་བཞི་དང་ལྡན་པས་ཡེ་ཤེས་དམ་པ་དང༌། ལྷའི་ མིག་དང་རྣ་བ་དང་གཞན་སེམས་ཤེས་པ་དང་རྫུ་འཕྲུལ་དང་སྔོན་གནས་རྗེས་དྲན་དང་ཟག་ པ་ཟད་པའི་མངོན་ཤེས་ཏེ་མངོན་ཤེས་དྲུག་དང་ལྡན་པས་མཐུ་དམ་པ་དང༌། སྒྲིབ་གཉིས་ 5-1-48 མཐའ་དག་སྤངས་པས་སྤངས་པ་དམ་པ་དང༌། བླ་ན་མེད་པའི་འཕགས་པ་མཆོག་གི་གོ་ འཕང་ན་གནས་པས་གནས་པ་དམ་པ་སྟེ་བདུན་ནོ། ། གཉིས་པ་དབུ་མ་པ་ལ། འཁོར་ལོ་བར་བའི་རྗེས་འབྲང་གི་དབུ་མ་པ་དང༌། ཐ་མའི་རྗེས་ འབྲང་གི་དབུ་མ་པ་དང་གཉིས་ལས། དང་པོ་ལ། རྩ་བའི་སློབ་དཔོན་ངོས་བཟུང་བ། འདོད་པ་སྟོན་པའི་གཞུང་ལུགས། དེའི་ མཚན་ཉིད། རྣམ་གྲངས་དང་སྒྲ་བཤད། དེའི་ལྟ་བ་སྟོན་བྱེད་ཀྱི་ལུང༌། དབྱེ་བ་སོ་སོའི་སྒོ་ནས་ རྒྱས་པར་བཤད་པ་དང་དྲུག་ལས། དང་པོ་ནི། འཕགས་པ་ཀླུ་སྒྲུབ་དང་ཨཱརྱ་དེ་བ་གཉིས་སོ། །གཉིས་པ་ལ་བཀའ་དང་ བསྟན་བཅོས་གཉིས་ལས། དང་པོ་ནི། བློ་གྲོས་མི་ཟད་པའི་མདོ་དང༌། ཤེར་ཕྱིན་གྱི་མདོ་ སོགས་འཁོར་ལོ་བར་བའི་གཞུང་རྣམས་དང༌། གཉིས་པ་ནི། ཀླུ་སྒྲུབ་ཀྱིས་མཛད་པའི་མདོ་ཀུན་བཏུས་དང༌། དབུ་མ་རྩ་བ་ཤེས་རབ། སྟོང་ཉིད་བདུན་ཅུ་པ། རྩོད་པ་བཟློག་པ། རིགས་པ་དྲུག་ཅུ་པ། ཞིབ་མོ་རྣམ་འཐག རིན་ཆེན་ ཕྲེང་བ་རྣམས་དང༌། ཨཱརྱ་དེ་བས་མཛད་པའི་དབུ་མ་བཞི་བརྒྱ་པ་དང༌། ཡེ་ཤེས་སྙིང་པོས་ མཛད་པའི་ཀུན་བཏུས་སོགས་སོ། ། གསུམ་པ་ནི། ཆོས་ཐམས་ཅད་མཐའ་བྲལ་དུ་འདོད་པའི་སངས་རྒྱས་པ་གང་ཞིག བདེན་གྲུབ་ཀྱི་ཆོས་རྡུལ་ཙམ་ཡང་ཁས་མི་ལེན་པའི་ཐེག་ཆེན་གྱི་གྲུབ་མཐའ་སྨྲ་བ་དེ། འཁོར་ ལོ་བར་བའི་རྗེས་འབྲང་གི་དབུ་མ་པའི་མཚན་ཉིད། མཚན་གཞི་སློབ་དཔོན་སངས་རྒྱས་ བསྐྱངས་ལྟ་བུའོ། ། བཞི་པ་ལ། གཉིས་ལས། དང་པོ་ནི། སྣང་མེད་དབུ་མ་པ། ངོ་བོ་ཉིད་མེད་པར་སྨྲ་བ། རང་སྟོང་པ་རྣམས་སོ། ། 5-1-49 གཉིས་པ་ནི། མཉམ་བཞག་གི་སྐབས་སུ་ཅི་ཡང་བཟུང་དུ་མེད་པ་དང་མཐའ་གཉིས་ དང་བྲལ་བའི་དབུས་ཁས་ལེན་པས་ན་སྣང་མེད་དབུ་མ་པ་དང༌། ཆོས་ཐམས་ཅད་བདེན་ གྲུབ་ཀྱི་ངོ་བོ་ཉིད་མེད་པར་སྨྲ་བས་ན་ངོ་བོ་ཉིད་མེད་པར་སྨྲ་བ་དང༌། དགག་བྱ་བདེན་གྲུབ་ བཀག་ཙམ་གྱི་མེད་དགག་དེ་སྟོང་ཉིད་མཐར་ཐུག་ཏུ་སྨྲ་བས་ན་རང་སྟོང་ཞེས་བརྗོད་དོ། ། ལྔ་པ་ནི། ཆོས་ཡང་དག་པར་སྡུད་པ་ལས། ཅི་ཡང་མ་མཐོང་བ་ནི་མཐོང་བ་དམ་པའོ། །ཞེས་དང༌། བདེན་གཉིས་ལས། འདི་ལྟར་སྣང་བའི་དངོས་པོ་འདི། །རིགས་པས་བརྟགས་ ན་འགའ་མི་རྙེད། །མ་རྙེད་པ་དེ་དོན་དམ་མོ། །ཞེས་དང༌། ལང་ཀར་གཤེགས་པའི་མདོ་ལས། སེམས་ཙམ་ལས་ནི་འདས་ནས་ཀྱང༌། །སྣང་བ་མེད་ལ་གནས་པར་བྱ། །ཞེས་སོགས་ལུང་དུ་ མ་ཡོད། དྲུག་པ་ལ། དབུ་མ་རང་རྒྱུད་པ་དང༌། ཐལ་འགྱུར་བ་གཉིས་ལས། དང་པོ་ལ། མདོ་སྡེ་སྤྱོད་པའི་རང་རྒྱུད་པ་དང༌། རྣལ་འབྱོར་སྤྱོད་པའི་རང་རྒྱུད་པ་གཉིས་ ལས། དང་པོ་ལ། རྩ་བའི་སློབ་དཔོན་ངོས་བཟུང་བ། འདོད་པ་སྟོན་པའི་གཞུང་ལུགས། སྤྱི་ དང་བྱེ་བྲག་གི་མཚན་ཉིད། སྒྲ་བཤད། དེའི་ཁྱད་པར་དང་ལྔ་ལས། དང་པོ་ནི། སློབ་དཔོན་ ལེགས་ལྡན་འབྱེད་དང༌། ཡེ་ཤེས་སྙིང་པོ་སོགས་སོ། ། གཉིས་པ་ནི། ལེགས་ལྡན་འབྱེད་ཀྱིས་མཛད་པའི་དབུ་མ་སྙིང་པོ། དེའི་རང་འགྲེལ་རྟོག་ གེ་འབར་བ་དང༌། རྩ་ཤེས་ཀྱི་འགྲེལ་བ་རིན་ཆེན་སྒྲོན་མེ་དང༌། ཡེ་ཤེས་སྙིང་པོས་མཛད་པའི་ དབུ་མ་བདེན་གཉིས་རང་འགྲེལ་དང་བཅས་པ་རྣམས་སོ། ། གསུམ་པ་ལ་སྤྱི་དང༌། བྱེ་བྲག་གཉིས་ལས། དང་པོ་ནི། བདེན་མེད་སྒྲུབ་པའི་རྟགས་ ཀྱི་ཚུལ་གསུམ་རང་ངོས་ནས་གྲུབ་པར་ཁས་ལེན་པའི་དབུ་མ་པ་དེ། དབུ་མ་རང་རྒྱུད་པའི་ མཚན་ཉིད། རང་རྒྱུད། རང་དབང༌། རང་བཞིན་རྣམས་དོན་གཅིག གཉིས་པ་ནི། རང་རིག་ཁས་མི་ལེན་ཅིང་ཕྱི་དོན་རང་མཚན་གྱིས་གྲུབ་པར་ཁས་ལེན་ 5-1-50 པའི་དབུ་མ་པ་དེ། མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པའི་མཚན་ཉིད། བཞི་པ་ལ། སྤྱི་དང༌། བྱེ་བྲག་གཉིས་ལས། དང་པོ་ནི་ཕྱི་རྒོལ་གྱི་ཁས་བླངས་ཙམ་ལ་ མ་འཁྲིས་པར་གདགས་གཞིའི་རང་དབང་གིས་ཕྱི་རྒོལ་གྱི་ཚད་མ་མ་འཁྲུལ་བ་ལ་ཆོས་ཅན་ མཐུན་སྣང་དུ་གྲུབ་ཅིང་ཆོས་ཅན་དེའི་སྟེང་དུ་ཚུལ་གསུམ་ངེས་པར་བྱས་ནས་སྒྲུབ་བྱ་རྟོགས་ པའི་རྗེས་དཔག་བསྐྱེད་པར་འདོད་པས་ན་རང་རྒྱུད་པ་ཞེས་བརྗོད། གཉིས་པ་ནི། ཐ་སྙད་ཀྱི་རྣམ་གཞག་ཕལ་ཆེར་མདོ་སྡེ་པ་དང་མཐུན་པར་སྨྲ་བས་ན་མདོ་ སྡེ་སྤྱོད་པའི་རང་རྒྱུད་པ་ཞེས་སོ། ། ལྔ་པ་འདོད་པའི་ཁྱད་པར་བཤད་པ་ལ། གཞི་ལམ་འབྲས་གསུམ་ལས། དང་པོ་ལ། མཚན་ཉིད་གསུམ། བདེན་གཉིས་ཀྱི་རྣམ་གཞག འཕྲོས་དོན་གཞན་བཤད་པ་དང་གསུམ་ ལས། དང་པོ་ལ། དེ་དངོས་དང༌། དེའི་སྒྲ་བཤད་དང་གཉིས་ལས། དང་པོ་ལ་གསུམ་ལས། དང་པོ་ནི། ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པའི་མདོ་ལས། གང་དག་རྟེན་ཅིང་འབྲེ ལ་འབྱུང་བ། །དེ་དག་ངོ་བོ་ཉིད་ཀྱིས་མེད། །ཅེས་གསུངས་པ་ལྟར་གཟུགས་སོགས་སྟོང་གཞིར་གྱུར་པའི་ དངོས་པོ་རྣམས་གཞན་དབང་ངོ༌། ། གཉིས་པ་ནི། ལང་ཀར་གཤེགས་པའི་མདོ་ལས། བློ་ཡིས་རྣམ་པར་གཞིག་ན་ནི། །གཞན་དབང་མེད་ཅིང་བརྟགས་པའང་མེད། །ཅེས་གསུངས་པ་ལྟར་གཟུགས་སོགས་ལ་ བདེན་གྲུབ་ཀྱི་སྒྲོ་བཏགས་པའི་ཆ་དེ་ཀུན་བཏགས་སོ། ། གསུམ་པ་ནི། དབུ་མ་སྣང་བ་ལས། ཆོས་ཐམས་ཅད་དོན་དམ་པར་རྟག་ཏུ་རང་བཞིན་གྱི་ ངོ་བོ་ཉིད་མེད་པ་ཁོ་ནར་གནས་པ་དེ་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཡིན་ཏེ། ཞེས་གསུངས་ པ་ལྟར་ཆོས་རྣམས་བདེན་གྲུབ་ཀྱིས་སྟོང་པའི་སྟོང་ཉིད་དེ་ཡོངས་གྲུབ་བོ། ། 5-1-51 གཉིས་པ་སྒྲ་བཤད་ནི། གཞན་དབང་རྣམས་གཞན་ལ་ལྟོས་ནས་སྐྱེ་ཞིང་རང་དབང་ དུ་སྐྱེ་བ་མེད་པས་ན་སྐྱེ་བ་ངོ་བོ་ཉིད་མེད་པ་ཞེས་དང༌། ཀུན་བཏགས་རྣམས་དོན་དམ་པར་ ཀུན་བཏགས་པའི་མཚན་ཉིད་ལྟར་དུ་མ་གྲུབ་པས་ན་མཚན་ཉིད་ངོ་བོ་ཉིད་མེད་པ་ཞེས་དང༌། ཆོས་ཉིད་ནི་བདེན་གྲུབ་ཀྱི་ངོ་བོ་ཉིད་མེད་པར་སྨྲ་བས་ན་དོན་དམ་པར་ངོ་བོ་ཉིད་མེད་པ་ ཞེས་བརྗོད། གཉིས་པ་ལ། བདེན་གཉིས་ཀྱི་གྲངས་ངེས། འདོད་ཚུལ་ལོག་པའི་སྐྱོན། ངོ་བོ་གཅིག་ལ་ ལྡོག་པ་ཐ་དད་དུ་བསྒྲུབ་པ། བདེན་གཉིས་དངོས་བཤད་པ་དང་བཞི་ལས། དང་པོ་ནི། ཡབ་སྲས་མཇལ་བའི་མདོ་ལས། འཇིག་རྟེན་མཁྱེན་པས་གཞན་ལ་མ་གསན་ པར། །བདེན་པ་འདི་ཉིད་ཀྱིས་ནི་སྟོན་པར་མཛད། །གང་ཞིག་ཀུན་རྫོབ་དེ་བཞིན་དོན་དམ་ སྟེ། །བདེན་པ་གསུམ་པ་ནམ་ཡང་མ་མཆིས་སོ། །ཞེས་པའི་ལུང་དང་ཤེས་བྱ་ལ་བདེན་རྫུན་ གཉིས་ཡིན་གྱི་གཞི་མཐུན་མི་སྲི ད་པ་དང༌། བདེན་རྫུན་གཉིས་གང་རུང་མ་ཡིན་པའི་ཤེས་བྱ་ མི་སྲིད་པའི་རིགས་པ་ལ་སོགས་པའི་རྒྱུ་མཚན་གྱིས་ཤེས་བྱ་ལ་བདེན་པ་གཉིས་སུ་དབྱེ་བ་ འདི་ཕུང་སུམ་སེལ་བའི་དབྱེ་བའོ། ། གཉིས་པ་ནི། མདོ་དགོངས་འགྲེལ་ལས། བདེན་གཉིས་ངོ་བོ་ཐ་དད་དང་ལྡོག་པ་གཅིག་ ཏུ་འདོད་པ་ལ་སྐྱོན་བཞི་བཞིར་ཡོད་པར་གསུངས་ཚུལ་ནི། གཟུགས་དང་གཟུགས་ཀྱི་ཆོས་ ཉིད་གཉིས་ངོ་བོ་ཐ་དད་ཡིན་ན་གཟུགས་ཀྱི་ཆོས་ཉིད་རྟོགས་པའི་ཚད་མ་དེས་གཟུགས་ བདེན་གྲུབ་དུ་འཛིན་པའི་བློ་ལ་མི་གནོད་པར་ཐལ་བ་དང༌། གཟུགས་ཀྱི་བདེན་སྟོང་ གཟུགས་ཀྱི་གནས་ལུགས་མཐར་ཐུག་མ་ཡིན་པར་ཐལ་བ་དང༌། གཟུགས་ལ་བདེན་གྲུབ་ ཀྱི་སྤྲོས་བྲལ་བཀག་ཙམ་དེ་གཟུགས་ཀྱི་ཆོས་ཉིད་མ་ཡིན་པར་ཐལ་བ་དང༌། སངས་འཕགས་ ཀྱིས་གཟུགས་བདེན་གྲུབ་ཏུ་གཟིགས་ཤིང་བདེན་སྟོང་ལོགས་སུ་གཟིགས་པར་ཐལ་བ་སྟེ་ 5-1-52 བཞི་དང༌། གཟུགས་དང་གཟུགས་ཀྱི་ཆོས་ཉིད་གཉིས་ལྡོག་པ་གཅིག་ཡིན་ན། སོ་སོའི་སྐྱེ་ བོས་གཟུགས་མངོན་སུམ་དུ་མཐོང་བ་ལྟར་གཟུགས་ཀྱི་ཆོས་ཉིད་ཀྱང་མངོན་སུམ་དུ་མཐོང་ བར་ཐལ་བ་དང༌། གཟུགས་ལ་དམིགས་ནས་ཆགས་སོགས་ཉོན་མོངས་སྐྱེ་བ་ལྟར་གཟུགས་ ཀྱི་ཆོས་ཉིད་ལ་དམིགས་ནས་ཆགས་སོགས་ཉོན་མོངས་སྐྱེ་བར་ཐལ་བ་དང༌། གཟུགས་ཀྱི་ ཆོས་ཉིད་ལ་རྣམ་པ་མི་འདྲ་བའི་དབྱེ་བ་མེད་པ་ལྟར་གཟུགས་ལའང་མི་འདྲ་བའི་དབྱེ་བ་མེད་ པར་ཐལ་བ་དང༌། གཟུགས་མངོན་སུམ་དུ་མཐོང་བ་ལས་གཞན་པའི་གཟུགས་ཀྱི་གནས་ ལུགས་རྟོགས་པའི་ཐབས་ལ་འབད་མི་དགོས་པར་ཐལ་བ་སྟེ་བཞིའོ། །དེ་འདྲའི་གཅིག་དང་ ཐ་དད་འགོག་པ་ནི་ཐ་སྙད་ཚད་མས་འགོག་ཚུལ་དང་དོན་དམ་ཚད་མས་འགོག་ཚུལ་ཡིན་ལ། བདེན་གཉིས་གཅིག་དང་ཐ་དད་གང་ཡང་མིན་པར་གསུངས་པ་ནི་བདེན་གྲུབ་ལ་དགོངས་པ་ ཡིན་པར་དབུ་མ་སྣང་བ་ལས་བཤད་པ་ལྟར་རོ། ། གསུམ་པ་ནི། བྱང་ཆུབ་སེམས་འགྲེལ་ལས། ཀུན་རྫོབ་ལས་ནི་ཐ་དད་པར། །དེ་ཉིད་ དམིགས་པ་མ་ཡིན་ཏེ། །ཀུན་རྫོབ་སྟོང་པ་ཉིད་དུ་བཤད། །སྟོང་ཉིད་ཁོ་ན་ཀུན་རྫོབ་ཡིན། །མེད་ན་མི་འབྱུང་ངེས་པའི་ཕྱིར། །བྱས་དང་མི་རྟག་དག་བཞིན་ནོ། །ཞེས་གསུངས་པ་ལྟར་ བདེན་པ་གཉིས་ནི་བྱས་མི་རྟག་བཞིན་དུ་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དོ། ། བཞི་པ་ལ། དོན་དམ་དང༌། ཀུན་རྫོབ་བདེན་པ་གཉིས་ལས། དང་པོ་ལ། མཚན་ཉིད། སྒྲ་བཤད། དབྱེ་བ་གསུམ་ལས། དང་པོ་ནི། མཐར་ཐུག་དཔྱོད་བྱེད་ཀྱི་རིགས་ཤེས་ཚད་ མས་རྙེད་དོན་དེ། དོན་དམ་བདེན་པའི་མཚན་ཉིད། མཚན་གཞི་བུམ་པ་བདེན་སྟོང་ལྟ་བུའོ། །འདི་ནི་སློབ་པའི་དབང་དུ་བྱས་པ་ཡིན་གྱི་སངས་རྒྱས་ལྟ་བུའི་མི་སློབ་པའི་དབང་དུ་བྱས་ན། མཐར་ཐུག་དཔྱོད་པའི་རིགས་ཤེས་ཀྱིས་རང་ཉིད་ལ་མཐར་ཐུག་དཔྱོད་པའི་རིགས་ཤེས་སུ་ སོང་བའི་རྙེད་དོན་དེ་དེའི་མཚན་ཉིད་དོ། ། 5-1-53 གཉིས་པ་ནི། ཆོས་ཉིད་ནི་མཉམ་བཞག་ཡེ་ཤེས་ཀྱི་རྙེད་དོན་དང༌། སྣང་གནས་མཐུན་ པ་ཡིན་པས་ན་དོན་དམ་བདེན་པ་ཞེས་བརྗོད། སྤྱིར་དོན་དམ་ཞེས་པ་ལ་དོན་དང་དམ་པ་ གཉིས་ཀ་ཡུལ་ལ་གོ་ལུགས་དང༌། དོན་ཡུལ་དང༌། དམ་པ་ཡུལ་ཅན་ལ་གོ་ལུགས་དང༌། དོན་ དང་དམ་པ་གཉིས་ཀ་ཡུལ་ཅན་ལ་གོ་ལུགས་དང་གསུམ་ཡོད། གསུམ་པ་ལ། རྒྱས་པར་དབྱེ་ན་ཕྱི་སྟོང་པ་ཉིད་སོགས་སྟོང་ཉིད་བཅུ་དྲུག་དང༌། འབྲི ང་དུ་ དབྱེ་ན་དངོས་པོ་དངོས་མེད་སྟོང་པ་ཉིད་དང་རང་གཞན་གྱི་ངོ་བོ་སྟོང་པ་ཉིད་དང་བཞི་དང༌། བསྡུས་པར་དབྱེ་ན་ཆོས་དང་གང་ཟག་གི་བདག་མེད་དང་གཉིས། སྒྲས་བརྗོད་རིགས་ཀྱིས་ དབྱེ་ན་ཡུལ་ཅན་དོན་དམ་དང་ཡུལ་དོན་དམ་གཉིས་ལས། དང་པོ་ལ་འཕགས་པའི་མཉམ་ བཞག་ལྟ་བུའི་ཡུལ་ཅན་དོན་དམ་དངོས་དང༌། སྟོང་ཉིད་དཔྱོད་པའི་རིགས་ཤེས་རྟོག་བཅས་ ལྟ་བུའི་ཡུལ་ཅན་དོན་དམ་རྗེས་མཐུན་པ་དང་གཉིས་ཡོད། གཉིས་པ་ལ། སྟོང་ཉིད་ལྟ་བུའི་ཡུལ་དོན་དམ་དངོས་དང༌། སྣང་སྟོང་གཉིས་ཚོགས་ལྟ་ བུའི་ཡུལ་དོན་དམ་རྗེས་མཐུན་པ་དང་གཉིས་ཡོད་དོ། ། གཉིས་པ་ལ། མཚན་ཉིད། སྒྲ་བཤད། དབྱེ་བ་དང་གསུམ་ལས། དང་པོ་ནི། ཐ་སྙད་ དཔྱོད་བྱེད་ཀྱི་ཚད་མས་རྙེད་དོན་དེ། ཀུན་རྫོབ་བདེན་པའི་མཚན་ཉིད། མཚན་གཞི་བུམ་པ་ ལྟ་བུའོ། །དེ་ཡང་མི་སློབ་པའི་དབང་དུ་བྱས་ན། ཐ་སྙད་དཔྱོད་པའི་ཚད་མས་རང་ཉིད་ལ་ཐ་ སྙད་དཔྱོད་པའི་ཚད་མར་སོང་བའི་རྙེད་དོན་དེ། དེའི་མཚན་ཉིད་དོ། ། གཉིས་པ་ནི། བུམ་པ་ལྟ་བུ་ནི་བློ་ཀུན་རྫོབ་པ་ཐ་སྙད་ཚད་མའི་ངོར་བདེན་པས་ན་ཀུན་ རྫོབ་བདེན་པ་ཞེས་བརྗོད། སྤྱིར་ཀུན་རྫོབ་ཅེས་པ་ལ། བདེན་འཛིན་མ་རིག་པ་ལྟ་བུའི་བློ་ ཀུན་རྫོབ་པ་ལ་གོ་ལུགས་དང༌། སྟོང་ཉིད་རྟེན་འབྱུང་ཡིན་པ་ལ་གོ་ལུགས་དང༌། ཀ་བུམ་ སོགས་ཐ་སྙད་པའི་ཆོས་ལ་གོ་ལུགས་དང་གསུམ་ཡོད། 5-1-54 གསུམ་པ་ལ། ཡང་དག་དང༌། ལོག་པའི་ཀུན་རྫོབ་དང་གཉིས་ལས། དང་པོ་ནི། རང་ གསལ་བར་སྣང་བའི་ཐ་སྙད་པའི་ཤེས་པ་ལ་ཇི་ལྟར་སྣང་བ་ལྟར་དུ་འཇིག་རྟེན་ན་ཡུལ་ཕྱིན་ ཅི་མ་ལོག་པར་གྲགས་པའི་ཆོས་ཀྱི་ཆ་ནས་བཞག་པའི་དོན་དེ། ཡང་དག་ཀུན་རྫོབ་ཀྱི་མཚན་ ཉིད། མཚན་གཞི་བུམ་པ་ལྟ་བུའོ། ། གཉིས་པ་ནི། རང་གསལ་བར་སྣང་བའི་ཐ་སྙད་པའི་ཤེས་པ་ལ་ཇི་ལྟར་སྣང་བ་ལྟར་དུ་ འཇིག་རྟེན་ན་ཡུལ་ཕྱིན་ཅི་ལོག་ཏུ་གྲགས་པའི་ཆོས་ཀྱི་ཆ་ནས་བཞག་པའི་དོན་དེ། ལོག་པའི་ ཀུན་རྫོབ་ཀྱི་མཚན་ཉིད། མཚན་གཞི་ཆུ་ཟླ་ལྟ་བུའོ། །དེ་ནི་མདོ་སྡེ་སྤྱོད་པའི་རང་རྒྱུད་པའི་ དབང་དུ་བྱས་ཀྱི་རྣལ་འབྱོར་སྤྱོད་པའི་རང་རྒྱུད་པའི་ལུགས་ལ། དེ་གཉིས་ཀྱི་མཚན་ཉིད་ནི། རང་གསལ་བར་སྣང་བའི་ཐ་སྙད་པའི་ཤེས་པ་ལ་སྣང་བ་གང་ཞིག འཇིག་རྟེན་ན་ཡུལ་ཕྱིན་ ཅི་མ་ལོག་པར་གྲགས་པའི་ཆ་ནས་བཞག་པའི་དོན་དེ་ཡང་དག་ཀུན་རྫོབ་ཀྱི་མཚན་ཉིད་ དང་རང་གསལ་བར་སྣང་བའི་ཐ་སྙད་པའི་ཤེས་པ་ལ་སྣང་བ་གང་ཞིག འཇིག་རྟེན་ན་ཡུལ་ ཕྱིན་ཅི་ལོག་ཏུ་གྲགས་པའི་ཆ་ནས་བཞག་པའི་དོན་དེ་ལོག་པའི་ཀུན་རྫོབ་ཀྱི་མཚན་ཉིད་དུ་ འཇོག་དགོས་པ་ནི་འདི་བས་ཕྱི་དོན་མི་འདོད་པའི་གནད་ཀྱིས་སོ། ། གསུམ་པ་འཕྲོས་དོན་གཞན་ནི། འདི་བས་ཚོགས་དྲུག་གི་རྣམ་ཤེས་ལས་ཀུན་གཞི་རང་ རིག་གཉིས་མི་འདོད་ཅིང༌། མདོ་སེམས་རང་རྒྱུད་པ་རྣམས་ཀྱིས་མངོན་སུམ་ལ་རྟོག་བྲལ་ གྱིས་ཁྱབ་པ་དང༌། དཔྱད་ཤེས་ལ་ཚད་མིན་གྱིས་ཁྱབ་པར་འདོད་ལ། མདོ་ལས་ཕྱི་དོན་མེད་ པར་གསུངས་པ་ཡང་བདེན་གྲུབ་ལ་དགོངས་པ་དང༌། ཆོས་ཀུན་སེམས་ཙམ་དུ་གསུངས་ པ་ནི་རྟག་བདག་དགག་པའི་ཆེད་དུ་ཡིན་པར་འདོད་ཕྱིར་འདི་བས་ཕྱི་དོན་གྱི་རྣམ་གཞག་ ལེགས་པར་ཁས་ལེན་ཞིང༌། བུམ་པ་ལྟ་བུ་ནི་བསགས་པ་རྫས་ཡོད་དང༌། དམག་དང་ཕྲེང་བ་ ལྟ་བུ་ནི་འདུས་པ་བཏགས་ཡོད་དུ་འདོད་དོ། ། 5-1-55 གཉིས་པ་ལ། ལྟ་སྒོམ་སྤྱོད་གསུམ་ལས། དང་པོ་ནི། གང་ཟག་རང་སྐྱ་ཐུབ་པའི་རྫས་ གྲུབ་ཀྱིས་སྟོང་པར་རྟོགས་པའི་ཤེས་རབ་དང༌། ཆོས་ཀུན་བདེན་གྲུབ་ཀྱིས་སྟོང་པར་རྟོགས་ པའི་ཤེས་རབ་རྣམས་སོ། །ལྟ་བའི་སྤང་བྱ་ནི་གང་ཟག་གི་བདག་འཛིན་དང་རྩ་ཉོན་ཉེ་ཉོན་ དང་བཅས་པ་ནི་ཉོན་སྒྲིབ་དང༌། ཆོས་རྣམས་བདེན་གྲུབ་ཏུ་འཛིན་པ་ནི་ཤེས་སྒྲིབ་ཏུ་འདོད་ པས་དེ་དག་རྣམས་ཀྱང་ངོ༌། ། གཉིས་པ་ནི། ལྟ་བ་དེ་དག་གི་གཙོ་བོར་གྱུར་པའི་ལམ་མཐའ་དག་རྩེ་གཅིག་ཏུ་གོམས་ པར་བྱེད་པའི་ཞི་ལྷག་ཟུང་འབྲེ ལ་གྱི་ཏིང་ངེ་འཛིན་རྣམས་སོ། །གསུམ་པ་ནི། ལྟ་བ་དེ་དག་ བསོད་ནམས་ཀྱི་ཚོགས་དང་སྦྲེལ་ནས་ཉམས་སུ་ལེན་པ་དེའོ། ། གསུམ་པ་འབྲས་བུ་ནི། ཐེག་དམན་ཉན་རང་གཉིས་ལ་ཞུགས་འབྲས་བརྒྱད་ཀྱི་རྣམ་ བཞག་ཡོད་ཅིང་རྟོགས་བྱའི་བདག་མེད་ལ་ཕྲ་རགས་མེད་ཀྱང་ཚོགས་བསགས་ཚུལ་གྱིས་ འབྲས་བུ་ལ་མཆོག་དམན་ཡོད་པར་འདོད། ཐེག་ཆེན་གྱི་ས་བརྒྱད་པ་ན་ཉོན་སྒྲིབ་དང༌། སངས་རྒྱས་པ་ན་ཤེས་སྒྲིབ་སྤངས་པར་འདོད་ཅིང༌། འོན་ཀྱང་ཐལ་འགྱུར་བ་ལྟར་ཉོན་སྒྲིབ་ མ་སྤངས་པར་ཤེས་སྒྲིབ་སྤངས་པའི་མགོ་མི་རྩོམ་པ་ནི་མ་ཡིན་ནོ། ། གཉིས་པ་རྣལ་འབྱོར་སྤྱོད་པའི་རང་རྒྱུད་པ་ལ། རྩ་བའི་སློབ་དཔོན་ངོས་བཟུང་བ། འདོད་པ་སྟོན་པའི་གཞུང་ལུགས། མཚན་ཉིད་དང་སྒྲ་བཤད། དབྱེ་བ། འདོད་པའི་ཁྱད་པར་ དང་ལྔ་ལས། དང་པོ་ནི། མཁན་ཆེན་ཞི་འཚོ། བཙུན་པ་གྲོལ་སྡེ། སློབ་དཔོན་སེང་གེ་བཟང་ པོ། ཀ་མ་ལ་ཤི་ལ་སོགས་སོ། ། གཉིས་པ་ནི། ཞི་འཚོའི་དབུ་མ་རྒྱན། གྲོལ་སྡེའི་ཉི་ཁྲི་སྣང་བ། སེང་གེ་བཟང་པོའི་སྡུད་ འགྲེལ། རྒྱན་སྣང༌། འགྲེལ་བ་དོན་གསལ། ཀ་མ་ལ་ཤི་ལའི་དབུ་མ་སྣང་བ་དང་སྒོམ་རིམ་ སོགས་སོ། ། 5-1-56 གསུམ་པ་ལ་གཉིས་ལས། དང་པོ་ནི། ཐ་སྙད་ཀྱི་རྣམ་གཞག་ཕལ་ཆེར་སེམས་ཙམ་པ་ དང་སྒོ་བསྟུན་ནས་སྨྲ་བའི་དབུ་མ་པ་དེ། རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་མཚན་ ཉིད། གཉིས་པ་ནི། གཞིའི་རྣམ་གཞག་ཕལ་ཆེར་སེམས་ཙམ་པ་དང་མཐུན་པར་སྨྲ་བས་ན། རྣལ་འབྱོར་སྤྱོད་པའི་དབུ་མ་པ་ཞེས་བརྗོད། བཞི་པ་ལ། མཁན་ཆེན་ཞི་འཚོ་ལྟ་བུའི་སེམས་ཙམ་རྣམ་བདེན་པ་དང་མཐུན་པའི་དབུ་ མ་པ་དང༌། སློབ་དཔོན་སེང་གེ་བཟང་པོ་ལྟ་བུའི་སེམས་ཙམ་རྣམ་རྫུན་པ་དང་མཐུན་པའི་ དབུ་མ་པ་དང་གཉིས་ཡོད། དེ་ལས་རྣམ་པ་ལ་སློབ་དཔོན་ཛེ་ཏཱ་རི་ལྟ་བུའི་སེམས་ཀྱི་ངོ་བོ་ལ་ དྲི་མས་བསླད་པར་འདོད་པའི་རྣམ་རྫུན་དྲི་བཅས་པ་དང་མཐུན་པའི་དབུ་མ་པ་དང༌། སློབ་ དཔོན་ལྭ་བ་པ་ལྟ་བུའི་སེམས་ཀྱི་རྣམ་པ་འཁྲུལ་ཀྱང་དེའི་ངོ་བོ་ལ་དྲི་མས་མ་བསླད་པར་ འདོད་པའི་རྣམ་རྫུན་དྲི་མེད་པ་དང་མཐུན་པའི་དབུ་མ་པ་དང་གཉིས་སོ། ། ལྔ་པ་ལ། གཞི་ལམ་འབྲས་བུ་གསུམ་ལས། དང་པོ་ནི། ཕྱི་དོན་ཁས་མི་ལེན་པ་ཙམ་ ལས་གོང་རང་རྒྱུད་པ་དང་འདྲའོ། ། གཉིས་པ་ལ། ལྟ་སྤྱོད་སྒོམ་གསུམ་ལས། དང་པོ་ལ། གང་ཟག་རང་སྐྱ་ཐུབ་པའི་རྫས་ གྲུབ་ཀྱིས་སྟོང་པར་རྟོགས་པའི་ཤེས་རབ་ནི་ཉན་ཐོས་ཀྱི་ལྟ་བའི་གཙོ་བོ་དང༌། གཟུགས་ སོགས་ཕྱི་དོན་གྱིས་སྟོང་པར་རྟོགས་པའི་ཤེས་རབ་ནི་རང་རྒྱལ་གྱི་ལྟ་བའི་གཙོ་བོ་དང༌། ཆོས་རྣམས་བདེན་གྲུབ་ཀྱིས་སྟོང་པར་རྟོགས་པའི་ཤེས་རབ་ནི་ཐེག་ཆེན་གྱི་ལྟ་བའི་གཙོ་བོ་ དང་གསུམ་མོ། །ལྟ་བའི་སྤང་བྱ་ནི་གང་ཟག་རང་རྐྱ་ཐུབ་པའི་རྫས་གྲུབ་ཏུ་འཛིན་པ་དང༌། གཟུགས་སོགས་ཕྱི་དོན་དུ་འཛིན་པ་དང༌། ཆོས་རྣམས་བདེན་གྲུབ་ཏུ་འཛིན་པ་རྣམས་རིམ་ བཞིན་ཉོན་སྒྲིབ་དང་ཤེས་སྒྲིབ་རགས་པ་དང་ཕྲ་མོ་ཡིན་པས་དེ་དག་རྣམས་སོ། ། 5-1-57 གཉིས་པ་དང་གསུམ་པ་ནི་གོང་ལྟར་རོ། །གསུམ་པ་འབྲས་བུ་ལ་དངོས་དང་ལམ་གྱི་ བགྲོད་ཚུལ་གཉིས་ལས། དང་པོ་ནི། ཉོན་སྒྲིབ་ཙམ་སྤངས་པའི་མི་སློབ་པའི་ཡེ་ཤེས་ནི་ཉན་ཐོས་ཀྱི་འབྲས་བུ་ དང༌། ཉོན་སྒྲིབ་དང་ཤེས་སྒྲིབ་རགས་པ་ཙམ་སྤངས་པའི་མི་སློབ་པའི་ཡེ་ཤེས་ནི་རང་རྒྱལ་ གྱི་དེ་དང༌། ཉོན་སྒྲིབ་དང་ཤེས་སྒྲིབ་མ་ལུས་པ་སྤངས་པའི་མི་སློབ་པའི་ཡེ་ཤེས་ནི་ཐེག་ཆེན་ གྱི་དེའོ། ། གཉིས་པ་ལམ་གྱི་བགྲོད་ཚུལ་ནི་བྱང་ཆུབ་ཀྱི་སེམས་བཅོས་མིན་སྐྱེས་པ་ན་ཐེག་ཆེན་ ཚོགས་ལམ་དུ་ཞུགས་པ་ཡིན་ལ། དེ་ནས་ཚོགས་ལམ་ཆེན་པོའི་སྐབས་སུ་ཆོས་རྒྱུན་གྱི་ཏིང་ ངེ་འཛིན་ལ་བརྟེན་ནས་མཆོག་གི་སྤྲུལ་སྐུ་ལས་གདམས་ངག་དངོས་སུ་ཉན་ནས་དེ་ལ་ཐོས་ བསམ་བྱས་པས་སྒོམ་བྱུང་གི་ཤེས་རབ་ཐོག་མར་སྐྱེས་པ་ན་སྦྱོར་ལམ་དུ་འཕོས་སོ། །སྦྱོར་ ལམ་དྲོད་རྩེ་གཉིས་ཀྱིས་མཐོང་སྤང་ཀུན་ཉོན་དང་རྣམ་བྱང་གཟུང་རྟོག་རྣམས་ཉམས་སྨད་ པར་བྱེད། སྦྱོར་ལམ་བཟོད་ཆོས་གཉིས་ཀྱིས་རྫས་འཛིན་བཏགས་འཛིན་རྟོག་པ་རྣམས་ ཉམས་སྨད་པར་བྱེད་དོ། །མཐོང་ལམ་དུ་ཉོན་ཤེས་ཀུན་བཏགས་ས་བོན་དང་བཅས་པ་ སྤངས་ཤིང༌། སྒོམ་ལམ་སྐོར་དགུས་ཉོན་ཤེས་ལྷན་སྐྱེས་ས་བོན་དང་བཅས་པ་སྤངས་པའི་ སྒོ་ནས་མཐར་བླ་མེད་བྱང་ཆུབ་མངོན་དུ་བྱེད་པའོ། །སེམས་ཙམ་པས་འཁོར་ལོ་དང་པོ་དང་ བར་པ་གཉིས་དྲང་དོན་དང་ཐ་མ་ངེས་དོན་དུ་འདོད། འདི་བས་འཁོར་ལོ་ཐོག་མཐའ་གཉིས་ དྲང་དོན་དང༌། བར་བ་ལ་དྲང་ངེས་ཀྱི་ཆ་གཉིས་ཡོད་པར་འདོད་དོ། ། གཉིས་པ་ཐལ་འགྱུར་བ་ལ། རྩ་བའི་སློབ་དཔོན་ངོས་བཟུང་བ། འདོད་པ་སྟོན་པའི་ གཞུང་ལུགས། མཚན་ཉིད། མིང་གི་རྣམ་གྲངས་དང་སྒྲ་བཤད། འདོད་པའི་ཁྱད་པར་ དང་ལྔ་ལས། དང་པོ་ལ། གཞུང་ཕྱི་མོའི་སློབ་དཔོན་དང༌། ཕྱོགས་འཛིན་པའི་སློབ་དཔོན་ 5-1-58 དང༌། ཕྱོགས་མི་འཛིན་ཅིང་ལྟ་བ་ཙམ་འཛིན་པའི་སློབ་དཔོན་དང་གསུམ་ལས། དང་པོ་ནི། འཕགས་པ་ཀླུ་སྒྲུབ་དང༌། ཨཱརྱ་དེ་བའོ། ། གཉིས་པ་ནི། སངས་རྒྱས་བསྐྱངས། ཟླ་བ་གྲགས་པ། ཞི་བ་ལྷ་སོགས་སོ། །གསུམ་པ་ ནི། སློབ་དཔོན་དཔའ་བོ། ཤཱཀྱ་བཤེས་གཉེན། ཀླུའི་བྱང་ཆུབ། རིགས་པའི་ཁུ་བྱུག་སོགས་ སོ། ། གཉིས་པ་ལ། བཀའ་དང་བསྟན་བཅོས་གཉིས་ལས། དང་པོ་ནི། ཤེར་ཕྱིན་གྱི་མདོ་ རྣམས་དང༌། བློ་གྲོས་མི་ཟད་པའི་མདོ་དང༌། མདོ་ཏིང་འཛིན་རྒྱལ་པོ། ཀླུའི་རྒྱལ་པོ་མ་དྲོས་ པས་ཞུས་པའི་མདོ་དང༌། མདོ་སྡེ་ས་བཅུ་པ་སོགས་སོ། ། གཉིས་པ་ནི་ཀླུ་སྒྲུབ་ཀྱི་དབུ་མ་རིག་ཚོགས་དྲུག་དང༌། ཨཱརྱ་དེ་བའི་དབུ་མ་བཞི་བརྒྱ་པ་ དང༌། སངས་རྒྱས་བསྐྱངས་ཀྱི་བུདྡྷ་པ་ལི་ཏ་དང༌། ཟླ་བ་གྲགས་པའི་དབུ་མ་འཇུག་པ་དང༌། རྩ་ཤེས་ཀྱི་འགྲེལ་པ་ཚིག་གསལ། རིགས་པ་དྲུག་ཅུ་པའི་འགྲེལ་བ། དབུ་མ་བཞི་བརྒྱ་པའི་ འགྲེལ་བ། འཇུག་པའི་རང་འགྲེལ་རྣམས་དང༌། ཞི་བ་ལྷའི་བསླབ་བཏུས་སྤྱོད་འཇུག་གཉིས་ དང༌། ཇོ་བོ་རྗེའི་བྱང་ཆུབ་ལམ་སྒྲོན་སོགས་སོ། ། གསུམ་པ་ནི། གཞན་གྲགས་ཀྱི་ཐལ་འགྱུར་ཙམ་ཞལ་གྱིས་བཞེས་པའི་སྒོ་ནས་བདེན་ དངོས་ཐ་སྙད་དུ་ཡང་མི་འདོད་པའི་དབུ་མ་པ་དེ། དབུ་མ་ཐལ་འགྱུར་བའི་མཚན་ཉིད། བཞི་པ་ལ། གཉིས་ལས། དང་པོ་ནི། ཐལ་འགྱུར་བ། སྣང་ཙམ་པའི་དབུ་མ་པ། རབ་ཏུ་ མི་གནས་པའི་དབུ་མ་པ་རྣམས་སོ། ། གཉིས་པ་ནི། གཞན་ལ་བསྒྲུབ་བྱ་རྟོགས་པའི་རྗེས་དཔག་སྐྱེད་བྱེད་ཐལ་འགྱུར་གཙོ་ བོར་བཞེད་པས་ན་ཐལ་འགྱུར་བ་ཞེས་དང༌། མ་བརྟགས་མ་དཔྱད་པར་རྐྱེན་གྱི་སྣང་བ་འདི་ ཀ་ཙམ་ཁས་ལེན་པས་ན་སྣང་ཙམ་པའི་དབུ་མ་པ་ཞེས་དང༌། རྟག་ཆད་ཀྱི་མཐའ་གང་ལ་མི་ 5-1-59 གནས་པས་ན་རབ་ཏུ་མི་གནས་པའི་དབུ་མ་པ་ཞེས་བརྗོད། ལྔ་པ་ལ། གཞི་ལམ་འབྲས་བུ་གསུམ་ལས། དང་པོ་ལ། གཞིའི་ལྟ་བ་གཏན་ལ་འབེབས་ ཚུལ་དང༌། དེ་ལ་བརྟེན་ནས་བདེན་གཉིས་ཀྱི་རྣམ་གཞག་དང་གཉིས་ལས། དང་པོ་ལ། ཆོས་ཀྱི་བདག་མེད་གཏན་ལ་འབེབས་ཚུལ་དང༌། གང་ཟག་གི་བདག་མེད་ གཏན་ལ་འབེབས་ཚུལ་དང༌། འཕྲོས་དོན་གཞན་བཤད་པ་དང་གསུམ་ལས། དང་པོ་ནི། སྤྱིར་ རང་རྒྱུད་པ་མན་ཆད་ཀྱིས་ཉོན་སྒྲིབ་ཙམ་སྤངས་པ་ལ་གང་ཟག་གི་བདག་མེད་ཕྲ་མོ་ཙམ་ ལས་ཆོས་ཀྱི་བདག་མེད་ཕྲ་མོ་རྟོགས་མི་དགོས་པར་འདོད་ཀྱང༌། ཞི་བ་ལྷས། གང་ཕྱིར་ལུང་ ལས་ལམ་འདི་ནི། །མེད་པར་བྱང་ཆུབ་མེད་པར་གསུངས། །ཞེས་པ་ལྟར་དབུ་མ་ཐལ་འགྱུར་ བས་ནི་དངོས་པོའི་འདུ་ཤེས་ཅན་ལ་ཐར་པ་མེད་པར་གསུངས་པའི་ལུང་ལ་བརྟེན་ནས་གང་ ཟག་དང་ཆོས་ཀྱི་བདག་མེད་ཕྲ་མོ་གཉིས་མ་རྟོགས་པར་བྱང་ཆུབ་གསུམ་པོ་གང་ཡང་ཐོབ་པ་ མེད་པར་བཞེད་ལ། བདག་མེད་གཉིས་ནི་སྟོང་གཞིའི་སྒོ་ནས་ཁྱད་ཕྱེ་བ་མ་གཏོགས་དགག་ བྱའི་སྒོ་ནས་ཁྱད་པར་མི་འབྱེད་ཅིང༌། དེ་ཡང་གང་ཟག་རང་བཞིན་གྱིས་གྲུབ་པས་སྟོང་པ་ནི། གང་ཟག་གི་བདག་མེད་ཕྲ་མོ་དང༌། ཆོས་རྣམས་རང་བཞིན་གྱིས་གྲུབ་པས་སྟོང་པ་ནི། ཆོས་ ཀྱི་བདག་མེད་ཕྲ་མོའོ། །དེས་ན་བདེན་པར་གྲུབ་པ། དོན་དམ་པར་གྲུབ་པ། ཡང་དག་པར་ གྲུབ་པ། རང་བཞིན་གྱིས་གྲུབ་པ། རང་མཚན་གྱིས་གྲུབ་པ། ངོ་བོ་ཉིད་ཀྱིས་གྲུབ་པ་རྣམས་ དགག་བྱ་ཆོས་བདག་གོ།ཆོས་ཀྱི་བདག་མེད་གཏན་ལ་འབེབས་བྱེད་ཀྱི་རིགས་པ་ནི། སྐྱེ་ ལྡན་གྱི་དངོས་པོ་མྱུ་གུ་ལྟ་བུ་དེ་རང་བཞིན་གྱིས་གྲུབ་པའི་སྒོ་ནས་བདག་ལས་སྐྱེ་བ་མེད་པ་ གཞན་ལས་སྐྱེ་བ་མེད་པ་གཉིས་ཀ་ལས་སྐྱེ་བ་མེད་པ་རྒྱུ་མེད་ལས་སྐྱེ་བ་མེད་པ་དང་མཐའ་ བཞི་སྐྱེ་འགོག་གི་རིགས་པ་དང༌། ཡང་དེ་རང་བཞིན་གྱིས་གྲུབ་པའི་སྒོ་ནས་ཡོད་པར་སྐྱེ་བ་ མེད་པ་མེད་པར་སྐྱེ་བ་མེད་པ་ཡོད་མེད་གཉིས་ཀར་སྐྱེ་བ་མེད་པ་ཡོད་མེད་གཉིས་གང་ཡང་ 5-1-60 མ་ཡིན་པར་སྐྱེ་བ་མེད་པ་སྟེ། ཡོད་མེད་སྐྱེ་འགོག་གི་རིགས་པ་དང༌། སྤྱིར་དོན་དམ་པར་རྒྱུ་ གཅིག་གིས་འབྲས་བུ་གཅིག་བསྐྱེད་པ་མེད་པ་དང༌། རྒྱུ་དུ་མས་འབྲས་བུ་གཅིག་བསྐྱེད་པ་ མེད་པ་དང༌། རྒྱུ་གཅིག་གིས་འབྲས་བུ་དུ་མ་བསྐྱེད་པ་མེད་པ་དང༌། རྒྱུ་དུ་མས་འབྲས་བུ་དུ་ མ་བསྐྱེད་པ་མེད་པ་སྟེ་མུ་བཞི་སྐྱེ་འགོག་གི་རིགས་པ་རྣམས་སོ། ། གཉིས་པ་ནི། རང་བཞིན་གྱིས་གྲུབ་པའི་བདག་ཕུང་གཅིག་ཏུ་མེད་པ་དང༌། དེ་འདྲའི་ བདག་ཕུང་ཐ་དད་དུ་མེད་པ་དང༌། དེ་འདྲའི་བདག་ལ་ཕུང་པོ་ངོ་བོ་གཅིག་ཏུ་ལྡན་པ་མ་ཡིན་ པ་དང༌། བདག་དང་ཕུང་པོ་གཉིས་ནོར་ལྡན་དང་ནོར་གྱི་ཚུལ་དུ་རང་བཞིན་གྱིས་གྲུབ་པར་ ལྡན་པ་མེད་པ་དང༌། རང་བཞིན་གྱིས་གྲུབ་པའི་བདག་ལ་རྟེན་དང་བརྟེན་པའི་ཚུལ་དུ་ཕུང་ པོ་ངོ་བོ་ཐ་དད་དུ་ལྡན་པ་མ་ཡིན་པ་དང༌། དེ་འདྲའི་ཕུང་པོའི་ཚོགས་ཙམ་རང་བཞིན་གྱིས་ གྲུབ་པའི་བདག་མ་ཡིན་པ་དང༌། དེ་འདྲའི་ཕུང་པོའི་དབྱིབས་རང་བཞིན་གྱིས་གྲུབ་པའི་ བདག་མ་ཡིན་པ་སྟེ་ཤིང་རྟ་རྣམ་བདུན་གྱི་རིགས་པའོ། །རྟེན་འབྲེ ལ་གྱི་རིགས་པ་ནི་བདག་ མེད་གཏན་ལ་འབེབས་བྱེད་ཀྱི་རིགས་པ་ཐམས་ཅད་ཀྱི་གཙོ་བོའོ། ། གསུམ་པ་འཕྲོས་དོན་གཞན་ནི། ཐལ་འགྱུར་བས། རྟེན་འབྲེ ལ་གྱི་རྟགས་ཀྱིས་བདེན་ སྟོང་གྲུབ་པའི་ཆ་ནས་རྟག་མཐའ་སེལ་བ་དང༌། རང་བཞིན་གྱིས་གྲུབ་པས་སྟོང་པའི་རྟགས་ ཀྱིས་རྟེན་འབྲེལ་གྱི་སྣང་བ་གྲུབ་པའི་ཆ་ནས་ཆད་མཐའ་སེལ་བར་འདོད་ཕྱིར་སྟོང་པས་མེད་ མཐའ་དང་སྣང་བས་ཡོད་མཐའ་སེལ་ཚུལ་ཁྱད་པར་བ་བཞེད་པས་འདི་བ་ནི་སྟོང་པ་རྟེན་ འབྱུང་གི་དོན་དང་རྟེན་འབྱུང་སྟོང་པའི་དོན་དུ་འགྲོ་ཚུལ་ལ་ལེགས་པར་མཁས་པས་རང་སྡེའི་ གྲུབ་མཐའ་མཆོག་གཅིག་གོ།རང་རྒྱུད་པས་ཆོས་ཐམས་ཅད་བློ་གནོད་མེད་ལ་སྣང་བའི་ དབང་གིས་མ་བཞག་པར་མེད་པའི་ཆ་ནས་རྟག་མཐའ་སེལ་བ་དང༌། ཆོས་ཀུན་རང་མཚན་ གྱིས་གྲུབ་པའི་ཆ་ནས་ཆད་མཐའ་སེལ་བར་འདོད་པ་དང༌། སེམས་ཙམ་པས་གཟུགས་ 5-1-61 སོགས་ཕྱི་དོན་དུ་མེད་པ་དང་ཆོས་ཐམས་ཅད་མིང་གི་འཇུག་གཞིར་རང་མཚན་གྱིས་གྲུབ་ པ་མེད་པའི་ཆ་ནས་རྟག་མཐའ་སེལ་བ་དང༌། ཆོས་ཀུན་ཤེས་པ་དང་བདག་ཉིད་གཅིག་ཏུ་ བདེན་པ་ཡིན་པའི་ཆ་ནས་ཆད་མཐའ་སེལ་བར་འདོད་པ་དང༌། མདོ་སྡེ་པས་དངོས་པོ་རྣམས་ སྐད་ཅིག་མའི་མི་རྟག་པ་དང་ཆོས་ཐམས་ཅད་བདག་མེད་པ་ཡིན་པའི་ཆ་ནས་རྟག་མཐའ་ སེལ་བ་དང༌། ཕྱི་དོན་རང་རིག་སོགས་བདེན་པར་ཡོད་པའི་ཆ་ནས་ཆད་མཐའ་སེལ་བར་ འདོད་པ་དང༌། བྱེ་བྲག་སྨྲ་བས་འདུས་བྱས་རྣམས་རྒྱུན་གྱི་མི་རྟག་པ་དང་ཆོས་ཐམས་ཅད་ བདག་མེད་པ་ཡིན་པའི་ཆ་ནས་རྟག་མཐའ་སེལ་བ་དང༌། ཆོས་ཀུན་རྫས་སུ་གྲུབ་པའི་ཆ་ ནས་ཆད་མཐའ་སེལ་བར་འདོད་པ་དང༌། དེ་མ་ཟད་མུ་སྟེགས་རྒྱང་འཕེན་པས་ཀྱང་ཚེ་ཕྱི་མ་ དབང་པོའི་སྤྱོད་ཡུལ་དུ་མ་གྱུར་པས་མེད་པ་ཡིན་པའི་ཆ་ནས་རྟག་མཐའ་སེལ་བ་དང༌། ད་ལྟ་ དབང་པོ་མངོན་སུམ་གྱི་ཡུལ་འདི་ཀ་རྣམས་མི་བསླུ་བའི་ཆ་ནས་ཆད་མཐའ་སེལ་བར་འདོད་ དེ། དེ་ལྟར་ན། མྱུ་གུ་ཆོས་ཅན། རྟེན་འབྲེ ལ་མ་ཡིན་པར་ཐལ། རང་མཚན་གྱིས་གྲུབ་པའི་ ཕྱིར། ཞེས་པའི་ཐལ་འགྱུར་ལ་ཕྱི་རོལ་པས་འདོད་ལན་དང༌། རང་སྡེ་རང་རྒྱུད་པ་མན་ཆད་ ཀྱིས་ཁྱབ་མེད་ཀྱི་ལན་དང༌། ཐལ་འགྱུར་པས་རྟགས་མ་གྲུབ་པའི་ལན་འདེབས་ཕྱིར་དེ་དག་ ལ་དེ་ཐལ་འགྱུར་ཡང་དག་ཏུ་མི་འགྲོ་ཡང་སྟོང་ཉིད་རྟོགས་ཁ་མའི་རང་རྒྱུད་པ་ཁ་ཅིག་ལ་ ཐལ་འགྱུར་ཡང་དག་ཏུ་འགྲོ་ཚུལ་རེ་ཡོད་པར་བཤད་དོ། ། གཉིས་པ་དེ་ལ་བརྟེན་ནས་བདེན་གཉིས་ཀྱི་རྣམ་གཞག་བཤད་པ་ལ། བདེན་གཉིས་ཀྱི་ དབྱེ་གཞི། དེ་དངོས། འཕྲོས་དོན་གཞན་དང་གསུམ་ལས། དང་པོ། སྤྱིར་བོད་སྔ་རབས་པ་ རྔོག་ལོ་ཡབ་སྲས་ཀྱིས་དོན་དམ་བདེན་པ་ཤེས་བྱ་མིན་པར་འདོད་པའི་གནད་ཀྱིས་བདེན་ གཉིས་ཀྱི་དབྱེ་གཞི་སྣང་ཙམ་དེ་ཡིན་པར་བཤད་པ་དང༌། ཞང་ཐང་སག་པས་བདེན་གཉིས་ ཀྱི་དབྱེ་གཞི་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ངོ་བོ་དེ་ཡིན་པར་འདོད་པ་དང༌། བོད་ཀྱི་ 5-1-62 དབུ་ཚད་པ་ཁ་ཅིག་གིས་དེ་གཉིས་ཀྱི་དབྱེ་གཞི་སྒྲོ་མ་བཏགས་པའི་ཡུལ་དེ་ཡིན་པར་འདོད་ པ་དང༌། སྟག་ཚང་ལོ་ཙཱ་བ་རྗེས་འབྲང་དང་བཅས་པས་དེ་གཉིས་ཀྱི་དབྱེ་གཞི་མ་བརྟགས་མ་ དཔྱད་པའི་ཤེས་བྱ་ཙམ་དེ་ཡིན་པར་འདོད་པ་དང༌། ཚིག་ལ་རྨོངས་པ་ཁ་ཅིག་གིས་དེ་གཉིས་ ཀྱི་དབྱེ་གཞི་བདེན་པ་ཙམ་དེ་ཡིན་པར་འདོད་པ་སོགས་འདྲ་མིན་མང་པོ་ཡོད་ཀྱང་རང་ ལུགས་ལ་ཡབ་སྲས་མཇལ་བའི་མདོ་ལས་གསུངས་པ་ལྟར་དེ་གཉིས་ཀྱི་དབྱེ་གཞི་ཤེས་བྱ་ འཇོག་ཚུལ་གྲུབ་མཐའ་འོག་མ་རྣམས་དང་འདྲའོ། ། གཉིས་པ་ལ། ཀུན་རྫོབ་དང༌། དོན་དམ་བདེན་པ་གཉིས་ལས། དང་པོ་ལ། མཚན་ཉིད། སྒྲ་བཤད། དབྱེ་བ་གསུམ་ལས། དང་པོ་ནི། ཐ་སྙད་དཔྱོད་པའི་ཚད་མ་རང་ཉིད་ལ་ཐ་སྙད་ དཔྱོད་པའི་ཚད་མར་སོང་བའི་རྙེད་དོན་དེ། ཀུན་རྫོབ་བདེན་པའི་མཚན་ཉིད། མཚན་གཞི་ བུམ་པ་ལྟ་བུའོ། ། གཉིས་པ་ནི། བུམ་པ་ལྟ་བུ་ནི་བློ་ཀུན་རྫོབ་པ་ཐ་སྙད་ཚད་མའི་ངོར་བདེན་པས་ན་ཀུན་ རྫོབ་བདེན་པ་ཞེས་བརྗོད། གསུམ་པ་ནི། སྤྱིར་རང་རྒྱུད་པ་མན་ཆད་ཀྱིས་ཡུལ་ཅན་ཤེས་པ་རང་མཚན་གྱིས་གྲུབ་ པར་འདོད་པའི་གནད་ཀྱིས་ཡུལ་ཅན་ལ་ཡང་ལོག་གཉིས་མི་འབྱེད་པར་ཡུལ་གྱི་སྟེང་ནས་ ཡང་ལོག་གཉིས་ཕྱེ་ཡང་འདིར་ནི་དོན་དམ་པར་ན་ཡུལ་ཡུལ་ཅན་གང་ལའང་ཡང་དག་པ་ མེད་པར་རྫུན་པ་ཁོ་ནར་བཞེད་པས་ཡང་ལོག་གཉིས་མི་འཐད་ཀྱང་འཇིག་རྟེན་ཤེས་ངོ་ཙམ་ ལ་ལྟོས་ན་སྣང་ཙམ་གྱི་ཡང་དག་ཀུན་རྫོབ་དང་ལོག་པའི་ཀུན་རྫོབ་གཉིས་ཡོད་ཆོག་པས་དེ་ ལྟར་ན། གཉིས་ལས། དང་པོ་ནི། འཇིག་རྟེན་པའི་ཤེས་པ་རང་ག་བ་ལ་སྣང་བ་གང་ཞིག ཡུལ་ཡིན་ན་རང་ཉིད་ སྣང་བ་ལྟར་མ་གྲུབ་པ་དང༌། ཡུལ་ཅན་ཡིན་ན་རང་ཉིད་འཁྲུལ་ཤེས་སུ་དེ་ཁོ་ན་ཉིད་ལ་བློ་ཁ་ 5-1-63 མ་ཕྱོགས་པའི་ཐ་སྙད་པའི་ཚད་མས་མི་རྟོགས་པ་ཏེ། འཇིག་རྟེན་ཤེས་ངོ་ལ་ལྟོས་པའི་ཡང་ དག་ཀུན་རྫོབ་ཀྱི་མཚན་ཉིད། མཚན་གཞི་གཟུགས་སོགས་དང་འཕྲལ་གྱི་འཁྲུལ་རྒྱུས་མ་ བསླད་པའི་དབང་ཤེས་ལྔ་ལྟ་བུའོ། ། གཉིས་པ་ནི། འཇིག་རྟེན་པའི་ཤེས་པ་རང་ག་བ་ལ་སྣང་བ་གང་ཞིག ཡུལ་ཡིན་ན་རང་ ཉིད་སྣང་བ་ལྟར་མ་གྲུབ་པ་དང༌། ཡུལ་ཅན་ཡིན་ན་རང་ཉིད་འཁྲུལ་ཤེས་སུ་དེ་ཁོ་ན་ཉིད་ལ་ བློ་ཁ་མ་ཕྱོགས་པའི་ཐ་སྙད་པའི་ཚད་མས་རྟོགས་པ་དེ། འཇིག་རྟེན་ཤེས་ངོ་ལ་ལྟོས་ནས་ ལོག་པའི་ཀུན་རྫོབ་ཀྱི་མཚན་ཉིད། མཚན་གཞི་སྒྱུ་མའི་དཔེ་དང་འཕྲལ་གྱི་འཁྲུལ་རྒྱུས་ བསླད་པའི་དབང་ཤེས་ལྔ་ལྟ་བུའོ། ། གཉིས་པ་ལ། མཚན་ཉིད། སྒྲ་བཤད། དབྱེ་བ་གསུམ་ལས། དང་པོ་ནི། དོན་དམ་ དཔྱོད་པའི་ཚད་མ་རང་ཉིད་ལ་དོན་དམ་དཔྱོད་པའི་ཚད་མར་སོང་བའི་རྙེད་དོན་དེ། དོན་ དམ་བདེན་པའི་མཚན་ཉིད། མཚན་གཞི་བུམ་པ་རང་བཞིན་གྱིས་གྲུབ་པས་སྟོང་པ་ལྟ་བུའོ། །སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་རང་མཁྱེན་ཚུལ་ལ་སྤྱིར་བོད་ཀྱི་མཁས་པ་རྣམས་འདོད་ཚུལ་ མི་འདྲ་བ་དང༌། ཁྱད་པར་རྗེ་ཡབ་སྲས་རྣམས་ཀྱང་གསུངས་ཚུལ་མི་མཐུན་ཏེ། དེ་ཡང་རྗེ་ བདག་ཉིད་ཆེན་པོས་རྣམ་པར་ཤར་བའི་སྒོ་ནས་མཁྱེན་པར་གསུངས་པ་དང༌། རྒྱལ་ཚབ་ རྗེས་མི་སྣང་བར་རྟོགས་པར་གསུངས་པ་དང༌། མཁས་གྲུབ་རྗེས་རྣམ་པ་མི་ཤར་བར་མཁྱེན་ པར་གསུངས་ཀྱང་དེ་དག་གི་དགོངས་པ་དངོས་ནི་རང་དང་གྲུབ་བདེ་རྫས་གཅིག་པའི་ཆོས་ མཐའ་དག་རྣམ་པ་ཤར་བའི་སྒོ་ནས་མཁྱེན་ན་དེ་ལས་ལོག་གི་མཁྱེན་ཚུལ་མི་དགོས་པ་དེ་ ཡིན་པར་བཤད་དོ། ། གཉིས་པ་ནི། སེམས་བདེན་སྟོང་ལྟ་བུ་དེ་མཉམ་བཞག་ཟག་མེད་ཀྱིས་རྙེད་དོན་ཡིན་ ཕྱིར་དོན་དང༌། སྣང་གནས་མཐུན་ཕྱིར་དམ་པ་དང༌། གནས་ལུགས་ཡང་དག་པ་ཡིན་ཕྱིར་ 5-1-64 བདེན་པ་ཞེས་སོ། ། གསུམ་པ་ལ། རྒྱས་པར་དབྱེ་ན་སྟོང་ཉིད་བཅུ་དྲུག འབྲི ང་དུ་དབྱེ་ན་དངོས་པོ་དངོས་ མེད་སྟོང་ཉིད་དང༌། རང་གཞན་གྱི་ངོ་བོ་སྟོང་པ་ཉིད་དེ་བཞི། བསྡུས་པར་དབྱེ་ན་ཆོས་དང་ གང་ཟག་གི་བདག་མེད་པ་སྟེ་གཉིས། མཁྱེན་ཚུལ་གྱི་སྒོ་ནས་དངོས་རྗེས་གཉིས། བརྗོད་ རིགས་ཀྱི་སྒོ་ནས་ཡུལ་ཡུལ་ཅན་གཉིས་སོ། ། གསུམ་པ་འཕྲོས་དོན་གཞན་ནི། སྤྱིར་བློ་ལ་ཚད་མ་དང་ཚད་མིན་གཉིས། ཚད་མ་ལ་ མངོན་རྗེས་གཉིས་དང༌། དེ་ལས་མངོན་སུམ་ཚད་མ་ལ་སྒྲ་མི་རྟག་པ་རྟོགས་པའི་རྗེས་དཔག་ སྐད་ཅིག་གཉིས་པ་ལྟ་བུའི་རྟོག་བཅས་ཞིག་དང༌། སྔོ་འཛིན་དབང་མངོན་སྐད་ཅིག་གཉིས་པ་ ལྟ་བུའི་རྟོག་མེད་ཅིག་དང་གཉིས་ཡོད། རང་གི་འཛིན་སྟངས་ཀྱི་ཡུལ་ལ་མི་བསླུ་བའི་ཤེས་ པ་ཚད་མའི་མཚན་ཉིད། ཚད་མ་གང་ཞིག རང་གི་འཛིན་སྟངས་ཀྱི་ཡུལ་གྱི་གཞལ་བྱ་མངོན་ སུམ་པ་ལ་མི་བསླུ་བའི་ཤེས་པ། མངོན་སུམ་ཚད་མའི་མཚན་ཉིད། རང་རྒྱུད་པ་མན་ཆད་ ཀྱིས་འཕགས་ལམ་གྱི་སྐབས་ཁོ་ན་མ་གཏོགས་རྣལ་འབྱོར་མངོན་སུམ་གང་ཡང་མེད་པར་ འདོད་ཀྱང་འདི་བས་སོ་སྐྱེས་ལམ་ལ་ཡང་བདེན་བཞིའི་རྣམ་པ་བཅུ་དྲུག་དང་གང་ཟག་གི་ བདག་མེད་རགས་པ་ཙམ་རྟོགས་པའི་རྣལ་འབྱོར་མངོན་སུམ་རེ་ཡོད་པར་འདོད་ལ། ཡིད་ མངོན་ལ་རྟོག་བྲལ་ཞིག་མི་དགོས་པར་མངོན་སུམ་དང་རྗེས་དཔག་གིས་དྲངས་པའི་དཔྱད་ ཤེས་ལྟ་བུས་ཀྱང་ཆོག་པར་བཞེད་ལ། ནང་གི་བདེ་སོགས་མྱོང་བའི་ཡིད་མངོན་ཡང་མྱོང་བྱ་ མྱོང་བྱེད་ཐ་དད་དུ་སྣང་ཕྱིར་རང་རིག་དང་མི་འདྲ། སྤྱིར་རྟགས་ལ་བརྟེན་ནས་རྟོགས་དགོས་ རྒྱུའི་ཆོས་དེ་གཞལ་བྱ་ལྐོག་གྱུར་དང་རྟགས་ལ་མ་བརྟེན་ཀྱང་རྟོགས་ཐུབ་པའི་ཆོས་དེ་གཞལ་ བྱ་མངོན་གྱུར་རོ། །རྟགས་ལ་དངོས་སུ་བརྟེན་ནས་རང་གི་གཞལ་བྱ་ཅུང་ཟད་ལྐོག་གྱུར་པ་ ལ་མི་བསླུ་བའི་ཤེས་པ་དེ། རྗེས་དཔག་ཚད་མའི་མཚན་ཉིད། འདི་ལ་དབྱེ་ན་དངོས་སྟོབས། 5-1-65 གྲགས་པ། ཡིད་ཆེས། དཔེ་ཉེར་འཇལ་རྗེས་དཔག་དང་བཞི་ཡོད། འདི་བ་ལ་ཐལ་འགྱུར་ ཙམ་ལ་བརྟེན་ནས་གཞལ་བྱ་ལྐོག་གྱུར་རྟོགས་པའི་རྗེས་དཔག་དང༌། ཚུལ་གསུམ་ཚང་བའི་ རྟགས་ལ་བརྟེན་ནས་གཞལ་བྱ་ལྐོག་གྱུར་རྟོགས་པའི་རྗེས་དཔག་དང་གཉིས་ཡོད། སྔོ་འཛིན་ ཤེས་པས་རང་ཉིད་གྲུབ་ཚུལ་ནི། སྔོ་འཛིན་ཤེས་པ་ལ་ཕྱི་དོན་གྱི་རྣམ་པ་འཆར་བའི་དབང་ གིས་རྟོགས་བྱ་རྟོགས་བྱེད་ཐ་དད་དུ་སྣང་ཕྱིར་རང་རིག་དང་མི་མཚུངས། དེ་མ་ཟད་སྔོ་འཛིན་ དབང་ཤེས་ཀྱིས་དྲངས་པའི་དྲན་ཤེས་དེས་ཀྱང་ཡུལ་སྔོན་པོ་དྲན་པ་དང་སྦྲེལ་ནས་ཡུལ་ ཅན་སྔོ་འཛིན་གྱི་ངོ་བོ་དྲན་ཞིང་རྟོགས་པར་འདོད། འདི་བས་ཚོགས་དྲུག་གི་རྣམ་ཤེས་ལས་ ཀུན་གཞི་རང་རིག་གཉིས་མི་འདོད། རང་རྒྱུད་པའི་སྦྱོར་བས་ཕྱིར་རྒོལ་ལ་དེ་ཁོ་ན་ཉིད་ཀྱི་ ལྟ་བ་བསྐྱེད་པར་མི་འདོད། སྣང་ཙམ་གྱི་ཤེས་པ་ཡོད་པ་ལྟར་སྣང་ཙམ་གྱི་ཕྱི་དོན་ཡང་ཡོད་ པར་འདོད་ལ། ཉན་རང་གཉིས་ཀྱིས་ཆོས་ཀྱི་བདག་མེད་ཕྲ་མོ་རྟོགས་པ་དང༌། སྤྱིར་ཆོས་ ཀྱི་བདག་འཛིན་ཉོན་སྒྲིབ་ཏུ་འདོད། ཞིག་པ་དངོས་པོར་འདོད་པའི་གནད་ཀྱིས་དུས་གསུམ་ འཇོག་ལུགས་གྲུབ་མཐའ་འོག་མ་རྣམས་དང་མི་འདྲ། དུས་གསུམ་མྱུ་གུ་ལྟ་བུ་ལ་མཚོན་ན། སྐྱེས་ཟིན་གྱི་མྱུ་གུ་རང་དུས་སྐད་ཅིག་གཉིས་པར་ཞིག་པ་དེ། མྱུ་གུའི་འདས་པའི་དུས་དང༌། སྤྱིར་མྱུ་གུ་སྐྱེད་བྱེད་ཀྱི་རྒྱུ་ཡོད་ཀྱང་རེ་ཞིག་རྒྱུ་རྐྱེན་མ་ཚང་བའི་དབང་གིས་ཡུལ་དེར་མྱུ་གུ་ མ་སྐྱེས་པ་དེ། མྱུ་གུའི་མ་འོངས་པའི་དུས་དང༌། སྐྱེས་ཟིན་གྱི་མྱུ་གུ་སྐྱེས་ལ་མ་འགགས་པ་དེ་ མྱུ་གུའི་ད་ལྟ་བའི་དུས་སོ། །སྤྱིར་ད་ལྟ་བ་ཡིན་ན་དངོས་པོ་ཡིན་པར་འདོད་པ་ལ་གྲུབ་མཐའ་ གོང་འོག་ཀུན་འདྲ་ཡང་འདས་མ་འོངས་གཉིས་དངོས་པོ་ཡིན་མིན་མི་འདྲའོ། ། གཉིས་པ་ལ། ལྟ་སྒོམ་སྤྱོད་གསུམ་ལས། དང་པོ་ནི། གང་ཟག་དང་ཆོས་ཀྱི་བདག་མེད་ རྟོགས་པའི་ཤེས་རབ་རྣམས་སོ། །ལྟ་བའི་སྤང་བྱ་ནི་གང་ཟག་གི་བདག་འཛིན་དང་རྩ་ཉོན་ཉེ་ ཉོན་བདེན་འཛིན་དང་བཅས་པའི་ཉོན་སྒྲིབ་དང༌། བདེན་སྣང་དང་གཉིས་སྣང་འཁྲུལ་བའི་དྲི་ 5-1-66 མ་དང་བདེན་གཉིས་འགལ་འཛིན་གྱི་དྲི་མའི་ཤེས་སྒྲིབ་རྣམས་ཡིན། གཉིས་པ་ལ། གང་ཟག་གི་བདག་མེད་དང༌། ཆོས་ཀྱི་བདག་མེད་སྒོམ་ཚུལ་གཉིས་ལས། དང་པོ་ལ། མཉམ་བཞག་ནམ་མཁའ་ལྟ་བུའི་སྒོམ་ཚུལ་དང༌། རྗེས་ཐོབ་སྒྱུ་མ་ལྟ་བུའི་སྒོམ་ ཚུལ་དང་གཉིས་ལས། དང་པོ་ལ། རང་ལུགས་དང། གཞན་ལུགས་གཉིས་ལས། དང་པོ་ ནི། དགག་བྱ། གཅིག དུ་བྲལ། ཁྱབ་པ་སྟེ། གནད་བཞིའི་རིགས་པ་སོགས་ལ་བརྟེན་ནས་ གང་ཟག་གི་བདག་གཅིག་ཐ་དད་གང་དུ་ཡང་མ་གྲུབ་པར་སེམས་ཐག་ཆོད་པའི་ངེས་ཤེས་དེ་ དོན་དམ་དཔྱོད་པའི་རིགས་ཤེས་ཡིན་ལ། རིགས་ཤེས་དེའི་འཛིན་སྟངས་ཤུགས་ཞན་དུ་མ་ སོང་བའི་ངང་ནས་ཐོག་མར་འཇོག་སྒོམ་གཙོ་བོར་བྱས་ཏེ་བསྒོམས་པས་གནས་ཆ་རྙེད་པ་ན་ དཔྱད་འཇོག་ཅི་རིགས་ཀྱི་སྒོ་ནས་གོམས་འདྲིས་བྱེད་པ་དེ་ཡིན། གཉིས་པ་ལ། བོད་ཀྱི་མཁས་པ་ཁ་ཅིག་གིས་གནད་བཞིའི་རིགས་པ་སོགས་མི་བསམ་ པར་ངེས་ཤེས་སྔ་མའི་ཤུགས་མ་ཡལ་ཙམ་གྱི་ངང་ནས་བདག་མེད་པ་དེ་ཡང་ཡང་དྲན་པའི་ སྒོ་ནས་ལྟ་བ་སྐྱོང་བར་འདོད་པ་དང༌། ཁ་ཅིག་གིས། གང་ཟག་གི་བདག་ཡིད་ཞབས་སུ་བྱས་ ནས་དེ་མེད་པ་དེ་ཡང་ཡང་བསམ་པའི་སྒོ་ནས་ལྟ་བ་སྐྱོང་བར་འདོད་པ་དང༌། ཁ་ཅིག་གིས་ གཅིག་དུ་བྲལ་གྱི་རིགས་པས་གང་ཟག་གི་བདག་མེད་ངེས་པ་ན་དེའི་ངང་ལ་རྩེ་གཅིག་ཏུ་ བཞག་ནས་གཞན་དུ་མི་གཡེང་པར་ལྷན་གྱིས་སྡོད་པའི་སྒོ་ནས་ལྟ་བ་སྐྱོང་བར་འདོད་པ་དང་ གསུམ་ཡོད། གཉིས་པ་ལ། མཉམ་བཞག་གི་སྟོབས་ཀྱིས་སྣང་བ་ལ་རང་བཞིན་མེད་པའི་སྣང་སྟོང་ གཉིས་འཚོགས་སུ་ཤར་ཚུལ་ཞིག་དང༌། ཆེད་དུ་སྒོམ་པའི་སྟོབས་ཀྱིས་སྣང་ལ་རང་བཞིན་ མེད་པའི་སྣང་སྟོང་གཉིས་འཚོགས་སུ་ཤར་ཚུལ་ཞིག་དང་གཉིས་ཡོད། གཉིས་པ་ལ། འདུས་བྱས་དང༌། འདུས་མ་བྱས་ཀྱི་ཆོས་རྣམས་ཀྱི་སྟེང་ནས་སྒོམ་ཚུལ་ 5-1-67 གཉིས་ལས། དང་པོ་ནི། བེམ་པོ་རྣམས་རང་རང་གི་ཕྱོགས་ཆ་དང་རྡུལ་ཕྲན་སོགས་ལ་ བཏགས་པ་དང༌། ཤེས་པ་རྣམས་རང་རང་གི་སྐད་ཅིག་སྔ་ཕྱི་སོགས་ལ་བཏགས་པ་དང༌། ལྡན་མིན་རྣམས་རང་རང་གི་གདགས་གཞི་དག་ལ་བཏགས་པ་ཡིན་པའི་སྟེང་ནས་དཔྱད་ དགོས་སོ། ། གཉིས་པ་ནི། ནམ་མཁའ་སོགས་འདུས་མ་བྱས་རྣམས་ཀྱང་རང་རང་གི་ཆ་ཤས་དུ་མའི་ སྟེང་ནས་འཇོག་དགོས་པའི་ཚུལ་ལ་དཔྱད་དེ་བསྒོམ་པར་བྱའོ། ། གསུམ་པ་སྤྱོད་པ་ནི། ཟིན་བྱེད་སེམས་བསྐྱེད་ཀྱིས་ཟིན་པའི་སྒོ་ནས་ཟིན་བྱ་ཕར་ཕྱིན་ དྲུག་སོགས་ཉམས་སུ་ལེན་པ་དེའོ། ། གསུམ་པ་འབྲས་བུ་ལ། སྐུ་བཞི་མངོན་དུ་བྱེད་ཚུལ། དེ་སོ་སོའི་ཁྱད་པར། ཡོན་ཏན་ཕྲིན་ ལས་རྣམ་གཞག་དང་གསུམ་ལས། དང་པོ་ནི། ཐེག་ཆེན་གྱི་སྒོམ་ལམ་རྡོ་རྗེ་ལྟ་བུའི་བར་ཆད་ མེད་ལམ་གྱི་དུས་སུ་སྒྲིབ་པ་གང་ཡང་མེད་ཀྱང་ད་དུང་སྤངས་པ་མིན། དེའི་རྒྱུན་རྣམ་གྲོལ་ ལམ་དུ་གྱུར་པ་ན་སྔར་གྱི་བར་ཆད་མེད་ལམ་གྱི་རྒྱུན་དེ་ཡེ་ཤེས་ཆོས་སྐུར་གནས་འགྱུར་བ་ དང༌། སྔར་གྱི་འགོག་བདེན་དེ་ངོ་བོ་ཉིད་སྐུར་གནས་འགྱུར་བ་དང༌། བྱང་སེམས་རྒྱུན་མཐའ་ བའི་མཚན་དཔེས་བརྒྱན་པའི་སྐུ་དེ་ལོངས་སྤྱོད་རྫོགས་སྐུར་གནས་འགྱུར་བ་དང་མཉམ་དུ་ མཆོག་གི་སྤྲུལ་སྐུ་སོགས་ཀྱི་སྒོ་ནས་འབད་མེད་ལྷུན་གྲུབ་ཀྱིས་འགྲོ་དོན་བྱེད་ཐུབ་པའོ། ། གཉིས་པ་ལ། ངོ་བོ་ཉིད་སྐུ། ཡེ་ཤེས་ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ་སྟེ་བཞི་ལས། དང་པོ་ ནི། དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་བདེན་གྲུབ་ཀྱིས་སྟོང་པ་དེ་རང་བཞིན་རྣམ་དག་ གི་ངོ་བོ་ཉིད་སྐུ་དང༌། དེའི་སྐུ་གསུང་ཐུགས་ཀྱི་སྟེང་གི་གློ་བུར་གྱི་དྲི་མ་མཐའ་དག་ཟད་པའི་ ཆ་དེ་གློ་བུར་དྲི་བྲལ་གྱི་ངོ་བོ་ཉིད་སྐུའོ། །དེ་འདྲའི་ངོ་བོ་ཉིད་སྐུ་ནི། སྐྱེ་འགག་གནས་གསུམ་ དང་བྲལ་བས་འདུས་མ་བྱས་དང༌། ཆོས་ཀྱི་དབྱིངས་དང་དབྱེར་མེད་པས་ཐ་མི་དད་པ་དང༌། 5-1-68 མཐའ་གཉིས་དང་བྲལ་བས་ཕྱིན་ཅི་མ་ལོག་པ་དང༌། རང་བཞིན་གྱིས་རྣམ་པར་དག་ཅིང་ གློ་བུར་གྱི་དྲི་མ་ཟད་པས་དྲི་མེད་རྣམ་དག་དང༌། སོ་སོར་རང་རིག་པའི་སྤྱོད་ཡུལ་གྱི་ཕྱིར་ན་ འོད་གསལ་བ་སྟེ་མཚན་ཉིད་ལྔ་དང༌། ཡོན་ཏན་རྒྱ་ཆེ་བས་གཞལ་དུ་མེད་པ་དང༌། ཡོན་ཏན་ བགྲང་ལས་འདས་པས་གྲངས་མེད་པ། རྟོག་གེའི་སྤྱོད་ཡུལ་མ་ཡིན་པས་བསམ་དུ་མེད་པ། འདིའི་དོན་མ་རྟོགས་པ་རྣམས་དང་མི་འདྲ་བས་མཉམ་པ་མེད་པ། སྒྲིབ་པ་བག་ཆགས་དང་ བཅས་པ་མེད་པས་རྣམ་པར་དག་པ་སྟེ་ཡོན་ཏན་ལྔ་དང་ལྡན་པར་རྒྱུད་བླ་མ་ལས་གསུངས་ པ་ལྟར་རོ། ། གཉིས་པ་ནི། ཇི་ལྟ་ཇི་སྙེད་ཀྱི་ཤེས་བྱའི་རྣམ་པ་མ་ལུས་པ་ཅིག་ཅར་མངོན་སུམ་དུ་ མཁྱེན་པའི་མཐར་ཐུག་གི་ཡེ་ཤེས་དེ་ཡིན་ལ། འདི་ལ་བསྡུས་པར་དབྱེ་ན་མཁྱེན་པ་གཉིས་ དང༌། འབྲི ང་དུ་དབྱེ་ན་ཡེ་ཤེས་ལྔ་དང༌། རྒྱས་པར་དབྱེ་ན་ཟག་མེད་ཀྱི་ཆོས་སྡེ་ཚན་ཉེར་ གཅིག་སོགས་ཡོད། གསུམ་པ་ནི། འདིའི་བཞུགས་གནས་གཟུགས་ཁམས་གནས་རིགས་ བཅུ་བདུན་པའི་ཡང་ཐོག་ན་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་ཞེས་བྱ་བ་རྡུལ་ཕྲ་རབ་ བསགས་པ་ལས་གྲུབ་པ་མ་ཡིན་པ་ཡེ་ཤེས་ཀྱི་སྣང་ཆ་ལས་གྲུབ་པའི་དག་པའི་ཞིང་ཁམས་ ཁྱད་པར་ཅན་དེ་ཡིན་ལ། ཞིང་དེའི་གཙོ་བོ་ལོངས་སྐུ་དངོས་ནི་སྐུ་མཚན་དཔེ་རིགས་འདྲ་ རྒྱུན་མི་ཆད་པ། གསུང་རིགས་འདྲ་རྒྱུན་མི་ཆད་པས་ཆོས་སྟོན་པ། ཐུགས་མཁྱེན་བརྩེ་རྒྱུན་མི་ ཆད་པ། དེ་གསུམ་འབད་རྩོལ་ལ་མ་ལྟོས་པ་དང༌། རྒྱུད་ཐ་དད་མིན་ཡང་མཆོག་སྤྲུལ་སོགས་ ཀྱི་མཛད་པ་སྟོན་པ་སྟེ་ཡོན་ཏན་ལྔ་ལྡན་དུ་རྒྱུད་བླ་ལས་གསུངས་པ་ལྟར་རོ། ། བཞི་པ་ནི། ངེས་པ་ལྔ་དང་མི་ལྡན་པའི་གཟུགས་སྐུ་མཐར་ཐུག་པ་དེ་ཡིན་ལ། འདི་ལ་ སངས་རྒྱས་ཀྱིས་སྤྲུལ་པའི་བཟོ་རྒྱལ་ཀརྨ་བི་ཤྭ་ལྟ་བུའི་བཟོའི་སྤྲུལ་སྐུ་དང༌། དྲི་ཟའི་རྒྱལ་པོ་ འདུལ་བྱེད་དུ་པི་ཝང་མཁན་དུ་སྤྲུལ་པ་ལྟ་བུའི་སྐྱེ་བ་སྤྲུལ་སྐུ་དང༌། བདག་ཅག་གི་སྟོན་པ་ལྟ་ 5-1-69 བུའི་མཆོག་གི་སྤྲུལ་སྐུ་དང་གསུམ་མོ། ། གསུམ་པ་ཡོན་ཏན་ཕྲིན་ལས་ནི། ཡེ་ཤེས་ཆོས་སྐུས་བདག་རྐྱེན་བྱས་པ་ལས་བྱུང་བའི་ རྣམ་དཀར་གྱི་ཡོན་ཏན་དེ་སངས་རྒྱས་ཀྱི་ཕྲིན་ལས་ཡིན་ལ། འདི་ལ་དབྱེ་ན་ལམ་དངོས་ལ་ འགོད་པ་ཉེར་དྲུག་དང༌། ལམ་གྱི་འབྲས་བུ་ལ་འགོད་པ་གཅིག་སྟེ་ཉེར་བདུན་ཡོད་དོ། ། གཉིས་པ་འཁོར་ལོ་ཐ་མའི་རྗེས་འབྲང་གི་དབུ་མ་པ་ལ་རྩ་བའི་སློབ་དཔོན་ངོས་བཟུང་ བ། འདོད་པ་སྟོན་པའི་གཞུང་ལུགས། དེའི་མཚན་ཉིད། སྒྲ་བཤད། འདོད་པའི་ཁྱད་པར་ དང་ལྔ་ལས། དང་པོ་ནི། འཕགས་ཡུལ་གྱི་སློབ་དཔོན་རྗེ་བཙུན་བྱམས་པ་མགོན་པོ། ཐོགས་ མེད་སྐུ་མཆེད། ཕྱོགས་གླང༌། ཆོས་གྲགས། ཙནྡྲ་གོ་མི། གནས་བརྟན་ཆོས་སྐྱོང༌། རིན་ཆེན་ འབྱུང་གནས་ཞི་བའི་ཞབས་སོགས་དང༌། བོད་ཡུལ་གྱི་སློབ་དཔོན་གཟི་དགའ་བའི་རྡོ་རྗེ། བཙན་ཁ་བོ་ཆེ། ཀརྨ་པ་རང་བྱུང་རྡོ་རྗེ། ཀུན་མཁྱེན་ཇོ་ནང་པ་ཡབ་སྲས་རྣམས་དང༌། པཎ་ ཆེན་ཤཱཀྱ་མཆོག་ལྡན། རྗེ་ཀུན་དགའ་གྲོལ་མཆོག མཁན་ཆེན་ལུང་རིགས་རྒྱ་མཚོ། ཏཱ་ར་ནཱ་ ཐ་བརྒྱུད་པ་དང་བཅས་པ་རྣམས་སོ། །དེ་མ་ཟད་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་མཛད་ པའི་ལྟ་འདོད་མདོར་བསྟན་དང༌། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་ཆོས་དབྱིངས་བསྟོད་ པ་སོགས་སུ་གཞན་སྟོང་དབུ་མའི་དོན་གསལ་བར་བསྟན་ཕྱིར་དེ་གཉིས་ཀྱང་རང་ལུགས་ཀྱི་ རྩ་བའི་སློབ་དཔོན་ནོ། ། གཉིས་པ་ལ། བཀའ་དང༌། བསྟན་བཅོས་གཉིས་ལས། དང་པོ་ལ། མདོ་སྔགས་གཉིས་ ལས། དང་པོ་ནི། སྤྱིར་ན་འཁོར་ལོ་གསུམ་གྱི་མདོ་ཐམས་ཅད་དང༌། ཁྱད་པར་ཀཏྱ་ནའི་ གདམས་ངག་གི་མདོ་སོགས་འཁོར་ལོ་དང་པོའི་མདོ་མང་པོ་དང༌། བྱམས་ཞུས་ཀྱི་ལེའུ་དང་ ཤེར་ཕྱིན་ལྔ་བརྒྱ་པ་སོགས་འཁོར་ལོ་བར་བའི་མདོ་མང་པོ་དང༌། མདོ་དགོངས་འགྲེལ། ལང་ཀར་གཤེགས་པ། རྒྱན་སྟུག་པོ་བཀོད་པ། མདོ་སྡེ་ཕལ་བོ་ཆེ་སྟེ་ཡོངས་གྲུབ་བདེན་ 5-1-70 གྲུབ་ཏུ་སྟོན་པའི་སེམས་ཙམ་པ་དང་ཐུན་མོང་པའི་འཁོར་ལོ་ཐ་མའི་མདོ་མང་པོ་དང༌། རང་ ལུགས་ཀྱི་ཐུན་མོང་མ་ཡིན་པའི་མདོ་ནི། དེ་བཞིན་གཤེགས་པའི་སྙིང་པོའི་མདོ། རྔ་བོ་ཆེའི་ མདོ། སོར་ཕྲེང་ལ་ཕན་པའི་མདོ། དཔལ་ཕྲེང་སེང་གེའི་ང་རོས་ཞུས་པའི་མདོ། མྱང་འདས་ ཆེན་པོའི་མདོ། དཀོན་མཆོག་སྤྲིན་གྱི་མདོ། རབ་ཏུ་ཞི་བ་རྣམ་པར་ངེས་པའི་ཆོ་འཕྲུལ་གྱི་མདོ་ སོགས་ངེས་དོན་མཐར་ཐུག་སྟོན་པའི་འཁོར་ལོ་ཐ་མའི་མདོ་རྣམས་སོ། ། གཉིས་པ་ནི། དཔུང་བཟང་གིས་ཞུས་པའི་རྒྱུད་དང༌། འདུས་པ་བདེ་དགྱེས་ཀྱི་རྒྱུད་དང༌། དུས་ཀྱི་འཁོར་ལོའི་རྒྱུད་སོགས་གསར་རྙིང་གི་རྒྱུད་སྡེ་ཤིན་ཏུ་མང་པོ་ཡོད། གཉིས་པ་བསྟན་བཅོས་ནི། བྱམས་པ་མགོན་པོས་མཛད་པའི་མདོ་སྡེ་རྒྱན། འབྱེད་རྣམ་ གཉིས། སྙིང་པོའི་མདོའི་དགོངས་འགྲེལ། རྒྱུད་བླ་མ། ཐོགས་མེད་ཀྱི་རྒྱུད་བླའི་འགྲེལ་བ། དབྱིག་གཉེན་གྱི་ཡུམ་གསུམ་གནོད་འཇོམས། ཆོས་དང་ཆོས་ཉིད་རྣམ་འབྱེད་ཀྱི་འགྲེལ་བ་ སོགས་སྐུ་མཆེད་གཉིས་ཀྱིས་མཛད་པའི་བསྟན་བཅོས་ཕལ་ཆེ་བ་དང༌། གཞན་ཡང་འཇམ་ དཔལ་གྱིས་མཛད་པའི་ལྟ་འདོད་མདོར་བསྟན་སོགས་དང་སེམས་འགྲེལ་སྐོར་གསུམ་དང༌། ཀླུ་སྒྲུབ་ཀྱིས་མཛད་པའི་ཆོས་དབྱིངས་བསྟོད་པ་སོགས་རྒྱ་གཞུང་རྣམས་དང༌། བོད་ཡུལ་གྱི་ མཁས་མཆོག་རྣམས་ཀྱིས་མཛད་པའི་བསྟན་བཅོས་ནི། ཀརྨ་པ་རང་བྱུང་རྡོ་རྗེས་མཛད་པའི་ བདེ་གཤེགས་སྙིང་པོའི་མཛེས་རྒྱན། ཀུན་མཁྱེན་ཇོ་ནང་པ་ཆེན་པོས་མཛད་པའི་རི་ཆོས་ངེས་ དོན་རྒྱ་མཚོ། བཀའ་བསྡུ་བཞི་པའི་འགྲེལ་བ། ངེས་དོན་མཐར་ཐུག་དེ་ཁོ་ན་ཉིད་གསལ་བྱེད་ ལྟ་ངན་མུན་སེལ། རྒྱུད་བླའི་འགྲེལ་བ་ལེགས་བཤད་ཉི་མའི་འོད་ཟེར་སོགས་དང༌། པཎ་ ཆེན་ཤཱཀྱ་མཆོག་ལྡན་གྱིས་མཛད་པའི་དབུ་མ་ཆེན་པོའི་ཚུལ་གཉིས་རྣམ་འབྱེད་རྒྱ་མཚོའི་ སྤྲིན་གྱི་འབྲུག་སྒྲ་དང༌། རྗེ་ཏཱ་ར་ནཱ་ཐས་མཛད་པའི་ཐེག་མཆོག་ཤིན་ཏུ་རྒྱས་པའི་དབུ་མ་ཆེན་ པོའི་རྣམ་ངེས་དང༌། ཤེས་རབ་སྙིང་པོའི་འགྲེལ་བ་སྔོན་མེད་ལེགས་བཤད། རྒྱུ་འབྲས་དབུ་ 5-1-71 མའི་ཐིག་ལེ། གཞན་སྟོང་སྙིང་པོ། གཞན་སྟོང་དབུ་མའི་རྒྱན། དབུ་མ་ཡིད་བཞིན་ནོར་བུ། ཚུལ་གཉིས་རྣམ་འབྱེད་ངེས་པའི་དོན་གྱི་འཇུག་ངོགས་སོགས་སོ། ། གསུམ་པ་ནི། དབུ་མ་པ་གང་ཞིག ཡོངས་གྲུབ་གཉིས་མེད་ཀྱི་ཡེ་ཤེས་གཤིས་ལ་རང་ གི་ངོ་བོས་གྲུབ་པར་ཁས་ལེན་ཞིང་གཞན་དབང་ཀུན་བཏགས་ཀྱིས་བསྡུས་པའི་ཆོས་རྣམས་ གཤིས་ལ་རང་གི་ངོ་བོས་མ་གྲུབ་པར་ཁས་ལེན་པའི་གང་ཟག་དེ། འཁོར་ལོ་ཐ་མའི་རྗེས་ འབྲང་གི་དབུ་མ་པའི་མཚན་ཉིད། མཚན་གཞི་ཐོགས་མེད་སྐུ་མཆེད་ལྟ་བུའོ། ། བཞི་པ་ནི། སྟོང་གཞི་དོན་དམ་གཉིས་མེད་ཀྱི་ཡེ་ཤེས་དེ་རང་ངོས་ནས་མི་སྟོང་པར་ གཞན་གཟུང་འཛིན་སོགས་སྤྲོས་པ་མཐའ་དག་གིས་གདོད་ནས་སྟོང་པ་དང༌། ཀུན་རྫོབ་གློ་ བུར་གྱིས་བསྡུས་པའི་ཆོས་རྣམས་དོན་དམ་གཞན་གྱི་ངོ་བོས་སྟོང་པའི་སྟེང་དུ་ཀུན་རྫོབ་རང་ གི་ངོ་བོས་ཀྱང་སྟོང་པར་སྨྲ་བས་ན་དབུ་མ་གཞན་སྟོང་པ་ཞེས་བརྗོད། ལྔ་པ་ལ། གཞི་ལམ་འབྲས་བུ་གསུམ་ལས། དང་པོ་ལ། གཞིའི་བཞེད་ཚུལ་སྣ་ཚོགས་ བཤད་པ། རང་ལུགས་ཐུན་མིན་གྱི་ཁྱད་པར། བདེན་གཉིས་ཀྱི་རྣམ་གཞག བདེན་བཞིའི་ རྣམ་གཞག་བཤད་པ་དང་བཞི་ལས། དང་པོ་ལ། མཛོད་ལས། གཟུགས་ལ་སོགས་པའི་ཕུང་ པོ་ལྔ། །དེ་དག་ཉིད་དུས་གཏམ་གཞི་དང༌། །ཞེས་སོགས་ཀྱིས་གཟུགས་ལ་སོགས་པའི་ཕུང་ པོ་ལྔས་བསྡུས་པའི་འདུས་བྱས་ཀྱི་ཆོས་རྣམས་གཏམ་གྱི་གཞི་ཡིན་པའི་ཆ་ནས་གཞི་ཡིན་ པར་གསུངས་པ་དང༌། མངོན་རྟོགས་རྒྱན་ལས། དེ་ནས་ཐམས་ཅད་ཤེས་པ་ཉིད། །ཅེས་ སོགས་ཀྱིས་ཕུང་ཁམས་ཀྱིས་བསྡུས་པའི་ཆོས་རྣམས་ཁྱད་ཆོས་ཀྱི་རྟེན་ཆོས་ཅན་ཡིན་པའི་ ཆ་ནས་གཞི་ཡིན་པར་གསུངས་པ་དང༌། ཆོས་མངོན་གྱི་མདོ་ལས། ཐོག་མ་མེད་པ་དུས་ཀྱི་ ཁམས། །ཞེས་སོགས་ཀྱི་ལུང་དོན་ཐེག་བསྡུས་ཀྱིས་གསུངས་པ་ལྟར་ན་ཀུན་གཞིའི་རྣམ་ཤེས་ དགེ་མི་དགེའི་བག་ཆགས་ཐམས་ཅད་ཀྱི་བགོ་གཞི་ཡིན་པའི་ཆ་ནས་གཞི་ཡིན་པར་གསུངས་ 5-1-72 པ་དང༌། རྣམ་འགྲེལ་ལས། བརྡ་ཡི་བྱེ་བྲག་རྟོག་པ་པོ། །འདོད་པའི་རྗེས་སུ་བྱེད་པའི་གཞི། །ཞེས་སོགས་ཀྱིས་ཆོས་རྣམས་སྒྲས་བརྗོད་བྱ་ཡིན་པའི་ཆ་ནས་གཞི་ཡིན་པར་གསུངས་པ་ དང༌། གཞན་ཡང་གང་ལས་ཡལ་ག་འབྱུང་བའི་རྩ་བ་ལ་གཞི་ཞེས་དང༌། དབྱེ་ཆོས་གྱེས་གཞི་ ལ་གཞི་ཞེས་བརྗོད་པ་སོགས་མང་པོ་ཡོད་དོ། ། གཉིས་པ་ལ། མཐར་ཐུག་གི་གཞི་ངོས་བཟུང་བ། གཞི་དེ་རང་གཞན་ཐམས་ཅད་ལ་ ཡོད་པར་བསྟན་པ། དེ་ཉིད་འཁོར་འདས་ཀུན་གྱི་གཞིར་བསྟན་པ། གཞི་བདེ་གཤེགས་ སྙིང་པོ་དེ་ཉིད་མཚན་ཉིད་དགུ་ལྡན་དུ་བསྟན་པ་དང་བཞི་ལས། དང་པོ་ནི། དོན་དམ་པའི་ ཆོས་དབྱིངས་དེ་ཉིད་གདོད་ནས་ཉེས་སྐྱོན་གང་གིས་གོས་མ་མྱོང་ཞིང༌། དོན་དམ་པའི་ཡོན་ ཏན་ཐམས་ཅད་གདོད་མ་ནས་རང་ཆས་སུ་རྫོགས་པའི་རང་བྱུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ སེམས་ཉིད་རང་བཞིན་གྱིས་འོད་གསལ་བའི་བདེ་གཤེགས་སྙིང་པོ་སེམས་ཅན་ཀུན་གྱི་ཡིད་ ལ་ཁྱབ་པར་གནས་པ་དེ་ཉིད་དོ། ། གཉིས་པ་ལ། མདོ་ལུང་དང༌། བསྟན་བཅོས་ཀྱི་ལུང་གཉིས་ལས། དང་པོ་ནི། དེ་བཞིན་ གཤེགས་པའི་སྙིང་པོའི་མདོ་ལས། རིགས་ཀྱི་བུ་དག་དེ་བཞིན་དུ་སེམས་ཅན་ཐམས་ཅད་ ཀྱི་མངོན་པར་ཞེན་པའི་ཡིད་ལ་བྱེད་པ་ཁྱིམ་ལྟ་བུར་གྱུར་པའི་འོག་ན་དེ་བཞིན་གཤེགས་ པའི་སྙིང་པོ་སྟོབས་དང་མི་འཇིགས་པ་དང་མ་འདྲེས་པ་དང་སངས་རྒྱས་ཀྱི་ཆོས་ཐམས་ཅད་ ཀྱི་མཛོད་ཀྱི་གཏེར་ཆེན་པོ་ཡོད་ཀྱང༌། ཞེས་སོགས་དང༌། གཞན་ཡང་མྱང་འདས་ཆེན་པོའི་ མདོ་དང༌། རྣམ་པར་མི་རྟོག་པ་ལ་འཇུག་པའི་གཟུངས་སོགས་ཐེག་ཆེན་གྱི་མདོ་སྡེ་དུ་མ་ ལས་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རང་བཞིན་གློ་བུར་དྲི་མའི་སྦུབས་ན་དོན་དམ་པའི་ སངས་རྒྱས་ཆོས་སྐུ་ཡོན་ཏན་ཀུན་ལྡན་དུ་ཡོད་པར་ཡང་ཡང་གསུངས་སོ། ། གཉིས་པ་ནི། རྒྱུད་བླ་མ་ལས། ཇི་ལྟར་མི་དབུལ་ཁྱིམ་ནང་ས་འོག་ན། །མི་ཟད་པ་ཡི་ 5-1-73 གཏེར་ནི་ཡོད་གྱུར་ལ། །ཞེས་སོགས་ཀྱིས་དབུལ་བོའི་ཁྱིམ་གྱི་འོག་ཏུ་གཏེར་ཡོད་པ་ལྟར་ སེམས་ཅན་ཐམས་ཅད་ཀྱི་ཡིད་ཀྱི་ནང་དུ་ཆུད་པའི་སེམས་ཉིད་རང་བཞིན་གྱིས་འོད་གསལ་ བའི་ཡེ་ཤེས་རིན་པོ་ཆེའི་གཏེར་ལྟ་བུ་ཡོད་ཚུལ་རྒྱས་པར་གསུངས་ལ། གཞན་ཡང་བྱང་ས་ སོགས་ཐོགས་མེད་སྐུ་མཆེད་ཀྱིས་མཛད་པའི་རྒྱ་གཞུང་དུ་མར་དེ་མཐུན་གྱི་ཚུལ་གསལ་བར་ གསུངས་པ་ཆེས་མང་ངོ༌། ། གསུམ་པ་ལ། ལུང་དགོད་པ་དང༌། ལུང་དོན་འཁོར་འདས་ཀྱི་གཞི་བྱེད་ཚུལ་དང༌། གཉིས་ལས། དང་པོ་ལ། མདོ་དང༌། བསྟན་བཅོས་ཀྱི་ལུང་གཉིས་ལས། དང་པོ་ནི། ཐེག་ པ་ཆེན་པོའི་ཆོས་མངོན་གྱི་མདོ་ལས། ཐོག་མ་མེད་དུས་ཅན་གྱི་དབྱིངས། །ཆོས་རྣམས་ཀུན་ གྱི་གནས་ཡིན་ཏེ། །དེ་ཡོད་པས་ནི་འགྲོ་ཀུན་ལ། །མྱ་ངན་འདས་པའང་ཐོབ་པ་ཡིན། །ཞེས་ སོགས་སོ། ། གཉིས་པ་ནི། རྒྱུད་བླ་མ་ལས། དེ་བཞིན་ཕུང་པོ་ཁམས་དབང་རྣམས། །ལས་དང་ཉོན་ མོངས་དག་ལ་གནས། །ལས་དང་ཉོན་མོངས་ཚུལ་བཞིན་མིན། །ཡིད་ལ་བྱེད་ལ་རྟག་ཏུ་ གནས། །ཚུལ་བཞིན་མ་ཡིན་ཡིད་བྱེད་ནི། །སེམས་ཀྱི་དག་པ་ལ་རབ་གནས། །ཞེས་སོགས་ སོ། ། གཉིས་པ་ལ། མྱང་འདས་འཁོར་བའི་གཞི་གཉིས་ལས། དང་པོ་ནི། དོན་དམ་པའི་ཆོས་ དབྱིངས་རང་ཉིད་ཀྱི་ངོ་བོ་དེ་དོན་དམ་པའི་མྱང་འདས་ཡིན་ལ། དེ་ལ་དམིགས་ཏེ་བསྒོམས་ པས་གློ་བུར་གྱི་དྲི་མ་ཟད་པའི་མྱང་འདས་ཐོབ་དགོས་ཕྱིར་དེ་གསར་བྱུང་གི་མྱང་འདས་ཐོབ་ བྱེད་ཀྱི་རྒྱུ་ཡིན་པའི་ཆ་ནས་དེ་དེའི་གཞི་ཡིན་པར་བསྟན། གཉིས་པ་ནི། ཆོས་དབྱིངས་དེ་ཉིད་འཁོར་བའི་རྒྱུ་དངོས་མ་ཡིན་ཡང་དཔེར་ན་གསེར་ གྱི་གཡའ་དང་ཆུའི་རྙོག་ལྟར་ཀུན་རྫོབ་གློ་བུར་བའི་འཁོར་བ་དེ་ཡང་རང་བཞིན་འོད་གསལ་ 5-1-74 བའི་སེམས་དང་ཆོས་དང་ཆོས་ཅན་གྱི་ཚུལ་དུ་རྟེན་དང་བརྟེན་པའི་སྒོ་ནས་གནས་ཡོད་པའི་ ཆ་ནས་དེ་དེའི་གཞི་ཡང་ཡིན་པར་བསྟན་ཏོ། ། བཞི་པ་ལ། ཡོངས་གཅོད་ཀྱི་མཚན་ཉིད། རྣམ་བཅད་ཀྱི་མཚན་ཉིད། ཐུང་མོང་གི་ མཚན་ཉིད་དང་གསུམ་ལས། དང་པོ་ལ། བདེ་གཤེགས་སྙིང་པོ་དེ་ཉིད་རྟག་བརྟན་ཞི་བ་ གཡུང་དྲུང་ཡིན་པའི་ཆ་ནས་རྟག་པར་བསྟན་པ་དང༌། བདེ་གཤེགས་སྙིང་པོ་དེ་ཉིད་འཁོར་ འདས་ཀུན་ལ་ཁྱབ་ཅིང་ཡུལ་དུས་ཀྱི་ཆ་ཤས་དང་བྲལ་ཞིང་ཉེ་རིང་ཕྱོགས་ལྷུང་མེད་པར་ཆོས་ ཀུན་གྱི་སྲོག་དང་མགོན་དུ་བཞུགས་པ་ཡིན་པའི་ཆ་ནས་ཀུན་ཁྱབ་ཏུ་བསྟན་པ་དང༌། སྤྱིར་ ཆོས་ཉིད་དེ་རྔོག་ལོས་སྟོང་ཉིད་མེད་དགག་ལ་དང་བུ་སྟོན་པས་ཀུན་གཞི་ལ་འདོད་པ་ལྟ་ བུའི་མི་མཐུན་པ་ཡོད་ཀྱང༌། རྒྱུད་བླ་མ་ལས། རིགས་ཁམས་སྦྲང་རྩི་དང་འདྲ་འདི་གཟིགས་ ནས། །ཞེས་དང༌། ལུས་ཅན་ལ་ཡོད་ཟག་པ་མེད་པའི་ཤེས་པ་སྦྲང་མའི་རྩི་དང་འདྲ། །ཞེས་ སོགས་གསུངས་པ་ལྟར་རང་ལུགས་ལ་འཕགས་པའི་སོ་སོར་རང་གིས་རིག་བྱར་གྱུར་པའི་ གཟུང་འཛིན་གཉིས་བྲལ་གྱི་སེམས་རང་བཞིན་གྱིས་འོད་གསལ་བའི་ཡེ་ཤེས་སུ་བཞེད་ཕྱིར་ བདེ་གཤེགས་སྙིང་པོ་དེ་ཉིད་སོ་སོར་རང་གིས་རིག་བྱར་བསྟན་པ་དང༌། དཔལ་ཕྲེང་གི་མདོ་ ལས། རྣམ་པར་དབྱེར་མེད་པ་བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་ཆོས་གངྒཱའི་ཀླུང་གི་ བྱེ་མ་ལས་འདས་པ་དང་ལྡན་པ་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུར་བསྟན་པ་སྟེ། ཞེས་ སོགས་དང༌། མྱང་འདས་ལས། རིགས་ཀྱི་བུ་དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། ཞེས་ པ་ནས། ཚད་མེད་མཐའ་ཡས་པ་སྙེད་དང་དེ་ལྟ་བུ་ལ་སོགས་པའི་ཆོས་ནི་དེ་བཞིན་གཤེགས་ པ་སངས་རྒྱས་ཀྱི་རང་བཞིན་ཡིན་ནོ། །ཞེས་སོགས་དང༌། རྒྱུད་བླ་མ་ལས། འོད་གསལ་བྱས་ མིན་དབྱེར་མེད་པར། །འཇུག་ཅན་གངྒཱའི་ཀླུང་གི་ནི། །རྡུལ་ལས་འདས་པའི་སངས་རྒྱས་ཀྱི། །ཆོས་རྣམས་ཀུན་དང་ལྡན་པ་ཉིད། །ཅེས་སོགས་དང༌། བསྡུས་རྒྱུད་ལས། ཁྱོད་ནི་སྲི ད་པ་ 5-1-75 གསུམ་ལས་འདས་ཀྱང་སྲི ད་པ་གསུམ་གྱི་རྣམ་པ་ཅན། །ཕྲ་རབ་རྡུལ་གྱི་ཆོས་དང་བྲལ་ཡང་ བརྟན་དང་གཡོ་བ་ཀུན་གྱི་གཟུགས། །ཞེས་སོགས་ཀྱིས་ཆོས་དབྱིངས་དྭངས་པའི་ཡེ་ཤེས་ རྣམ་པ་ཐམས་ཅད་པར་བསྟན་པ་ལྟར། སྤྱིར་སངས་རྒྱས་ཀྱི་ཆོས་དབྱིངས་རྣམ་པ་ཐམས་ཅད་ པ་ལ་རྩོད་པ་མེད་ཅིང༌། སངས་རྒྱས་ཀྱི་ཆོས་དབྱིངས་དེ་དང༌། གཞིའི་སེམས་ཅན་གྱི་ཆོས་ དབྱིངས་གཉིས་ཀ་དབྱེར་མེད་པའི་རྒྱུ་མཚན་གྱིས་སེམས་ཅན་གྱི་ཆོས་དབྱིངས་དེས་ཀྱང་ ཤེས་བྱ་ཐམས་ཅད་ཀྱི་དོན་དམ་པའི་རྣམ་པ་འཛིན་པའི་ཆ་ནས་དེ་ཡང་རྣམ་པ་ཐམས་ཅད་ པར་བསྟན་པ་དང་བཞི་ཡོད་དོ། ། གཉིས་པ་ལ། མདོ་སྡེ་རྒྱན་ལས། ཡོད་མིན་མེད་མིན་དེ་བཞིན་མིན་གཞན་མིན། །སྐྱེ་ དང་འགག་མེད་བྲི ་བར་མི་འགྱུར་ཞིང༌། །འཕེལ་བ་མེད་ཅིང་རྣམ་པར་དག་པའང་མེད། །རྣམ་པར་དག་འགྱུར་དེ་ནི་དོན་དམ་མཚན། །ཞེས་གསུངས་པ་ལྟར་དོན་དམ་པའི་ཆོས་ དབྱིངས་དེ་ཉིད་ཀྱི་གཤིས་ལ་ཀུན་བཏགས་གཞན་དབང་གཉིས་ཀྱི་ངོ་བོར་ཡོད་པ་ཡང་མ་ ཡིན། དེ་བཞིན་ཉིད་ཀྱི་ངོ་བོར་མེད་པ་ཡང་མ་ཡིན། དེ་གཉིས་དང་དོན་དམ་པར་གཅིག་ དང་ཐ་དད་གང་ཡང་མ་ཡིན་པའི་སྐྱེ་འགག་འཕེལ་འགྲིབ་ཀྱི་སྤྲོས་པ་མཐའ་དག་གིས་གདོད་ ནས་དག་པ་ལས་སྔར་ཡོད་བསལ་བ་མ་ཡིན་པའི་གནས་ལུགས་ཀྱི་ཡེ་ཤེས་ཡིན་པའི་ཆ་ནས་ ཆོས་དབྱིངས་སྤྲོས་བྲལ་དུ་བསྟན་པ་དང༌། རྒྱུད་བླ་མ་ལས། ཇི་ལྟར་ནམ་མཁའ་ཀུན་སོང་བ། །གང་ཕྱིར་ཉེ་བར་གོས་པ་མེད། །དེ་བཞིན་སེམས་ཅན་ཐམས་ཅད་ལ། །གནས་འདི་ཉེ་བར་ གོས་པ་མེད། །ཅེས་གསུངས་པ་ལྟར་དཔེར་ན་ནམ་མཁའ་དེ་གཟུགས་ཅན་གྱི་དངོས་པོ་ཀུན་ ལ་ཁྱབ་ཀྱང་གཟུགས་ཅན་གྱི་ཉེས་པས་མ་གོས་པ་ལྟར་ཆོས་དབྱིངས་དེ་སེམས་ཅན་ཐམས་ ཅད་ཀྱི་སེམས་ཀྱི་རང་བཞིན་ལ་ཁྱབ་ཀྱང་སེམས་ཀྱི་སྟེང་གི་གློ་བུར་དྲི་མས་རང་གཤིས་ལ་ ནམ་ཡང་གོས་པ་མེད་པའི་ཆ་ནས་ཆོས་དབྱིངས་སྤྲོས་པའི་མཚན་མས་མ་གོས་པར་བསྟན་པ་ 5-1-76 དང་གཉིས་ཡོད་དོ། ། གསུམ་པ་ལ། ཟུང་འཇུག རང་བཞིན་གྱི་རིགས། དོན་དམ་པའི་ཁམས་བཤད་པ་དང་ གསུམ་ལས། དང་པོ་ནི། དོན་དམ་པའི་ཆོས་ཀྱི་དབྱིངས་དེ་ཀུན་རྫོབ་གཟུང་འཛིན་གྱིས་སྟོང་ ཞིང་དོན་དམ་ཆོས་ཉིད་ཀྱིས་མི་སྟོང་པའི་སྟོང་མི་སྟོང་ཟུང་དུ་འཇུག་པའི་བདག་ཉིད་ཅན་དེ་ ཡིན། གཉིས་པ་ལ། རིགས་ཀྱི་ཁྱད་པར། མཚན་ཉིད། དབྱེ་བ། སྒྲ་བཤད་དང་བཞི་ལས། དང་ པོ་ནི། བྱང་སེམས་ཀྱི་སྐྱེ་མཆེད་དྲུག་གི་ཁྱད་པར་རམ་ཆོས་ཉིད། གཅིག་ནས་གཅིག་ཏུ་བརྒྱུད་ དེ་འོང་བ། ཐོག་མ་མེད་པའི་དུས་ཅན་ཆོས་ཉིད་ཀྱིས་ཐོབ་པ་རྣམས་སོ། ། གཉིས་པ་ནི། གདོད་ནས་སེམས་ཀྱི་རང་བཞིན་དུ་གནས་པའི་ཡོན་ཏན་ཀུན་ལྡན་གྱི་ ནང་རིག་འགྱུར་མེད་ཀྱི་ཡེ་ཤེས་གང་ཞིག ཁྱོད་ལ་དམིགས་ཏེ་ལམ་ལ་འབད་ན་དྲི་མ་འབྲལ་ རུང་དང་ཡོན་ཏན་མཐའ་དག་མངོན་དུ་འགྱུར་རུང་གི་འདུས་མ་བྱས་ཀྱི་དགེ་བ་དེ། རིགས་ཀྱི་ མཚན་ཉིད། མཚན་གཞི་བྱང་སེམས་ཚོགས་ལམ་པའི་རྒྱུད་ཀྱི་ཀུན་གཞིའི་ཡེ་ཤེས་ལྟ་བུའོ། ། གསུམ་པ་ལ། རང་བཞིན་གནས་རིགས་དང༌། རྒྱས་འགྱུར་གྱི་རིགས་གཉིས་ལས། དང་ པོ་གོང་གི་རིགས་དང་འདྲ། གཉིས་པ་ལ་མཚན་ཉིད། དབྱེ་བ་གཉིས་ལས་དང་པོ་ནི་རང་བཞིན་གྱི་རིགས་ལ་བརྟེན་ ནས་རྐྱེན་གྱིས་བསྐྱེད་པའི་བྱང་ཆུབ་ཀྱི་རྒྱུར་གྱུར་པའི་འདུས་བྱས་ཀྱི་དགེ་བ་དེ། རྒྱས་འགྱུར་ གྱི་རིགས་ཀྱི་མཚན་ཉིད། མཚན་གཞི་བྱང་སེམས་ཀྱི་རྒྱུད་ཀྱི་ཚོགས་ལམ་ལྟ་བུའོ། ། གཉིས་པ་ལ། ཐེག་པ་གསུམ་གྱི་རྒྱས་འགྱུར་གྱི་རིགས་གསུམ་ཡོད། དེ་དག་གི་མཚན་ ཉིད་ཀྱང་རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་གྱུར་པའི་དགེ་བ་འདུས་བྱས་དེ། ཐེག་པ་ཆེན་པོའི་ རྒྱས་འགྱུར་གྱི་རིགས་ཀྱི་མཚན་ཉིད། དེས་འགྲེས་ཏེ། རང་རྒྱལ་བྱང་ཆུབ་དང༌། ཉན་ཐོས་ 5-1-77 བྱང་ཆུབ་ལ་སྦྱར་ན་དེ་གཉིས་ཀྱི་མཚན་ཉིད་ཤེས་ནུས་སོ། ། བཞི་པ་ནི། རིགས་ཀྱི་སྐད་དོད་གོ་དྲ་ཞེས་བྱ་ཞིང་དེ་ཡང་ཤུན་པ་འདྲ་བའི་དོན་དང༌། སྙིང་པོའི་སྐད་དོད་གྷརྦྷ་ཞེས་བྱ་ཞིང༌། དེ་ཡང་ཕྱི་རོལ་ནས་གཞན་གྱིས་གཡོགས་ཤིང་དབུས་ ན་ཡོད་པའི་དོན་གྱིས་རིགས་ཀྱི་སྒྲ་བཤད་པར་བྱ་དགོས་སོ། ། གསུམ་པ་ལ། ཁམས་ཀྱི་དོན་དང༌། དེ་ལ་ལོག་རྟོག་སྤང་པ་གཉིས་ལས། དང་པོ་ནི། སྤྱིར་ཁམས་ཀྱི་འཇོག་ཚུལ་ལ་རྒྱུ་དང་རིགས་འཛིན་པའི་ཆ་སོགས་ནས་འཇོག་ཚུལ་འདྲ་མིན་ ཡོད་ཀྱང་རང་ལུགས་ཀྱི་ཁམས་ནི་ཆོས་ཅན་སེམས་ཀྱི་རང་བཞིན་དུ་ཆོས་ཉིད་རང་བྱུང་གི་ཡེ་ ཤེས་མི་གསལ་བའི་ཚུལ་གྱིས་གནས་པ་ལ་འཇོག་ཅིང༌། དེ་འདྲའི་ཆོས་ཉིད་ལ་སྒྲིབ་བྱེད་ཀྱི་ དྲི་མ་སྟོན་བྱེད་ཀྱི་དཔེ་དགུ་ནི་པདྨ་ངན་པའི་ནང་ན་སངས་རྒྱས་ཀྱི་སྐུ་དང༌། སྦྲང་མའི་དབུས་ ན་སྦྲང་རྩི་དང༌། སྦུན་པའི་ནང་ན་སྙིང་པོ་དང༌། མི་གཙང་བའི་ནང་ན་གསེར་དང༌། སའི་འོག་ གི་གཏེར་དང༌། ལྗོན་ཤིང་གི་མྱུ་གུ་སོགས་བསྐྱེད་པའི་ནུས་པ་ཤུན་པའི་ནང་ན་གནས་པ་དང༌། གོས་ཧྲུལ་གྱི་ནང་ན་རྒྱལ་བའི་གསེར་སྐུ་དང༌། བུད་མེད་ངན་མའི་ལྟོ་བར་མི་བདག་དང༌། འདམ་ནང་གི་གསེར་གྱི་གཟུགས་བརྙན་ཏེ་དེ་དག་གཡོག་བྱེད་དགུ་དེ་དྲི་མ་ཡིན། དེ་དག་གི་ དཔེ་ཅན་དག་ནི། དུག་གསུམ་གྱི་བག་ལ་ཉལ་གསུམ་དང༌། དེ་གསུམ་མངོན་འགྱུར་རྣམས་ གཅིག་ཏུ་བྱས་པ་དང༌། མ་རིག་བག་ཆགས་ཀྱི་ས་དང༌། མཐོང་སྤང་དང༌། སྒོམ་སྤང་དང༌། མ་དག་ས་བདུན་གྱི་མི་མཐུན་ཕྱོགས་ཀྱི་དྲི་མ་དང༌། དག་ས་གསུམ་གྱི་དྲི་མ་ཕྲ་མོ་དང་དགུ་དེ་ ཡིན་ནོ། ། གཉིས་པ་ནི། དོན་དམ་པའི་ཆོས་དབྱིངས་རང་གི་ངོ་བོ་ལ་སྤངས་རྟོགས་ཀྱི་ཡོན་ཏན་ ཡོངས་སུ་རྫོགས་ཚུལ་ཡང་དྲི་མ་གདོད་ནས་རང་བཞིན་དུ་དག་པའི་དོན་དམ་པའི་སྤངས་པ་ མཐར་ཐུག་དང༌། སོ་སོར་རང་རིག་པའི་རང་བྱུང་གི་ཡེ་ཤེས་དོན་དམ་པའི་རྟོགས་པ་མཐར་ 5-1-78 ཐུག་གཉིས་ཡེ་ནས་རང་ཆས་སུ་ཡོད་པ་ལ་གོ་བ་མ་གཏོགས་ཀུན་རྫོབ་གསར་བྱུང་གི་སྤངས་ རྟོགས་མཐར་ཕྱིན་པ་ལ་གོ་ནས་སེམས་ཅན་ཐམས་ཅད་གཞན་བྱུང་གི་སངས་རྒྱས་སུ་འཛིན་ པའི་ལོག་རྟོག་སྐྱེ་ན་མི་རུང་ངོ༌། །ཁ་ཅིག་གིས་ཚོགས་མ་བསགས་པའི་སངས་རྒྱས་མི་འཐད་ ཅེ་ན། ཀུན་བཏགས་དང་རྣམ་བཏགས་ཀྱི་ཚོགས་ནི་གསར་དུ་མ་བསགས་པར་གདོད་ནས་ ཐོབ་པ་མེད་ཀྱང་ཆོས་ཉིད་ཀྱི་ཚོགས་ནི་ཡེ་ནས་རང་ཆས་སུ་རྫོགས་པ་ཤིན་ཏུ་འཐད་དོ། ། གསུམ་པ་བདེན་གཉིས་ཀྱི་རྣམ་གཞག་བཤད་པ་ལ། ཀུན་རྫོབ་བདེན་པ། དོན་དམ་ བདེན་པ། གཅིག་དང་ཐ་དད། འཕྲོས་དོན་གཞན་བཤད་པ་དང་བཞི་ལས། དང་པོ་ལ། མཚན་ཉིད་སྒྲ་བཤད། མིང་གི་རྣམ་གྲངས། དབྱེ་བ་དང་བཞི་ལས། དང་པོ་ནི། རྣམ་ཤེས་ དང་ཡེ་ཤེས་གཉིས་ལས་རྣམ་ཤེས་འཁོར་བཅས་ཀྱི་ཡུལ་གང་ཞིག གནས་ཚུལ་ལ་རང་གི་ངོ་ བོ་བདེན་གྲུབ་གྱིས་སྟོང་པའི་ཆོས་དེ། ཀུན་རྫོབ་བདེན་པའི་མཚན་ཉིད། མཚན་གཞི་གཞན་ དབང་ཀུན་བཏགས་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་དོ། ། གཉིས་པ་ནི། དོན་དམ་ཆོས་ཉིད་ལས་གཞན་པའི་ཆོས་རྣམས་ཆོས་དབྱིངས་ཀྱི་གནས་ ཚུལ་ཡང་དག་པར་མཐོང་བ་ལ་སྒྲིབ་པར་བྱེད་པས་ན་ཀུན་རྫོབ་བདེན་པ་ཞེས་བརྗོད། གསུམ་པ་ནི། ཀུན་རྫོབ་བདེན་པ། ཐ་སྙད་བདེན་པ། བརྫུན་པའི་ཆོས། བསླུ་བའི་ཆོས། སྣང་གནས་མི་མཐུན་པའི་ཆོས་རྣམས་དོན་གཅིག བཞི་པ་ལ། ལོག་པ་དང༌། ཡང་དག་ཀུན་རྫོབ་གཉིས་ལས། དང་པོ་ནི། རང་གསལ་ བར་སྣང་བའི་བློ་ལ། ཇི་ལྟར་སྣང་བ་ལྟར་དོན་བྱེད་མི་ནུས་ཤིང༌། འཇིག་རྟེན་ན་བརྫུན་པར་ གྲགས་པའི་ཆོས་དེ། ལོག་པའི་ཀུན་རྫོབ་ཀྱི་མཚན་ཉིད། མཚན་གཞི་ཆུ་ཟླ་དང་སྨིག་རྒྱུ་ལྟ་ བུའོ། ། གཉིས་པ་ནི། རང་གསལ་བར་སྣང་བའི་བློ་ལ། ཇི་ལྟར་སྣང་བ་ལྟར་དོན་བྱེད་ནུས་ཤིང༌། 5-1-79 འཇིག་རྟེན་ན་ཡང་མི་བསླུ་བར་གྲགས་པའི་ཆོས་དེ། ཡང་དག་ཀུན་རྫོབ་ཀྱི་མཚན་ཉིད། མཚན་གཞི་དོན་ལྔའི་གཟུགས་ལྟ་བུའོ། ། གཉིས་པ་ལ། མཚན་ཉིད། སྒྲ་བཤད། མིང་གི་རྣམ་གྲངས། དབྱེ་བ་དང༌། བཞི་ལས། དང་པོ་ནི། རྣམ་ཤེས་ཡེ་ཤེས་གཉིས་ལས་ཡེ་ཤེས་ཁོ་ནའི་ཡུལ་གང་ཞིག གནས་ཚུལ་ལ་རང་ གི་ངོ་བོ་བདེན་པར་གྲུབ་པའི་ཆོས་དེ། དོན་དམ་བདེན་པའི་མཚན་ཉིད། མཚན་གཞི་ཡོངས་ གྲུབ་ཆོས་ཉིད་ཁོ་ནའོ། ། གཉིས་པ་ནི། ཆོས་ཀྱི་དབྱིངས་དེ་གཉིས་མེད་ཡེ་ཤེས་ཀྱི་དོན་ཡིན་པས་དོན་དང༌། གནས་ལུགས་མཐར་ཐུག་ཡིན་པས་དམ་པ་དང༌། འཕགས་པའི་མཉམ་བཞག་གི་སྤྱོད་ཡུལ་ དུ་བདེན་པས་བདེན་པ་ཞེས་བརྗོད། གསུམ་པ་ནི། དོན་དམ་བདེན་པ། སྟོང་ཉིད། ཡང་དག་མཐའ། མཚན་མ་མེད་པ། ཆོས་ ཀྱི་དབྱིངས་རྣམས་དོན་གཅིག བཞི་པ་ལ། ཆོས་དབྱིངས་ཡེ་ཤེས་རང་གི་ངོ་བོ་ལ་དབྱེ་བ་མེད་ཀྱང་སྒྲས་བརྗོད་རིགས་ ཀྱིས་དབྱེ་ན། རྣམ་གྲངས་དང༌། རྣམ་གྲངས་མ་ཡིན་པའི་དོན་དམ་གཉིས་ལས། དང་པོ་ནི། བདེན་གྲུབ་བཀག་པའི་ཆའི་མེད་དགག་གི་སྟོང་ཉིད་དང༌། མི་རྟག་སྡུག་བསྔལ་སོགས་ཡིན། གཉིས་པ་ནི། ཆོས་ཀུན་ལ་ཁྱབ་པའི་གཉིས་མེད་ཡེ་ཤེས་སངས་རྒྱས་ཀྱི་དོན་དམ་པའི་ ཡོན་ཏན་ཐམས་ཅད་ཀྱིས་གདོད་ནས་བརྒྱན་པ་སྤྲོས་བྲལ་རྣམ་པ་ཀུན་ལྡན་འགྱུར་མེད་ཀྱི་ ཡོངས་གྲུབ་ཆེན་པོ་དེ་ཉིད་དོ། །དབྱེ་སྒོ་གཞན་ཡང་ཡོངས་གྲུབ་ཆོས་ཉིད་ལྟ་བུའི་དོན་དོན་ དམ་དང༌། མཐར་ཐུག་གི་མྱང་འདས་ལྟ་བུའི་ཐོབ་པ་དོན་དམ་དང༌། ཐེག་ཆེན་གྱི་ལམ་ལྟ་ བུའི་སྒྲུབ་པ་དོན་དམ་དང་གསུམ་ཡོད། གསུམ་པ་ནི། མདོ་དགོངས་འགྲེལ་ལས། འདུ་བྱེད་ཁམས་དང་དོན་དམ་མཚན་ཉིད་ 5-1-80 རྣམས། །གཅིག་དང་ཐ་དད་བྲལ་བའི་མཚན་ཉིད་དེ། །གཅིག་དང་ཐ་དད་ཉིད་དུ་གང་རྟོག་ པ། །དེ་དག་ཚུལ་བཞིན་མ་ཡིན་ཞུགས་པ་ཡིན། །ཞེས་གསུངས་པ་ལྟར་བདེན་པ་གཉིས་ནི་ ངོ་བོ་གཅིག་དང་ཐ་དད་གང་དུ་ཡང་བརྗོད་དུ་མེད་པར་གཅིག་པ་བཀག་པའི་ཐ་དད་དུ་ཁས་ ལེན་ལ། དེ་ཡང་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཀྱི་གོ་བའི་གནད་དང་ཅུང་མི་གཅིག་གོ། དེ་གཉིས་ངོ་བོ་གཅིག་དང་ཐ་དད་དུ་འདོད་ན་བློ་གྲོས་རྣམ་དག་གི་ལེའུ་དང༌། དགོངས་ འགྲེལ་ལས་བཤད་པའི་རིགས་པ་བཞི་བཞིས་གནོད་དོ། ། བཞི་པ་ལ། དོན་དམ་བདེན་པ་ཡེ་ཤེས་ཁོ་ནའི་ཡུལ་དུ་བསྟན་པ། ཀུན་རྫོབ་བདེན་པ་ཡེ་ ཤེས་ཀྱི་ཡུལ་མ་ཡིན་པར་བསྟན་པ། དེ་མ་ཡིན་ཀྱང་མི་མཁྱེན་པའི་སྐྱོན་མེད་པར་བཤད་པ་ དང་གསུམ་ལས། དང་པོ་ནི། དོན་དམ་བདེན་པ་ཡེ་ཤེས་ཁོ་ནའི་ཡུལ་ཡིན་པར་ཤེས་བྱེད་ཀྱི་ ལུང་གསལ་བོ་ནི། ཡུམ་ལ་བསྟོད་པ་ལས། སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །ཞེས་དང༌། རྒྱུད་བླ་མ་ལས། དོན་དམ་གཟིགས་པ་རྣམས་ཀྱི་ཡུལ་ཉིད་དོ། །ཞེས་དང༌། ཆོས་དབྱིངས་རང་ བཞིན་གང་ཡིན་དེ་རྟོགས་པ། །མཉམ་པར་བཞག་པའི་རྣལ་འབྱོར་པ་ཡིས་མཐོང༌། །ཞེས་ སོགས་གསུངས་པ་ལ་བརྟེན་ནས་ཆོས་ཉིད་ནི་མཉམ་བཞག་དམ་པའི་སྤྱོད་ཡུལ་དུ་ལེགས་ པར་རྩལ་དུ་བཏོན་ནས་བཤད་དོ། ། གཉིས་པ་ནི། ཀུན་རྫོབ་ལོག་པའི་ཆོས་ཀུན་དེ་ལྟར་དུ་སྣང་ཡུལ་བྱས་ཏེ་ཡེ་ཤེས་དམ་ པའི་སྤྱོད་ཡུལ་གྱི་སྒོ་ནས་དེ་དག་མི་མཁྱེན་པར་གསུངས་ཀྱི་སྤྱིར་དེ་རྣམས་རྣམ་པ་ཀུན་ནས་ མི་མཁྱེན་པར་བཞེད་པ་མ་ཡིན་ལ། དེ་ཡང༌། ལང་གཤེགས་ལས། བག་ཆགས་ཀྱིས་ནི་ དཀྲུགས་པའི་སེམས། །དོན་དུ་སྣང་བ་རབ་ཏུ་འབྱུང༌། །དོན་ཡོད་མ་ཡིན་སེམས་ཉིད་དེ། །ཕྱི་ རོལ་དོན་མཐོང་ལོག་པ་ཡིན། །ཞེས་དང༌། ཆོས་ཉིད་རྣམ་འབྱེད་ལས། དེ་སྣང་ཆོས་ཉིད་མི་ སྣང་ཞིང༌། །དེ་མི་སྣང་བ་ཆོས་ཉིད་སྣང༌། །ཞེས་དང༌། དབུ་མའི་སྒོམ་རིམ་ལས། འཕགས་ 5-1-81 པས་འཁྲུལ་བ་མི་གཟིགས་ཤིང༌། །ཞེས་སོགས་གསུངས་པ་ལ་བརྟེན་ནོ། ། གསུམ་པ་ནི། ཀུན་རྫོབ་བདེན་པ་ཡེ་ཤེས་ལ་རྣམ་པ་མི་སྣང་ན་དེ་མི་མཁྱེན་པའི་སྐྱོན་ མེད་དེ། ཡེ་ཤེས་ལ་རྣམ་པ་མི་སྣང་བཞིན་དུ་མཁྱེན་ཚུལ་ཡོད་པའི་ཕྱིར། དེར་ཐལ། ཀུན་ མཁྱེན་ཡེ་ཤེས་ལ་བསྐལ་པས་བར་དུ་ཆོད་པའི་འདས་མ་འོངས་སོགས་མཁྱེན་པ་ན། དེ་དག་ གི་རྣམ་ཆ་ཇི་བཞིན་པར་རང་དུས་སུ་འཆར་བ་མེད་པའི་སྒོ་ནས་མཁྱེན་པའི་ཕྱིར། དཔེར་ན་ རྨི་ལམ་གྱི་སྣང་བ་སད་དུས་སུ་ཤེས་པ་བཞིན་ནོ། ། བཞི་པ་བདེན་བཞི་བཤད་པ་ལ། སྡུག་ཀུན་གཉིས་དང་འགོག་ལམ་གཉིས་ཏེ་བཞི་ ཡོད་པ་རྣམས་སྤྱིའི་ཚུལ་གོང་མདོ་སྡེ་པའི་སྐབས་སུ་བཤད་པ་ལྟར་ལས་ཁྱད་པར་ནི་འདིར་ འགོག་བདེན་ལ། སྦྱང་གཞི་དོན་དམ་པ་དང༌། སྦྱང་འབྲས་དག་པ་གཉིས་ལྡན་གྱི་འགོག་ བདེན་གཉིས་ལས། དང་པོ་ནི། དབུས་མཐའ་ལས། གཉིས་དངོས་མེད་དང་དངོས་མེད་ པའི། །དངོས་པོ་སྟོང་པའི་མཚན་ཉིད་དོ། །ཡོད་པ་མ་ཡིན་མེད་པའང་མིན། །ཐ་དད་གཅིག་ པའི་མཚན་ཉིད་མིན། །ཞེས་གསུངས་པ་ལྟར། ཀུན་རྫོབ་གཟུང་འཛིན་གྱིས་སྟོང་ཞིང་དོན་ དམ་ཆོས་ཉིད་ཀྱིས་མི་སྟོང་པས་ཡོད་མེད་ཀྱི་མཐའ་ལས་གྲོལ་ཞིང༌། ཆོས་ཉིད་དེ་ཆོས་ཅན་ ཀུན་ལ་ཁྱབ་ཀྱང་མཚན་ཉིད་མི་མཐུན་པའི་ཆ་ནས་ཐ་དད་གཅིག་གང་དུའང་མ་གྲུབ་པ་ཅན་ གྱི་བདེ་གཤེགས་སྙིང་པོ་དེའོ། །འདིའི་མིང་ལ། ཡང་དག་མཐའ། དོན་དམ་བདེན་པ། ཆོས་ ཀྱི་དབྱིངས་ཞེས་སོགས་ཟེར་ཞིང་དྲི་བཅས་དང་དྲི་མེད་གཉིས་ཡོད། དེ་མ་ཟད་ཆོས་དབྱིངས་ རྣམ་པ་ཀུན་ལྡན་ཡིན་པས་རང་གི་ངོ་བོ་འགོག་ལམ་གྱི་རང་བཞིན་གཞིར་བྱས་པའི་སྟེང་ ནས་སྲིད་གསུམ་ལས་ཉོན་གྱི་རང་བཞིན་དུ་ཡང་ཡོད་ཆོག་པའི་ཆ་ནས་དོན་དམ་པའི་བདེན་ བཞིའི་རྣམ་གཞག་ཀྱང་འཇོག་གོ། གཉིས་པ་སྦྱངས་འབྲས་དག་པ་གཉིས་ལྡན་གྱི་དེ་ནི། རྒྱན་ལས། ཆོས་རྣམས་ཀུན་གྱི་ 5-1-82 དེ་བཞིན་ཉིད། །སྒྲིབ་གཉིས་དག་པའི་མཚན་ཉིད་དོ། །ཞེས་པ་ལྟར་ཆོས་ཉིད་རང་བཞིན་ རྣམ་དག་ལ་ལམ་སྒོམ་སྟོབས་ཀྱིས་གློ་བུར་གྱི་དྲི་མ་ཀུན་ཀྱང་ཟད་པའི་དག་པ་གཉིས་ལྡན་གྱི་ དབྱིངས་དེའོ། །འདི་ལ་མ་ལུས་པར་སྤངས་པ། ངེས་པར་སྤངས་པ། བྱང་བར་ནུས་པ། ཟད་ པ། འདོད་ཆགས་བྲལ་བ། འགོག་པ། རྣམ་པར་ཞི་བ། ནུབ་པ་ཞེས་པ་རྣམས་ཀྱི་མིང་གིས་ བརྗོད་ཅིང༌། མངོན་པ་ཀུན་བཏུས་ལྟར་ན། བརྡ་དང་དོན་དམ་དང་ཡོངས་སུ་རྫོགས་པ་དང་ མ་རྫོགས་པ་དང་རྒྱན་བཅས་དང་རྒྱན་མེད་དང་ལྷག་བཅས་དང་ལྷག་མེད་དང་ཁྱད་པར་ འཕགས་པའི་འགོག་པ་སྟེ་དགུར་གསུངས་སོ། །དེ་ལྷག་རྣམས་ཚིག་བརྗོད་ཚུལ་ཙམ་ལས་ དོན་ལ་གོང་དང་ཁྱད་པར་མེད་དོ། ། གསུམ་པ་ལམ་བཤད་པ་ལ། ལམ་གྱི་རྟེན་དང༌། ལམ་དངོས་གཉིས་ལས། དང་པོ་ལ། མཚམས་མེད་རྒྱུད་ལྡན་ལྟ་བུའི་ལས་ཀྱི་སྒྲིབ་པ་ཅན་དང༌། ཉོན་མོངས་ཤུགས་ཆེ་ཟ་མ་མ་ ནིང་ལྟ་བུའི་ཉོན་མོངས་པའི་སྒྲིབ་པ་ཅན་དང༌། སྒྲ་མི་སྙན་ལྟ་བུའི་རྣམ་སྨིན་སྒྲིབ་པ་ཅན་དང་ གསུམ་པོ་གང་ཡང་མ་ཡིན་པའི་ལུས་རྟེན་དང༌། བསམ་གཏན་ས་དྲུག་ཅེས་པ། བསམ་གཏན་ དང་པོའི་ཉེར་བསྡོགས་དང༌། དངོས་གཞི་ཙམ་ཁྱད་གཉིས། གཉིས་གསུམ་བཞི་པའི་དངོས་ གཞི་ལྟ་བུའི་སེམས་རྟེན་དང་གཉིས་ཡོད། གཉིས་པ་ལམ་ལ། སྤྱིར་བསྟན། སྒོམ་རིམ་གཉིས་ལས། དང་པོ་ལ། མཚན་ཉིད། དབྱེ་ བ་གཉིས་ལས། དང་པོ་ནི། གང་ལ་ཞུགས་ན་རང་འབྲས་མྱང་འདས་སུ་ཕྱིན་བྱེད་དུ་གྱུར་པའི་ ལམ་ཞུགས་ཀྱི་མཁྱེན་པ་དེ། ལམ་གྱི་མཚན་ཉིད། འདི་དང༌། མངོན་རྟོགས། ཐེག་པ་རྣམས་ དོན་གཅིག གཉིས་པ་དབྱེ་བ་ལ་ལྔ་ཡོད་པས་དེ་དག་གི་མཚན་ཉིད་རིམ་བཞིན། ཆོས་མངོན་རྟོགས། ཚོགས་ལམ་གྱི་མཚན་ཉིད། དོན་མངོན་རྟོགས། སྦྱོར་ལམ་གྱི་མཚན་ཉིད། བདེན་པ་མངོན་ 5-1-83 རྟོགས། མཐོང་ལམ་གྱི་མཚན་ཉིད། རྗེས་ལ་མངོན་རྟོགས། སྒོམ་ལམ་གྱི་མཚན་ཉིད། རང་ རང་གི་བསླབ་པ་ཡོངས་རྫོགས་མཐར་ཕྱིན་པའི་ལམ་དེ། མི་སློབ་ལམ་གྱི་མཚན་ཉིད་དོ། ། གཉིས་པ་ལ། སྒོམ་ཚུལ་དངོས་དང༌། ཞར་བྱུང་གཉིས་ལས། དང་པོ་ལ། མཉམ་རྗེས་ གཉིས་ལས། དང་པོ་ནི། སེམས་ཉིད་རང་བཞིན་གྱིས་འོད་གསལ་བའི་ཡིན་ལུགས་སྒོམ་ པ་སྟེ། དེ་ཡང་ཚོགས་ལམ་དུ་བདེ་བར་གཤེགས་པའི་སྙིང་པོ་ཆོས་ཉིད་རང་བྱུང་གི་ཡེ་ཤེས་ དེ་དད་པའི་ཡུལ་དུ་བྱས་ནས་སྒོམ་པ་དང༌། སྦྱོར་ལམ་དུ་ཕྱི་གཟུང་བ་ཕྱི་དོན་གྱི་ཡུལ་དང༌། ནང་འཁྲུལ་བ་གློ་བུར་བའི་སེམས་གཉིས་པོ་རང་བཞིན་བདེན་པ་མེད་པའི་ཚུལ་དུ་སྒོམ་ པ་དང༌། མཐོང་ལམ་དུ་ཆོས་ཉིད་ཡེ་ཤེས་ཀྱི་ཆ་ཤས་ཙམ་མངོན་དུ་བྱེད་པའི་སྒོ་ནས་སྒོམ་ པ་དང༌། སྒོམ་ལམ་དུ་ཆོས་ཉིད་ཀྱི་ཆ་རྣམས་རིམ་གྱིས་མངོན་དུ་བྱེད་པའི་སྒོ་ནས་ལེགས་ པར་བསྒོམས་པའི་མཐུ་ལས། མཐར་འོད་གསལ་བདེ་གཤེགས་སྙིང་པོ་ཆ་ཐམས་ཅད་ནས་ མངོན་དུ་གྱུར་པ་ན་མི་སློབ་ལམ་ཐོབ་པའོ། །དེ་དག་གི་ཚུལ་ནི། རྒྱུད་བླ་མ་ལས། སྤྲིན་མཐོང་ མཁའ་ལ་ཉི་བཞིན་འདིར་ཁྱོད་བློ་གྲོས་ཅན། །བློ་མིག་དག་པའི་འཕགས་མཆོག་གིས་ཀྱང་ ཐམས་ཅད་མཐོང་མ་ལགས། །བཅོམ་ལྡན་འདས་ཁྱོད་ཆོས་སྐུ་གང་དག་བློ་གྲོས་མཐའ་ཡས་ པ། །ཤེས་བྱ་མཐའ་མེད་མཁའ་དབྱིངས་ཁྱབ་པ་དེ་དག་གིས་ཀུན་མཐོང༌། །ཞེས་དང༌། ཆོས་ དབྱིངས་བསྟོད་པ་ལས། ཇི་ལྟར་ཚེས་པའི་ཟླ་བ་ལ། །ཟླ་བ་རིམ་གྱིས་འཕེལ་བ་ལྟར། །དེ་ བཞིན་ས་ལ་ཞུགས་རྣམས་ཀྱིས། །རིམ་གྱིས་རིམ་གྱིས་འཕེལ་བར་མཐོང༌། །ཇི་ལྟར་ཡར་ ངོའི་བཅོ་ལྔ་ལ། །ཟླ་བ་རྫོགས་ཤིང་གསལ་བ་ལྟར། །དེ་བཞིན་ས་ཡི་མཐར་ཐུག་ན། །ཆོས་ ཀྱི་སྐུ་ཡང་རྫོགས་ཤིང་གསལ། །ཞེས་སོགས་རྒྱས་པར་གསུངས་པ་ལྟར་རོ། ། གཉིས་པ་ལ། མཉམ་བཞག་གི་སྟོབས་དང༌། ཆེད་དུ་སྒོམ་པའི་སྟོབས་གང་རུང་གི་སྒོ་ ནས་རྗེས་ཐོབ་ཀུན་ཏུ་ཆོས་ཉིད་ཐེར་ཟུག་ལ་ཡིད་ཆེས་དང་ཀུན་རྫོབ་ཀྱི་སྣང་བ་གང་དག་ 5-1-84 སྣང་སྟོང་གཉིས་འཚོགས་ཀྱི་སྒྱུ་མ་ལྟ་བུའི་ཡིན་ལུགས་སུ་འཆར་བར་བྱའོ། ། གཉིས་པ་ཞར་བྱུང་སའི་རྣམ་གཞག་མདོ་ཙམ་ནི། མདོ་སྡེ་རྒྱན་ལས་གསུངས་པ་ལྟར་ ཏེ། དེ་ཡང་ས་དང་པོའི་དུས་སུ་ཆོས་ཉིད་ཀུན་འགྲོའི་ཚུལ་དུ་རྟོགས་པ་དང༌། ས་གཉིས་པའི་ སྐབས་སུ་ཆོས་ཉིད་མཆོག་གི་དོན་དུ་རྟོགས་པ་དང༌། ས་གསུམ་པའི་སྐབས་སུ་ལུང་གི་ཆོས་ ནི་ཆོས་དབྱིངས་རྟོགས་པའི་རྒྱུ་མཐུན་དུ་ངེས་པས་ཆོས་ཉིད་རྒྱུ་མཐུན་པའི་དོན་དུ་རྟོགས་ ཤིང་ལུང་གི་ཆོས་ལ་ཡིད་ཆེས་པའི་དད་པ་འཕེལ་བའོ། །ས་བཞི་པའི་སྐབས་སུ་ཆོས་ཉིད་ མངོན་པར་ཞེན་པ་དང་ཡོངས་སུ་འཛིན་པ་མེད་པའི་དོན་དུ་རྟོགས་པ་དང༌། ས་ལྔ་པའི་སྐབས་ སུ་ཆོས་ཉིད་མཉམ་པ་ཉིད་ཀྱི་ཚུལ་དུ་རྟོགས་ནས་སྣོད་བཅུད་རྒྱུད་ཐ་དད་པར་འཛིན་པ་ལོག་ སྟེ་ང་རྒྱལ་ལྷག་པར་སྤངས་པའི་སྒོ་ནས་རྟོགས་པ་དང༌། ས་དྲུག་པའི་སྐབས་སུ་ཆོས་ཉིད་ཀུན་ བྱང་སྟོང་པར་རྟོགས་ཚུལ་ཁྱད་པར་བའི་སྒོ་ནས་རྟོགས་པ་དང༌། ས་བདུན་པའི་སྐབས་སུ་ ཆོས་ཉིད་མཚན་མའི་སྤྲོས་པ་ཀུན་ནས་ཞི་བའི་ཚུལ་དུ་རྟོགས་པ་དང༌། ས་བརྒྱད་པའི་སྐབས་ སུ་ཆོས་ཉིད་འབད་མེད་ལྷུན་གྲུབ་ཀྱི་སྒོ་ནས་རྟོགས་པ་དང༌། ས་དགུ་པའི་སྐབས་སུ་ཆོས་ཉིད་ སོར་རིག་བཞིའི་སྒོ་ནས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ལ་དབང་ཐོབ་པའི་སྒོ་ནས་ རྟོགས་པ་དང༌། ས་བཅུ་པའི་སྐབས་སུ་ཆོས་ཉིད་དགའ་ལྡན་དུ་སྐྱེ་བ་སྟོན་པ་སོགས་སྤྲུལ་པ་ སྣ་ཚོགས་སྟོན་པ་ལ་དབང་ཐོབ་པའི་སྒོ་ནས་རྟོགས་པ་ཡིན་ནོ། ། གསུམ་པ་འབྲས་བུའི་རྣམ་གཞག་ལ། རྟེན་ཆོས་སྐུ། བརྟེན་པ་ཡེ་ཤེས། མཛད་ཕྲིན་གྱི་ རྣམ་གཞག་དང་གསུམ་ལས། དང་པོ་ལ། ངོ་བོ་ཉིད་སྐུ། ལོངས་སྐུ། སྤྲུལ་སྐུ་དང་གསུམ་ ལས། དང་པོ་ནི། གཞིའི་རིགས་ཁམས་བདེ་གཤེགས་སྙིང་པོ་དེ་ཉིད་མི་རྟོག་པའི་ཡེ་ཤེས་ བསྒོམས་པས་གློ་བུར་དྲི་མ་ཀུན་བྲལ་གྱི་དག་པ་གཉིས་དང་ལྡན་པའི་ཟག་མེད་ཀྱི་ཡོན་ཏན་ མཐའ་དག་གི་རྟེན་དུ་གྱུར་པ་དོན་དམ་འདུས་མ་བྱས་པའི་ཡེ་ཤེས་ཀྱི་སྐུ་དེ་ཡིན་ལ། དེ་ལ་ 5-1-85 མཚན་ཉིད་ལྔ་དང་ཡོན་ཏན་ལྔ་རེ་ལྡན་ཚུལ་གོང་ཐལ་འགྱུར་བའི་སྐབས་ལྟར་རོ། ། གཉིས་པ་ནི། ས་བཅུ་པ་ཐོབ་ཚེ་མཚན་དཔེ་ཕུན་སུམ་ཚོགས་པས་ལེགས་པར་བརྒྱན་ པའི་ཡེ་ཤེས་ཀྱི་ལུས་ཐོབ་པ་དེ་ཡང་ལོངས་སྐུ་མངོན་དུ་བྱེད་པའི་རྟེན་ཡིན་ལ། དེ་ནས་ལོངས་ སྐུ་དངོས་ལ་གནས་ཚུལ་གྱི་ལོངས་སྐུ་དང༌། སྣང་ཚུལ་གྱི་ལོངས་སྐུ་གཉིས་ཡོད་པ་ལས་དང་ པོ་ནི་གོང་དུ་བཤད་པའི་ངོ་བོ་ཉིད་སྐུ་དེའོ། ། གཉིས་པ་ལ། མཚན་ཉིད་དང༌། ངེས་པ་ལྔ་སོགས་བཤད་པ་གཉིས་ལས། དང་པོ། གསར་ཐོབ་ཀྱི་མཉམ་ཉིད་ཡེ་ཤེས་དང་སོར་རྟོགས་ཡེ་ཤེས་ཀྱིས་བདག་རྐྱེན་བྱས་ནས་ས་ བཅུའི་སེམས་དཔའ་རྣམས་ལ་ངེས་པ་ལྔ་ལྡན་གྱི་ཚུལ་དུ་སྣང་ཞིང་གསུང་བརྗོད་རྒྱུན་མི་ཆད་ པ་སོགས་ཀྱི་ཁྱད་པར་ལྔ་དང་ལྡན་པའི་གཟུགས་སྐུ་དེ། སྣང་ཚུལ་གྱི་ལོངས་སྐུའི་མཚན་ཉིད། གཉིས་པ་ལ། ངེས་པ་དང༌། ཁྱད་པར་ལྔ་བཤད་པ་གཉིས་ལས། དང་པོ་ངེས་པ་ལྔ་ནི། ལོངས་སྐུ་དེའི་འཁོར་ངེས་པ་བྱང་འཕགས་ཤ་སྟག གནས་ངེས་པ་འོག་མིན་གྱི་ཞིང་ཁམས། སྐུ་ངེས་པ་མཚན་དཔེ་གསལ་རྫོགས། ཆོས་ངེས་པ་ཐེག་ཆེན་ཁོ་ན། དུས་ངེས་པ་འཁོར་བ་ཇི་ སྲི ད་ཀྱི་བར་དང་ལྔའོ། །དེ་ནི་མདོ་རྒྱན་ལྟར་རོ། ། གཉིས་པ་ཁྱད་པར་ལྔ་ནི། གསུང་གི་བརྗོད་པ། སྐུའི་སྣང་བ། ཐུགས་རྗེའི་མཛད་ཕྲིན་ གསུམ་རྒྱུན་མི་ཆད་པ་དང༌། དེ་དག་འབད་རྩོལ་ལ་མ་ལྟོས་པ། གདུལ་བྱའི་དབང་གིས་སྣ་ ཚོགས་སུ་སྣང་བ་དང་ལྔའོ། །དེ་ནི་རྒྱུད་བླ་ལྟར་རོ། །གོང་གི་གནས་ཚུལ་གྱི་ལོངས་སྐུ་ལ་ངོ་བོ་ ཉིད་སྐུ་བཞག་པ་དེ་ཡང་ལོངས་སྐུའི་རྣམ་རོལ་དུ་འཆར་བས་ཁྱད་པར་བྱས་པ་ལ་གོ་དགོས། གསུམ་པ་ལ། གནས་ཚུལ་དང༌། སྣང་ཚུལ་གྱི་སྤྲུལ་སྐུ་གཉིས་ལས། དང་པོ་ནི། གོང་གི་ ངོ་བོ་ཉིད་སྐུ་ལ་སྤྲུལ་སྐུའི་ཁྱད་པར་ཐམས་ཅད་ཅིག་ཅར་དུ་འཆར་བའི་ཆ་ནས་བཞག་གོ། གཉིས་པ་ལ། མཚན་ཉིད། དབྱེ་བ་གཉིས་ལས། དང་པོ་ནི། མདོ་རྒྱན་དང་རྒྱུད་བླ་ལྟར་ 5-1-86 ན། ཛསྣང་ཚུལ་ལོངས་སྐུའི་རྒྱུད་ཀྱི་གསར་ཐོབ་བྱ་གྲུབ་ཡེ་ཤེས་ཀྱི་བདག་རྐྱེན་ལས་བྱུང་བའི་ ཁྱད་ཆོས་གསུམ་ལྡན་གྱིས་རབ་ཏུ་ཕྱེ་བའི་གཟུགས་སྐུ་དེ། གདུལ་བྱ་གཞན་སྣང་གི་སྤྲུལ་སྐུའི་ མཚན་ཉིད། གདུལ་བྱ་ལམ་མ་པ་ཞུགས་རྣམས་ཞི་བ་མྱང་འདས་ལ་འགོད་པ་དང༌། ལམ་ ཞུགས་རྣམས་ཐེག་ཆེན་ལམ་གྱིས་སྨིན་པར་མཛད་པ་དང༌། སྨིན་པ་རྣམས་བྱང་ཆུབ་མཆོག་ ཏུ་ལུང་སྟོན་པར་མཛད་པ་སྟེ་མཆོག་སྤྲུལ་ནི་ཁྱད་ཆོས་གསུམ་ལྡན་ནོ། ། གཉིས་པ་ལ། འོག་མིན་གྱི་ཞིང་དེའི་གཙོ་བོ་སྐུ་གསུམ་གྱི་བདག་ཉིད་ཅན་དེས་གཟུགས་ བརྙན་གྱི་ཚུལ་དུ་ཞིང་དེར་འོད་ལུས་བརྫུས་སྐྱེས་སུ་སྤྲུལ་པ་ལྟ་བུའི་མཆོག་སྤྲུལ་ཆེན་པོ་དང༌། གནས་དེར་བཞུགས་ཀྱི་མཆོག་སྤྲུལ་ཆེན་པོས་གཟུགས་བརྙན་གྱི་ཚུལ་དུ་འཛམ་གླིང་བྱེ་བ་ ཕྲག་བརྒྱར་སྤྲུལ་སྐུ་དེ་སྙེད་སྤྲུལ་པ་ལྟ་བུའི་མཆོག་སྤྲུལ་ཆུང་ངུ་དང༌། བདག་ཅག་གི་སྟོན་པའི་ སྐུ་གཟུགས་བྲི ས་འབུར་དུ་དོད་པ་ལྟ་བུའི་བཟོའི་སྤྲུལ་སྐུ་དང༌། འཁོར་སྒྱུར་ལྷ་དབང་སོགས་ དང༌། གཟིངས་དང༌། ཟམ་པ་སོགས་སུ་སྤྲུལ་པ་ལྟ་བུའི་སྐྱེ་བ་སྤྲུལ་སྐུ་དང་བཞི་ཡོད་དོ། ། གཉིས་པ་བརྟེན་པ་ཡེ་ཤེས་བཤད་པ་ལ། ཡེ་ཤེས་ཀྱི་ངོ་བོ་ངོས་བཟུང་བ། དེས་ཤེས་བྱ་ མཁྱེན་པའི་ཚུལ་གཉིས་ལས། དང་པོ་ལ། རང་བྱུང་དང༌། གཞན་བྱུང་གི་ཡེ་ཤེས་ངོས་བཟུང་ བ་གཉིས་ལས། དང་པོ་ལ། མཚན་ཉིད། དབྱེ་བ་གཉིས་ལས། དང་པོ་ནི། དབྱིངས་དང་ཡེ་ ཤེས་གཉིས་སུ་མེད་པའི་རང་བཞིན་གང་ཞིག སྤངས་རྟོགས་ཀྱི་ཡོན་ཏན་མཐའ་དག་གདོད་ ནས་རང་ཆས་སུ་ལྡན་པའི་འགྱུར་མེད་ཡོངས་གྲུབ་དེ། རང་བྱུང་ཡེ་ཤེས་ཀྱི་མཚན་ཉིད། གཉིས་པ་ལྡོག་ཆའི་སྒོ་ནས་དབྱེ་ན། ཆོས་དབྱིངས་ཡེ་ཤེས་དང༌། དོན་དམ་པའི་མེ་ལོང༌། མཉམ་ཉིད། སོར་རྟོག་བྱ་གྲུབ་ཡེ་ཤེས་དང་ལྔའོ། ། གཉིས་པ་ལ། མཚན་ཉིད། དབྱེ་བ་གཉིས་ལས། དང་པོ་ནི། སངས་རྒྱས་ཀྱི་སའི་ཡང་ དག་པའི་ཡེ་ཤེས་གང་ཞིག ལམ་སྒོམ་སྟོབས་ཀྱིས་རྣམ་ཤེས་ཚོགས་བརྒྱད་ཀྱི་རིགས་རྒྱུན་ 5-1-87 ཀུན་རྫོབ་གཟུགས་སྐུ་དང་འདུས་བྱས་ཀྱི་ཡེ་ཤེས་སུ་གནས་འགྱུར་བའི་ཕྱིན་ཅི་མ་ལོག་པའི་ ཡོངས་གྲུབ་དེ། གཞན་བྱུང་གི་ཡེ་ཤེས་ཀྱི་མཚན་ཉིད། གཉིས་པ་དབྱེ་བ་ལ་བཞི་ཡོད་པས་དེ་དག་གི་མཚན་ཉིད་ཙམ་ནི། མདོ་རྒྱན་ལས་ གསུངས་པ་ལྟར་ཏེ། ངོ་བོའི་ཁྱད་པར་ཆོས་ལྔ་དང་ལྡན་པ་གང་ཞིག གྲོགས་ཀྱི་ཁྱད་པར་ཡེ་ ཤེས་གཞན་གསུམ་དང་ལྡན་ཞིང་བྱེད་ལས་ཀྱི་ཁྱད་པར་ལོངས་སྐུ་སོགས་འབྱུང་བའི་གཞི་ བྱེད་པ་སྟེ་ཁྱད་པར་གསུམ་ལྡན་གྱི་ཡེ་ཤེས་ཏེ། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་མཚན་ཉིད། དེ་ ལས་ཆོས་ལྔ་ཡང་མི་མཐུན་ཕྱོགས་ཀྱི་རིས་སུ་ཆད་པ་མེད་པ། ཡུལ་ཡོངས་སུ་ཆད་པ་མེད་ པ། དུས་མ་ཆད་པ། དམིགས་པ་མ་ཆད་པ། རྣམ་པ་མ་ཆད་པ་དང་ལྔའོ། །ངོ་བོའི་ཁྱད་པར་ སྲིད་ཞིའི་མཐའ་ལ་མི་གནས་པར་ཐམས་ཅད་མཉམ་པ་ཉིད་དུ་ཐུགས་སུ་ཆུད་པ་གང་ཞིག གྲོགས་བྱམས་སོགས་དང་ལྡན་ཞིང་བྱེད་ལས་གདུལ་བྱའི་མོས་པ་བཞིན་གཟུགས་སྐུའི་སྣང་ བ་དངོས་སུ་སྟོན་པར་བྱེད་པའི་ཡེ་ཤེས་དེ། མཉམ་ཉིད་ཡེ་ཤེས་ཀྱི་མཚན་ཉིད། འདིའི་བྱམས་ སོགས་ཞེས་པའི་སོགས་ཁོང་ནས་སྙིང་རྗེ་ཆེན་པོ་བཏོན་པའོ། །ངོ་བོའི་ཁྱད་པར་ཆོས་ཐམས་ ཅད་ལ་ཐོགས་པ་མེད་ཅིང་ཆོས་སྟོན་པ་ལ་མངའ་བརྙེས་པའི་ཡེ་ཤེས་གང་ཞིག གྲོགས་ཀྱི་ ཁྱད་པར་ཏིང་ངེ་འཛིན་དང་གཟུངས་མཐའ་ཡས་པ་དང་མཚུངས་པར་ལྡན་ཞིང་བྱེད་ལས་ ཀྱི་ཁྱད་པར་འཁོར་གྱི་ནང་དུ་སྐུའི་བཀོད་པ་སྣ་ཚོགས་བསྟན་ནས་ཆོས་འཁོར་བསྐོར་བའི་ བདག་རྐྱེན་བྱེད་པའི་ཡེ་ཤེས་དེ། སོར་རྟོག་ཡེ་ཤེས་ཀྱི་མཚན་ཉིད། ངོ་བོའི་ཁྱད་པར་སྤྲུལ་པ་ དཔག་མེད་སྤྲུལ་ནས་སེམས་ཅན་གྱི་དོན་སྣ་ཚོགས་བསྒྲུབ་པའི་ཡེ་ཤེས་གང་ཞིག གྲོགས་ཀྱི་ ཁྱད་པར་ཏིང་ངེ་འཛིན་སོགས་དང་ལྡན་ཞིང་བྱེད་ལས་ཀྱི་ཁྱད་པར་གདུལ་བྱའི་དོན་བསམ་ གྱིས་མི་ཁྱབ་པར་མཛད་པའི་ཡེ་ཤེས་དེ། བྱ་གྲུབ་ཡེ་ཤེས་ཀྱི་མཚན་ཉིད། འདིའི་སོགས་ཁོང་ ནས་གཟུངས་ཀྱི་སྒོ་རྣམས་བཏོན་ཆོག གཞན་བྱུང་གི་དེ་བཞི་ནི་བདེན་གཉིས་ལས་ཀུན་རྫོབ་ 5-1-88 དང༌། བདེན་བཞི་ལས་ལམ་བདེན་དང༌། ཡོངས་གྲུབ་གཉིས་ལས་ཕྱིན་ཅི་མ་ལོག་པ་དང༌། ཆོས་ལྔ་ལས་ཡང་དག་པའི་ཡེ་ཤེས་ཡིན་པ་དང༌། རང་བྱུང་གི་དེ་ལྔ་ནི་བདེན་གཉིས་ལས་ དོན་དམ་དང༌། བདེན་བཞི་ལས་འགོག་བདེན་དང༌། ཡོངས་གྲུབ་གཉིས་ལས་འགྱུར་མེད་ དང༌། ཆོས་ལྔ་ལས་དེ་བཞིན་ཉིད་དུ་འདོད་པ་ནི་རང་ལུགས་ཀྱི་ཐུན་མོང་མ་ཡིན་པའི་བཞེད་ ཚུལ་ལོ། །གསར་བྱུང་གི་ཡེ་ཤེས་དེ་བཞིའི་རྒྱུ་ནི། སྔོན་སློབ་ལམ་དུ་ཆོས་དོན་འཛིན་པ། བདག་གཞན་མཉམ་ཉིད་དུ་སྒོམ་པ། ཆོས་སྟོན་པ། གཞན་དོན་སྒྲུབ་གྲོགས་བྱས་པ་རྣམས་ ཡིན་ལ། ཀུན་གཞི་གནས་འགྱུར་མེ་ལོང་དང༌། ཉོན་ཡིད་གནས་འགྱུར་མཉམ་ཉིད་དང༌། ཡིད་ཀྱི་རྣམ་ཤེས་གནས་འགྱུར་སོར་རྟོག་དང༌། སྒོ་ལྔའི་རྣམ་ཤེས་གནས་འགྱུར་བྱ་གྲུབ་ཡེ་ ཤེས་སུ་བཞེད་ཅིང༌། མེ་ལོང་ཡེ་ཤེས་ཆོས་སྐུ་དང༌། མཉམ་ཉིད་དང་སོར་རྟོག་ཡེ་ཤེས་གཉིས་ ལོངས་སྐུ་དང༌། བྱ་གྲུབ་ཡེ་ཤེས་སྤྲུལ་སྐུའི་ངོ་བོར་ལྡན་པར་གསུངས་སོ། ། གཉིས་པ་དེས་ཤེས་བྱ་མཁྱེན་ཚུལ་ལ། རང་ལུགས་དང༌། གཞན་ལུགས་གཉིས་ལས། དང་པོ་ནི། རང་ལུགས་ལ་སངས་རྒྱས་ཀྱི་ཡེ་ཤེས་ལ་ཀུན་རྫོབ་འཁྲུལ་བའི་སྣང་བ་ཀུན་མི་ སྣང་ཡང་མཁྱེན་ཆོག་ཚུལ་གོང་དུ་མདོར་བསྡུས་སུ་བཀོད་པ་ལྟར་རོ། ། གཉིས་པ་ལ། ཀུན་མཁྱེན་བུ་སྟོན་པ་དང༌། རྗེ་བླ་མ་ཡབ་སྲས་ལྟ་བུ་སངས་རྒྱས་ཀྱི་ཡེ་ ཤེས་མ་འཁྲུལ་བའི་ཆོས་ཀུན་སྣང་བར་བཞེད་པའི་ལུགས་དང༌། བོད་ཡུལ་གྱི་མཁས་པ་རོང་ ཟོམ་ཆོས་བཟང་ལྟ་བུ་སངས་རྒྱས་ལ་ཡེ་ཤེས་མེད་པར་བཞེད་པའི་ལུགས་དང་གཉིས་ཡོད་ དོ། ། གསུམ་པ་མཛད་ཕྲིན་གྱི་རྣམ་གཞག་བཤད་པ་ལ་ཕྲིན་ལས་ཀྱི་ངོ་བོ། དེ་ལྷུན་གྲུབ་རྒྱུན་ མི་ཆད་དུ་བསྟན་པ། དེ་དཔེའི་སྒོ་ནས་ངེས་པར་བྱ་བ་དང་གསུམ་ལས། དང་པོ་ནི། ཆོས་སྐུས་བདག་རྐྱེན་བྱས་པ་ལ་བརྟེན་ནས་བྱུང་བའི་རྣམ་དཀར་གྱི་ཡོན་ 5-1-89 ཏན་དེ། སངས་རྒྱས་ཀྱི་ཕྲིན་ལས་ཀྱི་མཚན་ཉིད། མཚན་གཞི་ཆོས་འཁོར་བསྐོར་བའི་མཛད་ པ་ལྟ་བུའོ། ། གཉིས་པ་ལ། ལྷུན་གྲུབ་དང༌། རྒྱུན་མི་ཆད་དུ་བསྟན་པ་གཉིས་ལས། དང་པོ་ལ། སྐུ་ གསུང་གི་ཕྲིན་ལས་ལྷུན་གྲུབ་ཏུ་བསྟན་ཚུལ་གཉིས་ལས། དང་པོ་ནི། མདོ་རྒྱན་ལས། ཇི་ ལྟར་ནོར་བུ་འབད་མེད་པར། །རང་གི་འོད་ནི་སྟོན་པ་ལྟར། །སངས་རྒྱས་རྣམས་ཀྱང་བཟོ་ མེད་པར། །དེ་བཞིན་མཛད་པ་ངེས་པར་སྟོན། །ཞེས་སོ། ། གཉིས་པ་ནི། དེ་ཉིད་ལས། ཇི་ལྟར་རྔ་དག་མ་བརྡུང་བར། །སྒྲ་ནི་ཀུན་ཏུ་འབྱུང་བ་ལྟར། །དེ་བཞིན་རྒྱལ་བ་བཟོ་མེད་པར། །བཤད་པ་དག་ནི་ཀུན་ཏུ་འབྱུང༌། །ཞེས་སོ། ། གཉིས་པ་རྒྱུན་མི་ཆད་པར་བསྟན་པ་ནི། དེ་ཉིད་ལས། ཇི་ལྟར་མཁའ་ལ་འཇིག་རྟེན་གྱི། །བྱ་བ་རྒྱུན་མི་ཆད་པ་ལྟར། །དེ་བཞིན་ཟག་མེད་དབྱིངས་ན་ཡང༌། །རྒྱལ་བའི་མཛད་པ་རྒྱུན་ མི་ཆད། །ཅེས་སོགས་སོ། ། གསུམ་པ་དེ་དཔེའི་སྒོ་ནས་ངེས་པར་བྱ་བ་ལ། དཔེ་དགུའི་ངོ་བོ་དང༌། དེ་བསྟན་གྱི་ དགོས་པ་བསྟན་པ་དང་གཉིས་ལས། དང་པོ་ནི། རྒྱུད་བླ་མ་ལས། བརྒྱ་བྱིན་རྔ་སྤྲིན་ཚངས་ པ་དང༌། །ཉི་མ་ནོར་བུ་རིན་ཆེན་བཞིན། །དེ་བཞིན་གཤེགས་པ་སྒྲ་བརྙན་བཞིན། །ནམ་ མཁའ་དང་ནི་ས་བཞིན་ནོ། །ཞེས་པ་སྟེ། དེ་བཞིན་གཤེགས་པའི་སྐུའི་རྣམ་འཕྲུལ་སྣ་ཚོགས་ སྟོན་པ་ནི་དཔེར་ན་བརྒྱ་བྱིན་ལྷའི་གནས་ནས་མ་གཡོས་བཞིན་གཟུགས་བརྙན་མི་ཡུལ་དུ་ ཤར་བས་སེམས་ཅན་འགའ་ཞིག་དགེ་བའི་ལས་ལ་བསྐུལ་བ་བཞིན་དང༌། དེའི་གསུང་གི་ ཆོས་སྒོ་སྣ་ཚོགས་བསྟན་པ་ནི་དཔེ་ལྷའི་རྔ་བོ་ཆེས་ཆོས་ཀྱི་སྡོམ་བཞི་བསྟན་པས་ལྷ་རྣམས་ ལ་ཕན་འདོགས་པ་བཞིན་དང༌། དེའི་ཐུགས་མཁྱེན་བརྩེས་ཀུན་ལ་ཁྱབ་པ་ནི་དཔེ་སྤྲིན་གྱིས་ བར་སྣང་ལ་ཁྱབ་སྟེ་ཆར་བས་ལོ་ཐོག་སྨིན་པར་བྱེད་པ་བཞིན་དང༌། དེའི་སྐུ་གསུང་གི་སྤྲུལ་ 5-1-90 པ་བསྟན་པ་ནི་དཔེ་ཚངས་པ་རང་གི་གནས་ནས་མ་གཡོས་ཀྱང་སྤྲུལ་པ་འདོད་ལྷ་རྣམས་ཀྱིས་ མཐོང་བས་དོན་དུ་འགྱུར་བ་བཞིན་དང༌། དེའི་ཐུགས་མཁྱེན་པའི་ཡེ་ཤེས་ཀྱིས་གདུལ་བྱའི་ རྨོངས་པ་སེལ་བ་ནི་དཔེ་ཉི་མའི་ཟེར་གྱིས་མུན་པ་སེལ་བ་བཞིན་དང༌། དེའི་ཐུགས་ཀྱིས་ གཞན་དོན་མཛད་པ་ནི་དཔེ་ནོར་བུ་ལས་དགོས་འདོད་འབྱུང་བ་བཞིན་དང༌། དེའི་གསུང་ གི་འགྲོ་དོན་མཛད་པ་ནི་དཔེ་སྒྲ་བརྙན་བདེན་པར་མ་གྲུབ་ཀྱང་དོན་སྣ་ཚོགས་སྟོན་པ་བཞིན་ དང༌། དེའི་སྐུས་གཞན་དོན་མཛད་པ་ནི་དཔེ་ནམ་མཁའ་གཟུགས་ཅན་ཀུན་ལ་ཁྱབ་ཀྱང་ གཟུགས་སུ་གྲུབ་པ་མེད་པ་བཞིན་དང༌། དེའི་ཐུགས་རྗེས་གཞན་དོན་གྲུབ་ཚུལ་ནི་དཔེ་ས་ གཞིས་ཀུན་གྱི་རྟེན་བྱས་ནས་ཕན་འདོགས་པ་བཞིན་ནོ། ། གཉིས་པ་ལ། གདུལ་བྱའི་ཐེ་ཚོམ་སེལ་བ། ཟབ་མོའི་སྤྱོད་ཡུལ་ལ་འཇུག་པ་གཉིས་ ལས། དང་པོ་ནི། རྒྱུད་བླ་མ་ལས། འབད་རྩོལ་མེད་པར་བྱ་བ་འགའ། །བྱེད་པ་མཐོང་མེད་ དེ་བས་ན། །གདུལ་བྱའི་ཐེ་ཚོམ་བཅད་པའི་ཕྱིར། །དཔེ་རྣམས་དགུ་ནི་བསྟན་པ་ཡིན། །ཞེས་ པས་འཇིག་རྟེན་པ་དག་འབད་རྩོལ་མེད་པར་བྱ་བ་བྱེད་པ་སུ་ཡང་མ་དམིགས་པས་ན་དེ་ ལུགས་ཀྱི་ཚུལ་ལ་ཐེ་ཚོམ་གཅོད་ཆེད་གོང་གི་དཔེ་རྣམས་བསྟན་པར་གསུངས་སོ། ། གཉིས་པ་ནི། དེ་ཉིད་ལས། གང་དུ་དཔེ་དགུ་པོ་འདི་དག །རྒྱས་པར་རབ་ཏུ་བསྟན་གྱུར་ པ། །མདོ་སྡེ་ཡི་ནི་མིང་ཉིད་ཀྱིས། །དེ་ཡི་དགོས་པ་བསྟན་པ་ཉིད། །ཐོས་པ་ལས་བྱུང་ཤེས་ པ་ཡི། །སྣང་བ་རྒྱ་ཆེན་འདིས་བརྒྱན་པའི། །བློ་ལྡན་མྱུར་དུ་སངས་རྒྱས་ཀྱི། །སྤྱོད་ཡུལ་ཀུན་ ལ་འཇུག་པར་འགྱུར། །ཞེས་པ་སྟེ། སངས་རྒྱས་ཐམས་ཅད་ཀྱི་སྤྱོད་ཡུལ་ལ་འཇུག་པའི་ཡེ་ ཤེས་སྣང་བ་རྒྱན་གྱི་མདོ་སྡེ་གང༷་དུ༷། དེ་བཞིན་གཤེགས་པའི་ཕྲིན་ལས་ལྷུན་གྲུབ་རྒྱུན་མི་ ཆད་དུ་མཚོན་བྱེད་ཀྱི་དཔེ༷་དགུ༷་པོ༷་འདི༷་ད༷ག་རྒྱ༷ས་པ༷ར་ར༷བ་ཏུ༷་བསྟན༷་པར་གྱུ༷ར་པ༷་ནི་སྟོན་ བྱེད་མདོ༷་སྡེ༷་ཡི༷་ནི༷་མི༷ང་ཉི༷ད་ཀྱི༷་སྒོ་ན༷ས་མདོ་དེ༷་ཡི༷་དོན་གྱི་དགོ༷ས་པ༷་བསྟན༷་པ༷་ཉི༷ད་ཡིན་ 5-1-91 ལ། དེ་འདྲའི་མདོ་དོན་གྱི་ཚུལ་ལ་དང་པོར་ཐོ༷ས་བསམ་བྱས་པ༷་ལ༷ས་བྱུ༷ང་བའི་ཡིན་ལུགས་ ཇི་བཞིན་ཤེ༷ས་པ༷་ཡི༷་བློ་གྲོས་ཀྱི་སྣང༷་བ༷་རྒྱ༷་ཆེ༷ན་པོ་འདི༷ས་ལེགས་པར་བརྒྱ༷ན་པའི༷་བློ༷་ལྡན༷་ བྱང་ཆུབ་སེམས་དཔའ་རྣམས་ནི་མྱུ༷ར་དུ༷་སང༷ས་རྒྱ༷ས་ཀྱི༷་སྤྱོ༷ད་ཡུ༷ལ་གསང་བ་གསུམ་གྱི་ཡོན་ ཏན་ཀུ༷ན་ལ༷་འཇུ༷ག་པ༷ར་འགྱུ༷ར་བ་ཡིན། ཞེས་པའོ། །དེ་དག་གིས་གྲུབ་མཐའི་རྣམ་གཞག་ མདོར་བསྡུས་གྲུབ་ཟིན་ཏོ།། །། སྨྲས་པ། མཐའ་ཡས་ཆོས་སྒོ་འབྱུང་བའི་གཏེར་གྱུར་པའི། ། སྤངས་རྟོགས་ཡོན་ཏན་མཁའ་མཐར་ལེགས་བརྒལ་བ། ། རླབས་ཆེན་མཁྱེན་བརྩེ་དཔག་ཡས་མངའ་བའི་མགོན། ། རྣམ་འདྲེན་ཀུན་གཟིགས་བདེ་གཤེགས་ཟས་གཙང་སྲས། ། གང་དེའི་དཔལ་གྱི་མགུར་ནས་ཚངས་པའི་དབྱངས། ། རིགས་ཅན་སོ་སོའི་ཁམས་དབང་དང་མཐུན་པར། ། སྟོང་པ་རྟེན་འབྱུང་གཏམ་གྱི་ཆོས་ཀྱི་སྒོ། ། རབ་ཏུ་ཕྱེ་བའི་སྙན་པ་སྲི ད་འདིར་ཁྱབ། ། དེ་ལས་ཐུན་མོང་སྣང་ངོར་བཀའ་འཁོར་གསུམ། ། དང་པོའི་དངོས་བསྟན་བྱེ་མདོའི་འདོད་པ་བཞིན། ། བར་བའི་དངོས་བསྟན་རྣམ་གྲངས་དབུ་མའི་ལུགས། ། ཐ་མའི་བསྟན་བྱ་ཕལ་དང་གཙོ་བོ་གཉིས། ། དེ་ལས་དང་པོ་རྣམ་རིག་པ་ཡི་ཚུལ། ། གཉིས་པ་ངེས་དོན་དབུ་མའི་ལུགས་བཟང་ཉིད། ། 5-1-92 འཕགས་བོད་ཀུན་ཏུ་ལེགས་པར་གྲགས་དེ་ཡང༌། ། གཟུར་གནས་བློ་ལྡན་སུ་ཞིག་ཡིད་མི་བརྟོན། ། དེས་ན་དང་པོས་བདེན་བཞིའི་གནས་ལུགས་དང༌། ། བར་བས་མཚན་མ་མེད་པའི་སྟོང་པ་ཉིད། ། ཐ་མས་དོན་དམ་ཆོས་ཉིད་རྣམ་པར་ཕྱེ། ། དེའི་ཕྱིར་གནས་ལུགས་མཆོག་གྱུར་ཐ་མས་བསྟན། ། ཚུལ་འདིའི་ཡིན་ལུགས་ཇི་བཞིན་གསལ་བའི་ཐབས། ། ཕྱི་ནང་གྲུབ་མཐའི་རྣམ་བཤད་ས་བོན་ཙམ། ། རིགས་གཞུང་ཐོག་མར་སློབ་ཚེ་བློ་འཛིན་ཕྱིར། ། དམ་པའི་གསུང་ལས་ཆ་ཙམ་བསྡུས་པ་ལགས། ། ཁྱད་པར་རྒྱལ་བའི་བསྟན་ལ་སྤྲོ་སེམས་ཅན། ། རབ་བྱུང་གཙང་མར་བརྩོན་ལ་ཉེར་གཞོལ་བའི། ། གྲྭ་བཙུན་གཞོན་ནུའི་བློ་ངོར་གསལ་བའི་ཆ། ། གང་དག་གིས་ནི་གཞི་རྩ་བགྱིས་པ་ཡིན། ། དེ་སླད་འདི་ལ་བརྟེན་ནས་གཞུང་ལུགས་ལ། ། སོ་སོར་དཔྱོད་པའི་ཤེས་རབ་ལེགས་རྒྱས་ནས། ། དྲིན་ཅན་ཆོས་གྲོགས་སེམས་ཀྱི་རྨོངས་བསལ་ཏེ། ། དྲི་མ་མེད་པའི་བློ་གྲོས་ཡོངས་འཕེལ་ཤོག ། རྣམ་དཀར་འདིས་ཀྱང་བདག་ནི་འདི་ཕྱི་ཀུན། ། སྤྱིར་ན་ཡང་དག་བསྟན་ལ་ཞུགས་པ་དང༌། ། 5-1-93 ཁྱད་པར་ངེས་དོན་དབུ་མའི་རང་ལུགས་ལ། ། ནམ་ཡང་མི་ལྷོད་བརྩོན་པས་འཇུག་གྱུར་ཅིག ། ཅེས་ཕྱི་ནང་གྲུབ་མཐའི་རྣམ་གཞག་གི་བསྡུས་དོན་བློ་གསལ་ཡིད་ཀྱི་རྒྱན་བཟང་ཞེས་བྱ་བ་འདི་ཡང་རིག་གཞུང་ལ་སློབ་ འདོད་ཀྱི་བརྩོན་པ་ཅན་རང་ལ་དྲིན་གྱིས་ལྷག་པར་བསྐྱངས་པ་གྲྭ་བཙུན་གུ་ཎ་བྷ་དྲ་ཞེས་པས་གྲུབ་མཐའི་བསྡུས་དོན་འདི་དག་ བློ་འཛིན་བྱས་པ་རྣམས་ཟིན་བྲི ས་ཀྱི་ཚུལ་དུ་འབྲི ་བར་བྱེད་པ་པོ་ནི་ངག་དབང་བློ་གྲོས་གྲགས་པ་ཞེས་བྱ་བ་དེ་ཉིད་དོ།། །།སརྦ་ མངྒ་ལཾ། 5-1-94 ༄༅། །ཐོག་མཐའ་བར་དུ་དགེ་བའི་གཏམ་བཟང་ཡང་དག་ ཆོས་བློའི་མྱུ་གུ་སྐྱེད་བྱེད་ཅེས་བྱ་ བ་བཞུགས་སོ། ། ༄༅། །ཀུན་གཟིགས་ཡེ་ཤེས་སྣང་བ་རབ་རྒྱས་པ། །རྨད་བྱུང་བརྩེ་ཆེན་ཕ་མཐའ་ཡས་ པ་ཅན། །དཔག་མེད་གདུལ་བྱ་ཐར་པར་ཁྲིད་པའི་མགོན། །རྣམ་འདྲེན་བཞི་པ་གང་གི་ ཞབས་པད་མཆོད། །དྲི་མེད་ཐུགས་མཆོག་མངའ་བའི་སྒྱུ་འཕྲུལ་གྱིས། །སྐལ་བཟང་ཡིད་ཀྱི་ རེ་འདོད་ཅི་ཡང་སྐོང༌། །ཟླ་བྲལ་གསང་གསུམ་ཡོན་ཏན་འཛད་མེད་གཏེར། །ཁྱབ་བདག་ བླ་མ་ངག་གི་དབང་པོ་རྒྱལ། །ངོ་མཚར་ཚོགས་གཉིས་ཆུ་གཏེར་བསྲུབས་པ་ལས། །ཉེར་ འཁྲུངས་སྤངས་རྟོགས་གསར་པའི་ཆུ་ཤེལ་ཁམས། །ལེགས་བཤད་རྒྱ་མཚོའི་བསིལ་ཟེར་ སྟོང་འགྱེད་པའི། །བཤེས་གཉེན་སྨྲ་བའི་ཟླ་བ་གང་དེས་སྐྱོངས། །ཆོས་མཐུན་གནས་བཟང་ དབེན་པའི་རི་ངོགས་སུ། །རྩེ་གཅིག་ལྷ་ཆོས་སྒྲུབ་པར་བྱེད་འདོད་པའི། །དང་པོའི་ལས་ཅན་ འགའ་ལ་ཕན་པའི་ཐབས། །དེང་འདིར་མདོ་ཙམ་འཆད་ལ་སྤྲོ་བ་སྐྱེས། ། དེ་ལ་འདིར་སྔོན་བསགས་རྣམ་པར་དཀར་བའི་གོམས་ཆ་ཤུགས་ཆུང་ཞིང་ཀུན་ནས་ ཉོན་མོངས་པ་རབ་ཏུ་བརྟན་པའི་སྟོབས་ཀྱིས་ད་ལན་ཡང་བཤེས་གཉེན་དམ་པའི་བཀའ་ དྲིན་ལས་ལེགས་ཉེས་ཀྱི་བླང་དོར་ཅུང་ཟད་རེ་བློ་ལ་གསལ་ནའང་རང་རྒྱུད་ཆོས་དང་མ་ འདྲེས་པའི་ལན་ཁ་འདིས་བློ་རྩེ་དགེ་བའི་དམིགས་པ་ལ་གཏིང་ནས་སྡོད་ཐུབ་པ་ཡུད་ཙམ་གྱི་ 5-1-95 རིང་ལའང་ཡོང་དཀའ་ཞིང༌། རྣམ་པར་གཡེང་བའི་འདུ་འཛིའི་ཕྱོགས་ལ་ཡིད་དབང་མེད་དུ་ ཉེ་བར་འཕྱན་པའི་ཤེད་ཀྱིས་འཆི་ཆོས་གཤའ་མ་རེ་སྒྲུབ་འདོད་ཡིད་ཡུལ་དུ་མ་ལུས་པ་ཙམ་ རེ་ཡོད་ཀྱང་ལག་ལེན་དུ་ཐེབས་པའི་དུས་སྐབས་ནམ་ཡང་མེད་པར་སྙོམ་ལས་ཀྱི་ལེ་ལོའི་ ངང་ལ་དུས་འདའ་བའི་རང་དང་སྐལ་བ་མཉམ་པ་གང་དག་ཆོས་བློ་གསར་བའི་མྱུ་གུ་བསྐྱེད་ འདོད་རེའི་ངང་ནས་ཅི་ཡང་ཟིན་པ་མེད་པར་གནས་པ་རྣམས་ལ། ཉེར་མཁོ་ཉམས་ལེན་གྱི་ རིམ་པའི་ཚུལ་མདོ་རྩ་ཉམས་སུ་ཕན་པའི་གོ་དོན་ཅུང་ཟད་ཅིག་འཆད་པར་བྱེད་པ་ལ། ཐོག་ མར་དགེ་བའི་ཉམས་ལེན་གྱི་རིམ་པ་དང༌། བར་དུ་དགེ་བའི་ཉམས་ལེན་གྱི་རིམ་པ་དང༌། ཐ་ མར་དགེ་བའི་ཉམས་ལེན་གྱི་རིམ་པ་གསུམ་ལས། དང་པོ་ལ་ཡང་དག་ཆོས་ཀྱི་མཐུན་གནས་ལ་སྤྲོ་བ་བསྐྱེད་ཚུལ་དང༌། ཡང་དག་ཆོས་བློ་ སྐྱེད་པའི་སྦྱོར་བ་ལ་འབད་ཚུལ་གཉིས་ལས། དང་པོ་ནི་རང་ཅག་གི་འདྲེན་པ་བླ་ན་མེད་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་དེ་ཉིད་ཀྱིས་ སྔོན་སློབ་པ་ལམ་གྱི་གནས་སྐབས་སུ་བསྐལ་ཆེན་གྲངས་མེད་གསུམ་གྱི་ཡུན་ལ་རྒྱ་ཆེན་པོ་ བསོད་ནམས་ཀྱི་འཇུག་སྒོ་མཐའ་ཡས་པ་བསགས་པའི་མཐར་ཐུག་གི་འབྲས་བུ་ལོངས་སྤྱོད་ རྫོགས་པའི་སྐུའི་ངོ་བོར་འོག་མིན་གྱི་ཞིང་དུ་སངས་རྒྱས་ནས་སླར་ཡང་མཆོག་གི་སྤྲུལ་སྐུའི་ མཛད་པ་ནམ་མཁའ་དང་མཉམ་པའི་འགྲོ་བ་རང་རང་དང་འཚམས་པར་བསྟན་པ་ལས་མི་ མཇེད་འཇིག་རྟེན་འདིར་རང་རེ་དག་གི་བསོད་ནམས་ཀྱི་སྐལ་བ་ཤཱཀྱའི་རྒྱལ་པོའི་རིགས་སུ་ བདེ་གཤེགས་སྤྲུལ་པའི་པདྨོ་མངོན་པར་བཞད་པ་ལ་ཐུབ་པ་ཉིད་ཀྱིས་རྒྱལ་སྲིད་ཀྱི་འབྱོར་ བ་རབ་ཏུ་རྒྱས་པ་འདི་ཀུན་སྦུན་པ་ཕྱར་བ་བཞིན་སྙིང་པོ་གང་ཡང་མེད་པར་གཟིགས་ནས་ འཆི་མེད་ཞི་བ་ཐོབ་པའི་གནས་བཟང་དམ་པ་བྱང་ཆུབ་ཤིང་དྲུང་དུ་ཉེ་བར་གཤེགས་ནས་ ཟབ་ཞི་སྤྲོས་པ་བྲལ་བའི་ཆོས་བླ་ན་མེད་པ་ཐུགས་སུ་ཆུད་པར་མཛད་པའི་ཚུལ་བསྟན་པ་ 5-1-96 ལྟར་རང་ཅག་རྗེས་འཇུག་དག་གིས་ཀྱང་ཁ་མིན་གཏིང་ནས་ཆོས་དྲི་མ་མེད་པ་ཞིག་བསམས་ ན། འདུ་འཛིའི་གཡེང་བ་རྒྱང་བསྲི ངས་ཏེ་ཡིད་འོང་དགེ་བའི་གནས་པ་ཆེས་ཉམས་དགའ་ བ་ཆོས་ཀྱིས་མཐུན་རྐྱེན་ཀུན་ནས་འགྲིགས་ཤིང་མི་མཐུན་ཕྱོགས་ངང་གི་ཞི་བའི་དགའ་བའི་ འདུན་པ་ཁྱད་པར་བ་བསྟེན་པ་ལས་གཞན་དུ་འོས་མ་མཆིས་ཤིང༌། དེ་ཡང་མཛའ་བཤེས་ཉེ་ དུ་སོགས་ལ་ཆགས་པའི་ཞེན་པ་འདིས་ནི་འཕྲལ་དང་ཡུན་དུ་སྡུག་བསྔལ་གྱི་གདུང་བ་བཟོད་ དཀའ་བ་བསྐྱེད་པ་ཡིན་ཚུལ་ཡང་གནས་སྐབས་སུ་ཚེ་འདིར་རྐྱེན་གློ་བུར་བའི་བྱེད་པའི་ མཛའ་བཤེས་དང་དབང་མེད་དུ་བྲལ་བའི་སྡུག་བསྔལ་དང༌། མཛའ་བཤེས་ལ་ཆགས་ཞེན་ བྱས་པས་ཚེ་ཕྱི་མར་ཐར་པ་ཐོབ་པ་ལ་གེགས་བྱས་པ་མ་ཟད་མངོན་མཐོ་ཙམ་ཐོབ་པའི་གོ་མི་ བྱེད་པར་ངན་སོང་དུ་འགྲོ་བར་བྱེད་པས་སྡུག་བསྔལ་ཤུགས་དྲག་པོ་བསྐྱེད་པ་དང༌། གཞན་ མཛའ་གྲོགས་ལ་ཕན་བཏགས་པས་ལན་གནོད་པ་བསྐྱལ་བ་སོགས་ལོག་སྒྲུབ་བཟོད་དཀའ་ བ་དང༌། ཉེ་དུ་རྣམས་ལ་ཕན་ཅི་ཙམ་བཏགས་པ་ལ་རེ་འཁང་ཇེ་ཆེར་འགྲོ་བས་མགུ་དཀའ་བ་ དང༌། ཁྱིམ་པའི་ལོངས་སྤྱོད་ལ་ཆགས་པའི་གྲོགས་ངན་དག་དང་འགྲོགས་ན་རིམ་གྱིས་རང་ དབང་མེད་པར་ཉེས་སྤྱོད་ཀྱི་བྱ་བ་ལ་འཇུག་པར་བྱེད་ཅིང་རྣམ་དཀར་ལ་བར་ཆད་བྱེད་པས་ རང་ཉིད་ཆོས་ཀྱིས་ཕོངས་པར་བྱེད་པ་སོགས་གང་ཐད་ནས་ཀྱང་ཆོས་འགལ་ཤུགས་ཆེ་བ་ཉེ་ བར་འབྱུང་བས་ན་རང་ཅག་ལྟ་བུའི་བློ་མཐུ་ཆུང་བ་རྣམས་ཀྱིས་ཅི་ནས་ཀྱང་ཆོས་རྣལ་མ་ཞིག་ སྒྲུབ་པར་བྱེད་པའི་སྐབས་སུ་ཁྱིམ་པའི་ཕྱོགས་ཀྱི་འདུ་འཛིའི་གནས་དེ་ཐག་རིང་རྒྱང་བསྲིང་ བ་གལ་ཤིན་ཏུ་ཆེ་ལ། གནས་བཟང་དབེན་པ་ཆོས་ཀྱི་མཐུན་རྐྱེན་ཚང་བའི་རི་ངོགས་སུ་བདེ་ བར་གནས་སྐབས་བྱུང་ཚེ་བྱ་དང་རི་དྭགས་ཀྱིས་སྤྲོ་བ་འབྱུང་བའི་རྒྱུ་ཚིག་མི་སྙན་པ་མི་བརྗོད་ ཅིང་ཆགས་ཞེན་གཅོད་པའི་བརྡ་ཚིག་ལེགས་པར་འདོམས་པ་དང༌། ཀུན་གསལ་དྭངས་པའི་ ནམ་མཁའི་ངོས་ནས་ཀྱང་གཉུག་མ་ཡེ་ཤེས་ཀྱི་རང་མདངས་མཚོན་པས་ཐ་མལ་གྱི་འདི་སྣང་ 5-1-97 བསྒྱུར་བ་དང༌། ཤིང་ལྗོན་པའི་ལོ་འདབ་དག་གི་རྣམ་འགྱུར་མི་འདྲ་བ་ངོམས་པས་འཁོར་བ་ བདེ་བར་སྣང་བ་འདི་མི་རྟག་པའི་འདུ་ཤེས་ཀྱི་བློ་སྣ་དྲངས་པ་དང༌། ཆུ་ཀླུང་མགྱོགས་པར་ འགྲོ་བའི་ཚུལ་ལ་དཔག་ནས་ཚེ་མི་རྟག་པའི་བསམ་པ་ངང་གི་འཕེལ་བ་སོགས་རྣམ་བྱང་ ཐར་པའི་ལམ་གྱི་དམིགས་རྐྱེན་ཀུན་ནས་འགྲིགས་ཤིང་ལུས་ངག་གི་མི་དགེ་བ་སོགས་ཉེས་ སྤྱོད་ཕལ་མོ་ཆེ་རང་འགགས་སུ་འགྲོ་བས་ཀུན་ནས་ཉོན་མོངས་པ་འཕེལ་བའི་རྐྱེན་ཉུང་བའི་ ཕྱིར་ན་དག་པའི་ཆོས་ཀྱི་སྣང་བ་རྒྱས་ཤིང་ཆོས་མིན་གྱི་སྤྱོད་པས་དབེན་པའི་གནས་ཁྱད་པར་ ཅན་ལ་ཚེ་གང་འདུག་གནས་བྱེད་པའི་འདུན་སྤྲོ་ཡང་ཡང་བསྐྱེད་པ་དང༌། དུར་ཁྲོད་ཀྱི་སར་ སོང་ནས་སྔར་མི་ཤི་བའི་ལུས་སམ་རུས་གོང་དག་མཐོང་བ་ན་ད་ལྟ་གསོན་པར་སྣང་བ་རང་ གི་ལུས་འདི་གའང་ནམ་ཞིག་འདི་དང་ཁྱད་པར་མེད་ཚུལ་ལ་ངེས་པ་དྲངས་པ་དང༌། ད་ལྟའི་ ལུས་གཅེས་པར་བསྐྱངས་པའི་ལུས་འདི་མཐར་རོ་ཞེས་འབོད་པའི་དུས་ན་ཕྱིའི་མཐོང་སྣང་ གི་ཡུལ་དུ་གྱུར་པའི་བེམ་པོ་དེ་ཉིད་སྐྲག་འཇིགས་ཀྱིས་སེམས་གཟེང་བར་བྱེད་པའི་ཡུལ་ ཡིད་དུ་མི་འོང་བར་གྱུར་པ་དང༌། ཤི་བའི་ལུས་ཀྱི་ནང་ཁྲོལ་རྣམས་སྔར་ལས་གནས་འགྱུར་ཏེ་ རུལ་ཞིང་དྲི་ང་བའི་བདག་ཉིད་དུ་སོང་ནས་དེ་ཕྱོགས་སུ་འགྲོར་མི་བཏུབ་པ་ཞིག་ཏུ་གྱུར་པའི་ རྣམ་པ་ཡིད་ལ་བྱས་ཏེ་ལུས་མི་གཙང་བའི་འདུ་ཤེས་བཞག་པ་དང༌། མཐར་ཤི་བའི་ཚེ་ན་ རང་གི་ལུས་ཀྱི་ཤ་དང་རུས་པ་སོགས་ཀྱང་སོ་སོར་གྱེས་ན་འཇིག་རྟེན་འདིའི་མཛའ་གྲོགས་ དང་གཅེས་དགུའི་དངོས་པོ་དག་དང་སོ་སོར་འབྲལ་བ་ནི་སྨོས་ཀྱང་མི་དགོས་པས་འདི་སྣང་ གི་དངོས་པོ་གང་ཡོད་རྣམས་མཐར་འབྲལ་བར་ངེས་པས་དེ་དག་ལ་སྙིང་པོ་མེད་པའི་ཚུལ་ ཡང་ཡང་བསམས་པ་དང༌། རང་ཉིད་སྐྱེ་བ་ན་དང་པོར་གཅིག་པུར་སྐྱེ་ཞིང་མཐར་འཆི་བ་ ནའང་གཅིག་པུར་འཆི་བ་མ་གཏོགས་གཉེན་མཛའ་བཤེས་དག་རྗེས་སུ་མི་འབྲང་ནས་ཕན་ མི་ཐོགས་པ་མ་ཟད་ཆགས་ཞེན་གྱི་རྒྱུ་བྱེད་པས་སྡུག་བསྔལ་ཤུགས་དྲག་པ་ལ་སྦྱོར་བར་བྱེད་ 5-1-98 པའི་ཚུལ་བསམ་པ་དང༌། འཇིག་རྟེན་འདིའི་གཉེན་མཛའ་དང་འགྲོགས་པ་ནི་དཔེར་ན་ལམ་ རིང་པོར་བགྲོད་པའི་མགྲོན་པོ་རྣམས་མགྲོན་ཁང་དུ་ཞག་འགའ་གནས་ནས་སོ་སོར་འགྲོ་བ་ ལྟར་སྔོན་ལས་ཀྱི་མཐུ་ལས་ད་སྐབས་གཉེན་དང་མཛའ་བཤེས་ཡུད་ཙམ་དུ་འབྲེལ་བར་བྱས་ ནས་གློ་བུར་མྱུར་དུ་འཆི་བདག་གི་ཕོ་ཉ་སླེབས་པ་ན་དབང་མེད་སོ་སོར་གྱེས་ཏེ་རང་ལམ་དུ་ གཅིག་པུར་གྲོགས་མེད་པར་འགྲོ་དགོས་པའི་ཚུལ་ལ་བསམས་ནས་ཚེ་འདིའི་མཛའ་གྲོགས་ སོགས་ལ་ཞེན་པ་བཅད་པ་དང༌། འདུ་འཛིའི་གཡེང་བ་ཉེ་བར་ཞི་བའི་དབེན་གནས་སུ་ཚེ་ དང་སྒྲུབ་པ་སྙོམས་པ་ཞིག་འོང་བའི་ཚེ་ན་ནམ་ཞིག་འཆི་བའི་དུས་སུའང་འདི་སྣང་གི་མཛའ་ བཤེས་སོགས་ཆགས་པའི་ཡུལ་མེད་པར་སྔར་ནས་བྱས་ཟིན་པས་རང་གཞན་གང་ཐད་ནས་ ཆགས་ཞེན་གྱི་ཉེས་པ་ཞི་ཞིང་རང་གི་བློ་ཡང་ཆོས་ལ་ལེགས་པར་བཀོལ་བའི་སྟོབས་ཀྱིས་དེ་ དུས་སུ་རང་ལ་ཕན་པའི་ཐབས་དཀོན་མཆོག་གསུམ་རྗེས་སུ་དྲན་པས་ཡིད་དད་འདུན་རྒྱ་ཆེ་ བ་དང་བཅས་པའི་སྒོ་ནས་སེམས་ཀྱི་རྣམ་པར་གཡེང་བ་སྤངས་ཏེ་རང་དབང་དུ་དགའ་བའི་ ཤུགས་འཕེལ་བའི་ངང་ནས་ཕ་ཁྱིམ་བུ་འགྲོའི་དཔེ་ལྟར་བྱེད་ཆོག་པ་སོགས་ཀྱི་ཆ་ནས་དབེན་ པའི་ཡོན་ཏན་ལ་ཡང་ཡང་བསམ་པས་ཡིད་གཏིང་ནས་འགྱུར་བ་ཞིག་ཨེ་ཡོང་བལྟ་དགོས་པ་ ཡིན་ནོ། ། གཉིས་པ་ཡང་དག་ཆོས་བློ་བསྐྱེད་པའི་སྦྱོར་བ་ལ་འབད་ཚུལ་བསོད་ནམས་བསགས་ པའི་འཇུག་སྒོ་ཡན་ལག་བདུན་པ་བྱ་བ་ལ། སྦྱོར་དངོས་གཉིས་ལས། དང་པོ་ལ། མཆོད་ཡུལ་བསོད་ནམས་ཀྱི་ཞིང་སྤྱན་འདྲེན་པ་ནི་ཐོག་མར་རང་སེམས་ འདི་ག་འཇིག་རྟེན་འདི་སྣང་གི་བྱ་བཞག་སོགས་མི་ཁོམ་པའི་བྲེལ་ལང་པའི་འུར་ཟིང་མཐའ་ དག་རྩེ་ཉེ་བར་བཅོམ་ནས་དགའ་སྡུག་གི་འཚུབ་མས་མ་བསླབ་པའི་ངང་ནས་བློ་རྒྱ་རབ་ཏུ་ ཡངས་པ་བསྐྱེད་དེ་དང་འདོད་ཡིད་ཆེས་ཀྱི་དད་པའི་ཤུགས་འཇམ་པོས་བློ་བསྒྱུར་བཞིན་དུ་ 5-1-99 འདི་ལྟར་བསམས་དགོས་ཏེ། རང་ཉིད་གང་དུ་གནས་པའི་ས་ཕྱོགས་ཐམས་ཅད་ཐ་མལ་ གྱི་རྣམ་པའི་རང་བཞིན་མ་ཡིན་པར་རབ་དྭངས་བཻཌཱུརྱའི་བདག་ཉིད་གསེར་གྱི་མིག་མང་ རིས་སུ་བྲིས་པ་བདུད་རྩིའི་རྫིང་བུ་ཡན་ལག་བརྒྱད་ལྡན་གྱི་མཚོ་དཔག་བསམ་གྱི་ཤིང་ལྗོན་ པ་སྣ་ཚོགས་པས་བརྒྱན་པའི་གནས་ཁྱད་པར་བ་ཞིག་ཏུ་བློའི་འདུ་ཤེས་ཀྱིས་བསྒྱུར་ཏེ་འདི་ ལྟར་ངག་ནས་བརྗོད་པར་བྱ་སྟེ། དཀོན་མཆོག་གསུམ་གྱི་བདེན་པ་དང༌། སངས་རྒྱས་དང་ བྱང་ཆུབ་སེམས་དཔའི་བྱིན་རླབས་དང༌། ཚོགས་གཉིས་རྫོགས་ཤིང་ཆོས་དབྱིངས་རྣམ་པར་ དག་པ་དང༌། རྟེན་འབྲེ ལ་བསླུ་བ་མེད་པའི་བདེན་པ་དང༌། བདག་གི་དད་མོས་ཀྱི་མཐུ་ལས་ གནས་འདིར་ཞིང་ཁྱད་པར་ཅན་རང་བཞིན་རྣམ་པར་དག་པ་འབའ་ཞིག་ཏུ་གྱུར་ཅིག ཅེས་ པ་ལན་གསུམ་བརྗོད་པའི་མཐར་རང་གི་དད་མོས་གདུང་ཡུས་ཀྱི་རེ་འདུན་ཆེ་བ་དང་བཅས་ པའི་སྒོ་ནས་དག་པ་འོག་མིན་གྱི་གནས་ན་བཞུགས་པའི་བདག་ཅག་གི་འདྲེན་པ་བླ་ན་མེད་ པ་གང་གི་གཙོར་གྱུར་པའི་རྒྱལ་བའི་སྲས་པོ་བྱམས་པ་དང༌། འཇམ་པའི་དབྱངས་ཀུན་ཏུ་ བཟང་པོ། སྒྲིབ་པ་རྣམ་སེལ། ཕྱག་ན་རྡོ་རྗེ་སོགས་བྱང་སེམས་ཉེ་སྲས་བརྒྱད་སོགས་རྒྱལ་ སྲས་ས་ཆེན་པོའི་རྡུལ་གྲངས་དང་མཉམ་པའི་ཚོགས་ལ་ལེགས་པར་དམིགས་ནས་བསོད་ ནམས་ཀྱི་ཞིང་དམ་པ་ཁྱེད་རྣམས་འགྲོ་བ་མ་ལུས་པ་སྡུག་བསྔལ་ལས་དབུགས་དབྱུང་བར་ བྱེད་པའི་མགོན་དུ་གྱུར་པ། དཀར་པོའི་ཆོས་མཐའ་དག་འཇོམས་པའི་བདུད་ཚོགས་གཞོམ་ པར་མཛད་ཅིང་ཤེས་བྱའི་ཆོས་མ་ལུས་པ་ཅིག་ཆར་མཁྱེན་པའི་རྒྱལ་བ་བཅོམ་ལྡན་འདས་ ཐུབ་དབང་འཁོར་དང་བཅས་སྐད་ཅིག་ཡུད་ཙམ་ལ་དེང་འདིར་བདག་ཅག་གི་བསོད་ནམས་ བསགས་པའི་སླད་དུ་ཉེ་བར་གཤེགས་སུ་གསོལ་བ་དང༌། ཐུབ་པ་བཅོམ་ལྡན་འདས་གང་ དག་གི་སྔོན་སློབ་ལམ་དུ་ཡུན་རིང་པོར་མཁའ་ཁྱབ་ཀྱི་འགྲོ་བ་རྣམས་ལ་ཐུགས་ལྷག་པར་ བརྩེ་བའི་དོན་གྱིས་དེ་དག་ལ་བདེ་བ་ཀུན་དང་ལྡན་པར་བྱེད་འདོད་ཀྱི་བྱམས་པ་དང་སྡུག་ 5-1-100 བསྔལ་མཐའ་དག་དང་བྲལ་བར་བྱེད་འདོད་ཀྱི་སྙིང་རྗེ་གཉིས་ནམ་ཡང་མི་འབྲལ་བའི་སྒོ་ ནས་འགྲོ་བ་མཐའ་ཡས་པའི་དོན་འགྲུབ་པའི་སྨོན་ལམ་རླབས་པོ་ཆེ་མང་པོ་བཏབ་པའི་མཐུ་ ཡོངས་རྫོགས་ལེགས་པར་གྲུབ་ཟིན་པས་འགྲོ་དོན་འབའ་ཞིག་ལ་ཐུགས་ལྷག་པར་དགྱེས་ པ་ཁྱེད་ཀྱིས་དགོངས་པའི་བཞེད་དོན་དེ་ཉིད་ནི་འགྲོ་བའི་དོན་མཛད་པ་ཁོ་ན་ཡིན་ན་དེ་སླད་ ཆོས་སྐུ་སྤྲོས་པ་ཉེ་བར་ཞི་ཞིང་ཡོན་ཏན་ལྷུན་གྱི་གྲུབ་པའི་ཕོ་བྲང་ནས་ངོ་མཚར་བའི་བཀོད་ པའི་རྫུ་འཕྲུལ་མཐའ་ཡས་པ་དང་བཅས་བཞིན་ཐུགས་བརྩེ་བ་ཆེན་པོའི་སྒོ་ནས་རྣམ་མང་ ངེད་ཅག་འགྲོ་བ་འཁོར་བའི་གནས་ལས་སྒྲོལ་ཞིང་ཐར་པའི་ལམ་ལ་འགོད་པའི་ཆེད་དུ་སྐྱོབ་ པ་མཆོག་ཐུབ་དབང་གང་དང་ཡང་དག་པའི་འཁོར་རྒྱལ་སྲས་རྒྱ་མཚོའི་ཚོགས་དང་བཅས་ པ་དེང་འདིར་ལེགས་པར་གཤེགས་སུ་གསོལ་བ་སྟེ། སྐྱབས་མགོན་ཁྱེད་རྣམས་ཐུགས་བརྩེ་ བའི་སྒོ་ནས་ངེས་པར་གནས་འདིར་བདག་གི་བསོད་ནམས་ཀྱི་ཞིང་དུ་བྱོན་པར་ཞུ་བ་ནན་ གྱིས་ཕུལ་བར་བསམ་པའི་ངང་ནས་སྤྱན་འདྲེན་གྱི་ཚིག་མ་ལུས་སེམས་ཅན་སོགས་ཚིག་ བཅད་གསུམ་པོ་ངག་ནས་བརྗོད་པར་བྱ་བའི་སྒོ་ནས་སྔོན་འཕགས་ཡུལ་དུ་མ་ག་དྷ་བཟང་ མོས་སྟོན་པ་འཁོར་བཅས་སྤྱན་དྲངས་པའི་ཚེ་ནམ་མཁའ་ནས་ཡ་མཚན་པའི་ཆོ་འཕྲུལ་ཆེ་ བ་དང་བཅས་པའི་སྟོན་པ་འཁོར་བཅས་ལེགས་པར་བྱོན་པ་ལྟར་དེང་སྐབས་རང་གི་མདུན་ གྱི་མཁའ་དབྱིངས་འཇའ་ཟེར་གྱི་ལྡིང་ཁང་ཕུབ་པའི་དབུས་སུ་རྒྱ་ཆེ་བའི་ཁྲི་འཕང་བཤམས་ པའི་སྟེང་དུ་རྒྱལ་བ་སྲས་བཅས་ཆོ་འཕྲུལ་གྱི་བཀོད་པ་དང་བཅས་ཏེ་བྱོན་ནས་བཞུགས་ཡོད་ པར་བསམ་དགོས་པ་ཡིན་ནོ། ། གཉིས་པ་དངོས་གཞི་ཡན་ལག་བདུན་པ་ལ། དང་པོ་མཆོད་བསྟོད་ཀྱི་ཡན་ལག གཉིས་ པ་ཕྱག་འཚལ་བ་དང་སྐྱབས་སུ་འགྲོ་བའི་ཡན་ལག །གསུམ་པ་སྡིག་བཤགས་ཀྱི་ཡན་ལག བཞི་པ་དགེ་བ་ལ་རྗེས་སུ་ཡི་རང་བའི་ཡན་ལག ལྔ་པ་ཆོས་འཁོར་བསྐོར་བར་བསྐུལ་བའི་ 5-1-101 ཡན་ལག དྲུག་པ་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པའི་ཡན་ལག བདུན་པ་ ཡོངས་སུ་བསྔོ་བའི་ཡན་ལག་གོ། དང་པོ་ལ་མཆོད་པ་འབུལ་བ་དང༌། བསྟོད་དབྱངས་བསྒྲགས་པ་གཉིས་ལས། དང་པོ་ནི། བདག་གི་རྒྱུད་ལ་ཐེག་པ་གསུམ་གྱི་ལམ་མཐའ་དག་ལེགས་པར་སྐྱེ་བའི་ཆེད་དུ་བདེ་བར་ གཤེགས་པ་ཐུབ་དབང་མཆོག་དང་གང་ལ་མངའ་བའི་སྤངས་རྟོགས་མཐར་ཐུག་པའི་རང་ བཞིན་དམ་པའི་ཆོས་དྲི་མ་མེད་པ་དང༌། རྒྱལ་སྲས་འཕགས་པའི་ཚོགས་གྲངས་མེད་པ་དང་ བཅས་པ་རྣམས་ལ་དངོས་འབྱོར་ཡིད་ཀྱི་སྤྲུལ་པའི་མཆོད་པའི་ཚོགས་འབྱམས་ཀླས་པ་དག་ གིས་མཆོད་ཡུལ་མཆོད་བྱ་མཆོད་བྱེད་གསུམ་བདེན་མེད་དུ་ཤེས་པའི་སྒོ་ནས་ལེགས་པར་ མཆོད་དོ། །དེ་ཡང་ཇི་ལྟར་མཆོད་ན་ཡིད་ཀྱིས་སྤྲུལ་པའི་ཚོགས་ཕྱོགས་བཅུའི་ཞིང་ཁམས་ མཐའ་ཡས་པ་རྣམས་ན་ཡོད་པའི་པདྨ་སོགས་མེ་ཏོག་གི་རིགས་དང་ཛྭ་ཏི་སོགས་འབྲས་ བུའི་རིགས་དང་ནད་ཞི་བྱེད་ཀྱི་སྨན་རིགས་གང་དག་དང༌། ཨིནྚ་ནི་ལ་སོགས་རིན་ཆེན་གྱི་ ཁྱད་པར་ཇི་སྙེད་ཡོད་པ་རྣམས་དང༌། རྒྱལ་པོའི་སྲས་ཀྱིས། བསིལ་དང་ཞིམ་དང་ཡང་དང་ འཇམ། །དྭངས་པ་དང་ནི་དྲི་མ་མེད། །འཐུང་ན་ལྟོ་ལ་མི་གནོད་དང༌། །མགྲིན་པ་ལའང་མི་ གནོད་པའོ། །ཞེས་བཤད་པ་ལྟར་གྱི་ཡན་ལག་བརྒྱད་ལྡན་གྱི་ཆུ་གཙང་གང་ཡོད་རྣམས་དང༌། ནོར་བུ་རིན་ཆེན་གྱི་རིགས་ལས་གྲུབ་པའི་རི་བོ་རྣམས་དང༌། ཡིད་དུ་འོང་བའི་ནགས་ཚལ་ དང་ལྡན་པའི་དབེན་པ་ཉམས་དགའ་བ་གང་དག་ཡོད་པ་དང༌། ལྗོན་པའི་ཤིང་མེ་ཏོག་གིས་ མཛེས་པར་བྱས་ཤིང་ཁ་དོག་དྲི་རོ་མཆོག་དང་ལྡན་པའི་འབྲས་བུ་ལྷག་པར་མང་བ་དང་ལྡན་ པ་རྣམས་དང༌། འཇིག་རྟེན་འདི་ན་ཙནྡན་སོགས་དྲི་ངད་བཟང་པོ་འབྱུང་བའི་རིགས་གང་ཡོད་ པ་དག་དང༌། དགོས་འདོད་འབྱུང་བའི་དཔག་བསམ་ཤིང་ལྗོན་པ་དང༌། ཤེལ་དང་པདྨ་ར་ག་ སོགས་ལས་གྲུབ་པའི་རིན་པོ་ཆེའི་ཤིང་ལྗོན་པ་དང༌། རབ་ཏུ་མཛེས་པའི་མཚོ་དང་རྫི ང་བུ་ 5-1-102 པདྨ་ལ་སོགས་པའི་མེ་ཏོག་མང་པོས་བརྒྱན་པ་དེ་དག་ལ་ཡིད་དུ་འོང་བའི་བྱ་སྣ་ཚོགས་ཀྱིས་ སྐད་སྙན་པ་སྒྲོག་བཞིན་ཕན་ཚུན་དགའ་བའི་ཤུགས་ཀྱིས་ལེགས་པར་རྩེན་པ་རྣམས་དང༌། མ་རྨོས་མ་བཏབ་པའི་འབྲས་ས་ལུ་སོགས་ལོ་ཏོག་རྣམ་པ་མང་པོ་རྣམས་དང༌། གཞན་ཡང་དེ་ དག་ལས་གཞན་པའི་རེ་རེ་ནས་བརྗོད་ཀྱིས་མི་ལང་བའི་མཆོད་པར་འོས་པའི་དངོས་པོ་གང་ ཇི་སྙེད་པ་ནམ་མཁའ་རབ་འབྱམས་ཀྱི་མཐར་གཏུགས་པར་ཁྱབ་པ་སུས་ཀྱང་བདག་གི་བར་ བཟུང་བ་མེད་པ་དེ་ཀུན་བདག་གིས་དད་པའི་བློ་ཡིས་བླངས་ནས་ཐུབ་པ་སྲས་དང་བཅས་པ་ རྣམས་ལ་འབུལ་བ་ལགས་ན་ཡོན་གནས་དམ་པ་སེམས་ཅན་ཐམས་ཅད་ལ་ཕན་པར་བཞེད་ པའི་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱིས་བདག་ཅག་རྣམས་ལ་ཐུགས་བརྩེ་བས་ཉེ་བར་ དགོངས་ནས་བདག་གི་ཡིད་ཀྱིས་སྤྲུལ་པའི་མཆོད་པ་འདི་དག་ཅི་བདེ་བར་བཞེས་དགོས་ པ་ལགས་ཀྱིས་བདག་ནི་སྔོན་བསགས་ཀྱི་བསོད་ནམས་ཆུང་བས་ད་ལན་ལོངས་སྤྱོད་ཀྱིས་ དབུལ་ཞིང་བཀྲེན་པ་ཆེན་པོར་གྱུར་སྟབས་དངོས་རྫས་ཀྱི་འབྱོར་བའི་མཆོད་པ་གཞན་ཅི་ ཡང་མ་མཆིས་པས་རྟག་ཏུ་གཞན་ལ་ཕན་བདེའི་དོན་ཁོ་ན་དགོངས་པར་མཛད་པའི་མགོན་ པོ་རྒྱལ་བ་སྲས་བཅས་ཀྱིས་ཡིད་ཀྱིས་ཕུལ་བའི་མཆོད་པ་འདི་རྣམས་ཁྱེད་ལ་ཕོངས་པ་མི་ མངའ་ཡང་བདག་ཅག་གི་རྒྱུད་ལ་ཚོགས་གཉིས་རྫོགས་པའི་སླད་དུ་ཉིད་ཀྱི་རྫུ་འཕྲུལ་གྱི་ མཐུས་ལེགས་པར་བཞེས་ཤིག་སྙམ་པ་དང༌། ཡང་རྒྱལ་བ་སྲས་བཅས་རྣམས་ལ་བདག་གི་ ལུས་དངོས་སུ་ཡོད་པ་འདི་ཀུན་དུས་རྒྱུན་དུ་འབུལ་བར་བགྱིད་ན་གཞན་ལ་ལེགས་པ་ཁོ་ན་ སེམས་པའི་ཡོན་གནས་མཆོག་རྣམས་ཀྱིས་བདག་གི་བདོག་པའི་དངོས་པོ་འདི་ནི་ཡོངས་སུ་ བཞེས་པར་མཛོད་ཅིག་ཤིན་ཏུ་གུས་པས་སྐྱེས་བུ་དམ་པ་ཁྱེད་ཀྱི་བཀའ་བཞིན་སྒྲུབ་པའི་བྲན་ ནམ་འབངས་སུ་མཆི་བར་བགྱིའོ། དམན་པ་བདག་དམ་པ་ཁྱེད་ཀྱི་བདག་གི་བར་བཟུང་ན་ མཉེས་པའི་སླད་དུ་འཁོར་བར་གནས་ཚེ་ཡང་གཞན་དོན་གྱི་སྡུག་བསྔལ་ལ་མི་འཇིགས་པའི་ 5-1-103 སྒོ་ནས་སེམས་ཅན་ཐམས་ཅད་ལ་འཕྲལ་དང་ཡུན་དུ་ཕན་པའི་དོན་ཁོ་ན་བསྒྲུབ་པར་བགྱིའོ། ། ད་སྐབས་སུ་སྔོན་གྱི་སྡིག་ལས་རྣམས་ལ་རྣམ་པར་སུན་འབྱིན་པའི་ཚུལ་གྱིས་ཡང་དག་ པར་འདའ་བར་བགྱིད་ཅིང༌། སྡིག་པ་གཞན་ཡང་སླན་ཆད་སྡོམ་པའི་ཚུལ་གྱིས་མི་བགྱིད་ དེ་སྤོང་བར་དམ་འཆའ་ཞིང་དགེ་བ་ལ་འབད་པར་བགྱི་ལགས་སོ། །ཡང་རང་གི་མདུན་གྱི་ མཁའ་དབྱིངས་སུ་རྒྱལ་བ་སྲས་བཅས་ལ་སྐུ་ཁྲུས་གསོལ་བའི་ཁང་བཟང་ཡིད་ཀྱིས་སྤྲུལ་པ་ ནི་ག་བུར་ལ་སོགས་པས་བསྒོས་པས་ཤིན་ཏུ་དྲི་ཞིམ་པ་འོག་ཐམས་ཅད་ཤེལ་གྱི་རང་བཞིན་ ལས་གྲུབ་པའི་དྲི་མ་མེད་པས་གསལ་ཞིང་འོད་འཕྲོ་བས་འཚེར་བ་བྱི་དོར་བྱས་ཤིང་ལེགས་ པར་བསྟར་བ་རྒྱ་ཆེ་ཞིང་རབ་ཏུ་ཡངས་པའི་ཁོད་སྙོམས་པ་ལ་སོགས་པར་གྲུ་བཞིར་གནས་ པ་དེའི་མཐའ་སྐོར་དུ་གསེར་གྱི་ར་བ་དམའ་མོས་བསྐོར་བའི་མཚམས་དང་ཕྱོགས་ཀུན་ནས་ བར་བར་དུ་ནོར་བུ་རིན་པོ་ཆེའི་རང་བཞིན་གྱི་འོད་ཟེར་སྣ་ཚོགས་འབར་བའི་ཀ་བ་དུ་མ་དང་ ལྡན་པའི་སྟེང་ཕུབ་བཻཌཱུརྱས་བྱས་པ་ལ་གཡུའི་རྒྱ་ཕིབས་རབ་ཏུ་རྒྱས་པའི་སྟེང་ན་མུ་ཏིག་གི་ ཏོག་བཟང་པོས་ཉེ་བར་མཛེས་པ་རིན་པོ་ཆེའི་ཀ་བ་དེ་དག་གི་སྟེང་ནས་འཁོར་ཡུག་ཏུ་མུ་ ཏིག་གི་ཕྲེང་བས་སྤྲས་པས་དེའི་འོད་ཆགས་པའི་བླ་རེ་རབ་ཏུ་མཛེས་པས་ཉེ་བར་བརྒྱན་པ། དེ་ལྟ་བུའི་ཁྲུས་ཁང་རྒྱ་ཆེ་བ་དེའི་ནང་དུ་རྒྱལ་བ་སྲས་བཅས་ལེགས་པར་བཞུགས་པ་རྣམས་ ལ་གསེར་ལ་སོགས་པ་རིན་པོ་ཆེའི་རིགས་འདྲ་མིན་མང་པོ་ལས་བྱས་པའི་བུམ་པ་རྣམས་ དྲི་ཞིམ་པོ་སྣ་ཚོགས་སྦྱར་བའི་སྤོས་ཆུ་ཡིད་དུ་འོང་བ་དག་གིས་ཉེ་བར་བཀང་ནས་ཁྲུས་བྱེད་ པའི་ལྷ་མོ་དཔག་མེད་ཡིད་ཀྱིས་མངོན་པར་སྤྲུལ་ཏེ་དེ་དག་གིས་བུམ་པ་རྣམས་ཐོགས་ནས་ ཡིད་འཕྲོག་གླུ་དབྱངས་སྙན་པའི་འགྱུར་ཁུག་འཐེན་ཞིང་རྔ་ཟླུམ་ལ་སོགས་པའི་རྣམ་པ་མང་ པོའི་མཆོད་པའི་སྒྲ་སྙན་བསྒྲོགས་པ་དང་བཅས་ཏེ་སྐུ་ཁྲུས་གསོལ་བར་བསམ་ཞིང༌། དེ་ནས་ 5-1-104 ཡང་ལྷ་མོ་རྣམས་ཀྱིས་དུ་ཀུ་ལའི་རས་སོགས་མཚུངས་པ་མེད་པའི་རས་བཟང་པོ་རྣམ་པ་མང་ པོ་ལ་གུར་ཀུམ་ལ་སོགས་པའི་དྲི་ཞིམ་པོ་རབ་ཏུ་བསྒོས་པས་མཆོད་ཡུལ་རྣམས་ཀྱི་སྐུ་ཕྱི་ཞིང་ བྱི་དོར་བྱས་ནས་རང་རང་དང་འཚམས་པའི་གོས་དང་རྒྱན་གྲངས་མང་བ་དང༌། ཙནྡན་ས་ མཆོག་སོགས་ལྷ་རྗས་དྲི་བཟང་གི་མཆོད་པ་མཐའ་ཡས་པ་དང་མེ་ཏོག་མནྡ་ར་བ་སོགས་མེ་ ཏོག་སིལ་མ་འཐོར་ཞིང་འགྲེམ་པ་དང༌། མེ་ཏོག་སྣ་ཚོགས་པའི་ཕྲེང་བ་སྤེལ་ལེགས་བརྒྱུས་ པའི་ཆུན་འཕྱངས་སོགས་རྣམ་པ་མང་པོའི་མཆོད་རྫས་དུ་མ་དང༌། དྲི་ཞིམ་པའི་ངད་ཕྱོགས་ ཐམས་ཅད་དུ་ཁྱབ་ཅིང་ལྡང་བའི་བདུག་པ་བསྲེགས་པའི་དུ་བ་སྤྲིན་གྱི་ཚོགས་ལྟར་འཁྲིགས་ པ་རྣམས་དང༌། འབྲས་ཆན་ཀ་ར་སྣུམ་ཁུར་ལ་སོགས་པའི་ཞལ་ཟས་ཀྱི་ཁྱད་པར་བཟའ་ བཅའ་བཏུང་བ་གཞིབ་པ་ལ་སོགས་པའི་ཁ་དོག་དྲི་རོ་ཕུན་སུམ་ཚོགས་པ་དང་ལྡན་པའི་ལྷ་ རྫས་ལས་གྲུབ་པའི་བཤོས་གཙང་མ་གང་ཡོད་རྣམས་དང་སྣོད་གསེར་གྱི་རང་བཞིན་ལས་ བྱས་ཤིང་དབྱིབས་པདྨ་རྒྱས་པ་ལྟར་མཛེས་པའི་ཀོང་བུ་གྲལ་ཉེ་བར་བསྒྲིགས་པའི་ནང་དུ་ བཅུད་ཡིད་བཞིན་གྱི་ནོར་བུའི་རིགས་མང་པོ་འོད་རབ་ཏུ་གསལ་བས་ཉིན་མཚན་རྟག་ཏུ་ སྣང་བར་བྱེད་པའི་སྒྲོན་མེ་ངོ་མཚར་བ་རྣམས་དང༌། གཞལ་མེད་ཁང་རིན་པོ་ཆེ་སྣ་ཚོགས་ ལས་གྲུབ་པའི་ཕོ་བྲང་ནང་ན་ལྷའི་བུ་མོ་རྣམས་ཀྱིས་བསྟོད་པའི་དབྱངས་ཡིད་དུ་འོང་བ་སྒྲོག་ པ་དང་ལྡན་ཞིང་ཕྱི་ནང་ཐམས་ཅད་དུ་རྒྱན་བཀོད་ཕུན་སུམ་ཚོགས་པས་མཛེས་ཤིང་འོད་ ཟེར་གྱི་ཕུང་པོ་ཕྱོགས་བརྒྱར་འགྱེད་པ་མཐའ་ཡས་པ་ནམ་མཁའི་རྒྱན་ལྟ་བུར་གྱུར་པ་རྣམས་ དང༌། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་ཅིང་ཚ་བ་སྐྱོབ་པའི་གདུགས་རབ་ཏུ་མཛེས་པ་གསེར་ གྱི་ཡུ་བ་ཅན་འཁོར་ཡུག་ཀུན་ཏུ་མུ་ཏིག་གི་ཕྲེང་བས་ཉེ་བར་བརྒྱན་པ་དེ་དག་མཆོད་ཡུལ་ ཐུབ་དབང་སྲས་དང་བཅས་པ་རྣམས་ལ་གུས་པས་འབུལ་བ་ལགས་སོ། །གོང་སྨོས་ཀྱི་མཆོད་ པའི་ཁྱད་པར་དེ་དག་ལས་གཞན་ཡང་མཆོད་པའི་ཚོགས་དུང་དང་པི་ཝཾ་རྔ་བོ་ཆེ་ལ་སོགས་ 5-1-105 པ་རོལ་མོའི་བྱེ་བྲག་མཐའ་ཡས་པ་རྣམས་དང༌། གར་དང་བཅས་པའི་གླུ་དབྱངས་སྙན་པ་དེ་ དག་གང་ཞིག་ཐོས་པས་སེམས་ཅན་སྡུག་བསྔལ་བ་རྣམས་ཀྱང་དགའ་བས་ཚིམ་པར་བྱེད་ པའི་མཆོད་པའི་སྤྲིན་ཕུང་དཔག་ཏུ་མེད་པ་རྣམས་བསོད་ནམས་ཀྱི་ཞིང་དམ་པ་དག་གི་སྤྱན་ སྔར་སོ་སོར་གནས་པར་གྱུར་ཅིག དམ་པའི་ཆོས་དང་མཆོད་རྟེན་རིང་བསྲེ ལ་གྱི་སྙིང་པོ་ཅན་ རྣམས་དང་གཟུགས་སྐུའི་རྟེན་རི་མོ་ལུགས་མ་འབུར་དུ་དོད་པ་ལ་སོགས་པའི་སྐུ་གཟུགས་ ཐམས་ཅད་ལ་རིན་པོ་ཆེ་དང་མེ་ཏོག་དྲི་བཟང་གོས་རྒྱན་འབྲུ་སྨན་ལ་སོགས་པའི་ཆར་བ་རྟག་ ཏུ་རྒྱུན་མི་ཆད་པར་འབབ་པར་ཤོག་ཅིག ཇི་ལྟར་འཇམ་པའི་དབྱངས་དང་ཀུན་ཏུ་བཟང་པོ་ ལ་སོགས་པ་ས་བཅུའི་དབང་ཕྱུག་རྣམས་ཀྱི་རྣམ་པར་འཕྲུལ་བ་མཐའ་ཡས་པ་ཉེར་སྤྱོད་ཀྱི་ བཀོད་པ་ངོ་མཚར་བ་ནམ་མཁའ་དང་མཉམ་པ་ལེགས་པར་བསྐྲུན་ཅིང༌། ལག་པའི་མཐིལ་ ནས་མཆོད་སྤྲིན་གྱི་ཕུང་པོ་བསམ་གྱིས་མི་ཁྱབ་པ་སྤྲོ་བ་སོགས་ཀྱིས་རྒྱལ་བ་རྣམས་ལ་མཆོད་ པ་ལྟར་བདག་གིས་ཀྱང་མོས་པའི་བསམ་པས་དེ་བཞིན་གཤེགས་པ་འགྲོ་བའི་མགོན་པོ་ སྲས་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་རྣམས་ལ་བླ་ན་མེད་པའི་མཆོད་པ་དབུལ་ བར་བགྱིའོ། །ཞེས་ཡིད་ཀྱི་རྒྱ་བསྐྱེད་དེ་སེམས་དང་བ་ཆེན་པོ་དང་བཅས་པའི་སྒོ་ནས་སྤྱོད་ འཇུག་ལས་བྱུང་བ་ལྟར། རིན་ཆེན་སེམས་དེ་བཟུང་བར་བྱ་བའི་ཕྱིར། །སོགས་ནས། མགོན་ པོ་སྲས་དང་བཅས་རྣམས་མཆོད། །ཅེས་པའི་བར་བརྗོད་པར་བྱའོ། ། གཉིས་པ་བསྟོད་དབྱངས་བསྒྲགས་པ་ནི། ཟབ་པ་དང་རྒྱ་ཆེ་བའི་ཡོན་ཏན་གྱི་ཚོགས་རྒྱ་ མཚོ་ལྟར་ཟད་མི་ཤེས་པ་མངའ་བ་རྣམས་ལ་བདག་གི་བསྟོད་པའི་དབྱངས་ཀྱི་ཡན་ལག་ཀྱང་ རྒྱ་མཚོ་ལྟར་ཟད་མི་ཤེས་པ་རྣམ་ཀྱིས་བསྟོད་པར་བགྱིའོ། །བསྟོད་པའི་གླུ་དབྱངས་སྙན་པར་ སྒྲོགས་པའི་སྤྲིན་ཕུང་རྣམས་རྒྱལ་བ་སྲས་བཅས་དེ་དག་ལ་གདོན་མི་ཟ་བར་དུས་དང་རྣམ་པ་ ཀུན་ཏུ་འབྱུང་བར་གྱུར་ཅིག་བསམ་པའི་སྒོ་ནས། ཡོན་ཏན་རྒྱ་མཚོ་སོགས་ནས་འབྱུང་གྱུར་ 5-1-106 ཅིག །ཅེས་པའི་བར་བརྗོད་དོ། ། གཉིས་པ་ཕྱག་འཚལ་བ་དང་སྐྱབས་སུ་འགྲོ་བའི་ཡན་ལག་ལ་གཉིས་ལས། དང་པོ་ཕྱག་འཚལ་བ་ནི། འདས་པ་དང་མ་འོངས་པ་དང་ད་ལྟར་དུ་གཤེགས་ཤིང་ བཞུགས་པ་ཤེས་བྱ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཀུན་དང་ལུང་དང་རྟོགས་པའི་བདག་ ཉིད་ཅན་དམ་པའི་ཆོས་དང་ཚོགས་ཀྱི་མཆོག་ཐེག་ཆེན་ཕྱིར་མི་ལྡོག་པའི་དགེ་འདུན་དང་ བཅས་པ་རྣམས་ལ་ཕྱོགས་བཅུའི་ཞིང་ཁམས་ཀྱི་རྡུལ་ཕྲ་རབ་ཀུན་གྱི་གྲངས་ཇི་སྙེད་ཡོད་པ་ དེ་སྙེད་ཀྱི་གྲངས་དང་མཉམ་པར་ལུས་དཔག་ཏུ་མེད་པར་སྤྲུལ་ནས་གུས་པས་བཏུད་པ་བྱ་ བ་དང་གཞན་ཡང་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཉིད་ཀྱི་རྟེན་པའི་གཞི་གནས་ཁྱད་པར་ཅན་ རྣམས་དང༌། གནས་ཆེན་པོ་བརྒྱད་ལ་སོགས་པ་ན་བཞུགས་པའི་མཆོད་རྟེན་རྣམས་དང༌། ལུང་ནོད་པའི་ཡུལ་མཁན་པོ་ཐར་བའི་དོན་སྟོན་པའི་སློབ་དཔོན་རྣམས་དང༌། ཚངས་སྤྱོད་ ཀྱི་སྡོམ་པ་ལ་སོགས་པའི་བརྟུལ་ཞུགས་མཆོག་ལ་གནས་པ་རྣམས་ལ་གུས་འདུད་འབུལ་ བཞིན། དུས་གསུམ་གཤེགས་པའི་སངས་རྒྱས་སོགས་ནས། མཆོག་ལ་ཕྱག་འཚལ་ལོ། །ཞེས་པའི་བར་བརྗོད་དོ། ། གཉིས་པ་སྐྱབས་སུ་འགྲོ་བ་ནི། ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་སྐྱབས་སྟོན་པ་པོ་ སངས་རྒྱས་དང༌། སྐྱབས་དངོས་ལུང་རྟོགས་ཀྱིས་བསྡུས་པའི་ཆོས་དང༌། སྐྱབས་སྒྲུབ་པའི་ གྲོགས་བྱང་སེམས་འཕགས་པའི་དགེ་འདུན་གྱི་ཚོགས་ལ་བློ་གཏོད་ཅིང་སྐྱབས་སུ་བསྟེན་ པར་ཁས་ལེན་པའི་སྒོ་ནས་སྙིང་ནས་རེ་ལྟོས་འཆའ་བཞིན། བྱང་ཆུབ་སྙིང་པོར་མཆིས་ཀྱི་ སོགས། སྐྱབས་སུ་མཆི། ཞེས་པའི་བར་བརྗོད་དོ། ། གསུམ་པ་སྡིག་པ་བཤགས་པའི་ཡན་ལག་ནི། བཤགས་ཡུལ་སངས་རྒྱས་དང་བྱང་ཆུབ་ 5-1-107 སེམས་དཔའི་ཚོགས་དང་བཅས་པ་གོང་ལྟར་མདུན་དུ་དམིགས་པ་ལ་ལུས་ཀྱི་ཐལ་མོ་སྦྱར་ ཏེ་ངག་ནས་ཞུ་བ་བྱ་བ་ནི། དུས་ཐོག་མ་མེད་པ་ནས་བཟུང་སྟེ་ད་ལྟ་ཡན་ཆད་དུ་བདག་གི་ བླང་དོར་གྱི་གནས་ཇི་བཞིན་མ་ཤེས་པའི་རྨོངས་པའི་དབང་གིས་སྡིག་པ་མི་དགེ་བ་བདག་ གིས་བགྱིས་པའམ་གཞན་ལ་བགྱིད་དུ་བསྩལ་པའམ་མི་ཤེས་པའི་དབང་གིས་གཞན་གྱིས་ བགྱིས་པ་ལ་རྗེས་སུ་ཡི་རང་བ་གང་བགྱིས་པའི་ནོངས་པ་དེ་དག་ལ་ནོངས་པར་མཐོང་ཞིང་ རྟོགས་པར་བགྱིས་ནས་བསམ་པ་ཞེ་ཐག་པས་འགྲོ་བའི་མགོན་པོ་རྣམས་ལ་མཐོལ་ཞིང་ བཤགས་ཏེ་སླན་ཆད་ཀྱང་སྡོམ་པར་བགྱིད་དོ། །ཡང་དཀོན་མཆོག་གསུམ་དང་ཕན་འདོགས་ པའི་ཕ་མ་བཀུར་བར་འོས་པའི་ཞིང་མཁན་པོ་སོགས་བླ་མ་གཞན་དག་ལ་དམིགས་ཏེ་ཀུན་ སློང་ཉོན་མོངས་པའི་དབང་གིས་སྦྱོར་བ་ལུས་ངག་ཡིད་ཀྱི་སྒོ་ནས་གནོད་པའི་ལས་བགྱིས་ པ་སྡུག་བསྔལ་བསྐྱེད་པ་དང་ཐར་པ་ལ་སྒྲིབ་པའི་སྡིག་པ་ཤིན་ཏུ་ལྕི་ཞིང་མི་བཟད་པ་བགྱིས་ པ་དེ་ཐམས་ཅད་འཇིག་རྟེན་གྱི་འདྲེན་པ་རྣམས་ལ་སོ་སོར་མཐོལ་ཞིང་བཤགས་སོ། །སྡིག་ པ་དེ་དག་མ་བཤགས་ན་སྡིག་པ་མ་ཟད་པའི་སྔོན་དུ་བསྡོད་ལོང་མེད་པར་མྱུར་དུ་འཆི་བར་ འགྱུར་ཞིང༌། སྡིག་པ་དང་བཅས་པར་ཤི་ན་ཕྱི་མར་སྡུག་བསྔལ་དྲག་པོ་མྱོང་བར་འགྱུར་ཕྱིར་ ཐབས་ཇི་ལྟར་བྱས་ན་འཁོར་བར་འཆིང་བྱེད་སྡིག་པ་འདི་ལས་ངེས་པར་ཐར་བར་འགྱུར་ ན་ཐབས་དེའི་སྒོ་ནས་མྱུར་དུ་བདག་སྡིག་པ་འབྲས་བུ་དང་བཅས་པ་འདི་ལས་བསྲུང་ཞིང་ བསྐྱབ་ཏུ་གསོལ། སུས་ཀྱང་ཡིད་ཆེས་བརྟན་པོར་བྱ་མི་རུང་བའི་འཆི་བདག་འདི་ནི་བདག་ གི་བྱ་བ་འགྲུབ་པར་བྱས་ཟིན་མ་ཟིན་ལ་བལྟས་ནས་མི་སྡོད་པར་ནད་ཡོད་མེད་ཀྱི་སེམས་ ཅན་གང་ཡིན་ཀྱང་གློ་བུར་ནམ་འཆི་ངེས་པ་མེད་པས་ཚེ་འདི་ལ་ཡིད་བརྟན་བྱ་མི་རུང་བ་ཡིན་ པ་ལ། ནམ་ཞིག་འདི་སྣང་གི་ལོངས་སྤྱོད་གང་ཡོད་རྣམས་བོར་ཏེ་གཅིག་པུར་འཇིག་རྟེན་ཕ་ རོལ་ཏུ་འགྲོ་དགོས་ཚུལ་ལ་འདང་མ་རྒྱབ་ནས་ཚེ་འདིའི་མཛའ་བ་རྣམས་བསྐྱང་བ་དང་མི་ 5-1-108 མཛའ་བ་རྣམས་གཞོམ་པའི་ཆེད་དུ་ཆགས་སྡང་གིས་སྡིག་ལས་སྣ་ཚོགས་བགྱིས་པ་འདི་ལ་ བསམ་ན་ཤིན་ཏུ་འགྱོད་དོ། །འདི་ངོགས་ཀྱི་སྣང་བ་ཡུད་ཙམ་ལས་གང་གི་དོན་དུ་སྡིག་པ་བྱ་ ཡུལ་མི་མཛའ་བའི་དགྲ་དང་མཛའ་བའི་གཉེན་སོགས་དང་བྱེད་པ་པོ་བདག་དང༌། བདག་ གི་ཉེར་མཁོ་ལོངས་སྤྱོད་རྣམས་ནམ་ཞིག་གང་ཡང་མེད་པར་འགྱུར་ན་དེ་དག་གི་དོན་དུ་སྡིག་ པ་བྱས་པ་ནི་ཤིན་ཏུ་འཁྲུལ་ཞིང་དཔེར་ན་རྨི་ལམ་དུ་བདེ་སྡུག་ཅི་མྱོང་ཡང་སད་ཚེ་དེ་དག་དྲན་ ཡུལ་དུ་གྱུར་པ་ཙམ་ལས་གང་ཡང་མེད་པ་དེ་བཞིན་དུ་ཚེ་འདིར་དགྲ་ལ་འཐབ་པ་གཉེན་དང་ འགྲོགས་པ་ཟས་ནོར་བསགས་པ་ལ་སོགས་པ་ཟག་བཅས་ཀྱི་དངོས་པོ་གང་དང་གང་ལ་ སྤྱད་པ་ཐམས་ཅད་རང་དུས་ཁོ་ན་ཙམ་ལས་སྔར་འདས་པ་ཐམས་ཅད་ཕྱིས་གཅིག་ཀྱང་མི་ མཐོང་བར་ཐམས་ཅད་དྲན་པའི་ཡུལ་ཙམ་དུ་ཟད་ལ་དེ་དག་གི་དོན་དུ་བྱས་པའི་སྡིག་པ་དག་ ནི་རང་ཉིད་ཀྱི་རྗེས་སུ་འབྲངས་པས་ནམ་ཞིག་སྡིག་འབྲས་མྱོང་བ་ལ་བསླུ་བ་མེད་དེ། དེ་ཡང་ རྒྱལ་པོ་ལ་གདམས་པར། རྒྱལ་པོ་དུས་ཀྱིས་ཉེན་ཏེ་འགྲོ་གྱུར་ན། །འཁོར་དང་ལོངས་སྤྱོད་ གཉེན་བཤེས་རྗེས་མི་འབྲང༌། །སྐྱེས་བུ་དེ་ནི་གང་དང་གང་སྐྱེས་ཀྱང༌། །ས་ནི་གྲིབ་མ་བཞིན་ དུ་རྗེས་སུ་འབྲང་ཞེས་གསུངས་པ་ལྟར་རོ། །དེ་ལྟར་བདག་ནི་སྐྱེ་བ་སྔ་མ་ནས་ཐམས་ཅད་ བོར་ཏེ་འོངས་བ་དང༌། སྐྱེ་བ་ཕྱི་མར་ཐམས་ཅད་བོར་ཏེ་འགྲོ་བའི་གློ་བུར་བ་མགྲོན་པོ་ལྟ་བུ་ ཡིན་པའི་ཚུལ་བདག་གིས་རྟོགས་པར་མ་གྱུར་པས་གཏི་མུག་དང་ཆགས་སྡང་གི་དབང་གིས་ སྡིག་པ་རྣམ་པ་དུ་མ་བྱས་པ་ལ་ཤིན་ཏུ་འགྱོད་པས་བཤགས་པར་བྱའོ། །དུས་ཉིན་མཚན་ གཉིས་རེས་མོས་ཀྱི་སྒོ་ནས་འོང་བ་ལ་སྐད་ཅིག་ཙམ་ཡང་སྡོད་པར་མེད་པར་སྐྱེས་བུའི་ཚེ་ འདི་ཡང་སྐད་ཅིག་ཙམ་ཡང་མི་སྡོད་པར་རྟག་ཏུ་ཟད་པར་འགྱུར་ཞིང་ཚེ་ལ་སྣོན་པ་མེད་ཅུང་ ཟད་ཙམ་ཡང་ལོགས་ནས་འོང་བ་མེད་ན་བདག་ལྟ་བུའི་འགྲོ་བ་ཉམ་ཆུང་མྱུར་ནས་ངེས་པར་ འཆི་བར་ཅིའི་ཕྱིར་མི་འགྱུར་ཏེ་ཡུན་རིང་དུ་བསྡད་ལོང་མེད་ངེས་ལགས་པས་ད་སྐབས་དགེ་ 5-1-109 བ་ལ་ཅིས་ཀྱང་འབད་པར་རིགས་ཏེ། མི་རྟག་པའི་གཏམ་ལས། ལྟག་ཆུ་བཅད་པའི་རྫི ང་ བཞིན་དུ། །སྣོན་མེད་འབྲི ད་པ་དང་བཅས་པས། །ཀུན་ཀྱང་འཆི་བའི་ལམ་ཞུགས་ན། །གློ་ བུར་ཚེ་ལ་སུ་ཡིད་རྟོན། །ཞེས་གསུངས་པ་ལྟར་རོ། །ནམ་ཞིག་བདག་ཉིད་གཅིག་པུ་ནད་པའི་ མལ་ན་འདུག་བཞིན་དུ་གཉེན་གྲོགས་མཛའ་བཤེས་སྨན་པ་ནད་གཡོག་དག་གིས་མཐའ་ ནས་བསྐོར་ཞིང་ཡོངས་སུ་བསྲུང་ནའང་སྲོག་འཆད་པའི་ཚེ་གནད་གཅོད་སྡུག་བསྔལ་གྱི་ཚོར་ བ་དྲག་པོ་དག་ཉེ་བ་སུས་ཀྱང་མི་ལེན་པར་རང་ཉིད་ཁོ་ནས་ཉམས་སུ་མྱོང་བར་འགྱུར་རོ། །འཇིགས་སུ་རུང་བའི་གཤིན་རྗེའི་ཕོ་ཉས་མངོན་སུམ་དུ་ཟིན་ཏེ་བཅིང་བརྡེག་གི་སྦྱོར་བ་དྲག་ པོས་ས་ཆ་ཡིད་དུ་མི་འོང་བའི་གནས་སུ་དབང་མེད་དུ་ཁྲིད་དེ་རང་ཉིད་ཀྱི་སྒོས་སྡུག་བཟོད་ དཀའ་བ་མྱོང་བ་ལ། གཉེན་ཉེ་བ་ཡོད་པས་ཅི་ཞིག་ཕན་ཏེ་སུས་ཀྱང་བསྐྱབ་པར་མི་ནུས་ཀྱི། དེ་ཚེ་བསོད་ནམས་དགེ་བ་བསགས་པ་གཅིག་པུ་སྐྱབས་ཀྱི་མཆོག་ཏུ་གྱུར་པ་ཡིན་ན་དེ་ཡང་ བདག་གིས་སྔར་ནས་མ་བསྟེན་པས་ཤིན་ཏུ་འགྱོད་དོ། །མགོན་པོ་ཞེས་བོས་ནས་སྒོ་གསུམ་ གྱི་སྤྱོད་པ་བག་མེད་དུ་གྱུར་པ་བདག་མྱུར་དུ་འཆི་བ་དང་གཤིན་རྗེས་འཁྲིད་པ་ལ་སོགས་ པའི་འཇིགས་པ་འདི་འདྲ་མ་ཤེས་ནས་མི་རྟག་ཅིང་སྙིང་པོ་མེད་པ་ཚེ་འདིའི་འཚོ་ཐབས་ཅུང་ ཟད་སྒྲུབ་པའི་ཆེད་དག་ཏུ་སྡིག་པ་མང་པོ་བསྒྲུབ་པ་ཤིན་ཏུ་འགྱོད་པས་དེའི་གཉེན་པོ་དགེ་བ་ ལ་འབད་པར་རིགས་ཏེ། རྒྱལ་པོ་ལ་གདམས་པའི་མདོར། འགྲོ་བ་གཞན་དག་ཏུ་ནི་འགྲོ། མལ་གྱི་ཐ་མར་ནི་ཉལ། སྲོག་ནི་ཅུང་ཟད་ཅིག་ལུས། གཤིན་རྗེའི་སྐྱེས་བུས་ནི་འཇིགས་ ཤིང་སྐྲག བྱུར་གྱི་དབང་དུ་ནི་སོང༌། དབུགས་འགྱུ་བ་ནི་ཆད། ཁ་དང་སྣ་ནི་གདངས། སོ་ ནི་གཙིགས། ཕ་མ་དང་ཕུ་ནུ་དང་སྲི ང་མོ་དང་བུ་དང་བུ་མོས་ནི་བསྐོར། ནོར་རྣམས་བགོ་ བཤའ་བྱ་ཞེས་ནི་ཟེར། ཀྱེ་ཧུད་མ་ཀྱེ་ཧུད་ཕ་ཀྱེ་ཧུད་བུ་ཞེས་ཟེར་བ་ན་ཆོས་མ་གཏོགས་པ་ སྐྱབས་གཞན་མེད། མགོན་གཞན་མེད། གནས་གཞན་མེད། དཔུང་གཉེན་གཞན་མེད་དོ། 5-1-110 །རྒྱལ་པོ་ཆེན་པོ་དེའི་ཚེ་དེའི་དུས་ན་ཆོས་ནི་གླིང་དང་གནས་དང་མགོན་དང་སྟོན་པར་གྱུར་ རོ། །ཞེས་གསུངས་པ་ལྟར་རོ། །ཡང་འཇིག་རྟེན་འདིར་སྐྱེ་བོ་རྒྱལ་པོས་ཆད་པས་ཕོག་པ་ འགའ་ཞིག་ཡན་ལག་གཅོད་པའི་སར་དེ་རིང་ཙམ་ཞིག་སྐལ་བ་མཉམ་པས་འཁྲིད་པའང་ ཤིན་ཏུ་འཇིགས་པར་གྱུར་ཏེ་སྙོམས་པས་ཁ་སྐོམ་པ་དང་མིག་རྩ་ངན་པ་ལ་སོགས་པ་སྔར་གྱི་ གནས་སྐབས་ལས་གཞན་དུ་འགྱུར་བར་སྣང་ན་སྐལ་མི་མཉམ་པ་གཤིན་རྗེའི་ཕོ་ཉ་བ་ཆེན་ པོ་སྲིན་པོ་ལྟར་རབ་ཏུ་འཇིགས་པའི་ཤ་ཚུགས་ཅན་གྱིས་བཟུང་ནས་དམྱལ་བའི་སྣང་བ་ལ་ སོགས་པའི་འཇིགས་པ་ཆེན་པོའི་ནད་དྲག་པོ་རྣམས་ཀྱི་ཐེབས་པར་གྱུར་པས་རབ་ཏུ་ཉམ་ ཐག་སྟེ་བཤང་གཅིས་ལུས་ལ་གོས་པར་གྱུར་པ་སྨོས་ཀྱང་ཅི་དགོས་དེ་ཕྱིར་དགེ་བ་ལ་འབད་ པར་རིགས་སོ། །སྡུག་བསྔལ་གྱིས་ཉམ་ཐག་པའི་དེ་དུས་སུ་བྱ་ཐབས་མ་རྙེད་པས་འདི་ལྟར་ བསམས་ཏེ། སྙིང་རྗེ་ཅན་སུ་ཞིག་གཤིན་རྗེས་བཟུང་བའི་འཇིགས་པ་ཆེན་པོ་འདི་ལས་ ཕོངས་པ་བདག་ལེགས་པར་སྐྱོབས་པར་བྱེད་པར་འགྱུར་ཞེས་སྨྲ་ཞིང་འཇིགས་པས་བྲེད་ཤ་ ཐོན་པའི་མིག་རབ་ཏུ་བགྲད་ནས་ཁ་ཕྱོགས་བཞིར་བལྟས་ཏེ་སྐྱབས་དག་ཚོལ་བར་བྱེད་ལ་ དེ་ལྟར་ཕྱོགས་བཞིར་བཙལ་ཡང་ལས་ངན་པའི་དབང་གིས་སྐྱབས་སུ་ཡང་མེད་པར་མཐོང་ ནས། དེ་ཚེ་སྐྱབས་མ་རྙེད་པས་ཀུན་ཏུ་ཡི་མུག་པར་འགྱུར་ཞིང༌། ཤི་ནས་དམྱལ་བ་ལ་སོགས་ པར་ལྷུང་བའི་གནས་དེར་སྡིག་པ་ཅན་ལ་སྐྱབས་སུ་ཡང་ཡོད་པ་མ་ཡིན་ན་དེ་ཚེ་བདག་གིས་ ཇི་ལྟར་བྱས་སྟེ་འགྱོད་ཀྱང་བཅོས་ཐབས་མེད་པས་ད་ལྟ་ཉིད་ནས་དགེ་བ་ལ་འབད་པར་ རིགས་སོ། །དེ་ལྟ་བས་ན་རྒྱལ་བ་འགྲོ་བའི་མགོན་པོ་རྫོགས་པའི་སངས་རྒྱས་གང་དང་དེའི་ ཐུགས་སུ་ལེགས་པར་ཆུད་པའི་འཁོར་བའི་འཇིགས་པ་སེལ་བའི་དམ་པའི་ཆོས་དང༌། བདེ་ བར་གཤེགས་པའི་སྲས་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་ལའང་གཡོ་སྒྱུ་ཐེ་ཚོམ་ མེད་པར་མཆོག་ཏུ་དད་པས་སྐྱབས་སུ་མཆིའོ། །དེ་ཡང་ཉི་མའི་སྙིང་པོ་ལས། སངས་རྒྱས་ 5-1-111 སྐྱབས་སུ་སེམས་ཅན་སུ་འགྲོ་བ། །བདུད་རྣམས་བྱེ་བས་བསད་པར་མི་ནུས་ཏེ། །ཚུལ་ཁྲིམས་ ཉམས་ཤིང་བློ་ནི་འཁྲུགས་ཟིན་ཡང༌། །དེ་ནི་ངེས་པར་སྐྱེ་བའི་ཕ་རོལ་འགྲོ།ཞེས་གསུངས་པ་ ལྟར་གྱི་ཕན་ཡོན་སོགས་མང་ངོ༌། ། གཞན་ཡང་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་དང༌། མགོན་པོ་འཇམ་པའི་ དབྱངས་ལའང་གུས་པས་བདག་ལུས་འབུལ་ཞིང༌། འཕགས་མཆོག་ཐུགས་རྗེ་ཆེན་པོ་ལ་ སྒོས་སུ་རེ་བས་འོ་དོད་འབོད་པ་ལགས་ན་སྡིག་ཅན་བདག་ནི་ངེས་པར་བསྐྱབ་ཏུ་གསོལ། དེ་ བཞིན་དུ་འཕགས་པ་ནམ་མཁའི་སྙིང་པོ་དང༌། སའི་སྙིང་པོ་སོགས་ལའང་རེ་ལྟོས་དེ་ལྟར་ འཆའ་ཞིང༌། སྔོན་ཆད་ཁྱེད་རྣམས་ཀྱི་བཀའ་ལས་བདག་འདས་ཤིང་ད་སྐབས་རང་ཉིད་ འཇིགས་པས་སྐྲག་སྟེ་ཁྱེད་རྣམས་ལ་སྐྱབས་སུ་མཆི་བ་ལགས་ན་འཇིགས་པ་མ་ལུས་པ་མྱུར་ དུ་བསལ་དུ་གསོལ། རང་དགར་ཐ་མལ་གྱི་ནད་ཀྱི་བཏབ་པ་ལའང་སྨན་པའི་ངག་གི་བསྒོ་བ་ བཞིན་དུ་ལེགས་པར་བསྒྲུབ་དགོས་ན་སྡུག་བསྔལ་མ་ལུས་པ་བསྐྱེད་པའི་ཉེས་པ་ཉོན་མོངས་ པའི་ནད་ཆེན་པོས་ཡུན་རིང་དུ་བཏབ་པ་ལ་དེ་འཇོམས་བྱེད་ཀྱི་སྨན་རྒྱལ་བའི་བཀའ་བཞིན་ དུ་གཉེན་པོ་བསྟེན་པ་ལ་འབད་དགོས་པ་ལྟ་སྨོས་ཀྱང་ཅི་དགོས། ཉོན་མོངས་པའི་ནད་མ་ རུངས་པ་འདིས་ནི་འཛམ་གླིང་ན་གནས་པའི་མི་ཀུན་སྡུག་བསྔལ་གྱིས་བརླག་པར་བྱེད་ནུས་ ན། དེ་གསོ་བའི་ཐབས་ཀྱི་སྨན་ཐམས་ཅད་མཁྱེན་པའི་བཀའ་བཞིན་མི་བྱེད་པ་ནི་ཤིན་ཏུ་ བླུན་ཞིང་རྨོངས་པ་ཡིན་ལ། ལྟུང་ན་ཡན་ལག་ཙམ་ཉམས་པར་གྱུར་པའི་གཡང་ས་ཆུང་ངུ་ ལ་ཤིན་ཏུ་འཛེམ་བག་བྱ་དགོས་ན་ཤིན་ཏུ་འཇིགས་པའི་གནས་དཔག་ཚད་དུ་མའི་འོག་ཏུ་ དམྱལ་བ་མནར་མེད་ལ་སོགས་པའི་གཡང་ས་ཆེན་པོ་དག་ལ་ཅི་སྟེ་བག་བྱ་མི་དགོས། དུས་ དེ་རིང་ཙམ་ལའང་མི་འཆི་སྙམ་པའི་བག་ཕེབ་ནས་གནས་པར་བྱ་མི་རུང་སྟེ། བདག་ཤི་ནས་ མེད་པར་གྱུར་པའི་དུས་ཞིག་ནི་ངེས་པར་གདོན་མི་ཟ་བ་འོང་ཞིང་དེ་ཡང་ནམ་འོང་ངེས་པ་ 5-1-112 མེད་པ་སྟེ། བཤེས་སྤྲིང་དུའང༌། ཚེ་འདི་གནོད་མང་རླུང་གིས་བཏབ་པ་ཡི། །ཆུ་ཡི་ཆུ་བུར་ བས་ཀྱང་མི་རྟག་ན། །དབུགས་དབྱུང་དབུགས་རྔུབ་གཉིད་ཀྱིས་ལོག་པ་ལས། །སད་ཁོམ་ གང་ལགས་དེ་འདྲ་ངོ་མཚར་ལགས། །ཞེས་གསུངས་པ་ལྟར་རོ། །གཞན་ཡང་བདག་ལ་འཆི་ མི་དགོས་པའི་གནང་བ་སུ་ཡིས་བྱིན་ཏེ། སུས་ཀྱང་བྱིན་པ་མེད་ལ་འཆི་བའི་འཇིགས་པ་ལས་ གང་ནས་བསམ་ཀྱང་ནམ་ཡང་མི་ཐར་པའི་སེམས་ཐག་ཆོད་ན་ཅི་ཕྱིར་ད་ལན་ཡིད་བདེ་བར་ གནས་ཏེ་འདུག་པར་འོས་ཏེ་ནམ་ཡང་སོས་དལ་དུ་སྡོད་པར་མི་རིགས་ཏེ། མྱ་ངན་བསལ་ བར་ཡང༌། ས་འམ་འོན་ཏེ་མཐོ་རིས་ན། །སྐྱེས་ནས་ལ་ལ་མ་ཤི་བ། །འགའ་ཞིག་ཁྱོད་ཀྱིས་ མཐོང་བའམ། །ཐོས་སམ་འོན་ཏེ་ཐེ་ཚོམ་ཟ། །ཞེས་གསུངས་པ་ལྟར་རོ། །སྔོན་ཆད་འཁོར་བ་ ཐོག་མེད་ནས་ལུས་ལོངས་སྤྱོད་འདི་ལྟ་བུ་ཡང་ཡང་མྱོང་སྟེ་ཞིག་པ་ལས་ད་སྐབས་བདག་ལ་ ལྷག་པའི་དངོས་པོ་ཅི་ཞིག་ཡོད་དེ་ཅི་ཡང་མེད་ན་བདག་ནི་ཟག་བཅས་ཀྱི་འབྱོར་བ་དམན་ པ་རྣམས་ལ་མངོན་པར་ཞེན་ནས་རྒྱལ་བའི་བཀའ་དང་འགལ་བར་བྱེད་པ་ནི་མི་རིགས་པ་ ཆེན་པོ་ཡིན་པས་ད་ནི་བཀའ་བཞིན་བསྒྲུབ་པ་ལ་འབད་པར་བྱའོ། །ནམ་ཞིག་ཤི་བའི་ཚེ་ གཉེན་གྲོགས་ལོངས་སྤྱོད་རྣམས་མ་ཟད་རང་སྲོག་ཚུན་ཆད་དང་བྲལ་ནས་བདག་ཉིད་གཅིག་ པུ་གྲོགས་མེད་པར་ངེས་མེད་ཀྱི་གནས་སུ་འགྲོ་དགོས་ན་འདི་ངོགས་ཀྱི་གཉེན་དང་དགྲ་ལ་ ཆགས་སྡང་གི་སྒོ་ནས་སྡིག་པ་བསགས་པ་འདི་དོན་ཅི་ཡང་མེད་ངེས་སུ་འདུག་པས་ད་ནི་ དགེ་བ་ལ་འབད་པར་རིགས་སོ། །རྒྱུ་མི་དགེ་བ་ལས་འབྲས་བུ་སྡུག་བསྔལ་དྲག་པོ་ངེས་པར་ འབྱུང་བས་ན་སྡུག་བསྔལ་རྒྱུ་བཅས་ལས་ཐར་ཐབས་གང་གིས་བཟང་ན་དགེ་བ་འབའ་ཞིག་ ལ་བརྩོན་དགོས་ངེས་སུ་ཡིད་ཆེས་པར་བྱ་སྟེ། མདོ་ལས། འཇིག་རྟེན་པ་ཡི་ཡང་དག་ལྟ། །ཆེན་པོ་སུ་ལ་ཡོད་གྱུར་ན། །དེ་ནི་བསྐལ་པ་སྟོང་དུ་ཡང༌། །ངན་འགྲོར་འགྲོ་བར་མི་འགྱུར་ རོ། །ཞེས་གསུངས་པ་ལྟར་རོ། །བདག་གི་ནི་མི་ཤེས་པའི་དབང་གིས་སྡིག་པ་གང་བགྱིས་ 5-1-113 པ་དེ་དག་ཐམས་ཅད་མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱི་སྤྱན་སྔར་མངོན་སུམ་ དུ་ཐལ་མོ་སྦྱར་ཏེ་སྡུག་བསྔལ་གྱི་འཇིགས་པའི་སེམས་ཀྱིས་ཡང་དང་ཡང་དུ་གུས་པས་ཕྱག་ འཚལ་ཏེ་ཉེས་ལྟུང་དེ་དག་སོ་སོར་མཐོལ་ཞིང་བཤགས་པར་བགྱིའོ། །འདྲེན་པ་རྣམས་ཀྱིས་ བདག་གི་སྡིག་པ་འདི་རྣམས་ནོངས་ཤིང་ཉེས་པ་ལགས་པར་བཟུང་ཞིང་མཁྱེན་པར་མཛད་ དུ་གསོལ། མི་དགེ་བ་འདི་རྣམས་མི་རུང་བ་ཉེས་པའི་འབྱུང་ཁུངས་ཤིན་ཏུ་སྨད་པའི་གནས་ ཡིན་གྱིས་བཟང་པོ་གཏན་ནས་མ་ཡིན་པས་དུས་འདི་ནས་བརྩམས་ཏེ་སླན་ཆད་བྱང་ཆུབ་ ཀྱི་བར་དུ་བདག་ནི་ཤེས་བཞིན་དུ་སྲོག་ལ་བབས་ཀྱང་སྡིག་པ་མི་བགྱིད་ཅིང་སྡོམ་པར་བགྱི་ ལགས་སོ། །སྙམ་པའི་སྒོ་ནས་ཕྱོགས་རྣམས་ཀུན་ན་བཞུགས་པ་ཡི་སོགས་ནས། སླན་ཆད་ བདག་གིས་ནི་ཡོངས་སུ་མི་བགྱིད། །ཅེས་པའི་བར་བརྗོད་པར་བྱའོ། ། བཞི་པ་དགེ་བ་ལ་རྗེས་སུ་ཡི་རང་བའི་ཡན་ལག་ནི། སེམས་ཅན་འཁོར་བར་གནས་པ་ ཀུན་གྱི་ཁྱད་པར་ངན་སོང་གསུམ་པོ་དག་གི་སྡུག་བསྔལ་མྱོང་བས་ངལ་ཞིང་དུབ་པ་རྣམས་ གནས་སྐབས་མཐོ་རིས་སུ་ཅུང་ཟད་ཅིག་ངལ་སོས་པའི་བདེ་བ་ཐོབ་པའི་རྒྱུ་འཇིག་རྟེན་པའི་ དགེ་བ་སྤྱོད་པ་དང་འབྲས་བུ་མངོན་མཐོ་ཐོབ་པ་ལ་ཕྲག་དོག་སྤངས་ཏེ་དགའ་ཞིང་མགུ་ནས་ རྗེས་སུ་ཡི་རང་བ་དང༌། ཐེག་པ་གསུམ་ལ་གནས་པ་དག་གི་བྱང་ཆུབ་གསུམ་འགྲུབ་པའི་ རྒྱུར་གྱུར་པའི་དགེ་བ་ཚོགས་གཉིས་ཉེ་བར་བསགས་པ་དང་འབྲས་བུ་གནས་སྐབས་འཁོར་ བའི་སྡུག་བསྔལ་ཐར་བའི་མྱང་འདས་དང༌། ཁྱད་པར་མཐར་ཐུག་བླ་ན་མེད་པའི་བྱང་ཆུབ་ ཆེན་པོ་ཐོབ་པ་དང༌། དེའི་རྒྱུ་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་ལམ་གྱི་དགེ་ བ་རྒྱ་ཆེ་བ་སྤྱི་དང་ཁྱད་པར་གནས་སྐབས་མཐར་ཐུག་གི་བདེ་བ་མཛད་པའི་ཆེད་དུ་བསམ་པ་ བྱང་ཆུབ་ཀྱི་ཐུགས་བསྐྱེད་པའི་དགེ་བ་རྒྱ་མཚོ་ལྟར་ཟབ་ཅིང་རྒྱ་ཆེ་བ་རྣམས་དང་སྦྱོར་བ་བསྡུ་ བའི་དངོས་པོ་བཞིས་སེམས་ཅན་ཐམས་ཅད་ལ་ཕན་འདོགས་པར་མཛད་པ་ལ་ཡང་རབ་ 5-1-114 ཏུ་དགའ་ཞིང་དང་བས་རྗེས་སུ་ཡི་རང་ངོ་སྙམ་པའི་སྒོ་ནས་སེམས་ཅན་ཀུན་གྱི་ངན་སོང་གི་ སོགས་ནས། དགའ་བས་རྗེས་སུ་ཡི་རང་ངོ༌། །ཞེས་པའི་བར་བརྗོད་དོ། ། ལྔ་པ་ཆོས་འཁོར་བསྐོར་བར་བསྐུལ་བའི་ཡན་ལག་ནི། ཕྱོགས་བཅུར་བཞུགས་པའི་ སངས་རྒྱས་བཅོམ་ལྡན་འདས་རྣམས་ཡོན་དུ་གསེར་གྱི་འཁོར་ལོ་ཕུལ་བར་མོས་ཤིང་ལུས་ ཀྱི་ཐལ་མོ་སྦྱར་ཏེ་ངག་ཏུ་གསོལ་བ་ནི་སེམས་ཅན་སྡུག་བསྔལ་གྱིས་གདུངས་ཤིང་མ་རིག་ པའི་མུན་པས་འཐོམས་པས་ལམ་དང་ལམ་མིན་གྱི་ཚུལ་མི་ཤེས་པ་རྣམས་ལ་རང་རང་གི་ སྐལ་བ་དང་མཐུན་པར་དམ་པའི་ཆོས་ཀྱི་སྣང་བ་སྒྲོན་མེ་གསལ་བ་ལྟ་བུ་སྦར་ཏེ་མི་ཤེས་པའི་ མུན་པ་བསལ་ནས་ཡང་དག་པའི་ལམ་བསྟན་དུ་གསོལ་སྙམ་པའི་སྒོ་ནས་ཕྱོགས་རྣམས་ཀུན་ གྱི་སོགས་སྦར་དུ་གསོལ། ཞེས་པའི་བར་བརྗོད། དྲུག་པ་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པའི་ཡན་ལག་ནི་རྒྱལ་བ་ཆོས་ཀྱི་ སྐུ་མྱ་ངན་ལས་མི་འདའ་ཡང་གཟུགས་ཀྱི་སྐུའི་མཛད་པ་མཐར་ཕྱིན་ནས་མྱ་ངན་ལས་འདའ་ བའི་ཚུལ་སྟོན་པ་བཞེད་པ་དེ་དག་ལ་ཐལ་མོ་སྦྱར་ཏེ་གསོལ་བ་ནི་འགྲོ་བ་མཐའ་ཡས་པ་འདི་ རྣམས་ཤེས་རབ་ཀྱི་མིག་གཏི་མུག་གི་ལིང་ཏོག་གིས་མདོངས་པར་མི་འགོད་ཅིང་བླང་དོར་གྱི་ གནས་གསལ་བར་བགྱི་བའི་སླད་དུ་བསྐལ་པ་གྲངས་མེད་མང་པོའི་བར་དུ་མྱ་ངན་ལས་མི་ འདའ་བར་ཡུན་རིང་དུ་བཞུགས་པར་གསོལ་བ་འདེབས་སོ་སྙམ་པའི་སྒོ་ནས་རྒྱལ་བ་མྱ་ངན་ འདའ་བཞེད་ལ། སོགས་བཞུགས་པར་གསོལ་ཞེས་པའི་བར་བརྗོད་པར་བྱའོ། ། བདུན་པ་དགེ་བ་བསྔོ་བའི་ཡན་ལག་ནི། དེ་ལྟར་མཆོད་པ་ནས་གསོལ་བ་གདབ་པའི་ བར་གྱི་ཡན་ལག་འདི་དག་ཀུན་ཐོག་མར་བྱས་ཏེ་དེ་དག་ལས་དགེ་བ་བདག་གིས་བསགས་ པ་དེས་ནི་སེམས་ཅན་ཐམས་ཅད་ཀྱིས་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ཐམས་ཅད་ བྱང་བར་ཤོག་ཅིག ཁྱད་པར་སྙིང་རྗེ་བའི་གནས་ནད་ཀྱི་བསྐལ་པ་བར་མ་ལ་སོགས་པར་ 5-1-115 འགྲོ་བ་ནད་སྣ་ཚོགས་ཀྱིས་གཟིར་བ་རྣམས་ཇི་སྲིད་ནད་ལས་གྲོལ་ཞིང་སོས་པར་གྱུར་གྱི་ བར་དུ་བདག་ཉིད་ནད་ཞི་བྱེད་ཀྱི་སྨན་དང་ཕན་འདོགས་པའི་སྨན་པ་དང་ནད་གཡོག་རིམ་ གྲོ་ལ་སོགས་པ་ཇི་ལྟར་མཁོ་བ་བཞིན་བྱེད་ནུས་པའི་རང་བཞིན་ཅན་དུ་གྱུར་པར་ཤོག་ཅིག བཀྲེས་སྐོམ་གྱིས་ཉེན་པ་རྣམས་ལ་ཟས་སྐོམ་བདུད་རྩི་ལྟ་བུ་རྣམས་ཀྱི་ཆར་རྒྱུན་མི་འཆད་ པར་ཕབ་སྟེ་སྡུག་བསྔལ་དེ་དག་བསལ་ནས་ཚིམ་པའི་བདེ་བ་ལ་འཁོད་པར་གྱུར་ཅིག དེ་ ཡང་མཛོད་ལས། དེ་ནས་ལས་ཀྱི་ལམ་ལྷག་པས། །ཚེ་ཐུང་ལོ་ནི་བཅུ་པར་འགྱུར། །བསྐལ་ པ་མཚོན་དང་ནད་དང་ནི། །མུ་གེ་རྣམས་ཀྱི་མཐར་ཕྱིན་ཏོ། །ཞེས་པ་ལྟར་མི་དགེ་བའི་དབང་ གིས་ཚེ་ལོ་བཅུ་པ་ལ་བསྐལ་པ་བར་མ་མཚོན་བསྐལ་ཞག་བདུན་ནད་བསྐལ་ཞག་བདུན་མུ་ གེའི་བསྐལ་པ་ཞག་བདུན་ཟླ་བ་བདུན་ལོ་བདུན་རྣམས་ཀྱིས་མཐར་ཕྱིན་པར་འགྱུར་བའི་ སྐབས་དེ་དག་ལ་བཟའ་བཏུང་སྨན་དང་ཡིད་དུ་འོང་བའི་མེ་ཏོག་གི་ཆར་ལ་སོགས་གང་ འཚམ་གྱི་བདེ་བ་བསྐྱེད་པའི་དངོས་པོ་མཐའ་དག་གིས་དེ་དག་ན་གནས་པའི་འགྲོ་བ་ཀུན་གྱི་ སྡུག་བསྔལ་སེལ་ནུས་པར་ཤོག་ཅིག གཞན་ཡང་སེམས་ཅན་དབུལ་བོར་གྱུར་པ་རྣམས་ལ་ ལོངས་སྤྱོད་མི་ཟད་པའི་གཏེར་ཆེན་པོ་མདུན་ན་ཉེ་བར་གནས་པར་གྱུར་ཅིག སྙམ་པའི་སྒོ་ ནས་དེ་ལྟར་འདི་དག་ཀུན་བྱས་ཏེ། །སོགས་ནས། མདུན་ན་ཉེ་བར་གནས་གྱུར་ཅིག །ཅེས་ པའི་བར་དང༌། གཞན་ཡང་གང་ཟག་བདག་ལ་དམིགས་ནས་དུས་ནམ་དུ་ཡང་སེམས་ཅན་ འགའ་ཡང་དོན་མེད་པར་མ་གྱུར་ཅིག བདག་ལ་དམིགས་ནས་གཞན་དག་ལ་སེམས་བཟང་ ངན་ཅི་བྱུང་ཡང་སེམས་དེ་དག་ཉིད་དུས་རྟག་ཏུ་སེམས་ཅན་དེ་དག་གི་གནས་སྐབས་དང་ མཐར་ཐུག་གི་དོན་མ་ལུས་པ་ཀུན་འགྲུབ་པའི་རྒྱུར་གྱུར་ཅིག སེམས་ཅན་གང་དག་བདག་ ལ་སྨོད་ཅིང་གནོད་པར་བྱེད་པ་དང་སྒྲོ་བཏགས་ནས་ཕྱར་ཀ་སྣ་ཚོགས་གཏོང་ཡང་རུང་དེ་ དག་ཐམས་ཅད་བྱང་ཆུབ་ཆེན་པོ་ཐོབ་པའི་སྐལ་བ་དང་ལྡན་པར་གྱུར་ཅིག བདག་ནི་སེམས་ 5-1-116 ཅན་མགོན་མེད་པ་རྣམས་ཀྱི་མགོན་དང༌། ཚོང་པ་སོགས་ལམ་དུ་ཞུགས་པ་རྣམས་ཀྱི་དེད་ དཔོན་གྱི་གཙོ་བོ་དང༌། ཆུ་དང་རྒྱ་མཚོ་ལས་བརྒལ་འདོད་རྣམས་ཀྱི་འདོད་པ་དང་མཐུན་པའི་ གྲུ་དང་གཟིངས་ཆེན་པོ་དང༌། མུན་པས་ཉེན་པ་རྣམས་ལ་མེ་སྒྲོན་གསལ་བ་དང༌། གནས་ མལ་འདོད་པ་རྣམས་ལ་གནས་མལ་དང་བྲན་གཡོག་འདོད་པ་རྣམས་ལ་བྲན་གཡོག་ཏུའང་ འགྱུར་བར་ཤོག་ཅིག གཞན་ཡང་རྒུད་པ་སེལ་བའི་ཡིད་བཞིན་གྱི་ནོར་བུ་དང༌། འདོད་ དགུ་འབྱུང་བའི་བུམ་པ་བཟང་པོ་དང༌། ནད་ཀྱི་ཟུག་ངུ་ཞི་བར་བྱེད་པའི་སྨན་ཆེན་པོ་དང་ གང་བསམ་ཡོ་བྱད་སྟེར་བའི་དཔག་བསམ་གྱི་ཤིང་དང༌། ཇི་ལྟར་འདོད་པ་འཇོ་བའི་འདོད་ འཇོའི་བ་ལྟ་བུ་སོགས་འབྱུང་བ་ཆེན་པོ་རྣམས་ཀྱིས་སེམས་ཅན་དག་གི་ཉེར་འཚོའི་གཞི་བྱེད་ པ་བཞིན་དུ་བདག་གིས་ཀྱང་མ་ལུས་པའི་འགྲོ་བ་ལ་ཉེ་བར་འཚོ་བའི་གཞི་བླ་ན་མེད་པ་བྱེད་ པ་དང༌། ཉེར་འཚོའི་གཞིར་གྱུར་པ་བཞིན་དུ་ནམ་མཁའ་དང་མཉམ་པའི་སེམས་ཅན་རྣམས་ ལ་ཐམས་ཅད་འཁོར་བའི་སྡུག་བསྔལ་ལས་གྲོལ་བའི་མྱ་ངན་ལས་འདས་པ་མ་ཐོབ་ཀྱི་བར་ དུ་བདག་ནི་གང་ལ་ཅི་དགོས་པའི་ཉེར་འཚོའི་ཁྱད་པར་ལོངས་སྤྱོད་སྣ་ཚོགས་པའི་རྒྱུར་ཡང་ ཤོག་ཅིག་སྙམ་པའི་སྒོ་ནས་བདག་ལ་དམིགས་ནས་ནམ་དུ་ཡང༌། སོགས་ནས། བདག་ནི་ ཉེར་འཚོའི་རྒྱུར་ཡང་ཤོག །ཅེས་པའི་བར་བརྗོད་པར་བྱའོ། ། འདི་དག་གི་སྐབས་སུ་ཡན་ལག་བདུན་པའི་གོ་དོན་གོང་སྨོས་རྣམས་ལ་སེམས་ལེགས་ པར་ཕྱོགས་ནས་འདོན་ཚིག་རྣམས་དོར་ཡང་ཆོག་ལ་དེ་དག་གི་སྤྱོད་འཇུག་ལས་བྱུང་བའི་ ཡན་ལག་བདུན་པའི་དོན་མདོ་ཙམ་ཡིད་ལ་བླངས་པའི་ཕྱིར་སྨོས་པ་ལགས་ཀྱི། གཞུང་ གི་འབྲུ་འགྲེལ་ཇི་བཞིན་པ་བྱས་པ་མེད་ལ། འོན་ཀྱང་འདི་དག་འདོན་སྒོམ་སྦྲགས་མ་བྱེད་ པའམ་འདོན་ཚིག་རྣམས་དོར་ནས་གོང་བཤད་རྣམས་ལ་ངོ་ཐད་ནས་བསམ་པ་གང་བྱས་ཀྱང་ འདྲ་སྟེ། མདོ་རྩ་དེ་དག་ལ་སེམས་གནད་ཞོག་པ་ཞིག་ཅི་ནས་ཀྱང་གལ་ཤིན་ཏུ་ཆེ་བ་ལགས་ 5-1-117 སོ། ། ༈ གཉིས་པ་བར་དུ་དགེ་བའི་ཉམས་ལེན་གྱི་རིམ་པ་ལ། འཁོར་བ་ལ་ཞེན་པ་ལྡོག་པའི་ ཐབས་ཚུལ་དང༌། རྒྱལ་སྲས་ལམ་ལ་ཉམས་ལེན་བྱ་བའི་ཚུལ་གཉིས་ལས། དང་པོ་ལ། དལ་འབྱོར་རྙེད་དཀའ་སྒོམ་ཚུལ་དང༌། འཆི་བ་མི་རྟག་པ་སྒོམ་ཚུལ། འཁོར་ བའི་སྡུག་བསྔལ་སྒོམ་ཚུལ། ལས་རྒྱུ་འབྲས་སྒོམ་ཚུལ་བཞི་ལས། དང་པོ་དལ་འབྱོར་ངོས་བཟུང་བ། དོན་ཆེ་བར་བསམ་པ། རྙེད་དཀའ་བའི་ཚུལ་གསུམ་ ལས། དང་པོ་ནི། བཤེས་སྤྲིང་ལས། ལོག་པར་ལྟ་བ་འཛིན་དང་དུད་འགྲོ་དང༌། །ཡི་དྭགས་ ཉིད་དང་དམྱལ་བར་སྐྱེ་བ་དང༌། །རྒྱལ་བའི་བཀའ་མེད་པ་དང་མཐའ་འཁོབ་ཏུ། །ཀླ་ཀློར་ སྐྱེ་དང་གླེན་ཞིང་ལྐུགས་པ་ཉིད། །ཚེ་རིང་ལྷ་ཉིད་གང་ཡང་རུང་བར་ནི། །སྐྱེ་བ་ཞེས་བགྱི་ མི་ཁོམ་སྐྱོན་བརྒྱད་པོ། །དེ་དག་དང་བྲལ་ཁོམ་པ་རྙེད་ནས་ནི། །སྐྱེ་བ་བཟློག་པའི་སླད་དུ་ འབད་པར་མཛོད། །ཅེས་ལོག་ལྟ་ཅན། ངན་འགྲོ་གསུམ། སངས་རྒྱས་ཀྱི་བཀའ་མེད་པ་ དང༌། ཡུལ་མཐའ་འཁོབ་གླེན་ལྐུགས་ལྷ་ཚེ་རིང་པོ་སྟེ་མི་ཁོམ་པའི་གནས་བརྒྱད་དང་བྲལ་བ་ ནི་དལ་བ་བརྒྱད་དང༌། མི་ཉིད་དབུས་སྐྱེས་དབང་པོ་ཚང༌། །ལས་མཐའ་མ་ལོག་གནས་ལ་ དད༌། །ཅེས་མིར་སྐྱེས་པ་དང༌། ཡུལ་དབུས་སུ་སྐྱེས་པ་དང༌། དབང་པོ་ཚང་བ། ལས་མཐའ་ མ་ལོག་པ། གནས་ལ་དད་པ་སྟེ་རང་འབྱོར་ལྔ་དང༌། སངས་རྒྱས་བྱོན་དང་དམ་ཆོས་སྟོན། །བསྟན་པ་གནས་དང་དེའི་རྗེས་འཇུག །གཞན་ཕྱིར་སྙིང་ནི་བརྩེ་བའོ། །ཞེས་སངས་རྒྱས་ བྱོན་ནས་མྱ་ངན་ལས་མ་འདས་པ་སངས་རྒྱས་སམ་དེའི་ཉན་ཐོས་ཀྱིས་ཆོས་གསུང་བཞིན་ པ་སྒྲུབ་པའི་དུས་ཀྱི་བསྟན་པ་མ་ཉམས་པ། ཆོས་བསྟན་པས་གང་ཟག་དམན་པས་འབྲས་བུ་ ཐོབ་པར་མཐོང་ནས་གཞན་རྗེས་སུ་འཇུག་པ། སྦྱིན་བདག་གཞན་གྱི་སྙིང་བརྩེ་བ་སྟེ་གཞན་ 5-1-118 འབྱོར་ལྔ་དང་བཅས་པའི་ཆོས་བཅོ་བརྒྱད་རང་ལ་ཚང་ངམ་མ་ཚང་སྙམ་དུ་བློ་ཁ་ནང་དུ་ བལྟས་ཏེ་དཔྱད་པ་ན། རང་ཉིད་མིར་སྐྱེས་པས་ངན་སོང་གསུམ་དང་ལྷ་ཚེ་རིང་པོ་མིན། ཚེ་ སྔ་ཕྱི་ལས་འབྲས་དཀོན་མཆོག་རྣམས་ལ་ངེས་ཤེས་ཡོད་ན་ལོག་ལྟ་ཅན་མིན། རྒྱལ་བ་ཤཱཀྱ་ ཐུབ་པ་ལྟ་བུ་བྱོན་པའི་བསྟན་པ་གནས་ན་བཀའ་ཡང་ཡོད། བོད་འདིར་འཁོར་རྣམ་བཞི་མ་ ཚང་ཡང་དགེ་སློང་ཕ་ཡོད་ན་དོན་གྱི་ཡུལ་དབུས་ཡིན། གསུང་རབ་ཀྱི་ཚིག་དོན་ཅུང་ཟད་ གོ་ན་གླེན་ལྐུགས་མིན་པས་དལ་བ་བརྒྱད་དང༌། མི་ལུས་ཐོབ། ཆོས་ཚིགས་ཀྱི་ཡུལ་དབུས་ སུ་སྐྱེས། དབང་པོ་སྒོ་ལྔ་ཚང༌། མཚམས་མེད་ལྔ་མ་བྱས། སྡེ་སྣོད་ལ་དད་པ་ཐོབ་པས་རང་ འབྱོར་ལྔ་དང༌། གཞན་འབྱོར་དང་པོ་བཞི་དངོས་བསྟན་ལྟར་དཀའ་ཡང་དོན་གྱི་རྗེས་མཐུན་ པ་ཚང་ལུགས་ནི། སངས་རྒྱས་འཇིག་རྟེན་དུ་བྱོན་པ། དེས་ཆོས་གསུངས་པ། གསུངས་པའི་ ཆོས་གནས་པ། བསྟན་པ་དེ་ལ་རང་ཉིད་འཇུག་ཏུ་ཡོད་པའམ་ཞུགས་པ་དང༌། སྦྱིན་བདག་ སོགས་ཀྱིས་མཐུན་རྐྱེན་སྦྱོར་བ་སྟེ། གཞན་འབྱོར་ལྔ་དང་བཅས་པའི་ཆོས་བཅོ་བརྒྱད་པོ་ད་ ལྟ་རང་ལ་ཚང་མ་ཚང་བརྟགས་ཏེ་ཚང་ན་དགའ་བ་བསྒོམ་རང་གི་མ་བརྟགས་པའི་ཚེ་ཚང་བ་ ལྟར་སྣང་བ་མཐའ་དག་ལ་བརྟགས་ན་མ་ཚང་བ་ནི་ཤིན་ཏུ་མང་ངོ༌། ། གཉིས་པ་དོན་ཆེ་བར་བསམ་པ་ནི། བཤེས་སྤྲིང་ལས། བདེ་གཤེགས་ལམ་རྟེན་འགྲོ་ བ་འདྲེན་པར་ཆས་གྱུར་ཅིང༌། །སེམས་ཀྱི་སྟོབས་ཆེན་མི་ཡི་རྙེད་པ་གང་ཡིན་པ། །ལམ་དེ་ལྷ་ དང་ཀླུ་ཡིས་རྙེད་མིན་ལྷ་མིན་དང༌། །མཁའ་ལྡིང་རིག་འཛིན་མིའམ་ཅི་དང་ལྟོ་འཕྱེས་མིན། །ཞེས་ངན་སོང་གསུམ་ནི་མི་དགེ་བའི་རྣམ་སྨིན་ལ་གཙོ་བོར་སྤྱོད་པས་ལས་བསོགས་པའི་ མཐུ་མི་ཆེ། བྱང་སྒྲ་མི་སྙན་གྱི་མི་དང་ལྷ་རྣམས་ནི་དགེ་བའི་རྣམ་སྨིན་ལ་ལོངས་སྤྱོད་པས་ གཡེང་ནས་ལས་གསག་པའི་མཐུ་ཆུང༌། སྤྱིར་གླིང་གསུམ་གྱི་མི་ལས་བསོགས་པའི་མཐུ་ཆེ་ ལ། ཁྱད་པར་རང་ཅག་འཛམ་བུའི་གླིང་པ་ལས་ཀྱིས་ས་པ་ཡིན་པས་བླང་དོར་མ་ནོར་བ་ཞིག་ 5-1-119 བྱས་པའི་ཚེ་མངོན་མཐོ་ལྷ་མིའི་གོ་འཕང་ཉན་རང་གི་མྱང་འདས་སངས་རྒྱས་ཀྱི་སར་འཁྲིད་ པའི་སེམས་བསྐྱེད་དང༌། སངས་རྒྱས་ཀྱི་གོ་འཕང་རྣམས་ཀྱང་ལག་རྩེར་ཡོད་པ་ཡིན་པས་ད་ རེས་བདག་གིས་རྙེད་པ་འདི་ལྷའི་ཡིད་བཞིན་གྱི་ནོར་བུ་ལས་ཀྱང་ལྷག་པ་ཞིག་རྙེད་འདུག་ གོ་སྙམ་དུ་དགའ་བ་ཆེན་པོ་མ་བྱུང་གི་བར་དུ་བསྒོམ་པར་བྱའོ། ། གསུམ་པ་རྙེད་པར་དཀའ་ཚུལ་ནི། དཔེ་དང་རྒྱུ་དང་ངོ་བོའི་སྒོ་ནས་གསུམ་ལས། དང་པོ་དཔེའི་སྒོ་ནས་རྙེད་པར་དཀའ་ཚུལ་ནི། སྤྱོད་འཇུག་ལས། རྒྱ་མཚོ་ཆེར་གཡེང་ གཉའ་ཤིང་གི །བུ་གར་རུས་སྦལ་མགྲིན་ཆུད་ལྟར། །ཞེས་སྟོང་གསུམ་གྱི་སྟོང་ཆེན་པོ་ཆུས་ གང་བ་ལྟ་བུའི་རྒྱ་མཚོ་ཆེན་པོའི་སྟེང་ན་གསེར་གྱི་གཉའ་ཤིང་བུ་ག་གཅིག་པ་ཞིག་ཡོད་པ་དེ་ ཕྱོགས་ཀུན་ཏུ་རླུང་གིས་བསྐུལ་ཏེ་ངེས་མེད་དུ་འཁྱེར་ལ། དེའི་ཞབས་ན་རུས་སྦལ་ལོང་བ་ ལོ་བརྒྱ་བརྒྱ་ནས་མགོ་མཚོ་སྟེང་དུ་ཐོན་པ་རེ་རེ་བྱེད་པ་དེའི་མགྲིན་པ་གསེར་གྱི་གཉའ་ཤིང་ གི་བུ་གར་ཆུད་པ་ཙམ་ཡིན་ལ། དེ་བཞིན་དུ་ད་རེས་བདག་གིས་དལ་འབྱོར་འདི་ཐོབ་པ་ཡང་ དེ་དང་མཚུངས་སྙམ་པ་དང༌། དེ་ལས་དཔེ་གསལ་བ་ནི་གྱང་ལོགས་ལ་སྲན་མ་གཏོར་ན་དེར་ ཆགས་པ་ཤིན་ཏུ་དཀོན། གལ་ཏེ་རེ་རེ་ཙམ་ཆགས་པ་སྲི ད་ན་བདག་གི་དལ་འབྱོར་ཐོབ་པ་ དེ་ལྟ་བུ་དང་མི་ཁོམ་པར་སྐྱེས་པ་ནི་སྲན་མ་ས་རུ་ལྷུང་བ་དང་མཚུངས་པར་འདུག་སྙམ་ནས་ དེས་དོན་རང་སྟེང་དུ་འཕྲོད་ངེས་ཤིག་བསྒོམས་པ་ན། ད་རེས་སྟབས་ཅུང་ཟད་ལེགས་པ་མ་ གཏོགས་གཡང་ལ་དེའུ་ལྷུང་ཟེར་བ་ལྟ་བུའི་དུས་སུ་འཆར་བའི་དཀའ་འཇིགས་ཀྱི་བློ་བཅོས་ མིན་སྐྱེས་པར་གསུངས་སོ། ། གཉིས་པ་རྒྱུའི་སྒོ་ནས་རྙེད་པར་དཀའ་ཚུལ་ནི། འཇུག་པ་ལས། མངོན་མཐོའི་རྒྱུ་ནི་ཚུལ་ ཁྲིམས་ལས་གཞན་མེད། །ཅེས་སྤྱིར་བདེ་འགྲོ་ཙམ་ཐོབ་པ་ལའང་ཚུལ་ཁྲིམས་སྣ་གཅིག་ཡན་ ཆད་བསྲུང་དགོས་ཁྱད་པར་དལ་འབྱོར་གྱི་རྟེན་ཐོབ་པ་ལ། རིན་ཆེན་ཕྲེང་བ་ལས། སྦྱིན་པས་ 5-1-120 ལོངས་སྤྱོད་ཁྲིམས་ཀྱིས་བདེ། །ཞེས་གསུངས་པ་ལྟར་ཚུལ་ཁྲིམས་རྣམ་པར་དག་པས་གཞི་ བཟུང༌། སྦྱིན་སོགས་ཀྱིས་གྲོགས་བྱས་སྨོན་ལམ་དྲི་མ་མེད་པས་མཚམས་སྦྱོར་དགོས་པ། རྒྱུ་དེ་རྣམས་སྒྲུབ་པ་ནི། ངན་སོང་གསུམ་ལ་དགེ་སེམས་མངོན་གྱུར་ཙམ་ཡང་སྐྱེ་དཀའ། ལྷ་ རྣམས་ཀྱང་ཏིང་ངེ་འཛིན་དང་འདོད་བདེའི་གཡེངས། མི་ལ་ཆོས་མ་དར་བའི་ཡུལ་ནས་ཕུང་ གི་ཚོད་དུ་བྱས་ན་ཆོས་དར་བའི་ཡུལ་ནས་རྡོག་གཅིག་ཙམ་དུ་སྣང༌། ཡུལ་དེའི་མིའི་ཁྲོད་ན་ ཆོས་དང་མ་མཇལ་བ་ནས་ཕུང་གི་ཚོད་དུ་བྱས་ན་ཆོས་དང་མཇལ་བ་ནས་འབྲུ་གཅིག་ཙམ་ དུ་སྣང༌། རང་རེ་བོད་ལྟ་བུ་ལ་མཚོན་ན་སྐྱེ་བོ་ཁྲི་ཕྲག་གི་ཁྲོད་དུའང་ཚུལ་ཁྲིམས་བསྲུང་བ་ ཁས་འཆེ་བ་ནི་ཤིན་ཏུ་ཉུང༌། དེའི་ནང་ནས་ཀྱང་གོང་གི་ཕུན་སུམ་ཚོགས་པའི་རྒྱུ་གསུམ་གྲུབ་ པར་སྲི ད་མཐའ་ཙམ་དུ་འདུག བློ་ཁ་ནང་དུ་ལོག་སྟེ་རང་ལ་བལྟས་ན་དགེ་བ་གཙང་སང་ ངེ་བློ་བདེ་ངེས་པ་ནི་ཉི་མ་གཅིག་ཙམ་ཡང་བྱས་པ་མི་དྲན། སྡིག་པ་ནི་ཞར་བྱུང་དུའང་ཉིན་རེ་ བཞིན་བསགས་པ་འདི་ཡང་རྒྱལ་པོའི་མཛོད་ལྟར་གང་བལྟས་བལྟས་ནས་བསོགས་འདུག་ པས་ད་རེས་ཚེ་ཞབས་འདི་ལ་བཙན་ས་ཞིག་མ་ཟིན་ན་སླར་མི་ལུས་ཐོབ་པ་མི་འདུག འཐོབ་ རྒྱུ་རེ་བའི་བློ་འདི་ཡང་དཔྱིད་ཉུང་ཀར་བཏབ་ནས་སྟོན་ནས་བསྡུ་རྩིས་བྱེད་པ་དང་ཁྱད་པར་ མི་འདུག་པས་ཅོལ་རེ་ཆུང་སྙམ་པའི་བློ་མྱོང་བ་མ་ཐོན་བར་དུ་བསྒོམ་པར་བྱའོ། ། གསུམ་པ་ངོ་བོའི་སྒོ་ནས་རྙེད་པར་དཀའ་ཚུལ་ནི། དབྱར་དུས་སྲི ན་བུ་མང་བའི་ས་ ཕྱོགས་སུ་ཕྱིན་པའམ་ཕྱིན་པར་མོས་ནས་དམྱལ་བར་གནས་པའི་སེམས་ཅན་མཚན་མོའི་ སྐར་མའི་ཚོད་དུ་བྱས་ན་ཡི་དྭགས་ཉིན་སྐར་ཙམ། ཡི་དྭགས་མཚན་མོའི་སྐར་མའི་ཚོད་དུ་ བྱས་ན་དུད་འགྲོ་ཉིན་སྐར་ཙམ་དུད་འགྲོ་ལའང་བྱང་ན་ཡོད་པ་དང་གླིང་བར་གྱི་མུན་ནག་ན་ ཡོད་པ་མཚན་མོའི་སྐར་མའི་ཚོད་དུ་བྱས་ན་ཁ་འཐོར་བ་ཉིན་སྐར་ཙམ། དེ་ལས་ཀྱང་མི་ཤིན་ ཏུ་ཉུང་བ་ནི་དབྱར་དུས་ཀྱི་ས་ཕྱར་བ་ཙམ་གྱི་སྟེང་ན་དུད་འགྲོ་ཆུང་ངུ་བགྲང་གིས་མི་ལང་ན་ 5-1-121 དེ་ལ་མི་བཅུ་སྐོར་ལས་མི་ཤོང་བ་དང་ཡུལ་གྲོང་རེ་ལ་མི་ཇི་ལྟ་མང་ཡང་འབུམ་ཕྲག་བརྒལ་ བ་ཆེར་མི་འོང་ལ། ཡང་བདེ་འགྲོའི་རྟེན་ལ་ལྟོས་ཏེ་མི་ལུས་དང་དེའི་ནང་ནས་ཀྱང་ཆོས་དང་ མཇལ་བའི་མི་ལུས་དཀོན། མཇལ་ཀྱང་ཉན་ན་ཚིག་མི་ཟིན་བསམ་ན་དོན་མི་གོ་བསྒོམ་ ན་རྒྱུད་ལ་མི་སྐྱེ་བ་ནི་མང༌། ཐོས་བསམ་སྒོམ་གསུམ་གྱི་བློ་གྲོས་ཡོད་པ་དག་ཀྱང་ཚེ་འདིའི་ འདུན་མ་ཁོ་ན་སྒྲུབ་པ་ཆེས་མང་བ་བསོགས་ནས་ཆོས་སྒྲུབ་པའི་དལ་འབྱོར་གྱི་ལུས་འདི་ད་ རེས་ཐོབ་པ་ཙམ་དུ་སྣང་བས་སྙིང་པོ་ཅི་ལོན་ཞིག་བྱའོ། །སྙམ་དུ་བསམ་ལ་འདོད་ཅན་ལ་ འབྱུང་བར་དཀོན་པའི་ཁྱད་ནོར་རྙེད་པའི་བློ་སྐྱེས་པ་ལྟ་བུའི་མྱོང་བ་མ་ཐོན་བར་དུ་བསྒོམ་ པར་བྱའོ། ། གཉིས་པ་འཆི་བ་མི་རྟག་པ་བསྒོམ་ཚུལ་ལ། རྩ་བ་གསུམ་རྒྱུ་མཚན་དགུ་ཐག་བཅད་པ་ གསུམ་གྱི་སྒོ་ནས་བསམ་དགོས་ཏེ་དེ་ལ། ངེས་པར་འཆི་བ་བསམ་པ། ནམ་འཆི་ངེས་མེད་ བསམ་པ། འཆི་ཚེ་ཆོས་མ་གཏོགས་གཞན་གང་གིས་མི་ཕན་པར་བསམ་པ་དང་གསུམ་ལས། དང་པོ་ལ། རྒྱུ་མཚན་གསུམ་དང༌། ཐག་བཅད་པ་གཅིག་གོ། དེའི་དང་པོ་ལ་འཆི་བདག་ངེས་པར་འོང་ཞིང་རྐྱེན་གང་གིས་ཀྱང་བཟློག་ཏུ་མེད་པར་ བསམ་པ། ཚེ་ལ་སྣོན་པ་མེད་ཅིང་འབྲི ད་བྱེད་བར་མ་ཆད་དུ་ཡོད་པར་བསམ་པ། གསོན་ པའི་ཚེའང་ཆོས་བྱ་བའི་ལོང་མེད་པར་ངེས་པར་འཆི་བ་བསམ་པ་དང་གསུམ་ལས། དང་པོ་ནི། མི་རྟག་པའི་ཚོམས་ལས། གང་ཡང་སངས་རྒྱས་རང་སངས་རྒྱས། །སངས་ རྒྱས་རྣམས་ཀྱི་ཉན་ཐོས་ཀྱང༌། །སྐུ་ལུས་འདི་ནི་སྤོང་མཛད་ན། །སྐྱེ་བོ་ཕལ་བ་སྨོས་ཅི་དགོས། །ཞེས་དང༌། ཚོམས་ལས། གང་དུ་གནས་ནའང་འཆི་བས་མི་ཚུགས་པའི། །ས་ཕྱོགས་དེ་ནི་ ཡོད་པ་མ་ཡིན་ཏེ། །བར་སྣང་ལ་མེད་རྒྱ་མཚོའི་ནང་ནའང་མེད། །རི་བོ་རྣམས་ཀྱི་གསེབ་ ཏུ་ཞུགས་ནའང་མེད། །ཞེས་རྫོགས་པའི་སངས་རྒྱས་སྐྱེ་འཆི་ལ་དབང་ཐོབ་པ་རྣམས་ཀྱང་ 5-1-122 གདུལ་བྱ་རྟག་འཛིན་ཅན་བསྐུལ་བའི་དོན་དུ་མྱ་ངན་ལས་འདས། དེ་བཞིན་དུ་རྒྱ་བོད་ཀྱི་ པཎ་གྲུབ་རྒྱལ་བློན་བྱང་ཆུབ་སེམས་དཔའ་སོགས་གང་ཟག་མཆོག་དམན་གྲངས་མེད་བྱོན་ པ་ཆོས་འབྱུང་སོགས་ལས་བཤད་པ་མཐའ་དག་མ་བརྟགས་པའི་གནས་སྐབས་སུ་ད་ལྟར་ ཡོད་ཡོད་འདྲ་བ་ཞིག་འོང་ནའང་ལེགས་པར་བརྟགས་ཚེ་ཡུལ་དུས་གང་ནའང་མེད་པར་ མཐའ་དག་མྱ་ངན་ལས་འདས་པའི་ཚུལ་བསྟན་ཟིན་དེ་བཞིན་དུ་མཁན་སློབ་ཕ་མ་མཛའ་ བཤེས་ཉེ་འབྲེལ་ཇི་སྙེད་ཅིག་འཇིག་རྟེན་ཕ་རོལ་དུ་སོང་ཟིན་པས་ད་ལྟ་རང་གི་མཁན་སློབ་ ཉེ་འབྲེལ་སོགས་ཇི་སྙེད་ཅིག་ཡོད་པ་རྣམས་ཀྱང་འཇིག་རྟེན་ཕ་རོལ་ཏུ་འགྲོ་བའི་རང་བཞིན་ ཅན་ཡིན་པས་འཆི་བ་མི་རྟག་ལ་ནི་གང་གིས་ཀྱང་བཟློག་ཐབས་མེད་པས་བདག་ངེས་པར་ འཆིའོ་སྙམ་དུ་བསམ་མོ། ། གཉིས་པ་ཚེ་ལ་སྣོན་པ་མེད་ཅིང་འབྲི ད་བྱེད་བར་མ་ཆད་དུ་ཡོད་པར་བསམ་པ་ནི། ད་ ལྟ་ཚེ་ལོ་བརྒྱ་ཐུབ་པ་སྲིད་མཐར་འདུག་དེ་མན་དུ་ནི་ལྟག་ཆུ་ཆད་པའི་རྫིང་བུ་བཞིན་དུ་སྣོན་ པ་ཅུང་ཟད་ཀྱང་མེད། དེའི་སྟེང་ནས་ལོ་ཟླ་བས་ཟད་པ་དང༌། དེར་མ་ཟད་ཚེ་ལོ་དྲུག་ཅུ་ཁ་ རལ་དུ་བཤད་པ་ལྟར་ཐུབ་ནའང་དབུགས་འབྱུང་རྔུབ་ཉི་ཁྲི་ཆིག་སྟོང་གིས་ཞག་རེ་ཟད། ཟླ་ བ་བཅུ་གཉིས་ཀྱིས་ལོ་ཟད། ལོ་བཅུ་གཉིས་ལ་ལོ་སྐོར་ཟེར་བ་དེ་འདྲ་ལྔ་ཙམ་སོང་བ་ན་ཚེ་ ཚད་ལ་གཏུགས་པས། རྒྱ་ཆེར་རོལ་པ་ལས། སྲི ད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས། །འགྲོ་བའི་ཚེ་སྲོག་ནམ་མཁའི་གློག་འདྲ་སྟེ། །རི་གཟར་འབབ་ཆུ་བཞིན་དུ་མྱུར་མགྱོགས་འགྲོ།ཞེས་ཚེ་སྐད་ཅིག་ཀྱང་མི་སྡོད་པར་འཆི་ བདག་གི་ཕྱོགས་སུ་འགྲོ་ལ། གཞན་ཡང་སྤྱོད་འཇུག་ལས། ཉིན་མཚན་སྡོད་པ་ཡོང་མེད་པ་ སོགས་གསུངས་པའི་དོན་ཡང་བསམ་པར་བྱའོ། ། གསུམ་པ་གསོན་པའི་ཚེ་ཡང་ཆོས་བྱ་བའི་ལོང་མེད་པར་ངེས་པར་འཆི་བ་བསམ་པ་ནི། 5-1-123 རང་རེ་ཚོའི་ཚེ་ཚད་དྲུག་ཅུ་ཙམ་ཐུབ་ཀྱང་གཞོན་དུས་ཆོས་མ་དྲན་རྒས་དུས་མི་ནུས་བར་གྱི་ཚེ་ ལའང་ཕྱེད་ཁ་གཉིད་ཀྱིས་ཁྱེར་དེའི་ལྷག་མ་ལ་རྣམ་གཡེང་བཟའ་བཏུང་སོགས་ཀྱིས་བཅད་ པའི་ཤུལ་ན་ཆོས་བྱེད་པ་ལོ་ལྔ་དྲུག་ཙམ་ལས་མི་འོང་པས་ཆོས་བྱ་ལོང་མེད་པར་ངེས་པས་ འཆི་བར་བསམ་དགོས་པ་ཡིན་ནོ། ། གཉིས་པ་ཐག་བཅད་པ་གཅིག་ནི། དེས་ན་ཚེ་འདིའི་ཕུན་ཚོགས་ཇི་ལྟར་འཛོམས་ཡང་ རྨི་ལམ་ཐུན་གཅིག་གི་བདེ་བ་ལྟར་ཡུད་ཙམ་པར་ཟད་ནས་འཆི་བའི་ཚེ་དྲན་པའི་ཡུལ་ཙམ་ དུ་འགྱུར་ལ། འཆི་བདག་འདི་ངེས་པར་འོང་བས་ད་སྐབས་འཆི་གྲབས་ཤིག་ངེས་པར་བྱ་ དགོས། དེ་ཡང་ཆོས་རྣལ་མ་ཞིག་མ་གཏོགས་གཞན་གྱིས་མི་ཕན་པས་ཆོས་ཤིག་ངེས་པར་བྱ་ སྙམ་དུ་ཐག་ཡང་ཡང་བཅད་པར་བྱའོ། ། གཉིས་པ་ནམ་འཆི་ངེས་མེད་བསམ་པ་ལ། རྒྱུ་མཚན་གསུམ་དང་ཐག་བཅད་པ་གཅིག་ གོ། དང་པོ་ལ་འཛམ་བུའི་གླིང་པའི་ཚེ་ལ་ངེས་པ་མེད་པས་ནམ་འཆི་ངེས་མེད། འཆི་རྐྱེན་ མང་ཞིང་གསོན་རྐྱེན་ཉུང་བས་ནམ་འཆི་ངེས་མེད། ལུས་ཉམ་ཆུང་བས་ནམ་འཆི་ངེས་མེད་ བསམ་པ་དང་གསུམ་ལས། དང་པོ་ནི་སྤྱིར་ཁམས་ཀྱི་སེམས་ཅན་ལ་ཚེ་ཚད་རེ་བཤད་ཀྱང་སྒྲ་མི་སྙན་མ་གཏོགས་ བཤད་པ་བཞིན་མི་ཐུབ་ལ། དེའི་ནང་ནས་རང་ཅག་འཛམ་བུའི་གླིང་པ་ནི། མཛོད་ལས། འདི་ ནི་མ་ངེས་ཐ་མར་ནི། །ལོ་བཅུ་དང་པོ་དཔག་ཏུ་མེད། །ཅེས་སྔོན་ཚེ་ལོ་དཔག་མེད་ཐུབ་པ་ ནས་མཐར་ཚེའི་རིང་མཐའ་ལོ་བཅུ་ཐུབ་པའི་བར་ངེས་པ་ཤིན་ཏུ་མེད་པར་བཤད། རང་གིས་ ཀྱང་མཐོང་བ་ལས་སྔོན་ཆད་རང་ལས་གཞོན་པ་ཤིན་ཏུ་མང་བ་ཞིག་ཤི་སོང་བ་བཞིན་བདག་ ཀྱང་རང་ལས་རྒན་པ་འདི་དག་གི་སྔོན་དུ་མི་འཆི་བའི་ངེས་པ་མི་སྣང་སྟེ། ཚོམས་ལས། སང་ 5-1-124 དང་འཇིག་རྟེན་ཕྱི་མ་གཉིས། །སྔོན་དུ་གང་འོང་གཏོལ་མེད་པས། །སང་གི་ཚིས་ལ་མི་འབད་ པར། །ཕྱི་མའི་དོན་ལ་འབད་པར་རིགས། །ཞེས་སང་གི་ཚེ་དང་འཇིག་རྟེན་ཕྱི་མ་གཉིས་སྔོན་ ལ་གང་འོང་ཆ་མེད་པས་བདག་དེ་རིང་ཡང་མི་འཆི་བའི་ངེས་པ་ཅི་ཞིག་ཡོད་དེ་མེད་ངེས་པའོ་ སྙམ་དུ་བསམ་པའོ། ། གཉིས་པ་འཆི་རྐྱེན་མང་ཞིང་གསོན་རྐྱེན་ཉུང་བས་ནམ་འཆི་ངེས་མེད་ནི། རིན་ཆེན་ཕྲེང་ བ་ལས། འཆི་བའི་རྐྱེན་ནི་མང་བ་སྟེ། །གསོན་པ་ཡི་ནི་ཉུང་ཟད་ཅིག །དེ་དག་རྣམས་ཀྱང་ འཆི་བའི་ཡང༌། །དེ་བས་རྟག་ཏུ་ཆོས་མཛོད་ཅིག །ཅེས་གནས་ཁང་རྡིབ་པ་ཟས་མ་འཕྲོད་ པ་སྨན་ལོག་པ། གྲུ་ཤན་ཞིག་པ་མཛའ་བོས་བསླུས་པ་སོགས་སྔར་གསོན་རྐྱེན་ཡིན་པ་ཕྱིས་ འཆི་རྐྱེན་དུ་གྱུར་པ་ཤིན་ཏུ་མང་བས་ན་ནམ་འཆི་ལ་ངེས་པ་མེད་པར་བསམ་མོ། ། གསུམ་པ་ལུས་ཉམ་ཆུང་བས་ནམ་འཆི་ངེས་མེད་བསམ་པ་ནི། བཤེས་སྤྲིང་ལས། ས་ དང་ལྷུན་པོ་རྒྱ་མཚོ་ཉི་མ་བདུན། །འབར་བས་བསྲེ གས་པའི་ལུས་ཅན་འདི་དག་ཀྱང༌། །ཐལ་ བ་ཙམ་ཡང་ལུས་པར་མི་འགྱུར་ན། །ཤིན་ཏུ་ཉམ་ཆུང་མི་ལྟ་སྨོས་ཅི་དགོས། །ཞེས་དང༌། ཡང་ དེ་ཉིད་ལས། ཚེ་ནི་གནོད་མང་རླུང་གིས་བཏབ་པ་ཡི། །སོགས་ཀྱང་གསུངས་པ་ལྟར་ལུས་ འདི་ལ་ཕྱིའི་རྐྱེན་ས་ཆུ་མེ་རླུང་གཡང་ས་སོགས་སེམས་མེད་ཀྱི་འཇིགས་པ་དང༌། མར་མེ་ཡུན་ རིང་དུ་གནས་པའི་རྐྱེན་མར་ཁུ་སྡོང་བུ་ཡོད་ཀྱང་རླུང་སོགས་ཀྱིས་བར་དུ་གཅོད་པ་བཞིན་ ལས་དབང་གིས་ཚེ་རིང་དུ་འཕངས་ཡོད་ཀྱང་དགྲ་གདོན་བགེགས་མི་མ་ཡིན་ལ་སོགས་པ་ གདུག་རྩུབ་ཅན་གྱིས་བར་བཅད་ནས་ཚེ་མཐར་ཕྱིན་དུ་མི་འཇུག་པ་སེམས་ལྡན་གྱི་ཉེར་འཚེ་ དང༌། ནང་གི་རྐྱེན་ལུས་རང་ལའང་འབྱུང་བཞི་དང་རླུང་མཁྲིས་བད་ཀན་སོགས་མི་མཐུན་པ་ དུ་མ་འདུས་པའི་ཉེར་འཚེ་དང༌། ཐ་ན་ཚེར་མ་ཟུག་པས་ཀྱང་རྐྱེན་བྱས་ནས་འཆི་ཐུབ་པས་ན་ གང་ཐད་ནས་ཀྱང་ནམ་འཆི་ལ་ངེས་པ་མེད་པར་བསམ་མོ། ། 5-1-125 གཉིས་པ་ཐག་བཅད་པ་གཅིག་ནི། དེས་ན་འཆི་བདག་གི་རྐྱེན་གྱི་བདག་ལུས་སྲོག་ ནམ་འཇིག་ལ་ངེས་པ་མེད་ཅིང་དེ་རིང་ཙམ་ཡང་འཇིག་ཉེན་ཡོད་པས་འཆི་གྲབས་ཤིག་རང་ བྱེད་དགོས་ལ། དེ་ཡང་ཆོས་རྣལ་མ་ཞིག་ད་ལྟ་རང་བྱའོ་སྙམ་དུ་ཐག་ཡང་ཡང་བཅད་པར་བྱ་ དགོས་སོ། ། གསུམ་པ་འཆི་ཚེ་ཆོས་མ་གཏོགས་གཞན་གང་གིས་མི་ཕན་པར་བསམ་པ་ལ། རྒྱུ་མཚན་ གསུམ་དང༌། ཐག་བཅད་པ་གཅིག་གོ། དང་པོ་ལ། འཆི་བའི་ཚེ་གཉེན་བཤེས་ཀྱིས་མི་ཕན་པར་བསམ་པ། འཆི་བའི་ཚེ་ཟས་ ནོར་གྱིས་མི་ཕན་པར་བསམ་པ། འཆི་བའི་ཚེ་ལུས་ཀྱིས་མི་ཕན་བསམ་པ་དང་གསུམ་ལས། དང་པོ་ནི། སྤྱོད་འཇུག་ལས། གཤིན་རྗེའི་ཕོ་ཉས་ཟིན་པ་ལ་སོགས་གསུངས་པ་ལྟར་ འཆི་བའི་དུས་ལ་བབ་པའི་ཚེ་རྐྱེན་གང་གིས་ཀྱང་བཟློག་ཏུ་མེད་པར་མ་ཟད་འཆི་བའི་ཚེ་ གཉེན་བཤེས་ལ་སྲེད་པ་དང་བཅས་བཞིན་ཤི་ན་ཕྱི་མར་ངན་སོང་གི་སྡུག་བསྔལ་ལས་མ་ འདས། གཉེན་བཤེས་ཀྱིས་མྱ་ངན་ཤུགས་དྲག་ན་བར་དོར་སྡུག་བསྔལ་མི་བཟོད་པ་འབྱུང་ བས་གཉེན་བཤེས་ལ་ཆགས་པས་ཅི་ཞིག་བྱ་སྙམ་དུ་བསམ་མོ། ། གཉིས་པ་འཆི་བའི་ཚེ་ཟས་ནོར་གང་གིས་མི་ཕན་པར་བསམ་པ་ནི། འཆི་བའི་ཚེ་གཉེན་ བཤེས་འཁོར་གཡོག་བརྩེ་ཅན་མང་པོས་མཐའ་བསྐོར་ཞིང་ལོངས་སྤྱོད་ཟས་ནོར་གྱི་འབྱོར་ བའི་དཔལ་ལ་རོལ་པ་འཁོར་ལོས་སྒྱུར་པའི་རྒྱལ་པོ་ལ་འགྲན་པ་ལྟ་བུ་ཞིག་ཡོད་ནའང་ གཅིག་ཀྱང་ཁྲིད་པ་དང་འཁྱེར་དབང་མེད་པས་ཟས་ནོར་ལ་སྲེད་པས་ཅི་ཞིག་བྱ་སྙམ་དུ་ བསམ་མོ། ། གསུམ་པ་འཆི་བའི་ཚེ་ལུས་ཀྱིས་མི་ཕན་པར་བསམ་པ་ནི། སྟོབས་ལོངས་སྤྱོད་ལྷའི་ དཔལ་འབྱོར་ལ་འགྲན་པ་ཞིག་ཡོད་ཀྱང་རྡུལ་ཙམ་ཡང་འཁྱེར་དབང་མེད་ཅིང༌། ཐ་ནའང་ 5-1-126 མའི་མངལ་ནས་ལྷན་ཅིག་སྐྱེས་པའི་ཕུང་པོ་འདི་ཡང་མལ་དུ་ཅམ་གྱིས་བཞག་སྟེ། རྣམ་ཤེས་ གཅིག་པུ་མར་ནང་ནས་སྤུ་བཏོན་པ་ལྟར་ཚེ་ཕ་རོལ་ལ་དབང་མེད་དུ་ཡུད་ཙམ་གྱིས་འགྲོ་ བའི་ཚེ་རྗེས་སུ་འབྲང་བ་ནི་ལས་དཀར་ནག་ཁོ་ན་ཡིན་ལ། རྗེས་སུ་འབྲང་ཞིང་ཕན་ཐོགས་པ་ ནི། དམ་པའི་ཆོས་ཁོ་ན་ལས་མི་འདུག་པས་ལུས་ལ་སྲེ ད་པས་ཅི་ཞིག་བྱ། ད་ལན་དམ་པའི་ ཆོས་ཁོ་ན་ཞིག་བྱའོ་སྙམ་དུ་བསམ་མོ། ། གཉིས་པ་ཐག་བཅད་པ་གཅིག་ནི། དེས་ན་ལུས་ལོངས་སྤྱོད་གཉེན་བཤེས་སོགས་ཚེ་ འདིའི་ཕུན་ཚོགས་ཇི་ལྟར་འཛོམ་ཡང་དེ་རྣམས་ཀྱང་བདག་འདོར་ལ་བདག་གིས་དེ་དག་ འདོར་ཞིང་ནམ་འདོར་ལ་ངེས་པ་མེད་ད་ལྟ་རང་ཡང་དོར་ནས་འཇིག་རྟེན་ཕ་རོལ་ཏུ་འགྲོ་ ཉེན་ཡོད་པས་དེ་དག་གང་ལའང་མ་ཆགས་པའི་ཆོས་རྣལ་མ་ཞིག་ད་ལྟ་ནས་མྱུར་དུ་བྱའོ་ སྙམ་པའི་སྒོ་ནས་ཐག་ཡང་ཡང་བཅད་པར་བྱ་དགོས་པ་ཡིན་ནོ། ། གསུམ་པ་འཁོར་བའི་སྡུག་བསྔལ་སྒོམ་ཚུལ་ལ། བདེ་འགྲོའི་སྡུག་བསྔལ་དང༌། ངན་ འགྲོའི་སྡུག་བསྔལ་སྒོམ་ཚུལ་གཉིས་ལས། དང་པོ་ལ། མིའི་སྡུག་བསྔལ་དང༌། ལྷའི་སྡུག་བསྔལ་གཉིས་ལས། དང་པོ་ལ་བདུན་ ལས། དང་པོ་སྐྱེ་བའི་སྡུག་བསྔལ་ནི། སློབ་སྤྲིང་ལས། ཤིན་ཏུ་མི་བཟད་དྲི་ང་མི་གཙང་བཙིར་ བས་འགགས། །རབ་ཏུ་དོག་པ་མུན་ནག་འཐིབས་པོར་འདུག་པ་ཡི། །མངལ་གནས་དམྱལ་ བ་ལྟ་བུའི་ནང་དུ་དེ་ཞུགས་ནས། །ལུས་ཡོངས་བསྐུམས་ལ་སྡུག་བསྔལ་ཆེན་པོ་མནག་དགོས་ སོ། །ཞེས་མངལ་སྐྱེས་ཀྱི་དབང་དུ་བྱས་ན་ཕོ་བའི་འོག་ལོང་གའི་སྟེང་ན་ཁ་སྒལ་ཚིགས་ལ་ བལྟས་ནས་དྲི་ང་ཞིང་མི་གཙང་བའི་ལྗན་ལྗིན་གྱི་ཁྲོད་དུ་ཡོད་པ་ལས་རིམ་གྱིས་མེར་མེར་པོ་ ནས་རྐང་ལག་འགྱུས་པའི་བར་སྐབས་སུ་མས་བཟའ་བཏུང་ཚ་བ་བརྟེན་ན་མེ་དོང་དུ་ཆུད་པ་ ལྟ་བུ་དང༌། གྲང་བ་བརྟེན་ན་འཁྱགས་སྦུབས་སུ་གནས་པ་ལྟ་བུ་དང༌། མཆོང་བ་དང་རྒྱུག་ 5-1-127 པ་སོགས་ཀྱི་སྐབས་སུ་གཡང་ལ་ལྷུང་བ་ལྟ་བུའི་ཉམས་འཆར་བ་སོགས་སྡུག་བསྔལ་དྲག་ པོ་མྱོང་བཞིན་དུ་ཞག་ཉིས་བརྒྱ་རེ་དྲུག་སོང་བ་ན་ལས་ཀྱི་རླུང་གིས་མགོ་ཐུར་དུ་བསྟན་ཏེ་ མངལ་སྒོའི་རུས་པ་ཤིན་ཏུ་དོག་པ་ནས་ཕྱིར་འབྱུང་བའི་ཚེ་བ་གླང་གི་པགས་པ་དམར་བཤུས་ བྱས་པ་ལ་སྦྲང་མ་མཆུ་རྣོན་གྱིས་ཟོས་པ་ལྟ་བུའི་སྡུག་བསྔལ་དྲག་པོ་མྱོང་བཞིན་དུ་སྐྱེས་ལ། སྐྱེས་ནས་ཀྱང་རེ་ཞིག་སྟན་འཇམ་པ་ལ་བཞག་ཀྱང་ཚེར་དོང་དུ་བཅུག་པ་ལྟ་བུའི་ཚ་གྲང་གི་ སྡུག་བསྔལ་ཆུང་ངུ་ཙམ་ཡང་བཟོད་དཀའ་ཚུལ་བསམ་པ་ལ། ད་ལྟ་རང་ཤོང་གི་བུམ་པ་ལྟ་ བུ་ཞིག་གི་ནང་དུ་ཆུད་དེ་སྟེང་འོག་མི་གཙང་བས་གང་བར་གྱུར་ན་ཞག་གཅིག་ཀྱང་བཟོད་ ཐབས་མེད་པ་དེས་ན་བདེ་འགྲོར་སྐྱེ་བ་ལ་ཡང་སྐྱུག་ནད་ཅན་གྱིས་ཟས་མཐོང་བ་ལྟ་བུའི་ སྐྱུག་ལོག་མ་བྱུང་བར་བསྒོམ་པར་བྱ་དགོས་སོ། ། གཉིས་པ་རྒ་བའི་སྡུག་བསྔལ་ནི། རྒྱ་ཆེར་རོལ་པ་ལས། རྒ་བས་གཟུགས་སྡུག་གཟུགས་ མི་སྡུག་པར་བྱེད། །རྒ་བས་གཟི་བརྗིད་འཕྲོག་ཅིང་མཐུ་སྟོབས་འཕྲོག །རྒ་བས་བདེ་བ་ འཕྲོག་ཅིང་བརྙས་པར་བྱེད། རྒ་བས་འཆི་བྱེད་རྒ་བས་མདངས་ཀྱང་འཕྲོག །ཅེས་གསུངས་ པ་ལྟར་རྒ་བས་སྡུག་བསྔལ་ནི། སྐྲ་དཀར་ཞིང་ལུས་གུག་པ། ལུས་བཞིན་གཉེར་མས་ཁེབས་ པ་སོགས་ལུས་ཀྱི་མཐུ་ཉམས་ཚུལ་བསམ་ནས་སྔར་དར་བབས་ཀྱི་དུས་སྐྲ་ནག་པ་ལུས་དྲང་ བ་པགས་པ་ལ་གཉེར་མ་མེད་པ་སོགས་ཀྱི་ལུས་དེ་ལྟ་བུ་ད་ལྟ་ལུས་མ་འཕོས་ཀྱང་འཕོས་པ་ དང་ཁྱད་མེད་པ་བཞིན་སོང༌། ཚེ་ཡང་ཉམས་ནས་ལོ་ཟླ་ཞག་མང་སོགས་རིམ་གྱི་མར་ངོའི་ཟླ་ བ་བཞིན་རྣམ་པར་འགྲིབ་ནས་འཆི་བདག་གི་ཁར་ཚུད་པར་འདུག་སྙམ་པའི་སྐྱོ་བ་དང་ལུས་ ཀྱི་མཐུ་ཉམས་པས་ལྡང་ན་ཤིང་རྩ་གནམ་དུ་འདོན་པ་ལྟ་བུ་དང༌། སྡོད་ན་སྒྱེ་འདོགས་ཐག་ ཆད་པ་ལྟར་སྡོད་དགོས། འགྲོ་ན་གོམ་པ་འཁྱོར། སྨྲ་ན་ངག་ལྡབ་ལྡིབ་ཏུ་སོང་བ་དང༌། དབང་ པོ་རྣམས་ཉམས་པས་མིག་རྣ་སོགས་ཀྱི་མཐོང་ཐོས་ཚུལ་བཞིན་མི་འོང༌། བརྗེད་ངས་ཆེ་ཡུལ་ 5-1-128 ལ་ལོངས་སྤྱོད་པ་ཉམས་པས་སྔར་ཟ་བའི་ཚོད་ཙམ་ཟོས་ན་ལུས་ཀྱིས་མི་མཆུན་པར་ནད་ བསྐྱེད་ཚུལ་སོགས་ལ་བསམ་པར་བྱ་དགོས་སོ། ། གསུམ་པ་ན་བའི་སྡུག་བསྔལ་ནི། རྒྱ་ཆེར་རོལ་བ་ལས། དཔེར་ན་དགུན་སྨད་རླུང་དང་ ཁ་བ་ཆེ། །རྩ་ཤིང་གེལ་བ་ནགས་སྨན་མདངས་ཀྱང་འཕྲོག །དེ་ལྟར་ནད་འདིས་འགྲོ་བའི་ མདངས་འཕྲོག་ཅིང༌། །དབང་པོ་ཟུངས་དང་སྟོབས་ནི་ཉམས་པར་བྱེད། །ཅེས་ལུས་ཀྱི་ཚ་ གྲང་འཁྲུགས་པས་ཟུག་གཟེར་སོགས་གདུང་བ་སྣ་ཚོགས་པས་ཉམ་ཐག་པས་ལུས་ཀྱི་ཤ་ཞུ་ པགས་པ་བསྙམས་ཤིང་བསྒུལ་བསྐྱོད་དཀའ། ཟས་སོགས་ཡིད་དུ་འོང་བ་སྤྱད་དུ་མི་སྟེར་ སྨན་གཏར་སྲེ ག་སོགས་ཡིད་དུ་མི་འོང་བ་རྣམས་དབང་མེད་དུ་སྤྱད་དགོས། ནད་མ་འཚོ་ན་ ཤི་དོགས་པའི་སྡུག་བསྔལ་སོགས་ལ་བསམ་དགོས། བཞི་པ་འཆི་བའི་སྡུག་བསྔལ་ནི། རྒྱ་ཆེར་རོལ་པ་ལས། འཆི་དང་འཕོ་དང་འཆི་འཕོ་ དུས་བྱེད་པ། །ཕངས་ཤིང་སྡུག་པའི་སྐྱེ་བོ་རྟག་ཏུ་བྲལ། །ཕྱིར་མི་འོང་ཞིང་འཕྲད་པར་འགྱུར་ མ་ཡིན། །ཤིང་ལས་ལོ་འབྲུལ་འདྲ་ཞིང་ཀླུང་རྒྱུན་མཚུངས། །ཞེས་ནད་ལས་གྲོལ་ན་དཀའ་ བ་སྤྱད་རིན་ཆོག་ནའང་ཕལ་ཆེར་ནི་ཐབས་སྣ་ཚོགས་བྱས་ཀྱང་ནད་ཇེ་ཆེར་སོང་ནས། སྨན་ པས་བོར། མོ་བོན་གྱིས་བསླུས། གཉེན་དང་བཤེས་ཀྱིས་མཐའ་བསྐོར་ནས་མྱ་ངན་དང༌། ཤི་ དགེ་དུར་འདེབས་ཀྱི་ཤོམ་ར་འདིར་རང་ཉིད་བཀྲག་མདངས་ཉམས་ཁ་སྐམ་མཆུ་བརྫེས་སྣ་ ཞོམ་མིག་ཀོང་མོར་སོང་དབུགས་བརྩེགས། སྔར་བྱས་ཀྱི་སྡིག་པ་ལ་འགྱོད་པ་དང༌། གཉེན་ བཤེས་འཁོར་གཡོག་ནོར་རྫས་ཀུན་ལ་ཆགས་བཞིན་པའི་ངང་ནས་གཏན་བྲལ་བྱས་གཅེས་ པར་བསྐྱངས་པའི་ལུས་ཀྱང་བཞག་ནས་འགྲོ་དགོས་པའི་སྡུག་བསྔལ་བསམ་མོ། ། ལྔ་པ་དགྲ་ལ་བརྟེན་པའི་སྡུག་བསྔལ་ནི། དགྲ་མི་སྡུག་པ་ཞིག་གིས་ལུས་སྲོག་སོགས་ལ་ གནོད་པ་བྱས་དོགས་པའི་སྡུག་བསྔལ་དང༌། དེར་མི་ཟད་མི་མཛའ་བ་ཞིག་དང་གནས་ཁང་ 5-1-129 གཅིག་ཏུ་གནས་ཀྱང་ཡིད་མི་བདེ་བ་ནག་ཡོ་རེ་བ་དང༌། དེ་གཞན་དུ་ཕྱིན་ན་ནམ་ལངས་པ་ ལྟ་བུ་འབྱུང་ཚུལ་བསམ་མོ། ། དྲུག་པ་གཉེན་ལ་བརྟེན་པའི་སྡུག་བསྔལ་ནི། གཉེན་བཤེས་ཤིན་ཏུ་མཛའ་བ་ཡུལ་ གཞན་དུ་སོང་བ་ན་དེའི་ཡོན་ཏན་དང་ཕུན་སུམ་ཚོགས་པ་དྲན་ཏེ་སྒོ་གསུམ་གྱི་སྡུག་བསྔལ་ མྱོང་ཚུལ་བསམ་མོ། ། བདུན་པ་འདོད་པ་ལ་བརྟེན་པའི་སྡུག་བསྔལ་ནི། ཚོང་པ་དང་ཞིང་ལས་པ་སོགས་ཀྱང་ ཚོང་ཟོང་སྟོར་བ་དང་ལོ་ཏོག་སད་སེར་གྱིས་བཅོམ་དོགས་པ་དང༌། དབུ་གཙོ་དང་ཞང་བློན་ རྣམས་ཀྱང་དགྲ་མ་ཐུལ་གཉེན་མ་འཁྱོངས་པའི་དོགས་པ་དང༌། རབ་ཏུ་བྱུང་བ་རྣམས་གཉེན་ པོ་ཞན་པ་ཚུལ་ཁྲིམས་མགོ་མི་ཐོན་པ་དང་ཤེས་རབ་དམན་པས་ཐོས་བསམ་གྱི་བྱ་བ་མ་ འགྲུབ་པ་སོགས་ཀྱི་སྡུག་བསྔལ་བསམ་པ་དང༌། མདོར་ན་ཁ་དྲག་པོ་ཞན་པོར་སོང་བ་དང་ ཕྱུག་པོ་སྤྲང་པོར་སོང་མང་པོ་ཉུང་ངུར་སོང་བ་སོགས་རྒྱལ་ཁམས་ལ་བརྟགས་ན་སྔར་གྱི་ས་ ན་མི་འདུག་པས་མི་ལུས་འདི་ཡང་སྡུག་བསྔལ་གྱི་རང་བཞིན་ཅན་ཡིན་ཚུལ་ལ་མྱོང་བ་སྙིང་ ཐག་པ་ནས་མ་སྐྱེས་བར་དུ་བསྒོམ་པར་བྱའོ། ། གཉིས་པ་ལྷའི་སྡུག་བསྔལ་ནི། བཤེས་སྤྲིང་ལས། ལུས་ཀྱི་ཁ་དོག་མི་སྡུག་འགྱུར་བ་ དང༌། །སྟན་ལ་མི་དགའ་མེ་ཏོག་ཕྲེང་རྙིང་དང༌། །གོས་ལ་དྲི་མ་ཆགས་དང་ལུས་ལ་ནི། །སྔོན་ ཆད་མེད་པའི་རྔུལ་འབྱུང་ཞེས་བགྱི་བ། །མཐོ་རིས་འཆི་འཕོ་སྦྲོན་བྱེད་སྔ་ལྟས་ལྔ། །ཞེས་ འདོད་ལྷ་འཆི་བར་ཉེ་བའི་ཚེ་ལུས་ཀྱི་བཀྲག་མདངས་ཉམས་པ་སྟན་ལ་འདུག་སྙིང་མི་འདོད་ པ། མེ་ཏོག་གི་ཕྲེང་བ་བརྙིངས་པ་གོས་ལ་དྲི་མ་ཆགས་པ། ལུས་ལ་སྔོན་མེད་པའི་རྔུལ་ འབྱུང་བ་ནི་འཆི་ལྟས་ལྔ་དང་ལུས་ཀྱི་འོད་ཆུང་ངུར་སོང་བ་ཁྲུས་ཆུ་ལུས་ལ་ཆགས་པ། གོས་ རྒྱན་ལས་སྒྲ་མི་སྙན་པ་བྱུང་བ་མིག་གི་རྫི་མ་འཁྲབ་པ་ཡུལ་གཅིག་ལ་ཆགས་པ་སྟེ་ལྔ་ནི་ཉེ་ 5-1-130 བའི་འཆི་ལྟས་དང༌། དེ་བཅུ་འཆི་ལྟས་སུ་རིག་ནས་སྡུག་བསྔལ་བ་དང༌། ཁྱད་པར་སྐབས་ གསུམ་པ་ཞེས་པ་གང་ནས་སྐྱེས་དང་གང་དུ་སྐྱེ་འགྱུར་ཡང་བརྟགས་ན་ཤེས་པ་ཡིན་པས་དེ་ རྗེས་དམྱལ་བར་སྐྱེ་འགྱུར་ལྟ་བུ་ཡིན་ན་དམྱལ་བར་སྐྱེས་པ་དང་ཁྱད་པར་མེད་པ་ལྟ་བུའི་ སྡུག་བསྔལ་དྲག་པོ་མི་བཟད་པ་ལྷའི་ཞག་ལྔ་སོགས་སུ་མྱོང་ཞིང༌། ལྷའི་ཞག་ལྔ་ཉུང་ཤོས་ ལའང་མི་ལོ་ཉིས་བརྒྱ་ལྔ་བཅུ་ཡོད་པས་སྡུག་བསྔལ་ཡུན་རིང་དུ་མྱོང་ཚུལ་བསམ་པ་དང༌། གཞན་ཡང་ལྷ་བསོད་ནམས་ཆེ་བ་མཐོང་བས་ཆུང་བ་སྤ་བཀོང་བ་དང༌། སྟོབས་ཆེ་བའི་ཆུང་ བ་གནས་གཞན་དུ་སྐྲོད་པ་དང༌། ལྷ་མ་ཡིན་དང་འཐབ་པའི་ཚེ་ལུས་ལ་གཅོད་དྲལ་གྱི་སྡུག་ བསྔལ་སྣ་ཚོགས་མྱོང་ཚུལ་དང༌། ལྷ་མ་ཡིན་རྣམས་ཀྱང་ལྷའི་ཕུན་ཚོགས་ལ་ཕྲག་དོག་གིས་ རྒྱུད་འཁྲུག་སྟེ་སྡུག་བསྔལ་བ་དང༌། ལྷ་དང་འཐབ་པས་ལུས་གཅོད་དྲལ་གྱི་སྡུག་བསྔལ་ཆེས་ ཆེར་སྣ་ཚོགས་མྱོང་ཚུལ་དང༌། ཁམས་གོང་མ་གཉིས་ན་མངོན་གྱུར་གྱི་སྡུག་བསྔལ་མེད་ཀྱང་ རྒྱ་མཚོའི་གཟིངས་ཀྱི་ཕུག་རོན་སླར་གཟིངས་ལ་འཁོར་བ་བཞིན་ཏིང་ངེ་འཛིན་གྱི་འཕེན་པ་ ཟད་པ་ན་ཤི་ནས་སླར་ཡང་འདོད་པར་སྡུག་བསྔལ་སྣ་ཚོགས་མྱོང་ཚུལ་ལ་བསམ་ནས་ནམ་ ཕུགས་སྙིང་པོ་མེད་པ་ལ་མྱོང་བ་ཐོན་པར་བྱའོ། ། གཉིས་པ་ངན་འགྲོའི་སྡུག་བསྔལ་ནི། དམྱལ་བ་དུད་འགྲོ་ཡི་དྭགས་ཀྱི་སྡུག་བསྔལ་ གསུམ་ལས། དང་པོ་ལ་ཚ་དམྱལ་དང༌། གྲང་དམྱལ་གྱི་སྡུག་བསྔལ་གཉིས་ལས། དང་པོ་ནི། དེ་ཡང་ ཤི་ན་རྩ་ཕུང་མེས་བསྲེགས་པ་ལྟར་རིགས་འདྲ་རྒྱུན་ཆད་ནས་མི་འགྲོ་ཞིང་སྐྱེ་བ་ཞིག་ངེས་ པར་ལེན་དགོས་སྐྱེ་བ་ཡང་ལས་ལ་རག་ལས་དེ་ཡང་བདག་གི་ལས་མི་དགེ་བ་ནི་སྟོབས་ཆེ་ ལ་གྲངས་མང་བ་བསགས་འདུག་དགེ་བ་ནི་རྣམ་པར་དག་པ་བྱས་པ་གཅིག་ཀྱང་མི་དྲན་པས་ ངན་སོང་དུ་སྐྱེ་བ་ལས་འོས་མེད་ད་ལྟ་མ་བརྟགས་པའི་གནས་སྐབས་སུ། རྨ་འབྲས་ཀྱི་ནད་ 5-1-131 བྱུང་བ་ཤ་རུས་དེ་ཀའི་ཐོག་ཏུ་མྱོང་བ་ལྟར་སྣང་ཡང་དོན་ལ་མྱོང་བྱེད་སེམས་ཡིན་ཏེ་མིན་ན་ ཤི་བའི་འོག་ཏུ་རོ་ལ་མཚོན་བསྣུན་པ་ལ་ན་ཚ་འབྱུང་དགོས་པ་ལ་མི་འབྱུང་བར་ངེས་པར་ཚེ་ ཕྱི་མ་ལ་སྡུག་བསྔལ་མྱོང་བ་དང་ད་ལྟ་འདི་ལ་མྱོང་བ་གཉིས་དོན་ལ་མྱོང་བྱེད་སེམས་གཅིག་ པུས་མྱོང་བ་ཡིན་པས་ཁྱད་མེད་འདི་ནས་ངན་སོང་གི་སྡུག་བསྔལ་སེམས་པ་ཐམས་ཅད་རང་ ཉིད་འགྲོ་བ་དེར་སྐྱེ་ནས་སྡུག་བསྔལ་དེ་མྱོང་བར་བསམ་ན་ཁྱད་ཆེ་བའི་གཏན་ཚིགས་ཀྱང་ མང་དུ་བསྟན། དེས་ན་མགོན་པོ་ཀླུ་སྒྲུབ་ཀྱིས། རབ་ཏུ་ཚ་ཞིང་གྲང་བ་ཡི། །དམྱལ་བ་ཉི་མ་ གཅིག་བཞིན་དྲན། །ཞེས་གསུངས་པ་ལྟར་དམྱལ་བའི་སྡུག་བསྔལ་བསམ་པར་བྱ་སྟེ། དེ་ ཡང་རང་ཉིད་ལ་ཚ་དམྱལ་ཀྱི་བར་སྲིད་གྲུབ་ཚེ་ལུས་ལ་གྲང་སྣང་བྱུང་སྟེ་ཚ་བ་དོན་དུ་གཉེར་ བའི་རྐྱེན་བྱས་ནས་བར་སྲིད་འགགས་ཏེ་ཚ་དམྱལ་དུ་སྐྱེ་བར་བསམ་དགོས་པར་གསུངས་ པས་དེ་ལྟར་བྱ་སྟེ། དེ་ལའང་ཚ་དམྱལ་བརྒྱད་ཀ་སྤྱི་ཁྱབ་ཏུ་འོག་ཐམས་ཅད་ལྕགས་བསྲེ གས་ ཀྱི་ས་གཞི་འཁོར་ཡུག་ཐམས་ཅད་ལྕགས་བསྲེགས་ཀྱི་ར་བ་སྟེང་འོག་ཀུན་ཏུ་མེ་ལྕེ་འབར་ ཞིང་འཁྲུགས་པའི་ནང་དུ་ཡང་སོས་ནི་དེར་སྐྱེས་པའི་སེམས་ཅན་མང་པོ་འཚོགས་ནས་ཞེ་ སྡང་གི་དབང་གིས་ཕན་ཚུན་གཅིག་གིས་གཅིག་ལ་མཚོན་ཆ་སྣ་ཚོགས་བརྡེགས་པས་རང་ ལུས་ཚལ་བ་བརྒྱ་སྟོང་དུ་སོང་བ་དང་བརྒྱལ་ཏེ་འགྱེལ་བ་དང་ནམ་མཁའ་ནས་ཁྱེད་རྣམས་ སོས་པར་གྱུར་ཅིག་ཅེས་པའི་སྒྲ་འབྱུང་བ་དང་སོས་ཏེ། སྔར་ལྟར་མཚོན་བསྣུན་པ་སོགས་ ཀྱིས་སྡུག་བསྔལ་ཁོར་མོ་ཡུག་ཏུ་བསྒོམས། འདི་དང་འོག་མ་ཐམས་ཅད་ལའང་སྐབས་དེ་ རང་གི་མངོན་སུམ་དུ་བྱེད་པ་བཞིན་པ་དང༌། མྱོང་བཞིན་པ་ལྟ་བུ་མ་བྱུང་གི་བར་དུ་བསྒོམ་ པར་བྱ་བར་གསུངས་སོ། ། ཐིག་ནག་ནི། སྡུག་བསྔལ་དེ་ལས་བྲོས་པས་དམྱལ་སྲུང་རྣམས་ཀྱིས་བཟུང་ནས་ལུས་ལ་ ཐིག་ནག་པོ་བཞིའམ་བརྒྱད་བཏབ་ནས་སོག་ལེ་མེ་འབར་བས་གཤག་པར་བྱེད་དོ། ། 5-1-132 བསྡུས་འཇོམས་ནི། སྡུག་བསྔལ་དེ་ལས་བྲོས་པས་རི་ར་ལུག་གླང་སེང་ལྟ་བུའི་གདོང་པ་ ཅན་གྱི་བར་དུ་ཆུད་དེ་བཙིར་བ་ན་འཐག་ཅིང་སྒོ་ཐམས་ཅད་ནས་ཁྲག་གི་རྒྱུན་འབབ་བོ། ། ངུ་འབོད་ནི་ཡང་དེ་ལས་བྲོས་པས་ལྕགས་ཁང་གཅིག་རིམ་གྱི་ནང་དུ་སླེབས་པ་ན་སྒོ་ དབྱེར་མེད་དུ་འགྲིགས་ཏེ་ཕྱོགས་ཀུན་ནས་མེ་འབར་ཏེ་བསྲེགས་པས་ད་བྲོས་ས་ཡང་མི་ འདུག་སྙམ་དུ་ངུ་འབོད་ལྷང་ལྷང་བྱེད་དོ། ། ངུ་འབོད་ཆེན་པོ་ནི། ཡང་དེ་ལས་བྲོས་པས་ལྕགས་ཁང་གཉིས་རིམ་ནང་དུ་ཚུད་དེ་ ལྕགས་ཁང་ནང་མ་ནས་ཐོན་སྲིད་ཀྱང་ཕྱི་མ་ལས་མི་ཐོན་ཞིང་བྲོས་ས་ཡང་མི་འདུག་སྙམ་དུ་ སྔ་མ་ལས་ཀྱང་སྡུག་བསྔལ་ཏེ་ངུ་འབོད་ལྷང་ལྷང་བྱེད་དོ། ། ཚ་བ་ནི། ཡང་དེ་ལས་བྲོས་པས་དམྱལ་སྲུང་རྣམས་ཀྱི་ལྕགས་ཀྱི་གསལ་ཤིང་མེ་འབར་ བས་འཕོངས་ནས་སྤྱི་བོའི་བར་ཐལ་མར་ཕུག་སྟེ་དབང་པོའི་སྒོ་ཐམས་ཅད་ནས་མེ་འབར་བ་ ལྕགས་ཟངས་དཔག་ཚད་དུ་མ་ཡོད་པར་ཁྲོ་ཆུ་ཁོལ་མའི་ནང་དུ་འཚེད་པའོ། ། རབ་ཏུ་ཚ་བ་ནི། ཡང་བྲོས་པས་དམྱལ་སྲུང་རྣམས་ཀྱིས་ལྕགས་ཀྱི་གསལ་ཤིང་རྩེ་གསུམ་ འབར་བས་འཕོངས་ནས་ཕུག་སྟེ་དབུས་མ་སྤྱི་བོ་དང་གཞན་གཉིས་ཕྲག་པ་གཡས་གཡོན་ དུ་ཐོན་པ་དང་ལྕགས་བསྲེགས་ལེབ་མོ་ལུས་ལ་སྣམ་བུ་ལྟར་དཀྲི་བ་དང་ལྕགས་ཟངས་སྔར་ བས་ཀྱང་ཆེ་བར་ཁྲོ་ཆུ་ཁོལ་མར་འཚེད་པ་ན་ཤ་རྣམས་ཞིག་སྟེ་ཀེང་རུས་སུ་སོང་བ་དང་དེ་ ལས་བཏོན་ཏེ་ལྕགས་བསྲེགས་ཀྱི་ས་གཞི་ལ་བཀྲམ་སྟེ་སོས་པ་ན་ཁ་ལ་ཁྲོ་ཆུ་ཁོལ་མ་བླུད་པ་ སོགས་ཀྱི་སྡུག་བསྔལ་ལོ། ། མནར་མེད་པ་ནི། ཡང་བྲོས་པས་ཕྱོགས་མཚམས་ཀུན་ནས་རིམ་གྱིས་མེ་འབར་བས་ རང་གི་པགས་པ་དང་རུས་པ་དང་རྐང་ལ་ཐུག་གི་བར་དུ་བསྲེགས་ཤིང་ཉམ་ཐག་པའི་སྐད་ འབྱིན་པས་སེམས་ཅན་དུ་ཤེས་པ་ཙམ་མ་གཏོགས་མེ་དང་དབྱེར་མེད་དུ་འབར་བའོ། །སྡུག་ 5-1-133 བསྔལ་ཆེན་པོ་དེ་ཡང་ཡུན་ཐུང་ངུ་མ་ཡིན་པར་མི་ལོ་ཁྲག་ཁྲིག་གཅིག ཐེར་འབུམ་ཆེན་པོ་ དྲུག་ཐེར་འབུམ་གཉིས་ནི་ཚ་དམྱལ་བརྒྱད་ཀྱི་ནང་ནས་ཚེ་ཐུང་ཤོས་ཡང་སོས་ཀྱི་ཚེ་ཚད་དང་ ཕྱི་མ་རྣམས་ལོག་པོར་ལོག་པོར་འཕར་བ་དང༌། བཤེས་སྤྲིང་ལས། ཇི་སྲི ད་མི་དགེ་དེ་ཟད་ མ་གྱུར་པ། དེ་སྲི ད་སྲོག་དང་བྲལ་བར་མི་འགྱུར་རོ། །ཞེས་གསུངས་པ་ལྟར་ན་ད་ལྟ་རང་རེས་ སྤྱོད་ཚུལ་ངན་པ་འདི་ལ་དཔག་སྟེ། དེ་ལས་ཡུན་རིང་བ་མི་འོང་བའི་ངེས་པ་ཅི་ཡོད་སྙམ་དུ་ བསྒོམས་པ་ཟས་སྐོམ་གྱི་དང་ག་འགགས་པ་སྙམ་བྱེད་པ་དང༌། ལུས་རྩེ་ཡམ་ཡམ་པ། སེམས་ འཇིགས་ཞུམ་ཞུམ་བྲེ་མོའི་གཏམ་དང་འདུ་འཛི་ལ་མི་སྤྲོ་ཞིང་སྤྱོད་ལམ་ཐམས་ཅད་དུ་འབད་ པར་མེད་པར་སྡིག་སྤོང་དགེ་སྒྲུབ་ལ་ངང་གིས་འཇུག་པ་ཞིག་འོང་བར་གསུངས་སོ། ། གཉིས་པ་གྲང་དམྱལ་གྱི་སྡུག་བསྔལ་ནི། དམྱལ་བའི་བར་སྲི ད་པ་དེའི་ལུས་ལ་ཚ་བ་བྱུང་ བས་གྲང་བ་དོན་དུ་གཉེར་བའི་རྐྱེན་བྱས་ནས་བར་སྲིད་འགགས་ནས་གྲང་དམྱལ་དུ་སྐྱེས་ པར་བསམ་དགོས་པར་གསུངས་པས་དེ་ཡང་སྐྱེས་རབས་ལས། མེད་པར་ལྟ་བ་ཚེ་རབས་ཕྱི་ མ་ལ། །གནས་པ་དེ་ན་མུན་ནག་རླུང་གྲང་ལྡང༌། །དེས་ནི་རུས་པའང་འཇིགས་པའི་ནང་སློང་ ན། །བདག་ལ་ཕན་འདོགས་སུ་ཞིག་དེ་རུ་འཇུག །ཅེས་སྤྱི་ཁྱབ་ཏུ་མཐའ་ཐམས་ཅད་གངས་ རིས་བསྐོར་བ་དང༌། འོག་ཐམས་ཅད་ཁ་བའི་ཐང་དང་འཁྱགས་རོམ་གྱི་གཅོང་རོང་ཟབ་མོའི་ སྟེང་དུ་ཁ་བ་བུ་ཡུག་འཚུབས་ཤིང་མུན་པས་གཏིབས་པ་རླུང་ཤིན་ཏུ་གྲང་བས་འདེབས་པར་ བྱེད་པ་དེས་ན་ཆུ་བུར་ཅན་ནི་ཁ་བའི་བུ་ཡུག་རླུང་གིས་ཕྱོགས་བཞི་ནས་ལུས་ལ་བཏབ་པས་ ལུས་ཐམས་ཅད་ལ་ཆུ་བུར་བྱུང་ཞིང་འཁུམས་པའོ། ། ཆུ་བུར་རྡོལ་བ་ནི། དེ་ལས་ཀྱང་གྲང་བས་ཆུ་བུར་རྡོལ་བས་ལུས་ཐམས་ཅད་ནས་རྣག་ ཁྲག་འཛག་པའོ། ། ཨ་ཆུ་ཟེར་བ་ནི། དེ་ལས་གྲང་བས་སྡུག་བསྔལ་ཆེར་སོང་ནས་སྐད་གདངས་དྲག་པོ་ 5-1-134 འདོན་པའོ། ། ཀྱེ་ཧུད་པ་ནི། དེ་ལས་གྲང་བས་སྡུག་བསྔལ་ཆེར་སོང་ནས་སྐད་གདངས་ཆགས་ནས་ སྐན་ཕུག་ནས་འདོན་པའོ། ། སོ་ཐམ་ཐམ་པ་ནི། དེ་ལས་གྲང་བས་སྡུག་བསྔལ་ཆེར་སོང་བས་སྐད་འདོན་མི་ཐུབ་པར་ སོ་ཐམ་ཐམ་བྱེད་པའོ། །ཨུཏྤལ་ལྟར་གས་པ་ནི། དེ་ལས་ཀྱང་གྲང་བས་གས་པ་སྔོན་པོར་ སོང་ནས་སེར་ཆུང་ཕྲ་མོ་ལ་ལྔའམ་དྲུག་ཏུ་གས་པའོ། ། པདྨ་ལྟར་གས་པ་ནི། དེ་ལས་ཀྱང་གྲང་བས་པགས་པ་ནི་སྔོན་པོ་བཤུས་ནས་ཤའུ་དམར་ ཧུ་རེ་བ་ཚལ་བ་བཅུའམ་དེ་ལས་མང་བར་གས་པའོ། ། པདྨ་ལྟར་ཆེར་གས་པ་ནི། དེ་ལས་ཀྱང་གྲང་བས་གས་པ་བཤུས་ནས་ཤའུ་སྔར་ལས་ དམར་བ་ཁ་བརྒྱའམ་དེ་ལས་མང་བར་ཤིན་ཏུ་གས་ནས་རུས་པ་སྐྱ་ལྷག་གེར་མཐོང་བས་ སྡུག་བསྔལ་ལོ། །སྡུག་བསྔལ་དྲག་པོ་དེ་ཡང་ཡུན་ཐུང་ངུ་མ་ཡིན་པར། མཛོད་ལས། ཏིལ་ གཞོང་ནང་ནས་ཞེས་སོགས་གསུངས་པ་ལྟར་མ་ག་དྷའི་བྲེ་བོ་ཆེའི་ཏིལ་ཁལ་བརྒྱད་ཅུ་ཤོང་ བའི་ཏིལ་གྱི་བང་བ་ནས་ལོ་བརྒྱ་བརྒྱ་ནས་ཏིལ་རེ་ཕྱུང་བས་དེ་ཟད་པ་ན་ཆུ་བུར་ཅན་གྱི་ཚེ་ ཚད་དང༌། དེ་ཉི་ཤུ་ཆུ་བུར་རྡོལ་བའི་ཚེ་ཚད་དང༌། དེ་བཞིན་དུ་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མའི་ ནི་ཉི་ཤུར་འཕར་བ་ནི་ཕྱི་མ་ཕྱི་མའི་ཚེ་ཚད་ཡིན་པས་དེ་ཙམ་དུ་སྡུག་བསྔལ་མྱོང་ཚུལ་བསམ་ ལ་ལུས་འདར་བ་དང་ཡིད་སྐྱོ་ཤས་ཀྱི་སྣང་བ་དྲག་པོ་མ་སྐྱེས་བར་དུ་བསྒོམ་དགོས་པར་ གསུངས་སོ། ། གཉིས་པ་དུད་འགྲོའི་སྡུག་བསྔལ་བསམ་པ་ནི། བཤེས་སྤྲིང་ལས། དུད་འགྲོའི་སྐྱེ་གནས་ ན་ཡང་གསོད་པ་དང༌། །བཅིང་དང་བརྡེག་སོགས་སྡུག་བསྔལ་སྣ་ཚོགས་པ། །ཞི་འགྱུར་དགེ་ བ་སྤངས་པ་རྣམས་ལ་ནི། གཅིག་ལ་གཅིག་ཟ་ཤིན་ཏུ་མི་བཟད་པ། །ཞེས་དུད་འགྲོ་བྱིང་ན་ 5-1-135 གནས་པ་རྣམས་ནི་རི་རབ་ཀྱི་ཆུ་མཚམས་མན་ཆད་ན་ལུས་ཆེ་ཆུང་ཁ་དོག་སོགས་མ་ངེས་པ་ སྣ་ཚོགས་འབྲུའི་ཕུང་པོ་སྤུངས་པའམ་ཆང་འགགས་ཀྱི་སྦང་མ་ལྟར་ཡོད་པས་རང་ཉིད་རེས་ འགའ་ཆུང་ངུར་སྐྱེས་པ་ན་ཆེ་བས་ཁྱུར་མིད་དང༌། ལག་པ་བརྐྱང་བསྐུམ་ཙམ་ཡང་མི་ནུས་ པར་མནན་པའི་སྡུག་བསྔལ། རེས་ཆེ་བར་སྐྱེས་པ་ན་ཆུང་བ་རྣམས་ཀྱིས་ལུས་ཐལ་བྱུང་དུ་ ཕུག་ནས་ཟ་བ་དང་མུན་པ་ནག་པོར་སྐྱེས་པ་དང༌། རེས་འགའ་རི་དྭགས་སུ་སྐྱེས་པ་ན་ལིངས་ པ་དང་ཁྱི་གཅན་གཟན་རྔོན་པ་སོགས་ཀྱིས་དབང་མེད་དུ་འདེད་པ་དང༌། བདག་ཏུ་བཟུང་བ་ རྣམས་གསོད་བརྡེག་བཀོལ་ལུགས་མི་འདྲ་བ་སྣ་ཚོགས་བྱེད་པ་དང༌། མདོར་ན་མཐའ་དག་ ཀྱང་གླེན་ཞིང་ལྐུགས་པ་བླང་དོར་མི་ཤེས་པའི་རང་བཞིན་ཅན་དུ་སྐྱེས་པར་བསམ་ལ་ཡིད་ འགྱུར་བ་འདོན་པར་བྱའོ། །ཚེ་ཚད་རིང་བ་བསྐལ་པ་ནས་ཐུང་བ་སྔ་དྲོ་ཕྱི་དྲོ་སོགས་ཀྱི་བར་ དུ་ཡོད་དོ། ། གསུམ་པ་ཡི་དྭགས་ཀྱི་སྡུག་བསྔལ་བསམ་པ་ནི། བཤེས་སྤྲིང་ལས། ཡི་དྭགས་ན་ཡང་ འདོད་པས་ཕོངས་པ་ཡིས། །བསྐྱེད་པའི་སྡུག་བསྔལ་རྒྱུན་ཆགས་མི་འཆོས་པ། །བཀྲེ ས་ སྐོམ་གྲང་དྲོ་ལ་དང་འཇིགས་པ་ཡིས། །བསྐྱོད་པ་ཤིན་ཏུ་མི་བཟད་བསྟེན་འཚལ་ལོ། །ཞེས་ གསུངས་པས་ཡི་དྭགས་བྱང་གི་གནས་འཛམ་བུའི་གླིང་འདིའི་འོག་ན་དཔག་ཚད་ལྔ་བརྒྱ་ འདས་པ་ན་རྒྱལ་པོའི་ཁབ་ཅེས་བྱ་བའི་ཉེ་འདབས་ཆགས་པ་ན་གྲོང་ཁྱེར་སེར་སྐྱ་ཞེས་བྱ་བ་ རྩྭ་ཆུ་ཤིང་སོགས་འདོད་པའི་དངོས་པོ་ཏིལ་འབྲུ་ཙམ་ཡང་མེད་པ་ཟངས་ཁོག་མེས་བསྲེགས་ པ་ཁ་གྱེན་དུ་བསླངས་པ་ལྟ་བུ་དམར་ཧུར་བ་དེར་རང་ཉིད་ལུས་རིད་ཅིང་མདོག་ནག་པ་ གདོང་སྐྲས་ཁེབས་པ་སྡོང་དུམ་མེས་ཚིག་པ་ལྟ་བུ་བཀྲེས་སྐོམ་གྱི་ཉམ་ཐག་པ་གཅིག་ཏུ་སྐྱེས་ པར་མོས་ལ། ཕྱིའི་སྒྲིབ་པ་ཅན་དུ་སྐྱེས་ཚེ་དེའི་ཤིང་ལྗོན་པའི་འབྲས་བུ་དང་ཆུ་སོགས་མཐོང་ སྟེ་ཕྱིན་པ་ན་མི་སྣང་བར་གྱུར་ཏེ། འོག་གཞི་གྲམ་པར་མཐོང་བ་དང་རེས་འགའ་རྣག་ཁྲག་ 5-1-136 ཏུ་མཐོང་བ་དང༌། རེས་འགའ་སྲུང་མ་མཚོན་ཆ་ཐོགས་པས་ལོངས་སྤྱོད་དུ་མི་སྟེར་བས་སྡུག་ བསྔལ་བསམ། ནང་གི་སྒྲིབ་པ་ཅན་དུ་སྐྱེས་ཚེ་མགོ་ཁྲོ་ཟངས་ཙམ་པ་ཁ་ཁབ་མིག་ཙམ་པ་ མིད་པ་རྟ་རྔ་ཙམ་པ་གསུས་པ་རིའི་གཏོས་ཙམ་པ་ཡན་ལག་འཇག་མ་ལྟར་ཕྲ་བར་གྱུར་པ་ ཟས་སྐོམ་མི་རྙེད་རྙེད་ཀྱང་ཁར་མི་ཤོང་ཁར་ཤོང་ཡང་མིད་པར་མི་ཐར་མིད་པར་ཐར་ཡང་ལྟོ་ བར་མི་ཁེངས་ལྟོ་བར་ཁེངས་ཀྱང་རྐང་ལག་གིས་མི་ཐེག་པའི་སྡུག་བསྔལ་བསམ། ཟས་སྐོམ་ སྤྱོད་པའི་སྒྲིབ་པ་ཅན་ནི། ཟས་སྐོམ་ལ་སྤྱོད་པ་ན་མེ་འབར་བས་ཁ་སོགས་ཚིག་པ་དང་བཤང་ གཅིར་འགྱུར་བ་དང་རེས་ཕུབ་མར་གྱུར་པས་མིད་པ་སོགས་འགགས་ཏེ་འཆི་བའི་རྐྱེན་བྱེད་ པའི་སྡུག་བསྔལ་དང་ཡི་དྭགས་དེ་དག་ལས་དགུན་ཉི་མ་ཡང་གྲང་ལ་དཔྱིད་ཟླ་བས་ཀྱང་ བསྲེ གས་པའི་སྡུག་བསྔལ་རྣམས་བསམ་ལ། ཚེ་ཚད་ནི་མིའི་ཟླ་བ་ཞག་ཏུ་བྱས་པའི་རང་ལོ་ ལྔ་བརྒྱའམ་ཁྲི་སོགས་ཐུབ་པར་བཤད། མདོར་ན་ད་ལྟ་ཇ་ཕོར་གང་འཐུང་བའི་ཡུད་ཙམ་ལ་ ལག་པ་མེ་དོང་དུ་འཇུག་པ་དང༌། དགུན་གྲང་བའི་སྒང་ལ་གོས་མེད་པར་ཞག་གཅིག་སྡོད་ པ་དང༌། ས་རྡོ་མང་པོ་སྤུངས་པའི་འོག་ཏུ་ལུས་འགུལ་བསྐྱོད་མི་ནུས་པར་སྡོད་པ་དང་བཟའ་ བཏུང་ཡེ་མེད་པར་ཞག་གསུམ་བཞི་ཙམ་སྡོད་དགོས་ཚེ་བཟོད་སྲན་མི་ཐུབ་ན་ངན་སོང་ གསུམ་གྱི་སྡུག་བསྔལ་སྟོབས་ཆེ་ལ་ཤུགས་དྲག་པ་ཡུན་རིང་བ་དེ་ལྟ་བུ་ག་ལ་བཟོད། དེས་ ན་མགོན་པོ་ཀླུ་སྒྲུབ་ཀྱིས། ཐོབ་དཀའ་འཛམ་གླིང་མི་ཡི་ལུས། །དེ་ཐོབ་དུས་སུ་ངན་སོང་དུ། །རབ་ཏུ་བསྒྲིམས་ཏེ་གཅོད་པར་བྱ། །ཞེས་ད་རེས་མི་དང་དུད་འགྲོའི་ཁྱད་པར་འབྱེད་པའི་ དུས་འདིར་སྙིང་རུས་བསྐྱེད་དགོས་སྙམ་དུ་རང་ཉིད་ཆོས་ལ་ཡང་ཡང་བསྐུལ་མ་གདབ་པར་ བྱའོ། ། བཞི་པ་ལས་རྒྱུ་འབྲས་བསམ་པ་ནི། རིན་ཆེན་ཕྲེང་བ་ལས། མི་དགེ་བ་ལས་སྡུག་ བསྔལ་ཀུན། །དེ་བཞིན་ངན་འགྲོ་ཐམས་ཅད་དོ། །དགེ་ལས་བདེ་འགྲོ་ཐམས་ཅད་དང༌། །སྐྱེ་ 5-1-137 བ་ཀུན་ཏུ་བདེ་བ་དག །ཅེས་གསུངས་པ་ལྟར་ལས་མི་དགེ་བ་ལས་འབྲས་བུ་སྡུག་བསྔལ་ ཁོ་ན་འབྱུང་ཞིང་བདེ་བ་མི་འབྱུང༌། ལས་དགེ་བ་ལས་འབྲས་བུ་བདེ་བ་ཁོ་ན་འབྱུང་ཞིང་ སྡུག་བསྔལ་མི་འབྱུང་བས་དགེ་སྡིག་གི་འབྲས་བུ་འཆོལ་བར་མི་འབྱུང་བས་ལས་ངེས་པ་ དང༌། ལས་དགེ་སྡིག་ཆུང་ངུ་ཡང་འཕེལ་ནས་འབྲས་བུ་ཆེན་པོ་འབྱིན་པས་ན་ལས་འཕེལ་ཆེ་ བ་དང༌། རང་གི་ལས་དགེ་སྡིག་གང་བྱས་པ་དེའི་འབྲས་བུ་མྱོང་གི་མ་བྱས་པ་ཞིག་གི་འབྲས་ བུ་མྱོང་མི་སྲི ད་པས་ན་ལས་མ་བྱས་པ་དང་མི་འཕྲད་པ་དང༌། ལས་དགེ་སྡིག་གང་བྱས་རྐྱེན་ གཞན་གྱིས་མ་བཅོམ་ན་དུས་ཤིན་ཏུ་རིང་བ་འགོར་ཡང་འབྲས་བུ་ངེས་པར་འབྱིན་པ་གདོན་ མི་ཟ་བས་ན་ལས་བྱས་པ་ཆུད་མི་ཟ་བ་དང༌། ལས་གཅིག་གིས་ལས་དུ་མ་འཕེན་པ་ནི་ཕྱུག་ པོ་གཅིག་གིས་མཆོད་གནས་དུ་མ་བསྟེན་པ་ལྟ་བུ་དང༌། ལས་དུ་མས་ལུས་གཅིག་འཕེན་པ་ ནི་སྦྱིན་བདག་མང་པོས་མཆོད་གནས་གཅིག་གིས་ཞབས་ཏོག་བྱེད་པ་ལྟ་བུ་དང༌། ལོངས་ སྤྱོད་ཆེ་བའི་ཀླུར་སྐྱེས་པ་འཕེན་བྱེད་མི་དགེ་བས་འཕངས་ཀྱང་རྫོགས་བྱེད་དགེ་བས་བྱས་ པ་དང༌། མི་དབུལ་པོ་ནི་འཕེན་བྱེད་དགེ་བས་འཕངས་ཀྱང་རྫོགས་བྱེད་མི་དགེ་བས་བྱས་ པ་སོགས་ལ་ཞིབ་པར་བསམས་ནས་ལས་དགེ་སྡིག་ཕྲ་མོ་ལའང་བླང་དོར་ལེགས་པར་བྱ་ དགོས་ལ། ཁྱད་པར་མི་དགེ་བའི་ལས་བཅུ་པོ་དག་ལས་ལུས་ངག་གི་ལས་བདུན་ནི་སྔ་མ་ སྔ་མ་ལྕི ་ཞིང་ཕྱི་མ་ཕྱི་མ་རྣམས་ཡང་བ་དང༌། ཡིད་ཀྱི་ལས་གསུམ་ནི་ཕྱི་མ་ཕྱི་མ་ལྕི ་ཞིང་སྔ་མ་ སྔ་མ་ཡང་བ་ཡིན་ལ། དེ་ཡང་ཉོན་མོངས་ཤུགས་དྲག་པས་བྱས་པ་དང༌། ཕ་མ་སོགས་ཡུལ་ གཉན་པོར་བྱས་པ་རྣམས་ལྕི ་བ་ཡིན་ཞིང༌། མི་དགེ་བ་བཅུ་པོ་དེ་དག་གི་རྣམ་སྨིན་གྱི་འབྲས་ བུ་ནི། དུག་གསུམ་དྲག་པོས་བྱས་པ་དམྱལ་བར་སྐྱེ་བ་དང༌། འབྲི ང་གིས་བྱས་པ་ཡི་དྭགས་ དང༌། ཆུང་ངུས་བྱས་པ་དུད་འགྲོར་སྐྱེ་བར་བཤད་དོ། །ལས་མི་དགེ་བ་བཅུ་པོའི་རྒྱུ་མཐུན་གྱི་ འབྲས་བུ་ནི་རིམ་བཞིན་ཚེ་ཐུང་བ་ལོངས་སྤྱོད་དབུལ་བ། ཆུང་མ་སྲུང་དུ་མི་བཏུབ་བ། མི་ཁ་ 5-1-138 སྡང་བ། མཛའ་བཤེས་ཉུང་བ། མི་སྙན་པ་མང་དུ་ཐོས་པ། ཚིག་མི་བཙུན་པ། ཡིད་ཀྱི་རེ་བ་ མི་འགྲུབ་པ། འཇིགས་པ་ཆེ་བ། ཡང་དག་པའི་ལྟ་བ་ལ་རྨོངས་པ་བཅུའོ། །དེ་དག་གི་བདག་ པོའི་འབྲས་བུ་ནི་རིམ་བཞིན་སྨན་སོགས་མཐུ་ཆུང་བ་དང༌། ལོ་འབྲས་ཉུང་ངུར་གྱུར་པ། གནས་འདམ་རྫབ་དང་ལྗན་ལྗིན་དུ་གྱུར་པ། བློ་བྲི ད་དང་འཇིགས་པ་ཆེ་བ་ས་ཕྱོགས་ཁོད་མི་ སྙོམས་ཤིང་བགྲོད་དཀའ་བ། སྡོང་དུམ་ཚེར་མ་སོགས་ཡིད་དུ་མི་འོང་བ་མང་བ། ལྗོན་ཤིང་ ལ་འབྲས་བུ་མི་ཆགས་པ། ཕུན་ཚོགས་རྣམས་རིམ་གྱིས་འགྲིབ། སད་དང༌། ནད་འཁྲུག་ འབྱུང་བ། མི་དང་མི་མ་ཡིན་གྱིས་འཚེ་བ། རྒྱུ་འབྲས་གོ་ལྡོག་པར་འགྱུར་བའོ། །དེ་དག་ལས་ རྣམ་སྨིན་དང་རྒྱུ་མཐུན་གྱི་འབྲས་བུ་རང་ལ་འབྱུང་བ་དང༌། བདག་འབྲས་དེ་གནས་པའི་ཡུལ་ ལ་འབྱུང་བའོ། །དེ་འདྲའི་མི་དགེ་བ་བཅུ་གོ་ལྡོག་པ་ནི་དགེ་བ་བཅུ་ཡིན་ལ་དགེ་བ་བཅུའི་ རྣམ་སྨིན་རྒྱུ་མཐུན་བདག་པོའི་འབྲས་བུ་རྣམས་ཀྱང་གོང་སྨོས་རྣམས་གོ་བཟློག་པ་བྱས་ནས་ ཤེས་པར་བྱའོ། ། གཉིས་པ་རྒྱལ་སྲས་ཀྱི་ལམ་ལ་ཉམས་ལེན་བྱ་ཚུལ་ལ། བསམ་པའི་སྒོ་ནས་དང་སྦྱོར་ བའི་སྒོ་ནས་གཉིས་ལས། དང་པོ་ལ། བསམ་པ་བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་བསམ་པ་དང༌། དེ་ལ་ཉམས་ལེན་ བྱ་ཚུལ་གཉིས་ལས། དང་པོ་ནི་རིན་ཆེན་ཕྲེང་བ་ལས། སྐྱེས་བུ་གང་ཞིག་བྱང་ཆུབ་སེམས། །སྐད་ཅིག་ཙམ་ནི་ བསྒོམ་བྱེད་ན། །དེ་ཡི་བསོད་ནམས་ཕུང་པོ་འདི། །རྒྱལ་བ་ཡིས་ཀྱང་བགྲང་མི་སྤྱོད། །ཅེས་པ་ དང༌། དཔས་བྱིན་གྱིས་ཞུས་པའི་མདོ་ལས། བྱང་ཆུབ་སེམས་ཀྱི་བསོད་ནམས་གང༌། །གལ་ ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་སྟེ། །དེ་བས་ཀྱང་ནི་ལྷག་ པར་འགྱུར། །ཞེས་པ་ལྟར་བསོད་ནམས་བསམ་གྱིས་མི་ཁྱབ་པ་ཐོབ་པ་དང༌། རྒྱན་ལས། 5-1-139 བློ་ལྡན་སེམས་མཆོག་བསྐྱེད་མ་ཐག་ཏུ་ཡང༌། །མཐའ་ཡས་ཉེས་པ་བྱེད་ལས་སེམས་རབ་ བསྡམས། །གཉིས་འཕེལ་བྱེད་པ་རྟག་ཏུ་དགེ་བ་དང༌། །བརྩེ་ལྡན་བདེ་དང་སྡུག་བསྔལ་དག་ གིས་དགའ། །ཞེས་པ་ལྟར་ཉེས་སྤྱོད་སྤོང་པས་ངན་སོང་ལས་གྲོལ་བ་དང༌། དགེ་བ་འཕེལ་ བས་བདེ་བ་ལ་སྤྱོད་པ་དང༌། སྙིང་རྗེ་འཕེལ་བས་སྡུག་བསྔལ་གྱིས་ཀྱང་དགའ་བ་ལ་སོགས་ པ་ཡོན་ཏན་གྱི་སྒོ་རྒྱ་ཆེན་པོ་དང་ལྡན་པའང༌། གཞན་ཡང་སྡིག་ཆེན་སེལ་བ་དང༌། ཕན་བདེ་ ཐོབ་པ་དང༌། འདོད་པ་འགྲུབ་པ་དང༌། དེ་ལྡན་རྒྱལ་བའི་སྲས་སུ་འགྱུར་བ་ལ་སོགས་པའི་ ཕན་ཡོན་དཔག་ཏུ་མེད་པ་ལྡན་པ་ལགས་སོ། ། གཉིས་པ་དེ་ལ་ཉམས་ལེན་བྱ་ཚུལ་ལ། རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ནས་བསམ་པ་ དང༌། བདག་གཞན་མཉམ་བརྗེའི་སྒོ་ནས་བསམ་པ་གཉིས་ལས། དང་པོ་ལ་གཞན་དོན་དོན་ གཉེར་གྱི་བློ་བསྐྱེད་པ་དང༌། བྱང་ཆུབ་དོན་གཉེར་གྱི་བློ་བསྐྱེད་པ་གཉིས་ལས། དང་པོ་ལ། དེའི་གཞི་འགོད་པ། དེ་བསྐྱེད་པ་དངོས་པོ་གཉིས་ལས། དང་པོ་ལ། ཐམས་ ཅད་ལ་སེམས་སྙོམས་པར་སྒྲུབ་པ། ཐམས་ཅད་ཡིད་འོང་གི་རྣམ་པ་ཅན་དུ་སྒོམ་པ་གཉིས་ལ། དང་པོ་ནི་རང་ལ་ཕན་གནོད་གང་ཡང་མ་བྱས་པའི་བར་མ་ཞིག་གསལ་བཏབ་ལ་དེ་ལ་ ཆགས་སྡང་གང་ཆེ་བ་བཀག་ལ་སེམས་སྙོམས་པ་མ་བྱུང་གི་བར་དུ་སྒོམ། ཆགས་སྡང་འགོག་ ཚུལ་ནི། སེམས་ཅན་ཁོ་རང་རྣམས་ཀྱི་ངོས་ནས་ཐམས་ཅད་ཀྱང་བདེ་བར་འདོད་ལ་སྡུག་ བསྔལ་མི་འདོད་པ་ཤ་སྟག་ཡིན་པས་ཁ་ཅིག་ལ་ཆགས་ནས་ཕན་པ་དང་ཁ་ཅིག་ལ་སྡང་བའི་ གནོད་པའམ་བཏང་སྙོམས་ཀྱིས་འདོར་མི་རིགས་ཤིང༌། འདི་དག་གིས་ཀྱང་བདག་གི་ཕ་ མ་མ་བྱས་པ་མི་འདུག་ན་གང་ལ་ཆགས་པ་དང༌། གང་ལ་སྡང་བར་བྱ་བསམ། ཡང་གཉེན་ ལ་ཆགས་ན་འདི་དག་གིས་ཀྱང་བདག་ལ་གནོད་པ་ལན་གྲངས་དུ་མར་བྱས་ན་ཆགས་དོན་ མི་འདུག་བསམ་པ་དང༌། དགྲ་ལ་སྡང་ན་འདི་རྣམས་ཀྱིས་ཀྱང་བདག་གི་ཕ་མ་ལན་མང་ 5-1-140 བྱས་པས་སྡང་དོན་མི་འདུག་སྙམ་པ་སོགས་ཐབས་ཚུལ་གང་དྲག་གིས་བློ་བཅོས་དགོས་ལ། མདོར་ན་དགྲ་གཉེན་བར་མས་བསྡུས་པའི་སེམས་ཅན་རྣམས་ལ་སྡང་བ་དང་ཆགས་པས་ རིས་སུ་མི་གཅོད་པར་དེ་དག་ཀུན་ལ་འདྲ་མཉམ་གྱི་བློ་སྐྱེད་ཐབས་ལ་འབད་དགོས་ཤིང༌། བསྒོམ་པའི་རིམ་པའང་དང་པོ་བར་མ། དེ་ནས་གཉེན་བཤེས། དེ་ནས་དགྲ་དང་རིགས་དྲུག་ སོགས་ལ་སྒོམ་འདི་སྐྱེ་དཀའ་སེ་བྱུང་ན་གང་ཟག་མང་པོ་ལ་ཁ་སྤོས་ནས་དཔྱད་སྒོམ་ཡང་ ཡང་བྱེད་པ་གནད་ཡིན་གསུངས་སོ། ། གཉིས་པ་ཐམས་ཅད་ཡིད་འོང་གི་རྣམ་པར་བསྒོམ་ཚུལ་ལ། གསུམ་ལས། དང་པོ་མར་ ཤེས་པ་ནི། ཚེ་འདིའི་མའི་རྣམ་པ་བྱད་དབྱིབས་སོགས་གསལ་བཏབ་ནས་མ་འདིས་བདག་ གི་ཚེ་འདིའི་མ་བྱས་པར་མ་ཟད་ཚེ་རབས་དུ་མར་ཡང་མ་བྱས་པར་འདུག་སྟེ། སངས་རྒྱས་ ཀྱིས་སྐུ་ཚེ་དེའི་ཡུམ་གྱིས་སྐུ་ཚེ་དུ་མར་མ་བྱས་པར་བཤད་པ་དང་གང་ཟག་གཞན་ལའང་དེ་ ལྟར་བྱས་པར་སངས་རྒྱས་ཀྱི་བཀའ་བསླུ་བ་མེད་པར་བསམ། ཡང་ཅི་ཙམ་དཔྱད་ཀྱང་བདག་ གི་སྐྱེ་བ་ཐོག་མེད་ནས་ད་བར་དུ་འཁོར་འདིར་འཁྱམས་ཤིང་སེམས་ཅན་རེ་རེའི་མངལ་དུ་ གྲངས་མེད་སྐྱེས་པས་མ་འདིས་ཚེ་རབས་དུ་མར་ཡང་བདག་གི་མ་བྱས་པར་ཐག་ཆོད་སྙམ་ དུ་བསམ། དེ་བཞིན་ཕ་གཉེན་བཤེས་བར་མ་དགྲ་རིགས་དྲུག་སོགས་ལ་བསྒོམ་མོ། ། གཉིས་པ་དྲིན་དྲན་པ་ནི། སྔར་ལྟར་མའི་སྣང་ཚུལ་གསལ་བཏབ་མ་འདིས་བདག་ཟླ་ བ་བཅུའི་བར་དུ་མངལ་དུ་བཟུང་རང་གི་བདེ་བ་དང་ལྟོགས་སྐོམ་སོགས་ཁྱད་དུ་བསད་དེ་ ཕན་གནོད་ཀྱི་སྤྱོད་ལམ་ཐམས་ཅད་བུ་ལ་གནོད་ཀྱིས་དོགས་ནས་བུའི་ཆེད་དུ་བྱས་ནས་དལ་ འབྱོར་གྱི་ལུས་འདི་བྱིན་པས་དང་པོར་དྲིན་ཆེ། བཙའ་བ་ན་མ་རང་གི་ཤ་རུས་འཇིག་པ་ལྟ་ བུའི་སྡུག་བསྔལ་མྱོང་བཞིན་པར་བཙའ་ལ་བཙས་ནས་ཀྱང་འཇམ་པའི་སྟན་ལ་བཞག་བརྩེ་ བའི་སེམས་ཀྱིས་བསྐྱངས་བྱམས་པའི་མིག་གིས་བལྟས་དགའ་བའི་འཛུམ་གྱིས་བསུས་སྙན་ 5-1-141 པའི་མིང་ནས་བོས་མངར་བའི་ནུ་ཞོ་བླུད་ཟས་ལྕེ ས་བསྙོད། སྣབས་ཁས་ཕྱིས། མི་གཙང་བ་ ལག་པས་ཕྱིས། ཤའི་དྲོད་ལ་བཅར། མེ་ཆུ་སོགས་གཡང་སའི་འཇིགས་པ་ལས་བསྐྱབས། བུ་ན་བ་ལས་རང་ན་བ་དང༌། བུ་ཤི་བ་ལས་རང་ཤི་བ་སྙིང་ཐག་པ་ནས་འདམ་པ་སོགས་ཀྱི་ སྒོ་ནས་བསྐྱངས་པས་དྲིན་ཆེ། ནར་སོན་ནས་ཡོན་ཏན་རྣམས་རང་གིས་སློབ་པ་དང༌། གཞན་ ལ་ཡང་སློབ་ཏུ་འཇུག་སྡིག་སྡུག་གཏམ་ངན་ཐམས་ཅད་ཁྱད་དུ་བསད་དེ་ཤ་ཐང་ཐང་དུ་ འབད་པས་བཙལ་བའི་ས་ཁང་ནོར་རྫས་རང་གིས་སྤྱད་མི་ཕོད་པ་མཐའ་དག་བྱིན་ནས་རང་ ཉིད་སྒྲེན་མོ་ལག་པ་སྟོང་པ་ལྟར་གྱུར་ཀྱང་བདག་གིས་ཐམས་ཅད་བུ་ལ་འཕྲོད་དོ་ཞེས་སླར་ དགའ་དགའ་བྱེད་པས་ཐ་མར་དྲིན་ཆེ་བར་འདུག་སྙམ་དུ་མིག་ནས་མཆི་མ་དང་ལུས་ཀྱི་བ་ སྤུ་ལོང་ལོང་བ་སེམས་རྩེ་ཡམ་ཡམ་གློང་བློང་མ་བྱུང་བར་དུ་བསྒོམས་ལ་དེ་ནས་ཕ་སོགས་ རིགས་དྲུག་གི་བར་སྔར་ལྟར་བསྒོམ་ལ། དེ་ཡང་ཕ་སོགས་མི་གྱུར་དུས་མ་ལན་གྲངས་དུ་ མར་བྱས་ཚུལ་བསམས་ནས་སྒོམ་དགོས། གསུམ་པ་དྲིན་གཟོ་བ་ནི། མ་སོགས་སྔར་ལྟར་གསལ་གདབ་ལ། མ་རྒན་སེམས་ཅན་ རྣམས་ཉོན་མོངས་པའི་གདོན་གྱིས་རྒྱུད་དཀྲུགས་ནས་སྨྱོ། བླང་དོར་བྱེད་པའི་བློ་གྲོས་ཀྱི་ མིག་ནི་ལོང༌། དམ་པའི་ཆོས་ཀྱི་མཁར་བ་དང་བྲལ། དགེ་བའི་བཤེས་གཉེན་གྱི་དམིག་བུས་ བོར། ཉི་མ་རེ་རེ་ཞིང་སྡུག་བསྔལ་གསུམ་གྱི་མནར་ཞིང༌། ངན་སོང་གསུམ་གྱི་གཡང་ཁ་ལ་ འགྲོ་བ་འདི་སྐྱེ་འཆི་འཕོས་པའི་ངོ་མ་ཤེས་པ་མ་གཏོགས་དྲིན་ཆེ་བ་ཤ་སྟག་ཡིན་པས་མ་དེ་ དག་ཀྱང་སྡུག་བསྔལ་དེ་ལས་སྒྲོལ་བར་བུ་བདག་ལ་མི་རེ་སུ་ལ་རེ་བུ་བདག་ལ་མ་དེ་རྣམས་ སྐྱོབ་པའི་ཁུར་མ་བབས་ན་གཞན་སུ་ལ་བབས་དེས་ན་ཕན་གདགས་པར་བྱ་དགོས། དེ་ཡང་ འཇིག་རྟེན་གྱི་ཕུན་ཚོགས་ནི་ཇི་སྙེད་ཅིག་སྔར་ཡང་ཁོ་རང་རྣམས་ཀྱི་ཐོབ་ཀྱང་མ་ཕན་པའི་ ཁར་སྡུག་བསྔལ་དུ་སོང་དེས་ན་དམ་པའི་ཆོས་ཀྱིས་ཕན་གདགས་པར་བྱའོ་སྙམ་དུ་བསམ་ 5-1-142 ལ་འདི་ཡང་སྐྱེ་དཀའ་ན་ཕ་སོགས་ལ་སོ་སོར་བསྒོམ་དགོས་པར་གསུངས་སོ། ། གཉིས་པ་གཞན་དོན་དོན་གཉེར་གྱི་བློ་བསྐྱེད་པ་དངོས་ལ། གསུམ་ལས། དང་པོ་ཡིད་ འོང་གི་བྱམས་པ་ནི། མ་སྔར་ལྟར་གསལ་བཏབ་ལ། དེ་གནས་སྐབས་དང་མཐར་ཐུག་གི་ བདེ་བས་ཕོངས་ཤིང་སྡུག་བསྔལ་འབའ་ཞིག་ལ་རྒྱུན་དུ་སྤྱོད་ཚུལ་ཡང་ཡང་བསམ་ནས་རང་ གི་བདེ་དགེ་ཐམས་ཅད་བཏང་སྟེ་བདེ་བ་ལ་འགོད་འདོད་ཀྱི་བློ་ཤུགས་དྲག་པོ་བསྐྱེད་ནས་ ངག་ཏུ་བདེ་བས་ཕོངས་པའི་མ་རྒན་འདི་རྣམས་བདེ་བ་དང་ལྡན་ན་ཅི་མ་རུང༌། བདེ་བ་དང་ འཕྲད་པར་གྱུར་ཅིག་ཅི་ནས་ཀྱང་བདེ་བ་དང་འཕྲད་པར་བྱའོ། །ཞེས་མང་དུ་བརྗོད་ཅིང་ བསམ་དེ་བཞིན་དུ་ཕ་སོགས་ལ་ཡང་སྔར་བཞིན་བསྒོམས་ཡང་དགྲ་ལ་འདི་ལྟ་སྟེ་འདིས་ ཀྱང་ཕན་ཆེན་པོ་བཏགས་པ་དང་སྐྱེ་འཆི་འཕོས་པས་ངོ་མ་ཤེས་ལ། ཁོ་རང་ཉོན་མོངས་པའི་ དབང་དུ་སོང་ནས་དགྲ་བྱེད་པར་འདུག་པ་ནི་ཚེ་འདིའི་མ་སྨྱོས་པ་དང་ཁྱད་མེད་པས་འདི་ ཡང་ངེས་པར་ཉོན་མོངས་པའི་གདོན་དང་བྲལ་བར་བྱའོ་སྙམ་དུ་བསམ་པར་བྱ་དགོས། གཉིས་པ་བརྩེ་བའི་སྙིང་རྗེ་ནི། མ་གསལ་བཏབ་ལ་སྔར་ལྟར་སྡུག་བསྔལ་གྱི་མནར་ ཚུལ་བསམ་ནས། སྡུག་བསྔལ་གྱིས་མནར་བའི་མ་རྒན་སེམས་ཅན་ཐམས་ཅད་སྡུག་བསྔལ་ དང་བྲལ་ན་ཅི་མ་རུང༌། སྡུག་བསྔལ་དང་བྲལ་བར་གྱུར་ཅིག སྡུག་བསྔལ་དང་བྲལ་བར་ བྱའོ་སྙམ་དུ་བསམ་ལ་དེ་ནས་ཕ་སོགས་ལ་བསྒོམ་མོ། ། གསུམ་པ་ལྷག་བསམ་རྣམ་དག་ནི། མ་གསལ་བཏབ་བདེ་བས་ཕོངས་ཚུལ་དང་སྡུག་ བསྔལ་གྱིས་མནར་ཚུལ་བསམ་ནས་ཀྱེ་མ་ཡིད་དུ་འོང་བའི་མ་རྒན་སེམས་ཅན་རྣམས་ཅི་ ནས་ཀྱང་བདེ་བ་ལ་སྦྱོར་བ་དང་སྡུག་བསྔལ་ལས་ཐར་བར་བྱེད་པའི་ཁུར་དེ་བདག་གིས་ བྱའོ་ཞེས་དམ་བཅའ་ལ་ངག་ནས་ཀྱང་བདེ་བར་མི་ལྡན་པའི་མ་རྒན་འདི་རྣམས་བདེ་བ་དང་ ལྡན་པ་ཞིག་བདག་གིས་བྱའོ། །སྡུག་བསྔལ་གྱིས་མནར་བའི་སེམས་ཅན་འདི་རྣམས་སྡུག་ 5-1-143 བསྔལ་དང་བྲལ་བ་ཞིག་བདག་གིས་བྱའོ། །ཞེས་བརྗོད་ཅིང་དམ་བཅའ་ཡང་ཡང་བྱའོ། ། གཉིས་པ་བྱང་ཆུབ་དོན་གཉེར་གྱི་བློ་བསྐྱེད་པ་ནི། དེ་ལྟར་སེམས་ཅན་གྱི་དོན་བྱེད་ པ་ལ་སངས་རྒྱས་ངེས་པར་ཐོབ་དགོས་ཤིང༌། རང་དོན་མཐར་ཕྱིན་པ་ལ་ཡང་སངས་རྒྱས་ ཐོབ་དགོས་པར་འདུག་སྙམ་དུ་བསམས་ལ། དེ་ཡང་སངས་རྒྱས་ཀྱི་སྐུའི་འོད་ཟེར་རེ་རེས་ ཀྱང་སེམས་ཅན་གྲངས་མེད་པ་འདྲེན་ནུས། གསུང་དབྱངས་ཡན་ལག་རེ་རེས་ཀྱང་སེམས་ ཅན་ཐམས་ཅད་ཀྱི་རེ་བ་སྐོང་བའི་ལན་འདེབས་པར་བྱེད། ཐུགས་ནི་ཤེས་བྱ་ཐམས་ཅད་ ལ་ཆགས་ཐོགས་མེད་པས་མཁྱེན་པ་དང་སེམས་ཅན་ལ་མ་བུ་གཅིག་པ་ལྟར་བརྩེ་བ་ཉེ་རིང་ མེད་པར་འཇུག འཕྲིན་ལས་ནི་གདུལ་བྱ་སྐལ་བ་དང་ལྡན་ན་སྐད་ཅིག་མ་གཅིག་ཀྱང་མི་ འཇོལ་བར་འདྲེན་པ་ལ་འབད་མེད་ལྷུན་གྲུབ་ཏུ་མངའ་བརྙེས་ཚུལ་རྒྱས་པའམ་བསྡུ་ན་དེ་ ཙམ་བསམས་ནས་ཀྱང་དད་གདུང་སྤྲོ་གསུམ་གྱིས་སྦྱངས་ནས་སངས་རྒྱས་འདི་ལྟ་བུ་ཐོབ་ན་ ཅི་མ་རུང་སྙམ་དུ་བསམས་ལ། བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་ སངས་རྒྱས་ཐོབ་པར་གྱུར་ཅིག ཅི་ནས་ཀྱང་ཐོབ་པར་བྱའོ། །ཞེས་བརྗོད་དེ་སེམས་བསྐྱེད། འདི་ཡང་བསྐལ་ཆེན་གྲངས་མེད་གསུམ་དུ་ཚོགས་བསགས་པའི་མགོ་བརྩམ་པའི་སེམས་ བསྐྱེད་དང་ཆོས་མཚུངས་པར་གསུངས་སོ། ། གཉིས་པ་བདག་གཞན་མཉམ་བརྗེའི་སྒོ་ནས་སེམས་སྦྱོང་ཚུལ་ནི། སྤྱོད་འཇུག་ལས། འཇིག་རྟེན་བདེ་བ་ཇི་སྙེད་པ། །དེ་ཀུན་གཞན་བདེ་འདོད་ལས་བྱུང༌། །འཇིག་རྟེན་སྡུག་ བསྔལ་ཇི་སྙེད་པ། །དེ་ཀུན་རང་བདེ་འདོད་ལས་བྱུང༌། །མང་དུ་བཤད་ལྟ་ཅི་དགོས་ཏེ། །བྱིས་པ་རང་གི་དོན་བྱེད་དང༌། །ཐུབ་པ་གཞན་གྱི་དོན་མཛད་པ། །འདི་གཉིས་ཀྱིས་ནི་ཁྱད་ པར་ལྟོས། །ཞེས་གསུངས་པ་ལྟར་རང་གིས་ཐོག་མ་མེད་པ་ནས་ད་སྔ་ཡན་ཆད་རང་དོན་ཁོ་ ན་བྱས་ཀྱང་མ་ཕན་པར་ད་རུང་འཁོར་བའི་རྒྱ་མཚོར་འཁྱམས་པ་འདིར་ཟད། ཐུབ་པ་སངས་ 5-1-144 རྒྱས་རྣམས་ཀྱི་གཞན་དོན་ཁོ་ན་མཛད་པས་ཡུན་མི་རིང་བ་ནས་སྐྱོན་ཐམས་ཅད་ཟད་ཡོན་ ཏན་ཐམས་ཅད་རྫོགས་པའི་སངས་རྒྱས་འདི་ལྟ་བུ་ཐོབ་ལ་ད་དུང་རང་གཅེས་པར་བཟུང་ ནས་གཞན་ཡལ་བར་དོར་ན་སངས་རྒྱས་མི་ཐོབ་པར་མ་ཟད། འཁོར་བ་འདིར་རང་དབང་མི་ ཐོབ་པར་སྡུག་བསྔལ་དུ་མ་མྱོང་དགོས་པས། སྤྱོད་འཇུག་ལས། བདག་བདེ་གཞན་གྱི་སྡུག་ བསྔལ་དག །ཡང་དག་བརྗེ་བར་མ་བྱས་ན། །སངས་རྒྱས་ཉིད་དུ་མི་འགྲུབ་ཅིང༌། །འཁོར་ བ་ན་ཡང་བདེ་བ་མེད། །ཅེས་གསུངས་ལྟར། ད་ནི་སྡུག་བསྔལ་ཐམས་ཅད་ཀྱི་གཞི་མ་ནད་ གདོན་ཐམས་ཅད་ཀྱི་འབྱུང་གནས་དམྱལ་བར་ཁྲིད་པའི་ལམ་མཁན་རང་གཅེས་འཛིན་དེ་ གཞོམ་ལ། རང་གཞན་གྱི་ལེགས་ཚོགས་ཐམས་ཅད་ཀྱི་འབྱུང་གནས་དུས་གསུམ་གྱི་རྒྱལ་ བ་སྲས་བཅས་ཀྱི་ཕེབས་ལམ་ཆེན་པོ་གཞན་གཅེས་འཛིན་གྱི་ལམ་འདི་ཉམས་སུ་ལེན་ པར་བྱའོ་སྙམ་དུ་བསམ་ལ་མ་སོགས་སྔར་ལྟར་གསལ་བཏབ་སྟེ། རིན་ཆེན་འཕྲེང་བ་ལས། བདག་ལ་དེ་དག་སྡིག་སྨིན་ཅིང༌། །བདག་དགེ་མ་ལུས་དེར་སྨིན་ཤོག །ཅེས་བརྗོད་ཅིང་རང་ གི་སྣ་བུག་ནས་རླུང་ཕྱིར་འགྲོ་བ་དང་མཉམ་དུ་བདག་ལ་བདེ་བ་དང་དགེ་བ་གང་ཡོད་རྣམས་ འོད་ཟེར་དཀར་པོའི་རྣམ་པར་སོང་སྟེ་མ་སེམས་ཅན་ཐམས་ཅད་ལ་ཐིམ་པས་དེ་དག བདེ་ དགེ་མ་ལུས་པ་དང་ལེགས་པར་ལྡན་པར་བསམ་པ་དང༌། རང་གི་རླུང་ནང་དུ་རྔུབ་པ་དང་ མཉམ་དུ་མ་སེམས་ཅན་རྣམས་ཀྱི་སྡུག་བསྔལ་དང་མི་དགེ་བ་གང་ཡོད་རྣམས་འོད་ཟེར་ནག་ པོའི་རྣམ་པར་འོངས་ཏེ་རང་ལ་ཐིམ་པས་དེ་དག་སྡུག་བསྔལ་རྒྱུ་དང་བཅས་པ་ཀུན་དང་བྲལ་ བར་བསམ་དགོས་ཤིང༌། དེ་འདྲ་ཡང་ཡང་བསམ་པས་རང་བདེ་གཞན་ལ་སྦྱིན་འདོད་དང་ གཞན་སྡུག་རང་གིས་ལེན་འདོད་ཀྱི་མྱོང་བ་ཐོན་པ་ནི་རང་གི་ལུས་སོགས་གཏོང་བ་ལ་ཕོད་ པ་སྐྱེ་བ་ཙམ་གྱི་བློ་ཞིག་འོང་ཐུབ་པར་གསུངས་སོ། ། གཉིས་པ་སྦྱོར་བའི་སྒོ་ནས་ཉམས་ལེན་བྱ་ཚུལ་མདོར་བསྡུས་ལྷན་ཅིག་ཏུ་བརྗོད་པར་བྱ་ 5-1-145 བ་སྟེ། དེ་ལ་ཡང་དུས་དེ་རིང་ནས་བརྩམས་ཏེ་སྐྱོབ་པ་སངས་རྒྱས་དང་བྱང་ཆུབ་སེམས་ དཔའ་ཐམས་ཅད་དཔང་པོར་བཞུགས་པ་ཉིད་ཀྱི་སྤྱན་སྔར་འགྲོ་བ་མཐའ་ཡས་པ་རྣམས་ མཐར་ཐུག་བདེ་བར་གཤེགས་པ་ཉིད་ཀྱི་བདེ་བ་ཆེན་པོ་དང༌། གནས་སྐབས་དེ་མ་ཐོབ་ཀྱི་ བར་དུ་མངོན་པར་མཐོ་བའི་བདེ་བ་ཕུན་ཚོགས་པ་གང་དག་འགྲོ་བ་དང་རང་རང་འཚམས་ པར་ཉེ་བ་སྦྱིན་པའི་སླད་དུ་དེང་སྐབས་མགྲོན་དུ་བོས་ཟིན་པ་ཡིན་པས་ན་དཀར་པོའི་ཆོས་ ལ་མངོན་པར་དགའ་བའི་ལྷ་དང་ལྷ་མ་ཡིན་སོགས་པའི་བསོད་ནམས་ལ་ལེགས་པ་མོས་པ་ རྣམས་སེམས་དང་བའི་སྒོ་ནས་དགའ་ཞིང་མགུ་བར་གྱིས་ཤིག་སྙམ་པའི་ངང་ནས་སེམས་ཀྱི་ དཔང་མཐོ་བའི་སྒོ་ནས་སེམས་རྒྱ་རབ་ཏུ་ཡངས་པ་དང་བཅས་པས་མ་སེམས་ཅན་ཐམས་ ཅད་ལ་ལུས་ལོངས་སྤྱོད་དགེ་བའི་དངོས་པོ་གང་ཡོད་རྣམས་ཕངས་པ་མེད་པར་གཏོང་ སེམས་རྒྱ་ཆེ་བ་ཡང་ཡང་བསྐྱེད་པར་བྱ་ལ། དེ་ཡང་བདག་གིས་གཅེས་པར་བཟུང་བའི་ལུས་ ཉེར་ལེན་གྱི་ཕུང་པོ་འདི་དང་དེ་བཞིན་ཏུ་འཁོར་དང་ནོར་དང་ཁ་ཟས་ལ་སོགས་པའི་ལོངས་ སྤྱོད་ཐམས་ཅད་དང་དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་ཐམས་ཅད་ཀྱང་སེམས་ ཅན་མ་ལུས་པ་ཀུན་གྱི་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་དོན་སྒྲུབ་པར་བྱ་བའི་ ཆེད་དུ་སེར་སྣས་ཕངས་པ་དང་ལན་དང་རྣམ་སྨིན་པ་ལ་རེ་བ་མེད་པར་སྦྱིན་པ་ཡོངས་སུ་ བཏང་བར་བྱའོ་སྙམ་དུ་ཡང་ཡང་བསམ་པ་དང༌། ཡང་ལུས་ལོངས་སྤྱོད་བཏང་ནས་ཚོགས་ བསགས་པ་ལས་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་ལ། ཟག་པ་དང་ བཅས་པའི་དངོས་པོ་འདི་ཀུན་མཐར་ཟད་ཅིང་སྙིང་པོ་མེད་པའི་མནོག་ཆུང་བ་ཞིག་ཡིན་པ་ ལ། ད་ལྟ་སེམས་ཅན་རྣམས་ལ་ཕན་གདགས་པའི་ཆེད་དུ་གང་ལ་ཅི་འདོད་པ་བཏང་བ་ནི་ རང་གཞན་གྱི་དོན་ཆེན་པོ་མཆོག་དང་ལྡན་པར་འགྱུར་བའི་ཚུལ་ལའང་བསམ། བདག་གི་ ནམ་མཁའ་དང་མཉམ་པའི་ལུས་ཅན་ཐམས་ཅད་རང་རང་གི་འདོད་པ་བསྒྲུབ་པའི་དོན་དུ་ 5-1-146 ལུས་འདི་ཉིད་ལྟོས་མེད་དུ་བྱིན་ཟིན་པ་ཡིན་པས་ད་ནི་ལུས་འདི་ལ་ཅི་བྱེད་ཁྱེད་ཅག་ལ་རག་ ལས་པས་ཅི་བདེར་སྤྱོད་ཅིག་དང་བདག་གིས་ལུས་འདི་ལ་བདག་གིར་བཟུང་བ་ཅུང་ཟད་ ཀྱང་མི་བྱའོ་སྙམ་དུ་ཡང་ཡང་བསམ་པར་བྱ་དགོས་སོ། །ཡང་ཏིང་ངེ་འཛིན་རྒྱལ་པོ་ལས། ཁྲིམས་དང་ཐོས་དང་གཏོང་དང་བཟོད་ལ་སོགས། །དགེ་བའི་ཆོས་སུ་བརྗོད་པ་ཇི་སྙེད་པ། །ཀུན་གྱི་རྩ་བ་བག་ཡོད་འདི་ཡིན་ཏེ། །གཏེར་ཐོབ་བྱེད་ཅེས་བདེ་བར་གཤེགས་པས་བསྟན། །ཞེས་པ་ལྟར་སྙོམ་ལས་ཀྱི་གཡེལ་བ་མེད་པར་དཀར་པོའི་ཆོས་འབའ་ཞིག་ལ་བློ་རྒྱུན་དུ་ སྐོར་ཞིང་མི་དགེ་བའི་ཕྱོགས་སུ་ནམ་ཡང་སེམས་འགྲོ་བར་མི་བྱ་བ་ལ་འབད་དགོས་ལ། བཤེས་སྤྲིང་ལས། གང་ཞིག་གསེར་སྣོད་རིན་ཆེན་སྤྲས་པ་ཡིས། །ངན་སྐྱུག་འཕྱག་དར་བྱེད་ པ་དེ་བས་ཀྱང༌། །གང་ཞིག་མི་རུ་སྐྱེས་ནས་སྡིག་པ་དག །བྱེད་པ་དེ་དག་ཆེས་རབ་བླུན་པ་ ལགས། །ཞེས་པ་ལྟར་རྙེད་པར་དཀའ་ཞིང་དོན་ཆེན་པོ་དང་ལྡན་པའི་དལ་འབྱོར་ཕུན་སུམ་ ཚོགས་པ་འདི་འདྲ་རྙེད་པའི་དུས་སུ་ལྷག་བསམ་རྣམ་པར་དག་པའི་དགེ་བ་ལ་འབད་པར་མ་ བྱས་ན་འདི་ལས་རང་གི་རང་བསླུས་པའང་གཞན་མེད་དེ་དོན་ཆེན་པོས་ལས་ཉམས་པར་ བྱས་པའི་ཕྱིར་སྙམ་པ་དང༌། གཞན་ཕྱོགས་ལ་ཞེ་སྡང་ཁོང་ཁྲོ་བ་དང་རང་ཕྱོགས་ལ་བསྟོད་ ཅིང་ཆགས་པ་དང་གནས་ལུགས་ལ་རྨོངས་པའི་མ་རིག་པ་ལ་སོགས་པ་ཉོན་མོངས་པའི་དགྲ་ བོ་འདི་རྣམས་ནི་འཇིག་རྟེན་པའི་དགྲ་ལྟར་མཚོན་ལ་སོགས་ཡོད་པ་མིན་ནའང་ཉོན་མོངས་ དེ་དག་གིས་བདག་བྲན་བཞིན་དུ་རང་དབང་མེད་པར་བཀོལ་ནས་ཉེས་པ་མང་པོ་འཛེམ་ མེད་དུ་བྱེད་དུ་བཅུག་པས་ནམ་ཞིག་སྡུག་བསྔལ་བཟོད་དཀའ་བ་ལ་ངེས་པར་སྦྱོར་བས་ན་ ཉོན་མོངས་པ་འདི་དག་ངེས་པར་སྤོང་ཐབས་ལ་འབད་པ་དྲག་པོ་བྱ་བ་དང༌། ཚེ་འདིའི་དགྲ་ འདི་དག་གིས་འཇིག་རྟེན་འདི་ངོགས་ཙམ་ལ་གནོད་པ་ཕྲན་བུ་རེ་བྱེད་ན་མ་གཏོགས་ཚེ་ཕྱི་ མར་ཡུན་རིང་དུ་གནོད་པར་བྱེད་མི་ནུས་ལ་ཉོན་མོངས་པ་ལས་མི་དགེ་བ་ཀུན་ནས་སློང་ 5-1-147 བའི་སྟོབས་ཅན་འདི་རྣམས་ཀྱིས་ནི་ཚེ་ཕྱི་མར་བཟོད་ཤིན་ཏུ་དཀའ་བའི་དམྱལ་བའི་སྡུག་ བསྔལ་ལྟ་བུ་ལ་ཡུན་རིང་མོའི་བར་དུ་སྦྱོར་བའི་གནོད་པ་བྱེད་པས་ན་ཉོན་མོངས་འདི་ཀུན་ ངེས་པར་ད་ལན་སྤང་བར་བྱའོ་སྙམ་པ་དང༌། ཉོན་མོངས་རྣམས་ཀྱིས་ཡུན་རིང་པོ་ཐོག་མ་ མེད་པའི་དུས་ནས་བདག་ལ་གནོད་ཅིང་ཕྱིས་སུའང་གཉེན་པོས་མ་བཅོམ་ན་ད་དུང་འཁོར་ བ་མཐའ་མེད་ཀྱི་བར་དུ་གནོད་པ་བྱེད་པ་ཡིན་པས་འདིའི་གཉེན་པོ་བསྟེན་པ་ལ་མྱུར་ནས་ འབད་དགོས་སྙམ་པ་དང༌། འཇིག་རྟེན་པའི་དགྲ་ལ་ཕར་མཐུན་པར་བཟུང་ན་སླར་ཡང་ལན་ དུ་ཕན་པ་དང་བདེ་བར་བྱེད་པ་མང་ན་ཉོན་མོངས་པའི་དགྲ་རྣམས་ནི་མཐུན་ཕྱོགས་སུ་ བཟུང་ནས་བསྟེན་པར་བྱས་ན་སླར་དམྱལ་བ་ལ་སོགས་པའི་སྡུག་བསྔལ་བཟོད་དཀའ་བ་ལ་ ཡང་ཡང་སྦྱོར་བ་ལས་ཕན་པ་ཅུང་ཟད་བྱེད་པ་མེད་པས་བསྟེན་དཀའ་བ་ལ་བསམ་ནས་ཉོན་ མོངས་པ་སྤོང་ཐབས་ལ་འབད་དགོས། དེ་ལྟར་ཡུན་རིང་པོར་བདེ་བ་འཇོམས་པའི་དགྲར་ གྱུར་པ་སྡུག་བསྔལ་གྱི་གནོད་པའི་ཚོགས་རབ་ཏུ་འཕེལ་བའི་རྒྱུ་གཅིག་པུ་ཉོན་མོངས་པ་འདི་ དག་བདག་གིས་སྙིང་ལ་གནས་པར་གྱུར་ན་འཁོར་བར་འཇིགས་པ་མེད་ཅིང་དགའ་བ་དང་ བཅས་པར་ག་ལ་འགྱུར་ཏེ་མི་འགྱུར་བས་ན་ཉོན་མོངས་པ་འདི་ཀུན་ངེས་པར་སྤང་བར་ རིགས་སོ་སྙམ་པ་དང༌། འཇིག་རྟེན་པ་དག་གིས་ཐ་མལ་བའི་དགྲ་དེ་མ་བཅོམ་ན་གཉིད་མི་ འོང་པ་ལྟ་བུའི་ངལ་བ་བྱ་ན་ཡུན་རིང་པོར་ཤིན་ཏུ་འཚེ་བའི་དགྲ་མ་རུངས་པ་ཉོན་མོངས་འདི་ ག་བཅོམ་པ་ལ་ཅི་ནས་ཀྱང་ཤིན་ཏུ་འབད་རིགས་སོ་སྙམ་པ་དང༌། མ་བཅོམ་ཡང་རེ་ཞིག་ན་ ངེས་པར་འཆི་བར་འགྱུར་བ་སྔོན་ལས་ཀྱི་དབང་གིས་ད་ལྟ་ཡུད་ཙམ་འདིར་དགྲ་གྱུར་པ་སྔོན་ ཆད་ཕ་མ་ལན་མང་བྱས་པས་དྲིན་ཆེ་བ་དག་ཀྱང་ད་སྐབས་རང་སྲོག་ལ་མི་འཛེམ་པར་སྐྱེས་ རྩལ་ཅི་ཡོད་ཀྱི་སྒོ་ནས་བཅོམ་པར་བྱེད་པ་ལ་བརྩོན་ན་མ་བཅོམ་ན་དུས་རྒྱུན་དུ་གནོད་པ་ བྱེད་པའི་དགྲ་མ་རུངས་པ་ཉོན་མོངས་པ་འདི་ཀུན་གཞོམ་པའི་ཐབས་ལ་ཅི་ནས་ཀྱང་འབད་ 5-1-148 དགོས་པ་ནི་སྨོས་ཀྱང་མི་དགོས་སོ་སྙམ་པ་ཡང་ཡང་སྒོམ་པ་དང༌། འཇིག་རྟེན་པ་དག་གི་ དགྲ་ལ་འཐབ་པ་ལ་སོགས་པའི་དུས་སུ་སྡུག་བསྔལ་འགའ་ཞིག་ལ་མི་དགའ་བ་མེད་ཅིང་ རྒྱན་དུ་རློམས་པར་བྱེད་ན་ཉོན་མོངས་པའི་དགྲ་ཚོགས་གཞོམ་པ་ལ་དཀའ་ཐུབ་ཀྱི་སྡུག་ བསྔལ་ཅུང་ཟད་རེ་འོང་བ་ལ་ཇི་ལྟར་མི་དགའ་བར་བྱ་འོས་ཏེ་མི་འོས་པ་ཁོ་ནའོ་སྙམ་པ་དང༌། སྦྱིན་པ་ལ་སོགས་པ་ཕར་ཕྱིན་དྲུག་པོ་ནང་སེམས་ཀྱི་སྟེང་ནས་གོམས་པར་བྱས་པ་ལས་ མཐར་ཕྱིན་པར་འགྱུར་བ་ཡིན་པས་གཏོང་སེམས་སོགས་ལ་སེམས་ཀྱིས་གོམས་ཆ་འགྲོ་བ་ ལ་འབད་དགོས་པ་དང༌། མདོར་ན་རང་གི་སེམས་འདི་ཉིད་ལེགས་པར་གནས་མི་གནས་ གརྟགས་པའི་ཤེས་བཞིན་དང་དགེ་བའི་དམིགས་རྣམ་མི་བརྗེད་པའི་དྲན་པ་གཉིས་པོ་རྒྱུན་ དུ་མ་བྲལ་བར་བྱས་ཏེ་སྙོམ་ལས་སོགས་ཀྱི་དབང་དུ་མི་འགྲོ་བར་བྱས་ནས་རང་སེམས་ གཅིག་པུ་བསྲུང་བ་ལ་འབད་དགོས་ཏེ། བཤེས་སྤྲིང་ལས། བསྙེངས་དང་བྲལ་ལ་མང་དུ་ གསོལ་ཅི་དགོས། །ཕན་པའི་གདམས་ངག་དོན་པོ་འདི་ལགས་ཏེ། །ཁྱེད་ཀྱིས་ཐུགས་དལ་ མཛོད་ཅིག་བཅོམ་ལྡན་གྱིས། །སེམས་ནི་ཆོས་ཀྱི་རྩ་བ་ཡིན་པར་གསུངས། །ཞེས་གསུངས་ སོ། །ཚེ་འདི་ལའང་གནོད་པ་ཆུང་ངུ་སྟེར་བའི་སྐྱེས་བུ་ལུས་ཀྱི་རྨ་ལྟ་བུ་ལའང་ཆེད་དུ་བསྲུང་ བ་ལ་བག་ཡོད་པར་བྱེད་ན་ཕྱི་མར་དམྱལ་བ་བསྡུས་འཇོམས་པ་ལ་སོགས་པའི་སྡུག་བསྔལ་ བཟོད་དཀའ་བ་སྟེར་བའི་སེམས་ངན་གོམས་ཅན་གྱི་བདག་ཉིད་འདི་གའང་དྲན་ཤེས་བཞིན་ གྱིས་ལེགས་པར་བསྲུང་བ་ལ་བག་ཡོད་པར་ཅི་སྟེ་བྱ་མི་དགོས་ངེས་པར་དགོས་སོ་སྙམ་དུ་ བསམས་པ་དང༌། ཡང་དཔེར་ན་ནད་ཀྱིས་དཀྲུགས་པའི་མི་དག་གི་འགྲོ་འོང་སོགས་ལ་མཐུ་ མེད་པ་ལྟར་དྲན་པ་དང་ཤེས་བཞིན་མེད་པའི་རྨོངས་པས་རང་གི་སེམས་མ་བསྲུང་བར་ དཀྲུགས་ན་བསམ་གཏན་ལ་སོགས་པ་དགེ་བའི་ལས་བྱེད་པ་རྣམས་ལ་མཐུ་མེད་པར་འགྱུར་ བ་ལ་བསམས་ནས་ཀྱང་སེམས་བསྲུང་བ་ལ་འབད། གཞན་ཡང་དྲན་ཤེས་བཞིན་མེད་ན་ 5-1-149 སྔོན་ཡོད་ཀྱི་དགེ་བ་མཐའ་དག་ལས་ཉམས་ཤིང་རྗེས་སུ་དགེ་བའི་བློ་ཡང་དག་པ་གང་མི་སྐྱེ་ བས་ན་རང་གི་སེམས་སྟེང་དུ་དགེ་མི་དགེའི་བློ་ཇི་ལྟར་སྐྱེ་བའི་ཚུལ་ལེགས་པར་ངོ་ཤེས་པར་ བྱས་ཏེ་རྒྱུན་དུ་མི་དགེ་བའི་ཕྱོགས་ལ་བློ་རྩེ་མི་སྐོར་ཞིང་དགེ་བའི་དམིགས་པ་ཁོ་ན་དྲན་པས་ མི་བརྗེད་པར་བྱས་ནས་གནས་པར་བྱ་བ་དང་ཁྱད་པར་རང་གི་ལུས་འདི་ཉིད་ལུས་མི་གཙང་ བའི་རྣམ་པ་རྟག་པ་མེད་པའི་གློ་བུར་བ་ཡིན་ཚུལ་སོགས་ལ་བསམས་ནས་གང་ཐད་ནས་ ཀྱང་སྙིང་པོ་མེད་པ་ལ་ངེས་པ་དྲངས་ནས་དེ་ལ་ཆགས་ཤིང་ཞེན་པའི་བློ་བཀག་ནས་ནམ་ ཡང་ཆགས་པ་མེད་པ་ལ་ཉེ་བར་གནས་པར་བྱའོ། །འཇམ་དཔལ་རྣམ་པར་རོལ་པའི་མདོ་ ལས། འཇམ་དཔལ་ཁོང་ཁྲོ་བ་ཞེས་བྱ་བ་ནི་བསྐལ་པ་བརྒྱ་སྟོང་དུ་བསགས་པའི་བསོད་ ནམས་ཀྱང་འཇོམས་པར་བྱེད་ཅིང་འབྲས་བུ་མེད་པར་བྱེད་པའོ། །ཞེས་གསུངས་པ་ལྟར་ དགྲ་སོགས་ལ་སེམས་མནར་སེམས་པའི་བསམ་པ་དེ་ཉིད་སྐྱེ་བར་བྱས་ན་སྔོན་ཆད་བསྐལ་ པ་མང་པོར་བསགས་པའི་དགེ་རྩ་གང་དག་འཇོམས་པར་བྱེད་ཅིང་ཕྱིས་སུའང་རྣམ་པར་སྨིན་ པ་ཡིད་དུ་མི་འོང་བ་དུ་མ་འབྱིན་པར་བྱེད་པ་ཡིན་པས་ན་ནམ་ཡང་ཁྲོ་བའི་སེམས་སྐྱེ་བའི་གོ་ སྐབས་མེད་པར་བྱ་དགོས་ཏེ། དེ་ཡང་རང་གི་ཆོས་སྒྲུབ་པའི་དཀའ་སྤྱད་ཀྱི་སྡུག་བསྔལ་ སོགས་བྱུང་བ་ན་དེ་ལ་མི་བཟོད་པ་སྐྱེ་བའི་ཚེ་འདི་ལྟར་བསམ་དགོས་པ་ཡིན་ཏེ། སྤྱིར་ན་ འཇིག་རྟེན་པ་དག་གིས་ཚེ་འདི་ངོགས་ཀྱི་ཟས་གོས་སོགས་ཡུད་ཙམ་གྱི་བདེ་བའི་ཆེད་དུ་ བཀྲེས་སྐོམ་ལ་སོགས་པའི་སྡུག་བསྔལ་ཆེ་བ་ལ་བཟོད་པར་བྱེད་ན་འདི་ནས་བཟུང་སྟེ་ཚེ་ རབས་རྣམས་སུ་སྡུག་བསྔལ་རྣམས་རིམ་གྱིས་ཟད་དེ་བདེ་ནས་བདེ་བར་འགྲོ་བའི་ཐབས་ཀྱི་ རྒྱུ་རྣམ་པར་དཀར་བའི་བསོད་ནམས་བསགས་པ་ལ་ཅུང་ཟད་ཙམ་གྱི་ངལ་བ་འདི་དག་ལ་མི་ བཟོད་པ་ཅི་ཞིག་ཡོད་དེ་ཅི་ཡང་མེད་པར་སེམས་ལ་དགའ་བ་རྒྱ་ཆེར་འཕེལ་བ་དང་བཅས་ པའི་སྒོ་ནས་དཀའ་སྤྱད་ཀྱི་སྡུག་བསྔལ་སོགས་ལ་བཟོད་པར་བྱ་བ་དང༌། ཡང་རང་ལ་སྡུག་ 5-1-150 བསྔལ་བྱུང་བ་ན་སྡུག་བསྔལ་འདི་ལ་བརྟེན་ནས་ངེས་པར་འབྱུང་བའི་བློ་འབྱུང་ལ་དེ་ནི་ལམ་ གྱི་ཐོག་མ་ཡིན་པས་ལམ་ཐམས་ཅད་ཀྱི་ཐོག་མའི་མགོ་ཚུགས་པའི་རྐྱེན་དུ་འགྲོ་བའི་རྐྱེན་ ཡིན་ཚུལ་ལ་བསམས་ནས་དགའ་བ་བསྒོམ་པ་དང༌། རང་ལ་སྡུག་བསྔལ་བསྐྱེད་པ་འདི་དག་ ཀྱང་རྐྱེན་ལས་འབྱུང་བ་ཤ་སྟག་ཡིན་པས་གནོད་བྱེད་རྣམས་ལ་རང་དབང་མི་འདུག་པར་ རྐྱེན་གཞན་ལ་ལྟོས་པ་ཁོ་ན་ཡིན་པའི་ཚུལ་ལ་བསམ་པ་དང༌། གནོད་བྱ་གནོད་བྱེད་ཀུན་ཀྱང་ རང་དབང་བའི་ཚུགས་ཐུབ་མ་ཡིན་པར་ལྟོས་གྲུབ་ཁོ་ན་ཡིན་པའི་ཚུལ་ལ་ངེས་པ་རྙེད་པ་ནི་ མི་བཟོད་པ་སྐྱེ་བའི་ཡུལ་མེད་པ་ཧ་གོ་རྒྱུ་ཞིག་ཡོད། ཡང་གནོད་བྱེད་རྣམས་ཉོན་མོངས་པའི་ གཞན་དབང་དུ་སོང་བ་ལ་སྙིང་རྗེ་བསྒོམ་པ་དང༌། གནོད་པ་ཐམས་ཅད་རང་གི་སྐྱེ་བ་སྔོན་ མར་བསགས་པའི་ལས་ཀྱི་ལེ་ལན་ཡིན་པ་དང༌། ད་ལན་རང་གིས་གནོད་བྱེད་དེ་དག་ལ་ འཁོན་དུ་བཟུང་ནས་ཁྲོ་བར་བྱས་ན་རང་ལ་ཕྱི་མར་རྣམ་སྨིན་གནག་ཚུལ་སོགས་ལ་ཡང་ཡང་ བསམ་པ་དང༌། ཡང་རང་ལ་རྙེད་པ་བྱུང་དུས་སུའང་སྤྱིར་ལོག་འཚོས་རྙེད་པ་གང་དག་གིས་ ཡུན་རིང་འཚོ་མི་རུང་སྟེ། དྲན་པ་ཉེར་བཞག་ལས། གང་དུ་འཚོ་བ་ལོག་པ་ནི། །ཅུང་ཟད་ཙམ་ གྱིས་འཚོ་འགྱུར་བ། །དེ་ནི་བཤང་འཇིམ་ནུབ་གྱུར་ནས། །སྲི ན་བུ་རྣམས་ཀྱི་ཟ་བར་འགྱུར། །ཞེས་གསུངས་པ་ལྟར་རྣམ་སྨིན་ལྕི་ཞིང་ཡིད་དུ་མི་འོང་བ་བསྐྱེད་པའི་ཚུལ་ལ་བསམ་པ་དང༌། རྙེད་པ་རྣམས་ནི་རྨི་ལམ་གྱི་ལོངས་སྤྱོད་ལྟར་ཡུད་ཙམ་ལས་ནམ་ཕུགས་འཆི་བའི་ཚེ་གང་ཡང་ ཕན་པ་མེད་ཚུལ་དང༌། གསོན་པའི་ཚེ་འདི་ངོགས་ཙམ་ལའང་རྙེད་པའི་ལོངས་སྤྱོད་ཀྱིས་ ཉམས་སུ་ཕན་པ་འགའ་ཞིག་ཙམ་མ་གཏོགས་མེད་ཅིང་མ་བསམ་བཞིན་དུ་མི་འདོད་པའི་ རྐྱེན་ངན་པས་མནར་ནས་རྙེད་པའི་ལོངས་སྤྱོད་ལ་སྤྱོད་སྐབས་མི་འགྲིགས་པ་སོགས་བསམ་ ཐོག་ཏུ་མི་འགྲོ་བ་ནི་ཆེས་མང་བ་སོགས་ལ་བསམ་པ་དང༌། གཞན་ཡང་བདེ་བའི་ངོ་བོ་ལ་ དམིགས་ནས་དེ་ལ་ཆགས་ཤིང་ཞེན་པའི་སྒོ་ནས་སེམས་ཉེ་བར་རྒོད་པར་བྱེད་པའི་སྐབས་ 5-1-151 སུའང་སེམས་དེའི་དབང་དུ་མི་བཏང་བར་ཆགས་ཞེན་གྱི་སྤྲོས་པ་དེ་དག་ལེགས་པར་བཀག་ པ་དང༌། ཡང་སྡུག་བསྔལ་གྱི་ངོ་བོ་ལ་དམིགས་ནས་སེམས་ཡིད་མི་བདེ་བ་བསྐྱེད་ནས་ཡིད་ གདུང་བའི་སྐབས་སུའང་དེའི་དབང་དུ་མི་བཏང་བར་ཡིད་མི་དགའ་བའི་རྣམ་པ་སེལ་བར་ བྱེད་པ་ལ་འབད་དགོས་སོ། །མདོ་ལས། བརྩོན་འགྲུས་གང་ཞེ་ན་དགེ་བ་ལ་སྤྲོ་བའོ། །ཞེས་ གསུངས་པ་ལྟར་ལུས་སེམས་ལས་སུ་མི་རུང་ཞིང་དགེ་བའི་ཕྱོགས་ལ་མི་འཇུག་པའི་སྦྱོར་བ་ མེད་པའི་ལེ་ལོ་དང༌། རྒོད་པ་སྒེག་པ་ལ་སོགས་པ་ལུང་མ་བསྟན་གྱི་བྱ་བ་དང་མི་དགེ་བའི་ ལས་ལ་ཆགས་པ་བྱ་བ་ངན་ཞེན་གྱི་ལེ་ལོ་དང༌། དཀའ་བའི་ཆོས་ལ་འཚེར་བས་སྒྱིད་ལུག་ ནས་བདག་ལྟ་བུས་བསྒྲུབ་པར་ག་ལ་ནུས་སྙམ་དུ་རང་ཉིད་ལ་བརྙས་པ་སྒྱིད་ལུག་པའི་ལེ་ལོ་ རྣམས་ཀྱི་ཉེས་དམིགས་དཀར་པོའི་ཆོས་མཐའ་དག་ཤོར་བར་བྱེད་པ་ལ་བསམ་ནས་དེ་ འདྲའི་ལེ་ལོ་གང་རུང་སྐྱེ་བ་ན་དེ་ངོ་ཤེས་པར་བྱས་ནས་དད་པ་ལ་སོགས་པའི་ཆོས་ཡང་དག་ པ་ལ་སྤྲོ་བའི་བློ་རྒྱ་ཆེར་བསྐྱེད་ནས་འཇུག་པར་བྱ་བ་སྟེ། དེ་ཡང་སྤྱིར་ན་འཁོར་བའི་སྡུག་ བསྔལ་གྱི་ཚུལ་ལ་ཞིབ་འདང་བཏང་ནས་རང་དགར་འདུག་ལོང་མེད་པའི་ཚུལ་དང༌། ཁྱད་ པར་མཐོ་རིས་དང་ཐར་བའི་དགའ་བ་དང་བདེ་བའི་རྒྱུ་མཐའ་ཡས་པ་དང་ལྡན་པའི་དམ་ པའི་ཆོས་ཀྱི་བྱ་བ་ལ་དགའ་ཞིང་སྤྲོ་བ་ནི་དགའ་བའི་མཆོག་ཡིན་པ་ལ། འཁོར་བ་དང་ངན་ སོང་གི་སྡུག་བསྔལ་དྲག་པོ་རྣམས་ཀྱི་རྒྱུར་གྱུར་བ་སྡིག་པ་མི་དགེ་བ་འཇིག་རྟེན་པའི་འདུ་ འཛིའི་བྱ་བ་ཐམས་ཅད་ལ་ཅིའི་ཕྱིར་དགའ་སྟེ་དགའ་བར་མི་རིགས་སོ་སྙམ་དུ་དེ་ལ་ཞེན་པ་ བཙན་ཐབས་སུ་བཅད་པ་དང༌། ཡང་དགེ་བའི་བྱ་བ་ལ་སྒྱིད་ལུག་པ་མེད་པའི་གོ་ཆ་ཆེན་པོ་ གྱོན་པ་དང་གཉེན་པོ་སྟོབས་ལྡན་གྱི་དཔུང་གི་ཚོགས་རྣམས་བསྐྱེད་པ་དང་གཉེན་པོ་ལ་ འབད་རྩོལ་གྱིས་ལྷུར་བླང་ཞིང་གྲིམས་པ་བྱ་བ་དང་སྒོ་གསུམ་གྱི་སྤྱོད་པ་ལ་རང་དབང་ཐོབ་ པར་བྱ་བའི་སྒོ་ནས་བྱང་ཆུབ་ཀྱི་སེམས་སོགས་ལམ་ཁྱད་པར་ཅན་ལ་བརྩོན་པར་བྱ་བ་དང༌། 5-1-152 སེམས་དགེ་བའི་དམིགས་པ་ལ་དམ་དུ་འཛིན་པར་བྱེད་པའི་ཚེ་ན་ལས་དང་པོ་པ་ལ་ཐོག་ མར་རང་དབང་མ་ཐོབ་ཅིང་ཤིན་ཏུ་དཀའ་བ་ལྟ་བུ་གང་ཡང་མེད་ཅིང་རྟག་ཏུ་བྱ་སླ་ཞིང་དགེ་ བ་འབའ་ཞིག་ཏུ་སྡོད་པའི་གནས་སྐབས་ཤིག་ངེས་པར་འོང་ནས་དེ་ལུགས་ཡང་ཡིད་ལ་བྱས་ ནས་དགེ་བའི་དམིགས་པ་ལ་སེམས་གནས་ཐབས་སྒོ་ཀུན་ནས་འབད་པ་དང༌། གཞན་ཡང་ བློ་ཆོས་མིན་གྱི་ཕྱོགས་སུ་མི་བཏང་བར་ཡང་དག་པའི་ཆོས་དད་པ་དང་འཁོར་བ་ལ་ཞེན་ ལོག་དང་སེམས་ཅན་ལ་སྙིང་རྗེ་སོགས་དགེ་བ་རྒྱ་ཆེན་བསྒྲུབ་པར་བྱ་བའི་ཆེད་དུ་དཔུང་ ཚོགས་ཆོས་བཞི་དང་ལྡན་པའི་སྒོ་ནས་བརྩོན་འགྲུས་ཀྱི་སྟོབས་བསྐྱེད་པར་བྱ་སྟེ། དེ་ཡང་ དགེ་བའི་ཆོས་རྩོམ་པར་འདོད་པའི་མོས་པ་དང་བརྩམ་པ་བཞིན་མཐར་ཕྱིན་པར་བྱེད་པའི་ བརྟན་པ་དང་དམ་པའི་ཆོས་ལ་སྤྲོ་བས་འཇུག་པའི་དགའ་བ་དང་མི་ནུས་ན་རེ་ཞིག་ངལ་བ་ དོར་བའི་དཔུང་ཚོགས་དང་བཅས་པའི་སྒོ་ནས་ཚེ་མཐར་ཆོས་ཀྱིས་འཁྱོལ་བ་ཞིག་གང་ཐད་ ནས་བྱ་སྙམ་པའི་དམ་བཅའ་ཡང་ནས་ཡང་དུ་དགོས་སོ། །བསླབ་བཏུས་ལས། བཟུང་བྱ་ ཐོས་པ་བཙལ་བར་བྱ། །དེ་ནས་ནགས་སུ་གནས་པར་བྱ། །མཉམ་པར་བཞག་ལ་བརྩོན་བྱ་ ཞིང༌། །མི་སྡུག་ལ་སོགས་བསྒོམ་པར་བྱ། །ཞེས་གསུངས་པ་ལྟར་དང་པོ་ཐོས་པས་བླང་དོར་ གྱི་གནས་ཕྱིན་ཅི་མ་ལོག་པར་ངེས་པར་བྱས་ནས་དེ་རྗེས་སུ་གནས་དབེན་པ་ནགས་ཁྲོད་ སོགས་འདུ་འཛིའི་གཡེང་བ་སྤངས་ཏེ་བདེ་བར་གནས་བཞིན་དུ་རང་གི་སེམས་ནི་ནང་དུ་ བརྟག་བྱའི་དངོས་པོ་ལ་རྩེ་གཅིག་ཏུ་གནས་པའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་ནས་ འདོད་ཆགས་ཀྱི་གཉེན་པོར་མི་སྡུག་པ་དང༌། ཞེ་སྡང་གི་གཉེན་པོར་བྱམས་པ་དང་སྙིང་རྗེ་ བྱང་ཆུབ་ཀྱི་སེམས་ལ་སོགས་པ་བསྒོམ་པར་བྱ་དགོས་ལ། གལ་ཏེ་མཉམ་པར་མ་བཞག་ན་ སེམས་ནི་ཕྱི་རོལ་དུ་ཡུལ་ལ་རྣམ་པར་གཡེང་བའི་མི་རྣམས་ཡུལ་སྡུག་པ་ལ་འདོད་ཆགས་ དང་མི་སྡུག་པ་ལ་ཞེ་སྡང་ལ་སོགས་པ་སྐྱེ་བས་ཉོན་མོངས་སྲིན་པོ་ལྟ་བུའི་མཆེ་བའི་བར་ན་ 5-1-153 གནས་ཤིང་ངེས་པར་འཇོམས་པས་སྡུག་བསྔལ་བར་འགྱུར་བ་གདོན་མི་ཟ་བའོ། །འོ་ན་རྣམ་ གཡེང་ཇི་ལྟར་སྤངས་སྙམ་ན་ལས་དང་པོ་པ་བློ་མཐུ་ཞན་པ་དག་གིས་ནི་སྐྱེ་བོ་མང་པོ་དང་ འགྲོགས་པ་སྤངས་ཏེ་ལུས་དབེན་པར་གནས་པ་དང་འདོད་པ་ལ་འདུན་པ་ལ་སོགས་པའི་ རྣམ་པར་རྟོག་པ་སྤངས་ཏེ་སེམས་ནི་དབེན་པར་གནས་པར་བྱས་ན་ཕྱི་ནང་གི་རྣམ་པར་ གཡེང་བ་ཐམས་ཅད་མི་འབྱུང་ལ། ཉོན་མོངས་པ་སྤོང་བ་ལ་རྣམ་གཡེང་ངེས་པར་སྤང་དགོས་ ཤིང་དེ་ལའང་གནས་དབེན་པ་བསྟེན་དགོས་པ་དེ་བས་ན། ཇོ་བོས། འཇིག་རྟེན་བྱ་བ་དག་ ལ་ཕར་བལྟས་པས། །བྱས་པ་ཐམས་ཅད་དོན་མེད་སྡུག་བསྔལ་རྒྱུ། །ཅི་ལ་བསམ་ཀྱང་ཕན་ པར་མི་འགྱུར་བས། །རང་གི་ཡིད་ལ་ལྟ་བ་གཅེས་པར་གྱིས། །ཞེས་གསུངས་པ་ལྟར་ལུས་ དབེན་པའི་དོན་དུ་གཉེན་བཤེས་དང་འགྲོགས་པ་ལ་སོགས་པ་འཇིག་རྟེན་གྱི་བྱ་བ་སྙིང་རྗེ་ མེད་པ་རྣམས་ལ་ཆགས་པ་སྤངས་ནས་རང་གི་ཡིད་ཡང་དག་པའི་དོན་ལ་གནས་པར་བྱ་ ཞིང༌། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོ་ལྷུང་བྱེད་ཡིན། །མི་རྟོག་ཏིང་འཛིན་ ལ་གནས་ན། །མཁའ་བཞིན་དྲི་མ་མེད་པར་འགྱུར། །ཞེས་གསུངས་པ་ལྟར་སེམས་དབེན་ པའི་དོན་དུ་རྣམ་པར་རྟོག་པ་མཐའ་དག་ཡོངས་སུ་དོར་ནས་མི་རྟོག་པའི་ཏིང་འཛིན་སྒོམ་པ་ ལ་འབད་པར་བྱ་དགོས་པ་ཡིན་ལ། དེ་ཡང་ནང་སེམས་ཅན་དང་ཕྱི་རྙེད་བཀུར་ལ་ཆགས་ པས་ནི་འཇིག་རྟེན་གྱི་འདུ་འཛི་མི་སྤོང་སྟེ་འཇིག་རྟེན་གྱི་བྱ་བ་སྤང་དགོས་པ་དེ་བས་ན་ ཆགས་པ་དང་སྲེད་པ་འདི་དག་ཡོངས་སུ་སྤོང་ལ་བློ་དང་ལྡན་པ་དག་གིས་འདི་ལྟར་བརྟག་ པར་བྱ་དགོས་ཏེ། དེ་ཡང་དཀོན་མཆོག་སྤྲིན་ལས། ཞི་གནས་ནི་རྩེ་གཅིག་པའོ། །ལྷག་མཐོང་ ནི་ཡང་དག་པ་ཇི་ལྟ་བ་བཞིན་ཆོས་ལ་སོ་སོར་རྟོག་པའོ། །ཞེས་པ་དང༌། ཆོས་ཡང་དག་པར་ སྡུད་པའི་མདོ་ལས། ཡིད་མཉམ་པར་བཞག་པ་ལས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་ བར་འགྱུར་རོ། །ཞེས་གསུངས་པ་ལྟར་སེམས་རྩེ་གཅིག་ཏུ་གནས་པའི་ཞི་གནས་ཏིང་འཛིན་ 5-1-154 དང་རབ་ཏུ་ལྡན་པའི་ལྷག་མཐོང་ཆོས་ཀྱི་དེ་ཁོ་ན་ཉིད་ཤེས་པའི་ཤེས་རབ་ཟུང་དུ་འཇུག་པའི་ སྟོབས་ཀྱིས་ནི་འཁོར་བའི་རྩ་བ་ཉོན་མོངས་པ་མཐའ་དག་འཇོམས་པར་ཤེས་པར་བྱས་ནས་ ཐོག་མར་ཞི་གནས་བཙལ་བར་བྱ་ལ། གཉེན་པོ་མཐར་ཐུག་ལྷག་མཐོང་ཤེས་རབ་ཀྱི་རྒྱུ་ཞི་ གནས་ཀྱི་ཏིང་འཛིན་དེ་ཡང་ནི་འཇིག་རྟེན་གྱི་བྱ་བ་ལ་ཆགས་པ་མེད་པར་བསམ་གཏན་ལ་ མངོན་པར་དགའ་བས་ངེས་པར་འགྲུབ་བོ་སྙམ་དུ་ཡིད་ལ་བྱེད་པའི་སྒོ་ནས་བདག་མེད་དོན་ བསྒོམ་པ་ལ་འབད་པར་བྱ་དགོས་ཏེ་གང་པོས་ཞུས་པའི་མདོ་ལས། དེ་འདྲའི་ཉོན་མོངས་ སྤང་འདོད་ན། །རྙེད་པ་རྣམས་ནི་སྤང་བར་བྱ། །སྤངས་ནས་གནས་དབེན་རབ་གནས་པས། །སྟོང་པའི་ཆོས་ནི་བསྒོམ་པར་བྱ། ཞེས་གསུངས་པ་ལྟར་རོ། །ཡང་ནང་སེམས་ཅན་ལ་ཆགས་ ཞེན་བྱུང་བའི་ཚེ་ན་ཆགས་ཡུལ་གྱི་སེམས་ཅན་དེའི་ལུས་སེམས་གཉིས་ཀའི་ཆ་ཤས་རེ་རེ་ ནས་བློས་སོ་སོར་ཕྱེས་ནས་རང་བཞིན་ལ་བརྟག་དཔྱད་བྱས་ནས་བསམ་པ་དང༌། ཁྱད་པར་ ལུས་དེ་ཉིད་མི་གཙང་བའི་རང་བཞིན་ལ་ཞིབ་འདང་བཏང་ནས་བརྟག་དཔྱད་བྱས་ནས་ཡུལ་ དེ་ལ་ཆགས་སྲེ ད་ཀྱི་རྟོག་པ་ཉེ་བར་ཞི་འགྲོ་ཞིང༌། ཡང་འདོད་པའི་ཡུལ་ལ་ཆགས་ནའང་འདི་ ལྟར་བསམ་ཏེ་སྤྱིར་ན་འདོད་པའི་ཡུལ་འདི་དག་ལ་ཡུན་རིང་པོར་ལོངས་སྤྱོད་སྐབས་མེད་ ཚུལ་དང་ཚེ་འདི་ངོགས་ཙམ་ལའང་འདོད་པའི་ལོངས་སྤྱོད་དང་གློ་བུར་དུ་བྲལ་བ་སོགས་ཀྱི་ སྡུག་བསྔལ་མང་པོ་བསྐྱེད་ཚུལ་དང་ཕྱི་མར་ཡང་སྐྱེ་བ་ཤིན་ཏུ་མང་པོ་རྣམས་སུ་འཁོར་བ་ སྡུག་བསྔལ་གྱི་རྒྱ་མཚོར་གཏན་དུ་འཆིང་བའི་ཚུལ་སོགས་ལ་བསམ་ནས་ཡུལ་དེ་དག་ལ་ ཆགས་པའི་བློ་སྐྱེ་བའི་གོ་སྐབས་སུ་བཅོམ་པར་བྱ་བ་གལ་ངེས་པར་ཆེ་ལ། དེ་ལྟ་བུའི་སྒོ་ནས་ གནས་དབེན་པར་སོང་ནས་ལུས་རྣམ་སྣང་ཆོས་བདུན་བྱས་ཏེ་ལུས་སེམས་བག་ཕབ་པའི་ ངང་ནས་གནས་དགོས་པ་ལ། དེ་ཡང་སེམས་ཕྱིར་འདོད་ཡོན་གྱི་ཡུལ་ལ་ཧ་ཅང་འཕྲོ་ཆེས་ ནས་ནང་དུ་སྐོར་མི་གཏུབ་པ་ལྟ་བུ་ཞིག་ཏུ་རེད་འདུག་ན་ཐོག་མར་རང་གི་དབུགས་འབྱུང་ 5-1-155 རྔུབ་ཀྱི་གྲངས་ལ་སེམས་གཏད་ནས་གཞན་དུ་གཡེང་བ་ཆེད་དུ་བཀག་སྟེ་སེམས་ལ་ཁད་ ཆགས་པར་བྱས་ནས་ཆགས་སོགས་ཉོན་མོངས་པ་ཤུགས་གང་ཆེ་བ་དག་ཐབས་སྣ་ཚོགས་ ཀྱིས་རྩེ་གཞིལ་བར་བྱས་ནས་འདི་ལྟར་བསྒོམ་པར་བྱ་བ་སྟེ། དེ་ཡང་མདོ་ཏིང་འཛིན་རྒྱལ་པོ་ ལས། གསེར་གྱི་ཁ་དོག་ལྟ་བུའི་སྐུ་ལུས་ཀྱིས། །འཇིག་རྟེན་མགོན་པོ་ཀུན་ཏུ་མཛེས་པ་སྟེ། །དམིགས་པ་དེ་ལ་གང་གི་སེམས་འཇུག་པ། །བྱང་ཆུབ་སེམས་དཔའ་དེ་མཉམ་བཞག་ཅེས་ བྱ། །ཞེས་གསུངས་པ་དང༌། གཞན་ཡང་སྒོམ་རིམ་ཐ་མ་ལས་ཀྱང༌། དེ་ལ་རྣལ་འབྱོར་པས་ ཐོག་མར་དེ་བཞིན་གཤེགས་པའི་སྐུ་གཟུགས་ཇི་ལྟར་མཐོང་བ་དང་ཐོས་པ་ལ་སེམས་བཞག་ ནས་ཞི་གནས་བསྒྲུབ་པར་བྱ་སྟེ། དེ་བཞིན་གཤེགས་པའི་སྐུ་གཟུགས་དེ་ཡང་གསེར་བཙོ་ མའི་མདོག་བཞིན་དུ་སེར་ལ་མཚན་དང་དཔེ་བྱད་བཟང་པོས་བརྒྱན་པ་འོད་ཀྱི་ནང་དུ་ བཞུགས་ཤིང་ཐབས་སྣ་ཚོགས་ཀྱིས་སེམས་ཅན་གྱི་དོན་མཛད་པར་རྒྱུན་དུ་ཡིད་ལ་བྱེད་པ་ དེའི་ཡོན་ཏན་ལ་འདོད་པ་སྐྱེ་ཞིང་བྱིང་བ་དང་རྒོད་པ་ཞི་བར་བྱས་ལ་ཇི་སྲིད་དུ་དེ་མདུན་ན་ བཞུགས་པ་བཞིན་གསལ་བར་མཐོང་བར་འགྱུར་བ་དེ་སྲིད་དུ་བསམ་གཏན་བྱའོ། །ཞེས་ གསུངས་པ་ལྟར་དེ་བཞིན་གཤེགས་པའི་སྐུ་ལ་དམིགས་རྟེན་བྱ་ཞིང༌། དེ་ལ་ཐོག་མར་རང་ རྒྱུད་ལ་བརྟགས་ནས་ཉོན་མོངས་པའི་བསམ་པ་སོགས་ནི་བཟློག ཏིང་འཛིན་གྱི་ཡོན་ཏན་ དྲན་ཏེ་དད་པ་ཤུགས་དྲག་པོའི་སྒོ་ནས་དེ་བཞིན་གཤེགས་པའི་སྐུ་གཟུགས་བྲིས་འབུར་ལ་ ཡང་ཡང་བལྟས་ནས་ཡིད་ལ་བྱས་ཏེ་རང་གི་སྨིན་མཚམས་ཀྱི་ཐད་དུ་སྐུའི་ཞལ་ཕྱག་ན་ བཟའ་སོགས་ལེགས་པར་གསལ་བཏབ་ནས་ཡང་ཡང་གསལ་སྣང་འདོན་པར་བྱས་ཏེ་དེ་ལ་ གསལ་སྣང་ལེགས་པོ་བྱུང་བ་ན་དམིགས་རྟེན་རྙེད་པ་ཡིན་པས་དམིགས་ཡུལ་དེ་ཉིད་མ་ བརྗེད་པའི་དྲན་པའི་སེམས་དམིགས་པ་ལ་ས་ལེར་གནས་པའི་གསལ་ཆ་དང་གཞན་དུ་མི་ འཕྲོ་བའི་གནས་ཆ་བརྟན་པོ་གཉིས་ཀྱི་སྒོ་ནས་བསྒྲིམས་ཏེ་བསྒོམས། ཧ་ཅང་འདི་ཙམ་ 5-1-156 བསྒྲིམ་ན་རྒོད་པ་སྐྱེ་བར་འདུག་སྙམ་པ་དེ་ལས་ཅུང་ཟད་གློད། ཧ་ཅང་འདི་ཙམ་གློད་ན་བྱིང་ བ་སྐྱེ་བར་འདུག་སྙམ་པ་དེ་ལས་འཛིན་སྟངས་འཕང་བསྟོད་ལ་བསྒྲིམ་པར་བྱ་བའི་གྲིམ་ལྷོད་ རན་པ་རང་ཉམས་ལ་སྦྱར་ཏེ་ཐོག་མར་ཆུ་ཚོད་གཅིག་སོགས་ཀྱི་ཡུན་ལ་འཇོག་ཅི་ཐུབ་བྱ་ དགོས། དེ་ལ་བྱིང་བ་ནི་ངོ་བོ་དགེ་མི་དགེ་ལུང་མ་བསྟན་གང་རུང་ལ་དམིགས་ནས་རྣམ་པ་ གསལ་ངར་མེད་པའི་ཤེས་པ་ཞིག་ལ་འཇོག རྨུག་པ་ནི་གཏི་མུག་གི་ཆ་ཤས་ལུས་སེམས་ལྕི ་ ཞིང་ལུས་སུ་མི་རུང་བའི་རྣམ་པ་ཅན་གྱི་ཤེས་པ་མི་དགེ་བ་ཞིག་ཡིན། རྒོད་པ་ནི་ཆགས་པའི་ ཡུལ་ལ་འཕྲོ་ཞིང་སེམས་ནང་དུ་གནས་པར་མི་བྱེད་པའི་འདོད་ཆགས་ཤིག་ཡིན། འཕྲོ་བ་ནི་ དམིགས་པ་དེ་ལས་གཞན་དུ་དགེ་མི་དགེ་ལུང་མ་བསྟན་གང་རུང་ལ་གཡོ་བ་དེ་ཡིན་པས་ འཕྲོ་བ་ལ་དགེ་མི་དགེ་ལུང་མ་བསྟན་གསུམ་ག་ཡོད་པས་འཕྲོ་རྒོད་གཉིས་མི་གཅིག་ཅིང་ རྒོད་པ་ནི་འདོད་ཆགས་ཁོ་ན་ཡིན་ནོ། ། དེ་ལྟར་བསྒོམ་པའི་སྐབས་དེ་དག་ཏུ་སེམས་ཁྱོན་མ་དམིགས་རྟེན་ལ་བཞག་ནས་ སེམས་ཀྱི་ཟུར་ཆ་ཕྲ་མོ་ཞིག་གིས་བར་དུ་སེམས་དམིགས་པ་ལ་གནས་མི་གནས་བལྟས་པས་ དམིགས་པའི་གསལ་ཆ་དང་འཛིན་སྟངས་ཀྱི་ངར་ཆའི་ཤུགས་དམ་སྦྲེང་བ་དེ་ཅུང་ཟད་ཞན་དུ་ སོང་ན་བྱིང་བ་ཕྲ་མོ་ཡིན་པས་དམིགས་པ་ལ་གསལ་ངར་འདོན། གསལ་ཆའི་ངར་ཧད་ཀྱིས་ ཤོར་ནས་དྭངས་ཆ་ཙམ་ལས་མི་འདུག་ན་བྱིང་བ་རགས་པ་ཡིན་པས་ངོ་ཤེས་པར་བྱས་ལ། དེ་ བཞིན་གཤེགས་པའི་ཡོན་ཏན་དྲན་པ་དང་ཟླ་ཉིའི་འོད་སོགས་ཀྱི་སྒོ་ནས་བཀག་སྟེ་དམིགས་ པ་ལ་གསལ་ངར་དང་སེམས་འཕངས་བསྟོད་པ་དང་རྒྱ་ཆེ་བ་སོགས་བྱ། ཡུལ་ཞིག་གི་རྣམ་ཆ་ འཆར་ལ་ཁད་ཀྱི་ཚེ་འཕྲོ་རྒོད་ཕྲ་མོ་ཡིན་པས་ངོ་ཤེས་པར་བྱས་དེ་མ་ཐག་ཏུ་བཟློག་ནས་དེའི་ གཉེན་པོ་དམིགས་པ་ལ་གསལ་ངར་དང་དྲན་པས་དམ་འཛིན་དགོས། ཡུལ་གྱི་རྣམ་པ་ཧད་ ཀྱིས་ཤོར་ན་འཕྲོ་རྒོད་རང་སར་ངོ་ཤེས་པར་བྱས་ནས་དེའི་གཉེན་པོ་ལ་དེ་མ་ཐག་ནས་ལྷན་ 5-1-157 གྱིས་འཇོག་པ་ལ་བརྩོན་པར་བྱ་དགོས་ཤིང༌། དེ་ལྟར་བསྒོམས་པས་སེམས་གནས་དང་པོའི་ ཚེ་དམིགས་པ་ཁོ་ན་ལ་སེམས་མི་སྡོད་པར་རྣམ་རྟོག་རི་གཟར་གྱིས་འབབ་ཆུ་ལྟ་བུ་འོང་བས་ ད་ཉམས་ལེན་བྱས་པས་རྟོག་པ་མང་དུ་སོང་སྙམ་པ་འབྱུང་མོད་ཀྱང༌། དཔེར་ན་ལམ་ཆེན་ ལ་འགྲུལ་བ་རྒྱུན་མི་ཆད་དུ་འགྲོ་ཡང་དེ་ལ་ཆེད་དུ་མ་བརྟགས་ཚེ་མང་ཉུང་གི་རྟོག་དཔྱོད་མི་ འབྱུང་ལ། འབད་པས་བལྟས་ན་མི་ཁལ་སོགས་མང་པོ་འདི་འདྲ་འབྱུང་སྙམ་པ་བཞིན་དུ་སྔར་ ཉམས་ལེན་མེད་པའི་དུས་རྟོག་པ་འོག་འགྱུའི་འཁོར་ལོ་བསྐོར་ཡང་ངོས་མ་ཟིན། སྐབས་ འདིར་ཉམས་ལེན་བྱས་པ་ལ་བརྟེན་ནས་རྣམ་རྟོག་ངོས་ཟིན་གྱི་ཉམས་ཤིག་འོང་བས་དེ་ཚེ་ ཐོས་པའི་སྟོབས་ཀྱིས་འགྲུབ་པའི་སེམས་གནས་དང་པོ་སེམས་འཇོག་པ་ཞེས་བྱ་བ་དམིགས་ པའི་གདམས་པ་ཐོས་པ་ཙམ་གྱིས་རྗེས་སུ་འབྲངས་ནས་སེམས་དམིགས་པ་ལ་གཏད་པ་ ཙམ་གྱི་སྐབས་ཡིན། དེ་ནས་རིམ་གྱིས་བསྒོམ་པ་ན་གཅོང་རོང་དོག་མོའི་འབབ་ཆུ་ལྟར་ རེས་རྣམ་རྟོག་ཞི་ཞིང་རེས་ཐོ་ལེར་སྐྱེ་བའི་རྣམ་རྟོག་ངལ་གསོ་བའི་ཉམས་ཤིག་འོང༌། དེ་ཚེ་ སྟོབས་གཉིས་པ་བསམ་པས་འགྲུབ་པའི་སེམས་གནས་གཉིས་པ་རྒྱུན་དུ་འཇོག་པ་ཞེས་བྱ་ བ་དམིགས་པ་ལ་རྒྱུན་ཅུང་ཟད་མཐུད་ནུས་པ་ཡིན། སེམས་གནས་འདི་གཉིས་ལ་བྱིང་རྒོད་ ཆེས་མང་ཞིང་ཏིང་ངེ་འཛིན་ཉུང་ངུ་ལས་མི་འོང་བས་ཡིད་བྱེད་བཞིའི་ནང་ནས་བསྒྲིམས་ཏེ་ འཇུག་པའི་སྐབས་ཡིན། དེ་ནས་ཅུང་ཟད་གོམས་པ་ན་སེམས་གནས་གསུམ་པ་ནས་བདུན་ པའི་བར་དུ་ལུང་བ་ཕུ་གསུམ་གྱི་རྫིང་ཆུ་ལྟ་བུ་འགལ་རྐྱེན་གྱིས་མ་དཀྲུགས་པའི་ཚེ་སེམས་ གནས་པ་སྙམ་བྱེད་ལ། རྐྱེན་བྱུང་ཚེ་མི་གནས་པའི་རྣམ་རྟོག་ཐང་ཆད་པའི་ཉམས་ཤིག་འོང༌། དེ་ཚེ་སྟོབས་གསུམ་པ་དྲན་པས་འགྲུབ་པའི་སེམས་གནས་གསུམ་པ་གླན་ཏེ་འཇོག་པ་ཞེས་ བྱ་བ་སེམས་གཡེང་བ་མྱུར་དུ་རྟོགས་ནས་སླར་དམིགས་པ་ལ་གློན་པ་དང༌། སེམས་གནས་ བཞི་པ་ཉེ་བར་འཇོག་པ་ཞེས་བྱ་བ་སེམས་རྒྱ་ཆེན་པོ་ལས་བསྡུས་ཏེ་ཕྲ་བར་བྱེད་པ་དང༌། 5-1-158 སྟོབས་བཞི་པ་ཤེས་བཞིན་གྱིས་འགྲུབ་པའི་སེམས་གནས་ལྔ་པ་དུལ་བར་བྱེད་པ་ཞེས་བྱ་ བ་ཏིང་ངེ་འཛིན་གྱི་ཡོན་ཏན་ལ་དགའ་བ་དང༌། སེམས་གནས་དྲུག་པ་ཞི་བར་བྱེད་པ་ཞེས་ བྱ་བ་རྣམ་གཡེང་གི་ཉེས་དམིགས་རིག་ནས་འགོག་པ་དང་སྟོབས་ལྔ་པ་བརྩོན་འགྲུས་ཀྱིས་ འགྲུབ་པའི་སེམས་གནས་བདུན་པ་དང་བརྒྱད་པ་གཉིས་ཡོད་པའི་ནང་གི་བདུན་པ་རྣམ་པར་ ཞི་བར་བྱེད་པ་ཞེས་བྱ་བ་ཉོན་མོངས་ཆགས་སོགས་བྱུང་བ་དང་དུ་མི་ལེན་པར་ཞི་བར་བྱེད་ པ་ཡིན་ལ། སེམས་གནས་འདི་ལྔའི་སྐབས་སུ་བྱིང་རྒོད་ཀྱིས་བར་དུ་གཅོད་པས་ཡིད་བྱེད་ བཞིའི་ནང་གི་གཉིས་པ་སྐབས་སུ་ཆད་ཅིང་འཇུག་པའི་དུས་ཡིན་དེ་ནས་རིམ་གྱིས་བསྒོམས་ པས་རྒྱ་མཚོ་རླབས་དང་བཅས་པ་ལྟ་བུ་རྐྱེན་གྱིས་ཏིང་འཛིན་མི་འཁྲུགས་པར་རྣམ་རྟོག་ཅི་ བྱུང་ཡང་དྲན་འཛིན་ཅུང་ཟད་བརྟེན་པས་རང་ལམ་དུ་ཞི་འགྲོ་བས་རྣམ་རྟོག་འདུ་བྱེད་པ་ཞེས་ བྱ་བའི་ཉམས་འོང༌། དེ་ཚེ་སྟོབས་ལྔ་པས་འགྲུབ་པའི་སེམས་གནས་བརྒྱད་པ་རྩེ་གཅིག་ཏུ་ བྱེད་པ་ཞེས་བྱའི་ཏིང་ངེ་འཛིན་རྒྱུན་ཆགས་སུ་འགྲུབ་པ་ཡིན། འདི་ལ་བྱིང་རྒོད་ཀྱིས་བར་དུ་ གཅོད་མི་ནུས་པས་ཡིད་བྱེད་བཞིའི་ནང་གི་གསུམ་པ་སྐབས་སུ་ཆད་པ་མེད་པར་འཇུག་པའི་ དུས་ཡིན། དེ་ནས་རིམ་གྱིས་བསྒོམས་པས་རྒྱ་མཚོ་རླབས་དང་བྲལ་བ་ལྟ་བུ་ཕྱིའི་ཡུལ་རྐྱེན་ ཅི་བྱུང་ཡང་གཉེན་པོ་དྲན་འཛིན་གྱིས་འབད་རྩོལ་ལ་མ་ལྟོས་པར་ཏིང་ངེ་འཛིན་རང་བབས་ སུ་འཆར་བའི་རྣམ་རྟོག་མངོན་པར་འདུ་མི་བྱེད་པའི་མཉམ་བཞག་འོང༌། དེ་ཚེ་སྟོབས་དྲུག་པ་ ཡོངས་སུ་འདྲེས་པས་འགྲུབ་པའི་སེམས་གནས་དགུ་པ་མཉམ་པར་འཇོག་པ་ཞེས་བྱ་བ་རྩོལ་ མེད་དུ་དམིགས་པ་ལ་འཇོག་པས་ཡིད་བྱེད་བཞི་པ་ལྷུན་གྱིས་གྲུབ་པར་འཇུག་པའི་དུས་ ཡིན། འདི་ནས་བྱིང་རྒོད་ཕྲ་མོ་དང་བྲལ་བར་ཡུན་རིང་དུ་སྐྱོང་ནུས་པའི་རྩོལ་མེད་ཀྱི་ཏིང་ངེ་ འཛིན་དེ་ཡང་ཤིན་སྦྱངས་ཀྱི་དགའ་བདེ་ཁྱད་པར་བས་མ་ཟིན་པར་མཉམ་པར་མ་བཞག་ པའི་སས་བསྡུས་དང༌། འདོད་སེམས་རྩེ་གཅིག་པ་ཞེས་བྱ་བ་དང༌། འདོད་པའི་སས་བསྡུས་ 5-1-159 པ་ཤིན་སྦྱངས་ཀྱི་དགའ་བདེ་ཁྱད་པར་བས་ཟིན་པ་ན་ཞི་གནས་ཐོབ་པ་དང་བསམ་གཏན་ གྱི་ཉེར་བསྡོགས་ཐོབ་པ་དང་མཉམ་བཞག་གི་སས་བསྡུས་ཀྱི་ཏིང་ངེ་འཛིན་ཐོབ་པ་དང༌། ཁམས་གོང་མའི་སས་བསྡུས་ཀྱི་ཏིང་ངེ་འཛིན་ཐོབ་པ་རྣམས་དུས་མཉམ་མོ། ། ཤིན་སྦྱངས་ཁྱད་པར་ཅན་སྐྱེ་ཚུལ་ཡང་དེ་ལྟར་བསྒོམས་པས་སེམས་དགེ་བ་ལ་ཅི་འདོད་ འདོད་དུ་བཀོལ་ཏུ་རུང་བའི་སེམས་ཤིན་སྦྱངས་སྐྱེ། དེའི་མཐུ་ལས་ལས་རུང་གི་རླུང་ལུས་ལ་ རྒྱུ་བས་ལུས་ཀྱི་གནས་ངན་ལེན་བྲལ་ནས་བལ་ལྟར་ཡང་བའི་ལུས་ཤིན་སྦྱངས་སྐྱེ། དེ་ལ་ བརྟེན་ནས་ལུས་ལ་བདེ་ཉམས་ཆེན་པོ་སྐྱེ་དེ་མཐུས་ཡིད་བདེ་ཉམས་ཀྱི་སེམས་ཤིན་སྦྱངས་ ཀྱི་བདེ་བ་སྐྱེ། དེ་ཡང་ལུས་ཤིན་སྦྱངས་སྐྱེས་མ་ཐག་ནས་སེམས་དགའ་ཡལ་ཡལ་བའི་དགའ་ བདེ་སྐྱེ་ཡང་ད་དུང་ཞི་གནས་ཅུང་མ་ཐོབ། དེའི་ཚེ་སེམས་དགའ་ཡལ་ཡལ་བ་དེ་ཆུང་ངུ་སོང་ ནས་སེམས་དམིགས་པ་ལ་ལྷན་ནེ་སྡོད་པའི་ཏིང་ངེ་འཛིན་དང་རྗེས་མཐུན་པའི་ཤིན་སྦྱངས་ ཐོབ་པ་ན་ཞི་གནས་འགྲུབ་པ་ཡིན། སེམས་འདིའི་སྟེང་ནས་འཇིག་རྟེན་པའི་ལམ་བསམ་ གཟུགས་བརྒྱད་འགྲུབ་ནས་དེ་ལ་བརྟེན་ནས་མངོན་ཤེས་སོགས་བསྒྲུབ་ནའང་འགྲུབ་པ་ ཡིན་ལ། ཡང་ན་སེམས་འདིའི་སྟེང་ནས་འཇིག་རྟེན་ལས་འདས་པའི་ལམ་བསྒྲུབ་ན་བདག་ མེད་ཀྱི་དོན་བསྒོམས་པས་ཞི་ལྷག་ཟུང་འབྲེལ་གྱི་ལམ་ལ་བསྟེན་ནས་བདེན་པ་མངོན་སུམ་ དུ་མཐོང་བར་བྱ་བ་སོགས་ཀྱི་སྒོ་ནས་ཁམས་གསུམ་གྱི་ཉོན་མོངས་པ་ཀུན་སྤངས་དགོས་པ་ ཡིན་ནོ། ། དེ་ལས་འཇིག་རྟེན་ལས་འདས་པའི་ལམ་བདག་མེད་པ་གཏན་ལ་ཕབ་ནས་ཉམས་སུ་ ལེན་ཚུལ་ནི། རང་ལ་གཞན་གྱིས་ཕན་གནོད་དྲག་པོ་ཞིག་བྱས་པ་གསལ་བཏབ་པའི་ཚེ་ང་ལ་ ཁོས་འདི་བྱས་སོ་ཞེས་ཕན་གནོད་བྱ་ཡུལ་གྱི་ང་དེ་དམ་ཧྲེང་ཧྲེང་བ་མིག་གིས་མཐོང་རྒྱུ་དང་ ལག་པས་འཛིན་རྒྱུ་ཡོད་པ་ལྟ་བུ་ཞིག་འཆར་འོང༌། དེ་ཚེ་ངར་འཛིན་དེ་གོང་འཕེལ་དུ་སྐྱེར་ 5-1-160 བཅུག་ནས་སེམས་ཁྱོན་མ་དེ་ལ་གནས་ཤིང་སེམས་ཟུར་ཕྲ་མོ་ཞིག་གིས་ངར་འཛིན་གྱིས་ བཟུང་བའི་ང་དེའི་གནས་ཚུལ་ལ་བལྟས་པས་འདི་ཕན་ངའོ་སྙམ་པའི་ང་དེ་སྙིང་དཀྱིལ་ན་ ཡོད་པ་འདྲ་བ་ཞིག་ལས་གང་གི་སྟེང་དུའང་གྲུབ་མི་ཤེས་ལ། དེ་ནས་ཀྱང་དེ་ལྟར་བརྟགས་ པས་རེས་ལུས་ཀྱི་སྟེང་ན་ཡོད་པར་འདྲ་བ་དང་རེས་ཕུང་པོ་སོ་སོའི་སྟེང་ན་ཡོད་པར་འདྲ་བ་ འཆར་ཚུལ་སྣ་ཚོགས་ཤིག་འབྱུང་བས་མཐར་ལུས་སེམས་གཉིས་དབྱེར་མེད་པ་ཞིག་གི་སྟེང་ ནས་ང་དེ་ངས་ངོས་ནས་གྲུབ་པའི་ཚུགས་སོ་བ་སྔོན་ནས་གྲུབ་ཡོད་པ་འདྲ་བ་ཞིག་ངོས་ཟིན་ པ་ནི་གནད་དང་པོ་དགག་བྱ་ངེས་པའི་གནད་ཡིན་པས་འདི་ལ་ངེས་ཤེས་མ་རྙེད་ཀྱི་བར་དུ་ དཔྱད་དགོས། དེ་ལྟར་གྲུབ་པ་ཞིག་ཡིན་ན་འོག་ཏུ་འབྱུང་བ་དག་གིས་དཔྱད་པས་ངེས་ཤེས་ རྙེད་དུ་འགྲོ་ལ་མ་གྲུབ་ན་རང་ཚུགས་མི་ཐུབ་པར་འགྲོ་བས་འདི་ལྟར་དཔྱད་པར་བྱ་སྟེ། དེ་ ཡང་ངའོ་སྙམ་དུ་སྙིང་གི་ཀྱིལ་དུ་དམ་ཧྲིག་གེར་འཛིན་པའི་བློས་བཟུང་བ་ལྟར་གྱི་ང་དེ་རང་ གི་ཕུང་པོ་ལྔའི་སྟེང་ན་ཡོད་ན་རང་གི་ཕུང་པོ་ལྔ་དང་གཅིག་ཏུ་ཡོད་དམ་ཐ་དད་དུ་ཡོད། ཡོད་ ཚུལ་དེ་གཉིས་ལས་གཞན་པའི་ཡོད་ལུགས་གཏན་ནས་མེད་དེ། གཞི་གྲུབ་ན་ཡང་ན་གཅིག་ གི་རྣམ་པར་ཡོད་དགོས་ཡང་ན་དུ་མའི་རྣམ་པར་ཡོད་དགོས་དེ་གཉིས་ལས་ཡོད་ཚུལ་གཞན་ མེད་པས་ཁྱབ་པ་ཡོད་པར་ངེས་པ་ནི། ཁྱབ་པ་ངེས་པའི་གནད་ཡིན། དེ་ལྟར་བཟུང་བའི་ ང་འཁྲིང་ཐང་ངེ་བ་དེ་ཕུང་པོ་ལྔ་ཀ་དང་བདེན་པའི་གཅིག་ཡིན་ན་ང་ཡང་ལྔ་ཡོད་པར་ཐལ་ བ་དང་ཡང་ན་ཕུང་པོ་ལྔ་པོ་ང་དང་བདེན་པའི་གཅིག་ཡིན་ན་ཕུང་པོ་ལྔ་ཀ་གཅིག་ཏུ་ཐལ་བ་ སོགས་ཀྱི་ཆ་ནས་བསམ་ན་ང་དང་ཕུང་པོ་གཉིས་བདེན་པའི་གཅིག་ལུགས་མེད་པར་ངེས་ པ་ནི་བདེན་པའི་གཅིག་བྲལ་ངེས་པའི་གནད་ཡིན། དེ་འདྲའི་ང་དེ་ཕུང་པོ་ལྔ་ཀ་ལས་ལོགས་ སུ་བདེན་པར་ཡོད་ན་ཕུང་པོ་ལྔ་ཀ་བསལ་བའི་ཤུལ་དུ་ངའི་ངོ་བོ་སྟོན་རྒྱུ་ཡོད་དགོས་ཀྱང་ དེ་ལྟར་མེད་པར་ངེས་པ་ནི་བདེན་པའི་དུ་བྲལ་ངེས་པའི་གནད་ཡིན་པས་དེ་འདྲའི་སྒོ་ནས་ 5-1-161 ང་ཚུགས་ཐུབ་མེད་པར་གཏན་ལ་ཕབ་ནས་ང་བདག་ཚུགས་ཐུབ་ཀྱིས་སྟོང་པ་ལ་ངེས་པ་ འདྲོངས་པ་དང༌། གཞན་ཡང་ལུས་ཀྱི་ཕྱི་ནང་གི་ཆ་ཤས་རེ་རེ་ནས་ང་མ་ཡིན་ཚུལ་དང་རྣམ་ པར་ཤེས་པ་རྣམས་ཀྱང་རེ་རེ་ནས་ང་མ་ཡིན་ཚུལ་སོགས་ལ་བཏགས་དོན་བཙལ་ནས་དཔྱད་ དེ་ང་ཚུགས་ཐུབ་གང་ནས་ཀྱང་མ་རྙེད་པ་ལ་ངེས་པ་རང་ཆས་སུ་ཡོད་པར་བྱ་བ་དང༌། ཡང་ ལུས་འདི་ལ་ལུས་ཞེས་ཕར་བཏགས་པ་ཙམ་མ་ཡིན་པར་རང་གི་ངོས་ནས་ཚུགས་ཐུབ་ཏུ་ ཡོད་པ་ངོས་ཟིན་པ་ནི་དགག་བྱ་ངོས་འཛིན་གྱི་གནད་དེ་ལྟར་ཡོད་ན་ལུས་ཀྱི་ཡན་ལག་ལྔ་ དང་ཤ་རུས་པགས་པ་རྣམས་དང་གཅིག་ཐ་དད་གང་རུང་དུ་ཡོད་དགོས་པས་གཅིག་དང་ཐ་ དད་གང་རུང་དུ་ཡོད་པར་ཐག་གཅོད་པ་ནི་ཁྱབ་པ་ངེས་པའི་གནད། དེ་ཚེ་ཡན་ལག་སོགས་ དང་གཅིག་ན་ལུས་དུ་མར་ཐལ་བ་དང་ཡང་ན་དེ་དག་གཅིག་ཏུ་ཐལ་བས་གཅིག་མ་ཡིན་པར་ ཐག་གཅོད་པ་ནི་གཅིག་བྲལ་ངེས་པའི་གནད། དེ་དག་ལའང་མ་ལྟོས་པའི་ལུས་མེད་པར་ ཐག་གཅོད་པ་ནི་དུ་བྲལ་ངེས་པའི་གནད་དེ་དེ་འདྲའི་སྒོ་ནས་དཔྱད་པས་ལུས་ཚུགས་ཐུབ་ མེད་པར་སྟོང་ཆམ་གྱིས་སོང་བའི་ངང་ལ་ཅི་ནུས་སུ་ངེས་པ་དྲངས་པར་བྱ་དགོས་ལ། དེ་དག་ གི་སྐབས་སུ་རྗེས་ཐོབ་སྒྱུ་མར་བལྟ་ཚུལ་ནི། འཕྲལ་གྱི་འཁྲུལ་རྒྱུའི་དབང་གིས་གྲུབ་པའི་སྒྱུ་ མའི་རྟ་གླང་ལ་རྟ་གླང་དུ་སྣང་ཡང་རྟ་གླང་མེད་པ་བཞིན་དུ་ཕུང་པོ་སོགས་ཆོས་གང་ལའང་ ཚུགས་ཐུབ་ཏུ་ལམ་ལམ་ཤར་བ་ན་དེ་ལྟར་གྲུབ་པ་མེད་སྙམ་དུ་ཐག་གཅོད་པ་དང༌། ཡང་སྒྱུ་ མའི་རྟ་གླང་རྣམས་ཀྱང་རྟ་གླང་དངོས་མ་ཡིན་ཀྱང་སྣང་ཙམ་གྱི་ཆར་གྱུར་པའི་རྟ་གླང་གི་རྣམ་ པ་བསྙོན་མེད་དུ་འབྱུང་བ་བཞིན་དུ་ཆོས་ཐམས་ཅད་རང་ངོས་ནས་ཚུགས་ཐུབ་ཏུ་གྲུབ་པ་ གང་ཡང་མེད་ཀྱང་མ་བརྟགས་ཉམས་དགའི་བློ་ངོར་སྣང་ཙམ་གྱིས་སྟེང་ནས་ལས་རྒྱུ་འབྲས་ འཁོར་བ་མྱང་འདས་ཀྱི་རྣམ་བཞག་ཀུན་ཀྱང་མི་བསླུ་བར་འབྱུང་བའི་ཚུལ་ལ་ངེས་པ་ཡང་ ཡང་དྲངས་པར་བྱ་དགོས་སོ། ། 5-1-162 དེ་ནས་རང་ལུགས་ཀྱི་ཉམས་ལེན་སྐྱོངས་ཐབས་མདོ་ཙམ་སྨོས་ན། དེ་ཡང་རང་ལུགས་ ལ་ནི་བློས་ཡུལ་ཆེད་དུ་བཟུང་བ་དང༌། ཡུལ་ལ་གཏད་པ་དང་ཡུལ་མྱོང་བ་ལ་སོགས་པའི་ བློས་བྱས་ཐམས་ཅད་ནི་རྣམ་རྟོག་སྟེ། དེ་འདྲའི་རྣམ་རྟོག་དེ་ནི་འཁོར་བའི་རྩ་བ་ཡིན་པས་དེའི་ དངོས་གཉེན་ནི་ཞེན་གཏད་ལ་སོགས་པའི་བློས་བྱས་ཐམས་ཅད་དང་བྲལ་བའི་རྣམ་པར་མི་ རྟོག་པའི་ཡེ་ཤེས་ཡིན་ཞིང༌། དེའི་ཡུལ་སྟོང་པ་ཉིད་ནི་མི་རྟོག་ཡེ་ཤེས་ཀྱི་རང་གི་ངོ་བོ་རང་ གིས་རིག་པའི་ཚུལ་གྱིས་རྟོགས་པ་ཡིན་གྱི་དེ་ལས་གཞན་པའི་ཡུལ་འགའ་ཡང་མེད་ཕྱིར་ སྤྲོས་བྲལ་མི་རྟོག་པའི་ཡེ་ཤེས་རང་ཉིད་མཚན་མེད་ཀྱི་སྟོང་པ་ཉིད་ཡིན་ཞིང་མི་རྟོག་པའི་ཡེ་ ཤེས་སྟོང་གཟུགས་ཀྱི་རྣམ་པར་ཤར་བ་དེ་མཚན་བཅས་ཀྱི་སྟོང་ཉིད་དུ་འདོད་ལ། དེ་ལྟ་ན་ མི་རྟོག་པའི་ཡེ་ཤེས་རྒྱུད་ལ་སྐྱེས་མ་ཐག་གམ་རྟོགས་མ་ཐག་ནས་རང་གི་ངོ་བོ་རང་ལ་མངོན་ སུམ་དང་སྟོང་གཟུགས་ཡང་ཤར་མ་ཐག་ནས་རིགས་སྤྱི་དང་བྲལ་བའི་མངོན་གྱུར་ཡིན་པའི་ ཚུལ་འདི་ཉིད་ཟབ་གསང་ཉམས་ལེན་གྱི་སྐབས་སུ་རང་ལུགས་ཡིན་པས་ན་རང་ལུགས་ཀྱི་ ཉམས་ལེན་སྐྱོངས་སྐབས་བློ་བཅོས་མའི་སྤྲོས་པ་ཀུན་དང་བྲལ་བའི་སྤྲོས་བྲལ་རྣམ་པར་མི་ རྟོག་པ་ཁོ་ན་ཉམས་ལེན་གྱི་མཐིལ་ཡིན་ཀྱང་ལས་དང་པོ་པ་དག་གིས་ཐོག་མ་ནས་དེ་འདྲ་མི་ འོང་བས་འདི་ལྟར་བསྒོམ་པར་བྱ་སྟེ། དེ་ལ་ཐོག་མར་སེམས་རང་བབས་མ་བཅོས་བསམ་ མེད་དུ་བཞག་ཁུལ་བྱས་ཀྱང་བློས་བྱས་ཀྱི་སྒྲིམ་ཆ་མ་བསྐྱེད་ན་སེམས་བྱིང་ཞིང་དམའ་བར་ འགྱུར་བས་ཏིང་ངེ་འཛིན་རྣམ་དག་མི་སྐྱེ། སྒྲིམ་ཆེས་ཚེ་མ་གློད་ན་སེམས་གུ་དོག་འཇུར་བས་ བཅིངས་པར་འགྱུར་བས་ཏིང་ངེ་འཛིན་རྣམ་དག་མི་སྐྱེ། རང་གི་ངོ་བོ་དྲན་པའི་དྲན་པ་ཆེད་ དུ་མ་བསྟེན་ན་ཐོག་མ་ནས་མ་བཅོས་བཞིན་དུ་དྲན་པ་རང་ཤུགས་སུ་འབྱུང་བར་མི་འགྱུར་ བས་དམིགས་པ་བོར་ནས་ལུང་མ་བསྟན་ཏུ་འགྱུར་བའམ་འཕྲོ་རྒོད་སྣ་ཚོགས་འོང༌། གནས་ མི་གནས་སོགས་ལེགས་པར་ཤེས་པའི་ཤེས་བཞིན་ཆེད་དུ་མ་བསྟེན་ན་མ་བཅོས་བཞིན་དུ་ 5-1-163 རང་ཤུགས་ཀྱིས་མི་འོང་བས་གནས་པ་ངོས་མི་ཟིན་པས་བསྒོམ་བྱ་སྟོར། འགྱུ་བ་ངོས་མི་ཟིན་ པའི་རྣམ་རྟོག་རྒྱ་འབྱམས་སུ་འགྲོ་བ་སོགས་སྐྱོན་དུ་མ་འོང་བས་ཏིང་ངེ་འཛིན་སྐྱོན་མེད་མི་ འགྲུབ་ལ། སེམས་མི་རྟོག་པ་ལ་སྒྲིམ་ལྷོད་རན་པའི་སྒོ་ནས་བཞག་སྟེ་རྟོག་མེད་དུ་གནས་པ་ ནི་དམིགས་པ་སྟེ་དེ་མ་བརྗེད་པའི་ངང་ནས་གནས་སམ་མི་གནས་འཕྲོའམ་མི་འཕྲོ་སྙམ་པའི་ སྒོ་ནས་བྱ་ར་ཡང་ཡང་བར་བར་དུ་བྱེད་བཞིན་བསྒོམ་པའི་ཐོག་མར་སེམས་སྐད་ཅིག་ཀྱང་ མི་གནས་པར་རྣམ་རྟོག་བརྒྱུད་མར་འཇུག་པ་འོང་བ་དེ་ངོ་ཤེས་པས་རྣམ་རྟོག་སྔར་ལས་ཀྱང་ མང་ངོ་སྙམ་པ་སྐྱེ་བ་ནི་གཡོ་བའི་ཉམས་རི་གཟར་གྱི་འབབ་ཆུ་ལྟ་བུ། དེ་ནས་ཀྱང་དེ་དག་ལ་ རེ་དོགས་མི་བྱེད་པར་གོང་ལྟར་བསྒོམས་པས་བར་སྐབས་རེ་ལ་རྣམ་རྟོག་མེད་པར་སེམས་ མི་རྟོག་པ་ལ་ཆམ་གྱིས་གནས་ཤིང་ལུས་དང་དབུགས་ཀྱང་བདེ་ཆམ་དུ་གནས་པ་འོངས་ནས་ ཡང་སྔར་བཞིན་རྣམ་རྟོག་དུ་མ་སྐྱེ་བ་འོང་སྟེ། ཐོབ་པའི་ཉམས་རོང་ཁུང་དོག་པའི་འབབ་ ཆུ་ལྟ་བུ། དེ་ནས་ཀྱང་ཡང་ཡང་གོམས་པས་བར་སྐབས་རྣམ་རྟོག་སྐྱེ་བ་ཤུགས་ཆུང་བས་མི་ རྟོག་པ་ལ་གནས་པ་སྟོར་མི་ནུས་ཤིང་རྣམ་རྟོག་སྐྱེ་མ་ཐག་རང་ཞིར་འགྲོ་ཞིང་རེས་འགའ་རྣམ་ རྟོག་ཐོལ་ཐོལ་སྐྱེས་པ་སྤེལ་མར་འོང་སྟེ། གོམས་པའི་ཉམས་སྦལ་བ་མཆོང་བ་ལྟ་བུ། དེ་ ནས་ཀྱང་གོམས་པར་བྱས་པས་རེས་རྣམ་རྟོག་གཅིག་གམ་གཉིས་སམ་གསུམ་བསྟུད་དེ་འོང་ ནས་རྣམ་རྟོག་འགའ་ཞིག་རང་ཞིར་གྱུར་ཏེ་སེམས་གསལ་སེང་ངེར་གནས་ཤིང་ལུས་ཉམས་ ཀྱང་སྐབས་སྐབས་སུ་བདེ་ཆམ་པ་དང༌། རླུང་ཡང་འཇམ་ཞིང་དམའ། རེས་རྣམ་རྟོག་འགྱུ་ ཡང་རྗེས་སུ་འབྲང་བར་མི་འགྱུར་རེས་སེམས་བཏང་ཡང་མི་འགྲོ་བ་འོང་སྟེ་བརྟན་པའི་མས་ མཚོ་ཆུང་སེར་བུས་བསྐྱོད་པ་ལྟ་བུ། དེ་ནས་ཀྱང་འབད་དེ། བསྒོམ་པས་བྱིང་རྒོད་ཀྱི་རྩེ་ཞི་ སྟེ་གང་ལ་བཞག་ཀྱང་བཞག་ན་སྡོད་བཏང་ན་འགྲོ་ནམ་དགོས་དུས་སུ་རྒྱུད་ལ་སྐྱེར་ཉམས་ རྐྱེན་མེད་ན་ཐུན་རེ་ལ་བྱིང་རྒོད་མེད་པར་རྩེ་གཅིག་ཏུ་མེར་གྱིས་གནས་པ་འོང་སྟེ་མཐར་ཕྱིན་ 5-1-164 པའི་ཉམས་རི་དབང་ལྟ་བུ་སྟེ། རིམ་པ་དེ་ལྟར་དུ་སེམས་བསྒྲུབ་དགོས་ལ། དེ་དག་སྐབས་ སུ་སེམས་འཛིན་གཏད་མྱོང་བ་ལ་སོགས་པའི་བློས་བྱས་བསལ་མ་ཐུབ་ན་དེ་འདྲའི་ཏིང་ངེ་ འཛིན་འགྲུབ་ཀྱང་བསམ་མེད་ཀྱི་རྣལ་འབྱོར་དངོས་མིན་ལ། དེ་བསལ་ཐུབ་ན་མི་རྟོག་པ་ དང་བསམ་མེད་ཀྱི་རྣལ་འབྱོར་དངོས་ཡིན་ཞིང་མདོར་ན་སེམས་གནད་སེམས་མ་བཅོས་རང་ བབས་གང་ལ་ཡང་གཏད་པ་མེད་ཅིང་ཅིར་ཡང་འཛིན་དུ་མེད་པའི་ངང་དུ་བཞག་ནས་བསྒོམ་ པ་ཡིན་ནོ། ། དེ་ལས་བློས་བྱས་ཀྱི་ཤེས་པ་དེ་ཇི་ལྟ་བུ་ཞིག་ཡིན་བློས་བྱས་དང་བྲལ་བའི་རྣམ་པར་ མི་རྟོག་པ་དེ་ཇི་ལྟ་བུ་ཡིན་ཞེ་ན། དེ་གཉིས་སོ་སོར་བཞག་རྒྱུ་ཡོད་དེ། ཡིད་ཀྱི་ཤེས་པ་དེ་ཁ་ ནང་དུ་བཀུག་སྟེ་ཤེས་པ་རང་ཐོག་ཏུ་རང་བབས་སུ་བཞག་པ་ལ་རང་གི་ངོ་བོ་གསལ་བའམ་ སྟོང་པའམ་གསལ་སྟོང་གཉིས་ཀར་མཐོང་འོང༌། དེ་ཚེ་དམིགས་པ་བོར་བའི་གཞན་དུ་འཕྲོ་ བའི་འཕྲོ་རྟོག་རགས་པ་མ་ཟད་སེམས་ཀྱི་ངོ་བོ་མ་བོར་ཀྱང་སེམས་ཀྱི་ཟུར་ཆ་ཞིག་གཞན་དུ་ འཕྲོས་ཏེ་ཡུལ་སྣ་ཚོགས་དྲན་འདུག་པ་དང་ཟུར་ཆ་མི་འཕྲོ་ཡང་རང་སེམས་ཀྱི་ངོ་བོ་ལ་གཏད་ འདུག་པའི་ཆ་དང༌། ངོ་བོ་དེ་འཛིན་འདུག་པའི་ཆ་དང༌། གསལ་སང་ངེར་མྱོང་འདུག་པའི་ཆ་ དང༌། ལྷོད་ཆེས་སྙམ་ནས་བསྒྲིམ་པར་བྱེད་པའི་ཆ་དང༌། བསྒྲིམ་ཆེས་སྙམ་ནས་གློད་པར་བྱེད་ པའི་ཆ་དང༌། དམིགས་པ་མ་བོར་ཀྱང་སེམས་འཕངས་དམའ་ཞིང་སྙིགས་པར་གྱུར་པའམ་ བྱིང་བར་གྱུར་པའི་ཆ་དང༌། དམིགས་པ་ཡང་བོར་ནས་འཕྲོ་མི་ཐུབ་པར་ཧད་དེ་སྡོད་པའི་ཆ་ ལ་སོགས་པའི་བློས་བྱས་ཡིན་པ་གང་ཞིག རང་སེམས་རང་བབས་སུ་བཞག་པའི་ངོ་ན་བྱིང་ རྒོད་མ་ཟད་གཏད་འདུག་པའི་ཆ་དང༌། ངོ་བོ་གསལ་སེང་ངེ་མྱོང་འདུག་པའི་ཆ་དང༌། འཛིན་ འདུག་པའི་ཆ་ལ་སོགས་པ་གཟུང་འཛིན་བློས་བྱས་ཐམས་ཅད་དང་བྲལ་བའི་རང་བབས་ཁོ་ ན་གནས་པའི་རིག་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཡིན་པའི་ཕྱིར་རོ། །དེ་སོགས་འདིར་ 5-1-165 མཁོ་བའི་བཤད་བྱ་མང་ཡང་རེ་ཞིག་དེ་ཙམ་ལས་མ་སྤྲོས་སོ། ། ༈ རྩ་བའི་ས་བཅད་གསུམ་པ། ཐ་མར་དགེ་བའི་ཉམས་ལེན་གྱི་རིམ་པ། གསུམ་པ་ཐ་མར་དགེ་བའི་ཉམས་ལེན་གྱི་རིམ་པ་ནི་རྗེས་བསྔོ་བ་དམ་པ་སྟེ། དེ་ཡང་ བསྔོ་རྒྱུའི་དགེ་བ་གང་དག་གི་ངོ་བོ་ནི་ད་སྐབས་ཀྱི་དགེ་བ་འདིས་མཚོན་ཏེ་རང་གཞན་གྱིས་ དུས་གསུམ་དུ་བསགས་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱིས་བསྡུས་པའི་དགེ་བའི་ རྩ་བ་ཐམས་ཅད་ཡིན་ལ། བསྔོ་བའི་འབྲས་བུ་ནི། མྱ་ངན་ལས་འདས་པ་རྣམས་ཀྱི་མཐར་ ཐུག་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་ པའི་ཡེ་ཤེས་དང་ལྡན་པའི་གོ་འཕང་མཆོག་དེ་ཡིན་ཞིང༌། ཆེད་དུ་བྱ་བ་ནི་འགྲོ་བ་མཐའ་ ཡས་པ་རྣམས་བྱང་ཆུབ་ཆེན་པོ་ལ་ཉེ་བར་འགོད་པའི་དོན་དང་བྱེད་ལས་འགྲུབ་ཚུལ་ནི་ཆུའི་ ཐིགས་པ་རྒྱ་མཚོར་ལྷུང་བ་རྣམས་དེ་གནས་ཀྱི་བར་དུ་མི་ཟད་པ་བཞིན་དུ་བྱང་ཆུབ་ཏུ་ཡོངས་ སུ་བསྔོས་པའི་དགེ་བ་དེ་ཡང་དེ་མ་ཐོབ་ཀྱི་བར་དུ་མི་ཟད་ཅིང་འཕེལ་བའི་སྒོ་ནས་བྱང་ཆུབ་ ཀྱི་མཆོག་ལ་སྦྱོར་བར་བྱེད་པ་དང༌། བློའི་རྣམ་པ་ནི། བྱེད་པ་པོ་དང་ལས་དང་བྱ་བ་ལ་སོགས་ པ་འཁོར་གསུམ་དུ་རྣམ་པར་མི་རྟོག་ཅིང་མི་དམིགས་པའི་ཤེས་རབ་ཀྱིས་ཡོངས་སུ་ཟིན་པ་ དང༌། ཁྱད་པར་དེ་ལྔ་དང་ལྡན་པའི་སྒོ་ནས་བསྔོ་བ་བྱ་དགོས་པ་ཡིན་ཏེ། རྒྱུ་མཚན་རིམ་པ་ བཞིན་ཏེ། དེ་ཡང་ཕལ་བོ་ཆེར། འགྲོ་ཀུན་དགེ་བ་ཇི་སྙེད་ཡོད་པ་དང༌། །བྱས་དང་བྱེད་འགྱུར་ དེ་བཞིན་བྱེད་པ་དང༌། །བཟང་པོ་ཇི་བཞིན་དེ་འདྲའི་ས་དག་ལ། །ཀུན་ནས་ཀུན་ཏུ་བཟང་ པོ་རེད་གྱུར་ཅིག །ཅེས་པ་དང༌། ཡུམ་ལས་དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་མ་གཏོགས་པར་ཉན་ཐོས་ཀྱི་སའམ་རང་སངས་རྒྱས་ཀྱི་སར་ཡོངས་སུ་ བསྔོར་མི་འཇུག་པའོ། །ཞེས་པ་དང༌། མདོ་སྡུད་པ་ལས། འགྲོ་བའི་དོན་དུ་བྱང་ཆུབ་ཕྱིར་ནི་ ཐམས་ཅད་བསྔོ། །ཞེས་པ་དང༌། བློ་གྲོས་མི་ཟད་པའི་མདོ་ལས། ཇི་ལྟར་ཆུ་ཐིགས་རྒྱ་མཚོའི་ 5-1-166 ཆུ་ནང་ལྷུང༌། །རྒྱ་མཚོ་མ་ཟད་བར་དུ་དེ་མི་ཟད། །དེ་བཞིན་བྱང་ཆུབ་ཡོངས་བསྔོས་དགེ་བ་ ཡང༌། །བྱང་ཆུབ་མ་ཐོབ་བར་དུ་དེ་མི་ཟད། །ཅེས་པ་དང༌། རྒྱན་ལས། རྟག་ཏུ་རྣམ་པར་མི་ རྟོག་ལས་ཅན་ལས་མིན་ཞིང༌། །ལས་ཀྱི་བྱ་བ་དང་རྣམ་གསུམ་ལ་མི་ལྟ་སྟེ། །དེས་ན་འདིས་ ནི་དེ་ཐབས་ཡང་དག་བཟུང་བའི་ཕྱིར། །ལས་རྣམས་དག་པ་མཐའ་ཡས་དེ་ཡི་ཕ་རོལ་འགྲོ། །ཞེས་པ་ལ་སོགས་པ་གསུངས་པའི་ཕྱིར། དེ་ནས་བསྔོ་བའི་ཆོ་ག་ནི། བཟང་སྤྱོད་ལས་བྱུང་བ་ ལྟར། འཇམ་དཔལ་ཇི་ལྟར་མཁྱེན་ཅིང་དཔའ་བ་དང༌། །ཞེས་སོགས་ཤོ་ལོ་ཀ་དང༌། ཡང་ན་ རིགས་པ་དྲུག་ཅུ་པ་ལས། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །ཞེས་སོགས་ཤོ་ལོ་ཀ་དང༌། ཡང་ན་ སྐྱེས་རབས་ལས། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཡི། །གོ་འཕང་ཐོབ་ཕྱིར་ སྐྱོན་ཀྱི་དགྲ་བཏུལ་ཏེ། །རྒ་ནད་འཆི་བའི་རྦ་ཀློང་འཁྲིགས་པ་ཡི། །སྲི ད་པའི་མཚོ་ལས་འགྲོ་ བ་སྒྲོལ་བར་ཤོག །ཅེས་པའམ། འདུལ་བ་ལུང་དུ། སྦྱིན་པ་ཆེན་པོར་གྱུར་པ་འདི་ཡིས་ནི། །འགྲོ་བའི་ནང་ནས་རང་བྱུང་སངས་རྒྱས་ཤོག །སྔོན་གྱི་རྒྱལ་དབང་རྣམས་ཀྱིས་མ་བསྒྲལ་ བའི། །སྐྱེ་བོའི་ཚོགས་རྣམས་བདག་གིས་སྒྲོལ་གྱུར་ཅིག །ཅེས་པ་ལ་སོགས་པའི་ཚིགས་སུ་ བཅད་པ་གྲགས་ཆེ་བ་གང་རུང་རྣམས་དང་གཞན་ཡང་སྤྲོ་ཞིང་ནུས་ན། སྤྱོད་འཇུག་ལས་བྱུང་ བའི་བསྔོ་བའི་ཚིག་རྣམས་ཀྱི་སྒོ་ནས་བསྔོ་བ་ལ་སོགས་པར་བྱས་ན་ཤིན་ཏུ་བཟང་བ་ཡིན་ནོ། །སྨྲས་པ། ཡང་དག་ཞི་བའི་གོ་འཕང་བླ་ན་མེད། ། རྣམ་པར་གྲོལ་བའི་ཡེ་ཤེས་འབྱམས་ཀླས་པ། ། མ་ལུས་ཉེས་པ་ཟད་པའི་ཞི་བདེའི་དབྱིངས། ། ཨེ་མ་རྣམ་མང་འཕགས་པ་དགྱེས་པའི་ཡུལ། ། སེམས་རྒྱུད་ཉོན་མོངས་སྐྱོན་ལས་བཅོས་པའི་ཐབས། ། 5-1-167 ལེགས་ལམ་བདུད་རྩི་ལྟ་བུའི་ཡིན་ལུགས་འདི། ། རང་ལ་ཡོད་པའི་བློ་མཐུ་མ་ལགས་མོད། ། གོང་མའི་གསུང་ལས་ཟིལ་མངར་བཅུད་ཙམ་བསྡུས། ། འདི་ཡང་རང་བློ་ཆོས་ལ་གོམས་ཕྱིར་དང༌། ། ཁྱད་པར་ཆོས་གྲོགས་དམ་པའི་ཡིད་ཀྱི་ཁམས། ། རྣམ་དག་ཆོས་ལ་བསྐུལ་བའི་རྐྱེན་ཙམ་དུ། ། རེ་ཆེན་རེ་བའི་སྒོ་ནས་བྱས་པ་ལགས། ། དེ་སླད་མཆེད་པོ་གང་གི་སྣང་ཤེས་ཉིད། ། འདི་སྣང་བྲེ ལ་འཚུབ་བྱ་བས་མི་གཡེང་བར། ། སྤོང་བ་བསམ་གཏན་འགྲུབ་པའི་དགའ་གནས་སུ། ། རྩེ་གཅིག་ཆོས་བློ་གསར་བ་བསྐྱེད་ཅིག་ཀྱེ། ། འདི་ལ་རྣམ་པར་དཀར་བའི་ཆ་མཆིས་ན། ། དེ་ནི་བླ་མ་དགྱེས་པའི་མཆོད་སྤྲིན་དང༌། ། འགྲོ་རྒྱུད་བཅོས་པའི་ཐབས་སུ་ལེགས་གྱུར་ཏེ། ། རྨད་བྱུང་བསོད་ནམས་བསོགས་པའི་རྒྱུར་གྱུར་ཅིག ། ཅེས་རང་དང་སྐལ་བ་མཉམ་པ་དག་ལ་ཉེ་བར་མཁོ་བའི་བློས་བཅོས་ཐབས་ཐོག་མཐའ་བར་དུ་དགེ་བའི་གཏམ་བཟང་ ཡང་དག་ཆོས་བློའི་མྱུ་གུ་སྐྱེད་བྱེད་ཅེས་བྱ་བ་འདི་ཡང་རྣམ་པར་དག་པའི་ཆོས་ལ་བརྩོན་པ་དང་ལྡན་པའི་བསླབ་ཁྲིམས་གཙང་ མའི་ཡོན་ཏན་གྱིས་ཉེ་བར་མཛེས་པ་ངག་དབང་མཁས་གྲུབ་དཔལ་གྱིས་ལྷ་རྫས་དར་བཟང་གི་སྐྱེས་བཅས་བསྐུལ་མ་ཆེད་གཉེར་ མཛད་པ་ལ་བརྟེན་ནས་རྨོངས་བན་བློ་གྲོས་གྲགས་པ་ཞེས་སུ་འབོད་པས་སྔོན་བྱོན་གོང་མའི་གསུང་ལས་བཏུས་ནས་གཙང་ཆེན་ བླ་མའི་གཟིམས་ཁང་ཕོ་བྲང་དུ་ཕན་པའི་སེམས་ཀྱིས་ལེགས་པར་བགྱིས་པ་འདི་ནི་དགེ་བར་གྱུར་ཅིག་གུ།། །། 5-1-168 རབ་ཏུ་དཀར་བའི་རྟེན་བཞེངས་འདིས། ། བདག་ཅག་གིས་ནི་ཐོག་མེད་ནས། ། སྡིག་ལྟུང་མ་ལུས་ཡོངས་བྱང་ནས། ། རླབས་ཆེན་ཚོགས་གཉིས་མཐར་ཕྱིན་ཤོག ། བསོད་ནམས་བསགས་དགེའི་བདག་སོགས་འགྲོ། ། འདི་ཕྱི་ཀུན་ཏུ་ཡང་དག་གི ། ཆོས་མཐུན་ཁོ་ནས་ལེགས་འཚོ་ཞིང༌། ། རྐྱེན་ངན་གང་གི་བསྒྱུར་མེད་ཤོག ། དགེའོ། །བཀྲ་ཤིས། 5-1-169 ༄༅། །ལས་དང་པོ་པ་རྣམས་ལ་གོ་སླའི་ལྡོག་ཆ་ངོས་འཛིན་ ཤེས་བྱའི་གནས་ཚུལ་གསལ་བྱེད། ༄༅། །བླ་མ་དང་དབྱེར་མེད་པའི་འཇམ་མགོན་མཁྱེན་པའི་གཏེར་ལ་གུས་པས་ཕྱག་ འཚལ་ནས་འདིར་ལྡོག་པའི་གོ་དོན་ཅུང་ཟད་དཔྱད་པ་ལ་ནི་འདི་ལྟ་སྟེ། བུམ་པ་ཤེས་བྱ་ཡིན་ པ་དེའི་དོན་ནི། བུམ་པ་དེ་བློས་ཤེས་པར་བྱ་རྒྱུ་ཞིག་ཡིན་བྱས་ནི་རེད། བུམ་པ་ཡོད་པ་ཡིན་ པ་དེའི་དོན་ནི། བུམ་པ་དེ་ཡོད་མེད་གཉིས་ཀྱི་ནང་ནས་ཡོད་པ་ཞིག་ཡིན་བྱས་ནི་རེད། བུམ་ པ་གཞི་གྲུབ་ཡིན་པ་དེའི་དོན་ནི། བུམ་པ་དེ་རང་གི་གཞིའམ་ངོ་བོ་དེ་གྲུབ་ནི་ཞིག་ཡིན་བྱས་ ནི་རེད། བུམ་པ་གཞལ་བྱ་ཡིན་པ་དེའི་དོན་ནི། བུམ་པ་དེ་བློས་གཞལ་རྒྱུའམ་དཔག་རྒྱུ་ཞིག་ ཡིན་བྱས་ནི་རེད། བུམ་པ་དམིགས་པ་ཡིན་པ་དེའི་དོན་ནི། བུམ་པ་དེ་བློས་དམིགས་རྒྱུ་ཞིག་ ཡིན་བྱས་ནི་རེད། བུམ་པ་ཆོས་ཡིན་པ་དེའི་དོན་ནི། བུམ་པ་དེ་ཅིག་ཆོས་ནི་ཞིག་ཡིན་བྱས་ནི་ རེད། བུམ་པ་དངོས་པོ་ཡིན་པ་དེའི་དོན་ནི། བུམ་པ་དེ་རྫས་ཀྱི་དངོས་པོ་ཞིག་ཡིན་བྱས་ནི་ རེད། རྫས་དེ་ལ་གསལ་བ་ཤེས་པའི་རྫས་ཞིག་དང༌། མི་གསལ་བ་བེམ་པོའི་རྫས་ཞིག་དང་ གཉིས་ཡོད་ནི་རེད། བུམ་པ་འདུས་བྱས་ཡིན་པ་དེའི་དོན་ནི། བུམ་པ་དེ་རྒྱུ་རྐྱེན་དུ་མ་འདུས་ ནས་བྱས་པ་ཞིག་ཡིན་བྱས་ནི་རེད། དཔེར་ན་རྫ་བུམ་ཞིག་ཡིན་ན་རང་གི་རྒྱུར་གྱུར་པའི་ འཇིམ་པ་དང༌། རྫ་མཁན་གྱི་འཁོར་ལོ་དང་ཐིག་གུ་དང་རྫ་མཁན་གྱི་ལག་པའི་བྱེད་རྩོལ་ལ་ སོགས་པ་རྒྱུ་རྐྱེན་དུ་མ་འདུས་ནས་བྱས་པ་ཞིག་ཡིན་ནི་རེད། དེས་གཞན་ལ་འགྲེས། བུམ་པ་ མི་རྟག་པ་ཡིན་པ་དེའི་དོན་ནི། བུམ་པ་དེ་རང་དུས་སྐད་ཅིག་གཉིས་པར་མི་རྟག་པའམ་མི་ 5-1-170 སྡོད་པ་ཞིག་ཡིན་བྱས་ནི་རེད། སྐད་ཅིག་མ་ནི་སྐྱེས་བུ་སྟོབས་ལྡན་ཞིག་གིས་སེ་གོལ་གཅིག་ གཏོགས་པའི་ཡུན་ཚད་ཆ་རེ་ལྔར་ཕྱེ་བའི་ཆ་གཅིག་གི་ཡུན་ཚད་ལ་དུས་མཐའི་སྐད་ཅིག་མ་ ཡིན་པར་མཛོད་འགྲེལ་ལས་གསུངས་ལ། དེ་ནི་ཐེག་དམན་གྱི་ལུགས་ཡིན་ནོ། །བུམ་པ་ གཟུགས་ཡིན་པ་དེའི་དོན་ནི། བུམ་པ་དེ་འདི་ན་འདིའོ་ཞེས་ངོ་བཙུགས་ནས་སྟོན་རྒྱུ་ཡོད་པ་ ཞིག་ཡིན་བྱས་ནི་རེད། བུམ་པ་བེམ་པོ་ཡིན་པ་དེའི་དོན་ནི། བུམ་པ་དེ་ཤེས་པ་སོགས་ལས་ རགས་པའི་རྡུལ་རྫས་བེམ་པོ་ཞིག་ཡིན་བྱས་ནི་རེད། བུམ་པ་བུམ་པ་ཡིན་པ་དེའི་དོན་ནི། བུམ་པ་དེ་འཇིག་རྟེན་ན་བུམ་པ་ཞེས་གྲགས་པའི་བུམ་པ་དེ་ཡིན་བྱས་ནི་རེད། བུམ་པ་བློའི་ ཡུལ་དུ་བྱ་རུང་ཡིན་པ་དེའི་དོན་ནི། བུམ་པ་དེ་སེམས་ཅན་ནས་སངས་རྒྱས་ཀྱི་བར་གྱི་བློ་ སྤྱིའི་ཡུལ་དུ་བྱ་རུང་བ་ཞིག་ཡིན་བྱས་ནི་རེད། བུམ་པ་ཚད་མའི་དམིགས་པ་ཡིན་པ་དེའི་དོན་ ནི། བུམ་པ་དེ་བློ་ཚད་མས་འཛིན་སྟངས་སུ་བཟུང་བ་ཞིག་ཡིན་བྱས་ནི་རེད། ཚད་མ་ནི་བློ་ རང་གི་འཛིན་སྟངས་ཀྱི་ཡུལ་ལ་གསར་དུ་མ་འཁྲུལ་བའི་རིག་པ་ཞིག་ཡིན་ནི་རེད། བུམ་པ་ ཚད་མས་གྲུབ་པ་ཡིན་པ་དེའི་དོན་ནི། བུམ་པ་དེ་བློ་ཚད་མས་བུམ་པར་གྲུབ་པ་ཞིག་ཡིན་ བྱས་ནི་རེད། བུམ་པ་ཚད་མའི་རྟོགས་པར་བྱ་བ་ཡིན་པ་དེའི་དོན་ནི། བུམ་པ་དེ་ཚད་མས་ རྟོགས་ཅིང་དཔྱོད་པའི་སྒོ་ནས་རྟོགས་པར་བྱ་རྒྱུ་ཞིག་ཡིན་བྱས་ནི་རེད། བུམ་པ་ཚད་མས་སྒྲོ་ འདོགས་གཅོད་པར་བྱ་བའི་གཞི་ཡིན་པ་དེའི་དོན་ཇི་ལྟར་ཡིན་ཟེར་ན། ཚད་མས་སྒྲོ་འདོགས་ གཅོད་ཚུལ་དེ་ལ་དང་པོ་སྒྲོ་འདོགས་དང་སྒྲོ་འདོགས་ཚད་མས་གཅོད་ཚུལ་གཉིས་ཡོད་པའི་ ནང་གི་སྒྲོ་འདོགས་ནི། བུམ་པ་རྟག་འཛིན་རྟོག་ངོར་སྣང་རྒྱུའི་བུམ་པ་རྟག་པ་དེ་ཡུལ་གྱི་སྒྲོ་ འདོགས་རེད། བུམ་པ་རྟག་པར་འཛིན་པའི་ལོག་རྟོག་གི་བློ་དེ་ཡུལ་ཅན་གྱི་སྒྲོ་འདོགས་རེད། བུམ་པ་ཤེས་བྱ་མ་ཡིན་པར་འཛིན་པའི་རྟོག་ངོར་སྣང་རྒྱུའི་བུམ་པ་ཤེས་བྱ་མ་ཡིན་པ་དེ་ཡུལ་ གྱི་སྒྲོ་འདོགས་རེད། བུམ་པ་ཤེས་བྱ་མ་ཡིན་པར་འཛིན་པའི་ལོག་རྟོག་གི་བློ་དེ་ཡུལ་ཅན་གྱི་ 5-1-171 སྒྲོ་འདོགས་རེད། དེས་ཡོད་པ་སོགས་ཀུན་ལ་འགྲེས། སྒྲོ་འདོགས་དེ་དག་ཚད་མས་གཅོད་ ཚུལ་ནི། བུམ་པ་མི་རྟག་པར་རྟོགས་པའི་ཚད་མས་བུམ་པ་མི་རྟག་པ་ཡིན་པར་རྟོགས་དུས་དེ། བུམ་པ་རྟག་པ་དེ་ཡུལ་གྱི་སྟེང་དུ་མེད་པར་གོ་ནི་རེད། དེ་གོ་ནི་དེ་ཡུལ་གྱི་སྒྲོ་འདོགས་བཅད་ ནི་རེད། བུམ་པ་མི་རྟག་པར་རྟོགས་པའི་ཚད་མས་བུམ་པ་མི་རྟག་པར་རྟོགས་དུས་དེ། བུམ་ པ་རྟག་པར་དམ་བཅའ་བའི་ལོག་རྟོག་རེ་ཞིག་མི་སྐྱེ་བར་བྱས་ནི་རེད། དེ་བྱས་ནི་དེ་ཡུལ་ཅན་ གྱི་སྒྲོ་འདོགས་བཅད་ནི་རེད། བུམ་པ་ཤེས་བྱ་ཡིན་པར་རྟོགས་པའི་ཚད་མས་བུམ་པ་ཤེས་བྱ་ ཡིན་པར་རྟོགས་དུས་དེ། བུམ་པ་ཤེས་བྱ་མ་ཡིན་པ་དེ་ཡུལ་གྱི་སྟེང་དུ་མེད་པར་གོ་ནི་རེད། དེ་གོ་ནི་དེ་ཡུལ་གྱི་སྒྲོ་འདོགས་བཅད་ནི་རེད། བུམ་པ་ཤེས་བྱ་ཡིན་པར་རྟོགས་པའི་ཚད་མས་ བུམ་པ་ཤེས་བྱ་ཡིན་པར་རྟོགས་དུས་དེ། བུམ་པ་ཤེས་བྱ་མ་ཡིན་པར་འཛིན་པའི་ལོག་རྟོག་ གམ་ཤེས་བྱ་མ་ཡིན་པར་དམ་བཅའ་བའི་བློ་ཕྱིན་ཅི་ལོག་རེ་ཞིག་མི་སྐྱེ་བར་བྱས་ནི་རེད། དེ་ བྱས་ནི་དེ་ཡུལ་ཅན་གྱི་སྒྲོ་འདོགས་བཅད་ནི་རེད། དེས་ཡོད་པ་སོགས་གཞན་ལ་འགྲེས་སྦྱར། བུམ་པ་དེ་དེ་ལྟ་བུའི་ཡུལ་དང་ཡུལ་ཅན་དུ་མའི་སྒྲོ་འདོགས་ཚད་མས་གཅོད་པར་བྱ་བའི་གཞི་ ཞིག་ཡིན་བྱས་ནི་རེད། བུམ་པ་རང་གི་ངོ་བོ་འཛིན་པ་ཡིན་པ་དེའི་དོན་ནི། བུམ་པ་དེ་རང་གི་ སྤྱི་དང་ཁྱད་པར་གྱི་ངོ་བོ་དུ་མ་འཛིན་འདུག་ནི་ཞིག་ཡིན་བྱས་ནི་རེད། དེ་ལ་སྤྱི་དང་ཁྱད་པར་ གྱི་ངོ་བོ་གཉིས་ཡོད་པའི་ནང་གི་སྤྱིའི་ངོ་བོ་ནི། བུམ་པ་གྲུབ་བྱེད་ཀྱི་ཤེས་བྱ་དེ་ཡང་བུམ་པའི་ ངོ་བོ་རེད། བུམ་པ་གྲུབ་བྱེད་ཀྱི་ཡོད་པ་དེ་ཡང་བུམ་པའི་ངོ་བོ་རེད། དེས་གཞི་གྲུབ་སོགས་ལ་ འགྲེས། ཁྱད་པར་གྱི་ངོ་བོ་ནི། བུམ་པ་གྲུབ་བྱེད་ཀྱི་བུམ་པའི་མཆུ་དེ་ཡང་བུམ་པའི་ངོ་བོ་རེད། བུམ་པ་གྲུབ་བྱེད་ཀྱི་བུམ་པའི་ལྟོ་བ་དེ་ཡང་བུམ་པའི་ངོ་བོ་རེད། དེས་བུམ་པའི་ཁ་སོགས་ལ་ འགྲེས་སྦྱར་རོ། །བུམ་པ་དོན་བྱེད་ནུས་པ་ཡིན་པ་དེའི་དོན་ནི། བུམ་པ་དེ་རང་གི་རིགས་རྒྱུན་ ཕྱི་མ་དང་རང་འཛིན་ཚད་མ་སོགས་རང་འབྲས་བསྐྱེད་པའི་དོན་བྱེད་ནུས་པའམ་དོན་བྱེད་ 5-1-172 ཐུབ་པ་ཞིག་ཡིན་བྱས་ནི་རེད། འདིའི་ཚུལ་ལ་སྤྱིར་རྒྱ་གར་ན་ནང་པ་སངས་རྒྱས་པའི་གྲུབ་ མཐའ་སྨྲ་བ་བཞི་ཡོད་པའི་ནང་གི་གྲུབ་མཐའ་གོང་མ་སེམས་ཙམ་པ་ཡན་ཆད་ཀྱི་ལུགས་དེ་ གོང་བཤད་ལྟར་དེ་ཡིན་ནི་རེད། གྲུབ་མཐའ་འོག་མ་མདོ་སྡེ་པའི་རང་ལུགས་ལྟར་ན། བུམ་ པ་དོན་བྱེད་ནུས་པ་ཡིན་པ་དེའི་དོན་ནི། བུམ་པ་དེ་རང་འཛིན་མངོན་སུམ་ཚད་མའི་སྣང་ཡུལ་ གྱི་དོན་བྱེད་ནུས་པའམ་ཐུབ་ནི་ཞིག་ཡིན་བྱས་ནི་རེད། གོང་བཤད་ཀྱི་དོན་སེམས་ཙམ་པ་ ཡན་ཆད་ལྟར་ན། བུམ་པ་དེའི་རང་གི་འབྲས་བུ་དེ་དོན་དང༌། འབྲས་བུ་བསྐྱེད་པ་དེ་དོན་བྱེད་ པ་དང༌། འབྲས་བུ་བསྐྱེད་ཐུབ་པ་དེ་དོན་བྱེད་ནུས་པ་ཡིན་ནི་རེད། མདོ་སྡེ་པའི་རང་ལུགས་ ལྟར་གྱི་དོན་བཤད་པ་ནི། བུམ་པ་རང་འཛིན་མངོན་སུམ་ཚད་མས་སྣང་ཡུལ་དེ་དོན་དང༌། མངོན་སུམ་ཚད་མས་སྣང་ཡུལ་གྱི་དོན་བྱེད་པ་དེ་དོན་བྱེད་པ་དང༌། མངོན་སུམ་ཚད་མས་ སྣང་ཡུལ་གྱི་དོན་བྱེད་ཐུབ་པ་དེ་དོན་བྱེད་ནུས་པ་ཡིན་ནི་རེད། བུམ་པ་རང་རྒྱུ་ལས་སྐྱེས་པ་ ཡིན་པ་དེའི་དོན་ནི། བུམ་པ་དེ་རང་གི་རྒྱུ་ལས་སྐྱེས་པ་ཞིག་ཡིན་བྱས་ནི་རེད། བུམ་པ་སྐད་ ཅིག་མ་ཡིན་པ་དེའི་དོན་ནི། བུམ་པ་དེ་སྐད་ཅིག་དུ་མར་སྡོད་མི་ཐུབ་པའམ་མི་ནུས་པའི་སྐད་ ཅིག་མ་གཅིག་ཅིག་ཡིན་བྱས་ནི་རེད། བུམ་པ་གཟུགས་སུ་རུང་བ་ཡིན་པ་དེའི་དོན་ནི། བུམ་ པ་དེ་འདི་ན་འདིའོ་ཞེས་ངོ་བཙུགས་ན་བཙུགས་རུང་བའམ་བཙུགས་ཆོག་པ་ཞིག་ཡིན་བྱས་ ནི་རེད། བུམ་པ་རྡུལ་དུ་གྲུབ་པ་ཡིན་པ་དེའི་དོན་ནི། བུམ་པ་དེ་རྡུལ་དུ་གྱུར་པའམ་རྡུལ་རྫས་ ཡིན་པ་ཞིག་ཡིན་བྱས་ནི་རེད། བུམ་པ་ལྟོ་ལྡིར་བ་ཡིན་པ་དེའི་དོན་ནི། བུམ་པ་དེ་འཇིག་རྟེན་ ན་ལྟོ་ལྡིར་བ་ཞེས་བཞག་པའི་ལྟོ་ལྡིར་བ་དེ་ཡིན་བྱས་ནི་རེད། བུམ་པ་བུམ་པའི་ལྡོག་པ་ཡིན་ པ་དེའི་དོན་ནི་བུམ་པ་དེ་བུམ་པ་རང་གི་ཆ་ཡིན་པའམ་བུམ་པ་རང་གི་ཕྱོགས་ཡིན་པ་ཞིག་ ཡིན་བྱས་ནི་རེད། བུམ་པའི་ལྡོག་པ་ཟེར་རྒྱུ་དེ་ནི། བུམ་པ་དེ་བུམ་པ་རང་གི་ཕྱོགས་ཡིན་པའི་ ཆ་ཙམ་དེ་ཡིན་ནི་རེད། བུམ་པ་ཤེས་བྱ་ཡིན་པའི་ལྡོག་པ་ཟེར་རྒྱུ་དེ་ནི། བུམ་པ་ཤེས་བྱ་ཡིན་ 5-1-173 པ་དེ་བུམ་པ་ཤེས་བྱ་ཡིན་པ་རང་གི་ཕྱོགས་ཡིན་པའི་ཚ་ཙམ་དེ་ཡིན་ནི་རེད། དེས་ཡོད་པ་ སོགས་ལ་འགྲེས། བུམ་པའི་ལྡོག་པ་བུམ་པའི་ལྡོག་པ་མིན་ནི་རེད། བུམ་པའི་ལྡོག་པ་བུམ་ པའི་ལྡོག་པ་མིན་ནས་རྒྱུ་མཚན་གང་ཡིན་ཟེར་ན། བུམ་པའི་ལྡོག་པ་བུམ་པའི་ལྡོག་པ་མིན་ ནས་རྒྱུ་མཚན་ནི། བུམ་པའི་ལྡོག་པ་ཟེར་རྒྱུའི་སྒྲ་དེས། བུམ་པ་དེ་བུམ་པ་རང་གི་ཕྱོགས་ཡིན་ ཆ་ཙམ་དེ་ཟིན་ནི་རེད། དེ་བས་བུམ་པ་དངོས་དེ་ཟིན་ནི་མ་རེད། སྒྲ་དེའི་རྗེས་སུ་འབྲང་བའི་ རྟོག་པས་ཀྱང༌། བུམ་པ་དེ་བུམ་པ་རང་གི་ཕྱོགས་ཡིན་ཆ་ཙམ་དེ་བཟུང་ནི་རེད། དེ་བས་བུམ་ པ་དངོས་དེ་བཟུང་ནི་མ་རེད། དེ་འདྲའི་སྒྲ་དང་རྟོག་པས་བཟུང་རྒྱུའི་བུམ་པ་རང་གི་ཕྱོགས་ ཡིན་ཆ་ཙམ་དེ་ནི་ལྟོ་ལྡིར་བའི་རྣམ་པའི་བུམ་པ་དངོས་དེ་མིན་ནི་རེད། དེ་མིན་ན་བུམ་པ་རང་ གི་ཕྱོགས་ཡིན་ཆ་ཙམ་དེ་རང་ཉིད་རང་གི་ཕྱོགས་ཡིན་རྒྱུ་དེ་ནི་བུམ་པ་དངོས་ཀྱི་ཕྱོགས་ཡིན་ ལུགས་ཡོད་ནི་མ་རེད། རྒྱུ་མཚན་དེའི་ཕྱིར་ན། བུམ་པའི་ལྡོག་པ་བུམ་པའི་ལྡོག་པ་མིན་ནི་ རེད། འོ་ན་དེ་གང་གི་ལྡོག་པ་ཡིན་ཟེར་ན། བུམ་པའི་ལྡོག་པ་དེ་བུམ་པའི་ལྡོག་པའི་ལྡོག་པ་ ཡིན་ནི་རེད། དེ་ཡིན་ནས་རྒྱུ་མཚན་གང་ཡིན་ཟེར་ན། དེ་ཡིན་ནས་རྒྱུ་མཚན་ནི། བུམ་པའི་ ལྡོག་པ་ཟེར་རྒྱུའི་སྒྲ་རྟོག་གིས། བུམ་པ་རང་གི་ཕྱོགས་ཡིན་ཆ་ཙམ་དེ་ཟིན་རྒྱུ་དེ་ནི། གཞན་ གང་ལའང་མི་ཟིན་པ་ཞིག་ཡིན་ན། དེ་འདྲའི་ཕྱོགས་ཆ་ཙམ་དེ་ནི་བུམ་པའི་ལྡོག་པ་ཟེར་རྒྱུ་དེ་ ཡིན་ནི་གི དེ་ནི་རང་ཉིད་ཀྱི་ཕྱོགས་ཁོ་ན་ལས་གཞན་བུམ་པ་དངོས་ཀྱི་ཕྱོགས་ཙམ་ཡང་མ་ ཡིན་ནི་རེད། རྒྱུ་མཚན་དེའི་ཕྱིར་ན། བུམ་པའི་ལྡོག་པ་དེ་བུམ་པའི་ལྡོག་པའི་ལྡོག་པ་ཡིན་ནི་ རེད། རྒྱས་ན་དེ་འདྲའི་སྒོ་ནས་ཀྱང་ཐུག་མེད་དུ་བརྩེགས་ལ། དེ་ཙམ་མི་ནུས་ན། འདི་ལྟར་ བརྩེགས་ཏེ། བུམ་པའི་ལྡོག་པ་བུམ་པའི་ལྡོག་པ་མིན་ནི་རེད། བུམ་པའི་ལྡོག་པ་དེ་བུམ་པའི་ ལྡོག་པའི་ལྡོག་པ་ཡིན་ནི་རེད། བུམ་པའི་ལྡོག་པའི་ལྡོག་པ་དེ་བུམ་པའི་ལྡོག་པའི་ལྡོག་པ་ མིན་ནི་རེད། བུམ་པའི་ལྡོག་པའི་ལྡོག་པ་དེ་བུམ་པའི་ལྡོག་པའི་ལྡོག་པའི་ལྡོག་པ་ཡིན་ནི་ 5-1-174 རེད། དེ་སོགས་བློ་བྱང་བའི་ཆེད་དུ་ཐུག་མེད་དུ་བརྩེགས་ཚུལ་ཤེས་པར་བྱའོ། །བུམ་པ་སྐྱེ་བ་ ཡིན་པ་དེའི་དོན་ནི། བུམ་པ་དེ་སྔར་མེད་གསར་དུ་སྐྱེ་བ་ཞིག་ཡིན་བྱས་ནི་རེད། སྐྱེ་བ་སྐྱེས་པ་ མི་འདྲ། བུམ་པ་རྒ་བ་ཡིན་པ་དེའི་དོན་ནི། བུམ་པ་དེ་ཡུན་ལོན་རྒྱུའམ་ཡུན་ལོན་པ་ཞིག་ཡིན་ བྱས་ནི་རེད། དེ་ཡང་ཅི་ལྟར་ཡིན་ཟེར་ན། བུམ་པ་སྐད་ཅིག་དང་པོ་དེ་རང་དུས་སྐད་ཅིག་ གཉིས་པ་ཕན་ཆད་དུ་ཡུན་ཇེ་ལོན་དུ་འགྲོ་རྒྱུ་ཡིན་པ་དེ་བུམ་པ་སྐད་ཅིག་དང་པོའི་སྟེང་གི་རྒ་ བ་རེད། བུམ་པ་སྐད་ཅིག་གཉིས་པ་དེ་རང་དུས་སྐད་ཅིག་དང་པོ་ལས་ཡུན་ཇེ་ལོན་དུ་སོང་བ་ ཡིན་པ་དེ་བུམ་པ་སྐད་ཅིག་གཉིས་པའི་སྟེང་གི་རྒ་བ་རེད། བུམ་པ་སྐད་ཅིག་གསུམ་པ་ཕན་ ཆད་དེ་རང་དུས་སྐད་ཅིག་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་རྣམས་ཡུན་ཇེ་ལོན་དུ་སོང་བ་ཡིན་པ་ དེ་བུམ་པ་སྐད་ཅིག་གསུམ་པ་ཕན་ཆད་ཀྱི་སྟེང་གི་རྒ་བ་རེད། བུམ་པ་དེ་རང་གི་དངོས་པོ་སྔ་ མ་ལས་ཕྱི་མ་རྒྱུན་ཇེ་ངན་དུ་སོང་བ་དེ་རྒྱུན་ཉམས་པའི་རྒ་བ་རེད། འདི་སངས་རྒྱས་ཀྱི་སྐུ་ གཟུགས་སོགས་འདུས་བྱས་འགའ་ཞིག་ལ་མེད། སྤྱིར་རྒ་བ་རྒས་པ་གཉིས་ཀྱང་མི་འདྲའོ།། བུམ་པ་གནས་པ་ཡིན་པ་དེའི་དོན་ནི། བུམ་པ་དེ་རང་དུས་སྐད་ཅིག་མར་གནས་པ་དང་རྒྱུན་ གྱི་གནས་པ་ཞིག་ཡིན་བྱས་ནི་རེད། བུམ་པ་སྐད་ཅིག་དང་པོ་དེ་རང་དུས་སྐད་ཅིག་དང་པོ་ ཙམ་དུ་གནས་པ་ཞིག་ཡིན་ནི་རེད། བུམ་པ་སྐད་ཅིག་གཉིས་པ་དེ་རང་དུས་སྐད་ཅིག་གཉིས་ པ་ཙམ་དུ་གནས་པ་ཞིག་ཡིན་ནི་རེད། དེས་སྐད་ཅིག་གསུམ་པ་སོགས་ལ་འགྲེས་སྦྱར་བ་ནི་ སྐད་ཅིག་མའི་གནས་པ་རེད། བུམ་པ་དེ་སྐྱེས་ནས་ལོ་བརྒྱའི་བར་དུ་གནས་རྒྱུ་ཞིག་ཡིན་ན་དེ་ འདྲའི་བུམ་པ་དེ་དང་པོ་སྐྱེས་པ་ནས་བཟུང་སྟེ་ལོ་བརྒྱའི་བར་དུ་རྒྱུན་གནས་པ་དེ་རྒྱུན་ཆགས་ ནས་གནས་པའི་དོན་ཡིན་ནི་རེད། དེས་དངོས་པོ་གཞན་ལའང་ཤེས་པར་བྱ་དགོས། བུམ་པ་ འཇིག་པ་ཡིན་པ་དེའི་དོན་ནི། བུམ་པ་དེ་རང་དུས་སྐད་ཅིག་གཉིས་པར་སྡོད་མི་ཐུབ་པར་ འཇིག་འགྲོ་རྒྱུ་ཞིག་ཡིན་བྱས་ནི་རེད། འདི་གོང་གི་མི་རྟག་པ་དང་འདྲ། རྟོག་ངོར་བུམ་པའི་ཆ་ 5-1-175 འདྲ་ཤར་བ་དེ་བུམ་པའི་དོན་སྤྱི་རེད། རྟོག་ངོར་བུམ་པ་ཤེས་བྱ་ཡིན་པའི་ཆ་འདྲ་ཤར་བ་དེ་ བུམ་པ་ཤེས་བྱ་ཡིན་པའི་དོན་སྤྱི་རེད། དེས་གོང་སྨོས་རྣམས་ལ་འགྲེས། ཡང་ན་རྟོག་ངོར་ བུམ་པ་མ་ཡིན་པ་ལས་ལོག་པར་སྣང་བ་དེ་བུམ་པའི་དོན་སྤྱི་རེད། བུམ་པ་ཤེས་བྱ་མ་ཡིན་པ་ ལས་ལོག་པར་སྣང་བ་དེ་བུམ་པ་ཤེས་བྱ་ཡིན་པའི་དོན་སྤྱི་རེད། དེས་ཀྱང་ཡོད་པ་སོགས་ ཀུན་ལ་འགྲེས་པའང་གོང་དང་ཁྱད་མེད། ད་ནི་ལྡོག་ཆ་དེ་དག་ཐ་དད་དང་རྫས་གྲུབ་ཡིན་ མིན་གྱི་དོན་ལ་འདི་ལྟར་དཔྱད་པར་བྱ་བ་སྟེ། དེ་ཡང་དང་པོ་རང་གི་བློ་ངོར་བུམ་པ་དང་ཤེས་ བྱ་གཉིས་ལེགས་པར་འཆར་དུ་བཅུག་ནི་རེད། དེ་ལྟར་འཆར་དུ་བཅུག་ཚེ་དེ་གཉིས་བློ་ངོར་ གསལ་བར་འཆར་འོང་ནི་རེད། དེ་ལྟར་འཆར་ཚེ་བུམ་པ་དང་ཤེས་བྱ་གཉིས་བློ་ངོར་ཐ་དད་ དུ་འཆར་གིན་ཡོད་གི་ཏ། དེ་གཉིས་ཐ་མི་དད་དུ་འཆར་གི་ཡོད་བརྟགས་ནི་རེད། དེ་ལྟར་ བརྟགས་དུས་དེ་བུམ་པ་དང་ཤེས་བྱ་གཉིས་བློ་ངོར་ཐ་དད་དུ་འཆར་འོང་བ་དེ་གོ་ནི་རེད། ཡང་བུམ་པ་དང་ཤེས་བྱ་གཉིས་ཐ་དད་དུ་ཤར་ན་དེ་གཉིས་རྫས་གྲུབ་ཞིག་ཡིན་པའི་སྒོ་ནས་ ཐ་དད་དུ་འཆར་གིན་ཡོ༷ད་གི་ཏ། རྫས་སུ་མ་གྲུབ་པའི་ཐ་དད་དུ་འཆར་གི་ཡོད་བརྟགས་ནི་ རེད། དེ་བརྟགས་དུས་དེ་བུམ་པ་དང་ཤེས་བྱ་གཉིས་རྫས་སུ་གྲུབ་པའི་ཐ་དད་དུ་འཆར་གི་ ཡོད་ནི་དེ་གོ་འོང་ནི་རེད། ཡང་བུམ་པ་དང་ཤེས་བྱ་གཉིས་རྫས་སུ་གྲུབ་པའི་ཐ་དད་དུ་ཤར་ ན་དེ་གཉིས་ཐུན་མོང་གི་རྫས་ཞིག་གིས་གྲུབ་ནི་ཞིག་འཆར་གི་སོ། ཐུན་མོང་མ་ཡིན་པའི་རང་ རང་གི་སྒོས་རྫས་ཞིག་གིས་གྲུབ་ནི་ཞིག་འཆར་གི་ཡོད་བརྟགས་ནི་རེད། དེ་བརྟགས་དུས་དེ་ བུམ་པ་དང་ཤེས་བྱ་གཉིས་རང་རང་གི་སྒོས་རྫས་ཞིག་གིས་གྲུབ་ཡོད་པར་འཆར་འོང་བ་དེ་ གོ་ནི་རེད། ཡང་བུམ་པ་དང་ཤེས་བྱ་གཉིས་རང་རང་གི་སྒོས་རྫས་ཞིག་གིས་གྲུབ་ཡོད་པར་ ཤར་ན་སྒོས་རྫས་ཇི་ལྟ་བུ་ཞིག་གིས་གྲུབ་ཡོད་པར་འཆར་གྱིན་ཡོད་བརྟགས་ནི་རེད། དེ་ བརྟགས་དུས་དེ་བུམ་པ་དང་ཤེས་བྱ་གཉིས་ཀྱི་ནང་གི་བུམ་པ་དེ་བུམ་པ་ཟེར་རྒྱུའི་སྒོས་རྫས་ 5-1-176 ཞིག་དང༌། ཤེས་བྱ་དེ་ཤེས་བྱ་ཟེར་རྒྱུའི་སྒོས་རྫས་ཞིག་སྟེ་དེ་གཉིས་རྫས་སོ་སོ་བ་རེ་རེས་ གྲུབ་ཡོད་པར་བློ་ངོར་འཆར་འོང་བ་དེ་གོ་ནི་རེད། ཡང་བུམ་པ་དང་ཤེས་བྱ་གཉིས་རྟོག་ངོར་ སྣང་བ་ལྟར་གྱི་གྲུབ་རྫས་སོ་སོ་བ་རེ་རེས་དོན་ལའང་གྲུབ་ཡོད་ན་དེ་ལྟར་དབང་ཤེས་མངོན་ གསུམ་ལའང་སོ་སོར་སྣང་དགོས་གི་ཏ། མི་དགོས་གི་བརྟགས་ནི་རེད། དེ་བརྟགས་དུས་དེ་ དབང་ཤེས་ལའང་དེ་ལྟར་སྣང་དགོས་ནི་ཞིག་ཤར་འོང་བ་དེ་གོ་ནི་རེད། དེ་ཡང་ཇི་ལྟར་ཤར་ ཟེར་ན། འདི་བཞིན་ཤར་ནི་དེ་ཡང་བུམ་པ་དང་ཤེས་བྱ་གཉིས་རྟོག་ངོར་སྣང་བ་ལྟར་གྱི་གྲུབ་ རྫས་སོ་སོ་བ་རེ་རེ་དོན་གྱི་གནས་ཚོད་ལ་ཡོད་ན་མིག་ཤེས་མངོན་སུམ་ལའང་དེ་ལྟར་རྫས་ སོ་སོ་བ་རེ་རེ་སྣང་དགོས་ནི་རེད། དྲི་ཚིག དྲང་ཚིག རྒྱུ་མཚན་ནི། བུམ་པ་དང་ཤེས་བྱ་གཉིས་ རྟོག་ངོར་སྣང་ཚུལ་ནི་དེ་གཉིས་གཟུགས་སྒྲ་དྲི་རོ་རེག་བྱ་ལྔའི་ནང་གི་གཟུགས་ཀྱི་རྫས་ལྟ་བུ་ ཞིག་གིས་སོ་སོར་གྲུབ་པར་སྣང་རྒྱུ་དེ་བས་གཞན་སྒྲ་དྲི་རོ་རེག་བྱ་རྣམས་ཀྱི་རྫས་ཤིག་གིས་ སོ་སོར་གྲུབ་པར་མི་སྣང་ནི་རེད། རྒྱུ་མཚན་དེའི་ཕྱིར་ན་བུམ་པ་དང་ཤེས་བྱ་གཉིས་རྟོག་ངོར་ སྣང་བ་ལྟར་གྱི་གྲུབ་རྫས་སོ་སོ་བ་སོགས་ནས་རེ་རེ་སྣང་དགོས་ནི་རེད། ཞེས་ཁྱབ་སྒྲུབ་བྱ། ད་ནི་དེ་ལྟར་རྟོག་པའི་སྣང་ཚུལ་བཞིན་དོན་ལ་ཡོད་མེད་སོགས་ཀྱི་ཚུལ་བྱེ་བྲག་སྨྲ་བ་དང༌། མདོ་སྡེ་པ་གཉིས་ཀྱི་ལུགས་གཉིས་ཡོད་པའི་ནང་གི་དང་པོ་བྱེ་སྨྲའི་ལུགས་ནི། བུམ་པ་དང་ ཤེས་བྱ་གཉིས་རྟོག་ངོར་སྣང་བ་ལྟར་གྱི་གྲུབ་རྫས་སོ་སོ་བ་ཞིག་དོན་ལ་ཡོད་ཚུལ་མེད་ནི་ རེད། དྲི་ཚིག དྲང་ཚིག རྒྱུ་མཚན་ནི། དེ་གཉིས་རྟོག་ངོར་སྣང་བ་ལྟར་གྱི་རྫས་སོ་སོ་ཞིག་དོན་ གྱི་གནས་ཚུལ་ལ་ཡོད་ན་མིག་ཤེས་མངོན་སུམ་ལའང་སོ་སོར་སྣང་དགོས་གི་ཏ། བུམ་པའི་ རྫས་གཅིག་པུ་དེ་ལས་གཞན་ཤེས་བྱའི་རྫས་ཤིག་སོ་སོ་བར་མི་སྣང་ནི་རེད། རྒྱུ་མཚན་དེའི་ ཕྱིར་ན་བུམ་པ་དང་ཤེས་བྱ་གཉིས། སོགས་ནས། ཡོད་ཚུལ་མེད་ནི་རེད། ཞེས་གསུངས་ནས་ བུམ་པ་ལས་གཞན་པའི་ཤེས་བྱ་ལ་སྒོས་རྫས་ཞིག་མེད་པར་ཐག་བཅད་ནས་གྲུབ་པའི་ 5-1-177 མཐའ་བྱས་ནི་རེད། དེ་ལྟར་རྟོག་ངོར་སྣང་བ་ལྟར་གྱི་སྒོས་རྫས་ཤིག་ཤེས་བྱ་ལ་མེད་ན་སྤྱིར་ བུམ་པ་ལས་ཡན་གར་བའི་བུམ་པ་ཤེས་བྱ་ཡིན་པ་ཞིག་ཡོད་པ་ཡིན་ནམ་ཟེར་ན། སྤྱིར་ཡོད་ པ་ཞིག་ཡིན་ཚད་རྫས་ཤིག་གིས་མ་གྲུབ་པ་མི་སྲིད་པའི་དོན་གྱིས་བུམ་པའི་སྟེང་གི་ཤེས་བྱ་ ཡང་བུམ་པའི་རྫས་ལས་གཞན་པའི་རྫས་ཞིག་མེད་ཚུལ་གོང་ལྟར་ཡིན་ཕྱིར་བུམ་པ་དེ་ལས་ གཞན་ཤེས་བྱ་ཞིག་ལོགས་སུ་ཡོད་ལུགས་མེད་བསམ་ནས། རྫས་སུ་སྣང་ཚུལ་ལྟར་མ་གྲུབ་ ན་བུམ་པའི་སྟེང་གི་ཤེས་བྱ་དེ་བུམ་པ་ལས་ཐ་དད་པ་ཞིག་ཡོད་པ་མིན་ནི་རེད། དྲི་ཚིག དྲང་ ཚིག རྒྱུ་མཚན་ནི། བུམ་པའི་སྟེང་གི་ཤེས་བྱ་དེ་བུམ་པ་ལས་ཐ་དད་པ་ཞིག་ཡོད་ན་སྒོས་རྫས་ སུ་ཡོད་དགོས་ཀྱང་དེ་མེད་པ་ནི་གོང་ལྟར་ཡིན་ནི་རེད། རྫས་སུ་མེད་པ་ཞིག་ལ་ཡོད་པར་ འཇོག་རྒྱུ་མི་རྙེད་ནི་རེད། རྒྱུ་མཚན་དེའི་ཕྱིར་ན་རྫས་སུ་སྣང་ཚུལ་ལྟར་མ་གྲུབ་ན། སོགས་ ནས། ཡོད་པ་མིན་ནི་རེད། ཞེས་ཟེར་རེ་རྫས་སུ་མ་གྲུབ་ན་ཡོད་པར་འཇོག་རྒྱུ་མ་དགོངས་ནི་ རེད། མདོ་སྡེ་པས་བུམ་པ་དང་ཤེས་བྱ་གཉིས་རྟོག་ངོར་སྣང་བ་ལྟར་གྱི་གྲུབ་རྫས་སོ་སོ་བ་ ཞིག་དོན་ལ་ཡོད་ཚུལ་མེད་པར་གོ་བར་བྱེ་སྨྲ་དང་འདྲ་ནི་རེད། དེ་ལྟར་རྫས་སོ་སོ་བར་མེད་ ཀྱང་བུམ་པ་ལས་ལོགས་ཀྱི་ཤེས་བྱ་ཞིག་མེད་མི་དགོས་པར་ཡོད་ཆོག་ནི་རེད། དྲི་ཚིག དྲང་ ཚིག རྒྱུ་མཚན་ནི། སྤྱིར་སྣང་གཞིའི་བུམ་པ་དེ་ཤེས་པར་བྱ་རྒྱུ་ཞིག་ནི་ཡིན་ཡོད་ནི་རེད། དེ་ འདྲའི་ཤེས་བྱའི་ཕྱོགས་ཆ་དེ་རྟོག་པས་བཟུང་དུས་དེ་བུམ་པ་ལས་ཡན་གར་དུ་མ་སྣང་ངེ་སྣང་ ཁ་མ་ཉན་ནི་རེད། དེ་ལྟར་སྣང་འོང་རྒྱུའི་ཤེས་བྱའི་ཕྱོགས་ཙམ་དེ་བུམ་པ་ལས་ཐ་དད་པའི་ རྟོག་བཏགས་ཙམ་ཞིག་ཡོད་ཆོག་ནི་རེད། རྒྱུ་མཚན་དེའི་ཕྱིར་ན། དེ་ལྟར་རྫས་སོ་སོ་བར་ མེད་ཀྱང༌། སོགས་ནས། ཡོད་ཆོག་ནི་རེད། ཅེས་གསུངས་ནས་བུམ་པ་དང་ཤེས་བྱ་གཉིས་ རྫས་སོ་སོ་བར་མེད་ཀྱང་བུམ་པ་ལས་ཐ་དད་པའི་རྟོག་བཏགས་ཙམ་གྱི་ཤེས་བྱ་ཞིག་ཡོད་ པར་འཇོག་རྒྱུ་ཐུགས་ཀྱིས་དགོངས་ནི་རེད། བུམ་པ་ཤེས་བྱ་ཡིན་པ་དེ། བུམ་པ་ལས་ཐ་དད་ 5-1-178 པའི་རྫས་གྲུབ་ཞིག་ཡིན་ནས་འང་རྫས་གྲུབ་ཅིག་སྣང་ནི་མ་རེད། རྫས་གྲུབ་ཞིག་འ་མ་སྣང་ ངེའང་སྣང་ཁ་མ་ཉན་ནི་རེད། དེས་ཡོད་པ་སོགས་བུམ་པའི་སྟེང་གི་ལྡོག་ཆ་ཇི་སྙེད་ཡོད་པ་ རྣམས་ལ་འགྲེས་སོ། །སེམས་ཙམ་པ་ཡན་ཆད་ཀྱི་གྲུབ་མཐའ་གོང་མ་རྣམས་ཀྱིས་བུམ་པ་ ཤེས་བྱ་ཡིན་པ་དེ་སྒོས་ཀྱི་རྫས་མེད་ཀྱང་རྟོག་བཏགས་ཙམ་གྱིས་སྒོ་ནས་ཡོད་པར་འཇོག་པ་ ནི་མདོ་སྡེ་པ་དང་འདྲའོ། ། ༈ ད་ནི་གོང་དུ་བཤད་པའི་ལྡོག་ཆ་དེ་དག་མཚན་མཚོན་དུ་བསྒྲིགས་ཚུལ་ལ་འདི་ལྟར་ ཤེས་པར་བྱ་དགོས་ཏེ། སྤྱིར་མཚན་ཉིད་ནི། རང་གི་མཚན་གཞི་དེའི་སྟེང་དུ་རང་གི་མཚོན་ བྱ་དེ་ཡིན་པར་ཆོས་གཞན་དང་མ་འདྲེས་པར་སོ་སོར་མཚོན་བྱེད་དང་སོ་སོར་གོ་བྱེད་དང་སོ་ སོར་འཇོག་བྱེད་དེ་ཡིན་ནི་རེད། མཚོན་བྱ་ནི། རང་གི་མཚན་གཞིའི་སྟེང་དུ་རང་གི་མཚན་ ཉིད་དེས་རང་ཉིད་མཚོན་བྱ་དེ་ཡིན་པར་ཆོས་གཞན་དང་མ་འདྲེས་པར་སོ་སོར་མཚོན་བྱ་ དང༌། སོ་སོར་གོ་བྱ་དང༌། སོ་སོར་འཇོག་བྱ་དེ་ཡིན་ནི་རེད། མཚན་གཞི་ནི། མཚན་ཉིད་དེས་ རང་གི་མཚོན་བྱ་དེ་ཆོས་གཞན་དང་མ་འདྲེས་པར་སོ་སོར་མཚོན་པར་བྱ་བའི་གཞི་དང༌། སོ་ སོར་གོ་བར་བྱ་བའི་གཞི་དང༌། སོ་སོར་འཇོག་པར་བྱ་བའི་གཞི་ཡིན་ནི་རེད། ཡང་མཚན་ ཉིད་ནི། མཚན་ཉིད་དེས་རང་གི་མཚན་གཞི་དེའི་སྟེང་དུ་རང་གི་མཚོན་བྱ་དེ་ཡིན་པར་མཚོན་ པའི་ཚེ་ཐོག་མར་མཚན་གཞི་དེ་མཚན་ཉིད་དེ་ཡིན་པར་བློ་ལ་ངེས་ཤིང་བཟུང་བའི་སྒོ་ནས་ གཟོད་མཚན་གཞི་དེ་མཚོན་བྱ་དེ་ཡིན་པར་བློ་ལ་ངེས་ཤིང་བཟུང་དགོས་ནི་ཞིག་ཡིན་ནི་རེད། དེ་ཡང་དཔེར་ན་སྣང་གཞི་བུམ་པ་ལྟ་བུ་དེ་ཤེས་བྱ་ཡིན་པར་ངེས་དགོས་པ་ན། ཐོག་མར་ གཞི་བུམ་པ་དེ་བློའི་ཡུལ་དུ་བྱ་རུང་བའམ་བློའི་ཡུལ་དུ་བྱ་ཆོག་པ་ཞིག་ཡིན་པར་བློ་ལ་ཤར་ བའི་སྒོ་ནས་བློའི་ཡུལ་དུ་བྱ་རུང་དེ་ཐོག་མར་ངེས་ཤིང་བཟུང་བའི་རྗེས་སུ་གཟོད་བུམ་པ་དེ་ བློས་ཤེས་པར་བྱ་རྒྱུ་ཞིག་ཡིན་པར་ངེས་ཤིང་བཟུང་དགོས་པ་ལྟ་བུ་དེ་ཡིན་ནི་རེད། དེས་ན་ 5-1-179 སྣང་གཞིའི་ཆོས་ཀ་བུམ་སོགས་ཆོས་གཞན་དང་གཞན་ཡིན་པར་བཟུང་ཚེ་དེ་དང་དེ་བཟུང་ བའི་ཐོག་མར་ཆོས་གཞན་དེ་དང་དེ་ཤར་ནས་ངེས་ཤིང་བཟུང་དགོས་པ་རྣམས་ནི་རང་རང་ གི་མཚན་ཉིད་དེ་དང་དེ་ཡིན་པ་ལ་བློ་བྱང་ཆ་དང་ལྡན་པར་བྱས་ཏེ། བློའི་ཡུལ་དུ་བྱ་རུང༌། ཤེས་བྱའི་མཚན་ཉིད། ཚད་མས་དམིགས་པ་ཡོད་པའི་མཚན་ཉིད། ཚད་མའི་གྲུབ་པ། གཞི་ གྲུབ་ཀྱི་མཚན་ཉིད། ཅེས་སོགས་ནས་གོང་དུ་བཤད་པའི་ལྡོག་ཆ་རྣམས་ལྟོ་ལྡིར་བ་བུམ་པའི་ མཚན་ཉིད་ཀྱི་བར་ལ་ཤེས་པར་བྱ་དགོས་ནི་རེད། མཚན་ཉིད་ཐམས་ཅད་རྫས་ཡོད་ཆོས་ གསུམ་ཚང་བ་ཡིན། མཚོན་བྱ་ཐམས་ཅད་བཏགས་ཡོད་ཆོས་གསུམ་ཚང་བ་ཡིན། མཚན་ ཉིད་ལ་མཚན་ཉིད་མེད། མཚོན་བྱ་ལ་མཚོན་བྱ་མེད། མཚན་ཉིད་གཅིག་ལ་མཚོན་བྱ་གཅིག་ ལས་མེད། མཚོན་བྱ་གཅིག་ལ་མཚན་ཉིད་གཅིག་ལས་མེད་པ་ཡིན་ནོ། ། རྫས་ཡོད་ཆོས་གསུམ་ངོས་འཛིན་ཚུལ་ནི། སྤྱིར་མཚན་ཉིད་ཡིན་པ། རང་གི་མཚན་ གཞིའི་སྟེང་དུ་གྲུབ་པ་ཡིན་པ། རང་གི་མཚོན་བྱ་ལས་གཞན་པའི་མཚན་ཉིད་མི་བྱེད་པ་དང་ གསུམ་དེ་ཡིན་ནི་རེད། ཤེས་བྱའི་རྫས་ཡོད་ཆོས་གསུམ་ནི། སྤྱིར་ཤེས་བྱའི་མཚན་ཉིད་ཡིན་ པ། རང་གི་མཚན་གཞི་ཀ་བ་བུམ་པ་སོགས་ཀྱི་སྟེང་དུ་གྲུབ་པ་ཡིན་པ། རང་གི་མཚོན་བྱ་ཤེས་ བྱ་ལས་གཞན་པའི་མཚན་ཉིད་མི་བྱེད་པ་དང་གསུམ་དེ་ཡིན་ནི་རེད། དེ་ལྟ་བུའི་ཤེས་བྱའི་ རྫས་ཡོད་ཆོས་གསུམ་ཚང་བ་དེ་གང་ཡིན་ཟེར་ན། ཤེས་བྱའི་རྫས་ཡོད་ཆོས་གསུམ་ཚང་བ་ དེ་ནི་འདི་ལྟར་ཡིན་པར་ཤེས་དགོས་ནི་རེད། དེ་ཡང་བློའི་ཡུལ་དུ་བྱ་རུང་དེ་ཤེས་བྱའི་རྫས་ ཡོད་ཆོས་གསུམ་ཚང་བ་ཡིན་ནི་རེད། དྲི་ཚིག དྲང་ཚིག རྒྱུ་མཚན་ནི། བློའི་ཡུལ་དུ་བྱ་རུང་དེ་ སྤྱིར་ཤེས་བྱའི་མཚན་ཉིད་ཡིན་པ། རང་གི་མཚན་གཞི་ཀ་བུམ་སོགས་ཀྱི་སྟེང་དུ་གྲུབ་པ་ཡིན་ པ། རང་གི་མཚོན་བྱ་ཤེས་བྱ་ལས་གཞན་པའི་མཚན་ཉིད་མི་བྱེད་པ་དང་གསུམ་པོ་དེ་ཡིན་ ཡོད་ནི་རེད། རྒྱུ་མཚན་དེའི་ཕྱིར་ན་བློའི་ཡུལ་དུ་བྱ་རུང་དེ་ཤེས་བྱའི་རྫས་ཡོད་ཆོས་གསུམ་ 5-1-180 ཚང་བ་ཡིན་ནི་རེད། བཏགས་ཡོད་ཆོས་གསུམ་ངོས་འཛིན་ཚུལ་ནི་སྤྱིར་མཚོན་བྱ་ཡིན་པ། རང་གི་མཚན་གཞིའི་སྟེང་དུ་གྲུབ་པ་ཡིན་པ། རང་གི་མཚན་ཉིད་ལས་གཞན་པའི་མཚོན་བྱ་ མི་བྱེད་པ་དང་གསུམ་དེ་ཡིན་ནི་རེད། བློའི་ཡུལ་དུ་བྱ་རུང་གི་བཏགས་ཡོད་ཆོས་གསུམ་ནི། སྤྱིར་བློའི་ཡུལ་དུ་བྱ་རུང་གི་མཚོན་བྱ་ཡིན་པ། རང་གི་མཚན་གཞི་ཀ་བུམ་སོགས་ཀྱི་སྟེང་ དུ་གྲུབ་པ་ཡིན་པ་རང་གི་མཚན་ཉིད་བློའི་ཡུལ་དུ་བྱ་རུང་གི་མཚོན་བྱ་བྱེད་པ་ལས། ཆོས་ གཞན་གང་གི་ཡང་མཚོན་བྱ་མི་བྱེད་པ་དང་གསུམ་དེ་ཡིན་ནི་རེད། དེ་ལྟ་བུའི་བློའི་ཡུལ་དུ་ བྱ་རུང་གི་བཏགས་ཡོད་ཆོས་གསུམ་དེ་གང་ལ་ཚང་ཟེར་ན། འདི་ལྟར་ཚང་ཚུལ་ཤེས་དགོས་ ནི་རེད། ཤེས་བྱ་དེ་བློའི་ཡུལ་དུ་བྱ་རུང་གི་བཏགས་ཡོད་ཆོས་གསུམ་ཚང་བ་ཡིན་ནི་རེད། དྲི་ ཚིག དྲང་ཚིག རྒྱུ་མཚན་ནི། ཤེས་བྱ་དེ་སྤྱིར་བློའི་ཡུལ་དུ་བྱ་རུང་གི་མཚོན་བྱ་ཡིན་པ། རང་ གི་མཚན་གཞི་ཀ་བུམ་སོགས་ཀྱི་སྟེང་དུ་གྲུབ་པ་ཡིན་པ། རང་གི་མཚན་ཉིད་བློའི་ཡུལ་དུ་ བྱ་རུང་གི་མཚོན་བྱ་བྱེད་པ་ལས་ཆོས་གཞན་གང་གི་ཡང་མཚོན་བྱ་མི་བྱེད་པ་དང་གསུམ་པོ་ དེ་ཡིན་ཡོད་ནི་རེད། རྒྱུ་མཚན་དེའི་ཕྱིར་ན་ཤེས་བྱ་དེ་བློའི་ཡུལ་དུ་བྱ་རུང་གི་བཏགས་ཡོད་ ཆོས་གསུམ་ཚང་བ་ཡིན་ནི་རེད། དེ་ལྟར་བཤད་པའི་དོན་རྣམས་སེམས་ལ་ངེས་པར་བྱས་ཏེ་ མཚན་མཚོན་བརྩེགས་ཚུལ་འདི་བཞིན་ཤེས་པར་བྱེད་པ་དེ་ལ་ཡང་ཐོག་མར་ཤེས་བྱ་དང་ བློའི་ཡུལ་དུ་བྱ་རུང་གཉིས་ལ་སྦྱར་ནས་བཤད་ན། སྤྱིར་ཀ་བུམ་ལ་སོགས་པ་ཆོས་གང་དང་ གང་ཡིན་ཀྱང་དེ་དག་བློའི་ཡུལ་དུ་བྱ་རུང་ཡིན་པའི་དོན་གྱིས་ཤེས་བྱ་ཡིན་པར་བཞག་ནི་ རེད། དེ་ཡང་སྣང་གཞི་ཀ་བུམ་ལ་སོགས་པའི་ཆོས་དེ་དག་བློའི་ཡུལ་དུ་བྱ་རུང་ཡིན་པའི་དོན་ གྱིས་ཤེས་བྱ་ཡིན་པར་མཚོན་པ་ན་དེ་ལྟར་མཚོན་པའི་བློ་ངོར་བློའི་ཡུལ་དུ་བྱ་རུང་དེ་ཡུལ་ ཅན་ལ་ཚུར་ཉེ་བ་དང་སྔར་ནས་ཡོད་པའི་རྫས་ཡོད་ལྟ་བུ་ཞིག་ཏུ་སྣང་བས་ན་མཚན་ཉིད་ལ་ རྫས་ཡོད་དང༌། ཤེས་བྱ་དེ་ཡུལ་ལ་ཕར་ཉེ་བ་དང་གསར་དུ་བཞག་པའི་བཏགས་ཡོད་ལྟ་ 5-1-181 བུར་སྣང་བ་ཡིན་ཕྱིར་མཚོན་བྱ་ལ་བཏགས་ཡོད་ཅེས་ཟེར་བ་ཡིན་ནི་རེད། སྐབས་འདིའི་ རྫས་བཏགས་དང་སྤྱིར་གྱི་རྫས་བཏགས་གཉིས་མི་འདྲའོ། ། གོང་ལྟར་ད་ནི་མཚན་མཚོན་བརྩེགས་ཚུལ་དངོས་ལ་འཇུག་པའི་ཚུལ་ནི། སྤྱིར་མཚན་ མཚོན་གཞི་གསུམ་ལྡོག་པས་ཕྱེ་ཚུལ། དེ་གསུམ་གྱི་ངོས་འཛིན་ཚུལ། མིན་སྒྲུབ་ཡིན་སྒྲུབ་ རྣམས་ཀྱི་སྒོ་ནས་འདིར་བཤད་པར་བྱ་སྟེ། དེ་ཡང་འདི་ལྟར་ཤེས་པར་བྱ་དགོས་ནི་རེད། བློའི་ ཡུལ་དུ་བྱ་རུང་ཤེས་བྱའི་མཚན་ཉིད། ཀ་བུམ་ལ་སོགས་པའི་ཆོས་ཐམས་ཅད་ཀྱི་སྟེང་དུ་བློའི་ ཡུལ་དུ་བྱ་རུང་ཡིན་ཆ་ཞིག་ཏ། ཤེས་བྱ་ཡིན་ཆ་ཞིག་གཉིས་ཕྱེས་ནི་རེད། བློའི་ཡུལ་དུ་བྱ་རུང་ དེ་མཚན་ཉིད་རེད། གང་གི་མཚན་ཉིད་ཡིན་ན་ཤེས་བྱའི་མཚན་ཉིད་རེད། ཤེས་བྱ་དེ་མཚོན་ བྱ་རེད། གང་གི་མཚོན་བྱ་ཡིན་ན་བློའི་ཡུལ་དུ་བྱ་རུང་གི་མཚོན་བྱ་རེད། ཀ་བུམ་ལ་སོགས་ པའི་ཆོས་ཐམས་ཅད་དེ་མཚན་གཞི་རེད། གང་གི་མཚན་གཞི་ཡིན་ན་ཤེས་བྱའི་མཚན་གཞི་ རེད། དེ་གསུམ་མཚན་མཚོན་གཞི་གསུམ་ཞིག་ཡིན་ནི་རེད། དེ་ལས་བློའི་ཡུལ་དུ་བྱ་རུང་དེ། ཤེས་བྱའི་རྫས་ཡོད་ཆོས་གསུམ་ཚང་བ་ཡིན་ཚུལ་གོང་གི་ཡིན་སྒྲུབ་བྱས་པ་དེས་བློ་ལ་ངེས་ པར་བྱས་ཏེ་འདིར་ཡང་མཚན་མཚོན་གཞི་གསུམ་དུ་བསྒྲིགས་པར་བྱ་སྟེ། བློའི་ཡུལ་དུ་བྱ་ རུང་གི་སྟེང་དུ་ཤེས་བྱའི་རྫས་ཡོད་ཆོས་གསུམ་ཚང་བ་ཡིན་ཆ་ཞིག་ཏ། ཤེས་བྱའི་མཚན་ཉིད་ ཡིན་ཆ་ཞིག་གཉིས་ཕྱེས་ནི་རེད། ཤེས་བྱའི་རྫས་ཡོད་ཆོས་གསུམ་ཚང་བ་དེ་མཚན་ཉིད་རེད། གང་གི་མཚན་ཉིད་ཡིན་ན་ཤེས་བྱའི་མཚན་ཉིད་ཀྱི་མཚན་ཉིད་རེད། ཤེས་བྱའི་མཚན་ཉིད་དེ་ མཚོན་བྱ་རེད། གང་གི་མཚོན་བྱ་ཡིན་ན་ཤེས་བྱའི་རྫས་ཡོད་ཆོས་གསུམ་ཚང་བའི་མཚོན་བྱ་ རེད། བློའི་ཡུལ་དུ་བྱ་རུང་དེ་མཚན་གཞི་རེད། གང་གི་མཚན་གཞི་ཡིན་ན་ཤེས་བྱའི་མཚན་ ཉིད་ཀྱི་མཚན་གཞི་རེད། དེ་གསུམ་མཚན་མཚོན་གཞི་གསུམ་ཞིག་ཡིན་ནི་རེད། ཤེས་བྱའི་ རྫས་ཡོད་ཆོས་གསུམ་ཚང་བ་ཤེས་བྱའི་རྫས་ཡོད་ཆོས་གསུམ་ཚང་བ་མིན་ནི་རེད། དྲི་ཚིག 5-1-182 དྲང་ཚིག རྒྱུ་མཚན་ནི། ཤེས་བྱའི་རྫས་ཡོད་ཆོས་གསུམ་ཚང་བ་དེ་སྤྱིར་ཤེས་བྱའི་མཚན་ཉིད་ མིན་ནི་རེད། རང་གི་མཚོན་བྱ་ཤེས་བྱ་ལས་གཞན་པའི་མཚན་ཉིད་མི་བྱེད་པ་ཞིག་ཀྱང་མིན་ ནི་རེད། རང་གི་མཚན་གཞི་ཀ་བུམ་སོགས་ཀྱི་སྟེང་དུ་གྲུབ་པ་མིན་ནི་རེད། རྒྱུ་མཚན་དེའི་ ཕྱིར་ན་ཤེས་བྱའི་རྫས་ཡོད་ཆོས་གསུམ་ཚང་བ། སོགས་ནས། ཁྱབ་སྒྲུབ་བྱ། འོ་ན་ཤེས་བྱའི་ རྫས་ཡོད་ཆོས་གསུམ་ཚང་བ་དེ་གང་གི་རྫས་ཡོད་ཆོས་གསུམ་ཚང་བ་ཡིན་ཟེར་ན། ཤེས་བྱའི་ རྫས་ཡོད་ཆོས་གསུམ་ཚང་བ་དེ་ཤེས་བྱའི་མཚན་ཉིད་ཀྱི་རྫས་ཡོད་ཆོས་གསུམ་ཚང་བ་ཡིན་ ནི་རེད། དྲི་ཚིག དྲང་ཚིག རྒྱུ་མཚན་ནི། ཤེས་བྱའི་རྫས་ཡོད་ཆོས་གསུམ་ཚང་བ་དེ། སྤྱིར་ ཤེས་བྱའི་མཚན་ཉིད་ཀྱི་མཚན་ཉིད་ཡིན་ནི་རེད། རང་གི་མཚོན་བྱ་ཤེས་བྱའི་མཚན་ཉིད་ཀྱི་ མཚན་ཉིད་བྱེད་པ་ལས་ཆོས་གཞན་གང་གི་ཡང་མཚན་ཉིད་མི་བྱེད་པ་ཞིག་ཀྱང་ཡིན་ནི་རེད། རང་གི་མཚན་གཞི་བློའི་ཡུལ་དུ་བྱ་རུང་གི་སྟེང་དུ་གྲུབ་པ་ཡིན་ནི་རེད། རྒྱུ་མཚན་དེའི་ཕྱིར་ན་ ཤེས་བྱའི་རྫས་ཡོད་ཆོས་གསུམ་ཚང་བ་དེ། སོགས་ནས། ཡིན་ནི་རེད། ཞེས་ཁྱབ་སྒྲུབ་བྱ། ཤེས་བྱའི་མཚན་ཉིད་ཀྱི་རྫས་ཡོད་ཆོས་གསུམ་ཚང་བ་ཤེས་བྱའི་མཚན་ཉིད་ཀྱི་མཚན་ཉིད་ཀྱི་ མཚན་ཉིད། ཤེས་བྱའི་རྫས་ཡོད་ཆོས་གསུམ་ཚང་བའི་སྟེང་དུ་ཤེས་བྱའི་མཚན་ཉིད་ཀྱི་རྫས་ ཡོད་ཆོས་གསུམ་ཚང་བ་ཡིན་ཆ་ཞིག་ཏ། ཤེས་བྱའི་མཚན་ཉིད་ཀྱི་མཚན་ཉིད་ཡིན་ཆ་ཞིག་ གཉིས་ཕྱེ་ནི་རེད། ཤེས་བྱའི་མཚན་ཉིད་ཀྱི་རྫས་ཡོད་ཆོས་གསུམ་ཚང་བ་དེ་མཚན་ཉིད་རེད། གང་གི་མཚན་ཉིད་ཡིན་ན་ཤེས་བྱའི་མཚན་ཉིད་ཀྱི་མཚན་ཉིད་ཀྱི་མཚན་ཉིད་རེད། ཤེས་ བྱའི་མཚན་ཉིད་ཀྱི་མཚན་ཉིད་དེ་མཚོན་བྱ་རེད། གང་གི་མཚོན་བྱ་ཡིན་ན་ཤེས་བྱའི་མཚན་ ཉིད་ཀྱི་རྫས་ཡོད་ཆོས་གསུམ་ཚང་བའི་མཚོན་བྱ་རེད། ཤེས་བྱའི་རྫས་ཡོད་ཆོས་གསུམ་ཚང་ བ་དེ་མཚན་གཞི་རེད། གང་གི་མཚན་གཞི་ཡིན་ན་ཤེས་བྱའི་མཚན་ཉིད་ཀྱི་མཚན་ཉིད་ཀྱི་ མཚན་གཞི་རེད། དེས་ན་དེ་གསུམ་མཚན་མཚོན་གཞི་གསུམ་ཞིག་ཡིན་ནི་རེད། ཡང་ཤེས་ 5-1-183 བྱའི་མཚན་ཉིད་ཀྱི་རྫས་ཡོད་ཆོས་གསུམ་ཚང་བ་དེ་ཤེས་བྱའི་མཚན་ཉིད་ཀྱི་རྫས་ཡོད་ཆོས་ གསུམ་ཚང་བ་མིན་པ་ལ། དྲི་ཚིག དྲང་ཚིག་གི་སྒོ་ནས་མིན་སྒྲུབ་གོང་བཞིན་དང༌། འོ་ན་ཤེས་ བྱའི་མཚན་ཉིད་ཀྱི་རྫས་ཡོད་ཆོས་གསུམ་ཚང་བ་དེ། གང་གི་རྫས་ཡོད་ཆོས་གསུམ་ཚང་བ་ ཡིན་ཟེར་ན། དེ་ནི་ཤེས་བྱའི་མཚན་ཉིད་ཀྱི་མཚན་ཉིད་ཀྱི་རྫས་ཡོད་ཆོས་གསུམ་ཚང་བ་ཡིན་ པ་ལ་ཡིན་སྒྲུབ་ཀྱང་གོང་ལྟར་དུ་བྱས་ནས་ཤེས་བྱའི་མཚན་ཉིད་ཀྱི་རྫས་ཡོད་ཆོས་གསུམ་ ཚང་བའི་སྟེང་དུ་བརྩེགས་པ་སོགས་དེ་འདྲའི་སྒོ་ནས་ཐུག་མེད་དུ་བརྩེགས་ཚུལ་ལ་བློ་བྱང་ ཆུབ་པ་ཞིག་བྱ་དགོས། ཡང་ཤེས་བྱའི་མཚན་ཉིད་ཀྱི་སྟེང་དུ་བརྩེགས་ཚུལ་ནི། ཤེས་བྱའི་ མཚན་ཉིད་ཤེས་བྱའི་མཚན་ཉིད་མིན་ནི་རེད། དྲི་ཚིག དྲང་ཚིག རྒྱུ་མཚན་ནི། ཤེས་བྱའི་ མཚན་ཉིད་ཅེས་པའི་སྒྲ་རྟོག་གིས་བློའི་ཡུལ་དུ་བྱ་རུང་དེ་ཤེས་བྱའི་མཚན་ཉིད་ཡིན་ཆ་ཙམ་དེ་ ཟིན་རྒྱུ་དེ་བས། ཤེས་བྱའི་མཚན་ཉིད་ཡིན་པར་གྱུར་པའི་བློའི་ཡུལ་དུ་བྱ་རུང་དངོས་དེ་ཟིན་ ནི་མ་རེད། དེ་འདྲའི་སྒྲ་རྟོག་གིས་ཟིན་རྒྱུའི་ཤེས་བྱའི་མཚན་ཉིད་ཡིན་ཆ་ཙམ་དེ་ནི་དོན་གྱི་ ཤེས་བྱའི་མཚན་ཉིད་ཡིན་པ་མ་ཟད། སྤྱིར་མཚན་ཉིད་ཙམ་ཡང་མ་ཡིན་པར་མཚོན་བྱ་ཞིག་ ཡིན་ནི་རེད། རྒྱུ་མཚན་དེའི་ཕྱིར་ན་ཤེས་བྱའི་མཚན་ཉིད་ཤེས་བྱའི་མཚན་ཉིད་མིན་ནི་རེད། འོ་ན་ཤེས་བྱའི་མཚན་ཉིད་དེ། སྤྱིར་མཚན་ཉིད་ཅིག་ཡིན་ནམ་མིན་ཟེར་ན། ཤེས་བྱའི་མཚན་ ཉིད་ཅེས་པ་དེ་ནི་སྤྱིར་མཚན་ཉིད་ཙམ་ཡང་མ་ཡིན་པར་མཚོན་བྱ་ཞིག་ཡིན་ནི་རེད། འོ་ན་དེ་ གང་གི་མཚོན་བྱ་ཡིན་ཟེར་ན། ཤེས་བྱའི་མཚན་ཉིད་ཅེས་པ་དེ་ནི། ཤེས་བྱའི་རྫས་ཡོད་ཆོས་ གསུམ་ཚང་བའི་མཚོན་བྱ་ཡིན་ནི་རེད། དྲི་ཚིག དྲང་ཚིག རྒྱུ་མཚན་ནི། ཤེས་བྱའི་མཚན་ ཉིད་དེ་སྤྱིར་ཤེས་བྱའི་རྫས་ཡོད་ཆོས་གསུམ་ཚང་བའི་མཚོན་བྱ་ཡིན་པ། རང་གི་མཚན་ཉིད་ ཤེས་བྱའི་རྫས་ཡོད་ཆོས་གསུམ་ཚང་བའི་མཚོན་བྱ་ལས་གཞན་པའི་མཚོན་བྱ་མི་བྱེད་པ་ ཡིན་པ། རང་གི་མཚན་གཞི་བློའི་ཡུལ་དུ་བྱ་རུང་གི་སྟེང་དུ་གྲུབ་པ་ཡིན་པ་དང་གསུམ་པོ་དེ་ 5-1-184 ཡིན་ནི་རེད། རྒྱུ་མཚན་དེའི་ཕྱིར་ན། ཤེས་བྱའི་མཚན་ཉིད་ཅེས་པ་དེ་ནི། སོགས། ཁྱབ་སྒྲུབ་ བྱ། དེས་ན་ཤེས་བྱའི་རྫས་ཡོད་ཆོས་གསུམ་ཚང་བའི་བཏགས་ཡོད་ཆོས་གསུམ་ཚང་བ་ཤེས་ བྱའི་རྫས་ཡོད་ཆོས་གསུམ་ཚང་པའི་མཚོན་བྱའི་མཚན་ཉིད། ཤེས་བྱའི་མཚན་ཉིད་ཀྱི་སྟེང་དུ་ ཤེས་བྱའི་རྫས་ཡོད་ཆོས་གསུམ་ཚང་བའི་བཏགས་ཡོད་ཆོས་གསུམ་ཚང་བ་ཡིན་ཆ་ཞིག་ཏ། ཤེས་བྱའི་རྫས་ཡོད་ཆོས་གསུམ་ཚང་བའི་མཚོན་བྱ་ཡིན་ཆ་ཞིག་ཏ་གཉིས་ཕྱེས་ནི་རེད། ཤེས་ བྱའི་རྫས་ཡོད་ཆོས་གསུམ་ཚང་བའི་བཏགས་ཡོད་ཆོས་གསུམ་ཚང་བ་དེ་མཚན་ཉིད་རེད། གང་གི་མཚན་ཉིད་ཡིན་ན་ཤེས་བྱའི་རྫས་ཡོད་ཆོས་གསུམ་ཚང་བའི་མཚོན་བྱའི་མཚན་ཉིད་ རེད། ཤེས་བྱའི་རྫས་ཡོད་ཆོས་གསུམ་ཚང་བའི་མཚོན་བྱ་དེ་མཚོན་བྱ་རེད། གང་གི་མཚོན་བྱ་ ཡིན་ན་ཤེས་བྱའི་རྫས་ཡོད་ཆོས་གསུམ་ཚང་བའི་བཏགས་ཡོད་ཆོས་གསུམ་ཚང་བའི་མཚོན་ བྱ་རེད། ཤེས་བྱའི་མཚན་ཉིད་དེ་མཚན་གཞི་རེད། གང་གི་མཚན་གཞི་ཡིན་ན། ཤེས་བྱའི་ རྫས་ཡོད་ཆོས་གསུམ་ཚང་བའི་མཚོན་བྱའི་མཚན་གཞི་རེད། དེ་གསུམ་མཚན་མཚོན་གཞི་ གསུམ་ཞིག་ཡིན་ནི་རེད། ཡང་ཤེས་བྱའི་རྫས་ཡོད་ཆོས་གསུམ་ཚང་བའི་བཏགས་ཡོད་ཆོས་ གསུམ་ཚང་བ་དེ་ཤེས་བྱའི་རྫས་ཡོད་ཆོས་གསུམ་ཚང་བའི་བཏགས་ཡོད་ཆོས་གསུམ་ཚང་ བ་མིན་ནི་རེད། དྲི་ཚིག དྲང་ཚིག རྒྱུ་མཚན་ནི། ཤེས་བྱའི་རྫས་ཡོད་ཆོས་གསུམ་ཚང་བའི་ བཏགས་ཡོད་ཆོས་གསུམ་ཚང་བ་དེ། སྤྱིར་ཤེས་བྱའི་རྫས་ཡོད་ཆོས་གསུམ་ཚང་བའི་མཚོན་ བྱ་མིན་ནི་རེད། རང་གི་མཚན་ཉིད་ཤེས་བྱའི་རྫས་ཡོད་ཆོས་གསུམ་ཚང་བའི་མཚོན་བྱ་ལས་ གཞན་པའི་མཚོན་བྱ་མི་བྱེད་པ་ཡང་མིན་ནི་རེད། རང་གི་མཚན་གཞི་བློའི་ཡུལ་དུ་བྱ་རུང་གི་ སྟེང་དུ་གྲུབ་པ་ཞིག་ཀྱང་མིན་ནི་རེད། རྒྱུ་མཚན་དེའི་ཕྱིར་ན་ཤེས་བྱའི་རྫས་ཡོད་ཆོས་གསུམ་ ཚང་བའི་སོགས་ཁྱབ་སྒྲུབ་བྱ། འོ་ན་ཤེས་བྱའི་རྫས་ཡོད་ཆོས་གསུམ་ཚང་བའི་བཏགས་ཡོད་ ཆོས་གསུམ་ཚང་བ་དེ། སྤྱིར་བཏགས་ཡོད་ཆོས་གསུམ་ཚང་བ་ཞིག་ཡིན་ནམ་རྫས་ཡོད་ཆོས་ 5-1-185 གསུམ་ཚང་བ་ཞིག་ཡིན་ཟེར་ན། དེ་ནི་ཤེས་བྱའི་རྫས་ཡོད་ཆོས་གསུམ་ཚང་བའི་མཚོན་བྱའི་ རྫས་ཡོད་ཆོས་གསུམ་ཚང་བ་ཡིན་ནི་རེད། དྲི་ཚིག དྲང་ཚིག རྒྱུ་མཚན་ནི། ཤེས་བྱའི་རྫས་ ཡོད་ཆོས་གསུམ་ཚང་བའི་བཏགས་ཡོད་ཆོས་གསུམ་ཚང་བ་དེ། སྤྱིར་ཤེས་བྱའི་རྫས་ཡོད་ ཆོས་གསུམ་ཚང་བའི་མཚོན་བྱའི་མཚན་ཉིད་ཡིན་པ། རང་གི་མཚོན་བྱ་ཤེས་བྱའི་རྫས་ཡོད་ ཆོས་གསུམ་ཚང་བའི་མཚོན་བྱའི་མཚན་ཉིད་བྱེད་པ་ལས་ཆོས་གཞན་གང་གི་ཡང་མཚན་ ཉིད་མི་བྱེད་པ་ཡིན་པ། རང་གི་མཚན་གཞི་ཤེས་བྱའི་མཚན་ཉིད་ཀྱི་སྟེང་དུ་གྲུབ་པ་ཡིན་པ་ དང་གསུམ་དེ་ཡིན་ནི་རེད། རྒྱུ་མཚན་དེའི་ཕྱིར་ན་ཤེས་བྱའི་རྫས་ཡོད་ཆོས་གསུམ་ཚང་བའི་ མཚོན་བྱའི་སོགས། ཁྱབ་སྒྲུབ་བྱ། དེས་ན་ཤེས་བྱའི་རྫས་ཡོད་ཆོས་གསུམ་ཚང་བའི་མཚོན་ བྱའི་རྫས་ཡོད་ཆོས་གསུམ་ཚང་བ་དེ། ཤེས་བྱའི་རྫས་ཡོད་ཆོས་གསུམ་ཚང་བའི་མཚོན་བྱའི་ མཚན་ཉིད་ཀྱི་མཚན་ཉིད། ཤེས་བྱའི་རྫས་ཡོད་ཆོས་གསུམ་ཚང་བའི་བཏགས་ཡོད་ཆོས་ གསུམ་ཚང་བའི་སྟེང་དུ། ཤེས་བྱའི་རྫས་ཡོད་ཆོས་གསུམ་ཚང་བའི་མཚོན་བྱའི་རྫས་ཡོད་ ཆོས་གསུམ་ཚང་བ་ཡིན་ཆ་ཞིག་ཏ། ཤེས་བྱའི་རྫས་ཡོད་ཆོས་གསུམ་ཚང་བའི་མཚོན་བྱའི་ མཚན་ཉིད་ཡིན་ཆ་ཞིག་ཏ་གཉིས་ཕྱེས་ནི་རེད། སྔ་མ་དེ་མཚན་ཉིད་རེད། གང་གི་མཚན་ ཉིད་ཡིན་ན་ཤེས་བྱའི་རྫས་ཡོད་ཆོས་གསུམ་ཚང་བའི་མཚོན་བྱའི་མཚན་ཉིད་ཀྱི་མཚན་ཉིད་ རེད། ཕྱི་མ་དེ་མཚོན་བྱ་རེད། གང་གི་མཚོན་བྱ་ཡིན་ན་ཤེས་བྱའི་རྫས་ཡོད་ཆོས་གསུམ་ཚང་ བའི་མཚོན་བྱའི་རྫས་ཡོད་ཆོས་གསུམ་ཚང་བའི་མཚོན་བྱ་རེད། ཤེས་བྱའི་རྫས་ཡོད་ཆོས་ གསུམ་ཚང་བའི་བཏགས་ཡོད་ཆོས་གསུམ་ཚང་བ་དེ་མཚན་གཞི་རེད། གང་གི་མཚན་གཞི་ ཡིན་ན་ཤེས་བྱའི་རྫས་ཡོད་ཆོས་གསུམ་ཚང་བའི་མཚོན་བྱའི་མཚན་ཉིད་ཀྱི་མཚན་གཞི་ རེད། དེ་གསུམ་མཚན་མཚོན་གཞི་གསུམ་ཞིག་ཡིན་ནི་རེད། དེས་འགྲེས་ཏེ། མིན་སྒྲུབ་ཡིན་ སྒྲུབ་སོགས་ཀྱི་སྒོ་ནས་ཤེས་བྱའི་རྫས་ཡོད་ཆོས་གསུམ་ཚང་བའི་མཚོན་བྱའི་རྫས་ཡོད་ཆོས་ 5-1-186 གསུམ་ཚང་བའི་སྟེང་དུ་ཤེས་བྱའི་རྫས་ཡོད་ཆོས་གསུམ་ཚང་བའི་མཚོན་བྱའི་མཚན་ཉིད་ཀྱི་ རྫས་ཡོད་ཆོས་གསུམ་ཚང་བ་སོགས་ཐུག་མེད་དུ་འགྲོའོ། ། ཡང་ཤེས་བྱའི་རྫས་ཡོད་ཆོས་གསུམ་ཚང་བའི་མཚོན་བྱའི་སྟེང་དུ་བརྩེགས་ན། ཤེས་ བྱའི་རྫས་ཡོད་ཆོས་གསུམ་ཚང་བའི་མཚོན་བྱ་དེ། ཤེས་བྱའི་རྫས་ཡོད་ཆོས་གསུམ་ཚང་བའི་ མཚོན་བྱ་མིན་ནི་རེད། དྲི་ཚིག དྲང་ཚིག རྒྱུ་མཚན་ནི། ཤེས་བྱའི་རྫས་ཡོད་ཆོས་གསུམ་ཚང་ བའི་མཚོན་བྱ་ཡིན་པ་ལ་ནི་ཤེས་བྱའི་མཚན་ཉིད་ཅེས་པ་དེ་ལས་གཞན་མེད་ནི་རེད། ཤེས་ བྱའི་རྫས་ཡོད་ཆོས་གསུམ་ཚང་བའི་མཚོན་བྱ་ཞེས་པའི་སྒྲ་རྟོག་གིས་ཤེས་བྱའི་མཚན་ཉིད་ དེའི་སྟེང་གི་ཤེས་བྱའི་རྫས་ཡོད་ཆོས་གསུམ་ཚང་བའི་མཚོན་བྱ་ཡིན་ཆ་ཙམ་དེ་བས་གཞན་ གང་ཡང་ཟིན་ནི་མ་རེད། རྒྱུ་མཚན་དེའི་ཕྱིར་ན་ཁྱབ་སྒྲུབ་གོང་ལྟར་བྱ། འོ་ན་དེ་ཅི་ཡིན་ཟེར་ ན་ཤེས་བྱའི་རྫས་ཡོད་ཆོས་གསུམ་ཚང་བའི་མཚོན་བྱ་དེ་ཤེས་བྱའི་རྫས་ཡོད་ཆོས་གསུམ་ ཚང་བའི་བཏགས་ཡོད་ཆོས་གསུམ་ཚང་བའི་བཏགས་ཡོད་ཆོས་གསུམ་ཚང་བ་ཡིན་ནི་རེད། དྲི་ཚིག དྲང་ཚིག རྒྱུ་མཚན་ནི། ཤེས་བྱའི་རྫས་ཡོད་ཆོས་གསུམ་ཚང་བའི་མཚོན་བྱ་དེ། སྤྱིར་ ཤེས་བྱའི་རྫས་ཡོད་ཆོས་གསུམ་ཚང་བའི་བཏགས་ཡོད་ཆོས་གསུམ་ཚང་བའི་མཚོན་བྱ་ཡིན་ པ། རང་གི་མཚན་གཞི་ཤེས་བྱའི་མཚན་ཉིད་ཀྱི་སྟེང་དུ་གྲུབ་པ་ཡིན་པ། རང་གི་མཚན་ཉིད་ ཤེས་བྱའི་རྫས་ཡོད་ཆོས་གསུམ་ཚང་བའི་བཏགས་ཡོད་ཆོས་གསུམ་ཚང་བའི་མཚོན་བྱ་བྱེད་ པ་ལས་གཞན་པའི་མཚོན་བྱ་མི་བྱེད་པ་དང་གསུམ་པོ་དེ་ཡིན་ནི་རེད། རྒྱུ་མཚན་དེའི་ཕྱིར་ ན། སོགས་སོ། །དེས་ན་ཤེས་བྱའི་རྫས་ཡོད་ཆོས་གསུམ་ཚང་བའི་བཏགས་ཡོད་ཆོས་གསུམ་ ཚང་བའི་བཏགས་ཡོད་ཆོས་གསུམ་ཚང་བ་དེ། ཤེས་བྱའི་རྫས་ཡོད་ཆོས་གསུམ་ཚང་བའི་ བཏགས་ཡོད་ཆོས་གསུམ་ཚང་བའི་མཚོན་བྱའི་མཚན་ཉིད། ཤེས་བྱའི་རྫས་ཡོད་ཆོས་གསུམ་ ཚང་བའི་མཚོན་བྱའི་སྟེང་དུ། ཤེས་བྱའི་རྫས་ཡོད་ཆོས་གསུམ་ཚང་བའི་བཏགས་ཡོད་ཆོས་ 5-1-187 གསུམ་ཚང་བའི་བཏགས་ཡོད་ཆོས་གསུམ་ཚང་བ་ཡིན་ཆ་ཞིག་ཏ། ཤེས་བྱའི་རྫས་ཡོད་ཆོས་ གསུམ་ཚང་བའི་བཏགས་ཡོད་ཆོས་གསུམ་ཚང་བའི་མཚོན་བྱ་ཡིན་ཆ་ཞིག་ཏ་གཉིས་ཕྱེས་ནི་ རེད། སྔ་མ་མཚན་ཉིད་དང༌། ཕྱི་མ་མཚོན་བྱ་ཡིན་ཚུལ་གོང་གིས་འགྲེས། ཤེས་བྱའི་རྫས་ ཡོད་ཆོས་གསུམ་ཚང་བའི་མཚོན་བྱ་དེ་མཚན་གཞི་རེད། གང་གི་མཚན་གཞི་ཡིན་ན་ཤེས་ བྱའི་རྫས་ཡོད་ཆོས་གསུམ་ཚང་བའི་བཏགས་ཡོད་ཆོས་གསུམ་ཚང་བའི་མཚོན་བྱའི་མཚན་ གཞི་རེད། དེ་གསུམ་མཚན་མཚོན་གཞི་གསུམ་ཞིག་ཡིན་ནི་རེད། དེས་འགྲེས་པའི་སྒོ་ནས་ ཤེས་བྱའི་རྫས་ཡོད་ཆོས་གསུམ་ཚང་བའི་བཏགས་ཡོད་ཆོས་གསུམ་ཚང་བའི་བཏགས་ཡོད་ ཆོས་གསུམ་ཚང་བའི་སྟེང་དུ་ཤེས་བྱའི་རྫས་ཡོད་ཆོས་གསུམ་ཚང་བའི་བཏགས་ཡོད་ཆོས་ གསུམ་ཚང་བའི་མཚོན་བྱའི་རྫས་ཡོད་ཆོས་གསུམ་ཚང་བ་ཡིན་ཆ་སོགས་གོང་ལྟར་རིགས་ པས་དཔག་ནས་ཐུག་མེད་དུ་འགྲོ་ཚུལ་ལ་བྱང་བ་ཞིག་གལ་ཆེའོ། །དེ་ཙམ་གྱིས་མཚན་ཉིད་ ཕྱོགས་ནས་བརྩེགས་ཚུལ་ཤེས་པར་འགྱུར་རོ། ། ད་ནི་མཚོན་བྱ་ཕྱོགས་ནས་བརྩེགས་ན་འདི་བཞིན་གོ་བར་བྱ་སྟེ། དེ་ལ་ཡང་ཤེས་ བྱའི་སྟེང་ནས་འདིར་བརྩེགས་ཚུལ་བྱས་ནས་བཤད་ན། ཤེས་བྱ་དེ་བློའི་ཡུལ་དུ་བྱ་རུང་ གི་བཏགས་ཡོད་ཆོས་གསུམ་ཚང་བ་ཡིན་ཚུལ་ཡང་སྔར་ཡིན་སྒྲུབ་བྱས་པ་དེས་སེམས་ལ་ ལེགས་པར་ཤེས་པར་བྱས་ཏེ། དང་པོ་མཚན་མཚོན་གཞི་གསུམ་ལྡོག་པས་ཕྱེ་ཚུལ་ནི་ཤེས་ བྱའི་སྟེང་དུ་བློའི་ཡུལ་དུ་བྱ་རུང་གིས་བཏགས་ཡོད་ཆོས་གསུམ་ཚང་བ་ཡིན་ཆ་ཞིག་ཏ། བློའི་ ཡུལ་དུ་བྱ་རུང་གི་མཚོན་བྱ་ཡིན་ཆ་ཞིག་གཉིས་ཕྱེས་ནི་རེད། བློའི་ཡུལ་དུ་བྱ་རུང་གི་བཏགས་ ཡོད་ཆོས་གསུམ་ཚང་བ་དེ་མཚན་ཉིད་རེད། གང་གི་མཚན་ཉིད་ཡིན་ན་བློའི་ཡུལ་དུ་བྱ་རུང་ གི་མཚོན་བྱའི་མཚན་ཉིད་རེད་བློའི་ཡུལ་དུ་བྱ་རུང་གི་མཚོན་བྱ་དེ་མཚོན་བྱ་རེད། གང་གི་ མཚོན་བྱ་ཡིན་ན་བློའི་ཡུལ་དུ་བྱ་རུང་གི་བཏགས་ཡོད་ཆོས་གསུམ་ཚང་བའི་མཚོན་བྱ་རེད། 5-1-188 ཤེས་བྱ་དེ་མཚན་གཞི་རེད་གང་གི་མཚན་གཞི་ཡིན་ན། བློའི་ཡུལ་དུ་བྱ་རུང་གི་མཚོན་བྱའི་ མཚན་གཞི་རེད། དེ་གསུམ་མཚན་མཚོན་གཞི་གསུམ་ཟིག་ཡིན་ནི་རེད། བློའི་ཡུལ་དུ་བྱ་རུང་ གི་བཏགས་ཡོད་ཆོས་གསུམ་ཚང་བ་དེ་བློའི་ཡུལ་དུ་བྱ་རུང་གི་བཏགས་ཡོད་ཆོས་གསུམ་ཚང་ བ་མིན་ནི་རེད། དྲི་ཚིག དྲང་ཚིག རྒྱུ་མཚན་ནི། བློའི་ཡུལ་དུ་བྱ་རུང་གི་བཏགས་ཡོད་ཆོས་ གསུམ་ཚང་བ་དེ། སྤྱིར་བློའི་ཡུལ་དུ་བྱ་རུང་གི་མཚོན་བྱ་མིན་པ། རང་གི་མཚན་གཞི་ཀ་བུམ་ སོགས་ཀྱི་སྟེང་དུ་གྲུབ་པ་མིན་པ། རང་གི་མཚན་ཉིད་བློའི་ཡུལ་དུ་བྱ་རུང་གི་མཚོན་བྱ་ལས་ གཞན་པའི་མཚོན་བྱ་མི་བྱེད་པ་ཞིག་ཀྱང་མིན་ནི་རེད། རྒྱུ་མཚན་དེའི་ཕྱིར་ན། ཞེས་སོགས་ སོ། ། འོ་ན་དེ་གང་གི་བཏགས་ཡོད་ཆོས་གསུམ་ཚང་བ་ཡིན་ཟེར་ན། དེ་ནི་ཆོས་གང་གི་ཡང་ བཏགས་ཡོད་ཆོས་གསུམ་ཚང་བ་མ་ཡིན་པར་སྤྱིར་རྫས་ཡོད་ཆོས་གསུམ་ཚང་བ་ཞིག་ཡིན་ ནི་རེད། གང་གི་རྫས་ཡོད་ཆོས་གསུམ་ཚང་བ་ཡིན་ན། བློའི་ཡུལ་དུ་བྱ་རུང་གི་བཏགས་ཡོད་ ཆོས་གསུམ་ཚང་བ་དེ། བློའི་ཡུལ་དུ་བྱ་རུང་གི་མཚོན་བྱའི་རྫས་ཡོད་ཆོས་གསུམ་ཚང་བ་ཡིན་ ནི་རེད། དྲི་ཚིག དྲང་ཚིག རྒྱུ་མཚན་ནི། བློའི་ཡུལ་དུ་བྱ་རུང་གི་བཏགས་ཡོད་ཆོས་གསུམ་ ཚང་བ་དེ། སྤྱིར་བློའི་ཡུལ་དུ་བྱ་རུང་གི་མཚོན་བྱའི་མཚན་ཉིད་ཡིན་པ། རང་གི་མཚན་གཞི་ ཤེས་བྱའི་སྟེང་དུ་གྲུབ་པ་ཡིན་པ། རང་གི་མཚོན་བྱ་བློའི་ཡུལ་དུ་བྱ་རུང་གི་མཚོན་བྱའི་མཚན་ ཉིད་བྱེད་པ་ལས་གཞན་པའི་མཚན་ཉིད་མི་བྱེད་པ་ཡིན་པ་དང་གསུམ་པོ་དེ་ཡིན་ནི་རེད། རྒྱུ་ མཚན་དེའི་ཕྱིར་ན། སོགས་སོ། ། དེས་ན་བློའི་ཡུལ་དུ་བྱ་རུང་གི་མཚོན་བྱའི་རྫས་ཡོད་ཆོས་གསུམ་ཚང་བ་བློའི་ཡུལ་དུ་ བྱ་རུང་གི་མཚོན་བྱའི་མཚན་ཉིད་ཀྱི་མཚན་ཉིད། བློའི་ཡུལ་དུ་བྱ་རུང་གི་བཏགས་ཡོད་ཆོས་ གསུམ་ཚང་བའི་སྟེང་དུ་བློའི་ཡུལ་དུ་བྱ་རུང་གི་མཚོན་བྱའི་རྫས་ཡོད་ཆོས་གསུམ་ཚང་བ་ཡིན་ 5-1-189 ཆ་ཞིག་ཏ། བློའི་ཡུལ་དུ་བྱ་རུང་གི་མཚོན་བྱའི་མཚན་ཉིད་ཡིན་ཆ་ཞིག་གཉིས་ཕྱེས་ནི་རེད། བློའི་ཡུལ་དུ་བྱ་རུང་གི་མཚོན་བྱའི་རྫས་ཡོད་ཆོས་གསུམ་ཚང་བ་དེ་མཚན་ཉིད་རེད། གང་གི་ མཚན་ཉིད་ཡིན་ན་བློའི་ཡུལ་དུ་བྱ་རུང་གི་མཚོན་བྱའི་མཚན་ཉིད་ཀྱི་མཚན་ཉིད་རེད། བློའི་ ཡུལ་དུ་བྱ་རུང་གི་མཚོན་བྱའི་མཚན་ཉིད་དེ། མཚོན་བྱ་རེད། གང་གི་མཚོན་བྱ་ཡིན་ན་བློའི་ ཡུལ་དུ་བྱ་རུང་གི་མཚོན་བྱའི་རྫས་ཡོད་ཆོས་གསུམ་ཚང་བའི་མཚོན་བྱ་རེད། བློའི་ཡུལ་དུ་ བྱ་རུང་གི་བཏགས་ཡོད་ཆོས་གསུམ་ཚང་བ་དེ་མཚན་གཞི་རེད། གང་གི་མཚན་གཞི་ཡིན་ན་ བློའི་ཡུལ་དུ་བྱ་རུང་གི་མཚོན་བྱའི་མཚན་ཉིད་ཀྱི་མཚན་གཞི་རེད། དེ་གསུམ་མཚན་མཚོན་ གཞི་གསུམ་ཞིག་ཡིན་ནི་རེད། བློའི་ཡུལ་དུ་བྱ་རུང་གི་མཚོན་བྱའི་རྫས་ཡོད་ཆོས་གསུམ་ཚང་ བའི་སྟེང་དུ་བློའི་ཡུལ་དུ་བྱ་རུང་གི་མཚོན་བྱའི་མཚན་ཉིད་ཀྱི་རྫས་ཡོད་ཆོས་གསུམ་ཚང་བ་ སོགས་བརྩེགས་ཚུལ་མཚན་ཉིད་ཕྱོགས་ཀྱིས་འགྲེས་སྦྱར་ཤེས་དགོས། ཡང་བློའི་ཡུལ་དུ་བྱ་ རུང་གི་མཚོན་བྱ་བློའི་ཡུལ་དུ་བྱ་རུང་གི་མཚོན་བྱ་མིན་ནི་རེད། དྲི་ཚིག དྲང་ཚིག རྒྱུ་མཚན་ ནི། བློའི་ཡུལ་དུ་བྱ་རུང་གི་མཚོན་བྱ་ཡིན་པ་ལ་ནི་ཤེས་བྱ་ལས་གཞན་མེད་ལ། འདིར་བློའི་ ཡུལ་དུ་བྱ་རུང་གི་མཚོན་བྱ་ཞེས་པའི་སྒྲ་རྟོག་གིས་ཤེས་བྱའི་སྟེང་གི་བློའི་ཡུལ་དུ་བྱ་རུང་ གི་མཚོན་བྱ་ཡིན་ཆ་ཙམ་དེ་ལས་གཞན་གང་ཡང་ཟིན་ནི་མ་རེད། རྒྱུ་མཚན་དེའི་ཕྱིར་ན། སོགས་དང༌། འོ་ན་དེ་གང་ཡིན་ཟེར་ན། བློའི་ཡུལ་དུ་བྱ་རུང་གི་མཚོན་བྱ་ཏེ་བློའི་ཡུལ་དུ་བྱ་ རུང་གི་བཏགས་ཡོད་ཆོས་གསུམ་ཚང་བའི་བཏགས་ཡོད་ཆོས་གསུམ་ཚང་བ་ཡིན་ནི་རེད། དྲི་ཚིག དྲང་ཚིག རྒྱུ་མཚན་ནི། བློའི་ཡུལ་དུ་བྱ་རུང་གི་མཚོན་བྱ་དེ་སྤྱིར་བློའི་ཡུལ་དུ་བྱ་རུང་ གི་བཏགས་ཡོད་ཆོས་གསུམ་ཚང་བའི་མཚོན་བྱ་ཡིན་པ། རང་གི་མཚན་གཞི་ཤེས་བྱའི་སྟེང་ དུ་གྲུབ་པ་ཡིན་པ། རང་གི་མཚན་ཉིད་བློའི་ཡུལ་དུ་བྱ་རུང་གི་བཏགས་ཡོད་ཆོས་གསུམ་ཚང་ བའི་མཚོན་བྱ་ལས་གཞན་པའི་མཚོན་བྱ་མི་བྱེད་པ་དང་གསུམ་པོ་དེ་ཡིན་ནི་རེད། རྒྱུ་མཚན་ 5-1-190 དེའི་ཕྱིར་ན། སོགས་སོ། ། དེས་ན་བློའི་ཡུལ་དུ་བྱ་རུང་གི་བཏགས་ཡོད་ཆོས་གསུམ་ཚང་བའི་བཏགས་ཡོད་ཆོས་ གསུམ་ཚང་བ་བློའི་ཡུལ་དུ་བྱ་རུང་གི་བཏགས་ཡོད་ཆོས་གསུམ་ཚང་བའི་མཚོན་བྱའི་མཚན་ ཉིད། བློའི་ཡུལ་དུ་བྱ་རུང་གི་མཚོན་བྱའི་སྟེང་དུ་བློའི་ཡུལ་དུ་བྱ་རུང་གི་བཏགས་ཡོད་ཆོས་ གསུམ་ཚང་བའི་བཏགས་ཡོད་ཆོས་གསུམ་ཚང་བ་ཡིན་ཆ་ཞིག་ཏ། བློའི་ཡུལ་དུ་བྱ་རུང་གི་ བཏགས་ཡོད་ཆོས་གསུམ་ཚང་བའི་མཚོན་བྱ་ཡིན་ཆ་ཞིག་ཏ་གཉིས་ཕྱེས་ནི་རེད། སྔ་མ་ མཚན་ཉིད་དང༌། ཕྱི་མ་མཚོན་བྱ་ཡིན་པ་སོགས་ནི་གོང་ལྟར་དང༌། བློའི་ཡུལ་དུ་བྱ་རུང་གི་ མཚོན་བྱ་དེ་མཚན་གཞི་རེད། གང་གི་མཚན་གཞི་ཡིན་ན་བློའི་ཡུལ་དུ་བྱ་རུང་གི་བཏགས་ ཡོད་ཆོས་གསུམ་ཚང་བའི་མཚོན་བྱའི་མཚན་གཞི་ཡིན་ནི་རེད། དེ་གསུམ་མཚན་མཚོན་ སོགས་སོ། །འདི་སྐབས་གོང་འོག་ཀུན་ལ་མཚན་ཉིད་ཕྱོགས་ཀྱི་འགྲེས་ཚུལ་སྔར་བཤད་ པ་རྣམས་ཀྱིས་ཤེས་དགོས། ཡང་བློའི་ཡུལ་དུ་བྱ་རུང་གི་བཏགས་ཡོད་ཆོས་གསུམ་ཚང་ བའི་མཚོན་བྱ་དེ་བློའི་ཡུལ་དུ་བྱ་རུང་གི་བཏགས་ཡོད་ཆོས་གསུམ་ཚང་བའི་མཚོན་བྱ་མིན་ ནི་རེད། དྲི་ཚིག དྲང་ཚིག རྒྱུ་མཚན་ནི། བློའི་ཡུལ་དུ་བྱ་རུང་གི་བཏགས་ཡོད་ཆོས་གསུམ་ ཚང་བའི་མཚོན་བྱ་ཡིན་པ་ལ་ནི་བློའི་ཡུལ་དུ་བྱ་རུང་གི་མཚོན་བྱ་ཞེས་པ་དེ་ལས་གཞན་མེད་ ལ། བློའི་ཡུལ་དུ་བྱ་རུང་གི་བཏགས་ཡོད་ཆོས་གསུམ་ཚང་བའི་མཚོན་བྱ་ཞེས་པའི་སྒྲ་རྟོག་ གིས་བློའི་ཡུལ་དུ་བྱ་རུང་གི་མཚོན་བྱའི་སྟེང་དུ་ཡོད་པའི་བློའི་ཡུལ་དུ་བྱ་རུང་གི་བཏགས་ ཡོད་ཆོས་གསུམ་ཚང་བའི་མཚོན་བྱ་ཡིན་ཆ་ཙམ་དེ་ལས་གཞན་གང་ཡང་ཟིན་ནི་མ་རེད། རྒྱུ་ མཚན་དེའི་ཕྱིར་ན་སོགས་དང༌། འོ་ན་དེ་གང་ཡིན་ཟེར་ན། བློའི་ཡུལ་དུ་བྱ་རུང་གི་བཏགས་ ཡོད་ཆོས་གསུམ་ཚང་བའི་མཚོན་བྱ་དེ། བློའི་ཡུལ་དུ་བྱ་རུང་གི་བཏགས་ཡོད་ཆོས་གསུམ་ ཚང་བའི་བཏགས་ཡོད་ཆོས་གསུམ་ཚང་བའི་བཏགས་ཡོད་ཆོས་གསུམ་ཚང་བ་ཡིན་ནི་རེད། 5-1-191 དྲི་ཚིག དྲང་ཚིག རྒྱུ་མཚན་ནི། བློའི་ཡུལ་དུ་བྱ་རུང་གི་བཏགས་ཡོད་ཆོས་གསུམ་ཚང་བའི་ མཚོན་བྱ་དེ་སྤྱིར་བློའི་ཡུལ་དུ་བྱ་རུང་གི་བཏགས་ཡོད་ཆོས་གསུམ་ཚང་བའི་བཏགས་ཡོད་ ཆོས་གསུམ་ཚང་བའི་མཚོན་བྱ་ཡིན་པ། རང་གི་མཚན་གཞི་བློའི་ཡུལ་དུ་བྱ་རུང་གི་མཚོན་ བྱའི་སྟེང་དུ་གྲུབ་པ་ཡིན་པ། རང་གི་མཚན་ཉིད་བློའི་ཡུལ་དུ་བྱ་རུང་གི་བཏགས་ཡོད་ཆོས་ གསུམ་ཚང་བའི་བཏགས་ཡོད་ཆོས་གསུམ་ཚང་བའི་མཚོན་བྱ་ལས་གཞན་པའི་མཚོན་བྱ་མི་ བྱེད་པ་ཞིག་ཀྱང་ཡིན་པ་དང་གསུམ་པོ་དེ་ཡིན་ནི་རེད། རྒྱུ་མཚན་དེའི་ཕྱིར་ན། སོགས་སོ། ། དེས་ན་བློའི་ཡུལ་དུ་བྱ་རུང་གི་བཏགས་ཡོད་ཆོས་གསུམ་ཚང་བའི་བཏགས་ཡོད་ཆོས་ གསུམ་ཚང་བའི་བཏགས་ཡོད་ཆོས་གསུམ་ཚང་བ་དེ། བློའི་ཡུལ་དུ་བྱ་རུང་གི་བཏགས་ཡོད་ ཆོས་གསུམ་ཚང་བའི་བཏགས་ཡོད་ཆོས་གསུམ་ཚང་བའི་མཚོན་བྱའི་མཚན་ཉིད། བློའི་ཡུལ་ དུ་བྱ་རུང་གི་བཏགས་ཡོད་ཆོས་གསུམ་ཚང་བའི་མཚོན་བྱའི་སྟེང་དུ། བློའི་ཡུལ་དུ་བྱ་རུང་ གི་བཏགས་ཡོད་ཆོས་གསུམ་ཚང་བའི་བཏགས་ཡོད་ཆོས་གསུམ་ཚང་བའི་བཏགས་ཡོད་ ཆོས་གསུམ་ཚང་བ་ཡིན་ཆ་ཞིག་ཏ། བློའི་ཡུལ་དུ་བྱ་རུང་གི་བཏགས་ཡོད་ཆོས་གསུམ་ཚང་ བའི་བཏགས་ཡོད་ཆོས་གསུམ་ཚང་བའི་མཚོན་བྱ་ཡིན་ཆ་ཞིག་ཏ་གཉིས་ཕྱེས་ནི་རེད། སྔ་མ་ མཚན་ཉིད་དང༌། ཕྱི་མ་མཚོན་བྱ་ཡིན་ནི་རེད། དེ་གཉིས་ཀྱི་གཞི་དེ་ཡང་མཚན་གཞི་ཡིན་ནི་ རེད། ཡིན་ཚུལ་ཀྱང་གོང་གིས་འགྲེས་དགོས་སོ། ། ཡང་བློའི་ཡུལ་དུ་བྱ་རུང་གི་བཏགས་ཡོད་ཆོས་གསུམ་ཚང་བའི་བཏགས་ཡོད་ཆོས་ གསུམ་ཚང་བའི་མཚོན་བྱའི་སྟེང་དུ་བློའི་ཡུལ་དུ་བྱ་རུང་གི་བཏགས་ཡོད་ཆོས་གསུམ་ཚང་ བའི་བཏགས་ཡོད་ཆོས་གསུམ་ཚང་བའི་བཏགས་ཡོད་ཆོས་གསུམ་ཚང་བའི་བཏགས་ཡོད་ ཆོས་གསུམ་ཚང་བ་ཡིན་ཆ་ཞིག་ཏ། བློས་ཡུལ་དུ་བྱ་རུང་གི་བཏགས་ཡོད་ཆོས་གསུམ་ཚང་ བའི་བཏགས་ཡོད་ཆོས་གསུམ་ཚང་བའི་བཏགས་ཡོད་ཆོས་གསུམ་ཚང་བའི་མཚོན་བྱ་ཡིན་ 5-1-192 ཆ་ཞིག་ཏ་གཉིས་ཕྱེ་བ། མཚན་མཚོན་གཞི་གསུམ་ངོས་འཛིན་ཚུལ། མིན་སྒྲུབ་དང་ཡིན་སྒྲུབ་ རྣམས་ཀྱི་སྒོ་ནས་མཚོན་བྱ་ཕྱོགས་ནས་ཐུག་མེད་དུ་བརྩེགས་ཚུལ་ལ་བློ་བྱང་བར་བྱའོ། ། ཡང་གོང་གི་མཚན་ཉིད་ཀྱི་ཕྱོགས་ནས་བརྩེགས་ཚུལ་ལས་མཚོན་བྱ་ལ་འགྲེས་ཚུལ་ཅུང་ ཙམ་བཤད་ན། ཤེས་བྱའི་རྫས་ཡོད་ཆོས་གསུམ་ཚང་བའི་མཚོན་བྱ་དེ་ཤེས་བྱའི་རྫས་ཡོད་ ཆོས་གསུམ་ཚང་བའི་མཚོན་བྱ་མིན་ནི་རེད། དྲི་ཚིག དྲང་ཚིག རྒྱུ་མཚན་ནི། ཤེས་བྱའི་རྫས་ ཡོད་ཆོས་གསུམ་ཚང་བའི་མཚོན་བྱ་ཞེས་པའི་སྒྲ་རྟོག་གིས་ཤེས་བྱའི་མཚན་ཉིད་དེ་ཤེས་བྱའི་ རྫས་ཡོད་ཆོས་གསུམ་ཚང་བའི་མཚོན་བྱ་ཡིན་ཆ་ཙམ་དེ་ཟིན་ནི་རེད། དེ་བས་གཞན་གང་ ཡང་ཟིན་ནི་མ་རེད། དོན་གྱི་ཤེས་བྱའི་རྫས་ཡོད་ཆོས་གསུམ་ཚང་བའི་མཚོན་བྱ་ཡིན་པ་ལ་ནི་ ཤེས་བྱའི་མཚན་ཉིད་གཅིག་པུ་མ་གཏོགས་གཞན་གང་ཡང་ཡོད་ནི་མ་རེད། རྒྱུ་མཚན་དེའི་ ཕྱིར་ན། སོགས་དང། འོ་ན་དེ་གང་གི་མཚོན་བྱ་ཡིན་ཟེར་ན་དེ་ནི་ཤེས་བྱའི་རྫས་ཡོད་ཆོས་ གསུམ་ཚང་བའི་བཏགས་ཡོད་ཆོས་གསུམ་ཚང་བའི་བཏགས་ཡོད་ཆོས་གསུམ་ཚང་བ་ཡིན་ ནི་རེད། དྲི་ཚིག དྲང་ཚིག རྒྱུ་མཚན་ནི། ཤེས་བྱའི་རྫས་ཡོད་ཆོས་གསུམ་ཚང་བའི་མཚོན་ བྱ་དེ། སྤྱིར་ཤེས་བྱའི་རྫས་ཡོད་ཆོས་གསུམ་ཚང་བའི་བཏགས་ཡོད་ཆོས་གསུམ་ཚང་བའི་ མཚོན་བྱ་ཡིན་པ། རང་གི་མཚན་གཞི་ཤེས་བྱའི་མཚན་ཉིད་ཀྱི་སྟེང་དུ་གྲུབ་པ་ཡིན་པ། རང་ གི་མཚན་ཉིད་ཤེས་བྱའི་རྫས་ཡོད་ཆོས་གསུམ་ཚང་བའི་བཏགས་ཡོད་ཆོས་གསུམ་ཚང་བའི་ མཚོན་བྱ་ལས་གཞན་པའི་མཚོན་བྱ་མི་བྱེད་པ་ཞིག་ཀྱང་ཡིན་ནི་རེད། རྒྱུ་མཚན་དེའི་ཕྱིར་ན་ སོགས་སོ། ། དེས་ན་ཤེས་བྱའི་རྫས་ཡོད་ཆོས་གསུམ་ཚང་བའི་བཏགས་ཡོད་ཆོས་གསུམ་ཚང་བའི་ བཏགས་ཡོད་ཆོས་གསུམ་ཚང་བ་དེ། ཤེས་བྱའི་རྫས་ཡོད་ཆོས་གསུམ་ཚང་བའི་བཏགས་ ཡོད་ཆོས་གསུམ་ཚང་བའི་མཚོན་བྱའི་མཚན་ཉིད་ཡིན་ནི་རེད། ཤེས་བྱའི་རྫས་ཡོད་ཆོས་ 5-1-193 གསུམ་ཚང་བའི་མཚོན་བྱའི་སྟེང་དུ་ཤེས་བྱའི་རྫས་ཡོད་ཆོས་གསུམ་ཚང་བའི་བཏགས་ཡོད་ ཆོས་གསུམ་ཚང་བའི་བཏགས་ཡོད་ཆོས་གསུམ་ཚང་བ་ཡིན་ཆ་ཞིག་ཏ། ཤེས་བྱའི་རྫས་ཡོད་ ཆོས་གསུམ་ཚང་བའི་བཏགས་ཡོད་ཆོས་གསུམ་ཚང་བའི་མཚོན་བྱ་ཡིན་ཆ་ཞིག་ཏ་གཉིས་ ཕྱེས་ནི་རེད། སྔ་མ་མཚན་ཉིད་དང༌། ཕྱི་མ་མཚོན་བྱ་དང༌། དེ་གཉིས་ཀྱི་གཞི་མཚན་གཞི་ ཡིན་པ་རྣམས་ནི་གོང་གི་ཇི་ལྟ་བ་བཞིན་ནོ། ། ཡང་ཤེས་བྱའི་རྫས་ཡོད་ཆོས་གསུམ་ཚང་བའི་བཏགས་ཡོད་ཆོས་གསུམ་ཚང་བའི་ མཚོན་བྱའི་སྟེང་དུ་ཤེས་བྱའི་རྫས་ཡོད་ཆོས་གསུམ་ཚང་བའི་བཏགས་ཡོད་ཆོས་གསུམ་ཚང་ བའི་བཏགས་ཡོད་ཆོས་གསུམ་ཚང་བའི་བཏགས་ཡོད་ཆོས་གསུམ་ཚང་བ་ཡིན་ཆ་ཞིག་ཏ། ཤེས་བྱའི་རྫས་ཡོད་ཆོས་གསུམ་ཚང་བའི་བཏགས་ཡོད་ཆོས་གསུམ་ཚང་བའི་བཏགས་ཡོད་ ཆོས་གསུམ་ཚང་བའི་མཚོན་བྱ་ཡིན་ཆ་ཞིག་ཏ་གཉིས་ཕྱེས་ནས་བརྩེགས་པ་སོགས་ཐུག་ མེད་དུ་འགྲོ་ཡང་ཤེས་བྱའི་མཚན་ཉིད་ཀྱི་མཚན་ཉིད་ཀྱི་སྟེང་དུ་བརྩེགས་ན་ཤེས་བྱའི་མཚན་ ཉིད་ཀྱི་མཚན་ཉིད་ཤེས་བྱའི་མཚན་ཉིད་ཀྱི་མཚན་ཉིད་མིན་ནི་རེད། དྲི་ཚིག དྲང་ཚིག རྒྱུ་ མཚན་ནི་ཤེས་བྱའི་མཚན་ཉིད་ཀྱི་མཚན་ཉིད། ཅེས་པའི་སྒྲ་རྟོག་གིས་ཤེས་བྱའི་རྫས་ཡོད་ ཆོས་གསུམ་ཚང་བ་དེ་ཤེས་བྱའི་མཚན་ཉིད་ཀྱི་མཚན་ཉིད་ཡིན་ཆ་ཙམ་དེ་ཟིན་ནི་རེད། དེ་ ལས་གཞན་གང་ཡང་ཟིན་ནི་མ་རེད། དེ་འདྲའི་ཡིན་ཆ་ཙམ་དེ་ནི་ཤེས་བྱའི་མཚན་ཉིད་ཀྱི་ མཚན་ཉིད་ཡིན་རྒྱུ་མ་ཟད་སྤྱིར་ཡང་མཚན་ཉིད་ཙམ་ཡང་མ་ཡིན་པར་མཚོན་བྱ་ཞིག་ཡིན་ ནི་རེད། རྒྱུ་མཚན་དེའི་ཕྱིར་ན་སོགས་དང༌། འོ་ན་དེ་གང་ཞིག་ཡིན་ཟེར་ན་ཤེས་བྱའི་མཚན་ ཉིད་ཀྱི་མཚན་ཉིད་དེ་ཤེས་བྱའི་མཚན་ཉིད་ཀྱི་རྫས་ཡོད་ཆོས་གསུམ་ཚང་བའི་བཏགས་ཡོད་ ཆོས་གསུམ་ཚང་བ་ཡིན་ནི་རེད། དྲི་ཚིག དྲང་ཚིག རྒྱུ་མཚན་ནི། ཤེས་བྱའི་མཚན་ཉིད་ཀྱི་ མཚན་ཉིད་དེ། སྤྱིར་ཤེས་བྱའི་མཚན་ཉིད་ཀྱི་རྫས་ཡོད་ཆོས་གསུམ་ཚང་བའི་མཚོན་བྱ་ཡིན་ 5-1-194 པ། རང་གི་མཚན་གཞི་ཤེས་བྱའི་རྫས་ཡོད་ཆོས་གསུམ་ཚང་བའི་སྟེང་དུ་གྲུབ་པ་ཡིན་པ་རང་ གི་མཚན་ཉིད་ཤེས་བྱའི་མཚན་ཉིད་ཀྱི་རྫས་ཡོད་ཆོས་གསུམ་ཚང་བའི་མཚོན་བྱ་ལས་གཞན་ པའི་མཚོན་བྱ་མི་བྱེད་པ་དང་གསུམ་པོ་དེ་ཡིན་ནི་རེད། རྒྱུ་མཚན་དེའི་ཕྱིར་ན། སོགས་སོ། ། དེས་ན་ཤེས་བྱའི་མཚན་ཉིད་ཀྱི་རྫས་ཡོད་ཆོས་གསུམ་ཚང་བའི་བཏགས་ཡོད་ཆོས་ གསུམ་ཚང་བ་དེ་ཤེས་བྱའི་མཚན་ཉིད་ཀྱི་རྫས་ཡོད་ཆོས་གསུམ་ཚང་བའི་མཚོན་བྱའི་མཚན་ ཉིད་ཡིན་ནི་རེད། ཤེས་བྱའི་མཚན་ཉིད་ཀྱི་མཚན་ཉིད་ཀྱི་སྟེང་དུ་ཤེས་བྱའི་མཚན་ཉིད་ཀྱི་ རྫས་ཡོད་ཆོས་གསུམ་ཚང་བའི་བཏགས་ཡོད་ཆོས་གསུམ་ཚང་བ་ཡིན་ཆ་ཞིག་ཏ། ཤེས་ བྱའི་མཚན་ཉིད་ཀྱི་རྫས་ཡོད་ཆོས་གསུམ་ཚང་བའི་མཚོན་བྱ་ཡིན་ཆ་ཞིག་གཉིས་ཕྱེ་བ་ཡིན་ ནི་རེད། སྔ་མ་མཚན་ཉིད་དང༌། ཕྱི་མ་མཚོན་བྱ་དང༌། དེ་གཉིས་ཀྱི་གཞི་མཚན་གཞི་ཡིན་ ཚུལ་གོང་བཞིན། ཡང་ཤེས་བྱའི་མཚན་ཉིད་ཀྱི་རྫས་ཡོད་ཆོས་གསུམ་ཚང་བའི་མཚོན་བྱའི་ སྟེང་དུ་ཤེས་བྱའི་མཚན་ཉིད་ཀྱི་རྫས་ཡོད་ཆོས་གསུམ་ཚང་བའི་བཏགས་ཡོད་ཆོས་གསུམ་ ཚང་བའི་བཏགས་ཡོད་ཆོས་གསུམ་ཚང་བ་ཡིན་ཆ་དང༌། ཤེས་བྱའི་མཚན་ཉིད་ཀྱི་རྫས་ཡོད་ ཆོས་གསུམ་ཚང་བའི་བཏགས་ཡོད་ཆོས་གསུམ་ཚང་བའི་མཚོན་བྱ་ཡིན་ཆ་དང་གཉིས་ཕྱེ་བ་ སོགས་ཅི་ནུས་སུ་བརྩེགས་ཚུལ་དེས་ཤེས་དགོས་སོ། ། ད་ནི་མཚོན་བྱ་ཕྱོགས་ནས་ཀྱང་མཚན་ཉིད་དེ་ལ་འགྲེས་ཚུལ་ཅུང་ཙམ་བརྗོད་པར་བྱ་སྟེ། དེ་ཡང་བློའི་ཡུལ་དུ་བྱ་རུང་གི་བཏགས་ཡོད་ཆོས་གསུམ་ཚང་བའི་མཚོན་བྱའི་མཚན་ཉིད་ཀྱི་ སྟེང་དུ་བརྩེགས་ཚུལ་ནི། བློའི་ཡུལ་དུ་བྱ་རུང་གི་བཏགས་ཡོད་ཆོས་གསུམ་ཚང་བའི་མཚོན་ བྱའི་མཚན་ཉིད་དེ་བློའི་ཡུལ་དུ་བྱ་རུང་གི་བཏགས་ཡོད་ཆོས་གསུམ་ཚང་བའི་མཚོན་བྱའི་ མཚན་ཉིད་མིན་ནི་རེད། དྲི་ཚིག དྲང་ཚིག རྒྱུ་མཚན་ནི། བློའི་ཡུལ་དུ་བྱ་རུང་གི་བཏགས་ ཡོད་ཆོས་གསུམ་ཚང་བའི་མཚོན་བྱའི་མཚན་ཉིད་ཅེས་པ་ནི་བློའི་ཡུལ་དུ་བྱ་རུང་གི་བཏགས་ 5-1-195 ཡོད་ཆོས་གསུམ་ཚང་བའི་བཏགས་ཡོད་ཆོས་གསུམ་ཚང་བའི་སྟེང་དུ་བློའི་ཡུལ་དུ་བྱ་རུང་ གི་བཏགས་ཡོད་ཆོས་གསུམ་ཚང་བའི་མཚོན་བྱའི་མཚན་ཉིད་ཡིན་ཆ་ཞིག་ཡོད་པ་དེ་ཡིན་ ནི་རེད། དེ་འདྲའི་ཡིན་ཆ་ཙམ་དེ་ནི་བློའི་ཡུལ་དུ་བྱ་རུང་གི་བཏགས་ཡོད་ཆོས་གསུམ་ཚང་ བའི་མཚོན་བྱའི་མཚན་ཉིད་མ་ཡིན་པར་ཆོས་གཞན་ཞིག་གིས་མཚོན་པར་བྱ་རྒྱུའི་མཚོན་བྱ་ དངོས་ཞིག་ཡིན་ཡོད་ནི་རེད། རྒྱུ་མཚན་དེའི་ཕྱིར་ན་སོགས་དང༌། འོ་ན་དེ་གང་ཞིག་ཡིན་ཟེར་ ན། དེ་ནི་བློའི་ཡུལ་དུ་བྱ་རུང་གི་བཏགས་ཡོད་ཆོས་གསུམ་ཚང་བའི་མཚོན་བྱའི་རྫས་ཡོད་ ཆོས་གསུམ་ཚང་བའི་བཏགས་ཡོད་ཆོས་གསུམ་ཚང་བ་ཡིན་ནི་རེད། དྲི་ཚིག དྲང་ཚིག རྒྱུ་ མཚན་ནི། བློའི་ཡུལ་དུ་བྱ་རུང་གི་བཏགས་ཡོད་ཆོས་གསུམ་ཚང་བའི་མཚོན་བྱའི་མཚན་ཉིད་ དེ། སྤྱིར་བློའི་ཡུལ་དུ་བྱ་རུང་གི་བཏགས་ཡོད་ཆོས་གསུམ་ཚང་བའི་མཚོན་བྱའི་རྫས་ཡོད་ ཆོས་གསུམ་ཚང་བའི་མཚོན་བྱ་ཡིན་པ། རང་གི་མཚན་གཞི་བློའི་ཡུལ་དུ་བྱ་རུང་གི་བཏགས་ ཡོད་ཆོས་གསུམ་ཚང་བའི་བཏགས་ཡོད་ཆོས་གསུམ་ཚང་བའི་སྟེང་དུ་གྲུབ་པ་ཡིན་པ། རང་ གི་མཚན་ཉིད་བློའི་ཡུལ་དུ་བྱ་རུང་གི་བཏགས་ཡོད་ཆོས་གསུམ་ཚང་བའི་མཚོན་བྱའི་རྫས་ ཡོད་ཆོས་གསུམ་ཚང་བའི་མཚོན་བྱ་ལས་གཞན་པའི་མཚོན་བྱ་མི་བྱེད་པ་ཞིག་ཀྱང་ཡིན་པ་ དང་གསུམ་པོ་དེ་ཡིན་ནི་རེད། རྒྱུ་མཚན་དེའི་ཕྱིར་ན་སོགས་སོ། །དེས་ན་བློའི་ཡུལ་དུ་བྱ་རུང་ གི་བཏགས་ཡོད་ཆོས་གསུམ་ཚང་བའི་མཚོན་བྱའི་རྫས་ཡོད་ཆོས་གསུམ་ཚང་བའི་བཏགས་ ཡོད་ཆོས་གསུམ་ཚང་བ་དེ་བློའི་ཡུལ་དུ་བྱ་རུང་གི་བཏགས་ཡོད་ཆོས་གསུམ་ཚང་བའི་མཚོན་ བྱའི་རྫས་ཡོད་ཆོས་གསུམ་ཚང་བའི་མཚོན་བྱའི་མཚན་ཉིད་ཡིན་ནི་རེད། བློའི་ཡུལ་དུ་བྱ་ རུང་གི་བཏགས་ཡོད་ཆོས་གསུམ་ཚང་བའི་མཚོན་བྱའི་མཚན་ཉིད་ཀྱི་སྟེང་དུ་བློའི་ཡུལ་དུ་ བྱ་རུང་གི་བཏགས་ཡོད་ཆོས་གསུམ་ཚང་བའི་མཚོན་བྱའི་རྫས་ཡོད་ཆོས་གསུམ་ཚང་བའི་ བཏགས་ཡོད་ཆོས་གསུམ་ཚང་བ་ཡིན་ཆ་དང༌། བློའི་ཡུལ་དུ་བྱ་རུང་གི་བཏགས་ཡོད་ཆོས་ 5-1-196 གསུམ་ཚང་བའི་མཚོན་བྱའི་རྫས་ཡོད་ཆོས་གསུམ་ཚང་བའི་མཚོན་བྱ་ཡིན་ཆ་དང་གཉིས་ ཕྱེས་ནི་རེད། སྔ་མ་མཚན་ཉིད་དང༌། ཕྱི་མ་མཚོན་བྱ་དང༌། དེ་གཉིས་ཀྱི་གཞི་མཚན་གཞི་ ཡིན་ཚུལ་གོང་དང་མཚུངས། ཡང་བློའི་ཡུལ་དུ་བྱ་རུང་གི་བཏགས་ཡོད་ཆོས་གསུམ་ཚང་བའི་ མཚོན་བྱའི་རྫས་ཡོད་ཆོས་གསུམ་ཚང་བའི་བཏགས་ཡོད་ཆོས་གསུམ་ཚང་བའི་སྟེང་དུ་བློའི་ ཡུལ་དུ་བྱ་རུང་གི་བཏགས་ཡོད་ཆོས་གསུམ་ཚང་བའི་མཚོན་བྱའི་རྫས་ཡོད་ཆོས་གསུམ་ཚང་ བའི་མཚོན་བྱའི་རྫས་ཡོད་ཆོས་གསུམ་ཚང་བ་ཡིན་ཆ་དང༌། བློའི་ཡུལ་དུ་བྱ་རུང་གི་བཏགས་ ཡོད་ཆོས་གསུམ་ཚང་བའི་མཚོན་བྱའི་རྫས་ཡོད་ཆོས་གསུམ་ཚང་བའི་མཚོན་བྱའི་མཚན་ ཉིད་ཡིན་ཆ་དང་གཉིས་ཕྱེ་བ་སོགས་བློས་དཔག་གང་ནུས་པར་འགྲེ། ཡང་བློའི་ཡུལ་དུ་བྱ་ རུང་གི་བཏགས་ཡོད་ཆོས་གསུམ་ཚང་བའི་མཚོན་བྱའི་མཚན་ཉིད་ཀྱི་མཚན་ཉིད་ཀྱི་སྟེང་དུ་ བརྩེགས་ན། བློའི་ཡུལ་དུ་བྱ་རུང་གི་བཏགས་ཡོད་ཆོས་གསུམ་ཚང་བའི་མཚོན་བྱའི་མཚན་ ཉིད་ཀྱི་མཚན་ཉིད་དེ། བློའི་ཡུལ་དུ་བྱ་རུང་གི་བཏགས་ཡོད་ཆོས་གསུམ་ཚང་བའི་མཚོན་ བྱའི་མཚན་ཉིད་ཀྱི་མཚན་ཉིད་མིན་ནི་རེད། དྲི་ཚིག དྲང་ཚིག རྒྱུ་མཚན་ནི། བློའི་ཡུལ་དུ་བྱ་ རུང་གི་བཏགས་ཡོད་ཆོས་གསུམ་ཚང་བའི་མཚོན་བྱའི་མཚན་ཉིད་ཀྱི་མཚན་ཉིད་ཅེས་བྱ་བ་ དེ་ནི། བློས་ཡུལ་དུ་བྱ་རུང་གི་བཏགས་ཡོད་ཆོས་གསུམ་ཚང་བའི་མཚོན་བྱའི་རྫས་ཡོད་ཆོས་ གསུམ་ཚང་བའི་སྟེང་གི་བློའི་ཡུལ་དུ་བྱ་རུང་གི་བཏགས་ཡོད་ཆོས་གསུམ་ཚང་བའི་མཚོན་ བྱའི་མཚན་ཉིད་ཀྱི་མཚན་ཉིད་ཡིན་ཆ་ཙམ་དེ་ཡིན་ལ། དེ་འདྲའི་ཡིན་ཆ་ཙམ་དེ་ནི་བློའི་ཡུལ་ དུ་བྱ་རུང་གི་བཏགས་ཡོད་ཆོས་གསུམ་ཚང་བའི་མཚོན་བྱའི་མཚན་ཉིད་ཀྱི་མཚན་ཉིད་ཡིན་ རྒྱུ་མ་ཟད། སྤྱིར་ན་ཡང་མཚན་ཉིད་ཙམ་ཡང་མ་ཡིན་པར་ཆོས་གཞན་ཞིག་གིས་མཚོན་པར་ བྱ་རྒྱུའི་མཚོན་བྱ་ཞིག་ཡིན་ཡོད་ནི་རེད། རྒྱུ་མཚན་དེའི་ཕྱིར་ན་སོགས་དང༌། འོ་ན་གང་ཞིག་ ཡིན་ཟེར་ན། དེ་ནི་བློའི་ཡུལ་དུ་བྱ་རུང་གི་བཏགས་ཡོད་ཆོས་གསུམ་ཚང་བའི་མཚོན་བྱའི་ 5-1-197 མཚན་ཉིད་ཀྱི་རྫས་ཡོད་ཆོས་གསུམ་ཚང་བའི་བཏགས་ཡོད་ཆོས་གསུམ་ཚང་བ་ཡིན་ནི་རེད། དྲི་ཚིག དྲང་ཚིག རྒྱུ་མཚན་ནི། བློའི་ཡུལ་དུ་བྱ་རུང་གི་བཏགས་ཡོད་ཆོས་གསུམ་ཚང་བའི་ མཚོན་བྱའི་མཚན་ཉིད་ཀྱི་མཚན་ཉིད་དེ། སྤྱིར་བློའི་ཡུལ་དུ་བྱ་རུང་གི་བཏགས་ཡོད་ཆོས་ གསུམ་ཚང་བའི་མཚོན་བྱའི་མཚན་ཉིད་ཀྱི་རྫས་ཡོད་ཆོས་གསུམ་ཚང་བའི་མཚོན་བྱ་ཡིན་ པ། རང་གི་མཚན་གཞི་བློའི་ཡུལ་དུ་བྱ་རུང་གི་བཏགས་ཡོད་ཆོས་གསུམ་ཚང་བའི་མཚོན་ བྱའི་རྫས་ཡོད་ཆོས་གསུམ་ཚང་བའི་སྟེང་དུ་གྲུབ་པ་ཡིན་པ། རང་གི་མཚན་ཉིད་བློའི་ཡུལ་ དུ་བྱ་རུང་གི་བཏགས་ཡོད་ཆོས་གསུམ་ཚང་བའི་མཚོན་བྱའི་མཚན་ཉིད་ཀྱི་རྫས་ཡོད་ཆོས་ གསུམ་ཚང་བའི་མཚོན་བྱ་ལས་གཞན་པའི་མཚོན་བྱ་མི་བྱེད་པ་ཞིག་ཀྱང་ཡིན་ནི་རེད། རྒྱུ་ མཚན་དེའི་ཕྱིར་ན་སོགས་སོ། །དེས་ན་བློའི་ཡུལ་དུ་བྱ་རུང་གི་བཏགས་ཡོད་ཆོས་གསུམ་ཚང་ བའི་མཚོན་བྱའི་མཚན་ཉིད་ཀྱི་རྫས་ཡོད་ཆོས་གསུམ་ཚང་བའི་བཏགས་ཡོད་ཆོས་གསུམ་ ཚང་བ་དེ་བློའི་ཡུལ་དུ་བྱ་རུང་གི་བཏགས་ཡོད་ཆོས་གསུམ་ཚང་བའི་མཚོན་བྱའི་མཚན་ཉིད་ ཀྱི་རྫས་ཡོད་ཆོས་གསུམ་ཚང་བའི་མཚོན་བྱའི་མཚན་ཉིད་ཡིན་ནི་རེད། བློའི་ཡུལ་དུ་བྱ་རུང་ གི་བཏགས་ཡོད་ཆོས་གསུམ་ཚང་བའི་མཚོན་བྱའི་མཚན་ཉིད་ཀྱི་མཚན་ཉིད་ཀྱི་སྟེང་དུ་བློའི་ ཡུལ་དུ་བྱ་རུང་གི་བཏགས་ཡོད་ཆོས་གསུམ་ཚང་བའི་མཚོན་བྱའི་མཚན་ཉིད་ཀྱི་རྫས་ཡོད་ ཆོས་གསུམ་ཚང་བའི་བཏགས་ཡོད་ཆོས་གསུམ་ཚང་བ་ཡིན་ཆ་དང༌། བློའི་ཡུལ་དུ་བྱ་རུང་ གི་བཏགས་ཡོད་ཆོས་གསུམ་ཚང་བའི་མཚོན་བྱའི་མཚན་ཉིད་ཀྱི་རྫས་ཡོད་ཆོས་གསུམ་ཚང་ བའི་མཚོན་བྱ་ཡིན་ཆ་དང་གཉིས་ཕྱེས་ནི་རེད། སྔ་མ་མཚན་ཉིད་དང༌། ཕྱི་མ་མཚོན་བྱ་དང༌། དེ་གཉིས་ཀྱི་གཞི་དེ་མཚན་གཞི་ཡིན་ཚུལ་གོང་བཞིན་ནོ། ། ཡང་བློའི་ཡུལ་དུ་བྱ་རུང་གི་བཏགས་ཡོད་ཆོས་གསུམ་ཚང་བའི་མཚོན་བྱའི་མཚན་ཉིད་ ཀྱི་རྫས་ཡོད་ཆོས་གསུམ་ཚང་བའི་བཏགས་ཡོད་ཆོས་གསུམ་ཚང་བའི་སྟེང་དུ་བློའི་ཡུལ་ 5-1-198 དུ་བྱ་རུང་གི་བཏགས་ཡོད་ཆོས་གསུམ་ཚང་བའི་མཚོན་བྱའི་མཚན་ཉིད་ཀྱི་རྫས་ཡོད་ཆོས་ གསུམ་ཚང་བའི་མཚོན་བྱའི་རྫས་ཡོད་ཆོས་གསུམ་ཚང་བ་ཡིན་ཆ་དང༌། བློའི་ཡུལ་དུ་བྱ་རུང་ གི་བཏགས་ཡོད་ཆོས་གསུམ་ཚང་བའི་མཚོན་བྱའི་མཚན་ཉིད་ཀྱི་རྫས་ཡོད་ཆོས་གསུམ་ཚང་ བའི་མཚོན་བྱའི་མཚན་ཉིད་ཡིན་ཆ་དང་གཉིས་ཕྱེ་ནས་མིན་སྒྲུབ་དང་ཡིན་སྒྲུབ་རྣམས་གོང་ ཇི་ལྟ་བ་བཞིན་དུ་བྱས་ནས་གང་ནས་བརྩེགས་ཀྱང་བློ་ལ་ཐོགས་པ་མེད་པའི་བྱང་ཆ་ཞིག་ ཐོན་པ་ནི་གལ་ཤིན་ཏུ་ནས་ཀྱང་ཆེ་བ་ལགས་སོ། ། ད་ནི་འདིར་རྫས་ཡོད་ཆོས་གསུམ་མ་ཚང་བ་སོགས་ལ་བརྩེགས་ཚུལ་ཅུང་ཙམ་བཤད་ ན། གོང་དུ་བཤད་པའི་བློའི་ཡུལ་དུ་བྱ་རུང་གི་སྟེང་ན་ཡོད་པའི་ཤེས་བྱའི་རྫས་ཡོད་ཆོས་ གསུམ་ཚང་བའི་སྟེང་ནས་བཤད་པར་བྱ་བ་སྟེ། དེ་ཡང་འདི་ལྟར་ཤེས་དགོས་ནི་རེད། ཤེས་ བྱའི་རྫས་ཡོད་ཆོས་གསུམ་ཚང་བ་དེ་ཤེས་བྱའི་རྫས་ཡོད་ཆོས་གསུམ་མ་ཚང་བ་ཡིན་ནི་རེད། དྲི་ཚིག དྲང་ཚིག རྒྱུ་མཚན་ནི། ཤེས་བྱའི་རྫས་ཡོད་ཆོས་གསུམ་ཚང་བ་དེ། སྤྱིར་ཤེས་བྱའི་ མཚན་ཉིད་མ་ཡིན་པ་ཡིན་པ། རང་གི་མཚན་གཞི་ཀ་བུམ་སོགས་ཀྱི་སྟེང་དུ་གྲུབ་པ་མ་ཡིན་ པ་ཡིན་པ། རང་གི་མཚོན་བྱ་ཤེས་བྱ་ལས་གཞན་པའི་མཚན་ཉིད་མི་བྱེད་པ་མ་ཡིན་པ་ཡིན་ པ་དང་གསུམ་དེ་ཡིན་ནི་རེད། རྒྱུ་མཚན་དེའི་ཕྱིར་ན་སོགས་སོ། །དེས་ན་ཤེས་བྱའི་རྫས་ ཡོད་ཆོས་གསུམ་མ་ཚང་བ་ཤེས་བྱའི་མཚན་ཉིད་མ་ཡིན་པའི་མཚན་ཉིད། ཤེས་བྱའི་རྫས་ ཡོད་ཆོས་གསུམ་ཚང་བའི་སྟེང་དུ་ཤེས་བྱའི་རྫས་ཡོད་ཆོས་གསུམ་མ་ཚང་བ་ཡིན་ཆ་ཞིག་ཏ། ཤེས་བྱའི་མཚན་ཉིད་མ་ཡིན་པ་ཡིན་ཆ་ཞིག་ཏ་གཉིས་ཕྱེས་ནི་རེད། ཤེས་བྱའི་རྫས་ཡོད་ཆོས་ གསུམ་མ་ཚང་བ་དེ་མཚན་ཉིད་རེད། གང་གི་མཚན་ཉིད་ཡིན་ན་ཤེས་བྱའི་མཚན་ཉིད་མ་ ཡིན་པའི་མཚན་ཉིད་རེད། ཤེས་བྱའི་མཚན་ཉིད་མ་ཡིན་པ་དེ་མཚོན་བྱ་རེད། གང་གི་མཚོན་ བྱ་ཡིན་ན་ཤེས་བྱའི་རྫས་ཡོད་ཆོས་གསུམ་མ་ཚང་བའི་མཚོན་བྱ་རེད། ཤེས་བྱའི་རྫས་ཡོད་ 5-1-199 ཆོས་གསུམ་ཚང་བ་དེ་མཚན་གཞི་རེད། གང་གི་མཚན་གཞི་ཡིན་ན་ཤེས་བྱའི་མཚན་ཉིད་ མ་ཡིན་པའི་མཚན་གཞི་རེད། དེ་གསུམ་མཚན་མཚོན་གཞི་གསུམ་ཞིག་ཡིན་ནི་རེད། ཡང་ ཤེས་བྱའི་རྫས་ཡོད་ཆོས་གསུམ་མ་ཚང་བ་དེ། ཤེས་བྱའི་མཚན་ཉིད་མ་ཡིན་པའི་རྫས་ཡོད་ ཆོས་གསུམ་མ་ཚང་བ་མིན་ནི་རེད། དྲི་ཚིག དྲང་ཚིག རྒྱུ་མཚན་ནི། ཤེས་བྱའི་རྫས་ཡོད་ཆོས་ གསུམ་མ་ཚང་བ་དེ། སྤྱིར་ཤེས་བྱའི་མཚན་ཉིད་མ་ཡིན་པའི་རྫས་ཡོད་ཆོས་གསུམ་དེ་ཚང་ ཡོད་པ་ཅན་ཞིག་ཡིན་ཡོད་ནི་རེད། རྒྱུ་མཚན་དེའི་ཕྱིར་ན་སོགས་དང། འོ་ན་དེ་ཅི་ལྟ་བུ་ཞིག་ ཡིན་ཟེར་ན། ཤེས་བྱའི་རྫས་ཡོད་ཆོས་གསུམ་མ་ཚང་བ་དེ་ཤེས་བྱའི་མཚན་ཉིད་མ་ཡིན་པའི་ རྫས་ཡོད་ཆོས་གསུམ་ཚང་བ་ཡིན་ནི་རེད། དྲི་ཚིག དྲང་ཚིག རྒྱུ་མཚན་ནི། ཤེས་བྱའི་རྫས་ ཡོད་ཆོས་གསུམ་མ་ཚང་བ་དེ་སྤྱིར་ཤེས་བྱའི་མཚན་ཉིད་མ་ཡིན་པའི་མཚན་ཉིད་ཡིན་པ། རང་གི་མཚན་གཞི་ཤེས་བྱའི་རྫས་ཡོད་ཆོས་གསུམ་ཚང་བའི་སྟེང་དུ་གྲུབ་པ་ཡིན་པ། རང་གི་ མཚོན་བྱ་ཤེས་བྱའི་མཚན་ཉིད་མ་ཡིན་པའི་མཚན་ཉིད་བྱེད་པ་ལས་གཞན་པའི་མཚན་ཉིད་ མི་བྱེད་པ་ཞིག་ཀྱང་ཡིན་ནི་རེད། རྒྱུ་མཚན་དེའི་ཕྱིར་ན་ཞེས་སོགས་སོ། ། དེས་ན་ཤེས་བྱའི་མཚན་ཉིད་མ་ཡིན་པའི་རྫས་ཡོད་ཆོས་གསུམ་ཚང་བ་ཤེས་བྱའི་མཚན་ ཉིད་མ་ཡིན་པའི་མཚན་ཉིད་ཀྱི་མཚན་ཉིད། ཤེས་བྱའི་རྫས་ཡོད་ཆོས་གསུམ་མ་ཚང་བའི་ སྟེང་དུ་ཤེས་བྱའི་མཚན་ཉིད་མ་ཡིན་པའི་རྫས་ཡོད་ཆོས་གསུམ་ཚང་བ་ཡིན་ཆ་དང༌། ཤེས་ བྱའི་མཚན་ཉིད་མ་ཡིན་པའི་མཚན་ཉིད་ཡིན་ཆ་དང་གཉིས་ཕྱེས་ནི་རེད། སྔ་མ་མཚན་ཉིད་ དང༌། ཕྱི་མ་མཚོན་བྱ་དང༌། དེ་གཉིས་ཀྱི་གཞི་མཚན་གཞི་ཡིན་ཚུལ་གོང་བཞིན་ནོ། ། ཡང་ཤེས་བྱའི་མཚན་ཉིད་མ་ཡིན་པའི་རྫས་ཡོད་ཆོས་གསུམ་ཚང་བའི་སྟེང་དུ་ཤེས་བྱའི་ མཚན་ཉིད་མ་ཡིན་པའི་མཚན་ཉིད་ཀྱི་རྫས་ཡོད་ཆོས་གསུམ་ཚང་བ་ཡིན་ཆ་དང༌། ཤེས་བྱའི་ མཚན་ཉིད་མ་ཡིན་པའི་མཚན་ཉིད་ཀྱི་མཚན་ཉིད་ཡིན་ཆ་དང་གཉིས་ཕྱེ་བ་སོགས་བརྩེགས་ 5-1-200 ཚུལ་ལྷག་མ་གོང་གི་སྐབས་ལྟར་བྱའོ། ། ཡང་བློའི་ཡུལ་དུ་བྱ་རུང་གི་སྟེང་གི་ཤེས་བྱའི་མཚན་ཉིད་ཡིན་ཆའི་སྟེང་ནས་བརྩེགས་ ཚུལ་ནི། ཤེས་བྱའི་མཚན་ཉིད་ཅེས་པ་དེ་བློའི་ཡུལ་དུ་བྱ་རུང་གི་བཏགས་ཡོད་ཆོས་གསུམ་མ་ ཚང་བ་ཡིན་ནི་རེད། དྲི་ཚིག དྲང་ཚིག རྒྱུ་མཚན་ནི། ཤེས་བྱའི་མཚན་ཉིད་དེ་བློའི་ཡུལ་དུ་བྱ་ རུང་གི་མཚོན་བྱ་མ་ཡིན་པ་ཡིན་པ། རང་གི་མཚན་གཞི་ཀ་བུམ་སོགས་ཀྱི་སྟེང་དུ་གྲུབ་པ་མ་ ཡིན་པ་ཡིན་པ། རང་གི་མཚན་ཉིད་བློའི་ཡུལ་དུ་བྱ་རུང་གི་མཚོན་བྱ་ལས་གཞན་པའི་མཚོན་ བྱ་མི་བྱེད་པ་མ་ཡིན་པ་ཡིན་པ་དང་གསུམ་དེ་ཡིན་ནི་རེད། རྒྱུ་མཚན་དེའི་ཕྱིར་ན་སོགས་ དང༌། དེས་ན་བློའི་ཡུལ་དུ་བྱ་རུང་གི་བཏགས་ཡོད་ཆོས་གསུམ་མ་ཚང་བ་བློའི་ཡུལ་དུ་བྱ་རུང་ གི་མཚོན་བྱ་མ་ཡིན་པའི་མཚན་ཉིད། ཤེས་བྱའི་མཚན་ཉིད་ཀྱི་སྟེང་དུ་བློའི་ཡུལ་དུ་བྱ་རུང་གི་ བཏགས་ཡོད་ཆོས་གསུམ་མ་ཚང་བ་ཡིན་ཆ་དང༌། བློའི་ཡུལ་དུ་བྱ་རུང་གི་མཚོན་བྱ་མ་ཡིན་ པ་ཡིན་ཆ་དང་གཉིས་ཕྱེས་ནི་རེད། སྔ་མ་མཚན་ཉིད་དང༌། ཕྱི་མ་མཚོན་བྱ་དང༌། དེ་གཉིས་ ཀྱི་གཞི་མཚན་གཞི་ཡིན་ཚུལ་གོང་དང་འདྲའོ། ། ཡང་བློའི་ཡུལ་དུ་བྱ་རུང་གི་མཚོན་བྱ་མ་ཡིན་པ་བློའི་ཡུལ་དུ་བྱ་རུང་གི་མཚོན་བྱ་མིན་ནི་ རེད། དྲི་ཚིག དྲང་ཚིག རྒྱུ་མཚན་ནི། བློའི་ཡུལ་དུ་བྱ་རུང་གི་མཚོན་བྱ་མ་ཡིན་པ་དེ། སྤྱིར་ བློའི་ཡུལ་དུ་བྱ་རུང་གི་མཚོན་བྱ་མ་ཡིན་པར་བློའི་ཡུལ་དུ་བྱ་རུང་གི་བཏགས་ཡོད་ཆོས་ གསུམ་མ་ཚང་བ་ཟེར་རྒྱུའི་ཆོས་གཞན་ཞིག་གི་མཚོན་བྱ་ཡིན་ནི་རེད། རྒྱུ་མཚན་དེའི་ཕྱིར་ན་ སོགས་དང༌། འོ་ན་དེ་གང་ཡིན་ཟེར་ན་བློའི་ཡུལ་དུ་བྱ་རུང་གི་མཚོན་བྱ་མ་ཡིན་པ་དེ་ནི། བློའི་ ཡུལ་དུ་བྱ་རུང་གི་བཏགས་ཡོད་ཆོས་གསུམ་མ་ཚང་བའི་བཏགས་ཡོད་ཆོས་གསུམ་ཚང་བ་ ཡིན་ནི་རེད། དྲི་ཚིག དྲང་ཚིག རྒྱུ་མཚན་ནི། བློའི་ཡུལ་དུ་བྱ་རུང་གི་མཚོན་བྱ་མ་ཡིན་པ་དེ་ སྤྱིར་བློའི་ཡུལ་དུ་བྱ་རུང་གི་བཏགས་ཡོད་ཆོས་གསུམ་མ་ཚང་བའི་མཚོན་བྱ་ཡིན་པ་རང་གི་ 5-1-201 མཚན་གཞི་ཤེས་བྱའི་མཚན་ཉིད་ཀྱི་སྟེང་དུ་གྲུབ་པ་ཡིན་པ། རང་གི་མཚན་ཉིད་བློའི་ཡུལ་དུ་ བྱ་རུང་གི་བཏགས་ཡོད་ཆོས་གསུམ་མ་ཚང་བའི་མཚོན་བྱ་ལས་གཞན་པའི་མཚོན་བྱ་མི་བྱེད་ པ་དང་གསུམ་དེ་ཡིན་ནི་རེད། རྒྱུ་མཚན་དེའི་ཕྱིར་ན་སོགས་སོ། ། དེས་ན་བློའི་ཡུལ་དུ་བྱ་རུང་གི་བཏགས་ཡོད་ཆོས་གསུམ་མ་ཚང་བའི་བཏགས་ཡོད་ ཆོས་གསུམ་ཚང་བ་བློའི་ཡུལ་དུ་བྱ་རུང་གི་བཏགས་ཡོད་ཆོས་གསུམ་མ་ཚང་བའི་མཚོན་བྱའི་ མཚན་ཉིད། བློའི་ཡུལ་དུ་བྱ་རུང་གི་མཚོན་བྱ་མ་ཡིན་པའི་སྟེང་དུ་བློའི་ཡུལ་དུ་བྱ་རུང་གི་ བཏགས་ཡོད་ཆོས་གསུམ་མ་ཚང་བའི་བཏགས་ཡོད་ཆོས་གསུམ་ཚང་བ་ཡིན་ཆ་དང༌། བློའི་ ཡུལ་དུ་བྱ་རུང་གི་བཏགས་ཡོད་ཆོས་གསུམ་མ་ཚང་བའི་མཚོན་བྱ་ཡིན་ཆ་དང་གཉིས་ཕྱེས་ ནི་རེད། སྔ་མ་མཚན་ཉིད་དང༌། ཕྱི་མ་མཚོན་བྱ་ཡིན་པ་དང༌། དེ་གཉིས་ཀྱི་གཞི་མཚན་གཞི་ ཡིན་ཚུལ་རྣམས་ནི་གོང་བཞིན་ཡིན་ནི་རེད། ཡང་བློའི་ཡུལ་དུ་བྱ་རུང་གི་བཏགས་ཡོད་ཆོས་ གསུམ་མ་ཚང་བའི་མཚོན་བྱའི་སྟེང་དུ་བློའི་ཡུལ་དུ་བྱ་རུང་གི་བཏགས་ཡོད་ཆོས་གསུམ་མ་ ཚང་བའི་བཏགས་ཡོད་ཆོས་གསུམ་ཚང་བའི་བཏགས་ཡོད་ཆོས་གསུམ་ཚང་བ་ཡིན་ཆ་དང༌། བློའི་ཡུལ་དུ་བྱ་རུང་གི་བཏགས་ཡོད་ཆོས་གསུམ་མ་ཚང་བའི་བཏགས་ཡོད་ཆོས་གསུམ་ཚང་ བའི་མཚོན་བྱ་ཡིན་ཆ་གཉིས་ཕྱེས་ནས་བརྩེགས་པ་སོགས་བརྩེགས་ཚུལ་གོང་མ་དག་གིས་ འགྲེས་པ་ཁོ་ན་ལྟར་བྱ་བ་ལས་ཁྱད་པར་གཞན་ཆེར་མེད་པས་གོང་འོག་གི་སྐབས་གང་ལ་ ཐུག་ཀྱང་བློ་ལ་ཐོགས་འགོར་མེད་པ་ཞིག་ངེས་པར་དགོས་སོ། ། ད་ནི་གོང་དུ་བཤད་པའི་མཚན་མཚོན་དེ་དག་ལ་ངེས་པ་གསལ་བོ་འདྲོངས་པའི་ཆེད་དུ་ འདི་བཞིན་ཤེས་དགོས་ཏེ། དེ་ཡང་དྲི་བ་པོས་ཤེས་བྱའི་རྫས་ཡོད་ཆོས་གསུམ་ཚང་བ་ཞིག་ ཞོག་ཟེར་ན། དྲི་ཡུལ་དེས་བློའི་ཡུལ་དུ་བྱ་རུང་དེ་འཇོག་ཟེར་རྒྱུ་རེད། ཡང་དྲི་བ་པོའི་ཤེས་ བྱའི་མཚན་ཉིད་ཀྱི་རྫས་ཡོད་ཆོས་གསུམ་ཚང་བ་ཞིག་ཞོག་ཟེར་ན། དྲི་ཡུལ་དེས་ཤེས་བྱའི་ 5-1-202 རྫས་ཡོད་ཆོས་གསུམ་ཚང་བ་དེ་འཇོག་ཟེར་རྒྱུ་རེད། དེས་འགྲེས་ཏེ་མཚན་ཉིད་ཀྱི་ཕྱོགས་ ཀུན་ལ་ཤེས་པར་བྱ་དགོས། ཡང་དྲི་བ་པོས་བློའི་ཡུལ་དུ་བྱ་རུང་གི་བཏགས་ཡོད་ཆོས་ གསུམ་ཚང་བ་ཞིག་ཞོག་ཟེར་ན། དྲི་ཡུལ་དེས་ཤེས་བྱ་དེ་འཇོག་ཟེར་རྒྱུ་རེད། ཡང་དྲི་བ་པོས་ བློའི་ཡུལ་དུ་བྱ་རུང་གི་བཏགས་ཡོད་ཆོས་གསུམ་ཚང་བའི་བཏགས་ཡོད་ཆོས་གསུམ་ཚང་བ་ ཞིག་ཞོག་ཟེར་ན། དྲི་ཡུལ་དེས་བློའི་ཡུལ་དུ་བྱ་རུང་གི་མཚོན་བྱ་དེ་འཇོག་ཟེར་རྒྱུ་རེད། ཡང་ དྲི་བ་པོས་བློའི་ཡུལ་དུ་བྱ་རུང་གི་མཚོན་བྱའི་རྫས་ཡོད་ཆོས་གསུམ་ཚང་བ་ཞིག་ཞོག་ཟེར་ན། དྲི་ཡུལ་དེས་བློའི་ཡུལ་དུ་བྱ་རུང་གི་བཏགས་ཡོད་ཆོས་གསུམ་ཚང་བ་དེ་འཇོག་ཟེར་རྒྱུ་རེད། དེས་འགྲེས་ཏེ་མཚོན་བྱ་ཕྱོགས་ཀུན་ལ་ཤེས་དགོས། གོང་གི་མཚན་ཉིད་ཕྱོགས་ལ་འགྲེས་ ཚུལ་གཅིག་ཙམ་ཞིག་འདིར་བརྗོད་ན། ཤེས་བྱའི་མཚན་ཉིད་ཀྱི་རྫས་ཡོད་ཆོས་གསུམ་ཚང་ བའི་བཏགས་ཡོད་ཆོས་གསུམ་ཚང་བའི་མཚོན་བྱའི་རྫས་ཡོད་ཆོས་གསུམ་ཚང་བ་ཞིག་ཞོག་ ཟེར་ན། དེ་ལ་འདི་བཞིན་འཇོག་དགོས་ནི་རེད། ཤེས་བྱའི་མཚན་ཉིད་ཀྱི་རྫས་ཡོད་ཆོས་ གསུམ་ཚང་བའི་བཏགས་ཡོད་ཆོས་གསུམ་ཚང་བའི་བཏགས་ཡོད་ཆོས་གསུམ་ཚང་བ་དེ་ འཇོག་ཟེར་དགོས་ནི་རེད། ཡང་ཤེས་བྱའི་མཚན་ཉིད་ཀྱི་རྫས་ཡོད་ཆོས་གསུམ་ཚང་བའི་ བཏགས་ཡོད་ཆོས་གསུམ་ཚང་བའི་བཏགས་ཡོད་ཆོས་གསུམ་ཚང་བའི་བཏགས་ཡོད་ཆོས་ གསུམ་ཚང་བ་ཞིག་ཞོག་ཟེར་ན། ཤེས་བྱའི་མཚན་ཉིད་ཀྱི་རྫས་ཡོད་ཆོས་གསུམ་ཚང་བའི་ བཏགས་ཡོད་ཆོས་གསུམ་ཚང་བའི་མཚོན་བྱ་དེ་འཇོག་ཟེར་རྒྱུ་རེད། དེ་སོགས་ཀུན་ལ་ཤེས་ པར་བྱའོ། ། ཡང་གོང་གི་མཚོན་བྱ་ཕྱོགས་ལ་འགྲེས་ཚུལ་གཅིག་ཙམ་ཞིག་འདིར་བརྗོད་ན། བློའི་ ཡུལ་དུ་བྱ་རུང་གི་བཏགས་ཡོད་ཆོས་གསུམ་ཚང་བའི་མཚོན་བྱའི་མཚན་ཉིད་ཀྱི་རྫས་ཡོད་ ཆོས་གསུམ་ཚང་བའི་བཏགས་ཡོད་ཆོས་གསུམ་ཚང་བའི་བཏགས་ཡོད་ཆོས་གསུམ་ཚང་ 5-1-203 བ་ཞིག་ཞོག་ཟེར་ན། དེ་ལ་འདི་ལྟར། བློའི་ཡུལ་དུ་བྱ་རུང་གི་བཏགས་ཡོད་ཆོས་གསུམ་ ཚང་བའི་མཚོན་བྱའི་མཚན་ཉིད་ཀྱི་རྫས་ཡོད་ཆོས་གསུམ་ཚང་བའི་མཚོན་བྱ་དེ་འཇོག་ཟེར་ དགོས་ནི་རེད། ཡང་བློའི་ཡུལ་དུ་བྱ་རུང་གི་བཏགས་ཡོད་ཆོས་གསུམ་ཚང་བའི་མཚོན་བྱའི་ མཚན་ཉིད་ཀྱི་རྫས་ཡོད་ཆོས་གསུམ་ཚང་བའི་མཚོན་བྱའི་རྫས་ཡོད་ཆོས་གསུམ་ཚང་བ་ཞིག་ ཞོག་ཟེར་ན། བློའི་ཡུལ་དུ་བྱ་རུང་གི་བཏགས་ཡོད་ཆོས་གསུམ་ཚང་བའི་མཚོན་བྱའི་མཚན་ ཉིད་ཀྱི་རྫས་ཡོད་ཆོས་གསུམ་ཚང་བའི་བཏགས་ཡོད་ཆོས་གསུམ་ཚང་བ་དེ་འཇོག་ཟེར་རྒྱུ་ རེད། དེ་སོགས་ཀུན་ལ་ཤེས་པར་བྱ་དགོས། འདི་དག་གི་སྐབས་སུ་ཆོས་གང་ཡིན་ཀྱང་རང་ རང་གི་མཚན་ཉིད་རྣམས་ནི་རྫས་ཡོད་ཆོས་གསུམ་ཚང་བ་ཡིན་ཚུལ་དང་མཚན་ཉིད་དེ་དག་ གིས་མཚོན་པར་བྱ་རྒྱུའི་མཚོན་བྱ་རང་རང་རྣམས་བཏགས་ཡོད་ཆོས་གསུམ་ཚང་བ་ཡིན་ ཚུལ་རྣམས་ནི་གོང་དུ་བཤད་པ་དག་གིས་ལེགས་པར་ཤེས་ནུས་པ་ཡིན་ལ། དེ་ལྟར་ཚང་ཚུལ་ ཡང་མཚན་ཉིད་རྣམས་ཀྱི་བཏགས་ཡོད་ཆོས་གསུམ་དེ་རང་རང་གི་མཚོན་བྱ་རྣམས་ལ་ཚང་ བ་ཡིན་པ་དང༌། མཚོན་བྱ་རྣམས་ཀྱི་རྫས་ཡོད་ཆོས་གསུམ་དེ་རང་རང་གི་མཚན་ཉིད་རྣམས་ ལ་ཚང་བ་ཡིན་པ་རྣམས་ཀྱང་གོང་སྨོས་དག་གིས་ཤེས་སོ། །འདི་སྐོར་ལ་གོང་བཤད་རྣམས་ ཀྱི་ཡིན་ལུགས་དེ་དག་བློ་ལ་ལེགས་པར་ངེས་ན་སེམས་ལ་བྱང་མ་བྱང་གི་ཁྱད་ཙམ་ལས་དོན་ ལ་མི་ཤེས་པ་ཅི་ཡང་མེད་དོ། ། ད་ནི་ཁྱབ་མཐའ་ཟེར་ཚུལ་ཅུང་ཙམ་བཤད་ན། དང་པོ་དྲི་བ་པོ་དེས། ཁ་དོག་ཡིན་ན་ དཀར་པོ་ཡིན་པས་ཨེ་ཁྱབ་ཟེར་རེ་དྲི་དུས་དེར། ཚིག་དེའི་དོན་ནི་ཁ་དོག་ཡིན་ཚད་དེ་དཀར་ པོ་རྐྱང་བ་ཡིན་ནས་ཨེ་ཡོད་བྱས་ནི་རེད། དེ་ལས་ཁ་དོག་ཡིན་ན་ཞེས་པ་དེ་དྲི་ཚིག་དང་པོ་ རེད། དཀར་པོ་ཡིན་པས་ཨེ་ཁྱབ་ཞེས་པ་དེ་དྲི་ཚིག་གཉིས་པ་རེད། དེ་ལ་དྲི་ཡུལ་དེས་སེམས་ ལ་འདི་ལྟར་ཤར་དགོས་ནི་རེད། དེ་ཡང་ཁ་དོག་ཡིན་ཚད་དེ་དཀར་པོ་རྐྱང་བ་ཡིན་ནས་ཡོད་ 5-1-204 ན་ཁྱབ་ནི་རེད། ཁ་དོག་ཡིན་ཚད་དེ་དཀར་པོ་རྐྱང་བ་ཡིན་ནས་མེད་ན་མ་ཁྱབ་ནི་རེད། ད་ རེབ་འདིར་ནི་ཁ་དོག་ཡིན་ཚད་དེ་དཀར་པོ་རྐྱང་བ་ཡིན་ནས་མེད་ནི་རེད། དེའི་དོན་གྱིས་མ་ ཁྱབ་ནི་རེད་བསམ་ནས། མ་ཁྱབ་ཟེར་རྒྱུ་རེད། དྲི་བ་པོས། མ་ཁྱབ་ན། མ་ཁྱབ་པ་ཞོག་ཟེར་ རྒྱུ་རེད། དྲི་ཡུལ་དེས། མ་ཁྱབ་པ་དེ་ལ་དྲི་ཚིག་དང་པོ་ཁ་དོག་ཡིན་ནས། དྲི་ཚིག་གཉིས་པ་ དཀར་པོ་མ་ཡིན་ནི་ཞིག་འཇོག་དགོས་སོ་བསམ་ནས། པདྨ་ར་གའི་ཁ་དོག་དེ་འཇོག་ཟེར་རྒྱུ་ རེད། དྲི་བ་པོས། པདྨ་ར་གའི་ཁ་དོག་དེ་ཁ་དོག་ཞིག་ཨི་ཡིན་ཟེར་རྒྱུ་རེད། དྲི་ཡུལ་དེས་ཡིན་ ཟེར་རྒྱུ་རེད། དྲི་བ་པོས་པདྨ་ར་གའི་ཁ་དོག་དེ་དཀར་པོ་མ་ཡིན་པ་ཞིག་ཨི་ཡིན་ཟེར་རྒྱུ་རེད། དྲི་ཡུལ་དེས། དེ་དཀར་པོ་མ་ཡིན་པ་ཞིག་ཡིན་ཟེར་རྒྱུ་རེད། ཡང་དྲི་བ་པོས། འོ་ན་དཀར་པོ་ ཡིན་ན་ཁ་དོག་ཡིན་པས་ཨེ་ཁྱབ་ཟེར་རྒྱུ་རེད། ཚིག་དེའི་དོན་ནི་དཀར་པོ་ཡིན་ཚད་དེ་ཁ་དོག་ རྐྱང་བ་ཡིན་ནས་ཨི་ཡོད་བྱས་ནི་རེད། དཀར་པོ་ཡིན་ན་ཞེས་པ་དེ་དྲི་ཚིག་དང་པོ་དང༌། ཁ་ དོག་ཡིན་པས་ཨེ་ཁྱབ་ཞེས་པ་དེ་དྲི་ཚིག་གཉིས་པ་རེད། དྲི་ཡུལ་དེས། དཀར་པོ་ཡིན་ཚད་ དེ་ཁ་དོག་རྐྱང་བ་ཡིན་ནས་ཡོད་ན་ཁྱབ་པ་དང༌། དེ་ལྟར་མེད་ན་མ་ཁྱབ་པ་གོང་བཞིན་རེད། འདིར་དཀར་བོ་ཡིན་ཚད་དེ་ཁ་དོག་རྐྱང་བ་ཡིན་ནས་ཡོད་ནི་རེད་བསམ་ནས། ཁྱབ་ཟེར་རྒྱུ་ རེད། དྲི་བ་པོས། ཁྱབ་ན། ཁྱབ་པའི་རྒྱུ་མཚན་ཁོད་ཟེར་རྒྱུ་རེད། དྲི་ཡུལ་དེས། དཀར་པོ་ ཡིན་ཚད་ཞིག་ལ་ཁ་དོག་མ་ཡིན་པ་ཞིག་མི་སྲི ད་ནི་རེད། རྒྱུ་མཚན་དེའི་ཕྱིར་ན་ཁྱབ་ནི་རེད་ ཞེས་ཟེར་རྒྱུ་རེད། དེ་དག་གིས་འགྲེས་སྦྱར་ཏེ་གོང་དུ་བཤད་པའི་ལྡོག་ཆ་ཐམས་ཅད་ལ་ཟེར་ ཚུལ་ཤེས་པར་བྱ་དགོས། ཁྱད་པར་བུམ་ལྡོག་དང་མཚན་མཚོན་གྱི་སྐབས་རྣམས་སུ་འདི་ བཞིན་ཤེས་པར་བྱ་སྟེ། བུམ་པའི་ལྡོག་པ་བུམ་པའི་ལྡོག་པ་མིན། བུམ་པའི་ལྡོག་པ་ཡིན་ན་ བུམ་པ་ཡིན་པས་ཁྱབ། བུམ་པ་ཤེས་བྱ་ཡིན་པའི་ལྡོག་པ་བུམ་པ་ཤེས་བྱ་ཡིན་པའི་ལྡོག་པ་ མིན། བུམ་པ་ཤེས་བྱ་ཡིན་པའི་ལྡོག་པ་ཡིན་ན་བུམ་པ་ཤེས་བྱ་ཡིན་པ་ཡིན་པས་ཁྱབ། དེས་ 5-1-205 ཡོད་པ་སོགས་ཆོས་ཐམས་ཅད་ལ་འགྲེས་ཡང་ཤེས་བྱའི་མཚན་ཉིད་ཤེས་བྱའི་མཚན་ཉིད་ མིན། ཤེས་བྱའི་མཚན་ཉིད་མཚོན་བྱ་ཡིན། ཤེས་བྱའི་མཚན་ཉིད་ཡིན་ན་ཤེས་བྱའི་མཚན་ ཉིད་ཡིན་པས་ཁྱབ། ཤེས་བྱའི་རྫས་ཡོད་ཆོས་གསུམ་ཚང་བ་ཤེས་བྱའི་རྫས་ཡོད་ཆོས་གསུམ་ ཚང་བ་མིན། ཤེས་བྱའི་རྫས་ཡོད་ཆོས་གསུམ་ཚང་བ་ཡིན་ན་ཤེས་བྱའི་རྫས་ཡོད་ཚང་བ་ཡིན་ པས་ཁྱབ་སོགས་མཚན་ཉིད་ཀྱི་ཕྱོགས་ཀུན་ལ་སྦྱར། ཡང་བློའི་ཡུལ་དུ་བྱ་རུང་གི་མཚོན་བྱ་ བློའི་ཡུལ་དུ་བྱ་རུང་གི་མཚོན་བྱ་མིན། བློའི་ཡུལ་དུ་བྱ་རུང་གི་མཚོན་བྱ་ཡིན་ན་བློའི་ཡུལ་དུ་ བྱ་རུང་གི་མཚོན་བྱ་ཡིན་པས་ཁྱབ། བློའི་ཡུལ་དུ་བྱ་རུང་གི་བཏགས་ཡོད་ཆོས་གསུམ་ཚང་ བ་བློའི་ཡུལ་དུ་བྱ་རུང་གི་བཏགས་ཡོད་ཆོས་གསུམ་ཚང་བ་མིན། བློའི་ཡུལ་དུ་བྱ་རུང་གི་ བཏགས་ཡོད་ཆོས་གསུམ་ཚང་བ་ཡིན་ན་བློའི་ཡུལ་དུ་བྱ་རུང་གི་བཏགས་ཡོད་ཆོས་གསུམ་ ཚང་བ་ཡིན་པས་ཁྱབ། སྤྱིར་མཚན་ཉིད་མཚན་ཉིད་མིན། མཚན་ཉིད་ཡིན་ན་མཚན་ཉིད་ ཡིན་པས་ཁྱབ། མཚོན་བྱ་མཚོན་བྱ་ཡིན་མཚོན་བྱ་ཡིན་ན་མཚོན་བྱ་ཡིན་པས་ཁྱབ་སོགས་ མཚོན་བྱ་ཕྱོགས་ནས་དང་གཞན་ཀུན་ལའང་འགྲེས་པར་བྱའོ། ། དེ་དག་གི་རིམ་པས་ལྡོག་ཆ་རྣམས་ངོའི་འཛིན་ལུགས་དང༌། བུམ་ལྡོག་བརྩེགས་ཚུལ། མཚན་མཚོན་བརྩེགས་ཚུལ་སོགས་ནི་ལེགས་པར་བཤད་ཟིན་ལ། དེ་དག་ལས་འཕྲོས་པའི་ ལྡོག་ཆ་གཞན་མ་བརྩེགས་ཚུལ་ཅུང་ཙམ་བརྗོད་ན། བུམ་པ་བློའི་ཡུལ་དུ་བྱ་རུང་ཡིན་པ་བློའི་ ཡུལ་དུ་བྱ་རུང་ཡིན་པ་བློའི་ཡུལ་དུ་བྱ་རུང་ཡིན་པ་སོགས་ཐུག་མེད་དང༌། ཡང་བུམ་པ་བློའི་ ཡུལ་དུ་བྱ་རུང་ཡིན་པ་དངོས་པོ་མ་ཡིན་པ་ཡིན་པ་སོགས་ཐུག་མེད་དང༌། ཡང་བུམ་པ་ཤེས་ བྱ་ཡིན་པ་ཤེས་བྱ་ཡིན་པ་སོགས་དང༌། བུམ་པ་ཤེས་བྱ་ཡིན་པ་དངོས་པོ་མ་ཡིན་པ་ཡིན་པ་ སོགས། ཐུག་མེད་དུ་འགྲོ་ཚུལ་ཡོད་པ་ལྟར་ཆོས་ཐམས་ཅད་ལའང་ཤེས་པར་བྱའོ། ། ད་ནི་རྟགས་སྦྱོར་དང་ཐལ་འགྱུར་སོགས་ཀྱི་དོན་མདོར་བསྡུས་བཤད་ན། ཆོས་ཅན་ 5-1-206 དང་གསལ་བའམ་ཆོས་ཀྱི་འཚོགས་དོན་དེ་དམ་བཅའ་ཡིན་ནི་རེད། དམ་བཅའ་དང༌། སྒྲུབ་ བྱ་གཉིས་དོན་གཅིག་དང༌། གསལ་བ་དང་སྒྲུབ་བྱའི་ཆོས་དང་ཁྱབ་བྱེད་གསུམ་དོན་གཅིག་ དང༌། ཤེས་འདོད་ཆོས་ཅན་དང༌། རྩོད་གཞི་དང༌། སྒྲུབ་གཞི་གསུམ་དོན་གཅིག་དང༌། རྟགས་དང༌། རིགས་པ་དང༌། གཏན་ཚིགས་དང༌། རྒྱུ་མཚན་དང༌། སྒྲུབ་བྱེད་དང༌། ཁྱབ་བྱེད་ དང༌། ཤེས་བྱེད་རྣམས་སྐབས་ཐོབ་ལ་དོན་གཅིག་པ་ཅན་ཡིན་ཆོག་ལ། སྐབས་གཞན་ལ་ནི་ གོང་སྨོས་རྣམས་ལས་ཅི་རིགས་རེ་དོན་གཅིག་མི་གཅིག་འགའ་རེ་ཡོད་པ་འདྲ་ནའང་དོན་ལ་ ལེགས་པར་དཔྱད་ཤེས་ན་དོན་མི་གཅིག་པ་ཅི་ཡང་མེད་པ་འདྲའོ། ། དེས་དོན་དེ་དག་བློ་ལ་ངེས་པར་བྱས་ནས་གཞི་སྒྲ་ལྟ་བུ་ལ་ཆོས་མི་རྟག་པ་ལྟ་བུ་ཞིག་ སྦྱར་ནས་བརྗོད་ན་འདི་ལྟར་ཏེ། སྒྲ་ཆོས་ཅན། མི་རྟག་པ་ཡིན་ཏེ། བྱས་པ་ཡིན་པའི་ཕྱིར་ ཞེས་པའི་རྟགས་སྦྱོར་བཀོད་ན། དེ་ལས་སྒྲ་དེ་ཤེས་འདོད་ཆོས་ཅན་སོགས་གསུམ་དང༌། མི་ རྟག་པ་དེ་གསལ་བ་སོགས་གསུམ་དང༌། སྒྲ་མི་རྟག་པ་ཡིན་ཏེ་ཞེས་པ་དེ་དམ་བཅའ་བྱས་པ་ དེ། རྟགས་རིགས་པ་སོགས་གོང་སྨྲོས་རྣམས་ཡིན་པ་ལེགས་པར་ཤེས་དགོས་པ་དེས་གཞན་ ལ་འགྲེས། སྒྲུབ་བྱ་གཉིས་དང་དམ་བཅའ་སྒྲུབ་པའི་རྟགས་ཆོས་དོན་གསུམ་དངོས་སུ་སྦྱོར་ བའི་ཆ་ནས་བཞག་པའི་ངག་དེ་རྟགས་སྦྱོར་ཡིན་ནི་རེད། དཔེར་ན། སྒྲ་ཆོས་ཅན། མི་རྟག་ཏེ། བྱས་པའི་ཕྱིར་ཞེས་པ་ལྟ་བུ་དེ་རེད། རྟགས་སྦྱོར་དེ་ལ་ཡང་དག་དང༌། ལྟར་སྣང་གཉིས་ཡོད། རྟགས་ཁྱབ་གྲུབ་པའི་རྟགས་སྦྱོར་དེ། རྟགས་སྦྱོར་ཡང་དག་རེད། དེ་ནི་གོང་ལྟར་དེ་རེད། རྟགས་གྲུབ་ཅེས་པ་ནི། ཆོས་ཅན་དེ་རྟགས་དེ་ཡིན་དགོས་ནི་དེ་རེད། ཁྱབ་པ་ཡོད་ཅེས་པ་ནི། སྐབས་ཀྱི་རྟགས་དེ་ཡིན་ཚད་ལ་སྐབས་ཀྱི་སྒྲུབ་ཆོས་རྐྱང་བ་ཡིན་ཡོད་དགོས་པ་དེ་ཡིན་ནི་ རེད། དེའི་ཚུལ་རྟགས་ནས་གསལ་བ་ལ་ཁྱབ་པ་ཀློག་རྒྱུ་རེད། རྟགས་ཁྱབ་གང་རུང་མ་གྲུབ་ པའི་རྟགས་སྦྱོར་དེ་རྟགས་སྦྱོར་ལྟར་སྣང་རེད། དཔེར་ན་བརྗོད་བྱའི་དོན་སོགས་ལ་རྨོངས་ 5-1-207 པའི་སྒོ་ནས། དམ་བཅའ་སྒྲུབ་འདོད་ཀྱི་བསམ་པས་རྟགས་སྦྱོར་གྱི་དབང་དུ་བྱས་ནས་བཀོད་ པའི། སྒྲ་ཆོས་ཅན། མི་རྟག་སྟེ། ཞེས་དང༌། སྒྲ་ཆོས་ཅན། བྱས་པའི་ཕྱིར་ཞེས་པ་ལྟ་བུ་དེ་ཡིན་ ནི་རེད། རྨོངས་དབང་གིས་མ་ཡིན་པར་ཚིག་ཚོགས་བསྡུ་བ་སོགས་དགོས་དབང་གིས་རྟགས་ སྦུགས་སུ་འཕངས་ཏེ་སྒྲ་ཆོས་ཅན། མི་རྟག་སྟེ། ཞེས་དང༌། ཆོས་སྦུགས་སུ་འཕང་བའི། སྒྲ་ ཆོས་ཅན། བྱས་པའི་ཕྱིར། ཞེས་པ་ལྟ་བུ་དེ། སྐབས་ཀྱི་ཡུལ་དེས་དོན་དེ་ལྟར་དུ་གོ་ན་ཡུལ་དེ་ ལ་རྟགས་སྦྱོར་ཡང་དག་ཏུ་འགྲོ་བ་ཡོད་པ་འདྲ་སྟེ། ལེགས་པར་བརྟགས་ཤེས་ན་གསལ་བར་ འགྱུར་བ་དེའི་ཕྱིར། གོང་དུ་བཤད་པའི་རྟགས་སྦྱོར་ལྟར་སྣང་ནི་འདིར་ཆ་བཞག་གིས་སྡུད་ རྒྱུ་ཡིན་པ་ཤེས་དགོས་པ་ལྟར་གཞན་དུ་མ་ལའོ། །གཞན་ལ་མི་འདོད་པ་ཐལ་བ་འཕང་བའི་ ཐལ་རྟགས་དངོས་སུ་སྦྱོར་བའི་ཆ་ནས་བཞག་པའི་ངག་དེ་ཐལ་འགྱུར་རེད། དེ་ཡང་དཔེར་ ན་གྲངས་ཅན་པས་སྒྲ་རྟག་པར་དམ་བཅའ་བ་ལ། ནང་པ་དག་གིས། སྒྲ་ཆོས་ཅན་མི་རྟག་པ་ ཡིན་པར་ཐལ། བྱས་པ་ཡིན་པའི་ཕྱིར། ཞེས་པ་ལྟ་བུ་སྨྲས་ན་དེ་འདྲ་དེ་ཡིན་ནི་རེད། ཐལ་ འགྱུར་ལའང༌། ཡང་དག་དང༌། ལྟར་སྣང་གཉིས་ཡོད། དེ་ལས་ལྟར་སྣང་དང་ལྟག་ཆོད་དོན་ གཅིག དང་པོ་ནི་གོང་གི་བཤད་ཡོད་པ་བཞིན་དེ་རེད། དེ་ཡང་གཞན་གྱིས་དམ་བཅའ་སུན་ འབྱིན་ནུས་པའི་ཐལ་འགྱུར་ཞིག་ཡིན་དགོས་ནི་རེད། གཉིས་པ་ལྟར་སྣང་ནི། གཞན་གྱི་དམ་ བཅའ་སུན་འབྱིན་མི་ནུས་པའི་ཐལ་འགྱུར་དེ་ཡིན་ནི་རེད། དེ་ཡང་དཔེར་ན། གྲངས་ཅན་ པའི་སྒྲ་རྟག་པར་འདོད་པ་ལ། རྨོངས་པའི་དབང་གིས་སུན་འབྱིན་གྱི་བསམ་པས། སྒྲ་ཆོས་ ཅན། མི་རྟག་པ་ཡིན་པར་ཐལ་ཞེས་དང༌། སྒྲ་ཆོས་ཅན། བྱས་པའི་ཕྱིར། ཞེས་པ་ལྟ་བུ་སྨྲས་པ་ དེ་ཡིན་ནི་རེད། འདི་ལའང་དགོས་དབང་གིས་སུན་འབྱིན་གྱི་བསམ་པས། སྒྲ་ཆོས་ཅན། མི་ རྟག་པར་ཐལ། ཞེས་དང༌། སྒྲ་ཆོས་ཅན། བྱས་པའི་ཕྱིར་ཞེས་པ་ལྟ་བུ་སྨྲས་པ་ལ་ནི། སྐབས་ ཀྱི་ཡུལ་དེ་ལ་ཐལ་འགྱུར་ཡང་དག་ཏུ་འགྲོ་བ་གོང་དང་མཚུངས་ནི་རེད། ཐལ་འགྱུར་ལྟར་ 5-1-208 སྣང་རྣམས་ཀྱང་འདིར་ཆ་བཞག་གིས་སྡུད་དགོས་སོ། །སྤྱིར་རྟགས་སྦྱོར་དང་ཐལ་འགྱུར་ གང་ཡིན་ཀྱང་བརྗོད་བྱ་རྗོད་བྱེད་གང་རུང་ལ་རྨོངས་པའི་དབང་གིས་སྒྲུབ་དང་སུན་འབྱིན་གྱི་ བསམ་པས། སྒྲ་ཆོས་ཅན་མི་རྟག་སྟེ། ཞེས་དང༌། སྒྲ་ཆོས་ཅན། བྱས་པའི་ཕྱིར། ཞེས་དང༌། སྒྲ་ཆོས་ཅན། མི་རྟག་པར་ཐལ། ཞེས་དང༌། སྒྲ་ཆོས་ཅན། བྱས་པའི་ཕྱིར། ཞེས་པ་ལྟ་བུ་ རྣམས་རྟགས་སྦྱོར་ལྟར་སྣང་དང་ཐལ་འགྱུར་ལྟར་སྣང་ཡིན་ཀྱང༌། ཚིག་ཚོགས་བསྡུ་བ་དང་ དོན་གོ་བའི་ཕྱི་རྒོལ་ལ་སོགས་པའི་དབང་གིས་སྨྲ་བ་པོས་ཀྱང་དགོས་དབང་གིས་སྒྲུབ་དང་ སུན་འབྱིན་གྱི་བསམ་པས་གོང་བཞིན་རྟགས་སྦྱོར་དང་ཐལ་འགྱུར་གྱི་བརྗོད་བྱ་མཐའ་དག་ ཚིག་གིས་མ་ཟིན་པའི་སྒོ་ནས་དེ་གཉིས་བཀོད་པ་དང་འཕང་བ་གང་རུང་བྱས་ཀྱང་སྐབས་ཀྱི་ ཕྱི་རྒོལ་དེ་ལ་རྟགས་སྦྱོར་ཡང་དག་དང་ཐལ་འགྱུར་ཡང་དག་ཏུ་འགྲོ་ཕྱིར་ཕྱི་རྒོལ་དེ་ལ་ལྟོས་ པའི་རྟགས་སྦྱོར་ཡང་དག་དང༌། ཕྱི་རྒོལ་དེ་ལ་ལྟོས་པའི་ཐལ་འགྱུར་ཡང་དག་ཀྱང་ཡིན་ཆོག་ པ་ཡིན་ཏེ། རྣམ་འགྲེལ་ལས། སྒྲ་ནི་བརྗོད་འདོད་རྗེས་འབྲང་ཕྱིར། །མ་བརྗོད་ན་ཡང་འདོད་ པས་ཁྱབ། །ཞེས་གསུངས་པ་ལྟར་ཡིན་པའི་ཕྱིར། དེ་ལྟར་བཤད་པའི་རྟགས་སྦྱོར་དང་ཐལ་ འགྱུར་གཉིས་པོ་གང་ཡིན་ཀྱང་རང་རང་གི་སྒྲུབ་བྱེད་ཀྱི་རྟགས་ཡང་དག་ལ་ཚུལ་གསུམ་ཚང་ བ་ཞིག་ངེས་པར་དགོས་ཏེ། ཚུལ་གསུམ་ཚང་བ་རྟགས་ཡང་དག་གི་མཚན་ཉིད་ཡིན་པ་དེའི་ ཕྱིར་རོ། ། དེའི་ཚུལ་གསུམ་པོ་ཇི་ལྟར་ཡིན་ཟེར་ན། སྤྱིར་ཤེས་འདོད་ཆོས་ཅན་དེ་དེ་སྒྲུབ་ཀྱི་རྟགས་ དེ་ཡིན་པ་ཙམ་ལ་རྟགས་སྦྱོར་དང་ཐལ་འགྱུར་གྱི་སྐབས་སུ་ཕྱོགས་ཆོས་ཞེས་བྱས་པ་ཡོད་ ཀྱང་རྟགས་ཡང་དག་གི་ཕྱོགས་ཆོས་ནི་དེ་སྒྲུབ་ཀྱི་རྟགས་དེ་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་ སྐྱོན་མེད་ཀྱི་སྟེང་དུ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ངེས་པ་དེ་ཡིན་ནི་རེད། བྱས་ན་ མི་རྟག་པས་ཁྱབ་པ་ལྟ་བུ་རྟགས་ནས་གསལ་བ་ལ་ཁྱབ་པ་ཀློག་པ་ཙམ་གྱི་ཁྱབ་པ་དེ་རྟགས་ 5-1-209 སྦྱོར་དང་ཐལ་འགྱུར་གྱི་སྐབས་སུ་རྗེས་ཁྱབ་ཞེས་བྱས་པ་ཡོད་ཀྱང་རྟགས་ཡང་དག་གི་རྗེས་ ཁྱབ་ནི་དེ་སྒྲུབ་ཀྱི་རྟགས་དེ་དེ་སྒྲུབ་ཀྱི་མཐུན་ཕྱོགས་ཁོ་ན་ལ་འགོད་ཚུལ་དང་མཐུན་པར་ ཡོད་པ་ཉིད་དུ་ངེས་པ་དེ་ཡིན་ནི་རེད། རྟག་ན་མ་བྱས་པས་ཁྱབ་པ་ལྟ་བུ། གསལ་བའམ་ཆོས་ ཀྱི་ལྡོག་ཟླ་ནས་རྟགས་སམ་རྒྱུ་མཚན་གྱི་ལྡོག་ཟླ་ལ་ཁྱབ་པ་ཀློག་པའི་ཁྱབ་པ་ཙམ་དེ་རྟགས་ སྦྱོར་དང་ཐལ་འགྱུར་གྱི་སྐབས་ཙམ་ལ་ལྡོག་ཁྱབ་ཅེས་བྱས་པ་ཡོད་ཀྱང་རྟགས་ཡང་དག་གི་ ལྡོག་ཁྱབ་ནི་དེ་སྒྲུབ་ཀྱི་རྟགས་དེ་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་འགོད་ཚུལ་དང་མཐུན་པར་ མེད་པ་ཉིད་དུ་ངེས་པ་དེ་ཡིན་ནི་རེད། དེས་རྟགས་ཡང་དག་གི་ཚུལ་གསུམ་མདོ་ཙམ་ཞིག་ ཤེས་ནུས་སོ། །གོང་དུ་བཤད་པའི་རྟགས་སྦྱོར་གྱི་སྐབས་སུ་རྟགས་ཆོས་དོན་གསུམ་དངོས་ སུ་སྦྱོར་བའི་ཞེས་པའི་རྟགས་ཆོས་དོན་གསུམ་ནི། རྒྱུ་མཚན་དང༌། སྒྲུབ་ཆོས་དང༌། སྒྲུབ་གཞི་ གསུམ་དེ་ཡིན་ལ། དེ་གསུམ་པོ་སྦྱོར་བའི་ངག་ཡིན་པ་ལ་གོ་དགོས། ཡང་གོང་བཤད་ཀྱི་ཐལ་ འགྱུར་གྱི་སྐབས་སུ་ཐལ་རྟགས་དངོས་སུ་སྦྱོར་བའི་ཞེས་པའི་ཐལ་རྟགས་ཞེས་པའང༌། ཐལ་ ཆོས་དང༌། དེ་སྒྲུབ་ཀྱི་རྟགས་དེ་ཡིན་ལ་དེ་གཉིས་སྦྱོར་བའི་ངག་ཡིན་པ་ལ་གོ་དགོས་སོ། ། དམ་བཅའ་སྒྲུབ་པའི་ཁྱབ་རྟགས་དངོས་སུ་སྟོན་པའི་ཆ་ནས་བཞག་པའི་ངག་དེ་སྒྲུབ་ ངག་ཡིན་ནི་རེད། དེ་ཡང་དཔེར་ན་འདི་ལྟར་ཏེ། གང་བྱས་ན་མི་རྟག་པས་ཁྱབ། དཔེར་ན་ བུམ་པ་བཞིན། སྒྲ་ཡང་བྱས་སོ་ཞེས་པ་ལྟ་བུ་དེ་ཡིན་ནི་རེད། སྒྲུབ་ངག་དེ་ལ་ཡང་ཡང་དག་ དང༌། ལྟར་སྣང་གཉིས་ཡོད། ཡང་དག་ལ་ཆོས་མཐུན་སྦྱོར་དང༌། ཆོས་མི་མཐུན་སྦྱོར་གཉིས་ ཡོད་པ་ལས། ཆོས་མཐུན་སྦྱོར་གྱི་སྒྲུབ་ངག་ནི་གོང་གི་དེ་རེད། ཆོས་མི་མཐུན་གྱི་སྒྲུབ་ངག་ ནི། གང་རྟག་ན་མ་བྱས་པས་ཁྱབ། དཔེར་ན་ནམ་མཁའ་ཐོགས་རེག་བྲལ་ཙམ་བཞིན། སྒྲ་ནི་ བྱས་སོ་ཞེས་པ་ལྟ་བུ་དེ་ཡིན་ནི་རེད། ལྟར་སྣང་ནི། གང་བྱས་ན་གཟུགས་ཀྱིས་ཁྱབ། དཔེར་ ན་ཀ་བ་བཞིན་སྒྲ་ཡང་བྱས་སོ། །ཞེས་པ་ལྟ་བུ་དེ་ཡིན་ནོ། །དེ་དག་གི་རིམ་པས་རྟགས་སྦྱོར་ 5-1-210 དང་ཐལ་འགྱུར་སོགས་ཀྱི་རྣམ་བཞག་ཅུང་ཟད་ཤེས་ནུས་སོ། ། ད་ནི་སྤྱི་དང་བྱེ་བྲག་གི་དོན་ལ་ཅུང་ཙམ་དཔྱད་ཚུལ་ནི། སྤྱིར་སྤྱིའི་ཆོས་དེ་ནི་རང་གི་ བྱེ་བྲག་ཏུ་གྱུར་པའི་ཆོས་རྣམས་ཀྱི་སྟེང་དུ་རང་བཞིན་ལ་ཁྱབ་པའི་སྒོ་ནས་དེ་དག་དང་ངོ་བོ་ གཅིག་ཡིན་ཀྱང་ལྡོག་པ་ཐ་དད་ཙམ་དུ་གྲུབ་པ་ཡང་ཡིན། སྤྱིའི་ཆོས་རང་ཉིད་རང་གི་བྱེ་བྲག་ ཏུ་གྱུར་པའི་ཆོས་རྣམས་ལས་ཁྱབ་ཆེ་བ་ཞིག་ཡིན་ཡོད་པ་ཅན་གྱི་ཆོས་ཞིག་ངེས་པར་དགོས་ སོ། ། དེ་ཡང་དཔེར་ན་ཤེས་བྱ་དེ་རང་གི་བྱེ་བྲག་ཏུ་གྱུར་པའི་བྱས་མི་རྟག་སོགས་ཀྱི་སྟེང་དུ་ རང་བཞིན་ལ་ཁྱབ་པའི་སྒོ་ནས་ལྡོག་པ་ཐ་དད་ཙམ་དུ་གྲུབ་པ་ཡང་ཡིན། རང་གི་བྱེ་བྲག་ཏུ་ གྱུར་པའི་ཆོས་རྣམས་ལས་ཁྱབ་ཆེ་བ་ཞིག་ཀྱང་ཡིན་པ་ལྟ་བུ་དེ་ཡིན་ནི་རེད། དེས་སྤྱིའི་ཆོས་ སུ་གྱུར་པའི་གཞན་དུ་མ་ལ་ཤེས་པར་བྱ། བྱེ་བྲག་ནི། རང་གི་སྤྱིའི་ཆོས་སུ་གྱུར་པའི་ཆོས་དེ་ དང་རང་བཞིན་གཅིག་ཀྱང་ཡིན། རང་གི་ལྡོག་པ་ཐ་དད་ཙམ་དུ་གྲུབ་པ་ཡང་ཡིན་པའི་སྒོ་ ནས་རང་གི་སྤྱིའི་ཆོས་ལས་ཁྱབ་ཆུང་བ་ཡིན་པའི་ཆོས་ཞིག་ལ་འཇོག་པ་ཡིན་ནི་རེད། དེ་ཡང་ དཔེར་ན་བུམ་པ་དེ་རང་གི་སྤྱི་དངོས་པོ་དང་རང་བཞིན་གཅིག་པ་དང་ལྡོག་པ་ཐ་དད་དང༌། རང་གི་སྤྱི་དངོས་པོ་ལས་ཁྱབ་ཆུང་བ་དང་གསུམ་ག་ཡིན་ཡོད་ནི་རེད། དེས་བྱེ་བྲག་ཡིན་པའི་ ཆོས་གཞན་དུ་མ་ལ་ཤེས་པར་བྱ་དགོས་སོ། །དེ་སོགས་སྤྱི་བྱེ་བྲག་གི་དོན་ལ་ཅུང་ཙམ་གོ་ བར་བྱའོ། ། ད་ནི་འགལ་འབྲེ ལ་ཅུང་ཟད་བཤད་པར་བྱ་སྟེ། དེ་ཡང་འགལ་བ་ཞེས་པ་ནི། གཞིའི་ཆོས་ གཅིག་པུ་དེ། རང་ལས་ཐ་དད་པའི་ཆོས་གཉིས་པོ་གང་ཐད་ནས་ཀྱང་ཡིན་ཡོད་ཚུལ་མེད་པ་ ཅན་གྱི་ཆོས་གཉིས་ལ་འཇོག་དགོས་པ་ཡིན་ནི་རེད། དཔེར་ན་གཞི་བུམ་པ་དེ་ཉིད་དངོས་པོ་ ཡང་ཡིན་རྟག་པ་ཡང་ཡིན་ཡོད་ལུགས་ཞིག་དུས་དང་རྣམ་པ་ཀུན་ཏུ་མེད་པ་དེ་དངོས་པོ་དང་ 5-1-211 རྟག་པ་གཉིས་འགལ་བ་ཡིན་པའི་དོན་རེད། དེས་འགལ་བའི་ཆོས་གཞན་རྣམས་ལ་ཤེས་ པར་བྱ། འབྲེ ལ་བ་ནི། འབྲེ ལ་བའི་ཆོས་གཉིས་པོ་དེ་རང་བཞིན་གཅིག་པ་ཡིན་པའམ་མེད་ ན་མི་འབྱུང་གི་རྒྱུ་འབྲས་ཡིན་པ་གང་རུང་གི་སྒོ་ནས་ཆོས་གཅིག་དེ་མེད་ན་ཅིག་ཤོས་དེ་ཡང་ མེད་དགོས་པ་ཅན་གྱི་ཆོས་གཉིས་དེ་ཡིན་ནི་རེད། དཔེར་ན་དངོས་པོ་དང་འདུས་བྱས་གཉིས་ རང་བཞིན་གཅིག་པའི་སྒོ་ནས་གཅིག་དེ་མེད་རྒྱུ་ཞིག་ཡིན་ན་ཅིག་ཤོས་དེ་ཡང་མེད་འགྲོ་བ་ ཅན་ཡིན་ཡོད་པ་དེ་དངོས་པོ་དང་འདུས་བྱས་གཉིས་ངོ་བོ་གཅིག་འབྲེལ་ཡིན་པའི་དོན་དང༌། རྫ་བུམ་དང་རང་གི་རྒྱུར་གྱུར་པའི་འཇིམ་པ་གཉིས་ལས་རང་གི་རྒྱུར་གྱུར་པའི་འཇིམ་པ་མེད་ ན་འབྲས་བུ་རྫ་བུམ་ངེས་པར་མི་འབྱུང་བའི་འབྲེལ་བ་ཡིན་པ་དེ་རྫ་བུམ་དང་རང་གི་རྒྱུར་ གྱུར་པའི་འཇིམ་པ་གཉིས་དེ་བྱུང་འབྲེ ལ་ཡིན་པའི་དོན་ཡིན་ནི་རེད། དེས་རྒྱུ་འབྲས་ཀྱི་ཆོས་ གཞན་ལའང་ཤེས་དགོས་སོ། ། ད་ནི་རྟག་པ་དང་དངོས་པོའི་ཁྱད་པར་འདིར་ཅུང་ཟད་བརྗོད་ན། སྤྱིར་ཆོས་གང་ཡིན་ ཀྱང་རང་གི་ངོ་བོ་ལ་འཇིག་རྒྱུའི་རྫས་མེད་ཕྱིར་དུས་ནམ་དུ་ཡང་དང་པོ་སྒྲུབ་པ་ནས་མཐར་ ལྡོག་པའི་བར་སྐྱེ་འཇིག་གཅིག་ཀྱང་མི་བྱེད་པའི་ཆོས་དེ་ནི། རེས་འགའ་བའི་རྟག་པ་ཡིན་ པའི་དོན་ཡིན་ནི་རེད། ཆོས་དེ་ལ་རང་གི་ངོ་བོ་ལ་འཇིག་རྒྱུའི་རྫས་གཞི་མ་གྲུབ་ཕྱིར་དུས་ ནམ་ཡང་སྐད་ཅིག་ཀྱང་སྐྱེ་འཇིག་མི་བྱེད་པའི་ཆོས་དེ་རེས་འགའ་བ་མ་ཡིན་པའི་རྟག་པ་ ཡིན་པའི་དོན་ཡིན་ནི་རེད། དེ་ཡང་དཔེར་ན་བུམ་པའི་ལྡོག་པ་ནི། བུམ་པ་དེ་རང་ཉིད་རང་ གི་ཕྱོགས་ཡིན་ཆ་ཙམ་དེ་ཡིན་ལ། དེ་འདྲའི་ཡིན་ཆ་ཙམ་དེ། དེ་ནི་རང་གི་ངོ་བོ་ལ་འཇིག་ རྒྱུའི་རྫས་མེད་ཕྱིར་སྐྱེ་འཇིག་མི་བྱེད་པའི་རྟག་པ་ཡིན་ལ། དེ་ཡང་བུམ་པ་སྐྱེས་པའི་ཚེ་བུམ་ ལྡོག་གྲུབ་པ་དང་བུམ་པ་འཇིག་པའི་ཚེ་ན་བུམ་ལྡོག་ཀྱང་ལྡོག་པར་འགྱུར་ཕྱིར་རེས་འགའ་ བའི་རྟག་པ་ཡིན་ནི་རེད། ཐོགས་རེག་བྲལ་ཆའི་ནམ་མཁའ་དེ་དུས་ནམ་དུ་ཡང་སྐྱེ་འཇིག་ 5-1-212 མི་བྱེད་པ་ཅན་ཡིན་པའི་དོན་གྱིས་རེས་འགའ་བ་མ་ཡིན་པའི་རྟག་པ་ཡིན་ནི་རེད། འོ་ན་དེ་ ལྟ་བུའི་རྟག་པ་ཡིན་པ་ལ་གང་ཡོད་ཟེར་ན། ནམ་མཁའ། བརྟགས་འགོག བརྟགས་མིན་ འགོག བདག་མེད། བུམ་པའི་ལྡོག་པ། བུམ་པ་ཤེས་བྱ་ཡིན་པ། བུམ་པ་ཡོད་པ་ཡིན་པ་ སོགས་བུམ་པའི་སྟེང་གི་ལྡོག་ཆ་མཐའ་ཡས་པ་རྣམས་ཡིན་ནི་རེད། དེ་རྣམས་ལས། ནམ་ མཁའ་ནི། སྤྱིར་ནམ་མཁའ་ཞེས་པ་ལ། རྒྱན་ནམ་མཁའ་དང༌། མངོན་པར་སྐབས་ཡོད་པའི་ ནམ་མཁའ་དང༌། ཐོགས་རེག་བྲལ་ཆའི་ནམ་མཁའ་དང་གསུམ་ཡོད་པའི་ནང་གི་ཕྱི་མ་དེ་ ཡིན་ནི་རེད། བརྟགས་འགོག་ནི་འཕགས་པ་རྣམས་ཀྱི་རྒྱུད་ལ་རང་གི་ངོས་སྐལ་གྱིས་སྤང་བྱ་ བརྟགས་ཏེ་འགོགས་པའི་ཆ་ཞིག་ཡོད་པ་དེ་རེད། བརྟགས་མིན་འགོག་ནི། རང་གི་ངོས་སྐལ་ གྱི་སྤང་བྱ་བརྟགས་པ་མིན་པར་འགོག་ཡོད་པའི་ཆ་དེ་ཡིན་ནི་རེད། ཡང་བུམ་པ་ཤེས་བྱ་ཡིན་ པ་དང༌། བུམ་པ་ཡོད་པ་ཡིན་པ་སོགས་བུམ་པའི་སྟེང་གི་ལྡོག་ཆ་རྟོག་བཏགས་རྣམས་ལ་ཕྱི་ ནང་གི་གྲུབ་མཐའ་བ་རྣམས་འདོད་ལུགས་མི་མཐུན་ནི་རེད། དེ་ཡང་བུམ་པའི་སྟེང་གི་ལྡོག་ ཆ་ཇི་སྙེད་ཡོད་པ་རྣམས་རྟོག་ངོར་སྣང་བ་ལྟར་གྱི་རྫས་སོ་སོ་བ་རེ་རེ་ཡོད་པར་འདོད་པ་ནི་ཕྱི་ རོལ་བ་དག་གོ།ནང་བ་སངས་རྒྱས་པ་ལ་དེ་ལྟ་བུ་འདོད་པ་གཅིག་ཀྱང་མེད་ལ། འོ་ན་ནང་ བ་པའི་གྲུབ་མཐའ་པ་དག་གིས་ཇི་ལྟར་འདོད་ཅེ་ན། དེ་དག་གི་འདོད་ལུགས་ཡོད་དེ། དང་ པོ་བྱེ་བྲག་སྨྲ་བའི་འདོད་ལུགས་ནི། གཞི་བུམ་པ་དེ་ནི་ཤེས་བྱ་ཡང་ཡིན་ཡོད་པ་ཡང་ཡིན་པ་ སོགས་ཐམས་ཅད་ཡིན་པ་ལས་དེ་དག་མ་ཡིན་པ་ཞིག་དོན་གྱི་གནས་ཚུལ་ལ་མེད་ཀྱང་བུམ་ པ་ལས་ཡན་གར་བའི་བུམ་པ་ཤེས་བྱ་ཡིན་པ་སོགས་དོན་ལ་ཡོད་ན་རྫས་སོ་སོ་བར་ཡོད་ དགོས་ཀྱང་དེ་ཡོད་ལུགས་མེད་པ་གོང་དུ་བཤད་ཟིན་པ་ལྟར་ཡིན་པས་བུམ་པ་དང་ཐ་དད་ པའི་ཤེས་བྱ་ཡོད་པ་སོགས་གཏན་ནས་མེད་པར་ཁས་བླངས་པ་ཡིན་ནི་རེད། མདོ་སྡེ་པས་ ནི། བུམ་པ་ཤེས་བྱ་ཡིན་པ་དེ་བུམ་པའི་སྟེང་དུ་གསེར་རྡོ་ལ་གསེར་གྱི་ཁམས་ཡོད་པ་ལྟར་ 5-1-213 མི་མངོན་པའི་ཚུལ་དུ་དང་པོ་ཐོག་མ་ནས་ཡོད་པ་ཡིན་པ་ལ། ཕྱིས་སུ་གསེར་རྡོ་ལ་ཡོད་པའི་ གསེར་གྱི་ཁམས་དེ་བསྲེག་པའི་སྦྱོར་བ་སོགས་ཀྱིས་མངོན་དུ་བྱ་དགོས་པ་ལྟར་བུམ་པའི་ སྟེང་གི་ཤེས་བྱ་དེ་ཡང་ཕྱིས་སུ་སྒྲས་བརྗོད་པ་དང་རྟོག་པས་བཟུང་བའི་སྒོ་ནས་བུམ་པ་ལས་ ཐ་དད་དུ་བཀར་ནས་མངོན་དུ་བྱས་པ་ཡིན་ཕྱིར་དེ་འདྲའི་ཤེས་བྱ་ཡིན་ཆ་ཙམ་དེ་རྟོག་ངོར་ སྣང་བ་ལྟར་གྱི་རྫས་སོ་སོ་བར་མེད་ཀྱང་དངོས་མེད་རྟོག་བཏགས་ཙམ་གྱི་ཆོས་བུམ་པ་ལས་ ཐ་དད་པ་ཙམ་ཞིག་ཡོད་པ་ཡིན་པར་འདོད་དོ། ། སེམས་ཙམ་པས། བུམ་པ་ཤེས་བྱ་ཡིན་པ་དེ་སྔར་ནས་བུམ་པའི་སྟེང་དུ་ཡོད་པ་མིན་ཀྱང་ དཔེར་ན་གསེར་འགྱུར་གྱི་རྩིས་ལྕགས་ཁམས་ལ་རེག་པ་ན་ལྕགས་ཁམས་དེའི་སྟེང་དུ་སྔར་ ནས་གསེར་ཡོད་པ་མ་ཡིན་ཀྱང་ཕྱིས་སུ་གསེར་འགྱུར་རྩིས་རེག་མ་ཐག་ནས་ལྕགས་ཁམས་ དེ་ཉིད་གསེར་དུ་འགྱུར་འགྲོ་བ་ལྟར་ཕྱིས་སུ་བུམ་པ་དེ་ཤེས་བྱ་ཡིན་ཡོད་པའི་ཆ་དེ་སྒྲས་ བརྗོད་པ་དང་རྟོག་པས་དེ་ལྟར་བཟུང་བ་ན་བུམ་པའི་སྟེང་དུ་ཤེས་བྱ་ཡིན་ཆ་དེ་གྲུབ་པར་ འདོད་ལ། དེ་འདྲའི་ཆ་ཡང་དངོས་མེད་དང་རྟོག་བཏགས་ཀྱི་ཆོས་སྣང་གཞི་བུམ་པ་ལས་ཐ་ དད་པ་ཡིན་པ་ནི་མདོ་སྡེ་པ་དང་འདྲ་ནི་རེད། དབུ་མ་རང་རྒྱུད་པས། ཆོས་གང་ཡིན་ཀྱང་བློ་ གནོད་མེད་ལ་སྣང་བའི་དབང་གིས་མ་བཞག་པར་རང་ངོས་ནས་གྲུབ་པ་གཅིག་ཀྱང་མེད་ལ། དེ་འདྲའི་བློ་ལ་སྣང་བའི་དབང་གིས་བཞག་རྗེས་སུ་ནི་ཆོས་གང་ཡིན་ཀྱང་རང་ངོས་ནས་གྲུབ་ པ་རྐྱང་བ་ཡིན་པར་འདོད་པའི་གནད་ཀྱིས་བུམ་པ་ཤེས་བྱ་ཡིན་པ་དེ་ཡང་བློ་ལ་སྣང་བའི་ དབང་གིས་མ་བཞག་པར་དང་པོ་ཐོག་མ་ནས་རང་ངོས་ནས་མ་གྲུབ་ཀྱང་བློ་ལ་སྣང་བའི་ དབང་གིས་བཞག་པ་ན་བུམ་པ་ཤེས་བྱ་ཡིན་པ་དེ་བུམ་པའི་སྟེང་དུ་རང་ངོས་ནས་གྲུབ་པ་ ཡིན་པ་དང༌། དེ་ཡང་དངོས་མེད་དང་རྟོག་བཏགས་ཀྱི་ཆོས་ཡིན་པའི་སྒོ་ནས་སྣང་གཞི་བུམ་ པ་དང་ཐ་དད་པ་ཡིན་ཆོག་པ་ནི། གོང་སེམས་ཙམ་པའི་སྐབས་དང་མཚུངས་ནི་རེད། དབུ་ 5-1-214 མ་ཐལ་འགྱུར་པས་ནི། སྤྱིར་ན་གཞི་གྲུབ་ཚད་ཀྱི་ཆོས་ཐམས་ཅད་ནི་དཔེར་ན་རྡ་རྡི་ར་ཟོས་ པའི་སྐྱེས་བུས་ས་གསེར་དུ་སྣང་ཡང་དེའི་སྣང་བའི་འཁྲུལ་རྐྱེན་རྡ་རྡི་ར་ཟོས་པས་བྱས་ནས་ ཕྱི་རོལ་སའི་སྟེང་དུ་དེ་ལྟར་སྣང་བ་ཙམ་མ་གཏོགས་དོན་གྱི་གནས་ཚོད་ལ་གྲུབ་པར་སྤུ་ཙམ་ མེད་པ་ལྟར་སོ་སོའི་སྐྱེ་བོ་ཀུན་གྱི་རྒྱུད་ལ་ཡོད་པའི་བདེན་འཛིན་མ་རིག་འཁྲུལ་པའི་དབང་ གིས་ཆོས་ཐམས་ཅད་བདེན་པ་རང་ངོས་ནས་གྲུབ་པར་སྣང་ཡང་དོན་གྱི་གནས་ཚད་ལ་གྲུབ་ པ་རྡུལ་ཙམ་མེད་པར་སྒྱུ་མའི་འཕྲུལ་དང་རྨི་ལམ་ལྟར་གནས་པ་ཡིན་པར་བཞེད་པའི་གནད་ ཀྱིས་བུམ་པ་ཤེས་བྱ་ཡིན་པ་དེ་སྣང་གཞི་བུམ་པའི་སྟེང་དུ་རང་ངོས་ནས་མ་གྲུབ་པའི་སྣང་ ཙམ་གྱི་རྟོག་བཏགས་དངོས་མེད་ཀྱི་ཆོས་ཞིག་ནི། གཞི་བུམ་པ་ལས་ཐ་དད་པ་ཙམ་དུ་ཡོད་ ཆོག་པར་བཞེད་པ་ཡིན་ནོ། ། འདིར་གོང་མདོ་སྡེ་པའི་སྐབས་མན་ཆད་ལ་བུམ་པ་ཤེས་བྱ་ཡིན་པ་ཁོ་ནའི་སྟེང་གི་ བཤད་པ་ཙམ་ལས་ལྡོག་ཆ་གཞན་རྣམས་ཀྱི་ཕྱོགས་ནས་མ་བཤད་ཀྱང་དེ་དག་རྣམས་ལའང་ ཤེས་བྱ་ཡིན་པ་འདིས་འགྲེས་སྦྱར་ནས་ཐམས་ཅད་ཤེས་པར་བྱ་དགོས་པ་ལགས་སོ། ། ད་ནི་དངོས་པོའི་ཁྱད་པར་ཅུང་ཙམ་བཤད་ན། སྤྱིར་དངོས་པོ་ལ་ནི། གཟུགས་ཀྱི་ཕུང་ པོ་དང༌། ཚོར་བའི་ཕུང་པོ་དང༌། འདུ་ཤེས་ཀྱི་ཕུང་པོ་དང༌། འདུ་བྱེད་ཀྱི་ཕུང་པོ་དང༌། རྣམ་ པར་ཤེས་པའི་ཕུང་པོ་དང་ལྔ་ཡོད་པ་ལས། དང་པོ་ནི་དོན་ལྔའི་གཟུགས་དང་དབང་པོ་ལྔའི་ གཟུགས་དེ་ཡིན་ནི་རེད། དེ་ལས་དོན་ལྔའི་གཟུགས་ནི་མིག་ཤེས་ཀྱིས་གཟུང་བྱ་གཟུགས་ དང༌། རྣ་ཤེས་ཀྱིས་གཟུང་བྱ་སྒྲ་དང༌། སྣ་ཤེས་ཀྱིས་གཟུང་བྱ་དྲི་དང༌། ལྕེ ་ཤེས་ཀྱིས་གཟུང་བྱ་ རོ་དང༌། ལུས་ཤེས་ཀྱིས་གཟུང་བྱ་རེག་བྱ་དང་ལྔ་པོ་དེ་ཡིན་ནི་རེད། དབང་པོ་ལྔའི་གཟུགས་ ནི། མིག་གི་དབང་རྟེན་གྱི་གོ་སར་མིག་གི་དབང་པོ་གཟུགས་ཅན་པ་རྡུལ་རྫས་ཤིན་ཏུ་དྭངས་ པ་དབྱིབས་ཟར་མའི་མེ་ཏོག་ལྟ་བུ་དེ་དང༌། རྣ་བའི་དབང་རྟེན་གྱི་གོ་སར་རྣ་དབང་གཟུགས་ 5-1-215 ཅན་པ་རྡུལ་རྫས་ཤིན་ཏུ་དྭངས་པ་དབྱིབས་གྲོ་ག་གཅུས་ནས་བཅད་པ་ལྟ་བུ་དེ་དང༌། སྣའི་ དབང་རྟེན་གྱི་གོ་སར་སྣ་དབང་གཟུགས་ཅན་པ་རྡུལ་རྫས་ཤིན་ཏུ་དྭངས་པ་དབྱིབས་ཟངས་ དུང་ཉིས་གཤིབ་ལྟ་བུ་དེ་དང༌། ལྕེ འི་དབང་རྟེན་གྱི་གོ་སར་ལྕེ འི་དབང་པོ་གཟུགས་ཅན་པ་ རྡུལ་རྫས་ཤིན་ཏུ་དྭངས་པ་དབྱིབས་ཟླ་ཕྱེད་ཉིས་གཤིབ་པར་རྟ་རྔའི་ཁྱོན་ཙམ་གྱིས་མ་རེག་ པ་ལྟ་བུ་དེ་དང༌། ལུས་ཀྱི་དབང་རྟེན་གྱི་གོ་སར་ལུས་དབང་གཟུགས་ཅན་པ་རྡུལ་རྫས་ཤིན་ ཏུ་དྭངས་པ་དབྱིབས་བྱ་ཀ་ལན་ད་ཀའི་པགས་པ་ལྟ་བུ་སྐྲ་སེན་སོ་སོགས་ལ་མ་ཁྱབ་པར་ཡོད་ པ་དེ་དང་ལྔ་པོ་དེ་ཡིན་ནོ། །དེ་འདྲའི་གཟུགས་ཅན་ལྔ་པོ་དེ་དག་ནི་རྡུལ་རྫས་ཤིན་ཏུ་དྭངས་ པ་ཡིན་ཕྱིར་གཞན་སོ་སྐྱེས་མིག་གིས་མཐོང་མི་ནུས་པ་ཡིན་ནོ། ། གཉིས་པ་ཚོར་ཕུང་ནི། རང་ཡུལ་བདེ་སྡུག་བཏང་སྙོམས་གསུམ་པོ་གང་རུང་ལ་རང་ སྟོབས་ཀྱིས་མྱོང་བའི་ཆའི་སེམས་བྱུང་ཞིག་ཡིན་ནི་རེད། གསུམ་པ་འདུ་ཤེས་ཀྱི་ཕུང་པོ་ནི། རང་ཡུལ་གྱི་ཁྱད་པར་རམ་མཚན་མ་རང་སྟོབས་ཀྱིས་འབྱེད་པའི་ཆའི་སེམས་བྱུང་ཞིག་ཡིན་ ནི་རེད། བཞི་པ་འདུ་བྱེད་ཀྱི་ཕུང་པོ་ནི། སེམས་བྱུང་གཉིས་ཀྱི་ལྷག་མའི་སེམས་བྱུང་ཞེ་དགུ་ དང༌། ལྡན་མིན་འདུ་བྱེད་ཐམས་ཅད་དང་བཅས་པ་དེ་ཡིན་ནི་རེད། ལྔ་པ་རྣམ་ཤེས་ཀྱི་ཕུང་པོ་ ནི། མིག་ཤེས་སུ་གྱུར་པའི་རྣམ་པར་ཤེས་པའམ་གཙོ་སེམས་དང༌། རྣ་ཤེས་སུ་གྱུར་པའི་རྣམ་ པར་ཤེས་པའམ་གཙོ་སེམས་དང༌། སྣ་ཤེས་སུ་གྱུར་པའི་རྣམ་པར་ཤེས་པའམ་གཙོ་སེམས་ དང༌། ལྕེ ་ཤེས་སུ་གྱུར་པའི་རྣམ་པར་ཤེས་པའམ་གཙོ་སེམས་དང༌། ལུས་ཤེས་སུ་གྱུར་པའི་ རྣམ་པར་ཤེས་པའམ་གཙོ་སེམས་དང༌། ཡིད་ཤེས་སུ་གྱུར་པའི་རྣམ་པར་ཤེས་པའམ་གཙོ་ སེམས་དང་དྲུག་པོ་དེ་ཡིན་ནི་རེད། གོང་གི་ཚོར་བ་དང་འདུ་ཤེས་གཉིས་ལའང་དེ་དྲུག་གི་ འཁོར་དུ་གྱུར་པའི་རེ་རེ་སྟེ་དྲུག་ཡོད་ནི་རེད། ཕུང་པོ་ལྔ་པོ་དེ་དག་ལས་སེམས་བྱུང་ཚོར་བ་ དང༌། འདུ་ཤེས་གཉིས་ནི་ཕུང་པོ་རེ་རེར་བཞག་ལ། དེའི་ལྷག་མའི་སེམས་བྱུང་ཐམས་ཅད་ 5-1-216 ནི་ཕུང་པོ་གཅིག་ལས་མ་བཞག་པའི་དོན་དེ་ཅི་ཡིན་ཟེར་ན། དེའི་དོན་ལེགས་པར་བཤད་ དུ་ཡོད་པ་ཡིན་ཏེ། ཚོར་བ་བདེ་སྡུག་བཏང་སྙོམས་གསུམ་པོ་གང་རུང་ལ་བརྟེན་ནས། ཁྱིམ་ པ་རྣམས་རྩོད་པ་འབྱུང་བ་ཡིན་པའི་ཕྱིར་ན་སེམས་བྱུང་ཚོར་བ་དེ་ཁྱིམ་པའི་རྩོད་པའི་གཞི་ ཡིན་པས་ཕུང་པོ་ལྔའི་ནང་གི་ཕུང་པོ་གཅིག་ལ་བཞག་པ་ཡིན་པ་དང༌། འདུ་ཤེས་ཀྱིས་ཡུལ་ གྱི་ཁྱད་པར་སོ་སོར་བཟུང་བའི་ཚུལ་ལ་རབ་ཏུ་བྱུང་བ་རྣམས་རྩོད་པ་འབྱུང་བ་ཡིན་པའི་ཕྱིར་ ན་སེམས་བྱུང་འདུ་ཤེས་དེ་རབ་བྱུང་གི་རྩོད་པའི་གཞི་ཡིན་པས་ཕུང་པོ་ལྔའི་ནང་གི་ཕུང་པོ་ གཅིག་ལ་བཞག་པ་ཡིན་པ་དང༌། དེ་གཉིས་ཀྱི་ལྷག་མའི་སེམས་བྱུང་ཞེ་དགུ་པོ་རྣམས་ནི་དེ་ འདྲའི་ཆ་ནས་བཤད་དུ་མེད་ཕྱིར་དེ་དག་ཀུན་ཀྱང་ཕུང་པོ་ལྔའི་ནང་གི་འདུ་བྱེད་ཀྱི་ཕུང་པོ་ལ་ བཞག་པ་ཡིན་པའི་ཕྱིར་རོ། ། ཡང་གོང་དུ་བཤད་པ་རྣམས་ལས་ལྡན་མིན་འདུ་བྱེད་ངོས་འཛིན་ཅུང་ཟད་འདིར་བརྗོད་ ན་དེ་ཡང་ཆོས་གང་ཡིན་ཀྱང་རང་གི་ངོ་བོ་གཟུགས་དང་ཤེས་པ་གང་ཡང་མ་ཡིན་པའི་རྫས་ ཀྱི་དངོས་པོ་ཞིག་ལ་ལྡན་མིན་འདུ་བྱེད་དུ་འཇོག་པ་ཡིན་ཏེ། དེ་ཡང་ལག་པའི་སོར་མོ་བསྐྱོད་ པའི་བྱ་བ་དེ་རང་གི་ངོ་བོ་གཟུགས་ཤེས་གང་ཡང་མ་ཡིན་པའི་རྫས་སུ་གྲུབ་པའི་དངོས་པོ་ ཞིག་ཡིན་ཡོད་ནི་རེད། དེ་བཞིན་དུ་གཞན་བྱ་འཕུར་བའི་བྱ་བ་དང༌། ཆུ་ལ་བརྒལ་བའི་བྱ་བ་ དང༌། མྱུ་གུའི་ས་བོན་གྱི་སྟེང་དུ་མྱུ་གུ་བསྐྱེད་པའི་ནུས་པ་ཡོད་པ་དང༌། གང་ཟག་གི་གདགས་ གཞི་གཟུགས་ཕུང་སོགས་ཀྱི་སྟེང་གི་གང་ཟག་སོགས་དུ་མ་ལ་ཤེས་པར་བྱ་དགོས། འདི་ ནི་ལྡོག་པ་ཇི་བཞིན་པ་སེམས་ལ་ལེགས་པར་ཤར་དགོས་པ་གལ་ཆེ་བ་ཡིན་པ་ལས་ཁས་ བཤད་ཤེས་པ་ཙམ་ལ་ནི་དོན་ཅི་ཡང་མེད་པ་ལགས་སོ། །དེ་དག་གི་རིམ་པས་ལྡོག་ཆའི་འགྲོ་ ལུགས་ཅུང་ཙམ་ཤེས་ནུས་ལ། གཞན་ཡང་འདི་སྐབས་ལས་བརྩམས་ཏེ་བཤད་དགོས་པ་ ཤིན་ཏུ་མང་མོད་ཀྱང་རེ་ཞིག་དེ་ཙམ་ལས་མ་སྤྲོས་སོ། ། 5-1-217 དེ་ལྟར་བཤད་པའི་ལྡོག་ཆའི་གོ་དོན་ལ་ཅུང་ཟད་དཔྱད་པའི་ཚུལ་འདི་དག་ནི་རྒྱལ་བའི་ བསྟན་པའི་རྩ་ལག་དམ་པ་འཇམ་མགོན་བླ་མ་ངག་དབང་ཚོགས་གཉིས་རྒྱ་མཚོའི་གསུང་ གི་ལྡོག་ཆའི་ཚུལ་ལ་དཔྱད་པའི་གསུང་རྣམས་ཀྱིས་གཞི་བྱས་ཏེ། དེ་ལ་གསལ་བྱེད་ཀྱི་ཚིག་ གིས་ཁ་བཀང་ནས་ཅུང་ཟད་རྒྱས་པར་བྱས་ཏེ་ལས་དང་པོ་པ་རྣམས་ལ་གོ་སླ་བར་བྱས་ནས་ གསལ་བར་བྲི ས་པ་ལགས་སོ། ། སྨྲས་པ། གནས་ཚུལ་གསལ་བྱེད་རྟ་ལྗང་གཞོན་ནུའི་ཟེར། ། རིག་གནས་གསར་སློབ་བཙུན་ཆུང་ཟུང་གི་རྒྱུད། ། རྨོངས་པའི་མིག་སྨན་བཞིན་རས་གཞོམ་པ་དང༌། ། ཆབ་གཅིག་བློ་གྲོས་པདྨོ་རྒྱས་བྱེད་ལགས། ། ཞེས་པའི་ལེགས་བྱས་འདི་དག་གི་བྱེད་པ་པོ་ནི་གྲགས་པའི་མིང་མཐའ་འཛིན་པ་ཉིད་དོ།། །།ཛ་ཡནྟུ། རབ་དཀར་ཡི་གེ་འབྲི ་བཞེངས་ཀྱི། །བསོད་ནམས་བསགས་དགེ་ཁྱད་པར་བ། །རང་གི་ ལྷག་བསམ་སྟོབས་བགྱིས་པ། །ཆོས་སྤྱོད་ངོ་མཚར་ཕུལ་བྱུང་འདིས། །རྩ་བའི་བླ་མའི་ཐུགས་ དགྱེས་ཤིང༌། །ཡི་དམ་མཆོག་གསུམ་རྒྱ་མཚོ་ལ། །དགྱེས་བསྐྱེད་མཆོད་སྤྲིན་མཆོག་གྱུར་ ཅིང༌། །རང་གཞན་འགྲོ་བའི་ཚོགས་ཆེན་རྫོགས། །ཐོག་མེད་ནས་བསགས་སྡིག་སྒྲིབ་སྦྱངས། །དོན་གཉིས་བྱ་བ་རླབས་ཆེན་འགྲུབ། །ཁྱད་པར་རྒྱལ་བསྟན་རིན་པོ་ཆེ། །སྒོ་གང་ཐད་ནས་ རྟག་འཛིན་ཤོག །སརྦ་མངྒལཾ། 5-1-218 ༄༅། །བསྡུས་གྲྭའི་སྤྱི་དོན་གྱི་སྙིང་པོ་མདོར་བསྡུས་སུ་ བཀོད་པ་ཞེས་བྱ་བ་ བཞུགས་སོ། ། ༄༅། །རྨད་བྱུང་ཐུ༷བ་བསྟན༷་ཀེ་ལ་ཤ་ཡི་རི། །ལུང་རིགས་འོད་དཀར་སྣང་བའི་དགེ༷་ ལེ༷གས་ཀྱིས། །རབ་གསལ་སྣང་བ་རྒྱ༷་མཚོ༷་འགྱེད་མཁས་པ། །འཇམ་དབྱངས་མི་ཡི་རྣམ་རོལ་ གང་དེ་རྒྱལ། །རྣམ་མང་ཚོ༷གས་གཉི༷ས་དཔལ་གྱིས་ཡོངས་མཛེས་ཤིང༌། །ཟབ་དང་རྒྱ༷་ཆེའི་དེ་ ཉིད་མངོན་སུམ་གཟིགས། །རླབས་ཆེན་མངོན་རྟོགས་མཚོ༷་ཀློང་རྡོལ་བའི་རྗེ། །བཀའ་དྲིན་ མཚུངས་མེད་བླ་མ་སྙིང་དབུས་བཞུགས། །ཚད་དགོངས་གཙོར་བྱས་ལེགས་བཤད་སྙིང་པོའི་ དོན། །ཕྱོགས་བསྡུས་འཇམ་མགོན་བླ་མའི་གསུང་རབ་ལས། །བློ་ལ་འཆང་བདེའི་བསྡུས་དོན་ ཙམ་གྱི་ཆ། །འདི་ན་འགོད་པར་འདོད་པའི་སྤྲོ་བ་སྐྱེས། ། དེ་ལ་འདིར་བསྡུས་གྲྭའི་སྤྱི་དོན་རྣམ་པར་ངེས་པ་ཆོས་རྣམས་ཀྱི་མཚན་ཉིད་རབ་ཏུ་ གསལ་བར་བྱེད་པ་རིན་པོ་ཆེའི་སྒྲོན་མེ་ཞེས་བྱ་བའི་བསྡུས་དོན་ལ། དབྱེ་གཞི་ཤེས་བྱ་བཤད་ པ། ཤེས་བྱའི་དབྱེ་བ་བཤད་པའོ། ། དང་པོ་ལ། ཤེས་བྱའི་མཚན་ཉིད། ཤེས་བྱ་དང་དོན་གཅིག་པ། དེ་དག་གི་མཚན་ཉིད། སྤྱིར་མཚན་མཚོན་གཞི་གསུམ་གྱི་གོ་དོན་དང་བཞི་ལས། དང་པོ་ནི། བློའི་ཡུལ་དུ་བྱ་རུང༌། ཤེས་བྱའི་མཚན་ཉིད། མཚན་གཞི་ཀ་བུམ་ལ་སོགས་པའི་ཆོས་ཐམས་ཅད་དོ། (བློའི་ཡུལ་དུ་བྱ་རུང་ 5-1-219 མཚན་ཉིད་རེད། གང་གི་མཚན་ཉིད་ཡིན་ན་ཤེས་བྱའི་མཚན་ཉིད་རེད། ཤེས་བྱ་མཚོན་བྱ་རེད། གང་གི་མཚོན་བྱ་ཡིན་ན་བློའི་ ཡུལ་དུ་བྱ་རུང་གི་མཚོན་བྱ་རེད། བུམ་པ་མཚན་གཞི་རེད། གང་གི་མཚན་གཞི་ཡིན་ན་ཤེས་བྱའི་མཚན་གཞི་རེད། དེ་གསུམ་ མཚན་མཚོན་གཞི་གསུམ་ཞིག་ཡིན་ནི་རེད། ཤེས་བྱའི་རྫས་ཡོད་ཆོས་གསུམ་ཚང་བ་མཚན་ཉིད་རེད། གང་གི་མཚན་ཉིད་ཡིན་ན་ ཤེས་བྱའི་མཚན་ཉིད་ཀྱི་མཚན་ཉིད་རེད། ཤེས་བྱའི་མཚན་ཉིད་དེ་མཚོན་བྱ་རེད། གང་གི་མཚོན་བྱ་ཡིན་ན་ཤེས་བྱའི་རྫས་ཡོད་ ཆོས་གསུམ་ཚང་བའི་མཚོན་བྱ་རེད། བློའི་ཡུལ་དུ་བྱ་རུང་དེ་མཚན་གཞི་རེད། གང་གི་མཚན་གཞི་ཡིན་ན་ཤེས་བྱའི་མཚན་ཉིད་ཀྱི་ མཚན་གཞི་རེད། དེ་གསུམ་མཚན་མཚོན་གཞི་གསུམ་ཞིག་ཡིན་ནི་རེད། དེས་འགྲེས། བློའི་ཡུལ་དུ་བྱ་རུང་གི་བཏགས་ཡོད་ཆོས་ གསུམ་ཚང་བ་མཚན་ཉིད་རེད། གང་གི་མཚན་ཉིད་ཡིན་ན་བློའི་ཡུལ་དུ་བྱ་རུང་གི་མཚོན་བྱའི་མཚན་ཉིད་རེད། བློའི་ཡུལ་དུ་བྱ་ རུང་གི་མཚོན་བྱ་དེ་མཚོན་བྱ་རེད། གང་གི་མཚོན་བྱ་ཡིན་ན། བློའི་ཡུལ་དུ་བྱ་རུང་གི་བཏགས་ཡོད་ཆོས་གསུམ་ཚང་བའི་མཚོན་ བྱ་རེད། ཤེས་བྱ་དེ་མཚན་གཞི་རེད། གང་གི་མཚན་གཞི་ཡིན་ན་བློའི་ཡུལ་དུ་བྱ་རུང་གི་མཚོན་བྱའི་མཚན་གཞི་རེད། དེ་གསུམ་ མཚན་མཚོན་གཞི་གསུམ་ཡིན་ནི་རེད། དེས་འགྲེས་སོ། །དངོས་པོ་ཡིན་ན་རྒྱུ་ཡིན་པས་ཁྱབ་སྟེ། དངོས་པོ་ཡིན་ཚད་ལ་རྒྱུ་མ་ཡིན་ པ་མེད་ནི་རེད། དེས་འགྲེས། དངོས་པོ་ཡིན་ན་གཟུགས་ཡིན་པས་མ་ཁྱབ་སྟེ། ཤེས་པ་དེ་དངོས་པོ་ཡིན་ཀྱང་གཟུགས་མ་ཡིན་ནི་ རེད། དེས་འགྲེས།)། གཉིས་པ་ནི། (འདིའི་དོན་གཅིག་ཚུལ། ཆོས་གང་ཡིན་ཡང་ཕན་ཚུན་ཡིན་ཁྱབ་པ་མཉམ་པ་དེ་དོན་གཅིག་པའི་གོ་ དོན་རེད། ཡོད་པ་སོགས་ནི་ཤེས་བྱ་དང་དོན་གཅིག་དངོས་ཡིན། བུམ་པ་དང་ཐ་དད་ནི་ཤེས་བྱ་དང་དོན་གཅིག་པ་འདྲ་བ་ཙམ་ རེད། དེའི་ཚུལ་ཤེས་བྱ་ཡིན་ན་ཡོད་པ་ཡིན་པས་ཁྱབ། ཡོད་པ་ཡིན་ན་ཤེས་བྱ་ཡིན་པས་ཁྱབ། གཞི་གྲུབ་སོགས་ལ་དེས་འགྲེས། བུམ་པ་དང་ཐ་དད་ཡིན་ན་ཤེས་བྱ་ཡིན་པས་ཁྱབ་ཀྱང་ཤེས་བྱ་ཡིན་ན་བུམ་པ་དང་ཐ་དད་ཡིན་པས་མ་ཁྱབ་པ་ལ་བུམ་པ་དེ་འཇོག་ པ་སོགས་ཀ་བ་དང་ཐ་དད་སོགས་ལ་འགྲེས།) དེ་དང་དོན་གཅིག་དངོས་ནི། ཡོད་པ། གཞི་གྲུབ། གཞལ་ བྱ། དམིགས་པ། ཆོས་རྣམས་དང༌། དེ་དང་དོན་གཅིག་པ་འདྲ་བ་ནི། བུམ་པ་དང་ཐ་དད་ སོགས་སོ། ། གསུམ་པ་ནི། ཚད་མས་དམིགས་པ་ཡོད་པའི་མཚན་ཉིད། ཚད་མས་གྲུབ་པ། གཞི་གྲུབ་ 5-1-220 ཀྱི་མཚན་ཉིད། ཚད་མས་རྟོགས་པར་བྱ་བ། གཞལ་བྱའི་མཚན་ཉིད། ཚད་མས་སྒྲོ་འདོགས་ གཅོད་པར་བྱ་བའི་གཞི། དམིགས་པའི་མཚན་ཉིད། རང་གི་ངོ་བོ་འཛིན་པ། ཆོས་ཀྱི་མཚན་ ཉིད། དེ་དག་གི་མཚན་གཞི་ཡང་ཆོས་ཐམས་ཅད་དོ། ། བཞི་པ་ནི། (སྤྱིར་བློའི་ཡུལ་དུ་བྱ་རུང་སོགས་ནི་དོན་དངོས་ཡིན་པའི་ཆ་ནས་གོ་བྱེད་དུ་འཇོག ཤེས་བྱ་སོགས་ནི་མིང་ ཐ་སྙད་ཙམ་གྱི་ཆ་ནས་གོ་བྱར་འཇོག) སྤྱིར་མཚན་ཉིད་ནི་སོ་སོར་གོ་བྱེད་འཇོག་བྱེད་མཚོན་བྱེད་དང༌། མཚོན་བྱ་ནི་སོ་སོར་གོ་བྱ་འཇོག་བྱ་མཚོན་བྱ་དང༌། མཚན་གཞི་ནི་སོ་སོར་གོ་གཞི་འཇོག་ གཞི་མཚན་གཞི་ཞིག་གོ།(ཡིན་འགོད་བློའི་ཡུལ་དུ་བྱ་རུང་ཡིན་ན་ཤེས་བྱ་ཡིན་པས་ཁྱབ། མིན་འགོད་བློའི་ཡུལ་དུ་ བྱ་རུང་མིན་ན་ཤེས་བྱ་མིན་པས་ཁྱབ། ཡོད་འགོད་བློའི་ཡུལ་དུ་བྱ་རུང་ཡོད་ན་ཤེས་བྱ་ཡོད་པས་ཁྱབ། མེད་འགོད་བློའི་ཡུལ་ དུ་བྱ་རུང་མེད་ན་ཤེས་བྱ་མེད་པས་ཁྱབ། དེས་འགྲེས་ཏེ་ཤེས་བྱ་ཡིན་ན་བློས་ཡུལ་དུ་བྱ་རུང་ཡིན་པས་ཁྱབ། མིན་འགོད། ཡོད་ འགོད། མེད་འགོད་གསུམ་ཀྱང་དེ་ལྟར་བྱ།) མཚན་ཉིད་ཕྱོགས་ནས་ཡིན་འགོད་མིན་འགོད་ཡོད་འགོད་ མེད་འགོད་སྟེ་བཞི། མཚོན་བྱ་ཕྱོགས་ནས་ཀྱང་དེ་བཞི་དང༌། (མ་ཁྱབ་པ་ནི། དོན་བྱེད་ནུས་པ་ཤེས་བྱའི་ མཚན་ཉིད་དུ་བྱས་པ་ལྟ་བུ། ཁྱབ་ཆེས་པ་བློའི་ཡུལ་དུ་བྱ་རུང་དངོས་པོའི་མཚན་ཉིད་དུ་བྱས་པ་ལྟ་བུ་མི་སྲི ད་པ། སྐད་ཅིག་མ་རྟག་ པའི་མཚན་ཉིད་དུ་བྱས་པ་ལྟ་བུ།) མ་ཁྱབ་ཁྱབ་ཆེས་མི་སྲི ད་པའི་སྐྱོན་གསུམ་དང་བྲལ་བ་ཞིག་ངེས་ པར་དགོས། ཇི་སྐད་དུ། མ་ཁྱབ་ཁྱབ་ཆེས་མི་སྲི ད་གསུམ། །མཚན་ཉིད་ཀུན་གྱི་སྤྱི་སྐྱོན་ཡིན། །ཞེས་གསུངས་པ་ལྟར་མཚན་ཉིད་ནི། རང་གི་མཚོན་བྱ་ལས་ཁྱབ་ཆེས་པ་དང་དེ་ལས་ཁྱབ་ ཆུང་བ་གང་ཡང་མིན་པར་ཡིན་ཁྱབ་པ་མཉམ་པའི་སྒོ་ནས་རང་གི་མཚོན་བྱའི་གོ་དོན་དུ་འགྲོ་ བ་ཞིག་གོ།རྫས་ཡོད་ཆོས་གསུམ་ནི། སྤྱིར་མཚན་ཉིད་ཡིན་པ། རང་གི་མཚན་གཞིའི་སྟེང་ དུ་གྲུབ་པ། རང་གི་མཚོན་བྱ་ལས་གཞན་པའི་མཚན་ཉིད་མི་བྱེད་པ་དང་གསུམ། བཏགས་ ཡོད་ཆོས་གསུམ་ནི། སྤྱིར་མཚོན་བྱ་ཡིན་པ། རང་གི་མཚན་གཞིའི་སྟེང་དུ་གྲུབ་པ། རང་གི་ མཚན་ཉིད་ལས་གཞན་པའི་མཚོན་བྱ་མི་བྱེད་པ་དང་གསུམ་དེའོ། ། 5-1-221 གཉིས་པ་ཤེས་བྱའི་དབྱེ་བ་ལ། མཚན་མཚོན་གཉིས་སུ་དབྱེ་བ། སྤྱི་བྱེ་བྲག་གཉིས་སུ་ དབྱེ་བ། འགལ་འབྲེ ལ་གཉིས་སུ་དབྱེ་བ། རྟག་དངོས་གཉིས་སུ་དབྱེ་བ། རང་སྤྱི་གཉིས་ སུ་དབྱེ་བ། བདེན་པ་གཉིས་སུ་དབྱེ་བ། ཀུན་བཏགས་གཞན་དབང་ཡོངས་གྲུབ་གསུམ་དུ་ དབྱེ་བ། རྫས་ཆོས་ལྡོག་ཆོས་གཉིས་སུ་དབྱེ་བ། དགག་སྒྲུབ་གཉིས་སུ་དབྱེ་བ། མངོན་ལྐོག་ གཉིས་སུ་དབྱེ་བ། ཡུལ་ཡུལ་ཅན་གཉིས་སུ་དབྱེ་བ། གཅིག་ཐ་དད་གཉིས་སུ་དབྱེ་བ། དགེ་ མི་དགེ་ལུང་མ་བསྟན་གསུམ་དུ་དབྱེ་བའོ། ། དང་པོ་ལ། (བློའི་ཡུལ་དུ་བྱ་རུང་དེ་མཚན་ཉིད་རེད། གང་གི་མཚན་ཉིད་ཡིན་ན་ཤེས་བྱའི་མཚན་ཉིད་རེད། ཤེས་བྱ་དེ་ མཚོན་བྱ་རེད། གང་གི་མཚོན་བྱ་ཡིན་ན་བློའི་ཡུལ་དུ་བྱ་རུང་གི་མཚོན་བྱ་རེད། ཀ་བུམ་སོགས་མཚན་གཞི་རེད། གང་གི་མཚན་ གཞི་ཡིན་ན་ཤེས་བྱའི་མཚན་གཞི་རེད། དེ་གསུམ་མཚན་མཚོན་གཞི་གསུམ་ཞིག་ཡིན་ནི་རེད། དེས་འགྲེས་སྦྱར། ཚད་མས་གྲུབ་ པ་དང་ཡོད་པ་སོགས་ལ།) མཚན་ཉིད། མཚོན་བྱ། མཚན་མཚོན་མ་ཡིན་པ་དང་གསུམ་ལས། དང་པོ་ནི། རྫས་ཡོད་ཆོས་གསུམ་ཚང་བ། མཚན་ཉིད་ཀྱི་མཚན་ཉིད། མཚན་གཞི་བློའི་ ཡུལ་དུ་བྱ་རུང་སོགས་སོ། ། གཉིས་པ་ནི། བཏགས་ཡོད་ཆོས་གསུམ་ཚང་བ། མཚོན་བྱའི་མཚན་ཉིད། མཚན་གཞི་ ཤེས་བྱ་སོགས་སོ། ། གསུམ་པ་ལ་གཉིས་ལས། དང་པོ་ནི། རྫས་ཡོད་ཆོས་གསུམ་མ་ཚང་བ། མཚན་ཉིད་མ་ ཡིན་པའི་མཚན་ཉིད། མཚན་གཞི་ཤེས་བྱ་ཀ་བུམ་གཉིས་སོགས་སོ། ། གཉིས་པ་ནི། བཏགས་ཡོད་ཆོས་གསུམ་མ་ཚང་བ། མཚོན་བྱ་མ་ཡིན་པའི་མཚན་ཉིད། མཚན་གཞི་བློའི་ཡུལ་དུ་བྱ་རུང་རྟག་དངོས་གཉིས་སོགས་སོ། །རྫས་ཡོད་ཆོས་གསུམ་ཚང་ བ་ཁྱོད་ཡིན། ཁྱོད་ཡིན་ན་ཁྱོད་ཡིན་པས་ཁྱབ། མཚན་ཉིད་མཚན་ཉིད་མིན། དེ་ཡིན་ན་དེ་ ཡིན་པས་ཁྱབ། བཏགས་ཡོད་ཆོས་གསུམ་ཚང་བ་ཁྱོད་མིན། ཁྱོད་ཡིན་ན་ཁྱོད་ཡིན་པས་ 5-1-222 ཁྱབ། མཚོན་བྱ་མཚོན་བྱ་ཡིན། དེ་ཡིན་ན་དེ་ཡིན་པས་ཁྱབ། རྫས་ཡོད་ཆོས་གསུམ་མ་ཚང་ བ་ཁྱོད་མིན། ཁྱོད་ཡིན་ན་ཁྱོད་ཡིན་པས་ཁྱབ། མཚན་ཉིད་མ་ཡིན་པ་ཁྱོད་ཡིན། ཁྱོད་ཡིན་ན་ ཁྱོད་ཡིན་དགོས། བཏགས་ཡོད་ཆོས་གསུམ་མ་ཚང་བ་ཁྱོད་ཡིན། ཁྱོད་ཡིན་ན་ཁྱོད་ཡིན་པས་ ཁྱབ། མཚོན་བྱ་མ་ཡིན་པ་ཁྱོད་མིན། ཁྱོད་ཡིན་ན་ཁྱོད་ཡིན་དགོས་སོ། །གཞི་གྲུབ་ན་མཚན་ མཚོན་གང་རུང་ཡིན་པས་མ་ཁྱབ་བོ། ། གཉིས་པ་སྤྱི་བྱེ་བྲག་གཉིས་སུ་དབྱེ་བ་ལ། སྤྱི། བྱེ་བྲག དེ་གཉིས་ཀྱི་དོན་དང་གསུམ་ ལས། དང་པོ་ནི། རང་གི་གསལ་བ་ལ་རྗེས་འགྲོ་ཅན་གྱི་ཆོས། སྤྱིའི་མཚན་ཉིད། མཚན་ གཞི་ཤེས་བྱ་ཡོད་པ་རྟག་པ་དངོས་པོ་རྣམ་མཁྱེན་སོགས་སོ། །དཔེར་ན་ཤེས་བྱ་རང་གི་ནང་ གསལ་གྱི་ཁྱབ་བྱ་བུམ་པ་ལ་ཁྱབ་བྱེད་ཤེས་བྱ་རང་ཡིན་གྱི་རྗེས་སུ་འགྲོ་བ་ལྟ་བུའོ། ། གཉིས་པ་ནི། རང་ལ་ཁྱབ་བྱེད་དུ་འཇུག་པའི་རང་གི་རིགས་ཡོད་པ་ཅན་གྱི་ཆོས། བྱེ་ བྲག་གི་མཚན་ཉིད། མཚན་གཞི་ནི་ཀ་བུམ་གཉིས་སོགས་སོ། །དཔེར་ན་བུམ་པ་རང་ལ་ཁྱབ་ བྱེད་དུ་འཇུག་པའི་བྱེ་བྲག་ཏུ་གྱུར་པ་བུམ་པ་རང་གི་རིགས་ཤེས་བྱ་ཡོད་པ་ལྟ་བུའོ། །རང་ ཉིད་ཆོས་དེ་ཡིན། རང་ཉིད་ཆོས་དེ་དང་བདག་གཅིག་ཏུ་འབྲེ ལ། རང་ཉིད་མ་ཡིན་ཞིང་ཆོས་ དེ་ཡིན་པའི་གཞི་མཐུན་པ་དུ་མ་གྲུབ་པ་དེ། རང་ཉིད་ཆོས་དེའི་བྱེ་བྲག་ཡིན་པའི་མཚན་ཉིད། མཚན་གཞི་ཤེས་བྱའི་བྱེ་བྲག་ཏུ་བཞག་པའི་དངོས་པོ་ལྟ་བུའོ། ། གསུམ་པ་དེ་གཉིས་ཀྱི་དོན་གསལ་བར་བཤད་པ་ནི། བུམ་པ་དང་ཐ་དད་ནི་བུམ་ལྡོག་ ཀ་བ་སོགས་དང༌། བུམ་པ་དང་འགལ་བ་ནི་ཀ་བ་བུམ་པའི་ཆོས་ཉིད་སོགས་དང༌། བུམ་པ་ དང་འབྲེ ལ་བ་ནི་ཤེས་བྱ་ཡོད་པ་སོགས་དང༌། བུམ་པ་དང་འགལ་བ་དང་འགལ་བ་ནི་ཀ་ བུམ་གཉིས་དང་བུམ་ལྡོག་སོགས་དང༌། (བུམ་པ་དང་འགལ་བ་ཡང་ཡིན། ཀ་བ་ཡང་ཡིན་པའི་གཞི་མཐུན་ལ། ཀ་བ་བཞག་ཆོག་པས་ཀ་བ་དེ་བུམ་པ་དང་འགལ་བ་དང་མི་འགལ་བ་ཡིན་ཀྱང་ཀ་བུམ་གཉིས་ངོ་བོ་ཐ་དད་དུ་ཕན་ཚུན་ནས་ཡིན་ 5-1-223 པ་མེད་པས་དེ་གཉིས་འགལ་བ་རེད།) བུམ་པ་དང་འགལ་བ་དང་མི་འགལ་བ་ནི་ཀ་བ་སོགས་དང༌། བུམ་པ་དང་འབྲེ ལ་བ་དང་འབྲེ ལ་བ་ནི་ཤེས་བྱ་རྟག་པ་སོགས་དང༌། བུམ་པ་དང་འབྲེ ལ་བ་ དང་འགལ་བ་ནི་ཀ་བ་སྒྲ་སོགས་དང༌། བུམ་པ་དང་འབྲེ ལ་བ་དང་མི་འགལ་བ་ནི་དངོས་པོ་ གཟུགས་སོགས་དང༌། བུམ་པའི་ལྡོག་པ་བུམ་པ་རང་ཉིད་དང༌། བུམ་པ་མ་ཡིན་པ་ལས་ལོག་ པ་ནི་གསེར་བུམ་སོགས་དང༌། བུམ་པ་མ་ཡིན་པའི་ཆོས་ནི་ཀ་བ་སོགས་དང༌། བུམ་པ་དང་ གཅིག་ནི་བུམ་པ་རང་ཉིད་དང༌། བུམ་པའི་རྒྱུ་ནི་བུམ་པའི་སྔ་ལོགས་སུ་བྱུང་བའི་རང་ལ་ཕན་ འདོགས་པའི་དངོས་པོ་དང༌། བུམ་པའི་འབྲས་བུ་ནི་བུམ་པའི་ཕྱི་ལོགས་སུ་བྱུང་བའི་རང་ གིས་ཕན་གདགས་བྱའི་དངོས་པོ་དང༌། སྤྱི་ནི་ཤེས་བྱ་སོགས་དང༌། བྱེ་བྲག་ནི་ཀ་བ་བུམ་པ་ སོགས་སོ། །དེ་དག་ལ་རང་ལྡོག་གཞི་ལྡོག་གཉིས་རེ་ཡོད་པ་ལས་འདིར་གཞི་ལྡོག་གི་ཕྱོགས་ རྣམས་ནས་སོ། ། སྤྱི་བྱེ་བྲག་གི་རྟགས་ལྔ་ནི། ཁྱོད་དེ་ཡིན། ཁྱོད་དེ་དང་བདག་ཉིད་གཅིག་ཏུ་གྲུབ། བདག་ ཉིད་གཅིག་པའི་སྒོ་ནས་ཐ་དད། དེ་མེད་ན་ཁྱོད་མེད་དགོས། ཁྱོད་མ་ཡིན་ཞིང་དེ་ཡིན་པའི་ གཞི་མཐུན་པ་དུ་མ་གྲུབ་པ་དེའོ། །ཡང་དེའི་རྟགས་གསུམ་ནི། ཁྱོད་དེ་ཡིན། ཁྱོད་དེ་དང་ བདག་ཉིད་གཅིག་ཏུ་འབྲེ ལ། ཁྱོད་མ་ཡིན་ཞིང་དེ་ཡིན་པའི་གཞི་མཐུན་པ་དུ་མ་གྲུབ་པ་དང་ གསུམ་མོ། །སྤྱི་བྱེ་བྲག་ཡིན་ན་རྟགས་དེ་དག་འགྲིགས་དགོས་པས་ཁྱབ། བུམ་པའི་སྤྱི་ཡིན་ ན་ཀ་བའི་སྤྱི་ཡིན་པས་མ་ཁྱབ་པ་ནི་ཀ་བ་དང་ཐ་དད་དུ་གྱུར་པའི་དངོས་པོ་སོགས་དང༌། དེ་ མ་ཡིན་པས་མ་ཁྱབ་པ་ལ་དངོས་པོ་སོགས་ཡོད། (དངོས་པོའི་སྤྱི་ཡིན་ཆ་དེས་སྤྱི་ནི་ཤེས་བྱ་ཡིན་ཀྱང་ཤེས་བྱ་ དེ་སྤྱིར་སྤྱི་ལས་བྱེ་བྲག་གཏན་མ་ཡིན་པས་དེ་དངོས་པོའི་སྤྱི་ཡིན་ཆ་དེའི་བྱེ་བྲག་ཡིན་ལུགས་ཡོད་ནི་མ་རེད།) དངོས་པོའི་སྤྱིའི་སྤྱི་ཡིན་ན་དེའི་སྤྱིའི་བྱེ་བྲག་ཡིན་པས་མ་ཁྱབ་པ་ནི་ཡོད་པ་སོགས་དང༌། དེ་མ་ཡིན་པས་མ་ཁྱབ་པ་ལ་མཚོན་བྱ་སོགས་སོ། །ཤེས་བྱ་ལ་སྤྱི་ཁོ་ན་ལས་བྱེ་བྲག་མ་ཡིན་ 5-1-224 པའི་མུ་ཡོད་པ་གཞི་གྲུབ་སོགས་དང༌། བྱེ་བྲག་ཁོ་ན་ལས་སྤྱི་མ་ཡིན་པའི་མུ་ཀ་བུམ་གཉིས་ དང་བུམ་པའི་ལྡོག་པ་སོགས་དང༌། སྤྱི་བྱེ་བྲག་གཉིས་ཀ་ཡིན་པའི་མུ་དངོས་པོ་གཟུགས་ སོགས་དང༌། སྤྱི་བྱེ་བྲག་གཉིས་ཀ་མིན་པའི་མུ་ཤེས་བྱ་ཀ་བུམ་གཉིས་སོགས་དང༌། ཤེས་བྱ་ ལ་སྤྱི་བྱེ་བྲག་གང་ཡང་མ་ཡིན་པའི་མུ་མེད་དོ། ། གསུམ་པ་འགལ་འགྲེལ་གཉིས་སུ་དབྱེ་བ་ལ། འགལ་བ་དང༌། འབྲེ ལ་བ་གཉིས་ལས། དང་པོ་ལ། འགལ་བ་དང༌། དེའི་ལྡོག་ཟླ་མི་འགལ་བ་བཤད་པའོ། །དེ་ལས་དང་པོ་ལ། མཚན་ཉིད། དབྱེ་བ། འགལ་བ་ངེས་བྱེད་ཀྱི་ཚད་མ། མཐའ་དཔྱད་པ་དང་བཞི་ལས། དང་པོ་ནི། ཐ་དད་ཅིང་གཞི་མཐུན་མི་སྲི ད་པ། འགལ་བའི་མཚན་ཉིད། མཚན་གཞི་ཀ་ བུམ་གཉིས། བུམ་པ་དང་བུམ་པའི་མཆུ་གཉིས། རྟག་དངོས་གཉིས། ཚ་གྲང་གཉིས། བདག་ མེད་རྟོགས་པའི་ཤེས་རབ་དང་བདག་འཛིན་གཉིས་སོགས་སོ། །འགལ་བ་དང་ཕན་ཚུན་ སྤངས་འགལ་གཉིས་དོན་གཅིག འདིའི་མཚན་ཉིད་ཀྱི་སྒྲ་བཤད་ནི། ཆོས་གང་ཡིན་ཀྱང་ དེ་གཉིས་ཕན་ཚུན་ཐ་དད་ཀྱང་ཡིན་གཉིས་ཀ་ཡིན་པ་མེད་པ་ཅན་དེ་ཡིན་ཞེས་པའོ། །མཚན་ ཉིད་ཀྱི་ཟུར་ལས་ཐ་དད་ཅེས་པས་རི་བོང་གི་རྭ་དང་ཀ་བ་གཉིས་འགལ་བ་ཡིན་པར་གཅོད་ པ་དང༌། གཞི་མཐུན་མི་སྲི ད་པ་ཞེས་པས་བུམ་པ་དངོས་པོ་གཉིས་དེ་ཡིན་པར་གཅོད། ཀ་ བུམ་སོགས་འགལ་བའི་གཞི་ལྡོག་དང༌། དེ་དག་འགལ་ཆ་དེའི་རང་ལྡོག་གོ། གཉིས་པ་ལ་ལྡོག་པའི་སྒོ་ནས་དབྱེ་ན། ཕན་ཚུན་སྤངས་འགལ་དང༌། མི་གནས་འགལ་ གཉིས་ལས། དང་པོ་ལ། མཚན་ཉིད། དབྱེ་བ་གཉིས་ལས། དང་པོ་ནི། གཅིག་གི་དོན་ལྡན་ ཡིན་ན་གཅིག་ཤོས་ཀྱི་དོན་སྤངས་པའི་སྒོ་ནས་མི་མཐུན་པར་གནས་པ། ཕན་ཚུན་སྤངས་ འགལ་གྱི་མཚན་ཉིད། མཚན་གཞི་ཀ་བུམ་གཉིས། བྱས་རྟག་གཉིས། སྣང་མུན་གཉིས་ སོགས་སོ། །དེའི་མཚན་ཉིད་ཀྱི་སྒྲ་བཤད་ཆོས་གང་ཡིན་ཀྱང་གཅིག་གི་དོན་ཡིན་ན་ཅིག་ 5-1-225 ཤོས་ཡིན་པ་མི་སྲི ད་པའི་སྒོ་ནས་སྤངས་པའོ། །འདི་དང་འགལ་བ་གཉིས་དོན་གཅིག་ཕྱིར་ ལྡོག་པས་དབྱེ་བའོ། །མངོན་ཊཱིཀ་ལྟར་ན། གཅིག་གི་དོན་ལྡན་ཡིན་ན་ཅིག་ཤོས་ཀྱི་དོན་ སྤངས་པའི་ཚུལ་གྱིས་འགལ་བ་ཙམ་དུ་གནས་པ། ཕན་ཚུན་སྤངས་འགལ་གྱི་མཚན་ཉིད། འདིའི་ཙམ་སྒྲས། མི་གནས་འགལ་སྤངས་འགལ་ཡིན་པ་གཅོད་དེ། (མི་གནས་འགལ་སྤངས་འགལ་ ཡིན་ན་མི་གནས་འགལ་རྟགས་ཐམས་ཅད་སྤངས་འགལ་གྱི་རྟགས་སུ་འགྱུར་དགོས་ཀྱང༌། དེ་གཉིས་ཀྱི་རྟགས་སྦྱོར་ལས་མི་ གནས་འགལ་གྱི་རྟགས་སྦྱོར་ནི། མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་ཤར་གྱི་རི་ལ་ཆོས་ཅན། གྲང་རེག་སྟོབས་ལྡན་མེད་དེ། ཚ་རེག་སྟོབས་ལྡན་དམིགས་པའི་ཕྱིར་ཞེས་པ་ལྟ་བུ་དེ་རེད། སྤངས་འགལ་གྱི་རྟགས་སྦྱོར་ནི། བུམ་པ་ཆོས་ཅན། རྟག་པ་མ་ཡིན་ ཏེ། བྱས་པ་ཡིན་པའི་ཕྱིར་ཞེས་པ་ལྟ་བུ་དེ་རེད། དེའི་སྔ་མའི་རྟགས་སྦྱོར་དེ་ཕྱི་མའི་རྟགས་སྦྱོར་ཡིན་ཚུལ་མེད་དེ། སྔ་མ་སྤངས་ གཉེན་ཀྱི་སྒོ་ནས་འགལ་ཟླར་གྱུར་པའི་རྟགས་སྦྱོར་ཡིན་ལ། ཕྱི་མ་ཡིན་པ་མེད་པ་ཙམ་གྱི་འགལ་ཟླར་གྱུར་པ་ཉིད་དུ་ངེས་པའི་ ཕྱིར། དེས་ན་དེ་གཉིས་དོན་མི་གཅིག་པར་མཁས་གྲུབ་ཀྱི་ལུགས་ལ་མི་གནས་འགལ། སྤངས་འགལ་དེ་གཉིས་རང་ལྡོག་གི་ ཕྱོགས་ནས་ཁྱད་ཡོད་པ་དེ་འདྲ་ཡིན་ཀྱང་སྤྱིར་གཞི་ལྡོག་གི་ཆ་ནས་མི་གནས་འགལ་ཐམས་ཅད་སྤངས་འགལ་དེ་གཉིས་མ་ཡིན་ པ་མེད་པས་དོན་གཅིག་པ་ཡིན་ཆོག་ཚུལ་གྱི་དགོངས་པ་བླངས་ནས་འགལ་བ་དང་སྤངས་འགལ་ཁྱབ་མཉམ་པའི་དོན་གཅིག་ ཏུ་བྱས་པ་ཡིན།) དེ་ཡང་དེ་ཡིན་ན་སྔ་མ་ལ་བརྟེན་པའི་འགལ་དམིགས་ཀྱི་རྟགས་ཡིན་ན་ཕྱི་མ་ ལ་བརྟེན་པའི་འགལ་དམིགས་ཀྱི་རྟགས་ཡིན་དགོས་པས་ཁྱབ་པ་དངོས་སུ་གསུངས་ནས་མི་ འཐད་པ་ཤུགས་ལ་བསྟན་ཀྱང་འདིར་དགོངས་པ་བླངས་ནས་དེ་གཉིས་དོན་གཅིག་པ་ཡོངས་ གྲགས་ལྟར་བྱས་སོ། ། གཉིས་པ་ལ། དངོས་འགལ་བརྒྱུད་འགལ་གཉིས་ལས། དང་པོ་ནི། ཕན་ཚུན་རྣམ་ བཅད་ཡོངས་གཅོད་ཀྱི་སྒོ་ནས་མི་མཐུན་པར་གནས་པ། ཕན་ཚུན་སྤངས་པའི་དངོས་འགལ་ གྱི་མཚན་ཉིད། མཚན་གཞི་རྟག་མི་རྟག་གཉིས། བྱས་མ་བྱས་གཉིས། བུམ་པ་དང་བུམ་པ་ མ་ཡིན་གཉིས། (གཞི་མྱུ་གུ་དེ་མྱུ་གུའི་རྫས་སུ་གྱུར་པའི་སྔོན་པོ་མ་ཡིན་པ་དངོས་སུ་ཁེགས་ན་སྔོན་པོ་ཡིན་པ་ཡོངས་གཅོད་ 5-1-226 དུ་ཤུགས་ལ་རྟོགས་ཐུབ་ཀྱང་དེ་གཉིས་ཀྱི་ཡིན་པ་ནམ་མཁའི་ཁ་དོག་བཞག་ཆོག་པས་མི་འགལ་བ་ཡིན།) མྱུ་གུའི་རྫས་སུ་ གྱུར་པའི་སྔོན་པོ་དང་དེ་མ་ཡིན་གཉིས། གཅིག་དུ་མ་གཉིས་སོགས་སོ། །དེའི་སྒྲ་བཤད་གཞི་ བུམ་པ་ལྟ་བུ་དེ་རྟག་པ་དངོས་སུ་རྣམ་པར་བཅད་ན་དེའི་ཤུགས་ལ་མི་རྟག་པ་ཡོངས་གཅོད་ དུ་གྲུབ་པ་ལྟ་བུའོ། །སྤྱིར་རྟག་པའི་ཕྱོགས་ནས་རྣམ་བཅད་དངོས་སུ་ཁེགས་ན་ཡོངས་གཅོད་ ཤུགས་ལ་རྟོགས་པ་དང༌། དེ་ལས་ལྡོག་ན་དེ་ལྟར་དང་མི་རྟག་པའི་ཕྱོགས་ནས་ཀྱང་དེ་འདྲ་ གཉིས་རེ་འགྲིགས་དགོས་ཀྱི་ཕྱོགས་གཅིག་ནས་འགྲིགས་པས་དེར་འགྱུར་ན་མྱུ་གུའི་རྫས་ སུ་གྱུར་པའི་སྔོན་པོ་མ་ཡིན་པ་དང༌། སྔོན་པོ་གཉིས་ཕན་ཚུན་སྤངས་པའི་དངོས་འགལ་དུ་ འགྱུར་དགོས་ཀྱང་དེ་གཉིས་སྤྱིར་འགལ་བ་ཙམ་ཡང་མ་ཡིན་ནོ། །བྱས་པའི་སྟེང་གི་མ་བྱས་ པ་བཅད་ཆའི་མེད་དགག་དེ་མ་བྱས་པ་བཅད་པའི་ལྡོག་པ་དང༌། མ་བྱས་པ་བཅད་པའི་ལྡོག་ པ་ནི། མ་བྱས་པ་བཅད་པ་རང་ཉིད་རང་གི་ཕྱོགས་ཡིན་ཆ་དང༌། མ་བྱས་པའི་བཅད་ལྡོག་ནི། མ་བྱས་པ་མིན་པར་རྟོགས་པའི་བློས་ཤུགས་ཀྱི་རྟོགས་བྱར་གྱུར་པའི་བྱས་པ་དང། མ་བྱས་ པའི་གཞི་ལྡོག་ནི། ནམ་མཁའ་སོགས་དང༌། མ་བྱས་པའི་དོན་ལྡོག་ནི། རང་རྒྱུ་ལས་མ་སྐྱེས་ པ་དང༌། མ་བྱས་པའི་རང་ལྡོག་ནི། མ་བྱས་པ་རང་ཉིད་དེའོ། (བྱས་རྟག་གཉིས་ཡིན་དང་གཉིས་མིན་གྱི་ ཕུང་གསུམ་མེད་པས་དེ་གསུམ་ཕུང་གསུམ་སེལ་བ་ཡིན་པ་བཞིན་གཞན་ལ་འདྲ།) ཕུང་སུམ་སེལ་བའི་དབྱེ་བ་ཡིན་ ན་རྣམ་བཅད་ཡོངས་གཅོད་ཀྱི་འགལ་བ་ཡིན་པས་མ་ཁྱབ་པ་ནི་བྱས་རྟག་གཉིས་སོགས་ དང༌། དེ་མ་ཡིན་པས་མ་ཁྱབ་པ་ནི་བྱས་མ་བྱས་གཉིས་སོགས་སོ། ། གཉིས་པ་ནི། རྣམ་བཅད་ཡོངས་གཅོད་ཀྱི་སྒོ་ནས་འགལ་བ་མ་ཡིན་པ་གང་ཞིག་ཕན་ ཚུན་ཐ་དད་ཅིང་གཞི་མཐུན་མི་སྲི ད་པ། ཕན་ཚུན་སྤངས་པའི་བརྒྱུད་འགལ་གྱི་མཚན་ཉིད། མཚན་གཞི་བྱས་རྟག་གཉིས། ཀ་བུམ་གཉིས། བྱམས་སྡང་གཉིས་སོགས་སོ། །འདི་དང་ཕན་ ཚུན་སྤངས་འགལ་གྱི་ཚད་མའི་གནོད་འགལ་གཉིས་དོན་གཅིག དེའི་སྒྲ་བཤད་བྱས་པས་ 5-1-227 མི་རྟག་པ་ལ་བརྒྱུད་ནས་རྟག་པ་དང་ཕན་ཚུན་སྤངས་པའི་དངོས་འགལ་ལ་རེག་པར་བྱེད་ པའི་རྒྱུ་མཚན་གྱིས་དེ་གཉིས་དེའི་བརྒྱུད་འགལ་དུ་བཞག་གོ། གཉིས་པ་མི་གནས་འགལ་ལ། མཚན་ཉིད། དབྱེ་བ། གནོད་བྱ་ལྡོག་པའི་དུས་དང་ གསུམ་ལས། དང་པོ་ནི། རྒྱུན་གཅད་བྱ་རྒྱུན་གཅོད་བྱེད་ཀྱི་སྒོ་ནས་མི་མཐུན་པར་གནས་པའི་ དངོས་པོ། ལྷན་ཅིག་མི་གནས་འགལ་གྱི་མཚན་ཉིད། མཚན་གཞི་སྣང་མུན་གཉིས། ཚ་གྲང་ གཉིས། བདག་མེད་རྟོགས་པའི་ཤེས་རབ་དང་བདག་འཛིན་གཉིས། མཐོང་ལམ་བར་ཆད་ མེད་ལམ་དང༌། དེའི་ངོས་སྐལ་གྱི་སྤང་བྱའི་ས་བོན་གཉིས། དུ་བ་དྲག་ཕྱུར་བ་དང་གྲང་རེག་ གཉིས་ལྟ་བུའོ། ། གཉིས་པ་ལ། མི་གནས་འགལ་གྱི་དངོས་འགལ། བརྒྱུད་འགལ་གཉིས་ལས། དང་པོ་ ལ། མཚན་ཉིད། དབྱེ་བ་གཉིས་ལས། དང་པོ་ནི། དངོས་སུ་གནོད་བྱ་གནོད་བྱེད་དུ་ཞུགས་པའི་སྒོ་ནས་རྒྱུན་ནུས་མཚུངས་སུ་ འགྲོགས་སུ་མི་རུང་བའི་དངོས་པོ། མི་གནས་འགལ་གྱི་དངོས་འགལ་གྱི་མཚན་ཉིད། མཚན་ གཞི་སྣང་མུན་གཉིས། མཐོང་ལམ་བར་ཆད་མེད་ལམ་དང༌། དེའི་སྤང་བྱ་གཉིས་ལྟ་བུའོ། །སྣང་མུན་ལྟ་བུ་གཞི་ཁང་མིག་ལྟ་བུའི་ནང་དང༌། ཚ་གྲང་ལྟ་བུ་གཞི་ལག་མཐིལ་ལྟ་བུ་ལ་ དང༌། བདག་མེད་རྟོགས་པའི་ཤེས་རབ་བདག་འཛིན་ལྟ་བུ་གཞི་སེམས་རྒྱུད་གཅིག་ལ་རྒྱུན་ ནུས་མཚུངས་སུ་འགྲོགས་མི་རུང་བའོ། ། གཉིས་པ་ལ། སྣང་མུན་ལྟ་བུའི་བེམ་པོ་ལས་གྱུར་བའི་མི་གནས་འགལ་དང༌། བདག་ མེད་རྟོགས་པའི་ཤེས་རབ་དང་བདག་འཛིན་ལྟ་བུའི་ཤེས་པ་ལས་གྱུར་པའི་དེ་དང་གཉིས་སོ། ། གཉིས་པ་ནི། བརྒྱུད་ནས་རྒྱུན་བཅད་བྱ་གཅོད་བྱེད་ཀྱི་སྒོ་ནས་མི་མཐུན་པར་གནས་ 5-1-228 པའི་དངོས་པོ། མི་གནས་འགལ་གྱི་བརྒྱུད་འགལ་གྱི་མཚན་ཉིད། མཚན་གཞི་དུ་བ་དྲག་ ཕྱུར་བ་དང་གྲང་རེག་གཉིས་དང༌། སྦྱོར་ལམ་དང་མཐོང་སྤངས་ལྟ་བུའོ། །འདི་དང་མི་གནས་ འགལ་གྱི་ཚད་མའི་གནོད་འགལ་གཉིས་དོན་གཅིག སྤྱིར་བདག་མེད་རྟོགས་པའི་ཤེས་རབ་ དང་བདག་འཛིན་གཉིས་མི་གནས་འགལ་ཡིན་ཡང་དེ་ཡིན་ན་དེ་ཡིན་པས་མ་ཁྱབ་པ་སངས་ འཕགས་ཀྱི་བདག་མེད་མཁྱེན་པའི་ཡེ་ཤེས་ལྟ་བུའོ། །སྤྱིར་བདག་མེད་རྟོགས་པའི་ཤེས་རབ་ དང་བདག་འཛིན་གཉིས་སྐད་ཅིག་དང་པོ་ལ་འཕྲད། གཉིས་པ་ལ་ནུས་ཆུང་དུ་སོང༌། གསུམ་ པར་ནུས་མེད་དུ་བྱས་པའི་སྒོ་ནས་མཐར་བདག་འཛིན་གྱི་རྒྱུན་ལྡོག་གོ། གསུམ་པ་ལ། རྒྱུན་དང༌། དུས་ཀྱི་སྒོ་ནས་འགལ་བའི་གནོད་བྱ་ལྡོག་དུས་གཉིས་ལས། དང་པོ་ནི། ཚ་གྲང་གཉིས་སྐད་ཅིག་དང་པོ་ལ་འཕྲད། གཉིས་པར་གྲང་རེག་དང་པོས་ཉེར་ ལེན་དང་ཚ་རེག་དང་པོས་བྱེད་རྐྱེན་བྱས་ནས་གྲང་རེག་གཉིས་པ་ནུས་ཆུང་དུ་བྱས། གསུམ་ པར་ནུས་ཆུང་དེས་ཉེར་ལེན་དང་སྟོབས་ལྡན་དེས་བྱེད་རྐྱེན་བྱས་ནས་གྲང་རེག་གསུམ་པ་ ནུས་མེད་བསྐྱེད་ལ། བཞི་པར་ཚ་བ་སྐྱེས་པ་དང་གྲང་རེག་འགགས་པ་དུས་མཉམ་མོ། །དེས་ བདག་མེད་རྟོགས་པའི་ཤེས་རབ་དང་བདག་འཛིན་གཉིས་ལ་འགྲེས་ཞིང༌། འདིའི་སྐད་ཅིག་ མ་བྱ་རྫོགས་སོ། །མཁས་པ་ཁ་ཅིག་གིས་ཚ་རེག་དང་པོ་དང་གྲང་རེག་གཉིས་པ་ནུས་ཆུང་ གཉིས་ཕན་བྱ་ཕན་བྱེད་ལས་གནོད་བྱ་གནོད་བྱེད་མིན་པར་གསུངས་ཀྱང༌། རང་ལུགས་ལ་ དེ་གཉིས་གནོད་བྱ་གནོད་བྱེད་དང༌། ཡུན་རིང་འགྲོགས་པའི་མི་གནས་འགལ་ཀྱང་ཡོད་ཆོག མངོན་ཊཱིཀ་ཏུ། ཚ་རེག་དང་པོ་དང་གྲང་རེག་གཉིས་པ་གཉིས། ཕན་བྱ་ཕན་བྱེད་ཀྱི་རྒྱུ་མཚན་ གྱིས་དེ་གཉིས་མི་གནས་འགལ་མིན་ཡང༌། སྤྱིར་ཚ་གྲང་གཉིས་དེ་ཡིན་པར་གསུངས། ཐར་ ལམ་གསལ་བྱེད་དུ། སྐད་ཅིག་དང་པོ་གཉིས་པའི་གྲང་རེག་སྤྱི་དང་ཚ་རེག་གཉིས་མི་གནས་ འགལ་ཡིན་ཡང་ཚ་རེག་དང་པོ་གྲང་རེག་གཉིས་པ་གཉིས་ནི་དེ་མིན་པར་གསུངས། གྲང་ 5-1-229 རེག་རྒྱུན་ཆད་སྐབས་ཀྱི་ཚ་བ་དང་སྔར་རྒྱུན་ཆད་འགྱུར་གྱི་གྲང་རེག་གཉིས་མི་གནས་འགལ་ དུ་བཞེད་པ་ལ་ཀུན་འདྲ། རྒྱལ་ཚབ་རྗེས། འགལ་འབྲེ ལ་རྣམ་བཞག་ཏུ་ཡུལ་རུང་བར་རིམ་ གྱིས་འོང་བའི་མར་མེའི་འོད་སྐད་ཅིག་དང་པོ་དང༌། དེའི་བསལ་བྱའི་མུན་པ་གཉིས་མི་ གནས་འགལ་གྱི་བརྒྱུད་འགལ་དུ་གསུངས་ལ། མཁས་གྲུབ་རྗེས། དེ་ཡིན་ན་སྦྱོར་ལམ་དྲོད་ མཐོང་སྤང་དང་དེའི་བརྒྱུད་འགལ་དུ་ཁས་ལེན་དགོས། དེ་འདོད་ན། ཐེག་ཆེན་སྦྱོར་ལམ་ དྲོད་ནས་མཐོང་སྤང་བར་བསྐལ་ཆེན་གྲངས་མེད་ཕྱེད་ཡོད་པས་བསྐལ་བར་འགྲོགས་པའི་ མི་གནས་འགལ་དེ་ངོ་མཚར་ཆེ་ཞེས་དགག་པ་མཛད་དོ། །མཁས་གྲུབ་རྗེས་ཁོང་གི་ལུགས་ ལ། སྤྱིར་གྱི་གནོད་བྱ་གནོད་བྱེད་དང་མི་གནས་འགལ་གྱི་དེ་མི་འདྲ། མི་གནས་འགལ་གྱི་ སྐབས་སུ་བློའི་གནོད་བྱེད་ལ་དངོས་གཉེན་ཞིག་དགོས། བེམ་པོ་ལ་དེར་མ་ངེས་པ་ནི་གྲང་ རེག་འགག་ཁ་མ་དང༌། དེ་དང་དུས་མཉམ་པའི་ཚ་རེག་ལྟ་བུའོ། །རྒྱལ་ཚབ་རྗེས། མཁས་ པ་ཁ་ཅིག་གིས་ཚ་གྲང་གཉིས་སྐད་ཅིག་དང་པོ་ལ་འཕྲད་གཉིས་པ་ལ་ནུས་ཆུང་དུ་སོང་ཞེས་ སོགས་ཚད་འགྲེལ་གྱི་སྐབས་གང་དུའང་མ་གསུངས་པས་ཡུན་རིང་འགྲོགས་པའི་མི་གནས་ འགལ་འདོད་པ་སྨད་པར་བྱེད་པ་ནི་ཁོས་སློབ་དཔོན་གྱི་ཕྱོགས་སྔ་མ་ལོན་པས་བཤད་པ་ ཡིན་གྱི་སློབ་དཔོན་གྱིས་མི་གནས་འགལ་གྱི་གནོད་ཚུལ་ནི་གནོད་བྱ་དེའི་རྒྱུ་རིམ་གྱིས་ཟད་ པའི་སྒོ་ནས་གནོད་པས་དངོས་པོ་ལས་གྱུར་པའི་འགལ་བར་བཤད་པ་སོགས་ཀྱིས་ཤེས་ པར་གསུངས་སོ། ། གཉིས་པ་ནི། སྣང་མུན་ལྟ་བུ་སྟེ། འདི་གཉིས་གཞི་གཅིག་ལ་འཕྲད་པ་མེད་པར་དེར་ སྣང་བ་སྐྱེས་པ་ལ་ཕྱོགས་པ་དང་མུན་པ་འགགས་པ་ལ་ཕྱོགས་པ་དུས་མཉམ། སྣང་བ་སྐྱེས་ པ་དང་མུན་པ་འགགས་པ་དུས་མཉམ། སྣང་བ་སྐྱེས་ཟིན་པ་དང་མུན་པ་འགགས་ཟིན་པ་ དུས་མཉམ་པ་ཡིན་ནོ། །དེ་ཡང་སྣང་བ་སྐྱེས་པ་དང་མཉམ་དུ་གཞི་དེར་མུན་པས་དག་པ་ནི་ 5-1-230 སྣང་བ་རང་གི་ལག་རྗེས་མ་ཡིན་པར་མུན་པ་རང་གི་རྒྱུ་རྐྱེན་མ་ཚང་པའི་དབང་གིས་ཡིན་ལ། སྣང་བ་སྐྱེས་པའི་སྐད་ཅིག་གཉིས་པ་ཕན་ཆད་དུ་དེར་མུན་པས་དག་པ་ནི་སྣང་བའི་ལག་རྗེས་ སོ། ། མཁས་གྲུབ་རྗེས། སྒོ་དྲུང་ནས་འོང་བའི་མར་མེའི་འོད་དང་དེ་དུས་ཀྱི་མུན་པ་གཉིས་མི་ གནས་འགལ་དུ་མི་འདོད་ཀྱང༌། རྒྱལ་ཚབ་རྗེས། ནང་དུ་འཇུག་པར་མ་བརྩམས་པའི་མར་ མེའི་འོད་དང༌། འཇུག་པར་བརྩམ་པའི་མུན་པ་གཉིས་དེར་མི་འདོད་ཀྱང༌། སྐད་ཅིག་སྔ་ཕྱི་ མ་ཕྱེ་བར་རིམ་གྱིས་འོང་བའི་མར་མེའི་འོད་དང་མུན་པ་གཉིས་མི་གནས་འགལ་དུ་འདོད། ཚ་གྲང་གི་དཔེ་ཅན་བདག་མེད་རྟོག་པའི་ཤེས་རབ་དང་བདག་འཛིན་སྤྱིར་བཏང་གཉིས་ དང༌། སྣང་མུན་གྱི་དཔེ་ཅན་བར་ཆད་མེད་ལམ་བཅུ་པོ་དང་རང་རང་གི་ངོས་སྐལ་གྱི་སྤང་བྱ་ བཅུ་དང་བཅས་པ་དེའོ། །བར་ཆད་མེད་ལམ་རྣམས་ཀྱི་དུས་སུ་རང་རང་གི་སྤང་བྱ་རྣམས་ མེད་ཀྱང་སྤངས་པ་མིན་དེའི་རྒྱུན་རྣམ་གྲོལ་ལམ་དུ་གྱུར་པ་ན་སྤང་བྱ་རྣམས་སྤངས་ཟིན་པའོ། །གྲུབ་མཐའ་གོང་མས་གཉེན་པོ་སྐྱེས་འགྱུར་གྱིས་སྤང་བྱ་སྤངས་པ་དང༌། བྱེ་སྨྲས་གཉེན་པོ་ འགག་འགྱུར་གྱིས་སྤང་བྱ་སྤངས་པར་འདོད། དེ་གཉིས་ཀ་ཁས་ལེན་པའང་ཡོད་ཀྱང་མི་ འཐད་པར་གསུངས། སྤྱིར་མཐོང་ལམ་པའི་རྒྱུད་ལ་སྒོམ་སྤངས་ཀྱི་ས་བོན་ཡོད་ཚུལ་གྲུབ་ མཐའ་བ་རྣམས་འདོད་ལུགས་མི་འདྲ་སྟེ། བྱེ་སྨྲས། དེའི་ཚེ་དེའི་རྒྱུད་ལ་མེད་ཀྱང་ས་བོན་གྱི་ ཐོབ་པ་ཡོད་པས་དེ་ལ་ལྡན་པར་ཡོད་ཟེར། མདོ་སྡེ་པས། ཟག་མེད་ཡེ་ཤེས་ཀྱི་སྟེང་དང༌། སེམས་ཙམ་པས། ཀུན་གཞིའི་རྣམ་ཤེས་ཀྱི་སྟེང་དང༌། རང་རྒྱུད་པས། ཡིད་ཤེས་ཕྲ་མོའི་སྟེང་ དང༌། ཐལ་འགྱུར་བས། ངའམ་གང་ཟག་གི་སྟེང་དུ་ཡོད་པར་འདོད་པའི་ཕྱིར། སྤྱིར་དངོས་སུ་ གནོད་བྱེད་དང་དངོས་གཉེན་གཉིས་མི་འདྲ་སྟེ། སྔ་མ་རང་གི་སྟོབས་ཀྱིས་སྤང་བྱ་དེ་གཞན་ ལ་བརྒྱུད་མི་དགོས་པར་རེ་ཞིག་དང་གཏན་འགགས་གང་རུང་དུ་བྱེད་པ་ལ་གོ་བ་དང༌། ཕྱི་ 5-1-231 མ་རང་ཉིད་སྐྱེས་སྟོབས་ཀྱིས་སྤང་བྱ་གཏན་འགགས་སུ་བྱེད་པ་ལ་གོ་བའི་ཕྱིར། ཡང་ཁ་ཅིག་ ན་རེ། བྱམས་པ་དང་ཞེ་སྡང་གཉིས་ཆོས་ཅན། རྒྱུན་གཅད་བྱ་གཅོད་བྱེད་མ་ཡིན་པར་ཐལ། རྣམ་འགྲེལ་ལས། བྱམས་སོགས་རྨོངས་དང་འགལ་མེད་ཕྱིར། །ཤིན་ཏུ་ཉེས་པ་ཚར་གཅོད་ མིན། །ཞེས་གསུངས་པའི་ཕྱིར་ཞེ་ན། མ་ཁྱབ་སྟེ། བྱམས་སོགས་རྨོངས་པ་བདག་འཛིན་དང་ འགལ་བ་མིན་ཕྱིར་ཉེས་པའི་དངོས་གཉེན་མིན་པར་གསུངས་ཀྱི་རྒྱུན་གཅད་བྱ་གཅོད་བྱེད་ མིན་པར་གསུངས་པ་མ་ཡིན་པའི་ཕྱིར་རོ། ། གསུམ་པ་ནི། སྤྱིར་འགལ་བ་དང༌། སྤངས་འགལ། མི་གནས་འགལ་རྣམས་ཀྱང་རང་ རང་དངོས་རྟོགས་ཀྱི་ཚད་མ་ལས་གཞན་གྱིས་ངེས་ཆོག་སྟེ། དེ་ལས་འགལ་བ་ཙམ་ནི་ཐ་ དད་ཅིང་གཞི་མཐུན་མི་སྲི ད་པར་རྟོགས་པའི་ཚད་མས་ངེས་ལ། (ཀ་བུམ་གཉིས་འཛིན་པའི་རྟོག་བཅས་ དེ་གཞན་རིག་རེད། དེའི་ཡུལ་ནི་ཀ་བུམ་གཉིས་དེ་རེད། དེ་འདྲའི་རྟོག་པ་ཉམས་སུ་མྱོང་མཁན་དེ་རང་རིག་རེད། དེའི་ཡུལ་ ནི་གཞན་རིག་རྟོག་བཅས་དེ་རེད། རང་རིག་འདོད་པའི་ལུགས་ལ་ཀ་བུམ་འཛིན་པའི་རྟོག་པའི་སྟེང་གི་རང་རིག་གིས་དངོས་ སུ་རྟོག་བྱ་ནི་རྟོག་པ་དེ་ཡིན་པས་རྟོག་པ་དངོས་རྟོགས་ཀྱི་ཤུགས་ལ་ཀ་བུམ་ཐ་དད་ཡིན་པ་དེ་རྟོགས་སོང་བ་ཡིན། རང་རིག་མི་ འདོད་པའི་ལུགས་ལ། ཀ་བུམ་གཉིས་འཛིན་པའི་རྟོག་པ་དེས་ཀ་བུམ་གཉིས་དངོས་སུ་རྟོགས་པའི་ཤུགས་ལ་དེ་གཉིས་ཐ་དད་ཆ་ དེ་རྟོགས་པ་ཡིན། རྗེས་དཔག་གིས་རྟོགས་ཚུལ་ནི། ཀ་བུམ་གཉིས་ཆོས་ཅན། ཐ་དད་ཡིན་ཏེ། གཞི་མཐུན་མི་སྲི ད་པར་སོ་སོར་ གནས་པའི་ཕྱིར། ཞེས་པའི་རྟགས་སྦྱོར་ལ་བརྟེན་ནས་ཚད་མས་ཀ་བུམ་གཉིས་ཐ་དད་ཡིན་པར་དངོས་སུ་ངེས་པ་ལྟ་བུ་དེ་རེད།) དེ་ལས་ཐ་དད་ནི་རང་རིག་འདོད་པ་དག་གིས། འགལ་བའི་ཆོས་གཉིས་པོ་དངོས་རྟོགས་ཀྱི་ རྟོག་བཅས་ཀྱི་སྟེང་གི་རང་རིག་གིས་ཤུགས་ལ་ངེས་པར་འདོད་པ་དང༌། རང་རིག་མི་འདོད་ པ་དག་གིས། དེ་འདྲའི་རྟོག་པས་ཤུགས་རྟོགས་སུ་འདོད། རྗེས་དཔག་གིས་དངོས་རྟོགས་ ཡིན་ཆོག སྣང་མུན་གཉིས་གཞི་མཐུན་མི་སྲི ད་པ་ནི། དེ་མངོན་དུ་བྱེད་པའི་མངོན་སུམ་དང༌། དེའི་བྱེད་པ་སོགས་ལ་བརྟེན་ནས་ངེས་པའོ། །འཕགས་པའི་མཉམ་བཞག་གིས་རང་དུས་ 5-1-232 སུ་སྤང་གཉེན་གྱི་ཆོས་གང་ཡང་མི་གཟིགས་ཀྱང་རྗེས་ཐོབ་ཀྱི་ངེས་ཤེས་དེས་ལེགས་པར་ རྟོགས་པ་ཡིན། དབུ་མ་པས་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཀྱིས་ཀུན་རྫོབ་ཀྱི་ ཆོས་གང་ཡང་སློབ་པའི་སྐབས་སུ་མི་གཟིགས་པར་བཞེད་དོ། ། བཞི་པ་ནི། (རྫས་སྤྱི་མ་བཅད་པ་ནི་འགལ་བ་ཡིན་ན་སྤངས་འགལ་དང་མི་གནས་འགལ་གང་རུང་ཡིན་པས་མ་ཁྱབ་ སྟེ། སྤྱིར་བཏང་འགལ་བ་དེ། དེ་གཉིས་གང་རུང་མ་ཡིན་པའི་ཕྱིར། ཞེས་པ་ལྟ་བུ་དེ་རེད། ཉིས་འགོད་མ་བཅད་པ་ནི། འགལ་ བ་ཡིན་ན་དེ་གཉིས་གང་རུང་ཡིན་པས་མ་ཁྱབ་སྟེ། སྤངས་འགལ་མི་གནས་འགལ་གཉིས་དེ་དེ་གཉིས་གང་རུང་མ་ཡིན་པའི་ ཕྱིར། ཞེས་པ་ལྟ་བུ་དེ་རེད། དེ་འདྲ་ཟེར་བ་བཅད་ན་འགལ་བ་ལ་དེ་གཉིས་གང་རུང་གིས་ཁྱབ་བོ།།) རྫས་སྤྱི་ཉིས་འགོད་ བཅད་ན། དངོས་འགལ་ལ་ཕན་ཚུན་སྤངས་པའི་དངོས་འགལ་དང༌། མི་གནས་འགལ་གྱི་ དངོས་འགལ་གཉིས་སུ་གྲངས་ངེས་སོ། །སྣང་བ་ཡིན་ན་མུན་པ་དང་མི་གནས་འགལ་ཡིན་ པས་མ་ཁྱབ་སྟེ། འཛམ་གླིང་གི་ཉིན་མོའི་སྣང་བ་དེ་མུན་པ་དང་དེ་མ་ཡིན་པར་འདོད་དགོས་ པའི་ཕྱིར་རོ། ། གཉིས་པ་མི་འགལ་བ་ནི། ཁྱོད་ཀྱི་ཡིན་པ་ཡོད་པ་མི་འགལ་བའི་མཚན་ཉིད། མཚན་ གཞི་བུམ་པ་དང་ཤེས་བྱ་གཉིས་ལྟ་བུའོ། །བུམ་པ་ཤེས་བྱ་གཉིས་ཆོས་ཅན། མི་འགལ་བར་ ཐལ། ཁྱོད་གཉིས་ཀྱི་ཡིན་པ་ཡོད་པའི་ཕྱིར། (བུམ་པ་དང་འགལ་བ་ཡང་ཡིན། ལྟོ་ལྡིར་བ་དང་གཅིག་ཀྱང་ཡིན་ པའི་གཞི་མཐུན་འཇོག་ཏུ་མེད་པས་ལྟོ་ལྡིར་བ་དང་གཅིག་དེ་བུམ་པ་དང་འགལ་བ་དང་འགལ་བ་རེད། བུམ་པ་དང་མི་འགལ་ བ་ཡང་ཡིན། ལྟོ་ལྡིར་བ་དང་གཅིག་ཀྱང་ཡིན་པའི་གཞི་མཐུན་ལ་ལྟོ་ལྡིར་བ་དེ་འཇོག་ཆོག་པས་ལྟོ་ལྡིར་བ་དང་གཅིག་དེ་བུམ་ པ་དང་མི་འགལ་བ་དང་མི་འགལ་བ་ཡིན། བུམ་པ་ཡང་ཡིན་ལྟོ་ལྡིར་བ་དང་གཅིག་ཀྱང་ཡིན་པའི་གཞི་མཐུན་ལ་ལྟོ་ལྡིར་བ་དེ་ འཇོག་ཆོག་པས་ལྟོ་ལྡིར་བ་དང་གཅིག་དེ་བུམ་པ་དང་ཡང་མི་འགལ་བ་ཡིན། དེས་ཤེས་བྱའི་ལྡོག་པ་སོགས་ལ་འགྲེས། གཞི་ གྲུབ་ན་འགལ་བ་ཡིན་པས་མ་ཁྱབ་པ་ལ་ཤེས་བྱ་བུམ་ལྡོག་སོགས་དང༌། མ་ཡིན་པས་མ་ཁྱབ་པ་ལ། ཀ་བུམ་སོགས་འཇོག) བུམ་པ་དང་འགལ་བ་དང་འགལ་བ་ཡང་ཡིན། མི་འགལ་བ་དང་མི་འགལ་བ་ཡང་ཡིན་པའི་ 5-1-233 གཞི་མཐུན་པ་ཡིན་ན། བུམ་པ་དང་འགལ་བ་ཡིན་པས་མ་ཁྱབ་པ་ལ་ལྟོ་ལྡིར་བ་དང་གཅིག་ སོགས་དང༌། ཡང་དེ་འདྲའི་གཞི་མཐུན་པ་ཡིན་ན་བུམ་པ་དང་མི་འགལ་བ་ཡིན་པས་མ་ཁྱབ་ པ་ལ་ཤེས་བྱའི་ལྡོག་པ་མཚོན་བྱའི་ལྡོག་པ་སོགས། གཞི་གྲུབ་ན་འགལ་མི་འགལ་གང་གིས་ མ་ཁྱབ་བོ། ། གཉིས་པ་འབྲེ ལ་བ་ལ། མཚན་ཉིད། དབྱེ་བ། མཐའ་དཔྱད་པ་གསུམ་ལས། དང་པོ་ ནི། ཐ་དད་གང་ལས་ཐ་དད་པ་དེ་ལོག་ན་ལྡོག་པར་ངེས་པ། འབྲེ ལ་བའི་མཚན་ཉིད། མཚན་ གཞི་ཤེས་བྱ་ཡོད་པ་གཉིས། མེ་དུ་གཉིས་ལྟ་བུའོ། ། གཉིས་པ་ལ། བདག་གཅིག་འབྲེ ལ་དང༌། དེ་བྱུང་འབྲེ ལ་གཉིས་ལས། དང་པོ་ནི། (སྤྱིར་ འབྲེ ལ་བ་ཞེས་པ་ཆོས་གཉིས་ཞིག་ཡོད་དགོས། དེ་ཡང་དེ་གཉིས་གཅིག་ཤོས་ཞིག་སྒོ་ནས་འཇོག) ངོ་བོ་ཐ་དད་མ་ཡིན་ པའི་ཐ་དད་གང་ལས་ཐ་དད་པ་དེ་ལོག་ན་ལྡོག་པར་ངེས་པ། བདག་གཅིག་འབྲེ ལ་གྱི་མཚན་ ཉིད། མཚན་གཞི་ཤེས་བྱ་ཡོད་པ་གཉིས་ལྟ་བུའོ། །སྤྱིར་ཤེས་བྱ་ཡོད་པ་ལྟ་བུའི་ཕན་ཚུན་ ནས་ཡིན་པ་ཅན་གྱི་ངོ་བོ་གཅིག་དང༌། བུམ་པ་དང་བུམ་ལྡོག་ལྟ་བུའི་ཅིག་ཤོས་ནས་ཡིན་པ་ ཅན་གྱི་ངོ་བོ་གཅིག་དང༌། བུམ་པ་དང་བུམ་པའི་ཆོས་ཉིད་ལྟ་བུའི་ཕན་ཚུན་ནས་ཡིན་པ་མེད་ པ་ཅན་གྱི་ངོ་བོ་གཅིག་དང་གསུམ་མོ། །བུམ་པ་བདག་མེད་ཡིན། བདག་མེད་ཆོས་ཉིད་དམ་ སྟོང་ཉིད་ཡིན་ཡང་བུམ་པ་སྟོང་ཉིད་མིན། (ངོ་བོ་གཅིག་འབྲེལ་གྱི་རང་ལྡོག་དངོས་མེད་ཡིན་ཡང་གཞི་ལྡོག་ལ་ འདུས་བྱས་དངོས་པོ་ལྟ་བུའི་དངོས་པོ་ཡིན་པ་ཅན་དང༌། ཤེས་བྱ་ཡོད་པ་ལྟ་བུའི་དངོས་མེད་ཀྱི་ཆོས་དང་གཉིས་ཡོད། དེ་བྱུང་ གི་འབྲེ ལ་བའི་རང་ལྡོག་ཡང་དངོས་མེད་དེ་ལྟར་ཡིན་ཡང་གཞི་ལྡོག་ལ་དངོས་པོ་མ་ཡིན་པ་མེད། སྔ་མའི་རང་ལྡོག་ངོ་བོ་གཅིག་ འབྲེ ལ་ཡིན་པའི་ཆ་དང༌། ཕྱི་མའི་རང་ལྡོག་དེ་བྱུང་འབྲེ ལ་ཡིན་པའི་ཆ་ཙམ་ལ་གོ་བ་ཡིན།) ངོ་བོ་གཅིག་འབྲེ ལ་གྱི་རང་ ལྡོག་དང་དོན་ལྡོག་གི་ཆ་སོགས་རྟག་པ་རྟོག་བཏགས་ཡིན་ཀྱང་ཕྱི་རོལ་བས་རྟག་རྫས་རང་ དབང་བར་འདོད་དོ། ། 5-1-234 གཉིས་པ་ནི། (དེ་བྱུང་འབྲེ ལ་ཡིན་མིན་ནི། རྒྱུ་དང་འབྲས་བུ་སྐབས་དེར་ཡིན་མིན་གྱི་སྒོ་ནས་སོ་སོར་དཔྱད་དེ་ རྒྱུ་འབྲས་ཡིན་པ་དག སྔ་མ་རྒྱུ་དེ་ལྡོག་བྱེད་དང་ཕྱི་མ་དེའི་འབྲས་བུ་ལྡོག་བྱར་བྱས་ཏེ་མེད་ན་མི་འབྱུང་གི་འབྲེ ལ་བ་ལ་གོ་ དགོས་པ།) རྫས་ཐ་དད་གང་ལས་ཐ་དད་པ་དེ་ལོག་ན་ལྡོག་པར་ངེས་པ། དེ་བྱུང་འབྲེ ལ་གྱི་ མཚན་ཉིད། མཚན་གཞི་མེ་དུ་གཉིས་ལྟ་བུའོ། །མེ་དུ་གཉིས་ཆོས་ཅན། དེ་བྱུང་འབྲེ ལ་ཡིན་ པར་ཐལ། རྫས་ཐ་དད་གང་ལས་ཐ་དད་པ་མེ་དེ་ལོག་ན་དུ་བ་ལྡོག་ངེས་སུ་གྲུབ་པའི་ཕྱིར། འབྲས་རྟགས་ཀྱིས་གོ་བྱའི་ཚུལ་ཡང༌། དུ་བས་མེ་ཙམ་ལས་ཁྱད་ཆོས་འབར་གསལ་སོགས་ གོ་བྱ་མིན། སྐབས་ཀྱི་དུ་བ་ཙམ་ལས་ཁྱད་ཆོས་སྔོ་བ་སོགས་གོ་བྱེད་མིན། མདོར་ན་གོ་བྱ་གོ་ བྱེད་ཐམས་ཅད་རྣམ་པ་ཀུན་ཏུ་མི་འཁྲུལ་བར་རང་རང་གི་ནང་གསལ་ཐམས་ཅད་ལ་ཁྱབ་པ་ ཞིག་ཀྱང་དགོས། མེ་དུ་རྒྱུ་འབྲས་ཡང་དག་ཏུ་ངེས་པ་ལ་ཚད་མ་ཟུང་ཕྲུགས་གསུམ་ལ་བརྟེན་ ནས་ངེས་དགོས་ཏེ། མེ་དང་དུ་བས་དག་པའི་ས་ཕྱོགས་ལ་དམིགས་པའི་དག་འཛིན་ཟུང་ གཅིག་དང༌། རྒྱུ་འབྲས་ཀྱི་ངོ་བོ་དམིགས་པའི་མངོན་སུམ་ཟུང་གཅིག་དང༌། རྒྱུ་དང་འབྲས་ བུ་ཟད་ནས་མ་དམིགས་པའི་མངོན་སུམ་ཟུང་གཅིག་དང་གསུམ་ཡོད་པའི་ཕྱིར། དེ་ལས་དང་ པོས་མི་མཐུན་པར་རྒྱུར་འཛིན་པའི་ལོག་རྟོག་སེལ། གཉིས་པས་རྒྱུ་འབྲས་སུ་རྟོགས་པར་ བྱེད། གསུམ་པའི་རྒྱུ་མེད་དུ་སྐྱེ་བར་འཛིན་པས་ལོག་རྟོག་སེལ་ལོ། །རྒྱལ་ཚབ་རྗེས། དཔེར་ ན་ཙནྡན་གྱི་དུ་བའི་རིས་ངེས་ན་ཙནྡན་གྱི་མེ་གོ་བར་བྱེད་ཀྱང་དེ་གོ་བྱེད་ཡང་དག་ཏུ་འཇོག་ དཀའ་བར་གསུངས་སོ། ། གསུམ་པ་ནི། དངོས་པོ་དང་འབྲེ ལ་བ་ཡིན་ན་དངོས་པོ་དང་འབྲེ ལ་བ་དང་འབྲེ ལ་བ་ ཡིན་པས་མ་ཁྱབ་པ་དངོས་པོ་དང༌། འབྲེ ལ་བ་དེའོ། །སེམས་ཙམ་ལུགས་ལ། རྟག་པའི་བྱེ་ བྲག་ཡིན་ན་མཐར་གཏུགས་ན་དངོས་པོ་དང་བདག་གཅིག་འབྲེ ལ་ཡིན་པས་ཁྱབ། གཞི་གྲུབ་ གང་ཞིག (ཤེས་བྱ་དང་མ་འབྲེ ལ་བ་ནི་ཤེས་བྱ་རང་ཉིད་ལས་མེད་པས་དེ་རང་གི་ལྡོག་པ་ཡིན་པར་གྱུར་པའོ། །འདི་སྐབས་སུ་ 5-1-235 རྒྱུ་དེ་རང་གི་འབྲས་བུ་དང་མ་འབྲེ ལ། འབྲས་བུ་དེ་རང་རྒྱུ་དང་འབྲེ ལ་ཟེར་བའི་དོན་ཡང་རྒྱུ་རང་བྱུང་བ་འབྲས་བུ་ལ་རག་མ་ལས་ པ་དང་འབྲས་བུ་རང་བྱུང་བ་རྒྱུ་ལ་རག་ལས་པའི་གནད་ཀྱིས་ཡིན།) ཤེས་བྱ་དང་མ་འབྲེ ལ་བ་ཡིན་ན་ཤེས་བྱའི་ ལྡོག་པ་ཡིན་པས་ཁྱབ། ཡང་གཞི་གྲུབ་གང་ཞིག དངོས་པོ་དང་མ་འབྲེ ལ་ན་དངོས་པོའི་ ལྡོག་པ་ཡིན་པས་མ་ཁྱབ་པ་ལ། (དངོས་པོའི་རྒྱུར་གྱུར་པའི་ཚད་མ་ཞེས་པའི་གོ་བ་ནི། སྤྱིར་ཚད་མར་གྱུར་པའི་ དངོས་པོ་སྐད་ཅིག་སྔ་ཕྱི་ལ་གོ་ཚུལ་ཞིག་དང༌། སེམས་ཅན་སྤྱི་མཐུན་གྱི་སྔོན་ལས་སུ་གཏོགས་པའི་ཚད་མ་རྒྱུ་དང༌། དེའི་འབྲས་ བུར་གྱུར་པའི་ད་ལྟའི་སྣོད་བཅུད་ཀྱི་དངོས་པོ་གཉིས་ལྟ་བུ་ལ་གོ་ཚུལ་སོགས་ཡོད། འདི་ཡང་རྒྱུ་འབྲས་བུ་དང་མ་འབྲེ ལ། འབྲས་ བུ་རྒྱུ་དང་འབྲེ ལ་ཟེར་བའི་ཆེད་དུ་གོ་བ་བླངས་དགོས།) རྭ་སྟོད་བསྡུས་གྲྭར་དངོས་པོའི་རྒྱུར་གྱུར་པའི་ཚད་ མ་དེ་བཞག་པར་མཛད་པས་མེ་དུ་གཉིས་དང༌། དུ་བ་མེ་དང་དེ་བྱུང་འབྲེ ལ་ཡིན་ཡང༌། མེ་ དུ་བ་དང་དེ་བྱུང་འབྲེ ལ་མིན་ཟེར་དགོས། (རྟག་པ་རྟག་པ་རང་དང་མ་འབྲེ ལ་བ་དེ། རྟག་པ་དང་འགལ་བ་དང་ འགལ་བ་དང༌། མི་འགལ་བ་དང་མི་འགལ་བ་ཡིན་ཚུལ་ཕན་ཚུན་ངོ་བོ་ཐ་དད་ནས་ཡིན་པ་བསྒྲིགས་ན་ཤེས་སླ། རྟག་པ་རང་དང་ མ་འབྲེལ་བའི་ཆ་དེ་རྟག་པ་དང་འབྲེལ་ཕྱིར་དེ་འདྲའི་མ་འབྲེལ་བའི་ཆ་འབྲེལ་བའི་ཆ་དེ་རྟག་པ་དང་འབྲེལ་བ་ལས་གྲུབ་པའི་ཆ་ ནས་དེ་འབྲེ ལ་བ་དང་འབྲེ ལ་བར་བཞག་ལ། དེ་འདྲའི་མ་འབྲེ ལ་བའི་ཆ་རང་ཉིད་ནི་རང་དང་འབྲེ ལ་མི་སྲི ད་པས་དེའི་ཆ་ནས་མ་ འབྲེ ལ་བར་ཡང་བཞག་པ་ཡིན། གཞི་གྲུབ་ན་ཁྱོད་རང་ཁྱོད་རང་དང་འབྲེ ལ་མི་སྲི ད་པས་ཁྱབ་བོ།།) རྟག་པ་དང་འགལ་ བ་དང་འགལ་བ་ཡང་ཡིན། རྟག་པ་དང་མི་འགལ་བ་དང་མི་འགལ་བ་ཡང་ཡིན། རྟག་པ་ དང་འབྲེ ལ་བ་དང་འབྲེ ལ་བ་ཡང་ཡིན། རྟག་པ་དང་མ་འབྲེ ལ་བ་དང་མ་འབྲེ ལ་བ་ཡང་ཡིན་ པའི་གཞི་མཐུན་པ་ལ། རྟག་པ་རྟག་པ་དང་མ་འབྲེ ལ་བའི་ཆ་ཙམ་དེ་རྟག་པ་དང་མ་འབྲེ ལ་ བར་བཟུང་ནས། དེ་འདྲའི་རྟག་པ་དང་མ་འབྲེ ལ་བ་དེ་འཇོག་དགོས། བདག་མེད་ཡིན་ན་ ཁྱོད་ཁྱོད་དང་མ་འབྲེ ལ་བས་ཁྱབ་བོ། བཞི་པ་རྟག་དངོས་གཉིས་སུ་དབྱེ་བ་ལ། རྟག་པ་དང༌། དངོས་པོ་བཤད་པ་གཉིས་ལས། དང་པོ་ལ། མཚན་ཉིད། དབྱེ་བ། རྣམ་གཞག་གསལ་བར་བཤད་པ་མཐའ་དཔྱད་པ་དང་ 5-1-236 བཞི་ལས། དང་པོ་ནི། ཆོས་དང་སྐད་ཅིག་མ་མ་ཡིན་པའི་གཞི་མཐུན་དུ་དམིགས་པ། རྟག་པའི་ མཚན་ཉིད། མཚན་གཞི། ནམ་མཁའ། འགོག་བདེན། བདག་མེད། ཤེས་བྱ་སོགས་སོ། །རྟག་པ། དངོས་མེད་ཀྱི་ཆོས། འདུས་མ་བྱས་ཀྱི་ཆོས། བཏགས་ཡོད། ཀུན་རྫོབ་བདེན་ པ།སྤྱི་མཚན་རྣམས་དོན་གཅིག་གོ། གཉིས་པ་ལ། བུམ་ལྡོག་ལྟ་བུའི་རེས་འགའ་བའི་རྟག་པ་དང༌། ཤེས་བྱ་ལྟ་བུའི་རེས་ འགའ་བ་མ་ཡིན་པའི་རྟག་པ་དང་གཉིས་སོ། །བུམ་ལྡོག་ལྟ་བུ་ཡུལ་དུས་རེས་འགའ་བ་དང༌། འགོག་བདེན་ལྟ་བུ་ཡུལ་རེས་འགའ་བ་ལས་དུས་རེས་འགའ་བ་མིན་ནོ། ། གསུམ་པ་ལ། རྟོག་བཏགས་སྤྱིའི་ཡིན་ལུགས་དང༌། ཕྱི་ནང་གི་རིགས་སྤྱིའི་འདོད་ཚུལ་ དང༌། མིང་གི་འཇུག་གཞི་རང་མཚན་གྱིས་གྲུབ་མ་གྲུབ་ཀྱི་ཚུལ་དང༌། གྲུབ་མཐའ་གོང་འོག་ གི་དགག་བྱའི་ངོས་འཛིན་བཤད་པ་དང་བཞི་ལས། དང་པོ་ནི། རྣམ་འགྲེལ་ལས། གང་གི་རང་བཞིན་འཇིག་མེད་པ། དེ་ལ་མཁས་རྣམས་ རྟག་ཅེས་བརྗོད། ཅེས་གསུངས་པ་ལྟར་ཆོས་གང་ཡིན་ཡང་རང་གི་ངོ་བོ་ལ་འཇུག་རྒྱུའི་རྫས་ མེད་པ་དེ་ལ་མཁས་པ་མདོ་སྡེ་པ་ཡན་ཆད་ཀྱིས་རྟག་པར་བརྗོད་པ་ཡིན་ལ། བུམ་ལྡོག་ སོགས་རྟོག་བཏགས་རྣམས་རང་འཛིན་རྟོག་པ་ལ་སྣང་བ་ལྟར་མ་གྲུབ་ཅིང༌། མངོན་སུམ་གྱི་ སྣང་ཡུལ་དུ་མེད་ལ། (དཔེར་ན་སྒྲ་མི་རྟག་པ་ལྟ་བུ་ལ་མཚོན་ན། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་སྐབས་སུ་ སྔ་ཕྱིའི་རྒོལ་བ་གཉིས་ཀའི་རྟོག་ངོར་འཆར་ཚུལ་ནི། སྒྲ་དེ་བྱས་མི་རྟག་གཉིས་ལས་རྫས་སོ་སོ་དང༌། བྱས་པ་དེ་སྒྲ་དང་མི་རྟག་ པ་གཉིས་ལས་རྫས་སོ་སོ་དང༌། མི་རྟག་པ་དེ་སྒྲ་བྱས་གཉིས་ལས་རྫས་སོ་སོ་བའི་རྣམ་པར་སྣང་བའི་སྒོ་ནས་བསྒྲུབ་བྱ་སྒྲུབ་བྱེད་ བསྒྲུབ་གཞི་གསུམ་གྱི་རང་ལྡོག་དེ་འཆར་ཚུལ་གོ་དགོས། དེ་འདྲའི་རང་ལྡོག་དེ་དོན་གྱིས་གནས་ཚོད་ལ་ཚུལ་མཐུན་ཡུལ་དང་ འབྱོར་ངེས་ཡིན་པའི་ཆ་ནས་དོན་མཐུན་ཡིན་ཡང་རང་རང་གི་ངོ་བོ་ཙམ་ནི་རྫས་མེད་རྟོག་བཏགས་སུ་གྱུར་པའི་གོ་ཉམས་ཀྱི་ཆ་ 5-1-237 ཙམ་དུ་ཟད་པ་ཡིན་པས་དེ་ལ་བསམ་ནས་རང་ལྡོག་རྟོག་བཏགས་སུ་འཇོག་པ་ཡིན།) བསྒྲུབ་བྱ་སྒྲུབ་བྱེད་སྒྲུབ་གཞི་ རྣམས་རང་ལྡོག་རྟོག་བཏགས་སྤྱི་མཚན་ཡིན་ཞིང༌། དེ་ཡིན་ན་རང་མཚན་གྱི་དེ་གསུམ་ཡོད་ ཆོག འབྲེ ལ་བ་རྣམས་ཀྱི་རང་ལྡོག་ཀྱང་ཕྱི་རོལ་པས་ཟེར་བ་ལྟར་རྫས་གྲུབ་ཆ་མེད་གང་ ཡང་མ་ཡིན་པར་རྟོག་བཏགས་སྤྱི་མཚན་ནོ། །བུམ་ལྡོག་སོགས་རྟོག་བཏགས་ཡིན་ཡང་དེ་ དག་ཡིན་ན་རང་མཚན་གྱིས་ཁྱབ་པ་དང༌། སྤྱིར་ཡོད་མེད་གཉིས་ལ་དོན་སྤྱི་ཡོད་ཅིང༌། དེ་ དག་དོན་ཡིན་པ་མེད་པས། ཤེས་བྱའི་དོན་སྤྱིའམ་ཆ་འདྲ་སོགས་ཤེས་བྱ་ཡིན་ཡང་དེ་དོན་ སྤྱིར་བཏང་ཤེས་བྱ་མིན་ཟེར་བ་སོགས་འདི་འདྲའི་རིགས་ལ་འགྲེས་སོ། །དོན་སྤྱི་རྣམས་རང་ སྣང་ཡུལ་དུ་བྱེད་པའི་རྟོག་པ་དང་ངོ་བོ་གཅིག (ནང་པའི་ལུགས་ཀྱི་རིགས་སྤྱི་ནི་སྣང་བཏགས་གཅིག་ཏུ་འདྲེས་ ཡོང་རྒྱུའི་སྣང་བ་དོན་གྱི་རྣམ་པར་སྣང་བའི་ཆ་དང་བཏགས་པ་ཡུལ་དེའི་ཆ་འདྲའི་དོན་སྤྱི་གཉིས་ཀ་གཅིག་ཏུ་བསྡོམ་པའི་ཕྱོགས་ དེ་ཡིན་ཞིང༌། དོན་གྱི་གནས་ཚོད་ལ་སྣང་བཏགས་ཀྱི་ཆ་དེ་གཉིས་ཀྱང་དངོས་མེད་ཙམ་དུ་ཟད་ཚོད་ལ་འདྲ་མཉམ་ལས་ཁྱད་པར་ ཅི་ཡང་མེད་པ་ཡིན་ནའང༌། ཐ་སྙད་སྣང་ཚུལ་ལ་ལྟོས་ན་སྣང་བ་དོན་གྱི་ཕྱོགས་ཆ་དེ་ཡུལ་ངོ་མ་ཡིན་སྣང་སྐྱེ་བ་དང༌། བཏགས་པ་ དོན་སྤྱི་ནི་དེར་སྣང་རྟོག་པའི་བློ་དང་ངོ་བོ་གཅིག་ཅིང༌། རང་གི་ངོ་བོ་བཏགས་ཡོད་ཙམ་དུ་ཟད་སོང་སྣང་སྐྱེ་བས་སྔ་མ་སྣང་བའི་ཆ་ དོན་དངོས་དང་ངོ་བོ་གཅིག་དང༌། ཕྱི་མ་དོན་སྤྱིའི་ཆ་དེ་རྫས་མེད་བཏགས་ཙམ་དུ་འཇོག་པ་ཡིན་ནོ།།) ལུགས་འདིར་དོན་ སྤྱི་ལས་རྟག་པ་སྣང་ཡུལ་དུ་བྱེད་པའི་བློ་མེད་དོ། ། གཉིས་པ་ནི། (བུམ་འཛིན་རྟོག་ངོར་བུམ་པ་ལྟ་བུ་ཞིག་ཤར་བ་དེ་བུམ་པའི་དོན་སྤྱི་རེད། དེ་བུམ་འཛིན་རྟོག་ངོར་ སྣང་ཡུལ་དུ་ལྷག་གེར་ཤར་ཡོད་ནི་རེད། དེ་འདྲའི་དོན་སྤྱི་དེ་མ་གཏོགས་པའི་རྟག་པ་རྟོག་བཏགས་ཀྱི་ཆོས་ཡོད་ཚད་ཐམས་ཅད་ རྟོག་པས་འཛིན་སྟངས་སུ་བཟུང་ཚེ་ཆ་འདྲ་དོན་སྤྱིའི་བསྒྲིབས་ནས་ཤར་བ་ཙམ་ལས་རང་སྣང་ཡུལ་དུ་ལྷག་གེར་དངོས་སུ་ཤར་ མི་ཐུབ་པས་དེ་ཀུན་རྟོག་པའི་འཛིན་སྟངས་ཀྱི་ཡུལ་ཡིན་པ་མ་གཏོགས་སྣང་ཡུལ་ཡིན་ནི་མ་རེད། དེ་མ་ཟད་མདོ་སྡེ་པའི་ལུགས་ འདིར་རྟག་པའི་ཆོས་རྣམས་མངོན་སུམ་གྱི་སྣང་ཡུལ་དུ་མེད་པར་ཤུགས་ཀྱི་རྟོགས་བྱ་ཙམ་དུ་ཟད་པར་འདོད་པ་ཡིན།) གྲངས་ ཅན་པས། བུམ་གསལ་དང་རྫས་གཅིག་པའི་བུམ་གསལ་རྣམས་ལ་ཁྱབ་པའི་ཆ་མེད་རྟག་ 5-1-238 པ་ཀུན་ཁྱབ་ཀྱི་བདག་ཉིད་ཅན་རང་བཞིན་གཙོ་བོ་ཞེས་པ་ཁོ་ན་རིགས་སྤྱི་ཡིན། རྟོག་ངོར་ བུམ་པ་ལྟ་བུ་ཞིག་སྣང་བ་དེ་བུམ་གསལ་དངོས་ཡིན་པས་དེ་རིགས་སྤྱི་མིན་པར་འདོད། བྱེ་ བྲག་པས། བུམ་གསལ་དང་རྫས་ཐ་དད་པའི་བུམ་གསལ་ལ་ཁྱབ་པའི་རྟག་རྫས་ཆ་མེད་ལ་ རིགས་སྤྱི་ཡིན་པར་འདོད། དེ་ཡང་རྟོག་ངོར་བུམ་པ་ལྟ་བུ་ཞིག་སྣང་བ་དེ་ཀ་ལ་ངོས་འཛིན་ ནོ། །རང་སྡེས་ནི། རིགས་སྤྱི་ཞེས་པ་དེ་འདྲ་གང་ཡང་མིན་པར་དཔེར་ན་བུམ་འཛིན་རྟོག་པ་ ལྟ་བུའི་ངོར་སྣང་རྒྱུའི་སྣང་བ་དོན་རང་མཚན་པའི་བུམ་པ་དང༌། བཏགས་པ་བུམ་པའི་དོན་ སྤྱི་སྟེ་སྣང་བཏགས་གཅིག་ཏུ་འདྲེས་པ་དེ་ཉིད་རིགས་སྤྱི་ཡིན་ལ། (མུ་སྟེགས་བྱེ་རིག་གིས་བུམ་འཛིན་ རྟོག་ངོའི་བུམ་པ་ལྟ་བུ་ཞིག་ཤར་རྒྱུའི་བུམ་པའི་རིགས་སྤྱི་དེ་བུམ་བརྡ་སྦྱོར་ཡུལ་དུ་འདོད་པ་དང༌། གྲངས་ཅན་པས་བུམ་འཛིན་ རྟོག་ངོའི་བུམ་པའི་རང་གཤིས་ན་ཡོད་པའི་རང་བཞིན་གཙོ་བོ་རིགས་སྤྱིར་གྱུར་པ་དེ་བུམ་བརྡ་སྦྱོར་ཡུལ་དུ་འདོད་པ་དང༌། ནང་ བ་པས་བུམ་འཛིན་རྟོག་ངོར་སྣང་བ་དོན་དང་བཏགས་པ་བུམ་པའི་དོན་སྤྱིའམ་ཆ་འདྲ་གཉིས་གཅིག་ཏུ་འདྲེས་པའི་སྒོ་ནས་སྣང་ འོང་རྒྱུའི་དོན་སྤྱི་དངོས་མེད་སྣང་ཙམ་སྣང་བཏགས་འདྲེས་པ་དེ་འདིར་རིགས་སྤྱི་ཡིན་པར་འདོད་པས་དེ་འདྲའི་དོན་སྤྱི་དེ་ཀ་རྟོག་ བློས་བུམ་བརྡ་སྦྱོར་བར་བཞེད། ཕྱི་ནང་གཉིས་ཀས་རང་རང་གི་ལུགས་ཀྱི་རིགས་སྤྱི་བརྡ་སྦྱོར་ཡུལ་དུ་འདོད་པ་ཙམ་མཐུན་ཀྱང་ རིགས་སྤྱི་ངོས་འཛིན་ལུགས་མི་མཐུན་ཏེ། ཕྱི་པའི་རིགས་སྤྱི་རྟག་རྫས་དང༌། ནང་པའི་རིགས་སྤྱི་རྟོག་བཏགས་ཀྱི་ཁྱད་འདྲ་མིན་ ཡོད་པའི་ཕྱིར།) དེ་ཡང་ཡིན་ལུགས་ལྟར་ན་རྫས་མེད་བཏགས་ཙམ་དང་སྣང་ལུགས་ལྟར་ན་སྔ་ མ་བུམ་གསལ་རྣམས་དང་ངོ་བོ་གཅིག་པར་འཇོག་པ་དང༌། ཕྱི་མ་རང་སྣང་བའི་རྟོག་པ་དང་ ངོ་བོ་གཅིག་པར་འཇོག་པ་ཡིན་ལ། འདི་གཉིས་རྗེས་སུ་འགྲོ་ཚུལ་ཡང་སྣང་ཚུལ་གྱིས་བཞག་ ཙམ་ལས་ཚུགས་ཐུབ་ཀྱིས་འགྲོ་བ་གང་ཡང་མེད་ཕྱིར་རྗེས་སུ་འགྲོ་བ་པོ་སྣང་ཙམ་མོ། །(སྤྱིར་ རྟོག་བཅས་རྟོག་མེད་ཀྱི་བློ་གང་ལའང་ཡུལ་འཛིན་པའི་ཚེ། རང་ཡུལ་གྱི་རྣམ་པ་ཤར་བའི་ཤེས་པ་ཡུལ་གྱི་ཆ་རེ་དང༌། ནང་ཡུལ་ ཅན་ཕྱོགས་སུ་གཏོགས་པའི་ཤེས་པ་འཛིན་ཆར་གྱུར་པ་གཉིས་རེ་ཡོད་པས་དེ་འདྲའི་གཟུང་རྣམ་འཛིན་རྣམ་གཉིས་ཀ་ཤེས་རྫས་ དངོས་པོ་དང་རྟོག་པའི་གཟུང་རྣམ་གྱི་ངོར་ཤར་བའི་ཆ་འདྲ་དོན་སྤྱི་ཙམ་དེ་དངོས་མེད་ཡིན། དཔེར་ན་དེ་འདྲའི་སྣང་བརྗོད་མེད་ 5-1-239 པ་ནི་བུམ་པའོ་ཞེས་སྒྲ་རྟོག་གིས་བརྗོད་འཛིན་བྱས་པ་ལྟ་བུའོ། །ཀ་བ་མ་ཡིན་པའི་བུམ་པའོ། །ཞེས་ཟེར་ཚེ། བུམ་པ་དེ་དགག་ གཞི་རེད། ཀ་བ་དེ་དགག་བྱ་རེད། ཀ་བ་མ་ཡིན་པ་དགག་བྱ་བཅད་པ་རེད། དེས་འགྲེས།) དེ་ལྟར་རིགས་སྤྱི་ངོས་ འཛིན་ལུགས་ཕྱི་ནང་ཀུན་མི་འདྲ་ཡང་བརྡ་སྦྱོར་ཡུལ་དུ་འདོད་པ་ལ་ཐམས་ཅད་འདྲའོ། །དེ་ ལས་བརྡའི་ཡུལ་ནི་གཙོ་བོ་དོན་སྤྱི་ཉིད་ཡིན་པས་དེ་ལ་སྒྲ་དོན་ཟེར་བ་ཡིན། སྤྱིར་ཡོད་མེད་ གང་ཡིན་ཡང་དེའི་ཆ་འདྲ་སྣང་བའི་སྒོ་ནས་དེ་དག་ཀྱང་སྣང་བར་འཇོག་པ་མ་ཟད་དངོས་སུ་ སྣང་བ་ཡིན་པར་འཇོག་ཆོག་གོ།བུམ་གསལ་གཅིག་ལ་བརྡ་སྦྱོར་བས་ཀུན་གོ་བ་ཡང་རིགས་ སྤྱི་ལ་རགས་ལས་སོ། །བུམ་འཛིན་རྟོག་པའི་གཟུང་རྣམ་དང་དོན་སྤྱི་གཉིས་རྫས་བཏགས་ཀྱི་ ཁྱད་པར་ཡོད་པས་མི་འདྲ། གཞན་སྡེ་དག་གིས་དགག་བྱ་བཅད་ལྡོག་ནས་སྣང་བརྗོད་མེད་ པས་སྒྲ་རྟོག་སོགས་སྒྲུབ་འཇུག་ཏུ་འདོད་ཀྱང་རང་སྡེས་ནི་དོན་གྱིས་བསལ་བ་ལ་དགོངས་ ནས་དེ་དག་སེལ་འཇུག་ཏུ་བཞེད། བུམ་གསལ་རྣམས་འདྲ་བར་སྣང་བའི་སྒོ་ནས་གཅིག་ གིས་ཀུན་གོ་བ་དང་དེ་དག་གི་སྤྱི་ལ་བརྡ་སྦྱར་བས་དོན་ལའང་སྦྱར་བ་ཡིན་ནོ། །(དོན་དམ་པར་ སྒྲའི་ཡུལ་ཡིན་པ་ཡོད་ན་བུམ་པ་ལྟ་བུའི་རང་མཚན་ལ་དངོས་སུ་བརྡ་སྦྱར་དགོས་ཀྱང་དེ་འདྲ་མི་སྲི ད། སྤྱི་ལ་བརྟེན་ནས་རྟོག་བློས་ བརྡ་སྦྱོར་ཡུལ་མ་ཡིན་པ་མེད་པས་གཞི་གྲུབ་ན་བརྡའི་དངོས་ཡུལ་ཡིན་པས་ཁྱབ་པ་ཡིན།) དོན་དམ་པར་སྒྲའི་ཡུལ་ ཡིན་པ་མེད་ཀྱང་གཞི་གྲུབ་ན་བརྡའི་དངོས་ཡུལ་གྱིས་ཁྱབ། (བུམ་མིན་ལས་ལོག་པ་ཞེས་པ་དོན་གྱི་བུམ་ པ་དང༌། བུམ་མིན་ལས་ལོག་པར་སྣང་བ་ཞེས་པ་བུམ་པའི་དོན་སྤྱི་ལ་གོ་བའོ།།) བུམ་མིན་ལས་ལོག་པ་དང་བུམ་ མིན་ལས་ལོག་པར་སྣང་བ་གཉིས་མི་འདྲ། མདོ་སྡེ་པ་ཡན་ཆད་ཀྱི་ཐོ་ཡོར་ལ་མིརབསྣང་ ལྟར་རྟོག་ངོར་རྫས་སྣང་རྣམས་མི་བདེན་པ་དང༌། བྱེ་སྨྲས་རྟག་རྫས་ཀྱི་གཞི་མཐུན་དང་མེད་ དགག་རྣམས་གཞི་མ་གྲུབ་པར་འདོད། (བུམ་འཛིན་མངོན་སུམ་ལ་བུམ་པ་དང་གྲུབ་བདེ་རྫས་གཅིག་ཀུན་ཡུལ་ དབང་གིས་སྣང་ཡང་གོམས་པ་ཡོད་མེད་ཀྱིས་ངེས་ཤེས་འདྲེན་ཐུབ་མི་ཐུབ་ཅི་རིགས་ཡོད་ཀྱང་བུམ་འཛིན་རྟོག་བློ་ལ་ནན་ཞེན་ གྱིས་བཟུང་དབང་གིས་གང་སྣང་ངེས་པས་ཁྱབ་པ་ལས་རང་ཡུལ་དང་གྲུབ་བདེ་རྫས་གཅིག་ཐམས་ཅད་སྣང་མི་སྣང་མེད་པ་ 5-1-240 དང༌། དེ་དག་རྟོགས་མ་རྟོགས་ཅི་རིགས་ཡོད་པ་གང་ཡང་མིན།) མདོ་སྡེ་པ་སོགས་ཀྱིས་བུམ་འཛིན་མངོན་ སུམ་ལ་བུམ་པ་དང་གྲུབ་བདེ་རྫས་གཅིག་རྣམས་སྣང་མི་སྣང་འགལ་ཡང་རྟོགས་མ་རྟོགས་ གཉིས་མི་འགལ་བར་འདོད་ཀྱང་རྟོག་པ་རྣམས་ལ་དེར་མི་འདོད་དོ། །རི་བོང་རྭ་སོགས་དང་ བུམ་ལྡོག་སོགས་རྟོག་བཏགས་ཙམ་ལ་འདྲ་ཡང་དོན་མཐུན་ཡིན་མིན་མི་འདྲ། དབང་ཤེས་ འཁྲུལ་བ་ལ་སྐྲ་ཤད་སྣང་བའི་སྐྲ་ཤད་གཞི་མ་གྲུབ་ཀྱང་དེའི་སྣང་བ་རང་མཚན་དང་ནང་གི་ དངོས་པོ་ཡིན་པས་ཀུན་བཏགས་པའི་གཟུགས་ཡིན་པ་ལྟར་རྨི་ལམ་གྱི་གཟུགས་སོགས་ལ་ འདྲའོ། །(བུམ་པ་ཤེས་བྱ་ཡིན་ཆ་མིང་བརྡས་བཞག་ཙམ་ཡིན་ཏེ། ཁྱོད་རང་དགར་སྣང་བ་མེད་པར་མིང་རྟོག་བློར་སྣང་དགོས་ ཀྱི་ཆོས་ཡིན་པའི་ཕྱིར་དེའི་མིང་བརྡ་ཙམ་གྱིས་བཞག་པ་མ་ཡིན་ཏེ། མིང་བརྡ་ཁོ་ནས་ཕར་བཞག་པ་མ་གཏོགས་ཡུལ་སྟེང་དུ་གྲུབ་ པ་མེད་པ་ཞིག་ཀྱང་མ་ཡིན་པའི་ཕྱིར།) སྣང་བཏགས་འདྲེས་པའི་བུམ་པ་ཤེས་བྱ་ཡིན་ཆ་དེ་མིང་བརྡས་ བཞག་ཙམ་ཡིན་ཡང་མིང་བརྡ་ཙམ་གྱིས་བཞག་པ་མིན་ནོ། ། གསུམ་པ་མིང་གི་འཇུག་གཞིར་རང་མཚན་གྱིས་གྲུབ་མ་གྲུབ་བཤད་པ་ནི། (མིང་གི་འཇུག་ གཞིའི་ཚུལ། དཔེར་ན་བུམ་པ་ལྟ་བུ་དེ་བུམ་པའོ་ཞེས་རྗོད་བྱེད་ཀྱི་སྒྲ་དང༌། བུམ་པའོ་སྙམ་དུ་འཛིན་པའི་རྟོག་པ་གཉིས་རིམ་ པས་སྒྲ་འཇུག་པའི་གཞི་དང་རྟོག་པས་བཟུང་བར་བྱ་བའི་གཞི་ཉིད་དུ་བུམ་པ་རང་གི་སྡོད་ལུགས་ཀྱི་ངོས་ནས་ཚུར་གྲུབ་ཡོད་པར་ སྣང་བ་ནི་བག་ཆགས་ཀྱི་དབང་གིས་སོ་སྐྱེས་རང་ག་བ་ཀུན་ལ་ཡོད་པར་མདོ་སེམས་གཉིས་འདོད་པ་མཐུན་ཀྱང་སྣང་བ་ལྟར་ ཡུལ་སྟེང་དུ་དོན་གྱི་གནས་ཚོད་ལ་གྲུབ་མ་གྲུབ་འདོད་པ་མི་མཐུན།) སྤྱིར་ན་སོ་སོའི་སྐྱེ་བོ་རྣམས་ལ་གཟུགས་ སོགས་མིང་གི་འཇུག་གཞི་རང་མཚན་གྱིས་གྲུབ་པ་དང་རང་འཛིན་རྟོག་པའི་ཞེན་གཞིར་ རང་མཚན་གྱིས་གྲུབ་པར་སྣང་བ་ཡིན་ལ། སྒྲ་རྟོག་གིས་འཇུག་ཞེན་གྱི་གཞིར་སྣང་ཚུལ་ལ་ ངོ་བོ་དང་ཁྱད་པར་གྱི་གཞིར་སྣང་ལུགས་འདྲ་མིན་ཡོད། དེ་ཡང་ཐོག་མེད་ནས་བག་ཆགས་ ཀྱི་དབང་གིས་ཡིན་པར་འདོད་པ་གྲུབ་མཐའ་ཀུན་མཚུངས་ཀྱང་དེ་ལྟར་གྲུབ་མ་གྲུབ་འདོད་ ཚུལ་གྲུབ་མཐའ་གོང་འོག་ཀུན་མི་འདྲ་སྟེ། བྱེ་མདོ་དག་གིས་གཟུགས་སོགས་དེ་ལྟར་མ་གྲུབ་ 5-1-241 ན་གཏན་མེད་དུ་འགྱུར་དགོས་པས་ཤིན་ཏུ་མི་རུང་བས་དེ་ལྟར་གྲུབ་དགོས་པར་འདོད་ལ། སེམས་ཙམ་པས་ནི། དེ་ལྟར་གྲུབ་ན་མིང་གི་སྔ་རོལ་ནས་མིང་བློ་སྐྱེ་བ་མེད་པ་དང༌། མིང་ དུ་མ་འཇུག་པའི་དོན་གཅིག་པུ་མང་པོ་མ་ཡིན་པ་དང༌། མིང་གཅིག་འཇུག་པའི་དོན་གཉིས་ པོ་གཅིག་ཏུ་མ་ངེས་པའི་རིགས་པ་སྟེ། ཐེག་བསྡུས་ཀྱི་རིགས་པ་གསུམ་གྱིས་གནོད་པས་དེ་ ལྟར་གྲུབ་པ་ཤིན་ཏུ་མི་འཐད་པར་བཞེད་པ་བཞིན་གོང་མ་དག་གི་ལུགས་ཡང་དེ་ལྟར་རོ། །(མདོ་དགོངས་འགྲེལ་གྱི་མཚན་ཉིད་གསུམ་གྱི་འདོད་ཚུལ། རིགས་པའི་རྗེས་འབྲང་གི་མདོ་སྡེ་པས། ཕྱི་དོན་གྱི་བུམ་པ་བུམ་ པའི་གཞན་དབང༌། བུམ་པ་རང་སྐྱ་ཐུབ་པའི་རྫས་གྲུབ་བུམ་པའི་ཀུན་བཏགས། བུམ་པ་རང་སྐྱ་ཐུབ་པའི་རྗས་གྲུབ་ཀྱིས་སྟོང་ པ་བུམ་པའི་ཡོངས་གྲུབ་ཡིན་པ་བཞིན་ཆོས་ཐམས་ཅད་ལ་དེའང་སྦྱར་བར་འདོད། སེམས་ཙམ་པས་ཤེས་པ་དང་ངོ་བོ་གཅིག་ པའི་བུམ་པ་དེ་བུམ་པའི་གཞན་དབང། དེ་འདྲའི་བུམ་པ་ཕྱི་དོན་དང་མིང་གི་འཇུག་གཞིར་རང་མཚན་གྱིས་གྲུབ་པ་དེ། བུམ་པའི་ ཀུན་བཏགས། དེ་འདྲའི་ཕྱི་དོན་དང་མིང་གི་འཇུག་གཞིར་རང་མཚན་གྱི་གྲུབ་པས་སྟོང་པ་བུམ་པའི་ཡོངས་གྲུབ་ཡིན་པ་བཞིན་ ཀུན་ལ་འགྲེས་པར་འདོད། དབུ་མ་པས་བུམ་པ་བུམ་པའི་གཞན་དབང༌། བུམ་པ་བདེན་གྲུབ་བུམ་པའི་ཀུན་བཏགས། བུམ་པ་ བདེན་གྲུབ་ཀྱིས་སྟོང་པ་བུམ་པའི་ཡོངས་གྲུབ་སོགས་ཀུན་ལ་ཡིན་པར་འདོད།) རང་སྡེ་དག་གིས་དགོངས་འགྲེལ་ ལས་བསྟན་པའི་མཚན་ཉིད་གསུམ་གྱི་དོན་ཡང་འགྲེལ་ཚུལ་འདྲ་མིན་ཡོད་པ་དང༌། (ཤེར་མདོ་ བཀར་བཞེད་དག་གིས། སྟོང་ཉིད་བཅུ་དྲུག་སོགས་ཀྱི་གོ་དོན། ཐེག་དམན་སྡེ་པས་སྟོང་གཞི་གང་ཟག་རང་སྐྱ་ཐུབ་པའི་རྫས་ གྲུབ་ཀྱིས་སྟོང་པ་དང༌། ཐེག་ཆེན་སེམས་ཙམ་པས་སྟོང་གཞི་རྣམས་ཕྱི་དོན་དང་མིང་གི་འཇུག་གཞིར་རང་མཚན་གྱིས་གྲུབ་པས་ སྟོང་པ་དང༌། དབུ་མ་པས་སྟོང་གཞི་བདེན་གྲུབ་དང་རང་བཞིན་གྱིས་གྲུབ་པས་སྟོང་པ་ལ་ངོས་བཟུང་ནས་ཡུམ་མདོའི་དགོངས་ འགྲེལ་འདྲ་མིན་ཡོད།) ཤེར་མདོ་བཀར་བཞེད་པ་དག་གིས་དགོངས་པ་འགྲེལ་ཚུལ་མི་འདྲ་བ་བྱུང་ བ་ནི་རང་ལུགས་ཀྱི་སྟོང་ཉིད་ངོས་འཛིན་ལུགས་མི་མཐུན་པའི་གནད་ཀྱིས་ཡིན་ནོ། །སྐབས་ འདིར་མིང་གི་འཇུག་གཞིར་རང་མཚན་གྱིས་གྲུབ་མ་གྲུབ་བཞེད་པ་འདོད་རྒྱལ་གྱི་མིང་ཉིད་ རང་ངོས་ནས་གྲུབ་མ་གྲུབ་ལ་གོ་བ་མིན། ཁྱད་པར་སེམས་ཙམ་པས་གཟུགས་སོགས་བེམ་ 5-1-242 པོ་རྡུལ་གྲུབ་སོགས་དོན་དམ་པར་མ་གྲུབ་ཀྱང་བག་ཆགས་བརྟན་བྱུང་གི་བེམ་པོ་སོགས་ཡོད་ ཆོག་པར་འདོད་པ་ལས་འདི་བའི་ནང་གི་སེམས་ཙམ་རྣམ་བདེན་རྫུན་གྱི་རྩོད་གཞི་སྔོན་པོ་ རགས་པ་བེམ་པོ་ལ་བྱེད་པ་མ་ཡིན་ནོ། ། བཞི་པ་གྲུབ་མཐའ་གོང་འོག་གི་དགག་བྱ་ངོས་འཛིན་བཤད་པ་ནི། བྱེ་སྨྲས་གང་ཟག་ རྟག་གཅིག་རང་དབང་བ་དང༌། རང་སྐྱ་བའི་རྫས་གྲུབ་སོགས་དགག་བྱ་ཡིན་གྱི་རྟག་རྫས་ བདེན་གྲུབ་སོགས་དེ་མིན་པ་དང༌། མདོ་སྡེ་པས་དེ་དག་གི་སྟེང་དུ་ཆོས་ཀུན་རང་སྐྱ་བའི་རྫས་ གྲུབ་དང༌། རྟག་རྫས་སོགས་དགག་བྱ་ཡིན་གྱི་མིང་གི་འཇུག་གཞི་རང་མཚན་གྱིས་གྲུབ་པ་ སོགས་དེ་མིན་པ་དང༌། སེམས་ཙམ་པས། དེ་དག་གི་སྟེང་དུ་མིང་གི་འཇུག་གཞི་རང་མཚན་ གྱིས་གྲུབ་པ་དང༌། གཟུགས་སོགས་ཕྱི་དོན་བེམ་པོ་སོགས་དགག་བྱ་ཡིན་གྱི་ཤེས་པ་བདེན་ གྲུབ་སོགས་དེ་མིན་པ་དང༌། དབུ་མ་རང་རྒྱུད་པས། ཆོས་ཀུན་བདེན་གྲུབ་སོགས་དགག་ བྱ་ཡིན་གྱི་ཆོས་ཐམས་ཅད་རང་བཞིན་གྱིས་གྲུབ་པ་དང༌། རང་མཚན་གྱིས་གྲུབ་པ་སོགས་ དེ་མིན་པ་དང༌། འདི་སང་ཕྱི་དོན་འདོད་མི་འདོད་ཡོད་པས་དེའི་ཁྱད་ཅུང་ཙམ་མ་གཏོགས་ འོག་མའི་དགག་བྱ་རྣམས་གཞིར་བཞག་ཆོག དབུ་མ་ཐལ་འགྱུར་བས། ཆོས་ཐམས་ཅད་ རང་ངོས་ནས་གྲུབ་པ་དགག་བྱ་ཡིན་གྱི་ཐ་སྙད་མིང་རྐྱང་བཏགས་ཡོད་ཙམ་གྱི་སྟེང་ནས་ འཁོར་འདས་ཀྱི་རྣམ་བཞག་ནི་གང་ཡང་དགག་པ་མེད་དོ། །འདི་བས་སྣང་ཙམ་གྱི་ཕྱི་དོན་མ་ གཏོགས་གོང་ལྟར་གྱི་དགག་བྱ་འདོད་ཚུལ་ཀྱང་གཞིར་བྱས་སོ། །སྐབས་འདིའི་རང་མཚན་ གྱིས་གྲུབ་མ་གྲུབ་ཀྱི་ཚུལ་ཡང༌། བྱེ་སྨྲས། ཆོས་ཐམས་ཅད་རང་མཚན་གྱིས་གྲུབ་ཅིང་རྫས་ གྲུབ་ཁོ་ནར་འདོད་པ་དང༌། མདོ་སྡེ་པས། དངོས་པོ་རྣམས་རང་མཚན་དང་རྟག་པ་རྣམས་དེ་ མིན་པ་དང༌། སེམས་ཙམ་པས། གཞན་ཡོངས་རྣམས་རང་མཚན་དང་ཀུན་བཏགས་རྣམས་ དེ་མིན་པ་དང༌། རང་རྒྱུད་པས། ཆོས་ཐམས་ཅད་རང་མཚན་གྱིས་གྲུབ་པ་དང༌། ཐལ་འགྱུར་ 5-1-243 བས། ཆོས་གཅིག་ཀྱང་རང་མཚན་གྱིས་གྲུབ་པ་མེད་པར་བཞེད་དོ། །དེས་ན་སྐབས་འདིའི་ རང་མཚན་གྱིས་གྲུབ་པ་དང་སྤྱིར་གྱི་དེ་གཉིས་ལ་ཁྱད་པར་ཡོད་དོ། ། བཞི་པ་ཁྱབ་མཐའ་བཀོད་དེ་མཐའ་དཔྱད་པ་ནི། ཁྱོད་རྟག་པ་ཡིན་ན་ཁྱོད་ཡིན་ན་རྟག་ པས་མ་ཁྱབ་ཀྱང་རྟག་པ་ཁྱོད་ཡིན་ན་རྟག་པས་ཁྱབ་སྟེ། ཤེས་བྱ་རྟག་པ་ཡིན་ཡང་དེ་ཡིན་ན་ དེས་མ་ཁྱབ་པ་དང༌། རྟག་པ་གཅིག་སོགས་ཡིན་གཅིག་སོགས་ཀྱང་རྟག་པ་ཡིན་པའི་ཕྱིར་ རོ། ། གཉིས་པ་དངོས་པོ་བཤད་པ་ལ། མཚན་ཉིད། དབྱེ་བ་གཉིས་ལས། དང་པོ་ནི། དོན་ བྱེད་ནུས་པ། དངོས་པོའི་མཚན་ཉིད། མཚན་གཞི་བུམ་པ། དད་པ། བུམ་པའི་རང་འབྲས་ བསྐྱེད་པའི་ནུས་པ་ལྟ་བུའོ། །འདིའི་སྒྲ་བཤད་ལུགས་མདོ་སྡེ་པ་དང་དབུ་སེམས་རྣམས་མི་ འདྲ། མདོ་སྡེ་པས་འདི་དང་དོན་དམ་བདེན་པ་གཉིས་དོན་གཅིག་པར་འདོད་ཀྱང༌། གོང་ མས་དེ་མི་འདོད། གཞན་ཡང་དུ་མ་སྤུངས་པ་ཕུང་པོ་དང༌། སྐད་ཅིག་མ་མི་རྟག་པ་དང༌། རང་ རྒྱུ་ལས་སྐྱེས་པ་འདུས་བྱས་རྣམས་ཀྱི་མཚན་ཉིད་ཡིན་ཞིང༌། དེ་རྣམས་དངོས་པོ་དང་དོན་ གཅིག (སྤྱིར་ཕུང་པོ་ལ་ལྔར་བཞག་པའི་ནང་གི གཟུགས་ཚོར་བ་འདུ་ཤེས། རྣམ་ཤེས་དང་བཞི་ནི་རང་རང་གི་ཕུང་པོ་ཡིན་ པ་གཞིར་བཞག་པའི་སྟེང་དུ་དེ་བཞི་འདུ་བྱེད་ཡིན་པ་ཙམ་ལས་འདུ་བྱེད་ཀྱི་ཕུང་པོ་མིན། ལྷག་མ་སེམས་བྱུང་ཞེ་དགུ་དང༌། ལྡན་ མིན་འདུ་བྱེད་རྣམས་འདུ་བྱེད་དང་འདུ་བྱེད་ཀྱི་ཕུང་པོ་གཉིས་ཀ་ཡིན།) འདུས་བྱས་འདུ་བྱེད་གཉིས་དོན་གཅིག་ ཀྱང་དེ་འདུ་བྱེད་ཀྱི་ཕུང་པོ་དང་དོན་མི་གཅིག རྡུལ་དུ་གྲུབ་པ་བེམ་པོའི་དང༌། གཟུགས་སུ་ རུང་བ་གཟུགས་ཀྱི་མཚན་ཉིད་ཡིན་པ་ཀུན་མཐུན་ཀྱང་དེ་གཉིས་དོན་གཅིག་མི་གཅིག་དང་ སྒྲ་བཤད་ལུགས་སྤྱིར་འདོད་ཚུལ་སྣ་ཚོགས་ཡོད། མི་རྟག་པའི་འདོད་ཚུལ་བྱེ་སྨྲ་དང་མདོ་ སྡེ་པ་སོགས་མི་འདྲ། (བྱེ་བྲག་སྨྲ་བའི་ལུགས་ལ། དཔེར་ན་ད་ལྟ་སོ་སོའི་སྐྱེ་བོ་ཁྱི་རྒན་རྒྱ་བོ་ལྟ་བུའི་རྒྱུད་ལ་རང་ཅག་ གི་བློ་ངོར་ཁྱི་རྒན་དེ་ནམ་ཞིག་མ་འོངས་པ་ན་ལམ་སྒོམ་པའི་སྐལ་བ་འགྲིག་ཚེ་དེའི་རྒྱུད་ལ་རིམ་པས་ལམ་གྱི་ཡེ་ཤེས་སྐྱེས་ཏེ་ 5-1-244 རང་རང་གི་ངོས་སྐལ་གྱི་སྒྲིབ་པ་ཅི་རིགས་སྤངས་པའི་འགོག་བདེན་ཞིག་ཐོབ་འོང་བ་རེད་སྙམ་པའི་ཚེ་ཁྱི་རྒན་དེའི་རྒྱུད་ལ་ད་ལྟ་ ནས་འགོག་བདེན་ཞིག་བློ་ངོར་འཆར་དུ་ཡོད་པ་དེ་ཐོབ་འགྱུར་གྱི་འགོག་བདེན་ཟེར་བ་ཡིན།) བྱེ་སྨྲས་ཐོབ་འགྱུར་གྱི་ འགོག་བདེན་ད་ལྟ་ནས་ཡོད་པར་འདོད་དོ། ། གཉིས་པ་དབྱེ་བ་ལ། གཟུགས་ཤེས་ལྡན་མིན་གསུམ་དུ་དབྱེ་བ། རྒྱུ་འབྲས་གཉིས་སུ་ དབྱེ་བའོ། །དང་པོ་ལ་གསུམ་ལས། དང་པོ་གཟུགས་ལ། མཚན་ཉིད་དབྱེ་བ་གཉིས་ལས། དང་པོ་ནི། གཟུགས་སུ་རུང་བ། གཟུགས་ཀྱི་མཚན་ཉིད། མཚན་གཞི་བུམ་པ་དང༌། སྒྲ་ ལྟ་བུའོ། །མདོ་སྡེ་པའི་ལུགས་ལ་གཟུགས་བེམ་དོན་གཅིག་ཀྱང་དེ་ལྷག་གི་གྲུབ་མཐའ་གོང་ འོག་གི་ལུགས་ལ་མི་གཅིག་གོ།བེམ་པོ་ལ་རྡུལ་ཕྲ་རགས་གཉིས་ལས། དང་པོ་ནི། གཟུགས་ཅན་གྱི་ཆུང་བའི་མཐར་ཐུག་པ། རྡུལ་ཕྲ་རབ་ཀྱི་མཚན་ཉིད། འདི་ རྡུལ་རྫས་བརྒྱད་འདུས་ཡིན་ཀྱང་བསགས་རྡུལ་མིན། རྡུལ་ཕྲ་རབ་བདུན་ཙམ་འདུས་པའི་ གོང་བུ་དེ། རྡུལ་ཕྲན་གྱི་མཚན་ཉིད། དེ་ནི་བསགས་རྡུལ་ལོ། །སྤྱིར་རྡུལ་རྫས་བརྒྱད་ནི་བྱེ་ སྨྲས། ངོ་བོ་སོ་སོ་བ་དང༌། མདོ་སྡེ་པས་གཞིའི་བདག་ཉིད་གཅིག་དང་ངོ་ཐད་ནས་བདག་ ཉིད་ཐ་དད་དུ་འདོད། འདོད་ཁམས་ཀྱི་གོང་བུ་ལ་རྡུལ་རྫས་བརྒྱད་འདུས་ཀྱིས་ཁྱབ་ཀྱང༌། གཟུགས་ཁམས་པའི་དེ་ནི་དེར་དྲི་རོ་ལ་ཆགས་པ་བྲལ་ཕྱིར་རྡུལ་རྫས་དྲུག་འདུས་སུ་ཡོད་པ་ ཡིན། འབྱུང་བཞི་ཕན་ཚུན་འབྲལ་མེད་ཡིན་ཚུལ་ལ་བྱེ་སྨྲས་ནུས་པ་མཉམ་པོ་དང༌། མདོ་སྡེ་ པས་ཆེ་ཆུང་དུ་འདོད་དོ། ། གཉིས་པ་དབྱེ་བ་ལ། དབང་པོ་དང་དོན་ལྔའི་གཟུགས་གཉིས་ལས། དང་པོ་ལ་ལྔ་ལས། དང་པོ་ལ། མཚན་ཉིད། དབྱེ་བ་གཉིས་ལས། དང་པོ་ནི། རང་འབྲས་མིག་ཤེས་ཀྱི་ཐུན་མོང་ མ་ཡིན་པའི་བདག་རྐྱེན་བྱེད་པའི་རིགས་སུ་གནས་པའི་ནང་གི་གཟུགས་ཅན་དྭངས་པ་དེ་ མིག་དབང་གི་མཚན་ཉིད། མཚན་གཞི་མིག་གི་དབང་རྟེན་གྱི་གོ་སར་དབྱིབས་ཟར་མའི་མེ་ 5-1-245 ཏོག་ལྟར་ཆགས་པའི་རྡུལ་རྫས་དྭངས་པ་དེའོ། །འདིར་སེམས་ཙམ་ལུགས་ལ་དོན་དམ་པར་ ན་བེམ་པོའི་དབང་པོ་གཟུགས་ཅན་པ་མེད། མིག མིག་དབང༌། མིག་གི་སྐྱེ་མཆེད། མིག་ གི་ཁམས་རྣམས་དོན་གཅིག དེ་ལས་ཐུན་མོང་མ་ཡིན་པ་ཞེས་པས་མིག་ཤེས་སོགས་ཀྱི་ སྔ་ལོག་གི་ཡིད་ཤེས་དེ་མིག་དབང་ཡིན་པ་གཅོད། རིགས་གནས་ཀྱིས་དེ་མཚུངས་ཀྱི་མིག་ དབང་དེ་མིག་དབང་དུ་བསྡུད། ནང་གི་གཟུགས་ཅན་ཞེས་པས་གཟུགས་ཀྱི་སྐྱེ་མཆེད་མིག་ དབང་ཡིན་པར་གཅོད། དྭངས་བ་ཞེས་པས་དབང་རྟེན་མིག་དབང་ཡིན་པར་གཅོད་དོ། ། གཉིས་པ་དབྱེ་བ་ལ། བརྟེན་བཅས། དེ་མཚུངས་ཀྱི་མིག་དབང་གཉིས་ལས། དང་པོ་ནི། མིག་དབང་གང་ཞིག རང་འབྲས་མིག་ཤེས་ཀྱི་ཐུན་མོང་མིན་པའི་བདག་རྐྱེན་བྱེད་པ་དེ། བརྟེན་བཅས་ཀྱི་མིག་དབང་གི་མཚན་ཉིད། མཚན་གཞི་གཟུགས་ལ་བལྟ་བཞིན་པའི་མིག་ དབང་ངོ༌། ། གཉིས་པ་ནི། མིག་དབང་གང་ཞིག སོགས་ནས། མི་བྱེད་པ་དེ། དེ་མཚུངས་ཀྱི་མིག་ དབང་གི་མཚན་ཉིད། མཚན་གཞི་གཉིད་ལོག་པའི་སྐབས་ཀྱི་མིག་དབང་ལྟ་བུའོ། །དེ་ལས་ སྔ་མ་མིག་ཤེས་དང་བཅས་པ། ཕྱི་མ་དེ་དང་མཚུངས་པ་ཡིན་ཕྱིར་དེ་གཉིས་ལ་དེ་ལྟར་བརྗོད་ དོ། ། གཉིས་པ་རྣ་དབང་ནས་ལུས་དབང་གི་བར་བཞི་ནི་རིམ་བཞིན་མཚན་ཉིད་སྐབས་རང་ འབྲས་རྣ་ཤེས་སྣ་ཤེས་ལྕེ ་ཤེས་ལུས་ཤེས་ཞེས་དང༌། མཚན་གཞིའི་སྐབས་རིམ་པར་དབང་ རྟེན་རྣ་སྦུག་ཏུ་གྲོ་ག་གཅུས་ནས་བཅད་པ་ལྟ་བུ་དང༌། སྣའི་གདོང་རྒྱུད་དུ་ཟངས་ཁབ་ཉིས་ གཤིབ་ལྟ་བུ་དང༌། ལྕེ ་སྟེང་ཟླ་ཕྱེད་ཉིས་གཤིབ་བར་རྟ་རྔའི་ཁྱོན་ཙམ་མ་རེག་པ་དང༌། ལུས་ སྟོད་སྨད་དུ་ཁྱབ་པའི་བྱ་ཀ་ལན་ད་ཀའི་པགས་པ་ལྟ་བུའི་རྡུལ་རྫས་ཤིན་ཏུ་དྭངས་པ་རྣམས་ སྦྱར་བ་དང༌། རྣ་བ་དང༌། རྣའི་ཁམས་སོགས་དོན་གཅིག་པ་རྟེན་བཅས་དེ་མཚུངས་གཉིས་རེ་ 5-1-246 ཡོད་པ་སོགས་གོང་མིག་དབང་གི་སྐབས་བཞིན་ཤེས་པར་བྱ་དགོས་སོ། ། གཉིས་པ་དོན་ལྔའི་གཟུགས་ལ། ལྔ་ལས། དང་པོ་ལ། མཚན་ཉིད། དབྱེ་བ་གཉིས་ ལས། དང་པོ་ནི། མིག་ཤེས་ཀྱིས་གཟུང་བྱ་གཟུགས་ཀྱི་སྐྱེ་མཆེད་ཀྱི་མཚན་ཉིད། མཚན་གཞི་ དུང་དཀར་གྱི་ཁ་དོག་ལྟ་བུའོ། །དོན་ལྔའི་ཡ་གྱལ་གྱི་གཟུགས་དང༌། གཟུགས་ཀྱི་སྐྱེ་མཆེད། གཟུགས་ཀྱི་ཁམས་རྣམས་དོན་གཅིག (གཟུགས་འཛིན་མིག་ཤེས་ལ་རང་ཡུལ་གཟུགས་དང་གྲུབ་བདེ་རྫས་ གཅིག་བྱས་མི་རྟག་སོགས་གང་སྣང་ཐམས་ཅད་གཟུང་བྱ་མ་ཡིན་པར་གཟུགས་ཀྱི་དབྱིབས་ཁ་དོག་ཁོ་ན་ཙམ་དེ་གཟུགས་འཛིན་ མིག་ཤེས་ཀྱི་གཟུང་བྱར་འཇོག་དགོས། དེ་འདྲའི་མིག་ཤེས་ལ་རྐྱེན་དབང་གིས་སྐྲ་ཤད་སོགས་ཀུན་བཏགས་པའི་གཟུགས་ ཀྱང་སྣང་ཆོག) མིག་ཤེས་ལ་སྣང་ན་དེའི་གཟུང་བྱ་ཡིན་མི་དགོས་ཤིང་དེ་ལ་ཀུན་བཏགས་པའི་ གཟུགས་ཀྱང་སྣང་ཆོག གཉིས་པ་ལ། ཁ་དོག་དང༌། དབྱིབས་གཟུགས་གཉིས་ལས། དང་པོ་ལ། མཚན་ཉིད། དབྱེ་བ་གཉིས་ལས། དང་པོ་ནི། མདོག་ཏུ་རུང་བ། ཁ་དོག་གི་མཚན་ཉིད། མཚན་གཞི་སྤྲིན་ གྱི་ཁ་དོག་ལྟ་བུའོ། ། གཉིས་པ་ལ། སྔོ་སེར་དཀར་དམར་བཞི་སྟེ་རྩ་བའི་ཁ་དོག་བཞི་དང༌། སྤྲིན་དུ་བ་རྡུལ་ ཁུག་སྣ་གྲིབ་མ་ཉི་མ་སྣང་བ་མུན་པ་སྟེ་ཡན་ལག་གི་ཁ་དོག་བརྒྱད། དེ་དག་ལོག་རྟོག་སེལ་ བའི་དབྱེ་བའོ། །དེ་ལས་རྡུལ་ནི་རྡུལ་འཚུབ་དང༌། ཁུག་སྣ་ཐལ་ཆར་རོ། ། གཉིས་པ་ལ། མཚན་ཉིད། དབྱེ་བ་གཉིས་ལས། དང་པོ་ནི། དབྱིབས་སུ་རུང་བ། དབྱིབས་ཀྱི་མཚན་ཉིད། མཚན་གཞི་རི་རབ་ཀྱི་དབྱིབས་ལྟ་བུའོ། ། གཉིས་པ་ལ། རིང་བོ་ཐུང་ངུ་་པ་ཟླུམ་པོ་མཐོ་བ་དམའ་བ་ཕྱ་ལེ་བ་ཕྱ་ལེ་བ་མ་ཡིན་པ་ དང་བརྒྱད། དེ་ལས་་པ་གྲུ་བཞི་ཕྱ་ལེ་བ་མཉམ་པ་དེ་མིན་མི་མཉམ་པའོ། །དབྱིབས་གཟུགས་ བརྒྱད་དུ་མ་འདུས་པའི་དབྱིབས་མེད། ཁ་དོག་གི་གཟུགས་རྣམས་སུ་མ་འདུས་པའི་ལྗང་ཁུ་ 5-1-247 སོགས་ཡོད། ཁ་ཅིག་གིས་སངས་རྒྱས་ཀྱི་དབུ་སྐྲའི་མདོག་རྩ་བའི་ཁ་དོག་ཏུ་བགྲང་བའང་ ཡོད། སྔོ་སེར་དཀར་དམར་གྲིབ་ཉི་སྣང་མུན་རྣམས་ཁ་དོག་ཡིན་ལ་དབྱིབས་མིན། དབྱིབས་ གཟུགས་བརྒྱད་དེ་དབྱིབས་ཡིན་ལ་ཁ་དོག་མིན། སྤྲིན་དུ་རྡུལ་ཁུག་བཞི་གཉིས་ཀ་ཡིན། སྒྲ་ དྲི་སོགས་གང་ཡང་མིན། དེ་ཡང་བྱེ་སྨྲས་ལུགས་སོ། །བྱེ་སྨྲས་དབྱིབས་ཁ་དོག་སྒོས་རྫས་ཅན་ དུ་འདོད་ཀྱང་མདོ་སྡེ་པས་དེ་མི་འདོད། (རྟ་དཀར་པོ་ལ་ཁ་དོག་དཀར་པོ་དང་ལྡན་པའི་ཆ་ནས་རྟ་དཀར་པོ་རྟ་ དཀར་པོ་ཡིན་ཞེས་དང༌། རྟ་དཀར་པོ་དེ་སྤྱིར་གང་ཟག་ཡིན་པས་གཟུགས་ཤེས་གང་ཡང་མ་ཡིན་པའི་ཆ་ནས་རྟ་དཀར་པོ་མིན་ ཞེས་ཟེར་བ་ཡིན། སྤྱིར་བཏང་དཀར་པོ་དེ་རྩ་བའི་ཁ་དོག་བཞིའི་ཡ་གྱལ་ཡིན་གྱི་ཁ་དོག་བྱེ་བྲག་པ་རེ་རེ་ནས་དེ་དག་གི་ཡ་གྱལ་ དུ་འཇོག་པ་མིན།) རྟ་དཀར་པོ་རྟ་དཀར་པོ་ཡིན། རྟ་དཀར་པོ་དཀར་པོ་མིན་ཞེས་ཟེར་བ་སོགས། འདི་འདྲའི་རིགས་ལ་འགྲེས། སྔོ་སེར་སོགས་གང་རུང་ཡིན་ན་རྩ་བའི་ཁ་དོག་ཡིན་པས་མ་ ཁྱབ་པ་ཟླ་འོད་དཀར་པོ་སོགས་དང༌། དབྱིབས་གཟུགས་གང་རུང་ཡིན་ན་གཟུགས་ཀྱི་སྐྱེ་ མཆེད་ཡིན་པས་མ་ཁྱབ་པ་རྡུལ་ཕྲ་རབ་ཀྱི་དབྱིབས་གཟུགས་སོགས་དང༌། གོང་སྨྲོས་ཀྱི་སྐྱེ་ མཆེད་ཉི་ཤུ་གང་རུང་གིས་མ་ཁྱབ་པ་ལྗང་ནག་སོགས་སོ། །གཟུགས་ཡིན་ན་དེའི་སྐྱེ་མཆེད་ ཡིན་མི་དགོས། གང་ཟག་འགའི་མིག་ཤེས་ཀྱི་གཟུང་བྱ་ཡིན་ན་དེ་སྤྱིར་མིག་ཤེས་ཀྱི་གཟུང་ བྱ་ཡིན་མི་དགོས། མངོན་མཛོད་ལས་གཟུགས་ཀྱི་སྐྱེ་མཆེད་ལ་ཉི་ཤུ་བཤད་ཀྱང་ཀུན་བཏུས་ ལས་དེ་དག་གི་སྟེང་དུ་རྡུལ་ཕྲ་རགས་གཉིས་དང་མངོན་པར་སྐབས་ཡོད་རིག་བྱེད་ནམ་ མཁའི་ཁ་དོག་དང་ལྔ་བསྣན་ནས་ཉེར་ལྔ་བཤད། ཕུང་ལྔའི་རབ་བྱེད་ཀྱི་ཊཱི་ཀར་ཁ་དོག་བཅུ་ གཉིས་ཀྱི་སྟེང་དུ་བླ་གབ་མེད་པ། ནམ་མཁའི་ཁ་དོག་དང་གཉིས་བསྣན་ནས་ཉེར་གཉིས་ བཤད། བླ་གབ་མེད་པ་མངོན་པར་སྐབས་ཡོད་གཉིས་དོན་གཅིག རྒྱལ་ཚབ་རྗེས་མངོན་ པར་སྐབས་ཡོད་ཀྱི་གཟུགས་གོང་སྨོས་ཀྱི་སྐྱེ་མཆེད་ཉི་ཤུ་ལས་གཞན་པའི་གཟུགས་ཀྱི་སྐྱེ་ མཆེད་དུ་བཞག་གོ། 5-1-248 གཉིས་པ་སྒྲ་བཤད་པ་ལ། མཚན་ཉིད། དབྱེ་བ་གཉིས་ལས། དང་པོ་ནི། རྣ་ཤེས་ཀྱི་ གཟུང་བྱ། སྒྲའི་སྐྱེ་མཆེད་ཀྱི་མཚན་ཉིད། ཡང་ན་མཉན་བྱ་དེའི་མཚན་ཉིད་འཇོག་གོ།སྒྲ་ དང༌། སྒྲའི་སྐྱེ་མཆེད། སྒྲའི་ཁམས་རྣམས་དོན་གཅིག གཉིས་པ་དབྱེ་བ་ལ། སྒྲ་སྤྱིའི་དབྱེ་བ་དང༌། བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ལ། རྩ་བའི་སྒོ་ནས་དབྱེ་ན། ཟིན་པའི་སྒྲ་དང་མ་ཟིན་པའི་སྒྲ་གཉིས་ཡོད། འདི་སྒྲ་འབྱུང་བའི་ རྒྱུ་འབྱུང་བ་དབང་པོས་ཟིན་མ་ཟིན་ལ་བྱེད། དེ་ལ་ཡན་ལག་གིས་དབྱེ་ན། ཟིན་པའི་སྒྲ་ལ་ སེམས་ཅན་དུ་སྟོན་མི་སྟོན་གཉིས། མ་ཟིན་པའི་སྒྲ་ལ་སེམས་ཅན་དུ་སྟོན་མི་སྟོན་གཉིས་དང་ བཞི་ཡོད། འདི་ཡང་བརྗོད་བྱའི་དོན་སྟོན་མི་སྟོན་ལ་བྱེད། ཡང་དེ་ལ་ཉིང་ལག་གིས་དབྱེ་ན། ཟིན་པའི་སྒྲ་སེམས་ཅན་དུ་སྟོན་པ་ལ་སྙན་མི་སྙན་གཉིས། མི་སྟོན་པ་ལ་སྙན་མི་སྙན་གཉིས། མ་ཟིན་པའི་སྒྲ་སེམས་ཅན་དུ་སྟོན་པ་ལ་སྙན་མི་སྙན་གཉིས། མི་སྟོན་པ་ལ་སྙན་མི་སྙན་ གཉིས་དང་བརྒྱད་ཡོད། གླིང་བུའི་སྒྲ་ཀུན་བཏུས་སུ་ཟིན་མ་ཟིན་གཉིས་ཀའི་སྒྲར་གསུངས་ ཀྱང༌། དབྱིག་གཉེན་གྱིས་དེ་བཀག་ནས་ཟིན་པའི་སྒྲར་གསུངས་སོ། ། གཉིས་པ་བྱེ་བྲག་ཏུ་བཤད་པ་ལ། བརྗོད་བྱ། རྗོད་བྱེད་གཉིས་ལས། དང་པོ་ནི། བརྡའི་ དབང་གིས་གོ་བར་བྱ་བ་བརྗོད་བྱའི་མཚན་ཉིད། བརྗོད་བྱ། ཡུལ། གཞལ་བྱ་རྣམས་དོན་ གཅིག མིང་ལ་བརྟེན་ནས་སྒྲ་དོན་གྱི་སྤྱིའི་སྒོ་ནས་ཡུལ་དེ་གོ་བར་བྱེད་དགོས། གཉིས་པ་རྗོད་བྱེད་ལ། མཚན་ཉིད། དབྱེ་བ་གཉིས་ལས། དང་པོ་ནི། བརྡའི་དབང་གིས་ རང་ཡུལ་གོ་བྱེད་ཀྱི་མཉན་བྱ་དེ། རྗོད་བྱེད་ཀྱི་སྒྲའི་མཚན་ཉིད། (རྗོད་བྱེད་ཀྱི་སྒྲ་ཡིན་ན་ངག་ཡིན་པས་ མ་ཁྱབ་སྟེ། ལྷའི་རྔ་བོ་ཆེས་ཆོས་ཀྱི་སྡོམ་བཞི་སྟོན་པའི་སྒྲ་དེ་ཆོས་དོན་སྟོན་པའི་ཆ་ནས་རྗོད་བྱེད་ཡིན་ཡང་སྐྱེས་བུའི་ལྕེ ་སྐན་ལས་ བྱུང་བ་མ་ཡིན་པའི་ཕྱོགས་ནས་ངག་མ་ཡིན་པའི་ཕྱིར།) རྗོད་བྱེད་ཀྱི་སྒྲ་དང་ངག་དོན་མི་གཅིག་གོ།(སྤྱིར་རྗོད་ བྱེད་ཀྱི་སྒྲ་ལ་བུམ་པ་ཞེས་བརྗོད་པ་ལྟ་བུ་མིང་དང༌། བུམ་པ་མི་རྟག་ཅེས་བརྗོད་པ་ལྟ་བུ་ཚིག སྒྲ་དེ་དག་གི་སྐད་གདངས་ཀྱི་ཡི་ 5-1-249 གེ་ལྟ་བུ། དེ་རྣམས་ངོ་བོའི་སྒོ་ནས་དབྱེ་བ་རེད། བུམ་པ་ཞེས་བརྗོད་པའི་བརྗོད་བྱ་བུམ་པ་དེ་རང་གི་མཆུ་ལྟོ་སོགས་ལ་ལྟོས་ནས་ ཚོགས་སྤྱི་དང༌། གསེར་བུམ་སོགས་ལ་ལྟོས་ནས་རིགས་སྤྱི་ཡིན་པ་ལྟ་བུ་དེ་བརྗོད་བྱའི་སྒོ་ནས་དབྱེ་བ་རེད། བུམ་པ་མི་རྟག་པ་ཁོ་ ན་ཡིན་ཞེས་བརྗོད་པ་ལྟ་བུ་མི་ལྡན་རྣམ་གཅོད་དང༌། སྒྲ་ཁོ་ན་མཉན་བྱ་ཡིན། ཞེས་བརྗོད་པ་ལྟ་བུ། གཞན་ལྡན་རྣམ་གཅོད་དང༌། ཉན་ཐོས་ལ་ལམ་སྒོམ་པ་སྲི ད་པ་ཁོ་ན་ཡིན། ཞེས་བརྗོད་པ་ལྟ་བུ། མི་སྲི ད་རྣམ་གཅོད་ཀྱི་སྒྲ་རྣམས་ནི། བརྗོད་ཚུལ་གྱི་སྒོ་ནས་ དབྱེ་བ་རེད། དཔེར་ན་བུམ་པ་མི་རྟག་ཅེས་བརྗོད་པའི་སྒྲའི་ངོ་བོ་དེ་ལ། བུམ་པ་ཞེས་པའི་སྒྲའི་ཆ་ནི་མིང་དང༌། བུམ་པ་མི་རྟག་ ཅེས་པའི་སྒྲའི་ཆ་ནི་ཚིག་དང༌། དེ་དག་གི་སྒྲ་གདངས་ན་ཡོད་པའི་བ་མ་ཨུ་པ་སོགས་ནི་ཡེ་གེ་ཡིན་པས་དེ་དག་གི་ཆ་ནས་སོ་སོར་ དབྱེ་བ་ཡིན། ཡང་དཔེར་ན་བུམ་པ་ཞེས་བརྗོད་པ་དང་ཤེས་བྱ་ཞེས་བརྗོད་པ་གཉིས་ཀྱི་བརྗོད་པར་བྱ་བའི་ཡུལ་བུམ་པ་ཚོགས་ སྤྱི་དང་ཤེས་བྱ་རིགས་སྤྱི་ཡིན་པས་དེ་གཉིས་ཀྱི་ཆ་ནས་ཚོགས་བརྗོད་དང་རིགས་བརྗོད་ཀྱི་སྒྲར་སོ་སོར་འཇོག་པ་ཡིན། མི་ལྡན་ རྣམ་གཅོད་སོགས་གསུམ་ནི་སྒྲས་བརྗོད་ཚུལ་འདྲ་མིན་གྱི་སྒོ་ནས་ཡིན་པ་ཤེས་སླ།) གཉིས་པ་དབྱེ་བ་ལ། ངོ་བོ། བརྗོད་བྱ་བརྗོད་ཚུལ་གསུམ་ལས། དང་པོ་ལ། མིང་ཚིག་ ཡི་གེ་གསུམ་ལས། དང་པོ་ལ། མཚན་ཉིད། དབྱེ་བ་གཉིས་ལས། དང་པོ་ནི། དོན་གྱི་ངོ་བོ་ ཙམ་སྟོན་པའི་སྒྲ་དེ། མིང་ཚིག་ཡི་གེ་གསུམ་དུ་ཕྱེ་བའི་མིང་གི་མཚན་ཉིད། མཚན་གཞི་བུམ་ པ་ཞེས་པའི་སྒྲ་དང༌། བུམ་པ་མི་རྟག་པ་ཞེས་པའི་སྒྲ་ལྟ་བུའོ། །མིང་ལ་དབྱེ་ན་དངོས་མིང་ དང༌། བཏགས་མིང་གཉིས་ལས། དང་པོ་ནི། རང་ཉིད་ཆོས་དེ་ལ་ཐོག་མར་བརྡ་སྦྱར་བའི་མིང་གང་ཞིག རང་ཉིད་ལ་ བརྟེན་ནས་ཆོས་དེ་ཐུན་མོང་མ་ཡིན་པར་གོ་ནུས་པ་དེ། ཆོས་དེའི་དངོས་མིང་གི་མཚན་ཉིད༌། མཚན་གཞི་ལྟོ་ལྡིར་བ་ལ་བུམ་པ་ཞེས་བརྗོད་པའི་སྒྲ་ལྟ་བུའོ། །དངོས་མིང་ནི་ཆོས་དེ་ཐུན་ མིན་དུ་གོ་བྱེད་ཀྱང་ཡིན་རང་ཉིད་ཆོས་དེ་ལ་འཇུག་པ་ཞིག་དགོས། མིང་དེ་ཆོས་དེ་ལ་འཇུག་ ན་དེའི་དངོས་མིང་ཡིན་པས་མ་ཁྱབ་པ་ནི་ཤེས་བྱ་ཞེས་པའི་སྒྲ་བུམ་པ་ལ་འཇུག་ཀྱང་དེའི་ དངོས་མིང་མིན་པར་སྤྱི་མིང་ཡིན་པ་ལྟ་བུའོ། ། 5-1-250 གཉིས་པ་བཏགས་མིང་ནི། རང་ཉིད་ཆོས་དེ་ལ་ཐོག་མར་བརྡ་སྦྱར་བའི་མིང་གང་ཞིག རང་ཉིད་ཆོས་དེ་ལ་མི་འཇུག་པ་དེ། ཆོས་དེའི་བཏགས་མིང་གི་མཚན་ཉིད། མཚན་གཞི་ སྨན་བྱ་རོག་རྐང་ལ་བྱ་རོག་རྐང་ཞེས་བརྗོད་པའི་སྒྲ་དང༌། འགྲོ་བའི་ཁྱེའུ་ལ་སངས་རྒྱས་ ཞེས་བརྗོད་པ་ལྟ་བུའོ། །མིང་དེས་ནི་ཆོས་དེ་ཐུན་མིན་དུ་གོ་མི་ཐུབ་ཅིང་དེ་ལ་མི་འཇུག་པའོ། །བཏགས་མིང་ལ་དབྱེ་ན། རྒྱུ་མཚན་དང་འབྲེ ལ་བའི་བཏགས་མིང་དང༌། རྒྱུ་མཚན་མེད་པའི་ བཏགས་མིང་གཉིས་ལས། དང་པོ་ནི། རང་ཉིད་ཐོག་མར་གང་ལ་བརྡ་སྦྱར་བའི་གཞིའི་ཆོས་གཞན་དེ་དང་འདྲ་ འབྲེ ལ་གང་རུང་གྲུབ་པའི་སྒོ་ནས་ཆོས་དེ་ལའང་བཏགས་པའི་མིང་གང་ཞིག །རང་ཉིད་ཆོས་ དེ་ལ་མི་འཇུག་པ་དེ། རྒྱུ་མཚན་དང་འབྲེ ལ་བའི་བཏགས་མིང་གི་མཚན་ཉིད། མཚན་གཞི་ མི་སྟོབས་ལྡན་ལ་སེང་གེ་ཞེས་བརྗོད་པའི་སྒྲ་ལྟ་བུའོ། །འདི་ལ་འདྲ་འབྲེ ལ་རྒྱུ་མཚན་དུ་བྱས་ པ་གཉིས་ལས་སྔ་མ་ནི་གོང་ལྟར་དང་ཕྱི་མ་ནི་ཁམ་ཤིང་ལ་ཁམ་བུ་བཏགས་པ་ལྟ་བུའོ། །དེ་ ལས་སྔ་མ་ལའང་སྟོབས་དབྱིབས་འདྲ་བ་གཉིས་དང་ཕྱི་མ་ལ་དེ་བྱུང་དང་ངོ་བོ་གཅིག་པའི་ འབྲེ ལ་བ་གཉིས་སོ། ། གཉིས་པ་རྒྱུ་མཚན་མེད་པའི་བཏགས་མིང་ནི། གོང་ལྟར་འདྲ་འབྲེ ལ་གང་རུང་མེད་པར་ ཆོས་དེ་ལ་བཏགས་པའི་མིང་གང་ཞིག རང་ཉིད་ཆོས་དེ་ལ་མི་འཇུག་པ་དེ། རྒྱུ་མཚན་མེད་ པའི་བཏགས་མིང་གི་མཚན་ཉིད། མཚན་གཞི་འགྲོ་བའི་ཁྱེའུ་ལ་སངས་རྒྱས་ཞེས་བརྗོད་པ་ ལྟ་བུའོ། །ཡང་མིང་ལ་སྒོས་མིང་སྤྱི་མིང་གཉིས་ལས། དང་པོ་གོང་གི་དངོས་མིང་དང་གཅིག གཉིས་པ་ནི། རང་ཉིད་ཆོས་དེ་ལ་ཐོག་མར་བརྡ་སྦྱར་བའི་མིང་གང་ཞིག རང་ཉིད་ཆོས་དེ་ ལ་འཇུག་ཀྱང་དེ་ཐུན་མིན་དུ་གོ་བར་བྱེད་མི་ནུས་པ་དེ། ཆོས་དེའི་སྤྱི་མིང་གི་མཚན་ཉིད། མཚན་གཞི་བུམ་པ་ལ་ཤེས་བྱ་ཞེས་བརྗོད་པའི་སྒྲ་ལྟ་བུའོ། །དེས་ན་ཆོས་ཐམས་ཅད་ཀྱི་མིང་ 5-1-251 གི་ཡིན་པ་ཡོད་དོ། ། གཉིས་པ་ཚིག་ནི། དོན་གྱི་ངོ་བོ་དང་ཁྱད་པར་སྦྱར་ནས་སྟོན་པའི་སྒྲ་དེ། མིང་ཚིག་ཡི་ གེ་གསུམ་དུ་ཕྱེ་བའི་ཚིག་གི་མཚན་ཉིད། དེ་གསུམ་དུ་ཕྱེ་བའི་ཞེས་པ་མ་བརྗོད་ཀྱང་ཆོག མཚན་གཞི་སྒྲ་མི་རྟག་ཞེས་དང༌། སྒྲ་མི་རྟག་པ་ཡིན་ཞེས་དང༌། སྒྲའི་མི་རྟག་པ་ཞེས་བརྗོད་ པའི་སྒྲ་ལྟ་བུའོ། །དེ་ལས་སྔ་མ་གཉིས་སྒྲ་ཁྱད་གཞི་མི་རྟག་པ་ཁྱད་ཆོས་སུ་སྟོན་པའི་སྒྲ་དང༌། ཕྱི་མ་ནི་མི་རྟག་པ་ཁྱད་གཞི་སྒྲ་ཁྱད་ཆོས་སུ་སྟོན་པའི་སྒྲ་ཡིན། གསུམ་པ་ཡི་གེ་ནི། མིང་ཚིག་སོགས་རྩོམ་བྱེད་ཀྱི་གཞིར་གྱུར་བའི་སྐད་ཀྱི་གདངས་དེ། དེ་གསུམ་དུ་ཕྱེ་བའི་ཡི་གེའི་མཚན་ཉིད། མཚན་གཞི་བུམ་པའི་དངོས་མིང་རྩོམ་བྱེད་ཀྱི་བ་མ་ ཨུ་པ་རྣམས་རེ་རེ་ནས་སོ། །དེ་འདྲའི་སྐད་གདངས་ཀྱི་བ་མ་སོགས་ཡི་གེ་ཡིན་གྱི་སྤྱིར་བ་མ་ ནི་རྗོད་བྱེད་ཡིན་ཕྱིར་ཡི་གེ་མིན་ནོ། །སྤྱིར་ལེགས་སྦྱར་སྐད་ལ་ཨ་སོགས་དབྱངས་བཅུ་དྲུག་ དང༌། ཀ་སོགས་གསལ་བྱེད་སོ་གསུམ་ཡོད། བོད་ཡིག་ལ་ས་པཎ་གྱིས་ཨ་སོགས་དབྱངས་ ལྔ་དང༌། ཀ་སོགས་གསལ་བྱེད་ཉེར་དགུར་བཤད་ཀྱང་གཙུག་ལག་སྣང་བས་བོད་ཡིག་ལ་ ལེགས་སྦྱར་ལྟར་བཤད་དུ་མེད་པས་ཀི་ཀི་སོགས་བཞི་དབྱངས་ཚབ་དང་ཨ་བོད་ཀྱི་གསལ་ བྱེད་ཡིན་ཕྱིར་གསལ་བྱེད་སུམ་ཅུར་གསུངས་སོ། །(མིང་ཡིན་ན་ཚིག་ཡིན་པས་མ་ཁྱབ་པ་བུམ་པ་ཞེས་བརྗོད་ པའི་སྒྲ་ལྟ་བུ་དང༌། མ་ཡིན་པས་མ་ཁྱབ་པ་ལ་བུམ་པ་མི་རྟག་པ་ཞེས་བརྗོད་པའི་སྒྲ་དེ་ཡིན། ཡི་གེ་དང་མིང་གཉིས་ཀ་ཡིན་པ། བ་ ཞེས་བརྗོད་པའི་སྒྲ་ལྟ་བུ་དང༌། ཡི་གེ་ཙམ་ལས་མིང་མ་ཡིན་པ་བུམ་པ་ཞེས་བརྗོད་པའི་སྒྲའི་སྐད་གདངས་ཀྱི་ཡི་གེ་བ་ལྟ་བུ་དེ་ ཡིན།) སྤྱིར་མིང་ཡིན་ན་ཚིག་ཡིན་མིན་གང་གིས་མ་ཁྱབ། ཚིག་ཡིན་ན་མིང་ཡིན་པས་ཁྱབ། ཡི་ གེ་ཡིན་ན་མིང་ཡིན་མིན་གང་གིས་མ་ཁྱབ། སྤྱིར་དེ་གསུམ་གྱི་མཚན་ཉིད། མིང་ཚིག་སོགས་ གང་རུང་རྩོམ་པའི་སྐད་གདངས་དང་རྗོད་བྱེད་ཀྱི་སྒྲ་གང་རུང་དུ་དམིགས་པ། ཡི་གེའི་མཚན་ ཉིད། མིང་གི་མཚན་ཉིད་ལ་ཙམ་སྒྲ་དོར་བ་དང༌། ཚིག་གི་མཚན་ཉིད་གོང་དང་ཁྱད་མེད་དོ། ། 5-1-252 གཉིས་པ་བརྗོད་བྱའི་སྒོ་ནས་དབྱེ་ན། རིགས་བརྗོད་དང༌། ཚོགས་བརྗོད་ཀྱི་སྒྲ་གཉིས་ ལས། དང་པོ་ནི། རྗོད་བྱེད་ཀྱི་སྒྲ་གང་ཞིག རང་གི་དངོས་ཀྱི་བརྗོད་བྱར་གྱུར་པའི་རིགས་སྤྱི་ ཡོད་པ་དེ། རིགས་བརྗོད་ཀྱི་སྒྲའི་མཚན་ཉིད། མཚན་གཞི་ཤེས་བྱ་ཞེས་དང༌། བུམ་པ་ཞེས་ བརྗོད་པའི་སྒྲ་ལྟ་བུའོ། །དེ་ཡང་རིགས་སྤྱི་དངོས་སུ་བརྗོད་པའི་སྒྲ་དེའོ། ། གཉིས་པ་ཚོགས་བརྗོད་ཀྱི་སྒྲ་ནི། རྗོད་བྱེད་ཀྱི་སྒྲ་གང་ཞིག རང་གི་དངོས་ཀྱི་བརྗོད་ བྱར་གྱུར་པའི་ཚོགས་སྤྱི་ཡོད་པ་དེ། ཚོགས་བརྗོད་ཀྱི་སྒྲའི་མཚན་ཉིད། མཚན་གཞི་བུམ་པ་ ཞེས་བརྗོད་པའི་སྒྲ་ལྟ་བུའོ། །འདི་ཡང་ཚོགས་སྤྱི་དངོས་སུ་བརྗོད་པའི་སྒྲ་དེའོ། །ཡང་འདི་ གཉིས་ལ་མུ་བཞི་ཡོད་དེ། ཤེས་བྱ་ཞེས་པའི་སྒྲ་ལྟ་བུ་རིགས་བརྗོད་ཡིན་ལ་ཚོགས་བརྗོད་ མ་ཡིན་པའི་མུ་དང༌། ཀ་བུམ་གཉིས་ཞེས་པའི་སྒྲ་ལྟ་བུ་ཚོགས་བརྗོད་ཡིན་ལ་རིགས་བརྗོད་ མ་ཡིན་པའི་མུ་དང༌། བུམ་པ་ཞེས་པའི་སྒྲ་ལྟ་བུ་རིགས་ཚོགས་གཉིས་ཀ་བརྗོད་པའི་མུ་དང༌། བུམ་ལྡོག་ཞེས་པའི་སྒྲ་ལྟ་བུ་རིགས་ཚོགས་གང་ཡང་མ་བརྗོད་པའི་མུ་དང་བཞི་ཡོད་པའི་ ཕྱིར། (སྤྱིར་ཤེས་བྱ་དེ་བུམ་པའི་གཟུགས་ལ་རྗེས་སུ་འགྲོ་བའི་སྤྱི་ཡིན་པས་དེ་ལ་ལྟོས་ཏེ་རིགས་སྤྱི་ཡིན་དགོས་ནི་རེད། བུམ་ པ་དེ་བུམ་གཟུགས་ཀྱི་ཚོགས་སྤྱི་ཙམ་ལས་སྤྱི་ངོ་མ་མ་ཡིན་པས་རིགས་སྤྱི་མིན་དོན་དེའི་ཐད་ནས་གོ་བ་བླང་དགོས།) སྤྱིར་ ཤེས་བྱ་བུམ་གཟུགས་ལ་ལྟོས་ན་རིགས་སྤྱི་ཡིན་ཡང་བུམ་པ་དེ་བུམ་གཟུགས་ལ་ལྟོས་ན་དེ་ མ་ཡིན་པར་ཚོགས་སྤྱི་ཡིན། འོན་ཀྱང་དེ་གསེར་བུམ་སོགས་ལ་ལྟོས་ན་རིགས་སྤྱི་ཡིན་པ་ དེས་གཞན་ལ་འགྲེས། གསུམ་པ་བརྗོད་ཚུལ་གྱི་སྒོ་ནས་དབྱེ་ན། མི་ལྡན་གཞན་ལྡན་མི་སྲི ད་རྣམ་གཅོད་ཀྱི་སྒྲ་ དང་གསུམ་ལས། དང་པོ་ནི། གཞི་དེ་ཁྱད་ཆོས་མི་ལྡན་པ་རྣམ་པར་བཅད་ནས་ལྡན་པ་ཁོ་ ནར་སྟོན་པའི་སྒྲ། མི་ལྡན་རྣམ་གཅོད་ཀྱི་སྒྲའི་མཚན་ཉིད། མཚན་གཞི་བུམ་པ་མི་རྟག་པ་ཁོ་ ན་ཡིན་ཞེས་བརྗོད་པའི་སྒྲ་ལྟ་བུའོ། ། 5-1-253 གཉིས་པ་ནི། གཞི་དེ་མ་ཡིན་པའི་གཞན་ལ་ཆོས་དེ་ལྡན་པ་རྣམ་པར་བཅད་ནས་གཞི་དེ་ ཁོ་ན་ལ་ལྡན་པར་སྟོན་པའི་སྒྲ། གཞན་ལྡན་རྣམ་གཅོད་ཀྱི་སྒྲའི་མཚན་ཉིད། མཚན་གཞི་སྒྲ་ ཁོ་ན་མཉན་བྱ་ཡིན་ཞེས་བརྗོད་པའི་སྒྲ་ལྟ་བུའོ། ། གསུམ་པ་ནི། གཞི་དེ་ལ་ཆོས་དེ་མི་སྲི ད་པར་རྣམ་པར་བཅད་ནས་སྲི ད་པ་ཁོ་ནར་སྟོན་ པའི་སྒྲ། མི་སྲི ད་རྣམ་གཅོད་ཀྱི་སྒྲའི་མཚན་ཉིད། མཚན་གཞི་ཨུཏྤལ་སྔོན་པོ་སྲི ད་པ་ཁོ་ན་ ཡིན་ཞེས་བརྗོད་པའི་སྒྲ་ལྟ་བུའོ། །མི་ལྡན་རྣམ་གཅོད་ཀྱི་དེ་ཡིན་ན་གཞན་ལྡན་རྣམ་གཅོད་ཀྱི་ དེ་ཡིན་པས་མ་ཁྱབ་པ་དངོས་པོ་མི་རྟག་པ་ཁོ་ན་ཡིན་ཞེས་པའི་སྒྲ་ལྟ་བུའོ། །དེ་མ་ཡིན་པས་ མ་ཁྱབ་པ་ཤེས་བྱ་ཁོ་ན་ཡོད་པ་ཁོ་ན་ཡིན་ཞེས་པའི་སྒྲ་སོགས་སོ། །ཡང་ཕྱི་མ་ཡིན་ན་སྔ་མ་ ཡིན་པས་མ་ཁྱབ་པ་དངོས་པོ་ཁོ་ན་མི་རྟག་པ་ཡིན་ཞེས་པའི་སྒྲ་ལྟ་བུའོ། །སྒྲ་དེ་གཉིས་ལ་དོན་ མཐུན་ཡིན་མིན་ཅི་རིགས་ཡོད། མི་ལྡན་གཞན་ལྡན་རྣམ་གཅོད་ཀྱི་སྒྲ་ལ་ཉིད་སྒྲ་ཁོ་ནའི་ཚིག་ འཕྲད་མེད་པའང་ཡོད་དེ། བརྗོད་ཉན་གྱི་འདོད་པའི་དབང་གིས་ནག་པ་འཕོང་སྐྱེན་དང་སྲི ད་ སྒྲུབ་འཕོང་སྐྱེན་ཞེས་བརྗོད་པ་ལྟ་བུ་ལ་སྔ་མ་མི་ལྡན་རྣམ་གཅོད་དང་ཕྱི་མ་གཞན་ལྡན་རྣམ་ གཅོད་དུ་འགྲོར་རིགས་པའི་ཕྱིར། སྒྲ་ལ་སྨྲ་བ་པོ་དང་ཉན་པ་པོའི་བརྗོད་འདོད་དབང་གི་དབྱེ་ བ། ཡང་སྒྲ་ལ་སྨྲ་བ་པོ་དང་ཉན་པ་པོའི་བརྗོད་འདོད་ཀྱི་དབང་གིས་དབྱེ་ན། (སྒྲ་མི་རྟག་ཅེས་བརྗོད་ པའི་སྐབས་སུ། འདི་སྐབས་ཀྱི་བཤད་གཞི་སྒྲ་དེ་ཁྱད་ཆོས་མི་རྟག་པའི་རྟེན་ཡིན་པས་ཆོས་ཅན་ཡིན། བཤད་གཞི་སྒྲ་ལ་ཁྱད་ཆོས་ མི་རྟག་པ་ལས་གཞན་བྱས་པ་སོགས་མ་བཅད་པས་གཞན་མི་སྤོང་ཡིན། འདི་སྐབས་ཁྱད་གཞི་སྒྲའི་སྟེང་དུ་ཁྱད་ཆོས་མི་རྟག་པ་ ཤར་དགོས། སྒྲའི་མི་རྟག་ཅེས་བརྗོད་པའི་སྐབས་སུ་དང། བཤད་གཞི་སྒྲ་དེ་ཁྱད་གཞི་སྤྱིར་བཏང་གི་མི་རྟག་པ་རྣམས་ལས་སྒྲའི་ མི་རྟག་པ་ཙམ་སོ་སོར་འབྱེད་ཐུབ་པ་ལ་སྒྲ་ཁོ་ན་ལས་གཞན་མེད་པའི་ཕྱོགས་ནས་སྒྲ་དེ་ཁྱད་ཆོས་ཡིན་པའི་ཆ་ནས་ཆོས་ཡིན་ ལ། དེ་འདྲའི་ཁྱད་ཆོས་ལ་སྒྲ་ལས་གཞན་མེད་པས་གཞན་སྤོང་ཡིན། འདི་སྐབས་སྤྱིར་བཏང་མི་རྟག་པ་དང་མཉམ་དུ་སྒྲའི་མི་ རྟག་པ་དེ་ཁྱད་གཞི་དང་དེ་སོ་སོར་གོ་བྱེད་སྒྲ་དེ་ཁྱད་ཆོས་སུ་ཤར་དགོས་པ་ཡིན། སྒྲ་མི་རྟག སྒྲའི་མི་རྟག ཅེས་བརྗོད་པའི་སྒྲ་ 5-1-254 དེ། གཞི་དེ་ལ་ལྟོས་ཏེ་ཆོས་ཅན་བརྗོད་པ་དང་གཞི་དེ་ལ་ལྟོས་ཏེ་ཆོས་བརྗོད་ཀྱི་སྒྲ་གཉིས་ཡིན་ཏེ། དེ་འདྲའི་སྒྲ་དེ་སྐབས་སུ་བབ་ པའི་བཤད་གཞི་སྒྲ་དེ་ཁྱད་གཞི་དང་ཁྱད་ཆོས་གཉིས་སུ་སྟོན་བྱེད་ཀྱི་སྒྲ་ཡིན་པའི་ཕྱིར། གཞི་དེ་ལ་ལྟོས་ཏེ་ཆོས་ཅན་བརྗོད་པའི་ སྒྲ་ཡིན་ན་གཞི་དེ་ལ་ལྟོས་ཏེ་ཆོས་བརྗོད་ཀྱི་སྒྲ་ཡིན་པས་མ་ཁྱབ་པ་ལ། སྒྲ་མི་རྟག ཅེས་བརྗོད་པ་ལྟ་བུ་དང༌། དེ་མ་ཡིན་པས་མ་ ཁྱབ་པ་ལ། སྒྲ་མི་རྟག སྒྲའི་མི་རྟག་ཅེས་བརྗོད་པ་ལྟ་བུ་དེ་བཞག གཞི་དེ་ལ་ལྟོས་ཏེ་ཆོས་བརྗོད་ཡིན་ན་དེ་ལ་ལྟོས་ཏེ་ཆོས་ཅན་ བརྗོད་པ་ཡིན་པས་མ་ཁྱབ་པ་ལ། སྒྲའི་མི་རྟག་ཅེས་དང༌། མ་ཡིན་པས་མ་ཁྱབ་པ་ལ། སྒྲ་དང་སྒྲའི་མི་རྟག་ཅེས་བརྗོད་པ་ལྟ་བུ་དེ་ བཞག དེ་འདྲའི་ཉིས་འགོད་མ་བཞག་ན། སྤྱིར་ཆོས་ཅན་ཆོས་བརྗོད་ཙམ་གྱི་གཉིས་ཡིན་ལ། སྒྲ་མི་རྟག་ཅེས་བརྗོད་པ་ལྟ་བུ་དེ་ འགྲིག་ཀྱང༌། གཞི་དེ་ལ་ལྟོས་ཏེ་ཆོས་ཅན་དང་ཆོས་བརྗོད་གཉིས་ཡིན་གྱི་གཞི་མཐུན་འཇོག་པ་མི་འགྲིག དེས་ན་ཆོས་ཅན་ཆོས་ བརྗོད་ཀྱི་སྒྲ་གཉིས་ངོ་ཐད་ནས་མི་འགལ་བས་མ་ཁྱབ་པ་ལ་གཞི་ལ་ལྟོས་ཏེ་ཆོས་ཅན་དང་ཆོས་བརྗོད་ཀྱི་སྒྲ་གཉིས་ཏེ་བཞག་ན་ ཉིས་འགོད་བཅད་ན་དེ་གཉིས་ཀྱི་ཡིན་པ་འཇོག་རྒྱུ་མེད། སྒྲ་མི་རྟག་ཅེས་བརྗོད་པའི་སྒྲའི་སྟེང་དུ། གཞི་དེ་ཁྱད་གཞིར་བརྗོད་ པའི་སྒྲ་ཡིན་ཆ་ཞིག་དང༌། གཞི་དེ་ལ་ལྟོས་ཏེ་ཆོས་ཅན་བརྗོད་པའི་སྒྲ་ཡིན་ཆ་ཞིག་དང་གཉིས་ཕྱེས་ནི་རེད། སྔ་མ་མཚན་ཉིད་ དང༌། ཕྱི་མ་མཚོན་བྱ་རེད། སྒྲ་མི་རྟག་ཅེས་བརྗོད་པ་དེ་མཚན་གཞི་རེད། ཡང་སྒྲའི་མི་རྟག་ཅེས་བརྗོད་པའི་སྒྲའི་སྟེང་དུ། གཞི་ དེ་ཁྱད་ཆོས་སུ་སྟོན་པའི་སྒྲ་ཡིན་པའི་ཆ་དང་གཞི་དེ་ལ་ལྟོས་ཏེ་ཆོས་བརྗོད་ཀྱི་སྒྲ་ཡིན་པའི་ཆ་ཕྱེས་ནི་རེད། སྔ་མ་མཚན་ཉིད་དང༌། ཕྱི་མ་མཚོན་བྱ་རེད། སྒྲའི་མི་རྟག་ཅེས་བརྗོད་པ་དེ་མཚན་གཞི་རེད། མཚོན་བྱ་ཕྱོགས་ནས་ཕན་ཚུན་ཡིན་པ་ཡོད་མེད་དཔྱད་རྒྱུ་ དང༌། མཚན་གཞིའི་ཕྱོགས་ནས་ཉིས་འགོད་ཁེར་འགོད་གང་རུང་འཇོག་རྒྱུ་རེད། སྤྱིར་ཆོས་ཅན་དང་ཆོས་བརྗོད་ཀྱི་སྒྲ་གཉིས་མི་ འགལ་བའི་ཡིན་ཁྱབ་མཉམ་ཡིན་ཡང་གཞི་དེ་ལ་ལྟོས་ཏེ་ཆོས་ཅན་དང་ཆོས་བརྗོད་ཀྱི་སྒྲ་གཉིས། ཉིས་འགོད་བཞག་ན་མི་འགལ་ བ་དང༌། དེ་བཅད་ན་འགལ་བ་ཡིན་ནི་རེད།) ཆོས་ཅན་དང༌། ཆོས་བརྗོད་གཉིས་ལས། དང་པོ་ནི། གཞི་དེ་ཁྱད་གཞིར་བརྗོད་པའི་སྒྲ་དེ། གཞི་དེ་ལ་ལྟོས་ཏེ་ཆོས་ཅན་བརྗོད་ པའི་སྒྲའི་མཚན་ཉིད། མཚན་གཞི་སྒྲ་མི་རྟག་ཅེས་བརྗོད་པའི་སྒྲ་ལྟ་བུའོ། །འདི་དང་ཁྱད་པར་ གཞན་མི་སྤོང་གི་སྒྲ་གཉིས་དོན་གཅིག སྐབས་ཀྱི་གཞི་སྒྲ་ལ་གོ་བ་ཡིན། དེ་ཡང་སྒྲ་དེ་ལ་ ཁྱད་ཆོས་མི་རྟག་པ་ལས་གཞན་ཡོད་པ། མི་གཅོད་དོ། ། 5-1-255 གཉིས་པ་ནི། གཞི་དེ་ཁྱད་ཆོས་སུ་སྟོན་པའི་སྒྲ་དེ། གཞི་དེ་ལ་ལྟོས་ཏེ་ཆོས་བརྗོད་ཀྱི་ སྒྲའི་མཚན་ཉིད། མཚན་གཞི་སྒྲའི་མི་རྟག་པ་ཞེས་བརྗོད་པའི་སྒྲ་ལྟ་བུའོ། །འདི་དང་ཁྱད་པར་ གཞན་སྤོང་གི་སྒྲ་གཉིས་དོན་གཅིག འདིའི་གཞིའང་སྒྲ་ལ་གོ་བ་དང༌། སྒྲའི་མི་རྟག་པ་ཁྱད་ པར་འབྱེད་ཆོས་ལ་སྒྲ་ལས་གཞན་ཡོད་པ་གཅོད་པའང་ཡིན་ནོ། །སྤྱིར་སྒྲ་དེ་གཉིས་འགལ་ བ་མིན་ཡང་དེ་གཉིས་ལ་མི་འགལ་བས་ཀྱང་མ་ཁྱབ་པོ། ། གསུམ་པ་དྲིའི་སྐྱེ་མཆེད་ལ། མཚན་ཉིད། དབྱེ་བ་གཉིས་ལས། དང་པོ་ནི། སྣ་ཤེས་ཀྱིས་ གཟུང་བྱ་དྲིའི་སྐྱེ་མཆེད་ཀྱི་མཚན་ཉིད། མཚན་གཞི་སྤོས་དྲི་ལྟ་བུའོ། །དྲི་དང་དྲིའི་སྐྱེ་མཆེད་ དྲིའི་ཁམས་དོན་གཅིག གཉིས་པ་དབྱེ་བ་ལ། རྩ་བའི་སྒོ་ནས་དབྱེ་ན། ཞིམ་མི་ཞིམ་གཉིས་ལས། ཡན་ལག་གི་སྒོ་ ནས་དབྱེ་ན། ཞིམ་པ་ལ་མཉམ་མི་མཉམ་གཉིས་དང༌། མི་ཞིམ་པ་ལ་དེ་ལྟར་གཉིས་རེ་ཡོད། འདིའི་མཉམ་པ་ནི་དྲི་ཤས་མི་ཆེ་བ་དང༌། མི་མཉམ་པ་ནི་དྲི་ཤས་ཆེ་བ་ལ་བྱེད་དོ། །འདི་ནི་ སྦྱར་བྱུང་ལྷན་སྐྱེས་གཉིས་ལས་གཙོ་བོར་སྔ་མ་ལ་གོ་བ་ཤས་ཆེའོ། ། བཞི་པ་རོ་ལ། མཚན་ཉིད། དབྱེ་བ་གཉིས་ལས། དང་པོ་ནི། ལྕེ ་ཤེས་ཀྱིས་གཟུང་ བྱ། རོའི་སྐྱེ་མཆེད་ཀྱི་མཚན་ཉིད། མཚན་གཞི་བུར་རོ་ལྟ་བུའོ། །རོ་དང་རོའི་སྐྱེ་མཆེད་རོའི་ ཁམས་དོན་གཅིག གཉིས་པ་ངོ་བོའི་སྒོ་ནས་དབྱེ་ན། མངར། སྐྱུར། ལན་ཚྭ། ཚ་བ། ཁ་བ། སྐ་བ་དང་དྲུག་ གོ།དེ་རེ་རེ་ལ་མངར་བའི་མངར་བ་སོགས་དྲུག་ཏུ་དབྱེ་བས་སོ་དྲུག་དང༌། སོ་དྲུག་པོ་རེ་རེ་ ལའང་ལྕེ ་ཤེས་ལ་ཕན་པའི་རོ་རེ་རེ་དང༌། འཇུ་ཚེ་ལུས་ཤེས་ལ་མི་གནོད་པའི་རོ་རེ་རེ་དང༌། ཞུ་ཟིན་སྐབས་ལུས་སེམས་ལ་ཕན་འདོགས་པའི་རོ་རེ་རེ་སྟེ་གསུམ་རེ་ཕྱེ་བས་བརྒྱ་དང་ བརྒྱད་ཡོད། དེ་ལས་གཞན་ཡང་བསྲེ ས་སྦྱོར་གྱི་དབང་གིས་རོ་རེ་རེ་ལ་མཐའ་ཡས་པ་ཡོད་ 5-1-256 དོ། ། ལྔ་པ་རེག་བྱའི་སྐྱེ་མཆེད་ལ། མཚན་ཉིད། དབྱེ་བ་གཉིས་ལས། དང་པོ་ནི། ལུས་ཤེས་ ཀྱིས་གཟུང་བྱ་རེག་བྱའི་སྐྱེ་མཆེད་ཀྱི་མཚན་ཉིད། མཚན་གཞི་འབྱུང་བ་ཆུ་ལྟ་བུའོ། །རེག་བྱ་ དང་རེག་བྱའི་སྐྱེ་མཆེད་རེག་བྱའི་ཁམས་དོན་གཅིག གཉིས་པ་དབྱེ་བ་ལ། འབྱུང་བ་དང༌། འབྱུང་འགྱུར་གཉིས་ལས། དང་པོ་ལ། སྲ་གཤེར་ དྲོ་བ་གཡོ་བ་སྟེ་ས་ཆུ་མེ་རླུང་རྣམས་དང༌། དེ་དག་གི་བྱེད་ལས་ཀྱང་འཛིན་སྡུད་སྨིན་རྒྱས་སོ། ། གཉིས་པ་ལ། གཞི་འབྱུང་བའི་སྟེང་དུ་འབྱུང་བ་དང་འབྲལ་བ་མེད་པར་གྲུབ་ཅིང་རང་ རྒྱུའི་འབྱུང་བཞིའི་འབྲས་བུ་ཡིན་པ་གང་ཞིག རང་རྒྱུ་ཆུ་མེ་ཤས་ཆེ་བས་མཉེན་ཅིང་མི་རྩུབ་ པར་རེག་པར་བཟོད་པའི་རེག་བྱ་ནི་འཇམ་པ་དང༌། དེ་གང་ཞིག་རང་རྒྱུ་རླུང་ཤས་ཆེ་བས་མི་ མཉེན་པ་རེག་པར་མི་བཟོད་པའི་དེ་རྩུབ་པ་དང༌། དེ་གང་ཞིག་རང་རྒྱུ་ས་ཆུ་ཤས་ཆེ་བས་སྲང་ གི་མགོ་མཇུག་ཐུར་དུ་དམའ་བར་བྱེད་པའི་དེ་ལྕི ་བ་དང༌། དེ་གང་ཞིག་རང་རྒྱུ་མེ་རླུང་ཤས་ཆེ་ བས་ལྕི ་བས་ལྗིད་མི་ཐུབ་པར་སྲང་གི་མགོ་མཐོ་བར་བྱེད་པའི་དེ་ཡང་བ་དང༌། དེ་གང་ཞིག་ རང་རྒྱུ་ཆུ་རླུང་ཤས་ཆེ་བས་གང་གིས་ཉེན་ན་དྲོ་འདོད་པ་སྐྱེད་བྱེད་ཀྱི་དེ་གྲང་བ་དང༌། དེ་གང་ ཞིག་རང་རྒྱུ་རླུང་ཁམས་ཤས་ཆེ་བས་ཕོ་བར་ཟས་ཟད་པའི་དབང་གིས་ཕོ་བར་ཟ་འདོད་སྐྱེད་ བྱེད་ཀྱི་ཕོ་བ་ཁ་འབྱར་བའི་དེ་བཀྲེ ས་པ་དང༌། དེ་གང་ཞིག་རང་རྒྱུ་མེ་ཤས་ཆེ་བས་ལྟོ་བར་ བཏུང་བ་ཟད་པའི་དབང་གིས་ལྒང་པ་ཁ་འབྱར་བའི་རེག་བྱ་སྐོམ་པའོ། །གཞན་ཡང་ཆོས་ ཀྱི་སྐྱེ་མཆེད་པའི་གཟུགས་ནི། ཡིད་ཤེས་ཁོ་ནའི་ཡུལ་དུ་གྱུར་པའི་ཆོས་ཀྱི་སྐྱེ་མཆེད་པའི་ གཟུགས་རུང་དེའོ། །དེ་ལ་རྡུལ་ཕྲ་རབ་ལྟ་བུའི་བསྡུས་པ་ལས་གྱུར་པའི་ཆོས་ཀྱི་སྐྱེ་མཆེད་ པའི་གཟུགས་དང༌། བར་སྣང་སྐྱ་སེང་ཡིད་ངོར་ཤར་བ་ལྟ་བུའི་མངོན་པར་སྐབས་ཡོད་པའི་ 5-1-257 དེ་དང༌། རིག་མིན་གྱི་གཟུགས་ལྟ་བུའི་ཡང་དག་པར་བླངས་བ་ལས་བྱུང་བའི་དེ་དང༌། མི་ སྡུག་པའི་ཏིང་ངེ་འཛིན་གྱི་ཡུལ་ལྟ་བུའི་ཀུན་བཏགས་པའི་དེ་དང༌། ཟད་པར་གྱི་ཏིང་འཛིན་ གྱི་ངོར་གསལ་བའི་ཡུལ་ལྟ་བུའི་དབང་འབྱོར་བའི་གཟུགས་དང་ལྔ་ཡོད་དོ། ། གཉིས་པ་ཤེས་པ་བཤད་པ་ལ། ཡུལ་དང༌། ཡུལ་ཅན་གཉིས་ལས། དང་པོ་ནི། རྟེན་ ལྟ་བུར་སྣང་བའི་ཆོས་དེ་དོན་གྱི་ངོ་བོ་དང༌། བརྟེན་པ་ལྟ་བུར་སྣང་བ་དོན་གྱི་ཁྱད་པར་རོ། །འདིའི་ཁྱད་པར་ལ་ཡུལ་དེའི་མིང་གི་ཆ་དང༌། མཛེས་མི་མཛེས་བར་མ་གང་ཡིན་གྱི་ཆ་དང༌། ནང་དུ་བསམ་བྱ་ཡིན་ཆ་སོགས་ཁྱད་ཆོས་དུ་མ་ཡོད་དོ། ། གཉིས་པ་ཡུལ་ཅན་ལ། མཚན་ཉིད། དབྱེ་བ་གཉིས་ལས། དང་པོ་ནི། རང་ཡུལ་སྣང་ བའི་རིག་པ། བློའི་མཚན་ཉིད། མཚན་གཞི་བུམ་འཛིན་གྱི་བློ་ལྟ་བུའོ། །བློ་རིག་ཤེས་གསུམ་ དོན་གཅིག རང་ཡུལ་གསལ་བའི་བེམ་མིན། ཤེས་པའི་མཚན་ཉིད། འདིའི་བེམ་པོ་དང་ སྤྱིར་གྱི་དེ་མི་འདྲའོ། ། གཉིས་པ་དབྱེ་བ་ལ། སེམས་སེམས་བྱུང་གཉིས་སུ་དབྱེ་བ། རྟོག་བཅས་རྟོག་མེད་ གཉིས་སུ་དབྱེ་བ། བློ་རིག་བདུན་དུ་དབྱེ་བ། ཚད་མ་དང་ཚད་མིན་གཉིས་སུ་དབྱེ་བ། རྟོགས་ མ་རྟོགས་གཉིས་སུ་དབྱེ་བ། འཁྲུལ་ཤེས་མ་འཁྲུལ་བའི་ཤེས་པ་གཉིས་སུ་དབྱེ་བ་དྲུག་ལས། དང་པོ་ལ་སེམས་དང༌། སེམས་བྱུང་གཉིས་ལས། དང་པོ་ལ། མཚན་ཉིད། དབྱེ་བ་ གཉིས་ལས། དང་པོ་ནི། རང་ཡུལ་དུ་གྱུར་པའི་དོན་ཀྱི་ངོ་བོ་རང་སྟོབས་ཀྱིས་མཐོང་བའི་ ཆ་ནས་བཞག་པའི་རིག་པ། སེམས་ཀྱི་མཚན་ཉིད། མཚན་གཞི་བུམ་འཛིན་གཙོ་སེམས་ལྟ་ བུའོ། །སེམས་ཡིད་དང་རྣམ་ཤེས་གཙོ་སེམས་བཞི་དོན་གཅིག རང་ཡུལ་སོ་སོར་མཐོང་བ་ དང༌། རང་གི་འཁོར་དུ་སེམས་བྱུང་ཡོད་པ་དང༌། རང་ཡུལ་ཤེས་པ་རྣམས་ལ་ཆ་བཞག་རིག་ པ་སྦྱར་བ་རྣམས་རིམ་བཞིན་རྣམ་ཤེས་གཙོ་སེམས་ཡིད་རྣམས་ཀྱི་མཚན་ཉིད་དོ། །(བུམ་འཛིན་ 5-1-258 ཤེས་པ་དེ་ལ་ཡུལ་བུམ་པའི་ངོ་བོ་རང་སྟོབས་སམ་རང་ཕྱོགས་ནས་མཐོང་འདུག་པའི་ཆ་དེ་གཙོ་སེམས་དང༌། བུམ་པའི་ཁྱད་པར་ མཛེས་མི་མཛེས་སོགས་རང་སྟོབས་སམ་རང་ཕྱོགས་ནས་སོ་སོར་གསལ་བའི་ཆ་དེ་སེམས་བྱུང་རེད། བུམ་འཛིན་གྱི་བློ་དེ་སྤྱིར་ དོན་གྱི་ངོ་བོ་དང་ཁྱད་པར་གཉིས་ཀ་མཐོང་བ་ལས་མ་མཐོང་བའི་ཆ་མེད་པས་གཙོ་སེམས་དང༌། འཁོར་སེམས་གཉིས་ཀ་ལ་དོན་ གྱི་ངོ་བོ་དང་ཁྱད་པར་གཉིས་རེ་མཐོང་ཆ་རེ་རེ་ཡོད་ཕྱིར་རང་སྟོབས་གྲོགས་སྟོབས་ཀྱིས་མཐོང་ཚུལ་ཐ་དད་བྱུང་བ་ཡིན།) གཉིས་པ་དབྱེ་བ་ལ། མིག་ཤེས་སུ་གྱུར་པའི་སེམས་ནས་ཡིད་ཤེས་སུ་གྱུར་པའི་སེམས་ ཀྱི་བར་དྲུག་ཡོད་པ་རྣམས་ལ། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་མིག་དབང་ལ་ བརྟེན་ནས་བྱུང་བའི་རང་ཡུལ་དུ་གྱུར་པའི་གཟུགས་ཀྱི་སྐྱེ་མཆེད་ཀྱི་ངོ་བོ་རང་སྟོབས་ཀྱིས་ མཐོང་བའི་རིག་པ། མིག་ཤེས་སུ་གྱུར་པའི་སེམས་ཀྱི་མཚན་ཉིད་ཞེས་པས་འགྲེས་སྦྱར་ བས་ལྷག་མ་རྣམས་ཤེས་སླའོ། །སེམས་སེམས་བྱུང་དེ་དག་ངོ་བོ་གཅིག་རྫས་གཅིག་ཐ་དད་ འགལ་བ་མཚུངས་ལྡན་རྣམ་པ་ལྔ་མཚུངས་ཀྱང་ཡིན་ལ། དེ་ལས་རྣམ་པ་ལྔ་ནི། རྟེན་དབང་ པོ། དམིགས་པའི་ཡུལ། འཛིན་སྟངས་ཀྱི་རྣམ་པ། སྐྱེ་འགག་སོགས་ཅི་རིགས་ཀྱི་དུས། གྲངས་རེ་རེ་བའི་རྫས་མཚུངས་པའོ། །དེ་ནི་མངོན་མཛོད་ལྟར་དང༌། ཀུན་བཏུས་ལྟར་ལ། རྫས། དམིགས་རྣམ། ངོ་བོ། དུས། ཁམས་དང་ས་མཚུངས་པ་རྣམས་སོ། །(ཀུན་བཏུས་ལྟར་ནའང༌། སེམས་སེམས་བྱུང་རྣམས། གྲངས་རེ་རེ་བས་རྫས་དམིགས་ཡུལ་དང་རྣམ་པ་འཛིན་སྟངས་མཚུངས་པ་གཅིག་ཏུ་བརྩི་བ། ཤེས་ རྫས་ངོ་བོ་བདག་ཉིད་གཅིག་པ། སྐྱེ་འགག་གནས་གསུམ་ཅི་རིགས་དུས་མཉམ་པ། ཁམས་གོང་འོག་གི་ཤེས་པའི་རིགས་ཀྱི་ ཁམས་དང་ས་མཚུངས་པ་རྣམས་ཡིན། འདི་དག་གི་སྐབས་སུ་མངོན་མཛོད་ཀུན་བཏུས་གང་ལྟར་ཡང་གྲངས་ཀྱི་བགྲང་ཚུལ་འདྲ་ མིན་གྱི་སྒོ་ཙམ་ལས་ཕུགས་དོན་གྱི་དགོངས་གནད་འདི་མངོན་པ་གོང་འོག་ལ་ཁྱད་པར་མེད་ཅིང༌། སེམས་སེམས་བྱུང་གི་དོན་ གནད་གཅིག་པའོ།།) གཉིས་པ་སེམས་བྱུང་ལ། མཚན་ཉིད། དབྱེ་བ་གཉིས་ལས། དང་པོ་ནི། རང་ཡུལ་དུ་ གྱུར་པའི་དོན་གྱི་ཁྱད་པར་རང་སྟོབས་ཀྱིས་མཐོང་བའི་ཆ་ནས་བཞག་པའི་རིག་པ། སེམས་ 5-1-259 བྱུང་གི་མཚན་ཉིད། མཚན་གཞི་སྔོ་འཛིན་ཚོར་བ་ལྟ་བུའོ། །སེམས་བྱུང་དང༌། འཁོར་སེམས་ དོན་གཅིག (སྤྱིར་བག་ཆགས་ཞེས་པ་ནང་སེམས་སྟེང་དུ་ཡུལ་བཟང་ངན་བར་མ་སྣ་ཚོགས་ལ་གོམས་པ་སོང་བའི་ཆར་གྱུར་ པའི་ནུས་པ་བག་ལ་ཉལ་རྣམ་ཤེས་ཀྱི་སྟེང་ན་འགོས་ཡོད་པའི་ཆ་དེ་ཡིན་ཞིང༌། དེ་ཡང་ནང་ཤེས་པ་རྣམས་ལ་གཙོ་བོར་ཆེད་དུ་ གོམས་ཆ་བསོགས་མཁན་ནི་གཙོ་སེམས་དེ་ཡིན་པའི་ཕྱོགས་ནས་སྒྲ་བཤད་དེ་འདྲ་བཞག་པ་ཡིན་ཞིང་ནུས་པ་བག་ཉལ་རང་གི་ ངོ་བོ་ནི་རང་སྐྱ་འཛིན་མི་ཐུབ་པའི་བཏགས་ཡོད་གཟུགས་ཤེས་གང་ཡང་མིན་ཡང་རང་བགོ་གཞིའི་ཤེས་རྫས་ཙམ་ལ་བཏགས་ པའི་དོན་བྱེད་ནུས་པའོ།།) དགེ་སྡིག་གང་རུང་གི་བག་ཆགས་བསགས་པས་ན་སེམས་དང༌། སེམས་ ལས་འཕྲལ་དུ་བྱུང་བས་ན་སེམས་བྱུང་ཞེས་བྱའོ། ། གཉིས་པ་དབྱེ་བ་ལ། ཀུན་འགྲོ་ལྔ། ཡུལ་ངེས་ལྔ། རྩ་ཉོན་དྲུག ཉེ་ཉོན་ཉི་ཤུ། དགེ་བ་ བཅུ་གཅིག གཞན་འགྱུར་བཞི་རྣམས་ཡོད་པ་ལས། དང་པོ་ལ་ལྔ་ལས། དང་པོ་ནི། རང་ ཡུལ་རང་སྟོབས་ཀྱིས་ཉམས་སུ་མྱོང་བའི་རྣམ་པ་ཅན་གྱི་སེམས་བྱུང་དེ། ཚོར་བའི་མཚན་ ཉིད། འདིའི་ཡུལ་ནི་བདེ་སྡུག་བཏང་སྙོམས་གསུམ་པོ་གང་རུང་དེའོ། ། གཉིས་པ་ནི། རང་ཡུལ་གྱི་ཐུན་མོང་མ་ཡིན་པའི་མཚན་མ་རང་སྟོབས་ཀྱིས་འབྱེད་པའི་ རྣམ་པ་ཅན་གྱི་སེམས་བྱུང་དེ། འདུ་ཤེས་ཀྱི་མཚན་ཉིད། འདིའི་ཡུལ་ནི་ཡུལ་གྱི་སྤུ་རིས་དེའོ། ། གསུམ་པ་ནི། རང་ཡུལ་ལ་རང་སྟོབས་ཀྱིས་གཡོ་ཞིང་ཡུལ་དེ་ཡིད་ལ་འཇགས་པར་བྱེད་ པའི་རྣམ་པ་ཅན་གྱི་སེམས་བྱུང་དེ། སེམས་པའི་མཚན་ཉིད། འདིའི་ཡུལ་ནི་ནང་དུ་བསམ་བྱ་ ཡིན་པའི་ཆ་དེའོ། ། བཞི་པ་ནི། ཡུལ་དབང་སེམས་གསུམ་འདུས་ནས་ཡུལ་ལ་འཕྲད་ཅིང་རང་ཡུལ་རང་ སྟོབས་ཀྱིས་དཔྱོད་པར་བྱེད་པའི་རྣམ་པ་ཅན་གྱི་སེམས་བྱུང་དེ། རེག་པའི་མཚན་ཉིད། འདིའི་ཡུལ་རེག་པའམ་འཕྲད་པར་བྱ་བའི་ཆ་དེའོ། ། 5-1-260 ལྔ་པ་ནི། རང་ཡུལ་ལ་རང་སྟོབས་ཀྱིས་འཇུག་ཅིང་གཏོད་པར་བྱེད་པའི་རྣམ་པ་ཅན་གྱི་ སེམས་བྱུང་དེ། ཡིད་བྱེད་ཀྱི་མཚན་ཉིད། འདིའི་ཡུལ་དགོས་སུ་གཏོད་བྱ་ཡིན་ཆ་དེའོ། །ཀུན་ འགྲོ་ལྔའི་བྱེད་ལས་ནི། ཚོར་བས་དུག་གསུམ་བསྐྱེད་པ། འདུ་ཤེས་ཀྱིས་ཐ་སྙད་འདོགས་པ། སེམས་པས་རང་མཚུངས་རྣམས་ཡུལ་ལ་གཡོ་བར་བྱེད། རེག་པས་ཚོར་བ་བསྐྱེད། ཡིད་བྱེད་ ཀྱིས་རང་མཚུངས་རྣམས་ཡུལ་བྱེ་བྲག་པ་ལ་གཏོད་པར་བྱེད་དོ། །ས་མཚམས་སེམས་ཅན་ ནས་སངས་རྒྱས་ཀྱི་སའི་བར་དུ་ཡོད། གཉིས་པ་ཡུལ་ངེས་ལྔ་ལས། དང་པོ་ནི། བྱེད་ལས་རང་འབྲས་བརྩོན་འགྲུས་ཀྱི་རྟེན་ བྱེད་པ་གང་ཞིག རང་ཡུལ་དུ་གྱུར་པའི་བསམ་པའི་དངོས་པོ་ལ་དམིགས་ནས་རང་སྟོབས་ ཀྱིས་དོན་དུ་གཉེར་བའི་རྣམ་པ་ཅན་གྱིས་སེམས་བྱུང་དེ། འདུན་པའི་མཚན་ཉིད། འདིའི་ བསམ་པའི་དངོས་པོ་ནི་ཐར་བའི་གོ་འཕང་སོགས་སོ། ། གཉིས་པ་ནི། རང་གི་བྱེད་ལས་སེམས་ཡུལ་ལ་མི་འཕྲོག་པར་བྱེད་པ་གང་ཞིག རང་ ཡུལ་དུ་གྱུར་པའི་ངེས་ཟིན་གྱི་དངོས་པོ་ལ་རང་སྟོབས་ཀྱིས་དེ་ཁོ་ན་ཡིན་པར་མཐའ་གཅིག་ ཏུ་འཛིན་པའི་རྣམ་པ་ཅན་གྱི་སེམས་བྱུང་དེ། མོས་པའི་མཚན་ཉིད། འདིའི་ངེས་ཟིན་ཡང་ སྔར་ནས་བླང་དོར་གྱི་ཚུལ་སོགས་ལ་ངེས་ཟིན་པའི་དངོས་པོ་ཞིག་གོ། གསུམ་པ་ནི། བྱེད་ལས་སེམས་མི་གཡེང་བར་བྱེད་པ་གང་ཞིག རང་ཡུལ་དུ་གྱུར་པའི་ འདྲིས་པའི་དངོས་པོ་ལ་དམིགས་ནས་རང་སྟོབས་ཀྱིས་མི་བརྗེད་པའི་རྣམ་པ་ཅན་གྱི་སེམས་ བྱུང་དེ། དྲན་པའི་མཚན་ཉིད། འདིའི་འདྲིས་པའི་དངོས་པོ་ཡང་དགེ་བའི་དམིགས་རྣམ་ལ་ སྔར་ནས་གོམས་འདྲིས་སོང་བ་ཞིག་གོ། བཞི་པ་ནི། བྱེད་ལས་རང་འབྲས་ཤེས་རབ་བསྐྱེད་པ་གང་ཞིག རང་ཡུལ་དུ་གྱུར་པའི་ བཏགས་པའི་དངོས་པོ་ལ་དམིགས་ནས་རང་སྟོབས་ཀྱིས་རྩེ་གཅིག་པའི་རྣམ་པ་ཅན་གྱི་ 5-1-261 སེམས་བྱུང་དེ། ཏིང་ངེ་འཛིན་གྱི་མཚན་ཉིད། འདིའི་ཡུལ་ཡང་མི་སྡུག་པའི་ཏིང་ངེ་འཛིན་ གྱིས་བཏགས་པའི་ཀེང་རུས་སོགས་ལྟ་བུའོ། ། ལྔ་པ་ནི། བྱེད་ལས་ཐེ་ཚོམ་ལྡོག་པར་བྱེད་པ་གང་ཞིག རང་ཡུལ་དུ་གྱུར་པའི་བརྟགས་ པར་བྱ་བའི་དངོས་པོ་ལ་དམིགས་ནས་རང་སྟོབས་ཀྱིས་བླང་དོར་འབྱེད་པའི་རྣམ་པ་ཅན་གྱི་ སེམས་བྱུང་དེ། ཤེས་རབ་ཀྱི་མཚན་ཉིད། འདིའི་ཡུལ་ཀུན་བྱང་གིས་བསྡུས་པའི་ཆོས་རྣམས་ སོ། །འདི་དག་ལ་མདོ་སྡེ་པ་ཡན་ཆད་ཀྱི་ལུགས་ལ་དགེ་བས་ཁྱབ་ཅིང་དེ་དག་གིས་དམིགས་ ཡུལ་ཆོས་ཐམས་ཅད་དོ། །(གསུང་རབ་ཀྱི་དོན་ལ་སྒྲ་སྤྱི་ཙམ་གྱིས་ངེས་པ་རྙེད་པའི་སེམས་སེམས་བྱུང་རྣམས་ལས་ སེམས་བྱུང་ཤེས་རབ་ཀྱི་ཆར་གྱུར་པ་དེ་ཐོས་བྱུང་གི་ཤེས་རབ་རེད། དེའི་ཚིག་དོན་ལ་ཚད་མས་ངེས་པ་རྙེད་པའི་སེམས་བྱུང་ཤེས་ རབ་ཀྱི་ཆ་དེ་བསམ་བྱུང་གི་ཤེས་རབ་རེད། དེ་འདྲའི་ཚད་མས་ངེས་པ་རྙེད་པའི་ངང་དུ་ཡང་ཡང་གོམས་པར་བྱེད་པའི་ཤེས་རབ་ ཀྱི་ཆ་དེ་སྒོམ་པའི་ཤེས་རབ་རེད། འདིའི་དོན་ལ་གོམས་པས་སྒྲ་སྤྱི་ནམ་ཟད་ལ་སྒོམ་གྲུབ་པ་ཡིན་དེའི་ངང་ནས་དམིགས་པའི་དོན་ ལ་ཁམས་གོང་མའི་ཤེས་རིགས་སུ་སོང་བའི་སྐབས་ཀྱི་ཤེས་རབ་ཀྱི་ཆ་ནི་སྒོམ་བྱུང་གི་ཤེས་རབ་རེད།) དེ་ལས་ཤེས་རབ་ ལ་སྤྱིར་གསུང་རབ་ཀྱི་ཚིག་ཉན་འཛིན་གྱི་ཐོས་པ་དང༌། སྒྲ་སྤྱི་ཙམ་གྱི་སྒོ་ནས་ངེས་པའི་ཐོས་ བྱུང་དང༌། ཚིག་དོན་ལ་དཔྱོད་པའི་བསམ་པ་དང་དོན་ཚད་མས་ངེས་པའི་བསམ་བྱུང་དང༌། དེ་འདྲའི་དོན་ལ་ཡང་ཡང་གོམས་འདྲིས་བྱེད་པའི་སྒོམ་པ་དང༌། ཚིག་དོན་ལ་སྒྲ་སྤྱི་ཟད་པའི་ སྒོམ་གྲུབ་པ་དང་དེ་དག་གོང་སས་བསྡུས་པའི་བློ་ལས་རུང་དུ་གྱུར་པའི་སྒོམ་བྱུང་རྣམས་ལ་ སྐབས་ཀྱི་ཤེས་རབ་རེ་རེ་ཡོད་དོ། །དེ་ལྷག་གི་སེམས་བྱུང་རྣམས་ལོགས་སུ་ཤེས་པར་བྱའོ། ། གཉིས་པ་རྟོག་བཅས་རྟོག་མེད་གཉིས་སུ་དབྱེ་བ་ལ་རྟོག་པ་དང༌། རྟོག་མེད་གཉིས་ ལས། དང་པོ་ལ། མཚན་ཉིད། དབྱེ་བ་གཉིས་ལས། དང་པོ་ནི། (རྟོག་བཅས་ཀྱི་ཤེས་པ་ནི། སྤྱིར་སྒྲ་ སྤྱི་དང་དོན་སྤྱི་གཉིས་དངོས་སུ་འདྲེས་ཡོད་པའམ་སྤྱི་དེ་གཉིས་སྔ་ཕྱི་ཅི་རིགས་སུ་འདྲེས་ཆོག་ཆོག་ཏུ་ཡོད་པའི་ནན་ཞེན་ཅན་གྱི་ ཤེས་པ་རྣམས་སྐབས་འདིའི་རྟོག་པ་ཡིན་ལ། དེ་འདྲའི་རྟོག་པ་ལ་བརྡ་ལ་མ་བྱང་བའི་སྒྲ་སྤྱི་གཙོ་ཆེ་བའི་སྐབས་དང༌། བརྡ་དོན་ལ་ 5-1-262 གོམས་པས་སྒྲ་དོན་འདྲེས་པའི་སྐབས་དང༌། སྒྲ་སྤྱི་ཟད་ནས་དོན་སྤྱི་ཁོ་ན་ཤར་བའི་སྐབས་དང༌།) སྒྲ་དོན་འདྲེས་རུང་དུ་ འཛིན་པའི་ཞེན་རིག རྟོག་པའི་མཚན་ཉིད། མཚན་གཞི་བུམ་འཛིན་རྟོག་པ་ལྟ་བུའོ། །རྟོག་ པ་རྣམས་ནི་སྒྲ་སྤྱི་དོན་སྤྱི་གཉིས་འདྲེས་པའམ་འདྲེས་རུང་དུ་འཛིན་པའོ། ། གཉིས་པ་དབྱེ་བ་ལ། མིང་སྦྱོར་དང་དོན་སྦྱོར་རྟོག་པ་གཉིས་སུ་དབྱེ་བ། དོན་མཐུན་དོན་ མི་མཐུན་གྱི་རྟོག་པ་གཉིས་སུ་དབྱེ་བ། ཐོས་བསམ་སྒོམ་གསུམ་གྱི་རྟོག་པ་གསུམ་དུ་དབྱེའོ། །དང་པོ་ལ་གཉིས་ལས། དང་པོ་ནི། (ལྟོ་ལྡིར་བ་ལ་ཐོག་མར་བུམ་པའི་མིང་སྦྱར་དུས་ཀྱི་ལྟོ་ལྡིར་བ་དེ་ཕྱིས་སུ་མིང་ འབོད་དུས་ཀྱི་ཐ་སྙད་ཀྱི་སྐབས་རྣམས་སུ་མིང་དོན་དེ་ཡིན་པར་བུམ་བརྡ་སྦྱོར་བའི་རྟོག་བློའི་ངོར་ཡང་ཡང་སྣང་བའི་སྒོ་ནས་ བུམ་པའི་གོ་དོན་ལ་རྟོག་བློ་འཇུག་པ་ཡིན་པས་བརྡ་དུས་ཀྱི་དོན་དང་ཐ་སྙད་དུས་ཀྱི་མིང་སྦྱར་བ་རེད།) བརྡ་དུས་ཀྱི་དོན་ དང་ཐ་སྙད་དུས་ཀྱི་མིང་སྦྱར་ནས་འཛིན་པའི་ཞེན་རིག་དེ། མིང་སྦྱོར་རྟོག་པའི་མཚན་ཉིད། མཚན་གཞི་ལྟོ་ལྡིར་བ་ལ་བུམ་པའོ་སྙམ་པའི་རྟོག་པ་ལྟ་བུའོ། །འདི་སྒྲ་དོན་འདྲེས་འཛིན་ནོ། ། གཉིས་པ་ནི། དོན་ལ་མིང་གི་ཐ་སྙད་མ་སྦྱར་བར་འཛིན་པའི་རྟོག་པ་དེ། དོན་སྦྱོར་རྟོག་ པའི་མཚན་ཉིད། མཚན་གཞི་སྐྱེས་བུ་རྟ་ཞོན་པ་འདི་སུ་ཞིག་ཡིན་སྙམ་དུ་འཛིན་པའི་རྟོག་པ་ ལྟ་བུའོ། །འདི་སྒྲ་དོན་འདྲེས་རུང་ངོ༌། ། གཉིས་པ་ལ་གཉིས་ལས། དང་པོ་ནི། རང་ཡུལ་ཡོད་པའི་རྟོག་པ་དེ། རྟོག་པ་དོན་མཐུན་ གྱི་མཚན་ཉིད། མཚན་གཞི་བུམ་འཛིན་རྟོག་པ་ལྟ་བུའོ། །(སྤྱིར་རྟོག་པ་དོན་མཐུན་གྱི་རང་ཡུལ་ཡོད་ ཅེས་པ་ནི། རྟོག་པ་དེའི་དམིགས་ཡུལ་སྣང་ཡུལ་སོགས་ཆ་སོ་སོར་ཕྱེས་ནས་གོ་བ་བླང་རྒྱུ་མ་ཡིན་པར་དེའི་ཡུལ་བཟུང་བྱ་ཚུལ་ མཐུན་སྐབས་དེར་དགོས་པ་གང་བབ་སྤྱི་ཙམ་པ་དེ་ཉིད་གཙོ་བོར་བཟུང་སྟེ་ཚུལ་དེ་ལུགས་ཙམ་ལ་མི་བདེན་པ་མེད་པའི་ཕྱོགས་ ནས་འདིར་དགོས་དབང་གིས་བཟུང་བའི་ཡུལ་དུ་འཇོག་ཅིང་དེ་དག་གི་ཆ་ནས་ཡུལ་ཡོད་པ་ཡིན་པར་ཡང་འཇོག་ཐུབ་པ་ཡིན་ ནོ།།) འདིའི་རང་ཡུལ་རྟོག་པའི་སྣང་ཡུལ་སོགས་ལ་མི་བྱེད་པར་རང་གི་བཟུང་བྱ་ཙམ་ལ་བྱེད་ ཅིང༌། དེ་ཡང་དགོས་དབང་གི་བཟུང་བ་རྣམས་ཀྱང་ངོ༌། ། 5-1-263 གཉིས་པ་ནི། རང་ཡུལ་མེད་པའི་རྟོག་པ། རྟོག་པ་དོན་མི་མཐུན་གྱི་མཚན་ཉིད། མཚན་ གཞི་སྒྲ་རྟག་འཛིན་རྟོག་པ་ལྟ་བུའོ། །འདི་ཡང་ཡུལ་མེད་ཙམ་གྱིས་མི་འོང་བར་མི་ཤེས་པས་ བཟུང་ཉེས་ཞིག་དགོས། མི་སྡུག་པའི་ཏིང་ངེ་འཛིན་གྱི་རྟོག་པ་རྣམས་འཇམ་དབྱངས་བཞད་ པས་དོན་མཐུན་དང༌། སེ་ར་རྗེ་བཙུན་གྱིས་དོན་མི་མཐུན་དང༌། ཇོ་ནང་རྗེ་བཙུན་གྱིས་ལོག་ ཤེས་སུ་བཞེད་དོ། ། གསུམ་པ་ལ་གསུམ་ལས། དང་པོ་ནི། སྒྲ་སྤྱི་ཙམ་གྱི་སྒོ་ནས་ངེས་པ་རྙེད་པའི་ཞེན་རིག་ དེ། ཐོས་བྱུང་དུ་གྱུར་པའི་རྟོག་པའི་མཚན་ཉིད། མཚན་གཞི་རྒྱུ་མཚན་གཏན་ལ་མ་ཕབ་པར་ སྒྲ་མི་རྟག་པ་རྟོགས་པའི་བློ་ལྟ་བུའོ། ། གཉིས་པ་ནི། ཐོས་བྱུང་གི་དོན་ལ་བསམ་ནས་ཚད་མས་ངེས་པ་རྙེད་པའི་ཞེན་རིག་དེ། བསམ་བྱུང་དུ་གྱུར་པའི་རྟོག་པའི་མཚན་ཉིད། མཚན་གཞི་སྒྲ་མི་རྟག་རྟོགས་པའི་རྗེས་དཔག་ ལྟ་བུའོ། ། གསུམ་པ་ནི། བསམ་བྱུང་གི་དོན་ལ་ཡང་ཡང་འདྲིས་པར་བྱས་པས་ཁམས་གོང་མའི་ སས་བསྡུས་ཀྱི་ཞེན་རིག་དེ། སྒོམ་བྱུང་དུ་གྱུར་པའི་རྟོག་པའི་མཚན་ཉིད། མཚན་གཞི་མི་ རྟག་པའི་དོན་ལ་ཡང་ཡང་གོམས་པས་གོང་མའི་སས་བསྡུས་ཀྱི་ཞེན་རིག་ལྟ་བུའོ། །ཐོས་ བྱུང་བསམ་བྱུང་གཉིས་ལ་རྟོག་བཅས་ཁོ་ན་དང༌། (བུམ་འཛིན་རྟོག་པས་བུམ་པའོ་སྙམ་དུ་བཟུང་ཚེ་རང་ཡུལ་ བུམ་པ་དེ་རགས་པ་ཆ་ཅན་དང༌། བུམ་པ་དེའི་ལྟོ་བ་མགྲིན་པ་སོགས་བུམ་པ་སྤྱི་ལྡོག་དེ་ལས་གཞན་པའི་ཆ་ཤས་སུ་སྣང་འདུག་ པའི་ཆ་ནས་རྟོག་པ་ལ་རགས་པ་ཆ་དང་ཆ་ཅན་དུ་སྣང་ཚུལ་འཇོག་པ་ཡིན།) སྒོམ་བྱུང་ལ་རྟོག་བཅས་རྟོག་མེད་ གཉིས་ཡོད། (འདུས་བྱས་མི་རྟག་པའི་ཚིག་ཐོས་པ་ཙམ་གྱིས་གོ་བ་དེ་ཐོས་པ་རེད། འདུས་བྱས་མི་རྟག་པའི་ཚིག་གིས་ངེས་ པ་རྙེད་པའི་ཞེན་རིག་ཐོས་བྱུང་རེད། འདུས་བྱས་མི་རྟག་པ་ལ་ཚད་མས་ངེས་པ་རྙེད་པའི་ཞེན་རིག་བསམ་བྱུང་རེད། འདུས་བྱས་ མི་རྟག་པ་ཚད་མས་ངེས་ཙམ་དེ་ལ་ཡང་ཡང་གོམས་པར་བྱེད་པའི་ཞེན་རིག་སྒོམ་པ་རེད། འདུས་བྱས་མི་རྟག་པ་ལ་སྒྲ་སྤྱི་ཟད་ 5-1-264 པའི་ཞེན་རིག་སྒོམ་རེད། འདུས་བྱས་མི་རྟག་པ་གོམས་པའི་མཐུ་ལས་ཤེས་པ་ཁམས་གོང་མའི་ཤེས་རིགས་སུ་གྱུར་པའི་སྐབས་ དེ་སྒོམ་བྱུང་རེད། འདུས་བྱས་མི་རྟག་པ་ལ་དོན་སྤྱི་ཟད་པའི་ཚེ་དེ་མངོན་དུ་གྱུར་པ་ཡིན་ནོ།།) རྟོག་པ་རྣམས་ལ་རང་ ཡུལ་རགས་པ་སྣང་ཚུལ་ཡང་ཆ་དང་ཆ་ཅན་རྫས་སོ་སོ་བར་སྣང་བ་ལ་བྱེད་པའོ། །(རྟོག་པ་ཡིན་ ན་རང་ཡུལ་གྱི་དོན་སྤྱི་དོན་དུ་སྣང་བའི་ཆ་ནས་འཁྲུལ་ཤེས་མ་ཡིན་པ་མེད། རྟོག་པ་ཡིན་ན་ནང་གི་བརྡ་དྲན་རྩོལ་བ་ལས་སྐྱེ་བ་ མ་གཏོགས་རང་ཡུལ་གྱི་དངོས་དབང་གིས་བསྐྱེད་མི་སྲི ད་པས་གཟུང་དོན་མེད་པ་ཅན་ཡིན་ནོ།།) རྟོག་པ་ཡིན་ན་འཁྲུལ་ ཤེས་དང་གཟུང་དོན་མེད་པ་ཅན་ཡིན་པས་ཁྱབ། གཉིས་པ་རྟོག་མེད་ལ། མཚན་ཉིད། དབྱེ་བ་གཉིས་ལས། དང་པོ་ནི། སྒྲ་དོན་འདྲེས་རུང་ དུ་འཛིན་པའི་ཞེན་རིག་དང་བྲལ་བའི་ཤེས་པ་དེ། རྟོག་མེད་ཀྱི་ཤེས་པའི་མཚན་ཉིད། མཚན་ གཞི་བུམ་འཛིན་མིག་ཤེས་ལྟ་བུའོ། །འདི་ལ་ཡུལ་ཡོད་མེད་གང་ཡིན་ཡང་གསལ་བར་སྣང་ བའོ། ། གཉིས་པ་དབྱེ་བ་ལ། རང་མཚན་སྣང་ཡུལ་དུ་བྱེད་པའི་མངོན་སུམ་དང༌། མེད་པ་ གསལ་སྣང་ཅན་བཟུང་ཡུལ་དུ་བྱེད་པའི་མངོན་སུམ་དང་གཉིས་ལས། དང་པོ་ནི། སྔོ་འཛིན་ མིག་ཤེས་སོགས་དང༌། གཉིས་པ་ནི། དུང་སེར་སྣང་གི་དབང་ཤེས་དང་སྒྲ་རྟག་པར་གསལ་བར་སྣང་བའི་ཤེས་ པ་སོགས་ཡིན་ནོ། ། གསུམ་པ་བློ་རིག་བདུན་དུ་དབྱེ་བ་ལ། མངོན་སུམ། རྗེས་དཔག དཔྱད་ཤེས། ཡིད་ དཔྱོད། སྣང་ལ་མ་ངེས་པ། ཐེ་ཚོམ། ལོག་ཤེས་དང་བདུན་ལས། དང་པོ་ལ། མངོན་སུམ་ དངོས་དང༌། ལྟར་སྣང་གཉིས་ལས། དང་པོ་ལ། མཚན་ཉིད། དབྱེ་བ་གཉིས་ལས། དང་པོ་ ནི། རྟོག་བྲལ་མ་འཁྲུལ་བའི་རིག་པ། མངོན་སུམ་གྱི་མཚན་ཉིད། མཚན་གཞི་བུམ་འཛིན་ མིག་ཤེས་ལྟ་བུའོ། །མདོ་སྡེ་པའི་ལུགས་ལ་མ་འཁྲུལ་བའི་རིག་པ་དེའི་མཚན་ཉིད་དུ་བྱས་ན་ 5-1-265 མཚན་མཚོན་གྱི་སྐྱོན་མེད་ཀྱང་དཔྱོད་པ་བ་སོགས་ཀྱི་ལོག་རྟོག་བསལ་ཆེད་རྟོག་བྲལ་ཞེས་ སྨོས་སོ། །སྤྱིར་དུང་སེར་སྣང་གི་དབང་ཤེས་དུང་གི་ཁ་དོག་ཙམ་ལས་དབྱིབས་ལ་མ་འཁྲུལ་ བར་འདོད་པ་ནི་སློབ་དཔོན་རྒྱལ་དབང་བློ་དང་དེ་ཆ་ཐམས་ཅད་ལ་འཁྲུལ་བར་བཞེད་པ་ སློབ་དཔོན་ཆོས་མཆོག་གོ།ཕྱི་མ་འདི་རང་ལུགས་སོ། །མཚན་ཉིད་འདི་མདོ་སྡེ་པ་ཁོ་ན་ལས་ གོང་མ་དག་གིས་ལུགས་ལ་མི་རུང་སྟེ། (སེམས་ཙམ་ལུགས་ཀྱི་བག་ཆགས་བརྟན་བྱུང་གི་མི་བསླུ་བ་ནི། དཔེར་ན་ རྨི་ལམ་གྱི་ཡུལ་སྣང་ལྟར་སྣོད་བཅུད་འདི་སྣང་ཐམས་ཅད་རྣམ་པར་ཤེས་པའི་སྣང་ཆ་སྣ་ཚོགས་སུ་ཤར་བ་ཙམ་ལས་ཕྱི་དོན་གྱི་ངོ་ བོ་བདེན་པ་གང་ཡང་མེད་པ་ལ་བསམ་ན་སེམས་ཅན་རང་ག་བ་དག་ལ་ཕུགས་ཀྱི་འཁྲུལ་རྒྱུས་མ་བསླད་པ་དཀའ་བས་ཕྱོགས་དེ་ ནས་གང་སྣང་ཚོད་ལུགས་འདིར་མི་བསླུ་བར་འཇོག་པ་ཡིན། དེ་མ་གཏོགས་པ་འཕྲལ་གྱི་འཁྲུལ་ཤེས་བསླུ་བར་འཇོག་པ་ཡིན་ ནོ།།) དེ་དག་གིས་མངོན་སུམ་འཁྲུལ་ཤེས་ཀྱི་གཞི་མཐུན་བཞེད་པའི་ཕྱིར། དེ་ལས་སེམས་ ཙམ་ལུགས་ཀྱི་དེའི་མཚན་ཉིད་ནི་རྟོག་པ་དང་བྲལ་ཞིང་བག་ཆགས་བརྟན་བྱུང་གི་མི་བསླུ་ བའི་རིག་པ་དེའོ། ། གཉིས་པ་དབྱེ་བ་ལ། གཞན་རིག་དང༌། རང་རིག་གཉིས་ལས། དང་པོ་ལ། དབང་ཡིད་ རྣལ་འབྱོར་མངོན་སུམ་གསུམ་ལས། དང་པོ་ནི། སྤྱིར་མངོན་སུམ་འདི་རྣམས་ལོག་རྟོག་སེལ་ བ་ཙམ་ལས་ཕུང་སུམ་སེལ་བའི་གྲངས་ངེས་མ་ཡིན་པ་ནི་མངོན་སུམ་སྤྱི་ལྡོག་གི་ཆ་ནས་ཤེས་ ལ། ལོག་རྟོག་ཡང་གཞན་སྡེ་དཔྱོད་པ་པས་མངོན་སུམ་མེད་པར་འདོད་པ་དང༌། རང་སྡེ་བྱེ་ སྨྲས་དབང་པོ་བཅས་པའི་གཟུགས་སོགས་མཐོང་བར་འདོད་པ་སོགས་སོ། །དེ་ཡང་འདིར་ མཚན་ཉིད། དབྱེ་བ་གཉིས་ལས། དང་པོ་ནི། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དབང་པོ་གཟུགས་ཅན་པ་ལས་བྱུང་ ཞིང༌། རྟོག་བྲལ་མ་འཁྲུལ་བའི་གཞན་རིག་དེ། དབང་མངོན་གྱི་མཚན་ཉིད། མཚན་གཞི་ བུམ་འཛིན་མིག་ཤེས་ལྟ་བུའོ། །འདིའི་གཞན་རིག་ཅེས་པས་རང་རིག་དབང་མངོན་ཡིན་པ་ 5-1-266 གཅོད། གཉིས་པ་དབྱེ་བ་ལ། གཟུགས་འཛིན་ནས་རེག་འཛིན་གྱི་བར་ལྔ་ཡོད་ཅིང༌། དེ་རེ་རེ་ ལ་རང་ཡིན་གྱི་སྐད་ཅིག་དང་པོ་ལྟ་བུའི་ཚད་མ་དང༌། གཉིས་པ་ལྟ་བུའི་བཅད་ཤེས་དང༌། གཟུགས་གསལ་བར་མཐོང་ཡང་དེ་ངེས་མི་ནུས་པའི་དབང་མངོན་ལྟ་བུའི་སྣང་ལ་མ་ངེས་པ་ དང་གསུམ་རེ་ཡོད་དོ། ། གཉིས་པ་ཡིད་མངོན་ལ། མཚན་ཉིད། དབྱེ་བ་གཉིས་ལས། དང་པོ་ནི། རང་འདྲེན་བྱེད་ ཀྱི་དབང་མངོན་ལས་བྱུང་ཞིང་དེའི་གཟུང་དོན་སྐད་ཅིག་གཉིས་པ་འཛིན་པའི་ཆ་ནས་བཞག་ པའི་རྟོག་བྲལ་མ་འཁྲུལ་བའི་གཞན་རིག་དེ། མངོན་སུམ་བཞིར་ཕྱེ་བའི་སྐབས་ཀྱི་ཡིད་ མངོན་གྱི་མཚན་ཉིད། མཚན་གཞི་བུམ་འཛིན་མིག་ཤེས་འགགས་མ་ཐག་ཏུ་དེའི་རྒྱུ་ལས་ བྱུང་བའི་བུམ་འཛིན་ཡིད་མངོན་དུས་མཐའི་སྐད་ཅིག་མའི་ཡུན་ཚད་ལྟ་བུའོ། །འདི་དབང་ མངོན་དང་མཉམ་པར་མི་སྐྱེ་བར་རྒྱུན་མཐར་ཁོ་ན་ལ་སྐྱེ་བས་ཕྱོགས་གླང་གི་ལུགས་ཀྱི་ཡིད་ མངོན་ཞེས་པ་སྤྱིར་གྱི་དེ་དང་མི་འདྲ། དེ་ཡང་ལུང་ལས་ཤེས་པར་བྱ་བའོ། ། གཉིས་པ་དབྱེ་བ་ལ། རང་ཡིན་གྱི་སྐབས་འདིའི་ཡིད་མངོན་ལ་གཟུགས་འཛིན་ནས་ རེག་འཛིན་གྱི་བར་ལྔ་ཡོད། སྤྱིར་གྱི་དེ་ནི། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་ པའི་ཡིད་དབང་ལ་བརྟེན་ནས་བྱུང་བའི་རྟོག་བྲལ་མ་འཁྲུལ་བའི་གཞན་རིག་དེའོ། །འདི་ ལྟར་ན་གཞན་སེམས་ཤེས་པའི་མངོན་ཤེས་དང་འཕགས་པའི་མཉམ་བཞག་ཀྱང་ངོ༌། །ཡིད་ མངོན་སྐྱེ་ཚུལ་བོད་སྔ་མས་རྒྱན་མཁན་པོས་དབང་ཡིད་སྤེལ་མ་དང་ཤཾ་ཀར་ནན་ཏས་ དབང་མངོན་སྐད་ཅིག་མ་གཅིག་གི་རྗེས་ནས་དབང་ཡིད་མཉམ་པོ་དང་ཆོས་མཆོག་གིས་ དབང་མངོན་གྱི་མཐར་ཁོ་ན་ལ་འདོད་པ་རྣམས་ལས་སྔ་ཕྱི་མི་འཐད་ཅིང་བར་བ་ཉིད་འཐད་ པར་འདོད་པ་ལ། རྗེ་ཡབ་སྲས་སོགས་ཀྱིས་སྔ་མ་གཉིས་ཀྱི་དེ་ལྟར་འདོད་པ་བོད་ཀྱིས་སྒྲོ་ 5-1-267 བཏགས་ཙམ་དུ་ཟད་པར་གསུངས་སོ། ། གསུམ་པ་རྣལ་འབྱོར་མངོན་སུམ་ལ། མཚན་ཉིད། དབྱེ་བ། ས་མཚམས་གསུམ་ལས། དང་པོ་ནི། (རྣལ་འབྱོར་མངོན་སུམ་གྱི་རང་ཡུལ་བདེན་པའི་དོན་མངོན་སུམ་དུ་མཐོང་བའི་སྐབས་སུ་རང་གི་དམིགས་ ཡུལ་གྱི་སྟེང་དུ་བློ་ལྷན་གྱིས་བཞག་ན་ཅི་འདོད་དུ་གནས་ཤིང༌། དམིགས་པའི་རྣམ་པ་གཞན་གང་ལ་བཏང་ཀྱང་འགྲོར་མི་ནུས་ པ་མེད་པར་ཅི་དགར་བཀོལ་དུ་རུང་བའི་ཏིང་ངེ་འཛིན་ཁྱད་པར་བ་ནི་ཞི་གནས་དང༌། དེའི་སྟེང་ནས་ཡུལ་བདེན་པའི་དོན་ཚུལ་ བཞིན་མངོན་སུམ་དུ་སོ་སོར་ལེགས་པར་འབྱེད་པའི་ཤེས་རབ་ཀྱི་ཆ་ནི་ལྷག་མཐོང་ཡིན་ཞིང༌། དེ་འདྲའི་ཞི་ལྷག་ཟུང་འབྲེ ལ་ལ་ བརྟེན་ནས་བྱུང་བའི་མཁྱེན་པ་ནི་རྣལ་འབྱོར་མངོན་སུམ་ཞེས་བྱ་བའོ།།) རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་ ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་ལ་བརྟེན་ནས་བྱུང་ཞིང་རང་ཡུལ་ཡང་དག་པའི་དོན་ལ་ རྟོག་བྲལ་མ་འཁྲུལ་བའི་མཁྱེན་པ་དེ། རྣལ་འབྱོར་མངོན་སུམ་གྱི་མཚན་ཉིད། མཚན་གཞི་ བུམ་པ་མི་རྟག་པ་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ལྟ་བུའོ། །(མདོ་སྡེ་པའི་ལུགས་ལ་རྟག་པ་དངོས་ མེད་དག་གིས་མངོན་སུམ་ཚད་མའི་སྣང་ཡུལ་གྱི་དོན་བྱེད་མི་ནུས་པར་འདོད་པའི་གནད་ཀྱིས་འཕགས་པའི་བདེན་པ་མངོན་དུ་ མཐོང་བའི་ཚེ་ནའང་བདེན་བཞིའི་རྣམ་པ་བཅུ་དྲུག་ལས་ཉེར་ཕུང་མི་རྟག་སྡུག་བསྔལ་སོགས་བདེན་བཞིའི་རྣམ་པ་དངོས་པོར་ གྱུར་པ་བཅུ་བཞི་པོ་མངོན་དུ་དངོས་སུ་མཁྱེན་པའི་ཤུགས་ལ་དངོས་མེད་ཀྱི་རྣམ་པ་སྟོང་བདག་མེད་གཉིས་རྟོགས་དགོས་པ་མ་ གཏོགས་དེ་གཉིས་ཀས་མངོན་སུམ་སྣང་ཡུལ་གྱི་དོན་བྱེད་མི་ཐུབ་པ་ཡིན་ནི་རེད།) འདིར་མདོ་སྡེ་པའི་རང་ལུགས་ ལ་བདེན་བཞིའི་རྣམ་པ་དངོས་པོ་རྣམས་མངོན་སུམ་དུ་རྟོགས་པའི་ཤུགས་ཀྱི་རྣམ་པ་གཞན་ སྟོང་པ་བདག་མེད་ལྟ་བུའི་རྟག་པ་རྣམས་རྟོགས་པར་འདོད་དོ། །(མདོ་སྡེ་པའི་ལུགས་ལ། འཕགས་ པའི་མཉམ་བཞག་གིས་བདེན་བཞིའི་རྣམ་པ་དངོས་པོ་རྣམས་དངོས་སུ་རྟོག་པ་དང༌། དངོས་མེད་རྣམས་ཤུགས་ལ་རྟོགས་པར་ འདོད་པ་དང༌། གཞན་རང་སྡེ་འོག་མ་བྱེ་སྨྲ་དབུ་སེམས་དག་གིས་ནི། རང་རང་གི་ལུགས་ཀྱི་གནས་ལུགས་བདེན་པའི་དོན་དང་ བདག་མེད་སྟོང་ཉིད་ཀྱི་ཚུལ་རྣམས་སྒྲིབ་བྱེད་དང་བྲལ་བར་དངོས་སུ་མངོན་དུ་གྱུར་པའི་ཚུལ་ཙམ་ལ་འདྲ་ཡང༌། བདག་མེད་ རགས་པ་དང་ཕྲ་བའི་ཡིན་ལུགས་ནི་གྲུབ་མཐའ་མཐོ་དམན་གྱི་དབང་གིས་རང་རང་གི་ལུགས་ལ་འོས་པའི་ངོས་འཛིན་ཡང་མི་ 5-1-268 འདྲ་བའི་ཁྱད་པར་བྱུང་ཞིང་དེའི་ཆ་ནས་ཀྱང་གྲུབ་པའི་མཐའ་ལ་བཟང་ངན་ཡོད་པ་ཡིན།) དེའི་ཕྱིར་གྲུབ་མཐའ་གོང་ མའི་ལུགས་ལ་འཕགས་པའི་མཉམ་བཞག་གིས་ཡུལ་རྟོགས་ཚུལ་དང་མི་འདྲ། གཉིས་པ་ཡུལ་གྱི་སྒོ་ནས་དབྱེ་ན། བདེན་བཞིའི་རྣམ་པ་བཅུ་དྲུག་རྟོགས་པའི་ཡེ་ཤེས་ བཅུ་དྲུག ངོ་བོའི་སྒོ་ནས་དབྱེ་ན། རང་ཡིན་གྱི་མཐོང་སྒོམ་མི་སློབ་ལམ་གསུམ་དང༌། ཚད་ མ་བཅད་ཤེས་གཉིས་ལས་སྣང་ལ་མ་ངེས་པ་མེད་དོ། ། གསུམ་པ་ས་མཚམས་ནི། རང་རྒྱུད་པ་མན་ཆད་ཀྱིས་མཐོང་ལམ་ནས་མི་སློབ་ལམ་གྱི་ བར་དང༌། ཐལ་འགྱུར་བས་ཚོགས་ལམ་ནས་མི་སློབ་ལམ་གྱི་བར་དུ་ཡོད་པར་བཞེད་དོ། ། གཉིས་པ་རང་རིག་ལ། མཚན་ཉིད། དབྱེ་བ་གཉིས་ལས། དང་པོ་ནི། འཛིན་རྣམ། རང་ རིག་གི་མཚན་ཉིད། མཚན་གཞི་བུམ་འཛིན་མིག་ཤེས་ཀྱི་སྟེང་གི་རང་གིས་རང་མྱོང་བའི་ཆ་ ལྟ་བུའོ། །འདི་ལ་རང་ཡིན་གྱི་སེམས་དང་སེམས་བྱུང་གང་ཡང་མེད་ཅིང༌། ཡུལ་ཡུལ་ཅན་ གྱི་གཉིས་སྣང་ཡང་བྲལ་བ་ཞིག་གོ།དེ་འདོད་མཁན་གྱི་རང་སྡེ་ནི། རིགས་པའི་རྗེས་འབྲང་ གི་མདོ་སེམས་གཉིས་དང༌། རྣལ་འབྱོར་སྤྱོད་པའི་དབུ་མ་པ་དང་གསུམ་དེའོ། །རང་རིག་ལ་ རྟོག་བྲལ་གྱིས་ཁྱབ་ཀྱང་དེ་རྟོག་བཅས་རྟོག་མེད་ཀྱི་རྫས་ལས་གྲུབ་ཆོག འདིའི་དོན་ལྡོག་ གི་ཆ་གསལ་བའི་ཆེད་དུ་རང་རིག་མངོན་སུམ་གྱི་མཚན་ཉིད་བཞག་ན། (མདོ་སྡེ་པ་རང་རིག་འདོད་ པ་དག་གིས་ནི། ཕྱི་དོན་འདོད་པའི་གནད་ཀྱིས་རང་རིག་རང་དང་བདག་ཉིད་གཅིག་ཡིན་ན་གཞན་རིག་གི་ཤེས་པ་དངོས་མིན་ པ་ལས་འོས་མེད་པ་ཡིན་པས་རང་རིག་གི་བདག་ཉིད་དུ་གྱུར་པའི་ཡུལ་ཙམ་གྱིས་ཆོག་པ་དང༌། སེམས་ཙམ་པའི་ལུགས་ལ་ནི། སྤྱིར་ཕྱི་དོན་མི་འདོད་ཅིང་ཤེས་པ་དང་བདག་ཉིད་གཅིག་ཙམ་གྱིས་དེ་ཤེས་པ་དངོས་ཡིན་མིན་ཅི་རིགས་ཡོད་པས་དེའི་ལུགས་ ལ། རང་རིག་རང་གི་བཟུང་ཡུལ་གྱི་ཤེས་པ་ཞེས་དམིགས་ཀྱིས་བཀར་ནས་བརྗོད་དགོས་ལ། རང་རིག་པ་མདོ་སེམས་གང་གི་ ལུགས་ལ་རང་རིག་གིས་རང་རིག་པའི་དུས་སུ་རིག་བྱ་རིག་བྱེད་ཐ་དད་མེད་པའི་གནད་ཀྱིས་དེ་ལ་ཡུལ་ཡུལ་ཅན་གྱི་གཉིས་སྣང་ མེད་ཚོད་ཙམ་ནི་མཉམ་མོ།།) མདོ་སྡེ་པས། རང་གི་བདག་ཉིད་དུ་གྱུར་པའི་ཡུལ་དངོས་སུ་རིག་པའི་ 5-1-269 རྟོག་བྲལ་མ་འཁྲུལ་བའི་ཤེས་པ། རང་རིག་མངོན་སུམ་གྱི་མཚན་ཉིད། སེམས་ཙམ་པས། རང་གི་བཟུང་ཡུལ་གྱི་ཤེས་པ་ལ་གཉིས་སྣང་དང་བྲལ་བའི་ཚུལ་གྱིས་དངོས་སུ་འཇུག་པའི་ རྟོག་བྲལ་མ་འཁྲུལ་བའི་ཤེས་པ། རང་རིག་མངོན་སུམ་གྱི་མཚན་ཉིད་དུ་འཇོག་གོ། གཉིས་པ་དབྱེ་བ་ལ། མིག་ཤེས་ཉམས་སུ་མྱོང་བའི་རང་རིག་སྐད་ཅིག་དང་པོ་ལྟ་བུའི་ ཚད་མ་དང༌། དེ་འདྲའི་གཉིས་པ་ལྟ་བུའི་བཅད་ཤེས་དང༌། སོ་སྐྱེས་རྒྱུད་ཀྱི་དུས་མཐའི་སྐད་ ཅིག་མའི་ངོ་བོར་གྱུར་པའི་བློ་འཛིན་པའི་རང་རིག་ལྟ་བུའི་སྣང་ལ་མ་ངེས་པ་དང་གསུམ་མོ། ། གཉིས་པ་ལྟར་སྣང་ལ། ཚད་མ་མདོ་ལས་བདུན་གསུངས་ཏེ། དེ་ཡང་སྨིག་རྒྱུ་ཆུར་འཛིན་ གྱི་ལོག་རྟོག་ལྟ་བུའི་འཁྲུལ་ཤེས་མངོན་སུམ་ལྟར་སྣང་དང༌། བུམ་འཛིན་རྟོག་པ་ལྟ་བུའི་ཀུན་ རྫོབ་ཤེས་པའི་དེ་དང༌། རྟགས་འཛིན་སེམས་ལྟ་བུའི་རྗེས་སུ་དཔག་པའི་དེ་དང༌། རྟགས་ ཅན་རྗེས་དཔག་ལྟ་བུའི་རྗེས་སུ་དཔག་པ་ལས་བྱུང་བའི་དེ་དང༌། འདས་པའི་དོན་དྲན་པའི་ དྲན་རྟོག་ལྟ་བུའི་དྲན་པའི་དེ་དང༌། མ་འོངས་པ་ལ་མངོན་པར་འདོད་པའི་མངོན་འདོད་ཀྱི་དེ་ དང༌། དུང་སེར་སྣང་གི་དབང་ཤེས་ལྟ་བུའི་བསླད་པ་མངོན་སུམ་ལྟར་སྣང་དང་བདུན་ནོ། །དེ་ དག་བསྡུ་ན་རྟོག་པ་དང་བསླད་པ་མངོན་སུམ་ལྟར་སྣང་གཉིས་སུ་འདུའོ། །ཕྱི་མའང་འཁྲུལ་ རྒྱུ་ཡུལ་རྟེན་གནས་དེ་མ་ཐག་རྐྱེན་དང་བཞི་ལ་ཡོད་ཚུལ་ཡོད། (སྒྱུ་མའི་རྟ་ཙམ་ནི། རང་རིག་འདོད་པའི་ ལུགས་ལ་སྒྱུ་མ་མཁན་པོའི་རྒྱུད་ཀྱི་རྟ་དངོས་མིན་ངེས་ཀྱི་རྟོག་པས་དྲངས་པའི་རྗེས་ཀྱི་ངེས་ཤེས་དང༌། རྟ་དངོས་མིན་ངེས་ཉམས་ སུ་མྱོང་བའི་རང་རིག་གིས་དྲངས་པའི་ངེས་ཤེས་གཉིས་ཀྱིས་འཇོག་པ་དང༌། རང་རིག་མི་འདོད་པ་ལ། དེ་སྐབས་བར་སྣང་ སོགས་ལ་ཚད་མར་སོང་བའི་དབང་ཤེས་དང་དེས་དྲངས་པའི་ངེས་ཤེས་གཉིས་ལ་བརྟེན་ནས་སྒྱུ་མའི་རྟ་འཇོག་དགོས་བྱུང་བ་ རེད། དེ་དག་གང་ལྟར་ཡང་སྒྱུ་མའི་རྟ་ཙམ་གྱི་ངོ་བོ་ནི་སྣང་བ་མི་བདེན་པ་བརྫུན་པར་གྲུབ་པ་ཡིན་ཟེར་བ་མཚུངས་པས་དེ་ལུགས་ བཞིན་གྱི་འཇོག་བྱེད་ཀྱང་ཡུལ་དེ་ཉིད་བརྫུན་པར་ངེས་པ་ཞིག་དགོས་ཚོད་ཀྱང་མཉམ་པ་ཡིན།) སྤྱིར་སྒྱུ་མའི་རྟ་སོགས་ 5-1-270 དབང་ཤེས་ལ་སྣང་ཚེ་དེ་འཇོག་བྱེད་ཀྱི་ཚད་མ་གང་ཞེ་ན། སྒྱུ་མ་མཁན་པོའི་ཡིད་ཤེས་ཀྱི་ ངེས་ངོར་དེ་རྟ་མིན་པར་སེམས་ཐག་ཆོད་པའི་རྟོག་པ་དང༌། ཁྱད་པར་རང་རིག་འདོད་པའི་ དབུ་མ་ལྟར་ན་དེ་འདྲའི་རྟོག་པ་ཉམས་སུ་མྱོང་བའི་རང་རིག་གིས་དྲངས་པའི་སྒྱུ་མའི་རྟ་ དམིགས་པ་དྲན་པའི་ངེས་ཤེས་དང༌། རང་རིག་མི་འདོད་པའི་རང་རྒྱུད་པས་ནི་དེ་སྐབས་བར་ སྣང་སོགས་ཚད་མར་སོང་བའི་དབང་ཤེས་དང་དེས་དྲངས་པའི་ངེས་ཤེས་གཉིས་དེ་ཡིན་ པར་འདོད་དོ། །དབུ་མ་ཐལ་འགྱུར་བས། སྨིག་རྒྱུའི་ཆུ་དང༌། སྒྱུ་མའི་རྟ་སོགས་གཟུགས་ཀྱི་ སྐྱེ་མཆེད་དུ་བཞེད་པ་དང༌། མི་སྡུག་པ་དང་ཟད་པར་གྱི་ངོར་གསལ་བའི་ཡུལ་དང་རྨི་ལམ་གྱི་ ཡུལ་སོགས་ནི་ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་སུ་གསུངས་སོ། ། གཉིས་པ་རྗེས་དཔག་ལ། མཚན་ཉིད། དབྱེ་བ་གཉིས་ལས། དང་པོ་ནི། རང་གི་རྟེན་ རྟགས་ཡང་དག་བཀོད་པ་ལ་བརྟེན་ནས་སྐྱེས་ཤིང་རང་གི་གཞལ་བྱ་ལྐོག་གྱུར་བ་ལ་མི་བསླུ་ བའི་ཞེན་རིག རྗེས་དཔག་གི་མཚན་ཉིད། མཚན་གཞི་བྱས་རྟགས་ཀྱིས་སྒྲ་མི་རྟག་པ་རྟོགས་ པའི་རྗེས་དཔག་ལྟ་བུའོ། །(རྟགས་ཡང་དག་གི་ཚུལ་གསུམ་ནི། དེ་སྒྲུབ་ཀྱི་རྟགས་དེ་ཆོས་ཅན་དེའི་སྟེང་དུ་འགོད་ཚུལ་ དང་མཐུན་པར་ཡོད་པ་ཉིད་དུ་ཚད་མས་ངེས་པ་དེ་ཕྱོགས་ཆོས་རེད། དེ་སྒྲུབ་ཀྱི་རྟགས་དེ་སྒྲུབ་ཆོས་ཀྱི་མཐུན་ཕྱོགས་ལ་འགོད་ ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ངེས་པ་དེ་རྗེས་ཁྱབ་རེད། དེ་སྒྲུབ་ཀྱི་རྟགས་དེ་སྒྲུབ་ཆོས་ཀྱི་མི་མཐུན་ཕྱོགས་ལ་འགོད་ཚུལ་ དང་མཐུན་པར་མེད་པ་ཉིད་དུ་ངེས་པ་དེ་ལྡོག་ཁྱབ་རེད། འདིའི་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་བསྒྲུབ་པ་སོགས་བསྒྲུབ་བྱ་ སྒྲུབ་བྱེད་བསྒྲུབ་གཞི་ཐམས་ཅད་ལ་འགྲེས་སྦྱར་ཏེ་ཤེས་པར་བྱའོ།།) དེ་ཡང་ཚུལ་གསུམ་ཚང་བའི་རྟགས་སམ་ དེ་བཀོད་པ་ལ་བརྟེན་ནས་སྐྱེས་པ་ཞིག་གོ།རྒྱུ་མཚན་གྱིས་དཔྱོད་པའི་བློ་ཐམས་ཅད་རྗེས་ དཔག་མ་ཡིན་ཞིང་རྒྱུ་མཚན་ལ་བརྟེན་པ་ཞིག་དགོས། གཉིས་པ་དབྱེ་བ་ལ། དངོས་སྟོབས། གྲགས་པ། ཡིད་ཆེས་ཀྱི་རྗེས་དཔག་དང་གསུམ་ ལས། དང་པོ་ནི། རང་གི་དངོས་སྟོབས་ཀྱི་རྟགས་ཡང་དག་ལ་བརྟེན་ནས་གཞལ་བྱ་ཅུང་ཟད་ 5-1-271 ལྐོག་གྱུར་ལ་མི་བསླུ་བའི་ཞེན་རིག དངོས་སྟོབས་རྗེས་དཔག་གི་མཚན་ཉིད། མཚན་གཞི་ དུ་རྟགས་ཀྱིས་དུ་ལྡན་ལ་མེ་དང༌། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་ ལྟ་བུའོ། །འདི་རྟགས་དང་བསྒྲུབ་བྱ་རྣམས་རང་རང་གི་རང་གཤིས་ཆོས་ཉིད་ཀྱིས་གྲུབ་པ་ལ་ བྱེད། གཉིས་པ་གྲགས་པའི་རྗེས་དཔག་ནི། རང་གི་རྟེན་གྲགས་རྟགས་ཡང་དག་ལ་བརྟེན་ ནས་བརྡའམ་འདོད་པ་ཙམ་གྱིས་བཞག་པའི་ཡུལ་ལ་མི་བསླུ་བའི་ཞེན་རིག གྲགས་པའི་ རྗེས་དཔག་གི་མཚན་ཉིད། མཚན་གཞི་རྟོག་ཡུལ་ན་ཡོད་པའི་རྟགས་ཀྱིས་རི་བོང་ཅན་ཟླ་ སྒྲས་བརྗོད་རུང་དུ་རྟོགས་པའི་རྗེས་དཔག་ལྟ་བུའོ། །འདིའི་རྟགས་དང་བསྒྲུབ་བྱ་རྣམས་ འཇིག་རྟེན་པའི་བརྡ་རྟོག་གིས་བཞག་ཙམ་མོ། ། གསུམ་པ་ཡིད་ཆེས་རྗེས་དཔག་ནི། རང་གི་རྟེན་ཡིད་ཆེས་ཀྱི་རྟགས་ཡང་དག་ལ་བརྟེན་ ནས་གཞལ་བྱ་ཤིན་ཏུ་ལྐོག་གྱུར་ལ་མི་བསླུ་བའི་ཞེན་རིག ཡིད་ཆེས་རྗེས་དཔག་གི་མཚན་ ཉིད། (དཔྱད་པ་གསུམ་གྱིས་དག་ཚུལ་ནི། རྒྱལ་བའི་བཀའ་ལས་གཟུགས་སོགས་མཐོང་བ་མངོན་གྱུར་བསྟན་པའི་ཆ་ལ་ མངོན་སུམ་ཚད་མས་གནོད་པ་ཡོད་མེད་བརྟགས་ནས་མེད་པར་མཐོང་བ་དང༌། འདུས་བྱས་མི་རྟག་པ་སོགས་མ་མཐོང་བ་ཅུང་ ཟད་ལྐོག་གྱུར་བསྟན་པའི་ཆ་ལ་རྗེས་དཔག་ཚད་མས་གནོད་པ་ཡོད་མེད་བརྟགས་ནས་མེད་པར་མཐོང་བ་དང༌། ལས་འབྲས་ ཀྱི་ཚུལ་ཚེ་སྔ་ཕྱིའི་ཡིན་ལུགས་ལྟ་བུའི་མ་མཐོང་བ་ཤིན་ཏུ་ལྐོག་གྱུར་བསྟན་པའི་ཆ་ལ་རང་ཚིག་འགལ་བའི་གནོད་པ་ཡོད་མེད་ བརྟགས་ནས་མེད་པར་མཐོང་བ་དང་གསུམ་གྱི་སྒོ་ནས་གཞལ་བྱའི་གནས་དང་པོ་མངོན་གྱུར་དང་གཉིས་པ་ཅུང་ཟད་ལྐོག་ གྱུར་དང་གསུམ་པ་ཤིན་ཏུ་ལྐོག་གྱུར་གསུམ་ལ་གོ་དོན་ཐེ་ཚོམ་བསལ་ཏེ་དག་པར་བྱ་དགོས་སོ།།) མཚན་གཞི་དཔྱད་ གསུམ་དག་པའི་ལུང་ལ་བརྟེན་ནས་སྲོག་གཅོད་ཀྱི་རྒྱུ་ལས་ཡང་སོས་ལ་སྐྱེ་བར་ངེས་པའི་ རྗེས་དཔག་ལྟ་བུའོ། །འདི་ཡིད་ཆེས་པའི་ལུང་ལ་བརྟེན་ནས་ཤིན་ཏུ་ལྐོག་གྱུར་གྱི་དོན་ལ་མི་ བསླུ་བའོ། །སྤྱིར་དཔྱད་པ་གསུམ་གྱིས་དག་ན་གང་ཟག་སོ་སོ་ལ་ལྟོས་ན་དེ་ལྟར་དག་པའི་ 5-1-272 ངེས་པ་མེད་དོ། ། གསུམ་པ་དཔྱད་ཤེས་ལ། མཚན་ཉིད། དབྱེ་བ་གཉིས་ལས། དང་པོ་ནི། རྟོགས་ཟིན་ རྟོགས་པའི་རིག་པ། དཔྱད་ཤེས་ཀྱི་མཚན་ཉིད། མཚན་གཞི་བུམ་འཛིན་མངོན་སུམ་སྐད་ ཅིག་གཉིས་པ་ལྟ་བུའོ། །འདི་ཡང་ཚད་མ་སྔ་མ་ཞིག་གིས་རྟོགས་པའི་བྱེད་པ་མ་ཉམས་པར་ སླར་དེ་རྟོགས་པའོ། ། གཉིས་པ་དབྱེ་བ་ལ། མངོན་སུམ་གྱི་རྒྱུན་དུ་གྱུར་པའི་བཅད་ཤེས་དང༌། རྗེས་དཔག་གི་ རྒྱུན་དུ་གྱུར་པའི་བཅད་ཤེས་དང༌། དེ་གཉིས་གང་རུང་མིན་པའི་རྒྱུན་དུ་གྱུར་པའི་བཅད་ཤེས་ དང་གསུམ་ལས། དང་པོ་ལ། དབང་ཡིད་རང་རིག་རྣལ་འབྱོར་མངོན་སུམ་དང་དེ་བཞི་གང་རུང་མ་ཡིན་ པའི་བཅད་ཤེས་དང་ལྔ་ལས། དང་པོ་བཞི་སླ། ལྔ་པ་ནི་སྤྱིར་གྱི་མངོན་སུམ་སྐད་ཅིག་གཉིས་ པ་དེའོ། ། གཉིས་པ་རྗེས་དཔག་གི་རྒྱུན་དུ་གྱུར་པའི་བཅད་ཤེས་ནི། རྗེས་དཔག་སྐད་ཅིག་གཉིས་ པ་ཐམས་ཅད་དོ། ། གསུམ་པ་དེ་གཉིས་གང་རུང་མ་ཡིན་པའི་བཅད་ཤེས་ལ། མངོན་སུམ་གྱིས་དྲངས་པའི་ རྟོག་པ་བཅད་ཤེས་དང༌། རྗེས་དཔག་གིས་དྲངས་པའི་རྟོག་པ་བཅད་ཤེས་དང༌། དེ་གཉིས་ གང་རུང་མིན་པའི་བཅད་ཤེས་དང་གསུམ་ལས། དང་པོ་བུམ་འཛིན་དབང་མངོན་གྱིས་ དྲངས་པའི་ངེས་ཤེས་ལྟ་བུ་དང༌། གཉིས་པ་བྱས་རྟགས་ཀྱིས་སྒྲ་མི་རྟག་པ་རྟོགས་པའི་རྗེས་ དཔག་གིས་དྲངས་པའི་ངེས་ཤེས་ལྟ་བུ་དང༌། གསུམ་པ་ཚད་མ་སྐད་ཅིག་གཉིས་པ་ལྟ་བུ་ དེའོ། །(བུམ་འཛིན་མིག་ཤེས་སྐད་ཅིག་དང་པོ་དེ་ཡུལ་ལ་གསར་དུ་མི་བསླུ་བའི་རིག་པ་ཡིན་པའི་ཆ་ནས་ཚད་མ་རེད། བུམ་ འཛིན་མིག་ཤེས་སྐད་ཅིག་གཉིས་པ་དེ་སྔར་གྱི་རྟོགས་བྱ་རྟོགས་ཟིན་ཡིན་པའི་ཆ་ནས་དཔྱད་ཤེས་རེད། བུམ་འཛིན་མིག་ཤེས་ 5-1-273 དེས་དྲངས་པའི་ངེས་ཤེས་དེ་བུམ་འཛིན་ཡིན་ཡང་བུམ་འཛིན་མིག་ཤེས་མིན་པས་བུམ་འཛིན་མིག་ཤེས་མངོན་སུམ་ཡིན་ནི་མ་ རེད། ཡང་དེས་དྲངས་པའི་ངེས་ཤེས་དེ་རྟགས་ལ་བརྟེན་ནས་སྐྱེས་པ་མ་ཡིན་པས་རྗེས་དཔག་མིན་ནི་རེད། བྱས་རྟགས་ཀྱིས་ སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་སྐད་ཅིག་དང་པོ་དེ་རང་ཡུལ་ལ་གསར་དུ་མི་བསླུ་བའི་ཆ་ནས་ཚད་མ་རེད། དེ་འདྲའི་ རྗེས་དཔག་སྐད་ཅིག་གཉིས་པ་དེ་རྟགས་ལ་བརྟེན་པའི་སྒོ་ནས་སྔར་གྱི་རྟོགས་ཟིན་སླར་རྟོགས་པའི་ཆ་ནས་དཔྱད་ཤེས་རེད། དེ་ འདྲའི་རྗེས་དཔག་གིས་དྲངས་པའི་སྒྲ་མི་རྟག་པ་ཙམ་ངེས་ཤིང་རྟོགས་པའི་ངེས་ཤེས་ནི་རྟགས་ལ་བརྟེན་ནས་སྐྱེས་པ་མིན་ཕྱིར་ རྗེས་དཔག་མིན་ནི་རེད། དེ་འདྲའི་ངེས་ཤེས་དེ་རྟོག་བཅས་ཡིན་པས་མངོན་སུམ་ཡིན་ལུགས་མེད་ནི་རེད། དེ་འདྲའི་ངེས་ཤེས་དེ་ སྔར་རྗེས་དཔག་གིས་རྟོགས་ཟིན་པ་དེ་སླར་ཡང་རྟོགས་པ་ཡིན་པའི་ཆ་ནས་དཔྱད་ཤེས་ཡིན་ཆོག དེས་ན་མངོན་སུམ་བྱ་རྫོགས་ ཀྱི་སྐད་ཅིག་སྔ་ཕྱི་གཉིས་མངོན་སུམ་ཚད་མ་དང་དཔྱད་ཤེས་རྗེས་དཔག་བྱ་རྫོགས་ཀྱི་སྐད་ཅིག་སྔ་ཕྱི་རྗེས་དཔག་ཚད་མ་དང་ དཔྱད་ཤེས་ཡིན། མངོན་རྗེས་གཉིས་ཀྱིས་དྲངས་པའི་ངེས་རྟོག་གཉིས་ནི་རྟོག་བཅས་ཡིན་པས་མངོན་སུམ་མིན་པ་དང་རྟགས་ ལས་མ་སྐྱེས་པའི་རྗེས་དཔག་མིན་པ་དང་གཉིས་ཀ་ལྡན་པའི་སྒོ་ནས་གང་ལྟར་ཡང་ངེས་ཤེས་དེ་གཉིས་རང་ཡུལ་སྔར་རྟོགས་ ཟིན་པ་ཞིག་སླར་ཡང་རྟོགས་པར་བྱེད་པ་ལ་མཚུངས་པའི་ཆ་ནས་སྤྱིར་མངོན་རྗེས་གང་ཡང་མ་ཡིན་པའང་ཡིན་དཔྱད་ཤེས་ཞིག་ ཀྱང་ཡིན་པའི་གཞི་མཐུན་ལ་མངོན་རྗེས་ཀྱིས་དྲངས་པའི་ངེས་ཤེས་རྟོག་པ་དེ་འཇོག་ཆོག་པ་ཡིན། སྤྱིར་བཏང་ཚད་མ་སྐད་ཅིག་ གཉིས་པ་ཞེས་པ་ནི་ཐུང་མཐའ་མ་ཡིན་པར་བྱ་རྫོགས་ཀྱི་དབང་དུ་བྱས་པ་སྟེ། དེ་འདྲའི་ཚད་མ་སྐད་ཅིག་གཉིས་པ་ལ་ནི་མངོན་ རྗེས་གཉིས་ཀའི་རྒྱུན་དུ་གྱུར་པའི་བཅད་ཤེས་ཚད་མ་སྔ་མ་ལ་ལྟོས་ནས་རྟོགས་ཟིན་རྟོགས་པ་དུ་མ་ཡོད་ཆོག་པས་ཚད་མ་སྤྱིར་ བཏང་སྐད་ཅིག་གཉིས་པ་དེའི་ཕྱོགས་ནས་མངོན་རྗེས་གང་རུང་གི་རྒྱུན་གྱི་བཅད་ཤེས་ཡིན་པར་འཇོག་ཏུ་མེད་ལ། ཚད་མ་སྤྱི་དེ་ འདྲ་དེ་སྔར་རྟོགས་ཟིན་མི་བསླུ་བའི་རིགས་རྒྱུན་གྱི་ཕྱོགས་ནས་ཚད་མ་དང་དེ་སྔ་མ་ལ་ལྟོས་ནས་རྟོགས་ཟིན་གྱི་ཆ་ཞིག་ཀྱང་ཡོད་ ཕྱོགས་ནས་བཅད་ཤེས་སོ།།) བཞི་པ་ཡིད་དཔྱོད་ལ། མཚན་ཉིད། དབྱེ་བ་གཉིས་ལས། དང་པོ་ནི། མྱོང་སྟོབས་དང་ རང་གི་རྟེན་གཏན་ཚིགས་གང་རུང་ལ་བརྟེན་ནས་དངོས་སུ་སྒྲོ་འདོགས་གཅོད་པའི་ངེས་པ་ དང་བྲལ་ཞིང་རང་ཡུལ་བདེན་པ་ལ་མཐའ་གཅིག་ཏུ་གསར་དུ་ཞེན་པའི་ཞེན་རིག་དེ། ཡིད་ 5-1-274 དཔྱོད་ཀྱི་མཚན་ཉིད། མཚན་གཞི་རྟགས་ལ་བརྟེན་མ་བརྟེན་གང་ཡིན་ཀྱང་རང་གི་ཡུལ་དེ་ མཐའ་ཆོད་པར་མ་རྟོགས་པར་སྒྲ་སྤྱི་ཙམ་གྱི་སྒོ་ནས་ངེས་པ་རྙེད་པའི་ཐོས་བྱུང་ཐམས་ཅད་དོ། །འདི་རྟོགས་བྱ་ཞིབ་པར་མ་རྟོགས་པར་གསར་དུ་རང་ཡུལ་དེ་མ་ནོར་བ་ཕྱོགས་ཙམ་རྟོགས་ པའི། ཞེན་རིག་ཞིག་གོ། གཉིས་པ་དབྱེ་བ་ལ། རྒྱུ་མཚན་མེད་པ་དང༌། ཡོད་པའི་ཡིད་དཔྱོད་གཉིས་ཡོད། ཕྱི་མ་ལ་ རྒྱུ་མཚན་འགལ་བ། མ་ངེས་པ། མ་གྲུབ་པ། གཏན་ལ་མ་ཕེབས་པ་དང་བཞི་ཡོད། (སྤྱིར་བྱས་ རྟགས་ཀྱིས་སྒྲ་མི་རྟག་པར་བསྒྲུབ་པའི་སྐབས་ཀྱི་རྟགས་བྱས་པ་དེ་རྒྱུ་མཚན་ཡང་དག་ཡིན་ཡང་སྐབས་དེར་ཕྱི་རྒོལ་དབང་པོ་རྣོ་ རྟུལ་གྱི་དབང་གིས་དེའི་ཚུལ་གསུམ་ཞིབ་པར་ངེས་པ་དང་མ་ངེས་པ་ཡོད་ཆོག་པས་སྐབས་ཀྱི་རྟགས་བྱས་པ་དེ་ཕྱི་རྒོལ་དབང་ རྣོན་ལ་ལྟོས་ནས་ངེས་པ་ཡང་དག་དང་དབང་རྟུལ་ལ་ལྟོས་ནས་ངེས་པ་ལྟར་སྣང་དུ་འཇོག་པ་ཡིན་ཡང་ཡིད་དཔྱོད་ཀྱི་སྐབས་ འདིར་ནི་ཕྱོགས་ཙམ་མ་ནོར་བར་རྟོགས་པས་ཆོག་ཅིང་སྤྱིར་རྒྱུ་མཚན་ཡང་དག་ལ་བརྟེན་ནས་ངེས་པ་ཡང་དག་ལྟར་སྣང་གི་ཁྱད་ ནི་གོང་དང་ཕྱོགས་མཚུངས་ལ་རྒྱུ་མཚན་ལྟར་སྣང་ལ་བརྟེན་པའི་དེ་གཉིས་ནི་སྐབས་དེའི་བློ་རང་གི་ངོར་ཡུལ་དེ་ལ་ཐེ་ཚོམ་མེད་ པར་མཐའ་གཅིག་ཏུ་འཛིན་པ་དང་མི་འཛིན་པའི་ཁྱད་ཙམ་གྱིས་ཕྱེ་བའོ།།) སྤྱིར་རྒྱུ་མཚན་ཡང་དག་ལ་བརྟེན་ནས་ ངེས་པ་ཡང་དག་དང་ལྟར་སྣང་གཉིས་ལས། ལྟར་སྣང་ལའང་དེ་ལྟར་གཉིས་རེ་ཡོད། ལྔ་པ་སྣང་ལ་མ་ངེས་པ་ལ། མཚན་ཉིད། དབྱེ་བ་གཉིས་ལས། དང་པོ་ནི། རང་གི་འཇུག་ ཡུལ་རང་མཚན་གསལ་བར་སྣང་བའང་ཡིན། རང་ཡུལ་མ་ངེས་པ་ཡང་ཡིན་པའི་གཞི་མཐུན་ པའི་རིག་པ་དེ། སྣང་ལ་མ་ངེས་ཀྱི་བློའི་མཚན་ཉིད། མཚན་གཞི་སྒྲ་ལ་ལྷག་པར་ཆགས་དུས་ ཀྱི་གཟུགས་ལ་བལྟ་བཞིན་པའི་མིག་ཤེས་ལྟ་བུའོ། ། གཉིས་པ་དབྱེ་བ་ལ། རང་ཡིན་གྱི་དབང་ཡིད་རང་རིག་དང་གསུམ་ལས་རྣལ་འབྱོར་ མངོན་སུམ་མེད་དོ། ། དྲུག་པ་ཐེ་ཚོམ་ལ། མཚན་ཉིད། དབྱེ་བ་གཉིས་ལས། དང་པོ་ནི། རང་ཡུལ་ལ་རང་ 5-1-275 སྟོབས་ཀྱིས་རྩེ་གཉིས་སུ་འཇུག་པའི་རྩ་ཉོན་དེ། ཐེ་ཚོམ་གྱི་མཚན་ཉིད། མཚན་གཞི་སྒྲ་རྟག་ གམ་མི་རྟག་སྙམ་པའི་བློ་དེའོ། །འདིའི་རང་སྟོབས་ཞེས་པས་རང་དང་མཚུངས་ལྡན་རྣམས་ དེ་ཡིན་པར་གཅོད་པ་དང༌། རྩ་ཉོན་ཞེས་པས་དགྲ་བཅོམ་པའི་རྒྱུད་ཀྱི་རྩེ་གཉིས་པའི་བློ་དེ་ ཡིན་པར་གཅོད་དོ། ། གཉིས་པ་དབྱེ་བ་ལ། དོན་འགྱུར། དོན་མི་འགྱུར། ཆ་མཉམ་པའི་ཐེ་ཚོམ་དང་གསུམ་ ལས། དང་པོ་ནི། སྒྲ་རྟག་གམ་མི་རྟག་ལས་ཆེ་སྙམ་པ་ལྟ་བུ་དང༌། གཉིས་པ། སྒྲ་རྟག་གམ་མི་ རྟག་རྟག་ལས་ཆེ་སྙམ་པ་དང༌། གསུམ་པ། སྒྲ་རྟག་གམ་མི་རྟག་སྙམ་པ་ལྟ་བུ་དེའོ། །བདུན་པ་ ལོག་ཤེས་ལ། མཚན་ཉིད། དབྱེ་བ་གཉིས་ལས། དང་པོ་ནི། རང་གི་འཛིན་སྟངས་ཀྱི་ཡུལ་ལ་ བསླུ་བའི་རིག་པ། ལོག་ཤེས་ཀྱི་མཚན་ཉིད། མཚན་གཞི་སྒྲ་རྟག་འཛིན་ལྟ་བུའོ། །འདི་འཛིན་ ལུགས་མ་ཤེས་པའི་དབང་གིས་ལོག་འཛིན་བྱས་པ་ཞིག་དགོས་ཀྱི་རང་གི་འཛིན་སྟངས་ཀྱི་ ཡུལ་མེད་པ་ཙམ་གྱིས་མི་འོང་ངོ༌། ། གཉིས་པ་དབྱེ་བ་ལ། རྟོག་པ་དང༌། རྟོག་མེད་ལོག་ཤེས་གཉིས་ལས། དང་པོ་ལ། རང་ གི་འཛིན་སྟངས་ཀྱི་ཡུལ་ལ་བསླུ་བའི་ཞེན་རིག་དང༌། གཉིས་པ་ལ་དེ་འདྲའི་གསལ་སྣང་ཅན་ གྱི་རིག་པ་མཚན་ཉིད་དུ་བཞག་ནས་ཤེས་དགོས་སོ། ། གཉིས་པ་ལ་དབང་ཤེས་ལྔའི་ངོ་བོར་གྱུར་པའི་ལོག་ཤེས་ཡོད། ལོག་ཤེས་རྣམས་རང་ ཡུལ་ལ་བསླུ་བའི་འཕྲལ་ཕུགས་ཀྱི་འཁྲུལ་རྒྱུ་ནི་སྨིག་རྒྱུ་སོགས་དང་བདག་འཛིན་སོགས་སོ། །(རྟོག་པ་ལོག་ཤེས་དང་རྟོག་མེད་ལོག་ཤེས་ཀྱི་མཚན་མཚོན་འཇོག་ཚུལ། རང་གི་འཛིན་སྟངས་ཀྱི་ཡུལ་ལ་བསླུ་བའི་ཞེན་རིག་ དེ་རྟོག་པ་ལོག་ཤེས་ཀྱི་མཚན་ཉིད། མཚན་གཞི་ནི། སྒྲ་རྟག་འཛིན་རྟོག་པ་ལྟ་བུའོ། །རང་གི་འཛིན་སྟངས་ཀྱི་ཡུལ་ལ་བསླུ་བའི་ གསལ་སྣང་ཅན་གྱི་རིག་པ་རྟོག་མེད་ལོག་ཤེས་ཀྱི་མཚན་ཉིད། མཚན་གཞི་ང་བདག་གསལ་བར་སྣང་བའི་བློ་ལྟ་བུའོ། །དཔེར་ ན་བུ་ཤི་བའི་མའི་སེམས་ལ་བུའི་གསལ་སྣང་ཐོན་པ་ལྟ་བུ་ནི་ངོ་ཐད་ཞེན་རིག་གི་ནན་འཛིན་དང་བྲལ་བ་ཡིན་པ་བཞིན་ནོ།།) དེ་ 5-1-276 ལས་མངོན་སུམ། རྗེས་དཔག དཔྱད་ཤེས། ཡིད་དཔྱོད་རྣམས་ལ་ལམ་ཡིན་མིན་ཅི་རིགས་ ཡོད། སྣང་ལ་མ་ངེས་པ། ཐེ་ཚོམ། ལོག་ཤེས་གསུམ་ལ་ལམ་མེད། སྤྱིར་རྟོག་བཅས་རྟོག་ མེད་གཉིས་འགལ་ཡང་དེ་གཉིས་ཀྱི་རྫས་ནི་མི་འགལ་ལོ། །(སྤྱིར་བུམ་འཛིན་རྟོག་པ་ལྟ་བུའི་སྟེང་གི་རང་ རིག་གི་ཆ་དེ་ནི་རང་གདགས་གཞིའི་རྟོག་པའི་རྫས་དང་རང་རིག་མངོན་སུམ་རང་རིག་གི་རྫས་གཉིས་ཀའི་ཕྱོགས་ནས་གྲུབ་པ་ ཡིན་ཚུལ་ལ་བསམ་ན་རྫས་ཕྱོགས་ཡིན་པ་ཡོད་པས་མི་འགལ་ཡང་རྟོག་བཅས་རྟོག་མེད་གཉིས་ནི་ནན་ཞེན་ཡོད་མེད་སོགས་ཀྱི་ སྒོ་ནས་ཁྱད་ཆེ་བས་ཡིན་པ་ཡོད་ལུགས་གང་ནས་ཀྱང་མེད་ལ། རྟོག་བཅས་དང་རྟོག་མེད་གཉིས་སྤྱིར་ན་འཇོག་ལུགས་མང་ཡང་ ཚད་མའི་སྐབས་འདིར་སྒྲ་དོན་འདྲེས་རུང་དུ་འཛིན་མི་འཛིན་གྱི་ཆ་ནས་གོང་ལྟར་འཇོག་པའོ།།) བཞི་པ་ཚད་མ་དང་ཚད་མིན་གཉིས་སུ་དབྱེ་བ་ལ། སྐབས་འདིའི་དེ་གཉིས་ཀྱི་ཁྱད་པར་ དང། ཐལ་འགྱུར་བའི་དེ་གཉིས་ཀྱི་ཁྱད་པར་དང་གཉིས་ལས། དང་པོ་ལ། ཚད་མ་དང༌། ཚད་མིན་བཤད་པའོ། །དང་པོ་ལ། མཚན་ཉིད། དབྱེ་བ་གཉིས་ལས། དང་པོ་ལ། མཚན་ ཉིད་དངོས་དང༌། དེའི་དོན་བཤད་པའོ། ། དང་པོ་ནི། གསར་དུ་མི་བསླུ་བའི་རིག་པ། ཚད་མའི་མཚན་ཉིད། མཚན་གཞི་བུམ་ འཛིན་མངོན་སུམ་སྐད་ཅིག་དང་པོ་ལྟ་བུའོ། །འདི་ནི་ཡིད་དཔྱོད་ཀྱིས་རྟོགས་པ་དང་མི་འདྲ་ བར་ཡུལ་དེ་མཐའ་ཆོད་པར་རྟོགས་པ་ཞིག་ངེས་པར་དགོས་ལ། དེ་ཡང་སྔར་རྟོགས་ཟིན་མ་ ཡིན་པར་གསར་དུ་རྟོགས་པའོ། ། གཉིས་པ་དེའི་དོན་བཤད་པ་ནི། སྐབས་འདིའི་མི་བསླུ་བ་ལ་ཡུལ་མི་བསླུ་བ་དང༌། ཡུལ་ ཅན་མི་བསླུ་བ་གཉིས་ལས་སྔ་མ་ནི་ཡུལ་ཡོད་པ་གཞི་གྲུབ་ཀྱི་ཆོས་རྟག་དངོས་གང་རུང་ལ་ བྱེད་པ་དང༌། ཕྱི་མ་ནི་དེ་འདྲའི་ཡུལ་རྣམས་མྱོང་སྟོབས་གཏན་ཚིགས་ཡང་དག་གང་རུང་ལ་ བརྟེན་ནས་མཐའ་ཆོད་པར་རྟོགས་ཏེ། དེ་ལས་རྒོལ་བས་བསྒྱུར་དུ་མེད་པའི་རིག་པ་དེ་དང༌། དེ་ལྟར་རྟོགས་པའི་གང་ཟག རང་ཡུལ་ལ་མི་བསླུ་བའི་དབང་པོ་བརྗོད་བྱ་ལ་མི་བསླུ་བའི་ 5-1-277 སྒྲ་རྣམས་སོ། །ཚད་མའི་སྐད་དོད་པྲ་མཱ་ཎ་ཞེས་པ་རང་རྒྱུད་པ་མན་ཆད་ཀྱིས་པྲ་དང་པོ་དང་ མཱའ་ཎ་འཇལ་བ་ལ་འཇུག་པར་འདོད་པས་དང་པོར་གསར་དུ་འཇལ་པའི་བློ་ཞིག་དགོས། སྐབས་འདིའི་མི་བསླུ་བ་དང༌། སྤྱིར་གྱི་དེ་མི་འདྲ་བས་སྤྱིར་ནི་རང་ཡུལ་རང་གིས་གཞལ་བ་ ལྟར་གྲུབ་པའི་རིག་པ། དེའི་མཚན་ཉིད་དེ། དེས་ན་འདི་ལ་དོན་མཐུན་ཙམ་གྱིས་ཆོག ཡིད་ དཔྱོད་ལྟ་བུ་ནི་སྤྱིར་མི་བསླུ་བ་ཙམ་ལས་མཐའ་གཅིག་ཏུ་མི་བསླུ་བ་མིན། རྣམ་མཁྱེན་སྐད་ ཅིག་སྔ་ཕྱི་ཐམས་ཅད་ཀྱི་རང་རང་གི་རྟོགས་བྱ་ཐ་དད་པར་གསར་དུ་མཐའ་ཆོད་པར་མཁྱེན་ ཕྱིར་ཚད་མ་ཁོ་ནའོ། །(མདོ་སྡེ་པའི་ལུགས་འདིར་ཡང་མངོན་སུམ་རྣམས་རང་རང་གི་སྣང་ཡུལ་ལ་མི་བསླུ་དགོས་ཀྱང་ རྟོག་པ་རྣམས་ནི་རང་རང་གི་སྣང་ཡུལ་དོན་སྤྱི་དོན་དུ་སྣང་བའི་ཆ་ནས་མི་བསླུ་བ་གཅིག་ཀྱང་མེད་པས་སྤྱིར་ཚད་མའི་མཚན་ཉིད་ དུ་རང་གི་སྣང་ཡུལ་ལ་མི་བསླུ་བའི་རིག་པ་འཇོག་རྒྱུ་ཡིན་ན་རྟོག་བཅས་རྗེས་དཔག་ཚད་མ་རྣམས་ཀྱང་རང་རང་གི་སྣང་ཡུལ་ལ་ བསླུ་བ་ཡིན་ཕྱིར་དེ་དག་ཚད་མ་མིན་པར་འགྱུར་བས་མ་ཁྱབ་པའི་མཚན་ཉིད་སྐྱོན་ཅན་ཡིན་ནོ།།) ཡང་རང་གི་སྣང་ཡུལ་ ལ་གསར་དུ་མི་བསླུ་བའི་རིག་པ་ཚད་མའི་མཚན་ཉིད་དུ་བྱས་ན་རྗེས་དཔག་ཐམས་ཅད་ཚད་ མ་མིན་པར་ཐལ་བའི་སྐྱོན་ཡོད། རྗེས་དཔག་ཚད་མ་རྣམས་ཀྱིས་རང་གི་གཞལ་བྱ་ལ་ཐེ་ཚོམ་ གྱི་སྒྲོ་འདོགས་བཅད་ནས་མཐའ་ཆོད་པར་རྟོགས་པའོ། ། གཉིས་པ་དབྱེ་བ་ལ། མངོན་སུམ་དང༌། རྗེས་དཔག་ཚད་མ་གཉིས་ལས། དང་པོ་ལ། མཚན་ཉིད། དབྱེ་བ་གཉིས་ལས། དང་པོ་ནི། གོང་གི་མངོན་སུམ་གྱི་མཚན་ཉིད་ཀྱི་ཟུར་ལ་ གསར་དུ་མི་བསླུ་བའི་རིག་པ་ཞེས་སྦྱར་བ་དེའོ། །འདིའི་མཚན་གཞི་ལ་བུམ་འཛིན་མངོན་ སུམ་སྐད་ཅིག་དང་པོ་སོགས་སོ། ། གཉིས་པ་དབྱེ་བ་ལ། དབང་མངོན། ཡིད་མངོན། རང་རིག་མངོན་སུམ། རྣལ་འབྱོར་ མངོན་སུམ་དང་བཞི་ཡོད་པ་ལས་གོང་ལྟར་དེ་དག་གི་མཚན་ཉིད་རྣམས་ལ་རིམ་བཞིན་ གསར་དུ་མི་བསླུ་བའི་ཆ་ནས་བཞག་པའི་རིག་པ་ཞེས་དང༌། གསར་དུ་མི་བསླུ་བའི་འཛིན་ 5-1-278 རྣམས་ཞེས་དང༌། གསར་དུ་མི་བསླུ་བའི་ཆ་ནས་བཞག་པའི་མཁྱེན་པ་ཞེས་སྦྱར་ཞིང་མཚན་ གཞི་རྣམས་ཀྱང་རང་ཡིན་གྱི་ཤེས་པ་སྐད་ཅིག་དང་པོ་རྣམས་སོ། ། གཉིས་པ་རྗེས་དཔག་ཚད་མ་ལ། མཚན་ཉིད། དབྱེ་བ་གཉིས་ལས། དང་པོ་ནི། རང་ གི་རྟེན་རྟགས་ཡང་དག་ལ་བརྟེན་ནས་གསར་དུ་མི་བསླུ་བའི་ཞེན་རིག་རྗེས་དཔག་ཚད་མའི་ མཚན་ཉིད། མཚན་གཞི་སྒྲ་མི་རྟག་པ་གསར་དུ་རྟོགས་པའི་རྗེས་དཔག་ལྟ་བུའོ། ། གཉིས་པ་དབྱེ་བ་ལ། དབྱེ་བ་དངོས་དང༌། ཚད་མའི་གྲངས་ངེས་སྒྲུབ་པ། དབྱེ་ཚུལ་ གཞན་བཤད་པ། ཚད་འབྲས་ངོས་བཟུང་བ་དང་བཞི་ལས། དང་པོ་ལ། དངོས་སྟོབས། གྲགས་པ། ཡིད་ཆེས་རྗེས་དཔག་གི་ཚད་མ་དང་གསུམ་ཡོད་པ་རྣམས་ཀྱང་མཚན་ཉིད་གོང་ ལྟར་ལ་གསར་དུ་མི་བསླུ་བའི་ཞེན་རིག་ཞེས་སྦྱར་བའོ། ། གཉིས་པ་ཚད་མའི་གྲངས་ངེས་ནི། (མངོན་སུམ་གྱི་སྣང་ཡུལ་རང་མཚན་ཁོ་ན་དང་རྗེས་དཔག་གི་སྣང་ཡུལ་ སྤྱི་མཚན་ཁོ་ན་ཡིན་པའི་གནད་ཀྱང་མངོན་སུམ་གྱི་སྣང་ཡུལ་བུམ་པ་ལྟ་བུའི་རྫས་གྲུབ་རང་མཚན་པ་ཤ་སྟག་དང་རྗེས་དཔག་གི་ སྣང་ཡུལ་དོན་སྤྱི་རྫས་མེད་རྟོག་བཏགས་ཤ་སྟག་ཡིན་པ་ལ་ཐུག་པས་དེའི་ཆ་ནས་མངོན་སུམ་གྱི་སྣང་ཡུལ་ལ་རང་མཚན་གྱིས་ ཁྱབ་པ་དང་རྗེས་དཔག་གི་སྣང་ཡུལ་ལ་སྤྱི་མཚན་གྱི་ཁྱབ་པའི་སྒོ་ནས་མངོན་རྗེས་ཀྱི་གཞལ་བྱའི་སྣང་ཡུལ་ལ་རང་སྤྱི་སོ་སོར་ གྲངས་ངེས་སུ་བཞག་ནི་རེད། མངོན་སུམ་གྱི་གཞལ་བྱ་ལ་བུམ་པ་ལྟ་བུའི་རང་མཚན་དང་བུམ་མེད་ལྟ་བུའི་སྤྱི་མཚན་དང་གཉིས་ ཡོད། རྗེས་དཔག་གི་གཞལ་བྱ་ལ་བྱས་རྟགས་ཀྱིས་སྒྲ་མི་རྟག་པ་ལྟ་བུའི་རང་མཚན་དང༌། མ་བྱས་པའི་རྟགས་ཀྱིས་ནམ་མཁའ་ རྟག་པ་ལྟ་བུའི་སྤྱི་མཚན་དང་གཉིས་རེ་ཡོད་པས་མངོན་རྗེས་རེ་རེའི་གཞལ་བྱ་ལ་རང་སྤྱི་སོ་སོའི་ཁྱབ་མེད་པའི་ཆ་ནས་གཞལ་བྱ་ ཙམ་ལ་གཉིས་སུ་གྲངས་མ་ངེས་ནི་རེད། མངོན་རྗེས་ཀྱི་ཚད་མ་གཉིས་ཡིན་གྱི་ཕུང་གསུམ་དང་གཉིས་མིན་གྱི་ཕུང་གསུམ་གཉིས་ ཀ་མེད་པའང་ཡིན། ཕྱི་རོལ་པ་ཁ་ཅིག་གིས་ཚད་མ་གཏན་མེད་དུ་འདོད་པ་དང༌། ཁ་ཅིག་གིས་ཚད་མ་གཉིས་ལས་མང་པོ་འདོད་ པའི་ལོག་རྟོག་སེལ་བའི་ཆེད་དུ་འདིར་ཚད་མ་གཉིས་སུ་གྲངས་ངེས་པར་གསུངས་ནི་རེད།) གཞལ་བྱ་རང་མཚན་དང་ སྤྱི་མཚན་སྣང་ཡུལ་དུ་བྱེད་པའི་མངོན་རྗེས་ཀྱི་ཚད་མ་གཉིས་སུ་གྲངས་ངེས་པ་ཡིན་གྱི་ཚད་ 5-1-279 མ་གཉིས་ཀྱི་གཞལ་བྱ་ལ་རང་སྤྱི་གཉིས་སུ་ངེས་པ་ནི་མ་ཡིན་ནོ། །དེ་འདྲའི་གྲངས་ངེས་ཀྱང་ ཕུང་གསུམ་སེལ་བའང་ཡིན་ཀྱང་གཙོ་བོར་ལོག་རྟོག་སེལ་ཕྱིར་རོ། ། གསུམ་པ་དབྱེ་ཚུལ་གཞན་ལ། རང་ལས་ངེས་དང༌། གཞན་ལས་ངེས་ཀྱི་ཚད་མ་གཉིས་ ལས། དང་པོ་ནི། རང་གི་གཞལ་བྱའི་དོན་ཡུལ་སྟེང་དུ་གྲུབ་པ་མེད་ན་རང་ཉིད་མི་འབྱུང་བའི་ འབྲེ ལ་བ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་པར་བྱེད་པའི་ཚད་མ་དེ། རང་ལས་ངེས་ཀྱི་ཚད་ མའི་མཚན་ཉིད། མཚན་གཞི་སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་ཚད་མ་དང༌། ཉེ་བའི་ཨུཏྤལ་ ངོ་ཤེས་པའི་གང་ཟག་གི་རྒྱུད་ཀྱི་ཨུཏྤལ་འཛིན་པའི་དབང་མངོན་ཚད་མ་ལྟ་བུའོ། ། གཉིས་པ་གཞན་ལས་ངེས་ནི། རང་གི་གཞལ་བྱ་ཡུལ་སྟེང་དུ་གྲུབ་པ་མེད་ན། སོགས་ ནས། ངེས་པ་གཞན་སྟོབས་ཀྱིས་འདྲེན་པར་བྱེད་པའི་ཚད་མ་དེ། གཞན་ལས་ངེས་ཀྱི་ཚད་ མའི་མཚན་ཉིད། མཚན་གཞི་ཨུཏྤལ་ངོ་མི་ཤེས་པའི་གང་ཟག་གི་རྒྱུད་ཀྱི་དེ་འཛིན་པའི་དབང་ མངོན་ལྟ་བུའོ། །འདི་ལ་ཨུཏྤལ་ངོ་མི་ཤེས་པའི་གང་ཟག་གི་རྒྱུད་ཀྱི་དེ་འཛིན་པའི་དབང་ མངོན་ལྟ་བུའི་མངོན་སུམ་ལས་དང་པོ་པ་དང༌། ཡིད་སྒྲ་ལ་ཆགས་དུས་ཀྱི་གཟུགས་འཛིན་ དབང་མངོན་ལྟ་བུའི་མངོན་སུམ་ཡིད་མ་གཏད་དང༌། རྒྱང་རིང་པོའི་མེའི་ཁ་དོག་མཐོང་བའི་ དབང་མངོན་ལྟ་བུའི་མངོན་སུམ་འཁྲུལ་རྒྱུ་ཅན་དང་གསུམ་མོ། །ཡང་འདི་ལ་སློབ་དཔོན་ ཆོས་མཆོག་གིས་འཐད་ལྡན་ལས་གསུངས་པ་ལྟར་གསུམ་སྟེ། དེ་ཡང་དོན་ལ་ཨུཏྤལ་ཡིན་ ཡང་རྒྱང་རིང་པོ་ནས་ཁ་དོག་ཙམ་ལས་གང་ཡིན་ཐེ་ཚོམ་ཟ་དུས་ཀྱི་མིག་ཤེས་ལྟ་བུ་ནི་སྣང་ བ་རང་ལས་ངེས་ཤིང་བདེན་པ་གཞན་ལས་ངེས་པ་དང༌། དོན་ལ་ཤ་བ་ཡིན་པ་ལ་རྒྱང་རིང་ པོ་ནས་ཡལ་འདབ་ཅན་དུ་ངེས་ཀྱང་གང་གི་ཡིན་ཐེ་ཚོམ་ཟ་དུས་ཀྱི་མིག་ཤེས་ལྟ་བུ་ནི། སྤྱི་ རང་ལས་ངེས་ཤིང་ཁྱད་པར་གཞན་ལས་ངེས་པ་དང༌། རྒྱང་རིང་པོ་ནས་འོད་དམར་ཙམ་ངེས་ ཀྱང་མར་མེ་དང་ནོར་བུ་སོགས་གང་གི་འོད་ཡིན་ཐེ་ཚོམ་ཟ་དུས་ཀྱི་མིག་ཤེས་ལྟ་བུ་ནི། ཡོད་ 5-1-280 པ་རང་ལས་ངེས་ཤིང་བདག་ཉིད་ཀྱི་སྤྱི་དང་ཁྱད་པར་གཞན་ལས་ངེས་པ་དང་གསུམ་མོ། ། བཞི་པ་ཚད་འབྲས་ངོས་བཟུང་བ་ནི་འདི་ལ་མ་ཆོད་པའི་འབྲས་བུ་དང་ཆོད་པའི་འབྲས་ བུ་གཉིས་ལས། དང་པོ་ནི། ཚད་མའི་དངོས་འབྲས་སྟེ། རང་གིས་དངོས་སུ་དྲངས་པའི་ངེས་ ཤེས་ལྟ་བུ་དང༌། གཉིས་པ་ནི། ཚད་མའི་བརྒྱུད་འབྲས་སྟེ། ཚད་མས་བླང་དོར་ཤེས་པ་ལ་བརྟེན་ནས་དེ་ ལྟར་བྱས་པས་གནས་སྐབས་དང་མཐར་ཐུག་གི་འབྲས་བུ་ལྟ་བུ་དེའོ། །དེ་ལས་མ་ཆོད་པའི་ འབྲས་བུ་ལ་ཚད་མ་རང་གིས་དྲངས་པའི་ངེས་ཤེས་ལྟ་བུའི་རང་ལས་དོན་གཞན་པའི་མ་ཆོད་ པའི་འབྲས་བུ་དང༌། རང་གིས་ཡུལ་རྟོགས་པའི་ཆ་ལྟ་བུའི་རང་གི་བདག་ཉིད་དུ་གྱུར་པའི་ མ་ཆོད་པའི་འབྲས་བུ་དང་གཉིས་ཡོད། དེ་ལས་ཕྱི་མ་འདི་རྣམ་པར་བཞག་བྱའི་འབྲས་བུ་ བཏགས་པ་བའོ། །(སྤྱིར་ཚད་འབྲས་ཞེས་པ་ལ་མ་ཆོད་པའི་འབྲས་བུ་རྒྱུ་རང་དང་འབྲས་བུ་གཉིས་ཀྱི་བར་གཞན་གང་ གིས་མ་ཆོད་པ་སྟེ། འབྲས་བུ་དངོས་ཚད་མ་རང་གིས་དྲངས་པའི་ངེས་ཤེས་དང་འབྲས་བུ་བཏགས་པ་བ་ཚད་མས་ཡུལ་རྟོགས་ ཆ་ལྟ་བུ་དང་གཉིས་ཡོད། ཆོད་པའི་འབྲས་བུ་རྒྱུ་དང་འབྲས་བུའི་བར་གཞན་གྱིས་ཆོད་པ་ཞིག་སྟེ་དེ་ཡང་ཚད་མས་བླང་དོར་བྱས་ པས་མཐར་ཐུག་གི་འབྲས་བུ་ལྟ་བུ་དེ་ཡིན་ཞིང་དེ་ནི་འབྲས་བུ་མཚན་ཉིད་པའང་ཡིན། འདིར་ཚད་འབྲས་གསུམ་གཞན་རིག་རང་ རིག་གིས་རང་ཡུལ་རྟོག་རིག་གི་ཆ་ནས་འཇོག་པ་ལས་ལོག་གི་གསུམ་པ་མེད་པའོ།།) འདི་མངོན་རྗེས་ཀྱི་དབང་དུ་ བྱས་པ་གཉིས་ཡོད་ལ། དེ་ལས་མངོན་སུམ་ལ་འབྲས་རྟོགས་གསུམ་གྱི་ཐ་སྙད་སྦྱར་ལུགས་ ནི། གཞན་རིག་རྣམས་ཀྱི་རང་ཡུལ་རྟོགས་པའི་ཆ་དེ། འབྲས་རྟོགས་དང་པོའི་ཚད་འབྲས་ དང༌། རང་རིག་གིས་རང་རིག་པའི་ཆ་དེ་འབྲས་རྟོགས་གཉིས་པའི་ཚད་འབྲས་དང༌། རྣམ་ འགྲེལ་ལས། དེ་གཉིས་རང་ལུགས་སུ་འཐད་ལྡན་དུ་བསྒྲུབ་པ་ལ་འབྲས་རྟོགས་གསུམ་པའི་ ཚད་འབྲས་ཀྱི་ཐ་སྙད་སྦྱར་བ་ཙམ་ཡིན་ནོ། །དེས་རྗེས་དཔག་ལ་འགྲེས་སོ། ། གཉིས་པ་ཚད་མིན་ལ། མཚན་ཉིད། དབྱེ་བ་གཉིས་ལས། དང་པོ་ནི། གསར་དུ་མི་ 5-1-281 བསླུ་བ་མ་ཡིན་པའི་རིག་པ། ཚད་མིན་གྱི་ཤེས་པའི་མཚན་ཉིད། མཚན་གཞི་སྒྲ་མི་རྟག་པར་ རྟོགས་པའི་དཔྱད་ཤེས་ལྟ་བུའོ། ། གཉིས་པ་དབྱེ་བ་ལ། དཔྱད་ཤེས། ཡིད་དཔྱོད། སྣང་ལ་མ་ངེས་པའི་བློ། ཐེ་ཚོམ། ལོག་ ཤེས་དང་ལྔ་ཡོད་དོ། ། གཉིས་པ་ཐལ་འགྱུར་བའི་དེ་གཉིས་ཀྱི་ཁྱད་པར་ལ། ལུགས་དེའི་ཚད་མ་དང་ཚད་མིན་ གཉིས་ལས། དང་པོ་ཚད་མ་ལ། མཚན་ཉིད། དབྱེ་བ་གཉིས་ལས། དང་པོ་ནི། རང་གི་འཛིན་ སྟངསཀྱི་ཡུལ་ལ་མི་བསླུ་བའི་ཤེས་པ། ཚད་མའི་མཚན་ཉིད། མཚན་གཞི་བུམ་འཛིན་དབང་ མངོན་སྐད་ཅིག་སྔ་ཕྱི་ཐམས་ཅད་དོ། །(དབུ་མ་ཐལ་འགྱུར་པ་ནི། མ་བརྟགས་ཉམས་དགའི་འཇིག་རྟེན་པའི་བློ་ དང་སྒོ་བསྟུན་ཏེ་གྲུབ་མཐའ་འཇོག་མཁན་གྱི་སྣང་ཙམ་མིང་རྐྱང་བཏགས་ཡོད་ཀྱིས་འཁོར་འདས་ཀྱི་རྣམ་གཞག་ལ་ཐུགས་བློ་ རྒྱས་པས་སྤྱིར་ཚད་མ་ལ་མི་བསླུ་བ་ཙམ་གྱིས་ཆོག་ཅིང་སྒྲ་མི་རྟག་རྟོགས་པའི་རྟོག་པ་ལྟ་བུ་ནི་རང་གི་སྣང་ཡུལ་བདེན་སྣང་དོན་ སྤྱི་དོན་སྣང་སོགས་ཀྱི་སྒོ་ནས་འཁྲུལ་ཆ་ཡོད་ཀྱང་མི་རྟག་པ་ཙམ་གྱི་ཆ་དང་རང་སྣང་གི་ཚུལ་ལ་ཚད་མ་ཡིན་ཆོག་པའོ།།) འདི་ སང་ཆོས་ཐམས་ཅད་རང་ངོས་ནས་གྲུབ་པ་གཅིག་ཀྱང་མེད་པར་འདོད་པའི་གནད་ཀྱིས་ ཡུལ་མི་བསླུ་བ་ནི་སྣང་ཙམ་གྱི་མི་བསླུ་བ་དང༌། ཡུལ་ཅན་ཡང་འཕགས་པའི་མཉམ་བཞག་ མ་གཏོགས་པའི་སེམས་ཅན་གྱི་ཤེས་པ་ཡིན་ན་འཁྲུལ་ཤེས་སུ་བཞེད་པས་ཚད་མ་རྣམས་ ཀྱང་རང་རང་གི་འཛིན་སྟངས་ལ་མི་བསླུ་བ་ཡིན་ཚུལ་དང༌། དེ་ཡང་འཇིག་རྟེན་ན་ཚད་མ་ རྣམས་ནི་མི་བསླུ་བའི་བདེན་པ་ཙམ་གྱི་ཆ་ནས་འཇོག་པ་མ་གཏོགས་གསར་རྟོགས་ཡིན་སྣང་ མི་འཆར་བ་ལྟར་ཡིན་པར་བཞེད། བུམ་འཛིན་དབང་མངོན་ལྟ་བུ་སྣང་ཡུལ་འཛིན་སྟངས་ ཀྱི་ཡུལ་གཉིས་ཀ་ལ་འཁྲུལ་ཆ་ཡོད་ཀྱང་དེ་སྤྱིར་འཛིན་སྟངས་ལ་མི་བསླུ་བ་ཡིན་ཆོག སྒྲ་ མི་རྟག་པ་རྟོགས་པའི་རྗེས་དཔག་ཀྱང་སྣང་ཡུལ་ལ་འཁྲུལ་ཀྱང་དེས་ངོ་ཙམ་ལ་འཁྲུལ་ཆ་མི་ ཞུགས་ཚུལ་སོགས་འོག་མ་རྣམས་དང་མི་འདྲ་བ་ཡོད་དོ། །ཡང་རང་གི་གཞལ་བྱ་ལ་མི་བསླུ་ 5-1-282 བས་ཚད་མར་འགྱུར་ན་གཉིས་སྣང་ཅན་གྱི་ཤེས་པ་ཐམས་ཅད་རང་གི་གཞལ་བྱ་རེ་ལ་མི་ བསླུ་བའི་མངོན་སུམ་ཚད་མ་ཡིན་ཚུལ་ཡོད་པས་དེ་དག་ཀུན་ཀྱང་ཚད་མར་ཐལ་བའོ། །དེ་ ཡང་གཉིས་སྣང་ཅན་གྱི་ཤེས་པ་ཡིན་ན་རང་གི་སྣང་བ་ལ་ཚད་མར་འདོད་པའི་གནད་ཀྱིས་ སོ། །འདིའི་ཚད་མའི་སྐད་དོད་ཀྱི་པྲ་ཡང་རབ་ལ་བྱེད་པས་ཡུལ་རབ་ཏུ་འཇལ་བ་ལ་ཚད་ མར་བཞེད་ཀྱི་གསར་རྟོགས་མི་དགོས་སོ། ། གཉིས་པ་དབྱེ་བ་ལ། ཡུལ་མངོན་ལྐོག་གི་སྒོ་ནས་ཡུལ་ཅན་མངོན་རྗེས་གཉིས་ལས། དང་པོ་ལ། མཚན་ཉིད། སྒྲ་བཤད། དབྱེ་བ་གསུམ་ལས། དང་པོ་ནི། རང་གི་འཛིན་སྟངས་ ཀྱི་ཡུལ་གྱི་གཞལ་བྱ་མངོན་སུམ་པ་ལ་མི་བསླུ་བའི་ཤེས་པ། མངོན་སུམ་ཚད་མའི་མཚན་ ཉིད། མཚན་གཞི་བུམ་འཛིན་མིག་ཤེས་དང༌། དེས་དྲངས་པའི་ངེས་ཤེས་ལྟ་བུའོ། །འདིར་ འཇིག་རྟེན་སོ་སོ་སྐྱེ་བོ་ལ་ལྟོས་ནས་ཀ་བུམ་སོགས་མངོན་གྱུར་རྣམས་རྟགས་ལ་བརྟེན་ནས་ རྟོགས་མི་དགོས་པར་མྱོང་སྟོབས་ཀྱིས་རྟོགས་པའམ་དེ་མིན་རྣམ་བྱང་གི་ཕྱོགས་ཀྱི་ཆོས་ཚུལ་ སོགས་དེ་ལྟར་རྟོགས་པ་གང་ཡིན་ཡང་འདྲ་དོན་ལ་བློ་རང་གི་འཛིན་སྟངས་སུ་ཡུལ་དེ་དག་ བཟུང་ནས་དེ་ལྟར་རྟོགས་ཐུབ་པ་ཞིག་དགོས། རང་གི་འཛིན་སྟངས་ཀྱི་ཡུལ་གྱི་གཞལ་བྱ་ མངོན་སུམ་པ་དང༌། དེའི་ཡུལ་དུ་གྱུར་པའི་གཞལ་བྱ་མངོན་སུམ་པ་གཉིས་མི་འདྲ་སྟེ། སྔ་མ་ ཡུལ་དེ་མངོན་སུམ་ཡིན་མིན་གང་ཡིན་ཀྱང་བློ་དེ་ལ་མངོན་སུམ་ཡིན་པ་དང༌། ཕྱི་མ་བློ་དེ་ལ་ མངོན་སུམ་ཡིན་པས་མི་ཆོག་པར་དེ་སྤྱིར་ཡང་མངོན་སུམ་ཡིན་པ་དེ་ལ་གོ་བའི་ཕྱིར། དེས་ ལྐོག་གྱུར་འགྲེས། གཉིས་པ་སྒྲ་བཤད་ནི། (རང་རྒྱུད་པ་མན་ཆད་ཀྱིས། མངོན་སུམ་ཞེས་པ་ཡུལ་མངོན་དུ་བྱེད་པའི་ཡུལ་ཅན་ཤེས་ པ་ལ་གཙོ་བོར་གོ་ཞིང་ཡུལ་ནི་སྔ་མ་དེའི་ཆ་ནས་བཞག་ཙམ་ཡིན་པས་དེ་ལུགས་ལྟར་ཡུལ་ཅན་མངོན་སུམ་དངོས་ཡུལ་བཏགས་ པ་བར་འདོད་ཀྱང་དབུ་མ་ཐལ་འགྱུར་བས་ནི་ཐ་སྙད་རང་དགའི་སྣང་ཚུལ་ལ་མངོན་སུམ་ཞེས་པ་ཡུལ་མངོན་གྱུར་ལྷང་ངེར་ཡོད་ 5-1-283 པ་དེ་ཀ་ལ་གཙོ་བོར་སྣང་བས་སྣང་ཚུལ་དེ་ཕྱོགས་ནས་ཡུལ་མངོན་སུམ་དངོས་དང༌། དེ་མངོན་དུ་གྱུར་བྱེད་ཀྱི་ཤེས་པ་ལ་ཡུལ་ དེའི་ཆ་ནས་མངོན་སུམ་དུ་བཞག་པས་དེ་ནི་མངོན་སུམ་བཏགས་པ་བར་བཞེད་པ་ཡིན་ཕྱིར་གྲུབ་མཐའ་འོག་མ་དག་གི་འདོད་ པ་དང་ཐལ་འགྱུར་བའི་བཞེད་དགོངས་མི་འདྲའོ།།) རང་རྒྱུད་པ་མན་ཆད་ཀྱིས་ཡུལ་ཅན་ཤེས་པ་དེ་མངོན་ སུམ་དངོས་དང་དེའི་ཡུལ་མངོན་སུམ་བཏགས་པ་བར་འདོད་ཀྱང་འདིར་ནི་དབང་པོ་མངོན་ དུ་ཕྱོགས་པའི་ཡུལ་ལ་མངོན་སུམ་ཞེས་བརྗོད་ཕྱིར་དེ་ལས་ལྡོག་པར་བཞེད་དོ། ། གསུམ་པ་དབྱེ་བ་ལ། དབང་མངོན། ཡིད་མངོན་གཉིས་ལས། དང་པོ་ལ། མཚན་ཉིད། དབྱེ་བ་གཉིས་ལས། དང་པོ་ནི། རང་གི་བདག་རྐྱེན་དབང་པོ་གཟུགས་ཅན་པ་ལ་དངོས་སུ་ བརྟེན་ཅིང་རང་གི་འཛིན་སྟངས་ཀྱི་ཡུལ་མངོན་སུམ་པ་ལ་མི་བསླུ་བའི་ཤེས་པ། དབང་མངོན་ ཚད་མའི་མཚན་ཉིད། མཚན་གཞི་བུམ་འཛིན་མིག་ཤེས་ལྟ་བུའོ། ། གཉིས་པ་དབྱེ་བ་ལ། གཟུགས་འཛིན་ནས་རེག་འཛིན་གྱི་བར་ལྔ་ཡོད་པ་རྣམས་རང་ རང་གི་མཚན་ཉིད་སྐབས་གོང་ལྟར་ལ་རང་གི་འཛིན་སྟངས་ཀྱི་ཡུལ་གཟུགས་ཀྱི་སྐྱེ་མཆེད་ ཞེས་སོགས་སྦྱར་བས་ཤེས། (དབུ་མ་ཐལ་འགྱུར་པའི་ལུགས་ལ། གཉིས་སྣང་ཅན་གྱི་ཤེས་པ་ཡིན་ན་རང་ཡུལ་གང་ བཟུང་བའི་སྐབས་སུ་དེ་ལུགས་ཀྱི་སྣང་ཚུལ་རེ་མི་འབྱུང་བ་མེད་པས་སྣང་བ་དེ་འདྲ་ལ་གང་གི་སྣང་བ་བྱུང་བའི་སྣང་བ་ཞེས་ཟེར་ བ་ཡིན་ཕྱིར་སྣང་ཆ་དེ་ནི་བློ་རང་ལ་ཆེས་གསལ་ཀྱི་མངོན་སུམ་ཡིན་ལུགས་ཇི་བཞིན་པ་ཡིན་པའི་ཕྱོགས་ནས་རང་གི་སྣང་བ་ལ་ མངོན་སུམ་ཚད་མ་ཡིན་ཆོག་པ་ཡིན། དེ་ནམ་དུ་ཡང་སྣང་ཚུལ་རང་ག་དེ་ཙམ་མི་བསླུ་བ་མ་ཡིན་པ་མེད་པས་ཚུལ་དེའི་སྒོ་ནས་ གཉིས་སྣང་ཅན་གྱི་བློ་ཐམས་ཅད་རང་རང་གི་སྣང་བ་ལ་ཚད་མ་ཤ་སྟག་དང་འཛིན་སྟངས་ལ་ཡང་དག་ཡིན་མིན་ཅི་རིགས་ཡོད།) ཤེས་པ་རྣམས་ཀྱིས་ཡུལ་རྙེད་ཚུལ་ཀྱང་ལུགས་འདིར་སྣང་བ་དང་འཛིན་སྟངས་ཀྱི་སྒོ་ནས་ རྙེད་ལུགས་འདྲ་མིན་ཡོད་ཀྱང་གཙོ་བོར་འཛིན་སྟངས་ཀྱིས་རྙེད་ཚུལ་ལ་གོ་བའོ། ། གཉིས་པ་ཡིད་མངོན་ལ། མཚན་ཉིད། དབྱེ་བ་གཉིས་ལས། དང་པོ་ནི། རང་གི་བདག་ རྐྱེན་ཡིད་དབང་ཙམ་ལ་བརྟེན་པའི་རང་གི་འཛིན་སྟངས་ཀྱི་ཡུལ་གྱི་གཞལ་བྱ་མངོན་སུམ་པ་ 5-1-284 ལ་མི་བསླུ་བའི་ཤེས་པ། ཡིད་མངོན་ཚད་མའི་མཚན་ཉིད། མཚན་གཞི་གཞན་སེམས་ཤེས་ པའི་མངོན་ཤེས་ལྟ་བུའི་རྟོག་མེད་ཡིད་མངོན་ཚད་མ་དང་བུམ་འཛིན་མིག་ཤེས་ཀྱིས་དྲངས་ པའི་ངེས་ཤེས་ལྟ་བུའི་རྟོག་བཅས་ཡིད་མངོན་ཚད་མ་དང་གཉིས་ཡོད། གཉིས་པ་དབྱེ་བ་ལ་དབང་ཡིད་རྣལ་འབྱོར་མངོན་སུམ་གསུམ་དུ་དབྱེ་བའི་ཡིད་མངོན་ དང༌། རྣལ་འབྱོར་མངོན་སུམ་གཉིས་ལས། དང་པོ་ལ། མཚན་ཉིད། དབྱེ་བ་གཉིས་ལས། དང་པོ་ནི། བདག་རྐྱེན་ཡིད་དབང་ཞིག་ལ་བརྟེན་ཅིང་ཞི་ལྷག་ཟུང་འབྲེ ལ་ལ་མ་བརྟེན་པར་ རང་གི་འཛིན་སྟངས་ཀྱི་ལུས་ཀྱི་གཞལ་བྱ་མངོན་སུམ་པ་ལ་མི་བསླུ་བའི་ཤེས་པ་དེ་དེ་གསུམ་ དུ་དབྱེ་བའི་ཡིད་མངོན་ཚད་མའི་མཚན་ཉིད། མཚན་གཞི་བུམ་འཛིན་མིག་ཤེས་ཀྱིས་དྲངས་ པའི་ངེས་ཤེས་ལྟ་བུའོ། ། གཉིས་པ་དབྱེ་བ་ལ། དབང་ཤེས་ལྔས་དྲངས་པའི་ཡུལ་ལྔའི་རྣམ་ཅན་གྱི་ཡིད་མངོན་ དང༌། ནང་གི་བདེ་སོགས་མྱོང་བའི་ཡིད་མངོན་དང༌། ང་དང་ང་ཡི་བ་འཛིན་པའི་བློས་དྲངས་ པའི་ངེས་ཤེས་ལྟ་བུའི་ཆོས་ཀྱི་སྐྱེ་མཆེད་པའི་ཡུལ་ཅན་གྱི་ཡིད་མངོན་དང༌། དེ་མ་ཐག་དང་ཚེ་ རབས་སྔ་མ་སོགས་དྲན་པ་ལྟ་བུའི་འདས་པ་དྲན་པའི་ཡིད་མངོན་དང་བཞི་ཡོད། (དབུ་མ་ཐལ་ འགྱུར་པའི་ལུགས་ལ་གཟུགས་འཛིན་མིག་ཤེས་ཀྱིས་དྲངས་པའི་ངེས་ཤེས་ལྟ་བུའི་ཡིད་མངོན་གྱི་བདག་རྐྱེན་ནི་ངེས་ཤེས་དེ་ཉིད་ ཀྱི་སྔ་ལོག་གི་མིག་ཤེས་དེ་ཡིན་པ་བཞིན་གཞན་ལ་འགྲེས། དེ་ལུགས་བཞིན་སེམས་ཀྱི་བདེ་སྡུག་སོགས་ཆེས་མངོན་གསལ་གྱི་ སྣང་བ་དང་རང་རྒྱུད་ཀྱི་ངར་སྣང་བ་དང༌། ང་དེ་ཁྱད་ཆོས་སྣ་ཚོགས་ཅན་དུ་སྣང་བ་སོགས་ལུགས་འདིར་མངོན་སུམ་དུ་འཇོག་པ་ ཡིན་ལ་དེ་ཡང་ནང་ཡིད་ཤེས་མངོན་སུམ་དུ་གཏོགས་པའོ།།) གཉིས་པ་རྣལ་འབྱོར་མངོན་སུམ་ལ། མཚན་ཉིད། དབྱེ་བ་གཉིས་ལས། དང་པོ་ནི། རང་ གི་བདག་རྐྱེན་ཞི་ལྷག་ཟུང་འབྲེལ་ལ་བརྟེན་ནས་བདེན་བཞིའི་ཁྱད་ཆོས་སམ་བདག་མེད་ ཕྲ་རགས་ཅི་རིགས་པ་མངོན་སུམ་དུ་རྟོགས་པའི་མངོན་སུམ་ཚད་མ་དེ། རྣལ་འབྱོར་མངོན་ 5-1-285 སུམ་གྱི་མཚན་ཉིད། མཚན་གཞི་ཆོས་རྣམས་རང་བཞིན་གྱིས་གྲུབ་པས་སྟོང་པ་མངོན་སུམ་ དུ་རྟོགས་པའི་ཡེ་ཤེས་ལྟ་བུའོ། །འདི་ནི་རྟོག་བྲལ་ལོ། ། གཉིས་པ་དབྱེ་བ་ལ། བདེན་བཞིའི་རྣམ་པ་བཅུ་དྲུག་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ བཅུ་དྲུག གང་ཟག་དང་ཆོས་ཀྱི་བདག་མེད་ཕྲ་རགས་གཉིས་མངོན་སུམ་དུ་རྟོགས་པའི་ཡེ་ ཤེས་གཉིས་རེའོ། ། གཉིས་པ་རྗེས་དཔག་ལ། མཚན་ཉིད། དབྱེ་བ་གཉིས་ལས། དང་པོ་ནི། རྟགས་བསྒྲུབ་ བྱ་ལ་མི་འཁྲུལ་བ་ལ་དངོས་སུ་བརྟེན་ནས་རང་གི་འཛིན་སྟངས་ཀྱི་ཡུལ་གྱི་གཞལ་བྱ་ལྐོག་ གྱུར་བ་ལ་མི་བསླུ་བའི་ཤེས་པ། རྗེས་དཔག་ཚད་མའི་མཚན་ཉིད། མཚན་གཞི་བྱས་རྟགས་ ཀྱིས་སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་ལྟ་བུའོ། ། གཉིས་པ་དབྱེ་བ་ལ། ཕྱི་རྒོལ་དབང་རྣོན་ལ་ཐལ་འགྱུར་ཙམ་ལ་བརྟེན་པའི་རྗེས་དཔག་ དང༌། དབང་རྟུལ་ལ་ཚུལ་གསུམ་ཚང་བའི་རྟགས་ལ་བརྟེན་པའི་རྗེས་དཔག་གཉིས་དང༌། རང་གི་རིགས་པས་བསམ་སྟོབས་ཀྱིས་བྱུང་བའི་རྗེས་དཔག་དང༌། གཞན་གྱི་ངག་ལས་ཐོས་ བྱུང་གི་རྗེས་དཔག་གཉིས་དང༌། ཡང་དངོས་སྟོབས་རྗེས་དཔག་སོགས་གསུམ་དུ་དབྱེ་བའོ། །དེ་ལས་ཕྱི་མ་ལ། དངོས་སྟོབས། ཡིད་ཆེས། དཔེ་ཉེར་འཇལ་རྗེས་དཔག་དང་གསུམ་ལས། དང་པོ་ནི། རྟགས་བསྒྲུབ་བྱ་ལ་མི་འཁྲུལ་བ་ལ་དངོས་སུ་བརྟེན་ནས་རང་གི་འཛིན་ སྟངས་ཀྱི་ཡུལ་གྱི་གཞལ་བྱའི་གནས་གཉིས་པ་འཇལ་བའི་རྗེས་དཔག་དང༌། གཉིས་པ་ནི། རང་གི་འཛིན་སྟངས་ཀྱི་ཡུལ་གྱི་གཞལ་བྱ་ཤིན་ཏུ་ལྐོག་གྱུར་ལ་མི་བསླུ་ བའི་རྗེས་དཔག་དང༌།གསུམ་པ་ནི། འདྲ་བའམ་དེས་རྟོགས་ཟིན་གྱི་རྒྱུ་མཚན་ཡང་དག་ལ་ བརྟེན་ནས་རང་ལ་ལྐོག་གྱུར་གྱི་དོན་དེ་དཔེ་དེ་དང་འདྲ་བར་རྟོགས་པའི་རྗེས་དཔག་དེའོ། །འདི་གསུམ་གྱི་མཚན་གཞི་ཡང་རིམ་པར་རྟེན་འབྲེལ་གྱི་རྟགས་ཀྱིས་མྱུ་གུ་བདེན་མེད་དུ་ 5-1-286 རྟོགས་པའི་རྗེས་དཔག་དང༌། དཔྱད་གསུམ་གྱིས་དག་པའི་ལུང་གི་རྟགས་ཀྱིས་སྦྱིན་བའི་ ལོངས་སྤྱོད་ཁྲིམས་ཀྱིས་བདེ་ཞེས་པའི་ལུང་དེ་རང་གི་བསྟན་བྱའི་དོན་ལ་མི་བསླུ་བའི་རྟོགས་ པས་རྗེས་དཔག་དང༌། མྱུ་གུ་ནི་མི་བདེན་པ་ལ་མེ་ལོང་ནང་གི་གཟུགས་བརྙན་དང་འདྲ་སྙམ་ པ་དང༌། བ་མེན་ནི་བ་གླང་དང་འདྲ་སྙམ་པའི་རྗེས་དཔག་ལྟ་བུའོ། །ལུགས་འདིར་ཤེར་མདོ་ ལྟ་བུའི་རང་གི་བསྟན་དོན་ལ་མི་བསླུ་བའི་ལུང་ཚད་མ་དང༌། སྟོན་པ་ལྟ་བུའི་ཆོས་ཀྱི་གནས་ ཚུལ་སྟོན་པ་ལ་མི་བསླུ་བའི་སྐྱེས་བུ་ཚད་མ་དང༌། བྱ་བྱེད་ལས་གསུམ་མི་བསླུ་བའི་བྱེད་པ་ ཚད་མ་སོགས་བཞེད་ཀྱང་ཚད་མ་དངོས་ནི་གོང་ལྟར་རོ། །(རང་གིས་དམ་བཅའ་སྒྲུབ་འདོད་ཀྱི་བསམ་ པས་གཞན་ལ་རྟགས་ཆོས་དོན་གསུམ་དངོས་སུ་སྦྱོར་བའི་ཆ་ནས་བཞག་པའི་ངག་དེ་རྟགས་སྦྱོར་རེད། དེ་ཡང་སྒྲ་ཆོས་ཅན། མི་ རྟག་སྟེ། བྱས་པའི་ཕྱིར་ཞེས་པ་ལྟ་བུ་སྟེ། གཞན་ལ་མི་འདོད་པའི་ཐལ་བ་འཕང་བའི་ཐལ་རྟགས་དངོས་སུ་སྦྱོར་བའི་ཆ་ནས་ བཞག་པའི་ངག་དེ། ཐལ་འགྱུར་རེད། དེ་ཡང་སྒྲ་ཆོས་ཅན། མ་བྱས་པར་ཐལ། རྟག་པའི་ཕྱིར། ཞེས་པ་ལྟ་བུ་དེ་རེད། ཐལ་འགྱུར་ པའི་ལུགས་ལ་ཕྱི་རྒོལ་དབང་རྣོན་ལ་རྟོགས་པ་བསྐྱེད་ཐབས་ཐལ་འགྱུར་ཙམ་དང་དབང་རྟུལ་ལ་ཐལ་འགྱུར་རྟགས་སྦྱོར་གཉིས་ ཀ་དགོས། ཐལ་འགྱུར་པའི་ལུགས་ལ། རྟགས་སྒྲུབ་བྱ་ལ་མི་འཁྲུལ་བའང་སྣང་ཙམ་གྱི་ཚུལ་གསུམ་ཚང་དགོས་ཤིང༌། བུམ་ འཛིན་ཚད་མ་ལྟ་བུ་ནི་བུམ་པ་བཟུང་བའི་བྱ་བ་དང༌། བྱ་བའི་ལས་བུམ་པ་དང༌། བུམ་འཛིན་གྱི་བྱེད་པ་སྟེ་གསུམ་པོ་སྣང་ཙམ་ མི་བསླུ་བ་དང༌། བུམ་འཛིན་གྱི་བློས་བུམ་པ་བཟུང་བའི་དུས་སུ་ཡུལ་ཡུལ་ཅན་གྱི་གཉིས་སྣང་ཡོད་སྟབས་བུམ་པ་ཡུལ་དུ་ཡོད་ པ་དང་རང་ཉིད་ཡུལ་ཅན་དུ་ཡོད་པ་བུམ་འཛིན་གྱི་བློ་དེ་ཉིད་ཀྱི་ངོར་ཡུལ་ཡུལ་ཅན་ཐ་དད་སྣང་བའི་སྒོ་ནས་རྟོགས་པའི་ཆ་ནས་ བློ་རང་གིས་རང་ཉིད་རྟོགས་པ་དང༌། བློ་དེས་དྲངས་པའི་ངེས་ཤེས་ཕྱི་མས་ཀྱང་སྔར་གྱི་ཡུལ་ཡུལ་ཅན་ཇི་བཞིན་རྟོགས་པ་མྱོང་ གྲུབ་ལྟར་ཡང་གོ་བ་ལེན་ཤེས་དགོས།) འདིར་རང་རིག་མི་བཞེད་པས་ཡུལ་ཅན་ཤེས་པ་ཡོད་པར་ངེས་ མི་ནུས་པའི་སྐྱོན་མེད་དེ། འཇིག་རྟེན་པའི་ཤེས་པ་ལྷན་སྐྱེས་ཀྱི་ངོར་མ་བརྟགས་རང་ག་བར་ སྣང་ལུགས་ལྟར་ཤེས་པ་རྣམས་ཀྱིས་རང་ཉིད་ཡོད་པ་ཡུལ་ཡུལ་ཅན་ཐ་དད་དུ་སྣང་བའི་སྒོ་ ནས་རང་གིས་ཀྱང་རྟོགས་ཆོག་པ་དང༌། དེ་མ་ཟད་རང་གིས་དྲངས་པའི་ཡིད་མངོན་ཚད་མས་ 5-1-287 ཀྱང་རྟོགས་པའི་ཕྱིར་རོ། །འདི་ནི་ཁོང་གི་རང་ལུགས་སོ། །གཉིས་སྣང་ཅན་གྱི་ཤེས་པ་ཡིན་ ན་རང་ཉིད་ཡོད་པ་རྟོགས་ཀྱང་དེ་རྟོགས་མི་དགོས། འཕགས་པའི་མཉམ་བཞག་ནི་སྤྲོས་པ་ ཐམས་ཅད་བྲལ་བའི་ཡེ་ཤེས་ཡིན་ཕྱིར་ཡུལ་ཡུལ་ཅན་ཐ་དད་དུ་སྣང་བའི་སྒོ་ནས་རང་ཉིད་ ཡོད་པ་སོགས་ཀུན་རྫོབ་ཀྱི་ཆོས་གང་ཡང་མི་རྟོགས་པ་ནི་སློབ་འཕགས་ལ་ཡིན་གྱི་སངས་ འཕགས་ཀྱི་ཡེ་ཤེས་ནི་རྣམ་པ་ཐམས་ཅད་ཅིག་ཆར་གཟིགས་པའི་བདག་ཉིད་དོ། ། གཉིས་པ་ཚད་མིན་ནི། ཉོན་མོངས་པ་རྣམས་དང༌། ཁྱད་པར་བདེན་འཛིན་ལ་སོགས་ པའི་ཤེས་པ་ཐམས་ཅད་དོ། ། ལྔ་པ་རྟོགས་མ་རྟོགས་གཉིས་སུ་དབྱེ་བ་ལ། རྟོགས་པའི་བློ་དང་མ་རྟོགས་པའི་བློ་བཤད་ པའོ། །དང་པོ་ལ། མཚན་ཉིད། དབྱེ་བ་གཉིས་ལས། དང་པོ་ནི། བློ་དེའི་བྱེད་པ་ལ་བརྟེན་ ནས་ཆོས་དེ་ལ་ངེས་པ་འདྲེན་ནུས་པ་དེ། བློ་དེས་ཆོས་དེ་རྟོགས་པའི་མཚན་ཉིད། མཚན་ གཞི་བུམ་འཛིན་མིག་ཤེས་ཀྱིས་བུམ་པ་རྟོགས་པ་ལྟ་བུའོ། །འདི་བློའི་ཡུལ་དེ་རྟོགས་པའི་ མཚན་ཉིད། གོང་གི་མཚན་ཉིད་ཀྱི་ཟུར་དུ་འདྲེན་ནུས་པའི་རིག་པ་ཞེས་སྦྱར་ན་རྟོགས་པའི་ བློའི་མཚན་ཉིད་ལ་འགྲོ་ཚུལ་ཡོད། འདི་སྐབས་མཚན་གཞི་ཡང་བུམ་འཛིན་ཚད་མ་ལྟ་བུའོ། རྟོགས་པ་ལ་བློའི་ཆོས་ཀྱི་མ་ཁྱབ་པ་ནི་སྟོང་ཉིད་སོགས་སོ། ། གཉིས་པ་དབྱེ་བ་ལ། དངོས་རྟོགས་ཤུགས་རྟོགས་གཉིས་དང༌། དེ་གཉིས་ཀྱི་དབྱེ་བ་ དང་གསུམ་ལས། དང་པོ་ནི། བློ་དེ་ལ་ཡུལ་དེའི་རྣམ་པ་ཤར་བའི་སྒོ་ནས་རྟོགས་པ་དེ། བློ་དེས་ཡུལ་དེ་དངོས་སུ་རྟོགས་པའི་མཚན་ཉིད། མཚན་གཞི་བུམ་འཛིན་དབང་མངོན་ གྱིས་བུམ་པ་རྟོགས་པ་ལྟ་བུའོ། ། གཉིས་པ་ཤུགས་རྟོགས་ནི། བློ་དེ་ལ་ཡུལ་དེའི་རྣམ་པ་མ་ཤར་ཡང་ཡུལ་གཞན་གྱི་རྣམ་ པ་ཤར་བའི་སྒོ་ནས་ཡུལ་དེ་ལའང་ངེས་པ་འདྲེན་ནུས་པ་དེ། བློ་དེས་ཡུལ་དེ་ཤུགས་ལ་རྟོགས་ 5-1-288 པའི་མཚན་ཉིད། མཚན་གཞི་སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་གིས་སྒྲ་རྟག་སྟོང་ཤུགས་ལ་ རྟོགས་པ་ལྟ་བུའོ། །འདིའི་ཟུར་ལ་རིག་པ་སྦྱར་ན་གོང་ལྟར་དུ་གོ་བ་བླང་ཚུལ་ཡོད། (སྤྱིར་བློ་ དེས་ཡུལ་རྟོགས་པའི་ཆ་དང༌། དེ་རྟོགས་མཁན་བློའི་ཆ་གཉིས་ཡོད། བློས་ཡུལ་དངོས་སུ་རྟོགས་པའི་ཆ་དང༌། དངོས་སུ་རྟོགས་ མཁན་གྱི་ཆ་དང་གཉིས་ཡོད། བློས་ཡུལ་ཤུགས་ལ་རྟོགས་པའི་ཆ་དང༌། ཤུགས་ལ་རྟོགས་མཁན་གྱི་ཆ་གཉིས་ཡོད། དེ་གསུམ་རེ་ རེ་ལ་མཚན་མཚོན་གཉིས་རེ་ཕྱེས་ནི་རེད། བུམ་འཛིན་མིག་ཤེས་ཀྱི་སྣང་ཡུལ་དང་འཛིན་སྟངས་ཀྱི་ཡུལ་གཉིས་ཀ་བུམ་པ་རེད། བུམ་འཛིན་རྟོག་པའི་སྣང་ཡུལ་བུམ་པའི་དོན་སྤྱི་རེད། བུམ་འཛིན་རྟོག་པའི་འཛིན་སྟངས་ཀྱི་ཡུལ་ནི་བུམ་པ་རེད། བུམ་འཛིན་ ཚད་མས་བུམ་པ་རྟོགས་དུས་སུ་བུམ་པ་དེ་བུམ་པ་མ་ཡིན་པ་ཡུལ་གྱི་སྒྲོ་འདོགས་དང༌། བུམ་པ་དེ་བུམ་པ་མ་ཡིན་པར་འཛིན་ པའི་ཡུལ་ཅན་གྱི་སྒྲོ་འདོགས་དང་གཉིས་དེ་དངོས་སུ་བཅད་ནི་རེད། ཚད་མ་དེས་བུམ་པ་དེ་བུམ་པ་མ་ཡིན་པ་མིན་པ་ཤུགས་ལ་ རྟོགས་དུས་སུ་བུམ་པ་མ་ཡིན་པ་མ་ཡིན་པ་མ་ཡིན་པ་ཡུལ་གྱི་སྒྲོ་འདོགས་དང༌། བུམ་པ་མ་ཡིན་པ་མ་ཡིན་པ་མ་ཡིན་པར་འཛིན་ པའི་ཡུལ་ཅན་གྱི་སྒྲོ་འདོགས་དང་གཉིས་དེ་ཤུགས་ལ་བཅད་ནི་རེད། དེས་འགྲེས། སྤྱིར་བདག་མེད་དངོས་རྟོགས་ཀྱི་བློས་བུམ་ པའི་བདག་མེད་པ་དངོས་སུ་རྟོགས་པའི་ཤུགས་ལ་གཞན་ཀ་བའི་བདག་མེད་པ་སོགས་དགག་བྱ་རིགས་གཅིག་དུ་མ་རྟོགས་ཆོག་ ཀྱང་དེ་འདྲའི་བློ་དེས་ཤུགས་ལ་བུམ་པ་ལྟ་བུའི་སྒྲུབ་པ་དང༌། མི་རྟག་པ་ལྟ་བུའི་མ་ཡིན་དགག་གང་ཡང་རྟོགས་ཚུལ་མེད་པའི་ ཕྱོགས་ནས་འདིར་མེད་དགག་དངོས་རྟོགས་ལ་ཤུགས་རྟོགས་མེད་པར་འཇོག་པ་ཡིན་ཚུལ་གོ་དགོས།) ཤུགས་རྟོགས་ཀྱི་ བློ་ཡིན་ན་དངོས་རྟོགས་ཀྱིས་བློ་ཡིན་པས་ཁྱབ་ཀྱང་དེ་ལས་ལྡོག་ན་མ་ཁྱབ་པ་ལ་མེད་དགག་ དངོས་རྟོགས་ཀྱི་བློ་བཞག་པ་ནི་སྒྲུབ་པ་མ་ཡིན་དགག་གང་ཡང་ཤུགས་ལ་མི་རྟོགས་པས་ ཡིན་གྱི་བློ་དེའི་ཤུགས་ལ་མེད་དགག་རིགས་མཐུན་གང་ཡང་མི་རྟོགས་པས་དེ་ལྟར་བཞག་ པ་མིན། འདིའི་རྣམ་པ་ཞེས་པ་གཟུང་རྣམ་ལ་གོ་ཞིང་མདོ་སྡེ་པའི་ལུགས་ལ་རྣམ་པ་གཏོད་ བྱེད་ཀྱི་ཕྱི་དོན་གྱིས་རྣམ་པ་གཏད་ནས་ཤེས་པ་དེའི་རྣམ་ལྡན་དུ་སྐྱེ་བར་འདོད་ཀྱང་སེམས་ ཙམ་པས་དེ་ལྟར་མི་འདོད། བློ་དེ་ལ་ཡུལ་དེའི་དང་ཡུལ་གྱི་རྣམ་པ་ཤར་ཞེས་པ་ལ་རང་རིག་ མི་འདོད་པ་རྣམས་ལ་ཁྱད་མེད་ཀྱང་འདོད་པ་དག་གིས་སྔ་མ་ལ་གཟུང་བྱ་གཟུང་བྱེད་ཐ་དད་ 5-1-289 མེད་ཀྱང་ཆོག་པ་དང་ཕྱི་མ་ལ་མི་ཆོག་པར་འདོད་དོ། ། གསུམ་པ་དེ་གཉིས་ཀྱི་དབྱེ་བ་ལ། ཚད་མའི་དངོས་རྟོགས་ཤུགས་རྟོགས་དང༌། ཚད་མིན་ གྱི་དངོས་རྟོགས་ཤུགས་རྟོགས་གཉིས་ལས། དང་པོ་ལ། སྤྱིར་ཚད་མའི་རྟོགས་ཚུལ་དང་ཁྱད་ པར་མངོན་སུམ་དང་རྗེས་དཔག་གིས་རྟོགས་ཚུལ་དང་གསུམ་ལས། དང་པོ་ལ་གཉིས་ལས། དང་པོ་ནི། ཚད་མ་དེ་ཡུལ་དེ་ལ་བློ་ཁ་ཕྱོགས་ཤིང་རྣམ་པ་ཤར་བའི་སྟོབས་ཀྱིས་རྗེས་སུ་བློ་ གཞན་ལ་ལྟོས་མེད་དུ་ངེས་པ་རང་སྟོབས་ཀྱིས་འདྲེན་པ། ཚད་མས་ཡུལ་དེ་དངོས་རྟོགས་ཀྱི་ མཚན་ཉིད། མཚན་གཞི་བུམ་འཛིན་མིག་ཤེས་ཚད་མའི་བུམ་པ་རྟོགས་པ་ལྟ་བུའོ། །བློ་ཁ་ ཕྱོགས་ཞེས་པ་བློ་དེས་ཡུལ་དེ་དམིགས་ནས་དེ་ཕྱོགས་སུ་གནས་པའི་དོན་ནོ། ། གཉིས་པ་ནི། ཚད་མ་དེ་ལ་ཡུལ་དེའི་རྣམ་པ་མ་ཤར་ཞིང་དེ་ལ་བློ་ཁ་མ་ཕྱོགས་ཀྱང་ཡུལ་ གཞན་གྱི་རྣམ་པ་ཤར་བའི་སྒོ་ནས་ཡུལ་དེ་ལ་ངེས་པ་འདྲེན་ནུས་པ་དེ། ཚད་མས་ཤུགས་ རྟོགས་ཀྱི་མཚན་ཉིད། མཚན་གཞི་སྒྲ་མི་རྟག་རྟོགས་ཀྱིས་རྟག་སྟོང་ཤུགས་ལ་རྟོགས་པ་ལྟ་ བུའོ། ། གཉིས་པ་མངོན་སུམ་ཚད་མས་རྟོགས་ཚུལ་ལ་གཉིས་ལས། དང་པོ་ནི། མངོན་སུམ་ གྱི་ཚད་མ་དེ་ལ་རང་གི་གཞལ་བྱ་དེའི་རྣམ་པ་ཤར་བའི་སྒོ་ནས་གཞལ་བྱ་དེ་ལ་སྒྲོ་འདོགས་ གཅོད་པ་དེ། མངོན་སུམ་ཚད་མས་དངོས་རྟོགས་ཀྱི་མཚན་ཉིད། མཚན་གཞི་སྔོ་འཛིན་མིག་ ཤེས་ཚད་མས་སྔོན་པོ་རྟོགས་པ་ལྟ་བུའོ། ། གཉིས་པ་ནི། མངོན་སུམ་ཚད་མ་དེ་ལ་རང་གི་གཞལ་བྱ་དེའི་རྣམ་པ་ཤར་བའི་སྒོ་ནས་ གཞལ་བྱ་དེ་ལ་སྒྲོ་འདོགས་བཅད་སྟོབས་ཀྱིས་རང་ལ་རྣམ་པ་མ་ཤར་བའི་ཆོས་གཞན་ ལའང་སྒྲོ་འདོགས་གཅོད་པ་དེ། མངོན་སུམ་ཚད་མས་ཤུགས་རྟོགས་ཀྱི་མཚན་ཉིད། མཚན་ གཞི་བུམ་པས་དག་པའི་ས་ཕྱོགས་འཛིན་པའི་དབང་མངོན་ཚད་མས་བུམ་མེད་ཤུགས་ལ་ 5-1-290 རྟོགས་པ་ལྟ་བུའོ། ། གསུམ་པ་རྗེས་དཔག་ཚད་མས་རྟོགས་ཚུལ་ལ་གཉིས་ལས། དང་པོ་ནི། རྗེས་དཔག་ དེ་ལ་རང་གི་གཞལ་བྱའི་དོན་སྤྱི་ཤར་བའི་སྒོ་ནས་གཞལ་བྱ་དེ་ལ་སྒྲོ་འདོགས་གཅོད་པ་དེ། རྗེས་དཔག་གིས་དངོས་རྟོགས་ཀྱི་མཚན་ཉིད། མཚན་གཞི་སྒྲ་མི་རྟག་པར་རྟོགས་པའི་རྗེས་ དཔག་གིས་སྒྲ་མི་རྟག་པ་རྟོགས་པ་ལྟ་བུའོ། ། གཉིས་པ་ནི། རྗེས་དཔག་དེ་ལ་རང་གི་གཞལ་བྱ་དེའི་སྤྱི་ཤར་བ་ལ་སྒྲོ་འདོགས་བཅད་ སྟོབས་ཀྱིས་རང་ལ་སྤྱི་མ་ཤར་བའི་ཆོས་གཞན་ལའང་སྒྲོ་འདོགས་གཅོད་པ་དེ། རྗེས་དཔག་ གིས་ཤུགས་རྟོགས་ཀྱི་མཚན་ཉིད། མཚན་གཞི་སྒྲ་མི་རྟག་རྟོགས་པའི་རྗེས་དཔག་གིས་སྒྲ་ རྟག་སྟོང་ཤུགས་ལ་རྟོགས་པ་ལྟ་བུའོ། །(དཔེར་ན་སྒྲ་མི་རྟག་རྟོགས་པའི་རྗེས་དཔག་གིས་སྒྲ་མི་རྟག་པའི་དོན་ སྤྱི་ཤར་བའི་སྒོ་ནས་དེ་ལ་སྒྲ་རྟག་པའི་སྒྲོ་འདོགས་དངོས་སུ་ཆོད་པ་དང་སྒྲ་རྟག་སྟོང་གི་དོན་སྤྱི་མ་ཤར་ཡང་སྒྲ་རྟག་སྟོང་མ་ཡིན་ པའི་སྒྲོ་འདོགས་ཞོར་ནས་ཆོད་སོང་བ་ཡིན་ཞིང༌། ཚུལ་དེའི་སྒོ་ནས་དངོས་རྟོགས་ཤུགས་རྟོགས་ཀྱི་སྒྲོ་འདོགས་ཆོད་ཚུལ་གཞན་ དག་ལ་འགྲེས་དགོས་ཤིང༌། སྤྱིར་བློ་རྣམས་གང་ཡིན་རུང་རང་རང་གི་ཡུལ་རྣམས་ཀྱི་རྣམ་པ་ཤར་ནས་རྟོགས་པ་ཐམས་ཅད་ དངོས་རྟོགས་ཀྱི་དོན་དང༌། རང་ཡུལ་དེ་དག་གི་རྣམ་པ་མ་ཤར་ཡང་དོན་ཞོར་བྱུང་གོ་བ་ལོན་སོང་བའི་ཆ་ནས་ཤུགས་རྟོགས་ཀྱི་ དོན་འཇོག་པའོ། །སྤྱིར་རྟོག་པ་རྣམས་སྣང་ཡུལ་དོན་སྤྱི་དོན་སྣང་གི་ཆ་ནས་འཁྲུལ་ཞིང༌། སྒྲ་རྟོག་རྟགས་གསུམ་གྱིས་རང་རང་གི་ བརྗོད་ཡུལ་ཞེན་ཡུལ་སྒྲུབ་ཆོས་གསུམ་སོ་སོར་བསལ་ནས་བརྗོད་འཛིན་སྒྲུབ་བྱར་བྱེད་པས་ན་དེ་དག་སེལ་འཇུག་ཡིན། མདོ་ སེམས་ལ་ཤེས་རྣམ་སྐྱེ་ཚུལ་འདོད་ལུགས་གསུམ་བྱུང་བ་ཡང་སྣ་ཚོགས་གཉིས་མེད་པས་ཁྲ་འཛིན་ཤེས་པ་ཆ་ཅན་གཅིག་གི་ཆ་ ཤས་ཡུལ་ཁྲ་བོའི་སྔོ་སེར་སོགས་འཛིན་པའི་ཤེས་པ་རེ་རེ་སྐྱེ་བར་འདོད། སྒོ་ང་ཕྱེད་ཚལ་བས་ཡུལ་ཅན་ཁྲ་འཛིན་གཅིག་དེ་ཡུལ་ ཁྲ་བོ་གཅིག་གི་རྣམ་པར་སྐྱེ་བར་འདོད། གཟུང་འཛིན་གྲངས་མཉམ་པས་ཡུལ་ཅན་སྔོ་སེར་སོགས་འཛིན་པའི་ཤེས་པ་ཐ་དད་པ་ མང་པོ་ཡུལ་སྔོ་སེར་སོགས་མང་པོའི་རྣམ་པར་སོ་སོར་སྐྱེ་བར་འདོད་པའོ།།) གཉིས་པ་ཚད་མིན་གྱི་དངོས་རྟོགས་ཤུགས་རྟོགས་ལ། མཚན་ཉིད། དབྱེ་བ་གཉིས་ 5-1-291 ལས། དང་པོ་ལ་གཉིས་ལས། དང་པོ་ནི། རང་ཡུལ་ལ་སྒྲོ་འདོགས་གསར་དུ་མི་གཅོད་ཀྱང་ རྣམ་པ་ཤར་བའི་སྒོ་ནས་རྟོགས་པ་དེ། ཚད་མིན་གྱི་བློས་དངོས་རྟོགས་ཀྱི་མཚན་ཉིད། མཚན་ གཞི་དཔྱད་ཤེས་ཀྱིས་སྒྲ་མི་རྟག་པ་རྟོགས་པ་ལྟ་བུའོ། ། གཉིས་པ་ནི། རང་ཡུལ་ལ་སྒྲོ་འདོགས་གསར་དུ་མི་གཅོད་ཅིང་རྣམ་པའང་མ་ཤར་བར་ རྟོགས་པ་དེ། ཚད་མིན་གྱི་བློས་ཤུགས་རྟོགས་ཀྱི་མཚན་ཉིད། མཚན་གཞི་ཡིད་དཔྱོད་ཀྱི་སྒྲ་ མི་རྟག་པར་རྟོགས་པའི་ཤུགས་ལ་སྒྲ་རྟག་སྟོང་རྟོགས་པ་ལྟ་བུའོ། ། གཉིས་པ་དབྱེ་བ་ལ། དཔྱད་ཤེས། ཡིད་དཔྱོད་གཉིས་ཡོད། གཉིས་པ་མ་རྟོགས་པ་ལ། མཚན་ཉིད། དབྱེ་བ་གཉིས་ལས། དང་པོ་ནི། རང་གི་གཞལ་བྱ་ལ་ངེས་པ་འདྲེན་མི་ནུས་པའི་རིག་པ། མ་རྟོགས་པའི་བློའི་ མཚན་ཉིད། མཚན་གཞི་སྣང་ལ་མ་ངེས་པའི་བློ་ལྟ་བུའོ། ། གཉིས་པ་དབྱེ་བ་ལ། སྣང་ལ་མ་ངེས་པའི་བློ་ལྟ་བུའི་མ་རྟོགས་པ་དང༌། དུང་སེར་སྣང་ གི་དབང་ཤེས་ལྟ་བུའི་ལོག་ཤེས་དང༌། རྩེ་གཉིས་པའི་ཐེ་ཚོམ་དང་གསུམ་ཡོད། དྲུག་པ་འཁྲུལ་ཤེས་དང་མ་འཁྲུལ་བའི་ཤེས་པ་གཉིས་སུ་དབྱེ་བ་ལ། གཉིས་ལས། དང་ པོ་ལ། མཚན་ཉིད། དབྱེ་བ་གཉིས་ལས། དང་པོ་ནི། རང་གི་སྣང་ཡུལ་ལ་འཁྲུལ་བའི་རིག་ པ། འཁྲུལ་ཤེས་ཀྱི་མཚན་ཉིད། མཚན་གཞི་བུམ་འཛིན་རྟོག་པ་ལྟ་བུའོ། །འདི་སྣང་ཡུལ་ལ་ འཁྲུལ་བའི་སྒོ་ནས་འཇོག་ཕྱིར་འཛིན་སྟངས་ལ་བསླུ་མི་བསླུ་ཅི་རིགས་ཡོད། གཉིས་པ་དབྱེ་ བ་ལ། རྟོག་བཅས་རྟོག་མེད་གཉིས་ཡོད། གཉིས་པ་ལ། མཚན་ཉིད། དབྱེ་བ་གཉིས་ལས། དང་པོ་ནི། རང་གི་སྣང་ཡུལ་ལ་མ་འཁྲུལ་བའི་རིག་པ། མ་འཁྲུལ་བའི་ཤེས་པའི་མཚན་ཉིད། མཚན་གཞི་བུམ་འཛིན་མངོན་སུམ་དང་འཕགས་པའི་མཉམ་བཞག་ལྟ་བུའོ། །མཚན་གཞི་སྔ་ མ་མདོ་སྡེ་པའི་རང་ལུགས་སོ། །འདི་དང་རྟོག་མེད་མ་འཁྲུལ་བའི་ཤེས་པ་དོན་གཅིག 5-1-292 གཉིས་པ་དབྱེ་བ་ལ། དབང་ཤེས་སུ་གྱུར་པ་དང་ཡིད་ཤེས་སུ་གྱུར་པའི་མ་འཁྲུལ་བ་ གཉིས་ཡོད། དེ་ལྟར་མངོན་སུམ་རྣམས་རང་ཡུལ་ལ་གྲུབ་འཇུག་དང༌། མཚན་ཉིད་རྟགས་ དང་རྗོད་བྱེད་ཀྱི་སྒྲ་རྟོག་པ་རྣམས་རང་ཡུལ་ལ་སེལ་འཇུག་གོ།ཤེས་པ་རྣམས་ཡུལ་གྱི་རྣམ་ ལྡན་དུ་སྐྱེ་ཚུལ་ལ་མདོ་སེམས་གཉིས་ལ་ལུགས་གསུམ་རེ་འབྱུང་སྟེ། ཤེས་པ་གཅིག་དེ་ རྣམ་པ་དུ་མ་རུ་སྐྱེ་བར་འདོད་པའི་སྣ་ཚོགས་གཉིས་མེད་པ་དང༌། ཤེས་པ་གཅིག་དེ་རྣམ་པ་ གཅིག་གི་རྣམ་ལྡན་དུ་སྐྱེ་བར་འདོད་པའི་སྒོ་ང་ཕྱེད་ཚལ་བ་དང༌། ཡུལ་གྱི་ཁྱད་པར་དུ་མའི་ གྲངས་དང་མཉམ་པའི་རྣམ་ཤེས་རིགས་མཐུན་དུ་མ་སོ་སོར་སྐྱེ་བར་འདོད་པའི་གཟུང་འཛིན་ གྲངས་མཉམ་པ་དང་གསུམ་རེ་འབྱུང་བའི་ཕྱིར། འདི་ལས་སྔ་མ་ལྟར་རྗེ་ཡབ་སྲས་ཀྱི་བཞེད་ པའོ། །འདི་ཐད་ནས་བོད་སྔ་མ་རྣམས་ཕྱི་དོན་གྱི་ཡུལ་རང་འཛིན་ཤེས་པའི་གཟུང་རྣམ་གྱིས་ བསྒྲིབས་ནས་ལྐོག་ན་མོ་དང་ཕག་ན་མོར་འདོད་ཀྱང་རང་ལུགས་ལ་ཤེལ་ལ་ཚོན་མདངས་ ལྟར་མི་སྒྲིབ་པར་གསལ་བར་ཁས་ལེན་ནོ། ། གསུམ་པ་ལྡན་མིན་འདུ་བྱེད་ལ། མཚན་ཉིད་དང༌། མཚན་གཞིའི་སྒོ་ནས་རྒྱས་པར་དབྱེ་ བའོ། ། དང་པོ་ནི། གཟུགས་ཤེས་གང་རུང་མ་ཡིན་པའི་འདུས་བྱས་དེ། ལྡན་མིན་འདུ་བྱེད་ཀྱི་ མཚན་ཉིད། མཚན་གཞི་གང་ཟག་ལྟ་བུའོ། །བེམ་གཟུགས་དོན་གཅིག་ཏུ་འདོད་པའི་མདོ་སྡེ་ པ་ལྟར་ན་བེམ་ཤེས་གང་རུང་མ་ཡིན་པའི་འདུས་བྱས་དེ། དེའི་མཚན་ཉིད་དུ་བྱས་ཀྱང་ཆོག སྤྱིར་ལྡན་མིན་ནི་རང་གི་གདགས་གཞི་བེམ་གཟུགས་གང་རུང་ལ་བཏགས་ཅིང་རང་ཉིད་དེ་ གཉིས་གང་རུང་མ་ཡིན་པའི་དོན་བྱེད་ནུས་པའི་དངོས་པོ་རང་སྐྱ་འཛིན་མི་ཐུབ་པའི་བཏགས་ ཡོད་ཅིག་གོ། གཉིས་པ་མཚན་གཞིའི་སྒོ་ནས་རྒྱས་པར་དབྱེ་བ་ལ། སྤྱིར་ལྡན་མིན་གྱི་མཚན་གཞི་ནི། 5-1-293 བུམ་པའི་སྐྱེ་རྒ་གནས་འཇིག་བཞི་དང༌། བུམ་པ་འགྲིལ་བ་དང༌། བསྒྲིལ་བ་དང༌། བུམ་པས་ ཆུ་སྐྱོར་བ་དང༌། བློས་ཡུལ་བཟུང་བའི་ཆ་དང༌། ལག་པ་བསྐྱོད་པ། གང་ཟག དུས། ལོ། ཟླ་བ། ཕྱོགས་སོགས་མཐའ་ཡས་པ་ཡོད་པ་ལས་དང་པོ་རྣམས་སླ་ཞིང༌། ཕྱི་མ་གང་ཟག་ སོགས་མདོ་ཙམ་འཆད་པ་ལ། དུས་དང༌། ལོ་དང༌། གང་ཟག་དང༌། བག་ཆགས་དང་བཞི་ ལས། དང་པོ་ལ། དུས་མཐའི་སྐད་ཅིག་མ་དང༌། རྒྱུན་གཉིས་ལས། དང་པོ་ནི། དུས་ཐུང་ ཞིང་ཆུང་བའི་མཐར་ཐུག་པ་དེ། དུས་མཐའི་སྐད་ཅིག་མའི་མཚན་ཉིད། མཚན་གཞི་སྐྱེས་བུ་ སྟོབས་ལྡན་གྱིས་སེ་གོལ་གཅིག་གཏོགས་པའི་ཡུན་ཚད་དང༌། ཡི་གེ་ཨ་གཅིག་བརྗོད་པའི་ ཡུན་ཚད་ལྟ་བུའོ། །འདི་ཡང་བྱ་རྫོགས་ཀྱི་ཐུང་མཐའོ། །དེ་ལས་ཤིན་ཏུ་ཐུང་བ་ཐེག་ཆེན་གྱི་ ལུགས་ལྟར་ན་སྐྱེས་བུ་སྟོབས་ལྡན་གྱིས་སེ་གོལ་གཅིག་གཏོགས་པའི་ཡུན་ཚད་ཆ་བརྒྱ་དང་ ཉི་ཤུ་ཕྱེ་བའང་ཡོད། གཉིས་པ་རྒྱུན་ལ། མཚན་ཉིད། དབྱེ་བ་གཉིས་ལས། དང་པོ་ནི། རང་གི་བདག་ཉིད་ དུ་གྱུར་པའི་དུས་ཀྱི་ཆ་དང་བཅས་པའི་དངོས་པོ་དེ། རྒྱུན་གྱི་མཚན་ཉིད། མཚན་གཞི་དུས་ མཐའི་སྐད་ཅིག་མ་གཉིས་ཡན་ཆད་མཐུད་པའི་ཡུན་ཚད་ལྟ་བུའོ། ། གཉིས་པ་དབྱེ་བ་ལ། དེའི་སྐད་ཅིག་མ་དང༌། བྱ་རྫོགས་ཀྱི་སྐད་ཅིག་མ་གཉིས་ལས། དང་པོ་ནི། དུས་མཐའི་སྐད་ཅིག་མ་བརྒྱ་དང་ཉི་ཤུའི་ཡུན་ཚད་དང་ལྡན་པའི་དངོས་པོ་དེ། དེའི་སྐད་ཅིག་མའི་མཚན་ཉིད། མཚན་གཞི་སེ་གོལ་གཅིག་གཏོགས་པའི་ཡུན་ཚད་ཀྱི་དངོས་ པོ་ལྟ་བུའོ། ། གཉིས་པ་ནི། བྱ་བ་གཅིག་གི་མགོ་བརྩམས་ནས་མཇུག་མ་རྫོགས་པའི་བར་རྒྱུན་གྱི་ དངོས་པོ་དེ། བྱ་རྫོགས་ཀྱི་སྐད་ཅིག་མའི་མཚན་ཉིད། མཚན་གཞི་ཡི་གེ་ཨ་གཅིག་བརྗོད་ པའི་ཡུན་ཚད་ཀྱི་དངོས་པོ་ལྟ་བུའོ། །འདི་རིང་ཐུང་མ་ངེས་པའོ། ། 5-1-294 གཉིས་པ་ལོ་ནི། གཙོ་བོར་ཉི་མས་ལྷོ་བྱང་གི་བགྲོད་པ་རྫོགས་པའམ་ཁྱིམ་བཅུ་གཉིས་ འཁོར་བའི་ཡུན་ཚད་ལྟ་བུའོ། ། གསུམ་པ་གང་ཟག་ནི། རང་སྡེ་གནས་མ་བུ་པས་ཕུང་པོ་ལྔའམ་བཞིར་སྡོམ་པ་ལ་གང་ ཟག་ཏུ་འདོད་ཀྱང༌། དེ་མ་གཏོགས་བྱེ་སྨྲ་ནས་རང་རྒྱུད་པ་མན་ཆད་ཀྱིས་ཕུང་པོ་ལྔ་འམ་ བཞི་ཀ་འཚོགས་པ་གང་ཟག་ཡིན་པ་གཞིར་བྱས་ནས་ཚེ་སྔ་ཕྱིར་འཇུག་པའི་ང་ནི་བྱེ་སྨྲས་ ཕུང་པོའི་རྒྱུན་ཙམ་དང༌། མདོ་སྡེ་པས་ཚེ་སྔ་མ་ནས་རྒྱུན་མི་ཆད་པར་འཇུག་པའི་ཡིད་ཀྱི་རྣམ་ ཤེས་ཙམ་དང༌། སེམས་ཙམ་པས་ཀུན་གཞིའི་རྣམ་ཤེས་ཀྱི་སྟེང་དུ་ཡོད་པར་འདོད་པའི་ཕྱིར་ ན་གང་ཟག་ཡིན་ན་ལྡན་མིན་ཡིན་མིན་ཅི་རིགས་ཡོད་ཀྱི་སྤྱིར་གང་ཟག་ལྡན་མིན་ཡིན། གང་ ཟག་གཅིག་ལ་ངའི་ཆ་ཤས་དུ་མ་ཡོད་ཆོག དཔེར་ན་ལྷས་བྱིན་དང་རྒྱུད་གཅིག་པའི་ང་ལ་ འགྲོ་བ་རིགས་དྲུག་གི་ང་ཡོད་པས་དེ་ལ་ངར་འཛིན་སྐྱེ་ཆོག་ཀྱང་ད་ལྟའི་ལྷས་བྱིན་མི་ཡིན་གྱི་ ལྷ་སོགས་ཡིན་མི་དགོས། ལྷས་བྱིན་གྱི་རྒྱུད་ཀྱི་ང་དང་ལྷས་བྱིན་མི་དགེ་སློང་སོགས་འགལ་ བ་མིན་ཡང་དེ་དག་ཡིན་ཁྱབ་མཉམ་གྱི་དོན་གཅིག་མིན། གང་ཟག་འདོད་ཚུལ་སྤྱིར་གོང་ ལྟར་ལས་བྱེ་སྨྲའི་ནང་གི་མང་བཀུར་བ་ཁ་ཅིག་གིས་སེམས་གཅིག་པུ་བདག་ཏུ་སྨྲ་བ་དང༌། ཁ་ཆེའི་བྱེ་སྨྲ་དང་ལུང་གི་རྗེས་འབྲང་གི་མདོ་སྡེ་པས་ཕུང་པོ་ལྔ་འམ་བཞིའི་རྒྱུན་ཚེ་སྔ་ཕྱིར་ འཇུག་པའི་ང་དང༌། རང་རྒྱུད་པའི་སློབ་དཔོན་འཕགས་སེང་གཉིས་ཀྱིས་ཡིད་ཀྱི་རྣམ་ཤེས་ ཀྱི་རྒྱུན་སྔ་ཕྱིར་འཇུག་པའི་ང་དང༌། རང་རྒྱུད་པའི་སློབ་དཔོན་ལེགས་ལྡན་འབྱེད་དང་རིགས་ པའི་རྗེས་འབྲང་གི་མདོ་སེམས་གཉིས་ཀྱིས་ཡིད་ཀྱི་རྣམ་པར་ཤེས་པ་ཉིད་སྔ་ཕྱིར་འཇུག་ པའི་ང་དང༌། ལུང་གི་རྗེས་འབྲང་གི་སེམས་ཙམ་པས་གོང་ལྟར་ཀུན་གཞིའི་རྣམ་ཤེས་སྔ་ཕྱིར་ འཇུག་པའི་ང་རུ་འདོད། ཐལ་འགྱུར་པས་ཕུང་པོ་ལྔའམ་བཞི་ཀ་འཚོགས་པ་ལ་ང་སྣང་བ་ ཙམ་དེ་ཀ་ཉིད་གང་ཟག་ཏུ་བཞེད་དོ། །(སྤྱིར་ང་རང་སྐྱ་ཐུབ་པའི་རྫས་ཡོད་དུ་གྲུབ་པ་ང་བདག་གཞི་མ་གྲུབ་ཀྱང་ 5-1-295 ང་སྣང་ཙམ་པ་དེ་ནི་ལས་འབྲས་ཀྱི་རྟེན་གཟུགས་ཤེས་གང་ཡང་མ་ཡིན་པ་ཕུང་པོ་ལྔ་ཀ་ཚོགས་པའི་སྟེང་དུ་ཤར་རྒྱུ་དེ་ལྡན་མིན་ འདུ་བྱེད་རེད། ལྡན་མིན་ནི་ཕྱོགས་དུས་རྒྱུན་དང་ཚོགས་པ་རྣམས་ཀྱི་སྟེང་དུ་ཤར་དགོས།) གཞན་སྡེ་དག་གིས་ལོག་ རྟོག་གིས་སྒྲོ་བཏགས་པའི་རང་རང་གི་ལུགས་ཀྱི་ང་རྟག་རྫས་རང་དབང་བར་ཁྱད་ཆོས་དུ་ མའི་རྣམ་པ་ཅན་དུ་འདོད་ཚུལ་འདྲ་མིན་མང་ངོ༌། ། བཞི་པ་བག་ཆགས་ནི། བྱེ་སྨྲ་ཁ་ཅིག་གིས་ལས་ཀྱིས་རྣམ་སྨིན་མ་སྨིན་བར་འཛིན་བྱེད་ དུ་ཆུད་མི་ཟ་བའི་རྫས་ཞེས་དང༌། ཁ་ཅིག་གིས་ཐོབ་པ་ཞེས་པའི་སྒོས་རྫས་བ་འདོད་པས་ བག་ཆགས་གཏན་ནས་མི་འདོད། རང་རྒྱུད་པ་མན་ཆད་ཀྱིས་བག་ཆགས་འདོད་ཅིང་དེ་ཡང་ རང་སྐྱ་མི་ཐུབ་པའི་བཏགས་ཡོད་དུ་འདོད་ལ། དེ་ལ་བག་ཆགས་བགོ་བྱེད། བགོ་གཞི། བག་ ཆགས་ཀྱི་ངོ་བོ་དང་གསུམ་ལས། དང་པོ་ནི། རང་ཡུལ་ལ་ངེས་པ་འདྲེན་ནུས་པའི་དགེ་མི་དགེ་ལུང་མ་བསྟན་གྱི་བློ་ཐམས་ ཅད་དོ། ། གཉིས་པ་ནི། ཐལ་འགྱུར་བས་བག་ཆགས་ཙམ་གྱི་བགོ་གཞི་ནི་ཤེས་པ་རྣམས་དང༌། གཏན་གྱི་བགོ་གཞི་གང་ཟག་ཡིན་པར་བཞེད། རང་རྒྱུད་པ་མན་ཆད་ཀྱིས་བག་ཆགས་ཙམ་ གྱི་བགོ་གཞི་ཤེས་པ་ཡིན་པར་འདོད་པ་འདྲ་ནའང་གཏན་གྱི་བགོ་གཞི་ངོས་འཛིན་ལུགས་མི་ མཐུན་སྟེ། མདོ་སྡེ་པ་ཁ་ཅིག་གིས་དབང་པོ་དང་བཅས་པའི་ལུས་ཀྱི་སྟེང་དུ་ཡོད་པར་འདོད་ པ་མ་གཏོགས་སྤྱིར་མདོ་རང་གི་ཡིད་ཀྱི་རྣམ་ཤེས་ཙམ་དང༌། སེམས་ཙམ་པ་ཁ་ཅིག་གིས་ ཡིད་ཤེས་ཕྲ་མོ་དང་ཁ་ཅིག་གིས་ཀུན་གཞིའི་རྣམ་ཤེས་ཀྱི་སྟེང་དུ་ཡོད་པར་འདོད་པའི་ཕྱིར། གསུམ་པ་ནི། གྲུབ་མཐའ་རང་རང་གི་ལུགས་ཀྱི་བགོ་གཞིའི་སྟེང་དུ་བགོ་བྱེད་དེས་ བཞག་པའི་རང་གི་འབྲས་བུའི་ཁྱད་པར་ཅི་རིགས་འགྲུབ་པར་བྱེད་རུང་བའི་ནུས་པ་ཞིག་གོ །དེ་ཡང་རང་བགོ་གཞིའི་རྫས་ལ་བཏགས་པ་བའོ། །དེ་འདྲའི་བག་ཆགས་ལ་ཆོས་ཉིད་ཀྱིས་ 5-1-296 གནས་པ་ཁོ་ནར་འདོད་པ་དང༌། གསར་བཞག་ཁོ་ནར་འདོད་པ་དང༌། དེ་གཉིས་ཀ་ཡིན་པར་ འདོད་པ་དང་མི་འདྲ་བ་གསུམ་འབྱུང་བ་ལས་ཕྱི་མ་ལྟར་རྗེ་ཙོང་ཁ་པས་བཞེད་པ་བཞིན་འདི་ རང་ལུགས་ལའོ། །དགེ་མི་དགེ་ལུང་མ་བསྟན་གྱི་བག་ཆགས་ལུང་མ་བསྟན་ཁོ་ནར་འདོད་ པ་ནི་སེམས་ཙམ་པ་སོགས་དང་དགེ་བའི་བག་ཆགས་དགེ་བ་སོགས་སུ་བཞེད་པ་ནི་དབུ་མ་ པའོ། །དེ་མ་ཟད་ཐལ་འགྱུར་པས་ཞིག་པའི་རྒྱུ་ལས་ཀྱང་རྣམ་སྨིན་འགྲུབ་པ་ཡིན་པར་བཞེད་ པ་ཡིན་ནོ། ། གཉིས་པ་དངོས་པོ་ལ། རྒྱུ་འབྲས་གཉིས་སུ་དབྱེ་བ་ལ། རྒྱུ། རྐྱེན། འབྲས་བུ་བཤད་ པ་དང་གསུམ་ལས། དང་པོ་ལ། མཚན་ཉིད། དབྱེ་བ་གཉིས་ལས། དང་པོ་ནི། སྐྱེད་བྱེད་ རྒྱུའི་མཚན་ཉིད། མཚན་གཞི་བུམ་པ་ལྟ་བུའོ། །རྒྱུ་དང་འབྲས་བུ་དངོས་པོ་གསུམ་ཡིན་ཁྱབ་ མཉམ་གྱི་དོན་གཅིག གཉིས་པ་དབྱེ་བ་ལ། དངོས་རྒྱུ་བརྒྱུད་རྒྱུ་གཉིས་སུ་དབྱེ་བ། ཉེར་ལེན་ལྷན་ཅིག་བྱེད་ རྐྱེན་གཉིས་སུ་དབྱེ་བ། སྒྲས་བརྗོད་རིགས་ཀྱིས་དྲུག་ཏུ་དབྱེ་བའོ། །དེ་ལས་དང་པོ་ལ་གཉིས་ ལས། དང་པོ་ནི། དངོས་སུ་བསྐྱེད་བྱེད། དངོས་རྒྱུའི་མཚན་ཉིད། མཚན་གཞི་བུམ་པ་སྐད་ ཅིག་དང་པོ་ལྟ་བུའོ། །དངོས་པོ་ཡིན་ན་དངོས་རྒྱུ་ཡིན་པས་ཁྱབ་བོ། ། གཉིས་པ་ནི། བརྒྱུད་ནས་སྐྱེད་བྱེད། བརྒྱུད་རྒྱུའི་མཚན་ཉིད། མཚན་གཞི་བུམ་པ་ལྟ་ བུའོ། །དངོས་པོ་ཡིན་ན་བརྒྱུད་རྒྱུ་ཡིན་པས་ཁྱབ། སྤྱིར་ན་དངོས་རྒྱུ་བརྒྱུད་རྒྱུ་ཡིན་ཁྱབ་ མཉམ་ཡིན་ཀྱང་གཞི་གཅིག་གི་དེ་གཉིས་ཡིན་པ་མེད་དོ། ། གཉིས་པ་ཉེར་ལེན་བྱེད་རྐྱེན་གཉིས་སུ་དབྱེ་བ་ལ་གཉིས་ལས། དང་པོ་ནི། རང་གི་ཉེར་ འབྲས་རང་གི་རྫས་རྒྱུན་གཙོ་བོར་སྐྱེད་བྱེད། ཉེར་ལེན་གྱི་རྒྱུའི་མཚན་ཉིད། མཚན་གཞི་རྫ་ བུམ་གྱི་རྒྱུར་གྱུར་པའི་འཇིམ་པ་ལྟ་བུའོ། །གཟུགས་ཀྱི་ཉེར་ལེན་ལ་གཟུགས་དང་ལྡན་མིན་ 5-1-297 ཡོད། ཤེས་པའི་ཉེར་ལེན་ལ་ཤེས་པ་དང་ལྡན་མིན་ཡོད། གཟུགས་ཡིན་ན་ཤེས་པའི་ཉེར་ ལེན་མ་ཡིན་པ་དང༌། ཤེས་པ་ཡིན་ན་གཟུགས་ཀྱི་ཉེར་ལེན་མ་ཡིན་པས་ཁྱབ་བོ། ། གཉིས་པ་ནི། རང་གི་ལྷན་ཅིག་བྱེད་འབྲས་རང་གི་རྫས་རྒྱུན་མ་ཡིན་པར་གཙོ་བོར་སྐྱེད་ བྱེད་ལྷན་ཅིག་བྱེད་རྐྱེན་གྱི་མཚན་ཉིད། མཚན་གཞི་མིག་དབང་ལྟ་བུའོ། །ལྷན་ཅིག་བྱེད་རྐྱེན་ དང་དངོས་པོ་དོན་གཅིག དེ་ཡང་དངོས་པོ་ཡིན་ན་ཤེས་པ་ཞིག་གི་དམིགས་རྐྱེན་མ་ཡིན་པ་ མེད་པས་ཁྱབ་པ་ཡིན་ནོ། ། གསུམ་པ་སྒྲས་བརྗོད་རིགས་ཀྱིས་དབྱེ་བ་ལ། བྱེད་རྒྱུ། ལྷན་ཅིག་འབྱུང་རྒྱུ། སྐལ་མཉམ་ གྱི་རྒྱུ། མཚུངས་ལྡན་གྱི་རྒྱུ། ཀུན་འགྲོའི་རྒྱུ། རྣམ་སྨིན་གྱི་རྒྱུ་དང་དྲུག་ལས། དང་པོ་ནི། ཆོས་ རང་སྐྱེ་བ་ལ་གེགས་མི་བྱེད་ཅིང་རང་ལས་དོན་གཞན་པའི་འདུས་བྱས་དེ། བྱེད་རྒྱུའི་མཚན་ ཉིད། མཚན་གཞི་བུམ་པ་དང་ཐ་དད་པའི་ཀ་བ་ལྟ་བུའོ། །བྱེ་སྨྲས་ཤེས་བྱ་དང་བྱེད་རྒྱུ་དོན་ གཅིག་པར་འདོད་ཀྱང་མདོ་སྡེ་པ་ཡན་ཆད་ཀྱིས་དེ་དང་འདུས་བྱས་དོན་གཅིག་པར་འདོད། བྱེད་རྒྱུ་ལ་ནུས་ལྡན་ནུས་མེད་གཉིས་ཡོད། གཉིས་པ་ནི། ཕན་ཚུན་རྫས་སུ་གྲུབ་པའི་དུས་མཉམ་ཀྱང་ཡིན་ཕན་ཚུན་སྐྱེ་བ་ལ་གེགས་ མི་བྱེད་པའི་གཞི་མཐུན་པ་དེ། ལྷན་ཅིག་འབྱུང་རྒྱུའི་མཚན་ཉིད། མཚན་གཞི་བུམ་པ་དང༌། བུམ་པའི་སྐྱེ་བ་གཉིས་ལྟ་བུའོ། །འདི་ནི་སྟག་ཚང་པའི་ལུགས་སོ། །འདི་ལྟར་ན་དངོས་པོ་ལ་ དེས་མ་ཁྱབ་བོ། །དངོས་པོ་དང་དོན་གཅིག་པའི་ལུགས་ལྟར་ན། རང་དང་དུས་མཉམ་པའི་ ཆོས་གཞན་སྐྱེ་བ་ལ་གེགས་མི་བྱེད་པ་ཙམ་གྱིས་ཕན་འདོགས་པའི་དངོས་པོ་དེ། ལྷན་ཅིག་ འབྱུང་རྒྱུའི་མཚན་ཉིད། མཚན་གཞི་བུམ་པ་ལྟ་བུའོ། ། གསུམ་པ་ནི། རང་གི་རིགས་འདྲ་ཕྱི་མ་རང་དང་འདྲ་བར་སྐྱེད་བྱེད་དེ། སྐལ་མཉམ་གྱི་ རྒྱུའི་མཚན་ཉིད། མཚན་གཞི་རྣམ་མཁྱེན་ལྟ་བུའོ། །འདིའི་སྐལ་བ་མཉམ་ཞེས་པ་ལྡོག་པ་ 5-1-298 རིགས་འདྲ་བ་ལ་གོ་བའོ། །དངོས་པོ་ལ་སྐལ་མཉམ་གྱི་རྒྱུས་མ་ཁྱབ་པའོ། ། བཞི་པ་ནི། སྟག་ཚང་པའི་ལུགས་ལྟར་ན། ཕན་ཚུན་མཚུངས་ལྡན་རྣམ་པ་ལྔ་མཚུངས་ ཀྱང་ཡིན། ཕན་ཚུན་སྐྱེ་བ་ལ་གེགས་མི་བྱེད་པ་ཡང་ཡིན་པའི་གཞི་མཐུན་དུ་དམིགས་པ་དེ། མཚུངས་ལྡན་གྱི་རྒྱུའི་མཚན་ཉིད། མཚན་གཞི་གཙོ་སེམས་དང་དེའི་འཁོར་དུ་བྱུང་བའི་ཚོར་ བ་ལྟ་བུའོ། །འདིས་བློ་ལ་མ་ཁྱབ། བློ་དང་དོན་གཅིག་པ་ལྟར་ན། རང་དང་མཚུངས་ལྡན་རྣམ་ པ་ལྔ་མཚུངས་སུ་བྱུང་བའི་བློ་གཞན་སྐྱེ་བ་ལ་གེགས་མི་བྱེད་པ་ཙམ་གྱིས་ཕན་འདོགས་པའི་ རིག་པ་དེའོ། ། ལྔ་པ་ནི། རང་དང་ས་གཅིག་པའི་རང་གི་འབྲས་བུར་གྱུར་པའི་ཉོན་མོངས་ཅན་ཕྱི་མ་ སྐྱེད་བྱེད་ཀྱི་ཉོན་མོངས་ཅན་དེ། ཀུན་འགྲོའི་རྒྱུའི་མཚན་ཉིད། མཚན་གཞི་འདོད་པའི་འདོད་ ཆགས་ལྟ་བུའོ། །འདིས་ཉོན་མོངས་ཅན་ཀུན་ལ་མ་ཁྱབ་བོ། །འོན་ཀྱང་ཁྱབ་པའི་ལུགས་ལྟར་ ན། འདིའི་མཚན་ཉིད་ཀྱི་ཟུར་ལ་རིགས་གནས་སྦྱར་རོ། ། དྲུག་པ་ནི། དགེ་བ་ཟག་བཅས་དང་མི་དགེ་བ་གང་རུང་གིས་བསྡུས་པ་དེ་རྣམ་སྨིན་གྱི་ རྒྱུའི་མཚན་ཉིད། ལུང་མ་བསྟན་གྱིས་རྣམ་སྨིན་བསྐྱེད་མི་ནུས། དགེ་བ་ཟག་མེད་ཀྱིས་རྣམ་ སྨིན་བསྐྱེད་ནུས་ཀྱང་བསྐྱེད་མི་སྲི ད། འདིའི་མཚན་གཞི་བསམ་གཏན་དང་པོར་འཕེན་བྱེད་ ཀྱི་དང་པོའི་སྙོམས་འཇུག་དང་འདོད་པར་འཕེན་བྱེད་དགེ་བའི་ལས་དང་འདོད་པའི་འདོད་ ཆགས་ལྟ་བུའོ། །རྣམ་སྨིན་གྱི་རྒྱུ་ནི་ཤིང་ཏོག་རིམ་གྱིས་སྨིན་ནས་སྤྱོད་རུང་དུ་གྱུར་པ་བཞིན་ བག་ཆགས་རང་ཉིད་ཇི་ལྟར་སྨིན་འགྱུར་གྱི་ཕྱི་མའི་ཉེར་ཕུང་དེ་རང་དང་མི་འདྲ་བར་འགྱུར་ བའི་རྒྱུ་ཞིག་གོ།དགེ་བ་ཟག་བཅས་དང་མི་དགེ་བ་རྣམས་སྲེ ད་པའི་རླན་དང་བཅས་ཕྱིར་ རྣམ་སྨིན་གྱི་རྒྱུ་ཡིན། བྱེ་མདོས་རྣམ་སྨིན་གྱི་རྒྱུ་འབྲས་ལ་འཁོར་བས་བསྡུས་པ་ཁོ་ནར་འདོད་ ཀྱང་གྲུབ་མཐའ་གོང་མས་དེ་འདྲ་ནི་མི་འདོད་དོ། ། 5-1-299 གཉིས་པ་རྐྱེན་བཤད་པ་ལ། མཚན་ཉིད། དབྱེ་བ་གཉིས་ལས། དང་པོ་ནི། རང་འབྲས་ ལ་ཕན་འདོགས་པའི་རྐྱེན་གྱི་རྣམ་པར་གནས་པའི་ཆོས་དེ། རྐྱེན་གྱི་མཚན་ཉིད། མཚན་གཞི་ བུམ་པའི་ཉེར་ལེན་དང༌། བུམ་པ་བསྐྱེད་པའི་བྱེད་རྩོལ་ལྟ་བུའོ། །རྐྱེན་དང་རྒྱུ་དང་དངོས་པོ་ གསུམ་དོན་གཅིག་གོ། གཉིས་པ་དབྱེ་བ་ལ། རྒྱུའི་རྐྱེན་དང༌། དམིགས་པའི་རྐྱེན་དང༌། བདག་པོའི་རྐྱེན་དང༌། དེ་མ་ཐག་རྐྱེན་དང་བཞི་ལས། དང་པོ་ནི། རང་འབྲས་སྐྱེ་བའི་གྲོགས་བྱེད་པའི་རྒྱུ་དེ། རྒྱུའི་ རྐྱེན་གྱི་མཚན་ཉིད། རྒྱུའི་རྐྱེན་དང་རྐྱེན་གཉིས་དོན་གཅིག མཚན་གཞི་རྫ་མཁན་གྱི་ལག་ པའི་བྱེད་རྩོལ་ལྟ་བུའོ། །བྱེ་སྨྲས་རྟག་པ་ཐམས་ཅད་བྱེད་རྒྱུ་དངོས་དང་བདག་རྐྱེན་དུ་འདོད། རྒྱུའི་རྐྱེན་རྒྱུ་དངོས་སུ་འདོད་པས་རྒྱུ་ལྔ་ཀ་དེའི་ཕྱོགས་སུ་བསྡུའོ། །མདོ་སྡེ་པའི་ལུགས་ལ་རྒྱུ་ དྲུག་ཀ་ལ་དངོས་པོས་ཁྱབ་པར་འདོད། གཉིས་པ་ནི། རང་འབྲས་ཤེས་པ་ཕྱི་མ་རང་གི་རྣམ་ ལྡན་དུ་གཙོ་བོར་སྐྱེད་པའི་རྐྱེན་དེ། དམིགས་རྐྱེན་གྱི་མཚན་ཉིད། འདི་དང་གཟུང་དོན་དངོས་ པོ་རྣམས་དོན་གཅིག མཚན་གཞི་སྔོན་པོ་ལྟ་བུའོ། ། གསུམ་པ་ནི། རང་འབྲས་ཤེས་པ་ཡུལ་འཛིན་ནུས་སུ་རང་དབང་དུ་བསྐྱེད་པའི་རྐྱེན་དེ། ཤེས་པའི་བདག་རྐྱེན་གྱི་མཚན་ཉིད། མཚན་གཞི་མིག་དབང་ལྟ་བུའོ། ། བཞི་པ་ནི། རང་འབྲས་ཤེས་པ་གསལ་རིག་ཏུ་གཙོ་བོར་སྐྱེད་བྱེད་ཀྱི་རྐྱེན་དེ། དེ་མ་ཐག་ རྐྱེན་གྱི་མཚན་ཉིད། མཚན་གཞི་ཤེས་པ་ཐམས་ཅད་དོ། །འདི་ཡང་ཚོགས་དྲུག་གི་སྔ་ལོག་གི་ ཡིད་ཤེས་ལྟ་བུའོ། །གོང་གི་བདག་རྐྱེན་གྱི་མཚན་ཉིད་དེ་བློའི་བདག་རྐྱེན་ཙམ་ཡིན་ལ། སྤྱིར་ བདག་རྐྱེན་གྱི་མཚན་ཉིད་ནི་རང་འབྲས་རང་དབང་གཙོ་བོར་སྐྱེད་བྱེད་ཀྱི་རྐྱེན་དེའོ། ། གསུམ་པ་འབྲས་བུ་ལ། མཚན་ཉིད། དབྱེ་བ་དངོས། སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ བ་དང་གསུམ་ལས། དང་པོ་ནི། བསྐྱེད་བྱ་འབྲས་བུའི་མཚན་ཉིད། མཚན་གཞི་བུམ་པ། དད་ 5-1-300 པ། ཤིང་གཅོད་པའི་རྩོལ་བ་ལྟ་བུའོ། །རྒྱུ་འབྲས་རྐྱེན་དང་དངོས་པོ་རྣམས་དོན་གཅིག ། གཉིས་པ་ལ། དངོས་འབྲས། བརྒྱུད་འབྲས་གཉིས་ལས། དང་པོ་ནི། དངོས་སུ་བསྐྱེད་ བྱ། དངོས་འབྲས་ཀྱི་མཚན་ཉིད། དངོས་པོ་ཐམས་ཅད་དེ་ཡིན། གཉིས་པ་ནི། བརྒྱུད་ནས་བསྐྱེད་བྱ། བརྒྱུད་འབྲས་ཀྱི་མཚན་ཉིད་དེ་ཡང་དངོས་པོ་ ཐམས་ཅད་དོ། ། གསུམ་པ་ལ། རྣམ་སྨིན་གྱི་འབྲས་བུ། བདག་པོའི་འབྲས་བུ། རྒྱུ་མཐུན་གྱི་འབྲས་བུ། སྐྱེས་བུས་བྱེད་འབྲས། བྲལ་འབྲས་དང་ལྔ་ལས། དང་པོ་ནི། དགེ་བ་ཟག་བཅས་དང་མི་ དགེ་བ་གང་རུང་གི་ནུས་པ་རིམ་གྱིས་སྨིན་པའི་རྒྱུ་ལས་རྩོལ་མེད་དུ་བྱུང་བའི་མ་སྒྲིབ་ལུང་ མ་བསྟན་གྱི་ཉེར་ཕུང་དེ། རྣམ་སྨིན་གྱི་འབྲས་བུའི་མཚན་ཉིད། དེ་དང་རྣམ་སྨིན་གཉིས་དོན་ གཅིག དེ་ཡང་རྣམ་སྨིན་ནི་རང་གི་ངོ་བོ་ལུང་མ་བསྟན་དང་སེམས་ཅན་དུ་བརྗོད་གཞི་སྟེ་ སེམས་ཅན་གྱི་རྒྱུད་ཀྱིས་བསྡུས་པས་རང་རྒྱུ་ལུང་བསྟན་པ་ལས་བྱུང་ཞིང་དེ་མ་ཐག་མིན་པར་ ཕྱིས་སུ་རིམ་གྱིས་རྩོལ་མེད་དུ་མི་འདྲ་བར་འབྱུང་བ་ཞིག་དགོས་པ་སྟེ། མཛོད་ལས། རྣམ་ སྨིན་ལུང་དུ་མ་བསྟན་ཆོས། །སེམས་ཅན་བརྗོད་ལུང་བསྟན་ཕྱིས་འབྱུང༌། །ཞེས་གསུངས་ པའི་ཕྱིར། གྲུབ་མཐའ་གོང་མའི་ལུགས་ལ་འདིའི་ཚུལ་འདྲ་མིན་ཡོད། གཉིས་པ་ནི། རང་གི་རྒྱུ་དེས་རང་དབང་དུ་བསྐྱེད་པའི་ཆོས་དེ་བདག་འབྲས་ཀྱི་མཚན་ ཉིད། དེ་དང་དངོས་པོ་དོན་གཅིག གསུམ་པ་ནི། རང་གི་རྒྱུ་དང་རིགས་འདྲ་བའི་འབྲས་བུ་དེ། རྒྱུ་མཐུན་གྱི་འབྲས་བུའི་ མཚན་ཉིད། འདི་དངོས་པོ་ལས་ཁྱབ་ཆུང་ཞིང་སྐལ་མཉམ་དང་ཀུན་འགྲོའི་འབྲས་བུ་དེ་ཡིན། བཞི་པ་ནི། རྒྱུ་གང་གི་སྟོབས་ཀྱིས་འབྲས་བུ་གང་བསྐྱེད་པའི་འབྲས་བུ་དེ། སྐྱེས་བུས་ བྱེད་འབྲས་ཀྱི་མཚན་ཉིད། འདི་ཡང་དངོས་པོ་དང་དོན་གཅིག་གོ། 5-1-301 ལྔ་པ་ནི། བློ་ཤེས་རབ་ཀྱི་སྟོབས་ཀྱིས་རང་གི་སྤང་བྱ་ཟད་པ་དེ། བྲལ་འབྲས་ཀྱི་མཚན་ ཉིད། མཚན་གཞི་འགོག་བདེན་འཇོག་དགོས་པས་འབྲས་བུ་བཏགས་པ་བ་ཡིན་ཕྱིར་སྤྱིར་ འབྲས་བུ་མ་ཡིན་ནོ། །རྣམ་སྨིན་གྱི་འབྲས་བུ་ཡིན་ན། བྱེད་འབྲས། བདག་འབྲས། རྒྱུ་མཐུན་ གྱི་འབྲས་བུ། རྣམ་སྨིན་གྱི་འབྲས་བུ་དང་བཞི་ཀ་ཡིན་དགོས་སོ། །(སྤྱིར་རྒྱུ་འབྲས་ལས། མཚུངས་ལྡན་ གྱི་རྒྱུ་རྣམས་ཤེས་པ་རེ་རེ་བ་འཇོག་ཚུལ་དང༌། ཕན་ཚུན་གཉིས་རེ་འཇོག་པའི་ཚུལ་དང་གཉིས་ཡོད་པ་དང༌། དགེ་བ་ཟག་བཅས་ ཟག་མེད་ནི་མངོན་པ་འོག་མ་ལྟར་ན་དམིགས་པ་དང་མཚུངས་ལྡན་གང་རུང་གི་སྒོ་ནས་ཟག་པ་ཉོན་མོངས་པ་རྒྱས་རུང་བ་དང་མི་ རུང་བའི་སྒོ་ནས་འཇོག་ཚུལ་དང༌། མངོན་པ་གོང་མ་ལྟར་ན། ཟག་པའི་སྒོ་དྲུག་དང༌། འབྲེ ལ་མ་འབྲེ ལ་གྱི་སྒོ་ནས་འཇོག་ཚུལ་ དང༌། རྟོག་བཅས་རྟོག་མེད་དང༌། སོ་འཕགས་གཉིས་དང༌། སེམས་ཅན་སངས་རྒྱས་གཉིས་སོགས་གྱི་སྒོ་ནས་འཇོག་ཚུལ་སོགས་ དུ་མ་ཡོད་པའོ།།) མདོ་སེམས་རང་རྒྱུད་པ་རྣམས་ཀྱི་དངོས་པོ་ལ་ད་ལྟ་བས་ཁྱབ་པ་དང༌། འདས་ མ་འོངས་རྟག་པར་འདོད། ཐལ་འགྱུར་པས་དཔེར་ན་བུམ་པའི་དུས་གསུམ་དུས་མཉམ་དུ་ མེད་ཀྱང་བུམ་པའི་ད་ལྟ་བ་དང་ཞིག་པ་དང་རྒྱུ་ཡོད་ཀྱང་མ་སྐྱེས་པ་རྣམས་དངོས་པོ་འདུས་ བྱས་སུ་བཞེད་པ་དང༌། བྱེ་སྨྲས་དུས་གསུམ་རྫས་གྲུབ་ཏུ་འདོད་པའི་ཁྱད་པར་མི་འདྲའོ། །མདོ་སེམས་སོགས་ཀྱི་ལུགས་ལ། རང་གི་དགག་བྱའི་དངོས་པོ་དེ་སྐྱེས་ཟིན་ཞིག་པའི་ཆར་ གྱུར་པའི་མེད་དགག་ཏེ། འདས་པའི་མཚན་ཉིད། དེ་སྐྱེ་བའི་རྒྱུ་ཡོད་ཀྱང་རྐྱེན་མ་ཚང་བའི་ དབང་གིས་རེ་ཞིག་མ་སྐྱེས་པའི་ཆར་གྱུར་པའི་མེད་དགག་དེ། མ་འོངས་པའི་མཚན་ཉིད། རང་དུས་ན་སྐྱེས་ལ་མ་འགགས་པའི་ཆོས་དེ། ད་ལྟ་བའི་མཚན་ཉིད་དུ་འཇོག་ལ། བུམ་པའི་ འདས་པ་ནི་བུམ་པ་ཞིག་ཆའི་མེད་དགག་དང༌། བུམ་པའི་འདས་པའི་དུས་ནི་བུམ་པ་ཞིག་ པའི་དུས་ཚོད་དང༌། བུམ་པ་ལ་ལྟོས་ཏེ་འདས་པ་ནི་བུམ་པའི་སྔ་ལོག་གི་དངོས་པོ་རྣམས་ དང༌། འདས་པའི་བུམ་པ་ནི་འདས་པ་དང་བུམ་པ་གཉིས་ཡིན་ལ་གོ་ཕྱིར་ཕྱི་མ་ཉིད་གཞི་མ་ གྲུབ་བོ། །དེས་མ་འོངས་པ་ལ་འགྲེས། དངོས་པོ་ཡིན་ན་སྐྱེ་དགོས་དང་འགགས་ཟིན་དང་སྐྱེ་ 5-1-302 བ་ལ་མངོན་དུ་ཕྱོགས་པ་མེད་པས་ཁྱབ། དངོས་པོ་ཡིན་ན་འགག་པ་ལ་མངོན་དུ་ཕྱོགས་པ་ ནི་ཡིན་དགོས། རྟག་པ་ལ་དུས་བྲལ་གྱིས་ཁྱབ་ཅིང་དུས་སུ་སྐྱེས་པའི་དངོས་པོ་ལ་དུས་ལྡན་ ཞེས་བརྗོད་དོ། །ཐལ་འགྱུར་བའི་ལུགས་ལ། དངོས་པོ་གཞན་ཞིག་སྐྱེས་ཟིན་ཞིག་པའི་ཆ་ དེ། འདས་པའི་མཚན་ཉིད། དངོས་པོ་གཞན་ཞིག་རང་ཉིད་སྐྱེད་བྱེད་ཀྱི་རྒྱུ་ཡོད་ཀྱང་རྐྱེན་མ་ ཚང་བས་མ་སྐྱེས་པའི་ཆ་དེ། མ་འོངས་པའི་མཚན་ཉིད། དངོས་པོ་གཞན་ཞིག་པའི་ཆ་དང་ མ་འོངས་པའི་ཆ་གང་ཡང་མ་ཡིན་ཞིང་སྐྱེས་ལ་མ་འགགས་པ་དེ། ད་ལྟ་བའི་མཚན་ཉིད་དུ་ འཇོག་པ་སོགས་འགའ་རེ་མ་གཏོགས་སྤྱི་ཁོག་རང་རྒྱུད་པ་སོགས་དང་འདྲའོ། ། ལྔ་པ་ཤེས་བྱ་ལ་རང་མཚན་སྤྱི་མཚན་གཉིས་སུ་དབྱེ་བ་ལ་གཉིས་ལས། དང་པོ་ནི། རང་ གི་མཚན་ཉིད་ཀྱིས་གྲུབ་པའི་དངོས་པོ་དེ། རང་མཚན་ཀྱིས་མཚན་ཉིད། མཚན་གཞི་བུམ་པ་ སོགས་སོ། །རང་མཚན་དང་རང་གི་མཚན་ཉིད་ཀྱིས་གྲུབ་པ། དངོས་པོ། བདེན་གྲུབ། དོན་ དམ་བདེན་པ། མངོན་སུམ་ཚད་མའི་དངོས་གཞལ་སོགས་དོན་གཅིག་འདིའི་མཚན་གཞི་ དངོས་པོ་རྣམས་ཡུལ་དུས་རང་བཞིན་མ་འདྲེས་ཚུལ་ལའང་འདྲ་མིན་སྨྲ་བ་ཡོད་ཀྱང་རང་ ལུགས་ལ་དཔེར་ན་གཟུགས་ལྟ་བུ་དེ་སྤྱིར་ཤར་ནུབ་གཉིས་ན་ཡོད་ཀྱང་ཤར་ན་ཡོད་ཆ་དེ་ ཉིད་ནུབ་ན་མེད་པ་དེ་ཡུལ་མ་འདྲེས་པའི་དོན་ཡིན་པ་བཞིན་སྔ་དྲོ་ཕྱི་དྲོའི་གཟུགས་དང་ཀ་ བུམ་གྱི་རང་བཞིན་དུ་སོང་བའི་གཟུགས་ལ་སྦྱར་ནས་དུས་དང་རང་བཞིན་མ་འདྲེས་པའི་ ཚུལ་ལ་ཤེས་པར་བྱའོ། །ཀ་བུམ་སོགས་དགག་བྱ་བཅད་པ་དང་དོན་སྤྱི་སོགས་ལ་མི་ལྟོས་ པར་མངོན་སུམ་གྱི་ངོར་རང་ཉིད་འཆར་དུ་ཡོད་པའི་རྒྱུ་མཚན་གྱིས་རང་མཚན་ཞེས་བརྗོད་ དོ། ། གཉིས་པ་ནི། རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་རྟོག་པས་བཏགས་ཙམ་དུ་གྲུབ་ པའི་ཆོས་དེ། སྤྱི་མཚན་གྱི་མཚན་ཉིད། མཚན་གཞི་བུམ་ལྡོག་སོགས་སོ། །སྤྱི་མཚན། ཀུན་ 5-1-303 རྫོབ་བདེན་པ། རྟག་པ། རྫུན་པར་གྲུབ་པ། རྣམ་གྲངས་བའི་ཀུན་བཏགས་དང་ཡོངས་གྲུབ་ གང་རུང་རྣམས་དོན་གཅིག ཤེས་བྱ་ལ་མངོན་སུམ་གྱི་བཟུང་ཡུལ་གྱི་དོན་བྱེད་ནུས་མི་ནུས་ གཉིས་དང༌། འདྲ་བར་སྣང་བའི་རྟོག་པས་བཞག་པ་དང་མི་འདྲ་བར་སྣང་བའི་མངོན་སུམ་ གྱི་སྣང་ཡུལ་ཡིན་པ་གཉིས་དང༌། སྒྲས་བདག་རྐྱེན་ཙམ་གྱིས་ངོ་བོ་རྫོགས་པར་འཆར་ཐུབ་ མི་ཐུབ་གཉིས་དང༌། བརྡ་དྲན་རྩོལ་བ་སོགས་ཙམ་གྱིས་རང་རྟོགས་པའི་བློ་ཡོད་མེད་གཉིས་ དང་བཞིའི་སྒོ་ནས་རང་སྤྱི་གཉིས་སུ་གྲངས་ངེས་བསྒྲུབ་པའོ། །བུམ་ལྡོག་སོགས་དགག་བྱ་ བཅད་པ་དང་དོན་སྤྱི་སོགས་ལ་ལྟོས་དགོས་ཕྱིར་སྤྱི་མཚན་ཞེས་བརྗོད་དོ། ། དྲུག་པ་ཤེས་བྱ་ལ་བདེན་པ་གཉིས་སུ་དབྱེ་བ་ལ། དོན་དམ་བདེན་པ། ཀུན་རྫོབ་བདེན་ པ་གཉིས་ལས། དང་པོ་ནི། རྟོག་པས་བཏགས་ཙམ་མ་ཡིན་པར་རང་ངོས་ནས་གྲུབ་པའི་ ཆོས་དེ། དོན་དམ་བདེན་པའི་མཚན་ཉིད། མཚན་གཞི་བུམ་པ་ལྟ་བུའོ། །དེ་དང་དངོས་པོ་ དོན་གཅིག ཀ་བུམ་རྣམས་བློ་དོན་དམ་པ་མངོན་སུམ་གྱི་ངོར་བདེན་པས་ན་དོན་དམ་བདེན་ པ་ཞེས་བརྗོད་དོ། ། གཉིས་པ་ནི། རྟོག་པས་བཏགས་ཙམ་དུ་གྲུབ་པའི་ཆོས། ཀུན་རྫོབ་བདེན་པའི་མཚན་ ཉིད། མཚན་གཞི་བུམ་ལྡོག་ལྟ་བུའོ། །འདི་དང་རྟག་པ་དོན་གཅིག རྟག་པ་རྣམས་ཀུན་རྫོབ་ སྒྲ་རྟོག་གི་ངོ་ཙམ་དུ་བདེན་པས་དེ་ལྟར་བརྗོད་དོ། །ཁ་ཅིག་གིས་དོན་དམ་པར་དོན་བྱེད་ནུས་ པ་དང་མི་ནུས་པ་གཉིས་རང་སྤྱིའི་མཚན་ཉིད་དུ་རྣམ་འགྲེལ་ལས་བསྟན་པར་འདོད་ཀྱང་དེ་ རང་སྤྱིའི་མཚན་གཞི་བསྟན་གྱི་མཚན་ཉིད་དུ་བསྟན་པའི་ཚིག་ནུས་མེད་པར་གསུངས་དེ་ནི་ རིགས་པའི་རྗེས་འབྲང་གི་མདོ་སྡེ་པའི་རང་ལུགས་སོ། །ལུང་གི་རྗེས་འབྲང་གི་མདོ་སྡེ་པ་ དང་བྱེ་སྨྲས་ནི། བཅོམ་པའམ་ཆ་ཤས་སོ་སོར་བསལ་བ་ན་རང་འཛིན་གྱི་བློ་འདོར་དུ་རུང་མི་ རུང་གི་ཆོས་ཀྱི་སྒོ་ནས་བདེན་གཉིས་ཀྱི་མཚན་ཉིད་འཇོག་ཅིང༌། མཚན་གཞི་ཡང་གཟུགས་ 5-1-304 དང༌། བུམ་པ་ལྟ་བུ་རིམ་བཞིན་དོན་དམ་དང་ཀུན་རྫོབ་བདེན་པའི་མཚན་གཞི་ལའོ། །དབུ་ སེམས་གཉིས་ཀའི་ལུགས་ལ་གང་ཞིག་འཛིན་སྟངས་སུ་བྱས་ཏེ་བསྒོམས་ན་སྒྲིབ་པ་དངོས་ སུ་དག་པའི་ཆོས་ཏེ། དོན་དམ་བདེན་པ་དང༌། དེ་འདྲ་མིན་པའི་ཆོས་ཀུན་རྫོབ་བདེན་པར་ བཞེད་པ་ལ་མཐུན་ཀྱང་འཛིན་སྟངས་སུ་བྱ་བའི་ཡུལ་རྣམ་དག་ལམ་གྱི་དམིགས་པ་མཐར་ ཐུག་ངོས་འཛིན་ལུགས་མི་མཐུན་ནོ། །སེམས་ཙམ་ལུགས་ཀྱི་དེ་གཉིས་ཀྱི་མཚན་ཉིད་ནི། དོན་དམ་དཔྱོད་བྱེད་ཀྱི་རིགས་ཤེས་ཚད་མའི་རྙེད་དོན་དང་ཐ་སྙད་དཔྱོད་བྱེད་ཀྱི་རིགས་ ཤེས་ཚད་མའི་རྙེད་དོན་གཉིས་རིམ་བཞིན་དོན་དམ་དང་ཀུན་རྫོབ་བདེན་པའི་མཚན་ཉིད་ དང༌། མཚན་གཞི་རང་ལུགས་ཀྱི་སྟོང་ཉིད་དང་ཀ་བུམ་ལྟ་བུའོ། །རང་རྒྱུད་པས་རང་མངོན་ སུམ་དུ་རྟོགས་པའི་མངོན་སུམ་ཚད་མས་གཉིས་སྣང་དང་བཅས་མ་བཅས་ཀྱི་སྒོ་ནས་རྟོགས་ བྱ་ལ་ཀུན་རྫོབ་དང་དོན་དམ་བདེན་པའི་མཚན་ཉིད་དུ་འདོད། ཐལ་འགྱུར་པས་ཐ་སྙད་ དཔྱོད་པའི་ཚད་མ་རང་ཉིད་ལ་ཐ་སྙད་དཔྱོད་པའི་ཚད་མར་སོང་བའི་རྙེད་དོན་ཀུན་རྫོབ་ དང༌། མཐར་ཐུག་དཔྱོད་པའི་ཚད་མ་རང་ཉིད་ལ་མཐར་ཐུག་དཔྱོད་པའི་ཚད་མར་སོང་བའི་ རྙེད་དོན་དོན་དམ་བདེན་པའི་མཚན་ཉིད་དུ་བཞེད་དོ། ། བདུན་པ་ཤེས་བྱ་ལ་ཀུན་བཏགས་གཞན་དབང་ཡོངས་གྲུབ་གསུམ་དུ་དབྱེ་བ་ལ། གསུམ་ལས། དང་པོ་ནི། རྟོག་པས་ཀུན་ནས་བཏགས་པས་ཆ་ཙམ་གང་ཞིག ཆོས་ཉིད་མ་ ཡིན་པ་དེ། ཀུན་བཏགས་ཀྱི་མཚན་ཉིད། མཚན་གཞི་བུམ་ལྡོག་ལྟ་བུའོ། །འདི་དང་མཚན་ ཉིད་ངོ་བོ་ཉིད་མེད་པ་དང་དོན་གཅིག འདི་ལ་དབྱེ་ན་བདག་ལྟ་བུའི་མཚན་ཉིད་ཡོངས་སུ་ ཆད་པའི་ཀུན་བཏགས་དང༌། ཡོད་རྒྱུའི་ཀུན་བཏགས་ཤེས་བྱ་ལྟ་བུའི་རྣམ་གྲངས་པའི་ཀུན་ བཏགས་དང་གཉིས་སོ། །ཐལ་འགྱུར་པ་དང་སེམས་ཙམ་པས་འགོག་བདེན་སྤངས་གཞིའི་ ཆོས་ཉིད་དང་དེ་ལྷག་གིས་འགོག་བདེན་སྒྲིབ་པ་ཟད་ཆ་ལ་འདོད་དོ། ། 5-1-305 གཉིས་པ་ནི། རང་དབང་གིས་མི་སྐྱེ་བར་རྒྱུ་རྐྱེན་གཞན་གྱི་དབང་གིས་སྐྱེས་པ་དེ། གཞན་དབང་གི་མཚན་ཉིད། མཚན་གཞི་བུམ་པ་ལྟ་བུའོ། །འདི་དང༌། སྐྱེ་བ་ངོ་བོ་ཉིད་མེད་ པ་དང༌། དངོས་པོ་རྣམས་དོན་གཅིག འདི་ལ་དབྱེ་ན་འཁོར་བའི་སྣོད་བཅུད་ལྟ་བུའི་མ་དག་ པའི་དེ་དང༌། འཕགས་པའི་རྗེས་ཐོབ་ཡེ་ཤེས་དང་བདེ་བ་ཅན་གྱི་ཞིང་ཁམས་ལྟ་བུའི་དག་ པའི་དེ་དང་གཉིས་སོ། ། གསུམ་པ་ནི། རང་གི་དགག་བྱ་བཅད་ཙམ་གྱི་གནས་ལུགས་མཐར་ཐུག་དེ། ཡོངས་ གྲུབ་ཀྱི་མཚན་ཉིད། མཚན་གཞི་བདག་མེད་གཉིས་ལྟ་བུའོ། །འདི་དང༌། ཆོས་ཉིད། སྟོང་ ཉིད། བདག་མེད། ཆོས་ཉིད་དུ་གྱུར་པའི་རྟོག་བཏགས་རྣམས་དོན་གཅིག འདི་ལ་ངོ་བོའི་ སྒོ་ནས་དབྱེ་ན་བདག་མེད་གཉིས་དང༌། སྟོང་ཉིད་བཅུ་དྲུག་སོགས་ཡོད། སྒྲས་བརྗོད་རིགས་ ཀྱིས་དབྱེ་ན། འཕགས་པའི་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ལྟ་བུའི་ཕྱིན་ཅི་མ་ ལོག་པའི་ཡོངས་གྲུབ་དང༌། བདག་མེད་གཉིས་ལྟ་བུའི་འགྱུར་མེད་ཡོངས་གྲུབ་དང་གཉིས་ ཡོད་པས་སྔ་མ་ཡོངས་གྲུབ་བཏགས་པ་བ་དང་ཕྱི་མ་དེ་དངོས་སོ། །སེམས་ཙམ་ལུགས་ལ་ དེ་གསུམ་འདི་ལྟར་གྱི་ཆོག་མོད་ཀྱང་ཀུན་བཏགས་ཀྱི་དེ་ལ་ཞིབ་ཆ་དགོས་པ་ཁྱད་པར་རོ། །མདོ་སེམས་དང་མདོ་སྡེ་སྤྱོད་པའི་རང་རྒྱུད་པ་དག་གིས་མདོའི་དགོངས་འགྲེལ་གྱི་མཚན་ ཉིད་གསུམ་ནི་ཆོས་ཐམས་ཅད་ལ་སྦྱར་ཆོག་ལུགས་ཙམ་མཐུན་ཀྱང་དེ་གསུམ་གྱི་ངོས་འཛིན་ ལུགས་མི་མཐུན་པ་དང་ཐལ་འགྱུར་བས་དགོངས་འགྲེལ་ནི་སེམས་ཙམ་པའི་འདོད་པ་སྟོན་ བྱེད་ཡིན་ཕྱིར་དེའི་དོན་ཇི་བཞིན་པར་ཁས་མི་ལེན་པར་དྲང་དོན་གྱི་མདོར་བཞེད་དོ། ། བརྒྱད་པ་ཤེས་བྱ་ལ་རྫས་ཆོས་དང་ལྡོག་ཆོས་གཉིས་སུ་དབྱེ་བ་ལ། གཉིས་ལས། དང་ པོ་ནི། རྟོག་པས་བརྟག་ཙམ་མ་ཡིན་པར་ཡུལ་རང་གི་ངོས་ནས་གྲུབ་པའི་དོན་དམ་པར་དོན་ བྱེད་ནུས་པའི་དངོས་པོ་དེ། རྫས་ཆོས་ཀྱི་མཚན་ཉིད། མཚན་གཞི་གཟུགས་ལྟ་བུའོ། །འདི་ 5-1-306 དང་རྫས་ཡོད། དངོས་པོ་རྣམས་དོན་གཅིག རྫས་ཡང་ཡིན་ཆོས་ཀྱང་ཡིན་པའི་གཞི་མཐུན་ པ་ཡིན་པས་དེ་ལྟར་བརྗོད། འདི་ལ་སྒྲས་བརྗོད་རིགས་ཀྱི་དབྱེ་ན། རིགས་པས་གྲུབ་པའི་ རྫས་ཡོད། བརྟན་པ་མི་འགྱུར་པའི་རྫས་ཡོད། དོན་བྱེད་ནུས་པའི་རྫས་ཡོད། རང་སྐྱ་འཛིན་ ཐུབ་པའི་རྫས་ཡོད་དང་བཞི་ལས། དང་པོ་ཤེས་བྱ་དང་དོན་གཅིག གཉིས་པ་རྟག་པ་ཁོ་ན། གསུམ་པ་རྫས་གྲུབ་དངོས་པོ་དང་དོན་གཅིག བཞི་པ་གཟུགས་དང་འདུས་བྱས་ལྟ་བུ་དེ་ ཡིན་པས་དངོས་པོ་ལས་ཁྱབ་ཆུང་བའོ། ། གཉིས་པ་ནི། རང་གི་དགག་བྱ་བཅད་ལྡོག་ནས་རྟོག་ངོར་སྣང་བ་ཙམ་དུ་གྲུབ་པའི་རྟོག་ བཏགས་ཙམ་ཀྱི་ཆོས་དེ། ལྡོག་ཆོས་ཀྱི་མཚན་ཉིད། མཚན་གཞི་བུམ་ལྡོག་ལྟ་བུའོ། །འདི་ དང་རྟག་པ་དང་དོན་གཅིག རྟག་པའི་ཆོས་གང་ཡིན་ཀྱང་དེའི་ཡིན་ལུགས་ཤེས་པས་དགག་ བྱ་བཅད་ལྡོག་ནས་འཛིན་དགོས། འདི་ལ་སྒྲས་བརྗོད་རིགས་ཀྱིས་དབྱེ་ན་ཀུན་བཏགས། ལྡན་མིན་འདུ་བྱེད། ཡོངས་གྲུབ་དང་གསུམ་ཡོད། ཡང་ལྡོག་ཆོས་ནི་རྟག་པ་དང་དོན་གཅིག ལྡོག་པ་ནི་དགག་པ་དང་དོན་གཅིག་པས་དེ་གཉིས་ལ་ཁྱད་ཡོད། བུམ་པའི་ལྡོག་པ་ཞེས་པ་ ནི། བུམ་པའི་རང་ལྡོག་ལ་བྱེད་པས་སྔ་མ་གཉིས་དང་མི་འདྲའོ། །སྤྱིར་རྫས་ཡོད་དང༌། རང་ སྐྱ་འཛིན་ཐུབ་པའི་རྫས་ཡོད༌། རང་སྐྱ་ཐུབ་པའི་རྫས་ཡོད་རྣམས་མི་འདྲ་སྟེ། དང་པོ་ནི་དོན་ བྱེད་ནུས་པ་དང༌། གཉིས་པ་ནི་རང་ཉིད་བློ་ངོར་འཆར་བ་ལ་རང་གི་ངོ་བོར་མ་གྱུར་པའི་ཆོས་ གཞན་ལ་ལྟོས་མི་དགོས་པར་རང་དབང་གིས་འཆར་དུ་ཡོད་པའི་ཆོས་ལ་བྱེད། གསུམ་པ་ནི་ དགག་བྱ་བདག་ཏུ་གྲུབ་པ་ལ་གོ་ཕྱིར་དེ་གཞི་མ་གྲུབ་བོ། ། དགུ་པ་ཤེས་བྱ་ལ་དགག་སྒྲུབ་གཉིས་སུ་དབྱེ་བ་ལ། སྒྲུབ་པ་དང༌། དགག་པ་གཉིས་ ལས། དང་པོ་ནི། རང་དངོས་སུ་རྟོགས་པའི་བློས་རང་གི་དགག་བྱ་དངོས་སུ་བཅད་ནས་ རྟོགས་པར་བྱ་བ་མ་ཡིན་པའི་ཆོས་དེ། སྒྲུབ་པའི་མཚན་ཉིད། མཚན་གཞི་བུམ་པ་ལྟ་བུའོ། 5-1-307 །སྒྲུབ་པ་དངོས་པོ་གཉིས་མི་འགལ་ཀྱང་དོན་གཅིག་མིན་ནོ། ། གཉིས་པ་ལ། དགག་པ་དང༌། གཞན་སེལ་གཉིས་ལས། དང་པོ་ལ། མཚན་ཉིད། དབྱེ་ བ་གཉིས་ལས། དང་པོ་ནི། རང་དངོས་སུ་རྟོགས་པའི་བློས་རང་གི་དགག་བྱ་དངོས་སུ་བཅད་ ནས་རྟོགས་དགོས་པའི་ཆོས་དེ། དགག་པའི་མཚན་ཉིད། མཚན་གཞི་བུམ་པ་མ་ཡིན་པ་ལས་ ལོག་པ། བདག་མེད་སོགས་རྟག་པ་རྣམས་སོ། །འདི་དང་སེལ་བ། གཞན་སེལ། ལྡོག་པ་ རྣམས་དོན་གཅིག གཉིས་པ་དབྱེ་བ་ལ། མ་ཡིན་དགག མེད་དགག་གཉིས་ལས། དང་པོ་ནི། དགག་པ་ གང་ཞིག རང་དངོས་སུ་རྟོགས་པའི་བློས་རང་གི་དགག་བྱ་དངོས་སུ་བཀག་ཤུལ་དུ་ཆོས་ གཞན་མ་ཡིན་དགག་དང་སྒྲུབ་པ་གང་རུང་འཕེན་པ་དེ། མ་ཡིན་དགག་གི་མཚན་ཉིད། དེ་ དང་མ་ཡིན་དགག་གི་གཞན་སེལ་དོན་གཅིག མཚན་གཞི་བུམ་པ་མ་ཡིན་པ་ལས་ལོག་པ་ ལྟ་བུའོ། །གཟུགས་མ་ཡིན་པ་ལས་ལོག་པ་ནི་རང་དངོས་རྟོགས་ཀྱི་བློས་རང་གི་དགག་བྱ་ བཀག་ཤུལ་དུ་མ་ཡིན་དགག་དངོས་སུ་འཕེན་པའི་མ་ཡིན་དགག་དང༌། ལྷས་བྱིན་ཚོན་པོ་ ཉིན་པར་ཟས་མི་ཟ་བའི་དགག་བྱ་ཉིན་པར་ཟས་ཟ་བ་དང་འཕེན་བྱ་མཚན་མོར་ཟ་བ་འཕེན་ ཕྱིར་དེ་རང་གི་དགག་བྱ་བཀག་ཤུལ་དུ་སྒྲུབ་པ་འཕེན་པའི་མ་ཡིན་དགག་ཡིན་ནོ། ། གཉིས་པ་དབྱེ་བ་ལ། ལྷས་བྱིན་ཚོན་པོ་ཉིན་པར་ཟས་མི་ཟ་བ་ཞེས་པའི་སྒྲས་རང་གི་ དགག་བྱ་བཀག་ཤུལ་དུ་ཆོས་གཞན་མ་ཡིན་དགག་དང་སྒྲུབ་པ་གང་རུང་ཤུགས་ལ་འཕེན་པ་ དང༌། གང་ཟག་གི་བདག་མེད་ཡོད་པ་ཞེས་པའི་སྒྲས། དེ་འདྲ་དངོས་སུ་དང༌།(ལྷས་བྱིན་ཚོན་པོ་ ཉིན་པར་ཟས་མི་ཟ་བ་ཞེས་པའི་སྒྲས་ཤུགས་ལ་གཙོ་བོར་སྒྲུབ་པ་མཚན་མོར་ཟས་ཟ་བ་འཕེན་པ་དང༌། གང་ཟག་གི་བདག་མེད་ ཡོད་པ་ཞེས་པའི་དངོས་སུ་མ་ཡིན་དགག་བདག་མེད་ཡོད་པ་འཕེན་པ་དང༌། ལྷས་བྱིན་ཚོན་པོ་ཉིན་པར་ཟས་མི་ཟ་བའི་ལུས་རིད་ པ་མ་ཡིན་པ་ཞེས་པས་དངོས་སུ་མ་ཡིན་དགག་ཉིན་པར་ཟས་མི་ཟ་བའི་ལུས་རིད་པ་མ་ཡིན་པ་གཙོ་བོར་འཕེན་ལ། ཤུགས་ལ་ 5-1-308 སྒྲུབ་པ་མཚན་མོར་ཟས་ཟ་བ་འཕེན་ཚུལ་གོང་དང་འདྲའོ། །མ་ཡིན་དགག་དང་སྒྲུབ་པ་གང་རུང་སྐབས་ཐོབ་ཀྱིས་འཕེན་ལུགས་ བསྡུས་གཞུང་དུ་གོ་སླ།) ལྷས་བྱིན་ཚོན་པོ་ཉིན་པར་ཟས་མི་ཟ་བའི་ལུས་རིད་པ་མ་ཡིན་པ་ཞེས་པའི་ སྒྲས། དེ་འདྲ་དངོས་ཤུགས་གཉིས་ཀ་ལ་དང༌། རྒྱལ་རིགས་ཀྱི་གང་ཟག་ཞིག་རྒྱལ་རིགས་ དང་བྲམ་ཟེའི་རིགས་གང་རུང་དུ་ངེས་ཀྱང་གང་ཡིན་ཆ་མ་ཕྱེད་པའི་ཚེ་དེ་བྲམ་ཟེ་མ་ཡིན་ཞེས་ པའི་སྒྲས། དེ་འདྲ་སྐབས་ཐོབ་ཀྱིས་འཕེན་པ་དང་བཞི་ཡོད། གཉིས་པ་མེད་དགག་ལ། མཚན་ཉིད། དབྱེ་བ་གཉིས་ལས། དང་པོ་ནི། རང་དངོས་ སུ་རྟོགས་པའི་བློས་རང་གི་དགག་བྱ་དངོས་སུ་བཀག་ཤུལ་ཆོས་གཞན་མ་ཡིན་དགག་དང༌། སྒྲུབ་པ་གང་རུང་མི་འཕེན་པའི་དགག་པ་དེ། མེད་དགག་གི་མཚན་ཉིད། འདི་དང་མེད་ དགག་གི་གཞན་སེལ་དོན་གཅིག མཚན་གཞི་ཆོས་ཉིད། ནམ་མཁའ་སོགས་སོ། །མེད་ དགག་དངོས་རྟོགས་ཀྱི་བློས་མ་ཡིན་དགག་དང་སྒྲུབ་པ་གང་ཡང་ཤུགས་ལ་མི་རྟོགས་ཀྱང་ སྤྱིར་དགག་བྱ་རིགས་གཅིག་བཀག་པའི་མེད་དགག་ནི་ཤུགས་ལ་རྟོགས་ཆོག གཉིས་པ་དབྱེ་བ་ལ། གཞི་དེར་བུམ་མེད་ལྟ་བུའི་དགག་བྱ་ཤེས་བྱ་ལ་སྲི ད་པའི་མེད་ དགག་དང༌། རི་བོང་གི་རྭ་མེད་ལྟ་བུའི་དགག་བྱ་ཤེས་བྱ་ལ་མི་སྲི ད་པའི་དེ་དང་གཉིས་ཡོད། བུམ་པ་མེད་པ་ཡོད་ཀྱང་ཤེས་བྱ་མེད་པ་མེད། དགག་པ་དང་སྒྲུབ་པར་གྱུར་པའི་ཀ་བ་ཡོད། རང་གི་ངོ་བོ་ལ་ཆོས་གཞན་དགག་པ་ཡིན་ན་སྤྱིར་དེ་དགག་པ་ཡིན་མི་དགོས། ཡང་དགག་པ་ ལ་རྒྱས་པར་དབྱེ་ན། མེད་པར་སྟོན་པ། དེ་བཞིན་དུ་གཞན་པ། མི་འདྲ་བ། དམན་པ། ཞུམ་ པ། ཞན་པ། ཕྲ་བ། ཉུང་བ། མྱུར་བ། ཆུང་བ། ལྷག་མ་མེད་པ། འགའ་ལས་མཐའ་དག་ མིན་པ། མི་མཐུན་པ། གཉེན་པོ། བྲལ་བར་སྟོན་པ་སྟེ་བཅོ་ལྔའོ། །རང་མིང་ལ་དགག་སྒྲ་ མེད་པའི་དགག་པའང་དུ་མ་ཡོད། སྒྲུབ་པར་གྱུར་པའི་དངོས་པོ་དང༌། དགག་པར་གྱུར་པའི་ དངོས་པོ་ཡོད། རྟག་པར་གྱུར་པའི་མ་ཡིན་དགག་དང༌། རྟག་པར་གྱུར་པའི་མེད་དགག་ཀྱང་ 5-1-309 ཤིན་ཏུ་མང་ཞིང་མེད་དགག་ལ་དངོས་པོ་མེད་དོ། ། གཉིས་པ་གཞན་སེལ་ནི། རང་དངོས་སུ་རྟོགས་པའི་བློས་རང་གི་དགག་བྱ་དངོས་སུ་ བསལ་བའི་སྒོ་ནས་རྟོགས་པར་བྱ་བ་དེ། གཞན་སེལ་གྱི་མཚན་ཉིད། མཚན་གཞི་བུམ་པའི་ དོན་སྤྱི་ལྟ་བུའོ། །འདི་ལ་དབྱེ་ན་མ་ཡིན་དགག་དང༌། མེད་དགག་གི་གཞན་སེལ་གཉིས་ ལས། དང་པོ་ནི། སེལ་བ་གང་ཞིག རང་དངོས་སུ་རྟོགས་པའི་བློས་མ་ཡིན་དགག་དང་སྒྲུབ་ པ་གང་རུང་འཕེན་པ་དེ། མ་ཡིན་དགག་གི་སེལ་བའི་མཚན་ཉིད། འདི་ལ་དབྱེ་ན། གཉིས་ ལས། དང་པོ་ནི། མ་ཡིན་དགག་གི་གཞན་སེལ་ཡང་ཡིན། དོན་དམ་པར་དོན་བྱེད་ནུས་པ་ཡང་ ཡིན་པའི་གཞི་མཐུན་དུ་དམིགས་པ་དེ། དོན་རང་མཚན་གྱི་གཞན་སེལ་གྱི་མཚན་ཉིད། འདི་ དང་དངོས་པོར་གྱུར་པའི་དགག་པ་དང༌། ཆོས་དེའི་གཞན་སེལ་རྣམས་དོན་གཅིག གཉིས་པ་ནི། མ་ཡིན་དགག་གི་གཞན་སེལ་ཡང་ཡིན། རྟོག་པས་སྒྲོ་བཏགས་ཀྱང་ཡིན་ པའི་གཞི་མཐུན་པ་དེ། བློའི་གཞན་སེལ་གྱི་མཚན་ཉིད། འདི་དང་དོན་སྤྱི་སྒྲ་དོན་གསུམ་དོན་ གཅིག གཉིས་པ་ནི། སེལ་བ་གང་ཞིག རང་དངོས་སུ་རྟོགས་པའི་བློས་མ་ཡིན་དགག་དང་སྒྲུབ་ པ་གང་རུང་མི་འཕེན་པ་དེ། མེད་དགག་གི་སེལ་བའི་མཚན་ཉིད་ཡིན་ནོ། །འདུས་མ་བྱས་མ་ ཡིན་པའི་བུམ་པ་མི་རྟག་པ་ནི། དེའི་རང་མཚན་གྱི་གཞན་སེལ་དང༌། དེའི་དོན་སྤྱི་དེའི་བློའི་ གཞན་སེལ་དང༌། དེའི་དེ་མིན་མེད་པ་དེའི་མེད་དགག་གི་གཞན་སེལ་ལོ། །འདིས་དངོས་པོ་ ཀུན་ལ་འགྲེས། ཡང་བུམ་པ་མི་རྟག་པ་དོན་རང་མཚན་གྱི་གཞན་སེལ་ཡིན་ཀྱང་ཆོས་གང་གི་ གཞན་སེལ་མིན་དེ། ཡིན་ན་རང་དང་བུམ་པ་གང་རུང་གི་ཡིན་དགོས་ཀྱང་མ་ཡིན་པའི་ཕྱིར་ 5-1-310 ཏེ། རང་ཉིད་རང་གི་ཡིན་ཚུལ་མེད་ལ་གཞན་བུམ་པའི་ཀྱང་མ་ཡིན་པའི་ཕྱིར། ཕྱི་མ་གྲུབ་སྟེ། ཆོས་དེའི་གཞན་སེལ་ཡིན་ན་ཆོས་དེ་ཡིན་པ་དང༌། རང་མཚན་གྱིས་གྲུབ་པ་དང༌། དགག་པ་ གསུམ་ག་ཡིན་དགོས་ཀྱང་བུམ་པའི་མི་རྟག་པ་བུམ་པ་མ་ཡིན་པའི་ཕྱིར་རོ། །རྟག་པ་ལ་ཁྱོད་ ཀྱི་གཞན་སེལ་མེད་ཀྱང་ཁྱོད་གཞན་སེལ་ཡིན་ཆོག་པའོ། ། བཅུ་པ་ཤེས་བྱ་ལ་མངོན་ལྐོག་གཉིས་སུ་དབྱེ་བ་ལ། གཉིས་ལས། དང་པོ་ནི། མངོན་ སུམ་ཚད་མས་དངོས་སུ་རྟོགས་པར་བྱ་བ། མངོན་གྱུར་གྱི་མཚན་ཉིད། དེ་དང་དངོས་པོ་དོན་ གཅིག མཚན་གཞི་བུམ་པ་ལྟ་བུའོ། ། གཉིས་པ་ནི། རྗེས་དཔག་ཚད་མས་དངོས་སུ་རྟོགས་པར་བྱ་བ། ལྐོག་གྱུར་གྱི་མཚན་ ཉིད། དེ་དང་ཤེས་བྱ་དོན་གཅིག མཚན་གཞི་གང་ཟག་གི་བདག་མེད་ལྟ་བུའོ། །འདི་ལ་ དངོས་སྟོབས་ཡིད་ཆེས་གྲགས་པའི་རྗེས་དཔག་དང་གསུམ་གྱི་འཇུག་ཡུལ་ཡོད། འདིར་ཁ་ ཅིག་གིས། མངོན་སུམ་གྱིས་མྱོང་བས་རྣམ་པས་རྟོགས་པར་བྱ་བ་མངོན་གྱུར་དང༌། རྗེས་ དཔག་གིས་འབྲེལ་བ་ལས་སྤྱིའི་ཚུལ་གྱིས་རྟོགས་པར་བྱ་བ་ལྐོག་གྱུར་གྱི་མཚན་ཉིད་དུ་ བཞག་པའང་སྔ་མའི་ཆ་ནས་ཤིན་ཏུ་མི་འཐད་དོ། །ཡང་ཤེས་བྱ་ལ་རྣམ་པ་ཐམས་ཅད་དུ་ མངོན་གྱུར་མི་སྲི ད་པས་མངོན་གྱུར་ཡིན་ན་རེས་འགའ་མངོན་གྱུར་ཡིན་པས་ཁྱབ། དབུ་མ་ ཐལ་འགྱུར་བས་མངོན་ལྐོག་གི་དོན་ནི། མྱོང་སྟོབས་སམ་རྟགས་ལ་བསྟེན་མི་དགོས་པ་དང་ དགོས་པའི་སྒོ་ནས་འཇོག་ཅིང་དེ་ཡང་སོ་སྐྱེས་རང་ག་བ་སྤྱིའི་བློ་ལ་ལྟོས་ནས་བཞག་ལ། མདོ་སྡེ་པ་སོགས་ཀྱིས་སེམས་ཅན་ནས་སངས་རྒྱས་ཀྱི་བར་གྱི་མངོན་སུམ་ཚད་མ་གང་ཡང་ རུང་བ་ཞིག་གིས་དངོས་རྟོགས་ཡིན་མིན་གྱི་ཆ་ནས་མངོན་ལྐོག་གི་དོན་འཇོག་གོ། བཅུ་གཅིག་པ་ཤེས་བྱ་ལ་ཡུལ་ཡུལ་ཅན་གཉིས་སུ་དབྱེ་བ་ལ། གཉིས་ལས། དང་པོ་ལ། མཚན་ཉིད། དབྱེ་བ་གཉིས་ལས། དང་པོ་ནི། བློས་རིག་པར་བྱ་བ། ཡུལ་གྱི་མཚན་ཉིད། འདི་ 5-1-311 དང་ཡོད་པ་དོན་གཅིག འདི་སྤྱིར་བཏང་བློས་རིག་པར་བྱ་བ་ཡིན་གྱི་བློ་དེས་རིག་བྱ་ཙམ་ གྱིས་མི་འོང་ངོ༌། །རིག་ཚུལ་ལ། འཇམ་དབྱངས་བཞད་པས་སྣང་བ་དང་འཆར་བ་ལ་བྱེད་པ་ དང༌། རྭ་སྟོད་པས་ཡུལ་དེ་རྟོགས་པ་ལ་བྱེད་དོ། ། གཉིས་པ་དབྱེ་བ་ལ། དམིགས་ཡུལ། སྣང་ཡུལ། བཟུང་ཡུལ། ཞེན་ཡུལ། འཛིན་སྟངས་ ཀྱི་ཡུལ། འཇུག་ཡུལ། སྤྱོད་ཡུལ། དངོས་ཡུལ་སོགས་དུ་མ་ཡོད། གཉིས་པ་ལ། མཚན་ཉིད། དབྱེ་བ་གཉིས་ལས། དང་པོ་ནི། རང་ཡུལ་ཅི་རིགས་དང་ ལྡན་པའི་དངོས་པོ་དེ། ཡུལ་ཅན་གྱི་མཚན་ཉིད། འདིའི་མཚན་གཞི་ལ་སྒྲ་བློ་གང་ཟག་དབང་ པོ་རྣམས་ཡིན། གཉིས་པ་ལ། གང་ཟག བློ། རྗོད་བྱེད་ཀྱི་སྒྲ་དང་གསུམ་མོ། །ཡུལ་ཅན་ཡིན་ན་དེ་ གཉིས་སུ་ཕྱེ་བའི་ཡུལ་ཅན་གྱིས་ཁྱབ་པ་དང་མ་ཁྱབ་པར་འདོད་པ་དང་གཉིས་ཡོད་དོ། ། བཅུ་གཉིས་པ་ཤེས་བྱ་ལ་གཅིག་ཐ་དད་གཉིས་སུ་དབྱེ་བ་ལ། གཉིས་ལས། དང་པོ་ལ། མཚན་ཉིད། དབྱེ་བ་གཉིས་ལས། དང་པོ་ནི། སོ་སོ་བ་མ་ཡིན་པའི་ཆོས་དེ། གཅིག་གི་མཚན་ ཉིད། མཚན་གཞི་བུམ་པ་ལྟ་བུའོ། ། གཉིས་པ་ལ། རང་ལྡོག་གཅིག་པ། རང་བཞིན་གཅིག་པ། རིགས་གཅིག་པ། རྫས་ གཅིག་དང་བཞི་ཡོད། ལྡོག་པ་རིགས་གཅིག་ལ་དབྱེ་ན། སྒྲུབ་པ་དང༌། དགག་པར་གྱུར་པའི་ དེ་གཉིས་སོ། ། གཉིས་པ་ལ། མཚན་ཉིད་དབྱེ་བ་གཉིས་ལས། དང་པོ་ནི། སོ་སོ་བའི་ཆོས་དེ། ཐ་དད་ ཀྱི་མཚན་ཉིད། མཚན་གཞི་ཀ་བུམ་ལྟ་བུའོ། ། གཉིས་པ་ལ། རང་ལྡོག་ཐ་དད། རང་བཞིན་ཐ་དད། རིགས་ཐ་དད། རྫས་ཐ་དད་དང་ བཞི་ཡོད། བུམ་པ་དང་རྫས་གཅིག་ཡིན་ན་གྲུབ་བདེ་རྫས་གཅིག་ཡིན་པས་མ་ཁྱབ་བོ། ། 5-1-312 བཅུ་གསུམ་པ་ཤེས་བྱ་ལ་དགེ་མི་དགེ་ལུང་མ་བསྟན་གསུམ་དུ་དབྱེ་བ་ལ། གསུམ་ལས། དང་པོ་ལ། མཚན་ཉིད། དབྱེ་བ་གཉིས་ལས། དང་པོ་ནི། རང་འབྲས་ཡིད་འོང་འབྱིན་བྱེད་ ཡིན་པའི་ཆ་ནས་རྣམ་སྨིན་ལུང་དུ་བསྟན་པར་བཞག་པའི་ཆོས་དེ། དགེ་བའི་མཚན་ཉིད། མཚན་གཞི་ཕྱག་འཚལ་བའི་གཟུགས། ཆོས་སྟོན་པའི་ཚིག དད་པ། དེའི་ས་བོན་ལྟ་བུའོ། །དགེ་བ་ལ་རྣམ་སྨིན་བསྐྱེད་པའི་རིགས་སུ་གནས་པས་ཁྱབ། ཆ་བཞག་གིས་ཁོང་ཁྲོ་སོགས་ ཀྱིས་འཇོམས་འགྱུར་གྱི་དགེ་བ་དེ་སྡུད་དོ། ། གཉིས་པ་ལ། དད་སོགས་དགེ་བ་བཅུ་གཅིག་ལྟ་བུའི་ངོ་བོ་ཉིད་ཀྱི་དགེ་བ་དང༌། དད་ སོགས་དང་མཚུངས་ལྡན་གྱི་སེམས་སེམས་བྱུང་ལྟ་བུའི་འབྲེལ་བའི་དགེ་བ་དང༌། དད་ སོགས་ཀྱིས་བཞག་པའི་བག་ཆགས་ལྟ་བུའི་རྗེས་འབྲེ ལ་གྱི་དགེ་བ་དང༌། དད་སོགས་ཀྱིས་ ཀུན་ནས་བསླངས་བའི་ལུས་ངག་གི་དགེ་བ་ལྟ་བུའི་སློང་བའི་དགེ་བ་དང་བཞི་ཡོད་དོ། ། གཉིས་པ་ལ། མཚན་ཉིད། དབྱེ་བ་གཉིས་ལས། དང་པོ་ནི། རང་འབྲས་ཡིད་མི་འོང་ འབྱིན་པའི་ཆ་ནས་རྣམ་སྨིན་ལུང་དུ་བསྟན་པར་བཞག་པའི་ཆོས་དེ། མི་དགེ་བའི་མཚན་ཉིད། མཚན་གཞི་ཁོང་ཁྲོ། དེའི་ས་བོན། སྲོག་གཅོད་ཀྱི་གཟུགས་ལྟ་བུའོ། ། གཉིས་པ་ལ། ངོ་བོ་ཉིད་ཀྱི་མི་དགེ་བ་དང༌། འབྲེ ལ་བའི་དེ་དང༌། རྗེས་འབྲེ ལ་གྱི་དེ་དང༌། སློང་བའི་དེ་དང་བཞི་ཡོད་པ་ལ་མཚན་གཞི་རྣམས་གོང་གི་དགེ་བ་གོ་བཟློག་པས་ཤེས་སོ། ། གསུམ་པ་ལུང་མ་བསྟན་ལ། མཚན་ཉིད། དབྱེ་བ་གཉིས་ལས། དང་པོ་ནི། རྣམ་སྨིན་ལ་ ལྟོས་ནས་དགེ་མི་དགེ་གང་རུང་དུ་མ་གྲུབ་པའི་ཆ་ནས་བླང་དོར་བཏང་སྙོམས་སུ་བཞག་པའི་ ཆོས་དེ། ལུང་མ་བསྟན་གྱི་མཚན་ཉིད། མཚན་གཞི་བུམ་པ་འགོག་བདེན། འཇུག་ཤེས། སྤྱོད་ ལམ་པའི་བློ། འཇིག་ལྟ་ལྟ་བུའོ། ། གཉིས་པ་ལ། དགེ་མི་དགེའི་གཟུགས་སྒྲ་གཉིས་མ་གཏོགས་པའི་སྐྱེ་མཆེད་གཟུགས་ 5-1-313 ཅན་བཅུ་དང༌། གོང་མའི་ཉོན་མོངས་ལྟ་བུའི་ངོ་བོ་ཉིད་ཀྱི་ལུང་མ་བསྟན་དང༌། དགེ་མི་དགེ་ གང་ཡང་མིན་པའི་སེམས་སེམས་བྱུང་ལྟ་བུའི་འབྲེ ལ་པའི་དེ་དང༌། ལུང་མ་བསྟན་གྱི་བློས་ བཞག་པའི་བག་ཆགས་ལྟ་བུའི་རྗེས་འབྲེ ལ་གྱི་དེ་དང༌། ལུང་མ་བསྟན་གྱི་བློས་ཀུན་ནས་ བསླངས་པའི་ལུས་ངག་གི་ལས་ལྟ་བུའི་སློང་བའི་དེ་དང་བཞི་ཡོད། སྤྱིར་དགེ་བ་ནི། དད་ སོགས་དགེ་བ་བཅུ་གཅིག དེ་མཚུངས་ཀྱི་སེམས་སེམས་བྱུང༌། དགེ་བའི་གཟུགས་སྒྲ་གཉིས། ལམ་མ་ཞུགས་ཀྱི་རྒྱུད་ཀྱི་མངོན་ཤེས་ལྔ། བསམ་གཟུགས་བརྒྱད། བསླབ་པ་གསུམ། ཚད་ མེད་བཞི། སྦྱིན་སོགས་དྲུག ལམ་ཞུགས་ཀྱི་ལམ་ལྔ་གསུམ་བཅོ་ལྔ། རྣམ་མཁྱེན་དང་བཅས་ པ་དགེ་བའི་བག་ཆགས་རྣམས་སོ། །མི་དགེ་བ་ནི། འདོད་པའི་འཇིག་མཐར་མ་འདྲེས་པའི་ མ་རིག་པ་དང་གསུམ་མ་གཏོགས་པའི་འདོད་ཉོན་ཐམས་ཅད་དང༌། དེ་མཚུངས་ཀྱི་སེམས་ སེམས་བྱུང་རྣམས་དེ་དག་གི་བག་ཆགས་དང་བཅས་པ་མི་དགེ་བའི་གཟུགས་སྒྲ་གཉིས་ སོགས་སོ། །ལུང་མ་བསྟན་ནི། འདོད་པའི་འཇིག་མཐར་མ་འདྲེས་པའི་མ་རིག་པ་དང༌། གོང་ སའི་ཉོན་མོངས་སོགས་སྒྲིབ་ལུང་མ་བསྟན་དང༌། འཁོར་བའི་ཕྱི་སྣོད། རྣམ་སྨིན་གྱི་ཕུང་པོ་ ལྔ། སེམས་ཙམ་གྱི་དབང་ཤེས་ལྔ། འགོག་བདེན་སྟོང་ཉིད་ལ་སོགས་པའི་རྟག་པ་རྣམས་ དང༌། ཐེག་ཆེན་ལུགས་ལ་ངོ་བོ་ཉིད་སྐུ་སོགས་ནི་མ་སྒྲིབ་ལུང་མ་བསྟན་ནོ། །ཁྱོད་དངོས་པོ་ ཡིན་ན་ཁྱོད་ཡིན་ན་དངོས་པོ་ཡིན་པས་མ་ཁྱབ་སྟེ། སྒྲ་མི་རྟག་པ་དངོས་པོ་ཡིན་ཀྱང་སྒྲ་མི་ རྟག་པ་ཡིན་ན་དངོས་པོ་ཡིན་པས་མ་ཁྱབ་པའི་ཕྱིར་ཏེ། གཞི་གྲུབ་ན་སྒྲ་མི་རྟག་པ་ཡིན་པས་ ཁྱབ་པའི་ཕྱིར། དེར་ཐལ། ཤེས་བྱ་སྒྲ་མི་རྟག་པ་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། སྒྲ་མི་ རྟག་པ་ཡིན་ཏེ། སྒྲ་རྟག་པ་མ་ཡིན་པའི་ཕྱིར་ཏེ། སྒྲ་རྟག་པ་ཚད་མས་བསལ་བའི་ཕྱིར། དེར་ ཐལ། ཚད་མས་བསལ་བ་ནི་མེད་པ་ཞིག་ལ་བྱེད་རྒྱུ་ཡིན་པས་གཞི་མ་གྲུབ་པ་གང་ཞིག སྒྲ་ རྟག་པ་ཚད་མས་བསལ་བ་ནི་སྒྲ་རྟག་པ་ཚད་མས་བཀག་པའི་ཆ་ལ་གོ་ཕྱིར་སྒྲ་རྟག་པ་ཚད་ 5-1-314 མས་བསལ་བ་དང༌། སྒྲ་དངོས་པོ་མ་ཡིན་པ་ཚད་མས་བསལ་བ་སོགས་ནི་གཞི་གྲུབ་པའི་ ཕྱིར་རོ། །དེ་དག་གིས་བསྡུས་དོན་མདོར་བསྡུས་སོང་ཟིན་ཏོ། །སྨྲས་པ། རྣམ་མང་ཤེས་བྱའི་རྣམ་པ་རྒྱ་ཆེ་བ། ། ཀུན་གྱི་དེ་ཉིད་མཁྱེན་པ་རྒྱལ་བའི་ཐུགས། ། གང་གིས་ལེགས་གསུངས་ཆོས་ཕུང་བྱེ་བའི་མཛོད། ། དྲི་མེད་རིག་ལམ་བཟང་པོས་ཉེར་མཛེས་པ། ། དེ་ལས་ཆོས་ཚུལ་ཡང་དག་རིགས་པའི་ལམ། ། རང་དབང་སྨྲ་བས་འཛམ་གླིང་མཛེས་པའི་རྒྱན། ། ཕྱོགས་གླང་ཆོས་ཀྱི་གྲགས་ཞེས་མཚན་སྙན་གྱིས། ། མི་མཇེད་འཇིག་རྟེན་ཁམས་འདིར་མངོན་པར་མཐོ། ། གང་དེའི་ལེགས་བཤད་རིགས་པའི་གཞུང་ལུགས་མཆོག ། འདིའི་དགོངས་གཙོ་བོར་བྱས་ཚུལ་གནད་དོན་རིགས། ། ཡོངས་བསྡུས་འཇམ་མགོན་བླ་མའི་གསུང་རབ་ལས། ། ཆ་ཙམ་སློབ་རིགས་འགའི་ཆེད་བླངས་ལགས་ན། ། འདིའི་དོན་བློ་ལ་ལེགས་པར་བཅང་བྱས་ནས། ། རྣམ་དཔྱོད་རིགས་པས་གོ་དོན་ཞིབ་བཙལ་ཏེ། ། རྣོ་མྱུར་བློ་གྲོས་གསར་བའི་འཕེལ་ངོམ་བཞིན། ། གཞུང་ལུགས་བལྟ་བའི་བློ་མཆོག་བསྐྱེད་ཅིག་ཀྱེ། ། ཨེ་མ་ཤེས་བྱའི་ཚུལ་ལ་མ་རྨོངས་པ། ། བློ་གསལ་ཡིན་ལུགས་ཤེས་པའི་རྣམ་དཔྱོད་རྒྱན། ། 5-1-315 ཡང་དག་རིགས་ལམ་བཟང་པོས་མཛེས་འདོད་ན། ། རིག་གཞུང་འདི་ལྟ་བུ་ལ་ཐོག་མར་སློབས། ། ལེགས་བྱས་འདི་ལ་བརྩོན་པའི་རྣམ་དཀར་གྱིས། ། བདག་ཀྱང་ཚེ་རབས་ཀུན་ཏུ་བསྟན་དང་མཇལ། ། དྲི་མེད་རིགས་པའི་གཞུང་ལ་སྦྱང་བ་དང༌། ། འགྲོ་ལ་ཆོས་ཀྱིས་ཕན་པ་སྒྲུབ་ནུས་ཤོག ། ཅེས་བསྡུས་གྲྭའི་སྤྱི་དོན་གྱི་སྙིང་པོ་མདོར་བསྡུས་སུ་བཀོད་པ་འདི་ཡང་གཞུང་འདི་སློབ་པ་འགའ་ཞིག་གིས་བློ་འཛིན་བྱ་ བའི་ཆེད་དུ་ངག་དབང་བློ་གྲོས་གྲགས་པ་ཞེས་བྱ་བའི་སོར་རྩེའི་ཡལ་འདབ་བསྐྱོད་པས་ལེགས་བྱས་འདི་ནི་དགེ་བར་གྱུར་ཅིག་ གུ།། །།དགེའོ།། 5-1-316 ༄༅། །ཡིན་ལོག་མིན་ལོག་གི་ཟེར་ཚུལ་ཉུང་བསྡུས། ༄༅། །སྣང་བྱེད་སྟོང་གི་འབར་ཕྲེང་དཀྲི གས། །མཚམས་ཀྱི་ཆུ་རླངས་གསར་བ་འབུམ། །རྨོངས་མུན་དྲེགས་པ་འཕྲོག་བཞིན་དུ། །ཀུན་གཟིགས་བཞད་པའི་ཟློས་གར་ངོམ། །བུམ་ པ་ཡིན་པ་ལས་ལོག་པ་བུམ་པ་མིན། བུམ་པ་ཡིན་པ་ལས་ལོག་པ་ཡིན་པ་ལས་ལོག་པ་བུམ་ པ་ཡིན། བུམ་པ་ཡིན་པ་ལས་ལོག་པ་ཡིན་པ་ལས་ལོག་པ་ཡིན་པ་ལས་ལོག་པ་བུམ་པ་མིན། བུམ་པ་ཡིན་པ་ལས་ལོག་པ་ཡིན་པ་ལས་ལོག་པ་ཡིན་པ་ལས་ལོག་པ་ཡིན་པ་ལས་ལོག་པ་ བུམ་པ་ཡིན། དེས་ཐུག་མེད་དུ་འགྲེས། ཡང་བུམ་པ་མ་ཡིན་པ་ལས་ལོག་པ་བུམ་པ་ཡིན། བུམ་པ་མ་ཡིན་པ་ལས་ལོག་པ་མ་ཡིན་པ་ལས་ལོག་པ་ཡང་བུམ་པ་ཡིན། བུམ་པ་མ་ཡིན་པ་ ལས་ལོག་པ་མ་ཡིན་པ་ལས་ལོག་པ་མ་ཡིན་པ་ལས་ལོག་པ་ཡང་བུམ་པ་ཡིན་སོགས་ཀུན་ ལ་འདྲ། ཡང་བུམ་པ་མ་ཡིན་པ་ལས་ལོག་པ་བུམ་པ་ཡིན་ཡང་བུམ་པ་མ་ཡིན་པ་ལས་ལོག་ པ་མ་ཡིན་པ་བུམ་པ་མ་ཡིན། བུམ་པ་མ་ཡིན་པ་ལས་ལོག་པ་མ་ཡིན་པ་ལས་ལོག་པ་བུམ་པ་ ཡིན་ཡང་བུམ་པ་མ་ཡིན་པ་ལས་ལོག་པ་མ་ཡིན་པ་ལས་ལོག་པ་མ་ཡིན་པ་བུམ་པ་མ་ཡིན། བུམ་པ་མ་ཡིན་པ་ལས་ལོག་པ་མ་ཡིན་པ་ལས་ལོག་པ་མ་ཡིན་པ་ལས་ལོག་པ་བུམ་པ་ཡིན་ ཡང་བུམ་པ་མ་ཡིན་པ་ལས་ལོག་པ་མ་ཡིན་པ་ལས་ལོག་པ་མ་ཡིན་པ་ལས་ལོག་པ་མ་ཡིན་ པ་བུམ་པ་མ་ཡིན། དེས་ཀྱང་ཐུག་མེད་དུ་འགྲོ། ཡང་བུམ་པ་ཡིན་པ་ལས་ལོག་པ་མིན་པ་ ལས་ལོག་པ་བུམ་པ་མིན་ཡང་བུམ་པ་ཡིན་པ་ལས་ལོག་པ་མིན་པ་ལས་ལོག་པ་ཡིན་པ་ལས་ ལོག་པ་བུམ་པ་ཡིན། བུམ་པ་ཡིན་པ་ལས་ལོག་པ་མིན་པ་ལས་ལོག་པ་ཡིན་པ་ལས་ལོག་ 5-1-317 པ་བུམ་པ་ཡིན་ཡང་བུམ་པ་ཡིན་པ་ལས་ལོག་པ་མིན་པ་ལས་ལོག་པ་ཡིན་པ་ལས་ལོག་པ་ མིན་པ་ལས་ལོག་པ་བུམ་པ་མིན། བུམ་པ་ཡིན་པ་ལས་ལོག་པ་མིན་པ་ལས་ལོག་པ་ཡིན་པ་ ལས་ལོག་པ་མིན་པ་ལས་ལོག་པ་བུམ་པ་མིན་ཡང་བུམ་པ་ཡིན་པ་ལས་ལོག་པ་མིན་པ་ལས་ ལོག་པ་ཡིན་པ་ལས་ལོག་པ་མིན་པ་ལས་ལོག་པ་ཡིན་པ་ལས་ལོག་པ་བུམ་པ་ཡིན། དེས་ ཐུག་མེད་དུའོ། །ཡང་བུམ་པ་མིན་པ་ལས་ལོག་པ་ཡིན་པ་ལས་ལོག་པ་བུམ་པ་མིན་ཡང་ བུམ་པ་མིན་པ་ལས་ལོག་པ་ཡིན་པ་ལས་ལོག་པ་ཡིན་པ་ལས་ལོག་པ་བུམ་པ་ཡིན། བུམ་པ་ མིན་པ་ལས་ལོག་པ་ཡིན་པ་ལས་ལོག་པ་མིན་པ་ལས་ལོག་པའང་བུམ་པ་མིན་ཡང་བུམ་པ་ མིན་པ་ལས་ལོག་པ་ཡིན་པ་ལས་ལོག་པ་མིན་པ་ལས་ལོག་པ་ཡིན་པ་ལས་ལོག་པ་བུམ་པ་ ཡིན། བུམ་པ་མིན་པ་ལས་ལོག་པ་ཡིན་པ་ལས་ལོག་པ་མིན་པ་ལས་ལོག་པ་ཡིན་པ་ལས་ ལོག་པ་མིན་པ་ལས་ལོག་པ་བུམ་པ་ཡིན་ཡང་བུམ་པ་མིན་པ་ལས་ལོག་པ་ཡིན་པ་ལས་ལོག་ པ་མིན་པ་ལས་ལོག་པ་ཡིན་པ་ལས་ལོག་པ་མིན་པ་ལས་ལོག་པ་ཡིན་པ་ལས་ལོག་པ་བུམ་ པ་མིན། དེ་སོགས་ཀྱི་འགྲོ་ལུགས་མང༌། ཡང་བུམ་པ་མིན་པ་ལས་ལོག་པ་མིན་པ་ལས་ལོག་ པ་བུམ་པ་ཡིན་ཡང་བུམ་པ་མིན་པ་ལས་ལོག་པ་མིན་པ་ལས་ལོག་པ་ཡིན་པ་ལས་ལོག་པ་ བུམ་པ་མིན། བུམ་པ་ཡིན་པ་ལས་ལོག་པ་ཡིན་པ་ལས་ལོག་པ་བུམ་པ་ཡིན། བུམ་པ་ཡིན་པ་ ལས་ལོག་པ་ཡིན་པ་ལས་ལོག་པ་མིན་པ་ལས་ལོག་པའང་བུམ་པ་ཡིན། ཡང་བུམ་པ་ཡིན་པ་ ལས་ལོག་པ་ཡིན་པ་ལས་ལོག་པ་མིན་པ་ལས་ལོག་པ་བུམ་པ་ཡིན་ཡང་བུམ་པ་ཡིན་པ་ལས་ ལོག་པ་ཡིན་པ་ལས་ལོག་པ་ཡིན་པ་ལས་ལོག་པ་མིན་པ་ལས་ལོག་པ་བུམ་པ་མིན། བུམ་པ་ ཡིན་པ་ལས་ལོག་པ་ཡིན་པ་ལས་ལོག་པ་ཡིན་པ་ལས་ལོག་པ་མིན་པ་ལས་ལོག་པ་བུམ་པ་ མིན་ཀྱང་བུམ་པ་ཡིན་པ་ལས་ལོག་པ་ཡིན་པ་ལས་ལོག་པ་ཡིན་པ་ལས་ལོག་པ་ཡིན་པ་ལས་ ལོག་པ་མིན་པ་ལས་ལོག་པ་བུམ་པ་ཡིན། དེ་སོགས་ཐུག་མེད་དང༌། ཡང་བུམ་པ་མ་ཡིན་པ་ 5-1-318 ལས་ལོག་པ་ཡིན་པ་བུམ་པ་ཡིན་ཡང་བུམ་པ་ཡིན་པ་ལས་ལོག་པ་ཡིན་པ་བུམ་པ་མ་ཡིན། བུམ་པ་ཡིན་པ་ལས་ལོག་པ་མིན་པ་བུམ་པ་ཡིན་ཡང་བུམ་པ་མ་ཡིན་པ་ལས་ལོག་པ་མིན་ པ་བུམ་པ་མ་ཡིན། བུམ་པ་ཡིན་པ་མ་ཡིན་པ་བུམ་པ་མིན་ཡང་བུམ་པ་མ་ཡིན་པ་མ་ཡིན་པ་ བུམ་པ་ཡིན། བུམ་པ་ཡིན་པ་ཡིན་པ་བུམ་པ་ཡིན་ཡང་བུམ་པ་མིན་པ་ཡིན་པ་བུམ་པ་མ་ཡིན། ཞེས་སོགས་དང༌། ཡང་བུམ་པ་དེ་རྟག་པ་ཡིན་པ་ལས་ལོག་པ་ཡིན་ཞིང་དངོས་པོ་མིན་པ་ ལས་ལོག་པ་ཡིན་ལ། དངོས་པོ་དེ་བུམ་པ་ཡིན་པ་ལས་ལོག་པ་ཡིན་ཞིང་འདུས་བྱས་མིན་པ་ ལས་ལོག་པ་ཡིན་ལ། བུམ་པའི་ལྡོག་པ་དེ་བུམ་པའི་ལྡོག་པ་ཡིན་པ་ལས་ལོག་པ་ཡིན་ཞིང་ བུམ་པའི་ལྡོག་པའི་ལྡོག་པ་མིན་པ་ལས་ལོག་པ་ཡིན་ལ། ཀ་བུམ་གཉིས་དེ་ཀ་བུམ་གཉིས་ ཡིན་པ་ལས་ལོག་པ་ཡིན་ཞིང་ཀ་བུམ་གཉིས་མ་ཡིན་པ་ལས་ལོག་པ་མ་ཡིན་ཚུལ་སོགས་ འདིར་ཡིན་ལོག་མིན་ལོག་གི་ཟེར་ཚུལ་ཉུང་བསྡུས་ཙམ་དུ་བཀོད་པར་ཟད་ཀྱིས་རྒྱས་པར་ན་ བརྗོད་བྱ་རྒྱ་ཆེན་པོར་ཡོད་པས་རིགས་པའི་འཕྲུལ་གྱི་སྒོའི་གནད་གསང་ལ་བྱང་ཆུབ་པ་གལ་ ཆེ་ཞིང༌། ཡིན་ལོག་མིན་ལོག་འདི་དག་སྟོན་བྱེད་ཀྱི་ཚད་མ་རྣམ་འགྲེལ་གྱི་ལུང་ཡང༌། རང་ དོན་ལེའུ་ལས། དེ་ལའང་གཞན་ལས་ལྡོག་པ་དང༌། གཞན་ལས་ལོག་པ། ཞེས་དང༌། ཡང་ དེ་ཡི་ངོ་བོ་ཀུན་ལས་ལོག །ཞེས་དང༌། ཤིང་མ་ཡིན་ལས་ལྡོག་པ་ཡི། །ཞེས་པ་དག་གིས་ལེགས་པར་ བསྟན་ཕྱིར་ཆོས་གྱི་གྲགས་པའི་དགོངས་པ་དངོས་ལ་ཡིད་ཆེས་པར་གྱིས་ཞེས་པའི་ཡི་གེ་བྲི ས་པ་ལགས།། །། 5-1-319 ༄༅། །མཚན་མཚོན་དང་རིགས་ཚོགས་བརྗོད་པའི་ རྣམ་གཞག་ཉུང་བསྡུས། ༄༅། །ཤེས་བྱའི་མཚན་ཉིད་ཡིན་ན་མཚོན་བྱ་མ་ཡིན་པས་ཁྱབ། མཚོན་བྱ་ཡིན་ན་ ཤེས་བྱའི་མཚན་ཉིད་མ་ཡིན་པས་ཁྱབ། ཤེས་བྱའི་རྫས་ཡོད་ཆོས་གསུམ་ཚང་བ་ཡིན་ན་ མཚན་ཉིད་ཡིན་པས་ཁྱབ། ཤེས་བྱ་ཡིན་ན་ཤེས་བྱའི་རྫས་ཡོད་ཆོས་གསུམ་ཚང་བ་ཡིན་པས་ མ་ཁྱབ། མ་ཡིན་པས་ཀྱང་མ་ཁྱབ། གཞི་གྲུབ་ན་ཤེས་བྱ་དང་འགལ་བ་མ་ཡིན་པས་ཁྱབ། གཞི་གྲུབ་ན་བུམ་པ་དང་འགལ་བ་ཡིན་པས་མ་ཁྱབ་མ་ཡིན་པས་ཀྱང་མ་ཁྱབ། ཀ་བུམ་ གཉིས་མ་ཡིན་པ་ལས་ལོག་པ་ཡིན་ན་མེད་པ་ཡིན་པས་ཁྱབ། མཚོན་བྱ་ཡིན་ན་རྟག་པ་ཡིན་ པས་མ་ཁྱབ། མ་ཡིན་པས་ཀྱང་མ་ཁྱབ། མཚན་ཉིད་ཡིན་ནའང་དེ་དང་འདྲ། མཚན་མཚོན་ གྱི་ཁྱབ་པ་སྒོ་བརྒྱད་པོ་འགྲིགས་པ་ཡིན་ན་མཚན་མཚོན་ཡང་དག་ཡིན་པས་མ་ཁྱབ། མ་ ཡིན་པས་ཀྱང་མ་ཁྱབ། མཚན་ཉིད་ཀྱི་སྤྱི་སྐྱོན་གསུམ་དང་བྲལ་ན་མཚན་ཉིད་ཡང་དག་ཡིན་ པས་མ་ཁྱབ། མ་ཡིན་པས་ཀྱང་མ་ཁྱབ། སྐབས་གཅིག་གི་མཚན་ཉིད་ཡིན་ན་སྐབས་དེའི་ མཚན་གཞི་མ་ཡིན་པས་ཁྱབ། མཚོན་བྱའང་དེ་དང་འདྲ། སྐབས་གཅིག་གི་མཚན་ཉིད་ཡིན་ ན་སྐབས་གཞན་གྱི་མཚན་གཞི་ཡིན་པས་མ་ཁྱབ། མ་ཡིན་པས་ཀྱང་མ་ཁྱབ། མཚན་ཉིད་ ཡིན་ན་འདུས་བྱས་ཡིན་པས་མ་ཁྱབ། མ་ཡིན་པས་ཀྱང་མ་ཁྱབ། གཞི་གྲུབ་ཡིན་ན་རང་ལས་ གཞན་པ་ཁྱོད་ཀྱི་མཚན་ཉིད་ཡིན་པས་མ་ཁྱབ། མ་ཡིན་པས་མ་ཁྱབ། རྟག་པ་ཡིན་ན་མཚོན་ 5-1-320 བྱ་ཡིན་པས་མ་ཁྱབ། མ་ཡིན་པས་ཀྱང་མ་ཁྱབ། མཚན་ཉིད་ཡིན་ན་རང་གི་མཚོན་བྱ་དེ་ཐོག་ མར་གོ་བར་བྱེད་ཐུབ་པས་མ་ཁྱབ། མི་ཐུབ་པས་ཀྱང་མ་ཁྱབ། ཚད་མས་དམིགས་པ་ཡིན་ན་ སྐད་ཅིག་མ་ཡིན་པས་མ་ཁྱབ་མ་ཡིན་པས་ཀྱང་མ་ཁྱབ་བོ། །ཡོད་པ་ཡིན་ན་ཤེས་བྱའི་དོན་ ལྡོག་ཡིན་པས་མ་ཁྱབ། མ་ཡིན་པས་མ་ཁྱབ། ཡོད་པ་ཡིན་ན་ཤེས་བྱའི་ལྡོག་པ་ཡིན་པས་མ་ ཁྱབ་མ་ཡིན་པས་མ་ཁྱབ། ཡོད་པ་ཡིན་ན་བློའི་ཡུལ་དུ་བྱ་རུང་གི་རང་ལྡོག་ཡིན་པས་མ་ཁྱབ། མ་ཡིན་པས་མ་ཁྱབ། དེས་ཀུན་ལ་འགྲེས། ཡིན་ཁྱབ་མཉམ་ཡིན་ན་མཚན་མཚོན་ཡིན་པས་ མ་ཁྱབ། མ་ཡིན་པས་མ་ཁྱབ། ངོ་བོ་གཅིག་ན་མཚན་མཚོན་ཡིན་པས་མ་ཁྱབ། མ་ཡིན་པས་ མ་ཁྱབ། ངོ་བོ་གཅིག་ན་འགལ་བ་ཡིན་པས་མ་ཁྱབ། མ་ཡིན་པས་མ་ཁྱབ། ཡིན་པ་མི་སྲི ད་ ན་ཡོད་པ་ཡིན་པས་མ་ཁྱབ། མ་ཡིན་པས་མ་ཁྱབ། སྐད་ཅིག་མ་མ་ཡིན་པ་ཡིན་པ་ཡིན་ན་ ཡོད་པ་ཡིན་པས་མ་ཁྱབ་མ་ཡིན་པས་མ་ཁྱབ། རྫས་ཡོད་ཆོས་གསུམ་ཚང་ན་གཞི་གྲུབ་ཀྱི་ མཚན་ཉིད་ཡིན་པས་མ་ཁྱབ་མ་ཡིན་པས་མ་ཁྱབ། བཏགས་ཡོད་ཆོས་གསུམ་ཚང་ན་ཚད་ མས་དམིགས་པའི་མཚོན་བྱ་ཡིན་པས་མ་ཁྱབ་མ་ཡིན་པས་མ་ཁྱབ། དེས་འགྲེས། མཚོན་བྱ་ ཡིན་ན་དངོས་པོ་ཡིན་པས་མ་ཁྱབ་མ་ཡིན་པས་མ་ཁྱབ། མཚན་ཉིད་ཡང་དེ་དང་འདྲ། དངོས་ པོ་ཡིན་ན་མཚན་ཉིད་ཡིན་པས་མ་ཁྱབ། མིན་པས་མ་ཁྱབ། མཚོན་བྱ་དེ་དང་འདྲ། དངོས་ པོའི་དོན་ལྡོག་དང་བདག་ཉིད་གཅིག་ན་དངོས་པོའི་མཚན་ཉིད་ཡིན་པས་མ་ཁྱབ་མིན་པས་ མ་ཁྱབ། དངོས་པོའི་རང་ལྡོག་དང་ངོ་བོ་གཅིག་ན་རྟག་པ་ཡིན་པས་མ་ཁྱབ་མིན་པས་མ་ ཁྱབ། བུམ་པ་དང་འགལ་བ་མ་ཡིན་ན་དེ་སྤྱིར་འགལ་བ་ཡིན་པས་མ་ཁྱབ་མིན་པས་མ་ཁྱབ། བུམ་པ་དང་འབྲེ ལ་ན་དེ་སྤྱིར་མཚོན་བྱ་ཡིན་པས་མ་ཁྱབ། མིན་པས་མ་ཁྱབ། བདག་མེད་པ་ ཡིན་ན་རང་གི་ངོ་བོ་གཞི་གྲུབ་ཡིན་པས་མ་ཁྱབ། མིན་པས་མ་ཁྱབ། ཆོས་ཡིན་ན་མཚན་ཉིད་ འདུས་བྱས་ཁོ་ན་ཡིན་པས་མ་ཁྱབ་མིན་པས་མ་ཁྱབ། བུམ་པ་ཡིན་ན་བུམ་པའི་ལྡོག་པ་ཡིན་ 5-1-321 པས་མ་ཁྱབ། མ་ཡིན་པས་ཀྱང་མ་ཁྱབ་བོ། ། ༄༅། །ཤེས་བྱ་ཞེས་བརྗོད་པའི་སྒྲ་དེ་རིགས་བརྗོད་ཀྱི་སྒྲ་ཁོ་ན་ཡིན། ༡ ཀ་བུམ་ གཉིས་ཞེས་བརྗོད་པའི་སྒྲ་དེ་ཚོགས་བརྗོད་ཀྱི་སྒྲ་ཁོ་ན་ཡིན། ༢ བུམ་པ་ཞེས་བརྗོད་པའི་སྒྲ་ དེ་རིགས་བརྗོད་ཚོགས་བརྗོད་གཉིས་ཀ་ཡིན་པའི་སྒྲ་ཡིན།༣ བུམ་པའི་ལྡོག་པ་ཞེས་བརྗོད་ པའི་སྒྲ་དེ་རིགས་བརྗོད་ཚོགས་བརྗོད་གཉིས་ཀ་མ་ཡིན་པའི་སྒྲ་ཡིན། ཚེ་ཤིན་ཏུ་རིང་བས་ཚེ་ཕུན་སུམ་ཚོགས་པ་དང་གཅིག གཟུགས་མཛེས་པས་གཟུགས་ ཕུན་སུམ་ཚོགས་པ་དང་གཉིས། རིགས་མཐོ་བས་རིགས་ཕུན་སུམ་ཚོགས་པ་དང་གསུམ། ལོངས་སྤྱོད་ཆེ་བས་དབང་ཕྱུག་ཕུན་སུམ་ཚོགས་པ་དང་བཞི། ཚིག་བཙུན་པས་ཚིག་ཕུན་སུམ་ ཚོགས་པ་དང་ལྔ། དབང་ཆེ་བས་དབང་ཐང་ཕུན་སུམ་ཚོགས་པ་དང་དྲུག སྐྱེས་པའི་དབང་ པོ་ལྡན་པས་ཕོའི་རིགས་ཕུན་སུམ་ཚོགས་པ་དང་བདུན་དེ་ཡིན། འདི་ལ་བརྒྱད་དུ་བྱས་ན་དེ་ རྣམས་ཀྱི་སྟེང་དུ་སྟོབས་ཕུན་སུམ་ཚོགས་པ་དང་བརྒྱད་དོ། ། ༄༅། །སྐྱེ་མཆེད་བཅུ་གཉིས་ནི། མིག་གི་སྐྱེ་མཆེད། རྣ་བའི་སྐྱེ་མཆེད། སྣའི་སྐྱེ་མཆེད། ལྕེ འི་སྐྱེ་མཆེད། ལུས་ཀྱི་སྐྱེ་མཆེད། ཡིད་ཀྱི་སྐྱེ་མཆེད་དང་དྲུག གཟུགས་ཀྱི་སྐྱེ་མཆེད་ གཟུགས་ཀྱི་མིག་ཤེས་སྐྱེ་ན་མིག་དབང༌།སྒྲའི་སྐྱེ་མཆེད། དྲིའི་སྐྱེ་མཆེད། རོའི་སྐྱེ་མཆེད། རེག་བྱའི་སྐྱེ་མཆེད། ཆོས་ཀྱི་སྐྱེ་མཆེད་དང་དྲུག་སྟེ་བཅུ་གཉིས་པོ་ཡིན། སྔ་མ་དྲུག་ནི་ཤེས་ པ་རྣམས་སྐྱེ་ཞིང་ཡུལ་ལ་མཆེད་པའི་སྒོ་ཡིན་པས་དེ་ལྟར་བརྗོད་པ་དང༌། ཕྱི་མ་དྲུག་ནི་རང་ འཛིན་ཤེས་པ་རང་རང་གི་རྣམ་ལྡན་དུ་སྐྱེ་བའི་སྒོ་ཡིན་པས་དེ་ལྟར་བརྗོད་དོ། །ཁམས་བཅོ་ བརྒྱད་ནི། མིག་ནས་ཡིད་ཀྱི་བར་དྲུག་དང༌། གཟུགས་ནས་ཆོས་ཀྱི་བར་དྲུག་དང༌། མིག་གི་ རྣམ་པར་ཤེས་པ་ནས་ཡིད་ཀྱི་རྣམ་པར་ཤེས་པའི་བར་དྲུག་སྟེ་བཅོ་བརྒྱད་པོ་དེ་ཡིན། དེ་དག་ ནི། རང་རང་གི་རིགས་མི་འདྲ་བ་རེ་རེ་འཛིན་པའི་ཆ་ནས་ཁམས་སུ་བཞག་ནི་རེད། ཡིད་ཀྱི་ 5-1-322 སྐྱེ་མཆེད་ནི་ཡིད་ཤེས་གཙོ་སེམས་དེ་འཇུག་ཤེས་ལྔ་ཡུལ་ལ་མཆེད་པའི་སྒོ་ཡིན་པ་དེ་རེད། ཆོས་ཀྱི་སྐྱེ་མཆེད་ནི་ཡིད་ཤེས་སྐྱེ་བའི་ཡུལ་ཐམས་ཅད་དེ་ཡིན། ཡིད་ཀྱི་ཁམས་ནི་ཡིད་ཤེས་ གཙོ་སེམས་དེ་ཡིད་ཡིན་པའི་ཆའི་རང་གི་རིགས་འཛིན་པ་དེ་ཡིན། ཆོས་ཀྱི་ཁམས་ནི་ཡིད་ ཤེས་ཀྱི་ཡུལ་རྣམས་ཀྱི་རང་རང་གི་རིགས་མི་འདྲ་བ་འཛིན་པ་དེ་ཡིན། ཡིད་ཀྱི་རྣམ་པར་ ཤེས་པའི་ཁམས་ནི། ཡིད་ཤེས་གཙོ་སེམས་དེ་རྣམ་ཤེས་ཡིན་པའི་ཆའི་རང་གི་རིགས་འཛིན་ པ་དེ་ཡིན། ཚོགས་དྲུག་གི་གཙོ་སེམས་རྣམས་ཀྱིས་རང་རང་ལ་བརྟེན་ནས་ཡིད་ཤེས་ཕྱི་མ་ ཡུལ་ལ་སྐྱེ་བའི་སྒོ་བྱེད་པ་ཡིན། ཆོས་ཀྱི་སྐྱེ་མཆེད་ནི། ལྡན་མིན་དང་ཤེས་པ་རྣམས་རང་རང་ འཛིན་པའི་ཡིད་ཤེས་ཁོ་ན་སྐྱེ་བའི་ཡུལ་གྱི་སྒོ་ཡིན། ཡིད་ཀྱི་ཁམས་ནི་ཚོགས་དྲུག་གི་གཙོ་ སེམས་རྣམས་ཡིད་ཤེས་ཕྱི་མ་ཡུལ་འཛིན་ནུས་སུ་བསྐྱེད་པའི་རིགས་ཅན་གྱི་ཁམས་ཡིན། ཆོས་ཁམས་ནི། སྤྱིར་ཆོས་ཐམས་ཅད་ཡིད་ཤེས་ཀྱི་ཡུལ་དུ་གྱུར་པའི་རིགས་ཅན་གྱི་ཁམས་ ཡིན། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ནི། ཡེ་ཤེས་གཙོ་སེམས་དེ་ཆོས་རྣམས་ཀྱི་དོན་གྱི་ངོ་ བོ་ཁྱོན་མ་ཙམ་དེ་རྣམ་པར་ཤེས་པའི་རིགས་འཛིན་པའི་ཁམས་ཡིན། ༄༅། །ཉན་ཐོས་ཐེག་ཆུང༌། རང་རྒྱལ་ཐེག་འབྲི ང། བྱང་སེམས་ཐེག་ཆེན། དེ་གསུམ་ རེ་རེ་ལ། ཚོགས་ལམ་སྦྱོར་ལམ་མཐོང་ལམ་སྒོམ་ལམ། མི་སློབ་ལམ་ལྔ་རེ་ཡོད། ཉན་རང་ གཉིས་ཀྱི་མི་སློབ་ལམ་ཐོབ་པ་ན་དགྲ་བཅོམ་ཐོབ་པ་རེད། བྱང་སེམས་ཀྱི་མི་སློབ་ལམ་ སངས་རྒྱས་ཀྱི་གོ་འཕང་རེད། རང་རང་གི་ཚོགས་སྦྱོར་གཉིས་སོ་སྐྱེས་ལམ་དང་མཐོང་སྒོམ་ གཉིས་འཕགས་ལམ་རེད། ཚོགས་ལམ་ཆུང་འབྲི ང་ཆེ་གསུམ་སྦྱོར་ལམ་ལ་དྲོད་རྩེ་བཟོད་ ཆོས་བཞི་མཐོང་ལམ་བར་ཆད་མེད་ལམ་དང་རྣམ་གྲོལ་ལམ་ཁྱད་པར་ལམ་གསུམ། སྒོམ་ ལམ་ལ་སྐོར་དགུ་དེ་རེ་རེ་ལ་བར་ཆད་མེད་ལམ་དང་རྣམ་གྲོལ་ལམ་ཁྱད་པར་ལམ་གསུམ་ རེ་ཡོད། ཚོགས་སྦྱོར་དུ་ལམ་ཡོད་ཀྱང་ལམ་བདེན་མེད། འགོག་བདེན་ནི་མཐོང་ལམ་པ་ 5-1-323 ཡན་ཆད་ཀྱི་ཐུགས་རྒྱུད་ལ་རང་རང་གི་ངོས་སྐལ་གྱི་སྤང་བྱ་ཅི་རིགས་སྤངས་ཆའི་དབྱིངས་ དེ་རྣམས་ཡིན། ལམ་བདེན་ནི་མཐོང་ལམ་པ་ཡན་ཆད་ཀྱིས་བདག་མེད་གཉིས་པོ་ཅི་རིགས་ མངོན་སུམ་དུ་རྟོགས་པའི་ཡེ་ཤེས་རྣམས་ཡིན། ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ནི། སངས་ རྒྱས་འཕགས་པའི་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཀྱི་ཆོས་ཉིད་ཟབ་མོ་སྟོང་ པ་ཉིད་མཐའ་དག་མངོན་སུམ་གཟིགས་པའི་མཁྱེན་པ་དེ་ཡིན། ཇི་སྙེད་པ་གཟིགས་པའི་ ཡེ་ཤེས་ནི། སངས་རྒྱས་འཕགས་པའི་སྟོང་ཉིད་མ་གཏོགས་པའི་འཁོར་འདས་ཀྱིས་བསྡུས་ པའི་ཀུན་རྫོབ་ཀྱི་ཆོས་མཐའ་དག་མཁྱེན་པའི་ཡེ་ཤེས་དེ་ཡིན་སངས་རྒྱས་ཀྱི་སྐུ་ནི་ཐུགས་སྐུ་ དབྱེར་མེད་པའི་མངོན་སུམ་དུ་མཁྱེན་པའི་ཡེ་ཤེས་དེ་རེད། ཡོན་ཏན་ནི་ལོངས་སྐུ་དང་སྤྲུལ་ སྐུའི་མཚན་དཔེས་བརྒྱན་པའི་གཟུགས་སྐུ་ལྟ་བུ་དེ་རེད། གསུང་ནི་ཐུགས་གསུང་དབྱེར་མེད་ པའི་ཡན་ལག་དྲུག་ཅུའི་དབྱངས་སྒྲ་སྐད་རྣམ་པ་ཐམས་ཅད་པ་དེ་རེད། ཐུགས་ནི་ཤེས་བྱ་ མཐའ་དག་ཅིག་ཆར༴ མིག་གི་གོ་སར་དབྱིབས་ཟར་མའི་མེ་ཏོག་ལྟ་བུའི་རྡུལ་རྫས་དྭངས་ པ་ཡོད་རྒྱུ་དེ་མིག་དབང་རེད། རྣ་བའི་གོ་སར་གྲོ་ག་གཅུས་ནས་བཅད་པ་ལྟ་བུའི་རྡུལ་རྫས་ དྭངས་པ་ཡོད་རྒྱུ་དེ་རྣ་དབང་རེད། སྣའི་གོ་སར་ཟངས་ཁབ་ཉིས་གཤིབ་ལྟ་བུའི་རྡུལ་རྫས་ དྭངས་པ་ཡོད་རྒྱུ་དེ་རྣ་དབང་རེད། ལྕེ འི་གོ་སར་ཟླ་ཕྱེད་ཉིས་གཤིབ་བར་རྟ་རྔའི་ཁྱོན་ཙམ་ མ་རེག་པའི་རྡུལ་རྫས་དྭངས་པ་ཡོད་རྒྱུ་དེ་ལྕེ ་དབང་རེད། ལུས་ཀྱི་གོ་སར་ལུས་དབྱིབས་ དང་མཐུན་པའི་རྡུལ་རྫས་དྭངས་པ་སྐྲ་སེན་སོགས་ལ་མ་ཁྱབ་ཀྱང་ལུས་ཀྱི་ཁོག་ལ་ཁྱབ་པར་ གནས་པ་དེ་ལུས་དབང་རེད། འདི་རྣམས་སོ་སྐྱེས་མིག་གིས་མཐོང་མི་ནུས། མིག་ཤེས་ཀྱིས་གཟུང་བྱ་གཟུགས་རེད། རྣ་ཤེས་ཀྱིས་གཟུང་བྱ་སྒྲ་རེད། སྣ་ཤེས་ཀྱིས་ གཟུང་བྱ་དྲི་རེད། ལྕེ ་ཤེས་ཀྱིས་གཟུང་བྱ་རོ་རེད། ལུས་ཤེས་ཀྱིས་གཟུང་བྱ་རེག་བྱ་རེད། སྤྱིར་ཤེས་པ་ལ་མིག་ཤེས་རྣ་ཤེས་སྣ་ཤེས་ལྕེ ་ཤེས་ལུས་ཤེས་ཡིད་ཤེས་དང་དྲུག་ཡོད། དེ་རེ་ 5-1-324 རེ་ལ་གཙོ་སེམས་ཀུན་འགྲོ་ལྔ་རེ་རེ་ཡོད་དེའི་ནང་གི་གཙོ་སེམས་ཀུན་འགྲོ་ལྔའི་ངོས་འཛིན་ ལུགས་ནི། སྔོ་འཛིན་མིག་ཤེས་ལྟ་བུ་ཞིག་ཡིན་ན། དེས་སྔོན་པོ་ཁྱོན་མའི་ངོ་བོ་དེ་རང་སྟོབས་ ཀྱིས་མཐོང་འདུག་མཁན་ཞིག་ཡོད་པ་དེ་སྔོ་འཛིན་གཙོ་སེམས་རེད། སྔོན་པོའི་ཡིན་ལུགས་ རང་སྟོབས་ཀྱིས་གཞན་དང་མི་ནོར་བར་འདུག་པ་དེ་སྔོ་འཛིན་འདུ་ཤེས་རེད། སྔོན་པོ་བདེ་ སྡུག་བར་མ་གང་རུང་དུ་རང་སྟོབས་ཀྱིས་མྱོང་བ་དེ་སྔོ་འཛིན་ཚོར་བ་རེད། སྔོན་པོ་དེ་མི་ འབོར་བར་རང་སྟོབས་ཀྱིས་བཟུང་འདུག་པ་དེ་སྔོ་འཛིན་སེམས་པ་རེད། སྔོན་པོ་ལ་ཤེས་པ་ རང་སྟོབས་ཀྱིས་འཕྲད་པར་བྱེད་པ་དེ་སྔོ་འཛིན་རེག་པ་རེད། སྔོན་པོ་ལ་སྒོས་སུ་ཤེས་པ་རང་ སྟོབས་ཀྱིས་གཏོད་པར་བྱེད་པ་དེ་སྔོ་འཛིན་ཡིད་བྱེད་རེད། དཔེར་ན་གཟུགས་ཡག་པ་(བར་ མ། མི་མཛེས་པ་)ལ་ལྟ་དུས་དེ་མིག་ལམ་དུ་བདེ་(སྡུག་བསྔལ་གྱི། བཏང་སྙོམས་ཀྱི་)མོའི་སྣང་བ་མྱོང་རྒྱུ་དེ་ ཚོར་བདེ་(ཚོར་བ་བཏང་སྙོམས། ཚོར་བ་སྡུག་བསྔལ་)རེད། དེའི་སྐབས་ཀྱི་མིག་དབང་ནི་རྟེན་རེད། སྣང་ ཤེས་བདེ་མོ་(སྡུག་བསྔལ། བཏང་སྙོམས་)དང་མཉམ་དུ་གཙོ་སེམས་འདུ་ཤེས་སོགས་ནི་མཚུངས་ ལྡན་རེད། ཡུལ་ལ་གཟུགས་ཡག་པ་(མི་མཛེས་པ། བར་མ་)དེ་ཡུལ་རེད། དེ་བཞིན་དུ་གཟུགས་ མི་མཛེས་པ་དང། བར་མ་གཉིས་ལ་ཚོར་བ་སྡུག་བསྔལ་དང་བཏང་སྙོམས་གཉིས་རེ། དེ་རེ་ རེ་ལ་རྟེན་མཚུངས་ལྡན་ཡུལ་རེ་ཡོད་པ་ཡིན། ད་ལྟ་རང་གི་སེམས་འདི་བདེ་རུང་འདྲ། སྡུག་ རུང་འདྲ། བར་མ་བདེ་སྡུག་གང་ཡང་མ་ཡིན་རུང་འདྲ། ཆགས་སྡང་རྨོངས་པ་ལེ་ལོ་སོགས་ དང་མ་འདྲེས་པར་ཡང་དག་པ་ཁོ་ན་ཞིག་མི་ཡོང་ཕྱོགས་ནས་བདེ་སྡུག་སོགས་སྣང་བ་གང་ ཤར་ཐམས་ཅད་ཟག་པ་ཉོན་མོངས་པ་དང་བཅས་པ་ཞིག་རེད་ཟེར་ནི་རེད། རང་རྒྱུད་ལ་ ཉོན་མོངས་པ་ཡོད་ཕན་ཆད་སེམས་འདི་ཇེ་ངན་དུ་སོང་ནས་མར་མར་ཐུར་ཐུར་དུ་ཟག་འགྲོ་ བྱེད་ཅིག་ཡིན་པས་ན་ཉོན་མོངས་པ་ཐམས་ཅད་ལ་ཟག་པ་ཟེར་ནི་རེད། ས་འོག་ན་དམྱལ་ བ་ཡི་དྭགས་དུད་འགྲོ་ཡོད། ས་སྟེང་ན་མི་ཐམས་ཅད་ཡོད། དེ་ནས་ཡར་ཡར་གྱི་ལྷ་ཐམས་ 5-1-325 ཅད་ཡོད། དེ་ཡང་འོག་ནས་ཡར་ལ་བརྩིས་ན། འདོད་ལྷ་རིགས་དྲུག་ནི་རྒྱལ་ཆེན་རིགས་ བཞི། སུམ་ཅུ་རྩ་གསུམ། འཐབ་བྲལ། དགའ་ལྡན་འཕྲུལ་དགའ། གཞན་འཕྲུལ་དབང་བྱེད་ རྣམས་ཡོད། གཟུགས་ཁམས་གནས་རིགས་བཅུ་བདུན་ནི། འོག་ནས་ཡར་ལ་བསམ་གཏན་ དང་པོའི་གནས་གསུམ་ནི། ཚངས་རིས། ཚངས་འདུན། ཚངས་ཆེན། གཉིས་པའི་གནས་ གསུམ་ནི། འོད་ཆུང༌། ཚད་མེད་འོད། འོད་གསལ། གསུམ་པའི་གནས་གསུམ་ནི། དགེ་ཆུང༌། ཚད་མེད་དགེ དགེ་རྒྱས། བཞི་པའི་གནས་གསུམ་ནི། སྤྲིན་མེད་འོད། བསོད་ནམས་སྐྱེས། འབྲས་བུ་ཆེ་བ། འཕགས་པའི་གནས་ལྔ་ནི། མི་ཆེ་བ། མི་གདུང་བ། གྱ་ནོམ་སྣང༌། ཤིན་ཏུ་ མཐོང༌། འོག་མིན་རྣམས་ཡོད་པ་ཡིན། དེའི་སྟེང་ན་གཟུགས་མེད་སྐྱེ་མཆེད་མུ་བཞི་ནི། ནམ་ མཁའ་མཐའ་ཡས། རྣམ་ཤེས་མཐའ་ཡས། ཅི་ཡང་མེད་པ། ཡོད་མིན་མེད་མིན་ནམ་སྲི ད་ རྩེ་དང་བཞི་ཡོད་པ་ཡིན། འདི་ན་རང་བདག་ལ་དབང་རྒྱུས་རྒྱུ་རྫས་ཐམས་ཅད་མི་ཚད་ཡུལ་ ཤོག་ས་ཆ་ཚུན་ཆད་ལ་བརྟེན་ནས་ཆགས་སྡང་སོགས་ཉོན་མོངས་པ་རེ་སྐྱེ་བའི་མཐུན་རྐྱེན་ དུ་འགྲོ་བའི་སྒོ་ནས་ཞར་ཞོར་ལ་སེམས་ཐོག་ཏུ་ཉོན་མོངས་པ་མང་པོ་ལ་གོམས་ཆ་སོང་ནས་ ལས་ངན་བསགས་པས་ཚེ་ཕྱི་མར་རང་ལ་སྡུག་ཆེན་པོ་མ་མྱོང་བའི་ཐབས་མེད་པ་ཞིག་ལ་ བསྐོར་བཞག་པས་ན་རྒྱུ་རྫས་འདི་དག་གིས་རང་ལ་སྡུག་བསྔལ་བསྐྱེད་པར་བྱེད་པ་ཡིན་ ཟེར་ནི་རེད། 5-1-326 ༄༅། །བསྟན་འཛིན་སྐྱེས་ཆེན་རིམ་པར་བྱོན་པའི་ལོ་རྒྱུས་ མདོར་བསྡུས་རིན་པོ་ཆེ་ནོར་བུའི་ ཕྲེང་བ་ཞེས་བྱ་བ་ བཞུགས་སོ། ། ༄༅། །ༀ་བདེ་ལེགས་སུ་གྱུར་ཅིག ཤེས་རབ་རལ་གྲི་རྣོན་པོས་རྨོངས་པའི་དྲ་བ་མ་ ལུས་བཅད། །ཡེ་ཤེས་འོད་ཀྱིས་འགྲོ་ཀུན་མུན་སེལ་ཁམས་དབང་ལམ་སྟོན་པ། །གསུང་ དབྱངས་གཅིག་གིས་ཀུན་གྱི་རེ་སྐོང་རང་རང་སོམ་ཉི་སེལ། །ཡོངས་ཀྱི་འདྲེན་པ་ཉི་མའི་ གཉེན་གྱིས་དུས་ཀུན་རྟག་སྐྱོངས་ཤིག །སྲི ད་གསུམ་ཕུན་ཚོགས་མཆིལ་མ་བཞིན་དུ་དོར། །ལུས་སྲོག་བཏང་སྟེ་དཀའ་སྤྱད་སྣ་ཚོགས་བསྟེན། །བྱེ་བ་བདུད་བཅོམ་བྱང་ཆུབ་ལེགས་པར་ བརྙེས། །འགྲོ་ཀུན་འདྲེན་མཛད་རྒྱལ་སྲས་གྲུ་འཛིན་བདག །སྔོན་བསགས་བསོད་ནམས་ ཀྱིས་བསྐྲུན་མི་ཡི་བདག །མང་པོས་བཀུར་བའི་གདུང་རབས་རིན་ཆེན་ཕྲེང༌། །བུ་རམ་ཤིང་ པ་ལ་སོགས་རྒྱ་གར་གྱི། །རྣམ་དག་རྒྱལ་བརྒྱུད་རྣམས་ལ་གུས་པར་འདུད། །གངས་ལྗོངས་ མུན་པའི་སྨག་རུམ་སྟུག་ཁྲོད་འདིར། །དམ་ཆོས་འོད་ཀྱི་སྒྲོན་མེ་ཆེན་པོ་སྦར། །བོད་འབངས་ སེམས་ཅན་བདེ་ལ་འགོད་མཛད་པ། །སྤྲུལ་པའི་རྒྱལ་བློན་བཅས་ལ་གུས་ཕྱག་འཚལ། །ཕན་བདེ་ཀུན་འབྱུང་བསླབ་གསུམ་རྒྱན་གྱིས་མཛེས། །བཀའ་དང་བསྟན་བཅོས་སྒྲ་བསྒྱུར་ གཏན་ལ་འབེབས། །རྒྱལ་བའི་བསྟན་པ་ཕྱོགས་བཅུར་རྒྱས་མཛད་པའི། །མཁས་གྲུབ་ལོ་ 5-1-327 པཎ་རྣམས་ལ་ཕྱག་འཚལ་ལོ། །མཁས་པའི་མདུན་དུ་མཁས་པའི་གཏམ་གྱིས་དགའ་སྤྲོ་ འཕེལ། །ཆེན་པོའི་བློ་ཡི་ཆེན་པོའི་གོ་འཕང་ཐོབ་བྱའི་ཕྱིར། །ལོ་རྒྱུས་སྣ་ཚོགས་ལོ་རྒྱུས་ཡིག་ ཚང་བསྡེབས་པ་འདི། །བློ་གྲོས་རྒྱས་ཕྱིར་བློ༷་གྲོ༷ས་མིང་ཅན་ངས་འདི་བྱས། ། འདིར་ཉེར་མཁོ་རྒྱལ་རབས། ཐོག་མར། འཛམ་གླིང་པའི་མི་རྣམས། འོད་གསལ་ལྷ་ ལས་ཆད་པ་ཚེ་ཚད་དཔག་མེད་པ་རྫུས་སྐྱེས་རང་འོད་ཅན་རྫུ་འཕྲུལ་སོགས་ཡོན་ཏན་ཁྱད་ འཕགས་ཡོད་པ་ཟས་སུ་བསམ་གཏན་བདུད་རྩི། སའི་ཞག་མ་རྨོས་འབྲས་ས་ལུ་དག་གིས་ རིམ་པར་འཚོ་བར་བྱེད་པ་ལས་སོ་ནམ་མི་དགོས་པས་རྒྱལ་པོ་མེད་ལ། དེ་ནས་སོ་ནམ་ དགོས་པ་ནས་བཟུང་མི་མཐུན་པའི་དབང་གིས་ཀུན་མཐུན་གྱི་མི་དཔོན་དུ་བསྐོས་པ་དེ་ལྷ་ རིགས་མང་བཀུར་རྒྱལ་པོ་དཔོན་གྱི་ཐོག་མ་སྟེ། དེའི་སྲས་འོད་མཛེས། དེའི་སྲས་དགེ་བ། དེའི་སྲས་དགེ་མཆོགདེའི་སྲས་གསོ་སྦྱོང་འཕགས་དང་ལྔ་པོ་སྔོན་གྱི་རྒྱལ་པོ་སྡེ་ལྔའོ། ། དེ་བཞིན་དུ་ཁྱེའུ་ང་ལས་ནུ། མཛེས་པ། ཉེ་མཛེས། མཛེས་ཅན། མཛེས་ལྡན་རྣམས་སྔ་ ཕྱི་ཡབ་སྲས་བྱས་པའི་འཁོར་ལོས་སྒྱུར་བའི་རྒྱལ་པོ་སྡེ་ལྔའོ། །ཕྱི་མའི་སྲས་རྒྱལ་པོ་མཆོག་ སྦྱིན་སྐབས་ཚེ་ལོ་བཞི་ཁྲིའི་དུས་ཡིན་པས། སངས་རྒྱས་འཁོར་བ་འཇིགས་བྱོན་མཆོག་སྦྱིན་ སྲས་རྒྱལ་པོ་ནོར་བུ་ནས་རྒྱལ་རབས་སུམ་བརྒྱའི་མཐར་ཀུན་ནས་འོད་ཅེས་བྱ་བའི་རྒྱལ་ པོ་བྱུང༌། དེའི་སྲས་རྒྱལ་པོ་ཙནྡྷའི་སྐབས་ཚེ་ལོ་སུམ་ཁྲིའི་དུས་སངས་རྒྱས་གསེར་ཐུབ་བྱོན། ཙནྡྷ་ནས་རྒྱལ་རབས་སུམ་བརྒྱའི་མཐར་རྒྱལ་པོ་རཏྣ་ཆེན་པོ་བྱུང༌། དེའི་སྲས་རྒྱལ་པོ་ཀྲི ་ ཀྲི འི་སྐབས་ཚེ་ལོ་ཉི་ཁྲིའི་དུས་སངས་རྒྱས་འོད་སྲུང་བྱོན། ཀྲི ་ཀྲི ་ནས་རྒྱལ་རབས་ཉིས་བརྒྱ་ འདས་པའི་མཐར་ཡུལ་གྲུ་འཛིན་དུ་རྒྱལ་པོ་རྣ་བ་ཅན་ཞེས་པ་བྱུང༌། དེ་ལ་བུ་གཉིས་ཡོད་པ་ ལས་ཆེ་བ་གོའུ་ཏ་མ་དང༌། ཆུང་བ་བ་ར་དྷྭ་ཛ་སྟེ། ཆེ་བས་རབ་བྱུང་དང་ཆུང་བས་རྒྱལ་པོ་ བྱས། གོའུ་ཏ་མ་སྔོན་ལས་ཀྱིས་ཉེས་སྐྱོན་ཕོག་ཏེ་གསལ་ཤིང་རྩེ་ལ་བསྐྱོན། སློབ་དཔོན་བྲམ་ 5-1-328 ཟེ་མདོག་ནག་པའི་བདེན་ཚིག་གིས་གོའུ་ཏ་མའི་ས་བོན་ཟག་པ་སྒོ་ང་གཉིས་སུ་གྱུར། གོའུ་ ཏ་མའི་བདེན་ཚིག་གིས་སློབ་དཔོན་གསེར་མདོག་ཏུ་གྱུར། སྒོ་ང་གཉིས་བུ་རམ་ཤིང་ལོའི་ ཚལ་དུ་བཞག་པས་རེ་ཞིག་ན་ཁྱེའུ་ཉི་མའི་གཉེན་དང་བུ་རམ་ཤིང་པ་གཉིས་སྐྱེས་སོ། །བ་ ར་དྷྭ་ཛ་དང་ཉི་མའི་གཉེན་ལ་སྲས་མེད། བུ་རམ་ཤིང་པས་རྒྱལ་པོ་བྱས་པས་སྲས་མང་བྱུང་ བུ་རམ་ཤིང་པའི་རྒྱུད་ཅེས་གྲགས་སོ། །དེ་ནས་རིམ་པར་རྒྱལ་བརྒྱུད་བརྒྱ་ཐམ་པ་ལ་རྒྱལ་ པོ་འཕགས་སྐྱེས་པོ་བྱུང༌། དེ་ལ་བུ་གསུམ་དང་བུ་མོ་གསུམ་སྟེ་མིང་སྲི ང་དྲུག་ཆུ་བོ་སྐལ་ལྡན་ ཤིང་རྟའི་འགྲམ་དུ་ལྷན་ཅིག་བསྡེབས་པ་ལས་རིགས་རྒྱུད་འཕེལ་བ་ལ་ཤཱཀྱའི་རྒྱུད་ཅེས་ གྲགས།དེ་ནས་རྒྱལ་རབས་ལྔ་བཅུ་ན་རྒྱལ་པོ་ཤིང་རྟ་བཅུ་པ་བྱ་བ་བྱུང༌། དེ་ལ་བུ་ཤཱཀྱ་ཆེན་ པོ། ཤཱཀྱ་ལི་ཙ་བཱི། ཤཱཀྱ་རི་བྲག་པ་གསུམ་བྱུང༌། ཤཱཀྱ་ཆེན་པོ་ནས་རིམ་བཞིན་རྒྱལ་རབས་ ཉེར་ལྔ་ལ་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད། དེའི་བུ་རྒྱལ་པོ་མཐའ་ཡས་སྐྱོང༌། དེའི་བུ་རྒྱལ་པོ་གཞུ་ བརྟན། དེའི་བུ་རྒྱལ་པོ་སེང་གེ་འགྲམ་སྟེ། དེ་ལ་བུ་རྒྱལ་པོ་ཟས་གཙང༌། ཟས་དཀར། བྲེ ་ བོ་ཟས། བདུད་རྩི་ཟས་དང་བཞི། བུ་མོ་གཙང་མ། དཀར་མོ། བྲེ ་བོ་མ། བདུད་རྩི་མ་དང་ བཞིའོ། །ཟས་གཙང་གི་སྲས་བཅོམ་ལྡན་འདས་དང༌། གཅུང་དགའ་བོ་གཉིས། ཟས་དཀར་ གྱི་བུ་རྒྱལ་དང༌། བཟང་ལྡན། བྲེ ་བོ་ཟས་ཀྱི་བུ་མིང་ཅན་དང༌། མ་འགགས་པ། བདུད་རྩི་ཟས་ ཀྱི་བུ་ཀུན་དགའ་བོ་དང༌། ལྷ་སྦྱིན་ནོ། །གཙང་མའི་བུ་ལེགས་པར་རབ་སད། དཀར་མོའི་བུ་ ཕྲེང་བ་ཅན། བྲེ ་བོ་མའི་བུ་བཟང་ལེན། བདུད་རྩི་མའི་བུ་དགེ་འཕེལ་ལོ། ། བཅོམ་ལྡན་འདས་ཀྱི་སྲས་སྒྲ་གཅན་འཛིན་སྟེ། མང་བཀུར་ནས་དེའི་བར་ལ་རྒྱལ་ རབས་ས་ཡ་གཅིག་དང་འབུམ་ཁྲི་ལྔ་བརྒྱ་བྱུང་བར་བཤད། བཅོམ་ལྡན་འདས་ནི་ཇོ་བོ་རྗེས། ཤིང་ཕོ་བྱི་བ་ལ་ལྷུམས་སུ་ཞུགས། ཤིང་མོ་གླང་ལ་སྐུ་བལྟམས། ཆུ་མོ་ཕག་ལ་སངས་རྒྱས། ཤིང་ཕོ་སྤྲེལ་ལ་མྱ་ངན་ལས་འདས་པར་བཞེད། ས་སྐྱ་པས་མེ་མོ་ཡོས་ལ་ལྷུམས་སུ་ཞུགས། 5-1-329 ས་ཕོ་འབྲུག་ལ་སྐུ་བལྟམས། ཆུ་ཕོ་སྟག་ལ་སངས་རྒྱས། མེ་མོ་ཕག་ལ་མྱ་ངན་ལས་འདས་ པར་བཞེད། རྒྱལ་བའི་བསྟན་པ་ལྔ་བརྒྱ་ཕྲག་བཅུར་གནས་པ་ལས་ལྔ་བརྒྱ་ཕྲག་གསུམ་ འབྲས་བུའི་དུས། ལྔ་བརྒྱ་ཕྲག་གསུམ་སྒྲུབ་པའི་དུས། ལྔ་བརྒྱ་ཕྲག་གསུམ་ལུང་གི་དུས། དེ་ རེ་རེ་ལ་མངོན་མདོ་འདུལ་གསུམ་གྱི་དབྱེ་བ་རེ་རེ། ལྔ་བརྒྱ་ཕྲག་གཅིག་རྟག་ཙམ་འཛིན་པའི་ དུས་སོ། ། གཞན་ཡང་འཕགས་ཡུལ་མཉན་ཡོད་དུ་རྒྱལ་པོ་ཚངས་བྱིན་གྱི་བུ་གསལ་རྒྱལ། རྒྱལ་ པོའི་ཁབ་ཏུ་རྒྱལ་པོ་པདྨ་ཆེན་པོའི་བུ་གཟུགས་ཅན་སྙིང་པོ། ཀོའུ་ཤམ་བྷི ་ན་རྒྱལ་པོ་དམག་ བརྒྱ་པའི་བུ་ཤར་བ། འཕགས་རྒྱལ་དུ་རྒྱལ་པོ་མུ་ཁྱུད་མཐའ་ཡས་ཀྱི་བུ་གཏུམ་པོ་རབ་སྣང་ ངོ༌། །སྟོན་པ་ཞལ་བཞུགས་པའི་དུས་ལྷ་ཚངས་པས། ཆོས་སྐུའི་རྟེན་མཆོད་རྟེན་བཞེངས་ པ། རྒྱལ་བས་རབ་གནས་མཛད་དེ་མཁའ་འགྲོ་མ་རྣམས་ཀྱིས་ཨོ་རྒྱན་ཡུལ་དུ་གདན་དྲངས། བཟོ་རྒྱལ་བི་ཤོ་ཀརྨས་ལོངས་སྐུའི་རྟེན་གངས་ཆེན་མཚོ་རྒྱལ་བཞེངས་པ། སངས་རྒྱས་ཀྱིས་ རབ་གནས་མཛད་དེ་རྒྱ་མཚོར་བཞུགས་སུ་གསོལ། ལྷ་དབང་བརྒྱ་བྱིན་གྱིས་སྟོན་པ་དགུང་ ལོ་བཅུ་གཉིས་པའི་སྐུ་ཚད་བཞེངས་པ་ཉིད་ཀྱིས་རབ་གནས་མཛད་དེ་ལྷ་ཡུལ་དང་མི་ཡུལ་ རྣམས་སུ་རིམ་པར་བཞུགས་སོ། ། གཞན་རྒྱལ་པོ་ཨུ་ཊ་ཡ་ནས་བཞེངས་པ་ལུང་བསྟན་བཅས་སོགས་ཡོད། སངས་རྒྱས་མྱ་ ངན་ལས་འདས་ནས་མི་རིང་བར་ཡུལ་མ་ག་དྷའི་ཁྱིམ་བདག་མ་ཧ་ཕ་ལ་ཞེས་བྱ་བའི་བུ་ཆེ་ བས་ཝཱ་ར་ཎ་སཱིའི་ལྷ་ཁང༌། བུ་འབྲི ང་བོས་མཛེས་ལྷའི་ཚལ་གྱི་ལྷ་ཁང༌། བུ་ཆུང་བས་རྡོ་རྗེ་ གདན་གྱི་གན་དྷོ་ལའི་ལྷ་ཁང་བཞེངས་པ་ལས་སྔ་མ་གཉིས་སུ་སྐུ་རྟེན་ཁྱད་མཚར་ཅན་དང༌། ཕྱི་མར་སྟོན་པ་དགུང་ལོ་བཅུ་གསུམ་པའི་སྐུ་ཚད་སོགས་བཞེངས། དེའི་ཕྱིའི་རྒྱལ་པོ་དྷརྨ་ པ་ལའི་དུས། རྒྱ་རྗེ་སྤྲི་སྟེ་ཛ་ཡའི་མཆོད་གནས་སུ་ཇོ་བོ་ཤཱཀྱའི་སྐུ་བརྙན་གདན་དྲངས་པར་ 5-1-330 གྲགས། འདིར་བོན་དར་ལུགས། གཉའ་ཁྲི་བཙན་པོའི་དུས་སུ་ཐོག་མར་དར། གྲི་གུམ་བཙན་ པོའི་དུས་སུ་བསྣུབས། སླར་སྤུ་ཏེ་གུང་རྒྱལ་དུས་སུ་གཡུང་དྲུང་བོན་བྱུང་སྟེ་སྟོན་པ་གཤེན་ རབ་ཀྱི་མི་བོ་ཟེར་བ་སྟག་གཟིག་འོལ་མོ་ལུང་རིང་དུ་འཁྲུངས། ཁམས་ཆེན་བརྒྱད་སོགས་ བོན་ཆོས་ཐམས་ཅད་ཞང་ཞུང་གི་ཡུལ་ནས་བསྒྱུར། ཕྱྭ་གཡང༌། སྨན་དགེ་ལེགས། དཔལ་ འབྱོར། མི་ནོར་རྒྱས་བྱེད་སྣང་གཤེན་བལ་ཐོད་ཅན་གྱི་རྒྱུའི་བོན་རིགས་དང༌། མདོ་ཡས། སྲིད་རྟེན་འཛུགས་པ་སོགས་འཕྲལ་ཕུགས་འགལ་རྐྱེན་སེལ་བྱེད་འཕྲུལ་གཤེན་བལ་མཚོན་ ཅན་གྱི་རྒྱུའི་བོན་རིགས་དང༌། ལེགས་ཉེས་ལམ་སྟོན་སོགས་ཟག་བཅས་མངོན་ཤེས་འཆར་ བྱེད་ཕྱྭ་གཤེན་ཇུ་ཐིག་ཅན་གྱི་རྒྱུའི་བོན་རིགས་དང༌། གསོན་གྱི་གེག་སེལ། གཤིན་གྱི་དུར་ འདེབས། ཆུང་གི་སྲི ་གནོན། ནམ་མཁའི་རྒྱུ་སྐར་བལྟ་བ། སའི་འདྲེ་སྲི ན་བརྡུང་བྱེད་དུར་ གཤིན་མཚོན་ཆ་ཅན་གྱི་རྒྱུའི་བོན་རིགས་དང་བཞི། གཡུང་དྲུང་ཐེག་པ་བླ་མེད་ལ་ཞུགས་པ་ བདེ་འགྲོ་མཐོ་རིས་སོགས་ཐོབ་བྱེད་འབྲས་བུའི་བོན་རིགས་ལྔ་ཡོད། དེ་ཐམས་ཅད་དང་པོ་ ནས་ཀྱང་འདི་ནས་དར། ཁྲི་སྲོང་ལྡེ་བཙན་དུས་སུ་བོན་བསྣུབས། རྗེས་སོར་བོན་གྱི་བླ་མ་ ཆེན་པོ་ཤོ་བྱ་བས་བོན་ཆོས་ཐམས་ཅད་གཏེར་ནས་བཏོན་དེ་དར་རྒྱས་སུ་བྱེད། སྔར་འཕྲོ་ནས། ལྷ་ཐོ་ཐོ་རིའི་བུ་ཁྲི་གཉན་གཟུང་བཙན་གྱི་གཉན་པོ་གསང་བ་ལ་མཆོད་ པས་ཆབ་སྲི ད་རྒྱས། དེའི་བང་སོ་དོན་མཁར་མདའ་རུ་བརྩིགས། དེའི་བུ་འབྲོང་གཉན་སྡེ་རི་དེས་ཀླུ་མོ་ཞིག་བཙུན་མོ་བླངས་པས་བུ་དམུས་ལོང་ཞིག་སྐྱེས་ བུ་དེས་ཕྱིས་སུ་གཉན་པོ་གསང་བ་ལ་མཆོད་པས་མིག་ཕྱེ་སྟེ་སྐྱིད་ཤོད་སྟག་རི་ལ་གཉན་འགྲོ་ བ་གཟིགས་པས་མིང་ཡང་སྟག་རི་གཉན་གཟིགས་ཞེས་གྲགས། ཕ་བུ་གཉིས་ཀྱི་བང་སོ་ དོན་མཁར་མདའ་རུ་བརྩིགས། གཉན་གཟིགས་ཀྱི་བུ་གནམ་རི་སྲོང་བཙན་ཡིན། དེ་དུས་སུ་ 5-1-331 རྒྱ་ནག་ནས་རྩིས་དང་སྨན་བསྒྱུར། ཆབ་སྲི ད་ལོ་དྲུག་ཅུའི་བར་བཟུང༌། འདིའི་བང་སོ་དོན་ མཁར་མདའ་རུ་བརྩིགས། དེའི་སྲས་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་འཕྲུལ་རྒྱལ་པོ་སྲོང་བཙན་སྒམ་པོ་ སྟེ་དེའི་དུས་སུ་རྒྱལ་པོའི་སྐུ་བློན་ཆེན་པོ་བཅུ་དྲུག་གིས་ཐོག་དྲངས་བློན་པོ་སུམ་བརྒྱ་ཡོད། དེའང་ནང་བློན་བཟང་པོ་དྲུག་ནི། འཕྲུལ་གྱི་སྣ་ཆེན་རིག་བཟང༌། ཞང་བོ་རྒྱལ་གྱི་ཁྲོམ་ བཟང༌། ཅོག་རོ་རིག་པའི་རྒོད་བཟང༌། ལྷར་གཟིགས་ཤག་པོ་སྟན་བཟང༌། ཀའི་སྟག་སྟོད་ འཕེལ་བཟང༌། སྦས་ལྕགས་དཔལ་གྱི་ལེགས་བཟང་སོགས་བློན་པོ་བརྒྱ་ཕྲག་གིས་རྒྱལ་པོའི་ སྐུའི་ཞབས་ཏོག་དང་ནང་གི་བྱ་བ་བྱེད། ཕྱི་བློན་བཙན་པོ་དྲུག་ནི། ཁྱུང་པོ་སྤུན་བཟུང་བཙན། ལམ་ཁྲི་བདེ་ལྷག་ཁྲི་བཙན། མི་ཁྲི་རྡོ་རྗེ་རྣམ་བཙན། མཐིང་གི་བྱང་ཆུབ་མཆོག་བཙན། ཐར་ བ་ཀླུའི་དཔལ་བཙན། རོང་བོ་འཕྲུལ་གྱི་སྡེ་བཙན་སོགས་བློན་པོ་བརྒྱ་ཕྲག་གིས་ཕྱི་བློན་ བྱེད་དེ་ཤར་ཕྱོགས་རྒྱ་དང་མི་ཉག་གི་ཡུལ་ནས་བཟོ་རྩིས་ཀྱི་དཔེ་བླངས། ལྷོ་ཕྱོགས་རྒྱ་གར་ ཡུལ་ནས་ཡི་གེ་སྒྲ་རིགས། སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉེར་གཅིག་སོགས་དམ་ཆོས་ བསྒྱུར། ནུབ་ཕྱོགས་སོག་དང་བལ་ཡུལ་ནས་ཟས་ནོར་ལོངས་སྤྱོད་ཀྱི་གཏེར་འབྱེད། བྱང་ ཕྱོགས་ཧོར་དང་ཡུ་གུར་གྱི་ཡུལ་ནས་ཁྲིམས་དང་ལས་ཀྱི་དཔེ་བླངས། མདོར་ན་འཛམ་གླིང་ ཕྱེད་ཁ་ལོ་བསྒྱུར། བཀའི་འཕྲུལ་བློན་བཞི་ནི། ཐོན་མི་སཾ་བྷོ་ཊ། མགར་སྟོང་བཙན་ཡུལ་ བཟུང༌། འབྲེ ་སེ་རུ་གོང་སྟོན། ཉང་ཁྲི་བཟང་ཡང་སྟོན་སོགས་བློན་པོ་བརྒྱ་ཕྲག་གིས་རྒྱལ་ པོའི་བཀའ་བཞིན་དགེ་བཅུའི་བར་ཁྲིམས་འཆའ་བ་སྟེ། བཟང་ལ་བྱ་དགའ། ངན་ལ་ཆད་པ། མཐོ་བ་མགོ་གནོན། དམའ་བ་མཐའ་སྐྱོར། སྐུ་སྲུང་སྡེང་སྤྱད། ཕུ་ཆུ་རྫི ང་བསྐྱིལ། མདའ་ཆུ་ ཡུར་དྲངས། བྲེ ་སྲང་གཏན་ཕབ། ཞིང་ལ་ལྷུ་སྤྱད། མི་ལ་ཡིག་བསླབ། རྟ་ལ་མདོངས་བྲི ས། ལེགས་པའི་སྲོལ་བཙུགས། འཐབ་ལ་ཆད་པ། བསད་ལ་སྟོང་འཇལ། རྐུས་ལ་དགུ་འཇལ། 5-1-332 བྱི་བྱས་གཞན་སྤྱུགརྫུན་བྱས་ལྕེ ་གཅོད་རྣམས་དང༌། མཆོག་གསུམ་ལ་དད་གུས། ཕ་མ་ལ་ དྲིན་གཟོ། བཟང་བྱེད་ལ་བཟང་ལན། ཡ་རབས་རིགས་བཙུན་ལ་དང་ལེན། སྤྱོད་པ་ཐམས་ ཅད་ཡ་རབས་ཀྱི་རྗེས་འབྲང༌། ལྷ་ཆོས་ཡི་གེ་ལ་སློབ་འཇུག ལས་འབྲས་ལ་ཡིད་ཆེས། མི་ དགེ་བ་ལ་འཛེམ་བག ཁྱིམ་ཚེས་ལ་ཕན་འདོགས། གཞུང་རྒྱུད་དྲང་པོར་གནས་པ། ཟས་ལ་ ཚོད་འཛིན་ཁྲེལ་ཡོད། བུ་ལོན་དུས་སུ་འཇལ་བ། བྲེ ་སྲང་ལ་གཡོ་མི་བྱེད་པ། མ་བཅོལ་བའི་ བྱ་བ་ལ་གཏོག་འཇུག་མི་བྱ་བ། བུད་མེད་ཀྱི་ཁ་ལ་མི་ཉན་ཅིང་རང་ཚུགས་འཛིན་པ། ཡིན་ མིན་མ་ཚང་ན་ཡུལ་ལྷ་བསྟན་བསྲུང་དཔང་བཙུགས་ནས་མནའ་བྱེད་སོགས་དགེ་བཅུ་ལ་ དཔེ་བླང་བོད་ཁྲིམས་ཉི་ཤུ་གཏན་ལ་ཕབ། རྗེ་བློན་ཀུན་གྱི་ཕྱག་རྒྱས་བཏབ་སྟེ་ཁྲིམས་བཟང་ ཉི་ཟླའི་འོད་ལྟ་བུས་ཁྱབ་པར་མཛད། རྒྱལ་པོའི་རྫུ་འཕྲུལ་གྱིས་རྒྱ་བལ་ནས་ཡི་དམ་གྱི་ལྷ་ སྤྱན་དྲངས། ལྷ་མོ་སྒྲོལ་མའི་རྣམ་འཕྲུལ་བལ་བཟའ་དང་རྒྱ་བཟའ། ཞང་ཞུང་བཟའ། རུ་ ཡོང་བཟའ། མི་ཉག་བཟའ། མོང་བཟའ་རྣམས་ཁབ་ཏུ་བཞེས། ལྷ་ས་རྣམ་གཉིས་དང་མཐའ་ འདུལ་ཡང་འདུལ་གྱི་གཙུག་ལག་ཁང་སོགས་བསོད་ནམས་ཀྱི་ཞིང་ཁྱད་མཚར་ཅན་གསར་ བསྐྲུན་མཛད། རྒྱལ་པོའི་སྐུ་སྲས་གུང་རི་གུང་བཙན་ཡུམ་མོང་བཟའ་ཁྲི་ལྕམ་ལ་འཁྲུངས། དེའི་དགུང་ལོ་བཅུ་གསུམ་ནས་རྒྱལ་སྲི ད་བཟུང༌། དེ་ལ་སྲས་མང་སྲོང་མང་བཙན་འཁྲུངས་ ནས་གུང་བཙན་དགུང་ལོ་བཅོ་བརྒྱད་དུས་སྐུ་གཤེགས་བང་སོ་དོན་མདར་བརྩིགས། སླར་ སྤྲུལ་པའི་ཆོས་རྒྱལ་དེས་རྒྱལ་ས་བཟུང་ནས་དགུང་ལོ་བདུན་ཅུའི་བར་དམ་ཆོས་རྒྱས་པར་ མཛད་ཅིང་བཀའ་ཁྲིམས་ཆོས་སུ་བསྒྱུར། དགུང་ལོ་བརྒྱད་ཅུ་གྱ་གཉིས་དུས་རྒྱལ་པོ་ཡབ་ ཡུམ་གསུམ་པོ་ཆོ་འཕྲུལ་ངོ་མཚར་བ་བཅས་རང་བྱོན་བཅུ་གཅིག་ཞལ་གྱི་ཐུགས་ཀར་ཐིམ། བློན་རྣམས་ཀྱིས་འཕན་ཡུལ་ཟལ་མོ་སྒང་དུ་འདས་པར་བསྒྲགས་ནས་ཡར་ལུང་མཆོང་པོའི་ ནང་དུ་ཡབ་ཡུམ་གསུམ་ཀའི་བང་སོ་བརྩིགས། གུང་བཙན་སྲས་མང་སྲོང་མང་བཙན་གྱིས་ 5-1-333 དགུང་ལོ་བཅུ་གསུམ་དུས་ནས་རྒྱལ་སྲི ད་བཟུང༌། འབྲོ་བཟའ་ཁབ་ཏུ་བཞེས་རྒྱལ་སྲི ད་ལོ་ བཅོ་ལྔ་ཙམ་སོང་ནས་དགུང་ལོ་ཉེར་བདུན་དུས་སྐུ་གཤེགས་བང་སོ་ཡབ་ཀྱི་དེའི་གཡོན་ན་ བཏབ། འདི་དུས་སུ་རྒྱའི་དམག་ལ་འཇིགས་ནས་ཇོ་བོ་ལྷོ་སྒོ་མེ་ལོང་ཅན་དུ་སྦས་དགོས་བྱུང༌། མང་བཙན་འདས་ནས་ཞག་བདུན་སྐབས་དེའི་སྲས་འདུས་སྲོང་མང་རྗེ་རླུང་ནམ་འཕྲུལ་གྱི་ རྒྱལ་པོ་འཁྲུངས། འདི་དུས་སུ་བློན་པོ་རྩལ་ཆེན་མི་བདུན་བྱུང་མངའ་ཐང་དཔལ་འབྱོར་ལྷ་ དང་མཉམ། མཐའི་རྒྱལ་པོ་མང་པོ་དབང་དུ་བསྡུས་ལོ་ཉེར་དགུར་རྒྱལ་སྲི ད་བཟུང༌། འཇང་ གི་ཡུལ་དུ་སྐུ་གཤེགས། བང་སོ་མང་སྲོང་གཡོན་ན་ཡོད། དེའི་སྲས་ཁྲི་ལྡེ་གཙུག་བརྟན་མེས་ ཨག་ཚོམ་ཡིན། འདིས་དགུང་ལོ་བཅུ་གཉིས་ནས་རྒྱལ་སྲིད་བཟུང༌། བློན་ཆེན་གསུམ་བཅས་ རྒྱལ་ཁམས་ལ་དབང་བསྒྱུར། འཇང་མོ་ཁྲི་བཙུན་ཁབ་ཏུ་བཞེས། ཐེག་ཆེན་གྱི་མདོ་སྡེ་ལྔ་ རྒྱ་གར་ནས་སྤྱན་དྲངས། ལྷ་ཁང་ལྔ་ལ་བཞུགས་སུ་གསོལ་རྒྱ་ཡུལ་ནས་གསེར་འོད་དམ་པ། འདུལ་བ་རྣམ་འབྱེད། སྨན་དཔྱད་སོགས་བསྒྱུར། དེའི་སྲས་འཇང་ཚ་ལྷ་དབོན་ཡིན། དེ་ལ་ བཙུན་མོ་རྒྱ་རྗེའི་སྲས་མོ་གྱིམ་ཤིང་ཀོང་ཇོ་བཙལ་ཡང་འཇང་ཚ་གློ་བུར་འདས་སྟབས་མེས་ ཨག་ཚོམ་ཀྱིས་བཙུན་མོར་བྱས། སྔར་གྱི་ཇོ་བོ་སྦས་པ་ལྷ་ཁང་དུ་སྤྱན་དྲངས། དེ་ནས་ལོ་དུས་ འཁོར་བ་ན་རྒྱ་བཟའ་ལ་རྒྱལ་བུ་ཁྲི་སྲོང་ལྡེ་བཙན་འཁྲུངས་ཀྱང་སྣ་ནམ་བཟས་ཕྲོགས་ནས་ རང་གི་བུར་བརྫུས་ཏེ་ཁོ་མོ་ལ་མ་དབང༌། དེ་ལྟར་དུ་རྒྱལ་བུ་དགུང་ལོ་བརྒྱད་ལོན་པ་ན་རྒྱལ་ སྲི ད་བཟུང༌། རིམ་གྱིས་ཆོས་ལ་མི་དགའ་བའི་ཞང་བློན་རྣམས་ཀྱི་མགོ་བསྐོར་ནས། དེ་དག་ གིས་སྔར་ཇོ་བོ་ས་འོག་ཏུ་སྦས་པ་སླར་རང་གནས་སུ་བཞུགས་སུ་གསོལ། བོན་ཆོས་ཐམས་ ཅད་རྐྱེན་བཟློག་ཙམ་མ་གཏོགས་འཕྲལ་དུ་ཐབས་ཀྱིས་བསྣུབས། རྒྱ་གར་ནས་མཁན་པོ་ བོ་དྷི་ས་ཏྭ་གདན་དྲངས་ནས་རྗེ་བློན་རྣམས་ལ་ཆོས་གསུངས། ཨུ་རྒྱན་ཡུལ་ནས་སློབ་དཔོན་ པདྨ་འབྱུང་གནས་གདན་དྲངས་བོད་ཀྱི་འདྲེ་སྲི ན་རྣམས་དམ་ལ་བཏགས། རྒྱལ་པོས་ཚེ་སྤོང་ 5-1-334 བཟའ་མེ་ཏོག་སྒྲོན། མཁར་ཆེན་བཟའ་མཚོ་རྒྱལ། འབྲོ་བཟའ་བྱང་ཆུབ་སྒྲོན། མཆིམ་བཟའ་ ལྷ་མོ་བཙུན། ཕོ་ཡོང་བཟའ་རྒྱལ་མོ་བཙུན་རྣམས་ཁབ་ཏུ་བཞེས། སློབ་དཔོན་གྱི་ས་དཔྱད་ དང་ས་འདུལ་མཛད་དེ། བསམ་ཡས་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས། འབྲོ་ བཟས་དགེ་རྒྱས་བྱེ་མ་གླིང་བཞེངས། ཚེ་སྤོང་བཟས་ཁམས་གསུམ་ཟངས་ཁང་གླིང་བཞེངས། ཕོ་ཡོང་བཟས་དབུ་ཚལ་གསེར་ཁང་གླིང་བཞེངས། དེ་སོགས་མཐའ་དག་གྲུབ་པར་བྱས། ཚེ་སྤོང་བཟའ་ལ་བུ། མུ་ཁྲི། མུ་རུག མུ་ཏིག་བཙད་པོ་གསུམ། ཡང་ན། མུ་ནེ་བཙད་པོ། མུ་ ཏིག་བཙད་པོ། སད་ན་ལེགས་དང་གསུམ་འཁྲུངས། རྒྱ་གར་ནས་པཎ་ཆེན་བི་མ་ལ་མི་ཏྲ་ ལ་སོགས་པའི་མཁས་པ་མང་པོ་སྤྱན་དྲངས། བེ་རོ་ཙ་ན། ཁ་ཆེ་ཨ་ནན་ཏ། ལྡན་མ་རྩེ་མང༌། གཉག་ཀུ་མ་ར། ཨ་ཙ་ར་རིན་ཆེན་མཆོགམཁོན་ཀླུའི་དབང་པོ། སྐ་བ་དཔལ་བརྩེགས། ཅོག་ རོ་ཀླུའི་རྒྱལ་མཚན། ཞང་སྣ་ནམ་བནྡྷེ་ཡེ་ཤེས་སྡེ་ལ་སོགས་པས་ལོ་ཙཱ་བྱས། སྒྲ་བསྒྱུར་རྒྱ་ གར་གླིང་དུ་གཞི་བཟུང་ནས་སྡེ་སྣོད་གསུམ་བོད་དུ་བསྒྱུར་དགེ་འདུན་གྱི་སྡེ་བཙུགས། སངས་ རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པར་མཛད། མཁན་པོ་འདས་རྗེས་ཉིད་ཀྱི་ཞལ་བཀོད་བཞིན་ མཁས་པ་ཀ་མ་ལ་ཤི་ལ་གདན་དྲངས། ཆོས་ལུགས་ཧྭ་ཤང་གི་ལུགས་ལས་ཁྱད་འཕགས་དུ་ བྱས། ལྷ་སྲས་མུ་ནེ་བཙད་པོ་ལ་རྒྱལ་སྲི ད་གཏད། དགུང་ལོ་ང་དྲུག་པར་ཟུང་མཁར་དུ་སྐུ་ གཤེགས། དེའི་བང་སོ་མུར་རི་ལ་བརྩིགས། ལྷ་སྲས་མུ་ནེ་བཙད་པོས་ལོ་ཉེར་བརྒྱད་ནས་ རྒྱལ་སྲི ད་བཟུང༌། བཙུན་མོ་རུ་ཡོང་བཟའ་ཁབ་ཏུ་བཞེས། དགེ་བཅུའི་ཁྲིམས་དང་སྡེ་སྣོད་ གསུམ་གྱི་མཆོད་པ་བཙུགས།འབངས་ཀྱི་དབུལ་ཕྱུག་ལན་གསུམ་སྙོམས་པར་བྱས། སངས་ རྒྱས་ཀྱི་བསྟན་པ་དང་དེ་འཛིན་རྣམས་ལ་མཆོད་པ་དང་བཀུར་སྟི་རྒྱ་ཆེར་བྱས། འཕྲལ་རྐྱེན་ གྱིས་རྒྱལ་སྲི ད་ལོ་གཅིག་དང་ཟླ་བ་དགུ་ལས་བཟུང་ལོང་མ་བྱུང་བར་སྐུ་གྲོངས། བང་སོ་ ཨག་ཚོམ་བང་སོའི་གཡས་ངོས་མདུན་ན་ཡོད། རྒྱལ་སྲི ད་སྲས་འབྲི ང་མུ་ཏིག་བཙད་པོ་ལ་ 5-1-335 གཏད་ཀྱང་དེ་ཡང་རྐྱེན་གློ་བུར་བས་གྲོངས་ནས་བང་སོ་དོན་མཁར་མདར་བརྩིགས། དེ་ནས་ ལྷ་སྲས་ཆུང་བ་སད་ན་ལེགས་ལ་རྒྱལ་སྲི ད་གཏད། དགེ་འདུན་གྱི་སྡེ་བཙུགས། ལོ་པཎ་མང་ པོ་ལ་ཞབས་ཏོག་བྱས། བཙུན་མོ་ལྷ་རྩེ་ཁབ་ཏུ་བཞེས། དེ་ལ་བུ་ལྡིང་ཁྲི་བྱ་བ་འཁྲུངས། རྒྱལ་ བུ་དགུང་ལོ་བཅུ་གསུམ་ལོན་དུས་ཡབ་འདས། བང་སོ་དོན་མཁར་མདར་བརྩིགས། ལྡིང་ ཁྲིས་ལོ་བཅུ་བཞི་ནས་རྒྱལ་སྲི ད་བཟུང༌། བཙུན་མོ་དུ་མ་བླངས་པ་ལས་བཙུན་མོ་ཅིག་ལ་ བུ་གཙང་མ། རལ་བ་ཅན་དང༌། དར་མ་གསུམ་འཁྲུངས། བཙུན་མོ་ཆུང་བ་གཅིག་ལ་ལྷ་རྗེ་ དང་ལྷུན་གྲུབ་གཉིས་འཁྲུངས་སོ། །ལྡིང་ཁྲིས་ཀྱང་འདུས་སྡེ་བཙུགས་ཤིང་གཙུག་ལག་ཁང་ རྣམས་ལ་ཞབས་ཏོག་བྱས། ལོ་ང་ལྔའི་དུས་སྐུ་འདས་བང་སོ་འཕྲུལ་རྒྱལ་གཡོན་ན་ཡོད། དེའི་བུ་ཆེ་བ་གཙང་མ་རབ་དུ་བྱུང༌། དར་མ་སྡིག་ལ་དགའ་བས་རྗེ་འོས་མིན། བར་མ་རལ་བ་ ཅན་ལ་རྒྱལ་སྲི ད་གཏད། དགུང་ལོ་བཅུ་གཉིས་ནས་རྒྱལ་སར་བཏོན། བྲན་ཁ་དཔལ་གྱིས་ བཀའ་བློན་བྱས། རྒྱལ་ཁམས་ལ་དབང་བསྒྱུར། ཅོག་རོ་བཟའ་དཔལ་གྱི་ངང་ཚུལ་སོགས་ བཙུན་མོ་ལྔ་ཁབ་ཏུ་བཞེས། དགེ་བཅུའི་ཁྲིམས་བཟུང༌། རྒྱ་གར་ནས་པཎྜི་ཏ་ཛི་ན་མི་དྲ། ཤཱི་ ལེན་དྲ་བོ་དྷི། དྷ་ན་ཤི་ལ་སོགས་སྤྱན་དྲངས། ལོ་ཙཱ་བ་སྐ་བ་དཔལ་བརྩེགས་སོགས་ཀྱིས་ ཆོས་བསྒྱུར། སྐད་གསར་བཅད་ཀྱིས་གཏན་ལ་ཕབ། ཐོས་བསམ་སྒོམ་གསུམ་གྱི་སྒོམ་གྲྭ་ བཙུགས།འཆད་རྩོད་རྩོམ་གསུམ་གྱི་བཤད་གྲྭ་བཙུགས། ཆོས་སྡེ་སུམ་ཅུར་དགེ་འདུན་གྱི་སྡེ་ བཙུགས།མཁས་བཙུན་བཟང་གསུམ་གྱི་འདུལ་གྲྭ་བཙུགས། རབ་བྱུང་རེ་རེའི་ཞབས་ཏོག་ལ་ འབངས་མི་ཁྱིམ་བདུན་རེ་ཕུལ། དཔེ་མེད་བཀྲ་ཤིས་དགེ་འཕེལ་གྱི་གཙུག་ལག་བཞེངས། དེ་ སོགས་ཕྱག་རྗེས་རྒྱ་ཆེ། མངའ་བདག་ཁྲི་རལ་བ་ཅན་གྱི་མཁྱེན་པ་ནི་འཕྲུལ་གྱི་ཚུལ་ཆགས། མཛད་པ་ནི་ལྷའི་ལུགས་དང་མཐུན། མངའ་ཐང་ནི་ལྷའི་དབང་པོ་དང་མཉམ། མཐུ་སྟོབས་ ནི་མཐའ་བཞི་ལས་རྣམ་པར་རྒྱལ་ཏེ་དམག་དཔུང་གི་རྒྱ་ཡུལ་དབང་དུ་བསྡུས། རྒྱ་བོད་ཀྱི་ས་ 5-1-336 མཚམས་བགོས་ནས་རྡོ་རིང་བཙུགས་ནས་མིང་རུས་ཕྱག་རྒྱས་བཏབ་བོ། ། འདིས་སངས་རྒྱས་ཀྱི་བསྟན་ལ་དགོངས་ནས་དབང་དགེ་འདུན་ལ་གཏད། ཆོས་ཁྲིམས་ དང་རྒྱལ་ཁྲིམས་གཉིས་གཏན་ལ་ཕབ། ལྷ་ས། བསམ་ཡས་སོགས་ཡབ་མེས་ཀྱི་བཞེངས་ པའི་ལྷ་ཁང་རྣམས་ལ་ཞབས་ཏོག་དང༌། བོད་འབངས་ཐམས་ཅད་དགེ་ཁྲིམས་ཀྱིས་ཇག་ རྐུན་སོགས་མེད་པར་ཞི་བདེ་འབའ་ཞིག་ཏུ་བསྐྱངས། དེ་ལ་སྦས་སྟག་སྣ་ཅན་སོགས་སྡིག་ བློན་རྣམས་མ་དགའ་བས་གཡོ་ཐབས་ཀྱིས་ལྷ་སྲས་གཙང་མ་དང་ཆོས་བློན་བྲན་ཁ་དཔལ་ སོགས་མེད་པར་བྱས་ནས་ཁྲི་རལ་དགུང་ལོ་སོ་དྲུག་པར་འབྲས་ཆང་གསོལ་ནས་གཟིམ་པ་ ལ་སྟག་སྣ་སོགས་ཀྱིས་རྒྱལ་པོའི་ལྟག་པ་བསྐོར་ནས་བཀྲོངས་སོ། ། འདི་ཡན་ལ་སྐྱིད་པའི་གདུང་རབས་ཕྱེད་དང་བཅུ་གསུམ། ཤིན་ཏུ་སྐྱིད་པའི་གདུང་ རབས་ལྔ་ཟེར། འདིའི་བང་སོ་དོན་མཁར་མདའི་གཡོན་ཟུར་དུ་བརྩིགས། དེ་ནས་རྗེའི་མངའ་ ཐང་ནི་རྒུན་ཁའི་འབབ་ཆུ་བཞིན་དུ་འབྲི ། དགེ་བཅུའི་རྒྱལ་ཁྲིམས་ནི་སོག་རུལ་གྱི་ཕོན་ཐག་ ཆད་པ་བཞིན་ཞིགབོད་འབངས་གྱི་བསོད་ནམས་ནི་སྣུམ་ཟད་ཀྱི་མར་མེ་བཞིན་སོང༌། ཆབ་ སྲི ད་ཀྱི་ཕན་བདེ་ནམ་མཁའི་འཇའ་བཞིན་ཡལ། ནག་ཕྱོགས་ཀྱི་སྤྱོད་པ་ནི་ཡུལ་ངན་གྱི་ འཚུབ་མ་བཞིན་ལང༌། བཟང་བྱེད་ཀྱི་བསམ་བློ་ནི་མདང་སུམ་གྱི་རྨི་ལམ་བཞིན་བརྗེད། ལོ་ པཎ་རྣམས་ཞབས་ཏོག་མེད་པས་ཡུལ་སོ་སོར་བཞུད། ཆོས་བསྒྱུར་འཕྲོ་རྣམས་བསྐྱུར། ཆོས་ ལ་དགའ་བ་རྣམས་མྱ་ངན་གྱི་ནོན་སྟེ་བྱ་ཐབས་མེད་པར་གྱུར་སྐབས་སྟག་རྣ་སོགས་སྡིག་ བློན་རྣམས་དབང་ཆེ་བས་གླང་དར་མ་རྒྱལ་པོར་བསྐོས། དེ་དུས་སད་སེར་སོགས་ཡུལ་མི་ བདེ་བ་བྱུང་བ་ཆོས་ལ་བསྙད་བྱས་ནས་རྒྱལ་པོས་བསྟན་པ་བསྣུབ་པའང་རབ་བྱུང་རྣམས་ ལ་བཤན་པ་བཅོལ། ལ་ལ་རྟགས་དང་ཕྲལ། ལ་ལ་རི་དྭགས་བཤོར་དུ་བཅུགམ་ཉན་པ་ རྣམས་སྲོག་དང་ཕྲལ། ལྷ་ཁང་འཇིག་པའི་སྔོན་མ་ལྷ་ས་ལ་བྱས་ཏེ་ཇོ་བོ་རྣམ་གཉིས་སོགས་ 5-1-337 ཆུ་ལ་བསྐྱུར་བར་བརྩམས་པ་ན་ཆོས་བློན་དག་གིས་ཐབས་ཀྱིས་སྦས། ནང་གི་སྡེར་སྐུ་རྣམས་ ཆུར་བསྐུར་བསམ་ནས་ཕྱག་ན་རྡོ་རྗེའི་མགུལ་ལ་ཐག་པ་བཏགས་པ་ན་འདོགས་མཁན་ ཁྲག་སྐྱུག་ནས་ཤི་བས་དེ་ཕན་ལྷ་ཁང་འཇིག་འཕྲོ་བཅད། ལྷ་ས་བསམ་ཡས་ལ་སོགས་པའི་ སྒོ་བརྩིགས། རྨེ་རུ་མ་གཏོགས་ལྷ་ཁང་ཆུང་བ་ཐམས་ཅད་བཤིགགླེགས་བམ་རྣམས་ཆུ་ལ་ བསྐུར་བ་དང༌། མེ་ལ་བསྲེ གས་པ་དང༌། ས་ལ་སྦས་པ་རྣམས་བྱས་སོ། ། དུས་དེར་ཆུ་བོ་རིའི་སྒོམ་གྲྭ་ན་གཡོ་དགེ་འབྱུང༌། གཙང་རབ་གསལ་དམར་ཤཱཀྱ་མུ་ནེ་ གསུམ་སྒོམ་ཅིང་ཡོད་པ་ལ་བཙུན་པ་ཅིག་གིས་ཤམ་ཐབས་རྗེས། ལག་ཏུ་མདའ་གཞུ་ཐོགས་ པ་སོགས་མཐོང་ནས་ཆོས་བསྣུབ་པའི་ལོ་རྒྱུས་ཐོས་པས་ཁོང་གསུམ་པོ་སྐྲག་པར་གྱུར་ནས་ འདུལ་བའི་པོ་ཏི་དྲེལ་རྒྱབ་གསུམ་ཁྱེར་ནས་བྱང་ལམ་ལ་ཕྱིན་ཁམས་སུ་བྲོས་ཏེ་དན་ཏིག་ ཤེལ་གྱི་བྲག་ཕུག་ཏུ་བཞུགས། དེ་རྗེས་དཀར་འོད་ཆོས་གྲགས་དང་རོང་སྟོན་སེང་གེ་རྒྱལ་ མཚན་གཉིས་ཀྱིས་མངོན་མཛོད་ཀྱི་པོ་ཏི་མང་པོ་ཁྱེར་ནས་ཁམས་སུ་བྲོས། ཨན་ཆུང་གནམ་ རྫོང་གི་བྲག་ཕུག་ཏུ་བཞུགས།དེ་སྐབས་ལྷ་ལུང་དཔལ་རྡོར་ཡེར་བའི་བྲག་ཕུག་ཏུ་བཞུགས་ པ་ལ་དཔལ་ལྡན་ལྷ་མོས་བསྐུལ་ནས་རྒྱལ་པོ་སྡིག་ཅན་བསྒྲལ་བའི་སྤོབས་པ་སྐྱེས་ནས་ ཐབས་ཀྱིས་བེར་ཕྱི་ནག་ནང་དཀར་གོན། མགོ་ལ་ཞྭ་ནག་གྱོན། གདོང་ལ་སྲེ ་སྣུམ་བྱུགཕུ་ དུང་དུ་མདའ་གཞུ་བཅུགརྟ་དཀར་སོལ་བྱུག་ལ་ཞོན། བདུད་ནག་བཀྲག་མེད་ཡིན་ནོ་ཞེས་ ཟེར་ཏེ་ལྷ་སར་སོང༌། དེར་རྒྱལ་པོས་རྡོ་རིང་ཡི་གེ་བལྟ་དུས་ཕྱག་བྱེད་ལྟར་བྱས་ནས་ཡི་ དམ་ལ་དམོད་བཙུགས།ཕུ་དུང་ནས་མདའ་གཞུ་བཏོན་ཕྱག་དང་པོ་ལ་མཐེབ་སྤྲད་གཉིས་ པ་ལ་མདའ་བཀང༌། གསུམ་པ་ལ་རྒྱལ་པོའི་དཔྲལ་བར་མདའ་བརྒྱབས་ནས་བྲོས། རྒྱལ་ པོའི་ལག་གཉིས་ཀྱིས་མདའ་ལ་འཇུས་ཏེ་མོད་ལ་ཤིའོ། །ལོ་ལྔའི་བར་ཆོས་བསྣུབས་ནས་ རང་ལོ་སོ་བརྒྱད་སྟེང་ཡིན། དེར་ར་མདའ་ཕྱོགས་བཞིར་བརྒྱུགས་ཀྱང་མ་མཐོང་བར་ཤོར། 5-1-338 ཡིན་ལུགས་ལ་ལྷོ་ཕྱོགས་གྲིབ་ཆུར་བརྒལ་ཏེ་རྟ་དཀར་པོ་སོང༌། ཞ་ནག་བསྐྱུར། གདོང་ སྣུམ་བཀྲུས། བེར་ཕྱིར་བསྒྱུར། ལྷ་གནམ་སྡེ་དཀར་པོ་ཡིན་ཟེར་ནས་སོང་ངོ༌། །ཡེར་བར་ འཚོལ་དུ་ཕྱིན་པ་ན་ཕུག་རོན་གྱིས་ས་རྡུལ་འབེབས་སུ་བཅུག་ནས་བསམ་གཏན་ལ་ཡོད་པའི་ ལུགས་སུ་བྱས་པས་རེ་ཞིག་མ་ཤེས་ཀྱང་ཕྱིས་སུ་མི་ཞིག་གིས་ལག་པ་སྙིང་གར་བཞག་པས་ སྙིང་འཕར་བས་ཤེས། དེ་ནས་ཁམས་ལ་བྲོས་སོ། ། དེ་རྗེས་རྒྱལ་པོའི་བཙུན་མོ་ཆུང་བ་ལ་བུ་དངོས་གནས་འཁྲུངས་པ་དེ་ཉིན་མོ་མིས་ བསྲུངས་མཚན་མོ་མར་མེས་འོད་ཀྱིས་བསྲུངས་བས་ན་མངའ་བདག་འོད་སྲུང་ཟེར། བཙུན་ མོ་ཆེ་བ་ལ་སྤྲང་པོའི་བུ་ཆུང་ཉོས་ནས་སྐྱེས་པ་ལྟར་བྱེད་པ་དེ་ལ་མངའ་བདག་ཡུམ་བརྟན་ ཟེར། འདི་སྐབས་རྒྱལ་པོ་གཉིས་སྐུ་ནར་མ་སོན་ཀྱང་ཆོས་བློན་རྣམས་ཀྱིས་ཇོ་བོ་རྣམ་གཉིས་ རང་རང་གི་ཁྲི་ལ་བཞུགས་སུ་བཅུགལྷ་ཁང་ཞིག་གསོས་རེ་ཡང་བྱས། སྲི ད་ལ་མ་འཆམས་ པར་འོད་སྲུང་གིས་གཡོ་རུ་བཟུང༌། ཡུམ་བརྟན་གྱིས་དབུ་རུ་བཟུང་ནས་འཁྲུག་པ་བྱས། ས་ གླང་ལ་གྱེན་ལོག་བྱུང༌། མེ་བྱ་ལ་བང་སོ་རྣམས་བཤིགའོད་སྲུང་གི་སྲས་རྗེ་དཔལ་འཁོར་ བཙན། དེའི་ཆེན་མའི་སྲས་སྐྱིད་ལྡེ་ཉི་མ་མགོན། ཆུན་མའི་སྲས་བཀྲ་ཤིས་བརྩེགས་པ། འདི་ གཉིས་ཀྱི་སྲིད་གང་ཡོད་ཡུམ་བརྟན་གྱིས་ཕྲོག་པས་མངའ་རིས་ལ་བྲོས་ནས་དེའི་རྒྱལ་པོ་ མཛད། ཡུམ་བརྟན་གྱི་བུ་ཁྲི་ལྡེ་མགོ་སྙན་དེའི་བུ་ཆེ་བ་རིག་པ་མགོན། ཆུང་བ་ཉི་མ་མགོན་གྱི་ བུ་ཉི་འོད་དཔལ་མགོན། དེའི་བརྒྱུད་པ་རླུང་ཤོད་སོགས་ན་མང༌། རིག་མགོན་གྱི་བུ་ཆེ་བ་ལྡེ་ པོ། ཆུང་བ་རྡོ་རྗེ་འབར། ལྡེ་པོའི་བརྒྱུད་པ་བུག་པ་ཅན་པ་སོགས་སོ། །རྡོ་རྗེ་འབར་གྱི་བུ་ཁྲི་ དབང་ཕྱུག་བཙན། དེའི་བུ་ཚ་ན་ཡེ་ཤེས་རྒྱལ་མཚན། དེའི་བུ་མངའ་བདག་ཁྲི་པ། འདི་གཉིས་ ཀྱི་དུས་བསྟན་པའི་མེ་རོ་མདོ་ཁམས་ནས་ལང་བ་ཡིན། མངའ་ཁྲི་བའི་བུ་ཨ་ཙ་ར། དགེ་སློང་ བླ་མ། ལྷ་བཙུན་དང་བཞི། ཨ་ཙ་རའི་བརྒྱུད་འཕྲང་པོ་བ་སོགས་དང༌། བླ་མ་ལ་བརྒྱུད་མེད། 5-1-339 དགེ་སློང་གི་བརྒྱུད་དཔེ་བཞི་བ་སོགས་དང༌། ལྷ་བཙུན་གྱི་བརྒྱུད་ལྷ་བཙུན་སྔོན་མོ་སོགས་ ཡིན། དེ་ལྟར་ཆོས་བསྣུབས་ནས་ལོ་དགུ་བཅུ་གོ་བརྒྱད་ཀྱི་བར་ཆོས་ཀྱི་མིང་ཙམ་ཡང་མེད། སྔར་ཆུ་བོ་རི་ནས་བྱོན་པའི་དགེ་སློང་གསུམ་པོ་མདོ་ཁམས་སུ་ཡོད་པ་དང་བོན་པོའི་བུ་སྨུ་ཟ་ གསལ་མཇལ་བས་བསྙེན་རྫོགས་ཞུས་ཏེ་མིང་ཤཱཀྱ་དགེ་གསལ་དུ་བཏགས།སྡེ་སྣོད་གསུམ་ ལ་མཁས་པར་གྱུར། དེ་ལ་བརྟེན་ནས་ཁམས་པའི་མི་བལ་རྡོ་རྗེ་དབང་ཕྱུགསྣུབས་དཔལ་ གྱི་བྱང་ཆུབ་སོགས་མཁས་བཙུན་མང་པོ་བྱོན། དེའི་ཚེ་ཆོས་བསྣུབས་ནས་ལོ་དྲུག་ཅུ་ལོན་ སྐབས་འཕན་ཡུལ་ཞོག་ན་བོན་པོའི་བུ་སྨུ་ཟ་འཕེན་ཟེར་བའི་བྱིས་པ་ཞིག་གིས་སྣང་གསལ་ ལྷ་ཁང་བྱ་བའི་ནང་དུ་ཕྱིན་པས་རབ་བྱུང་ཆོས་ཉན་བཤད་ཀྱི་གཟུགས་གྱང་རིས་ལ་མཐོང་ བས་ཡིན་ལུགས་རྒན་མོ་ཞིག་ལ་དྲིས་པ་ན་དེས་ཞིབ་པར་གོ་བརྡ་སྤྲད་པས་བྱིས་པ་དེ་དད་ པ་སྐྱེས་ནས་རབ་བྱུང་ད་ལྟ་ཡོད་མེད་དྲིས་པས་རྒན་མོས་ད་ལྟ་དབུས་གཙང་ན་མེད། ཆུ་བོ་ རི་སོགས་ནས་ཁམས་སུ་བྲོས་པའི་རབ་བྱུང་མང་ཚུལ་སྨྲས་པས། བྱིས་པ་དེར་རབ་ཏུ་དགའ་ ནས་ཁམས་སུ་ཕྱིན་པ་ན་ལྷ་ལུང་དཔལ་རྡོར་དང་མཇལ་ནས་རབ་བྱུང་ཞུས་པས་དེའི་ཞལ་ ནས་བདག་གིས་རྒྱལ་པོ་སྡིག་ཅན་བསད་པས་སྡོམ་པ་མེད། ངས་གྲོགས་བྱ་གསུངས་ནས་ མཁས་བཙུན་གཞན་རྣམས་ལ་ཞུས་པས་རབ་ཏུ་བྱུང་ནས་མིང་ཀྱང་བླ་ཆེན་དགོངས་པ་རབ་ གསལ་དུ་གྲགས། དེ་ལྟར་ཁམས་ན་བསྟན་པ་དར་ཞིང་བོད་དབུས་གཙང་ན་མེད་པར་ཆོས་ བསྣུབས་ནས་ལོ་བརྒྱད་ཅུ་ལོན་པ་ན་བསམ་ཡས་མངའ་བདག་ཚ་ན་ཡེ་ཤེས་རྒྱལ་མཚན་ གྱིས་བདག་རྐྱེན་མཛད་ནས་ཁམས་སུ་སྡོམ་པ་ལེན་པ་མི་བདུན་མངག་པ་ནི། ཀླུ་མེས་ཤེས་ རབ་ཚུལ་ཁྲིམས། འབྲི ་ཡེ་ཤེས་ཡོན་ཏན། ཚོང་གི་ཤེས་རབ་སེང་གེ ལོས་སྟོན་རྡོ་རྗེ་དབང་ ཕྱུགསུམ་པ་ཡེ་ཤེས་བློ་གྲོས། རྒྱ་བློ་གྲོས་ཤེས་རབ། གཞོན་བན་ཆོས་མཆོག་དང་བདུན་གྱི་ སྔར་དམར་གཡོ་གཙང་གསུམ་སློབ་མ་ཤཱཀྱ་དགེ་གསལ་གྱི་དངོས་སློབ་གྲུམ་ཡེ་ཤེས་རྒྱལ་ 5-1-340 མཚན་གྱིས་མཁན་པོ་བྱས། ཅོག་རོ་ཤེས་རབ་བྱང་ཆུབ་ཀྱིས་སློབ་དཔོན་བྱས་ནས་བསྙེན་ རྫོགས་ཀྱི་སྡོམ་པ་མནོས། དེ་ནས་དེ་དག་ཕྱིར་ལོག་པ་ན། ཡང་རྒྱབ་དུ་སྡོམ་ལེན་ལྔ་མངག་པ་ ནི། མཐའ་བཞི་རྒྱལ་འཕགས། རག་ཤི་ཚུལ་ཁྲིམས་འབྱུང་གནས། སྦ་བཙུན་བློ་གྲོས་དབང་ ཕྱུགསྐྱོ་ལེགས་ཉང་བྲན་ཆོས་སྐྱབས། གྲུམ་ཤིང་ཤེས་རབ་སྨོན་ལམ་རྣམས་རྗེས་ནས་འོང་ བ་སྔ་མ་རྣམས་དང་འཕྲད་པ་ན་སྔ་མ་དག་གིས་ངེད་རྣམས་སྡོམ་པ་གསུམ་ལྡན་བླངས་པས་ ངེད་ཀྱིས་སྡོམ་པ་ཕོག་པས་ཆོག་གི་ཐག་རིང་དུ་འགྲོ་མི་དགོས་ཟེར་ཡང་མ་ཉན་པར་ཁམས་ སུ་ཕྱིན། སྔར་གྱི་མཁས་བཙུན་རྣམས་མཇལ་སྡོམ་པ་བླངས། ཕྱིར་དབུས་གཙང་དུ་སླེ བས་ ནས་བསམ་ཡས་བཙད་པོ་ཚ་ན་ཡེ་ཤེས་རྒྱལ་མཚན་གྲོངས་འདུག་ནའང་དེའི་བུ་བཙད་པོ་ ཁྲི་བས་བདག་རྐྱེན་མཛད་དེ་ཀླུ་མེས་ཤེས་རབ་ཚུལ་ཁྲིམས་ལ་སོགས་པས་དབུས་གཙང་ ཐམས་ཅད་དུ་ལྷ་ཁང་བསམ་མི་ཁྱབ་པ་བཞེངས་དགེ་འདུན་གྱི་སྡེ་བཙུགས་བསྟན་པའི་མེ་ རོ་བསླངས་ནས་སྲོག་རྩ་ལེགས་པར་བཟུང༌། བོད་མུན་གླིང་དུ་ཆོས་ཀྱི་སྒྲོན་མེ་འབར་བར་ མཛད། གོང་གི་རྒྱལ་པོས་གདུང་བརྒྱུད་དག་མ་རྗེ་དཔལ་འཁོར་བཙན་གྱི་ཆེན་མའི་བུ་སྐྱིད་ ལྡེ་ཉི་མ་མགོན་གྱིས་མངའ་རིས་རྒྱལ་པོ་མཛད། སྤུ་རང་ལ་དབང་བསྒྱུར་དེའི་བུ་ཆེ་བ་དཔལ་ གྱི་མགོན་གྱིས་མང་ཡུལ་བཟུང་བར་བ་བཀྲ་ཤིས་མགོན་གྱིས་སྤུ་རིང་བཟུང༌། ཆུང་བ་ལྡེ་ གཙུག་མགོན་གྱི་ཞང་ཞུང་བཟུང༌། འདི་གསུམ་ལ་སྟོད་ན་བཞུགས་པའི་མགོན་གསུམ་ཟེར། ཕྱི་མའི་བུ་འཁོར་སྡེ་དང་སྲོང་ལྡེ་གཉིས་ལས་སྲོང་ལྡེས་ཚེ་སྟོད་ལ་བཙུན་མོ་ཁབ་ཏུ་བཞེས་ པས་བུ་ན་ག་ར་ཙ་དང་དྷེ་བ་ར་ཙའོ། །ཚེ་སྨད་ལ་རབ་དུ་བྱུང་ནས་ལྷ་བླ་མ་ཡེ་ཤེས་འོད་ཅེས་ མཚན་གསོལ། འདིས་མཐོན་མཐིང་དཔལ་གྱི་ལྷ་ཁང་བཞེངས། ལོ་ཙཱ་བ་རིན་ཆེན་བཟང་པོ་ དང༌། རྔོག་ལེགས་པའི་ཤེས་རབ་སོགས་བློ་རྣོ་བ་ཉེར་གཅིག་རྒྱ་གར་དུ་ཆོས་སློབ་ལ་བརྫང༌། པནྜི་ཏ་ཤྲི་དྷ་ཀ་ར་དང་ཝར་མ་ཏ་གཉིས་སྤྱན་དྲངས་མཚན་ཉིད་ཀྱི་ཐེག་པ་དང་རྒྱུད་སྡེ་བཞི་ 5-1-341 པོ་བསྒྱུར་ཞིང་གཏན་ལ་ཕབ་འདུལ་བ་སྟོད་ལུགས་དར་བར་མཛད། གཅེན་འཁོར་སྡེས་ཁ་ ཆར་གྱི་ལྷ་ཁང་བཞེངས། དེའི་བུ་ལྷ་ལྡེ་པོས་པཎྜི་ཏ་སུ་བྷ་ནི་དང་རྨེ་རུ་སྤྱན་དྲངས་ཆོས་ཅུང་ ཟད་དར་བར་བྱས། དེའི་བུ་ཆེ་བ་ཞི་བ་འོད། འབྲི ང་ལྷ་བླ་མ་བྱང་ཆུབ་འོད། ཆུང་བ་འོད་ལྡེའོ། ། འདི་དུས་སུ་བླ་མ་ཡེ་ཤེས་འོད་རྒྱ་གར་དུ་པཎྜི་ཏ་གདན་འདྲེན་ལ་བྱོན་པ་མུ་སྟེགས་པས་ བཟུང་ཡོན་ཏན་བསྐྱེད་པའི་རྩ་སྒོ་ཐམས་ཅད་ལ་མེ་བཙའ་བཞག་ཏེ་རྨོངས་པར་བྱས། དེ་བླུ་ བྱེད་བླ་མ་བྱང་ཆུབ་འོད་ཀྱིས་གསེར་དབུ་མ་གཏོགས་པའི་ལུས་ལྗིད་དང་མཉམ་པར་བསྐུར་ ད་དུང་དབུ་ཚད་དགོས་པ་ལ་ཡེ་ཤེས་འོད་ཀྱིས་བདག་བླུས་ཀྱང་ཡོན་ཏན་ཅི་ཡང་མེད་པས་ དེ་བས་ཤི་ན་དགའ། ང་བླུ་བའི་གསེར་རྣམས་ཀྱིས་རྒྱ་གར་ནས་ཇོ་བོ་རྗེ་གདན་འདྲེན་བྱེད་ ཀྱི་ཆ་རྐྱེན་ཀྱིས་ཞེས་གསུངས་པ་ལྟར་ཇོ་བོ་རྗེ་གདན་འདྲེན་པ་ལ་རྒྱ་བརྩོན་སེང་སོགས་ལ་ གསེར་བསྐུར་ནས་བཏང༌། ཡེ་ཤེས་འོད་དེ་ཉིད་དུ་གྲོངས་པའི་སྤུར་རང་ཡུལ་མཆོད་རྟེན་དུ་ བཞུགས་སུ་བཅུགཇོ་བོ་རྗེ་སྒྲོལ་མའི་ལུང་བསྟན་བཞིན་བོད་དུ་བྱོན། སློབ་མ་ནག་ཚོ་དང་ཁུ་ རྔོག་འབྲོམ་གསུམ་ལོ་ཆེན་རིན་ཆེན་བཟང༌། ལོ་ཆུང་ལེགས་པའི་ཤེས་རབ་སོགས་མཁས་ བཙུན་དུ་མ་བྱོན། བོད་དུ་རྒྱལ་བསྟན་ཆེས་གསལ་མཛད། བླ་མ་བྱང་ཆུབ་འོད་ཀྱི་གཅུང་པོ་ འོད་ལྡེས་པཎྜི་ཏ་ཁ་ཆེ་དྷ་ན་ཤྲི་སྤྱན་དྲངས་ནས་ཆོས་གསུངས་པར་བྱས། དེའི་བུ་བཙན་ལྡེ། དེའི་བུ་བྷ་ལེ། དེ་ནས་རིམ་བཞིན་བཀྲ་ཤིས་ལྡེ། བྷ་ར། ན་ག་ལྡེ་རྣམས་བྱུང་ལ། དེ་དག་གིས་ སྤུ་རང་ལ་སོགས་པའི་རྒྱལ་ཁམས་ལ་དབང་བྱས། ན་གའི་བུ་བཙན་འཕྱང་ལྡེས་ཡར་རྩེ་བྱོན་ ཏེ་རྒྱལ་པོ་མཛད། དེའི་བུ་བཀྲ་ཤིས་ལྡེ་དེ་རིམ་བཞིན་གྲགས་བཙན་ལྡེ། གྲགས་པ་ལྡེ། ཨ་ རོག་ལྡེ། ཨ་སོག་ལྡེ་རྣམས་བྱུང༌། དེའི་བུ་ཛི་དར་སྨལ། ཨ་ནན་ཏ་སྨལ་གཉིས་པོ། ཕྱི་མའི་ བུ་རི་ལི་སྨལ་གྱིས་ལྷ་སར་ཇོ་བོའི་དབུ་སྟེང་དུ་གསེར་ཐོག་ཕུལ། དེའི་བུ་སཾ་གྷ་སྨལ་དང་འཛི་ 5-1-342 ཐར་སྨལ་གཉིས་སོ། །ཕྱི་མའི་བུ་ཨ་འཛི་སྨལ། དེའི་བུ་ཀ་ལེན་སྨལ། དེའི་བུ་པར་ཏི་སྨལ་ རྣམས་བྱུང༌། དེ་ནས་ཡར་རྩེའི་རྒྱལ་བརྒྱུད་ཆད། སྤུ་རང་ནས་མངའ་བདག་བསོད་ནམས་ ལྡེ་བསུས་ནས་མིང་པུ་ཎེ་སྨལ་ཞེས་བཏགས་ནས་རྒྱལ་ས་བཟུང༌། དེའི་བུ་པྲི་ཏི་སྨལ་དང་ བློན་པོ་དཔལ་ལྡན་གྲགས་གཉིས་ཀྱིས་ལྷ་སར་བཅུ་གཅིག་ཞལ་གྱི་སྟེང་དུ་གསེར་ཐོག་ཕུལ། ཡང་རྒྱལ་པོའི་གདུང་བརྒྱུད་རྗེ་དཔལ་འཁོར་བཙན་གྱི་ཆུན་མའི་བུ་བཀྲ་ཤིས་བརྩེགས་པ་ལ་ བུ་དཔལ་ལྡེ། འོད་ལྡེ། སྐྱིད་ལྡེ་གསུམ་བྱུང༌། འདི་གསུམ་ལ་སྨད་དུ་བཞུགས་པའི་ལྡེ་གསུམ་ ཟེར། ཆེ་བ་དཔལ་ལྡེའི་བུ་སྔོན་པོ་ཚོམ་སྟེ། འདིའི་བརྒྱུད་པ་ཁ་བ་གུང་པ། ཀླུ་རྒྱལ་བ་སོགས་ ཡིན། ཆུང་བ་སྐྱིད་ལྡེ་ཤང་རྟ་ནག་ཏུ་སོང༌། བུ་དྲུག་བྱུང་བའི་ལྔ་བྱང་དུ་གཤེགས་ཏེ། འབྲོའི་ བཙད་པོ། གཡས་རུ་བཙད་པོ། རུ་ལག་གི་བཙད་པོ། མུས་པ། འཇང་ཉང་སྟོད་པ་རྣམས་སོ། །བུ་འབྲི ང༌། འོད་ལྡེ་ལ། ཕ་བདེ་ལྡེ། ཁྲི་ལྡེ། ཁྲི་ཆུང༌། ཉག་ལྡེ་དང་བུ་བཞི་བྱུང༌། ཕ་བདེའི་ བརྒྱུད་སྣུབ་ཡུལ་རོང་སོགས་ན་ཡོད། ཁྲི་ལྡེའི་བརྒྱུད་ཤར་ཙོང་ཁའི་རྒྱལ་པོ་སྤྱན་སྔ་དོན་ཆེན་ སོགས་མདོ་སྨད་ཀྱི་བཙན་པོ་རྣམས་ཡིན། ཉག་ལྡེའི་བརྒྱུད་གཙང་གཡས་རུ་ན་ཡོད། ཁྲི་ཆུང་ ཡར་ལུང་དུ་སོང་སྐུ་མཁར་ཕྱིང་ང་སྟག་རྩེ་བཟུང༌། དེའི་བུ་འོད་སྐྱིད་འབར། དེ་ལ་བུ་བདུན་ བྱུང་བ་ལས། ཆེ་བ་ཞང་རྗེ་ཚ་ཁྲི་འབར། དེའི་གཅུང་པོ་གཙད་པོ་ཚ་སྤུན་དྲུག ཞང་ཚའི་བརྒྱུད་ སྣ་མོ་བ། ཕྱིང་ང་བ་སོགས་སོ། ། བཙད་པོ་ཚ་སྤུན་དྲུག་ནི། ལྷ་སྤྱན་གཡུ་སྤྱན། ད་ར། ལྷུན་པོ། འོད་ལྡེ། གོང་བཙན་དང་ དྲུག ཕྱི་མ་གཉིས་ཀྱི་བརྒྱུད་ཁྲ་འབྲུག་པ་སོགས་ཡིན། གཡུ་སྤྱན་གཡུ་རུང་གིས་བསུས་ནས་ བྱས་སར་བསྡད། དེའི་བུ་ཇོ་དགའ། དེའི་བུ་ཆེ་བ་ལྷ་ཆེན་གྱིས་བྱ་སའི་ལྷ་ཁང་བཞེངས། ཆུང་ བ་རབ་ཏུ་བྱུང༌། འབྲི ང་ཁྲི་དར་མའི་བུ་ཙུག་ལྡེ། ཁྲི་ཙུག་ཇོ་བོ་རྣལ་འབྱོར་ཇོ་བོ་སྨོན་ལམ་ དང་བཞི། ཇོ་བོ་སྨོན་ལམ་རབ་ཏུ་བྱུང་ནས་སྤུ་ཆེའི་གཟིམ་ཁང་དཀར་པོར་བཞུགས། ཇོ་བོ་ 5-1-343 རྣལ་འབྱོར་འབན་ཚིགས་སུ་བསྡད། ཁྲི་ཙུག་གིས་བྱེས་དང་དོས་སྔོན་གྱི་ཡུལ་བཟུང༌། དེའི་ བུ་ཁྲི་བཙན། དེའི་བུ་ཤ་ཁ་ཁྲི། དེའི་བུ་ལྷ་ཁྲི་སོགས་ཡར་མདའ་བ་རྣམས་ཡིན། ཇོ་བོ་རྣལ་ འབྱོར་གྱི་བུ་ཆེ་བ་ཇོ་འབོག འབྲི ང་བ་ལྷ་ཆེན། ཆུང་བ་ལྷ་ངམ་དང་གསུམ། ཆུང་བས་རབ་ ཏུ་བྱུང༌། འབྲི ང་པོས་སྤྱིལ་ཕུའི་གདན་ས་མཛད། ཆེན་པོའི་བུ་ཤཱཀྱ་མགོན། འགྲོ་མགོན་ལྡེ་ པོ། ལྡེ་ཆུང༌། ཇོ་རྒྱལ་དང་ལྔ། འགྲོ་མགོན་གྱིས་སྤྱིལ་ཕུའི་གདན་ས་མཛད་པས་གདུལ་བྱ་ ཆེ། ལྡེ་པོའི་འབན་ཚིགས་བཟུང༌། དེའི་བུ་ཇོ་བོ་ཤཱཀ་རྒྱལ། དེའི་བུ་ཇོ་བོ་ཤཱཀྱ་དཔལ། འདིས་ འགྲོ་མགོན་འཕགས་པའི་དྲུང་དུ་རབ་ཏུ་བྱུང༌། ལྡེ་ཆུང་གྲོངས་ནས་བུ་མེད། ཇོ་རྒྱལ་གྱི་བུ་ འཇོ་འབེར། དེའི་བུ་ཆེ་བ་ལྷ་ཟུར་ཁང་པས་སྤྱིལ་ཕུའི་གདན་ས་མཛད། ཆུང་བ་ཁྲོམ་པོ་བ་ རྣམས་ཀྱིས་གདན་དྲངས་ལྷ་ཁྲོམ་པོ་བར་གྲགས། ཤཱཀྱ་མགོན་གྱི་གཅུང་པ་རྣམས་ཐ་ཐང་ དུ་བསྡད་ནས་གནས་ཆུང་ཕོ་བྲང་བཏབ། མངའ་ཐང་ཆེ་རབ་སོང༌། ཤཱཀྱ་མགོན་གྱི་བུ་ཇོ་བོ་ ཤཱཀྱ་བཀྲ་ཤིས་ཀྱིས་ཕོ་བྲང་རྙིང་མ་བཏབ། དེ་ལ་བུ་ཆེ་བ་ལྷ་བྲག་ཁ་བ་དང་ཆུང་བ་མངའ་ བདག་གྲགས་པ་རིན་ཆེན་གཉིས་འཁྲུངས། ཆུང་བ་འདིས་འགྲོ་མགོན་འཕགས་པའི་ཕྱག་ཕྱི་ ལ་རྒྱ་ཡུལ་དུ་ཕེབས། སེ་ཆེན་རྒྱལ་པོའི་ལུང་བླང་ནས་བྲག་ཁ་ལ་སོགས་པའི་ཕོ་བྲང་མང་དུ་ བཏབ། ཐམས་ཅད་ལ་དབང་བསྒྱུར། དཔལ་འབྱོར་ནམ་མཁའ་དང་མཉམ། དེའི་བུ་ཆེ་བ་བློ་ གྲོས་འོད། འབྲི ང་པོ་མངའ་བདག་ཤཱཀྱ་མགོན། ཆུང་བ་ལྷ་བཙུན་ཚུལ་ཁྲིམས་བཟང་པོ་དང་ གསུམ་ལས། ཆུང་བས་གདན་ས་མཐིལ་དུ་རབ་བྱུང་ཞུས། འབྲི ང་པོས་སྤྱིལ་ཕུའི་གདན་ས་ མཛད་ཅིང་དཔལ་འབྱོར་ཆེ། འདི་རྣམས་ནས་བཟུང་ས་སྐྱའི་དཔལ་ལྡན་བླ་མ་དམ་པ་བསོད་ ནམས་རྒྱལ་མཚན་པའི་སྐུ་དུས་ཡན་ལ་ཡར་ལུང་ཇོ་བོ་རིམ་བྱོན་གྱི་བར་དུ་བོད་ཆོས་རྒྱལ་གྱི་ གདུང་བརྒྱུད་ཆད་མ་མྱོང་བ་ཡིན་ནོ། ། རྒྱ་ནག་གི་ལོ་རྒྱུས། རྒྱ་ནག་རྒྱལ་པོ་ཐོག་མ་སྤྱིའུ་ཞེས་པ་འདི་དང་རྒྱ་གར་རྒྱལ་པོ་གཞུ་ 5-1-344 བརྟན་གཉིས་དུས་མཉམ། དེ་ནས་རྒྱལ་རབས་བཞི་སོང་བ་ན་སྤྱིའུ་དབང་རྒྱལ་ཟེར་བ་རྒྱལ་ སར་འཁོད། དེ་ལོ་ཉེར་བཞིའི་དུས་ཤིང་སྟག་ལོའི་ཟླ་བ་བཞི་པའི་ཚེས་བརྒྱད་ཉིན་སངས་ རྒྱས་ཀྱི་དུས་མཆོད་གཅིག་ཏུ་ངོས་འཛིན་ཙམ་དང༌། ནུབ་ཕྱོགས་ནས་སྒྲ་འོད་སོགས་ཀྱི་ མཚན་མ་ལ་བརྟགས་ཏེ་བཅོམ་ལྡན་འདས་རྒྱ་གར་དུ་འཁྲུངས་པར་ངོ་ཤེས་པ་ཙམ་ལས་འདི་ དུས་ན་ཆོས་ཀྱི་སྲོལ་མེད། སྤྱིར་རྒྱལ་པོ་ཐོག་མ་འདིའི་རྒྱལ་བརྒྱུད་སུམ་ཅུ་སོ་དྲུག་བྱུང༌། དེ་ རྣམས་ཀྱིས་རིམ་བཞིན་ཁྱོན་ལོ་བརྒྱའི་བར་རྒྱལ་ས་བཟུང༌། དེ་རྗེས་སུ་ཚན་ཧྲི་ཧར་གྱི་རྒྱལ་ པོ་ཟེར་བ་ཕ་བུ་གཉིས་ཀྱིས་ལོ་བདུན་ཅུའི་བར་རྒྱལ་ས་བཟུང༌། དེ་རྗེས་ཧན་ཀའོ་ཛུང་ཞེས་ པའི་རྒྱལ་པོ་བྱུང༌། དེའི་རྒྱལ་བརྒྱུད་དག་གིས་མི་རབས་བཅུ་གཉིས་བར་རྒྱལ་ས་རིམ་པར་ བཟུང༌། དེ་མཚམས་ནས་ཨཾ་མཾ་ཟེར་བའི་བློན་པོ་ཞིག་གིས་རྒྱལ་ས་ཕྲོགས་ཏེ་དེས་ལོ་བཅོ་ བརྒྱད་རྒྱལ་ས་བཟུང༌། དེ་རྗེས་སྔར་གྱི་རྒྱལ་བརྒྱུད་ཀྱི་མི་སླེའུ་སློང་ཟེར་བ་ཞིག་བྱུང་ནས་ དེས་བློན་པོ་བསད་ནས་རང་གིས་རྒྱལ་ས་བཟུང༌། དེ་ལ་བུ་ལྔ་བྱུང་བའི་ཕྱི་ཤོས་ཧན་མི་ཏི་ ཟེར་བས་རྒྱལ་པོ་བྱས། དེའི་བུ་རྒྱལ་པོ་ཧན་ཧོའི་ཏ་ཞེས་པ་བྱུང༌། རང་གི་བློན་པོ་ཚ་ཧོ་ཚའི་ ཟེར་བ་ཞིག་གིས་རྒྱལ་ས་ཕྲོགས་ནས་བློན་དེའི་མི་རྒྱུད་ལྔས་རྒྱལ་ས་བཟུང༌། དེ་མཚམས་ ནས་ཡང་དེའི་བློན་པོ་ཨུ་མ་ཏེ་ཟེར་བ་ཞིག་གིས་རྒྱལ་ས་ཕྲོགས་ནས་རེ་ཞིག་དབང་བྱས་རྗེས་ སུ། ཧེའུ་རྩིང་གི་རྒྱལ་པོས་རྒྱལ་ས་བཟུང༌། དེ་ལ་བུ་མང་པོ་ཡོད་པ་ལས་ཆེ་བ་བདུད་རྩིང་ ཞེས་པས་རྒྱལ་ས་རེ་ཞིག་བར་བཟུང་རྗེས་དེའི་གཅུང་པོ་སི་ཆེན་ནམ་སྤྲི་སྟིམ་ཟེར་བའི་རྒྱལ་ པོས་རྒྱལ་ས་བཟུང༌། འདི་དུས་སུ་ཇོ་བོ་རྣམ་གཉིས་རྒྱ་ནག་ཏུ་ཕེབས། དེ་རྗེས་རྒྱལ་པོ་དེའི་ མི་དཔོན་ཆིང་སང་ཟེར་བས་རྒྱལ་ས་ཕྲོགས་ནས་རེ་ཞིག་དབང་བྱས་རྗེས་རྒྱལ་བརྒྱུད་ཆད། དེ་ནས་སུ་གཡང་སྟེ་ཟེར་བའི་རྒྱལ་པོ་ཕ་བུ་གཉིས་ཀྱིས་རྒྱལ་ས་རེབ་ཙམ་བཟུང༌། ཇོ་བོ་རྒྱ་ ཡུལ་དུ་ཕེབས་སྐོར་ནས་དམ་པའི་ཆོས་ཀྱང་དར། མཚམས་འདི་ནས་རྒྱ་ནག་གི་རྒྱལ་པོ་ཐང་ 5-1-345 ཞེས་བྱ་བ་བྱུང་བོད་རྒྱལ་གནམ་རི་སྲོང་བཙན་དང་དུས་མཉམ། དེའི་བུའི་ཐང་ཀའོ་བཟུང་གི་ རྒྱལ་པོ་བྱུང༌། དེའི་བུ་ཐེའི་ཛུང་གི་རྒྱལ་པོ་དང་བོད་རྒྱལ་སྲོང་བཙན་སྒམ་པོ་དང་དུས་མཉམ། ཐང་རྒྱལ་དེའི་བུ་མོ་འོན་ཤིང་ཀོང་ཇོ་བོད་དུ་འོང༌། ཐང་རྒྱལ་དེ་ལ་བུ་བདུན་བྱུང་བ་ལས་བུ་ ཆེ་བས་རྒྱལ་ས་བཟུང༌། དེའི་བུ་ཛུང་ཛུང་རྒྱལ་པོ་ཞེས་པ་བྱུང༌། དེ་ནི་ཐང་གི་རྒྱལ་བརྒྱུད་ལྔ་པ་ ཡིན། དེ་དང་བོད་རྒྱལ་མེས་ཨག་ཚོམ་དུས་མཉམ་ཐང་རྒྱལ་དེའི་བུ་མོ་གྱིམ་ཤིང་ཀོང་ཇོ་ཡང་ བོད་དུ་འོང༌། ཐང་རྒྱལ་དེའི་བུ་ཐང་ཟན་བཟུང་ཟེར་བ་རྒྱལ་སར་འཁོད། དེ་རྗེས་ཐང་གི་བློན་ པོ་ཧང་ཆའོ་ཟེར་བ་ཅིག་གིས་ངོ་ལོག་བྱས་རྒྱལ་ས་ཕྲོགས་ཏེ་རེ་ཞིག་དབང་བྱས། དེ་ནས་ལང་ ཞེས་བྱ་བའི་རྒྱལ་བརྒྱུད་རིགས་ལྔ་བྱུང་ནས་ལོ་བཅོ་ལྔའི་བར་རྒྱལ་ས་བཟུང༌། དེའི་རྗེས་སྤྲིའུ་ ཐའི་ཧུ་ཟེར་བའི་རྒྱལ་པོ་བྱུང༌། འདིའི་རྒྱལ་ས་རེ་ཞིག་བཟུང་རྗེས་མི་ཉག་ལ་ཤོར། མི་ཉག་ སེའུ་རྒྱལ་པོ་ཞེས་པས་རྒྱལ་ས་བཟུང༌། དེ་ནས་རྒྱལ་རབས་དྲུག་གིས་ལོ་ཉིས་བརྒྱ་དྲུག་ཅུའི་ བར་རྒྱལ་ས་བཟུང༌། དྲུག་པ་འདི་མི་ཉག་རྒྱལ་རྒོད་བྱ་བ་ཡིན། དེ་རྗེས་ནས་ཧོར་ཇིང་གུར་ གན་གྱི་རྒྱལ་པོས་ལོ་ཉེར་གསུམ་བར་རྒྱལ་ས་བཟུང༌། དེའི་གཅུང་པོ་ཨུ་ཏུ་ཀའི་རྒྱལ་པོ་ལ་བུ་ བཞི་བྱུང་བ་ལས་གཅིག་གིས་མདོ་འཆིའི་རྒྱལ་པོ་བྱས། དེ་ལ་བུ་བརྒྱད་བྱུང༌། གཅིག་གིས་ག་ ཆ་རྟའི་རྒྱལ་པོ་བྱས། དེ་ལ་བུ་དགུ་བྱུང༌། གཅིག་གིས་ཐོ་ལོ་ཤོ་ཡོན་གྱི་རྒྱལ་པོ་བྱས། གཅིག་ གིས་རྒྱ་ནག་གི་རྒྱལ་ས་ལོ་དྲུག་བཟུང༌། དེ་ལ་བུ་མང་པོ་ཡོད་པ་ལས་ཆེ་བ་གོ་ཡུག་རྒྱལ་པོས་ རྒྱལ་ས་ལོ་ཕྱེད་བཟུང༌། དེའི་གཅུང་པོ་གོ་དན་ཁ་ཤི་ཁན་གྱིས་རྒྱལ་ས་ཟླ་བ་དྲུག་ལ་བཟུང༌། དེ་ལ་བུ་ལྔ་ཡོད་པ་ལས་ཆེ་བ་མོ་ཁ་གན་གྱི་རྒྱལ་པོས་རྒྱལ་ས་ལོ་དགུ་བཟུང༌། འདི་སེ་ཆེན་ གནམ་གྱི་རྒྱལ་པོ་ཡིན། དེ་ལ་བུ་རྡོ་རྗེ། ཇིང་གུར། མཾ་གྷ་ལཾ། ན་མོ་གན་དང་བཞི་བྱུང༌། བུ་མོ་ འང་འགའ་ཞིག་བྱུང་བ་ལས་ཆུང་བ་གཅིག་ལ་བུ་བརྒྱད་བྱུང་བ་ལས་ཡུལ་གྲུ་སོ་སོའི་དཔོན་ བྱས། སེ་ཆེན་གྱི་བུ་བཞི་ལས་ཇིང་གུར་གྱིས་རྒྱལ་ས་བཟུང༌། དེ་ལ་བུ་དྷརྨ་ཕ་ལ་ཨོལ་བྱ་ཐུལ་ 5-1-346 རྒྱལ་པོ་དང་གཉིས་བྱུང༌། ཕྱི་མས་བྱ་ཐུལ་གྱི་དཔོན་བྱས། སྔ་མས་རྒྱ་ནག་གི་རྒྱལ་ས་བཟུང༌། དེ་ལ་བུ་གོ་ལུག་རྒྱལ་པོ། ཨ་སུ་ཏ་བུ་ཡན་རྒྱལ་པོ་གཉིས་བྱུང༌། ཕྱི་མ་འདིའི་བརྒྱུད་པ་ལ་ དགེ་གན་རྒྱལ་པོ། སི་དྷི་ཕ་ལ་རྒྱལ་པོ་གཉིས་བྱུང༌། སྔ་མའི་བུ་ཀ་མ་ལ་རྒྱལ་པོ། དེའི་བུ་ཐེ་ མུར་རྩི་དབང་རྒྱལ་པོ་དེའི་བུ་ར་ཁྱི་ཕག་རྒྱལ་པོ་རྣམས་ཀྱིས་རྒྱལ་ས་འཕྲལ་འཕྲལ་ཡུན་ཐུང་ ལས་མ་ཟིན་སྟབས་གོ་ལུག་རྒྱལ་པོས་ལོ་བཞིའི་བར་དུ་འཛིན་དགོས་བྱུང༌། དེ་ནས་དེའི་བུ་ ཐོ་གན་ཐེ་མུར་ཏཱ་རྒྱལ་པོ་ཀུ་ཤ་ལས་ལོ་བཅུ་གཅིག་བར་རྒྱལ་ས་བཟུང༌། དེའི་བུ་ཆིང་ཐོ་གན་ ཐེ་མུར་རྒྱལ་པོའི་རྒྱལ་ས་ལོ་བཞི་བཅུ་ཞེ་བརྒྱད་དུ་བཟུང་རྒྱལ་ཁམས་ལ་དབང་བསྒྱུར། འདི་ མཚམས་ནས་རྒྱ་ནག་རྒྱལ་ས་རྒྱའི་ཧེ་ལིང་རྒྱལ་པོ་ལ་ཤོར་ཞེས་གྲགས་སོ། ། གཉིས་པ། བོད་ཀྱི་རྒྱལ་རབས། རི་བོ་ཏཱ་ལ་ནས་འཕགས་པ་སྤྱན་རས་གཟིགས་ཀྱིས་ སྤྲེའུ་བྲག་སྲིན་མོ་གཉིས་བཟའ་མིར་བྱིན་གྱིས་བརླབས་ནས་ཁ་བ་ཅན་དུ་སངས་རྒྱས་ཀྱི་ བསྟན་པ་ཡུན་རིང་གནས་པ་དང༌། དགེ་བའི་བཤེས་གཉེན་རྒྱུན་མི་ཆད་པར་འབྱུང་བ་དང༌། རིན་ཆེན་གཏེར་ཁ་ཕྱེ་བ་སོགས་ཕན་བདེ་རྒྱས་ཆེད་སྤྲེའུ་བྲག་སྲིན་མོ་བསྡེབས་པས་སྤྲེལ་ ཕྲུག་རྣམ་སྤྱོད་མི་འདྲ་བ་དྲུག་སྐྱེས་པ་སྟེ། དེ་ཡང་དམྱལ་བ་ནས་འཕོས་པའི་སྤྲེའུ་ཕྲུག་ངོ་ གནག་ལ་སྡུག་བསྲན་ཆེ་བ་ཅན་གཅིག་དང༌། ཡི་དྭགས་ནས་འཕོས་པའི་སྤྲེལ་ཕྲུག་བཞིན་ མི་སྡུག་པ་ཟས་ལ་རོ་ངན་པ་ཅན་གཅིག་དང༌། དུད་འགྲོའི་གནས་ནས་འཕོས་པའི་སྤྲེའུ་ཕྲུག་ གླེན་ལ་རོ་ངན་པ་ཅན་གཅིག་དང༌། མིའི་གནས་ནས་འཕོས་པའི་སྤྲེའུ་ཕྲུག་ཤེས་རིག་རྒྱས་ ལ་སེམས་ཆུང་བ་ཅན་གཅིག་དང༌། ལྷ་མིན་ནས་འཕོས་པའི་སྤྲེའུ་ཕྲུག་ཐུ་ལ་ཕྲག་དོག་ཆེ་བ་ ཅན་གཅིག་དང༌། ལྷའི་གནས་ནས་འཕོས་པའི་སྤྲེའུ་ཕྲུག་ངང་རྒྱུད་རིང་ལ་སེམས་དགེ་བ་ཅན་ གཅིག་དང་དྲུག་སྐྱེས་སོ། ། ལོ་གསུམ་ནས་དེ་དག་ལྔ་བརྒྱར་འཕེལ་ལོ། །དེ་དག་གི་འཚོ་བའི་ཆེད་འཕགས་པས་རི་ 5-1-347 རབ་ཀྱི་ཁོང་སེང་ནས་འབྲུ་རིགས་ཀྱི་ས་བོན། ནས། གྲོ། སྲན་མ། བྲ་བོ། སོ་བ་རྣམས་བླངས་ སྟེ་ས་ལ་གཏོར་བས་ཡར་ལུང་དུ་མ་རྨོས་པའི་ལོ་ཏོག་གིས་གང་བར་གྱུར་ཏེ་སྤྲེལ་ཕྲུག་རྣམས་ ཀྱིས་འཚོ་བ་བྱས་པས་ལུས་ཀྱི་སྤུ་དང་མཇུག་མ་ཡང་མེད་པར་སོང་ནས་སྨྲ་ཤེས་དོན་གོའི་ མིར་གྱུར་ཏོ། ། དེ་ལྟར་ཁ་བ་ཅན་པའི་མི་རྣམས་སྤྲེའུ་བྲག་སྲི ན་གྱི་རིགས་གཉིས་ཡོད་པ་དང༌། ངང་རྒྱུད་ རིང་བ། དད་པ་ཆེ་བ། སྙིང་རྗེ་ཆེ་བ། བརྩོན་འགྲུས་ཆེ་བ། དགེ་ལ་དགའ་བ། ཚིག་འཇམ་པ། སྨྲ་མཁས་རྣམས་ནི་ཕའི་རིགས་དང༌། ཆགས་སྡང་ཆེ་བ། ཚོང་ཁེ་བསམ་པ། བློ་འདོད་ངན་ སེམས་ཆེ་བ། གད་མོ་ཆེར་རྒོད་པ། ལུས་སྟོབས་སྙིང་སྟོབས་ཆེ་བ། སྤྱོད་པས་སྐད་ཅིག་ཀྱང་ མི་ཚུགས་པ། བློ་སྣ་མང་བ། བྱེད་རྐྱེན་ལ་དུག་ལྔ་རྒྱས་པ། གཞན་སྐྱོན་མཐོང་ན་དགའ་བ། ཁྲོ་གཏུམ་རྣམས་ནི་མའི་རིགས་ཡིན། དེའི་དུས་སུ་ཁ་བ་ཅན་གྱི་རི་རྣམས་ནི་ཤིང་ནགས་དང༌། ཀླུང་རྣམས་ནི་ཆུས་ཁེངས་ཡོད་པ་ལ་སྐོང་ཆུ་ལུང་ཁ་ཕྱེ་བས་ཆུ་ཐམས་ཅད་དེར་སོང་ནས་སྐོང་ ཆུ་ལག་ཏུ་མིང་བཏགས། དེ་ནས་ཐང་ཐམས་ཅད་ཞིང་བྱས་གྲོང་ཁྱེར་མང་པོ་ཡང་རིམ་གྱིས་ བརྩིགས་སྟེ། མི་རིགས་འཕེལ་ཞིང་རིང་པོར་མ་ལོན་པ་ན་བོད་ཀྱི་རྒྱལ་པོའི་གདུང་རབས་ ཐོག་མ་བྱུང་སྟེ། དེ་ཡང༌། གནམ་ལ་ཁྲི་བདུན། སྟོད་ཀྱི་སྟེང་གཉིས། བར་དུ་ལེགས་དྲུགས་ ལ་སྡེ་བརྒྱད། འོག་གི་བཙན་གསུམ། ཞེས་པ་ལྟར་བོད་ཀྱི་རྒྱལ་པོའི་གདུང་རབས་ཡང༌། རྒྱ་ གར་རྒྱལ་པོ་ཤཱཀྱ་རི་བྲག་པའི་གདུང་རྒྱུད་དམ་རྒྱལ་པོ་གསལ་རྒྱལ་དང༌། གཟུགས་ཅན་སྙིང་ པོ། འཆར་བྱེད་རྣམས་ཀྱི་གདུང་རྒྱུད་སོ་སོར་བཤད་ཚུལ་ཡོད་ནའང༌། གང་ལྟར་ལྷ་རིགས་ཀྱི་ རྒྱལ་པོ་རྗེ་གཉའ་ཁྲི་བཙན་པོ་བོད་རྒྱལ་ཐོག་མ་སྟེ། ཕོ་བྲང་ཡུམ་བུ་བླ་མཁར་དུ་བཞུགས། དེ་ ནས་རིམ་པར་གནམ་གྱི་ཁྲི་བདུན་ནི་ཕ་བུའི་ཚུལ་དུ། མི་ཁྲི་བཙན་པོ། ལྡེང་ཁྲི་བཙན་པོ། སོ་ ཁྲི་བཙན་པོ། མེ་ཁྲི་བཙན་པོ། གདགས་ཁྲི་བཙན་པོ། སྲི བ་ཁྲི་བཙན་པོ་རྣམས་ཏེ་རྒྱལ་པོ་དེ་ 5-1-348 བདུན་གཤེགས་ཚེ་རྨུ་ཐག་བྱས་ནས་ནམ་མཁའ་ལ་འཇའ་ཡལ་བཞིན་འགྲོ་བས་བང་སོ་ནམ་ མཁའི་དབྱིངས་ལ་བཏབ། སྲི བ་ཁྲི་བཙན་པོའི་བུ་གྲི་གུམ་བཙན་པོ། དེའི་བུ་སྤུ་ཏེ་གོང་རྒྱལ་ གཉིས་སྟོད་ཀྱི་སྟེང་གཉིས་ཡིན་བང་སོ་གཡའ་དང་རྫ་ལ་བཏབ། ཁ་བ་ཅན་དུ་བོན་རིགས་ དགུའི་ཆོས་ཐོག་མ་འདི་དུས་ནས་དར། དེ་ནས་རྒྱལ་བརྒྱུད་རིམ་པར་ཕ་བུའི་ཚུལ་དུ། ཡ་ ཤོ་ལེགས། དེ་ཤོ་ལེགས། ཐི་ཤོ་ལེགས། གུ་རུ་ལེགས། འབྲོང་ཞེར་ལེགས། ཨི་ཤོ་ལེགས་ རྣམས་བར་གྱི་ལེགས་དྲུག་ཡིན། འདི་རྣམས་ཀྱི་བང་སོ་གཡའ་སྤང་མཚམས་སུ་བཏབ། དེ་ ནས་ཡང་རིམ་པར་ཕ་བུའི་ཚུལ་དུ། ཟ་ནམ་ཟིན་ལྡེ། ལྡེ་འཕྲུལ་རྣམ་ལྡེ། གཞུང་བཙན་ནམ་ ལྡེ། སེ་སྣོལ་ནམ་ལྡེ། ལྡེ་སྣོལ་ནམ་ལྡེ། ལྡེ་སྣོལ་པོ་ནམ་ལྡེ། ལྡེ་རྒྱལ་པོ་ནམ་ལྡེ། ལྡེ་སྤྲིན་ བཙན་ནམ་ལྡེ་རྣམས་ནི་སའི་ལྡེ་བརྒྱད་ཡིན། འདི་རྣམས་ཀྱི་བང་སོ་ཆུ་བོའི་གཞུང་ལ་བཏབ། དེ་ནས་རིམ་པར་ཕ་བུའི་ཚུལ་དུ། ཁྲི་བཙན། ཁྲི་དགྲ་དཔུང་བཙན། ཁྲི་རྗེ་ཐོག་བཙན་རྣམས་ འོག་གི་བཙན་གསུམ་ཡིན། འདི་རྣམས་ཀྱི་བང་སོ་གངས་དཀར་རྩེ་ལ་བཏབ། ཕྱི་མ་འདིའི་བུ་ ལྷ་ཐོ་ཐོ་རི་སྙན་ཤལ་ནི་འཕགས་པ་ཀུན་བཟང་གི་སྤྲུལ་པ་སྟེ་འདིས་ལོ་བརྒྱད་ཅུའི་བར་རྒྱལ་ སྲི ད་བསྐྱངས། ཕོ་བྲང་ཡུམ་བུ་བླ་མཁར་རྩེར་བཞུགས་སྐབས་དམ་པ་ཆོས་ཀྱི་དབུ་བརྙེས་ ཚུལ། ནམ་མཁའ་ནས་མདོ་ཟ་མ་ཏོག ཡིག་དྲུགསྤང་སྐོང་ཕྱག་རྒྱ་པ། གསེར་གྱི་མཆོད་རྟེན་ ཁྲུ་གང༌། ཚིནྡྷ་མ་ཎི། སཱཙྪ། སྐུ་སྤར། མུ་དྲའི་ཕྱག་རྒྱ་རྣམས་ཉི་ཟེར་ལ་འགྲོགས་ནས་ཕོ་བྲང་ གི་སྟེང་དུ་བབ། གདུང་རབས་ལྔ་ནས་འདིའི་དོན་ཤེས་པའི་རྒྱལ་པོ་འབྱུང་བར་ལུང་བསྟན། རྒྱལ་པོས་ཀྱང་ངོ་མཚར་སྐྱེས་ཏེ་དོན་མ་མཁྱེན་ཀྱང་གཉན་པོ་གསང་བ་ཞེས་མཚན་གསོལ་ ནས་ཁྲི་ལ་བཞག་ཏེ་མཆོད་པ་ཕུལ། དེའི་སྟོབས་ཀྱིས་རྒྱལ་པོ་སླར་སྐུ་གཞོན་ཤ་ཅན་དུ་གྱུར། ལོ་བརྒྱ་དང་ཉི་ཤུ་ཐུབ། མཐར་དེའི་བང་སོ་ཕྱིང་ཡུལ་དར་ཐང་དུ་བཏབ། ཧོར་རྒྱལ་ཚུལ། ཧོར་གྱི་རྒྱལ་པོ་ཐོག་མ། གནམ་གྱི་བུ་སྦོར་ཐ་ཆེ། དེའི་བུ་ཁུ་ཆེ་མེར་ཁན། དེ་བཞིན་དུ་སྔ་ཕྱི་ཕ་ 5-1-349 བུའི་ཚུལ་དུ་རིམ་པར་སྨོས་ན་ཨའུ་འཇམ་སྦོར་མོ་འོལ། ཨོ་ཀ་དེ་ནུབ། སེམས་ཇའོ་ཅི། ངབ་ ཆུ། དོར་བུན་མེར་ཁན། ནག་པོ་ཨ་མ་ན། ཁོམ་པ། བོ་ངོན་ཆར་མུ་ལག ག་བི་ཆེ། སྦེ ར་ཁེར། མ་ནན་ཐོ་དོན། གའི་ཐུ་གན། བའི་ཤིང་དོར། དགེ་ཤིང༌། བུ་དུམ་བི་ནའི་ཁན། གམ་བུ་ཁན། བར་ཐན་དུར། ཡེ་ཤུན་དཀའ་དུར། ཐའི་ཛུང་ཇིང་ཁི། དེ་རྣམས་རྒྱལ་པོ་སྔ་མ་སྔ་མའི་བུ་ཕྱི་མ་ ཕྱི་མའི་རྒྱལ་པོ་རྣམས་ཡིན། འདི་ནས་གོང་སྨོས་བཞིན་ཧོར་ཇིང་གུར་རྒྱལ་པོ་ལ་ཐུག་གོ། བོད་དུ་བསྟན་འཛིན་བྱོན་རིམ་ལ། ཐོག་མར། གསང་སྔགས་རྙིང་མའི་སློབ་དཔོན་པདྨ་ འབྱུང་གནས་བསྟན་པ་སྔ་དར་དུ་གངས་ལྗོངས་སུ་ཕེབས། གང་གི་དངོས་སློབ་རྗེ་འབངས་ ཉེར་ལྔ་ནི། ཉི་ཟེར་ལ་ཆིབས་ནམ་མཁའི་སྙིང་པོ། །བྲག་ལ་ཕུར་འདེབས་སངས་རྒྱས་ཡེ་ཤེས། །རྟ་སྐད་སྒྲོག་མཛད་རྒྱལ་བ་མཆོག་དབྱངས། །བསད་རོ་བསླང་མཛད་མཁར་ཆེན་མཚོ་རྒྱལ། །མ་མོ་བྲན་འཁོལ་དཔལ་གྱི་ཡེ་ཤེས། །ལྷ་སྲི ན་བྲན་འཁོལ་དཔལ་གྱི་སེང་གེ །ཡེ་ཤེས་སྤྱན་ ལྡན་བཻ་རོ་ཙ་ན། །ཏིང་འཛིན་མཆོག་གྲུབ་ཁྲི་སྲོང་ལྡེའུ་བཙན། །རྟོགས་པ་མཆོག་ལྡན་གཡུ་སྒྲ་ སྙིང་པོ། །རྫུ་འཕྲུལ་མཆོག་ལྡན་ཛྙཱ་ན་ཀུ་མ་ར། །རླུང་ལྟར་ཐོགས་མེད་རྡོ་རྗེ་བདུད་འཇོམས། །མཁའ་སྤྱོད་གནས་གཤེགས་ཡེ་ཤེས་དབྱངས་རྗེ། །གཅན་གཟན་གཉའ་འཛིན་སོག་པོ་ལྷ་ དཔལ། །བྱ་ལྟར་མཁའ་ལྡིང་སྣ་ནམ་ཡེ་ཤེས། །ཕུར་གདེངས་ཚད་གུམ་དཔལ་གྱི་དབང་ཕྱུག །མི་བརྗེད་གཟུངས་ཐོབ་ལྡན་མ་རྩེ་མང༌། །གཞན་སེམས་ཀུན་ཤེས་སྐ་བ་དཔལ་བརྩེགས། །ཆུ་བོ་གྱེན་བཟློག་ཤུད་བུ་དཔལ་སེང༌། །རོ་ལངས་གསེར་བསྒྱུར་རྒྱལ་བའི་བློ་གྲོས། །ནམ་ མཁའི་བྱ་ཟིན་ཁྱེའུ་ཆུང་ལོ་ཙཱ། །གཡག་རྒོད་འགུགས་བྱེད་དྲན་པ་ནམ་མཁའ། །ཆུ་ལ་འཛུལ་ མཛད་འོ་བྲན་དབང་ཕྱུག །ཕ་བོང་ཟན་ཟ་རྨ་ཐོག་རིན་ཆེན། །རི་བྲག་ཐོགས་མེད་དཔལ་གྱི་ རྡོ་རྗེ། །ཐོག་ཆེན་མདའ་འཕེན་ལང་གྲོ་དཀོན་མཆོག །མཁའ་ལ་སྐྱིལ་འདུག་རྒྱལ་བ་བྱང་ ཆུབ། །རྣམས་སྟེ་རྗེ་གཅིག་འབངས་ཉེར་ལྔའོ། །དེ་སོགས་སྔ་འགྱུར་བཀའ་ཕྱོགས་ཀྱི་རིག་ 5-1-350 འཛིན་མང་པོ་དང༌། སངས་རྒྱས་བླ་མ་ནས་གཏེར་སྟོན་བརྒྱ་རྩ་རིམ་བྱོན་སོགས་ཆེས་ཁྱད་ པར་བའི་སྔགས་འཆང་ཕོ་མོ་འབྱམས་ཀླས་པ་བྱོན་ལ། ས་སྐྱ་པའི་གདུང་རབས་ཆོས་བརྒྱུད་ལ། ཐོག་མར། འཇམ་དབྱངས་སྤྲུལ་པ་གནམ་ལྷ་ གཡུ་རིང༌། དེའི་སྲས་མ་སང་སྤྱི་རྗེ། དེའི་སྲས་ཐོག་ཚ་དཔའ་བོ། དེའི་སྲས་ཀླུ་ཚ་སྟག་པོ་འོད། དེའི་སྲས་གཡའ་སྤང་སྐྱེས་ཏེ་ལྔ། ལྷའི་གདུང་རིགས་ཡིན། དེ་བཞིན་རིམ་པར། འཁོན་བར་ སྐྱེས་འཁོན་དཀོན་རྗེ་གུང་སྟགའཁོན་རྡོ་རྗེ་རིན་ཆེན། འཁོན་ཡོན་ཏན་འབྱུང་གནས། འཁོན་ ཚུལ་ཁྲིམས་རྒྱལ་པོ། འཁོན་གཙུག་ཏོར་ཤེས་རབ། འཁོན་དགེ་སྐྱབས། འཁོན་དགེ་མཐོང༌། འཁོན་བལ་བོ། འཁོན་ཤཱཀྱ་བློ་གྲོས། འཁོན་དཀོན་མཆོག་རྒྱལ་པོ་ཡན་ཆད་འཁོན་གྱི་གདུང་ རིགས་སྔ་ཕྱི་རྣམས་ཡབ་སྲས་ཡིན། འཁོན་གྱི་སྲས་ས་ཆེན་ཀུན་དགའ་སྙིང་པོ། ཀུན་སྙིང་གི་ སྲས་བཞི་སྟེ། ཀུན་དགའ་འབར། བསོད་ནམས་རྩེ་མོ། གྲགས་པ་རྒྱལ་མཚན། དཔལ་ཆེན་ འོད་པོ་ཆེ་དང་བཞི། འོད་པོའི་སྲས་ས་པཎ་ཀུན་དགའ་རྒྱལ་མཚན། ཟངས་ཚ་བསོད་ནམས་ རྒྱལ་མཚན་གཉིས། ཟངས་ཚའི་སྲས། འགྲོ་མགོན་ཕྱག་ན། རིན་ཆེན་རྒྱལ་མཚན། ཡེ་ཤེས་ འབྱུང་གནས་གསུམ། ཡེ་ཤེས་ཀྱི་སྲས་བདག་ཉིད་ཆེན་པོ་བཟང་པོ་དཔལ་ཡིན། བཟང་ དཔལ་ལ་སྲས་བཅུ་གཉིས་ཡོད་པ་ལས་ཆུང་ཤོས་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་སྟེ་ འདིས་སྙེ་ཐང་ཆོས་རྫོང་དགོན་བཏབ། ཙོང་ཁ་པས་བདེ་མཆོག་དྲིལ་བུའི་དབང་ཞུས། བཟང་ དཔལ་གྱི་སྲས་ཀུན་དགའ་ལེགས་པའི་འབྱུང་གནས། དེའི་སྲས་དབང་གྲགས་པ་རྒྱལ་མཚན་ ནས་རིམ་པར། དབང་རྣམ་སྲས་རྒྱལ་མཚན། དབང་ནམ་མཁའ་ལེགས་པའི་དཔལ། ནམ་ མཁའ་རྒྱལ་མཚན་དཔལ་བཟང༌། ནམ་མཁའ་བཀྲ་ཤིས་རྒྱལ་མཚན། འཇམ་དབྱངས་ཚེ་ བརྟན་བཀྲ་ཤིས། སྔགས་འཆང་ཀུན་དགའ་རིན་ཆེན། སྔགས་འཆང་གྲགས་པ་བློ་གྲོས་རྒྱལ་ མཚན། སྔགས་འཆང་ངག་དབང་ཀུན་དགའ་བསོད་ནམས། སྔགས་འཆང་བསོད་ནམས་ 5-1-351 དབང་ཕྱུག སྔགས་འཆང་ཀུན་དགའ་བཀྲ་ཤིས། སྔགས་འཆང་བསོད་ནམས་རིན་ཆེན། སྔགས་འཆང་ངག་དབང་ཀུན་དགའ་བློ་གྲོས་ཀྱི་བར་རྣམས་ཡབ་སྲས་རིམ་བཞིན་ཡིན་ཞིང༌། ཀུན་བློ་ལ་སྲས་སྐུ་མཆེད་གཉིས་ལས། ཆེ་བ་ངག་དབང་ཀུན་དགའ་སངས་རྒྱས་བསྟན་པའི་ རྒྱལ་མཚན། ཀློང་རྡོལ་བླ་མ་བློ་བཟང་དང་དུས་མཉམ་མོ། །ཀུན་སྙིང་བསོད་ནམས་རྩེ་མོ། གྲགས་པ་རྒྱལ་མཚན་གསུམ་དཀར་པོ་རྣམ་གསུམ་དང༌། ས་པཎ། ཆོས་རྒྱལ་འཕགས་པ། བླ་མ་དམ་པ་གསུམ་དམར་པོ་རྣམ་གསུམ་ཞེས་ཟེར། དེ་ལས་དང་པོ་ལྔ་ལ་གོང་མ་རྣམ་ལྔའང་ ཟེར་རོ། །ས་སྐྱའི་ཆོས་བརྒྱུད་ཀྱི་རིམ་པ་གྲགས་ཆེན་ངོར་གོང་ཚར་གསུམ་ཀྱང་དཔལ་ལྡན་ བླ་མ་བསོད་ནམས་རྒྱལ་མཚན་ལས་གྱེས་པ་སྟེ། དེ་ཡང་ངོར་བ་དཔལ་ལྡན་བླ་མ་ནས་སློབ་བརྒྱུད་རིམ་པར། མཁས་བཙུན་དཔལ་ལྡན་ ཚུལ་ཁྲིམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་ཀུན་དགའ་བཟང་པོ། མུས་ཆེན་ དཀོན་མཆོག་རྒྱལ་མཚན། ངོར་བ་ངག་དབང་ཀུན་དགའ་ལྷུན་གྲུབ། ངོར་བ་ཐར་རྩེ་ནམ་ མཁའ་དཔལ་བཟང་སོགས་དང༌། གོང་དཀར་བ་དཔལ་ལྡན་བླ་མ་ནས་རིམ་པར། ས་བཟང་ མ་ཏི་པཎ་ཆེན། ཐེག་ཆེན་ཆོས་ཀྱི་རྒྱལ་པོ། བྲག་ཐོག་བསོད་ནམས་བཟང་པོ། རྡོ་རྗེ་གདན་ པ་ཀུན་དགའ་རྣམ་རྒྱལ་སོགས་དང༌། ཚར་བ་དཔལ་ལྡན་བླ་མ་ནས་རིམ་པར། ཡར་ལུང་སེང་གེ་རྒྱལ་མཚན། བདག་ཆེན་བློ་ གྲོས་རྒྱལ་མཚན། ལམ་འབྲས་འཚོགས་བཤད་མཛད་མཁན། རྡོ་རིང་ཀུན་སྤངས་ཆེན་པོ། ཚར་ཆེན་བློ་གསལ་རྒྱ་མཚོ། རྗེ་མཁྱེན་བརྩེ་དབང་ཕྱུག མང་ཐོས་ཀླུ་སྒྲུབ་རྒྱ་མཚོ། མགོན་ པོ་བསོད་ནམས་མཆོག་ལྡན། བྱམས་པ་ངག་དབང་ལྷུན་གྲུབ། སྨོར་ཆེན་ཀུན་དགའ་འབྱུང་ གནས། གནས་གསར་ཀུན་དགའ་ལེགས་འབྱུང་སོགས་སོ། ། དེ་ལས་བློ་གསལ་རྒྱ་མཚོའི་སྐུ་ཕྲེང་ནི། བཀའ་འགྱུར་པ་མགོན་པོ་བསོད་ནམས་མཆོག་ 5-1-352 ལྡན། གནས་གསར་ཀུན་དགའ་ལེགས་འབྱུང་སོགས་སོ། ། གཞན་ཡང་ས་སྐྱའི་ཆོས་ལུགས་རྫོང་བ་ནི་དཔལ་ལྡན་བླ་མ་ནས་རིམ་པར། རྫོང་ཆུང་བ་ སྔགས་འཆང་གཟུངས་ཀྱི་དཔལ་བ། ཆོས་རྗེ་བཟང་པོ་རྒྱལ་མཚན་རྫོང་ཆུང་བྱམས་པ་རྡོ་རྗེ་ རྒྱལ་མཚན། ཞ་ལུ་རིན་ཆེན་བསོད་ནམས་མཆོག་གྲུབ་སོགས་སོ། ། ཇོ་བོ་བཀའ་གདམས་རིམ་བྱོན་ལ། ཐོག་མར། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་དགུང་ ལོ་ལྔ་བཅུའི་ཐོག་བོད་བསྟན་པ་ཕྱི་དར་དུ་བྱོན་ནས་ལོ་བཅུ་བདུན་བཞུགས། དེའི་དངོས་ སློབ། སྐྱིད་ཤོད་སྟོད་ལུང་དུ་འཁྲུངས་པ་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་དགུང་ལོ་རེ་ བཞིར་བཞུགས་པ། ཡར་འབྲོག་ཏུ་འཁྲུངས་པ་རྔོག་སྟོན་ལེགས་པའི་ཤེས་རབ། ཐང་བོ་ཆེའི་ འདབས་སུ་འཁྲུངས་པ་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་སྟེ། བོད་ཀྱི་སྟོན་པ་གསུམ། ཆོས་ རྒྱལ་གདུང་བརྒྱུད་ལྷ་བླ་མ་བྱང་ཆུབ་འོད། ལོ་ཆེན་རིན་ཆེན་བཟང་པོ་དགུང་ལོ་གོ་བདུན་ བཞུགས་པ། ལོ་ཙཱ་རྒྱ་བརྩོན་འགྲུས་སེང་གེ ནག་ཚོ་ལོ་ཙཱ་ཚུལ་ཁྲིམས་རྒྱལ་བ། གཙང་ནས་ མགར་དགེ་བ། འགོས་ཁུག་པ་ལྷས་བཙས། ལྷོ་བྲག་ནས་དགེ་བ་སྐྱོང༌། རྗེ་མི་ལའི་སྐུ་གོང་ མ་ཕྱག་ཁྲི་མཆོག ཁམས་དཔལ་ལྡན་མའི་དགོན་པ་བ་དབང་ཕྱུག་རྒྱལ་མཚན། ཤེས་རབ་ རྡོ་རྗེ། ཕྱག་དར་སྟོན་པ། ཨ་མེས་བྱང་ཆུབ་རིན་ཆེན་སྟེ་ཁམས་པ་བཞི། ཡེར་བ་ལྷ་རིའི་རྒྱབ་ འཕན་ཡུལ་བ་ཤཱཀྱ་དབང་ཕྱུག ཡོལ་ཆོས་དབང་སྐུ་མཆེད་གཉིས་དང་གསུམ། བྱམས་པའི་ སྤྲུལ་པར་གྲགས་པ་ཞང་སྣ་ནམ་པ། ཡེར་བའི་ཞང་བཙུན་ཏེ་ཉི་ཤུ་པོ་ཇོ་བོའི་དངོས་སློབ་ཡིན། དེ་ལས་འབྲོམ་གྱི་དངོས་སློབ་འཕན་ཡུལ་དུ་འཁྲུངས་པ་པོ་ཏོ་རིན་ཆེན་གསལ་དགུང་ལོ་ དོན་ལྔ་བཞུགས་པ། སྟོད་ལུང་དུ་འཁྲུངས་པ་སྤྱན་སྔ་ཚུལ་ཁྲིམས་འབར་དགུང་ལོ་རེ་དྲུག་ཏུ་ བཞུགས་པ། འཕན་ཡུལ་དུ་འཁྲུངས་པ་ཕུ་ཆུང་བ་གཞོན་ནུ་རྒྱལ་མཚན་དགུང་ལོ་དོན་བརྒྱད་ དུ་བཞུགས་པ་སྟེ། འབྲོམ་སློབ་སྐུ་མཆེད་གསུམ། པོ་ཏོ་བའི་སློབ་མ་འོད་དཔག་མེད་ཀྱི་སྤྲུལ་ 5-1-353 པ་དགེ་བཤེས་གླང་རི་ཐང་བ་རྡོ་རྗེ་སེང་གེ་དགུང་ལོ་བདུན་ཅུ་བཞུགས་པ། ཤ་ར་བ་ཡོན་ ཏན་གྲགས་དགུང་ལོ་དོན་གཉིས་བཞུགས་པ། བེའུ་བུམ་སྔོན་པོའི་རྩ་བ་སྒྲིག་མཁན་བཤེས་ གཉེན་དོལ་པ་རིན་ཆེན། ཁ་རག་སྒོམ་ཆུང་དབང་ཕྱུག་བློ་གྲོས། ཟངས་ཆེན་དར་མ་འོད་ཟེར་ བསོད་ནམས། མཚོ་སྣ་བ་ཤེས་རབ་བཟང་པོ། མོན་གྲྭ་ཚུལ་ཁྲིམས་བཀྲ་ཤིས། དགེ་བཤེས་ ཉུག་རུམ་པ་བརྩོན་འགྲུས་འབར། དགེ་བཤེས་ཝ་བྲག་དཀར་བ་རྣམས་སོ། ། དགོན་པ་བའི་སློབ་བུ་བཞི་ནི། ཞང་སྣེ ་ཟུར་བ་ཡེ་ཤེས་འབར། དགེ་བཤེས་ཀ་མ་ཤེས་ རབ་འོད། ཉན་སྣ་མོ་བ་འབན་གུང་རྒྱལ་དང་བཞིའོ། །སྤྱན་སྔ་བའི་སློབ་མ་སྟོད་ལུང་གི་བྱ་ ཡུལ་བ་གཞོན་ནུ་འོད་མང་ར་དགོན་འདེབས་མཁན། ཁམས་ལུང་བ་ཤཱཀྱ་ཡོན་ཏན། ཤྭ་ཕོ་ སྒང་བ་པདྨ་བྱང་ཆུབ་དགུང་ལོ་རེ་ལྔ་བཞུགས་པ། སྟོད་ལུང་བ་རིན་ཆེན་སྙིང་པོ་རྣམས་དང༌། དེའི་སློབ་མ་ཐར་བ་ཕག་སྒོམ་མོ། ཕུ་ཆུང་བས་སློབ་མ་མ་བསྐྱངས། ཤ་ར་བའི་སློབ་མ་བཀའ་ བབས་བཞི་ནི། བྱང་ཆུབ་སེམས་ཀྱི་བཀའ་བབས་འཆད་ཀ་བ་ཡེ་ཤེས་རྡོ་རྗེ། རྣམ་ཐར་ བཀའ་བབས་གཙང་སྣར་ཐང་འདེབས་པོ་གཏུམ་སྟོན་བློ་གྲོས་གྲགས། ལོངས་སྤྱོད་བཀའ་ བབས་རྣལ་འབྱོར་པ་ཤེས་རབ་རྡོ་རྗེ། ཕྲིན་ལས་བཀའ་བབས་སྲབ་ཀ་བ་དར་མ་གྲགས་དང་ བཞིའོ། ། ཇོ་བོའི་སློབ་མ་ལེགས་པའི་ཤེས་རབ་ཀྱི་སྤུན་ཆོས་སྐྱབས་ཀྱི་སྲས་རྔོག་ལོ་ཙཱ་བ་བློ་ལྡན་ ཤེས་རབ་དགུང་ལོ་ང་གཅིག་བཞུགས་པ། དེའི་སློབ་མ་གཞུང་བཤད་མཁན་པོ་འབྲེ ་ཤེས་ རབ་འབར། ཨར་བྱང་ཆུབ་ཡེ་ཤེས། གྲོ་ལུང་བ་བློ་གྲོས་འབྱུང་གནས། ཤེའུ་སྒང་བ་བློ་གྲོས་ བྱང་ཆུབ། ཞང་ཚེ་སྤོང་ཆོས་ཀྱི་བླ་མ། ཁྱུང་རིན་ཆེན་གྲགས་རྣམས་དང༌། ཤེའུ་སྒང་བའི་སློབ་ མ་ཆ་བ་ཆོས་སེང་ཡང་ལོ་ཙཱ་བའི་སློབ་མ་ཡིན། ཆ་བའི་སློབ་མ་བརྒྱད་ནི། གཙང་ནག་བརྩོན་འགྲུས་སེང་གེ དན་བག་སྨྲ་བའི་སེང་གེ 5-1-354 མྱང་བྲན་ཆོས་ཀྱིས་སེང་གེ འབྲུ་ཚ་བསོད་ནམས་སེང་གེ རྨ་བྱ་མྱོང་བའི་སེང་གེ རྩ་བ་དབང་ ཕྱུག་སེང་གེ ལྡན་མ་དཀོན་མཆོག་སེང་གེ གཉལ་བ་ཡོན་ཏན་སེང་གེ་དང་བརྒྱད་དོ། ། རྔོག་ལོའི་སློབ་མ་ཞང་ཡེ་བ། དེའི་སློབ་མ་གཉལ་ཞིག་པ། དེའི་སློབ་མ་གསང་ཕུ་གླིང་ སྟོད་ཞབས་དྲུང་རྒྱ་ཆིང་ཏུ་བས་མཉེས་ཐང་བདེ་ཅན་དགོན་བཏབ། དགོན་དེའི་ཐུགས་ གཉེར་ཆོས་རྗེ་དོན་གྲུབ་རིན་ཆེན་ཟེར་བས་རྗེ་ཙོང་ཁ་པ་སྐུ་ཆུང་དུས་སུ་སྐྱོང་བར་མཛད། རྗེ་ ཉིད་ཀྱིས་ཕྱིས་སུ་ཐོག་མར་ཆོས་གྲྭ་མཛད་པའི་དགོན་ཡིན། མཐར་དགོན་དེར་རྨར་ཁམས་ གྲགས་བཟང་དང་གྲྭ་ཆུང་བ་སོགས་ཀྱིས་སྟག་ཚང་ར་བ་བསྟོད་པའི་འདུས་སྡེ་བཙུགས་སོ། ། ཤ་ར་བ་དང་དུས་མཉམ་འཕན་ཡུལ་རྒྱལ་ལྷ་ཁང་བ་ཞང་བ་ཚབ་ཉི་མ་གྲགས་འཕགས་ ཡུལ་དུ་ལོ་ཉེར་ལྔ་དང་ཁ་ཆེ་སོགས་སུ་བྱོན་པ་དེས་ཀླུ་སྒྲུབ་ལུགས་ཀྱི་བསྟན་བཅོས་དུ་མ་ བསྒྱུར། དེའི་སློབ་མ་བཀའ་བབས་བཞི་ནི། ཚིག་ལ་མཁས་པ་ཤེའུ་རྒང་བ། དོན་ལ་མཁས་ པ་གཙང་བ་བགྲེ་བསྒུར། ཚིག་དོན་གཉིས་ཀ་ལ་མཁས་པ་རྨ་བྱ་བྱང་བརྩོན། ཞང་ཐང་སག་ པ་དང་བཞིའོ། ། བཀའ་གདམས་ཆོས་གྲྭ་དབུས་སུ་དགའ་སྐྱོ་ཟུལ་གསུམ། བདེ་གསང་གུང་གསུམ་དུ་ གྲགས་ཀྱང་དབྱར་ཆོས་སྐབས་མ་གཏོགས་འདུས་སྡེ་ཆེར་མི་འདུག ལེགས་པའི་ཤེས་རབ་ ཀྱི་གདན་ས་གསང་ཕུ་གླིང་སྟོད་ལ་གྲྭ་ཚང་ཉི་མ་ཐང་བ། སྤེ་སེར་བ། རྣམ་ར་བ། གསེར་ཁང་ བ། ཁུ་སེ་བ་དང་ལྔ། གླིང་སྨད་ལ་གྲྭ་ཚང་ར་བ་སྟོད་པ། ཉག་རང་གར་སྨད་པ། ཕྲེང་སོ་ཞི་བ། འཕན་ཡུལ་གླིང་བ། གནས་སྒོ་བ་དང་ལྔའོ། །དེ་ལས། ཉག་རོང་ར་སྟོད། ཉི་ཐང༌། སྤེ་སེར་ བཞི་དགེ་ལུགས་པ། ལྷག་མ་དྲུག་ས་སྐྱ་བ་ཡིན་ནོ། ། བཀའ་བརྒྱུད་ཕྱག་ཆེན་པའི་ཆོས་བརྒྱུད་གྱི་རིམ་པ། འབྲི ་གུང༌། འབྲུག་པ། སྟག་ལུང༌། མཚུར་ཕུ་བཞི་ལ་བཀའ་བརྒྱུད་ཡ་བཞི་ཟེར། དེ་ལས་འབྲི་གུང་བ་ནི། རྡོ་རྗེ་འཆང་ནས་སློབ་ 5-1-355 བརྒྱུད་ཏེ་ལོ་པ། ནཱ་རོ་པ། ལྷོ་བྲག་མར་བ་ལོ་ཙཱ། མི་ལ་བཞད་པའི་རྡོ་རྗེ། དྭགས་པོ་ཟླ་འོད་ གཞོན་ནུ། ཕག་མོ་གྲུབ་པ། འཇིག་རྟེན་གསུམ་མགོན་སྐྱུ་ར་རིན་པོ་ཆེ། གཉོས་རྒྱལ་བ་ལྷ་ ནང་བ། འགར་དམ་པ་དཔལ་ཆེན་ཆོས་ཡེ་སྟེ་གཉོས་འགར་ཆོས་གསུམ། འབྲུག་པ་ནི། རྡོ་རྗེ་ འཆང་ནས་གོང་བཞིན་ཕག་གྲུའི་བར། དེའི་སློབ་བརྒྱུད། གླིང་རས་པ་པདྨ་རྡོ་རྗེ་གསང་ཕུའི་ རྒྱབ་ཕྱོགས་སྣ་ཕུ་ལ་བཞུགས་པ། གཙང་བ་རྒྱ་རས་ཡེ་ཤེས་རྡོ་རྗེས་འབྲུག་ར་ལུང་གི་དགོན་ པ་བཏབ། རྒྱ་རས་ཀྱི་སློབ་མ། རྒྱལ་བ་ལོ་རས་པ། རྗེ་རྒོད་ཚང་བ་གཉིས་ཡིན། དེ་གཉིས་ ལས་རིམ་པར་སྨད་འབྲུག་སྟོད་འབྲུག་གཉིས་གྱེས་པའོ། ། སྟག་ལུང་བ་ནི། རྡོ་རྗེ་འཆང་ནས། ཕག་གྲུས་བར་དེའི་སློབ་བརྒྱུད། སྟག་ལུང་ཐང་བ་ རིན་ཆེན་བཀྲ་ཤིས་དཔལ་བྱང་སྟག་ལུང་འདེབས་མཁན། སྟག་ལུང་སྐུ་ཡལ་བ་རིན་ཆེན་ མགོན་པོ་སྟག་ལུང་ལྷ་ཁང་བཞེངས་མཁན་སངས་རྒྱས་ཡར་བྱོན་ཤེས་རབ་བླ་མས་ཐུབ་སྐུ་ ཆེན་པོ་བཞེངས་ཤིང་སེ་ལེ་རྒོད་ཚང་བཏབ་པ། སངས་རྒྱས་དབོན་གྱིས་ཁམས་རི་བོ་ཆེའི་ དགོན་པ་བཏབ་པ་རྣམས་སོ། ། མཚུར་ཕུ་ཀརྨ་ཀཾ་ཚང་གི་ཞྭ་ནག་ཀརྨ་པ་དུས་གསུམ་མཁྱེན་པ་དགུང་ལོ་གྱ་བཞིར་ བཞུགས་པ། དེའི་སྐུ་ཕྲེང་ཀརྨ་པཀྴི་དགུང་ལོ་བརྒྱད་ཅུར་བཞུགས་པ་དེ་བཞིན་དུ། རང་བྱུང་ རྡོ་རྗེ་དགུང་ལོ་ང་དྲུག་པ། རོལ་པའི་རྡོ་རྗེ་དགུང་ལོ་ཞེ་བཞི་པ། དེ་བཞིན་གཤེགས་པ་དགུང་ ལོ་སོ་གཉིས་པ། མཐོང་བ་དོན་ལྡན་དགུང་ལོ་སོ་བརྒྱད་པ། ཆོས་གྲགས་རྒྱ་མཚོ། མི་བསྐྱོད་ རྡོ་རྗེ། དབང་ཕྱུག་རྡོ་རྗེ། ཆོས་དབྱིངས་རྡོ་རྗེ། ཡེ་ཤེས་རྡོ་རྗེ། བྱང་ཆུབ་རྡོ་རྗེ། བདུད་འདུལ་རྡོ་ རྗེ། ཐེག་མཆོག་རྡོ་རྗེ། མཁའ་ཁྱབ་རྡོ་རྗེ། རིག་པའི་རྡོ་རྗེ་རྣམས་སོ། ། ཞྭ་དམར་ཀརྨ་པ་གྲགས་པ་སེང་གེ་དགུང་ལོ་རེ་བདུན་པ། དེ་བཞིན་དུ། མཁའ་སྤྱོད་ དབང་པོ་དགུང་ལོ་རེ་དྲུག་པ། ཆོས་དཔལ་ཡེ་ཤེས་དགུང་ལོ་ཞེ་བདུན་པ། ཆོས་གྲགས་ 5-1-356 ཡེ་ཤེས། དཀོན་མཆོག་ཡན་ལག ཆོས་ཀྱི་དབང་ཕྱུག ཡེ་ཤེས་སྙིང་པོ། ཆོས་ཀྱི་དོན་གྲུབ། དཀོན་མཆོག་ཆོས་ཀྱི་ཉི་མ། ཆོས་གྲུབ་རྒྱ་མཚོ་སོགས་སོ། ། བཀའ་བརྒྱུད་ཡ་བཞིའི་ངོས་འཛིན་དེ་ལྟར་ཀློང་རྡོལ་བླ་མས་གསུངས་ལ། སྤྱིར་ནི། ཕག་ གྲུ་ཀརྨ། བྷ་རོམ། ཞང་ཚལ་བཞི་ལ་ཡ་བཞིར་ངོས་འཛིན་མཛད་པ་ཡོད། ཞྭ་དམར་ནག་དུས་ མཁྱེན་གྱི་སློབ་མ་དང་ཁོང་ཉིད་ཀྱི་སྐུ་འཕྲེང་ཡིན། ཤངས་པ་བཀའ་བརྒྱུད་ཀྱི་བརྒྱུད་པ་རིན་ ཆེན་བདུན་ནི། རྡོ་རྗེ་འཆང༌། ནཱ་རོ་པའི་ལྕམ་མཁའ་འགྲོ་ནེ་གུ་མ། མཁས་གྲུབ་ཁྱུང་པོའི་རྣལ་ འབྱོར་དགུང་ལོ་བརྒྱ་ཉི་ཤུ་བཞུགས་པ། རྨོག་ཅོག་རིན་ཆེན་བརྩོན་འགྲུས། དབོན་སྟོན་སྐྱེ་ སྒང་པ་དྷརྨ་སེང་གེ གཉན་སྟོན་སྦས་པའི་རྣལ་འབྱོར། ཆོས་རྗེ་སངས་རྒྱས་སྟོན་པ་རྣམས་ སོ། ། ཟབ་མོའི་གཅོད་ཡུལ་བ། ཡུམ་ཆེན་སྤྲུལ་པ་མ་ཅིག་ལབ་ཀྱི་སྒྲོལ་མ་ལོ་ཙཱ་བ་ཁེ་གར་ འཁོར་ལོ་གྲགས་དང་སྐུ་མཆེད་ཡིན་ཞིང་ཕ་དམ་པའི་སློབ་མ་དང་ཡུམ་དུ་གྱུར་དགུང་ལོ་གོ་ གཅིག་ཏུ་བཞུགས། དེའི་སྲས་ཆེ་བ་རྒྱལ་བ་དོན་གྲུབ། འབྲི ང་པོ་གྲུབ་ཆུང༌། ཆུང་བ་ཡང་གྲུབ་ གསུམ། སྲས་མོ་ཀོང་ལྕམ་དཔལ་རྒྱན། ལ་ལྕམ་འབུམ་མཚོ་རྒྱན། ཉང་མ་བསོད་ནམས་རྒྱན་ དང་གསུམ། སྲས་མོ་ཕྱི་མ་ཐོགས་མེད་སྐུ་མཆེད་ཀྱི་མ་ཡུམ་གསལ་བའི་ཚུལ་ཁྲིམས་ཀྱི་སྐྱེ་ བར་གྲགས་སོ། ། ཇོ་ནང་བརྒྱུད་རིམ་ལ། དང་པོ། མདོ་ཕྱོགས་ནི། རྒྱལ་བ་ཤཱཀྱ་ཐུབ་པ། རྒྱལ་ཚབ་བྱམས་ པ། འཕགས་པ་ཐོགས་མེད། སློབ་དཔོན་དབྱིག་གཉེན། གངྒ་མཻ་དྲིའི་ཞབས། ཨ་ཝ་དྷཱུ་ཏི་པ་ དགའ་བ་གྲགས་པའི་དཔལ། ཁ་ཆེ་བ་འབྱུང་གནས་ཞི་བའི་ཞབས། བྲམ་ཟེ་སཛྫ་ན། བོད་ གཟི་ལོ་ཙཱ་བ་དགའ་བའི་རྡོ་རྗེ། བཙན་རིགས་ཁའོ་ཆེ་དྲི་མེད་ཤེས་རབ། ལ་སྟོད་པ་དར་མ་ བརྩོན་འགྲུས། དོལ་པ་གཉན་ཡེ་ཤེས་འབྱུང་གནས། འཇད་སྟོན་བྱང་ཆུབ་སྐྱབས། མཆེད་ 5-1-357 གཞོན་ནུ་བྱང་ཆུབ། སྐྱོ་སྟོན་པ་སྨོན་ལམ་ཚུལ་ཁྲིམས། བཅོམ་ལྡན་རིག་པའི་རལ་གྲི། སྐྱི་ སྟོན་འཇམ་དབྱངས་ཆེན་པོ། ཀུན་མཁྱེན་ཇོ་ནང་པའོ། ། གཉིས་པ་སྔགས་ཕྱོགས་ནི། སངས་རྒྱས་ཆོས་དབྱིངས་གསུང་གི་དབང་ཕྱུག་ཆོས་རྒྱལ་ ཟླ་བ་བཟང་པོ་ནས། ཆོས་རྒྱལ་ཆེན་པོ་བདུན་དང༌། རིགས་ལྡན་འཇམ་དཔལ་གྲགས་པ་ ནས། རྒྱལ་དཀའི་བར་དང༌། དུས་ཞབས་ཆེན་པོ་འཇམ་པའི་རྡོ་རྗེ། དུས་ཞབས་ཆུང་བ་ དཔལ་བཟང་པོ། དེའི་སྲས་བྱང་ཆུབ་བཟང་པོ། དེའི་སློབ་མ་པཎ་ཆེན་ཟླ་བ་མགོན་པོ། བོད་ དུ། འབྲོ་ལོ་ཙཱ་བ་ཤེས་རབ་གྲགས། བླ་མ་ལྷ་རྗེ་སྒོམ་པ་དཀོན་མཆོག་བསྲུང༌། བླ་མ་སྒྲོ་སྟོན་ གནམ་བརྩེགས། གྲུབ་ཆེན་ཡུ་མོ་མི་བསྐྱོད་རྡོ་རྗེ། དེའི་སྲས་ཆོས་ཀྱི་དབང་ཕྱུག དེའི་སློབ་ ཆེན་ནམ་མཁའ་འོད་ཟེར། ཆོས་ཀྱི་དབང་ཕྱུག་གི་སྐུ་སྲས་ལྕམ་མ་ཅིག་སྤྲུལ་སྐུ་ཇོ་འབུམ། དེའི་མིང་པོ་སེ་མོ་ཆེ་བ་ནམ་མཁའ་རྒྱལ་མཚན། དེའི་སློབ་མ་འཇམ་གསར་པ་ཤེས་རབ་འོད་ ཟེར། ཀུན་མཁྱེན་ཆོས་སྐུ་འོད་ཟེར། ཞང་ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས། བྱང་སེམས་ རྒྱལ་བ་ཡེ་ཤེས། མཁས་བཙུན་ཡོན་ཏན་རྒྱ་མཚོ། ཀུན་མཁྱེན་ཇོ་ནང་པ་ཆེན་པོའོ། །འདིར་ མདོ་སྔགས་ཀྱི་བརྒྱུད་པ་ཟུང་དུ་འབྲེ ལ། ཀུན་མཁྱེན་ཇོ་ནང་པ་ཤེས་རབ་རྒྱལ་མཚན། དེའི་ཐུགས་ཀྱི་བུ་ཆེན་བཅུ་བཞི་ནི། ཀུན་སྤངས་ཆོས་གྲགས་དཔལ། ལོ་ཙཱ་བ་བློ་གྲོས་ དཔལ། ས་བཟང་མ་ཏི་པཎ་ཆེན། འབྲི ་གུང་ལོ་ཙཱ་མ་ཎི་ཀ་ཤྲི། ཞང་སྟོན་རྒྱ་བོ་བསོད་ནམས་ གྲགས། ཐང་བོ་ཆེ་ཀུན་དགའ་འབུམ། སྨན་ཆུ་ཁ་བ་བློ་གྲོས་རྒྱལ་མཚན། ཆོས་རྗེ་རིན་ ཚུལ་བ། གྷ་རུང་བ་ལྷའི་རྒྱལ་མཚན། ཆོས་རྗེ་ཕུན་ཚོགས་དཔལ། ཐང་སྟོན་ཆུང་བ་བློ་གྲོས་ དཔལ། ཀུན་མཁྱེན་ཕྱོགས་ལས་རྣམ་རྒྱལ། ཉ་དབོན་ཀུན་དགའ་དཔལ། མཚལ་མིན་པ་ བསོད་ནམས་བཟང༌། ཡང་ཀུན་མཁྱེན་ཆེན་པོའི་སློབ་མ། མདོ་ཁམས་པ་བྱམས་པ་ཁ་བོ་ཆེ་སོགས་མདོ་སྨད་ 5-1-358 དང་དབུས་གཙང་མན་ཆད་ནས་སྤྱིར་འདུས་པ་ནི་ཆེས་གྲངས་མང་བས་ཇི་བཞིན་བརྗོད་ པར་ག་ལ་ལང༌། འོན་ཀྱང་རྗེ་ཇོ་ནང་པ་ཆེན་པོ་གང་གི་ཞལ་སྔ་ནས། ལུག་ལོའི་ནག་ཟླའི་ ཚེས་གསུམ་ནས་དབུ་མ་ཆེན་མོ་འབུམ་དུས་འཁོར་མ་རྫོགས་ལྡན་ལུགས་སུ་གསུངས་གནང་ མཛད་པའི་དབུ་བཙུགས་ཏེ་སྣྲོན་གྱི་ཟླ་བའི་ཚེས་བརྒྱད་བར་དུ་རྒྱ་ཆེར་ལེགས་བཤད་མཛད་ སྐབས་ཀྱི་ཆོས་ཐེབས་གཅིག་གི་སློབ་ཚོགས་ཀྱི་རིམ་པ། དགེ་བའི་བཤེས་གཉེན་བརྒྱ་ཕྲག་ གཅིག་དང་བརྒྱད་ཅུ་རྩ་གསུམ་ལྷག་གིས་མཚོན་ཆེས་མང་བྱོན་ཚུལ་ནི། བླ་མ་ཀུན་སྤངས་ ཆེན་པོ་ཆོས་གྲགས་དཔལ་བཟང་པོ་པ། བླ་མ་ཤར་བ་རིན་ཆེན་རྒྱལ་མཚན། བླ་མ་ལོ་ཙཱ་ བ་བློ་གྲོས་རྒྱལ་མཚན། བླ་མ་མཁན་ཆེན་ཕྱོགས་ལས་རྣམ་རྒྱལ་བ། མཁན་པོ་གནས་དྲུག་ པ་དགེ་འདུན་དཔལ་བ། བླ་མ་རྒྱལ་མཚན་འབྱུང་གནས་པ། བླ་མ་ཤངས་པ་དུས་འཁོར་པ་ རྡོ་རྗེ་སྙིང་པོ། མཁན་པོ་འོད་གསལ་ཆུང་བ། ལྷ་དབང་བློ་གྲོས་པ། སྣར་ཐང་པ་སློབ་དཔོན་ ཆེན་པོ་ངག་དབང༌། ཨེ་བ་བའི་སློབ་དཔོན་ནམ་མཁའ་ལེགས་པ། སྤྱི་བོ་ལྷས་པ་སློབ་དཔོན་ ཆེན་པོ་མགོན་པོ་གྲུབ་པ། སློབ་དཔོན་ཆེན་པོ་བསྟན་པའི་ཤེས་རབ་པ། ནག་ཕུག་པའི་སློབ་ དཔོན་ཆེན་པོ་རྒྱལ་སེང་བ། དོན་མོ་རི་བའི་སློབ་དཔོན་ཆེན་པོ་ནམ་མཁའ་བ། དངུལ་ཆུ་ པའི་བླ་མ་ཉེ་གཞོན་པ། བླ་མ་ཆོས་དབྱིངས་པ། བློ་གྲོས་རིན་ཆེན་པ། བླ་མ་ཟུར་ཁ་བ་ཡེ་ ཤེས་རྒྱལ་མཚན་པ། བླ་ལུང་དགོན་པར་བའི་བླ་མ་དགེ་འདུན་དཔལ་བ། གསལ་ཨེ་ཝཾ་བླ་ མ་ཆོས་བཟང་པ། འབུམ་པའི་བླ་མ་བསོད་ནམས་དཔལ་བ། ཤིང་འབར་ར་བའི་བླ་མ་རྒྱལ་ མཚན་དཔལ་བ། སིང་སིང་གྲལ་གྲལ་བའི་བླ་མ་རྒྱ་མཚོ། དཔལ་རི་བའི་བླ་མ་རྒྱལ་རིན་ པ། འཇང་དགའ་ལྡན་པའི་བླ་མ་སེང་གེ་དཔལ་བ། དཔོན་ཚང་པའི་བླ་མ་དགེ་འདུན་རྒྱལ་ མཚན་པ། སྒོ་ཕུབ་བའི་མཁན་པོ་རྒྱལ་མཚན་འབུམ་པ། མཁའ་སྤྱོད་པའི་བླ་མ་བརྩོན་སེང་ བ། བྲག་དཀར་བའི་བླ་མ་སྟོན་མཆོག་པ། དཔོན་ཚང་པའི་བློ་བཟང་བ། བཟང་ལྡན་པ་སློབ་ 5-1-359 དཔོན་མགོན་པོ་འབུམ་པ་དང༌། སློབ་དཔོན་སངས་རྒྱས་བཟང་པོ་པ། སློབ་དཔོན་ལོ་ཙཱ་བ་ བསོད་ནམས་བཟང་པོ། སློབ་དཔོན་དཔལ་བཟང་པ། རི་ཕུག་པ་སློབ་དཔོན་བཤེས་གཉེན་ པ་དང༌། སློབ་དཔོན་བློ་གྲོས་དཔལ། འཛིམ་བྲག་པོ་ཆེའི་བླ་མ་ཀུན་དགའ་དཔལ་བ། ཁ་ ཞུ་སྤང་ལུང་པའི་བླ་མ་ཆོས་ཉིད་རྒྱལ་མཚན་པ། གཞན་ཡང་ངམ་རིངས་པ་སློབ་དཔོན་བྱང་ ཆུབ་སེང་གེ ཉེ་གནས་འབུམ་སྐབས་ཀྱི་དཔོན་པོ་སློབ་དཔོན་ནམ་མཁའ་རྒྱལ་མཚན། སློབ་ དཔོན་ཉའི་དབོན་པོ་ཀུན་དགའ་དཔལ། སློབ་དཔོན་ཁམས་པ་རིན་ཆེན་མཆོག གསང་ ཕུ་ནེའུ་ཐོག་པའི་སློབ་དཔོན་བློ་གྲོས་རྒྱལ་མཚན། ལྡོང་དཀར་བ་སློབ་དཔོན་བསོད་ནམས་ བཟང་པོ། ཁམས་པ་སློབ་དཔོན་བསམ་གཏན་དཔལ། སློབ་དཔོན་ངག་དབང་གྲགས་པ། སློབ་དཔོན་འཇམ་དབྱངས། སློབ་དཔོན་སངས་རྒྱས་བཟང་པོ། དབུས་པ་སློབ་དཔོན་བསམ་ གཞོན། སྣར་ཐང་པ་སློབ་དཔོན་ཤེས་རབ་དཔལ། སློབ་དཔོན་རི་བྱང༌། སློབ་དཔོན་སེང་གེ་ རྒྱལ་མཚན། སློབ་དཔོན་གྲགས་པ་དཔལ། སློབ་དཔོན་གཞོན་ནུ་རྒྱལ་མཚན། སློབ་དཔོན་ ཚུལ་རྒྱལ། སློབ་དཔོན་དགེ་ལེགས་བཤེས་གཉེན། སློབ་དཔོན་གྲགས་པ་རྒྱལ་མཚན། སློབ་ དཔོན་ཀུན་དགའ་སེང་གེ སློབ་དཔོན་གྲགས་པ་རྒྱ་མཚོ། སློབ་དཔོན་མཆོག་ལྡན། བདེ་ ཆེན་པ་སློབ་དཔོན་ཞང་རྒྱལ་མཚན་དཔལ། སློབ་དཔོན་རྡོ་རྗེ་སྐྱབས། སློབ་དཔོན་ཆོས་རིན། སྤྱི་བོ་ལྷས་པ་སློབ་དཔོན་ཤེ སློབ་དཔོན་ནམ་མཁའ་རྒྱལ་མཚན། སློབ་དཔོན་སངས་རྒྱས་ རྒྱལ་མཚན། བླ་ལུང་ཟེར་ཁ་བའི་དབོན་པོ་སློབ་དཔོན་དཔལ་ལྡན་བཟང་པོ། ང་ཕྱར་གླང་མ་ ལུང་པ་སློབ་དཔོན་སངས་རྒྱས་གྲགས་དང༌། དགེ་སློང་བློ་གྲོས་བཟང་པོ། སློབ་དཔོན་བསོད་ ནམས་དཔལ་ལྡན། སློབ་དཔོན་བསོད་རྒྱལ། ཤངས་པ་བླ་མ་རྡོ་རྗེ་པའི་དབོན་པོ་སློབ་དཔོན་ བྱམས་པ། བླ་མ་གང་བ་ཤེས་རབ་བཟང་པོ། བླ་མ་རིན་ཆེན་དཔལ་བཟང་པོ། གྱ་ས་རིག་ ཚང་བ་བླ་མ་བདེ་ལེགས་རྒྱལ་མཚན། ཞལ་ལུང་པ་སློབ་དཔོན་འཕགས་པ་ནམ་ཚུལ། མཚུར་ 5-1-360 ཕུ་བ་དཀའ་བཞི་པ་སེང་གེ་རྒྱལ་མཚན། གཙང་པོ་བྲག་ནག་པ་སྟོན་བསམ་འགྲུབ་དཔལ། ངམ་རིངས་པ་བསྟན་པ་ཆོས་སྐྱོང་དཔལ་དང༌། སྟོན་པ་ཆོས་བཟང༌། གློ་བོའི་སྣ་ཚ་བ་སློབ་ དཔོན་དབང་ཕྱུག་དཔལ་ལྡན། གུང་མཁན་པའི་དབོན་པོ་གཞོན་ནུ་ཚུལ་ཁྲིམས། གུང་ཐང་ པ་གནས་པོ་ཆེ་སློབ་དཔོན་བསོད་རྒྱལ། མི་ཉག་རིང་མོ་སློབ་དཔོན་ཤེས་རབ་རྒྱལ་མཚན། སྟག་ལུང་བ་སློབ་དཔོན་ཞང་བཙུན་རིན་རྒྱལ། སྟོད་ལུང་པ་སློབ་དཔོན་སྡེ་སྣོད་གསུམ་པ་ ཤེས་རབ་རིན་ཆེན། གནམ་འདབ་བརྒྱད་པའི་དབོན་པོ་དགེ་བཤེས་བསོད་ཤེ རྒྱལ་བ་དགེ་ བཤེས་གཉལ་ཞིག་ཚུལ་ཆེན་པ། གཟི་བསོད་ནམས་སེང་གེ ཁམས་པ་དགེ་བཤེས་བདེར་ གཤེགས། དཔལ་ཅོ་ནེ་བ། བླ་མ་མཚོ་སྐྱེས་རྡོ་རྗེ་པ། བླ་མ་དཔལ་ལྡན་བཟང་པོ་པ། བླ་མ་ ནམ་མཁའ་བཀྲ་ཤིས་པ། སློབ་དཔོན་དཔལ་རྒྱལ། སློབ་དཔོན་བཅོམ་ལྡན། སློབ་དཔོན་ ཤག་རྡོ་རྗེ། སློབ་དཔོན་མཁའ་སྤྱོད་པ་སངས་རྒྱས་བཟང་པོ། སློབ་དཔོན་སངས་རྒྱས་དཔལ་ མུ། སློབ་དཔོན་ཀུན་རིན། ཉེ་གནས་སྟོན་ཤེ སློབ་དཔོན་སྨོན་ལམ་དཔལ། སློབ་དཔོན་ཀུན་ དགའ་ཆོས་ལྡན། སློབ་དཔོན་སངས་རྒྱས་གྲུབ། སློབ་དཔོན་སངས་རྒྱས་མགོན་པོ། སློབ་ དཔོན་རྒྱལ་མཚན་དཔལ། སློབ་དཔོན་སེང་གེ་འབུམ། སློབ་དཔོན་སེང་གེ་གྲུབ། རི་པ་དགེ་ སློབ་ཀུན་ཏུ་བཟང་པོ། སློབ་དཔོན་རིན་རྒྱལ། ཅོག་བུ་པ་དགེ་སློང་ཐར་པ་བཟང་པོ། སྒྲུབ་ པ་པོ་ཐར་པ་དཔལ། དཀའ་བཞི་པ་སློབ་དཔོན་རིན་རྒྱལ། སློབ་དཔོན་ནམ་མཁའ་དཔལ། ཕར་ཚད་པ་སློབ་དཔོན་བློ་ལྡན། སྟོན་པ་ཐོགས་མེད་དཔལ། སྟོན་པ་དཔལ་ལྡན་བཟང་ པོ། དགེ་སློང་ཤཱཀྱ་དཔལ། སློབ་དཔོན་དཔལ་འཛིན། འཁྲུལ་འཁོར་བ་སངས་རྒྱས་རྒྱ་མཚོ། དགེ་སློང་བློ་བཟང་གྲགས་པ། དགེ་སློང་ཆོས་ལྡན་དཔལ། དགེ་བཤེས་གཞོན་ནུ་གྲགས་པ། དགེ་སློང་དཀོན་མཆོག་འབུམ། མདོག་ལྷོ་བ་དབོན་པོ་དགེ་སློང་བློ་གྲོས་བཟང་བོ་པ། དགེ་ སློང་ཀུན་དགའ་འབུམ། དགེ་སློང་བཟང་པོ་དཔལ་བ་སྟེ་སྐུ་མཆེད་གསུམ། དགེ་སློང་བསོད་ 5-1-361 ནམས་རྒྱལ་མཚན། དཔོན་པོ་རྒྱལ་བོ་དཔལ། སློབ་དཔོན་ཆོས་དཔལ། ཡེ་ཤེས་མགོན། དགེ་སློང་ཡོན་ཏན་དཔལ། སློབ་དཔོན་ཤཱཀ་སེང༌། སློབ་དཔོན་དགེ་འབྱོར། དགེ་སློང་སྨོན་ ལམ། དཀོན་མཆོག་བཟང་པོ། སྟོན་པ་ཚུལ་ཤེ སྒོམ་ཆེན་ནམ་རིན། དགེ་སློང་རྡོ་རྗེ་དཔལ། དགེ་སློང་གྲུབ་བཟང༌། མར་ཡུལ་བ་ཤེས་རབ་རྒྱལ་མཚན་དང༌། སངས་རྒྱས་རྒྱལ་མཚན། བེ་ རིམ་པ་དངོས་གྲུབ་བཀྲ་ཤིས། དྭགས་པོ་པ་སློབ་དཔོན་དཔལ་འཛིན། དགེ་སློང་སངས་རྒྱས་ དཔལ། སློབ་དཔོན་སངས་རྒྱས་སྐྱོང༌། དགེ་སློང་དཀོན་མཆོག་དར། འགར་སྒོམ་སངས་རྒྱས་ འབུམ། སྒོམ་ཆེན་གྲགས་པ་དཔལ་དང༌། གྲགས་པ་བཟང་པོ། སྒོམ་ཆེན་རྒྱལ་མཚན་བཟང་ པོ། དགེ་སློང་བྱང་ཆུབ་རྒྱལ་མཚན། དགེ་སློང་བསོད་རྒྱལ། ལ་སྟོད་པ་དབོན་པོ་ཚུལ་རྒྱལ་ དང༌། དཔོན་པོ་དབང་ཕྱུག་དཔལ་ལྡན། དབོན་ལྷ་རྗེ་རིན་ཆེན་རྒྱལ། ལྷ་རྗེ་དགེ་སློང་ཀུན་ དགའ་གྲགས། དགེ་སློང་དཀོན་མཆོག་བཟང༌། ལྷ་རྗེ་ཆོས་དཔལ། དགེ་སློང་ཤེས་རབ་དར། དང་ར་བ་སངས་རྒྱས་འབུམ། དགེ་སློང་སང་རིན། གྱ་ལུང་བ་སློབ་དཔོན་རིན་རྒྱལ། དགེ་ སློང་རིན་དར། དགེ་བཤེས་སང་ཡེ། སློབ་དཔོན་བློ་གྲོས་མཚུངས་མེད། དགེ་སློང་འཇམ་ དཔལ་འབུམ། སྟོན་པ་ཡོན་ཏན་བཟང་པོ། སྟོན་པ་ཤེས་རབ་བཟང་པོ། བྱང་ཆུབ་བཟང་ པོ། བསོད་ནམས་འོད་ཟེར། སྨོན་ལམ་ལེགས་པ་བྱང་ཆུབ་རྒྱལ་མཚན། བསོད་ནམས་རྒྱལ་ མཚན། སྟོན་པ་ཟླ་བ། བཙོ་ཐབ་པ་དཔོན་གྲགས། སྨོན་གྲོ་རྗེ་ཁ་བ། དབོན་སྟོན་པ་དཔལ་ བཟང་པོ་རིན་ཆེན། ཉང་སྟོད་པ་བསམ་སྡིང་བ་དབོན་དོན་གྲུབ་བཟང་པོ། སྒྲུབ་པ་པོ་རིན་ ཆེན་རྒྱ་མཚོ། བདེ་ཆེན་ཤེས་རབ་རྡོ་རྗེ། བླ་མ་བཞི་པ། ཤེས་རབ་དཔལ། ཁམས་པ་སྦྱིན་ བཟང༌། བར་འབྲོག་རྡོ་རྗེ་གླིང་པ། ཚུལ་ཁྲིམས་དཔལ་སྟེ་བརྒྱ་དང་བརྒྱད་ཅུ་རྩ་གསུམ་ལྷག་ དང༌། གཞན་ཡང་སྒྲུབ་པ་པོ་བཟང་པོ་ཕྱེད་དང་སུམ་བརྒྱ་ཙམ་དང༌། དེ་མིན་ཕྱོགས་ཕྱོགས་ ནས་ནར་མར་བྱོན་པ་དང་གློ་བུར་དུ་ལྷག་པ་གྲངས་འཛིན་དཀའ་བ་ཙམ་དུ་གྱུར་པའོ། ། 5-1-362 རྗེ་ཇོ་ནང་པའི་ཐུགས་སྲས་ཆེ་བ་ཀུན་མཁྱེན་ཕྱོགས་རྒྱལ་བའི་དངོས་སློབ་དྲུང་དཀའ་ བཞི་རིན་ཆེན་དཔལ་སོགས་སྐྱེས་ཆེན་དུ་མ་དང༌། ཀུན་མཁྱེན་ཉ་དབོན་པའི་དངོས་སློབ་རང་ ལུགས་པ་གྲུབ་ཆེན་ཀུན་དགའ་བློ་གྲོས་སོགས་དང༌། གཞན་ལུགས་པ། གཞོན་ནུ་རེ་མདའ་ བ་དང༌། ཤར་ཙོང་ཁ་པ་བློ་བཟང་གྲགས་པ་སོགས་ཡོངས་ཀྱི་འདྲེན་པ་དུ་མ་བྱོན་པ་བཞིན་ ཇོ་ནང་པ་ཆེན་པོའི་ཐུགས་སྲས་ཆེ་བ་གཞན་རྣམས་ལའང་དངོས་སློབ་སྐྱེས་ཆེན་མང་དུ་བྱོན་ ཞིང༌། རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་དངོས་སློབ་གྲགས་ཆེན། རྡོ་རིང་པ་ཀུན་དགའ་ རྒྱལ་མཚན་སོགས་ས་སྐྱ་བ་དུ་མ་དང༌། ཆོས་སྐུ་ལྷ་དབང་གྲགས་པ་སོགས་བཀའ་བརྒྱུད་པ་ དུ་མ་དང༌། མཁན་ཆེན་ལུང་རིག་རྒྱ་མཚོ་རྗེ་དྲུང་ཀུན་དགའ་དཔལ་བཟང་སོགས་རང་ལུགས་ འཛིན་པའི་སྐྱེས་ཆེན་མང་པོར་བྱོན་ལ། ཁྱད་པར་རྗེ་ཇོ་ནང་པའི་ངེས་དོན་བསྟན་པའི་མངའ་བདག་འཇམ་མགོན་ཀུན་དགའ་ སྙིང་པོའི་དངོས་སློབ་བུ་ཆེན་རགས་རིམ་ཙམ་ནི། སྟག་ལུང་ཐང་བ་ཀུན་དགའ་བཀྲ་ཤིས་ རྒྱལ་མཚན། སྟག་ལུང་མ་ཧ་ངག་དབང་རྣམ་རྒྱལ། སྒོམ་པོ་སྤྲུལ་སྐུ། དྭགས་པོའི་ཡང་སྤྲུལ་ ཞབས་དྲུང་ནོར་བུ་བརྒྱན་པ། ཐང་བའི་ཡང་སྤྲུལ་ངག་དབང་བཀྲ་ཤིས་དཔལ་གྲུབ། རྗེ་སྤྱན་ སྔ་བ། སྤྲུལ་སྐུ་ངག་གི་དབང་པོ། དྲེ་བོ་སྤྲུལ་སྐུ། འཇགས་སྤྲུལ་སྐུ། གུ་ཤྲི་གྲགས་དོན། ཡང་ སྤྲུལ་གྲགས་པ་མཆོག་དབྱངས། རྒྱལ་རྩེ་ཞབས་དྲུང་བླ་མའི་དྲུང༌། གྲྭ་ཐང་བླ་ཆེན། ཆོས་རྗེ་ སྟག་སྣ་བ། བྲག་དཀར་ཆོས་རྗེ། རྗེ་ལྕགས་ནག་པ། རྟ་ར་བ། ལེ་བ་རིན་ཆེན་དཔལ་བཟང༌། གྲོང་ཁ་བ་རྣམ་རྒྱལ་ཕུན་ཚོགས། ངག་དབང་བཀྲ་ཤིས། རྗེ་དྲུང་ངག་དབང་དྲུང༌། འཇམ་ དབྱངས་དྲུང༌། སྐལ་བཟང་དྲུང༌། རྗེ་དྲུངུ་རྟོགས་ལྡན་པ། ལྕགས་ཟམ་ཆོས་རྗེ། ར་བ་ཕྲིན་ ལས་དཔལ་འབྱོར། ཆུ་བོ་ཆུང་བའི་སྐུ་སྐྱེས། རྗེ་དྲུང་ཀ་བཞི་སྐུ་གོང་འོག འབྲུག་སངས་རྒྱས་ རྡོ་རྗེ། ཞྭ་དམར་ཀརྨ་ཉི་མ་སོགས་ཕྱག་ཆེན་པ་མང་པོ་དང༌། གནས་གསར་བ་བསོད་ནམས་ 5-1-363 རབ་རྒྱས། ཀླུ་སྒྲུབ་རྒྱ་མཚོ་སྐུ་གོང་འོག རིན་སྡེང་པ། ཆོས་རྗེ་སྔགས་རམ་པ། དུས་འཁོར་ ཤར་ཆེན་པ། ཆོས་རྗེ་ལྷ་འོ་པ། བུ་སྟོན་བརྒྱུད་འཛིན་ཞྭ་ལུ་པ་སོགས་ས་སྐྱ་པ་མང་པོ་དང༌། རྒྱུད་ཆེན་དཀོན་མཆོག་རྒྱ་མཚོ། རྒྱུད་པ་སངས་རྒྱས་རྒྱ་མཚོ། མཁོན་སྟོན་དཔལ་འབྱོར་ལྷུན་ གྲུབ། བྱམས་པ་རིན་ཆེན། རབ་འབྱམས་པ་བསོད་གྲགས་སོགས་དགེ་ལུགས་ཕྱོགས་མང་པོ་ དང༌། བྱང་གཏེར་ཡོལ་སྤྲུལ་ནམ་མཁའ་བརྒྱ་བྱིན། སྐྱིད་སྦུག་སྐུ་སྐྱེས། གནས་སྙིང་རྗེ་དྲུང༌། རི་ནང་སྔགས་འཆང༌། དགེ་སློང་ཡེ་ཤེས་དབང་པོ་སོགས་རྙིང་ཕྱོགས་མང་པོ་དང༌། སྤྲུལ་སྐུ་ སངས་རྒྱས་རྒྱ་མཚོ། བླ་ཆེན་ཡེ་ཤེས་རྒྱ་མཚོ། རྒྱལ་ཚབ་རིན་ཆེན་རྒྱ་མཚོ། ཉེ་གནས་གྲགས་ པ་དཔལ་བཟང༌། འཇམ་དབྱངས་ཚུལ་བཟང་བ། མཁན་ལུང་རིགས་པ། སྨོན་ཐང་མཁན་ ཆེན། གཙང་བ་བསྟན་པའི་རྒྱལ་མཚན། དགེ་སློང་སྙིང་པོ་མཐའ་ཡས། བྱམས་པ་ཡོན་ཏན་ མགོན་པོ། རྗེ་དྲུང་ཀུན་དགའ་བསོད་ནམས། མར་ཡུལ་བ་ཆོས་རྗེ་ཡེ་ཤེས་དབང་ཕྱུག ཉི་ ཟླ་བཟང་པོའི་ཡང་སྤྲུལ། སློབ་དཔོན་བཀྲ་ཤིས་ཕུན་ཚོགས། བླ་མ་ཀུན་དགའ་བཟང་ལྡན་ པ། ཀུན་དགའ་དབང་མོ། བློ་གྲོས་རྣམ་རྒྱལ། ཁམས་པ་སོག་བླ་སངས་རྒྱས་དཔལ། ཀ་ བཞི་རྒྱལ་མཚན་པའི་སྐུ་སྐྱེས། ཆོས་རྗེ་རྒྱལ་བ་སེང་གེའི་སྐུ་སྐྱེས་བོན་རེ་ཤིང་བ། ཨརྒེ་སྐུ་ སྐྱེས། ཀ་བཞི་པའི་དབོན་པོ། སོག་རིགས་ཀུན་དགའ་བཀྲ་ཤིས། ཁམས་པ་སྐུ་སྐྱེས། ཁྲོམ་ ཚུགས་སྐུ་སྐྱེས། རག་ཁྲོམ་བླ་མ། སྡོམ་ཙ་དབོན་པོ། སྒང་བ་དབོན་པོ། ནང་སོ་ཀུན་རིན་པ། ཨ་མདོ་དབོན་ལྷུན་གྲུབ་པ་སོགས་རང་ལུགས་པ་མང་པོ་དང༌། ཆོས་རྗེ་སློབ་དཔོན་གྲུབ་ཐོབ་ པ། གསང་ཕུ་སློབ་དཔོན་རྒྱལ་མཚན་འོད་ཟེར། ལྕགས་ར་སློབ་དཔོན་ཨརྱ་པ། ངམ་རིང་ པ་སློབ་དཔོན་བྱམས་པ་བཀྲ་ཤིས། གྲྭ་ཚང་ཆེན་པོའི་སློབ་དཔོན་ཚུལ་ཁྲིམས་པ། བཟང་ ལྡན་སློབ་དཔོན་བཀྲ་ཤིས་དབང་ཕྱུག དགེ་བཤེས་ཤཱཀྱ་བསྟན་འཛིན། དགེ་བཤེས་ཤཱཀྱ་ བློ་གྲོས། དགེ་བཤེས་ནོར་བུ་དཔལ་བཟང༌། བྲག་དམར་མཁན་ཆེན། མཁན་ཤཱཀྱ་རིན་ 5-1-364 དབང༌། ཆོས་འཁོར་ལྷུན་པོའི་མཁན་བྱམས་པ་རྡོ་རྗེ། ཡོལ་མཁན་ཆེན་བྱམས་པ་བློ་གྲོས། ངམ་རིང་པ་མཁན་ཚུལ་ཁྲིམས་པ། ཐོག་ཁ་རབ་འབྱམས་པ་བཀྲ་ཤིས་ཕུན་ཚོགས། ཀོང་པོ་ རབ་འབྱམས་པ་བྱམས་པ་དཀོན་མཆོག ཁམས་པ་རབ་འབྱམས་པ་བློ་གྲོས་བསྟན་འཛིན། བསམ་ཡས་རབ་འབྱམས་པ་སྟོན་པ་གྲགས་པ། རབ་འབྱམས་པ་ཏེ་བ། རབ་འབྱམས་པ་ ཀོང་ཕྲུགརབ་འབྱམས་པ་སྦྱིན་པ། རབ་འབྱམས་པ་རྒྱལ་མཚན་འོད་ཟེར། ཤངས་པ་རབ་ འབྱམས་པ་དཀོན་མཆོག་དཔལ་བཟང༌། ཆོས་རྗེ་བྱ་བ་དཀའ་བཅུ་པ། གསེར་གླིང་དཀའ་ བཅུ་ཡེ་ཤེས་རྒྱལ་མཚན། མདོ་སྟོད་ཀྱི་དགེ་བའི་བཤེས་གཉེན་བློ་གྲོས་དཔལ་བཟང་སོགས་ ངེས་མེད་ཡོངས་གྲགས་ཀྱི་སྐྱེས་ཆེན་དམ་པ་ཆེས་མང་པོ་ཉེ་བར་བྱོན་པའོ། ། དེ་དག་ལས་མན་ངག་བརྒྱུད་འཛིན་ནི། ཕྱོགས་རྒྱལ་བ་དང་ཉ་དབོན་པ་སྟེ། ཕྱི་མའི་སློབ་ བརྒྱུད། གྲུབ་ཆེན་ཀུན་དགའ་བློ་གྲོས། འཇམ་དབྱངས་དཀོན་མཆོག་བཟང་པོ། པཎ་ཆེན་ ནམ་མཁའ་དཔལ་བཟང༌། ལོ་ཆེན་རཏྣ་བྷ་དྲ། དཔལ་ལྡན་ཀུན་དགའ་གྲོལ་མཆོག མཁན་ ཆེན་ལུང་རིག་རྒྱ་མཚོ། རྗེ་བཙུན་ཏཱ་ར་ནཱ་ཐའི་བར་དང༌། ཇོ་ནང་གདན་རབས། ཕྱོགས་རྒྱལ་ པའི་རྗེས། མཁས་བཙུན་སངས་རྒྱས་མཚན་ཅན། མཁྱེན་རབ་བྱང་ཆུབ་སེང་གེ རྒྱལ་བ་ཇོ་ བཟང་པ། ཆོས་དཔལ་མགོན་པོ། ཤེས་རབ་བཟང་པོ། ཆོས་དཔལ་བཟང་པོ། དཀོན་མཆོག་ རྒྱལ་མཚན། བསོད་ནམས་རྒྱལ་མཚན། དཔལ་ལྡན་རིན་ཆེན། ཆོས་སྐྱོང་རྒྱལ་མཚན། ཀུན་ དགའ་ལེགས་པ། ནམ་མཁའ་བཟང་པོ། རིན་ཆེན་བཀྲ་ཤིས། རྗེ་དྲུང་ཀུན་དགའ་དཔལ་ བཟང་གི་བར་དང༌། ཡང་ཕྱོགས་རྒྱལ་བའི་འཕྲོས། མདོ་ཁམས་པ་དྲུང་དཀའ་བཞི་རིན་ཆེན་ དཔལ། དེའི་སློབ་ཆེན་རྣམ་ལྔ་ནི། མཁན་ཆེན་དཀོན་མཆོག་རྒྱལ་མཚན། ཚེས་བཅུའི་རཏྣ་ ཀིརྟི། ཨརྒེ་ཉི་མ་འོད་ཟེར། ཆོས་རྗེ་གཞོན་ནུ་རྒྱལ་མཚན། ཚད་མ་པ་རྒྱལ་བ་བཟང་རྣམས་ སོ། ། 5-1-365 རྒྱལ་བ་བཟང་གི་སྐུ་ཕྲེང་གཉིས་པ་ཆོས་རྗེ་དཔལ་འབྱོར་བཟང་པོ། གསུམ་པ་བོན་རེ་ ཤིང་སྐུ་སྐྱེས། བཞི་པ་ཆོས་རྗེ་ལྷོ་ཁ་བ་གྲགས་པ་འོད་ཟེར། ལྔ་པ་ཆོས་རྗེ་གོ་རྒྱལ་བ་ལྷུན་གྲུབ་ གྲགས་པ། དྲུག་པ་ངེས་དོན་བསྟན་པ་དར་རྒྱས། བདུན་པ་འཇིགས་མེད་དཔལ་གྱི་སེང་གེ བརྒྱད་པ་ཀརྨ་ཆོས་ཀྱི་བྱམས་པ། དགུ་པ་མི་ཕམ་འཇིགས་མེད་དབང་པོ་རྣམས་སོ། ། བྱིན་རླབས་དོན་བརྒྱུད་རྗེ་བཙུན་དངོས་སློབ་སྤྲུལ་སྐུ་སངས་རྒྱས་རྒྱ་མཚོ། མཁས་དབང་ ཡེ་ཤེས་རྒྱ་མཚོ། དགེ་སློང་སྙིང་པོ་མཐའ་ཡས། རྒྱལ་ཚབ་རིན་ཆེན་རྒྱ་མཚོ། མཁས་གྲུབ་བློ་ གྲོས་རྣམ་རྒྱལ། དེའི་སློབ་བརྒྱུད་ཆ་ལུང་བ་ངག་དབང་ཕྲིན་ལས། གཙང་བ་ངག་དབང་རྣམ་ རྒྱལ། དེའི་སློབ་མ་མང་དགེ་མཁས་བཙུན་དར་རྒྱས། ཕུར་རྩ་ཆོས་འཕེལ་གཉིས། ཕྱི་མའི་ སློབ་མ་གཙང་བའི་སྐུ་ཕྲེང་གཉིས་པ་ཀུན་བཟང་ཕྲིན་ལས་རྣམ་རྒྱལ། དེའི་དབོན་པོ་ནུས་ ལྡན་ལྷུན་གྲུབ་རྒྱ་མཚོ། དེའི་སློབ་མ་སྐུ་ཕྲེང་གསུམ་པ་དཀོན་མཆོག་འཇིགས་མེད་རྣམ་རྒྱལ། དེའི་དངོས་སློབ་གཙང་བ་དགེ་སློང་ངག་དབང་ཆོས་འཕེལ། གཙང་ཆེན་དེའི་སྐུ་ཚབ་དང་ དེའི་ཡང་སྤྲུལ་སྐུ་ཆེན་ཀརྨ་མཐུ་སྟོབས་རྣམ་རྒྱལ་དང་སྐུ་འབྲིང་འཇིགས་མེད་ཕྱོགས་ལས་ རྣམ་རྒྱལ་ལོ། ། ཆ་ལུང་བའི་སྐུ་ཕྲེང་གཉིས་པ་ཕྲིན་ལས་རྒྱ་མཚོ། གསུམ་པ་སྦྱིན་པ་རྒྱ་མཚོ། བཞི་པ་ གཙང་བ་སྐུ་ངག་གོ། ཆ་ལུང་བའི་རྗེས་ནས་འཛམ་ཐང་ཆོས་རྗེའི་བླ་བརྒྱུད། ཆོས་རྗེ་ཀུན་བཟང་དབང་པོ། གོང་དཀར་བ་ཀུན་དགའ་རྣམ་རྒྱལ། ལྷ་ཙེ་བླ་མ་ངག་དབང་རྒྱལ་མཚན། སྐྱབས་རྗེ་ངག་ དབང་བསམ་གཏན། སྦྱང་བ་བླ་མ་ཀུན་དགའ་ངེས་དོན། ཀུན་དགའ་དཔལ་འཕེལ། དབོན་ འགྱུར་མེད། ཀུན་དགའ་ཕུན་ཚོགས། ཀུན་དགའ་བསོད་ནམས། གཙང་བ་དགེ་སློང་གི་རྗེས་ ནས་འཛམ་ཐང་གཙང་བའི་བླ་བརྒྱུད། ངག་དབང་ཆོས་ཀྱི་འཕགས་པ། ཀུན་དགའ་ངག་ 5-1-366 དབང་དཔལ་ལྡན། ངག་དབང་ཆོས་འབྱོར་རྒྱ་མཚོ། ཀུན་དགའ་མཁས་གྲུབ་དབང་ཕྱུགཀུན་ དགའ་ངག་གི་དབང་པོ། ངག་དབང་བསྟན་འཛིན་གྲགས་པ། ངག་དབང་བསྟན་པ་གསལ་ བྱེད། ངག་དབང་སྨོན་ལམ་བཟང་པོ། ངག་དབང་རྡོ་རྗེ་བཟང་པོ། ངག་དབང་དཀོན་མཆོག་ བསྟན་པ་དར་རྒྱས་ཀྱི་བར་རོ། ། རྗེ་བཙུན་རིན་པོ་ཆེའི་དངོས་སློབ་ཁམས་རྔ་ཡུལ་ཕྱོགས་ཀྱི་སེ་དབོན་པོ་ལྷུན་གྲུབ་རྒྱལ་ མཚན། བློ་གྲོས་རྣམ་རྒྱལ་གྱི་དངོས་སློབ་སེ་སྙིང་པོ་རྒྱལ་མཚན། སེ་དབོན་ཕྲིན་ལས་སྙིང་ རྒྱན། ཡང་རྒྱལ་ཚབ་རིན་ཆེན་རྒྱ་མཚོ། ཉེ་གནས་གྲགས་པ་དཔལ་བཟང༌། མཁས་གྲུབ་བློ་ གྲོས་རྣམ་རྒྱལ། རྗེ་བཙུན་ཀུན་དགའ་དབང་མོ། བཞིའི་དངོས་སློབ་འབྲོག་དགེ་ཀུན་དགའ་ དཔལ་བཟང་དེའི་སྐུ་དབོན་ཆོས་སྐྱོང་དོན་གྲུབ་འདི་ཆ་ལུང་བའི་སློབ་མ། དེའི་དབོན་བརྒྱུད། འབྲོག་དགེ་གྲགས་པ་བསམ་འགྲུབ། ཀུན་དགའ་ལྷུན་གྲུབ། ཀུན་དགའ་ཡོན་ཏན་རྒྱ་མཚོ། རིག་འཛིན་རྣམ་སྣང་རྡོ་རྗེ་སོགས་སོ། །རྗེ་བཙུན་ཀུན་དགའ་དབང་མོ་སོགས་ཀྱི་སློབ་མ་ཚ་ རོང་གི་ས་ར་བ་ཀུན་དགའ་རྒྱལ་མཚན། ཡང་ཆ་ལུང་བའི་དངོས་སློབ་ཀུན་བཟང་དབང་པོ། དེའི་སློབ་བརྒྱུད་ཚེ་དབང་ནོར་བུ། ཆོས་ཀྱི་འབྱུང་གནས། ཚེ་དབང་ཀུན་ཁྱབ། ཀརྨ་རཏྣ། འོད་གསལ་འགྱུར་མེད་ཀྱི་བར་རོ། ། དགེ་ལུགས་པའི་སྐྱེས་ཆེན་དུ་མ་བྱོན་རིམ། རྗེ་ཙོང་ཁ་པའི་བླ་མའི་རྣམ་གྲངས། འཇམ་ དབྱངས་ཟབ་དོན་ཀུན་ཞུ་ཡུལ། ཀརྨ་པ་རོལ་བའི་རྡོ་རྗེ་གཙུག་ཕུད་ཕུལ་ཡུལ། ཆོས་རྗེ་དོན་ གྲུབ་པ་རབ་བྱུང་དགེ་ཚུལ་ཞུ་ཡུལ། མཁན་པོ་ཚུལ་ཁྲིམས་རིན་ཆེན་བསྙེན་རྫོགས་ཞུ་ཡུལ། འབྲི ་གུང་སྤྱན་སྔ་ཆོས་གྲགས་སེམས་བསྐྱེད་སོགས་ཞུ་ཡུལ། ཨོ་རྒྱན་པ་འཇམ་རིན་ཕར་ཕྱིན་ ཞུ་ཡུལ། ཉ་དབོན་པ་ཚད་མ་ཞུ་ཡུལ། ཕྱོགས་རྒྱལ་བ་དུས་འཁོར་ཞུ་ཡུལ། ས་བཟང་སྙན་ ངག་ཞུ་ཡུལ། རེ་མདའ་བ་ཆོས་མངོན་སོགས་ཞུ་ཡུལ། བུ་སྟོན་སློབ་མ་གཞོན་བསོད་སྔགས་ 5-1-367 སྐོར་ཞུ་ཡུལ། ཆོས་དཔལ་བ་དུས་འཁོར་འགྲེལ་ཆེན་ཞུ་ཡུལ། ཡོ་ག་མགོན་བཟང་གར་ཐིག་ སོགས་ཞུ་ཡུལ། ཐུགས་སྲས་རིན་རྣམ་བདེ་མཆོག་མི་དྲ་ཞུ་ཡུལ། ས་སྐྱའི་བླ་མ་དམ་པ་བདེ་ མཆོག་དྲིལ་བུའི་ལུས་དཀྱིལ་ཞུ་ཡུལ། འབྲི ་གུང་སྤྱན་སྔ་གྲགས་པ་བྱང་ཆུབ་ནཱ་རོའི་ཆོས་དྲུག་ ཞུ་ཡུལ། ལོ་ཆེན་བྱང་རྩེ་ཟབ་ཁྲིད་ཞུ་ཡུལ། ལོ་ཆེན་ནམ་མཁའ་དཔལ་ལ་སྒྲ་དང༌། ལྷ་རྗེ་ དཀོན་མཆོག་སྐྱབས་ལ་གསོ་རིག་སོགས་དང༌། དབུ་མ་པ་དཔའ་བོ་རྡོ་རྗེ་ལ་འཇམ་དབྱངས་ ཆོས་སྐོར་སོགས་དང༌། ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་ལ་བཀའ་གདམས་ལམ་ རིམ་རྣམས་ཞུས་སོ། ། དེ་འདྲའི་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་དབུས་ཀྱི་རི་རྒྱལ་ལྟ་བུ་ལ། གསེར་ རི་ལྟ་བུའི་ཐུགས་སྲས་བདུན་ནི། འདུལ་འཛིན་གྲགས་པ་རྒྱལ་མཚན། རྒྱལ་ཚབ་དར་མ་ རིན་ཆེན། མཁས་གྲུབ་དགེ་ལེགས་དཔལ་བཟང༌། རྗེ་ཤེས་རབ་སེང་གེ རྒྱལ་བ་དགེ་འདུན་ གྲུབ། འཇམ་དབྱངས་བཀྲ་ཤིས་དཔལ་ལྡན། བྱམས་ཆེན་ཆོས་རྗེ་དང་བདུན་ནོ། །འདུལ་ འཛིན། རྒྱལ་ཚབ་གཉིས་སྲས་ཀྱི་ཐུ་བོ་གཉིས་དང༌། འཇམ་དཀར་བ་དང་གསུམ་པོ་གསང་ བདག་གིས་ལུང་བསྟན་པའི་སློབ་མ་གསུམ་དེ་ཡིན། མཁས་གྲུབ་ནང་ཐུགས་ཀྱི་སྲས་གཅིག་ དང༌། ཤེར་སེང༌། དགེ་འདུན། འཇམ་དབྱངས་གསུམ་དང༌། གུང་རུ་རྒྱལ་མཚན་བཟང་པོ་ དང་བཞི་ནི་ཕྲིན་ལས་ནམ་མཁའ་དང་མཉམ་པའི་སྲས་ཆེན་བཞི་ཡིན། སྤྱིར་རྗེའི་དངོས་སློབ་ སྐྱེས་ཆེན་དམ་པ་བརྒྱ་དང་ཞེ་བདུན་སྟེ། དེ་ཡང་བླ་མས་ཆོས་འབྲེ ལ་ཐོབ་པ་གསུམ་ནི། བླ་མ་ དབུ་མ་པ་མཁན་ཆེན་ཕྱག་རྡོར་བ། གཞོན་ནུ་རེ་མདའ་བ་དང་གསུམ་མོ། ། བྱ་བྲལ་ཐེག་གོང་གི་སྔ་ཚར་བཞི་ནི། ཚ་ཁོ་པ་ངག་དབང་གྲགས། མདོ་སྟོད་གྲགས་པ་བློ་ གྲོས། ལྡོང་སྟོན་ཛྙཱ་ན་ཤྲཱི། དགེ་བཤེས་ཤ་སྟོན་དང་བཞིའོ། ། དབུས་པ་བཞི་ནི། འཇམ་དཀར་པ། བཟང་སྐྱོང་པ། གནས་བརྟན་རིན་ཆེན་རྒྱལ། བྱང་ 5-1-368 སེང་པ་དང་བཞིའོ། ། མདོ་སྨད་པ་བཞི་ནི། རྟོགས་ལྡན་འཇམ་དཔལ་རྒྱ་མཚོ། ཤེས་རབ་གྲགས་པ། འཇམ་ དབྱངས་བཀྲ་ཤིས། དཔལ་སྐྱོང་དང་བཞི། གཙང་དབུས་བསྟན་པའི་སྒྲོན་མེ་བཅུ་ནི། ཆོས་རྗེ་དཀོན་མཆོག་ཚུལ་ཁྲིམས། མཁས་ པ་རྒྱལ་དབང་ཁ་ཆེ། གཉལ་སྒོད་རིན་བསམ། མཁྱེན་རབ་གྲགས་པ་བཟང་པོ། གཉལ་ཆེན་ ཤེས་རབ་རྒྱལ་མཚན། ཧོར་སྟོད་ནམ་མཁའ་དཔལ། ཆོས་རྗེ་བློ་གྲོས་ཆོས་སྐྱོང༌། ཆོས་རྗེ་ ཆོས་རྒྱལ་བ་ཆོས་རྗེ་དཔལ་སེང་བ། སྣར་ཐང་རབ་མཆོག་དང་བཅུ། གཞན་དོན་ལྷུན་གྲུབ་ ཀྱི་སེམས་དཔའ་དྲུག་ནི། བྱང་སེམས་རྭ་སྒྲེང་བ་ཤཱཀྱ་བསོད་ནམས། བྱང་སེམས་ཀུན་དགའ་ བཟང་པོ། བྱང་སེམས་བློ་གྲོས་རྒྱལ་མཚན། བྱང་སེམས་ཚུལ་ཁྲིམས་དཔལ། བྱང་སེམས་ གཞོན་ནུ་རྒྱལ་མཆོག བྱང་སེམས་རྒྱལ་མཚན་གྲགས་བཟང་དང་དྲུགཤར་ཕྱོགས་རྒྱ་ནག་མི་ དབང་གི་ཏི་ཤྲི་གཉིས་ནི། བྱམས་ཆེན་ཤཱཀྱ་ཡེ་ཤེས། བྱང་དར་མ་བསོད་ནམས་གཉིས། རྒྱ་ ཆེན་མང་དུ་ཐོས་པའི་ལྷ་བཙུན་གཉིས་ནི། མ་ཅིག་དཔོན་པོ་ནམ་མཁའ་དཔལ། གོང་དཀར་ ཡར་རྒྱས་དཔོན་པོ་བསོད་ནམས་རྣམ་རྒྱལ་གཉིས། སྦྱངས་པའི་ཡོན་ཏན་འཛིན་པ་གཉིས་ ནི། ཞ་ལུ་བ་བཀྲ་ཤིས་རྒྱ་མཚོ། ཞ་ལུ་བ་ལེགས་པ་རྒྱ་མཚོ་གཉིས། རྣམ་དཔྱོད་ཕུལ་བྱུང་ གི་མཁས་པ་གཉིས་ནི། མུས་སྲས་ཀུན་མཁྱེན་བློ་གྲོས་རིན་ཆེན་སེང་གེ ཞང་ཞུང་པ་ཆོས་ དབང་གྲགས་པ་གཉིས། བསྟན་པ་ཕྱོགས་མཐར་སྤེལ་བའི་དར་ཆེན་དྲུག་ནི། སྟོད་མངའ་རིས་ཁྲིག་སེ་ཤེར་ བཟང༌། སྨད་ཆབ་མདོ་བྱམས་པ་གླིང་ཤེར་བཟང༌། གུ་གེ་ངག་དབང་གྲགས་པ། ལྷོ་བ་གནས་ ཐང་བླ་མ་རྒྱལ་མཚན་སེང་གེ བླ་མ་དཔལ་ལྡན་ཤེས་རབ། ལྡན་མ་ཟས་དཀར་བླ་མ་ཡོན་ ཏན་དཔལ་དང་དྲུག 5-1-369 སྐད་གཉིས་སྨྲ་བ་གཉིས་ནི། འགོས་ལོ་ཙཱ་བ་གཞོན་ནུ་དཔལ། སྟག་ལུང་ལོ་ཙཱ་གཉིས། ས་སྐྱོང་མིའི་ཆོས་རྗེ་དྲུག་གསུངས་ཀྱང་ལྔ་ལས་མེད་པ་ནི། རིན་ཆེན་དཔལ་ལྡན་བཟང་པོ། རིན་ཆེན་བྱང་ཆུབ་རྡོ་རྗེ། རིན་ཆེན་བསོད་ནམས་རྒྱལ་མཚན། འབྲི ་གུང་རིན་ཆེན་དོན་གྲུབ་ རྒྱལ་པོ། སྟག་ལུང་རིན་ཆེན་བཀྲ་ཤིས་དཔལ་དང་ལྔ་ལས་མེད། གསུང་རབ་མང་དུ་ཐོས་པ་ བརྒྱད། ཆོས་རྗེ་ཤེར་འབྱུང༌། རྒྱལ་བ་རིན་བསམ་པ། ཞ་ལུ་བྱང་གླིང་གྲགས་རིན་པ། མངའ་ རིས་བསོད་རིན་པ། འཇམ་དབྱངས་རྒྱལ་རིན་པ། གུ་གེ་སངས་རྒྱས་རྒྱལ་མཚན། འཇམ་ དབྱངས་རིན་ཆེན་གྲགས་པ། རྒྱལ་སྲས་བདེ་འབྱུང་བ་དང་བརྒྱད། མདོ་རོང་གི་མཁས་པ་ བཞི་ནི། མདོ་སྨད་པ་འོད་ཟེར། མདོ་སྨད་པ་ལེགས་བཟང༌། མདོ་སྨད་པ་བསོད་ནམས་ཤེས་ རབ། རོང་པོ་ལྗགས་ནག་དང་བཞི། མཁའ་སྤྱོད་གྲུབ་པའི་གདུང་བརྒྱུད་གཉིས་ནི། སྤྲེ་ཞིང་ རིན་ཆེན་བྱང་དཔལ་བ། རིན་ཆེན་དཔལ་གཉིས། ཡ་མཚན་ཅན་གྱི་སྐྱེས་བུ་གཉིས་ནི། སྐྱེས་ མཆོག་སྨོན་ལམ་དཔལ་བ། རི་ནས་མི་འབབ་པ་བསོད་ནམས་རིན་ཆེན་གཉིས། སྐྱེ་དགུའི་ གཙུག་རྒྱན་སྤྱན་སྔ་བ་བརྒྱད་ནི། སྤྱན་སྔ་བ་ཀུན་བློ། སྤྱན་སྔ་གཞོན་ནུ་འོད། སྤྱན་སྔ་བློ་གྲོས་ རྒྱལ་མཚན། སྤྱན་སྔ་དཔལ་བཟང་བ། སྤྱན་སྔ་རྣམ་རྒྱལ་བ། སྤྱན་སྔ་བསོད་ནམས་ལྷུན་ གྲུབ། སྤྱན་སྔ་རིན་ཆེན་རྒྱལ་བ། སྤྱན་སྔ་རིན་ཆེན་འཕེལ་བ་དང་བརྒྱད། ཁྲི་ཆེན་ནོན་པའི་བླ་ ཆེན་བཞི་ནི། གུང་ཐང་ཆོས་རྗེ་མཛེས་པ་དཔལ། བླ་ཆེན་ཉན་ཤཀ་པ། སྟག་ཕུ་གུ་ཤྲི་དཔལ་ ལྡན་དོན་གྲུབ། ཨེ་ཏེའུ་ར་ས་ཆོས་རྗེ་ཡེ་ཤེས་དཔལ་དང་བཞི། ཚོགས་པ་སྐྱོང་བའི་མཁན་པོ་ བཞི་ནི། མཁན་ཆེན་ཆོས་རྒྱལ་དཔལ་བཟང༌། མཁན་ཆེན་ཆོས་བཟང་བ། མཁན་ཆེན་ཆོས་ རྡོར་བ། མཁན་ཆེན་བྱང་དཔལ་བ་དང་བཞི། སྡེ་དགོན་ཕྲ་མོའི་ཆེན་པོ་ལྔ་ནི། ཆེན་པོ་གྲགས་ བཟང༌། ཆེན་པོ་དྭགས་པོ། ཆེན་པོ་བློ་འཕེལ། ཆེན་པོ་ཀུན་རྒྱལ། ཆེན་པོ་བཀྲ་ཤིས་རྒྱལ་ དང་ལྔ། དབང་བཞི་བསྐུར་བའི་ཆོས་སྒོ་བ་གཉིས་ནི། འབྲི ་གུང་གདན་ས་མཐིལ་གྱི་ཆོས་སྒོ་ 5-1-370 བ་འབོར་འཇམ་དབྱངས་ཁ་ཆེ། འབྲི ་གུང་ཆོས་སྒོ་བ་རིན་ཆེན་གཉིས། ལུང་རིགས་སྨྲ་བའི་ དཀའ་བཅུ་བ་བཞི་ནི། དཀའ་བཅུ་དར་བཟང༌། འབའ་སེར་དཀའ་བཅུ། གཙོ་རྩ་དཀའ་ བཅུ་ཡོན་ཏན་རྒྱལ་མཚན། ལྷུ་ལ་དཀའ་བཅུ་པ་དང་བཞི། ཚིག་དོན་འཛིན་པའི་དཀའ་བཞི་ པ་བཅུ་ནི། ཐིལ་ཆུང་དཀའ་བཞི་དོན་ཡོད། བྲག་དབོན་དཀའ་བཞི་རིན་ཆེན་དཔལ། རྒྱལ་ བ་དཀའ་བཞི་རིན་ཆེན་ཆོས་རྒྱལ། གེ་རེ་དཀའ་བཞི་སངས་རྒྱས་དབང་ཕྱུག སྟག་ཕུ་དཀའ་ བཞི་སངས་རྒྱས་བཟང་པོ། གཡག་སྡེ་དཀའ་བཞི་བསོད་ནམས་བཟང་པོ། འཕན་ཡུལ་གྲོ་ ས་དཀའ་བཞི་པ། མཚུར་ཕུ་དཀའ་བཞི་པ། དཀའ་བཞི་པ་ཆོས་སེང༌། དཀའ་བཞི་གྲགས་པ་ རྒྱལ་མཚན་དང་བཅུ། བརྟུལ་ཞུགས་འཛིན་པའི་ཇོ་གདན་བཞི་ནི། ཇོ་གདན་ཟླ་བ་བློ་གྲོས། ཇོ་གདན་བསོད་ནམས་ལྷུན་གྲུབ། ཇོ་གདན་ལེགས་རིན་པ། ཀོང་པོ་ཆབ་ནག་ཇོ་གདན་དང་ བཞི། ཚུལ་ཁྲིམས་རྣམ་པར་དག་པའི་གནས་བརྟན་དྲུག་ནི། གནས་བརྟན་ཆོས་བཟང་བ། གནས་བརྟན་རྒྱལ་སྟེང་དོན་གྲུབ་པ། གནས་བརྟན་རྒྱ་མ་དགེ་འདུན་རྒྱལ་པོ། གནས་བརྟན་ འོད་ཟེར་བཀྲ་ཤིས། གནས་བརྟན་གཞོན་ནུ་སངས་རྒྱས། གནས་བརྟན་ཀུན་དགའ་འབུམ་ དང་དྲུགཚེ་འདི་བློས་བཏང་གི་རྟོགས་ལྡན་དྲུག་ནི། ཀུ་ཅོར་རྟོགས་ལྡན་སངས་རྒྱས་དཔལ། རྟོགས་ལྡན་ནམ་མཁའ་ཤྭ་རེ། རྟོགས་ལྡན་རལ་ཞིག་པ་རྟོགས་ལྡན་ཁུ་ལེ་རྣམ་རྒྱལ། མདུང་ རྩེ་རྟོགས་ལྡན་བུམ་པ་ཅན། རྒོད་ཕྲུག་གྲགས་པ་འབྱུང་དང་དྲུགགཞན་ཡང་སློབ་ཚོགས་ཆེ་ རིམ་ནི། ལྷ་གཟིགས་གྲགས་པ་རྒྱལ་མཚན། རྒྱ་སྟོན་བློ་བཟང་གྲགས་པ། དྲུང་གཞོན་དཔལ་ བ། མཁན་བསོད་ནམས་རྒྱལ་མཚན། བླ་མ་གསེར་ཐུབ་པ། ཡང་སྟེང་རིན་པོ་ཆེ། ཞི་བློ་ དཔོན་པོ། དྲུང་ནམ་མཁའ་བ། བླ་མ་དཀོན་མཆོག་བྱང་ཆུབ། བླ་མ་བསོད་ནམས་རིན་ཆེན་ དྲུང༌། དྲུང་ཆོས་འཕགས་པ། བླ་མ་ཤཀ་རིན་པ། ཆོས་འཁོར་སྒང་ཤཱཀྱ་བཤེས་གཉེན། ཀརྟི་ སྒང་བ་སངས་རྒྱས་དཔལ་བཟང༌། འབྲུ་ལ་སྒང་བ་ཟླ་བ་བཟང་པོ། བླ་མ་ཆོས་རྒྱལ་མཚན། 5-1-371 ཉག་རེ་རྡོ་རྗེ་རྒྱལ་མཚན། རྒྱ་ར་སངས་རྒྱས་ཡེ་ཤེས་སྟེ་ཡོངས་བསྡོམས་པ་རྗེའི་དངོས་སློབ་ ཆེ་བ་བརྒྱ་དང་ཞེ་བདུན་ནོ། ། རྒྱལ་ཚབ་ཀྱི་དངོས་སློབ་ཆེ་བ་བཅོ་ལྔ་ནི། མཁས་པ་བློ་གྲོས་མགོན་པོ། གླིང་སྟོད་དཔལ་ སྟེ། གླིང་སྨད་ཡོན་ཏན་རྒྱ་མཚོ། མཁས་པ་རཏྣ་ཤྲི། མཁས་པ་བློ་གྲོས་བརྟན་པ། ཆེན་པོ་རིན་ ཆེན་བྱང་ཆུབ། ཆེན་པོ་སངས་རྒྱས་བཟང་པོ། འདུལ་འཛིན་གྲགས་པ་དཔལ་ལྡན། འདུལ་ འཛིན་བསམ་འཕེལ་བ། ཆོས་རྗེ་བྱམས་པ་གླིང་པ། གནས་ཕུ་དཀའ་བཅུ་པ། དཀའ་བཅུ་ དཔལ་ལྡན་བཟང་པོ། དཀའ་བཅུ་དོན་གྲུབ་བཀྲ་ཤིས། དཀའ་བཅུ་ཀུན་དགའ་དཔལ། བླ་ མ་གྲགས་པ་བཀྲ་ཤིས་དང་བཅོ་ལྔའོ། ། མཁས་གྲུབ་ཀྱི་དངོས་སློབ་ཆེ་བ་ཉེར་དྲུགམཁན་ཆེན་བསོད་ནམས་མཆོག་གྲུབ། འཕགས་འོད་ཡོན་ཏན་རྒྱ་མཚོ། གསང་མངའ་བ་ཆོས་ལྡན་རབ་འབྱོར། འབྲོང་རྩེ་ལྷ་བཙུན། སྤྱན་སྔ་བློ་གྲོས་རྒྱལ་མཚན། ཤར་ཁ་དབོན་པོ། གྲུབ་ཆེན་ཐར་པ་རྒྱལ་མཚན། ཚ་ཁོ་ཆོས་ ཀྱི་གྲགས་པ། པཎ་ཆེན་ཤཱཀྱ་ནི། ལོ་ཆུང་དཀའ་བཞི་པ། དྭགས་པོ་ཀུན་དགའ་བཀྲ་ཤིས། ཤར་བ་ཟླ་གྲགས་ཉི་གྲགས། སློབ་དཔོན་སངས་རྒྱས་རྒྱལ་མཚན། གཙང་ཆེན་སངས་རྒྱས་ དཔལ། བླ་མ་ཞི་རྒྱས། དར་ཐུབ་དཔལ་ལྡན་བཟང་པོ། སྣྲོན་པ་དཔལ་སེང༌། ཆོས་རྗེ་དོན་ གྲུབ་པ། བླ་མ་ཡར་འབྲོག་པ། བླ་མ་ཆོས་གྲགས་པ། སྒྲ་བ་ཆོས་རྒྱལ་བ། ཆོས་རྗེ་ཀུན་དགའ་ ལེགས་པ། གནས་བརྟན་ཆོས་སྐྱོང་བ། ཞང་ཞུང་ཆོས་དབང་གྲགས་པ། བ་སོ་ཆོས་ཀྱི་རྒྱལ་ མཚན། གཙང་ཆེན་པའི་ཚ་བོ་ཀུན་དགའ་རྒྱལ་མཚན་དང་ཉེར་དྲུག་གོ །ཉང་སྟོད་བཀྲ་ཤིས་ ལྷུན་པོ་ཆགས་འདེབས་པ་དགེ་འདུན་གྲུབ་ཀྱི་དངོས་སློབ་ཆེ་བ་བཅུ་གསུམ་ནི། རྗེ་སྨོན་ལམ་ དཔལ་བ། འདུལ་དཀར་བློ་གྲོས་སྦས་པ། འདུལ་ནག་དཔལ་ལྡན་བཟང་པོ། རྒྱུད་ཆེན་སྦྱིན་ པ་དཔལ་བ། རྒྱུད་ཆེན་གྲགས་པ་བཟང་པོ། རྒྱུད་ཆེན་ཀུན་དགའ་དོན་གྲུབ། པཎ་ཆེན་བཟང་ 5-1-372 པོ་བཀྲ་ཤིས། འཕགས་པ་འཆར་ཁ། དྲུང་དཔལ་ཚུལ་བ། སྟོན་བྱང་ཆུབ་དཔལ། མཁས་ པ་སྟོབས་ལྡན་འོད་ཟེར། གནས་སྙིང་ཀུན་དགའ་བདེ་ལེགས། པཎ་ཆེན་ཡེ་ཤེས་རྩེ་མོ་ དང་བཅུ་གསུམ་སོགས་ཡོངས་བསྡོམས་རེ་གཅིག་ཡོད་པར་གྲགས། དཔལ་ལྡན་སྨད་རྒྱུད་ ཆགས་འདེབས་པ་ཤེས་རབ་སེང་གེའི་དངོས་སློབ་ཆེ་བ་བཅུ་གཉིས་ནི། རྗེ་དགེ་འདུན་གྲུབ། འཕགས་འོད་ཡོན་ཏན་རྒྱ་མཚོ། སྦྱིན་པ་དཔལ་བ། འདུལ་དཀར་ནག་གཉིས། རྒྱུད་ཆེན་ཀུན་ དགའ་དོན་གྲུབ། རྒྱུད་པ་གྲགས་བཟང༌། དྭགས་པོ་བཀྲ་ཤིས་རྣམ་རྒྱལ། ཆོས་རྗེ་གྲགས་ བསམ་པ། ཆོས་རྗེ་ཟླ་རྒྱལ་བ། མཁས་པ་རིན་ཤཱཀ་པ། དྲུང་སངས་རྒྱས་བསམ་འགྲུབ་དང་ བཅུ་གཉིས་སོ། །རྒྱུད་སྟོད་པ་ཀུན་དགའ་དོན་གྲུབ་གྱི་དངོས་སློབ་ཆེ་བ་བཅུ་སོགས་ནི་རྒྱ་མ་ ལྷ་དབང་རིན་ཆེན། ཆོས་རྗེ་ཡེ་རྩེ་བ། བླ་མ་ཕྱག་དྲུག བླ་མ་དཔལ་ལྡན་འོད་ཟེར། བཤེས་ གཉེན་ངག་དབང་མཆོག་གྲུབ། དཀའ་བཅུ་ཆོས་རྒྱལ་མཚན། ལྷོ་བ་དཀའ་བཅུ་ཧྲལ་མོ། དྲུང་ གཟིམ་ཆུང་བ། དཀའ་བཅུ་ཀུན་བཟང་བ། དཀའ་བཅུ་སྤུ་རབ་པ་དང་བཅུ་སོགས་སོ། ། འབྲས་སྤུངས་ཆགས་འདེབས་པ་འཇམ་དབྱངས་ཆོས་རྗེའི་དངོས་སློབ་ཆེ་བ་བཅུ་བཞི་ ནི། སེ་ར་ཀུན་མཁྱེན་བློ་གྲོས་རིན་ཆེན་སེང་གེ འཕན་ཡུལ་རིན་ཆེན་བྲག་པ་ཉོན་ཤཱཀྱ་རྒྱལ་ མཚན། མཁན་ཆེན་དཔལ་བློ་བ། སྒོ་མང་བླ་མ་སྒ་ལེབ། སྟག་ལེབ། སྣར་ཐང་བ་རབ་མཆོག གྲྭ་ཆུང་བ་ཡོན་ཏན་རྒྱ་མཚོ། ཉག་རེ་རྡོར་རྒྱལ། ལྕགས་ལ་བྱང་དཔལ། བང་རིམ་ཆོས་མཛད། སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན། ཆོས་ནམ་མཁའ་བློ་གྲོས། གཙང་པ་ཀུན་དགའ་རྒྱལ་ མཚན། བླ་མ་བརྩོན་འགྲུས་གྲགས་པ་དང་བཅུ་བཞིའོ། ། སེ་ར་ཐེག་ཆེན་གླིང་ཆགས་འདེབས་པ་བྱམས་ཆེན་ཆོས་རྗེའི་དངོས་སློབ་ཆེ་བ་བདུན་ནི། གུང་རུ་རྒྱལ་མཚན་བཟང་པོ། མཁས་པ་དར་བཟང་བ། སྙེ་ཐང་ཆོས་རྗེ་ཨ་མོ་གྷ་བ། ཆོས་རྗེ་ བསོད་ནམས་ཤེས་རབ། ཆོས་རྗེ་གཞོན་ནུ་དཔལ་ལྡན། རྒྱ་ནག་རྟ་མིང་རྒྱལ་པོ་ཁང་གཉེར། 5-1-373 དེ་སྲས་རྒྱ་ནག་རྒྱལ་པོ་ཡོང་ལ་དང༌། ཟན་ལྡེ་ཏི་ཤྲི་དང་བདུན་ནོ། ། དེ་འདྲའི་བསྟན་འཛིན་སྐྱེས་ཆེན་མང་པོ་ལས་བཤད་སྒྲུབ་ཟུང་འབྲེལ་གྱི་བརྒྱུད་འཛིན་ ལ་གཉིས་ལས་དང་པོ་དབེན་ས་བཀའ་བརྒྱུད་ནི། རྒྱལ་བ་རྡོ་རྗེ་འཆང། རྗེ་བཙུན་འཇམ་ དཔལ་དབྱངས། དབུ་མ་པ་དཔའ་བོ་རྡོ་རྗེ། རྒྱལ་བ་བློ་བཟང་གྲགས་པ། རྟོགས་ལྡན་འཇམ་ དཔལ་རྒྱ་མཚོ། བ་སོ་ཆོས་ཀྱི་རྒྱལ་མཚན། གྲུབ་ཆེན་ཆོས་ཀྱི་རྡོ་རྗེ། རྗེ་བཙུན་སྐྱབས་མཆོག་ དཔལ་བཟང༌། དབེན་ས་བ་བློ་བཟང་དོན་གྲུབ། མཁས་གྲུབ་སངས་རྒྱས་ཡེ་ཤེས། པཎ་ཆེན་ ཆོས་ཀྱི་རྒྱལ་མཚན། སྔགས་ཆེན་དཀོན་མཆོག་རྒྱལ་མཚན། པཎ་ཆེན་བློ་བཟང་ཡེ་ཤེས། སྔགས་ཆེན་བློ་བཟང་བཟོད་པ། པཎ་ཆེན་བློ་བཟང་དཔལ་ལྡན་ཡེ་ཤེས། པཎ་ཆེན་བློ་བཟང་ དཔལ་ལྡན་བསྟན་པའི་ཉི་མ་རྣམས་སོ། ། གཉིས་པ་སྲད་བརྒྱུད་པ་ནི། རྒྱལ་བ་རྡོ་རྗེ་འཆང༌། རྗེ་བཙུན་འཇམ་དཔལ་དབྱངས། ཤར་ཙོང་ཁ་པ་བློ་བཟང་གྲགས་པ། རྗེ་ཤེས་རབ་སེང་གེ འདུལ་ནག་པ་དཔལ་ལྡན་བཟང་ པོ། དེ་དཔོན་དགེ་འདུན་འཕེལ། རྒྱུད་ཆེན་བཀྲ་ཤིས་འཕགས། རྒྱུད་ཆེན་བསམ་གྲུབ་རྒྱ་ མཚོ། རྒྱུད་ཆེན་བརྩོན་འགྲུས་འཕགས། རྒྱུད་ཆེན་རྡོ་རྗེ་བཟང་པོ། རྒྱུད་ཆེན་སངས་རྒྱས་རྒྱ་ མཚོ། རྒྱུད་ཆེན་དཀོན་མཆོག་རྒྱ་མཚོ། རྒྱུད་ཆེན་དཀོན་མཆོག་ཡར་འཕེལ་རྣམས་སོ། །དེའི་ ཆོས་བརྒྱུད་འཛིན་པ། རྗེ་ཐང་སག་དངོས་གྲུབ་རྒྱ་མཚོ། རྗེ་དོན་ཡོད་མཁས་གྲུབ། རྗེ་བྱམས་ པའི་མཚན་ཅན་ནོ། ། རི་བོ་དགའ་ལྡན་པའི་གསེར་ཁྲིའི་རིམ་པ་དྲུག་ཅུ་རེ་གཉིས་ནི། རྗེ་ཙོང་ཁ་པ། རྒྱལ་ ཚབ། མཁས་གྲུབ། ཞ་ལུ་བ་ལེགས་པ་རྒྱལ་མཚན། གཡག་སྡེ་བློ་གྲོས་ཆོས་སྐྱོང༌། མཁས་ གྲུབ་རྗེའི། མཆེད་བ་སོ་ཆོས་ཀྱི་རྒྱལ་མཚན། དྭགས་པོ་གྲྭ་ཚང་འདེབས་པོ་བློ་གྲོས་བརྟན་པ། རྣམ་འགྲེལ་སྨོན་ཊཱིཀ་མཛད་པོ་རྗེ་སྨོན་ལམ་དཔལ་བ་སྟེ་གཙང་བ་བདུན་དུ་གྲགས། རྗེའི་སྐུ་ 5-1-374 ཚ་བློ་བཟང་ཉི་མ། ལྡན་མ་བློ་གསལ་བ་ཤར་རྩེ་ཡེ་ཤེས་བཟང་པོ། གཙང་འདར་སྟོན་ཤར་ རྩེ་བློ་བཟང་གྲགས་པ། ཨེ་བ་བྱང་རྩེ་ཤེས་རབ་ལེགས་པའི་བློ་གྲོས། སྟོད་ལུང་ཤར་རྩེ་ཆོས་ ཀྱི་བཤེས་གཉེན། སྟོད་ལུང་མདའ་བ་བྱང་རྩེ་རིན་ཆེན་འོད་ཟེར། རྩེ་ཐང་ཤར་རྩེ་པཎ་ཆེན་ བསོད་ནམས་གྲགས། དབུས་སྟོན་རྒྱ་གུར་བྱང་རྩེ་ཆོས་སྐྱོང་རྒྱ་མཚོ། མི་ཉག་སེ་སྨད་ཤ་བ་ རྡོ་རྗེ་བཟང་པོ། རྟག་རྩེ་བ་བྱང་རྩེ་རྒྱལ་མཚན་བཟང། སྟོད་ལུང་མདའ་བ་ཤར་རྩེ་ངག་དབང་ ཆོས་གྲགས། སྟག་ཕུ་བྱང་རྩེ་ཆོས་གྲགས་བཟང་པོ། འོལ་ཁ་ཤར་རྩེ་དགེ་ལེགས་དཔལ་ བཟང༌། ཀླུང་ཤོད་བྱང་རྩེ་དགེ་འདུན་བསྟན་པ་དར་རྒྱས། རྩིས་ཐང་ཤར་རྩེ་ཚེ་བརྟན་རྒྱ་ མཚོ། དབུས་སྟོད་བྱང་རྩེ་བྱམས་པ་རྒྱ་མཚོ། སྟོད་ལུང་སྤ་ར་པ་ཤར་བ་དཔལ་འབྱོར་རྒྱ་མཚོ། གཙང་བ་བྱང་རྩེ་དམ་ཆོས་དཔལ་འབར། ཉག་རོང་ཤར་རྩེ་སངས་རྒྱས་རིན་ཆེན། བྱང་རྩེ་ དགེ་འདུན་རྒྱ་མཚོ། ཅོ་ནེ་ཤར་བ་བཤེས་གཉེན་གྲགས་པ། སྟག་ལུང་གྲགས་པ་བློ་གྲོས་རྒྱ་ མཚོ། ཤར་རྩེ་ཆོས་རྗེ་དམ་ཆོས་དཔལ་བ། གཙང་འབྲོང་རྩེ་པ་ཚུལ་ཁྲིམས་ཆོས་འཕེལ། སྟོད་ གེ་རེ་བ་གྲགས་པ་རྒྱ་མཚོ། འཕན་ཡུལ་པ་ངག་དབང་ཆོས་ཀྱི་རྒྱལ་མཚན། གྲྭ་ནང་པ་དཀོན་ མཆོག་ཆོས་འཕེལ། ཀོང་པོ་པ་བྱང་རྩེ་བསྟན་འཛིན་ལེགས་བཤད། འཇང་ས་ཐམ་པ་ཤར་ རྩེ་དགེ་འདུན་རིན་ཆེན། དྭགས་པོ་བྱང་རྩེ་བསྟན་པ་རྒྱལ་མཚན། སྟོད་ལུང་ཆུ་བཟང་པ་ཤར་ རྩེ་དཀོན་མཆོག་ཆོས་བཟང༌། མངའ་རིས་པ་བསྟན་པ་རྒྱལ་མཚན། རྩིས་ཐང་པ་ཤར་རྩེ་བློ་ བཟང་རྒྱལ་མཚན། འཕན་ཡུལ་པ་བྱང་རྩེ་བློ་བཟང་དོན་ཡོད། དྭགས་པོ་བ་ཤར་རྩེ་བྱམས་ པ་བཀྲ་ཤིས་ཨ་མདོ་སྐུ་འབུམ་པ་བྱང་རྩེ་རྒྱ་ནག་བློ་གྲོས་རྒྱ་མཚོ། ཨ་མདོ་ཅོ་ནེ་པ་འཇམ་ དབྱངས་ཚུལ་ཁྲིམས་དར་རྒྱས། མདོ་སྨད་པ་སྦྱིན་པ་རྒྱ་མཚོ། སྤོ་འབོར་བ་ཤར་རྩེ་བློ་བཟང་ ཆོས་འཕེལ། བྱང་རྩེ་དོན་གྲུབ་རྒྱ་མཚོ། ཅོ་ནེ་ཤར་རྩེ་བློ་བཟང་དར་རྒྱས། བྱ་བྲལ་པ་བྱང་ རྩེ་དགེ་འདུན་ཕུན་ཚོགས། རྟ་འོན་པ་ཤར་རྩེ་དཔལ་ལྡན་གྲགས་པ། དྭགས་པོ་པ་བྱང་རྩེ་ཚེ་ 5-1-375 འཕེལ། རྟ་འོན་པ་ཤར་རྩེ་རྒྱལ་མཚན་སེང་གེ བྱ་ཁྱུང་པ་བྱང་རྩེ་ངག་དབང་མཆོག་ལྡན། སྒོ་ མང་པ་ཤར་རྩེ་ནམ་མཁའ་བཟང་པོ། སྦོམ་འབོར་བ་བྱང་རྩེ་བློ་བཟང་དྲི་མེད། དབུས་སྟོད་པ་ ཤར་རྩེ་བསམ་གཏན་ཕུན་ཚོགས། བྱ་ཁྱུང་པ་བྱང་རྩེ་ངག་དབང་ཆོས་གྲགས། སེར་སྨད་ངག་ དབང་ཆོས་གྲགས། བྱང་རྩེ་པ་ཚ་བ་བློ་བཟང་བསྟན་པ། ཚ་རྡོར་ཤར་རྩེ་ཁྲི་ནོ་མི་ཧན་ངག་ དབང་ཚུལ་ཁྲིམས། རྒྱལ་རོང་པ་བློ་བཟང་སྨོན་ལམ་དང་རེ་གཉིས་སོ། ། དེ་དག་གི་གདན་ས་ཆེན་པོ་སེ་འབྲས་དགེ་གསུམ། ཆོས་གྲྭ་བཀྲ་ཤིས་ལྷུན་པོ། རྭ་དྭགས་ མངའ་གསུམ། སྔགས་ཀྱི་བརྒྱུད་འཛིན། རྒྱུད་པ་སྟོད་སྨད་སྲད་རྒྱུད་པ་དང་བཅས་ཡིན། དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་གྲྭ་ཚང་གོང་བྱང་རྩེར། ཁམས་ཚན། ཧར་གདོང༌། བསམ་བློ། ཀྲེ ་བོ། སོགས་བཅུ་གསུམ་འདུས་པའི་དགེ་འདུན་ལས། སྐྱེས་ཆེན་དམ་པ་བྱོན་ རིམ། ཧོར་སྟོད་ནམ་མཁའ་དཔལ། རྗེ་དོན་ཡོད་དཔལ་ལྡན། གཉལ་སྟོན་དཔལ་འབྱོར་ལྷུན་ གྲུབ། ཁྱུང་ཕྲུག་བྱམས་པ་བཀྲ་ཤིས། རྒྱལ་རོང་རབ་འབྱམས་པ་བསྟན་པ་དར་རྒྱས། རོང་པོ་ སྐལ་ལྡན་རྒྱ་མཚོ་རྣམས་དང༌། གྲྭ་ཚང་ཤར་རྩེར། ཁམ་ཚན། རྡོ་ཁང༌། ཕོ་ཁང༌། ལྷོ་བ་སོགས་ བཅུ་གསུམ་འདུས་པའི་ནང་ནས། སྐྱེས་ཆེན་མཁས་གྲུབ་རྗེ། གནས་བརྟན་རིན་ཆེན་རྒྱལ་ མཚན། ཚེ་མ་དབང་རྒྱལ། ཁྲི་སངས་རྒྱས་མཚན། ཉག་རོང་བླ་མ་བློ་བཟང་སྐལ་ལྡན། ཕོ་ ཁང་པ་གྲུབ་དབང་བློ་བཟང་ཆོས་འཛིན་རྣམས་བྱོན། བཀྲ་ཤིས་ལྷུན་པོའི་གདན་རབས་བཅུ་དགུ་ནི། རྒྱལ་བ་དགེ་འདུན་གྲུབ། པཎ་ཆེན་ བཟང་པོ་བཀྲ་ཤིས། པཎ་ཆེན་ལུང་རིགས་རྒྱ་མཚོ། པཎ་ཆེན་ཡེ་ཤེས་རྩེ་མོ། རྒྱལ་བ་དགེ་ འདུན་རྒྱ་མཚོ། མངའ་རིས་བློ་བཟང་བསྟན་པའི་ཉི་མ། པཎ་ཆེན་བློ་གྲོས་རྒྱལ་མཚན། པཎ་ ཆེན་དོན་ཡོད་རྒྱ་མཚོ། ཤངས་སྟོན་བློ་གྲོས་ལེགས་བཟང༌། གནས་སྙིང་ཆོས་ཀྱི་རྒྱལ་མཚན། ཤངས་སྟོན་ཆོས་དཔལ་རྒྱ་མཚོ། གཞུ་བ་བསོད་ནམས་རྒྱལ་མཚན། ཤངས་སྟོན་བསམ་ 5-1-376 འགྲུབ་དཔལ། ཉང་སྟོང་དམ་ཆོས་ཡར་འཕེལ། ཉང་སྟོན་ལྷ་དབང་བློ་གྲོས། པཎ་ཆེན་བློ་ བཟང་ཆོས་ཀྱི་རྒྱལ་མཚན། པཎ་ཆེན་བློ་བཟང་ཡེ་ཤེས། པཎ་ཆེན་དཔལ་ལྡན་ཡེ་ཤེས། པཎ་ ཆེན་དཔལ་ལྡན་བསྟན་པའི་ཉི་མ་དང་བཅུ་དགུའོ། ། ཆོས་གྲྭ་འདི་ནས་སྐྱེས་ཆེན་བྱོན་རིམ་ནི། བ་སོ་ཆོས་ཀྱི་རྒྱལ་མཚན། འདུལ་འཛིན་བློ་ གྲོས་སྦས་པ། གྲུབ་ཆེན་ཆོས་ཀྱི་རྡོ་རྗེ། ཤངས་པ་སྐྱབས་མཆོག་དཔལ་བཟང༌། བསོད་ནམས་ ཕྱོགས་ཀྱི་གླང་པོ། དབེན་ས་པ་བློ་བཟང་དོན་གྲུབ། མཁས་གྲུབ་སངས་རྒྱས་ཡེ་ཤེས། པཎ་ ཆེན་ཆོས་ཀྱི་རྒྱལ་མཚན་གྱི་སློབ་མ་སྔགས་ཆེན་དཀོན་མཆོག་རྒྱལ་མཚན། མངའ་རིས་པ་ གྲུབ་ཆེན་སྙིང་སྟོབས་རྒྱ་མཚོ། ལྷ་བ་སྐུ་སྐྱེས་བློ་བཟང་བསྟན་པ་དར་རྒྱས། སྐྱིད་ཤོད་སྟག་ རྩེ་ཞབས་དྲུང༌། བློ་བཟང་བསྟན་འཛིན་རྒྱ་མཚོ། དེའི་སྐུ་སྐྱེས་སྐྱིད་ཤོད་སྤྲུལ་སྐུ་ངག་དབང་ བསྟན་འཛིན་ཕྲིན་ལས། ཛ་ཡ་པཎྜི་ཏ་བློ་བཟང་ཕྲིན་ལས། རྗེ་བློ་བཟང་མགོན་པོ། དཀའ་ ཆེན་བསོད་ནམས་གྲགས་པ། སྔགས་ཆེན་དགེ་འདུན་དོན་འགྲུབ། པཎ་ཆེན་བློ་བཟང་ཡེ་ ཤེས་དངོས་སློབ་རྗེ་དགེ་ལེགས་རབ་རྒྱས། རྗེ་དམ་ཆོས་དཔལ་འབྱོར། སྔགས་ཆེན་བློ་བཟང་ རིག་གྲོལ། སྔགས་ཆེན་བློ་བཟང་བཟོད་པ། ཧོར་དཀའ་ཆེན་བློ་བཟང་དོན་གྲུབ། དཀའ་ཆེན་ བློ་བཟང་རྣམ་རྒྱལ། དེའི་དངོས་སློབ་དཀའ་ཆེན་པཎྜི་ཏ་ཡེ་ཤེས་རྒྱལ་མཚན་རྣམས་དང༌། དེའི་གྲྭ་ཚང་སོ་སོ་ནས་བླ་མ་དམ་པ་བྱོན་རིམ། ཐོས་བསམ་གླིང་པ་པཎ་ཆེན་བསོད་ནམས་ རྒྱལ་མཚན། ཐོས་གླིང་དྲི་མེད་བཤེས་གཉེན། ཐོས་གླིང་རྟ་ནག་པ་དགེ་འདུན་བློ་བཟང༌། ཐོས་གླིང་དཀའ་ཆེན་ནམ་མཁའ་རྡོ་རྗེ། ཐོས་གླིང་འཇམ་དབྱངས་བློ་བཟང་བཤེས་གཉེན། ཐོས་གླིང་སངས་རྒྱས་དཔལ་རིན། ཐོས་གླིང་དྲི་མེད་བཤེས་གཉེན། ཐོས་གླིང་དགེ་འདུན་ བསམ་འགྲུབ། ཐོས་གླིང་ཀུན་མཁྱེན་ཆོས་འབྱོར་དཔལ་བཟང༌། དཀྱིལ་ཁང་ཤནྟི་བ་བློ་གྲོས་ རྒྱལ་མཚན། དཀྱིལ་ཁང་སེ་ར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་དང༌། པཎ་ཆེན་བདེ་ལེགས་ 5-1-377 ཉི་མ། དཀྱིལ་ཁང་ཀུན་མཁྱེན་ལེགས་པ་དོན་གྲུབ། དཀྱིལ་སྨོན་ལམ་དཔལ་བ། དཀྱིལ་ ལེགས་པ་ཆོས་འབྱོར། དཀྱིལ་སངས་རྒྱས་རྒྱ་མཚོ། ཤར་རྩེ་མངའ་རིས་ལེགས་པ་དོན་གྲུབ། ཤར་རྩེ་པཎ་ཆེན་ན་བཟའ་བ། ཤར་རྩེ་ཀུན་མཁྱེན་སྟོབས་འབར་འོད་ཟེར། ཤར་རྩེ་བྱང་སྟོན་ བློ་གྲོས་རྒྱ་མཚོ་རྣམས་སོ། ། འབྲས་སྤུངས་སྒོ་མང༌། ཁམས་ཚན། ཧར་གདོང༌། བསམ་བློ། ཀླུ་འབུམ། སོགས་བཅུ་ དྲུག་འདུས་པའི་ནང་ནས། སྐྱེས་ཆེན་བྱོན་རིམ། གུང་རུ་ཚུལ་བཟང༌། གུང་རུ་ཆོས་འབྱུང༌། ཆེན་པོ་དཔལ་བཤེས་པ། སློབ་དཔོན་གཞུ་བསོད། གཞུ་ཁང་རབ་འབྱམས་པ་དགེ་ལེགས་ ལྷུན་གྲུབ། སློབ་དཔོན་རྒ་ལེབ། སྟག་ལེབ། ཁྲི་ཆེན་སྟོད་ལུང་བ་སྟག་ལུང་བྲག་པ་བློ་གྲོས་ རྒྱ་མཚོ། མཁས་པའི་དབང་པོ་ཐོག་རྒོད་ཤེས་རབ་སྦྱིན་པ། ཁྲི་རྒྱ་ནག་པ་བློ་གྲོས་རྒྱ་མཚོ། ཁྲི་ སྦྱིན་པ་རྒྱ་མཚོ། ཁྲི་ཆེན་དོན་གྲུབ་རྒྱ་མཚོ། ཁྲི་ཆེན་བྱ་བྲལ་དགེ་འདུན་ཕུན་ཚོགས། ཁྲི་ཆེན་ ནམ་མཁའ་བཟང་པོ། བཙན་པོ་སྨིན་གྲོལ་ཆོས་ཀྱི་རྒྱལ་པོ། གྲུབ་ཆེན་མེ་རྒན་ངག་དབང་བློ་ གྲོས། གྲུབ་པའི་དབང་ཕྱུག་བློ་བཟང་ཤེས་རབ། ཨ་མདོ་རྒྱ་ར་ཆོས་སྐྱོང་རྒྱ་མཚོ། མཁས་ པ་ཆེན་པོ་བྱ་བྲལ་བློ་བཟང་རིན་ཆེན། བཀའ་འགྱུར་ཏཱ་བླ་མ་བློ་བཟང་ཚུལ་ཁྲིམས། རྗེ་བློ་ བཟང་དམ་ཆོས། གནས་ལྔ་མཁྱེན་པའི་པཎྜི་ཏ་རྒྱལ་སྲས་རིན་པོ་ཆེ། ཀུན་མཁྱེན་འཇམ་ དབྱངས་བཞད་པའི་རྡོ་རྗེ། ལྕང་སྐྱ་ངག་དབང་ཆོས་ལྡན་དཔལ་བཟང་པོ། ཤར་ཕྱོགས་རྒྱ་ ནག་གཙུག་གི་རྒྱན་གྱུར་ལྕང་སྐྱ་རོལ་བའི་རྡོ་རྗེ། བ་སོ་རྗེ་དྲུང་གི་སྐུ་ཕྲེང་རིམ་བྱོན། འཇམ་ དབྱངས་བཞད་པ་འཇིགས་མེད་དབང་པོ་རྣམས་དང༌། བློ་གསལ་གླིང༌། ཁམས་མཚན། ཀོང་པོ། ཕོ་ཁང༌། ཚ་བ། སོགས་ཉེར་དྲུག་འདུས་པ་ ལས་བྱོན་པ། འཇམ་དབྱངས་ལེགས་པ་ཆོས་འབྱོར། རོང་སྟོན་བློ་བཟང་གྲགས་པ། ཐོན་ ཡོན་ཏན་རྒྱ་མཚོ། ཤཀ་སྐོར་བླ་མ་སྣར་ཐང་རབ་མཆོག་པ། མཁན་ཆེན་དཔལ་བློ་བ། ཉག་ 5-1-378 རེ་རྡོ་རྗེ་རྒྱལ་མཚན། ཆོས་གྲགས་འོད་ཟེར། ཚ་བ་དགེ་བའི་བཤེས་གཉེན་ཆེན་པོ། འབུ་སྟག་ ངག་དབང་དཔལ་བཟང༌། ཕོ་ཁང་དོམ་སྙག་པ་མཁས་མཆོག་རྡོ་རྗེ། ཚུལ་ཁང་པ་ལེགས་པ་ དོན་གྲུབ། རྗེ་པཎ་ཆེན་དམ་ཆོས་ཡར་འཕེལ། ཤར་བ་ཉག་རེ་དགེ་འདུན་གྲགས་པ། མངའ་ རིས་ཞབས་དྲུང་བློ་བཟང་སྦྱིན་པ། མངའ་རིས་པ་སྔགས་ཆེན་བློ་བཟང་ཆོས་འཕེལ། མཁས་ གྲུབ་ཕོ་ཁང་པ་བློ་བཟང་དར་རྒྱས། བྱ་བཏང་སྒོམ་ཆེན་རིན་ཆེན་ཕུན་ཚོགས། གྲུབ་པའི་ དབང་ཕྱུག་རྗེ་འཇམ་དཔལ་རྒྱ་མཚོ། དེའི་སློབ་མ་སྟག་ཕུ་བློ་བཟང་བསྟན་པའི་རྒྱལ་མཚན། བློ་གསལ་གླིང་ནས་ཁྲི་ལྡན་མ་ཡེ་ཤེས་བཟང་པོ། ཁྲི་འཇང་ཞབས་པ་དམ་ཆོས་ཡར་འཕེལ། ཁྲི་སྦོམ་འབོར་བ་བློ་བཟང་དྲི་མེད། ཁྲི་དབུས་སྟོད་ཕག་མོ་བ་བསམ་གཏན་ཕུན་ཚོགས། ཁྲི་ ཤར་རྒྱལ་མོ་རོང་བ་བློ་བཟང་སྨོན་ལམ་རྣམས་སོ། ། སེ་ར་ཐེག་ཆེན་གླིང་གི་བྱེས་མཁས་མང་གྲྭ་ཚང་གི་ཁམས་ཚན། ཧར་གདོང༌། བསམ་བློ། བྱ་བྲལ། སོགས་ཉེར་གཉིས་འདུས་པ་ལས། སྐྱེས་ཆེན་དུ་མ་བྱོན་རིམ་ནི། མུས་སྲང་བ་བློ་ གྲོས་རིན་ཆེན་སེང་གེ པཎ་ཆེན་བདེ་ཉི། རྗེ་བཙུན་ཆོས་ཀྱི་རྒྱལ་མཚན། ལྡན་མ་ངག་དབང་ གྲགས། གཉལ་སྟོན་དཔལ་འབྱོར་ལྷུན་གྲུབ། པཎ་ཆེན་བསོད་གྲགས། དྭགས་པོ་ནམ་ མཁའ་གྲགས། མཁོན་སྟོན་དཔལ་འབྱོར་ལྷུན་གྲུབ། པྲ་ཏི་རིན་ཆེན། ལྷ་ས་བ་དགེ་འདུན་ རྒྱལ་མཚན། གཙང་བ་ཚུལ་ཁྲིམས་ཆོས་འཕེལ། ཚ་ཞོན་པ་བློ་བཟང་དོན་ཡོད། བསམ་ བློ་ངག་དབང་མཆོག་ལྡན། ངག་དབང་ཆོས་གྲགས། ཚ་བ་བློ་བཟང་བསྟན་པ། ཀྲེ ་ཉག་ བློ་བཟང་བསྟན་འཕེལ། ཀྲེ ་བོ་བློ་བཟང་བཀྲ་ཤིས། བསམ་བློ་ངག་དབང་བརྩོན་འགྲུས། བཟོད་པ་བཟང་པོ། ཨ་ཀ་བསོད་ནམས་བཟང་པོ། གྲུབ་དབང་དཔལ་འབྱོར་གྲགས་པ། བྱ་ བྲལ་ངག་དབང་དོན་གྲུབ། ཐབས་མཁས་རྒྱ་མཚོ། ལྷོ་གླིང་སྟོད་པ་འཇམ་དབྱངས་གྲགས་ པ། སྨད་པ་ཆོས་འབྱོར་བཟང་པོ། ལྷོ་མཁས་ཤེས་རབ་དབང་པོ། ལྷོ་སྒོམ་ནམ་མཁའ་རྒྱལ་ 5-1-379 མཚན། རིན་ཆེན་འོད་ཟེར། བྱང་ཆུབ་འོད་ཟེར། མཁར་རྡོ་བཟོད་པ་རྒྱ་མཚོའི་སྐུ་ཕྲེང་སྔ་ཕྱི། ཕུར་བུ་ལྕོགས་ངག་དབང་བྱམས་པ་སྐུ་སྔ་ཕྱི། རྗེ་དབོན་དཀོན་མཆོག་རྡོ་རྗེ་སྔ་ཕྱི། འཕགས་ པ་ལྷ་སྔ་ཕྱི། དགེ་ལེགས་རྒྱལ་མཚན། ལྷོ་བ་ངག་གི་དབང་པོ་རྣམས་དང༌། སེ་ར་སྨད་ཐོས་བསམ་ནོར་གླིང་གི་ཁམས་ཚན། ཨ་མདོ་གཞུང་པ། སྦོམ་འབོར། ཡེར་ བ། སོགས་བཅོ་ལྔ་འདུས་པ་ལས་བྱོན་པ། མདོ་སྨད། ཚ་བ་ཀུན་མཁྱེན་བྱང་ཆུབ་འབུམ། དབུས་སྟོད་བྱང་ཆུབ་འོད་ཟེར། དར་བཟང་བ། རིན་ཆེན་རྒྱལ་མཚན། ཆོས་གྲགས་འོད་ཟེར། དབུས་སྟོད་བསྟན་པ་དར་རྒྱས། འཇམ་དཔལ་བཤེས་གཉེན། མི་ཉག་རྡོ་རྗེ་བཟང་པོ། ཀོང་པོ་ བཀྲ་ཤིས་རབ་བརྟན། ཅོ་ནེ་ཚུལ་ཁྲིམས་དར་རྒྱས། སྤོ་འབོར་བློ་བཟང་ཆོས་འཕེལ། ཅོ་ནེ་བློ་ བཟང་དར་རྒྱས། ཆུ་བཟང་བ་ཆོས་གྲགས་རྒྱ་མཚོ། ཚ་ཐོར་བ་སྔ་མ་བློ་བཟང་དཔལ་འབར། ཕྱི་མ་ནོ་མིན་ཧན་ངག་དབང་ཚུལ་ཁྲིམས། རྒྱལ་རོང་ནམ་མཁའ་ལྷུན་གྲུབ། དབོན་ཆུང་བློ་ བཟང་ལེགས་གྲུབ། སྔགས་རམ་པ་ནག་ཆེན། ཤིང་ཟའི་སྐུ་སྐྱེས། ཨ་རིག་དགེ་བཤེས་རྣམས་ སོ། །སྟག་ཚང་ར་སྟོད་ནས་བྱོན་པ། སྨར་ཁམས་པ་གྲགས་བཟང༌། གྲྭ་ཆུང་ཡོན་ཏན་རྒྱ་མཚོ། ཤངས་པ་མཆོག་ལྷ་འོད་ཟེར། །འཕྱོང་རྒྱས་ལེགས་པ་བཟང་པོ། གསལ་ཁང་དམ་ཆོས་རྣམ་ རྒྱལ། དཀོན་མཆོག་ཆོས་འཕེལ། སྟག་ལུང་བྲག་པ། གེ་རེ་ལྷ་དབང་དཔལ་འབྱོར། གེ་རེ་ སྐལ་བཟང་ཚོགས་གཉིས། བྲག་སྒོ་རབ་འབྱམས་པ་ཕུན་ཚོགས་རྒྱ་མཚོ། ཉི་ཐང་མཁན་ ཆོས་གྲགས། དྲུང་ཆེན་བྱམས་པ། ངག་དབང་དར་རྒྱས། བྲག་གཡབ་སྤྲུལ་སྐུ་ཆེ་ཆུང་རྣམས་ སོ། །ལྷོ་རྒྱུད་དྭགས་པོའི་གྲྭ་ཚང་ནས། རྗེ་བློ་གྲོས་བསྟན་པ། མཁན་ངག་དབང་གྲགས་པ། དྭགས་ཉག་རིག་པའི་རལ་གྲི། དབོར་བ་བློ་གསལ་བཤེས་གཉེན། དྭགས་པོ་སྐལ་བཟང་རྒྱ་ མཚོ། རྗེ་བྱམས་པ་བརྟན་པ། བྱམས་པ་ཆོས་མཆོགནམ་མཁའ་གྲགས། དཀོན་མཆོག་ཆོས་ འཕེལ། འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ། རྒྱབ་རི་པ་མཁན་བློ་བཟང༌། སེ་ར་པ་དགེ་ 5-1-380 ལེགས་རྒྱ་མཚོ། ཡེར་བ་ཕུན་ཚོགས་རྒྱ་མཚོ། ལོ་དགོན་པ་བྱམས་པ་ཆོས་ལྡན། དུས་འཁོར་ ཡོན་ཏན་དར་རྒྱས། དྭགས་པོ་ཚེ་འཕེལ། བློ་བཟང་སྦྱིན་པ། དོན་གྲུབ་དབང་རྒྱལ། དགེ་ འདུན་འཇམ་དབྱངས། བློ་བཟང་མཐུ་སྟོབས། ངག་དབང་བསྟན་པ་དར་རྒྱས། ནམ་མཁའ་ དབང་པོ། དགེ་འདུན་ངག་དབང༌། བླ་མ་དམ་ཆོས་སོགས་དང༌། ལྷོ་རྒྱུད་མངའ་རིས་གྲྭ་ཚང་ ནས། རྒྱལ་བ་དགེ་འདུན་རྒྱ་མཚོ། གཙང་བ་བསྟན་པ་དར་བཟང༌། ཞབས་དྲུང་བསྟན་པའི་ རྒྱལ་མཚན། འོལ་ཁ་བློ་བཟང་ཕྲིན་ལས་རྣམས་དང༌། སྨད་རྒྱུད་གྲྭ་ཚང་ནས། ཤེས་རབ་སེང་ གེ ཤེས་རབ་བཟང་པོ། ཨེ་པ་ཤེས་རབ་རྒྱལ་པོ། སངས་རྒྱས་ཡེ་ཤེས། རྒྱ་ར་ཆོས་སྐྱོང་རྒྱ་ མཚོ། མདོ་སྨད་སྔགས་འཆང་འཇམ་དབྱངས་བློ་གྲོས། བྲག་དཀར་སྔགས་རམ་པ་བློ་བཟང་ བསྟན་པ་དར་རྒྱས། སྔགས་འཆང་རྟ་མགྲིན་ཕུན་ཚོགས། རྭ་སྒྲེང་སྔགས་རམ་པ་བློ་བཟང་ དོན་གྲུབ། ཁྲི་ཆེན་སྦྱིན་པ་རྒྱ་མཚོ། རྒྱ་ནག་པ་བློ་གྲོས་རྒྱ་མཚོ། བྱ་བྲལ་དགེ་འདུན་ཕུན་ ཚོགས། ངག་དབང་མཆོག་ལྡན་རྣམས་དང༌། སྟོད་རྒྱུད་གྲྭ་ཚང་ནས། ཤེས་རབ་སེང་གེ ཀུན་ དགའ་དོན་གྲུབ། རྒྱལ་ཁང་པ་བློ་གྲོས་སེང་གེ རྒྱལ་ཁང་དཔལ་འབྱོར་རྒྱ་མཚོ། ཚ་ཐོར་བློ་ བཟང་དཔལ་འབར། སྔགས་རམ་པ་དགེ་འདུན་བཀྲ་ཤིས། པཎ་ཆེན་བསོད་གྲགས། སྒོམ་ སྡེ་ནམ་མཁའ་རྒྱལ་མཚན། ཁྲི་དཀོན་མཆོག་ཆོས་འཕེལ། ཐང་སན་པ་དངོས་གྲུབ་རྒྱ་མཚོ། ཁྲི་ཆེན་བློ་བཟང་དར་རྒྱས། སྔགས་རམ་ཡེ་ཤེས་སྐལ་ལྡན། རྒྱལ་ཚབ་བརྩོན་འགྲུས་རྒྱལ་ མཚན། མངའ་རིས་བློ་བཟང་བཟོད་པ་རྣམས་བྱོན་ནོ། ། རྒྱལ་བའི་སྐུ་ཕྲེང་ནི། རྒྱལ་བ་དགེ་འདུན་གྲུབ་དགུང་ལོ་གྱ་ལྔ་པ། དགེ་འདུན་རྒྱ་མཚོ་ལོ་ རེ་བརྒྱད་པ། བསོད་ནམས་རྒྱ་མཚོ་ལོ་ཞེ་དྲུག་པ། ཡོན་ཏན་རྒྱ་མཚོ་ལོ་ཉེར་བརྒྱད་པ། ངག་ དབང་བློ་བཟང་རྒྱ་མཚོ་ལོ་རེ་དྲུག་པ། ཚངས་དབྱངས་རྒྱ་མཚོ་ལོ་ཉེར་ལྔ་པ། སྐལ་བཟང་ རྒྱ་མཚོ་ལོ་ལྔ་བཅུ་པ། འཇམ་དཔལ་རྒྱ་མཚོ། ལུང་རྟོགས་རྒྱ་མཚོ། མཁས་བཙུན་རྒྱ་མཚོ། 5-1-381 ཚུལ་ཁྲིམས་རྒྱ་མཚོ། ཕྲིན་ལས་རྒྱ་མཚོ། ཐུབ་བསྟན་རྒྱ་མཚོ། བསྟན་འཛིན་རྒྱ་མཚོ་རྣམས་ སོ། །པཎ་ཆེན་སྐུ་ཕྲེང་ནི། མཁས་གྲུབ་དགེ་ལེགས་དཔལ། བསོད་ནམས་ཕྱོགས་ཀྱི་གླང་པོ། དབེན་ས་བློ་བཟང་དོན་གྲུབ། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན། པཎ་ཆེན་བློ་བཟང་ཡེ་ ཤེས་དཔལ་བཟང༌། པཎ་ཆེན་བློ་བཟང་དཔལ་ལྡན་ཡེ་ཤེས། ཆོས་ཀྱི་ཉི་མ། ཆོས་ཀྱི་རྒྱལ་ མཚན་རྣམས་སོ། ། རྒྱལ་སྲས་སྐུ་ཕྲེང་ནི། རྒྱལ་སྲས་མཐུ་སྟོབས་རྒྱ་མཚོ། རྒྱལ་སྲས་དངོས་གྲུབ་རྒྱ་མཚོ། རྒྱལ་སྲས་བློ་བཟང་བསྟན་འཛིན་རྒྱ་མཚོ། རྒྱལ་སྲས་ངག་དབང་འཇིགས་མེད་ཡེ་ཤེས། རྒྱལ་ སྲས་བློ་བཟང་འཇིགས་མེད་རྣམས་སོ། ། སྟག་ཕུའི་སྐུ་ཕྲེང་ནི། སྟག་ཕུ་གུ་ཤྲི་དཔལ་ལྡན་དོན་གྲུབ། རྗེ་བློ་གྲོས་བསྟན་པ། ཤཱཀྱ་ མཆོག་ལྡན། སྟག་ཕུ་གུ་ཤྲི་ཆོས་རྒྱལ་བསྟན་འཛིན། སྟག་ཕུ་རྗེ་ངག་དབང་ཆོས་གྲགས་ བཟང་པོ། སྟག་ཕུ་སྤྲུལ་སྐུ་བློ་བཟང་བསྟན་པའི་རྒྱལ་མཚན། དེའི་ཡང་སྤྲུལ་བློ་བཟང་འཇམ་ དབྱངས་དཔལ་འབྱོར་རྣམས་སོ། ། ཀོང་དེ་མོའི་སྐུ་ཕྲེང་ནི། འཕགས་ལྷའི་རྒྱལ་ཚབ་དཀོན་མཆོག་འབྱུང་ནས། སྤྲུལ་སྐུ་ དཔལ་འབྱོར་བཀྲ་ཤིས། ལྷ་དབང་ཕྱོགས་ལས་རྣམ་རྒྱལ། ལྷ་དབང་བསྟན་པ་རྒྱལ་མཚན། ངག་དབང་དགེ་ལེགས་རྒྱལ་མཚན། ངག་དབང་ནམ་མཁའ་འཇམ་དབྱངས། རྒྱལ་བའི་སྐུ་ ཚབ་དེ་མོ་ནོ་མི་ཧན་ངག་དབང་འཇམ་དཔལ་བདེ་ལེགས་རྒྱ་མཚོ་སོགས་སོ། ། གུང་རུའི་སྐུ་ཕྲེང་ནི། རྗེ་ཙོང་ཁ་པའི་སྙན་བརྒྱུད་གདམས་པའི་བཀའ་བབ་བ་སོ་ཆོས་ ཀྱི་རྒྱལ་མཚན། རྗེ་ལྷ་སྐྱབས། ལི་ཡུལ་ཆོས་ཀྱི་རྒྱལ་པོ། མཁས་བཙུན་ཡོན་ཏན་རྒྱལ་པོ། མཁས་གྲུབ་ལྷ་དབང་ཆོས་ཀྱི་རྒྱལ་མཚན། རྗེ་དྲུང་ངག་དབང་ཆོས་ཀྱི་དབང་ཕྱུགརྗེ་དྲུང་ངག་ དབང་དཀོན་མཆོག་ཉི་མ། རྗེ་དྲུང་བློ་བཟང་དཔལ་ལྡན་རྒྱལ་མཚན། རྗེ་དྲུང་ནོ་མིན་ཧན་ས་ 5-1-382 མ་ཏི་པཀྴི་ཡེ་ཤེས་བློ་བཟང་བསྟན་པའི་མགོན་པོ་རྣམས་སོ། ། ལོ་སེམས་དཔའི་སྐུ་ཕྲེང་ནི། རྗེའི་དངོས་སློབ་བདེ་མོ་ཐང་པ་བློ་གྲོས་རྒྱལ་མཚན། སྤྲུལ་ སྐུ་སྨོན་ལམ་བློ་གྲོས། སྤྲུལ་སྐུ་གྲགས་པ་རྒྱལ་མཚན། ངག་དབང་ཆོས་ཀྱི་རྒྱ་མཚོ། ངག་གི་ དབང་ཕྱུག ངག་དབང་ཕུན་ཚོགས། བློ་བཟང་སྙན་གྲགས་རྣམས་སོ། ། གསང་བདག་སྤྲུལ་སྐུའི་སྐུ་ཕྲེང་ནི། གྲུབ་ཆེན་ལས་ཀྱི་རྡོ་རྗེ། སྔགས་རམ་པ་དགེ་འདུན་ བཀྲ་ཤིས། རྗེ་དྲུང་བདེ་འབྱུང་མགོན་པོ། དགེ་འདུན་ཆོས་རྒྱལ་དབང་ཕྱུགབློ་བཟང་ཕྲིན་ ལས། ཕྲིན་ལས་ལྷུན་གྲུབ་རྣམས་སོ། ། ཁལ་ཁ་རྗེ་བཙུན་གྱི་སྐུ་ཕྲེང་ནི། ཁལ་ཁ་རྗེ་བཙུན་དམ་པ་བློ་བཟང་བསྟན་པའི་རྒྱལ་ མཚན། བློ་བཟང་བསྟན་པའི་སྒྲོན་མེ། བློ་བཟང་བསྟན་པའི་ཉི་མ་རྣམས་སོ། ། འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས། འཇིགས་མེད་དབང་པོ་གཉིས་སྐུ་ སྔ་ཕྱིའོ། ། ལྕང་སྐྱའི་སྐུ་ཕྲེང་ནི། ངག་དབང་བློ་བཟང་ཆོས་ལྡན། རོལ་པའི་རྡོ་རྗེ་གཉིས་སོ། ། ཟི་ལང་སྟོང་འཁོར་སྤྲུལ་སྐུའི་སྐུ་ཕྲེང་ནི། རྗེའི་དངོས་སློབ་འདུལ་འཛིན་ཟླ་བ་རྒྱལ་ མཚན། སྟོང་འཁོར་ཡོན་ཏན་རྒྱ་མཚོ། སྟོང་འཁོར་འཇམ་དབྱངས་རྒྱ་མཚོ། སྟོང་འཁོར་ འཇམ་དབྱངས་ལྷུན་གྲུབ། སྟོང་འཁོར་ངག་དབང་བློ་བཟང་འཇམ་དཔལ་བསྟན་འཛིན། སྟོང་འཁོར་ངག་དབང་བསོད་ནམས་རྒྱ་མཚོ། ཡང་དེའི་སྤྲུལ་སྐུ་ངག་དབང་བསྟན་འཛིན་ འཇམ་དབྱངས་རྒྱ་མཚོ་རྣམས་སོ། ། སྨར་ཁམས་སྒང་ཉག་གི་དཀའ་བཅུ་པའི་སྐུ་ཕྲེང་ནི། དཀའ་བཅུ་གྲགས་པ་རྒྱ་མཚོ། དེའི་ ཡང་སྤྲུལ་ཆུང་ངུ༌། ངག་དབང་བསོད་ནམས་ལྷུན་གྲུབ། ངག་དབང་ཚུལ་ཁྲིམས་ལེགས་གྲུབ། རྗེ་བློ་བཟང་རྣམ་རྒྱལ། སྤྲུལ་སྐུ་དཔལ་ལྡན་བསྟན་པ་རྒྱལ་མཚན་རྣམས་སོ། ། 5-1-383 སྤྲུལ་སྐུ་ཆུང་ཚང་གི་སྐུ་ཕྲེང་ནི། དགེ་འདུན་གྲུབ་ཀྱི་སློབ་མ་འཇམ་དབྱངས་མཆོག་ལྷ་ འོད་ཟེར། བླ་མ་སངས་རྒྱས་བཀྲ་ཤིས། གྲགས་པ་ཆོས་འཛིན། བྱམས་པའི་མཚན་ཅན། བློ་ བཟང་བསྟན་པ། སྐལ་བཟང་ཐུབ་བསྟན་དབང་ཕྱུག བློ་བཟང་བསྟན་འཛིན་རྒྱ་མཚོ་རྣམས་ སོ། ། འཕགས་པ་ལྷའི་སྐུ་ཕྲེང་ནི་ཀུ་ཅོར་རྟོགས་ལྡན་གྱི་སྲས་འཕགས་པ་ལྷ། འཕགས་པ་ སངས་རྒྱས། ཞལ་སྔ་མཐོང་བ་དོན་ལྡན། འཕགས་པ་ལྷ་ཆོས་ཀྱི་རྒྱལ་པོ། འཕགས་པ་ ལྷ་རྒྱལ་བ་རྒྱ་མཚོ། འཕགས་པ་ལྷ་འཇིགས་མེད་བསྟན་པའི་མགོན་པོ། འཕགས་པ་ལྷ་ འཇིགས་མེད་ཡེ་ཤེས་དཔལ་ལྡན་བསྟན་པའི་མགོན་པོ་རྣམས་སོ། །འཕགས་པ་ལྷའི་སློབ་ མ་ཞི་བ་བཟང་པོའི་སྐུ་ཕྲེང་ནི། སློབ་དཔོན་ཞི་བ་བཟང་པོ། འཕགས་པ་དགེ་ལེགས་རྒྱལ་ མཚན་གཉིས་སོ། །ཡང་འཕགས་ལྷའི་སློབ་མ་ལྕགས་ར་སྤྲུལ་སྐུའི་སྐྱེས་རབས་ནི། གྲུབ་ཐོབ་ ངག་དབང་དཔལ་མཆོགསངས་རྒྱས་དཔལ་འབྱོར། ངག་དབང་རྡོ་རྗེ་འཛིན་པ། ངག་དབང་ དཔལ་འབྱོར་བཟང་པོ། ངག་དབང་ཕྲིན་ལས་བཟང་པོ། ངག་དབང་བསྟན་འཛིན་ལྷུན་གྲུབ། ངག་དབང་ཕྲིན་ལས་དཔལ་བཟང་རྣམས་སོ། ། ཡང་འཕགས་ལྷའི་དངོས་སློབ་རྒྱ་ར་བའི་སྐུ་ཕྲེང་ནི། གྲུབ་ཐོབ་ཤེས་རབ་ཕུན་ཚོགས། རྟོགས་ལྡན་རྒྱ་ར་སངས་རྒྱས། བློ་བཟང་ཕུན་ཚོགས་རྣམ་རྒྱལ། དཔལ་ལྡན་བསྟན་པ། དགེ་ ལེགས་བསྟན་པའི་རྒྱལ་མཚན་རྣམས་སོ། ། ཆབ་མདོའི་གདན་རབས་ཉེར་གསུམ་ནི། རྗེའི་དངོས་སློབ་བྱང་སེམས་ཤེས་རབ་བཟང་ པོ་དགུང་ལོ་རེ་གསུམ་པ། ཞང་ཞུང་ཆོས་དབང་གྲགས་པ་ལོ་རེ་དྲུག་པ།མཚུར་སྟོན་ནམ་ མཁའ་དཔལ། རྗེ་དྲུང་ཤེས་རབ་དཔལ་བརྩེགས་ལོ་གྱ་གཅིག་པ། རྗེ་དྲུང་ཨ་ནནྟའི་མཚན་ ལོ་རེ་བཞི་པ། རྗེ་དྲུང་ཀུན་དགའ་དཔལ་ལོ་གྱ་གཅིག་པ། རྗེ་དྲུང་ཀུན་དགའ་བློ་གྲོས་ལོ་གྱ་ 5-1-384 གཅིག་པ། སྔགས་རམ་པ་དགེ་འདུན་བཀྲ་ཤིས་ལོ་དོན་གཉིས་པ། རྗེ་དྲུང་མི་གཡོ་བ་ལོ་རེ་ བརྒྱད་པ། རྗེ་དྲུང་ཤེས་རབ་དབང་པོ་ལོ་གྱ་བདུན་པ། རྗེ་དྲུང་འཇམ་དབྱངས་བཤེས་གཉེན་ ལོ་རེ་བརྒྱད་པ། རྗེ་དྲུང་ལྷ་དབང་ཆོས་ཀྱི་རྒྱལ་མཚན་ལོ་རེ་བདུན་པ། རྒྱལ་བ་བསོད་ནམས་ རྒྱ་མཚོ་ལོ་ཞེ་དྲུག་པ། གདན་རབས་མིན་ཀྱང་སྐྱེ་རིམ་གྱི་དབང་དུ་བྱས་ན་འཕགས་པ་ལྷ་ལོ་ ཞེ་དགུ་པ་དང༌། འཕགས་པ་སངས་རྒྱས་ལོ་རེ་དགུ་པ་གཉིས་ཡོད། མཐོང་བ་དོན་ལྡན་ལོ་སོ་ བརྒྱད་པ། དབོན་དྲུང་སངས་རྒྱས་འབྱུང་གནས་ལོ་དོན་བརྒྱད་པ། ཆོས་ཀྱི་རྒྱལ་པོ་ལོ་སོ་དགུ་ པ། ངག་དབང་ཕྲིན་ལས་བཟང་པོ་ལོ་རེ་གཅིག་པ། དཔོན་ཞི་བ་བཟང་པོ། འཕགས་པ་ལྷ་ རྒྱལ་བ་རྒྱ་མཚོ་ལོ་དྲུག་ཅུ། ངག་དབང་བསྟན་འཛིན་ལྷུན་གྲུབ་ལོ་ང་བདུན་པ། འཕགས་ལྷ་ བསྟན་པའི་མགོན་པོ་ལོ་བཞི་བཅུ་པ། འཕགས་པ་དགེ་ལེགས་རྒྱལ་མཚན། འཕགས་ལྷ་ཡེ་ ཤེས་འཇིགས་མེད་དཔལ་ལྡན་བསྟན་པའི་མགོན་པོ་དང་ཉེར་གསུམ་ཡིན་ནོ། །དེ་དག་ལས་ ཀརྨ་ཞྭ་ནག་དང་རྒྱལ་བ་དང་པཎ་ཆེན་གསུམ་མ་གཏོགས་པའི་གྲགས་ཆེ་བའི་སྐུ་ཕྲེང་གང་ བྲི ས་རྣམས་ཀློང་རྡོལ་བླ་མ་བློ་བཟང་དང་དུས་མཉམ་ཡན་ལས་མེད་པ་ཤེས་དགོས། འདིར་ཉེར་མཁོ་བོད་གངས་ཅན་གྱི་ལྗོངས་དེར་རྒྱ་ཁྱོན་ཇི་ཙམ་ཡོད་ཅེ་ན། སྤྱིར་འཛམ་ བུའི་གླིང་དེ་རྨ་བྱ་ཆེན་མོའི་མདོ་ལས། ཡུལ་འཁོར་ལྔ་བརྒྱ། ཡུལ་ལྗོངས་ཆེན་པོ་བཅུ་ དྲུགཡུལ་ཕྲན་སྟོང༌། མི་རིགས་མི་གཅིག་པ་སུམ་བརྒྱ་དྲུག་ཅུ། སྐད་རིགས་མི་གཅིག་པ་བརྒྱ་ ཉི་ཤུའོ་ཞེས་གསུངས་ཤིང༌། དེ་ལ་ཆོས་དར་བ་དང་མ་དར་བའི་ཕྱོགས་ཇི་ཙམ་ཞེ་ན། འཛམ་ གླིང་སོག་ཁ་ལྟ་བུའི་མཐའ་སྐོར་ཐམས་ཅད་ཆོས་མ་དར་བ་སྟེ། དེ་གང་ཞེ་ན། ཀློ་དང༌། རྡོ་ དང༌། ཁ་ཁྲ་དང༌། ཁ་སོགས་དང༌། ག་ཞ་དང༌། ཁ་སུ་ར་དང༌། དམར་དང༌། རྩ་ཕུང་དང༌། རྡོ་ བོ་རོ་དང༌། བྲམ་ཙ་དང༌། ཧུ་ཐུག་དང༌། ཆ་གླིང་དང༌། སྤྲེལ་སླག་དང༌། ཁྱི་ཁྱོ་དང༌། དར་སླེ ག་ དང༌། ཞང་ཚ་དང༌། ཙུ་ཏའི་གླིང་སོགས་མང་ངོ༌། ། 5-1-385 ཆོས་དར་བའི་ཡུལ་ནི། རྒྱ་གར་དང༌། ཁ་ཆེའི་ཕྱོགས་གཅིག་དང༌། སིངྒ་གླིང་དང༌། ཨོ་ རྒྱན་དང༌། ཟ་ཧོར་དང༌། གསེར་གླིང་དང༌། ཤམྦྷ་ལ་དང༌། ཟངས་གླིང་དང༌། ལི་ཡུལ་དང༌། རྒྱ་ནག་གི་ཡུལ་དང༌། བལ་ཡུལ་དང༌། བོད་ཡུལ་རྣམས་སོ། ། བོད་ཡུལ་ས་དཔྱད་འབྲོམ་སྟོན་པས་མངོན་ཤེས་ཀྱིས་གཟིགས་ཏེ་གསུངས་པ། སྤྱི་མིང་ ཁ་བ་ཅན་ལྗོངས་ན། །སྒོས་མིང་དབུས་གཙང་ཁམས་གསུམ་ཟེར། །དྭགས་ཀོང་ལོང་བོ་ ཉང་དང་བཞི། །མཐའ་འཁོབ་བྱང་ཐང་འབྲོག་དང་ལྔ། །ཡུལ་གྱི་ས་དཔྱད་བརྒྱད་དུ་གནས། །མངའ་རིས་ལ་ཡང་རྣམ་པ་གསུམ། །གཙང་ལ་གཡས་རུ་གཡོན་རུ་གཉིས། །ཟར་དང་འབྲི ་ ཚལ་ལྷོ་མུན་གསུམ། །སྲད་དང་རུ་མཚམས་འུ་ཡུག་ཤངས། །ལ་ཕྲན་ལུང་ཕྲན་ཉིས་བརྒྱ་ གསུམ། །དབུས་ན་དབུ་རུ་གཡོ་རུ་གཉིས། །དབུ་རུ་ལ་ཡང་ལྷོ་བྱང་གཉིས། །ལྷོ་ན་འཕན་ཡུལ་ སྟོད་ལུང་གཉིས། །བྱང་ན་ཞོ་དང་མལ་གྲོ་གཉིས། །ལུང་ཕྲན་ཆེན་པོ་ཉིས་བརྒྱ་གསུམ། །སྟོད་ སྨད་ཆ་ལ་སྟོང་ཕྲག་བཞི། །ཁམས་ཀྱི་ཆ་ལ་ཉིས་བརྒྱ་བཅུ། །མདོར་ན་གངས་རིའི་ཁྲོད་འདི་ ན། །ལུང་ཆེན་སྟོང་དང་ལྔ་བརྒྱ་ཡོད། །ལུང་སུལ་ཁྲི་དང་ཉིས་སྟོང་ཡོད། །རི་བོ་ཁྲི་ཕྲག་བཅུ་ བཞི་ཡོད། །རི་ཕྲན་འབུམ་ཚོ་ཉི་ཤུ་ལྔ། །ཐང་ཆེན་སྟོང་དང་དྲུག་ཅུ་བདུན། །ཐང་ཕྲན་འབུམ་ ཕྲག་བཅུ་བདུན་ཡོད། །ཆུ་བོ་ཆེན་པོ་བཞི་རུ་གནས། །ཆུ་ཕྲན་འབུམ་ཚོ་སུམ་ཅུ་ལྔ། །ཆུ་མིག་ འབུམ་ཕྲག་བཞི་བཅུ་དྲུག །བྲག་རི་ཁྲི་ཕྲག་དགུ་རུ་གནས། །ལམ་འཕྲང་ཁྲི་ཕྲག་བཅུ་དགུ་སྟེ། །བོད་ཡུལ་ཁྱོན་ནི་དེ་ཙམ་ཞིག །ཅེས་དང༌། བོད་ལ་རོང་འབྲོག་སྡེ་དགོན་ལྷ་ཁང་ཡོད་ཚུལ་ གསུངས་པ། ཤིང་སྒོ་འབུམ་ཚོ་ལྔ་སྟོང་ཡོད། །སྦྲ་ཁྱིམ་འབུམ་ཕྲག་ཉི་ཤུ་བཞི། །སྡེ་དགོན་ལྔ་ བཅུ་རྩ་ལྔ་ཡོད། །ཅེས་དང༌། བོད་ལ་སྐྱེས་པ་བུད་མེད་ཆོས་མཛད་ཡར་འགྲོ་གང་ཡོད་ཚུལ་ གསུངས་པ། བོད་ན་སྐྱེས་པ་བྱེ་བ་གསུམ། །ཟ་མ་བུད་མེད་བྱེ་བ་བཞི། །ཆོས་ལ་སྤྱོད་པ་ཁྲི་ ཕྲག་བཞི། །ཡར་འགྲོའི་ཆོས་ལ་བཞི་བརྒྱ་སྟེ། །ཞེས་གསུངས་པ་ལྟར་རོ། ། 5-1-386 ད་ལྟ་བོད་དང་བོད་ཆེན་པོ་ཟེར་ཞིང༌། བོད་ཆེན་པོ་ལ་མདོ་སྟོད་མདོ་སྨད་གཉིས་སུ་ཕྱེ་ ནས་མདོ་སྟོད་ནི་བར་ཁམས་པ་རྣམས་དང༌། མདོ་སྨད་ནི་ཨ་མདོའི་ཡུལ་ལ་བྱེད་དོ། །བོད་ ནི་དབུས་གཙང་རུ་བཞི་ལ་ཟེར་རོ། །དབུས་ཀྱི་རུ་གཉིས་ནི། དབུ་རུ་སྐྱིད་ཤོད་ཕྱོགས་དང༌། གཡས་རུ་ངམ་ཤོད་ལྷོ་ཁའི་ཕྱོགས་ལ་བྱེད་དོ། །གཙང་གི་རུ་གཉིས་ནི་རུ་ལག་ཤབ་འགྱེད་ཀྱི་ ཕྱོགས་དང༌། གཡས་རི་ཉང་ཆུ་གཞུང་ལ་ཟེར་རོ། །ཡང་སྟོད་མངའ་རིས་སྐོར་གསུམ། བར་ དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་དང༌། ཡང་ན་གསུམ་ཟེར་ཞིང་དེ་ནི། རྨ་ཆུ། གཙང་ཆུ། ཉང་ཆུ། འབྲི ་ཆུ། རྔུ་ཆུ། གཙང་དབུས་གཉིས་ཀྱི་ཆུ་འདྲེས་པ་ལོ་ཧི་ཏ་འམ་ཆུ་བོ་ སི་ཏ་ཡང་ཟེར་བའི་གཙང་ཆུ་སྟེ། ཆུ་རེའི་བར་ལ་སྒང་རེ་ཟེར་རོ། །མདོ་ཁམས་ལ་སྨ་ཁམས་ བཏགས་པ་ཁམས་གཅིགམདོ་སྨད་ལ་གཡར་མོ་ཐང་དུ་བཏགས་པ་ཁམས་གཅིགབཙོང་ཁ་ ལ་གྱི་ཐང་བཏགས་པ་ཁམས་གཅིག་སྟེ་སྨད་ཁམས་སྒང་གསུམ་ཟེར་རོ། །ཡང་དབུས་གཙང་ རུ་བཞི་ལ་ཁྲི་སྐོར་བཅུ་གསུམ་ནི། གཙང་གི་ཕྱོགས་སུ། ལ་སྟོད་ལྷོ་བའི་དུད་ཀྱི་གྲངས། །སྟོང་ དང་དགུ་བརྒྱ་དགུ་བཅུ་ཡིན། །ལ་སྟོད་བྱང་བ་གཉིས་སྟོང་དང༌། །ཉིས་བརྒྱ་ལྔ་བཅུ་ཐམ་པའོ། །ཆུ་མིག་ཁྲི་སྐོར་ཧོར་དུད་གྲངས། །སུམ་སྟོང་ཉག་གསུམ་བྱེད་པ་ཡོད། །ཞ་ལུ་ཁྲི་སྐོར་སུམ་ སྟོང་དང༌། །བརྒྱད་བརྒྱ་དགུ་བཅུ་རྩ་གཉིས་ཡོད། །བྱང་འབྲོག་ཁྲི་སྐོར་ཁྱད་ཆོས་དང༌། །ཡར་ འབྲོག་ཁྲི་སྐོར་ཁྱད་ཆོས་ལ། །ལེབ་ནི་བཅུ་དྲུག་ཟེར་བ་ཡོད། །ཧོར་དུད་ཕྱེད་དང་བརྒྱད་ བརྒྱའོ། །དབུས་ཀྱི་ཕྱོགས་ལ། །འབྲི ་དང་བོད་འབྲོག་གཉིས་པོ་ལ། །སུམ་སྟོང་སུམ་བརྒྱ་ དྲུག་བརྒྱ་ཡོད། །ཚལ་བར་སུམ་སྟོང་བདུན་བརྒྱ་ཡིན། །ཕག་མོ་གྲུབ་པར་ཉིས་སྟོང་དང༌། །བཞི་བརྒྱ་སུམ་ཅུ་རྩ་བརྒྱད་དོ། །གཡའ་བཟང་ས་ལ་སུམ་སྟོང་དང༌། །རྒྱ་མ་བ་དང་བྱ་ཡུལ་ པ། །ལྔ་སྟོང་དགུ་བརྒྱ་ཕྱེད་ཕྱེད་ཡིན། །སྟག་ལུང་བ་ལ་ལྔ་བརྒྱ་དང༌། །དེ་སྙིང་ལྷ་འབྲུག་ལ་ སོགས་པའི། །ཁ་འཐོར་སྟོང་དང་བཞི་བརྒྱ་ཡོད། །ཞེས་སོགས་འབྱུང་ངོ༌། ། 5-1-387 རྒྱ་ནག་གི་དབུ་བླ་གདན་དྲངས་རིམ། ཐོག་མ་ཧོར་ཆིང་གི་སེ་རྒྱལ་པོའི་སྲས་ཧོར་ཇིང་ གིར་རམ་གོ་དན་རྒྱལ་པོས། ས་སྐྱ་པཎྜི་ཏ་གདན་དྲངས། དེ་ནས་རིམ་བཞིན་གོ་དན་གྱི་བུ་ སེ་ཆེན་གྱིས་ཆོས་རྒྱལ་འཕགས་པ། ཧོར་འཆིང་ཁུ་ལུང་སོག་ཡིག་བཟོ་མཁན་དགེ་བསྙེན་ དེས་ཀུན་མཁྱེན་ཆོས་སྐུ་འོད་ཟེར། ཀརྨ་པ་པཀྴི་གཉིས། ཧོར་འཆིང་བུ་ཡན་ཐུས། མཆིམས་ མཛོད་མཁན་པོ་རྣར་ཐང་འཇམ་དབྱངས། ཏཱ་མིང་ཐོའུ་ཀྭན་གྱིས་ཀརྨ་པ་རང་བྱུང་རྡོ་རྗེ་དང༌། ཀུན་མཁྱེན་ཇོ་ནང་པ་གདན་དྲངས་པ་དངོས་བྱོན་བཤོལ་ཀྱང་དག་སྣང་ཞལ་གཟིགས་དང༌། ཁོང་གི་ཚབ་ཆོས་གྲགས་དཔལ་ཕེབས་པ་དང༌། ཏཱ་མིང་ཐིང་མུར་གྱིས་ཀརྨ་པ་རོལ་པའི་རྡོ་རྗེ། ཏཱ་མིང་ཁང་གཉེར་གྱིས་ཀརྨ་དེ་བཞིན་གཤེགས་པ། ཏཱ་མིང་གཡུང་ལོས་རྗེ་ཙོང་ཁ་པའི་ཚབ་ བྱམས་ཆེན་ཆོས་རྗེ། ཧོར་ཐུ་མེད་ཨལ་ཐན་གྱིས་རྒྱལ་བ་བསོད་ནམས་རྒྱ་མཚོ། ཧོར་ཧང་ ཐས་གོང་ས་ལྔ་པ། ཧོར་ཁང་ཤིས་སྐལ་བཟང་རྒྱ་མཚོ། རྒྱལ་པོ་ལྷ་སྐྱོང་གིས་པཎ་ཆེན་དཔལ་ ལྡན་ཡེ་ཤེས་གདན་དྲངས་པའོ། ། བོད་ཀྱི་ཆབ་སྲི ད་ལྷ་བླ་མ་ཁུ་དབོན་གྱི་རྗེས། རིང་ཞིག་སོང་བ་ན་རྒྱལ་པོའི་གདུང་བརྒྱུད་ མངའ་ཐང་ཆུང་བས་ས་འབྲི་གཉིས་ཀྱིས་ཕན་ཚུན་དམག་སྣ་འདྲེན་རེས་ཀྱིས་གླིང་ལོག་བྱུང་ བར་བརྟེན། བོད་ཡོངས་ཀྱི་དཔོན་རྒྱ་ནག་གོང་མ་ཧོར་ཇིང་གིར་གྱིས་བྱས་ནས་དབུ་བླ་ས་ པཎ་གྱི་རྗེས་སྐུ་ཚ་ཆོས་རྒྱལ་འཕགས་པ་ལ་གོང་མས་བོད་ཆོལ་ཁ་གསུམ་ཕུལ་བ་ནས་བོད་ ཡོངས་ཀྱི་དཔོན་ས་སྐྱས་དཔོན་རབས་ཉི་ཤུའི་རིང་ལོ་དོན་ལྔ་བཟུང་རྗེས། སྣེ ་གདོང་བྱང་ ཆུབ་རྒྱལ་མཚན་གྱིས་ཞབས་ཕྱི་བ་གཞོན་ནུ་བཟང་པོས་དམག་གིས་ས་སྐྱ་བཅོམ་ནས་སྣེ་ གདོང་བས་དཔོན་རབས་བཅུ་གསུམ་ལྷག་གི་རིང་བཟུང༌། དེ་ནས་རིན་སྤུངས་སྡེ་བ་དོན་ ཡོད་ཀྱིས་སྣེ་གདོང་བས་རྫོང་ཁག་འགའ་བཅོམ་སྟེ་རིམ་གྱིས་དཔོན་རབས་འགའ་སོང་རྗེས་ ངག་དབང་རྣམ་རྒྱལ། འཇིགས་གྲགས་གཉིས་བྱུང་བས་ཕྱི་མའི་དུས་ཙམ་ན་ཀརྨ་ཚེ་བརྟན་ 5-1-388 དེའི་སྲས་སྡེ་སྲི ད་ཕུན་ཚོགས་རྣམ་རྒྱལ། དེའི་སྲས་ཀརྨ་བསྟན་སྐྱོང་སྟེ་གཙང་བ་མི་རབས་ གསུམ་གྱིས་བཟུང༌། དེ་ནས་སོག་གུ་ཤྲི་ཡིས་ཟླ་བ་བདུན་འཁྲུག་པ་བཀྱེས་ནས་བོད་ཐོབ་ གོང་ས་ལྔ་པ་ལ་གཏད་ནས་ཐོག་མར་གུ་ཤྲི་རང་གིས་ལོ་བཅུ་གཉིས་སུ་བོད་དཔོན་བྱས། དེ་ ནས་སྲས་ལྷ་བཟང་གིས་དེའི་ཚབ་བྱས་ནས་ཀླད་བཟུང། བོད་དཔོན་གྱི་ལས་ཁུར་རིམ་པར་ ལྔ་པའི་ཕྱག་མཛོད་བསོད་ནམས་རབ་བསྟན་གྱིས་སྡེ་སྲི ད་ལོ་བཅོ་བརྒྱད་བྱས། དེ་བཞིན་དུ་ ཉང་བྲན་ཕྲིན་ལས་རྒྱ་མཚོ་ལོ་བརྒྱད། གོང་ས་ལྔ་པ་རང་ནས་ལོ་གཅིག ཟངས་རི་བློ་བཟང་ མཐུ་སྟོབས་ཀྱིས་ལོ་དྲུག བློ་བཟང་སྦྱིན་པས་ལོ་གསུམ། ཕྲིན་རྒྱམ་གྱི་ཚ་བོ་སྡེ་སྲི ད་སངས་ རྒྱས་རྒྱ་མཚོས་ལྔ་པའི་རིང་ལོ་བདུན། ཚངས་དབྱངས་རྒྱ་མཚོའི་རིང་ལོ་ཉེར་བཞི་སྟེ་སངས་ རྒྱམ་གྱིས་ལོ་སོ་གཅིག་ཏུ་སྡེ་སྲི ད་བྱས་མཐར་དེ་ལྷ་བཟང་གིས་བཀྲོངས། དེ་ནས་ཡེ་ཤེས་རྒྱ་ མཚོ་ལྷ་བཟང་མཆོད་ཡོན་སྦྲེལ་ཏེ་ལོ་བཅུ་གསུམ་བོད་ཐོབ་བཟུང་རྗེས་ལྷ་བཟང་གོང་མ་ཧུང་ ཐས་ཇིས་མངག་པའི་ཇུན་གར་གྱིས་བཀྲོངས། དེ་ནས་གོང་མས་མངག་པའི་ཇུན་གར་རང་ དང་སྟག་རྩེ་ལྷ་རྒྱལ་རབ་བརྟན་གཉིས་ཀྱིས་ལོ་གསུམ་ལ་བཟུང་རྗེས་སྟག་རྩེ་པ་རྒྱ་ནག་གི་ ཁྲིམས་ཀྱིས་བཀྲོངས། དེ་ནས་རྒྱ་ནག་ཆིང་གི་རྒྱལ་རབས་གཉིས་པས་བསྐོས་བཞག་དའི་ ཆིང་བཱ་དུར་གྱིས་ལོ་བདུན་དུ་བཟུང་མཐར་བཱ་དུར་ཡང་བཀའ་བློན་ལུམ་པ་པ། ང་ཕོད་པ། སྦྱར་ར་པ་གསུམ་གྱིས་བཀྲོངས་ནས་བཀའ་བློན་ཁོ་རང་གསུམ་གྱིས་ལོ་གསུམ་ལ་བཟུང་ རྗེས་དེ་གསུམ་ཀྱང་གཙང་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱས་ཀྱིས་བཀྲོངས་ནས་ཕོ་ལྷ་བ་ རང་གིས་ལོ་ཉི་ཤུ་དང༌། དེའི་སྲས་འགྱུར་མེད་རྣམ་རྒྱལ་གྱིས་ལོ་བཞི་ཙམ་དུ་བཟུང་ནས་ཕོ་ ལྷ་བའི་སྲས་དེ་ཡང་རྒྱ་ནག་གི་ཁྲིམས་ཀྱིས་བཀྲོངས་ནས་བོད་ཀྱི་བཀའ་བློན། གུང་དགའ་ བཞི་ཧོ་ཡོན་གཡག་རོང་པ་ཚེ་རིང་དབང་རྒྱལ། བཀའ་བློན་ཐོན་པ། པོ་ཏ་ལའི་རྩེ་དྲུང་པ་དང་ བཞིས་ལོ་ཉེར་བདུན་ལ་བོད་ཐོབ་བཟུང་བ་སྟེ། འདི་དག་གི་སྐབས་ནི་ཏཱ་ལའི་བླ་མའི་རྒྱལ་ 5-1-389 བ་འཇམ་དཔལ་རྒྱ་མཚོའི་སྐུ་ཚེ་སྨད་ཀྱི་དུས་ཙམ་མོ། ། ༡ རྒྱ་གར་རྒྱལ་པོའི་ལོ་རྒྱུས་མདོར་བསྡུས། ༢ བོན་ལུགས་ཉུང་བསྡུས། ༣ རྒྱ་ནག་རྒྱལ་ པོའི་རྒྱལ་རབས། ༤ བོད་ཀྱི་རྒྱལ་རབས། ༥ ཧོར་རྒྱལ་ཚུལ། ༦ བོད་དུ་བསྟན་འཛིན་བྱོན་ རིམ། ༧ བོད་ཀྱ་རྒྱ་ཁྱོན་ཇི་ཙམ་ཡོད་ཚུལ་སོགས་མདོར་བསྡུས་པ་ཙམ་མོ། །འདི་ནི་གངས་ ཅན་བསྟན་པའི་དར་ཚུལ་དེ། །བསྟན་པ་རྒྱས་མཛད་ཆོས་རྒྱལ་མེས་དབོན་དང༌། །བསྟན་ འཛིན་སྐྱེས་ཆེན་རིམ་པར་གང་བྱོན་གྱིས། །སྟོན་པའི་བསྟན་པ་ཕྱོགས་བཅུར་སྤེལ་པ་ལགས། །ཚོགས་གཉིས་ལྷུན་པོའི་ཁྱོན་ལྟར་མངོན་པར་མཐོ། །ཁྲིམས་གཉིས་ཉི་ཟླ་ཟུང་ལྟར་རབ་ཏུ་ མཛེས། །བསྟན་གཉིས་བརྒྱུད་འཛིན་གོས་དཀར་རབ་བྱུང་ཟུང༌། །ལུགས་གཉིས་ལོ་རྒྱུས་ མདོར་བསྡུས་སྨྲས་པ་འདི། །ཉེ་གནས་འགའ་ལ་ཅུང་ཟད་ཕན་པའི་ཕྱིར། །དམ་པ་གོང་མའི་ གསུངས་ལས་བསྡུས་ཙམ་བླངས། འདི་ཡི་དགེ་བས་ཐུབ་བསྟན་འོད་སྟོང་གིས། །གསུང་ རབ་ཕན་བདེའི་པད་ཚལ་བཞད་པར་ཤོག །བོད་ཡུལ་མཐའ་འཁོབ་ཁ་བ་ཅན་གྱི་ལྗོངས་ འདིར་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེས་ཞབས་ཀྱིས་མ་བཅགས་ཀྱང་ གསུང་གི་འོད་ཟེར་གྱིས་ཁྱབ་པར་མཛད་ནས། འཕགས་པ་སྤྱན་རས་གཟིགས་ཀྱིས་གང་ལ་ གང་འདུལ་གྱིས་སེམས་ཅན་ཐམས་ཅད་ཐར་པ་བྱང་ཆུབ་ཀྱི་ལམ་ལ་འགོད་པར་མཛད་ཅིང༌། ཁྱད་པར་འཕགས་པ་དེའི་ཐུགས་ཀྱི་སྤྲུལ་པ་ཆོས་རྒྱལ་སྲོང་བཙན་སྒམ་པོ་ལ་སོགས་པ་དང༌། བསྟན་འཛིན་སྐྱེས་ཆེན་རིམ་པར་བྱོན་པའི་ལོ་རྒྱུས་མདོར་བསྡུས་རིན་པོ་ཆེའི་ནོར་བུའི་ཕྲེང་བ་ཞེས་བྱ་བ་འདི་ཡང་ཤར་འཛམ་ ཐང་གཙང་ཆེན་གཟིམ་ཁང་ཕོ་བྲང་གི་གདན་རབས་བཅུ་དགུ་པ་ངག་དབང་བློ༷་གྲོ༷ས་གྲག༷ས་པ༷ས་སྦྱར་བ་དགེ་ལེགས་འཕེལ།། །། ལེགས་བཞེངས་དགེ་བས་བདག་ཅག་གིས། །འདི་དང་ཚེ་རབས་ཐམས་ཅད་དུ། །རྒྱལ་ བསྟན་རིན་ཆེན་གུས་བཀུར་ཏེ། །སྒོ་གང་ཐད་ནས་རྟག་འཛིན་ཤོག །ཅེས་པ་མ་ཏིས་སོ།། བདག་གི་དགེ་བ་གང་བསགས་འདི་ཡིས་ནི། །སེམས་ཅན་ཐམས་ཅད་བདེ་ཞིང་སྐྱིད་ 5-1-390 པར་ཤོག །གནས་སྐབས་མཐར་ཐུག་ཕན་བདེ་མཆོག་སྤེལ་བའི། །བླ་ན་མེད་པའི་རྒྱུ་ཚོགས་ ཉིད་གྱུར་ཅིག །མ་ཏིས་སོ།། བསོད་ནམས་བསགས་དགེས་བདག་སོགས་འགྲོ། །འདི་ཕྱི་ཀུན་ཏུ་ཡང་དག་གི །ཆོས་ མཐུན་ཁོ་ནས་ལེགས་འཚོ་ཞིང༌། །རྐྱེན་ངན་གང་གིས་བསྒྱུར་མེད་ཤོག །ཅེས་པའང་མ་ཏིས་སོ།། །། 5-1-391 ༄༅། །ཐོག་མར་མང་པོས་བཀུར་བའི་རྒྱལ་པོ། ༄༅། །རྒྱ་གར་གྱི་རྒྱལ་པོ་ཐམས་ཅད་ཀྱི་ཐོག་མར་མང་པོས་བཀུར་བའི་རྒྱལ་པོ་ བྱུང༌། དེའི་སྲས་འོད་མཛེས། དེའི་སྲས་དགེ་བ། དེའི་སྲས་དགེ་མཆོག དེའི་སྲས་གསོ་སྦྱོང་ འཕགས་ཡིན་ཏེ། སྔོན་གྱི་རྒྱལ་པོ་ལྡེ་ལྔ་ཟེར། གསོ་སྦྱོང་འཕགས་ཀྱི་སྲས། ཁྱེའུ་ང་ལས་ནུ་ ཡིན། དེའི་སྲས་མཛེས་པ། དེའི་སྲས་ཉི་མཛེས། དེའི་སྲས་མཛེས་ཅན། དེའི་སྲས་མཛེས་ལྡན་ ཡིན་ཏེ། འདི་རྣམས་ལ་འཁོར་ལོའི་སྒྱུར་བའི་རྒྱལ་པོ་ལྔ་ཟེར་རོ། །དེའི་སྲས་རྒྱལ་པོ་མཆོག་ སྦྱིན། འདིའི་སྐབས་སུ་ཚེ་ལོ་བཞི་ཁྲི་པའི་དུས་ཡིན། རྒྱལ་པོ་ཡབ་སྲས་འདི་གཉིས་ཀྱི་དུས་སུ་ སངས་རྒྱས་འཁོར་བ་འཇིག་རྒྱ་གར་དུ་བྱོན་ནས་དམ་པའི་ཆོས་གསུངས་པ་ཡིན་ནོ། ། རྒྱལ་པོ་མཆོག་སྦྱིན་གྱི་སྲས། རྒྱལ་པོ་ནོར་བུ། དེ་ནས་རྒྱལ་རབས་སུམ་བརྒྱའི་མཐར་ ཀུན་ནས་འོད་ཅེས་བྱ་བའི་རྒྱལ་པོ་བྱུང༌། དེས་སྲས་རྒྱལ་པོ་ཙནྡྷ། འདིས་སྐབས་སུ་འཛམ་ བུ་གླིང་པ་ཚེ་ལོ་སུམ་ཁྲི་པའི་སྐབས་ཡིན་པས། རྒྱལ་པོ་ཡབ་སྲས་འདི་གཉིས་ཀྱིས་དུས་སུ་ སངས་རྒྱས་གསེར་ཐུབ་རྒྱ་གར་དུ་བྱོན་ནས་དམ་པའི་ཆོས་གསུངས་པ་ཡིན་ནོ། ། དེ་ནས་རྒྱལ་རབས་སུམ་བརྒྱའི་མཐར་རྒྱལ་པོ་རཏྣ་ཆེན་པོ། དེའི་སྲས་རྒྱལ་པོ་ཀྲི ་ཀྲི ་བྱོན་ ཏེ། དེའི་སྐབས་སུ་འཛམ་བུ་གླིང་པ་ཚེ་ལོ་ཉི་ཁྲི་པའི་སྐབས་ཡིན་པས་རྒྱལ་པོ་ཡབ་སྲས་འདི་ གཉིས་ཀྱི་དུས་སུ་སངས་རྒྱས་འོད་སྲུང་ཏིང་ངེ་འཛིན་དུ་བྱོན་ནས་དམ་པའི་ཆོས་གསུངས་པ་ ཡིན་ནོ། ། དེ་ནས་ཡུལ་གྲུ་འཛིན་དུ་རྒྱལ་རབས་ཉིས་བརྒྱ་འདས་པའི་རྗེས་སུ་རྒྱལ་པོ་རྣ་བ་ཅན་ 5-1-392 ཞེས་བྱ་བ་བྱུང༌། དེ་ལ་བུ་གཉིས་ཡོད། ཆེ་བའི་མིང་ལ་གཽ་ཏ་མ། ཆུང་བའི་མིང་ལ་བྷ་ར་དྷྭ་ཛ། གཽ་ཏ་མ་དྲང་སྲོང་མདོག་ནག་ལས་རབ་ཏུ་བྱུང༌། བྷ་ར་དྷྭ་ཛས་རྒྱལ་སྲི ད་བཟུང་ཀྱང་སྲས་མ་ འཁྲུངས། སྨད་འཚོང་བཟང་མོ་དང༌། གཡོ་ཅན་པདྨའི་རྩ་ལག་གཉིས་དགའ་མགུར་སྤྱོད་པ་ ལ་ཆས་པས། ལམ་དུ་མི་གཞན་ཞིག་གིས་ཀརྴ་པར་ཎི་ལྔ་བརྒྱ་ཐོགས་ནས་སྨད་འཚོང་བཟང་ མོ་ལ། དགའ་མགུར་སྤྱད་ཀྱི་ཚུར་ཤོག་སྨྲས་པ་སོགས་ཀྱི་རྐྱེན་གྱིས་གཡོ་ཅན་པདྨའི་རྩ་ལག་ ཁྲོས་ཏེ་བཟང་མོ་བསད། རལ་གྲི་གཽའུ་ཏ་མའི་མདུན་དུ་བོར། རྒྱལ་པོ་ལོག་ལྟ་སྐྱེས་ཏེ། གཽའུ་ ཏ་མ་གསལ་ཤིང་གི་རྩེ་ལ་བསྐྱོན་པ་ལ་འབངས་རྣམས་ཀྱིས་གསོལ་བ་བཏབ་པས། གཽའུ་ཏ་ མའི་ཁུ་བའི་ཐིག་པ་གཉིས་དང་ཁྲག་འདྲེས་པ་ས་ལ་ལྷུང་བས་སྒོང་ང་གཉིས་སུ་གྱུར་ཏེ། སྒོང་ ང་གཉིས་པོ་བུ་རམ་ཤིང་ལོའི་གསེབ་ཏུ་བཞག ཉི་མའི་ཟེར་གྱི་སྨིན་ཅིང་རྡོལ་བ་ན་ཁྱེའུ་ གཉིས་སུ་གྱུར་ནས། གཅིག་གི་མིང་ནི་ཉི་མའི་གཉེན། གཅིག་གི་མིང་ནི་བུ་རམ་ཤིང་པར་ བཏགས་སོ། །ཉི་མའི་གཉེན་ལའང་སྲས་མེད། བུ་རམ་ཤིང་པས་རྒྱལ་པོ་བྱས་པས། སྲས་ མང་པོ་བྱུང་སྟེ། བུ་རམ་ཤིང་པའི་རྒྱུད་ཅེས་ཡོངས་སུ་གྲགས་ཏེ་གང་བར་གྱུར་ཏོ། ། དེ་རྣམས་ཀྱི་ཆེ་རྒྱུད་ནས་རྒྱལ་རབས་བརྒྱ་ན་རྒྱལ་པོ་འཕགས་སྐྱེས་པོ་བྱུང་སྟེ། དེ་ལ་བུ་ གསུམ། བུ་མོ་གསུམ་བྱུང་བས། ཆུ་བོ་སྐལ་ལྡན་ཤིང་རྟའི་འགྲམ་དུ་མིང་སྲི ང་ལྷན་དུ་བསྡད། འབྲེ ལ་པ་ལ་རྒྱུད་འཕེལ་ཏེ། ཤཱཀྱའི་རྒྱུད་ཅེས་གྲགས་ནས་གང་བར་གྱུར་ཏོ། །དེ་རྣམས་ཀྱི་ ཆེ་རྒྱུད་ན་རྒྱལ་རབས་ལྔ་བཅུ་ན། རྒྱལ་པོ་ཤིང་རྟ་བཅུ་པ་བྱ་བ་བྱུང༌། དེ་ལ་བུ་གསུམ་བྱུང་ལ། ཤཱཀྱ་ཆེ༷ན་པོ༷། ཤཱཀྱ༷་ལི༷་ཙ་བི༷། ཤཱཀྱ༷་རི༷་བྲག༷་པའོ། ། དེ་ན་ཆེ་བརྒྱུད་རིམ་པ་བཞིན་རྒྱལ་རབས་ཉི་ཤུ་རྩ་ལྔ་ལ་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད། དེས་ སྲས་རྒྱལ་པོ་མཐའ་ཡས་སྐྱོང༌། དེའི་སྲས་རྒྱལ་པོ་གཞུ་བརྟན། དེའི་སྲས་རྒྱལ་པོ་སེང་གེ་ འགྲམ། དེ་ལ་སྲས་བཞི་བྱུང་བ། རྒྱལ་པོ་ཟས་གཙང་མ། ཟས༷་དཀ༷ར། བྲེ ༷་བོ༷་ཟས༷། ཚ༷ད་ 5-1-393 མེ༷ད་ཟ༷ས་དང་བཞིའོ། ། རྒྱལ་པོ་ཟས་གཙང་མའི་སྲས། བཅོམ་ལྡན་འདས་དང༌། གཅུང་དགའ་བོ་གཉིས། ཟས་ དཀར་གྱི་སྲས་ལ། རྒྱལ་དང་བཟང་ལྡན་གཉིས། བྲེ ་བོ་ཟས་ལ་མིང་ཅན་དང༌། མ་འགགས་ པ་གཉིས། ཚད་མེད་ཟས་ལ་ཀུན་དགའ་བོ་དང་ལྷས་སྦྱིན་གཉིས་ཡིན་ནོ། །བཅོམ་ལྡན་ འདས་ལ་སྲས་སྒྲ་གཅན་འཛིན་འཁྲུངས་ཏེ། མང་པོས་བཀུར་བ་ནས་སྒྲ་གཅན་འཛིན་གྱི་བར་ ལ་རྒྱལ་རབས་ས་ཡ་གཅིག་དང་འབུམ་ཁྲི་ལ་ལྔ་བརྒྱ་བྱུང་བར་བཤད་དོ། ། གཞན་ཡང་འཛམ་བུའི་གླིང་འདི་ན་མཐའ་འཁོབ་ན་ཐོད་ཀོར་དུ། རྒྱ་ཡུལ་དང་ཧུ་ན་དང་ ཕུ་ན་དང༌། ཀམ་པོ་རྩི་དང༌། ཤ་ཁ་དང༌། རྦལ་ཁ་དང༌། ཁྱི་གདོང་དང༌། ཝ་གདོང༌། ཀྲི ་བ་ ཤེའི་གདོང་དང་གནམ་གདོང་དང༌། ཕྱི་ནང་གདོང་དང་བཤོགས་ཐོགས་གཤེར་བུ་དང༌། རྒྱུས་ཏེ་འགྲོ་བ་དང༌། སྣ་མེད་དང༌། ཀློག་ཀྲ་རྡེ་ཡུལ་ཆེན་པོ་བཅུ་དྲུག་དང༌། ཡུལ་ཕྲན་སྟོང་ དང༌། མི་རིགས་མི་འདྲ་བ་སུམ་བརྒྱ་དྲུག་ཅུ། སྐད་རིགས་མི་འདྲ་བ་བདུན་བརྒྱ་ཉི་ཤུ་ཡོད་དོ་ ཞེས་གྲགས་སོ། ། སངས་རྒྱས་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་སོང་བ་ན། བོད་གངས་ཅན་གྱི་ལྗོངས་ འདིར་སངས་རྒྱས་བྱང་སེམས་ཀྱི་སྤྲུལ་པ་ཆོས་རྒྱལ་ཆེན་པོ་རིམ་གྱིས་བྱོན་ཚུལ་ཡང༌། རྒྱ་ གར་གྱི་རྒྱལ་པོ་དམག་བརྒྱ་བ་ལ་བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་སེལ་གྱི་སྤྲུལ་བའི་སྲས་ གཅིག་འཁྲུངས་ཏེ། རྐང་ལག་ཐམས་ཅད་ངང་བ་བཞིན་འབྲེ ལ་བ་སྤྱན་བྱ་མིག་ལྟར་འགེབས་ པ། དེ་ལྟ་བུ་ཞིག་འདུག་ནས་ཡབ་ཀྱི་མི་མ་ཡིན་གྱི་བུ་ཞིག་ཡིན་འདུག་པས་སྤྱུགས་བཏང་ བ་དྲག་གྲངས་ཟེར་ནས་སྲས་ཅུང་ཟད་ནར་སོན་པ་ན་སྤྱུག་བཏང་བས་ལས་དབང་གི་རྐང་ འཁྱར་ཏེ་བོད་ཡུལ་ཕེབས། ཕྱུགས་རྗི་འགའ་ཞིག་དང་འཕྲད། དེ་གང་ནས་འོང་སུ་ཡིན་དྲིས་ པས། གནམ་ལ་མཛུབ་མོ་བསྒྲེངས་པས། གནམ་གྱི་ལྷ་ཡིན་སྙམ་ནས་ཐམས་ཅད་ཀྱི་གཉའ་ 5-1-394 བར་ས་རྡོ་ཁུར་ནས་ཁྲི་བརྩེགས་ཏེ་དཔོན་དུ་ཡང་གསོལ་བ་དེ་རྒྱལ་པོ་སྔ་བ་རྗེ་གཉའ་ཁྲི་ བཙན་པོ་ཞེས་གྲགས་སོ། ། རྗེ་གཉའ་ཁྲི་བཙན་པོས་སྤྲེའུ་མ་བུ་གླིང་མཁར་བརྩིགས། །དེའི་སྲས་མུ་ཁྲི་བཙན་པོ། དེའི་སྲས་དིང་ཁྲི་བཙན་པོ། དེའི་སྲས་སོ་ཁྲི་བཙན་པོ། དེའི་སྲས་མེ༷་ཁྲི༷་བཙ༷ན་པོ། དེའི་སྲས་ གདི༷ང་ཁྲི༷་བཙ༷ན་པོ༷། དེའི་སྲས་སྲི བ་ཁྲི་བཙན་པོ་སྟེ། འདི་རྣམས་ལ་གནམ་གྱི་ཁྲི་བདུན་ཟེར། ཁྲི་བདུན་བང་སོ་ནམ་མཁའི་དབྱིངས་ལ་བཏབ། ཅེས་པ་ནི་ལྷའི་ལུས་རོ་མེད་པས་ནམ་ མཁའ་ལ་འཇའ་ཡལ་བ་ལྟར་སོང་བའོ། ། སྲི བ་ཁྲི་བཙན་པོའི་སྲས། ཁྲི་འབུམ་བཙན་པོ། དེའི་སྲས་སྤུ་དེ་གོང་རྒྱལ་ལམ་བྱ་ཁྲི་ཡིན་ ལ། འདི་གཉིས་ལ་སྟོད་ཀྱི་སྟེང་གཉིས་ཟེར། སྤུ་དེ་གོང་རྒྱལ་གྱི་སྲས། ཨ་ཤྭ་ལེགས། དེའི་སྲས་དེ་ཤྭ་ལེགས། དེའི་སྲས་ཐི༷་ཤྭ༷ ་ལེ༷གས། དེའི་སྲས་གོང་རུ་ལེགས། དེའི་སྲས་འབྲོ༷ང་ཞེ༷ར་ལེ༷གས། དེའི་སྲས་ཨི་ཤྭ་ལེགས་སྟེ་དེ་རྣམས་ ལ་བར་གྱི་ལེགས་དྲུག་ཟེར། བང་སོ་གཡའ་སྤང་མཚམས་སུ་བཏབ། སྤང་ལ་འཇའ་ཚོན་ རྒྱས་པ་འདྲ། ཨི་ཤྭ་ལེགས་ཀྱི་སྲས་ཟ་ནམ་ཟ་སྡེ། དེའི་སྲས་ལྡེ༷་འཕྲུ༷ལ་ནམ༷་གཞུ༷ང་བཙ༷ན། དེའི་སྲས་ སེ་བསྣོལ་ནམ་སྡེ། དེའི་སྲས་སེ༷་བསྣོ༷ལ་ས༷་སྡེ༷། དེའི་སྲས་སྡེ༷་བསྣོ༷ལ་ན༷མ། དེའི་སྲས་ལྡེ་ བསྣོལ་པོ། དེའི་སྲས་སྡེ༷་རྒྱ༷ལ་པོ། དེའི་སྲས་སྡེ་སྤྲིན་བཙན་ཏེ་འདི་རྣམས་ནི་ས་ཡི་སྡེ་བརྒྱད་ ཟེར། སྡེ་བརྒྱད་བང་སོ་ཆུ་ཡི་གཞུང་ལ་བཏབ། དེའང་མཚོ་ལ་ཁ་བ་བབ་པ་འདྲ། སྡེ་སྤྲིན་བཙན་གྱི་སྲས་ཁྲི་བཙན་ནམ། དེའི་སྲས་གྲི༷་དགྲ༷་དཔུ༷ང་བཙ༷ན། དེའི་སྲས་ཁྲི་ཏེ་ ཐོག་བཙན་འདི་གསུམ་ལ་འོག་གི་བཙན་གསུམ་ཟེར། བཙན་གསུམ་བང་སོ་གངས་དཀར་ རྩེ་ལ་བཏབ། གངས་ལ་བཏབ་ན་ན་བུན་ཆགས་པ་འདྲ། 5-1-395 ཁྲི་ཏེ་ཐོག་བཙན་གྱི་སྲས་ལྷ་ཐོ་ཐོ་རི་སྙན་ཤལ་ཞེས་བྱ་བ་འཕགས་པ་ཀུན་ཏུ་བཟང་པོའི་ སྤྲུལ་པ་དེ་ཉིད་ཀྱི་སྐུ་མཁར་ཡུམ་བུ་བླ་མཁར་སྟེང་དུ། ནམ་མཁའ་ནས་སྐུ་རྟེན་སྤྱ༷ན་ར༷ས་ གཟི༷གས་ཀྱི་སྐུ༷་ཆ་ཙིནྡྷ་མ་ཎིའི་སྐུ་དང༌། གསུང་རྟེན་མདོ་སྡེ་ཟ་མ་ཏོག་བཀོད་པ་དང༌། སྤང་ སྐོང་ཕྱག་རྒྱ་པ་རྣམས་དང༌། ཐུགས་རྟེན་ཤེལ་གྱི་མཆོད་རྟེན་གྲུ་གང་བ་རྣམས་བོད་དུ་སངས་ རྒྱས་ཀྱི་བསྟན་པ་དར་བའི་རྟེན་འབྲེལ་ལས་ཉི་མའི་ཟེར་དང་འགྲོགས་ནས་བྱུང་ཏེ་དམ་པ་ ཆོས་ཀྱི་དབུ་བརྙེས་སོ། །རྒྱལ་རབས་ལྔ་ལ་འདིའི་དོན་ཤེས་པ་འབྱུང་བར་འགྱུར་རོ་ཞེས། དེ་ ནི་སྲོང་བཙན་སྒམ་པོ་ཡིན། ལྷ་ཐོ་ཐོ་རིའི་སྙན་ཤལ་གྱི་སྲས་ཁྲི་སྙན་གཟུང་བཙན། དེའི་སྲས་ འབྲོང་སྙན་སྡེ་རུ། དེའི་སྲས་དམུས་ལོང་དཀོན་བཀྲའམ་སྨན་པ་བོས་ནས་མིག་ཕྱེ་བས་སྐྱིད་ ཤོད་སྟག་གི་རི་ལ་གཉན་འགྲོ་བ་གཟིགས་པས་ན། མཚན་ཡང་སྟག་རི་གཉན་གཟིགས་ཡང་ ཟེར། དེའི་སྲས་གནམ་རི་སྲོང་བཙན། དེའི་སྲས་འཕགས་པ་སྤྱན་རས་གཟིགས་ཀྱི་སྤྲུལ་པའི་ སྲས་གཅིག་འཁྲུངས། མཚན་ལ་ཡང་སྲོང་བཙན་སྒམ་པོ་ཞེས་བཏགས་སོ། །ཆོས་རྒྱལ་འདི་ ཉིད་ཀྱི་ཇོ་མོ་ཁྲོ་གཉེར་ཅན་གྱི་སྤྲུལ་པ་བལ་བཟའ་ཁྲི་བཙུན་དང༌། རྗེ་བཙུན་སྒྲོལ་མའི་སྤྲུལ་ པ་རྒྱ་བཟའ་ཀོང་ཇོ་གཉིས་ཁབ་ཏུ་བསུས་པའི་རྫོངས་སུ། སྟོན་པ་དགུང་ལོ་བརྒྱད་ཀྱི་སྐུ་ཚད་ ཇོ་བོ་མི་བསྐྱོད་རྡོ་རྗེ་དང༌། སྟོན་པ་དགུང་ལོ་བཅུ་གཉིས་པའི་སྐུ་ཚད་ཇོ་བོ་ཤཱཀྱ་མུ་ནི་གཉིས་ སྤྱན་དྲངས་པ་ལ་སོགས་པ་རྒྱལ་པོ་འདིའི་རིང་ལ་སངས་རྒྱས་བསྟན་པའི་སྲོལ་བཏོད། སྲོང་ བཙན་སྒམ་པོའི་སྲས་མང་སྲོང་མང་བཙན། དེའི་སྲས་གོང་སྲོང་གོང་བཙན། དེའི་འདུས་སྲོང་ མང་རྗེ་རླུང་ནམ་འཕྲུལ་གྱི་རྒྱལ་པོ། དེའི་སྲས་ཁྲི་སྡེ་གཙུག་བསྟན། དེའི་སྲས་འཇང་ཚ་ལྷ་ དཔོན་ལ་རྒྱ་ཡི་རྒྱལ་པོའི་སྲས་མོ་གྱིམ་ཤིང་ཀོང་ཇོ་བླངས་པས་བུ་ཤི་སྟེ་མེས་དང་འདུས་ནས་ ལྷ་ཤཱཀྱ་མུ་ནི་བཙལ་ཏེ་མཆོད་པ་བྱས་སོ། །དེ་ལ་སྲས་མཚན་ལྡན་ཞིག་ས་ཕོ་སྟག་ལ་འཁྲུངས་ ཏེ། རྒྱལ་པོ་ལ་འཕང་ཐང་དུ་བསྟན་པར་ཆས་པ་ན་བུ་སྣ་ནམ་བཟས་ཕྲོགས། སྣ་ནམ་གྱི་རྒྱུད་ 5-1-396 བྱས་ནས་ཁྲི་སྲོང་སྡེ་བཙན་ཞེས་བཏགས་སོ། །དེའང་འཕགས་པ་འཇམ་དཔལ་གྱི་སྤྲུལ་པ་ རྒྱལ་པོ་ཁྲི་སྲོང་སྡེའུ་བཙན་འཁྲུངས་ཏེ། དགུང་ལོ་བཅོ་བརྒྱད་ནས་དཔལ་མི་འགྱུར་ལྷུན་ གྱིས་གྲུབ་པའི་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་ལོ་ལྔའི་ཁོང་དུ་གེགས་མེད་ པར་བཞེངས། སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པར་མཛད་པའོ། །ཆོས་རྒྱལ་དེ་ལ་ སྲས་གསུམ་འཁྲུངས་ནས། ཆེ་བ་མུ་ནི་བཙན་པོ། འབྲི ང་བ་མུ་ཏིག་བཙད་པོ། ཆུང་བ་མཇིང་ ཡོན་སད་ན་ལེགས། མཇིང་ཡོན་ལ་ཨོ་རྒྱན་ཆེན་པོ་ནས་མཚན་བཏགས། མུ་ཏིག་བཙན་པོ། ཡབ་ཀྱི་མཚན་ཁྲི་སྡེ་སྲོང་བཙན། ནང་བློན་མཚན་བཏགས་མཇིང་ཡོན་སད་ན་ལེགས། རྒྱ་ཡི་ མཚན་བཏགས་མི་རི་བཙན་པོའོ། །མི་ཏིག་བཙན་པོའི་སྲས་ལྡང་ཁྲི། དེའི་སྲས་མངའ་བདག་ ཁྲི་རལ་བ་ཅན་ལ་སོགས་པའོ།། །། 5-1-397 ༄༅། །དགེ་སློང་ལ་ཉེ་བར་མཁོ་བའི་ཁྲིམས་ཀྱི་མི་མཐུན་ཕྱོགས་ ཉུང་གསལ་དུ་བཀོད་པ་རབ་གསལ་ནོར་བུའི་ མེ་ལོང་ཞེས་བྱ་བ་ བཞུགས་སོ། ། ༄༅། །ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །འདིར་དགེ་སློང་གི་ལག་ལེན་ལ་ཉེ་ བར་མཁོ་བའི་བསྙེན་རྫོགས་ཀྱི་ཁྲིམས་ལ་སྤྱིར་སྤང་ལྟུང་སྡེ་གཅིག་ཏུ་བཅད་ན་སྡེ་ཚན་ལྔ་ ཡིན་ཀྱང་འདིར་སོ་སོར་བཅད་ནས་སྡེ་དྲུག་ཏུ་བྱས་པ་ཡིན་པས་དེ་ལུགས་ལྟར་གྱི་མི་མཐུན་ ཕྱོགས་ལྟུང་བ་སྡེ་དྲུག་ལས། དང་པོ་ཕམ་པའི་སྡེ་ནི་བཞི་སྟེ། དང་པོ་སྲོག་གཅོད་པའི་ཕམ་པ་ཡིན། བཅས་ལྡན་དགེ་ སློང་གིས་གཞི་མིའམ་མིར་ཆགས་པ་རང་ལས་རྒྱུད་གཞན་པ། བསམ་པ་དེ་ཉིད་མ་འཁྲུལ་ བའི་སྒོ་ནས་བསད་བྱ་དེར་འདུ་ཤེས་པ། ཀུན་སློང་གསོད་སེམས་རྒྱུན་མ་ཆད་པ། སྦྱོར་བ་ དུག་མཚོན་སོགས་ཀྱིས་གསོད་པར་བརྩམས་པ་ལས་མ་བཟློག་པ། མཐར་ཐུག་དེའི་ཚེ་ གསོད་པ་པོ་རང་ཉིད་མ་ཤི་བའི་སྔ་རོལ་ཏུ་བསད་བྱའི་སྲོག་འགགས་པར་བྱས་པ་དེ་ཡིན། གཉིས་པ་མ་བྱིན་ལེན་གྱི་ཕམ་པ་ནི། བཅས་ལྡན་དགེ་སློང་གིས་གཞི༷་ཡུལ་རང་དང་ནོར་ མི་གཅིག་པའི་མིའི་འགྲོ་བས་བདག་ཏུ་བཟུང་བའི་རྫས་དངོས་པོ་རིན་ཐང་ཚང་བ། བས༷མ་ པ་མིའི་རྫས་ལ་དེ་ཡིན་པར་འདུ་ཤེས་པའམ་ཡིད་གཉིས་ཟ་བ་ཀུན་སློང་རང་འཚོ་བའི་ཆེད་ 5-1-398 དུ་རྐུ་འདོད་རྒྱུན་ལྡན་དུ་ཡོད་པ། སྦྱོ༷ར་བ་རིན་ཐང་ཚང་བའི་དངོས་པོ་ལུས་ངག་གི་རིག་བྱེད་ དུ་གྲུབ་པས་རྐུ་བར་རང་གཞན་གང་ཐད་ནས་རྩོམ་པ། མཐར་ཐུ༷ག་རང་གིས་བརྐུས་སམ་ གཞན་བརྐུར་བཅུག་པས་བརྐུ་བྱའི་རྫས་བདག་པོ་དང་ཕྲལ་ནས་བདག་གིར་བྱས་པའི་ཚུལ་ གྱིས་ཐོབ་བློ་སྐྱེས་པ་ནའོ། ། གསུམ་པ་མི་ཚངས་སྤྱོད་ཀྱི་ཕམ་པ་ནི། བཅས་ལྡན་དགེ་སློང་གིས་གཞི༷་བསྟེན་ཡུལ་ འཁྲིག་པའི་རོའི་བདེ་བ་བསྐྱེད་ནུས་ཀྱི་ཡན་ལག་ལུས་ཕྱེད་དུ་ལོངས་པ་ཡན་ཆད་ཀྱི་སྐྱེ་ གནས་སུ་གཏོགས་པའི་ཁའམ་བཤང་ལམ་མམ་ཆུ་ལམ་གསུམ་པོ་གང་རུང་མ་ཉམས་པ་ དོན་བྱེད་ནུས་པ་ལ་སྟེན་བྱེད་རང་གི་ཕོ་དབང་ནད་མེད་ལས་སུ་རུང་བ། བས༷མ་པ་ངོ་ཚ་དང་ འཇིགས་སྐྲག་མེད་ཅིང་ཆགས་པར་གྱུར་པ། ཀུན་སློང་རེག་བདེ་ཉམས་སུ་མྱོང་འདོད་རྒྱུན་ ལྡན། སྦྱོ༷ར་བ་བསྟེན་བྱར་རང་གིས་ནོར་བུ་བཅུག་རེག་རྩལ་ཞིང་དྲུད་པ། མཐར་ཐུ༷ག་ལམ་ གསུམ་གྱི་མཚམས་ལས་འདས་ནས་སིམ་པ་ཐོབ་པ་སྟེ་བདེ་བ་ལུས་ཀྱིས་མྱོང་ཞིང་ཡིད་ཀྱིས་ བདག་གིར་བྱས་པ་ནའོ། ། བཞི་པ་རྫུན་སྨྲ་བའི་ཕམ་པ་ནི། བཅས་ལྡན་དགེ་སློང་གིས་གཞི༷་གང་ལ་སྨྲ་བའི་ཡུལ་ རང་ལས་རྒྱུད་གཞན་པའི་མི་ཐ་སྙད་ལྔ་ལྡན་ཏེ། མི་ཡིན་པ། སྨྲ་ཤེས་པ། དོན་གོ་བ། ཤེས་ པ་རང་བཞིན་དུ་གནས་པ་མ་ནིང་དང༌། མཚན་གཉིས་མ་ཡིན་པ་ལ་གང་སྨྲ་བའི་དངོས་པོ་ ནི་འདོད་ཁམས་ལས་གོང་དུ་འཕགས་པ་བསམ་གཏན་དང་པོ་ནས་སངས་རྒྱས་ཀྱི་བར་གྱི་ འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་གང་ཡང་རུང་བ། བས༷མ་པ་འདུ་ཤེས་ བསྒྱུར་ནས་ཇི་བཞིན་མ་ཡིན་པའི་ཚུལ་དེ་ཀ་ལྟར་ཤེས་པ། ཀུན་སློང་གཞན་མགོ་སྐོར་ཆེད་ རྫུན་བརྗོད་འདོད་ཀྱི་བློ་སྐྱེས་པ། སྦྱོ༷ར་བ་མངོན་ཤེས་སོགས་གཞན་ལས་ཁྱད་པར་དུ་གྱུར་ པའི་ཡོན་ཏན་གྱི་ཚོགས་མེད་ཀྱང་ཡོད་ཅེས་ངག་མཚན་ཉིད་དྲུག་ལྡན་གྱིས་མི་ཆོས་བླ་མའི་ 5-1-399 རྫུན་རང་གིས་སྨྲ་བ་དང༌། གཞན་གྱིས་སྨྲས་པ་དང་དུ་ལེན་པར་རྩོམ་པ། མཐར་ཐུ༷ག་གཞན་ གྱིས་དེ་ལྟར་གོ་བ་ནའོ། །ངག་མཚན་ཉིད་དྲུག་ལྡན་ནི་ངག་ཡིན་པ། རང་གི་ཡིན་པ། བདག་ ཉིད་དང་འབྲེ ལ་བ། མ་ནོར་བ། གསལ་བོ་དང༌། མངོན་སུམ་དུ་སྨྲ་བའོ། །དེ་ལྟ་བུའི་ཉེས་ སྤྱོད་བཞི་ལ་ཕམ་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཉེས་པ་དེ་དག་གིས་གཉེན་པོ་མཐུ་ མེད་པར་བཅོམ་པའི་རྒྱུ་མཚན་གྱིས་ཡིན་པའི་ཕྱིར། ཕམ་པ་དེ་བཞི་ལ་རང་གི་དག་བྱེད་ བསླབ་པ་བྱིན་ནས་སྤྱོད་པའི་རིགས་གནས་ཀྱི་ཕམ་པ་ཙམ་དང༌། རྟེན་དེ་ལ་རྒྱུད་གསོར་ རུང་དུ་བྱས་པའི་ཕམ་པ་འཆབ་མེད་དང༌། རྟེན་དེ་ལ་སོར་ཆུད་པ་མི་སྲི ད་པའི་ཕམ་པ་འཆབ་ བཅས་རྣམས་ཡོད་པ་ཡིན་ནོ། ། གཉིས་པ་ལྷག་མ་བཅུ་གསུམ་སྟེ། དང་བོ་ཁུ་བ་འབྱིན་པའི་ལྷག་མ་ནི། བགྲོད་བྱའི་ཡུལ་ ལམ་གསུམ་མིན་པའི་རང་ངམ་གཞན་གྱི་ཡན་ལག་གི་གནས་སུ་དབྱུང་འདོད་ཀྱི་བསམ་པས་ རང་གི་ནོར་བུ་རེག་ཅིང་རྩལ་པ་ལས་ཁུ་བ་གནས་ནས་འཕོས་ཤིང་བདེ་བ་མྱོང་བའོ། ། གཉིས་པ་བུད་མེད་ཀྱི་ལུས་ཀྱི་ཆ་ཤས་ལ་འཛིན་པའི་ལྷག་མ་ནི། ཡུལ་ལུས་བསྟེན་རུང་ གི་བུད་མེད་ལ་ཆགས་སེམས་ཀྱིས་རེག་པར་འདོད་པས་དེའི་ལུས་དངོས་སམ་སྐྲ་སོགས་ཆ་ ཤས་ལ་བར་དུ་ཆོད་པ་མེད་པར་རེག་པ་ལས་བྱུང་བའི་བདེ་བ་མྱོང་བའོ། ། གསུམ་པ་འཁྲིག་ཚིག་སྨྲ་བ་ནི། ཡུལ་བརྡས་འཕྲོད་པའི་བུད་མེད་བསྟེན་རུང་ལ་ཆགས་ སེམས་ཀྱི་ཡུལ་དུས་དེར་འཁྲིག་པའི་དངོས་མིང་དུ་གྲགས་པའི་ཚིག་རྗེན་པར་སྨྲས་པ་ཡུལ་ དེས་གོ་བའོ། ། བཞི་པ་བསྙེན་བཀུར་བསྔགས་པ་ནི། ཡུལ་བུད་མེད་ལ་ཆགས་སེམས་ཀྱིས་འཁྲིག་པ་ དོན་དུ་གཉེར་ཕྱིར་བདག་ལྟ་བུའི་དགེ་སློང་ལ་འཁྲིག་པས་བསྙེན་བཀུར་ན་བསྙེན་བཀུར་ རྣམས་ཀྱི་ནང་ནས་མཆོག་གོ་ཞེས་རང་གི་སྨྲས་སམ་ཡུལ་གྱིས་སྨྲས་པ་དང་དུ་བླངས་ཀྱང་རུང་ 5-1-400 སྟེ་གོ་ཡུལ་དེ་ལ་བརྡ་འཕྲོད་པའོ། ། ལྔ་པ་སྨྱན་བྱེད་པ་ནི། སྤྲད་བྱ་རང་ལས་གཞན་པའི་ཕོ་མོ་སྤྲད་དུ་རུང་བ་ཕན་ཚུན་སྦྱོར་ འདོད་ཀྱིས་རང་ངམ་བསྐོས་པས་འཕྲིན་གསུམ་གྱི་སྒོ་ནས་སྨྱན་བྱས་པས་དེ་གཉིས་འདུས་ཏེ་ དབང་པོ་འཕྲད་པའོ། ། དྲུག་པ་ཁང་པའི་ལྷག་མ་ནི། གཞི་སྲོག་ཆགས་མང་ཞིང་རྩོད་པ་ཅན་དང་འཇིག་རྐྱེན་ ཡོད་པས་མི་རུང་བའི་སར་གཞན་ལ་འབད་པས་བཙལ་བའི་ཡོད་བྱད་ཀྱིས་དགེ་འདུན་ལས་ གནང་བ་མ་ཐོབ་པར་རང་དོན་དུ་ཁང་པ་རྩིག་འདོད་ཀྱིས་སྲིད་དུ་མིའི་ཁྲུ་བཅོ་བརྒྱད་དང་ ཞིང་དུ་ཁྲུ་ཕྱེད་དང་བཅུ་གཅིག་གི་ཚད་ལས་ལྷག་པའི་ཁང་པ་རང་ངམ་གཞན་ལ་བསྐོས་ཀྱང་ རུང་སྟེ་རྩིག་པས་ཀུན་ནས་བསྐོར་ཞིང་ཐོག་ཕུབ་ཟིན་པའོ། ། བདུན་པ་ཁང་ཆེན་ནི། གང་ཟག་བཞི་ལོངས་པ་ཡན་ཆད་ཀྱི་དོན་དུ་བརྩིག་པ་སྟེ། འདི་ ལ་བཙལ་བ་དང་ཚད་ལྷག་ཡན་ལག་ཏུ་མི་དགོས་ཤིང་གཞན་ཐམས་ཅད་སྔར་དང་འདྲ་བའོ། ། བརྒྱད་པ་གཞི་མེད་ཀྱི་སྐུར་འདེབས་ནི། ཡུལ་དགེ་སློང་གཞན་ལ་བརྗོད་པའི་གཞི་ མཐོང་ཐོས་དོགས་གསུམ་མེད་པར་ཕམ་བཞི་གང་རུང་གི་སྒོ་ནས་སྐུར་འདེབས་ཀྱི་ཚིག་ གསལ་པོ་སྨྲས་པ་ཡུལ་གྱིས་གོ་བའོ། ། དགུ་བ་བག་ཙམ་གྱི་སྐུར་འདེབས་ནི། ཡུལ་དགེ་སློང་གཞན་ལ་གླེང་བའི་སྙད་ཀ་བག་ ཙམ་ཡོད་པ་ལ་བརྟེན་ནས་ཚིག་ཟུར་གྱི་ཤུགས་ཀྱིས་ཕམ་པའི་སྒོ་ནས་སྐུར་བ་བཏབ་ཅིང་གོ་ བའོ། ། བཅུ་པ་དགེ་འདུན་གྱི་དབྱེན་ནི། མཚམས་ནང་གཅིག་ཏུ་བཅས་ལྡན་དགེ་སློང་གིས་ རང་མི་ཐེ་པའི་དབྱེ་བྱ་དགེ་འདུན་དུ་ལོངས་པ་གཉིས་ཆོས་མིན་གྱི་ལྟ་བས་ཕན་ཚུན་འབྱེད་ 5-1-401 པ་ལ་བཟློག་བྱེད་ལྔས་བཟློག་ཀྱང་དེའི་ཐ་མ་བརྗོད་པ་གསུམ་པའི་མཐའ་ལ་མ་བཏང་བའོ། །བཟློག་བྱེད་ལྔ་ནི། གཞམ་བསྒོ་དང༌། དགེ་འདུན་གྱི་གསོལ་བ་དང༌། བརྗོད་པའི་ལས་ གསུམ་མོ། ། བཅུ་གཅིག་པ་དབྱེན་དེའི་རྗེས་སུ་ཕྱོགས་པ་ནི། དགེ་སློང་གང་དགེ་འདུན་གྱི་དབྱེན་ལ་ ཞུགས་པའི་དགེ་སློང་དེའི་གྲོགས་བྱེད་འདོད་ཀྱི་རྗེས་སུ་ཞུགས་ཤིང་བཟློག་བྱེད་ལྔའི་མཐའ་ ལ་མ་བཏང་བའོ། ། བཅུ་གཉིས་པ་ཁྱིམ་སུན་འབྱིན་པ་ནི། བུད་མེད་དང་ལྷན་ཅིག་རྩེད་འཇོ་དང་བཟའ་ བཏུང་ལ་སྤྱོད་པ་སོགས་བསླབ་པ་དང་འགལ་བའི་ངན་སྤྱོད་ཀྱིས་ཁྱིམ་པའི་སེམས་སུན་ཕྱུང་ སྟེ་མ་དད་པར་བྱེད་པ་པོའི་དགེ་སློང་གང་དགེ་འདུན་གྱིས་བསྐྲད་པ་ན། སྤྲོད་བྱེད་དགེ་འདུན་ ལ་སྐུར་བ་འདེབས་ཤིང་བཟློག་བྱེད་ལྔའི་མཐར་མ་བཏང་པའོ། ། བཅུ་གསུམ་པ་བཀའ་བློ་མི་བདེ་བ་ནི། ལྟུང་བ་བྱུང་བར་གླེང་དྲན་བྱས་ལ་ཆགས་པའི་ དགེ་སློང་ལ་ལྷག་པའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ཏེ་དགེ་འདུན་གྱིས་ཕྱིར་བཅོས་བྱ་བར་ བསྐུལ་བ་ན་ཁྱེད་ཅག་དགེ་ཡང་རུང་སྡིག་ཀྱང་རུང་ཁོ་བོ་ལ་ཅི་ཡང་མ་སྨྲ་ཞིག་ཅེས་བཀའ་བློ་ མི་བདེ་བའི་གཞིར་ཞུགས་པ་ཉིད་བཟློག་བྱེད་ལྔ་པའི་མཐའ་ལ་མ་བཏང་པའོ། ། དེ་འདྲའི་ཉེས་སྤྱོད་བཅུ་གསུམ་ལ་དགེ་འདུན་ལྷག་མ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཉེས་པ་དེ་དག་གསོ་བ་དགེ་འདུན་ལ་རག་ལས་ཤིང་སྡོམ་པ་རྣམ་དག་གི་སྒོ་ལྷག་ལུས་པས་ ན་དགེ་འདུན་ལྷག་མ་ཞེས་བརྗོད་པའི་ཕྱིར། གསུམ་པ་སྤང་ལྟུང་སུམ་ཅུ་སྟེ། དང་པོ་འཆང་བའི་སྤང་བ་སོགས་འདི་མན་ཆད་ཀྱི་ལྟུང་ བ་རྣམས་ཡི་གེ་མང་དོགས་ནས་ཆེས་ཉུང་བསྡུས་མིང་ཙམ་སྨྲ་བར་བྱ་སྟེ། དེ་ཡང་དགེ་སློང་ གིས་རང་དབང་ཞིང་བདག་ཏུ་བཟུང་བའི་གོས་ལྷག་པོ་བྱིན་གྱིས་མ་རླབས་པའམ་རླབས་ 5-1-402 ཀྱང་ཤན་དང་འབྲེ ལ་པ་གང་རུང་གི་སྒོ་ནས་ཞག་བཅུའི་མཐར་འཆང་བ་དང༌།༡ ཆོས་གོས་ རྣམ་གསུམ་པོ་གང་རུང་བཞག་པའི་གནས་ཉེ་འཁོར་དང་བཅས་པ་ལས་ཞག་གཅིག་ཐལ་བ་ དང༌།༢ ཆོས་གོས་གསུམ་གང་རུང་མེད་པའི་གང་ཟག་གིས་ཁ་བསྐང་བའི་རེ་བ་དང་བཅས་ པའི་ཆོས་གོས་ཀྱི་རྒྱུ་ཁྲུ་གང་གི་ཚད་དུ་ལོངས་པ་ཞག་སུམ་ཅུ་འདས་པ་དང༌།༣ རང་གི་ཉེ་དུ་ མ་ཡིན་པའི་དགེ་སློང་མ་ལ་གོས་འཁྲུར་བཅུག་པ་དང༌།༤ རང་ལ་ཆོས་གོས་ཡོད་པའི་དགེ་ སློང་གིས་ཉེ་དུ་མ་ཡིན་པའི་དགེ་སློང་མ་ལ་འཁོར་གསུམ་ཁེབས་པའི་མཐའི་ཚད་དུ་ལོངས་ པ་ཡན་ཆད་ཀྱི་གོས་བསླངས་པས་ཐོབ་པ་དང༌།༥ ཆོས་གོས་མེད་པའི་དགེ་སློང་གིས་ཁྱིམ་ པ་ཉེ་དུ་མ་ཡིན་པས་གོས་མང་པོ་སྟེར་ནའང་སྟོད་གཡོགས་སྨད་གཡོག་ཙམ་ལས་ལྷག་པ་ ལེན་པ་དང༌།༦ ཆོས་གོས་ཡོད་པའི་དགེ་སློང་གིས་ཉེ་དུ་མ་ཡིན་པའི་ཁྱིམ་པ་ལ་འཁོར་ གསུམ་ཁེབས་པའི་ཚད་དུ་ལོངས་པའི་གོས་བསླངས་ཏེ་ཐོབ་པ་དང༌།༧ དགེ་སློང་གིས་ རང་ལ་དངོས་སུ་འབུལ་ལོང་མེད་པར་སྔ་ཚོམས་སུ་རིན་དང་ཁྲུ་ཚད་ཀྱི་དྲན་པ་བརྗོད་ནས་ བསླངས་པས་ཐོབ་པ་དང༌།༨ ཉེ་དུ་མ་ཡིན་པའི་ཁྱིམ་པས་རང་ལ་གོས་འབུལ་བར་དཔག་པ་ དེ་ཐོས་ནས་འབུལ་མི་འབུལ་བརྟགས་པའི་བསམ་པས་དྲན་པ་བརྗོད་དེ་བསླངས་པས་ཐོབ་ པ་དང༌།༩ སྦྱིན་བདག་གིས་གོས་ཀྱི་རིན་རུང་བ་མ་ཡིན་པ་གསེར་དངུལ་ལྟ་བུ་ཞིག་ཕོ་ཉ་ ལ་བསྐུར་བ་དེས་དགེ་སློང་ལ་ཕུལ་བས་ལེན་མི་རུང་ཞེས་སྤངས་པ་ན། ཕོ་ཉ་དེས་ཀྱང་དགེ་ སློང་རང་གིས་ཞལ་ཏ་བ་ལ་གཏད་ནས་གོས་སྒྲུབ་ཏུ་བཅུག་པ་ལས་གོས་དུས་སུ་མ་བྱུང་ན་ ཞལ་ཏ་བ་ལ་དངོས་སུ་བསྐུལ་བ་གསུམ་དང་སླར་ཡང་མཐོང་སར་ལན་གསུམ་བསྡད་པ་ལ་ ཉེས་པ་མེད་ཅིང་དེ་ལྷག་གི་བསླངས་པས་གོས་ཐོབ་པ་དང༌།༡༠ སྲི ན་བལ་གྱིས་སྟན་བྱེད་པ་ དང༌།༡༡ བལ་ནག་འབའ་ཞིག་གིས་སྟན་བྱེད་པ་དང༌།༡༢ བལ་ནག་གིས་སྟན་གྱི་ཆ་གཉིས་ ལས་ལྷག་པ་བྱེད་པ་དང༌།༡༣ སྟན་ཡོད་བཞིན་ལོ་དྲུག་གི་ནང་དུ་གནང་བ་མ་ཐོབ་པར་སྟན་ 5-1-403 གཉིས་བྱས་པ་དང༌།༡༤ གདིང་བ་གསར་བ་བཟོ་ཚེ་གདིང་རྙིང་ནས་བདེ་གཤེགས་མཐོ་གང་ སྟེ་མིའི་ཁྲུ་ཕྱེད་དོ་གསར་བ་ལ་མ་བསླན་པར་ལོངས་སྤྱད་པ་དང༌།༡༥ རང་དབང་བའི་དངོས་ པོ་བལ་ལ་སོགས་པའི་ཁུར་ཆེན་པོ་ཆགས་སེམས་ཀྱིས་ཁྱེར་ནས་ཉིན་གཅིག་ལ་རྒྱང་གྲགས་ ལས་འདས་པ་དང༌།༡༦ ཉེ་དུ་མ་ཡིན་པའི་དགེ་སློང་མ་ལ་བལ་འཁྲུ་རྨེལ་འཚེད་དུ་བཅུག་ ནས་དེ་ལོངས་སྤྱོད་པར་བྱས་པ་དང༌།༡༧ གསེར་དངུལ་སོགས་ལ་རུང་བ་མ་བྱས་པར་ཆགས་ སེམས་ཀྱིས་རེག་གམ་རེག་ཏུ་བཅུག་ནས་བདག་གིར་བྱས་པ་དང༌།༡༨ རུང་བ་བྱ་ཚུལ་གསུམ་ སྟེ། སྦྱིན་བདག་བདག་པོ་ཉིད་དུ་མོས་སུ་གཞུག་པ་དང༌། ཞལ་ཏ་བྱེད་པ་བདག་པོ་ཉིད་དུ་ ཁས་ལེན་དུ་གཞུག་པ་དང༌། བྱིན་གྱིས་རླབས་པས་སོ། །ཉེ་དུ་མ་ཡིན་པའི་ཁྱིམ་པ་ལ་རིན་ ཉོ་ཚོང་གི་ཁེ་སྤོགས་ཀྱིས་བུན་བསྐྱེད་བཏང་ནས་དེ་ལས་སྐྱེད་གོས་ཁྲུ་གང་དུ་ལོངས་པ་ཐོབ་ པ་དང༌།༡༩ ཉེ་དུ་མ་ཡིན་པའི་ཁྱིམ་པར་རིན་པོ་ཆེའི་རིགས་ལས་གཞན་པའི་འབྲུ་དང་གོས་ སོགས་ཉོ་ཚོང་གིས་སྐྱེད་ཐོབ་པ་དང༌།༢༠ ལྷུང་བཟེད་བྱིན་གྱིས་མ་རླབས་པ་ཞག་བཅུར་ འཆང་བ་དང༌།༢༡ ལྷུང་བཟེད་ལྷག་པོ་འཆང་བ་དང༌།༢༢ ཉེ་དུ་མ་ཡིན་པའི་ཐག་མཁན་ལ་གླ་ རྔན་མེད་པར་གོས་འཐག་ཏུ་བཅུག་ནས་ཐོབ་པ་དང༌།༢༣ ཁྱིམ་པས་རང་ལ་འབུལ་རྒྱུའི་གོས་ དཔག་པ་ན་བདག་པོས་མ་གནང་བར་བསྔོས་ཚོད་ལས་ལྷག་པ་འགྱེད་དུ་བཅུག་པ་དང༌།༢༤ དགེ་སློང་གཞན་ལ་རང་གི་ཡོ་བྱད་བྱིན་པ་སླར་འཕྲོག་པ་དང༌།༢༥ དབྱར་གནས་པའི་དགེ་ འདུན་ལ་ཕུལ་བའི་རྙེད་པ་བདག་གིར་བྱས་པ་དང༌། སོ་སོར་བསྒོས་པ་དང༌། དགག་དབྱེའི་ ཕྱིར་དེ་ཉིན་མ་བསྒོས་པ་སྟེ་དེ་ལྟར་སྔས་འཕྱིའི་ལྟུང་བ་གསུམ་མོ།༢༦ །ཆོས་གོས་བྱིན་གྱིས་ བརླབས་པ་ཞག་དྲུག་འབྲལ་བར་བྱེད་པ་དང༌།༢༧ དབྱར་གྱི་རས་ཆེན་དབྱར་ཁས་ལེན་ པའི་ཟླ་གཅིག་གི་སྔ་རོལ་ཏུ་བཙལ་སྔ་དང༌། དགག་དབྱེ་ཟིན་རྗེས་ཟླ་ཕྱེད་ལས་འདས་པར་ བཅངས་པ་བཞག་འཕྱིས་བྱེད་པ་དང༌།༢༨ གཞན་ལ་བསྔོས་པའི་དངོས་རྫས་རང་ལ་བསྒྱུར་ 5-1-404 བར་བྱེད་པ་དང༌།༢༩ སྨན་བཞི་གང་རུང་རང་དུས་ལས་འདས་པར་བཅངས་པ་དང་སུམ་ཅུ་ པོ་ཡིན་ལ།༣༠ འདིའི་ཚུལ་ཡང་བྱིན་གྱིས་རླབས་ན། དུས་རུང་ལ་བྱིན་རླབས་མ་བཤད་ཀྱང་ བྱིན་ལེན་སྔ་དྲོ་བྱས་པ་ཕྱི་དྲོ་མ་ཞིག་པར་བཅངས་པ་དང༌། ཐུན་ཚོད་དུ་རུང་བ་སྔ་དྲོ་བརླབས་ པ་ཞག་དེའི་མཚན་མོའི་མཐའ་འདས་པ་དང༌། ཞག་བདུན་པའི་སྨན་བརླབས་པ་བརྒྱད་པའི་ སྐྱ་རེངས་ཤར་བའི་ཚེ་ན་དང༌། འཚོ་བཅངས་ཀྱི་སྨན་ནི་ནད་སོས་ཀྱི་བར་དུ་བརླབས་པ་ནད་ ལས་གྲོལ་ནས་ཀྱང་བཅངས་པའོ། ། སྤང་ལྟུང་སུམ་ཅུ་ལས་ཕྱིར་བཅོས་ཀྱི་ཚེ་བྱིན་ཕྲོག་དང་ལྷུང་བཟེད་འཚོལ་བ་གཉིས་ ཀྱi་རྫས་རྩ་བ་ནས་སྤངས་དགོས་ཤིང༌། གཞན་རྣམས་ཞག་གཅིག་གི་རིང་དུ་སྤང་བ་སྔོན་དུ་ བཏང་བས་ཆོག་གོ། སྤང་ལྟུང་སུམ་ཅུ་པོ་དེ་དག་ལ་སྤང་ལྟུང་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། གང་ལ་ལྟུང་ བ་བྱུང་བའི་དངོས་པོ་དེ་སྤང་བའི་སྒོ་ནས་ཕྱིར་བཅོས་དགོས་ཤིང༌། མ་བཅོས་ན་རྣམ་སྨིན་ ངན་སོང་དུ་ལྟུང་བར་བྱེད་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། བཞི་པ་ལྟུང་བྱེད་ འབའ་ཞིག་པ་དགུ་བཅུ་སྟེ། དེ་ཡང་རྫུན་སྨྲ་བའི་ཕམ་པ་དང༌། གཞི་མེད་བག་ཙམ་གྱི་ལྷག་ མ། ཤེས་བཞིན་དུ་ཆོས་མ་ཡིན་པ་ལ་ཆོས་དང་ཆོས་ཡིན་པ་ལ་ཆོས་མ་ཡིན་པར་སྨྲ་བའི་སྦོམ་ པོར་གྱུར་པའི་རྫུན་དང༌། གསོ་སྦྱོང་གི་དུས་སུ་ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་དྲིས་ པ་ལ་ཅང་མི་སྨྲ་བས་འདའ་བར་བྱེད་པའི་ཉེས་བྱས་རྣམས་དང༌། བཤེས་ངོར། འཕྱ་བ། ཟས་ ཅུང༌། སྐུར་འདེབས། ཉེར་འཇོག ཁྱད་གསོད་རྣམས་མ་གཏོགས་པའི་ཤེས་བཞིན་དུ་རྫུན་ སྨྲས་པས་དོན་གོ་བ་དང༌།༡ དགེ་སློང་གཞན་ལ་ཡུལ་དུས་དེར་སྐྱོན་དུ་གྲགས་པའི་ཚིག་ ཕན་སེམས་མ་ཡིན་པར་བརྗོད་པ་དང༌།༢ དགེ་སློང་མཐུན་པ་དག་ཕྲ་མའི་ཚིག་གིས་འབྱེད་ པར་བྱེད་པ་དང༌།༣ དགེ་སློང་གཉིས་ཀྱི་རྩོད་པ་སྔར་ཞི་བར་བྱས་པ་སླར་སློང་བའི་སྒོ་ནས་ 5-1-405 སྐྱོ་སྔོགས་བྱས་པ་དང༌།༤ ཁྲིམས་གྲོགས་མེད་པར་བུད་མེད་ལ་ཆོས་ཚིག་ལྔ་འམ་དྲུག་ལས་ ལྷག་པར་སྟོན་པ་དང༌།༥ བསྙེན་པར་མ་རྫོགས་པ་དང་ལྷན་གཅིག་རྒོད་པའི་བསམ་པས་ ཆོས་ཚིག་འདོན་པ་དང༌།༦ རང་ཉིད་མ་བསྐོས་བཞིན་དུ་དགེ་སློང་ལ་ཕམ་ལྷག་གི་གནས་ ངན་ལེན་བརྗོད་པ་དང༌།༧ མི་ཆོས་བླ་མའི་ཡོན་ཏན་ཁྱིམ་པ་ལ་དགོས་མེད་དུ་བརྗོད་པ་ དང༌།༨ དགེ་སློང་གིས་གཞན་ལ་ཟས་ཅུང་ཟད་བྱིན་འོས་པ་ལ་བྱིན་པ་མ་བཟོད་ནས་འདིས་ མཛའ་བཤེས་ཀྱིས་ངོ་བལྟས་སོ་ཞེས་བྱས་པ་དང༌།༩ བསླབ་པ་འདིས་ཅི་ཞིག་བྱ་ཞེས་པ་ལྟ་ བུའི་ཁྱད་གསོད་སྨྲས་པ་དང༌།༡༠ ནས་ཀྱི་ས་བོན་སོགས་འཇོམས་པར་བྱས་པ་དང༌།༡༡ རང་ ལ་གནས་མལ་སོགས་བཟང་པོ་སྟོབས་ཀྱང་འདིས་ངན་པར་སྟོབས་སོ་ཞེས་པ་ལྟ་བུའི་འཕྱ་ བ་དང༌།༡༢ དགེ་སློང་གིས་རང་ལ་ཕྱིར་བཅོས་སུ་བྱ་བའི་ཆེད་ལྟུང་བ་གླེང་ཀྱང་མ་གསན་པ་ བཞིན་དུ་བྱས་ནས་ལོག་ཚིག་སྨྲ་བ་དང༌།༡༣ རང་གི་གནས་མལ་ཇི་བཞིན་པར་མ་བསྡུས་ པར་གཞན་དུ་ཕྱིན་པ་དང༌།༡༤ རང་གི་གདིང་བ་ཇི་བཞིན་པར་མ་བསྡུས་པ་དང༌།༡༥ ཞེ་ སྡང་གི་དབང་གིས་དགེ་སློང་སྐྲོད་པར་བྱས་པ་དང༌།༡༦ དགེ་སློང་ལ་ལུས་ངག་གིས་གནོད་ པ་བརྩམས་ཏེ་ཟིལ་གྱིས་གནོན་པར་བྱས་པ་དང༌།༡༧ དགེ་འདུན་གྱི་གཙུག་ལག་ཁང་སྟེང་ དུ་གནས་མལ་གྱི་ཁྲི་རྐང་རྣོན་པོ་བཙུགས་ཏེ་འདུག་པས་བུག་པ་རྡོལ་བར་བྱས་པ་དང༌།༡༨ སྲོག་ཆགས་དང་བཅས་པའི་ཆུ་འདེབས་པ་དང༌།༡༩ གཞི་མི་བརྟན་པར་སྤྱོད་ལམ་བཞི་ ཤོང་བའི་གཙུག་ལག་ཁང་ཕ་གུའི་རིམ་པ་འཇིམ་པ་དང་བཅས་པ་གསུམ་ལས་ལྷག་པར་ བརྩིགས་པའོ།༢༠ །དགེ་སློང་མ་ལ་ཆོས་སྟོན་པ་མ་བསྐོས་བཞིན་བྱེད་པ་དང༌།༢༡ དགེ་སློང་ མའི་སྟོན་པར་བསྐོས་ཀྱང་འཇིགས་པར་ཉི་ནུབ་བར་ཆོས་སྟོན་པ་དང༌།༢༢ དགེ་སློང་མའི་ སྟོན་པ་ལ་ཕྲག་དོགས་གིས་ཟས་ཅུང་ཟད་ཙམ་གྱི་ཕྱིར་ཆོས་སྟོན་ཏོ་ཞེས་སྐུར་བ་འདེབས་པ་ དང༌།༢༣ ཉེ་དུ་མ་ཡིན་པའི་དགེ་སློང་མའི་གོས་བཙེམས་ཏེ་གྲུབ་པ་དང༌།༢༤ ཉེ་དུ་མ་ཡིན་ 5-1-406 པའི་དགེ་སློང་མ་ལ་བཤེས་ངོ་ཙམ་གྱི་ཕྱིར་ཆོས་གོས་བྱིན་པ་དང༌།༢༥ ཉེ་དུ་མ་ཡིན་པའི་དགེ་ སློང་མ་དང་ལྷན་དུ་འགྲོགས་ནས་རྒྱང་གྲགས་རེ་འདས་པ་དང༌།༢༦ སྔར་བཞིན་དགེ་སློང་ མ་དང་ལྷན་དུ་གྲུར་འཇུག་པ་དང༌།༢༧ དབེན་པར་ཁྲིམས་གྲོགས་མེད་པར་ཉེ་དུ་མ་ཡིན་ པའི་བུད་མེད་དང་ལྷན་དུ་འདུག་པ་དང༌།༢༨ དགེ་སློང་མ་དང་ལྷན་དུ་དབེན་པར་འགྲེངས་ ཏེ་གནས་པ་དང༌།༢༩ དགེ་སློང་མ་སྦྱིན་བདག་ལ་རང་གི་ཆེད་གཡོ་ཐབས་ཀྱིས་ཟས་སྦྱོར་ དུ་འཇུག་པ་དང༌།༣༠ དུས་རུང་གི་ཁ་ཟས་ཁྱིམ་གཞན་ཟོས་ཟིན་ཀྱང་སླར་ཡང་ཡང་ཟ་བ་ དང༌།༣༡ མུ་སྟེགས་ཀྱི་འདུག་གནས་སུ་ཞག་གཅིག་ལས་ལྷག་པར་བསྡད་ནས་སྦྱིན་བདག་ གིས་མ་བསྟབས་པར་ཉི་མ་གཉིས་པའི་ཟན་ཟ་བ་དང༌།༣༢ དུས་རུང་གི་ཟས་ལྷུང་བཟེད་དོ་ གསུམ་ལས་ལྷག་པར་ལེན་པ་དང༌།༣༣ ཟས་ཟོས་རྗེས་སུ་ཟས་དེ་སྤངས་ཀྱང་སླར་ཡང་ལྷག་ པོར་མ་བྱས་པར་ཟ་བ་དང༌།༣༤ ལྷག་པོ་བྱ་ཚུལ་ཡང་ཟས་དེ་བཟུང་ནས་དགེ་སློང་ལ་གསོལ་ བས་དེས་ཀྱང་རང་གིས་ཕུད་ཟ་བའམ་མིན་ཀྱང་རུང་སྟེ་ཚུར་རང་ལ་ཟས་དེ་གཏད་པར་བྱ་ དགོས། དགེ་སློང་གཞན་ལ་དེས་སྤངས་པའི་ཟས་ལ་ལྷག་པོར་མ་བྱས་ཀྱང་བྱས་སོ་ཞེས་པའི་ རྫུན་སྨྲས་པས་ཟས་སྟོབས་པ་དང༌།༣༥ དགེ་འདུན་སྤྱི་ལས་ལོགས་སུ་དགེ་སློང་གསུམ་ཡན་ ཆད་དང་ལྷན་དུ་ཟས་ཟ་བ་དང༌།༣༦ གླིང་གི་ཉི་མ་ཕྱེད་ཡོལ་ནས་སྐྱ་རེངས་དང་པོ་མ་ཤར་ གྱི་བར་དུ་ཟས་ཟ་བ་དང༌།༣༧ གསོགས་འཇོག་གི་ཟས་ཟ་བ་དང༌།༣༨ འདི་ལས་འཕྲོས་པ་ བཞི་སྟེ། ཆུད་ཟ་བ་སོགས་ཀྱི་རྐྱེན་མེད་པར་ཟས་གང་ལ་བྱིན་ལེན་མ་བྱས་པའི་གོང་དུ་དགེ་ སློང་རང་གིས་རེག་པ་ནི་ལག་ཉ་དང་རང་དབང་བའི་མཚམས་དངོས་སམ་དེའི་ཉེ་འཁོར་གྱི་ ནང་དུ་ཟས་རྗེན་པ་བཙོས་པ་ནི་མཚམས་བཙོས་དང༌། མཚམས་ནང་དང་དེ་འདྲའི་དངོས་ པོས་ཞག་ལོན་པ་ནི་ཞག་ལོན་དང༌། དེ་འདྲའི་དངོས་པོ་མཚམས་ཀྱི་ཕྱི་ནང་གང་རུང་དུ་དགེ་ སློང་གིས་བཙོས་པ་ནི་དགེ་སློང་གི་བཙོས་པ་ཞེས་བྱའོ། །བྱིན་ལེན་མ་བྱས་པར་ཟས་ཟ་བ་ 5-1-407 དང༌།༣༩ འདིའི་བྱིན་ལེན་བྱ་ཚུལ་ནི། ནོད་པ་པོ་སྟོབ་པ་པོའི་གློ་དང་རྒྱབ་ཏུ་ན་གནས་པ་ མ་ཡིན་པ་ལ་མཚམས་གཞན་གྱིས་བར་མ་ཆོད་པར་སྟོབ་ཅིང་ནོད་པ་པོས་ཀྱང་ལག་གཉིས་ གན་རྒྱལ་དུ་བཀན་པས་བླངས་པ་དེ་ཡིན། བྱིན་ལེན་འཇིག་རྒྱུ་ནི་འཕྲོག་འདྲིལ་རེག་བསྔོས་ དང༌། དགེ་སློང་མིན་གྱུར་ངོ་བོ་འགྱུར། །སྐྱེ་བ་འགྱུར་དང་དོར་ནས་སོ། །ཟས་བཟང་པོ་ཆོག་ མི་ཤེས་པར་ཟ་བ་དང༌།༤༠ སྲོག་ཆགས་དང་བཅས་པའི་ཆུ་ལ་སྤྱོད་པ་དང༌།༤༡ ཉལ་པོ་བྱེད་ པའི་ཁྱིམ་དུ་འདུག་པ་དང༌།༤༢ ཉལ་པོ་བྱེད་པའི་ཁྱིམ་དུ་འགྲེང་བ་དང༌།༤༣ མུ་སྟེགས་ གཅེར་བུ་པ་ལ་ཟས་བྱིན་པ་དང༌།༤༤ དམག་ལ་བལྟ་བ་དང༌།༤༥ དམག་གི་ནང་དུ་འདུག་ པ་དང༌།༤༦ རང་དགར་གོ་མཚོན་ལ་རེག་པ་དང་དམག་དཔུང་གི་རུ་བཤམ་བཀོད་སོགས་ བྱས་པ་དང༌།༤༧ དགེ་སློང་གཞན་ལ་བརྡེག་པར་བྱེད་པ་དང༌།༤༨ བརྡེག་པར་བརྩམས་པ་ དང༌།༤༩ དགེ་སློང་གཞན་གྱི་ཉེས་པ་དགོས་མེད་དུ་བཅབས་པ་དང༌།༥༠ དགེ་སློང་ལ་ཟས་ གཅོད་དུ་འཇུག་པ་དང༌།༥༡ མེ་ལ་རེག་པ་དང༌།༥༢ འདི་ལ་རེག་དགོས་བྱུང་ན་སྟོན་པས་ གནང་བ་ཡིན་སྙམ་དུ་དུས་དྲན་བྱས་ན་ལྟུང་བར་མི་འགྱུར། དགེ་འདུན་ལ་འདུན་པ་ཕུལ་བ་ སླར་བླངས་པ་དང༌།༥༣ བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཏུ་ནུབ་གཉིས་ལས་ལྷག་པར་ ཉལ་བ་དང༌།༥༤ སྡིག་ལྟའི་ཆོས་ལུགས་སྨྲ་བ་ཉིད་བཟློག་ཐབས་བྱས་ཀྱང་དེ་མི་བཏང་བ་ དང༌།༥༥ དགེ་འདུན་གྱི་གནས་ནས་ཕྱུང་པའི་དགེ་སློང་དང་ལྷན་ཅིག་ཏུ་གཏམ་ཕེབས་པར་ སྨྲ་བ་སོགས་སྤྱོད་ལམ་མཐུན་པར་བྱས་པ་དང༌།༥༦ སྡིག་ལྟ་མི་གཏོང་བའི་དགེ་ཚུལ་དགེ་ འདུན་གྱིས་དབྱུང་བ་དང་ལྷན་དུ་སྤྱོད་ལམ་མཐུན་པར་བྱས་པ་དང༌།༥༧ ཁ་མ་བསྒྱུར་བའི་ གོས་གྱོན་པ་དང༌།༥༨ རིན་པོ་ཆེ་ལ་རེག་པ་དང༌།༥༩ ཆུ་ལ་རང་དགར་ཁྲུས་བྱས་ཏེ་ལུས་ཕྱེད་ ཆུར་ནུབ་པ་དང༌།༦༠ དུད་འགྲོ་གསོད་པ་དང༌།༦༡ དགེ་སློང་ལ་འགྱོད་པ་བསྐྱེད་པ་དང༌།༦༢ མཆན་ཁུང་སོགས་ལ་རེག་སྟེ་ག་ག་ཚིལ་བྱེད་པ་དང༌།༦༣ ཆུ་ལ་རྩེ་བ་དང༌།༦༤ བུད་མེད་དང་ 5-1-408 ལྷན་ཅིག་ཉལ་བ་དང༌།༦༥ དགེ་སློང་གཞན་ལ་འཇིགས་སྐྲག་བསྐྱེད་པ་དང༌།༦༦ དགེ་སློང་ གི་གོས་སོགས་སྦེ ད་པ་དང༌།༦༧ དགེ་སློང་གི་གོས་གསར་རང་གིས་བྱིན་པ་ཡིད་བཅུགས་ མིན་པར་དེས་ཕྱིར་གནང་བའི་གདེང་མེད་བཞིན་དུ་སླར་བླངས་ནས་ཅི་དགར་ལོངས་སྤྱོད་ པ་དང༌།༦༨ དགེ་སློང་ལ་ལྷག་མའི་སྐུར་འདེབས་དང༌།༦༩ བུད་མེད་དང་ལྷན་ཅིག་ཁྲིམས་ གྲོགས་མེད་པར་ལམ་དུ་འགྲོ་བ་དང༌།༧༠ ཆོམ་རྐུན་དང་ལྷན་ཅིག་ལམ་དུ་འགྲོ་བ་དང༌།༧༡ ཉི་ཤུ་མ་ལོན་པར་བསྙེན་པར་རྫོགས་པ་དང༌།༧༢ ས་བསྐོ་བར་བྱེད་པ་དང༌།༧༣ སྦྱིན་བདག་ གིས་མགྲོན་དུ་བོས་པ་ལས་ལྷག་པར་འདུག་པ་དང༌།༧༤ དགེ་སློང་གིས་རང་ཉིད་བསླབ་པ་ སློབ་པ་ལ་བསྐུལ་ཚེ་གཞན་ལ་མ་དྲིས་པར་མི་སློབ་ཅེས་པ་ལྟ་བུའི་ཁྱད་གསོད་ཀྱི་ཚིག་བརྗོད་ པ་དང༌།༧༥ དགེ་སློང་གཞན་དག་གྲོས་བྱེད་པ་ལ་ཉན་རྣ་བྱེད་པ་དང༌།༧༦ གསོ་སྦྱོང་སོགས་ དགེ་འདུན་གྱི་ཆོས་ལྡན་གྱི་ལས་གྲལ་དུ་འདུན་པ་མ་ཕུལ་བར་ཐོས་པའི་ཉེ་འཁོར་ལས་ འདས་དེ་ཕྱིན་པ་དང༌།༧༧ དགེ་འདུན་གྱིས་ཆོས་ལྡན་གྱི་བཀའ་བསྒོ་བ་ལ་མ་གུས་པས་དེ་ ལས་བཟློག་པར་བྱས་པ་དང༌།༧༨ ཆང་འཐུང་བ་དང༌།༧༩ དུས་མ་ཡིན་པར་ཕྱི་དྲོར་ཁྱིམ་པའི་ གྲོང་དུ་འགྲོ་བ་དང༌།༨༠ དུས་ལ་བྲི མ་ཞེས་མ་བསྒོས་པར་རང་ཉིད་ཁྱིམ་གཅིག་ནས་གཅིག་ ཏུ་རྒྱུ་བས་ཁྱིམ་གསུམ་འདས་ཏེ་དགེ་འདུན་གྱི་གདུགས་ཚོད་ལ་གནོད་པ་དང༌།༨༡ རྒྱལ་པོའི་ ཕོ་བྲང་དུ་མཚན་མོར་འགྲོ་བ་དང༌།༨༢ གསོ་སྦྱོང་གི་དུས་སུ་སོ་སོར་ཐར་པ་ད་གདོད་ཤེས་ ཞེས་པ་ལྟ་བུའི་གཡོ་ཚིག་གིས་བསླབ་པ་ཁྱད་གསོད་བྱས་པ་དང༌།༨༣ རིན་ཐང་ཆེ་བའི་ཁབ་ རལ་འཆོས་པ་དང༌།༨༤ ཁྲུ་གང་ལས་ལྷག་པའི་ཁྲི་རྐང་འཆོས་པ་དང༌།༨༥ དགེ་འདུན་གྱི་ཁྲི་ སྟེང་དུ་ཤིང་བལ་བརྡལ་ཏེ་གོས་པར་བྱས་པ་དང༌།༨༦ གདིང་བ་ཚད་ལྷག་དང༌།༨༧ གཡན་ དགབ་ཚད་ལྷག༨༨ དབྱར་གྱི་གོས་རས་ཆེན་ཚད་ལྷག༨༩ གདིང་བ་སྲི ད་དུ་ཁྲུ་གསུམ་ཞེང་ དུ་ཁྲུ་དོ་སོར་དྲུག གཡན་དགབ་སྲི ད་ཁྲུ་དྲུག་ཞེང་ཁྲུ་གསུམ། རས་ཆེན་སྲི ད་ཁྲུ་དགུ་ཞེང་ 5-1-409 ཁྲུ་གསུམ་སོར་བཅོ་བརྒྱད་དོ། །བདེ་གཤེགས་སྟོན་པའི་ཆོས་གོས་ཀྱི་ཚད་དུ་གྱུར་པའི་ཆོས་ གོས་འཆང་ན་ལྟུང་བྱེད་དོ།༩༠ །སྟོན་པའི་ཆོས་གོས་ཀྱི་ཚད་ནི་སྲི ད་དུ་སྟོན་པ་རང་གི་ཁྲུ་ལྔ་ ཡིན་པས་མི་ཕལ་བའི་ཁྲུ་བཅོ་ལྔ་ཞེང་དུ་སྟོན་པའི་ཁྲུ་གསུམ་མི་ཕལ་བའི་ཁྲུ་དགུ་ཡོད་དོ། །དེ་ ལྟར་དགུ་བཅུ་པོ་དེ་དག་ལ་ལྟུང་བྱེད་འབའ་ཞིག་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། གང་ སྤྱད་ན་ངན་སོང་དུ་ལྟུང་བར་བྱེད་ཅིང་དེ་དག་བཤགས་པ་ལ། སྤངས་འབྲལ་སྔོན་དུ་གཏོང་ མི་དགོས་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། ལྔ་པ་སོ་སོར་བཤགས་པར་བྱ་བ་བཞི་སྟེ། དགེ་སློང་མ་ཉེ་དུ་མ་ཡིན་པ་ལས་ཟས་སླངས་ ཏེ་ཟོས་པ་དང༌།༡ དགེ་སློང་རྣམས་ཁྱིམ་པས་མགྲོན་དུ་བོས་པ་ན་དགེ་སློང་མས་གྲལ་རིམ་ པར་འགྲིམ་དུ་མི་འཇུག་པར་ངེས་མགྲོན་གྱིས་འདི་ལ་ཕུལ་ཅིག་ཅེས་བསྒོ་བ་དེ་དགེ་སློང་ གཅིག་གིས་མ་བཟློག་པར་དེ་སྙེད་དག་གིས་ཟོས་པ་དང༌།༢ དགེ་འདུན་བློ་མཐུན་པས་ གསོལ་བའི་ལས་ཀྱིས་ཁྱིམ་པ་ཅི་རིགས་ལས་དགག་བྱ་དང་དགོས་དབང་གིས་ཟས་མི་སློང་ བའི་བསླབ་སྡོམ་སྦྱིན་པ་ན་ཁྱིམ་དེར་གཏོགས་པ་ལ་དགེ་སློང་གིས་དུས་རུང་གི་ཟས་བསླངས་ ཏེ་ཟོས་པ་དང༌།༣ འཇིགས་བཅས་ཀྱི་དགོན་པར་དགེ་འདུན་གྱིས་ནགས་མྱུལ་བར་བསྐོས་ པ་དེའི་གནོད་པ་བསྲུང་བའི་བྱ་བ་མ་བྱས་པར་ཟས་ཟ་ན་སོར་བཤགས་ཀྱི་ཉེས་བྱས་སོ།༤ །དེ་དག་ལ་སོར་བཤགས་ཀྱི་སྡེ་ཞེས་བྱ་སྟེ། སྨྲེ་སྔགས་ཀྱི་རྣམ་པས་སོ་སོར་བཤགས་པར་བྱ་ བའི་ཡུལ་ཡིན་པས་ན་དེ་ལྟར་བརྗོད་པའི་ཕྱིར། དྲུག་པ་ཉེས་བྱས་བརྒྱ་དང་བཅུ་གཉིས་སྟེ། ཤམ་ཐབས་གྱོན་ལུགས་ལ། ཟླུམ་པོར་མ་ བགོས་པ་དང༌།༡ ཧ་ཅང་རྩེང་པ་དང༌།༢ ཧ་ཅང་འཇོལ་བ་དང༌།༣ གླང་པོ་ཆེའི་སྣ་ལྟར་ དང༌།༤ ཏ་ལའི་ལོ་མ་ལྟ་བུ་དང༌།༥ འབྲས་བུའི་ཕུབ་མ་ལྟ་བུ་དང༌།༦ སྦྲུལ་གྱི་གདེངས་ ཀ་ལྟ་བུ་དང༌།༧ སྟོད་གཡོགས་ཀྱི་གྱོན་ལུགས་ལ། རྣམ་སྦྱར་བླ་གོས་ཟླུམ་པོར་མ་བགོས་ 5-1-410 པ་དང༌།༨ ཧ་ཅང་རིང་བ་དང༌།༩ ཧ་ཅང་ཐུང་བ་དང༌།༡༠ སྤྱོད་ཡུལ་དུ་འགྲོ་སྐབས་དྲན་ ཤེས་ཀྱིས་ལུས་ངག་མ་བསྡམས་པར་འཇུག་པ་དང༌།༡༡ གོས་ལེགས་པར་མ་བགོས་པ་ དང༌།༡༢ ཅ་ཅོའི་སྒྲ་དང་བཅས་པ།༡༣ མིག་གཡས་གཡོན་དུ་ལྟ་བ།༡༤ མིག་གཉའ་ཤིང་ གང་ལས་རིང་བར་ལྟ་བ།༡༥ མགོ་གོས་ཀྱིས་བཏུམ་པ།༡༦ ཤམ་ཐབས་འདོམས་སྣང་བར་ བརྟེན་པ།༡༧ བླ་གོས་ཕྲག་གཉིས་ནས་གཟར་བ།༡༨ ལག་གཉིས་མདུན་ནས་གཉའ་བར་ བསྣོལ་པ།༡༩ ལག་གཉིས་རྒྱབ་ནས་ལྟག་པར་བསྣོལ་བ།༢༠ རང་དགར་མཆོང་ཞིང་འགྲོ་ བ།༢༡ ཧ་ཅང་གོམ་པ་ཆེ་བར་འགྲོ་བ།༢༢ རྟིང་བ་བཏེག་ནས་འགྲོ་བ།༢༣ རྟིང་པ་བཙུགས་ཏེ་ འགྲོ་བ།༢༤ གྲུ་བརྒྱང་ཏེ་འགྲོ་བ།༢༥ ལུས་བསྒྱུར་ཞིང་འགྲོ་བ།༢༦ ལག་པ་གཡོབ་ཅིང་འགྲོ་ བ།༢༧ མགོ་བསྒྱུར་ནས་འགྲོ་བ།༢༨ གཞན་དང་ཕྲག་པ་སྤྲད་དེ་འགྲོ་བ།༢༩ གཞན་དང་ལག་ སྦྲེལ་དུ་འགྲོ་བ།༣༠ སྟན་ལ་འདུག་སྐབས་ཁྱིམ་བདག་གིས་མ་བསྐོས་པར་སྟན་ལ་འདུག་ པ།༣༡ དེར་སྲོག་ཆགས་ཡོད་མེད་མ་བརྟགས་པ།༣༢ ལུས་ལྗིད་ཕབ་ཏེ་འདུག་པ།༣༣ རྐང་ པ་བསྣོལ་བ།༣༤ བླ་སྣོལ་བ།༣༥ ལོང་བུའི་སྟེང་ལོང་བུ་བརྩེགས་ཏེ་འདུག་པ།༣༦ ཁྲིའི་ འོག་ཏུ་རྐང་བ་བཀུག་པ།༣༧ རྐང་བ་ཕན་ཚུན་གདངས་བ།༣༨ འདོམས་སྣང་བར་བྱས་ནས་ སྡོད་པ།༣༩ ཟས་བླང་སྐབས་ཟས་ལེགས་པར་མི་ལེན་པ།༤༠ སྣོད་ཁད་ཆད་དུ་ལེན་པ།༤༡ འབྲས་ཚོད་མཉམ་པར་ལེན་པ།༤༢ མཐར་ཆགས་སུ་མི་ལེན་པ།༤༣ ལྷུང་བཟེད་ལ་ཡིད་ མི་གཏད་པར་ཟུར་མིག་གིས་བལྟ་བ།༤༤ ཟས་འདྲེན་མ་སླེ བས་པར་སྣོད་བཟེད་སྔ་བ།༤༥ ཟས་སྔར་བྱུང་སྦས་ནས་ཡང་བཟེད་པ།༤༦ སྣོད་གཞན་ཟས་ཀྱི་སྟེང་དུ་བཟེད་པ།༤༧ ཟས་ ཟ་སྐབས་ལེགས་པར་མི་ཟ་བ།༤༨ ཁམ་ཧ་ཅང་ཆེ་བ།༤༩ ཧ་ཅང་ཆུང་བ།༥༠ ཁམ་རན་པ་མ་ ཡིན་པ།༥༡ ཁའི་སྒོར་མ་སླེབས་པར་ཁ་གདངས་པ།༥༢ ཟ་བཞིན་གཏམ་སྨྲ་བ།༥༣ ཟ་ཚེ་སྐྱུར་ བ་ལ་ཙུག་ཙུག༥༤ མངར་བ་ལ་ཅག་ཅག༥༥ གྲང་བ་ལ་ཧུ་ཧུ།༥༦ ཚ་བ་ལ་ཕུ་ཕུ་སྒྲ་བཅས་ 5-1-411 ཟ་བ།༥༧ ལྕེ ་ཕྱུང་སྟེ་ཟ་བ།༥༨ འབྲུ་རེ་རེ་ནས་ཟ་བ་དང༌།༥༩ ཟས་ལ་འཕྱ་སྨོད་བྱེད་པ།༦༠ མཁུར་བ་གཡས་གཡོན་དུ་སྤོ་ཞིང་ཟ་བ།༦༡ རྐན་ཏོག་ཅིང་ཟ་བ།༦༢ ཁམ་འཕྲོ་བཅད་དེ་ ཟ་བ།༦༣ ལག་པ་ལ་ཆགས་པའི་ཟས་འདག་པ།༦༤ ལྷུང་བཟེད་སོགས་ལྕེ ས་འདག་པ།༦༥ ལག་པ་ལ་ཟས་ཆགས་པ་སྤྲུག་པ།༦༦ ཟས་བཅས་ཀྱིས་ལྷུང་བཟེད་སྐྱོམ་སྐྱོམ་བྱེད་པ།༦༧ ཟས་ཀྱིས་འདྲ་མིན་གྱི་གཟུགས་བྱས་ནས་ཟ་བ།༦༨ ལྷུང་བཟེད་ལ་སྤྱོད་སྐབས། ལྷུང་བཟེད་ ལ་འཕྱ་བའི་ཕྱིར་བལྟ་བ།༦༩ ལག་པ་ཟས་ཀྱིས་འབགས་པས་ཆུ་སྣོད་ལ་རེག་པ།༧༠ ཟས་ དང་བཅས་པའི་འབགས་ཆུ་དགེ་སློང་ལ་གཏོར་བ།༧༡ ཁྱིམ་བདག་ལ་མ་དྲིས་པར་ཟས་དང་ འབགས་པའི་ཁྲུད་ཆུ་དེའི་ཁྱིམ་དུ་འཕོ་བ།༧༢ ཟས་ལྷག་ལྷུང་བཟེད་དུ་བཞག་ནས་འདོར་ བ།༧༣ ལྷུང་བཟེད་འོག་གཞི་མེད་པའི་ས་རྗེན་༧༤གད་ཁ་༧༥གཡང་གཟར༧༦། བང་རིམ་ཁྱོལ་ བའི་སྐན་ཏེ་གཞིར་བཞག་པ།༧༧ དེ་བཞིན་དུ་ལྷུང་བཟེད་གད་ཁ།༧༨ གཡང་ས།༧༩ སྐན་ གཟར་དུ་དང༌།༨༠ ལང་ཏེ་ལམ་གྱི་གཞི་རྣམས་སུ་བཀྲུ་བ།༨༡ འབབ་ཆུ་དྲག་པོའི་རྒྱུན་ལས་ ལྡོག་ཏེ་ལྷུང་བཟེད་ཀྱི་ཆུ་བཅུ་བ།༨༢ ཆོས་འཆད་སྐབས་ཉན་པོ་འདུག་པ་ལ་འཆད་པོ་ལང་ཏེ་ བཤད།༨༣ ཉལ་བ་ལ་འདུག་པས་དང༌།༨༤ མཐོན་པོར་འདུག་པ་ལ་དམའ་བ་ལ་འདུག་པས་ དང༌།༨༥ མདུན་འགྲོ་བ་ལ་རྒྱབ་འགྲོ་བས་དང༌།༨༦ དབུས་ནས་འགྲོ་བ་ལ་འགྲམ་ནས་འགྲོ་ བས་དང༌།༨༧ མི་ན་བར་མགོ་གཡོག་པ།༨༨ གོས་བརྫེ ས་པ།༨༩ གོས་ཕྲག་པར་གཟར་བ།༩༠ ལག་པ་གཉའ་གོང་དུ་བསྣོལ་བ།༩༡ ལག་པ་ལྟག་པར་བསྣོལ་བ།༩༢ དོ་ཀེར་བཅིངས་ པ།༩༣ ཞྭ་གྱོན་པ།༩༤ ཅོད་པན་བཏགས་པ།༩༥ མགོར་ཕྲེང་བ་བཅིངས་པ།༩༦ མགོ་ཐོད་ ཀྱིས་དཀྲི ས་པ།༩༧ གླང་པོ་ཆེ་དང་༩༨རྟ་ལ་ཞོན་པ།༩༩ ཁྱོགས་ཀྱིས་བཏེག་པ།༡༠༠ བཞོན་པ་ གཞན་ཤིང་རྟ་སོགས་ལ་ཞོན་པ།༡ མཆིལ་ལྷྭམ་གྱོན་པ་དང༌།༢ ལག་ན་མཁར་བ་ཐོགས་པ།༣ གདུགས་ཐོགས་པ།༤ མཚོན་ཆ་ཐོགས་པ།༥ རལ་གྲི།༦ མདའ་གཞུ་ཐོགས་པ།༧ གོ་ཆ་གྱོན་ 5-1-412 པ་༨རྣམས་ལ་དགེ་སློང་གིས་ཆོས་བཤད་པ་དང༌། གཙང་སྦྲ་སྒྲུབ་པའི་སྐབས་ལ་འགྲེང་ཏེ་ བཤང་གཅི་འདོར་བ།༩ ཆུའི་ནང་དུ་བཤང་གཅི་འདོར་བ།༡༠ རྩ་སྔོན་གྱི་སྟེང་དུ་བཤང་གཅི་ འདོར་བ།༡༡ རྒྱུ་བའི་སྐབས་གནོད་པ་མེད་པར་ཤིང་ལ་མི་གང་ཙམ་ལས་མཐོ་སར་འཛེག་ པར་བྱེད་པའོ།༡༢ །དེ་དག་ལ་ཉེས་བྱས་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། དེ་གང་སྤྱོད་ན་ ཉེས་པ་ཕྲ་མོའི་རང་བཞིན་ཡིན་པས་ན་དེ་ལྟར་བརྗོད་པའི་ཕྱིར་རོ། ། སྤྱིར་ན་སྤང་ལྟུང་རྣམས་དང་འབའ་ཞིག་པ་དག་ལྟུང་བྱེད་དུ་བསྡུས་ན་ལྟུང་བ་སྡེ་ལྔའི་ གྲངས་སུ་གཏོགས་ཀྱང་འདིར་སྡེ་ཚན་སོ་སོའི་དབང་དུ་བྱས་ནས་སྡེ་དྲུག་གི་ས་བཅད་དུ་ བྱས་པ་དེའི་དགོས་པ་རིམ་པར་གྲངས་བགྲང་བ་དང་ངོས་ཟིན་པ་ཉུང་བསྡུས་སླ་བའི་ཆེད་ དུ་དེ་ལྟར་བྱས་པ་ལགས་པས་དེ་ལུགས་གོང་དུ་བཤད་པའི་ལྟུང་བ་མི་མཐུན་ཕྱོགས་དེ་དག་ ཐམས་ཅད་གཟོབ་པ་ལྷུར་ལེན་པའི་བག་ཡོད་ཀྱིས་རང་རྒྱུད་ལ་ཉེས་པ་དེ་དག་ལས་གང་ ཉེ་བ་བཙན་ཐབས་ཀྱིས་བཅད་དེ་རྒྱངས་བསྲིང་ཏེ་སེམས་རྒྱུད་མི་མཐུན་ཕྱོགས་གོང་སྨོས་ རྣམས་ཀྱིས་ནམ་ཡང་གོས་པ་མེད་པར་དམ་ཆོས་འདུལ་བའི་ཁྲིམས་གཙང་རྣམ་པར་དག་ པ་ལ་ལེགས་པར་བསླབས་པ་ནན་ཏན་སྙིང་པོ་བྱ་དགོས་པ་ལགས། འདི་ལས་འཕྲོས་ཏེ་ ལྟུང་བ་ཕྱིར་བཅོས་བྱ་ཐབས་སོགས་བཤད་དགོས་པ་ཤིན་ཏུ་མང་ནའང་འདིར་ལས་དང་པོ་ པས་ལྟུང་བ་ངོས་ཟིན་བྱེད་ཙམ་ལ་ཡི་གེ་མང་དོགས་ནས་རེ་ཞིག་དེ་ཙམ་གྱི་ཉུང་བསྡུས་ལས་ འདིར་མ་སྤྲོས་སོ། །སྨྲས་པ། རྣམ་པར་དག་པའི་སེམས་རྒྱུད་དགའ་བའི་ཚལ། །བསླབ་ ཁྲིམས་གཙང་མའི་འདབ་བརྒྱ་མངོན་བཞད་པ། །དགེ་ལེགས་ཁྲིམས་ཀྱི་ངད་བཟང་གསར་ བ་ཅན། །གང་དེ་མྱུར་ནས་ཞི་བའི་གོ་འཕང་སྙེགས། །མཁས་པའི་དབང་ཕྱུག་དྷརྨ་ཤྲཱི་ཡིས། །ལེགས་གསུང་སྡོམ་ཊཱིཀ་དཔག་བསམ་སྙེ་མ་ལས། །ལྟུང་བའི་སྒོ་འདི་ཅུང་ཟད་རབ་བཏུས་ པས། །མཐའ་ཡས་སྐྱེ་རྒུས་འདུལ་བ་ཀུན་འཛིན་ཤོག ། 5-1-413 ཅེས་དགེ་སློང་ལ་ཉེ་བར་མཁོ་བའི་ཁྲིམས་ཀྱི་མི་མཐུན་ཕྱོགས་ཉུང་གསལ་དུ་བཀོད་པ་རབ་གསལ་ནོར་བུའི་མེ་ལོང་ཞེས་ བྱ་བ་འདི་ཡང་རབ་བྱུང་དགེ་སློང་གི་ཁྲིམས་ལ་ཉེ་བར་བརྩོན་པའི་དགེ་སློང་བློ་གྲོས་རབ་ཡངས་སོགས་ཁྲིམས་ལྡན་འགའི་ཆེད་ དུ་མཁོ་བར་མཐོང་ནས་རྨོངས་བན་སྙོམ་ལས་པ་མ་ཏི་ཀིརྟི་ཞེས་པས་བྲི ས་པ་དགེ་བར་གྱུར་ཅིག དགེའོ།། །། 5-1-414 ༄༅། །དགེ་ཚུལ་གྱི་བསླབ་པ་བསྲུང་ཚུལ་བསྡུས་པ་ ཁྲིམས་གཙང་འགུགས་པའི་ལྕགས་ཀྱུ་ ཞེས་བྱ་བ་བཞུགས་སོ། ། ༄༅། །གང་ཐུགས་གསེར་བཟང་འཛིན་མའི་གཞིར། ། ཚུལ་ཁྲིམས་དཔག་བསམ་སྡོང་པོ་ལ། ། ཡོན་ཏན་ལོ་འབྲས་ཁུར་གྱིས་བརྗིད། ། བསླབ་ཁྲིམས་ལྗོན་བཟང་གསར་བ་མཆོད། ། དེ་ལ་འདིར་རབ་བྱུང་ཕྱོགས་ཀྱི་ཆར་གཏོགས་དགེ་ཚུལ་དག་གི་སྤང་བླང་གི་རིམ་པ་ལ། དང་པོ་སྡོམ་པའི་རྩ་བ་ཕམ་འདྲ་བཞི་ནི། མིའམ་མིར་ཆགས་པའི་སྲོག་བཅད་པ་དང་གཅིག རིན་ཐང་ཚང་བའི་དངོས་པོ་རྐུ་བ་དང་གཉིས། བུད་མེད་ཀྱི་རྨའི་སྒོ་གསུམ་པོ་གང་རུང་དུ་མི་ ཚང་བར་སྤྱོད་པ་དང་གསུམ། གོང་མའི་ཡོན་ཏན་མེད་ཀྱང་ཡོད་པར་བཤད་པའི་སྒོ་ནས་མི་ ཆོས་བླ་མའི་རྫུན་སྨྲ་བ་དང་བཞི་དེ་ཡིན་ལ། དེ་བཞི་གང་བྱས་ན་སྡོམ་པ་མ་ལུས་པ་ཕམ་པར་ བྱེད་ཅིང་འཇོམས་པ་ལ་དགེ་སློང་དང་འདྲ་བའི་རྒྱུ་མཚན་གྱིས་ཕམ་འདྲ་ཞེས་བརྗོད་པ་ཡིན་ ནི་རེད། བཤགས་པར་བྱ་བའི་ཉེས་བྱས་ཏེ། བག་མེད་པར་བྱེད་པའི་མྱོས་འགྱུར་གྱི་ཆང་ འཐུང་བ་དང༌། རྣམ་གཡེང་གི་རྐྱེན་གླུ་དང༌། གར་དང༌། རོལ་མོ་འཁྲོལ་བ་དང་གསུམ་གར་ སོགས་རྩེད་མོའི་རིགས་བྱེད་ཟེར་ཞིང་དེ་དག་དགོས་མེད་དུ་བྱ་བ་དང༌། ཡང་འཕྱོར་སྒེག་ 5-1-415 གི་བསམ་པས་རྒྱན་ཕྲེང་འདོགས་པ་དང༌། མཚོན་གྱིས་མདངས་པ་ལྟ་བུའི་ཁ་དོག་འཆང་བ་ དང༌། ལུས་ལ་སྤོས་བྱུག་པ་དང་གསུམ་ལ་ཕྲེང་སོག་རྒྱན་གྱི་རིགས་བྱེད་ཟེར་བ་དང༌། ཡང་ འདོད་སྲེ ད་ཀྱི་བསམ་པས་རིན་ཐང་ཆེ་བའི་མལ་སྟན་རྒྱ་ཆེ་བར་འདུག་པ་དང༌། ཁྲུ་གང་ལས་ ལྷག་པའི་ཁྲི་མཐོ་བར་འདུག་པ་དང༌། ཕྱི་དྲོའི་དུས་སུ་ཁ་ཟས་ལ་སྤྱོད་པ་དང༌། གསེར་དངུལ་ སོགས་རིན་པོ་ཆེའི་རིགས་བདག་གིར་བྱས་ནས་ལེན་པ་དང་བཅུ་གཅིག་དེ་ཡིན་ལ། གོང་གི་ རྩ་བ་བཞི་གང་རུང་གི་ཆར་གཏོགས་ལ། དུད་འགྲོ་གསོད་པ་དང༌། སྲོག་ཆགས་དང་བཅས་ པའི་དངོས་པོ་ཆུ་ལ་སོགས་པར་འདེབས་པ་དང༌། སྲོག་ཆགས་དང་བཅས་པའི་ཆུ་ལ་སྤྱོད་པ་ དང་གསུམ་ལ་གསོད་པ་ཟེར་ཞིང་འདི་རྣམས་སྲོག་གཅོད་ཀྱི་ཕམ་འདྲའི་ཆར་གཏོགས་ཡིན། ཡང་དགེ་སློང་ལ་མཐོང་ཐོས་དོགས་གསུམ་མེད་པར་ཕམ་པ་གང་རུང་འབྱུང་ཞེས་པ་ལྟ་བུའི་ གཞི་མེད་ཀྱི་སྐུར་བ་འདེབས་པ་དང༌། དགེ་སློང་ལ་སྙད་ཀ་ཡོད་པ་ཙམ་ལ་བརྟེན་ནས་དེ་ འདྲའི་བག་ཙམ་གྱིས་སྐུར་བ་འདེབས་པ་དང༌། དགེ་འདུན་རྣམས་ལ་དབྱེན་བྱེད་པ་དང༌། དབྱེན་དེའི་རྗེས་སུ་ཕྱོགས་པ་དང༌། ཁྱིམ་པ་སུན་པར་བྱེད་པའི་བྱ་སྤྱོད་ལ་མི་འཛེམས་དང༌། ཤེས་བཞིན་གོ་སྨོས་ལས་གཞན་པའི་རྫུན་སྨྲ་བ་དང༌། དགེ་སློང་ལ་ཁྱོད་ཀྱིས་མཛའ་བཤེས་ ཀྱི་ངོར་བལྟས་ནས་ཟས་གོས་སོགས་བྱིན་ནོ་ཞེས་པ་ལྟ་བུའི་འོས་པ་མིན་པ་ལ་སྨྲས་པ་ནི་ བཤེས་ངོར་འཕྱ་བ་དང༌། ཞལ་ཏ་བས་རང་ལ་བསྒོས་སྐལ་ལེགས་པོ་བྱིན་ཀྱང་འདིས་བདག་ ལ་ལེགས་པོ་མ་བྱིན་ཞེས་པ་ལྟ་བུ་ནི་ཞལ་ཏ་བར་འཕྱ་བ་དང༌། གཞན་གྱིས་ཆོས་ལེགས་པར་ སྟོན་པ་ལ་འདིས་ཟས་ཅུང་ཟད་ཀྱི་ཕྱིར་ཆོས་སྟོན་ནོ་ཞེས་སྨྲས་པ་ལྟ་བུ་ཟས་ཅུང་དང༌། དགེ་ སློང་ལ་ལྷག་མ་བཅུ་གསུམ་གང་རུང་འབྱུང་ངོ་ཞེས་པ་ལྟ་བུ་ནི་ལྷག་མའི་སྐུར་འདེབས་དང༌། བསླབ་པ་ཁྱད་གསོད་ཀྱིས་སྤོང་བ་དང༌། ལྷག་པོ་ལེན་ཕྱིར་འབྲས་ཆན་ལྟ་བུ་འགེབས་ཤིང་ སྐུང་ནས་མེད་ཚུལ་བྱེད་པ་དང་བཅུ་གཉིས་པོ་ནི་རྫུན་གྱི་ཕམ་འདྲའི་ཆར་གཏོགས་སུ་འགྲོ་ 5-1-416 ལ། ཡང་ཁྱིམ་པའི་རྟགས་གོ་མཚོན་ཐོགས་པ་སོགས་སྤོང་བ་ལས་ཉམས་པ་དང༌། རབ་བྱུང་ གི་རྟགས་ངུར་སྨྲིག་འཆང་ནས་ལེན་པ་ལས་ཉམས་པ་དང༌། མཁན་པོ་ལ་གསོལ་བ་བཏབ་ པ་ལས་ཉམས་པ་དང༌། དེ་འདྲའི་ཉམས་པ་རྣམ་གསུམ་སྟེ་ཁྱོན་སྡོམ་དགེ་ཚུལ་གྱི་སྤང་བྱ་སོ་ གསུམ་པོ་དེ་དག་ནམ་ཡང་མི་བྱེད་པའི་དྲན་འདུན་རྒྱུན་དུ་ཡོད་པའི་སྒོ་ནས་སྤང་བླང་ཞིབ་ མོར་བྱེད་དགོས་ཀྱི་སྡོམ་པ་ཐོབ་པར་ཁས་འཆེ་བ་ཙམ་གྱིས་མི་འོང་ངོ༌། །འདི་ལ་སྤང་བྱ་སོ་ དྲུག་ཏུ་བྱེད་ལུགས་ཡོད་ཀྱང་གོང་སྨོས་རྣམས་ཀྱི་ནང་དུ་མ་འདུས་པ་མེད་དོ། །སྨྲས་པ། རྣམ་ དཀར་ལེགས་བྱས་འདི་ཉིད་ཀྱིས། །ཆོས་ལ་མོས་པའི་གྲྭ་བཙུན་དེའི། །སེམས་རྒྱུད་ཁྲིམས་ གཙང་རབ་རྒྱས་པས། །བསླབ་པ་ཕ་མཐར་ཕྱིན་གྱུར་ཅིག ། ཅེས་དགེ་ཚུལ་གྱི་བསླབ་པ་བསྲུང་ཚུལ་བསྡུས་པ་ཁྲིམས་གཙང་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ་འདི་ཡང་གྲྭ་བཙུན་ གུ་ཎ་བྷ་དྲ་སོགས་དགེ་ཚུལ་གསར་བུ་འགའ་ལ་ཆེད་མཁོ་ཞིང་དེ་དག་གི་བླང་དོར་ལེགས་པར་བྱེད་པ་ལ་ཕན་པའི་ལྷག་བློ་དང་ བཅས་ཏེ་ལྕགས་སྟག་ལོའི་ཟླ་ཚེས་ལ་བློ་གྲོས་གྲགས་པ་ཞེས་པས་བྲི ས།། བཀྲ་ཤིས། དགེའོ།། །། 5-1-417 ༄༅། །དགེ་ཚུལ་རྣམས་ཀྱི་གལ་ཆེའི་ལག་ལེན། ༄༅། །འདིར་དུས་མཐུན་དགེ་ཚུལ་རྣམས་ཀྱི་གལ་ཆེའི་ལག་ལེན་བྱ་ལུགས་ནི། དགེ་ ཚུལ་བླངས་འདས་ལས་ཕམ་འདྲ་བཞི་ཁ་ཚང་ལེགས་སྲུང་གལ་ཆེ། བཤགས་བྱ་རྣམས་ལས། ཆང་མི་འཐུང་བ་དང༌། གུང་ཚིགས་ཅི་ཐུབ་ལ་འབད་པ། སྲོག་གཅོད་རིགས་ལ་འཛེམས་བག་ བྱེད་པ་རྣམས་དང༌། རྫུན་གྱི་རིགས་དེང་དུས་སུ་ཆོས་མཐུན་ལ་ཕན་པ་རྣམས་མ་གཏོགས་ གཡོ་རྒྱུས་གཞན་མགོ་བསྐོར་བྱེད་རྣམས་ཀྱང་སྤང་ཅི་ཐུབ་དང༌། ཁྱད་པར་ཡུལ་གཉན་པོ་ལ་ སྐུར་འདེབས་འདི་ཉེས་འགལ་ཆེ་བ་ཡིན། ངུར་སྨྲིག་མཚོན་བྱེད་སྣམ་རྟེན་རྒྱུན་འཆང་འདི་ ཉམས་པ་གསུམ་ལས་རབ་བྱུང་གི་རྟགས་ལེན་པ་དང་ཁྱིམ་པའི་རྟགས་སྤང་བ་ཉམས་པ་མི་ འབྱུང་བའི་ཆེད་དུ་དགོས་པ་མ་གཏོགས་དགེ་སློང་ལྟར་འབྲལ་སྤང་མེད། གཞན་ཡང་དགེ་ འདུན་གང་ཡོད་ནང་ཕྲ་དབྱེན་གྱི་ཚིག་ལ་བག་ཟོན་བྱེད་པ་དང༌། ཁྱིམ་པ་རྣམས་མིག་སྔར་མི་ མཛེས་པའི་ལུས་ཀྱི་རྒོད་བག་གི་རྩེད་མོ་ལ་འཛེམ་མི་ཤེས་པ་ལྟ་བུ་དང༌། ངག་གིས་ཧ་བགད་ ཁ་རྒྱལ་རྩོད་ཅིང་མཆོད་གནས་ཡོན་བདག་བཅས་འུར་ཟིང་ངེར་བྱེད་མཚམས་ལེགས་འཇོག་ རེ་ཨེ་ཡོང་བལྟ་དགོས། དེ་མིན་བླང་འདས་སུ་བགྲང་བ་ལེགས་པོ་མ་ཐོན་པ་ཡོད་ཚད་སྟབས་ ནམ་འགྲིག་གི་དགེ་འདུན་དབྱར་གནས་དང་གསོ་སྦྱོང་ཕྱིར་བཅོས་ཀྱི་སྐབས་སུ་དྲན་ཞིང་ བཤགས་པ་བྱས་ཆོག རབ་བྱུང་གི་རྟགས་བླངས་ཚུན་ཆད་ཆོས་ལྡན་གྱི་བྱ་བ་ལ་གཙོ་བོར་ འབད་ཅི་ཐུབ་དང་ཁྱིམ་པའི་ཁ་འཛིན་ལ་ཅུང་ཟད་ལྷོད་ཡངས་སུ་གཏོང་ཨེ་ཐུབ་ལྟོས། སྤྱིར་ བསླབ་པ་གསུམ་ལས་སོ་ཐར་སྡོམ་པ་རྫ་མའི་སྣོད་ལྟ་བུ་དང༌། བྱང་སེམས་སྡོམ་པ་རྫ་སྣོད་ 5-1-418 ནང་གི་ཆུ་ལྟ་བུ་དང༌། གསང་སྔགས་ཀྱི་སྡོམ་པ་ཆུ་དེའི་ནང་ཤར་པའི་གཟུགས་བརྙན་ལྟ་བུར་ ལས་དང་པོ་པའི་སྐབས་སུ་སྔོན་བྱོན་པཎ་གྲུབ་མང་པོས་ཞལ་མཐུན་དུ་ཡང་ཡང་གསུངས་ ཕྱིར་སོ་ཐར་ཉམས་རལ་དུ་སོང་ན་བྱང་སེམས་དང་སྔགས་སྡོམ་གང་ནས་ཀྱང་སྡོད་ལུགས་ མེད་པར་ཐམས་ཅད་ཡལ་འགྲོ་བས་སྡོམ་གསུམ་གྱི་རྩ་བའི་མ་གཞི་སོ་ཐར་ཡིན། དེའི་ནང་ གི་སོ་ཐར་རབ་བྱུང་ཕྱོགས་དགེ་ཚུལ་སློང་གཉིས་ལས་དགེ་ཚུལ་གྱི་སྡོམ་པ་དེ་ཉིད་ནི་སྤྱིར་སོ་ བྱང་སྔགས་གསུམ་གྱིབསླབ་པའི་ཆོས་མ་ལུས་པ་འབྱུང་ཞིང་བསྐྱེད་བྱེད་ཀྱི་གཞིའི་རྩ་བ་ལྟ་བུ་ ཡིན་ཏེ། ཏིང་འཛིན་དམ་པའི་མདོ་ལས། ཇི་ལྟར་བུམ་པ་བཟང་པོ་རིན་ཆེན་སྣོད། །དེ་བཞིན་ ཚུལ་ཁྲིམས་ཆོས་ཀུན་བསྐྱེད་པའི་གཞི། །ཞེས་སོགས་གསུངས་པའི་དགོངས་པ་ལྟར་ལགས་ སོ། །ཞེས་པའང་མ་ཏིས་སྨྲས་པའོ།། །། 5-1-419 ༄༅། །སུམ་ཅུ་པའི་སྡོམ་ཚིག ༄༅། །རྫོགས་ཚིག་ནི། གོ་ངོ་དོ་ནོ་བོ་མོ་འོ་རོ་ལོ་སོ་ཏོ། ལ་དོན་བདུན་ནི། སུ་རུ་ཏུ་དུ་ ན་ལ་ར། རྣམ་དབྱེ་བརྒྱད་ནི། དོན་གྱི་ངོ་བོ་ཙམ་སྟོན་པ། ལས་སུ་བྱ་བ། བྱེད་པ། ཆེད་དོན། འབྱུང་ཁུངས། འབྲེ ལ་བ། རྟེན་གནས། འབོད་པ། དེ་ལས་འབྲེ ལ་སྒྲ་ནི། ཀྱི་གྱི་གི་འི་ཡི། བྱེད་ སྒྲ་ནི་དེ་དག་ལ། ས་མཐའ་སྦྱར་བ། རྗེས་འཇུག་ནི། ག་ང་ད་ན་བ་མ་འ་ར་ལ་ས། སྔོན་འཇུག་ ནི། ག་ད་བ་མ་འ། མིང་གཞི་རྐྱང་བ་ནི། དེ་ལྷག་ཀ་མད་རྣམས། མགོ་ནི། ར་ལ་ས། འདོགས་ ནི། ཡ་ར་ལ་ཝ། དབྱངས་ནི། ཨི་ཨུ་ཨེ་ཨོ། སྡུད་སྒྲ་ནི། ཀྱང་འང་ཡང༌། ལྷག་བཅས་ནི། སྟེ་ཏེ་ དེ། འབྱེད་སྡུད་སྒྲ་ནི། གམ་ངམ་དམ་ནམ་བམ་མམ་འམ་རམ་ལམ་སམ་ཏམ། འབྱུང་ཁུངས་ དགར་སྡུད་ཀྱི་སྒྲ་ནི། ནས་ལས། འབོད་པའི་སྒྲ་ནི། ཀྱེ་ཀྭ། དགར་བརྣན་སྒྲ་ནི། ནི། སྤྱི་སྒྲ་ནི། གང་སུ་ཅི་ཇི། བདག་སྒྲ་ནི། པ་བ་ཅན། དགག་སྒྲ་ནི། མ་མི་མིན་མེད། ཚིག་ཕྲད་ནི། ཅིང་ ཅེས་ཅེ་ན་ཅེ་འོ་ཅིག ཞིང་ཞེས་ཞེ་ན་ཞེ་འོ་ཞིགཤིང་ཤེས་ཤེ་ན་ཤེ་འོ་ཤིགརྫོགས་ཚིག་རྣམས་ རྗེས་འཇུག་རང་འདྲའི་རྗེས་སུ་སྦྱོར། ལ་དོན་རྣམས། ས་སུ་ག་བ་ད་དྲག་ཏུ། ང་ད་ན་མ་ར་ལ་ དུ། རྗེས་འཇུག་མེད་དང་འ་མཐར། ར་རུ་གཉིས་ཅི་རིགས་སྦྱོར། ན་ལ། གཉིས་ནི་སྐབས་ བསྟུན་ཆོག རྣམ་དབྱེ་ལས་སུ་བྱ་བ། ཆེད་དོན། རྟེན་གནས་གསུམ་ལ་ལ་དོན་རྣམས་འཇུག་ ཚུལ་ཡོད། བྱེད་འབྲེ ལ་ད་བ་སའི་རྗེས་སུ་ཀྱི། ག་ང་གཉིས་ཀྱི་རྗེས་སུ་གི །ན་མ་ར་ལའི་རྗེས་ སུ་གྱི། །རྗེས་འཇུག་མེད་པ་དང་འ་མཐར། །འི་ཡི་གཉིས་ནི་ཅི་རིགས་སྦྱོར། སྔོན་རྗེས་དུས་ གསུམ་ཚུལ་ནི། བསྒྲུབ་བྱ། སྒྲུབ་བྱེད། བསྒྲུབས། སྒྲུབས་ཤིག ཅེས་པ་ལྟ་བུ་ལ་རིམ་པར་ མ་འོངས། ད་ལྟ། འདས་པ། སྐུལ་ཚིག་ཏུ་སྦྱར་བ་གཞན་ལ་འགྲེས། མགོ་འདོགས་དབྱངས་ 5-1-420 ཅན་ནི། རྐང༌། བཀྱིགས། ལྐུགས། བཀྲེ ན། ཀློང༌། སྐབས། ཀྭ་ཞེས་པ་ལྟ་བུ། སྡུད་སྒྲ་ནི། ག་ད་བ་ས་ད་དྲག་མཐར་ཀྱང༌། ན་མ་ར་ལའི་མཐར་ཡང༌། རྗེས་འཇུག་མེད་དང་འ་མཐར། འང༌། ཡང༌། གཉིས་ཅི་རིགས་སྦྱོར། ལྷག་བཅས་ནི། ག་ད་བ་མ་འ་དང༌། རྗེས་འཇུག་མེད་ མཐར་སྟེ། ད་དྲག་དང་ས་ན་ར་ལའི་མཐར། ཏེ། ད་མཐར་དེ་སྦྱོར། འབྱེད་སྡུད་ནི་རང་འདྲ་ ད་དྲག་དབང་ཏུ་སྦྱོར། འབྱུང་དགར་སྡུད་གསུམ་སྐབས་བསྟུན་ཆོགའབོད་སྒྲ་ཕལ་ཆེར་མིང་ གི་ཐོག་མ་སྦྱོར། དགར་བརྣན་ཕལ་ཆེར་མིང་མཐའ་ལ་སྦྱོར། སྤྱི་སྒྲ་ནི་དཔེ་དང་གཞན་ལ་ཇི་ སྦྱོར། དོན་རྣམས་ལ་ཅི་སྦྱོར། གང་ཟག་དག་ལ་སུ་སྦྱོར། ཀུན་ལ་གང་སྒྲ་སྦྱོར་བར་བྱ། བདག་ སྒྲ་ནི། ག་ད་ན་བ་མ་ས་ད་དྲག་མཐའ་རྣམས་སུ་པ་སྦྱོར། ང་འ་ར་ལ་རྗེས་འཇུག་མེད་མཐར་ བ་སྦྱོར། ཅན་ནི་སྐབས་དང་བསྟུན། དགག་སྒྲ་རྣམས་ནི་མིང་ཚིག་གི་ཐོག་མཐའ་ཅི་རིགས་ སུ་སྦྱོར། ཚིག་ཕྲད་ནི་ག་ད་བ་ད་དྲག་མཐར་ཅིང་སོགས་སྦྱོར། ང་འ་ན་མ་ར་ལ་མཐའ་རྟེན་ མེད་མཐར་ཞིང་སོགས་སྦྱོར། ས་མཐར་ཤིང་སོགས་སྦྱོར་བ་སྤྱིར་བཏང་ཙམ་ཡིན། འོ་འུ་འམ་ གསུམ་རྐང་པ་མ་ཚང་བ་ལ་ཚེག་ཐོབ་ཀྱང་ཚང་བ་ལ་མི་ཐོབ། ཕལ་ཆེར་ཚིག་ལྷུག་མཐར་ བར་ཚེག་ཐོབ་ལ། ཚིགས་བཅད་རྐང་པའི་ཐོག་མཐའ་ཀུན་ལ་ཤད་རེ་ཐོབ། ཚིག་ལྷུག་གི་ རྫོགས་ཚིག་མཐར་ཉིས་ཤད་ཐོབ་ཅིང༌། ལྷུག་པའི་རྣམ་གྲངས་སོ་སོ་དང་དོན་ཚན་ཕལ་བའི་ མཐར་ཆིག་ཤད་རེ་ཐོབ། འབོད་པའི་སྐབས་སུ་ཚེག་ཤད་རེ་རེ། ལེ་མཚམས་རྫོགས་མཐར་ ཉིས་ཤད་བལྡབས་པའི་བཞི་ཤད། ཕྱི་རྐང་ཅན་མཐར་རྐང་པ་ཤད་རེ་བརྩི་ཆོག་པས་ཚེག་ ཤད་གང་ཡང་མི་དགོས། རྗེས་འཇུག་ང་མཐར་ཚེག་ཤད་གཉིས་ཀ་བྱའོ། །འདི་ཡང་མ་ཏིས་སོ།། །། 5-1-421 ༄༅། །བསྡུས་དོན་གྱི་ཟུར་མཆན། ༄༅། །བློས་ཡུལ་དུ་བྱ་རུང་མཚན་ཉིད་རེད། གང་གི་མཚན་ཉིད་ཡིན་ན། ཤེས་བྱའི་ མཚན་ཉིད་རེད། ཤེས་བྱ་མཚོན་བྱ་རེད། གང་གི་མཚོན་བྱ་ཡིན་ན་བློས་ཡུལ་དུ་བྱ་རུང་གི་ མཚོན་བྱ་རེད། བུམ་པ་མཚན་གཞི་རེད། གང་གི་མཚན་གཞི་ཡིན་ན་ཤེས་བྱའི་མཚན་གཞི་ རེད། དེ་གསུམ་མཚན་མཚོན་གཞི་གསུམ་ཞིག་ཡིན་ནི་རེད། ཤེས་བྱའི་རྫས་ཡོད་ཆོས་གསུམ་ ཚང་བ་མཚན་ཉིད་རེད། གང་གི་མཚན་ཉིད་ཡིན་ན་ཤེས་བྱའི་མཚན་ཉིད་ཀྱི་མཚན་ཉིད་རེད། ཤེས་བྱའི་མཚན་ཉིད་དེ་མཚོན་བྱ་རེད། གང་གི་མཚོན་བྱ་ཡིན་ན་ཤེས་བྱའི་རྫས་ཡོད་ཆོས་ གསུམ་ཚང་བའི་མཚོན་བྱ་རེད། བློས་ཡུལ་དུ་བྱ་རུང་དེ་མཚན་གཞི་རེད། གང་གི་མཚན་གཞི་ ཡིན་ན་ཤེས་བྱའི་མཚན་ཉིད་ཀྱི་མཚན་གཞི་རེད། དེ་གསུམ་མཚན་མཚོན་གཞི་གསུམ་ཞིག་ ཡིན་ནི་དེ། དེས་འགྲེས། བློས་ཡུལ་དུ་བྱ་རུང་གི་བཏགས་ཡོད་ཆོས་གསུམ་ཚང་བ་མཚན་ ཉིད་རེད། གང་གི་མཚན་ཉིད་ཡིན་ན་བློས་ཡུལ་དུ་བྱ་རུང་གི་མཚོན་བྱའི་མཚན་ཉིད་རེད། བློས་ཡུལ་དུ་བྱ་རུང་གི་མཚོན་བྱ་དེ་མཚོན་བྱ་རེད། གང་གི་མཚོན་བྱ་ཡིན་ན། བློས་ཡུལ་དུ་བྱ་ རུང་གི་བཏགས་ཡོད་ཆོས་གསུམ་ཚང་བའི་མཚོན་བྱ་རེད། ཤེས་བྱ་དེ་མཚན་གཞི་རེད། གང་ གི་མཚན་གཞི་ཡིན་ན་བློས་ཡུལ་དུ་བྱ་རུང་གི་མཚོན་བྱའི་མཚན་གཞི་རེད། དེ་གསུམ་མཚན་ མཚོན་གཞི་གསུམ་ཞིག་ཡིན་ནི་རེད། དེས་འགྲེས་སོ། ། སེམས་ཙམ་ལུགས་ཀྱི་བག་ཆགས་བསྟན་བྱུང་གི་མི་བསླུ་བ་ནི། དཔེར་ན་སྨི་ལམ་གྱི་ ཡུལ་སྣང་ལྟར་སྣོད་བཅུད་འདི་སྣང་ཐམས་ཅད་རྣམ་པར་ཤེས་པའི་སྣང་ཆ་སྣ་ཚོགས་སུ་ཤར་ 5-1-422 བ་ཙམ་ལས་ཕྱི་དོན་གྱི་ངོ་བོ་བདེན་པ་གང་ཡང་མེད་པ་ལ་བསམ་ན་སེམས་ཅན་རང་ག་བ་ དག་ལ་ཕུགས་ཀྱི་འཁྲུལ་རྒྱུས་མ་བསླད་པ་དཀའ་བས་ཕྱོགས་དེ་ནས་གང་སྣང་ཚོད་ལུགས་ འདིར་མི་བསླུ་བར་འཇོག་པ་ཡིན། དེ་མ་གཏོགས་པ་འཕྲལ་གྱི་འཁྲུལ་རྒྱུས་གཙོ་བོར་བསླད་ ཆ་ནས་འཁྲུལ་ཤེས་བསླུ་བར་འཇོག་པ་ཡིན་ནོ། ། ༈ རྣལ་འབྱོར་མངོན་གསུམ་གྱིས་རང་ཡུལ་བདེན་པའི་དོན་མངོན་གསུམ་མཐོང་ བའི་སྐབས་སུ་རང་གི་དམིག་ཡུལ་གྱི་སྟེང་དུ་བློ་ལྷན་གྱིས་བཞག་ན་ཅི་འདོད་དུ་གནས་ ཤིང༌། དམིགས་པའི་རྣམ་པ་གཞན་གང་ལ་བཏང་ཀྱང་འགྲོར་མི་བཏུབ་པ་མེད་པར་ཅི་དགར་ བཀོལ་དུ་རུང་བའི་ཏིང་ངེ་འཛིན་ཁྱད་པར་བ་ནི་ཞི་གནས་དང༌། དེའི་སྟེང་ནས་ཡུལ་བདེན་ པའི་དོན་ཚུལ་བཞིན་མངོན་སུམ་དུ་སོ་སོར་ལེགས་པར་འབྱེད་པའི་ཤེས་རབ་ཀྱི་ཆ་ནི་ལྷག་ མཐོང་ཡིན་ཞིང་དེ་འདྲའི་ཞི་ལྷག་ཟུང་འབྲེ ལ་ལ་བརྟེན་ནས་བྱུང་བའི་མཁྱེན་པ་ནི་རྣལ་འབྱོར་ མངོན་སུམ་ཞེས་བྱ་བའོ། ། ༈ མདོ་སྡེ་པའི་ལུགས་ལ་རྟག་པ་དངོས་མེད་དག་གིས་མངོན་སུམ་ཚད་མའི་སྣང་ཡུལ་ གྱི་དོན་བྱེད་མི་ནུས་པར་འདོད་པའི་གནད་ཀྱིས་འཕགས་པས་བདེན་པ་མངོན་དུ་མཐོང་བའི་ ཚེ་ནའང་བདེན་བཞིའི་རྣམ་པ་བཅུ་དྲུག་ལས་ཉེར་ཕུང་མི་རྟག་སྡུག་བསྔལ་སོགས་བདེན་ བཞིའི་རྣམ་པ་དངོས་པོར་གྱུར་པ་བཅུ་བཞི་པོ་མངོན་སུམ་དུ་དངོས་སུ་མཁྱེན་པའི་ཤུགས་ལ་ དངོས་མེད་ཀྱི་རྣམ་པ་སྟོགས། བདག་མེད་གཉིས་རྟོགས་དགོས་པ་མ་གཏོགས་དེ་གཉིས་ ཀིས་མངོན་སུམ་སྣང་ཡུལ་ཀྱི་དོན་བྱེད་མི་ཐུབ་པ་ཡིན་ནི་རེད། ༈ མདོ་སྡེ་པའི་ལུགས་ལ། འཕགས་པའི་མཉམ་བཞག་གིས་བདེན་བཞིའི་རྣམ་པ་ དངོས་པོ་རྣམས་དངོས་སུ་རྟོགས་པ་དང༌། དངོས་མེད་རྣམས་ཤུགས་ལ་རྟོགས་པར་འདོད་པ་ དང༌། གཞན་རང་སྡེ་འོག་མ་བྱེ་སྨྲ། དབུ་སེམས་དག་གིས་ནི། རང་རང་གི་ལུགས་ཀྱི་གནས་ 5-1-423 ལུགས་བདེན་པའི་དོན་དང་བདག་མེད་སྟོང་ཉིད་ཀྱི་ཚུལ་རྣམས་སྒྲིབ་བྱེད་དང་བྲལ་བར་ དངོས་སུ་མངོན་དུ་གྱུར་པའི་ཚུལ་ཙམ་ལ་འདྲ་ཡང༌། བདག་མེད་རགས་པ་དང་ཕྲ་བའི་ཡིན་ ལུགས་ནི་གྲུབ་མཐའ་མཐོ་དམན་གྱི་དབང་གིས་རང་རང་གི་ལུགས་ལ་འོས་པའི་ངོས་འཛིན་ ཡང་མི་འདྲ་བའི་ཁྱད་པར་བྱུང་ཞིང་དེའི་ཆ་ནས་ཀྱང་གྲུབ་པའི་མཐའ་ལ་བཟང་ངན་ཡོད་པ་ ཡིན། ༈ མདོ་སྡེ་པ་རང་རིག་འདོད་པ་དག་གིས་ནི་ཕྱི་དོན་འདོད་པའི་གནད་ཀྱིས་རང་རིག་ རང་དང་བདག་ཉིད་གཅིག་ཡིན་ན་གཞན་རིག་གི་ཤེས་པ་དངོས་ཡིན་པ་ལས་འོས་མེད་པ་ ཡིན་པས་རང་རིག་གི་བདག་ཉིད་དུ་གྱུར་པའི་ཡུལ་ཙམ་གྱིས་ཆོག་པ་དང༌། སེམས་ཙམ་པའི་ ལུགས་ལ་ནི། སྤྱིར་ཕྱི་དོན་མི་འདོད་ཅིང་ཤེས་པ་དང་བདག་ཉིད་གཅིག་ཙམ་གྱི་དེ་ཤེས་པ་ དངོས་ཡིན་མིན་ཅི་རིགས་ཡོད་པས་དེའི་ལུགས་ལ། རང་རིག་རང་གི་གཟུང་ཡུལ་གྱི་ཤེས་ པ་ཞེས་དམིགས་ཀྱིས་བཀར་ནས་བརྗོད་དགོས་ལ། རང་རིག་ནི་མདོ་སེམས་གང་གི་ལུགས་ ལ་རང་རིག་གིས་རང་རིག་པའི་དུས་སུ་རིག་བྱ་རིག་བྱེད་ཐ་དད་མེད་པའི་གནད་ཀྱིས་དེ་ལ་ ཡུལ་ཡུལ་ཅན་གྱི་གཉིས་སྣང་མེད་ཚོད་ཙམ་ནི་མཉམ་མོ། ། ༈ སྒྱུ་མའི་རྟ་ཙམ་ནི། རང་རིག་འདོད་པའི་ལུགས་ལ། སྒྱུ་མ་མཁན་པོའི་རྒྱུད་ཀྱི་རྟ་ དངོས་མིན་ངེས་ཀྱི་རྟོག་པས་དྲངས་པའི་རྗེས་ཀྱི་ངེས་ཤེས་དང༌། རྟ་དངོས་མིན་ངེས་ཉམས་ སུ་མྱོང་བའི་རང་རིག་གིས་དྲངས་པའི་ངེས་ཤེས་གཉིས་ཀྱིས་འཇོག་པ་དང༌། རང་རིག་མི་ འདོད་པ་ལ། དེ་སྐབས་བར་སྣང་སོགས་ལ་ཚད་མར་སོང་བའི་དབང་ཤེས་དང་དེས་དྲངས་ པའི་ངེས་ཤེས་གཉིས་ལ་བརྟེན་ནས་སྒྱུ་མའི་རྟ་འཇོག་དགོས་བྱུང་བ་རེད། དེ་དག་གང་ལྟར་ ཡང༌། སྒྱུ་མའི་རྟ་ཙམ་གྱི་ངོ་བོ་ནི་སྣང་བ་མི་བདེན་པ་རྫུན་པར་གྲུབ་པ་ཡིན་ཟེར་བ་མཚུངས་ པས་དེ་ལུགས་བཞིན་གྱི་འཇོག་བྱེད་ཀྱང་ཡུལ་དེ་ཉིད་རྫུན་པར་ངེས་པ་ཞིག་དགོས་ཚོད་ཀྱང་ 5-1-424 མཉམ་པ་ཡིན། ༈ རྟགས་ཡང་དག་གི་ཚུལ་གསུམ་ནི། དེ་སྒྲུབ་ཀྱི་རྟགས་དེ་ཆོས་ཅན། དེའི་སྟེང་དུ་ འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ཚད་མས་ངེས་པ་དེ་ཕྱོགས་ཆོས་རེད། དེ་སྒྲུབ་ཀྱི་ རྟགས་དེ་སྒྲུབ་ཆོས་ཀྱི་མཐུན་ཕྱོགས་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ངེས་པ་ དེ་རྗེས་ཁྱབ་རེད། དེ་སྒྲུབ་ཀྱི་རྟགས་དེ། སྒྲུབ་ཆོས་ཀྱི་མི་མཐུན་ཕྱོགས་ལ་འགོད་ཚུལ་དང་ མཐུན་པར་མེད་པ་ཉིད་དུ་ངེས་པ་དེ་ལྡོག་ཁྱབ་རེད། འདིས་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་ བསྒྲུབ་པ་སོགས་བསྒྲུབ་བྱ་སྒྲུབ་བྱེད་བསྒྲུབ་གཞི་ཐམས་ཅད་ལ་འགྲེས་སྦྱར་ཏེ་ཤེས་པར་ བྱའོ། ། ༈ དཔྱད་པ་གསུམ་གྱིས་དག་ཚུལ་ནི། རྒྱལ་བའི་བཀའ་ལས། གཟུགས་སོགས་ མཐོང་བ་མངོན་གྱུར་བསྟན་པའི་ཆ་ལ་མངོན་གསུམ་ཚད་མས་གནོད་པ་ཡོད་མེད་བརྟགས་ ནས་མེད་པར་མཐོང་བ་དང༌། འདུས་བྱས་མི་རྟག་པ་སོགས་མ་མཐོང་བ་ཅུང་ཟད་ལྐོག་གྱུར་ བསྟན་པའི་ཆ་ལ་རྗེས་དཔག་ཚད་མས་གནོད་པ་ཡོད་མེད་བརྟགས་ནས་མེད་པར་མཐོང་ བ་དང༌། ལས་འབྲས་ཀྱི་ཚུལ་ཚེ་སྔ་ཕྱིའི་ཡིན་ལུགས་དཀྱུས་མ་མཐོང་བ་ཤིན་ཏུ་ལྐོག་གྱུར་ བསྟན་པའི་ཆ་ལ་རང་ཚིག་འགལ་བའི་གནོད་པ་ཡོད་མེད་བརྟགས་ནས་མེད་པར་མཐོང་བ་ དང་གསུམ་གྱི་སྒོ་ནས་གཞལ་བྱའི་གནས་དང་པོ་མངོན་གྱུར་དང་གཉིས་པ་ཅུང་ཟད་ལྐོག་ གྱུར་དང་གསུམ་པ་ཤིན་ཏུ་ལྐོག་གྱུར་གསུམ་ལ་གོ་དོན་ཐེ་ཚོམ་བསལ་ཏེ་དག་པར་བྱ་དགོས། ༈ སྤྱིར་བཏང་ཚད་མ་སྐད་ཅིག་གཉིས་པ། ཞེས་པ་ནི། ཐུང་མཐའ་མ་ཡིན་པར་བྱ་ རྫོགས་ཀྱི་དབང་དུ་བྱས་པ་སྟེ། དེ་འདྲའི་ཚད་མ་སྐད་ཅིག་གཉིས་པ་ལ་ནི་མངོན་རྗེས་གཉིས་ ཀའི་རྒྱུན་དུ་གྱུར་པའི། བཅད་ཤེས་ཚད་མ་སྔ་མ་ལ་ལྟོས་ནས་རྟོགས་ཟིན་རྟོགས་པ་དུ་མ་ ཡོད་ཆོག་པས་ཚད་མ་སྤྱིར་བཏང་སྐད་ཅིག་གཉིས་པ་དེ་ཕྱོགས་ནས་མངོན་རྗེས་གང་རུང་གི་ 5-1-425 རྒྱུན་གྱི་བཅད་ཤེས་ཡིན་པར་འཇོག་རྒྱུ་མེད་ལ། ཚད་མ་སྤྱི་དེ་འདྲ་དེ་གསར་རྟོགས་མི་བསླུ་ བའི་རིགས་རྒྱུན་གྱི་ཕྱོགས་ནས་ཚད་མ་དང་དེ་སྔ་མ་ལ་ལྟོས་ནས་རྟོགས་ཟིན་གྱི་ཆ་ཞིག་ཀྱང་ ཡོད་ཕྱོགས་ནས་བཅད་ཤེས་སོ། ། ༈ སྤྱིར་བྱས་རྟགས་ཀྱི་སྒྲ་མི་རྟག་པར་བསྒྲུབ་པའི་སྐབས་ཀྱི་རྟགས་བྱས་པ་དེ་རྒྱུ་མཚན་ ཡང་དག་ཡིན་ཡང་སྐབས་དེར་ཕྱི་རྒོལ་དབང་པོ་རྣོ་རྟུལ་གྱི་དབང་གིས་དེའི་ཚུལ་གསུམ་ཞིབ་ པར་ངེས་པ་དང་མ་ངེས་པ་ཡོད་ཆོག་པས་སྐབས་ཀྱི་རྟགས་བྱས་པ་དེ་ཕྱི་རྒོལ་དབང་རྣོན་ལ་ ལྟོས་ནས་ངེས་པ་ཡང་དག་དང༌། དབང་རྟུལ་ལ་ལྟོས་ནས་ངེས་པ་ལྟར་སྣང་དུ་འཇོག་པ་ཡིན་ ཀྱང་ཡིད་དཔྱོད་ཀྱི་སྐབས་འདིར་ནི་ཕྱོགས་ཙམ་མ་ནོར་བར་རྟོགས་པས་ཆོག་ཅིང༌། སྤྱིར་ རྒྱུ་མཚན་ཡང་དག་ལ་བརྟེན་ནས་ངེས་པ་ཡང་དག་དང་ལྟར་སྣང་གི་ཁྱད་ནི་གོང་དང་ཕྱོགས་ མཚུངས་ལ་རྒྱུ་མཚན་ལྟར་སྣང་ལ་བརྟེན་པའི་དེ་གཉིས་ནི་སྐབས་དེའི་བློ་རང་གི་ངོར་ཡུལ་དེ་ ལ་ཐེ་ཚོམ་མེད་པར་མཐའ་གཅིག་ཏུ་འཛིན་པ་དང་མི་འཛིན་པའི་ཁྱད་ཙམ་གྱིས་ཕྱེ་བའོ། ། ༈ རྟོག་པའི་དབྱེ་བ་ལ། མཚན་མཚོན་འཇོག་ཚུལ། རང་གི་འཛིན་སྟངས་ཕྱི་ཡུལ་ལ་ བསླུ་བའི་ཞེན་རིག་དེ། རྟོག་པ་ལོག་ཤེས་ཀྱི་མཚན་ཉིད། མཚན་གཞི་ནི། སྒྲ་རྟག་འཛིན་རྟོག་ པ་ལྟ་བུའོ། །རང་གི་འཛིན་སྟངས་ཀྱི་ཡུལ་ལ་བསླུ་བའི་གསལ་སྣང་ཅན་གྱི་རིག་པ། རྟོག་མེད་ ལོག་ཤེས་ཀྱི་མཚན་ཉིད། མཚན་གཞི་ང་བདག་གསལ་བར་སྣང་བའི་བློ་ལྟ་བུའོ། །དཔེར་ན་ བུ་ཤི་བའི་མའི་སེམས་ལ་བུའི་གསལ་སྣང་ཐོན་པ་ལྟ་བུ་ནི་ངོ་ཐད་ཞེན་རིག་གིས་ནན་འཛིན་ དང་བྲལ་བ་ཡིན་པ་བཞིན་ནོ། ། ༈ སྤྱིར་བུམ་འཛིན་རྟོག་པ་ལྟ་བུའི་སྟེང་གི་རང་རིག་གི་ཆ་དེ་ནི་རང་གདགས་གཞིའི་རྟོག་ པའི་རྫས་དང་རང་རིག་མངོན་སུམ་རང་གི་རྫས་གཉིས་ཀའི་ཕྱོགས་ནས་གྲུབ་པ་ཡིན་ཚུལ་ལ་ བསམ་ན་རྫས་ཕྱོགས་ཡིན་པ་ཡོད་པས་མི་འགལ་ཡང་རྟོག་བཅས་རྟོག་མེད་གཉིས་ནི་ནན་ 5-1-426 ཞེན་ཡོད་མེད་སོགས་ཀྱི་སྒོ་ནས་ཁྱད་ཆེ་བའི་ཡིན་པ་ཡོད་ལུགས་གང་ནས་ཀྱང་མེད་ལ། རྟོག་ བཅས་དང་རྟོག་མེད་གཉིས་སྤྱིར་ན་འཇོག་ལུགས་མང་ཡང་ཚད་མའི་སྐབས་འདིར་སྒྲ་དོན་ འདྲེས་རུང་དུ་འཛིན་མི་འཛིན་གྱི་ཆ་ནས་གོང་ལྟར་འཇོག་པའོ། ། ༈ མདོ་སྡེ་པའི་ལུགས་འདིར་ཡང་མངོན་སུམ་རྣམས་རང་རང་གི་སྣང་ཡུལ་ལ་མི་བསླུ་ དགོས་ཀྱང་རྟོག་པ་རྣམས་ནི་རང་རང་གི་སྣང་ཡུལ་དོན་སྤྱི་དོན་དུ་སྣང་བའི་ཆ་ནས་མི་བསླུ་བ་ གཅིག་ཀྱང་མེད་པས་སྤྱིར་ཚད་མའི་མཚན་ཉིད་དུ་རང་གི་སྣང་ཡུལ་ལ་མི་བསླུ་བའི་རིག་པ་ འཇོག་རྒྱུ་ཡིན་ན་རྟོག་བཅས་རྗེས་དཔག་ཚད་མ་རྣམས་ཀྱང་རང་རང་གི་སྣང་ཡུལ་ལ་བསླུ་བ་ ཡིན་ཕྱིར་དེ་དག་ཚད་མ་མིན་པར་འགྱུར་བས་མ་ཁྱབ་པས་མཚན་ཉིད་སྐྱོན་ཅན་ཡིན་ནོ། ། ༈ མངོན་སུམ་གྱི་སྣང་ཡུལ་རང་མཚན་ཁོ་ན་དང༌། རྗེས་དཔག་གི་སྣང་ཡུལ་སྤྱི་མཚན་ ཁོ་ན་ཡིན་པའི་གནད་ཀྱང་མངོན་སུམ་གྱི་སྣང་ཡུལ་བུམ་པ་ལྟ་བུའི་རྫས་གྲུབ་རང་མཚན་པ་ ཤ་སྟག་དང་རྗེས་དཔག་གི་སྣང་ཡུལ་དོན་སྤྱི་རྫས་མེད་རྟོག་བཏགས་ཤ་སྟག་ཡིན་པ་ལ་ཐུག་ པས་དེའི་ཆ་ནས་མངོན་སུམ་གྱི་སྣང་ཡུལ་ལ་རང་མཚན་གྱིས་ཁྱབ་པ་དང༌། རྗེས་དཔག་གི་ སྣང་ཡུལ་ལ་སྤྱི་མཚན་གྱིས་ཁྱབ་པའི་སྒོ་ནས་མངོན་རྗེས་ཀྱི་གཞལ་བྱའི་སྣང་ཡུལ་ལ་རང་སྤྱི་ སོ་སོར་གྲངས་ངེས་སུ་བཞག་ནི་རེད། མངོན་སུམ་གྱི་གཞལ་བྱ་ལ་བུམ་པ་ལྟ་བུའི་རང་མཚན་ དང་བུམ་མེད་ལྟ་བུའི་སྤྱི་མཚན་དང་གཉིས་ཡོད། རྗེས་དཔག་གི་གཞལ་བྱ་ལ་བྱས་རྟགས་ ཀྱིས། ༈ སྤྱིར་ཚད་འབྲས་ཞེས་པ་ལ། མ་ཆོད་པའི་འབྲས་བུ་རྒྱུ་རང་དང་འབྲས་བུ་གཉིས་ཀྱི་ བར་གཞན་གང་གིས་མ་ཆོད་པ་སྟེ། འབྲས་བུ་དངོས་ཚད་མ་རང་གིས་དྲངས་པའི་ངེས་ཤེས་ དང་འབྲས་བུ་བཏགས་པ་བ་ཚད་མས་ཡུལ་སྟོང་ཆ་ལྟ་བུ་དང་གཉིས་ཡོད། ཆོད་པའི་འབྲས་ བུ་རྒྱུ་དང་འབྲས་བུའི་བར་གཞན་གྱིས་ཆོད་པ་ཞིག་སྟེ་དེ་ཡང་ཚད་མས་བླང་དོར་བྱས་པས་ 5-1-427 མཐར་ཐུག་གི་འབྲས་བུ་ལྟ་བུ་དེ་ཡིན་ཞིང༌། དེ་ནི་འབྲས་བུ་མཚན་ཉིད་པའང་ཡིན། འདིར་ ཚད་འབྲས་གསུམ་གཞན་རིག་རང་རིག་གིས་རང་ཡུལ་རྟོགས་རིག་གི་ཆ་ནས་འཇོག་པ་ལས་ ལོག་གི་གསུམ་པ་མེད་པའོ། ། ༈ དབུ་མ་ཐལ་འགྱུར་བ་ནི་མ་རྟགས་ཉམས་དགའི་འཇིག་རྟེན་པའི་བློ་དང་སྒོ་བསྟུན་ ཏེ་གྲུབ་མཐའ་འཇོག་མཁན་གྱི་སྣང་ཙམ་མིང་རྐྱང་བཏགས་ཡོད་ཀྱིས་འཁོར་འདས་ཀྱི་རྣམ་ གཞག་ལ་ཐུགས་བློ་རྒྱས་པས་སྤྱིར་ཚད་མ་ལ་མི་བསླུ་བ་ཙམ་གྱིས་ཆོག་ཅིང་སྒྲ་མི་རྟག་རྟོགས་ པའི་རྟོག་པ་ལྟ་བུ་ནི་རང་གི་སྣང་ཡུལ་བདེན་སྣང་དོན་སྤྱི་དོན་སྣང་སོགས་ཀྱི་སྒོ་ནས་འཁྲུལ་ ཆ་ཡོད་ཀྱང་མི་རྟག་པ་ངེས་ཙམ་གྱི་ཆ་དང་རང་སྣང་གི་ཚུལ་ལ་ཚད་མ་ཡིན་ཆོག་པའོ། ། ༈ རང་རྒྱུད་མན་ཆད་ཀྱིས། མངོན་སུམ་ཞེས་པ་ཡུལ་མངོན་དུ་བྱེད་པའི་ཡུལ་འཛིན་ ཤེས་པ་ལ་གཙོ་བོར་གོ་ཞིང་ཡུལ་སྔ་མ་དེའི་ཆ་ནས་བཞག་ཙམ་ཡིན་པས་དེ་ལུགས་ལྟར་ཡུལ་ ཅན། མངོན་སུམ་དངོས་ཡུལ་མངོན་སུམ་བཏགས་པ་བར་འདོད་ཀྱང་དབུ་མ་ཐལ་འགྱུར་ བས་ནི་ཐ་སྙད་རང་དགའི་སྣང་ཚུལ་ལ་མངོན་སུམ་ཞེས་པ་ཡུལ་མངོན་གྱུར་ལྷང་ངེར་ཡོད་ པ་དེ་ཀ་གཙོ་བོར་སྣང་བས་སྣང་ཚུལ་དེ་ཕྱོགས་ནས་ཡུལ་མངོན་སུམ་དངོས་དང་དེ་མངོན་ དུ་གྱུར་བྱེད་ཀྱི་ཤེས་པ་ལ་ཡུལ་དེའི་ཆ་ནས་མངོན་སུམ་དུ་བཞག་པས་དེ་ནི་མངོན་སུམ་ བཏགས་པ་བར་བཞེད་པ་ཡིན་ཕྱིར་གྲུབ་མཐའ་འོག་མ་དག་གི་འདོད་པ་དང་ཐལ་འགྱུར་ བའི་བཞེད་དགོངས་མི་འདྲའོ། ། ༈ དབུ་མ་ཐལ་འགྱུར་བའི་ལུགས་ལ། གཉིས་སྣང་ཅན་གྱི་ཤེས་པ་ཡིན་ན་རང་ཡུལ་ གང་བཟུང་བའི་སྐབས་སུ་དེ་ལུགས་ཀྱི་སྣང་ཚུལ་རེ་མི་འབྱུང་བ་མེད་པས་སྣང་བ། དེ་འདྲ་ལ་ གང་གི་སྣང་བ་བྱུང་བའི་སྣང་བ་ཞེས་ཟེར་བ་ཡིན་ཕྱིར་སྣང་ཆ་དེ་ནི་བློ་རང་ལ་ཆེས་གསལ་གྱི་ མངོན་གསུམ་ཡིན་ལུགས་ཇི་བཞིན་པ་ཡིན་པའི་ཕྱོགས་ནས་རང་གི་སྣང་བ་ལ་མངོན་སུམ་ 5-1-428 ཚད་མ་ཡིན་ཆོག་པ་ཡིན། དེ་ནམ་དུ་ཡང་སྣང་ཚུལ་རང་ག་དེ་ཙམ་མི་བསླུ་བ་མ་ཡིན་པ་མེད་ པས་ཚུལ་དེའི་སྒོ་ནས་གཉིས་སྣང་ཅན་གྱི་བློ་ཐམས་ཅད་རང་རང་གི་སྣང་བ་ལ་ཚད་མ་ཤ་ སྟག་དང་འཛིན་སྟངས་ལ་ཡང་དག་ཡིན་མིན་ཅི་རིགས་ཡོད། ༈ དབུ་མ་ཐལ་འགྱུར་བའི་ལུགས་ལ། གཟུགས་འཛིན་མིག་ཤེས་ཀྱིས་དྲངས་པའི་ ངེས་ཤེས་ལྟ་བུའི་ཡིད་མངོན་གྱི་བདག་རྐྱེན་ནི་ངེས་ཤེས་དེ་ཉིད་ཀྱི་སྔ་ལོག་གི་མིག་ཤེས་དེ་ ཡིན་པ་བཞིན་གཞན་ལ་འགྲེས། དེ་ལུགས་བཞིན་སེམས་ཀྱི་བདེ་སྡུག་སོགས་ཆེས་མངོན་ གསལ་གྱི་སྣང་བ་དང་རང་རྒྱུད་ཀྱི་ངར་སྣང་བ་དང༌། ང་དེ་ཁྱད་ཆོས་སྣ་ཚོགས་ཅན་དུ་སྣང་བ་ སོགས་ལུགས་འདིར་མངོན་སུམ་དུ་འཇོག་པ་ཡིན་ལ། དེ་ཡང་ནང་ཡིད་ཤེས་མངོན་སུམ་དུ་ གཏོགས་པའོ། ། ༈ རང་གིས་དམ་བཅའ་སྒྲུབ་འདོད་ཀྱི་བསམ་པས་གཞན་ལ་རྟགས་ཆོས་དོན་གསུམ་ དངོས་སུ་སྦྱོར་བའི་ཆ་ནས་བཞག་པའི་ངག་དེ་རྟགས་སྦྱོར་རེད། དེ་ཡང༌། སྒྲ་ཆོས་ཅན། མི་ རྟག་སྟེ། བྱས་པའི་ཕྱིར་ཞེས་པ་ལྟ་བུ་དེ་རེད། གཞན་ལ་མི་འདོད་པའི་ཐལ་བ་འཕང་བའི་ ཐལ་རྟགས་དངོས་སུ་སྦྱོར་བའི་ཆ་ནས་བཞག་པའི་ངག་དེ། ཐལ་འགྱུར་རེད། དེ་ཡང་སྒྲ་ཆོས་ ཅན། མ་བྱས་པར་ཐལ། རྟག་པའི་ཕྱིར། ཞེས་པ་ལྟ་བུ་དེ་རེད། ཐལ་འགྱུར་བའི་ལུགས་ལ་ཕྱི་ རྒོལ་དབང་རྣོན་ལ་རྟོགས་པ་བསྐྱེད་ཐབས་ཐལ་འགྱུར་ཙམ་དང་དབང་རྟུལ་ལ་ཐལ་འགྱུར་ རྟགས་སྦྱོར་གཉིས་ཀ་དགོས། ༈ ཐལ་འགྱུར་བའི་ལུགས་ལ། རྟགས་བསྒྲུབ་བྱ་ལ་མི་འཁྲུལ་བའང་སྣང་ཙམ་གྱི་ཚུལ་ གསུམ་ཚང་དགོས་ཤིང༌། བུམ་འཛིན་ཚད་མ་ལྟ་བུ་ནི་བུམ་པ་བཟུང་བའི་བྱ་བ་དང༌། བྱ་བའི་ ལས་བུམ་པ་དང༌། བུམ་འཛིན་གྱི་བྱེད་པ་སྟེ་གསུམ་པོ་སྣང་ཙམ་མི་བསླུ་བ་དང༌། བུམ་འཛིན་ གྱི་བློས་བུམ་པ་བཟུང་བའི་དུས་སུ་ཡུལ་ཡུལ་ཅན་གྱི་གཉིས་སྣང་ཡོད་སྟབས་བུམ་པ་ཡུལ་ 5-1-429 དུ་ཡོད་པ་དང་རང་ཉིད་ཡུལ་ཅན་དུ་ཡོད་པ་བུམ་འཛིན་གྱི་བློ་དེ་ཉིད་ཀྱི་ངོར་ཡུལ་ཡུལ་ཅན་ ཐ་དད་སྣང་བའི་སྒོ་ནས་རྟོགས་པའི་ཆ་ནས་བློ་རང་གིས་རང་ཉིད་རྟོགས་པ་དང༌། བློ་དེས་ དྲངས་པའི་ངེས་ཤེས་ཕྱི་མས་ཀྱང་སྔར་གྱི་ཡུལ་ཡུལ་ཅན་ཇི་བཞིན་རྟོགས་པ་མྱོང་གྲུབ་ལྟར་ ཡང་གོ་བ་ལེན་ཤེས་དགོས། ༈ སྤྱིར་བློ་དེས་ཡུལ་རྟོགས་པའི་ཆ་དང༌། དེ་རྟོགས་མཁན་བློའི་ཆ་གཉིས་ཡོད། བློས་ ཡུལ་དངོས་སུ་རྟོགས་པའི་ཆ་དང༌། དངོས་སུ་རྟོགས་མཁན་གྱི་ཆ་དང་གཉིས་ཡོད། བློས་ ཡུལ་ཤུགས་ལ་རྟོགས་པའི་ཆ་དང༌། ཤུགས་ལ་རྟོགས་མཁན་གྱི་ཆ་གཉིས་ཡོད། དེ་གསུམ་རེ་ རེ་ལ་མཚན་མཚོན་གཉིས་རེ་ཕྱེས་ནི་རེད། ༈ བུམ་འཛིན་ཚད་མས་བུམ་པ་རྟོགས་དུས་སུ་བུམ་པ་དེ་བུམ་པ་མ་ཡིན་པ་ཡུལ་གྱི་ སྒྲོ་འདོགས་དང༌། བུམ་པ་དེ་བུམ་པ་མ་ཡིན་པར་འཛིན་པའི་ཡུལ་ཅན་གྱི་སྒྲོ་འདོགས་དང་ གཉིས་དེ་དངོས་སུ་བཅད་ནི་རེ། ཚད་མ་དེས་བུམ་པ་དེ་བུམ་པ་མ་ཡིན་པ་མིན་པ་ཤུགས་ལ་ རྟོགས་དུས་སུ། བུམ་པ་མ་ཡིན་པ་མ་ཡིན་པ་ཡུལ་གྱི་སྒྲོ་འདོགས་དང༌། བུམ་པ་མ་ཡིན་པ་མ་ ཡིན་པ་མ་ཡིན་པར་འཛིན་པའི་ཡུལ་ཅན་གྱི་སྒྲོ་འདོགས་དང་གཉིས་དེ་ཤུགས་ལ་བཅད་ནི་ རེད། དེས་འགྲེས། ༈ བུམ་འཛིན་མིག་ཤེས་ཀྱི་སྣང་ཡུལ་དང་འཛིན་སྟངས་ཀྱི་ཡུལ་གཉིས་ཀ་བུམ་པ་རེད། བུམ་འཛིན་རྟོག ༈ སྤྱིར་བདག་མེད་དངོས་རྟོགས་ཀྱི་བློས་བུམ་པའི་བདག་མེད་པ་དངོས་སུ་རྟོགས་ པའི་ཤུགས་ལ་གཞན་ཀ་བའི་བདག་མེད་པ་སོགས་དགག་བྱ་རིགས་གཅིག་དུ་མ་རྟོགས་ ཆོག་ཀྱང་དེ་འདྲའི་བློ་དེས་ཤུགས་ལ་བུམ་པ་ལྟ་བུའི་སྒྲུབ་པ་དང༌། མི་རྟག་པ་ལྟ་བུའི་མ་ ཡིན་དགག་གང་ཡང་རྟོགས་ཚུལ་མེད་པའི་ཕྱོགས་ནས་འདིར་མེད་དགག་དངོས་རྟོགས་ལ་ 5-1-430 ཤུགས་རྟོགས་མེད་པར་འཇོག་པ་ཡིན་ཚུལ་གོ་དགོས། ༈ དཔེར་ན་སྒྲ་མི་རྟག་རྟོགས་པའི་རྗེས་དཔག་གིས་སྒྲ་མི་རྟག་པའི་དོན་སྤྱི་ཤར་བའི་ སྒོ་ནས་དེ་ལ་སྒྲ་རྟག་པའི་སྒྲོ་འདོགས་དངོས་སུ་ཆོད་པ་དང༌། སྒྲ་རྟག་སྟོང་གི་དོན་སྤྱི་མ་ཤར་ ཡང་སྒྲ་རྟག་སྟོང་མ་ཡིན་པའི་སྒྲོ་འདོགས་ཞོར་ནས་ཆོད་སོང་བ་ཡིན་ཞིང༌། ཚུལ་དེའི་སྒོ་ནས་ དངོས་རྟོགས་ཤུགས་རྟོགས་ཀྱིས་སྒྲོ་འདོགས་ཆོད་ཚུལ་གཞན་དག་ལ་འགྲེས་དགོས་ཤིང༌། སྤྱིར་བློ་རྣམས་གང་ཡིན་རུང་རང་རང་གི་ཡུལ་རྣམས་ཀྱི་རྣམ་པ་ཤར་ནས་རྟོགས་པ་ཐམས་ ཅད་དངོས་རྟོགས་ཀྱི་དོན་དང༌། རང་ཡུལ་དེ་དག་གི་རྣམ་པ་མ་ཤར་ཡང་དོན་ཞར་བྱུང་གོ་བ་ ལོན་སོང་བའི་ཆ་ནས་ཤུགས་རྟོགས་ཀྱི་དོན་འཇོག་པའོ། ། ༈ སྤྱིར་རྟོག་པ་རྣམས་སྣང་ཡུལ་དོན་སྤྱི་དོན་སྣང་གི་ཆ་ནས་འཁྲུལ་ཞིང༌། སྒྲ་རྟོག་ རྟགས་གསུམ་གྱིས་རང་རང་གི་རྗོད་ཡུལ་ཞེན་ཡུལ་སྒྲུབ་ཆོས་གསུམ་སོ་སོར་བསལ་ནས་ རྗོད། འཛིན་སྒྲུབ་བྱར་བྱེད་པས་ན་དེ་དག་སེལ་འཇུག་ཡིན། མདོ་སེམས་ལ་ཤེས་རྣམ་སྐྱེ་ ཚུལ་འདོད་ལུགས་གསུམ་བྱུང་བ་ཡང༌། སྣ་ཚོགས་གཉིས་མེད་པས་ཁྲ་འཛིན་ཤེས་པ་ཆ་ཅན་ གཅིག་གི་ཆ་ཤས་ཡུལ་ཁྲ་བོ་སྔོ་སེར་སོགས་འཛིན་པའི་ཤེས་པ་རེ་རེ་སྐྱེ་བར་འདོད། སྒོ་ང་ ཕྱེད་ཚལ་བས། ཡུལ་ཅན་ཁྲ་འཛིན་གཅིག་དེ་ཡུལ་ཁྲ་བོ་གཅིག་གི་རྣམ་པར་སྐྱེ་བར་འདོད། གཟུང་འཛིན་གྲངས་མཉམ་པས་ཡུལ་ཅན་སྔོ་སེར་སོགས་འཛིན་པའི་ཤེས་པ་ཐ་དད་པ་མང་ པོ་ཡུལ་སྔོ་སེར་སོགས་མང་པོའི་རྣམ་པར་སོ་སོར་སྐྱེ་བར་འདོད་པའོ། ། ༈ སྤྱིར་ཤེས་བྱ་དེ་བུམ་པའི་གཟུགས་ལ་རྗེས་སུ་འགྲོ་སྤྱི་ཡིན་པས་དེ་ལ་ལྟོས་ཏེ་རིགས་ སྤྱི་ཡིན་དགོས་ནི་རེད། བུམ་པ་དེ་བུམ་གཟུགས་ཀྱི་ཚོགས་སྤྱི་ཙམ་ལས་སྤྱི་ངོ་མ་མ་ཡིན་པས་ རིགས་སྤྱི་མིན་དོན་དེའི་ཐད་ནས་གོ་བ་བླང་དགོས། ༈ རྗོད་བྱེད་ཀྱི་སྒྲ་ཡིན་ན་ངག་ཡིན་པས་མ་ཁྱབ་སྟེ། ལྷའི་རྔ་བོ་ཆེས་ཆོས་ཀྱི་སྡོམ་བཞི་ 5-1-431 སྟོན་པའི་སྒྲ་དེ་ཆོས་དོན་སྟོན་པའི་ཆ་ནས་རྗོད་བྱེད་ཡིན་ཡང་སྐྱེས་བུའི་ལྕེ་སྐན་ལས་བྱུང་བ་ མ་ཡིན་པའི་ཕྱོགས་ནས་ངག་མ་ཡིན་པའི་ཕྱིར། ༈ བྱེ་བྲག་སྨྲ་བའི་ལུགས་ལ། དཔེར་ན་ད་ལྟ་སོ་སོའི་སྐྱེ་བོ་ཁྱི་རྒན་རྒྱ་བོ་ལྟ་བུའི་རྒྱུད་ལ་ རང་ཅག་གི་བློ་ངོར་ཁྱི་རྒན་དེ་ནམ་ཞིག་མ་འོངས་པ་ན་ལམ་སྒོམ་པའི་སྐལ་བ་འགྲིག་ཚེ་དེའི་ རྒྱུད་ལ་རིམ་པས་ལམ་གྱི་ཡེ་ཤེས་སྐྱེས་ཏེ་རང་རང་གི་ངོས་སྐལ་གྱི་སྒྲིབ་པ་ཅི་རིགས་སྤངས་ པའི་འགོག་བདེན་ཞིག་ཐོབ་འོང་བ་རེད་སྙམ་པའི་ཚེ་ཁྱི་རྒན་དེའི་རྒྱུད་ལ་ད་ལྟ་ནས་འགོག་ བདེན་ཞིག་བློ་ངོར་འཆར་དུ་ཡོད་པ་དེ་ཐོབ་འགྱུར་གྱི་འགོག་བདེན་ཟེར་བ་ཡིན། ༈ མདོ་སྡེ་པའི་ལུགས་འདིར་དམིགས་མྱོང་ཐ་དད་ཡིན་པའི་གནད་ཀྱིས་མངོན་སུམ་ གྱིས་མྱོང་བའི་རྣམ་པས་རྟོགས་བྱ་ལ་ཤེས་པ་རང་གི་གཟུང་རྣམ་ཁོ་ནར་ངེས་པས་དེ་ལྟར་ན་ ཡུལ་ཕྱི་དོན་མངོན་གྱུར་མེད་པར་འགྱུ་བས་མངོན་སུམ་གྱིས་མྱོང་བའི་རྣམ་པས་རྟོགས་བྱ་དེ་ མངོན་གྱུར་གྱི་མཚན་ཉིད་དུ་བྱས་ན་ཀ་བུམ་སོགས་ཀྱང་མངོན་གྱུར་མ་ཡིན་པར་འགྱུར་བས་ ན་དེ་ལུགས་ཀྱི་ཆ་ནས་མི་འགྲིག་པའོ། ། ༈ དགེ་བ་ལ་རྣམ་སྨིན་བསྐྱེད་པའི་རིགས་མ་ཡིན་པ་མེད་ཀྱང་རྣམ་སྨིན་བསྐྱེད་མི་ བསྐྱེད་ཅི་རིགས་ཡོད་སྒྲ་བློ་དབང་བོ་གང་ཟག་རྣམས་སྤྱིར་ཡུལ་ཅན་དང་ལྟོས་འཇོག་གི་ཡུལ་ དུ་གྱུར་པའི་སྐབས་ཡོད། ༈ སྤྱིར་དོན་རང་མཚན་པའི་གཞན་སེལ་ནི། བུམ་པ་མི་རྟག་པ་ལྟ་བུའི་མ་ཡིན་དགག་ ཀྱང་ཡིན་དངོས་པོ་ཡང་ཡིན་པ་ཞིག་དགོས་ཏེ། འདི་དངོས་པོར་གྱུར་པའི་དགག་པ་ཡང་ ཡིན། ཆོས་དེའི་གཞན་སེལ་ཡང་ཡིན་ཆོག འདུས་མ་བྱས་མ་ཡིན་པའི་བུམ་པ་མི་རྟག་པ་ ནི་རང་མཚན་གྱི་གཞན་སེལ་ཡིན་པ་གཞིར་བྱས་ཀྱི་སྟེང་དུ་བུམ་པ་མི་རྟག་པ་རང་དང་ལྡོག་ པ་ཐ་དད་པའི་ཚུལ་གྱིས་ཡིན་པ་འཇོག་རྒྱུ་ཡོད་ཅིང༌། དེ་རང་མཚན་གྱི་དངོས་པོ་དང་དགག་ 5-1-432 པའང་ཡིན་པ་ཅན་གྱི་ཆོས་དེའི་རང་མཚན་གྱི་གཞན་སེལ་ཡིན་ལ། འདུས་མ་བྱས་མིན་པའི་ བུམ་པ་མི་རྟག་པའི་དོན་སྤྱི་དེའི་བློའི་གཞན་སེལ་དང༌། འདུས་མ་བྱས་མིན་པའི་བུམ་པ་མི་ རྟག་པ་མ་ཡིན་པ་མེད་པ་དེ། འདུས་མ་བྱས་མིན་པའི་བུམ་པ་མི་རྟག་པའི་མེད་དགག་གི་ གཞན་སེལ་ལོ། ། ༈ ཁྱད་པར་གཞན་སྤོང་མི་སྤོང་གི་དོན་ནི། སྒྲ་མི་རྟག་ཅེས་བརྗོད་པའི་སྒྲ་དེས་གཞི་སྒྲའི་ སྟེང་གི་ཁྱད་ཆོས་མི་རྟག་པ་ལས་གཞན་ཡོད་པ་གཞི་གྲུབ་སོགས་དངོས་སུ་གཅོད་པའི་ཚིག་ མ་ཡིན་པས་གཞན་མི་སྤོང་བ་རེད། སྒྲའི་མི་རྟག་ཅེས་བརྗོད་པའི་སྒྲ་དེས་གཞི་སྒྲ་དེ་ཁྱད་པར་ དུ་འབྱེད་ཐུབ་པའི་ཆོས་ལ་མི་རྟག་པ་ལས་གཞན་ཡོད་པ་སོགས་དངོས་སུ་གཅོད་པའི་ཚིག་ ཡིན་པའི་གཞན་སྤོང་གི་སྒྲ་ཡིན་ནི་རེད། ༈ མིང་ཡིན་ན་ཚིག་ཡིན་པས་མ་ཁྱབ་པ་བུམ་པ་ཞེས་བརྗོད་པའི་སྒྲ་ལྟ་བུ་དང༌། མ་ཡིན་ པས་མ་ཁྱབ་པ་ལ། བུམ་པ་མི་རྟག་པ་ཞེས་བརྗོད་པའི་སྒྲ་དེ་ཡིན། ཡི་གེ་དང་མིང་གཉིས་ ཀ་ཡིན་པ། བ་ཞེས་བརྗོད་པའི་སྒྲ་ལྟ་བུ་དང༌། ཡི་གེ་ཙམ་ལས་མིང་མ་ཡིན་པ་བུམ་པ་ཞེས་ བརྗོད་པའི་སྒྲའི་སྐད་གདངས་ཀྱི་ཡི་གེ་པ་ལྟ་བུ་དེ་ཡིན། ༈ དངོས་པོ་ཡིན་ན་རྒྱུ་ཡིན་པས་ཁྱབ་སྟེ། དངོས་པོ་ཡིན་ཚད་ལ་རྒྱུ་མ་ཡིན་པ་མེད་ནི་ རེད། དེས་འགྲེས། དངོས་པོ་ཡིན་ན་གཟུགས་ཡིན་པས་མ་ཁྱབ་སྟེ། ཤེས་པ་དེ་དངོས་པོ་ཡིན་ ཡང་གཟུགས་མ་ཡིན་ནི་རེད། དེས་འགྲེས། ༈ འདིའི་དོན་གཅིག་ཚུལ། ཆོས་གང་ཡིན་ཡང་ཕན་ཚུན་ཡིན་ཁྱབ་མཉམ་པ་དེ་དོན་ གཅིག་པའི་གོ་དོན་རེད། ཡོད་པ་སོགས་ནི་ཤེས་བྱ་དང་དོན་གཅིག་དངོས་ཡིན། བུམ་པ་དང་ ཐ་དད་ནི་ཤེས་བྱ་དང་དོན་གཅིག་པ་འདྲ་བ་ཙམ་རེད། དེའི་ཚུལ་ཤེས་བྱ་ཡིན་ན་ཡོད་པ་ཡིན་ པས་ཁྱབ། ཡོད་པ་ཡིན་ན་ཤེས་བྱ་ཡིན་པས་ཁྱབ། གཞི་གྲུབ་སོགས་ལ་དེས་འགྲེས། བུམ་པ་ 5-1-433 དང་ཐ་དད་ཡིན་ན་ཤེས་བྱ་ཡིན་པས་ཁྱབ་ཀྱང་ཤེས་བྱ་ཡིན་ན་བུམ་པ་དང་ཐ་དད་ཡིན་པས་ མ་ཁྱབ་པ་ལ་བུམ་པ་དེ་འཇོག་པ་སོགས་ཀ་བ་དང་ཐ་དད་སོགས་ལ་འགྲེས། ༈ སྤྱིར་བློས་ཡུལ་དུ་བྱ་རུང་སོགས་ནི་དོན་དངོས་ཡིན་པའི་ཆ་ནས་གོ་བྱེད་དུ་འཇོག ཤེས་བྱ་སོགས་ནི་མིང་ཐ་སྙད་ཙམ་གྱི་ཆ་ནས་གོ་བྱར་འཇོག ༈ བློས་ཡུལ་དུ་བྱ་རུང་དེ་མཚན་ཉིད་རེད། གང་གི་མཚན་ཉིད་ཡིན་ན་ཤེས་བྱའི་མཚན་ ཉིད་རེད། ཤེས་བྱ་དེ་མཚོན་བྱ་རེད། གང་གི་མཚོན་བྱ་ཡིན་ན་བློས་ཡུལ་དུ་བྱ་རུང་གི་མཚོན་ བྱ་རེད། ཀ་བུམ་སོགས་མཚན་གཞི་རེད། གང་གི་མཚན་གཞི་ཡིན་ན་ཤེས་བྱའི་མཚན་གཞི་ རེད། དེ་གསུམ་མཚན་མཚོན་གཞི་གསུམ་ཞིག་ཡིན་ནི་རེད། དེས་ཚད་མས་གྲུབ་པ་དང་ཡོད་ པ་སོགས་ལ་འགྲེས་སྦྱར། ༈ ཡིན་འགོད། བློས་ཡུལ་དུ་བྱ་རུང་ཡིན་ན་ཤེས་བྱ་ཡིན་པས་ཁྱབ། མིན་འགོད། བློས་ ཡུལ་དུ་བྱ་རུང་མིན་ན་ཤེས་བྱ་མིན་པས་ཁྱབ། ཡོད་འགོད། བློས་ཡུལ་དུ་བྱ་རུང་ཡོད་ན་ཤེས་ བྱ་ཡོད་པས་ཁྱབ། མེད་འགོད། བློས་ཡུལ་དུ་བྱ་རུང་མེད་ན་ཤེས་བྱ་མེད་པས་ཁྱབ། དེས་ འགྲེས་ཏེ་ཤེས་བྱ་ཡིན་ན་བློས་ཡུལ་དུ་བྱ་རུང་ཡིན་པས་ཁྱབ། མིན་འགོད། ཡོད་འགོད། མེད་ འགོད་གསུམ་ཀྱང་དེ་ལྟར་བྱ། ༈ མ་ཁྱབ་པ་ནི། དོན་བྱེད་ནུས་པ་ཤེས་བྱའི་མཚན་ཉིད་དུ་བྱས་པ་ལྟ་བུ། ཁྱབ་ཆེས་པ་ བློས་ཡུལ་ཏུ་བྱ་རུང་དངོས་པོའི་མཚན་ཉིད་དུ་བྱས་པ་ལྟ་བུ། མི་སྲི ད་པ། སྐད་ཅིག་མ་རྟག་ པའི་མཚན་དུ་བྱས་པ་ལྟ་བུ། ༈ མི་གནས་འགལ་སྤངས་འགལ་ཡིན་ན་མི་གནས་འགལ་འགལ་རྟགས་ཐམས་ཅད་ སྤང་འགལ་གྱི་རྟགས་སུ་འགྱུར་དགོས་ཀྱང་དེ་གཉིས་ཀྱི་རྟགས་སྦྱོར་ལས་མི་གནས་འགལ་ གྱི་རྟགས་སྦྱོར་ནི། མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་ཤར་གྱི་རི་ལ། ཆོས་ཅན་གྲང་རེག་ 5-1-434 སྟོབས་ལྡན་མེད་དེ། ཚ་རེག་སྟོབས་ལྡན་དམིགས་པའི་ཕྱིར་ཞེས་པ་ལྟ་བུ་དེ་རེད། སྤངས་ འགལ་གྱི་རྟགས་སྦྱོར་ནི། བུམ་པ་ཆོས་ཅན། རྟག་པ་མ་ཡིན་ཏེ། བྱས་པ་ཡིན་པའི་ཕྱིར། ཞེས་པ་ལྟ་བུ་དེ་རེད། དེའི་སྔ་མའི་རྟགས་སྦྱོར་དེ་ཕྱི་མའི་རྟགས་སྦྱོར་ཡིན་ཚུལ་མེད་དེ། སྔ་ མ་སྤངས་གཉེན་གྱི་སྒོ་ནས་འགལ་ཟླར་གྱུར་པའི་རྟགས་སྦྱོར་ཡིན་ལ། ཕྱི་མ་ཡིན་པ་མེད་ པ་ཙམ་གྱི་འགལ་ཟླར་གྱུར་པ་ཉིད་དུ་ངེས་པའི་ཕྱིར། དེས་ན་དེ་གཉིས་དོན་མི་གཅིག་པར་ མཁས་གྲུབ་ཀྱིས་གསུངས་ཀྱང་ཡིག་ཆ་འདིར་མཁས་གྲུབ་ཀྱི་ལུགས་ལ་མི་གནས་འགལ་ སྤངས་འགལ་དེ་གཉིས་རང་ལྡོག་གི་ཕྱོགས་ནས་ཁྱད་ཡོད་པ་དེ་འདྲ་ཡིན་ཡང་སྤྱིར་གཞི་ལྡོག་ གི་ཆ་ནས་མི་གནས་འགལ་ཐམས་ཅད་སྤངས་འགལ་དེ་གཉིས་མ་ཡིན་པ་མེད་པས་དོན་ གཅིག་པ་ཡིན་ཆོག་ཚུལ་གྱི་དགོངས་པ་བླངས་ནས་འགལ་བ་དང་སྤངས་འགལ་ཁྱབ་མཉམ་ པའི་དོན་གཅིག་ཏུ་བྱས་པ་ཡིན། ༈ གཞི་མྱུ་གུ་དེ་མྱུ་གུའི་རྫས་སུ་གྱུར་པའི་སྔོན་པོ་མ་ཡིན་པ་དངོས་སུ་ཁེགས་ན་སྔོན་པོ་ ཡིན་པ་ཡོངས་གཅོད་དུ་ཤུགས་ལ་རྟོགས་ཐུབ་ཀྱང་དེ་གཉིས་ཀྱི་ཡིན་པ་ནམ་མཁའི་ཁ་དོག་ གཞག་ཆོག་པས་མི་འགལ་བ་ཡིན། ༈ བྱས་རྟག་གཉིས་ཡིན་དང་གཉིས་མིན་གྱི་ཕུང་སུམ་མེད་པས་དེ་གསུམ་ཕུང་སུམ་ སེལ་བ་ཡིན་པ་བཞིན་གཞན་ལ་འདྲ། ༈ ཀ་བུམ་གཉིས་འཛིན་པའི་རྟོག་བཅས་དེ་གཞན་རིག་རེད། དེའི་ཡུལ་ནི་ཀ་བུམ་ གཉིས་དེ་རེད། དེ་འདྲའི་རྟོག་པ་ཉམས་སུ་མྱོང་མཁན་དེ་རང་རིག་རེད། དེའི་ཡུལ་ནི་གཞན་ རིག་རྟོག་བཅས་དེ་རེད། ༈ རང་རིག་འདོད་པའི་ལུགས་ཀ་བུམ་འཛིན་པའི་རྟོག་པའི་སྟེང་གི་རང་རིག་གིས་ དངོས་སུ་རྟོགས་བྱ་ནི་རྟོག་པ་དེ་ཡིན་པས་རྟོག་པ་དངོས་རྟོགས་ཀྱི་ཤུགས་ལ་ཀ་བུམ་ཐ་དད་ 5-1-435 ཡིན་པ་དེ་རྟོགས་སོང་བ་ཡིན། རང་རིག་མི་འདོད་པའི་ལུགས་ལ། ཀ་བུམ་གཉིས་འཛིན་ པའི་རྟོག་པ་དེས་ཀ་བུམ་གཉིས་དངོས་སུ་རྟོགས་པའི་ཤུགས་ལ་དེ་གཉིས་ཐ་དད་ཆ་དེ་རྟོགས་ པ་ཡིན། རྗེས་དཔག་གིས་རྟོགས་ཚུལ་ནི། ཀ་བུམ་གཉིས། ཆོས་ཅན། ཐ་དད་ཡིན་ཏེ། གཞི་ མཐུན་མི་སྲི ད་པར་སོ་སོར་གནས་པའི་ཕྱིར། ཞེས་པའི་རྟགས་སྦྱོར་ལ་བརྟེན་ནས་ཚད་མས་ ཀ་བུམ་གཉིས་ཐ་དད་ཡིན་པར་དངོས་སུ་ངེས་པ་ལྟ་བུ་དེ་རེད། ༈ རྫས་སྤྱི་མ་བཅད་པར་ནི་འགལ་བ་ཡིན་ན་སྤངས་འགལ་དང་མི་གནས་འགལ་ གང་རུང་ཡིན་པས་མ་ཁྱབ་སྟེ། སྤྱིར་བཏང་འགལ་བ་དེ་དེ་གཉིས་གང་རུང་མ་ཡིན་པའི་ཕྱིར། ཞེས་པ་ལྟ་བུ་དེ་རེད། ཉིས་འགོད་མ་བཅད་པ་ནི། འགལ་བ་ཡིན་ན་དེ་གཉིས་གང་རུང་ཡིན་ པས་མ་ཁྱབ་སྟེ། སྤངས་འགལ་མི་གནས་འགལ་གཉིས་དེ་དེ་གཉིས་གང་རུང་མ་ཡིན་པའི་ ཕྱིར། ཞེས་པ་ལྟ་བུ་དེ་རེད། དེ་འདྲ་ཟེར་བ་བཅད་ན་འགལ་བ་ལ་དེ་གཉིས་གང་རུང་གིས་ ཁྱབ་བོ། ། ༈ བུམ་པ་དང་འགལ་བ་ཡང་ཡིན། ལྟོ་ལྡིར་བ་དང་གཅིག་ཀྱང་ཡིན་པའི་གཞི་མཐུན་ འཇོག་རྒྱུ་མེད་པས་ལྟོ་ལྡིར་བ་དང་གཅིག་དེ་བུམ་པ་དང་འགལ་བ་དང་འགལ་བ་རེད། བུམ་ པ་དང་མི་འགལ་བ་ཡང་ཡིན། ལྟོ་ལྡིར་བ་དང་གཅིག་ཀྱང་ཡིན་པའི་གཞི་མཐུན་ལ་ལྟོ་ལྡིར་ བ་དེ་འཇོག་ཆོག་པས་ལྟོ་ལྡིར་བ་དང་གཅིག་དེ་བུམ་པ་དང་མི་འགལ་བ་དང་མི་འགལ་བ་ ཡིན། བུམ་པ་ཡང་ཡིན་ལྟོ་ལྡིར་བ་དང་གཅིག་ཀྱང་ཡིན་པའི་གཞི་མཐུན་ལ་ལྟོ་ལྡིར་བ་དེ་ འཇོག་ཆོག་པས་ལྟོ་ལྡིར་བ་དང་གཅིག་དེ་བུམ་པ་དང་ཡང་མི་འགལ་བ་ཡིན། དེའི་ཤེས་བྱའི་ ལྡོག་པ་སོགས་ལ་འགྲེས། གཞི་གྲུབ་ན་འགལ་བ་ཡིན་པས་མ་ཁྱབ་པ་ལ་ཤེས་བྱ་བུམ་ལྡོག་ སོགས་དང༌། མ་ཡིན་པས་མ་ཁྱབ་པ་ལ། ཀ་བུམ་སོགས་འཇོག ༈ སྤྱིར་འབྲེ ལ་བ་ཞེས་པ་ཆོས་གཉིས་ཞིག་ཡོད་དགོས། དེ་ཡང་དེ་གཉིས་གཅིག་ཤོས་ 5-1-436 ཞིག་ལོག་ན་དེའི་འབྲེལ་ཟླ་ལྡོག་ངེས་སུ་གྲུབ་པ་ཙམ་གྱིས་ཆོག་པ་མ་གཏོགས་ཕན་ཚུན་ནས་ ལྡོག་བྱ་ལྡོག་བྱེད་དུ་མཐའ་གཅིག་ནས་གྲུབ་མི་དགོས་ངོ་བོ་གཅིག་འབྲེལ་ཡིན་མིན་ནི་གྲུབ་ བྱེད་གཅིག་མི་གཅིག་གི་སྒོ་ནས་འཇོག ༈ དེ་བྱུང་འབྲེ ལ་ཡིན་མིན་ནི། རྒྱུ་དང་འབྲས་བུ་སྐབས་དེར་ཡིན་མིན་གྱི་སྒོ་ནས་ སོ་སོར་དཔྱད་དེ་རྒྱུ་འབྲས་ཡིན་པ་དག་སྔ་མ་རྒྱུ་དེ་ལྡོག་བྱེད་དང་ཕྱི་མ་དེའི་འབྲས་བུ་ལྡོག་ བྱར་བྱས་ཏེ་མེད་ན་མི་འབྱུང་གི་འབྲེ ལ་བ་ལ་གོ་དགོས་པ། ངོ་བོ་གཅིག་འབྲེ ལ་གྱི་རང་ལྡོག་ དངོས་མེད་ཡིན་ཀྱང་གཞི་ལྡོག་ལ་འདུས་བྱས་དངོས་པོ་ལྟ་བུའི་དངོས་པོ་ཡིན་པ་ཅན་དང༌། ཤེས་བྱ་ཡོད་པ་ལྟ་བུའི་དངོས་མེད་ཀྱི་ཆོས་དང་གཉིས་ཡོད། དེ་བྱུང་གི་འབྲེ ལ་བའི་རང་ལྡོག་ ཡང་དངོས་མེད་དེ་ལྟར་ཡིན་ཀྱང་གཞི་ལྡོག་ལ་དངོས་པོ་མ་ཡིན་པ་མེད། སྔ་མའི་རང་ལྡོག་ངོ་ བོ་གཅིག་འབྲེ ལ་ཡིན་པའི་ཆ་དང༌། ཕྱི་མའི་རང་ལྡོག་དེ་བྱུང་འབྲེ ལ་ཡིན་པའི་ཆ་ཙམ་ལ་གོ་ བ་ཡིན། ༈ ཤེས་བྱ་དང་མ་འབྲེ ལ་བ་ནི་ཤེས་བྱ་རང་ཉིད་ལས་མེད་པས་དེ་རང་གི་ལྡོག་པ་ཡིན་ པར་གྱུར་པའོ། འདི་སྐབས་སུ་རྒྱུ་དེ་རང་གི་འབྲས་བུ་དང་མ་འབྲེ ལ། འབྲས་བུ་དེ་རང་རྒྱུ་དང་ འབྲེལ་ཟེར་བའི་དོན་ཡང་རྒྱུ་རང་བྱུང་བ་འབྲས་བུ་ལ་རག་མ་ལས་པ་དང་འབྲས་བུ་རང་བྱུང་ བ་རྒྱུ་ལ་རག་ལུས་པའི་གནད་ཀྱིས་ཡིན། ༈ དངོས་པོའི་རྒྱུར་གྱུར་པའི་ཚད་མ་ཞེས་པའི་གོ་བ་ནི། སྤྱིར་ཚད་མར་གྱུར་པའི་དངོས་ པོ་སྐད་ཅིག་སྔ་ཕྱི་ལ་གོ་ཚུལ་ཞིག་དང༌། སེམས་ཅན་སྤྱི་མཐུན་གྱི་སྔོན་ལས་སུ་གཏོགས་པའི་ ཚད་མ་རྒྱུ་དང༌། དེའི་འབྲས་བུར་གྱུར་པའི་ད་ལྟའི་སྣོད་བཅུད་ཀྱི་དངོས་པོ་གཉིས་ལྟ་བུ་ལ་གོ་ ཚུལ་སོགས་ཡོད། འདི་ཡང་རྒྱུ་འབྲས་བུ་དང་མ་འབྲེ ལ། འབྲས་བུ་རྒྱུ་དང་འབྲེ ལ་ཟེར་བའི་ ཆེད་དུ་གོ་བ་བླང་དགོས། 5-1-437 ༈ རྟག་པ་རྟག་པ་རང་དང་མ་འབྲེ ལ་བ་དེ། རྟག་པ་དང་འགལ་བ་དང་འགལ་བ་དང༌། མི་འགལ་བ་དང་མི་འགལ་བ་ཡིན་ཚུལ་ཕན་ཚུན་ངོ་ཐད་ནས་ཡིན་པ་བསྒྲིག་ན་ཤེས་སླ། རྟག་ པ་རང་དང་མ་འབྲེལ་བའི་ཆ་དེ་རྟག་པ་དང་འབྲེལ་ཕྱིར་དེ་འདྲའི་མ་འབྲེལ་བའི་ཆ་དེ་རྟག་པ་ དང་འབྲེ ལ་བ་ལས་གྲུབ་པའི་ཆ་ནས་དེ་འབྲེ ལ་བ་དང་འབྲེ ལ་བར་བཞག་ལ། དེ་འདྲའི་མ་ འབྲེལ་ཆ་རང་ཉིད་ནི་རང་དང་འབྲེལ་མི་སྲིད་པས་དེའི་ཆ་ནས་མ་འབྲེལ་བ་དང་མ་འབྲེལ་ བར་ཡང་བཞག་པ་ཡིན། གཞི་གྲུབ་ན་ཁྱོད་རང་ཁྱོད་རང་དང་འབྲེ ལ་མི་སྲི ད་པས་ཁྱབ་བོ། ། ༈ བུམ་འཛིན་རྟོག་ངོར་བུམ་པ་ལྟ་བུ་ཞིག་ཤར་བ་དེ་བུམ་པའི་དོན་སྤྱི་རེད། དེ་བུམ་ འཛིན་རྟོག་ངོར་སྣང་ཡུལ་དུ་ལྷག་གེར་ཤར་ཡོད་ནི་རེད། དེ་འདྲའི་དོན་སྤྱི་དེ་མ་གཏོགས་ པའི་རྟག་པ་རྟོག་བཏགས་ཀྱི་ཆོས་ཡོད་ཚད་ཐམས་ཅད་རྟོག་པས་འཛིན་སྟངས་སུ་བཟུང་ཚེ་ ཆ་འདྲ་དོན་སྤྱིས་བསྒྲིབས་ནས་ཤར་བ་ཙམ་ལས་རང་སྣང་ཡུལ་དུ་ལྷག་གེར་དངོས་སུ་ཤར་ མི་ཐུབ་པས་དེ་ཀུན་རྟོག་པའི་འཛིན་སྟངས་ཀྱི་ཡུལ་ཡིན་པ་མ་གཏོགས་སྣང་ཡུལ་ཡིན་ནི་མ་ རེད། དེ་མ་ཟད་མདོ་སྡེ་པའི་ལུགས་འདིར་རྟག་པའི་ཆོས་རྣམས་མངོན་སུམ་གྱི་སྣང་ཡུལ་དུ་ མེད་པར་ཤུགས་ཀྱིས་རྟོགས་བྱ་ཙམ་དུ་ཟད་པར་འདོད་པ་ཡིན། ༈ མུ་སྟེགས་བྱེ་རིག་གིས། བུམ་འཛིན་རྟོག་ངོས་བུམ་པ་ལྟ་བུ་ཞིག་ཤར་རྒྱུའི་བུམ་པའི་ རིགས་སྤྱི་དེ་བུམ་བརྡ་སྦྱོར་ཡུལ་དུ་འདོད་པ་དང༌། གྲངས་ཅན་པས་བུམ་འཛིན་རྟོག་ངོའི་ བུམ་པའི་རང་གཤིས་ན་ཡོད་པའི་རང་བཞིན་གཙོ་བོ་རིགས་སྤྱིར་གྱུར་པ་དེ་བུམ་བརྡ་སྦྱོར་ ཡུལ་དུ་འདོད་པ་དང༌། ནང་བ་པས་བུམ་འཛིན་རྟོག་ངོར་སྣང་བ་དོན་དང་བཏགས་པ་བུམ་ པའི་དོན་སྤྱིའམ་ཆ་འདྲ་གཉིས་གཅིག་རྒྱུ་འདྲེས་པའི་སྒོ་ནས་སྣང་འོང་རྒྱུའི་དོན་སྤྱི་དངོས་མེད་ སྣང་ཙམ་སྣང་བཏགས་འདྲེས་པ་དེ་འདིར་རིགས་སྤྱི་ཡིན་པར་འདོད་པས་དེ་འདྲའི་དོན་སྤྱི་དེ་ ལ་རྟོག་བློས་བུམ་བརྡ་སྦྱོར་བར་བཞེད། ཕྱི་ནང་གཉིས་ཀས་རང་རང་གི་ལུགས་ཀྱི་རིགས་སྤྱི་ 5-1-438 བརྡའ་སྦྱོར་ཡུལ་དུ་འདོད་པ་ཙམ་མཐུན་ཀྱང་རིགས་སྤྱི་ངོས་འཛིན་ལུགས་མི་མཐུན་ཏེ། ཕྱི་ པའི་རིགས་སྤྱི་རྟག་རྫས་དང༌། ནང་བའི་རིགས་སྤྱི་རྟོག་བཏགས་ཀྱི་ཁྱད་འདྲ་མིན་ཡོད་པའི་ ཕྱིར། ༈ སྤྱིར་རྟོག་བཅས་རྟོག་མེད་ཀྱི་བློ་གང་ལའང་ཡུལ་འཛིན་པའི་ཚེ། རང་ཡུལ་ཀྱི་རྣམ་པ་ ཤར་བའི་ཤེས་པ་ཡུལ་ཀྱི་ཆ་རེ་དང༌། ནང་ཡུལ་ཅན་ཕྱོགས་སུ་གཏོགས་པའི་ཤེས་པ་འཛིན་ ཆར་གྱུར་པ་གཉིས་རེ་ཡོད་པས་དེ་འདྲའི་གཟུང་རྣམ་འཛིན་རྣམ་གཉིས་ཀ་ཤེས་རྫས་དངོས་ པོ་དང་རྟོག་པའི་གཟུང་རྣམ་གྱི་ངོར་ཤར་བའི་ཆ་འདྲ་དོན་སྤྱི་ཙམ་དེ་དངོས་མེད་ཡིན། དཔེར་ ན་དེ་འདྲའི་སྣང་བརྗོད་མེད་པ་ནི་བུམ་པའོ་ཞེས་སྒྲ་རྟོག་གིས་བརྗོད་འཛིན་བྱས་པ་ལྟ་བུའོ། །ཀ་བ་མ་ཡིན་པའི་བུམ་པའོ། །ཞེས་ཟེར་ཚེ། བུམ་པ་དེ་དགག་གཞི་རེད། ཀ་བ་དེ་དགག་བྱ་ རེད། ཀ་བ་མ་ཡིན་པ་དེ་དགག་བྱ་བཅད་པ་རེད། དེས་འགྲེས། ༈ དོན་དམ་པར་སྒྲའི་ཡུལ་ཡིན་པ་ཡོད་ན་བུམ་པ་ལྟ་བུའི་རང་མཚན་ལ་དངོས་སུ་བརྡ་ སྦྱར་དགོས་ཀྱང་དེ་འདྲ་མི་སྲི ད། སྤྱི་ལ་བརྟེན་ནས་རྟོག་བློས་བརྡ་སྦྱོར་ཡུལ་མ་ཡིན་པ་མེད་ པས་གཞི་གྲུབ་ན་བརྡའི་དངོས་ཡུལ་ཡིན་པས་ཁྱབ་པ་ཡིན། ༈ བུམ་མིན་ལས་ལོག་པ་ཞེས་པ་དོན་གྱི་བུམ་པ་དང༌། བུམ་མིན་ལས་ལོག་པར་སྣང་ བ་ཞེས་པ་བུམ་པའི་དོན་སྤྱི་ལ་གོ་བའོ། ། ༈ བུམ་འཛིན་མངོན་སུམ་ལ་བུམ་པ་དང་གྲུབ་བདེ་རྫས་གཅིག་ཀུན་ཡུལ་དབང་གིས་ སྣང་ཡང་གོམས་པ་ཡོད་མེད་ཀྱིས་ངེས་ཤེས་འདྲེན་ཐུབ་མི་ཐུབ་ཅི་རིགས་ཡོད་ཀྱང་བུམ་ འཛིན་རྟོག་བློ་ལ་ནན་ཞེན་གྱིས་བཟུང་དབང་གིས་གང་སྣང་ངེས་པས་ཁྱབ་པ་ལས་རང་ཡུལ་ དང་གྲུབ་བདེ་རྫས་གཅིག་ཐམས་ཅད་སྣང་མི་སྣང་མེད་པ་དང་དེ་དག་རྟོགས་མ་རྟོགས་ཅི་ རིགས་ཡོད་པ་གང་ཡང་མིན། 5-1-439 ༈ བུམ་པ་ཤེས་བྱ་ཡིན་ཆ་མིང་བརྡས་བཞག་ཙམ་ཡིན་ཏེ། ཁྱོད་རང་དགར་སྣང་བ་མེད་ པར་མིང་བརྡ་ལ་བརྟེན་ནས། རྟོག་བློར་སྣང་དགོས་ཀྱི། ཆོས་ཡིན་པའི་ཕྱིར། དེ་མིང་བརྡ་ ཙམ་གྱིས་བཞག་པ་མ་ཡིན་ཏེ། མིང་བརྡ་ཁོ་ནས་ཕར་བཞག་པ་མ་གཏོགས་ཡུལ་སྟེང་དུ་གྲུབ་ མེད་པ་ཞིག་ཀྱང་མ་ཡིན་པའི་ཕྱིར། ༈ མིང་གི་འཇུག་གཞིའི་ཚུལ། དཔེར་ན་བུམ་པ་ལྟ་བུ་དེ་བུམ་པའོ། །ཞེས་རྗོད་བྱེད་ཀྱི་ སྒྲ་དང༌། བུམ་པའོ་སྙམ་དུ་འཛིན་པའི་རྟོག་པ་གཉིས་རིམ་པས་སྒྲ་འཇུག་པའི་གཞི་དང་རྟོག་ པས་གཟུང་བར་བྱ་བའི་གཞི་ཉིད་དུ་བུམ་པ་རང་གི་ལྡོད་ལུགས་ཀྱི་ངོས་ནས་ཚུར་གྲུབ་ཡོད་ པར་སྣང་བ་ནི་བག་ཆགས་ཀྱི་དབང་གིས་སོ་སྐྱེས་རང་ག་བ་ཀུན་ལ་ཡོད་པར་མདོ་སེམས་ གཉིས་འདོད་པ་མཐུན་ཀྱང་སྣང་བ་ལྟར་ཡུལ་སྟེང་དུ་དོན་གྱི་གནས་ཚོད་ལ་གྲུབ་མ་གྲུབ་ འདོད་པ་མི་མཐུན། ༈ མདོ་དགོངས་འགྲེལ་གྱི་མཚན་ཉིད་གསུམ་གྱི་འདོད་ཚུལ། རིགས་པའི་རྗེས་འབྲང་ གི་མདོ་སྡེ་པས། ཕྱི་དོན་གྱི་བུམ་པ་བུམ་པའི་གཞན་དབང༌། བུམ་པ་རང་སྐྱ་ཐུབ་པའི་རྫས་ གྲུབ་བུམ་པའི་ཀུན་བཏགས་བུམ་པ་རང་སྐྱ་ཐུབ་པའི་རྫས་གྲུབ་ཀྱི་སྟོང་པ་བུམ་པའི་ཡོངས་ གྲུབ་ཡིན་པ་བཞིན་ཆོས་ཐམས་ཅད་ལ་དེ་འདྲ་སྦྱར་བར་འདོད། སེམས་ཙམ་པས། ཤེས་པ་ དང༌། ངོ་བོ་གཅིག་པའི་བུམ་པ་དེ་བུམ་པའི་གཞན་དབང༌། དེ་འདྲའི་བུམ་པ་ཕྱི་དོན་དང་མིང་ གི་འཇུག་གཞིར་རང་མཚན་གྱིས་གྲུབ་པ་དེ། བུམ་པའི་ཀུན་བཏགས། དེ་འདྲའི་ཕྱི་དོན་དང་ མིང་གི་འཇུག་གཞིར་རང་མཚན་གྱིས་གྲུབ་པས་སྟོང་པ་བུམ་པའི་ཡོངས་གྲུབ་ཡིན་པ་བཞིན་ ཀུན་ལ་འགྲེས་པར་འདོད། དབུ་མ་པས་བུམ་པ་བུམ་པའི་གཞན་དབང༌། བུམ་པ་བདེན་གྲུབ་ བུམ་པའི་ཀུན་བཏགས། བུམ་པ་བདེན་གྲུབ་ཀྱིས་སྟོང་པ་བུམ་པའི་ཡོངས་གྲུབ་སོགས་ཀུན་ ལ་ཡིན་པར་འདོད། 5-1-440 ༈ ཤེར་མདོ་བཀར་བཞེད་དག་གིས། སྟོང་ཉིད་བཅུ་དྲུག་སོགས་ཀྱི་གོ་དོན། ཐེག་ དམན་སྡེ་པས། སྟོང་གཞི་གང་དག་རང་སྐྱ་ཐུབ་པའི་རྫས་གྲུབ་ཀྱིས་སྟོང་པ་དང༌། ཐེག་ཆེན་ སེམས་ཙམ་པས། སྟོང་གཞི་རྣམས་ཕྱི་དོན་དང་མིང་གི་འཇུག་གཞིར་རང་མཚན་གྱིས་གྲུབ་ པས་སྟོང་པ་དང༌། བུམ་པས་སྟོང་གཞི་བདེན་གྲུབ་དང་རང་བཞིན་གྱིས་གྲུབ་པས་སྟོང་པ་ལ་ ངོས་བཟུང་ནས་ཡུམ་མདོའི་དགོངས་པ་འགྲེལ་ཚུལ་འདྲ་མིན་ཡོད། ༈ སེམས་ཙམ་རྣམ་བདེན་རྫུན་གྱི་རྩོད་གཞིའི་སྔོན་པོ་རགས་པ་ཞེས་པ་ནི། སྤྱིར་གྱི་ སྔོན་པོ་ཕྱི་དོན་བེམ་པོ་ཞིག་ལ་མི་གོ་བར་སྔོ་འཛིན་ཤེས་པ་དང་རྫས་གཅིག་པའི་ཡུལ་སྔོ་ ལམ་མེ་བ་གསལ་ཆ་ཁོ་ན་ལས་ཅུང་རགས་པའི་སྣང་བ་སྐྱེ་ཡུལ་གྱི་སྔོ་ལམ་གྱི་ཆར་གྱུར་པ་དེ་ ལ་གོ་རྒྱུ་ཡིན། ༈ གཟུགས་འཛིན་མིག་ཤེས་ལ་རང་ཡུལ་གཟུགས་དང་གྲུབ་བདེ་རྫས་གཅིག་བྱས་ མི་རྟག་སོགས་གང་སྣང་ཐམས་ཅད་གཟུང་བྱ་མ་ཡིན་པར་གཟུགས་ཀྱི་དབྱིབས་ཁ་དོག་ཁོ་ན་ ཙམ་དེ་གཟུགས་འཛིན་མིག་ཤེས་ཀྱི་གཟུང་བྱར་འཇོག་དགོས། དེ་འདྲའི་མིག་ཤེས་ལ་རྐྱེན་ དབང་གིས་སྐྲ་ཤད་སོགས་ཀུན་བཏགས་པའི་གཟུགས་ཀྱང་སྣང་ཆོག ༈ རྟ་དཀར་པོ་ལ་ཁ་དོག་དཀར་པོ་དང་ལྡན་པའི་ཆ་ནས་རྟ་དཀར་པོ་རྟ་དཀར་པོ་ཡིན་ ཞེས་དང༌། རྟ་དཀར་པོ་དེ་སྤྱིར་གང་ཟག་ཡིན་པས་གཟུགས་ཤེས་གང་ཡང་མ་ཡིན་པའི་ཆ་ ནས། རྟ་དཀར་པོ་དཀར་པོ་མིན། ཞེས་ཟེར་བ་ཡིན། སྤྱིར་བཏང་དཀར་པོ་དེ་རྩ་བའི་ཁ་དོག་ བཞིའི་ཡ་གྱལ་ཡིན་གྱི་ཁ་དོག་བྱེ་བྲག་པ་རེ་རེ་ནས་དེ་དག་གི་ཡ་གྱལ་དུ་འཇོག་པ་མིན། ༈ སྤྱིར་རྗོད་བྱེད་ཀྱི་སྒྲ་ལ། བུམ་པ་ཞེས་བརྗོད་པ་ལྟ་བུ་མིང་དང༌། བུམ་པ་མི་རྟག་ཞེས་ བརྗོད་པ་ལྟ་བུ་ཚིག སྒྲ་དེ་དག་གི་སྐད་གདངས་ཀྱི་ཡི་གེ་ལྟ་བུ། དེ་རྣམས་ངོ་བོའི་སྒོ་ནས་ དབྱེ་བ་རེད། བུམ་པ་ཞེས་བརྗོད་པའི་བརྗོད་བྱ་བུམ་པ་དེ་རང་གི་མཆུ་ལྟོ་སོགས་ལ་ལྟོས་ 5-1-441 ནས་ཚོགས་སྤྱི་དང༌། གསེར་བུམ་སོགས་ལ་ལྟོས་ནས་རིགས་སྤྱི་ཡིན་པ་ལྟ་བུ་དེ། བརྗོད་བྱའི་ སྒོ་ནས་དབྱེ་བ་རེད། བུམ་པ་མི་རྟག་པ་ཁོ་ན་ཡིན་ཞེས་བརྗོད་པ་ལྟ་བུ། མི་ལྡན་རྣམ་གཅོད་ དང༌། སྒྲ་ཁོ་ན་མཉན་བྱ་ཡིན། ཞེས་བརྗོད་པ་ལྟ་བུ། གཞན་ལྡན་རྣམ་གཅོད་དང༌། ཉན་ཐོས་ ལ་ལམ་སྒོམ་པ་སྲི ད་པ་ཁོ་ན་ཡིན་ཞེས་བརྗོད་པ་ལྟ་བུ། མི་སྲི ད་རྣམ་གཅོད་ཀྱི་སྒྲ་རྣམས་ནི། བརྗོད་ཚུལ་གྱི་སྒོ་ནས་དབྱེ་བ་རེད། དཔེར་ན་བུམ་པ་མི་རྟག་ཅེས་བརྗོད་པའི་སྒྲའི་ངོ་བོ་དེ་ ལ། བུམ་པ་ཞེས་པའི་སྒྲའི་ཆ་ནི་མིང་དང༌། བུམ་པ་མི་རྟག ཅེས་པའི་སྒྲའི་ཆ་ནི་ཚིག་དང༌། དེ་དག་གི་སྒྲ་གདངས་ན་ཡོད་པའི་བ་མ་ཨུ་པ་སོགས་ནི། ཡི་གེ་ཡིན་པས་དེ་དག་གི་ཆ་ནས་སོ་ སོར་དབྱེ་བ་ཡིན། ཡང་དཔེར་ན་བུམ་པ་ཞེས་བརྗོད་པ་དང༌། ཤེས་བྱ་ཞེས་བརྗོད་པ་གཉིས་ ཀྱི་བརྗོད་པར་བྱ་བའི་ཡུལ་བུམ་པ་ཚོགས་སྤྱི་དང༌། ཤེས་བྱ་རིགས་སྤྱི་ཡིན་པས་དེ་གཉིས་ ཀྱི་ཆ་ནས་ཚོགས་བརྗོད་དང་རིགས་བརྗོད་ཀྱི་སྒྲ་སོ་སོར་འཇོག་པ་ཡིན། མི་ལྡན་རྣམ་གཅོད་ སོགས་གསུམ་ནི་སྒྲས་བརྗོད་ཚུལ་འདྲ་མིན་གྱི་སྒོ་ནས་ཡིན་པ་ཤེས་སླ། ༈ སྒྲ་མི་རྟག ཅེས་བརྗོད་པའི་སྐབས་སུ། འདི་སྐབས་ཀྱི་བཤད་གཞི་སྒྲ་དེ་ཁྱད་ཆོས་ མི་རྟག་པའི་རྟེན་ཡིན་པས་ཆོས་ཅན་ཡིན། བཤད་གཞི་སྒྲ་ལ་ཁྱད་ཆོས་མི་རྟག་པ་ལས་གཞན་ བྱས་པ་སོགས་མ་བཅད་པས་གཞན་མི་སྤོང་ཡིན། འདི་སྐབས་ཁྱད་གཞི་སྒྲའི་སྟེང་དུ་ཁྱད་ ཆོས་མི་རྟག་པ་ཤར་དགོས། སྒྲའི་མི་རྟག་ཅེས་བརྗོད་པའི་སྐབས་སུའང༌། བཤད་གཞི་སྒྲ་དེ་ ཁྱད་གཞི་སྤྱིར་བཏང་གི་མི་རྟག་པ་རྣམས་ལས་སྒྲའི་མི་རྟག་པ་ཙམ་སོ་སོར་འབྱེད་ཐུབ་པ་ལ་ སྒྲ་ཁོ་ན་ལས་གཞན་མེད་པའི་ཕྱོགས་ནས་སྒྲ་དེ་ཁྱད་ཆོས་ཡིན་པའི་ཆ་ནས་ཆོས་ཡིན་ལ། དེ་ འདྲའི་ཁྱད་ཆོས་ལ་སྒྲ་ལས་གཞན་མེད་པས་གཞན་སྤོང་ཡིན། འདི་སྐབས་སྤྱིར་བཏང་མི་རྟག་ པ་དང་མཉམ་དུ་སྒྲའི་མི་རྟག་པ་དེ་ཁྱད་གཞི་དང་དེ་སོ་སོར་གོ་བྱེད་སྒྲ་དེ་ཁྱད་ཆོས་སུ་ཤར་ དགོས་པ་ཡིན། སྒྲ་མི་རྟག སྒྲའི་མི་རྟག ཞེས་བརྗོད་པའི་སྒྲ་དེ། གཞི་དེ་ལ་ལྟོས་ཏེ་ཆོས་ 5-1-442 ཅན་རྗོད་པ་དང་གཞི་དེ་ལ་ལྟོས་ཏེ་ཆོས་རྗོད་ཀྱི་སྒྲ་གཉིས་ཀ་ཡིན་ཏེ། དེ་འདྲའི་སྒྲ་དེ་སྐབས་ སུ་བབས་པའི་བཤད་གཞི་སྒྲ་དེ་ཁྱད་གཞི་དང་ཁྱད་ཆོས་གཉིས་སུ་སྟོན་བྱེད་ཀྱི་སྒྲ་ཡིན་པའི་ ཕྱིར། གཞི་དེ་ལ་ལྟོས་ཏེ་ཆོས་ཅན་རྗོད་པའི་སྒྲ་ཡིན་ན་གཞི་དེ་ལ་ལྟོས་ཏེ་ཆོས་རྗོད་ཀྱི་སྒྲ་ཡིན་ པས་མ་ཁྱབ་པ་ལ། སྒྲ་མི་རྟག ཅེས་བརྗོད་པ་ལྟ་བུ་དང༌། དེ་མ་ཡིན་པས་མ་ཁྱབ་པ་ལ། སྒྲ་ མི་རྟག སྒྲའི་མི་རྟག ཅེས་བརྗོད་པ་ལྟ་བུ་དེ་བཞག གཞི་དེ་ལ་ལྟོས་ཏེ་ཆོས་བརྗོད་ཡིན་ ན་དེ་ལ་ལྟོས་ཏེ་ཆོས་ཅན་བརྗོད་པ་ཡིན་པས་མ་ཁྱབ་པ་ལ་སྒྲའི་མི་རྟག ཅེས་དང༌། མ་ཡིན་ པས་མ་ཁྱབ་པ་ལ། སྒྲ་དང་སྒྲའི་མི་རྟག་ཅེས་བརྗོད་པ་ལྟ་བུ་དེ་བཞག དེ་འདྲའི་ཉིས་འགོད་ མ་བཞག་ན། སྤྱིར་ཆོས་ཅན་ཆོས་བརྗོད་ཙམ་གྱི་གཉིས་ཡིན་ལ། སྒྲ་མི་རྟག་ཅེས་བརྗོད་པ་ ལྟ་བུ་དེ་འགྲིག་ཀྱང་གཞི་དེ་ལ་ལྟོས་ཏེ་ཆོས་ཅན་དང་ཆོས་བརྗོད་གཉིས་ཡིན་གྱི་གཞི་མཐུན་ འཇོག་པ་མི་འགྲིག དེས་ན་ཆོས་ཅན་དང་ཆོས་བརྗོད་ཀྱི་སྒྲ་གཉིས་ངོ་ཐད་ནས་མི་འགལ་ ཡང་དེ་གཉིས་ཡིན་ན་མི་འགལ་བས་མ་ཁྱབ་པ་ལ་གཞི་སྒྲ་ལ་ལྟོས་ཏེ་ཆོས་ཅན་དང་ཆོས་ བརྗོད་ཀྱི་སྒྲ་གཉིས་དེ་བཞག་ན་ཉིས་འགོད་བཅད་ན། དེ་གཉིས་ཀྱི་ཡིན་པ་འཇོག་རྒྱུ་མེད། སྒྲ་མི་རྟག་ཅེས་བརྗོད་པའི་སྒྲའི་སྟེང་དུ། གཞི་དེ་ཁྱད་གཞིར་བརྗོད་པའི་སྒྲ་ཡིན་ཆ་ཞིག་དང༌། གཞི་དེ་ལ་ལྟོས་ཏེ་ཆོས་ཅན་བརྗོད་པའི་སྒྲ་ཡིན་ཆ་ཞིག་དང་གཉིས་ཕྱེས་ནི་རེད། སྔ་མ་མཚན་ ཉིད་དང་ཕྱི་མ་མཚོན་བྱ་རེད། སྒྲ་མི་རྟག་ཅེས་བརྗོད་པ་དེ་མཚན་གཞི་རེད། ཡང་སྒྲའི་མི་རྟག ཅེས་བརྗོད་པའི་སྒྲའི་སྟེང་དུ། གཞི་དེ་ཁྱད་ཆོས་སུ་སྟོན་པའི་སྒྲ་ཡིན་པའི་ཆ་དང༌། གཞི་དེ་ ལ་ལྟོས་ཏེ་ཆོས་བརྗོད་ཀྱི་སྒྲ་ཡིན་པའི་ཆ་ཕྱེས་ནི་རེད། སྔ་མ་མཚན་ཉིད་དང༌། ཕྱི་མ་མཚོན་ བྱ་རེད། སྒྲའི་མི་རྟག ཅེས་བརྗོད་པ་དེ་མཚན་གཞི་རེད། མཚོན་བྱ་ཕྱོགས་ནས་ཕན་ཚུན་ ཡིན་པ་ཡོད་མེད་དཔྱད་རྒྱུ་དང་མཚན་གཞིའི་ཕྱོགས་ནས་གཉིས་འགོད་ཁེར་འགོད་གང་རུང་ འཇོག་རྒྱུ་རེད། སྤྱིར་ཆོས་ཅན་དང་ཆོས་བརྗོད་ཀྱི་སྒྲ་གཉིས་མི་འགལ་བའི་ཡིན་ཁྱབ་མཉམ་ 5-1-443 ཡིན་ཀྱང་གཞི་དེ་ལ་ལྟོས་ཏེ་ཆོས་ཅན་དང་ཆོས་བརྗོད་ཀྱི་སྒྲ་གཉིས། ཉིས་འགོད་བཞག་ན་མི་ འགལ་བ་དང༌། དེ་བཅད་ན་འགལ་བ་ཡིན་ནི་རེད། ༈ བུམ་འཛིན་ཤེས་པ་དེ་ལ་ཡུལ་བུམ་པའི་ངོ་བོ་རང་སྟོབས་སམ་རང་ཕྱོགས་ནས་ མཐོང་འདུག་པའི་ཆ་དེ་གཙོ་སེམས་དང༌། བུམ་པའི་ཁྱད་པར་མཛེས་མི་མཛེས་སོགས་རང་ སྟོབས་སམ་རང་ཕྱོགས་ནས་སོ་སོར་གསལ་བའི་ཆ་དེ་སེམས་བྱུང་རེད། བུམ་འཛིན་གྱི་བློ་ དེ་སྤྱིར་དོན་གྱི་ངོ་བོ་དང་ཁྱད་པར་གཉིས་ཀ་མཐོང་བ་ལས་མ་མཐོང་བའི་ཆ་མེད་པས་གཙོ་ སེམས་དང༌། འཁོར་སེམས་གཉིས་ཀ་ལ་དོན་གྱི་ངོ་བོ་དང་ཁྱད་པར་གཉིས་རེ་མཐོང་ཆ་རེ་རེ་ ཡོད་ཕྱིར་རང་སྟོབས་གྲོགས་སྟོབས་ཀྱིས་མཐོང་ཚུལ་ཐ་དད་བྱུང་བ་ཡིན། ༈ ལྟོ་ལྡིར་བ་ལ་ཐོག་མར་བུམ་པའི་མིང་སྦྱར་དུས་ཀྱི་ལྟོ་ལྡིར་བ་དེ་ཕྱིས་སུ་མིང་གིས་ འབོད་དུས་ཀྱི་ཐ་སྙད་ཀྱི་སྐབས་རྣམས་སུ་མིང་དོན་དེ་ཡིན་པར་བུམ་བརྡ་སྦྱོར་བའི་རྟོག་བློའི་ ངོར་ཡང་ཡང་སྣང་བའི་སྒོ་ནས་བུམ་པའི་གོ་དོན་ལ་རྟོག་བློ་འཇུག་པ་ཡིན་པས་བརྡ་དུས་ཀྱི་ དོན་དང་ཐ་སྙད་དུས་ཀྱི་མིང་སྦྱར་བ་རེད། ༈ བུམ་འཛིན་རྟོག་པས་བུམ་པའོ་སྙམ་དུ་བཟུང་ཚེ་རང་ཡུལ་བུམ་པ་དེ་རགས་པ་ཆ་ ཅན་དང་བུམ་པ་དེའི་ལྟོ་བ་མགྲིན་པ་སོགས་བུམ་པ་སྤྱི་ལྡོག་དེ་ལས་གཞན་པའི་ཆ་ཤས་སུ་ སྣང་འདུག་པའི་ཆ་ནས་རྟོག་པ་ལ་རགས་པ་ཆ་དང་ཆ་ཅན་དུ་སྣང་ཚུལ་འཇོག་པ་ཡིན། ༈ རྟོག་པ་ཡིན་ན་རང་ཡུལ་གྱི་དོན་སྤྱི་དོན་དུ་སྣང་བའི་ཆ་ནས་འཁྲུལ་ཤེས་མ་ཡིན་ པ་མེད། རྟོག་པ་ཡིན་ན་ནང་གི་བརྡ་དྲན་རྩོལ་བ་ལས་སྐྱེ་བ་མ་གཏོགས་རང་ཡུལ་གྱི་དངོས་ དབང་གིས་བསྐྱེད་མི་སྲི ད་པས་གཟུངས་དོན་མེད་པ་ཅན་ཡིན་ནོ། ། ༈ བུམ་འཛིན་མིག་ཤེས་སྐད་ཅིག་དང་པོ་དེ་ཡུལ་ལ་གསར་དུ་མི་བསླུ་བའི་རིག་པ་ ཡིན་པའི་ཆ་ནས་ཚད་མ་རེད། བུམ་འཛིན་མིག་ཤེས་སྐད་ཅིག་གཉིས་པ་དེ་སྔར་གྱི་རྟོགས་བྱ་ 5-1-444 རྟོགས་ཟིན་ཡིན་པའི་ཆ་ནས་དཔྱད་ཤེས་རེད། བུམ་འཛིན་མིག་ཤེས་དེས་དྲངས་པའི་ངེས་ ཤེས་དེ་བུམ་འཛིན་ཡིན་ཡང་བུམ་འཛིན་མིན་ཤེས་མིག་པས་བུམ་འཛིན་མིག་ཤེས་མངོན་ སུམ་ཡིན་ནི་མ་རེད། ཡང་དེས་དྲངས་པའི་ངེས་ཤེས་དེ་རྟགས་ལ་བརྟེན་ནས་སྐྱེས་པ་མ་ ཡིན་པས་རྗེས་དཔག་མིན་ནི་རེད། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་ སྐད་ཅིག་དང་པོ་དེ་རང་ཡུལ་ལ་གསར་དུ་མི་བསླུ་བའི་ཆ་ནས་ཚད་མ་རེད། དེ་འདྲའི་རྗེས་ དཔག་སྐད་ཅིག་གཉིས་པ་དེ་རྟགས་ལ་བརྟེན་པའི་སྒོ་ནས་སྔར་གྱི་རྟོགས་ཟིན་སླར་རྟོགས་ པའི་ཆ་ནས་དཔྱད་ཤེས་རེད། དེ་འདྲའི་རྗེས་དཔག་གིས་དྲངས་པའི་སྒྲ་མི་རྟག་པ་ཙམ་ངེས་ ཤིང་རྟོགས་པའི་ངེས་ཤེས་ནི་རྟགས་ལ་བརྟེན་ནས་སྐྱེས་པ་མིན་ཕྱིར་རྗེས་དཔག་མིན་ནི་ རེད། དེ་འདྲའི་ངེས་ཤེས་དེ་རྟོག་བཅས་ཡིན་པས་མངོན་སུམ་ཡིན་ལུགས་མེད་ནི་རེད། དེ་ འདྲའི་ངེས་ཤེས་དེ་སྔར་རྗེས་དཔག་གིས་རྟོགས་ཟིན་པ་དེ་སླར་ཡང་རྟོགས་པ་ཡིན་པའི་ཆ་ ནས་དཔྱད་ཤེས་ཡིན་ཆོག དེས་ན་མངོན་སུམ་བྱ་རྫོགས་ཀྱི་སྐད་ཅིག་སྔ་ཕྱི་གཉིས་མངོན་ སུམ་ཚད་མ་དང་དཔྱད་ཤེས། རྗེས་དཔག་བྱ་རྫོགས་ཀྱི་སྐད་ཅིག་སྔ་ཕྱི་རྗེས་དཔག་ཚད་མ་ དང་དཔྱད་ཤེས་ཡིན། མངོན་རྗེས་གཉིས་ཀྱིས་དྲངས་པའི་ངེས་རྟོག་གཉིས་ནི་རྟོག་བཅས་ ཡིན་པས་མངོན་སུམ་མིན་པ་དང་རྟགས་ལས་མ་སྐྱེས་པས་རྗེས་དཔག་མིན་པ་དང་གཉིས་ཀ་ ལྡན་པའི་སྒོ་ནས་གང་ལྟར་ཡང་ངེས་ཤེས་དེ་གཉིས་རང་ཡུལ་སྔར་རྟོགས་ཟིན་པ་ཞིག་སླར་ ཡང་རྟོགས་པར་བྱེད་པ་ལ་མཚུངས་པའི་ཆ་ནས་སྤྱིར་མངོན་རྗེས་གང་ཡང་མ་ཡིན་པའང་ ཡིན། དཔྱད་ཤེས་ཞིག་ཀྱང་ཡིན་པའི་གཞི་མཐུན་ལ། མངོན་རྗེས་ཀྱིས་དྲངས་པའི་ངེས་ཤེས་ རྟོག་པ་དེ་འཇོག་ཆོག་པ་ཡིན། སྒྲ་མི་རྟག་པ་ལྟ་བུའི་རང་མཚན་དང༌། མ་བྱས་པའི་རྟགས་ ཀྱིས་ནམ་མཁའ་རྟག་པ་ལྟ་བུའི་སྤྱི་མཚན་དང་གཉིས་རེ་ཡོད་པས་མངོན་རྗེས་རེ་རེའི་གཞལ་ བྱ་ལ་རང་སྤྱི་སོ་སོས་ཁྱབ་མེད་པའི་ཆ་ནས་གཞལ་བྱ་ཙམ་ལ་གཉིས་སུ་གྲང་མ་ངེས་ནི་རེད། 5-1-445 མངོན་རྗེས་ཀྱི་ཚད་མ་གཉིས་ཡིན་གྱི་ཕུང་གསུམ་དང་གཉིས་མིན་གྱི་ཕུང་སུམ་གཉིས་ཀ་མེད་ པའང་ཡིན། ཕྱི་རོལ་པ་ཁ་ཅིག་གིས་ཚད་མ་གཏན་མེད་དུ་འདོད་པ་དང༌། ཁ་ཅིག་གིས་ཚད་ མ་གཉིས་ལས་མང་པོ་འདོད་པའི་ལོག་རྟོག་སེལ་བའི་ཆེད་དུ་འདིར་ཚད་མ་གཉིས་སུ་གྲངས་ ངེས་པར་གསུངས་ནི་རེད། ༈ ༴་་་་་་་་་་་་་པའི་སྣང་ཡུལ་བུམ་པའི་དོན་སྤྱི་རེད། བུམ་འཛིན་རྟོག་པའི་འཛིན་སྟངས་ཀྱི་ ཡུལ་ནི་བུམ་པ་རེད། ༈ ང་རང་སྐྱ་ཐུབ་པའི་རྫས་ཡོད་དུ་གྲུབ་པ་ང་བདག་གཞི་མ་གྲུབ་ཀྱང་ང་སྣང་ཙམ་པ་ དེ་ནི་ལས་འབྲས་ཀྱི་རྟེན་གཟུགས་ཤེས་གང་ཡང་མ་ཡིན་པ་ཕུང་པོ་ལྔ་ཀ་ཚོགས་པའི་སྟེང་ དུ་ཤར་རྒྱུ་དེ་ལྡན་མིན་འདུ་བྱེད་རེད། ལྡན་མིན་ནི་ཕྱོགས་དུས་རྒྱུན་དང་ཚོགས་པ་རྣམས་ཀྱི་ སྟེང་དུ་ཤར་དགོས། ༈ སྤྱིར་རྟོག་པ་དོན་མཐུན་གྱི་རང་ཡུལ་ཡོད་ཅེས་པ་ནི། རྟོག་པ་དེའི་དམིགས་ཡུལ་སྣང་ ཡུལ་སོགས་ཆ་སོ་སོར་ཕྱེས་ནས་གོ་བ་བླང་རྒྱུ་མ་ཡིན་པར་དེའི་ཡུལ་བཟུང་བྱ་ཚུལ་མཐུན་ སྐབས་དེར་དགོས་པ་གང་བབ་སྤྱི་ཙམ་པ་དེ་ཉིད་གཙོ་བོར་བཟུང་སྟེ་ཚུལ་དེ་ལུགས་ཙམ་ལ་ མི་བདེན་པའི་ཕྱོགས་ནས་འདིར་དགོས་དབང་གིས་བཟུང་བའི་ཡུལ་དུ་འཇོག་ཅིང་དེ་དག་ གི་ཆ་ནས་ཡུལ་ཡོད་པ་ཡིན་པར་ཡང་འཇོག་ཐུབ་པ་ཡིན་ནོ། ། ༈ རྟོག་བཅས་ཀྱི་ཤེས་པ་ནི་སྤྱིར་སྒྲ་སྤྱི་དང་དོན་སྤྱི་གཉིས་དངོས་སུ་འདྲེས་ཡོད་པའམ་ སྤྱི་དེ་གཉིས་སྔ་ཕྱི་ཅི་རིགས་སུ་འདྲེས་ཆོག་རྒྱུ་ཡོད་པའི་ནན་ཞེན་ཅན་གྱི་ཤེས་པ་རྣམས་ སྐབས་འདིའི་རྟོག་པ་ཡིན་ལ། དེ་དྲེས་རྟོག་པ་ལ་བརྡ་ལ་མ་བྱང་བའི་སྒྲ་སྤྱི་གཙོ་ཆེ་བའི་ སྐབས་དང༌། བརྡ་དོན་ལ་གོམས་པས་སྒྲ་དོན་འདྲེས་པའི་སྐབས་དང༌། སྒྲ་སྤྱི་ཟད་ནས་དོན་ སྤྱི་ཁོ་ན་ཤར་བའི་སྐབས་དང་འདྲ་མིན་དུ་མ་ཡོད། 5-1-446 ༈ གསུང་རབ་ཀྱི་དོན་ལ་སྒྲ་སྤྱི་ཙམ་གྱིས་ངེས་པ་རྙེད་པའི་སེམས་སེམས་བྱུང་རྣམས་ ལས་སེམས་བྱུང་ཤེས་རབ་ཀྱི་ཆར་གྱུར་པ་དེ་ཐོས་བྱུང་གི་ཤེས་རབ་རེད། དེའི་ཚིག་དོན་ལ་ ཚད་མས་ངེས་པ་རྙེད་པའི་སེམས་བྱུང་ཤེས་རབ་ཀྱི་ཆ་དེ་བསམ་བྱུང་གི་ཤེས་རབ་རེད། དེ་ འདྲའི་ཚད་མས་ངེས་པ་རྙེད་པའི་ངང་དུ་ཡང་ཡང་གོམས་པར་བྱེད་པའི་ཤེས་རབ་ཀྱི་ཆ་དེ་ སྒོམ་པའི་ཤེས་རབ་རེད། འདིའི་དོན་ལ་གོམས་པས་སྒྲ་སྤྱི་ནམ་ཟད་ལ་སྒོམ་གྲུབ་པ་ཡིན། དེའི་ངང་ནས་དམིགས་པའི་དོན་ལ་ཁམས་གོང་མའི་ཤེས་རིགས་སུ་སོང་བའི་སྐབས་ཀྱི་ཤེས་ རབ་ཀྱི་ཆ་ནི་སྒོམ་བྱུང་གི་ཤེས་རབ་རེད། ༈ སྤྱིར་ཕུང་པོ་ལ་ལྔར་བཞག་པའི་ནང་གི གཟུགས། ཚོར་བ། འདུ་ཤེས། རྣམ་ཤེས་ དང་བཞི་ནི་རང་རང་གི་ཕུང་པོ་ཡིན་པ་གཞིར་བཞག་པའི་སྟེང་དུ་དེ་བཞི་འདུ་བྱེད་ཡིན་པ་ ཙམ་ལས་འདུ་བྱེད་ཀྱི་ཕུང་པོ་མིན། ལྷག་མ་སེམས་བྱུང་ཞེ་དགུ་དང༌། ལྡན་མིན་འདུ་བྱེད་ རྣམས་འདུ་བྱེད་དང༌། འདུ་བྱེད་ཀྱི་ཕུང་པོ་གཉིས་ཀ་ཡིན། ༈ འདུས་བྱས་མི་རྟག་པ་ཚིག་ཐོས་པ་ཙམ་གྱི་གོ་བ་དེ། ཐོས་པ་རེད། འདུས་བྱས་མི་ རྟག་པ་ཚིག་ཙམ་གྱིས་ངེས་པ་རྙེད་པའི་ཞེན་རིག ཐོས་བྱུང་རེད། འདུས་བྱས་མི་རྟག་པ་ལ་ ཚད་མས་ངེས་པ་རྙེད་པའི་ཞེན་རིག་བསམ་བྱུང་རེད། འདུས་བྱས་མི་རྟག་པ་ཚད་མས་ངེས་ པ་ཙམ་དེ་ལ་ཡང་ཡང་གོམས་པར་བྱེད་པའི་ཞེན་རིག་སྒོམ་པ་རེད། འདུས་བྱས་མི་རྟག་པ་ལ་ སྒྲ་སྤྱི་ཟད་པའི་ཞེན་རིག་སྒོམ་པ་རེད། འདུས་བྱས་མི་རྟག་པ་གོམས་པའི་མཐུ་ལས་ཤེས་པ་ ཁམས་གོང་མའི་ཤེས་རིགས་སུ་གྱུར་པའི་སྐབས་དེ་སྒོམ་བྱུང་རེད། འདུས་བྱས་མི་རྟག་པ་ལ་ དོན་སྤྱི་ཟད་པའི་ཚེ་དེ་མངོན་དུ་གྱུར་པ་ཡིན་ནོ། ། ༈ དཔེར་ན་སྒྲ་མི་རྟག་པ་ལྟ་བུ་ལ་མཚོན་ན། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་ པའི་སྐབས་སུ། སྔ་ཕྱིའི་རྒོལ་གཉིས་ཀའི་རྟོག་ངོར་འཆར་ཚུལ་ནི། སྒྲ་དེ་བྱས་མི་རྟག་གཉིས་ 5-1-447 ལས་རྫས་སོ་སོ་དང༌། བྱས་པ་དེ་སྒྲ་དང་མི་རྟག་པ་གཉིས་ལས་རྫས་སོ་སོ་དང་མི་རྟག་པ་དེ། སྒྲ་བྱས་གཉིས་ལས་རྫས་སོ་སོ་བའི་རྣམ་པར་སྣང་བའི་སྒོ་ནས་བསྒྲུབ་བྱ་སྒྲུབ་བྱེད་བསྒྲུབ་ གཞི་གསུམ་གྱི་རང་ལྡོག་དེ་འཆར་ཚུལ་གོ་དགོས། དེ་འདྲའི་རང་ལྡོག་དེ་དོན་གྱི་གནས་ཚོད་ ལ་ཚུལ་མཐུན་ཡུལ་དང་འབྱོར་ངེས་ཡིན་པའི་ཆ་ནས་དོན་མཐུན་ཡིན་ཡང་རང་རང་གི་ངོ་བོ་ ཙམ་ནི་རྫས་མེད་རྟོག་བཏགས་སུ་གྱུར་པའི་གོ་ཉམས་ཀྱི་ཆ་ཙམ་དུ་ཟད་པ་ཡིན་པས་དེ་ལ་ བསམ་ནས་རང་ལྡོག་རྟོག་བཏགས་སུ་འཇོག་པ་ཡིན། ༈ ནང་པའི་ལུགས་ཀྱི་རིགས་སྤྱི་ནི་སྣང་བཏགས་གཅིག་ཏུ་འདྲེས་ཡོད་རྒྱུའི་སྣང་བ་ དོན་གྱི་རྣམ་པར་སྣང་བའི་ཆ་དང་བཏགས་པ་ཡུལ་དེའི་ཆ་འདྲའི་དོན་སྤྱི་གཉིས་ཀ་གཅིག་ཏུ་ བསྡོམ་པའི་ཕྱོགས་དེ་ཡིན་ཞིང༌། དོན་གྱི་གནས་ཚོད་ལ་སྣང་བཏགས་ཀྱི་ཆ་དེ་གཉིས་ཀྱང་ དངོས་མེད་ཙམ་དུ་ཟད་ཚོད་ལ་འདྲ་མཉམ་ལས་ཁྱད་པར་ཅི་ཡང་མེད་པ་ཡིན་ནའང་ཐ་སྙད་ སྣང་ཚུལ་ལ་ལྟོས་ན་སྣང་བ་དོན་གྱི་ཕྱོགས་ཆ་དེ་ཡུལ་ངོ་མ་ཡིན་སྣང་སྐྱེ་བ་དང༌། བཏགས་པ་ དོན་སྤྱི་ནི་དེར་སྣང་རྟོག་པའི་བློ་དང་ངོ་བོ་གཅིག་ཅིང་རང་གི་ངོ་བོ་བཏགས་ཡོད་ཙམ་དུ་ཟད་ སོང་སྣང་སྐྱེ་བས་སྔ་མ་སྣང་བའི་ཆ་དོན་དངོས་དང་ངོ་བོ་གཅིག་དང༌། ཕྱི་མ་དོན་སྤྱིའི་ཆ་དེ་ རྫས་མེད་བཏགས་ཙམ་དུ་འཇོག་པ་ཡིན་ནོ། ། ༈ ཀུན་བཏུས་ལྟར་ནའང༌། སེམས་སེམས་བྱུང་རྣམས། གྲངས་རེ་རེ་བས་རྫས་དམིགས་ ཡུལ་དང་རྣམ་པ་འཛིན་སྟངས་མཚུངས་པ་གཅིག་དུ་བརྩི་བ། ཤེས་རྫས་ངོ་བོ་བདག་ཉིད་ གཅིག་པ། སྐྱེ་འགག་གནས་གསུམ་ཅི་རིགས་དུས་མཉམ་པ། ཁམས་གོང་འོག་གི་ཤེས་པའི་ རིགས་ཀྱི་ཁམས་དང་འང་མཚུངས་པ་རྣམས་ཡིན། འདི་དག་གི་སྐབས་སུ་མངོན་མཛོད་ཀུན་ བཏུས་གང་ལྟར་ཀྱང་གྲངས་ཀྱི་བགྲང་ཚུལ་འདྲ་མིན་གྱི་སྒོ་ཙམ་ལས་ཕུགས་དོན་གྱི་དགོངས་ གནད་ནི་མངོན་པ་གོང་འོག་ལ་ཁྱད་པར་མེད་ཅིང་སེམས་སེམས་བྱུང་གི་དོན་གནད་གཅིག་ 5-1-448 པའོ། ། ༈ སྤྱིར་བག་ཆགས་ཞེས་པ་ནང་སེམས་སྟེང་དུ་ཡུལ་བཟང་ངན་བར་མ་སྣ་ཚོགས་ལ་ གོམས་པ་སོང་བའི་ཆར་གྱུར་པའི་ནུས་པ་བག་ལ་ཉལ་རྣམ་ཤེས་ཀྱི་སྟེང་ན་འགོས་ཡོད་པའི་ ཆ་དེ་ཡིན་ཞིང༌། དེ་ཡང་ནང་ཤེས་པ་རྣམས་ལ་གཙོ་བོར་ཆེད་དུ་གོམས་ཆ་བསོགས་མཁན་ནི་ གཙོ་སེམས་དེ་ཡིན་པའི་ཕྱོགས་ནས་སྒྲ་བཤད་དེ་འདྲ་བཞག་པ་ཡིན་ཞིང་ནུས་པ་བག་ཉལ་ རང་གི་ངོ་བོ་ནི་རང་སྐྱ་འཛིན་མི་ཐུབ་པའི་བཏགས་ཡོད་གཟུགས་ཤེས་གང་ཡང་མིན་ཡང་ རང་བགོ་གཞིའི་ཤེས་རྫས་ཙམ་ལ་བཏགས་པའི་དོན་བྱེད་ནུས་པའོ། ། ༈ རྗེ་ངག་དབང་བློ་གྲོས་གྲགས་པའི་གསུང་བསྡུས་གྲྭའི་ཟུར་མཆན་འདི་ནི། ཕྱིས་ཕྱག་དཔེའི་ཟིན་བྲི ས་ཐོར་བུ་འགའ་ རྙེད་པ་ལས། དབུ་ཞབས་ཡོངས་སུ་རྫོགས་པའི་གཞུང་གི་རྣམ་པར་མི་བཞུགས་ཀྱང༌། མཁས་པའི་ཞལ་ལས་བྱུང་བའི་ལེགས་ བཤད་ཀྱི་ཆ་ཤས་ཙམ་ལའང་སྐལ་བཟང་རྣམས་ཀྱི་ཡིད་ལ་ངེས་པ་སྟེར་བའི་གནད་ཟབ་མོ་ཡོད་དུ་མཆི་བས་རང་དགར་དོར་བར་ ཕངས་པའི་བློས་ཕྱོགས་གཅིག་ཏུ་བཀོད་པ་ལགས། 5-1-449 ༄༅། །མགྱོགས་འགྲོའི་རྟ་མཆོག་གི་བང་རྩལ་འགྲན་ཚུལ་ མདོར་བསྡུས་གླིང་རྗེ་གེ་སར་དགྱེས་པའི་ མཆོད་སྤྲིན་ཞེས་བྱ་བ་ བཞུགས་སོ། ། ༄༅། །ཀུན་གཟིགས་ཡེ་ཤེས་རོལ་པ་འབྱམས་ཀླས་པ། །སྣ་ཚོགས་སྒྱུ་མའི་འཕྲུལ་ཆེན་ ཅིར་ཡང་ངོམ། །མ་ལུས་ཞིང་ན་འགྲོ་བའི་ཁམས་བཞིན་དུ། །ཇི་བཞིན་རེ་འདོད་སྐོང་བའི་ བྱེད་པོ་རྒྱལ། །གཉུག་མའི་གཞི་རྩ་འོད་གསལ་གཞི་དབྱིངས་ཉིད། །འབད་མེད་ལྷུན་གྲུབ་ གདུལ་བྱའི་མོས་ངོ་དང༌། །འཚམས་པའི་མཛད་པ་མཁའ་མཐར་སྤྲོ་བ་ཅན། །རིག་འཛིན་ རྒྱལ་ཀུན་འདུས་པའི་བླ་མ་མཆོད། །ངོ་མཚར་དཔག་ཡས་ཆོ་འཕྲུལ་འབུམ་འབྱེད་པ། །དྲག་ རྩལ་སྟོང་གི་ཕྲིན་ལས་གཟི་འོད་འཁྱུགས། །སྒྲུབ་ལ་དངོས་གྲུབ་སྩོལ་བའི་མཐུ་མངའ་བ། །སེང་ཆེན་ཡིད་བཞིན་ནོར་བུས་དགེ་མཚན་ཕོབ། །གང་གི་གསང་བ་གསུམ་གྱི་མཛད་པའི་ མཐའ། །ཀུན་མཁྱེན་མཆོག་གི་ཇི་བཞིན་སྤྱོད་ཡུལ་ལས། །ཆ་ཙམ་ཀུན་རྟོག་སྣང་བའི་འཆར་ སྒོ་འགའ། །འདི་ན་མ་བཅོས་རང་ཤུགས་ཉིད་ཀྱིས་བརྗོད། ། དེ་ཡང་སྔོན་ཆད་སྲིད་པའི་སྐལ་པ་འདིའི་ནང་གི་ཐོག་མའི་གོང་རོལ་ན་མགོན་སྣང་བ་ མཐའ་ཡས་ཀྱི་རྣམ་པར་འཕྲུལ་བ་མཚོ་སྐྱེས་རྒྱལ་བ་གཉིས་པ་གུ་རུ་པདྨ་འབྱུང་གནས་ཀྱི་ ཐུགས་རྗེས་འགྱུར་བ་མེད་པའི་རང་གཟུགས་དཀར་པོའི་ཕྱོགས་ཀྱི་ལྷ་ཁམས་དར་བར་བྱེད་ 5-1-450 ཅིང་ནག་པོ་བདུད་རིགས་ཀྱི་ཚོགས་མ་ལུས་པ་མིང་གི་ལྷག་མར་མཛད་པའི་སྟོབས་ལྡན་ དགྲ་བླའི་དབང་པོ་སེང་ཆེན་ནོར་བུ་དགྲ་འདུལ་ཞེས་བྱ་བའི་གོ་འཕང་གི་ཆེ་བ་ལེགས་པར་ བཟུང་བས་གླིང་དཀར་སྟོད་ཀྱི་ས་ཆས་མཚོན་ཏེ་འཛམ་གླིང་ཡུལ་གྲུ་མཐའ་དག་ལ་དགེ་ཞིང་ བཀྲ་ཤིས་པའི་ངོ་མཚར་གསར་བ་མངོན་པར་བཞད་པའི་དགའ་སྟོན་ལྷག་པར་རྒྱས་པའི་ སྐབས་ཐམས་ཅད་ན་སྤྱིར་མཛད་ཚུལ་བསམ་གྱིས་མི་ཁྱབ་པ་དང༌། ཁྱད་པར་གླིང་གི་རྟ་རྒྱལ་ འཇོག་ཚུལ་ཀྱང་སྣང་ལུགས་ཀྱི་འཆར་སྒོ་འདྲ་མིན་ཤིན་ཏུ་མང་པོ་ལས་འདིར་རང་སྣང་གི་ ཚུལ་མདོ་ཙམ་བརྗོད་པ་སྟེ། དེ་ཡང་རེ་ཞིག་ན་གླིང་རྗེ་གེ་སར་རྒྱལ་པོ་དང༌། དཔོན་ཁྲོ་ཐུང་གཉིས་ནས་འདོ་བ་རྟ་ཡི་ བང་རྩལ་འགྲན་པས་རང་རང་གི་ཕྱོགས་ཀུན་ནས་དགའ་བའི་ཇི་བཞིན་རོལ་བ་ལས། གེ་ སར་ཁྲོ་ཐུང་ཉིད་རྣམ་གཉིས་ཙམ་གྱི་མཛད་ཚུལ་སྣང་ལུགས་ནི། ཐོག་མར་གླིང་རྗེ་གེ་སར་ རྒྱལ་པོས་ལྷའི་ཐུགས་རྒྱུད་བསྐུལ་བའི་གླུ་འདི་ལྟར་གསུངས་སོ། ། གླུ་ཨ་ལ་ཨ་ལ་ཨ་ལ་རེད། །མ་ཐ་ལ་གླིང་པའི་ལེན་ལུགས་རེད། །དབྱིངས་དག་པ་མི་ མངོན་གཞལ་ཡས་ན། །ལྷ་ཡི་དམ་ཞི་ཁྲོ་རབ་འབྱམས་ཚོགས། །ཐུགས་བརྩེ་ཆེན་གཟིགས་ པས་དགོངས་སུ་གསོལ། །རང་སེང་ཆེན་ནོར་བུ་དགྲ་འདུལ་གྱིས། །སྔོན་སྐལ་མང་གོང་ནས་ སེམས་རྒྱ་བསྐྱེད། །མ་འགྲོ་བའི་སྡུག་བསྔལ་སེལ་བའི་ཐབས། །ཆེས་འབད་པ་དུ་མས་དོན་ གཉེར་བྱས། །དག་མ་དག་ཞིང་དུ་འགྲོ་དོན་བསྒྲུབས། །གནས་རིགས་དྲུག་སྡུག་བསྔལ་ཚབ་ ཆེན་བསལ། །སླར་ད་ལན་འཛམ་གླིང་འདི་ན་སླེ བས། །ལས་དཀའ་དགུས་བདུད་རིགས་ འཇོམས་པ་དང༌། །ཡུལ་འཛམ་གླིང་འདུག་ཆུས་སྒྲུབ་ལགས་སོ། །དོན་དེ་ཕྱིར་དཀར་ཕྱོགས་ རྒྱས་པའི་ཆེད། །རང་རྒྱུག་རྩལ་འགྲན་པའི་དུས་བབ་ན། །འདོ་རྟ་མཆོག་བང་ཁ་འགྲན་པའི་ ཐབས། །དཔོན་ཁྲོ་ཐུང་རྒྱལ་པོའི་རྒྱུད་བསྐུལ་སླད། །གསུང་བརྫུ་མའི་བཀའ་ཚིག་གསལ་ 5-1-451 པོ་ཡིས། །སེམས་བློ་ཁ་རྩལ་འགྲན་ཕྱོགས་སུ་འགྱུར། །མཐར་རང་རྩལ་དབུ་འཕང་མཐོ་བ་ དང༌། །གཞན་ཕྱོགས་ཀྱི་ཕམ་ཁ་ཉེར་བླངས་ཏེ། །སྡེ་མང་པོའི་གསུང་གིས་ལེགས་བཀུར་ ཏེ། །གླིང་ཁྲ་མོ་མངའ་དབང་ཡོངས་བསྒྱུར་ནས། །ཆོས་བསྟན་དང་འགྲོ་ལ་ཕན་པ་བསྒྲུབས། །བདུད་ནག་པོའི་ཕྱོགས་ཀྱི་གཉའ་ནོན་དུ། །བདག་གེ་སར་རྒྱལ་པོར་འགྱུར་བར་ཤོག ། ཅེས་པ་དབྱངས་རྟ་སྙན་པའི་ལམ་ནས་དྲངས་ཏེ་བླངས་པས་ལྷའི་རྒྱུད་བསྐུལ་བའི་མཐུ་ ལས་མི་རིང་བ་ན། དུས་རེ་ཞིག་དཔོན་ཁྲོ་ཐུང་རང་གི་གནས་ན་བཞུགས་སྐབས་སུ་མཚན་མོ་ ཐོ་རེངས་ཀྱི་དུས་སུ་མནལ་ལམ་དུ་ལྷ་རྟ་མགྲིན་གྱི་ཞལ་བསྟན་ནས་གསུང་གསལ་བོའི་ལམ་ ནས་གདམས་པ་གླུ་རྟ་ལ་དྲངས་ཏེ་འདི་ལྟར་གསུངས་པ་སྟེ། གླུ་ཨ་ལ་ཨ་ལ་ཨ་ལ་རེད། །མ་ཐ་ལ་གླིང་པའི་ལེན་ལུགས་རེད། །ང་འདྲའི་ང་ངོ་ཨེ་ ཤེས་ཏེ། །ང་འདྲ་ང་ངོ་མ་ཤེས་ན། །ང་གསུང་མཆོག་པདྨ་རིགས་ཀྱི་བདག །དབང་ཆེན་ རྟ་ཡི་གཙུག་ཕུད་ཅན། །དཔོན་ཁྲོ་ཐུང་རྒྱལ་པོའི་ལྷག་ལྷ་ཡིན། །ས་འདིའི་ས་ངོ་ཨེ་ཤེས་ ཏེ། །ས་འདིའི་ས་ངོ་མ་ཤེས་ན། །ཁྲོ་ཐུང་དཔོན་གྱི་གདན་ས་རེད། །དབྱིངས་དག་པའི་ཞིང་ ནས་ཞི་ཁྲོའི་ཚོགས། །དཔལ་དབང་ཆེན་ལྷ་ཡི་སྐུར་བཞེངས་ཏེ། །དཔོན་ཁྲོ་ཐུང་ཐུགས་བློ་ འཁྲུང་བའི་ཕྱིར། །གནས་འདི་རུ་ང་ཡི་ཞལ་བསྟན་ཏེ། །བཀའ་མི་བསླུའི་བདེན་ཚིག་ཡང་ དག་བརྗོད། །རྗེ་བསོད་ནམས་སྟོབས་མངའ་ཁྲོ་ཐུང་ལགས། །ས་ལྷུན་གྱིས་གྲུབ་པའི་མངའ་ བདག་ཏུ། །འབངས་ཡོངས་ཀྱི་སྤྱི་དཔོན་གཅིག་གྱུར་ཏེ། །གཟུགས་ལྷ་ལུས་ཐོབ་པའི་བཙུན་ མོ་མཆོག །མགོན་མི་དབང་རྒྱལ་པོའི་ཁབ་ཏུ་བཞེས། །ལས་དབང་ཐང་དར་བའི་བསོད་ ནམས་ལྡན། །སྟོབས་མངའ་ཐང་ཆེ་བའི་དཔལ་ཡོན་ཏེ། །དཔོན་ཉིད་ནས་བདག་འཛིན་བྱ་ དགོངས་ན། །དུས་རིང་མིན་གཟའ་སྐར་བཟང་པོའི་ཉིན། །གླིང་ཁྲ་མོའི་འདུ་ཚོགས་བྱས་ པའི་དུས། །སྟོབས་ཉམ་ཆུང་འགགས་མོའི་ཇོ་རུ་དང༌། །འདོ་རྟ་ཡི་བང་རྩལ་འགྲན་བྱས་ཏེ། 5-1-452 །སྒང་རི་རྩེ་མང་པོ་བསྒྲིགས་པའི་འཚམས། །ས་མཐའ་རྒྱ་ཆེ་བའི་ཐང་མོ་ཆེ། །ཕྱོགས་ཁྱད་གྱི་ གོམ་པའི་འདོར་ལེན་མཛོད། །སྐབས་དེ་དུས་ཁྱོད་ཀྱི་རྩལ་ཁྱད་གོ།གླིང་ཁྲ་མོའི་མངའ་ཐང་ དབང་དུ་འདུ། །རྗེའི་ཁ་བླའི་རླུང་རྟ་དགུང་ལ་འཕྱུར། །གང་བསམ་པའི་ལས་ལ་དཀའ་ངལ་ མེད། །ཐུགས་དགོངས་པའི་བཞེད་དོན་ཐམས་ཅད་འགྲུབ། །གླུའི་གོ་དོན་དེ་དག་ཐུགས་ལ་ ཞོག །ཚིག་བདེན་པ་ཡི་དམ་ལྷ་ཡི་གསུང༌། །དོན་གང་ལ་བློ་རྩེ་གཉིས་མེད་མཛོད། །འདིའི་ བྱ་བ་མི་འགྱང་མྱུར་ན་བཟང༌། །རྗེ་ཁྲོ་ཐུང་རྒྱལ་པོའི་ཐུགས་དཔྱོད་གྱིས། ། ཞེས་གསུངས་ཉམས་འཆར་ཟིན་པ་དང་མཉམ་དུ་མནལ་སད་པ་དུས་མཉམ་དུ་བྱུང་ཚེ་ ཁོང་གི་ཐུགས་ལ་དགའ་སྤྲོ་ཚད་བྲལ་འཕེལ་བའི་ངང་ནས་བཙུན་མོ་ལ་བོས་ཏེ་ཡིན་ལུགས་ ཀྱི་ཚུལ་གླུ་རྟ་ལ་དྲངས་བཞིན་འདི་ལྟར་སྨྲས་སོ། ། གླུ་ཨ་ལ་ཨ་ལ་ཨ་ལ་རེད། །མ་ཐ་ལ་གླིང་པའི་ལེན་ལུགས་རེད། །ལྷ་མི་བསླུའི་བདེན་ པ་གསུངས་པའི་མགོན། །དཔལ་སྣང་བ་མཐའ་ཡས་ཁྲོ་བོའི་སྐུ། །མདང་བྱིན་རླབས་ཡ་ མཚན་ཨ་ལ་ལ། །ཐུགས་བདེན་པའི་གཟིགས་སྟོབས་ཆེ་རྒྱུ་འདི། །ཀུན་གཟིགས་པའི་ཡེ་ ཤེས་མངའ་རྟགས་རེད། །སེམས་ངང་ཚུལ་བཟང་པའི་བཙུན་མོ་ལ། །གཏམ་ཡ་མཚན་ཆེ་བ་ བརྗོད་རྒྱུ་གདའ། །མདང་ཐོ་རེངས་དུས་སུ་སླེ བས་པའི་ཚེ། །སེམས་མནལ་ལམ་བདེ་བའི་ སྣང་བ་ལ། །ལྷ་དབང་ཆེན་མགོན་གྱི་ཞལ་བསྟན་ནས། །བཀའ་བདེན་པའི་ཐ་ཚིག་འགྱུར་ མེད་གསན། །རྗེ་རང་གི་དཔལ་ཡོན་ལེགས་འདོད་ན། །འདོ་རྟ་ཡི་རྩལ་ཁ་འགྲན་དགོས་ གསུངས། །མ་འགག་ཟའི་ཇོ་རུ་ཕབ་དགོས་གསུངས། །རྗེ་ང་ཡི་རྩལ་ཁྱད་འདོན་དགོས་ གསུངས། །དོན་འདི་བཞིན་གྱིས་དང་བསམ་དོན་འགྲུབ། །ཤར་ཁྲ་མོ་གླིང་ལ་མངའ་དབང་ བསྒྱུར། །རིགས་ལྷ་གཟུགས་ཐོབ་པའི་བཙུན་མོ་ལོན། །དཔལ་ཆེ་ཐང་ཨ་སྔོན་དགུང་དང་ མཉམ། །ཚུལ་འདི་ལ་ནམ་ཡང་འགྱུར་བ་མེད། །ལྷ་ཡི་དམ་ཞལ་ནས་དེ་སྐད་གསུངས། །ད་ 5-1-453 དེ་དོན་བསྒྲུབ་པའི་དུས་ལ་བབ། །གླིང་ཁྲ་མོའི་ཡུལ་ལ་སྐད་བསྒྲགས་མཛོད། །མི་ང་ཡི་སྒྱུ་ རྩལ་ངོམ་པའི་དུས། །ལོ་འདི་ཉིད་ཡིན་པར་ངེས་ཐག་ཆོད། །ལྷ་ཡི་དམ་བཀའ་ལ་བསླུ་བ་ མེད། །དོན་དེ་ཀུན་བཙུན་མོའི་སེམས་ལ་ཟུང༌། ། ཞེས་སྨྲས་པའི་ཚེ། དེ་ལ་བཙུན་མོས་ཡིད་ཅུང་མ་ཆེས་པའི་སྟབས་ཀྱིས་བདེན་པའི་ཡིན་ ལུགས་སེམས་ལ་འཆར་ཚུལ་གྱི་གླུ་རུ་བླངས་པ། གླུ་ཨ་ལ་ཨ་ལ་ཨ་ལ་རེད། །མ་ཐ་ལ་གླིང་པའི་ལེན་ལུགས་རེད། །སྐྱབས་ཀུན་འདུས་ ལྷ་མོ་སྒྲོལ་མ་མཁྱེན། །ཆོས་ཡིན་ལུགས་གསལ་བར་བྱིན་གྱིས་རློབས། །དཔོན་ཁྲོ་ཐུང་ རྒྱལ་པོའི་ཐུགས་རྩེ་གཏོད། །མོའི་སེམས་ལ་འཆར་ཚུལ་གླུ་རུ་ལེན། །རྗེ་མི་དབང་དཔོན་ གྱི་ཐུགས་བློ་ཕོབ། །ལྷ་ཡི་དམ་ཞལ་རས་དངོས་མཇལ་ནས། །གསུང་བདེན་ཚིག་རྙེད་ན་མི་ བསླུ་མེད། །མདང་རྨི་ལམ་ཟ་ཟའི་སྣང་བ་ལ། །ལྷའི་ཞལ་གསུང་མཐོང་ཐོས་ཡོད་སྣང་དེ། །མ་འགག་མོའི་ཇོ་རུ་མདོག་ངན་ཡང༌། །མགོན་རིག་འཛིན་བླ་མའི་རྣམ་སྤྲུལ་ཡིན། །འདིའི་ ཆོ་འཕྲུལ་རོལ་པ་བསམ་མི་ཁྱབ། །ལྷ་དངོས་སམ་བརྫུ་བག་ཆ་མ་མཆིས། །ཁྱོད་བདེན་ པའི་རང་སེམས་རང་གིས་ནོན། །ཐོབ་དགེ་མོ་འདི་ལ་གཞན་མི་དགོས། །ཐོབ་གོ་ས་མཐོ་ལ་ རྔམས་ཆེས་ན། །དེ་འདོད་ཕྱོགས་མི་འོང་ལོག་པ་ཡོང༌། །ཚོད་རང་གིས་ཟིན་པ་མི་རབ་ཡིན། །ལས་བྱ་བ་མང་བས་དོན་འགྲུབ་དཀའ། །རྗེ་རང་སའི་གནས་ལ་བཞུགས་ན་སྙམ། །འདུག་ མ་ཤེས་མི་ལ་སྐྱིད་པོ་མེད། །མི་སྐྱིད་པོ་ཡིན་དུས་དྲན་རྒྱུ་མང༌། །གང་དྲན་ཚད་བྱས་ན་མཐའ་ མ་སྡུག །མི་རྒས་པས་བག་མ་གསར་བླངས་པ། །ཚེ་ཐ་མ་སྡུག་ལ་སྐོར་བ་ཡིན། །དེ་སྐྱིད་པོ་ ཡིན་ནམ་ཐུགས་བསམ་ཐོང༌། །ཆོས་མིན་ཀྱང་ཆོས་བརྫུ་བྱེད་པ་མང༌། །ལྷ་མིན་ཀྱང་ལྷ་ལྟར་ བཅོས་པ་ཡོད། །དོན་ཡིན་ལུགས་ཀུན་ལ་བརྟགས་དཔྱད་དགོས། །ད་དྲན་ཚད་བཞག་ན་མོ་ རང་འཐད། །བདག་བུད་མེད་བློ་ལ་ཕུགས་གཏུག་མེད། །དེ་མིན་ཀྱང་སེམས་ཀྱི་འཆར་ཚུལ་ 5-1-454 བརྗོད། །ཡབ་ཁྲོ་ཐུང་ཐུགས་ལ་དེ་ལྟར་ཞོག ། ཅེས་ཟེར་བ་ལ་ཁྲོ་ཐུང་གི་ཐུགས་དགྱེས་པའི་ཉམས་མི་མངའ་བའི་ཚུལ་གྱིས་ཁྲོས་པའི་ ངར་གླུ་འདི་ལྟར་བླངས། ཧ་ཧ། དཔལ་ཁྲོ་རྒྱལ་ཀུན་གྱི་རང་གཟུགས་ཆེ། །མགོན་ཧྱ་གྲ໏་ཝ་དབང་སྡུད་ལྷ། །སྐུ་ གཟི་བརྗིད་ཉི་མའི་དཀྱིལ་འཁོར་ལྟར། །སེམས་དྭངས་པའི་མཁའ་ལ་ལེགས་ཤར་ཏེ། །བཀའ་འགྱུར་མེད་ཐ་ཚིག་གནང་བ་དེ། །སེམས་སོམ་ཉིའི་སྒྲོག་གིས་བཅིང་བ་དེ། །ཁྱོད་ སེམས་རྩ་བདུད་ཀྱིས་བརླབས་པའི་རྟགས། །ད་བདུད་མོའི་ལབ་སྒྲ་མ་མང་བར། །ངས་ཚིག་ དང་མཐུན་པའི་ལས་དོན་སྒྲུབས། །སྐྱེས་ཕོ་ངན་བློ་ཕུགས་མོ་ལ་གཏུག །སྐྱེ་ཕོ་འབྲི ང་ལས་ དོན་ཤེས་ལྡན་འདྲི། །ཕོ་རབ་ཀྱི་བྱ་བ་རང་གིས་རྟོགས། །ཐག་བློ་རྩེ་གཅིག་དྲིལ་འཆུག་མེད་ ཡིན། །ངའི་བློ་མཐུ་ཇི་ལྟར་ངན་ནའང༌། །མོ་བུད་མེད་བློ་ལས་ཁྱད་ཐང་ཡོད། །རྗེ་དཔོན་གྱི་ གོ་ས་སླེ བས་པ་དང༌། །སྡུག་བུད་མེད་ངན་མ་བློ་མི་འདྲི། །ཚུལ་ཡིན་ལུགས་རང་ཐག་རང་ གིས་གཅོད། །ངའི་བཀྲ་ཤིས་དོན་གྱི་བྱ་བ་ལ། །ཁྱོད་མི་སྡུག་ནག་མོས་ལྟས་ངན་གཏོང༌། །དེ་ བཟང་པོ་ཡིན་ནམ་གདོང་དམར་མ། ། ཟེར་ནས་ཁྲོས་པའི་སྡང་མིག་དང་བཅས་ཏེ་བཀའ་བསྐྱོན་དྲག་པོའི་གསུང་ཚིག་ནན་ མོས་བཙུན་མོ་ལ་ཁྲ་མོ་གླིང་དཀར་གྱི་སྟོད་སྨད་ཐམས་ཅད་ལ་འཚོགས་འདུ་ཆེན་མོའི་དྲིལ་ བསྒྲག་དགོས་ཚུལ་ཆེས་ཆེར་གསུངས་པ་ལྟར་མངག་པའི་ཕོ་ཉའི་བང་གིས་ཕྱོགས་ཀུན་ལ་དེ་ ལུགས་ཀྱི་སྐད་གཏོང་བྱས་པས་གླིང་ཆེ་འབྲིང་ཆུང་གསུམ་གྱི་མི་དཔོན་དཔའ་ཐུལ་དག་གིས་ གཙོས་ཡུལ་མི་ཐམས་ཅད་ལྷན་ཅིག་ཏུ་འདུས་ཏེ་གླིང་དཀར་མོའི་ཐང་དུ་སྒར་བཏབ་ནས་ གནས་སྐབས་རྗེ་སྤྱི་དཔོན་རྒན་པོས་འདུ་ཚོགས་ཀྱི་ལས་དོན་འདྲི་བའི་གཏམ་གྱི་གླུ་ཚིག་འདི་ སྐད། 5-1-455 གླུ་ཨ་ལ༴ མ་ཐ་ལ་གླིང༴ ས་འདིའི་ས་ངོ་ཨི་ཤེས་ཏེ། ས་འདིའི་ས་ངོ་མ་ཤེས་ན། །གླིང་ དཀར་མོའི་འདུ་རའི་ཐང་ཆེན་རེད། །མི་ང་འདྲའི་ང་ངོ་ཨི་ཤེས་ཏེ། །མི་ང་འདྲའི་ང་ངོ་མ་ ཤེས་ན། །སྤྱི་དཔོན་ཨ་མྱེ་ཁྲ་རྒན་ཡིན། །ད་ན་སོ་རྒན་པའི་མགོ་མ་རེད། །སྤྱིར་གླིང་འདིའི་ སྐྱིད་སྡུག་མང་པོ་ཤེས། །ཡུལ་སྡེ་བའི་ལེགས་ཉེས་འདྲ་མིན་དང༌། །མི་རྒན་གཞོན་བར་མའི་ འདུག་ཆས་དང༌། གླིང་དཔོན་གྱིས་ཆས་འབངས་སྐྱོང་ལུགས་དང༌། །འབང་སྲི ད་སྡེས་ཁྲིམས་ ལུགས་འཛིན་ཚུལ་སོགས། །ཤར་གླིང་དཀར་ཁྲ་མོའི་ས་ཆ་འདིའི། །སྔར་གང་སོང་ཚུལ་ལ་ ཆ་ཞིབ་ཡོད། །ཁར་སང་ཉི་མའི་དུས་ཚོད་དུས། །ལས་གློ་བུར་འདུ་འཚོགས་སྐད་བསྒྲགས་ བྱས། །གླིང་དཀར་མོའི་ཐང་ལ་འདུ་ཆེན་ཚོགས། །གླིང་ཆེ་རྒྱུད་འབྲི ང་རྒྱུད་ཆུང་རྒྱུད་གསུམ། །ཡོད་དགོས་པའི་དྲག་བློན་ཐམས་ཅད་འཛོམས། །ད་འཚོགས་འདུའི་ལས་དོན་ཇི་ལྟར་རེད། །མདང་གློ་བུར་དྲིལ་བསྒྲགས་ཅི་ཡི་དོན། །འདིར་དགོས་ལ་སྐབས་ཀྱི་དོན་དེ་ཤོད། །དོན་ མེད་པའི་ཚོགས་འདུ་ཅི་ལ་བྱེད། །ཁྱེད་འཚོགས་འདུའི་གཙོ་བོ་གང་ཡིན་ན། །ད་ལས་དོན་སྨྲ་ བའི་དུས་ལ་བབ། །གཏམ་གླེང་མོས་གོ་བརྡ་སྤྲད་པར་མཛོད། ། ཅེས་སྨྲས་མ་ཐག་ནས་དཔོན་ཁྲོ་ཐུང་གི་ལས་དོན་ཞིབ་གཏུག་གི་གླུ་བླངས་པ། གླུ་ཨ་ལ༴ མ་ཐ་ལ༴ ལྷ་ཞི་ཁྲོའི་བྱིན་རླབས་ཀུན་སྩོལ་བ། །སྐྱབས་དབང་ཆེན་རྟ་ཡི་གཙུག་ཕུད་ཅན། །མི་རང་གི་ལྷག་པའི་ལྷར་གྱུར་པ། །སེམས་གུས་པས་རེ་འདུན་དེ་རིང་བྱ། །མི་ང་ཉིད་སུ་ཡིན་ མ་ཤེས་ན། །དཔོན་ཁྲོ་ཐུང་དབང་ཕྱུག་རྒྱལ་པོ་ཡིན། །ས་འདི་ཚོའི་ཡིན་ལུགས་མ་ཤེས་ན། །གླིང་དཀར་ཐང་ཞེས་བྱའི་ས་དཀྱིལ་རེད། །སྐབས་ད་ལོ་དུས་ཡག་ཤར་བའི་ཚེས། །གླིང་ཁྲ་ མོ་ལྗོངས་ཀུན་བདེ་མོར་གདའ། །སྐྱིད་དགའ་བདེས་ཕོ་མོའི་ལུས་སེམས་འཚོ། །དཔོན་ཆབ་ འབངས་ཐམས་ཅད་དར་ཞིང་རྒྱས། །ཚེ་བསོད་ནམས་ཁ་རྗེ་འཕེལ་བའི་སྐབས། །ལས་བྱ་ བའི་དགའ་སྟོན་ཆེ་བ་བཀྱག །གླིང་ཁྲ་མོའི་འབངས་སྡེ་ཡོངས་རྫོགས་དང༌། །དགོས་འབྲུག་ 5-1-456 མོ་ལོངས་སྤྱོད་དང་བཅས་པ། །སུས་ཐོབ་ལོན་བྱ་བའི་རྒྱལ་ལ་བཞག །རྒྱལ་འཇོག་མཁན་ ཇོ་རུ་ངེད་གཉིས་བྱེད། །འདོ་གྱི་ལིང་བང་ཁའི་རྩལ་འགྲན་ནས། །ས་ཐག་རིང་ལུང་ཁག་བཅོ་ བརྒྱད་དང༌། །ཆེས་རྒྱ་ཆེན་ཐང་རླབས་ཉི་ཤུའི་བར། །འགྲོའི་མགྱོགས་པའི་གོམས་པ་འདོར་ ལེན་གྱིས། །ཆེས་ཁྱད་ཐང་ལོན་པ་སུས་སྔ་ན། །དེ་ཁྲ་མོ་གླིང་གི་མངའ་བདག་དང༌། །སྨན་ འབྲུག་མོའི་བདག་པོར་འགྱུར་ངེས་ཀྱི། །རྒྱལ་ཐོབ་ལེན་གྱི་ཐ་ཚིག་དམ་པོར་བཞག །ཡག་ རྟེན་འབྲེ ལ་གྱི་རྟ་འགྲོའི་རྩལ་ཕུད་སྐབས། །སྔོན་ལས་འཕྲོ་ཅན་དེ་གང་ཡིན་ན། །དེ་དུས་ སུ་ཡུལ་སྡེའི་དཔོན་དུ་གྱུར། །རྗེ་དབང་ཐང་ཆེ་བའི་རྒྱལ་པོ་དེའི། །སྟོབས་ཁ་རྗེའི་འཁྲུངས་ པའི་སྡེ་འབངས་རྣམས། །དུས་དེ་ནས་བཟུང་སྟེ་སྐྱིད་པོར་འགྲོ།ས་ཁྲ་མོ་གླིང་དཀར་བསོད་ ནམས་བྱས། །མགོ་མཐོ་དམན་མེད་པར་དགའ་སྐྱིད་འཛོམས། །བཅུད་རྫོགས་ལྡན་བཞིན་ དུ་བདེ་ལ་སྤྱོད། །དཔལ་འཕེལ་ཁ་དེ་ལས་ཆེ་མི་དགོས། །ལས་དོན་ཆེན་གྱིས་རྒྱལ་ཁམས་ བདེ་ལ་བཀོད། །སྐབས་དེ་ཙ་ན་རང་ཅག་བདེ་མོར་ཡོང༌། །འདིས་དོན་གྱིས་དེང་འདིར་དྲིལ་ བསྒྲགས་བྱས། །འབངས་སྡེ་ཆེན་འདུ་འཚོགས་བྱས་པ་ཡིན། །ད་སྐྱིད་ཀྱི་སྟོན་མོ་བྱེད་པ་རེད། །ལས་འདི་དོན་ལ་ཀུན་གྱིས་རེམ་པར་མཛོད། ། ཅེས་སྨྲས་པ་ན་འགག་མོའི་ཇོ་རུ་ཡང་འདུ་འཚོགས་ཀྱི་གྲལ་ན་ཡོད་པས་གསུང་གསལ་ བོའི་དབྱངས་ཀྱི་རྟ་ལ་དྲངས་ནས་ལན་གླུ་མཛེས་མོས་འགྱུར་ཁུག་འཐེན་པ་འདི་ལྟར། གླུ་ཨ་ལ༴ མ་ཐ་ལ༴ དཔལ་ཕྲིན་ལས་འབུམ་གྱི་གཟི་འོད་འབར། །བདུད་ནག་ཕྱོགས་ འཇོམས་པའི་མཐུ་སྟོབས་ཅན། །སྐུ་བགྲེས་རྒུད་བྲལ་བ་འཇའ་ལུས་གཟུགས། །ལྷ་པདྨ་ཀ་ རའི་ཐུགས་རྗེས་སྐྱོངས། །མི་རང་གི་ཡིན་ལུགས་མ་ཤེས་ན། །ང་འགག་ཟའི་ཇོ་རུ་རྩལ་རྒོད་ ཡིན། །ས་འདུ་ཚོའི་ཆ་རྒྱུས་མ་ཡོད་ན། །གླིང་ཁྲ་མོའི་ཐང་ཆེན་དཀར་མོ་རེད། །ང་ཇོ་རུའི་ ཆ་རྒྱུས་ཅུང་བཤད་ན། །སྟོབས་མངའ་ཐང་ཆེ་བ་ད་སྐབས་མེད། །སྡེ་ཆེན་པོ་དབང་བའི་ཁ་ 5-1-457 རྗེ་ཆུང༌། །འདོ་རྟ་མཆོག་མོད་པོ་ཅང་མེད་ཀྱང༌། །ཁོང་ཁུ་བོ་ཁྲོ་ཐུང་རྒྱལ་པོའི་བཀའ། །ད་ ཡར་བཟློག་མི་བྱ་ལས་དོན་བསྒྲུབས། །དོན་སྒྲུབ་ན་བྱ་བ་ཇི་ལྟར་བྱ། །རྩལ་འགྲན་ན་རི་ ཐང་ཇི་ལྟར་གཅོད། །རྒྱལ་སྐུག་ན་ཐོབ་ཐང་ཅི་ཙམ་བསྐུག །དོན་སྒྲུབ་པའི་ཉིན་མོ་གང་གི་ དུས། །རྩལ་འགྲན་ནས་ས་མགོ་གང་ནས་བྱ། །རྒྱུག་རྩལ་གྱི་རྟིང་པ་གང་དུ་འཇོག །མཐར་ རྒྱལ་རྟགས་ལོན་ཚད་ཅི་ནས་འཛིན། །དོན་དེ་དག་ཀུན་ཀྱང་ཐུགས་བསྡུར་ནས། །འཚོགས་ འདུ་བའི་གྲལ་ན་གསལ་བར་གསུངས། །གང་གསུངས་པའི་བཀའ་ལ་བདག་ཀྱང་འཇུག །ཁྱེད་འདིར་འཚོགས་དཔོན་བློན་འབངས་སྡེ་རྣམས། །རྗེ་ཁུ་བོའི་གསུང་སྣ་ཇི་བཞིན་མཛོད། །མཐར་གླིང་དཀར་ཡུལ་སྡེ་རེ་ཞིག་བདེ། །དེ་ཐུགས་ལ་དགོངས་སམ་འདུ་འཚོགས་ཀུན། །ང་ ཇོ་རུའི་ཞུ་བ་མདོར་བསྡུས་ཡིན། ། ཞེས་གསུངས་པའི་ལན་ཁྲོ་ཐུང་ནས་ད་ལམ་གྱི་འཇོག་མཚམས་བྱ་ལུགས་གདངས་རྔམ་ པའི་དབྱངས་རྟ་ལ་དྲངས་ནས་སླར་སྨྲས་པ། གླུ་ཨ་ལ༴ མ་ཐ་ལ༴ ཐུགས་གསང་བ་ཀུན་གྱི་རིག་སྔགས་འཛིན། །མགོན་ཧྱ་གྲྀ་ཝ་ དབང་གི་ལྷ། །སྐུ་པདྨ་ར་གའི་མདངས་གསལ་བ། །རྗེ་ཁྲོ་ཐུང་བསམ་དོན་འགྲུབ་པར་ཤོག ། ངས་བསམ་པ་རྒྱལ་ཁམས་བདེ་ལ་བཀོད། །སྡེ་ཡུལ་མི་བདེ་སྐྱིད་སྤེལ་ཐབས་བགྱིད། །ས་ གླིང་དཀར་ཁྲ་མོའི་ཡུལ་སྡེ་ཀུན། །དགོས་ཀུན་ལ་སྙོམས་པའི་བདེ་དགེས་སྐྱོང༌། །སེམས་ བསམ་པའི་འཁྱེར་སོ་དེ་ལྟར་ལགས། །དོན་དེ་ཕྱིར་དེང་འདིར་རྟ་རྒྱལ་སྐུག །རྒྱལ་འཇོག་ པའི་བྱ་ལུགས་འདི་ལྟར་ཡིན། །ཐོབ་ཐང་མ་གླིང་དཀར་ཡོངས་ཀྱི་སྡེ། །དེའི་ཁ་འཇོག་འབྲུག་ མོ་རྒྱུ་དང་བཅས། །རྒྱལ་འཇོག་རྒྱུའི་འབྱོར་བའི་ལོངས་སྤྱོད་ཡིན། །དོན་སྒྲུབ་པའི་ཉི་མ་འདིའི་ རྗེས་ཀྱི། །ཚེས་ཡར་ངོ་བཅུ་པའི་དུས་སྐབས་ལགས། །རྩལ་འགྲན་པའི་ས་མགོ་ནགས་རོང་ མཚམས། །བར་རྒྱ་ཆེན་ཐང་རླབས་ཉི་ཤུ་དང༌། །རི་ལུང་ཁོག་བཅོ་བརྒྱད་བརྒལ་མཚམས་ན། 5-1-458 །རྒྱུག་རྟིང་པ་གུ་ར་རྫ་ལ་གཏད། །རྫ་གུ་རའི་རྩ་ན་གསེར་ཁྲིའི་སྟེང༌། །དར་འབོལ་བརྩེགས་ དགུ་རིམ་གདན་ཆ་བསྒྲིགས། །རྫ་རི་བོའི་རྩེ་ན་དཔའ་མཁར་བརྩེགས། །མགྱོགས་རྒྱུག་པའི་ བང་རྩལ་སུས་སྔ་བ། །ཁྲི་དར་ཟབ་སྟེང་ནས་རྒྱང་གླུ་འཐེན། །རྩེ་དཔལ་མཁར་སྟེང་ལ་མདའ་ དར་འཛུགས། །མདའ་ཉག་ཕྲན་ལོན་པ་སུས་སྔ་ན། །མཐར་རྒྱལ་རྟགས་ལོན་ཚད་དེ་ནས་ འཇོག །རྒྱལ་སུས་ལོན་གླིང་གི་ཐོབ་བདག་རེད། །ཚེ་སྔོན་ནས་ལས་འཕྲོ་ཡོད་ངེས་ཡིན། །འབངས་ཡུལ་སྡེ་ཀུན་གྱི་རྗེ་བོ་ཡོང༌། །ཀུན་བདེ་ལ་བཀོད་པའི་བྱེད་པོ་ཞིག །སུས་ཡོང་ན་ད་ རེས་གོ་རྒྱུ་རེད། །གླུ་དེ་ཀུན་འདིར་འཚོགས་ཐུགས་ལ་ཞོག ། ཅེས་པའི་བཀོད་རིམ་བཞིན་གླིང་སྡེ་སྤྱིའི་ནང་ན་སྐབས་དེར་འདྲ་མིན་གྱི་སྨྲ་ལུགས་མང་ ནའང་མཐའ་མ་ཁུ་བོའི་བསམ་པ་ལྟར་གྱི་རྟ་རྒྱལ་འཇོག་པའི་དུས་མཚམས་འཆུག་མེད་ཀྱི་ སེམས་ཐག་བཅད་དེ་འགག་ཟའི་ཇོ་རུ་དང་ཁྲོ་ཐུང་གཉིས་ནས་རང་ཤོག་བསྒྲིགས་ཏེ་རང་ རང་གི་རྒྱུག་རྟ་མྱུར་རྩལ་དང་ལྡན་པ་ཆ་ཀ་གང་དགོས་དག་དང་བཅས་ཏེ་ལེགས་ངེས་ཀྱི་སྟ་ གོན་གྲུབ་ཟིན་པར་བགྱིས་ཏེ་རང་ཤོག་སོ་སོའི་ལྷ་བསང་རིམ་གྲོ་དང་བཅས་ཏེ་སྨད་རོང་ཐང་ སྐྱ་བོའི་གནས་སུ་མི་སྡེ་མང་པོའི་དཔུང་བསྒྲིགས་བཞིན་གླིང་སྡེ་ཀུན་མཐོ་བག་ལུས་འཛོམ་དུ་ སླེབས་པའི་དུས་སུ་ཐོག་མར་ཇོ་རུས་རྟ་རྒྱུག་ཚུལ་གྱིས་གླུ་དབྱངས་སྙན་འཇེབས་ཀྱི་འགྱུར་ ཁུག་འཐེན་པ་འདི་ལྟར། གླུ་ཨ་ལ༴ མ་ཐ་ལ༴ དབྱིངས་དག་པ་ནམ་མཁའ་དང་མཉམ་ནས། །སྐྱབས་ནམ་ཡང་མི་ བསླུ་རིན་ཆེན་གསུམ། །བུ་ཇོ་རུའི་མགོན་སྐྱབས་དཔུང་གཉེན་མཛོད། །ཞིང་གཡུ་ལོ་བཀོད་ པའི་ཕོ་བྲང་ནས། །མ་མྱུར་མ་དཔའ་མོའི་རྣམ་འཕྲུལ་ཉིད། །བུ་རང་གི་གཉེན་དུ་ལེགས་བྱོན་ པ། །གནམ་ནེ་ནེ་གོང་སྨན་རྒྱལ་མོ་མཁྱེན། །རང་གང་བསམ་དོན་དེ་མྱུར་འགྲུབ་མཛོད། །མི་ ང་ཡི་ཡིན་ལུགས་མ་ཤེས་ན། །གཡོག་འགག་ཟའི་བུ་ཕྲུག་ཇོ་རུ་ཡིན། །ས་འདི་ལ་ཆ་ཞིབ་མ་ 5-1-459 ཡོད་ན། །སྨད་རོང་གི་བཀྲ་ཤིས་སྐྱ་ཐང་རེད། །དུས་དེ་རིང་ཉི་མའི་དུས་ཚོད་དུ། །རྗེ་ཁུ་བོའི་ ཐུགས་བསམ་བསྒྲུབ་པའི་ཆེད། །རྟ་མགྱོགས་པའི་བང་རྩལ་འགྲན་སྐབས་རེད། །རྗེ་ཁུ་བོ་ ཁྲོ་ཐུང་སྟོབས་རྩལ་ཅན། །ཁྲ་མོ་གླིང་སྡེའི་སྤྱི་དཔོན་རེད། །ན་སོ་སོང་བའི་ཤེས་ལྡན་རེད། །ངེད་ཅག་རྟེན་སོ་གཅིག་གྱུར་ཁྱོད། །ཐུགས་དགོངས་པ་ནམ་མཁའ་མཉམ་པ་ལ། །ཡིན་ དེ་ལུགས་རྟོགས་པ་དཀའ་མོད་དེ། །ཁྱོད་ཐུགས་ལ་རྟ་རྩལ་འགྲན་ཐབས་དགོངས། །ང་ཇོ་ རུའི་འགྲན་ཟླ་བྱེད་ན་དགོངས། །གླིང་ཁྲ་མོའི་དུས་སྟོན་བཞག་ན་དགོངས། །ཀུན་བསམ་ པ་མཉམ་པོ་བཅས་ན་དགོངས། །ངེད་གླིང་སྡེ་ཨ་ཁུའི་བསམ་པ་བསྒྲུབས། །དགོས་ཇོ་རུའི་ ཁུ་བོའི་གསུང་ལ་ཉན། །གསུང་བཀའ་བཞིན་ད་རེས་བསྒྲུབ་ལེ་ཡིན། །ད་རྟ་རྒྱུག་བྱེད་པའི་ དུས་བབ་ཚེ། །མགྱོགས་རྒྱུག་པའི་སྔ་མ་ཨ་ཁུས་མཛོད། །ཁོང་ན་སོ་རྒན་པའི་སྐུ་སྐལ་ཡིན། །རྩལ་རྒྱུག་པའི་ཕྱི་མ་རང་ནས་བྱེད། །བདག་ན་སོ་གཞོན་པའི་ཐ་ཚིག་འཛིན། །དཔལ་རྒྱལ་ ཁ་སུས་ལོན་སྔོན་ལས་རེད། །རྟ་རྒྱུག་པ་མ་འཕྱི་སྔ་མོ་གྱིས། །ལུས་རྩལ་དྲུག་འཛོམ་པ་སྐྱེས་ བུའི་རྒྱན། །འདོ་བང་ཁ་རྒོད་པ་རྟ་ཡི་མཆོག །རྩལ་གང་ཡོད་དེ་རིང་འགྲན་སྐབས་ཡིན། །གླུ་ དེ་ཚོ་ཨ་ཁུའི་ཐུགས་ལ་ཞོག ། ཅེས་སྨྲས་མ་ཐག་ནས་ཁུ་བོ་ཁྲོ་ཐུང་རང་ཉིད་ཀྱི་ལུས་གོས་དར་གྱི་ལྭ་བའི་སྟེང་ན་ཁྲབ་ དཀར་པོ་ཉིས་བརྩེགས་བྱས་ཏེ་དབུ་ལ་རྨོག་ཞུ་དང་སྐེད་ལ་སྟག་དོང་གཟིག་ཤུབ་སོགས་ དགྲ་བླའི་གོ་ཆ་མཛེས་པས་སྐུ་ལུས་ལེགས་པར་བརྒྱན་ཏེ་ཆིབས་རྟ་ལ་སྒ་ཆས་ཉེ་བར་ བསྒྲིགས་ཏེ་རང་ཤོག་གི་དཔུང་མང་པོ་དང་བཅས་ཏེ་རྟ་མཆོག་མཛེས་པའི་སྟེང་ན་སྐུ་འགྱིང་ བག་གི་ངར་དང་ལྡན་པའི་སྒོ་ནས་གསུང་འདུར་དབྱངས་ཀྱི་རྟ་ལ་དྲངས་ནས་གླུ་བླངས་པ། གླུ་ཨ་ལ༴ མ་ཐ་ལ༴ ལྷ་མི་འཇིགས་སྤོབས་པའི་མཐུ་ལྡན་པ། །མགོན་དབང་ཆེན་ ཁམས་གསུམ་དབང་སྡུད་ལྷ། །དཔལ་སྣང་བ་མཐའ་ཡས་ཁྲོས་པའི་སྐུ། །མི་བདག་གི་མགོན་ 5-1-460 དང་གྲོགས་ལ་བྱོན། །ལྷ་རྟ་མགྲིན་དབང་གི་བྱིན་རླབས་པ། །ལས་དབང་ཐང་ཆེ་བའི་ཁྲོ་ ཐུང་རྒྱལ། །མི་རང་གི་ཟ་ལྷ་གྲོགས་ཀྱི་ལྷ། །ཁ་འཛིན་དང་སྡོང་གྲོགས་ལེགས་མཛད་པའི། །དཀར་ཕྱོགས་ཀྱི་སྲུང་མ་ཐ་ཚིག་ཅན། །དུས་དེ་རིང་ང་ཡི་གྲོགས་ལ་བྱོན། །དཔལ་ལྷུན་གྱིས་ གྲུབ་པའི་བསོད་ནམས་ཀྱི། །ལས་དབང་སྐལ་བཟང་པོ་སྔོན་སོང་ཞིག ། དུས་ད་རེས་ཡོད་ ན་མེད་ན་ཡིན། །ལས་རྟེན་འབྲེ ལ་བསླུ་མེད་སྨིན་པར་ཤོག །མི་རང་གི་ཡིད་ལ་གང་བསམ་ དོན། །མགོན་རྟ་མཆོག་རོལ་པའི་ཐུགས་རྗེ་ཡིས། །འདིར་རེ་འདོད་གེགས་མེད་མྱུར་འགྲུབ་ མཛོད། །ས་འདི་ཚོའི་ས་ངོ་མ་ཤེས་ན། །རོང་སྐྱ་ཐང་བཀྲ་ཤིས་གཡས་འཁྱིལ་རེད། །མི་ བདག་གི་ཡིན་ལུགས་མ་གོ་ན། །དཔལ་ཁྲོ་ཐུང་གླིང་གི་རྗེ་བོ་རེད། །འདོ་རྟ་འདིའི་ངོ་བོ་མ་ ཤེས་ན། །རྟ་སྨུག་ཆུང་རླུང་གི་གཤོག་ཅན་རེད། །སྒ་འདི་ཡི་ཡིན་ལུགས་མ་ཤེས་ན། །དངུལ་ སྒ་ཟླ་འོད་སྟོང་འབར་རེད། སྟན་འདི་ཡི་ཡིན་ལུགས་མ་ཤེས་ན། །བལ་སྟན་ཡང་འཇམ་ མཛེས་པ་རེད། །སྲབ་འདི་ཡི་ཡིན་ལུགས་མ་ཤེས་ན། །དངུལ་སྲབ་ཁྲ་མཛེས་ཡག་ལྡན་རེད། །ལུས་དཔའ་བོའི་གོ་ཆ་གསར་བ་གྱོན། །མཚོན་དཔའ་ཆས་མདའ་གཞུའི་སྐེ ད་འཁོར་བསྐོར། །ལས་རྒྱུ་རྩལ་འགྲན་པ་དེ་རིང་རེད། །རྒྱལ་སྟོན་མོ་འཇོག་ཉིན་དེ་རིང་རེད། །ལྷ་ཉི་མའི་སྲས་ པོས་སྲུང་སྐྱོབས་མཛོད། །མགོན་རྟ་ལྷའི་རྒྱལ་པོས་ཁ་འཛིན་གྱིས། །རྟ་འདོ་བའི་བང་རྩལ་ ཡོངས་རྒྱས་ནས། །མགྱོགས་མྱུར་མོ་གློག་འོད་འཁྱུག་པ་བཞིན། །ས་རི་ཐང་མང་པོ་མྱུར་ཆོད་ དེ། །ལས་རྟེན་འབྲེ ལ་ཕུན་སུམ་ཚོགས་པ་ཡིས། །དཔལ་རྒྱལ་ཁ་ཐོབ་པའི་བཀྲ་ཤིས་ཤོག ། ཅེས་སྨྲས་མ་ཐག་དཔོན་ཁྲོ་ཐུང་གི་ཤོག་སྡེ་དག་གིས་རང་རང་གི་རྟ་ཡི་རྩལ་ཁ་ཉེ་བར་ བསྐྱེད་དེ་རྒྱུག་མྱུར་མོའི་མགྱོགས་འགྲོས་ཀྱིས་རི་ཐང་བཅད་དེ་ལེགས་པར་སོང་ངོ༌། ། དེ་ནས་ཇོ་རུ་དཔུང་བཅས་ཀྱིས་ཀྱང་ཆེ་ཐབས་འདི་ལྟར་བསྐྱེད་དེ་རྗེ་ཁོང་གི་སྐུ་ཉི་མའི་ གཟི་འོད་འཕྲོ་བ་ལྟ་བུ་ལ་ངོ་མཚར་བའི་དར་ལྭ་ཕུ་དུང་ཅན་ལ་གསེར་གྱི་ཁྲབ་མོ་གཟི་འོད་ 5-1-461 སྟོང་འབར་བརྩེགས་ཏེ་གཡས་སྟག་དོང་རི་བཀྲ་གསལ་བ་དང་གཡོན་གཟིག་ཤུབ་ཐིག་ལེ་ གསུམ་ལྡན་ཟུང་གིས་རྐེད་ཆས་གསོལ་ཞིང་དབུ་མི་འཇིགས་གཡུ་འོད་འབར་བའི་རྨོག་ཞུ་ མནབས་ནས་སྐྱེས་བུ་དགྲ་ལྷའི་རྒྱལ་པོའི་སྐུར་བཞེངས་ཏེ་གླིང་རྗེ་སེང་ཆེན་རྒྱལ་པོ་འཁོར་ བཅས་ཀྱིས་ལྷ་རྟ་རྩལ་ལྡན་དག་ལ་སྒ་ཆས་མཛེས་པ་དག་གིས་སྤུད་དེ་རྗེ་རྒྱལ་པོས་སྐུ་མི་ འཇིགས་སྤོབས་པའི་འགྱིང་བརྗིད་འབུམ་གྱིས་ཉེ་བར་མཛེས་བཞིན་ཏུ་གསུང་དགྲ་བླ་ལྷ་ འབོད་ཀྱི་གདངས་རྟ་ལ་དྲངས་ནས་གླུ་གསུངས་པ། གླུ་ཨ་ལ༴ མ་ཐ་ལ༴གནས་དག་པ་འོག་མིན་བདེ་ཆེན་ཞིང༌། །ལྷ་གཅིག་ཆོག་ཆོས་སྐུ་ སྣང་མཐའ་ཡས། །ཐུགས་ཁྲོས་པའི་རྣམ་རོལ་ཁྲོ་བོའི་སྐུ། །དཔལ་གར་དགུའི་ཉམས་ལྡན་ པདྨ་དབང༌། །བདག་སེང་ཆེན་ནོར་བུས་གཙུག་གིས་མཆོད། །གནས་གཡུ་ལོ་བཀོད་པའི་ ཞིང་ཁམས་ན། །ལྷ་རྗེ་བཙུན་འཕགས་མ་ཐུགས་རྗེ་ཅན། །སྐུ་གནམ་སྨན་རྒྱལ་མོར་ཡོངས་ བཞེངས་པ། །བདག་ཇོ་རུའི་ཁ་འཛིན་གཡེལ་མེད་མཛོད། །རིགས་བླ་མ་རིག་འཛིན་ཀུན་གྱི་ བདག །ལྷ་རྩ་གསུམ་རྒྱ་མཚོ་སྤྲིན་སྤྲོ་བ། །བདུད་འབྱུང་པོ་ཀུན་གྱི་གཉའ་ནོན་པ། །སྐྱབས་ པདྨ་འབྱུང་གནས་འགྲོ་བའི་སྐྱབས། །མི་བདག་ལ་དུས་ཀུན་སྲུང་སྐྱོབས་ཞུ། །ལས་བྱ་བ་ གང་བྱས་ལམ་འགྲོ་མཛོད། །ས་འདི་ཚོའི་ས་ངོ་མ་ཤེས་ན། །སྐྱ་ཐང་བཀྲ་ཤིས་གཡས་འཁྱིལ་ རེད། །མི་ང་ཡི་ང་ངོ་མ་ཤེས་ན། །སྔར་འགག་མོའི་ཇོ་རུ་ཟེར་བ་དེ། །ད་སེང་ཆེན་ནོར་བུ་དགྲ་ འདུལ་ཟེར། །དཔལ་དགྲ་བླ་གསུམ་གྱི་སྙིང་རྡོ་ཡིན། །ས་གླིང་དཀར་ཡུལ་སྡེའི་མངའ་བདག་ ཏུ། །ཕུགས་ནམ་ཞིག་རྟེན་འབྲེ ལ་ཡོང་སྙམ་ཡོད། །ལུས་དགྲ་བླའི་གོ་ཆ་འཁོར་གསུམ་གྱོན། །རྩལ་འབུམ་ཕྲག་འཆར་སྒོ་སྐུ་ལ་རྫོགས། །སྟོབས་དཔག་ཡས་མངའ་བའི་ཕྲིན་ལས་ལས། །འདིར་ཆ་ཙམ་རྩལ་ཁ་སྟོན་པ་ཡིན། །མི་རང་གི་ཞོན་རྒྱུའི་རྟ་ཕོ་དེ། །ལྷ་རྟ་རྐྱང་རྒོད་རྩལ་ ཆེན་ཟེར། །རྟ་འདི་ལ་བསྟད་རྒྱུའི་བལ་སྟན་དེ། །བོད་ཀྱི་བལ་སྟན་གྲུ་བཞི་ཟེར། །སྟན་དེ་ཡི་ 5-1-462 སྟེང་གི་སྒ་འདིའི་མིང༌། །གསེར་སྒ་ཉི་མ་རང་ཤར་ཟེར། །རྟ་མཆོག་མགོ་ལ་འཇོག་རྒྱུའི་སྲབ། །གསེར་སྲབ་རྒྱལ་བུའི་དོན་འགྲུབ་ཟེར། །ངའི་གཡས་ཀྱི་སྟག་དོང་ཁྲ་བོ་དེ། །སྟག་ཤྭ་མའི་རི་ མོ་ལེགས་པར་བཀྲ། །འདི་ཉག་ཕྲན་མདའ་ཡི་བང་མཛོད་ཡིན། །གཡོན་གྱི་གཟིག་ཤུབས་ མདངས་བཀྲ་བ། །གཟིག་ཐིག་ལེ་ཁྲི་མ་འབུམ་ལྡན་དེ། །གཞུ་མཆོག་དཀར་འཇོག་པའི་སྣོད་ བཟང་རེད། །མགོ་དབུ་འཕང་ཨ་སྔོན་དགུང་ལ་རེག །དུས་ནམ་ཡང་འཇིགས་པ་མེད་པའི་ རྟགས། །རྨོག་གཡུ་འོད་འབར་བའི་ཞྭ་མཛེས་གྱོན། །འཁོར་དཔུང་གི་རྒྱུ་བ་ལེགས་བཀོད་དེ། །དཔལ་དགྲ་བླའི་སྡེ་ཚན་ལེགས་པར་བསྒྲིགས། །རྟ་འདོ་བའི་རྒྱུག་རྩལ་འགྲན་སྐབས་རེད། །དུས་དེ་རིང་གཟའ་སྐར་བཟང་པོའི་ཉིན། །རྗེ་ཁུ་བོའི་ཐུགས་ཀྱི་བཞེད་འདོད་ལྟར། །ཐོབ་ ལོངས་སྤྱོད་ཁ་རྗེ་རྒྱལ་ལ་བཞག །དུས་སྟོན་མོའི་དགའ་བདེའི་དཔལ་ལ་རོལ། །རྟ་འདོ་ བའི་བང་རྩལ་ཆེར་བསྐྱེད་དེ། །ང་སེང་ཆེན་ནོར་བུའི་སྲུང་མ་དང༌། །སྔོན་བསགས་སྟོབས་ ཆེ་བའི་བསོད་ནམས་ཀྱིས། །ལས་རྒྱལ་ཁ་ཡག་པོ་ལོན་པའི་སླད། །རྩལ་ཀུན་ནས་འགྲན་ པའི་དུས་སྐབས་རེད། །མགོན་སྣང་བ་མཐའ་ཡས་ཐུགས་རྗེས་གཟིགས། །ལྷ་རྟ་མགྲིན་རྒྱལ་ པོས་སྲུང་སྐྱོབས་མཛོད། །གནམ་གོང་སྨན་རྒྱལ་མོས་ཁ་འཛིན་གྱིས། །རྗེ་པད་མ་ཀ་རས་བྱིན་ རླབས་ཕོབ། །འདོ་རྟ་ཕོའི་བང་ཁ་རླུང་བས་མགྱོགས། །རྗེ་ཁུ་བོ་འཁོར་བཅས་རྟ་ཕོ་ལས། །རྒྱུག་རྩལ་ཁའི་འབུམ་འགྱུར་མཐོ་བར་ཤོག །ཕ་རོལ་རྟ་ཡི་མགྱོགས་འགྲོས་ཀྱིས། །རི་ཐང་ ཕྱེད་ལས་མ་བརྒལ་མཚམས། །རང་སེང་ཆེན་དཔུང་གི་རྟ་ཕོའི་འགྲོས། །ཆེས་མྱུར་བས་རྒྱལ་ རྟགས་ལོན་པར་མཛོད། །རྒྱལ་ལོན་ནས་འབངས་སྡེ་ཀུན་དབང་སྡེ། །ཡུལ་རྣམ་དཀར་ཆོས་ ཀྱི་སྐྱོང་བ་དང༌། །གླིང་ཁྲ་མོའི་ཡུལ་གྱི་སྐྱེ་འགྲོ་ལ། །སྐྱིད་བདེ་བའི་ཉི་མ་འཆར་བར་ཤོག ། བདུད་ནག་པོའི་སྡེ་རིགས་ཀུན་བཅོམ་ནས། །ལྷ་དཀར་བོའི་ཕྱོགས་ཀྱི་འཕེལ་ཁ་དར། །ཡུལ་ དགེ་མཚན་གསར་བས་སྐྱོང་གྱུར་ཅིག ། 5-1-463 ཅེས་གསུངས་མ་ཐག་ནས་སེང་ཆེན་འཁོར་དང་བཅས་པའི་ཆིབས་ཁ་བསྐྱོད་དེ་ མགྱོགས་ཁྱད་ཀྱི་རྩལ་ནམ་མཁའི་བྱ་འཕུར་བ་ལས་བརྒྱ་འགྱུར་གྱི་ལྷག་པར་ངོམས་པར་ བྱས་ཏེ་རྩལ་ཤེད་སྐད་ཅིག་མ་གཅིག་གིས་ཁྲོ་ཐུང་འཁོར་བཅས་ཀྱིས་རི་ཐང་ཕྱེད་ཙམ་ལས་ མ་ཆོད་གོང་ནས་གཏུག་རྟིང་གི་རྫ་རིའི་རྩ་བར་སླེབས་ཏེ་ཁྲི་དར་ཟབ་ཀྱིས་བརྒྱན་པའི་སྟེང་ ན་གླིང་རྗེ་གེ་སར་རྒྱལ་པོ་བཞུགས་སྟེ་དཔུང་འཁོར་ཚོགས་ཀྱིས་ཕྱོགས་མཚམས་སུ་བསྐོར་ བཞིན་པའི་ངང་ནས་རྒྱལ་རྟགས་ལྷ་སྲུང་འབོད་པའི་རྒྱང་གླུ་འདི་ལྟར་གསུངས། བསོ་བསོ། བདེ་ཆེན་ཞིང་མཆོག་གནས་བཟང་ཆེ་བ་ན། །འཆི་མེད་རྒྱལ་བའི་དབང་པོ་ གང་དེ་བསོ། །གནས་མཆོག་དག་པ་གཡུ་ལོ་བཀོད་པའི་ཞིང༌། །གང་དེར་ལེགས་བཞུགས་ མྱུར་མ་དཔའ་མོ་བསོ། །འཕགས་མའི་ཐུགས་སྤྲུལ་རང་ལ་བརྩེ་བའི་སྐྱབས། །གནམ་ཀྱི་ནེ་ ནེ་གོང་སྨན་རྒྱལ་མོ་བསོ། །གླིང་སྡེའི་མངའ་བདག་སེང་ཆེན་དགྲ་འདུལ་ངའི། ། སྐྱེས་ཀྱི་ཕ་ལྷ་དུང་སྐྱོང་དཀར་པོ་བསོ། །མ་ལྷ་གཡུ་ལྗང་ཕྱུག་མོའི་སྡེ་རིགས་དང༌། །ཟ་ ལྷ་ལྷ་མགོན་དམར་པོ་སྟོབས་རྩལ་ཅན། །གྲོགས་ལྷ་བརྩེ་ཆེན་བྱམས་པས་སྐྱོང་མཛད་བསོ། །དཀར་ཕྱོགས་སྡེ་ལ་ལེགས་པའི་ཁ་འཛིན་དང༌། །ནག་ཕྱོགས་རུ་དར་ས་ལ་བསྙིལ་མཁན་ བདག །དགྲ་ལྷ་ཆོས་ལ་དཀར་བའི་ལྷག་བསམ་ཅན། །སངས་རྒྱས་བསྟན་པ་སྐྱོང་བའི་ཆོས་ སྲུང་རིགས། །མ་ལུས་པ་དག་དབུ་འཕང་དགུང་ལས་མཐོ། །ལས་དཀར་སྔོན་སོང་མི་དམན་ སྟོབས་དང་ལྡན། །བསྟན་འགྲོའི་དོན་ལ་རླབས་ཆེན་སྤྱོད་པ་རྒྱས། །ཁྱད་པར་གླིང་དཀར་སྡེ་ ལ་བདེ་བསྐྲུན་པ། །ནག་ཕྱོགས་བདུད་སྡེའི་གཉའ་ནོན་སྟོབས་རྩལ་ཅན། །གེ་སར་སེང་ཆེན་ ནོར་བུའི་ངོ་སོ་མཐོ། །རྒྱུག་རྩལ་རྟ་ཡི་བང་ཁྱད་ལྷག་པར་མངོན། །རྒྱུག་རྟིང་གསེར་ཁྲི་དར་ ཟབ་བརྩེགས་སྟེང་ན། །དགྲ་བླའི་སྐུ་ཤུགས་ཕྱུང་ནས་རྒྱང་གླུ་འཐེན། །གེ་སར་སྡེ་དཔུང་ཀུ་ རའི་རྫ་རྩར་སླེ བས། །ཀུན་གྱི་དགའ་སྐྱིད་སྟོན་མོ་འཇོག་པའི་དུས། །ད་རུང་ཁྲོ་ཐུང་སྡེ་རིགས་ 5-1-464 ཤུལ་དུ་ལྷག །རི་ཐང་ཕྱེད་མཚམས་ཙམ་ལ་རྒྱུག་འདུར་བྱེད། །གུ་རུའི་རྫ་རྩར་ཐོན་ལ་རེ་ བ་མེད། །འདོ་བ་རྟ་ཡི་མྱུར་རྩལ་དམན་པའི་ཚེ། །ཧ་ཅང་ལྕག་གཞུས་བྱས་ན་ཆིབས་རྟ་ཆད། །སྦུག་ལོག་ཨ་ཐག་ཆད་པའི་དུས་སྐབས་ཡོང༌། །ཐོབ་ཐང་ལེན་ལ་ཐོབ་མེད་འགྱུར་ནས་འགྲོ། །ཨ་ཁུའི་ཐུགས་བསམ་ཇི་བཞིན་འགྲུབ་པ་དཀའ། །ཇོ་རུ་གཡོག་གི་གོ་ས་ན་འཕར་ཏེ། །གླིང་ རྗེ་དཔོན་གྱི་གནས་སུ་འདུག་ལེ་འདྲ། །ཚེ་འདིར་ལེགས་ཉེས་ཅི་འོང་སྔོན་ལས་ཡིན། །རང་ འདོད་རང་དགར་བསྒྱུར་བ་དཀའ་མོར་གདའ། །སྟོབས་ལྡན་ལྷ་སྲུང་ཀུན་གྱི་ཕྲིན་ལས་དྲིན། །སེང་ཆེན་སྔོན་བསགས་ལས་མཐུ་བཙན་པའི་སྟོབས། །ད་རེས་འདི་ན་དབང་ཤེད་ཆེ་བ་རེད། །རྩལ་གྱི་རྒྱལ་ཁ་རང་གིས་ལོན་ལེ་རེད། །ཁྲ་མོ་གླིང་གི་ཐོབ་བདག་བྱས་ན་ཆོག །ནག་པོ་ དགྲ་བཞི་ཆམ་ལ་ཕབ་ན་ཆོག །རྫོང་ཁག་མང་པོའི་གཏེར་མཛོད་བླངས་ན་ཆོག །ཀི་བསོ་ ཆ་འོ་དཀར་ཕྱོགས་ལྷ་རྒྱལ་ལོ། །དཔའ་བོ་དགྲ་བླའི་དབང་པོ་གེ་སར་བདག །ནམ་ཞིག་ བདུད་ཀྱི་གཉའ་ནོན་འགྱུར་ངེས་ཡིན། །དེ་དུས་འཛམ་གླིང་བདེ་ལ་འགོད་པ་རེད། །དེ་ཀུན་ འདིར་འཚོགས་རྣམས་ཀྱི་ཐུགས་ལ་ཞོག ། ཅེས་གསུངས་ནས་སྐད་ཅིག་ལ་རྫ་རྩེའི་དཔའ་མཁར་ཡོད་ས་ན་བདེ་བར་སླེབས་ཏེ་ དཔོན་གཡོག་ཀུན་བྱོན་ནས་དཔའ་མཁར་སྟེང་གི་ལྷ་མདའ་ལྟོང་བཟང་དར་སྣས་བརྒྱན་པ་ དག་སོ་སོར་ཕྱག་ན་བསྣམས་ཏེ་དཔོན་སེང་ཆེན་ནོར་བུ་དགྲ་འདུལ་གྱི་རྒྱལ་རྟགས་དགའ་གླུ་ རིང་མོ་དབྱངས་སྙན་འཇེབས་ཀྱི་རྟ་ལ་དྲངས་ནས་སླར་ཡང་གསུངས་པ་འདི་ལྟར་སྟེ། གླུ་ཨ་ལ༴ མ་ཐ་ལ༴ ཞིང་རབ་འབྱམས་དག་པ་སོ་སོ་ནས། །ལྷ་ཞི་ཁྲོ་རྒྱལ་བ་རྒྱ་མཚོའི་ ཚོགས། །དཔལ་ཕྲིན་ལས་འབུམ་གྱི་གཟི་མདངས་འབར། །ལས་དྲག་རྩལ་སྟོང་གི་བུ་ཡུག་ འཚུབས། །མ་འགྲོ་བ་བརྩེ་བའི་ཐུགས་རྗེས་གཟིགས། །བདག་སེང་ཆེན་ནོར་བུའི་གྲོགས་ ལ་ཕེབས། །ངེད་དཔོན་གཡོག་ཀུན་གྱི་མགོན་སྐྱབས་མཛོད། །མི་ང་རང་སུ་ཡིན་མི་ཤེས་ 5-1-465 ན། །གླིང་གེ་སར་ནོར་བུ་དགྲ་འདུལ་ཡིན། །ས་འདི་ཡི་གནས་ཚུལ་མ་ཤེས་ན། །རྫ་གུ་རུའི་ རི་རྩེ་མཐོན་པོ་ན། །གླིང་དཔའ་ཐུལ་རྒྱལ་རྟགས་ལོན་པའི་ཚད། །བཀོད་ལེགས་པའི་དཔའ་ མཁར་ཡོད་ས་རེད། །ལས་རྣམ་པར་སྨིན་པའི་ཁུར་བོ་ཅན། །གནས་རིགས་དྲུག་གནས་ན་ དབང་མེད་འཁོར། །སྡུག་ལྕི ་བས་མནར་བའི་འགྲོ་ཀུན་ལ། །སྐྱིད་བདེ་མོའི་དཔལ་ཁ་སྤེལ་ བའི་གཉེན། །མགོན་ཤཱཀྱ་ཐུབ་པའི་བསྟན་པ་དང༌། །དགོས་མཚོ་སྐྱེས་བླ་མའི་ཆོས་ཚུལ་ ཡིན། །འདི་སྐྱེ་དགུའི་བསོད་ནམས་ཞིང་མཆོག་ཏུ། །མཐར་རྗེས་སོར་ཡུན་རིང་གནས་བའི་ རྟགས། །དུས་དེ་རིང་རྒྱལ་རྟགས་ལོན་པ་རེད། །ལྷ་མགོན་པོ་ཚེ་དཔག་མེད་པ་དང༌། །རྗེ་ སྤྱན་རས་གཟིགས་དབང་རྣམ་གཉིས་ཀྱིས། །ཡུལ་བོད་ཁམས་བདེ་ལ་འགོད་པའི་རྟགས། །དུས་དེ་རིང་༴ ས་འཛམ་གླིང་ཡུལ་སྡེ་མཐའ་དག་ལ། །ཁྲིམས་དཀར་པོ་དགེ་བཅུའི་འགྲིགས་ ལམ་དེ། །ཡུན་རིང་པོར་ནུབ་མེད་གནས་པའི་རྟགས། །དུས་དེ་རིང༴ སྒོས་ཁྲ་མོ་གླིང་གི་ས་ ཆ་ན། །གླིང་རུ་སྡེའི་བསོད་ནམས་དབང་ཐང་དར། །མི་དགྲ་བླའི་མངའ་བདག་དཔའ་ཐུལ་ ཚོགས། །སྟོབས་དཔུང་ཤེད་བཙན་དར་ཆེ་བའི་རྟགས། །དུས་དེ་རིང༴ སེམས་གདུག་པའི་ ཞེ་སྡང་མེ་ལྟར་འབར། །ཆོས་འགྲོ་ལ་གནོད་འཚེ་ཆེར་སྤེལ་བ། །བདུད་ནག་པོའི་ཕྱོགས་ཀྱི་ སྟོབས་བཅོམ་སྟེ། །ཕུགས་རིང་མོ་འགྲོ་ཁམས་ཆོས་ལ་བཙུད། །གནས་རྒྱལ་ཁམས་ཡུལ་ བདེ་འོང་བའི་རྟགས། །དུས་དེ་རིང༴ སྟོད་གླིང་དཀར་ཡུལ་སྡེ་མ་ལུས་པ། །དབང་གང་ དགར་བསྒྱུར་བའི་ས་དབང་རྗེ། །གླིང་གེ་སར་རང་གནས་ཇི་བཞིན་བྱེད། །ངའི་བསམ་པའི་ དོན་ཀུན་འགྲུབ་པའི་རྟགས། །དུས་དེ་རིང༴ ཐུགས་འདོད་པ་ལྷག་པར་ཆེ་བ་ཅན། །སྡེ་མང་ པོ་རང་དབང་བྱ་སྙམ་པའི། །སེམས་ཕོ་ཚོད་མཐོ་བའི་ཁུ་བོ་རྗེ། །ཁོང་འདོད་པ་ཆེ་ཡང་དོན་ མེད་པའི། །ཚུལ་ཡིན་ལུགས་ཇི་བཞིན་མངོན་པའི་རྟགས། །དུས་དེ་རིང་༴ དཔོན་ཁྲོ་ཐུང་ དཔོན་ས་མ་ཐོན་པར། །དམའ་འབངས་སྡེའི་གྲལ་དུ་འདུག་དགོས་བྱུང༌། །གཡོག་ཇོ་རུའི་མ་ 5-1-466 བསམ་ལྷུན་གྱིས་གྲུབ། །དམའ་སྡེ་བའི་གྲལ་ནས་དཔོན་གོ་ཆོད། །འདི་ལྷ་ཐུགས་རྗེ་ཆེ་བའི་ བཀའ་དྲིན་དང༌། །ལས་སྔོན་ནས་བསགས་པའི་རྟེན་འབྲེལ་རེད། །གླིང་ཆེ་རྒྱུད་འབྲི ང་རྒྱུད་ ཆུང་རྒྱུད་གསུམ། །སྟོབས་རྩལ་ཆེན་དཔའ་ཐུལ་སུམ་ཅུ་དང༌། །དཔའ་ཡང་ཐུལ་དམ་པའི་མི་ བདུན་བཅས། །རྗེ་གཅིག་གི་མགོ་འཛིན་བྱེད་རྒྱུ་ཡོང༌། །དཔལ་མངའ་ཐང་ཐུན་མོང་གཅིག་ གིས་བྱེད། །ཡུལ་སྡེ་ཆེན་གཅིག་གི་མཐའ་རྒྱན་ཡིན། །སྡེ་གཞན་ལས་ཁྱད་པར་འཕགས་བྱེད་ རེད། །སྟོབས་རྩལ་ཁ་སུས་ཀྱང་འགྲན་མི་ནུས། །མགོན་ས་ཐོབ་སེམས་དཔའི་རྣམ་འཕྲུལ་ རེད། །ཤར་གླིང་དཀར་ཡུལ་སྡེའི་མགོ་འཛིན་བདག །ཕྱིའི་སྡང་དགྲ་མ་ལུས་འཇོམས་བྱེད་ ཡིན། །གླུ་གོ་ན་ཡིན་ལུགས་སྟོན་བྱེད་རེད། །དེ་མ་གོ་འབྲེ ལ་དོན་འཇོག་པ་དཀའ། །ཁྱེད་ ཅག་ཚོས་དེ་ལུགས་སེམས་ལ་ཟུང༌། །གླུ་དགའ་མོ་ལེན་དོན་དེ་འདྲ་རེད། ། ཞེས་གསུངས་ནས་ད་ལན་ང་གླིང་རྗེའི་རྒྱལ་པོའི་གདན་ས་ལ་གནས་པའི་སྔ་ལྟས་ཐོག་ མར་ཤར་བ་འདི་ཀ་ནི་སྤྱིར་རྩ་གསུམ་ཞི་ཁྲོ་རབ་འབྱམས་ཀྱི་ཐུགས་རྗེ་དང་ཁྱད་པར་དཔལ་ པདྨ་དབང་ཆེན་སྐུ་ལྔ་ལྷུན་གྱིས་གྲུབ་པའི་མཛད་ཕྲིན་གྱི་བཀའ་དྲིན་ཁོ་ནར་ངེས་པ་ཡིན་ གསུངས་ནས་སླར་ཡང་དབང་ཆེན་ལྷ་ལ་ཆེ་བསྟོད་ཀྱི་གླུ་ཚིག་གེ་སར་ཉིད་ནས་གསུངས་པ། དབྱིངས་དག་པ་འོག་མིན་ཞིང་མཆོག་ན། །ཐུགས་ཆོས་དབྱིངས་ཡེ་ཤེས་རྩལ་རྒྱས་པ། །སྐུ་རྣམ་འཕྲུལ་མཛད་པ་ཕ་མཐའ་ཡས། །མ་འགྲོ་བའི་རེ་སྐོང་ཡིད་བཞིན་དབང༌། །གསུང་ འགགས་པ་མེད་པ་ཡེ་ཤེས་མདངས། །ཐུགས་དག་པ་བདེ་ཆེན་པདྨའི་རིགས། །ལྷ་འཇིགས་ རྔམས་གཟི་བརྗིད་སྟོང་འབར་བ། །སྐུ་ཉི་གཞོན་འཆར་ཁའི་ཟེར་མདངས་འཕྲོ། །ཞལ་གཏུམ་ ཆེན་ཁྲོ་བོའི་རོལ་གར་གྱིས། །བདུད་ས་གསུམ་འབྱུང་པོ་ཟིལ་གྱིས་གནོན། །སྐུ་འགྱིང་བརྗིད་ ཆེ་བའི་དཔའ་བོའི་གར། །ཆེས་མཛེས་པའི་རྒྱན་བཟང་ཉེ་བར་བཀླུབས། །སྟོབས་འཇིག་ རྟེན་དྲེགས་ཅན་དབང་དུ་བསྡུས། །ལྷ་ཐུགས་རྗེ་གཞན་ལས་ཆེ་བ་ཅན། །བདག་སྒྲུབ་བོ་ 5-1-467 ཐུགས་རྗེས་གཡེལ་མེད་སྐྱོང༌། །དཔལ་མཛད་ཕྲིན་ནམ་མཁའ་དང་མཉམ་པ། །མགོན་སྣང་ བ་མཐའ་ཡས་ཁྲོས་པའི་སྐུ། །དབུའི་སྤྱི་གཙུག་རྟ་མགོའི་རྔོག་མའི་གསེབ། །བདུད་འབྱུང་ པོ་བསྲེ ག་པའི་མེ་སྟག་འཕྲོ། །མདོག་དམར་ནག་འབར་བའི་མེ་དཔུང་ཀློང༌། །སྟོབས་སྲི ད་ གསུམ་བླ་ན་སོན་པའི་འཕྲུལ། །དཔལ་ལག་ན་རྡོ་རྗེས་འགྲན་མི་བཟོད། །དབང་ཆེ་བའི་ འབྱུང་པོ་མི་མ་ཡིན། །སྟོབས་དཔག་ཡས་མངའ་བའི་སྡེ་ཚོགས་ཀུན། །དཔའ་ཞུམ་པའི་ སྲོག་གི་སྙིང་པོ་ཕུལ། །ཆེ་འགྲན་ཟླ་བྲལ་བའི་གཟི་བརྗིད་མངའ། །ལྷ་པདྨ་དབང་གི་ངོ་བོར་ བཞེངས། །རྩལ་དྲག་ཤུལ་འབུམ་གྱི་ཕྲིན་ལས་འབར། །ཐུགས་གསང་བ་གསུམ་གྱི་ཡོན་ ཏན་རྒྱས། །མཐུ་ནུས་པས་འགྲོ་ལ་ཕན་པ་སྒྲུབ། །ནང་ཐུགས་བརྩེ་བྱམས་པའི་རང་བཞིན་ ཅན། །མགོན་མེད་པའི་འགྲོ་ཁམས་སྐྱོང་བའི་གཉེན། །སྡུག་འཁོར་བའི་ཀློང་དུ་ཆུད་པའི་འགྲོ །ཞིང་བདེ་བ་ཅན་དུ་ཁྲིད་པའི་མགོན། །སྤྱིར་འགྲོ་བ་ཡོངས་ཀྱི་སྐྱབས་གནས་དང༌། །དགོས་ བྱོལ་སོང་རྟ་ཡི་རིགས་གྱུར་རྣམས། །གདོན་ཉེར་འཚེའི་རྒུད་པ་ཞི་བར་བྱེད། །ལུས་མདངས་ ལྡན་གཟི་བརྗིད་རབ་རྒྱས་ཤིང༌། །རིགས་གྲངས་མང་རྟ་མཆོག་ཆེར་འཕེལ་བ། །བང་རྩལ་ཁ་ རླུང་གིས་འགྲན་དཀའ་བ། །ཆེས་མྱུར་བའི་མགྱོགས་འགྲོའི་ཤུགས་དང་ལྡན། །དཔལ་ལྷུན་ གྲུབ་རྟ་ཡི་ཕྱྭ་གཡང་འབེབས། །རྟ་ཅང་ཤེས་ཉི་མའི་སྲས་པོ་དང༌། །འདོ་དྲུག་རྟ་ཡི་ཁ་འཛིན་ ལྷ། །སྐྱབས་བགྲང་ཡས་གཟུགས་ཀྱི་རྣམ་རོལ་པ། །མགོན་རྟ་ལྷའི་རྒྱལ་པོ་པདྨ་དབང༌། །གང་ བསྲུང་བྱའི་རྔོག་ཆགས་མ་ལུས་པ། །འདོ་གྱི་ལིང་རླུང་གི་གཤོག་ལ་འགྲན། །སྟོབས་རྩལ་ཁ་ འབར་བའི་དཔལ་མངའ་ཞིང༌། །སྐྱིད་ཚེ་གེགས་བྲལ་བའི་བདེ་སྐྱིད་སྤེལ། །དབྱངས་ཨ་ལ་ རྩ་གསུམ་ལྷ་ཡི་འཕྲུལ། །སྐྱབས་ཡང་དག་ཡེ་ཤེས་སྐུ་བཟང་ཅན། །ཞལ་བརྫུ་བག་འཆང་ བའི་གང་ལ་ཡང༌། །དོན་གཉུག་མའི་རང་ཞལ་ལྷང་ངེ་བ། །སྒྲུབ་མོས་འདུན་ཆེ་བའི་གང་ཟག་ ལ། །དུས་མི་འགྱང་མྱུར་ནས་གསལ་ཁ་སྟོན། །དཔལ་ཧྱ་གྲ໏་ཝས་བྱིན་རླབས་ཕོབ། །བདག་ 5-1-468 གླིང་རྗེ་གེ་སར་རྒྱལ་པོ་ལ། །ཐུགས་གསང་བའི་ཉི་མ་འཆར་བ་དང༌། །ལྷ་པདྨའི་དངོས་གྲུབ་ མྱུར་ཐོབ་ནས། །མ་འགྲོ་ཁམས་རྒྱ་མཚོའི་དོན་བསྒྲུབས་ནས། །སྐུ་འཇའ་ལུས་ངང་ནས་འཕོ་ བར་ཤོག ། ཅེས་པའི་གླུ་ཚིག་གསུངས་ནས་མཐར་རེ་ཞིག་ན་ཁྲོ་ཐུང་གི་ཤོག་ཀྱང་ངལ་བ་ཤིན་ཏུ་ ཆེ་བའི་ཉམས་ཀྱིས་དེར་སླེབས་ཤིང་ཤར་ཁྲ་མོ་གླིང་དཀར་གྱི་ཡུལ་སྡེ་ཐམས་ཅད་འཚོགས་ ཏེ་ཀུན་བློ་སེམས་མཐུན་པོའི་སྒོ་ནས་འགགས་མོའི་ཇོ་རུ་དེ་ཉིད་གླིང་རྗེ་གེ་སར་རྒྱལ་པོར་ མངའ་གསོལ་བའི་རྟེན་འབྲེལ་ཐོག་མའི་མགོ་ཚུགས་ཏེ་ཡ་མཚན་གྱི་ལེགས་ཚོགས་གསར་ བ་ཉེ་བར་འཆར་བ་དེ་ནས་བཟུང་འཛམ་གླིང་སྤྱི་དང་ཁྱད་པར་གླིང་དཀར་སྟོད་ཀྱི་ཡུལ་སྡེ་ མཐའ་དག་ལ་གླིང་རྗེ་གེ་སར་ཁོང་གིས་བདེ་སྐྱིད་ཀྱི་དགེ་མཚན་ཕུལ་དུ་བྱུང་བ་མངོན་པར་ སྤེལ་ཞིང་འཚེ་བྱེད་སྡང་དགྲའི་རིགས་མ་ལུས་པ་མིང་གི་ལྷག་མར་བྱས་པའི་སྒོ་ནས་བསྟན་ དང་འགྲོ་བའི་ལེགས་དོན་གྱི་དཔལ་དང་འབྱོར་བ་གོང་ནས་གོང་དུ་ཡར་ངོའི་ཟླ་བའི་འཕེལ་ ཁ་དང་ཆོས་མཚུངས་པར་བྱས་ཏེ་མཛད་པ་དང་ཕྲིན་ལས་ནམ་མཁའ་དང་མཉམ་པར་གྱུར་པ་ ཡིན་སྐད་དོ། ། ཚུལ་དེ་ལ་བརྟེན་ནས་གླིང་རྗེ་སེང་ཆེན་ནོར་བུ་དགྲ་འདུལ་གང་ཉིད་ཀྱི་ཡོན་ཏན་ལ་རང་ ཤུགས་ཀྱི་གུས་པས་བསྟོད་ཚིག་གི་མེ་ཏོག་གསར་བ་ཅུང་ཙམ་འབུལ་བ་ནི། ༀ་སྭ་སྟི། དགེ་ལེགས་བསོད་ནམས་བྱེ་བའི་རང་གཟུགས་ངོམ། །རྨད་བྱུང་མཛད་ཕྲིན་ འབུམ་གྱིས་འགྲོ་ཁམས་སྐྱོང༌། །ངོ་མཚར་རྣམ་འཕྲུལ་འཛད་མེད་ཅི་དགར་འགྱེད། །དཔག་ ཡས་སྟོབས་ཀྱི་དབང་ཕྱུག་སེང་ཆེན་རྒྱལ། །རང་སྣང་དག་པའི་ཡིད་ངོར་ལེགས་ཤར་ བ། །སྣ་ཚོགས་སྐུ་ཡི་བཀོད་པ་འདྲ་མིན་གྱིས། །སེམས་ལ་ཡ་མཚན་སྣང་བ་ལེགས་སྦྱིན་ པ། །སྤྲོ་བའི་ཡིད་ཀྱིས་ཤུགས་འབྱུང་བསྟོད་ཚིག་གླེང༌། །འདུ་སྣང་ཡིད་ཀྱི་འགྱུར་བག་སྐད་ 5-1-469 ཅིག་ལ། །འཇིགས་རྔམ་རླ་བྲག་རི་རྩེ་གནམ་གཟེང་བ། །ལྷང་ལྷང་ཀི་བསྭོ་ཆ་སྒྲ་ལྡིར་བ་ཡི། །རབ་དཀར་ཞོ་གསར་སྤུང་འདྲའི་ན་བུན་འཁྲིགས། །དེ་དབུས་འཇའ་ཟེར་དུ་མའི་ལྡིང་ཁང་ ན། །ཟླ་གཞོན་ར་གའི་རྡུལ་དང་འདྲེས་པའི་ཁམས། །དཀར་དམར་འོད་མདངས་ལྷག་པའི་ ཤ་ཚུགས་ཅན། །སྐྱེས་བུ་ན་གཞོན་གསར་བའི་ལང་ཚོ་ངོམ། །སྐུ་ཡི་འོད་ཟེར་འགེངས་པའི་ དར་གོས་ཚོགས། །ལྗང་གསལ་གཡུ་འོད་འབར་བའི་ཕུ་དུང་ཅན། །ངོ་མཚར་རི་མོ་འབུམ་ ལྡན་གྱོན་པའི་སྟེང༌། །གསེར་བཟང་ཞུན་མའི་རང་བཞིན་གོ་ཁྲབ་གསོལ། །དབུ་ལ་གཡུ་ ཡི་རྨོག་ཞུ་མཛེས་པ་མནབས། །སྐེ ད་པར་སྐྱེས་བུའི་དཔའ་ཆས་ཀུན་ནས་བརྗིད། །གཡས་ སུ་ལྷ་མདའ་ལི་མ་བསྒྲིག་པ་ཡི། །སྟག་དོང་སྟག་རིས་བཀྲ་བའི་རི་མོ་གསལ། །གཡོན་ དུ་མཆོག་དཀར་གཞུ་མོ་བཅུག་པའི་སྣོད། །གཟིག་ཤུབས་གཟིག་གི་ཐིག་ལེ་འབུམ་གྱིས་ མཛེས། །དགྲ་བླའི་གོ་ཆ་འཁོར་གསུམ་སྐུ་ལ་རྫོགས། །རྨད་བྱུང་སྒྱུ་རྩལ་དྲུག་ཅུ་རབ་ངོམ་ ཞིང༌། །ཕྱག་གཡས་དགོས་འདོད་འབྱུང་བའི་ནོར་བུ་དང༌། །གཡོན་པས་འདོད་དགུ་འཇོ་བའི་ གཏེར་བུམ་བསྣམས། །བསྒྲུབ་ན་གང་བསམ་དངོས་གྲུབ་སྩོལ་བ་དང༌། །བསྐུལ་ན་ཕ་རོལ་ དགྲ་སྡེ་འཇོམས་ལ་དཔའ། །སྐྱེས་བུ་དགྲ་བླ་ཡོངས་ཀྱི་གཙོ་བོ་མཛད། །ཕྲིན་ལས་དྲག་རྩལ་ སྟོང་གི་མཛད་པ་ཅན། །གསང་གསུམ་ཡོན་ཏན་མཆོག་མངའ་སེང་ཆེན་རྗེ། །མཛེས་བརྗིད་ ཉམས་ཀྱིས་རྟ་མཆོག་སྟེང་ན་འགྱིང༌། །འདོ་བ་གྱི་ལིང་ལྷ་རྟ་རྐྱང་རྒོད་གཡེར། །ཅང་ཤེས་ མྱུར་མགྱོགས་སྟོབས་ཀྱི་བང་རྩལ་རྫོགས། །སྤུ་སྡུག་ཡིད་འོང་རྟ་མཆོག་ཀྲོང་ངེ་བ། །མཚར་ བའི་ལེགས་ཆ་ཀུན་རྫོགས་འགྲོས་གོམ་མྱུར། །དེ་ལ་བལ་སྟན་གྲུ་བཞིའི་ཁེབས་བཟང་ཅན། །སྲབ་འཇམ་ཡང་མཛེས་རྒྱན་གྱིས་སྤུད་པ་ལ། །གསེར་སྒ་ཉི་མའི་ཟེར་མདངས་སྟོང་འབར་ བ། །སྣ་ཚོགས་རིན་ཆེན་ཕྲ་ཡིས་ཉེ་བར་མཛེས། །བསོད་ནམས་དབང་ཐང་དར་བའི་དར་ གོས་ཀྱི། །རྒྱུ་དག་བཟང་པོའི་རྒྱན་གྱིས་ཉེ་བར་བཀླུབས། །གང་བསམ་དོན་ཀུན་འགྲུབ་པའི་ 5-1-470 ལེགས་ལམ་ཅན། །གསེར་བཟང་ཁམས་ལས་གྲུབ་པའི་མཚར་སྡུག་འབར། །གཟི་བརྗིད་ འོད་སྣང་འཁྱིལ་པའི་གསེར་གྱི་སྲབ། །ཡ་མཚན་ལེགས་པའི་ཆ་ཡང་ཉེ་བར་ལྡན། །ངོ་མཚར་ མཛེས་པ་འབྱིན་པའི་གཟི་མདངས་རྒྱས། །ན་བུན་འཇའ་ཟེར་སྦུབས་ན་ལམ་ལམ་གསལ། །ཕྱོགས་མཚམས་ཀུན་ཏུ་སྐྱེས་ཆེན་དགྲ་ལྷའི་གཙོ། །སྟོབས་ཀྱིས་གཡུལ་ཆེན་བཟློག་པའི་ མཐུ་མངའ་ཞིང༌། །དཔའ་བོ་ཤིན་ཏུ་དར་བས་དགྲ་དཔུང་གཞོམ། །མཚོན་རྣོན་མུ་ཟི་རྒྱུ་སྐར་ སྣང་བརྙན་བཀྲ། །དགྲ་སྡེའི་སྲོག་གི་རྩ་བ་བརླག་པའི་གཤེད། །སྟོབས་ཆེན་རྒྱལ་སྲས་ཞལ་ ལུ་དཀར་པོ་དང༌། །དཔའ་མཛངས་འཕྲུལ་གྱི་རྩལ་ཁ་སྟོང་འབར་ཞིང༌། །དྲག་རྩལ་སྟོབས་ ལ་འགྲན་པའི་ཟླ་བྲལ་བ། །དཔའ་ཆེན་གཡུལ་སྟོབས་འཇོམས་པའི་དབང་ཤེད་ཅན། །སྐྱེས་ བུ་ཚ་ཞང་འདན་མ་དཔལ་རྩལ་བདག །ཕ་རོལ་དགྲ་སྡེའི་ཤ་ཁྲག་དུམ་བུར་གཏུབ། །དགྲ་ སྙིང་འབྱིན་ཞིང་ཁྲག་གི་དམར་གཡོས་མཁན། །དགྲ་བོ་གསོད་ལ་དགའ་བའི་སྡིག་སྟོབས་ ཅན། །ཤན་དམར་མེ་རུ་རྩེ་སོགས་དྲེགས་ལྡན་ཚོགས། །དགྲ་བླའི་གོ་ཆ་དཔའ་བོ་ཆས་ཀུན་ ལྡན། །དཔེ་དང་བྲལ་པའི་ཆོ་འཕྲུལ་འབུམ་དང་བཅས། །ཧ་ཧའི་གང་རྒྱང་ཀི་སྒྲས་དབྱིངས་ ཀུན་འགེངས། །དཔའ་ཆེན་འཇིགས་བརྗིད་རྔམ་པའི་སྐྱེས་བུ་མཆོག །སྣ་ཚོགས་འཕྲུལ་མང་ ལྡན་པ་ཕ་མཐའ་ཡས། །རང་རིགས་བྱ་བའི་ལས་ཀུན་སྒྲུབ་མཛད་ཅིང༌། །ཡ་མཚན་དགེ་ བའི་བཀོད་པ་ཅིར་ཡང་བསྒྱུར། །གཞན་ཡང་ཕྱོགས་མཚམས་ཀུན་ཏུ་མཛད་པའི་འཕྲུལ། །ཆུ་འཛིན་འཐུག་པོ་སྤུངས་པའི་བར་གསེང་ཀུན། །དབྱར་སྐྱེས་སྒྲ་དབྱངས་ལྡིར་བའི་རྔམས་ བརྗིད་འབར། །དམར་འོད་སྣང་བའི་གློག་དམར་རྒྱང་ཞགས་འཕེན། །འཇིགས་པའི་རླུང་གི་ བུ་ཡུག་ཕྱོགས་མཐར་ཁྱབ། །ལེགས་ཚོགས་འཕྲུལ་བཟང་བྱེ་བའི་བཀོད་པ་ཀུན། །མཐུ་ལྡན་ འཇིག་རྟེན་དྲེགས་པའི་འཕྲུལ་མིན་ཏེ། །ཀུན་གཟིགས་འོད་མཐའ་ཡས་པའི་མཁྱེན་བཟང་ ཀློང༌། །ངོ་མཚར་གཅིག་དང་དུ་མའི་རྣམ་རོལ་པ། །མཐའ་ཁྱབ་སྐྱེ་དགུའི་ཡིད་དང་འཚམས་ 5-1-471 པའི་འཕྲུལ། ཐབས་མཁས་འདུལ་བའི་མཛད་པ་སྟོན་འདི་མཚར། དེ་སླད་རང་སྣང་ཡིད་ ཀྱི་ཉམས་མྱོང་བུ། །དཔག་ཡས་མཛད་ཕྲིན་རྒྱ་མཚོའི་ཆ་ཤས་ཙམ། །གང་འདུལ་འཕྲུལ་གྱི་ དགའ་སྟོན་ལེགས་འབྱེད་པ། །ཉི་ཚེའི་རིས་སུ་ཆད་མིན་ནམ་མཁའི་མཐའ། །ངེས་པ་དོན་ གྱི་ཡིན་ལུགས་ཀུན་མཁྱེན་ཐུགས། །གདོད་ནས་དག་པའི་ཆོས་དབྱིངས་དྲི་མེད་ཁམས། །སྣ་ ཚོགས་སྣང་བའི་འཕྲུལ་ཆེན་སྟོང་འབར་བ། །རྩོལ་བྲལ་འབད་མེད་ལྷུན་གྱིས་གྲུབ་པ་ལས། །ཤུགས་འབྱུང་ཉི་མའི་ཟེར་བཞིན་སྤྲོ་བ་ལགས། །ཨེ་མ་རིག་འཛིན་བླ་མའི་ཐུགས་རྗེའི་ འཕྲུལ། །སྐྱེ་དགུ་དག་གི་མོས་སྣང་སྣ་ཚོགས་སུ། །རྣམ་པ་འདྲ་མིན་དུ་མའི་བཀོད་ལུགས་ འདི། །མཚོ་སྐྱེས་རྒྱལ་བ་གཉིས་པའི་ཆོ་འཕྲུལ་ཡིན། །བདེ་ཆེན་ཞིང་གི་གཙོ་བོ་འོད་མཐའ་ ཡས། །ངོ་མཚར་མཛད་པས་འགྲོ་རྣམས་ལེགས་སྐྱོང་བ། །ཐུགས་རྗེ་ཉེ་རིང་མེད་པའི་སྐྱབས་ གནས་ཆེ། །རླབས་ཆེན་མཛད་པའི་རྣམ་འཕྲུལ་འབྱམས་ཀླས་པ། །མཁའ་མཉམ་ཡིད་ཅན་ ཚོགས་ལ་ཅིག་ཆར་སྟོན། །ཁྱད་པར་བྱེ་བ་ཕྲག་བརྒྱའི་འཛམ་གླིང་དུ། །བསྟན་གཉིས་བདག་ པོ་རིམ་བྱོན་ཚུལ་གྱིས་སྐྱོང༌། །ཡང་དགོས་སྙིགས་དུས་འགྲོ་རྣམས་འདུལ་བའི་སླད། །ཞིང་ འདིར་ཁྲ་མོ་གླིང་དཀར་སྟོད་ཀྱི་ཆར། །སེང་ཆེན་ཡིད་བཞིན་ནོར་བུའི་སྐུ་བཞེངས་ནས། །གདུལ་བྱ་རྣམས་ལ་ཐབས་ཚུལ་སྣ་ཚོགས་བསྟན། །རང་རང་མོས་སྣང་ཡིད་ཀྱི་རྗེས་འགྲོའི་ ཚུལ། །བདེ་གཤེགས་སྟོབས་བཅུ་མངའ་བའི་མཛད་པ་ལྟར། །ངོས་གཅིག་ཉིད་ནས་ཚད་ བཟུང་བྲལ་བ་ཡིན། །དེ་ཕྱིར་ལ་ལར་སྣང་བའི་ངོ་ཙམ་དུ། །ལྷ་ཆེན་དགྲ་སྡེ་འདུལ་བའི་ཆས་ བཟུང་སྟེ། །རྣམ་དཀར་ཆོས་ཚུལ་བཟང་པོ་སྣུབ་བྱེད་པའི། །ཤར་བདུད་གུར་དཀར་རྒྱལ་ པོའི་གཉའ་ནོན་མཛད། །ཆོས་མིན་བརྫུ་བག་ངོམ་པའི་ལོག་སྤྱོད་མཁན། །ལྷོ་བདུད་ས་དམ་ རྒྱལ་པོ་ཆམ་ལ་ཕབ། །འགྲོ་ལ་འཚེ་བ་གཏོང་བའི་ཀླག་ལྟ་བ། །ནུབ་བདུད་ཤིང་ཁྲི་རྒྱལ་པོ་ བརླགས་ཤིང་གཏོར། །བསྟན་ལ་གདུག་སེམས་འཆང་བའི་བདུད་ཀྱི་རིགས། །བྱང་བདུད་ཀུ་ 5-1-472 རུ་མགོ་ནག་ཕུང་བར་བྱས། །སྤྱིར་ན་འཛམ་གླིང་ཡུལ་གྲུའི་རྒུད་པ་བསལ། །ཡང་དགོས་ཁྲ་མོ་ གླིང་གི་བདེ་སྐྱིད་སྤེལ། །བསོད་ནམས་ཁ་རྗེ་དབང་ཐང་དར་བའི་ཆེད། །ལོངས་སྤྱོད་འབྱོར་ བའི་དངོས་པོ་གྱ་ནོམ་པ། །རྫོང་ཆེན་ཉེར་ལྔའི་གཏེར་ཁ་བདག་གིར་བཞེས། །དེ་མཐུས་སྐྱེ་ དགུ་ཡོངས་ཀྱི་དཔལ་འབྱོར་རྒྱས། །ནག་པོའི་བདུད་རིགས་མིང་གི་ལྷག་མར་བྱས། །སངས་ རྒྱས་བསྟན་པ་རྒྱས་པར་བྱེད་པ་སོགས། མཛད་ཚུལ་ཕྱོགས་རེ་བསྟན་པ་འདིས་མཚོན་ཏེ། །དགེ་མཚན་ལེགས་པའི་ཕྲིན་ལས་བསམ་མི་ཁྱབ། །འདི་ན་ཆ་ཙམ་དད་པའི་ཡུལ་དུ་བརྗོད། །དེས་ནི་བདག་ཀྱང་ཚེ་རབས་ཐམས་ཅད་དུ། །སེང་ཆེན་ནོར་བུའི་ཞབས་རྡུལ་སྤྱི་བོའི་བླངས། །རྣམ་མང་འགྲོ་ལ་ཕན་པ་བསྒྲུབ་ནུས་ཤོག ། ཅེས་སེང་ཆེན་ནོར་བུ་དགྲ་འདུལ་གྱི་མཛད་ཕྲིན་ནམ་མཁའ་དང་མཉམ་པ་ལས་གདུལ་བྱ་རང་སྣང་ཙམ་ལ་ཉེ་བར་འཆར་ བའི་མགྱོགས་འགྲོའི་རྟ་མཆོག་གི་བང་རྩལ་འགྲན་ཚུལ་མདོར་བསྡུས་གླིང་རྗེ་གེ་སར་དགྱེས་པའི་མཆོད་སྤྲིན་ཞེས་བྱ་བ་འདི་ཡང་ ཚུལ་འདི་ལ་མོས་པ་གྲྭ་བཙུན་སངས་རྒྱམ་ཞེས་པའི་ཐུགས་བཞེད་ཉེ་བར་བསྐང་ཆེད་རྨོངས་བན་མ་ཏི་ཀིརྟི་ཞེས་པས་སེམས་ལ་ གང་ཤར་གྱི་ཚུལ་དུ་མ་བཅོས་ལྷུག་པར་ཡི་གེར་ཕབ་པ་འདི་ཉིད་དགེ་བར་གྱུར་ཅིག་གུ།། །།