4-1-1 ཇོ་ནང་ཆོས་མཛོད་ཆེན་མོ་ལས། ངག་དབང་བློ་གྲོས་གྲགས་པའི་་གསུང་འབུམ། ༼པོད་བཞི་པ།༽ 4-1-2 དཀར་ཆག ཐོག་མའི་གླེང་བརྗོད།.........................................................................................(1) ཤར་འཛམ་ཐང་པ་ངག་དབང་བློ་གྲོས་གྲགས་པའི་རྣམ་ཐར་ཉུང་བསྡུས།.......................................(1) དཔལ་ཇོ་ནང་པའི་ལུགས་ཀྱི་བཀའ་བརྒྱུད་ཟབ་མོའི་གནས་ལུགས་ ཉམས་ལེན་གྱི་ཚུལ་མདོ་ཙམ་བཀོད་པ།....................................................................(1) སྐལ་ལྡན་འགའ་ཞིག་ལ་ཉེ་བར་ཕན་པའི་དེང་དུས་སུ་ཉེར་མཁོ་ལག་ལེན་ གསལ་བྱེད་ཆོས་སྣང་ཟླ་ཟེར།............................................................................(17) ལས་དང་པོ་པ་དག་གིས་རང་ལུགས་དུས་འཁོར་ལྷན་སྐྱེས་ཕྱོགས་ལ་བཟླས་སྒོམ་བྱེད་ཚུལ།..............(47) རྫོགས་རིམ་ཡན་ལག་དྲུག་གི་བསྡུས་དོན་རབ་གསལ་ནོར་བུའི་མེ་ལོང་ཞེས་བྱ་བ།.........................(71) རྟོན་པ་བཞི་ལྡན་གྱིས་མཛད་པའི་སྤྲིང་ཡིག......................................................(139) རྟོན་པ་བཞི་ལྡན་གྱིས་མཛད་པའི་སྤྲིང་ཡིག་ཆེན་མོའི་ཚིག་འགྲེལ།...............................(143) སྐར་རྩིས་བྱེད་གྲུབ་ཟུང་གི་ཁུངས་ལས་བརྩམས་པའི་ཉེར་མཁོ།................................(157) ཐུབ་བསྟན་སྔ་ཕྱི་དར་ཚུལ་ཉེར་མཁོའི་ལེགས་བཤད་ཀྱི་ཆ།.....................................(175) ཚེ་སྒྲུབ་ཀྱི་བསྡུས་དམིགས།............................................................................(191) འཇམ་དཔལ་ན་ག་རཀྴའི་སྒྲུབ་ཐབས་ཀྱི་དམིགས་རིམ།........................................(197) མཉམ་ཉིད་མི་གཡོ་མའི་བསྟོད་འགྲེལ།.....................................................(204) ལས་དང་པོ་པ་ལ་ཉེར་མཁོའི་རིགས་ཞི་ལྷག་བསམ་གཟུགས་སོགས་ཀྱི་རྣམ་བཤད་ ཉུང་བསྡུས་བློ་གསལ་ཡིད་ཀྱི་དགའ་སྟོན་ཞེས་བྱ་བ་བཞུགས་སོ།།...................................(208) ཟབ་མོ་ངེས་གསང་གི་ལྟ་བའི་རྣམ་པར་བཤད་པ་ཉུང་བསྡུས་ངེས་གསང་པདྨོ་ འབྱེད་པའི་ཉི་ཟེར་ཞེས་བྱ་བ་བཞུགས་སོ།།............................................................(217) 4-1-3 བདེ་བ་ཅན་དུ་སྐྱེ་བའི་རྒྱུ་ཚོགས་སྒྲུབ་ཚུལ་རྣམ་དག་ཞིང་གི་ལམ་བཟང་ ཞེས་བྱ་བ་བཞུགས་སོ།།.............................................................................(291) སྐྱབས་གསུམ་གྱི་རྣམ་བཤད་ཐེག་མཆོག་ངེས་པའི་མྱུ་གུ་ ཞེས་བྱ་བ་བཞུགས་སོ།།..................................................................(313) འཇམ་མགོན་ཏཱ་ར་ནཱའ་ཐས་མཛད་པའི་འཕགས་པ་འཇིག་རྟེན་དབང་ཕྱུག་གི་ བསྟོད་པའི་ཚིག་འགྲེལ་ཞེས་བྱ་བ་བཞུགས་སོ།།......................................................(351) ཐེག་པ་ཆེན་པོའི་བློ་སྦྱོང་མཚོན་ཆ་འཁོར་ལོ་བཞུགས་སོ།།.......................................(379) བློ་སྦྱོང་མཚོན་ཆ་འཁོར་ལོའི་འབྲུ་འགྲེལ་གཅེས་འཛིན་ཚ་གདུང་སེལ་བའི་ རབ་དཀར་ཟླ་གཞོན་ཞེས་བྱ་བ་བཞུགས་སོ།།.........................................................(391) བློ་སྦྱོང་སྒོམ་ཚུལ་སེམས་ཀྱི་དྲི་མ་སྦྱོང་བྱེད་བདུད་རྩིའི་ཟིལ་ཐིགས་ཞེས་བྱ་བ་བཞུགས་སོ།།.............(445) མཐོང་དོན་མཆོད་བརྗོད་ཚིག་འགྲེལ་ཉུང་བསྡུས།.............................................(449) ཀློང་ཆེན་སྙིང་གི་ཐིག་ལེའི་ཐུན་མོང་ཕྱི་ནང་གི་ཁྲིད་ཡིག་མཚུངས་མེད་ བླ་མ་དམ་པའི་ཞལ་རྒྱུན།...................................................................(455) པར་བྱང་སྨོན་ཚིག............................................................................(505) 4-1-4 ༄༅། །དཔལ་ཇོ་ནང་པའི་ལུགས་ཀྱི་བཀའ་བརྒྱུད་ཟབ་མོའི་ གནས་ལུགས་ཉམས་ལེན་གྱི་ཚུལ་མདོ་ཙམ་ བཀོད་པ་ཞེས་བྱ་བ་ བཞུགས་སོ།། ༄༅། །དུས་གསུམ་སངས་རྒྱས་ཀུན་དངོས་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཀུན་མཁྱེན་ ཇོ་ནང་པ་ཡབ་སྲས་རྣམས་དང་རྗེ་སྒྲོལ་བའི་མགོན་པོ་བརྒྱུད་པ་དང་བཅས་པ་ལ་སྒོ་མཐའ་ དག་གི་གུས་པས་ཕྱག་འཚལ་ལོ། །བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། དེ་ལ་འདིར་ རང་ལུགས་དཔལ་ཇོ་ནང་པའི་གསང་ཆེན་ངེས་པ་དོན་གྱི་བཀའ་བརྒྱུད་ཟབ་མོའི་གནས་ ལུགས་ཉམས་ལེན་གྱི་ཚུལ་མདོ་ཙམ་བརྗོད་པར་བྱ་བ་སྟེ། དེ་ཡང་གནས་ལུགས་ཟབ་མོའི་ དོན་ལ་རྨོངས་པའི་སྐྱེ་འགྲོ་གང་དག་གིས་ནི་རང་བཞིན་སེམས་ཀྱི་དེ་ཉིད་འོད་གསལ་རང་ བྱུང་གི་ཡེ་ཤེས་ལ་གློ་བུར་དྲི་མས་བསྒྲིབས་པའི་དབང་གིས་ཆོས་ཉིད་ཟབ་མོ་སངས་རྒྱས་ཀྱི་ ཆོས་སྐུ་ཀུན་ཁྱབ་གདོད་ནས་འདུ་འབྲལ་མེད་ཀྱང་ཇི་བཞིན་རྟོགས་མ་ཐུབ་པ་མ་ཟད་དྲི་མ་ གློ་བུར་བའི་བྱེད་ལས་ཀྱིས་བདག་ཏུ་ཞེན་བྱ་མེད་པ་ལ་ལོག་པའི་འཁྲུལ་སྣང་སྣ་ཚོགས་བྱུང་ སྟེ་དབང་མེད་དུ་འཁོར་བར་ཡུན་རིང་དུ་འཁོར་བ་ཡིན་ལ། དེ་ཡང་ཀུན་ནས་རྣམ་པར་རྟོག་ པ་བློས་བྱས་ཕྲ་མོ་ལ་བརྟེན་ནས་བདག་གི་ཕུང་པོ་ལ་རང་བཞིན་གྱིས་བདེན་པར་བཟུང་བ་ ལ་བརྟེན་རང་རྒྱུད་ཀྱི་ཉེར་ཕུང་གིས་འཁྲུལ་གཞི་བྱས་ཏེ་ང་བདག་ཚུགས་ཐུབ་རང་ངོས་ནས་ 4-1-5 གྲུབ་པར་འཛིན་པའི་བདག་འཛིན་ཕྲ་རགས་བྱུང་སྟེ། དེའི་དབང་གིས་ཟག་བཅས་ཡིད་འོང་ ལ་ཆགས་པ་དང༌། ཡིད་མི་འོང་ལ་སྡང་བ་དང༌། བར་བ་ལ་གཏི་མུག་བདེན་པར་འཁྲུལ་བའི་ རྣམ་པར་གཡེང་བ་སྣ་ཚོགས་བསྐྱེད་དེ་རྩ་ཉོན་དང་ཉེ་བའི་ཉོན་མོངས་པ་མཐའ་དག་ཆེས་ ཆེར་རྒྱས་ཤིང་འཕེལ་བ་ཡིན་ལ། བློས་བྱས་ཕྲ་མོས་བདེན་སྣང་བསྐྱེད་ལ། བདེན་སྣང་གིས་ བདེན་འཛིན་བསྐྱེད་དེ། བདེན་འཛིན་གྱིས་ཆགས་སོགས་ལས་ཉོན་གང་དག་བསྐྱེད་པའི་སྒོ་ ནས་ཉེར་ཕུང་གི་འཁོར་བ་ཕྱི་མཐའི་བར་དུ་མཚམས་སྦྱོར་བ་ཡིན་ནོ། ། དེ་འདྲའི་སྡུག་བསྔལ་མཐའ་ཡས་པའི་གཞི་རྩ་དྲུངས་ནས་འབྱིན་པར་བྱེད་པའི་ཐབས་ ལ་ནི་ཟབ་མོ་གནས་ལུགས་ཀྱི་ལྟ་བ་ཡང་དག་པ་ཞིག་ངེས་པར་དགོས་པས་དེ་ལའང་ཐེག་ པ་ཐུན་མོང་གི་ལུགས་བཀའ་བར་བའི་དགོངས་འགྲེལ་དབུ་མ་རིག་ཚོགས་ལས་བསྟན་པའི་ བདག་མེད་གཏན་ལ་འབེབས་བྱེད་ཀྱི་གནད་བཞིའི་རིགས་པ་སོགས་ལ་བརྟེན་ནས་དཔྱད་ སྒོམ་གྱིས་བདག་མེད་ཀྱི་དོན་ངེས་པར་བྱས་ཏེ་བདག་འཛིན་གཉིས་ཀྱི་འཛིན་སྟངས་དངོས་ སུ་བཤིག་ནས་ལས་དང་ཉོན་མོངས་པ་ཤེས་བྱའི་སྒྲིབ་པ་དང་བཅས་པ་དེ་དཔྱད་སྒོམ་གཙོར་ བྱེད་བདག་མེད་གཉིས་རྟོགས་ཀྱི་ཤེས་རབ་ཚོགས་རྒྱ་ཆུང་བ་དང་ཆེ་བས་བརྒྱན་སྟོབས་ ཀྱི་རིམ་པས་ལེགས་པར་སྤོང་བྱེད་ཀྱི་ལྟ་བ་ཐུན་མོང་བ་དང༌། ཐེག་པ་ཐུན་མོང་མ་ཡིན་པ་ བཀའ་ཐ་མའི་དགོངས་འགྲེལ་བྱམས་ཆོས་ས་སྡེ་སོགས་ཀྱི་དགོངས་པ་གཞིར་བྱས་གསང་ ཆེན་སྔགས་ཀྱི་ཉེ་ལམ་ཁྱད་པར་བ་བླ་མེད་རྒྱུད་སྡེ་མཆོག་གི་དགོངས་དོན་ཕྱིན་ཅི་མ་ལོག་པ་ གྲུབ་པའི་དབང་ཕྱུག་གི་མན་ངག་ལས་བྱུང་བ་མ་བཅོས་སྤྲོས་བྲལ་གནས་ལུགས་མི་རྟོག་ཡེ་ ཤེས་ཀྱི་ངང་བསྐྱངས་ཏེ་གནས་ལུགས་ཐད་ཀར་མངོན་བྱེད་རྩོལ་བྲལ་བཅོས་མེད་རང་རིག་ ཡེ་ཤེས་ཀྱིས་སྒྲིབ་གཉིས་མཐའ་དག་གཞི་ནས་རང་ཤུགས་ཀྱིས་ཆོམ་པའི་འཇོག་སྒོམ་ཁྱད་ པར་བ་གཙོ་བོར་བྱེད་པའི་ངེས་པ་དོན་གྱི་ལྟ་བ་ཐུན་མོང་མ་ཡིན་པ་དང་གཉིས་ཡོད་པ་ལས་ 4-1-6 ཕྱི་མ་འདི་ཉིད་ནི་རང་ལུགས་ཀྱི་བཤད་སྲོལ་ཙམ་དུ་མ་ཟད་པར་ཇི་བཞིན་བླ་མ་གོང་མའི་ མན་ངག་ལས་ལེགས་པར་ཉམས་སུ་ལོན་ངེས་ཀྱི་ཕུ་ཐག་ཆོད་པའི་ངེས་གསང་ཟབ་མོའི་ ཆོས་ཀྱི་སྐལ་བ་ཡང་དག་ཡིན་ཞིང༌། དེ་ལའང་ཇི་བཞིན་ཉམས་སུ་ལེན་སྐབས་ལས་དང་པོ་ པ་རྣམས་ལས་མཚན་མ་བདེན་ཞེན་གྱི་འཆིང་བ་ཆེས་དམ་པོ་ཅན་གང་དག་གིས་ཐོག་མར་ མཚན་འཛིན་གཅོད་ཕྱིར་དུ་ཁམས་དབང་ལ་ལྟོས་པ་ཙམ་དུ་ནི་ཐུན་མོང་གནད་བཞིའི་རིགས་ པ་སོགས་ཀྱིས་བདེན་འཛིན་གྱི་རྩེ་གཞིལ་བ་སྔོ ན་དུ་འགྲོ་བར་བྱ་བ་ལ་དགོངས་ཏེ། རྗེ་བཙུན་ ཏཱ་ར་ནཱ་ཐའི་ཞལ་སྔ་ནས་ཀྱང༌། ལན་ཅིག་རྟོག་དཔྱོད་ཀྱི་རྩོལ་བ་བྱེད་ཕྱིན་སེམས་ཚོལ་དེ་ ལའང་གཅིག་ཏུ་འགངས་ཆེ་རྒྱུ་ུམེད། དེ་བས་རྒྱས་པ་བདག་མེད་སྟོང་ཉིད་ཀྱི་གོ་མྱོང་ཐག་ ཆོད་གོལ་ས་གཅོད་པ་མཐའ་ཡས་པ་ཞིག་ཆོས་འདི་ལ་ཡོད་པ་ཡིན། འོན་ཀྱང་ལམ་གྱི་རྐང་ ལ་མ་བཅོས་པར་འཇོག་ཕྱིན་སེམས་འཚོལ་དང་དྲན་འཛིན་ཡང་དགོས་རྒྱུ་མེད་དེ་དེ་གཉིས་ ཀ་བློས་བྱས་ཡིན་པའི་ཕྱིར་གནས་ལུགས་གདོད་མ་ལ་རེག་པར་མི་ནུས་སོ་ཞེས་གསུངས་སོ། ། ལས་དང་པོ་པ་བླ་མའི་མན་ངག་ཐེབས་སླ་བ་རྣམས་ལ་ནི་མཚན་འཛིན་མཐའ་དག་གི་ གཉེན་པོ་རང་ལུགས་སྤྲོས་བྲལ་མི་རྟོག་པ་སྒཽམ་པ་ཉིད་ནི་ཆེས་བཟང་ཞིང་མྱོང་བ་གནད་དུ་ ཐེབས་ངེས་ཡིན་ཏེ། སྟོན་པ་སངས་རྒྱས་ནས་བཟུང་བྱིན་རླབས་དོན་བརྒྱུད་ཀྱི་མན་ངག་རྒྱུན་ མ་ཆད་པར་རང་ཅག་གི་རྩ་བའི་བླ་མའི་བར་དུ་བྱུང་ཞིང༌། བརྒྱུད་རིམ་དེ་དག་གིས་གནས་ ལུགས་རྟོགས་ཚུལ་དེ་འདྲ་ཉག་གཅིག་གི་སྒོ་ནས་ཐབས་སླ་བས་ནང་དབྱིངས་ཆོས་སྐུ་མངོན་ དུ་བྱས་ཏེ་ཟུང་འཇུག་མཐར་ཐུག་གི་སྐུ་བདག་གིར་བཞེས་པའང་མྱོང་བས་གྲུབ་པ་ལྟར་ནམ་ ཡང་མི་བསླུ་བའི་ཕྱིར། དེ་ལྟར་ན་བདག་ཅག་གི་འདྲེན་པ་ཤཱཀྱ་སེང་གེ་ཉིད་ཀྱིས་འབྲས་ སྤུངས་མཆོད་རྟེན་དུ་བླ་མེད་ཀྱི་རྒྱུད་སྡེ་མཐའ་ཀླས་པ་གསུངས་པའི་ཡ་གྱལ་སྒྱུ་འཕྲུལ་དྲ་ 4-1-7 བའི་དུམ་བུ་འཇམ་དཔལ་དོན་དམ་པའི་མཚན་བརྗོད་པ་ལས་ཀྱང༌། རྣམ་པར་རྟོག་མེད་ལྷུན་ གྱིས་གྲུབ། །ཅེས་དང༌། དུས་འཁོར་གྱི་རྒྱུད་ལས། རྣམ་རྟོག་སྒོམ་པ་ལས་འདས་པ། །ཞེས་ སོགས་གསུངས་པའི་དགོངས་པ། གྲུབ་པའི་དབང་ཕྱུག་དཔལ་ས་ར་ཧ་ཆེན་པོས་རྒྱུད་དོན་ ཇི་བཞིན་མཁྱེན་པའི་ཡེ་ཤེས་ཀྱིས་རྒྱུད་ཀྱི་དགོངས་དོན་གཏིང་དཔོགས་ཏེ་ཆོས་དབྱིངས་དྲི་ བྲལ་མངོན་དུ་བྱེད་པའི་མན་ངག་ཟབ་མོ་མཐར་ཐུག་པ་ཉིད་ཀྱི་དགོངས་པར་བྱང་ཆུབ་སྟེ་ རྟོག་སྒོམ་བཅོས་མ་ཀུན་བྲལ་བསམ་མེད་ནམ་མཁའི་རྣལ་འབྱོར་གནས་ལུགས་མི་རྟོག་རང་ གསལ་གྱི་ངང་བསྐྱངས་ཏེ་ཇི་བཞིན་རྗེན་འཆར་གྱི་གདམས་པ་འདི་ག་ཉིད་གདམས་ངག་གི་ རྒྱལ་པོ་མཆོག་ཉིད་དུ་གསུངས་པ་སྟེ། ཇི་སྐད་དུ། བསམ་དང་བསམ་བྱ་ཡོངས་སུ་སྤངས་ནས་ སུ། །ཇི་ལྟར་བུ་ཆུང་ཚུལ་དུ་འདུག་པ་ཡིས། །བསྒྲིམ་ཏེ་བླ་མའི་ལུང་ལ་གུས་འབད་ན། །ལྷན་ ཅིག་སྐྱེས་པ་འབྱུང་བར་ཐེ་ཚོམ་མེད། །ཅེས་པ་ལྟར་སྤྲོས་བྲལ་མི་རྟོག་པའི་ཡེ་ཤེས་བསྒོམ་ པའི་ཚུལ་ལ་ཐོག་མར་སེམས་ཀྱི་ངོ་བོ་ལ་བུ་ཆུང་བཙས་མ་ཐག་པའི་སེམས་ལྟར་གྲིམ་ལྷོད་ གང་རུང་གིས་རིས་སུ་མི་གཅོད་པར་མ་བཅོས་རང་བབས་ཀྱི་ངང་ནས་བསམ་བྱེད་སེམས་ དང་བསམ་བྱ་ཡུལ་གང་ལའང་ཆེད་གཏད་མེད་པར་བླ་མའི་མན་ངག་བཞིན་བག་ཡོད་གུས་ པས་སྒོམ་པ་ལ་འབད་ན་མི་རིང་བར་རང་བྱུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྤྲོས་བྲལ་མི་རྟོག་ པ་དེ་རིམ་གྱིས་མངོན་དུ་གྱུར་འོང་བ་ལ་ཐེ་ཚོམ་མི་དགོས་པར་གསུངས་ཏེ། དེ་འདྲའི་མི་རྟོག་ པ་དེ་ཅི་འདྲ་ཞིག་གམ་སྙམ་ན། འདི་ལྟ་སྟེ། ཐོག་མར་ལས་དང་པོ་པའི་སྐབས་བཅོས་མའི་ དད་པ་སོགས་དགེ་བ་དང་ཆགས་སྡང་སོགས་མི་དགེ་བ་དང་འགྲོ་འདུག་སྤྱོད་ལམ་སོགས་ ལ་བློ་འགྱུ་བ་ལུང་མ་བསྟན་སོགས་དུས་གསུམ་དུ་གཏོགས་པའི་ཡུལ་གང་ལའང་རྣམ་པར་ རྟོག་པའི་ཞེན་པ་དང་བྲལ་བར་མི་རྟོག་པ་གསལ་རིག་ཙམ་གྱི་སྟེང་ལ་སླེབས་ནས་དྲན་ཤེས་ ཀྱིས་ངོས་ཟིན་ནས་མྱོང་འདུག་རྒྱུ་ཞིག་ཡོད་པ་ཡུལ་གྱིས་རྣམ་པ་མ་བསྒྱུར་བའི་གསལ་རིག་ 4-1-8 རྒྱུན་ཆད་མེད་འདི་ནི་ཀུན་གཞིའི་རྣམ་ཤེས་ཡིན་གྱི་སྤྲོས་བྲལ་མི་རྟོག་པ་དངོས་མ་ཡིན་ཀྱང༌། འདི་ཙམ་གྱི་སྟེང་ནས་ལས་དང་པོ་པ་དག་གིས་ཡུལ་ལ་གསལ་བའི་འཕྲོ་རྒོད་དང་གསལ་ ངར་དང་བྲལ་ཞིང་འཐུམ་པའི་བྱིང་བའི་སྐྱོན་དྲན་ཤེས་ཀྱིས་ངོས་ཟིན་ཏེ་ལེགས་པར་བསལ་ ནས་རང་ངོ་རིག་ཙམ་ས་ལེ་བ་འདི་ཀ་ཉིད་མ་བཅོས་རང་བབས་ཀྱི་ངང་ནས་བཟོ་བཅོས་ཆེད་ གཏད་མཐའ་དག་རང་སངས་ཀྱི་སྒོ་ནས་སོ་མ་རང་ཤར་དུ་བསྐྱངས་ནུས་ན་སྤྲོས་བྲལ་མི་རྟོག་ པ་དང་རྣམ་པ་འདྲ་རུང་གི་སྒོ་ནས་རིམ་གྱིས་མི་རིང་བར་མི་རྟོག་ཡེ་ཤེས་ཀྱི་རྩལ་མངོན་དུ་ གྱུར་ནས་རང་ཉམས་ལ་སྤྱོད་ནུས་ཤིང༌། དེ་ཡང་སྤྲོས་བྲལ་མི་རྟོག་པའི་ངོ་བོ་ཇི་བཞིན་ཡོངས་ རྫོགས་ནི་དེ་བཞིན་གཤེགས་པ་ཉག་གཅིག་གིས་མངོན་དུ་བྱས་པ་སྟེ་ཆོས་སྐུ་ཀུན་ཁྱབ་སྣང་ སྟོང་ཟུང་འཇུག་གི་རང་བཞིན་མཐར་ཐུག་པ་སྣང་ཕྱོགས་ཡེ་ཤེས་གསལ་བའི་ཆ་ལ་སྤྱིར་དོན་ དམ་པའི་རྣམ་པ་ཡོངས་སུ་རྫོགས་ཤིང་ཡེ་ཤེས་ཀྱི་ཆ་ཕྲ་བ་རེ་རེས་ཀྱང་དོན་དམ་པའི་རྣམ་པ་ ཐམས་ཅད་མ་ཚང་བ་མེད་པ་ཡོངས་སུ་འཛིན་པས་ཡེ་ཤེས་མཆོག་གི་སྣང་བ་སྤྱི་དང་ཆ་ཤས་ ཀུན་ལ་རྣམ་པ་ཐམས་ཅད་པ་མ་ཡིན་པ་མེད་ལ། སྟོང་ཕྱོགས་མཚན་མའི་སྤྲོས་པ་མཐའ་དག་ བྲལ་བའི་ཡེ་ཤེས་ཀྱི་དབྱིངས་ལ་སྤྱིར་སྤྲོས་པ་ཀུན་ཞི་བ་ཆ་ཕྲ་བ་རེ་རེ་ལའང་སྤྲོས་ཀུན་ཞི་ བའི་དབྱིངས་ཡོངས་སུ་རྫོགས་པས་ཡེ་ཤེས་དམ་པའི་དབྱིངས་སྤྱི་དང་ཆ་ཤས་ཀུན་ལ་ཆོས་ དབྱིངས་ཡོངས་སུ་རྫོགས་པ་ལ་ཁྱད་པར་མེད་ཅིང་ཀུན་ནས་རྣམ་པ་ཐམས་ཅད་པའི་བདག་ ཉིད་དོན་དམ་སྣང་སྟོང་དབྱེར་མེད་དུ་འཇུག་པས་སྣང་བ་དོན་དམ་པའི་རྣམ་པ་ཐམས་ཅད་ པ་དང་སྟོང་པ་སྤྲོས་བྲལ་གྱི་དབྱིངས་འབའ་ཞིག་པ་གཉིས་ཕན་ཚུན་འགལ་མེད་དུ་འཆར་ བ་འདི་ཉིད་སྣང་བཞིན་དུ་སྟོང༌། སྟོང་བཞིན་དུ་སྣང་ཞེས་པ་དངོས་གནས་སུ་འདུག་པས་ ཇི་བཞིན་སྒྲ་དང་རྟོག་པས་བརྗོད་འཛིན་གྱི་ཡུལ་ལས་འདས་པའི་བསམ་གྱིས་མི་ཁྱབ་པའི་ གནས་ལུགས་དོན་དམ་སྣང་སྟོང་ཟུང་འཇུག་གི་སྤྲོས་བྲལ་མི་རྟོག་སོ་སོར་རང་རིག་ཡེ་ཤེས་ 4-1-9 མཐར་ཐུག་པ་ཡིན། འདི་ལ་དོན་གྱི་ཡིན་ལུགས་ལ་ཆ་དང་ཆ་ཅན་གྱི་སྤྲོས་པ་མེད་ཀྱང་རྟོགས་ སླའི་ཆེད་ཐ་སྙད་ཀྱིས་མཚོན་བྱེད་ཙམ་བྱས་པ་ཤེས་དགོས། འདིའི་སྣང་ཕྱོགས་དོན་དམ་པའི་ བདེ་བ་ཡོངས་སུ་རྫོགས་པ་དང་སྟོང་ཕྱོགས་སྤྲོས་ཀུན་ཞི་བའི་དབྱིངས་གཉིས་དབྱེར་མེད་ཀྱི་ བདག་ཉིད་དུ་གདོད་ནས་བཞུགས་པ་ཡིན་པས་རང་བྱུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཞེས་ བརྗོད། འདི་ལ་ཆོས་སྐུ་ཀུན་ཁྱབ་དང༌། གཞི་འབྲས་དབྱེར་མེད་སོགས་ཀྱི་དོན་བརྗོད་བྱ་ཆེ་ ནའང་རེ་ཞིག་མཚོན་ཙམ་དུ་བཞག མཐར་ཐུག་དོན་དམ་མི་རྟོག་ཡེ་ཤེས་ནི་གནས་ལུགས་ དེ་ཁོ་ན་ཉིད་དུ་བདེན་པ་དང༌། གནས་སྐབས་ཀུན་རྫོབ་རྣམ་ཤེས་ཀྱི་སྣང་བའི་གཟུང་འཛིན་ གྱིས་བསྡུས་པ་མཐའ་དག་ནི་བདེན་མེད་སྒྱུ་མ་ལྟ་བུའི་རང་ངོས་ནས་མ་གྲུབ་པ་ཤ་སྟག་ཡིན་ ལ། ལམ་སྒོམ་པ་པོ་དག་གིས་རྣམ་ཤེས་རྟོག་པའི་ཡུལ་སྣང་ཀུན་རྫུན་པ་སྣང་མེད་དུ་མྱོང་ བས་ངེས་པའི་སྒོ་ནས་སྤྲོས་བྲལ་གནས་ལུགས་མི་རྟོག་པའི་རང་མདངས་གསལ་བའི་ངང་ ནས་མཉམ་པར་བཞག་པའི་ཚེ་གནས་ལུགས་མཐར་ཐུག་གི་ཆ་ཤས་ནས་བློ་ཚོད་དང་མཐུན་ པར་རིམ་གྱིས་མཐོང་དགོས་པས་གོང་ལྟར་གསལ་རིག་ཀུན་གཞི་རྟོག་ཚོགས་རགས་པ་དང་ བྲལ་བའི་ངང་དུ་གནས་པའི་རེ་ཞིག་ན་རང་སེམས་གསལ་བའི་རང་མདངས་ཉིད་སྔར་དང་ ཡེ་མི་འདྲ་བའི་སྣང་བ་རྒྱ་ཡངས་ཤིང་གསལ་བ་སེམས་ཀྱི་འཆར་སྒོ་ཡུལ་ཡུལ་ཅན་དང་མྱོང་ སྣང་སོགས་རྣམ་ཤེས་གསལ་ཙམ་ཕྱོགས་རེ་བའི་རྣམ་པ་ལས་འདས་པ་ཤིན་ཏུ་ཆེས་ཆེར་ གསལ་བ་དྲན་ཤེས་རགས་པ་ཞི་ཡང་རང་ཤུགས་ཀྱིས་རྣམ་པ་ཐམས་ཅད་ཀྱི་འཆར་སྒོ་མཐའ་ ཀླས་ཤིང་བདེ་བའི་རང་བཞིན་འཛིན་པ་མེད་བཞིན་དུ་རང་ངོ་ལེགས་པར་གསལ་བ་ལ་ནམ་ ཡང་ཉམས་པ་མེད་ཅིང་རང་བཞིན་དམིགས་བཅས་ཀྱིས་སྟོང་པ་ལ་ངེས་ཚབས་ཅི་ཙམ་ཆེ་བ་ བཞིན་སྣང་བ་མ་འགགས་པའི་འཆར་སྒོ་ཚད་བཟུང་བ་མི་ནུས་པ་དེ་ཙམ་འཕེལ་བའི་གཤིས་ ལུགས་རྗེས་ཀྱི་ངེས་ཤེས་ཀྱིས་ཇི་བཞིན་ངེས་ཐབས་དཀའ་བ་ཚིག་གིས་མཚོན་པའི་ཡུལ་ 4-1-10 མ་ཡིན་པའི་ཉམས་མྱོང་གསལ་བོ་སྐྱེས་པ་ན་སྤྲོས་བྲལ་མི་རྟོག་པ་ལ་ཕྱོགས་རེ་ནས་ངེས་ པ་ཅུང་ཙམ་འདྲོངས་ཏེ་གནས་ལུགས་ཀྱི་ཆ་ཤས་ལ་རེག་པ་ཡིན་ལ། དེ་ནས་བཟུང་མི་རྟོག་ གནས་ལུགས་རྟོགས་ཚབས་ཇེ་ཆེར་སོང་རིམ་དང་མཐུན་པར་སྤྲོས་བཅས་རྩོལ་བ་ཉེ་བར་ ཞི་བའི་དབྱིངས་འབའ་ཞིག་ནས་རྣམ་ཀུན་ཡེ་ཤེས་ཀྱི་སྣང་བ་རབ་འབྱམས་མཆེད་བཞིན་ཉི་ མའི་འོད་དང་ཉེ་བ་ན་མུན་པའི་གནས་མེད་པ་ལྟར་ཀུན་ཉོན་འཁྲུལ་བ་མཐའ་དག་རིམ་གྱིས་ དྲུངས་ནས་འབྱིན་ཏེ་མཐར་ཐུག་གི་སྣང་སྟོང་ཟུང་འཇུག་གི་ཡེ་ཤེས་ཆོས་སྐུ་ཡོངས་རྫོགས་ རིམ་པས་མངོན་དུ་བྱེད་པ་ཡིན་པས་སྤྱིར་གཞན་སྡེ་ཚུལ་ལ་མི་རྟོག་པ་སྒོམ་པ་དང༌། རླུང་སྦྱོར་ སོགས་སྤྲོས་བཅས་འགའ་ཞིག་གི་བྱེད་པས་ཏིང་ངེ་འཛིན་བརྟན་པོ་བདེ་བའི་རང་བཞིན་ཅན་ གཟུགས་སྣང་རྒྱ་ཆེ་བའི་ཉམས་དང་བཅས་བྱུང་བ་ཡོད་ནའང་དེ་དག་ཀུན་ཀྱང་སྤྲོས་མཚན་ རགས་ཙམ་ཞི་བ་མ་གཏོགས་སྟོང་པ་སྤྲོས་མེད་འབའ་ཞིག་པའི་དབྱིངས་ནས་རྣམ་ཀུན་དོན་ དམ་པའི་རང་སྣང་སྣང་སྟོང་འགལ་མེད་གཟིགས་པས་མཚན་འཛིན་གྱི་གཉེན་པོ་ཡང་དག་ བྱེད་པ་ནམ་ཡང་མེད་པ་ཁོ་ན་ཡིན་ཞིང་སྤྲོས་བཅས་ཏིང་འཛིན་དེ་འདྲའི་བློས་བྱས་སྤྲོས་ མཚན་ཅན་འབའ་ཞིག་ཏུ་ཟད་པ་རྣམས་དང་སྤྲོས་བྲལ་མི་རྟོག་པའི་ཆ་ཕྲ་མོ་ཙམ་ཡང་བསྐྲུན་ དུ་མེད་ཅིང༌། སྤྱིར་སོ་སྐྱེ་མ་ཟད་འཕགས་པ་སློ བ་པ་རྣམས་ཀྱང་ཕར་ཕྱིན་ཐེག་པར་རྗེས་ ཐོབ་སྐབས་སྣང་སྟོང་གཉིས་ཚོགས་ཀྱི་སྒྱུ་མ་གཟིགས་པ་ནི་ཀུན་རྫོབ་དམིགས་བཅས་བདེན་ སྣང་དང་མ་འདྲེས་པར་བྱེད་མི་ནུས་ལ། དོན་དམ་སྣང་སྟོང་ཟུང་འཇུག་གམ་གསལ་སྟོང་ཟུང་ འཇུག་ཇི་བཞིན་པ་ནི་ཀུན་རྫོབ་དམིགས་བཅས་བདེན་སྣང་དང་བྲལ་བའི་གཤིས་ནས་རང་ བཞིན་སྐུ་དང་ཡེ་ཤེས་ཀྱི་སྣང་བ་འབྱམས་ཀླས་འོད་གསལ་འགག་མེད་དུ་རྣམ་པ་རིས་སུ་ མ་ཆད་པ་དག་སྣང་འཁོར་ལོའི་རྒྱན་རང་རྩལ་རྫོགས་པའི་སོ་སོར་རང་རིག་ཡེ་ཤེས་མཆོག་ ཅིག་ཡིན་པས་དེ་འདྲའི་ཡེ་ཤེས་ངོ་བོ་ལམ་བྱེད་ཀྱི་གསང་ཆེན་སྔགས་ཀྱི་མན་ངག་ཟབ་མོའི་ 4-1-11 རྣལ་འབྱོར་མཉམ་བཞག་ནམ་མཁའ་ལྟ་བུ་ནི་སྐབས་འདིའི་སྤྲོས་བྲལ་མི་རྟོག་པ་ཡིན་ཏེ། རྗེ་ བཙུན་རིན་པོ་ཆེས། གདོད་ནས་རང་བཞིན་གྱིས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཆོས་ཉིད་གང་ ཡིན་པ་དེ་ལ་བཟོ་བཅོས་མེད་པའི་ཚུལ་དུ་བཞག་པས་རྐྱེན་རྣམ་རྟོག་གི་རབ་རིབ་འགགས་ ཏེ། ཡེ་ཤེས་གདོད་མ་ནས་ལྷུན་གྱིས་གྲུབ་པ་དེ་ཉིད་ལ་གནས་པ་ཡིན་ཏེ། རིག་པའི་ཡེ་ཤེས་ ཉིད་ཀྱང་མ་རིག་པས་ཆོས་ཉིད་ཡིན་པའི་ཕྱིར། རིག་པ་དེ་ཉིད་ལ་མཉམ་པར་བཞག་པས་མ་ རིག་པ་རང་ཡལ་དུ་འགྱུར་ལ། མ་རིག་པ་ནི་རྣམ་པར་རྟོག་པ་སྟེ་དེ་ཉིད་དབང་དུ་བསྡུས་ཤིང་ བཅིངས་པས་ཀྱང་རིག་པའི་ཡེ་ཤེས་མངོན་དུ་འགྱུར་བའོ། །ཞེས་གསུངས་པ་ལྟར་རོ། ། འདིའི་གསལ་སྟོང་ཟུང་འཇུག་གི་རང་བཞིན་སྤྲོས་བྲལ་མི་རྟོག་པ་དང༌། སྤྱིར་གཞན་གྱི་ སྐབས་རྣམ་རྟོག་ཙམ་བཀག་པའི་མི་རྟོག་པ་གཉིས་ལ་ཁྱད་ཆེ་སྟེ། སྔ་མ་ནི་སེམས་ཉིད་རང་ བཞིན་གྱི་འོད་གསལ་བ་སྤྲོས་ཀུན་སྟོང་པའི་དབྱིངས་འབའ་ཞིག་ཏུ་ཤར་ཏེ་རང་བཞིན་ཀུན་ རྫོབ་ཀྱི་སྣང་ཆ་གང་གིས་ཀྱང་མ་བསླད་པ་ཡིན་ལ། ཕྱི་མ་ནི་རྟོག་ཚོགས་རགས་པ་བཀག་ ཆ་ལ་ཆེད་དུ་གནས་ནས་ཕྱོགས་རེ་བའི་སྣང་ཞེན་དུ་ུམ་དང་བཅས་པ་ཡིན་པའི་ཕྱིར། དེའི་ གནད་ཀྱིས་གསང་ཆེན་ཐེག་པར་སྤྲོས་བྲལ་མི་རྟོག་པ་ལ་མཉམ་པར་བཞག་པས་རྣམ་རྟོག་ གི་གཡོ་ཆའི་རླུང་ཕྲ་བ་མ་ལུས་པ་ཡེ་ཤེས་སྤྲོས་བྲལ་གྱི་དབུ་མ་ལ་ལེགས་པར་ཐིམ་ནུས་ པས་གཉུག་མ་རྣམ་ཀུན་མཆོག་ལྡན་གྱི་སྟོང་པའི་གཟུགས་བརྙན་རྣམ་པ་ཐམས་ཅད་པ་ རང་གསལ་ཉིད་ནས་མངོན་དུ་གྱུར་པ་ལ་མི་བསླུ་བ་ཡིན་ལ། བློས་བྱས་ཀྱིས་རླུང་སྦྱོར་གྱི་ དམིགས་སྒོམ་འགའ་ཞིག་དང་རྣམ་རྟོག་ཙམ་བཀག་པ་ཆེད་གཉེར་བྱས་པས་ནི་རྟོག་ཚོགས་ རགས་པའི་གཡོ་ཆ་མི་རྟོག་པའི་བློ་རགས་པའི་ངོ་བོར་རེ་ཞིག་ཞི་བ་དང༌། དེ་ལ་བརྟེན་ནས་ གཟུགས་སྣང་གི་མཚན་མ་ཕྱོགས་རེ་བའི་སྣང་བ་ཙམ་ལས་མི་འབྱུང་བས་དབུ་མ་རགས་པར་ རླུང་རགས་པ་ཙམ་ཚུད་པ་དང་དེའི་བྱེད་ལས་ཤར་བའོ། ། 4-1-12 སྐབས་འདིའི་བློས་བྱས་ཞེས་པའང༌། སྤྱིར་དད་པ་ངེས་འབྱུང་སེམས་བསྐྱེད་སོགས་འགྱུ་ རྟོག་གི་རྩོལ་བ་ལ་རག་ལས་པའི་དགེ་བ་རྣམས་དང༌། རྩ་ཉོན་ཉེ་ཉོན་དུ་གཏོགས་པའི་མི་ དགེ་བ་དང༌། མ་འདྲེས་པའི་མ་རིག་པ་སོགས་ལུང་མ་བསྟན་རྣམས་དང༌། རིག་པ་རང་གི་ངོ་ བོ་ལ་གཏད་འདུག་པའི་ཆ། མྱོང་བྱ་མྱོང་བྱེད་ཀྱི་ཆ། ཡིད་ཞབས་སུ་ངེས་རྒྱུ་གོ་རྒྱུའི་རྣམ་པར་ མྱོང་འདུག་རྒྱུ་ཡོད་ཚད་ཐམས་ཅད་རྣམ་པར་ཤེས་པའི་སྣང་ཆ་འབའ་ཞིག་ཏུ་ཟད་པའི་དེ་ དག་ཡིན་ནོ། ། དེ་ལྟ་བུའི་སྤྲོས་བྲལ་མི་རྟོག་སོ་སོར་རང་རིག་ཡེ་ཤེས་མངོན་དུ་བྱེད་པའི་ཐབས་ནི་ དཔྱད་སྒོམ་དང་འཇོག་སྒོམ་གཉིས་ལས་ཕྱི་མ་གཙོ་བོར་བྱས་ཏེ་རྒྱུད་ཀྱི་དགོངས་པ་གྲུབ་ ཆེན་གྱི་མན་ངག་བཞིན་ལས་དང་པོ་པ་དག་གིས་ཉམས་སུ་ལེན་པ་ལ། དཔལ་ས་ར་ཧས། ཆུ་ུདང་མར་མེ་རང་གསལ་བཞིན་དུ་ཞོག །ཅེས་སེམས་ཀྱི་གནས་ལུགས་སྒོམ་པའི་ཚུལ་ཆུ་ དང་མར་མེ་རང་དྭངས་དང་རང་གསལ་གྱི་དཔེ་ལྟར་ཐོག་མར་རང་སེམས་གསལ་བའི་རང་ མདངས་ཉིད་ངོས་ཟིན་པར་བྱས་ཏེ་མ་བཅོས་སོ་མ་རང་བབས་ཀྱི་ངང་རིག་པ་རང་གི་ངོ་བོ་ མ་བོར་བ་རང་གསལ་ཤུགས་འབྱུང་གིས་ལེགས་པར་བསྐྱངས་ན་རྣམ་རྟོག་གློ་བུར་བ་གང་ དག་རང་དྭངས་སུ་སོང་སྟེ་གཉུག་མ་སེམས་ཀྱི་ཡིན་ལུགས་ངེས་པར་གསལ་འོང་ནས་ནང་ དབྱིངས་ཆོས་ཉིད་ཀྱི་ཡེ་ཤེས་ལ་རིམ་གྱིས་རེག་སྟེ་མཉམ་བཞག་ནམ་མཁའ་ལྟ་བུའི་རྣལ་ འབྱོར་མཆོག་གིས་རང་ས་ཟིན་པར་འགྱུར་བའི་གདམས་ངག་བསྟན་པ་ལྟར། རང་རེའི་ངེས་ དོན་སྒྲུབ་རྒྱུད་ཀྱི་ཟབ་མོའི་ལམ་གྱི་མན་ངག་སྒོམ་པའི་ཚུལ་ལ་ལས་དང་པོ་པ་རྣམས་ཀྱིས་ ཐོག་མར་སེམས་གནས་པའི་ཐབས་ཐེག་པ་ཐུན་མོང་གི་དགོངས་པ་ས་སྡེ་སོགས་ལས་བྱུང་ བ་ལྟར་ཏིང་ངེ་འཛིན་སྒོམ་པའི་རྐྱེན་འཇིག་རྟེན་གྱི་བྱ་བ་སྣ་ཚོགས་ལ་འགྱུར་རྟོག་གིས་གཡེང་ བའི་ལེ་ལོ་འགོག་བྱེད་དུ་སྤྱིར་ཏིང་ངེ་འཛིན་ལ་ཡིད་ཆེས་པའི་དད་པ། དེ་དོན་དུ་གཉེར་བའི་ 4-1-13 འདུན་པ། ཏིང་ངེ་འཛིན་ལ་སྤྲོ་བའི་བརྩོན་འགྲུས། སེམས་ཅི་དགར་བཀོལ་དུ་རུང་བའི་ཤིན་ སྦྱངས་དང་བཞི་རང་རྒྱུད་ལ་བསྐྱེད་པ་དང༌། དམིགས་པ་བརྗེད་ངས་ཀྱི་གཉེན་པོ་དམིགས་ རྣམས་མི་བརྗེད་པའི་དྲན་པ་བསྟེན་ཅིང༌། སེམས་ཀྱི་གསལ་ངར་ཞན་པའི་བྱིང་བ་ཕྲ་མོ་ དང༌། དེ་ལས་ཀྱང་དམིགས་རྣམ་གྱི་གསལ་ཆའང་ཉམས་པའི་བྱིང་བ་རགས་པ་གཉིས་དང༌། འདོད་པའི་ཡུལ་ལ་སེམས་འཕྲོ་མ་རག་པའམ་འཕྲོ་ཚད་པའི་རྒོད་པ་ཕྲ་མོ་དང༌། དེ་ལ་ལྷག་ ལྷག་འཕྲོ་བཞིན་པའི་རྒོད་པ་རགས་པ་སྟེ། དེ་རྣམས་ཀྱི་གཉེན་པོ་སེམས་ལེགས་པར་གནས་ མི་གནས་བླཽའི་ཟུར་ཆས་གོ་བའི་ཤེས་བཞིན་ལ་བརྟེན་ནས་རིག་པ་བསྒྲིམས་ཏེ་གསལ་ངར་ བསྐྱཻད་བཞིན། ཕྱི་རོལ་ཏུ་སེམས་ཡན་པར་འཕྲོ་བའི་རྒྱུན་ལེགས་པར་བཅད་པ་དང༌། སེམས་ གནས་ལ་གནོད་པའི་བྱིང་རྒོད་སོགས་སྐྱོན་འགོག་པ་ལ་མི་རྩོལ་བའི་གཉེན་པོ་བྱིང་རྒོད་ སོགས་འགོག་པ་ལ་མངོན་པར་འདུ་བྱེད་པ་དང༌། སེམས་གནས་ལ་རང་དབང་ཐོབ་སྐབས་ ཧ་ཅང་དྲན་པ་བསྟེན་པ་སོགས་ལ་རྩོལ་ཆེས་པའི་གཉེན་པོ་རྩོལ་བ་ཀློད་པའི་རང་བབས་སུ་ བཏང་སྙོམས་བྱས་ཏེ་འཇོག་པ་དང་ཉེས་པ་ལྔ་སྤངས་གཉེན་པོ་བརྒྱད་བསྟེན་པའི་སྒོ་ནས་ རང་སེམས་ཀྱི་ངོ་བོ་གསལ་བར་ཧ་གོ་བའི་ངང་རང་ཤུགས་ཀྱིས་བསྐྱངས་ཏེ་སྒྲིམ་ལྷོ ད་རན་པ་ ཙམ་གྱི་སྟེང་ནས་ཡུལ་ཡུལ་ཅན་གང་དུའང་རིས་སུ་མི་གཅོད། གཏད་སོ་ཀུན་བྲལ་ཅིར་ཡང་ འཆར་རུང་ཙམ་དེ་ཀ་ལ་བཟོ་བཅོས་མེད་པར་ཀློད་དེ་བཞག་སྐབས་འགར་རྣམ་རྟོག་ཐོལ་ གྱིས་སྐྱེ་ཞིང་གཟུགས་སོགས་ལ་འགྱུ་རྟོག་ཝལ་ཝལ་བྱུང་བ་དེ་མ་ཐག་ངོས་ཟིན་ན་འཕྲོ་རྦད་ ཀྱིས་བཅད། རྣམ་རྟོག་ཡུན་རིང་འབྱམས་པ་ངོས་ཟིན་དཀའ་བའི་དུས་སུ་ད་ཕན་དེའི་དབང་ དུ་མི་གཏོང་བའི་ཞེ་དམ་བཅས་དྲན་ཤེས་ཀྱི་བྱ་རས་གཡོ་མེད་ཀྱི་གསལ་རིག་ཉག་གཅིག་གི་ ངང་བསྐྱངས་ཏེ་བསྒོམ་པ་ན་ཐོག་མར་སེམས་གནས་དགུ་རིམ་པས་འགྲུབ་ཚུལ་ཡང་དང་པོ་ བླ་མའི་གདམས་ངག་ཐོས་པའི་སྟོབས་ལ་བརྟེན་ནས་སེམས་ཀྱི་ངོ་བོ་ལ་རྩེ་གཅིག་ཏུ་གཏོད་ 4-1-14 པར་བྱེད་པ་དང༌། གཉིས་པ་རང་གི་བསམ་པའི་སྟོབས་ཀྱིས་སེམས་ངོ་ལ་རྩེ་གཅིག་ཏུ་གཏོད་ པའི་རྒྱུན་ཡང་ཡང་མཐུད་པ་དང༌། གསུམ་པ་དྲན་པའི་སྟོབས་ཀྱིས་སེམས་ནང་དུ་བཀུག་སྟེ་ སླན་པར་འཇོག་པ་དང་འདི་གསུམ་གྱི་སྐབས་སེམས་ངོ་ལ་བསྒྲིམས་ཏེ་འཇུག་པའི་ཡིད་བྱེད་ ཀྱི་དུས་ཡིན། བཞི་པ་ཡང་དྲན་པའི་སྟོབས་ལ་བརྟེན་ནས་སེམས་རང་ཤུགས་ངང་གིས་ཅུང་ ཟད་གནས་པ་ནས་བཟུང་དེ་ཉིད་ཀྱི་རྒྱུན་ཡང་ཡང་སྐྱོང་བ་དང༌། ལྔ་པ་ཤེས་བཞིན་གྱི་སྟོབས་ ཀྱིས་སེམས་གནས་ཀྱི་ཡོན་ཏན་དྲན་ཏེ་སྒོམ་པ་ལ་མི་སྐྱོ་བར་སྤྲོ་བ་བསྐྱེད་པ་དང༌། དྲུག་ པའང་ཤེས་བཞིན་དེ་ཉིད་ཀྱིས་སེམས་ཕྱི་རོལ་ཏུ་ཡུལ་བཟང་ངན་གང་ལ་རྣམ་པར་གཡེང་ ཞིང་འགྱུ་རྟོག་གི་འཕྲོ་ལ་ཁད་པའམ་འཕྲོ་བཞིན་པ་གང་རུང་དེ་ཀུན་གྱི་སྐྱོན་མཐོང་ནས་རྣམ་ གཡེང་འཕྲོ་བའི་རིགས་དང་དུ་མི་ལེན་པ་དང༌། བདུན་པ་བརྩོན་འགྲུས་ཀྱི་སྟོབས་ལ་བརྟེན་ ནས་རྣམ་རྟོག་ཆུང་ངུར་སོང་སྟེ་འཕྲལ་དུ་ཅུང་ཙམ་རེ་སྐྱེ་ཡང་གནས་པ་གཏིང་དཀྲུགས་མི་ ཐུབ་ཅིང་རང་ཞི་ལ་འཕྲོ་ཆོད་པ་དང་འདི་བཞིའི་དུས་བྱིང་རྒོད་སོགས་ཀྱིས་སེམས་གནས་ ཀྱི་བར་ཆད་ཅིང་འཇུག་པའི་ཡིད་བྱེད་ཀྱི་དུས་ཡིན། བརྒྱད་པ་ཡང་བརྩོན་འགྲུས་དེ་ཉིད་ ཀྱིས་བསྒྲིམས་ན་བྱིང་རྒོད་དང་རྣམ་གཡེང་དང་མ་འདྲེས་པའི་སེམས་གནས་གང་འདོད་དུ་ སྐྱོང་ཐུབ་ཅིང༌། རང་དབང་མེད་པར་བྱིང་རྒོད་སོགས་ཀྱི་གནས་པ་ལ་བར་ཆད་མི་བྱ་བར་ འཇུག་པའི་ཡིད་བྱེད་ཀྱི་དུས་ཀྱང་འདི་སྐབས་ཡིན། དེ་ཡན་ཆད་དུ་གོང་སྨོས་ཀྱི་གཉེན་པོ་ བརྒྱད་ལས་བདུན་པ་ཡན་གཙོ་བོར་བྱ་ལ། སེམས་གནས་དགུ་པ་ལ་གནས་པ་ཀུན་ཏུ་འདྲེས་ པའི་སྟོབས་ཀྱིས་སེམས་བསྒྲིམས་པ་ལ་རག་མ་ལས་པར་བྱིང་རྒོད་སོགས་ཀྱི་སྐྱོན་དང་བྲལ་ བར་ཅི་འདོད་དུ་གནས་ནུས་ཤིང་ནམ་དགོས་སུ་སླར་ལྡང་བ་ལ་དབང་ཐོབ་པ་འདིའི་སྐབས་ སེམས་ཀྱི་གནས་པ་རང་ཤུགས་ལྷུན་གྱིས་གྲུབ་པར་འཇུག་པའི་ཡིད་བྱེད་ཀྱི་དུས་དང་གཉེན་ པོ་བརྒྱད་པ་བཏང་སྙོམས་སུ་བྱེད་པ་ཉིད་བསྟེན་པ་ཡིན་ལ། ལས་དང་པོ་པ་རྣམས་ཀྱིས་ 4-1-15 གནས་པ་འདིའི་སྟེང་ནས་ཡིད་བྱེད་ཀྱི་མཚན་མ་དང་བྲལ་བར་གསལ་སྟོང་ཟུང་འཇུག་གི་ རང་མདངས་བསྐྱངས་ན་ཐོག་མ་ནས་ཀུན་གཞི་གསལ་རིག་གི་ཤུན་པ་དོར་ནས་གསལ་སྟོང་ སྤྲོས་བྲལ་མི་རྟོག་པ་དངོས་གནས་ལ་རྗེན་ཆར་དུ་སླེབས་མི་ནུས་ཀྱང་རྣམ་པ་འདྲ་རུང་གི་ མན་ངག་བསྐྱངས་པའི་གནད་ཀྱིས་རིམ་པས་གནས་ལུགས་ཀྱི་ཡེ་ཤེས་མངོན་དུ་གྱུར་འོང་ ཞིང༌། དེ་འདྲའི་རང་ལུགས་ཡེ་ཤེས་ལམ་བྱེད་ཀྱི་ཚུལ་འདིས་མྱུར་ནས་སྒྲིབ་གཉིས་ཀྱི་དྲི་མ་ དྲུངས་ནས་ཕྱུངས་ཏེ་ཟག་མེད་ཀྱི་ཆོས་སྐུ་མངོན་དུ་གྱུར་པར་བྱེད་ལ། འཇིག་རྟེན་པའི་སེམས་ གནས་ལ་བརྟེན་ནས་ཐུན་མོང་གི་ཞི་ལྷག་དང་བསམ་གཟུགས་ཀྱི་ཏིང་ངེ་འཛིན་རྣམས་ནི་ ཟག་བཅས་མཚན་མ་དང་མ་བྲལ་ཕྱིན་ཁམས་གསུམ་ཅི་རིགས་པའི་ཉོན་མོངས་མངོན་གྱུར་ རེ་ཆགས་བྲལ་བྱས་པས་ནི་འཁོར་བ་ལས་ངེས་པར་འབྱིན་མི་ནུས་སོ། ། ཡང་ན་རང་ལུགས་ལ་དུས་ཞབས་སྙན་རྒྱུད་ལས་གསུངས་པ་ལྟར་གྱི་སེམས་གནས་ཀྱི་ ཏིང་ངེ་འཛིན་བསྐྱེད་ལུགས་ལ་ཐོག་མར་ཅི་ཡང་ཡིད་ལ་མི་བྱེད་པའི་སེམས་གསལ་རིག་གི་ རང་མདངས་ལ་མཉམ་པར་འཇོག་པའི་སྐབས་རི་གཟར་གྱི་ཆུ་འབབ་པ་ལྟར་སེམས་སྐད་ ཅིག་མི་སྡོད་པར་རྣམ་རྟོག་བརྒྱུད་མར་འཕྲོ་བའི་རྟོག་ཚོགས་ཀྱི་རང་ངོ་ཟིན་པའི་གཡོ་བའི་ ཉམས་དང༌། དེ་ནས་ཡང་ཡང་བསྒོམས་པས་བར་སྐབས་རེ་ལ་རོང་ཁོང་དོགས་པའི་ཆུ་སྒྲ་ ལྟར་སེམས་རང་ཤུགས་ཀྱིས་ཁད་ཆགས་ནས་རེབ་ཙམ་རེ་གནས་ནས་ཡང་འཕྲོ་བའི་རང་ བཞིན་གྱི་ཐོབ་པའི་ཉམས་དང༌། དེ་ནས་ཡང་ཡང་བསྒོམ་པས་སྦལ་བ་མཆོང་མ་ཐག་སྡོད་ པ་ལྟར་སེམས་གནས་པ་ལས་རྣམ་རྟོག་ཤུགས་ཆུང་ངུ་རེ་སྐྱེས་མ་ཐག་རང་ཞིར་འགྲོ་བའི་ གོམས་པའི་ཉམས་དང༌། དེ་ནས་ཡང་བསྒོམ་པས་མཚོ་ཆུང་སེར་བུས་བསྐྱོད་ཀྱང་གཞན་ དུ་མི་བསྐྱིལ་བ་ལྟར་རྣམ་རྟོག་སྐྱེ་དཀའ་ཞིང་ཅུང་ཟད་རེ་སྐྱེས་ཀྱང་སེམས་གནས་གཏིང་ ནས་བསྐྱོད་མི་ཐུབ་པའི་གོམས་པ་བརྟན་པའི་ཉམས་དང༌། དེ་ལས་ཀྱང་གོམས་པས་རྒྱ་ 4-1-16 མཚོ་རླབས་དང་བྲལ་བ་ལྟར་སེམས་གནས་ལ་མཉམ་པར་བཞག་ཚེ་རྣམ་རྟོག་ཡེ་མི་སྐྱེ་བར་ བཞག་ན་རང་ཤུགས་ཀྱིས་ཁད་ཆགས་ཤིང༌། བཏང་ན་དམིགས་པ་ཀུན་ལ་འགྲོ་བ་བཏང་ སྡོད་ལ་དབང་ཐོབ་པའི་སྐབས་འདིའི་གོམས་པ་ཙམ་གྱི་ལྟོས་ཡུལ་ལ་ལྟོས་པའི་རེ་ཞིག་ མཐར་ཕྱིན་པའི་ཉམས་སྐྱེ་བའི་སྟེང་ནས་ཀུན་གཞི་གསལ་རིག་གི་འཇུག་སྒོ་ལ་བརྟེན་ནས་ གཉུག་མའི་ཡེ་ཤེས་ལ་སྙེག་པར་བྱེད་པ་སྟེ། དེ་ལྟར་སེམས་གནས་ཀྱི་ཏིང་ངེ་འཛིན་སྒྲུབ་ པའི་ཐབས་གང་རུང་གི་སྒོ་ནས་སྤྲོས་བྲལ་མི་རྟོག་པ་བསྒོམ་པའི་ཚུལ་འདི་ནི་རང་རེའི་དམ་ པ་གོང་མ་སྤྱིའི་དགོངས་བཞེད་ཀྱང་ཡིན་ལ། དམིགས་བསལ་རྣལ་འབྱོར་པའི་བློ་སོ་སོའི་ ཁམས་དབང་མི་འདྲ་བ་ལ་ལྟོ ས་ནས་སྒོམ་ཚུལ་གྱི་མན་ངག་ནི་ཐ་དད་པ་དུ་མ་ཞིག་ཡོད་དོ། ། ཁྱད་པར་རྫོགས་རིམ་སོར་སྡུད་ཀྱི་སྐབས་ལ། རྒྱུད་ཀྱི་དགོངས་འགྲེལ་ཆེན་མོ་བྱང་ ཆུབ་སེམས་འགྲེལ་སྐོ ར་ལས། རྟོག་པ་བློས་བྱས་ཀྱིས་སྒོམ་པ་ཀུན་ནས་སྨད་དེ། སྟོང་པ་ ནམ་མཁའ་ལ་བསྒོམ་པ་ཆེར་བསྔགས་མཛད་པ་ལྟར་རང་རེའི་དམ་པ་གོང་མའི་མན་ངག་ ལ་ནི། བློས་བྱས་ཀྱིས་རྩ་བསྒོམ་པ་དང་བདེན་མེད་ཀྱི་ངེས་པ་དྲངས་པ་སོགས་མི་བྱེད་པར་ སྨིན་མཚམས་ཐད་ཀྱི་ནམ་མཁའ་སྟོང་པར་སྤྲོས་བྲལ་མི་རྟོག་པའི་ངེས་པ་དོན་གྱི་དབུ་མའི་ དབྱིངས་སུ་རྩེ་གཅིག་ཏུ་མཉམ་པར་བཞག་པས་ལས་རླུང་ཕྲ་བ་དབུ་མ་ཕྲ་མོར་རང་ཤུགས་ ཀྱི་བསྡུས་ཏེ་རྟོག་བློ་དམིགས་བཅས་ཀྱི་འཁྲུལ་སྣང་མཐའ་དག་ཆོས་ཉིད་ཀྱི་དབྱིངས་སུ་རིམ་ པས་དྭངས་ནས་འོད་གསལ་རྣམ་པ་ཀུན་གྱི་སྟོང་གཟུགས་ཆེས་དྭངས་པ་ལས་ཀྱང་དྭངས་ ཤིང་གསལ་བའི་རང་བཞིན་ཡེ་བཞུགས་ཆོས་སྐུ་དམ་པའི་རང་གཟུགས་ཕྱོགས་གཅིག་གི་ཆ་ ནས་རིམ་གྱིས་ཅི་ཙམ་མངོན་ཚབས་ཆེ་བ་དང་མཉམ་དུ་ཀུན་ཉོན་མ་རིག་འཁྲུལ་བའི་སྣང་བ་ མཐའ་དག་ཀྱང་དེ་ཙམ་ཟད་ཚབས་ཆེ་བའི་སྒཽ་ནས་རིག་པ་ཡེ་ཤེས་ཀྱིས་མ་རིག་པའི་དངོས་ གཉེན་བྱས་ཏེ་གཞི་རྩ་དྲུངས་ནས་རིམ་པས་འབྱིན་ཏེ་མཐར་ཐུག་ཆོས་སྐུ་མངོན་དུ་གྱུར་ངེས་ 4-1-17 ཀྱི་ཚུལ་ལ་དགོངས་ནས། མི་གཡོ་བླ་མེད་ཀྱི་རྒྱུད་ལས། སེམས་ནི་བཅིངས་པར་གྱུར་པ་ ཡིས། །རླུང་ཡང་འཆིང་བར་འགྱུར་བའོ། །ཞེས་གསུངས་པའི་དགོངས་པ། ས་ར་ཧས་ཀྱང་ གསུངས་པ། མཁའ་འདྲར་བྱས་ནས་རླུང་ནི་མ་ལུས་འཆིང༌། །མཉམ་ཉིད་རབ་ཏུ་རྟོགས་ན་ རྣམ་པར་གྲོལ། །ཞེས་པ་ལྟར་རོ། ། དེ་དག་ནི་རང་ལུགས་ཀྱི་མི་རྟོག་པ་བསྒོམ་པའི་ཚུལ་སྤྱིའི་ཕྱོགས་ནས་མདོ་ཙམ་སྟེ། གཞན་དུ་ན་གང་ཟག་སོ་སོའི་ཁམས་དབང་ལ་ལྟོས་ནས་མི་རྟོག་པ་སྒོམ་པའི་ཐོག་མར་ མཚན་འཛིན་གཅོད་ཕྱིར་ཀུན་རྫོབ་གཟུང་འཛིན་གྱིས་བསྡུས་པའི་ཆོས་མཐའ་དག་བདེན་ པར་མེད་པའི་ཚུལ་ལ་དཔྱོད་བྱེད་དགག་བྱ་བདེན་གྲུབ་ངེས་པའི་གནད། བདེན་པའི་གཅིག་ བྲལ་ངེས་པའི་གནད། བདེན་པའི་དུ་བྲལ་ངེས་པའི་གནད། བདེན་པའི་གཅིག་དང་དུ་མ་ གང་རུང་དུ་མེད་ན་བདེན་པར་མེད་པས་ཁྱབ་པ་ངེས་པའི་གནད་དང་བཞིའི་སྒོ་ནས་བདེན་ མེད་གཏན་ལ་འབེབས་ཤིང༌། ཁྱད་པར་རང་རང་གི་ཁམས་དང་འཚམས་པར་རྣམ་ཤེས་ རྟོག་པའི་སྣང་བ་འདི་ཀུན་གང་ཐད་ནས་ཚུགས་ཐུབ་ཏུ་ཤར་ཚད་ལ་བདེན་པར་ཡོད་མེད་ཀྱི་ བཏགས་དོན་བཙལ་ཏེ་འདས་མ་འོངས་ད་ལྟ་དུས་གསུམ་དང་སྐད་ཅིག་མ་དུ་མའི་ཆ་ཕྱེས་ཏེ་ སྐྱེ་འགག་གནས་གསུམ་ལ་བདེན་པ་གང་ཡང་བཟུང་དུ་མ་རྙེད་པའི་ཚུལ་ལ་ངེས་ཤེས་ཡང་ ཡང་དྲངས་ཏེ་གང་སྣང་ཚུགས་ཐུབ་ཏུ་ཞེན་པའི་སྒོ་ལྷོད་པར་བྱས་ཏེ་བདེན་འཛིན་མཚན་མའི་ རྩེ་དབལ་ལེགས་པར་བཅོམ་སྟེ་ཉམས་སྨད་པའི་རྗེས་ནས་ད་གཟོད་རང་ལུགས་ཀྱི་མི་རྟོག་ བཅོས་མེད་དུ་སྒོམ་པར་བྱས་ནས་ནང་གནས་ལུགས་གཉུག་མའི་དོན་ལ་ཞུགས་ནའང་སྤྲོས་ བྲལ་མི་རྟོག་ཡེ་ཤེས་སྐྱེ་བ་སྔ་མ་བཞིན་དང་ཁྱད་པར་མེད་ཀྱང་འདིར་ནི་བཤད་བྱའི་གཙོ་བོ་ རང་རེའི་དམ་པ་གོང་མའི་མན་ངག་གི་རིམ་པ་ལྟར་ཡིན་པས་གོང་དཀྱུས་སུ་ཇི་སྐད་བཤད་ པ་བཞིན་ཏེ། དེ་ཡང་དེང་སང་ལས་དང་པོ་པ་བླ་མའི་མན་ངག་ཐེབས་པ་དག་གིས་ནི་སེམས་ 4-1-18 རང་རིག་རང་གསལ་སྒོམ་པ་ཉིད་འབད་ན་རང་ཅག་གི་རྩ་བའི་བླ་མའི་བར་དུ་ཉམས་མྱོང་གི་ བརྒྱུད་པའི་བྱིན་རླབས་བར་མ་ཆད་པས་རབ་ཚེ་འདིར་གསང་ཆེན་ཐེག་པ་ལ་མྱོང་བའི་ངེས་ ཤེས་སྐྱེ་བ་དང་འབྲིང་འཆི་སེམས་འོད་གསལ་གྱི་ཐོག་ཏུ་རང་ངོ་ཅི་རིགས་འཕྲོད་པ་དང་ཐ་ ནའང་སྔགས་ཀྱི་ཐེག་པ་ལ་བག་ཆགས་བཞག་སྟེ་སྐྱེ་སྲིད་ཕྱི་མར་རྡོ་རྗེའི་ཐེག་པ་ལ་ངེས་པར་ སྤྱོད་པའི་སྐལ་བཟང་ལ་གནས་རྒྱུ་འོང་བས་གང་ལྟར་ཡང་རང་རེའི་ཆོས་བརྒྱུད་འཛིན་པ་ རྣམས་ཀྱིས་རྩ་བའི་བླ་མའི་མན་ངག་བསྒོམ་པ་འདི་གང་ཐད་ནས་མི་བསླུ་བའི་དགོས་དོན་ཆེ་ བར་མཐོང་བ་སྟེ་འདི་དག་གི་གོང་འོག་ལ་ད་དུང་བཤད་དགོས་པ་མང་མོད་རེ་ཞིག་དེ་ཙམ་དུ་ བྱས་ནས་བཞག་གོ །ཞེས་དཔལ་ཇོ་ནང་པའི་ལུགས་ཀྱི་བཀའ་བརྒྱུད་ཟབ་མོའི་གནས་ལུགས་ཉམས་ལེན་གྱི་ཚུལ་མདོ་ ཙམ་དུ་བཀོད་པ་འདི་ཡང་རང་གི་ཆོས་ཀྱི་མཆེད་གྲོགས་ང༷ག་དབ༷ང་ཡོ༷ན་ཏན་བཟ༷ང་པོ༷་ལ་ཆོས་ཀྱི་ཚུལ་ལ་ངེས་ཤེས་བསྐྱེད་པའི་ དཔྱད་གཞི་ཙམ་གྱི་ཆ་རྐྱེན་དུ་དམིགས་ནས་མ་༷ཏི༷་ཀི༷རྟི༷་ཞེས་པས་ཤར་མར་སྤེལ་བ་བཞིན་སྔ་ཕྱིར་ཆོས་མཆེད་ཉིད་ཀྱིས་ཡིག་རིས་ སུ་ཡང་ཡང་བཀོད་པ་འདིས་ཀྱང་འགྲོ་ཀུན་ལ་ཕན་པའི་ལེགས་ཚོགས་ཤིག་བསྐྲུན་པར་ཤོག་ཅིག །བྲི ་བཞེངས་འདི། །འགྲོ་ཀུན་ ཀྱིས། །གནས་ལུགས་མཆོག །རྟོགས་རྐྱེན་དུའོ།། །།སརྦ་མངྒལཾ། 4-1-19 ༄༅། །སྐལ་ལྡན་འགའ་ཞིག་ལ་ཉེ་བར་ཕན་པའི་དེང་དུས་སུ་ ཉེར་མཁོ་ལག་ལེན་གསལ་བྱེད་ཆོས་སྣང་ ཟླ་ཟེར་ཞེས་བྱ་བ་ བཞུགས་སོ།། ཕུན་ཚོགས་དགེ་ལེགས་ཕྱོགས་དང་དུས་ཀྱི་ཆར། ། ཆོས་སྐུའི་རོལ་པ་གང་འདུལ་རྗེས་འགྲོ་ཞིང༌། ། རང་འཚམས་གནས་ལུགས་མངོན་ལ་མི་བསླུ་བའི། ། མཛད་མངའ་ངེས་པ་དོན་གྱི་བླ་མར་འདུད། ། ཁྱབ་བདག་གསང་གསུམ་ཆེ་བའི་མཛད་སྒོ་ལས། ། བྱིན་རླབས་སྣང་བ་ཁམས་དབང་དང་མཐུན་པར། ། དུས་སུ་བབ་ལ་སྨིན་གྲོལ་དེ་ལུགས་བཞིན། ། སྐལ་བཟང་དགའ་སྟོན་ལ་སྤྱོད་ཡ་མཚན་གནས། ། དེ་སླད་རླབས་ཆེན་ཐུགས་རྗེ་ཅི་འོས་སུ། ། ཁྱོད་སེམས་ལེགས་སྣང་དཔལ་དུ་ཡོངས་འཕོས་ཤིང༌། ། ཆོས་ལ་ཉམས་མྱོང་གསར་བའི་མཐུ་ཤར་ཏེ། ། གསང་བ་ཟབ་མོ་ཅུང་ཟད་དབང་བའི་ཐབས། ། 4-1-20 དུས་དང་མཐུན་པའི་རྒྱུད་ཚོད་ལ་འབྱོར་བ། ། སྐལ་ལྡན་འགའ་ལ་དེང་ཕན་ལག་ལེན་ཆ། ། འདི་ན་མདོ་ཙམ་ཚིག་ལྷུག་སྤེལ་བའི་སྒོས། ། བགྱི་བའི་ལྷག་བློ་ཡོད་ཕྱིར་གུས་པས་ཉོན། ། དེ་ལའང་སྟོན་པའི་བསྟན་པ་སྔ་དར་གྱི་ལྷག་མ་ཆེས་རྒུད་ཅིང་ཉམས་ཤིན་ཏུ་དམའ་ བའི་སྐབས་འདི་ལྟ་བུ་ལ་བསྟན་པར་བག་ཆགས་ལེགས་འཇོག་གི་བསམ་པ་ཡོད་པའི་རྗེས་ འཇུག་ཚོས་དེང་དུས་དང་མཐུན་པར་དལ་འབྱོར་སྙིང་པོ་ལེན་ཐབས་སྒོ་གསུམ་དགེ་བ་ལ་ སྦྱོར་བའི་ལག་ལེན་རགས་བསྡུས་གང་ཟག་འགའི་རྒྱུད་ལ་ལྟོས་ཚོད་འདིར་བརྗོད་པར་བྱ་བ་ སྟེ། དེ་ཡང་སྔོན་གྱི་དུས་བསྟན་པ་ཡོངས་རྫོགས་ཀྱི་མངའ་བདག་སྟོན་པ་སངས་རྒྱས་སྐུ་ དངོས་བཞུགས་ཀྱི་སྐབས་སུའང་གང་གིས་ཐེག་པ་གསུམ་གྱི་རིགས་ཅན་རྗེས་སུ་བཟུང་བའི་ ཆེད་ཐབས་གང་ལ་གང་འདུལ་གྱི་ཆོས་སྒོ་ཡང་གདུལ་བྱ་ཉན་ཐོས་རྣམས་ལ་ཉོན་སྒྲིབ་ཙམ་ སྤོང་ཞིང་གང་ཟག་གི་བདག་མེད་ཀྱི་གནས་ལུགས་ཙམ་མངོན་དུ་བྱ་བའི་སྐལ་བ་ཡོད་པ་ ལ་སྟོན་པ་ཉིད་ཀྱིས་དགོངས་ཏེ་འཁོར་བ་དང་ཐར་པའི་རྒྱུ་འབྲས་འཕགས་པའི་བདེན་པ་ བཞི་ལས་བརྩམས་དག་པའི་གཞི་གང་ཟག་བདག་མེད་ཀྱི་དབྱིངས་དང་མ་དག་པའི་གཞི་ འཁོར་བ་སྡུག་བསྔལ་ཀུན་གྱིས་བསྡུས་པ་རྣམས་དང༌། ལམ་སྟོང་བདག་མེད་གཙོ་བོར་གྱུར་ པའི་བདེན་བཞིའི་རྣམ་པ་བཅུ་དྲུག་རྟོགས་པའི་སོ་འཕགས་ཀྱི་མངོན་པར་རྟོགས་པ་གང་ ཡོད་ཚད་དང༌། འབྲས་བུ་བདག་མེད་དེ་ཉིད་ཀྱི་དབྱིངས་ཉོན་སྒྲིབ་མཐའ་དག་སྤངས་པའི་ ཐར་པ་འགོག་ལམ་གྱི་ངོ་བོ་རྣམ་པར་གྲོལ་བའི་ཡེ་ཤེས་དེ་ཙམ་པ་མངོན་དུ་གྱུར་བྱེད་ལམ་ རྣམས་རྒྱུད་ལ་བསྐྱེད་ནས་མ་དག་འཁོར་བའི་གཞིའི་སྒྲིབ་བྱེད་གང་དག་བྲལ་བར་བྱས་ཏེ་ 4-1-21 རང་བཞིན་བདག་མེད་ཀྱི་དབྱིངས་ཐར་པ་དག་པའི་གཞི་དེ་ཀ་ཙམ་གདུལ་བྱ་དེ་དག་གི་ ངོར་འབྲས་བུ་མཐར་ཐུག་གི་ཚུལ་བྱས་ཤིང་དེ་མངོན་བྱེད་པའི་ཆོས་སྒོ་རང་འཚམས་ཙམ་ གསུངས་པ་དང༌། རང་རྒྱལ་རྣམས་ལ་ཉོན་སྒྲིབ་མཐའ་དག་དང་ཤེས་སྒྲིབ་རགས་པ་ཙམ་ སྤོང་ཞིང་གང་ཟག་གི་བདག་མེད་ཆ་ཚང་དང་ཆོས་ཀྱི་བདག་མེད་རགས་པའི་གནས་ལུགས་ ཙམ་མངོན་བྱེད་ཀྱི་སྐལ་བ་ཡོད་པ་ལ་དགོངས་ནས་དེ་ལུགས་ལྟར་གོང་སྨོས་བདེན་བཞིའི་ གཞི་ལམ་འབྲས་གསུམ་གྱི་ཁར་ལམ་དུས་སུ་གཉིས་སྟོང་རྟེན་འབྲེལ་སྒོམ་པ་སོགས་དང་ གཞི་འབྲས་ཀྱི་དུས་གང་ཟག་གི་བདག་མེད་དང་ཆོས་བདག་རགས་པས་སྟོང་ཙམ་གཞིར་ བྱས་འབྲས་བུ་དེ་ཉིད་ཤེས་སྒྲིབ་རགས་པས་དག་པ་བཅས་བསྣན་པས་ཚུལ་དེ་དང་མཐུན་ པའི་རྣམ་གྲོལ་ཐར་པ་མངོན་དུ་བྱེད་ཐབས་ཀྱི་ཆོས་སྒོ་རང་ལ་འོས་ཙམ་དུ་གསུངས་པ་དང༌། ཐེག་ཆེན་གང་དག་ལ་ཉོན་ཤེས་མཐའ་དག་སྤོང་ཞིང་བདག་མེད་གཉིས་ཀྱི་གནས་ལུགས་ སྤྲོས་བྲལ་སྟོང་ཕྱོགས་དང་རིམ་པའི་དོན་དམ་སྣང་བའི་ཕྱོགས་མཐར་ཐུག་མངོན་བྱེད་ཀྱི་ སྐལ་བ་ཡོད་པ་ལ་དགོངས་ཤིང༌། དེ་ལྟར་ན་ཡེ་གཞི་དོན་དམ་ཆོས་དབྱིངས་བདེ་གཤེགས་ སྙིང་པོ་དང་ཀུན་རྗོབ་འཁོར་བས་བསྡུས་པ་རྣམས་དང༌། ལམ་སྟོང་ཉིད་རྟོགས་པའི་ཡེ་ཤེས་ གཙོར་གྱུར་མཁྱེན་གསུམ་གྱི་རྣམ་པ་བརྒྱ་དོན་གསུམ་ཕར་ཕྱིན་དྲུག་སོགས་ཆེས་མཐའ་ཡས་ པ་དང༌། འབྲས་བུ་སྒྲིབ་གཉིས་མཐའ་དག་སྤངས་པའི་དག་པ་གཉིས་ལྡན་སྐུ་གསུམ་ལྷུན་ གྲུབ་དང་བཅས་པའི་སྒོ་ནས་སྦྱང་གཞི་དོན་དམ་པ་སྦྱང་བྱ་འཁོར་བས་བསྡུས་པ་སྦྱོང་བྱེད་ ལམ་གྱི་ཚོགས་སྦྱངས་འབྲས་མཐར་ཐུག་ཆོས་སྐུ་གཞི་འབྲས་དབྱེར་མེད་ཀྱི་ངོ་བོ་མངོན་དུ་ གྱུར་ཏེ་བླ་ན་མེད་པར་བྱང་ཆུབ་པའི་ཐབས་ཟབ་དང་རྒྱ་ཆེ་བའི་ཆོས་སྒོ་མང་པོ་གསུངས་པ་ དང༌། ཁྱད་པར་ཐེག་ཆེན་སྔགས་ཀྱི་གདུལ་བྱ་རྣམས་ལ་མཚན་བཅས་མཚན་མེད་ཀྱི་དེ་ཁོ་ན་ ཉིད་དང་ཟབ་གསལ་གཉིས་མེད་ཀྱི་རྣལ་འབྱོར་དང་བསྐྱེད་རྫོགས་ཀྱི་རིམ་པ་གཉིས་སོགས་ 4-1-22 ཆེས་གསང་བའི་སྔགས་ཀྱི་གཞི་རྒྱུད་རང་བྱུང་ལྷན་ཅིག་སྐྱེས་པའི་འོད་གསལ་ཆོས་དབྱིངས་ ཡེ་ཤེས་ཆེན་པོ་རང་སྐལ་ཇི་ལྟ་བར་རིམ་པས་མངོན་བྱེད་ཐབས་མཁས་ཆེས་གསང་གི་ཉེ་ ལམ་རྣམས་ལ་བརྟེན་ནས་སྔགས་ཀྱི་གཞི་རྒྱུད་དེ་ཉིད་འབྲས་བུ་དང་རྣམ་པ་ཀུན་ནས་དབྱེར་ མེད་པར་མངོན་དུ་གྱུར་པའི་ཟབ་མོ་དགོངས་ཆེན་གྱི་ཐེག་པར་སློབ་པའི་རིག་པ་འཛིན་པ་རྡོ་ རྗེ་མཆེད་རྣལ་འབྱོར་ཕོ་མོ་གང་དག་ལའང་དེ་ལུགས་གསང་ཆེན་མཆོག་གི་གཞི་ལམ་འབྲས་ གསུམ་ཁྱད་པར་བའི་ཆོས་ཚུལ་ལེགས་པར་བཀའ་བསྩལ་པ་སོགས་སངས་རྒྱས་ཉིད་ཀྱིས་ ཆེད་དུ་བྱ་བའི་གདུལ་བྱ་གང་གང་ལ་རྒྱུ་དང་འབྲས་བུའི་ཐེག་པའི་ཆོས་སྒོ་གསུངས་ཚད་ ཐམས་ཅད་མདོ་སྔགས་ཀྱི་སྐབས་དེ་དག་ཏུ་གདུལ་བྱ་ཕལ་མོ་ཆེ་རང་རང་གི་ཆོས་ལ་ལྟོས་ ཏེ་དབང་རྣོན་གྱི་རིགས་སུ་འདུག་ཤས་ཆེ་བས་རང་འཚམས་ཀྱི་འབྲས་བུའི་རྟོགས་པ་སྐྱེ་མ་ རག་ཏུ་ཡོད་ཅིང་སྐབས་དེའི་སོ་བྱང་སྔགས་གསུམ་གྱི་བསླབ་སྡོམ་རྣམས་ཀྱང་དེ་ལྟར་དཀའ་ ཚེགས་མི་དགོས་ཤིང་ལམ་མངོན་པར་རྟོགས་པའི་སྒོ་གང་དག་ངང་གིས་སྐྱེ་ཐུབ་པའི་མདོ་ སྔགས་ཀྱི་ཆོས་གང་སྟོན་པའི་སངས་རྒྱས་འཁོར་བཅས་ནི་བསྟན་པ་འབྲས་བུའི་དུས་ཀྱི་ཆེས་ སྐལ་བ་བཟང་པོར་ངེས་པའི་དབང་གིས་ཐེག་པ་རང་རང་གི་བསླབ་པ་གང་བཟུང་བ་ཐམས་ ཅད་ལ་ཉེས་པ་ཕྲ་མོས་མ་གོས་ཤིང་མངོན་རྟོགས་ཡོན་ཏན་གྱི་སྒོ་ཡང་སྐད་ཅིག་རེ་ནས་ཐོས་ བསམ་སྒོམ་པས་འབད་པ་དཀའ་ངལ་ཅན་ལ་མ་ལྟོས་ཀྱང་སྐྱེ་ཚབས་ཆེ་བའི་སྒོ་ནས་ངེས་ པར་ཆེས་མྱུར་བར་རང་འབྲས་མཐར་ཐུག་མངོན་དུ་བྱེད་ནུས་པ་ཡིན་ལ། དེ་ནས་སྐལ་དུས་ ཀྱི་དབང་གིས་བསྟན་པ་སྒྲུབ་པ་དང་ལུང་དང་གཟུགས་བརྙན་གྱི་སྐབས་ལ་རིམ་པས་སླེབ་ འོང་བའི་སྟོན་པ་མྱ་ངན་ལས་འདས་ཚུལ་མཛད་རྗེས་བསྟན་པ་རིམ་སྐྱོང་གི་ཆོས་སྨྲ་བའི་ མཁན་སློབ་པཎ་གྲུབ་གང་དག་དང་དེ་རྣམས་ཀྱི་ཐུགས་སྲས་སློབ་མའི་ཚོགས་གང་ཇི་སྙེད་ བྱུང་བ་རྣམས་ལ་ནི་བསྟན་པ་འཕེལ་འགྲིབ་ལ་ལྟོས་པས་མདོ་སྔགས་གང་ལ་ཡང་བསླབ་ 4-1-23 སྡོམ་ལམ་མངོན་རྟོགས་མཛད་སྒོའི་ཆ་ཅི་རིགས་ནས་ཇེ་དམན་དུ་སོང་སྟེ་ཐོག་མར་མདོ་ ཕྱོགས་ཐེག་དམན་གྱི་རྟོགས་པ་ཇི་བཞིན་སྐྱེ་བའི་ལག་ལེན་རྣམས་རིམ་གྱིས་ནུབ་ཅིང༌། དེ་ ནས་ཕར་ཕྱིན་ཐེག་པ་ཇི་བཞིན་བསྒོམ་པའི་ཕྱག་བཞེས་ཀྱང་དུས་དབང་གིས་ཇེ་དམན་ཙམ་ དང་སྔགས་ཕྱོགས་རྒྱུད་སྡེ་བྱ་སྤྱོད་རྣལ་འབྱོར་བླ་མེད་ཀྱི་བར་རྣམས་ཀྱང་རིམ་པ་དེ་ལྟར་ དུ་ལག་ལེན་ཡང་དག་གི་སྒོ་མར་མར་འགྲིབ་སྟེ་ཉམས་མྱོང་གི་སྟོབས་ཧ་ཅང་ཞན་པའི་ ཚུལ་གྱིས་ལམ་སློབ་པ་མང་ཕྱོགས་ལ་སོ་སོས་ཇི་ལྟར་ཐེག་པ་གང་ཞུགས་ལོ་ཙམ་བྱས་ཀྱང་ ནང་གི་མྱོང་བ་རྗེས་མཐུན་མཚོན་ཙམ་པའི་འགྱུར་བག་ལས་ཕྱི་རུ་མངོན་ཚབས་ཀྱི་ཤུགས་ ལྷག་པར་ཆུང་བ་ད་ལྟའི་བར་ཡུལ་དུས་ཀྱི་ཆོས་ཉིད་ལྟ་བུར་གྱུར་པའི་སྐབས་རྣམས་སུ་ནི་ ཚུལ་དེ་མཐུན་ཆོས་ལུགས་འཆད་ཉན་གྱི་དཔོན་སློབ་གང་བྱུང་དག་གིས་དུས་ཀྱི་ཁམས་ དབང་དང་བསྟུན་སངས་རྒྱས་བསྟན་པ་སོ་བྱང་སྔགས་གསུམ་གང་གི་སྒོར་ཞུགས་པའི་དུས་ སུའང་གནའ་སྔོན་གྱི་བསླབ་པ་ལམ་ཉམས་ལེན་རྣམས་ལ་ལྟོས་ན་རྗེས་མཐུན་གཟུགས་ བརྙན་ཙམ་གྱི་གོ་ལས་མི་ཆོད་ཀྱང་ཆོས་ལ་སྐྱེས་རྩལ་ཅི་ཡོད་ཀྱིས་གཞོལ་བ་རང་རང་ཚོའི་ ཁམས་དབང་གིས་གང་འཆུན་ཙམ་གྱི་སྟེང་ནས་རང་རྒྱུད་ལ་གང་ཕན་ཁམས་དང་འཕྲོད་ཚད་ སྤྲོ་ཤུགས་ཡོད་ངེས་ཀྱི་ལུས་ངག་ཡིད་གསུམ་སྒོ་ནས་སྲོག་མི་གཅོད་པ་སོགས་ལུས་ཀྱི་དགེ་ རྩ་གསུམ་དང་རྫུན་མི་སྨྲ་བ་སོགས་ངག་གི་དགེ་རྩ་བཞི་དང་བརྣབ་སེམས་སྤང་བ་སོགས་ ཡིད་ཀྱི་དགེ་རྩ་གསུམ་པོ་དེ་དག་ལས་གང་བྱ་ཐུབ་པའི་སྤྲོ་ཤུགས་ཡོད་ཚད་དང་པོ་ཉིད་ནས་ བརྩོན་པས་ནན་ཏན་བྱ་ཞིང་བྱ་བ་དཀའ་ཙམ་པ་ཡོད་ཚེ་རང་ཉམས་དང་སྦྱར་ནས་རིམ་པས་ ཅི་ཐུབ་ལ་བཏང་དགོས། སྤྱིར་མདོ་དང་སྔགས་ཀྱི་སྐབས་སོ་ཐར་བྱང་སེམས་སྔགས་ཀྱི་ སྡོམ་པ་གསུམ་པོ་ཡང་རྒྱུད་ལྡན་གང་ཟག་རབ་འབྲིང་ཐ་མ་ལ་ལྟོས་ཏེ་དབང་པོ་ཡང་རབ་ སྔགས་ཀྱི་རྣལ་འབྱོར་མཆོག་མངའ་དག་གི་རྒྱུད་ཀྱི་གསང་སྔགས་བྱང་སེམས་སོ་ཐར་གསུམ་ 4-1-24 གྱི་སྡོམ་པ་ནི་ཉི་ཟླ་སྐར་གསུམ་གྱི་དཔེ་ལྟར་སྔགས་སྡོམ་བདེ་སྟོང་རྟོགས་པ་ཆེས་ཟབ་མོའི་ མཐུ་རླབས་ཀྱིས་བྱང་སེམས་སྔར་གྱི་གནས་སྐབས་ཟིལ་གྱིས་མནན་ཏེ་མཐུ་ཁྱད་པར་བ་ན་ འཕར་བའི་སྒོ་ནས་བྱང་སེམས་རང་ཐད་ལྟར་འགལ་བར་སྣང་བ་རྣམས་ཀྱིས་གནོད་མི་ནུས་ པ་མ་ཟད་སྔགས་ལམ་གྱི་མཐུན་རྐྱེན་མཆོག་ཏུ་འགྲོ་ཞིང༌། བྱང་སྡོམ་གཞན་ཕན་གཏིང་ཟབ་ པའི་བྱེད་པ་ལ་བརྟེན་སོ་ཐར་རང་རྐྱང་དང་མི་མཐུན་པ་ལྟར་སྣང་བ་རྣམས་ཀྱང་སེམས་དགེ་ བ་ལ་ཉེས་པ་མེད་པ་མ་ཟད་དགེ་སློང་རྡོ་རྗེ་འཛིན་པ་མཆོག་ཏུ་གྱུར་པའི་ཐབས་ཁྱད་པར་ ཅན་དུ་སོང་བས་སོ་ཐར་ཟིལ་གྱིས་གནོན་པ་སོགས་གང་ཟག་རབ་ཀྱི་སྡོམ་གསུམ་རྒྱུད་ལ་ མངའ་བའི་ཚུལ་དང༌། གང་ཟག་དབང་འབྲི ང་ལས་དང་པོ་པ་ཕལ་ཆེ་བའི་རྒྱུད་ཀྱི་སྡོམ་པ་ སོ་ཐར་བྱང་སེམས་སྔགས་གསུམ་པོ་ནི་རྫ་སྣོད་དང་དེའི་ནང་གི་ཆུ་དང་ཆུ་དེའི་ནང་དུ་ཤར་ བའི་གཟུགས་བརྙན་དང་དེ་གསུམ་པོའི་དཔེ་ལྟར་སྡོམ་པའི་གཞི་སོ་ཐར་དང་འགལ་བ་བྱས་ ན་དེ་ལ་བརྟེན་པའི་བྱང་སེམས་ལ་གནོད་འོང་བ་མ་ཟད་སྔགས་དང་བཅས་པའི་བསླབ་པ་ ཀུན་རལ་འགྲོ་བའི་སྐབས་ཀྱི་གང་ཟག་འདིར་དབང་འབྲིང་དུ་ངོས་བཟུང་བའི་རྒྱུད་ཀྱི་སྡོམ་ གསུམ་གནས་པའི་ཚུལ་དང༌། གང་ཟག་དབང་པོ་ཐ་མའི་རྒྱུད་ཀྱི་སྡོམ་པ་གསུམ་ལ་བག་ ཆགས་དང་སྨོན་ལམ་ཙམ་མ་ཆད་པའི་སྐབས་ཀྱི་སྡོམ་པ་གསུམ་ནི་ཤིང་ཡལ་འདབ་དང་ལྡན་ པའི་ཡལ་ག་སྐམ་ཀྱང་རྩ་བ་མ་བུད་པའི་དཔེ་ལྟར་སྡོམ་པ་གསུམ་པོ་ཁས་བླངས་པའི་ནང་ གི་སོ་ཐར་བསྙེན་རྗོགས་སྐབས་ཕམ་པ་བཞི་ལྷག་མ་བཅུ་གསུམ་ལྟ་བུ་དང་བྱང་སེམས་སྡོམ་ པའི་སྐབས་བྱང་ཆུབ་སེམས་འདོར་ནག་ཆོས་བཞི་ལྟ་བུ་དང་སྔགས་ཀྱི་སྡོམ་པའི་སྐབས་རྩ་ ལྟུང་སྦོམ་པོ་ལྟ་བུའི་སྡོམ་པ་དེ་དག་གི་གཞི་རྩ་རགས་རིམ་གྱི་སྒང་རྣམས་ཡུལ་དུས་ཁམས་ དབང་ལ་ལྟོས་ཏེ་ལག་ལེན་ཅི་ཐེབ་ཀྱི་སྟེང་ནས་བག་ཡོད་གཟོབ་པ་ལྷུར་ལེན་བྱས་ནས་དེ་ ལྷག་གི་བསླབ་པ་རྣམས་རྩིས་འཛིན་གྱི་སྒོ་ནས་ལག་ལེན་ནམ་ལྡན་ལ་ཅི་ནུས་སུ་བསྲུང་ 4-1-25 འདོད་ཀྱི་ཁུར་ནན་པོའི་བསམ་པ་དང་བཅས་དེ་བར་བསླབ་སྡོམ་གང་མ་ཐོན་པ་དག་ལ་ཉིན་ རེ་བཞིན་གནོང་འགྱོད་བཤགས་བསྡམས་རེ་མི་ཆག་པ་གལ་གནད་དུ་བཟུང་སྟེ་དུས་དང་ མཐུན་པའི་སྡོམ་གསུམ་ལ་བག་ཆགས་འཇོག་ཅིང་ལག་ལེན་གང་ཐེབ་ཙམ་ལ་གཡོ་སྒྱུ་དང་ མངོན་ལྐོག་མེད་པར་སྐྱེས་རྩལ་ཅི་ཡོད་ཀྱིས་འབད་ཅིང་དེ་ལྷག་རྣམས་རེ་ཞིག་སྨོན་པའི་ཡུལ་ དུ་བྱའོ། ། ཚུལ་དེ་བཞིན་དུས་མཐར་མདོ་སྔགས་གང་གི་ལམ་ཉམས་སུ་ལེན་པ་ཡང་བསྟན་པ་གང་ ཐད་སྤྱིར་བསྟན་རྩིས་ཡོངས་གྲགས་ལྟར་ན་སྒྲུབ་པའི་ནང་ཙམ་ལ་སླེབ་པར་བཤད་ཀྱང་དོན་ ལ་དེ་ལྟར་མ་ངེས་པར་དུས་ཀྱི་གང་ཟག་མང་ཕྱོགས་ལ་ལྟོས་ན་ལུང་མཐར་གཟུགས་བརྙན་ ཙམ་ལ་ཡང་སླེབ་ཚོད་གདའ་བས་ཚུལ་དེ་ལུགས་རང་རང་གི་ཁམས་དབང་དང་བསྟུན་ནས་ མདོ་ཕྱོགས་སྐྱེས་བུ་གསུམ་གྱི་ལམ་ལ་བློ་ཕྱོགས་ཤིང་ཡིད་འགྱུར་ཙམ་རེ་དང་སྔགས་ཕྱོགས་ བསྙེན་བཟླས་མཚན་བཅས་མཚན་མེད་དང་རིམ་གཉིས་ཀྱི་ལམ་ལ་རྣམ་པ་འདྲ་རུང་རྗེས་ མཐུན་ཙམ་དང་རང་འཚམས་ཀྱི་ལག་ལེན་ཅི་ཐེབ་རེའི་སྟེང་ནས་བག་ཆགས་སྨོན་ཡུལ་དུ་ བྱས་ནས་འབད་བརྩོན་མ་ལྷོད་ན་རེ་མེད་ཀྱི་ནུས་མཐུ་འོས་མིན་ཀྱང་ད་སྐབས་རང་རེ་རྣམས་ དང་འཚམས་པའི་མདོ་སྔགས་ཀྱི་བསྟན་པ་ལ་བག་ཆགས་བཟང་པོ་ཐོབ་སྟེ་དེ་ལུགས་ཀྱི་ནང་ ཉམས་མྱོང་གི་ལེགས་ལྟས་མཚོན་ཙམ་པ་དེ་མཐུན་ནུས་པའི་རླབས་རེའི་ཆ་ཡང་མངོན་རྒྱུ་ ཡོད་ཅིང་འདི་ཕྱིའི་ཕན་འབྲས་ཀྱི་རྗེས་སུ་འགྲོ་ལྡོ ག་ཀྱང་དོན་མེད་ངལ་བ་ཙམ་དུ་མ་ཟད་པར་ གནས་སྐབས་མཐར་ཐུག་གི་ཕན་བདེ་ལ་རིམ་པས་སྦྱོར་ངེས་པ་ནི་རྣམ་པ་ཀུན་ཏུ་ཡིད་གཉིས་ དང་བྲལ་བའི་གནས་ཚད་མས་གྲུབ་པ་མི་བསླུ་བའི་ཡུལ་ལོ། ། ད་སྔོན་གངས་ལྗོངས་སུ་དམ་པའི་ཆོས་དར་བ་ཐམས་ཅད་འཕགས་ཡུལ་དུ་སྟོན་པས་རྒྱུ་ དང་འབྲས་བུའི་ཐེག་པ་མང་ཙམ་གསུངས་པ་དང་སྟོན་པ་དེ་ཉིད་ཀྱི་སྤྲུལ་གཞི་དང་སྤྲུལ་པའི་ 4-1-26 བཀོད་པ་སྣ་ཚོགས་པས་གཞན་ཡང་མི་མིན་གནས་དང་མི་ཡུལ་སོ་སོར་མདོ་སྔགས་གསར་ རྙིང་གི་ཆོས་སྒོ་གདུལ་བྱའི་ཁམས་དབང་དང་མཐུན་པར་ཆེས་མཐའ་ཡས་པ་གསུངས་པ་ ལས་མཁན་པོ་བོ་དྷི་ས་ཏྭ་སློབ་དཔོན་པདྨ་འབྱུང་གནས་པཎ་ཆེན་བི་མ་མི་ཏྲ་སོགས་ལས་ བརྒྱུད་དེ་སྔ་འགྱུར་བཀའ་མའི་ཟབ་ཆོས་མདོ་སྔགས་ཟུང་འབྲེལ་ལས་གཙོ་བོ་སློབ་དཔོན་ གྱིས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་གསང་ཆེན་སྔགས་ཆོས་དངོས་སུ་གང་གསུངས་ རྣམས་དང༌། འབྱུང་བའི་ཁམས་སུ་ཟབ་གཏེར་དུ་ཆེས་མང་སྦས་པའི་ཟབ་གསང་གི་མཛོད་ དང་བཅས་པ་ལས་སྔ་མ་མདོ་སྔགས་ཀྱི་ཆོས་དངོས་བཞུགས་རྣམས་ལ་བརྟེན་ནས་བྱུང་བའི་ ལུང་རྟོགས་བསྟན་པ་སྔགས་སྙིང་མ་བཀའ་མའི་ལུགས་དང༌། དུས་ཕྱིས་སུ་སངས་རྒྱས་བླ་ མ་ནས་བཟུང་གཏེར་སྟོན་བརྒྱ་རྩ་ལ་སོགས་པས་སྔར་གྱི་ཟབ་གཏེར་བཏོན་པ་ལས་བྱུང་བའི་ ངེས་གསང་གི་སྒོ་རྣམས་རྙིང་མ་གཏེར་མའི་ལུགས་ཏེ་གསང་སྔགས་སྒྲུབ་བརྒྱུད་ཆེ་བ་གཉིས་ དང༌། དཔལ་ལྡན་ཇོ་བོ་འབྲོ མ་ཡབ་སྲས་སོགས་ལས་བརྒྱུད་དེ་མདོ་སྔགས་ཀྱི་དགོངས་ འགྲེལ་ལ་བརྟེན་ལུང་རྟོགས་བསྟན་པ་བཀའ་གདམས་པའི་ཕྱོགས་དང༌། ཆོས་ཕུགས་དེ་ ལས་རིམ་པར་བྱུང་བ་རྗེ་ཙོང་ཁ་པ་ཐུགས་སྲས་རྣམ་གཉིས་སོགས་ལས་བརྒྱུད་པའི་བཤད་ སྒྲུབ་ཀྱི་སྲོལ་སྔགས་གསར་མའི་ཕྱོགས་ཏེ་བཀའ་གདམས་སྒྲུབ་བརྒྱུད་ཆེ་བ་གཉིས་དང༌། པཎ་ཆེན་ནཱ་རོ་མར་པ་ལོ་ཙཱ་སོགས་ལས་བརྒྱུད་པའི་ཟབ་གསང་གི་རིམ་པར་མར་པ་བཀའ་ བརྒྱུད་དང༌། ཡེ་ཤེས་མཁའ་འགྲོ་ནཻ་གུ་མ་དང་གྲུབ་ཐོབ་ཁྱུང་པོའི་རྣལ་འབྱོར་སོགས་ལས་ བརྒྱུད་པའི་གསང་ཆེན་སྔགས་ཀྱི་བསྟན་པ་ཤངས་པ་བཀའ་བརྒྱུད་པ་སྟེ་བཀའ་བརྒྱུད་ ཕྱོགས་ཀྱི་སྒྲུབ་བརྒྱུད་ཆེ་བ་གཉིས་དང༌། གྲུབ་ཆེན་བིརྺ་པ་དང་བ་རི་ལོ་ཙཱ་ས་ཆེན་ཀུན་སྙིང་ སོགས་ལས་བརྒྱུད་པའི་ས་སྐྱའི་ལམ་འབྲས་ཆེན་མོའི་བསྐྱེད་རྫོགས་ཀྱི་སྒྲུབ་བརྒྱུད་ཆེ་བ་ དང༌། གྲུབ་ཐོབ་ཨོ་རྒྱན་པས་ཨོ་རྒྱན་ཡུལ་ནས་སྤྱན་དྲངས་པའི་ཟབ་ཆོས་དུས་འཁོར་བསྙེན་ 4-1-27 སྒྲུབ་རྣམ་གསུམ་གྱི་སྒྲུབ་བརྒྱུད་ཆེ་བ་དང༌། ཕ་ཅིག་དམ་པ་དང་མ་ཅིག་ལབ་སྒྲོན་ལ་སོགས་ པའི་བཀའ་སྲོ ལ་ལས་བྱུང་བ་ཞི་བྱེད་གཅོད་ཡུལ་སྐོ ར་གྱི་སྒྲུབ་བརྒྱུད་ཆེ་བ་གཉིས་དང༌། གྲུབ་ ཆེན་དུས་ཞབས་ཆུང་བ་ནས་བཟུང་འཕགས་ཡུལ་པཎ་གྲུབ་དུ་མ་སྔ་ཕྱི་རིམ་བྱོན་ལ་བརྟེན་ དུས་འཁོར་བཤད་སྒྲུབ་ཀྱི་ལུགས་སྲོལ་ཐ་དད་པ་ཉི་ཤུ་ལྷག་གི་གྲངས་ལྡན་སྒྲུབ་བརྒྱུད་གཙོ་ བོར་གྱུར་པའི་ཆེ་བ་དག་སྟེ་སངས་རྒྱས་བསྟན་པ་བོད་དུ་དར་བ་དེ་དག་ནི་གཙོ་ཆེ་བ་གསང་ སྔགས་ཟབ་མོ་ཉམས་བཞེས་ཀྱི་བཀའ་སྲོལ་སོ་སོ་སྐལ་བ་དང་ལྡན་པ་གང་དག་སྙིགས་དུས་ ཀྱི་ཚེ་ཐུང་གཅིག་ལ་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ཐོབ་བྱེད་ཤ་སྟག་ཡིན་པས་ཟབ་ ཆོས་སྒྲུབ་བརྒྱུད་དེ་དག་གི་རང་ངོས་ནས་མཆོག་དམན་གང་ཡང་མེད་པར་མྱུར་ནས་གྲོལ་བ་ སྟེར་བའི་ལམ་ཟབ་ཁྱད་པར་ཅན་གསང་ཆེན་བླ་མེད་དུ་ངེས་པ་གཙོ་ཆེ་བ་ཡིན་ནའང་རྗེས་ འཇུག་ཆོས་ལ་ཉམས་ལེན་མཁན་གང་དག་ལ་ལས་མཐུན་སྨན་པས་ནད་པ་ལ་ཕན་ཐོགས་ གཞན་ལས་ལྷག་པ་འོངས་བ་ལྟར་རང་རང་གི་མེ་ཏོག་ལྷ་ལས་བབས་པའི་ཆོས་སྐལ་རྒྱུད་ དང་འཚམས་པ་གང་ཡིན་པ་དེ་ནི་ཆོས་གཞན་ལས་སྒོས་སུ་ཁམས་དབང་མོས་མཐུན་དུ་གྱུར་ ཏེ་ཆོས་གཞན་སུ་ལས་རྒྱུད་སྨིན་གྲོལ་གྱི་ཐབས་ཁྱད་པར་བ་རང་འཚམས་ཙམ་མངོན་པའི་ ཚུལ་མྱོང་བས་གྲུབ་པ་དེང་དུས་ཀྱི་བར་དུ་ངེས་པར་བྱུང་བ་མི་བསླུ་བས་ན་འདིར་སྐབས་སུ་ བབ་པ་རང་རེ་ངེས་དོན་སྒྲུབ་བརྒྱུད་ཀྱི་རྗེས་འཇུག་ཚོས་བསྟན་པ་ལ་ཐོས་བསམ་རེ་ཡང་མྱོང་ ཞིང་སྒོམ་པས་སེམས་རྒྱུད་ལ་ཅི་རིགས་འབྱོར་ཐབས་ཀྱི་དོན་གཉེར་ཅན་ཚོས་རང་རྒྱུད་དུས་ དང་འཚམས་པར་ཆོས་ཡང་དག་སྐྱེ་བའི་གེགས་ཐོག་མེད་ནས་བསགས་པའི་སྡིག་ལྟུང་སྤྱི་ དང་ཁྱད་པར་སྐྱེ་བ་ད་རེས་ཀྱི་ཐོག་བསམ་བཞིན་པ་དང་མ་བསམ་དབང་མེད་གང་རུང་གིས་ ཉེས་ལྟུང་འབགས་ཚབས་ཆེ་བ་ལ་བསམ་ནས་ཐོག་མར་ཆོས་གེགས་བསགས་སྟོབས་གང་ ཆེ་བ་ཉམས་དམའ་བའི་ཆེད་དུ་སྡིག་སྦྱོང་གི་ཐབས་ཤིག་ལ་འབད་པ་གལ་ངེས་པར་ཆེ་བར་ 4-1-28 མཐོང་སྟེ། དེ་ཡང་སྔོ ན་བྱོན་གོང་མ་མང་པོས་མདོ་རྒྱུད་སོ་སོ་ལ་བརྟེན་ནས་ཕྱག་སྲོ ལ་འདྲ་ མིན་སྣ་ཚོགས་པ་བཞུགས་ནའང་འདིར་རང་རེའི་ཆོས་ཀྱི་སྐལ་བ་ནི་སྟོན་པ་ཤཱཀྱ་སེང་གེས་ འབྲས་སྤུངས་མཆོད་རྟེན་དུ་དུས་འཁོར་རྩ་རྒྱུད་གསུངས་ནས་སྨིན་གྲོལ་ཟབ་མོའི་སྒོ་བཏོད་ པ་ནས་བཟུང་ཤམྦྷ་ལའི་ཆོས་རྒྱལ་རྣམས་དང་འཕགས་ཡུལ་གྱི་དུས་ཞབས་ཆེ་ཆུང་ཡབ་སྲས་ ཟླ་མགོན་ཡན་དང་བོད་ཡུལ་འབྲོ་ལོ་ཙཱ་བ་ནས་ཞང་ཀུན་སྤངས་པ་དང་དེ་ནས་བརྒྱུད་རིམ་ པར་ཀུན་མཁྱེན་ཇོ་ནང་པ་ཡབ་སྲས་རྗེ་སྒྲོལ་མགོན་ནས་རང་ཅག་གི་རྩ་བའི་བླ་མའི་བར་དེ་ ཐམས་ཅད་ལ་དུས་འཁོར་བསྐྱེད་རྫོགས་ཀྱི་སྒྲུབ་བཀའ་བབ་པའི་སྲོལ་རྒྱུན་མ་ཆད་ཅིང་དུས་ དང་འཚམས་པར་བྱིན་རླབས་ཉམས་མྱོང་གི་སྒོ་ཡང་དེ་ལུགས་ལྟར་ད་བར་དུ་གནས་པའི་སྒོ་ ནས་བརྒྱུད་ལྡན་དེ་དག་གིས་ངེས་དོན་འཁོར་ལོ་ཐ་མའི་དགོངས་དོན་ལྟར་ལྟ་བ་མདོ་སྔགས་ གང་གི་སྐབས་ཡེ་གཞི་དོན་དམ་བདེ་གཤེགས་སྙིང་པོ་མངོན་བྱེད་ཐབས་གཙོ་བོ་རྣམ་པར་མི་ རྟོག་ཡེ་ཤེས་དང་སྒོམ་པ་མདོ་ཕྱོགས་ཐུན་མོང་ལམ་ཕལ་བ་དང་སྔགས་ཕྱོགས་དུས་འཁོར་ བསྐྱེད་རྫོགས་ཐུན་མིན་གཙོ་བོར་བྱས་ཏེ་ལྟ་སྒོམ་ཟུང་འབྲེལ་ཐུགས་ཀྱི་དགོངས་མཐིལ་དུ་ བྱས་པའི་ཁོང་རྣམ་པ་ཚོས་ཕྱག་བཞེས་ཇི་ལྟར་མཛད་ན། ཞི་བ་ལྷས། སྡིག་པ་སྟོབས་ཆེན་ ཤིན་ཏུ་མི་བཟད་པ། །ཞེས་གསུངས་པ་ལྟར་སྔོ ན་བསགས་ཀྱི་སྡིག་སྟོབས་ཚབས་པོ་ཆེ་ རྣམ་དཀར་དགེ་ཆོས་སྐྱེ་བའི་གོ་བཀག་ཅིང་ཕྱི་མར་རྣམ་སྨིན་ཤིན་ཏུ་བཟོད་དཀའ་བ་ངེས་ པར་མྱོང་བྱེད་ལས་ངན་བརྣགས་ཤིང་མཐུ་མ་བཅོམ་ཐབས་མེད་དུ་གྱུར་པ་རྣམས་སྔོན་དུ་ བཤགས་བསྡམས་ཀྱི་ཐབས་རང་རེའི་བསྐྱེད་རྫོགས་ཉམས་ལེན་སྔོན་འགྲོའི་སྐབས་རྡོར་ སེམས་སྒོམ་བཟླས་ཡོད་པ་དེ་སྤྱིར་ཧེ་རུ་ཀའི་རིགས་ཡིན་པས་བདེ་མཆོག་སྒོས་རྒྱུད་ལས་ བསྟན་ཀྱང་དུས་འཁོར་རྩ་རྒྱུད་དུ་སྡོམ་པ་ཆེ་ཆུང་བསྟན་པའི་ཧེ་རུ་ཀ་དང་ངོ་བོ་གཅིག་ཕྱིར་དེ་ ཡང་དུས་ཀྱི་འཁོར་ལོའི་རྣམ་པར་རོལ་པ་ཡིན་པའི་ཆ་ནས་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་ 4-1-29 བདག་ཉིད་དུ་བཞེངས་པ་འདི་ཉིད་རྒྱུད་སྡེ་འོག་མའི་རྡོར་སེམས་ལས་ཐུགས་རྩིས་ཆེ་བར་ མཛད་སྲོལ་གདའ་བས་དེ་ཡང་སྔོན་འགྲོའི་དཀྱུས་ཀྱི་རྡོར་སེམས་སྒོམ་བཟླས་སམ་བདག་ གིས་བརྩམས་པའི་རྡོར་སེམས་སྒོམ་བཟླས་མཆོད་པ་དང་སྦྲགས་མ་ཅན་ལྟ་བའི་སྟེང་ནས་ ཐོག་མར་སྒྲིབ་སྦྱོང་ལ་འབད་ནུས་ན་སྤྱིར་མདོ་སྔགས་ཀྱི་བསྟན་པ་ལ་ཉམས་ལེན་གྱི་སྒོ་དུས་ དབང་གིས་མར་འགྲིབ་ཀྱི་ཚུལ་གོང་སྨོས་ལྟར་ཡིན་ཀྱང་དེང་སང་ནི་བོད་ཕྱོགས་སུ་དུས་དང་ མཐུན་པའི་ཆོས་ལམ་ལ་ཉམས་མྱོང་གི་རྒྱུན་མ་ཆད་པའི་ཕྱོགས་ནི་མདོ་ལམ་ལས་གཙོ་བོར་ སྔགས་ལམ་སྒྲུབ་བརྒྱུད་སོ་སོ་ལ་རང་འཚམས་ལྟར་རེ་མངོན་ཤས་ཆེ་བར་འདུག་པ་མྱོང་ གྲུབ་ཡིན་པས་འདིར་ཡང་གསང་སྔགས་ངེས་དོན་སྒྲུབ་པའི་ཆོས་སྒོར་ཁོ་བོ་ཆུང་ངུའི་དུས་ ལེགས་ཞུགས་ཀྱི་སྐབས་སུའང་རྗེ་གཅིག་ཆོག་རྒྱལ་པོ་བཀའ་དྲིན་གསུམ་ལྡན་གྱི་རྩ་བའི་བླ་ མ་ཀུན་དགའ་ངག་གི་དབང་པོའི་ཞལ་སྔ་ནས་ཀྱང༌། སློ བ་ཚོགས་ལས་དང་པོ་པ་ཆོས་ཉམས་ ལེན་རྒྱུད་ལ་འབྱོར་བའི་སྒོ་མ་དོད་པ་མང་ཙམ་ལ་རྒྱུད་སྦྱངས་རྡོར་སེམས་ཀྱི་སྒོམ་བཟླས་ འདི་ཉིད་ཡང་ཡང་གདམས་ཤིང་དེ་ལ་ནན་ཏན་ཆེར་བྱེད་དུ་བཅུག་པ་གང་དག་ནི་ཡུན་རིང་ མི་འགོར་བར་སེམས་རྒྱུད་གནས་འགྱུར་ཏེ་གསང་སྔགས་གནས་ལུགས་ལ་ཉམས་མྱོང་གི་ སྒོ་རང་རང་དང་འཚམས་པ་རེ་ངེས་པར་མངོན་འོང་བའི་ལག་ལེན་ཐེབས་པ་རང་གིས་ཀྱང་ ཚད་མས་གྲུབ་ཕྱིར་ཚུལ་དེ་ལྟར་འདིར་དང་པོའི་ལས་ཅན་འགའ་ཞིག་ཚོས་ཐོག་མར་སུ་ ལས་གནད་ཆེ་བར་ནན་ཏན་སྙིང་པོ་བྱ་ཡུལ་དུས་འཁོར་དང་ངོ་བོ་གཅིག་པའི་དཔལ་ཧེ་རུ་ ཀ་རྡོར་སེམས་སྐུ་བཞིའི་བདག་ཉིད་ཀྱི་སྒོམ་བཟླས་ལ་འབད་པ་གལ་ཆེ་བ་སྟེ། དེ་ཡང་ངེས་ དོན་རང་ལུགས་ལྟར་གདོད་ནས་བཞུགས་པའི་གཞི་འབྲས་དབྱེར་མེད་དོན་དམ་ཆོས་ཀྱི་སྐུ་ མཁའ་ཁྱབ་མཁའ་ཡི་རྡོ་རྗེའི་རང་གཟུགས་ཧེ་རུ་ཀ་དཔལ་དུ་ལེགས་པར་བཞེངས་པ་རྒྱལ་ བའི་དཀྱིལ་འཁོར་མཐའ་དག་གི་རིགས་ཀྱི་སྤྱི་དཔལ་དུ་ངེས་ཤེས་དྲངས་པའི་སྒོ་ནས་ཧེ་རུ་ 4-1-30 ཀའི་རྡོར་སེམས་སྒོམ་བཟླས་སྔགས་ཕྲེང་བཀོད་དམིགས་བདུད་རྩི་འབེབས་སྦྱོང་གཉེན་པོ་ སྟོབས་བཞིའི་བསམ་པ་ཀུན་རྫོབ་སྤྱི་ལྟར་གྱི་བཤགས་བསྡམས་དང༌། རྒྱུད་ལས། ཡང་དག་ གནས་ལ་ཡང་དག་ལྟ། །དེ་ནི་འགྱོད་ཚངས་མཆོག་ཡིན་ནོ། ། ཞེས་གསུངས་པ་ལྟར་ཧེ་རུ་ཀ་སེམས་དཔའ་དེ་ཉིད་དཀྱིལ་འཁོར་རྒྱ་མཚོའི་རིགས་ བདག་རྩ་བའི་བླ་མ་དང་མི་གཉིས་པ་བླ་མ་ཡི་དམ་མཆོག་གསུམ་མཁའ་འགྲོ་ཆོས་སྐྱོང་ཀུན་ འདུས་ཀྱི་ངོ་བོར་མོས་ཤིང་དེའི་སྐུ་ཐུགས་དབྱེར་མེད་ཆེན་པོ་ནམ་མཁའི་མཁའ་མཐར་ཁྱབ་ པ་དང་རང་སེམས་དབྱེར་མེད་དུ་བཞག་བཞིན་རང་གསལ་དེའི་ངང་གཡོ་མེད་བཟོ་བཅོས་ སྤངས་ཏེ་རང་བབས་ཅི་གནས་ཀྱི་ངང་བསྐྱང་བ་དོན་དམ་སྒོས་ཀྱི་བཤགས་བསྡམས་ཡང་ དག་པ་ཡིན་ཞིང་དེ་དག་གི་སྐབས་སུ་ངག་ནས་བསྙེན་བཟླས་ཡི་གེ་བརྒྱ་པ་ཧེ་རུ་ཀ་ལྟར་ལ་ འབད་པ་ལྷུར་ལེན་བྱ་དགོས་པ་འདི་ནི་ཐོག་མའི་སྐབས་ཀྱི་གལ་གནད་ཆེ་བ་གཅིག་ཡིན་ནོ། ། དེ་ནས་ད་སྐབས་སུ་དུས་དང་བསྟུན་པའི་རང་ཅག་གིས་བགོ་སྐལ་དུ་ཐོབ་ཅིང་ཁམས་ དབང་དང་འཚམས་པའི་གསང་ཆེན་ཐེག་པ་རྒྱུད་རྒྱལ་ལས་བསྟན་པའི་ཟབ་གསང་རིམ་ གཉིས་ལ་ནི་ཆོས་གཞན་སུ་ལས་རང་རེ་ལ་ལྟོས་ན་དུས་ཀྱི་མཐར་ཡང་བག་ཆགས་འཇོག་སླ་ ཞིང་སྨོན་ལམ་འདེབས་ཉེ་བ་རྒྱུད་ཚོད་དང་མཐུན་པ་སྒྲུབ་བརྒྱུད་གོང་མའི་མན་ངག་གི་རྒྱུན་ ཅི་རིགས་མ་ཆད་པ་སོགས་ཆ་རྐྱེན་གཞན་གང་ལས་འདིར་ཕུན་སུམ་ཚོགས་པ་ཡིན་ཞིང༌། དེ་ ལྟ་བུའི་ཚུལ་ལ་ལྟོས་ནས་སྔོན་རང་གི་རྩ་བའི་བླ་མ་ཀུན་དགའ་ངག་གི་དབང་པོ་ཉིད་སྐུ་ན་ གཞོན་པ་མདོ་སྔགས་ཀྱི་གཞུང་ལུགས་ལ་ཐོས་བསམ་བྱེད་པའི་སྐབས་ཁོང་གིས་ཡི་དམ་ གཙོ་བོ་དུས་འཁོར་ལ་བརྟེན་ནས་ལྷའི་གསལ་སྣང་དང་བསྙེན་བཟླས་ལ་རིང་ཙམ་ཞིག་ཏུ་ ཐུགས་བརྩོན་ལྷུར་བླངས་པས་སྒྲུབ་འབྲས་ཁོང་ཉིད་ཀྱི་རྩ་བའི་བླ་མ་ཀུན་དགའ་མཁས་གྲུབ་ 4-1-31 དབང་ཕྱུག་དང་ཉིན་ཞིག་འཕྲལ་དུ་མཇལ་འཕྲད་ཀྱི་སྐལ་བ་ལ་བརྟེན་ཞལ་བརྡ་ཡེ་ཤེས་ངོ་ སྤྲོད་སྐོར་གཅིག་གིས་གཉུག་མ་ལྷན་སྐྱེས་ཡེ་ཤེས་ཀྱི་ཆ་ཅི་རིགས་རྗེན་ཅེར་དུ་རིགས་སད་ པའི་ཚུལ་གྱིས་དགོངས་ཉམས་སུ་ངོ་འཕྲོད་པ་སོགས་དུས་མཐའ་འདིར་ཡང་རིམ་གཉིས་ཀྱི་ རྣལ་འབྱོར་ལ་སྦྱང་བརྩོན་ཅན་ཚོ་མྱོང་བའི་སྒོ་མི་དམན་པའི་གསལ་ཁ་རབ་འབྲིང་ཐ་མའི་ ཚུལ་དུ་ངེས་པར་བྱུང་བ་ནི་ཆ་རྒྱུས་ཡོད་པའི་དེང་དུས་ཀྱི་ལག་ལེན་ཙམ་དུ་མངོན་ལ། ཚུལ་དེ་ ལྟ་བས་ན་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། བསྐྱེད་པའི་རིམ་ལ་ལེགས་གནས་ནས། །རྫོགས་པའི་རིམ་པ་འདོད་རྣམས་ལ། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ ཀྱི་གདང་བུ་ལྟ་བུར་གསུངས། །ཞེས་པ་སྔོ ན་བསྟན་པ་ཆེས་བཟང་གི་དུས་སུ་མཛད་པ་ལྟར་ དེང་དུས་ཡན་ལ་རིམ་གཉིས་ཀྱི་ལག་ལེན་ཉམས་མྱོང་མཚོན་ཙམ་པ་རེ་ནི་མ་ཆད་པ་ཡིན་ ལ། ལམ་བསྐྱེད་རིམ་དུས་འཁོར་འདི་བ་ལའང་རང་རེའི་གོང་མའི་གསུང་རབ་སྒྲུབ་ཐབས་ སྣ་ཚོགས་པ་ཇོ་ནང་ཀུན་མཁྱེན་ཆེན་པོས་མཛད་པའི་སྒྲུབ་ཐབས་རྒྱས་བསྡུས་དང་ཕྱོགས་ རྒྱལ་བ་སོགས་ཐུགས་སྲས་དག་གིས་མཛད་པའི་སྒྲུབ་ཐབས་ཅི་རིགས་དང་དྲུང་རཏྣ་ཤྲཱི་ རཏྣ་ཀིརྟི་དཔལ་འབྱོར་བཟང་པོ་རྣམས་ཀྱིས་མཛད་པའི་སྒྲུབ་ཐབས་སྣ་ཚོགས་དང་རྗེ་སྒྲོལ་ བའི་མགོན་པོས་མཛད་པའི་སྒྲུབ་ཐབས་རྒྱས་འབྲིང་བསྡུས་པ་སོགས་མང་པོ་ཞིག་བཞུགས་ པ་རྣམས་ལས་འདིར་ཉམས་ལེན་སྔོན་འགྲོའི་སྐབས་སུ་རྗེ་བཙུན་ཐམས་ཅད་མཁྱེན་པས་ མཛད་པའི་དུས་འཁོར་ལྷན་སྐྱེས་སྒྲུབ་ཐབས་ཆེས་བསྡུས་ཙམ་གྱི་སྟེང་ནས་བསྐྱེད་རིམ་ ཉམས་ལེན་གྱི་ཕྱག་སྲོ ལ་ལྟར་ཏེ། རྡོ་རྗེ་གུར་གྱི་རྒྱུད་ལས། ཐ་མལ་རྣམ་རྟོག་གཞོམ་པའི་ ཕྱིར། །བསྒོམ་པ་ཡང་དག་རབ་ཏུ་བསྒྲགས། ། ཞེས་གསུངས་པ་བཞིན་གྱི་བསྐྱེད་རིམ་སྔོན་དུ་འགྲོ་དགོས་པ་གང་དག་གིས་ཐ་མལ་ འདི་སྣང་གི་སྣོད་བཅུད་ཀྱིས་བསྡུས་པ་མཐའ་དག་རྟེན་དང་བརྟེན་པའི་ལྷ་ཚོགས་སུ་ཤར་ 4-1-32 བའི་སྒོ་ནས་མ་དག་པ་དག་སྣང་དུ་སྦྱངས་ཏེ་རིམ་པ་དང་པོ་ལ་འཇུག་པའི་ཚུལ་དུས་འཁོར་ ལྷན་སྐྱེས་བདག་བསྐྱེད་ཙམ་ལའང་སྤྱིར་འཁོར་བའི་སྐྱེ་འཆི་བར་དོ་གསུམ་རིམ་པར་དག་ ནས་ལམ་སྦྱོར་བ་ཡན་ལག་དྲུག་ཇི་བཞིན་སྨིན་ཅིང་མཐར་ཐུག་གི་སྐུ་གསུམ་ཡོངས་སུ་ རྫོགས་པའི་སྒོ་ནས་མངོན་དུ་གྱུར་པའི་ཚུལ་ལ་བརྟེན་དག་རྫོགས་སྨིན་པའི་གནད་དང་མ་ བྲལ་བར་དུས་འཁོར་ཡབ་ཡུམ་གསལ་སྣང་གི་ངང་ཐུགས་ཀར་རྣམ་བཅུའི་ཡི་གེ་འགོད་ པ་རང་དོན་བྱིན་རླབས་བསྡུ་བ་གཞན་དོན་ཕྲིན་ལས་མཛད་པ་སོགས་བསྐྱེད་རིམ་སྤྱི་ལྟར་ གྱི་དམིགས་པ་དང་ཁྱད་པར་ངེས་དོན་ལུགས་འོད་གསལ་ཆོས་སྐུ་གཞི་འབྲས་དབྱེར་མེད་ དོན་དམ་དུས་ཀྱི་འཁོར་ལོའི་ཐུགས་རང་བྱུང་ཡེ་ཤེས་ཀྱི་རྣམ་པར་རོལ་པའི་གཟུགས་སྐུ་ སྒྱུ་མའི་འཕྲུལ་བཀོད་ལྟར་སྣང་ལ་རང་བཞིན་མེད་པ་ཆུ་ཟླ་ལྟ་བུའི་རྗེས་སུ་འགྲོ་བ་ལོངས་ སྤྱོད་རྫོགས་པའི་སྐུ་བཞིན་ལག་དབང་པོ་ཀུན་ཚང་ངོ་མཚར་བའི་རྒྱན་དང་བཅས་པ་དེ་ཡང་ རགས་པ་སྤྲུལ་པའི་སྐུ་རུ་བསྒྱུར་བཞིན་པའི་ངང་ནས་རང་གསལ་འཛིན་མེད་དུ་བལྟ་དགོས་ ཤིང་དེ་འདྲའི་སྤྱི་དང་ཁྱད་པར་གྱི་དམིགས་ཚུལ་གཉིས་ལས་སྔ་མའི་སྐབས་དག་པ་གལ་ ཆེ་ཡང་ཕྱི་མའི་དུས་གདོད་ནས་ཡོངས་དག་གི་ཚུལ་ལས་ལོགས་སུ་ལྷའི་དག་པ་བསམ་མི་ དགོས། དེ་སྐབས་ཀྱི་བསྙེན་པ་ཡང་རྣམ་བཅུ་དབང་ལྡན་གྱི་སྙིང་པོ་ཁོ་ན་ཡིན་ཀྱང་སྔོ ན་ བསྐྱེད་རིམ་པ་ལྷའི་གསལ་སྣང་ཅན་དག་ལ་འདི་མཁོ་ཆུང་ཡང་རྗེས་འཇུག་རང་ཅག་ལྟ་བུ་ ལ་ནི་དམིགས་པ་ངག་འདོན་དུ་དར་སྟབས་དེ་ལུགས་ལྟར་གྱི་ངག་བཟླས་ལ་གཞོལ་བ་འདི་ གཙོ་བོར་བྱེད་དགོས། དེ་འདྲའི་ལྷ་སྐུ་གསལ་སྣང་གི་མཐར་ཐིག་ལེ་དང་ཕྲ་མོའི་རྣལ་འབྱོར་ བསྒོམ་པ་ལ་བརྩོན་ཏེ་རྡོ་རྗེ་སྙིང་འགྲེལ་ལས། རྣམ་རྟོག་བག་ཆགས་ཀྱིས་བཅིངས་ལ། །ཐོག་ མར་རྟོག་པའི་ཆོ་ག་བསྟན། །རྣམ་རྟོག་རང་བཞིན་ཤེས་པ་ན། །མི་རྟོག་པ་ལ་འཇུག་པར་བྱ། ། 4-1-33 ཞེས་གསུངས་པ་དང་མཚུངས་པར་ཐོག་མར་རྣམ་རྟོག་མོས་སྒོམ་གྱིས་ལྷ་སྐུ་གསལ་བའི་ མཐར་རང་གསལ་མི་རྟོག་པའི་ངང་བསྐྱངས་སྟེ་རིམ་པ་གཉིས་པ་ལ་བག་ཆགས་འཇོག་ཙམ་ བྱས་ཀྱང་ཆོག་ལ་འདི་ཚེ་གང་བོར་ཉམས་ལེན་བྱེད་འདོད་ཡོད་ན་བདག་གིས་ལས་དང་པོ་ པ་དག་གིས་རང་ལུགས་དུས་འཁོར་ལྷན་སྐྱེས་ཕྱོགས་ལ་བཟླས་སྒོམ་བྱེད་ཚུལ་བྲིས་ཡོད་པ་ ལྟར་བཟླས་སྒོམ་ཡུན་རིང་ཙམ་རེ་ནུས་ནའང་དུས་མཐུན་གྱི་དགོས་ཕན་ཉག་ཙམ་འབྱུང་ཐང་ བས་འདི་ནི་བར་སྐབས་ཀྱི་གལ་གནད་ཆེ་བ་གཉིས་ཡིན་ནོ། ། དེ་ནས་ཕུགས་ཀྱི་གསང་ཆེན་གནས་ལུགས་ལ་མཉམ་པར་འཇོག་ཚུལ་ཡང་རྗེ་བཙུན་ཏཱ་ ར་ནཱ་ཐས་འཁོར་ལོ་སྡོམ་པའི་བླ་མཆོད་དུ་གསུངས་པ། སངས་རྒྱས་ཀུན་ལས་ཆེས་ལྷག་པར། །རྒྱུད་སྡེ་ཀུན་ཏུ་རྒྱལ་བས་བསྔགས། །མདོ་སོགས་ཀུན་ཏུ་མཚུངས་པར་གསུངས། །རྒྱལ་ བས་ནན་ཏན་བསྟོད་ལ་འདུད། །ཅེས་པ་ལྟར་ཕ་ཅིག་རྩ་བའི་བླ་མ་དབང་ལུང་རྒྱུད་བཤད་ མན་ངག་བཅས་ཀྱི་བཀའ་དྲིན་གསུམ་ལྡན་གྱི་སྙིགས་མའི་དུས་སུ་རང་ལ་སྨིན་གྲོལ་གྱི་སྒོ་ ཇི་ལྟར་རིགས་པ་ལེགས་ཕྱེ་མཛད་དེ་སངས་རྒྱས་དངོས་ཀྱི་ཕྲིན་ལས་འཇུག་པར་གནང་བ་ འདིའི་ཆ་ནས་བསམ་ན་དུས་གསུམ་གྱིས་སངས་རྒྱས་ཀུན་ལས་ཆེས་ལྷག་ཅིང་བཀའ་དྲིན་ ཆེ་བར་སྔགས་རྒྱུད་དང་མདོ་སྡེ་རྣམས་སུ་མཚུངས་པར་གསུངས་པ་ལྟར་བླ་མའི་ཐུགས་ཆོས་ སྐུའི་དབྱིངས་ལས་ལོངས་སྤྲུལ་གྱི་བཀོད་པ་ནམ་ཡང་རིས་སུ་མ་ཆད་པ་གདུལ་བྱའི་ཁམས་ བཞིན་དུ་ངེས་པར་བརྡལ་ཞིང་དངོས་སུ་བཀའ་དྲིན་ཟླ་དང་བྲལ་བའི་གོ་རྟོགས་ཀྱང་འདི་ ལྟར་ཤར་བ་སྟེ། དེ་ཡང་གང་གི་ཚེ་རང་ཉིད་ཉམ་ཆུང་གི་གནས་ཚུལ་གྱིས་སྔར་མི་རིང་བ་ན་ ཟབ་གསང་གནས་ལུགས་ཀྱི་དོན་ལ་མཉམ་པར་འཇོག་ཁུལ་བགྱིས་སྐབས་སུ་རང་སེམས་ ཀྱི་གདངས་འདི་ན་ཐུབ་པ་སྤྲུལ་པའི་སྐུ་མཚན་དཔེ་གསལ་རྫོགས་ནམ་མཁའ་དང་མཉམ་པ་ ཞིག་ཤར་བྱུང༌། དེ་རེ་ཞིག་གི་ཚེ་སྤྲུལ་བཀོད་བསྡུ་ཚུལ་གྱིས་སྣང་བ་མཐའ་ཡས་པའི་བཀོད་ 4-1-34 མཚར་ཅན་སྔར་ལས་དྭངས་གསལ་སྒྱུ་མའི་རྣམ་པར་རོལ་པ་ཆེས་རྒྱ་ཆེན་ཕྱོགས་ཐམས་ཅད་ དུ་ཁྱབ་པའི་ལོངས་སྐུ་དུས་འཁོར་ཡབ་ཡུམ་ཟུང་འཇུག་གི་རྣམ་པ་རེབ་ཙམ་དུ་གྱུར་མཐར་ དེ་ཡང་འོད་གསལ་རྒྱ་ཆད་ཕྱོགས་སུ་མ་ལྷུང་བ་རང་རིག་མཉམ་པ་ཆེན་པོ་ཉག་གཅིག་གི་ དབྱིངས་བརྗོད་བྲལ་ནམ་མཁའ་ལྟ་བུ་རེ་ཞིག་ཏུ་ལུས་སོང་བའི་འགྱུར་བག་གི་སྣང་བ་ཙམ་ ལ་བརྟེན་ད་སྐབས་བླ་མ་སྐུ་གསུམ་གྱི་མཉམ་བཞག་ལ་བརྒྱུད་ནས་གནས་ལུགས་རང་ཚོད་ དུ་ལྟོས་པ་ལ་ཅི་དགར་བཟོད་མེད་དུ་འཇོག་ཚུལ་གྱི་གདམས་པ་ཡང་བླ་མའི་ཐུགས་ཆོས་སྐུ་ འཁོར་འདས་ཀུན་ཁྱབ་ཀྱི་གཤིས་ལུགས་ནི་རང་བཞིན་ཤེར་ཕྱིན་དང་མི་གཉིས་པ་དེ་ཡང་ ཀུན་བྱང་གིས་བསྡུས་པ་མཐའ་དག་ལ་ཆོས་ཉིད་གཅིག་གི་རྣམ་པར་རོ་མཉམ་དུ་ཁྱབ་པའི་ ཚུལ་ཡུམ་མདོར། བདག་དང་གཟུགས་སོགས་རྣམ་པར་དག་པ་ནས་རྣམ་མཁྱེན་གྱི་བར་གྱི་ རྣམ་པར་དག་པ་འདི་དག་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་ཐ་མི་དད་གཅད་དུ་མེད་ པ་རྒྱས་པར་གསུངས་ཤིང་དེའི་དགོངས་འགྲེལ་དུ་རྒྱལ་ཚབ་མི་ཕམ་པས་མངོན་རྒྱན་བསྟན་ བཅོས་སུ། འབྲས་བུ་དག་པ་གཟུགས་ལ་སོགས། །དག་པ་ཉིད་དེ་གང་གི་ཕྱིར། །དེ་གཉིས་ ཐ་དད་མ་ཡིན་ཞིང༌། །གཅད་དུ་མེད་པས་དག་པར་བརྗོད། །ཅེས་གསུངས་པས་འབྲས་བུ་ མྱང་འདས་དང་གཟུགས་ཕུང་སོགས་འཁོར་བས་བསྡུས་པ་ཐམས་ཅད་ཀྱི་དག་ཆེན་ཆོས་ ཉིད་གཅིག་པར་དེ་ཁོ་ན་ལྟར་གསུངས་པ་ཡིན་ལ། ཚུལ་དེ་དང་མཐུན་པར་དུས་གསུམ་གྱི་ སངས་རྒྱས་མ་ལུས་པའི་དོན་དམ་སྐུ་གསུང་ཐུགས་ཡེ་གཞི་དབྱིངས་གཅིག་ཏུ་གཞོལ་བའི་ ཚུལ་མཚན་ཡང་དག་པར་བརྗོད་པ་ལས། སངས་རྒྱས་ཀུན་གྱི་སྐུ་ཆེ་བ། །སངས་རྒྱས་ཀུན་གྱི་ གསུང་ཡང་ཡིན། །ཞེས་དང༌། སངས་རྒྱས་ཀུན་གྱི་ཐུགས་ལ་གནས། ། ཞེས་གསུངས་ལྟར་གནས་ལུགས་གསང་གསུམ་རྣམ་པར་རོལ་པའི་དཀྱིལ་འཁོར་ གཅིག་གི་རང་བཞིན་དུ་ཡེ་ནས་བདེན་ཞིང་ཚུལ་དེ་ལྟར་ན་འཁོར་བས་བསྡུས་པའི་སྣོད་ 4-1-35 བཅུད་མཐའ་དག་དང་རྣམ་བྱང་ཐར་པའི་ཕྱོགས་རྒྱལ་དང་དེ་སྲས་སློབ་མའི་ཚོགས་དང་ བཅས་པའི་རང་གཤིས་དོན་དམ་པའི་ཆོས་ཀྱི་སྐུ་གཅིག་པ་ཉིད་ཀྱི་ཕྱིར་ཆོས་སྐུ་ལ་རང་སྣང་ མཐར་ཐུག་ཐུན་མིན་ཐ་མི་དད་པའི་ཚུལ་དང་གཞན་སྣང་ལ་ལོངས་སྐུ་ས་བཅུའི་སེམས་ དཔའ་གང་དག་དང་སྤྲུལ་སྐུ་སོ་འཕགས་ཀྱི་གདུལ་བྱ་ཐུན་མོང་དུ་སྣང་བའི་ཚུལ་དང་དེ་ དག་ལས་ཆོས་སྐུའི་སྣང་ཚུལ་ཆོས་ལོངས་སྤྲུལ་པའི་གདུལ་བྱ་རབ་འབྲིང་ཐ་མའི་ངོར་འབྱུང་ ཆོག་པའི་སྒོ་ནས་ད་ལྟ་ཡང་རང་ཅག་གི་ཕ་རྩ་བའི་བླ་མའི་ཐུགས་དགོངས་ཀློང་ཆོས་སྐུའི་དེ་ ཉིད་ཀྱང་ཕུགས་གཞི་དབྱིངས་ཉག་གཅིག་དང་མི་གཉིས་པས་ན་དེའི་སྣང་བ་བྱུང་ཚུལ་ཡང་ གདུལ་བྱ་སློབ་ཚོགས་ལ་མཐར་ཐུག་ཆོས་སྐུ་རང་བཞིན་ཤེར་ཕྱིན་དངོས་དང་གནས་སྐབས་ བཟང་རབ་ཀྱི་གནས་ལུགས་གཤིས་ཀྱི་འཆར་སྒོ་དང་ཕྱོགས་མཚུངས་ཙམ་གྱི་གསལ་དྭངས་ ཀྱི་ཉམས་སྣང་ཙམ་སྟེ་སྣང་ཚུལ་གསུམ་འབྱུང་ཆོག་པ་ལས་རང་རེ་ལྟ་བུའི་ཁམས་དང་བསྟུན་ ན་ཀུན་གཞི་གསལ་ཆའི་རང་གཤིས་ན་གཉུག་སེམས་ཀྱི་ཆ་དྭངས་གསལ་རྗེན་ཅེར་བའི་ འཆར་སྒོ་ཅི་ཙམ་དོད་ནུས་པ་དེ་ཉིད་ནི་བླ་མའི་ཐུགས་ཆོས་སྐུའི་ཟུར་ཆ་མི་བསླུ་བར་ངོས་ཟིན་ དགོས་པ་ནི་གནད་དམ་པ་ཞིག་སྟེ། དེ་ལ་ཡང་འདིར་སྐབས་སུ་བབ་པ་བླ་མ་སྤྲུལ་སྐུ་ལ་མཉམ་པར་འཇོག་པའི་གདམས་ ངག་དང༌། བླ་མ་ལོངས་སྐུ་ལ་མཉམ་པར་འཇོག་པའི་གདམས་ངག་དང༌། བླ་མ་ཆོས་སྐུ་ལ་ མཉམ་པ་འཇོག་པའི་གདམས་ངག་དང༌། གསུམ་ཡོད་པ་ལས། དང་པོ་བླ་མ་སྤྲུལ་སྐུ་ལ་མཉམ་པར་འཇོག་པ་ནི། རང་སེམས་ཀྱི་སྣང་བར་སྟོན་པ་ཤཱཀྱ་ཐུབ་པ་ནམ་མཁའ་གང་བ་ཙམ་ མཆོག་གི་སྤྲུལ་སྐུའི་ཆ་ལུགས་ཅན་མཚན་དཔེ་གསལ་རྫོགས་སུ་བླ་མས་སྤྲུལ་སྐུར་བཞེངས་པ་མོས་བསྐྱེད་ཀྱི་ཡུལ་དུ་བཀོད་དེ་ ཐོག་མར་སེམས་རྟེན་བྱ་བའི་ངག་འདོན་ནི། རང་སེམས་སྣང་བར་སྟོན་པའི་སྐུ། །གསེར་མདོག་མཚན་ དཔེ་གསལ་རྫོགས་ཤིང༌། །ཕྱག་གཉིས་མཉམ་བཞག་ཕྱག་རྒྱ་ཅན། །ཆོས་གོས་རྣམ་གསུམ་ 4-1-36 གྱིས་མཛེས་པ། །འོད་ཟེར་ཕྱོགས་སུ་འགྱེད་བཞིན་དུ། །ནམ་མཁའ་གང་བར་བཞུགས་པ་ལ། །སེམས་ཀྱི་འགྱུ་སྒོ་ཀུན་བསྡམས་ཏེ། །བླ་མའི་སྤྲུལ་སྐུར་ཐག་ཆོད་ནས། །དེ་ལ་རྩེ་གཅིག་དྲན་ རྟེན་བྱ། །རྣམ་པ་ལམ་བྱེད་མ་བརྗེད་པར། །གདུང་བའི་ངང་ནས་དད་གུས་བཅས། །གསོལ་ བ་སྙིང་ནས་འདི་ལྟར་འདེབས། གསོལ་འདེབས་དངོས་ནི། དཔལ་ལྡན་བླ་མས་གང་འདུལ་གྱི། །སྤྲུལ་པའི་སྐུ་མཆོག་སྟོན་པ་ལ། །གུས་པས་གསོལ་བ་འདེབས་ལགས་ན། །རྣམ་རྟོག་གཞི་ རྩ་མྱུར་ཆོད་མཛོད། །ཅེས་པ་བརྒྱ་ཕྲག་ལས་མི་ཉུང་བར་འདོན་བཞིན་བློ་རྩེ་གཅིག་བྱའོ། ། གཉིས་པ་བླ་མ་ལོངས་སྐུ་ལ་མཉམ་པར་འཇོག་པའི་གདམས་ངག་ནི། དེ་ལྟར་གསོལ་བ་བཏབ་པའི་སྟོབས་ ཀྱིས་སྟོན་པ་སྤྲུལ་པའི་སྐུའི་རྣམ་པ་སྐད་ཅིག་ལ་བསྡུས་ཏེ་གཤིས་རང་མདངས་དུས་འཁོར་ ལྷན་སྐྱེས་རྒྱན་ཆས་ཡོངས་རྫོགས་ལོངས་སྐུའི་ཚུལ་འཆང་བ་སྣང་ལ་རང་བཞིན་མེད་པའི་ སྒྱུ་མའི་འཕྲུལ་ལྟ་བུའི་སྔར་ལས་རྒྱ་ཁྱབ་ཆེ་བར་རབ་འབྱམས་དཀྱིལ་འཁོར་སྤྲོ་བའི་རིགས་ བདག་ཏུ་བླ་མ་ཆོས་སྐུས་ལེགས་བཞེངས་མཛད་པ་མོས་བསྐྱེད་ཀྱི་ཡུལ་ཀུན་ནས་ཁྱབ་པའི་ རང་བཞིན་ལ་སེམས་རང་བབས་སུ་བཞག་པའི་ངག་འདོན་ནི། དེ་ལྟར་གསོལ་བ་བཏབ་སྟོབས་ ཀྱིས། །སྤྲུལ་པའི་སྐུ་ཉིད་ཡལ་བའི་ཤུལ། །ལོངས་སྤྱོད་རྫོགས་པ་སྒྱུ་མའི་འཕྲུལ། །དུས་ ཀྱི་འཁོར་ལོ་ནམ་མཁའི་མདོག །གསེར་མདོག་ལྷ་མོར་སྙོམས་འཇུག་པ། །སྣང་ལ་རང་ བཞིན་མེད་པའི་སྐུ། །དཔའ་བོའི་སྟག་ཤམ་རྡོ་རྗེའི་རྒྱན། །ཆ་ལུགས་ཡོངས་རྫོགས་འོད་ཟེར་ འཕྲོ། །གསང་གསུམ་དཀྱིལ་འཁོར་ཀུན་རིགས་བདག །ཀུན་ཁྱབ་རང་གསལ་ཞི་བའི་ངང༌། །དམིགས་བྲལ་ཆུ་ཟླ་བཞིན་ཤར་བ། །དེར་ངོ་ཤེས་པར་གསོལ་བ་འདེབས། །གསོལ་འདེབས་ དངོས་ནི། བླ་མའི་ཆོས་སྐུས་སྤྲུལ་བསྒྱུར་གར། །ལོངས་སྤྱོད་སྒྱུ་མར་བསྡུ་བ་ལ། །རང་བཞིན་ ངེས་ཤེས་རབ་དང་བས། །གསོལ་འདེབས་གནས་ལུགས་མྱུར་རྟོགས་མཛོད། །ཅེས་པའང་བརྒྱ་ ཕྲག་ལས་མི་ཉུང་བར་འདོན་བཞིན་རང་གསལ་ངང་བསྐྱང་བར་བྱའོ། ། 4-1-37 གསུམ་པ་བླ་མ་ཆོས་སྐུ་ལ་མཉམ་པར་འཇོག་པའི་གདམས་ངག་ནི་གོང་དེ་མ་ཐག་པའི་ གསོལ་བཏབ་ཀྱི་མཐུས་ལོངས་སྐུའི་སྣང་བ་དེ་ཡང་རང་གཤིས་སུ་དྭངས་ནས་འོད་གསལ་ གནས་ལུགས་སྨྲ་བསམ་བརྗོད་འདས་ཀྱི་ཆོས་སྐུའི་དགོངས་ཀློང་ཀུན་ཁྱབ་མཐའ་དབུས་ བྲལ་བ་ཆེས་རང་བཞིན་ཀུན་ནས་རྣམ་པ་ཐམས་ཅད་པར་ཅི་ཡང་འཛིན་མེད་དུ་བཞག་པའི་ ངག་འདོན་ནི། གསོལ་བཏབ་དེ་ཡི་མཐུ་ལ་བརྟེན། །ལོངས་སྤྱོད་སྒྱུ་མའི་རོལ་གང་དག །ཆོས་ སྐུའི་དགོངས་ཀློང་ཡངས་པར་དྭངས། །གཤིས་ཀྱི་གནས་ལུགས་མཐའ་བྲལ་བ། །སྨྲ་བསམ་ བརྗོད་འདས་འོད་གསལ་དབྱིངས། །ནམ་མཁའི་ཡེ་ཤེས་རྣམ་ཀུན་བདག །སོ་སོར་རང་ རིག་སྤྱོད་ཡུལ་མཆོག །ཀུན་ཁྱབ་རང་སྣང་རོལ་པའི་རྒྱན། །གཉིས་སུ་འཛིན་པ་དང་བྲལ་བ། །བདེ་ཆེན་རང་བྱུང་ཤུགས་ཀྱི་ངང༌། །འབད་རྩོལ་མེད་པར་ལེགས་བཞག་སྟེ། །དེ་ལ་གསོལ་ བ་འདེབས་པ་ཡིན། །གསོལ་འདེབས་དངོས་ནི། ཆོས་སྐུ་ཀུན་ཁྱབ་བླ་མའི་ཐུགས། །བདེ་ཆེན་ འདུ་འབྲལ་མེད་པ་ལ། །རང་གསལ་གཤིས་ལུགས་འཛིན་མེད་དུ། །གསོལ་འདེབས་ནང་ དབྱིངས་མྱུར་མངོན་མཛོད། །ཅེས་པ་དེ་ཡང་བརྒྱ་ཕྲག་ལས་མི་ཉུང་བར་འདོན་བཞིན་སྤྲོས་བྲལ་དུ་འཇོག་པར་བྱའོ། ། དེ་ལྟ་གདམས་ངག་གསུམ་པའི་མཐར་རང་སེམས་ལ་མྱོང་བ་ཅི་ཡོད་ཙམ་གྱི་སྟེང་ནས་ རེ་ཞིག་བར་མཉམ་པར་འཇོག་པ་སྟེ། ད་ལྟའི་སེམས་གསལ་བའི་ངོ་བོ་རང་བབས་སུ་གནས་ པ་དུས་གསུམ་གྱི་འགྱུར་རྟོག་དང་བྲལ་བར་བཞག་ཚེ་གསལ་སང་ངེ་ཡུལ་གང་ལ་ཡང་མི་ འཕྲོ་བར་རྣམ་རྟོག་རགས་པ་ཐམས་ཅད་ཞི་ནས་གསལ་ཆ་རང་ངོ་ཙམ་ཆེད་དུ་མི་འབོར་བར་ མྱོང་འདུག་པ་དེ་རྒྱུན་དུ་ཡོད་ཅིང་རྣམ་རྟོག་ཆེར་མངོན་པའི་འཚུབ་ལོང་གི་རྩུབ་རེག་ཞི་བས་ བདེ་བ་དང་དེའི་གསལ་ཆ་མྱོང་སྣང་ཅན་ཇི་བཞིན་ཧ་གོ་འདུག་པའི་གསལ་བ་དང་ཕྱི་ནང་གི་ ཡུལ་ངེས་ཅན་ལ་འགྱུ་སྒོ་རགས་པ་མེད་པའི་མི་རྟོག་པ་ཙམ་ཚང་བའི་སེམས་ངོ་གསལ་ཙམ་ དུ་འདུག་ན་དེ་ནི་རང་ཐད་རྣམ་ཤེས་ཙམ་མ་གཏོགས་ཡེ་ཤེས་མ་ཡིན་ལ་དེའི་ངོར་འཆར་སྒོ་ 4-1-38 གང་སྣང་ཐམས་ཅད་རྣམ་ཤེས་ལས་མ་འདས་པའི་རྟགས་སྣང་ཙམ་དུ་ཟད་ཀྱང་གཞི་སེམས་ གསལ་ཆ་དེའི་སྟེང་ནས་རང་བབས་ཁོང་ལྷོད་པའི་སྒོ་ནས་སོ་མ་རང་ཤར་ལྷན་ནེ་བ་མ་ བཅོས་ལྷུག་པར་བསྐྱངས་ཏེ་རང་གསལ་འཛིན་ཞེན་མཐའ་དག་ཇེ་ལྷོད་དུ་མཚམས་ཟིན་པ་ ཞིག་གཏོང་ཐུབ་ཚེ་སྔར་གྱི་གསལ་ཆ་མྱོང་སྣང་ཅན་རང་སངས་ཀྱི་སྒོ་ནས་གསལ་སྟོང་རིག་པ་ རྗེན་ཆར་བ་རང་ཉམས་དང་མཐུན་པ་ཐད་ཀར་ཡེར་གྱིས་མངོན་པ་ཡུན་རིང་ཐུང་ཅི་རིགས་ སུ་བྱུང་བ་ན་ཡེ་ཤེས་ཀྱི་འཆར་སྒོ་དོད་ཅིང་དེའི་ངོར་གང་འཆར་རྣམས་ཡེ་ཤེས་ཕྱོགས་སུ་ གཏོགས་པའི་སྟོང་གཟུགས་ཕལ་བ་ཙམ་ཡིན་ཞིང་མཚམས་འདི་ནས་རྣམ་ཤེས་ཡེ་ཤེས་དབྱེ་ བསལ་མྱོང་ཐོག་ནས་ཡོང་བའི་མགོ་བཟུང་ལ་ཁད་ཀྱི་ཐོག་མའི་དུས་ཤིག་སྟེ་དབྱེ་བསལ་དེ་ འདྲ་ལས་དང་པོ་པ་ལ་མྱུར་ནས་འོང་ཐབས་ཀྱི་སྒོ་ལག་ལེན་ཐེབས་པ་ནི་སྔར་གྱི་གདམས་ ངག་གསུམ་ལ་ནན་ཏན་སྙིང་པོར་བྱེད་པ་ལས་བྱུང་བ་ནི་དུས་མཐའ་འདིར་ཡང་འགའ་རེ་ ཡོད་ཕྱིར་སྟོང་བཤད་ཁོ་ན་ཙམ་མིན་པས་ཕན་རེ་ཨེ་ཐོགས་སྙམ་ནས་ཅུང་ཟད་བཀྲོལ་བ་ ལགས། འདི་སྐབས་སེམས་བཞག་ཐབས་ཀུན་མཁྱེན་ཇོ་ནང་པ་ཆེན་པོའི་ཞལ་སྔ་ནས་འདི་ སྐད། སེམས་ནི་སྟོང་པའི་དབྱིངས་སུ་བཞག་པ་ན། །བཞག་པས་མི་སྡོད་གཞན་ལ་འཕྲོ་བའི་ ཚེ། །རེས་འགའ་ཐོལ་སྐྱེས་རྦད་གཅོད་ངང་ལ་ཞོག །རེས་འགའ་འཕྲོ་མཁན་རང་ངོ་ལྟོས་ལ་ ཞོག །བཞག་པས་གཟུང་འཛིན་དྲི་མ་དག་པའི་ཉམས། །གསལ་སྟོང་རིག་པའི་ངོ་བོ་རྗེན་ ནེ་བ། །སྤྲོས་བྲལ་བདེ་ཆེན་ངང་དུ་འབོ་ལེ་བ། །སྟོང་གཟུགས་ཉམས་ཀྱི་སྣང་བ་བུན་ནེ་བ། །ཞེས་སོགས་གསུངས་པ་ལྟར་གྱི་སེམས་བཞག་ཐབས་དང་རང་ངོ་ཟིན་པ་ཞིག་གལ་ཆེ་སྟེ་དེ་ ཡང་རང་རིག་རང་གསལ་གྱི་བདེ་གསལ་མི་རྟོག་པའི་ཚུལ་མཚན་འཛིན་དམིགས་བྲལ་རང་ བྱུང་བདེ་ཆེན་རང་ཉམས་འཛིན་མེད་དུ་མྱོང་ཞིང་གསལ་བ་ཀུན་ནས་བརྗོད་མེད་རང་གསལ་ ནམ་མཁའ་ལྟར་ཡངས་པ་སྟོང་གཟུགས་རྣམ་ཀུན་བཀོད་པ་འཛད་མེད་ཕྱོགས་རིས་སུ་མ་ 4-1-39 ཆད་ཀྱང་དམིགས་མཚན་སྒོས་སུ་གཏད་པའི་རྣམ་རྟོག་རང་ཞིར་སོང་བའི་མཉམ་བཞག་མི་ རྟོག་པ་ཞིག་གི་མགོ་བརྩམས་པ་ཡིན་ལ་འདི་ནི་གནས་ལུགས་གསང་ཆེན་ཐོག་མའི་སྒོ་དེང་ དུས་ཀྱི་མྱོང་བ་ཐོན་པ་མི་རྟོག་ཡིད་ལ་མི་བྱེད་པ་བསམ་དུ་མེད་པའི་རྣལ་འབྱོར་གྱི་ངོ་བོ་མདོ་ ཙམ་བརྗོད་པ་ཡིན་ཞིང་རང་ལུགས་རྫོགས་རིམ་སོར་སྡུད་ཀྱི་གཞི་ཙམ་གྱི་སྒོམ་ཞེས་ཟེར་བ་ དེ་ཡིན་ཕྱིར་ཕུགས་མདོ་སྔགས་ཀྱི་ལུང་ཚད་མའི་ཁུངས་ཀྱང་རྣམ་པར་མི་རྟོག་པའི་གཟུངས་ མདོ་ལས། དམ་ཆོས་འདི་ལ་རྒྱལ་བའི་སྲས། །རྣམ་པར་མི་རྟོག་བསམ་གྱུར་ནས། །རྣམ་རྟོག་ བགྲོད་དཀའ་རྣམས་འདས་ཏེ། །རིམ་གྱིས་མི་རྟོག་ཐོབ་པར་འགྱུར། །ཞེས་སོགས་གསུངས་ པས་རྒྱལ་བའི་སྲས་ཀྱིས་སྤྲོས་བྲལ་རྣམ་པར་མི་རྟོག་པ་ལ་བརྟེན་ནས་རབ་ཞི་བྱང་ཆུབ་ སེམས་དཔའི་མངོན་རྟོགས་མཆོག་ལ་ངེས་པར་སླེ བས་པའི་ཚུལ་གསལ་བོ་དང༌། ཡུམ་གྱི་ མདོར། ཡིད་ལ་བྱེད་པ་ནི་མི་དགེ་བའོ། །ཡིད་ལ་མི་བྱེད་པ་དགེ་བའོ། །ཡིད་ལ་བྱེད་པས་ནི་ ཁམས་གསུམ་དུ་འདྲེ་བར་འགྱུར་གྱི། །ཡིད་ལ་མི་བྱེད་པས་ནི་ཁམས་གསུམ་དུ་འདྲེ་བར་མི་ འགྱུར་རོ། །ཞེས་སོགས་ཀྱིས་འདི་དང་འདིའོ་ཞེས་རྟོག་པས་མཚན་མར་འཛིན་པའི་སྒོ་ནས་ ཡིད་ལ་བྱེད་མི་བྱེད་ནི་ཁམས་གསུམ་འཁོར་བར་འཆིང་མི་འཆིང་གི་རག་ལས་པས་འགགས་ མདོ་ཆེ་བར་གསུངས་པ་དང་ཚུལ་དེ་མཐུན་མ་ཕམ་པས་མངོན་རྒྱན་དུ། གཟུགས་སོགས་ཕུང་ པོའི་སྟོང་ཉིད་དང༌། །དུས་གསུམ་གཏོགས་པའི་ཆོས་རྣམས་དང༌། །སྦྱིན་སོགས་བྱང་ཆུབ་ ཕྱོགས་རྣམས་ལ། །སྤྱོད་པའི་འདུ་ཤེས་མི་མཐུན་ཕྱོགས། །ཞེས་དོན་དམ་ཀུན་རྫོབ་ཀྱིས་ བསྡུས་པ་མཐའ་དག་ལ་ནན་དུ་ཞེན་པའི་འདི་དང་འདིའོ་ཞེས་པའི་དམིགས་མཚན་ཕྲ་རགས་ གང་ལྟར་ཀྱང་འདུ་ཤེས་མི་མཐུན་ཕྱོགས་ལམ་ཤེར་ཕྱིན་དང་འགལ་བར་ངོས་བཟུང་བ་དང༌། དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ལས་ཀྱང༌། སོར་སྡུད་སྐབས། སྟོང་ཉིད་བྱང་ཆུབ་ནི་མུན་ པ་ལ་ཅི་ཡང་བསམ་པར་མི་བྱའོ། ། 4-1-40 ཞེས་སོགས་གསུངས་པས་རང་རེའི་དམ་པ་གོང་མས་གསང་ཆེན་རྫོགས་རིམ་སྒོམ་ གྱི་གཞི་མི་རྟོག་ཡིད་ལ་མི་བྱེད་པ་བསམ་མེད་རྣམས་ཀྱིས་གཙོ་བོར་མན་ངག་ལག་ལེན་དུ་ འདེབས་པར་མཛད་ལ་དེ་ལས་ཀྱང་ཀུན་མཁྱེན་དོལ་པོ་པས། དུས་འཁོར་འགྲེལ་ཆེན་དུ། རྣམ་རྟོག་སྒོམ་པ་ལས་འདས་པ། །ཕྱག་རྒྱ་ཆེན་པོ་མི་འགྱུར་བདེ། །ཞེས་སོགས་གསུངས་ པའི་དགོངས་པ་ལྟར་ཡིད་རྣམ་པར་རྟོག་པའི་འགྱུ་བ་སོ་སོར་བཅད་དེ་སྤྲོས་བྲལ་མི་རྟོག་ པའི་ལམ་ལ་གཙོ་བོར་བརྟེན་ཚུལ་གསུངས་ཤིང༌། རྗེ་བཙུན་སྒྲོལ་མགོན་གྱིས། ས་ར་ཧས། བསམ་དང་བསམ་བྱ་ཡོངས་སུ་སྤངས་ནས་སུ། །ཇི་ལྟར་བུ་ཆུང་ཚུལ་དུ་འདུག་པ་ཡིས། ། ཞེས་སོགས་གསུངས་པའི་དགོངས་པ་ལྟར་བསམ་མེད་རྩེ་གཅིག་པའི་ཕྱོགས་ནས་ མི་རྟོག་པ་སྒོམ་ཚུལ་གྱི་ཁྲིད་ཡིག་མཛད་པའང་ཕུགས་མི་རྟོག་པ་སྤྲོས་བྲལ་དུ་གཞོལ་བའི་ ཐབས་འབའ་ཞིག་ལས་དེ་གཉིས་དགོངས་པ་མི་མཐུན་པ་གང་ཡང་མེད། ཚུལ་དེ་བཞིན་ ཉམས་སུ་ལེན་པའང་རྗེ་བཙུན་རིན་པོ་ཆེས་བླ་མཆོད་དུ། བསྐལ་པ་བྱེ་བར་མདོ་རྒྱུད་དུ། །ཐོས་བསམ་སྒོམ་ལ་རབ་སྦྱངས་ཀྱང༌། །བླ་མའི་མན་ངག་མེད་པ་ཡིས། །བྱིན་རླབས་རིམ་པ་ མི་རྙེད་གསུངས། ། ཞེས་སོགས་གསུངས་པའང་གསང་ཆེན་ཟབ་མོ་ཉམས་ལེན་སྐབས་རྟོག་གེ་སྒོག་པོ་ཁ་ བྱང་གིས་བསྐལ་པ་བྱེ་བར་མདོ་རྒྱུད་དུ་ཐོས་བསམ་སྒོམ་ལ་སྦྱང་ལོ་བྱས་ཀྱང་བདག་བྱིན་ རླབས་པའི་མངའ་བདག་མིའི་ཤ་ཚུགས་འཛིན་པའི་བླ་མ་དང་དག་སྣང་སྤྲུལ་པའི་བཤེས་ གཉེན་གང་ཡང་རུང་བའི་མན་ངག་མེད་ན་གདུལ་བྱ་དེ་འཚམས་ལ་བྱིན་རླབས་དོན་བརྒྱུད་ ཀྱི་རིམ་པ་ཇི་བཞིན་རྙེད་པར་མི་འགྱུར་བ་བརྒྱུད་དང་མན་ངག་གི་དགོངས་པ་ལྟར་ལེགས་ པར་མཛད་པ་ཇི་བཞིན་དེང་དུས་སུའང་སངས་རྒྱས་ཀུན་ལས་ལྷག་པའི་བཀའ་དྲིན་ཆེ་བ་ཕ་ བླ་མའི་ཞལ་གདམས་མན་ངག་སློབ་མའི་རྒྱུད་ལེགས་བཅོས་ཐབས་སུ་མེད་མི་རུང་བ་ལྟ་བུ་ 4-1-41 ཡིན་ཕྱིར་དེ་ལུགས་ཀྱི་ཚུལ་ལ་མཚོན་ན་སྤྱིར་སྐལ་ལྡན་ལས་དང་པོ་པ་རྣམས་ལ་ཐོག་མར་ ཆོས་ཡང་དག་སྐྱེ་བའི་སྒོ་གཅིག་པུ་ནི་བླ་མའི་བཀའ་བཞིན་བསྒྲུབ་ཅིང་བླ་མ་བསྟེན་ཚུལ་ ཇི་བཞིན་པ་ལ་རག་ལས་ཏེ། སྔོ ན་བྱང་ཆུབ་སེམས་དཔའ་ཆོས་འཕགས་ལ་ཤེར་ཕྱིན་ཟབ་ མོའི་ཆོས་ཀྱི་ཆེད་བྱང་སེམས་རྟག་ཏུ་ངུས་བཀའ་བསྒྲུབ་བསྟེན་ཚུལ་བྱ་དཀའ་མང་པོ་མཛད་ པ་དང༌། གྲུབ་ཆེན་ཏིལླི་པ་ལ་གསང་ཆེན་ཟབ་མོའི་མན་ངག་གི་ཕྱིར་པཎ་ཆེན་ནཱའ་རོ་པས་ དཀའ་ཆེན་དཀའ་ཕྲན་ཆེས་མང་སྤྱད་པ་དང༌། ལྷོ ་བྲག་མར་པའི་དྲུང་དུ་སྒྲིབ་སྦྱངས་གསང་ ཆེན་རྟོགས་པ་ཟབ་མོའི་ཆེད་རྗེ་མི་ལས་བཀའ་བཞིན་ལེགས་བསྒྲུབ་ཀྱི་རྣམ་ཐར་སོགས་ ལྟར་ད་ཡན་དུ་རང་རང་ལ་ཆོས་སྟོན་པའི་སློབ་དཔོན་ལས་འབྲེལ་དུ་གང་བབ་པ་རྣམས་ལ་ གཙོ་བོར་བརྟེན་ནས་བཀའ་དྲིན་གྱི་ཆ་ནས་སངས་རྒྱས་ལས་ལྷག་པའི་འདུ་ཤེས་དང་མ་བྲལ་ བར་བཀའ་ལེགས་བསྒྲུབ་ཞབས་ཕྱི་སོགས་བླ་མ་བསྟེན་ཚུལ་སྒོ་གང་ཐད་ལ་སྐྱེས་རྩལ་ཅི་ ཡོད་ཀྱིས་འབད་ནུས་ན་དེ་ལུགས་ཀྱི་བྱིན་རླབས་ཆོས་ཕྱོགས་ཀྱི་མྱོང་བ་རེ་ནི་དུས་མཐར་ དུའང་བྱུང་བ་མངོན་གསལ་འགའ་ཞིག་མཐོང་ཕྱིར་དགོས་པ་ཆེས་དོན་དང་ལྡན་ལ་ཚུལ་དེར་ མཁོ་བའི་བཤེས་གཉེན་བསྟེན་ཚུལ་སོགས་བཤད་དགོས་ཅུང་ཟད་རེ་ཡོད་ན་བདག་གིས་ བསྒྲིགས་པའི་ཇོ་ནང་ཆོས་འབྱུང་ལྷན་ཐབས་སུ་མདོ་ཙམ་བཀོད་ཟིན་པས་འདིར་རེ་ཞིག་ དེ་ཙམ་ལས་མ་སྤྲོས་ལ། སྐབས་འདིར་ཚེ་གང་པོའི་ཉམས་ལེན་ཐོག་མར་སྒྲིབ་སྦྱངས་དང་ བར་དུ་ཚོགས་བསགས་དང་ཐ་མར་གསང་ཆེན་གནས་ལུགས་ལ་ཉམས་སུ་ལེན་ཚུལ་རྩ་ བའི་མ་གཞི་གསུམ་པོ་ཡང་རང་གི་རྩ་བའི་བླ་མས་གཞན་དོན་མཛད་ཚུལ་དང་ཁོང་ཉིད་ཀྱིས་ དགོངས་ཉམས་བཞེས་ཚུལ་དང་ཐ་ན་ཕྲན་རང་གིས་ཀྱང་སྐྱེ་བ་ད་རེས་ཀྱི་སྟེང་ཇོ་ལུགས་ དུས་འཁོར་བསྐྱེད་རྫོགས་ངེས་དོན་ལྟ་གྲུབ་ལ་བག་ཆགས་འཇོག་པའི་སྐལ་བ་ཐོབ་བྱུང་བ་ ལ་བརྟེན་བླ་མ་སྐུ་གསུམ་གྱི་གདམས་པ་ལས་གནས་ལུགས་ངེས་གསང་ལ་མྱོང་བ་ཅུང་ཙམ་ 4-1-42 ཤར་བས་གཞན་ཕན་དེ་ལུགས་ལ་རེ་ཁུལ་བགྱིས་པ་འདི་ནི་ཐ་མའི་སྐབས་ཀྱི་གལ་གནད་ཆེ་ བ་གསུམ་ཡིན་ནོ། ། དེ་ལྟར་ན་སྤྱིར་ཁ་བ་ཅན་ལྗོངས་སུ་གོང་སྨོས་བཞིན་སངས་རྒྱས་བསྟན་པའི་ཡང་བཅུད་ ཀྱི་སྒྲུབ་བརྒྱུད་ཀྱི་སྡེ་གང་བྱུང་ཚད་རྣམས་ཀྱང་ལྟ་བ་ཕྱག་རྫོགས་དབུ་གསུམ་གང་རུང་གི་ ཆར་གཏོགས་པ་ལས་མ་འདས་ཕྱིར་དེ་དག་ལུགས་ཀྱི་གཞི་འོད་གསལ་རྫོགས་པ་ཆེན་པོ་ དང་གནས་ལུགས་ཕྱག་རྒྱ་ཆེན་པོ་དང་ངེས་དོན་དབུ་མའི་ཀུན་རྫོབ་སྟོང་གཞི་དོན་དམ་བདེ་ གཤེགས་སྙིང་པོ་རྣམས་མཚན་གྱི་རྣམ་གྲངས་གདུལ་བྱའི་དགོས་དབང་གིས་སོ་སོ་ཙམ་མ་ གཏོགས་དོན་གྱི་ཡིན་ལུགས་གཅིག་ཁོ་ནར་ངེས་ཤིང་མཐར་ཐུག་འབྲས་བུ་ཡང་གཤིས་ཀྱི་ སྡོད་ལུགས་ལྟར་ན་ཡེ་གཞི་དེ་ཀ་ཉིད་ཇི་བཞིན་མངོན་དུ་གྱུར་པ་ཙམ་ལས་ལོག་གི་གསར་ བྱུང་དུ་མི་བཞེད་ཚུལ་ཡང་དགོངས་པའི་གནད་གཅིག་པ་ཡིན། འོན་ཀྱང་གནས་སྐབས་ལམ་ གྱི་ཚུལ་རྫོགས་ཆེན་པ་གང་དག་གིས་ཡེ་གཞི་ཆོས་ཉིད་མངོན་བྱེད་ཐབས་གུ་རུ་པད་འབྱུང་ གིས་མདོ་སྔགས་གླིང་པར་དག་སྣང་འོད་གསལ་ངང་ཇི་སྐད་གསུངས་པ། གཟུང་བ་ཡུལ་ གྱིས་མ་གོས་ཤིང༌། །ཡུལ་ཅན་རྟོག་པས་མ་བསླད་པ། །རིག་སྟོང་རྗེན་པར་བསྐྱང་བ་འདི། །སངས་རྒྱས་ཀུན་གྱི་དགོངས་པའོ། ། ཞེས་པ་ལྟར་སེམས་གཟུང་འཛིན་དྲི་མས་མ་བསླད་པར་རིག་པ་འོད་གསལ་ངང་སྟོང་ པ་ཟང་ཐལ་ལེ་རང་བཞིན་ནམ་མཁའ་ལྟར་རིག་པ་དང་སྟོང་པ་ཕན་ཚུན་འདྲ་མཉམ་དུ་ཟུང་ འཇུག་གི་དོན་ལ་མཉམ་པར་འཇོག་པ་དང༌། ཕྱག་ཆེན་པ་རྣམས་ཀྱིས་གནས་ལུགས་མངོན་ བྱེད་ཐབས་ཏེ་ལོ་པས་ཕྱག་ཆེན་གངྒཱ་མར་གསུངས་པ། སེམས་ནི་ནམ་མཁའི་དཀྱིལ་ལྟར་ བསམ་པའི་ཡུལ་ལས་འདས། །དེ་ཡི་ངང་ལ་བཏང་བཞག་མེད་པར་གློད་ལ་ཞོག །སེམས་ ལ་གཏད་སོ་མེད་ན་ཕྱག་རྒྱ་ཆེན་པོ་ཡིན། །དེ་ལ་གོམས་ཤིང་འདྲེས་ན་བླ་མེད་བྱང་ཆུབ་ཐོབ། 4-1-43 །ཅེས་པ་ལྟར་མཚན་འཛིན་གཏད་སོ་བཅོས་ཞེན་ཀུན་དབྱིངས་སུ་སྟོང་པ་མཁའ་ལྟར་གྱི་རྣམ་ པ་གཙོ་ཆེ་བའི་སྒོ་ནས་རང་བཞིན་གསལ་བ་ལ་ཞོར་བྱུང་གི་ཚུལ་གྱིས་མ་བཅོས་རང་བབས་ སུ་མཉམ་པར་འཇོག་པ་དང༌། ངེས་དོན་དབུ་མ་པས་སྙིང་པོའི་དབྱིངས་མངོན་དུ་གྱུར་བྱེད་ སྟོན་པས་འཇམ་དཔལ་མཚན་བརྗོད་དུ་གསུངས་པ། རྣམ་པར་མི་རྟོག་དབྱིངས་མི་ཟད། །ཆོས་དབྱིངས་དམ་པ་ཟད་མི་ཤེས། །ཡེ་ཤེས་ཡེ་ཤེས་འབྱུང་གནས་ཆེ། །ཡེ་ཤེས་ལྡན་པ་ ཡོད་མེད་ཤེས། །ཞེས་པ་ལྟར་སེམས་རྣམ་པར་མི་རྟོག་པའི་དབྱིངས་ནས་རང་མདངས་སྟོང་ པའི་གཟུགས་ཡེ་ཤེས་ཆེས་གསལ་གྱི་བདག་ཉིད་དོན་དམ་ཕྲ་བ་གཞོན་ནུ་མས་པྲ་ཕབ་ལྟར་ ལ་རང་གསལ་གཙོ་ཆེ་བས་ཀུན་རྫོབ་འཛིན་པ་གདོས་བཅས་སྣང་བ་ཀུན་བྲལ་དུ་མཉམ་ པར་འཇོག་པ་དང༌། དབུ་མ་པ་ལས་རྣམ་གྲངས་སྣང་མེད་པས་གཞི་དོན་དམ་གནས་ལུགས་ ལ་ཀུན་རྫོབ་སྤྲོས་པས་སྟོང་ཕྱོགས་གཙོར་བཟུང་གི་དེ་མངོན་བྱེད་ཐབས་ཡུམ་ལས་ཆོས་ ཐམས་ཅད་སྟོང་པ་ཉིད་དུ་གསུངས་པ་ལྟར་བློས་ཤེས་པར་བྱ་བ་མཐའ་དག་གནད་བཞིའི་ རིགས་པ་སོགས་ལ་བརྟེན་ནས་བདེན་མེད་དུ་ངེས་ཤེས་འདྲོངས་ཏེ་མཉམ་པར་འཇོག་པའི་ སྒོ་ནས་ཆོས་བརྒྱུད་རང་རང་གི་དམ་པའི་མན་ངག་གདུལ་བྱའི་ཁམས་དབང་ལ་ལྟོས་པ་མི་ འདྲ་བ་ཙམ་མ་གཏོགས་མཐར་ཐུག་གཞི་དབྱིངས་ཉག་གཅིག་ལ་ཀུན་མཉམ་དུ་གཞོལ་བ་ འབའ་ཞིག་ལས་མ་འདས་པས་ན་ཆོས་གང་ལ་ཕྱོགས་རིས་མི་བྱེད་པར་བསྟན་པ་ཐམས་ཅད་ འགལ་མེད་དུ་རྟོགས་པ་དང་གསུང་རབ་མ་ལུས་པ་གདམས་ངག་ཏུ་འཆར་བ་དང་རྒྱལ་བའི་ དགོངས་དོན་བདེ་བླག་ཏུ་རྟོགས་པ་དང་ཉེས་སྤྱོད་ཆེན་པོ་རང་འགགས་སུ་འགྲོ་བ་རྣམས་ནི་ དེང་དུས་ཀྱི་བསྟན་འཛིན་མཆོག་དམན་ཡོངས་ལ་གལ་ཤིན་ཏུ་ཆེ་བར་སྣང་ངོ༌། ། ད་ནི་གོང་དུ་བཤད་ཟིན་པའི་དགོས་པ་སྐབས་བབ་ཀྱི་ཉམས་སུ་ལེན་པའི་ཚུལ་གང་ དག་ཀྱང་དེང་སང་གི་གནས་ཚུལ་སྤྱིར་ན་ཕ་མ་དང་མཁན་སློབ་སོགས་ཀྱི་དྲིན་ལས་ཆོས་ 4-1-44 སྒོར་ཞུགས་པའི་སྐལ་བ་ལྡན་ཞིང་བླང་དོར་གྱི་ཚུལ་ལ་གོ་མྱོང་ཐོས་ཙམ་རེ་ཡོད་པ་ཚོས་ཀྱང་ རབ་ཆོས་ལ་ཐོས་བསམ་སྒོམ་གསུམ་འབྲིང་ཀློག་འདོན་ཡིག་འབྲི་མཆོད་སྦྱིན་ཐ་ན་དགེ་བ་ རང་རང་ལ་གང་འོས་ཚད་རེ་དགོས་མེད་དུ་མི་འཇོག་པ་ཙམ་དང་ཁྱད་པར་ཆོས་ལ་གོ་ཐོས་ ཡོད་པ་རེ་ཡིན་ཞིང་ཚེ་འདི་དོན་མེད་ཤ་སྟག་ཁོ་ནར་ཟད་པ་ལ་བློས་མི་ལོངས་པ་རེ་ཡིན་ན་ དེ་ལུགས་གཙོ་བོ་རེམ་ཡུལ་མདོ་སྔགས་གང་རུང་གི་ཆར་གཏོགས་པའི་ཡིག་ཆ་ལག་ལེན་ གང་ལྡན་ལ་དཔེ་རྟོག་རང་བློས་གོ་བ་ཅི་ལོན་ཙམ་ཚིག་རྗེས་དོན་དྲན་རེ་རྒྱུན་ཁྱེར་མི་ཆག་ པ་ལོངས་སྐབས་གང་ཡོད་དུ་ལྡན་ན་བསྟན་པ་ལ་ཐོས་བསམ་གྱི་བག་ཆགས་དུས་འཚམས་ བཟང་ངེས་ཞོག་ཅིང་རང་གར་བསྙེན་བཟླས་མགོ་མཇུག་མེད་པ་སྟོང་བཅད་པས་ཆེས་ལྷག་ པར་མངོན་ལ་དེང་དུས་བསྟན་པའི་ཉག་མར་བསམ་ནས་ཡི་གེ་འབྲི་བཞེངས་རེ་འགྲིག་ ནའང་ཆེས་བསྟན་པ་ལ་ལེགས་ཕན་གྱི་བྱ་བ་དུས་མཐར་ཁྱད་མཚར་ཆེ་བ་ལྟ་བུ་ཡིན། གཞན་ ཡང་དགེ་བ་གང་བརྩོན་རང་རང་གི་ཁམས་དང་མཐུན་པ་གལ་ཆེ་ཞིང་ཚོད་ལས་ཧ་ཅང་ བརྒལ་ན་ཕན་ལས་གནོད་པ་ཆེ་བ་འབྱུང་ཉེན་ཡོད། ཡང་སྒོས་ཚེ་གང་གི་འགྲོ་ལུགས་གཙོ་ བོ་ནི། ཐོག་མར་གོང་བཤད་ལྟར་ཧེ་རུ་ཀའི་ཡིག་བརྒྱ་བྱེ་བ་ཙམ་ལེགས་པར་བསྒྲུབས། དེ་ ནས་ཡི་དམ་དུས་འཁོར་གྱི་བསྙེན་བཟླས་གོང་ལྟར་རེམ་པས་ཧ་ཀྵ་དུང་ཕྱུར་ཙམ་འགྲུབ་པར་ བྱས་ནས་གོང་བཞིན་བླ་མ་སྐུ་གསུམ་གྱི་གདམས་པ་ལ་བརྟེན་ནས་སེམས་ཀྱི་གནས་ལུགས་ ལོ་གཅིག་ཙམ་ལ་སྒོམ་པའི་སྐལ་བ་འགྲིག་ཚེ་གང་ཟག་སེམས་ཀྱི་རྣམ་སྨིན་སྒྲིབ་པ་ཤུགས་ བཙན་པོ་ཅན་འགའ་མ་གཏོགས་དུས་བརྟུན་རྫོགས་རིམ་གྱི་འཆར་སྒོ་ཡང་དག་ཅིག་བློ་ངོར་ མངོན་ཐུབ་པ་མང་ཤོས་ཡིན་པའི་ལག་ལེན་ངེས་པར་ཐེབས་ཡོད་པ་ལགས། གང་ལྟར་ཡང་ ཚེ་མཇུག་ན་སོ་རྒས་པའི་དུས་སུ་ནི་གོང་བཞིན་ལག་ལེན་ཞོག་ན་སྒོ་གསུམ་དགེ་བ་གང་དང་ གང་ལས་སེམས་ཀྱི་གནས་ལུགས་བླ་མའི་ཐུགས་སུ་ཤེས་པའི་ངང་ནས་དེ་ལ་རྩེ་གཅིག་ཏུ་ 4-1-45 མཉམ་འཇོག་གལ་ཆེ་ཞིང་དགེ་བ་གཞན་རྣམས་ཅི་རིགས་ཁམས་དང་བརྟུན་ཉམས་ལེན་ལ་ འབྲེལ་བཞག་ཙམ་ལས་ལག་ལེན་ཅི་ཞོག་མེད་པ་འགའ་ཞིག་འཆི་ཁར་གནས་འགྱུར་བཟང་ པོ་ཐོབ་པ་རེ་ཡང་ཡོད་ཚོད་གདའ་བས་འབྲེལ་ཙམ་བཞག་ནའང་བཟང་བར་མངོན་ཞིང༌། ཁྱད་པར་འཕོ་བ་ལ་སྦྱངས་སྟོབས་རང་ཉམས་དང་སྦྱར་ནུས་ན་དེང་དུས་ཆོས་གཞན་གང་ ལས་མྱོང་བ་ཐོན་སླ་བ་ལག་བླང་ཡོད་པས་དེ་ལུགས་གཞན་ལ་ཕན་ཐོགས་རེ་བསམ་ནས་ རང་གིས་འཕོ་བའི་ཆོས་སྐོར་ཟུར་དུ་བསྒྲིགས་པ་ཡིན་ཕྱིར་དེ་ལའང་འབྲེལ་ཅི་ཞོག་རེ་དང་ ནམ་ཞིག་འཆི་བ་ལ་ཉེ་སྐབས་འདི་སྣང་ཕྱོགས་ཀྱི་ཞེན་པ་མཐའ་དག་ཆོད་ཐབས་ལ་སྒོ་ཀུན་ ནས་རེམ་ཞིང་ཚེ་ཕྱི་མར་རང་གི་གང་མོས་ཀྱི་ཞིང་ཁམས་སུ་སྐྱེ་བའི་འདུན་པ་གཏད་དགོས་ ལ་དེ་ཡང་ཞིང་ཁམས་ཀྱི་ཚུལ་སྤྱིར་བཅོམ་ལྡན་འདས་ཀྱིས་མདོ་སྡེ་དག་ལས་གསུངས་པའི་ རིགས་ལྔའི་ཞིང་ཁམས་མཆོག་སྤྲུལ་གྱི་བཀོད་པ་གཙོ་བོ་ཐུན་མོང་དུ་སྟོན་པའི་དག་ཞིང་དེ་ དག་སྟོང་གསུམ་མི་མཇེད་འཇིག་རྟེན་ཁམས་ཀྱི་ཕྱོགས་བཞི་དབུས་རྣམས་སུ་མཁའ་ལ་སྤྱོད་ པའི་ཚུལ་དུ་ཡོད་ཅིང་ཞིང་ཁམས་དེ་རྣམས་སུ་སྐྱེ་བའི་རྒྱུ་ཚོགས་མདོ་འགའ་ཞིག་ཏུ་གསུངས་ པ་ལ་ལ་བོད་དུ་བཞུགས་ཤིང་ལ་ལ་མི་བཞུགས་པ་ཅི་རིགས་ཡོད། སྟོན་པས་སྔགས་རྒྱུད་ ལས་གསུངས་པའི་ས་ལ་སྤྱོད་པའི་རིགས་སྔགས་ཀྱི་ཞིང་འཛམ་གླིང་ཆེན་པོར་གནས་པའི་ རིའི་རྒྱལ་པོ་རི་རབ་ཀྱི་བྱང་ངོས་སུ་ཡོད་པའི་གསང་བདག་གི་གནས་ལྕང་ལོ་ཅན་དང༌། འཛམ་གླིང་ཆུང་ངུ་འདིའི་ཤར་ཕྱོགས་སུ་འཇམ་དཔལ་བཞུགས་གནས་དང༌། ལྷོ ་ཕྱོགས་སུ་ རི་བོ་གྲུ་འཛིན། ནུབ་ཕྱོགས་སུ་ཨོ་རྒྱན་ཡུལ། བྱང་ཕྱོགས་སུ་ཤམྦྷ་ལ་དང༌། ལྷོ ་ནུབ་ཏུ་རྔ་ ཡབ་གླིང་ལ་སོགས་པ་དུ་མ་དང༌། མཁའ་ལ་སྤྱོད་པའི་རིགས་རྡོར་འཆང་ཧེ་རུ་ཀའི་བཞུགས་ གནས་མང་པོ་ཡོད་པ་ལས་བོད་ཕྱོགས་ཆོས་ཀྱི་སྒྲུབ་བརྒྱུད་རྙིང་མ་བཀའ་གཏེར་བའི་ཐུགས་ སྨོན་གྱི་གནས་ཞིང་རྔ་ཡབ་གླིང་དང༌། བཀའ་བརྒྱུད་པ་སོགས་སྒྲུབ་བརྒྱུད་མང་ཕྱོགས་ཀྱི་ 4-1-46 སྨོན་གནས་ཨོ་རྒྱན་ཡུལ་དང༌། དུས་འཁོར་བ་ཡོངས་ཀྱི་འདུན་པའི་ཡུལ་ཤམྦྷ་ལ་སོགས་ཆོས་ སྡེ་རང་རང་གི་མོས་པ་སྣ་ཚོགས་ཀྱི་སྨོན་གནས་འདྲ་མིན་དུ་མ་ཡོད་པ་རྣམས་ལས་འདིར་ རང་རེ་གང་དག་གིས་ཕྱི་མར་སྐྱེ་སྨོན་བྱ་བའི་གནས་ནི་སྔགས་ཀྱི་ཞིང་མཆོག་ཤམྦྷ་ལ་ཉིད་དུ་ ངེས་པས་དེར་ཆོས་ཀྱི་རྒྱལ་པོ་རིགས་ལྡན་གང་བཞུགས་ཀྱི་ཐུགས་དགོངས་ཆོས་ཀྱི་དབྱིངས་ ནི་རང་ཅག་གི་རྩ་བའི་བླ་མའི་ཆོས་སྐུ་དང་རྣམ་པ་ཀུན་ཏུ་མི་གཉིས་པ་ཡིན་ཕྱིར་དགོངས་ ཆེན་དེའི་དབྱིངས་སུ་ཐུགས་ཡིད་དབྱེར་མེད་རོ་མཉམ་ཆེན་པོར་མཉམ་པར་འཇོག་པ་འདི་ འཆི་ལ་ཉེ་བ་ནས་བཟུང་འཆི་ཁའི་མཚམས་སྦྱོར་ཡན་དུས་རྒྱུན་རྩེ་གཅིག་པའི་ངང་ནས་འཕོ་ ཐུབ་པའི་ཚེ་རང་ཉམས་དང་མཐུན་ཚོད་ཀྱི་འཆི་སེམས་དངོས་ཀྱི་སྐབས་བླ་མའི་ཆོས་སྐུའི་ དགོངས་པ་སྔར་ལས་ཆེར་མངོན་ཚབས་ཆེ་ཞིང་ཉེ་རྒྱུ་དེ་ལ་བརྟེན་སྐྱེ་སྲིད་གཞན་གྱིས་བར་ མ་ཆོད་པར་སྔགས་ཞིང་མཆོག་གི་ཆོས་གཙོ་གང་དག་ལ་ལས་འབྲེལ་གང་ཡོད་ཀྱི་རྡོ་རྗེའི་ ཐུགས་སྲས་དམ་པའི་གོ་ས་དེ་ལུགས་ལྟར་འཛིན་པ་ནི་སྐལ་བ་རབ་ཀྱི་ཡིན་ལུགས་དང༌། དེ་ མིན་དུས་བཞི་ཕྱི་མའི་རྫོགས་ལྡན་ཤར་བའི་སྐབས་གསང་ཆེན་ཐེག་མཆོག་ལ་བརྟེན་ནས་ རྣམ་གྲོལ་དམ་པའི་ཡེ་ཤེས་མངོན་དུ་བྱེད་པ་ནི་སྐལ་བ་འབྲིང་གི་གནས་ཚུལ་དང༌། དེར་ཡང་ ལེགས་སྟབས་མ་འགྲིགས་ན་མི་ཚེ་བཅུ་དྲུག་ལས་མི་འགྱང་བར་གསང་སྔགས་ཀྱིས་གྲོལ་བ་ ཐོབ་ནས་གདོད་མའི་ཆོས་སྐུ་མངོན་དུ་གྱུར་པ་ནི་སྐལ་བ་ཐ་མའི་ཚུལ་ཙམ་དུ་བཞག་གོ ། དེ་སྐད་སྐལ་ལྡན་འགས་ཚེ་གང་ཆོས་ལ་ཉམས་ལེན་གང་འཚམས་ཤིག་ལེགས་པར་ བྱེད་འདོད་པ་ལ་ཉེ་བར་མཁོ་བ་རང་གི་སྔོན་གྱི་བག་ཆགས་ལྟར་ན་རྙིང་ཕྱོགས་བཀའ་གཏེར་ གྱི་ཟབ་མོའི་གནས་ལུགས་ཉམས་སུ་ལེན་ཚུལ་ཞིག་དུས་སུ་བབ་འདྲ་ཡང་སྐྱེ་བ་ད་རེས་ངེས་ དོན་གསང་ཆེན་དང་མཇལ་བའི་དགོས་དབང་གིས་དེའི་ཕྱོགས་དུས་འཁོར་ལ་བརྟེན་ནས་ རང་ལུགས་ཀྱི་མན་ངག་སྒོམ་པ་གཙོ་བོར་བྱས་གསང་སྔགས་ཟབ་མོའི་ཉམས་ལེན་བསྟན་པ་ 4-1-47 ཐམས་ཅད་འགལ་མེད་ཀྱི་ཚུལ་དུ་ལེགས་པར་བཀོད་པའོ། །སྨྲས་པ། རྨད་བྱུང་གསང་བ་ཟབ་མོར་དབང་བའི་ཐབས། ། ངེས་དོན་རྫོགས་ལྡན་ལུགས་དང་ཉེར་སྦྲེལ་ཏེ། ། གཞི་ལམ་འབྲས་གསུམ་བསླབ་པ་ཉམས་ལེན་ཚུལ། ། དུས་མཐར་ཆོས་ལ་སྤྱོད་སྐབས་ལེགས་འབྱོར་བ། ། ཤེས་བྱའི་གནས་ལ་བླང་དོར་འབྱེད་པའི་བློ། ། རབ་རྒྱས་ཆོས་ལ་ཉམས་ལེན་གཞོལ་བའི་ཁུར། ། སྙིང་གི་དཀྱིལ་བཅང་སྐལ་ལྡན་དེང་སྐབས་ཕུལ། ། གང་དེས་དད་མོས་ངང་ནས་ཉེར་བསྐུལ་བྱས། ། དེ་བཞིན་འདི་བསྒྲུབས་ཁོང་དང་སྐལ་མཉམ་པ། ། འགའ་ཡོད་དག་ལ་དངོས་ཕན་དེ་ལྷག་གི ། ཆོས་ལ་བློ་ཁ་ཕྱོགས་ཀུན་རིམ་བརྒྱུད་དུ། ། རང་འཚམས་ཆོས་ཕན་འབྱུང་སྲི ད་སྙམ་ནས་བྲི ས། ། ཚུལ་འདིར་འབད་པའི་རྣམ་དཀར་ལ་རྟེན་ནས། ། འགྲོ་མང་རྫོགས་ལྡན་ཆོས་སུ་ལེགས་དྲང་ཐབས། ། ཐོག་མའི་འཇུག་སྒོ་མཆོག་ཏུ་འདི་གྱུར་ཏེ། ། མྱུར་ལམ་ཟབ་མོས་གྲོལ་བ་སྟེར་གྱུར་ཅིག ། ཅེས་སྐལ་ལྡན་འགའ་ཞིག་ལ་ཉེ་བར་ཕན་པའི་དེང་དུས་སུ་ཉེར་མཁོ་ལག་ལེན་གསལ་བྱེད་ཆོས་སྣང་ཟླ་ཟེར་ཞེས་བྱ་ བ་འདི་ཡང་ཆོས་ལ་བློ་མིག་མངོན་པར་བཀྲ་ཞིང་དུས་དང་འཚམས་པའི་བསླབ་གསུམ་གྱི་རྒྱན་བཟང་ཉེ་བར་འཆང་བ་རང་ལ་ སྒོས་སུ་ཆོས་རྐྱེན་ཕུན་ཚོགས་སུ་གྱུར་པའི་མཆེད་སློབ་རིགས་པ་ཀུན་དགའ་ཤེས་རབ་གསལ་བྱེད་ཕུན་ཚོགས་འབྱུང་གནས་སུ་ 4-1-48 འབོད་པས་ཡིད་ཆོས་ལ་ལྷག་པར་ཕྱོགས་པའི་སྒོས་དུས་ཀྱི་མཐར་ཚེ་གང་ཉམས་བཞེས་ལག་ལེན་སྟབས་བདེ་ཞིག་བསྐུལ་མ་ ཆེད་གཉེར་མཛད་པ་ལ་བརྟེན་ཆོས་སྨྲ་མ་ཏི་ཀིརྟིས་ཇོ་ནང་པ་དམ་པ་གོང་མའི་ཕྱག་སྲོལ་དང་རང་ཉམས་སོགས་དང་ཡང་བསྟུན་ ཏེ་ལྷག་བསམ་ཕན་འདོད་ཀྱི་བློས་སྦྱར་བ་སྟེ་འདིའི་ཡིག་རིས་ལེགས་མཛེས་ཀྱི་སྒོ་ཐོག་མ་གཞིར་བཞུགས་ཆོས་མཆེད་དམ་པས་ ཕྱག་སོར་འདུ་བྱེད་ལས་ལེགས་པར་བསྐྲུན་པ་འདིས་དུས་མཐའི་བརྟན་འགྲོ་ལ་རླབས་ཆེན་དགེ་མཚན་འབྱུང་བའི་དཔལ་གྱི་ གཞི་ཆེ་བ་ཉིད་དུ་གྱུར་ཅིག། །།དགེའོ། །མངྒ་ལཾ། 4-1-49 ༄༅། །ལས་དང་པོ་པ་དག་གིས་རང་ལུགས་དུས་འཁོར་ལྷན་སྐྱེས་ ཕྱོགས་ལ་བཟླས་སྒོམ་བྱེད་ཚུལ་ཞེས་བྱ་བ་ བཞུགས་སོ། ། བདེ་ཆེན་སྟོང་གཟུགས་ཕྱག་རྒྱ་ཆེ། ། གཉུག་མ་དོན་གྱི་དུས་འཁོར་ལོ། ། གཞི་འབྲས་དབྱེར་མེད་ངོ་བོར་བཞུགས། ། གང་ལ་གུས་འདུད་བཅས་ཀྱི་སྒོས། ། གནས་ལུགས་དེ་ཉིད་མངོན་བྱེད་ཐབས། ། དང་པོའི་ལས་ཅན་འཇུག་པའི་སྒོ། ། ཐུན་མོང་ཐུན་མིན་མཉམ་བཞག་དང༌། ། བསྐྱེད་བཟླས་གོ་དོན་མདོ་ཙམ་འཆད། ། དེ་ལ་འདིར་རང་ཅག་ལས་དང་པོ་པ་གང་དག་གིས་ཐུན་ནང་དམ་པའི་ཆོས་ཉམས་སུ་ ལེན་པའི་སྐབས་སུ་ཐོག་མར་མཁོ་བའི་རང་རྒྱུད་ལེགས་བཅོས་བྱེད་ཐབས་བསྐྱེད་རྫོགས་ ཀྱི་སྒོར་དང་པོའི་ཉམས་ལེན་ཚུལ་ཇི་ལྟར་ན་རང་གིས་ཐུན་བཞི་སོགས་གང་གི་སྐབས་ཡིན་ ཡང་ཐོག་མར་གང་ལ་ཡིད་ཆེས་ཤིང་རེ་ལྟོས་བྱ་བའི་ཡུལ་ནི་སྐྱབས་མཐར་ཐུག་པའི་གནས་ གསུམ་སྟེ་སངས་རྒྱས་དང༌། ཆོས་དང༌། དགེ་འདུན་རྣམ་པ་གསུམ་པོ་འདི་ཡིན་ཞིང༌། དེ་ 4-1-50 གསུམ་ཡང་དོན་དམ་གཉུག་མའི་སྡོད་ལུགས་ཀྱི་དབང་དུ་བྱས་ན་རང་བཞིན་སེམས་ཀྱི་ དེ་ཉིད་ལ་གློ་བུར་རྣམ་པར་རྟོག་པ་ཆགས་སོགས་ཉོན་མོངས་པ་དང་བདེན་པར་འཛིན་པ་ བློས་བྱས་ཀྱི་ཚོགས་མ་ལུས་པ་ཆུ་ལ་རྙོག་ལྟར་སེམས་ཉིད་ཀྱི་རང་གཤིས་ལ་མེད་པའི་འོད་ གསལ་གནས་ལུགས་རྣམ་པ་ཀུན་ལྡན་གྱི་ཆ་ཞིག་ཡོད་པ་དེ་གདོད་ནས་བཞུགས་པའི་དོན་ དམ་པའི་སངས་རྒྱས་ཞེས་བྱ་བ་དེ་ཡིན་ཞིང༌། དེ་འདྲའི་སེམས་ཀྱི་རང་གཤིས་དྭངས་མའི་ ཆ་ཡེ་ནས་སྤྲོས་པ་ཀུན་ཉེ་བར་ཞི་ཞིང་སྡུག་བསྔལ་བའི་འཁྲུལ་བ་གཤིས་ན་མི་དར་བའི་རང་ བཞིན་ཞི་བ་ཆེན་པོའི་ཆོས་ཀྱི་དབྱིངས་རྣམ་དག་གི་ཆ་དེ་དོན་དམ་པའི་ཆོས་ཞེས་བྱ་ལ། དེ་ ལྟ་བུའི་དག་ཆེན་གནས་ལུགས་མངོན་བྱང་ཆུབ་པའི་ཆ་དེ་ཉིད་ལ་དོན་དམ་པའི་དགེ་འདུན་ མཆོག་ཏུ་བརྗོད་པ་ཙམ་ལས་དོན་གྱི་གནས་ཚོད་ལ་རང་གསལ་སེམས་འདིའི་གཤིས་དེ་གའི་ ཆ་ལས་ལོགས་སུ་སྐྱབས་གནས་དཀོན་མཆོག་གསུམ་ཟེར་ཡུལ་ཞིག་གང་ནའང་མེད་ཀྱང་ ཡིན་ལུགས་དེ་འདྲ་ཇི་བཞིན་ངེས་མི་ནུས་པའི་འགྲོ་བ་ཕལ་གྱི་ངོར་ཙམ་ལ་བདག་ཅག་གི་ སྟོན་པ་སངས་རྒྱས་དང་དེའི་གསུང་རབ་ཐུགས་ཀྱི་རྟོགས་པ་རྣམས་དང་རྗེས་འཇུག་ཡེ་ཤེས་ མཆོག་མངའ་བའི་སློབ་མ་རྣམས་ཀྱིས་ཚུལ་སོ་སོའི་སྒོ་ནས་འགྲོ་བ་མ་ལུས་པ་ལ་རང་རང་ དང་འཚམས་པའི་མགོན་སྐྱབས་ལེགས་པར་མཛད་པའི་དཀོན་མཆོག་རྣམ་གསུམ་གྱི་མཛད་ ཕྲིན་དུས་དུས་སུ་བསླུ་མེད་དུ་ཉེ་བར་འཇུག་པ་ལས་འདིར་གནས་ལུགས་ཀྱི་སྐྱབས་གསུམ་ སེམས་ཉིད་རང་བཞིན་གྱིས་འོད་གསལ་བའི་གཤིས་སུ་ཚང་བ་དེ་ཡང་དོན་དམ་ཆོས་སྐུའི་ངོ་ བོར་གྱུར་པའི་ངེས་པ་དོན་གྱི་དཔལ་ལྡན་རྩ་བའི་བླ་མའི་ཐུགས་ཆོས་དབྱིངས་ཡེ་ཤེས་ཉག་ གཅིག་ཀྱང་ཡེ་ནས་ཡིན་ཡོད་པ་ལ་ཡིད་གཏིང་ནས་ཆེས་ཏེ་དབྱིངས་དེ་ཉིད་ཀྱི་ཀློང་དུ་རང་ གཞན་སེམས་ཅན་ཐམས་ཅད་ཀྱི་བློ་སེམས་འཁྲུལ་བའི་སྣང་བ་སྣ་ཚོགས་པ་མཐའ་དག་རོ་ མཉམ་དབྱེར་མེད་ཀྱི་ཐུགས་ཡིད་གཅིག་ཏུ་འདྲེས་འདོད་ཀྱིས་སྐྱབས་སུ་ངེས་པར་འགྲོ་བ་ནི་ 4-1-51 སྐབས་འདིའི་སྐྱབས་འགྲོའི་སྒོ་ཡིན་པས་དེ་འདྲ་ལ་བློས་ངེས་པ་ཅི་འདྲོངས་བྱ་དགོས་སོ། ། དེ་ནས་རང་གཞན་གྱི་ན་རྒ་འཆི་བ་སོགས་མི་འདོད་པ་འབྱུང་བའི་གཞི་གདོས་བཅས་ བེམ་གཟུགས་ཀྱི་ཕུང་པོ་དང༌། ཁྱད་པར་རྣམ་པར་ཤེས་པ་འཁྲུལ་བའི་སྣང་བ་ཅན་གཟུང་ འཛིན་བདེན་པར་ཤར་བའི་ནང་ཀུན་ཉོན་ཡིད་ཤེས་ཀྱིས་བསྡུས་པ་དང༌། ཕྱི་གཟུགས་ སོགས་འདོད་པའི་ཡོན་ཏན་ལ་ཉེ་བར་མཆེད་པའི་ཁ་ཕྱིར་བལྟས་ཀྱི་ཤེས་པ་འདི་རྣམས་ནི་ སྒོ་ཐམས་ཅད་ནས་རང་དབང་མ་ཐོབ་ན་ཆགས་སོགས་ཉོན་མོངས་པའི་འཕེལ་ཁ་སྟོབས་ ངེས་པར་རང་ཤུགས་ཉིད་ཀྱིས་ཆེ་བ་དང༌། དད་པ་ལ་སོགས་པའི་དགེ་བའི་དམིགས་རྣམ་ལ་ གང་ནས་སྐོར་ཐབས་དཀའ་ཞིང་བློ་དེ་ཕྱོགས་སུ་ལས་རུང་གི་ཆ་ཉུང་ཤས་ཙམ་ཡང་དཀོན་ པས་སྒོ་གང་ཐད་ནས་རང་དབང་མེད་པར་ཉེས་ཚོགས་གྲངས་ལས་འདས་པ་ངང་གིས་འབྱུང་ བ་འདི་སྡུག་བསྔལ་འབའ་ཞིག་ལ་རྟག་པར་སྤྱོད་པའི་མེད་ན་མི་འབྱུང་བའི་རྒྱུ་ཉིད་དུ་ངེས་ པ་རྒྱུ་མཚན་དུ་མས་ཡང་ཡང་དྲངས་ཏེ། སྡུག་བསྔལ་ཀུན་ཀྱི་འབྱུང་གནས་ལུས་སེམས་དེ་ འདྲ་བ་ནི་འཁོར་བ་ཐོག་མ་མེད་པ་ནས་རྒྱུན་མ་ཆད་པར་ད་བར་བྱུང་ཞིང་ལུས་སེམས་དེ་ དག་དང་གང་མ་བྲལ་ཚུན་ཟག་བཅས་དེ་དགེ་བ་དང་མི་དགེ་བ་གང་རུང་གི་མཐུ་སྨིན་པས་ བར་བར་བཟོད་དཀའ་བའི་སྡུག་བསྔལ་དོས་དྲག་པ་དང་སྐབས་སྐབས་སུ་འགྱུར་བདེ་དང་ བཏང་སྙོམས་ཀྱི་རང་བཞིན་རེ་རེབ་ཙམ་རེ་མྱོང་ནས་སླར་སྡུག་བསྔལ་ཤུགས་དྲག་ལ་ངེས་ པར་སྦྱོར་བ་སོགས་གཏན་བདེའི་གོ་འཕང་ནམ་ཡང་མ་དམིགས་པའི་གནས་ཚུལ་གྱི་ལུས་ སེམས་སྡུག་བསྔལ་བའི་རང་བཞིན་གྱི་འཁོར་བ་འདི་ཉིད་ངོས་ཟིན་པར་བྱས་ནས་དེ་འདྲའི་ འཁོར་བ་ཁམས་གསུམ་གང་རུང་གིས་བསྡུས་པ་འདི་ལ་མི་འདོད་པ་བརྒྱ་ཕྲག་དུ་མའི་ཁུང་ ཚང་ཅན་ཤིན་ཏུ་ཐར་དཀའ་བའི་གནས་ཡིད་མི་འོང་དུ་སྙིང་གཏིང་ནས་ཐག་ཆོད་དེ་ལུས་ སེམས་སྡུག་བསྔལ་བ་འདི་དང་རང་གཞན་རྣམས་ནམ་ཞིག་ཏུ་འབྲལ་བའི་དུས་ཚོད་ཅིག་ 4-1-52 ཡོད། ལུས་སེམས་དེ་དག་དང་གཏན་བྲལ་གྱི་གོ་སྐབས་ཞིག་ཐོབ་ཚེ་སྡུག་བསྔལ་འདི་འདྲ་ བའི་རྒྱུན་གཏན་འགགས་སུ་སོང་སྟེ་ཞི་བ་ཡེ་ཤེས་ཀྱི་དབྱིངས་འབའ་ཞིག་པ་གཏན་གྱི་བདེ་ བ་ཆེས་མཆོག་ཏུ་གྱུར་པ་ཤིན་ཏུ་ནས་ཀྱང་སོས་དལ་བའི་གནས་བདེ་བླག་པའི་ས་ལ་ངེས་ པར་སླེ བས་པ་ཞིག་སྟེ། ཚུལ་དེ་ལུགས་བཞིན་གྱི་འཁོར་བ་སྤངས་པའི་ཐར་པ་ཡང་དག་གི་ སྒོ་གང་ཐད་ནས་འཐོབ་ཐབས་ལ་ངེས་པར་འབད་དེ་བརྩོན་པ་ལྷུར་བླང་བར་བྱའོ་སྙམ་པའི་ འདུན་པ་ཤུགས་དྲག་པོ་སེམས་གཏིང་ནས་བསྐྱེད་པ་ལ་ཡང་ཡང་གོམས་པར་བྱའོ། ། དེ་ལྟ་བུའི་ཉེར་ཞི་ཙམ་རང་ཁོ་ན་ལ་ཐོབ་ཙམ་དུ་བཞག་ན་ད་དུང་རང་ལ་སྔོན་ཐོག་མ་ མེད་པའི་དུས་ནས་ཆེས་བརྩེ་ཞིང་བྱམས་པ་རྩ་བའི་མ་དང་ཁྱད་པར་མེད་པ་ནམ་མཁའ་དང་ མཉམ་པའི་སེམས་ཅན་མ་ལུས་པ་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ན་ལྷུང་ཞིང་དེ་དག་རང་ དབང་མེད་པར་མི་འདོད་བཞིན་དུ་སྡུག་བསྔལ་མཐའ་ཡས་པས་ཉེ་བར་གཙེས་ཤིང་ཤིན་ཏུ་ ཉམ་ཐག་པའི་སྐབས་སུ་ཡུན་རིང་མོ་ཞིག་ཏུ་གྱུར་སོང་བ་འདི་དག་སྙིང་རེ་རྗེ། དེ་དག་བདེ་ བ་ཁོ་ན་འདོད་ཀྱང་སྡུག་བསྔལ་འབའ་ཞིག་ལ་དབང་མེད་དུ་སྤྱོད་དགོས་བྱུང་བ་དེ་ད་ནི་ བདག་གིས་ཅི་ནས་ཀྱང་དེ་འདྲ་སྡུག་བསྔལ་ལས་མྱུར་དུ་བསྒྲལ་བའི་ཐབས་བྱས་ཏེ་གཏན་ བདེ་ལ་འགོད་དགོས་ན་སྡུག་བསྔལ་གང་མ་ལུས་པ་དེ་དག་ནི་རྒྱུ་ཀུན་འབྱུང་ལས་ཉོན་ལས་ བྱུང་ལ། ལས་དང་ཉོན་མོངས་པ་ཐམས་ཅད་རྩ་བ་བློས་བྱས་རྟོག་ཞེན་གྱིས་བསྐྱེད་པ་ཤ་སྟག་ ཡིན་པས་དེ་འདྲའི་རྣམ་པར་རྟོག་པའི་ཞེན་པ་ཀུན་ནས་ལེགས་བསལ་གྱི་སྒོ་ནས་ཉེས་ཟད་ གཏན་བདེ་རྟག་པའི་གོ་འཕང་རང་བཞིན་དག་མཉམ་གྱི་གནས་ལུགས་ཆོས་ཀྱི་སྐུ་གསང་ གསུམ་མཛད་པ་གདུལ་བྱའི་རང་འཚམས་ནམ་མཁའ་དང་མཉམ་པ་གཞི་འབྲས་དབྱེར་མེད་ དུ་བཞུགས་པ་དེ་ཀ་ཉིད་མ་སེམས་ཅན་མཐའ་དག་གིས་རིང་མིན་མངོན་དུ་འགྱུར་ཐབས་ཉེ་ བར་སྟོན་པའི་ཆེད་དུ་ད་ལན་རང་གིས་གནས་ལུགས་ཟབ་མོ་མངོན་བྱེད་ཐབས་ལ་སྒོ་ཀུན་ 4-1-53 ནས་བརྩོན་པ་ལྷུར་ལེན་པར་བགྱིའོ་སྙམ་པའི་ཀུན་སློང་སེམས་བསྐྱེད་ཐུན་མོང་མ་ཡིན་པ་ རང་རྒྱུད་ལ་ཅི་འབྱོར་བའི་དོན་གཉེར་གྱི་རིམ་པ་མི་ལྷོད་པས་ཡིད་འགྱུར་སྒོ་གང་ནས་ཐོན་ ཐབས་ལ་འབད་དགོས་སོ། ། དེ་ནས་གཟུང་བ་ཡུལ་དང་འཛིན་པ་ཡུལ་ཅན་གྱིས་བསྡུས་པའི་གཟུགས་ནས་རྣམ་ མཁྱེན་བར་གྱི་ཆོས་ཀུན་རྫོབ་སྒྲ་དང་རྟོག་པས་བརྗོད་འཛིན་བྱ་བའི་ཡུལ་དུ་གྱུར་པ་གང་ཡོད་ ཚད་ཐམས་ཅད་ཆ་དང་ཆ་ཅན་གྱི་རྣམ་པ་དང་བདེན་པའི་གཅིག་དང་དུ་མ་གང་ཡང་རུང་བའི་ ངོ་བོར་བདེན་ཚུལ་ལ་བརྟག་པ་སོགས་དབུ་མའི་རིགས་པས་རྣམ་པར་དཔྱད་ན་གང་ཡང་ བདེན་དངོས་སུ་ཡོད་པ་གཏན་ནས་མ་དམིགས་པ་ཀུན་རྫོབ་ཀྱི་ཆོས་མཐའ་དག་བདེན་མེད་ སྒྱུ་མ་ལྟ་བུའི་རང་བཞིན་དུ་ཤེས་པར་བྱས་ནས་དབྱིངས་སྟོང་པ་དེའི་ངང་དུ་ཅི་ནུས་སུ་མཉམ་ པར་འཇོག་དགོས་ཤིང༌། དེ་ཡང་ཀུན་ཏུ་རྫོབ་པ་བློས་བྱས་རྟོག་ཞེན་གྱི་རིགས་སུ་གྱུར་པ་ ཡུལ་ཡུལ་ཅན་གཉིས་སུ་སྣང་བ་གཏད་སོ་མྱོང་ཞེན་གྱི་ཆ་མཐའ་དག་ཀུན་ནས་ལེགས་པར་ སངས་ཏེ་སྤྲོས་མེད་དག་ཆེན་འབའ་ཞིག་པ་ཞིག་ངེས་པར་དགོས་ནའང་དབྱིངས་དེ་ཉིད་ཅང་ མེད་སྟོང་རྐྱང་ཙམ་དུ་ཟད་སོང་བ་ཞིག་མ་ཡིན་པར་ཡེ་ནས་བཞུགས་པའི་དོན་དམ་གནས་ ལུགས་ཡེ་ཤེས་རྡོ་རྗེ་རང་བཞིན་འོད་གསལ་བའི་བདག་ཉིད་སྐུ་དང་ཡེ་ཤེས་རྒྱ་མཚོའི་མཛོད་ ཀློང་ཞིག་གདོད་ནས་ཀུན་ཁྱབ་ཀྱི་ཚུལ་དུ་བཞུགས་པ་ལ་འཛིན་མེད་འབའ་ཞིག་པའི་ངེས་ ཆ་མ་བྲལ་བའི་ངང་ནས་འདིར་སྐབས་སུ་བབ་པ་དུས་འཁོར་ལྷན་སྐྱེས་ཀྱི་རྣལ་འབྱོར་ལ་ཉེ་ བར་བརྩོན་པར་བྱ་བ་སྟེ། དེ་ཡང་ཤཱུ་ནྱ་ཏས་སྟོང་པར་སྦྱངས་སྐབས་བསྐྱེད་རིམ་དག་རྫོགས་ སྨིན་གསུམ་གྱི་དོན་དྲན་དགོས་པ་ཡང་རང་གིས་མོས་འདུན་འདི་ལྟར་བྱ་བ་སྟེ་ནམ་ཞིག་མ་ འོངས་པ་ན་ལས་དབང་གིས་སྣང་མཆེད་ཐོབ་གསུམ་གྱི་ཐ་མའི་འཆི་སེམས་དངོས་བཅོས་ གཞིག་ཀུན་བྲལ་གྱི་རིག་པ་མངོན་དུ་འགྱུར་རྒྱུ་དེ་ཕྱིས་སུ་མྱོང་མི་དགོས་པར་ད་ལྟ་ཀུན་རྫོབ་ 4-1-54 རྣམ་ཤེས་ཀྱི་སྤྲོས་པ་གཤིས་སུ་དྭངས་པའི་ཡེ་བཞུགས་སྟོང་པ་ཆེན་པོའི་དབྱིངས་དུས་ཀྱི་ འཁོར་ལོའི་ཆོས་སྐུ་སྤྲོས་བྲལ་གྱི་ཐུགས་རྗེན་ཆར་བ་དེ་མངོན་དུ་བྱས་པ་ཡོད་པ་དེས་ཚབ་ བྱས་ནས་མ་དག་ཐ་མལ་གྱི་འཆི་བ་དེ་ཉིད་དག་ཆེན་ཆོས་སྐུ་མཆོག་གི་ངོ་བོར་དག་སོང་བའི་ སྒོ་ནས་དེ་འདྲའི་རྣམ་ཆ་ཡོངས་སུ་རྫོགས་པ་དང་དེ་ལྟར་གྱི་གཞི་དང་འབྲས་བུ་དབྱེར་མེད་ པའི་ཆོས་སྐུ་དེ་ཉིད་གནས་སྐབས་རྫོགས་རིམ་ལམ་གྱིས་མངོན་དུ་བྱེད་སྐབས་ཀྱི་སོར་སྡུད་ སོགས་ཡན་ལག་དྲུག་གི་དུས་ཀྱི་མཚན་མེད་སྤྲོས་བྲལ་གྱི་རྣལ་འབྱོར་རྣམས་རང་རྒྱུད་ལ་ཉེ་ བར་སྨིན་པའང་དེ་ཀ་ལྟར་རོ་སྙོམས་པའི་སྒོ་ནས་འཁོར་བའི་འཆི་བ་དེ་དག་བྱ་དང་གཞིར་ བཞུགས་ཆོས་སྐུ་སྤྲོས་མེད་མངོན་དུ་གྱུར་པ་དེ་རྫོགས་པ་དང་དེ་མངོན་དུ་བྱ་བའི་ཐབས་ རྫོགས་རིམ་རྣམ་པར་མི་རྟོག་པ་དེ་ཇི་བཞིན་སྨིན་པ་སྟེ་རྣམ་པ་དེ་གསུམ་བློའི་ཟུར་ཆས་མོས་ འདུན་དེ་ལུགས་ལྟར་བྱ་དགོས་སོ། ། དེ་ནས་དབྱིངས་དེ་ཉིད་སྟོང་གཟུགས་རྣམ་པ་ཀུན་གྱི་མཆོག་དང་ལྡན་པ་དཀྱིལ་འཁོར་ ཐམས་ཅད་ཀྱི་དོན་དམ་ལྷའི་ངོ་བོར་རྣམ་པར་རོལ་པ་དང་མཚན་འཛིན་སྤྲོས་པས་སྟོང་ཆེན་ གྱི་དབྱིངས་གཉིས་ཀུན་ནས་དབྱེར་མེད་ཀྱི་རོ་མཉམ་ཆེན་པོ་གཤིས་སྣང་སྟོང་ཟུང་འཇུག་ མཆོག་གི་གནས་ལུགས་དེ་སྒྲུབ་པོ་གང་ཟག་ཏུ་སྣང་བ་གང་དག་གི་རང་རྒྱུད་ཀྱི་ངར་སྣང་ གཞིའི་ཕུང་པོ་འདིའི་གཤིས་ལུགས་ཇི་བཞིན་ཡིན་པ་མ་ཟད་སྤྱིར་ན་འཁོར་འདས་ཀྱིས་ བསྡུས་པ་ཐམས་ཅད་ཀྱི་སྲོག་གི་དྭངས་མ་ཉག་གཅིག་ཏུ་ནམ་ཡང་འགྱུར་བ་མེད་པའི་དེ་ བཞིན་ཉིད་རང་གཤིས་མཐར་ཐུག་པ་ཡིན་ཕྱིར་འདིར་ཡང་དེ་ལུགས་ལྟར་རྣམ་པ་ལམ་བྱེད་ ཙམ་གྱི་སྐབས་སུ་གོང་སྨོས་བཞིན་གཤིས་ཀྱི་གནས་ལུགས་སྣང་སྟོང་ཟུང་དུ་འཇུག་པ་དེ་ཀ་ ཉིད་རང་གི་གཤིས་ལུགས་སུ་ཉེ་བར་མོས་ཏེ་དབྱིངས་ཀྱི་རང་མདངས་ཉིད་སྒྲུབ་པོ་རང་གི་ ལུས་སེམས་ཀྱིས་བསྡུས་པ་མཐའ་དག་གི་དོད་ཐུབ་ཉག་གཅིག་ཏུ་འཆར་ཅི་ནུས་ལ་མཉམ་ 4-1-55 པར་འཇོག་པ་འདི་སྐབས་འདིའི་འཆི་བ་ཆོས་སྐུ་ལམ་ཁྱེར་གྱི་གལ་གནད་ཆེ་བ་ཞིག་ཡིན་ལ། དེ་ལྟར་ཆོས་སྐུ་སྣང་སྟོང་གི་བདག་ཉིད་ལས་ད་ལྟ་གཟུགས་སྐུ་སྒྱུ་མའི་ལྷ་ཡབ་ཡུམ་ཞལ་སྦྱོར་ དུས་ཀྱི་འཁོར་ལོ་ལྷན་ཅིག་སྐྱེས་པའི་གཟུགས་སྐུ་འོག་མིན་ན་བཞུགས་པའི་ལོངས་སྐུ་ལྟར་ སྐུ་ཀུན་ནས་རྣམ་པ་ཐམས་ཅད་པ་སྣང་ལ་རང་བཞིན་མེད་པ་ཆེས་ཤིན་ཏུ་ཕྲ་བའི་འོད་ཀྱི་ ལུས་བཟང་སྐྱེས་བུ་ཕལ་བའི་དབང་པོའི་སྤྱོད་ཡུལ་མི་ནུས་པའི་བདག་ཉིད་ཅན་དུ་སྐད་ཅིག་ ལ་ངེས་པར་བཞེངས་དགོས་པ་སྟེ། དེ་ཡང་འབྱུང་བཞི་རི་རབ་པད་ཟླ་ཉི་མ་སྒྲ་གཅན་གདན་ རང་ཤར་ལས་བྱུང་བའི་སྟེང་དུ་ལྷའི་རྣམ་པ་ཡིད་ཀྱིས་མོས་སྒོམ་འདི་ལྟར་བྱ་དགོས་ཤིང་ད་ ལྟ་བཞེངས་པའི་གཟུགས་གང་དེའི་ཆ་ལུགས་ཐམས་ཅད་ནང་ཡེ་ཤེས་ཀྱི་དག་འབྲས་ཕྱིར་ ལ་མངོན་པའི་ཚུལ་དུ་མོས་བསྐྱེད་བྱ་བ་ཡང་མཐར་ཐུག་འབྲས་བུ་དུས་འཁོར་གྱི་སྐབས་སུ་ དོན་དམ་ཆོས་སྐུ་སྣང་སྟོང་དབྱེར་མེད་ལས་ནམ་ཡང་གཡོ་བ་མི་མངའ་བའི་བརྡར་སྐུ་མདོག་ མཐིང་སྔོ ན་འོད་ཟེར་གྱི་ཕུང་པོ་འབར་བ། ཐུགས་ཆོས་དབྱིངས་དེ་བཞིན་ཉིད་གདོད་ནས་ དོན་དམ་སྣང་སྟོང་ཟུང་འཇུག་པ་དེ་རྒྱལ་ཀུན་ཆོས་དབྱིངས་ཡེ་ཤེས་ཉག་གཅིག་ཏུ་ཡེ་ནས་ ངེས་པའི་བརྡར་ཞལ་གཅིག་པ། དོན་དམ་ཆོས་ཉིད་ཀྱི་རང་གཤིས་ཐོག་མཐའ་བྲལ་བའི་ བདེ་སྟོང་མི་ཤིགས་པའི་ངོ་བོར་ཟུང་འཇུག་མཆོག་གིས་རྣམ་པར་བདེན་པའི་བརྡར་ཕྱག་ གཉིས་པ། དུས་གསུམ་ཐམས་ཅད་དུ་ཆོས་དབྱིངས་ཡེ་ཤེས་གཉུག་མ་ཆེན་པོས་དུས་དང་རྣམ་ པ་ཀུན་ནས་གཤིས་ཀྱི་རང་བཞིན་དུ་ཁྱབ་པའི་ཚུལ་སྒྲིབ་མེད་ཇི་བཞིན་གཟིགས་པའི་བརྡར་ སྤྱན་གསུམ་པ། གནས་ལུགས་བདེ་སྟོང་ངེས་དོན་གྱི་ཚུལ་གདུལ་བྱ་མཆོག་ལ་སྦ་གསང་མེད་ པར་ལེགས་སྟོན་མཛད་པའི་བརྡར་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པ། གདོད་ནས་ བཞུགས་པའི་དོན་དམ་ཐུགས་ཀྱི་རྡོ་རྗེ་དང་རྣམ་པ་ཀུན་ལྡན་གྱི་སྟོང་གཟུགས་ཕྱག་རྒྱ་ཆེན་ མོ་གཉིས་ནམ་ཡང་དབྱེར་མེད་འདུ་འབྲལ་མེད་པའི་བརྡར་དེ་འདྲའི་ཕྱག་ཟུང་གིས་ཡུམ་ལ་ 4-1-56 འཁྱུད་པ། ཀུན་རྫོབ་གཞན་སྣང་ངོར་གློ་བུར་འཁྲུལ་སྣང་དུ་གཏོགས་པ་གཞི་དུས་འཁོར་བའི་ སྐབས་ཀྱི་ཆགས་རྟོག་གི་བཞོན་པའི་ལས་རླུང་རྩ་རྐྱང་མར་རྒྱུ་བ་མཐའ་དག་བཅོམ་ཟིན་ཅིང་ ལས་རླུང་དེའི་སྣང་ཆར་ཤར་བའི་ལྷ་བདུད་དབང་ཕྱུག་གི་གཡུལ་ལས་ངེས་པར་རྒྱལ་བའི་ བརྡར་ཞབས་གཡོན་པ་དཀར་པོ་བསྐུམས་པས་དབང་ཕྱུག་དཀར་པོ་བསྒྱེལ་ཏེ་མནན་པ་ དང༌། གཞི་འཁོར་བའི་དུས་ཀྱི་ཞེ་སྡང་རྟོག་བློའི་བཞོན་པའི་ལས་རླུང་རྩ་རོ་མར་རྒྱུ་བ་མ་ལུས་ པ་དབྱིངས་སུ་དག་ཅིང་ལས་རླུང་གང་དེའི་བྱེད་པ་ལྷ་བདུད་འདོད་ཁམས་ལ་དབང་བྱེད་པའི་ གཡུལ་ལས་ཀྱང་རྒྱལ་བའི་བརྡར་ཞབས་གཡས་པ་དམར་པོ་བརྐྱངས་པས་འདོད་ལྷ་དམར་ པོའི་སྙིང་གར་མནན་བཞིན་བཞུགས་པ། གཞི་འབྲས་དབྱེར་མེད་ཀྱི་དོན་དམ་ཆོས་སྐུ་ཆ་ ཡོངས་སུ་རྫོགས་པ་མངོན་དུ་གྱུར་བྱེད་ཀྱི་ལམ་མཐའ་དག་གི་རྩཻར་སོན་པའི་བརྡར་རལ་པའི་ ཐོར་ཚུགས་མཆོག་གིས་ཉེ་བར་བརྒྱན་པ་དང༌། གཞན་སྣང་ངོར་འབད་མེད་ལྷུན་གྱིས་གྲུབ་ པའི་འགྲོ་དོན་ནམ་ཡང་རྒྱུན་ཆད་མེད་དུ་མཛད་པའི་བརྡར་རལ་པའི་རྩེར་ཡིད་བཞིན་ནོར་ བུའི་ཏོག་གིས་མཛེས་པ་དང༌། ཟག་བྲལ་ཆགས་པ་ཆེན་པོའི་རང་བཞིན་གྱི་མི་འགྱུར་བདེ་ ཆེན་གསར་བ་ཀུན་ནས་རྒྱས་པའི་བརྡར་དབུའི་ཐོར་ཚུགས་ཀྱི་གཡོན་ངོས་སུ་ཟླ་བ་ཕྱེད་པས་ ལེགས་པར་བརྒྱན་ཅིང༌། དོན་དམ་ཕར་ཕྱིན་དྲུག་པོ་རང་ཆས་སུ་གསལ་བའི་ཐབས་ཀུན་ རྫོབ་ཕ་རོལ་ཏུ་ཕྱིན་པ་ཀུན་ནས་ཡོངས་སུ་རྫོགས་པའི་བརྡར་རིན་པོ་ཆེ་ཕ་ལམ་གྱི་རྣམ་པར་ གྲུབ་པའི་རྡོ་རྗེའི་ཕྲེང་བ་བརྒྱུས་པའི་མགུལ་རྒྱན། རྣ་རྒྱན། ཕྱག་གདུབ། སྐ་རགས། རྐང་ གདུབ། དར་དཔྱངས་ཏེ་རྡོ་རྗེའི་རྒྱན་དྲུག་གིས་སྐུ་ལ་ཉེ་བར་བརྒྱན་པ་དང༌། ཀུན་ནས་ཉོན་ མོངས་པ་ང་རྒྱལ་གཏན་ནས་སྤངས་ཤིང་བཅོམ་པའི་བརྡར་སྟག་གི་པགས་པའི་ཤམ་ཐབས་ སྐུ་སྨད་དུ་མནབས་པའི་ཆ་ལུགས་ཅན། འཁོར་བའི་དུས་ཀྱི་རྡོ་རྗེའི་ལུས་ཀྱི་སྟེང་ཕྱོགས་སུ་ དཀར་ཆ་ཟླ་བ་གནས་བསྐྱེད་ཀྱི་སྲོག་རླུང་ལྟེ་བ་ནས་འབྱུང་བ་སྡུད་རིམ་གྱིས་སྣ་བུག་སྒོར་ 4-1-57 ཕྱིར་འབུད་པ་དང་འབྱུང་བ་སྐྱེ་རིམ་གྱིས་ནང་དུ་འཇུག་པའི་སྐབས་རྣམས་སུ་དེ་འདྲའི་སྟེང་ གི་དཀར་ཆའི་ཐིག་ལེ་གནས་ཤིང་བསྐྱེད་པའི་གཞི་རྐྱེན་དུ་གྱུར་པའི་སྲོག་རླུང་ས་སོགས་ ཁམས་ལྔའི་བདག་ཉིད་ཅན་དག་རང་རང་གི་ཡོན་ཏན་ནམ་འབྲས་བུ་འཁོར་བས་བསྡུས་ པའི་དྲི་གཟུགས་རོ་རེག་སྒྲ་དང་ལྔ་པོ་རྣམ་པར་དག་པའི་བརྡར་ཕྱག་སོར་རྣམས་མཐེ་བོང་ སེར་པོ་མཛུབ་མོ་དཀར་པོ་གུང་མོ་དམར་མོ་སྲིན་ལག་ནག་པོ་མཐེའུ་ཆུང་ལྗང་ཁུ་སྟེ་ཁ་དོག་ ལྔ་པ་དང༌། འཁོར་བའི་ལུས་ཀྱི་ལྟེ ་འོག་ཏུ་དམར་ཆ་ཉི་མ་གནས་བསྐྱེད་ཀྱི་ཐུར་སེལ་གྱི་རླུང་ ཆུ་མེ་རླུང་གི་རང་བཞིན་ཤུགས་ཆེ་བ་རང་རང་གི་ཡོན་ཏན་ནམ་འབྲས་བུ་འཁོར་བའི་ལུས་ ངག་ཡིད་གསུམ་རྣམ་པར་དག་པའི་བརྡར་སོར་ཚིགས་རྣམས་ནང་ནས་བརྩིས་པའི་ཚིགས་ ཀྱི་ཕྲེང་བ་དང་པོ་ནག་པོ་གཉིས་པ་དམར་པོ་གསུམ་པ་དཀར་པོ་སྟེ་ཁ་དོག་གསུམ་པས་ མཛེས་ཤིང༌། དཀྱིལ་འཁོར་གྱི་ལྷ་རྒྱས་པ་དྲུག་བརྒྱ་སོ་དྲུག་འབྲི ང་དྲུག་དྲུག་སོ་དྲུག་བསྡུས་པ་ རྒྱལ་བ་རིགས་དྲུག་སྟེ་དེ་དག་མ་ཟད་གཞན་ཡང་རེ་རེ་བཞིན་ལྷ་ཚོགས་འབྱམས་ཀླས་མཐའ་ མེད་པའི་སྤྱི་དཔལ་ཉག་གཅིག་རིགས་ཀུན་བདག་པོ་རྡོ་རྗེ་སེམས་དཔའི་རིགས་མཆོག་གི་ བདག་ཉིད་མཚོན་བྱེད་སྤྱི་བོར་རལ་པའི་ཐོར་ཚུགས་ཀྱི་མདུན་ངོས་སུ་རྡོར་སེམས་ཀྱི་རིགས་ བདག་གི་བརྒྱན་པ། གནས་ལུགས་ཡེ་ཤེས་ལྔའི་རང་མདངས་ལས་གཟུགས་སྐུ་སྒྱུ་མའི་ལྷ་ ཞལ་ཕྱག་སོགས་ཀྱི་རྣམ་པར་བཞེངས་ཤིང་དེ་ལུགས་ཕྲིན་ལས་སྣ་ཚོགས་མཛད་པའི་བརྡར་ ཕྱོགས་མཚམས་ཐམས་ཅད་དུ་ནང་འོད་ཟེར་གྱི་རྣམ་པ་དང་ཕྱི་རུ་ཡེ་ཤེས་མེ་དཔུང་གི་རྣམ་པ་ ཁ་དོག་ཤར་དང་མེར་ནག་པོ་ལྷོ་དང་བདེན་བྲལ་དུ་དམར་པོ་བྱང་དང་དབང་ལྡན་དུ་དཀར་ པོ་ནུབ་དང་རླུང་དུ་སེར་པོའི་རྣམ་པ་ཕྱོགས་བཅུར་ཀུན་ནས་འབར་ཞིང་འཁྲུགས་པའི་དབུས་ ན་བཞུགས་པ། གདུལ་བྱ་གང་དག་ཞི་དྲག་གི་མཛད་སྒོ་རང་རང་དང་འཚམས་པས་འཁོར་ བ་ལས་ངེས་པར་སྒྲོལ་བྱེད་ཀྱི་ཐུགས་རྗེ་མངའ་བའི་བརྡར་ཞལ་ཁྲོ་ཆགས་འདྲེས་པའི་ཉམས་ 4-1-58 དང་ལྡན་ཞིང་དེ་ལྟ་བུའི་བདེ་བ་ཆེན་པོའི་རང་བཞིན་ལས་ཤར་བའི་ལྷ་ཡབ་ཀྱི་རྣམ་པ་ཅན་དུ་ བདག་ཉིད་གསལ་བ་ཡིན་ནོ། ། ཡབ་བཅོམ་ལྡན་དུས་འཁོར་དཔའ་བོ་གཅིག་པ་གང་ལ་འཁྱུད་པ་ནི་རྣམ་ཀུན་མཆོག་ ལྡན་སྟོང་གཟུགས་སྒྱུ་མའི་རང་མདངས་ལས་ངེས་པར་བཞེངས་པའི་བརྡར་སྣ་ཚོགས་ཡུམ་ ཆེན་ལྷ་མོ་སྐུ་མདོག་གསེར་བཟང་ཞུན་མའི་ཕུང་པོ་ལྟར་སེར་ཞིང་འོད་འཕྲོ་བ། ཐུགས་ཆོས་ དབྱིངས་གནས་ལུགས་དང་ནམ་ཡང་གཉིས་མེད་རོ་མཉམ་དུ་བཞུགས་པའི་བརྡར་ཞལ་ གཅིག་པ། སྣང་བ་དང་སྟོང་པའི་རང་བཞིན་འགྱུར་མེད་བདེ་བ་ཆེན་པོས་རྒྱས་ཉེ་བར་ཐེབས་ པའི་བརྡར་ཕྱག་གཉིས་པ། དུས་གསུམ་གྱིས་བསྡུས་པའི་ཤེས་བྱ་ཐམས་ཅད་ཀྱི་གདོད་མའི་ གནས་ལུགས་དོན་དམ་སྟོང་གཟུགས་ཕྱག་ཆེན་གྱི་འཁོར་ལོ་ཀུན་ནས་རྣམ་པ་ཐམས་ཅད་དུ་ རྗེས་སུ་འགྲོ་བའི་བརྡར་སྤྱན་གསུམ་མ། ཐབས་ཤེས་གཉིས་མེད་མཆོག་གི་རང་གཤིས་གང་ དེ་མི་འགྱུར་བདེ་ཆེན་ཉག་གཅིག་གི་དེ་ཉིད་ལས་ནམ་ཡང་མི་འདའ་བའི་བརྡར་ཕྱག་གཡས་ གྲི་གུག་དང་གཡོན་ཐོད་པ་བདུད་རྩིས་ཉེ་བར་བལྟམས་པ་འཛིན་བཞིན་ཡབ་ཀྱི་མགུལ་ ནས་འཁྱུད་ཅིང༌། དེ་འདྲའི་མི་འགྱུར་བདེ་ཆེན་གྱི་རང་མདངས་ཉིད་སྟོང་གཟུགས་སྤྲོས་བྲལ་ དག་ཆེན་མཆོག་ཏུ་ཀུན་ནས་དྭངས་པའི་བརྡར་ཞབས་གཡས་བསྐུམས་གཡོན་བརྐྱངས་པའི་ སྟབས་ཀྱིས་ཡབ་དུས་འཁོར་དང་མཉམ་པར་སྦྱོར་བཞིན་རྗེས་ཆགས་ལ་ཉེ་བར་རོལ་པའི་ ཚུལ་འཆང་བ། སྟོང་ཆེན་དག་མཉམ་གྱི་དབྱིངས་དེ་ཉིད་མཆོག་ཡེ་ཤེས་ལྔའི་ངོ་བོ་ཇི་བཞིན་ མངོན་དུ་གྱུར་པའི་བརྡར་དར་གོས་སོགས་སྤངས་བཞིན་གཅེར་བུའི་རྣམ་པ་ལ་རུས་པའི་ འཁོར་ལོ། རྣ་རྒྱན། མགུལ་རྒྱན། སྐ་རགས། གདུ་བུ་སྟེ་རུས་པའི་ཕྱག་རྒྱ་ལྔས་ཉེ་བར་བརྒྱན་ པ་རང་དོན་ཇི་བཞིན་ལེགས་གྲུབ་མཆོག་གིས་གནས་ལུགས་མཐར་ཐུག་པའི་ས་ལ་བཞུགས་ ཤིང་གང་འདུལ་གྱི་གདུལ་བྱ་ལ་མཛད་པ་དུས་སུ་མི་ཡོལ་བའི་བརྡར་དབུ་སྐྲ་ཕྱེད་སྤྱི་བོར་ 4-1-59 བཅིངས་ལ་ཕྱེད་སྐུ་རྒྱབ་ཏུ་གྲོལ་བར་མཛད་པའོ། ། དེ་ལྟར་དུས་འཁོར་ཡབ་ཡུམ་ཟུང་དུ་འཇུག་པའི་བདག་ཉིད་ཡིད་ངོར་གསལ་བ་གང་དེ་ ནི་རགས་པ་དབང་པོའི་སྤྱོད་ཡུལ་ལྟ་བུ་མ་ཡིན་པར་ཤིན་ཏུ་དྭངས་ཤིང་གསལ་བ་ཡེ་ཤེས་ ཁོ་ནའི་ཡུལ་དུ་རྣམ་པ་ཀུན་གྱི་རྗེས་སུ་འགྲོ་བ་བདེ་ཆེན་དང་རྣམ་ཀུན་མཆོག་ལྡན་གྱི་སྟོང་ གཟུགས་དབྱེར་མེད་མེ་དང་ཚ་བ་ལྟར་རང་བཞིན་གཅིག་པ་དེ་ཉིད་ཀྱི་རྣམ་པ་ཕྱིར་མངོན་ པའི་ལྷ་སྐུ་ཡབ་ཡུམ་ཞལ་སྦྱོར་འོག་མིན་ཞིང་གི་ལོངས་སྐུ་དངོས་ལྟ་བུའི་ས་བཅུའི་སེམས་ དཔའ་དག་གིས་སྤྱོད་ཡུལ་ལས་གཞན་སོ་སོའི་སྐྱེ་བོ་གང་དག་གིས་མཐོང་བྱར་མི་ནུས་པའི་ ཁ་སྦྱོར་སྒྱུ་མ་ཆེན་པོའི་སྐུ་ཉིད་དུ་ལེགས་པར་གསལ་བཏབ་དགོས་ཤིང༌། དེ་ལྟར་གསལ་ བས་གཞི་འཁོར་བའི་དུས་ཀྱི་ལས་དབང་གིས་ནམ་ཞིག་འཆི་སེམས་དྭངས་གསལ་བཅོས་ མེད་ཀྱི་རིག་པ་ཤུགས་འབྱུང་དུ་ཤར་བའི་མཐར་བར་དོའི་ཡིད་ལུས་དབང་པོ་ཀུན་ཚང་གི་ རྣམ་པ་ཤུགས་ཆེན་ལས་དབང་གིས་ཕྱོགས་ཐམས་ཅད་དུ་རང་དབང་མེད་པར་བསྐྱོད་འགྲོ་ བའི་གནས་སྐབས་དེ་ད་ལྟ་དག་ནས་ཕྱིས་སུ་མྱོང་མི་དགོས་པར་དེའི་ཚབ་ཏུ་ད་སྐབས་དུས་ ཀྱི་འཁོར་ལོ་ཡབ་ཡུམ་མཐར་ཐུག་གི་ལོངས་སྐུ་དངོས་ཀྱི་རྣམ་པ་དེ་ཉིད་མངོན་དུ་བཞེངས་ ནས་དུས་འཁོར་མཆོག་གི་ལོངས་སྤྱོད་རྫོགས་པ་འབྲས་དུས་ཀྱི་གཟུགས་སྐུ་གདོས་བཅས་ དང་བྲལ་བ་དེ་ཉིད་ཀྱི་ཆ་ནམ་ཞིག་ཐོབ་པའི་རེ་ཡུལ་དུ་འཇོག་མི་དགོས་པར་ད་ལྟར་ཡོངས་ སུ་རྫོགས་ནས་གོ་འཕང་མངོན་དུ་གྱུར་པ་ཡིན་ངེས་སུ་ཐག་ཆོད་པར་བྱས་ཏེ་དེ་འདྲའི་མཐར་ ཐུག་ལོངས་སྐུ་མཆོག་ཉིད་ཇི་བཞིན་མངོན་དུ་གྱུར་བྱེད་ཐབས་ཁྱད་པར་བ་རྫོགས་རིམ་ གཉུག་མ་སྟོང་གཟུགས་ཀྱི་རྣམ་པ་རང་སྣང་སེམས་རླུང་ཐིག་ལེ་དང་དབྱེར་མེད་རྣལ་འབྱོར་ དེ་ད་ལྟ་མྱུར་དུ་སྨིན་པའི་སྒོས་རང་གཤིས་ཀྱི་ལོངས་སྐུ་དེ་འདྲ་ངེས་པར་བདག་གིར་བཞེས་ པའི་སྐལ་བ་ཡོད་པའོ་སྙམ་དུ་ལས་དབང་གིས་བར་དོ་དག་ཅིང་མཐར་ཐུག་གི་ལོངས་སྐུ་ 4-1-60 ཇི་བཞིན་རྫོགས་པ་དང་གནས་སྐབས་རྫོགས་རིམ་སྟོང་གཟུགས་ཀྱི་རྣལ་འབྱོར་སྨིན་པ་ལ་ བརྟེན་ནས་དེ་ལུགས་བཞིན་གོ་འཕང་མངོན་བྱེད་ཀྱི་རྣམ་པ་ཡིད་ལ་སེམས་པ་ནི་འདིའི་དག་ རྫོགས་སྨིན་གསུམ་གྱི་ཚུལ་སྒོམ་པའི་ལུགས་ཏེ། ཚུལ་དེ་ལྟར་གྱི་ངང་ནས་རང་ཉིད་དུས་ཀྱི་ འཁོར་ལོའི་དཔྲལ་བར་ཆུ་ཁམས་སྣང་བ་མཐའ་ཡས་ཀྱི་རིགས་ཀུན་འདུས་པའི་བདག་ཉིད་ ༀ་ཡིག་དཀར་པོ། མགྲིན་པར་མེ་ཁམས་རིན་ཆེན་འབྱུང་ལྡན་གྱི་རིགས་ཀུན་འདུས་པའི་ངོ་ བོ་ཨཱཿཡིག་དམར་པོ། ཐུགས་ཀར་རླུང་ཁམས་དོན་ཡོད་གྲུབ་པའི་རིགས་ཀུན་འདུས་ཀྱི་རང་ བཞིན་ཧཱུྃ་ཡིག་ནག་པོ། ལྟེ ་བར་ས་ཁམས་རྣམ་པར་སྣང་མཛད་ཀྱི་རིགས་ཀུན་འདུས་པའི་ བདག་ཉིད་ཧོཿཡིག་སེར་པོ། གསང་བར་ཡེ་ཤེས་ཁམས་རྡོ་རྗེ་སེམས་དཔའི་རིགས་ཀུན་ འདུས་པའི་རང་བཞིན་སྭཱ་ཡིག་སྔོ ན་པོ། གཙུག་ཏོར་དུ་མཁའ་ཁམས་མི་བསྐྱོད་པའི་རིགས་ ཀུན་འདུས་པའི་ངོ་བོ་ཧཱ་ཡིག་རྣམས་གསལ་བཏབ་པས་སྐད་ཅིག་དེ་ཉིད་ལ་རང་ལུས་དུས་ འཁོར་ཡབ་ཡུམ་ཕྲ་བ་ལོངས་སྐུའི་རྣམ་པར་གནས་པ་དེ་གནས་འགྱུར་ནས་རགས་པ་དབང་ པོའི་སྤྱོད་ཡུལ་ལྟ་བུའི་རྣམ་པར་གྱུར་ཏེ་སྤྲུལ་སྐུའི་མཛེས་གཟུགས་མིག་གིས་མཐོང་ནུས་པ་ ལྟར་གྱི་ལྷ་སྐུ་ཡབ་ཡུམ་རགས་པར་བཞེངས་པ་ལ་སེམས་བཟུང་སྟེ་ནམ་ཞིག་ལས་དབང་ གིས་འཆི་བའི་རྗེས་སུ་བར་དོ་འབྱུང་ཞིང་དེ་ནས་བར་གཟུགས་དོར་བ་ནས་མངལ་སོགས་ སུ་ཉིང་མཚམས་སྦྱར་ཏེ་རིམ་པས་སྐྱེ་སྲིད་རགས་པ་འགྲུབ་དགོས་པ་དེ་ད་ལྟ་ནས་དག་ཅིང་ དེའི་དོད་དུ་མཐར་ཐུག་དུས་ཀྱི་འཁོར་ལོའི་ངོ་མཚར་སྤྲུལ་པའི་སྐུ་རགས་པ་ཡེ་ཤེས་སྣང་ ཆ་ཆེར་མངོན་པ་དེ་ཀ་ད་ལྟ་ནས་ཇི་བཞིན་ཡོངས་སུ་རྫོགས་ཏེ་ཕྱིས་སུ་ཐོབ་པའི་ཡུལ་དུ་བྱ་ མི་དགོས་པར་ད་ནས་སྤྲུལ་པའི་རོལ་གར་འཛིན་ནུས་ཤིང༌། དེ་ལྟར་གྱི་སྤྲུལ་སྐུ་ཡེ་ཤེས་ཀྱི་ རང་བཞིན་སོ་སོ་དང་བྲལ་བ་དེ་ཇི་ལྟར་ཐོབ་ན་དེ་མངོན་བྱེད་ཀྱི་ཉེ་རྒྱུ་བེམ་རྫས་ཟད་པའི་ མི་འགྱུར་བའི་སྐད་ཅིག་མ་སྟོང་གཟུགས་དྭངས་མའི་ཆར་གྱུར་པ་གང་དག་རིམ་པས་འཕེལ་ 4-1-61 ཞིང་སྨིན་པ་ལས་ངེས་པར་ཐོབ་དགོས་སོ་སྙམ་པ་ནི་འདིའི་དག་རྫོགས་སྨིན་པའི་ཚུལ་ཡིན་ ལ། དེ་ནས་རང་དུས་ཀྱི་འཁོར་ལོའི་ཐུགས་ཀའི་འོད་ཟེར་སྣོ ད་ལ་ཕོག་པས་དེ་དག་གཞལ་ ཡས་ཁང་གི་རྣམ་པ་དང་བཅུད་ལ་ཕོག་པས་དུས་འཁོར་གྱི་ལྷ་ཚོགས་སུ་བསམ་པ་དཀྱུས་ ལྟར་ཡིན་མོད། འོན་ཀྱང་སྤྲོས་པ་ལ་དགའ་ན་འོད་ཟེར་སྤྲོ་བའི་མགོར་དར་ཅིག་ལ་འདུག་ བཞིན་འདི་ལྟར་བསམ། རང་ལུས་ཀྱི་ནང་གི་ཡིག་དྲུག་གསལ་བའི་ཕྱི་ངོས་སུ་རྩ་དབུ་མ་ ཤེལ་སྦུག་ལྟར་བསམ་ལ་ཡབ་ཡུམ་སྙོམས་པར་འཇུག་པའི་སྦྱོར་བས་ལྟེ་བའི་གཏུམ་མོ་མེའི་ རྣམ་པ་དབུ་མའི་ལམ་ནས་ཡར་མཆེད་དེ་སྤྱི་བོར་ཐིག་ལེ་དཀར་པོ་ཞུ་ལ་ཁད་དུ་ཡོད་པ་དེར་ ཕོག་པས་དེ་ཉིད་དབུ་མའི་ལམ་དུ་དཀར་གྱི་ལི་ལི་ཞུ་ནས་རིམ་པས་ནོར་བུའི་བར་དུ་སོན་པ་ ན་ཞུ་བདེ་དེ་ཉིད་སྔ་མའི་གནས་སྐབས་དག་ལས་ཕྱི་མ་རྣམས་ཇེ་ཆེར་སོང་བའི་ཡས་རིམ་གྱི་ ཆ་ནས་དགའ་བ་དང༌། མཆོག་དགའ་དང༌། ཁྱད་པར་གྱི་དགའ་བ་དང༌། ལྷན་ཅིག་སྐྱེས་པའི་ དགའ་བའི་བར་སྤྱི་བོ་ནས་ནོར་བུའི་བར་གནས་སྐབས་བཞིར་ཕྱེ་བའི་རིམ་པས་དེ་ལུགས་ ཡས་བརྟན་གྱི་དགའ་བཞི་སྐྱེས་པར་མོས་མཐར་སླར་ཡང་ཐིག་ལེ་ནོར་བུ་ནས་སྤྱི་བོའི་བར་ གྱེན་དུ་མས་རིམ་གྱིས་ལྡོག་སྟེ་སྔར་ལས་ལྷག་པའི་དགའ་བ་ནས་ལྷན་སྐྱེས་ཀྱི་བར་ཆེར་ འཕེལ་དུ་སོང་བས་མས་བརྟན་གྱི་དགའ་བཞི་རིམ་པས་སྐྱེས་པར་མོས་པ་ཙམ་བྱ། དེ་ནས་ ཡང་སྔར་ལྟར་གྱི་སྙོམས་འཇུག་སྦྱོར་བས་གཏུམ་མོའི་མེས་ཐིག་ལེ་དབུ་མའི་ནང་དུ་བཞུ་བར་ མོས་སྐབས་ནོར་བུར་སླེབས་པའི་ཐིག་ལེ་བདེ་བའི་གནས་སྐབས་སུ་ནོར་བུ་དེ་ནས་གསང་ བའི་བར་གྱི་ཐིག་ལེའི་ཆའི་རྡུལ་སྙེད་གྲངས་རྡོར་སེམས་རིགས་ཀྱི་ལྷ་ཚོགས་རབ་འབྱམས་ སྤྲོ་བསྡུའི་རྣམ་པར་གསལ་བ་དང༌། དེ་བཞིན་དུ་གསང་བ་ནས་ལྟེ་བའི་བར་རྣམ་སྣང་རིགས་ ཀྱི་ལྷ་ཚོགས་རབ་འབྱམས་སྤྲོ་བསྡུ་དང༌། ལྟེ ་བ་ནས་སྙིང་ཁའི་བར་དོན་གྲུབ་རིགས་ཀྱི་ལྷ་ ཚོགས་དང༌། སྙིང་ཁ་ནས་མགྲིན་པའི་བར་རིན་འབྱུང་རིགས་ཀྱི་ལྷ་ཚོགས་དང༌། མགྲིན་ 4-1-62 པ་ནས་དཔྲལ་བའི་བར་སྣང་མཐའི་རིགས་ཀྱི་ལྷ་ཚོགས་དང༌། དཔྲལ་བ་ནས་གཙུག་ཏོར་ བར་མི་བསྐྱོད་པའི་རིགས་ཀྱི་ལྷ་ཚོགས་སྤྲོ་བསྡུའི་རྣམ་པར་གསལ་བ་དེ་འདྲ་རེ་མོས་འདུན་ ཙམ་བྱ། དེ་རྗེས་སྔར་ལྟར་ཐུགས་ཀའི་འོད་ཟེར་སྤྲོ་བ་བྱས་ན་ལེགས་པའི་ཡན་ལག་ཏུ་ངེས་ པ་ཡིན་ཏེ། སྤྱིར་བླ་མེད་བསྐྱེད་རིམ་ཇི་བཞིན་པ་ཡིན་ཕྱིན་ཆད་རྒྱུད་ལས་བསྟན་པའི་དུས་ འཁོར་ལྷན་སྐྱེས་ཀྱི་ཆོ་གའི་ཁྱད་པར་ཚང་བ་དང༌། རང་འབྲས་སྔགས་ཀྱི་མཐུ་བསྐྱེད་ནུས་ པའི་ཁྱད་པར་དང་ལྡན་པ་དང༌། ངོ་བོ་ཞུ་བདེ་དང་སྟོང་ཉིད་ཀྱི་རང་བཞིན་ཅན་གྱི་ཁྱད་པར་ དང༌། དག་རྫོགས་སྨིན་གསུམ་གྱི་བྱེད་ལས་ཚང་བའི་ཁྱད་པར་སྟེ་ཁྱད་པར་དེ་བཞི་ངེས་པར་ ཚང་དགོས་པ་ཡིན་པའི་ཕྱིར་ཏེ། ཁྱད་པར་དེ་བཞི་ཚང་བ་བསྐྱེད་རིམ་དོན་ལྡོ ག་འཇོག་བྱེད་དུ་ བྱེད་རིགས་པའི་ཕྱིར་རོ། ། དེས་ན་རང་རེའི་གོང་མ་རྗེ་བཙུན་རིན་པོ་ཆེས་མཛད་པའི་ལྷན་སྐྱེས་ཀྱི་བདག་བསྐྱེད་ འདི་ནི་རྒྱུད་ལས་བསྟན་པའི་ལྷན་སྐྱེས་ཀྱི་ཆོ་གའི་ཁྱད་པར་ཚང་བ་དེའི་སྟེང་དུ་རྣམ་བཅུ་ དབང་ལྡན་གྱི་གཟུངས་སྔགས་འབྱུང་བ་ཐམས་ཅད་དབང་དུ་བསྒྱུར་ནུས་ཀྱི་མཐུ་རིག་སྔགས་ གཞན་རྣམས་ལས་ཁྱད་པར་དུ་འཕགས་པ་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ཤེས་རབ་ མ་དང་བཅས་པའི་སྙིང་པོ་དཀྱིལ་འཁོར་རྒྱས་པ་དྲུག་བརྒྱ་སོ་དྲུག་གི་རྟེན་དང་བརྟེན་པར་ བཅས་པའི་བསྐྱེད་གཞི་ས་བོན་ཉག་གཅིག་ཏུ་གྱུར་པའི་མཐུ་བསྐྱེད་ནུས་ཁྱད་པར་བ་དང་ ལྡན་པ། ལྷ་སྐུའི་རྣམ་པ་ཡབ་ཡུམ་ཞལ་སྦྱོར་གྱི་སྙོམས་པར་འཇུག་པའི་ཆགས་པ་ཆེན་པོའི་ སྤྱོད་པས་གཏུམ་མོའི་མེས་ཐིག་ལེ་ཞུ་བའི་བདེ་བ་དང་ལྷ་སྐུ་ཚུགས་ཐུབ་བདེན་པ་མཚན་མའི་ རྣམ་པར་ཞེན་པའི་ཡུལ་དང་བྲལ་བཞིན་སྣང་ལ་རང་བཞིན་མེད་པ་སྣང་སྟོང་ཟུང་འཇུག་ཏུ་ གྱུར་པའི་ངང་ནས་གོང་སྨོས་བཞིན་དུ་དག་རྫོགས་སྨིན་གསུམ་ཚང་བ་ཞིག་ངེས་པར་དགོས་ པ་ནི་སྐབས་འདིའི་གལ་ཆེ་བ་ཞིག་སྟེ། མདོར་ན་སྟོང་སྦྱང་གི་སྐབས་སུ་གནས་ལུགས་དོན་ 4-1-63 དམ་སྟོང་ཉིད་ཡེ་ཤེས་རྡོ་རྗེ་རྣམ་པ་ལམ་དུ་བྱེད་པ་འཁོར་བའི་དུས་ཀྱི་གཞི་འཆི་བ་སྦྱོང་ཞིང་ ཆོས་སྐུ་སྤྲོས་བྲལ་འོད་གསལ་རང་རིག་ཆེན་པོ་ལམ་དུ་བྱེད་ལ། སྐད་ཅིག་གིས་དུས་འཁོར་ ལྷན་སྐྱེས་ཡོངས་སུ་རྫོགས་པ་བསྐྱེད་པས་ནི་གཞི་དུས་ཀྱི་བར་དོ་སྦྱོང་བཞིན་ལོངས་སྐུ་ མཚན་དཔེས་བརྒྱན་པའི་ཡེ་ཤེས་ཀྱི་སྐུ་རྣམ་པ་ལམ་དུ་བྱེད་པ་ཡིན་ཞིང༌། གནས་དྲུག་ཏུ་ཡི་ གེ་དྲུག་འགོད་པས་འཁོར་བའི་སྐྱེ་སྲིད་སྦྱངས་ཏེ་སྤྲུལ་སྐུ་སྣ་ཚོགས་པའི་བཀོད་པ་ལམ་དུ་ བྱེད་ཅིང༌། འོད་ཟེར་སྤྲོ་བསྡུ་ཡིས་ནི་གཞི་དུས་འཁོར་བས་བསྡུས་པའི་སྒོ་གསུམ་གྱི་སྤྱོད་པ་ འདྲ་མིན་དག་སྦྱོང་བའི་སྒོ་ནས་སྤྲུལ་སྐུའི་གསང་གསུམ་གྱི་མཛད་པ་ལམ་དུ་བྱེད་པ་ཡིན་ནོ། ། དེ་ལྟར་ལྷ་སྐུ་ཡབ་ཡུམ་གྱི་རྣམས་པ་ཡིད་ངོར་ཇི་བཞིན་བསྒོམས་ཏེ་སྐུའི་བཞུགས་ སྟངས་ཡབ་ཡུམ་གྱི་ལྷའི་རྣམ་པ་སྤྱན་དཀར་ནག་ཚུན་དང་སྐུ་ལུས་ཀྱིས་རྒྱན་སོགས་དེ་དག་ མ་འདྲེས་པར་སོ་སོར་གསལ་ཐེབས་པ་ནི་བསྐྱེད་རིམ་ལ་འདྲིས་ཆ་སོང་ཞིང་ཅུང་ཟད་བརྟན་ པ་རེ་ཐོབ་པ་སོགས་དབང་པོ་ན་ཉུང་ཤས་ཤིག་སྨིན་པ་དག་ལ་མི་དཀའ་མོད། འོན་ཀྱང་རང་ ཅག་ལྟ་བུའི་ལས་དང་པོ་པ་དག་གིས་ནི་ལྷ་སྐུ་སྤྱིའི་རྣམ་པ་ཙམ་ཡིད་ངོར་ཝལ་གྱིས་ཤར་བ་ དེ་ཀའི་ངང་རང་བློ་རྒྱ་ཅུང་བསྐྱེད་ཀྱི་སྒོ་ནས་ཡེང་མེད་ཉིད་ཚུལ་དུ་རང་བབས་ཤུགས་འབྱུང་ གིས་སྣང་ཤེས་དག་སྣང་གསལ་བ་ཙམ་གྱི་རང་མདངས་ལ་བལྟ་ཤེས་ཀྱིས་བསྐྱང་ཅི་ཐུབ་ ལ་འབད་ན་འདིར་གལ་ཆེ་བ་དེ་ཀ་རང་ཡིན་ཀྱང༌། དེ་ཡང་མི་ནུས་ན་རང་དུས་ཀྱི་འཁོར་ ལོའི་སྙིང་ཁར་ཟླ་ཉི་སྒྲ་གཅན་བརྩེགས་པའི་སྟེང་དུ་རྣམ་བཅུ་དབང་ལྡན་ཁ་དོག་སྔོན་པོ་ ཞིག་གསལ་བཏབ་སྟེ་དེ་ལ་སེམས་གཏད་པའི་ངང་ནས་སྙིང་པོ་ཧ་ཀྵ་བཟླ་བཞིན་ཡི་གེའི་ གཟུགས་དེ་ཡིད་ཡུལ་དུ་ཤར་བ་སྒོས་སུ་དང་སྤྱིར་ལྷ་སྐུ་ཡོངས་སུ་རྫོགས་པའི་རྣམ་པ་མིང་ ཙམ་གྱིས་བློ་ཞབས་སུ་མི་འབོར་བར་བྱས་ཏེ་གསལ་སྣང་དེའི་རང་གཤིས་ཀྱི་ཚུལ་ལ་ཡེང་ 4-1-64 མེད་དྲན་པས་རྒྱུན་དུ་མཉམ་པར་བཞག་ནས་དེ་དག་ལས་གཞན་སེམས་ཀྱི་འཕྲོ་རྒོད་དང་ བྱིང་བའི་རིགས་སུ་གྱུར་པ་དག་ཀུན་ནས་སྤངས་ཏེ་ནང་དག་སྣང་གསལ་བའི་རང་བཞིན་མ་ ཉམས་པ་དེ་ཙམ་ཁོ་ནའི་ངང་དུ་འཇོག་པ་འདིས་བསྙེན་བཟླས་སྐབས་ཐུན་གྱི་གཞི་ཁོག་བྱེད་ པ་འདི་མེད་མི་རུང་བའི་གལ་ངེས་པར་ཆེ་བ་ཡིན་ལ། འདིར་བཀོད་པའི་དམིགས་གཞི་རྣམ་ བཅུ་དབང་ལྡན་གྱི་ཁ་དོག་གཞན་ཁམས་སོ་སོའི་མདོག་ངེས་ཅན་ནམ། ལས་ཐམས་ཅད་ པའི་དོན་དུ་ལྗང་ཁུར་བསྒོམས་ཀྱང་རུང་ངོ༌། ། གང་ལྟར་ཡང་བསྙེན་དམིགས་ཀྱང་རྣམ་བཅུ་དབང་ལྡན་དེ་ལས་འོད་ཟེར་གྱི་ཚོགས་ སྤྲོས་པས་ཕྱོགས་བཅུའི་ཞིང་གི་རྒྱལ་བ་སྲས་དང་བཅས་པ་ལ་ཕྱི་ནང་གསང་བའི་མཆོད་སྤྲིན་ གྱིས་ཐུགས་དགྱེས་པར་བྱས་ཤིང་འོད་དེས་སེམས་ཅན་རིགས་དྲུག་གི་གནས་ན་འཁོད་པ་ དེ་ཐམས་ཅད་ལ་ཕོག་པས་སྡུག་བསྔལ་རྒྱུ་བཅས་ཟད་པར་བྱས་ནས་ཡང་དག་པའི་གནས་ སུ་བཀོད་དེ་འོད་ཟེར་སླར་འདུས་སྐབས་རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་མ་ལུས་པ་བསྡུ་ བ་དང་ཆབས་ཅིག་ཏུ་འོད་ཚོགས་གང་དག་སྙིང་གའི་རྣམ་བཅུ་དབང་ལྡན་གྱི་ཡི་གེ་དེ་ཉིད་ལ་ ཐིམ་པར་བསམ་པ་སོགས་བཟླས་དམིགས་ཀྱི་ཚུལ་མན་ངག་ཞལ་ཤེས་འགའ་རེ་ཡོད་ནའང་ འདིར་གཙོ་བོར་བྱེད་པ་ནི་གོང་སྨོས་ལྟར་ལྷ་སྐུ་དང་ཐུགས་ཀའི་སྙིང་པོ་བཅས་ལ་སེམས་བྱིང་ རྒོད་སོགས་དང་མ་འདྲེས་པར་བྱས་ཏེ་མིང་ཙམ་གྱིས་རང་གསལ་དེའི་ངང་དུ་འཇོག་པ་གལ་ གནད་ཆེ་ཤོས་ཡིན་ཞིང༌། དེ་འདྲའི་ཚུལ་གྱིས་སྐབས་དང་བསྟུན་པར་བསྙེན་བཟླས་ཀྱི་རྗེས་ སུ་སྣོད་བཅུད་རྟེན་དང་བརྟེན་པའི་དཀྱིལ་འཁོར་འོད་ཞུའི་སྒོ་ནས་རང་ལ་བསྡུ་ཞིང་རང་ཡང་ ཡས་མས་ནས་ཐུགས་ཀའི་རྣམ་བཅུའི་ཡི་གེ་ལ་བསྡུས་ནས་དེ་ཡང་རིམ་པས་སྟོང་པར་ཡལ་ བའི་ངང་དུ་མཉམ་པར་འཇོག་དགོས་ལ། དེས་ན་ནམ་ཞིག་རང་ལས་དབང་གིས་འཁོར་བར་ ཉིང་མཚམས་སྦྱོར་བ་ལ་ལྟོས་པའི་སྲིད་པ་མཐའ་དག་སྦྱོང་བ་དང་མཐར་ཐུག་གི་རང་བཞིན་ 4-1-65 ཆོས་སྐུ་ལས་མ་གཡོས་པར་མཚོན་ཞིང༌། དེ་ནས་སླར་ལྷ་སྐུའི་རྣམ་པར་ལྡང་བས་ནི་སྐྱེ་སྲི ད་ ཕྱི་མའི་ཕུང་པོ་ཡོངས་རྫོགས་སྦྱོང་བ་དང༌། མཐར་ཐུག་གི་འབྲས་བུའི་ཚེ་འགྲོ་བའི་དོན་ མཛད་པ་མཚོན་པ་ཡིན་ནོ། ། དེ་ལ་བསྙེན་བཟླས་རན་ཙམ་གྱི་མཇུག་ཏུ་གནས་ལུགས་ལ་མཉམ་པར་འཇོག་འདོད་ པ་གང་དག་གིས་ནི་གོང་བསྡུ་ལྡང་གི་མགོ་ནས་རྣམ་པར་མི་རྟོག་པ་ལ་མཉམ་པར་འཇོག་པ་ ཡིན་ཏེ། དེ་ཡང་གང་ལ་མཉམ་པར་འཇོག་པའི་གནས་ནི་སྤྲོས་བྲལ་མི་རྟོག་ཆེན་པོ་སྟེ། དེའི་ གནས་ཚུལ་ཇི་བཞིན་ཤེས་པ་ལ་ཐོག་མར་རྣམ་ཤེས་དང་ཡེ་ཤེས་ཀྱི་ཁྱད་པར་ངེས་ཤིང་དེ་ གཉིས་ཀྱི་དབྱེ་བསལ་སོ་སོར་འབྱེད་པ་ལ་རག་ལས་པས་ན་དེའི་ཚུལ་ཡང་རང་ཅག་གི་ཤེས་ པ་འདི་ལ་དཔེ་གསེར་གྱི་ཁམས་དང་དེའི་ངོའི་གཡའ་གཉིས་ལྟར་གཉུག་མ་ཡེ་ཤེས་ཀྱི་ཆ་ དང་གློ་བུར་རྣམ་ཤེས་ཀྱི་ཆ་གཉིས་ཡོད་ཅིང་སོ་སོའི་སྐྱེ་བོ་གང་དག་ལ་རྣམ་ཤེས་ཀྱི་སྣང་ཆ་ དང་འཕགས་པ་རྣམས་ལ་ཡེ་ཤེས་ཀྱི་སྣང་ཆ་གཙོ་ཆེར་བྱུང་བའི་ཕྱིར་རྣམ་པར་ཤེས་པ་ལས་ འཁོར་བ་ཀུན་ཉོན་ཕྱོགས་དང་ཡེ་ཤེས་ལས་རྣམ་བྱང་ཐར་པའི་ཕྱོགས་ངེས་པར་མངོན་པ་ ཡིན་ཞིང་དེ་ཡང་གཞི་འཁོར་བའི་འཆར་གཞི་རྣམ་ཤེས་ཀྱི་ཕྱོགས་ཇི་ལྟར་ན་ད་ལྟའི་རང་ ཅག་གི་ནང་གོ་བྱེད་མཐའ་དག་གི་སྟེང་ན་རང་བཞིན་གསལ་རིག་གི་ཆ་ཞིག་མངོན་འདུག་ རྒྱུ་ཡོད་པ་དེ་རྩ་བའི་རྣམ་པར་ཤེས་པ་ཀུན་གཞི་ཞེས་བྱ་བ་ཡིན་ལ། དེ་ནི་རྦ་རླབས་ཀྱི་རང་ བཞིན་ཆུ་ཡིན་པ་ལྟར་ཐ་མལ་རྣམ་ཤེས་རགས་པ་མཐའ་དག་གི་རྩ་བའི་རང་བཞིན་དུ་ངེས་ པ་ཞིག་ཡིན། དེ་ལས་ཅུང་ཟད་རགས་ཏེ་རིམ་པས་ཆུ་ལས་རླབས་ལྟར་རང་གཞན་གྱི་སྣང་ བ་བྱུང་ནས་རང་ཕྱོགས་ལ་ངར་སྣང་གི་ཆ་ཞིག་ཡོད་པ་དེ་ངར་འཛིན་ཉོན་ཡིད་ཀྱི་རྣམ་ཤེས་ དང༌། དེ་ལས་ཀྱང་ཤེས་པ་རགས་པར་སོང་ནས་ཡུལ་བཟང་ངན་བར་མ་ཐམས་ཅད་ལ་བློ་ སྒོ་རྣམ་པར་བཀྲ་ཞིང་དེ་ལྟར་སོ་སོར་ཕྱེ་བའི་ཆར་གྱུར་པ་ནི་ཡིད་ཀྱི་རྣམ་ཤེས་དང༌། དེ་ལས་ 4-1-66 ཀྱང་ཀུན་ནས་ཉེ་བར་རགས་ཤིང་ཡུལ་ལ་མཆེད་པ་གཟུགས་གསལ་བར་མཐོང་ཆ་མིག་གི་ ཤེས་པ་དང༌། སྒྲ་གསལ་བར་མཐོང་ཆ་རྣ་བའི་ཤེས་པ་དང༌། དེ་བཞིན་དྲི་རོ་རེག་བྱ་གསུམ་ རིམ་པས་གསལ་བར་མཐོང་བའི་ཆ་སོ་སོ་ལ་སྣ་ལྕེ་ལུས་ཀྱི་ཤེས་པ་གསུམ་པོ་རེ་རེ་ནས་ འཇོག་པ་ཡིན་ཞིང༌། དེ་ཐམས་ཅད་རྣམ་ཤེས་ཡེ་ཤེས་གཉིས་ལས་རྣམ་པར་ཤེས་པའི་ཆར་ གཏོགས་པ་འབའ་ཞིག་ཡིན་པས་སྤྱིར་དེ་དག་རྣལ་འབྱོར་པས་མཉམ་པར་འཇོག་པའི་ཡུལ་ མཐར་ཐུག་མ་ཡིན་ཀྱང་གནས་སྐབས་ཀྱི་ཡུལ་ཙམ་ནི་ལས་དང་པོ་པ་གང་དག་གི་ཐོག་མའི་ དམིགས་སྒོ་སྐལ་ལྡན་ཅིག་ཆར་པའི་དབང་པོ་ཤིན་ཏུ་རྣོ་བ་ཉུང་ཤས་དག་ལ་དང་པོ་ཉིད་ནས་ ཡེ་ཤེས་རྗེན་ཆར་པའི་ཆ་ཤས་རེ་ལ་མཉམ་པར་འཇོག་ནུས་ཡོད་སྲིད་ནའང་དེ་འདྲ་མིན་པའི་ སྐལ་ལྡན་རིམ་གྱིས་པ་ཆེས་མང་ཕྱོགས་དག་གིས་གོང་སྨོས་ཀྱི་ཡིད་ནས་བཟུང་རྣམ་ཤེས་ རགས་པ་རང་རང་གི་ངོ་ཐད་ཙམ་ནི་ཧ་ཅང་དམིགས་རྣམ་གསལ་བའི་ཡུལ་ལ་འཇུག་ཕྱིར་ ཆེས་སྤྲོས་བཅས་མ་ཞི་བའི་རྣམ་པ་ཡིན་པས་དེ་དག་ལ་རང་ངོ་ཙམ་མཉམ་བཞག་གི་ཡུལ་ དུ་མི་རུང་ཡང་དེ་ཀུན་གྱི་རྩ་བའི་ཀུན་གཞིའི་རྣམ་ཤེས་ཉིད་ནི་ཡུལ་གང་དག་གིས་སྡེ་ཁ་མ་ བསྒྱུར་བས་དམིགས་རྣམ་རིས་སུ་མ་ཆད་ཅིང་ཆེར་མི་གསལ་བའི་ཤེས་པ་གསལ་རིག་ས་ ལེ་བའི་ངོ་ཙམ་ཡིན་ཞིང༌། དེའི་ཕུག་ན་གཉུག་མའི་ཡེ་ཤེས་ཡེ་ནས་ཆེས་ཉེ་བའི་ཚུལ་དུ་ཆོས་ ཉིད་ཀྱི་རྣམ་པར་རང་གཤིས་ཤིན་ཏུ་དྭངས་པའི་སྤྲོས་བྲལ་མི་རྟོག་པ་མཐར་ཐུག་གི་གནས་ ལུགས་སུ་བཞུགས་པའི་སྟོབས་ཀྱིས་ཀུན་གཞིའི་ཡེ་ཤེས་དང་རྣམ་ཤེས་གཉིས་རལ་གྲི་དང་ ཤུབས་ལྟ་བུའི་ཚུལ་དུ་ཡོད་ཕྱིར་རལ་གྲིའི་ཤུབས་ལ་བརྟེན་ནས་རལ་གྲི་དངོས་ལ་རིམ་པས་ འཇུ་དགོས་པ་བཞིན་ཕྱི་ཀུན་གཞིའི་རྣམ་ཤེས་ལ་བརྟེན་ནས་ནང་ཀུན་གཞིའི་ཡེ་ཤེས་དངོས་ ལ་ཆ་ཤས་ནས་རིམ་པས་མངོན་དུ་བྱ་དགོས་པ་དེའི་རྒྱུ་མཚན་གྱི་ཐོག་མར་ལས་དང་པོ་རིམ་ གྱིས་པ་གང་དག་གིས་མཉམ་པར་འཇོག་ཡུལ་རྣམ་ཤེས་རགས་པ་རྣམས་ཀྱི་རྩ་བར་གྱུར་ 4-1-67 པ་ཀུན་གཞིའི་རྣམ་ཤེས་གསལ་རིག་ས་ལེ་བ་ཡུལ་གང་དག་གིས་མ་བསྒྱུར་བའི་རྣམ་པར་ ཤེས་པ་ཕྲ་བའི་ཆ་དེ་ཉིད་ཡིན་ལ། དེ་ལ་བལྟ་བའི་སྐབས་སུའང་ཤེས་པ་གསལ་ཙམ་གྱི་ངོ་ བོ་དེ་དྲན་པས་མི་བརྗེད་ཅིང་ཤེས་བཞིན་གྱིས་ཡིན་ལུགས་ཇི་བཞིན་ཧ་གོ་བའི་ངང་ནས་ཡུལ་ གཞན་དུ་མི་གཡེང་བར་རང་ས་དེ་ཀར་སྡོད་པ་དེའི་རྒྱུན་བསྐྱངས་ཏེ་མར་མེ་རང་གསལ་དང་ ཆུ་རྙོག་རང་དྭངས་ཀྱི་དཔེ་ལྟར་མཉམ་པར་བཞག་པ་ན་རྣམ་ཤེས་རགས་པ་གང་དག་གི་བྱེད་ ལས་སུ་ཤར་བ་དུས་གསུམ་གྱིས་བསྡུས་པའི་འགྱུ་རྟོག་གང་བྱུང་དག་ཐོག་མར་ལས་དང་ པོ་པ་རྣམས་ཀྱིས་ངོ་ཤེས་པ་མྱུར་མོ་འོང་དཀའ་ན་དེ་མཚམས་ནས་རང་སྐོར་འགྱུ་རྟོག་བྱུང་ བའི་དེ་མ་ཐག་གི་སྐབས་ནས་འགྱུ་བ་དེ་ཉིད་ངོ་ཟིན་ཏེ་མཚམས་གཅོད་པའམ་རང་དྭངས་ སུ་བྱེད་པ་སོགས་ཐབས་ཅི་རིགས་པས་རྟོག་བྲལ་རིག་པ་ས་ལེ་བར་གནས་ནུས་པ་འོང་ལ། དེ་ཡང་བར་སྐབས་རྣམས་སུ་སེམས་བཟང་ངན་བར་མའི་ཡུལ་རྣམས་ལ་འཕྲོ་བ་དང་ཁྱད་ པར་འདོད་པའི་ཡོན་ཏན་ལ་དགའ་ཉམས་ཀྱི་རྒོད་པ་བྱུང་ན་རྩེ་གཅིག་རྩོལ་བྲལ་རང་གྲོལ་ གསུམ་པོ་ཅི་རིགས་ཁམས་དང་བསྟུན་ནས་འཕྲོ་རྒོད་དེ་དག་འགོག་པར་བྱེད་དགོས་ཤིང༌། ཡང་བར་འགར་སེམས་གནས་ཀྱི་གསལ་ངར་ཙམ་ཉམས་པའམ་དམིགས་རྣམ་མི་གསལ་ བའི་བྱིང་བའི་སྐྱོན་བྱུང་ན་རང་གསལ་ངང་དུ་ཅེར་གྱིས་བལྟ་བ་དང་རང་ཡུལ་ལ་རྩེ་གཅིག་ཏུ་ སེམས་གཞུར་བ་སོགས་ཐབས་སྣ་ཚོགས་པས་ཉེས་པ་དེ་ཡང་འགོག་པར་བྱེད་པའི་སྒོ་ནས་ རྣམ་ཤེས་རང་གསལ་རྟོག་པ་དང་བྲལ་བའི་འཛིན་མེད་ཅི་ཡོང་ལ་འབད་པ་ལྷུར་བླངས་པ་ གལ་གནད་ཡིན་ལ་དེ་སྐབས་རྣམ་ཤེས་ཀྱི་སྣང་ཆའི་སྟོང་པའི་གཟུགས་བརྙན་ཀྱང་རྣམ་པ་སྣ་ ཚོགས་གྲངས་མེད་བྱུང་ཤིང་དེ་དག་ཀུན་ཀྱང་དོན་གྱི་ཡིན་ལུགས་ལ་རྣམ་ཤེས་སེམས་གནས་ ཙམ་གྱི་སྟོང་པའི་གཟུགས་སྣང་དང༌། གཉུག་མ་ཡེ་ཤེས་ལ་ཉེ་བའི་རྟགས་མཚན་རྗེས་སུ་ མཐུན་པ་ཙམ་ནི་ཡིན་པས་དེ་དག་གང་ཐད་ནས་ཆོས་དབྱིངས་གནས་ལུགས་ཀྱི་ཆ་ཅི་རིགས་ 4-1-68 མངོན་ལ་ཁད་ཀྱི་རྟགས་ཡིན་ཕྱིར་ཟབ་མོ་གསང་ཆེན་གྱི་གནས་ལ་གོམས་པའི་བག་ཆགས་ ཁྱད་པར་ཅན་ཚེ་འདི་དང་ཕྱི་མ་རྣམས་སུ་ངེས་པར་འབྱུང་བའི་ཕན་ཡོན་རླབས་པོ་ཆེ་སྒོ་ཀུན་ ནས་ནམ་ཡང་མི་བསླུ་བ་ལ་ཐེ་ཚོམ་བྱ་མི་དགོས་ཤིང༌། དེ་དག་ནི་ལས་དང་པོ་པའི་རྣམ་ཤེས་ ཀྱི་སྣང་ཆ་དང་མ་བྲལ་བའི་སྐབས་ཙམ་ཡིན་ཡང་སྐལ་ལྡན་རིམ་གྱིས་པ་དང་པོའི་ལས་ཅན་ དག་གིས་ཐེག་པའི་འཇུག་སྒོ་འདི་ནས་མ་བྱས་པར་ཐབས་གཞན་མེད་པས་ཀུན་གཞི་གསལ་ རིག་ཙམ་གྱི་སྟེང་ནས་ཐོག་མར་གནས་ཆ་བཙལ་བ་འདི་གལ་ཆེ་ཞིང་ཚུལ་དེ་རྣམས་དོན་གྱི་ ཡིན་ལུགས་ན་རྣམ་ཤེས་ཀྱི་ཁྱད་པར་ལས་བྱུང་བ་ཡིན་པར་ཤེས་དགོས་སོ། ། ཡེ་ཤེས་དོན་གྱི་གནས་ལུགས་མཆོག་རྣམ་བྱང་ཐར་པའི་འཆར་གཞི་གང་དེ་ནི་གཤིས་ ཇི་བཞིན་པ་ལྟར་ན་རང་བྱུང་ཡེ་ཤེས་རྣམ་པ་ཀུན་ལྡན་གྱི་བདག་ཉིད་དུས་གསུམ་རྒྱལ་བ་མ་ ལུས་པའི་དགོངས་ཆེན་ཟབ་མོའི་དབྱིངས་ཉག་གཅིག་ཏུ་ངེས་ན་དེའི་ཚུལ་འདིར་བཤད་བྱ་ སྐབས་སུ་མ་བབ་ལ། འོ་ན་གང་ཞེས་ན་གནས་ལུགས་ཡེ་གཞི་མཐར་ཐུག་པ་དེ་ཉིད་གནས་ སྐབས་ལམ་གྱི་དུས་སུ་ཆ་ཇི་ལྟར་མངོན་པའི་ཚུལ་ཅུང་ཟད་སྤྲོས་ན་དེ་ལའང་མདོ་ཕྱོགས་ ཐེག་པ་ཆེ་ཆུང་གི་ལམ་གྱིས་ཇི་ལྟར་མངོན་དུ་བྱ་བ་དང་སྔགས་ཕྱོགས་རྒྱུད་སྡེ་གོང་འོག་གི་ ལམ་སོ་སོའི་སྒོ་ནས་མངོན་དུ་བྱ་བའི་ཚུལ་སྣ་ཚོགས་པ་ཆེས་མང་བ་དེ་དག་གི་ནང་ནས་རང་ རེ་དག་གིས་ཉམས་སུ་བླང་བྱ་དུས་ཀྱི་འཁོར་ལོའི་རྫོགས་རིམ་ལས་ཡེ་གཞི་མངོན་དུ་གྱུར་ པའི་ཡིན་ལུགས་གང་བྱུང་བ་ལྟར་ནི་ཐོག་མར་སོར་སྡུད་ཀྱི་སྐབས་སུ་གོང་སྨོས་ཀྱི་རྣམ་པར་ ཤེས་པའི་སྣང་ཆ་ཆེས་ཀུན་ནས་བརྟན་པའི་སྒོ་ནས་ཡེ་གཞི་གནས་ལུགས་ཀྱི་ཆ་ཅི་རིགས་ གསལ་བ་ནས་བཟུང་རང་སེམས་ཐ་མལ་ཤེས་པ་གསལ་རིག་གི་ཆ་ཕྱིའི་ཡུལ་སྣང་ལ་འཕྲོ་ བ་མེད་ཀྱང་ནང་རང་གསལ་གྱི་ཕྱོགས་ལ་ཆེད་གཏད་མྱོང་བའི་རྣམ་པ་སོགས་འཛིན་སྒོ་དམ་ པོའི་ཆ་གཏད་སོ་མྱོང་ཞེན་གྱི་སྤྲོས་ཚོགས་ཅི་རིགས་དང་མ་བྲལ་བ་རྣམས་འདིར་རང་སངས་ 4-1-69 ཀྱི་ངང་ནས་ཆེས་ཕྲ་བའི་རིག་པ་རང་གསལ་འཛིན་པ་གཤིས་སུ་དྭངས་ཚབས་ཆེ་བའི་སྤྲོས་ བྲལ་རྣམ་པར་མི་རྟོག་པ་རང་འཚམས་རྗེན་ཆར་བ་ཞིག་མངོན་དུ་གྱུར་ནས་རང་རིག་རང་ གསལ་གཉུག་མའི་རྣམ་པ་བཅོས་གཞིག་གཟུང་འཛིན་མྱོང་སྣང་སོགས་ཀྱི་སྤྲོས་ཚོགས་སྔར་ རྣམ་ཤེས་ཀྱི་སྣང་བ་ལས་བརྒྱ་འགྱུར་གྱིས་ཞི་བའི་རང་མདངས་གསལ་སྟོང་ཟུང་དུ་འཇུག་ པ་ཇི་བཞིན་བསམ་བརྗོད་བྲལ་བའི་དབྱིངས་དེའི་གཤིས་ནས་ཡེ་གཞི་ཆོས་སྐུ་ཉིད་རྣལ་ འབྱོར་པའི་བློ་ཚོད་དང་མཐུན་པའི་སྟོང་གཟུགས་དུ་སོགས་རྟགས་བཅུའི་རྣམ་པ་ཕྱོགས་རེ་ བ་ཡུལ་གྱི་ཚུལ་དུ་ཀུན་ནས་ཞེན་བྲལ་དུ་ངེས་པར་མཐོང་བ་དང༌། བསམ་གཏན་སྐབས་དེ་ ལས་མཐོང་ཚུལ་ན་འཕར་ཏེ་ཆོས་སྐུ་སྟོང་གཟུགས་ཀྱི་རྣམ་པར་ཤར་བ་གང་དག་ཡུལ་ཅན་ སེམས་ཀྱི་རང་གཤིས་ཆོས་ཉིད་ཀྱི་ཚུལ་དུ་མཐོང་བ་དང༌། སྲོ ག་རྩོལ་སྐབས་ཆོས་སྐུའི་རང་ གཟུགས་ཅི་རིགས་པའི་རྣམ་པ་དེ་དག་རླུང་སེམས་གཉིས་ཀའི་གཤིས་ཀྱི་རང་མདངས་སུ་ ངེས་པར་མཐོང་བ་དང༌། འཛིན་པའི་སྐབས་འོད་གསལ་ཆོས་སྐུའི་རྣམ་འགྱུར་རོལ་པ་སྟོང་ པའི་གཟུགས་བརྙན་དེ་རྣམས་རླུང་ཐིག་སེམས་གསུམ་དེ་ཉིད་དུ་གཅིག་པར་མཐོང་བ་དང༌། རྗེས་དྲན་སྐབས་ཆོས་དབྱིངས་གཉུག་ཁམས་དམ་པའི་སྟོང་ཉིད་མཆོག་གི་རང་གཟུགས་སྲིད་ པའི་རོལ་པ་དང་རྣམ་བྱང་གི་དག་པའི་སྐུ་དང་ཞིང་ཁམས་རབ་འབྱམས་གང་སྣང་མཐའ་ དག་རྣལ་འབྱོར་རང་གི་རླུང་ཐིག་སེམས་གདོས་བཅས་ལུས་དང་བཅས་པའི་རང་བཞིན་དག་ མཉམ་ཉག་གཅིག་ཏུ་རང་སྣང་ལ་ངེས་ཐག་ཆོད་པ་དང༌། ཏིང་ངེ་འཛིན་སྐབས་དོན་དམ་སྲི ད་ གསུམ་དྭངས་པའི་གཞི་དབྱིངས་ཆོས་ཉིད་རང་གཟུགས་མ་ལུས་པ་ཆེས་ཀུན་ནས་མངོན་ དུ་གྱུར་ཏེ་རང་གཞན་མཐུན་སྣང་ངོར་ཡང་མ་དག་པའི་ཆ་ཡོད་ཚོད་དག་ཆེན་མི་འགྱུར་བདེ་ ཆེན་དོན་དམ་སྟོང་གཟུགས་ཀྱི་སྐུར་དངོས་སུ་གྱུར་ཏེ་ཇི་བཞིན་མངོན་ཚབས་ཆེ་བའི་སྒོ་ནས་ རིམ་པས་འཕགས་པ་མཆོག་གིས་གནས་ལུགས་ཀྱི་གཟིགས་རྒྱ་ཕྱོགས་ཐམས་ཅད་ནས་ 4-1-70 ཆེར་གྱུར་ཏེ་འབྱམས་ཀླས་པའི་མུ་མཐར་ཐུག་པ་ལྟ་བུའི་ཀློང་དུ་རོ་མཉམ་གཞིའི་གདོད་མའི་ ཆོས་སྐུ་རྟག་བརྟན་ཐེར་ཟུག་གཡུང་དྲུང་གི་བདག་ཉིད་དམ་པ་དང་པོའི་སངས་རྒྱས་རྒྱལ་ ཀུན་གཤིས་ལུགས་ཆོས་ཉིད་ཡེ་ཤེས་ཉག་མ་གཅིག་གི་རང་བཞིན་དྭངས་མའི་སྲོག་ཆེན་དོན་ དམ་དུས་ཀྱི་འཁོར་ལོའི་ཆོས་དབྱིངས་གནས་ལུགས་མཐར་ཐུག་དང་ཀུན་ནས་གཅིག་པར་ གྱུར་པའི་སྒོ་ནས་ཇི་བཞིན་མངོན་དུ་བྱེད་པའི་ཚུལ་འདི་ནི། རང་ཅག་གི་མེ་ཏོག་ལྷ་བབ་ཀྱི་ ཆོས་སྐལ་སྔོན་བསགས་བསོད་ནམས་མཆོག་གིས་དུས་སུ་ལེགས་པར་ཐོབ་པ་དེ་ཀ་ལྟར་ ལས་ད་ལན་ཉམས་ལེན་ལ་རེམ་པའི་རྣལ་འབྱོར་པ་གང་དག་གི་བློ་ཚོད་ཇི་ལྟར་གྱི་རིམ་པས་ གོང་དུ་བཤད་པ་བཞིན་རྣམ་ཤེས་དང་ཡེ་ཤེས་ཀྱི་ས་མཚམས་གང་ལ་སླེབས་པའི་ཉམས་ མྱོང་རང་རང་ལ་ཡོད་པའི་ཚུལ་དེ་ལ་དཔགས་ནས་དེ་ལུགས་ཀྱི་རྣམ་ཤེས་གསལ་ཙམ་དང་ པོའི་འཇུག་སྒོ་ཙམ་མམ་ཡང་ན་མི་རྟོག་ཡེ་ཤེས་རྗེན་ཆར་སྤྲོས་བྲལ་བ་ཅི་རིགས་ལ་སྒོ་ཀུན་ ནས་མཉམ་པར་འཇོག་དགོས་ཤིང་དེ་ཡང་རྣམ་ཤེས་ནས་ནམ་བརྒལ་ཕན་ཆད་སྒོམ་སྐྱོན་ བྱིང་རྒོད་སོགས་ཀྱིས་འཚེ་མི་ནུས་པ་མ་ཟད་རྣམ་ཤེས་གསལ་ཙམ་གྱི་རང་དུས་སུ་གནས་ཆ་ བརྟན་པའི་རེ་ཞིག་ནས་ཀྱང་སྐྱོན་དེ་དག་ལ་བག་ཟོན་བྱ་མི་དགོས་པའི་ཚོད་ཅིག་འོང་བའི་ སྐབས་ཡོད་དོ། ། དེ་ལྟར་དུ་གནས་ལུགས་སེམས་ཉིད་ཀྱི་ཉམས་ལེན་ཐུན་སྐབས་དངོས་གཞིའི་ཚུལ་དུ་ བསྒོམས་པའི་མཐར་ཡང་གོང་བཞིན་ལྷ་སྐུ་བསྡུ་ལྡང་བྱས་ན་ཆོག་ཅིང་གང་ལྟར་ཡང་དེ་ནས་ ཐུན་མཐར་བསྔོ་བ་ཅི་རིགས་པའི་དུས་སུའང་རང་གིས་དེང་སྐབས་དགེ་རྩ་གང་བསགས་ འདིའི་སྟོབས་ཀྱིས་རང་ཉིད་ཀྱིས་ཀྱང་ཚེ་འདི་ཉིད་ལ་རྡོ་རྗེའི་རྣལ་འབྱོར་གྱི་རྟོགས་པ་རིམ་ པས་མངོན་དུ་བྱས་ཏེ་བདེ་སྟོང་ཟུང་འཇུག་དུས་ཀྱི་འཁོར་ལོ་ཁྱབ་བདག་ཡེ་ཤེས་ལྔའི་བདག་ ཉིད་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་ཀྱི་གོ་འཕང་མངོན་དུ་གྱུར་ནས་གསང་གསུམ་གྱི་མཛད་པ་ 4-1-71 མཆོག་གིས་འགྲོ་བ་མ་ལུས་པ་མྱུར་ནས་གནས་ལུགས་རྟག་བརྟན་བདེ་ཆེན་གྱི་གནས་སུ་ འགོད་ནུས་པར་ཤོག་ཅིག དེ་ལྟར་གྱི་སྒྲུབ་པོ་གང་དང་བསྒྲུབ་བྱ་ལམ་བསྒྲུབས་པའི་འབྲས་ བུ་བཅས་ལ་དམིགས་པའི་བློ་མཚན་མར་འཛིན་པ་དེ་ཀུན་རང་བཞིན་གནས་ལུགས་མི་རྟོག་ པའི་ངང་དེ་ཀར་དམིགས་མེད་དུ་འཇོག་པ་ནི་འཁོར་གསུམ་དམིགས་མེད་ཀྱི་དོད་ཐུབ་པ་ སྟེ་ཚུལ་དེ་ལྟ་བུའི་སྒོ་ནས་དགེ་བ་རྫོགས་བྱང་དུ་བསྔོ་བས་རྒྱས་ཐེབས་པར་བྱ་བའི་དོན་དུ་ བསྔོ ་བ་ཇི་ལྟར་འོས་པ་རེས་མཐར་དབྱུང་བར་བྱའོ། །རང་ལུགས་རྣམ་ཤེས་གསལ་རིག་ཐུན་ མོང་གི་འཇུག་སྒོ་དང་གཞན་ལུགས་ཐུན་མོང་གི་ཞི་གནས་གཉིས་ལ་ཁྱད་ཆེ་སྟེ། རང་ལུགས་ གསལ་རིག་ཤེས་པའི་གནས་ཆ་ལ་མཉམ་པར་འཇོག་ཚེ་འཛིན་མེད་རང་གསལ་འབའ་ཞིག་ པའི་ངང་བསྐྱང་བ་ཁོ་ནར་ངེས་པ་གང་ཞིག གཞན་ལུགས་ཞི་གནས་ཀྱི་སྐབས་སུ་ནི་སྤང་ གཉེན་བླང་དོར་གྱི་ཆ་སོགས་ལ་འཛིན་པ་ཕྱོགས་རེ་ནས་མ་ཞུགས་པ་འོང་དཀའ་ཞིང་འཛིན་ བཅས་གཏད་སོ་ཅན་དེ་ལུགས་བཅོས་མར་བསྒོམས་པ་ཉིད་དུ་སོང་བའི་ཕྱིར། དེས་ན་མཚན་ མའི་འཛིན་པ་ཡོད་མེད་ཀྱི་ཆ་ནས་མཐོ་དམན་དུ་སོང་བ་ཡིན་པར་ཤེས་དགོས་པ་སོགས་ བཤད་བྱ་མང་ཡང་འདིར་སྐབས་དོན་མིན་པས་རེ་ཞིག་དེ་ཙམ་ལས་མ་སྤྲོས་སོ། །སྨྲས་པ། རང་ལུགས་ཉམས་ལེན་གང་འདོད་དག ། གཉུག་མ་གཤིས་ཀྱི་དོན་རྟོགས་ཐབས། ། བསྐྱེད་བཟླས་མཉམ་བཞག་རིམ་པ་ཡིས། ། འདི་ན་ཉེར་མཁོ་མཚོན་ཙམ་བཀོད། ། འདི་བྱས་རབ་དཀར་བསོད་ནམས་དེས། ། མཐའ་ཡས་འགྲོ་འདིར་མོས་བློ་འཁྲུངས། ། ངེས་དོན་བསྒོམ་ལ་ལེགས་ཞུགས་ནས། ། 4-1-72 སྙིང་པོའི་རང་ཞལ་མྱུར་མཇལ་ཤོག ། ཅེས་ལས་དང་པོ་པ་དག་གིས་རང་ལུགས་དུས་འཁོར་ལྷན་སྐྱེས་ཕྱོགས་ལ་བཟླས་སྒོམ་བྱེད་ཚུལ་འདི་ལྟ་བུ་ཞིག་དགོས་ ཞེས་བསླབ་གཙང་ཆོས་ལ་གཞོལ་བ་ཀ་ཐོག་ངག་དབང་ཚོགས་གཉིས་དཔལ་གྱིས་སྔ་མོ་ནས་ཆེད་གཉེར་ཡང་ཡང་མཛད་ཅིང༌། དེ་ལུགས་ལྟར་ཕྱིས་སུའང་རང་གི་ཉེ་ཆར་པ་བརྩོན་འགྲུས་དཔལ་དང་གྲྭ་བཙུན་འོད་རབ་སོགས་དུ་མ་ཞིག་གིས་བསྐུལ་བའི་ངོར། མ་ཏིས་སྦྱར་བ་ལྟར་ཡི་གེ་པ་ནི་ངག་དབང་གྲུབ་པའི་དབང་ཕྱུག་གིས་ལེགས་པར་བགྱིས་པ་དགེ་ལེགས་འཕེལ།། །། ༈ ལེགས་བཞེངས་དེ་ཡི་མཐུ་ལས། །བསྟན་འགྲོ་དགེ་མཚན་ཤར་ཏེ། སྐལ་ངན་རྒུད་སོགས་ཞི་ནས། །རྫོགས་ལྡན་ཆོས་ སྤྱོད་གྱུར་ཅིག ། 4-1-73 ༄༅། །རྫོགས་རིམ་ཡན་ལག་དྲུག་གི་བསྡུས་དོན་ རབ་གསལ་ནོར་བུའི་མེ་ལོང་ཞེས་བྱ་བ་ བཞུགས་སོ།། ༄༅། །ན་མཿཤྲཱི་ཀཱ་ལ་ཙཀྲ་ཡ། གང་ཞིག་དཔལ་ལྡན་སྒྱུ་འཕྲུལ་དྲ་བ་ལས། །སྣ་ཚོགས་ སྐུ་བཞིའི་རོལ་པ་ཅིར་ཡང་ངོམ། །བདེ་སྟོང་གར་གྱིས་ལང་ཚོའི་སྒེག་པ་འཛིན། །ཁྱབ་བདག་ དང་པོའི་སངས་རྒྱས་རྒྱལ་གྱུར་ཅིག །སྟོན་པ་མཆོག་དང་ཆོས་རྒྱལ་རིགས་ལྡན་ཚོགས། །དུས་ཀྱི་འཁོར་ལོའི་རིམ་གཉིས་མངའ་བདག་རྣམས། །ཁྱད་པར་རྒྱལ་བ་གཉིས་པ་ཇོ་ནང་ པ། །ཡབ་སྲས་བརྒྱུད་འཛིན་དང་བཅས་གཙུག་གིས་མཆོད། ། གསང་སྔགས་བསྟན་པའི་ཡང་རྩེ་རྒྱུད་ཀྱི་རྒྱལ། །གྲུབ་དབང་བྱེ་བའི་ཐུགས་ཀྱི་མཛོད་ ཆེན་པོ། །དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོ་ཡི། །རྫཽགས་རིམ་ཡན་ལག་དྲུག་གི་སྤྱི་དོན་ གྱི། །བསྡུས་དོན་བློ་ལ་འཆང་བདེ་ཞིག་ཀྱང་འཆད། ། དེ་ལ་འདིར་གྲུབ་དབང་འབུམ་གྱི་གཤེགས་ཤུལ་སྐལ་བ་དང་ལྡན་པའི་ཁམས་དྲུག་ལྡན་ གྱི་སྐྱེས་བུ་རྣམས་སྙིགས་དུས་ཀྱི་ཚེ་ཐུང་གཅིག་ལ་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་མངོན་ དུ་བྱེད་པའི་མྱུར་ལམ། དུས་ཀྱི་འཁོར་ལོའི་རྒྱུད་ལས་བསྟན་པའི་རྫོགས་རིམ་ཡན་ལག་དྲུག་ གི་སྤྱི་དོན་གྱི་བསྡུས་པའི་དོན་ཅུང་ཟད་ཙམ་འབྲི ་བ་ལ། གང་ལ་གནད་དུ་བསྣུན་པ་གཞིའི་ མཚན་ཉིད། གང་གིས་གནད་དུ་བསྣུན་པ་ལམ་གྱི་རྣལ་འབྱོར། དེ་ལས་འབྲས་བུ་མངོན་དུ་ 4-1-74 བྱེད་ཚུལ་དང་གསུམ་ལས། དང་པོ་ལ་སྐྱེ་འཆི་བར་དོ་བཤད་པ་དང༌། སྐྱེ་བའི་ལུས་རྟེན་ལ་རྩ་རླུང་ཐིག་ལེའི་གནས་ ཚུལ་དང་གཉིས་ལས། དང་པོ་ལ་མངལ་དུ་སྐྱེ་རིམ་དང༌། འཆི་བ། བར་དོ་དང༌། གསུམ་ལས།དང་པོ་ལ། མངལ་ དུ་འཇུག་ཚུལ། ལུས་གྲུབ་ཚུལ་གཉིས་ལས། དང་པོ་ནི། སློ བ་དཔོན་འཕགས་པ་ལྷས། འོད་གསལ་བ་ལས་སྟོང་པ་ཆེ། །སྟོང་པ་ལས་ ཀྱང་ཐབས་འབྱུང་ཞིང༌། །དེ་ལས་ཤེས་རབ་སྐྱེ་བར་བཤད། །ཅེས་པ་ལྟར་ཐོག་མར་འཆི་བ་ འོད་གསལ་གྱི་སེམས་ལས་སྟོང་པ་ཆེན་པོ་ཞེས་བྱ་བ་བར་སྲིད་པའི་སེམས་ཐོབ་མཆེད་སྣང་ བའི་ལུགས་ལྡོ ག་གི་རྣམ་པར་སྐྱེ། དེ་ལས་ཐབས་ཞེས་པ་བར་དོ་ནས་སྐྱེ་སྲི ད་ལ་ཉེ་སྐབས་ གནས་དྲི་འདོད་པའི་སེམས་སྐྱེ། དེ་ནས་ཤེས་རབ་ཞེས་པ་སྐྱེ་བ་ལེན་འདོད་སྐྱེས་ནས་སྔོ ན་ ལས་ཀྱིས་འབྲེལ་བའི་ཕ་མ་དང་འཕྲད་ནས་ཁུ་ཁྲག་སེམས་གསུམ་རོ་གཅིག་ཏུ་འདྲེས་པ་ན། སྣང་མཆེད་ཐོབ་གསུམ་འོད་གསལ་དང་བཅས་པ་ལུགས་འབྱུང་ལྡོག་གི་རིམ་པས་ཤར་ནས་ སྐྱེ་སྲི ད་གྲུབ་པའོ། ། གཉིས་པ་ལུས་གྲུབ་ཚུལ་ནི། ཐོག་མར་མངལ་གྱི་སེམས་ཅན་གྱི་ལུས་དེ། མའི་ཁྲག་དང་ ཁྲག་གི་དྭངས་མ། ཕའི་ཁུ་བ་དང༌། ཁུ་བའི་དྭངས་མ་རྐང་གི་དྭངས་མ་སྟེ་བདུད་རྩི་ལྔའི་གོང་ བུ་ས་བོན་གྱི་ཚུལ་དུ་གནས། དེ་ནས་རྡོར་ཕྲེང་དུ་ཟླ་བ་དང་པོའི་བར་སྐབས་ནས་སྙིང་གའི་རྩ་ བརྒྱད་ཆགས་པར་བཤད་ཀྱང༌། འདིར་ནི་ཟླ་བ་དང་པོའི་དུས་སུ་རྩ་མ་ཆགས་པའི་དུས་ཡིན་ ཀྱང༌། ཟླ་བ་གཉིས་པ་ནས་སྙིང་གའི་རྩ་བཅུ་ཆགས་ནས་མངལ་ལུས་ཉའི་རྣམ་པར་གྱུར་ཅིང༌། འདིའི་ཞག་དང་པོ་ནས་ཉིན་རེ་རྩ་ཉིས་བརྒྱ་རེ་ཆགས་པ་ཡིན་ལ། སྤྱིར་ཟླ་བ་བཅུ་གཉིས་ཀྱི་ རིང་ལ་རྩ་སྟོང་ཕྲག་དོན་གཉིས་ཁ་ཚང་བ་ཆགས་པའོ། །རྡོར་ཕྲེང་དུ། མངལ་ཟླ་གཉིས་པར་ 4-1-75 རུས་སྦལ་དང༌། གསུམ་པར་ཕག་རྒོད། བཞི་པར་མིའི་སེང་གེ གནས་སྐབས་སུ་གསུངས་ ཀྱང༌། འདིར་ནི་མངལ་ཟླ་གཉིས་པར་ཉ་དང༌། གསུམ་པ་དང་བཞི་པར་རུས་སྦལ། ལྔ་པར་ ཕག་རྒོད་ཀྱི་སྐབས་སུ་གསུངས་སོ། །དེ་ནས་མངལ་ཟླ་ལྔ་པ་ནས་བཙས་པ་ལ་ཐུག་གི་བར་ ཕག་རྒོད་ཀྱི་སྐབས་དང༌། ཕྱིར་བཙས་པའི་ཚེ་མིའི་སེང་གེ་དང༌། བཙས་ནས་སོ་སྐྱེས་པའི་ བར་མིའུ་ཐུང་དང༌། དེ་ནས་སོ་ལྷུང་བའི་བར་ར་མ་ལ་དང༌། སོ་ལྷུང་བ་ནས་དཀར་ཆ་འཕེལ་ བ་རྫོགས་པའི་ལོ་བཅུ་དྲུག་བར་ལ་ར་མ་ལ་གཉིས་དང༌། བཅུ་དྲུག་ནས་སྐྲ་དཀར་སྐྱེས་པའི་ བར་ལ་ནག་པ་དང༌། སྐྲ་དཀར་བ་ནས་འཆི་བའི་བར་ནི་སངས་རྒྱས་ཀྱི་གནས་སྐབས་དང༌། འཆི་བའི་དུས་རིགས་ལྡན་གྱི་གནས་སྐབས་སོ། །བྱིས་པ་གཞོན་ནུ་དར་མ་རྒན་པོ་བཞིའི་ གནས་སྐབས་ནི་རྡོར་ཕྲེང་དང་འདྲའོ། ། གཉིས་པ་འཆི་བ་ལ། འཆི་ལྟས་དང༌། འཆི་བ་དངོས་གཉིས་ལས། དང་པོ་ནི། འཆི་ལྟས་ དངོས་དུས་མིན་གྱི་འཆི་ལྟས་དང༌། དེ་དངོས་མ་ཡིན་པ་དུས་ཀྱི་ལྟས་དང༌། གཉིས་ཡོད་པས། དང་པོ་ཉི་ཟླའི་འཆི་ལྟས་དང༌། ཕྱི་མ་སྒྲ་གཅན་གྱི་འཆི་བའི་ལྟས་སོ། །འོ་ན་ཉི་ཟླའི་འཆི་རླུང་ ཐོག་མར་ཁྱིམ་རྩ་གང་ནས་འབབ་ཅེ་ན། བྱིས་པ་སྐྱེ་བའི་དུས་སྦྱོར་མའི་གཡས་གཡོན་གྱི་ དུས་སྦྱོར་གང་ཤར་བ་དེ་དང་མཐུན་པའི་བྱིས་པ་རང་གི་དུས་སྦྱོར་ལ་ཐོག་མར་ཉི་ཟླ་གང་ རུང་གི་འཆི་རླུང་འབབ་ལ། མའི་དུས་སྦྱོར་གྱི་མཐུའི་མཉམ་རྒྱུ་ལ་བྱིས་པ་སྐྱེས་ན་དེ་ནི་དུས་ སུ་འཆི་བའོ། །ཉི་ཟླའི་འཆི་ལྟས་ནི་གང་ཟག་སོ་སོ་ལ་འབྱུང་ཞིང༌། དེ་ཡང་ཉི་མས་གཡས་ ནས་གཡོན་དང༌། ཟླ་བས་གཡོན་ནས་གཡས་སུ་རིམ་གྱིས་ཁྱིམ་རྩ་རྣམས་གཅོད་པ་མཐའ་ གཅིག་ཏུ་ངེས་པ་མིན་ཀྱང་བཤད་བདེའི་དབང་གིས་སོ། །དེ་ཡང་དཀར་ཆ་ཟླ་བ་སྤྱི་བོར་ གནས་ཀྱང་འོག་ཏུ་འཕོ་བ་ཐུར་སེལ་ལ་རག་ལས་པས་ན་ཐུར་སེལ་ལ་ཟླ་བ་དང༌། དམར་ ཆ་ཉི་མ་ལྟེ་འོག་ཏུ་གནས་ཀྱང་སྟེང་དུ་འཕོ་བ་སྲོག་རླུང་ལ་རག་ལས་པས་ན་སྲོག་རླུང་ལ་ཉི་ 4-1-76 མའི་མིང་གིས་བཏགས་སོ། །དེས་ན་ཐུར་སེལ་ལ་སྐྱོན་ཞུགས་པས་ཟླ་བ་དང༌། སྲོ ག་ལ་སྐྱོན་ ཞུགས་པས་ཉི་མའི་འཆི་ལྟས་འབྱུང་ཞིང༌། དེ་གཉིས་གང་ལ་སྐྱོན་མ་ཞུགས་པར། དབུགས་ རྣམས་ཀྱི་སོ་ཆ་ཟད་པས་འཆི་རླུང་འབྱུང་བ་ནི། སྒྲ་གཅན་དུས་སུ་འཆི་བའོ། །ཡང་ཐུར་སེལ་ འོག་ཏུ་འབྱུང་འཇུག་གི་ཚེ་ལུས་ངག་ཡིད་གསུམ་གྱི་ཡོན་ཏན་སྙིང་སྟོབས་རྡུལ་མུན་གསུམ། ལྟེ ་གསང་ནོར་བུའི་རྩ་འཁོར་གྱི་བྱེད་པས་སྡུད་པ་དང༌། སྐྱེ་བའི་སྒོ་ནས་འབྱུང་འཇུག་བྱེད་པ་ ལ་ཐུར་སེལ་ལ་སྐྱོན་ཞུགས་པས་ཉི་མའི་ཡོན་ཏན་རྡུལ་མུན་སྙིང་སྟོབས་གསུམ་འཕྲོག་ཕྱིར་ ཟླ་བའི་འཆི་ཞག་གསུམ་གསུམ་གྱིས་རྩ་འདབ་རེ་གཅོད་པ་དང༌། སྲོ ག་རླུང་སྟེང་དུ་འབྱུང་ འཇུག་གི་ཚེ། ས་ཆུ་མེ་རླུང་ནམ་མཁའ་ལྔ། ལྟེ ་སྙིང་མགྲིན་དཔྲལ་གཙུག་ཏོར་ལྔའི་བྱེད་ པས་སྡུད་པ་དང༌། སྐྱེ་བའི་སྒོ་ནས་འབྱུང་འཇུག་བྱེད་པ་ལ་སྲོ ག་ལ་སྐྱོན་ཞུགས་པས་ཟླ་བའི་ ཡོན་ཏན། དྲི་གཟུགས་རོ་རེག་སྒྲ་དང་ལྔ་འཕྲོག་ཕྱིར་ཉི་མའི་འཆི་ཞག་ལྔ་ལྔ་འཕེལ་བས་ རྩ་འདབ་རེ་གཅོད་པར་འགྲེལ་ཆེན་ལས་གསུངས་སོ། །དེ་ནས་འཆི་ལྟས་དངོས་ལ། ཟླ་བ་ དང༌། ཉི་མའི་འཆི་ལྟས་དང༌། སྒྲ་གཅན་གྱི་འཆི་བ་དང་གསུམ་ལས། དང་པོ་ནི། སྤྱིར་ཟླ་ཉིའི་ འཆི་ལྟས་ཀྱིས་རྩ་གཅོད་ལུགས་འདྲ་མིན་ཡོད་ཀྱང་འདིར་ནི་ཀུན་མཁྱེན་ཕྱོགས་རྒྱལ་བའི་ དགོངས་བཞེད་ལྟར་ལ། དང་པོ་ཟླ་བའི་འཆི་ལྟས་ཐོག་མར་འབྱུང་ཡུལ་མའི་དུས་སྦྱོར་དང་ མཐུན་པའི་བྱིས་པ་རང་གི་གཡོན་གྱི་དུས་སྦྱོར་དྲུག་གི་ཐོག་མ་ཡིན་པའི་དབང་དུ་བྱས་ཏེ་ལོ་ གསུམ་ནས་འཆི་བའི་ཚུལ་ནི། སྤྱིར་ཟླ་བ་སོ་དྲུག་ལས་ཐོག་མའི་གཉིས་པ། བཞི་པ། དྲུག་ པ་གསུམ་པོ་མ་གཏོགས་པའི་ཟླ་བ་སོ་གསུམ་པོ་ལ་འཆི་རླུང་ཞག་རེ་ཐོག་མར་རྒྱུ་ཞིང་ཟླ་བ་ སོ་དྲུག་པའི་མཇུག་ཏུ་སྔར་ཆད་པའི་འཆི་ཞག་གསུམ་དེ་བར་མ་ཆད་དུ་འོང་ཏེ། རིམ་པ་དེའི་ སྒོ་ནས་འཆི་ཞག་གསུམ་རེས་གཡོན་བསྐོར་གྱིས་ལྟེ་བའི་ཁྱིམ་གྱི་རྩ་འདབ་རེ་གཅོད་པ་ནས་ ཁྱིམ་རྩ་རྣམས་རིམ་པས་གཅོད། དེ་ནས་འཆི་ཞག་ཐ་མ་མཉམ་རྒྱུས་དབུ་མ་ཡང་བཅད་ནས་ 4-1-77 སྲི ད་པ་གཞན་དུ་འཕོ་བའོ། ། གཉིས་པ་ནི། གཙོ་བོར་འཆི་ཞག་ལྔ་རེ་འཕེལ་བས་ལོ་གསུམ་ནས་འཆི་བའི་དབང་དུ་ བྱས་པ་སྟེ། དེ་ཡང་མའི་དུས་སྦྱོར་དང་མཐུན་པའི་བྱིས་པའི་གཡས་ཁྱིམ་གྱི་ཐོག་མར་འཆི་ རླུང་རྒྱུ་ནས་ཟླ་བ་སོ་དྲུག་པའི་རིང་ལ་ཐོག་མར་བར་མ་ཆད་དུ་འཆི་རླུང་ཞག་ལྔ་རྒྱུ། དེ་ལ་ ལྷག་མ་འཚོ་ཞག་དང་བཅས་པའི་ཞག་སུམ་བརྒྱ་སོ་ལྔས་གཡས་ནས་རིམ་པས་ཁྱིམ་རྩ་དང་ པོ་གཅོད། དེ་ནས་འཆི་རླུང་ལྔ་གཉིས་ལྔ་གསུམ་ལྔ་བཞི་ལྔ་ལྔ་ཉེར་དྲུག་རྣམས་ལ་རིམ་བཞིན་ འཚོ་ཞག་ཅི་རིགས་རེ་བསྣན་པས་ཁྱོན་སྡོམ་ཞག་སུམ་བརྒྱ་ཞེ་ལྔ་བརྒྱ་བདུན་ཅུ་གྱ་གཉིས་ང་ བདུན་ཉེར་བརྒྱད་རྣམས་ཀྱིས་གཡས་ཁྱིམ་དྲུག་རིམ་པར་གཅོད། དེ་ནས་འཆི་ཞག་ཁོ་ན་ཉེར་ བདུན་བཅོ་ལྔ་བཅུ་ལྔ་གསུམ་གཉིས་རྣམས་ཀྱིས་གཡོན་ཁྱིམ་དྲུག་རིམ་གྱིས་གཅོད། དེ་ནས་ འཆི་རླུང་ཐ་མ་མཉམ་རྒྱུ་ཞག་གཅིག་གིས་དབུ་མ་བཅད་དེ་སྲི ད་པ་གཞན་དུ་འཕོའ།ོ །འདིའི་ ཟླ་བ་དང༌། ཉི་མའི་འཆི་རླུང་རྣམས་ཐ་མ་གཉིས་རེ་མ་གཏོགས་གཡོན་དང་གཡས་ཁོ་ནར་ འབབ་པའི་ཕྱོགས་སོ། །རྩ་འདབ་གཅོད་ལུགས་ཀྱང་རིམ་པར་མ་ངེས་ཤིང་འདྲ་མིན་མང༌། གསུམ་པ་ནི། དབུགས་ཀྱི་སོ་ཆ་ཟད་པའི་དབང་གིས་དུས་ཀྱི་འཆི་བ་འབྱུང་སྟེ། དེ་ཡང་ མའི་མཉམ་རྒྱུའི་དུས་སུ་སྐྱེས་པའི་དབང་གིས་སོ། །དེ་ལ་རྩ་ཆགས་པའི་ཟླ་བ་བཅུ་གཉིས་ རྫོགས་པའི་ལོ་བརྒྱ་ནས་འཆི་བ་ལྟ་བུ་ལ་མངལ་དུ་ཟླ་བ་བཅུ་གཉིས་གནས་པ་ན་བཙས་པ་ ནས་ཟླ་བ་གཅིག་དང་ལོ་བརྒྱ་ནས་འཆི་བ་སྟེ། དེ་ཡང་རྩ་ཆགས་ཀྱི་དུས་ལ་དབུགས་ཀྱི་སོ་ ཆ་ཟད་ཀྱང་རྩ་མི་ཉམས། དུས་དེ་རྫོགས་ཕན་ཆད་ནས་སོ་ཆ་ཟད་པ་ལས་ཉིན་རེ་རྩ་གཉིས་ རེ་ཆད་པའོ། །བཙས་ནས་ཟླ་བ་ཕྱེད་དང་བཅུ་གཅིག་ལ་འཆི་རླུང་ཡོན་པོ་མི་རྒྱུ་དེ་མཚམས་ ནས་ལོ་དྲུག་ལ་ལྷོ་བྱང་གི་བགྲོད་པའི་དང་པོ་གསུམ་པ་ལྔ་པ་བདུན་པ་དགུ་པ་བཅུ་གཅིག་པ་ རྣམས་ལ་སྐྱེ་བའི་དུས་སྦྱོར་དང་མཐུན་པའི་གཡས་གཡོན་གང་རུང་གིས་ཐོག་མ་བྱས་ཏེ་རེས་ 4-1-78 མོས་ཀྱི་སྒོ་ནས་འཆི་རླུང་ཡོན་པོའི་དབུགས་གཅིག་ནས་དྲུག་གི་བར་འཕེལ་བས་ཆུ་སྲང་དུ་ ལོངས། དེ་ནས་ལོ་དྲུག་ཅུ་ལ་གོང་ལྟར་ཆུ་སྲང་ཡོན་པོ་ཆུ་སྲང་གཅིག་ནས་དྲུག་ཅུར་འཕེལ་ བས་ཆུ་ཚོད་དུ་ལོངས། དེ་ནས་ལོ་སུམ་ཅུ་ལ་བགྲོད་པ་གཉིས་རེ་ཕྱེ་བས་བགྲོད་པ་དྲུག་ཅུ་ ལ་གོང་ལྟར་ཡོན་པོ་ཆུ་ཚོད་གཅིག་ནས་དྲུག་ཅུར་འཕེལ་བས་ཞག་ཏུ་ལོངས། དེ་ནས་ཞག་ ཞེ་གཉིས་ཀྱི་རིང་ལ་གོང་ལྟར་རེས་མོས་ཀྱི་སྒོ་ནས་འཆི་རླུང་ཞག་དང་འཚོ་རླུང་ཞག་སྤེལ་ཏེ་ ཡོན་པོ་ཞག་དྲུག་འཕེལ་བའི་ལྟེ་བའི་གཡས་གཡོན་གྱི་ཕྱི་སྐོར་གྱི་རྩ་འདབ་རྣམས་གཡས་ སྡུད་རིམ་དང་གཡོན་སྐྱེ་རིམ་དུ་ཐོག་མར་ས་དང་ནམ་མཁའི་དཀྱིལ་འཁོར་དྲུག་ཀ་གཅོད། དེ་ ནས་ཞག་བརྒྱ་དང་བཅུ་བཞིའི་བར་གོང་བཞིན་རེས་མོས་སུ་འཆི་རླུང་འཚོ་རླུང་སྤེལ་མ་ཞག་ བདུན་བརྒྱད་དགུ་བཅུ་བཅུ་གཅིག་བཅུ་གཉིས་རྣམས་ཟུང་རེ་འཕེལ་བའི་ལྟེ་བའི་གཡས་ གཡོན་གྱི་ཆུ་རླུང་དྲུག་རེ་གཅོད། དེ་ནས་ཞག་བརྒྱ་གྱ་དྲུག་གི་རིང་ལ་གོང་བཞིན་འཆི་རླུང་ འཚོ་རླུང་ཞག་སྤེལ་མ་བཅུ་གསུམ་ནས་བཅོ་བརྒྱད་ཀྱི་བར་ཟུང་རེ་འཕེལ་བས་གཡས་གཡོན་ གྱི་མེ་དྲུག་རེ་གཅོད། དེ་ནས་ཞག་ཉིས་བརྒྱ་དང་བརྒྱད་དུ་འཆི་འཚོའི་རླུང་ཞག་སྤེལ་མ་བཅུ་ དགུ་ནས་ཉེར་བཞིའི་བར་འཕེལ་བས་གཡས་གཡོན་གྱི་རླུང་ཆུ་དྲུག་རེ་གཅོད། དེ་ནས་ཞག་ སུམ་བརྒྱ་སུམ་ཅུའི་བར་འཆི་འཚོའི་རླུང་ཞག་སྤེལ་མ་ཉེར་ལྔ་ནས་སུམ་ཅུའི་བར་འཕེལ་བས་ གཡས་གཡོན་གྱི་ནམ་མཁའ་སའི་དཀྱིལ་འཁོར་དྲུག་རེ་གཅོད། དེ་ནས་འཆི་འཚོའི་རླུང་ ཞག་སོ་གཅིག་པ་གཉིས་སྤེལ་བས་སྙིང་སྟོབས་དང༌། སོ་གཉིས་པ་གཉིས་སྤེལ་བས་རྡུལ་ དང༌། སོ་གསུམ་པ་གཉིས་སྤེལ་བས་མུན་པའི་ཁམས་འདོར་བར་བྱེད། དེ་ནས་སྐྱེ་བའི་དུས་ སྦྱོར་གཡོན་པ་ཅན་ལ་གཡས་དང༌། གཡས་པ་ཅན་ལ་གཡོན་དུ་འཆི་རླུང་ཞག་སོ་གཉིས་རྒྱུ་ བས་ཕུང་ཁམས་ཡུལ་དབང་བྱ་བ་སྟེ། ལྔ་ཚན་དྲུག་པོ་འདོར་བར་བྱེད། དེ་ནས་འཆི་རླུང་ཐ་ མ་མཉམ་རྒྱུ་ཞག་གཅིག་གིས་ལྔ་ཚན་དྲུག་པོའི་རང་བཞིན་ཡེ་ཤེས་ཀྱི་ཁམས་འདོར་ནས་ཕ་ 4-1-79 རོལ་དུ་འགྲོ་བའོ། ། གཉིས་པ་འཆི་བ་དངོས་ནི། གོང་སྨོས་ཀྱི་འཆི་བ་གང་རུང་ལ་ཞག་དྲུག་ནས་ཐོན་སྐབས་ རྣ་ལྕེ་མིག་སྣ་ལུས་ཀྱི་དབང་པོ་རྣམས་ཞག་རེ་རེ་ནས་སྡུད་པ་སོགས་འཆི་རྟགས་འགའ་རེ་མ་ གཏོགས་རྒྱུད་གཞན་ལྟར་ས་ཆུ་དང༌། ཆུ་མེ་དང༌། མེ་རླུང་དང༌། རླུང་རྣམ་ཤེས་དང༌། རྣམ་ ཤེས་སྣང་བ་དང༌། སྣང་བ་མཆེད་པ་དང༌། མཆེད་པ་ཐོབ་པ་དང༌། ཐོབ་པ་འོད་གསལ་ལ་ ཐིམ་པ་སོགས་རྒྱས་པར་མ་གསུངས་ཀྱང་འདིར་ཡང་དེ་འདྲ་ངེས་པར་འོང་བ་མ་ཟད་དེ་ལས་ ཁྱད་པར་རྣམ་ཤེས་ནམ་མཁའ་ལ་ཐིམ་པའང་འབྱུང་བར་གསུངས་སོ། ། གསུམ་པ་བར་དོ་ནི། འཆི་སེམས་ལ་ཇི་ཙམ་མཉམ་པར་འཇོག་ནུས་པའི་མཐར་དེ་ལས་ ཅུང་ཟད་གཡོ་བའི་རྟོག་པ་ཕྲ་མོ་བྱུང་བའི་ཚེ་བར་དོ་གྲུབ་རན་ཞིང༌། དེ་ནས་སྔར་ལས་རགས་ པའི་ལུགས་ལྡོ ག་གི་ཉེར་ཐོབ་ཀྱི་སེམས་ཏེ་བར་དོ་བའི་སེམས་ཐོག་མ་སྐྱེས་པ་དང༌། འཆི་ སེམས་ཀྱི་གཡོ་བའི་རླུང་གིས་ཉེར་ལེན་དང་འཆི་སེམས་ཕྲ་མོས་ལྷན་ཅིག་བྱེད་རྐྱེན་བྱས་ ནས་བར་དོའི་ཡིད་ལུས་བཞིན་ལག་གི་རྣམ་པ་ཅན་སྙིང་གའི་ཁམས་དཀར་དམར་གྱི་དབུས་ སུ་གྲུབ་པ་དུས་མཉམ་མོ། །འདི་དུས་སུ་སྲི ད་པ་གཞན་གྱི་བར་དོར་གྲུབ་རན་ཞིང་ཕྱིན་ཅིང་ དེ་ནས་རིམ་པར་ལུགས་ལྡོ ག་གི་མཆེད་སྣང་ཤར་ཏེ། བར་དོའི་རྟོག་བློ་རགས་པ་བྱུང་བའི་སྒོ་ ནས་ལུས་འདི་འདོར་བའོ། །གཞན་ཡང་བར་དོའི་དུས་སུ་རྒྱུད་འདིར། ལྷར་སྐྱེ་བའི་རྟགས་ སུ་འོད་ཟེར་གྱི་ལམ་དང༌། ཀླུར་སྐྱེ་བའི་རྟགས་སུ་དུ་བའི་ལམ་དང༌། མིར་སྐྱེ་བའི་རྟགས་སུ་ ཀུན་ཏུ་འདྲེས་པའི་ལམ་དང་གསུམ་ལས་མ་གསུངས་ཀྱང་སྤྱིར་བར་དོའི་ཐུན་མོང་གི་རྟགས། འཇིགས་པའི་སྒྲ་བཞི། ཡ་ང་བའི་གཡང་ས་གསུམ། ངེས་པའི་རྟགས་དྲུག མ་ངེས་པའི་རྟགས་ དྲུག་རྣམས་ཀྱང་འཆར་ཞིང༌། དེ་ལས་ལུགས་འདིའི་ཁྱད་པར་མཁའ་རླུང་ལོག་པས་དབྱིངས་ ནས་འབྲུག་སྟོང་ལྡི ར་བ་ལྟ་བུའི་འཇིགས་པའི་སྒྲའི་སྣང་བའང་འཆར་བ་ཡིན་ནོ། ། 4-1-80 གཉིས་པ་སྐྱེ་བའི་ལུས་རྟེན་ལ་རྩ་རླུང་ཐིག་ལེའི་གནས་ཚུལ་བཤད་པ་ལ། གནས་པ་རྩ། གཡོ་བ་རླུང༌། བཀོད་པ་བྱང་ཆུབ་སེམས་ཀྱི་ཐིག་ལེ་བཤད་པ་གསུམ་ལས། དང་པོ་ལ། རྩ་ཆེན་གསུམ་མམ་དྲུག་བཤད་པ། རྩ་འཁོར་དྲུག་བཤད་པ། རྩ་འཁོར་ གཞན་བཤད་པ་དང་གསུམ་ལས། དང་པོ་ནི། རྩ་ཐམས་ཅད་ཀྱི་གཙོ་བོར་གྱུར་པ་རོ་རྐྱང་ དབུ་གསུམ་ལས། དེ་ཡང་རྩ་དབུ་མ་ནི་ལུས་ཀྱི་གཡས་གཡོན་གྱི་དབུས་དང༌། མདུན་རྒྱབ་ གཉིས་ལས་རྒྱབ་དུ་ཉེ་བར་སྲོག་རྩའི་ནང་རོལ་སོར་བཞི་སོང་མཚམས་སུ་སྲོག་ཤིང་གི་ཚུལ་ དུ་ཡོད་པ་ལ། དེ་ནི་མས་སྣ་རྟགས་རྩེ་ནས་ཡས་སྣ་གཙུག་ཏོར་དུ་ཟུག་པ་སྟེ་དེ་ཡང་སྤྱི་གཙུག་ ནས་སྟེང་དུ་སོར་བཞིའི་བར་དུའོ། །གཙུག་ཏོར་ནས་དབུ་མ་ལས་གྱེས་པའི་ཡལ་ག་སྦོ མ་པ་ མར་འཁྱོགས་ཏེ་སྨིན་མཚམས་སྣ་རྩེར་ཟུག་ཡལ་ག་ཕྲ་མོ་ཞིག་ཚངས་བུག་ཏུ་ཟུག རོ་རྐྱང་ གཉིས་ཀྱང་དབུ་མ་དང་སུམ་གཤིབ་ཏུ་གནས་ཤིང༌། མས་སྣ་བཤང་སྒོ་དང་རྟགས་ཀྱི་རྩེ་ ནས་ཡས་སྣ་གཙུག་ཏོར་དུ་ུཟུག་ཅིང་རོ་རྐྱང་གཉིས་ལས་ཡལ་ག་སྣ་ཚོགས་གྱེས་ཏེ་གཡས་ གཡོན་གྱི་རྣ་བུག་དང་མིག་སྣ་སོགས་སུ་ཟུག་པའོ། །གསང་བ་ཡན་ལ་དབུ་མ་དབུས་རོ་མ་ གཡས་རྐྱང་མ་གཡོན་དུ་གནས་ལ་ཁ་དོག་ཀྱང་དབུ་མ་ལྗང་གུ། རོ་མ་དམར་མོ། རྐྱང་མ་ དཀར་པོའ།ོ །གསང་བ་མན་ལ་དབུ་མ་གཡས་མདུན་ངོས་ནས་རྟགས་རྩེ་དང་རོ་མ་གཡོན་ མདུན་ངོས་ནས་རྟགས་རྩེར་ཟུག་ཅིང༌། རྐྱང་མ་རྒྱབ་ནས་དབུས་སུ་བཤང་སྒོར་ཟུག་ལ་ཁ་ དོག་ཀྱང་དབུ་མའི་རྒྱུད་དུང་ཅན་མ་སྔོ ན་པོ། རོ་མ་དང་རྐྱང་མའི་རྒྱུད་ནི་རིམ་པས་ནག་པོ་ དང་སེར་པོའ།ོ །དེ་ལས་སྟེང་གི་རྩ་གསུམ་སྲོག་རྩ་དང༌། འོག་གི་རྩ་གསུམ་ཐུར་སེལ་གྱི་རྩ་ ཞེས་བྱ། དེ་འདྲའི་རྩ་ཆེན་དྲུག་ནི་བསྡུས་ན་རོ་རྐྱང་དབུ་མ་གསུམ་དུ་འདུའོ། །རྩ་དེ་གསུམ་ ལ་གནས་རྣམས་སུ་མདུད་པ་མང་དུ་ཡོད་ཚུལ་གསུངས་ལུགས་འདྲ་མིན་མང་ངོ༌། །གཉིས་ པ་རྩ་འཁོར་དྲུག་ནི། གཙུག་དཔྲལ་མགྲིན་སྙིང་ལྟེ ་གསང་ནོར་བུ་རྣམས་ཀྱི་གནས་སུ་ཡོད་པ་ 4-1-81 སྟེ། དེ་ཡང་རྩ་འདབ་སྐྱེ་གཞི་རྩ་འཁོར་གྱི་གནས་རྣམས་སུ་རོ་རྐྱང་གང་རུང་གི་དབུ་མ་ལ་ཀ་ བ་ཐིག་གུས་དཀྲིས་པ་ལྟར་དཀྲིས་པའི་ངོས་ནས་གཡས་གཡོན་དུ་རོ་རྐྱང་གཉིས་དང་མདུན་ རོ་མ་རྒྱབ་རྐྱང་མའི་འཁྱུད་མོ་ནས་སོ། །དེ་ཡང་གཙུག་ཏོར་རྩ་འདབ་བཞི་དང༌། དཔྲལ་བར་ རིམ་པ་དང་པོ་བཞི། གཉིས་པར་བརྒྱད། གསུམ་པར་བཅུ་དྲུག མགྲིན་པར་རིམ་པ་དང་པོར་ བཞི། གཉིས་པར་བརྒྱད། གསུམ་པར་བཅུ་དྲུག བཞི་པར་སོ་གཉིས། སྙིང་གར་རིམ་པ་དང་ པོར་བཞི། གཉིས་པར་བརྒྱད་དང༌། ལྟེ ་བར་རིམ་པ་དང་པོ་བཞི། གཉིས་པར་བརྒྱད། གསུམ་ པར་བཅུ་གཉིས། བཞི་པར་རེ་བཞི་དང༌། གསང་བར་རིམ་པ་དང་པོར་དྲུག གཉིས་པར་བཅུ། གསུམ་པར་བཅུ་དྲུག་ཅན་དང༌། ཡང་བར་སྐོ ར་ཡན་གོང་ལྟར་ལས་ཕྱི་སྐོ ར་སུམ་ཅུ་འོག་ཏུ་རྩ་ གཉིས་གྱེས་པའི་སོ་གཉིས་ཅན་དང་གཉིས་ཡོད་པས་སྔ་མ་སྟེང་དུ་ཕྱོགས་པ་དང་ཕྱི་མ་འོག་ ཏུ་ཕྱོགས་པའོ། །ནོར་བུའི་དབུས་སུ་རྩ་འདབ་བརྒྱད་པ་ཅན་ཡོད་པར་གསུངས་སོ། །གཉིས་ པ་རྩ་འཁོར་གཞན་ནི། ལྟེ ་སྙིང་གསང་བའི་དབུ་རྐྱང་རོ་གསུམ་ལས་རྩ་གསུམ་རེ་གྱེས་ཏེ་སྟེང་ འོག་ཏུ་ཡར་མར་འབྲེ ལ་ཞིང་སྟོད་སྨད་ཀྱི་ལག་པ་དང༌། རྐང་པ་རྣམས་སུ་ཁྱབ་པའི་སྒོ་ནས་ ཚིགས་ཆེན་བཅུ་གཉིས་ལ་རྩ་འདབ་སུམ་ཅུ་རེ་དང༌། སོར་ཚིགས་རྣམས་སུ་རྩ་འདབ་དྲུག་ པ་རེའི་འཁོར་ལོ་ཡོད་པར་གསུངས་ལ། དེ་དག་ཀྱང་ཕྲ་མོའི་རྩ་སྟེ་རེག་མཐོང་གི་ཡུལ་དུ་ མེད་པའོ། །སྤྱིར་དགའ་བོ་མངལ་འཇུག་གི་མདོ་དང་སྡོམ་འབྱུང་སོགས་མདོ་རྒྱུད་རྣམས་སུ་ ལུས་ཀྱི་རྩའི་གྲངས་དང་གནས་ཚུལ་འདྲ་མིན་གསུང་ལུགས་ཡོད་ཀྱང་འདིར་ནི་ཕྱིའི་ཟླ་རྐང་ བཅུ་བཞིའི་གྲངས་ཀྱིས་བགོས་པའི་དབུགས་རྒྱུ་ཡུལ་དུ་དཔྲལ་བའི་རྩ་འདབ་བཅུ་བཞིའི་ སྔ་ཕྱིའི་རྐང་མཐའ་དང་མཉམ་པའི་སྟོང་པ་འབབ་པའི་རྩ་གཉིས་སྟེ་བཅུ་དྲུག་དང༌། ཕྱིའི་རྒྱུ་ སྐར་ཉེར་བརྒྱད་ཀྱིས་བགོས་པའི་དབུགས་རྒྱུ་ཡུལ་མགྲིན་པའི་རྩ་འདབ་ཉེར་བརྒྱད་དབྱུག་ གུའི་སྐར་བཞིའི་མཐའ་དང་མཉམ་པའི་སྟོང་པ་འབབ་པའི་རྩ་བཞི་སྟེ་སོ་གཉིས་དང༌། ཕྱིའི་ 4-1-82 གཟའ་བརྒྱད་ཀྱིས་བགོས་པའི་རླུང་རྒྱུ་ཡུལ་སྙིང་གའི་རྩ་འདབ་བརྒྱད་དང༌། ཕྱིའི་ཉིན་ཞག་ གཅིག་གིས་ཆུ་ཚོད་དྲུག་ཅུའི་བགོས་པའི་དབུགས་རྒྱུ་ཡུལ་ལྟེ་བའི་རྩ་འདབ་དྲུག་ཅུ་དང༌། ཐུན་ཚོད་ཀྱི་གྲངས་མཉམ་སྟོང་པ་འབབ་པའི་རྩ་བཞི་སྟེ་རེ་བཞི་ཙམ་དགོས་དབང་གི་བསྟན་ པ་ཡིན་གྱི་དེ་དག་ལས་ལུས་ལ་རྩའི་ཁྱད་པར་གཞན་མེད་པ་ནི་མ་ཡིན་ནོ། །དེ་ལས་གཙུག་ ཏོར་གྱི་རྩ་བཞི་དང་དཔྲལ་བའི་རྩ་བཅུ་དྲུག་སྟེ་ཉི་ཤུ་ནི་བད་ཀན་གྱི་རྩ་དང༌། མགྲིན་པའི་ རྩ་སོ་གཉིས་དང་སྙིང་གའི་བརྒྱད་དང་བཞི་བཅུ་ནི་མཁྲིས་རྩ་དང༌། ལྟེ ་བའི་རྩ་རེ་བཞི་དང་ གསང་བའི་ཕྱི་སྐོ ར་གྱི་བཅུ་དྲུག་སྟེ་བརྒྱད་ཅུ་ནི་རླུང་གི་རྩ་དང༌། གསང་བའི་ནང་སྐོ ར་དྲུག་ དང་བར་སྐོར་བཅུ་དྲུག་ནི་འདུས་པའི་རྩ་ཡིན་ལ་གཞན་ཡང་འགྲེལ་ཆེན་ལས་རྩ་བརྒྱ་དང་ང་ དྲུག་གསུངས་པའི་གྲངས་བགྲང་ཚུལ་འདྲ་མིན་དང༌། གཙུག་དཔྲལ་མགྲིན་སྙིང་ལྟེ ་གསང་ གི་འཁོར་ལོ་རྣམས་རིམ་པས་ནམ་མཁའ་རླུང་མེ་ཆུ་ས་ཡེ་ཤེས་ཀྱི་ཁམས་ཀྱི་རང་བཞིན་ཡིན་ ཚུལ་དང་ལྷ་སོ་དྲུག་གི་དག་པ་སྦྱོར་རྒྱུའི་རྩའི་གྲངས་འདྲེན་ཚུལ་མི་འདྲ་བ་དང༌། ལུས་བསམ་ ཀྱི་ཁྱད་པར་དག་གིས་བཤད་ཚུལ་སྣ་ཚོགས་ཡོད་དོ། ། གཉིས་པ་གཡོ་བ་རླུང་ནི། རང་ལུགས་ཀྱི་ཆོས་ཉིད་ཡེ་ཤེས་ཀྱི་རླུང་དང་གཉུགས་སེམས་ ཀྱི་བཞོན་པའི་རླུང་ནི་ཕྲ་མོ་སྟེ། དེ་ལས་རགས་པའི་རླུང་སྐྱེ་ཚུལ་ནི། མཁའ་ཁམས་སྲོ ག་རླུང་ ལྟེ ་བ་དང༌། སྙིང་གའི་སྟེང་ངོས་ཡན་གྱི་དབུ་མ་དང་རོ་རྐྱང་གསུམ་དུ་སྐྱེས་ནས་དེ་དག་ཏུ་ གནས་པ་ཁམས་ཐུར་སེལ་ལྟེ་འོག་དང་སྙིང་གིས་འོག་ངོས་མན་གྱི་དབུ་མའི་མས་སྣ་དང་རོ་ རྐྱང་གསུམ་དུ་སྐྱེས་ནས་དེ་དག་ཏུ་གནས། རླུང་ཁམས་མཉམ་གནས་སྙིང་གའི་ཤར་གྱི་རྩ་ དང༌། མེ་ཁམས་གྱེན་རྒྱུ་ཤར་ལྷོ འི་དེ་དང༌། ཆུ་ཁམས་ཁྱབ་བྱེད་ལྷོ འི་དེ་དང༌། ས་ཁམས་ཀླུའི་ རླུང་ལྷོ ་ནུབ་ཀྱི་དེ་དང༌། རླུང་ཁམས་རུས་སྦལ་ནུབ་ཀྱི་དེ་དང༌། མེ་ཁམས་རྩངས་པ་ནུབ་བྱང་ གི་དེ་དང༌། ཆུ་ཁམས་ལྷས་བྱིན་བྱང་གི་དེ་དང༌། ས་ཁམས་ནོར་ལས་རྒྱལ་བྱང་ཤར་གྱི་རྩ་ལ་ 4-1-83 སྐྱེས་ནས་གནས་པར་གསུངས། སྲོ ག་རླུང་ཅུང་ཟད་རེ་མ་གཏོགས་སྟེང་དང་འོག་རླུང་ཅུང་ ཟད་རེ་མ་གཏོགས་འོག་ཏུ་གནས་ལ། རྒྱུད་འདིར་རླུང་བཅུ་ཞེས་པ་ལས་རྩ་བ་ཡན་ལག་གི་ ཐ་སྙད་མ་མཛད་ཀྱང་དེ་འདྲའི་ཐ་སྙད་སྦྱར་རུང་བར་རྗེ་བཙུན་རིན་པོ་ཆེས་གསུངས། སྤྱིར་ རླུང་བཅུ་ུལ་ཤུགས་ཆེ་ཆུང་ཡོད་ཀྱང་དེ་དག་ཆ་ཤས་ཁ་ཚང་རེ་ལུས་ཀྱི་རྩ་ཀུན་ལ་ཡོད་དོ། ། རླུང་རྒྱུ་ཚུལ་ལ། ནང་གི་རྩ་རྣམས་ལ་རྒྱུ་ཚུལ་དང༌། ཕྱི་རོལ་དུ་རྒྱུ་ཚུལ་གཉིས་ལས། དང་ པོ་ནི། གཙུག་ཏོར་གྱི་རྩ་ལ་ཐུན་མཚམས་བཞིའི་སྒོ་ནས་དང༌། དཔྲལ་བའི་རྩ་ལ་ཟླ་རྐང་བཅུ་ བཞིའི་སྔ་ཕྱིའི་རྐང་མཚམས་དང་བཅས་པའི་སྒོ་ནས་དང༌། མགྲིན་པའི་རྩ་ལ་རྒྱུ་སྐར་ཉེར་ བརྒྱད་དབྱུག་གུ་བཞི་དང་བཅས་པའི་སྒོ་ནས་དང༌། སྙིང་གའི་རྩ་ལ་གཟའ་བརྒྱད་ཀྱི་སྒོ་ནས་ དང༌། ལྟེ ་བའི་རྩ་ལ་དུས་སྦྱོར་བཅུ་གཉིས་ཀྱི་སྒོ་ནས་རླུང་རྒྱུ་ཞིང༌། དུས་སྦྱོར་གྱི་རྩ་འདབ་དང་ པོ་ཡང་རྒྱབ་ཕྱོགས་ནས་ངོས་འཛིན་ནོ། །ལྟེ ་བའི་གཡས་གཡོན་གྱི་འཕོ་ཆུང་གི་རྩ་རྣམས་ཀྱང་ དབུས་མ་ནམ་མཁའ། མདུན་མ་རླུང༌། གཡས་མ་མེ། གཡོན་མ་ཆུ། རྒྱབ་མ་ས་ཁམས་ཡིན་ པ་ལ་ཁྱད་པར་མེད་ཀྱང་རླུང་འབྱུང་འཇུག་གི་གོ་རིམ་མི་འདྲ་སྟེ། གཡོན་ཁྱིམ་དྲུག་ལ་སྐྱེ་རིམ་ དང༌། གཡས་ཁྱིམ་དྲུག་ལ་སྡུད་རིམ་གྱིས་འབབ་པའི་ཕྱིར། བཙས་པའི་བྱིས་པ་རང་གི་ཁྱིམ་ གང་ལ་ནམ་ལང་གི་ཐོག་མར་རླུང་འབབ་པ་ནི། མའི་དུས་སྦྱོར་དང་སྐྱེ་བའི་དུས་ཚོད་གང་ འཕྲད་ལ་རག་ལས་སོ། །མཁས་མཆོག་གཞན་དང་ཀུན་མཁྱེན་ཕྱོགས་རྒྱལ་བས་འཕོ་བ་རེའི་ མཚམས་ཀྱི་མཉམ་རྒྱུ་ནི་དབུ་མའི་མཉམ་རྒྱུ་དངོས་དང་རྗེ་བཙུན་རིན་པོ་ཆེས་འཕོ་མཚམས་ ཀྱི་མཉམ་རྒྱུ་ནི་དབུ་མའི་ཡེ་རླུང་གི་ནུས་སྟོབས་ཀྱིས་ཁྱིམ་སྔ་ཕྱིའི་ཐ་མ་དང་ཐོག་མའི་རླུང་ མཉམ་རྒྱུར་བྱས་པ་ཡིན་གྱི་དབུ་མའི་མཉམ་རྒྱུ་དངོས་མ་ཡིན་པར་བཏགས་པ་བ་ཙམ་དུ་ བཞེད་པས་མཁས་མཆོག་གཞན་གྱི་རྒྱུད་ལུང་འགྲེལ་ཚུལ་འཕོ་མཚམས་རེར་དབུ་མའི་ དབུགས་ང་དྲུག་རྐང་བཅས་དངོས་སུ་ུའབབ་པའི་དོན་དུ་བཤད་ཅིང་རྗེ་བཙུན་གྱིས་ལུང་དོན་ 4-1-84 འཕོ་བར་རྫོགས་མཚམས་སུ་དབུ་མའི་དབུགས་ང་དྲུག་རྐང་བཅས་ཡོད་པར་གསུངས་སོ། ། འདིར་མཁས་མཆོག་གཞན་གྱིས་གཡས་གཡོན་གྱི་འཕོ་ཆུང་རྣམས་སྡུད་རིམ་དང་སྐྱེ་ རིམ་ཡིན་པ་མ་ཟད་འཕོ་ཆེན་གཡས་གཡོན་ཀྱང་དེ་འདྲ་ཡིན་པར་གསུངས་ལ་གཡས་ཀྱི་འཕོ་ ཆེན་དྲུག་ལ་ཐོག་མཐའ་གཉིས་སུ་ས་གཉིས་དང༌། གཡོན་གྱི་འཕོ་ཆེན་དྲུག་ལ་ཐོག་མཐའ་ གཉིས་སུ་ནམ་མཁའ་གཉིས་རེ་ཡོད་པས་གཡས་གཡོན་གྱི་འཕོ་ཆེན་དྲུག་དྲུག་ལ་དཀྱིལ་ འཁོར་ལྔ་ལྔ་རེའོ། །ཡང་གསང་བའི་རྩ་འཁོར་ན་ཁམས་དྲུག་གི་རླུང་རྣམས་བསྡོམས་ནས་ འབབ་པའོ། ། གཉིས་པ་རླུང་ཕྱི་རོལ་དུ་འཇུག་ཚུལ་ནི། སྲོ ག་རླུང་སྟེང་དུ་རྒྱུ་བའི་ཚེ་ལྟེ ་སྙིང་མགྲིན་ དཔྲལ་གཙུག་ཏོར་གྱི་རྩ་འཁོར་རྣམས་ཀྱི་བྱེད་པས་ས་ཆུ་མེ་རླུང་ནམ་མཁའ་དག་གི་ཡོན་ཏན་ དྲི་གཟུགས་རོ་རེག་སྒྲ་དང་ལྔ་ལྡན་པ་རྣམས་རིམ་པས་ཉམས་པར་བྱེད་པའི་སྒོ་ནས་ངྷུ་ཏཱིའི་ དབུས་ནས་དབུས་སུ་བརྒྱུད་དེ་ཕྱིར་རྒྱུ་ཞིང༌། དེ་ཡང་རོ་རྐྱང་གང་རུང་ནས་གཙོ་བོར་རྒྱུ་བ་ ཡིན་ལ། སྣ་བུག་ཏུ་ཡང་གཡོན་གྱི་དབུས་ནས་མཁའ་རླུང་དང༌། སྟེང་ནས་རླུང་གི་རླུང་མཁུར་ ཚོས་ཕྱོགས་ནས་མེ་རླུང༌། བར་གྱི་ཕྱོགས་ནས་ཆུ་རླུང༌། འོག་ནས་ས་རླུང་རྒྱུ་བ་དང༌།གཡས་ ཀྱི་འོག་ནས་ས་རླུང༌། བར་ཀའི་ཕྱོགས་ནས་ཆུ་རླུང༌། མཁུར་ཚོས་ཕྱོགས་ནས་མེ་རླུང༌། སྟེང་ ཕྱོགས་ནས་རླུང་གི་རླུང་དབུས་ཕྱོགས་ནས་མཁའ་རླུང་རྒྱུ་བའོ། །ནང་དུ་འཇུག་པ་ན་གཙུག་ ཏོར་ནས་ལྟེ་བའི་བར་དུ་གོང་སྨོས་ཀྱི་འབྱུང་བའི་ཡོན་ཏན་རྣམས་རིམ་པར་སྐྱེད་པའི་སྒོ་ནས་ ངྷུ་ཏཱིའི་དབུས་ནས་དབུས་སུ་བརྒྱུད་དེ་ནང་དུ་འོང་ལ། མཁའ་རླུང་ལྟེ ་བར་རེག་ཙམ་དང༌། རླུང་གི་རླུང་ནས་སའི་རླུང་གི་བར་ནི་རིམ་པས་ལྟེ ་འོག་ཏུ་སོར་རེ་རེ་འགྲོ་ལ། ཕྱིར་འཇུག་པའི་ ཚེ་སྣའི་ཕྱི་རོལ་དུ་མཁའ་རླུང་སོར་བཅུ་དྲུག་ནས་སའི་རླུང་སོར་བཅུ་གཉིས་ཀྱི་བར་ལ་འགྲོ་ བས་སྤྱིར་དཀྱིལ་འཁོར་ལྔ་ཀའི་རླུང་ཁུག་པ་རེ་ལ་ཁྲུ་དྲུག་དང་སོར་བརྒྱད་རེ་ཡོད། ཐུར་སེལ་ 4-1-85 འོག་ཏུ་འཇུག་ཚུལ་ཡང༌། ལྟེ ་བའི་འཁོར་ལོ་གཉིས་པ་དང་གསང་བ་དང་ནོར་བུའི་འཁོར་ ལོའི་བྱེད་པས་ལུས་ངག་ཡིད་གསུམ་གྱི་ཡོན་ཏན་སྡུད་རིམ་གྱིས་དུང་ཅན་མའི་དབུས་ནས་ དབུས་སུ་བརྒྱུད་དེ་མར་འཇུག་ཅིང་ཡར་འོང་སྐབས་ཡོན་ཏན་དེ་དག་སྐྱེ་རིམ་དུ་དེ་ལྟར་རོ། །ཞག་གཅིག་གི་དབུགས་ནི་དབུགས་ཀྱི་འཁོར་ལོ་ཡིན། དེ་བཅུ་གཉིས་ཀྱི་ཆ་ནི་འཕོ་ཆེན་ གྱི་དབུགས་སྟེ་གྲངས་ནི་སྟོང་དང་བརྒྱད་བརྒྱའོ། །འཕོ་ཆེན་གྱི་ལྔ་ཆ་འཕོ་ཆུང་ངམ་དཀྱིལ་ འཁོར་གཅིག་གི་རླུང་སྟེ་སུམ་བརྒྱ་དྲུག་ཅུའོ། །དབུགས་ཀྱི་ཚད་ནི། རྗེ་བཙུན་གྱིས་དབུགས་ འགྲོ་འོང་གནས་གསུམ་སྡོམ་པ་ལ་བཞེད་ཀྱང་མཁས་མཆོག་གཞན་གྱིས་འབྱུང་འཇུག་ཟུང་ རེ་ལ་གསུང༌། དེ་དག་ནི་རགས་པའི་རླུང་དང་ཕྲ་བའི་རླུང་ནི་ཤེས་པ་རྣམས་ཀྱི་གཡོ་ཆ་ལ་ རླུང་དུ་བཞག་པ་དེ་ཡིན་ནོ། ། གསུམ་པ་ཐིག་ལེ་ལ། སྤྱིར་ཐིག་ལེ་ཕྲ་རག་དང༌། ཡང་དགོས་རང་ལུགས་ཀྱི་ཆོས་ཉིད་ཡེ་ ཤེས་ཀྱི་ཐིག་ལེ་རྣམས་ཡོད་པ་ལས། འདིར་རགས་པ་བེམ་རྫས་ཀྱི་བྱང་སེམས་དཀར་དམར་ ཐམས་ཅད་གཙོ་བོར་བཤད་པ་སྟེ། ཐིག་ལེ་དེ་དག་ཁམས་ལྔ་ལས་གྲུབ་ཅིང་ཞུ་བདེ་བསྐྱེད་ པའི་ཆ་ནས་ཡེ་ཤེས་ཀྱི་ཁམས་དང་ལྡན་པའོ། །དེ་ལས་ཆུ་ཁམས་ཤས་ཆེ་བའི་བྱང་སེམས་ དཀར་པོ་རྣམས་སྙིང་སྟོབས་དང༌། མེ་ཁམས་ཤས་ཆེ་བའི་བྱང་སེམས་དམར་པོ་རྣམས་རྡུལ་ དང༌། རླུང་ཁམས་ཤས་ཆེ་བའི་བྱང་སེམས་ནག་པོ་རྣམས་མུན་པ་ཡིན་པ་སོགས་ཁམས་དྲུག་ ཤས་ཆེ་བའི་ཐིག་ལེ་འདྲ་མིན་ཡོད་ཅིང༌། དེ་དག་ཀྱང་སྤྱིར་ལུས་ཀྱི་རྩ་ཀུན་ལ་གནས་ཀྱང་ གཙོ་བོར་རྐྱང་མ་དང་དེ་ལས་གྱེས་པ་རྣམས་ལ་བྱང་སེམས་དཀར་པོ་དང༌། དེ་འདྲའི་རོ་མ་ དང་དབུ་མ་རྣམས་ལ་རིམ་པར་བྱང་སེམས་དཀར་པོ་དང་ནག་པོ་གནས་པའོ། །སྤྱིར་ཐིག་ ལེའི་གྲངས་འདྲེན་ཚུལ་སྟེང་གི་རྩ་གསུམ་ཀ་དང༌། སྙིང་གའི་ཕྱོགས་བཞིའི་རྩ་ལ་ཕུང་པོ་ལྔའི་ མིང་གིས་བསྟན་པའི་ཁམས་ལྔའི་དྭངས་མའི་ཐིག་ལེ་ལྔ་དང༌། མཚམས་བཞི་དང༌། འོག་གི་ 4-1-86 དྲི་ཆུའི་རྩ་ལ་རང་མིང་གིས་བསྟན་པའི་ཁམས་ལྔའི་དྭངས་མའི་ཐིག་ལེ་ལྔ་དང༌། ཁུ་བ་བཤང་ བའི་རྩ་གཉིས་ཀ་ལ་ཡེ་ཤེས་ཀྱི་ཁམས་ཀྱི་དྭངས་མའི་ཐིག་ལེ་གནས་པ་སོགས་འདྲ་མིན་མང་ ཡང༌། འདིར་གཙོ་བོར་ཤེས་དགོས་པ། དཔྱིད་དང་གཏུམ་མོ་དང༌། གནས་སྐབས་རིགས་ བཞི་ཚན་གཉིས་དང་གཙུག་ཏོར་མཁའ་ཁམས་ཀྱི་ཐིག་ལེ་རྣམས་ལས་དང་པོ་དཔྱིད་ཐིག་ནི། སྤྱི་བོའི་ཀླད་དཀྲིས་ཀྱི་སྟེང་ཙམ་གྱི་ངྷུ་ཏཱིར་ཕ་ལས་ཐོབ་པའི་ཁུ་བའི་དྭངས་མ་མཆོག་ཏུ་གྱུར་ པ་ཞུ་བདེའི་རང་བཞིན་ཅན་གྱི་ཐིག་ལེ་དཀར་པོ་ཡུངས་འབྲུཙམ་ཡོད་པ་དེ་ཡིན་ལ། དེ་ནི་ ཟླ་བའི་ཁ་དོག་ལྟར་དཀར་བ། ཞུ་བདེ་གེགས་བྱེད་མི་ཐུབ་པ་བསྐྱེད་པར་བྱེད་ཅིང༌། ནང་གི་ བརྗོད་པ་ཧཾ་གི་རླུང་དང་འདྲེས་པ་བདེ་ཆེན་གྱི་རྒྱུ་རྣལ་འབྱོར་པ་ལ་དགའ་སྟོན་སྟེར་བྱེད་ཅིག་ གོ ། གཉིས་པ་གཏུམ་མོ་ནི། ལྟེ ་འོག་སོར་བཞི་ཙམ་གྱི་ངྷུ་ཏཱིར་མ་ལས་ཐོབ་པའི་ཁྲག་གི་ དྭངས་མ་མཆོག་ཏུ་གྱུར་པ་དྲོད་ཀྱི་རང་བཞིན་ཅན་གྱི་ཐིག་ལེ་དམར་པོ་ཡུངས་འབྲུ་ཙམ་ཡོད་ པ་དེ་ཡིན་ལ། དེ་ནི་ཉི་མའི་མདོག་ལྟར་དམར་བ། དེའི་བྱེད་རྐྱེན་ལ་རྟེན་ནས་བྱུང་བའི་བདེ་ སྟོང་གི་ཡེ་ཤེས་ཀྱིས་རྟོག་ཚོགས་གཞོན་པར་བྱེད་པ་རྡུལ་རྫས་ལས་གྲུབ་པ་ནང་གི་བརྗོད་ པ་ཨ་ཐུང་གི་རླུང་དང་འདྲེས་པ་གནས་ལུགས་མི་རྟོག་པ་རྟོགས་པའི་རྐྱེན་བྱེད་ཅིང་བདག་ འཛིན་གཟུང་འཛིན་གྱི་རྟོག་པ་གཅོད་བྱེད་ཅིག་གོ ། གསུམ་པ་གནས་སྐབས་རིགས་བཞིའི་ཐིག་ལེ་ཚན་གཉིས་ལས། དང་པོ་ནི་དཔྲལ་བའི་ རྩ་འཁོར་གྱི་ངྷུ་ཏཱིར་སད་པའི་གནས་སྐབས་བསྐྱེད་པའི་ས་ཆུ་ཤས་ཆེ་བའི་ལུས་སམ་སྐུའི་ ཐིག་ལེ་དང༌། དེ་བཞིན་དུ་མགྲིན་པར་རྨི་ལམ་གྱི་གནས་སྐབས་བསྐྱེད་པའི་མེ་ཁམས་ཤུགས་ ཆེ་བའི་ངག་གམ་གསུང་གི་ཐིག་ལེ་དང༌། སྙིང་གར་གཉིད་འཐུག་གི་གནས་སྐབས་བསྐྱེད་ པའི་རླུང་ཁམས་ཤུགས་ཆེ་བའི་སེམས་སམ་ཐུགས་ཀྱི་ཐིག་ལེ་དང༌། ལྟེ ་བར་བཞི་པའི་གནས་ 4-1-87 སྐབས་བསྐྱེད་པའི་ས་ཁམས་ཤུགས་ཆེ་བའི་ཡེ་ཤེས་ཀྱི་ཐིག་ལེ་དང་བཞི་ཡོད་པ་དེའོ། ། གཉིས་པ་ནི། རང་ལུགས་ལ་འོག་འདྲའི་ལྟེ ་བའི་འཁོར་ལོ་གོང་བཞིན་ལུས་ཀྱི་ཐིག་ལེ་ དང༌། གསང་བར་ངག་གི་ཐིག་ལེ། ནོར་བུའི་དབུས་སུ་ཡིད་ཀྱི་ཐིག་ལེ། ནོར་བུའི་རྩེར་ཡེ་ ཤེས་ཀྱི་ཐིག་ལེ་ཡོད་པ་རྣམས་སོ། །དེ་དག་གི་གནས་སྐབས་བཞིའི་སྣང་བ་བསྐྱེད་ཚུལ་ཀྱང་ རླུང་སེམས་གཙོ་བོར་རེས་མོས་ཀྱི་སྒོ་ནས་གནས་པའི་ཆ་ནས་དང༌། དེ་དག་གིས་བསྐྱེད་པའི་ གནས་སྐབས་བཞིའི་སྣང་བ་གཞི་དུས་སུ་སོ་སོར་སྣང་ཡང་དེ་དག་དག་པའི་འབྲས་བུ་མཐར་ ཐུག་གི་རྡོ་རྗེ་བཞིའི་ངོ་བོ་རོ་གཅིག་ཡིན་པ་ལས་རང་ལུགས་ལ་གཞི་འབྲས་དབྱེར་མེད་ཀྱི་ ཚུལ་དུ་བཞེད་དོ། །བཞི་པ་ནམ་མཁའི་ཐིག་ལེ་ནི། གཙུག་ཏོར་དུ་མཁའ་ཁམས་སྟོང་པ་ཤས་ ཆེ་བའི་ཐིག་ལེ་ཡུངས་འབྲུ་ཙམ་པ་དེའོ། །སྤྱིར་ཐིག་ལེ་ཕྲ་མོ་ནི། ནང་ཤེས་པ་རྣམས་ཀྱི་སྟེང་ གི་བདེ་བའམ་སིམ་པའི་ཆ་དེ་ཡིན་ནོ། །དེ་ཡན་ཆད་ནི་གཞིའི་མཚན་ཉིད་མདོ་ཙམ་མོ། ། རྩ་བའི་ས་བཅད་གཉིས་པ་གང་གིས་གནད་དུ་བསྣུན་པ་ལམ་གྱི་རྣལ་འབྱོར་ལ། རྡོ་རྗེའི་ རྣལ་འབྱོར་གྱིས་ཐོབ་བྱ་མཐར་ཐུག་ངོས་བཟུང་བ། དེ་སྒྲུབ་བྱེད་ལམ་གྱི་རིམ་པ་དང་གཉིས་ ལས། དང་པོ་ནི། དྲི་མ་ཐམས་ཅད་དང་བྲལ་བའི་དུས་མི་འགྱུར་བའི་བདེ་བ་ཆེན་པོའི་ཡེ་ཤེས་ དང༌། འཁོར་ལོ་ཁམས་གསུམ་གྱི་རྣམ་པའི་བདག་ཉིད་ཅན་གྱི་སྟོང་གཟུགས་རྡོ་རྗེའི་སྐུ་ གཉིས་ཟུང་དུ་འཇུག་པའི་མཐར་ཐུག་གི་གོ་འཕང་རིགས་ཐམས་ཅད་ཀྱི་མངའ་བདག་དཔལ་ རྡོ་རྗེ་སེམས་དཔའ་དེ་ཡིན་ལ། གང་གི་མཚན་གྱི་ཁྱད་པར་ཀཱ་ལ་ཙཀྲ་ཞེས་པའི་ཡི་གེ་སོ་སོ་ དག་གིས་རིམ་པར་སད་པའི་ཐིག་ལེ་འགགས་པས་སྤྲུལ་སྐུ། རྨི་ལམ་གྱི་ཐིག་ལེ་འགགས་ པས་ལོངས་སྐུ། གཉིད་འཐུག་གི་ཐིག་ལེ་འགགས་པས་ཡེ་ཤེས་ཆོས་སྐུ། བཞི་པའི་ཐིག་ལེ་ འགགས་པས་ལྷན་སྐྱེས་ཀྱི་སྐུ་བསྟན་ཞིང༌། དེ་འདྲའི་སྐུ་བཞིའི་བདག་ཉིད་ནི་དུས་ཀྱི་འཁོར་ 4-1-88 ལོ་དེའོ། ། གཉིས་པ་དེ་སྒྲུབ་བྱེད་ལམ་གྱི་རིམ་པ་ལ། རྫོགས་རིམ་གྱི་ཐུན་མོང་མ་ཡིན་པའི་སྔོ ན་ འགྲོ་དང༌། དངོས་གཞི་ཡན་ལག་དྲུག་གི་རྣལ་འབྱོར་གཉིས་ལས། དང་པོ་ལ། མཐུན་རྐྱེན་དབེན་པ་གསུམ་བསྟེན་པ། དངོས་གཞིའི་རྣལ་འབྱོར་ཇི་ལྟར་ སྒོམ་པ། སྒོམ་བྱ་མི་རྟོག་པའི་ཡེ་ཤེས་ངོས་བཟུང་བ་དང་གསུམ་ལས། དང་པོ་ནི། ལུས་དང་ ངག་དང་སེམས་དང་འཕོ་བའི་ལོངས་སྤྱོད་ལ་ལྟོ ས་པ་མེད་པའི་སྒོ་ནས་ལུས་བྱ་སྤྱོད་ཀྱི་དབེན་ པ། ངག་སྨྲ་བརྗོད་ཀྱིས་དབེན་པ། སེམས་རྣམ་རྟོག་གིས་དབེན་པ་སྟེ་དབེན་པ་གསུམ་དང་ ལྡན་པ་ཞིག་དགོས་པའི་དོན་དེ་ཡིན་ནོ། ། གཉིས་པ་ཇི་ལྟར་སྒོམ་ཚུལ་ནི། རླུང་འཆིང་བའི་ཕྱིར་ལུས་གནད་བྱེད་བཅིངས་སྐྱོན་དང་ བྲལ་བར་བྱས་པའི་སྒོ་ནས་མི་རྟོག་པ་བསྒོམ་པའོ། ། གསུམ་པ་བསྒོམ་བྱ་ངོས་བཟུང་བ་ནི། མཁས་མཆོག་གཞན་གྱི་རྟེན་འབྲེ ལ་གྱི་རྟགས་ ཀྱིས་ཆོས་ཀུན་བདེན་པ་མེད་པ་ལ་ངེས་པ་རྙེད་པའི་བློ་ཞིག་དགོས་པར་འདོད་ཅིང་རང་ ལུགས་ཀྱི་དམ་པ་གོང་མས་བློས་བྱས་ཀྱི་རྣམ་རྟོག་མཐའ་དག་དང་བྲལ་བའི་མ་བཅོས་རང་ བབས་སུ་བཞག་པའི་སྤྲོས་མེད་རྣམ་པར་མི་རྟོག་པའི་བློ་དཔེར་ན་བྱ་རྒོད་ཀྱིས་གནམ་འཕང་ བཅད་པ་ན། རང་བབས་ཤུགས་འབྱུང་གིས་ཐོགས་རེག་ཀུན་དང་བྲལ་བའི་སྒོ་ནས་བགྲོད་ པ་བཞིན་མི་རྟོག་པའི་ཡེ་ཤེས་ནམ་མཁའ་ལྟ་བུའི་ངོར་གཏད་པ་འཛིན་པ་སྒོམ་རྒྱུ་བསམ་རྒྱུ་ གང་ཡང་མེད་པར་མ་བཅོས་བསམ་མེད་ཀྱི་རྣལ་འབྱོར་རྩ་བྲལ་ལྷུན་གྲུབ་ཀྱི་བདག་ཉིད་ཅན་ ཞིག་དགོས་པར་བཞེད་ཅིང༌། གསལ་སྟོང་རྣམ་པར་མི་རྟོག་པའི་རང་མདངས་སུ་རྣམ་ཀུན་ གྱི་སྟོང་པའི་གཟུགས་བརྙན་ལེགས་པར་བཀྲ་བ་ལ་འཛིན་ཞེན་གྱི་མཚན་མ་ཕྲ་མོས་ཀྱང་ ནམ་ཡང་སླད་པ་མེད་པར་མངོན་སུམ་དུ་མཐོང་བ་འདི་ནི་གཞན་ལ་མེད་པའི་ཁྱད་ཆོས་སོ། 4-1-89 །འདི་འདྲའི་མི་རྟོག་པ་ནི་ཐོག་མ་ནས་མི་འོང་བས། ལས་དང་པོ་པས་སྒོམ་ལུགས་ནི་དྲན་ ཤེས་བཞིན་གྱི་སྒོ་ནས་སེམས་ཀྱི་ངོ་བོ་ལ་སྒྲིམ་ཀློད་རན་པར་བྱས་ཏེ་བལྟས་པ་ན་ཐོག་མར་ རྣམ་རྟོག་སྔར་ལས་མང་སྣང་སྐྱེ་བའི་གཡོ་བའི་ཉམས་རི་གཟར་གྱི་འབབ་ཆུ་ལྟ་བུ། དེ་ནས་ རིམ་པར། རྣམ་རྟོག་གི་བར་ཆད་པའི་ཐོབ་པའི་ཉམས་རོང་ཁུང་དོག་པའི་འབབ་ཆུ་ལྟ་བུ། སྔར་ལས་རྣམ་རྟོག་སྐྱེ་བ་ཤུགས་ཆུང་བའི་གོམས་པའི་ཉམས་སྦལ་པ་མཆོང་པ་ལྟ་བུ། རྣམ་ རྟོག་གིས་གནས་ཆ་གཏིང་ནས་དཀྲུགས་མི་ནུས་པའི་བརྟན་པའི་ཉམས་མཚོ་ཆུང་སེར་བུས་ བསྐྱོད་པ་ལྟ་བུ། སེམས་བཏང་སྡོད་ལ་དབང་ཐོབ་པའི་མཐར་ཕྱིན་པའི་ཉམས་རི་དབང་ལྟ་ བུ། རྣམས་རིམ་གྱིས་སྐྱེ་བའི་སྒོ་ནས་མི་རྟོག་པ་བསྒྲུབ་དགོས་པ་ཡིན་ནོ། ། གཉིས་པ་དངོས་གཞི་ཡན་ལག་དྲུག་གི་རྣལ་འབྱོར་བཤད་པ་ལ། དེ་དྲུག་ཏུ་གྲངས་ངེས་ པ། དེ་དྲུག་གི་གོ་རིམ་ངེས་པ། སོ་སོའི་མཚན་ཉིད་རྒྱས་པར་བཤད་པ་དང་གསུམ་ལས། དང་པོ་ནི། ཐོབ་བྱ་མཐར་ཐུག་གི་སངས་རྒྱས་ཀྱི་རྡོ་རྗེ་བཞི་ཐོབ་པ་ལ། ཐོག་མར་སོར་བསམ་ གྱིས་སྐུ་རྡོ་རྗེ་དང༌། སྲོ ག་འཛིན་གྱིས་གསུང་རྡོ་རྗེ་དང༌། རྗེས་དྲན་གྱིས་ཐུགས་རྡོ་རྗེ་དང༌། ཏིང་ངེ་འཛིན་གྱིས་ཡེ་ཤེས་རྡོ་རྗེ་བསྒྲུབ་པ་ཡིན་པས། ཡན་ལག་དྲུག་པོ་དེ་དག་ལས་མང་མི་ དགོས་ཉུང་ན་མི་འདུ་བའོ། ། གཉིས་པ་གོ་རིམ་ནི་མཐར་ཐུག་གི་ཟུང་འཇུག་དེ་རང་གི་རིགས་འདྲའི་རྒྱུ་ཏིང་ངེ་འཛིན་ གྱི་སྐུ་ཐུགས་ཟུང་འཇུག་གི་མི་འགྱུར་བའི་བདེ་བ་ལས་བྱུང༌། མི་འགྱུར་བའི་བདེ་བ་ནི། རྗེས་ དྲན་གྱི་ཕྱག་རྒྱས་ཐིག་ལེ་བཞུ་བཏུལ་བྱས་པ་ལས་བྱུང༌། ཐིག་ལེ་བཞུ་བ་ཡང་འཛིན་པས་ རླུང་གནས་དྲུག་གི་ཐིག་ལེར་བཅིངས་པ་ལས་བྱུང༌། ཐིག་ལེ་དེ་དག་ལ་རླུང་ཐིམ་པ་ཡང་སྲོ ག་ རྩོལ་གྱི་ལས་རླུང་མཐའ་དག་དབུ་མར་བཅིངས་པ་ལས་བྱུང༌། དེ་ཡང་བསམ་གཏན་གྱིས་ གཟུགས་སེམས་དབྱེར་མེད་ཀྱི་སྒོ་ནས་དབུ་མའི་རྩ་ལམ་སྦྱང་བ་ལས་བྱུང༌། དེ་ཡང་སོར་སྡུད་ 4-1-90 ཀྱིས་སྟོང་གཟུགས་བསྒྲུབ་པ་ལས་བྱུང་བ་ཡིན་པས་ན་ཐོག་མར་སོར་སྡུད་དང་དེ་ནས་བསམ་ གཏན་སོགས་ནས་ཏིང་ངེ་འཛིན་གྱི་བར་གོ་རིམ་ངེས་ཅན་ཡིན་པའོ། ། གསུམ་པ་སོ་སོའི་མཚན་ཉིད་རྒྱས་བཤད་ལ། ལམ་སྤྱིའི་ཆིངས་དང༌། སོ་སོའི་ངོ་བོ་བྱེ་ བྲག་ཏུ་བཤད་པ་གཉིས་ལས། དང་པོ་ནི། སྤྱིར་ཡན་ལག་དྲུག་ཆིངས་བཅུ་གཉིས་སུ་བསྡུས་ནས་བཤད་ཚུལ་ལ། སོར་ བསམ། སྲོ ག་འཛིན། རྗེས་དྲན་ལྔ། རྒྱུའི་རྫོགས་རིམ་དང༌། ཏིང་ངེ་འཛིན་འབྲས་བུ་རྫོགས་ རིམ་དུ་འདུ་བ་༼༡༽དང༌། སོར་བསམ་གཉིས་ཀྱིས་རྡོ་རྗེ་བསླང་པ་སྟེ་སྟོང་གཟུགས་བསྒྲུབ་ པའི་བརྟུལ་ཞུགས་ཀྱི་རྫོགས་རིམ་དང༌། སྲོ ག་འཛིན་གཉིས་ཀྱིས་རྡོ་རྗེ་མེ་སྟེ་ཡེ་ཤེས་ཀྱི་ གཏུམ་མོ་བསྒྲུབ་པའི་བརྟུལ་ཞུགས་ཀྱི་རྫོགས་རིམ་དང༌། དྲན་ཏིང་གཉིས་ཀྱིས་བྱང་ཆུབ་ སེམས་སྟེ་མི་འགྱུར་བའི་བདེ་བ་སྒྲུབ་ཅིང་གྲུབ་པའི་བརྟུལ་ཞུགས་ཀྱི་རྫོགས་རིམ་དུ་འདུ་བ་ ༼༢༽དང༌། སོར་བསམ་གཉིས་ཀྱིས་མ་དག་པའི་སྣང་བ་སྦྱོང་བའི་ཐོག་མར་དགེ་བའི་རྫོགས་ རིམ་དང༌། སྲོ ག་འཛིན་གཉིས་ཀྱིས་འཁྲུལ་བའི་རྒྱུ་ལས་རླུང་ཐམས་ཅད་ངྷཱུ་ཏཱི་དང་ཐིག་ ལེར་འཆིང་བའི་བར་དུ་དགེ་བའི་རྫོགས་རིམ་དང༌། དྲན་ཏིང་གཉིས་ཀྱིས་ཐིག་ལེ་དྭངས་ མར་ཕྱེས་ཏེ་བེམ་རྫས་ཀྱི་ཐིག་ལེ་ཟད་པར་བྱེད་པའི་ཐ་མར་དགེ་བའི་རྫོགས་རིམ་དུ་འདུ་བ་ ༼༣༽དང༌། སོར་བསམ་གཉིས་གཞིའི་རྩ་ལམ་སྦྱང་བའི་རྣལ་འབྱོར་གྱི་རྫོགས་རིམ་དང༌། སྲོ ག་ འཛིན་གཉིས་གཞི་ལ་རླུང་བརྟུལ་བའི་རྣལ་འབྱོར་གྱི་རྫོགས་རིམ་དང༌། དྲན་ཏིང་གཉིས་གཞི་ བྱང་སེམས་ཐིག་ལེ་སྦྱོང་བའི་རྣལ་འབྱོར་གྱི་རྫོགས་རིམ་དུ་འདུ་བ་༼༤༽དང༌། འདིའི་རྩ་རླུང་ ཐིག་ལེ་གསུམ་ནི་སྐྱེ་འཆི་བྱེད་པའི་གཞིའོ། །སོར་བསམ་སྲོ ག་འཛིན་བཞི་རྗེས་དྲན་གྱི་ཐོག་ མའི་དུས་མན་ཆད་ཐིག་ལེ་སླ་བ་དབང་པོ་དམན་པའི་གནས་སྐབས་ཀྱི་རྫོགས་རིམ་དང༌། རྗེས་དྲན་གྱི་བར་བའི་དུས་ནི་ཐིག་ལེ་དྭངས་མ་བར་བ་དབང་པོ་འབྲིང་གི་གནས་སྐབས་ 4-1-91 ཀྱི་རྫོགས་རིམ་དང༌། རྗེས་དྲན་གྱི་ཐ་མ་དང་ཏིང་ངེ་འཛིན་གཉིས་ནི་ཐིག་ལེ་དྭངས་མ་དང༌། ཤིན་ཏུ་དྭངས་མའི་གནས་སྐབས་ཀྱི་རྫོགས་རིམ་དུ་འདུ་བ་༼༥༽དང༌། སོར་བསམ་ལུས་ཀྱི་ ཐིག་ལེའི་སྒྲིབ་པ་དག་བྱེད་ཀྱི་རྫོགས་རིམ་དང༌། སྲོ ག་འཛིན་གཉིས་ངག་གི་ཐིག་ལེའི་སྒྲིབ་ པ་དག་བྱེད་ཀྱི་རྫོགས་རིམ་དང༌། རྗེས་དྲན་ཡིད་ཀྱི་ཐིག་ལེའི་སྒྲིབ་པ་དག་བྱེད་ཀྱི་རྫོགས་ རིམ་དང༌། ཏིང་ངེ་འཛིན་ཡེ་ཤེས་ཀྱི་ཐིག་ལེའི་སྒྲིབ་པ་དག་བྱེད་ཀྱི་རྫོགས་རིམ་དུ་འདུ་བ་༼༦༽ དང༌། སོར་བསམ་གཉིས་སད་པའི་གནས་སྐབས་སྦྱོང་བའི་རྫོགས་རིམ་དང༌། སྲོ ག་འཛིན་ གཉིས་རྨི་ལམ་གྱི་གནས་སྐབས་སྦྱོང་བའི་རྫོགས་རིམ་དང༌། རྗེས་དྲན་གཉིད་འཐུག་གི་ གནས་སྐབས་སྦྱོང་བའི་རྫོགས་རིམ་དང༌། ཏིང་ངེ་འཛིན་བཞི་པའི་གནས་སྐབས་སྦྱོང་བའི་ རྫོགས་རིམ་དུ་འདུ་བ་༼༧༽དང༌། སོར་བསམ་གཉིས་མཐར་ཐུག་གི་འབྲས་བུ་ལ་ཉེ་བ་བསྙེན་ པའི་ཡན་ལག་གི་རྫོགས་རིམ་དང༌། སྲོ ག་འཛིན་གཉིས་དེ་ལས་ཀྱང་ཉེ་བའི་ཉེར་བསྙེན་གྱི་ ཡན་ལག་གི་རྫོགས་རིམ་དང༌། རྗེས་དྲན་ནི་མི་འགྱུར་བའི་བདེ་བ་དངོས་སུ་སྒྲུབ་བྱེད་ཀྱི་ སྒྲུབ་པའི་ཡན་ལག་གི་རྫོགས་རིམ་དང༌། ཏིང་ངེ་འཛིན་ནི་མི་འགྱུར་བའི་བདེ་བ་དངོས་སུ་ གྲུབ་ཟིན་པའི་སྒྲུབ་པ་ཆེན་པོའི་ཡན་ལག་གི་རྫོགས་རིམ་དུ་འདུ་བ་༼༨༽དང༌། སོར་བསམ་ གཉིས་སྟོང་གཟུགས་ཀྱི་དབྱིབས་སྒྲུབ་བྱེད་ཀྱི་རྣལ་འབྱོར་གྱི་རྫོགས་རིམ་དང༌། སྲོ ག་འཛིན་ གཉིས་གཞོམ་མེད་སྔགས་ཀྱི་གསུང་བསྒྲུབ་པའི་རྣལ་འབྱོར་གྱི་རྫོགས་རིམ་དང༌། རྗེས་དྲན་ ཆོས་མི་རྟོག་ཡེ་ཤེས་སྒྲུབ་བྱེད་ཀྱི་རྣལ་འབྱོར་གྱི་རྫོགས་རིམ་དང༌། ཏིང་ངེ་འཛིན་བེམ་རྫས་ དག་པའི་བདེ་བ་སྒྲུབ་བྱེད་ཀྱི་རྣལ་འབྱོར་གྱི་རྫོགས་རིམ་དུ་འདུ་བ་༼༩༽དང༌། སོར་བསམ་ གཉིས་མཆོག་མི་འགྱུར་བའི་བདེ་བ་ལ་སྦྱོར་བའི་རིགས་རྒྱུ་བྱེད་པའི་རྣལ་འབྱོར་གྱི་རྫོགས་ རིམ་དང༌། སྲོ ག་འཛིན་གཉིས་དེ་གཉིས་ཀྱི་རྗེས་སུ་འབྱུང་བའི་སྒོ་ནས་དེ་ལ་སྦྱོར་བྱེད་ཀྱི་རྣལ་ འབྱོར་གྱི་རྫོགས་རིམ་དང༌། རྗེས་དྲན་དེ་དངོས་སུ་སྒྲུབ་བྱེད་ཀྱི་སྦྱོར་བྱེད་ཤིན་ཏུ་རྣལ་འབྱོར་ 4-1-92 གྱི་རྫོགས་རིམ་དང༌། ཏིང་ངེ་འཛིན་དེ་ལ་སྦྱོར་ཟིན་གྱི་རྣལ་འབྱོར་ཆེན་པོའི་རྫོགས་རིམ་དུ་ འདུ་བ་༼༡༠༽དང༌། སོར་བསམ་གཉིས་སྤྲུལ་སྐུ་ལམ་བྱེད་ཀྱི་རྫོགས་རིམ་དང༌། སྲོ ག་འཛིན་ གཉིས་ལོངས་སྐུ་ལམ་བྱེད་ཀྱི་རྫོགས་རིམ་དང༌། རྗེས་དྲན་ཆོས་སྐུ་ལམ་བྱེད་ཀྱི་རྫོགས་རིམ་ དང༌། ཏིང་ངེ་འཛིན་ལྷན་ཅིག་སྐྱེས་པའི་སྐུ་ལམ་བྱེད་ཀྱི་རྫོགས་རིམ་དུ་འདུ་བ་༼༡༡༽དང༌། སོར་བསམ་གཉིས་སྐུ་རྡོ་རྗེ་སྒྲུབ་བྱེད་ཀྱི་རྫོགས་རིམ་དང༌། སྲོ ག་འཛིན་གཉིས་གསུང་རྡོ་རྗེ་ སྒྲུབ་བྱེད་ཀྱི་རྫོགས་རིམ་དང༌། རྗེས་དྲན་ཐུགས་རྡོ་རྗེ་སྒྲུབ་བྱེད་ཀྱི་རྫོགས་རིམ་དང༌། ཏིང་ངེ་ འཛིན་ཡེ་ཤེས་རྡོ་རྗེ་སྒྲུབ་བྱེད་ཀྱི་རྫོགས་རིམ་དུ་འདུ་༼༡༢༽བ་ཡིན་ནོ། ། གཉིས་པ་སོ་སོའི་ངོ་བོ་བྱེ་བྲག་ཏུ་བཤད་པ། སྤྱིར་རྒྱུད་འདིས་མཐར་ཐུག་གི་སངས་རྒྱས་ ཇི་ལྟར་བསྒྲུབ་ཚུལ་ནི། མཐར་ཐུག་གི་འབྲས་བུ་ཟུང་འཇུག་དུས་ཀྱི་འཁོར་ལོའི་ཐུན་མོང་ མ་ཡིན་པའི་རྒྱུ་མི་འགྱུར་བའི་བདེ་བ་དངོས་སུ་གྲུབ་པ་ནི་ཏིང་ངེ་འཛིན་དང༌། སྟོང་གཟུགས་ ཕྱག་རྒྱ་ཆེན་མོ་ལ་བརྟེན་ནས་མི་འགྱུར་བའི་བདེ་བ་དངོས་སུ་སྒྲུབ་བྱེད་རྗེས་དྲན་དང༌། གང་ ལ་བརྟེན་ནས་མི་འགྱུར་བའི་བདེ་བ་སྒྲུབ་བྱེད་དུ་མེད་མི་རུང་བའི་ཕྱག་རྒྱ་ནི་སྟོང་གཟུགས་ ཕྱག་རྒྱ་ཆེན་མོ་སྟེ། དེ་ནི་སོར་བསམ་སྲོ ག་འཛིན་བཞིས་རིམ་པར་སྒྲུབ་དགོས་པའི་ཚུལ་གྱིས་ བསྟན་པས་དེ་ལྟར་ན་ཡན་ལག་དྲུག་གི་རྣལ་འབྱོར་བཤད་པ་ལ། སྟོང་གཟུགས་ཀྱི་ཕྱག་རྒྱ་ སྒྲུབ་བྱེད་ཀྱི་ཡན་ལག་དང༌། དེ་ལ་བརྟེན་ནས་མི་འགྱུར་བའི་བདེ་བ་དངོས་སུ་སྒྲུབ་བྱེད་ཀྱི་ ཡན་ལག་དང༌། དེ་ལས་དེ་བསྒྲུབ་ནས་གྲུབ་པའི་ཡན་ལག་ཏུ་བྱས་ནས་བཤད་ན་ལུགས་ འདིའི་ལམ་བགྲོད་ཚུལ་ལ་ངེས་པ་སྟེར་རོ། ། ཀུན་མཁྱེན་ཕྱོགས་རྒྱལ་བས་བསྙེན་སྒྲུབ་བཞི་དང༌། རྡོ་རྗེ་བཞིའི་རྣལ་འབྱོར་དུ་བསྡུས་ ནས་སྐུ་རྡོ་རྗེའི་རྣལ་འབྱོར་སོར་བསམ་གཉིས་ལ་ཐོག་མར་དགེ་བ། གསུང་རྡོ་རྗེའི་རྣལ་ འབྱོར་སྲོ ག་འཛིན་གཉིས་ལ་བར་དུ་དགེ་བ་དང༌། ཐུགས་རྡོ་རྗེའི་རྣལ་འབྱོར་རྗེས་དྲན་དང༌། 4-1-93 ཡེ་ཤེས་རྡོ་རྗེའི་རྣལ་འབྱོར་ཏིང་ངེ་འཛིན་གཉིས་ཀ་ཐ་མར་དགེ་བ་ཞེས་མཛད་ནས་ས་བཅད་ གསུམ་དུ་བྱས་པ་བཞིན་རྗེ་བཙུན་རིན་པོ་ཆེས་ཀྱང་མཛད་པ་ལྟར་སྐབས་འདིར་ཡང་འཆད་ པར་བྱ་བ་སྟེ། དེ་ལ་སྐུ་རྡོ་རྗེའི་རྣལ་འབྱོར་ཐོག་མར་དགེ་བ་དང༌། གསུང་རྡོ་རྗེའི་རྣལ་འབྱོར་ བར་དུ་དགེ་བ་དང༌། ཐུགས་དང་ཡེ་ཤེས་རྡོ་རྗེའི་རྣལ་འབྱོར་ཐ་མར་དགེ་བའི་རྫོགས་རིམ་ དང་གསུམ་ལས། དང་པོ་ལ་སྟོང་གཟུགས་གསར་དུ་སྒྲུབ་བྱེད་སོར་སྡུད་དང༌། དེ་གྲུབ་པ་བརྟན་བྱེད་ བསམ་གཏན་གྱི་ཡན་ལག་དང་གཉིས་ལས། དང་པོ་ལ། སོར་སྡུད་ཀྱི་ངོ་བོ། སོར་སྡུད་ཀྱི་སྒྲ་བཤད། སོར་སྡུད་སྒོམ་པའི་དུས་མཚམས། སོར་སྡུད་ཇི་ལྟར་སྒོམ་ཚུལ། སོར་སྡུད་སྒོམ་ནས་གྲུབ་པའི་ཚད། སོར་སྡུད་གྲུབ་པ་ མཐར་ཕྱིན་པའི་ཚད། སོར་སྡུད་སྒོམ་པའི་མྱོང་རྟགས་བྱེ་བྲག་ཏུ་བཤད་པ། སོར་སྡུད་ཚད་མ་ གང་ཡིན། སོར་སྡུད་ཀྱི་དག་བྱ་དག་བྱེད་ཀྱི་དབྱེ་བ། སོར་སྡུད་ཀྱིས་ཐོབ་པའི་འབྲས་བུ་དང་ བཅུ་ལས། དང་པོ་ནི། མི་གཡོ་གསུམ་ལྡན་གྱིས་རླུང་བཅུའི་ཆ་ཤས་ཅི་རིགས་དབུ་མར་ཐིམ་པ་ལས་ བྱུང་བའི་སྟོང་གཟུགས་མཐོང་བཞིན་པའི་ངང་ནས་ཆེད་དུ་སྟོང་གཟུགས་ལ་སེམས་བསྲེ་བ་ མིན་པར་རང་བབས་རྩེ་གཅིག་ཏུ་བཞག་པའི་མི་རྟོག་པའི་ཡེ་ཤེས་དེའོ། ། གཉིས་པ་དེའི་སྒྲ་བཤད་ནི། དེ་འདྲའི་ཡེ་ཤེས་དེ་ཕྱིའི་དབང་ཤེས་ཡུལ་ལྔ་ལ་འཇུག་བྱེད་ ཀྱི་རླུང་ངྷཱུ་ཏཱིར་འགག་པར་བྱེད་པའི་སྒོ་ནས་སྟོང་གཟུགས་ཀྱི་གཟུགས་སྒྲ་སོགས་ལྔ་ལ་ནང་ ཡེ་ཤེས་ཀྱིས་ལོངས་སྤྱོད་པར་བྱེད་པ་ཡིན་པའི་རྒྱུ་མཚན་གྱིས་སོར་སྡུད་ཅེས་བརྗོད་པ་སྟེ། འདིའི་སྐད་དོད་པྲཏྱཱ་ཧ་རཿསྟེ་སོ་སོར་ཕྲལ་བའི་པྲ་ཏི་སོ་སོ་དང༌། ཨཱ་ཧ་ར་སྐབས་ཐོབ་ཀྱི་སྡུད་ པ་ཟ་བ་སོགས་ལ་འཇུག་པས་སོ། ། 4-1-94 གསུམ་པ་དེ་སྒོམ་པའི་དུས་མཚམས་ནི། ལས་དང་པོ་བས་རླུང་སྣ་བུག་གཡོན་ནས་ གཡས་སུ་འཕོས་མ་ཐག་ཏུ་ས་རླུང་རྒྱུ་བའི་དུས་ཚད་དང་སྤྲད་ནས། རླུང་སྡུད་ཕྱིར་སོར་སྡུད་ ཐོག་མར་སྒོམ་ན། མ་དག་པའི་ལས་རླུང་མཐའ་དག་དབུ་མའི་དབྱིངས་སུ་ཡལ་བའི་རྟེན་ འབྲེ ལ་ཁྱད་པར་ཅན་འགྲིགས་པའོ། ། བཞི་པ་དེ་ཇི་ལྟར་སྒོམ་ཚུལ་ལ། རྣལ་འབྱོར་གཉིས་ཀྱི་ཁུངས་དགོད་པ། གཉིས་ཀ་ དགོས་པའི་རྒྱུ་མཚན། སྒོམ་ཚུལ་དངོས་བཤད་པ་དང་གསུམ་ལས། དང་པོ་ནི། བསྡུས་རྒྱུད་ཕྱི་མ་ལས། མཚན་མོ་དུ་བ་ལ་སོགས་རྣལ་འབྱོར་སླར་ཡང་ཉིན་ མོ་ནམ་མཁའ་ལ་ནི་འབར་བ་ལ་སོགས་ཀྱང༌། །ཞེས་གསུངས་པའི་མཚན་མོ་སོགས་ཀྱིས་ མཚན་མོའི་རྣལ་འབྱོར་དང༌། སླར་ཡང་ཉིན་མོ་སོགས་ཀྱིས་ཉིན་མོའི་རྣལ་འབྱོར་གསལ་ བར་བསྟན་ཅིང༌། ཕྱག་རྡོར་སྟོད་འགྲེལ་ལས། སྒོམ་པ་འདི་ནི་བཅོམ་ལྡན་འདས་ཀྱིས་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ཡང་གསུངས་པ་འདི་ལྟ་སྟེ། ལྷ་རྣམས་ཀྱི་དབང་པོས། རབ་ འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་བྱེད་པ་དེས་ཇི་ལྟར་བསླབ་པར་བྱ། རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་གང་ནམ་མཁའ་ལ་རྣལ་འབྱོར་དུ་བྱེད་པ་དེ་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་བྱེད་པའོ། །གང་བླ་གབ་མེད་པ་ལ་རྣལ་འབྱོར་དུ་བྱེད་ པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་བྱེད་པའོ། །ཞེས་གསུངས་པའི་མདོའི་ ཐེག་པར་ཡང་ནམ་མཁའ་ལ་སོགས་ཀྱིས་མཚན་མོའི་རྣལ་འབྱོར་དགོས་པ་དང༌། བླ་གབ་ མེད་པ་ལ་སོགས་ཀྱིས་ཉིན་མོའི་རྣལ་འབྱོར་དགོས་པར་བསྟན་པའོ། ། གཉིས་པ་གཉིས་ཀ་དགོས་པའི་རྒྱུ་མཚན་ནི། མཚན་རྟགས་བཞི་དང་ཉིན་རྟགས་དྲུག་པོ་ ཐམས་ཅད་མུན་པ་དང༌། སྣང་བ་གང་ཡིན་ཀྱང་ནམ་འདོད་འདོད་དུ་འཆར་ཐུབ་པ་འོང་བའི་ ཕྱིར་དུ་ཐོག་མར་འཆར་ཟླ་བ་མུན་པ་ལ་མཚན་རྟགས་བཞི་འཆར་བ་བསླབས་ནས་དེ་རྗེས་ 4-1-95 སུ་འཆར་དཀར་བ་ཉིན་མོ་ལ་ཉིན་རྟགས་དྲུག་པོ་རིམ་གྱིས་འཆར་བར་བསླབས་པ་ན་དེ་ཡང་ མྱུར་དུ་འཆར་བའི་སྒོ་ནས་རྟགས་བཅུ་ཡོངས་རྫོགས་འདོད་དགུར་འཆར་ཐུབ་པ་ལ་ཡུན་རིང་ འགོར་མི་དགོས་པ་ནི་རྣལ་འབྱོར་གཉིས་ཀ་ལ་རིམ་གྱིས་ཇི་ལྟར་འཚམས་པར་སྒོམ་པ་རག་ ལས་པའོ། ། གསུམ་པ་སྒོམ་ཚུལ་དངོས་ལ་བཤད་པ་ལ། སྒོམ་པའི་གནས། ལུས་གནད། ལྟ་སྟངས། དམིགས་པ་གང་ལ་གཏོད་པ། ཇི་ལྟར་སྒོམ་ཚུལ་དང་ལྔ་ལས། དང་པོ་ནི། མཚན་མོའི་རྣལ་འབྱོར་སྒོམ་པའི་མུན་ཁང་དང༌། ཉིན་མོའི་རྣལ་འབྱོར་སྒོམ་ པ་གནས་གཞི་མཐོ་ལ་མཐར་ར་བས་བསྐོ ར་བས་གཞན་གྱིས་མི་མཐོང་བའི་གནས་སོ། ། གཉིས་པ་ལུས་གནད་ནི། འཇམ་དཔལ་གྱིས་མཛད་པའི་རྣལ་འབྱོར་གྱི་དོན་གྱི་སྙིང་པོ་ ལས། བྱེད་པ་ལྔ་ལ་བཅིངས་པ་གཉིས། །བླ་མའི་ཞལ་ལས་ཤེས་པར་བྱ། །ཞེས་གསུངས་པ་ ལྟར་འཇུག་ཤེས་ཕྱིར་གཟུགས་སོགས་ལ་འཇུག་པར་བྱེད་པ་ལྔ་པོ་ཇི་ལྟར་འཆིང་བ་ནི། སྟེང་ གི་སྲོག་དང་འོག་གི་ཐུར་སེལ་བཅིངས་པའི་སྒོ་ནས་འཆིང་བར་བྱེད་པའི་འཆུན་ཆེ་བའི་ལུས་ གནད་བྱ་བའོ། ། གསུམ་པ་མིག་གི་ལྟ་སྟངས་ནི། བསྡུས་རྒྱུད་ལས། འཁོར་ལོ་ཅན་གྱི་ཁྲོ་བོའི་ལྟ་བས་སོ། །ཞེས་དང༌། ཁྱད་པར་ཉིན་མོའི་རྣལ་འབྱོར་ལ། ཡང་དེ་ཉིད་ལས། བགྲད་པའི་མིག་གིས་བལྟ་ བར་བྱ་བ་སྟེ། །ཞེས་སོགས་གསུངས་པས་ལུང་སྔ་མས་མཚན་མོའི་རྣལ་འབྱོར་ལ་གཙུག་ཏོར་ འཁོར་བསྒྱུར་གྱིས་ལྟ་སྟངས་དང༌། ལུང་ཕྱི་མ་ལས། ཉིན་མོའི་རྣལ་འབྱོར་ལ་མིག་གདངས་ ཏེ་འབྲུ་ཚུགས་སུ་བལྟ་དགོས་པར་བསྟན་པའོ། ། བཞི་པ་དམིགས་པ་གང་ལ་གཏོད་པ་ནི། རྩ་རྒྱུད་ལས། ཨ་ཝ་ངྷཱུ་ཏཱི་མི་ཡི་སྣ། །ཞེས་དང༌། སྣ་དེ་ཡི་ནི་ཕྱོགས་སུ་ཡང༌། །གང་ཞིག་ཁོ་ནར་ཡིད་བཀོད་པ། །ཞེས་སོགས་གསུངས་པས་ 4-1-96 དབུ་མ་ལ་སེམས་གཏད་པ་ཙམ་བསྟན། དེ་ཡང་འགྲེལ་ཆེན་ལས། དེའི་ལྟ་བ་བདུད་རྩིའི་ གནས་སུ་སོན་པ་སྟེ་དཔྲལ་བར་སོན་པའོ། །ཞེས་པས་དཔྲལ་བའི་དབུ་མ་ཡིན་པར་གསུངས། རི་གི་ཨ་ར་ལི་ལས། སྨིན་མའི་དབུས་སུ་སེམས་གཏད་དེ། །ཞེས་པས་དཔྲལ་བའི་དབུ་མ་ ཡང་སྨིན་མཚམས་ཀྱི་དབུ་མ་ལ་ངོས་འཛིན་དགོས་པར་གསུངས་པ་དང༌། གཞན་ཡང་བསྡུས་ རྒྱུད་ལས། རྡོ་རྗེའི་ལམ་དུ་རབ་ཏུ་ཞུགས་པ་ཡིས། །ཞེས་པའི་དོན་འགྲེལ་ཆེན་གྱིས་འཆད་པ་ ན། རྡོ་རྗེ་ཞེས་པ་དབུ་མར་སྲོ ག་རབ་ཏུ་ཞུགས་པ་ལས་དུ་སོགས་ཀྱི་མཚན་མ་རྣམས་འབྱུང་ བར་འགྱུར་ཏེ། ཞེས་སོགས་གསུངས་པས་ན། འདིར་དབུ་ུམ་ལ་སེམས་གཏད་ནས་བསྒོམ་ དགོས་པར་གྲུབ་ཅིང༌། དེ་ཡང་མཁས་མཆོག་གཞན་གྱིས་ལུང་དེ་དག་གི་དོན་གུང་བསྒྲིགས་ ནས་སྨིན་མཚམས་སུ་དབུ་མའི་ཡས་སྣ་ཟུག་པའི་ནང་ཁོང་སྟོང་པ་ལ་ཡིད་མིག་རླུང་གསུམ་ གཏད་དེ་བྱིང་རྒོད་དང་བྲལ་བར་རྩེ་གཅིག་ཏུ་འཇོག་པར་བཞེད། རང་ལུགས་རྗེ་བཙུན་ཆེན་ པོས་ནི། མཁའ་རླུང་ནང་དུ་སྨིན་མཚམས་སུ་འོང་བའི་མཚམས་སོར་བཅུ་དྲུག་གི་ནམ་མཁར་ སེམས་བཞག་ནས་འཛིན་གཏད་ཀུན་དང་བྲལ་བའི་མི་རྟོག་པ་སྒོམ་པས་རླུང་བེམ་རྫས་ཀྱི་ དབུ་མར་ཞུགས། དེ་ལ་བརྟེན་ནས་ཡེ་ཤེས་ཀྱི་དབུ་མ་མི་རྟོག་པའི་གནས་ཆ་ལ་འཇུག་པར་ འགྱུར་བས་འཇུག་པ་གཅིག་པའི་རླུང་སེམས་གཉིས་ནི་རང་ས་རྫས་ཀྱི་དབུ་མ་ལ་བརྒྱུད་ནས་ ཕྲ་བ་ཡེ་ཤེས་ཀྱི་དབུ་མར་ཐིམ་དགོས་ཕྱིར་དབུ་མ་ཕྲ་རགས་ཀུན་ལ་སེམས་གཏོད་པར་སོང་ བས་ན་རྒྱུད་ལས་ཀྱང་དེ་ལྟར་གསུངས་པ་ཡིན་པར་བཞེད་པའོ། ། ལྔ་པ་རྣལ་འབྱོར་གཉིས་ཇི་ལྟར་བསྒོམ་ཚུལ་ནི། མཁས་མཆོག་གཞན་གྱི་གོང་ལྟར་དབུ་ མ་ལ་སེམས་གཏད་ནས་རྩེ་གཅིག་ཏུ་སྒོམ་པར་འདོད་ཅིང་རང་ལུགས་ལ་ཐོག་མར་སོར་བཅུ་ དྲུག་གི་ནམ་མཁར་སེམས་བཞག་ཏེ་རིག་པ་རང་གི་ངོ་བོ་ལ་རང་བབས་ཤུགས་འབྱུང་གི་ངང་ ནས་འཛིན་གཏད་ཀྱི་ཆ་ཕྲ་མོས་གོས་པ་མེད་པར་བློས་བྱས་མཐའ་དག་རང་དྭངས་སུ་སོང་ 4-1-97 བའི་གནས་ལུགས་མི་རྟོག་པ་ལ་མཉམ་པར་འཇོག་དགོས་པར་བཞེད་ལ། དེ་ཡང་མཁས་ མཆོག་གཞན་གྱིས་སྤྱིར་འཁོར་བའི་རྩ་བ་བདེན་འཛིན་དང་དམིགས་པ་གཅིག་ལ་དམིགས་ ནས་འཛིན་སྟངས་དངོས་འགལ་དུ་ཞུགས་པའི་གཉིས་མེད་ཡེ་ཤེས་དེ་ཉིད་འཁོར་རྩའི་དངོས་ གཉེན་དུ་ལུང་རིགས་ཀྱིས་བསྒྲུབ་ནས་འཇོག་ལ། རང་ལུགས་ལ་འཁོར་བའི་རྩ་བ་བློས་ བྱས་ཀྱི་རྣམ་པར་རྟོག་པ་ཐམས་ཅད་མ་བཅོས་སོ་མ་རང་ཤར་གྱི་ངང་དུ་འབད་རྩོལ་མེད་ པར་དྭངས་པའི་སོ་སོར་རང་རིག་པའི་ཡེ་ཤེས་སྤྲོས་བྲལ་མི་རྟོག་པ་ཁོ་ན་འཁོར་རྩའི་དངོས་ གཉེན་དུ་ལུང་དང་རིགས་པ་དུ་མས་བསྒྲུབས་ནས་འཇོག་པ་ཡིན་ནོ། ། ལྔ་པ་སོར་སྡུད་བསྒོམས་ནས་གྲུབ་པའི་ས་མཚམས་ནི། དེ་ལྟར་བྱེད་བཅིང་གི་གནད་ དང་བཅས་ཏེ་མི་གཡོ་གསུམ་ལྡན་གྱིས་རྣམ་པར་མི་རྟོག་པ་བསྒོམས་པས་རླུང་བཅུའི་ཆ་ཤས་ རགས་པ་ཅུང་ཙམ་གཙུག་ཏོར་གྱི་དབུ་མར་ཞུགས་ནས་ཐིམ་པར་གྱུར་ཏེ་རྟགས་གོ་རིམ་ངེས་ ཅན་དུ་འཆར་བའི་གཞི་ཚུགས་ནས་གཡས་ཀྱི་ས་རླུང་རགས་པ་ཐིམ་པའི་རྟགས་དུ་བ་གསར་ དུ་ཤར་བ་དང་སོར་སྡུད་ཀྱི་ཡེ་ཤེས་གྲུབ་པ་དུས་མཉམ་པའོ། །དེ་ནས་རིམ་པར་རྒྱུད་ཀྱི་ཚིག་ ཟིན་དང་ཀུན་མཁྱེན་ཕྱོགས་རྒྱལ་བའི་གསུངས་པ་ལྟར་ན་ཐིག་ལེ་སྔོན་པོའི་བར་གྱི་རྟགས་ བཅུ་དང༌། དེའི་དབུས་སུ་སངས་རྒྱས་ཀྱི་སྐུ་དང་རེ་ཁ་མཐོང་བ་རྣམས་ཀྱང་སོར་སྡུད་ཀྱི་ རྟགས་ཡིན་ལ། རྗེ་བཙུན་རིན་པོ་ཆེས་ཐིག་ལེའི་དབུས་སུ་སངས་རྒྱས་ཀྱི་སྐུ་མཐོང་བ་བསམ་ གཏན་གྱི་སྐབས་དང༌། རེ་ཁ་མཐོང་བ་བསམ་གཏན་མཐར་ཕྱིན་པའི་རྟགས་སུ་གསུངས་ ཀྱང༌། དེ་ནི་ཡན་ལག་འོག་མ་ལས་མཚན་ཉིད་པ་ལ་དགོངས་པའོ། །འདིའི་རྟགས་རྣམས་ ནི་ལས་རླུང་དབུ་མར་ཐིམ་པ་ལས་བྱུང་བ་ཞིག་དགོས་ཀྱི་ཐིམ་རྟགས་རང་ག་བས་མི་འོང་ ཞིང་ཐིམ་ཚུལ་ཡང་ཡན་ལག་ཐམས་ཅད་ཀྱི་སྐབས་སུ་རིམ་གྱིས་ཐིམ་སྟཻ་ཟད་པའོ། །འདིར་ ཐིམ་རྒྱུའི་རླུང་བཅུ་ཡང་གཞན་དག་གི་སྙིང་ཀའི་རྩ་བཅུ་ུལ་གནས་པའི་རླུང་ངོ་བོ་སོ་སོ་བ་བཅུ་ 4-1-98 དང༌། རང་ལུགས་ལ་ལྟེ ་བའི་གཡས་གཡོན་གྱི་དཀྱིལ་འཁོར་ལྔ་ལྔའི་རླུང་སྤྱིར་འབྱུང་འཇུག་ གི་ཆ་གཅིག་ཅིང་ཁྱིམ་རླུང་ངོ་བོ་སོ་སོ་བར་གནས་པའི་རླུང་བཅུ་པོ་ལ་ངོས་འཛིན་ཅིང༌། ཐིམ་ ཚུལ་ཡང་གཞན་ལུགས་ལ་སྐྱེད་རིམ་དང་རང་ལུགས་ལ་སྡུད་རིམ་ཡིན་ཞིང༌། ཁྱད་པར་རང་ ལུགས་ལ་མཚན་རྟགས་བཞི་བསམ་པ་དང་ཉིན་རྟགས་དྲུག་ལུས་ཀྱི་སྒོ་ནས་འཆར་ལ་དེ་ཡང་ གཡས་ཀྱི་མཁར་རླུང་ཡེ་ཤེས་ཀྱི་རིགས་ཡིན་པའོ། །ལུས་བསམ་ཡང་མིག་དབང་གཟུགས་ གཉིས་མེ་ཆུ། སྣ་དབང་དྲི་གཉིས་རླུང་ས། ལྕེ ་དབང་རོ་གཉིས་ཆུ་མེ། རྣ་དབང་སྒྲ་གཉིས་ མཁའ་ཡེ། ལུས་དབང་རེག་བྱ་གཉིས་ས་རླུང་གི་སྒོ་ནས་རིམ་པར་ལུས་བསམ་དུ་འགྲོ་བ་ སོགས་ཀྱིས་གཞན་དུ་མ་ལ་རིགས་འགྲེ་བར་བྱའོ། ། དྲུག་པ་སོར་སྡུད་གྲུབ་པ་མཐར་ཕྱིན་པའི་ཚད་ནི། སོར་སྡུད་འགྲུབ་པའི་ཆེད་དུ་རྣལ་ འབྱོར་གོམས་པར་བྱས་པས་ལས་རླུང་ཅི་རིགས་ངྷཱུ་ཏཱིར་ཚུད་ཅིང་དེར་ཐིམ་ནས་དུ་རྟགས་ འཆར་བ་ནས་རྟགས་བཅུ་ཡོངས་རྫོགས་ཤར་ཏེ་དེ་ཡང་གོ་རིམ་ངེས་ཅན་དུ་ནམ་འདོད་དུ་ འཆར་བ་ནའོ། །འདི་ཡང་ཐོག་མར་དགེ་བའི་སོར་སྡུད་མཐར་ཕྱིན་ཚད་ཡིན་གྱི་དེ་སྤྱིར་ ནི་སངས་རྒྱས་ཀྱི་སའི་བར་དུ་འགྲོ་ལ། རྟགས་སྣང་རྣམས་ཀྱང་དངོས་པོའི་གནས་ཚོད་ལ་ གཙུག་ཏོར་གྱི་དྷཱུ་ཏཱིར་སྣང་བ་ཡིན་ཀྱང་རྣལ་འབྱོར་པའི་སྣང་ངོར་ཕྱི་དོན་དུ་སྣང་བའོ། ། བདུན་པ་སོར་སྡུད་སྒོམ་པའི་མྱོང་རྟགས་ནི། དུ་རྟགས་ཁ་དོག་དང་དབྱིབས་སྣ་ཚོགས་ པའི་རྣམ་པ་དང༌། དེ་བཞིན་དུ་སྨིག་རྒྱུའི་རྣམ་པ་དང༌། མེ་ཁྱེར། མར་མེ་གཡོ་མེད་དུ་ུའབར་ བ་སྟེ་མཚན་རྟགས་བཞི་དང༌། སེར་པོ་འབར་བའི་རྣམ་པ་དང༌། དཀར་པོ་འབར་བ། དམར་ པོ་འབར་བ། ནག་པོ་འབར་བ། མཆོག་གི་ཆ་གློག་འཁྱུག་པ་ལྟ་བུ། ཐིག་ལེ་སྔོ ན་པོ་སྟེ་ཉིན་ རྟགས་དྲུག་དབྱིབས་དང་ཁ་དོག་མ་ངེས་པ་སྣ་ཚོགས་འཆར་ཞིང༌། གཞན་ཡང་ཡུལ་གྱི་སྣང་ བརྙན་གཅིག་ལ་ཡུད་ཙམ་དུ་མི་གཡོ་ལ། དེ་ནས་ཡལ་འགྲོ་ན་དུ་རྟགས་རགས་པ་དང༌། ཆ་ 4-1-99 ཤས་རགས་པ་ནས་གཡོ་ཞིང་སྐྱེ་འགགས་བྱེད་ནས་དུ་རྟགས་དངོས་དང་དེ་ཕྲ་མོ་ནས་གཡོ་ ན་སྨིག་རྒྱུའི་རྟགས་དང༌། འོད་དང་བཅས་པའི་སྐྱེ་འཇིག་ཡང་ཡང་བྱེད་ན་མེ་ཁྱེར་གྱི་རྟགས་ དང༌། འོད་བཅས་མི་གཡོ་ན་མར་མེའི་རྟགས་དང༌། དེ་དག་གཅིག་གིས་གཅིག་མི་བསྒྲིབས་ པར་དྭངས་གསལ་དུ་འདུས་ན་ནམ་མཁའི་རྟགས་སུ་ཤེས་དགོས་ཚུལ་རྗེ་བཙུན་རིན་པོ་ཆེའི་ སློབ་དཔོན་རྒྱ་གར་གྱི་པཎྜི་ཏས་གསུངས་པ་འདིའི་མཚོན་ཏེ་གཞན་དུ་མའི་ཡིན་ལུགས་མ་ འདྲེས་པར་བྱའོ། ། བརྒྱད་པ་སོར་སྡུད་ཚད་མ་གང་ཡིན་ནི། འདིར་མངོན་ཤེས་ཀྱི་ཡིད་མངོན་མ་ཐོབ་ཅིང༌། སྟོང་གཟུགས་ལ་སྒྲ་དོན་དང་བྲལ་བའི་སྒོ་ནས་གཟུགས་སོགས་དབང་ཤེས་ཀྱི་སྤྱོད་ཡུལ་དུ་ གྱུར་པ་བཞིན་སྒྲིབ་མེད་རྟོག་བྲལ་གྱི་ཡེ་ཤེས་ཡིན་པས་ན་དབང་མངོན་ཚད་མ་དང༌། གོང་ མའི་མངོན་ཤེས་མེད་པར་རི་བོ་སོགས་ཐོགས་མེད་དུ་མཐོང་བ་ལ་ཤའི་མིག་ཟེར་བ་ལྟར་ སོར་སྡུད་ཀྱི་ཡེ་ཤེས་ཀྱང་མངོན་ཤེས་མེད་པར་སྟོང་གཟུགས་དང་རང་གི་ངོ་བོ་མངོན་དུ་བྱེད་ པའི་ཡེ་ཤེས་ཡིན་ཕྱིར་ཤའི་སྤྱན་ནོ། ། དགུ་པ་སོར་སྡུད་ཀྱི་དག་བྱ་དག་བྱེད་ཀྱི་དབྱེ་བ་ལ། དག་བྱ་དང་དག་བྱེད་གཉིས་ལས་ དང་པོ་ནི། སོར་སྡུད་ཀྱིས་ཡེ་ཤེས་ཀྱི་ཕུང་པོ་གཞིའི་ཞུ་བདེ་དང༌། ཡེ་ཤེས་ཀྱི་ཁམས་ཞེས་ ཆགས་བདེའི་རྒྱུ་ལྟེ ་གསང་བའི་ཐིག་ལེ་དང༌། ཡིད་ཀྱི་དབང་པོ་དང༌། སྒྲའི་སྐྱེ་མཆེད་དང༌། མཆོག་གི་དབང་པོ་སྟེ་ཁུ་བ་འདོར་བྱེད་དང༌། དྲི་ཆུ་འདོར་བ་སྟེ་གཞིའི་ཡེ་ཤེས་ཀྱི་ཁམས་ དྲུག་བསྐྱེད་ནུས་ཀྱི་གསང་བའི་ཐིག་ལེ་བེམ་རྫས་དང་བཅས་པ་རང་དུས་སུ་དག་རུང་དུ་བྱས་ ཏེ་རིམ་པར་ཡན་ལག་ཕྱི་མ་རྣམས་དྲངས་ནས་མཐར་ཏིང་ངེ་འཛིན་གྱིས་དངོས་སུ་སྤོང་བར་ བྱེད་དགོས་པའི་རྒྱུ་མཚན་གྱིས་འདིར་གཞིའི་ཡེ་ཤེས་ཀྱི་ཁམས་དྲུག་སོར་སྡུད་ཀྱི་དག་བྱའོ། །དེས་ན་སོར་སྡུད་ནི་གཞིའི་ཡེ་ཤེས་ཀྱི་ཁམས་དྲུག་དག་བྱེད་ཡིན་པས་ཡེ་ཤེས་ཀྱི་རིགས་ 4-1-100 རྒྱལ་བའི་དབང་པོ་རྡོ་རྗེ་སེམས་དཔའི་རིགས་ཡིན་ཏེ། རྒྱུད་ལས། སོ་སོར་སྡུད་པ་རྒྱལ་བའི་ དབང་པོར་འགྱུར་ཞིང་རྣམ་པ་བཅུ་སྟེ། ཞེས་སོར་སྡུད་རྒྱལ་བའི་དབང་པོ་རྡོ་རྗེ་སེམས་དཔའི་ རིགས་དང་དབྱེ་ན་བཅུ་ཡོད་པར་བཤད་པའོ། །འདི་གཞན་དག་གིས་དཔྲལ་བའི་དབུ་མར་ སེམས་བཞག་ཏེ་དཔྲལ་བ་ལ་གནད་དུ་བསྣུན་པས་སད་པའི་གནས་སྐབས་བསྐྱེད་པའི་ཐིག་ ལེ་དག་པར་བྱེད་ཕྱིར་སྐུ་རྡོ་རྗེའི་རྣལ་འབྱོར་དང༌། སོར་སྡུད་ཀྱིས་མཐོང་བའི་སྟོང་གཟུགས་ ཏེ་ཡན་ལག་དྲུག་གི་སྟོང་གཟུགས་ཐམས་ཅད་ལ་ཁྱབ་བྱེད་ཡིན་པས་ཀུན་ལ་ཁྱབ་པའི་ཡེ་ ཤེས་ཀྱི་ཁམས་སུའང་བཞེད་དོ། ། གཉིས་པ་དག་བྱེད་ལ། གཉིས་དང་ལྔ་དང་བཅུར་དབྱེ་བ་གསུམ་ལས་དང་པོ་ནི། རྩ་རོ་ མ་འཆིང་བྱེད་མཚན་མོའི་རྣལ་འབྱོར་གྱི་སོར་སྡུད་དང༌། རྐྱང་མ་འཆིང་བྱེད་ཉིན་མོའི་རྣལ་ འབྱོར་གྱི་དེ་དང་གཉིས་སོ། ། གཉིས་པ་ནི། དུ་ུབ་སྨིག་སྒྱུ་མཁའ་སྣང་མར་མེ་ནམ་མཁའི་སྟོང་གཟུགས་དང་ལྔ་ལ་ མཉམ་པར་བཞག་པའི་སོར་སྡུད་ཀྱི་རྣལ་འབྱོར་ལྔའོ། ། གསུམ་པ་ནི། དུ་བ་ནས་ཐིག་ལེ་ཆེན་པོའི་བར་གྱི་སྟོང་གཟུགས་ཤར་བའི་སོར་སྡུད་ བཅུའོ། ། བཅུ་པ་སོར་སྡུད་ཀྱིས་ཐོབ་པའི་འབྲས་བུ་ལ། གནས་སྐབས་ཀྱི་འབྲས་བུ་བདེན་ཚིག་ འགྲུབ་པ་དང༌། མཐར་ཐུག་གི་འབྲས་བུ་ཡེ་ཤེས་ཀྱི་ཕུང་པོ་རྣམ་པར་དག་པ་རྡོ་རྗེ་སེམས་ དཔའ། ཡེ་ཤེས་ཁམས་རྣམ་པར་དག་པ་སྣ་ཚོགས་ཡུམ། ཡིད་ཀྱི་དབང་པོ་རྣམ་པར་དག་པ་ ཀུན་ཏུ་བཟང་པོ། སྒྲའི་སྐྱེ་མཆེད་རྣམ་པར་དག་པ་སྒྲ་རྡོ་རྗེ་མ། མཆོག་གི་དབང་པོ་རྣམ་པར་ དག་པ་གནོད་མཛེས་རྒྱལ་པོ། དྲི་ཆུ་འདོར་བ་རྣམ་པར་དག་པ་ཤིན་ཏུ་སྔོ ན་པོ་སྟེ་དྭངས་མའི་ ཡེ་ཤེས་ཀྱི་ཁམས་དྲུག་གི་ལྷའི་སྣང་བ་རབ་འབྱམས་གྲུབ་པ་ཡིན་ཞིང༌། དེ་ཡང་གཞན་ལྟར་ 4-1-101 ན། ལམ་སྒོམ་སྟོབས་ཀྱིས་གཞིའི་ཡེ་ཤེས་ཀྱི་ཁམས་དྲུག་དག་པའི་དག་འབྲས་སྔར་མེད་ གསར་དུ་རྣམ་པ་ཐམས་ཅད་པར་གྲུབ་པ་ཡིན་ལ། རང་ལུགས་ལ་གཞིའི་གནས་སྐབས་སུ་ རྡོ་རྗེ་སེམས་དཔའ་སོགས་ཡེ་ཤེས་ཀྱི་ཁམས་དྲུག་གི་དཀྱིལ་འཁོར་དོན་དམ་ཆོས་ཉིད་ཀྱི་ ཚུལ་དུ་གཞི་འབྲས་དབྱེར་མེད་དུ་ཡེ་གདོད་མ་ནས་བཞུགས་པའི་རང་མདངས་དེ་ཉིད་རིམ་ ཅན་དུ་ལམ་སྒོམ་པའི་སྟོབས་ཀྱིས་མངོན་དུ་གྱུར་པར་བཞེད་པའོ། །དེས་སོར་སྡུད་ཀྱི་རིམ་པ་ རྫོགས་སོ། ། གཉིས་པ་སྟོང་གཟུགས་གྲུབ་པ་བརྟན་བྱེད་བསམ་གཏན་གྱི་ཡན་ལག་ལའང༌། བསམ་ གཏན་གྱི་ངོ་བོ། བསམ་གཏན་གྱི་སྒྲ་བཤད། བསམ་གཏན་སྒོམ་པའི་དུས་མཚམས། བསམ་ གཏན་ཇི་ལྟར་སྒོམ་པའི་ཚུལ། བསམ་གཏན་སྒོམ་ནས་གྲུབ་པའི་མཚམས། བསམ་གཏན་ མཐར་ཕྱིན་པའི་ཚད། བསམ་གཏན་སྒོམ་པའི་མྱོང་རྟགས་བྱེ་བྲག་ཏུ་བཤད་པ། བསམ་ གཏན་ཚད་མ་གང་ཡིན། བསམ་གཏན་གྱིས་དག་བྱ་དག་བྱེད་ཀྱི་དབྱེ་བ། བསམ་གཏན་ཐོབ་ པའི་འབྲས་བུ་དང་བཅུའོ། ། དང་པོ་ནི། ནམ་འདོད་དུ་རྟགས་བཅུ་རྫོགས་པར་འཆར་བའི་དུས་སུ་སྟོང་གཟུགས་དང་ རང་སེམས་བསྲེས་པ་དང་འདྲེས་པ་གང་རུང་གི་སྒོ་ནས་སྟོང་གཟུགས་ལ་རྩེ་གཅིག་པའི་མི་ རྟོག་པའི་ཡེ་ཤེས་དེ་བསམ་གཏན་གྱི་ངོ་བོ་ཡིན་ལ། དེ་ཡང་ཐོག་མར་སྟོང་གཟུགས་རང་གི་ སེམས་ཡིན་པར་མི་ངེས་ཀྱང་སྟོང་གཟུགས་སེམས་གཉིས་འོ་ཆུ་བཞིན་གཅིག་ཏུ་འདྲེས་པར་ སྣང་བའི་ཡེ་ཤེས་ནི་ཡན་ལག་དང་པོ་ཤེས་རབ་ཡིན་པ་སོགས་འོག་ཏུ་འཆད་འགྱུར་ལྟར་ ཡན་ལག་ལྔ་རིམ་ཅན་ཏུ་སྐྱེ་བ་ཡིན་ལ། འདི་སྐབས་གཞན་ལྟར་ན་སྟོང་གཟུགས་མཐོང་ བཞིན་བདེན་མེད་ལ་ངེས་པ་མ་བྲལ་བའི་ངང་ནས་དང༌། རང་ལུགས་ལ་བཅོས་མ་ཀུན་བྲལ་ གྱི་མི་རྟོག་པ་ལ་མཉམ་པར་འཇོག་པ་ཡིན་ནོ། ། 4-1-102 གཉིས་པ་བསམ་གཏན་གྱི་སྒྲ་བཤད་ནི། སྟོང་གཟུགས་རང་སེམས་འདྲེས་པར་སྣང་བའི་ ཡན་ལག་གཉིས་པའི་ཡེ་ཤེས་ལ་བསམ་གཏན་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། བསམ་ གཏན་གྱི་སྐད་དོད་དྷྱ་ནཾ་ཞེས་པ་སེམས་པར་བྱེད་པ་སྟེ་དམིགས་པ་ལ་གཡོ་མེད་དུ་སེམས་ པར་བྱེད་པས་ན་སྤྱིར་བསམ་གཏན་དང་སྐབས་འདིར་སོར་སྡུད་ཀྱིས་བསྒྲུབ་པའི་དམིགས་ པ་སྟོང་གཟུགས་དང་རང་སེམས་འདྲེས་པ་དེ་ལས་གཞན་ཏུ་མི་གཡོ་བར་སེམས་པར་བྱེད་ པས་ན་བསམ་གཏན་ཞེས་བརྗོད་པའི་ཕྱིར། གསུམ་པ་བསམ་གཏན་སྒོམ་པའི་དུས་མཚམས་ནི། ནམ་འདོད་འདོད་དུ་རྟགས་བཅུ་ རྫོགས་པར་འཆར་བའི་སྐབས་སུ་བསམ་གཏན་གྱི་ཡན་ལག་བསྒོམ་པ་ལ་འཇུག་པའོ། ། བཞི་པ་བསམ་གཏན་ཇི་ལྟར་སྒོམ་ཚུལ་ནི། སོར་སྡུད་སྐབས་ནས་ཤར་བའི་རྟགས་བཅུ་ དང་ཁྱད་པར་ཐིག་ལེ་སྔོན་པོའི་དབུས་སུ་སྣ་ཚོགས་གཟུགས་བརྙན་མཐོང་བ་ལ་རང་གི་ སེམས་ཞུགས་པར་བྱས་ཏེ་ཆེད་དུ་བསྲེ ས་པ་དང་འདྲེས་པ་གང་རུང་གི་སྒོ་ནས་སྒོམ་པའོ། ། ལྔ་པ་བསམ་གཏན་སྒོམ་ནས་གྲུབ་པའི་ཚད་ནི། བསམ་གཏན་གྱི་ཡན་ལག་ཙམ་དང༌། དེའི་ཁྱད་ཆོས་ཡན་ལག་ལྔ་རིམ་གྱིས་གྲུབ་པའི་ཚད་གཉིས་ལས། དང་པོ་ནི། གོང་ལྟར་སྒོམ་ པས་རང་སེམས་དང་སྟོང་གཟུགས་གཉིས་རོ་གཅིག་ཏུ་འདྲེས་པའི་སྣང་བ་ཤར་བ་ན་བསམ་ གཏན་གྱི་ངོ་བོ་གསར་དུ་གྲུབ་པའོ། ། གཉིས་པ་ནི། སྟོང་གཟུགས་སེམས་ཡིན་པར་མ་ངེས་ཀྱང་གཟུགས་སེམས་དབྱེར་མེད་ དུ་སྣང་བའི་ཤེས་རབ་ཀྱི་ཡན་ལག་སྐྱེས། དེ་ནས་སྟོང་གཟུགས་སེམས་ཡིན་པར་ཐག་ཆོད་ པའི་རྟོགས་པའི་ཡན་ལག སེམས་ལས་གཞན་པའི་སྟོང་གཟུགས་མེད་པར་ངེས་པར་དཔྱོད་ པའི་ཡན་ལག སེམས་དང་གཅིག་ཏུ་སྣང་རྒྱུའི་སྟོང་གཟུགས་ལ་དམིགས་པའི་རྐྱེན་གྱིས་ ལུས་སེམས་ཤིན་སྦྱངས་དང་མཚུངས་པའི་བདེ་བ་བློའི་ཟུར་ཆའི་ཆགས་པའི་ངད་ཤུགས་ 4-1-103 ཅན་གྱི་དགའ་བའི་ཡན་ལག སྟོང་གཟུགས་བདེ་བའི་ངོ་བོར་སྣང་བ་ལ་ཆགས་པའི་ཟུར་ཆ་ མཐའ་དག་དང་བྲལ་བ་ཤིན་སྦྱངས་ཁྱད་པར་ཅན་དང་མཚུངས་པའི་གཡོ་མེད་བདེ་བའི་ཡན་ ལག་རྣམས་རིམ་ཅན་དུ་སྐྱེ་ལ། དེ་ལས་དགའ་བདེ་གཉིས་ལ་རིམ་པར་བདེ་བ་ལ་ཆགས་ རྟོག་གིས་རང་དང་ཐ་དད་དུ་དམིགས་པ་དང་ཆགས་པ་མེད་པར་ཐ་མི་དད་ཁོ་ནར་སྣང་བས་ ན་ཕྱི་དང་ནང་ལ་དམིགས་པའི་ཐ་སྙད་སྦྱར་བའོ། །འདི་ནི་གཞན་ལྟར་ན། གཟུགས་སེམས་ འབྲེ ལ་མེད་ཀྱི་སྣང་བ་ལོག་ནས་གཅིག་ཏུ་འདྲེས་པར་སྣང་བ་ཤེས་རབ་དང༌། སྟོང་གཟུགས་ རགས་པ་དང་ཕྲ་མོ་རྟོགས་པ་གཉིས་ལ་རིམ་པར་རྟོགས་དཔྱོད་གཉིས་དང༌། སྟོང་གཟུགས་ དམིགས་པ་ལ་བརྟེན་ནས་སེམས་ཤིན་སྦྱངས་དང་མཐུན་པའི་ཡིད་ཤེས་འཁོར་གྱི་ཚོར་བདེ་ དང་ལུས་ཤིན་སྦྱངས་དང་མཐུན་པའི་དབང་ཤེས་འཁོར་གྱི་ཚོར་བདེ་གཉིས་རིམ་པར་དགའ་ བདེའི་ཡན་ལག་ཏུ་བཞེད་དོ། ། དྲུག་པ་བསམ་གཏན་མཐར་ཕྱིན་པའི་ཚད་ནི། དེ་འདྲའི་ཡན་ལག་ལྔ་ཀ་རིམ་པས་སྐྱེས་ ཏེ་རྟགས་གཅིག་ལྡན་ནས་དགུ་ལྡན་གྱི་ཐིག་ལེ་མཐོང་ཞིང་དེ་དག་ཆ་ཤིན་ཏུ་ཕྲ་བར་གྱུར་ ནས་གཉིས་སྣང་ཕྲ་མོས་གོས་པ་མེད་པར་སེམས་དང་རོ་གཅིག་ཏུ་ངེས་པས་སེམས་ནམ་ཡོད་ ཀྱི་བར་དུ་སྟོང་གཟུགས་ཀྱང་ཡོད་པ་ན་བསམ་གཏན་གྱི་སྟོང་གཟུགས་ལ་བརྟན་པ་ཐོབ་པའི་ ཚད་ཡིན་པས་དེ་དུས་སུ་ཡན་ལག་གཉིས་པ་མཐར་ཕྱིན་པའོ། །འདི་གཞན་ལྟར་ན་རེ་ཁའི་ དབུས་ཀྱི་སྟོང་གཟུགས་ཀྱི་སྐུ་ུལ་ང་རྒྱལ་ཐོབ་ཅིང་རེག་མཐོང་གི་མཚན་མ་རྙེད་པ་ན་འདོད་ དོ། ། བདུན་པ་སྒོམ་པའི་མྱོང་རྟགས་བྱེ་བྲག་ཏུ་བཤད་པ་ནི། ཡན་ལག་དང་པོ་གཉིས་ཀྱི་ སྐབས་སུ་རྟགས་བཅུ་རིམ་གྱིས་ཤར་བའི་རྣམ་པ་སྣ་ཚོགས་གཟུགས་བརྙན་དང་བཅས་པའི་ བར་དང༌། ཡན་ལག་གསུམ་པ་མན་ཆད་ནས་ཐིག་ལེ་སྔོ ན་པོའི་དབུས་སུ་དུ་རྟགས་ཤར་བ་ 4-1-104 གཅིག་ལྡན་ནས་དགུ་ལྡན་གྱི་བར་ཤར་ཞིང༌། རྟགས་དེ་དག་ཀྱང་ཐོག་མར་ཆེར་མི་གསལ་ ཞིང༌། བར་དུ་གསལ་ཡང་རགས་པར་སྣང་བ་དང༌། མཐར་ཤིན་ཏུ་གསལ་ཞིང་ཕྲ་བར་གྱུར་ ཏེ། འོད་འཕྲོ་བ། ཕྲ་བ། འཚེར་བ། འདར་བ། གཞིག་དཀའ་བ་སྟེ་ཁྱད་ཆོས་ལྔ་ལྡན་དུ་འཆར་ རོ། །བསམ་གཏན་མཐར་ཕྱིན་པའི་དུས་སུ་ཐིག་ལེའི་ནང་དུ་ལོངས་སྐུ་ངེས་པ་གསུམ་ལྡན་ སྟེ། ཡུལ་ངེས་པ་ཐིག་ལེའི་དབུས་དང༌། དུས་ངེས་པ་མཉམ་རྗེས་ཀུན་དང༌། རྣམ་པ་ངེས་པ་ མཚན་དཔེ་ཡོངས་སུ་རྫོགས་པའོ། ། བརྒྱད་པ་བསམ་གཏན་ཚད་མ་གང་ཡིན་ནི། སེམས་དང་དབྱེར་མེད་ཀྱི་སྟོང་གཟུགས་ ཕྱི་རོལ་དུ་མཐོང་བའི་ཆ་ནས་དབང་མངོན་ཚད་མ་དང༌། བསམ་གཏན་གྱི་མཐར་ནས་མངོན་ ཤེས་འགྲུབ་པའི་ཡེ་ཤེས་ཀྱིས་སྟོང་གཟུགས་དང་རང་གི་ངོ་བོ་མངོན་སུམ་དུ་རྟོགས་ཕྱིར་ལྷའི་ སྤྱན་ནོ། ། དགུ་པ་བསམ་གཏན་གྱི་དག་བྱ་དག་བྱེད་ཀྱི་དབྱེ་བ་ལ། དག་བྱ་དང༌། དག་བྱེད་གཉིས་ ལས། དང་པོ་ནི། བསམ་གཏན་གྱི་དག་བྱ་གཞིའི་རྣམ་ཤེས་ཀྱི་ཕུང་པོ། རྣ་བའི་དབང་པོ། ཆོས་ཀྱི་སྐྱེ་མཆེད། ནམ་མཁའི་ཁམས། གསང་བའི་དབང་པོ། ཁུ་ུབ་འདོར་བའི་བྱ་བ་སྟེ་ནམ་ མཁའི་ཁམས་ཀྱི་རིགས་དྲུག་དག་པར་བྱེད་ཅིང༌། བསམ་གཏན་གྱི་མཐར་ཐིག་ལེའི་དབུས་ སུ་ལོངས་སྐུ་མཐོང་བ་ནི་ལུས་ཡེ་ཤེས་བསམ་པ་མཁའ་ཁམས་ཀྱི་རྟགས་ཤར་བ་ཡིན་ལ། དེ་ འདྲའི་མཁའ་ཁམས་ཀྱི་རྟགས་མཐོང་བའི་ཡེ་ཤེས་ཡིན་པའི་ཆ་ནས་ཡང་བསམ་གཏན་གྱི་ ཡེ་ཤེས་མཁའ་ཁམས་མི་བསྐྱོད་པའི་རིགས་སུ་འཇོག་པ་དང༌། དེ་ལྟར་ན་གོང་སོར་སྡུད་ཀྱི་ སྐབས་སུའང་རྟགས་བཅུའི་ཐ་མ་ཐིག་ལེའི་ནང་གི་སྣ་ཚོགས་གཟུགས་བརྙན་ནི། འོག་གི་ མཁའ་རླུང་ཡེ་ཤེས་ཀྱི་རང་བཞིན་ཤུགས་ཆེ་བ་ཐིམ་རྟགས་ཡིན་པས་དེ་མཐོང་གི་ཆ་ནས་ སོར་སྡུད་ཡེ་ཤེས་ཀྱི་ཁམས་རྒྱལ་བའི་དབང་པོའི་རིགས་སུའང་འཇོག་པའོ། ། 4-1-105 གཉིས་པ་དག་བྱེད་ལ་དབྱེ་ན་དུ་མ་ཡོད་དོ། །བསམ་གཏན་གྱི་ཡེ་ཤེས་གཅིག་ལ་རོ་ མའི་ཆོས་གཟུང་ཆ་དག་བྱེད་དང༌། རྐྱང་མའི་ཆོས་འཛིན་ཆ་དག་བྱེད་ཀྱི་བསམ་གཏན་གཉིས་ དང༌། ཐིག་ལེའི་དབུས་སུ་ས་རླུང་ཐིམ་རྟགས་སུ་སྣང་བ་རབ་འབྱམས་ཤར་བའི་བསམ་ གཏན་ནས་མར་མེ་འབར་བའི་བར་དང༌། མཁའ་རླུང་ཐིམ་རྟགས་སྤྲིན་མེད་ཀྱི་སྣང་བ་རབ་ འབྱམས་ཤར་བའི་བསམ་གཏན་དང་ལྔ། བསམ་གཏན་ལ་ཤེས་རབ་རྟོགས་དཔྱོད་དགའ་ བདེ་ལྔ་དང༌། དེ་ལྔའི་ཡུལ་གྱི་སྟོང་གཟུགས་ལྔ་དང་བཅུར་དབྱེ་ཚུལ་དང་གསུམ་ཡོད། ཕྱི་མ་ འདི་གཞན་ལྟར་ན་སྒྲས་བརྗོད་རིགས་ཀྱི་དབྱེ་བ་ཙམ་དུ་འདོད་ཀྱང་རང་ལུགས་ལ་དབྱེ་བ་ མཚན་ཉིད་པར་བཞེད། སོར་སྡུད་ཀྱིས་མཐོང་བའི་སྟོང་གཟུགས་རྣམས་ཀྱི་ཆ་ནས་སོར་སྡུད་ ལ་དབྱེ་བར་མཛད་པ་ནི་རྣལ་འབྱོར་པས་སྣང་ཚུལ་གྱི་དབང་གིས་སོ། །གཞན་ཡང་བསམ་ གཏན་གྱི་ཡན་ལག་དང་པོ་གཉིས་དང༌། གསུམ་པ་མན་ཆད་ལ་སྣ་ཚོགས་གཟུགས་ཀྱིས་ བརྒྱན་པའི་ཐིག་ལེའི་དབུས་སུ་དུ་རྟགས་ཤར་བ་ནས་མཆོག་གི་ཆའི་བར་གྱི་བསམ་གཏན་ དགུ་དང༌། ཐིག་ལེར་རྟགས་བཅུ་ཡོངས་རྫོགས་ཤར་བའི་བསམ་གཏན་དང༌། ཐིག་ལེ་འཕེལ་ འགྲིབ་བྱེད་པའི་བསམ་གཏན་དང༌། ཐིག་ལེའི་དབུས་སུ་སྐུ་མཐོང་བའི་བསམ་གཏན་དང༌། རེ་ཁ་རྗེས་མཐུན་མཐོང་བའི་བསམ་གཏན་དང་བཞི་སྟེ་སྔ་ཕྱི་སྡོམ་པས་མཐོ་དམན་བཅོ་ལྔའོ། ། བཅུ་པ་བསམ་གཏན་གྱིས་ཐོབ་པའི་འབྲས་བུ་ནི། གནས་སྐབས་ཀྱི་འབྲས་བུ་རྫུ་འཕྲུལ་ གྱི་མངོན་ཤེས་དང༌། ལྷའི་མིག་དང༌། རྣ་བའི་མངོན་ཤེས་དང༌། གཞན་སེམས་ཤེས་པའི་ མངོན་ཤེས། སྔོ ན་གནས་རྗེས་དྲན་གྱི་མངོན་ཤེས་སྟེ། མངོན་པར་ཤེས་པ་ལྔ་ཐོབ་ཅིང༌། མཐར་ཐུག་གི་འབྲས་བུ་རྣམ་ཤེས་ཀྱི་ཕུང་པོ་རྣམ་པར་དག་པ་མི་བསྐྱོད་པ། མཁའ་ཁམས་ རྣམ་པར་དག་པ་རྡོར་དབྱིངས་དབང་ཕྱུག་མ། རྣ་དབང་རྣམ་པར་དག་པ་ཕྱག་རྡོར། ཆོས་ 4-1-106 ཁམས་རྣམ་པར་དག་པ་ཆོས་ཁམས་རྡོ་རྗེ་མ། གསང་བའི་དབང་པོ་རྣམ་པར་དག་པ་གཙུག་ ཏོར་འཁོར་སྒྱུར། ཁུ་བ་འདོར་བ་རྣམ་པར་དག་པ་དྲག་སྤྱན་མ་སྟེ་མཁའ་ཁམས་ཀྱི་ལྷ་དྲུག་གི་ དཀྱིལ་འཁོར་རབ་འབྱམས་མངོན་དུ་གྱུར་པའོ། །དེ་མིན་སྣང་བའི་སྟེང་དུ་འོད་གསལ་འཛིན་ པ་སོགས་ཡན་ལག་ཕྲ་མོའང་འགའ་རེ་ཡོད་ཀྱང་ངེས་པར་སྒོམ་དགོས་པའི་ཡན་ལག་ནི་མ་ ཡིན་ནོ། །བསམ་གཏན་གྱི་རིམ་པ་རྫོགས་སོ། ། གཉིས་པ་གསུང་རྡོ་རྗེའི་རྣལ་འབྱོར་བར་དུ་ུདགེ་བ་ལ། སྲོག་ངྷཱུ་ཏཱིར་འཇུག་བྱེད་སྲོག་ རྩོལ་དང༌། ཞུགས་པ་བརྟན་བྱེད་འཛིན་པའི་ཡན་ལག་དང་གཉིས་ལས། དང་པོ་ལ། སྲོ ག་རྩོལ་གྱི་ངོ་བོ། སྲོ ག་རྩོལ་གྱི་སྒྲ་བཤད། སྲོ ག་རྩོལ་སྒོམ་པའི་དུས་ མཚམས། སྲོ ག་རྩོལ་ཇི་ལྟར་སྒོམ་པའི་ཚུལ། སྲོ ག་རྩོལ་སྒོམ་ནས་གྲུབ་པའི་ས་མཚམས། སྲོ ག་རྩོལ་མཐར་ཕྱིན་པའི་ཚད། སྲོ ག་རྩོལ་སྒོམ་པའི་མྱོང་རྟགས་བྱེ་བྲག་ཏུ་བཤད་པ། སྲོ ག་ རྩོལ་ཚད་མ་གང་ཡིན། སྲོ ག་རྩོལ་གྱི་དག་བྱ་དག་བྱེད་ཀྱི་དབྱེ་བ། སྲོ ག་རྩོལ་གྱིས་ཐོབ་པའི་ འབྲས་བུ་དང་བཅུའོ། ། དང་པོ་ནི། རོ་རྐྱང་གི་རྒྱུ་བ་འགག་ཅིང་སྲོ ག་ཐུར་དབུ་མའི་ནང་དུ་གོང་བུ་གཅིག་ཏུ་ འདྲེས་པའི་རླུང་དང་དྷཱུ་ཏཱིར་ཤར་བའི་སྟོང་གཟུགས་གཉིས་ངོ་བོ་དབྱེར་མེད་དུ་མཐོང་བའི་ཡེ་ ཤེས་དེ་སྲོ ག་རྩོལ་གྱི་ངོ་བོ་ཡིན་ལ། རླུང་འཆིང་ཚུལ་ཡང༌། ཐོག་མར་དབུ་མའི་ནང་དུ་གོང་བུ་ གཅིག་ཏུ་འདྲེས་པའི་འཇུག་པ་ལ་ཉེ་ཙམ་དང༌། འཇུག་པ་ཙམ་དང༌། ལུས་ནང་དུ་འདུས་པ་ དང༌། དྷཱི་ཏཱིར་ཚུད་པ་དང༌། རླུང་གི་རྔམ་རྒོད་བསྐྱོད་པ་སོགས་དབུ་མར་ཐིམ་པ་རྣམས་རིམ་ གྱིས་རྟགས་སྣང་འདྲ་མིན་དང་བཅས་འབྱུང་བའོ། །རླུང་དབུ་མར་བཅུག་པ་ནི་རོ་རྐྱང་གི་རླུང་ རེ་ཞིག་དབུ་མར་ཚུད་པ་ཙམ་དང༌། རླུང་འཆིང་བ་ནི་དེ་ཙམ་གྱིས་མི་འོང་བར་གང་བཅིངས་ པའི་རླུང་རྣམས་དབུ་མ་ལ་རྟག་ཏུ་གནས་པ་ཞིག་དགོས། འདིར་འཆིང་རྒྱུའི་རླུང་ཡང་གཞན་ 4-1-107 ལྟར་ན་སྙིང་གའི་རྩ་བཅུའི་རླུང་དང༌། རང་ལུགས་ལ་ལྟེ ་བའི་གཡས་གཡོན་གྱི་དཀྱིལ་འཁོར་ ལྔའི་རླུང་ཡིན་པས་གང་ལྟར་ཡང་དེ་དག་རིམ་གྱིས་འཆིང་དགོས་ལ། དེ་ཡང་རང་ལུགས་ ལྟར་ན། སྤྱིར་ལུས་ཀྱི་རྩ་ཀུན་ལ་འབབ་པའི་རླུང་རྣམས་ལ་རླུང་བཅུའི་ཆ་ཤས་རེ་ཡོད་ཀྱང་ ལྟེ་བའི་གཡས་གཡོན་གྱི་ཁྱིམ་བཅུ་གཉིས་ལས་ཁྱིམ་དྲུག་ལ་སྙིང་གའི་གཡས་ཕྱོགས་ཀྱི་རླུང་ མཉམ་གནས་རླུང་ཁམས། གྱེན་རྒྱུ་མེ་ཁམས། ཁྱབ་བྱེད་ཆུ་ཁམས། ཀླུ་ས་ཁམས། སྟེང་གི་ སྲོ ག་འཛིན་མཁའ་ཁམས་རྣམས་ཤུགས་ཆེ་བར་འབབ་ལ། གཡོན་ཁྱིམ་དྲུག་ལ་སྙིང་གའི་ གཡོན་ཕྱོགས་ཀྱི་རླུང་རུས་སྦལ་རླུང་ཁམས། རྩངས་པ་མེ་ཁམས། ལྷས་བྱིན་ཆུ་ཁམས། ནོར་ ལས་རྒྱལ་ས་ཁམས། འོག་གི་ཐུར་སེལ་མཁའ་ཁམས་རྣམས་ཤུགས་ཆེ་བར་འབབ་པའོ། །གཡས་གཡོན་གྱི་འཕོ་ཆུང་རྣམས་ལ་འབབ་ཚུལ་ཡང༌། གཡས་ཁྱིམ་དྲུག་གི་དབུས་ཀྱི་འདབ་ མ་དྲུག་ལ་མཁའ་ཁམས་སྲོ ག་འཛིན་དང༌། མདུན་གྱི་འདབ་མ་དྲུག་ལ་རླུང་ཁམས་མཉམ་ གནས་དང༌། གཡས་ཀྱི་དྲུག་ལ་མེ་ཁམས་གྱེན་རྒྱུ། གཡོན་གྱི་དྲུག་ལ་ཆུ་ཁམས་ཁྱབ་བྱེད་ དང༌། རྒྱབ་ཀྱི་དྲུག་ལ་ས་ཁམས་ཀླུའི་རླུང་ཤུགས་ཆེ་བར་འབབ་པ་དང༌། གཡོན་ཁྱིམ་དྲུག་ གི་དབུས་ཀྱི་འདབ་མ་དྲུག་ལ་མཁའ་ཁམས་ཐུར་སེལ་དང༌། མདུན་གྱི་དྲུག་ལ་རླུང་ཁམས་ རུས་སྦལ། གཡས་ཀྱི་དྲུག་ལ་མེ་ཁམས་རྩངས་པ། གཡོན་གྱི་དྲུག་ལ་ཆུ་ཁམས་ལྷས་བྱིན། རྒྱབ་ཀྱི་དྲུག་ལ་ས་ཁམས་ནོར་ལས་རྒྱལ་རྣམས་ཤུགས་ཆེ་བར་འབབ་པ་ཡིན་ནོ། །དེས་ན་ལྟེ ་ བའི་འདབ་མ་དྲུག་ཅུར་རྒྱུ་བའི་རླུང་རེ་དབུ་མར་ཐིམ་པ་ལས་བྱུང་བའི་སྲོག་རྩོལ་གྱི་ཡེ་ཤེས་ རེ་ཡོད་པས་དེའི་ཆ་ནས་དྲུག་ཅུར་དབྱེ་བའོ། །འདིར་མཉམ་བཞག་ཏུ་རླུང་གང་དབུ་མར་ བཅིངས་པ་ན་དེའི་སྟོབས་ཀྱིས་དབུ་མར་མ་ཞུགས་པའི་རླུང་རྣམས་ཀྱང་རང་གནས་སུ་འབྱུང་ འཇུག་མི་བྱེད་པར་གནས་ལ། སྲོ ག་ཐུར་བསྲེ ་ཚུལ་ཡང༌། ཐོག་མར་སྲོ ག་ཐུར་སེལ་ལ་བསྲེ ས་ ནས་གྲོགས་ཀྱི་དབང་གིས་གཡས་ཁྱིམ་དྲུག་གི་དཀྱིལ་འཁོར་ལྔ་རིམ་བཞིན་འགག་པའི་སྒོ་ 4-1-108 ནས་སྟེང་འོག་གི་ལམ་གསུམ་འགག་པ་དང༌། ཐུར་སེལ་སྲོ ག་ལ་བསྲེ ས་ན་གྲོགས་ཀྱི་དབང་ གིས་གཡོན་ཁྱིམ་དྲུག་གི་དཀྱིལ་འཁོར་ལྔ་རིམ་གྱིས་འགག་པའི་སྒོ་ནས་འོག་དང་སྟེང་གི་ ལམ་གསུམ་འགག་པའོ། །སྲོ ག་རྩོལ་སྐབས་གཡས་ཁྱིམ་གྱི་རླུང་སྡུད་རིམ་དང་གཡོན་ཁྱིམ་ ཀྱི་རླུང་སྐྱེད་རིམ་དུ་ཟུང་འཇུག་ལས་གསུངས། སྤྱིར་སྲོག་ཐུར་འདྲེས་པ་ལ་འོག་རླུང་ཁ་ནས་ ཐོན་པ་སོགས་ཁོག་པའི་ནང་དུ་འདྲེས་པ་དང༌། སྟེང་རླུང་ནོན་ཙམ་གྱིས་འོག་རླུང་རང་ཤུགས་ བསྡམས་པ་སོགས་རོ་རྐྱང་རྩ་འདབ་གང་རུང་དུ་འདྲེས་པ་དང༌། སྲོ ག་ཐུར་འདྲེས་པས་གཏུམ་ མོ་འབར་སྣང་མཐོང་བ་སོགས་དབུ་མའི་ནང་དུ་སྲོག་ཐུར་འདྲེས་པ་དང་གསུམ་ལས་འདིར་ ཕྱི་མ་ཉིད་དོ། །སྤྱིར་རླུང་གི་འགྲོ་འོང་ཙམ་སྟོང་གཟུགས་སུ་སྣང་བས་མི་ཚད་པར་དབུ་མར་ བཅིངས་ཟིན་པའི་རླུང་དང་སྟོང་གཟུགས་འདྲེས་པར་མཐོང་བ་ནི་སྲོག་རྩོལ་འགྲུབ་པའི་དུས་ ཁོ་ན་ལའོ། །སྲོ ག་རྩོལ་གྱི་ཐོག་མའི་དུས་རླུང་གཟུགས་འདྲེས་པར་སྣང་བ་ན་གཉིས་སྣང་མ་ ལོག་ཀྱང་སྲོག་རྩོལ་གྱི་ཕྱེད་ཕྱི་མའི་མཚམས་ཞིག་ནས་སྟོང་གཟུགས་འགྲུབ་པ་ན་ད་གཟོད་ གཉིས་སྣང་ལོག་པའོ། ། གཉིས་པ་སྲོ ག་རྩོལ་གྱི་སྒྲ་བཤད་ནི། འདིའི་སྐད་དོད་པྲ་ཎ་ཡ་མ་ཞེས་པའི་པྲ་ཎ་སྲོ ག་སྟེ་ རླུང་དང་ཨ་ཡ་མ་འགོག་པར་བྱེད་པའི་དོན་ཡིན་པའི་རོ་རྐྱང་དུ་རྒྱུ་བའི་སྲོག་དྷཱུ་ཏཱིར་འགོག་ པར་བྱེད་པའི་སྲོ ག་འགོག་དང༌། འགོག་པར་བྱེད་པ་ཡང་དབུ་མར་བཅུག་པའི་རྩོལ་བ་བྱེད་ པའི་དོན་ཡིན་ཕྱིར་སྲོ ག་རྩོལ་ཞེས་བརྗོད་པའོ། ། གསུམ་པ་སྲོ ག་རྩོལ་སྒོམ་པའི་དུས་མཚམས་ནི། གོང་དུ་བཤད་པ་བཞིན་དུ་བསམ་ གཏན་གྱི་ཡན་ལག་ལྔ་པོ་མཐར་ཕྱིན་པའི་དུས་སུ་སྲོ ག་རྩོལ་སྒོམ་པ་ཡིན་ནོ། ། བཞི་པ་སྲོ ག་རྩོལ་ཇི་ལྟར་སྒོམ་ཚུལ་ལ། སྲོ ག་རྩོལ་གང་ལ་བྱ་བའི་ཡུལ། སྲོ ག་རྩོལ་ སྒོམ་པའི་དགོས་པ། སྲོ ག་རྩོལ་དུས་ཅི་ཙམ་གྱི་བར་དུ་སྒོམ་པ། སྲོ ག་རྩོལ་སྒོམ་ཚུལ་དངོས་ 4-1-109 དང་བཞི་ལས། དང་པོ་ནི། སྤྱིར་རྡོ་རྗེའི་ལུས་ཀྱི་རྩ་རླུང་ཐིག་ལེ་མཐའ་དག་དང༌། ཁྱད་པར་ ལྟེ ་བ་ཡན་ཆད་ན་གཡོན་པ་ཟླ་བའི་རྩ་རྐྱང་མ་དང༌། གཡས་པ་ཉི་མའི་རྩ་རོ་མ་དང༌། དབུས་ སྒྲ་གཅན་གྱི་རྩ་ཨ་ཝ་ངྷཱུ་ཏཱི་སྟེ་སྟེང་གི་རྩ་གསུམ་དང༌། ལྟེ ་འོག་གསང་འཁོར་མན་ཆད་ན་བྱང་ སྒོར་ཟུག་པ་བཤང་བའི་རྩ་དང༌། གཡོན་ནས་རྟགས་རྩེར་ཟུག་པ་གཅི་བའི་རྩ་དང༌། གཡས་ ནས་རྟགས་རྩེར་ཟུག་པ་ཁུ་བའི་རྩ་སྟེ་འོག་གི་རྩ་གསུམ་དང་དྲུག་པོ་སྲོག་ཐུར་གྱི་རླུང་དང་ བཅས་པ་དེའོ། ། གཉིས་པ་དགོས་པ་ནི་སྲོག་རྩོལ་བསྒོམ་པ་ལ་བརྟེན་ནས་མཐར་མཆོག་ཏུ་མི་འགྱུར་ བའི་བདེ་བ་འགྲུབ་པ་དེ་སྲོ ག་རྩོལ་སྒོམ་པའི་དགོས་པའོ། ། གསུམ་པ་དུས་ཇི་ཙམ་གྱི་བར་དུ་སྒོམ་པ་ནི། གཡས་གཡོན་གྱི་དཀྱིལ་འཁོར་ལས་རླུང་ ཅི་རིགས་དབུ་མར་འཆིང་བ་ལས་བྱུང་བའི་སྲོག་རྩོལ་ཐོག་མར་འགྲུབ་པའི་དུས་ནས་བཟུང་ སྟེ་མཐར་ལས་རླུང་མཐའ་དག་དབུ་མར་ཞུགས་ཏེ་མཉམ་བཞག་མ་ཟད་རྗེས་ཐོབ་སོགས་ དུས་ཐམས་ཅད་དབུ་མ་ཁོ་ན་ནས་འབབ་པའི་བར་དུ་སྒོམ་དགོས་པའོ། ། བཞི་པ་སྲོག་རྩོལ་སྒོམ་ཚུལ་དངོས་ལ་བཞེད་ཚུལ་མི་འདྲ་བ་མང་ཡང་རང་ལུགས་ལ་ པཎ་ཆེན་ཤཱཀྱ་ཤྲིའི་མན་ངག་ལྟར་ཏེ། ཐོག་མར་རྡོ་རྗེ་བཟླས་པས་སྔར་སོར་བསམ་གྱིས་ དབུ་མའི་རྩ་ལམ་སྦྱང་བ་དེ་ལས་ལྷག་པར་ཡང་སྦྱངས་ཏེ་རྡོར་བཟླས་འབྱོངས་ཚེ་འཇམ་རླུང་ དགང་གཏོང་གི་སྦྱོར་བས་སྲོག་དབུ་ུམར་བཅུག དེར་བཅུག་པ་དེ་རྩུབ་རླུང་བུམ་པ་ཅན་གྱི་ སྦྱོར་བས་དབུ་མའི་ནང་དུ་འཆིང་བར་བྱེད། འཇམ་རླུང་གིས་སྲོ ག་དབུ་མར་བཅུག་མ་ཐུབ་ པ་དང༌། དེས་དེ་ཐུབ་ཀྱང་བུམ་ཅན་གྱིས་དབུ་མར་འཆིང་མ་ཐུབ་ན་བཙན་ཐབས་ཀྱིས་སྦྱོར་ བས་སྲོ ག་དབུ་མར་བཅུག་པ་དེ་འཆིང་བར་བྱེད་དགོས་པ་སྟེ། དེ་ཡང་ཐིག་ལེ་རླུང་རྩའི་ བཙན་ཐབས་གསུམ་པོ་རྒྱུད་ལས་གསུངས་པ་ལྟར་བྱ་བའོ། ། 4-1-110 ལྔ་པ་སྲོ ག་རྩོལ་སྒོམ་ནས་གྲུབ་པའི་ས་མཚམས་ནི། རྡོར་བཟླས་ཀྱིས་རྩལ་མ་སྦྱངས་ པའི་ངྷཱུ་ཏཱིའི་ནང་དུ་འཇམ་རླུང་གི་སྲོག་རླུང་བཅུག་པ་དེ་རྩུབ་རླུང་བུམ་པ་ཅན་གྱིས་དཀྱིལ་ འཁོར་གྱི་རླུང་གཅིག་བཅིངས་ཏེ་རོ་རྐྱང་གི་རྒྱུ་ུབ་མཉམ་བཞག་ཙམ་དུ་གཏན་འགགས་སུ་ སོང་ཞིང་སྲོག་ཐུར་འདྲེས་པའི་རླུང་དབུ་མར་འཁྱིལ་བའི་ཚེ་སྲོག་རྩོལ་གསར་དུ་འགྲུབ་པ་ ཡིན་ནོ། ། དྲུག་པ་སྲོ ག་རྩོལ་གྲུབ་པ་མཐར་ཕྱིན་པའི་ཚད་ནི། ལས་རླུང་གཅིག་ཀྱང་མ་ལུས་པར་ཅི་ དགར་དབུ་མར་འཆིང་ནུས་པ་ན་སྲོ ག་རྩོལ་མཐར་ཕྱིན་པའོ། ། བདུན་པ་སྲོ ག་རྩོལ་སྒོམ་པའི་མྱོང་རྟགས་བྱེ་བྲག་ཏུ་བཤད་པ་ནི། སྤྱིར་ན་སོར་བསམ་ ལས་གཏུམ་མོ་འབར་འཛག་གི་ཞུ་བདེ་རྒྱ་ཆེ་ཞིང༌། དགུན་གྱི་གྲང་བ་སེལ་ནུས་པའི་བདེ་དྲོད་ རྒྱས་པ་དང༌། རླུང་དབུ་མར་ཆུགས་ཀྱང་འཆིང་མ་ཐུབ་པའི་སྐབས་སུ་ལུས་ནང་དུ་འོད་དཀར་ པོ་འཆར་བ་དང༌། སྙིང་ཚ་མགོ་བོ་ན་བ་སོགས་འཕོ་གེགས་བྱུང་ཚེ་འབེབས་པར་བྱ་དགོས་པ་ དང༌། རླུང་དབུ་མར་འཆིང་བས་ལུས་ཀྱི་རྩ་ཆེ་འབྲི ང་ཆུང་གསུམ་ཆད་པ་གསོས་པའི་རྟགས་ སུ་ལུས་ཉམས་ལ་མཚོན་གྱིས་འབུགས་པ་སོགས་དང༌། འགྲིལ་བ་འདར་ཕྲུག་སོགས་དང༌། ཚ་ཚེགས་སོགས་འབྱུང་ཞིང་སྲོག་དབུ་མར་ཞག་གཅིག་འཆིང་ཐུབ་ན་དུས་མིན་གྱི་འཆི་བ་སླུ། སྲོག་རྩོལ་གྱི་ཕྱེད་ཕྱི་མའི་སྐབས་སུ་སྲོག་གཟུགས་འདྲེས་པར་སྣང་བ་ལ་གཉིས་སྣང་མཐའ་ དག་ལོག་པས་སྲོ ག་གཟུགས་ཕལ་བ་འགྲུབ་པར་གསུངས་པ་དང༌། དབུ་མའི་རླུང་གིས་ དཔྲལ་མགྲིན་སྙིང་ལྟེའི་ཐིག་ལེ་རྣམས་ཡུལ་སྣང་བསྐྱེད་པའི་ནུས་པ་མཐུ་ཅན་ཏུ་བྱས་པས་ གྲུབ་མཐའ་བཞིའི་ལྟ་བ་དང་རིག་བྱེད་བཞིའི་དོན་རྣམས་རང་ཤུགས་ཀྱིས་རྟོགས་པའི་ཤེས་ རབ་དང་རྒྱུད་སྡེའི་ལྷ་དང་ཞིང་ཁམས་ལྟ་བུ་དང་རིགས་དྲུག་གི་གནས་ལུས་སོགས་མངོན་ སུམ་དུ་མཐོང་བའོ། །དེ་ལས་ཆོས་ཀྱི་ཚིག་དོན་རང་ཤུགས་ཀྱིས་ཤེས་པ་སོགས་ནི། དོན་ལ་ 4-1-111 ཡིན་མིན་ཅི་རིགས་ཡོད་དོ། ། བརྒྱད་པ་སྲོ ག་རྩོལ་ཚད་མ་གང་ཡིན་ནི། སྲོ ག་རྩོལ་སྐབས་འདིར་འཛག་བདེའི་ཆགས་ པ་དང་མ་བྲལ་ལ་མངོན་ཤེས་ཀྱི་ཡིད་མངོན་ཐོབ་པའི་སྟོང་གཟུགས་དང་མི་རྟོག་པ་རང་གི་ ངོ་བོ་ལ་རྟོག་བྲལ་ཡིན་པས་ཡིད་མངོན་ཚད་མ་དང༌། སྤྱན་ལྔ་ལས་མངོན་ཤེས་འགྲུབ་པའི་ དུས་ལ་ལྟོ ས་ནས་ལྷའི་སྤྱན་ནོ། །འདིར་རང་ལུགས་རྗེ་བཙུན་གྱིས་བཞེད་པའི་ཚད་མ་བཞི་ ནི། དབང་མངོན་གྱིས་གཟུགས་མཐོང་བ་བཞིན་སོར་བསམ་གྱིས་སྟོང་གཟུགས་མཐོང་བས་ ན་དབང་མངོན་དང༌། སྲོ ག་འཛིན་གཉིས་ཀྱི་ཡེ་ཤེས་ནི། དབུ་མ་ཁོ་ནར་ཆུད་པའི་སྒོ་ནས་ སྟོང་གཟུགས་དང༌། མི་རྟོག་པ་ལ་རྟོག་བྲལ་ཡིན་པས་ཡིད་མངོན་དང༌། རྗེས་དྲན་ནི་སྟོང་ གཟུགས་ཀྱི་ལྷ་སྐུར་ཤར་བ་དང་ཞུ་བདེའི་ཡེ་ཤེས་ཟུང་དུ་འཇུག་པའི་སྟོང་གཟུགས་མི་རྟོག་ པ་ལ་རྟོག་བྲལ་ཡིན་པས་རྣལ་འབྱོར་མངོན་སུམ་དང༌། ཏིང་ངེ་འཛིན་གྱི་མི་འགྱུར་བའི་བདེ་ བ་དེ་ནི། རང་གིས་མྱོང་བ་བཞིན་རྟོགས་པ་མ་ཐོབ་པ་དག་གིས་མྱོང་བྱར་མ་གྱུར་པས་ན་རང་ རིག་མངོན་སུམ་ཡིན་ལ། འདིའི་དཀྱུས་སུ་བཀོད་པ་ནི་ཀུན་མཁྱེན་ཉ་དབོན་པའི་གསུངས་ པ་ལྟར་རོ། །གཙོ་ཆེ་ཆུང་གི་དེ་བཞིན་འཇོག་ཚུལ་ཙམ་ལས་སྤྱིར་ན་ཡན་ལག་དྲུག་གི་རྣལ་ འབྱོར་ཐམས་ཅད་མངོན་སུམ་བཞི་ག་ཡིན་ལ། འདིའི་རང་རིག་གི་དོན་སེམས་ཙམ་པ་དང་ མི་འདྲའོ། ། དགུ་པ་སྲོ ག་རྩོལ་གྱི་དག་བྱ་དག་བྱེད་ཀྱི་དབྱེ་བ་ལ། དག་བྱ་དང༌། དག་བྱེད་གཉིས་ ལས༌། དང་པོ་ནི། སྲོ ག་རྩོལ་གྱི་དག་བྱ་འདུ་བྱེད་ཀྱི་ཕུང་པོ་དང༌། རླུང་གི་ཁམས་དང༌། སྣའི་ དབང་བོ་དང༌། རེག་བྱའི་སྐྱེ་མཆེད་དང༌། ངག་གི་དབང་པོ་དང༌། བཤང་བ་འདོར་བ་སྟེ། གཞིའི་རླུང་ཁམས་ཀྱི་རིགས་དྲུག་པོ་དེ་དག་བསྐྱེད་བྱེད་དཔྲལ་བའི་ཐིག་ལེ་དང་བཅས་པ་ ཡིན་ཚུལ་གོང་ལྟར་རོ། ། 4-1-112 གཉིས་པ་དག་བྱེད་ལ་དབྱེ་ན་སྟེང་གི་རོ་རྐྱང་གི་རྒྱུ་བ་དབུ་མར་བཀག་སྟེ་སྲོག་ཐུར་སེལ་ ལ་བསྲེ ས་པས་ཉི་མ་རོ་མའི་ལམ་དག་བྱེད་ཀྱི་སྲོ ག་རྩོལ་དང་གཉིས་སུ་དབྱེ་བ་དང༌། འོག་ གི་བཤང་གཅིའི་རྩར་རྒྱུ་བ་དུང་ཅན་མར་བཀག་སྟེ་ཐུར་སེལ་སྲོག་ལ་བསྲེས་པས་ཟླ་བ་རྐྱང་ མའི་ལམ་དག་བྱེད་ཀྱི་སྲོ ག་རྩོལ་དང་གཉིས་སུ་དབྱེ་བ་དང༌། གཡས་གཡོན་གྱི་དཀྱིལ་འཁོར་ སོ་སོར་མ་བགྲངས་པར་ས་རླུང་བཅིངས་པའི་སྲོག་རྩོལ་ནས་མཁའ་རླུང་བཅིངས་པའི་སྲོག་ རྩོལ་གྱི་བར་ལྔར་དབྱེ་བ་དང༌། གཡས་ཀྱི་ས་རླུང་དྲུག་གཅིག་ནས་གཡོན་གྱི་མཁའ་རླུང་དྲུག་ གཅིག་གི་བར་སོ་སོར་བགྲང་བས་བཅུར་དབྱེ་བ་དང༌། དེ་ལས་ཞིབ་པར་དབྱེ་ན་དྲུག་ཅུའོ། ། བཅུ་པ་སྲོ ག་རྩོལ་གྱིས་ཐོབ་པའི་འབྲས་བུ་ནི། གནས་སྐབས་ཀྱི་འབྲས་བུ་སངས་རྒྱས་ བྱང་སེམས་ཀྱིས་ལུང་སྟོན་ཞིང་བྱིན་གྱིས་རླབས་པ་དང༌། མཐར་ཐུག་གི་འབྲས་བུ་འདུ་བྱེད་ རྣམ་པར་དག་པ་དོན་ཡོད་གྲུབ་པ། རླུང་ཁམས་རྣམ་པར་དག་པ་སྒྲོལ་མ། སྣའི་དབང་པོ་ རྣམ་པར་དག་པ་ནམ་མཁའི་སྙིང་པོ། རེག་བྱའི་སྐྱེ་མཆེད་རྣམ་པར་དག་པ་རེག་བྱ་རྡོ་རྗེ་མ། ངག་གི་དབང་པོ་རྣམ་པར་དག་པ་བགེགས་མཐར་བྱེད། བཤང་བ་འདོར་བ་རྣམ་པར་དག་ པ་ཤིན་ཏུ་བརྩོན་འགྲུས་མ་སྟེ་རླུང་ཁམས་རྣམས་པར་དག་པའི་ལྷ་དྲུག་གི་དཀྱིལ་འཁོར་རབ་ འབྱམས་ཐོབ་པ་ཡིན་ལ་སྲོག་རྩོལ་གྱི་སྐབས་འདིར་བསམ་གཏན་ལས་ཁྱད་པར་དུ་འཕགས་ པའི་དབང་པོ་དྲུག་གི་མངོན་པར་ཤེས་པ་སྟེ། སྲོ ག་རྩོལ་གྱི་རིམ་པ་རྫོགས་སོ། ། གཉིས་པ་རླུང་དྷཱུ་ཏཱིར་ཞུགས་པ་བརྟན་བྱེད་ཡན་ལག་འཛིན་པ་ལ། འཛིན་པའི་ངོ་བོ། འཛིན་པའི་སྒྲ་བཤད། འཛིན་པ་སྒོམ་པའི་དུས་མཚམས། འཛིན་པ་ཇི་ལྟར་སྒོམ་པའི་ཚུལ། འཛིན་པ་སྒོམ་ནས་གྲུབ་པའི་ས་མཚམས། འཛིན་པ་མཐར་ཕྱིན་པའི་ཚད། འཛིན་པ་སྒོམ་ པའི་མྱོང་རྟགས་བྱེ་བྲག་ཏུ་བཤད་པ། འཛིན་པ་ཚད་མ་གང་ཡིན། འཛིན་པའི་དག་བྱ་དག་ བྱེད་ཀྱི་དབྱེ་བ། འཛིན་པས་ཐོབ་པའི་འབྲས་བུ་དང་བཅུའོ། ། 4-1-113 དང་པོ་ནི། སྲོ ག་རྩོལ་གྱིས་སྲོ ག་ཐུར་རོ་གཅིག་ཏུ་བྱས་ཟིན་པའི་རླུང་གི་ཆ་ཤས་ཅི་རིགས་ པ་བུམ་ཅན་གྱིས་འཁོར་ལོ་དྲུག་པོ་གང་རུང་གི་དབུ་མའི་ནང་གི་མི་ཤིགས་པའི་ཐིག་ལེར་ ཐིམ་པ་ལས་བྱུང་བའི་བདེ་བ་ཆེན་པོའི་ཡེ་ཤེས་དེ་འཛིན་པའི་ངོ་བོ་ཡིན་ལ། འདིར་གཞན་ ལྟར་ན་འཁོར་ལོ་དྲུག་གི་ཐིག་ལེ་དང་རེ་ཞིག་དབྱེར་མེད་དུ་འདྲེས་པའི་གཉུག་སེམས་གནས་ པའི་ཆ་དབུ་མ་ཕྲ་མོ་དང༌། དེ་རང་ཡུལ་སྟོང་ཉིད་སོགས་ལ་གཡོ་ཞིང་འཇུག་པའི་ཆ་རླུང་ཕྲ་མོ་ དང༌། དེའི་སྟེང་གི་སིམ་པ་བདེ་བའི་ཆ་ཐིག་ལེ་ཕྲ་མོ་སྟེ། འཛིན་པས་འཁོར་ལོ་དྲུག་གི་རགས་ པའི་ཐིག་ལེ་ལ་བརྟེན་ནས་ཕྲ་བ་མི་ཤིགས་པའི་ཐིག་ལེ་ལ་རླུང་ཐིམ་པར་བྱས་པས་ལས་ཀྱི་ གཏུམ་མོ་འབར་བས་ཐིག་ལེ་ཐིམ་པར་ཞུ་བའི་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་ཆོས་རྣམས་རང་ བཞིན་གྱིས་གྲུབ་པས་སྟོང་པ་ལ་རྩེ་གཅིག་ཏུ་མཉམ་པར་འཇོག་དགོས་པས་གཞན་ལུགས་ ཀྱི་བདེ་སྟོང་དང་རང་ལུགས་ཀྱི་དེ་གཉིས་ལ་ཁྱད་པར་ཡོད་ཅིང༌། འཛིན་པས་རླུང་ཐིག་ལེར་ ཐིམ་པར་བྱེད་ནུས་པ་ནི། ཐིག་ལེ་རྣམས་གཡོགས་པའི་རྩ་མདུད་ལྷོ ད་པའི་དབང་གིས་སོ། །རང་ལུགས་ལ་འཁོར་ལོ་དྲུག་གི་ཐིག་ལེ་ལ་ཁྱབ་བྱེད་དུ་བཞུགས་པའི་དོན་དམ་མི་རྟོག་པའི་ ཡེ་ཤེས་བདེ་བ་ཆེན་པོའི་རྣམ་པར་གྲུབ་པའི་ཆ་དང༌། དེའི་སྣང་ཆའི་སྟོང་གཟུགས་བདེ་བའི་ རྣམ་པར་ཤར་བའི་ཆའི་བདེ་བ་གཉིས་པོ་དབྱེར་མེད་པ་དེ་ཉིད་ཐིག་ལེ་ཕྲ་མོ་དང༌། གཉུག་ སེམས་ཞེས་པ་གསར་དུ་སྟོང་ཉིད་རྟོགས་པའི་ཡེ་ཤེས་སུ་འགྱུར་བ་ཅན་མ་ཡིན་པར་དོན་དམ་ པའི་ཡེ་ཤེས་འདུས་མ་བྱས་སུ་གདོད་ནས་གྲུབ་པ་ཡིན་ལ། དེ་འདྲའི་ཐིག་ལེ་ཕྲ་མོར་སྲོ ག་ ཐིམ་པའང་རགས་པ་རྫས་ཀྱི་ཐིག་ལེ་ལ་བརྟེན་ནས་ཐིམ་པར་བྱེད་དགོས་ཤིང༌། དེ་ཡང་སྲོ ག་ རྩོལ་གྱི་སྐབས་སུ་རླུང་གི་རང་བཞིན་གྱི་སྟོང་གཟུགས་ཀྱི་ཆ་ཅུང་ཟད་མངོན་དུ་གྱུར། འཛིན་ པའི་དུས་སུ་བདེ་བ་ཐིག་ལེའི་རང་བཞིན་གྱི་སྟོང་གཟུགས་ཀྱི་ཆ་སྔར་ལས་ལྷག་པ་རེ་མངོན་ དུ་གྱུར་པའོ། །འཛིན་པའི་སྐབས་འདིར་རླུང་གོང་བུ་གཅིག་ཏུ་འདྲེས་པ་དེ་ཉིད་འཁོར་ལོ་ 4-1-114 དྲུག་གི་ཐིག་ལེ་ལ་རིམ་པར་ཐིམ་པ་ཡིན་ལ། དེ་ཡང་ལྟེ་བ་ནས་གཙུག་ཏོར་གྱི་བར་ས་ཆུ་མེ་ རླུང་ནམ་མཁའི་རིམ་པས་ཐིམ་པར་བྱེད་པ་ཡིན་ལ། དེ་ལས་ཐོག་མར་ལྟེ་བར་འབྱུང་ཆེན་ས་ རླུང་ལ་འབྱུང་ཆུང་ལྔ་ཡོད་པས་དེ་རྣམས་ཀྱང་རིམ་པར་སྡུད་རིམ་གྱིས་ཐིམ་པ་གཙུག་ཏོར་གྱི་ བར་དུ་འདྲའོ། །དེ་དག་ཐིམ་བྱེད་གནས་དྲུག་བུམ་ཅན་ལྟེ་བ་ནས་མགོ་བཟུང་སྟེ་སྒོམ་དགོས། དེའི་མཐར་གསང་བའི་བུམ་ཅན་ཡང་རྒྱུད་དངོས་སུ་མ་གསུངས་པས་ཟུང་འཇུག་ཏུ་ཡང་མ་ གསུངས་ཀྱང་མཐོང་བ་དོན་ལྡན་དུ་གསུངས་ཕྱིར་དེ་ལ་དབྱེ་ན་སུམ་ཅུའོ། །འདིར་གཞན་ ལྟར་ན་ལྟེ་བའི་དྷཱུ་ཏཱིར་བཞི་པའི་གནས་སྐབས་བསྐྱེད་པའི་ཐིག་ལེའི་སྟེང་གི་རླུང་སེམས་ཤིན་ ཏུ་ཕྲ་བ་ལ་སྲོག་ཐུར་གྱི་རླུང་བསྲེ་བའི་སྒོ་ནས་སེམས་ཀྱི་གཟུང་ཆ་དུས་འཁོར་ཡབ་ཡུམ་ཀྱི་ རྣམ་པར་ཤར་བ་ལ་བརྟན་པ་ཐོབ་པ་ན། ས་ཆུ་ལ་ཐིམ་པའི་ཚུལ་དུ་སྙིང་གའི་གཉིད་འཐུག་ གི་ཐིག་ལེའི་སྟེང་གི་རླུང་སེམས་ཤིན་ཏུ་ཕྲ་བ་ལ་བསྲེས་པ་སོགས་ནས་གཙུག་ཏོར་གྱི་བར་ སྒོམ་པར་བཤད་དོ། །དེ་ཡན་ཆད་འཛིན་པའི་ཕྱེད་སྔ་མའོ། །དེ་ནས་འཛིན་པའི་ཕྱེད་ཕྱི་མ་ལ་ འཁོར་ལོ་དྲུག་གི་གནས་ཀྱི་ཐིག་ལེའི་བགྲོད་པ་བརྟན་པའི་ཆེད་དུ་སྔར་བཞིན་སྒོམ་པ་ལས་ གོ་རིམ་ཐོག་མར་གཙུག་ཏོར་ནས་གསང་བའི་བར་དུ་བུམ་ཅན་སྒོམ་པས་གཏུམ་མོ་འབར་ བས་སྤྱི་བོའི་བྱང་སེམས་ཞུ་བ་ནོར་བུའི་བར་དུ་བྱུང་བའི་དགའ་བཞི་ཡང་ཡང་བསྒོམས་ པས་ཐོག་མར་གཙུག་ཏོར་དང་དེ་ནས་དཔྲལ་བའི་ཐིག་ལེ་བརྟན་བྱེད་ཀྱི་འཛིན་པས་དཔྲལ་ བའི་ལུས་ཀྱི་ཐིག་ལེ་བརྟན་པར་གྱུར་པ་ན། བརྟན་པའི་ཐིག་ལེ་དེ་ལས་བྱུང་བའི་བདེ་བའི་ ཉམས་དང་ལྡན་པའི་ཡེ་ཤེས་ནམ་ཡང་ཉམས་པ་མེད་པ་གཅིག་སྐྱེ་བ་ནི། དགའ་བའི་ས་ ཐོབ་པ་ཡིན། དེ་ནས་མགྲིན་པའི་བརྟན་བྱེད་ཀྱི་འཛིན་པ་ཡང་ཡང་བསྒོམ་པས་ངག་གི་ཐིག་ ལེ་བརྟན་པ་ལས་བྱུང་བའི་སྔར་ལས་ལྷག་པའི་ཞུ་བདེ་ཉམས་མེད་ཐོབ་པ་ནི་མཆོག་དགའི་ ས་དང༌། དེ་ནས་སྙིང་གའི་བརྟན་བྱེད་ཀྱི་འཛིན་པ་ཡང་ཡང་བསྒོམ་པས་ཡིད་ཀྱི་ཐིག་ལེ་ 4-1-115 བརྟན་པ་ལས་བྱུང་བའི་སྔ་མ་གཉིས་ལས་ལྷག་པའི་ཞུ་བདེ་ཉམས་མེད་ཐོབ་པ་ནི་ཁྱད་པར་ གྱི་དགའ་བའི་ས་དང༌། དེ་ནས་ལྟེ ་བའི་བརྟན་བྱེད་ཀྱི་འཛིན་པ་ཡང་ཡང་བསྒོམ་པས་ཆགས་ རྟོག་གི་ཐིག་ལེ་བརྟན་པ་ལས་བྱུང་བའི་སྔ་མ་གསུམ་ལས་ལྷག་པའི་ཞུ་བདེ་ཉམས་མེད་ཐོབ་ པ་ནི་ལྷན་སྐྱེས་ཀྱི་དགའ་བའི་ས་སྟེ་དེ་ལྟར་འཁོར་ལོ་བཞིའི་ཐིག་ལེ་ལ་རླུང་ཐིམ་པ་དེ་སླར་ ཡང་བུམ་ཅན་དང་འབར་འཛག་བསྒོམ་པས་བརྟན་པ་བྱས་པ་ལས་བྱུང་བའི་དགའ་བ་ཐོབ་ བོ། །དེ་ནས་གསང་བའི་བུམ་ཅན་གྱིས་གསང་བའི་ཐིག་ལེ་བརྟན་པར་བྱས་སྟོབས་ཀྱིས་ སྔར་གྱི་སའི་དགའ་བ་བཞི་པོ་ལྷག་པར་རྒྱས་པ་ན་འཛིན་པ་མཐར་ཕྱིན་པའོ། །འདི་དུས་སུ་ དབུ་མའི་ནང་གི་ལུས་ངག་ཡིད་ཆགས་བཞིའི་ཐིག་ལེ་དང་དེ་དག་ལས་འཕྲོས་པའི་ལུས་ཀྱི་ རྩ་ཐམས་ཅད་ལ་གནས་པའི་ཐིག་ལེ་ཀུན་རྩོལ་མེད་རང་ཤུགས་ཀྱིས་དབབ་བཟློག་བཀྲམ་ གསུམ་བྱེད་ཐུབ་པ་འོང་ཞིང་ཞུ་བདེ་འཛག་མེད་ཐོབ་པ་ཡིན་ལ་དགའ་བ་བཞིའི་ས་རིམ་གྱིས་ ཐོབ་པ་ཡིན་ཕྱིར་དགའ་བའི་ས་ཐོབ་ལ་མཆོག་དགའི་ས་སོགས་མ་ཐོབ་པའི་སྐབས་ཡོད་དོ། །མ་རྒྱུད་པའི་དགའ་བཞི་མཚན་ཉིད་པ་འགྲུབ་པའི་སྐབས་ལྟར་འཛིན་པ་ཐོག་མར་འགྲུབ་ པའི་དུས་ནས་འཆི་བ་དངོས་དང་འདྲ་བའི་ཐིམ་རིམ་འབྱུང་ཞིང་སྣང་མཆེད་ཐོབ་པ་འོད་ གསལ་དང་བཅས་པ་འཆར་ལ་སྔོན་དུ་ཁམས་ལྔའི་རླུང་མ་ཐིམ་པར་སྣང་བཞིའི་ཡེ་ཤེས་སྐྱེ་ བ་མེད་ཅིང༌། འདིར་གཞན་གྱིས་མཉམ་རྗེས་ཐམས་ཅད་དུ་རླུང་དབུ་མར་གནས་པ་མིན་པར་ འདོད་པ་དང༌། རང་ལུགས་ཀྱིས་དེ་ལྟར་ཡིན་པར་འདོད་པ་ནི་སྲོ ག་རྩོལ་གྱི་འཕོ་གེགས་བྱུང་ བ་ན་སྲོག་རྩོལ་སྒོམ་པ་དོར་ནས་འཛིན་པ་སྒོམ་པ་ལ་འཇུག་པར་བཞེད་མི་བཞེད་ཀྱི་ཁྱད་ པར་གྱིས་ཡིན་ནོ། ། གཉིས་པ་འཛིན་པའི་སྒྲ་བཤད་ནི། འདིའི་སྐད་དོད་ངྷ་ར་ཞེས་པ་འཛིན་པ་ཞེས་པའི་དོན་ ཏེ་སྐབས་འདིར་སྲོག་ཐུར་འདྲེས་པའི་རླུང་དེ་དབུ་མའི་ནང་གི་ཐིག་ལེ་ལ་ཐིམ་པར་བྱས་པའི་ 4-1-116 སྒོ་ནས་འགྲོ་འོང་མེད་པར་འཛིན་པར་བྱེད་པས་ན་འཛིན་པ་ཞེས་བརྗོད་པའོ། ། གསུམ་པ་འཛིན་པ་སྒོམ་པའི་དུས་མཚམས་ནི། སྲོ ག་རྩོལ་གྱིས་སྟེང་འོག་གི་རླུང་མཐའ་ དག་དབུ་མར་རྟག་ཏུ་འབབ་ཅིང་སྲོ ག་ཐུར་གོང་བུ་གཅིག་ཏུ་འདྲེས་པའི་དུས་སུ་སྒོམ་པའོ། ། བཞི་པ་ཇི་ལྟར་སྒོམ་ཚུལ་ལ། འཛིན་པ་གང་ལ་བྱ་བའི་ཡུལ་དང༌། འཛིན་པ་སྒོམ་པའི་ དགོས་པ། དུས་ཇི་ཙམ་གྱི་བར་དུ་སྒོམ་པ། སྒོམ་ཚུལ་དངོས་དང་བཞི་ལས། དང་པོ་ནི། སྙན་རྒྱུད་ལས། ཡུལ་ནི་བདེ་བའི་རླུང་ཉིད་དེ། །བརྟན་པར་འཛིན་པས་འཛིན་པའོ། །ཞེས་ གསུངས་པ་ལྟར་འཛིན་པ་གང་ལ་བྱ་བའི་ཡུལ་ནི་བདེ་བའི་རང་བཞིན་ཅན་གྱི་རླུང་དེའོ། ། གཉིས་པ་སྒོམ་པའི་དགོས་པ་ནི། བྱང་སེམས་འཛག་བྱེད་ཀྱི་རླུང་ཐིག་ལེར་འཆིང་བའི་ སྒོ་ནས་བྱང་ཆུབ་ཀྱི་སེམས་འཛག་མེད་དུ་བཅིངས་པ་ལས་གཏུམ་མོ་འབར་བའི་རྐྱེན་གྱིས་ སེམས་བདེ་བ་ཆེན་པོར་གྱུར་པའི་ཡེ་ཤེས་ཀྱི་སྣང་ཆའི་སྟོང་གཟུགས་བདེ་བར་སྣང་བའི་ འབར་སྣང་འགྲུབ་པ་དེ་དེའི་དགོས་པའོ། །འདི་ཡང་རྣལ་འབྱོར་གྱི་ཡེ་ཤེས་དེ་བདེ་བ་དྲོད་ཀྱི་ རང་བཞིན་དུ་གྱུར་ཏེ། ཡེ་ཤེས་དེའི་སྟེང་གི་བདེ་དྲོད་ཀྱི་ཆ་དེ་གཟུང་ཆ་དང༌། ཡེ་ཤེས་ཀྱི་རང་ ལྡོ ག་དེ་འཛིན་ཆ་སྣང་ཞིང༌། གཟུང་ཆའི་བདེ་དྲོད་ཀྱི་ཆ་དེ་སྟོང་གཟུགས་སྣ་ཚོགས་པའི་རྣམ་ པར་སྣང་བ་ཡིན་པར་ཤེས་དགོས་སོ། ། གསུམ་པ་དུས་ཇི་ཙམ་གྱི་བར་དུ་སྒོམ་པ་ནི། འཁོར་ལོ་དྲུག་གི་ཐིག་ལེར་ཁམས་ལྔའི་ རླུང་མཐའ་དག་ཐིམ་པ་བརྟན་པར་མ་གྱུར་གྱི་བར་དུ་སྒོམ་དགོས་པའོ། །འདི་མཐར་ཕྱིན་ པ་ན་དཔྲལ་མགྲིན་སྙིང་ལྟེའི་རླུང་རྣམས་བརྟན་པ་མ་ཟད་ཐིག་ལེ་རྣམས་ཀྱང་བརྟན་པ་ཡིན་ ཀྱང་གཙུག་ཏོར་ལ་རླུང་བརྟན་པ་ཙམ་ལས་ཐིག་ལེ་རགས་པ་མེད་པས་དེ་བརྟན་པར་མི་ འཇོག་གོ ། བཞི་པ་འཛིན་པ་བསྒོམ་ཚུལ་དངོས་ནི། སྲོ ག་རྩོལ་གྱིས་སྲོ ག་ཐུར་གོང་བུ་གཅིག་ཏུ་ 4-1-117 འདྲེས་པའི་མ་ནིང་གི་རླུང་དེ་འཁོར་ལོ་རྣམས་ཀྱི་དབུ་མའི་ནང་གི་ཐིག་ལེ་ལ་བཅིངས་པའི་ ཆེད་དུ་ཐོག་མར་ལྟེ ་བའི་དབུས་སུ་དྲངས་ནས་དེའི་ཐིག་ལེར་བསྟིམ། དེར་ཁམས་ལྔ་རིམ་ བཞིན་ཐིམ་ཞིང་འབྱུང་བ་ལྔའི་ཐིམ་རྟགས་ལྔ་དང་སྣང་བཞིའི་ཡེ་ཤེས་རྫོགས་པར་ཤར་བ་ ན། དེ་འདྲས་རླུང་དེ་སྙིང་གར་དྲངས་པ་སོགས་ནས་གཙུག་ཏོར་གྱི་བར་ཡར་འགྲོ་བ་དང༌། དེ་ ནས་སླར་ཡང་གཙུག་ཏོར་ནས་ལྟེ་བའི་བར་དུ་མར་འོང་བའི་སྒོ་ནས་སྔར་བཞིན་སྒོམ་པའོ། །དེ་ལས་སྔ་མ་ཐིམ་བྱེད་ཀྱི་འཛིན་པ་དང་ཕྱི་མ་བརྟན་བྱེད་ཀྱི་འཛིན་པ་ཡིན་པ་ལས་དཔྲལ་བ་ ནི་འཛིན་པའི་ཡུལ་གྱི་གཙོ་བོ་དང༌། འདིར་སྣང་བཞིའི་ཡེ་ཤེས་སྐྱེ་བའང་རྐྱང་མའི་རླུང་ཐིག་ ལེར་ཐིམ་རྟགས་སྣང་བ་དང་རོ་མའི་རླུང་ཐིག་ལེར་ཐིམ་རྟགས་མཆེད་པ་དང༌། དབུ་མ་དང་ དུང་ཅན་མའི་རླུང་ཐིག་ལེར་ཐིམ་རྟགས་ཐོབ་པ་དང་འོད་གསལ་འཆར་བར་གསུངས་ལ། རྩ་ འཁོར་སྤྱི་ཁྱབ་ཏུ་སྒྲུབ་པ་གསང་བའི་བུམ་ཅན་སྟེ་གསང་བའི་རྩ་འཁོར་ནི་རྩ་འཁོར་གཞན་ ཐམས་ཅད་སྐྱེ་གཞི་ཡིན་པས་དེའི་ཐིག་ལེར་རླུང་ཐིམ་པ་བརྟན་པར་བྱས་ན་འཁོར་ལོ་གཞན་ རྣམས་ཀྱི་ཐིག་ལེར་རླུང་ཐིམ་པ་དེ་ཡང་རབ་ཏུ་བརྟན་པར་བྱེད་པས་སོ། །དེས་ན་རྒྱུད་ལས་ དངོས་སུ་མ་གསུངས་ཀྱང་ཐིམ་བྱེད་བརྟན་བྱེད་གཉིས་ལ་གསང་བའི་འཛིན་པ་སྒོམ་དགོས། འདིར་སྤོག་ཆོག་ལ་ཀུན་རྫོབ་གསང་བའི་རྡོ་རྗེ་ཀུན་ད་བྱང་སེམས་ཀྱི་རྡོ་རྗེ་དོན་དམ་སྟོང་ཉིད་ ཀྱི་རྡོ་རྗེ་དང་གསུམ་མཉམ་དུ་སྒོམ་ན་བོགས་འབྱུང་བར་གསུངས་སོ། ། ལྔ་པ་འཛིན་པ་སྒོམ་ནས་གྲུབ་པའི་ས་མཚམས་ནི། སྲོ ག་ཐུར་འདྲེས་པའི་ས་རླུང་དབུ་ མའི་ཐིག་ལེར་ཐིམ་པ་ན་འཛིན་པ་གསར་དུ་རྒྱུད་ལ་སྐྱེ་བ་ཡིན་ནོ། ། དྲུག་པ་འཛིན་པ་གྲུབ་པ་མཐར་ཕྱིན་པའི་ཚད་ནི། སྲོ ག་ཐུར་གཅིག་ཏུ་འདྲེས་པའི་རླུང་དེ། འཁོར་ལོ་ལྔའམ་དྲུག་གི་ཐིག་ལེར་ཐིམ་པ་རབ་ཏུ་བརྟན་པར་གྱུར་པ་ན་དེ་མཐར་ཕྱིན་པའོ། ། བདུན་པ་འཛིན་པ་སྒོམ་པའི་མྱོང་རྟགས་བྱེ་བྲག་ཏུ་བཤད་པ་ནི། སྲོ ག་ཐུར་འདྲེས་པའི་ 4-1-118 རླུང་གི་ཆ་ཤས་དབུ་མའི་ཐིག་ལེར་གསར་དུ་ཐིམ་པའི་དུས་ནས་རེ་ཁ་མཚན་ཉིད་པ་སྔར་ ལས་ལྷག་པ་གཏུམ་མོ་འབར་སྣང་དང་འདྲེས་པར་འཆར་བ་དང་སྲོ ག་ཐུར་འདྲེས་པའི་རླུང་གི་ ཆ་ཤས་དབུ་མའི་ཐིག་ལེར་ཐིམ་པ་ཇེ་མང་དུ་སོང་བཞིན་བདེ་བའི་རང་བཞིན་གྱི་སྲོག་ཐུར་ འདྲེས་པ་དེ་ཉིད་བློས་བཏགས་པ་ལ་མ་ལྟོས་པར་ལྷ་སྐུ་མཚན་དཔེས་བརྒྱན་པ་ཇེ་མང་དུ་ུ འཆར་ལ། ཁྱད་པར་འཛིན་པའི་ཕྱེད་ཕྱི་མའི་སྐབས་སུ་སྟོང་གཟུགས་དེ་དག་ཉམས་ཤིན་ཏུ་ བདེ་བའི་བདག་ཉིད་དུ་སྣང་བས་ན་སྲོ ག་གཟུགས་ཁྱད་པར་ཅན་འགྲུབ་པ་དང༌། རྩ་ཐམས་ ཅད་ཀྱི་ནང་གི་ཐིག་ལེ་འགྲོ་འོང་བྱེད་པ་མངོན་སུམ་དུ་མཐོང་ཞིང༌། དེས་ཕྱིའི་ཟླ་འོད་སོགས་ འོད་ཟེར་དཀར་པོའི་མཚན་མ་མཐོང་བ་དང༌། གཉུག་མའི་ཡེ་ཤེས་ཀྱི་བཞོན་པའི་རླུང་གཞོམ་ མེད་ཀྱི་སྒྲར་གྱུར་པ་དང༌། རང་ལུགས་ལ་མི་ཤིགས་པའི་རླུང་དེ་ཡེ་ནས་སྒྲ་སྐད་ཐམས་ཅད་ པའི་གཞོམ་མེད་ཀྱི་སྒྲར་གྲུབ་པ་དེའི་ཆ་ཤས་ཅི་རིགས་མངོན་དུ་གྱུར་ཅིང༌། འཛིན་པའི་ཕྱེད་ ཕྱི་མར་འཕོ་གེགས་འོང་བ་ཡོད་ཀྱང་རླུང་སེམས་ལ་དབང་ཐོབ་ཕྱིར་འབེབས་སོགས་གཞན་ ལ་ལྟོ ས་མི་དགོས་པར་གསུངས། འདིར་ལས་སྣ་ཚོགས་པ་ཐམས་ཅད་འགྲུབ་པར་འགྱུར་ཏེ། ཞི་རྒྱས་ཀྱི་ལས་བསྒྲུབ་པ་ལ་བདེ་བའི་རང་བཞིན་གྱི་སྲོག་གཟུགས་ཀྱི་ལྷ་སྐུ་དེ་ཉིད་སྙིང་གའི་ དབུ་མར་དྲངས་ཏེ་མོས་པ་ཙམ་གྱི་ཐོགས་མེད་དུ་འགྲུབ་པ་དང༌། དེ་བཞིན་དུ་དབང་དགུག་ ལ་སྲོ ག་གཟུགས་ཀྱི་ལྷ་དེ་ཉིད་མགྲིན་པའི་དབུ་མའི་ནང་དང༌། བསྐྲད་པ་དང་དབྱེ་བའི་ལས་ ལ་དཔྲལ་བ་དང༌། རེངས་གདབ་རྨོངས་པའི་ལས་ལ་ལྟེ ་བ་དང༌། བསད་པ་ལ་གསང་བ་དང༌། གསོ་བའི་ལས་ལ་གཙུག་ཏོར་གྱི་དབུ་མར་སྲོག་གཟུགས་ཀྱི་ལྷ་དྲངས་ནས་མོས་ཙམ་གྱིས་ ཐོགས་པ་མེད་པར་བསྒྲུབ་ཚུལ་རྒྱུད་ལས་བཤད་པ་ལྟར་དང༌། གཞན་ཡང་ཟད་པར་གྱི་ཏིང་ ངེ་འཛིན་དང་ཉེར་འཚེ་ཕྲ་མོ་དུ་མ་གཞོམ་པའི་ལས་སྣ་ཚོགས་འགྲུབ་བོ། ། བརྒྱད་པ་འཛིན་པ་ཚད་མ་གང་ཡིན། འཛག་བདེའི་ཆགས་པ་དང་བྲལ་མ་ཟིན་ལ་མངོན་ 4-1-119 ཤེས་ཀྱི་ཡིད་མངོན་ཐོབ་པའི་སྐབས་ཀྱི་སྟོང་གཟུགས་མི་རྟོག་པ་ལ་རྟོག་བྲལ་ཡིན་པས་ ཡིད་མངོན་དང་འཛིན་པའི་སྟོད་ཡན་ཆད་ལྷའི་སྤྱན་དང་འཛིན་པའི་མཐར་ཆགས་བྲལ་དགྲ་ བཅོམ་ལ་སངས་རྒྱས་ཆུང་ངུ་ཟེར་བ་ལྟར་འཛག་བདེའི་ཆགས་པ་བྲལ་བ་ལ་དེ་དང་རིགས་ མཉམ་ཕྱིར་སངས་རྒྱས་ཀྱི་སྤྱན་དུ་བཞག་ལ། དེའི་རིག་པས་འཛིན་པ་མཐར་མ་ཕྱིན་ཡན་ལ་ གོང་ལྟར་ལྷའི་སྤྱན་ཀྱང་འཇོག་དགོས་སོ། ། དགུ་པ་འཛིན་པའི་དག་བྱ་དག་བྱེད་ཀྱི་དབྱེ་བ་ལ། དག་བྱ་དང༌། དག་བྱེད་གཉིས་ལས། དང་པོ་ནི། འཛིན་པའི་དག་བྱ། ཚོར་བའི་ཕུང་པོ། མེའི་ཁམས། མིག་གི་དབང་པོ། རོའི་སྐྱེ་ མཆེད། ལག་པའི་དབང་པོ། བྱ་བ་འགྲོ་བ་སྟེ་གཞིའི་མེ་ཁམས་ཀྱི་རིགས་དྲུག་པོ་དང་དེ་དག་ བསྐྱེད་བྱེད་ཀྱི་མ་དག་པའི་མགྲིན་པའི་ཐིག་ལེ་དང་བཅས་པ་དེའོ། ། གཉིས་པ་དག་བྱེད་ལ་དབྱེ་ན། ལུགས་བཟློ ག་གིས་སྒོམ་པའི་འཛིན་པ་ནི། རླུང་ཐིག་ ལེར་ཐིམ་བྱེད་ཡིན་པས་གཙོ་བོར་ཟླ་བའི་ཆོས་དག་བྱེད་དང༌། ལུགས་འབྱུང་གིས་སྒོམ་པའི་ འཛིན་པ་ནི། གཙོ་བོར་གཏུམ་མོ་འབར་བྱེད་ཡིན་པས་ཉི་མའི་ཆོས་དག་བྱེད་ཀྱི་འཛིན་པ་ གཉིས་སུ་དབྱེ་བ་དང༌། སྲོ ག་ཐུར་འདྲེས་པའི་རླུང་གི་ས་ཁམས་ཐིག་ལེར་ཐིམ་པ་ནས་མཁའ་ ཁམས་ཐིམ་པའི་འཛིན་པའི་བར་ལྔར་དབྱེ་བ་དང༌། དེ་འདྲའི་རླུང་མ་ཐིམ་པ་གསར་དུ་ཐིམ་ བྱེད་ཀྱི་འཛིན་པ་ལྔ་དང༌། ཐིམ་ཟིན་བརྟན་བྱེད་ཀྱི་འཛིན་པ་ལྔ་སྟེ་བཅུར་དབྱེ་བ་དང༌། འདི་ ལ་ཁམས་ལྔའི་སྒོ་ནས་ཞིབ་པར་དབྱེ་ན་ལྔ་བཅུའོ། ། བཅུ་པ་འཛིན་པས་ཐོབ་པའི་འབྲས་བུ་ནི། གནས་སྐབས་ཀྱི་འབྲས་བུ་རྒས་པ་དང༌། ནད་ ལ་སོགས་པ་ཕུང་པོའི་སྡུག་བསྔལ་དང་བྲལ། ཚེ་ལ་དབང་ཅུང་ཟད་ཐོབ། ཉོན་མོངས་པས་ མི་འཆིང༌། བདུད་ཀྱི་གནོད་པས་མི་ཚུགས་རླུང་སྦྱོར་གྱིས་འཆི་བ་བཟློ ག་ནུས་པས་བདུད་ བཞི་ཅུང་ཟད་བཅོམ། མ་ཟོས་བཀྲེས་མེད་ཟོས་ཀྱང་འཇུ་བ་ལ་སོགས་པ་དང༌། མཐར་ཐུག་ 4-1-120 གི་འབྲས་བུ། ཚོར་ཕུང་དག་པ་རིན་འབྱུང༌། མེ་ཁམས་དག་པ་གོས་དཀར་མོ། མིག་དབང་ དག་པ་སའི་སྙིང་པོ། རོའི་སྐྱེ་མཆེད་དག་པ་རོ་རྡོ་རྗེ་མ། ལག་པའི་དབང་པོ་དག་པ་ཤེས་རབ་ མཐར་བྱེད། འགྲོ་བ་དག་པ་ཁྲོ་མོ་རྨུགས་བྱེད་མ་སྟེ་མེ་ཁམས་དག་པའི་ལྷ་དྲུག་གི་དཀྱིལ་ འཁོར་རབ་འབྱམས་ཐོབ་པའོ། །འཛིན་པའི་རིམ་པ་རྫོགས་སོ། གསུམ་པ་ཐུགས་དང་ཡེ་ཤེས་རྡོ་རྗེའི་རྣལ་འབྱོར་ཐ་མར་དགེ་བ་ལ། མི་འགྱུར་བའི་བདེ་ བ་དངོས་སུ་སྒྲུབ་བྱེད་རྗེས་དྲན་གྱི་ཡན་ལག་དང༌། མི་འགྱུར་བའི་བདེ་བ་དངོས་སུ་གྲུབ་པ་ བསྒྲུབ་བྱ་ཏིང་ངེ་འཛིན་གྱི་ཡན་ལག་དང་གཉིས་ལས། དང་པོ་ནི། རྗེས་དྲན་གྱི་ངོ་བོ། རྗེས་དྲན་གྱི་སྒྲ་བཤད། རྗེས་དྲན་སྒོམ་པའི་དུས་མཚམས། རྗེས་དྲན་ཇི་ལྟར་སྒོམ་པའི་ཚུལ། རྗེས་དྲན་སྒོམ་ནས་གྲུབ་པའི་ས་མཚམས། རྗེས་དྲན་གྲུབ་ པ་མཐར་ཕྱིན་པའི་ཚད། རྗེས་དྲན་སྒོམ་པའི་མྱོང་རྟགས་བྱེ་བྲག་ཏུ་བཤད་པ། རྗེས་དྲན་ཚད་ མ་གང་ཡིན། རྗེས་དྲན་གྱི་དག་བྱ་དག་བྱེད་ཀྱི་དབྱེ་བ། རྗེས་དྲན་གྱིས་ཐོབ་པའི་འབྲས་བུ་ དང་བཅུའོ། ། དང་པོ་ནི། རླུང་དབུ་མའི་ཐིག་ལེར་ཐིམ་པ་ལས་གཏུམ་མོ་འབར་སྣང་རང་ལུས་འདོད་ ལྷར་ཤར་བའི་སྟོང་གཟུགས་ཀྱི་ཕྱག་རྒྱ་དང་སྙོམས་པར་ཞུགས་པ་ལས་བྱུང་བའི་དེ་ཁོ་ན་ ཉིད་རྟོགས་པའི་བདེ་བ་ཆེན་པོའི་ཡེ་ཤེས་དེ་རྗེས་དྲན་གྱི་ངོ་བོ་ཡིན་ལ། འདིའི་འབར་སྣང་ སྟོང་གཟུགས་ཀྱི་ལྷ་སྐུ་ནི་སྲོག་དབུ་མའི་ཐིག་ལེར་ཐིམ་པ་ན་གོང་ལྟར་ཐིམ་རིམ་ཆེན་པོ་ལྔ་ དང་སྣང་བཞིའི་ཡེ་ཤེས་རྣམས་རིམ་གྱིས་ཤར་བའི་ཐ་མ་འོད་གསལ་གྱི་མཇུག་ཐོག་ཏུ་གྲུབ་ པའོ། །འདིར་ཕྱག་རྒྱ་ཆེན་པོ་ལ་བརྟེན་ནས་ཡས་བརྟན་མས་བརྟན་གྱི་དགའ་བཞི་རྫོགས་ པ་རེ་སྐྱེ་བ་རྣམས་ནི་དེ་ཁོ་ན་ཉིད་ལ་མཉམ་པར་བཞག་པས་ལས་རླུང་དབུ་མར་ཐིམ་པའི་ རྐྱེན་གྱིས་རང་ཤུགས་ཀྱིས་སྐྱེ་བ་ཡིན་གྱི་འཛིན་པའི་སྐབས་ལྟར་རྩོལ་བ་རླུང་སྦྱོར་སོགས་ལ་ 4-1-121 ལྟོ ས་དགོས་པ་མ་ཡིན་ལ། འདིར་བྱང་སེམས་ཕྱིར་འཛག་ཅིང་ཉམས་པར་འགྱུར་བ་མི་སྲི ད་ པའི་རང་ཤུགས་ཀྱི་རང་གནས་སུ་ལོག་སྟེ་ཉམས་མེད་དུ་གནས་པ་ལ་ཞུ་བདེ་འགྱུར་མེད་ ཅེས་བརྗོད་ཀྱི་མཆོག་མི་འགྱུར་གྱི་བདེ་བ་དངོས་གྲུབ་པས་ནི་མ་ཡིན་ཞིང༌། སྟོང་གཟུགས་ འདོད་ལྷ་ཡབ་ཡུམ་ཀྱང་གཞན་ལྟར་ན་སྔར་མེད་གསར་དུ་རིམ་གྱིས་གྲུབ་ཅིང༌། རང་ལུགས་ ལ་གདོད་མ་ནས་ཡོད་པའི་ཆོས་ཉིད་རང་བྱུང་གི་ཡེ་ཤེས་དུས་འཁོར་སོགས་རྒྱུད་སྡེ་རབ་ འབྱམས་ཀྱི་བདག་ཉིད་དུ་བཞུགས་པ་དེའི་ཆ་ཤས་རིམ་གྱིས་མངོན་པར་བཞེད། འདིར་སྟོང་ གཟུགས་མཐོང་ཚུལ་གསུམ་སྟེ། རང་ཉིད་འདོད་ལྷ་ཡབ་ཡུམ་དུ་ཤར་བ་དེ་ལས་ནམ་མཁའ་ ཁྱབ་པར་འཕྲོས་པའི་འོད་ཀྱི་དཀྱིལ་འཁོར་གྱིས་ཕྱི་ནང་ཐམས་ཅད་ཁྱབ་པ་དང༌། དེས་ཁྱབ་ ཚད་ཀྱི་ནམ་མཁའ་ལ་དག་མ་དག་གི་སྣོད་བཅུད་རབ་འབྱམས་འཆར་བ་དང་གསུམ་མོ། །སྤྱིར་རྗེས་དྲན་ལ་ཐིག་ལེ་སླ་བ་ལས་རྒྱ་ལ་བརྟེན་དགོས་པའི་སྐབས་དང་ཐིག་ལེ་བར་བ་ ཡེ་རྒྱ་ལ་དང་ཐིག་ལེ་དྭངས་མ་ཕྱག་ཆེན་ལ་བརྟེན་དགོས་པའི་སྐབས་དང་གསུམ་ཡོད་ཀྱང་ དང་པོར་ཕྱག་རྒྱ་གསུམ་དང༌། གཉིས་པར་གཉིས་དང༌། གསུམ་པར་གཅིག་གི་སྒོ་ནས་ཐིག་ ལེ་བཞུ་བརྟུལ་བྱེད་དགོས་ལ། དེ་ལས་ལས་རྒྱ་ནི་རིག་མ་མཚན་ལྡན་དང༌། ཡེ་རྒྱ་ནི་ཡིད་ ངོར་སྒོམ་པའི་ལྷ་མོ་དང༌། ཕྱག་ཆེན་ནི་སྟོང་གཟུགས་ཀྱི་ལྷ་མོ་མོས་བཏགས་ལ་མ་ལྟོས་པར་ ཤར་བ་དེ་ཡིན་ལ། ལས་རྒྱའི་དུས་སུ་ཆགས་རྟོགས་རགས་པ་དང་ཡེ་རྒྱའི་དུས་སུ་དེ་ལས་ཕྲ་ བའི་ཆགས་རྟོག་དང་ཕྱག་ཆེན་དུས་སུ་ཆགས་རྟོག་གང་ཡང་མེད་པའོ། །སྤྱིར་སྔགས་གཞུང་ རྣམས་སུ་ཕྱག་རྒྱ་བཞིའི་ངོས་འཛིན་འདྲ་མིན་ཡོད་ཀྱང་འདིར་ནི་གོང་ལྟར་བུད་མེད་མཚན་ ལྡན་ལས་ཀྱི་ཕྱག་རྒྱ། རེག་མཐོང་མཚན་མ་རྙེད་པའི་ཡིད་འོང་རིག་མ་ཡེ་ཤེས་ཀྱི་ཕྱག་རྒྱ། སྟོང་གཟུགས་ཀྱི་རིག་མ་ཕྱག་རྒྱ་ཆེན་མོ། དམར་ཆ་འབར་བའི་དྲོད་ཀྱི་གཏུམ་མོ་དམ་ཚིག་ གི་ཕྱག་རྒྱ་སྟེ་བཞི་དེ་ཡིན། སྤྱིར་ཕྱག་རྒྱ་ཞེས་པ་ཆོས་དེ་མི་ཉམས་པར་རྒྱས་འདེབས་བྱེད་ལ་ 4-1-122 བྱེད་ཕྱིར་འདིར་ཡང་ཐིག་ལེ་འཛག་མེད་དུ་རྒྱས་འདེབས་བྱེད་ཅིག་དགོས། དེ་འདྲའི་ཕྱག་ རྒྱ་གང་རུང་ལ་བརྟེན་ནས་འདིར་དགའ་བཞི་སྐྱེ་བ་ཐམས་ཅད་སྐད་ཅིག་མའི་དགའ་བ་དང༌། ཡས་བརྟན་གྱི་དགའ་བའི་ས་བཞི་ག་ཡིན་ཀྱང་མས་བརྟན་གྱི་དགའ་བའི་ས་ནི་མ་ཡིན་ཏེ། སྐབས་འདིའི་ཞུ་བདེ་ནས་བྱང་སེམས་གཙུག་ཏོར་ནས་ནོར་བུའི་བར་དུ་འོང་བའི་དུས་ཀྱི་ སྐད་ཅིག་མ་ལས་སྐྱེས་པའི་དགའ་བའང་ཡིན། ལུས་ངག་ཡིད་ཆགས་བཞིའི་ཐིག་ལེ་བརྟན་ པ་ལས་བྱུང་བའི་ཞུ་བདེ་ཡིན་པ་གང་ཞིག བྱང་སེམས་ཀྱི་ཆ་ཤས་ཅི་རིགས་འགགས་པ་ལས་ བྱུང་བའི་མི་འགྱུར་བའི་བདེ་བ་མ་ཡིན་པའི་ཕྱིར། དེས་ན་ཡས་བརྟན་དང་མས་བརྟན་གྱི་ དགའ་བའི་ས་འཇོག་ལུགས་མི་འདྲ་བས་སྔ་མའི་འཇོག་ལུགས་གོང་ལྟར་དང་ཕྱི་མའི་འཇོག་ ལུགས་ནི། ཏིང་ངེ་འཛིན་གྱི་ས་བཅུ་གཉིས་ལས་དང་པོ་གཉིས་ཀྱི་སྐབས་ཀྱི་ཐིག་ལེ་ཆ་ཤས་ དུ་མ་འགགས་པ་ལས་བྱུང་བའི་མི་འགྱུར་བའི་བདེ་བ་དེ་མས་བརྟན་གྱི་དགའ་བའི་ས་དང༌། གསུམ་པ་ནས་དྲུག་པའི་བར་གྱི་དེ་ནི་མས་བརྟན་གྱི་དགའ་བ་དང་མཆོག་དགའ་གཉིས་ཀྱི་ ས་དང༌། བདུན་པ་ནས་བཅུ་པའི་བར་གྱི་དེ་ནི་མས་བསྟན་གྱི་དགའ་བ་མཆོག་དགའ་ཁྱད་ དགའ་གསུམ་གྱི་ས་དང༌། བཅུ་གཅིག་པ་དང་བཅུ་གཉིས་པ་གཉིས་ཀྱི་དེ་ནི་མས་བརྟན་གྱི་ དགའ་བ་བཞི་གའི་སར་འཇོག་ལ། ཏིང་ངེ་འཛིན་གྱི་སྨད་དུ་གཙུག་ཏོར་ཅུང་ཟད་འཕགས་ཏེ་ དེར་བྱང་སེམས་འགྲོ་འོང་རགས་པ་བྱེད་ཚེ་དེའི་ཐིག་ལེ་བརྟན་པའོ། །དེ་ལྟར་སྐད་ཅིག་མའི་ དགའ་བ་བཞི་ནི་བྱང་སེམས་གཙུག་ཏོར་ནས་དཔྲལ་བའི་བར་དུ་འོང་བའི་བདེ་བ་དེ་དགའ་ བ་དང༌། དེ་ནས་སྙིང་གའི་བར་འོང་བའི་བདེ་བ་མཆོག་དགའ། དེ་ནས་གསང་བའི་བར་དུ་ འོང་བའི་བདེ་བ་ཁྱད་དགའ། དེ་ནས་ནོར་བུའི་བར་དུ་འོང་བའི་བདེ་བ་ལྷན་སྐྱེས་ཀྱི་དགའ་ བ་སྟེ་ཡས་བརྟན་གྱི་སྐད་ཅིག་མའི་དགའ་བ་བཞིའོ། །གནས་དེ་ལྟར་དུ་ཡར་བཟློ ག་པ་ན་ མས་བརྟན་གྱི་སྐད་ཅིག་མའི་དགའ་བ་སོགས་བཞི་པོ་ཐོབ་ལ་དེ་ནི་ཚེས་བཅུ་དྲུག་དང་སྦྱོར་ 4-1-123 ཚུལ་ལོ། །དེ་རེ་རེ་ལ་ལུས་ཏེ་དགའ་བའི་དགའ་བ་དང༌། ངག་ཏེ་དགའ་བའི་མཆོག་དགའ་ དང༌། ཡིད་དེ་དགའ་བའི་ཁྱད་དགའ་དང༌། ཡེ་ཤེས་དེ་དགའ་བའི་ལྷན་སྐྱེས་ཀྱི་དགའ་བ་སྟེ་ དགའ་བའི་དགའ་བ་བཞི་སོགས་བཅུ་དྲུག་ཏུ་དབྱེ་ན་ཆོག རྒྱུད་གཞན་ལྟར་ན་དགའ་བཞིའི་ ས་མཚམས་དཔྲལ་བ་ནས་མགྲིན་པ་དང༌། མགྲིན་པ་ནས་སྙིང་ག་དང༌། སྙིང་ག་ནས་ལྟེ ་བ་ དང༌། ལྟེ ་བ་ནས་གསང་བའི་ནོར་བུའི་བར་ཕྱེ་བའོ། །སྐད་ཅིག་མའི་དགའ་བ་འདི་གཞན་ ལྟར་ན་སངས་རྒྱས་མ་ཐོབ་ཀྱི་བར་དང༌། རང་ལུགས་ལ་མཐོང་ལམ་གྱི་བར་དུ་ཡོད་ཀྱི་དེ་ ལས་གཞན་དུ་མེད་དེ། གཞན་ལྟར་ན་སངས་རྒྱས་མ་ཐོབ་བར་དང༌། རང་ལུགས་ལ་མཐོང་ ལམ་གྱི་བར་དུ་བེམ་རྫས་མཐའ་དག་མི་ཟད་པ་གང་ཞིག བེམ་རྫས་ཀྱི་ཐིག་ལེ་མ་ཟད་བར་ དུ་སྐད་ཅིག་མའི་དགའ་བཞི་དངོས་གནས་འཇོག་པ་ཡོད་ཅིང་དེ་ཟད་པ་ན་མེད་པའི་ཕྱིར། ཀུན་མཁྱེན་ཕྱོགས་རྒྱལ་བས་དགའ་བཞིའི་ས་མཚམས་ནི་དཔྲལ་བ་ནས་མགྲིན་པ། མགྲིན་ པ་ནས་སྙིང་ག སྙིང་ག་ནས་ལྟེ ་བ། ལྟེ ་བ་ནས་གསང་བ་ནོར་བུའི་བར་དུ་གསུངས་སོ། ། གཉིས་པ་རྗེས་དྲན་གྱི་སྒྲ་བཤད་ནི། འདིའི་སྐད་དོད་ཨ་ནུ་སྨྲྀ་ཏི་སྟེ་ཨ་ནུ་ཞེས་པ་ དམན་པ་དང་ལྷག་པ་ལ་འཇུག་པ་ལས་འདིར་ལྷག་པ་ལ་བྱེད་དགོས་ཤིང༌། ལྷག་པའི་དོན་ ཡང་སྔར་མཐོང་བའི་རྗེས་སུ་འདིར་དེ་ལས་ལྷག་པར་མཐོང་བའི་དོན་ཡིན་པས་རྗེས་སུ་ཞེས་ བསྒྱུར། སྨྲྀ་ཏ་ནི་སྨྲྀ་སེམས་པ་ལའོ་ཞེས་པས་བྱིང་སྨྲྀ་ལ་བྱེད་པ་ཡིན་པའི་དོན་ སྟོན་བྱེད་ཀྱི་རྐྱེན་བྱིན་པས་སྨྲྀ་ཏི་ཞེས་པ་གྲུབ་པ་ཡིན་པས་སེམས་པར་བྱེད་ཅེས་དང༌། སེམས་པར་བྱེད་པ་ཡང་སྔར་སོང་བ་དེ་སླར་ཡང་དྲན་པར་བྱེད་པ་ཡིན་པས་སྨྲྀ་ཏི་དྲན་ པ་ལ་བསྒྱུར་བས་སྔར་འཛིན་པའི་སྐབས་ཀྱི་འབར་སྣང་གི་སྟོང་གཟུགས་ཀྱི་ལྷ་དེ་རྗེས་སུ་ འདིར་ཡང་བརྟན་པར་བྱེད་པའི་སྒོ་ནས་དགའ་བཞིའི་ཡེ་ཤེས་ཀྱིས་དེ་ཁོ་ན་ཉིད་ལ་མཉམ་ པར་འཇོག་པས་ན་རྗེས་དྲན་ཞེས་བརྗོད་དོ། ། 4-1-124 གསུམ་པ་རྗེས་དྲན་སྒོམ་པའི་དུས་མཚམས་ནི། འཛིན་པ་མཐར་ཕྱིན་ཏེ་རྩ་རླུང་ཐིག་ལེ་ གསུམ་ལ་དབང་ཐོབ། གཏུམ་མོའི་རྣམ་པ་ཀུན་ལྡན་ལྷ་སྐུ་རབ་འབྱམས་ཤར་བའི་དུས་ན་ རྗེས་དྲན་སྒོམ་པའོ། ། བཞི་པ་རྗེས་དྲན་ཇི་ལྟར་སྒོམ་ཚུལ་ལ། རྗེས་དྲན་གྱིས་གང་ལ་བྱ་བའི་ཡུལ་དང༌། རྗེས་ དྲན་སྒོམ་པའི་དགོས་པ། དུས་ཇི་ཙམ་གྱི་བར་དུ་སྒོམ་པ། རྗེས་དྲན་སྒོམ་ཚུལ་དངོས་དང་བཞི་ ལས། དང་པོ་ནི། སྤྱི་བོར་རྡོ་རྗེའི་ལུས་ཀྱི་རྩ་རླུང་ཐིག་ལེ་ཐམས་ཅད་དང༌། ཁྱད་པར་སྟོང་ གཟུགས་ཀྱི་སྐུ་ཡབ་ཡུམ་དང༌། རྟེན་འཁོར་ལོ་དྲུག་དང་དེ་ལ་བརྟེན་པའི་ཐིག་ལེ་རྣམས་དང༌། ཐིག་ལེ་དེ་དག་ཞི་བ་ལས་བྱུང་བའི་ཡས་བརྟན་མས་བརྟན་གྱི་དགའ་བཞིའི་ཡེ་ཤེས་རྣམས་ ནི། རྗེས་དྲན་གང་ལ་བྱ་བའི་ཡུལ་ལོ། ། གཉིས་པ་རྗེས་དྲན་སྒོམ་པའི་དགོས་པ་ནི། མཆོག་མི་འགྱུར་བའི་བདེ་བ་ཆེན་པོ་དེ་དེའི་ དགོས་པའོ། ། གསུམ་པ་དུས་ཇི་ཙམ་སྒོམ་པ་ནི། མི་འགྱུར་བའི་བདེ་བ་སྐད་ཅིག་དང་པོ་མ་སྐྱེས་ཀྱི་ བར་དུ་རྗེས་དྲན་གྱི་ཡན་ལག་སྒོམ་དགོས་སོ། ། བཞི་པ་རྗེས་དྲན་ཇི་ལྟར་སྒོམ་ཚུལ་ནི། ཕྱག་རྒྱ་ལ་བརྟེན་ནས་སྐྱེས་པའི་བདེ་བའི་ཡེ་ ཤེས་ཀྱིས་དེ་ཁོ་ན་ཉིད་ལ་མཉམ་པར་འཇོག་པའི་སྒོ་ནས་སྒོམ་པ་སྟེ། སྤྱིར་ལས་རྒྱ་བརྟེན་ ཚུལ་སྔོན་དུ་བྱང་སེམས་ཡར་འདྲེན་ནུས་སུ་བསྒྲུབས་པ་གྲུབ་ནས་ལས་རྒྱ་བརྟེན་ཚུལ་རྒྱས་ པ་ཡོད་ཀྱང་ལས་དང་པོ་པས་ཆགས་ལམ་བསྟེན་ཚུལ་ཡིན་གྱི་རྗེས་དྲན་དངོས་ཀྱི་སྒོམ་ཚུལ་ མ་ཡིན་ལ། རྗེས་དྲན་གྱི་སྐབས་དང་པོར་འདོད་པའི་གནས་སྐབས་བཅུ་དང་རྣམ་པ་མཐུན་ པའི་ལས་རྒྱའི་རྗེས་དྲན་བཅུ་དང༌། སྐབས་གཉིས་པར་དེ་འདྲའི་ཡེ་རྒྱའི་རྗེས་དྲན་བཅུ་དང༌། སྐབས་གསུམ་པར་དེ་འདྲའི་ཕྱག་ཆེན་གྱི་རྗེས་དྲན་བཅུ་སྟེ་སུམ་ཅུའོ། །དེ་ལས་དང་པོར་ཐིག་ 4-1-125 ལེ་སླ་བ་ལས་རྒྱ་ལ་བརྟེན་ནས་དགའ་བཞིའི་ཡེ་ཤེས་ཡང་ཡང་བསྐྱེད་དེ་བར་མར་བསྒྱུར། བར་མ་ཡེ་རྒྱ་ལ་བརྟེན་ནས་དྭངས་མར་བསྒྱུར། དྭངས་མ་ཕྱག་ཆེན་ལ་བརྟེན་ནས་ཤིན་ཏུ་ དྭངས་མར་བསྒྱུར་ཏེ་བཞུ་བཏུལ་ཡང་ཡང་བྱ་དགོས་སོ། །འདོད་པའི་གནས་སྐབས་བཅུ་ནི། རྒྱུད་ལས། བསམ་དང་འདོད་དང་ལུས་ལ་རིམ་དང་ཁ་མཆོག་པདྨ་སྐམ་དང་ཟས་ལ་རབ་ཏུ་ མི་འཇུག་དང༌། །འདར་དང་སྨྱོ་དང་རབ་ཏུ་རྨོངས་དང་ཡིད་ནི་རྣམ་པར་འཁྲུལ་དང་དྲག་ཏུ་ བརྒྱལ་བ་དག །ཅེས་པ་ལྟར་རོ། །འདིར་ལུས་ཀྱི་བྱང་སེམས་ཐམས་ཅད་དབུ་མའི་ལམ་དུ་ དྲངས་ནས་འཁོར་ལོ་དྲུག་འགེངས་བཞིན་བཟུང་ནུས་ལ་བཟུང་ཚུལ་ཡང་ཞག་གཅིག་ནས་ ལོ་གཅིག་ལྷག་ལ་བཟུང་ནུས་པ་སོགས་ཅི་རིགས་ཡོད་དོ། ། ལྔ་པ་རྗེས་དྲན་སྒོམ་ནས་གྲུབ་པའི་ས་མཚམས་ནི། འཛིན་པ་མཐར་ཕྱིན་པ་ལས་རླུང་ དབུ་མའི་ཐིག་ལེ་ལ་ཐིམ་པ་ལས་ཐིམ་རིམ་ལྔ་ཤར་བའི་རྗེས་སུ་སྣང་བཞིའི་ཡེ་ཤེས་དང་ ལུགས་འབྱུང་ལྡོག་གི་དགའ་བཞིའི་ཡེ་ཤེས་ཤར་བ་ཡང་ཡང་གོམས་པར་བྱས་པས་མཐར་ འོད་གསལ་གྱི་མཇུག་ཏུ་གཏུམ་མོའི་འབར་སྣང་གི་སྟོང་གཟུགས་རྡོ་རྗེའི་སྐུ་ཡབ་ཡུམ་ཟུང་དུ་ འཇུག་པ་དེ་རང་གི་ལུས་སུ་མཐོང་བར་གྱུར་ནས་ཕྱག་ཆེན་ལ་བརྟེན་པའི་དགའ་བའི་ཡེ་ཤེས་ སྐྱེས་པ་ན་རྗེས་དྲན་གྱི་ཡན་ལག་ཐོག་མར་ཐོབ་པའོ། ། དྲུག་པ་རྗེས་དྲན་གྲུབ་པ་མཐར་ཕྱིན་པའི་ཚད་ནི། ཕྱག་ཆེན་གྱི་གནས་སྐབས་ཐ་མའི་ དུས་སུ་རང་གི་ཕྱི་ལོག་དེ་མ་ཐག་ཏུ་མི་འགྱུར་བའི་བདེ་བ་འགྲུབ་པར་འགྱུར་བ་ཅན་གྱི་ཡས་ བརྟན་དང་མས་བརྟན་གྱི་དགའ་བ་རྣམས་རིམ་བཞིན་དུ་སྐྱེ་བའི་ནང་གི་མས་བརྟན་གྱི་ལྷན་ སྐྱེས་ཀྱི་དགའ་བ་རྫོགས་པ་ན་རྗེས་དྲན་མཐར་ཕྱིན་པའོ། ། བདུན་པ་རྗེས་དྲན་སྒོམ་པའི་མྱོང་རྟགས་བྱེ་བྲག་ཏུ་བཤད་པ་ནི། འདོད་པའི་ལྷའི་ལོངས་ སྤྱོད་ཅེས་པ་འདོད་ཡོན་ཐམས་ཅད་སྟོང་གཟུགས་ཀྱི་གཟུགས་སྒྲ་དྲི་རོ་རེག་བྱར་འཆར་བ་ 4-1-126 དང༌། གཟུགས་ཀྱི་མཚན་མ་ཞེས་པ་གཟུགས་ཁམས་པའི་ལྷ་ལྟར་རང་ལུས་སྟོང་གཟུགས་ འོད་ཀྱི་སྐུར་འཆར་བ་དེ་ལས་འོད་ཟེར་དང་ལྷ་ཚོགས་རབ་འབྱམས་ནམ་མཁའ་ཁྱབ་པར་ འཕྲོ་འདུ་བྱེད་པ་དང༌། གཟུགས་མེད་པ་ཞེས་པ་ཐིག་ལེ་ཡོངས་རྫོགས་ཞུ་བའི་བདེ་བ་ཁྱད་ པར་ཅན་སྐྱེ་བ་དང༌། ཆོས་ཀྱི་དབྱིངས་ཀྱི་ཉམས་ཞེས་པ་གནས་ལུགས་དེ་ཁོ་ན་ཉིད་འཕགས་ པས་ཉམས་སུ་མྱོང་བ་ལྟར་བདག་གིས་མྱོང་ངོ་སྙམ་པ་སོགས་འབྱུང་བའོ། ། བརྒྱད་པ་རྗེས་དྲན་ཚད་མ་གང་ཡིན་ནི། མདོ་ལམ་དུ་ཆགས་པ་དང་བྲལ་བའི་མཉམ་ བཞག་ཡེ་ཤེས་དེ་རྣལ་འབྱོར་མངོན་སུམ་དུ་འཇོག་པ་བཞིན་རྗེས་དྲན་གྱི་དུས་སུ་འཛག་ བདེའི་ཆགས་པ་དང་བྲལ་བའི་སྟོང་གཟུགས་དང་གནས་ལུགས་ཀྱི་རིག་པའི་ངོ་བོ་གཉིས་ཀ་ ལ་རྟོག་བྲལ་གྱི་ཡེ་ཤེས་ཡིན་པས་རྣལ་འབྱོར་མངོན་སུམ་དང༌། སྟོང་ཉིད་མངོན་སུམ་དུ་རྟོག་ པའི་ཤེས་རབ་ཀྱི་སྤྱན་ཐོབ་པ་དག་གིས་སྤྲུལ་པ་སྣ་ཚོགས་ཀྱིས་འགྲོ་དོན་བྱེད་པ་ལྟར་རྗེས་ དྲན་གྱི་གཏུམ་མོའི་འབར་སྣང་ལས་གྲུབ་པའི་སྲིད་པ་གསུམ་གྱི་རྣམ་ཅན་སྟོང་གཟུགས་ཀྱི་སྐུ་ འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྤྲོས་པས་འགྲོ་དོན་རྒྱ་ཆེར་སྒྲུབ་ནུས་པས་ཤེས་རབ་ཀྱི་ སྤྱན་ནོ། ། དགུ་པ་རྗེས་དྲན་གྱི་དག་བྱ་དག་བྱེད་ཀྱི་དབྱེ་བ་ལ། དག་བྱ། དག་བྱེད་གཉིས་ལས། དང་པོ་ནི། རྗེས་དྲན་གྱི་དག་བྱ། འདུ་ཤེས་ཀྱི་ཕུང་པོ། ཆུའི་ཁམས། ལྕེ འི་དབང་པོ། གཟུགས་ ཀྱི་སྐྱེ་མཆེད། རྐང་པའི་དབང་པོ། བྱ་བ་ལེན་པ་སྟེ་གཞིའི་མ་དག་པའི་ཆུ་ཁམས་དྲུག་དང་དེ་ དག་བསྐྱེད་པའི་སྙིང་གའི་ཐིག་ལེ་དང་བཅས་པ་དེའོ། ། གཉིས་པ་དག་བྱེད་ཀྱི་དབྱེ་བ་ལ། ཕྱག་ཆེན་ཙམ་གྱིས་དགའ་བཞི་རྫོགས་པར་འདྲེན་མི་ ཐུབ་པའི་རྗེས་དྲན་ནི་གཏུམ་མོའི་འབར་སྣང་མེ་ཁམས་ཤས་ཆེ་བ་ཡིན་པས་ཤེས་རབ་ཀྱིས་ ཟླ་བ་དག་བྱེད་ཀྱི་རྗེས་དྲན་དང༌། དེས་དེ་རྫོགས་པར་འདྲེན་ཐུབ་པས་དེ་ནི་བདེ་བ་ཐབས་ 4-1-127 ཀྱི་ཆ་ཤས་ཆེ་བ་ཡིན་པས་ཉི་མ་དག་བྱེད་ཀྱི་རྗེས་དྲན་གཉིས་སུ་དབྱེ་བ་དང༌། དུ་རྟགས་ཀྱི་ལྷ་ མོ་སོགས་ཁམས་ལྔའི་སྟོང་གཟུགས་ཀྱིས་དགའ་བཞི་རྫོགས་པར་དྲངས་པའི་རྗེས་དྲན་ལྔར་ དབྱེ་བ་དང༌། རྗེས་དྲན་ལ་གནས་སྐབས་སོ་སོར་མ་ཕྱེ་བར་སྤྱིར་འདོད་པའི་གནས་སྐབས་ བཅུ་དང་རྣམ་པ་མཐུན་པའི་རྗེས་དྲན་བཅུར་དབྱེ་བ་དང༌། གནས་སྐབས་སོ་སོར་ཕྱེ་ན་སུམ་ ཅུར་དབྱེ་བའོ། ། བཅུ་པ་རྗེས་དྲན་གྱིས་ཐོབ་པའི་འབྲས་བུ་ནི། གནས་སྐབས་ཀྱི་འབྲས་བུ། རྩ་སྟོང་ཕྲག་ དོན་གཉིས་བྱང་སེམས་ཀྱི་འོད་ཀྱིས་གང་བ་དང༌། རྣམ་སྨིན་གྱི་ལུས་གནས་མ་འགྱུར་ཀྱང་ དུས་རྟག་ཏུ་རང་ལུས་སྟོང་གཟུགས་ཀྱི་འོད་སྐུར་མཐོང་བ་བདེ་སྟོང་གི་སྣང་བ་རྒྱུན་མི་ཆད་ ཅིང་མངོན་ཤེས་དང་རྫུ་འཕྲུལ་སོགས་སྔར་ལས་བརྒྱ་འགྱུར་གྱིས་ལྷག་པ་ཐོབ་ཅིང་མཐར་ ཐུག་གི་འབྲས་བུ་འདུ་ཤེས་ཀྱི་ཕུང་པོ་དག་པ་འོད་དཔག་མེད། ཆུ་ཁམས་དག་པ་མཱ་མ་ཀི ལྕེ འི་དབང་པོ་དག་པ་འཇིག་རྟེན་དབང་ཕྱུག གཟུགས་ཀྱི་སྐྱེ་མཆེད་དག་པ་གཟུགས་རྡོ་རྗེ་མ། རྐང་པའི་དབང་པོ་དག་པ་པདྨ་མཐར་བྱེད། བྱ་བ་ལེན་པ་རྣམ་པར་དག་པ་ཁྲོ་མོ་ཁེངས་བྱེད་ མ་སྟེ་ཆུ་ཁམས་ཀྱི་དཀྱིལ་འཁོར་རབ་འབྱམས་ཐོབ་པ་ཡིན་ནོ། །རྗེས་དྲན་གྱི་རིམ་པ་རྫོགས་ སོ། མི་འགྱུར་བའི་བདེ་བ་དངོས་སུ་བསྒྲུབ་པ་བསྒྲུབ་བྱ་ཏིང་ངེ་འཛིན་གྱི་ཡན་ལགགཉིས་ པ་མི་འགྱུར་བའི་བདེ་བ་དངོས་སུ་བསྒྲུབ་པ་བསྒྲུབ་བྱ་ཏིང་ངེ་འཛིན་གྱི་ཡན་ལག་ལ། ཏིང་ངེ་ འཛིན་གྱི་ངོ་བོ། ཏིང་ངེ་འཛིན་གྱི་སྒྲ་བཤད། ཏིང་ངེ་འཛིན་སྒོམ་པའི་དུས་མཚམས། ཏིང་ངེ་ འཛིན་ཇི་ལྟར་སྒོམ་ཚུལ། ཏིང་ངེ་འཛིན་སྒོམ་ནས་གྲུབ་པའི་ས་མཚམས། ཏིང་ངེ་འཛིན་སྒོམ་ པ་མཐར་ཕྱིན་པའི་ཚད། ཏིང་ངེ་འཛིན་སྒོམ་པའི་མྱོང་རྟགས་བྱེ་བྲག་ཏུ་བཤད་པ། ཏིང་ངེ་ འཛིན་ཚད་མ་གང་ཡིན། ཏིང་ངེ་འཛིན་གྱི་དག་བྱ་དག་བྱེད་ཀྱི་དབྱེ་བ། ཏིང་ངེ་འཛིན་གྱི་ས་ 4-1-128 ཐོབ་པའི་འབྲས་བུ་དང་བཅུའོ། ། དང་པོ་ནི། ཕྱག་ཆེན་ལ་བརྟེན་ནས་ལུས་ཀྱི་ཐིག་ལེ་དྭངས་མའི་ཆ་ཅི་རིགས་ནོར་བུར་ འགགས་པ་ལས་བྱུང་ཞིང་སྟོང་གཟུགས་དང་མཚན་མེད་ཀྱི་སྟོང་ཉིད་གང་རུང་ལ་རྩེ་གཅིག་ ཏུ་གནས་པའི་མཆོག་མི་འགྱུར་གྱི་བདེ་བ་ཆེན་པོའི་ཡེ་ཤེས་དེ་ཏིང་ངེ་འཛིན་གྱི་ངོ་བོ་སྟེ། ཕྱག་ ཆེན་ལ་གོང་ལྟར་དགའ་བཞི་ཡང་ཡང་དྲངས་ཏེ་བསྒོམ་པས་རེ་ཞིག་ན་གཏུམ་མོའི་མེས་སྤྱི་ བོའི་ཐིག་ལེ་བཞུ་མི་དགོས་པར་དམར་ཆ་འབར་བ་དང༌། དཀར་ཆ་ཞུ་བ་དུས་མཉམ་པའི་སྒོ་ ནས་ཡས་བརྟན་གྱི་དགའ་བཞི་ཡང་ཡང་དྲངས་ཏེ་བསྒོམ་པས་རེ་ཞིག་ན་མཇུག་ཏུ་དཀར་ཆ་ ནོར་བུར་སླེབ་པ་དང་དམར་ཆ་གཙུག་ཏོར་དུ་ུསླེབས་པ་དུས་མཉམ་དུ་འབྱུང་ཚེ་དཀར་པོའི་ ཆ་གཅིག་ནོར་བུར་དང་དམར་པོའི་ཆ་གཅིག་གཙུག་ཏོར་དུ་བཅིངས་ཏེ། དེ་ལྷག་གི་དཀར་ དམར་རང་གནས་སུ་ལྡོག་པའི་མས་བརྟན་གྱི་མཇུག་ཏུ་གཙོ་བོར་ལྟེ་སྙིང་གང་རུང་ནས་རླུང་ གི་ཆ་གཅིག་འགགས་པ་དང་མཉམ་དུ་གཙུག་ཏོར་དུ་དམར་པོའི་ཆ་གཅིག་སྔར་བཅིངས་ པ་དེ་བརྟན་པའི་རྐྱེན་གྱིས་རྡོ་རྗེ་ནོར་བུར་དཀར་པོའི་ཆ་གཅིག་ཀྱང་བརྟན་པ་དེ་འདྲའི་སྒོ་ ནས་དཀར་དམར་རླུང་གསུམ་གྱི་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་ཆ་རེ་རེ་དབུ་མར་བརྟན་པ་ནས་ མཐར་ཡོངས་སུ་རྫོགས་ལ་བརྟན་པ་ཐོབ་པ་ན། གཞན་ལྟར་ན་མཐར་ཐུག་གི་ཟུང་འཇུག་ དང༌། རང་ལུགས་ལ་གནས་སྐབས་ཀྱི་ཟུང་འཇུག་ཐོབ་པའོ། །ཏིང་ངེ་འཛིན་གྱི་ས་ཐོབ་ཚུལ་ ཡང་གོང་བཞིན་དཀར་དམར་རླུང་གསུམ་འགགས་པས་མི་འགྱུར་བའི་བདེ་བས་གསང་ འཁོར་གྱི་ཕྱེད་འོག་མ་གང་ཚེ་ས་དང་པོ་དང་སྟེང་མ་གང་ཚེ་ས་གཉིས་པ་ཐོབ་པ་སོགས་ནས་ གཙུག་ཏོར་གྱི་བར་དུ་འདྲ་ཞིང༌། དེ་སྐབས་ས་དང་པོ་གཉིས་པ་གཉིས་སུ་ལྟེ་བ་ཡན་ཆད་ཀྱི་ རླུང་རྣམས་སྙིང་ག་དང་ས་གསུམ་པ་ནས་བཅུ་གཉིས་པའི་བར་ལ་སྙིང་ག་ཡན་ཆད་ཀྱི་རླུང་ རྣམས་ལྟེ ་བ་ནས་འགགས་པ་སྟེ། དེ་ཡང་ས་དང་པོ་ནས་བཅུ་པའི་བར་ལ་རྩ་བའི་རླུང་ལྔ་ 4-1-129 ལ་སུམ་སྟོང་དྲུག་བརྒྱ་རེ་ཕྱེ་བའི་ཆ་རེ་རིམ་གྱིས་དང་བཅུ་གཅིག་པ་དང་བཅུ་གཉིས་པ་ལ་ ཡན་ལག་གི་རླུང་ལྔ་ལ་བདུན་བརྒྱ་ཉི་ཤུ་རེ་ཕྱེ་བའི་ཆ་རེ་འགག་པའམ་གཏན་ཟད་དུ་ཕྱིན་ ཆད་སྐྱེ་བ་མེད་པར་གྱུར་པའོ། །འདི་དུས་སུ་རྩ་ཐིག་རླུང་གསུམ་གྱི་ཆ་ཇི་སྙེད་འགགས་པ་ དེ་སྙེད་དུ་མི་འགྱུར་བའི་བདེ་བའི་ཆ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་སོགས་ཀྱང་ཐོབ་ལ། དེ་དག་ ཀྱང་རྣལ་འབྱོར་པ་ལ་སྣང་ཚུལ་གྱིས་གཙོ་བོར་དབུ་མའི་ནང་དུ་བརྩེགས་པ་ལྟར་བཤད་ ཀྱི་དོན་ལ་དབུ་མ་ཁོ་ནར་མ་ངེས་སོ། །དེ་ལྟར་མི་འགྱུར་བའི་བདེ་བ་ལ། བེམ་ཆོས་མཐའ་ དག་ཐིམ་པ་ན་ཐིམ་ཡུལ་དེ་ལ་མི་རྟོག་པ་དང༌། བདེ་བ་དང་གཟུང་ཆ་ལ་གཡོ་བའི་ཆ་དང་ གཟུང་ཆ་གཟུགས་སུ་ཤར་བ་དང་བཞི་ཡོད་པ་དེ་དག་ལ་བེམ་རྫས་ཀྱི་རྩ་རླུང་ཐིག་ལེའི་ཆ་ རྣམས་ཐིམ་པས་རིམ་པ་བཞིན་མི་རྟོག་པའི་ཡེ་ཤེས་དང་བདེ་བ་ཆེན་པོ་དང་གཞོམ་མེད་ཀྱི་ གསུང་དང་སྟོང་གཟུགས་ཀྱི་སྐུའི་རྣམ་པ་མངོན་དུ་གྱུར་པའོ། །རང་ལུགས་ཀྱི་ལམ་བགྲོད་ ཚུལ་ནི། ཀུན་རྫོབ་སེམས་བསྐྱེད་མཚན་ཉིད་པ་སྐྱེས་པ་གཞིར་བཞག་སྟེ་སོར་སྡུད་ཀྱི་རྟགས་ བཅུ་འཆར་བའི་མགོར་སླེབ་པ་ན་སྔགས་ཀྱི་ཚོགས་ལམ་ཆུང་ངུ་དང་རྟགས་བཅུ་ག་ཤར་བ་ ན་ཚོགས་ལམ་ཆུང་ངུ་མཐར་ཕྱིན། ཐིག་ལེའི་ནང་དུ་སྣ་ཚོགས་གཟུགས་བརྙན་ཤར་བ་ན་ ཚོགས་ལམ་འབྲི ང་པོ་དང༌། བསྐྱེད་རིམ་སྔོ ན་སོང་ཡིན་ན་བསམ་གཏན་གྱི་ཡན་ལག་ཐོབ་ པ་ན་ཚོགས་ལམ་ཆེན་པོར་སླེ བས། བསམ་གཏན་མཐར་ཕྱིན་ཚེ་སྦྱོར་ལམ་དྲོད་དུ་འཕོས། བསྐྱེད་རིམ་སྔོ ན་སོང་མིན་ན་བསམ་གཏན་མཐར་ཕྱིན་ཚེ་ཚོགས་ལམ་ཆེན་པོ་དང༌། སྲོ ག་ རྩོལ་གྱི་རླུང་ཅི་རིགས་དབུ་མར་བཅིངས་པ་ན་དྲོད་ཆུང་དང༌། རླུང་བཅུ་ག་དབུ་མར་བཅིངས་ པ་ན་བསྐྱེད་རིམ་སྔོ ན་དུ་སོང་མ་སོང་གང་ཡིན་ཀྱང་དྲོད་འབྲིང་དུ་འཕོས། འཛིན་པའི་ལས་ རླུང་དབུ་མའི་ཐིག་ལེར་བཅིངས་ཏེ་གཏུམ་མོའི་འབར་སྣང་སྟོང་གཟུགས་སུ་གྱུར་ཚེ་དྲོད་ཆེན་ དང༌། འཛིན་པ་མཐར་ཕྱིན་པ་ན་རྩེ་ཆུང༌། རྗེས་དྲན་གྱིས་རང་ལུས་འདོད་ལྷར་མཐོང་བ་ན་ 4-1-130 རྩེ་འབྲི ང༌། རྗེས་དྲན་མཐར་ཕྱིན་ཚེ་རྩེ་ཆེན་ནོ། །ཏིང་འཛིན་སྐད་ཅིག་དང་པོ་ཐོབ་ཚེ་བཟོད་ ཆུང་དུ་འཕོས། དེ་ནས་མི་འགྱུར་བའི་བདེ་བའི་ཆ་རིམ་གྱིས་ཐོབ་སྟེ། ཐིག་ལེའི་ཆ་ཤས་སྟོང་ བརྒྱད་བརྒྱ་འགགས། མི་འགྱུར་བའི་ཆ་དེ་སྙེད་ཐོབ་པས་གསང་འཁོར་ཕྱེད་གང་བ་ན། ཏིང་ ངེ་འཛིན་གྱི་ས་དང་པོ་ཐོབ་པ་ནས་གཙུག་ཏོར་གྱི་ཕྱེད་གང་བས་ས་བཅུ་གཅིག་པའི་བར་གྱིས་ བཟོད་པ་མཐར་ཕྱིན། གཙུག་ཏོར་ཕྱེད་ཕྱི་མ་གང་བྱེད་ཀྱི་མི་འགྱུར་བའི་བདེ་བའི་ཆ་ཤས་ དང་པོ་ཐོབ་པ་ན། ཆོས་མཆོག་ཏུ་འཕོས་ཏེ་མི་འགྱུར་བའི་བདེ་བའི་ཆ་ཤས་སྟོང་བདུན་བརྒྱ་ གོ་དགུའི་བར་ནི་ཆོས་མཆོག་ཆུང་འབྲི ང་ཆེ་གསུམ་གྱི་སྐབས་སོ། །དེའི་སྐད་ཅིག་ཐ་མ་ཐོབ་ པ་དང་འཕགས་ས་དང་པོ་མཐོང་ལམ་ཐོབ་པ་དུས་མཉམ། འདིས་གནས་སྐབས་བཞིའི་ བག་ཆགས་རགས་པ་ཉོན་སྒྲིབ་ཀྱི་ཆར་གཏོགས་རྣམས་སྤངས་པའི་རྣམ་གྲོལ་ལམ་ཐོབ་པ་ ན་འཕགས་ས་གཉིས་པ་སྒོམ་ལམ་ཐོབ་ཅིང༌། འདི་ནས་གནས་སྐབས་བཞིའི་བག་ཆགས་ ཤིན་ཏུ་ཕྲ་བ་ཤེས་སྒྲིབ་ཀྱི་ཆར་གཏོགས་ལ་སྐོར་དགུ་ཕྱེ་བའི་དང་པོ་སྤངས་པ་ན་འཕགས་ ས་གསུམ་པ་ཐོབ་པ་ནས་ཐ་མ་སྤངས་ཚེ་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པའོ། །འདི་ནི་ རྗེ་བཙུན་རིན་པོ་ཆེའི་རང་ལུགས་ཏེ། ཁོང་གི་གསུང་ལས། ཏིང་ངེ་འཛིན་གྱིས་ས་རྣམས་ནི་ འཕགས་ས་མ་ཡིན་ཏེ། འཕགས་པའི་ས་དང་པོ་ཐོབ་ན་ཡིད་ཀྱི་རང་བཞིན་གྱི་ལུས་ངེས་པར་ ཐོབ་པར་དཔལ་གྱི་མགུར་ནས་གསུངས་པའི་ཕྱིར་རོ། །གཞན་ཡང་འཕགས་པའི་ས་བཅུ་ པའི་ཡོན་ཏན་གཞལ་དུ་མེད་པར་གསུངས་ན། བཅུ་གཅིག་པའི་ཡོན་ཏན་གཞལ་དུ་ཡོད་པ་ དང་འགལ་བའི་ཕྱིར། ཞེས་སོགས་འབྱུང་བ་ལྟར་རོ། །ཟུང་འཇུག་འདི་ལ་འཇིག་རྟེན་པ་ དང་འཇིག་རྟེན་ལས་འདས་པ་གཉིས་ཡོད་པ་ལས་སྔ་མ་ཆ་ཤས་ཡོངས་རྫོགས་ཡིན་མིན་ གཉིས་དང༌། ཕྱི་མ་ལ་སློ བ་མི་སློ བ་གཉིས་ཡོད་ལ། གཞན་ཡང་ཏིང་ངེ་འཛིན་གྱི་ས་བཅུ་ གཉིས་དང་འཕགས་ས་བཅུ་གཉིས་ཀྱིས་རྟེན་འབྲེལ་བཅུ་གཉིས་རགས་པ་དང་ཕྲ་བ་ལུགས་ 4-1-131 ལྡོ ག་གི་ཚུལ་དུ་སྤངས་པའོ། །རང་ལུགས་ཀྱི་དམ་པ་གོང་མ་འགའ་ཞིག་དང་མཁས་མཆོག་ གཞན་དག་ཏིང་ངེ་འཛིན་ལ་སྤྱིར་སོ་འཕགས་ཀྱི་ས་གཉིས་ཡོད་ཀྱང་ཏིང་ངེ་འཛིན་གྱི་ས་བཅུ་ གཉིས་པའི་རྒྱུན་དུ་གྱུར་པའི་འཕགས་ས་བཅུ་གཉིས་མི་བཞེད་ཅིང༌། རྟེན་འབྲེ ལ་བཅུ་གཉིས་ ལུགས་འབྱུང་གིས་སྤངས་ཚུལ་གསུངས་པའང་ཡོད་དོ། ། གཉིས་པ་ཏིང་ངེ་འཛིན་གྱིས་སྒྲ་བཤད་ནི། འདིའི་སྐད་དོད་ས་མཱའ་དྷི་ཞེས་པའི་ས་མ་ནི་ ཡང་དག་པ་དང༌། མའི་སྲོ ག་གི་ཨ་ཀུན་ནས་དང༌། ངྷི་འཛིན་པའི་དོན་ཡིན་པས་དམིགས་པ་ ལ་ཡང་དག་པར་ཀུན་ནས་འཛིན་པས་ན་ཏིང་ངེ་འཛིན་ཞེས་བརྗོད་པའོ། ། གསུམ་པ་ཏིང་ངེ་འཛིན་སྒོམ་པའི་དུས་མཚམས་ནི། རྗེས་དྲན་མཐར་ཕྱིན་པའི་མཇུག་ཏུ་ མི་འགྱུར་བའི་བདེ་བ་དེ་མ་ཐག་བསྐྱེད་ནུས་པའི་མཚམས་ནས་ཏིང་ངེ་འཛིན་སྒོམ་པའོ། ། བཞི་པ་ཏིང་ངེ་འཛིན་ཇི་ལྟར་སྒོམ་ཚུལ་ལ། ཏིང་ངེ་འཛིན་གྱི་ཡུལ། སྒོམ་པའི་དགོས་ པ། དུས་ཇི་ཙམ་དུ་བསྒོམ་པ། བསྒོམ་ཚུལ་དངོས་དང་བཞི་ལས། དང་པོ་ནི། མཆོག་ཏུ་མི་ འགྱུར་བའི་བདེ་བ་ཆེན་པོ་དང༌། དེ་དག་ངོ་བོ་རོ་གཅིག་པའི་སྟོང་གཟུགས་ཀྱི་སྐུ་གཉིས་ཏིང་ ངེ་འཛིན་སྒོམ་པའི་ཡུལ་ལོ། ། གསུམ་པ་དུས་ཇི་ཙམ་དུ་སྒོམ་པ་ནི། གཞན་ལྟར་ན་མི་འགྱུར་བའི་བདེ་བའི་ཆ་ཤས་ ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཡོངས་རྫོགས་མ་ཐོབ་ཀྱི་བར་དང༌། རང་ལུགས་ལ་དེའི་སྟེང་དུ་ འཕགས་ས་བཅུ་གཉིས་བགྲོད་དེ་མཐར་ཐུག་གི་ཟུང་འཇུག་མ་ཐོབ་ཀྱི་བར་དུ་ཏིང་ངེ་འཛིན་ སྒོམ་དགོས་པའོ། ། བཞི་པ་སྒོམ་ཚུལ་དངོས་ནི། སོ་སྐྱེས་དུས་སུ་ཕྱག་ཆེན་ལ་བརྟེན་ནས་བྱང་སེམས་ཞུ་བའི་ དགའ་བཞི་ཡང་ཡང་སྒོམ་པ་དང༌། འཕགས་སའི་དུས་སུ་དེ་འདྲའི་དགའ་བཞི་མེད་ཀྱང་སྔར་ ཐོབ་པའི་ཡས་བརྟན་མས་བརྟན་གྱི་དགའ་བའི་ཡེ་ཤེས་ཀྱི་ཆ་ཐམས་ཅད་ཚང་བའི་བདེ་བ་ 4-1-132 ཆེན་པོའི་ཡེ་ཤེས་སུ་གྱུར་པ་དེ་ལ་རྩེ་གཅིག་ཏུ་མཉམ་པར་བཞག་ནས་སྒོམ་པའོ། ། ལྔ་པ་ཏིང་ངེ་འཛིན་སྒོམ་ནས་གྲུབ་པའི་ས་མཚམས་ནི། མི་འགྱུར་བའི་བདེ་བའི་ཡེ་ཤེས་ ཀྱི་སྐད་ཅིག་མ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་ནང་གི་སྐད་ཅིག་དང་པོ་གྲུབ་པ་དང་མཉམ་དུ་ཏིང་ ངེ་འཛིན་གྲུབ་པའོ། ། དྲུག་པ་ཏིང་ངེ་འཛིན་སྒོམ་པ་མཐར་ཕྱིན་པའི་ཚད་ནི། མི་འགྱུར་བའི་བདེ་བའི་ཆ་ཤས་ ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྫོགས་པར་ཐོབ་པ་ན་ཏིང་ངེ་འཛིན་གྱི་ས་བཅུ་གཉིས་མཐར་ཕྱིན་ པ་དང༌། དེའི་རྒྱུན་རབ་དགའ་ལ་སོགས་པའི་འཕགས་ས་བཅུ་གཉིས་རིམ་གྱིས་བགྲོད་དེ་ མཐར་ཐུག་གི་ཟུང་འཇུག་ཐོབ་པ་ན་ཏིང་ངེ་འཛིན་མཐར་ཕྱིན་པའོ། ། བདུན་པ་ཏིང་ངེ་འཛིན་སྒོམ་པའི་མྱོང་རྟོགས་བྱེ་བྲག་ཏུ་བཤད་པ་ནི། ཏིང་ངེ་འཛིན་གྱི་ ས་དང་པོའི་དུས་སུ་སྟོང་གསུམ་ཆུང་ངའི་འཇིག་རྟེན་གྱི་ཁམས་གཅིག་གི་སྤྱོད་ཚུལ་སོགས་ མངོན་སུམ་དུ་མཐོང་བ་ལ་སོགས་པ་དང༌། གནས་སྐབས་ཀྱི་སྐུ་ཐུགས་དབྱེར་མེད་ཀྱི་སྐུ་ཐོབ་ ཅིང༌། མཐར་ཐུག་གི་ཟུང་འཇུག་ཐོབ་རུང་དུ་གྱུར་པ་སོགས་སོ། ། བརྒྱད་པ་ཏིང་ངེ་འཛིན་ཚད་མ་གང་ཡིན་ནི། མཆོག་ཏུ་མི་འགྱུར་བའི་བདེ་བ་རང་གིས་ རང་རིག་པའི་ཚུལ་གྱིས་མངོན་སུམ་དུ་རྟོགས་ཕྱིར་རང་རིག་མངོན་སུམ་དང༌། སྐུ་ཐུགས་ དབྱེར་མེད་པའི་བདག་ཉིད་ཀྱི་ཡེ་ཤེས་མངའ་བས་ཡེ་ཤེས་ཀྱི་སྤྱན་ནོ། ། དགུ་པ་ཏིང་ངེ་འཛིན་གྱིས་དག་བྱ་དག་བྱེད་ཀྱི་དབྱེ་བ་ལ། དག་བྱ་དང༌། དག་བྱེད་ གཉིས་ལས། དང་པོ་ནི། ཏིང་ངེ་འཛིན་གྱིས་དག་བྱ་གཟུགས་ཀྱི་ཕུང་པོ། སའི་ཁམས། ལུས་ ཀྱི་དབང་པོ། དྲིའི་སྐྱེ་མཆེད། བཤང་ལམ་གྱི་དབང་པོ། བྱ་བ་སྨྲ་བ་སྟེ་གཞིའི་མ་དག་པའི་ས་ ཁམས་ཀྱི་རིགས་དྲུག་པོ་དང་དེ་དག་བསྐྱེད་པའི་ལྟེ ་བའི་ཐིག་ལེ་དང་བཅས་པའོ། ། གཉིས་པ་དག་བྱེད་ལ་དབྱེ་ན། གསང་བ་ནས་དཔྲལ་བའི་འཁོར་ལོའི་བར་ལྔ་ལ་ཐུར་ 4-1-133 སེལ་ལ་སོགས་པ་ཁམས་ལྔ་འགགས་པ་ལས་བྱུང་བའི་ཏིང་ངེ་འཛིན་གྱི་ཡེ་ཤེས་ནི་ཉི་མ་དག་ བྱེད་དང༌། གཙུག་ཏོར་དུ་ཀླུ་ལ་སོགས་པ་ཕུང་པོ་ལྔའི་རླུང་འགགས་པ་ལས་བྱུང་བའི་ཏིང་ངེ་ འཛིན་གྱི་ཡེ་ཤེས་ནི་ཟླ་བ་དག་བྱེད་ཀྱི་ཏིང་ངེ་འཛིན་གཉིས་སུ་དབྱེ་བ་དང༌། གསང་འཁོར་གྱི་ སྔ་ཕྱི་མི་འགྱུར་བའི་བདེ་བས་གང་སྟེ་ས་གཉིས་ཐོབ་པའི་དུས་སུ་ས་རླུང་གནས་འགྱུར་པའི་ ཏིང་ངེ་འཛིན་དང༌། དེ་བཞིན་དུ་སྙིང་གའི་ས་གཉིས་ལ་ཆུ་རླུང༌། མགྲིན་པའི་ས་གཉིས་ལ་མེ་ རླུང༌། དཔྲལ་བའི་ས་གཉིས་ལ་རླུང་གི་རླུང༌། གཙུག་ཏོར་གྱི་ས་གཉིས་ལ་མཁའ་རླུང་གནས་ འགྱུར་བའི་ཏིང་ངེ་འཛིན་དང་ལྔར་དབྱེ་བ་དང༌། གསང་བར་ཐུར་སེལ་འགགས་པ་ལས་བྱུང་ བའི་ཏིང་ངེ་འཛིན་དང༌། དེ་བཞིན་དུ་ལྟེ ་བར་མཉམ་གནས། སྙིང་གར་སྲོ ག་འཛིན། མགྲིན་ པར་གྱེན་རྒྱུ། དཔྲལ་བར་ཁྱབ་བྱེད་དང་ལྔ་དང༌། གཙུག་གཏོར་གྱི་འཁོར་ལོའི་ཕྱེད་སྔ་ཕྱི་ གཉིས་ཀར་ཆ་ལྔར་དབྱེ་བའི་དང་པོ་ཀླུ། གཉིས་པ་རུས་སྦལ། གསུམ་པ་རྩངས་པ། བཞི་པ་ ལྷས་བྱིན། ལྔ་པ་ནོར་ལས་རྒྱལ་དང་ལྔ་ལ་དེ་ལྟར་སྦྱར་བས་བཅུའོ། ། བཅུ་པ་ཏིང་ངེ་འཛིན་གྱིས་ཐོབ་པའི་འབྲས་བུ་ནི། གནས་སྐབས་ཀྱི་འབྲས་བུ། རང་ ལུགས་ལ་རྣམ་སྨིན་གྱི་ཕུང་པོ་དབྱིངས་སུ་ཡལ་ཏེ་ཤེས་དང་ཤེས་བྱ་དབྱེར་མེད་པའི་ཟུང་ འཇུག་ཡེ་ཤེས་ཀྱི་སྐུ་ཐོབ་ཅིང༌། མཐར་ཐུག་གི་འབྲས་བུ་གཟུགས་ཕུང་རྣམ་པར་དག་པ་རྣམ་ པར་སྣང་མཛད། ས་ཁམས་རྣམ་པར་དག་པ་སངས་རྒྱས་སྤྱན་མ། ལུས་དབང་རྣམ་པར་དག་ པ་སྒྲིབ་སེལ། དྲིའི་སྐྱེ་མཆེད་རྣམ་པར་དག་པ་དྲི་རྡོ་རྗེ་མ། བཤང་ལམ་གྱི་དབང་པོ་རྣམ་པར་ དག་པ་གཤིན་རྗེ་མཐར་བྱེད། བྱ་བ་སྨྲ་བ་རྣམ་པར་དག་པ་ཁྲོ་མོ་རེངས་བྱེད་མ་སྟེ་མཐར་ཐུག་ གི་ཡེ་ཤེས་ཀྱི་ས་ཁམས་དྲུག་གི་དཀྱིལ་འཁོར་རབ་འབྱམས་ཐོབ་པའོ། ། རྩ་བའི་ས་བཅད་གསུམ་པ་དེ་ལས་འབྲས་བུ་མངོན་དུ་བྱེད་ཚུལ་ནི། མཁས་མཆོག་ གཞན་ལྟར་ན་ཏིང་ངེ་འཛིན་གྱི་ས་དང་པོ་སྐྱེས་པ་དང༌། གཉིས་པ་ཡན་ཆད་འཕགས་ས་ཡིན་ 4-1-134 པས་འཕགས་ས་ཐོག་མ་ཐོབ་པ་ན་ཉོན་སྒྲིབ་མཐའ་དག་སྤངས་ཏེ། འཕགས་ས་གཉིས་པ་ ཡན་ཆད་ནས་ཤེས་སྒྲིབ་ཅི་རིགས་སྤངས་ནས་ཏིང་ངེ་འཛིན་གྱིས་ཐ་མས་ཤེས་སྒྲིབ་དྲུངས་ ནས་ཕྱུང་ཏེ། མཐར་ཐུག་གི་རྡོ་རྗེ་བཞི་སྔ་ན་མེད་པ་གསར་དུ་གྲུབ་པའི་སྒོ་ནས་ཐོབ་པ་ཡིན་ ལ། རང་ལུགས་ལ་ཏིང་ངེ་འཛིན་ཀྱི་ས་བཅུ་གཉིས་པ་ཚུན་ཆད་ས་སྐྱེས་པ་དང༌། དེའི་རྒྱུན་ དུ་གྱུར་པའི་འཕགས་ས་བཅུ་གཉིས་བགྲོད་པ་ལེགས་པར་རྫོགས་ཚེ་དོན་དམ་རང་བྱུང་གི་ ཡེ་ཤེས་གདོད་ནས་རྡོ་རྗེ་བཞིའི་བདག་ཉིད་དུ་བཞུགས་པ་དེ་ཀ་ཇི་བཞིན་མངོན་དུ་གྱུར་པ་ ན་ཀུན་རྫོབ་གཞན་སྣང་ངོར་རྡོ་རྗེ་བཞིའི་བདག་ཉིད་ཀྱི་གོ་འཕང་ཞིག་གསར་དུ་ཐོབ་པའི་ ཚུལ་དུ་གསང་བ་གསུམ་གྱི་མཛད་པ་མཐའ་ཡས་པ་སྟོན་པའི་སྒོ་ནས་སྐྱེ་དགུ་མ་ལུས་པའི་རེ་ འདོད་ཡིད་བཞིན་དུ་སྐོ ང་བ་ལགས་སོ། །སྨྲས་པ། ཕུལ་བྱུང་རྒྱལ་བའི་མཛད་པ་རྨད་བྱུང་བ། ། ཐུབ་དབང་སྐུ་ཡི་དཀྱིལ་འཁོར་ཡོངས་བཞེངས་པས། ། རྒྱ་ཆེར་རྒྱུད་ཀྱི་ཟབ་དོན་ཐང་མར་བརྡལ། ། དེ་ལས་ཆེས་མཆོག་རྩ་རྒྱུད་ཡིད་བཞིན་དབང༌། ། གང་ལས་བསྟན་པའི་རྫོགས་རིམ་ཡན་ལག་དྲུག ། གསང་ཆེན་ཆོས་ཚུལ་ཇི་བཞིན་ལེགས་འདོམས་པ། ། ཀུན་གཟིགས་རྒྱལ་བ་གཉིས་པ་ཇོ་ནང་པའི། ། དགོངས་དོན་ལེགས་པར་འཆད་ལ་ཟླ་བྲལ་བ། ། འཇམ་པའི་རྡོ་རྗེ་ཡེ་ཤེས་སྒྱུ་མའི་འཕྲུལ། ། ངུར་སྨྲིག་དགེ་བའི་བཤེས་སུ་རྣམ་རོལ་པ། ། གང་དེའི་ལེགས་བཤད་བདུད་རྩིའི་ཆུ་གཏེར་ལས། ། 4-1-135 བློ་དམན་སེམས་ཀྱི་ཡོལ་གོ་འགེངས་ཕྱིར་དུ། ། ཟེགས་མའི་ཆ་ཙམ་ལེན་ལ་བརྩོན་པ་འདི། ། ཟབ་དོན་སྤྲོས་པ་བློ་ཡིས་མ་འཆུན་པ། ། འགའ་ལ་བཅང་བདེའི་སླད་དུ་བྱས་ལགས་ན། ། ཟབ་ལམ་རིམ་པའི་གནད་དོན་འབྱོར་ཐབས་འཚལ། ། འདི་བྱས་དགེ་བའི་རྣམ་དཀར་ཟླ་ཟེར་གྱིས། ། འགྲོ་རྒྱུད་ཉོན་མོངས་ཚ་བས་གདུང་བ་དག ། རབ་བསིལ་གསང་སྔགས་ཞི་བ་ཆེན་པོས་འཚོ། ། རྨད་བྱུང་བདེ་དགའ་རྒྱ་མཚོ་སྤྱོད་གྱུར་ཅིག ། ཅེས་རྫོགས་རིམ་ཡན་ལག་དྲུག་གི་བསྡུས་དོན་རབ་གསལ་ནོར་བུའི་མེ་ལོང་ཞེས་བྱ་བ་འདི་ཡང་སློབ་རིགས་པ་འགའ་ལ་ མཁོ་བས་ཆེད་གཉེར་ཡང་ཡང་མཛད་པ་བཞིན་གྲགས་པའི་མིང་མཐའ་འཛིན་པས་བྱས་པ་དགེ་ལེགས་འཕེལ། སརྦ་མངྒ་ལཾ། 4-1-136 ༄༅། །རྟོན་པ་བཞི་ལྡན་གྱིས་མཛད་པའི་ སྤྲིང་ཡིག ༄༅། །ན་མ་ཤྲཱི་ཀ་ལ་ཙཀྲ་ཡཿ བདེ་སྟོང་རོལ་བའི་དཔག་བསམ་ཡལ་འདབ་རྒྱས། །ཏིང་འཛིན་མེ་ཏོག་འོད་གསལ་འདུས་མ་བྱས། །དུས་འཁོར་བདེ་གཤེགས་སྙིང་པོ་བཅོམ་ ལྡན་འདས། །སྐྱབས་མཆོག་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །ཐར་པའི་དོན་གཉེར་སྐྱེས་ བུ་དམ་པ་ཁྱོད། །བསྟན་པའི་མཐར་ཐུག་ཐེག་པ་ཀུན་གྱི་རྩེ། །གཞན་སྟོང་ཟབ་མོའི་བ་དན་ མཁའ་ལ་འཕྱར། །ཆོས་ཀྱི་དུང་ཆེན་འབུད་པའི་དུས་སུ་ཉོན། །བུམ་པའི་ནང་དུ་སྦྲང་མ་ འཁོར་བ་བཞིན། །ཁམས་གསུམ་མཐའ་དག་སྡུག་བསྔལ་རང་བཞིན་སྤྱོད། །དེ་ལས་ཐར་ བྱེད་དམ་ཆོས་དགོས་འགྱུར་གསུངས། །དེ་སྣོ ད་དལ་འབྱོར་མིན་པ་བྱེད་པ་མེད། །དཔེ་ གྲངས་རྒྱུ་གསུམ་སྒོ་ནས་རྙེད་དཀའ་བ། །གལ་ཏེ་རྙེད་ཀྱང་ཆུ་ཡི་ཆུ་བུར་བཞིན། །རྩྭ་རྩེའི་ ཟིལ་བ་རླུང་གསེབ་མར་མེ་ལྟར། །འཆི་བ་མི་རྟག་ཡིན་པར་ཐུགས་ལ་ཞོག །འཆི་ཙམ་མི་ ཕན་སྡིག་པའི་ཡོ་ལང་གིས། །འཆི་ཁར་བར་དོའི་འཇིགས་སྐྲག་སྣ་ཚོགས་དང༌། །ངན་སོང་ གསུམ་གྱི་སྡུག་བསྔལ་ཡ་ང་བ། །ལེ་ལོ་མི་ཁོམ་ཤིན་ཏུ་འབད་པར་འཚལ། །ལ་ལར་ཕྱི་ནང་ སྣོ ད་བཅུད་ཐམས་ཅད་ཀུན། །གདོད་ནས་མ་གྲུབ་རང་རང་ངོ་བོས་སྟོང༌། །དཔེར་ན་ནམ་ མཁའི་མེ་ཏོག་ལྟ་བུ་སྟེ། །འོན་ཀྱང་རྣམ་ཤེས་བག་ཆགས་དག་གིས་བསླད། །ལ་ལར་དེ་འདྲ་ མི་ཤེས་ཕལ་བ་ཡིས། །འཁྲུལ་སྣང་དངོས་པོ་བདེན་པར་བཟུང་བ་ལ། །ལས་དང་ཉོན་མོངས་ སྣ་ཚོགས་ཉིད་དུ་འཆར། །འདི་དག་འགྲོ་བ་མང་པོ་བསླུས་པར་བྱེད། །བསླུས་ཀྱང་མི་ཕན་ རླུང་སེམས་མ་འགགས་པར། །འཁྲུལ་སྣང་སྲི ད་པའི་རྦ་རླབས་སྣ་ཚོགས་འཆར། །དཔེར་ན་ 4-1-137 མཁྲིས་ནད་རྒྱས་པའི་གང་ཟག་ལ། །དུང་དཀར་དྲི་མེད་སེར་པོར་མཐོང་བ་ལྟར། །དེ་ནས་ རླུང་སེམས་འགྱུ་བ་འགགས་པའི་ཐབས། །བྱང་ཕྱོགས་ཤམ་བྷ་ལ་ཡི་ཁྱད་ཆོས་མཆོག །དུས་ འཁོར་བདེ་གཤེགས་སྙིང་པོ་མཆོག་ཏུ་བསྔགས། །ཆོས་གཞན་ཐར་ཐོར་དག་གིས་དགག་མི་ ནུས། །རྣམ་ཤེས་འགགས་ནས་ཡེ་ཤེས་མངོན་དུ་འགྱུར། །མཁྲིས་ནད་དག་པས་དུང་དཀར་ གསལ་བ་བཞིན། །དེ་ལྟར་རྟོགས་པ་ཆོས་ཤེས་ནང་ན་དཀོན། །སྐྱེ་བོ་ཕལ་པའི་ཁྲོད་ནས་ སྨོས་ཅི་འཚལ། །རང་བཞིན་འོད་གསལ་གློ་བུར་དྲི་མའི་སེམས། །གཉིས་སུ་ཕྱེ་བ་ཅུང་ཟད་ ཁྱོད་ལ་བསྟན། །རང་བཞིན་འོད་གསལ་རྫོགས་པའི་སངས་རྒྱས་ཏེ། །གློ་བུར་དྲི་མ་ཉོན་ མོངས་མ་རིག་བདུད། །རང་བཞིན་འོད་གསལ་ཕྱག་རྒྱ་ཆེན་མོ་སྟེ། །བུམ་ནང་མར་མེ་འབར་ བ་ལྟ་བུར་བཞུགས། །གློ་བུར་དྲི་མའི་སྒྲིབ་གཡོགས་བཀག་པ་ཡི། །བུམ་པ་ནག་པོ་བཞིན་དུ་ རྟོགས་པར་འཚལ། །རང་བཞིན་འོད་གསལ་དུས་ཀྱི་འཁོར་ལོ་ནི། །མཁའ་ལ་ཉི་ཟླའི་དཀྱིལ་ འཁོར་ལྟ་བུར་བཞུགས། །གློ་བུར་དྲི་མ་ནག་པོའི་སྒྲིབ་གཡོགས་ནི། །སྤྲིན་དང་དུ་བ་ཁུག་རྣ་ ལྟ་བུར་གནས། །རང་བཞིན་འོད་གསལ་དང་པོའི་སངས་རྒྱས་ནི། །དབུལ་པོའི་ཁང་པར་ རིན་ཆེན་གཏེར་ལྟ་བུ། །གློ་བུར་དྲི་མའི་སྒྲིབ་གཡོགས་ངན་པ་ནི། །རིན་ཆེན་བཀབ་པའི་ས་ རྡོ་ཉིད་དང་མཚུངས། །རང་བཞིན་འོད་གསལ་ཆོས་སྐུ་རྡོ་རྗེ་འཆང༌། །ས་ཡི་ནང་དུ་གསེར་གྱི་ གར་བུ་བཞིན། །གློ་བུར་དྲི་མའི་སྒྲིབ་གཡོགས་རྣམ་རྟོག་ནི། །གར་བུ་བསྒྲིབས་པའི་ས་འདམ་ དཔེ་དང་མཚུངས། །རང་བཞིན་འོད་གསལ་དགྱེས་པ་རྡོ་རྗེ་ནི། །སྙེ་མའི་ནང་དུ་འབྲས་བུ་ལྟ་ བུར་བཞུགས། །གློ་བུར་དྲི་མའི་རྣམ་ཤེས་དེ་ཉིད་ནི། །སྙིང་པོ་གཡོགས་པའི་ཤུན་པ་བཞིན་ དུ་གནས། །རང་བཞིན་འོད་གསལ་བདེ་མཆོག་འཁོར་ལོ་ནི། །དཔེར་ན་སྦྲང་རྩིའི་གོང་བུ་ལྟ་ བུར་བཞུགས། །གློ་བུར་དྲི་མའི་སྒྲིབ་གཡོགས་འགྱུ་བ་ནི། །དེ་ལ་འདུས་པའི་སྦྲང་མ་བཞིན་ དུ་གནས། །རང་བཞིན་འོད་གསལ་མ་ཧཱ་མ་ཡ་ནི། །སངས་རྒྱས་སྐུ་གཟུགས་རིན་ཆེན་ལྟ་བུར་ 4-1-138 བཞུགས། །གློ་བུར་དྲི་མ་འཁོར་བའི་སྒྲིབ་གཡོགས་ནི། །དར་གྱི་ན་བཟའ་ལྟ་བུར་གནས་པར་ འདོད། །རང་བཞིན་འོད་གསལ་རྡོ་རྗེ་འཇིགས་བྱེད་ནི། །གཡའ་དག་མཁའ་ལ་འཇའ་ཚོན་ ལྟ་བུར་བཞུགས། །གློ་བུར་དྲི་མ་སྐྱེ་བའི་རྒྱ་མཚོ་ནི། །སྒྲིབ་བྱེད་ནག་པོའི་སྤྲིན་དཔུང་བཞིན་ དུ་གནས། །རང་བཞིན་འོད་གསལ་གསང་བ་འདུས་པ་ནི། །ས་ལ་པདྨ་འདབ་སྟོང་ལྟ་བུར་ བཞུགས། །གློ་བུར་དྲི་མ་རྒས་པའི་རྒྱ་མཚོ་ནི། །སྒྲིབ་གཡོགས་སྐྱོན་མང་ས་འདམ་བཞིན་དུ་ གནས། །རང་བཞིན་འོད་གསལ་སངས་རྒྱས་ཐོད་པ་ནི། །ཏིལ་ནང་མར་ཁུ་ལྟ་བུར་བཞུགས་ པ་སྟེ། །གློ་བུར་དྲི་མ་ན་བའི་རྒྱ་མཚོ་ནི། །དེ་ཡི་སྒྲིབ་གཡོགས་ཏིལ་ནག་བཞིན་དུ་གནས། །རང་བཞིན་འོད་གསལ་རྟ་མགྲིན་ཡང་གསང་ཁྲོས། །བརྟན་སྐྱེས་དག་ལ་མེ་ལྟར་བཞུགས་ པ་སྟེ། །གློ་བུར་དྲི་མ་འཆི་བའི་རྒྱ་མཚོ་ནི། །སྒྲིབ་བྱེད་གེལ་བ་ཤིང་ཚལ་ལྟ་བུར་གནས། །རང་ བཞིན་འོད་གསལ་རྡོ་རྗེ་གདན་བཞི་ནི། །དངུལ་ཀར་དྲི་མེད་དག་པའི་མེ་ལོང་བཞིན། །གློ་ བུར་དྲི་མ་སྡུག་བསྔལ་རྒྱ་མཚོ་ནི། །མེ་ལོང་གཡོགས་པའི་ས་རྡུལ་ལྟ་བུར་གནས། །རང་ བཞིན་འོད་གསལ་རྡོ་རྗེ་མཁའ་འགྲོ་ནི། །གྲུབ་པའི་རལ་གྲི་འབར་བ་ལྟ་བུར་བཞུགས། །གློ་ བུར་དྲི་མ་ཉོན་མོངས་རྩ་བ་ནི། །རལ་གྲི་གཡོགས་པའི་ཤུན་པ་ལྟ་བུར་གནས། །རང་བཞིན་ འོད་གསལ་རྡོ་རྗེ་ཕག་མོ་ནི། །འདུས་མ་བྱས་པའི་ནམ་མཁའ་ལྟ་བུར་བཞུགས། །གློ་བུར་དྲི་ མ་འཁོར་བའི་ས་བོན་ནི། །དེ་ཡི་སྒྲིབ་གཡོགས་སྤྲིན་དང་རྡུལ་བཞིན་གནས། །རང་བཞིན་ འོད་གསལ་རིགས་གསུམ་མགོན་པོ་ནི། །དྲི་མེད་ཆོས་ཀྱི་དུང་དཀར་ལྟ་བུར་བཞུགས། །གློ་ བུར་དྲི་མ་ལྟ་ངན་རྒྱ་མཚོ་ནི། །དེ་ལ་གཡོགས་པའི་ཤུབས་ཀྱི་ལྟ་བུར་གནས། །རང་བཞིན་ འོད་གསལ་བདེ་གཤེགས་སྙིང་པོ་ནི། །ས་ཡི་དཀྱིལ་ན་ཆུ་གཙང་ལྟ་བུར་བཞུགས། །གློ་བུར་ དྲི་མ་མུན་པའི་རྒྱ་མཚོ་ནི། །དེ་ལ་སྒྲིབ་བྱེད་རྙོག་མ་བཞིན་དུ་གནས། །དེ་ལྟར་ཕྱེ་བའི་ཆོས་ མཆོག་མ་ཤེས་ན། །དུག་ལ་སྨན་དང་ར་གན་གསེར་བཟུང་ལྟར། །གློ་བུར་སེམས་དང་སེམས་ 4-1-139 བྱུང་གྱ་གྱུ་འདི། །སྐུ་དང་ཡེ་ཤེས་བཟུང་ན་རང་གཞན་ཕུང༌། །སེམས་ཉིད་ངོ་བོ་ཤེས་ན་སངས་ རྒྱས་སྟེ། །མ་ཤེས་ཙམ་ན་འཁོར་བའི་རྒྱུ་ཞེས་པ། །འདི་དག་རྒྱལ་བའི་བཀའ་དང་མི་མཐུན་ པས། །བསྟན་པའི་ཆོམ་རྐུན་ཉིད་དུ་རྟོགས་པར་འཚལ། །དེ་དག་འདོད་པའི་ལྟ་ངན་ནག་ པོ་ཁྱོད། །དཔེར་ན་མེ་ནི་ཤེས་ན་བསིལ་བ་དང༌། །མ་ཤེས་ཉིད་ན་ཚ་བ་འདོད་པའམ། །དེ་ བཞིན་དཔེར་ན་སེམས་ཉིད་ཆོས་སྐུ་ཞེས། །བཙན་དུག་ཤེས་ན་བདུད་རྩི་མ་ཤེས་ན། །དུག་ ཞེས་གཡང་ས་ཤེས་ན་ཐང་ཆེན་པོ། །མ་ཤེས་པ་ལ་གཡང་ས་སྤུ་གྲི་འདི། །ཤེས་ན་མི་གཅོད་ མ་ཤེས་ཚ་ན་གཅོད། །དེ་ལྟར་འདོད་པས་དཔེར་ན་བྱིས་པ་ཡིས། །སྣག་ཚ་བདར་ན་དཀར་ པོ་བྱ་ཞེས་འདྲ། །དེ་བཞིན་རྣམ་ཤེས་ཆོས་དཀར་མི་འགྱུར་ཞེས། །རྒྱུས་མེད་ལྟ་ངན་མགོ་བོ་ དེ་གས་བསྐོ ར། །ལྟ་ངན་མེད་པའི་དཔལ་ལྡན་ཤམ་བྷ་ལར། །སེམས་ཉིད་མཁྱེན་པའི་སྐྱེ་བོ་ མང་དུ་བཞུགས། །ཡུལ་གངས་ཅན་ཁྲོད་ན་ཁོ་བོ་ཙམ། །བུ་ཁྱོད་ཡང་དག་ཆོས་ལ་འཇུག་པར་ འཚལ། །དེ་ཡང་འཇུག་པ་ཙམ་དུ་ཆོག་པར་མི་འགྱུར་ཏེ། །གློ་བུར་དྲི་མའི་སྦུབས་ལས་གྲོལ་ དགོས་ན། །གྲོལ་བྱེད་ཟབ་ལམ་རྡོ་རྗེ་རྣལ་འབྱོར་ནི། །སྐད་ཅིག་གཡེལ་བ་མེད་པར་བསྒོམ་ པར་འཚལ། །སྐལ་ལྡན་ཁྱོད་ལ་སྤྲིངས་པའི་ཡི་གེ་འདི། །དཔལ་ལྡན་ཤམ་བྷ་ལའི་ཁྱད་ཆོས་ མན་ངག་སྟེ། །རྒྱལ་བ་རིགས་གསུམ་མགོན་པོའི་སྙིང་གཏམ་ཡིན། །ཁྱོད་རང་མ་གཏོགས་ གཞན་ལ་གནང་བ་མེད། །ཅི་སླད་ཅེ་ན་གཞན་སྟོང་ཟབ་མོ་ཡི། །ཆོས་མཆོག་བོད་ཀྱི་ཡུལ་ དུ་གྲགས་པ་ཆུང༌། །ཁྱད་པར་བློ་དམན་ཐོས་ཆུང་ལོག་ལྟ་ཅན། །དེ་དག་ཐོས་ནས་སྐུར་པ་ འབྱུང་བ་ལགས། །དེ་ཕྱིར་གསང་བ་གལ་ཆེ་བཀའ་རྒྱ་ཡོད། །ཡི་གེའི་རྟེན་ལ་སྲུང་དར་ཁ་ གང་བདོག །ང་རང་གྱོན་པའི་ཞྭ་སེར་ཕྱམ་ཚེ་གཉིས། །ཁྱོད་ལ་བཀྲ་ཤིས་འབྱུང་བའི་རྟེན་དུ་ འབུལ། །དགེ་བ་འདི་ཡིས་གློ་བུར་དྲི་མའི་ཚོགས། །སྲོ ག་དང་ཐུར་སེལ་རྩ་དང་ལྷན་ཅིག་ཏུ། །འཇོམས་པར་ནུས་པའི་ཐབས་ཟབ་ལ་བརྟེན་ནས། །གཞན་མཆོག་བདེ་གཤེགས་སྙིང་པོ་ 4-1-140 མྱུར་ཐོབ་ཤོག །ཤུ་བྷམ། 4-1-141 ༄༅། །རྟོན་པ་བཞི་ལྡན་གྱིས་མཛད་པའི་སྤྲིང་ཡིག་ཆེན་མོའི་ ཚིག་འགྲེལ་གསལ་བྱེད་མཚོན་ཙམ་ངེས་གསང་ སྒོ་འབྱེད་ཅེས་བྱ་བ་ བཞུགས་སོ།། བླ་མེད་གསང་བ་མཐར་ཐུག་མཆོག ། ཁྱབ་བདག་བརྟན་གཡོའི་སྲོ ག་གི་ཁམས། ། ནང་དབྱིངས་དོན་དམ་འགྱུར་བ་མེད། ། ཡེ་བཞུགས་གནས་ལུགས་རྒྱལ་གྱུར་ཅིག ། གསང་ཆེན་དོན་གྱི་དེ་ཁོ་ན། ། སྔགས་ཀྱི་གཞན་སྟོང་བུ་མ་ཆེ། ། རྟོན་བཞི་ལྡན་པའི་དགོངས་བཅུད་མཐིལ། ། འདི་ན་མདོ་ཙམ་ཕྱེ་ལ་སྤྲོ། ། དེ་ལ་འདིར་བླ་ན་མེད་པའི་གསང་བའི་ཐེག་པ་མཆོག་གི་ཆོས་ཚུལ་སྔགས་ཀྱི་གཞན་ སྟོང་དབུ་མ་ཆེན་མོ་གཞི་འབྲས་དབྱེར་མེད་ཀྱི་ངོ་བོ་གནས་ལུགས་དྲི་མེད་དེ་བཞིན་ཉིད་དང་ གློ་བུར་དྲི་བཅས་ཀྱི་རྣམ་པ་སོ་སོར་དབྱེ་བའི་རབ་ཏུ་ངེས་པ་དེ་ལ། ཐོག་མ་སྔོ ན་གྱི་དོན་དང༌། བར་དུ་གཞུང་གི་དོན་དང༌། ཐ་མ་མཇུག་གི་དོན་གསུམ་ལས། 4-1-142 དང་པོ་ལ། མཆོད་བརྗོད། ཉན་བསྐུལ། དོན་ལ་འཇུག་པར་བསྐུལ་བ་དང་གསུམ་ལས། དང་པོ་སྔགས་ཀྱི་རྒྱུད་རྒྱལ་དུས་ཀྱི་འཁོར་ལོ་གནས་ལུགས་ཀྱི་དོན་གསུངས་པའི་གཞིར་ བྱས་ཏེ་མཆོད་པར་བརྗོད་ན། ན༷་མ༷ཿ ཕྱག་འཚལ། ཤྲཱི༷་དཔལ། ཀཱ༷་ལ༷་དུས། ཙ༷ཀྲ༷་འཁོར་ལོ། ཡ༷་ལ་སྟེ་དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །དེ་ཡང་ཇི་ལྟར་ན་དོན་དམ་པའི་གཞིའི་ གནས་ལུགས་ཡོངས་གྲུབ་བདེ༷་སྟོ༷ང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་རོ༷ལ་པ༷འི་བདག་ཉིད་ནི་ དགོས་འདོད་ཀུན་འབྱུང་གི་དཔ༷ག་བས༷མ་ཡ༷ལ་འད༷བ་རྒྱ༷ས་པའི་ལྗོན་པ་དང་ཆོས་མཚུངས་ ཤིང༌། གདོད་ནས་གྲུབ་པའི་ཏི༷ང་ངེ་འཛི༷ན་ངོ་མཚར་བའི་མེ༷་ཏོ༷ག་ལྟ་བུའི་འོ༷ད་གས༷ལ་འདུ༷ས་ མ༷་བྱ༷ས་པ་ཀུན་ཁྱབ་རྟག་པའི་མངའ་བདག་སྲིད་གསུམ་དྭངས་པའི་སྲོག་ཆེན་གནས་ལུགས་ དུ༷ས་ཀྱི་འཁོ༷ར་ལོ་བདེ༷་བར་གཤེ༷གས་པའི་སྙི༷ང་པོ༷་གཞི་འབྲས་དབྱེར་མེད་ཀྱི་བཅོ༷མ་ལྡན༷་ འད༷ས་དོན་དམ་པའི་སྐྱ༷བས་མཆོ༷ག་གི་ངོ༷་བོ༷་དྲི་བྲལ་ཆོས་སྐུའི་བླ་༷མ་ད༷མ་པ༷འི་ཞ༷བས་ལ༷་ ཕྱག༷་འཚ༷ལ་ལོ༷་སྟེ་གུས་འདུད་བྱ་བའོ། ། གཉིས་པ་ཉན་པར་བསྐུལ་བ་ནི། རྟོན་པ་བཞི་ལྡན་གྱི་སྤྲིངས་ཡིག་ཆེན་པོ་བརྒྱད་ཀྱི་ཡ་ གྱལ་སྔགས་ཀྱི་གཞན་སྟོང་ལས་བརྩམས་ཏེ་དྲི་མེད་དྲི་བཅས་ཀྱི་རྣམ་དབྱེ་སྟོན་པའི་རྫོགས་ ལྡན་ཆོས་མཆོག་གི་གསུང་རབ་འདི་ཉིད་ཀྱི་ཆེད་དུ་བྱ་བའི་གདུལ་བྱ་ཐ༷ར་པ༷་དོ༷ན་དུ་གཉེ༷ར་ བའི་སྐྱེ༷ས་བུ༷་ད༷མ་པ༷་ཁྱོ༷ད་ཅེས་ཉིད་ཀྱི་ཐུགས་སློབ་མཆོག་བྱམས་པ་ཁ་བོ་ཆེ་ལ་འབོད་པ་སྟེ། ཇི་ལྟར་བདག་རྟོན་པ་བཞི་ལྡན་གྱིས་གངས་ལྗོངས་འདིར་བསྟ༷ན་པ༷འི་ཡང་རྩེ་གནས་ལུགས་ མཐ༷ར་ཐུ༷ག་པ་ཐེ༷ག་པ༷་ཀུ༷ན་ཀྱི༷་ཆེས་མཆོག་བླ་ན་མེད་པ་རྩོད་པའི་གཞིར་མ་གྱུར་པའི་ངེས་ པའི་དོན་ཉག་གཅིག་པའི་རྩེ༷་མོར་གྱུར་པ་དོན་དམ་རང་ངོས་ནས་མི་སྟོང་ཞིང་ཀུན་རྫོབ་ གཞ༷ན་ངོས་ནས་སྟོ༷ང་པའི་གནས་ལུགས་ཟ༷བ་མོ༷འི་ཚུལ་གྱི་སྙན་པའི་བ༷་ད༷ན་མཁ༷འ་ལ༷་ཕྱར་ ཞིང་ཆོ༷ས་ཀྱི༷་དུ༷ང་ཆེ༷ན་པོ་ལེགས་པར་འབུ༷ད་པ༷འི་དུ༷ས་སུ༷་ཆོས་ཚུལ་འདི་ལ་གུས་པས་ཉོ༷ན་ 4-1-143 ཅེས་པ་སྟེ་མཉན་པར་རིགས་སོ། ། གསུམ་པ་ཟབ་མོའི་དོན་ལ་འཇུག་པར་བསྐུལ་བ་ནི། སྤྱིར་ན་མདོ་ལས། བུ༷མ་པ༷འི་ན༷ང་ དུ༷་སྦྲ༷ང་མ༷་འཁོ༷ར་བ༷་བཞི༷ན་དུ་ཁ༷མས་གསུ༷མ་གྱི་འགྲོ་བ་མཐ༷འ་དག༷་སྡུ༷ག་བསྔ༷ལ་གསུམ་ གྱི་ར༷ང་བཞི༷ན་དུ་རྟག་པར་སྤྱོ༷ད་ཅི༷ང་དེ་ལ༷ས་ཐ༷ར་པར་བྱེ༷ད་པའི་ཐབས་ད༷མ་པའི་ཆོ༷ས་ལ་ འབད་པ་བྱེད་དགོ༷ས་པར་འགྱུ༷ར་ཞེས་གསུ༷ངས་པས་དམ་པའི་ཆོས་དེ༷་སྒྲུབ་པའི་རྟེན་ནམ་ སྣོ༷ད་ནི་ད༷ལ་བ་བརྒྱད་འབྱོ༷ར་བ་བཅུ་ཚང་བའི་ལུས་རྟེན་མི༷ན་པ༷ར་གཞན་རྟེན་དམན་པ་ གང་གིས་ཀྱང་དམ་ཆོས་བྱེ༷ད་པའི་སྐལ༷་བ་མེ༷ད་ལ། དལ་འབྱོར་གྱི་ལུས་རྟེན་འདི་ཡང་དཔེ༷་ གྲངས༷་རྒྱུ༷་གསུ༷མ་གྱི་སྒོ༷་ན༷ས་རྙེ༷ད་པ་ཤིན་ཏུ་དཀ༷འ་བ༷་ཡིན་ལ། ག༷ལ་ཏེ༷་ལྟས་དབང་གིས་ རྙེ༷ད་དུ་ཆུ༷ག་ཀྱང༷་ཆུ༷་ཡི༷་ཆུ༷་བུ༷ར་བཞི༷ན་དང་རྩཱ༷་རྩེ༷འི་ཟི༷ལ་བ༷་དང་རླུ༷ང་གསེ༷བ་ཀྱི་མ༷ར་མེ༷་ ལྟར༷་འཆི་རྐྱེན་མང་ཞིང་འཚོ་རྐྱེན་ཉུང་བའི་ནམ་འཆི་ཆ་མེད་པའི་འཆི༷་བ༷་མི༷་རྟག༷་པ་ཡི༷ན་ པ༷འི་ཚུལ་འདི་ཐུ༷གས་ལ༷་ཞོ༷ག་ཅིག ནམ་ཞིག་འཆི༷་བ༷་ཙ༷མ་གྱི༷ས་མི༷་ཕ༷ན་པ་སྟེ་མི་ཆོག་པར་ སྡི༷ག་པ༷་མི་དགེ་བའི་འཁྲུལ་སྣང་ཡོ༷་ལ༷ང་གི༷ས་འཆི༷་ཁ༷་དང་བ༷ར་དོ༷འི་སྐབས་སུ་འཇི༷གས་ སྐྲ༷ག་སྣ་༷ཚོ༷གས་བསྐྱེད་པ་ད༷ང༌། སྐྱེ་སྲི ད་གཞན་དུ་ང༷ན་སོ༷ང་གསུ༷མ་གྱི༷་སྡུ༷ག་བསྔ༷ལ་བཟོད་ དཀའ་ཞིང་ཡ༷་ང༷་བ༷་ངེས་པར་འབྱུང་བས་ན་ད་ལྟ་ཉིད་དུ་ཆོས་སྤྱི་དང་ཁྱད་པར་ངེས་དོན་ཟབ་ མོའི་ཆོས་མཆོག་འདི་ལྟ་བུ་དང་འཕྲད་སྐབས་ཆོས་ལ་ཕྱི་བཤོལ་གྱི་ལེ༷་ལོ༷་མི༷་ཁོ༷མ་པར་ཤི༷ན་ ཏུ༷་མྱུར་བས་འབ༷ད་པ༷ར་བྱ་དགོས་པ་ལགས་ཏེ་འཚ༷ལ་ལོ། ། གཉིས་པ་བར་དུ་གཞུང་གི་དོན་ལ། སྤྱིར་བཤད་པ་དང༌། སྐབས་དོན་གཉིས་ལས། དང་ པོ་ནི། ལ༷ར་ཏེ་སྤྱིར་ཕྱི༷་ན༷ང་སྣོ༷ད་བཅུ༷ད་ཀྱིས་བསྡུས་པའི་ཀུན་རྫོབ་ཀྱི་ཆོས་ཐ༷མས་ཅ༷ད་ཀུ༷ན་ ཀྱང་གདོ༷ད་མ་ཉིད་ན༷ས་བདེན་པར་མ༷་གྲུ༷བ་ཅིང་ར༷ང་ར༷ང་གི་ངོ༷་བོ༷་ཉིད་ནས་སྟོ༷ང་པ་དཔེ༷ར་ ན༷་ན༷མ་མཁ༷འི་མེ༷་ཏོ༷ག་ལྟ་༷བུ༷་སྟེ༷། འོ༷ན་ཀྱང༷་ནང་ཀུན་གཞིའི་རྣམ༷་པར་ཤེ༷ས་པའི་སྟེང་གི་སྣ་ 4-1-144 ཚོགས་སྣང་བའི་བག༷་ཆ༷གས་ག༷ང་ད༷ག་གིས་ཉེ་བར་བསླ༷ངས་པ་སྟེ་སྣོད་བཅུད་སྣ་ཚོགས་ སུ་སྣང་བ་ཡིན་ལ། ལར་ཕྱི་དོན་མེད་པའི་ཚུལ་དེ༷་འདྲ༷་མི༷་ཤེ༷ས་པའི་འཇི༷ག་རྟེ༷ན་ཕ༷ལ་བ༷་དེ་ དག་དེ་ཡི༷ས་ནི་འཁྲུ༷ལ་སྣང༷་ཀུན་རྫོབ་རྣམས་བདེན་གྲུབ་ཀྱི་དངོ༷ས་པོ༷ར་བཟུ༷ང་བ༷འི་བདེན་ ཞེན་གྱི་རྣམ་པར་རྟོ༷ག་པ༷་དང༷༌། ཆགས་སྡང་སོགས་ལ༷ས་ད༷ང་ཉོ༷ན་མོ༷ངས་པ་སྣ་༷ཚོ༷གས་པའི་ སྟོབས་ཀྱིས་འཁྲུལ་བའི་རང་བཞིན་ཉི༷ད་དུ༷་འཆ༷ར་ཞི༷ང༌། སྣང་ཚུལ་ལོག་པ་འདི༷་དག༷་གིས་ འགྲོ་༷བ༷་མང༷་པོ་༷ཐོག་མ་དང་ཐ་མའི་བར་དུ་བསླུས་༷པར༷་བྱེ༷ད་པ་ཡིན་ལ། དེ་ལྟར་བསླུ༷ས་ ཀྱང༷་ཅི་ཡང་མི༷་ཕན༷་པར་ནམ་ཞིག་ཐབས་མཁས་ལམ་གྱིས་ལས་རླུ༷ང་རྟོག་ཚོགས་ཀྱི་སེ༷མས་ བཅས་དེ་ཀུན་དབུ་མར་བཅུག་སྟེ་མ༷་འག༷གས་ཀྱི་བ༷ར་དུ་འཁྲུ༷ལ་སྣ༷ང་སྲི༷ད་པ༷འི་རྦ༷་རླ༷བས་ སྣ་ཚོགས་རྒྱུན་མི་ཆད་པར་འཆ༷ར་བ་ནི་དཔེ༷ར་ན་༷མཁྲི༷ས་ན༷ད་རྒྱ༷ས་པ༷འི་ག༷ང་ཟ༷ག་ལ༷་དུ༷ང་ དཀ༷ར་དྲི༷་མེ༷ད་སེ༷ར་པོ༷ར་མ༷ཐོང་བ༷་ལྟར༷་རོ། ། དེ་༷ལྟ་བས་ན༷་མ་དག་པའི་ལས་རླུ༷ང་སེ༷མས་འགྱུ༷་བ༷་དང་བཅས་པ་དབུ་མའི་དབྱིངས་སུ་ འག༷གས་པར་བྱེད་པ༷འི་ཐ༷བས་ཁྱད་པར་བ་ལ་ད་ལྟ་བྱ༷ང་ཕྱོ༷གས་ཤ༷མྦྷ༷་ལ༷་ཡི༷་ཁྱ ༷ ད་ཆོ༷ས་ཆེས་ མཆོག༷་ཏུ་གྱུར་པ་དུས༷་འཁོར༷་བདེ༷་གཤེ༷གས་སྙིང༷་པོ༷་མངོན་བྱེད་ཀྱི་རིམ་གཉིས་ཟབ་མོའི་ ལམ་བཟང་འདི་ག་ཉིད་སྟོན་པ་མཆོག་དང་བསྟན་འཛིན་འཕགས་བོད་ཀྱི་མཁས་གྲུབ་མཐའ་ ཡས་པས་ལེགས་པར་མཆོ༷ག་ཏུ༷་བསྔ༷གས་པ་ཡིན་ཕྱིར་ཆོ༷ས་གཞ༷ན་མན་ངག་ཐ༷ར་ཐོ༷ར་ ད༷ག་གི༷ས་རླུང་སེམས་དབུ་མར་ཇི་བཞིན་དག༷ག་མི༷་ནུ༷ས་པ་ཡིན་ནོ། །དེ་ཕྱིར་མ་དག་ཀུན་ རྫོབ་རླུང་སེམས་ཀྱི་ངོ་བོ་རྣམ༷་ཤེ༷ས་འག༷གས་ན༷་དོན་དམ་གནས་ལུགས་ཡེ༷་ཤེ༷ས་ཀྱི་ངོ་བོ་ཇི་ བཞིན་མངོ༷ན་དུ༷་འགྱུ༷ར་པ་ནི་དཔེར་མཁྲིས༷་ན༷ད་ད༷ག་པ༷ས་དུང༷་དཀ༷ར་གས༷ལ་བ༷་བཞི༷ན་ནོ། ། དེ༷་ལྟར༷་རྫོགས་ལྡན་ཆོས་མཆོག་གི་གནས་ཚུལ་རྟོག༷ས་པ༷་ཐུན་མོང་ཐེག་པ་གསུམ་གྱི་ 4-1-145 ཆོ༷ས་ཤེ༷ས་པའི་ནང༷་ན་༷ཤིན་ཏུ་དཀོ༷ན་པ་ཡིན་ན་འཇིག་རྟེན་སྐྱེ༷་བོ༷་ཕ༷ལ་བ༷འི་ཁྲོ༷ད་ན༷་ཆོས་ འདི་ཤེས་པ་དཀོན་པ་ནི་སྨོས༷་ཅི༷་འཚལ༷་ཏེ་བཤད་ཅི་དགོས། གཉིས་པ་སྐབས་དོན་ལ། མདོར་བསྟན། རྒྱས་བཤད་གཉིས་ལས། དང་པོ་སྐབས་ འདིའི་བཤད་བྱ་དངོས་ནི། མདོར་ན། སྤྱིར་གང་ཟག་ལ་མི་རྟོན་ཆོས་ལ་རྟོན་པ་དང༌། ཚིག་ ལ་མི་རྟོན་དོན་ལ་རྟོན་པ་དང༌། དྲང་དོན་ལ་མི་རྟོན་ངེས་དོན་ལ་རྟོན་པ་དང༌། རྣམ་ཤེས་ལ་ མི་རྟོན་ཡེ་ཤེས་ལ་རྟོན་པ་སྟེ་རྟོན་པ་བཞི་དང་ལྡན་པ་གང་དག་གིས་གློ་བུར་ཀུན་རྫོབ་འཁྲུལ་ སྣང་མཐའ་དག་ལ་ཡིད་མི་རྟོན་པར་གནས་ལུགས་དོན་དམ་ཉག་གཅིག་ལ་དགོངས་མཐིལ་ བྱས་ཏེ་ཡིད་རྟོན་དགོས་པ་དེ་བས་ན་དོན་དམ་པའི་རང༷་བཞི༷ན་འོ༷ད་གས༷ལ་བའི་ཡེ་ཤེས་དྲི་ མེད་དང་ཀུན་རྫོབ་རྣམ་པར་ཤེས་པ་གློ༷་བུར༷་དྲི་༷བཅས༷་ཀྱི༷་སེ༷མས་གཉི༷ས་སུ་ཕྱ ེ༷་བའི་ཚུལ༷་ ཅུང༷་ཟད༷་ཆེད་དུ་བྱ་བའི་གདུལ་བྱ་ཁྱོད༷་ལ༷་བསྟན་༷ན་འདི་ལྟ་སྟེ་རང༷་བཞི༷ན་འོད༷་གསལ༷་དོན་ དམ་པའི་ཡེ་ཤེས་ནི་རྫོག༷ས་པའི༷་སང༷ས་རྒྱས༷་དངོས་ཏེ།༷ གདོད་ནས་དྲི་བྲལ་གྱི་ངོ་བོར་ བཞུགས་པའི་ཕྱིར་དང༌། གློ༷་བུར༷་ཀུན་རྫོབ་ཀྱི་རྣམ་ཤེས་བློས་བྱས་འཛིན་ཞེན་ཅན་གྱི་དྲི༷་མ༷་ ཉོན༷་མོངས༷་པ་གང་དག་ནི་མ༷་རི༷ག་པའི་བ༷དུད་དེ། འཁྲུལ་སྣང་འཁོར་བ་ལས་ནམ་ཡང་མི་ ཐར་བར་བྱེད་ཅིང་འཁྲུལ་བ་འབའ་ཞིག་གིས་ཡང་ཡང་བསླུ་བར་བྱེད་པའི་ཕྱིར་རོ། ། གཉིས་པ་རྒྱས་བཤད་ལ། དྲི་མེད་དྲི་བཅས་ཀྱི་དབྱེ་བ་དངོས་དང༌། དེའི་ཚུལ་མ་རྟོགས་ ན་ལོག་པའི་ལམ་དུ་ལྷུང་ཚུལ་དང༌། གནས་ལུགས་མངོན་བྱེད་ཀྱི་ལམ་ལ་སློ བ་ཚུལ་གསུམ་ ལས། དང་པོ་ནི། སེམས་ཀྱི་རང༷་བཞིན༷་འོད༷་གས༷ལ་བ་དེ་ནི་ནང་རིག་འགྱུར་མེད་ཀྱི་ཡེ་ ཤེས་དྲི་མ་ཀུན་དང་བྲལ་བའི་གདོད་ནས་བཞུགས་པའི་རིགས་ཁམས་དྭངས་པ་ཆེན་པོ་དོན་ དམ་པའི་རྣམ་པ་ཐམས་ཅད་འཛིན་ཀྱང་སྤྲོས་ཀུན་དབྱིངས་སུ་ཞི་བ་སོ་སོར་རང་རིག་ཡེ་ཤེས་ མཉམ་བཞག་དམ་པའི་སྤྱོད་ཡུལ་ཁོ་ན་ཞིག་སྟེ། དེ་ཡང་དོན་དམ་པའི་གནས་ལུགས་ཆོས་ 4-1-146 ཀྱི་སྐུ་ཡེ་ནས་བཞུགས་པ་རང་གི་ངོ་བོ་དེ་ཉིད་ལ་དོན་དམ་པའི་རྣམ་པ་ཡོངས་སུ་རྫོགས་ཚུལ་ ལ། འོད་གསལ་དྭངས་པའི་ཡེ་ཤེས་ཉིད་གདོད་ནས་བདེ་ཆེན་ལྷུན་གྲུབ་ཀྱི་རང་བཞིན་དུ་ གྲུབ་པས་ཕྱག་རྒྱ་ཆེན་མོ། བདེ་སྟོང་ཟུང་འཇུག་གི་ངོ་བོར་ཡེ་ནས་རྫོགས་པས་དུས་ཀྱི་འཁོར་ ལོ། གདོད་མ་ཆོས་ཉིད་ཀྱི་གནས་ལུགས་མཐར་ཐུག་ཏུ་བཞུགས་པས་དང་པོའི་སངས་རྒྱས། དྲི་བྲལ་མི་རྟོག་ཡེ་ཤེས་ཀྱི་རང་བཞིན་དུ་གནས་པས་རྡོ་རྗེ་འཆང༌། གཉིས་འཛིན་གྱི་སྤྲོས་པ་ གཞི་ནས་དྭངས་པས་དགྱེས་པ་རྡོ་རྗེ། འཁོར་འདས་བདེ་ཆེན་ཉག་གཅིག་གི་དབྱིངས་སུ་སྡོམ་ པས་བདེ་མཆོག་འཁོར་ལོ། གསང་གསུམ་འཁོར་ལོ་རང་རྩལ་ཏུ་རྫོགས་པས་སྒྱུ་འཕྲུལ་ཆེན་ མོ། མཚན་འཛིན་གཤིས་ནས་དག་པས་འཇིགས་མཛད། ཀུན་རྟོག་གི་སྤྱོད་ཡུལ་ལས་འདས་ པས་གསང་འདུས། གདོད་ནས་ཡེ་སངས་རྒྱས་པས་སངས་རྒྱས་ཐོད་པ། ཆོས་དབྱིངས་སོར་ རྟོགས་ཡེ་ཤེས་སུ་རྫོགས་པས་རྟ་མགྲིན། རྡོ་རྗེ་རྣམ་བཞིའི་སྤང་རྟོགས་མཐར་ཐུག་པར་གྲུབ་ པས་རྡོ་རྗེ་གདན་བཞི། ཆོས་ཉིད་མཁའ་ཁྱབ་ཏུ་བཞུགས་པས་རྡོ་རྗེ་མཁའ་འགྲོ། མི་འགྱུར་ བའི་བདེ་ཆེན་རྩལ་རབ་རྫོགས་པས་རྡོ་རྗེ་ཕག་མོ། སྐུ་གསུམ་རང་རྩལ་ཏུ་ལྷུན་གྱིས་གྲུབ་ པས་རིག་གསུམ་མགོན་པོ། དོན་དམ་པའི་སངས་རྒྱས་རིགས་ཁམས་ཀྱི་ཚུལ་དུ་བཞུགས་ པས་བདེ་གཤེགས་སྙིང་པོ་སོགས་དཀྱིལ་འཁོར་རྒྱ་མཚོའི་རིགས་ཀྱི་བདག་པོར་གདོད་ནས་ ལྷུན་གྲུབ་སྐྱེ་བ་མེད་པའི་རང་བཞིན་དུ་བསལ་བཞག་བྲལ་བའི་ངོ་བོར་ཆོས་ཉིད་དུ་གནས་ པ་ཡང་སྒྲ་རྟོག་གི་ཡུལ་ལས་རྣམ་པར་འདས་ཤིང་སོ་སོར་རང་རིག་པའི་ཡེ་ཤེས་ཉག་གཅིག་ གིས་སྤྲོས་པ་ཀུན་དང་བྲལ་བའི་སྣང་སྟོང་ཟུང་འཇུག་དམ་པའི་ངོ་བོར་ཇི་བཞིན་གཟིགས་ པའི་གནས་ལུགས་མཐར་ཐུག་པ་ནི་གསང་ཆེན་སྔགས་ཀྱི་གཞན་སྟོང་དབུ་མ་ཆེན་མོ་སྟེ། དེ་ འདྲའི་སྣང་སྟོང་ཟུང་འཇུག་གི་བདག་ཉིད་ཀྱི་ཡིན་ལུགས་ཐེག་དམན་བློ་ཆུང་དག་གི་ནམ་ ཡང་ཁོང་དུ་ཆུད་པར་མི་ནུས་ཤིང༌། གནས་ལུགས་ཀྱི་རང་མདངས་ལ་ཀུན་རྫོབ་ཀྱི་སྤྲོས་པ་ 4-1-147 མཐའ་དག་གིས་མ་གོས་པར་སྣང་སྟོང་ཟུང་དུ་འཇུག་པའི་བདག་ཉིད་རྟག་ཆད་ཀྱི་མཐའ་ དང་བྲལ་བའི་རང་བཞིན་མཐར་ཐུག་གི་དབུ་མ་རྒྱུའི་ཐེག་པ་བ་རྣམས་ཀྱིས་ཀྱང་ཇི་བཞིན་ མངོན་དུ་གྱུར་དཀའ་བའི་ཆེས་ཟབ་མོའི་གནས་ཉིད་དུ་ངེས་པའི་ཕྱིར། དེས་ན་འཇམ་དཔལ་ སྒྱུ་འཕྲུལ་དྲ་བ་ལས། རྣམ་པར་ཤེས་པའི་ཆོས་ཉིད་འདས། །ཡེ་ཤེས་གཉིས་མེད་ཚུལ་འཆང་ བ། །ཞེས་གསུངས་པ་ལྟར་གཞི་རྒྱུད་དག་པ་དྲི་མེད་ཡེ་ཤེས་ཀྱི་རིགས་ཁམས་དེ་ནི་མེད་ དགག་སྟོང་རྐྱང་ཙམ་དུ་མ་ཟད་པར་སྐུ་དང་ཡེ་ཤེས་ཀྱི་གཏེར་ཆེན་པོ་ཉིད་དུ་གདོད་མ་ཆོས་ ཉིད་ཀྱི་ཚུལ་དུ་ཡོད་པ་དེ་གནས་སྐབས་གློ་བུར་དྲི་མ་རྣམས་ཤེས་ཀྱི་སྣང་ཆ་སྤྱི་དང༌། ཁྱད་ པར་ཆོས་ཉིད་མཐོང་བ་ལ་སྒྲིབ་གཡོགས་ཀྱི་ཆ། འགྲོ་རྒྱུད་ཉམས་སྨད་བྱེད་ངན་པའི་ཆ། རྣམ་ རྟོག་གི་ཆ། རྣམ་ཤེས་ཉིད་ཀྱི་ཆ། འགྱུ་བའི་ཆ། རྣམ་སྨིན་སྐྱེས་ཀྱི་ཆ། སྐྱེ་རྒ་ན་འཆིའི་ཕྱོགས་ དང༌། སྡུག་བསྔལ་བ་དང༌། ཀུན་ནས་ཉོན་མོངས་པའི་རྩ་བ་བདག་འཛིན་དང༌། འཁོར་བ་ཕྲ་ རགས་ཀྱི་ས་བོན་བག་ལ་ཉལ་རྣམས་དང༌། ལྟ་བ་ངན་པ་མཐའ་དག་དང༌། མ་རིག་རྨོངས་ ཙམ་དང་བཅས་པའི་ཀུན་རྫོབ་གློ་བུར་བ་དག་གིས་སྒྲིབ་བྱེད་བྱས་ཏེ་ཇི་བཞིན་མི་མཐོང་ ཞིང་གཞི་འཁོར་བའི་གནས་སྐབས་སུ་ཀུན་རྫོབ་དང་དོན་དམ་པའི་ཚུལ་གྱི་ཆོས་ཅན་ཆོས་ ཉིད་ཀྱི་ངོ་བོར་ཐོག་མ་མེད་པ་ནས་གནས་པའི་ཚུལ་མདོ་སྔགས་ཀྱི་ཟབ་དོན་མཐར་ཐུག་ཏུ་ རྒྱལ་བ་ཉིད་ཀྱིས་ཇི་སྐད་བཀའ་བསྩལ་པ་ལྟར་དཔེ་དོན་བཅུ་དྲུག་གི་སྒོ་ནས་འདིར་ལེགས་ པར་གཏན་ལ་ཕབ་པ་སྟེ། དེ་ཡང་ད་ལྟའི་སེམས་འདི་དྲི་མ་གློ་བུར་བ་ཞིག་མ་ཡིན་ན་གནས་ འགྱུར་ཐོབ་པའི་སྐབས་མི་སྲི ད་ཅིང༌། རང་བཞིན་གནས་ལུགས་ཆོས་སྐུ་ཉིད་དུ་མ་ངེས་ན་ ནམ་ཞིག་གང་ཟག་གང་གིས་ཀྱང་ལམ་བསྒོམས་ནས་འཇིག་རྟེན་ལས་འདས་པའི་གོ་འཕང་ ལ་རེམ་པའི་ཚེ་ཡེ་ཤེས་གཞན་ནས་འཚོལ་དགོས་པར་འགྱུར་བ་དང༌། སེམས་གཤིས་ལ་དྲི་ མ་ཞུགས་པར་ཐལ་བ་སོགས་དང༌། མདོ་ཕྱོགས་བཀའ་ཐ་མའི་སྡེ་སྣོ ད་རྣམས་སུ་གཤེགས་ 4-1-148 སྙིང་བསྟན་པ་དང༌། སྔགས་ཕྱོགས་དུས་འཁོར་སོགས་བླ་མེད་ཀྱི་རྒྱུད་སྡེ་རྣམས་སུ་གཉུག་ མ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གཞི་དུས་སུ་ཟུང་འཇུག་མཆོག་གི་སྒྲུབ་གཞིར་ལེགས་པར་ བསྟན་པ་སོགས་དང་འགལ་བའི་ཉེས་པ་སོགས་གནོད་བྱེད་མང་ནའང་རེ་ཞིག་དེ་ཙམ་ལས་ མ་སྤྲོས་ལ། དེ་ལུགས་ཀྱི་ཚུལ་ལྟར་འདིར་གཞི་འཁོར་བའི་གནས་སྐབས་སུ་རྣམ་ཤེས་དང་ཡེ་ ཤེས་ཀྱི་དབྱེ་བའི་མཚམས་སོ་སོར་ཤེས་པའི་ཆེད་དུ་དཔེ་དོན་སོ་སོར་སྦྱར་ཏེ་ཆོས་ཉིད་རང་ བཞིན་གྱི་སེམས་འོད་གསལ་བ་དང་ཆོས་ཅན་གློ་བུར་དྲི་བཅས་ཀྱི་རྣམ་པར་ཤེས་པའི་ཚུལ་ གསང་སྔགས་ཀྱི་ཐེག་པ་དང་འབྲེ ལ་བར་ཟབ་དོན་གྱི་སྒོ་ལེགས་པར་འབྱེད་པ་ཡིན་ནོ། ། རྒྱུ་མཚན་དེ་དག་གི་ཕྱིར་ན་གོང་སྨོས་ཀྱི་གཞི་དབྱིངས་སྤྲོས་བྲལ་རང་བྱུང་ཡེ་ཤེས་ཉག་ གཅིག་གཞི་འབྲས་དབྱེར་མེད་ཀྱི་གནས་ལུགས་ཉིད་ཕྱག༷་རྒྱ༷་ཆེ༷ན་མོ༷་ཡང་དེ་ག་ལགས་པ་ སྟེ༷་དཔེ༷་བུ༷མ་ན༷ང་གི་མར་༷མེ་༷འབ༷ར་བ་ལྟ་༷བུར༷་བཞུག༷ས་སོ། །གློ་༷བུར་༷རྣམ་ཤེས་ཀྱི་སྣང་ཆ་ དྲི༷་མ༷་དང་བཅས་པའི་སེམས་གནས་ལུགས་ལ་སྒྲིབ༷་གཡོ༷གས་སུ་གྱུར་པའི་གོ་བཀ༷ག་པར་ བྱེད་པ༷་དེ་ཡི༷་གནས་ཚུལ་ནི་བུམ༷་པ༷་ནག༷་པོ༷་བཞི༷ན་དུ་༷སྒྲིབ་བྱེད་དུ་རྟོ༷གས་པར༷་འཚལ་༷ཏེ་ ཤེས་པར་བྱོས་ཤིག དེ་བཞིན་དུ་གཞི་འབྲས་དབྱེར་མེད་སེམས་ཀྱི་རང༷་བཞི༷ན་འོད༷་གསལ་ ༷བ་དོན་དམ་རྣམ་ཀུན་མཆོག་ལྡན་དུས༷་ཀྱི༷་འཁོ༷ར་ལོ༷་ནི༷་མཁའ༷་ལ་༷ཉི༷་ཟླའི༷་དཀྱིལ༷་འཁོར༷་ ལྟ་༷བུར་༷བཞུགས་༷ཏེ། གློ༷་བུར༷་སེམས་ཀྱི་དྲི༷་མ༷་ནག༷་པོའི༷་སྒྲིབ༷་གཡོག༷ས་ནི༷་སྤྲིན་༷དང༷་དུ༷་ བ༷་ཁུག༷་སྣ་༷ལྟ་༷བུར༷་གནས་༷སོ། །རང༷་བཞི༷ན་འོད༷་གས༷ལ་དམ་པ་དང༷་པོའི༷་སངས༷་རྒྱས༷་ནི༷་ དབུལ་༷པོའི༷་ཁང༷་བར༷་རི༷ན་པོ་ཆེ༷འི་གཏེར༷་ལྟ་༷བུ་༷དང་གློ༷་བུ༷ར་དྲི༷་མའི༷་སྒྲིབ༷་གཡོ༷གས་ངན༷་པ༷་ ནི༷་རིན༷་པོ་ཆེ༷་བཀབ༷་པའི༷་ས༷་རྡོ༷་ཉི༷ད་དང༷་མཚུངས༷་ཤིང༌། རང༷་བཞིན༷་འོད༷་གསལ་༷ཆོས༷་སྐུ༷་ རྡོ༷་རྗེ༷་འཆང༷་ནི་ས༷་ཡི༷་ནང༷་དུ༷་གསེ༷ར་གྱི༷་ག༷ར་བུ༷་བཞི༷ན་ལ་གློ་༷བུར༷་དྲི་༷མའི༷་སྒྲིབ་༷གཡོག༷ས་ རྣམ༷་པར་རྟོག་༷པ་ནི༷་གར༷་བུ་༷བསྒྲི༷བས་པའི༷་ས༷་འདམ༷་གྱི་དཔེ༷་དང༷་མཚུ༷ངས། ར༷ང་བཞི༷ན་ 4-1-149 འཽ༷ད་གས༷ལ་དགྱེ༷ས་པ༷་རྡོ༷་རྗེ༷་ནི༷་སྙེ༷་མ༷འི་ན༷ང་དུ༷་འབྲ༷ས་བུ༷་ལྟ་༷བུ༷ར་གན༷ས་ལ། གློ༷་བུ༷ར་དྲི༷་ མ༷འི་རྣམ༷་ཤེ༷ས་དེ༷་ཉི༷ད་ནི༷་སྙི༷ང་པོ༷་གཡོ༷གས་པ༷འི་ཤུ༷ན་པ༷་བཞི༷ན་དུ༷་གན༷ས་སོ། ། རང༷་བཞིན༷་འོད་༷གསལ༷་བདེ༷་མཆོ༷ག་འཁོ༷ར་ལོ༷་ནི༷་དཔེ༷ར་ན་སྦྲང་རྩིའི༷་གོང༷༷་བུ་༷ལྟ་༷བུར༷་ བཞུགས༷་པ་ལ་གློ༷་བུར༷་དྲི༷་མའི༷་སྒྲིབ༷་གཡོག༷ས་འ༷གྱུ་བ༷་ནི༷་དེ༷་ལ་༷འདུས༷་པའི༷་སྦྲང༷་མ༷་བཞིན༷་ དུ༷་གནས༷་ཤིང༌། རང༷་བཞི༷ན་འོ༷ད་གས༷ལ་མ༷་ཧཱ་༷མ་༷ཡཱ༷་ནི༷་སང༷ས་རྒྱས༷་ཀྱི་སྐུ༷་གཟུག༷ས་རིན༷་ པོ་ཆེ༷་ལྟ་༷བུར༷་བཞུགས༷་ཏེ་གློ༷་བུར༷་དྲི༷་མ༷་འཁོ༷ར་བ༷འི་སྒྲི༷བ་གཡོ༷གས་ནི༷་ད༷ར་གྱི༷་ན༷་བཟ༷འ་ལྟ་ ༷བུ༷ར་གན༷ས་པ༷ར་འདོ༷ད་དོ། ། ར༷ང་བཞི༷ན་འོ༷ད་གས༷ལ་རྡོ༷་རྗེ༷་འཇི༷གས་བྱེ༷ད་ནི༷་གཡ༷འ་ད༷ག་མཁ༷འ་ལ༷་འཇ༷འ་ཚོ༷ན་ ལྟ་༷བུ༷ར་བཞུ༷གས་ཤིང་གློ༷་བུ༷ར་དྲི༷་མ༷་སྐྱེ༷ས་པ༷འི་རྒྱ༷་མཚོ༷་ནི༷་སྒྲིབ༷་བྱེད༷་ནག༷་པོའི༷་སྤྲིན༷་དཔུང༷་ བཞིན༷་དུ༷་གནས༷་སོ། ། རང་༷བཞིན༷་འོད༷་གས༷ལ་གས༷ང་བ་༷འདུ༷ས་པ༷་ནི༷་ས༷་ལ༷་པ༷དྨ༷་འད༷བ་སྟོང༷་ལྟ་༷བུར༷་ བཞུ༷གས་ནས་གློ༷་བུར༷་དྲི༷་མ༷་རྒས༷་པའི༷་རྒྱ༷་མཚོ་༷ནི༷་སྒྲིབ༷་གཡོག༷ས་སྐྱོན༷་མ༷ང་ས༷་འདམ༷་ བཞི༷ན་དུ༷་གནས༷་ལ། རང༷་བཞི༷ན་འོད༷་གསལ༷་སང༷ས་རྒྱས༷་ཐོད༷་པ༷་ནི༷་ཏིལ༷་ནང༷་མ༷ར་ཁུ༷་ ལྟ་༷བུར༷་བཞུག༷ས་པ༷་སྟེ་༷གློ༷་བུར༷་དྲི༷་མ་༷ན༷་བའི༷་རྒྱ༷་མཚོ༷་ནི༷་དེ༷་ཡི༷་སྒྲིབ༷་གཡོ༷གས་ཏིལ༷་ནག༷་ བཞིན༷་དུ༷་གནས༷་པའོ། ། རང༷་བཞི༷ན་འོད༷་གས༷ལ་རྟ་༷མགྲི༷ན་ཡང༷་གསང༷་ཁྲོས༷་པ་ནི་བརྟན༷་སྐྱེས༷་རི་བོ་དག༷་གི་ ནང་ལ༷་མེ་༷ཁམས་ཡོད་པ་ལྟར༷་བཞུ༷གས་པ༷་སྟེ༷་གློ༷་བུར༷་དྲི༷་མ༷་འཆི༷་བ༷འི་རྒྱ༷་མཚོ༷་ནི༷་སྒྲིབ༷་ བྱེད༷་གེ༷ལ་བ༷་ཤི༷ང་ཚོ༷མ་ལྟ་༷བུར༷་གནས༷་ལ། རང༷་བཞི༷༷ན་འོ༷ད་གསལ༷་རྡོ༷་རྗེ༷་གདན༷་བཞི༷་ནི༷་ དངུ༷ལ་དཀ༷ར་དྲི༷་མེད༷་དག༷་པའི༷་མེ༷་ལོ༷ང་བཞི༷ན་བཞུགས་པ་ལ་གློ༷་བུར༷་དྲི༷་མ༷་སྡུ༷ག་བསྔ༷ལ་ རྒྱ༷་མཚོ་༷ནི་༷མེ༷་ལོང༷་གཡོ༷གས་པའི༷་ས༷་རྡུ༷ལ་ལྟ་༷བུར༷་གན༷ས་ཤིང༌། རང༷་བཞི༷ན་འོ༷ད་གས༷ལ་ 4-1-150 རྡོ༷་རྗེ༷་མཁ༷འ་འགྲོ༷་ནི༷་གྲུབ༷་པའི༷་རལ༷་གྲི་༷འབར༷་བ༷་ལྟ་༷བུར༷་བཞུགས༷་ཏེ་གློ༷་བུར༷་དྲི་༷མ་༷ཉོན༷་ མོ༷ངས་པའི་རྩ༷་བ༷་ནི༷་ར༷ལ་གྲི༷་གཡོ༷གས་པ༷འི་ཤུན༷་པ༷་ལྟ་༷བུ༷ར་གནས༷་པ་སྟེ། ར༷ ང་བཞི༷ན་འོ༷ད་ གས༷ལ་རྡོ༷་རྗེ༷་ཕ༷ག་མོ༷་ནི༷་འདུ༷ས་མ༷་བྱ༷ས་པ༷འི་ན༷མ་མཁ༷འ་ལྟ་༷བུ༷ར་བཞུ༷གས་པ་སྟེ་གློ༷་བུ༷ར་ དྲི༷་མ༷་འཁོ༷ར་བ༷འི་ས༷་བོ༷ན་ནི༷་དེ༷་ཡི་སྒྲི༷བ་བྱེ༷ད་སྤྲི༷ན་ད༷ང་རྡུ༷ལ་བཞི༷ན་གན༷ས་ལ། ར༷ང་བཞི༷ན་ འོ༷ད་གས༷ལ་རི༷ག་གསུ༷མ་མགོ༷ན་པོ༷་ནི༷་དྲི༷་མ་མེ༷ད་པའི་ཆོ༷ས་ཀྱི༷་དུ༷ང་དཀ༷ར་ལྟ་༷བུ༷ར་བཞུ༷གས་ ཏེ་གློ༷་བུ༷ར་དྲི༷་མ༷་ལྟ་༷ང༷ན་རྒྱ༷་མཚོ༷་ནི༷་དེ༷་ལ༷་གཡོ༷གས་པ༷འི་ཤུ༷བས་ཀྱི༷་རྣམ་པ་ལྟ་༷བུ༷ར་གན༷ས་ པ་ཡིན། ར༷ང་བཞི༷ན་འོ༷ད་གས༷ལ་བདེ༷་བར་གཤེ༷གས་པའི་སྙི༷ང་པོ༷་ནི༷་ས༷་ཡི༷་དཀྱི༷ལ་ན༷་ཆུ༷་ གཙ༷ང་ལྟ་༷བུ༷ར་བཞུ༷གས་པའི་སྒོ་ནས་གློ༷་བུ༷ར་དྲི༷་མ༷་མུ༷ན་པ༷འི་རྒྱ༷་མཚོ༷་གང་དག་ནི༷་དེ༷་ལ༷་ སྒྲི༷བ་བྱེ༷ད་རྙོ༷ག་མ༷འི་རྣམ་པ་བཞི༷ན་དུ༷་གན༷ས་པ་ཡིན་པས་གང་ལྟར་ཡང་གཞི་འབྲས་དབྱེར་ མེད་ཀྱི་བདག་ཉིད་དོན་དམ་རྣམ་པ་ཀུན་ཀྱི་རང་བཞིན་འཁོར་འདས་ཀྱི་སྲོག་གི་དྭངས་མ་ བརྟན་གཡོ་ཀུན་ཁྱབ་རྟག་བརྟན་ཐེར་ཟུག་གི་ཆོས་ཉིད་བློ་དམན་དག་གི་ཡིད་ངོར་ཤོང་ དཀའ་བའི་ངེས་དོན་དབུ་མ་ཆེན་མོ་ནི་རྫོགས་ལྡན་ཆོས་ཀྱི་དེ་ཉིད་ཕར་ཕྱིན་ཐེག་པར་ཕྱིར་ མི་ལྡོག་པ་འཁོར་ལོའི་གཏམ་གྱི་བརྗོད་བྱ་མཐར་ཐུག་པ་ཉིད་འདིར་སྔགས་ཀྱི་གཞན་སྟོང་ དབུ་མ་ཆེན་མོ་དཀྱིལ་འཁོར་རྒྱ་མཚོའི་བདག་ཉིད་དུ་བདེ་སྟོང་ཟུང་འཇུག་གི་ངོ་བོར་ཡེ་ནས་ བཞུགས་པའི་སྲིད་གསུམ་དྭངས་པའི་ཡེ་ཤེས་དོན་དམ་པའི་འཁོར་འདས་ཀྱི་རྣམ་པ་ཐམས་ ཅད་པའི་དབྱིངས་ཉག་གཅིག་བླ་མེད་རྒྱུད་ཀུན་ཀྱི་དགོངས་པའི་ཡང་བཅུད་གཏིང་དཔག་ དཀའ་བའི་གནས་སོ། ། གཉིས་པ་དེའི་ཚུལ་མ་རྟོགས་ན་ལོག་པའི་ལམ་དུ་ལྷུང་ཚུལ་ནི། དེ༷་ལྟར༷་དྲི་མེད་གནས་ ལུགས་དང་དྲི་བཅས་གློ་བུར་བའི་ཁྱད་པར་སོ་སོར་ཕྱེ༷་བ༷འི་རྫོགས་ལྡན་ཆོ༷ས་ཚུལ་གསང་ ཆེན་ཐེག་པའི་ངེས་གསང་གི་ཟབ་གནད་མཆོ༷ག་གི་ཡིན་ལུགས་འདི་མ༷་ཤེ༷ས་ན༷་དུ༷ག་ལ༷་ 4-1-151 སྨ༷ན་ད༷ང་ར༷་ག༷ན་ལ་གསེ༷ར་བཟུ༷ང་ལྟར༷་གློ༷་བུ༷ར་གྱི་སེ༷མས་ད༷ང་སེ༷མས་བྱུ༷ང་གྱ༷་གྱུ༷་འདི༷་ཉིད་ སྐུ༷་ད༷ང་ཡེ༷་ཤེ༷ས་སུ་བཟུ༷ང་ན༷་ར༷ང་གཞ༷ན་དེ་ཀུན་ཕུ༷ང་བར་འགྱུར་ཏེ། རང་བཞིན་འོད་གསལ་ དང་གློ་བུར་དྲི་མ་གཉིས་ཆུ་དང་རྙོག་གཉིས་དང་གསེར་དང་གཡའ་གཉིས་ལྟ་བུའི་ཚུལ་གྱི་ ཁྱད་པར་ཡོད་པའི་ཕྱིར། དེས་ན་རང་བཞིན་འོད་གསལ་དོན་དམ་ཡེ་ཤེས་དང་གླཽ་བུར་དྲི་ མ་ཀུན་རྫོབ་འཁྲུལ་སྣང་ངོ༌། །ལྗོངས་འདིར་ཡང་ཁ་ཅིག་གིས་སེ༷མས་ཀྱི༷་ངོ༷་བོ༷་ཤེ༷ས་ན༷ས་ སང༷ས་རྒྱས༷་ཏེ༷་མ༷་ཤེ༷ས་ཙ༷་ན༷་འཁོ༷ར་བ༷འི་རྒྱུ༷་ཡིན་ཞེ༷ས་བཤད་པ༷འང་སེམས་ཞེས་པ་མྱོང་ ཞེན་འཁྲུལ་བ་འདི་ག་ཡིན་པས་དེ་སངས་རྒྱས་སུ་མི་རུང་བས་ཁས་ལེན་གྱི་ཚུལ་གང་འདི༷་ དག༷་རྒྱལ༷་བ༷འི་བདེན་གཉིས་ཀྱི་བཀ༷འ་ད༷ང་མི༷་མཐུ༷ན་པ༷ས་ན་འཁྲུལ་སྣང་ཉིད་སངས་རྒྱས་ སུ་བཤད་པས་བསྟན༷་པ་ལོག་པར་སྨྲ་བ༷འི་ཆོ༷མ་རྐུ༷ན་གསུང་རབ་ཀྱི་དོན་གཞན་དུ་འདྲེན་ བྱེད་ཉི༷ད་དུ༷་རྟོ༷གས་པ༷ར་འཚ༷ལ་ལོ། ། དེ༷་ལྟར༷་ཐ་མལ་འཁྲུལ་བའི་སེམས་གློ་བུར་བ་ཤེས་ན་སངས་རྒྱས་དང་མ་ཤེས་ན་འཁོར་ བར་འདོ༷ད་པ༷འི་ལྟ་༷ང༷ན་ན༷ག་པོ༷་ཅན་གྱི་ཕ་རོལ་པོ་ཁྱོ༷ད་ཀྱི་འདོད་པ་ལྟར་དེ་ལུགས་ཀྱི་ འགལ་བའི་དཔེ༷ར་བརྗོད་ན༷༷་མེ༷་ནི༷་ཤེ༷ས་ན༷་བསི༷ལ་བ༷་དང༷་མ༷་ཤེ༷ས་ཉིད༷་ན༷་ཚ༷་བ༷ར་འདོ༷ད་ པ༷འམ༷། དེ༷་བཞི༷ན་དུ་དཔེ༷ར་ན༷་འཁྲུལ་བའི་སེ༷མས་ཉི༷ད་ཆོ༷ས་སྐུ༷་ཡིན་ཞེ༷ས་སྨྲ་བ་ལ་འགལ་ དཔེ་བཙ༷ན་དུ༷ག་འདི་ཤེ༷ས་ན༷་བདུ༷ད་རྩ ི༷་དང་མ༷་ཤེ༷ས་ན༷་དུ༷ག་ཡིན་ཞེ༷ས་དང༌། གཡ༷ང་ས༷་འདི་ ཤེ༷ས་ན༷་ཐ༷ང་ཆེ༷ན་པོ༷་དང་མ༷་ཤེ༷ས་པ༷་ལ༷་གཡ༷ང་ས༷་ཉིད་དང༌། མཚོན་སྤུ༷་གྲ ༷ ི་འདི༷་ཤེ༷ས་ན༷་མི༷་ གཅོ༷ད་མ༷་ཤེ༷ས་ཚེ༷་ན༷་གཅོ༷ད་པར་བྱེད་པ་ཡིན་ཞེས་སྨྲ་བ་དང་མཚུངས་པའི་གནས་ཚུལ་དེ༷་ ལྟར༷་འདོ༷ད་པ༷་རྣམས་ནི་དཔེ༷ར་ན༷་འཇིག་རྟེན་གྱི་བྱི༷ས་པ༷་མི་ཤེས་པའི་རྨོངས་པ་ཡི༷ས་སྣ༷ག་ ཚ༷་རྡ༷ར་ན༷་དཀ༷ར་པོ༷་བྱ༷་ཆོག་པ་ཡིན་ཞེ༷ས་ཟེར་བ་དང་འདྲ༷་བས་རང་གི་དེ་ཉིད་སྟོན་པའོ། ། དེ༷་བཞི༷ན་དུ་བོད་འདིར་རྣམ༷་ཤེ༷ས་གནས་འགྱུར་བས་རང་བཞིན་ཆོ༷ས་དཀ༷ར་མངོན་དུ་ 4-1-152 མི༷་འགྱུ༷ར་བ་ཡིན་ཞེ༷ས་སྨྲ་བའི་གནས་ལུགས་ཟབ་མོ་ལ་རྒྱུ༷ས་མེ༷ད་པའི་ལྟ་༷ང༷ན་ལོག་པའི་ ལམ་དུ་ལྷུང་བ་གང་དག་གི་མགོ༷་བོ༷་ཡང་དྲི་བཅས་དྲི་མེད་ཀྱི་ཆ་མ་ཕྱེད་པ་དེ༷་ག༷ས་བསྐོ༷ར་ ནས་ལོག་པའི་ལམ་དུ་ཞུགས་པ་མང་ངོ༌། ། གསུམ་པ་གནས་ལུགས་མངོན་བྱེད་ཀྱི་ལམ་ལ་སློ བ་ཚུལ་ནི། སྤྱིར་མདོ་ཕར་ཕྱིན་ཐེག་ པའི་གཞིའི་གནས་ལུགས་དང་སྔགས་གསང་ཆེན་ཐེག་པའི་གཞིའི་གནས་ལུགས་མཐར་ ཐུག་གཉིས་ལ་ཁྱད་པར་མེད་ཀྱང་མདོ་སྔགས་ཉམས་ལེན་གྱི་སྐབས་གཞིའི་གནས་ལུགས་ རྣམ་པ་དང་ངོ་བོ་ལམ་བྱེད་ཀྱི་ཚུལ་མི་འདྲ་བ་སོགས་མན་ངག་གི་ཁྱད་ཆེ་བའི་སྒོ་དུ་མ་ཡོད་ པས་ལམ་ལ་མྱུར་བུལ་བྱུང་བ་ཡིན་ལ། དེ་ལྟར་གོང་སྨོས་བཞིན་གྱི་ལོག་པའི་ལྟ་༷ངན༷་མེ༷ད་ པ༷འི་སྔགས་ཀྱི་ཞིང་དཔ༷ལ་ལྡ༷ན་ཤ༷མྦྷ༷་ལ༷འི་གནས་དེར་སེ༷མས་ཀྱི་རང་བཞིན་འོད་གསལ་བ་ ཉི༷ད་ཇི་བཞིན་མཁྱེ༷ན་པ༷འི་སྐྱེ༷་བོ༷་མཆོག་མ༷ང་དུ༷་བཞུ༷གས་ཤིང༌། ཡུ༷ལ་ག༷ངས་ཅ༷ན་གྱི༷་ཁྲོ༷ད་ འདི་ན༷་རྟོན་པ་བཞི་ལྡན་ཁོ༷་བོ༷་ཙ༷མ་ལས་ཆེས་དཀོན་པ་ཡིན་པས་ངེས་དོན་ཟབ་མོའི་ཆེད་དུ་ བྱ་བའི་གདུལ་བྱ་སློབ་བུ༷་ཁྱོ༷ད་ད་སྐབས་ཡ༷ང་ད༷ག་པའི་ཆོ༷ས་ཟབ་མོའི་དོན་ལ༷་འཇུ༷ག་པ༷ར་ འཚ༷ལ་ལོ། ། དེ་ཡང་འཇུ༷ག་པ༷་ཙ༷མ་གྱི༷ས་ཆོ༷ག་པ༷ར་མི༷་འགྱུ༷ར་དེ༷་གློ༷་བུ༷ར་དྲི༷་མ༷འི་སྦུ༷བས་ལ༷ས་གྲོ༷ལ་ དགོ༷ས་པ༷་དེ་བས་ན་གྲོ༷ལ་བྱེ༷ད་ཀྱི་ཐབས་མཆོག་ཏུ་གྱུར་པ་ནི་དུས་ཀྱི་འཁོར་ལོའི་གསང་ སྔགས་ཀྱི་ཟ༷བ་མོའི་ཉེ་ལ༷མ་རྡོ༷་རྗེ༷འི་རྣ༷ལ་འབྱོ༷ར་ཡན་ལག་དྲུག་པོ་འདི༷་ཉིད་ཡིན་ཕྱིར་དེའི་ ཆོས་ཚུལ་ཇི་བཞིན་སྐ༷ད་ཅི༷ག་ཀྱང་གཡེ༷ལ་བ༷་མེ༷ད་པ༷ར་བསྒོ༷མ་པ༷ར་འཚ༷ལ་ཏེ་འབད་པ་དུ་ མའི་སྒོ་ནས་རེམ་པར་མཛོད་ཅིག ཅེས་པའོ། ། གསུམ་པ་ཐ་མ་མཇུག་གི་དོན་ལ། བཀའ་རྒྱས་བཏབ་ཚུལ། བཀྲ་ཤིས་ཀྱི་རྟེན་གནང༌། རྗེས་བསྔོ ་བ་དང་གསུམ་ལས། དང་པོ་ནི། སྐལ༷་ལྡ༷ན་གྱི་སློ བ་བུ་ཁྱོ༷ད་ལ༷་གནས་ལུགས་ཟབ་ 4-1-153 མོའི་དོན་གསལ་བྱེད་དུ་ལེགས་པར་སྤྲི༷ངས་པ༷འི་ཡི༷་གེ༷་འདི༷འི་བརྗོད་བྱའི་དོན་ནི་དཔ༷ལ་ ལྡ༷ན་ཤ༷མྦྷ༷་ལ༷འི༷་ཁྱ ༷ ད་ཆོ༷ས་ཀྱི་མན་ངག་སྟེ༷་རྫོགས་ལྡན་གྱི་ཆོས་ཟབ་གསང་གི་གནད་དམ་ པ་ཡིན་ལ། དེ་ཉིད་རྒྱ༷ལ་བ༷་རི༷ག་གསུ༷མ་མགོ༷ན་པོ༷འི་སྙི༷ང་གཏ༷མ་གྱི་གསང་ཚིག་ཡི༷ན་པས་ ཁྱོ༷ད་ར༷ང་མ༷་གཏོ༷གས་སྐལ་མེད་གཞ༷ན་ལ༷་གན༷ང་བ༷་མེ༷ད་དེ། ཅི༷་ཡི་སླ༷ད་དུ་ཞེ༷་ན༷་གཞ༷ན་ སྟོ༷ང་ཟ༷བ་མོ༷་ཡི༷་ཆོ༷ས་མཆོ༷ག་བོ༷ད་ཀྱི༷་ཡུ༷ལ་དུ༷་གྲ༷གས་པ༷་ཆུ༷ང་ཞིང༌། ཁྱད་པར་བློ༷་དམ༷ན་ཐོ༷ས་ ཆུ༷ང་ཕྱོགས་འཛིན་ལོ༷ག་པ༷འི་ལྟ་༷བ༷་ཅ༷ན་སྐལ་མེད་དེ༷་ད༷ག་གི་ཐོ༷ས་ན༷་ཆོས་འདི་ལ་བསྐུ༷ར་ བ༷་འབྱུ༷ང་བ༷་ལ༷གས་ཤིང་དེ༷་ཕྱ ༷ ིར་ཟབ་མོའི་དོན་འདི་སྐལ་མེད་ལ་གས༷ང་བ༷་ག༷ལ་ཆེ༷་ཞིང་དེ་ དག་ལ་བཀ༷འ་རྒྱ༷ས་བཏབ་ཡོ༷ད་པ་ཡིན་ནོ། ། གཉིས་པ་བཀྲ་ཤིས་ཀྱི་རྟེན་གནང་ནི། དེ་སྐད་སྟོན་པའི་ཡི༷་གེ༷འི་རྟེ༷ན་ལ༷་བསྲུ༷ང་ད༷ར་ཁ༷་ ག༷ང་བདོ༷ག་ཅིང་ཆོས་སྨྲ་ང༷་ར༷ང་གིས་གྱོ༷ན་པ༷འི་ཞྭ༷་སེ༷ར་ཕྱ༷མ་ཚེ༷་གཉི༷ས་དང་བཅས་སློབ་བུ་ ཁྱོ༷ད་ལ༷་བཀྲ༷་ཤི༷ས་ཀྱི་ལེགས་ཚོགས་འབྱུ༷ང་བ༷འི་རྟ ༷ ེན་དུ༷་འབུ༷ལ་བ་ལགས་སོ། ། གསུམ་པ་རྗེས་བསྔོ ་བ་ནི། ཟབ་དོན་ཇི་བཞིན་བཤད་པའི་རྣམ་དཀར་གྱི་དགེ༷་བ༷་འདི༷འི་ སྟོབས་དེ་ཡི༷ས་ཀུན་རྫོབ་གློ༷་བུ༷ར་དྲི༷་མ༷འི་ཚོ༷གས་འཁྲུལ་སྣང་བསྐྱེད་པའི་རྐྱེན་དྲུག་ལྡན་རྡོ་ རྗེའི་ལུས་ཀྱི་སྟེང་སྲོ༷ག་རླུང་ད༷ང་འོག་ཐུ༷ར་སེ༷ལ་གྱི་རླུང་རྟེན་གནས་རྩ༷་ད༷ང་བཅས་ལྷ༷ན་ཅི༷ག་ ཏུ་དོན་དམ་འོད་གསལ་གྱི་དབྱིངས་སུ་འཇོ༷མས་པ༷ར་ནུ༷ས་པ༷འི་ཐ༷བས་ཟ༷བ་མོ་རྡོ་རྗེའི་རྣལ་ འབྱོར་ལ༷་བརྟེ༷ན་ན༷ས་འཁོར་བ་ཕྲ་རགས་ལས་ངེས་པར་གྲོལ་བའི་གཞ༷ན་མཆོ༷ག་བདེ༷་བར་ གཤེ༷གས་པའི་སྙི༷ང་པོ༷་རིང་མིན་མྱུ༷ར་ནས་མངོན་དུ་གྱུར་ཏེ་ཇི་བཞིན་ཐོ༷བ་པར་ཤོ༷ག་ཅིག ཅེས་པའོ། །འདིར་དེ་ལྟར་ཚིག་འགྲེལ་ཉུང་བསྡུས་མཚོན་ཙམ་རྟེན་འབྲེ ལ་ལེགས་ཆེད་སྨོས་ ནས་རྗེས་སོར་ཞིབ་བཤད་ཅིག་བྱེད་འདོད་ཡོད་པ་ལགས། སྨྲས་པ། མདོ་སྔགས་གནས་ལུགས་མཐར་ཐུག་ཆེ། ། 4-1-154 དོན་དམ་གཞི་དབྱིངས་ཉག་གཅིག་པུ། ། རྒྱལ་ཀུན་ཡེ་ཤེས་ཆོས་སྐུ་ཉིད། ། ངེས་དོན་སྤྲོས་ལས་འདས་འདི་མཚར། ། ཨེ་མ་རྫོགས་ལྡན་ཟབ་མོའི་ཆོས། ། རྟོག་གེ་ཕལ་གྱི་བློར་མི་ཤོང༌། ། རྒྱལ་ཀུན་ངེས་གསང་ཟབ་པའི་གནད། ། རྟོན་བཞི་ལྡན་པའི་ཐུགས་བཅུད་ལགས། ། ཚུལ་འདི་ཅུང་ཙམ་བསྙད་པའི་དགེས། ། སྲི ད་ལས་འགྲོ་ཀུན་བསྒྲལ་བའི་སླད། ། བདག་གིས་ངེས་གསང་བྱང་ཆུབ་སྟེ། ། དོན་གཉིས་མཆོག་ལ་དབང་བྱེད་ཤོག ། ཅེས་རྟོན་པ་བཞི་ལྡན་གྱི་མཛད་པའི་སྤྲིང་ཡིག་ཆེན་མོའི་ཚིག་འགྲེལ་གསལ་བྱེད་མཚོན་ཙམ་ངེས་གསང་སྒོ་འབྱེད་ཅེས་བྱ་ བ་འདི་ཡང་གྲྭ་ཆུང་ཆོས་རིན་གྱིས་བསྐུལ་ངོར། མ་ཏི་ཀིརྟིས་འཕྲལ་དུ་སྦྱར་བའི་ཡི་གེ་པ་ནི་ཆོས་མཆེད་ཀྱིས་ཡང་ཡང་བགྱིས་པ་ དགེ་བར་གྱུར་ཅིག་གུ། སརྦ་མངྒ་ལཾ། འདི་བཞེངས་དགེ་བའི་ཟླ་ཟེར་གྱིས། ། བསྟན་འགྲོའི་ལེགས་སྒོ་ཀུ་ུམུད་ཚལ། །ཡོངས་རྒྱས་དགའ་སྟོན་གསར་བའི་དཔལ། །སྲི ད་མཐའི་བར་དུ་ཉམས་མེད་ཤོག །འདིའང་གྲོགས་ཀྱི་ངོར། མ་ཏིས་བྲི ས། 4-1-155 ༄༅། །སྐར་རྩིས་བྱེད་གྲུབ་ཟུང་གི་ཁུངས་ལས་བརྩམས་པའི་ ཉེར་མཁོའི་དོན་ཉུང་བསྡུས་སུ་བརྗོད་པ་རིགས་ལྡན་ བླ་མ་དགྱེས་བྱེད་ཅེས་བྱ་བ་ བཞུགས་སོ། ། ༄༅། །ན་མཿཤྲཱི་ཀཱ་ལ་ཙཀྲ་ཡ། རྣམ་ཀུན་དགའ་མའི་གསེར་བཟང་འཁྲི་ཤིང་གིས། །བདེ་ཆེན་ཨིནྡྲ་ནི་ལའི་ལྗོན་པར་འཁྱུད། །ཟག་བྲལ་ཟུང་འཇུག་འོད་ཀྱི་དྲ་བའི་སྐུ། །འཁོར་ ལོའི་དབང་ཕྱུག་མཆོག་གིས་དགེ་མཚན་ཕོབ། །སེམས་དཔའ་དམ་པའི་སྣ་ཚོགས་སྣང་བའི་ འཕྲུལ། །སྔགས་ཀྱི་ཞིང་གཙོ་མི་བདག་ཚུལ་དུ་བརྫུ། །ཆོས་རྒྱལ་རིག་ལྡན་གསང་ཆེན་ཆོས་ ཀྱི་མཛོད། །གང་དག་ཞབས་པད་སྤྱི་བོའི་གཙུག་གིས་མཆོད། །ཁྱད་པར་འཇིག་རྟེན་དབང་ ཕྱུག་སྒྱུ་འཕྲུལ་གར། །ངེས་དོན་རྟོན་པ་བཞི་ལྡན་བླ་མའི་ཚུལ། །སྙིགས་དུས་འགྲོ་མགོན་ རིགས་ལྡན་སྤྲུལ་བའི་སྐུ། །གང་གིས་དེང་ནས་བྱང་ཆུབ་བར་དུ་སྐྱོངས། །མགོན་པོ་མཆོག་གི་ དགོངས་བཞེད་བཞིན། །དཀར་རྩིས་བྱེད་གྲུབ་ཟུང་གི་ཁུངས། །དེ་ལས་བརྩམས་པའི་བརྗོད་ དོན་འགའ། །མོས་ལྡན་སྤྲོ་བསྐྱེད་སླད་དུ་འབྲི ། ། དེ་ལ་འདིར་རང་ལུགས་ཀུན་མཁྱེན་ཇོ་ནང་པ་ཆེན་པོའི་དགོངས་པ་ལྟར་བྱེད་གྲུབ་ རྩིས་ཀྱི་རི་མོ་སྟོན་པ་ཉིད་ཀྱིས་ཇི་ལྟར་བསྟན་པའི་ཚུལ་ལ། བདག་ཅག་གི་སྟོན་པས་དགའ་ ལྡན་ལྷའི་གནས་མེ་རྟའི་ས་ག་ཟླ་བའི་ཚེས་བཅོ་ལྔའི་ཉིན་གཟིགས་པ་ལྔས་གཟིགས་ཏེ་ 4-1-156 ཤཱཀྱའི་རྒྱལ་པོ་ཟས་གཙང་གི་བཙུན་མོ་སྒྱུ་མ་ལྷ་མཛེས་མ་གསོ་སྦྱོང་ལ་གནས་པའི་ལྷུམས་ སུ་ཞུགས། ལོ་དེའི་ཆུ་སྟོད་ཟླ་བཤོལ་བྱུང་ནས་ཟླ་བ་བཅུ་ཡོངས་སུ་རྫོགས་པས་མཆུ་ཟླའི་ བཅོ་ལྔ་ལ་བབས་པའི་ཚེ། ལུམ་བུ་ནིའི་ཚལ་དུ་སྐུ་བལྟམས་དེ་ནས་དགུང་ལོ་སུམ་ཅུ་ཤིང་ ཕག་ལ་བཙུན་མོའི་མཆོག་གྱུར་གྲགས་འཛིན་མ་ཁབ་ཏུ་བཞེས་ནས་སྒྲ་གཅན་འཛིན་སྲས་ སུ་བྱིན་གྱིས་བརླབས། ལྷ་རྣམས་ཀྱི་རོལ་མོའི་སྒྲས་བསྐུལ་ཏེ་རྒས་པ་སོགས་གཟིགས་ནས་ སྲིད་ཀྱི་འདོད་ཡོན་ལ་ཡིད་འབྱུང་བའི་ཚུལ་གྱིས་རྒྱལ་ཁབ་སྤངས་ཏེ་རབ་ཏུ་བྱུང་ལོ་དྲུག་ལ་ དཀའ་བ་སྤྱད་པའི་ཚུལ་མཛད། དེ་ནས་དགུང་ལོ་སོ་བདུན་པར་ཆུ་རྟའི་ས་གའི་བཅོ་ལྔ་ལ་ བྱང་ཆུབ་ཤིང་དྲུང་དུ་གཤེགས་ནས་མཉམ་པར་བཞག་སྟེ་སྲོད་ལ་བྱམས་པའི་ཏིང་ངེ་འཛིན་ གྱིས་བདུད་བཏུལ། ནམ་གྱི་ཆ་སྟོད་ལ་བསམ་གཏན་བཞི་དང་མངོན་པར་ཤེས་པ་ལྔ་དང༌། ཐོ་རེངས་སུ་ཟད་མི་སྐྱེ་མཁྱེན་པའི་ཡེ་ཤེས་མངོན་དུ་བྱས་པས་གསར་དུ་སངས་རྒྱས་ཚུལ་ བསྟན། དེ་དུས་སུ་ཤིང་ཏཱ་ལ་བདུན་སྲི ད་ཀྱི་ནམ་མཁར་འཕགས་ཏེ་ཆེ་བརྗོད་མཛད། ལྷ་ རྣམས་ཀྱིས་མཆོད་ཅིང་ཞག་བདུན་ཕྲག་བདུན་ལས་དང་པོར་བྱང་ཆུབ་ཤིང་དྲུང་དུ་སྐྱིལ་ ཀྲུང་གིས་བཞུགས། གཉིས་པ་དེར་མི་འཛུམ་པར་གཟིགས། གསུམ་པར་སྟོང་གསུམ་རྒྱང་ རིང་དུ་འཆག བཞི་པར་ཤར་དང་ནུབ་ཀྱི་རྒྱ་མཚོར་འཆག ལྔ་པར་ཀླུ་རྣམས་ཀྱི་གནས་སུ་ བཞུགས། དྲུག་པར་ཤིང་ནྱ་གྲོ་ངྷའི་དྲུང་དུ་བཞུགས། བདུན་པར་སྒྲོལ་རྒྱུས་ཤིང་གི་ཚལ་དུ་ བཞུགས། དེ་ནས་ལྷ་ཚངས་པ་དང་བརྒྱ་བྱིན་གྱིས། ཆོས་གསུངས་པར་གསོལ་བ་བཏབ་སྟེ་ ཡུལ་ཝ་རཱ་ཎ་སཱིར་ཆུ་སྟོད་ཟླ་བའི་ཚེས་བཞི་ལ་འཁོར་དགེ་སློང་ལྔ་སྡེ་བཟང་པོ་སོགས་ཆེད་ དུ་བྱ་བའི་གདུལ་བྱ་ཐེག་དམན་རིགས་ཅན་ལ་བདེན་པ་བཞིའི་ཆོས་འཁོར་བསྐོ ར། དེ་ནས་ ཆུ་ལུག་ནག་པའི་ཉ་ལ་བྱ་རྒོད་ཕུང་རིར་ཐུན་མོང་ཐེག་ཆེན་གྱི་གདུལ་བྱ་ལ་ཤེར་ཕྱིན་གྱི་མདོ་ སྡེ་གསུངས་པ་དང་མཉམ་དུ་འབྲས་སྤུངས་མཆོད་རྟེན་དུ་ཐུན་མིན་སྔགས་ཀྱི་གདུལ་བྱ་ལ། 4-1-157 ཆོས་རྒྱལ་ཟླ་བཟང་གིས་ཞུས་ངོར་དུས་ཀྱི་འཁོར་ལོའི་རྒྱུད་རྩ་རྒྱུད་སྟོང་ཕྲག་བཅུ་གཉིས་པ་ མཉམ་པའི་པྲིཏྟ་རྗེས་བསྔགས་སྡེབ་སྦྱོར་གྱིས་བཅིངས་ཏེ། སྟོན་པ་ཉིད་ཀྱིས་སྟེང་དུ་རྒྱུ་སྐར་ དཀྱིལ་འཁོར་གྱི་འོག་ཏུ་ཆོས་དབྱིངས་གསུང་དབང་གི་དཀྱིལ་འཁོར་མངོན་པར་སྤྲུལ་ནས་ ལེགས་པར་གསུངས་པའི་དུས་འཁོར་རྩ་རྒྱུད་དུ་གྲགས་པ་འདིའི་ནང་དུ་ཐོག་མར་རྣམ་པར་ དག་པ་གྲུབ་མཐའི་རྩིས་བསྟན་པ་ཡིན་ལ། དེ་ནས་ཟླ་བཟང་གི་སྲས་ལྷ་དབང་ཡང་རྒྱུད་ གསུངས་ལོ་འདི་ནས་བྱང་ཤམྦྷ་ལའི་ཆོས་ཁྲིར་བཞུགས། ཟླ་བཟང་ཉིད་ཀྱིས་ལོ་འདི་དང་ཕྱི་ མ་ཤིང་སྤྲེལ་ལོ་གཉིས་སུ་རྩ་རྒྱུད་བསྡུས་ཏེ་འགྲེལ་ཆེན་སྟོང་ཕྲག་དྲུག་ཅུ་པ་མཛད་དེ་རྩ་རྒྱུད་ ལས་བསྟན་པའི་རྩིས་དོན་དང་བཅས་རྒྱས་པར་སྤེལ། དེ་ནས་རིམ་པར་བྱང་ཀ་ལཱ་པའི་ཆོས་ ཁྲི་ལ་ཆོས་རྒྱལ་གཟི་བརྗིད་ཅན་ཟླ་བའི་བྱིན། ལྷའི་དབང་ཕྱུག་སྣ་ཚོགས་གཟུགས། ལྷའི་ དབང་ལྡན་རྣམས་ལོ་བརྒྱ་ཕྲག་རེ་བཞུགས་ནས་དེ་དག་གིས་རྩ་རྒྱུད་འགྲེལ་བ་དང་བཅས་ པའི་དགོངས་དོན་ཕྱི་དུས་ཀྱི་འཁོར་ལོ་རྩིས་ཀྱི་རྣམ་བཞག་དེ་བཞིན་དར་རྒྱས་མཛད། དེ་ ནས་མ་ལ་ཡའི་སྐྱེད་ཚལ་དུ་སྔར་ཟླ་བཟང་གིས་བཞེངས་པའི་དུས་འཁོར་བློས་བསླངས་ཀྱི་ ཤར་སྒོར་ཆུ་ལུག་གི་ལོ་ལ་རིགས་ལྡན་ཐོག་མ་འཇམ་དཔལ་གྲགས་པ་ཆོས་ཁྲིར་བཞུགས་ཏེ། ཉི་མའི་ཤིང་རྟ་སོགས་ཀྱིས་ཞུས་ངོར་དུས་འཁོར་བསྡུས་པའི་རྒྱུད་ཤོ་ལོ་ཀ་ཆིག་སྟོང་སུམ་ཅུ་ ཅན་ཕྲེང་འཛིན་སྡེབ་སྦྱོར་གྱིས་གསུངས་ལ། རྒྱུད་འདིའི་ནང་དུ་བྱེད་པའི་རྩིས་ཀྱི་རྣམ་བཞག་ ལེགས་པར་བསྟན་ཅིང་རིགས་བཞི་མཐའ་དག་རྡོ་རྗེའི་རིགས་གཅིག་ཏུ་བསྡུས་པས་རིགས་ ལྡན་གྱི་མཚན་ཆགས། དེ་ནས་ཆུ་ཕག་ལོར་རིགས་ལྡན་པདྨ་དཀར་པོ་ཆོས་ཁྲིར་བཞུགས་ ནས་བསྡུས་རྒྱུད་ཀྱི་འགྲེལ་ཆེན་དྲི་མེད་འོད་བརྩམས་ཏེ་རྩ་བསྡུས་རྒྱུད་ཀྱི་དགོངས་པའི་རྩིས་ སྐོ ར་ཀྱང་འཆད་སྤེལ་མཛད་ལ། བྱེད་རྩིས་འདི་ནི་སྔོ ན་མུ་སྟེགས་པ་དག་གིས་ཤིན་ཏུ་དག་ པའི་རྩིས་རྙེད་ཚེ། དེ་དག་གི་བསམ་པ། རང་ཅག་གིས་དག་པའི་རི་མོ་འདི་མན་ངག་བྱས་ན་ 4-1-158 ལེགས་ཀྱི་ཡི་གེར་བྲིས་ན་ཀུན་གྱི་མཐོང་ཚེ་ཤེས་པར་འགྱུར་བས་དེ་སྐབས་རང་ཅག་ལ་རྩིས་ ཤེས་པའི་ཁྱད་ཆོས་མེད་པས་དེ་བས་མ་དག་པའི་རི་མོ་བྱས་ནས་ཀུན་གྱི་མཐོང་ཡུལ་དུ་ཡི་ གེར་བྲི འོ། ། ཞེས་དེ་ལྟར་བྱེད་པས་བྱེད་རྩིས་སུ་གྲགས་ལ། ཕྱིས་སུ་ཁོ་རང་རྣམས་ལའང་མན་ངག་ རྒྱུན་ཆད་དེ་འཁྲུལ་བ་བྱུང་སྐབས་རིགས་ལྡན་གྲགས་པས་བསྡུས་རྒྱུད་དུ་མུ་སྟེགས་པ་ལ་རེ་ ཞིག་གསང་ཕྱིར་འཁྲུལ་མེད་བྱེད་རྩིས་ཉིད་དངོས་སུ་བཀོད་པར་མཛད་ཅེས་པའི་ལོ་རྒྱུས་ ཡོད། དེ་ནས་རིམ་པར་ཤམྦྷ་ལའི་ཀ་ལཱ་པའི་ཕོ་བྲང་དུ་རིགས་ལྡན་བཟང་པོ། རྣམ་རྒྱལ། བཤེས་གཉེན་བཟང་པོ། རིན་ཆེན་ཕྱག་ན། ཁྱབ་འཇུག་སྦས་པ། ཉི་མ་གྲགས། ཤིན་ཏུ་ བཟང་པོ་རྣམས་ལོ་བརྒྱ་རེ་ཆོས་ཁྲིར་བཞུགས་པའི་སྒོ་ནས་དུས་འཁོར་རྩ་བསྡུས་རྒྱུད་ཀྱི་ འགྲེལ་བ་དང་བཅས་པ་ལས་བསྟན་པའི་ཕྱི་འཇིག་རྟེན་ཁམས་དང་ནང་རྡོ་རྗེའི་ལུས་ཀྱི་རྩ་ རླུང་ཐིག་ལེ་གཞན་དབང་དང་རིམ་གཉིས་ཀྱི་ལམ་འབྲས་བཅས་ཀྱི་རྣམ་བཞག་གདུལ་བྱའི་ ཁམས་དབང་བཞིན་གཏན་ལ་ཕབ་སྟེ་རང་རང་དང་འཚམས་པའི་སྨིན་གྲོལ་ལ་བཀོད་ཅིང༌། ཁྱད་པར་ཆུ་ལུག་ལོར་རིགས་ལྡན་རྒྱ་མཚོ་རྣམ་རྒྱལ་ཆོས་ཁྲིར་འཁོད་དེ་མེ་མཁའ་རྒྱ་མཚོའི་ ལོ་མགོ་བཟུང་ནས་ཕྱི་རོལ་བྱེད་པའི་རྩིས་མགོ་ཟུག་སྟེ་ཤིང་བྱ་ལ་རིགས་ལྡན་རྒྱལ་དཀའ་ ཆོས་ཀྱི་ཁྲི་ལ་བཞུགས་ནས་ཉུང་ངུའི་བྱེད་རྩིས་གསལ་བར་མཛད་དོ། ། རྒྱ་མཚོ་རྣམ་རྒྱལ་དགུངས་གྲངས་བརྒྱ་དང་གྱ་གཉིས། རྒྱལ་དཀའ་ཉིས་བརྒྱ་ཉི་ཤུ་ གཅིག་གི་རིང་དུ་བཞུགས་ནས་ཆོས་སྲིད་བཟུང་བས་སམ་དེ་འདྲའི་རིགས་ལྡན་དེ་གཉིས་གྱི་ ལོ་གྲངས་བསྡོམས་ན་ལོ་བཞི་བརྒྱ་དང་གསུམ་ལོངས། དེ་ནས་བྱང་ཤམྦྷ་ལའི་རིགས་ལྡན་ རྒྱལ་དཀའ་ཆོས་སྟོན་པའི་མཇུག་གི་ཆ་ཙམ་ལ། རྒྱ་གར་འཕགས་ཡུལ་གྱི་པཎྜི་ཏ་ཡི་དམ་ འཇམ་དཔལ་གྱི་ཞལ་མཐོང་བའི་དུས་འཁོར་ཞབས་པ་འཇམ་པའི་རྡོ་རྗེ་ཤམྦྷ་ལར་ཕེབས་ 4-1-159 ཏེ་རིགས་ལྡན་མཆོག་གི་ཞལ་ལུང་ལས་དུས་ཀྱི་འཁོར་ལོའི་རྩ་རྒྱུད་ཀྱི་དོན་བསྡུས་པ་བསྡུས་ རྒྱུད་རྩ་འགྲེལ་སོགས་གསང་སྔགས་ཟབ་ཆོས་དུ་མ་མནོས་ནས་འཕགས་ཡུལ་དུ་སྤྱན་དྲངས་ ཏེ་རྩ་བསྡུས་རྒྱུད་ཀྱི་དགོངས་དོན་གྱི་དུས་ཀྱི་འཁོར་ལོའི་ཆ་ལག་རྩིས་སྐོར་དར་བ་ནས་ བཟུང༌། དུས་ཞབས་ཆེན་པོའི་སློ བ་མ་དུས་ཞབས་ཆུང་བ་དཔལ་བཟང་པོ་དང༌། དུས་ཞབས་ ཆུང་བའི་སྲས་བྱང་ཆུབ་བཟང་པོ། དེའི་སློ བ་མ་ཕྲིན་ལས་ཆེ་བ་ཁ་ཆེའི་པཎྜི་ཏ་ཟླ་བ་མགོན་པོ་ རྣམས་ལས་བརྒྱུད་འཕགས་ཡུལ་དུ་ཆེས་ཆེར་དར་རྒྱས་སུ་མཛད་དེ་མེ་སྟག་གི་ལོར་རིགས་ ལྡན་ཉི་མ་སེང་གེ་ཤམྦྷ་ལར་ཆོས་ཁྲིར་འཁོད་ནས་བགྲང་བྱ་གཅིག་འདས་མཚམས་ན་རང་ ལུགས་ལ་དུས་འཁོར་རྒྱུད་རྒྱལ་བོད་གངས་རིའི་ལྗོངས་སུ་སྤྱན་དྲངས་ཏེ་རབ་བྱུང་ཞེས་ བསྙད་པའི་ཐོག་མ་ཤར་བར་བཞེད། དེ་ཡང་དུས་ཀྱི་འཁོར་ལོའི་རྒྱུད་རྩ་འགྲེལ་བོད་དུ་དར་ ལུགས་ལ། ལོ་པཎ་སོ་སོས་སྤེལ་ཚུལ་ཆེས་མང་མོད་ཀྱང༌། གཙོ་བོ་རྭ་འབྲོ འི་ལུགས་གཉིས་ ཕྲིན་ལས་ཀྱི་སྒོ་འགྲན་ཟླ་མེད་པ་ཡིན་ཞིང༌། རྭ་བ་ལ་བཤད་བཀའ་དང་འབྲོ ་བ་ལ་སྒྲུབ་ བཀའ་བབས་ཟེར་བ་ལྟར་ལུགས་དེ་གཉིས་ཀྱི་བརྒྱུད་འཛིན་སོ་སོ་ལ་བཤད་སྒྲུབ་དེ་འདྲ་མང་ པོའང་བྱུང༌། ཁྱད་པར་རང་རེའི་ཆོས་བརྒྱུད་འབྲོ་ལུགས་ལྟར་དུས་འཁོར་རྩ་བསྡུས་རྒྱུད་ཀྱིས་བསྟན་ དོན་བྱེད་གྲུབ་རྩིས་སྐོར་ཡང་པཎ་ཆེན་ཟླ་མགོན་བོད་དུ་ཕེབས་སྐབས་འབྲོ་ལོ་ཙཱ་བ་ཤེས་ རབ་གྲགས་ཀྱིས་རྒྱུད་འགྲེལ་གཞུང་འགྲེལ་མང་པོ་བསྒྱུར་ཅིང་ལོ་ཙཱ་ཡང་མཛད་དེ། ལྷ་ རྗེ་སྒོམ་པ་དཀོན་མཆོག་བསྲུང་དང༌། སྒྲོ་སྟོན་གནམ་བརྩེགས་གཉིས་ཀྱིས་ཀྱང་པཎ་ཆེན་ ལ་རྒྱུད་བཤད་རྫོགས་པར་ཞུས་ཤིང༌། དེ་དག་གི་བརྒྱུད་འཛིན་ཡུ་མོ་མི་བསྐྱོད་རྡོ་རྗེ། དེའི་ སྲས་ཆོས་ཀྱི་དབང་ཕྱུག དེའི་སྲས་སེ་མོ་ཆེ་བ་ནམ་མཁའི་རྒྱལ་མཚན། དེའི་སློ བ་བརྒྱུད་ འཇམ་གསར་བ་ཤེས་རབ་འོད་ཟེར། ཀུན་མཁྱེན་ཆོས་སྐུ་འོད་ཟེར་རྣམས་ཀྱང་དུས་འཁོར་ 4-1-160 རྩ་བསྡུས་རྒྱུད་འགྲེལ་བ་དང་བཅས་པའི་དགོངས་དོན་གཏིང་དཔོག་པའི་མཁས་གྲུབ་གཉིས་ ལྡན་གྱི་སྐྱེས་ཆེན་ཤ་སྟག་ཡིན་པས་དེ་རྣམས་ཀྱིས་ཀྱང་སྒྲུབ་པ་སྙིང་པོ་བྱེད་ཞོར་དུ་འདིར་ བསྟན་རྩིས་སོགས་རིག་གནས་ནང་བྱན་ཚུད་པར་བྱས་ཏེ་གཞན་ལའང་སྤེལ། དེ་མཚམས་ རབ་བྱུང་བཞི་པའི་ནང་ཙམ་ན་ཇོ་ནང་གི་མཚན་ཐོག་མར་ཆགས་པ་ཀུན་སྤངས་ཐུགས་རྗེ་ བརྩོན་འགྲུས་དང༌། བྱང་སེམས་རྒྱལ་བ་ཡེ་ཤེས། མཁས་བཙུན་ཡོན་ཏན་རྒྱ་མཚོ་རྣམས་ལ་ བརྒྱུད་དེ་རབ་བྱུང་ལྔ་པར་ཤིང་བྱི་ཡན་རྒྱལ་བའི་ལུང་བསྟན་ཀུན་མཁྱེན་ཇོ་ནང་པ་ཆེན་པོས་ རྩི་གཞི་མིག་དམར་གྱི་འདས་ལོ་དང༌། སྤྱིར་ནའང་ཀུན་མཁྱེན་ཆེན་པོ་ནས་རྩིས་ཀྱི་བསྟན་ བཅོས་མང་པོ་མཛད། ཁོང་གི་ཐུག་སྲས་བུ་ཆེན་ཀུན་མཁྱེན་ཕྱོགས་ལས་རྣམ་རྒྱལ་ཉ་དབོན་ ཀུན་དགའ་དཔལ་རྣམ་གཉིས་ཀྱི་དངོས་སློབ་ཁམས་ཚ་ཁོའི་རོང་ནས་བྱོན་པའི་དྲུང་དཀའ་ བཞི་རིན་ཆེན་དཔལ། དེའི་སློ བ་མ་ཚད་མ་པ་རྒྱལ་བ་བཟང་སོགས་ལས་བརྒྱུད་དེ་དུས་ ཀྱི་འཁོར་ལོའི་རྒྱུད་བཤད་སྤྱི་དང་ཡང་སྒོས་བྱེད་གྲུབ་སོགས་ཀྱི་སྐོར་རྩིས་སྐོར་རྒྱ་ཆེ་བའི་ ལག་ལེན་ཞིབ་རྒྱས་དཔལ་འཛམ་ཐང་གི་ཆོས་སྡེ་འདིར་ཡང་སྔོན་ནས་རང་རྐང་ཚུགས་པར་ ཡུན་རིང་རབས་སུ་ཡོད་ཀྱང་དུས་ཀྱི་འགྱུར་ལྡོག་གིས་ད་ལྟ་ཞིབ་ཏིག་རྩད་གཅོད་ཀྱིས་ངོས་ ཟིན་དཀའ་བ་ཙམ་དུ་འདུག རབ་བྱུང་དྲུག་པའི་ནང་དུ་ས་ཁྱི་ཡན་ཀུན་མཁྱེན་ཕྱོགས་རྒྱལ་ བས་མཛད་པའི་བསྟན་རྩིས་རིན་ཆེན་སྒྲོན་མེའི་འདས་ལོ་ཡིན་ཞིང༌། ཉ་དབོན་པ་ལས་དུས་ འཁོར་རྒྱུད་བཤད་མནོས་པ་གྲུབ་ཆེན་ཀུན་བློ། དེའི་སློབ་མ་འཇམ་དབྱངས་དཀོན་བཟང༌། དེའི་སློབ་མ་མཁས་གྲུབ་ནམ་མཁའ་ཆོས་སྐྱོང་ཡིན་ལ་དེ་དག་ཀྱང་དུས་འཁོར་རྒྱུད་གཞུང་ལ་ མཁས་པ་མཆོག་ཡིན་རྩིས་ཀྱི་ལག་ལེན་སོགས་རིག་གནས་ཕྲ་བ་རྣམས་ལ་ཚེགས་ཅི་ཞིག་ ཡོད། ནམ་མཁའ་ཆོས་སྐྱོང་གི་སློ བ་མ་པཎ་ཆེན་ནམ་མཁའ་དཔལ་བཟང་དུས་འཁོར་བྱང་ ལུགས་ལ་མཁས། དེ་ནས་ལོ་ཆེན་རིན་ཆེན་བཟང་པོ་ལ་བརྒྱུད་དེ་རབ་བྱུང་དགུ་པའི་ནང་ 4-1-161 ཙམ་ན་རྗེ་ཀུན་དགའ་གྲོལ་མཆོག་ནས་མཁས་དབང་བྱམས་པ་ལྷུན་གྲུབ་པ་ལ་དུས་འཁོར་ རྒྱུད་བཤད་རྩིས་དོན་བཅས་ཀྱི་བཀའ་དྲིན་མཛད་དེ་རབ་བྱུང་བཅུ་པར་རྗེ་བཙུན་ཏཱ་ར་ནཱ་ ཐས་རྒྱ་ཆེར་དར་རྒྱས་དེ་བཞིན་ལ་ཕྲིན་ལས་ཟླ་བྲལ་གྱི་མཛད་པ་བསྐྱངས། དེའི་དངོས་སློ བ་ མཁས་དབང་གྲགས་པ་དཔལ་བཟང་སྟེ། འདིས་རབ་བྱུང་བཅུ་གཅིག་པར་ས་སྟག་འབྲུ་མང་ གི་རྩིས་གཞུང་བརྩམས་ཏེ་རང་རེ་བརྒྱུད་འཛིན་པ་ས་རིས་པ་དག་གིས་ལག་ལེན་གྱི་ཁུངས་ གཙོ་ཆེར་འདི་ནས་བྱེད་པ་ཡིན་ལ། འདི་ནས་བཟུང་དུས་འཁོར་རྒྱུད་བཤད་དང་འབྲེ ལ་བའི་ རང་ལུགས་དཀར་རྩིས་ཀྱི་ལག་ལེན་ཇི་བཞིན་རྒྱུན་མ་ཆད་པའི་གསལ་ཁ་མི་འབྱུང་ཡང་ སྤྱིར་ན་བརྒྱུད་འཛིན་མཁས་གྲུབ་བློ་གྲོས་རྣམ་རྒྱལ་དང༌། ཆ་ལུང་བའི་སྐུ་ཚ་ངག་དབང་རྣམ་ རྒྱལ་གཉིས་ཀྱང་སྔ་ཕྱི་ཅི་རིགས་སུ་ཁམས་འདི་ཕྱོགས་སུ་ཕེབས་སྐབས་རང་ལུགས་དཀར་ རྩིས་ཀྱི་ལག་ལེན་སོགས་ཞར་བྱུང་རེའང་འོང་ཆོག་ཅིང༌། ཁྱད་པར་བསྡུས་རྒྱུད་འགྲེལ་ཆེན་ བཅས་པཎ་ཆེན་ཟླ་མགོན་དང་འབྲོ ་ལོ་ཙཱ་ཤེས་རབ་གྲགས་ཀྱིས་བསྒྱུར་བ། ཤོངས་སྟོན་ རྡོ་རྗེ་རྒྱལ་མཚན་གྱིས་འགྱུར་བཅོས་མཛད་པ་དེ་ཕྱིས་སུ་ཀུན་མཁྱེན་ཇོ་ནང་པའི་གསུང་གི་ རྗེས་སུ་འབྲང་སྟེ་ཉིད་ཀྱི་ཐུགས་སྲས་ལོ་ཙཱ་བློ་གྲོས་དཔལ་དང་ས་བཟང་བློ་གྲོས་རྒྱལ་མཚན་ གཉིས་ཀྱིས་ཞུས་ཆེན་མཛད་དེ་ཡབ་སྲས་གསུམ་གྱི་རྒྱུད་འགྲེལ་བསྡུས་དོན་མཆན་བུ་ུབཅས་ ཀྱི་བཤད་རྒྱུད་རྗེ་བཙུན་རིན་པོ་ཆེ་དེའི་དངོས་སློབ་རྒྱལ་ཚབ་རིན་ཆེན་རྒྱ་མཚོ་དེ་ནས་རིམ་ པར་འབྲོག་དགེ་ཀུན་དགའ་དཔལ་བཟང་ཆོས་སྐྱོང་དོན་འགྲུབ་སོགས་ལས་ཁམས་རྔ་ཡུལ་ ཕྱོགས་ནས་བརྒྱུད་དེ་འཛམ་ཐང་གཙང་བ་དགེ་སློ ང་དང༌། དེའི་ཐུགས་སྲས་ངག་དབང་ཆོས་ འཕགས་ཀྱི་བར་དུ་ཡོད་པ་ལ་བརྟག་ན་བརྒྱུད་རིམ་དེ་ནས་ཀྱང་འཛམ་ཐང་ཕྱོགས་ལ་རང་ ལུགས་དཀར་རྩིས་ཀྱི་ལག་ལེན་ཡོད་རུང་བར་མངོན་ལ། རང་ལུགས་དུས་འཁོར་བཤད་ རྒྱུན་གཞན་ཡང་ཇོ་ནང་རྟག་བརྟན་གྱི་མཁན་ཆེན་སྐད་གཉིས་སྨྲ་བ་ཆགས་པ་ཆོས་འཕེལ་ 4-1-162 གྱིས་ཆོས་རྗེ་ཀུན་བཟང་དབང་པོ་ལ་གདམས་པ་སྟེ། དེ་ནས་རིམ་པར་རིག་འཛིན་ཚེ་དབང་ ནོར་བུ། བཀའ་བརྒྱུད་ཕྲིན་ལས་ཤིང་རྟ། སི་ཏུ་ལོ་ཆེན་གཙུག་ལག་སྣང་བ་ཟུར་མང་ཚེ་དབང་ ཀུན་ཁྱབ་སོགས་ལས་ཀྱང་སྡེ་དགེ་དཔལ་སྤུངས་ཕྱོགས་ནས་རྒྱུད་བཤད་རྩིས་ཀྱི་ལག་ལེན་ ཐུན་མོང་དང་ཐུན་མོང་མིན་པའི་ཚུལ་བརྒྱུད་དེ་ཁམས་འཛམ་ཐང་འདི་ཕྱོགས་ལ་ལག་ལེན་ བྱེད་པ་ཆེས་མང་བ་བྱུང༌། དེ་ལྟར་རང་ལུགས་ཀྱི་དཀར་རྩིས་བྱེད་གྲུབ་སོ་སོའི་རི་མོ་བྱེད་པ་ ཡིན་ཡང་དུས་ཕྱིས་བར་སྐབས་སུ་རྒྱལ་བ་དཔལ་སྤུངས་པའི་ཕྱག་ལེན་བྱེད་གྲུབ་ཟུང་འབྲེལ་ གྱི་སྒོ་ནས་ཟླ་དག་གཟའ་དྷྲུ་རིལ་ཆ་ཉི་དྷྲུ་རྣམས་མ་ནོར་དག་པ་ལེགས་པར་བསྒྲུབ་པའི་རྗེས་ སུ་འབྲང་སྟེ་དེང་སྐབས་རང་རེ་དག་གིས་ས་རིས་བྱེད་པ་ཡིན་ལ། འདིའི་ཕྱག་བཞེས་བྱེད་པོ་ སི་ཏུ་ཆོས་འབྱུང་གི་མཆེད་དཔལ་སྤུངས་པ་ཀརྨ་ངེས་ལེགས་ཞེས་བྱ་བ་དེ་ཡིན་ཞེས་ངག་སྒྲོས་ སུ་གླེང་ངོ༌། ། དེ་ལུགས་ལྟར་རབ་བྱུང་བཅོ་ལྔའི་ནང་ཙམ་ལ་ལྗོངས་འདིར་རང་ཅག་གི་རྨོངས་མུན་ སེལ་བའི་ཉི་མ་འཇམ་པའི་དབྱངས་དངོས་ཐུབ་བསྟན་དགེ་ལེགས་རྒྱ་མཚོའི་བཀའ་དྲིན་ ལ་བརྟེན་ནས་རང་ལུགས་གྲགས་པ་དཔལ་གྱི་རྩིས་གཞུང་འབྲུ་མང་གི་ལྷན་ཐབས་འདོད་ འཇོའི་སྙེ་མའི་ལྷན་ཐབས་བསྟན་རྩིས་གྲུབ་པ་བཅས་ཀྱི་རི་མོ་རྒྱས་པའི་ལག་ལེན་དང༌། འཇམ་དབྱངས་མཚུར་ཕུའི་དགོངས་པ་བཞིན་རྩིས་གཞུང་བུམ་བཟང་གི་རི་མོ་ཉུང་བསྡུས་ ཀྱི་ལེགས་བཤད་བྱེད་གྲུབ་སོ་སོ་དང་ཟུང་འབྲེལ་གྱི་ལག་ལེན་རྒྱས་པ་བདག་ཅག་གི་བསོད་ ནམས་ཀྱི་དཔལ་དུ་ལེགས་པར་གྲུབ་པ་འདི་ག་ལྟར་རོ། ། དེ་ལྟ་བས་ན་གཟའ་བཅུ་རྒྱུ་སྐར་ལ་སྤྱོད་ཚུལ་ནི། ཉི་མ་སྐར་མར་སྤྱོད་ཚུལ། ཟླ་བ་སྐར་ མར་སྤྱོད་ཚུལ། རེས་གཟའ་ཚེས་གྲངས་བཅས་པ། སྦྱོར་བ། བྱེད་པ་དང་ལྔ་ཕྱོགས་གཅིག་ ཏུ་བསྡུས་པས་ལྔ་བསྡུས་ཞེས་གྲགས་པ་ཡིན་ལ། དེ་ལའང་བྱེད་པ་དང་གྲུབ་པ་གཉིས་ཀྱི་ 4-1-163 རི་མོ་རྒྱུད་ཀྱི་དངོས་བསྟན་དང་མན་ངག་ལག་ལེན་བདེ་བ་གང་རུང་གི་སྒོ་ནས་རི་མོ་བྱེད་པ་ དང༌། གཞན་ཡང་སྒྲ་གཅན་དང་དབྱངས་འཆར་བའི་ཚུལ་སོགས་ཀྱང་དུས་ཀྱི་འཁོར་ལོའི་ རྩ་བསྡུས་འགྲེལ་བ་དང་བཅས་པའི་དགོངས་པ་ཡིན་པས་ཚུལ་འདི་ལ་ཉེ་བར་འབད་པའི་ དགོས་དོན་དང་འབྲེ ལ་བའི་ཉེར་མཁོ་ཅུང་ཙམ་སྨོས་ན། དེ་ཡང་དུས་འཁོར་ལས་བསྟན་ པའི་དཀར་རྩིས་ཞིབ་པར་ཤེས་ན་ཕྱི་ཟླ་ཉི་གཟའ་སྐར་དུས་སྦྱོར་ཆུ་སྲང་དབུགས་འཕོ་ཐུན་ ཚོད་ཉིན་མཚན་རྣམས་དང༌། ནང་རྩ་རླུང་ཐིག་ལེ་གནས་པ་དང་རྒྱུ་བའི་ཚུལ་མཐའ་དག་ དང༌། གཞན་སྨིན་བྱེད་དབང་དང་གྲོལ་བྱེད་རིམ་གཉིས་ཀྱི་ལམ་འབྲས་ཆ་ཚང་གི་གནད་དོན་ མངོན་དུ་བྱ་བའི་དགོས་པ་མཆོག་དང་ལྡན་པ་སྟེ། འདིར་སྐབས་སུ་བབ་པ་ཕྱིའི་ཚུལ་ཡང་ རི་རབ་ཀྱི་ཁོར་ཡུག་བར་སྣང་སྟོང་པ་ལ་གནས་པའི་རླུང་གི་ཁོར་ཡུག་ཟླུམ་པོ་ལ་གོ་ལ་ཟེར་ ཞིང༌། དེ་ནམ་མཁའ་སྟོང་པར་ཡོད་པས་ནམ་མཁའི་གོ་ལ་དང༌། ཉི་ཟླ་རྒྱུ་བས་ཉི་ཟླའི་གོ་ལ། རྒྱུ་སྐར་རྣམས་རྒྱུ་བའི་རྒྱུ་སྐར་གོ་ལ། དེའི་ཐད་ཀའི་ས་ལ་སའི་གོ་ལ་ཞེས་བརྗོད། དེ་ལ་ཁྱིམ་ ཞེས་པ་རྒྱུ་སྐར་ཉེར་བརྒྱད་ཀྱིས་རི་རབ་ཀྱི་མཐའམ་ནམ་མཁའ་ལ་གཡོན་བསྐོར་དུ་གནས་ པའི་རྒྱུ་སྐར་རེ་རེའི་ས་ཁྱོན་བཞི་རེ་ཕྱེ་བའི་བཞི་ཆ་ལ་རྒྱུ་སྐར་གྱི་རྐང་བར་བརྗོད་ལ། དེ་ལས་ ཐ་སྐར་རྐང་པ་བཞི། བྲ་ཉེར་རྐང་པ་བཞི། སྨིན་དྲུག་རྐང་པ་གཅིག་སྟེ་རྒྱུ་སྐར་རྐང་པ་དགུའི་ ས་ཁྱོན་ལ་ལུག་གི་ཁྱིམ་ཞེས་བརྗོད་པ་སོགས་རིམ་བཞིན་གཡོན་བསྐོར་ནམ་མཁའ་ལ་རྒྱུ་ སྐར་གྱི་རྐང་པ་དགུ་དགུ་རེ་ལ། གླང༌། འཁྲིག་པ། ཀརྐ་ཊ། སེང་གེ བུ་མོ། སྲང༌། སྡིག་པ། གཞུ། ཆུ་སྲི ན། བུམ་པ། ཉ་ཁྱིམ་ཞེས་རིམ་པས་བརྗོད། ཁྱིམ་དེ་དག་གིས་ཞག་རེ་ལ་རི་རབ་ གཡས་སུ་ལན་རེ་བསྐོ ར་བ་ཡིན། ཁྱིམ་མིང་དེ་ལྟར་འདོགས་པའི་རྒྱུ་མཚན་ནི། གླིང་ན་ལུ་གུ་ སྐྱེ་བ་དང༌། གླང་རྣམས་ཞིང་རྨོ་བ་དང༌། དུད་འགྲོ་རྣམས་འདོད་ཆགས་ལངས་པ་དང༌། སྦལ་ བ་སྐད་འབྱིན་པ་དང༌། སེང་གེས་ཆགས་པ་སྤྱོད་པ་དང༌། བུ་མོ་རྣམས་མདངས་བཟང་བ་ 4-1-164 དང༌། སྲང་ལ་ཇ་མར་འདེགས་པ་དང༌། སྡིག་པ་རྣམས་ཁུང་དུ་འགྲོ་བ་དང༌། གཞུ་སྲ་བ་དང༌། ཆུ་སྲི ན་ཁ་ཉི་མ་ལ་བསྟན་ནས་འདུག་པ་དང༌། བུམ་པའི་ནང་གི་ཆང་རོ་ནུས་དང་ལྡན་པ་དང༌། ཉ་རྣམས་ཆུ་ལ་རྒྱུ་བའི་དུས་ཡིན་པས་རིམ་པ་བཞིན་དེ་ལྟར་བརྗོད་པའམ། རི་རབ་ལ་དངོས་ པོ་དེ་དག་གི་གདོང་པ་འདྲ་བའི་ཐད་ཀ་ན་ཉི་མ་གནས་ཚེ་དེ་ལྟར་མིང་བཏགས་པར་སྨྲ་བའང་ ཡོད། རྒྱུ་སྐར་རྣམས་ཀྱང་རིམ་བཞིན་གཡོན་བསྐོ ར་དུ་གནས་པ་ནམ་གྲུའི་བར་དུ་དང་རྐང་པ་ རེ་ལ་ཆུ་ཚོད་བཅོ་ལྔ་རེའོ། །གཟའ་ཡང་སྤྱིར་བདུན་ཀྱི་ཁར་སྒྲ་གཅན་ནམ་ར་ཧུ་ལ་དང༌། དུ་ བ་མཇུག་རིང་བསྣན་པས་བཅུའོ། །སྒྲ་གཅན་མཇུག་མ་ལ་དུས་འཁོར་ལས་དུས་མེ་ཟེར་ཞིང་ དེ་ནི་ལྷ་མ་ཡིན་གྱི་དབང་པོ་ཡིན་ལུས་དཔག་ཚད་བདུན་བརྒྱ་ཡོད་པ་ལ་སྤྲུལ་པས་དཔག་ ཚད་བརྒྱ་སྟོང་ཕྲག་དྲུག་ཅུ་རྩ་བརྒྱད་དུ་བྱེད། གཟའ་བདུན་ནི་རྒྱལ་ཆེན་རིས་བཞི་པའི་ལྷའི་ བུ་ཡིན་ལ། རྒྱུ་སྐར་ཉེར་བརྒྱད་ཀྱང་འདོད་ལྷ་དང་པོའི་ལྷའི་བུ་མོ་ཡིན་པས་དེ་གཉིས་འཕྲད་ པ་ལ། འཕྲོད་སྦྱོར་བ་བྱེད་པ་བཟང་ངན་གྱི་ཐ་སྙད་བཏགས་ནས་འཇིག་རྟེན་ལ་ཤིས་མི་ཤིས་ བརྟག་པའོ། ། གཟའ་སྒྲ་གཅན་གདོང་མཇུག་གཉིས་ཀྱིས་རང་འགྲོས་གཡས་སྐོར་དང་ཉི་མས་གཡོན་ བསྐོ ར་ཏུ་ལོ་གཅིག་ལ་ཁྱིམ་བཅུ་གཉིས་འཁོར། ལྷག་པ་པ་སངས་མཇུག་རིང་གསུམ་གྱིས་ རང་འགྲོས་ཉི་མའི་གཡོན་ཕྱོགས་ནས་དལ་བ་དང༌། མིག་དམར། ཕུར་བུ་སྤེན་པ་གསུམ་ གྱིས་རང་འགྲོས་ཉི་མའི་གཡས་ཕྱོགས་ནས་མྱུར་བར་གཟའ་དྲུག་པོས་རི་རབ་གཡོན་བསྐོར་ བྱེད། མྱུར་འགྲོས་དལ་འགྲོས་འབྱུང་འགྲོས་འཁྱོག་འགྲོས་ཏེ་གཟའི་འགྲོས་བཞི་ཡོད། རྒྱུ་ སྐར་ཉེར་བརྒྱད་ལ་རང་འགྲོས་མེད་ཅིང་རླུང་འགྲོས་ཀྱིས་ཉིན་ཞག་རེ་ལ་འཁོར། སྤྱིར་ས་ལ་ དུམ་བུ་བཅུ་གཉིས་ཡོད་པ་ལྟར་ནམ་མཁའ་དུམ་བུ་བཅུ་གཉིས་སུ་ཕྱེ་ནས་ཁྱིམ་བཅུ་གཉིས་ བྱེད། ཧོར་ཟླ་དང་པོ་ཉི་མ་བུམ་ཁྱིམ་བྱང་གླིང་གཡས་མའི་སྟེང་ཙམ་དང༌། གཉིས་པ་ཉ་ཁྱིམ་ 4-1-165 ཤར་གླིང་དང་པོ། གསུམ་པ་ལུག་ཁྱིམ་ཤར་གླིང་དབུས་མ། བཞི་པ་གླང་ཁྱིམ་ཤར་གླིང་ གསུམ་པ། ལྔ་པ་འཁྲིག་ཁྱིམ་ལྷོ ་གླིང་དང་པོ། དྲུག་པ་ཀར་ཁྱིམ་ལྷོ ་གླིང་དབུས་མ། བདུན་ པ་སེང་ཁྱིམ་ལྷོ ་གླིང་གསུམ་པ། བརྒྱད་པ་བུ་ཁྱིམ་ནུབ་གླིང་དང་པོ། དགུ་པ་སྲང་ཁྱིམ་ནུབ་ གླིང་དབུས་མ། བཅུ་པ་སྡིག་ཁྱིམ་ནུབ་གླིང་གསུམ་པ། བཅུ་གཅིག་གཞུ་ཁྱིམ་བྱང་གླིང་དང་ པོ། བཅུ་གཉིས་ཆུ་ཁྱིམ་བྱང་གླིང་དབུས་མའི་སྟེང་ཐད་ཙམ་ན་ཡོད། དེ་ནི་ཉི་མའི་རང་འགྲོས་ ཤིང་རྟ་བདུན་གྱི་དབང་གིས་ལོ་གཅིག་ལ་ལན་གཅིག་དང༌། ཟླ་བ་ནི་རང་འགྲོས་ཤིང་རྟ་ ལྔས་ལོ་གཅིག་ལ་ལན་བཅུ་གཉིས་འཁོར་བ་ཡིན། སྤྱིར་ཟླ་ཉི་རྒྱུ་སྐར་རྣམས་རླུང་གོ་ལ་ཁོར་ ཡུག་དཔག་ཚད་འབུམ་ཕྲག་བཞི། ཁ་ཞེངས་དཔག་ཚད་དོན་ལྔ་ཅན་ཁོར་ཡུག་ཏུ་འཁོར་བ་ ལ་ཕྲ་བཏབ་པ་བཞིན་གནས་པས་རླུང་འགྲོས་ཀྱིས་ཞག་རེ་ལ་ལན་གཅིག་འཁོར་ཐུབ། སྐར་ མ་ཡིན་ན་དེ་བཞིན་ཡོད་པའི་ངེས་པ་མེད་དེ། སྐར་མ་རི་ཥིའམ་རི་བྱི། གདོལ་བ་བྱང་སྐར་ བདུན་ནམ་དྲན་པ། རྔོན་པ་མི་བདུན་ཟེར་བ་རྣམས་གོ་ལ་དང་མཐོ་དམན་དུ་སོང་བས་ཕྱི་ འགྲོས་བྱེད་པའོ། ། ཁྱིམ་མགོ་ནག་ཉ་ལ་རྩ་རྒྱུད་གསུངས་པས་དེ་ནས་འཛིན་པ་ལྟར་ལོ་མགོ་ཡང་ཡིན། ཞག་ལ་སྒྲས་བརྗོད་རིགས་ཀྱི་བྱེད་ན་ཉི་མ་རང་འགྲོས་ཀྱིས་གླིང་བཞིར་བྱ་བ་བྱེད་ཚུལ་གྱི་སྒོ་ ནས་ཁྱིམ་ཞག་འཇོག་སྟེ། ཁྱིམ་ཞག་རེ་ལ་ཡུད་ཙམ་ཕྱེད་དང་པོ་གཅིག་ཅུང་མ་ལོངས་ཙམ་ ཡོད་པ་དང༌། ཉི་མ་རླུང་འགྲོས་ཀྱིས་ཞག་གི་ཁྱིམ་བཅུ་གཉིས་དང་གླིང་བཞིར་བྱ་བ་བྱེད་ཚུལ་ གྱིས་ཉིན་ཞག་འཇོག་པའང་ཡུད་ཙམ་སུམ་ཅུ་རེ་ཡོད་པ་དང༌། ཟླ་བ་འཕེལ་འགྲིབ་ཀྱི་ཆ་ ནས་བཞག་པའི་ཚེས་ཞག་ལ་ཡུད་ཙམ་ཕྱེད་དང་སུམ་ཅུ་ཡོད་པས་གསུམ་ལ་ཡུན་རིང་འབྲིང་ ཐུང་བའི་ཁྱད་པར་ཡོད། ཡུན་ཚད་ནི་དབུགས་ཁུག་པ་དྲུག་ལ་ཆུ་སྲང་གཅིག ཆུ་སྲང་དྲུག་ ཅུ་ཆུ་ཚོད་གཅིག ཆུ་ཚོད་དྲུག་ཅུ་ཉིན་ཞག་གཅིག་བྱས་པའམ་དབུགས་ཁུག་པ་སུམ་བརྒྱ་ 4-1-166 ལ་ཆུ་ཚོད་གཅིག དེ་འདྲའི་ཆུ་ཚོད་དྲུག་ཅུ་ཞག་རེ་བྱས་ཀྱང་འདྲ། གང་ལྟར་ཡང་ཞག་རེ་ ལ་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ་ཞིང༌། ཆུ་ཚོད་གཉིས་ལ་ཡུད་ཙམ་གཅིག་བྱས་པས་ ཞག་རེར་ཡུད་ཙམ་སུམ་ཅུའོ། །སྤྱིར་གཟའ་རྣམས་ཉིན་ཞག་གཅིག་གི་བདག་པོར་གྱུར་ཅིང་ ཆུ་ཚོད་ཀྱི་ལོངས་སྤྱོད་ལ་མི་ལྟོས་ཤིང་ཚེས་ཀྱི་ལོངས་སྤྱོད་ཡིན་པར་འགྱུར་ཏེ་ཟླ་བའི་འཕེལ་ འགྲིབ་ཀྱི་ཚུལ་ཡང་གནམ་གང་མཐའ་ནས་ཟླ་བ་ཉི་མའི་ཕྱིས་སུ་ལུས་ཏེ་ཉི་མ་དང་ཇེ་རིང་ དུ་སོང་རྐྱེན་ཟླ་བའི་གདོང་ཉི་མའི་ཕྱོགས་སུ་གཏོད་པས་ཟླ་ཆ་དང་པོ་གསལ་བ་སོགས་ཀྱིས་ འཕེལ་བ་དང༌། ནམ་ཞིག་བཅོ་ལྔའི་མཐར་ཟླ་བའི་ཕྱིས་སུ་ཉི་མ་སླེ བས་ཏེ་ཉི་འོད་ཕོག་པས་ ཟླ་བའི་སྔུན་ངོས་ཀྱི་ཆ་གཅིག་འགྲིབ་པ་སོགས་ཀྱིས་ཟླ་ཆ་མི་མཐོང་ཚུལ་དང༌། དུས་འཁོར་ ལུགས་ཀྱི་རྣལ་འབྱོར་མ་བརྒྱད་འཆར་ཚུལ་སོགས་དང་ཟླ་ཉི་སྒྲ་གཅན་གྱིས་བཟུང་ལུགས་ ཉ་སྟོང་གི་ཚེས་ཆད་ཀྱང་རི་མོ་ཤར་ན་རྗེས་ནས་ཟླ་ཉི་འཛིན་པ་ཡོད་ཚུལ་ལ་སོགས་པ་ཕྱིའི་ འཇིག་རྟེན་ཁམས་ཀྱི་ནམ་ཟླ་དུས་ཀྱི་འགྱུར་ལྡོག་མཐའ་དག་ལེགས་པར་གསལ་བར་བྱས་ པ་ནི་འདིའི་དགོས་པའི་གཙོ་བོ་ཡིན་ལ། དེ་ལ་བརྟེན་ནས་ནང་རྡོ་རྗེའི་ལུས་ཁམས་དྲུག་ལྡན་ གྱི་རྟེན་ལ་རྩ་འཁོར་ལོ་དྲུག་གིས་བསྡུས་པའི་རྩ་སྟོང་ཕྲག་དོན་གཉིས་དང་ཁྱད་པར་ལྟེ་བའི་ ཁྱིམ་རྩ་བཅུ་གཉིས་སུ་རྒྱུ་བའི་འཕོ་ཆེན་གྱི་རླུང་དང་འཕོ་ཆུང་གི་རླུང་མཐའ་དག་སྲོག་ཐུར་ ཁ་སྦྱོར་གྱིས་ཡེ་ཤེས་དབུ་མར་འཆིང་ཞིང་དཀར་དམར་གྱི་ཐིག་ལེ་ཀུན་ཀྱང་རླུང་སེམས་རོ་ མཉམ་དུ་བྱེད་པའི་ཐབས་ལ་མཁས་ཏེ་གཞན་མཆོག་མི་འགྱུར་བདེ་ཆེན་གྱི་ཆ་ཉི་ཁྲི་ཆིག་ སྟོང་དྲུག་བརྒྱ་ཡོངས་སུ་རྫོགས་པའི་སྒོ་ནས་མཐར་ཐུག་གི་ཟུང་འཇུག་མངོན་དུ་བྱེད་པ་ཡུན་ ཐུང་ངུ་ནས་འོང་བ་ནི་འདིའི་ཉིང་དགོས་ཁྱད་པར་བ་སྟེ་དེ་འདྲ་ནི་སྐལ་ལྡན་ཆེས་དབང་རབ་ རྣམས་ཀྱི་དགོངས་སྤྱོད་ལགས་ཀྱི་དེང་དུས་རང་ཅག་ལྟ་བུ་ལ་དཀའ་ཡང་རྒྱུད་ཀྱི་རྒྱལ་པོ་ ལས་བསྟན་པའི་ཕྱི་ནང་གཞན་གསུམ་ལ་རིམ་གྱིས་བག་ཆགས་འཇོག་ཆེད་ཕྱི་དུས་ཀྱི་འཁོར་ 4-1-167 ལོའི་ཚུལ་ལ་བྱེད་གྲུབ་ཟུང་གིས་ས་རིས་ཀྱི་རི་མོ་ལ་སྒོ་གསུམ་ནན་ཏན་གྱིས་འབད་པ་བྱས་ ན་རྣམ་དཀར་དགེ་བ་ཕལ་བ་གང་ལས་གསང་ཆེན་ཐེག་པ་ལ་གྱུར་ནས་འཇུག་པའི་བསོད་ ནམས་སྟོབས་ལྡན་དུ་འགྱུར་ངེས་བསླུ་བ་མེད་པ་ནི་ཕྱི་དུས་ཀྱི་འཁོར་ལོའི་ཚུལ་ལ་རེམ་པའི་ གནད་ཀྱིས་སོ། ། དེ་མ་ཟད་གནས་སྐབས་ཀྱི་ཕན་ཡོན་ལོ་དུས་ཀྱི་ཟླ་ཉི་འཛིན་པ་དུས་གསལ་ལ་ཡུལ་ ལྗོངས་ཀྱི་མཆོག་དམན་ནང་པ་སངས་རྒྱས་པའི་རིགས་ཅན་དགེ་ལ་གཞོལ་བ་མཐའ་དག་ གིས་ལོ་བསྟར་གྱི་སྒོ་གསུམ་སྐྱེས་རྩལ་ཅི་ཡོད་ཀྱི་དགེ་སྒྲུབ་སྡིག་སྤོང་ལ་འབད་པ་བྱས་པ་ ཙམ་ལའང་དོན་ཤིན་ཏུ་ཆེ་སྟེ། ཟླ་ཉི་འཛིན་སྐབས་རྣམ་དཀར་དགེ་ལས་འབུམ་འགྱུར་དུ་མདོ་ དྲན་པ་ཉེར་བཞག་ལས་གསུངས་ཤིང༌། འཇམ་དཔལ་རྩ་རྒྱུད་སོགས་ལས་ཀྱང༌། ཟླ་འཛིན་ དུས་བྱེ་བ་བདུན་འགྱུར་དང༌། ཉི་འཛིན་དུས་བྱེ་བ་འབུམ་འགྱུར་དུ་གསུངས་ལ། བསིལ་ བའི་མདོ་ལས། དེ་གཉིས་གང་འཛིན་སྐབས་དགེ་བའི་འགྱུར་སྟོང་ཕྲག་བརྒྱ་འགྱུར་ཉིད་དུ་ གསུངས་པ་དང༌། ཉི་མ་ཟླ་བའི་མདོ་ལས། རྒྱལ་བས་བདེན་ཚིག་བརྗོད་སྟོབས་ཀྱིས་ལྷའི་ བུ་ཉི་མ་དང་ཟླ་བ་སྡུག་བསྔལ་མཐའ་དག་ལས་གྲོལ་བར་གསུངས་པ་སོགས་དེ་འདྲ་ཆེས་ མང་བས་ཀྱང་ངེས་ནུས་པའི་ཕྱིར་རོ། །གཞན་ཡང་ད་སྐབས་རང་ཅག་གནས་པའི་དུས་རབ་ བྱུང་བཅུ་དྲུག་པའི་ཆུ་ཡོས་ཀྱི་ལོ་འདི་ལྟ་བུ་ལ་མཚོན་ན་རང་ལུགས་ལ་བྱང་ཤམྦྷ་ལར་རིགས་ ལྡན་མ་འགགས་པ་ཆོས་ཁྲིར་བཞུགས་ནས་ད་ཡན་ལ་བགྲང་བྱ་སོ་བརྒྱད་ཙམ་སོང་ཞིང་རྗེས་ སོར་ཚུལ་དེས་ལོ་བརྒྱ་རྫོགས་པར་བྱས་པ་ན། རིག་ལྡན་མིའི་སེང་གེ དབང་ཕྱུག་ཆེན་པོ། མཐའ་ཡས་རྣམ་རྒྱལ་རྣམས་རིམ་པས་ཆོས་ཁྲི་ལ་ལོ་བརྒྱ་རེ་བཞུགས་རྗེས་རིགས་ལྡན་དྲག་ པོ་འཁོར་ལོ་ཅན་ཆོས་ཁྲིར་བཞུགས་ཏེ་དགུང་ལོ་བརྒྱ་པའི་དུས་སུ་ལྷ་ཆེན་བཅུ་གཉིས་ཀྱིས་ གཙོར་བྱས་ཡན་ལག་བཞི་པའི་དམག་གི་དཔུང་དང་བཅས་ཆུ་བོ་ཤི་ཏིའི་ལྷོ ་ཕྱོགས་སུ་ཕེབས་ 4-1-168 ཏེ་གཡུལ་བརྩམས་པས་ཐོག་མར་རང་ཅག་གནས་པའི་ལྷོ་གླིང་དབུས་མ་འཛམ་གླིང་ཆུང་ངུ་ ཞེས་པ་འདིར་གནས་ཀྱི་ཀླ་ཀློ་མཐའ་དག་བཅོམ་ནས་ནང་པ་སངས་རྒྱས་པའི་བསྟན་པ་ལ་ འགོད་པར་མཛད། དེའི་ཕྱི་ལོ་ནས་དྲག་པོའི་སྲས་རིགས་ལྡན་ཚངས་པ་ཉིད་ཤམྦྷ་ལ་དང་ འཕགས་ཡུལ་དུ་ལྷའི་དབང་པོའི་རྒྱལ་པོར་བསྐོས་ཏེ་དམ་པའི་ཆོས་ལོ་སྟོང་གི་བར་དུ་སྟོན་ པ་ཡིན། ཚངས་པ་ཁྲིར་བཞུགས་ལོ་དེ་ནས་བསྟན་པའི་དུས་བཞི་ཕྱི་མའི་མགོ་ཚུགས་པ་སྟེ། ཆོས་ནོར་འདོད་པ་ཐར་པ་སྟེ་ཆོས་ཀྱི་རྐང་པ་བཞི་གནས་པའི་ཚེ་ན་རྫོགས་ལྡན་དང༌། དེ་བཞི་ ལས་གཅིག་ནུབ་ཚེ་གསུམ་ལྡན་དང༌། གཉིས་ནུབ་པའི་དུས་གཉིས་ལྡན་དང༌། གསུམ་ནུབ་ ནས་གཅིག་ལས་མེད་ཚེ་རྩོད་ལྡན་ཏེ་དུས་བཞི་ཕྱི་མ་རིམ་བཞིན་འཆར་བའི་རིང་དུ་ཚངས་ པ་ལོ་སྟོང་དུ་བཞུགས་ནས་རིགས་ལྡན་འོད་སྲུང་ལ་སོགས་པ་རིགས་ལྡན་བརྒྱད་ཀྱིས་རིམ་ པར་བྱང་ཤམྦྷ་ལར་ལོ་གྲངས་བརྒྱ་བརྒྱ་རེ་ཆོས་སྟོན་པར་འགྱུར་ཞིང་དེའི་མཐར་དུས་བཞི་ ཕྱི་མའི་མཇུག་རྫོགས་པ་ཡིན་ལ། དེ་ཡང་དུས་བཞི་རྫོགས་ཚུལ་ཀྱང་ཐོག་མ་འཛམ་གླིང་ ཆུང་ངུ་འདི་ནས་རིམ་གྱིས་རྫོགས་པ་སྟེ་ལྷོ་གླིང་དབུས་མ་ནས་གཡས་བསྐོར་གྱིས་གླིང་དུམ་ བུ་བཅུ་གཉིས་རེ་རེ་ལ་གསང་སྔགས་ཀྱི་བསྟན་པ་ལོ་སྟོང་བརྒྱད་བརྒྱ་རེ་རིམ་གྱིས་གནས་ པའི་སྒོ་ནས་ཁོར་ཡུག་ཡོངས་སུ་རྫོགས་པ་ན་ཐམས་ཅད་མཉམ་དུ་བསྡོམས་པ་ལ་ལོ་ཉི་ཁྲི་ ཆིག་སྟོང་དྲུག་བརྒྱ་འབྱུང་བས་རྒྱུད་ལས་དྲག་པོའི་བསྟན་པ་གནས་ཡུན། འོག་མིན་པའམ་ ནུས་པ་ཡི། ཞག་ཚད་གནས་སོ་ཞེས་གསུངས་པའི་དགོངས་པ་དང་རང་ལུགས་མཐུན་པར་ གསུངས་ལ་སྐབས་འདིའི་བསྟན་པའི་དུས་བཞི་དང་སྔར་གྱི་དུས་བཞི་མི་འདྲ་ཞིང་འདི་ལའང་ སྔ་ཕྱི་གཉིས་ལས་སྔ་མ་ནི་སྔར་སྟོན་པས་ཆོས་གསུངས་ལོ་དེ་ནས་བཟུང་རིགས་ལྡན་དྲག་ པོའི་དགུང་གྲངས་བརྒྱ་རྫོགས་པ་ཡན་ཆད་དུ་ཆོས་བཞིའི་སྒོ་ནས་རིམ་པར་ཕྱེ་བ་ཡིན་ལ། ཕྱི་ མ་ནི་གོང་དུ་སྨོས་པ་བཞིན་རིགས་ལྡན་ཚངས་པ་ཆོས་ཁྲིར་བཞུགས་ལོ་ནས་རིགས་ལྡན་ཐ་ 4-1-169 མའི་ལོ་གྲངས་རྫོགས་པའི་བར་ལ་ཕྱེ་བ་ཡིན་ནོ། ། དེ་ལྟར་རང་ཅག་ལ་མ་འོངས་པ་ན་འཛམ་གླིང་འདིར་ཡང་རྡོ་རྗེའི་ཐེག་པ་སྐལ་བཟང་ རྒྱ་མཚོ་ལོངས་སྤྱོད་པའི་དུས་ཀྱང་རབ་ཕུལ་དུ་བྱུང་བ་དེ་འདྲ་འོང་ཞིང་དེ་སྐབས་ཀུན་རིགས་ ལྡན་ཆོས་ཀྱི་རྗེ་བོ་མི་བདག་གི་ཚུལ་དུ་ལེགས་པར་བསྟན་འགྲོའི་དོན་དུ་བྱོན་པ་རྣམས་དང་ ཟབ་ཆོས་ཀྱིས་འབྲེལ་བའི་སྐལ་བ་ཡོད་པའི་ཆེད་དུ་དེངས་སྐབས་རང་རེ་ཀུན་གྱིས་ཀྱང་ རབ་ན་རྡོ་རྗེའི་ཐེག་པ་སྔགས་ཀྱི་ཉེ་ལམ་ལ་ཐོས་བསམ་སྒོམ་གསུམ་བྱེད་པ་ལ་སྒོ་ཀུན་ནས་ བརྩོན་པ་ལྷུར་ལེན་ཞིང༌། དེ་འདྲ་ཇི་བཞིན་དུས་དབང་གིས་འགྲིག་དཀའ་ནའང་རང་རང་ དང་འཚམས་པར་སྔགས་ཀྱི་ཐེག་པ་ལ་སྒོ་གསུམ་གྱི་བག་ཆགས་སྐྱེས་རྩལ་ཅི་ཡོད་ཀྱིས་ འཇོག་ཐབས་ལ་འབད་པ་སྐབས་སུ་བབ་པའི་དུས་ངེས་པར་ལགས་པས་ན་འདིར་དུས་ཀྱི་ འཁོར་ལོའི་བསྡུས་པའི་རྒྱུད་ལས་བསྟན་པའི་བྱེད་རྩིས་དང་དཔལ་ལྡན་རྩ་བའི་རྒྱུད་རྒྱལ་ ལས་བསྟན་པའི་གྲུབ་རྩིས་ཀྱི་རི་མོ་ལེགས་འབྲི་བྱེད་པ་སོགས་རྒྱུད་རྒྱལ་འདི་དག་འབྲེལ་ བའི་རྣམ་པར་དཀར་བའི་ལས་གང་ཡིན་ལ་དོན་གཉེར་གྱི་འབད་འབུང་མ་ལྷོད་ན་སྤྱིར་ན་ དུས་མཐར་དུས་བཞི་ཕྱི་མའི་གསང་སྔགས་ཀྱི་བསྟན་པ་དར་བ་ལ་ཧ་ཅང་ཉེ་བ་དང་སྔོན་གྱི་ མཁས་གྲུབ་དམ་པ་གོང་མ་ཀུན་མཁྱེན་ཇོ་ནང་པ་ཡབ་སྲས་བརྒྱུད་རིམ་བཅས་བསོད་ནམས་ ཀྱིས་བླ་མའི་སྐལ་བར་བབས་པས་རང་ཅག་སྔགས་ཀྱིས་གདུལ་ཞིང་དུ་ངེས་པར་གྱུར་པ་ སོགས་ཀྱི་རྟེན་འབྲེལ་ཁྱད་པར་བའི་སྒོ་ཀུན་ནས་འགྲིག་པ་དེ་བས་ན་རྒྱུད་ཀྱི་རྒྱལ་པོ་གང་ དང་འབྲེལ་བའི་རླབས་པོ་ཆེའི་མཐུ་ནུས་བླ་ན་མེད་པའི་སྟོབས་ཀྱིས་རྣམ་དཀར་དེ་བརྩོན་ རྣམས་ངེས་པར་འཁོར་བའི་གནས་སུ་ཡུན་རིང་མི་ཐོགས་པར་གསང་སྔགས་རིག་པ་འཛིན་ པའི་གྲྭལ་དུ་ངེས་པར་ཕྱིན་ནུས་པ་ནི་སྨོས་ཀྱང་ཅི་ཞིག་དགོས་ཏེ་རྟེན་ཅིང་འབྲེལ་འབྱུང་གི་ གནད་ནམ་ཡང་བསླུ་བ་མེད་པའོ། །སྨྲས་པ། 4-1-170 བདེ་སྟོང་སྒྱུ་མའི་ལང་ཚོ་གཟུགས་སྐུའི་འཕྲུལ། ། སྔགས་རིག་འཛིན་པའི་ཁྲོད་ན་ལྷང་ངེ་བ། ། རྩོལ་བྲལ་ནཱ་དའི་དབྱངས་ཀྱི་སྔགས་རྒྱུད་སྒྲས། ། སྐལ་བཟང་ཅིག་ཆར་གྲོལ་འདི་ཆེས་ངོ་མཚར། ། ཨེ་མ་གསང་སྔགས་ལམ་གྱི་ཐབས་མཁས་ཆེ། ། མིག་འཕྲུལ་བཞིན་དུ་འབད་མེད་གྲོལ་བ་འདིས། ། རྟོགས་ལྡན་རིག་འཛིན་དགའ་བའི་གར་གྱིས་བྲེ ལ། ། གང་འདི་ནམ་ཞིག་བགོ་སྐལ་སྤྱོད་དམ་སྙམ། ། རྩ་བསྡུས་དགོངས་དོན་བྱེད་གྲུབ་རྩིས་ཀྱི་ཁུངས། ། རང་ལུགས་དམ་པའི་བརྒྱུད་ཕྲེང་དང་སྦྱར་བ། ། ཡིད་ཆེས་འདི་བཞིན་མཛོད་ལ་སྤྲོ་འདུན་གྱིས། ། ས་རིས་ལག་ལེན་འབོད་དང་འདི་ཕྱི་དགེ ། འདི་བྱས་རྣམ་པར་དཀར་བའི་ལེགས་བྱས་ཆ། ། གང་མཆིས་དེས་ནི་རང་དང་སྐལ་མཉམ་འགྲོ། ། ནམ་ཞིག་དུས་བཞི་ཕྱི་མ་ལེགས་ཤར་སྐབས། ། འབད་མེད་གྲོལ་བའི་དགའ་སྟོན་སྤྱོད་གྱུར་ཅིག ། ཅེས་སྐར་རྩིས་བྱེད་གྲུབ་ཟུང་གི་ཁུངས་ལས་བརྩམས་པའི་ཉེར་མཁོའི་དོན་ཉུང་བསྡུས་སུ་བརྗོད་པ་རིགས་ལྡན་བླ་མ་ དགྱེས་བྱེད་ཅེས་བྱ་བ་འདི་ཡང་བསླབ་ལྡན་གསང་སྔགས་ཆོས་ལ་གཞོལ་བའི་ས་རིས་པ་སེམས་ཉིད་ནས་འདི་ལྟ་བུ་ཞིག་དགོས་ ཞེས་ཆེད་གཉེར་མཛད་པ་བཞིན་ཉིད་ཀྱི་ཐུགས་འདུན་མ་བཟློག་ཙམ་དུ་མ་ཏི་ཀཱིརྟི་ཞེས་པས་སྤེལ་བ་ལྟར་ཆོས་མཆེད་དམ་ པས་ཡི་གེ་ཕབ་པ་ཛ་ཡནྟུ། ལེགས་བཞེངས་དེ་ཡི་མཐུ་ལས། །བསྟན་འགྲོ་དགེ་མཚན་ཤར་ཏེ། །སྐལ་ངན་རྒུད་ཚོགས་ཞི་ནས། 4-1-171 །རྫོགས་ལྡན་ཆོས་སྤྱོད་གྱུར་ཅིག ། 4-1-172 ༄༅། །ཐུབ་བསྟན་སྔ་ཕྱི་དར་ཚུལ་ཉེར་མཁོའི་ ལེགས་བཤད་ཀྱི་ཆ་ཞེས་བྱ་བ་ བཞུགས་སོ།། ༄༅། །ལྷར་བཅས་འགྲོ་བ་ཡོངས་ཀྱི་གཙུག་གི་ནོར་བུ་སྐལ་བཟང་རྣམ་འདྲེན་སྟོང་ལས་ རླབས་པོ་ཆེའི་ཐུགས་བསྐྱེད་པདྨ་དཀར་པོ་ལྟར་ཁྱད་པར་དུ་འཕགས་པའི་བདག་ཅག་གི་ སྟོན་པ་མཉམ་མེད་ཐུབ་དབང་རྒྱལ་བའི་འདུལ་ཞིང་གི་འཇིག་རྟེན་གྱི་ཁམས་མི་མཇེད་འདི་ ཡང་ཡོངས་གྲགས་བོད་ཕྱི་རབས་པའི་དགོངས་བཞེད་ལྟར་སྤྱིར་འཛམ་གླིང་ས་ཆེན་པོ་དུམ་ བུ་བཅུ་གཉིས་ཀྱི་ནང་ཚན་ལྷོའི་འཛམ་གླིང་ཆུང་ངུ་འདི་ལ་ལྷོ་བྱང་དུ་དཔག་ཚད་སྟོང་ཕྲག་ ཉེར་ལྔ་ཡོད་པ་དེ་ལ་ཞིང་ཚད་མཉམ་པོ་དྲུག་ཏུ་བྱས་ཏེ། བྱང་ནས་རིམ་བཞིན་ཀེ་ལ་ཤའི་དུམ་ བུ་དང༌། འཕགས་ཡུལ་དང༌། བོད་དང༌། ལི་དང༌། རྒྱ་ནག་དང༌། རྒྱ་ནག་ཆེན་པོ་རྣམས་སུ་ ཡོད་པ་ལས་དབུས་རྒྱ་གར་རྡོ་རྗེ་གདན་གྱི་ཤར་ཕྱོགས་སུ་འཇམ་དཔལ་གྱི་བཞུགས་གནས་ རི་བོ་རྩེ་ལྔ། ལྷོ ་ཕྱོགས་འཇིག་རྟེན་དབང་ཕྱུག་གི་བཞུགས་གནས་རི་བོ་པོ་ཏ་ལ། ནུབ་ཕྱོགས་ གསང་ཆེན་སྔགས་ཀྱི་འབྱུང་ཁུངས་ཨོ་རྒྱན་ཡུལ། བྱང་ཕྱོགས་སྔགས་ཀྱི་ཞིང་མཆོག་ཤམྦྷ་ལ་ ཡོད་པའི་དབུས་ཀྱི་ས་ཡི་ཐིག་ལེ་ཆེན་པོ་དེར་སྟོན་པ་ཤཱཀྱ་སེངྒེ་ཉིད་བྱོན་ཏེ་གདུལ་བྱ་རྣམས་ ཀྱི་ཁམས་དབང་དང་མཐུན་པར་རྒྱུ་དང་འབྲས་བུའི་ཆོས་སྒོ་མཐའ་ཡས་པའི་སྒོ་ལེགས་པར་ ཕྱེ་བའི་ལུང་རྟོགས་ཀྱི་བསྟན་པ་དེ་ལ། ཇི་ལྟར་གནས་པའི་ཚད་དང༌། དེ་ལ་གནོད་པའི་ཀླ་ཀློ་ 4-1-173 འབྱུང་ཚུལ་དང༌། དུས་བཞི་ཕྱི་མའི་རྫོགས་ལྡན་འཆར་ཚུལ་དང་གསུམ་ལས། དང་པོ་བསྟན་པ་ཇི་ལྟར་གནས་པའི་ཚད་ནི། འདུལ་བ་ལུང་དང༌། མདོ་སྡེ་སྐལ་བཟང༌། མྱང་འདས་ཆུང་བ་སོགས་ལས། བསྟན་པའི་གནས་ཚད་ལོ་གྲངས་སྟོང་དང༌། སྙིང་རྗེ་པད་ དཀར་ལས་ལོ་སྟོང་དང་ལྔ་བརྒྱ། ཟླ་བ་སྙིང་པོའི་མདོ་ལས་ལོ་ཉིས་སྟོང༌། དུས་འཁོར་ལས་ ཉི་ཁྲི་ཆིག་སྟོང་སོགས་མདོ་སྔགས་ཀྱིས་གདུལ་བྱའི་ཁམས་དབང་གིས་བསྟན་ཚུལ་འདྲ་མིན་ མང་པོ་བྱུང་ཞིང༌། ཁྱད་པར་དགོངས་འགྲེལ། རྒྱ་གར་བ་དཾཥ་ྟསེ་ནས་མཛད་པའི་འབུམ་གྱི་ ཊཱི་ཀ་ལས། ལོ་ལྔ་སྟོང་དུ་གསུང་པ་ལྟར་ལྔ་བརྒྱ་པ་ཕྲག་བཅུའི་ལོ་གྲངས་ལ་མདོའི་བསྟན་པ་ གནས་ཚད་ཀྱི་དབང་དུ་བྱས་ན། ཐོག་མར་ལོ་ལྔ་བརྒྱའི་རིང་དུ་འབྲས་བུའི་དུས་དང་པོ། དེ་ ནས་ལོ་ལྔ་བརྒྱ་འབྲས་བུའི་དུས་གཉིས་པ། དེ་ནས་ལོ་ལྔ་བརྒྱ་འབྲས་བུའི་དུས་གསུམ་པ་ ཡིན་པས་དེ་དག་གི་སྐབས་སུ་འབྲས་བུ་ཐོབ་པ་རབ་འབྲིང་ཐ་མའི་སྒོ་ནས་བསྟན་པ་དར་ བའི་དུས་སོ། །དེ་ནས་ལོ་ལྔ་བརྒྱ་ལ་སྒྲུབ་པའི་དུས་དང་པོ། དེ་ནས་ལྔ་བརྒྱ་སྒྲུབ་པའི་དུས་ གཉིས་པ། དེ་ནས་ལྔ་བརྒྱ་སྒྲུབ་པའི་དུས་གསུམ་པ་ཡིན་པས་འདི་སྐབས་སྒྲུབ་པའི་ལམ་ མངོན་པར་རྟོགས་པའི་ཉམས་མྱོང་ཡང་དུས་ཀྱི་རིམ་པ་ལྟར་སྐྱེ་བ་ཡིན། དེ་འདྲའི་ལྔ་བརྒྱ་པ་ ཕྲག་གསུམ་གྱིས་དུས་རིམ་བཞིན་རྗེས་ནས་ལུང་གི་དུས་གསུམ་རྫོགས་ཤིང་དེ་ནས་ལྔ་བརྒྱ་ ཕྲག་གཅིག་གིས་གཟུགས་བརྙན་གྱི་བསྟན་པའི་མཇུག་ཡོངས་སུ་བསྡུ་བ་ཡིན་པས་ལུང་གི་ དུས་གཙོ་བོར་ལུང་ཙམ་འཛིན་ཅིང་གཟུགས་བརྙན་སྐབས་ལུང་རྟོགས་གཉིས་ཆར་ཤིན་ཏུ་ དཀོན་ཞིང་ཕྱི་ཚུལ་ལེགས་པ་ཙམ་གྱི་དུས་སོ། ། འདི་དག་གི་སྐབས་ལས། དེང་སང་ནི་སྒྲུབ་དུས་གསུམ་པ་ཐ་མའི་ནང་གི་ལྔ་བརྒྱ་པ་ ཕྲག་གཅིག་ལས་འདས་པའི་ལོ་གྲངས་༼༣༤༢༽སོང་ཞིང༌། སླད་ནས་མ་འོངས་པའི་ལོ་༼༡༥༨༽ འོང་དགོས་པས་སྤྱིར་ད་ལྟ་ཆུ་སྟག་གི་ལོ་འདི་ཡན་ལ་མདོའི་བསྟན་པའི་གནས་ཚད་ཀྱི་འདས་ 4-1-174 ལོ་༼༢༨༤༡༽སོང་ཞིང༌། རྗེས་ནས་མ་འོངས་པ་༼༢༡༥༩༽འོང་དགོས་པ་ཡིན་ནོ། །ཁྱད་པར་དུས་ འཁོར་བསྟན་པའི་གནས་ཚད་དེ་ལུགས་ཀྱི་གདུལ་བྱའི་ངོར། ལོ་གྲངས་ལྔ་སྟོང་ལྔ་བརྒྱ་དགུ་ གསུངས་པ་ལྟར་ན་ད་སྐབས་ཀྱི་གནམ་ལོ་གསར་ཚེས་འདི་ཡན་ལ་འདས་ལོ་༼༢༨༤༢༽སོང༌། མ་འོངས་པ་༼༢༦༦༧༽འོང་དགོས་སོ། །སྤྱིར་ཡོངས་དང་བསྟུན་ན་སྟོན་པའི་བསྟན་པ་ལྔ་སྟོང་དུ་ གནས་པའི་ནང་ནས་རགས་རྩིས་ལོ་སུམ་སྟོང་ཉིས་བརྒྱ་ལྔ་བཅུ་དང་ཞིབ་རྩིས་སུམ་སྟོང་ཉིས་ བརྒྱ་ནི་དུས་བཞི་སྔ་མའི་བསྟན་པའི་གནས་ཚད་ཡིན་ལ། དེའི་ལྷག་མ་རགས་རྩིས་ལོ་སྟོང་ དང་བདུན་བརྒྱ་ལྔ་བཅུ་དང་ཞིབ་རྩིས་ལོ་སྟོང་དང་བརྒྱད་བརྒྱ་ནི་དུས་བཞི་ཕྱི་མའི་བསྟན་ པའི་གནས་ཚད་ཡིན་ནོ། ། ད་སྐབས་ཀྱི་གནམ་ལོ་འདི་ཤར་བ་ཡན་གྱི་སྟོན་པ་དང་བསྟན་འཛིན་སྐྱེས་བུ་རིམ་བྱོན། བསྟན་པའི་ཆོས་གཞི་རགས་རིམ་བྱུང་ནས་འདས་ལོའི་གྲངས་ཟུར་ཙམ་སྨོས་ན། དང་པོ་ དགའ་ལྡན་ནས་སྟོན་པ་ཡུམ་གྱི་ལྷུམས་སུ་ཞུགས་ནས་འདས་ལོ་༼༢༩༢༣༽ས་ཟླའི་ཡར་ཚེས་ བརྒྱད་ཀྱི་ཉིན་སྐར་མ་རྒྱལ་ལ་བབས་པའི་ཚེ་སྟོན་པ་འཁྲུངས་ནས་འདས་ལོ་༼༢༩༢༢༽དེ་ཉིད་ རྒྱལ་པོའི་ཁབ་ནས་རབ་ཏུ་བྱུང་ནས་ལོ་༼༢༨༩༣༽མངོན་པར་རྫོགས་པར་སངས་རྒྱས་ནས་ལོ་ ༼༢༨༨༨༽མཉན་ཡོད་དུ་ཆོ་འཕྲུལ་བསྟན་ནས་ལོ་༼༢༨༦༧༽ཡོངས་སུ་མྱ་ངན་ལས་འདས་ནས་ ལོ་༼༢༨༤༢༽དུས་འཁོར་རྩ་རྒྱུད་གསུངས་ནས་ལོ་༼༢༨༤༣༽པདྨ་ཀ་ར་འཁྲུངས་ནས་ལོ་༼༢༨༣༨༽ རི་བོ་རྩེ་ལྔར་འཇམ་དཔལ་འཁྲུངས་ནས་ལོ་༼༢༧༩༨༽འཕགས་པ་ཀླུ་སྒྲུབ་འཁྲུངས་ནས་ལོ་ ༼༢༤༤༢༽དུས་འཁོར་བསྡུས་རྒྱུད་གསུངས་ནས་ལོ་༼༢༢༣༨༽ལྷ་ཐོ་ཐོ་རི་གཉན་བཙན་བོད་དུ་ འཁྲུངས་ནས་ལོ་༼༡༧༥༠༽བསྟན་པ་སྔ་དར་ཐོག་མར་བྱུང་ནས་ལོ་༼༡༦༢༤༽སྲོང་བཙན་སྒམ་པོ་ འཁྲུངས་ནས་ལོ་༼༡༣༣༣༽རྩིས་མགོ་ཐོག་མར་བཟུང་ནས་ལོ་༼༡༢༥༧༽ཤཱཀྱ་མུ་ནི་བོད་དུ་གདན་ དྲངས་ནས་ལོ་༼༡༣༢༠༽ལྷ་སའི་གཙུག་ལག་ཁང་བཏབ་ནས་ལོ་༼༡༣༠༤༽ཁྲི་སྲོང་ལྡེ་བཙན་ 4-1-175 འཁྲུངས་ནས་ལོ་༼༡༢༣༢༽པད་འབྱུང་བོད་དུ་ཕེབས་ནས་ལོ་༼༡༢༡༣༽བསམ་ཡས་གཙུག་ལག་ ཁང་བཏབ་ནས་ལོ་༼༡༢༡༡༽དུས་འཁོར་འཕགས་ཡུལ་དུ་སྤྱན་དྲངས་ནས་ལོ་༼༩༩༥༽བསྟན་པ་ ཕྱི་དར་ཐོག་མ་ནས་ལོ་༼༩༨༩༽དཔལ་ལྡན་ཨ་ཏི་ཤ་འཁྲུངས་ནས་ལོ་༼༩༨༠༽འབྲོམ་སྟོན་རྒྱལ་ བའི་འབྱུང་གནས་འཁྲུངས་ནས་ལོ་༼༩༥༨༽བོད་དུ་དུས་འཁོར་ཕེབས་ནས་ལོ་༼༩༣༥༽རབ་བྱུང་ ཐོག་མར་བཟུང་ནས་ལོ་༼༩༣༥༽ འཇམ་དབྱངས་ས་པཎ་འཁྲུངས་ནས་ལོ་༼༧༨༠༽ཀུན་མཁྱེན་ བུ་སྟོན་འཁྲུངས་ནས་ལོ་༼༦༥༤༽ ཀུན་མཁྱེན་ཇོ་ནང་པ་ཆེན་པོ་འཁྲུངས་ནས་ལོ་༼༦༦༩༽ཀུན་ མཁྱེན་ཀློང་ཆེན་རབ་འབྱམས་འཁྲུངས་ནས་ལོ་༼༦༥༤༽ཉ་དབོན་ཆེན་པོ་འཁྲུངས་ནས་ལོ་ ༼༦༣༦༽རཏྣ་ཤྲཱི་འཁྲུངས་ནས་ལོ་༼༦༡༣༽རྗེ་བློ་བཟང་གྲགས་པ་འཁྲུངས་ནས་ལོ་༼༦༠༥༽ཐང་སྟོང་ རྒྱལ་པོ་འཁྲུངས་ནས་ལོ་༼༥༧༧༽འཛམ་ཐང་ཆོས་སྡེ་བཏབ་ནས་ལོ་༼༥༦༤༽རི་བོ་དགའ་ལྡན་ བཏབ་ནས་ལོ་༼༥༥༣༽ དཔལ་ལྡན་འབྲས་སྤུངས་བཏབ་ནས་ལོ་༼༥༤༦༽སེ་ར་ཐེག་ཆེན་གླིང་ བཏབ་ནས་ལོ་༼༥༤༣༽ པད་དཀར་ཞལ་ལུང་བརྩམས་ནས་ལོ་༼༥༡༥༽ཆོས་སྡེ་བཀྲ་ཤིས་ལྷུན་ པོ་བཏབ་ནས་ལོ་༼༥༡༥༽རྗེ་ཀུན་དགའ་གྲོལ་མཆོག་འཁྲུངས་ནས་ལོ་༼༤༥༥༽རྗེ་བཙུན་ཏཱ་ར་ནཱ་ ཐ་འཁྲུངས་ནས་ལོ་༼༣༨༧༽ཕོ་བྲང་པོ་ཏ་ལ་བཞེངས་ནས་ལོ་༼༣༡༧༽སི་ཏུ་ཆོས་འབྱུང་འཁྲུངས་ ནས་ལོ་༼༣༠༢༽ལེགས་བཤད་འབྲུ་མང་བརྩམས་ནས་ལོ་༼༣༢༤༽བཻ་ཌཱུར་དཀར་པོ་བརྩམས་ ནས་ལོ་༼༢༧༥༽ཉིན་བྱེད་སྣང་བ་བརྩམས་ནས་ལོ་༼༢༤༨༽ཉེར་མཁོ་བུམ་བཟང་བརྩམས་ནས་ ལོ་༼༢༣༡༽བློ་གསར་འཇུག་བདེ་བརྩམས་ནས་ལོ་༼༡༣༤༽རྒྱ་རྩིས་དཀར་པོ་བརྩམས་ནས་ལོ་ ༼༡༠༠༽ད་ལྟ་རབ་བྱུང་བཅུ་དྲུག་པའི་ཆུ་སྟག་གི་ལོ་འདིར་བྱང་ཕྱོགས་ཤམྦྷ་ལ་ན་རྨུགས་བྱེད་ ཀྱི་སྤྲུལ་པ་རིགས་ལྡན་མ་འགགས་པ་ཆོས་ཁྲི་ལ་འཁོད་དེ་དམ་པའི་ཆོས་བསྟན་ནས་བགྲང་ བྱ་སོ་དྲུག་སོང༌། བསྟན་རྩིས་མདོར་བསྡུས་འདི་དག་གཙང་བའི་གཟིམ་ཁང་གི་རྡོ་རྗེ་སློ བ་ དཔོན་ངག་དབང་ཆོས་འབྱོར་ཞབས་པས་རབ་བྱུང་བཅོ་ལྔ་པའི་ལྕགས་ཁྱིའི་ལོར་བྲིས་པ་ 4-1-176 ལྟར་བཀོད་པ་ཡིན་ལ། དམ་པ་གང་དེ་བྱོན་པ་དེས་བསྟན་རྩིས་མཛད་ལོ་ནས་འདས་ལོ་ད་ལྟ་ ཆུ་སྟག་འདི་ཡན་ལ་༼༥༢༽ཙམ་སོང་བ་ཡིན་ནོ། །དུས་བཞི་ཕྱི་མའི་སྐབས་ཀྱི་རིགས་ལྡན་དྲག་ པོ་འཁོར་ལོ་ཅན་གྱི་བསྟན་པའི་གནས་ཚད་དང༌། སྤྱིར་ཀླ་ཀློའི་གནས་ཚད་ཀྱི་ལོ་གྲངས་ཆིག་ སྟོང་བརྒྱད་བརྒྱར་མཉམ་ཞིང༌། ད་ལྟ་ཆུ་སྟག་གི་ལོ་འདི་ཡན་གྱི་ཀླ་ཀློའི་འདས་ལོ་༼༡༣༣༨༽ སོང་ལ། དེ་ལྷག་ལོ་གྲངས་༼༤༦༢༽སླད་ནས་འོང་དགོས་པ་ཡིན་ནོ། ། གཉིས་པ་བསྟན་པ་ལ་གནོད་པའི་ཀླ་ཀློའི་འབྱུང་ཚུལ་ནི། དེ་ཡང་གང་གི་ཚེ་སྔོ ན་གྱི་དུས་ འཕགས་པ་ཀླུའི་སྐུ་ཚེའི་སྨད་ཙམ་ན་མདོ་སྡེ་པའི་སློབ་དཔོན་བཙུན་པ་གཞོན་ནུ་མ་ལེན་དང་ ཁ་ཆེར་བྱེ་སྨྲའི་སློ བ་དཔོན་ཀུ་ན་ལ་སོགས་བྱུང༌། དུས་དེ་ཙམ་ན་ཀླ་ཀློའི་ཆོས་དང་པོར་བྱུང་ བ་ཡིན་ཏེ། ཁ་ཅིག་བཙུན་པ་དཔལ་ལེགས་འདས་པའི་དུས་སུ་བྱུང་ཟེར། ཁ་ཅིག་བཙུན་པ་ ཀུ་ན་ལའི་སློ བ་མ་ཡིན་ཡང་ཟེར། གཞོན་ནུ་སྡེ་ཞེས་བྱ་བ་བྱུང་བ་དེ་དགེ་འདུན་པས་གནས་ དབྱུང་བྱས་པས་འཁྲུགས་ཏེ་ཐོ་གར་གྱི་ཡུལ་གྱི་རྒྱབ་ཤུ་ལི་ཀ་ཞེས་པའི་ཡུལ་དུ་སོང་ནས་མཱ་ མ་ཐ་ར་ཞེས་པར་མིང་སྤོས་ཆ་ལུགས་བསྒྱུར་ནས་འཚེ་བ་ཆོས་སུ་སྨྲ་བའི་ཆོས་བརྩམས་ཏེ་ ལྷ་མིན་གྱི་གདོན་ཆེན་པོ་ཞིག་གི་གནས་སུ་སྦས་ནས་གདོན་དེ་ལ་གཏད་དོ། །བདུད་ཀྱི་བྱིན་ གྱིས་རླབས་ཏེ་གཡུལ་ལས་རྒྱལ་བ་སོགས་རིག་སྔགས་ཡང་མང་པོ་གྲུབ་བོ། །དེ་ནས་བྲམ་ ཟེ་ཁྱེའུ་བདུད་རིགས་ཞིག་གིས་སྔར་སྦས་པའི་གླེགས་བམ་རྙེད་དེ་མཱ་མ་ཐ་ར་ལ་ལུང་མནོས། དེ་ཙམ་གྱིས་རིགས་སྔགས་ཡང་གྲུབ་སྟེ་འཁོར་སྟོང་དང་བཅས་པ་ཀླ་ཀློའི་དྲང་སྲོང་དུ་གྱུར་ ཏེ་མ་ཁའི་གྲོང་ཁྱེར་དང་ཉེ་བའི་ཡུལ་དུ་སོང་ནས་ཐམས་ཅད་ལ་ཆོས་ལོག་བསྟན་པས་ཨ་སི་ ཏ་དང་དུ་རུ་ཥྐའི་རྒྱལ་པོའི་རིགས་རྣམས་བྱུང་སྟེ་སྟོན་པ་དེ་ལ་ཨ་དྷོ་ཞེས་གྲགས་ལ། ཀླུ་སྒྲུབ་ ལྷོ་ཕྱོགས་ཀྱི་རྒྱུད་ན་འགྲོ་དོན་མཛད་པ་ཙམ་གྱི་དུས་ན་ཀླ་ཀློའི་ཆོས་ལུགས་མགོ་བརྩམས་ པ་དང༌། དཔལ་གྱི་རི་ལ་བཞུགས་དུས་ཙམ་ན་བྲམ་ཟེ་རྒྱལ་པོ་རྒྱལ་བཤེས་ཀྱིས་བསྟན་པ་ 4-1-177 ལ་གནོད་པ་བྱུང་ཚུལ་དང༌། དེ་རྗེས་སྟག་གཟིག་སོག་པོའི་རྒྱལ་པོའི་གནོད་པ་བྱུང་བ་ཡང་ རྒྱ་གར་གྱི་ཡུལ་དུ་ཀླ་ཀློ་བྱུང་བའི་ཐོག་མ་ཡིན་པར་རྒྱ་གར་ཆོས་འབྱུང་དུ་གསུངས་པས་གང་ ལྟར་ཡང་སྤྱིར་ཀླ་ཀློའི་རིགས་ཀྱི་དུ་རུ་ཥྐ་རྣམས་ཐོག་མར་བྱུང་ཚུལ་གྲགས་ཆེ་བ་རྣམས་དེ་ ལྟར་ཡིན་ལ། དུས་འཁོར་བསྡུས་རྒྱུད་ལས། དེ་ནས་ཀླུ་ཡི་ལོ་བརྒྱ་རྣམས་ཀྱིས་ངེས་པར་མ་ ཁའི་ཡུལ་དུ་ཀླ་ཀློའི་ཆོས་རྣམས་འཇུག་པ་དག་ཏུ་འགྱུར། ཞེས་རིག་ལྡན་པད་དཀར་ནས་ལོ་ བརྒྱད་བརྒྱའི་རྗེས་སུ་ཀླ་ཀློའི་ཆོས་འཇིག་པར་གསུངས་པས་དེ་ལྟར་ན་སྟོན་པས་དུས་འཁོར་ རྩ་རྒྱུད་དུ་ཡང༌། ལོ་འདི་ནས་དྲུག་བརྒྱའི་ལོར་ཞེས་གསུངས་པ་ལྟར་ཆོས་རྒྱལ་དྲུག་གི་སྐུ་ རིང་ལོ་དྲུག་བརྒྱ་དང་རིགས་ལྡན་ཐོག་མའི་སྐུ་དུས་ལོ་བརྒྱ་སྟེ་བདུན་བརྒྱ་དང་པད་དཀར་ མན་གྱི་ལོ་བརྒྱད་བརྒྱ་དང་སྔ་ཕྱི་ཡོངས་སུ་སྡོམ་པས་སྤྱིར་རྒྱལ་བ་མྱ་ངན་ལས་འདས་ནས་ལོ་ སྟོང་དང་ལྔ་བརྒྱ་སོང་བ་ན་མ་ཁའི་ཡུལ་དུ་ཀླ་ཀློའི་འབྱུང་བའི་ཚུལ་དུ་གསུངས་ལ། དེ་ཡང་ རྒྱ་གར་ནུབ་ཕྱོགས་ཀྱི་གྲོང་ཁྱེར་ཆེན་པོ་ག་བྷི ་ལ་དང༌། བྷ་ལ་ག་ཞེས་བྱ་བ་ན་ནུབ་བྱང་གི་ ངོས་ཅུང་ཟད་ཉེ་བ་ན་རུམ་ཤམ་གྱི་ཡུལ་གྲུ་ཆེན་པོ་ཡོད་ལ། ཡུལ་དེར་ཀླ་ཀློའི་སྟོན་པ་མ་སི་ ཏ་རྣམས་ཀྱི་གནས་གཞི་མ་ཁ་ཞེས་བྱ་བ་ཡོད་པས་བསྡུས་རྒྱུད་ལས་མ་ཁའི་ཡུལ་ནས་ཀླ་ཀློ་ འབྱུང་བར་གསུངས་པ་འདི་ཉིད་ཡིན་ནོ། ། སྤྱིར་ཀླ་ཀློ་དང་མུ་སྟེགས་པའི་ཁྱད་པར་ནི། ཀླ་ཀློ་དག་ལ། བ་ཋན། སི་ཀ མོ་གོལ། ས་ ཧི་ཞེས་པའི་སྡེ་ཚན་ཆེན་པོ་བཞི་ཡོད་པ་ཐམས་ཅད་ལྷ་མ་ཡིན་གྱི་གདོན་ཆེན་པོ་མི་ལ་བྷི་ཁི་ ལི་ཞེས་པ་སྐྱབས་གནས་མཐར་ཐུག་ཏུ་འདོད་ཅིང་བདག་ཅག་གི་སྟོན་པ་ལ་ནི་ཤེལ་བསྟན་ ཞེས་པའི་མཚན་གསོལ་ནས་མི་མཐུན་ཕྱོགས་ཐམས་ཅད་ཀྱི་རྩ་བར་ཁས་ལེན། དབང་པོའི་ པགས་པ་བྲེ གས་པ་དང༌། མ་ལ་ལོག་པར་གཡེམ་པ་སོགས། བརྟུལ་ཞུགས་ལོག་པར་ཁས་ ལེན་ཞིང༌། ནང་པ་སངས་རྒྱས་པ་དང་ཕྱི་རོལ་མུ་སྟེགས་པ་གཉིས་ཀ་ལ་ཆེས་ཆེར་སྡང་ཞིང་ 4-1-178 མི་དགེ་བ་བཅུ་ལག་ལེན་གྱི་མཐིལ་དུ་བྱེད་པ། འཚེ་བ་ཆོས་སུ་སྨྲ་བ། སྲོ ག་གཅོད་པ་ནི་བྱ་བ་ ཐམས་ཅད་ཀྱི་ཡང་རྩེར་འཛིན་པ། ཤིན་ཏུ་མི་བསྲུན་པ་དམྱལ་བ་ཆེན་པོ་འགྲོ་ངེས་པ་བསྒྲལ་ བའི་ཞིང་བཅུ་ཚང་བ་ཤ་སྟག་ཡིན་ལ། རྒྱ་གར་དུ་ནང་པ་སངས་རྒྱས་པ་རྣམས་ལྟ་ཞོག ཕྱི་ རོལ་མུ་སྟེགས་པ་རྣམས་ཀྱིས་ཀྱང་འདི་དག་གི་ལག་ནས་འོང་བའི་ཁ་ཟས་ཚུན་ཆད་ལ་ཡང་ ཤིན་ཏུ་འཛེམ་པར་གསུངས་ལ། མུ་སྟེགས་པ་ནི་ཐར་པ་ཁས་ལེན་ཅིང་བསམ་གཟུགས་ བརྒྱད་དང་མངོན་ཤེས་རྫུ་འཕྲུལ་མཚན་ཉིད་པ་ཐོབ་པ་དང༌། བདེ་འགྲོར་འགྲོ་བའི་ནུས་པ་ ཅན་མང་དུ་ཡོད་དོ། ། ཀླ་ཀློའི་གནས་ཚད་ནི། བསྡུས་རྒྱུད་ཕྱི་མ་ལས། དེ་ཡི་བཅོ་བརྒྱད་ལོ་ཡིས་བརྒྱ་ཕྲག་ བསྒྱུར་ཏེ་བརྒྱ་ཡིས་འཕགས་པའི་ཡུལ་གྱི་མ་ཁ་ལ་སོགས་པར། །ཀླ་ཀློ་རྣམས་ཀྱི་དྲེགས་པ་ གང་དང་གང་ཞིག་མུན་ཅན་གྱུར་པ་དེ་རྣམས་བདག་གིས་དྲུངས་ཕྱུང་སྟེ། །ཞེས་བསྒྱུར་གཞི་ བརྒྱ་ལ་བཅོ་བརྒྱད་ཀྱིས་བསྒྱུར་བ་སྟེ་དོན་ལ་སྟོང་དང་བརྒྱད་བརྒྱ་ཡིན་ཞིང༌། གཞན་ཡང་ཕེ་ རེང་དང༌། ཨུ་རུ་སུའམ། རྒྱ་སེར་དུ་བར་སྐབས་གྲགས་པ་རྣམས་ཀྱང་འདིའི་ཆར་གཏོགས་ སོ། །བསྡུས་རྒྱུད་དུ་ཀླ་ཀློའི་ཚོགས་ནི་འཁོར་གྱི་སྐྱེ་བོ་དང་བཅས་རབ་ཏུ་བཅད་ནས་མི་ཡི་ ལོ་ནི་བརྒྱ་ཕྱེད་ན་རིགས་ལྡན་འགྲུབ་པར་འགྱུར་ཏེ། ཞེས་སོགས་གསུངས་པ་ལྟར་རགས་ རྩིས་བྱས་ན་རྒྱ་མཚོ་རྣམ་རྒྱལ་ནས་དྲག་པོ་འཁོར་ལོ་ཅན་གྱིས་ཀླ་ཀློ་བཅོམ་པའི་བར་ལ་ཀླ་ ཀློའི་གནས་ཚད་ལོ་སྟོང་དང་བརྒྱད་བརྒྱ་རྫོགས་ལ། ཞིབ་ཏུ་བརྩིས་ན་འཁོར་ལོ་ཅན་གྱིས་ ཆོས་ཁྲིར་བཞུགས་ནས་དགུང་ལོ་ལྔ་བཅུ་བཞེས་པའི་དུས་སུ་ཀླ་ཀློ་མཐའ་དག་ལེགས་པར་ བཅོམ་པ་ཡིན་ནོ། ། གསུམ་པ་དུས་བཞི་ཕྱི་མའི་རྫོགས་ལྡན་འཆར་ཚུལ་ལ་འཆར་གནས་ཤམྦྷ་ལའི་ཚུལ་ མདོ་ཙམ་བཤད་པ་དང༌། སྐབས་དོན་དངོས་གཉིས་ལས། དང་པོ་རྫོགས་ལྡན་འཆར་གནས་ 4-1-179 བྱང་ཤམྦྷ་ལ་ཞེས་བྱ་བ་ནི་ཀཻ་ལ་ཤའམ་གངས་ལྡན་གྱི་ཕྱེད་ནུབ་མར་ཡོད་ལ་དེ་ཡང་རི་རབ་ ལ་རྒྱབ་བསྟན་ཞིང་མདུན་ཆུ་བོ་སི་ཏ་ལ་ཕྱོགས་ནས་ཙནྡན་གྱི་ཚལ་དབུས་ན་པདྨ་འདབ་ བརྒྱད་ལྟེ་བ་དང་བཅས་པའི་དབྱིབས་སུ་ཡོད་པ་མཐའ་བསྐོར་དུ་གངས་རིའི་ཕྲེང་བས་ བསྐོར་བའི་རི་རྩེ་རྣམས་སུ་རིན་པོ་ཆེ་ལས་གྲུབ་པའི་རང་བྱུང་གི་ལྷ་མོའི་སྐུ་རྟེན་ངོ་མཚར་ བ་མང་པོ་འོད་ཟེར་འཕྲོ་བ་དང་བཅས་པས་ཀུན་ནས་མཛེས་པའི་དབུས་མཐིལ་ཡངས་པའི་ སྟེང་ན་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཕོ་བྲང་ཆེན་པོ་ཀ་ལཱ་པ་རྒྱན་བཀོད་ཡ་མཚན་པ་ འོད་ཀྱིས་དཔག་ཚད་ཙམ་ཁྱབ་ཅིང༌། སྒོ་ཁང་རྣམས་ལས་འོད་འབར་ཞིང༌། སྐར་ཁུང་དག་གི་ ངོས་ལ་མན་ཤེལ་གྱི་འཁོར་ལོ་ཡོད་པ་ལ་ལྷ་གནས་ཀྱི་སྣང་བརྙན་བཀྲ་བ་སོགས་ངོ་མཚར་ ཡིད་ལས་འདས་པའི་ཆ་ཀུན་རྫོགས་པ། དེའི་རྒྱབ་བྱང་ངོས་ཕྱོགས་ན་རིན་པོ་ཆེ་ཤེལ་བྲག་ མཐོ་ཁྱད་ཅན་སྨན་ཤིང་ལྗོན་པས་མཛེས་པ་འཇམ་དཔལ་ས་སྙིང་སྤྱན་གཟིགས་སོགས་ སེམས་དཔའ་ཆེན་པོ་བཅུ་ལ་བྱང་སེམས་ཀྱི་འཁོར་མང་པོས་བསྐོར་བའི་གཟུགས་གསལ་ བར་དོད་པ། ཕོ་བྲང་ཆེན་པོའི་མདུན་གྱི་ལྷོ ་ཕྱོགས་མ་ལ་ཡའི་སྐྱེད་ཚལ་ན་ཟླ་བཟང་གིས་ བཞེངས་པའི་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པའི་དུས་འཁོར་གྱི་བློས་བསླངས་ཀྱི་གཙོར་གྱུར་ངོ་ མཚར་བའི་དཀྱིལ་འཁོར་གྱི་བཀོད་པ་མང་ཞིང༌། དེའི་ཤར་ནུབ་གཉིས་སུ་རིམ་པས་ཡིད་ཀྱི་ མཚོ་དང་པདྨ་དཀར་པོའི་མཚོ་སྟེ་ཚེས་བརྒྱད་ཀྱི་ཟླ་བ་ལྟ་བུ་རེ་ཡོད། ཕྱི་རོལ་གྱི་པད་འདབ་ བརྒྱད་ཀྱི་རེ་རེ་ལ་གྲོང་ཁྱེར་བྱེ་བ་བཅུ་གཉིས་རེ་ཡོད་ཅིང་ཀུན་བསྡོམས་པས་གྲོང་བྱེ་བ་ཕྲག་ དགུ་བཅུ་རྩ་དྲུག་གོ ། དབུས་ཀ་ལཱ་པའི་ཕོ་བྲང་དུ་འཛམ་བུ་ཆུ་གསེར་ལས་གྲུབ་པའི་ཁྲི་ལྷ་དང་མིའི་ནོར་བུས་ ཕྲ་ཚོམ་དང་ལྡན་པའི་མཐར་ཙནྡན་ས་མཆོག་གི་ཕྲ་སྐྱོར་དྲི་བསུང་དཔག་ཚད་དུ་འཕྲོ་བ་ལ་ དྭངས་ཤེལ་མེ་ལོང་ལྟ་བུའི་གཞིར་ཐག་རིང་པོ་དཔག་ཚད་ལྔ་བཅུ་ཙམ་གྱི་སའི་ཁྱོན་ཆུ་ནང་ 4-1-180 གི་སྲོག་ཆགས་ཕྲ་མོ་ཚུན་གྱི་གཟུགས་བརྙན་འཆར་བ་སོགས་ཕྱི་ནང་ཀུན་ཏུ་ངོ་མཚར་བའི་ བཀོད་པ་ཤིན་ཏུ་མང་ངོ༌། ། ཞིང་དེའི་གཙོ་བོ་ཆོས་རྒྱལ་རིགས་ལྡན་རིམ་བྱོན་རྣམས་ཀྱང་སེམས་དཔའ་ཆེན་པོའི་ རྣམ་འཕྲུལ་ལྷའི་སྐྱེ་གནས་ཅན་རྫུ་འཕྲུལ་དང་མངོན་ཤེས་སོགས་སྐྱེས་ཐོབ་ཀྱིས་ཡོད་པ་ བགྲེས་རྒུད་དང་བྲལ་ཞིང་གསང་གསུམ་གྱི་ཡོན་ཏན་རྒྱ་ཆེ་བ་ལེགས་པའི་རྒྱན་ལྡན་སྐུའི་འོད་ ཀྱི་གཟི་བརྗིད་བཟོད་དཀའ་བའོ། །རིགས་ལྡན་འཁྲུངས་པའི་བཙུན་མོ་མཆོག་ཀྱང་གཞན་ ལས་ཁྱད་པར་དང་པོ་འཁྲུངས་སྐབས་ཨུཏྤ་ལའི་ཆར་འབེབས་པ་སོགས་ངོ་མཚར་གཞན་ ལས་ཆེ་བ་ཞིག་གོ །རྒྱལ་པོའི་སྲས་རྣམས་ལས་རིགས་ལྡན་རྒྱལ་བུ་འཁྲུངས་ཚེ་སྐུ་དངོས་མི་ སྣང་བར་ནོར་བུ་མཆོག་གི་གཟུགས་སུ་ཞག་མང་པོར་བཞུགས་ཤིང་སྐུ་ལས་འོད་ཟེར་ཆེར་ འབར་བའི་གཟི་བརྗིད་ཅན་ནོ། ། མཐའི་རྒྱལ་ཕྲན་གོ་དྲུག་ཀྱང་ཡོན་ཏན་རྒྱ་ཆེ་བ་སྔགས་རིགས་འཛིན་པ་ཆེན་པོ་རེག་ མཐོང་ཙམ་གྱིས་སྐལ་ལྡན་རྣམས་ལམ་བཟང་ཐོབ་ནུས་པ་རེ་རེའི་ཕྱག་ཏུ་དབྱུག་པ་ཡིད་ཀྱི་ ཤུགས་ཅན་ཟེར་བ་རེ་རེ་ཡོད་པ་དེ་ཕོ་ཉ་བཏང་ཚེ་ལག་ཏུ་གཏད་པས་གང་བསམ་པའི་ཕྱོགས་ དེར་སྐད་ཅིག་ལ་སླེ བས་ནུས་པ། ཞིང་དེར་མདོ་དང་སྔགས་ཀྱི་སེམས་དཔའ་ཆེར་མང་ཞིང༌། རབ་བྱུང་གི་འདུས་སྡེ་ལྷག་པར་རྒྱས་པ་དེར་སྐྱེས་པའི་མི་ཀུན་ཀྱང་གཟུགས་དང་ལང་ཚོ་ལྡན་ ཞིང༌། རང་བཞིན་བཟང་བ་དབང་པོ་རྣོ་བ། དགེ་བ་ལ་ངང་གིས་གཞོལ་བ། ཚེ་དེར་གསང་ སྔགས་ཀྱི་གདམས་པ་ལ་བརྟེན་ནས་སངས་རྒྱས་མཁན་ཀྱང་ཤིན་ཏུ་མང་ལ། ཉམས་ལེན་ མ་གྲུབ་པའི་ཁྱིམ་པའི་བྲན་གཡོག་རྣམས་ཀྱང་འཆི་ཁར་འཕོ་བས་སྤར་ནས་དག་ཞིང་དུ་འགྲོ་ བ་མ་གཏོགས་ངན་སོང་དུ་སྐྱེ་བ་ཡེ་ནས་མེད་ཅིང༌། ཕྱི་ནང་གི་ལོངས་སྤྱོད་ཀྱི་འབྱོར་བ་གང་ ཐད་ནས་རྒྱ་ཆེ་ཞིང་དམ་པའི་ཆོས་ཀྱི་དམིགས་རྐྱེན་མང་ཞིང་ཁྱད་པར་རྣམ་དཀར་གྱི་བསོད་ 4-1-181 ནམས་ཆེས་ཆེར་འཕེལ་བའི་གནས་སོ། ། སྔགས་ཀྱི་ཞིང་མཆོག་དེའི་གཙོ་བོ་མིའི་དབང་པོ་ཆོས་རྒྱལ་རིགས་ལྡན་སྲས་དང་བཅས་ པས་དམ་པའི་ཆོས་ལ་ལོངས་སྤྱོད་ནས་འགྲོ་ཕན་སྤེལ་ཚུལ་ཡང༌། དུས་འཁོར་རྩ་རྒྱུད་ལས། སྟོན་པས་བྱ་རྒོད་ཕུང་པོའི་རིར། །ཤེས་རབ་ཕ་རོལ་ཕྱིན་ཚུལ་བཞིན། །ཆོས་བསྟན་དཔལ་ ལྡན་འབྲས་སྤུངས་སུ། །དེ་བཞིན་གསང་སྔགས་ཚུལ་རབ་བསྟན། །ཞེས་གསུངས་པ་ལྟར་ སྟོན་པ་སངས་རྒྱས་པའི་ཚུལ་བསྟན་པ་དེ་ནས་དེའི་ཕྱི་ལོ་དང་མྱང་འདས་ཀྱི་སྔར་ལོའི་ལུགས་ གཉིས་ལས་ཕྱི་མ་ལྟར་གྱི་བགྲངས་པའི་ནག་ཟླའི་ཉ་ལ་བྱ་རྒོད་ཕུང་རིར་གདུལ་བྱ་ཐེག་ཆེན་ ཐུན་མོང་གི་ངོར་ཤེར་ཕྱིན་གསུངས་པ་དང་མཉམ་དུ་ཐུན་མིན་གྱི་ངོར་རྒྱ་གར་ལྷོ་ཕྱོགས་ དཔལ་གྱི་རི་དང་ཉེ་བར་དྷ་ན་ཤྲིའི་གླིང་དུ་སྔོན་སངས་རྒྱས་འོད་སྲུང་གི་དུས་སུ་དགྲ་བཅོམ་ པ་ལྔ་བརྒྱས་འབྲས་སོ་བའི་ཆར་ཕབ་པས་རྒྱུ་བྱས་ལྷ་ཆེན་རྣམས་ཀྱིས་བཞེངས་པར་གྲགས་ པའི་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་གྱི་ནང་གི་སྟེང་འོག་ཏུ་རིམ་པས་རྩ་རྒྱུད་ནས་ བསྟན་པའི་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་ལྷ་སྟོང་དང་དྲུག་བརྒྱ་ཉི་ཤུའི་བདག་ཉིད་ ཅན་དང༌། བསྡུས་རྒྱུད་ནས་བསྟན་པའི་ཆོས་དབྱིངས་གསུང་གི་དབང་ཕྱུག་གམ་དུས་ཀྱི་ འཁོར་ལོ་སྐུ་གསུང་ཐུགས་ཡོངས་རྫོགས་ལྷ་བདུན་བརྒྱ་ཉེར་གཉིས་ཀྱི་དཀྱིལ་འཁོར་མངོན་ པར་སྤྲུལ་ཏེ། རྩ་རྒྱུད་ལས། ཟླ་བཟང་རྒྱུད་ཀྱི་གསོལ་འདེབས་དང༌། །སྟོན་པ་སྡུད་པར་བྱེད་ པ་པོ། །ཞེས་གསུངས་པ་ལྟར་ཤམྦྷ་ལའི་ཆོས་རྒྱལ་ཐོག་མ་བགེགས་དགྲའི་སྤྲུལ་པ་ཉི་མའི་ འོད་ཀྱི་སྲས་ཕྱག་རྡོར་གྱི་རྣམ་སྤྲུལ་ཟླ་བཟང་གིས་ཞུ་བའི་ངོར། མཚུངས་མེད་སྟོན་པ་ཉིད་ ཀྱིས། ཟླ་བཟང་སོགས་མི་དང་མི་མིན་གྱི་དག་པའི་འཁོར་བསམ་མི་ཁྱབ་པ་ལ་དུས་འཁོར་ རྩ་རྒྱུད་ཚེག་བར་བདུན་པ་རྗེས་བསྔགས་ཀྱི་སྡེབ་སྦྱོར་ཅན་ཚིག་བཅད་སྟོང་ཕྲག་བཅུ་གཉིས་ པ་གསུངས་ནས་དེ་ལྟར་བསྡུས་ཏེ་རྒྱ་ཆེར་སྤེལ། དེ་ནས་རིམ་པར་ཤམྦྷ་ལ་རུ་ཟླ་བ་བཟང་ 4-1-182 པོའི་རྒྱལ་བརྒྱུད་དུ། ས་སྙིང་སྤྲུལ་པ་ལྷ་དབང༌། གཤིན་རྗེ་གཤེད་ཀྱི་སྤྲུལ་པ་གཟི་བརྗིད་ ཅན། སྒྲིབ་སེལ་སྤྲུལ་པ་ཟླའི་བྱིན། རྨུགས་བྱེད་སྤྲུལ་པ་ལྷའི་དབང་ཕྱུག ཁེངས་བྱེད་སྤྲུལ་ པ་སྣ་ཚོགས་གཟུགས། ནམ་སྙིང་སྤྲུལ་པ་ལྷའི་དབང་ལྡན་དང་ཆོས་རྒྱལ་བདུན་སྟེ། དེ་ལས་ རྩ་རྒྱུད་གསུངས་པའི་ཕྱི་ལོར་ཟླ་བཟང་གིས་རྩ་རྒྱུད་ཀྱི་རྒྱས་འགྲེལ་ཤོ་ལོ་ཀ་སྟོང་ཕྲག་དྲུག་ཅུ་ པ་མཛད་ཅིང༌། དུས་འཁོར་བློས་བསླངས་ངོ་མཚར་བ་བསྐྲུན་ཟིན་ལོངས་སྤྱོད་རྫོགས་པའི་ གནས་སུ་གཤེགས། ལྷག་མའི་ཆོས་རྒྱལ་དྲུག་པོ་ཆོས་ཁྲིར་ལོ་བརྒྱ་ཕྲག་རེ་བཞུགས་སོ། །དེ་ ནས་རྩ་རྒྱུད་ལས། ལོ་འདི་ནས་ནི་དྲུག་བརྒྱའི་ལོར། །དྲང་སྲོ ང་རྣམས་ནི་སྨིན་དོན་དུ། །མི་ བདག་འཇམ་དཔལ་གྲགས་པ་ནི། །ཤམྦྷ་ལ་ཞེས་བྱ་བར་བྱུང༌། །ཞེས་གསུངས་པ་ལྟར། འཇམ་དབྱངས་ཀྱི་སྤྲུལ་པ་རིགས་ལྡན་འཇམ་དཔལ་གྲགས་པ་ལོ་བརྒྱར་ཆོས་ཁྲི་ལ་ཞབས་ སེན་བཀོད་དེ་ཆོས་བསྟན་ནས་དགུང་ལོ་བརྒྱ་པའི་དབོ་ཟླའི་ཉ་ལ་ཉི་མའི་ཤིང་རྟ་ལ་སོགས་ པའི་དྲང་སྲོང་བྱེ་བ་ཕྲག་ཕྱེད་དང་བཞི་ཐབས་སྣ་ཚོགས་ཀྱིས་བཏུལ་ཏེ་ཕྱི་མའི་ནག་པའི་ཉ་ ལ་ཐམས་ཅད་རྡོ་རྗེའི་རིགས་གཅིག་ཏུ་བསྡུས་ནས་བློས་བསླངས་ཀྱི་དཀྱིལ་འཁོར་ཆེན་པོ་ དེར་དབང་བསྐུར་ནས་རྩ་རྒྱུད་རྒྱས་པ་ལ་ཚེག་བར་ཉེར་གཅིག་པ་ཕྲེང་འཛིན་གྱི་སྡེབ་སྦྱོར་ གྱིས་ཚིགས་བཅད་སྟོང་དང་སུམ་ཅུ་པའི་བསྡུས་པའི་རྒྱུད་འདི་བསྡུས་སོ། ། དེ་ནས་རྩ་རྒྱུད་ལས། འགྲེལ་བཤད་བྱེད་པ་པད་དཀར་འཛིན། །ཞེས་གསུངས་པ་ལྟར། འཕགས་པ་འཇིག་རྟེན་དབང་ཕྱུག་གི་རྣམ་འཕྲུལ་རིགས་ལྡན་པདྨ་དཀར་པོས་བསྡུས་རྒྱུད་ ཀྱི་འགྲེལ་བ་དྲི་མེད་འོད་བརྩམས་ཤིང་ལོ་བརྒྱའི་བར་དུ་ཆོས་བསྟན། དེ་ནས་རིམ་པར་ རིགས་ལྡན་གྱི་རྒྱལ་བརྒྱུད་དུ། གཤིན་རྗེ་མཐར་བྱེད་སྤྲུལ་པ་བཟང་པོ། ས་སྙིང་སྤྲུལ་པ་རྣམ་ རྒྱལ། རྨུགས་བྱེད་སྤྲུལ་པ་བཤེས་གཉེན་བཟང་པོ། སྒྲིབ་སེལ་སྤྲུལ་པ་ཕྱག་དམར་བ། ཁེངས་ བྱེད་སྤྲུལ་པ་ཁྱབ་འཇུག་སྦས་པ། ནམ་སྙིང་སྤྲུལ་པ་ཉི་མ་གྲགས། བགེགས་དགྲའི་སྤྲུལ་པ་ 4-1-183 ཤིན་ཏུ་བཟང་པོ་རྣམས་ཀྱང་ཆོས་ཁྲི་ལོ་བརྒྱ་རེ་དང༌། ཕྱག་རྡོར་སྤྲུལ་པ་རྒྱ་མཚོ་རྣམ་རྒྱལ་ལོ་ བརྒྱ་གྱ་གཉིས་དང༌། གཤིན་རྗེ་གཤེད་ཀྱི་སྤྲུལ་པ་རྒྱལ་དཀའ་ལོ་ཉིས་བརྒྱ་དང་ཉེར་གཅིག་ སྟེ་གཉིས་པོ་བསྡོམས་པས་མེ་མཁའ་རྒྱ་མཚོ་སྟེ་༼༤༠༣༽ལོ་གྲངས་བཞི་བརྒྱ་དང་གསུམ་ཆོས་ ཁྲིར་བཞུགས། དེ་ནས་ས་སྙིང་སྤྲུལ་པ་ཉི་མ་རྨུགས་བྱེད་སྤྲུལ་པ་སྣ་ཚོགས་གཟུགས། སྒྲིབ་ སེལ་སྤྲུལ་པ་ཟླ་བའི་འོད། ཁེངས་བྱེད་སྤྲུལ་པ་མཐའ་ཡས། ནམ་སྙིང་སྤྲུལ་པ་ས་སྐྱོང༌། བགེགས་དགྲའི་སྤྲུལ་པ་དཔལ་སྐྱོང༌། ཕྱགས་རྡོར་སྤྲུལ་པ་སེང་གེ གཤིན་རྗེ་མཐར་བྱེད་སྤྲུལ་ པ་རྣམ་གནོན། ས་སྙིང་སྤྲུལ་པ་སྟོབས་པོ་ཆེ་རྣམས་ཀྱིས་ལོ་བརྒྱ་རེ་ལ་ཆོས་བསྟན་ཟིན། ད་ ལྟ་རྨུགས་བྱེད་སྤྲུལ་པ་རིགས་ལྡན་མ་འགགས་པ་ཆོས་ཁྲི་ལ་འཁོད་ནས་ལོ་སོ་དྲུག་ཙམ་རབ་ བྱུང་བཅུ་དྲུག་པའི་ནང་ཚན་ཆུ་སྟག་ལོ་འདི་ཡན་ཆད་ལ་སོང༌། སླད་ནས་ལོ་དྲུག་ཅུ་རེ་བཞི་ལ་ ཆོས་བསྟན་ནས་དེ་རྗེས་སུ་སྒྲིབ་སེལ་སྤྲུལ་པ་མིའི་སེང་གེ་ཆོས་ཁྲིར་མངའ་གསོལ་ནས་དེས་ ཀྱང་ལོ་བརྒྱ་དང༌། དེ་ནས་ནམ་སྙིང་སྤྲུལ་པ་དབང་ཕྱུག་ཆེན་པོ། ཕྱག་རྡོར་སྤྲུལ་པ་མཐའ་ ཡས་རྣམ་རྒྱལ་གཉིས་ཀྱང་ཆོས་ཁྲི་ལ་ལོ་བརྒྱ་ཕྲག་རེ་བཞུགས་ནས་ཆོས་བསྟན་དགོས་ཤིང༌། དེ་དག་ལས་ཁྱབ་འཇུག་སྦས་པ་ཁ་ཆེའི་ཡུལ་དུ་བྱོན་པ་དང་ཕྱོགས་གླང་ཆོས་གྲགས་གང་ རུང་དུས་མཉམ་ཚུལ་དང༌། རྒྱལ་དཀའི་དུས་འཕགས་ཡུལ་དུ་དུས་འཁོར་དར་ཚུལ་རྣམས་ དུས་འཁོར་ཆོས་འབྱུང་ལྟར་རོ། ། གཉིས་པ་སྐབས་དོན་དངོས་རྫོགས་ལྡན་ཕྱི་མ་འཆར་བའི་ཚུལ་ནི། ཉི་མ་གྲགས་སེང་ གེའི་ཁྲི་ལ་འཁོད་པ་ཙམ་ན། མ་ཁའི་ཡུལ་དུ་ཀླ་ཀློའི་ཆོས་ལྷག་པར་དར་ཞིང༌། འཕགས་ ཡུལ་གྱི་ནུབ་ཀྱི་ས་རྣམས་སུ་གསར་དུ་དར་ལ། ཀླ་ཀློའི་སྟོན་པ་སྦྲང་རྩིའི་བློ་གྲོས་ཀྱི་དུས་དེ་ ཡིན་པར་མངོན་ནོ། །དེ་ནས་ད་ལྟའི་བར་དུ་ཆེར་འཕེལ་ཞིང་མ་འོངས་པ་ན་ཆུ་བོ་ཤཱི་ཏའི་ལྷོ ་ ཕྱོགས་ཐམས་ཅད་ཀླ་ཀློའི་གྱུར་པའི་ཚེ་འདུལ་བའི་དུས་ལ་བབ་པ་སྟེ། དེ་ཡང་རིགས་ལྡན་ 4-1-184 མཆོད་པའི་སྤྲིན་ཕུང་ལས། དེ་དུས་མ་ཁའི་ཀླ་ཀློའི་ཡི། །སྟོན་པ་སྦྲང་རྩིའི་བློ་གྲོས་བྱུང༌། །དེ་ ཡི་ཆོས་ཀྱིས་ས་ཀུན་ཁྱབ། །སྐལ་དམན་ཕལ་ཆེར་དེ་རྗེས་འབྲང༌། །ཞེས་གསུངས་པ་ལྟར་ ཡུལ་གྲུ་ཆེན་པོ་ཐམས་ཅད་དུ་ཀླ་ཀློ་ཆེས་ཆེར་དར་ཞིང༌། ནང་པའི་གཙུག་ལག་ཁང་དང་དགེ་ འདུན་གྱི་སྡེ་མང་པོ་འཇིག་པར་བྱེད་ཅིང༌། འཛམ་བུའི་གླིང་པའི་སྐལ་བ་དམན་པ་ཕལ་ཆེར་ དེའི་རྗེས་སུ་འབྲང་ནས་དམ་པའི་ཆོས་ཆེར་ཉམས་པར་བྱས་ནས་རིམ་པ་བཞིན་རབ་བྱུང་ བཅུ་དྲུག་པའི་ནང་ཚན་ད་ལྟའི་ཆུ་སྟག་ལོ་འདི་ནས་བཟུང་རགས་རྩིས་བྱས་ན་ལོ་བཞི་བརྒྱ་ རེ་བཞི་དང༌། ཞིབ་རྩིས་ཀྱི་དབང་དུ་བྱས་ན་ལོ་བཞི་བརྒྱ་དང་བཅུ་བཞི་ཙམ་སོང་བ་ན་བྱང་ ཤམྦྷ་ལའི་གཙོ་བོ་འཇམ་དཔལ་གྱི་རྣམ་འཕྲུལ་རིགས་ལྡན་དྲག་པོའི་འཁོར་ལོ་ཅན་དེ་ཡང༌། རྩ་རྒྱུད་ལས། གྲགས་པ་རིགས་ལྡན་དེ་ནས་སླར། །དེ་སྲས་འཁོར་ལོ་ཆེན་པོ་ཅན། །རིགས་ ལྡན་དྲག་པོ་འབྱུང་འགྱུར་ཏེ། །སྨྲ་མཁས་རྟ་མཆོག་ཏིང་འཛིན་གྱིས། །ཀླ་ཀློའི་ཆོས་ནི་མཐར་ བྱེད་པའོ། །ཞེས་གསུངས་པ་ལྟར་རིགས་ལྡན་གྲགས་པ་ཉིད་སླར་ཡང་མཐའ་ཡས་རྣམ་རྒྱལ་ གྱི་སྲས་དྲག་པོ་འཁོར་ལོ་ཅན་གྱི་སྐྱེ་བ་བཞེས་ཏེ་དགུང་ལོ་བརྒྱའམ་ལྔ་བཅུ་ལ་ཆོས་ཁྲིར་ བཞུགས་རྗེས་ཀླ་ཀློ་འདུལ་བའི་དུས་མཁྱེན་ནས་རྟ་མཆོག་དུ་མ་སྤྲོ་བ་ཞེས་བྱ་བའི་ཏིང་ངེ་ འཛིན་ལ་ཞུགས་ནས་ཀླ་ཀློ་འདུལ་བའི་ཆེད་དུ་དཔུང་ཆེན་པོ་ཁ་དོག་སྣ་ཚོགས་པ་བྱེ་བ་ཕྲག་ དགུ་དང༌། གླང་ཆེན་མྱོས་པ་གཡུལ་དུ་དཔའ་བ་འབུམ་ཕྲག་བཞི་དང༌། ཡང་གླང་ཆེན་ཉི་ཁྲི་ ཆིག་སྟོང་དྲུག་བརྒྱ་བདུན་ཅུ་ལ་ཚོ་རེ་རེར་བྱས་པའི་ཚོ་དྲུག གསེར་གྱི་ཤིང་རྟ་དང་ལྡན་པའི་ དམག་མི་བྱེ་བ་གྲངས་མེད། རྡོའི་རྟ་རླུང་གི་ཤུགས་ཅན་ཞེས་པའམ་རྡོར་ཡལ་གྷོ་ར་ཟེར་བ་རྒྱ་ མཚོ་ལས་བྱུང་བའི་རྟ་མཆོག་ཅང་ཤེས་གློག་ལྟར་འཁྱུག་པ་ཞོན་པའི་དམག་མི་མཐའ་ཡས་ པ་དང༌། རྐང་དམག་བརྗོད་ལས་འདས་པ་དང་བཅས་པའི་དཔུང་ཆེན་པོ་ཆུ་བོ་སི་ཏའི་ལྷོ ་ ཕྱོགས་སུ་བྱོན་ནས་རུམ་ཤམ་གྱི་ཡུལ་དུ་ཀླ་ཀློའི་དང་གཡུལ་ཆེན་པོ་བཀྱེ་སྟེ། ཀླ་ཀློའི་སྟོན་པ་ 4-1-185 བྱིས་པའི་བློ་གྲོས་རིགས་ལྡན་རང་ཉིད་ཀྱིས་བཏུལ། དམག་དཔོན་ཆེན་པོ་ཧ་ནུ་བློན་པོ་ཆེན་ པོ་ཟླ་བའི་བུས་བཏུལ། སྒྱུ་རྩལ་ལ་མཆོག་ཏུ་བྱང་བའི་དཔའ་བོ་རྣམས་ཀྱིས་ཀླ་ཀློའི་དཔུང་ སྤྱི་དང༌། སྤྲུལ་པའི་ས་སྐྱོང་རྣམས་ཀྱིས་ཀླ་ཀློའི་རྒྱལ་པོ་རྣམས་དང༌། གླང་པོ་མཆོག་རྣམས་ ཀྱིས་ཀླ་ཀློའི་གླང་ཆེན་རྣམས་དང༌། རྡོ་ཡི་རྟ་རྣམས་ཀྱིས་ཀླ་ཀློའི་རྟ་དང༌། གསེར་གྱི་ཤིང་ རྟའི་ཚོགས་ཀྱིས་ཀླ་ཀློའི་ཤིང་རྟ་རྣམས་དང༌། ལྷ་ཆེན་བཅུ་གཉིས་སོགས་དཀར་ཕྱོགས་པའི་ ལྷ་རྣམས་དང་ཆོས་སྐྱོང་ཆེན་པོ་རྣམས་ཀྱིས་ཀླ་ཀློའི་མགོན་སྐྱབས་བྱེད་པའི་ལྷ་མིན་གདོན་ ཆེན་པོ་རྣམས་བཏུལ་ནས་ས་ཆེན་དུམ་བུ་བཅུ་གཉིས་སུ་ཀླ་ཀློའི་རྒྱུན་ལྷག་མེད་དུ་བཅད་ནས་ སངས་རྒྱས་ཀྱི་བསྟན་པ་རྫོགས་ལྡན་བཞིན་ཏུ་མཛད་པ་ཡིན་ནོ། ། རིགས་ལྡན་འདི་ལ་དྲག་པོ་འཁོར་ལོ་ཅན་ཞེས་བརྗོད་པའི་རྒྱུ་མཚན་ནི། སྤྱིར་རིགས་ ལྡན་གང་ཡིན་ཐམས་ཅད་ལ་བཟོ་བོས་མ་བྱས་པའི་ཕྱག་མཚན་རེ་ནམ་མཁའ་ནས་བབས་ ཏེ་རྒྱལ་པོར་དབང་བསྐུར་བ་ཡོད་པ་ལས་རྒྱལ་པོ་འདི་ལ་ཡང་ལྕགས་ཀྱི་འཁོར་ལོ་ཞིག་ནམ་ མཁའ་ནས་བབས་ཏེ་ཕྱོགས་ཐམས་ཅད་ལས་རྒྱལ་བའི་རྒྱལ་པོར་དབང་བསྐུར་བས་ན་དེ་ ལྟར་བརྗོད་དོ། །བསྟན་པ་དེ་ལ་རྫོགས་ལྡན་དང༌། གསུམ་ལྡན་དང༌། གཉིས་ལྡན་དང༌། རྩོད་ལྡན་དང་བཞི་ཡོད་པས་དུས་བཞི་ཕྱི་མ་ཞེས་ཟེར། བསྟན་པའི་གནས་ཚད་ཀྱང་ཆིག་ སྟོང་བརྒྱད་བརྒྱ་ཡིན་པར་བསྡུས་རྒྱུད་ཕྱི་མ་ལས་གསུངས། འདི་སྐབས་རིགས་ལྡན་ལས་ ཆོས་ཉན་པ་རྣམས་ཚེ་དེ་ཉིད་ལ་དུས་འཁོར་འགྲུབ་པ་དང༌། གཡུལ་གྱི་སྐབས་ཐ་ན་ཀླ་ཀློར་ སྐྱེས་པ་དང༌། དཔུང་ཆེན་པོའི་རྐང་འོག་ཏུ་ཤི་བའི་འབུ་སྲི ན་སོགས་དང་རིགས་ལྡན་གྱིས་ཀླ་ ཀློ་བཅོམ་པའི་གཏམ་ཐོས་པ་ཚུན་ཆད་ཀྱང་དངོས་གྲུབ་རྒྱ་ཆེན་པོ་འཐོབ་པར་རྒྱུད་འགྲེལ་བ་ དང་བཅས་པ་ལས་གསུངས་ཤིང༌། དུས་བཞི་ཕྱི་མའི་ཆོས་ཀྱི་དགའ་སྟོན་འགྱེད་ཕྱིར་སྐྱེས་ ཆེན་དམ་པ་མགོན་པོ་ཀླུ་སྒྲུབ་དང༌། ཨོ་རྒྱན་རིན་པོ་ཆེ། ཀུན་མཁྱེན་ཇོ་ནང་པ་ཆེན་པོ། རྗེ་ 4-1-186 ཙོང་ཁ་པ་སོགས་བསྟན་པའི་མངའ་བདག་ཆེན་པོ་དག་གི་སྐུ་དངོས་དང་སྤྲུལ་པ་ཅི་རིགས་ས་ ཆེན་པོའི་རྡུལ་ལ་ཅོ་འདྲི་བ་འབྱུང་ངོ༌། ། དེ་ནས་རིགས་ལྡན་དྲག་པོའི་སྲས་ཆེ་བ་འཇམ་དབྱངས་ཀྱི་སྤྲུལ་པ་ཚངས་དབང་དང༌། སྲས་ཆུང་བ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ལྷ་དབང་གཉིས་སྐུ་ཚེའི་ཚད་ལོ་བརྒྱད་བརྒྱ་རེ་ བཞུགས། ཚངས་དབང་གིས་སྲས་འོད་སྲུང་ལོ་བཞི་བརྒྱ་བཞུགས་ཤིང་འདི་དུས་སུ་སྐྱེ་དགུའི་ ཚེ་ཚད་ལོ་དགུ་བརྒྱ་ཐུབ་པ་ཡིན། དེའི་སྲས་ཉའི་མིང་ཅན་གྱི་རྒྱལ་པོ། དེའི་སྲས་རུས་སྦལ་ མིང་ཅན་གྱི་རྒྱལ་པོ། དེའི་སྲས་ཕག་པའི་མིང་ཅན་གྱི་རྒྱལ་པོ། དེའི་སྲས་སེང་གེའི་མིང་ཅན་ གྱི་རྒྱལ་པོ་རྣམས་ཀྱི་སྐུ་ཚེའི་ཚད་ནི་དགུ་བརྒྱ་ནས་རིམ་གྱིས་ཕྲི་སྟེ་མིའི་སེང་གེའི་དུས་སུ་སྐྱེ་ དགུ་རྣམས་ལོ་སུམ་བརྒྱ་དང་དགུ་བཅུ་རེ་ཐུབ། དེ་ནས་རྒྱལ་བརྒྱུད་རིམ་བཞིན། མིའུ་ཐུང་ དང༌། དགའ་བྱེད་ར་མ་ཎ་དང༌། ར་མ་ཎ་གཉིས་པ་དང༌། ནག་པོའི་མིང་ཅན་གྱི་རྒྱལ་པོ་ རྣམས་ཀྱི་སྐུ་ཚེའི་ཚད་ནི་ལོ་སུམ་བརྒྱ་དང་དགུ་བཅུ་ནས་རིམ་བཞིན་ཕྲི་སྟེ་རྒྱལ་པོ་ནག་པོའི་ མིང་ཅན་ཆོས་ཁྲིར་བཞུགས་སྐབས་སྐྱེ་དགུའི་ཚེ་ཚད་ལོ་བརྒྱ་ཡིན་པར་བསྡུས་རྒྱུད་སོགས་ ལས་གསུངས། དེ་དག་ནི་རྩ་རྒྱུད་ལས་ལུང་བསྟན་པའི་ཆོས་རྒྱལ་བཞི་བཅུ་ཞེ་གསུམ་མོ། ། རིགས་ལྡན་དྲག་པོ་ནི་གླིང་བཅུ་གཉིས་པོ་ཐམས་ཅད་ལ་བྱོན་ནས་མི་རྣམས་ལ་དབང་ བསྒྱུར་བས་འཁོར་ལོ་ཅན་དང༌། ཚངས་པ་ལྷ་དབང་གཉིས་ནི་གླིང་འདིའི་ཕྱེད་ཕྱེད་ལ་དབང་ བས་འཁོར་ལོ་ཕྱེད་ཅན་དང༌། འོད་སྲུང་མན་ཆད་ནི་ས་ལ་དུམ་བུ་དྲུག་ཏུ་བགོས་པའི་དུམ་བུ་ གཅིག་ཤམྦྷ་ལ་ཁོ་ནར་དབང་བྱེད་པས་ན་དུམ་བུ་ཅན་ཡིན་པར་མཁས་གྲུབ་རྗེས་གསུངས་ སོ། ། རྒྱལ་པོ་དེ་དག་ལས་འོད་སྲུང་མན་ཆད་ཀྱང་ས་བཅུའི་བྱང་སེམས་ཀྱི་སྤྲུལ་པ་ཡིན་ པར་གསུངས་ཀྱང་གང་ཡིན་ངོས་འཛིན་མ་མཛད། སྤྱིར་འདུལ་བ་སོགས་ལས་སྒྲ་མི་སྙན་ 4-1-187 པ་སངས་རྒྱས་ཀྱི་བསྟན་པའི་སྣོད་མིན་པར་བཤད་པ་དང་འདིར་སྔགས་ཀྱིས་རྫོགས་ལྡན་ བྱེད་པར་བཤད་པ་ཡང་སྔ་མ་ཐུན་མོང་རབ་བྱུང་སྡོམ་པའི་རྟེན་དུ་མི་རུང་བ་དང་ཕྱི་མ་ཐུན་ མིན་གསང་ཆེན་ཐེག་པའི་སྣོ ད་དུ་རུང་བའི་དབང་གིས་ཡིན་ལ། སྔགས་ཀྱི་ཞིང་མཆོག་འདི་ དང་ཡུལ་ཆེན་ཉེར་བཞི་མཁའ་ལ་སྤྱོད་པའི་གནས་དུ་མ་ཡང་ཐུན་མོང་གི་བཀའ་དང་བསྟན་ བཅོས་རྣམས་ལས་མ་གསུངས་པར་ཐུན་མིན་གསང་སྔགས་ཀྱི་ཐེག་པ་ལས་ཇི་སྐད་བཀའ་ བསྩལ་པ་རྣམས་ནི་གདུལ་བྱའི་དབང་གིས་སོ། ། ཞེས་པའི་ཉེར་མཁོའི་ལེགས་བཤད་ཀྱི་ཆ་སྔོན་གྱི་བཀའ་དང་བསྟན་བཅོས་ཡང་དག་པ་རྣམས་ལས་ཉེ་བར་བཏུས་ཏེ་ ཡོངས་སུ་ལེགས་བསྒྲིགས་སུ་བྱེད་པ་པོ་ནི་ཀིརྟིའི་མིང་མཐའ་འཛིན་པ་ཉིད་དེ། རང་ལོ་ཞེ་གཉིས་པ་ཆུ་སྟག་གི་ལོ་ལའོ། །འདི་ ལས་རྣམ་པར་དཀར་བ་གང་མཆིས་པ་དེས་བསྟན་པ་དང་འགྲོ་བ་ལ་ཕན་ཐོགས་པར་གྱུར་ཅིག བཀྲ་ཤིས། 4-1-188 ༄༅། །ཚེ་སྒྲུབ་ཀྱི་བསྡུས་དམིགས་ཞེས་བྱ་བ་ བཞུགས་སོ། ། ༄༅། །དཔལ་ལྡན་བླ་མ་མཆོག་གིས་མཛད་པའི་མ་ཅིག་གྲུབ་རྒྱལ་ལུགས་ཀྱི་ཚེ་དཔག་ མེད་ཀྱི་བདག་བསྐྱེད་བསྡུས་པའི་དམིགས་རིམ་ཉུང་གསལ་འདིར་འགོད་པ་ལ། ཐོག་མར་སྐྱབས་འགྲོ་ནི། རང་སྣང་དག་པ་རང་བཞིན་གྱི་དབྱིངས་བཞུགས་རྒྱལ་བ་ཚེ་ དཔག་མེད་རྒྱལ་སྲས་བྱང་སེམས་ཉན་ཐོས་སོགས་འཁོར་ཚོགས་རྒྱ་མཚོ་འདུ་འབྲལ་མེད་ པ་དེ་དག་གི་ཐུགས་སུ་ལུང་རྟོགས་དམ་པའི་ཆོས་ཀྱི་མཛོད་ཆེན་པོ་ལེགས་པར་མངའ་བའི་ སྐྱབས་གནས་དཀོན་མཆོག་གསུམ་སྐད་ཅིག་གིས་དྲན་པའི་ངང་ནས་རང་གཞན་ཐམས་ཅད་ སྲིད་ཞིའི་འཇིགས་པ་སྤྱི་དང་ཁྱད་པར་དུས་མིན་འཆི་བའི་གེགས་ལས་སྐྱོབ་པའི་སྐྱབས་སུ་ བསྟེན་པར་བགྱི་སྙམ་དུ་ངག་འདོན་འདི་ལྟར། ན་མོ་རང་བཞིན་དབྱིངས་བཞུགས་རྫོགས་ སངས་རྒྱས། །ཚེ་དཔག་མེད་མགོན་འཁོར་ཚོགས་བཅས། །ཐུགས་རྒྱུད་དམ་ཆོས་གང་ བཞུགས་ལ། །བདག་གཞན་གུས་པས་སྐྱབས་སུ་མཆི། ། ཞེས་པ་ལན་ཉེར་གཅིག་སོགས་དད་མོས་དག་སྣང་གིས་བྱས་མཐར་བསྡུ་རིམ་མི་ དགོས། དེ་ནས་སེམས་བསྐྱེད་ནི། ནམ་མཁའ་དང་མཉམ་པའི་སེམས་ཅན་མ་ལུས་པའི་དོན་ དུ་བདག་སངས་རྒྱས་ཐོབ་པའི་ཆེད་ཚེ་ཡི་རྣལ་འབྱོར་ཉམས་སུ་ལེན་པར་བྱ་བསམ་པའི་སྒོ་ ནས་ངག་འདོན། མཁའ་མཉམ་སེམས་ཅན་ཀུན་དོན་ཕྱིར། །བདག་ཉིད་སངས་རྒྱས་མཆོག་ ཐོབ་ཕྱིར། །ཚེ་ཡི་རྣལ་འབྱོར་ཉམས་ལེན་བགྱི། །འགྲོ་ལ་རླབས་ཆེན་ཕན་ཐོགས་ཤོག །ཅེས་ 4-1-189 པ་ལན་བདུན་སོགས་ཀྱིས་སེམས་བསྐྱེད་ལ། དེ་སྤེལ་བྱེད་སེམས་ཅན་རྣམས་བདེ་བ་ལྡན་ འདོད་ཀྱི་བྱམས་པ། སྡུག་བསྔལ་བྲལ་འདོད་ཀྱི་སྙིང་རྗེ། བདེ་བ་དམ་པ་དང་མི་འབྲལ་འདོད་ ཀྱི་དགའ་བ། ཉེ་རིང་ཆགས་སྡང་དང་བྲལ་འདོད་ཀྱི་བཏང་སྙོམས་ཏེ་ཚད་མེད་བཞི་ལ་བློ་ ཕྱོགས་བཞིན་ངག་འདོན། སེམས་ཅན་མ་ལུས་བདེ་ལྡན་ཞིང༌། །སྡུག་བསྔལ་ཀུན་བྲལ་བདེ་ མཆོག་ལྡན། །བཏང་སྙོམས་ཆེན་པོའི་ངང་གནས་ཏེ། །ཚད་མེད་རྣམ་བཞིའི་སེམས་སྐྱེ་ཤོག །ཅེས་ལན་གསུམ་སོགས་ཀྱི་མཐར་དངོས་གཞི་ལྷ་སྒོམ་པ་སྟེ། དེ་ཡང་སྭ་བྷཱ་ཝའི་སྔགས་ བརྗོད་སྐབས་རང་གི་ལུས་ཕུང་འདིས་མཚོན་ཕྱི་ནང་གི་དངོས་པོ་མཐའ་དག་རང་བཞིན་སྟོང་ པའི་དབྱིངས་སུ་མཉམ་པར་བཞག དབྱིངས་སྟོང་པ་དེའི་ངང་དུ་རང་གསལ་རིག་པ་བཅོས་ མེད་སོ་མ་རང་ཤར་གསལ་སྟོང་བརྗོད་བྲལ་ངོས་ཟིན་བྱུང་བ་དེ་ཚེ་དཔག་མེད་ཀྱི་ཐུགས་ཆོས་ སྐུ་མཁའ་ཁྱབ་ཡེ་ཤེས་སུ་སེམས་ཐག་བཅད་དགོས། དེ་ནས་དབྱིངས་དེའི་ངང་ནས་རང་ གསལ་ཡེ་ཤེས་ཀྱི་རང་གཟུགས་ལྷར་བཞེངས་པ་སངས་རྒྱས་ཚེ་དཔག་མེད་ཀྱི་ཐུགས་སྣང་ ལས་ཤར་བ་བཻཌུརྱའི་ས་གཞི་རྒྱ་ཆེ་བ་མནན་ན་ནེམ་པ་བཏེག་ན་འཕར་བ་མཐོ་དམན་མེད་ པའི་ལག་མཐིལ་ལྟར་མཉམ་པ་དེའི་དབུས་སུ་ཆོས་ཀྱི་དཔག་བསམ་ལྗོན་བཟང་ལོ་འབྲས་ རབ་རྒྱས་ཀྱི་རྩ་བར་སངས་རྒྱས་སྤངས་རྟོགས་མཐར་སོན་པའི་རྟགས་སུ་རྨ་བྱས་བཏེགས་ པའི་རིན་པོ་ཆེའི་ཁྲི་ལ་སྐྱོན་བྲལ་བྱང་སེམས་མངའ་བའི་བརྡར་པད་ཟླའི་གདན་དུ་ཚེ་དཔག་ མེད་ཀྱི་ཐུགས་སོར་རྟོགས་ཡེ་ཤེས་ཀྱི་རང་མདངས་རང་སེམས་དང་མི་གཉིས་པ་ཐུགས་སྲོག་ ཧྲཱིཿཡིག་རིང་ཆ་ཚེག་དྲག་དང་བཅས་པ་གནས་འགྱུར་ཏེ་ཚེ་དཔག་མེད་སོར་རྟོགས་ཡེ་ཤེས་ མཐར་ཕྱིན་པའི་རྟགས་སྐུ་མདོག་དམར་པོ་བྱི་རུའི་ལྷུན་པོར་ཉི་མ་སྟོང་གི་འོད་མདངས་ཕོག་ པ་ལྟར་གཟི་བརྗིད་འབར་བ། ཐབས་ཤེས་གཉིས་མེད་བརྡར་ཕྱག་གཉིས་མཉམ་བཞག་ སྟེང་རྡོ་རྗེའི་ཚེ་མཆོག་བརྙེས་རྟགས་ཡེ་ཤེས་བདུད་རྩིས་གང་བའི་བུམ་པ་བསྣམས་པ། ཚུལ་ 4-1-190 ཁྲིམས་ཀྱི་ཕུང་པོ་རྟོགས་པའི་རྟགས་དར་དཀར་དམར་གྱི་སྟོད་སྨད་གཡོགས་པ། ཕ་རོལ་ ཕྱིན་དྲུག་རྟོགས་པའི་བརྡར་རིན་པོ་ཆེའི་དབུ་རྒྱན། སྙན་རྒྱན། མགུལ་རྒྱན། ཕྱག་གདུབ། ཞབས་གདུབ། སྐ་རགས་རྣམས་ཀྱིས་བརྒྱན་པ། དབུའི་གཙུག་ཏོར། དཔྲལ་བའི་མཛོད་སྤུ། ཕྱག་ཞབས་འཁོར་ལོའི་མཚན་སོགས་མཚན་བཟང་སོ་གཉིས་དང༌། སེན་མོ་ཟངས་མདོག་ ལྟར་དམར་བ། སྣུམ་པ་སོགས་དཔེ་བྱད་བརྒྱད་ཅུ་ཡོངས་སུ་རྫོགས་ཤིང༌། མཐར་ཐུག་ བྱང་ཆུབ་སྙིང་པོར་གཤེགས་པའི་རྟགས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། སངས་རྒྱས་ ཐམས་ཅད་ཀྱི་གསང་གསུམ་ཡོན་ཏན་རྫོགས་པའི་བརྡར་དཔྲལ་མགྲིན་ཐུགས་ཀ་གསུམ་ དུ་ༀ་ཨཱཿཧཱུཾ་དཀར་དམར་མཐིང་གསུམ་གྱིས་མཚན་ཞིང༌། དེའི་སྤྱི་བོར་བླ་མ་དང་གཉིས་སུ་ མེད་པ་རིགས་བདག་འོད་དཔག་མེད་ཆོས་གོས་རྣམ་གསུམ་གསོལ་བ་མཆོག་གི་སྤྲུལ་སྐུའི་ ཆ་ལུགས་ཅན། ཕྱག་ན་བདུད་རྩིས་གང་བའི་ལྷུང་བཟེད་བསྣམས་པ། འཆི་མེད་རྡོ་རྗེའི་ཚེ་ སྩོལ་བའི་ཐུགས་རྗེ་བྱིན་རླབས་ཟད་མི་མངའ་བའི་བདག་ཉིད་དུ་བཞུགས་པ་ལ། གསོལ་ བ་འདེབས་པ་ནི། ༀ་བཛྲ་ཨ་ཡུ༴ སོགས་ཀྱི་སྔགས་དོན་ནི། གསང་གསུམ་སྟོབས་ཀྱིས་རྡོ་ རྗེའི་ཚེ་དབང་གཡོ་བ་ལྷ་ཀླུ་མི་གསུམ་གྱི་ཚེ་བཅུད། བརྟན་པ་སྣོ ད་ཀྱི་འབྱུང་བཞིའི་དྭངས་ བཅུད་རྣམ་བྱང་སློབ་མི་སློབ་པའི་ཡེ་ཤེས་ཚེ་བཅུད་ཐམས་ཅད་ཀྱི་གཞི་ལེགས་པར་ཚུགས་ ཤིག ཅེས་པ་ཡིན་ལ། དེ་འདྲའི་གསོལ་བ་བཏབ་སྟོབས་ཀྱི་རིགས་བདག་གི་ཐུགས་ཀའི་ འོད་ཟེར་ལྕགས་ཀྱུ་ལྟ་བུ་ཕྱོགས་བཅུར་འཕྲོས་པས་རང་གི་བླ་ཚེ་འཐོར་ཡར་སོགས་དང་ འཁོར་འདས་ཀྱི་དྭངས་བཅུད་ཐམས་ཅད་ཡེ་ཤེས་བདུད་རྩིའི་རྣམ་པར་བཀུག་ནས་རིགས་ བདག་ཕྱག་གི་ལྷུང་བཟེད་ཀྱི་བདུད་རྩི་དང་འདྲེས་འོ་རྒྱུན་ལྟར་རང་གི་སྤྱི་བོ་མགྲིན་པ་སྙིང་ ག་ལྟེ་བའི་རྩ་འཁོར་རྣམས་ལ་རིམ་འབབ་ཀྱིས་བུམ་གསང་ཤེས་རབ་བཞི་པའི་དབང་རྣམས་ རིམ་པས་ཐོབ་ཚུལ་གྱིས་འཆི་མེད་རྡོ་རྗེའི་ཚེའི་དངོས་གྲུབ་ཐོབ་པར་བསམ་དགོས། དེ་ནས་ 4-1-191 སྙིང་པོའི་སྔགས་དོན། ལྷའི་སྐུ་གསུང་ཐུགས་ཀྱི་རང་བཞིན་འཆི་མེད་ཚེ་མཆོག་བདག་རྒྱུད་ ལ་ཞུགས་ཏེ་སྒོ་གསུམ་བྱིན་གྱིས་རློབས། ཞེས་པ་སྟེ། དེ་ཡང་ཡི་དམ་ཚེ་དཔག་མེད་ཀྱི་སྐུ་ གསུང་ཐུགས་དང་སྒྲུབ་པོ་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་རོ་མཉམ་ཆེན་པོའི་ངང་ དུ་རང་གསལ་འཛིན་མེད་ལ་ཅིར་དགར་ལྷོད་དེ་མཉམ་པར་འཇོག་པ་ཐུན་གྱི་གཙོ་བོ་བྱས་ ཏེ་ཚེ་བསྙེན་བཟླ་བ་གནད་འགགས་ཆེ་ཤོས་ཡིན། བར་བར་བཟླས་དམིགས་རེ་སྤྲོ་ན། སྤྱི་ བོའི་རིགས་བདག་ཚེ་དཔག་མེད་ཀྱི་ཐུགས་ཀའི་འོད་དམར་ལྕགས་ཀྱུ་ལྟ་བུ་སྤྲོས་པས་སྟེང་ ཕྱོགས་ལྷ་ཡི་ཚེ་བཅུད་ཐམས་ཅད་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིའི་རྣམ་པར་བཀུག་སྟེ་རིགས་ བདག་ལྷུང་བཟེད་ཀྱི་བདུད་རྩི་དང་འདྲེས་འོ་མའི་རྒྱུན་ལྟར་ལུད་པས་རང་ལ་དབང་བཞི་ བསྐུར་ཚུལ་གྱིས་འཆི་མེད་རྡོ་རྗེའི་ཚེ་སྲོ ག་མཆོག་ཐོབ་པར་བསམ་བཞིན་ཚེ་བསྙེན་བཟླ། དེ་ འགྲེས་སྦྱར་ཏེ། སྤྱི་བོའི་རིགས་བདག་ཚེ་དཔག་མེད་ཀྱི་ཐུགས་ཀའི་འོད་དམར་ལྕགས་ཀྱུ་ལྟ་ བུ་སྤྲོས་པས་འོག་ཕྱོགས་ཀླུའི་ཚེ་བཅུད་ཐམས་ཅད། ནས། སྲོ ག་མཆོག་ཐོབ་པར་བསམ་པའི་ བར་དང༌། དེ་བཞིན་དུ་བར་མིའི་ཚེ་བཅུད་ཐམས་ཅད༴ འབྱུང་བ་སའི་དྭངས་བཅུད་ཐམས་ ཅད་དང༌། འབྱུང་བ་ཆུ། མེ། རླུང་གི་དྭངས་བཅུད་ཐམས་ཅད་ལ་སྦྱར་ནས་དམིགས་ཚན་རེ་ རེ་བཞིན་ཚེ་བསྙེན་ཅི་ནུས་བཟླ་བ་དང༌། རྣམ་བྱང་ཐེག་དམན་དང་ཐེག་ཆེན་གྱི་སློ བ་པ་ཉན་ རང་བྱང་སེམས་ཀྱི་ཚེ་བཅུད་ཐམས་ཅད་མི་སློབ་པ་དུས་གསུམ་གྱི་སངས་རྒྱས་གང་བཞུགས་ དག་གི་ཡེ་ཤེས་ཚེ་བཅུད་ཐམས་ཅད་ལ་རེ་རེ་སྦྱར་ནས་ཚེ་བསྙེན་བཟླ་མཐར། གཟུངས་ རིང་ཡང་ཅི་རིགས་རེ་སྤྲོ་ན་བཟླ་ཆོག ཐུན་འཇོག་ཁར། རིགས་བདག་འོད་དཔག་མེད་ཀྱི་ ཐུགས་ཀ་ནས་ཧྲིཿཡིག་དམར་པོ་གཉིས་སྐད་ཅིག་ལ་ཆད་རང་གི་སྲིན་ལག་གཉིས་སུ་ཞུགས་ ཏེ་ཡི་གེ་གཉིས་མགོ་བོ་ཕྱིར་བསྟན་པའི་སྒོ་ནས་ཚེ་ལ་གནོད་པའི་བགེགས་སྲུང་ཞིང་སླར་ ཡང་རིགས་བདག་གི་ཐུགས་ཀ་ནས་སྣ་ཚོགས་པདྨ་འོད་ཟེར་སྣ་ལྔ་འབར་བ་སྤྲོས་རང་གི་སྤྱི་ 4-1-192 བོ་ནས་ཞུགས་ལུས་ནང་ཐམས་ཅད་དུ་པདྨ་འོད་ཟེར་བཅས་ཀྱིས་ལེགས་པར་ཁྱབ་སྟེ་གང་ བསྟིམས་པའི་ཚེ་བཅུད་ཐམས་ཅད་ལུས་ཀྱི་ཟུང་དང་སེམས་ཀྱི་རྟེན་དུ་གྱུར་ནས་རབ་བརྟན་ འགྱུར་བ་མེད་པ་རྡོ་རྗེའི་ཚེ་མཆོག་ཏུ་ཀུན་ནས་རོ་མཉམ་ཆེན་པོར་རྒྱས་གདབ་པས་གནོད་ བྱེད་གང་གིས་མི་ཚུགས་པར་བསམ། དེ་ནས་དགེ་བསྔོ ས། འདིར་འབད་ལེགས་བྱས་ཀྱི་མཐུ་ ལ་བརྟེན་རིང་མིན་དུ་རྒྱལ་བ་ཀུན་གཟིགས་འཆི་མེད་དབང་པོའི་གོ་འཕང་མངོན་དུ་བྱས་ ནས་ལྷུན་གྲུབ་མཛད་པས་འགྲོ་ཁམས་རྒྱ་མཚོ་རྟག་པར་སྐྱོང་བའི་སྨོན་འདུན་བྱས། ངག་ འདོན་ཡང༌། འདིར་འབད་ལེགས་བྱས་མཐུ་ལ་བརྟེན། །རིང་མིན་ཀུན་གཟིགས་འཆི་མེད་ དབང༌། །གོ་འཕང་ཐོབ་ནས་ལྷུན་གྲུབ་ཀྱིས། །མ་ལུས་འགྲོ་ཁམས་སྐྱོང་གྱུར་ཅིག །སོགས་ བསྔོ ་སྨོན་ཅི་རིགས་བརྗོད། ། ཅེས་པའི་ཚེ་སྒྲུབ་ཀྱི་བསྡུས་དམིགས་འདི་ཡང༌། དམ་པ་རིན་ཆེན་གྲགས་པའི་ཐུགས་བཞེད་བཞིན་མ་ཏིས་སོ།། 4-1-193 ༄༅། །འཇམ་དཔལ་ན་ག་རཀྴའི་སྒྲུབ་ཐབས་ཀྱི་དམིགས་རིམ་ མདོར་བསྡུས་གཉན་རིག་ཀུན་འཇོམས་ ཞེས་བྱ་བ་བཞུགས་སོ།། ༄༅། །རིག་པ་ཡེ་ཤེས་ལྷ་ལ་ཕྱག་འཚལ་ལོ། །དེ་ལ་འདིར་འཇམ་དཔལ་ན་ག་རཀྴའི་ སྒྲུབ་ཐབས་འཇམ་མགོན་ཏཱ་ར་ནཱ་ཐས་མཛད་པའི་སྒྲུབ་ཐབས་ཀྱི་དམིགས་རིམ་མདོ་ཙམ་ འབྲི ་བར་བྱ་བ་ལ་སྦྱོར་དངོས་རྗེས་གསུམ་ལས། དང་པོ་ནི་རང་གི་མདུན་མཁར་སྐྱབས་ཡུལ་བླ་མ་བརྒྱུད་པ་ཡི་དམ་མཆོག་གསུམ་ཆོས་ སྐྱོང་དང་བཅས་པ་རྟེན་གྱི་ཕོ་བྲང་བཀོད་མཛེས་ཀྱི་ནང་དུ་གསལ་བཏབ་ཏེ་བདག་གཞན་ འགྲོ་བ་མ་ལུས་པ་མདུན་དུ་འཁོད་པར་མོས་ལ་དེང་ནས་བྱང་ཆུབ་སྙིང་པོའི་བར་དུ་སྲིད་ ཞིའི་འཇིགས་པ་ལས་སྐྱོབས་པའི་སྐྱབས་སུ་བསྟེན་འདོད་དང༌། མ་གྱུར་འགྲོ་བ་མཐའ་ དག་གི་ཆེད་དུ་བདག་གིས་འཇམ་དཔལ་ཡེ་ཤེས་སེམས་དཔའི་གོ་འཕང་བསྒྲུབ་པར་འདོད་ པའི་བསམ་པ་དང་བཅས་ཏེ་སངས་རྒྱས་ཆོས་ཚོགས་མའི་སྐྱབས་སེམས་ལན་གསུམ་དང༌། སེམས་ཅན་མཐའ་དག་བདེ་བ་དང་ལྡན་འདོད་ཀྱི་བྱམས་པ་དང༌། སྡུག་བསྔལ་དང་བྲལ་ འདོད་ཀྱི་སྙིང་རྗེ་དང༌། བདེ་བ་དམ་པ་དང་མི་བྲལ་བར་འདོད་པའི་དགའ་བ་དང༌། རང་ གཞན་ཉེ་རིང་ཆགས་སྡང་དང་བྲལ་འདོད་ཀྱི་བཏང་སྙོམས་སྟེ་སེམས་བསྐྱེད་སྤེལ་བྱེད་ཚད་ མེད་བཞི་དང་བཅས་པ་སྤྱི་ལྟར་སྔོ ན་དུ་འགྲོ་བའི་ཆོས་སོ། ། གཉིས་པ་དངོས་གཞི་ལ་བདག་ལྷར་བསྐྱེད་ཅིང་བཟླས་པ་བྱ་བ་གཉིས་ལས། དང་པོ་ལ་ 4-1-194 སེམས་དཔའ་གསུམ་བསྐྱེད་པ་ལས་དང་པོ་རང་དམ་ཚིག་སེམས་དཔའ་བསྐྱེད་པ་ནི། སྐྱབས་ ཡུལ་རང་ལ་ཐིམ་པས་སྐད་ཅིག་དེ་ཉིད་ལ་སྣོད་བཅུད་ཀྱིས་བསྡུས་པའི་ཆོས་གང་དག་སྟོང་ པ་ནམ་མཁའི་དབྱིངས་སུ་ཡལ་པའི་རང་མདངས་སྟོང་གསལ་འགག་མེད་ཀྱི་རིག་གདངས་ འབའ་ཞིག་ཏུ་གྱུར་པ་དེ་ཀ་ངོས་ཟིན་པར་བྱས་ཏེ་རེ་ཞིག་གི་བར་དུ་དེའི་ངང་བསྐྱང་བར་བྱ་ ལ། དེའི་ཚེ་གསལ་བ་དང་སྟོང་པ་གཉིས་འཇམ་དཔལ་རིག་པའི་རྒྱལ་པོའི་ཡུལ་ཡུལ་ཅན་གྱི་ ཆོས་སྐུ་ཉིད་དུ་ངོ་ཤེས་པའི་དྲན་འདུན་མ་བོར་བར་བྱ་དགོས་ལ། དེ་ནས་ཆོས་སྐུའི་དབྱིངས་ དེ་ལས་གཞན་དོན་དུ་གཟུགས་སྐུར་ལྡང་འདོད་ཀྱི་འདུན་པས་རང༷་སེམ༷ས་ཆོས་སྐུའི་ངོ་བོ་ དེ་ཉིད་འཇམ་དཔལ་ཁྲོས་པ་ཆེན་པོའི་ཐུགས་སྲོག་ཕེ༷་ཡི༷ག་ནག༷་པོ༷་འོད་འབར་བ་ཞིག་སྐད་ ཅིག་གིས་ཐོལ་གྱིས་བྱུང་སྟེ་ཡི་གེ་ཕེ་ཡིག་གི་རྣམ་པར་བསམ། ཕེ་ཡིག་དེ་ལས་རང་འདྲ་ཕེ༷་ ཡི༷ག་དཔག་ཏུ་མེད་པ་ཕྱོགས་མཚམས་ཀུན་ཏུ་སྤྲོས་ཏེ། ཕེ་རཀྴ་ཀུ་རུ་ཧཱུཾ་ཞེས་པའི་སྔགས་ ཚིག་བརྗོད་པའི་རྐྱེན་གྱིས་སྤྲོས་པའི་ཡི་གེ་དེ་དག་ལས་བསྲུང་བའི་གུར་ཁང་རྒྱ་ཆེ་བའི་ནང་ དུ་རིན་པོ་ཆེ་བཀྲམས་པའི་རྒྱ་མཚོ་འཁྱིལ་བའི་དབུས་སུ་སྦྲུལ་ལས་བྱས་པའི་གཞལ་ཡས་ ཁང་རྩིགས་པ་སྒོ་ཁང་ཀ་བ་ཐོག་ཕུབ་སོགས་སྦྲུལ་གྱི་རྣམ་པ་ལ་འཇིགས་སུ་རུང་བའི་ཕོ་ བྲང་གི་ཁྱད་ཆོས་ཡོངས་སུ་རྫོགས་པ་ཞིག་སྐད་ཅིག་གིས་བསྐྱེད་ལ། དེའི་ནང་དུ་ས་བདག་ ཀླུ་གཉན་སྦྲུལ་གྱི་རྣམ་པར་བསྟན་དུ་བཏིང་བའི་སྟེང་དུ་སྔར་རང་ཉིད་ཀྱི་རིག་པ་ཆོས་སྐུ་རྩ་ བའི་ཕེ་ཡིག་གི་རྣམ་པར་གནས་པ་དེ་ཉིད་གནས་འགྱུར་ཏེ་གཟུགས་སྐུ་འཇིགས་རྔམ་བཞིན་ ལག་གི་རྣམ་པར་ཤར་བ་རིག༷་པའི༷་རྒྱལ༷་པོ༷་འཇམ་དཔལ་ཉིད་གནོད་བྱེད་ཀླུ་ཡི་གཤེད་པོ་ ཀླུ་ུསྲིན་ཁྲོས་པའི་ཚུལ་གྱི་སྐུར་བཞེངས་པ་ན་ག་རཀྴ་པ་ཆེན་པོ་ཐུགས་གནོད་བྱེད་ས་བདག་ ཀླུ་གཉན་ལ་ཁྲོ་ཚུལ་གྱིས་འགྲོ་དོན་མཛད་པའི་བརྡར་སྐུ་མདོག་དུས་མཐའི་སྤྲིན་ལྟར་ནག་ པོའི་རྔམ་གཟུགས་སྟོན་པ། ས་དགུའི་འགྲོ་བ་ལ་ཅིག་ཆར་གཟིགས་པའི་བརྡར་དབུ་དགུ། མ་ 4-1-195 འདྲེས་པའི་ཆོས་བཅོ་བརྒྱད་ཡོངས་སུ་རྫོགས་པའི་བརྡར་ཕྱག་བཅོ་བརྒྱད་པ། དེ་ཡང་ཞལ་ རྣམས་མདོར་ཐབས་སུ་བརྩེགས་པའམ་སུམ་རིམ་གྱིས་བརྩེགས་པ་གང་རུང་བྱ་ལ་རྩ་བའི་ ཞལ་ཁོ་ན་སྲི ན་པོའི་གདོང་ཤིན་ཏུ་ཁྲོས་པའམ་ཞེས་གདམ་སྒྲ་མཛད་ཀྱང༌། འདིར་དབུ༷་དགུ༷་ པོ་ཁྲོ༷་ཞལ༷་འཇིགས་པའི་ཉམས་ཅན་དམར་ལ་ཟླུམ་པའི་སྤྱན་གསུམ་རེ་དང་ལྡན་ཞིང་ཞལ་ གདང་ལྗགས་འདྲིལ་མཆེ་བ་གཙིགས་པ་སྨ་ར་སྨིན་མ་མེ་ལྟར་འབར་བ་དབུ་སྐྲ་ཁམས་ནག་ གྱེན་དུ་བསྐྱོད་པའི་གསེབ་ནས་སྦྲུལ༷་མགོ༷་དགུ༷་བ༷ར་སྣ༷ང་ཁམ༷ས་སུ༷་མངོན་པར་འཕྱོ་ཞིང་རྩེ་ བ་ཁ་ཡི་དུག་རླངས་ཀྱིས་གཉན་རིགས་གདུག་ཅན་གྱི་ལུས་སེམས་རྨུགས་ཤིང་མྱོས་པར་བྱེད་ པ། སྦྲུ༷ལ་མགོ༷་དབུ༷ས་མ༷འི་སྤྱི༷་བོ༷ར་རྒྱ༷ལ་བ༷་ཀུན་གྱི་མཁྱེན་རབ་མེ་ལོང་ཡེ་ཤེས་ཀྱི་རིགས་ སུ་མཚོན་བྱེད་དུ་མི༷་བསྐྱོ༷ད་པ༷་སྔོན་པོ་ལོངས་སྐུའི་ཆས་ཅན་གྱི་རིགས་བདག་གི་རྣམ་པར་ བཞུ༷གས་པ༷། ཕྱག་རྣམས་སོག་སྐྱེས་ཕྱི་ནང་ཐད་སོར་དུ་ཡོད་ཅིང་ཕྱ༷ག་གཡ༷ས་ཕྱི་མ་བརྒྱ༷ད་ ཀྱིས་རྣམ་པར་ཐར་བ་བརྒྱད་ཀྱིས་ཡེ་ཤེས་མཆོག་ཏུ་རྒྱས་པའི་བརྡར་གྲི༷་གུ༷ག་གམ་ར༷ལ་གྲ ༷ ི་ བརྒྱད་བཟུང་ནས་མཁའ་ལ་ཕྱར་ཞིང་ཕྱ༷ག་གཡོ༷ན་ཕྱི་མ་བརྒྱ༷ད་ཀྱི་རྣམ་ཤེས་ཚོགས་བརྒྱད་ གནས་སུ་དག་པའི་བརྡར་སྦྲུ༷ལ་ཞ༷གས་བརྒྱད་ཁུག་བཟུང་བྱས་ཏེ་འཛི༷ན་པ། ནང་མའི་ཕྱ༷ག་ ད༷ང་པོ༷་གཉི༷ས་ཐུ༷གས་ཀ༷ར་བསྡིགས་མཛུབ་དང་བཅས་བསྣོ༷ལ་བ༷ར་བྱ༷ས་པས༷་ས་བདག་ ཀླུ་གཉན་ཐམས་ཅད་དབང་མེད་དུ་འཆིང་ཞིང་དམ་ལ་འདུ་བར་མཛད་པ། སྐུ༷་སྟོ༷ད་ཤིན་ཏུ་ རྒྱས་པ་སྟོབས་ལྡན་སྲི༷ན་པོ༷འི་ལུ༷ས་ཀྱི་འཇིགས་གཟུགས་ངོམ་ཞིང་རིའི་རྒྱལ་པོ་རི་རབ་བང་ རིམ་བཞི་པ་ཅན་ལ༷་སྐུ་རྒྱ༷བ་བརྟེ༷ན་པས་འཇིག་རྟེན་གསུམ་པོ་ཟིལ་གྱིས་གནོན་པ༷། སྐུ༷་སྨ༷ད་ སྦྲུ༷ལ་གྱི་མཇུ༷ག་མ་ཆེན་པོ་རྒྱ༷་མཚོ༷འི་གཏི༷ང་དུ༷་འཁྱི༷ལ་བ་ཀླུ་བདུད་འཇིགས་པའི་གཟུགས་ ཀྱིས་གནོད་བྱེད་ཀླུ་རིགས་མ་ལུས་པའི་སྲོ ག་ལ་མངའ་མཛད་ཅིང༌། འཇིགས་པའི་ཁྲོ་ཞ༷ལ་ ཐམ༷ས་ཅ༷ད་ན༷ས་བཞད་པའི་གད་མོ་ཨ༷ག་ཤ༷འི་སྒྲ༷་ཆེན་འབྲུག་སྟོང་ལྡིར་བ་ལྟ་བུ་སྒྲོ༷གས་ 4-1-196 པས་ས་བདག་ཀླུ་གཉན་མ་རུང་བ་ཐམས་ཅད་བཟུང་ནས་རྨུགས་ཤིང་འཐིབ་མྱོས་ཀྱི་བརྒྱལ་ ཞིང་དྲན་པ་ཉམས་པར་བྱེད་པ༷། དབུའི་ར༷ལ་བ༷་ཁམ་ནག་སྤྲུ༷ག་པ༷་ལ༷ས་སྲོ༷ག་ཆ༷གས་སྡོམ་ སྡིག་སོགས་གདུ༷ག་པ༷འི་མེ་ཡི་ཚ༷་ཚ༷་འཕྲོ༷་བ༷་གྲངས་མེད་སྤྲོས་པས་གདུག་ཅན་ཀླུ་གཉན་ མཐའ་དག་གི་ལུས་སེམས་གཞོབ་ཏུ་བཏང་སྟེ་བརླག་པར་མཛད་པ། ཀླུ་སྟོབས་རྒྱུ་དང་ པདྨོའི་ངོ་བོའི་སྦྲུལ་ནག་ཁྲས་དབུ་སྐྲ་བཅིངས་ཤིང༌། ནོར་རྒྱས་དང་དུང་སྐྱོང་གི་སྦྲུལ་དམར་ ཁྲས་མགུལ་བ་བརྒྱན་པ། མཐའ་ཡས་དང་རིགས་ལྡན་གྱི་སྦྲུལ་དཀར་ཁྲས་རྣ་རྒྱན་བྱས་ པ། འཇོག་པོ་དང་པདྨ་ཆེན་པོའི་སེ་མོ་དོའི་ཕྲེང་བའི་ཚུལ་གྱིས་འཕྲག་པ་ནས་འཕྱངས་པ་སྟེ་ ཀླུ༷་ཆེ༷ན་པོ༷་བརྒྱ༷ད་ཀྱི༷ས་སྐུ༷་ལ༷་བརྒྱ༷ན་པ༷། གནོ༷ད་བྱེ༷ད་ཀླུ༷་ཡི༷་རི༷གས་རྒྱལ་རིགས་བྲམ་ཟེའི་ རིགས་དམངས་རིགས་སོགས་ཐ༷མས་ཅ༷ད་ཟ༷ས་སུ༷་ཟ༷་བ༷་ཁྱད་པར་འཛིན་ཤེས་གཏོང་མི་ ཤེས་ཀྱི་ཀླུ་གདོལ་བ་ནག་པོ་སྦྲུལ་གྱི་གཟུགས་ཅན་འོག་ཏུ་གནོན་པ་ཐུགས་དྲག་པོའི་ཁྲོ་ཚུལ་ གྱིས་གནོད་བྱེད་མ་ལུས་པ་མིང་གི་ལྷག་མར་མཛད་པའི་རྟགས་སུ་བསྐལ་པ་འཇིག་པའི་ དུས་མཐུའི་མེ་ཆེན་འཁྲིགས་པ་ལྟར་ཡེ་ཤེས་ཀྱི་མེ༷་དཔུ༷ང་ཆེས་འབར་ཞིང་མཆེད་པའི་དབུ༷ས་ ན༷་སྐུ་འཇིགས་རྔམ་བཟོད་པར་དཀའ་བའི་བདག་ཉིད་དུ་བཞུགས་པ༷འོ༷། དེ་ནི་བདག་དམ་ ཚིག་སེམས་དཔའ་བསྐྱེད་པ་སྟེ་དེའི་ཐུ༷གས་ཀ༷ར་གཉིས་པ་ཡེ་ཤེས་སེམས་དཔའ་སྦྲུལ་དཀར་ པོ༷འི་གཟུགས་ཀྱིས་འཁྱི༷ལ་ཞི༷ང་གདེ༷ངས་ཀ་གྱེན་དུ་ཕྱོགས་པར་བྱ༷ས་པ༷འི་དཀྱིལ་ཐད་ཀྱི་ སྙིང་གར། གསུམ་པ་ཏིང་འཛིན་སེམས་དཔའ་ཉི༷་མ༷འི་གད༷ན་ལ༷་གན༷ས་པའི་ཡི་གེ་ཕེ༷་ན༷ག་ པོ༷་ལ༷་བཟླས་བྱའི་སྔ༷གས་ཀྱི༷ས་བསྐོ༷ར་བ༷ར་དམི༷གས་ནས་དེ་ལྟ་བུའི་རྟེན་གཞལ་ཡས་ཁང་ བརྟེན་པ་ལྷ་དང་བཅས་པ་སྣང་ལ་རང་བཞིན་མེད་པའི་ཚུལ་གྱིས་གསལ་སྣང་གི་ང་རྒྱལ་ལ་ དར་ཅིག་ཅི་ནུས་སུ་གནས་པའི་རྗེས་ནས་བཟོད་སྔགས་བཟླ་བ་ཡིན་ནོ། ། གཉིས་པ་བཟླས་པ་བྱ་བ་ལ། སྔགས་ཕྲེང་འགོད་པ། སྔགས་དོན་སེམས་པ། བཟླས་ 4-1-197 དམིགས་དང་གསུམ་ལས། དང་པོ་ནི། ཐུགས་ཀའི་ཉི་གདན་ལ་དབུས་སུ་ཏིང་འཛིན་སེམས་ དཔའ་ཕེ་ཡིག་ནག་པོའི་མཐར་ༀ་ཕེ་ལམ་ཧཱུཾ་ཞེས་པའི་སྙིང་པོ་འབྲུ་བཞིའི་ཡི་གེ་ཁ་དོག་ནག་ པོ་ཡིག་ངོས་ནང་བསྟན་འགྲེང་ཐབས་སུ་གཡས་བསྐོ ར་དང༌། དེའི་ཕྱི་རུ་ནག༷་པོ༷་ཏི༷བ་པ༷་ཙ༷་ ན༷་ག༷་ར༷ཀྴ༷་ༀ༷་ཕེ༷་ལཾ༷་ཧཱུཾ༷་ཞེས་དྲག་སྔགས་འབྲུ་བཅུ་གསུམ་པ་ཚུལ་དེ་ཀ་ལྟར་གཡས་བསྐོར་ སྦྲུལ་འཁྱིལ་བ་བཞིན་མི་གཡོ་བར་བཀོད་དེ་ས་བོན་སྔགས་ཕྲེང་བཅས་རང་འཇམ་དཔལ་ ཁྲོས་པའི་ཐུགས་ཀྱི་རང་མདངས་སུ་ངོ་ཤེས་པར་བྱས་ཏེ་ཐུགས་སྲོག་སྔགས་ཕྲེང་ལ་སེམས་ གཏད་པའི་ཡེང་མེད་བཅས་ཀྱི་ངང་ནས་ཐུན་གྱི་བཟླས་པ་གཙོ་བོར་བྱའོ། ། གཉིས་པ་སྔགས་དོན་སེམས་པ་ནི་སྙིང་པོ་འབྲུ་བཞི་འཇམ་དཔལ་ཁྲོས་པའི་སྐུ་གསུང་ ཐུགས་ཕྲིན་ལས་ཀྱི་སྙིང་པོ་སྟེ་སྔགས་དོན་མདོར་བསྡུས་ནི། །རིག་པའི་རྒྱལ་པོའི་ཐུགས་ གསུང་སྐུས་སྒྲུབ་པོའི་སྒོ་གསུམ་གཡོ་མེད་བརྟན་པོར་སྲུངས་ཤིག་ཅེས་པའོ། །དྲག་སྔགས་ཀྱི་ དོན། ཀླུ་བདུད་སྲོ ག་གི་གཤེ༷ད་མ་ན༷ག་པོ༷་གཉན་རིགས་རྨོ༷ངས་པ༷ར་བྱེ༷ད་པ༷འི་ཀླུ༷་ཡི༷་སྲི ༷ན་པོ༷་ ཁྱོ༷ད་ཀྱི༷ས་སྒྲུབ་པོའི་སྒོ་གསུམ་གྱི་གེགས་མཐའ་དག་སོ༷ལ་ཅི༷ག ཅེས་པ་སྟེ་བར་སྐབས་དོན་ དེ་ལྟར་སེམས་བཞིན་བཟླ། གསུམ་པ་བཟླས་དམིགས་ནི། རང་འཇམ་དཔལ་ན་ག་རཀྴའི་ཐུགས་སྲོ ག་ལས་འོད་ ཟེར་གྱི་ཚོགས་ཕྱི་ནང་གསང་པའི་མཆོད་པ་དང་བཅས་སྤྲོས་ཕྱོགས་བཅུའི་ཞིང་གི་རྒྱལ་བ་ རྣམས་ལ་མཉེས་མཆོད་ཕུལ་བས་གསང་གསུམ་བྱིན་རླབས་འཇམ་དཔལ་ཀྱི་སྐུ་དང་ཕེ་ལམ་ གྱི་ཡི་གེ་ཕྱག་མཚན་རལ་གྲི་སོགས་ཀྱི་རྣམ་པ་གྲངས་མེད་སྤྱན་དྲངས་ཏེ་རང་ལ་བསྟིམས་ པས་སངས་རྒྱས་ཐམས་ཅད་ཀྱི་བྱིན་རླབས་རང་ལ་འཇུག་པའི་དམིགས་པ་དང་བཅས་ཏེ་ བཟླ། ཡང་རང་གིས་ཐུགས་ལས་སྤྲོས་པའི་འོད་ཟེར་གྱིས་སྣོ ད་བཅུད་ལ་ཕོག་པས་དེ་དག་ ཐམས་ཅད་འཇམ་དཔལ་ཁྲོས་པའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་འབའ་ཞིག་ཏུ་ུགྱུར་ 4-1-198 ཏེ་ལྷ་ཐམས་ཅད་ཀྱི་ཞལ་ནས་སྔགས་ཀྱི་སྒྲ་དབྱངས་དི་རི་རི་སྒྲོགས་པར་བསམ་བཞིན་བཟླ། ཡང་བར་སྐབས་དྲག་སྔགས་དུས་གདོན་གྱིས་འཚེ་བ་སོགས་དམིགས་བསལ་འགའ་ལ། རང་གི་ཐུགས་སྲོག་ཕེ་ཡིག་ལས་ཀླུ་སྲིན་ཁྲོ་བོའི་ཚོགས་དཔག་ཏུ་མེད་པ་ཡེ་ཤེས་མེ་དཔུང་ དམར་ནག་གི་ཕྲེང་བ་འཁྲིགས་བཞིན་སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ་སྤྲོས་པས་ ས་བདག་ཀླུ་གཉན་སོགས་གནོད་བྱེད་འཚེ་བའི་རིགས་གྱུར་གང་དག་བྱ་སྒྲོ་མེས་བསྲེགས་ པ་བཞིན་གཞོབ་ཐུལ་གྱི་བཏང་ནས་སྟོང་པ་ཆོས་ཀྱི་དབྱིངས་སུ་སྦྱང་བར་བསམ་པའི་ངང་ ནས་དྲག་སྔགས་བཟླ་ཞིང་མཐར་ཁྲོ་ཚོགས་རང་ལ་བསྡུའོ། །བསྙེན་སྒྲུབ་ཐུན་བཞི་བཅད་ན་ འབྲུ་བཞིའི་བསྙེན་གྲངས་འབྲུ་འབུམ་ལས་མི་ཉུང་བར་བཟླ་ལ་དྲག་སྔགས་དེའི་ཕྱེད་ཆ་ཙམ་ དང་རབ་ན་རྟགས་ཁྱད་པར་མ་ཐོན་གྱི་བར་དུ་བཟླ་དགོས། ཞོར་བསྙེན་སྐབས་བཟླས་པའི་ སྔགས་ཕྲེང་ལ་སེམས་འཛིན་པ་ཉིད་གཙོ་བོར་བྱའོ། ། གསུམ་པ་རྗེས་ནི། ཐུན་ལས་ལྡང་རན་ཚེ་རང་གི་ཐུགས་ཀ་ནས་སྤྲོས་པའི་འོད་ཟེར་གྱིས་ རྟེན་བསྲུང་གུར་གཞལ་ཡས་ཁང་བརྟེན་པ་ལྷ་སྐུ་ལ་བསྡུ། ལྷ་སྐུ་ཡང་ཡས་མས་ནས་རིམ་ གྱིས་བསྡུས་ཏེ་སྙིང་གའི་ས་བོན་ལ་བསྟིམ། ས་བོན་ཡང་མས་ནས་རིམ་པས་ཡལ་ཏེ་སྟོང་པ་ འོད་གསལ་གྱི་ངང་ལ་ཅི་ནུས་སུ་མཉམ་པར་འཇོག སླར་སྐད་ཅིག་གིས་འཇམ་དཔལ་ན་ག་ རཀྴ་དཔའ་བོ་གཅིག་གི་གཟུགས་སྐུ་སྒྱུ་མའི་ང་རྒྱལ་ལ་ལྡང་ནས་དགེ་བ་བསྔོ ་བ་ཡང༌། རྣལ་ འབྱོར་འདི་ལ་བརྩོན་པའི་རྣམ་དཀར་གྱི་དགེ་བ་འདིས་རིང་པོར་མི་ཐོགས་པར་བདག་གིས་ འཇམ་དཔལ་ཡེ་ཤེས་སེམས་དཔའི་སྐུ་འགྲུབ་སྟེ་ལྷུན་གྱིས་གྲུབ་པའི་མཛད་ཕྲིན་གྱིས་འགྲོ་ བ་མ་ལུས་པ་གོ་འཕང་མཆོག་དེ་ལ་འགོད་ནུས་པར་ཤོག་ཅིག་སྙམ་པའི་དགེ་རྩ་རྫོགས་བྱང་ དུ་བསྔོ ་བར་བྱའོ། ། དེ་ནས་གཏོར་མ་འབུལ་ན། གཏོར་རྫས་འདུ་བར་བྱས་ལ་རང་གི་ཐུགས་ཀ་ནས་འབྲུ་ 4-1-199 གསུམ་སྤྲོས་ཏེ་གཏོར་མ་སྤེལ་སྦྱང་བསྒྱུར་བས་བྱིན་རླབས་བྱ་སླར་ཡང་ཐུགས་ཀ་ནས་སྤྲོས་ པའི་འོད་ཀྱི་གཏོར་མགྲོན་སྤྱན་དྲངས། གཏོར་མ་ཕུལ་བས་བཅུད་ལྗགས་རྡོ་རྗེ་སྦུ་གུས་དྲངས་ ནས་གསོལ་བས་ཐུགས་རྒྱུད་ཟག་མེད་ཀྱི་བདེ་བས་དགྱེས་ཏེ་སྒྲུབ་པོའི་རེ་འདོད་སྐོང་བར་ མོས་དགོས་པ་ལགས། ཟ་ཉལ་གྱི་རྣལ་འབྱོར་ནི་སྤྱི་ལྟར་རོ། ། ཞེས་འཇམ་དཔལ་ན་ག་རཀྴའི་སྒྲུབ་ཐབས་ཀྱི་དམིགས་རིམ་མདོར་བསྡུས་གཉན་རིགས་ཀུན་འཇོམས་ཞེས་བྱ་བ་འདི་ ཡང་གྲྭ་བཙུན་བློ་འོད་ལ་མཁོ་ཕྱིར་མ་ཏིའི་མིང་གིས་བྲི ས། 4-1-200 མཉམ་ཉིད་མི་གཡོ་མའི་བསྟོད་འགྲེལ། ༄༅། །མཉམ་ཉིད་མི་གཡོ་མའི་བསྟོད་པ་ནི། རྣལ་འབྱོར་རྒྱུད་ཀྱི་རྡོ་རྗེའི་ཚིག་བསྟན་ བཅོས་ལས་ཀྱང་ལེགས་བསྡུ་མཛད་པའི་སྐུ་བཞི་མཛད་ཕྲིན་བཅས་ཀྱི་བསྟོད་པ་ཞིག་སྟེ། དེ་ཡང་འབྲུ་འགྲེལ་མཚོན་ཙམ་ཉེ་བར་སྨོས་ན་དཀྱིལ་འཁོར་ཁྱབ་བདག་རྒྱལ་བ་དཔལ་ རྣམ་པར་སྣང་མཛད་ཀྱི་དོན་དམ་ངོ་བོ་ཉིད་སྐུ་ཆོས་དབྱིངས་གནས་ལུགས་མཆོག་གི་རང་ བཞིན་སྲིད་ཞིའི་ཁམས་སུ་གདོད་ནས་དྲི་བྲལ་དུ་མཉ༷མ་པ་ཉི༷ད་ཀྱི་ངོ་བོ་སྐྱེ་འགག་གི་ཆོས་ ཅན་མ་ཡིན་པས་མི༷་གཡོ༷་བ་རང་གཤིས་དག་མཉམ་གནས་ལུགས་མཐར་ཐུག་ཏུ་ངེས་པས་ མཉ༷མ་ཉི༷ད་མཆོ༷ག་གི༷་ཆོ༷ས་ཉི༷ད་དུ་ཡེ་ནས་བཞུགས་པ་ཅ༷ན། དབྱིངས་དེ་ཉིད་ལས་ནོར་བུ་ ལ་དགོས་འདོད་ལྟར་ཐུ༷གས་རྗེ༷་བརྩེ་བ་རྒྱ་མཚོའི་བད༷ག་ཉི༷ད་ཀྱི་བྱེད་པས་གང་འདུལ་གྱི་ འགྲོ༷་བ༷་མ་ལུས་པའི་རང་རང་དང་འཚམས་པར་སྲིད་ཞིའི་སྡུ༷ག་བསྔ༷ལ་ཅི་རིགས་སེ༷ལ་བ༷ར་ མཛ༷ད་ཅིང༌། ཚུལ་དེ་ལྟར་གྱི་རྣམ་བྱང་ཐར་པ་ཕྱོགས་ཀྱི་ཡོ༷ན་ཏ༷ན་གྱི་སྒོ་ཡང་རང་སྐལ་ཇི་ ལྟར་འོས་པ་མཐ༷འ་ཡ༷ས་པའི་ཐུན་མོང་དང་ཐུན་མིན་གྱི་དངོ༷ས་གྲུ༷བ་མཆོ༷ག་ཐ་མའི་ཚུལ་དེ་ རྣམ༷ས་དུས་སུ་ནམ་བབ་ལ་ངེས་པར་བསླུ་མེད་དུ་ལེགས་སྦྱི༷ན་མཛ༷ད་པ༷་ཡིན་ལ། དེ་འདྲའི་ ངོ་བོ་ཉིད་སྐུ་དྲི༷་མེ༷ད་མི༷་གཡོ༷་མཉ༷མ་ཉི༷ད་ད༷མ་པ༷འི་གོ་འཕང་མཆོ༷ག་མངོན་དུ་གྱུར་པའི་ ཆོ༷ས་ཀྱི་སྐུ་ཅ༷ན་དང༌། ཡེ་ཤེས་ཆོས་སྐུའི་ངོ་བོའི་ཡོ༷ན་ཏ༷ན་གྱི་ཆ་ཤི༷ན་ཏུ༷་ཕྲ༷ ་བ༷འི་ཆ༷ར་གྱུར་ པ་ལ༷འ༷ང་རྣམ་ཀུན་མཁྱེན་པའི་ཆེ་བ་ཚ༷ད་མེ༷ད་མངའ་བའི་བདག་ཉིད་དེ༷། དེའི་ཚུལ་དཔེ༷ས་ མཚོན་ན་ནི༷་རྒྱ་ཆེ་བའི་ན༷མ་མཁ༷འི་མཐའ་གང་ད༷ང་ཡ༷ང་ཚད་བསྐྲུ༷ན་ཅིང་གཤིས་ན་འགྲན་ དུ༷་ཡོད་པའི་གོ་སྐབས་ཡོ༷ད་པ་མ༷་ཡི༷ན་ལ། ཡེ་ཤེས་འདིའི་བྱེད་ལས་ལ་བརྟེན་སེམས་ཅན་ 4-1-201 རང་རང་ལ་གང་འཚམས་ཀྱི་དངོ༷ས་གྲུ༷བ་མཐ༷འ་ཡ༷ས་ཤིང་ཤིན་ཏུ་དཔ༷ག་པར་དཀའ་ཞིང་ ཚད་བཟུང་དུ་མེ༷ད་པ་འདིའི་དཔེ༷་འདིའོ་ཞེས་བདག་ཉིད་ཆེན་པོ་དག་གིས་ཀྱང་སྨྲ་མི་ནུས་ པས་བརྗོད་སྒོ་ད༷ང་བྲ༷ལ་བ༷འི་གོ་འཕང་རྣམ༷ས་སེ༷མས་ཅ༷ན་གྱི་ཁ༷མས་དབང་མོས་མཐུན་ ལ༷་དེ་ལུགས་བཞིན་འཇིག་རྟེན་ལས་འདས་པའི་དངོ༷ས་གྲུ༷བ་མཆོ༷ག་རྣམ༷ས་དངོས་བརྒྱུད་ ཅི་རིགས་ནས་ངེ༷ས་པ༷ར་སྩོ༷ལ་བའི་བྱེད་པོ་དང༌། ལོངས་སྐུ་འོག་མིན་གྱི་ཞིང་གཙོ་གང་གི་ རྣམ་པར་རོལ་པའང་གོང་སྨོས་ཆོས་སྐུ་ཉག་གཅིག་གི་དབྱིངས་དུས་རྟག༷་ཏུ༷་དྲི༷་མ༷་མེ༷ད་པ༷་ ཐུ༷གས་རྗེ༷་ཆེན་པོའི་ཤུ༷གས་ཉེ་བར་འཇུག་པ་ལ༷ས་ངེས་པར་བྱུ༷ང་ཞིང་སྔོན་སློབ་ལམ་སྤྱོད་ པའི་སྐབས་རླབས་པོ་ཆེའི་སྨོ༷ན་ལ༷མ་མཐའ་ཀླས་པའི་མཐུ་ལེགས་པར་གྲུ༷བ་པ༷་ལོངས་སྤྱོད་ པའི་སྐུ་མཚན་དཔེ་གསལ་རྫོགས་ངེས་པ་ལྔ་ལྡན་གྱི་ཞིང་གི་མགོན་གསང་གསུམ་མཛད་ ཆེན་ནམ་དུ་ཡང་འག༷ག་པ༷་མེ༷ད་པ༷འི་ཆོ༷ས་ཉི༷ད་ཅ༷ན་གང་དེ་ནི་འཁོར་བ་མ་སྟོང་བར་མཁའ་ མཉམ་གྱི་འགྲོ༷་བ༷འི་དོ༷ན་བསྒྲུ༷བ་པ་ལ་ར༷བ་ཏུ༷་བརྩོ༷ན་པ༷་མཐ༷འ་ཡ༷ས་པ༷་འབད་མེད་ལྷུན་ གྲུབ་ཀྱི་མཛད་སྒོ་དང་བཅས་ཐུ༷གས་རྗེ༷་བརྩེ་བ་ཆེ༷ན་པོ༷འི་བད༷ག་ཉི༷ད་ཅན་གྱི་མངའ་བད༷ག་ མཆོག་ཏུ༷་སེམས་དཔའ་དམ་པའི་འཁོར་རྣམས་ལ་རྣམ༷་པ༷ར་སྣ༷ང་བ་དང༌། སྤྲུལ་པའི་སྐུའི་ མཛད་པ་དང་ནམ་མཁའི་མཐའ་མཉམ་གྱི་ཞིང་ཁམས་རབ་འབྱམས་རྣམས་སུ་ཚ༷ད་བཟུང་ དུ་མེ༷ད་ཅིང་གྲངས་ལས་འདས་པའི་རྣམ་བཀོད་སྣ་ཚོགས་པ་ཕྱོགས་གཅིག་ནས་ངེས་བཟུང་ གི་ཚ༷ད་ད༷ང་ཀུན་ནས་བྲ༷ལ་བ༷འི་རང་བཞིན་འབྲས་བུ་ཕུལ་བྱུང་གི་རྩལ་ཤི༷ན་ཏུ༷་རྫོ༷གས་པ༷་ ཡི༷་བདེ༷་བ༷ར་གཤེ༷གས་པ༷འི་གོ༷་འཕ༷ང་ད༷མ་པ༷འི་རང་དོན་མངའ་བརྙེ༷ས་པར་གྱུ༷ར་ཀྱང༷༌། གཞན་དོན་ཁ༷མས་གསུ༷མ་དུ་གནས་ཤིང་སྡུག་བསྔལ་གྱིས་གདུང་བས་སེམས་ཅན་ཉམ་ཐག་ པ་རྣམ༷ས་ལ༷་རིམ་པས་གནས་སྐབས་དང་མཐར་ཐུག་གི་དངོ༷ས་གྲུ༷བ་མཆོ༷ག་རང་རང་དང་ སྐལ་བ་འཚམས་པར་ཉེར་སྩོ༷ལ་མཛ༷ད་པ༷་ཡི༷་ཐུ༷གས་རྗེ༷འི་སྤྱོ༷ད་པ༷་བཟང་པོ་དག་མ་དག་གི་ 4-1-202 ཞིང་མཐའ་དག་ཏུ་ནམ་ཡང་མི༷་གཡོ༷་འག༷ག་པ༷ར་ཡོ༷ངས་སུ་མི༷་འགྱུ༷ར་ཞིང་སྤྲུལ་སྐུའི་མཛད་ པ་རྨད་དུ་བྱུང་བ་དུས་རྟག་པར་མི་ཟད་རྒྱན་གྱི་འཁོར་ལོ་ལ་མངའ་དབང་སྒྱུར་བ་པོ་སྟེ། དེ་ ལྟ་བུའི་ངོ་བོ་ཉིད་སྐུ་ཡེ་ཤེས་ཆོས་སྐུ་ལོངས་སྤྱོད་རྫོགས་སྐུ་སྤྲུལ་པའི་སྐུ་དང་སྐུ་བཞིའི་དབང་ ཕྱུག་ཆེ་བ་ཁྱབ་བདག་དཔལ་རྣམ་པར་སྣང་མཛད་གང་གི་ངོ་མཚར་བའི་གསང་གསུམ་ མཛད་ཕྲིན་ཉེ་བར་སྟོན་ཆེད། ངོ་མཚར་བའི་ཚིག་ཨེ༷་མ༷་ཧོ༷་ཞེས་སྨོས་ཏེ། སྐུ་བཞིའི་བདག་ ཉིད་རྣམ་སྣང་གི་མཛད་པ་དང་ཕྲིན་ལས་ཀྱི་སྒོ་རབ་ཏུ་ཡངས་པའི་ཡ་མཚན་ལེགས་ཆ་མཐའ་ དག་ནི་ཐབས་གང་ལ་གང་འདུལ་གྱི་མཛད་པ་ཤི༷ན་ཏུ༷་བཟ༷ང་པོ༷འི་ཆོ༷ས་ཉི༷ད་མཆོ༷ག་ད༷ང་ ངེས་པར་ལྡ༷ན་ཞིང༌། གནས་སྐབས་མཐར་ཐུག་གི་ཕན་བདེ་མཆོ༷ག་ལེགས་པར་སྦྱི༷ན་མཛད་ རྣམ༷ས་ཀྱི༷་ན༷ང་ན༷ས་ཀྱང་ཆེས་གོ༷་འཕ༷ང་མཆོ༷ག་བླ་ན་མེད་པ་མངའ་བརྙེ༷ས་པ༷ས་འཁོར་བ་ ཁ༷མས་གསུ༷མ་དུ་གཏོགས་པའི་སྐྱེ་འགྲོ་ཀུ༷ན་ལ༷་སྲིད་མཐའི་བར་རྟག༷་ཏུ༷་དངོ༷ས་གྲུ༷བ་ཇི་ ལྟར་འོས་པའི་མཆོ༷ག་སྐལ་གང་ཡོད་ཚད་ལ་དེ་ལུགས་ལྟར་མི་བསླུ་བར་ལེགས་སྩོ༷ལ་མཛ༷ད་ མཁན་སྡུག་བསྔལ་ལས་དབུགས་དབྱུང་བའི་མགོ༷ན་པོ༷་འདས་མ་འོངས་ད་ལྟའི་གནས་ཚུལ་ དུ༷ས་གསུ༷མ་གྱིས་བསྡུས་པ་ཀུན་སྒྲི༷བ་པ༷་མེ༷ད་པ༷ར་ཤིན་ཏུ་གསལ་ར༷བ་ཏུ་མཁྱེ༷ན་པ༷ས་ན་ ཕྲིན་ལས་ཟླ་དང་བྲལ་བའི་མངའ་བདག་ཏུ་ངེས་ཕྱིར་དེ་འདྲའི་རྒྱལ་བ་རྣམ་པར་སྣང་མཛད་ ཀྱི་ཐུགས་རྗེའི་སྟོབས་ཀྱིས་བདག་ཅག་སྒྲུབ་པ་པོ་རྗེས་སུ་བཟུང་སྟེ་སྐུ་གསུང་ཐུགས་ཀྱི་ད༷མ་ ཚི༷ག་གི་མཆོ༷ག་གསུ༷མ་པོའི་དངོ༷ས་གྲུ༷བ་ད༷མ་པ༷་བད༷ག་ལ༷་སྩོ༷ལ་ཅིག ཅེས་པའི་ཕྲིན་ལས་ བཅོལ་ཞིང་བསྟོད་པ་འདི༷་ནི༷་སང༷ས་རྒྱ༷ས་ཐ༷མས་ཅ༷ད་ཀྱི༷་སྐུ་བཞི་ཕྲིན་ལས་བཅས་ཀྱི་ཡ༷ང་ ད༷ག་པའི་ཡོ༷ན་ཏ༷ན་རྒྱ༷་ཆེ༷ན་ཉེ་བར་བརྗོད་བྱར་ལྡ༷ན་པའི་བསྟོད་པ་རྡོ་རྗེའི་ཚིག་གི་རྒྱལ་པོ་ ཡིན་ཕྱིར་ལ༷ན་ཅི༷ག་ཙ༷མ་ཞི༷ག་བརྗོ༷ད་པ༷ས་ཀྱང༷་གས༷ང་བ་སྔ༷གས་ཀྱི་དངོས་གྲུབ་ཇི་ལྟར་ དགོས་པ་ཐ༷མས་ཅ༷ད་ནམ་ཡང་བསླུ་མེད་དུས་སུ་འགྲུ༷བ་ངེས་པ༷ར་འགྱུ༷ར་བ་ལ་ཡིད་གཉིས་ 4-1-203 མི་དགོས་པའི་གནས་ཡང་དག་པའོ། །ཞེས་སོ། ། ཞེས་མཉམ་ཉིད་མི་གཡོ་མའི་བསྟོད་འགྲེལ་འདི་ཡང་འགྲོ་འདུལ་བླ་མ་རིན་ཆེན་གྲགས་པའི་ཐུགས་མོས་བཞིན་མ་ཏིས་ བྲི ས་པའོ།། 4-1-204 ༄༅། །ལས་དང་པོ་པ་ལ་ཉེར་མཁོའི་རིགས་ཞི་ལྷག་བསམ་གཟུགས་ སོགས་ཀྱི་རྣམ་བཤད་ཉུང་བསྡུས་བློ་གསལ་ ཡིད་ཀྱི་དགའ་སྟོན་ཞེས་བྱ་བ་ བཞུགས་སོ།། ཟག་མེད་ཞི་བ་མཆོག་གི་དབྱིངས། ། རྟག་པར་མངོན་དུ་བྱ་བ་དང༌། ། ཆབས་ཅིག་ཆོས་ཀུན་གཟིགས་པའི་ཐུགས། ། ལེགས་པར་མངའ་བ་དེ་ལ་འདུད། ། བདེན་པའི་གནས་ལུགས་སྒོམ་པ་ལ། ། ལུས་སེམས་ལས་སུ་རུང་བྱེད་པའི། ། ཞི་བ་རྣལ་དུ་གནས་པའི་སེམས། ། ཐོག་མར་སྒྲུབ་ཚུལ་ཉུང་བསྡུས་འཆད། ། དེ་ལ་ཡང་དག་པའི་གནས་ལུགས་ཇི་བཞིན་རྟོགས་པ་དོན་དུ་གཉེར་བ་དག་གིས་ཐོག་ མ་ཉིད་དུ་ལུས་སེམས་ལས་སུ་རུང་བར་བྱེད་པའི་ཐབས་ཚུལ་ཐུན་མོང་ཞི་ལྷག་གི་སེམས་ཉེ་ བར་སྒྲུབ་པ་ལ། སྤྱིར་ན་བསམ་གཟུགས་ཀྱི་ཏིང་ངེ་འཛིན་ནི་སྒྲ་མི་སྙན་གྱི་མི་དང༌། ཟ་མ་མ་ ནིང་སོགས་ལ་མི་སྐྱེ། བསམ་གཏན་དང་པོའི་སེམས་བསམ་གཏན་གཉིས་པ་དང༌། གཉིས་ པའི་སེམས་གསུམ་པ་བ་རྣམས་ཀྱིས་མི་བསྒྲུབ་སྟེ། མཆོག་གིས་དམན་པ་དོན་དུ་མི་གཉེར་ 4-1-205 བའི་ཕྱིར། དེས་ན་དེ་སྒྲུབ་པའི་ལུས་རྟེན་ནི་གླིང་གསུམ་གྱི་མི་དང་འདོད་ལྷ་རིགས་དྲུག་ སོགས་སོ། ། དེ་དག་གིས་ཇི་ལྟར་སྒྲུབ་ཚུལ་ནི། གནས་དབེན་པར་སོང་ནས་ཤིང་ཁྲི་ཀོ་བའི་དྲྭ་མིག་ ཅན་དང་སྟན་ནང་ཚངས་ཅན་སོགས་སེམས་ལ་བྱིང་བ་སྐྱེད་བྱེད་རྣམས་སྤངས་ལ་གདན་སྲ་ བ་ཤིང་ཁྲི་ཁྲུ་གང་གྲུ་བཞི་ཞིག་གི་སྟེང་དུ་ལུས་རྣམ་སྣང་ཆོས་བདུན་བྱས་ནས་ཁམས་གོང་ འོག་གི་ཞི་རགས་ཀྱི་ཆ་ལ་སེམས་ཀྱིས་མཉམ་པར་བཞག་སྟེ། ཉེས་པ་ལྔ་སྤངས་གཉེན་པོ་ བརྒྱད་བསྟེན་པར་བྱ་དགོས་ལ། དེ་ཡང་ཞི་རགས་ཀྱི་ཆ་ལ་མཉམ་པར་འཇོག་ཚུལ་ཡང་ འདོད་པའི་སེམས་འདི་རགས་པ་སྐྱོན་ཅན་དུ་བལྟས་ཏེ་དེ་དོར་འདོད་དང༌། ཁམས་གོང་མའི་ སེམས་ཞི་བ་ཡོན་ཏན་ཅན་དུ་བལྟས་ཏེ་དེ་ཐོབ་འདོད་བསྐྱེད་དེ་དེ་འདྲའི་ཞི་རགས་ཀྱི་ཆ་ལ་ སེམས་ཆེད་དུ་གཏད་ནས་མཉམ་པར་བཞག་དགོས་ལ། སྤང་བྱའི་ཉེས་པ་ལྔ་ནི། ཏིང་ངེ་ འཛིན་སྐྱེ་བ་ལ་གེགས་བྱེད་པའི་ཉེས་པ་སེམས་དམིགས་པའི་སྟེང་དུ་མི་གནས་པར་གཞན་ དུ་གཡེང་བའི་ལེ་ལོ་དང་གཅིག ཡུལ་གྱི་དམིགས་རྣམ་བརྗེད་པའི་བརྗེད་ངས་དང་གཉིས། སེམས་འཐིབ་པའི་བྱིང་བ་དང་འདོད་ཡོན་ལ་འཕྲོ་བའི་རྒོད་པ་གཉིས་གཅིག་ཏུ་བྱས་པ་དང་ གསུམ། བྱིང་རྒོད་སྐྱེ་སྐབས་གཉེན་པོ་བསྟེན་པ་ལ་མི་རྩོལ་བ་དང་བཞི། བྱིང་རྒོད་དང་བྲལ་ ཚེ་གཉེན་པོ་བསྟེན་པ་ལ་རྩོལ་བ་དང་ལྔ་དེ་ཡིན། བསྟེན་བྱའི་གཉེན་པོ་བརྒྱད་ནི། ཉེས་པ་ དང་པོ་སྤང་དཀའ་བས་དེ་ལ་གཉེན་པོ་བཞི་སྟེ། དེ་ཡང་ཏིང་ངེ་འཛིན་ལ་ཡིད་ཆེས་པའི་དད་ པ། དེ་དོན་དུ་གཉེར་བའི་འདུན་པ། དེ་ལ་སྤྲོ་བའི་བརྩོན་འགྲུས། སེམས་དམིགས་པ་ལ་ བཀོལ་དུ་རུང་བའི་ཤིན་སྦྱངས་དང་བཞིའོ། ། གཉིས་པའི་གཉེན་པོ་ཡུལ་གྱི་དམིགས་རྣམ་མི་བརྗེད་པའི་དྲན་པ་དང༌། གསུམ་པའི་ གཉེན་པོ་སེམས་ལེགས་པར་གནས་མི་གནས་བརྟག་པའི་ཤེས་བཞིན། བཞི་པའི་གཉེན་ 4-1-206 པོ་སེམས་ལ་བྱིང་རྒོད་སྐྱེ་སྐབས་གཉེན་པོ་བསྟེན་པ་ལ་རྩོལ་བ། ལྔ་པའི་གཉེན་པོ་སེམས་ བྱིང་རྒོད་དང་བྲལ་ཚེ་བཅོས་མའི་རྩོལ་བ་མི་བྱེད་པར་སེམས་གནས་དེ་གའི་ངང་དུ་འཇོག་པ་ དང་བརྒྱད་དེ་ཡིན། སྤྱིར་དམིགས་པ་ལ། ཉོན་མོངས་རྣམ་སྦྱོང་དང༌། སྤྱད་པ་རྣམ་སྦྱོང་དང༌། མཁས་པ་དང༌། ཁྱབ་པའི་དམིགས་པ་དང་བཞི་ལས། དང་པོ་ནི། ཉོན་མོངས་མངོན་གྱུར་ཙམ་སྤོང་བའི་ཐབས་ཞི་རགས་ཀྱི་ཆ་དང༌། ཉོན་ མོངས་ས་བོན་དང་བཅས་པ་སྤང་པའི་ཐབས་སྟོང་ཉིད་དང་བདེན་བཞིའི་རྣམ་པ་བཅུ་དྲུག་ལ་ དམིགས་ཚུལ་དང་གཉིས་ཡོད། གཉིས་པ་ནི། འདོད་ཆགས་ཀྱི་གཉེན་པོ་མི་སྡུག་པ། ཞེ་སྡང་གི་གཉེན་པོ་བྱམས་པ། གཏི་མུག་གི་གཉེན་པོ་རྟེན་འབྲེ ལ་བཅུ་གཉིས། ང་རྒྱལ་གྱི་གཉེན་པོ་ཁམས་ཀྱི་རབ་དབྱེ་སྒོམ་ པ་དང་བཞི་དེ་ཡིན། དེ་ལས་རྟེན་འབྲེ ལ་བཅུ་གཉིས་ནི། མ་རིག་པ། འདུ་བྱེད། རྣམ་པར་ ཤེས་པ། མིང་གཟུགས། སྐྱེ་མཆེད། རེག་པ། ཚོར་བ། སྲེ ད་པ། ལེན་པ། སྲི ད་པ། སྐྱེ་བ། རྒ་ཤི་རྣམས་སོ། །ཁམས་བཅོ་བརྒྱད་ཀྱང༌། གཟུགས་དེ་མིག་ཤེས་ཀྱི་གཟུང་བྱའི་རིགས་ཡིན་ པས་གཟུགས་ཀྱི་ཁམས་སུ་བཞག་པ་ནས་ཆོས་དེ་ཡིད་ཤེས་ཀྱི་གཟུང་བྱའི་རིགས་ཡིན་པས་ ཆོས་ཁམས་སུ་བཞག་པའི་བར་དྲུག་དང༌། མིག་དབང་དེ་མིག་ཤེས་ཡུལ་ལ་སྐྱེ་བའི་བདག་ རྐྱེན་ཡིན་པའི་ཆ་ནས་མིག་གི་ཁམས་སུ་བཞག་པ་ནས་ཡིད་དབང་དེ་ཡིད་ཤེས་ཡུལ་ལ་སྐྱེ་ བའི་བདག་རྐྱེན་ཡིན་པའི་ཆ་ནས་ཡིད་ཀྱི་ཁམས་སུ་བཞག་པའི་བར་དྲུག་དང༌། མིག་ཤེས་ གཙོ་སེམས་དེ་གཟུགས་ཀྱི་ངོ་བོ་རང་སྟོབས་ཀྱིས་མཐོང་བའི་ཆ་ནས་མིག་གི་རྣམ་པར་ཤེས་ པའི་ཁམས་སུ་བཞག་པ་ནས་ཡིད་ཤེས་གཙོ་སེམས་དེ་ཆོས་ཀྱི་ངོ་བོ་རང་སྟོབས་ཀྱིས་མཐོང་ བའི་ཆ་ནས་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་སུ་བཞག་པའི་བར་དྲུག་དང་བཅོ་བརྒྱད་དོ། ། གསུམ་པ་ནི། ཕུང་པོ། ཁམས། སྐྱེ་མཆེད། རྟེན་འབྲེ ལ། གནས་དང་གནས་མིན་དང་ལྔ་ 4-1-207 དེ་ཡིན། དེ་ལས་ཕུང་པོ་ལྔ་ནི། གཟུགས་ཕུང༌། ཚོར་ཕུང༌། འདུ་ཤེས་ཀྱི་ཕུང་པོ། འདུ་བྱེད་ཀྱི་ ཕུང་པོ། རྣམ་ཤེས་ཀྱི་ཕུང་པོ་དང་ལྔ་ལས། དང་པོ་ལ། དོན་ལྔ་དང༌། དབང་པོ་ལྔའི་གཟུགས་དང་བཅུ་ཡོད་པ་ལས། དང་པོ་ལྔ་རིམ་ བཞིན་གཟུགས། སྒྲ། དྲི། རོ། རེག་བྱ་ལྔ་དང༌། གཉིས་པ་ལྔ་རིམ་བཞིན། མིག་གི་དབང་ པོ་དབྱིབས་ཟར་མའི་མེ་ཏོག་ལྟ་བུའི་རྡུལ་རྫས་ཤིན་ཏུ་དྭངས་པ་དང༌། དེ་བཞིན་དུ་རྣ་བའི་ དབང་པོ་གྲོ་ག་གཅུས་ནས་བཅད་པ་ལྟ་བུ་དང༌། སྣའི་དབང་པོ་ཟངས་ཁབ་ཉིས་གཤིབ་ལྟ་ བུ་དང༌། ལྕེ འི་དབང་པོ་ཟླ་ཕྱེད་ཉིས་གཤིབ་བར་རྟ་ལྔའི་ཁྱོན་ཙམ་མ་རེག་པ་དང༌། ལུས་ཀྱི་ དབང་པོ་བྱ་ཀ་ལན་ད་ཀའི་པགས་པ་ལྟ་བུའི་སྐྲ་སེན་སོགས་མ་གཏོགས་པར་ལུས་ཀྱི་ཕྱི་ནང་ ཀུན་ལ་ཁྱབ་པའི་རྡུལ་རྫས་ཤིན་ཏུ་དྭངས་པ་རྣམས་སོ། ། གཉིས་པ་ནི་སེམས་བྱུང་ཚོར་བ་རྣམས་དང༌། གསུམ་པ་སེམས་བྱུང་འདུ་ཤེས་རྣམས་ དང༌། བཞི་པ་ནི་ཚོར་འདུ་ལས་གཞན་པའི་སེམས་བྱུང་ཞེ་དགུ་དང་ལྡན་མིན་འདུ་བྱེད་རྣམས་ དང༌། ལྔ་པ་ནི་གཙོ་སེམས་དྲུག་དེ་ཡིན། སྐྱེ་མཆེད་བཅུ་གཉིས་ནི། གཟུགས་དེ་མིག་ཤེས་སྐྱེ་ ཞིང་མཆེད་པའི་ཡུལ་ཡིན་པའི་ཆ་ནས་གཟུགས་ཀྱི་སྐྱེ་མཆེད་དུ་འཇོག་པ་སོགས་ནས་ཆོས་ ཀྱི་སྐྱེ་མཆེད་ཀྱི་བར་དུ་འདྲ། མིག་དབང་དེ་མིག་ཤེས་རང་ཡུལ་གཟུགས་ཀྱི་སྟེང་དུ་སྐྱེ་བའི་ སྒོ་ཡིན་པའི་ཆ་ནས་མིག་གི་སྐྱེ་མཆེད་དུ་འཇོག་པ་སོགས་ནས་ཡིད་དབང་གི་བར་དུ་འགྲེས་ སྦྱར་བ་དེ་རྣམས་སོ། །གནས་དང་གནས་མིན་ནི། རྒྱུ་དགེ་བ་ལས་འབྲས་བུ་བདེ་བ་འབྱུང་བ་ གནས་ཡིན་པ་དང་དེ་ལས་འབྲས་བུ་སྡུག་བསྔལ་འབྱུང་བ་གནས་མ་ཡིན་པ་སོགས་སོ། ། བཞི་པ་ནི། དམིགས་ཡུལ་གོང་མ་གསུམ་ལས་ལོགས་སུ་མེད་ཀྱང་དམིགས་པ་དོན་སྤྱི་ ལ་དམིགས་ནས་དེ་ལ་དཔྱད་སྒོམ་གཙོ་བོར་བྱས་ཏེ་དམིགས་སྐབས་རྣམ་རྟོག་དང་བཅས་ པའི་གཟུགས་བརྙན་གྱི་དམིགས་པ་དང༌། འཇོག་སྒོམ་གཙོ་བོར་བྱས་ཏེ་དམིགས་སྐབས་རྣམ་ 4-1-208 རྟོག་མེད་པའི་གཟུགས་བརྙན་གྱི་དམིགས་པ་དང༌། དམིགས་པ་དེ་དོན་སྤྱི་ཟད་ནས་མངོན་དུ་ གྱུར་སྐབས་དངོས་པོ་མཐའི་དམིགས་པ་དང༌། དེ་གོམས་པ་ཡར་ལྡན་དུ་སོང་སྐབས་དགོས་ པ་ཡོངས་གྲུབ་ཀྱི་དམིགས་པ་ཡིན་ནོ། ། དེ་ལས་བསམ་གཟུགས་ཀྱི་ཏིང་ངེ་འཛིན་སྒྲུབ་པའི་དབང་དུ་བྱས་ན་ཁམས་གོང་འོག་ གི་ཞི་རགས་ཀྱི་ཆ་ལ་མཉམ་པར་བཞག་ནས་འདོད་སེམས་དགུ་རིམ་གྱིས་བསྒྲུབ་པ་སྟེ། དེ་ ཡང་སེམས་དམིགས་པ་ལ་རྒྱུན་མཐུད་དེ་གནས་མི་ཐུབ་པའི་སྐབས་དེ་དང་པོ་སེམས་ནང་ ཁོ་ནར་འཇོག་པ་དང༌། དེ་ནས་དམིགས་པ་ལ་རྒྱུན་མཐུད་དེ་སྔར་ལས་ཅུང་ཟད་གནས་ནུས་ པའི་སྐབས་དེ་གཉིས་པ་རྒྱུན་དུ་འཇོག་པ་དང༌། དེ་ནས་དམིགས་པ་དེ་སྒྲ་སྤྱི་ཟད་ནས་དོན་སྤྱི་ ཁོ་ནའི་སྒོ་ནས་འཆར་ཐུབ་པ་ནི་གསུམ་པ་བསླན་ཏེ་འཇོག་པ་དང༌། དེ་ནས་དྲན་པ་ཁྱད་པར་ ཅན་འགྲུབ་པའི་སྟོབས་ཀྱིས་སྔར་ལས་དམིགས་པ་རྒྱ་ཆེན་པོ་ལ་མཉམ་པར་འཇོག་ནུས་པ་ ན་བཞི་པ་ཉེ་བར་འཇོག་པ་དང༌། དེ་ནས་ཤེས་བཞིན་ཁྱད་པར་ཅན་འགྲུབ་པའི་སྟོབས་ཀྱིས་ ཏིང་ངེ་འཛིན་གྱི་བདེ་བ་མྱོང་སྟོབས་ཀྱིས་མཐོང་བ་ན་ལྔ་པ་དུལ་བར་བྱེད་པ་དང༌། དེ་ནས་ ཡང་སྔར་བས་ཤེས་བཞིན་ཁྱད་པར་ཅན་འགྲུབ་པའི་སྟོབས་ཀྱིས་རྣམ་གཡེང་གི་སྐྱོན་མཐོང་ ནས་གཡེང་བ་ཆེད་དུ་འགོག་ནུས་པ་ན་དྲུག་པ་ཞི་བར་བྱེད་པ་དང༌། དེ་ནས་རྩོལ་བ་ཁྱད་ པར་ཅན་འགྲུབ་པའི་སྟོབས་ཀྱིས་ཏིང་ངེ་འཛིན་སྒོམ་པ་ལ་སྤྲོ་བ་ལྷག་པར་སྐྱེ་བ་ན་བདུན་པ་ རྣམ་པར་ཞི་བར་བྱེད་པ་དང༌། དེ་ནས་བྱིང་རྒོད་ཀྱིས་བར་མ་ཆོད་པར་སེམས་གནས་རྒྱུན་ ཆགས་སུ་འཇུག་པ་ན་བརྒྱད་པ་རྩེ་གཅིག་ཏུ་བྱེད་པ་དང༌། དེ་ནས་གཉེན་པོ་བསྟེན་མི་དགོས་ པར་ཏིང་ངེ་འཛིན་ལ་ཆུ་བོའི་རྒྱུན་བཞིན་རང་ཤུགས་སུ་གནས་པའི་སྐབས་ན་དགུ་པ་བཏང་ སྙོམས་སུ་འཇོག་པ་དང༌། དེ་འདྲའི་འདོད་པའི་སེམས་གནས་དགུ་པོ་དེ་སྟོབས་དྲུག་དང་ཡིད་ བྱེད་བཞིའི་སྒོ་ནས་ཀྱང་བསྒྲུབ་པར་བྱ་བའི་ཚུལ་ཡང་སེམས་གནས་དང་པོའི་སྐབས་དང་ 4-1-209 པོ་ཐོས་པའི་སྟོབས་དང༌། གཉིས་པའི་སྐབས་གཉིས་པ་བསམ་པའི་སྟོབས་འགྲུབ་ལ། འདི་ གཉིས་ཀྱི་དུས་སུ་བྱིང་རྒོད་ལྷག་པར་སྐྱེ་ཕྱིར་ཡིད་བྱེད་དང་པོ་བསྒྲིམ་སྟེ་འཇུག་པའི་དུས་ ཡིན། སེམས་གནས་གསུམ་པ་སོང་ནས་བཞི་པའི་སྐབས་གསུམ་པ་དྲན་པའི་སྟོབས་དང༌། སེམས་གནས་ལྔ་པ་སོང་ནས་དྲུག་པའི་སྐབས་བཞི་པ་ཤེས་བཞིན་གྱི་སྟོབས་དང༌། སེམས་ གནས་བདུན་པའི་སྐབས་ལྔ་པ་བརྩོན་འགྲུས་ཀྱི་སྟོབས་འགྲུབ་ལ། སེམས་གནས་བདུན་ པ་མན་ཆད་ལ་བྱིང་རྒོད་ཀྱིས་ཏིང་ངེ་འཛིན་གྱི་བར་བཅད་ཐུབ་པས་ན་ཡིད་བྱེད་གཉིས་པ་ སྐབས་སུ་ཆད་ཅིང་འཇུག་པའི་དུས་ཡིན། སེམས་གནས་བརྒྱད་པའི་དུས་སུ་བྱིང་རྒོད་སྐྱེ་ གྲབས་ཙམ་རེ་བྱེད་ཀྱང་ཏིང་ངེ་འཛིན་གྱི་བར་བཅད་མི་ཐུབ་པས་ཡིད་བྱེད་གསུམ་པ་སྐབས་ སུ་ཆད་པ་མེད་པར་འཇུག་པའི་དུས་ཡིན། སེམས་གནས་དགུ་པའི་སྐབས་སུ་དྲུག་པ་ཡོངས་ སུ་འདྲེས་པའི་སྟོབས་དང་ཡིད་བྱེད་བཞི་པ་ལྷུན་གྱིས་གྲུབ་པ་འཇུག་པའི་དུས་ཡིན་ནོ། ། དེ་འདྲའི་འདོད་སེམས་དགུ་འགྲུབ་པའི་མཐར་ཤིན་སྦྱངས་འགྲུབ་པའི་སྔ་ལྟས་སུ་ ཁམས་གོང་མའི་འབྱུང་བ་བཞི་འདུས་པའི་རླུང་ཞིག་སྤྱི་བོར་གྲུབ་པའི་རྐྱེན་གྱིས་སེམས་ དམིགས་པ་ལ་གཏད་བཟོད་པའི་སེམས་ཤིན་སྦྱངས་སྐྱེ་ལ། དེ་ནས་སྤྱི་བོའི་རླུང་དེ་ལུས་ ཐམས་ཅད་ལ་ཁྱབ་པའི་སྟོབས་ཀྱིས་འདོད་པའི་ལུས་ཀྱི་གོ་ས་དེར་ཁམས་གོང་མའི་ལུས་ཅི་ དགར་བཀོལ་དུ་རུང་ཞིང་བལ་ལྟར་ཡང་བའི་ལུས་ཤིན་སྦྱངས་སྐྱེ་བ་ཡིན་ལ། དེ་ནས་ལུས་ ཤེས་དང་ཡིད་ཤེས་གཉིས་ཀྱི་འཁོར་དུ་ཚོར་བ་བདེ་བ་དགའ་ཡལ་ཡལ་བ་སེམས་ཀྱི་གནས་ ཆ་དཀྲུགས་པར་བྱེད་པ་ཞིག་སྐྱེ་བ་དེ་ཤིན་སྦྱངས་ཀྱི་བདེ་བ་ཡིན་ལ། དེ་འདྲའི་བདེ་བས་ གནས་ཆ་དཀྲུགས་མི་ཐུབ་པའི་སྐབས་སུ་ཤིན་སྦྱངས་ཁྱད་པར་ཅན་འགྲུབ་ལ། ཤིན་སྦྱངས་ ཁྱད་པར་ཅན་གྱིས་ཟིན་པའི་རྩེ་གཅིག་ཏུ་གནས་པའི་ཏིང་ངེ་འཛིན་དེ་ཞི་གནས་ཡིན། དེ་དུས་ སུ་ཉེར་བསྡོགས་དང་པོ་ལས་དང་པོ་པའི་ཡིད་བྱེད་འགྲུབ། དེ་ནས་ཞི་རགས་ཀྱི་ཆ་ལ་དཔྱོད་ 4-1-210 པའི་འདོད་སེམས་ཀྱི་ཤེས་རབ་ཅིག་ཡོད་པ་དེ་གཉིས་པ་སོར་རིག་ཡིད་བྱེད་ཡིན། ཡིད་བྱེད་ དེས་དཔྱད་པས་མཐར་གནས་ཆ་འཁྲུགས་པ་མ་ཟད་ཚུར་བརྟན་པ་ན་གསུམ་པ་མོས་པ་ཡིད་ བྱེད་དང༌། ལྷག་མཐོང་འགྲུབ་པའོ། ། དེ་ནས་འདོད་ཉོན་དགུ་མངོན་གྱུར་ཙམ་སྤོང་བ་ལ་འདོད་ཉོན་ཆེན་པོ་ལ་ཆེ་འབྲིང་ཆུང་ གསུམ་དང༌། འབྲི ང་པོ་ཆུང་ངུ་གཉིས་ལ་དེ་འདྲ་རེ་ཕྱེས་པས་དགུ་ཡོད་པ་ལས་འདོད་ཉོན་ དང་པོ་མངོན་གྱུར་ཙམ་སྤོང་བའི་བར་ཆད་མེད་ལམ་ཐོབ་པ་ན་ཉེར་བསྡོགས་བཞི་པ་རབ་ དབེན་ཡིད་བྱེད་ཐོབ་ཅིང༌། འདིས་འདོད་ཉོན་ཆེན་པོ་སྐོ ར་གསུམ་མངོན་གྱུར་ཙམ་བཅོམ་ ལ། དེ་ནས་འདོད་ཉོན་བཞི་པ་མངོན་གྱུར་ཙམ་སྤོང་བའི་བར་ཆད་མེད་ལམ་ཐོབ་པ་ན་ཉེར་ བསྡོགས་ལྔ་པ་དགའ་སྡུད་ཡིད་བྱེད་ཐོབ་ཅིང༌། འདིས་འདོད་ཉོན་འབྲི ང་པོ་སྐོ ར་གསུམ་ མངོན་གྱུར་ཙམ་བཅོམ་པ་ཡིན། དེ་ནས་འདོད་ཉོན་གྱི་ལྷག་མ་ཡོད་མེད་དཔྱོད་པའི་བློ་དེ་ ཉེར་བསྡོགས་དྲུག་པ་དཔྱོད་པ་ཡིད་བྱེད་ཡིན། དེ་རྗེས་སུ་འདོད་ཉོན་བདུན་པ་མངོན་གྱུར་ ཙམ་སྤོང་བའི་བར་ཆད་མེད་ལམ་ཐོབ་པ་ན་ཉེར་བསྡོགས་བདུན་པ་སྦྱོར་མཐའི་ཡིད་བྱེད་ ཐོབ་ལ། འདིས་ཀྱང་འདོད་ཉོན་ཆུང་ངུ་སྐོ ར་གསུམ་མངོན་གྱུར་ཙམ་བཅོམ་ཐུབ་བོ། ། དེ་ནས་འདོད་ཉོན་དགུ་པ་མངོན་གྱུར་ཙམ་སྤོང་བའི་རྣམ་གྲོལ་ལམ་ཐོབ་པ་ན་སྦྱོར་བ་ མཐའི་འབྲས་བུའི་ཡིད་བྱེད་ཐོབ་པ་ཡིན་ཞིང༌། འདི་དུས་སུ་བསམ་གཏན་དང་པོའི་དངོས་ གཞི་འགྲུབ་པ་ཡིན། བསམ་གཏན་དང་པོའི་དངོས་གཞིའི་ཏིང་ངེ་འཛིན་ནི། འདོད་ཉོན་ ལ་ཆགས་པ་བྲལ་རྟོག་དཔྱོད་ལ་ཆགས་པ་དང་བཅས་པའི་སེམས་ཞི་བ་ཞིག་དང༌། བསམ་ གཏན་གཉིས་པའི་དངོས་གཞིའི་ཏིང་ངེ་འཛིན་ནི། རྟོག་དཔྱོད་ལ་ཆགས་པ་བྲལ་དགའ་བདེ་ ལ་ཆགས་པ་དང་བཅས་པའི་སེམས་ཞི་བ་ཞིག་དང༌། བསམ་གཏན་གསུམ་པའི་དེ་ནི་རྟོག་ དཔྱོད་དགའ་བ་གསུམ་ལ་ཆགས་པ་བྲལ་བདེ་བ་ལ་ཆགས་པ་དང་བཅས་པའི་སེམས་ཞི་ 4-1-211 བ་ཞིག་དང༌། བསམ་གཏན་བཞི་པའི་དེ་ནི་རྟོག་དཔྱོད་དགའ་བདེ་བཞི་ལ་ཆགས་པ་བྲལ་ གཟུགས་སྣང་ལ་ཆགས་པ་དང་བཅས་པའི་སེམས་ཞི་བ་ཞིག་དང༌། གཟུགས་མེད་དང་ པོའི་དེ་ནི་གཟུགས་སྣང་ལ་ཆགས་པ་བྲལ་ནམ་མཁའི་སྣང་ཆ་ལ་ཆགས་པ་དང་བཅས་པའི་ སེམས་ཞི་བ་ཞིག་དང༌། གཉིས་པའི་དེ་ནི་ནམ་མཁའི་སྣང་ཆ་ལ་ཆགས་པ་བྲལ་རྣམ་ཤེས་ཀྱི་ སྣང་ཆ་ལ་ཆགས་པ་དང་བཅས་པའི་སེམས་ཞི་བ་ཞིག་དང༌། གསུམ་པའི་དེ་ནི་རྣམ་ཤེས་ཀྱི་ སྣང་ཆ་ལ་ཆགས་པ་དང་བྲལ་ཅི་ཡང་མེད་ཀྱི་སྣང་ཆ་ལ་ཆགས་པ་དང་བཅས་པའི་སེམས་ཞི་ བ་ཞིག་དང༌། བཞི་པའི་དེ་ནི་ཅི་ཡང་མེད་ཀྱི་སྣང་ཆ་ལ་ཆགས་པ་བྲལ་ཅི་ཡང་མེད་མན་ཆད་ ལྟ་བུའི་འདུ་ཤེས་རགས་པ་ཡོད་པ་ཡང་མ་ཡིན་རང་སའི་འདུ་ཤེས་ལྟ་བུའི་འདུ་ཤེས་ཕྲ་བ་ མེད་པའང་མ་ཡིན་པའི་ཆ་ལ་ཆགས་པ་དང་བཅས་པའི་སེམས་ཞི་བ་ཞིག་ཡིན་ནོ། །སྨྲས་པ། ཀུན་རྟོག་ཐ་མལ་གཡེང་བའི་བློ། ། ཉེས་ཚོགས་ཉོན་མོངས་འབྱུང་བའི་གཞི། ། སྐྱོན་ཀུན་རྩ་བར་ངེས་བྱས་ནས། ། འདི་ཕྱོགས་ཉིད་ནས་བག་ཡོད་མཛོད། ། གང་ཞིག་ཆོས་ཀྱི་གནས་ལུགས་ལ། ། དེ་དོན་རྣམ་འབྱེད་བློ་གྲོས་ཀྱིས། ། ཇི་བཞིན་རྟོགས་པའི་གསལ་ཁ་དེ། ། ཆེས་ཆེར་བཀྲ་བའི་ལེགས་ཚོགས་བསྟེན། ། འདི་ཡང་སློ བ་རིགས་ཆོས་བློ་ཅན། ། ཉིད་ནས་དོན་གཉེར་བརྩོན་པས་བླངས། ། ཇི་ལྟར་ཡིད་ངོར་གསལ་བའི་ཚུལ། ། 4-1-212 སླར་ཡང་ཟིན་བྲི ས་ཚུལ་དུ་ཕབ། ། རྣམ་དཀར་འདི་བྱས་ལ་བརྟེན་ནས། ། བདག་ཀྱང་སྐྱེ་ཀུན་རྒྱལ་བསྟན་ལ། ། ནམ་ཡང་བརྩོན་པ་མི་ལྷོ ད་པར། ། རང་གཞན་དོན་ཀུན་བསྒྲུབ་ནུས་ཤོག ། ཅེས་ལས་དང་པོ་པ་ལ་ཉེར་མཁོའི་རིགས་ཞི་ལྷག་བསམ་གཟུགས་སོགས་ཀྱི་རྣམ་བཤད་ཉུང་བསྡུས་བློ་གསལ་ཡིད་ཀྱི་ དགའ་སྟོན་ཞེས་བྱ་བ་འདི་ཡང་སློབ་རིགས་པ་གུ་ཎ་བྷ་དྲ་ཞེས་པའི་ཟིན་བྲིས་ཀྱི་ཚུལ་དུ་སྙོམ་ལས་པ་མ་ཏི་ཀིརྟི་ཞེས་བྱ་བས་ཤར་ མར་སྤེལ་བ་སླར་སློ བ་རིགས་ཉིད་ཀྱིས་ཡི་གེར་ཕབ་པ་ཛ་ཡནྟུ། དགེའོ།། 4-1-213 ༄༅། །ཟབ་མོ་ངེས་གསང་གི་ལྟ་བའི་རྣམ་པར་བཤད་པ་ཉུང་བསྡུས་ ངེས་གསང་པདྨོ་འབྱེད་པའི་ཉི་ཟེར་ཞེས་ བྱ་བ་བཞུགས་སོ།། ༄༅། །ༀ་སྭ་སྟི། མཁའ་ཁྱབ་མཁའ་ཡི་རྡོ་རྗེ་རྣམ་པ་ཀུན་གྱི་མཆོག་དང་ལྡན། །གདོད་ མའི་ཆོས་དབྱིངས་རྣམ་བཅས་སྤྲོས་པ་ཀུན་ལས་ཡོངས་གྲོལ་བ། །དོན་དམ་བྱང་ཆུབ་སེམས་ ཉིད་སྲི ད་པ་ཀུན་གྱི་དྭངས་མའི་ཁམས། །ཁྱབ་བདག་རྟག་པའི་རྡོ་རྗེས་རང་ཞལ་སྣང་བའི་ དགའ་སྟོན་སྩོལ། །འཕགས་མཆོག་བརྩེ་ཆེན་དགོངས་ཀློང་ཟབ་མོ་ལས། །པདྨ་དཀར་ པོའི་སྒྱུ་མའི་རོལ་གར་མཁན། །ངེས་དོན་ཕྱིར་མི་ལྡོ ག་པའི་ཤིང་རྟ་ཆེ། །རྟོན་བཞི་ལྡན་པས་ བྱང་ཆུབ་བར་དུ་སྐྱོངས། །གང་གི་དགོངས་པའི་ལུགས་བཟང་ཟླ་མེད་པ། །ཇི་བཞིན་རྨད་ བྱུང་ལུང་རིགས་ལེགས་བཤད་ཀྱིས། །རྒྱལ་བའི་དགོངས་དོན་མཐར་ཐུག་གསལ་མཛད་ པའི། །བསྟན་པའི་ཉི་མ་ཀུན་དགའ་སྙིང་པོ་མཆོད། །གཞན་ཡང་ངེས་དོན་བསྟན་པ་འཛིན་ པའི་གཉེན། །ཕུལ་བྱུང་ལུང་རིགས་དཔག་ཡས་མངའ་བའི་གཏེར། །སྐྱེས་ཆེན་གསེར་རིའི་ ཕྲེང་བ་རིམ་བྱོན་པ། །དེ་དག་ཀུན་གྱི་ཞབས་པད་གཙུག་གིས་བསྟེན། །ཁྱད་པར་བརྩེ་བའི་ ཐུགས་མཛོད་རབ་རྒྱས་པས། །བཤད་དང་སྒྲུབ་པའི་གདམས་ངག་སྩོལ་མཛད་པ། །རང་ལ་ སངས་རྒྱས་ལས་ལྷག་བཀའ་དྲིན་ཅན། །རྣམ་གཉིས་འདྲེན་པ་མཆོག་གི་ཞབས་ལ་འདུད། 4-1-214 །རྒྱལ་བའི་ལེགས་གསུངས་དོན་དམ་རྣམ་ཕྱེའི་སྒོ། །གང་ལས་བྱུང་བའི་ངེས་གསང་ཟབ་མོའི་ འཕྲུལ། །གསང་ཆེན་ཐབས་ཀྱི་ལམ་དུ་ཤར་བའི་ཚུལ། །གོང་མའི་མན་ངག་བཞིན་ཏུ་མདོ་ ཙམ་འཆད། ། དེ་ལ་འདིར་ཐབས་མཁས་ལ་ཐུགས་སྙིང་རྗེ་ཆེན་པོའི་གཞན་དབང་དུ་གྱུར་པའི་རང་ ཅག་གི་སྟོན་པ་མཉམ་མེད་ཤཱཀྱའི་དབང་པོ་དེ་ཉིད་ཀྱིས། གདུལ་བྱ་མ་ལུས་པའི་ཁམས་ དབང་མོས་པ་དང་མཐུན་པའི་ཆོས་སྒོ་འབྱམས་ཀླས་པ། ཉེ་བར་བསྩལ་པའི་མཛད་པ་ནམ་ མཁའ་དང་མཉམ་པ་ལས་རེ་ཞིག་མི་མཇེད་འཇིག་རྟེན་གྱི་ཁམས་འདིར་ཐེག་པ་ཐུན་མོང་ དང༌། ཐུན་མོང་མ་ཡིན་པའི་ཆོས་ཚུལ་ཡང་རྒྱ་གར་འཕགས་པའི་ཡུལ་དུ་རིགས་ཅན་གསུམ་ པོ་རྗེས་སུ་བཟུང་བའི་ཆེད་དུ་བཀའ་འཁོར་ལོ་རིམ་པ་གསུམ་བསྐོ ར་ཞིང༌། ཡང་སྒོས་འོག་ མིན་གྱི་གནས་སོགས་སུ་སྔགས་རིགས་ཀྱི་གདུལ་བྱ་རྗེས་བཟུང་ཆེད་དུ་སྟོན་པ་གང་ཉིད་ ཀྱིས་རྣམ་པར་སྣང་མཛད་སོགས་ཀྱི་སྐུར་བཞེངས་ནས་རྣལ་འབྱོར་རྒྱུད་སོགས་རྒྱུད་སྡེ་མང་ པོ་དང༌། རྡོ་རྗེ་འཆང་དང་རྡོ་རྗེ་སེམས་དཔའ་སོགས་ཀྱི་རྣམ་པར་བཞེངས་ནས་རྫོགས་ཆེན་ ཨ་ཏི་ཡོ་གའི་རྒྱུད་སོགས་གསུངས་ཤིང༌། འབྲས་སྤུངས་ཀྱི་མཆོད་རྟེན་དུ་ཆོས་དབྱིངས་ གསུང་གི་དབང་ཕྱུག་གི་རྣམ་པར་སྤྲུལ་ཏེ་དུས་ཀྱི་འཁོར་ལོ་སོགས་རྒྱུད་སྡེ་དུ་མའི་ཆོས་ཀྱི་ སྒོ་ཐང་མར་བརྡལ་བ་རྣམས་ལས། ད་ལྟར་རང་ཅག་གི་མེ་ཏོག་ལྷ་ལས་བབས་པའི་ཆོས་ཀྱི་ སྐལ་བ་ངེས་དོན་འཁོར་ལོ་ཐ་མའི་དགོངས་དོན་དང་འབྲེལ་བའི་ཟབ་མོ་ངེས་གསང་གི་ལྟ་ བའི་གནད་ཟབ་གསང་མཆོག་གི་ཐེག་པའི་རྣལ་འབྱོར་གྱིས་ཉེ་བར་བརྒྱན་པའི་ཚུལ་ལས་ བརྩམས་ཏེ་འདིའི་ཡིན་ལུགས་རྗེ་རྒྱལ་བ་གཉིས་པ་ཇོ་ནང་པ་ཆེན་པོའི་དགོངས་པ་བཞིན་ རྗེ་བཙུན་ཐམས་ཅད་མཁྱེན་པས་ལེགས་པར་བཤད་པའི་གསུང་རབ་ལས་བྱུང་བ་ལྟར་ཡིད་ ཆེས་པའི་སྒོ་མདོ་ཙམ་འཆད་པ་ལ། ཐོག་མར་བརྗོད་པར་བྱ་བ་རང་ལུགས་ཀྱི་གཞིའི་གནས་ 4-1-215 ཚུལ། བར་དུ་བརྗོད་བྱ་ལམ་གྱི་ཆོས་ཚུལ་དང༌། ཐ་མར་བརྗོད་བྱ་དེ་ལས་འབྲས་བུ་མངོན་དུ་ བྱ་ཚུལ་དང་གསུམ་ལས། དང་པོ་ལ། གཞིའི་ཆོས་ཉིད་སྟོན་བྱེད་ཀྱི་ལུང་དང༌། ཆོས་ཉིད་རང་གི་ངོ་བོ་ངོས་བཟུང་ བ། དེ་ལ་རིགས་པས་འཐད་ཚུལ་གསུམ་ལས། དང་པོ་ནི། སེམས་ཅན་མཐའ་དག་གི་གཟུགས་སོགས་ཡུལ་ལ་མངོན་པར་ཞེན་པའི་ རྣམ་པར་རྟོག་པ་གློ་བུར་བ་འདི་རྣམས་ཀྱི་རང་གཤིས་སུ་ཆོས་ཅན་ལ་ཆོས་ཉིད་ཀྱི་ཚུལ་དུ་ གདོད་ནས་དག་པ་ཆེན་པོ་ཡེ་ཤེས་ཀྱི་མཛོད་ཅིག་ལེགས་པར་བཞུགས་པའི་ཚུལ་རབ་ཏུ་ གསལ་བར་གསུངས་པ་ཡིན་ཏེ། དེ་བཞིན་གཤེགས་པའི་སྙིང་པོའི་མདོ་སྡེ་ལས། རིགས་ ཀྱིས་བུ་དག གཞན་ཡང་འདི་ལྟ་སྟེ། དཔེར་ན་དབུལ་པོ་ཞིག་གི་ཁྱིམ་གྱི་ནང་གི་ས་ལ་ གཏེར་ཆེན་པོ། ཞེས་པ་ནས། རིགས་ཀྱི་བུ་དག་དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་མངོན་ པར་ཞེན་པའི་ཡིད་ལ་བྱེད་པ་ཁྱིམ་ལྟ་བུར་གྱུར་པའི་འོག་ན་དེ་བཞིན་གཤེགས་པའི་སྙིང་པོ་ སྟོབས་དང་མི་འཇིགས་པ་དང་མ་འདྲེས་པ་དང་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་མཛོད་ཀྱི་ གཏེར་ཆེན་པོ་ཡོད་ཀྱང་སེམས་ཅན་དེ་དག་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་ལ་ ཆགས་པས་སྡུག་བསྔལ་བའི་འཁོར་བ་ན་འཁོར་ཏེ། ཞེས་སོགས་ཀྱི་སྒོ་ནས་དེས་དོན་རྒྱས་ པར་སྦྱར་ཏེ་གསུངས་པའི་ཕྱིར་དང༌། ཆོས་ཉིད་ཀྱི་རང་བཞིན་སྤྲོས་པའི་རྣམ་པ་ཀུན་དང་ བྲལ་བའི་ལུས་ཅན་འགྲོ་བ་དེ་དག་གི་ཡིད་ཀྱི་ཁམས་སུ་ཇི་བཞིན་དུ་གནས་པའི་ཚུལ། དུས་ ཀྱི་འཁོར་ལོའི་བསྡུས་པའི་རྒྱུད་ལས་ཀྱང་གསུངས་པ་ཡིན་ཏེ། རྒྱུད་དེ་ཉིད་ལས། བུམ་པའི་ ནང་དུ་ཆུ་ནི་ལོན་པར་བྱེད་པ་ན་ཡང་ནམ་མཁའ་འགྲོ་བ་མིན་པ་ཇི་ལྟ་བར། །མཁའ་ཁྱབ་ མཁའ་ཡི་རྡོ་རྗེ་ཅན་ནི་ཡུལ་དང་རྣམ་པར་བྲལ་བ་ལུས་ཀྱི་དབུས་སུ་དེ་བཞིན་ཉིད། །ཅེས་པ་ སོགས་རྒྱུད་འདིར་གཞིའི་ཆོས་ཉིད་ཀྱི་ཚུལ་ཡང་ཡང་གསུངས་པའི་ཕྱིར། དེ་སོགས་མདོ་རྒྱུད་ 4-1-216 ཀྱི་ལུང་མཐའ་ཡས་པ་ཡོད་ཀྱང་འདིར་མཚོན་བྱེད་ཙམ་གྱི་ཤེས་བྱེད་དེ། ལུང་སྔ་མའི་དོན་ ལ། དེ་དོན་ཇི་ལྟ་བ་བཞིན། རྒྱལ་ཚབ་བྱམས་པས་རྩ་འགྲེལ་ཤན་སྦྱར་གྱི་ཚུལ་དུ་རྒྱུད་བླ་མ་ ལས། ཇི་ལྟར་མི་དབུལ་ཁྱིམ་ནང་ས་འོག་ན། །མི་ཟད་པ་ཡི་གཏེར་ནི་ཡོད་གྱུར་ལ། །ཞེས་ པ་ནས། དེ་བཞིན་ཡིད་ཀྱི་ནང་ཆུད་རིན་ཆེན་གཏེར། །དྲི་མེད་བཞག་དང་བསལ་མེད་ཆོས་ ཉིད་ཀྱང༌། །མ་རྟོགས་པས་ནི་དབུལ་བའི་སྡུག་བསྔལ་ནི། །རྣམ་མང་རྒྱུན་གྱི་སྐྱེ་དགུ་འདིས་ མྱོང་ངོ༌། །ཞེས་སོགས་རྒྱས་པར་གསུངས་སོ། །གཞན་ཡང་འཕགས་པ་ཐོགས་མེད་ཀྱིས་ ཆོས་ཉིད་རྣམ་འབྱེད་དང༌། རྒྱུད་བླ་མའི་འགྲེལ་བ་སོགས་དང༌། འཕགས་པ་ཀླུ་སྒྲུབ་ཀྱིས་ ཆོས་དབྱིངས་བསྟོད་པ་སོགས་སུ་ཚུལ་དེ་དང་མཐུན་པར་གཏན་ལ་ཕབ་ཅིང་ལེགས་པར་ གསུངས་པ་སོགས་འཕགས་བོད་ཀྱི་མཁས་གྲུབ་གཉིས་ལྡན་གྱི་ཚད་མའི་སྐྱེས་ཆེན་ཕལ་མོ་ ཆེའི་ཞལ་གསུང་མཐུན་པའི་གནས་ཡིན་ཕྱིར་ཡིད་ཆེས་པར་བྱའོ། ། གཉིས་པ་ཆོས་ཉིད་རང་གི་ངོ་བོ་ངོས་བཟུང་བ་ནི། སྐྱེ་དགུ་མཐའ་དག་གི་ཀུན་རྟོག་གློ་ བུར་དྲི་མའི་རང་གཤིས་ནང་རིག་འགྱུར་མེད་ཀྱི་དྭངས་པ་ཆེན་པོ་སེམས་རང་བཞིན་གྱིས་ འོད་གསལ་བ་དེ་ཉིད་ལ། དང་པོའི་སངས་རྒྱས་དང༌། དོན་དམ་པའི་རྫོགས་པའི་སངས་རྒྱས་ དངོས་དང༌། བདེ་གཤེགས་སྙིང་པོ། །ཞེས་པའི་མཚན་མདོ་རྒྱུད་རྣམས་སུ་གསོལ་བ་འདི་ ཀ་རང་ཡིན་ལ། དེ་ལ་གློ་བུར་བའི་དྲི་མ་རྣམས་ནི་གསེར་གྱི་གཡའ་དང་ཆུའི་རྙོག་ལྟར་རྟེན་ དང་བརྟེན་པའི་ཚུལ་དུ་འབྱུང་སྟེ་གནས་པ་མ་གཏོགས་ཆོས་དབྱིངས་དོན་དམ་པའི་ཁམས་ རང་གི་ངོ་བོ་ལ། གདོད་ནས་ཉེས་སྐྱོན་གང་གིས་གོས་མ་མྱོང་ཞིང་དོན་དམ་པའི་ཡོན་ཏན་ ཐམས་ཅད་རང་ཆས་སུ་རྫོགས་པའི་རང་བྱུང་ནམ་མཁའ་ལྟ་བུ་ཞིག་གོ །འོ་ན་དེ་ལྟ་བུའི་ ཆོས་དབྱིངས་ཀྱི་གཞི་ཇི་བཞིན་པ་དེ་དུས་ནམ་གྱི་ཚེ་མངོན་དུ་གྱུར་པ་ཡིན་ཞེ་ན། དེ་ནི་རྗེས་ མཐུན་པའི་འཆར་སྒོ་ཙམ་རེ་སོ་སྐྱེས་གནས་སྐབས་ནས་ཀྱང་འབྱུང་ལ། དངོས་སུ་ཇི་བཞིན་ 4-1-217 པ་ནི། སྤྱིར་ཕར་ཕྱིན་ཐེག་པར་ས་བདུན་པ་མན་ཆད་ལ་གནས་པའི་རྒྱལ་སྲས་དག་གིས་ གང་སྣང་སེམས་སུ་ཐག་ཆོད་ཀྱང་སེམས་ཀྱི་ངོ་བོ་ལ་འཛིན་ཞེན་ཕྲ་མོ་ཅུང་ཙམ་ཡོད་པ་ཡིན་ ཞིང༌། ས་བརྒྱད་པའི་དུས་དེ་འདྲའི་འཛིན་པ་རྣམས་དབྱིངས་སུ་དག་ཀྱང་སྣང་མེད་དབུ་མ་ལ་ ཞེན་པའི་ཆ་ཤས་ཅུང་ཟད་ཙམ་ད་དུང་ཡང་ཡོད་ལ། ས་དགུ་པ་དང་བཅུ་པ་ལ་ཞེན་པའི་ཆ་དེ་ ཡང་དག་ནས་ཆོས་ཉིད་གཞན་སྟོང་བདེ་གཤེགས་སྙིང་པོའི་མཚན་ཉིད་དང་རྣམ་པ་དང་དོན་ ཐམས་ཅད་པ་རིམ་གྱིས་མངོན་སུམ་དུ་གྱུར་པ་སྟེ། ལང་ཀར་གཤེགས་པའི་མདོ་ལས། ས་ བདུན་པོ་ནི་སེམས་ཡིན་ཏེ། །སྣང་བ་མེད་པ་བརྒྱད་པའོ། །ས་གཞན་དང་ནི་སངས་རྒྱས་ས། །དེ་དག་ང་ཡི་རང་བཞིན་ནོ། །ཞེས་གསུངས་པའི་ཕྱིར། གཞན་ཡང་གསང་ཆེན་ལམ་གྱི་མན་ ངག་ལ་སྤྱོད་པའི་རྣལ་འབྱོར་པ་རྣམས་ཀྱིས། ཐོག་མར་གསལ་རིག་བཅོས་མེད་རང་གསལ་ དུ་སྒོམ་པའི་སྐབས་ནའང་ཀུན་གཞི་གསལ་ཆའི་ཕྱོགས་ནས་རལ་གྲི་དང་ཤུབས་ལྟ་བུའི་ཚུལ་ གྱིས་དབྱིབས་ཙམ་མངོན་ལ། དེ་ནས་རིམ་པས་ཆོས་ཉིད་ལ་གསལ་སྣང་ཐོབ་ཅིང་དེའི་རང་ མདངས་པྲ་ཕབ་པའི་རྣམ་པས་སྟོང་པའི་གཟུགས་བརྙན་ཡ་མཚན་པ་རྣམས་ཀྱང་ཆ་ཤས་ ནས་རིམ་གྱིས་མངོན་དུ་གྱུར་པའང་ཡོད། མངལ་སྐྱེས་ཁམས་དྲུག་ལྡན་གྱི་འགྲོ་བ་རང་ག་བ་ རྣམས་ཤི་བའི་དུས་སུ་སྣང་མཆེད་ཐོབ་པའི་ཤེས་པ་རྣམས་རིམ་གྱིས་ཤར་མཐར་འཆི་བ་འོད་ གསལ་བ་མངོན་པའི་དུས་ན་ཇི་བཞིན་ངོ་མ་ཟིན་པའི་དབང་གིས་གཞིའི་ཆོས་ཉིད་ཀྱི་ཡིན་ ལུགས་ཇི་བཞིན་ཤར་མི་ནུས་ཀྱང་རྣམ་པ་འདྲ་རུང་ཙམ་ནི་འཆར་བ་ཡིན་ནོ། ། གསུམ་པ་དེ་ལ་རིགས་པས་འཐད་ཚུལ་ནི། སྤྱིར་འགྲོ་བ་རྣམས་ཀྱི་སེམས་འདི་ཆོས་ ཅན། ཁྱོད་ཀྱི་དྲི་མ་མཐའ་དག་འབྲལ་རུང་ཡིན་ཏེ། དྲི་མ་གང་ཡང་སེམས་གྱི་རང་གཤིས་ ལ་མ་ཞུགས་པའི་ཕྱིར། དེར་ཐལ། དྲི་མ་སེམས་ཀྱི་གཤིས་ལ་ཞུགས་ན་སྒྲིབ་པ་གང་ཡང་ སྤང་དུ་མེད་པས་ཐར་པ་ནམ་ཡང་མི་ཐོབ་པ་གང་ཞིག དེ་ལྟར་ཞུགས་པར་ཁས་ལེན་པའི་ 4-1-218 རང་སྡེ་ནང་པ་སངས་རྒྱས་པ་སུ་ཡང་མེད་པའི་ཕྱིར། དེས་ན་དྲི་མ་འབྲལ་རུང་གི་གཞིར་གྲུབ་ པའི་དྲི་མ་མ་ཞུགས་པའི་སེམས་གཤིས་དེ་ཆོས་ཅན། དྲི་བྲལ་དྭངས་པའི་ཡེ་ཤེས་ཆེན་པོ་ ཡིན་ཏེ། ཁྱེད་ཀྱི་རང་བཞིན་ལ་སྒྲིབ་གཉིས་ཕྲ་མོ་གང་གིས་ཀྱང་ནམ་ཡང་གོས་མ་མྱོང་བའི་ སེམས་ཡིན་པའི་ཕྱིར་ཏེ། ཁྱོད་དྲི་མ་གང་ཡང་མ་ཞུགས་པའི་སེམས་འོད་གསལ་བ་རང་ཡིན་ གྱི་གཤིས་ཡིན་པའི་ཕྱིར། ཡང་དེ་ཆོས་ཅན། སེམས་རང་བཞིན་གྱིས་འོད་གསལ་བ་ཡིན་ཏེ། ཁྱོད་གདོད་མ་ནས་རང་བཞིན་དག་པའི་བདག་ཉིད་ཅན་གྱི་སེམས་གཤིས་རབ་ཏུ་གསལ་བ་ ཡིན་པའི་ཕྱིར། ཡང་དེ་ཆོས་ཅན། ནང་རིག་འགྱུར་མེད་ཀྱི་ཡེ་ཤེས་ཡིན་ཏེ། ཆུུ་ལ་རྙོག་ལྟར་ གློ་བུར་གྱི་དྲི་མ་ཁྱོད་ལ་བརྟེན་ཀྱང་ཐོག་མ་ནས་རང་གཤིས་དག་པའི་རང་བཞིན་གྱི་རིག་པ་ ཡིན་པའི་ཕྱིར། ཡང་དེ་ཆོས་ཅན། རང་བཞིན་དག་པའི་གནས་ལུགས་ཀྱི་ཆོས་དབྱིངས་ཡིན་ ཏེ། ཁྱེད་སྒྲིབ་ཀུན་བྲལ་བའི་སེམས་གཤིས་སུ་གྱུར་པའི་ཡེ་ཤེས་ཡིན་པ་གང་ཞིག་དེ་འདྲའི་ ཡེ་ཤེས་དེ་རྒྱུ་རྐྱེན་གྱིས་གསར་དུ་བསྐྱེད་ནས་བཅོས་བསྒྱུར་གྱི་ངོ་བོ་མ་ཡིན་པར་ཡེ་ནས་གྲུབ་ པའི་དོན་དམ་པའི་གནས་ལུགས་ཀྱི་རང་མདངས་ཡིན་པའི་ཕྱིར། ཡང་དེ་ཆོས་ཅན། ཀུན་ རྫོབ་དྲི་བཅས་རྣམས་ཀྱི་ཆོས་ཉིད་ཀྱི་ངོ་བོར་ཡང་ཡོད་པ་ཡིན་ཏེ། ཀུན་རྫོབ་དྲི་བཅས་དག་ གི་རྟེན་གྱི་ཚུལ་དུ་དོན་དམ་པའི་ཁམས་གསུམ་གནས་པའི་ཕྱིར་རོ། །འོ་ན་ཆོས་ཉིད་དེས་ དྲི་བཅས་ཀྱི་རྟེན་བྱེད་ན་དེ་ཀུན་རྫོབ་རྣམས་བསྐྱེད་པའི་རྒྱུའི་ངོ་བོར་ཐལ་ལོ་སྙམ་ན། ཆོས་ ཉིད་དེས་ཆོས་ཅན་རྣམས་བསྐྱེད་པའི་རྟེན་བྱེད་པ་ཙམ་གྱིས་དེ་དག་དེས་བསྐྱེད་མི་དགོས་ པ་ནི། དཔེར་ན་ནམ་མཁའ་དེ་འཇིག་རྟེན་གྱི་སྣོ ད་བཅུད་མཐའ་དག་གི་གཞི་རུ་རྟེན་གྱི་ཚུལ་ དུ་ཡོད་ཀྱང་དེས་དེ་དག་བསྐྱེད་པའི་ཐ་སྙད་མེད་པ་བཞིན་ནོ། །གཞན་ཡང་སྤྱིར་འབྲས་བུ་ དུས་ཀྱི་ཀུན་མཁྱེན་ཡེ་ཤེས་ལ་སྒྲིབ་གཉིས་ཀྱི་དྲི་མ་ཀུན་ནས་དག་པའི་གནད་ཀྱིས་ཀུན་ རྫོབ་གཞན་སྣང་གི་ངོར་རྣམ་པ་ཐམས་ཅད་པར་རུང་བ་ལྟར་གཞིའི་དུས་ཀྱི་ཆོས་དབྱིངས་དྲི་ 4-1-219 བྲལ་དྭངས་པའི་ཡེ་ཤེས་ལའང་དྲི་མ་གང་གིས་མ་གོས་པའི་གནད་ཀྱིས་དོན་དམ་པའི་རྣམ་ པ་ཐམས་ཅད་པ་ཡིན་ཤིན་ཏུ་རུང་བའི་ཕྱིར་ན་དེ་ལ་མདོ་རྒྱུད་རྣམས་སུ་དང་པོའི་སངས་རྒྱས་ སོགས་ཀྱི་མཚན་གསོལ་བ་ཡིན་ནོ། །འོན་ཀྱང་གཤེགས་སྙིང་གི་མདོ་སོགས་བཀའ་ཕྱི་མ་ རྣམས་སུ་འགྲོ་བ་དག་གི་ཡིད་ཀྱི་ནང་དུ་བདེ་གཤེགས་སྙིང་པོ་ཡོད་པར་གསུངས་པ་རྣམས་ སྒྲ་ཇི་བཞིན་པར་གོ་མི་རུང་བའི་དྲང་དོན་དགོངས་པ་ཅན་ཡིན་ནམ་སྙམ་ན་མ་ཡིན་ཏེ། དེ་སྒྲ་ ཇི་བཞིན་པ་མ་ཡིན་ན་དེ་ལྟར་དུ་མི་ཕམ་པས་རྒྱུད་བླར་གསུངས་རིགས་ཀྱང༌། དེར་མི་ཕམ་ པས་མདོའི་སྒྲས་ཟིན་ཇི་བཞིན་པ་ལྟར་དཔེ་དོན་སྦྱར་ནས་རྒྱས་པར་གསུངས་པ་ལས་མདོའི་ དགོངས་པ་གཞན་དུ་མ་བླངས་པ་ནི་གོང་དུ་དྲངས་པའི་ལུགས་དག་གིས་ཀྱང་གོ་ནུས་པ་ལྟར་ ཡིན་པའི་ཕྱིར་རོ། ། གཉིས་པ་བར་དུ་བརྗོད་བྱ་ལམ་གྱི་ཆོས་ཚུལ་ལ། ལམ་སྤྱིའི་རྣམ་བཞག་དང༌། ཁྱད་པར་ གསང་ཆེན་ཐེག་པའི་ལམ་གྱི་ཆོས་ཚུལ་གཉིས་ལས། དང་པོ་ལ། ལྟ་སྒོམ་སྤྱོད་པ་གསུམ་ལས། དང་པོ་ལ། མཉམ་རྗེས་གཉིས་ལས། དང་པོ་ ལ། མཉམ་བཞག་དངོས་བཤད་པ་དང༌། འཕྲོས་དོན་གཞན་གཉིས་ལས། དང་པོ་ལ། ཐུན་ མོང་དང་ཐུན་མོང་མ་ཡིན་པ་གཉིས་ལས། དང་པོ་ནི། ས་བཅུ་པའི་མདོ་ལས། ཀྱེ་རྒྱལ་བའི་སྲས་དག་ཁམས་གསུམ་པོ་འདི་ནི་ སེམས་ཙམ་མོ། །ཞེས་དང༌། རྡོ་རྗེ་གུར་ལས། རིན་ཆེན་སེམས་ལས་ཕྱིར་གྱུར་པའི། །སངས་ རྒྱས་མེད་ཅིང་གང་ཟག་མེད། །རྣམ་པར་ཤེས་པའི་གནས་དང་དོན། །ཕྱི་རོལ་གྱུར་པ་ཅུང་ ཟད་མེད། །ཅེས་དང༌། གྲུབ་པའི་དབང་ཕྱུག་ས་ར་ཧས་ཀྱང༌། སེམས་ཉིད་གཅིག་པུ་ཀུན་ གྱི་ས་བོན་ཏེ། །གང་ལས་སྲི ད་དང་མྱ་ངན་འདས་འཕྲོ་བ། །ཞེས་དང༌། འཕགས་པ་ཀླུ་སྒྲུབ་ ཀྱིས་ཀྱང༌། སེམས་ནི་འགྲོ་བ་ལྔ་པོ་ཡིན། །བདེ་དང་སྡུག་བསྔལ་མཚན་ཉིད་དག །སེམས་ 4-1-220 ལས་མ་གཏོགས་ཅུང་ཟད་མེད། །ཅེས་དང༌། གཞན་ཡང་འཕགས་པ་ཐོགས་མེད་ཀྱིས། ཚུལ་ དེ་མཐུན་གྱི་ཕྱི་དོན་བདེན་པའི་དངོས་པོ་འགོག་བྱེད་ཀྱི་རིགས་པ་གསུངས་པ་སོགས་མདོ་ རྒྱུད་བསྟན་བཅོས་ཀྱི་ལུང་རྣམ་དག་ལ་བརྟེན་ནས་ཀུན་རྫོབ་གཟུང་འཛིན་གྱིས་བསྡུས་པའི་ ཆོས་མཐའ་དག་གི་ནང་གི་གཟུང་བ་ཕྱི་དོན་གྱི་ངོ་བོ་དེ་ཀུན་ནང་ཤེས་པའི་སྣང་ཆ་ཉིད་བག་ ཆགས་ཀྱི་དབང་གིས་ཡུལ་སྣ་ཚོགས་སུ་ཤར་བའི་སྣང་བ་འབའ་ཞིག་མ་གཏོགས་ཕྱི་རོལ་ དོན་གྱི་དངོས་པོ་བདེན་པ་གང་ཡང་མེད་པའི་ཚུལ་རིགས་པས་དཔྱད་པར་བྱ་སྟེ། དེ་ཡང་ འཕགས་པ་ཐོགས་མེད་ཀྱིས། དམྱལ་བ་ཡི་དྭགས་དུད་འགྲོ་མི། །ལྷ་རྣམས་ཇི་ལྟར་རིགས་ རིགས་སུ། །དངོས་གཅིག་ཡིད་ནི་ཐ་དད་ཕྱིར། །དོན་མ་གྲུབ་པར་འདོད་པ་ཡིན། །ཞེས་ གསུངས་པ་ལྟར་དངོས་པོ་གཅིག་ལ་རིགས་དྲུག་གི་སེམས་ཅན་སོ་སོའི་སྣང་བ་འདྲ་མིན་ཐ་ དད་པ་འཆར་བའི་རིགས་པ་དང༌། སྐྱེས་བུ་གཅིག་ལ་དགྲ་གཉེན་བར་མའི་འགྲོ་བ་གསུམ་ གྱིས་བལྟས་ན་ཡིད་འོང་མི་འོང་བར་མ་སོ་སོར་སྣང་བའི་རིགས་པ་དང༌། གཞན་ཡང་འཇིག་ རྟེན་གྱི་ལྷ་འདྲེ་སོ་སོ་ལ་གནས་ཁང་ལ་སོགས་པར་འཆར་བའི་གཞི་དེ་ལ་མི་རྣམས་ཀྱི་བལྟས་ ན་བྲག་དེའུ་འམ། ཆུ་མིག་གམ། ལྷ་རྟེན་ཕྲན་བུ་ལས་མི་མཐོང་བ་ལྟ་བུའི་རིགས་པའི་སྒོ་ནས་ ཕྱི་དོན་བདེན་པའི་ངོ་བོ་ཞིག་དོན་སྟེང་ན་གྲུབ་པ་མེད་པར་གཏན་ལ་ཕབ་ཏེ་ཕྱི་དོན་བདེན་ པས་སྟོང་པ་ལ་ངེས་པ་རང་ཆས་སུ་འདྲོངས་པའི་གཡོ་མེད་གསལ་སང་ངེར་གནས་པའི་རིག་ པ་དང༌། གཞན་ཡང་དཀོན་མཆོག་བརྩེགས་པ་ལས། འོད་སྲུང་གིས་ཞུས་པའི་མདོ་ལས། འདི་ལྟར་སེམས་ཡོངས་སུ་འཚོལ་ཏེ། ཞེས་པ་ནས། དེ་ལ་སེམས་འདས་པ་གང་ཡིན་པ་དེ་ ནི་ཟད་པའོ། །མ་འོངས་པ་གང་ཡིན་པ་དེ་ནི་མ་ཕྱིན་པའོ། །ད་ལྟ་བ་གང་ཡིན་པ་དེ་ནི་གནས་ པ་མེད་དོ་སྙམ་མོ། །འོད་སྲུང་སེམས་ནི་ནང་ན་ཡང་མེད། ཕྱི་རོལ་ན་ཡང་མེད། གཉིས་ཀ་མ་ ཡིན་པ་ཡང་མ་དམིགས་སོ། །ཞེས་གསུངས་པ་ལྟར། ནང་སེམས་ཀྱི་ངོ་བོ་འདིའི་ཡིན་ལུགས་ 4-1-221 ལ་དཔྱད་ན། སྔར་སོང་འདས་པའི་སེམས་ཀྱི་ངོ་བོ་འགགས་ནས་མེད་ལ། རྗེས་ནས་མ་ འོངས་པའི་སེམས་ད་ལྟ་རང་དུས་ན་དམིགས་སུ་མེད་ཅིང༌། ཤེས་པ་ད་ལྟ་བའི་ངོ་བོ་འདི་ཀ་ ལ་བལྟས་ན་ཕྱོགས་གཅིག་གང་དུ་གནས་པའི་ཡུལ་མི་དམིགས་པ་དང༌། གཞན་ཡང་སེམས་ འདི་ཕྱི་ནང་བར་གསུམ་གང་དུ་འདི་ལྟར་ཡོད་ཅེས་གཏད་སོའི་ཡུལ་སྒོ་མཐའ་དག་དང་བྲལ་ བའི་ངང་ནས་ཅི་ཡང་བཟུང་དུ་མ་རྙེད་པའི་དབྱིངས་ལ་མཉམ་པར་བཞག་པའི་ལྟ་བ་རྣམས་ སོ། ། གཉིས་པ་ཐུན་མོང་མ་ཡིན་པའི་རང་ལུགས་ཀྱི་མན་ངག་ཟབ་མོའི་ལྟ་བ་བཤད་པ་ལ། རྣམ་པར་མི་རྟོག་པའི་ལྟ་བ་དངོས་བཤད་པ་དང༌། རྟོག་ཞེན་བཅོས་མའི་ལྟ་བ་དོར་དགོས་ ཚུལ་བསྟན་པ་དང་གཉིས་ལས། དང་པོ་ལ། དེ་སྟོན་བྱེད་ཀྱི་ལུང་དང༌། མཉམ་བཞག་མི་རྟོག་པའི་ལྟ་བ་ངོས་བཟུང་བ། དེ་ལ་རིགས་པས་འཐད་ཚུལ་དང་གསུམ་ལས། དང་པོ་ནི། ངེས་དོན་དབུ་མ་ཆེན་པོ་མདོ་དོན་མཐར་ཐུག་ཏུ་བསྟན་ཞིང་སྤྲོས་བྲལ་མི་ རྟོག་པ་ཉིད་རྒྱུ་དང་འབྲས་བུའི་ཐེག་པའི་སྡེ་སྣོད་སོ་སོར་ཡང་དག་ལྟ་བ་མཆོག་ཏུ་རིམ་པར་ བསྔགས་ཏེ་ཚུལ་བརྗོད་པ་ཡང༌། སྤྱིར་ཐེག་ཆེན་དངོས་སྨྲས་སྡེ་པ་སེམས་ཙམ་པའི་ལྟ་བ་ལས་ ཆོས་ཐམས་ཅད་བདེན་མེད་དུ་གཏན་ལ་ཕབ་པའི་མེད་དགག་དངོས་མེད་ཀྱི་དབྱིངས་རྟོགས་ པའི་སྣང་མེད་དབུ་མའི་ལྟ་བ་ཁྱད་པར་དུ་འཕགས་ཤིང༌། དེ་ལས་ཀྱང་ཆེས་མཆོག་ཏུ་གྱུར་པ་ སངས་རྒྱས་ཀྱི་སྙིང་པོའམ་བདེ་བར་གཤེགས་པའི་སྙིང་པོ་སྟོབས་སོགས་རྒྱལ་བའི་ཡོན་ཏན་ ཐམས་ཅད་རང་ཆས་སུ་གནས་པའི་རྣམ་པ་ཀུན་ལྡན་གྱི་ཆོས་དབྱིངས་མཐར་ཐུག་པ་མངོན་ དུ་བྱེད་པའི་སོ་སོར་རང་རིག་པའི་ཡེ་ཤེས་སུ་གྱུར་པའི་ངེས་དོན་འཁོར་ལོ་ཐ་མའི་ཟབ་མོ་ དབུ་མའི་ལྟ་བ་འདི་ཉིད་མ་རྟོགས་པར་ཐེག་པ་ཆེན་པོའི་ཆོས་དབྱིངས་མཐར་ཐུག་གི་གནས་ 4-1-222 ལུགས་ལ་ནམ་ཡང་མི་རེག་ཅིང་ལྟ་བ་འདི་ཀ་རྟོགས་པ་སངས་རྒྱས་ཀྱི་སའི་ཆོས་དབྱིངས་ ཆེན་པོ་དེ་ཉིད་རྟོགས་ཚུལ་མཐོ་དམན་གྱི་རིམ་པས་ཆ་ཤས་ནས་རྒྱ་ཇེ་ཡངས་སུ་མངོན་དུུ་ གྱུར་པ་ཡིན་ཏེ། ལངྐར་གཤེགས་པའི་མདོ་ལས། སེམས་ཙམ་ལ་ནི་བརྟེན་ནས་སུ། །ཕྱི་རོལ་ དོན་ལ་མི་བརྟག་གོ །སྣང་བ་མེད་པ་ལ་བརྟེན་ནས། །སེམས་ཙམ་ལས་ནི་འདའ་བར་བྱ། །ཡང་དག་དམིགས་པ་ལ་གནས་ནས། །སྣང་བ་མེད་ལས་འདའ་བར་བྱ། །རྣལ་འབྱོར་སྣང་ བ་མེད་གནས་ན། །ཐེག་པ་ཆེན་པོ་མི་མཐོང་ངོ༌། །ཞེས་དང༌། སེམས་ཙམ་དང་ནི་སྣང་མེད་ དང༌། །ས་གཞན་དག་གོ་སངས་རྒྱས་པ། །དེ་དག་སངས་རྒྱས་རྣམས་ཀྱིས་བཤད། །བཤད་ ཅིང་འཆད་པར་འགྱུར་བའོ། །ཞེས་སོགས་གསུངས་པའི་ཤུགས་ཀྱིས་ལྟ་བ་རྣམས་ཁྱད་པར་ འཕགས་ཚུལ་བསྟན་པ་ཡིན་པའི་ཕྱིར། རྟོག་དཔྱོད་ཀྱི་བཅོས་མའི་སྒོམ་གྱིས་གནས་ལུགས་ སྤྲོས་མེད་རྟོགས་མི་ནུས་པར་མ་བཅོས་རྟོག་མེད་འདི་ཀ་རྟོགས་བྱེད་མཐར་ཐུག་ཏུ་གྱུར་པའི་ ངོ་བོ་དེ་ཉིད་ཤེར་ཕྱིན་མཆོག་ཏུ་འགྱུར་ཚུལ་ཡང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྡུད་པ་ ལས་གསུངས་པ་ཡིན་ཏེ། དེ་ཉིད་ལས། ཕུང་འདི་སྟོང་ཞེས་རྟོགས་ན་བྱང་ཆུབ་སེམས་དཔའ་ དེ། །མཚན་མ་ལ་སྤྱོད་སྐྱེ་མེད་གནས་ལ་དད་མ་ཡིན། །ཞེས་དང༌། སྐྱེ་བ་མེད་དང་སྐྱེ་བ་ གཉིས་ཀར་མི་རྟོག་པ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །ཞེས་གསུངས་ པའི་ཕྱིར། སློ བ་ལམ་རྒྱུའི་གནས་སྐབས་སུ་ཡང་མཐར་ཐུག་གི་འབྲས་བུ་དང་རིགས་མཐུན་ གྱི་རྒྱུ་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་མ་བཅོས་རང་བབས་ཤུགས་འབྱུང་གི་ངང་ནས་བསྐྱེད་ དེ་འདས་མ་འོངས་སོགས་ལ་ཀུན་རྟོག་གི་སྤྲོས་པ་མེད་པར་བྱས་ཏེ་སྒོམ་དགོས་པ་ཡིན་ཏེ། འཇམ་དཔལ་སྒྱུ་འཕྲུལ་དྲ་བ་ལས། རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ། །དུས་གསུམ་དུས་ མེད་རྟོགས་པ་པོ། །ཞེས་སོགས་གསུངས་པའི་ཕྱིར། འོད་གསལ་བའི་སེམས་ཆོས་ཉིད་ཀྱི་ གནས་ལུགས་ཕྱག་རྒྱ་ཆེན་པོའི་རང་བཞིན་འགྱུར་བ་མེད་པའི་བདེ་བ་མཆོག་གི་བདག་ཉིད་ 4-1-223 རྣམ་པ་ཐམས་ཅད་པ་དེ་རྣམ་པར་རྟོག་པས་བསྒོམ་བྱའི་ཡུལ་ལས་འདས་པས་ན་འཛིན་ཞེན་ གྱི་ཀུན་རྟོག་གིས་གཟུང་འཛིན་དབྱིབས་སོགས་སུ་སྤྲོས་པའི་མཚན་མར་དམིགས་པའི་སྒོ་ ནས་རྟོག་དཔྱོད་ཀྱི་རྩོལ་བ་མཐའ་དག་སྤངས་དགོས་པ་ཡིན་ཏེ། དུས་འཁོར་རྩ་བའི་རྒྱུད་ ལས། རྣམ་རྟོག་སྒོམ་པ་ལས་འདས་པ། །ཕྱག་རྒྱ་ཆེན་པོ་མི་འགྱུར་བདེ། །གཟུང་བ་འཛིན་ པ་དབྱིབས་དག་དང༌། །རྟོག་དང་དཔྱོད་པ་རྣམ་པར་སྤངས། །ཞེས་སོགས་ཀྱི་སྒོ་ནས་མི་ རྟོག་པའི་གནས་ལུགས་སྒོམ་ཚུལ་རྒྱས་པར་གསུངས་པའི་ཕྱིར། དོན་དམ་ནང་རིག་འགྱུར་ བ་མེད་པའི་དྲི་བྲལ་དྭངས་པའི་དབྱིངས་སུ་རྣམ་པ་ཀུན་ཀྱི་མཆོག་དང་ལྡན་པའི་ཆོས་ཉིད་སྐྱེ་ འགག་མེད་པའི་རང་གཟུགས་ཀུན་རྫོབ་སྤྲོས་མཚན་གྱིས་མ་གོས་པའི་ཤེས་བྱ་གཅིག་པུ་ཏེ་ མ་མཐོང་བ་ཕུང་སོགས་ཀྱིས་བསྡུས་པའི་ཆོས་རྣམས་ལ་རིགས་པས་དོན་དམ་པར་དཔྱད་དེ་ བདེན་པའི་ངོ་བོ་གང་ཡང་མེད་པའི་མེད་དགག་གི་སྟོང་རྐྱང་ཙམ་སྒོམ་པ་ལ་ཆུ་ཤིང་བཞིན་ དུ་སྙིང་པོ་ཅི་ཡང་མེད་ཕྱིར་དེ་འདྲའི་སྟོང་ཉིད་སྒོམ་པ་དོར་ཏེ། ངེས་དོན་སྙིང་པོའི་གནས་ ལུགས་ཀྱི་ཚུལ་སྒོམ་པ་ལ་བརྩོན་པ་ལྷུར་ལེན་དགོས་ཏེ། འཇམ་དཔལ་གྱིས་རང་གི་ལྟ་བ་ མདོར་བསྟན་པ་ལས། ཕུང་པོ་རྣམ་དཔྱད་སྟོང་ཉིད་ནི། །ཆུ་ཤིང་བཞིན་དུ་སྙིང་པོ་མེད། །རྣམ་ པ་ཀུན་གྱི་མཆོག་ལྡན་པའི། །སྟོང་ཉིད་དེ་ལྟར་འགྱུར་མ་ཡིན། །སྐྱེ་བ་མེད་ཅིང་འགག་མེད་ པའི། །ཤེས་བྱ་གང་ཞིག་འདིར་མཐོང་བ། །སྟོང་པའི་དངོས་པོ་སྟོང་པ་ཉིད། །ཕུང་རྣམས་རྣམ་ པར་དཔྱད་པ་མིན། །ཞེས་སོགས་གསུངས་པའི་དགོངས་པ་ལྟར་ཡིན་པའི་ཕྱིར། དོན་གནས་ ལུགས་ལ་མཉམ་པར་འཇོག་ཚེ་དགེ་མི་དགེའི་དབྱེ་བ་མེད་པར་བློས་བྱས་ཀྱི་རྟོག་པ་བཟང་ ངན་ཐམས་ཅད་ཡིད་ལ་མི་བྱ་ཞིང་རྣམ་པ་ཀུན་ནས་སྤངས་ཏེ་མི་རྟོག་ཏིང་འཛིན་ཟབ་མོ་ལ་ བློ་གྲོས་དང་ལྡན་པའི་སྐལ་བཟང་ལུས་ཅན་མཐའ་དག་འཇུག་ཤིན་ཏུ་འོས་པ་ཡིན་ཏེ། སླར་ ཡང་ལྟ་འདོད་མདོར་བསྟན་ལས། དགེ་བ་དང་ནི་མི་དགེ་བའི། །རྣམ་པར་རྟོག་པའི་དབྱེ་བ་ 4-1-224 མེད། །དོན་མཆོག་རྣལ་འབྱོར་རྟོག་པ་སྤང༌། །མཁས་པ་རྣམས་ཀྱིས་མི་བྱའོ། །མི་ཡིས་རབ་ ཏུ་སྲོ ག་བྱེད་ཀྱི། །རྟེན་གྱི་དབྱེ་བས་དབྱེ་བ་མེད། །ཙནྡན་འདིས་ནི་འབར་བས་ཀྱང༌། །རེག་ པར་གྱུར་ན་བསྲེ ག་པའོ། །ཞེས་གསུངས་པ་ལྟར་ཡིན་པའི་ཕྱིར། རྣམ་པར་རྟོག་པ་སེམས་ རྒྱུད་ཉམས་པར་བྱེད་པའི་ལས་ཅན་རྣམས་ཀྱིས་བློ་ལས་སུ་མ་རུང་བར་བསྒྱུར་ནས་ཤེས་པ་ ཉམས་སྨད་པར་བྱེད་ཕྱིར་བློ་ངན་ཞེན་རྟོག་དེ་དག་ལས་ལྡོག་ཏེ། མི་རྟོག་པའི་གནས་ལུགས་ ཟབ་མོའི་ལྟ་བ་སྒོམ་པ་ལས་ཆོས་དབྱིངས་སྤྲོས་པ་ཀུན་བྲལ་གྱི་ཡེ་ཤེས་ནམ་མཁའ་དང་ མཉམ་པ་ངེས་པར་འབྱུང་བའི་ཚུལ་ནི་དཔལ་ས་ར་ཧ་ཆེན་པོས་ཀྱང་ཐུགས་ཉམས་སུ་ལེགས་ པར་བཞེས་པ་ཡིན་ཏེ། ཁོང་གི་གསུངས་ལས། རྟོག་པ་ཉམས་པས་བློ་ཉམས་ཤེས། །བློ་ངན་ རྗེས་སུ་རྟོག་བྱེད་ལོ། །དེ་ཉིད་ལས་ནི་བློ་བཟང་པོ། །ནམ་མཁའ་ལས་ལྷག་ཅི་ཡང་འབྱུང༌། །ཞེས་པ་ལ་སོགས་པ་གསུངས་པས་ཤེས་པར་འགྱུར་བ་ཡིན་པའི་ཕྱིར། དེ་སོགས་མདོ་རྒྱུད་ བསྟན་བཅོས་ཀྱི་ལུང་ཤིན་ཏུ་མང་མོད་ཀྱི་རེ་ཞིག་དེ་ཙམ་མོ། ། གཉིས་པ་མཉམ་བཞག་མི་རྟོག་པའི་ལྟ་བ་ངོས་བཟུང་བ་ནི། ཐོག་མར་ལས་དང་པོ་པ་ རྣམས་ཀྱིས་གོང་མའི་མན་ངག་ལས་བྱུང་བ་ལྟར་མཉམ་པར་འཇོག་ཚེ་འདི་ལྟར་བྱ་བ་སྟེ། ཇི་ སྐད་དུ། ཇི་ལྟར་ཆུ་རྙོག་པ་ལས་དྭངས་པ་ན། །དྭངས་པ་དེ་ནི་དེ་ལས་སྐྱེས་མིན་གྱི། །དེ་ནི་ དེ་ལ་དྲི་མ་བྲལ་བར་ཟད། །དེ་བཞིན་རང་སེམས་དག་ལ་ཚུལ་དེ་ཉིད། །ཅེས་དང༌། ས་ར་ཧ་ ཆེན་པོས་ཀྱང༌། ཆུ་དྭངས་མར་མེ་རང་གསལ་ཅིག་ཏུ་ཞོག །ཅེས་གསུངས་པ་ལྟར་དཔེར་ན་ ཆུ་རྙོག་མ་ཅན་དེ་གཡོ་བ་མེད་པར་བཞག་ན་རྙོག་མ་ཐམས་ཅད་རང་སངས་སུ་དྭངས་འོང་ལ་ དེ་དུས་སུ་ཆུ་ནང་ན་ཡོད་ཚད་རྣམས་གསལ་བར་མཐོང་འོང་བ་ཡིན་ལ་དེ་ཚེ་རྙོག་མ་ཅན་གྱི་ ཆུ་ནང་ན་དངོས་པོ་ཅི་ཡོད་བལྟ་བ་ལས་ལག་ནོམ་བྱེད་ཅིང་ཆུ་དཀྲུག་མི་དགོས་པར་དངོས་ སུ་གསལ་བོར་མཐོང་བ་ལྟར་སེམས་རྣམ་རྟོག་གི་སྤྲོས་པ་མཐའ་དག་སྤངས་ཏེ་གཡོ་མེད་ 4-1-225 དུ་བཞག་པས་འགྱུ་རྟོག་གི་ཤེས་པ་ཉག་ཉོག་སངས་ཤིང་དྭངས་པ་ན་རིག་པ་རང་གི་སྡོད་ ལུགས་ཀྱི་རང་གཟུགས་དེ་གསལ་བོར་མཐོང་འོང་བའི་ཚེ། སེམས་རྣམ་རྟོག་འདྲེས་པའི་རྙོག་ ཆུ་ལ། རྟོག་དཔྱོད་སེམས་འཚོལ་གྱི་ལག་པས་དཀྲུག་མི་དགོས་པར་སེམས་ཀྱི་ངོ་བོ་རྩོལ་ མེད་དུ་མཐོང་ཡོང་བ་ཡིན་ལ། འདི་སྐབས་སུ་ལས་དང་པོ་པ་དག་གིས་ཐོག་མར་གནས་འགྱུ་ རིག་གསུམ་ངོས་ཟིན་ཅིང་བྱིང་རྒོད་ཀྱི་སྐྱོན་སྤངས་བཞིན་དྲན་ཤེས་ཀྱི་བྱ་ར་དང་བཅས་ཏེ་ རྩོལ་བ་རན་པའི་སྒོ་ནས་བསྒྲིམ་ལྷོ ད་ཀྱང་བར་མ། གནས་ཆ་དང་གསལ་ཆ་དམ་ལྷོ ད་ཀྱི་སྐྱོན་ གང་གིས་གོས་པ་མེད་པར་བྱས་ཏེ་བདེ་གསལ་མི་རྟོག་པའི་ངང་རང་བབས་ཤུགས་འབྱུང་ དུ་བསྐྱངས་ཏེ་གཡོ་ཐོབ་གོམས་བརྟན་མཐར་ཕྱིན་པའི་ཉམས་ཀྱི་གསལ་ཁ་དང་བཅས་ཏེ་ གོམས་པའི་སྟོབས་ཀྱིས་རེ་ཞིག་ན་སྟོང་གསལ་བདེ་བའི་རང་མདངས་འཛིན་ཞེན་གྱི་སྤྲོས་ པའི་ཆ་ཕྲ་མོས་ཀྱང་མ་གོས་པར་རྩ་བྲལ་ལྷུན་གྲུབ་ཀྱི་གཤིས་ལྷག་པར་མངོན་དེ་སྣང་བ་ བརྗོད་བྱའi་ཡུལ་ལས་འདས་ཤིང་དོན་དམ་པའི་འཆར་སྒོ་བསམ་གྱིས་མི་ཁྱབ་པ་དཔེ་དང་ བརྡས་མཚོན་ཐབས་དཀའ་བ་རིག་པའི་དབྱིངས་ལ་འབྱམས་ཀླས་པར་གྱུར་པ་ནའང་དེ་ དག་ཀུན་གྱི་སྣང་བ་ལས་གཏད་སོ་མྱོང་ཞེན་གྱི་སྤྲོས་པ་རང་དྭངས་སུ་སོང་ཏེ་ཡིན་ལུགས་ཇི་ བཞིན་པ་སོ་སོར་རང་རིག་པའི་ཡེ་ཤེས་མཉམ་བཞག་དམ་པས་རང་ཉམས་སུ་མྱོང་ཚུལ་རྗེས་ ཐོབ་ཀྱི་སྐབས་སུ་གཞན་ལ་ཇི་བཞིན་བཤད་མི་ཤེས་ཤིང་སྒྲ་རྟོག་གིས་བརྗོད་འཛིན་གྱི་ཡུལ་ དུ་མ་གྱུར་པ་ཞིག་གོ །དེའི་ཕྱིར་འདི་ལ་དགོངས་ནས། སྒྲ་གཅན་འཛིན་གྱིས་ཡུམ་ཤེར་ཕྱིན་ ལ་བསྟོད་པ། སྨྲ་བསམ་བརྗོད་མེད་སོགས་གསུངས་པ་ལགས། འདིའི་དོན་གྱི་ཡིན་ལུགས་ མན་ངག་ཉམས་ལེན་ལ་གཞོལ་བའི་རྣལ་འབྱོར་པ་རྣམས་ཀྱིས་ཐུགས་དགོངས་ན་ལེགས་ པར་གསལ་བ་ལྟར་རོ། ། གསུམ་པ་དེ་ལ་རིགས་པས་འཐད་ཚུལ་ནི། དེ་ལའང་ཁ་ཅིག་གིས། སྤྱིར་ཀུན་ཉོན་ 4-1-226 མཐའ་དག་གི་རྩ་བ་ནི། ང་རང་བཞིན་གྱིས་གྲུབ་པར་འཛིན་པ་དེ་ཡིན་ལ། ཤེས་བྱའི་སྒྲིབ་ པ་རྣམས་ཀྱང་ཆོས་རྣམས་རང་བཞིན་གྱིས་གྲུབ་པར་འཛིན་པ་སོགས་ཀྱིས་བཞག་པའི་བག་ ཆགས་ཕྲ་མོ་ལ་ལྟོས་པ་ཡིན་ན་རྨོངས་པ་ཀུན་ཀྱི་རྩ་བ་ཆོས་ཀུན་རང་བཞིན་གྱིས་གྲུབ་པར་ འཛིན་པ་ལ་ཐུགས་ཕྱིར། དེ་དང་དམིགས་པ་གཅིག་ལ་དམིགས་ནས་འཛིན་སྟངས་དངོས་ འགལ་དུ་ཞུགས་པའི་ཆོས་ཀུན་རང་བཞིན་གྱིས་གྲུབ་པས་སྟོང་པར་རྟོགས་པའི་ལྟ་བ་དེ་ཉིད་ མ་གཏོགས་གཞན་གང་གིས་འཁོར་བ་ཕྲ་རགས་ཀྱི་རྩ་བར་གྱུར་པའི་རྨོངས་པ་འཇོམས་པ་ ནི་དུས་ནམ་ཡང་བློ་ཚད་མས་མ་དམིགས་སོ་ཞེ་ན། དེ་ལ་འདི་ལྟར་བརྗོད་པར་བྱ་སྟེ། སྣང་ མེད་དབུ་མ་ཐལ་འགྱུར་བའི་དགོངས་པ་བོད་ཕྱི་རབས་པས་རང་སྟོང་དུ་བཀྲལ་བ་ལྟར་ན་ལྟ་ བ་དེ་ལྟར་དགོས་མོད་ཀྱི། ངེས་དོན་དབུ་མ་ཆེན་པོའི་དགོངས་པ་སྔགས་ཀྱི་གཞན་སྟོང་དུ། རྗེ་ཇོ་ནང་པ་ཡབ་སྲས་ཀྱིས་བཀྲལ་བ་ལྟ་བུས་རྗེས་སུ་འབྲང་ན་སྤྱིར་ཉོན་མོངས་པ་རྣམས་ དང་ཁྱད་པར་བདེན་པར་འཛིན་པ་ཀུན་ཀྱི་རྩ་བ་འཁོར་བ་ཕྲ་རགས་སུ་འཆིང་བྱེད་ཀྱི་རྨོངས་ པ་ནི་བློས་བྱས་ཀྱི་ཀུན་རྟོག་ཕྲ་མོ་ཉིད་ཡིན་ཕྱིར་དེའི་གནོད་བྱེད་དུ་གྱུར་པའི་གཉེན་པོ་སྤྲོས་ བྲལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཆེན་པོ་ལ་མཉམ་པར་བཞག་པས། ཀུན་ཉོན་དང་ཤེས་ སྒྲིབ་ཀྱི་རྩ་བའི་རྨོངས་པ་མ་རིག་པ་བློས་བྱས་ཀྱི་རྟོག་ཚོགས་ཀུན་ཀྱང་རང་དྭངས་སུ་སོང་ཏེ་ མཁའ་བཞིན་དྲི་མ་མེད་པའི་ཆོས་དབྱིངས་སྤྲོས་པ་ཀུན་བྲལ་གྱི་སྣང་བ་དོན་དམ་པའི་རྣམ་པ་ ཐམས་ཅད་པའི་བདག་ཉིད་དུ་མངོན་དུ་གྱུར་འོང་བ་ཡིན་ཏེ། རྒྱུད་ལས། རྣམ་རྟོག་མ་རིག་ ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །མི་རྟོག་ཏིང་འཛིན་ལ་གནས་ན། །མཁའ་ བཞིན་དྲི་མ་མེད་པར་འགྱུར། །ཞེས་སོགས་རྒྱ་ཆེར་གསུངས་པ་ཡིན་པའི་ཕྱིར། དེས་ན་ལྟ་ བའི་རྒྱལ་པོ་སྤྲོས་བྲལ་མི་རྟོག་པའི་ཡེ་ཤེས་ཆོས་ཅན། ཁྱོད་བློས་བྱས་ཀྱི་རྟོག་ཚོགས་མཐའ་ དག་གི་དངོས་གཉེན་དུ་འོས་པ་ཡིན་ཏེ། གཞིའི་སེམས་རྒྱུད་གང་དང་གང་ལ་སེམས་ཉིད་ 4-1-227 རང་བཞིན་གྱིས་འོད་གསལ་བའི་མ་བཅོས་སྤྲོས་མེད་ཀྱི་ཡིན་ལུགས་ཇི་བཞིན་མངོན་དུ་ གྱུར་པའི་སྐབས་ན་སྤྲོས་པ་བཅོས་ཞེན་གྱི་ཀུན་རྟོག་མཐའ་དག་གི་རྣམ་པ་གཏན་ནས་རང་ དྭངས་སུ་བྱེད་པ་རྟེན་འབྲེ ལ་གྱི་ཆོས་ཉིད་ཡིན་པའི་ཕྱིར། དཔེར་ན་ཉི་མའི་འོད་ཟེར་ཤར་ བ་ན། གཞི་དེར་མུན་པའི་ཚོགས་ཀྱི་གནས་མེད་པ་བཞིན་ནོ། །ཁ་ཅིག་གིས་བློས་བྱས་ཀྱི་ རྟོག་ཚོགས་སྤངས་པས་བདེན་འཛིན་ཆགས་སྡང་སོགས་ཀུན་ཉོན་མཐའ་དག་སྤོང་ཐུབ་པའི་ ངེས་པ་མེད་དོ་སྙམ་ན། བློས་བྱས་ཀྱི་རྟོག་ཚོགས་མ་ལུས་པ་སྤངས་པས་ནི་ཀུན་ཉོན་བདེན་ སྣང་འཁྲུལ་བའི་དྲི་མ་དང་བཅས་པ་ངེས་པར་སྤང་ནུས་པ་ཡིན་ཏེ། བློས་བྱས་ཀྱི་རྟོག་ཚོགས་ མཐའ་དག་གཏན་ནས་སྤངས་པའི་ཡེ་ཤེས་ལ་ནི་རྣམ་མཁྱེན་ཉག་གཅིག་ལས་མེད་པ་གང་ ཞིག དེའི་ངོར་སྒྲིབ་པ་གང་ཡང་མ་དམིགས་པའི་ཕྱིར། གཞན་ཡང་འགྲོ་བ་གང་དག་གི་རྒྱུད་ ལ་བློས་བྱས་ཀྱི་རྟོག་བློ་ཕྲ་མོ་ལ་བརྟེན་ནས་བདེན་འཛིན་ཆགས་སྡང་སོགས་སྒྲིབ་པའི་ཞེན་ རྟོག་རགས་པ་མཐའ་དག་འབྱུང་ཞིང་དེ་དག་གིས་བཞག་པའི་ས་བོན་བག་ལ་ཉལ་གྱི་རིམ་ པ་ལ་བརྟེན་ནས་བདེན་སྣང་འཁྲུལ་བའི་དྲི་མ་ཆེས་ཕྲ་བ་ཀུན་ཀྱང་འབྱུང་བ་ཡིན་པའི་ཕྱིར་དེ་ ཐམས་ཅད་ཀྱི་རྩ་བའི་གཉེན་པོ་དེས་ནི་སྒྲིབ་གཉིས་མ་ལུས་པ་ལེགས་པར་སྤང་ནུས་པ་ཚད་ མས་གྲུབ་བོ། །དེས་ན་དོན་དམ་པའི་ལམ་གྱི་རྣམ་པ་མཐའ་ཡས་པའི་མངའ་བདག་མི་རྟོག་ ཡེ་ཤེས་ཆེན་པོ་དེ་ཆོས་ཅན། ངེས་གསང་ཟབ་མོའི་ལྟ་བའི་རྒྱལ་པོ་མཆོག་ཏུ་ངེས་པར་གྲུབ་ སྟེ། ལྟ་བ་མཆོག་གི་གནས་ལུགས། རྟོག་གེ་བ་རྣམས་ཀྱི་བློའི་ཡུལ་དུ་ཤོང་དཀའ་བའི་དེ་ཉིད་ ཟབ་མོ་སྤྲོས་པ་ཀུན་དང་བྲལ་བའི་དབྱིངས་སུ་དོན་དམ་པའི་རྣམ་པ་མཐའ་ཡས་པའི་སྣང་བ་ འགོག་མེད་དུ་ཆེས་ཆེར་འཕེལ་ཏེ་མངོན་བཞིན་སྒྲིབ་གཉིས་ཀྱི་དྲི་མ་མ་ལུས་པ་གཤིས་ནས་ རང་ཤུགས་ཀྱིས་དྭངས་ཤིང་ཟད་པར་བྱེད་པའི་ཐེག་པ་མཆོག་གི་ལྟ་བ་ཡིན་པའི་ཕྱིར་རོ། ། གཉིས་པ་རྟོག་ཞེན་བཅོས་མའི་ལྟ་བ་དོར་དགོས་ཚུལ་ནི། སྟོབས་སོགས་རྒྱལ་བའི་ 4-1-228 ཡོན་ཏན་མཐའ་དག་མངོན་དུ་གྱུར་པའི་ཐབས་མཆོག་སྤྲོས་མེད་མི་རྟོག་པའི་ཡེ་ཤེས་ཆེན་ པོ་སྒོམ་པ་སྤངས་ནས་བློས་བྱས་ཀྱི་སྟོང་རྐྱང་ཉི་ཚེ་བ་གཞན་གང་ཞིག་སྒོམ་པ་ལ་ལྷུར་བླངས་ བར་བྱེད་པས་བསྐལ་པ་བྱེ་བ་དུ་མ་རྣམས་སུ་སངས་རྒྱས་ཀྱི་གོ་འཕང་མངོན་དུ་བྱེད་པ་ལ་ ཐག་རིང་དུ་འགྱུར་ཏེ། དེ་ལུགས་ཀྱི་ཚུལ་དུས་འཁོར་བསྡུས་པའི་རྒྱུད་ལས། སངས་རྒྱས་ བྱེ་བ་དེ་སྤངས་ནས་ནི་བདེ་མཉམ་དང་བྲལ་སྟོང་པ་གཞན་དག་གང་ཞིག་སྒོམ་བྱེད་པ། །དེ་ ཡིས་བསྐལ་པ་བྱེ་བ་དུ་མ་རྣམས་ཀྱིས་སངས་རྒྱས་ཉིད་དང་ལྷན་སྐྱེས་བདེ་བ་དག་ཀྱང་རིང༌། །ཞེས་གསུངས་པའི་ཕྱིར། འོན་ཀྱང་སྟོང་ཉིད་ཉི་ཚེ་བ་དེ་དག་སངས་རྒྱས་མངོན་དུ་བྱེད་པའི་ ཐབས་ཀྱི་སྙིང་པོ་བྱས་ན་དགོས་པ་ཆེར་མི་འདུག་ཀྱང་ཐོག་མར་ཟབ་མོ་ལྟ་བའི་ཚུལ་བློ་ངོར་ མི་ཤོང་བའི་དབང་པོ་དམན་པ་ལོག་པའི་ལྟ་བ་ལ་ཞེན་པ་ཅན་དག་གི་རྒྱུད་ཀྱི་ཞེན་འཛིན་གྱི་ ངན་རྟོག་བཟློག་པའི་ཆེད་དུ་རྒྱལ་བ་གང་དག་གིས་དེ་འདྲའི་སྟོང་ཉིད་དག་ཀྱང་ལེགས་པར་ བསྟན་པས་ན་དབང་པོ་དེ་དང་མཐུན་པ་རྣམས་ཀྱིས་ནི་དེ་ཉིད་སྒོམ་པ་ལ་འཇུག་འོས་པ་ཡང་ ཡིན་ཏེ། དཔལ་མཁའ་འགྲོ་མ་རྡོ་རྗེ་གུར་ལས། གལ་ཏེ་སྟོང་པ་ཐབས་ཡིན་ན། །དེ་ཚེ་སངས་ རྒྱས་ཉིད་མི་འབྱུང༌། །འབྲས་བུ་རྒྱུད་ལས་གཞན་མིན་ཕྱིར། །ཐབས་ནི་སྟོང་པ་ཉིད་མ་ཡིན། །ལྟ་བ་རྣམས་ལས་ལོག་པ་དང༌། །བདག་ཏུ་ལྟ་བ་འཚོལ་རྣམས་ཀྱི། །བདག་ཏུ་ཞེན་པ་བཟློ ག་ པའི་ཕྱིར། །རྒྱལ་བ་རྣམས་ཀྱིས་སྟོང་པ་བསྟན། །ཞེས་སོགས་གསུངས་པ་དེའི་ཕྱིར་རོ། ། གཉིས་པ་འཕྲོས་དོན་གཞན་ནི། སྤྱིར་སེམས་ཙམ་པས་ནང་ཤེས་པ་ལ་ཕྱི་རོལ་དོན་སྣ་ ཚོགས་སུ་སྣང་བའི་བག་ཆགས་བརྟན་བྱུང་གི་དབང་གིས་གཟུགས་སོགས་འདི་དག་ཤེས་ པ་དང་ཐ་དད་པའི་ཕྱི་དོན་གྱི་དངོས་པོ་ཐོགས་བཅས་རྡུལ་རྫས་སོགས་སུ་སྣང་བ་ཡིན་གྱི་ དོན་དམ་པར་ན་ནང་སེམས་ལས་ངོ་བོ་ཐ་དད་པའི་ཆོས་གང་ཡང་མེད་ཅིང་གཟུགས་སོགས་ རང་འཛིན་ཤེས་པ་དང་ངོ་བོ་གཅིག་པའི་བདེན་གྲུབ་སོགས་སུ་འདོད་པ་སོགས་འདི་བའི་ 4-1-229 གྲུབ་མཐའ་སྤྱི་ཁོག་དང་ངེས་དོན་དབུ་མའི་རང་ལུགས་གཉིས་ཁྱད་པར་མེད་པ་ཡང་མ་ཡིན་ ཏེ། སེམས་ཙམ་པས་ཀུན་རྫོབ་གཟུང་འཛིན་གྱིས་བསྡུས་པའི་ཆོས་རྣམས་ལས་གཟུང་བ་ཕྱི་ དོན་དུ་གྱུར་པའི་ཆོས་རྣམས་བདེན་མེད་དུ་གཏན་ལ་འབེབས་པ་ཡིན་གྱི་ནང་འཛིན་པ་ཤེས་ པའི་ངོ་བོར་གྱུར་པ་གང་དག་ནི་ཡོངས་གྲུབ་གཏན་ལ་འབེབས་གཞིའི་གཞན་དབང་གི་ངོ་བོ་ བདེན་པར་གྲུབ་པ་ཡིན་པར་འདོད་ལ། ངེས་དོན་དབུ་མ་པའི་རང་ལུགས་ལ་ནི་ཀུན་རྫོབ་ གཟུང་འཛིན་གྱིས་བསྡུས་པའི་ཆོས་མཐའ་དག་བདེན་མེད་སྒྱུ་མ་ལྟ་བུ་འབའ་ཞིག་ཏུ་བཞེད་ པ་སོགས་ཀྱི་ཆ་ནས་ཁྱད་པར་ཆེན་པོ་ཡོད་པའི་ཕྱིར། ཟག་བཅས་སྤྲོས་པའི་ཆ་འགའ་ཞིག་ བཀག་པའི་བསམ་གཟུགས་ཀྱི་ཏིང་ངེ་འཛིན་རྣམས་དང་མི་རྟོག་ཡེ་ཤེས་གཉིས་ཀྱི་སྤྲོས་ ཞེན་བཀག་ཚུལ་ལ་ཁྱད་གནམ་ས་ལྟ་བུར་ཡོད་དེ། བསམ་གཟུགས་ཀྱི་ཏིང་ངེ་འཛིན་རྣམས་ ཀྱིས་རང་རང་གི་འོག་མའི་རྟོག་ཚོགས་རགས་པའི་ཉོན་མོངས་པ་རྣམས་ཆགས་བྲལ་ཙམ་ བྱས་ཀྱང་རང་རང་གི་ངོ་བོར་གྱུར་པའི་ཀུན་ཉོན་རྣམས་དང་གོང་མ་དག་གི་ཉོན་མོངས་པ་ རྣམས་ལ་ཆགས་བྲལ་ཙམ་ཡང་མ་བྱས་པའི་སྤྲོས་མཚན་ཆེར་མ་ཞི་བའི་ཟག་བཅས་ཀྱི་ཏིང་ ངེ་འཛིན་ཡིན་ལ། མི་རྟོག་པའི་ཡེ་ཤེས་ཆེན་པོ་ནི། ཁམས་གསུམ་ས་དགུས་བསྡུས་པའི་སྒྲིབ་ པ་ཀུན་ཉོན་མཐའ་དག་འཇོམས་བྱེད་ཀྱི་ཟབ་མོ་ལྟ་བའི་རྒྱལ་པོ་ཡིན་པའི་ཕྱིར། གཞན་ཡང་ ཧ་ཤང་གི་ལྟ་བ་སོགས་སྤྲོས་པ་འགས་དབེན་པའི་མི་རྟོག་པ་ཕྲན་བུ་དག་གིས་མཚོན་བྱེད་ ཕྱོགས་ཙམ་ཡང་མི་རུང་བ་ནི་ཚུལ་དེ་ཀ་ལྟར་རོ། ། གཉིས་པ་རྗེས་ཐོབ་ཀྱི་ཚུལ་ཡང༌། ཤེར་ཕྱིན་ལས། ལྷའི་བུ་དག་ཆོས་ཐམས་ཅད་ནི་སྒྱུ་ མ་ལྟ་བུའོ། །རྨི་ལམ་ལྟ་བུའོ། །ཞེས་སོགས་དང༌། དགྱེས་རྡོར་ལས། ཐམས་ཅད་ཆུ་ཡི་ཟླ་ བ་ལྟར། །འདོད་པས་རྣལ་འབྱོར་ལས་ཤེས་གྱིས། །ཞེས་སོགས་གསུངས་པ་ལས། ལུང་སྔ་ མའི་དགོངས་འགྲེལ་གྱི་ཚུལ་དུ། རྒྱལ་ཚབ་བྱམས་པས་འདི་ལྟར་གསུངས་པ་སྟེ། ཉོན་མོངས་ 4-1-230 སྤྲིན་འདྲ་བྱ་བ་ཡི། །ལས་ནི་རྨི་ལམ་ལོངས་སྤྱོད་བཞིན། །ཉོན་མོངས་ལས་ཀྱི་རྣམ་པར་སྨིན། །ཕུང་པོ་སྒྱུ་མ་སྤྲུལ་པ་བཞིན། །ཞེས་གསུངས་པ་ལྟར། ཀུན་རྫོབ་ཀྱིས་བསྡུས་པའི་སྡུག་ཀུན་ གྱི་ངོ་བོར་གྱུར་པའི་ཆོས་མཐའ་དག་དོན་དམ་པར་ན་བརྫུན་པ་བསླུ་བའི་ཆོས་སྒྱུ་མ་དང་སྤྲུལ་ པ་ལྟ་བུའི་སྣང་བ་ཙམ་དུ་ཟད་ཀྱང་ཐ་སྙད་སྣང་ཙམ་དུ་ཀུན་རྫོབ་ཀྱི་བྱ་བྱེད་མི་བསླུ་བ་རྨི་ལམ་ གྱི་ཡུལ་སྣང་ལྟ་བུའི་རྣམ་པར་གནས་པ་འདིའི་སྟེང་ནས་ཀུན་རྫོབ་ཀྱི་རྒྱུ་དང་འབྲས་བུའི་ཆོས་ སོགས་ཀྱི་རྣམ་པར་དབྱེ་བ་སྣ་ཚོགས་པ་འབྱུང་བའི་སྣང་སྟོང་གཉིས་འཚོགས་ཀྱི་སྒྱུ་མ་ལ་ ངེས་པ་དྲང་བར་བྱ་བའོ། ། གཉིས་པ་སྒོམ་པ་ནི། གོང་དུ་ཇི་སྐད་བཤད་པ་བཞིན་དུ་གནས་ལུགས་ཀྱི་ལྟ་བ་སྤྱི་དང་ ཁྱད་པར་སྤྲོས་བྲལ་མི་རྟོག་པའི་ཡེ་ཤེས་ཆེན་པོ་ལ་ཐོས་བསམ་སྒོམ་གསུམ་གྱིས་ལེགས་ པར་འཇུག་སྟེ། ལྟ་བ་དེ་དག་ལ་གོམས་པ་ཡར་ལྡན་དུ་བྱས་ཏེ་རྣམ་པ་མཐའ་གཅིག་ནས་རྩེ་ གཅིག་ཏུ་སྒོམ་པར་བྱེད་པ་དེ་ཡིན་ནོ། ། གསུམ་པ་སྤྱོད་པ་ཡང་ལྟ་བ་དེ་དག་སེམས་བསྐྱེད་དང་ཕྱིན་དྲུག་སོགས་སྤྱོད་པ་སྤྱི་དང༌། ཡང་སྒོས་གསང་སྔགས་རྡོ་རྗེ་ཐེག་པའི་ཐབས་མཁས་ཀྱི་ཀུན་སྤྱོད་ཡང་དག་པ་དང་སྦྲེལ་ཏེ་ ཚུལ་ཇི་ལྟ་བ་བཞིན་དུ་ཉམས་སུ་ལེན་པ་དེ་ཀ་རང་ཡིན་ལ། འདིའི་སྤྱོད་པ་སྤྱིའི་ཚུལ་ཤེས་ པར་འདོད་ན་ལམ་རིམ་གྱི་གཞུང་སོགས་ལ་ཐོས་བསམ་བྱ་དགོས་ཤིང་ཁྱད་པར་གསང་བ་ སྔགས་ཀྱི་སྤྱོད་པའི་ལམ་རྣམས་ཀྱང་སྔགས་གཞུང་ཆེན་པོ་རྣམས་སུ་གསལ་ལ་མདོ་ཙམ་ འདིར་འོག་ཏུ་ཡང་འཆད་པར་འགྱུར་རོ། །དེ་ཡན་ཆད་ཀྱིས་རང་ལུགས་ཀྱི་གཞི་ལམ་ཉུང་ བསྡུས་མདོ་ཙམ་བཤད་ཟིན་ཏོ། ། ད་ནི་གཉིས་པ་ཁྱད་པར་གསང་ཆེན་ཐེག་པའི་ལམ་གྱི་ཆོས་ཚུལ་མདོ་ཙམ་འཆད་པར་ བྱ་བ་སྟེ། དེ་ཡང་སྤྱིར་སྟོན་པས་གསུངས་པའི་ཆོས་ཕུང་མཐའ་ཡས་པ་ལས་འབྲས་བུ་གསང་ 4-1-231 ཆེན་གྱི་ཐེག་པ་འདི་རྒྱུ་ཕར་ཕྱིན་ཐེག་པ་ལས་ཁྱད་པར་དུ་འཕགས་ཤིང་འབྲས་བུ་ཐེག་པ་ འདི་དག་ལས་ཀྱང་བླ་མེད་ཀྱི་ཐེག་པ་རྣམས་ནི་ཚེ་ལུས་གཅིག་ལ་ཟུང་འཇུག་རྡོ་རྗེ་འཆང་གི་ གོ་འཕང་ཐོབ་བྱེད་ཀྱི་མྱུར་ལམ་ཟབ་མོ་ཡིན་ཕྱིར་སྔགས་རྒྱུད་འོག་མའི་ལམ་རྣམས་ལས་ ཁྱད་པར་དུ་འཕགས་པ་ཡིན་ལ། བླ་མེད་དེ་དག་ལས་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ནི་དུས་ཀྱི་ འཁོར་ལོའི་རྒྱུད་ཉིད་ཡིན་ཞིང༌། དེ་ཡང་ཇི་ལྟར་ཡིན་ཚུལ་ཡང༌། རྒྱུད་འདི་ནི་སྦས་རྒྱུད་གཞན་ རྣམས་ལས་བསྟན་བྱ་རྒྱ་ཆེ་བ་ཡིན་ཏེ། དུས་ཀྱི་འཁོར་ལོའི་རྒྱུད་འདིར་རྫོགས་རིམ་སོར་སྡུད་ ཀྱི་མཚན་མོའི་རྣལ་འབྱོར་དང་རྣམ་ཀུན་མཆོག་ལྡན་གྱི་སྟོང་གཟུགས་དང༌། མི་འགྱུར་བའི་ བདེ་བའི་མཚན་ཉིད་དང༌། དབང་བཞི་པའི་རྣམ་གཞག་སོགས་མ་སྦས་ཤིང་གསལ་བོར་ བསྟན་པ་གང་ཞིག་བླ་མེད་ཀྱི་སྦས་རྒྱུད་གཞན་རྣམས་སུ་དང་པོ་ནག་པོ་རབ་ཏུ་སྒོམ་ཞེས་པ་ ལྟ་བུའི་བརྡའ་ཚིག་གིས་མཚན་མོའི་རྣལ་འབྱོར་དང༌། བསྐྱེད་རིམ་གྱི་ཟོལ་གྱིས་རྣམ་ཀུན་ མཆོག་ལྡན་སྟོང་ཉིད་དང༌། ཞུ་བདེའི་ཁོངས་སུ་མི་འགྱུར་བའི་བདེ་བ་དང༌། དབང་གསུམ་ པའི་ནང་དུ་དབང་བཞི་པ་སྦས་ནས་བསྟན་པ་སོགས་བརྡའ་ཐབས་སྣ་ཚོགས་ཀྱི་བསྟན་ཚུལ་ འདྲ་མིན་བྱས་ཏེ་རྒྱུད་ཚིག་བགྲམ་པོ་གོ་དཀའ་བའི་རང་བཞིན་ཡིན་པའི་ཕྱིར། དེ་བས་ན་ རྒྱུད་འདི་ལ་སྦས་རྒྱུད་གཞན་ཐམས་ཅད་ཀྱི་རྩེ་མོར་གྱུར་པ་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་ཞེས་ བརྗོད་དོ། ། དེ་ལྟ་བུའི་རྒྱུད་ཀྱི་རྒྱལ་པོ་ལས་བསྟན་པའི་ཟབ་གསང་སྔགས་ཀྱི་རིམ་གཉིས་ཀྱི་རྣལ་ འབྱོར་ལས་ལམ་རྫོགས་པའི་རིམ་པ་དང༌། གཉིས་སུ་མེད་པའི་ངེས་གསང་ལྟ་བ་མཐར་ཐུག་ གི་རྣལ་འབྱོར་ལ་གནས་པའི་མན་ངག་ཟབ་མོའི་ཉེ་ལམ་རང་རེ་རྒྱལ་བ་ཇོ་ནང་པའི་ཆོས་ བརྒྱུད་འཛིན་པ་རྣམས་ལ་སྔོན་བསགས་བསོད་ནམས་ཀྱི་སྐལ་བར་ལེགས་པར་བབས་པ་ འདི་ཉིད་ཀྱི་ཚུལ་ད་སྐབས་སུ་བཤད་པར་བྱ་བའི་ཆོས་ཀྱི་ཚུལ་དེ་ཡིན་ལ། དེ་ལའང༌། འཇམ་ 4-1-232 དཔལ་མཚན་བརྗོད་ལས། གཟུགས་མེད་གཟུགས་བཟང་དམ་པ་སྟེ། །སྣ་ཚོགས་གཟུགས་ ཅན་ཡིད་ལས་སྐྱེས། །ཞེས་པའི་དགོངས་དོན་ལྟར། གཞིའི་ཆོས་ཉིད་ལ་ཀུན་རྫོབ་སྤྲོས་པའི་ གཟུགས་ཕྱོགས་རེ་བས་གོས་པ་མེད་ཀྱང༌། དོན་དམ་རྣམ་པ་ཐམས་ཅད་པའི་རང་གཟུགས་ བཟང་པོ་སྣ་ཚོགས་མཐའ་ཀླས་པ་རང་ཆས་སུ་ཡོད་པ་ཉིད་དྲི་མ་ཡིད་ཀྱི་སྦུབས་ལས་ཐབས་ མཁས་མཆོག་གིས་མངོན་དུ་གྱུར་པའི་ཚུལ་གྱིས་གཞན་སྣང་ངོར་རང་དང་འཚམས་པར་སྣང་ བའི་སྔགས་ཀྱི་གཞན་སྟོང་དབུ་མ་ཆེན་པོ་གཞི་འབྲས་དབྱེར་མེད་ཀྱི་བདེ་སྟོང་ལྷན་ཅིག་སྐྱེས་ པའི་གནས་ལུགས་ཉིད་འདིར་དོན་དམ་སོ་དྲུག་གི་ལྷ་རབ་འབྱམས་ཀྱི་ངོ་བོར་རྡོ་རྗེ་ཐེག་པའི་ ཉེ་ལམ་ལས་མངོན་དུ་བྱེད་པའི་ཐབས་ཚུལ་འདི་ལ་ཐོག་མར་སྔགས་ཀྱི་ཐབས་མཁས་ཟབ་ མོའི་ལམ་ལས་སྟོང་པའི་གཟུགས་བརྙན་མངོན་དུ་བྱ་ཚུལ་དང༌། དེ་ལས་རྡོ་རྗེ་བཞིའི་རྣལ་ འབྱོར་རིམ་གྱིས་མངོན་ཚུལ་གཉིས་ལས། དང་པོ་ནི། སྤྱིར་ལུས་ཀྱི་བྱེད་བཅིང་གི་གནད་ལ་བརྟེན་ནས་དམིགས་པ་སྤྲོས་པའི་ མཚན་མ་མཐའ་དག་དག་པའི་དབྱིངས་དབུ་མ་ཕྲ་མོའི་ནམ་མཁར་དམིགས་མེད་དུ་བཞག་ པར་བྱས་ཏེ་དེ་ལ་རྡོ་རྗེའི་བྱིན་རླབས་འབེབས་པའི་ལྷན་ཅིག་བྱེད་རྐྱེན་དང་འགྲོགས་པའི་ ཐབས་མཁས་ཀྱི་རྟེན་འབྲེལ་ལས་དམིགས་མེད་མཉམ་བཞག་གི་ངོར་སྟོང་པའི་དབྱིངས་ ནས་སྲིད་གསུམ་དྭངས་མའི་གཟུགས་བརྙན་རྣམ་པ་སྣ་ཚོགས་རང་བཞིན་འོད་གསལ་བའི་ བདག་ཉིད་དུ་རྩོལ་མེད་རང་ཤུགས་ཀྱི་སྒོ་ནས་ལེགས་པར་འཆར་བ་ཡིན་ཏེ། དུས་འཁོར་རྩ་ བའི་རྒྱུད་ཀྱི་དུམ་བུ་དབང་མདོར་བསྟན་ལས། སྣ་ཚོགས་གཟུགས་བརྙན་འོད་གསལ་བའོ། །ཞེས་གསུངས་པ་ལྟར་ཡིན་པའི་ཕྱིར། སྟོང་པའི་གཟུགས་བརྙན་དེ་དག་རྟོག་བློ་སྤྱི་སྣང་གི་ ངོར་འཆར་བ་ལྟ་བུའི་རྣམ་པ་འདྲ་རུང་ཙམ་དུ་ཟད་པ་མ་ཡིན་པར་མཁའ་ལ་སྐར་ཚོགས་མིག་ གིས་མཐོང་བ་ལྟར་ཡིད་མངོན་རྟོག་མེད་ཀྱི་ངོར་སྒྲིབ་མེད་དྭངས་ཤིང་གསལ་བའི་རྣམ་པ་ 4-1-233 རང་བཞིན་ཚད་བཟུང་དང་བྲལ་ཞིང་ཁམས་གསུམ་པའི་སངས་རྒྱས་ཀྱི་གཟུགས་བརྙན་གྱི་ངོ་ བོ་དག་ཀྱང་མཐོང་བར་འགྱུར་ཏེ། རིགས་ལྡན་པདྨ་དཀར་པོས་དུས་འཁོར་འགྲེལ་ཆེན་དུ་ གསུངས་པ། མངོན་སུམ་གང་ཡིན་པ་དེ་དག་ནི་དེ་ཁོ་ན་ཉིད་ཀྱི་སྦྱོར་བས་མཁའ་ལ་སྐར་མ་ བཞིན་དུ་འགྱུར་ཏེ། སྐར་མའི་ཚོགས་བཞིན་དུ་མ་ལོངས་སྤྱོད་རྫོགས་པའི་སྐུ། ཞེས་པ་ནི་ཤ་ ལ་སོགས་པའི་མིག་གིས་བཟུང་བར་བྱ་བ་སྲིད་པ་གསུམ་མེ་ལོང་ལ་མཐོང་བ་ལྟར་སྟོང་པ་ལ་ མ་བརྟག་པའི་དངོས་པོ་ཐམས་ཅད་མཐོང་བ་ནི་སོ་སོར་སྡུད་པའི་ཡན་ལག་སྟེ་ཁམས་གསུམ་ པའི་སངས་རྒྱས་ཀྱི་གཟུགས་བརྙན་མཐོང་བའི་ཕྱིར། ཞེས་གསུངས་པའི་ཕྱིར། སྟོང་གཟུགས་ རྣམས་ཀྱང་བློས་བྱས་ཀྱིས་གསར་དུ་བསྐྱེད་པ་མ་ཡིན་པར་གདོད་ནས་བཞུགས་པའི་དོན་ དམ་ཆོས་ཉིད་བདེ་གཤེགས་སྙིང་པོ་རྣམ་ཀུན་མཆོག་ལྡན་གྱི་རང་གཟུགས་ཐེར་ཟུག་མི་ འགྱུར་བའི་རང་བཞིན་དུ་གནས་པ་དེ་ཉིད་སྲིད་གསུམ་གྱི་སྣང་བརྙན་སྣ་ཚོགས་དང་ལྷའི་ ཞལ་ཕྱག་སོགས་ཁ་དོག་དབྱིབས་ཀྱི་རྣམ་པ་མཐའ་ཡས་པའི་ངོ་བོར་མཐོང་བ་ཡིན་ཏེ། བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་ལས། ཐེར་ཟུག་ཏུ་གནས་སྙན་དང་ཤངས་དང་ཞལ་དང་དབུ་དང་ ཕྱག་དང་ཞབས་ནི་ཐམས་ཅད་པ། །ཞེས་གསུངས་པའི་ཕྱིར། དེས་ན་རྩ་རླུང་ཐིག་ལེ་སེམས་ རྣམས་ཀྱི་དྭངས་མའི་རང་གཟུགས་དེ་སྟོང་པའི་གཟུགས་སུ་ཤར་བ་སྟེ། དེ་ཡང་རྩ་རླུང་ཐིག་ ལེ་སེམས་ཀྱི་ཆོས་ས་ཁམས་ཀྱིས་བསྡུས་པ་རྣམས་ཀྱིས་རང་བཞིན་དྭངས་མ་ཆོས་ཉིད་དེ་ རྣལ་འབྱོར་པའི་བློ་ངོར་དུ་བ་དང་འབར་བའི་རྟགས་སུ་ཤར། དེ་བཞིན་དུ་ཆུ་ཁམས་ཀྱི་དྭངས་ མ་སྨིག་སྒྱུ་དང་ཟླ་བ། མེ་ཁམས་ཀྱིས་དྭངས་མ་མཁ༷འ་སྣང༷་དང་ཉི་མ། རླུང་ཁམས་ཀྱིས་ དྭངས་མ་མར་མེ་དང་སྒྲ་གཅན། ནམ་མཁའ་དང་ཡེ་ཤེས་སམ་སྟོང་པ་དང་བདེ་བའི་དྭངས་མ་ གློག་དང་ཐིག་ལེ་ཤར་བ་ཡིན་ལ། དེ་འདྲའི་རྟགས་སྣང་ཤར་བ་དེ་ནི་སེམས་རང་བཞིན་འོད་ གསལ་བདེ་གཤེགས་སྙིང་པོ་དེ་དངོས་གནས་ལ་སངས་རྒྱས་ཀུན་འདུས་ཀྱི་ངོ་བོར་བཞུགས་ 4-1-234 པ་ལས། ཀུན་རྫོབ་སྣང་བ་དང་བསྟུན་ཏེ་ལྡོ ག་ཆའི་ཕྱེ་བ་སོ་སོའི་ཐ་སྙད་སྦྱོར་ཏེ། སྐབས་ འདིར་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་སོགས་ས་ཁམས་རྣམ་པར་དག་པའི་དོན་ དམ་པའི་ལྷ་ཚོགས་རབ་འབྱམས་དང༌། སྣང་བ་མཐའ་ཡས་སོགས་ཆུ་ཁམས་རྣམ་པར་དག་ པ་དང༌། རིན་ཆེན་འབྱུང་ལྡན་སོགས་མེ་ཁམས་རྣམ་པར་དག་པ་དང༌། དོན་ཡོད་གྲུབ་པ་ སོགས་རླུང་ཁམས་རྣམ་པར་དག་པ་དང༌། མི་བསྐྱོད་པ་སོགས་མཁའ་ཁམས་རྣམ་པར་དག་ པ་དང༌། རྡོ་རྗེ་སེམས་དཔའ་སོགས་ཡེ་ཤེས་ཀྱི་ཁམས་རྣམ་པར་དག་པའི་དོན་དམ་པའི་ལྷ་ ཚོགས་རྣམས་ཀྱི་བྱིན་གྱིས་རླབས་པ་ཡིན་ཞིང༌། གཞི་ལ་བཞུགས་པའི་དོན་དམ་སངས་རྒྱས་ དེ་རྣམས་སྔར་སྒྲིབ་གཡོགས་འཐུག་པོས་བསྒྲིབས་ཏེ་མ་མཐོང་བ་ལས། འདི་སྐབས་སུ་སྒྲིབ་ གཡོགས་ཅུང་ཟད་ཅིག་སྲབ་པས་སངས་རྒྱས་དེ་རྣམས་ཀྱི་ཡེ་ཤེས་ཀྱི་ཆ་ཅུང་ཟད་ཅིག་མཐོང་ བ་ཡིན་ནོ། །ཇི་སྐད་དུ། ཆོས་ཀྱི་དབྱིངས་ལས་མ་གཏོགས་པ། །གང་ཕྱིར་ཆོས་མེད་དེ་ཡི་ ཕྱིར། །ཞེས་གསུངས་པ་ལྟར། དོན་གྱི་ཡིན་ལུགས་ལ་དུ་སོགས་རྟགས་སྣང་རྣམས་ཀྱང་འོད་ གསལ་སེམས་ཀྱི་སྣང་བ་ལས་གཞན་པའི་ངོ་བོ་ཅི་ཡང་མེད་པ་ནི་མེ་ལོང་དྭངས་པ་ལ་སྣོད་ བཅུད་སྣ་ཚོགས་ཀྱི་གཟུགས་བསྙན་ཤར་ཡང༌། དོན་ལ་མེ་ལོང་དྭངས་པ་ལས་གཞན་མེད་པ་ ལྟ་བུའོ། །ཆོས་དབྱིངས་ཟབ་མོའི་དེ་ཉིད་ནི། དོན་དམ་པའི་འཁོར་འདས་མ་ལུས་པའི་རྣམ་ པར་འཆར་བས་ན་རྣམ་ཀུན་མཆོག་ལྡན་གྱི་སྟོང་གཟུགས་ཞེས་བརྗོད་པ་ཡིན། རྣམ་པ་ཐམས་ ཅད་པའི་ཆོས་དབྱིངས་སྟོང་པའི་གཟུགས་ཀྱི་རང་བཞིན་ཅན་དེ་ཡང་ལམ་གྱི་དུས་སུ་རྣལ་ འབྱོར་པ་ལ་སེམས་སྒྲིབ་པས་བསྒྲིབས་ཏེ་རྣམ་པ་ཀུན་གྱི་ཆ་ནས་མི་མཐོང་བར་ཕྱོགས་རེ་ བའི་ཆ་ནས་རིམ་གྱིས་ཅུང་ཟད་རེ་མཐོང་བ་ལགས་པས། ཕྱོགས་རེ་བའི་ཆ་སྣང་བ་ནི་དོན་གྱི་ ཡིན་ལུགས་དང་མི་མཐུན་པའི་འཁྲུལ་སྣང་ངོ༌། །དེས་ན་ཆོས་དབྱིངས་མཐོང་ཚབ་རྒྱ་ཇེ་ཆེ་ བཞིན་དུ་རྣལ་འབྱོར་པའི་མཉམ་བཞག་གི་ངོར་བསམ་པའི་ཡུལ་ལས་འདས་པའི་རྣམ༷་ཀུ༷ན་ 4-1-235 མཆོག་ལྡན་གྱི་རང་གཟུགས་ཀྱི་ཉམས་སྣང་ཡང་མཐའ་མེད་པ་འཕེལ་སྟོབས་ཇེ་ཆེར་འགྲོ་བ་ ཡིན། རྣལ་འབྱོར་པས་ལམ་གྱི་དུས་སུ་མི་གཡོ་གསུམ་ལྡན་ལ་བརྟེན་ནས་རླུང་འགགས་ཤིང་ སེམས་གནས་པས་བདེ་བ་སྐྱེ་བ་སྔོན་མེད་པའི་དཔྱིད་ཀྱི་དུས་ལྟ་བུ་ུའབྱུང་བའི་དུས་སུ་ སེམས་སྟོང་ཉིད་ནམ་མཁའ་ལྟ་བུའི་ཀློང་ནས། མེ་ཏོག་དང་འབྲས་བུ་ལྟ་བུའི་སྟོང་གཟུགས་ ཇི་སྙེད་ཤར་བ་ཐམས་ཅད་ནི། མིག་སྟེང་དུ་མི་འཛུམ་པར་བལྟ་བའི་བྱེད་བཅིང་དང༌། སེམས་ བསམ་དུ་མེད་པའི་རྣལ་འབྱོར་གྱིས་ལས་རླུང་འགགས་པར་བྱས་པ་ལས་བྱུང་བའི་འབྲས་ བུའི་ཚུལ་དུ་ཆོས་ཉིད་ཀྱི་ཆ་ལེགས་པར་མངོན་པའི་སྣང་བ་ཡིན་ཏེ། ཇི་སྐད་དུ། སྔོ ན་མེད་ དཔྱིད་བྱུང་ནམ་མཁའི་མེ་ཏོག་འབྲས། །ལག་པས་ཐོགས་རེག་བྱར་མེད་ས་ར་ཧ། །མིག་མི་ འཛུམ་པར་བལྟ་དང་མི་བསམ་དང༌། །རླུང་འགགས་པ་སྟེ་བླ་མ་དམ་པས་གསུངས། །ཞེས་ གསུངས་པའི་ཕྱིར། སྔོ ན་འགྲོ་བ་རང་ག་བ་སུས་ཀྱང་མཐོང་མ་མྱོང་བའི་ངོ་མཚར་རྨད་དུ་བྱུང་ བ་སྟོང་པའི་གཟུགས་བརྙན་གྱི་རྣམ་པ་རང་རིག་སྤྲོས་པ་བྲལ་བའི་དབྱིངས་ན་རང་ཤུགས་ ཀྱིས་ཤར་བའི་རྡུལ་རྫས་བེམ་ཆོས་ཀྱིས་སྟོང་ཞིང་འོད་གསལ་གཤིས་ལུགས་དམ་པའི་ གཟུགས་བཟང་ཉེ་བར་མཛེས་པ་མཐའ་དང་ཚད་བསམ་པའི་ཡུལ་ལས་འདས་པ་དཔེ་གང་ གིས་ཀྱང་མི་མཚོན་པའི་སྲིད་གསུམ་དྭངས་པའི་གཟུགས་ཁ་དོག་སྣ་ཚོགས་སུ་འཆར་བ་ཅན་ གྱི་རྣམ་ཀུན་མཆོག་ལྡན་གྱི་སྟོང་པའི་གཟུགས་ཀྱི་མེ་ཏོག་རྣམ་པར་བཀྲ་བ་ལམ་དང་འབྲས་ བུའི་ཆོས་མཐའ་དག་འབྱུང་བའི་རིན་ཐང་ཚད་མེད་པའི་རིན་པོ་ཆེ་ལྟ་བུ་འདི་དག་ནི་མིའི་ རྒྱུན་ཀླུང་མེད་པའི་འབྲོག་དགོན་པ་བཟང་པོ་ན་མེ་ཏོག་རྒྱས་པ་བཞིན་དུ་སྟོང་ཉིད་ནམ་ མཁའི་རྣལ་འབྱོར་རྣམ་པར་མི་རྟོག་པའི་དབྱིངས་ལ་མཉམ་པར་བཞག་ན་རྒྱས་པར་འགྱུར་ གྱི་རྣམ་རྟོག་ཕལ་བའམ་དགེ་ཆོས་ཡིན་དུ་ཆུག་ཀྱང་རྟོག་དཔྱོད་གྱི་རྒྱུ་བ་མང་པོ་བྱུང་ན་རྒྱས་ པར་མི་འགྱུར་བ་ཡིན་ཏེ། ཞི་བ་ལྷའི་རྡོ་རྗེའི་གླུ་ལས་ཀྱང༌། རྨད་བྱུང་ནམ་མཁའི་དཀྱིལ་ཤར་ 4-1-236 བྷུ་སུ་ཀུ། །སྟོང་ཉིད་གཟུགས་མཛེས་ཤར་རོ་བྷུ་སུ་ཀུ། །དཔེ་མེད་མེ་ཏོག་ཤར་རོ་བྷུ་སུ་ཀུ། །རིན་ཐང་མེད་པའི་མེ་ཏོག་རིན་ཆེན་ལོང༌། །མེ་ཏོག་འདི་ནི་ཁ་དོག་སྣ་ཚོགས་ཅན། །མེ་ཏོག་ འདི་ནི་སྟོང་ཉིད་དགོན་པར་རྒྱས། །ཞེས་གསུངས་པ་ལྟར་ཡིན་པའི་ཕྱིར། དེ་ལྟ་བུའི་སྟོང་པའི་ གཟུགས་ཀྱི་སྣང་བ་མཐའ་དག་སློབ་པའི་རྣལ་འབྱོར་པས་ལམ་སྒོམ་པའི་དུས་སུ་མྱོང་བའི་ཚེ་ དེ་ཀུན་སྣང་ཡུལ་དུ་བྱེད་པའི་མཉམ་བཞག་སྤྲོས་མེད་ཀྱི་ངོར་ཧྲིག་གེ་ལྷག་གེ་འདི་དང་འདིའོ་ ཞེས་ནན་ཞེན་གྱི་རྟོག་པའི་འགྱུ་སྒོ་བཀྲ་མོ་ཡང་ཡང་མཆེད་པ་མ་ཡིན་པར་བདེ་གསལ་མི་ རྟོག་པའི་ངང་ནས་གང་སྣང་འཛིན་མེད་འབའ་ཞིག་ཏུ་ཤར་ཏེ་ཤེས་པ་རྒྱ་ཡངས་པོ་སྣང་བ་ བདེ་ཆམ་མེར་གནས་པའི་སྒོ་ནས་འཛིན་ཞེན་དམ་པོའི་འཆིང་བ་ཀུན་ཀྱང་རང་ཤུགས་ནས་ ལྷོད་དེ་གང་བྱུང་ལྷུག་པར་བསྐྱངས་པའི་ཡིན་ལུགས་ཀྱི་གཤིས་འདི་ཀ་རང་གིས་ཕྱོགས་མྱོང་ ཚུལ་ཇི་བཞིན་རྗེས་ཐོབ་ཏུ་གཞན་ལ་སྨྲ་མི་ཤེས་པ་དཔེ་གཞོན་ནུ་མའི་བུ་ཆུང་བྱིས་པ་ལྟ་བུའི་ གནས་སྐབས་འགྱུར་བ་ཡིན་ཏེ། ཇི་སྐད་དུ། སྐྱེ་བ་མེད་པ་མཐོང་བ་ནི། །གཞོན་ནུ་མ་ཡི་བུ་ཇི་ བཞིན། །ཞེས་གསུངས་པ་བཞིན་ཡིན་པའི་ཕྱིར་རོ། །དེང་སང་ལས་དང་པོ་པ་ཉམས་ལེན་ལ་ བརྩོན་པ་གང་དག་ལ་ནི་དུས་ཀྱི་དབང་གིས་སྟོང་གཟུགས་རྗེས་མཐུན་པའི་རྣམ་པ་འདྲ་རུང་ ཙམ་མ་གཏོགས་ཇི་བཞིན་པའི་ཆ་མཐོང་བ་དཀོན་པར་སེམས་སོ། །གོང་དུ་ཇི་སྐད་བཤད་པ་ བཞིན་གྱི་སྟོང་གཟུགས་ལེགས་པར་མཐོང་བ་དག་ལ་ཡོན་ཏན་གྱི་སྒོ་མཐའ་ཡས་པ་དང་ལྡན་ པའི་ཚུལ་རྗེ་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་ཞལ་སྔ་ནས་གསུངས་པ་ཡང་འདི་ལྟ་སྟེ། གཞན་ཡང་དུ་སོགས་རྟགས་རྣམས་སྣོད་བཅུད་ཀྱི་ཆོས་ཐམས་ཅད་ཀྱི་རང་བཞིན་ཡིན་པ་ དང༌། རྩ་ཁམས་རྣམས་ཀྱི་དྭངས་མ་ཡིན་པ་དང༌། ཆོས་དབྱིངས་ཡེ་ཤེས་ཡིན་པ་དང༌། སྦྱང་ གཞི་ཆོས་ཉིད་ཡིན་པ་དང༌། ཀུན་གཞི་དགེ་བ་ཡིན་པ་དང༌། དོན་དམ་པའི་ལྷ་སྔགས་ཐམས་ ཅད་པ་ཡིན་པ་དང༌། དོན་དམ་པའི་སངས་རྒྱས་ཡིན་པའི་ཕྱིར། རིམ་པ་བཞིན་དུ་འདི་སྒོམ་ 4-1-237 པས་ཞིང་ཁམས་ཐམས་ཅད་སྦྱང་བར་འགྱུར་ཞིང༌། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་ པར་བྱས་པར་འགྱུར་བ་དང༌། རྡོ་རྗེའི་ལུས་ཀྱི་རྩ་ཁམས་ཐིག་ལེ་ཐམས་ཅད་དག་པར་འགྱུར་ བ་དང༌། སྒོམ་པས་དཀར་པོའི་ཆོས་ཐམས་ཅད་བསྒོམ་པར་འགྱུར་བ་དང༌། འདིའི་སྟེང་གི་དྲི་ མ་དག་ན་སྒྲིབ་པ་ཐམས་ཅད་དག་པར་འགྱུར་བ་དང༌། འདིའི་སྒོམ་པ་མཐར་ཕྱིན་པས་ལམ་ ཐམས་ཅད་སྒོམ་པ་མཐར་ཕྱིན་པར་འགྱུར་བ་དང༌། སྟོང་གཟུགས་འདི་ལ་བརྟན་པ་ཐོབ་ཅིང་ མཐར་ཕྱིན་པར་འགྲུབ་ན་ཡི་དམ་གྱི་ལྷ་ཐམས་ཅད་འགྲུབ་ཅིང་སྔགས་འབྲས་ཐམས་ཅད་ འགྲུབ་པས་ལས་ཚོགས་དང་དངོས་གྲུབ་ཀྱི་རིགས་ཐམས་ཅད་ཐོབ་པར་འགྱུར་བ་དང༌། བྱང་ ཕྱོགས་སོགས་ལམ་གྱི་ཡོན་ཏན་དང་སྟོབས་བཅུ་སོགས་འབྲས་བུའི་ཡོན་ཏན་ཐམས་ཅད་ ཀྱང་འདི་ཉིད་ལ་རང་ཆས་སུ་བཞུགས་པས་བསྒོམས་པས་དེ་དག་ཐམས་ཅད་ཀྱང་མངོན་དུ་ འགྱུར་བ་ཡིན་ནོ། །ཞེས་དང་འདི་རྣམས་དོན་དམ་པའི་སངས་རྒྱས་དངོས་ཡིན་པའི་ཕྱིར། སྟོབས་སོགས་སངས་རྒྱས་ཀྱི་ཡོན་ཏན་མ་ལུས་པའང་འདི་ལ་རང་ཆས་སུ་ཡོད། རང་གིས་ བསྒོམ་པར་ནུས་ན་རིམ་གྱིས་མངོན་སུམ་དུ་མཐོང་ཞིང་རྟོགས་པར་འགྱུར། རྣམ་གྲངས་ཉི་ཚེ་ ཙམ་བརྗོད་ན་འདི་ལ་མཉམ་པར་བཞག་པས་མི་དགེ་བའི་རྣམ་རྟོག་ཐམས་ཅད་འགག དད་ པ་དང་སྙིང་རྗེ་ལ་སོགས་པ་དགེ་བའི་ཆོས་ཀྱི་རྣམ་པ་རྣམས། དམིགས་རྣམ་ལོགས་སུ་ཆེད་ ཀྱིས་མ་བསྒོམས་ཀྱང་རང་ཤུགས་སུ་འཆར། ལུས་ངག་གི་འཇུག་ལྡོ ག་ཁྱད་པར་ཅན་ཤུགས་ ལ་འབྱུང༌། ཞེས་སོགས་ཀྱི་སྒོ་ནས་སྟོང་པའི་གཟུགས་ཀྱི་རང་བཞིན་དོན་དམ་པའི་བསླབ་པ་ གསུམ་དང་སྐྱབས་གསུམ་དང༌། བྱང་ཆོས་སོགས་ཀྱི་ངོ་བོ་དང་དོན་དམ་པའི་ཁམས་གསུམ་ གྱི་རྣམ་པར་གྲུབ་པའི་ཆ་ནས་དེ་དག་གི་ཆོས་ཉིད་ཀྱི་རྣམ་པ་ཅི་རིགས་སུ་མཐོང་ཚུལ་རྒྱས་ པར་གསུངས་པའི་མཐར་ཡང་འདི་ལྟར་གསུངས་པ་སྟེ། གཞན་ཡང་མངོན་ཤེས་ལ་སོགས་པ་ དང༌། སྤྲོས་བྲལ་དང་སྟོང་ཉིད་ལ་སོགས་པའི་རྣམ་པ་གཞན་དང༌། སེམས་ཅན་གྱི་དོན་ཤེས་ 4-1-238 པ་ལ་སོགས་པ་ཉམས་ཀྱི་ཚུལ་དུ་འཆར་ཏེ། དེ་ནི་སྟོང་གཟུགས་ཞེས་ཀྱང་བྱ། སེམས་ཉིད་ ཅེས་ཀྱང་བྱ། དོན་དམ་བདེན་པ་ཞེས་ཀྱང་བྱ་འདི་གདོད་མ་ནས་ཇི་ལྟ་བ་ཇི་སྙཻད་པ་མཁྱེན་ པའི་ཡེ་ཤེས་དང་མཁྱེན་བརྩེ་ནུས་གསུམ་གྱི་ངོ་བོར་རྟག་ཏུ་ཡོད་པ་དང༌། སྐུ་གསུང་ཐུགས་ ཡོན་ཏན་ཕྲིན་ལས་ཀྱི་རྣམ་པ་མཐའ་ཡས་པར་ཡེ་ནས་བཞུགས་ཤིང་བཞུགས་པ་ལྟར་རྣམ་ པར་མི་རྟོག་པའི་ཡེ་ཤེས་ཀྱི་མིག་གིས་ཅི་རིགས་པར་མཐོང་བ་ཡིན་ནོ། །ཞེས་པ་ལ་སོགས་ པའི་སྒོ་ནས་རྒྱས་པར་གསུངས་པ་སྟེ། དེ་དག་ནི་རྗེ་བཙུན་རིན་པོ་ཆེའི་ཞལ་ནས་གསུངས་ པའི་བསླུ་བ་མེད་པའི་བཀའ་ཡིན་པས་བློ་ལྡན་ཀུན་ཀྱིས་ཡིད་ཆེས་པའི་གནས་སུ་གཟུང་ རིགས་སོ། ། གཉིས་པ་དེ་ལས་རྡོ་རྗེ་བཞིའི་རྣལ་འབྱོར་རིམ་གྱིས་མངོན་ཚུལ་མདོ་ཙམ་འཆད་པ་ནི། བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་ལས། སོ་སོར་སྡུད་པ་རྒྱལ་བའི་དབང་པོར་འགྱུར་ཞིང་རྣམ་པ་ བཅུ་སྟེ་བསམ་གཏན་མི་བསྐྱོད་པ་ཉིད་དོ། །སྲོ ག་རྩོལ་དག་ཀྱང་རལ་གྲི་ཅན་ནོ་སླར་ཡང་ རྣམ་པ་བཅུ་སྟེ་འཛིན་པ་ཕྱག་ན་རིན་ཆེན་ནོ། །གཡུང་མོ་ལ་ནི་རྗེས་སུ་དྲན་པ་པདྨ་འཛིན་ པར་འགྱུར་ཏེ་དཔལ་ལྡན་ཏིང་འཛིན་འཁོར་ལོ་ཅན། །ཞེས་གསུངས་པ་ལྟར་ཡན་ལག་དང་ པོ་སོར་སྡུད་ཡེ་ཤེས་ཀྱི་ཁམས་ཀྱི་རྣལ་འབྱོར་རྒྱལ་བའི་དབང་པོ་རྡོ་རྗེ་སེམས་དཔའ་རིགས་ ལའང་ཐོག་མར་གོང་དུ་བཤད་པ་ལྟར་སྨིན་མཚམས་ཐད་ཀྱི་སོར་བཅུ་དྲུག་གི་ནམ་མཁའ། མཁའ་རླུང་ཕྲ་བ་རྒྱུ་བའི་མཚམས་དེར་ཡིད་མིག་རླུང་གསུམ་གཏད་དེ་མི་རྟོག་གནས་ལུགས་ ཀྱི་དབྱིངས་སུ་མཉམ་པར་བཞག་པས་ལྟེ་བའི་རྩ་འཁོར་ནས་འབབ་པའི་གཡས་ཀྱི་འབྱུང་ བ་ལྔའི་རང་མིང་གིས་བསྟན་པའི་རླུང༌། ས་ཆུ་མེ་རླུང་བཞིའི་རིམ་པས་དབུ་མར་ཅུང་ཟད་ འགགས་པ་བས། བསམ་པ་གཙོ་ཆེ་བའི་སྒོ་ནས་དུ་བ་སྨིག་སྒྱུ་མཁའ་སྣང་མར་མེ་སྟེ་མཚན་ རྟགས་བཞི་རིམ་གྱིས་ཤར་ཞིང༌། དེ་ནས་ལྟེ ་བའི་གཡོན་གྱི་ཕུང་པོ་ལྔའི་མིང་གིས་བསྟན་ 4-1-239 པའི་རླུང་འབྱུང་བ་གོང་རིམ་བཞིན་འགགས་པས་ལུས་གཙོ་ཆེ་བའི་སྒོ་ནས་སེ༷ར་མོ༷་འབ༷ར་ བ༷་ཟླ་བ་ཉི་མ་སྒྲ་གཅན་རྣམས་རིམ་པས་འཆར་ལ། དེ་ནས་རྣམ་ཤེས་ཀྱི་རླུང་ཞེས་པ་ལྟེ ་བའི་ གཡོན་གྱི་མཁའ་རླུང་ཅུང་ཟད་འགག་པས་མཆོག་གི་ཆ་གློག་དང༌། ནམ་མཁའི་རླུང་རང་མིང་ གིས་སྨྲོས་པ་ལྟེ་བའི་གཡས་ཀྱི་མཁའ་རླུང་ཅུང་ཟད་འགགས་པས་ཐིག་ལེ་སྔོན་པོའི་རྟགས་ རྣམས་སྟེ་ཉིན་རྟགས་དྲུག་ཀྱང་རིམ་གྱིས་འབྱུང༌། དེ་ཀུན་ལའང་རྣམ་པར་མི་རྟོག་པའི་ངང་ ནས་ཡིད་བདེ་ཕྲ་མོ་དང་བཅས་ཏེ་གཟུགས་བརྙན་ཙམ་གྱི་ཚུལ་དུ་ཆོས་ཉིད་ཀྱི་རང་གཟུགས་ དྭངས་པའི་ཆ་ཤས་ཅི་རིགས་ཀྱི་རྣམ་པར་མངོན་དུ་བྱ་བ་དང༌། ཡན་ལག་གཉིས་པ་བསམ་ གཏན་མཁའ་ཁམས་ཀྱི་རྣལ་འབྱོར་མི་བསྐྱོད་པའི་རིགས་ལ་གཟུགས་སེམས་དབྱེར་མེད་ དུ་བསྒོམས་པས་སྟོང་གཟུགས་ལ་རྩེ་གཅིག་ཏུ་སེམས་པའི་ཤེས་རབ་དང༌། སྟོང་གཟུགས་ སེམས་སུ་ཤེས་པའི་རྟོག་པ་དང༌། སེམས་ལས་གཞན་པའི་སྟོང་གཟུགས་མེད་པར་མཐོང་ བའི་དཔྱོད་པ་དང༌། སྟོང་གཟུགས་ཀྱིས་དྲངས་པའི་དགའ་བདེ་ལ་ཅུང་ཟད་ཞེན་པ་དང་ བཅས་པའི་དགའ་བ་དང༌། དེ་འདྲའི་དགའ་བ་སྤྲོས་བཅས་ཀྱི་ཆ་ཞི་ནས་ཏིང་ངེ་འཛིན་བདེ་ བའི་ངོ་བོར་གྱུར་ཅིང་བདེ་བ་དེ་ལ་མངོན་པར་ཆགས་པ་མེད་པའི་སྐབས་ཀྱི་གཡོ་མེད་བདེ་ བ་སྟེ་དེ་འདྲའི་ཡུལ་ཅན་གྱི་ཡན་ལག་ལྔ་རིམ་གྱིས་སྐྱེ་བའི་དུས་ཀྱི་ཡུལ་གྱི་སྟོང་གཟུགས་ རྟགས་བཅུའི་སྣང་བ་གོང་འཕེལ་དུ་འགྲོ་བའི་སྐབས་ཀྱང་ལྔ་རེ་དང་བཅས་ཏེ་སྟོང་གཟུགས་ དེ་དག་སེམས་ཀྱི་རང་བཞིན་དུ་རྟོགས་པའི་ངང་ནས་ཤིན་ཏུ་སྦྱངས་བའི་དགའ་བདེ་ཁྱད་ པར་བའི་སྒོ་ནས་སྟོང་པའི་གཟུགས་ཀྱི་སྣང་བརྙན་རང་སེམས་ཀྱི་ཆོས་ཉིད་ཡིན་པའི་ཚུལ་དུ་ མངོན་དུ་བྱ་བའོ། །ཡན་ལག་འདི་གཉིས་ནི་སྟོང་གཟུགས་སྐུ་རྡོ་རྗེ་རྣམ་པ་ཐམས་ཅད་པའི་ ཆ་ཤས་ཐོག་མར་མཇལ་བྱེད་ཀྱི་ལམ་ཡིན་པའི་རྒྱུ་མཚན་ཀྱིས་སྐུ་རྡོ་རྗེའི་རྣལ་འབྱོར་ཞེས་ བརྗོད་པ་ཡིན། ཡན་ལག་གསུམ་པ་སྲོ ག་རྩོལ་རླུང་ཁམས་ཀྱི་རྣལ་འབྱོར་རལ་གྲི་ཅན་དོན་ 4-1-240 ཡོད་གྲུབ་པའི་རིགས་ལ་སྲོག་གཟུགས་སེམས་གསུམ་དབྱེར་མེད་དུ་མཉམ་པར་བཞག་པས་ སྲོག་རྩོལ་གྱི་ཕྱེད་སྔ་མར་གཡས་ཀྱི་ས་ཆུ་མེ་རླུང་ནམ་མཁའ་སྟེ་ཁམས་ལྔའི་རླུང་སྲོག་ཐུར་ གོང་བུ་གཅིག་ཏུ་འདྲེས་པ་དང་ཕྱེད་ཕྱི་མར་གཡོན་གྱི་རྣམ་ཤེས་འདུ་བྱེད་ཚོར་བ་འདུ་ཤེས་ གཟུགས་སྟེ་ཕུང་པོ་ལྔའི་རླུང་སྲོག་ཐུར་གོང་བུ་གཅིག་ཏུ་འདྲེས་ཏེ་གཡས་གཡོན་གྱི་རྒྱུ་བ་ བཀག་པའི་སྒོ་ནས་སྲོག་ཐུར་འདྲེས་པའི་བདེ་བ་དང་འགྲོགས་ཏེ་སྟོང་གཟུགས་རླུང་གི་ཆོས་ ཉིད་དུ་མཐོང་བ་དང༌། ཡན་ལག་བཞི་པ་འཛིན་པ་མེ་ཁམས་ཀྱི་རྣལ་འབྱོར་ཕྱག་ན་རིན་ཆེན་ ཏེ་རིན་ཆེན་འབྱུང་ལྡན་གྱི་རིགས་ལ་སྲོག་གཟུགས་སེམས་དང་ཐིག་ལེ་བཞི་ཀ་དབྱེར་མེད་དུ་ བྱས་ཏེ་མི་རྟོག་པའི་གནས་ལུགས་བསྒོམས་པས་གསང་ལྟེ་སྙིང་མགྲིན་དཔྲལ་གཙུག་དྲུག་གི་ མི་ཤིགས་པའི་ཐིག་ལེ་རྣམས་ལ་ལུགས་འབྱུང་ལྡོག་གི་རིམ་པས་སྲོག་ཐུར་འདྲེས་པའི་རླུང་ མཐའ་དག་ཐིམ་པ་དང་བརྟན་པར་བྱེད་པའི་སྒོ་ནས་རླུང་རྣམས་རང་ཡལ་དུ་བྱས་པའི་ཚུལ་ གྱིས་ལས་ཀྱི་གཏུམ་མོ་འབར་འཛག་གི་བདེ་བ་རྒྱས་བཞིན་རང་གི་ལུས་ཀྱི་འཁོར་ལོ་དྲུག་ གི་ནང་དུ་སྟོང་གཟུགས་ཁམས་དྲུག་གི་ལྷའི་རྣམ་པ་མཐའ་ཡས་པ་ཐིག་ལེའི་རང་མདངས་ བདེ་བའི་རང་བཞིན་དུ་ཆེར་མཐོང་བའོ། །ཡན་ལག་འདི་གཉིས་ནི་སྒྲ་སྐད་ཐམས་ཅད་པའི་ གཞོམ་མེད་གསུང་གི་རྡོ་རྗེའི་ཆ་ཤས་ན་དཱའི་སྒྲ་དབྱངས་ཀྱི་རྣམ་པ་ཉེ་བར་མངོན་པའི་ལམ་ ཡིན་པའི་རྒྱུ་མཚན་གྱིས་གསུང་རྡོ་རྗེའི་རྣལ་འབྱོར་ཞེས་བརྗོད། ཡན་ལག་ལྔ་པ་རྗེས་དྲན་ ཆུ་ཁམས་ཀྱི་རྣལ་འབྱོར་པདྨ་འཛིན་པ་སྣང་བ་མཐའ་ཡས་ཀྱི་རིགས་ལ་འབར་འཛག་གཏུམ་ མོའི་སྣང་ཆ་ལས་རང་ལུས་སྟོང་གཟུགས་སྒྱུ་མའི་ལྷ་ཡབ་ཡུམ་དུ་ཤར་ཏེ་ལས་ཡེ་ཕྱག་ཆེན་ གསུམ་ལ་བརྟེན་ནས་དགའ་བཞི་དབབ་བཟློ ག་གིས་དྲངས་པའི་བདེ་བ་ཆེན་པོའི་རང་བཞིན་ མི་རྟོག་པ་ལ་མཉམ་པར་བཞག་པས་གཞིའི་འདོད་པའི་གནས་སྐབས་ཆགས་ཡུལ་བསམ་ པ་འཁྲིག་སྦྱོར་འདོད་པ། ལུས་ལ་དྲོད་སྐྱེ་བ། ཁ་སྐམ་སོགས་བཞིན་འགྱུར་བ། ཟས་སོགས་ 4-1-241 ལ་བློ་མི་འཇུག་པ། ལུས་འདར་སེམས་མི་བརྟན་པ། སྤྱོད་པ་རང་བཞིན་དུ་མི་གནས་པ། བྱ་ བ་བྱ་མིན་མི་ཤེས་པས་རྨོངས་པ། རྐྱེན་གཞན་གྱིས་ཆགས་ཡུལ་དུ་འཁྲུལ་བ། འཛག་བདེ་ ཁོ་ནས་གཞན་དབང་དུ་སོང་བས་དྲན་ཤེས་ཉམས་པ་དང་བཅུ་ལ་སོགས་པར་སྦྱངས་ཤིང༌། སྟོང་གཟུགས་ཀྱི་ལྷ་མོར་དུ་བ་མ་སོགས་བཅུ་དེ་དག་དང་རྣམ་པ་མཚུངས་པའི་ཞི་བདེ་འགྱུར་ མེད་ཀྱི་རིམ་པ་བཅུ་བདེ་སྟོང་རྒྱས་འདེབས་པའི་ཚུལ་གྱིས་ཆེས་ཆེར་བསྐྱེད་དེ་བེམ་རྫས་ཀྱི་ ཐིག་ལེ་སླ་བ་བར་མ་དྭངས་པའི་གནས་སྐབས་གསུམ་དུ་ཕྱེས་ཏེ་བྱང་སེམས་བཞུ་བཏུལ་ཡང་ ཡང་བྱེད་པའི་སྒོ་ནས་རང་ལུས་ཀྱི་ཆོས་ཉིད་སྒྱུ་མའི་ལྷ་ཁ་སྦྱོར་གྱི་བདག་ཉིད་རྒྱུད་སྡེའི་ལྷ་ དཔའ་བོ་དང་དཔའ་མོ་འབྱམས་ཀླས་པ་མཁའ་དབྱིངས་ཀུན་ཏུ་སྤྲོ་ཞིང་བསྡུ་བའི་ཁྱབ་བདག་ བྱེད་པོ་ཉིད་དུ་མཐོང་ཞིང་ཡན་ལག་འདི་སྤྲོས་བྲལ་ཐུགས་ཀྱི་རྡོ་རྗེ་ཆེས་ཆེར་མངོན་བྱེད་ཀྱི་ ལམ་ཡིན་པས་ཐུགས་རྡོ་རྗེའི་རྣལ་འབྱོར་ཞེས་བྱ། ཡན་ལག་དྲུག་པ་ཏིང་ངེ་འཛིན་ས་ཁམས་ ཀྱི་རྣལ་འབྱོར་འཁོར་ལོ་ཅན་རྣམ་སྣང་གི་རིགས་ལ་ཕྱག་ཆེན་ལ་བརྟེན་ནས་དགའ་བཞིའི་ཡེ་ ཤེས་ཡང་ཡང་བསྐྱེད་པའི་བདེ་ཆེན་མི་རྟོག་པ་ལ་མཉམ་པར་བཞག་པས་རེ་ཞིག་ན་དམར་ཆ་ ལྟེ་འོག་ནས་གྱེན་དུ་འབར་བ་དང་དཀར་ཆ་སྤྱི་བོ་ནས་ཞུ་བ་དུས་མཉམ་པའི་སྒོ་ནས་དམར་ ཆ་སྤྱི་བོ་དང་དཀར་ཆ་ནོར་བུ་སླེབས་ཚེ་གནས་དེ་ཉིད་དུ་དམར་ཆ་དང་དཀར་ཆ་གཉིས་ལ་ ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་ཆ་རེ་རེ་འགགས་ནས་དམར་ཆ་དག་པའི་མི་རྟོག་པའི་སྣང་བ་དེ་ སྤྱི་བོ་ཡས་རིམ་ནས་འཕེལ་ཞིང་དཀར་ཆ་དག་པའི་མི་འགྱུར་བའི་བདེ་བའི་ཆ་དེ་སྙེད་ནོར་ བུར་མས་རིམ་གྱིས་འཕེལ་ཏེ་མི་རྟོག་པའི་སྣང་ཆ་ཡོངས་སུ་རྫོགས་པས་ནོར་བུར་གང་ཞིང་ མི་འགྱུར་བའི་བདེ་བའི་ཆ་ཤས་སྟོང་དང་བརྒྱད་བརྒྱ་རེས་གསང་འཁོར་གྱི་ཕྱེད་གང་བ་ན་ ཏིང་ངེ་འཛིན་གྱི་ས་རེ་ཐོབ་པའི་ཚུལ་གྱིས་གཙུག་ཏོར་གྱི་འཁོར་ལོའི་བར་དུ་སླེབས་ནས་ ཡོངས་སུ་གང་ཚེ་རྒྱལ་བ་གཉིས་པ་ཇོ་ནང་པ་ཆེན་པོའི་ཞལ་སྔ་ནས། ནོར་བུའི་རྩེ་མོར་ཉི་ 4-1-242 རྡུལ་བརྟན། །གཙུག་ཏོར་བྱང་སེམས་ཟླ་བ་ཉ། །ཞེས་པའི་བཀའ་ལེགས་པར་བསྩལ་བ་ལྟར་ དུ་གྱུར་ཅིང༌། འདི་སྐབས་སུ་འཁོར་ལོ་འོག་མ་ལྔ་རྩ་བའི་རླུང་སྲོ ག་ཐུར་མཉམ་གནས་གྱེན་དུ་ རྒྱུ་ཁྱབ་བྱེད་དེ་ལྔ་ཕྱིན་ཆད་མི་སྐྱེ་བའི་ཆོས་ཅན་དུ་རིམ་གྱིས་འགགས་པ་དང་གཙུག་ཏོར་དུ་ ཀླུ་རུ་སྦལ་རྩང་བ་ལྷས་བྱིན་གཞུ་ལས་རྒྱལ་སྟེ་ཡན་ལག་གི་རླུང་ལྔ་ཡང་དེ་ལྟར་དུ་འགགས་ ཏེ་རྣམ་སྨིན་གྱི་རྩ་རླུང་ཐིག་ལེའི་བེམ་རྫས་མཐའ་དག་དབྱིངས་སུ་དྭངས་ནས་ཡེ་གདོད་མ་ ནས་འོད་གསལ་ཆོས་ཉིད་བདེ་གཤེགས་སྙིང་པོ་སྟོང་གཟུགས་སྒྱུ་མའི་སྐུ་རྣམ་པ་ཐམས་ཅད་ པའི་བདག་ཉིད་དུ་བཞུགས་པ་དེ་ཉིད་ཟུང་འཇུག་ཡེ་ཤེས་ཀྱི་སྐུ་ཆུང་ངུའི་རྣམ་པར་མངོན་ དུ་གྱུར་པ་ཡིན་ནོ། །འདི་ལ་སངས་རྒྱས་ཆུང་ངུའི་ས་ཞེས་བྱ་ཞིང༌། དེ་ཡང་རྒྱུད་ལས། དེ་ ནས་ཏིང་ངེ་འཛིན་གྱི་དག་པ་ཉིན་ཞག་འགའ་ཞིག་དབང་གིས་ཡེ་ཤེས་སྐུ་ནི་འགྲུབ་པར་ འགྱུར། ཞེས་ཏིང་ངེ་འཛིན་གྱི་ཡེ་ཤེས་སྐད་ཅིག་དང་པོ་ཐོབ་པ་ནས་བརྩམས་ཏེ་ལོ་གསུམ་ ཕྱོགས་གསུམ་དུ་བརྩོན་པས་བསྒོམས་ན་ཏིང་ངེ་འཛིན་གྱི་ཐ་མའི་མཐར་ཡེ་ཤེས་ཀྱི་སྐུའི་ཟུང་ འཇུག་གི་སྐུ་གྲགས་པ་ཙམ་ནི་ཐོབ་པ་ཡིན་ལ་འདི་སྐབས་མཁས་མཆོག་གཞན་དག་གིས་ ཟུང་འཇུག་ཆེན་པོའི་སྐུ་ཐོབ་པར་བཞེད་ཀྱང་རྗེ་བཙུན་རིན་པོ་ཆེའི་རང་ལུགས་ལ་ནི། སྤྱིར་ ཐེག་ཆེན་འཕགས་པའི་ས་དང་པོ་ཐོབ་ན་ཡིད་ཀྱི་རང་བཞིན་གྱི་ལུས་ངེས་པར་ཐོབ་པ་དཔལ་ གྱི་མགུར་ནས་གསུངས་ཕྱིར། འདིར་ཏིང་ངེ་འཛིན་གྱི་ས་བཅུ་གཉིས་རྫོགས་པར་མ་ཐོབ་ པར་ཡེ་ཤེས་ཀྱི་སྐུ་མི་ཐོབ་པར་བཤད་པས་ཏིང་ངེ་འཛིན་གྱི་ས་རྣམས་ནི་འཕགས་ས་མ་ཡིན་ ལ། གཞན་ཡང་འཕགས་པའི་ས་བཅུ་པའི་ཡོན་ཏན་གཞལ་དུ་མེད་པར་གསུངས་ན་འདིའི་ ས་བཅུ་གཅིག་པའི་ཡོན་ཏན་ཡང་གཞལ་དུ་ཡོད་ཚུལ་འོག་ནས་འཆད་འགྱུར་ལྟར་ཡིན་པས་ གང་ཐད་ནས་བརྟགས་ཀྱང་ས་དེ་དག་སོ་སྐྱེས་གནས་སྐབས་ལས་མ་འདས་ཤིང་རབ་དགའ་ ལ་སོགས་པའི་ས་རྣམས་དང༌། རྣམ་པ་མཐུན་ཞིང་དེ་དག་གི་སྦྱོར་བའི་ཚུལ་དུ་གནས་པའི་ 4-1-243 སྦྱོར་ལམ་གྱི་ནང་ཚན་ཞིག་ལས་ཕྱེ་བའི་ས་ཡིན་པར་འཇོག་དགོས་སོ། །འགྲེལ་ཆེན་ལས་ ཐོག་མཐའ་བར་གསུམ་གྱི་མཚན་མའི་ནང་ནས་ཐ་མའི་མཚན་མ་ཡིན་པར་གསུངས་པ་ནི། བདེན་པ་མཐོང་བ་ལ་ཆོས་སྐུ་མཐོང་བར་བཤད་པ་ལྟར་འདིར་ཟུང་འཇུག་ཆུང་ངུའི་སྐུ་མངོན་ དུ་གྱུར་པ་ལ་དགོངས་ནས་དེ་ལྟར་གསུངས་ཀྱི་མཐར་ཐུག་གི་ཟུང་འཇུག་ཆེན་པོར་དགོངས་ ནས་དེ་ལྟར་གསུངས་པ་མིན་པར་རྗེ་བཙུན་ཐམས་ཅད་མཁྱེན་པས་བཞེད་པ་ལྟར་ཤེས་པར་ བྱ་དགོས་ལ། དེ་ལྟ་བུའི་ཡན་ལག་དྲུག་པའི་ཡེ་ཤེས་འདི་ནི་མི་འགྱུར་བའི་བདེ་བ་ཆེན་པོའི་ ཡེ་ཤེས་དང་རྣམ་ཀུན་མཆོག་ལྡན་གྱི་སྟོང་གཟུགས་རྡོ་རྗེའི་སྐུ་གཉིས་དབྱེར་མི་ཕྱེད་པའི་ཆ་ཅི་ རིགས་པའམ་ཡོངས་སུ་རྫོགས་པའི་བདག་ཉིད་ཅན་གྱི་ཐོབ་བྱ་འབྲས་བུའི་ལམ་ཡིན་པའི་རྒྱུ་ མཚན་གྱིས་ཡེ་ཤེས་རྡོ་རྗེའི་རྣལ་འབྱོར་ཞེས་བརྗོད་པ་ཡིན་ནོ། ། ད་ནི་རྩ་བའི་ས་བཅད་གསུམ་པ་ཐ་མར་བརྗོད་བྱ་དེ་ལས་འབྲས་བུ་མངོན་དུ་བྱ་ཚུལ་ལ། ས་ལམ་གྱི་བགྲོད་ཚུལ་དང༌། འབྲས་བུའི་རྣམ་བཞག་གཉིས་ལས། དང་པོ་ནི། སྤྱིར་ལམ་འབྲས་ཀྱི་ཚུལ་མདོ་ལམ་དང་མཐུན་པར་རྒྱ་ཆེར་འཆད་ནའང་ ཆོག་མོད་ཀྱང་འདིར་ནི་རང་ལུགས་ཀྱི་མན་ངག་ཟབ་མོའི་ལྟ་བ་དུས་ཀྱི་འཁོར་ལོའི་རྫོགས་ རིམ་དང་སྦྲེལ་ནས་འཆད་པའི་སྐབས་ཡིན་པས་དེ་ལུགས་རྗེ་བཙུན་བླ་མ་མཆོག་གི་དགོངས་ བཞེད་ལྟར་གྱི་ས་ལམ་བགྲོད་ཚུལ་མདོ་ཙམ་བཤད་ན་ཐོག་མར་སོར་སྡུད་ཀྱི་ཡེ་ཤེས་སྐྱེས་ པ་ན་རིམ་གཉིས་ཀྱི་ལམ་ལ་ཞུགས་ཤིང་སོར་སྡུད་ཀྱི་རིམ་པས་རྩ་དབུ་མའི་ལམ་ཅུང་ཟད་ དག སེམས་གནས་པ་ལ་རང་དབང་ཐོབ། འོད་གསལ་རྟགས་བཅུ་རྫོགས། བསམ་གཏན་ གྱི་རིམ་པས་དབུ་མའི་ལམ་ཤིན་ཏུ་སྦྱངས་ཆོས་ཐམས་ཅད་སྤྲོས་བྲལ་དུ་ཤེས་འོད་གསལ་གྱི་ སྣང་བ་རབ་འབྱམས་མཆེད། སྔར་བསྐྱེད་རིམ་ལ་བརྟན་པ་ཐོབ་པའི་གང་ཟག་གིས་ནི་ལམ་ འདི་གཉིས་བསྒོམས་ན་མྱུར་དུ་མཐར་ཕྱིན་པར་འགྱུར་ཞིང༌། དེ་ལྟ་བུའི་གང་ཟག་དེས་རིམ་ 4-1-244 པ་འདི་གཉིས་མཐར་ཕྱིན་པ་ཡིན་ན། དེའི་རིང་ལ་ཚོགས་ལམ་ཆུང་འབྲི ང་ཆེ་གསུམ་མཐར་ ཕྱིན་ཏེ་སྦྱོར་ལམ་དྲོད་ཆུང་ངུ་སླེ བས་པ་ཡིན་ཏེ། སོར་སྡུད་ཀྱི་རིམ་པས་ནི་ཚོགས་ལམ་ཆེན་ པོ་མན་ཆད་དང༌། བསམ་གཏན་གྱི་རིམ་པས་ནི་སྦྱོར་ལམ་དྲོད་ཆུང་ལ་སྦྱོར་ནུས་པའི་ཕྱིར། ཅི་སྟེ་བསྐྱེད་རིམ་ལ་བརྟན་པ་ཐོབ་པ་སྔོན་དུ་མ་སོང་ན་རིམ་པ་འདི་གཉིས་ཀྱང་ཡུན་རིང་དུ་ གོམས་པའི་མཐར་ཕྱིན་པར་འགྱུར་བ་སྟེ། དེ་ཡང་རིམ་པ་འདི་གཉིས་ཀྱི་རིང་ལ་ཚོགས་ལམ་ ཆེན་པོ་མན་ཆད་ཙམ་ལ་བགྲོད་མི་ནུས་སོ། །དེ་ནས་སྲོག་རྩོལ་གྱི་རིམ་པས་དཀྱིལ་འཁོར་ བཅུའི་རླུང་དབུ་མར་ཐིམ། མཉམ་བཞག་ཏུ་གཟུང་འཛིན་ཐ་དད་པར་འཛིན་པའི་རྣམ་རྟོག་ མངོན་གྱུར་པ་འགགས། ནུས་པ་ཅུང་ཟད་རྙེད། བདེ་སྟོང་གི་ཉམས་གསལ་བོར་འཆར་པ་ ཡིན་ལ། སྐབས་འདིར་ནི་བསྐྱེད་རིམ་སྔོ ན་དུ་སོང་མ་སོང་གང་ཡིན་ཀྱང་འདྲ་སྟེ་ཡུན་རིང་ཐུང་ གི་ཁྱད་ཙམ་མ་གཏོགས་འབྲས་བུ་ལ་མི་འདྲ་བ་མེད་པས་སྦྱོར་ལམ་དྲོད་ཆུང་མཐར་ཕྱིན་ནས་ དྲོད་འབྲི ང་མན་ཆད་ངེས་པར་ཐོབ་པ་ཡིན་ཞིང༌། དེ་ནས་འཛིན་པའི་ཡན་ལག་ལ་སྲོ ག་དབུ་ མའི་ཐིག་ལེར་བཅིངས་ནས་ལས་ཀྱི་གཏུམ་མོ་འབར་བའི་ཞུ་བདེ་རྒྱུན་མི་ཆད་ཅིང༌། སྟོང་ གཟུགས་རྣམས་ཀྱང་ཡེ་ཤེས་ཀྱི་གཏུམ་མོ་འབར་བའི་སྣང་ཆ་ཉིད་དུ་འཆར་ལ་ནུས་པ་དང་ ཡོན་ཏན་ཆེར་ཐོབ་ཏེ་སྦྱོར་ལམ་དྲོད་འབྲིང་མཐར་ཕྱིན་ནས་དྲོད་ཆེན་པོའི་སྐབས་སུ་སླེབས་ པ་ཡིན་ལ། རིམ་པ་འདིའི་ཐ་མར་དྲོད་ཆེན་གྱི་གནས་སྐབས་སོང་ནས་སྦྱོར་ལམ་རྩེ་མོ་ལ་ མཚམས་སྦྱོར་བ་ཡིན་ནོ། །དེ་ནས་རྗེས་དྲན་གྱི་ཐོག་མ་ནས་ཡེ་ཤེས་ཀྱི་སྐུ་ཆུང་ངུའི་སྒྱུ་ལུས་ ཀྱི་ལྷ་ཡབ་ཡུམ་ཀྱི་རྣམ་པ་རང་ལུས་ཀྱི་འོད་དུ་འཆར་ཞིང༌། སྟོང་གཟུགས་ཀྱི་ཕྱག་རྒྱས་བདེ་ བ་རྫོགས་པར་འདྲེན་ནུས་རིམ་པ་འདིའི་ཡ་མཐའ་ལ་སླེབས་ཚེ་སྦྱོར་ལམ་རྩེ་མོ་ཆུང་འབྲིང་ ཆེ་གསུམ་མཐར་ཕྱིན་པ་དང་མཉམ་མོ། །དེ་ནས་ཏིང་ངེ་འཛིན་ནི་སྦྱོར་ལམ་བཟོད་པ་དང་ ཆོས་མཆོག་གཉིས་ཀྱི་རང་སྐབས་ཡིན་ལ། དེ་གཉིས་ལའང་ཆུང་འབྲི ང་ཆེ་གསུམ་གྱི་དབྱེ་ 4-1-245 བ་གསུམ་རེ་ཡོད་ཅིང༌། འདི་སྐབས་ཀྱི་ཏིང་ངེ་འཛིན་གྱི་ས་བཅུ་གཉིས་ནི་སྐད་ཅིག་ཐ་མ་མ་ གཏོགས་སོ་སོའི་སྐྱེ་བོའི་ས་ཡིན་ཕྱིར་དེ་དག་གི་སྐབས་སུ་སྤང་བྱ་རྟེན་འབྲེལ་བཅུ་གཉིས་ དང་ཐ་མལ་བའི་ལུས་ངག་ཡིད་གསུམ་ཆགས་རྟོག་གི་གནས་སྐབས་དང་བཅས་པ་འགགས་ ཤིང་སྤངས་པར་གསུངས་པ་དང༌། ཐོབ་བྱ་རྡོ་རྗེ་བཞི་ཡང་ཐོབ་པར་གསུངས་པ་ནི་སྐབས་ འདི་དག་ཏུ་སྤང་བྱ་དེ་དག་ཤིན་ཏུ་དག་སླ་བར་བྱས་པའི་སྒོ་ནས་དག་རུང་ཁྱད་པར་ཅན་དང་ ཐོབ་བྱ་རྣམས་ཀྱང་ཀུན་རྫོབ་གཞན་སྣང་ལྟར་ན་རྒྱུ་ཚོགས་ཚང་ཞིང་སྐྱེ་མ་རག་ཏུ་ཡོད་པའི་སྒོ་ ནས་ཐོབ་རུང་ཁྱད་པར་བ་དང༌། ཆོས་ཉིད་དོན་དམ་པའི་ཡིན་ལུགས་ལྟར་ན་ལམ་བསྒོམས་ སྟོབས་ཀྱིས་གདོད་ནས་བཞུགས་པའི་རྡོ་རྗེ་བཞིའི་རྣམ་པ་མངོན་དུ་གྱུར་མ་རག་ཏུ་ཡོད་ པ་ལ་དགོངས་ནས་དེ་ལྟར་གསུངས་པའི་ཚུལ་ཤེས་པར་བྱས་ཏེ། ཏིང་ངེ་འཛིན་གྱི་ས་དང་ པོ་སོགས་སུ་སྤང་བྱ་རྟེན་འབྲེ ལ་རྒ་ཤི་དང༌། ས་གཉིས་པར་སྐྱེ་བ། ས་གསུམ་པར་སྲི ད་པ་ འགགས་པའི་སྒོ་ནས་ཐ་མལ་བའི་ལུས་སྤོང༌། ལམ་གྱི་སྐུ་རྡོ་རྗེ་བསྒྲུབ། དེ་བཞིན་དུ་བཞི་པར་ ལེན་པ། ལྔ་པར་སྲེ ད་པ༌། དྲུག་པར་ཚོར་བ་འགགས་པའི་སྒོ་ནས་ཐ་མལ་བའི་ངག་སྤོང་ཞིང༌། ལམ་གྱིས་གསུང་རྡོ་རྗེ་བསྒྲུབས། བདུན་པ་རེག་པ། བརྒྱད་པར་སྐྱེ་མཆེད། དགུ་པར་མིང་ གཟུགས་འགགས་པའི་སྒོ་ནས་ཐ་མལ་པའི་ཡིད་སྤངས་ནས་ལམ་གྱི་ཐུགས་རྡོ་རྗེ་བསྒྲུབས། བཅུ་པར་རྣམ་ཤེས། བཅུ་གཅིག་པར་འདུ་བྱེད། བཅུ་གཉིས་པར་མ་རིག་པ་རྣམས་འགགས་ པའི་སྒོ་ནས་ཐ་མལ་གྱི་བཞི་པའི་གནས་སྐབས་ཆགས་རྟོག་སྤོང་ཞིང༌། ལམ་གྱི་ཡེ་ཤེས་རྡོ་ རྗེ་བསྒྲུབ་བོ། །དེ་དག་གི་སྐབས་སུ་ཡོན་ཏན་གྱི་ཁྱད་པར་ཡང༌། ས་དང་པོ་ལ་ཕྱོགས་བཅུའི་ འཇིག་རྟེན་གྱི་ཁམས་གཅིག་གི་མ་མཐོང་བའི་དོན་ཡང་དག་པར་མཐོང་བ་དང༌། དེ་བཞིན་ དུ་གཉིས་པ་ལ་གཉིས་དང༌། གསུམ་པ་ལ་བཞི་དང༌། བཞི་པ་ལ་བརྒྱད་དང༌། ལྔ་པ་ལ་བཅུ་ དྲུག་དང༌། དྲུག་པ་ལ་སོ་གཉིས་དང༌། བདུན་པ་ལ་དྲུག་ཅུ་རེ་བཞི་དང༌། བརྒྱད་པ་ལ་བརྒྱ་ 4-1-246 ཉེར་བརྒྱད་དང༌། དགུ་པ་ལ་ཉིས་བརྒྱ་ལྔ་བཅུ་ང་དྲུག་དང༌། བཅུ་པ་ལ་ལྔ་བརྒྱ་བཅུ་གཉིས། བཅུ་གཅིག་པ་ལ་ཕྱོག་བཅུའི་འཇིག་རྟེན་གྱི་ཁམས་སྟོང་དང་ཉེར་བཞིའི་སྔར་མ་མཐོང་བའི་ དོན་ཡང་དག་པར་མཐོང་བ་དང༌། ས་བཅུ་གཉིས་པ་ལ་ནི་མཐའ་ཡས་པར་བཤད་པ་སྟེ། དེ་ དག་ལས་སྔར་མ་མཐོང་བ་ཞེས་པའི་དོན་ནི། རྗེ་བཙུན་རིན་པོ་ཆེའི་ཞལ་ནས་སྔགས་ཀྱི་རྣལ་ འབྱོར་པ་རང་གི་མཉམ་བཞག་གི་གསལ་སྣང་ལ་ཚད་དེ་དང་དེ་ཚུན་ཆད་ལ་སྣང་བ་སྒྱུ་མ་ལྟ་ བུ་དང་རང་བཞིན་སྤྲོས་བྲལ་དུ་འཆར་ཞིང༌། དེ་དང་དེ་ཕན་ཆད་ལ་ནི་ཤེས་པའི་འཇུག་པ་མི་ གསལ་བའོ། །རྗེས་ཐོབ་ཏུ་ནི་མཉམ་བཞག་དེའི་ཤུགས་ལས་ཐོབ་པའི་ཡོན་ཏན་འཇིག་རྟེན་ གྱི་ཁམས་དེ་དང་དེ་ཚུན་ཆད་ཀྱི་སྣོད་ཀྱི་འཇིག་རྟེན་དང་འགྲོ་བའི་སྤྱོད་ཚུལ་རགས་པ་རྣམས་ ཤེས་པར་ནུས་པ་སྟེ། དེ་ཡང་ཡེ་ཤེས་གཅིག་གིས་དུས་ཅིག་ཆར་རྟོགས་པར་མ་ངེས་ཀྱང་ རིམ་པས་བསམ་ནས་ཤེས་པའོ། །ཞེས་གསུངས་པ་ལྟར་ཤེས་པར་བྱ་དགོས་ཤིང༌། ཏིང་ངེ་ འཛིན་གྱི་ས་བཅུ་གཅིག་པ་མན་ཆད་ནི་སྦྱོར་ལམ་བཟོད་པ་ཡིན། ས་བཅུ་གཉིས་པའི་སྐད་ ཅིག་སྟོང་དང་བདུན་བརྒྱ་དགུ་བཅུ་གོ་དགུ་ནི་སྦྱོར་ལམ་ཆོས་མཆོག་ཡིན་ཞིང༌། དེའི་སྐད་ ཅིག་ཐ་མ་ནི་མཐོང་ལམ་ཡིན་པས། དེའི་དུས་སུ་གོང་དུ་བཤད་པའི་ས་རང་རང་གི་སྤང་བྱ་ ཐམས་ཅད་ཅིག་ཆར་དངོས་སུ་འགགས་ཏེ་ས་བོན་དང་བཅས་པ་སྤངས་པའང་ཡིན། དེ་ རྣམས་དང་དུས་མཉམ་དུ་རྡོ་རྗེ་བཞི་པོ་ཡང་ཐོབ་པ་ཡིན་མོད་ཀྱི། རྡོ་རྗེ་བཞི་པོ་དེ་རྣམས་ཀྱི་ བྱེད་ལས་རྣམ་པར་འཕྲུལ་པ་ནི་མཐོང་ལམ་གྱི་སྐད་ཅིག་དེ་འདས་མ་ཐག་པ་ནས་འབྱུང་བའི་ ཕྱིར་དེ་དུས་ཐོབ་ཅེས་ཐ་སྙད་བྱེད་པའང་ཡོད་དོ། །དེ་ལྟར་འཁོར་བའི་ལུས་ངག་ཡིད་གསུམ་ སྤངས་པའི་གནས་སྐབས་དེར་མ་དག་པའི་ལུས་གནས་འགྱུར་བས་འཇའ་ལུས་རྡོ་རྗེའི་སྐུ་ འགྲུབ་པ་ཞེས་བྱ་བ་དང༌། རྡོ་རྗེ་རྣམ་བཞི་རོ་མཉམ་པ་ཐོབ་པས་གཉིས་སུ་མེད་པའི་ཡེ་ཤེས་ ཀྱི་སྐུ་འགྲུབ་པ་ཞེས་བྱ་བ་ཡིན་ཀྱང༌། འདི་ནི་དོན་གྱི་ཡིན་ལུགས་ལྟར་ན། ས་དང་པོ་རབ་ཏུ་ 4-1-247 དགའ་བ་ཡིན་ཞིང༌། འདི་དུས་ན་རྫོགས་པའི་སངས་རྒྱས་ཉིད་ལ་ཤིན་ཏུ་ཉེ་བ་དང༌། འདི་ ཕྱིན་ཆད་ནས་ལམ་རིགས་འདྲ་ཁོ་ནས་སངས་རྒྱས་ཐོབ་པ་དང༌། རྫོགས་པའི་སངས་རྒྱས་ ཉིད་དང་རྣམ་པ་མཚུངས་པ་དང༌། འགྱུར་མེད་བདེ་བའི་སྐད་ཅིག་མ་རྣམས་རྫོགས་པའི་རྒྱུ་ མཚན་གྱིས་རྫོགས་པའི་སངས་རྒྱས་དང་རྡོ་རྗེ་སེམས་དཔའ་ལ་སོགས་པའི་མཚན་གསོལ་བ་ ཡིན་གྱི་དོན་ལ་འཕགས་ས་ཐོབ་མ་ཐག་གི་སློབ་པའི་ཟུང་འཇུག་གི་གནས་སྐབས་ཁོ་ན་ཡིན་ པས་ན་ད་དུང་རབ་ཏུ་དགའ་བ་ལ་སོགས་པའི་འཕགས་ས་བཅུ་གཉིས་སམ་ཡང་ན་མཆོག་ཏུ་ མི་འགྱུར་བའི་ཡེ་ཤེས་གྲུབ་པ་ལས་གསུངས་པ་ལྟར། འཕགས་པའི་ས་དང་པོ་ཀུན་ཏུ་འོད་ཉི་ མའི་དཀྱིལ་འཁོར་ཆེན་པོ་མཛེས་པའི་ས་དང༌། གཉིས་པ་བདུད་རྩིའི་འོད་ཟླ་བ་ཆེན་པོ་འོད་ གསལ་བའི་ས་དང༌། གསུམ་པ་ནམ་མཁའི་འོད་ནམ་མཁའ་ལྟར་རབ་ཏུ་གནས་པའི་ས་དང༌། བཞི་པ་རྡོ་རྗེའི་འོད་ཡིད་རབ་ཏུ་དགའ་བའི་ས་དང༌། ལྔ་པ་རིན་ཆེན་འོད་མངོན་པར་དབང་ བསྐུར་པ་ལ་གནས་པའི་ས་དང༌། དྲུག་པ་པདྨའི་འོད་རང་བཞིན་གྱི་དག་པའི་ཆོས་དྲི་མ་མེད་ པ་ཡོངས་སུ་འཛིན་པའི་ས་དང༌། བདུན་པ་སངས་རྒྱས་ཀྱི་ལས་བྱེད་པའི་ས་དང༌། བརྒྱད་པ་ དཔེ་མེད་པའི་ས་དང༌། དགུ་པ་དཔེ་ཐམས་ཅད་ཀྱི་དཔེ་རབ་ཏུ་རྟོགས་པར་བྱེད་པའི་ས་དང༌། བཅུ་པ་ཤེས་རབ་ཀྱི་འོད་བླ་ན་མེད་པའི་ས་དང༌། བཅུ་གཅིག་པ་ཐམས་ཅད་མཁྱེན་པ་ཉིད་ འོད་གསལ་བ་ཆེན་པོའི་ས་དང༌། བཅུ་གཉིས་པ་སོ་སོའི་བདག་ཉིད་རིག་པ་རྣལ་འབྱོར་པའི་ ཡེ་ཤེས་རྫོགས་པར་བྱེད་པའི་ས་རྣམས་རིམ་གྱིས་བགྲོད་དགོས་ཤིང༌། ས་འདི་རྣམས་གཙོ་ བོར་དེ་བཞིན་གཤེགས་པའི་ཡོན་ཏན་གྱི་སྐབས་སུ་གསུངས་ཀྱང་ཏིང་ངེ་འཛིན་གྱི་སྐབས་ འདིར་ཡང་རང་རང་གི་ས་བཅུ་གཉིས་རྫོགས་པའི་མཐར་འཕགས་པའི་སློབ་ལམ་གྱི་སྐབས་ སུ་གོང་མའི་ཡོན་ཏན་གྱི་གཞིར་གྱུར་པའི་ཡེ་ཤེས་ཀྱི་ཁྱད་པར་བཅུ་གཉིས་ཐོབ་པ་དེ་ཡིན་ལ། འདི་དག་སློབ་འཕགས་དང་སངས་རྒྱས་ཀྱི་ཡེ་ཤེས་གཉིས་ཀ་ཡོད་པར་གསུངས་ཕྱིར་སློབ་ 4-1-248 པའི་དུས་སུ་སྒོམ་ལམ་རྣམས་དང༌། རབ་དགའ་ལེགས་པའི་སའི་མངོན་རྟོགས་མཐའ་ཡས་ པ་དང༌། དེ་དག་གི་ཡོན་ཏན་ཆ་ཚང་བ་དང་བཅས་པས་ལེགས་པར་བརྒྱན་ཅིང་ས་དེ་དག་ གི་དུས་སུ་བསྒོམ་བྱ་འཇིག་རྟེན་ལས་འདས་པའི་ཡན་ལག་དྲུག་ཆ་མཉམ་པར་སྤྱོད་ཅིང༌། བསམ་གྱིས་མི་ཁྱབ་པའི་རང་བཞིན་ཅན་གྱི་རིག་པའི་བརྟུལ་ཞུགས་ཀྱི་སྤྱོད་པས་མཐའ་ཡས་ པའི་སེམས་ཅན་སྨིན་ཅིང་གྲོལ་བར་བྱས་ནས་མཐར་རྫོགས་པའི་སངས་རྒྱས་དངོས་དང་རྡོ་ རྗེ་སེམས་དཔའ་དངོས་དོན་དམ་པར་ན་གཞི་ལ་བཞུགས་པའི་ཆོས་སྐུའི་ཆ་ཡོངས་སུ་རྫོགས་ པ་མངོན་དུ་གྱུར་པ་ཡིན་ནའང་ཀུན་རྫོབ་ཙམ་དུ་ན་ས་བཅུ་ལམ་ལྔ་མངོན་རྟོགས་ཡོན་ཏན་ མཐའ་མེད་དུ་འཕེལ་ཏེ་སྔར་མེད་གསར་སྐྱེས་ཀྱི་ཚུལ་དུ་སྐུ་བཞིའི་དབང་ཕྱུག་གི་གོ་འཕང་ མཆོག་གི་རྣམ་པར་གཞན་སྣང་གི་ངོར་ཐོབ་པ་ཡིན་ནོ། ། གཉིས་པ་འབྲས་བུའི་རྣམ་གཞག་ནི། གཞི་ལམ་འབྲས་གསུམ་ཐམས་ཅད་ལ་ཀུན་ཏུ་ ཁྱབ་པའི་ཆོས་ཉིད་བདེ་གཤེགས་སྙིང་པོ་ནི་རྣམ་པ་ཐམས་ཅད་པ་ཡིན་པས་མཚན་ཉིད་ཀྱི་ ལྡོག་ཆ་མཐའ་ཡས་ཀྱང་སྐབས་འདིར་དགོས་པ་ལ་ལྟོས་ནས་དོན་དམ་པའི་ཕུང་ཁམས་སོ་ དྲུག་གི་རང་བཞིན་ཡིན་ཞེས་དེ་ཙམ་ཞིག་བརྗོད་པ་ཡིན་ལ་དེ་ཉིད་གདོད་ནས་རྡོ་རྗེ་སེམས་ དཔའ་ལ་སོགས་པའི་ལྷ་སུམ་ཅུ་རྩ་བདུན་གྱི་དཀྱིལ་འཁོར་རབ་འབྱམས་སུ་བཞུགས་པའོ། །སྦྱང་བྱ་སེམས་ཅན་རྣམས་ཀྱི་རྒྱུད་ལ་སྣང་བའི་མ་དག་པའི་ཕུང་ཁམས་སོ་དྲུག་དེས་སྦྱང་ གཞི་བདེ་གཤེགས་སྙིང་པོ་དེ་སེམས་ཅན་རྣམས་ལ་བསྒྲིབས་ཤིང༌། སྒྲིབ་པ་དེ་སྦྱོང་བྱེད་སྦྱོར་ བ་ཡན་ལག་དྲུག་གིས་ལེགས་པར་སྦྱངས་པའི་འབྲས་བུ་ཡང་བྲལ་འབྲས་ཆོས་སྐུའི་རང་ བཞིན་གདོད་ནས་བཞུགས་པའི་བདེ་གཤེགས་སྙིང་པོའི་དཀྱིལ་འཁོར་གྱི་འཁོར་ལོ་རྡོ་རྗེ་ དབྱིངས་ཀྱི་དཀྱིལ་འཁོར་རབ་འབྱམས་དེ་ཡང་སྒྲིབ་གཡོགས་བྲལ་ཏེ་མངོན་སུམ་དུ་གྱུར་པ་ དེ་ཡིན་ནོ། །དེ་ཡང་ཏིང་ངེ་འཛིན་གྱི་ས་བཅུ་གཉིས་ཐོབ་ཟིན་པའི་རྣལ་འབྱོར་པའི་རྒྱུད་ལ་ 4-1-249 གནས་པའི་ཡན་ལག་དྲུག་གི་འབྲས་བུ་ལ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་དང་པོ་གྲུབ། དེ་ ནས་འཕགས་ལམ་གྱིས་བསྡུས་པའི་ཡན་ལག་དྲུག་བསྒོམས་པ་ལས་ས་བཅུ་གཉིས་སུ་གོང་ འཕེལ་དུ་སོང་ནས་མཐར་རྒྱུན་མཐའི་ཡེ་ཤེས་སུ་གྱུར་པའི་ཡན་ལག་དྲུག་གི་རྣལ་འབྱོར་ ལས་བྲལ་འབྲས་ཆོས་སྐུ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་མངོན་དུ་གྱུར་པ་སྟེ། དེ་ཡང་ ཡེ་ཤེས་ཀྱི་ཕུང་པོ་སྒྲིབ་བྲལ་དུ་གྱུར་པ་རྡོ་རྗེ་སེམས་དཔའ། དེ་བཞིན་དུ་ཡེ་ཤེས་ཀྱི་ཁམས་ སྣ་ཚོགས་ཡུམ། ཡིད་ཀུན་བཟང༌། སྒྲ་སྒྲ་རྡོ་རྗེ་མ། མཆོག་གི་དབང་པོ་གནོད་མཛེས། དྲི་ ཆུ་འདོར་བ་ཤིན་ཏུ་སྔོན་མོ་སྟེ་ཡེ་ཤེས་ཀྱི་རིགས་དྲུག་ཚན་ཚན་པ་གཅིག་སྟེ་སོར་སྡུད་ཀྱིས་ མངོན་དུ་གྱུར་པའི་མཐར་ཐུག་གི་འབྲས་བུ་དང༌། རྣམ་ཤེས་མི་བསྐྱོད་པ། མཁའ་ཁམས་རྡོར་ དབྱིངས་དབང་ཕྱུག་མ། རྣ་བ་ཕྱག་རྡོར། ཆོས་ཆོས་ཁམས་རྡོ་རྗེ་མ། གསང་བའི་དབང་པོ་ གཙུག་ཏོར་འཁོར་ལོས་སྒྱུར་བ། ཁུ་བ་འདོར་བ་དྲག་སྤྱན་མ་སྟེ་མཁའ་ཁམས་ཀྱི་རིགས་དྲུག་ ནི་བསམ་གཏན་གྱི་མངོན་དུ་གྱུར་པའི་མཐར་ཐུག་གི་འབྲས་བུ་དང༌། འདུ་བྱེད་དོན་གྲུབ། རླུང་ཁམས་སྒྲོལ་མ། སྣ་ནམ་སྙིང༌། རེག་བྱ་རེག་བྱ་རྡོ་རྗེ་མ་ངག་གི་དབང་པོ་བགེགས་མཐར་ བྱེད། བཤང་བ་འདོར་བ་ཤིན་ཏུ་བརྩོན་འགྲུས་མ་སྟེ། རླུང་ཁམས་ཀྱི་རིགས་དྲུག་ནི། སྲོ ག་ སྩོལ་གྱིས་མངོན་དུ་གྱུར་པའི་མཐར་ཐུག་གི་འབྲས་བུ་དང༌། ཚོར་བ་རིན་ཆེན་འབྱུང་ལྡན། མེ་གོས་དཀར་མོ། མིག་ས་སྙིང༌། རོ་རོ་རྡོ་རྗེ་མ། ལག་པའི་དབང་པོ་ཤེས་རབ་མཐར་བྱེད། འགྲོ་བ་ཁྲོ་མོ་རྨུགས་བྱེད་མ་སྟེ་མེ་ཁམས་ཀྱི་རིགས་དྲུག་ནི་འཛིན་པས་མངོན་དུ་གྱུར་པའི་ མཐར་ཐུག་གི་འབྲས་བུ་དང༌། འདུ་ཤེས་འོད་དཔག་མེད། ཆུ་ཁམས་མཱ་མ་ཀི ལྕེ ་འཇིག་རྟེན་ དབང་ཕྱུག གཟུགས་གཟུགས་རྡོ་རྗེ་མ། རྐང་པའི་དབང་པོ་པདྨ་མཐར་བྱེད། ལེན་པ་ཁྲོ་མོ་ ཁེངས་བྱེད་མ་སྟེ་ཆུ་ཁམས་ཀྱི་རིགས་དྲུག་ནི་རྗེས་དྲན་གྱིས་མངོན་དུ་གྱུར་པའི་མཐར་ཐུག་ གི་འབྲས་བུ་དང༌། གཟུགས་ཕུང་རྣམ་སྣང༌། ས་ཁམས་སྤྱན་མ། ལུས་སྒྲིབ་སེལ། དྲི་དྲི་རྡོ་རྗེ་ 4-1-250 མ། བཤང་ལམ་གཤིན་རྗེ་མཐར་བྱེད། སྨྲ་བ་རེངས་བྱེད་མ་སྟེ་ས་ཁམས་ཀྱི་རིགས་དྲུག་ཚན་ པ་གཅིག་སྟེ་ཏིང་ངེ་འཛིན་གྱི་སྟོབས་ལས་མངོན་དུ་གྱུར་པའི་མཐར་ཐུག་གི་འབྲས་བུ་སྟེ། དེ་ ལྟ་བུའི་ཕུང་ཁམས་སོ་དྲུག་སྒྲིབ་བྲལ་དུ་གྱུར་པ་ནི་ལྷ་སུམ་ཅུ་རྩ་དྲུག་དང༌། དེ་དག་ལས་སྤྲོས་ པའི་རྟེན་དང་བརྟེན་པའི་བཀོད་པ་རྣམ་པར་འཕྲུལ་བ་མཐའ་ཡས་པ་ནི་ལྷ་སུམ་ཅུ་དྲུག་གི་ དཀྱིལ་འཁོར་རབ་འབྱམས་ཡིན་ལ། ཡན་ལག་དྲུག་སྤྱིར་བསྒོམས་པའི་སྟོབས་ཀྱིས་དཀྱིལ་ འཁོར་དེ་དག་ལ་ཁྱབ་པའི་ཀུན་ཁྱབ་ཡེ་ཤེས་ཀྱི་ངོ་བོ་ཆེན་པོ་མངོན་དུ་གྱུར་པ་ནི་སྣ་ཚོགས་ གཙོ་བོ་རིགས་མ་ལུས་པའི་བདག་ཉིད་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་སྐུ་བཞིའི་དབང་ ཕྱུག་གི་རྒྱལ་བ་ཆེན་པོ་དེ་ཉིད་དོ། །གཞན་ཡང་སྐུ་རྡོ་རྗེ་སྒྱུ་འཕྲུལ་དྲ་བ། གསུང་རྡོ་རྗེ་ལོངས་ སྤྱོད་རྫོགས་པ། ཐུགས་རྡོ་རྗེ་སྤྲོས་བྲལ་མི་རྟོག་པ། ཡེ་ཤེས་རྡོ་རྗེ་ལྷན་ཅིག་སྐྱེས་པའི་སྐུ་སྟེ། དེ་ དག་གི་འབད་མེད་ལྷུན་གྲུབ་ཀྱི་མཛད་པ་ཕྲིན་ལས་ཕྱོགས་དུས་ཀུན་ཏུ་ནམ་ཡང་རིས་སུ་མ་ ཆད་པ་ནམ་མཁའ་དང་མཉམ་པ་རིགས་དང་དཀྱིལ་འཁོར་མཐའ་དག་གི་སྤྱི་དཔལ་དུ་གྱུར་ ཏེ། ཁྱད་པར་གཞིའི་གནས་སྐབས་ཀྱི་འཕོ་ཆེན་བཅུ་གཉིས་ཀྱི་རྟེན་འབྲེ ལ་ལས་ཤར་བའི་མ་ རིག་པ་སོགས་བཅུ་གཉིས་འགགས་པའི་དག་འབྲས་སུ་མངོན་པའི་མི་རྟོག་པའི་ཡེ་ཤེས་ཀྱི་ ཆ་བཅུ་གཉིས་དང༌། བེམ་རྫས་ཀྱི་ཐིག་ལེ་ཞུ་བ་ལས་བྱུང་བའི་དགའ་བ་མཆོག་དགའ་ཁྱད་ དགའ་ལྷན་སྐྱེས་ཀྱི་དགའ་བ་སྟེ། དེ་རེ་རེ་ལ་དགའ་ཆུང་བཞི་རེ་ཕྱེ་བའི་གཞིའི་དགའ་བ་བཅུ་ དྲུག་རྣམ་པར་དག་པའི་དག་འབྲས་མངོན་དུ་གྱུར་པའི་མི་འགྱུར་བའི་བདེ་བའི་ཆ་བཅུ་དྲུག་ གི་བདག་ཉིད་ཅན་གྱི་བདེ་སྟོང་ཟུང་འཇུག་མཐར་ཐུག་གི་རང་བཞིན་ཀུན་མཁྱེན་ཡེ་ཤེས་ མཆོག་གི་གོ་འཕང་ཡོངས་སུ་རྫོགས་པའི་ཚུལ་གྱིས་ལེགས་པར་མངོན་དུ་བྱེད་པ་ཡིན་ཏེ་དེ་ ལུགས་ཀྱི་ཚུལ་ལ་དགོངས་ནས་རྗེ་རྒྱལ་བ་གཉིས་པ་རིགས་ལྡན་སྤྲུལ་པའི་སྐུ་ཆེན་པོ་ཁམས་ གསུམ་ཆོས་ཀྱི་རྒྱལ་པོ་གང་གི་ཞལ་སྔ་ནས་ཀྱང༌། བདེན་དོན་རྣམ་པ་བཅུ་གཉིས་ལྡན། །དེ་ 4-1-251 ཉིད་རྣམ་པ་བཅུ་དྲུག་རིག །ཡོན་ཏན་ཀུན་རྫོགས་སངས་རྒྱས་ཉིད། །ཚེ་འདི་ཉིད་ལ་མྱུར་ ཐོབ་ཤོག །ཅེས་གསུངས་པ་ལྟར་ཡིན་པའི་ཕྱིར་རོ། ། དེ་དག་གི་རང་ལུགས་དང་མཐུན་པའི་གཞི་ལམ་འབྲས་བུའི་རྣམ་གཞག་མདོར་བསྡུས་ སོང་ཟིན་ནས་དེ་དག་ཡིད་ཆེས་པའི་ཆེད་དུ་ལུང་སྦྱོར་འགའ་ཞིག་གོང་དུ་སྨྲོས་པ་རྣམས་ཀྱང་ སྐབས་དེའི་བཤད་བྱའི་དོན་འགྲེལ་ཙམ་བསྒྲུབ་ཆོས་སུ་བྱས་པ་མ་གཏོགས་ཡིག་ཚོགས་ཉུང་ ཕྱིར་ལུང་རྣམས་ལ་འབྲུ་མནན་ནས་ཚིག་འགྲེལ་མ་བྱས་པའི་ཚུལ་གྱིས་རྗེ་བཙུན་ཆེན་པོའི་ གསུང་རབ་རྣམས་ལ་བརྟེན་ནས་ཕལ་ཆེར་གསུང་སོར་བཞག་གི་དཔང་པོ་བྱས་ཏེ་ཉེར་མཁོ་ མདོ་ཙམ་བརྗོད་པའོ། །སྨྲས་པ། ཆོས་ཉིད་སྤྲོས་པ་ཡོངས་དག་སྔོ ་བསངས་སྒེགས་མོའི་བཞིན་རས་མདངས། ། རྣམ་བཅས་དོན་དམ་འོད་སྟོང་ཟེར་གྱི་རྩེ་དགའ་ཅིར་ཡང་རྒོད། ། འོན་ཀྱང་རྟོག་མཚན་ཆུ་འཛིན་ཟོལ་གྱིས་རེ་ཞིག་བསྒྲིབས་པ་ལ། ། མི་རྟོག་སེར་བུས་སྒྲིབ་བྱེད་རིང་དུ་དོར་འདི་ཨེ་མ་རྨད། ། གསང་ཆེན་ཐབས་མཁས་འདུ་བྱེད་ཉེར་བསྐྲུན་པས། ། ངོ་མཚར་འཕྲུལ་ཆེན་སྲི ད་གསུམ་དྭངས་མའི་གཟུགས། ། རྡུལ་བྲལ་རྣམ་པ་ཀུན་གྱི་མཆོག་ལྡན་པ། ། སྤྲོས་མེད་ཞི་བའི་དབྱིངས་ནས་རྩོལ་མེད་ཤར། ། ཚུལ་འདི་འཕགས་མཆོག་དག་གི་ཡུལ་ཡིན་ཕྱིར། ། བྱིས་བློ་བདག་འདྲས་ཆ་ཙམ་བརྗོད་དཀའ་ཡང༌། ། དམ་པའི་བཀས་བསྐུལ་དེ་སླད་ལྷག་བསམ་སྒོས། ། ཅུང་ཙམ་བརྗོད་པ་ལགས་ཀྱི་གྲགས་ཕྱིར་མིན། ། 4-1-252 འདི་ཡང་གོང་མའི་གསུང་བཞིན་བཤད་པ་ལས། ། བདག་བློ་རྨོངས་པའི་དབང་གིས་ནོངས་བགྱིས་པ། ། ཉེས་བཤད་དྲི་མས་གང་བསླད་དེ་དག་ཀུན། ། མཁས་མཆོག་ཆོས་ཀྱི་སྤྱན་ལྡན་ཡོངས་ལ་བཤགས། ། ཚུལ་འདིར་ལེགས་ཆ་གང་ཞིག་མཆིས་སྲི ད་ན། ། དེ་ནི་རྒྱལ་བ་གཉིས་པ་ཇོ་ནང་པ། ། ཐུགས་དགོངས་དགྱེས་ཕྱིར་མཆོད་པའི་སྤྲིན་དུ་འབུལ། ། དེ་སླད་གང་གི་བཞེད་དོན་གཏིང་དཔོགས་ཤོག ། བདག་ཀྱང་སྐྱེ་བ་འདི་དང་ཚེ་རབས་སུ། ། རྣམ་འདྲེན་ཐུབ་པའི་དགོངས་པ་མཐར་ཐུག་པ། ། ཡང་དག་ལྟ་སྒོམ་ཟབ་མོའི་ཆོས་ཚུལ་ལ། ། ཐོས་བསམ་སྒོམ་པས་ལྷོ ད་མེད་འཇུག་གྱུར་ཅིག ། འདི་བྱས་རྣམ་པར་དཀར་བའི་བསོད་ནམས་ཕུང་པོ་གང་མཆིས་དེས། ། རིང་པོར་མི་ཐོགས་བདག་ཉིད་ཟུང་འཇུག་ཡེ་ཤེས་མཆོག་ཐོབ་ནས། ། ནམ་ཞིག་འགྲོ་ཁམས་རྒྱ་མཚོར་ཆོས་ཀྱི་མངའ་དབང་ལེགས་བསྒྱུར་ཞིང༌། ། ཡང་དག་གོ་འཕང་གནས་ལ་འགོད་པའི་བྱེད་པོར་བདག་གྱུར་ཅིག ། ཅེས་ངེས་དོན་འཁོར་ལོ་ཐ་མའི་དགོངས་དོན་དང་འབྲེལ་བའི་ཟབ་མོ་ངེས་གསང་གི་ལྟ་བའི་གནད་ཟབ་གསང་མཆོག་ གི་ཐེག་པའི་རྣལ་འབྱོར་གྱིས་ཉེ་བར་བརྒྱན་པའི་ཆོས་ཚུལ་གྱི་རྣམ་པར་བཤད་པ་ཉུང་བསྡུས་ངེས་གསང་པདྨོ་འབྱེད་པའི་ཉི་ ཟེར་ཞེས་བྱ་བ་འདི་ཡང་གསང་སྔགས་ལམ་གྱི་མངོན་རྟོགས་རྒྱས་པའི་བླ་མ་དམ་པ་གནས་ལུགས་དེ་ཉིད་ཀྱི་ཉམས་མྱོང་རབ་ ཏུ་གསལ་བའི་ཐུགས་མངའ་གང་གིས་ལེགས་བྱས་རྟེན་འབྲེལ་མཚོན་བྱེད་ཐབས་ཤེས་རྟགས་མཆོག་རྡོར་དྲིལ་ཟུང་གིས་ཐོག་ 4-1-253 དྲངས་དངོས་རྫས་ཀྱི་འབྱོར་བའི་གནང་སྦྱིན་རྒྱ་ཆེ་བ་དང་བཅས་ཏེ་འདི་ལྟ་བུའི་རྣམ་བཤད་དགོས་ཚུལ་གྱིས་བཀའ་བསྩལ་སྤྱི་ བོར་ཕེབས་པ་དང༌། རྣམ་དཀར་ཆོས་ལ་མོས་འདུན་ཆེ་ཞིང་བསླབ་ཁྲིམས་གཙང་མས་རྒྱུད་ཉེ་བར་མཛེས་པའི་སློ བ་རིགས་པ་ཡེ་ ཤེས་བཟང་ནས་ཀྱང་དེ་ལུགས་ཀྱི་བསྐུལ་མ་ཆེད་གཉེར་མཛད་པ་ལྟར་ངག་དབང་བློ་གྲོས་གྲགས་པ་ཞེས་བྱ་བས་ས་ག་ཟླ་བའི་ ཡར་ཚེས་༩ བཟང་པོ་ལ་མཇུག་རྫོགས་པར་བྱས་ཏེ་བྲི ས་པའོ། །འདིས་ཀྱང་རྒྱལ་བ་གཉིས་པ་ཇོ་ནང་པ་ཆེན་པོའི་ལུགས་བཟང་ ཕྱོགས་དུས་ཀུན་ཏུ་རྒྱས་པར་གྱུར་ཅིག་གུ།། །། 4-1-254 ༄༅། །ཆོས་ཉམས་ལེན་གྱི་ཚུལ་ལམ་གསུམ་སྙིང་པོ་ ཞེས་བྱ་བ་བཞུགས་སོ། ། མཆོད་པར་བརྗོད་པ་དང་རྩོམ་པར་དམ་བཅའ་བ། དཔག་ཡས་ལམ་གྱི་སྙིང་པོ་མཆོག་གྱུར་པ། ། མངོན་རྟོགས་ཡོན་ཏན་དུ་མའི་དཔལ་གྱི་གཞི། ། མཐའ་ཡས་ཟབ་དང་རྒྱ་ཆེའི་རྩ་བའི་ལམ། ། རྣམ་གསུམ་ཆོས་ཚུལ་དམ་པ་རྒྱལ་གྱུར་ཅིག ། མ་རུངས་ཀུན་ཉོན་འཆིང་བས་ཉེར་བསྡམས་པ། ། ཉམ་ཐག་འགྲོ་འདི་ལེགས་པའི་ལམ་བཟང་ལ། ། ཅི་དགར་ཕྱིན་པའི་ཐབས་ལ་བྲེ ལ་བའི་ཚུལ། ། འཇུག་པའི་མཛད་འཆང་རྒྱལ་སྲས་དཔའ་བོ་ལགས། ། གང་ལ་བརྟེན་པའི་ཐེག་ཆེན་རིགས་ཅན་རྣམས། ། ཡང་དག་རིགས་ཁམས་བཟང་པོ་སད་བྱེད་པའི། ། སྐྱེས་བུ་ཆུང་འབྲི ང་བསམ་པའི་འཇུག་སྒོ་ལ། ། ཐོག་མར་བསླབས་ནས་ལམ་ལ་ཉམས་ལེན་ཚུལ། ། གོང་མའི་གསུང་རབ་རྒྱ་མཚོ་ལྟ་བུ་ལས། ། ཟེགས་མའི་ཆ་ཙམ་ཉེ་བར་ལྷུར་ལེན་པ། ། 4-1-255 འདི་ཡང་རང་དང་སྐལ་མཉམ་འགའ་ཞིག་ལ། ། ཅུང་ཙམ་ཕན་བློ་ཡོད་ཕྱིར་བྱེད་ལ་སྤྲོ། ། དེ་ལ་འདིར་གནས་སྐབས་དང་མཐར་ཐུག་གི་ཕན་པ་དང་བདེ་བ་མ་ལུས་པ་ཀུན་གྱི་ འབྱུང་སྒོ་ནི་ཡང་དག་དམ་པའི་ཆོས་ཁོ་ནར་ངེས་ལ། ཆོས་ཞེས་པའང་སེམས་རྒྱུད་འདི་ག་ ལེགས་པར་བཅོས་ནས་ཆོས་བྱེད་ཅིག་ལ་བྱ་སྟེ། ཐ་མལ་ཤེས་པ་ལེ་ལོ་གཡེང་བ་སོགས་ ཀྱིས་གོ་མཚམས་མེད་པ་འདི་ཉིད་བག་ཡོད་ཀྱིས་སྒོ་ཀུན་ནས་ལེགས་པར་བསྡམས་ཏེ་ནང་ ཡང་དག་པའི་དོན་ལ་དཀའ་ཚེགས་མེད་པར་བློ་རྩེ་འཇུག་ནུས་པ་ལ་དབང་ཐོབ་ཅིང་བློའི་ འགྱུར་སྒོ་ཕྱིར་ལ་མི་ཤོར་བ་ཞིག་དགོས་པའི་ཕྱིར་ཏེ། རང་ཅག་གི་སེམས་ཉོན་མོངས་པ་ལས་ ལེགས་པར་མ་ཆོས་ན་ཆོས་ཡང་དག་འགྲུབ་ལུགས་གང་ནས་ཀྱང་མེད་པའི་ཕྱིར་རོ། །དེས་ན་ འདིར་སྐབས་སུ་བབ་པའི་བཤད་བྱ་དེ་ལ། ཐོག་མར་འཁོར་བ་ལ་ཡིད་འབྱུང་གི་བློ་བསྐྱེད་པ་ དང༌། བར་དུ་ཀུན་རྫོབ་བྱང་ཆུབ་ཀྱིས་སེམས་སྒོམ་པ་དང༌། ཐ་མར་དོན་དམ་པའི་ཆོས་ཉིད་ ལ་བློ་ཁ་ཕྱོགས་ཏེ་སྒོམ་ཚུལ་དང་གསུམ་ལས། དང་པོ་ལ། སྒོམ་ཚུལ་དངོས་དང༌། ཡིན་ལུགས་ལ་དཔྱད་པ་གཉིས་ལས། དང་པོ་ལ། སྔོ ན་དུ་འགྲོ་བའི་ཆོས་ལ་བསླབ་ཚུལ་དང༌། ངེས་འབྱུང་གི་བློ་དངོས་བསྐྱེད་ཚུལ་གཉིས་ལས། དང་པོ་ལ། ཚེ་འདི་ལ་ཞེན་པའི་བློ་ལྡོ ག་བྱེད་ཀྱི་ཆོས་གཉིས་དང༌། ཕྱི་མའི་འཁོར་བའི་ བདེ་འབྱོར་ལ་བློ་ལྡོ ག་བྱེད་ཀྱི་ཆོས་གཉིས་ལས། དང་པོ་ལ། དལ་འབྱོར་རྙེད་དཀའ་དང༌། འཆི་བ་མི་རྟག་པ་སྒོམ་ཚུལ་དང་གཉིས་ལས། དང་པོ་ནི། སྤྱིར་ཐོག་མར་ཆོས་ལ་འཇུག་པའི་སྐབས་སུ་རང་གི་ལུས་ངག་ཡིད་གསུམ་བག་ ཕབ་སྟཻ་སེམས་རྣལ་དུ་གནས་པར་བྱ་དགོས་ཀྱི་ལུས་སེམས་ཀུན་བྲེལ་འཚུབ་འུར་ལང་པ་ ལྟ་བུའི་ངང་ནས་ལས་དང་པོ་པས་ཡང་དག་པའི་དོན་ལ་མཉམ་པར་བཞག་རློམ་བྱས་ཀྱང་ 4-1-256 སྐབས་དེར་ཡུལ་གྱི་དམིགས་རྣམ་ངེས་པ་དང་བློ་ལ་གནད་དུ་ཞོག་པ་སོགས་འོང་ངེས་པར་ དཀའ་བས་ན་ཐོག་མར་རང་གི་སེམས་རྣལ་དུ་ཕབ་ལ་རྗེས་དཔྱོད་འདི་ལྟར་བཏང་སྟེ། དེ་ ཡང་སེམས་རྣམ་པར་རྟོག་པ་འདི་ག་དུས་གསུམ་གང་རུང་དུ་གཏོགས་པའི་འགྲོ་འདུག་སྤྱོད་ ལམ་སོགས་ལ་དགོས་མེད་དུ་ཇི་ལྟར་གཡེང་བ་དང་ཆགས་སྡང་སོགས་རྟོག་པ་ངན་པས་ བསླད་མ་བསླད་ཀྱི་ཚུལ་ལ་རྟོག་དཔྱོད་ཞིབ་པར་བྱས་སྟེ། དེ་ལྟ་བུའི་ངན་རྟོག་གང་ཡང་རུང་ བས་སེམས་རྒྱུད་དཀྲུགས་ཡོད་ན་དེ་ཡང་ལེགས་པར་ངོས་ཟིན་པར་བྱས་མ་ཐག་ནས་ཉེས་ པའི་རྟོག་ཚོགས་དེ་དག་བློ་ངོར་ལེགས་པར་དོར་བར་བྱས་ཏེ་སྐབས་སུ་གང་བབ་ཀྱི་སྒོམ་ བྱ་དེ་ཉིད་བློས་དམ་དུ་བཟུང་ནས་བསམ་པ་དེ་གའི་ངང་དུ་ལྷན་གྱིས་སྡོད་པ་ལ་རེམ་པའི་སྒོ་ ནས་བློ་རྩེ་གཅིག་དྲིལ་དུ་བྱེད་པ་འདིས་དམིགས་པའི་གཞི་བྱས་ཏེ་འདི་ལྟར་བསམ་པར་བྱ་ སྟེ། ད་སྐབས་རང་ལ་ནི་ཆོས་བསྒྲུབ་པ་སྡུག་བསྔལ་གྱིས་ཁོམ་དབང་མི་བྱེད་པའི་མི་ཁོམ་ པའི་གནས་དམྱལ་བ་ལ་སོགས་པའི་སོས་མི་དལ་བ་བརྒྱད་དུ་མ་སྐྱེས་ཤིང༌། ཆོས་སྒྲུབ་པའི་ མཐུན་རྐྱེན་རང་ལ་མིའི་ལུས་རྟེན་ཐོབ་པ། ཆོས་དར་བའི་ཡུལ་དབུས་སུ་སྐྱེས་པ་སོགས་རང་ འབྱོར་ལྔ་དང༌། སངས་རྒྱས་བྱོན་པ་དང༌། དེའི་ཆོས་གསུངས་པ་སོགས་གཞན་ལ་ལྟོས་ཏེ་ འབྱོར་བ་ལྔ་སྟེ་བཅུ་པོ་ཚང་བའི་དལ་འབྱོར་གྱི་མི་ལུས་འདི་ཕྱིའི་ཕན་བདེ་གང་སྒྲུབ་ན་འགྲུབ་ པའི་ཡིད་བཞིན་ནོར་བུ་ལས་ལྷག་པ་འདི་ཉིད་སྐོར་གཅིག་ཏུ་ཐོབ་པའི་སྐལ་བ་འགྲིགས་པ་ ཡང་སྔོན་བསགས་སྟེས་དབང་གི་རྣམ་དཀར་དགེ་རྩ་མི་དམན་པའི་སྟོབས་ལས་བྱུང་བའི་ བསོད་ནམས་ཀྱི་ལག་རྗེས་གྲུབ་པ་འདི་རང་ལ་བསམ་ན་ལན་གཅིག་རང་ལ་ཁ་རྗེ་ཆེ་བ་མ་ གཏོགས་སྤྱིར་ངན་འགྲོ་གྲངས་ཤིན་ཏུ་མང་ཞིང་བདེ་འགྲོ་ཉུང་བ་དང་ཡང་སྒོས་ཆོས་སྒྲུབ་ ནུས་པའི་མི་ལུས་ཐོབ་པ་ཉིན་སྐར་བས་ཀྱང་དཔེ་གྲངས་རྒྱུ་གསུམ་གྱི་སྒོ་ནས་ལྷག་པར་ དཀོན་པའི་ཚུལ་ལ་བསམ་ན་ད་རེས་དལ་འབྱོར་གྱི་ལུས་རྟེན་ལན་གཅིག་ཐོབ་པ་ལ་ཅི་ལ་ 4-1-257 ཐུག་ཀྱང་སྙིང་པོ་ཞིག་ངེས་པར་ལེན་དགོས། སྙིང་པོ་ཇི་ལྟར་ལེན་ན་འཇིག་རྟེན་འདི་སྣང་གི་ བྱ་བས་ནི་ཕུགས་ཐུབ་ཀྱི་སྙིང་པོ་ཅི་ཡང་མི་ལོན་པས་ད་ལན་ཕུགས་ཐུབ་ཀྱི་གཏན་བདེ་འོང་ ཐབས་ལ་ཡང་དག་པའི་ལྷ་ཆོས་ཁོ་ན་ལས་གཞན་གང་ཡང་མ་དམིགས་ཕྱིར་ཆོས་སྒྲུབ་པའི་ མཐུན་རྐྱེན་ཕྱི་ནང་གང་ཐད་ནས་སྐོར་གཅིག་ཏུ་ལེགས་པར་འགྲིགས་ཡོད་པའི་དུས་སུ་ཚེ་ འདི་ཆོས་ལ་དྲིལ་བ་ཞིག་ཅི་ནས་ཀྱང་མ་བྱས་ན་རང་ལ་དེ་ལྷག་གི་མདོ་དོན་སྟོར་བ་འོང་རྒྱུ་ཅི་ ཡང་མེད་པས་ན་ད་རེབ་རང་དོན་ལ་བརྩོན་པ་ལྷུར་བླངས་པའི་སྒོ་ནས་ཆོས་ལ་འབད་དགོས་ ཀྱི་ཕྱིས་སོར་འདི་འདྲའི་ལུས་རྟེན་ཡང་ཡང་མི་རྙེད་ཕྱིར་ད་རེས་སྐབས་འདི་ལ་འཆུག་མི་ཉན་ ཞེ་གཏིང་ནས་སྙམ་དུ་བསམ་པ་ཕྱོགས་གཅིག་ལ་དྲིལ་བ་དེ་གའི་ངང་ནས་རྒྱུན་བསྐྱངས་ པ་ལ་ཡུན་མི་ཐུང་བ་ཞིག་དགོས་སོ། །དེས་ན་དལ་འབྱོར་རྙེད་དཀའ་ལ་ངེས་པ་དེ་ལུགས་ འདྲོངས་པའི་བསམ་པ་བརྟན་པོ་དེ་ཆོས་ཅན། ཚེ་འདི་ངོགས་ཀྱི་བདེ་འབྱོར་ལ་རྟག་པར་ གཡེང་ཞིང་ཆགས་པའི་བློ་ལྡོ ག་བྱེད་དུ་འགྲོར་རིགས་པ་ཡིན་ཏེ། རྙེད་དཀའ་བའི་དལ་འབྱོར་ ཐོབ་པ་ལ་ཆོས་ཁོ་ནས་སྙིང་པོ་ལེན་དགོས་པར་རྟོགས་པའི་བློ་བརྟན་པོ་ཡོད་ན་ཆོས་མ་ཡིན་ པའི་འདི་སྣང་གི་བདེ་འབྱོར་ལ་བློ་ཁ་གཏིང་ནས་འགྱུར་ཏེ་ཞེན་པ་ལྡོག་པ་ཆོས་ཉིད་ཡིན་པའི་ ཕྱིར། གཞན་ཡང་དལ་འབྱོར་གྱི་རྟེན་འདི་ལན་འགའ་མ་གཏོགས་རྙེད་པར་དཀའ་བ་ལ་ངེས་ པ་བརྟན་པོའི་བློ་དེ་ཆོས་ཅན། ཁྱོད་གང་ལ་ཡོད་ན་རང་རྒྱུད་ལྡན་གྱི་གང་ཟག་ཆོས་ལ་རེམ་ འདོད་རྣམས་ཀྱི་རྒྱུད་ལ་ཆོས་སྒྲུབ་པ་ཕྱི་མར་བཤོལ་བའི་ལེ་ལོ་འགོག་བྱེད་དུ་འགྲོར་རིགས་ ཏེ། ཆོས་སྒྲུབ་པའི་མཐུན་རྐྱེན་འགྲིགས་པའི་དལ་འབྱོར་གྱི་རྟེན་འདི་ཤིན་ཏུ་རྙེད་དཀའ་བ་ ལ་ངེས་པ་འདྲོངས་ནས་ཕྱི་མར་ཆོས་སྒྲུབ་པའི་ལུས་རྟེན་ཡང་ཡང་ཐོབ་ལུགས་མེད་པ་ལ་བློ་ རྩེ་རིམ་གྱིས་འཇུག་པ་གང་ཞིག དེ་ལ་བློ་དེ་ལྟར་འཇུག་ན་ཆོས་སྒྲུབ་ཚེ་ཕྱི་མར་བཤོལ་བའི་ ལེ་ལོ་སྐྱེ་ལུགས་མེད་པའི་ཕྱིར་རོ། ། 4-1-258 གཉིས་པ་འཆི་བ་མི་རྟག་པ་སྒོམ་ཚུལ་ནི། ད་སྐབས་གོང་ལྟར་ཆོས་སྒྲུབ་པའི་རྟེན་བཟང་ པོ་ལན་གཅིག་རྙེད་པ་དེ་ཡུན་རིང་པོར་རྟག་པའི་ངེས་པ་ཞིག་ཡོད་དམ་མེད་སྙམ་དུ་དཔྱད་པ་ ན། སྤྱིར་ན་འཛམ་བུའི་གླིང་པའི་ཚེ་ལ་ངེས་པ་མེད་ན་ཡང་སྒོས་རང་གི་ཚེ་འདི་ལ་ངེས་པ་ཇི་ ལྟར་ཡོད་དེ་མེད་ངེས་པ་ཡིན། སྔོ ན་ལས་ཀྱིས་ཅི་ཙམ་འཕང་ནི་རང་གིས་མི་ཤེས་ད་སྐབས་ རང་ཅག་སྐྱེ་བའི་སྐབས་ཀྱང་སྤྱིར་ན་ཚེའི་སྙིགས་མ་བདོ་བའི་དུས་ཚེ་ལྷག་པར་ཐུང་བ་དྲུག་ཅུ་ མ་ཟད་སུམ་ཅུ་ཁ་རལ་ཙམ་གྱི་སྐབས་ལ་སླེ བས་ཡོད་ཚོད་རེད། འདི་སྐབས་སུ་ནི་འཆི་རྐྱེན་ མང་ཞིང་འཚོ་རྐྱེན་ཤིན་ཏུ་ཉུང་བ་རླུང་གསེབ་ཀྱི་མར་མེ་འདྲ་བའི་ཚེ་སྲོག་འདི་ཉམ་ལྷག་པར་ ཆུང་ཞིང་ཚེ་ཟད་པ་རྒྱུན་མི་ཆད་ཅིང་སྣོན་པ་གང་ནས་ཀྱང་ཅུང་ཟད་ཙམ་ཡང་མེད་པར་འཆི་ རྐྱེན་ནམ་ཐོན་མི་ཤེས་པའི་གློ་བུར་བ་འཆི་ལ་ཁད་པ་ཞིག་ཏུ་འདུག་པས་ན་ད་སྐབས་ཆོས་བྱ་ ལོང་ཡོད་ཡོད་ལྟར་སྣང་བའི་འདུ་ཤེས་འཁྲུལ་བ་འདིའི་རྗེས་སུ་མི་འབྲང་བར་ཆོས་སྒྲུབ་པ་ ཕྱིས་སུ་འཇོག་པའི་ཁོམ་པ་གཏན་ནས་མི་འདུག་པས་སྒེག་མོའི་མགོར་མེ་ཤོར་བ་དང་སྡར་ མའི་པང་དུ་སྦྲུལ་ལྷུང་བ་ལྟ་བུའི་ཚུལ་གྱིས་སྐད་ཅིག་ཀྱང་འདུག་བཟོད་མེད་པར་ཐུང་མྱུར་ ནས་ཆོས་ལ་འབད་འབུང་བྱ་ངེས་པར་དགོས་སྙམ་པའི་ཐག་བཅད་པའི་བསམ་པ་ཡང་ཡང་ བསྐྱེད་པ་ལ་མཐའ་གཅིག་ཏུ་གནས་པར་བྱ་བ་ལས་གཞན་དུ་གཡེང་བའི་གོ་སྐབས་བཅོམ་ཏེ་ བློ་རྒྱུན་ལྡན་དུ་དམིགས་པ་གཅིག་གི་སྟེང་ནས་ཚེ་མི་རྟག་པའི་ཡིན་ལུགས་ལ་ངེས་པ་དྲངས་ དགོས་ཀྱི་དེ་ལས་གཞན་དུ་གཡེང་བའི་ལེ་ལོའི་ངང་ལ་ནམ་ཡང་གནས་པར་བྱ་མི་རུང་ངོ༌། །དེས་ན་ཚེ་མི་རྟག་པ་ལ་ངེས་པ་འདྲོངས་པའི་བློ་བརྟན་པ་དེ་ཆོས་ཅན། ཚེ་འདི་སྣང་གི་བདེ་ འབྱོར་ལ་ཞེན་པ་ལྡོ ག་བྱེད་ཡིན་ཏེ། ཚེ་འདི་མི་རྟག་ཅིང་ཡུད་ཙམ་ལས་མི་བརྟན་པས་ཕུགས་ ཐུབ་ཀྱི་སྙིང་པོ་མེད་པར་མཐོང་ནས་ཚེ་འདི་ངོགས་ལ་ཆགས་ཞེན་གྱི་བློ་སྒོ་ངེས་པར་ལྷོད་ན་ འདི་སྣང་གི་བདེ་འབྱོར་ལ་ཞེན་པ་དོན་གྱི་ལྡོ ག་པའི་ཕྱིར། གཞན་ཡང་དེ་ཆོས་ཅན། ཚེ་འདིར་ 4-1-259 ཆོས་སྒྲུབ་པ་ཕྱིས་སུ་བཤོལ་བའི་ལེ་ལོ་འགོག་བྱེད་ཀྱང་ཡིན་ཏེ། སྤྱིར་ཚེ་ཐུང་ཞིང་ཁྱད་པར་ ནམ་འཆི་ངེས་མེད་ཀྱིས་སྒོ་ནས་ཚེ་གློ་བུར་བ་ཡུན་རིང་ཁོམ་ལོང་མེད་པ་ལ་ངེས་པ་རྙེད་ན་ ཆོས་སྒྲུབ་པ་ཚེ་འདིར་ཕྱིས་སུ་ཁོམ་ལོང་ཡོད་པར་སྣང་ནས་ཕྱིས་སུ་བཤོལ་བའི་ལེ་ལོ་སྐྱེ་མི་ རིགས་པའང་དོན་གྱི་ངེས་པའི་ཕྱིར་རོ། ། གཉིས་པ་ཕྱི་མའི་འཁོར་བའི་བདེ་འབྱོར་ལ་བློ་ལྡོ ག་བྱེད་ཀྱི་ཆོས་གཉིས་ལ། ལས་རྒྱུ་ འབྲས། འཁོར་བའི་ཉེས་དམིགས་སྒོམ་ཚུལ་གཉིས་ལས། དང་པོ་ནི། སྤྱིར་རང་ཉིད་ཤི་བས་མི་ཆོག་པར་འཇིག་རྟེན་ཕ་རོལ་ཏུ་ནི་ད་ལྟའི་བསགས་ པའི་ལས་དཀར་ནག་ལ་བརྟེན་ནས་འབྲས་བུ་བདེ་སྡུག་ནམ་ཡང་མི་བསླུ་བར་ངེས་པ་ཅན་དུ་ འབྱུང་བའི་ཚུལ་ཐམས་ཅད་མཁྱེན་པ་གང་གི་ཞལ་ནས་གསུངས་པ་ལྟར་ཡིན་ཕྱིར་ད་སྐབས་ རང་གིས་བསགས་པའི་སྡིག་པ་མི་དགེ་བའི་ལས་སྟོབས་ཆེ་འབྲིང་ཆུང་གསུམ་ལ་ལྟོས་ནས་ རང་རང་གི་འབྲས་བུ་དེ་ལུགས་ཀྱི་ངན་སོང་གི་སྡུག་བསྔལ་བཟོད་དཀའ་བ་ནམ་ཡང་བསླུ་ མེད་དུ་མྱོང་དགོས་པ་མ་ཟད་ཟག་བཅས་ཀྱི་དགེ་བ་གང་བྱས་ཀྱིས་ཀྱང་ཕྱི་མར་མངོན་མཐོའི་ ལུས་རྟེན་གྱིས་རེ་ཞིག་ཙམ་དུ་བདེ་སྣང་རེ་བསྐྱེད་མཐར་སྡུག་བསྔལ་འབའ་ཞིག་ལ་དབང་ མེད་དུ་སྦྱོར་བ་སོགས་འཁོར་བས་བསྡུས་པའི་ལས་དཀར་ནག་གི་རྒྱུ་འབྲས་མི་བསླུ་བའི་ ཚུལ་དང༌། ཟག་མེད་ཀྱི་དགེ་བ་རྣམས་ཀྱིས་འབྲས་བུ་གཏན་བདེའི་གོ་འཕང་བསྐྱེད་པ་ལ་ བསླུ་བ་ནམ་ཡང་མེད་པའི་ཡིན་ལུགས་ལ་ངེས་པ་དྲངས་ཏེ་དཀར་ནག་གི་ལས་ལ་གཟོབ་ པ་ལྷུར་ལེན་པའི་སྒོ་ནས་སྤང་བླང་ཞིབ་མོ་བྱ་བའི་འདུན་པ་དང་བཅས་ཏེ་སྐབས་ཀྱི་དོན་ལ་ དཔྱོད་པའི་བློ་དེ་རང་གི་དམིགས་བྱའི་ཡུལ་ཁོ་ན་ལས་གཞན་དུ་དགོས་མེད་དུ་གཡེང་བ་ སྤངས་ཏེ་རྒྱུན་ལྡན་དུ་བློ་ཡང་དག་པར་གནས་པའི་ཐབས་ལ་སྒོ་ཀུན་ནས་འབད་དགོས་སོ། །དེས་ན་ལས་རྒྱུ་འབྲས་ལ་དེ་ལྟར་དུ་ངེས་པའི་བློ་བརྟན་པོ་དེ་ཆོས་ཅན། ཕྱི་མའི་འཁོར་བའི་ 4-1-260 བདེ་འབྱོར་ལ་ཞེན་པའི་བློ་ལྡོ ག་བྱེད་ཡིན་ཏེ། སྤྱིར་ལས་དཀར་ནག་གི་འབྲས་བུ་རིམ་པས་ བདེ་སྡུག་ཏུ་མི་བསླུ་བ་དང་ཡང་སྒོས་ཟག་བཅས་ཀྱི་དགེ་བའི་འབྲས་བུ་རྣམས་ཀྱང་མཐར་ སྡུག་བསྔལ་གྱི་རྒྱུ་བྱེད་པའི་རང་གི་ངོ་བོ་ཡང་སྡུག་བསྔལ་གྱི་རང་བཞིན་དུ་ཉེ་བར་གནས་པ་ ལ་ངེས་པ་བརྟན་པོ་འདྲོངས་ནས་འཁོར་བའི་བདེ་འབྱོར་ཀུན་ལ་སྙིང་པོ་ཅི་ཡང་མེད་པར་ མཐོང་ནས་བློ་ཆགས་ཞེན་གྱི་འཛིན་སྒོ་རིམ་གྱིས་ལྷོ ད་འགྲོ་བའི་ཕྱིར། གཉིས་པ་འཁོར་བའི་ཉེས་དམིགས་སྒོམ་ཚུལ་ནི། སྤྱིར་ཁམས་གསུམ་འཁོར་བས་ བསྡུས་པ་སྲིད་རྩེ་ནས་མནར་མེད་ཀྱི་བར་གྱི་སྣོད་བཅུད་གཉིས་ནི་འགའ་ཞིག་ཟག་བཅས་ ཡིད་མི་འོང་གནོད་པའི་དངོས་པོ་དང་འགའ་ཞིག་ཟག་བཅས་ཡིད་འོང་ཕན་པའི་དངོས་ པོ་དང་དེ་ཀུན་ཀྱང་ཟག་བཅས་ཀྱི་ཕུང་པོ་རང་འབྲས་སྡུག་བསྔལ་ཕྱི་མ་ལ་སོ་སྐྱེས་རྣམས་ སྦྱོར་བྱེད་མ་ཡིན་པ་གཅིག་ཀྱང་མེད་པའི་ཆ་ནས་འཁོར་བའི་སྣོད་བཅུད་རྣམས་སྡུག་བསྔལ་ གསུམ་གྱི་རང་བཞིན་ལས་མ་འདས་པར་མཐོང་ནས་དེ་དག་གནས་མཐོ་དམན་གང་དུ་སྐྱེས་ ཀྱང་སྡུག་བསྔལ་གྱི་གནས་ཁོ་ན་མ་གཏོགས་བདེ་བའི་གོ་སྐབས་མེད་པ་སྦྲུལ་གདུག་གི་ཚང་ དང་མེ་མུར་གྱི་འོབས་ལྟར་དུ་གནས་པའི་ཚུལ་དང༌། འཁོར་བ་སྤངས་པའི་ཐར་པ་ནི་རྒྱུ་ཉོན་ མོངས་པ་མཐའ་དག་དྲུངས་ནས་ཕྱུང་སྟེ་དེ་དག་གིས་བསྐྱེད་པའི་འབྲས་བུ་སྡུག་བསྔལ་མ་ ལུས་པ་འགོག་ཅིང་སླར་སྐྱེ་བ་མེད་པའི་ཞི་བདེ་གཏན་གྱི་གོ་འཕང་དེ་ནི་བདེ་བའི་གནས་ཡང་ དག་པ་ཡིན་ཚུལ་ལ་བློ་ཁ་ལེགས་པར་ཕྱོགས་ཏེ་འདི་དག་གི་ཡིན་ལུགས་ལས་བློ་རྩེ་གཞན་ དུ་མི་འཕྲོ་བ་ལ་རེམ་པ་གལ་ཆེ། དེས་ན་དེ་འདྲའི་གནས་ཚུལ་ལ་བློ་གཏིང་ནས་འགྱུར་བའི་ ངེས་པ་བརྟན་པོ་དེ་ཆོས་ཅན། ཕྱི་མའི་འཁོར་བའི་བདེ་འབྱོར་ལ་ཞེན་པ་ལྡོ ག་བྱེད་ཡིན་ཏེ། འཁོར་བ་མཐའ་དག་མེ་འབར་བའི་རླུབ་ལྟར་བཟོད་དཀའི་སྡུག་བསྔལ་བའི་རང་བཞིན་ཁོ་ ནར་མཐོང་ན་མཐོང་བ་སོ་སོའི་བློ་རྩེ་དེ་དག་ལ་ཕྱོགས་ནས་ཆགས་སྲེད་མངོན་གྱུར་པ་སྐྱེ་ 4-1-261 བའི་གོ་སྐབས་དང་བྲལ་བ་འོང་བའི་ཕྱིར་རོ། ། གཉིས་པ་ངེས་འབྱུང་གི་བློ་དངོས་བསྐྱེད་ཚུལ་ནི། དེ་ལྟར་ལས་ཉོན་གྱིས་བསྐྱེད་པའི་ འཁོར་བ་རྣམ་སྨིན་གྱི་ཕུང་པོ་ལྔ་འདི་ནི། སྤྱིར་ལས་ཉོན་གྱི་བག་ཆགས་ཐམས་ཅད་འཛིན་ བྱེད་དང་ཁྱད་པར་འདི་ལ་བརྟེན་ནས་ཆགས་སྡང་སོགས་ཉོན་མོངས་པ་མཐའ་ཡས་པ་འབྱུང་ བའི་རྐྱེན་བྱས་ཏེ་བརྣགས་དཀའ་བའི་སྡུག་བསྔལ་མཐའ་མེད་པ་ལ་དབང་མེད་དུ་སྦྱོར་བའི་ སྒོ་ནས་འཁོར་མཐའ་ཤིན་ཏུ་རིང་མོར་བྱེད་པ་མནར་མེད་ཀྱི་སྡུག་བསྔལ་ལས་ཀྱང་གནོད་ ཚབས་ལྷག་པར་ཆེ་བ་འདི་ག་ལ་ཡིད་གཏིང་ནས་འབྱུང་སྟེ་དེ་ལས་ཐར་འདོད་དང༌། སྡུག་ བསྔལ་རྒྱུ་བཅས་ཟད་པའི་ཡང་དག་པའི་མཐའ་ཉེས་པའི་གཞི་རྩ་སེམས་རྒྱུད་ལས་སུ་མི་རུང་ བ་ཉམས་སྨད་པར་བྱེད་པའི་ཉོན་མོངས་པ་གང་དག་ཡོངས་སུ་དག་ཅིང་དེ་དག་གིས་བསྐྱེད་ པའི་སྡུག་བསྔལ་མ་ལུས་པ་ཀུན་ཀྱང་ནམ་ཡང་འབྱུང་བ་མེད་པར་བྱས་ཏེ་ཞི་བདེ་འབའ་ཞིག་ གི་དབྱིངས་གཏན་གྱི་བདེ་བའི་གོ་འཕང་གི་ཡོན་ཏན་གྱིས་ཡིད་ཕྲོགས་ནས་དེ་ལྟ་བུའི་གོ་ འཕང་མཆོག་ངེས་པར་ཐོབ་འདོད་ཀྱི་བསམ་པ་ལ་བློ་རྩེ་གཅིག་ཏུ་ཕྱོགས་པར་བྱས་ཏེ་དེ་ལ་ ཡིད་འགྱུར་རྩོལ་བྱས་བཅོས་མིན་གྱི་མྱོང་བ་རིམ་གྱིས་སྐྱེ་ཐབས་ལ་འབད་པར་བྱའོ། ། གཉིས་པ་དེ་དག་གི་ཡིན་ལུགས་ལ་དཔྱད་པ་ནི། ཟག་བཅས་ཡིད་འོང་གི་ཉེར་ཕུང་ཆོས་ ཅན། ཁྱོད་འགྱུ༷ར་བ༷འི་སྡུ༷ག་བསྔ༷ལ་ཡིན་ཚུལ་ཡོད་དེ། ཟག་བཅས་བདེ་ཚོར་རང་དང་རྟེན་ མཚུངས་ཡུལ་བཅས་གང་གི་སྒོ་ནས་སོ་སྐྱེས་རྣམས་ལ་ཡིད་འོང་ཕན་པའི་ངོ་བོ་བདེ་བའི་རང་ བཞིན་རྟག་ཚུགས་ཐུབ་པ་རུ་སྣང་བས་བསླུས་བསླུས་ཏེ་མཐར་དབང་མེད་དུ་གནས་སྐབས་ དེ་ལས་འགྱུར་ནས་སྡུག་བསྔལ་ཆེན་པོ་ལ་སྦྱོར་བའི་ཆ་ནས་དེ་དག་འགྱུར་བའི་སྡུག་བསྔལ་ དུ་བཞག་པའི་ཕྱིར། ཡིད་མི་འོང་གི་ཉེར་ཕུང་དེ་ཆོས་ཅན། ཁྱོད་སྡུ༷ག་བསྔ༷ལ་གྱི༷་སྡུག་བསྔལ་ ཡིན་ཚུལ་ཡོད་དེ། སྡུག་ཚོར་རྟེན་མཚུངས་ཡུལ་བཅས་ཀྱིས་སོ་སྐྱེས་རྣམས་ལ་སྡུག་བསྔལ་ 4-1-262 འབའ་ཞིག་གི་སྣང་བ་བསྐྱེད་པའི་ཆ་ནས་དེ་དག་སྡུག་བསྔལ་གྱི་སྡུག་བསྔལ་དུ་བཞག་པའི་ ཕྱིར། སྤྱིར་ན་ཟག་བཅས་མཐའ་དག་དེ་ཆོས་ཅན། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཡིན་ ཚུལ་ཡོད་དེ། ཟག་བཅས་ཀྱིས་བསྡུས་པའི་བཏང་སྙོམས་ཀྱི་ཚོར་བ་རྟེན་མཚུངས་ཡུལ་ བཅས་ཀྱིས་མཚོན་ཏེ་འཁོར་བའི་སྣོད་བཅུད་མཐའ་དག་གིས་སོ་སོའི་སྐྱེ་བོ་རང་ག་བ་རྣམས་ ལ་དངོས་རྒྱུད་ཅི་རིགས་པའི་སྒོ་ནས་འཁོར་བ་མཐོ་དམན་ཐམས་ཅད་དུ་དབང་མེད་རང་ ཤུགས་ནས་སྡུག་བསྔལ་ཕྱི་མ་མང་པོ་ལ་སྦྱོར་ཞིང་སྡུག་བསྔལ་དུ་མ་འདུས་ཏེ་བསྐྱེད་པར་ བྱེད་པ་ཁོ་ན་ཡིན་པའི་ཆ་ནས་དེ་དག་ཁྱ༷བ་པ༷་འདུ༷་བྱེ༷ད་ཀྱི་སྡུག་བསྔལ་དུ་བཞག་པའི་ཕྱིར། དེ་ཡང་ད་ལྟའི་རང་ཅག་གི་ལུས་སེམས་གཉིས་པོ་དེ་ཆོས་ཅན། ཁྱོད་གཉིས་ལ་ཟག་བཅས་ ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ད་ལྟའི་རང་གི་མངོན་མཐོ་མིའི་གནས་སྐབས་ཀྱི་ལུས་ སེམས་འདི་ག་སྔོན་བསགས་ཀྱི་རྣམ་དཀར་ཚུལ་ཁྲིམས་ཀྱི་ལས་འཕེན་བྱེད་དེ་ཡང་སོ་སྐྱེས་ རང་གའི་དུས་སུ་ཐོག་མ་དང་དུས་ཀྱི་ཀུན་སློང་བདག་ལ་ཆགས་པའི་འདོད་ཆགས་སོགས་ ཟག་པ་ཉོན་མོངས་པས་བསླད་པའི་རྒྱུ་མ་དག་པས་ཉེ་བར་བསྐྱེད་པ་དང་བཅས་པའི་རྣམ་ པར་སྨིན་པའི་དངོས་པོ་དང་འབྲས་བུ་ལུས་སེམས་འདི་གཉིས་རང་རང་གིས་ཀྱང་འཁོར་བ་ པ་དག་ལ་ཉོན་མོངས་སྐྱེ་བའི་དམིགས་རྐྱེན་གྱི་རྒྱུ་དང་བཅས་པ་བྱེད་པ་ཡིན་པའི་རྒྱུ་མཚན་ གྱིས་དེ་ལྟར་བརྗོད་པའི་ཕྱིར། འདོད་པའི་ཆགས་སྡང་གི་རྟོག་བློ་ངན་པའི་སེམས་བྱུང་དེ་ཆོས་ ཅན། ཁྱོད་ལ་ཉོན་མོངས་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཁྱོད་མངོན་གྱུར་དུ་ལྷག་པར་ སྐྱེ་བ་དང་ལྡན་པའི་གང་ཟག་གི་མཚུངས་ལྡན་གྱི་བློ་གཙོ་འཁོར་རྣམས་དང་དེ་དག་གི་རྒྱུན་ ཕྱི་མ་འགའ་རེ་དང་བཅས་པ་ཁྱོད་ཀྱི་མཐུས་ཉམས་ཤིན་ཏུ་ངན་པར་བྱས་ཏེ་དམ་པས་སྨད་ པའི་གནས་ཡང་དག་བདེ་བའི་གོ་འཕང་མཆོག་ལ་རེག་པའི་སྐལ་བ་ཆེས་རིང་བར་བྱེད་པའི་ རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། དཔེར་ན་འཇིག་རྟེན་དུ་སྐྱིད་པའི་གནས་སྐབས་དང་ 4-1-263 བྲལ་བའི་གང་ཟག་དེ་རྣམས་དམའ་བ་བཞིན་ནོ། །ཡང་དེ་ཆོས་ཅན། སྡིག་པ་མི་དགེ་བ་ཡིན་ ཏེ། བསོད་ནམས་མ་ཡིན་པའི་ལས་དང་མཚུངས་པར་ལྡན་ཞིང་རང་འབྲས་རྣམ་སྨིན་གནག་ པ་ཡིད་མི་འོང་འབྱིན་བྱེད་ཡིན་པའི་ཕྱིར། ཡང་དེ་ཟག་པ་ཡིན་ཚུལ་ཡོད་དེ། རང་རྒྱུད་ལྡན་ གྱི་གང་ཟག་དེ་དེའི་དབང་གིས་སྤྱིར་གནས་གོང་མ་ཐར་པ་དང་འོག་མ་འཁོར་བ་གཉིས་ལས་ གནས་འོག་མ་འཁོར་བ་མཐོ་དམན་ཀུན་ཏུ་ལྷུང་ཞིང་ཟག་པར་བྱེད་པའི་ཆ་ནས་དེ་ཟག་པ་ དངོས་སུ་བཞག་པའི་ཕྱིར། ལྷ་མིའི་ལུས་སེམས་གཉིས་ནི་རེ་ཞིག་སྡུག་བསྔལ་བཟོད་དཀའ་ བ་དང་བྲལ་བས་སོ་སྐྱེས་དག་ལ་ཡིད་འོང་དུ་སྣང་རྒྱུའི་དངོས་པོ་ཡིན་ཏེ། ངན་སོང་དམྱལ་ བའི་སྡུག་བསྔལ་ལྟ་བུ་ནི་དོས་དྲག་ལ་ཡུན་རིང་པོའི་བར་དུ་སྐད་ཅིག་ཀྱང་རྒྱུན་ཆད་པའི་གོ་ སྐབས་དང་བྲལ་བ་ལ་ལྟོས་ན་ད་ལྟ་མངོན་མཐོ་ལྷ་མིའི་ལུས་སེམས་འདི་སྡུག་བསྔལ་ཆུང་ ཞིང་སོས་དལ་གྱི་གནས་སྐབས་བདེ་བ་དང་ལྡན་པའི་ངོ་བོར་སོ་སྐྱེས་ལ་སྣང་ཆོག་པའི་ཆ་ ནས་བཞག་པའི་ཡིད་འོང་གི་དངོས་པོ་ཞིག་ཡིན་པའི་ཕྱིར། རིགས་པ་དེས་དཔག་ན་ངན་ སོང་གི་འགྲོ་བའི་ལུས་སེམས་ནི་ངོ་ཐད་ནས་སྡུག་བསྔལ་ཤུགས་དྲག་པས་ཡིད་མི་འོང་དུ་ སྣང་རྒྱུའི་དངོས་པོ་ཡིན་པ་ལྷག་པར་གསལ་བ་ཞིག་འཆར་འོང༌། བདེ་འགྲོ་དང་ངན་འགྲོ་ བའི་ལུས་སེམས་གང་ཡིན་ཡང་ཉེ་བར་ལེན་པའི་ཕུང་པོ་ཡིན་ཏེ། འགྲོ་བའི་ཕུང་པོ་ལྔ་ག་སྔོ ན་ འཕེན་འགྲུབ་བྱེད་པའི་ལས་གཉིས་ལས་འགྲུབ་བྱེད་ཤི་ཁའི་སྲིད་ལེན་གྱི་ངོ་བོར་གྱུར་པའི་ འདོད་ཆགས་དེས་ཉེ་བར་ལེན་པའམ་དེའི་བསྐྱེད་པའི་ཕུང་པོ་དང་འབྲས་བུ་ལུས་སེམས་དེ་ འདྲས་ཀྱང་སླར་སྡུག་བསྔལ་ཕྱི་མ་མང་པོ་ཉེ་བར་ལེན་ཅིང་འཕེལ་བར་བྱེད་པའི་རྫས་དུ་མ་ སྤུངས་པ་ཡིན་པས་ན་ཉེར་ཕུང་དུ་བཞག་པའི་ཕྱིར། སྐབས་འདིའི་སྡུག་བསྔལ་གསུམ་པོ་ཅི་ རིགས་ལ་ཚོར་བས་མ་ཁྱབ་སྟེ། འདིར་དེ་གསུམ་ལ་ཚོར་བ་རྟེན་མཚུངས་ཡུལ་བཅས་འཇོག་ དགོས་པ་གང་ཞིག དེ་འདྲ་ལ་ཚོར་བས་མ་ཁྱབ་པའི་ཕྱིར། དང་པོ་གྲུབ་སྟེ། དེ་གསུམ་པོ་ 4-1-264 རེ་རེ་ལ་ཟག་བཅས་ཀྱི་ཚོར་བ་བདེ་སྡུག་བཏང་སྙོམས་རྟེན་མཚུངས་ཡུལ་བཅས་རེ་རེ་འཇོག་ པ་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ། དེ་འདྲའི་ཚོར་བ་རྟེན་མཚུངས་ཡུལ་བཅས་ཚོར་བ་ཁོ་ ན་མ་ཡིན་པའི་ཕྱིར། དེར་ཐལ། ཚོར་བ་དང་མཚུངས་ལྡན་གྱི་སེམས་སེམས་བྱུང་གཞན་མ་ རྣམས་ཚོར་བ་མ་ཡིན་ན་ནང་རྟེན་དབང་པོ་དང་ཕྱིའི་ཡུལ་གཟུགས་སོགས་ནི་ཚོར་བ་མིན་པ་ སྨོས་ཀྱང་མི་དགོས་པའི་ཕྱིར་རོ། ། གཉིས་པ་བར་དུ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སྒོམ་པ་ལ། སྒོམ་ཚུལ་དངོས་དང༌། དཔྱད་པ་གཉིས་ལས། དང་པོ་ལ་སྔོ ན་འགྲོ་ལ་བསླབ་ཚུལ་དང༌། དེ་དངོས་བསྐྱེད་པའི་ཚུལ་དང་གཉིས་ལས། དང་པོ་ནི། ཐེག་ཆེན་སེམས་བསྐྱེད་སྐྱེ་བའི་རྒྱུ་ལ་ཐོག་མར་རྒྱུ་དང་འབྲས་བུའི་མན་ངག་ འདི་བཞིན་བསམ་པར་བྱ་དགོས་ཏེ། དེ་ཡང་མཁའ་ཁྱབ་ཀྱི་འགྲོ་བ་མ་ལུས་པ་རང་གི་མར་ གྱུར་མ་མྱོང་བ་གཅིག་ཀྱང་མེད་པའི་ཚུལ་ཐམས་ཅད་གཟིགས་པའི་བཀའ་འགྱུར་བ་མེད་ པའི་ལུང་རྣམ་དག་དང་རང་གི་སྐྱེ་བའི་ཐོག་མ་ལ་ནམ་ཡང་ཐུག་པ་མེད་པའི་ཚུལ་སོགས་ཀྱི་ རིགས་པ་ལ་བརྟེན་ནས་སེམས་ལ་ངེས་པ་དྲངས་པར་བྱས་ཏེ་ཡིད་འགྱུར་རྩོལ་བྱས་བཅོས་ མིན་གྱི་མྱོང་བ་ཐོན་པ་ལ་འབད། དེ་ནས་འགྲོ་བ་དེ་དག་གིས་རང་ལ་མ་བྱས་པའི་ཚེ་ནི་ད་ ལྟའི་མ་བཞིན་སེམས་ཀྱི་བརྩེ་འདུན་ནམ་ཡང་མི་ལྷོད་བཞིན་དུ་ལུས་ངག་གིས་ཤ་ཚ་ཞིང་ གཅེས་པའི་སྒོ་ནས་ལྷག་པར་བསྐྱངས་པའི་ཡིན་ལུགས་རྣམས་ཞིབ་པར་ཡིད་ལ་བྱས་ཏེ་ཡང་ ཡང་བསམ་པས་གོང་ལྟར་མྱོང་བ་ཐོན་པར་བྱ། དེ་ནས་མ་འགྲོ་བ་དེ་དག་གིས་རང་ལ་གཅེས་ པར་བསྐྱངས་པའི་དྲིན་ཆེ་བའི་བྱ་བ་དེ་ལྟར་བྱས་པ་ཤ་སྟག་ཡིན་ན་ད་ལན་བདག་གིས་དེ་ དག་ལ་དྲིན་ལན་ཞིག་ཕར་སྦྱིན་པའི་སྒོ་ནས་དྲིན་ལེགས་པར་གཟོ་བར་མ་བྱས་ན་བདག་དེ་ ལས་ལྷག་པའི་དྲིན་མི་གཟོ་བའི་ཁྲེལ་མེད་གཞུང་ངན་ཞིག་གང་ན་ཡོད་སྙམ་པའི་སྒོ་ནས་མ་ 4-1-265 འགྲོ་ཀུན་ལ་དྲིན་གཟོ་འདོད་ཀྱི་བསམ་པ་ཡང་ཡང་བསྐྱེད་པས་མྱོང་བ་གོང་བཞིན་ཐོན་པར་ བྱ། དེ་ནས་མ་དྲིན་མོ་ཆེ་དེ་དག་ཐམས་ཅད་ལ་གནས་སྐབས་ལྷ་མིའི་བདེ་བ་དང་དེའི་རྒྱུ་དགེ་ བ་བཅུ་ལ་སོགས་པ་དང་མཐར་ཐུག་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་དང་དེ་ དག་ཐོབ་བྱེད་ཀྱི་རྒྱུ་ས་བཅུ་ལམ་ལྔ་ལ་སོགས་པའི་རྣམ་པར་དཀར་བའི་ལེགས་བྱས་མཐའ་ དག་དང་ལྡན་པར་གྱུར་ཅིག་ལྡན་ན་ཅི་མ་རུང་དེ་ལྟར་ལྡན་པར་བླ་མ་དཀོན་མཆོག་གི་བྱིན་ གྱིས་རློབས་སྙམ་པའི་སྒོ་ནས་སེམས་ཅན་དེ་ཐམས་ཅད་ལ་བུ་གཅིག་པའི་མ་ལྟར་ཡིད་འོང་ གཅེས་ཕངས་སུ་ཤར་བའི་བློ་སྐྱེ་ཅི་ཐུབ་ལ་འབད་དེ་གོང་བཞིན་མྱོང་བ་ཐོན་པར་བྱ། དེ་ནས་ ཡང་མ་སེམས་ཅན་དེ་དག་ཀུན་ལ་འཁོར་བའི་སྡུག་བསྔལ་ཐམས་ཅད་དང་དེའི་རྒྱུ་མི་དགེ་བ་ བཅུ་སོགས་དང༌། ཉན་རང་དགྲ་བཅོམ་པ་རྣམས་ཀྱིས་གཞན་དོན་སྒྲུབ་མི་འདོད་པ་དང་སྒྲུབ་ མི་ནུས་པ་དང་སྐུ་གཅིག་གིས་མཛད་པ་ཅིག་ཆར་སྟོན་མི་ནུས་པ་དང་གསུང་གཅིག་གིས་ཆོས་ སྒོ་ཅིག་ཆར་འཆད་མི་ནུས་པ་དང་ཐུགས་གཅིག་གིས་ཤེས་བྱ་ཅིག་ཆར་མཁྱེན་མི་ནུས་པ་དང་ དེ་དག་གི་རྒྱུ་མ་རིག་བག་ཆགས་ཀྱི་ས་དང་བདེན་སྣང་ཕྲ་མོ་སོགས་དང༌། གཞན་ཡང་ཟག་ མེད་ཡིད་ལུས་ཞེས་པ་གོང་སྨོས་ལྟར་མ་རིགས་བག་ཆགས་ཀྱི་ས་ཞེས་བདེན་འཛིན་གྱིས་ སྔར་བཞག་པའི་བག་ལ་ཉལ་ཤིན་ཏུ་ཕྲ་མོ་ཉན་རང་དགྲ་བཅོམ་པ་དང་བྱང་སེམས་དག་ས་ པ་རྣམས་ཀྱི་རྒྱུད་ལ་ཡོད་པ་དེས་རྒྱུ་བྱས་ནས་ཁོང་རྣམས་ཀྱི་སྐུ་ལུས་དེ་གདོས་བཅས་བེམ་པོ་ དང་བྲལ་ཞིང་ཡིད་དེ་ཉིད་ལས་གྲུབ་པའི་ཟག་པ་ལས་ཉོན་གྱིས་བསྐྱེད་པ་མ་ཡིན་པའི་ཡིད་ ལུས་ཤིག་གྲུབ་པ་དེ་ཡང་སྐུ་ཐུགས་གྲུབ་བྱེད་གཅིག་པས་ཡུལ་མཁྱེན་ནུས་པའི་སྟོབས་མེད་ པ་དང་སྐུས་བཀོད་པ་ཅིག་ཆར་སྟོན་མི་ནུས་པ་སོགས་ནི་ཞི་བའི་སྡུག་བསྔལ་ཡིན་པས་དེ་ འདྲའི་སྲིད་ཞིའི་སྡུག་བསྔལ་མཐའ་དག་དང་བྲལ་བར་གྱུར་ཅིག་བྲལ་ན་ཅི་མ་རུང་བྲལ་བར་ བླ་མ་དཀོན་མཆོག་གིས་བྱིན་གྱིས་རློབས་སྙམ་པའི་སྒོ་ནས་སེམས་ཅན་དེ་དག་ཀུན་ལ་སྡུག་ 4-1-266 བསྔལ་ཐམས་ཅད་དང་བྲལ་བར་འདོད་པའི་ཤ་ཚ་སྙིང་ཉེ་དང་ལྡན་པའི་བརྩེ་སེམས་ཡང་ དག་བསྐྱེད་པ་ལ་བརྩོན་པ་དྲག་པོ་བྱས་པས་མྱོང་བ་གོང་ལྟར་ཐོན་པར་བྱ། དེ་ནས་མར་གྱུར་ མཁའ་མཉམ་གྱི་སེམས་ཅན་རྣམས་ལ་གོང་ལྟར་བདེ་བ་རྒྱུ་དང་བཅས་པ་ལྡན་འདོད་ཙམ་དུ་ མི་འཇོག་པར་དེའི་ཁུར་རང་གིས་བླངས་ཏེ་མ་དེ་ཐམས་ཅད་ལ་བདེ་བ་རྒྱུ་བཅས་ལྡན་པར་ བདག་གིས་བྱེད་འདོད་དང་དེ་དག་ལ་སྡུག་བསྔལ་རྒྱུ་བཅས་བྲལ་འདོད་ཙམ་དུ་མི་འཇོག་ པར་བདག་གིས་ཁུར་བླངས་ཏེ་བྲལ་བར་བྱེད་འདོད་ཀྱི་བློ་བསྐྱེད་དེ་དེ་ལ་གོམས་པ་ཡར་ ལྡན་དུ་བྱས་ཏེ་ལྷག་པའི་བསམ་པ་རྣམ་པར་དག་པ་ལ་གོང་བཞིན་མྱོང་བ་ཐོན་པར་བྱ། དེ་ ལྟར་མར་ཤེས་དྲིན་དྲན་དྲིན་གཟོ་ཡིད་འོང་གི་བྱམས་པ་བརྩེ་བའི་སྙིང་རྗེ་ལྷག་བསམ་རྣམ་ དག་རྣམས་ནི་སྔ་མ་སྔ་མ་ལ་བརྟེན་ནས་ཕྱི་མ་ཕྱི་མ་རྣམས་འབྱུང་བ་ཡིན་པས་དེ་དག་རྒྱུ་དང་ འབྲས་བུའི་ཆོས་སུ་གནས་པ་ཡིན་ཕྱིར་དེ་དག་ལ་རྒྱུ་འབྲས་ཀྱི་མན་ངག་གམ་རྒྱུ་དང་འབྲས་ བུའི་ཐབས་ཐབས་བྱུང་དུ་གསུངས་པའོ། ། གཉིས་པ་དེ་དངོས་བསྐྱེད་ཚུལ་ནི། དེ་ལྟར་གཞན་སེམས་ཅན་ཐམས་ཅད་ལ་གནས་ སྐབས་དང་མཐར་ཐུག་གི་ཕན་པ་དང་བདེ་བའི་དོན་མཐའ་དག་རང་གིས་སྐྱེས་རྩལ་ཅི་ཡོད་ ཀྱི་སྒོ་ནས་སྒྲུབ་པར་འདོད་པའི་དོན་གཉེར་གྱི་འདུན་པ་ཡིད་ལ་གཏིང་ཚུགས་པ་སྐྱེས་ཚེ། ད་ སྐབས་སུ་ནི་བདག་ལ་དེ་འདྲའི་དོན་སྒྲུབ་པའི་ནུས་པ་སྒོ་གང་ནས་མི་འདུག་པའི་ཚུལ་ལ་ ཞིབ་འདང་བཏང་ནས་སྤྱིར་དེ་འདྲ་ཐུབ་པ་ཞིག་འཇིག་རྟེན་ན་སུ་ཡོད་སྙམ་ན་སྲི ད་འདིར་མཐོ་ བར་རློམ་པ་ཚངས་པ་དང་བརྒྱ་བྱིན་སོགས་ནི་ལས་ཉོན་གྱི་གཞན་དབང་དུ་སོང་ནས་སྲིད་ པ་མཐོ་དམན་ཀུན་ཏུ་སྐྱིད་སྡུག་རེས་མོས་ཀྱི་སྒོ་ནས་རང་དབང་ཅུང་ཟད་མེད་པར་འཁྱམ་ དགོས་པའི་རང་མགོ་མི་ཐོན་པའི་འཁོར་བ་པ་མ་གཏོགས་ངེས་ལེགས་ཀྱི་གོ་འཕང་ཐོབ་པ་ ཙམ་ཡང་མ་ཡིན་ན་གཞན་དོན་མཐའ་དག་སྒྲུབ་ནུས་པའི་རླབས་པོ་ཆེའི་མཛད་ཕྲིན་གང་ 4-1-267 ཡང་མེད་པ་ནི་སྨོས་ཀྱང་མ་དགོས་ལ། དེ་མ་ཟད་བདག་ཉིད་ཆེན་པོའི་གོ་འཕང་ལ་བཞུགས་ པའི་ཉན་རང་དགྲ་བཅོམ་པ་དག་ཀྱང་དགྲ་ཀུན་འབྱུང་ལས་ཉོན་གྱི་འཆིང་བ་ལས་གྲོལ་ཀྱང་ གསང་བ་གསུམ་གྱི་ཡོན་ཏན་ནམ་མཁའ་དང་མཉམ་པ་ལ་གེགས་བྱེད་ཀྱིས་སྒྲིབ་པ་མ་རིག་ བག་ཆགས་ཀྱི་ས་དང་རྩོལ་རྟོག་ཕྲ་མོ་སོགས་ཤེས་བྱ་ཐམས་ཅད་མཁྱེན་པ་ཐོབ་པའི་གེགས་ སུ་གྱུར་པའི་སྒྲིབ་པ་དང་མ་བྲལ་བས་གཞན་དོན་མཐའ་དག་སྒྲུབ་པའི་ནུས་པའང་མ་རྫོགས་ ཕྱིར་དེ་དག་ཀྱང་འགྲོ་དོན་སྟོབས་ཆེན་སྒྲུབ་པའི་མཐུ་མེད་པ་ཡིན། འོ་ན་ད་གཞན་དོན་སྒྲུབ་ པའི་མཛད་ཕྲིན་ཟླ་དང་བྲལ་བ་སུ་ཡིན་ན་ཐམས་ཅད་མཁྱེན་པ་ཉག་གཅིག་སྟེ། དེ་ནི་འབད་ མེད་ལྷུན་གྲུབ་ཀྱི་འགྲོ་དོན་མཐའ་ཡས་པ་འབྱུང་བ་ལ་ནམ་ཡང་རྒྱུན་ཆད་པ་མི་མངའ་བའི་ བདག་ཉིད་ཡིན་པས་སོ། །དེས་ན་བདག་གིས་གཞན་དོན་མཐའ་དག་སྒྲུབ་པའི་ཕྱིར་དུ་ ཐམས་ཅད་མཁྱེན་པའི་གོ་འཕང་མངོན་དུ་བྱ་དགོས་ན་དེ་རང་དགར་རྒྱུ་མེད་པར་ནི་ཐོབ་མི་ ཡོང་བས་དེའི་རྒྱུ་ཞིག་ཀྱང་སྒྲུབ་དགོས། རྒྱུ་དེ་ཡང་དམན་པ་ཁ་མི་ཚང་བ་སོགས་ཀྱིས་ཀྱང་ མི་ཆོག་པར་རྒྱུ་ཚང་ལ་མ་ནོར་བ་ཞིག་དགོས་པ་ལ་ཐེག་ཆེན་ལམ་གྱི་གཞི་རྩ་སེམས་བསྐྱེད་ དང་དེ་ལ་ཟིན་བྱེད་ཀྱི་སྤྱོད་པ་ལམ་ཕར་ཕྱིན་དྲུག་སོགས་སྤྱོད་པ་རྒྱ་མཚོ་ལྟ་བུ་ཡུན་རིང་པོ་ བསྐལ་ཆེན་གྲངས་མེད་གསུམ་སོགས་སུ་སྒྲུབ་པ་ལ་དཔའ་ཞུམ་པ་མེད་པར་སྙིང་སྟོབས་ཀྱི་ གོ་ཆ་བགོས་ཏེ་ལམ་བསྒྲུབ་འདོད་ཀྱི་བསམ་པ་རྒྱ་ཆེར་བསྐྱེད་དེ་གཞན་འགྲོ་བ་མ་ལུས་པའི་ དོན་སྒྲུབ་ཆེད་དུ་བདག་སངས་རྒྱས་ཐོབ་འདོད་ཀྱི་དོན་གཉེར་དང་མཚུངས་པར་ལྡན་པའི་ གཙོ་སེམས་དེ་བློ་རང་གི་ངོ་བོར་བསྐྱེད་ནས་དེ་ལ་གོམས་པར་བྱས་ཏེ་གོང་བཞིན་མྱོང་བ་ ཐོབ་པར་བྱའོ། ། གཉིས་པ་དཔྱད་པ་ནི། གཞན་སེམས་ཅན་མཐའ་དག་གི་སྡུག་བསྔལ་མ་ལུས་པ་བདག་ གིས་བསྒྲལ་འདོད་ཀྱི་བློ་དེ་ཆོས་ཅན། ཁྱོད་བཅོས་མིན་དུ་ནམ་སྐྱེས་པ་ན་དེ་སྐྱེ་བའི་གང་ 4-1-268 ཟག་དེ་སྐྱེས་བུ་ཆེན་པོར་གྱུར་པ་ཡིན་ཏེ། དེ་འདྲའི་བློ་དེ་སྙིང་རྗེ་ཆེན་པོར་འཇོག་པ་གང་ཞིག སྙིང་རྗེ་ཆེན་པོ་བཅོས་མིན་མངའ་བའི་སྐྱེས་བུ་དེ་སྐྱེས་བུ་ཆེན་པོ་ཡིན་པའི་ཕྱིར། ཀུན་རྫོབ་ སེམས་བསྐྱེད་ཆོས་ཅན། ཁྱོད་བཅོས་མིན་དུ་སྐྱེས་ཚེ་དེ་ལྡན་གྱི་གང་ཟག་དེ་བྱང་ཆུབ་སེམས་ དཔར་གྱུར་པ་ཡིན་ཏེ། ཀུན་རྫོབ་སེམས་བསྐྱེད་བཅོས་མིན་སྐྱེས་མ་ཐག་ནས་སྐྱེ་བ་པོ་གང་ ཉིད་རྒྱལ་བའི་སྲས་སུ་གྱུར་ཏེ་ལྷ་དང་མིའི་ཕྱག་བྱ་བའི་ཡུལ་གྱི་བདག་ཉིད་ཆེན་པོའི་གནས་ ན་ལེགས་པར་བཞུགས་པའི་སྐྱེས་བུ་མཆོག་ཏུ་གྱུར་པ་ཡིན་པའི་ཕྱིར། དེ་འདྲའི་བྱང་ཆུབ་ ཀྱི་སེམས་དེ་སྐྱེ་བ་ལ་སྔོན་གོང་དུ་སྨོས་པ་ལྟར་གྱི་རྒྱུ་འབྲས་མན་ངག་ལ་བརྟེན་ནས་གཞན་ དོན་གཉེར་གྱི་འདུན་པ་ལ་བཅོས་མིན་གྱིས་མྱོང་བ་ཐོན་དགོས་ཏེ། དེ་ལ་དེ་འདྲའི་མྱོང་བ་ མ་ཐོན་ན་གཞན་དོན་དུ་རྫོགས་བྱང་ཐོབ་འདོད་ཀྱི་བློ་བཅོས་མིན་དུ་སྐྱེ་ལུགས་མེད་པ་གང་ ཞིག་དེ་འདྲ་མ་སྐྱེས་ན་ཡིད་འགྱུར་རྩོལ་བཅས་རེ་ཙམ་སྐྱེས་ཀྱང་བྱང་སེམས་ཀྱི་ལམ་དུ་མི་ འགྱུར་བས་ལམ་སྐྱེ་བའི་གོ་མི་ཆོད་པའི་ཕྱིར། གཞན་སེམས་ཅན་མཐའ་དག་ལ་ཐོབ་འགྱུར་ གྱི་གནས་སྐབས་ལྷ་མི་ནས་མཐར་ཐུག་ཐམས་ཅད་མཁྱེན་པའི་བར་གྱི་བདེ་བ་རྒྱུ་དང་བཅས་ པ་དང༌། རང་ལ་མ་འོངས་པ་ན་ཐོབ་འགྱུར་གྱི་བླ་མེད་བྱང་ཆུབ་ཀྱི་གོ་འཕང་རྒྱུ་དང་བཅས་ པ་དེ་སྐབས་འདིའི་སེམས་བསྐྱེད་ཀྱི་དམིགས་ཡུལ་ཡིན་ཏེ། གཞན་འགྲོ་བ་མ་ལུས་པའི་དོན་ མཐའ་དག་བདག་གིས་བསྒྲུབ་པའི་ཆེད་དུ་ཐོག་མར་བདག་བླ་མེད་བྱང་ཆུབ་ཐོབ་པར་འདོད་ པའི་ཚེ་དེ་འདྲའི་བློ་དེའི་དམིགས་ཡུལ་དུ་གོང་ལྟར་རང་གཞན་གྱི་དོན་ཐམས་ཅད་བྱ་དགོས་ ཀྱི་དེ་ལྟར་མ་བྱས་པར་གཞན་དོན་དུ་རྫོགས་བྱང་ཐོབ་འདོད་ཇི་བཞིན་བསྐྱེད་ལུགས་མེད་ པའི་ཕྱིར། སེམས་བསྐྱེད་འདིའི་འཛིན་སྟངས་ཀྱི་ཡུལ་འཇོག་ཏུ་ཡོད་དེ། དོན་གཉིས་ཀྱི་སྟེང་ གི་དོན་གྱི་ངོ་བོ་ཡིན་པའི་ཆ་དེ་དེའི་འཛིན་སྟངས་ཀྱི་ཡུལ་དུ་འཇོག་དགོས་པའི་ཕྱིར། ཡང་ དེའི་ངོ་བོ་འཇོག་ཏུ་ཡོད་དེ། དོན་གཉིས་ལ་དམིགས་པའི་ཐེག་ཆེན་གཙོ་བོའི་རྣམ་རིག་ཁྱད་ 4-1-269 པར་ཅན་དེ་ཡིན་པའི་ཕྱིར། རང་གྲོགས་འདུན་པའི་དམིགས་ཡུལ་ནི་བླ་མེད་བྱང་ཆུབ་ཡིན་ ལ། དེའི་འཛིན་སྟངས་ཀྱི་ཡུལ་བླ་མེད་བྱང་ཆུབ་ཐོབ་བྱ་ཡིན་ཆ་དང་རང་གི་ངོ་བོ་ཡང་སེམས་ བྱུང་འདུན་པའོ། །སེམས་བསྐྱེད་གཙོ་སེམས་རང་ཉིད་རང་སྟོབས་ཀྱིས་དོན་དུ་གཉེར་བའི་ རྣམ་ཅན་མ་ཡིན་ཡང་གྲོགས་སྟོབས་ཀྱི་དབང་གིས་རྣམ་པར་རིག་པ་ཡང་དོན་དུ་གཉེར་བའི་ རྣམ་ཅན་དུ་བསྒྱུར་བ་ཡིན་པ་ལ་དགོངས་ནས་མི་ཕམ་པས། སེམས་བསྐྱེད་པ་ནི་གཞན་དོན་ ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་གསུངས་སོ། ། གསུམ་པ་ཐ་མར་དོན་དམ་པའི་ཆོས་ཉིད་ལ་བློ་ཁ་ཕྱོགས་ཏེ་སྒོམ་ཚུལ་ལ། སྒོམ་ཚུལ་ དངོས་དང༌། དཔྱད་པ་གཉིས་ལས། དང་པོ་ལ། ཐུན་མོང་གི་བདག་མེད་སྒོམ་ཚུལ་དང༌། རང་ལུགས་ཐུན་མོང་མ་ཡིན་པའི་ སྤྲོས་བྲལ་མི་རྟོག་པ་སྒོམ་ཚུལ་དང་གཉིས་ལས། དང་པོ་ལ། གང་ཟག་གི་བདག་མེད་དང༌། ཆོས་ཀྱི་བདག་མེད་སྒོམ་ཚུལ་གཉིས་ལས། དང་པོ་ནི། རང་སེམས་རྣལ་དུ་ཕབ་ནས་ཐོག་མར་རྗེས་དཔྱོད་བྱ་ལུགས་ཀྱང༌། སྤྱིར་ རང་ལ་ཕན་གནོད་བྱ་བའི་སྐབས་སུ་ལྷག་པར་མངོན་པའི་རང་རྒྱུད་ཀྱི་ང་འཁྲང་ཐང་ངེ་བ་དེ་ སྐབས་དེའི་བདག་ཏུ་འཛིན་པ་ལ་སྣང་བ་ལྟར་ད་ལྟ་རང་གི་བློ་ངོར་རྐྱེན་དང་ཐབས་སྣ་ཚོགས་ ཀྱིས་མངོན་པར་བྱས་ཏེ་སེམས་ལ་གསལ་སྣང་ཐོན་པ་ཞིག་གལ་ཆེ། དེ་ནས་དེ་འདྲའི་ང་དེ་ ཡིད་ཞབས་སུ་མི་འབོར་བར་བྱས་ཏེ་བློའི་ཟུར་ཆ་ཞིག་གིས་དཔྱོད་པའི་སྒོ་གཏོད་ནས་དེ་ལྟར་ དཔྱད་པར་བྱ་བ་སྟེ། དེ་ཡང་བདག་འཛིན་ལ་སྣང་བ་ལྟ་བུས་ང་ཚུགས་ཐུབ་ཞིག་དོན་ལ་ཡོད་ ན་བདེན་པའི་གཅིག་དང་དུ་མ་གང་རུང་ལས་ཡོད་ཚུལ་མེད་པས་དེ་གཉིས་གང་རུང་ཏུ་ཡོད་ དགོས། དེ་ལས་བདེན་པའི་གཅིག་ཏུ་ཡོད་ན་གདགས་གཞི་ཕུང་པོ་ལྔ་ག་དང་རེ་རེ་ཚོགས་པ་ གང་རུང་དུ་གཅིག་ཡིན་དགོས་ལ་དེ་རེ་རེ་དང་བདེན་པའི་གཅིག་ཡིན་ན་ཕུང་པོ་ལྔ་ག་གཅིག་ 4-1-270 ཏུ་ཐལ་བའམ་ང་ལྔ་རུ་ཐལ་བ་གང་རུང་ལས་མ་འདས་པས་དེ་ཡང་མི་རིགས་ལ། ཡང་ན་ དེ་ཚོགས་པ་དང་བདེན་པའི་གཅིག་ཡིན་ན། ཚོགས་པ་དེ་བདེན་པའི་ང་ཚུགས་ཐུབ་དེ་ཡིན་ དགོས། དེ་ཡིན་ན་ཚོགས་པ་རང་རྐྱ་མི་ཐུབ་པའི་བཏགས་ཡོད་མ་ཡིན་པར་ཚུགས་ཐུབ་པའི་ རང་རྐྱ་བར་འགྱུར་ལ། དེ་ཡང་ཡིན་ན་ཚོགས་པ་གདགས་གཞི་ལ་མ་ལྟོ ས་ཤིང་དེ་དང་འབྲེ ལ་ མེད་དོན་གཞན་དུ་འགྱུར་དགོས་ལ། དེ་ནི་ཤེས་བྱ་ལ་མི་སྲི ད་པའོ། །དེ་ལྟར་བདེན་པའི་ གཅིག་གི་ང་ཞིག་རྣམ་པ་ཀུན་ཏུ་མ་རྙེད་ན་དུ་མ་ནི་གཅིག་བསགས་པ་ལས་འབྱུང་དགོས་ཕྱིར་ རྩོམ་གཞི་གང་ནས་མེད་ན་རྩོམ་པའི་ངོ་བོ་འགྲུབ་ལུགས་མེད་པས་བདེན་པའི་དུ་མ་ཡང་རྣམ་ པ་ཐམས་ཅད་དུ་མི་རྙེད་པའོ། །དེས་ན་བདེན་པའི་གཅིག་དང་དུ་མ་གང་གི་ངོ་བོའི་ང་ཚུགས་ ཐུབ་ཞིག་མེད་པ་ཡིན་ན་སྤྱིར་གཞི་གྲུབ་ན་གཅིག་དང་དུ་མ་གང་རུང་ལས་མེད་ཕྱིར་གཅིག་ དང་དུ་མ་གང་དུ་ཡང་མེད་པ་ཡིན་ན་རྣམ་པ་ཐམས་ཅད་དུ་མེད་པ་ཁོ་ནར་ངེས་པའོ་སྙམ་ པའི་སྒོ་ནས་བདག་ཏུ་འཛིན་པས་ཞེན་པ་ལྟར་གྱི་ང་བདག་ཞིག་བློས་གང་དུ་ཡང་མ་རྙེད་པའི་ སྟོང་པ་འབའ་ཞིག་གི་དབྱིངས་སུ་དབྱིངས་དེའི་ངེས་ཆ་མ་ཡལ་བའི་ངང་ནས་མེད་ཐག་ཆོད་ བཞིན་བློ་རྩེ་གཅིག་ཏུ་གནས་པར་བྱ་བ་སོགས་ཚུལ་དེ་ག་ལྟར་ཁོ་ན་གོམས་པར་བྱེད་དགོས་ པ་ལགས། གཉིས་པ་ཆོས་ཀྱི་བདག་མེད་སྒོམ་པ་ནི། ཕྱི་ནང་གིས་བསྡུས་པའི་ཆོས་ཐམས་ཅད་རང་ རང་གི་ཆ་ཤས་དུ་མ་འདུས་པ་ལ་ཕར་བཏགས་པ་ཁོ་ན་མ་གཏོགས་ཆ་ཤས་རེ་རེ་དང་ལོགས་ གང་དུ་ཡང་བདེན་པ་སོ་སོར་བཙལ་ན་གདགས་ཆོས་རང་རང་གི་ངོ་བོ་གང་ཡང་འཇོག་རྒྱུ་ མི་རྙེད་པར་སྒྲ་དང་རྟོག་པས་གདགས་གཞི་ལ་བརྟེན་ནས་ཕར་བརྗོད་ཅིང་སྣང་བ་ཙམ་གྱི་ སྟེང་ནས་མིང་རྐྱང་བཏགས་ཡོད་ཁོ་ན་མ་གཏོགས་བདེན་པ་རང་གི་ངོས་ནས་གྲུབ་པ་ཏིལ་ ཙམ་ཡང་མེད་པའི་ཚུལ་ནི། དཔེར་ན་བུམ་པ་ལྟ་བུ་ཞིག་ཡིན་ན་རང་གི་གདགས་གཞི་མཆུ་ 4-1-271 ལྟོ་སོགས་ཚོགས་པ་ལ་གདགས་ཆོས་བུམ་པར་སྣང་བ་ཙམ་ལས་གདགས་གཞི་རེ་རེ་དང་ ཚོགས་པ་དང་དེ་དག་ལས་དོན་ལོག་པ་གང་གི་ཆ་ནས་བདེན་པ་རང་ངོས་ནས་གྲུབ་པའི་བུམ་ པ་ཞིག་བཙལ་ན་གདགས་གཞི་རེ་རེ་བུམ་པ་མིན་པ་གོ་སླ་ཞིང༌། ཚོགས་པ་ནི་གདགས་གཞི་ རྣམས་ཀྱི་སྟེང་དུ་ཕར་སྣང་ཙམ་གྱིས་བཞག་པ་ལས་དེ་རང་ངོས་ནས་གྲུབ་པའི་བདེན་པ་ཞིག་ ཞིབ་ཏུ་དཔྱད་ན་ཅི་ཡང་མི་རྙེད་པ་དང༌། གདགས་གཞི་མཆུ་ལྟོ ་སོགས་ལས་དོན་ལོགས་སུ་ བུམ་པ་ཡོད་ན་དེ་གདགས་གཞི་མཆུ་ལྟོ་སོགས་ལ་མ་ལྟོས་པར་འགྱུར་དགོས་ཀྱང་དེ་འདྲ་མི་ སྲིད་པ་མ་ཟད་ལེགས་པར་བསམ་ནས་དཔྱད་ན་རང་ངོས་ནས་གྲུབ་པའི་བུམ་པ་བདེན་པ་ ཞིག་གང་ནས་ཀྱང་ཡོད་མ་མྱོང་བའི་ཚུལ་ལ་ངེས་པ་རྙེད་པར་འགྱུར་བ་ལྟར། འཁོར་འདས་ ཀྱི་ཆོས་ཐམས་ཅད་ལ་དེ་བཞིན་དུ་དཔྱད་ན་རང་རང་གི་གདགས་གཞི་རྣམས་ལ་བརྟེན་ཅིང་ འབྲེལ་ནས་བཏགས་ཆོས་རང་རང་གི་ངོ་བོ་སྣང་ཙམ་དུ་འབྱུང་བ་མ་གཏོགས་དེ་ཐམས་ཅད་ རང་ངོས་ནས་བདེན་པ་གང་ཡང་མེད་པ་སྟོང་པ་ནམ་མཁའ་ལྟ་བུའི་དབྱིངས་འབའ་ཞིག་ཏུ་ སེམས་ཐག་ཆོད་པའི་ངེས་ཆ་མ་ཡལ་བའི་ངང་དེ་ག་ཉིད་ལེགས་པར་བསྐྱངས་དགོས་ཤིང༌། དེ་འདྲའི་ངེས་ཆ་ཡལ་བར་རྩོམ་ཚེ་སླར་ཡང་ངེས་པ་བཙལ་བ་སོགས་གོང་བཞིན་དཔྱད་ འཇོག་སྤེལ་མ་བྱས་ཏེ་བསྒོམ་པར་བྱའོ། ། གཉིས་པ་རང་ལུགས་ཐུན་མོང་མ་ཡིན་པའི་སྤྲོས་བྲལ་མི་རྟོག་པ་སྒོམ་ཚུལ་ནི། སྤྱིར་ན་ རང་ཅག་རྣམས་ལ་ཕྱི་ནང་གིས་བསྡུས་པའི་ཆོས་རྣམས་སོ་སོར་སྣང་བ་འདི་དག་རང་རང་ སྣང་བའི་སོ་སོའི་སྐྱེ་བོ་རྣམས་ཀྱི་བློ་འཁྲུལ་ངོར་ཤར་བ་ཙམ་ལས་དོན་གྱི་གནས་ཚོད་ལ་ཕྱི་ རོལ་གྱི་དོན་དུ་གྲུབ་པའི་བེམ་པོ་ཚུགས་ཐུབ་ཅིག་ནམ་ཡང་ཡོད་མ་མྱོང་བ་ཡིན་ནའང་རང་ ཅག་རྣམས་ལ་ཐོག་མེད་ནས་གཟུགས་སོགས་ལ་ཕྱི་དོན་བདེན་པར་ཞེན་པའི་གོམས་པ་རབ་ ཏུ་བརྟན་པའི་དབང་གིས་དཔེར་ན་རྨི་ལམ་གྱི་ཡུལ་སྣང་ལ་ཕྱི་དོན་མེད་ཀྱང་རྨི་ལམ་འཁྲུལ་ 4-1-272 ངོ་ཙམ་ལ་ཕྱི་དོན་དངོས་སུ་སྣང་བ་དང་མཚུངས་པར་འཇིག་རྟེན་པ་རང་ག་བ་རྣམས་ལ་འདི་ སྣང་གི་གཟུགས་སོགས་ཕྱི་རོལ་གྱི་དོན་བདེན་པ་ཚུགས་ཐུབ་ཏུ་སྣང་བ་ཙམ་དུ་ཟད་དེ། དེས་ ན་སྣང་བ་འདི་དག་ཀུན་ཀྱང་གཞི་རྩ་སེམས་ཀྱི་རོལ་པ་ལས་ཤར་བ་ཡིན་ཕྱིར་འདི་ཀུན་ལ་ དབང་སྒྱུར་བ་པོ་སེམས་ལས་གཞན་གང་ཡང་མེད་ལ། དེའི་ཕྱིར་ནང་སེམས་ཞི་ན་ཀུན་ཞི་བ་ དང་སེམས་དུལ་ན་ཀུན་དུལ་བ་མ་གཏོགས་ཡུལ་གྱི་དོན་སྟེང་ནས་དུལ་ཞིང་ཞི་བའི་ཐབས་ ཚུལ་དཀའ་བ་བསྒྲུབ་པའི་ངལ་བ་དེས་ཅི་ཞིག་བྱ་སྟེ་ཅི་ཡང་དགོས་པ་མི་འདུག་གོ །དེ་ཡང་ རང་སེམས་གསལ་བ་འདིའི་ཡིན་ལུགས་ལ་ནི་དཔེ་གསེར་གྱི་གཡའ་དང་ཆུའི་རྙོག་ལྟར་གློ་ བུར་གྱི་དྲི་མ་ཀུན་རྟོག་ལས་ཉོན་ཀྱི་སྤྲོས་པ་བྲལ་རུང་ངམ་དག་རུང་དུ་ཡོད་པ་ཡིན་གྱི་སེམས་ ཀྱི་རང་གཤིས་སུ་དྲི་མ་ཞུགས་པར་སྨྲ་བའི་རང་སྡེ་ནང་པ་སུ་ཡང་མེད་ལ། དྲི་མ་མཐའ་དག་ དང་བྲལ་བའི་ཤེས་པ་ཞིག་ལ་རྣམ་ཀུན་མཁྱེན་པའི་ཡེ་ཤེས་སུ་འཇོག་པའང་ཐེག་ཆེན་སྡེ་པ་ སྤྱིའི་ལུགས་ཡིན་པ་ལྟར་ད་སྐབས་རང་ལུགས་ལའང་གཞིའི་དུས་ཀྱི་སེམས་གསལ་བའི་རང་ བཞིན་ནམ་རང་གཤིས་ཀྱི་ཡིན་ལུགས་ནི་དྲི་བྲལ་དྭངས་པའི་རིག་པ་ནང་རིག་འགྱུར་མེད་ ཀྱི་ཡེ་ཤེས་ཆོས་ཉིད་རང་བྱུང་གི་རིག་པ་ཡེ་གདོད་མ་ནས་རང་ཆས་སུ་ནམ་ཡང་མི་འགྱུར་ བའི་བདག་ཉིད་དུ་གནས་པ་འདི་ག་རྒྱལ་བའི་སྐུ་གསུམ་གཞི་འབྲས་དབྱེར་མེད་ཀྱི་ཚུལ་ དུ་བཞུགས་པའི་ཆོས་ཉིད་བདེ་བར་གཤེགས་པའི་སྙིང་པོ་ཆོས་ཅན་སེམས་ཀྱི་རང་བཞིན་ དུ་གནས་པ་ཡིན་པའི་ཕྱིར་ན་དེའི་རང་མདངས་ཇི་བཞིན་མངོན་པའི་ཐབས་ནི་ཆུ་རྙོག་རང་ དྭངས་ཀྱི་དཔེ་ལྟར་བཅོས་གཞིག་ཀུན་བྲལ་གྱི་ལྟ་བ་ཡང་དག་ཅིག་གནད་དུ་ཆེ་ནའང་ལས་ དང་པོའི་ཐོག་མ་ནས་དེ་འདྲ་མི་ཡོང་བས་ཐོག་མར་ད་ལྟའི་ཤེས་པ་གསལ་རིག་ཙམ་གྱི་ངོ་ བོ་བྱས་ཏེ་སེམས་གནས་འགྱུ་རིག་གསུམ་གྱི་ངོས་ཟིན་པའི་སྒོ་ནས་གནས་ཆ་བཙལ་ཏེ་དྲན་ ཤེས་ཀྱི་བྱ་ར་དང་ནམ་ཡང་མ་བྲལ་བར་བྱས་ཏེ་གཡོ་ཐོབ་གོམས་བརྟན་མཐར་ཕྱིན་པའི་ 4-1-273 ཉམས་རིམ་གྱིས་སྐྱེ་བར་བྱས་པའི་སེམས་གནས་བསྒྲུབ་ལ། དེའི་སྟེང་ནས་སེམས་མ་བཅོས་ རང་བབས་ཤུགས་འབྱུང་དུ་བསྐྱངས་ཏེ་རྟོག་ཚོགས་ཀྱི་འགྱུ་བ་རང་ས་མ་ཟད་རིག་པའི་རང་ ངོ་ལ་གཏད་པའི་ཆ་དང་མྱོང་སྣང་གི་ཆ་སོགས་སྤྲོས་པ་ཕྲ་མོ་ཙམ་གྱིས་མ་གོས་པར་འཛིན་ གཏད་བློས་བྱས་ཐམས་ཅད་དང་བྲལ་བའི་གསལ་སྟོང་འཛིན་མེད་ཁོ་ན་ལ་མཉམ་པར་ བཞག་པས་ཀུན་རྫོབ་སྒྲ་རྟོག་གི་ཡུལ་ལས་འདས་པའི་སྨྲ་བསམ་བརྗོད་པ་ཀུན་དང་བྲལ་ བའི་སོ་སོར་རང་རིག་པའི་རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཀྱི་རང་གཤིས་ཀྱི་ ཆ་རིམ་གྱིས་མངོན་དུ་གྱུར་བར་བྱ་དགོས་པ་དེ་བས་ན་གོང་སྨོས་ལྟར་གྱི་རྣམ་པར་མི་རྟོག་པ་ ཉག་གཅིག་གི་ངང་དུ་རྩེ་གཅིག་པར་འཇོག་པ་ལ་འབད་པར་བྱ་དགོས་སོ། ། གཉིས་པ་དཔྱད་པ་ནི། སྤྱིར་རྒྱ་གར་ན་ནང་པ་སངས་རྒྱས་པ་ལ་ཐེག་དམན་སྡེ་པ་བྱེ་མདོ་ གཉིས་དང༌། ཐེག་ཆེན་སྡེ་པ་དབུ་སེམས་གཉིས་ཡོད་པ་ལས་ཕྱི་མ་ལའང་སེམས་ཙམ་པ་ དང་དབུ་མ་པ་གཉིས་ལས་དབུ་མ་པ་ལ་རྣམ་གྲངས་པའི་དབུ་མ་པ་དང་ངེས་དོན་དབུ་མ་པ་ གཉིས་ཡོད་པ་ལས་ཕྱི་མ་ཉིད་རང་ལུགས་སོ། །དེ་དག་གིས་ཀྱང་སྤང་གཉེན་གྱི་འདོད་ཚུལ་ མི་འདྲ་བ་སྟེ། དེ་ཡང་དབུ་མ་རང་རྒྱུད་པ་མན་ཆད་ཀྱི་ལུགས་ལ་ཉོན་མོངས་པ་ཐམས་ཅད་ ཀྱི་རྩ་བ་ནི་གང་ཟག་རང་རྐྱ་ཐུབ་པའི་རྫས་གྲུབ་ཏུ་འཛིན་པ་དང༌། དེ་སྤོང་བྱེད་ཀྱི་གཉེན་པོ་ ནི་གང་ཟག་རང་རྐྱ་ཐུབ་པའི་རྫས་གྲུབ་ཀྱིས་སྟོང་པར་རྟོགས་པའི་ཤེས་རབ་དང༌། གཉེན་ པོ་རྣམ་དག་ལམ་དེའི་དམིགས་པ་ནི་གང་ཟག་རང་རྐྱ་ཐུབ་པའི་རྫས་གྲུབ་ཀྱིས་སྟོང་པ་དེ་ ཡིན་པ་དང༌། དབུ་མ་ཐལ་འགྱུར་པས་ནི་གང་ཟག་རང་རྐྱ་ཐུབ་པའི་རྫས་གྲུབ་ཏུ་འཛིན་པ་ ནི་བདག་འཛིན་རགས་པ་ཡིན་གྱི་ཉོན་མོངས་པ་ཐམས་ཅད་ཀྱི་རྩ་བར་གྱུར་པའི་བདག་ འཛིན་ཕྲ་མོ་མ་ཡིན་ལ། དེ་དག་གི་རྩ་བར་གྱུར་པའི་བདག་འཛིན་ཕྲ་མོ་ནི་གང་ཟག་རང་ བཞིན་གྱིས་གྲུབ་པར་འཛིན་པ་དེ་ཉིད་ཡིན་པས་འདི་དང་དམིགས་པ་གཅིག་ལ་དམིགས་ 4-1-274 ནས་འཛིན་སྟངས་དངོས་འགལ་དུ་ཞུགས་པའི་གང་ཟག་རང་བཞིན་གྱིས་གྲུབ་པས་སྟོང་པར་ རྟོགས་པའི་ཤེས་རབ་ཀྱི་ཉོན་མོངས་རྣམས་ཀྱི་གཞི་རྩ་ཆོད་དགོས་མ་གཏོགས་གང་ཟག་རང་ རྐྱ་ཐུབ་པའི་རྫས་གྲུབ་ཀྱིས་སྟོང་པར་རྟོགས་པའི་ཤེས་རབ་ཀྱིས་ནི་ཉོན་མོངས་པ་དག་གི་རྩ་ བ་གཅོད་མི་ནུས་པར་བཞེད། ངེས་དོན་དབུ་མ་པས་ནི། ཐལ་འགྱུར་པ་མན་ཆད་ཀྱི་འདོད་ པའི་བདག་འཛིན་རང་རང་གི་ལུགས་སུ་ངོས་འདྲ་མིན་འཛིན་པ་དེ་ཡང་ཀུན་ཉོན་གྱི་གཞི་ རྩ་རགས་པ་ཙམ་ལས་ཕྲ་མོ་མ་ཡིན་ལ། ཉེས་ཀུན་གྱི་རྩ་བ་ཕྲ་མོ་ནི་བློས་བྱས་ཀྱི་རྣམ་པར་ རྟོག་པ་དེ་ཉིད་ཡིན་ཕྱིར་དེ་དང་དངོས་སུ་འགལ་བའི་སྤྲོས་བྲལ་མི་རྟོག་པ་གསལ་སྟོང་འཛིན་ པ་མེད་པར་སོ་སོར་རང་རིག་པའི་ཡེ་ཤེས་འདི་ག་ཁོ་ན་མ་གཏོགས་བློས་བྱས་གཞན་གྱིས་ ཉེས་པའི་གཞི་རྩ་གཏིང་ནས་ཕྱུང་པ་ནམ་ཡང་མི་འོང་བར་ཐུགས་ལ་ལེགས་པར་དགོངས་ པའོ། །དེ་ལྟ་བས་ན་ང་རང་ཚུགས་ཐུབ་པའམ་རང་རྐྱ་ཐུབ་པའི་རྫས་གྲུབ་ཀྱིས་སྟོང་པར་ རྟོགས་པའི་ཤེས་རབ་ཆོས་ཅན། བསོད་ནམས་ཀྱི་ཚོགས་དང་བཅས་ཏེ་ཁྱོད་གོམས་པ་རབ་ ཀྱིས་མཐར་ཕྱིན་པར་བྱས་ན་ཉོན་མོངས་པའི་རྩ་བ་དྲུངས་ནས་འབྱིན་ནུས་པ་ཡིན་ཏེ། ཀུན་ ཉོན་མཐའ་དག་གི་རྩ་བ་ནི་ང་རང་ཚུགས་པའམ་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པ་ཁོ་ ནར་ངེས་པ་གང་ཞིག ཁྱོད་དེ་དང་དམིགས་པ་གཅིག་ལ་དམིགས་ནས་འཛིན་སྟངས་དངོས་ འགལ་དུ་ཞུགས་པའི་ཤེས་རབ་ཡིན་པའི་ཕྱིར། ཁྱབ་སྟེ། ཀུན་ཉོན་མཐའ་དག་གི་གཞི་རྩ་ དང་དམིགས་གཅིག་འཛིན་སྟངས་དངོས་འགལ་དུ་ཞུགས་པ་གང་ཡིན་པ་དེ་ཉིད་གོམས་པ་ རབ་ཏུ་གྱུར་པ་ན་དེའི་མི་མཐུན་ཕྱོགས་ཉེས་རྩ་དེ་དག་གཏིང་ནས་རིམ་གྱིས་ཆོམ་པར་འགྱུར་ བ་ཆོས་ཉིད་ཡིན་པའི་ཕྱིར། དེ་ནི་རང་རྒྱུད་པ་མན་ཆད་ཀྱི་ལུགས་སོ། །ཡང་ཆོས་ཀུན་རང་ བཞིན་གྱིས་བདེན་པར་མེད་པར་རྟོགས་པའི་ཤེས་རབ་ཆོས་ཅན། ཁྱོད་ཚོགས་ཀྱི་ནུས་པ་རྒྱ་ ཆེན་པོས་བརྒྱན་ཏེ་གོམས་པ་མཐར་ཕྱིན་པ་བྱས་ན་སྒྲིབ་གཉིས་ཀྱི་རྩ་བ་གཅོད་ནུས་པ་ཡིན་ 4-1-275 ཏེ། ཉོན་མོངས་པའི་རྩ་བ་བདེན་འཛིན་དང་དེས་བཞག་པའི་བདེན་སྣང་བསྐྱེད་པའི་བག་ ཆགས་སོགས་ནི་རླབས་ཆེན་གྱི་ཚོགས་དང་སྦྲེལ་ཏེ་ཡུན་རིང་པོར་ཆོས་ཀུན་རང་བཞིན་གྱིས་ གྲུབ་པས་སྟོང་པ་ཉིད་ལ་མཉམ་པར་བཞག་པའི་སྟོབས་ཀྱིས་ལེགས་པར་སྤངས་པ་ལས་ སྤོང་བྱེད་ཀྱི་གཉེན་པོ་གཞན་གང་ཡང་མི་དགོས་པའི་ཕྱིར། དེ་ནི་ཐལ་འགྱུར་པའི་ལུགས་ སོ། །ཡང་སྤྲོས་བྲལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཆོས་ཅན། ཁྱོད་བསོད་ནམས་ཀྱི་ཚོགས་ དང་ཟུང་འབྲེལ་དུ་ཉམས་སུ་བླངས་པས་གོམས་པ་མཆོག་ཏུ་གྱུར་པ་ན་སྒྲིབ་གཉིས་ཀྱི་གཉེན་ པོ་ལེགས་པར་འགྲོར་རིགས་པ་ཡིན་ཏེ། སྤྱིར་ཆགས་སྡང་སོགས་ཉོན་མོངས་པ་སྤྱི་དང་ ཁྱད་པར་ང་རང་རྐྱ་བ་དང་རང་བཞིན་གྱིས་གྲུབ་པར་འཛིན་པའི་བདག་འཛིན་རྣམས་དང་ བདེན་སྣང་བསྐྱེད་པའི་ས་བོན་བག་ལ་ཉལ་སོགས་དང་བཅས་པ་ནི་གཞི་གང་ལས་བྱུང་ན་ བློས་བྱས་ཀྱི་རྣམ་པར་རྟོག་པ་ཁོ་ན་ལས་བྱུང་བ་གང་ཞིག་དེ་འདྲའི་བློས་བྱས་ཀྱི་རྟོག་ཚོགས་ གཞོམ་པ་ལ་ནི། བློས་བཅོས་མ་མཐའ་དག་དང་བྲལ་བའི་སྟོང་གསལ་འཛིན་མེད་ཀྱི་མི་རྟོག་ པ་ཁོ་ན་འདི་ག་ཆེས་མཆོག་ཏུ་གྱུར་པ་ལེགས་ཀྱི་གཞན་བཅོས་མའི་བློ་དག་གིས་ནི་བཅོས་ མའི་རྟོག་ཚོགས་ནམ་ཡང་གཞོམ་མི་ནུས་པའི་ཕྱིར། འདི་ནི་རང་ལུགས་སོ། །ཡང་འཇིག་ རྟེན་པའི་བསམ་གཏན་དང་པོའི་ཏིང་ངེ་འཛིན་ནས་གཟུགས་མེད་བཞི་པའི་བར་གྱི་ཏིང་ངེ་ འཛིན་རྣམས་ཆོས་ཅན། ཟག་པ་བློས་བྱས་ཀྱི་ཏིང་ངེ་འཛིན་འབའ་ཞིག་ཡིན་ཏེ། བསམ་ གཏན་དང་པོ་ནས་བཞི་པའི་བར་ལ་ནི་རྟོག་དཔྱོད་དགའ་བདེ་བཏང་སྙོམས་ཅི་རིགས་ཀྱི་ངོ་ བོ་ལ་ཆགས་པ་མ་བྲལ་བའི་བློས་བྱས་དང་གཟུགས་མེད་དང་པོ་ནས་བཞི་པའི་བར་ལ་ནམ་ མཁའ་རྣམ་ཤེས་ཅི་ཡང་མེད་ཆ་ཡོད་མིན་མེད་མིན་གྱི་སྣང་ཆ་ཅི་རིགས་ལ་ཆགས་པ་མ་བྲལ་ བའི་བློས་བྱས་ཡིན་པའི་ཕྱིར། གཞན་ཡང་རྣམ་རྟོག་ཆེད་དུ་བཀག་པ་ཙམ་ལ་གནས་པའི་ ཏིང་ངེ་འཛིན་འགའ་ཞིག་ཆོས་ཅན། བློས་བྱས་དང་མ་བྲལ་བ་ཡིན་ཏེ། རྟོག་ཚོགས་བཀག་ཆ་ 4-1-276 ལ་ཆེད་གཏད་ཀྱི་སྒོ་ནས་གནས་པའི་ཏིང་ངེ་འཛིན་ཡིན་པའི་ཕྱིར། ཁྱབ་སྟེ། ཆེད་གཏད་ཀྱི་སྒོ་ ནས་གནས་པ་བློས་བྱས་ཡིན་པའི་ཕྱིར། དེའི་ཆར་གཏོགས་རིག་པ་གཅེར་མཐོང་རང་ཞལ་ ལ་བལྟ་བ་དྲན་པ་བསྟེན་པ་སོགས་ཀྱང་རང་ལུགས་ཀྱི་དམ་པ་གོང་མའི་ཡིག་ཆ་རྣམས་སུ་ ཁོང་རྣམས་ཀྱི་ཐུགས་རྩེ་མ་རངས་པའི་ཚུལ་གྱིས་བློས་བྱས་ཅན་དུ་གསུངས་ལྟར་རོ། །སེམས་ ཀྱི་རང་བཞིན་དྲི་བྲལ་དྭངས་པའི་རིག་པ་ཆོས་ཅན། ཁྱོད་འཁོར་བ་དྲི་བཅས་ཀྱི་སེམས་ཀྱི་ རང་བཞིན་དུ་གདོད་ནས་བཞུགས་པ་ཡིན་ཏེ། ལུས་ཅན་མཐའ་དག་གི་སེམས་ཀྱི་རང་བཞིན་ ནམ་རང་གཤིས་སུ་ཡེ་ནས་དྲི་མ་གང་གིས་བསླད་པ་མ་ཞུགས་པ་གང་ཞིག སེམས་གཤིས་ དྲི་མས་ནམ་ཡང་མ་གོས་པའི་ཆ་དེ་དྲི་བྲལ་དྭངས་པའི་རིག་པ་ཡིན་ཡོད་པའི་ཕྱིར། ཕྱི་མ་གྲུབ་ སྟེ། གདོད་ནས་དྲི་མ་གང་གིས་མ་གོས་པའི་སེམས་གཤིས་དེ་དྭངས་པའི་རིག་པ་ཡིན་པའི་ ཕྱིར། དེ་འདྲའི་སེམས་ཀྱི་ཆོས་ཉིད་དྭངས་པའི་རིག་པ་དེ་ཆོས་ཅན། ཁྱོད་ཀུན་རྟོག་བློས་བྱས་ ལ་བརྟེན་ནས་ཇི་བཞིན་མངོན་དུ་གྱུར་མི་ནུས་པ་ཡིན་ཏེ། བློས་བྱས་རྟོག་པས་འདུ་ཕྲོ་ཆེ་བར་ སྤྲོས་པ་ན་གློ་བུར་གྱི་ཞེན་རྟོག་ཚུར་མཆེད་པ་ལས་དེ་དག་ཉེ་བར་ཞི་བའི་དབྱིངས་ཕར་མི་ མངོན་པ་ནི་སེམས་ཀྱི་ཆོས་ཉིད་ཡིན་པའི་ཕྱིར། ཡང་དེ་ཆོས་ཅན། ཁྱོད་བློས་བཅས་གཞིག་ ཀུན་དང་བྲལ་བའི་རྣམ་པར་མི་རྟོག་པས་རང་གི་ངོ་བོ་ལ་འཛིན་མེད་དུ་ལྟ་བའི་ངང་ནས་ གནས་ལུགས་མ་བཅོས་ལྷུག་པར་བཞག་ན་རིམ་གྱིས་ཇི་བཞིན་མཐོང་བ་ཡང་རྣམ་པ་ཀུན་ཏུ་ མི་བསླུ་བ་ཡིན་ཏེ། ནང་རིག་འགྱུར་མེད་ཀྱི་ངོ་བོ་ཇི་བཞིན་པ་དེ་ནི་ཀུན་རྟོག་ཞི་བ་ཆེན་པོའི་ དབྱིངས་གནས་ལུགས་དོན་དམ་ཆོས་ཉིད་ཀྱི་ངོ་བོ་ཞིག་ཡིན་པ་གང་ཞིག དེ་མངོན་དུ་བྱ་བ་ ཡང་ཐོག་མར་ཚུལ་དེ་མཐུན་གྱི་སྒོ་ནས་བློས་བྱས་སྤྲོས་ཚོགས་ཀྱི་རྩེ་བཅག་ཏེ་མི་རྟོག་པ་ལ་ གནས་ཅི་ཐུབ་ཀྱི་ངང་ནས་མངོན་དུ་བྱ་དགོས་ཀྱི་དེ་ལས་བྱ་ཐབས་གཞན་མེད་ལ། དེ་འདྲའི་ མི་རྟོག་པ་སྒོམ་ཚུལ་ནི་བཅོས་མེད་རང་བབས་ཤུགས་འབྱུང་གི་ངང་མ་བསྐྱངས་ནས་བཟོ་ 4-1-277 བཅོས་སྤྲོས་ཞེན་གྱིས་དཀྲུགས་ན་སྒོམ་ཚུལ་ལེགས་པོ་མི་འོང་བ་མྱོང་བས་གྲུབ་པ་ལྟར་ཡིན་ པའི་ཕྱིར་རོ། །དེ་སོགས་བཤད་བྱ་སྤྲོས་ན་མང་ཡང་རེ་ཞིག་དེ་ཙམ་མོ། །སྨྲས་པ། ཀུན་རྟོག་ཞི་བ་ཆེན་པོའི་དེ་ཉིད་དབྱིངས། ། སྟོབས་སོགས་རྒྱལ་བའི་ཡོན་ཏན་རང་ཆས་སུ། ། ལྷུན་གྲུབ་གདོད་ནས་རྫོགས་པ་དོན་དམ་ཁམས། ། སྲི ད་གསུམ་དྭངས་པ་ཆོས་ཉིད་ཚུལ་དུ་བཞུགས། ། ལམ་གསུམ་ཆོས་ཚུལ་ཟབ་མོའི་ལེགས་ལམ་ལ། ། ཉེ་བར་གནས་པའི་ཐབས་མཁས་སྤྱོད་པའི་འཕྲུལ། ། ཕན་ཚུན་འགྲན་པ་ལྟ་བུའི་ངང་ཚུལ་འཆང༌། ། ཀུན་བཟང་སྤྱོད་པས་འགྲོ་ཁམས་སྐྱོང་འདི་མཚར། ། ཨེ་མ་འདི་འདྲའི་ཡ་མཚན་ལྡན་པའི་ཕུལ། ། ལྷར་བཅས་འགྲོ་བའི་ཕྱག་གི་ཡུལ་གྱུར་པའི། ། བདེ་གཤེགས་སྲས་པོ་ཕྱོགས་བཅུར་གང་བཞུགས་པ། ། དེ་དག་ཀུན་ལའང་ཡིད་ཀྱི་གུས་པས་མཆོད། ། དེང་སྐབས་འདི་ན་ལམ་གསུམ་ཉམས་བླངས་ཚུལ། ། ཉུང་བསྡུས་ས་བོན་ཙམ་གྱི་ཆར་གྱུར་པ། ། འདི་ཡང་བདག་བློ་ཆོས་ལ་གོམས་ཕྱིར་དང༌། ། སློ བ་འགའི་བསྐུལ་མ་མི་ལྡོ ག་ཙམ་དུ་བྱས། ། དེ་ལའང་ལེགས་ཆ་ཅུང་ཟད་མཆིས་སྲི ད་ན། ། དཔལ་ལྡན་བླ་མ་དགྱེས་པའི་མཆོད་སྤྲིན་དང༌། ། 4-1-278 ཉེས་བཤད་གང་མཆིས་མཁས་རྣམས་ཡོངས་ལ་བཤགས། ། བདག་ལ་ཉེས་པས་སྒྲིབ་པར་མ་གྱུར་ཅིག ། འདི་བྱས་རྣམ་པར་དཀར་པའི་ལེགས་ཚོགས་ཉིད། ། སྲས་བཅས་རྒྱལ་བའི་ཐུགས་སྨོན་དང་འགྲོགས་ཏེ། ། འགྲོ་ཁམས་མ་ལུས་འཇིགས་རུང་སྲི ད་མཚོ་ལས། ། སྒྲོལ་བའི་དེད་དཔོན་མཆོག་གི་རྒྱུར་གྱུར་ཅིག ། ཅེས་ཆོས་ཉམས་ལེན་གྱི་ཚུལ་ལམ་གསུམ་སྙིང་པོ་ཞེས་བྱ་བ་འདི་ཡང་སློབ་རིགས་པ་འགའ་ཞིག་གིས་རྗེ་ཏཱ་ར་ནཱ་ཐའི་ལམ་ རིམ་གྱི་རྣམ་བཤད་རྒྱས་འགྲེལ་ཡིད་ཀྱི་མུན་སེལ་ལ་སློབ་གཉེར་བྱེད་སྐབས་སུ་རབ་བྱུང་གཙང་མ་ལ་ཉེ་བར་བརྩོན་ཞིང་ཆོས་ ལ་བློ་མིག་ཅུང་ཙམ་རྒྱས་པ་གྲྭ་བཙུན་གུ་ཎ་བྷ་དྲ་པ་ཉིད་ནས་འདི་ལྟ་བུའི་བསྐུལ་མ་ཆེད་གཉེར་མཛད་པ་ལྟར་སྙོམ་ལས་རྨོངས་ བན་མ་ཏི་ཀིརྟི་ཞེས་པས་ཉེ་བར་སྦྱར་བ་ལྟར་རྗེས་ནས་ཆོས་ལ་དོན་གཉེར་ཅན་བིདྱ་ཤྲཱི་སོགས་ཀྱིས་ཡི་གེ་འབྲི་བཞེངས་ནན་ཏན་ ལེགས་བགྱིས་ཡང་ཡང་གི་རྣམ་དཀར་བསྐྲུན་པའོ། །འདིས་ཀྱང་རྒྱལ་བསྟན་ཕྱོགས་ཀུན་དུ་རྒྱས་པར་གྱུར་ཅིག། །། 4-1-279 ༄༅། །ངེས་དོན་སྟོང་ཉིད་བཅུ་དྲུག་གི་དོན་བསྡུས། ཆོས་སྐུ་གནས་ལུགས་བླ་མའི་ཐུགས། ། འོད་གསལ་དགོངས་པར་ལེགས་བཏུད་དེ། ། ངེས་དོན་སྟོང་ཉིད་བཅུ་དྲུག་གིས། ། གོ་དོན་མདོ་ཙམ་འདི་ན་སྤྲོ། ། དེ་ལ་འདིར་ནང་དབྱིངས་ངེས་པ་དོན་གྱི་ཡིན་ལུགས་ལས་བརྩམས་སྟེ་ད་སྐབས་ཉེ་བར་ མཁོ་བ་རྫོགས་ལྡན་ཆོས་མཆོག་ཟབ་མོའི་རྗེས་སུ་འབྲང་ནས་ངེས་དོན་གསང་ཆེན་གྱི་དེ་ཁོ་ ན་ཉིད་བཅུ་དྲུག་གི་ཚུལ་རང་ལུགས་ཐུན་མོང་མ་ཡིན་པ་ལྟར་རིམ་པས་ངོས་འཛིན་མདོར་ བསྡུས་ཙམ་དུས་སུ་ཉེ་བར་བརྗོད་ན། སྤྱིར་ན་གང་ཟག་གི་རྒྱུད་ཀྱིས་བསྡུས་པའི་མིག་སོགས་ དབང་པོ་ལྔ་ཀུན་རྫོབ་སྤྲོས་པས་སྟོང་ཞིང་དོན་དམ་གནས་ལུགས་ཡེ་ཤེས་ཀྱི་དབྱིངས་ལྷག་ གེར་རྗེན་པར་ཤར་བའི་དེ་ཁོ་ན་ཉིད་སྤྲོས་བྲལ་མི་རྟོག་པ་དེ་ནང་སྟོང་པ་ཉིད་རེད།༡ དེ་ བཞིན་དུ་ཕྱི་རོལ་གཟུགས་སྒྲ་སོགས་འཛིན་མེད་འོད་གསལ་དུ་ཤར་བ་དེ་ཕྱི་སྟོང་པ་ཉིད་ རེད།༢ གང་ཟག་གི་དབང་རྟེན་ཁོག་པ་གདོས་བཅས་གང་དག་ལ་སྤྲོས་ཞེན་དང་བྲལ་བ་དེ་ ཕྱི་ནང་སྟོང་པ་ཉིད་རེད།༣ ཕྱི་སྣོ ད་འཇིག་རྟེན་རྒྱ་ཆེ་བར་སྤྲོས་མེད་དུ་ཤར་བ་དེ་ཆེན་པོ་སྟོང་ པ་ཉིད་རེད།༤ དེ་བཞི་ནི་ཤེས་བྱའི་དངོས་པོ་ལས་བརྩམས་པའི་སྟོང་ཉིད་ཡིན། གནས་ ལུགས་སྟོང་གསལ་རྣམ་ཀུན་པར་མཐོང་བའི་སྤྲོས་བྲལ་གྱི་ཡེ་ཤེས་རང་ཉིད་ནི་སྟོང་པ་ཉིད་ སྟོང་པ་ཉིད་རེད།༥ ཡེ་ཤེས་རང་སྣང་ལ་སྟོང་གཟུགས་དོན་དམ་པའི་རྣམ་པ་བརྗོད་མི་ཤེས་ 4-1-280 པ་དེ་དོན་དམ་པ་སྟོང་པ་ཉིད་རེད།༦ དེ་གཉིས་མཐོང་བ་ཡུལ་ཅན་ལས་བརྩམས་པའི་སྟོང་ ཉིད་ཡིན། རང་གི་དགེ་རྩ་གང་བསགས་རྣམས་ཀྱིས་མཚོན་སྤྱིར་གཞི་ལམ་འབྲས་གསུམ་གྱི་ ཆོས་ཐམས་ཅད་གཉུག་མ་ལྟ་ཤེས་ཀྱི་ངང་ནས་ཞེན་འཛིན་དང་བྲལ་བ་ནི་ཆོ༷ས་ཐ༷མས་ཅད་ སྟོང་པ་ཉིད་རེད།༧ དེ་ལས་ཁྱད་པར་ཕྱག་མཆོད་དད་པ་བྱམས་སྙིང་རྗེ་སྒོམ་པ་སོགས་འདུས་ བྱས་ཀྱི་དགེ་བ་གང་བསགས་རྣམས་འཛིན་མེད་དུ་ཤར་བ་དེ་འདུས་བྱས་སྟོང་པ་ཉིད་རེད།༨ འདུས་མ་བྱས་དམིགས་མེད་སྤྲོས་བྲལ་གྱི་རྣལ་འབྱོར་སྒོམ་པ་དེ་ཡང་རང་གསལ་འཛིན་མེད་ དུ་བལྟ་ཤེས་པ་ནི་འདུས་མ་བྱས་སྟོང་པ་ཉིད་རེད།༩ སེམས་ཅན་ལ་ཕན་པ་རླབས་པོ་ཆེ་ གང་བྱེད་པ་དེ་རྣམས་ཀྱང་སྤྲོས་མེད་ཀྱི་ལྟ་བས་ངེས་པར་ཟིན་པ་དེ་མཐའ་ལས་འདས་པ་སྟོང་ པ་ཉིད་རེད།༡༠ འཁོར་བའི་སྡུག་བསྔལ་ལ་མི་སྐྲག་པའི་སྒོ་ནས་འགྲོ་དོན་རིང་དུ་བྱེད་པ་དེ་ དག་གི་སྐབས་སུའང་གནས་ལུགས་རང་སེམས་རང་གསལ་བཅོས་མེད་དུ་ཉེ་བར་གནས་པ་ ནི་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་རེད།༡༡ སྒོ་གསུམ་གྱིས་དགེ་བ་ནམ་ཡང་ཟད་མེད་ དུ་རེམ་པ་གང་དག་ཀྱང་འཛིན་མེད་རང་གསལ་ཁོ་ནས་བྱེད་པ་དེ་དོར་བ་མེད་པ་སྟོང་པ་ཉིད་ རེད།༡༢ རང་རྒྱུད་ལ་ཡེ་ནས་གནས་ལུགས་ཆོས་སྐུ་བདེ་གཤེགས་སྙིང་པོ་བཞུགས་པ་དེ་ ཉིད་ཀྱི་རང་ཞལ་མཇལ་ཆེད་མི་རྟོག་པའི་རྣལ་འབྱོར་སྐྱོན་མེད་སྒོམ་པ་དེ་རང་བཞིན་སྟོང་པ་ ཉིད་རེད།༡༣ དོན་དམ་ཆོས་ཉིད་ཀྱི་རང་གཟུགས་དག་པའི་སྟོང་གཟུགས་འབྱམས་ཀླས་པ་ ལ་རང་གསལ་འཛིན་མེད་དུ་མཉམ་པར་འཇོག་པ་དེ་རང་གི་མཚན་ཉིད་སྟོང་པ་ཉིད་རེད།༡༤ མཉམ་བཞག་སྐབས་འཛིན་ཞེན་བློས་བྱས་ཀྱི་རིགས་གང་ཡང་གཤིས་ལ་མ་ཞུགས་པར་རང་ གསལ་འཛིན་མེད་ཁོ་ནར་གནས་པ་དེ་དངོ༷ས་པོ༷་མེད་པ་སྟོང་པ་ཉིད་རེད།༡༥ སེམས་རང་ བཞིན་གྱིས་འོད་གསལ་བའི་དབྱིངས་སྤྲོས་པ་ཀུན་བྲལ་གྱི་ཀློང་དེ་ཀ་ནས་རྣམ་པ་ཐམས་ ཅད་པའི་སྟོང་པའི་གཟུགས་བརྙན་འབྱམས་ཀླས་པའི་སྣང་བ་འདུ་འགོག་གི་རེས་འཇོག་དང་ 4-1-281 བྲལ་བཞིན་རང་གསལ་གྱི་ངང་ལེགས་པར་སྐྱོང་ཐུབ་པ་དེ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་ པ་ཉིད་རེད།༡༦ མན་ངག་བཞིན་གྱི་གོ་རིམ་སྟོང་ཉིད་ཕྱི་མ་བཅུ་དེ་དག་ནི་ཀུན་མཁྱེན་ཆོས་ཀྱི་ རྒྱལ་པོའི་དགོངས་པ་ལྟར་གྱི་གཟུང་འཛིན་གཉིས་མེད་དོན་དམ་རང་གསལ་གནས་ལུགས་ ལས་བརྩམས་པའི་སྟོང་པ་ཉིད་བཅུའི་འཇོག་ཚུལ་ཡིན་ལ། ཚུལ་དེ་ལུགས་གང་དག་ཀྱང་ སྟོང་ཉིད་བཅུ་དྲུག་ཏུ་སྔ་ཕྱི་ཡོངས་རྫོགས་རིམ་པས་འཇོག་དགོས་པ་འདིའི་གོ་དོན་ལག་བླང་ བཞིན་རང་ལུགས་ཐུན་མོང་མ་ཡིན་པ་སྟེ་སྤྱིར་ཐུན་མོང་ལུགས་ཀྱི་སྟོང་ཉིད་བཅུ་དྲུག་བཤད་ ཚུལ་གོ་རིམ་བཅས་དང་མི་འདྲའོ། ། དེ་ལྟ་བུའི་ཆོས་ཉིད་ཡིན་ལུགས་དོན་དམ་པ་བཅུ་དྲུག་པོ་དེ་དག་གི་གཤིས་ལུགས་ཇི་ལྟ་ བ་ཉིད་ལེགས་པར་བཞུགས་པ་ནི་ཡེ་གདོད་མ་ནས་རང་གཞན་སེམས་ཅན་ཐམས་ཅད་ལ་ སྐད་ཅིག་ཙམ་ཡང་འབྲལ་མ་མྱོང་བའི་ཀུན་ཁྱབ་ནང་རིག་འགྱུར་བ་མེད་པ་དོན་གྱི་གནས་ ལུགས་མཐར་ཐུག་པ་ཉག་མ་གཅིག་དེ་ཡིན་ཀྱང་གཞིའི་ཡེ་ཤེས་ཆེན་པོ་དེ་ཉིད་ལ་ སེམས་ཅན་གྱི་སྣང་ཚུལ་སྣ་ཚོགས་པའི་དབང་གིས་སྟོང་པ་ཉིད་བཅུ་དྲུག་གི་རྣམ་གཞག་རྒྱས་ པར་སྟོན་པ་གང་གིས་གདུལ་བྱ་རྣམས་ལ་ཀུན་རྫོབ་ཕྱི་ནང་གིས་བསྡུས་པའི་ཆོས་ཉིད་རྣམས་ ལ་བརྟེན་ནས་གཤིས་ལུགས་སྟོང་ཉིད་ཀྱི་རབ་དབྱེ་དེ་ལུགས་འདི་ཙམ་བྱས་པ་ཡིན་པས་ གནད་དེ་གོ་བ་གལ་ངེས་པར་ཆེ་བ་ལགས། སྨྲས་པ། ཆོས་ཉིད་ཡེ་གཞི་གཅིག་ཉིད་ལ། ། སྟོང་ཉིད་རྣམ་གྲངས་མང་ཕྱེ་འདིས། ། དམ་པའི་ཐུགས་ལ་ངེས་ཤེས་རྙེད། ། རང་གཞན་དོན་མཆོག་མྱུར་འགྲུབ་ཤོག ། ཅེས་པའི་ངེས་དོན་སྟོང་ཉིད་བཅུ་དྲུག་གི་དོན་བསྡུས་འདི་ཡང་བླ་མ་གྲགས་པའི་གསུང་ངོ་མི་ལྡོག་ཙམ་དུ་མ་ཏིས་སྨྲས་པ་ 4-1-282 ལྟར་ངག་དབང་ཡོན་ཏན་བཟང་པོས་ཡི་གེ་ལེགས་བགྱིས་བྱས་པ་དགེ་གྱུར་ཅིག། །། 4-1-283 ༄༅། །བདེ་བ་ཅན་དུ་སྐྱེ་བའི་རྒྱུ་ཚོགས་སྒྲུབ་ཚུལ་རྣམ་དག་ ཞིང་གི་ལམ་བཟང་ཞེས་བྱ་བ་ བཞུགས་སོ། ། མཆོད་པར་བརྗོད་པ་དང་རྩོམ་པར་དམ་བཅའ་བ། དཔག་ཡས་བསོད་ནམས་མཆོག་གིས་ཉེར་བསྐྲུན་པའི། ། མཛེས་སྡུག་དཔལ་གྱིས་བརྗིད་པའི་ཡེ་ཤེས་སྐུ། ། ངོ་མཚར་དམར་འོད་སྣང་བ་མཐའ་ཡས་འབར། ། རླབས་ཆེན་ཐུགས་རྗེ་མངའ་བའི་མགོན་ལ་འདུད། ། རྒྱལ་བ་གང་གིས་བཟུང་བའི་དག་ཞིང་དུ། ། ཐུགས་རྗེ་རྒྱུ་རྐྱེན་ཚོགས་པའི་རྟེན་འབྲེ ལ་ལས། ། ཡ་མཚན་དགའ་སྟོན་མྱོང་འདོད་སྐལ་བཟང་ཚོའི། ། ཡིད་ཀྱིས་རེ་འདོད་སྒྲུབ་ཚུལ་ཉུང་བསྡུས་འཆད། ། དེ་ལ་འདིར་གྲོལ་བ་དོན་དུ་གཉེར་བའི་ཡིད་ཅན་མཐའ་དག་གིས་དགོས་པ་གང་ཞིག་ བསྒྲུབ་དགོས་ན་རིང་མོའི་དུས་ནས་ཉེ་བར་འཆིང་བའི་ཤིན་ཏུ་བཟོད་དཀའི་སྡུག་བསྔལ་ འབའ་ཞིག་ཡང་ཡང་བསྐྱེད་པའི་ཀུན་ནས་ཉོན་མོངས་པ་མཐའ་དག་ལེགས་པར་གཞོམ་ པའི་ཐབས་ལ་ཆེས་ཆེར་འབད་པ་དོན་གཉེར་ནམ་ཡང་མི་ལྷོད་པ་ཞིག་གནད་ལྷག་པར་ཆེ་ 4-1-284 བས་ན་དེ་ལུགས་ཀྱི་ཚུལ་སྒྲུབ་པ་ལ་ཀུན་ཉོན་འཇོམས་པའི་གཉེན་པོ་ཡེ་ཤེས་ཀྱི་ཚོགས་གང་ ཟག་རང་རང་དང་འཚམས་པར་རྒྱུད་ལ་བསྐྱེད་པའི་ཐབས་སུ་བསོད་ནམས་རྒྱ་ཆེར་བསགས་ དགོས་ཤིང་དེའི་རྐྱེན་དུ་བཤེས་གཉེན་བསྟེན་པ་དང་ཆོས་ལ་ཐོས་བསམ་སྒོམ་གསུམ་བྱེད་ པའི་ཡུལ་རྐྱེན་ཁྱད་པར་བ་ངེས་པར་ལྡན་དགོས་པ་ལ་གང་ཐད་ནས་ཆོས་ཀྱི་མཐུན་རྐྱེན་ཤིན་ ཏུ་མང་བས་སྐད་ཅིག་རེ་ནས་ལམ་བསླབ་པ་གོང་དུ་ཆེས་ཆེར་འཕེལ་པའི་དག་ཞིང་མཆོག་གི་ གནས་སུ་ལེགས་པར་བགྲོད་འདོད་རྣམས་ཀྱི་ཞིང་ཁྱད་པར་བར་སྐྱེ་བ་འཛིན་པའི་རྒྱུ་ཚོགས་ ཐབས་སླ་བ་དགོས་པ་མཆོག་དང་ལྡན་པ་བསྒྲུབ་པར་བྱ་བའི་ཚུལ་ལ། རྒྱུ་ཚོགས་སྒྲུབ་ནུས་ ཚུལ། ཇི་ལྟར་བསྒྲུབ་པ། བསྒྲུབས་པའི་འབྲས་བུ་བཤད་པ་དང་གསུམ་ལས། དང་པོ་ལའང་སྤྱིར་ན་དག་པའི་ཞིང་ནུབ་ཕྱོགས་བདེ་བ་ཅན་དེ་ཡང་སངས་རྒྱས་ཀྱི་ཞིང་ མང་པོ་ལས་ཆེས་ཁྱད་པར་དུ་འཕགས་པ་ཡིན་ཏེ། རྒྱལ་པ་འོད་དཔག་མེད་ཀྱིས་སྔོ ན་སློ བ་ ལམ་དུ་སངས་རྒྱས་འཇིག་རྟེན་དབང་ཕྱུག་རྒྱལ་པོའི་དྲུང་དུ་བྱང་ཆུབ་སེམས་དཔའ་ཆོས་ཀྱི་ འབྱུང་གནས་ཞེས་བྱ་བར་གྱུར་ཏེ་ཤིན་ཏུ་ངོ་མཚར་བའི་དམ་བཅའ་ཞེ་བརྒྱད་མཛད་པའི་དུས་ སུ་བདག་ནམ་ཞིག་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱ་ཅུ་རྩ་གཅིག་གི་ཞིང་གི་ བཀོད་པ་ཡོངས་སུ་རྫོགས་པའི་དག་པའི་ཞིང་ཁྱད་པར་བ་མ་འགྲུབ་བར་སངས་མི་རྒྱ་བའི་ ཐུགས་བསྐྱེད་སྙིང་སྟོབས་ཀྱི་གོ་ཆ་བགོས་པ་ལྟར་དེང་སྐབས་སློབ་པའི་རྒྱུ་ཚོགས་མ་ལུས་པ་ མཐར་ཕྱིན་པའི་བདག་འབྲས་མཆོག་གི་སྤྲུལ་སྐུའི་དག་ཞིང་ཁྱད་པར་ཅན་ཡིན་པའི་ཕྱིར། ཞིང་དེའི་གཙོ་བོ་རྒྱལ་བ་འོད་མཐའ་ཡས་པ་གང་གི་ཐུག་རྗེའི་ཕྲིན་ལས་ཀྱི་འཇུག་པ་དེ་ཡང་ ཆེས་རླབས་པོ་ཆེ་མཆོག་ཏུ་གྱུར་པ་ཡིན་ཏེ། སྔོ ན་སློ བ་པའི་དུས་སུ་རྒྱལ་བ་གཞན་གྱི་མཛད་ པ་ལ་མི་མགུ་བའི་ཚུལ་གྱིས་ཐུགས་བསྐྱེད་རྒྱ་ཆེ་བའི་དཔའ་གདེངས་བཞེས་ཚུལ་སྙིང་རྗེ་པད་ དཀར་གྱི་མདོ་སོགས་ལས་གསུངས་ཚུལ་ལ་བརྟག་ན་རྒྱལ་བ་ཉིད་ཀྱི་ཞིང་དུ་སྐྱེ་བའི་རྒྱུ་ 4-1-285 ཚོགས་སྒྲུབ་པའི་གང་ཟག་ལ་རང་གི་ངོས་ནས་དགེ་རྩ་ཆེར་མ་སྨིན་ཀྱང་ཆོས་སྤོང་དང་ མཚམས་མེད་ཀྱི་ལས་མ་བསགས་ན་རྒྱུ་ཚོགས་སྒྲུབ་པའི་དཀའ་ངལ་ཆེར་མེད་པར་ཐབས་སླ་ བའི་དགེ་རྩ་ལ་བརྟེན་ནས་རང་གི་བསགས་པ་དང་སངས་རྒྱས་ཀྱི་ཐུགས་རྗེ་འཚོགས་པའི་ རྟེན་འབྲེལ་གྱི་མཐུས་སྒྲུབ་པོའི་གང་ཟག་དེ་དག་རྒྱལ་བའི་ཞིང་ཁམས་དེར་སྐྱེ་བ་འཛིན་ནུས་ པའི་མཛད་པ་ཕྲིན་ལས་ཆེར་མངའ་བ་ནི་རྒྱལ་བ་ཁོང་ཉིད་ཡིན་པར་ཤེས་ནུས་པའི་ཕྱིར། སོ་ སྐྱེས་རང་ག་བའི་གནས་སྐབས་ན་ཡོད་པ་དག་གིས་ཀྱང་བདེ་ཆེན་ཞིང་དུ་སྐྱེ་བའི་རྒྱུ་ཚོགས་ བསྒྲུབས་ན་དེར་སྐྱེ་ནུས་པ་ཡིན་ཏེ། དེ་ལྟར་ནུས་པའི་དག་ཞིང་ཁྱད་པར་བ་སྔོ ན་གྱི་སྨོན་ལམ་ ཟབ་མོའི་མཐུ་གྲུབ་པའི་བདག་འབྲས་ཡིན་པའི་ཕྱིར་ཏེ། སྔོ ན་དགེ་སློ ང་ཆོས་ཀྱི་འབྱུང་གནས་ ཀྱིས་བདག་གིས་ནམ་ཞིག་བྱང་ཆུབ་ཐོབ་ནས་དག་པའི་ཞིང་བཟུང་བའི་ཚེ་བདག་གི་རྣམ་པ་ ཡིད་ལ་བྱས་ཏེ། མཚན་བརྗོད་པ་དང༌། མདོ་སྡེ་བཀླག་པ་སོགས་ཀྱི་དགེ་རྩ་ཞིང་དེར་སྐྱེ་བའི་ རྒྱུར་ཡོངས་སུ་བསྔོས་ཤིང་ཆོས་སྤོང་མཚམས་མེད་ཀྱི་ལས་མ་བྱས་ན་དེ་དག་ཀུན་ཀྱང་ཚེ་ རྗེས་མའི་སྐབས་སུ་བདག་གི་ཞིང་དེར་ངེས་པར་སྐྱེ་བའི་མཛད་ཕྲིན་ལ་དབང་བའི་གོ་འཕང་ མཆོག་མ་ཐོབ་པར་དེ་སྲིད་དུ་བདག་འཚང་མི་རྒྱ་བའི་དམ་བཅའ་ཞལ་བཞེས་ཀྱི་ཐུགས་ དགོངས་ཇི་བཞིན་མཐར་ཕྱིན་པ་ཡིན་པའི་ཕྱིར། སྐྱེས་བུ་གང་ཞིག་དེ་བཞིན་གཤེགས་པ་ འཁོར་རྒྱལ་སྲས་ཐུ་བོ་རྣམ་གཉིས་སོགས་ཀྱི་རྣམ་པ་ཡིད་ལ་བྱས་ཏེ་མདོ་འདོན་པ་ཕྱག་ འཚལ་བ་སོགས་ཀྱི་དགེ་བ་སྒོ་དུ་མ་ནས་ཉེ་བར་བསགས་ཏེ་དགེ་རྩ་དེ་ཀུན་ཞིང་དེར་སྐྱེ་བའི་ རྒྱུར་བསྔོས་ན་གོང་སྨོས་ཀྱི་ལས་ངན་དང་མི་ལྡན་པའི་གང་ཟག་སུ་ཡིན་ཡང་སྐྱེ་ཆོག་པར་ བཀའི་དགོངས་འགྲེལ་ཚད་ལྡན་རྣམས་ལས་གསུངས་པ་དེས་ན་ཞིང་དེར་སྐྱེས་པ་རྣམས་ལ་ ཐེག་པ་ཆེ་ཆུང་གི་སློ བ་འཕགས་མ་ཟད་སོ་སྐྱེས་ལམ་མ་ཞུགས་ཀྱང་ཡོད་ཆོག་སྟེ། ཐ་མལ་ རང་ག་བས་ཀྱང་རྒྱལ་བ་འཁོར་བཅས་ཡིད་ལ་བྱས་ནས་དགེ་རྩ་སྒོ་དུ་མ་ནས་བསགས་ཏེ་དེ་ 4-1-286 ཀུན་ཞིང་དེར་སྐྱེ་བའི་རྒྱུར་བསྔོས་ཤིང་ཚབ་པོ་ཆེའི་ལས་ངན་དང་མ་འབྲེལ་པར་བྱ་ནུས་པའི་ ཕྱིར། ཁྱབ་སྟེ། དེ་འདྲའི་དགེ་རྩ་ལ་བརྟེན་ན་རྒྱལ་བ་འོད་དཔག་མེད་ཀྱི་ཐུགས་རྗེའི་སྟོབས་ ཀྱིས་ཞིང་དེར་ངེས་པར་སྐྱེ་བ་ནི་རྟེན་འབྲེ ལ་མི་བསླུ་བའི་ཆོས་ཉིད་ཡིན་པ་གང་ཞིག དགེ་རྩ་ དེ་འདྲའི་སྟོབས་ཀྱིས་ཞིང་དེར་སྐྱེས་པ་རྣམས་ལ་ངེས་འབྱུང་གི་བསམ་པ་དང་བྱང་ཆུབ་ཀྱི་ སེམས་གང་ཡང་བཅོས་མིན་ཐོག་མ་ནས་མ་སྐྱེས་པ་དུ་མ་ཡོད་ཆོག་པའི་ཕྱིར། དང་པོ་གྲུབ་ སྟེ། ལས་འབྲས་ཀྱི་ཚུལ་དང་སངས་རྒྱས་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ། མདོ་ལས་ཞིང་དེར་སྐྱེ་བ་ཙམ་འཛིན་པའི་རྒྱུ་ུལ་སངས་རྒྱས་ཡིད་བྱེད་དང་ དགེ་རྩ་བསགས་པ་དང་དེ་དག་ཞིང་དེར་སྐྱེ་བའི་རྒྱུར་བསྔོ་བ་ཙམ་ལས་མ་གསུངས་པ་གང་ ཞིག དེ་ལས་དགེ་རྩ་བསགས་པ་ཡང་ཐེག་པ་ཆེ་ཆུང་གང་གི་ལམ་ལ་བཅོས་མིན་གྱི་མྱོང་བ་ མེད་ཀྱང་ཆོག་པའི་ཚུལ་མདོའི་དགོངས་འགྲེལ་བྱེད་པོ་མང་པོའི་ཞལ་གསུངས་མཐུན་པར་ ཡང་ཡང་གསུངས་པའི་ཕྱིར་རོ། །དེས་ན་ཞིང་དེར་སྐྱེས་པའི་སོ་སྐྱེས་དག་གི་ཕུང་པོ་ཡང་རྣམ་ སྨིན་གྱི་ཉེར་ཕུང་ཙམ་པོ་བ་ཡིན་ཆོག་པ་འདྲ་སྟེ། རང་རྒྱུ་ཀུན་འབྱུང་བདེན་པ་ལས་སྐྱེས་པ་ ཡིན་པའི་ཕྱིར་ཏེ། དེ་དག་གིས་སྔར་རྒྱུའི་དགེ་རྩ་བསྒྲུབ་པའི་དུས་སུ་ཐོག་མའི་ཀུན་སློང་ལ་ བདག་འཛིན་མ་རིག་པ་ཡོད་པའི་ཕྱིར། སོ་སྐྱེས་དེ་དག་གི་ཕུང་པོ་ཡང་ཀུན་བདེན་གྱིས་རང་ དབང་དུ་གཙོ་བོར་བསྐྱེད་པ་མ་ཡིན་ཏེ། དེ་དེ་དག་གིས་སྔོ ན་བསགས་ཀྱི་དགེ་རྩ་དང་སངས་ རྒྱས་འོད་དཔག་མེད་ཀྱི་ཐུགས་རྗེའི་སྟོབས་ཟབ་མོའི་མཐུ་ཚོགས་པ་ལས་གཙོ་བོར་བྱུང་བའི་ འབྲས་བུ་ཡིན་པའི་ཕྱིར། དེས་ན་དེ་དག་ལ་སྡུག་ཚོར་དང་འགྱུར་སྡུག་གི་རྣམ་པ་མངོན་གྱུར་ པ་གཞི་ནས་མེད་ཅིང་ཐེག་པ་ཆེ་ཆུང་གི་རང་ལམ་གྱི་རྣམ་སྨིན་སྤངས་པའི་མཚམས་སུ་མ་ སླེབས་བར་དུ་དེ་དག་གི་ཕུང་པོ་རྣམ་སྨིན་འདུ་བྱེད་ཀྱི་ཉེར་ཕུང་ཙམ་དུ་རེ་ཞིག་ཁས་བླངས་ན་ ཆོག་གམ་སྙམ་མོ། །ཞིང་མཆོག་བདེ་བ་ཅན་དུ་སྐྱེས་པའི་འཕགས་པའི་གོ་འཕང་ན་བཞུགས་ 4-1-287 པ་རྣམས་ཀྱང་རང་རང་གི་མངོན་པར་རྟོགས་པའི་མཐོ་དམན་དང་མཚམས་པའི་ཡོན་ཏན་རྒྱ་ ཆེ་བ་མངའ་ཞིང་བསམ་བཞིན་སྨོན་ལམ་གྱི་དབང་གིས་ཞིང་གཞན་དུ་བྱོན་ན་མ་གཏོགས་སྐུ་ ཚེ་གྲངས་མེད་ཐུབ་པའི་སྐྱེ་བ་གཅིག་གི་རིང་ནས་བླ་མེད་བྱང་ཆུབ་ལ་རེག་ངེས་ཡིན་པ་མ་ ཟད་དེར་སྐྱེས་པའི་སོ་སྐྱེས་ལམ་མ་ཞུགས་རྣམས་ཀྱང་ཞིང་ཁམས་འདི་ལས་གཞན་དུ་ལས་ དབང་གིས་འགྲོ་མི་དགོས་པར་འདི་ནས་རིམ་ཅན་དུ་ཡང་དག་པའི་ལམ་རང་རང་གི་སྐལ་པ་ དང་འཚམས་པ་ལ་ལེགས་པར་ཞུགས་ཏེ་ཁམས་གསུམ་འཁོར་བར་རྒྱབ་ཀྱིས་ཕྱོགས་ནས་དེ་ ཕན་ཆད་དུ་རིམ་གྱིས་བདེ་ནས་བདེ་བར་འགྲོ་བ་ཤ་སྟག་གོ །འདི་ལ་དགོངས་ནས་སྡེ་སྣོ ད་ ཀྱི་ལུང་ལས་ཞིང་དེར་སྐྱེས་པའི་གདུལ་བྱ་མཐའ་དག་ཡང་དག་པ་ཉིད་དུ་ངེས་པའི་ཕུང་པོ་ འབའ་ཞིག་ཏུ་གསུངས་ལ། ཚུལ་དེ་ལྟ་བུའི་ཕྱིར་ན་ཞིང་ཁམས་དེར་སྐྱེས་པ་ལ་དགོས་པ་ཕུན་ སུམ་ཚོགས་པ་དང་ལྡན་པ་ཡིན་ཏེ། དེར་སྐྱེས་པའི་གདུལ་བྱ་མཐའ་དག་ལ་ཞིང་གི་སྣོ ད་ བཅུད་ཀྱི་འབྱོར་བ་གང་ཐད་ནས་རྣམ་དཀར་ཟབ་རྒྱས་ཆོས་ཀྱི་དགའ་སྟོན་ཆེས་ཆེར་ཕན་ ཚུན་འགྲན་པ་ལྟ་བུ་འཕེལ་བའི་དམིགས་རྐྱེན་བྱེད་པ་ཤིན་ཏུ་མང་མོད་ཀྱི། ཀུན་ཉོན་གྱི་ དམིགས་རྐྱེན་བྱེད་པའི་ཟག་བཅས་ཀྱི་དངོས་པོ་གཞི་ན་མི་དར་བ་ལྟ་བུ་ཞིག་ཡིན་པའི་ཕྱིར་ ཏེ། དེར་སྐྱེས་མ་ཐག་གི་ལུས་ཅན་མཆོག་དམན་ཐམས་ཅད་སྔོ ན་རང་རང་གི་བསགས་ སྟོབས་དང་བདེ་གཤེགས་ཉིད་ཀྱི་ཐུགས་རྗེའི་མཐུ་ཚོགས་པའི་བྱེད་ལས་ཀྱིས་ཆགས་སོགས་ ཉོན་མོངས་པ་ཤུགས་ཆུང་བ་དད་སོགས་དགེ་བའི་བློ་སྐྱེ་མ་རག་ཏུ་ཡོད་ཅིང་སྐད་ཅིག་རེ་ནས་ འཕེལ་སྟོབས་རྒྱ་ཆེ་བའི་རང་བཞིན་ཅན་དུ་གཞིར་བྱས་ཏེ། ཞིང་དེའི་བཅུད་ཀྱི་གཙོ་བོ་རྒྱལ་ བ་གང་དང་སྲས་ཐུ་བོ་རྣམ་གཉིས་ནས་གདམས་པ་དང་རྗེས་བསྟན་གྱི་ཆོས་སྒོ་རྒྱ་ཆེ་བ་ གདུལ་བྱ་རང་རང་གི་ཁམས་དབང་མོས་པ་དང་མཐུན་པ་ལེགས་པར་བསྩལ་ཞིང༌། བདེ་ ཆེན་ཞིང་ན་བཞུགས་པའི་འཁོར་གཞན་མ་བྱང་སེམས་ཉན་ཐོས་སོགས་ཀྱང་དམ་པའི་ཆོས་ 4-1-288 ཀྱི་བགྲོ་གླེང་ཁོ་ནས་དུས་འདའ་བ་མ་གཏོགས་ཆགས་སྡང་གི་གཏམ་མ་ཟད་ངག་འཁྱལ་གྱི་ རིགས་སུ་གཏོགས་པའི་སྨྲ་གླེང་ཕྲ་མོ་ཙམ་ཡང་མི་སྲིད་པའི་ངང་ཚུལ་ཅན་ཤ་སྟག་ཡིན་ལ། དེ་མ་ཟད་བདེ་གཤེགས་སྤྲུལ་པའི་བྱ་རིགས་དང་ཆུ་མཚོ་ལྗོན་ཤིང་སོགས་ལས་ཀྱང་དེར་ གནས་ཀྱིས་ཡིད་ཅན་དག་གི་ཁམས་དབང་དང་མཐུན་པའི་ཆོས་སྒོ་མཐའ་ཡས་པ་འབྱུང་བ་ སོགས་ཀྱིས་མཚོན་རྣམ་དཀར་དགེ་བའི་མཐུན་རྐྱེན་འབའ་ཞིག་མ་གཏོགས་ཆགས་སྡང་གི་ དམིགས་རྐྱེན་དུ་གྱུར་པའི་ཟག་བཅས་ཡིད་དུ་འོང་མི་འོང་གི་དངོས་པོ་གང་ཡང་མེད་པའི་ ཕྱིར་རོ། །དེ་ལ་ཁོ་ན་རེ། བདེ་ཆེན་ཞིང་གི་སྣོ ད་ཀྱི་འབྱོར་བའི་དངོས་པོ་ལེགས་པ་དག་ཆོས་ ཅན། སྡུག་བསྔལ་བདེན་པ་མ་ཡིན་པར་ཐལ། ཀུན་ཉོན་གྱི་དམིགས་རྐྱེན་མ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཀུན་བདེན་གྱིས་བསྐྱེད་པ་མ་ཡིན་པར་ཐལ། འདོད་པ་དེའི་ཕྱིར། དེ་ ཡང་འདོད་ན། དེ་ཆོས་ཅན། སྐྱེད་བྱེད་ཀྱི་རྒྱུ་ལ་ཀུན་བདེན་གཏན་ནས་མེད་པར་ཐལ། འདོད་ པ་དེའི་ཕྱིར། འདི་ཡང་འདོད་ཟེར་ན། དེ་ཆོས་ཅན། ཞིང་དེར་སྐྱེས་པའི་སོ་སྐྱེས་དག་གི་ བདག་འབྲས་མ་ཡིན་པར་ཐལ། དེ་དག་གི་བདག་འབྲས་ཀྱི་རྒྱུ་ལ་ཀུན་བདེན་ཡོད་པ་གང་ ཞིག འདིར་ཁྱོད་ཀྱི་འདོད་པ་འཐད་པའི་ཕྱིར། ཞེས་སོགས་ཀྱི་དོགས་སློང་འབྱུང་སྲི ད་ནའང་ གོ་ཐོབ་ཀྱི་དབང་དུ་བྱས་ནས་ཉུང་བསྡུས་བརྗོད་ན། སྤྱིར་ཞིང་འདིའི་སྣོ ད་བཅུད་བདག་ འབྲས་ཀྱི་དངོས་པོ་མཐའ་དག་འབྱུང་བའི་རྒྱུ་ནི་གདུལ་བྱ་རང་རང་གིས་བསགས་པའི་དགེ་ རྩ་ཕྲན་བུ་རེ་དང་རྒྱལ་བ་ཉིད་ཀྱིས་སྔོན་སློབ་ལམ་དུ་ཚོགས་གཉིས་ཀྱི་དཔུང་རྒྱ་ཆེ་བ་ བསགས་པ་ལས་བྱུང་བའི་སྟོབས་མཐུ་ཤེད་ཆེ་བ་གཉིས་ལྷན་གཅིག་ཏུ་ཚོགས་པ་དེ་ཡིན་ལ། དེ་བས་ན་ཞིང་དེའི་སྣོད་བཅུད་ཀྱི་འབྱོར་བ་གང་དག་བསྐྱེད་པའི་རྒྱུའི་ཆ་ཤས་ལ་གདུལ་བྱའི་ ཟག་བཅས་ཀྱི་དགེ་བ་སྣ་རེ་ཡོད་པ་རྣམས་ལ་ཕྱི་མའི་འབྲས་བུ་ཀུན་ཉོན་གྱི་དམིགས་རྐྱེན་ བྱེད་པ་བསྐྱེད་ནུས་སུ་ཡོད་པའི་ཆ་དེ་ཉིད་རྒྱལ་བ་གང་གི་ཐུགས་རྗེས་ཕྲིན་ལས་ཀྱི་ཤུགས་ 4-1-289 འཇུག་པས་དུས་ཀུན་ནས་ཉམས་པར་བྱས་པས་ན་འདིའི་སྣོད་བཅུད་ཀུན་ལ་སྡུག་བདེན་ཇི་ བཞིན་པ་འཇོག་རྒྱུ་མེད་ལ། དེས་ན་སོ་སྐྱེས་ཀྱིས་བསགས་པའི་དགེ་བ་ལ་བདག་འཛིན་གྱིས་ ཅུང་ཟད་བསླད་པའི་ཆ་ནས་ཀུན་བདེན་བཏགས་པ་བར་བཞག་ནས་དེས་བསྐྱེད་པའི་ཆ་ནས་ ཞིང་དེའི་སོ་སྐྱེས་དག་གི་ནང་གི་ཕུང་པོ་ཡང་ཉེར་ཕུང་གི་མིང་གིས་བཏགས་ནས་ཉེར་ཕུང་དུ་ གོང་ལྟར་ཁས་བླངས་ན་དེར་གནས་ཀྱི་སོ་སྐྱེས་ལམ་མ་ཞུགས་སོགས་ལ་རྣམ་སྨིན་ཀྱི་ཕུང་པོ་ ལྡན་པའི་ཕྱོགས་འདི་འཛིན་མཚམས་ཅུང་བདེ་བར་སྣང་བས་དེ་ལུགས་སུ་བྱས་སོ། །གཞན་ ཡང་རྒྱལ་བ་གང་གིས་སྔོན་ནས་སློབ་པའི་དུས་སུ་བདེ་གཤེགས་སྐྱོབ་པ་མཆོག་གི་ཞབས་ དྲུང་ནས་འདི་སྐད་དུ་མ་འོངས་པ་ན་བདག་སངས་རྒྱས་པའི་ཚེ་རང་ཉིད་ཀྱི་མིང་ཐོས་པའི་ འགྲོ་བ་གང་དག་ཚེ་དེ་འཕོས་མ་ཐག་ནས་བདག་གིས་བཟུང་བའི་ཞིང་རྣམ་པར་དག་པའི་ གནས་སུ་སྐྱེས་ཏེ་སྐུ་ཚེ་རིང་བའི་སྐྱེ་བ་གཅིག་གི་རིང་ལ་འཁོར་བའི་གནས་སུ་ཕྱིར་ནམ་ཡང་ ལྡོག་པ་མེད་པའི་གོ་འཕང་ལ་ངེས་པར་གནས་པའི་སྨོན་ལམ་བཏབ་པ་ཇི་བཞིན་གྲུབ་ཟིན་ པའི་རླབས་པོ་ཆེའི་སྨོན་མཐུ་ཟབ་མོའི་བདག་འབྲས་སུ་གྱུར་པའི་དག་ཞིང་ཁྱད་པར་བ་ཡིན་ ཏེ། རྗེ་རྒྱལ་བ་གཉིས་པ་ཇོ་ནང་པ་ཆེན་པོས་ཀྱང༌། སངས་རྒྱས་ཚེ་དཔག་མེད་པས་ལུང་ བསྟན་པ། །ངས་ནི་སྔོ ན་ཚེ་སྨོན་ལམ་འདི་བཏབ་བོ། །སེམས་ཅན་གང་གིས་ང་ཡི་མིང་ཐོས་ པའི། །འཇིག་རྟེན་ཁམས་ན་གནས་པའི་སེམས་ཅན་རྣམས། །དེ་དག་ང་ཡི་ཞིང་དུ་ལྷག་ནས་ ཀྱང༌། །སྐྱེ་བ་གཅིག་ལ་ཕྱིར་མི་ལྡོ ག་པར་འགྱུར། །འདྲེན་པ་ཁྱོད་ཀྱིས་མཐུ་དང་སྨོན་ལམ་ མཆོག །བདེ་ལྡན་ཞིང་བཀོད་མདོ་ནས་གསུངས་པ་བཞིན། །ཞེས་སོགས་ཀྱི་སྒོ་ནས་དེ་ ལུགས་ཀྱི་ཚུལ་གསལ་བར་གསུངས་པའི་ཕྱིར། ཚུལ་འདི་ལ་བསམ་ནའང་རང་ཅག་ལྟ་བུས་ བློ་རྩེ་གཅིག་པས་དད་མོས་ཀྱི་སྒོ་ནས་བདེ་ལྡན་ཞིང་དེར་སྐྱེ་བའི་རྒྱུ་ཚོགས་ལ་རེམ་པ་ན་སྒྱིད་ ལུག་ཤིང་དཔའ་ཞུམ་པའི་གནས་སུ་བལྟ་མི་འོས་ཤིང་དེ་ལྟར་བལྟ་ཡང་མི་དགོས་པའི་ཡིན་ 4-1-290 ལུགས་ཞིག་ངེས་ཤིང་གསལ་འོང་རྒྱུ་ཡོད་པ་འདྲའོ། ། གཉིས་པ་རྒྱུ་ཚོགས་ཇི་ལྟར་བསྒྲུབ་པའི་ཚུལ་ལ། སྤྱིར་བཤད་པ་དང༌། བྱེ་བྲག་སོ་སོའི་ ཡིན་ལུགས་དང་གཉིས་ལས། དང་པོ་ལ་དངོས་དང་ཞར་བྱུང་གཉིས་ལས། དང་པོ་ནི། རྒྱལ་བ་འཆི་མེད་དབང་པོའི་ མཛད་ཕྲིན་གྱི་ཆེ་བ་རྣམས་བདག་ཅག་གི་སྟོན་པའི་ཀུན་མཁྱེན་ཡེ་ཤེས་མཆོག་གིས་ཇི་ བཞིན་གཟིགས་ནས་སྟོན་པ་གང་གི་བདེ་ལྡན་ཞིང་དུ་སྐྱེ་བ་འཛིན་པའི་ཐབས་མཁས་ཀྱི་རྒྱུ་ ཚོགས་འོད་མདོར་བཀའ་ལེགས་པར་བསྩལ་པ་ཡིན་ལ། དེ་ཡང་འོད་མདོར་བདེ་ཆེན་ཞིང་ དུ་སྐྱེ་བ་ཙམ་འཛིན་པའི་རྒྱུ་ལ་ཞིང་དེར་སྐྱེ་འདོད་ཀྱི་དོན་གཉེར་དང་བཅས་ཏེ་ཞིང་ཁམས་ཀྱི་ སྣོ ད་བཅུད་མཐའ་དག་གི་རྣམ་པ་ཡིད་ལ་བྱེད་པ་དང༌། ཞིང་དེར་སྐྱེ་བའི་རྒྱུ་དགེ་བའི་རྩ་བ་ རྣམས་ཀྱང་སྒོ་དུ་མ་ནས་བསགས་པ་དང༌། དགེ་རྩ་དེ་དག་ཀུན་ཀྱང་མཐར་བདེ་བ་ཅན་དུ་ སྐྱེ་བྱེད་ཀྱི་རྒྱུར་ཡོངས་སུ་བསྔོ་བ་དང་གསུམ་པོ་ཚང་བར་བྱས་ཏེ་ཆོས་སྤོང་དང་མཚམས་མེད་ ཀྱི་སྡིག་ལས་མ་བགྱིས་ན་རྒྱུ་ཚོགས་དེ་ཙམ་གྱིས་ཞིང་ཁམས་དེར་སྐྱེ་ནུས་པར་གསུངས་ཤིང༌། དེ་ཡང་རིགས་ཁྱད་པར་ཅན་བྱང་ཆུབ་སེམས་དཔའི་རིགས་སུ་སྐྱེ་བ་ལ་ནི་སྔོན་ཆད་རྒྱུའི་དུས་ སྐབས་སུ་སྔར་གྱི་རྒྱུ་ཚོགས་གསུམ་པོའི་སྟེང་དུ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་བཞི་པོ་ཚང་ བའི་སྒོ་ནས་དགེ་རྩ་རྒྱ་ཆེར་བསགས་ཏེ་གོང་སྨོས་བཞིན་ཉེས་པས་མ་གོས་པར་བྱས་ཏེ་རྒྱུ་ ཚོགས་བསྒྲུབ་དགོས་པར་གསུངས་སོ། །དེ་ལས་དོན་གཉེར་གྱི་འདུན་པ་ཞེས་བྱ་བ་ནི། ཞིང་ ཁྱད་པར་བའི་ཡོན་ཏན་ལ་དམིགས་ནས་དེས་ཡིད་འཕྲོག་སྟེ་རང་སྟོབས་ཀྱི་དེར་སྐྱེ་བ་དོན་ དུ་གཉེར་བའི་ཆ་ནས་བཞག་པའི་སེམས་བྱུང་ཞིག་གོ །དེ་འདྲའི་འདུན་པ་སྐྱེད་བྱེད་ནི་ཡིད་ ཆེས་ཀྱི་དད་པ་ཡིན་ལ་དེ་ཡང་ཡུལ་གཉན་པོ་ལ་ཡིད་རྩེས་འཛིན་གྱི་སེམས་དྭངས་པའི་ངང་ ནས་དམིགས་ཏེ་རང་སྟོབས་ཀྱིས་དེ་ལ་བློ་གཏོད་ཅིང་ཅི་མཛད་ཁྱེད་ཤེས་ཀྱིས་བསམ་པའི་ 4-1-291 རང་བཞིན་ཅན་བློ་མི་འགྱུར་བར་བྱེད་པའི་ཆ་ནས་བཞག་པའི་སེམས་བྱུང་དེའོ། །ཡིད་ཆེས་ ཀྱི་དད་པ་ཡང་དད་ཡུལ་གྱི་རྣམ་པ་ཇི་བཞིན་ཤེས་པའི་ཤེས་རབ་ཀྱིས་སྐྱེད་པར་བྱེད་དགོས་ པས་ན་དེ་ཡང་དད་པའི་ཡུལ་བདེ་ཆེན་ཞིང་གི་ཕུན་ཚོགས་ཀྱི་འབྱོར་བ་ལ་དམིགས་ནས་རང་ སྟོབས་ཀྱིས་གནས་ཚུལ་སོ་སོའི་ཡིན་ལུགས་མ་འདྲེས་པར་གོ་དོན་ཞིབ་མོར་ལེགས་པར་ འབྱེད་པའི་ཆ་ནས་བཞག་པའི་སེམས་བྱུང་གི་ཆ་དེ་ཉིད་ལ་ངོས་འཛིན་ནོ། །ཤེས་རབ་སྐྱེད་ བྱེད་ནི་རང་གི་ཡུལ་གྱི་གནས་ཚུལ་སོ་སོར་སེམས་པ་ཉིད་ཡིན་ལ། དེ་ཡང་གསུང་རབ་ཀྱི་ ཚིག་ཐོས་པས་སྐྱེས་ཞིང་དེ་ཉིད་ཀྱང་ཆོས་ཚུལ་འདོམས་པའི་བཤེས་གཉེན་བསྟེན་པ་ལ་རག་ ལས་སོ། །དགེ་བ་ཞེས་བྱ་བ་ཡང་རང་འབྲས་ཡིད་འོང་འབྱིན་བྱེད་ཀྱི་རྣམ་པར་དཀར་བའི་ རྒྱུའི་རིགས་སུ་གནས་པ་ཞིག་གི་ཆ་ནས་འཇོག དེ་ལའང་ལུས་ངག་ཡིད་ཀྱི་སྒོ་ནས་བྱུང་བ་ ཡོད་པས་དེ་ཀུན་ཀྱང་འབྲས་བུ་ཡིད་འོང་འབྱིན་བྱེད་ཀྱི་དངོས་པོར་སྣང་རྒྱུའི་རྟེན་འབྲེལ་མི་ བསླུ་བའི་དགེ་བའི་ཆོས་ཡང་དག་པའོ། །བསྔོ ་བ་ཡང་རང་གི་དགེ་རྩ་གང་བསགས་རྣམས་ ཕྱི་མའི་འབྲས་བུ་ཐོབ་བྱ་གང་དག་ལ་དམིགས་ནས་དེ་དག་གི་རྒྱུར་ཡིད་ཀྱིས་སྨོན་འདུན་ བསྒྱུར་པའི་བློའི་ཆ་ལ་འཇོག་ཅིང་དེ་ཡང་རང་གིས་གང་བསགས་ཀྱིས་མཚོན་བྱེད་ཙམ་བྱས་ ཏེ་སོ་འཕགས་སྤྱིས་གང་བསགས་ཀྱི་དགེ་རྩ་རྣམས་བསྔོ་རྒྱུར་བྱས་ན་སྟོབས་ཤིན་ཏུ་ཆེ། བྱང་ ཆུབ་ཀྱི་སེམས་ཀྱང་འདིར་ཀུན་རྫོབ་སེམས་བསྐྱེད་ལ་བྱ་སྟེ། དེ་ཡང་རྒྱལ་ཚབ་མི་ཕམ་པས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་གསུངས་ པ་ལྟར་རང་རྒྱུ་གཞན་དོན་དོན་གཉེར་གྱི་འདུན་པ་ལས་བྱུང་ཞིང་རང་གྲོགས་བླ་མེད་བྱང་ ཆུབ་དོན་དུ་གཉེར་བའི་འདུན་པ་དང་མཚུངས་ལྡན་དུ་འཇུག་པའི་རང་གི་ངོ་བོ་བླ་མེད་བྱང་ ཆུབ་ཀྱི་ངོ་བོ་ལ་རང་སྟོབས་ཀྱིས་དམིགས་པ་ཐེག་ཆེན་ལམ་གྱི་གཞུང་ཤིང་དུ་བསྟན་པའི་ཆ་ ནས་བཞག་པའི་གཙོ་བོའི་རྣམ་རིག་ཁྱད་པར་ཅན་དེ་ཡིན་ལ། དེ་ཡང་རབ་ན་བཅོས་མིན། 4-1-292 འབྲི ང་རྩོལ་བཅས། ཐ་མ་ཡིད་འགྱུར་ཡང་ཐ་ན་བློ་ཁ་ཕྱོགས་ཙམ་གྱི་སྟེང་ནས་ཞིང་གི་རྒྱུ་ ཚོགས་བསྒྲུབས་ན་ཕྱི་མར་དག་ཞིང་དུ་རྒྱལ་བའི་སྲས་ཀྱི་རིགས་སུ་སྐྱེ་བ་མཐོ་དམན་གྱི་ཚུལ་ དེ་ལུགས་འབྱུང་ཏེ་བདེ་གཤེགས་རྒྱལ་བ་འཁོར་བཅས་ཀྱི་དག་པའི་ཞིང་གི་སྣོད་བཅུད་ཀྱི་ འབྱོར་བ་ཡ་མཚན་ལེགས་པའི་དགའ་སྟོན་ཆེ་བ་མ་དག་བེམ་ཆོས་ཀྱི་ཁམས་ལས་འདས་པ་ དག་ཆེན་ཡེ་ཤེས་མཆོག་གི་སྒྱུ་འཕྲུལ་ལས་མངོན་པར་བསྐྲུན་པ་གདུལ་བྱའི་ཡིད་ཀྱི་རྗེས་སུ་ འགྲོ་བའི་དཔལ་ཡོན་ལ་ལོངས་སྤྱོད་པའི་སྐལ་བ་བཟང་པོ་ཡོད་པ་ལགས་སོ། ། གཉིས་པ་འདིའི་བེམ་ཆོས་ཀྱི་ཁམས་ལས་འདས་ཚུལ་ཞར་བྱུང་དུ་མདོ་ཙམ་བཤད་ན། དེ་ཡང་བདེ་ཆེན་ཞིང་གི་སྣོད་དང་བཅུད་ཀྱིས་ཉེ་བར་བསྡུས་པའི་དངོས་པོ་མཐའ་དག་ཞིང་ དེའི་གཙོ་བོ་རྒྱལ་བ་གང་གིས་ཐུགས་ཀྱི་རང་སྣང་ལས་ལོགས་སུ་བེམ་པོ་ཕྱི་དོན་གྱི་ངོ་བོ་ ཡོད་པ་མ་ཡིན་ཏེ། ནང་རྒྱུད་ཀྱིས་བསྡུས་པའི་ཐུགས་གསུང་སྐུའི་ཆ་མ་ལུས་པ་དག་ཀྱང་ཀུན་ མཁྱེན་ཡེ་ཤེས་རང་ཡིན་གྱི་སྒོ་ནས་རང་སྣང་གི་ཆར་གྱུར་པ་དང༌། ཕྱི་རོལ་སྣོ ད་ཀྱི་བཀོད་པ་ ཀུན་ཀྱང་ཡེ་ཤེས་མཆོག་གི་སྣང་ཆ་ཙམ་དུ་ཤར་བའི་སྒོ་ནས་རང་སྣང་གི་ཆར་གྱུར་པ་ཡིན་ པའི་ཕྱིར། དང་པོ་གྲུབ་སྟེ། རྒྱལ་བ་གང་གི་ཐུགས་གསུང་སྐུའི་ཆ་མཐའ་དག་སྔོ ན་སློ བ་པའི་ དུས་ན་སེམས་དཔའ་ཆེན་པོ་རང་གི་རྒྱུད་བསྡུས་འབའ་ཞིག་ཏུ་གཏོགས་པའི་རིགས་རྒྱུན་དུ་ གྲུབ་པའི་རྟེན་འབྲེལ་གྱིས་སློབ་ལམ་གྱི་ཚོགས་རྒྱ་ཆེ་བའི་སྟོབས་བཙན་པས་ཐུགས་ཀྱི་དྲི་ མ་མ་ལུས་པ་ཟད་པའི་ཚེ་མཐར་ཐུག་གི་འབྲས་བུ་གསང་གསུམ་ཐུགས་དང་དབྱེར་མི་ཕྱེད་ པའི་ཀུན་གཟིགས་ཡེ་ཤེས་ཁོ་ན་ཉིད་དུ་ངེས་པར་སྨིན་སོང་བ་ཡིན་པའི་ཕྱིར་ཏེ། བདེ་བར་ གཤེགས་པའི་གོ་འཕང་ན་སོན་ཚེ་རྒྱུད་ཀྱིས་བསྡུས་པའི་དངོས་པོ་གང་དག་ཀུན་ཀྱང་ཐུགས་ རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་འགྱུར་བ་ཆོས་ཉིད་ཡིན་པའི་ཕྱིར་རོ། །གཉིས་པ་ གྲུབ་སྟེ། ཞིང་གི་ཕྱི་རོལ་སྣོ ད་ཀྱི་བཀོད་པ་ཐམས་ཅད་ཀྱང་སྔོ ན་སློ བ་པའི་དུས་ཀྱི་རྒྱལ་སྲས་ 4-1-293 རང་དང་རྒྱུད་སོ་སོར་གྲུབ་པའི་བདག་འབྲས་ཀྱི་རིགས་རྒྱུན་ཡིན་པས་མཐར་ཐུག་གི་འབྲས་ བུའི་ཚེ་རྒྱལ་བའི་ཐུགས་ཀྱིས་ཅི་དགར་དབང་བསྒྱུར་ནུས་པའི་ཡེ་ཤེས་རང་སྣང་གི་ཆ་ལ་ ལེགས་པར་ཤར་བའི་ཡ་མཚན་པའི་གཟུགས་སྣ་ཚོགས་ཀྱི་བཀོད་པ་ཉེ་བར་འཛིན་པ་ཙམ་ དུ་ཟད་པའི་ཕྱིར། དེས་ན་རྒྱལ་བའི་ཞིང་གི་སྣོ ད་བཅུད་ཀུན་ཀྱང་ཡེ་ཤེས་ཆེན་པོའི་རོལ་པ་ ལས་ཤར་བ་འབའ་ཞིག་གོ ། གཉིས་པ་བྱེ་བྲག་རྒྱུ་ཚོགས་སོ་སོའི་ཡིན་ལུགས་ལ། རྣམ་དག་ཞིང་གི་རྣམ་པ་ཡིད་ལ་བྱ་ ཚུལ། ཞིང་དེར་སྐྱེ་བའི་རྒྱུ་ཚོགས་སྒོ་དུ་མ་ནས་བསགས་ལུགས། དགེ་རྩ་དེ་ཀུན་ཞིང་དུ་སྐྱེ་ བའི་རྒྱུར་བསྔོ ་ཚུལ། རིགས་ཁྱད་པར་ཅན་དུ་སྐྱེ་བའི་རྒྱུ་བྱང་ཆུབ་ཀྱི་སེམས་བསྐྱེད་ལུགས་ དང་བཞི་ཡོད་པ་ལས། དང་པོ་རྣམ་དག་ཞིང་གི་རྣམ་པ་ཡིད་ལ་བྱ་ཚུལ་ནི། སྤྱིར་བདེ་ཆེན་ཞིང་མདོར་གསུངས་ པའི་རྣམ་པ་རྒྱས་པ་རྣམས་འདིར་མང་དོགས་ནས་མི་སྤྲོ་ལ། དེ་ཡང་ཇི་སྐད་དུ། གང་ཞིག་ སངས་རྒྱས་ཡིད་བྱེད་པ། །དེའི་མདུན་ན་ཐུབ་པ་བཞུགས། །ཞེས་གསུངས་པ་ལྟར་ཞིང་གི་ རྒྱུ་ཚོགས་སྒྲུབ་པའི་ལས་དང་པོ་པ་རྣམས་ཀྱིས་མོས་འདུན་དག་སྣང་གང་དུ་སྦྱངས་ན་དེ་ཉིད་ དུ་རྒྱལ་བ་སྲས་བཅས་ངེས་པར་བཞུགས་པ་ཡིན་ལ། དེ་ལའང༌། ཡེ་ཤེས་ཇི་སྙེད་ཁྱབ་གྱུར་ པ། །སྐུ་ཡིས་ཀྱང་ནི་དེ་སྙེད་ཁྱབ། །ཅེས་པ་ལྟར་སྤྱིར་སངས་རྒྱས་ཀྱི་ཡེ་ཤེས་ཆེན་པོ་ནམ་ མཁའ་དང་མཉམ་པ་དེས་གང་དུ་ཁྱབ་པ་དེ་དག་རྣམས་སུ་གཟུགས་སྐུའི་ཆོ་འཕྲུལ་གྱི་མཛད་ པས་ཁྱབ་པར་གསུངས་པ་དང་མཚུངས་པར་དེ་བཞིན་གཤེགས་པའི་རྣམ་པར་རོལ་པའི་ཕྲིན་ ལས་ནི་ཀུན་ལ་ཁྱབ་པའི་བདག་ཉིད་ཅན་ཡིན་ནའང་འདིར་རྒྱུ་ཚོགས་ལ་རེམ་པའི་དང་པོའི་ ལས་ཅན་དག་གི་མོས་ངོར་དམིགས་རིམ་གྱི་ཚུལ་དུ་རྒྱལ་བ་འཁོར་བཅས་ཡོངས་རྫོགས་ སྤྱིའི་རྣམ་པ་ཙམ་ཡིད་ལ་བྱ་ཚུལ་མདོར་བསྡུས་སུ་བརྗོད་པར་བྱ་བ་སྟེ། དེ་ཡང་ཐོག་མར་ 4-1-294 སྒྲུབ་པོ་རྣམས་ཀྱི་ལུས་སེམས་བག་ཕེབས་བཞིན་ཇི་ལྟར་བདེ་བར་གནས་པའི་ངང་ནས་འདི་ བཞིན་རྣམ་པ་ལམ་བྱེད་བྱ་ཚུལ་ནི། རང་ཉིད་གནས་པའི་ནུབ་ཕྱོགས་སུ་ཞིང་མང་པོ་བརྒལ་ བའི་མཚམས་ན་ཆོས་སྐུ་སྣང་བ་མཐའ་ཡས་ཀྱི་དག་པའི་ཞིང་ཁམས་ཁྱད་པར་བ་ཡོད་པ་ ཡིན་ཏེ། དེ་ཡང་ཐ་གྲུ་ཆེ་བའི་དབུས་རྒྱ་འོད་གསལ་གནམ་སྔོ ན་ཐང་ལ་ལྷུང་བ་ལྟ་བུ་ཕྱོགས་ མཚམས་ཀུན་དུ་རིན་པོ་ཆེ་སྣ་ལྔའི་རང་བཞིན་གྱི་རི་བོ་མཛེས་ཤིང་ཡིད་དུ་འོང་བ་དུ་མས་ བསྐོ ར་ཞིང༌། རི་བོ་དེ་དག་གི་རྩེ་རྣམས་སུ་ངོ་མཚར་བའི་རིན་ཆེན་སྣ་ལྔའི་རྒྱུ་ལས་གྲུབ་པའི་ ཤིང་ཏ་ལའི་ལྗོན་བཟང་གི་ར་བས་མཛེས་ཤིང་བརྗིད་པ། ས་གཞི་ཀུན་ཀྱང་བཻཌཱུརྱའི་རང་ བཞིན་ལ་གསེར་དངུལ་མུ་ཏིག་དམར་པོས་དགའ་བ་འཁྱིལ་དང་གཡུང་དྲུང་སོགས་ལེགས་ མཛེས་ཀྱི་རི་མོ་མངོན་པར་བཀྲ་བའི་ཞིང༌། དེའི་དབུས་ན་བཅོམ་ལྡན་འདས་ཆོས་ཀྱི་རྒྱལ་ པོ་གང་གི་ཕོ་བྲང་རྒྱུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ་རྒྱ་ཆེ་བ་ཐོག་བརྩེགས་མང་པོ་ཅན་ གསེར་བཟང་ཞུན་མའི་རྒྱ་ཕིབས་ཀྱིས་མཛེས་པ་ཆོས་འཁོར་རི་དྭགས་ནོར་བུའི་ཏོག་བཟང་ པོ་སོགས་ངོ་མཚར་བའི་རྒྱན་འབྱམས་ཀླས་པས་ཉེ་བར་བཀླུབས་པ་ཕོ་བྲང་དེའི་ཕྱོགས་ མཚམས་རྣམས་སུ་ཁང་ཕྲན་མཛེས་ཤིང་རྣམ་པ་ལེགས་ངེས་ལ་རིན་ཆེན་ལྔའི་རྒྱ་ཕིབས་སྣ་ ཚོགས་པས་བརྒྱན་པ་ཕྱོགས་བཞིར་སྒོ་ཁང་གི་རྣམ་པ་མང་པོ་དང་ཕྱི་རོལ་ཕྱོགས་ཀུན་ཏུ་ ཁྱམས་རྒྱ་ཆེ་བའི་མཐར་རིན་པོ་ཆེའི་ར་བས་ཡོངས་སུ་བསྐོར་བ་སོགས་ཡ་མཚན་དགེ་བའི་ བཀོད་པ་མཐའ་ཡས་པ་མངའ་བ་རྣམས་ཀྱང་སོ་སྐྱེས་རང་ག་བ་མ་ཟད་ས་ཐོབ་འཕགས་པའི་ གོ་འཕང་ན་བཞུགས་པ་དག་གི་ཐུགས་ངོར་ཤོང་དཀའ་བ་དེ་ལྟ་བུའི་ཆོས་ཀྱི་གཞལ་མེད་ ཁང་རྒྱ་ཆེ་བའི་དབུས་སུ་ཡིད་འཕྲོག་རྨ་བྱས་བཏེགས་པའི་རིན་པོ་ཆེའི་ཁྲི་བཟང་དཔང་མཐོ་ བའི་སྟེང་ན་ཆུ་སྐྱེས་འདབ་སྟོང་མངོན་པར་བཞད་པའི་ཟེའུ་འབྲུ་ུལ་ཉ་རྒྱས་ཆུ་ཤེལ་ལས་གྲུབ་ པའི་འོད་དཀར་འབར་བའི་བདག་ཉིད་ཟླ་གཞོན་གསར་བའི་གདན་མངོན་པར་བཏིང་བའི་ 4-1-295 སྟེང་དུ་བསོད་ནམས་ཞིང་གི་མངའ་བདག་རྒྱལ་བ་ཐམས་ཅད་མཁྱེན་པ་འཆི་མེད་དབང་པོ་ གང་ཉིད་སྐུ་པདྨ་ར་གའི་རི་དབང་ལ་ཉི་གཞོན་འཆར་ཁ་སྟོང་གི་འོད་མདངས་ལྷག་པ་བཞིན་ གཟི་བརྗིད་ཀྱི་དཔལ་ཀུན་ནས་འབར་བ་བེམ་པོ་གདོས་བཅས་ཀྱི་རྡུལ་རྫས་དང་བྲལ་བའི་ ཡེ་ཤེས་མཆོག་གི་རང་མདངས་ཅན་དབུའི་གཙུག་ཏོར་དཔྲལ་པའི་མཛོད་སྤུ་མགྲིན་པ་ཆོས་ དུང་དང་ཐུགས་ཀར་དཔལ་གྱི་བེའུའི་རི་མོ་བཀྲ་ཞིང༌། ཕྱག་ཞབས་ཀྱི་སོར་མོའི་བར་རྣམས་ སུ་ངང་བའི་རྒྱལ་པོ་ལྟར་འོད་ཟེར་གྱི་དྲ་བས་མངོན་པར་སྦྲེལ་བ། སོར་མོ་རྣམས་ལས་འོད་ དམར་གྱི་མཛེས་པ་ཉེ་བར་འབྱིན་པ། མཐིལ་རྣམས་ལ་ལེགས་བྱས་འཁོར་ལོ་རྩིབས་སྟོང་ གི་རི་མོ་མངའ་བ་སོགས་མཚན་བཟང་སོ་གཉིས་དཔེ་བྱད་བརྒྱད་ཅུའི་མཛེས་ཆ་ཀུན་ནས་ རྫོགས་པ་སྐུ་ལ་ཆོས་གོས་རྣམ་གསུམ་གྱི་ན་བཟའ་ཉེ་བར་བཀླུབས་བཞིན་ཞབས་མི་གཡོ་ སྐྱིལ་མོ་ཀྲུང་གིས་བཞུགས་ཤིང་གསང་བ་གསུམ་གྱི་མཛད་པ་རབ་འབྱམས་ནམ་མཁའ་དང་ མཉམ་པ་དུས་ཅིག་ཆར་དུ་རྒྱུན་ནམ་ཡང་ཆད་པ་མེད་པ་གདུལ་བྱ་མཐའ་དག་ལ་རང་རང་ གི་ཁམས་དབང་མོས་པ་དང་མཐུན་པའི་ཟབ་རྒྱས་ཀྱི་ཆོས་ཆར་མངོན་པར་འབེབས་པའི་ ཡན་ལག་དྲུག་ཅུ་དང་ལྡན་པའི་ཚངས་པའི་དབྱངས་ཀྱི་ང་རོ་ཕྱོགས་མཐར་ཁྱབ་པས་མ་ལུས་ པའི་རིགས་ཅན་གསུམ་པོ་གང་དག་གི་རྒྱུད་ལ་ལམ་མངོན་པར་རྟོགས་པ་ཆེས་ཆེར་འཕེལ་ བར་བྱས་ཏེ་རང་རང་གི་བྱང་ཆུབ་ལ་མྱུར་ནས་རེག་པར་བྱེད་ཅིང༌། ཐུགས་མཁྱེན་བརྩེ་རྒྱ་ མཚོའི་བདག་ཉིད་ཀྱིས་མཁའ་ཁྱབ་ཀྱི་འགྲོ་བ་མཐའ་དག་ལ་དུས་རྟག་པར་གཟིགས་བཞིན་ པའི་ངང་ནས་མ་ལུས་པའི་སྐྱེ་འགྲོའི་རེ་འདོད་ཇི་བཞིན་འབད་མེད་ལྷུན་གྱིས་གྲུབ་པའི་ཕྲིན་ ལས་ཀྱིས་སྐོང་བར་བྱེད་བཞིན་བདེན་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཅིག་ཆར་དུ་ ཆགས་ཐོགས་མེད་པར་གཟིགས་པའི་ཡེ་ཤེས་ནམ་ཡང་རེས་འཇོག་མེད་པའི་བདག་ཉིད་ དོ། །རྒྱལ་བ་གང་གིས་སྲས་ཀྱི་ཐུ་བོ་འཕགས་མཆོག་འཇིག་རྟེན་དབང་ཕྱུག་དང་གསང་ 4-1-296 བདག་མཐུ་ཆེན་ཐོབ་སོགས་རྒྱལ་སྲས་སེམས་དཔའ་ས་ཆེན་པོའི་རྡུལ་གྱི་གྲངས་མཉམ་དག་ གིས་ཐེག་པ་ཆེན་པོའི་ལམ་རྒྱ་མཚོ་ལྟ་བུ་ལ་བརྩོན་པའི་ཤུགས་ཀྱིས་དགའ་སྤྲོ་རྒྱ་ཆེ་བའི་ སྒོ་ནས་ལེགས་པར་འཇུག་པ་དང༌། ཉན་ཐོས་སོ་འཕགས་དང་སོ་སྐྱེས་ལམ་མ་ཞུགས་དག་ པའི་འཁོར་གྱི་གདུལ་བྱར་གཏོགས་པ་ཐམས་ཅད་ཀྱིས་ཀྱང་ཀློག་པ་ཐོས་བསམ་དང་སྤོང་ བ་བསམ་གཏན་དང་བྱ་བ་ལས་ཀྱི་འཁོར་ལོ་སྟེ་འཁོར་ལོ་གསུམ་ལ་རྟག་ཏུ་རེམ་ཞིང་དེ་དག་ ཀུན་ཀྱང་མི་དགེ་བའི་བྱ་བ་ལྟ་ཅི་སྨོས་ཐ་ན་དགོས་མེད་ལུང་མ་བསྟན་གྱི་བྱ་བ་ཕྲ་མོ་ཚུན་ཆད་ རང་ཤུགས་ཀྱིས་སྤངས་ཏེ་རྣམ་དཀར་ཆོས་ལྡན་གྱི་བྱ་བ་འབའ་ཞིག་གིས་དུས་འདའ་བར་ བྱེད་པའི་སྒོ་ནས་རང་ཚོད་དང་མཐུན་པའི་ཆོས་བློ་གསར་བ་ཅིར་ཡང་བསྐྱེད་པའི་ཐབས་ལ་ འབད་པ་ཤ་སྟག་གོ །ཞིང་ཁམས་དེའི་ཕྱོགས་རེ་ཞིག་ན་རིན་ཆེན་བདུན་ལས་གྲུབ་པའི་ལོ་ མ་འབྲས་བུའི་ཚོགས་མངོན་པར་བཞད་པའི་ཤིང་ལྗོན་བཟང་ར་བས་ཕྱོགས་མཚམས་སུ་ བསྐོར་བའི་ཁྲོད་ན་དེ་བཞིན་གཤེགས་པའི་སྐུ་རྒྱབ་བརྟེན་པའི་བྱང་ཆུབ་ཤིང་མཆོག་དམ་པ་ རྒྱུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ་ལོ་འབྲས་ཀྱིས་རབ་ཏུ་བརྗིད་ཅིང་སྲིད་དང་རྒྱ་ཚད་དེར་ གནས་ཀྱི་གདུལ་བྱ་དག་གི་དགེ་རྩ་ཆེ་ཆུང་གི་ཚོད་དུ་མཐོང་བས་ཡིད་ཀྱི་རྗེས་འགྲོ་ངོ་མཚར་ བའི་མཛད་པ་ཅན་ཡལ་འདབ་ཀྱི་ལོ་མ་དག་ལ་རྣམ་བྱང་ཕྱོགས་ཀྱི་དག་ཞིང་འདྲ་མིན་མང་ པོའི་བཀོད་པའི་སྣང་བརྙན་དང་ཀུན་ཉོན་ཕྱོགས་ཀྱི་སྡུག་བསྔལ་གྱིས་མནར་བའི་རིགས་ དྲུག་གི་གནས་རིས་སོ་སོའི་སྣང་བརྙན་འཕོས་པ་དག་ལ་དེར་གནས་དག་གིས་གཟིགས་རྟོག་ བྱས་པས་ངེས་པར་འབྱུང་བའི་བློ་རང་ཤུགས་ཀྱིས་འཕེལ་བའི་དམིགས་རྐྱེན་བྱེད་པའི་ཤིང་ དབང་སྲིད་ཞིའི་ལེགས་ཚོགས་ཀྱི་དཔལ་གྱིས་མངོན་པར་བརྗིད་པ་ཉིད་ཀྱི་ཕྱོགས་མཚམས་ སུ་དམ་པའི་ཆོས་ཀྱི་སྒྲ་འབྱུང་བའི་དྲིལ་གཡེར་གྱི་ཕྲེང་བ་མངོན་པར་བྲེས་པ་གང་དེའི་དྲུང་ན་ ཆོས་ཀྱི་བཞུགས་ཁྲི་རྒྱ་ཆེ་བ་བཀོད་པའི་སྟེང་དུ་རྒྱལ་བ་འོད་དཔག་མེད་ཞིང་དེའི་གཙོ་བོ་དང་ 4-1-297 སྐུ་ཐ་དད་པའི་རྣམ་པར་འཕྲུལ་བ་ཆེན་པོའི་ཆོ་འཕྲུལ་གྱི་མཛད་པས་རིགས་ཅན་གསུམ་གྱི་ གདུལ་བྱ་རྒྱ་མཚོ་ལྟ་བུ་ལ་རང་རང་དང་འཚམས་པའི་ཟབ་རྒྱས་ཆོས་ཀྱི་དགའ་སྟོན་འགྱེད་པ་ ནམ་ཡང་རིས་སུ་ཆད་པ་མི་མངའ་ཞིང༌། ཞིང་དེ་ན་ཡན་ལག་བརྒྱད་ལྡན་གྱི་འབབ་ཆུའི་ཀླུང་ དང༌། མཚོ་རྫིང་དུ་མ་ཡོད་ཅིང༌། དེ་དག་ལས་སྐྱེས་པའི་རིན་པོ་ཆེའི་པདྨོ་མཛེས་ཤིང་ཡིད་དུ་ འོང་བ་དག་ལས་འོད་ཟེར་སྣ་ཚོགས་པའི་ཕུང་པོ་ཆེན་པོ་ཕྱོགས་མཚམས་ཀུན་ཏུ་འཕྲོས་ཏེ་ འོད་ཟེར་ཀྱི་རྩེ་ལ་བདེ་གཤེགས་སྐུའི་སྣང་བརྙན་མཐའ་ཡས་པའི་རྩེ་དགའ་ཅིར་ཡང་དགོད་ པས་འགྲོ་ཁམས་རྒྱ་མཚོ་འཁོར་བ་ལས་སྒྲོལ་པའི་མཛད་པ་འབྱམས་ཀླས་སྟོན་པ། དུས་དུས་ སུ་དྲི་བཟང་གི་ངད་ལྡང་བའི་འཇམ་རླུང་གིས་མེ་ཏོག་སིལ་མའི་ཆར་བ་འབེབས་ཤིང་ཕྱོགས་ མཐར་བསྐྱོད་པ་དང་ཞིང་དེར་སྐྱེས་པ་ཐམས་ཅད་མེ་ཏོག་པདྨོའི་སྦུབས་སུ་བརྫུས་སྐྱེས་སུ་ འཁྲུངས་ཏེ་སྐུ་ལུས་ཁྱད་པར་མེད་པའི་གསེར་མདངས་འཆང་བ་སྐྱེས་ཐོབ་ཀྱི་མངོན་ཤེས་ ཡོད་པ་སོགས་ཆོས་ཀྱི་མཐུན་རྐྱེན་མཐའ་དག་ཚང་ཞིང་འགལ་རྐྱེན་གང་ཡང་མེད་པ་ཐམས་ ཅད་ཀྱི་གང་འདོད་ཡིད་བཞིན་དུ་འགྲུབ་ཅིང་ཁྱད་པར་དེར་སྐྱེས་མ་ཐག་ཏུ་རང་རང་གི་ལག་ མཐིལ་ནས་སྤྲོས་པའི་མཆོད་པའི་སྤྲིན་ཕུང་གིས་རྒྱལ་བ་འཁོར་བཅས་ལ་དགྱེས་པ་བསྐྱེད་ པའི་བསོད་ནམས་ཀྱི་བསགས་སྒོ་བྱས་ཏེ་ཡང་དག་ཆོས་ཀྱི་དགའ་སྟོན་མྱོང་བར་མཛད་པ། དེ་དག་མ་ཟད་བདེ་གཤེགས་སྤྲུལ་པའི་སྒེག་མོ་ལང་ཚོ་ཉེ་བར་རྫོགས་པའི་ལྷ་མོ་རྣམས་དང༌། ཡིད་འོང་མཛེས་པའི་གཟུགས་འཛིན་བྱ་རིགས་ཀྱི་ཚོགས་འདྲ་མིན་མང་པོ་དང༌། སྣོ ད་ཀྱི་ དཔལ་འབྱོར་བདུད་རྩིའི་རྫིང་བུ་ཡན་ལག་བརྒྱད་ལྡན་གྱི་མཚོ། མེ་ཏོག་པདྨོས་ཁེབས་པའི་ ཀླུང་དང་ཤིང་ལྗོན་པ་རྣམས་ལས་ཀྱང་རང་རང་གི་ཉན་པར་སྤྲོ་ན་གང་མོས་ཀྱི་ཆོས་སྒྲ་འབྱུང་ བས་ཡིད་ཐར་བར་དབང་མེད་དུ་བསྐུལ་ཞིང་ཉན་འདོད་མེད་ན་དེ་དག་ཀྱང་སྒྲས་དབེན་པར་ འགྱུར་བ་སོགས་གང་བསམ་གྱི་རྗེས་སུ་འགྲོ་བའི་མཛད་པ་ཉེ་བར་སྟོན་པ། ཞིང་དེའི་སྣོ ད་ 4-1-298 བཅུད་གང་ཐད་ནས་ཉོན་མོངས་པའི་དམིགས་རྐྱེན་བྱེད་པ་ཞིག་རྣམ་པ་ཀུན་ཏུ་མི་སྲིད་ཅིང་ དུས་རྒྱུན་དུ་ཡུལ་དེ་དག་གིས་རྒྱལ་བ་གཙོ་འཁོར་ལ་ཡིད་ཆེས་ཀྱི་དད་པ་དང་རྣམ་བྱང་ཐར་ པའི་གོ་འཕང་ཐོབ་འདོད་ཀྱི་དོན་གཉེར་དང༌། བླ་མེད་བྱང་ཆུབ་ཐོབ་པའི་རྒྱུ་ཚོགས་རྒྱ་ཆེ་བ་ ལ་སྙིང་སྟོབས་ཀྱི་གོ་ཆ་དང་འགྲོ་བ་ཀུན་ལ་སྡུག་བསྔལ་བྲལ་འདོད་ཀྱི་སྙིང་རྗེ། འཁོར་བའི་ སྡུག་བསྔལ་ལ་ཡིད་ཀྱི་ཞེན་པ་ལོག་པའི་ངེས་འབྱུང་སོགས་རྣམ་པར་དཀར་བའི་ཆོས་ཚུལ་ རྒྱ་ཆེ་བའི་བསོད་ནམས་རང་ཤུགས་ཀྱིས་འཕེལ་བའི་རྐྱེན་བྱེད་པ་ཤ་སྟག་ཏུ་ཡིད་ཀྱིས་མོས་ འདུན་བསྒྱུར་ཏེ་སེམས་དག་སྣང་གི་ངོར་རྒྱལ་བ་གཙོ་འཁོར་ཞིང་གི་སྣོད་བཅུད་ཀྱི་བཀོད་ པ་མཐའ་དག་མ་འདྲེས་པར་ལེགས་པར་གསལ་སྣང་འདོན་པའི་ཐབས་ལ་འབད་དེ་ཡིད་ ཆེས་ཀྱི་དད་པས་སྣ་དྲངས་ཏེ་ཞིང་དེ་ལྟ་བུ་ནམ་ཞིག་མཐོང་རྒྱུ་བྱུང་ན་ཅི་མ་རུང་སྙམ་པའི་ངེས་ ཤེས་ཀྱིས་དོན་གཉེར་བསྐྱེད་དེ་སེམས་གཏིང་ནས་འགྱུར་བག་ཐོན་ངེས་བྱས་ཏེ་ཞིང་གི་རྣམ་ པ་མ་ལུས་པ་ཡིད་ངོར་འཆར་བ་ལ་སྤྲོ་སེམས་དང་བཅས་ཏེ་ལེགས་པར་བསླབ་དགོས་སོ། ། གཉིས་པ་ཞིང་དེར་སྐྱེ་བའི་རྒྱུ་ཚོགས་སྒོ་དུ་མ་ནས་བསགས་ལུགས་ནི། བདེ་ཆེན་ཞིང་ དུ་སྐྱེ་མི་སྐྱེའི་དོགས་པ་ཉེ་བར་བསལ་ཏེ་དེར་སྐྱེ་འདོད་ཀྱི་བསམ་པ་དྲག་པོའི་དོན་གཉེར་མི་ ཞན་པའི་སྒོ་ནས་རྣམ་དཀར་གྱི་དགེ་རྩ་དེ་བཞིན་གཤེགས་པའི་སྐུ་གཟུགས་དང་འོད་མདོ་ སོགས་གསུང་རབ་ཀྱི་གླེགས་བམ་མང་པོ་བཞེངས་པ་དང་དེ་དག་གི་མདུན་དུ་ཕྱག་འཚལ་བ་ ཡོན་ཆབ་མེ་ཏོག་སོགས་དངོས་སུ་འབྱོར་བའི་མཆོད་པ་ཇི་སྙེད་བཤམས་ཏེ་འབུལ་བ་སོགས་ ལུས་ཀྱི་སྒོ་ནས་དགེ་བའི་བྱ་བ་ལ་རེམ་པ་དང༌། དེ་བཞིན་གཤེགས་པའི་མཚན་འདོན་པ། གཟུངས་སྔགས་ཁྱད་པར་ཅན་བཟླ་བ། འོད་མདོ་སོགས་ཀློག་པ་དང་ཁ་འདོན་བགྱིད་ཅིང་ དེའི་དོན་གཞན་ལ་འཆད་པ་སོགས་ངག་གི་སྒོ་ནས་དགེ་ལས་ཉེ་བར་བསྒྲུབ་པ་དང༌། རྒྱལ་ བ་གཙོ་འཁོར་དག་ཞིང་གི་བཀོད་པ་མཐའ་དག་ཡིད་ལ་བྱས་ཏེ་ཡིད་ཆེས་པའི་དད་པ་བརྟན་ 4-1-299 པོས་ཞིང་དེར་སྐྱེ་འདོད་ཀྱི་དོན་གཉེར་ཤུགས་དྲག་གི་སྒོ་ནས་ཡིད་ངོར་ཆགས་སྡང་གི་རྟོག་ པ་སོགས་ཉོན་མོངས་པ་རྣམས་དང་དགོས་མེད་ལུང་མ་བསྟན་གྱི་རྟོག་ཚོགས་ཀུན་ཀྱང་སྐྱེ་ བའི་གོ་སྐབས་བཅོམ་ཏེ་རྣམ་གཡེང་གིས་སེམས་རྒྱུད་དཀྲུགས་པ་མེད་པར་བྱས་ནས་ཡིད་ ཞིང་ཁམས་མཆོག་གི་རྣམ་པ་ལམ་བྱེད་ཀྱི་འདུ་ཤེས་གསལ་བོ་གྲྭ་མ་ཉམས་པའི་ངང་ནས་ ཀུན་རྟོག་གི་རྙོགས་དང་བྲལ་བའི་བློ་རྩེ་གཅིག་པའི་ཏིང་ངེ་འཛིན་བརྟན་པོ་ལ་ཅི་དགར་རང་ དབང་དུ་གནས་པའི་ཐབས་ལ་བརྩོན་པ་ལྷུར་ལེན་པ་སོགས་ཡིད་ཀྱི་སྒོ་ནས་དགེ་རྩ་གཟབ་ ལྡན་བྱ་དགོས་ཤིང༌། དེ་ཡང་དགེ་རྩ་དེ་དག་གི་སྟོབས་ཀྱིས་ཕྱི་མར་དག་ཞིང་དུ་སྐྱེ་བ་ཡང་ འདོད་ཡོན་ལོངས་སྤྱོད་ཕུན་ཚོགས་སོགས་དོན་དུ་གཉེར་བའི་བསམ་ པས་མ་ཡིན་པར་བསོད་ནམས་རྣམ་པར་དཀར་བའི་དགེ་ཚོགས་རྒྱ་ཆེར་འཕེལ་བའི་ རྐྱེན་སྒོ་ཐམས་ཅད་ནས་འགྲིགས་ཏེ་མི་རིང་བ་ནས་སྤངས་རྟོགས་ཡོངས་སུ་རྫོགས་པ་ལ་ ཆེས་ཤིན་ཏུ་མྱུར་བའི་དགོས་པ་ཁྱད་པར་བ་དོན་དུ་གཉེར་བའི་བསམ་པས་དགེ་ཚོགས་གོང་ དུ་སྨོས་པ་རྣམས་དང་གཞན་ཡང་དགེ་བཅུ་དང་དུ་བླངས་པ་སོགས་རྣམ་པར་དཀར་པའི་ ལས་ལ་འབད་ཅིང་ཆོས་སྤོང་མཚམས་མེད་ཀྱི་སྡིག་ལས་དང་ནམ་ཡང་མ་འབྲེ ལ་བར་བྱའོ། ། གསུམ་པ་དགེ་རྩ་དེ་ཀུན་ཞིང་དུ་སྐྱེ་བའི་རྒྱུར་བསྔོ ་ཚུལ་ནི། དེ་ལྟ་བུའི་དགེ་རྩ་གང་དག་ ནམ་བསྒྲུབ་པའི་མཇུག་དག་ཏུ་བསྔོ ་བས་རྒྱས་གདབ་དགོས་པ་ཡིན་ཏེ། དེ་ཡང་རང་གིས་ སྐབས་དེར་གང་བསགས་ཀྱི་དགེ་བ་དེས་མཚོན་བྱེད་དུ་བྱས་ནས་དུས་གསུམ་དུ་བྱུང་བའི་ རབ་དཀར་དགེ་རྩ་རྒྱ་ཆེན་བསྒྲུབ་པའི་སོ་སོའི་སྐྱེ་བོ་དང་འཕགས་པའི་ཡེ་ཤེས་མངའ་བ་གང་ དག་གིས་ལེགས་བྱས་མི་དམན་པའི་བསོད་ནམས་མཐའ་ཡས་པའི་སྟོབས་ཀྱིས་བདག་ཚེ་ འདི་འཕོས་མ་ཐག་ཏུ་དག་པའི་ཞིང་བཟང་པོ་འདྲེན་པ་འོད་དཔག་མེད་གཙོ་འཁོར་བཞུགས་ པའི་གནས་སུ་ཡང་དག་པའི་སྐྱེ་སྲི ད་ཉེ་བར་འཛིན་པར་གྱུར་ཅིག དགེ་བའི་རྩ་བ་དེ་དག་ 4-1-300 བདག་འདི་ནས་འཕོས་མ་ཐག་ཏུ་སྐྱོབ་པ་མཆོག་གི་དག་ཞིང་དུ་སྐྱེ་བའི་རྒྱུར་བསྔོ་བར་བྱའོ། །སྙམ་པའི་མོས་འདུན་ལེགས་པར་བསྒྱུར་ཏེ་བསྔོ ་བ་བྱ་དགོས་སོ། །དེ་ཡང་རྒྱལ་བ་འོད་ དཔག་མེད་འཁོར་དང་བཅས་པའི་ཐུགས་རྗེའི་ཕྲིན་ལས་རླབས་ཆེ་བའི་བདེན་པའི་སྟོབས་ ཀྱིས་རང་གིས་གང་བསགས་པའི་དགེ་རྩ་དེ་ཀུན་མགོན་པོ་འཁོར་བཅས་བཞུགས་པའི་དག་ ཞིང་དུ་སྐྱེ་བ་འཛིན་པའི་རྒྱུ་ཡང་དག་ཏུ་འགྱུར་བར་ཤོག་ཅིག སྙམ་པའང་ཡིད་ལ་བྱའོ། ། བཞི་པ་རིགས་ཁྱད་པར་ཅན་དུ་སྐྱེ་བའི་རྒྱུ་བྱང་ཆུབ་ཀྱི་སེམས་བསྐྱེད་ལུགས་ནི། ཞིང་གི་ རྒྱུ་ཚོགས་སྒྲུབ་པའི་ཐོག་མར་དུས་ཀུན་ཡང་ཡང་ཀུན་སློང་འདི་ལྟར་བསྐྱེད་པར་བྱ་སྟེ། སྤྱིར་ ན་མཁའ་ཁྱབ་གྱི་འགྲོ་བ་མ་ལུས་པ་རང་གིས་ཕ་མར་མ་གྱུར་པ་གཅིག་ཀྱང་མེད་ལ་དེ་དག་ གིས་རང་ལ་མ་བྱས་པའི་ཚེ་ད་ལྟའི་རྩ་བའི་མ་བཞིན་དུ་དྲིན་ཆེན་པོས་བསྐྱངས་པ་ཤ་སྟག་ ཡིན་པས་ད་ལན་དེ་དག་ལ་རང་གིས་དྲིན་ལན་ཞིག་ངེས་པར་འཇལ་དགོས་པ་ལ་སྤྱིར་དེ་ དག་ལ་གནས་སྐབས་ཀྱི་ཕན་པ་ཕྲན་བུ་རེ་སྦྱིན་པས་ནི་དགོས་པ་ཆེན་པོ་མི་འདུག་པ་དེའི་ ཕྱིར་མ་དྲིན་ཅན་དེ་ཀུན་གཏན་གྱི་བདེ་བ་བླ་མེད་བྱང་ཆུབ་ཐོབ་ཐབས་ཞིག་བདག་གིས་ བྱ་དགོས་པའི་དུས་སུ་ད་སྐབས་བབ་ཡོད་ཀྱང་ད་ལྟ་ནི་བདག་ལ་དེ་འདྲ་བྱ་བའི་ནུས་པ་མི་ འདུག་གཞན་སུ་ལ་འདུག་སྙམ་ན་འདི་ལྟར་བྱ་ཐུབ་པ་ནི་འཇིག་རྟེན་ན་ཆེ་བར་གྲགས་པའི་ ལྷ་ཆེན་ཚངས་པ་སོགས་དང༌། བདག་ཉིད་ཆེན་པོ་ཉན་རང་དགྲ་བཅོམ་པ་དག་གིས་ཀྱང་མི་ ནུས་པར་བདག་ཅག་གི་སྐྱབས་གནས་ཆེ་བ་བདེ་ལྡན་ཞིང་གི་མགོན་པོ་ལྟ་བུས་ནི་འགྲོ་བའི་ རེ་འདོད་མཐའ་དག་ཇི་བཞིན་སྐོང་ནུས་པ་ཡིན་པས་ན་དེ་འདྲའི་གོ་འཕང་མཆོག་ཐོབ་པའི་ ཐབས་ལ་བདག་གིས་ད་རེས་སྐྱེས་རྩལ་ཅི་ཡོད་ཉིད་ཀྱིས་འབད་དགོས་ཤིང་དེ་ཡང་རྒྱལ་ བ་མཆོག་གི་གདུལ་ཞིང་དུ་མྱུར་ནས་སླེབས་ཏེ་སྤངས་རྟོགས་ཀྱི་ཆ་མཐའ་དག་ཡུན་ཐུང་མོ་ ནས་རྫོགས་པའི་སྒོ་ནས་རང་དོན་མཐར་ཕྱིན་ཏེ་གཞན་འགྲོ་བ་མ་ལུས་པའི་དོན་ཇི་བཞིན་ 4-1-301 སྒྲུབ་པའི་ཆེད་དུ་ད་སྐབས་སུ་མགོན་པོ་འོད་དཔག་མེད་ཀྱི་ཞིང་དུ་སྐྱེ་བའི་རྒྱུ་ཚོགས་རྣམ་པར་ དག་པ་བསྒྲུབ་པར་བྱའོ། །སྙམ་པའི་ཀུན་སློ ང་གིས་སྣ་དྲངས་ཏེ་ཞིང་དེར་སྐྱེ་བའི་རྒྱུ་ཚོགས་ གོང་སྨོས་དག་ལ་ནན་ཏན་སྙིང་པོས་ལྷུར་ལེན་པར་བྱ་ཞིང༌། དེའི་བར་སྐབས་རྣམས་སུ་ཡང་ གཞན་དོན་སྒྲུབ་པའི་སླད་དུ་རང་བྱང་ཆུབ་མཆོག་ཐོབ་འདོད་ཀྱི་བསམ་པའི་ཀུན་སློ ང་གི་ངད་ ཤུགས་དང་ནམ་ཡང་མ་བྲལ་བར་བྱས་ཏེ་དགེ་རྩ་དེ་ཀུན་ལ་སྤྲོ་བའི་བརྩོན་པ་ནམ་ཡང་མི་ ལྷོ ད་པའི་ངང་ནས་རེམ་པར་བྱ་དགོས་སོ། ། གསུམ་པ་བསྒྲུབས་པའི་འབྲས་བུ་ནི། ཞིང་དེའི་རྒྱུ་ཚོགས་སྒྲུབ་པའི་གང་ཟག་དག་ གིས་རྒྱུའི་དགེ་རྩ་རྣམས་ལེགས་པར་འགྲུབ་པའི་རྒྱུ་རྐྱེན་རྟེན་འབྲེལ་མི་བསླུ་བའི་འབྲས་བུ་ རྣམས་ཇི་ལྟར་འབྱུང་ཚུལ་ཡོད་དེ། རྒྱུ་ཚོགས་འགྲུབ་པའི་གང་ཟག་རྣམས་འཆི་བའི་དུས་ཉེ་ བར་གནས་པ་ན་གནད་གཅོད་ཀྱི་སྡུག་བསྔལ་མེད་ཅིང་སེམས་ལ་འཁྲུལ་སྣང་མི་འབྱུང་བའི་ སྒོ་ནས་དེ་བཞིན་གཤེགས་པ་འཁོར་བཅས་མདུན་གྱི་ནམ་མཁར་བྱོན་ཏེ་ངོ་མཚར་བའི་ཆོ་ འཕྲུལ་གྱི་བཀོད་པ་ཆེན་པོས་ཡིད་དགའི་སྣང་བ་ཅིར་ཡང་སྤེལ་ཞིང༌། ཡིད་དད་པ་དང་དག་ སྣང་གི་འདུ་ཤེས་ཀྱིས་བསྒྱུར་ཏེ་རབ་ཏུ་ཞི་བ་ཆེན་པོའི་ངང་ནས་རྒྱལ་བ་གཙོ་འཁོར་གྱི་ལམ་ སྣ་འདྲེན་པར་མཛད་བཞིན་དག་པའི་ཞིང་བདེ་བ་ཅན་དུ་མེ་ཏོག་པདྨོའི་སྦུབས་སུ་བརྫུས་ཏེ་ ཡང་དག་པར་སྐྱེ་བ་བླངས་ཏེ་སྐྱེས་ཐོབ་ཀྱི་མངོན་ཤེས་སོགས་ཡོན་ཏན་དུ་མས་བརྒྱན་ཞིང་ ལག་མཐིལ་ནས་བྱུང་བའི་མཆོད་པའི་སྤྲིན་ཕུང་གིས་ཞིང་གི་གཙོ་བོ་རྒྱལ་བ་འཁོར་བཅས་ ལ་མཆོད་ཅིང་ཐུགས་དགྱེས་པ་ཆེན་པོའི་བསོད་ནམས་ཀྱི་ཚོགས་གསར་བ་མངོན་པར་ བསགས་ཤིང༌། མགོན་པོ་མཆོག་གི་མདུན་ན་ལེགས་པར་འདུག་ཆོག་པའི་སྐལ་བ་བཟང་ པོ་དང་ལྡན་ནས་གང་གི་ཐུགས་བརྩེ་བས་རྗེས་སུ་བཟུང་ཏེ་བཀའ་བསྩལ་པའི་གདམས་ངག་ གི་དོན་མཐའ་དག་ཉམས་སུ་བླངས་པས་རང་རང་དང་སྐལ་བ་མཉམ་པའི་ལམ་མངོན་པར་ 4-1-302 རྟོགས་པའི་ཆོས་ཚུལ་གསར་བ་སྒོ་ཀུན་ནས་ཆེས་ཆེར་འཕེལ་ཏེ་གནས་སྐབས་ཀྱི་འབྲས་བུ་ ཐེག་དམན་གྱི་སྤངས་རྟོགས་རྫོགས་པའི་བྱང་ཆུབ་མངོན་དུ་བྱེད་པའམ་མཐར་ཐུག་གི་འབྲས་ བུ་སྒྲིབ་གཉིས་མ་ལུས་པ་སྤངས་པའི་མི་གནས་པའི་མྱང་འདས་རྒྱལ་བ་སྐུ་བཞིའི་དབང་ ཕྱུག་གི་གོ་འཕང་ལ་སྐྱེ་བ་གཅིག་གི་མཐའ་ནས་ངེས་པར་སྦྱོར་བ་ཅི་རིགས་ཀྱི་སྒོ་ནས་གནས་ སྐབས་དང་མཐར་ཐུག་གི་ཡོན་ཏན་གྱི་ཚོགས་མཐའ་ཀླས་པ་ངེས་པར་འབྱུང་བ་ཡིན་པའི་ ཕྱིར་རོ། །སྨྲས་པ། རླབས་ཆེན་ཚོགས་གཉིས་དཔུང་གི་མཐུ་ཤེད་ལས། ། བདེ་གཤེགས་ཞིང་བཟང་མང་པོའི་བཀོད་པ་རྫོགས། ། དཔེ་བྲལ་ཡ་མཚན་དཔལ་གྱིས་མངོན་མཛེས་པ། ། ཕྱིར་མི་ལྡོ ག་གནས་བདེ་ཆེན་དག་པའི་ཞིང༌། ། ཀུན་མཁྱེན་ཡེ་ཤེས་སྣང་བའི་ཟློ ས་གར་འཕྲུལ། ། ངོ་མཚར་སྒྱུ་མའི་བཀོད་ལུགས་ཡོངས་རྫོགས་པ། ། མྱ་ངན་འདས་དབྱིངས་སླེ བས་ལ་ཉེ་བའི་གནས། ། སྣ་ཚོགས་བསམ་པའི་རྗེས་སུ་འགྲོ་འདི་མཛད། ། ཨེ་མ་དཔག་ཡས་ཐུགས་ཀྱི་དམ་བཅའ་བརྟན། ། བསོད་ནམས་ཚོགས་ཆེན་ཕ་མཐར་ལེགས་ཕྱིན་པ། ། ཡེ་ཤེས་རང་སྣང་བདག་འབྲས་མཆོག་ཏུ་སྨིན། ། མཐའ་ཡས་འོད་མངའ་རྒྱལ་བའི་ཞིང་འདི་གྲུབ། ། གཏིང་རིང་འཁོར་བར་ཆུད་པའི་ཉམ་ཐག་འགྲོ། ། བཟོད་དཀའི་སྡུག་བསྔལ་ཁུར་གྱིས་རབ་ནོན་པ། ། 4-1-303 གང་དག་གཏན་བདེར་འགྲོ་འདོད་ཡོད་དོ་ཅོག ། ཞིང་དེར་སྐྱེ་བའི་ཐབས་ལ་ཀུན་ནས་འབོད། ། ལེགས་བྱས་འདི་ཉིད་གཞན་ལ་ཕན་པའི་བློ༷ས། ། བྱས་ཀྱི་གྲ༷གས་པ་དོན་དུ་གཉེར་བས་མིན། ། ཚུལ་འདིར་ནོངས་པ་གང་མཆིས་མཁས་ལ་འཆགས། ། བདག་ལ་ཉེས་པས་སྒྲིབ་པར་མ་གྱུར་ཅིག ། འདི་ལ་བརྟེན་ནས་རྣམ་དཀར་གང་བྱུང་དེས། ། འགྲོ་ཁམས་མ་ལུས་འཁོར་བའི་གནས་བརྒལ་ཏེ། ། བདེ་ལྡན་ཞིང་དུ་པདྨོའི་མངལ་བཟུང་ནས། ། མཐར་ཐུག་ཟག་མེད་ཡེ་ཤེས་དབང་འབྱོར་ཤོག ། ཅེས་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་ཚོགས་སྒྲུབ་ཚུལ་རྣམ་དག་ཞིང་གི་ལམ་བཟང་ཞེས་བྱ་བ་འདི་ཡང་བསླབ་ཁྲིམས་གཙང་མ་ ཉེ་བར་འཆང་བའི་གྲྭ་བཙུན་ངག་མཁས་ཀྱིས་ཡང་ཡང་ནན་བསྐུལ་གྱི་གསུང་ངོ་མི་ལྡོག་ཙམ་དུ་སྙོམ་ལས་པ་རྨཽངས་བན་མ་ཏི་ ཀིརྟི་ཞེས་བྱ་བས་སྦྱར་བའོ། །འདི་ཡང་འགྲོ་ཀུན་ནམ་ཞིག་སངས་རྒྱས་འོད་དཔག་མེད་ཀྱི་ཐུགས་རྗེས་འཛིན་པའི་རྒྱུར་གྱུར་ཅིག དགེའོ།། །། 4-1-304 ༄༅། །སྐྱབས་གསུམ་གྱི་རྣམ་བཤད་ཐེག་མཆོག་ངེས་པའི་ མྱུ་གུ་ཞེས་བྱ་བ་བཞུགས་སོ། ། གདོད་ནས་ལྷུན་གྲུབ་བསམ་ཁྱབ་དཀའ་བ་མཁྱེན་བརྩེ་ནུས་པ་རྒྱ་མཚོའི་བདག ། སྤྲོས་བྲལ་ཆོས་དབྱིངས་ཡེ་ཤེས་ཆེན་པོ་ཟབ་ཞི་འོད་གསལ་དྲི་མ་མེད། ། བདེན་གཉིས་གཟིགས་པ་མཆོག་གི་སྤྱན་ལྡན་འཕགས་ཚོགས་འདུས་པ་དམ་པའི་སྡེ། ། རྣམ་གསུམ་སྐྱབས་ཀྱིས་མ་ལུས་འགྲོ་ལ་དགེ་ལེགས་གཡེལ་བ་མེད་གྱུར་ཅིག ། ལྷ་དང་བཅས་པའི་འགྲོ་བ་ཡོངས་ཀྱི་སྐྱབས། ། རིན་ཆེན་གསུམ་གྱི་མཛད་ཕྲིན་ནམ་མཁའི་མཐའ། ། མཐའ་ཡས་འགྲོ་ལ་གཡེལ་བ་མི་མངའ་བས། ། གང་ལ་སྐྱབས་སུ་འགྲོ་ཚུལ་མདོ་ཙམ་འཆད། ། དེ་ལ་འདིར་ཡིད་ཅན་འགྲོ་བ་མཐའ་དག་གི་གཏན་གྱི་སྐྱབས་གནས་ཆེན་པོ་ནམ་ཡང་ བསླུ་ུབ་མི་མངའ་བའི་བདག་ཉིད་དཀོན་མཆོག་རིན་ཆེན་རྣམ་གསུམ་གྱི་རླབས་པོ་ཆེའི་ མཛད་པ་ཉེ་བར་མངའ་བའི་མཚན་གྱི་ཟེགས་མའི་ཆ་ཙམ་ཉམ་ཐག་པའི་འགྲོ་བ་གང་དག་ གི་རྣ་བར་ལྷུང་བས་ཀྱང་བཟོད་དཀའ་བའི་སྡུག་བསྔལ་གྱི་ཁུར་ཆེན་པོ་ལས་གྲོལ་བའི་ངལ་ གསོ་སྟེར་ཞིང་ཚུལ་བཞིན་དུ་སྒོ་གསུམ་གྱིས་སྐྱབས་སུ་ཉེ་བར་བསྟེན་པ་གང་དག་ལ་ནི་ འཇིགས་པ་ཕྲ་རགས་ཀུན་དང་བྲལ་བའི་གཏན་བདེ་མཆོག་གི་གོ་འཕང་ལ་མྱུར་ནས་སླེབས་ ཏེ་དོན་གཉིས་རྒྱ་མཚོའི་དཔལ་ལ་ཅི་དགར་ལོངས་སྤྱོད་པའི་སྐལ་བཟང་ལེགས་པར་བསྩལ་ 4-1-305 མཛད་མཐར་ཐུག་པའི་སྐྱབས་གནས་མཆོག་རྣམ་པ་གསུམ་པོ་ཉག་གཅིག་ལ་ལུས་ཅན་གང་ དག་གིས་སྐྱབས་སུ་ཇི་ལྟར་འགྲོ་བའི་ཚུལ་གྱི་རྣམ་པར་བཤད་པའི་སྒོ་ཅུང་ཙམ་སྤེལ་བ་ལ་ གང་ལ་སྐྱབས་སུ་འགྲོ་བའི་ཡུལ་དང༌། གང་གིས་སྐྱབས་སུ་ཇི་ལྟར་འགྲོ་ཚུལ་དང༌། གང་ སྐྱབས་སུ་བརྟེན་པའི་འབྲས་བུའི་ཚུལ་དང་གསུམ་ལས། དང་པོ་ལ། ཐེག་པ་ཐུན་མོང་གི་ལུགས་དང༌། ཐེག་ཆེན་ཐུན་མོང་མ་ཡིན་པའི་རང་ ལུགས་གཉིས་ལས། དང་པོ་ནི། སྐྱབས་གསུམ་བདུན་ཅུ་པ་ལས། སངས་རྒྱས་དེའི་ཆོས་དགེ་འདུན་ནི། །ཐར་ བ་འདོད་པ་རྣམས་ཀྱི་སྐྱབས། །ཞེས་གསུངས་པ་ལྟར་སྤྱིར་ན་རང་དོན་དམ་པ་ཆོས་སྐུ་དང་ གཞན་དོན་དམ་པ་གཟུགས་སྐུ་གཉིས་མངོན་དུ་བྱས་པའི་རྫོགས་པའི་སངས་རྒྱས་དང༌། དེའི་ གསུང་ལུང་དང་རྟོགས་པས་བསྡུས་པའི་ཆོས་དང༌། རིག་གྲོལ་གཉིས་ལྡན་གྱི་ཐེག་པ་ཆེ་ཆུང་ གི་འཕགས་པའི་དགེ་འདུན་སྟེ་གསུམ་པོ་ཐར་པ་འདོད་པ་རྣམས་ཀྱི་སྐྱབས་སུ་གསུངས་ཤིང༌། གཞན་ཡང༌། དེ་ཉིད་ལས། ཐུབ་དབང་གི་ནི་སྐུ་གསུམ་དང༌། །མྱང་ངན་འདས་པའི་གང་ ཟག་བརྒྱད། །ཅེས་གསུངས་པ་ལྟར་ཐུབ་པའི་དབང་པོའི་ཆོས་ལོངས་སྤྲུལ་གསུམ་གྱི་སྐུ་ནི་ སངས་རྒྱས་དང༌། འགོག་ལམ་གྱིས་བསྡུས་པའི་མྱང་འདས་ནི་དམ་པའི་ཆོས་དང༌། ཐེག་ཆེན་ འཕགས་པ་དང་ཐེག་དམན་ཞུགས་འབྲས་བརྒྱད་ཀྱི་འཕགས་པ་རྣམས་དང་བཅས་པ་ནི་དགེ་ འདུན་དུ་གསུངས་ལ། ཐུན་མོང་གི་སྐྱབས་ཡུལ་ལ་དོན་དམ་པ་དང་ཐ་སྙད་པ་གཉིས་ལས། དང་པོ་ནི། གོང་དུ་སྨོས་མ་ཐག་པ་རྣམས་ཡིན་ལ། གཉིས་པ་ནི། སངས་རྒྱས་བྱང་སེམས་ཀྱི་ སྐུ་གཟུགས་དང༌། གསུང་རབ་གླེགས་བམ་རྣམས་དང་སོ་སྐྱེས་དགེ་སློ ང་བཞི་སྡེ་དགེ་སློ ང་མ་ དང་བཅས་པ་རྣམས་སོ། ། གཉིས་པ་ཐེག་ཆེན་ཐུན་མོང་མ་ཡིན་པའི་རང་ལུགས་ལ། སྤྱི་ཡི་དོན་བཤད་པ་དང༌། བྱེ་ 4-1-306 བྲག་སོར་སོར་ཕྱེས་ནས་བཤད་པ་གཉིས་ལས། དང་པོ་ནི། སྤྱིར་དོན་དམ་པར་ན་སངས་ རྒྱས་ཞེས་བྱ་བ་གང་དེ་ཉིད་ནི། འཕགས་པ་མྱང་འདས་ཆེན་པོའི་མདོ་ལས། འདུས་མ་བྱས་ ནི་མྱང་འདས་ཆེན་པོ་རྟག་པ་མྱ་ངན་ལས་འདས་པའོ། །རྟག་པ་ནི་བདག་གོ །བདག་ནི་ ཡོངས་སུ་དག་པའོ། །ཡོངས་དག་ནི་བདེ་བའོ། །རྟག་བདེ་བདག་ཡོངས་དག་པ་ནི་དེ་བཞིན་ གཤེགས་པའོ། ། ཞེས་གསུངས་པ་ལྟར་དོན་དམ་པའི་སངས་རྒྱས་ཀྱི་ཡེ་ཤེས་ཆོས་སྐུ་ཉག་གཅིག་པ་རིས་ སུ་མ་ཆད་པ་གང་དེ་ཡང་གདོད་མ་ནས་ནམ་ཡང་འགྱུར་བ་མེད་པའི་རང་བྱུང་འདུས་མ་བྱས་ པ་མྱ་ངན་ལས་འདས་པ་ཆེན་པོ་རང་བཞིན་དམ་པའི་རྟག་བདག་སྤྲོས་པ་མཐའ་དག་ཡོངས་ སུ་གྲོལ་ནས་དབྱིངས་དག་ཆེན་འགྱུར་མེད་བདེ་བའི་དཔལ་གྱུར་དོན་དམ་ཡོངས་དག་ཆེན་ པོ་དེ་ནི་ངེས་པ་དོན་གྱི་དེ་བཞིན་གཤེགས་པ་མཆོག་ཏུ་གསུངས་ཤིང༌། དེ་དང་མཐུན་པར་མི་ ཕམ་པས་དགོངས་འགྲེལ་གྱི་ཚུལ་དུ། རྒྱན་ལས་ཀྱང༌། སྟོང་པ་ཉིད་ནི་རྣམ་དག་ནི། །བདག་ མེད་མཆོག་གི་བདག་ཐོབ་པས། །སངས་རྒྱས་དག་པའི་བདག་ཐོབ་ཕྱིར། །བདག་ཉིད་ཆེན་ པོའི་བདག་དུ་འགྱུར། ། ཞེས་གསུངས་པ་ལྟར་གཞིའི་གནས་ལུགས་མཐར་ཐུག་པའི་ཆོས་དབྱིངས་སྟོང་པ་ཉིད་ དེ་ནི་གློ་བུར་གྱི་དྲི་མ་ཀུན་རྫོབ་སྤྲོས་པ་མ་ལུས་པ་རིམ་གྱིས་ཡོངས་སུ་དག་པ་ན་དབྱིངས་དེ་ ཉིད་སྤྲོས་བཅས་བདག་ཏུ་ཞེན་པའི་ཡུལ་ན་མེད་པའི་གནས་ལུགས་བདེ་བ་ཆེན་པོ་མཆོག་ གི་རང་བཞིན་དམ་པའི་བདག་མངོན་དུ་གྱུར་པའི་ཚུལ་གྱིས་ཐོབ་པས་དེ་ཀ་ཉིད་དོན་གྱི་ སངས་རྒྱས་ཡེ་ཤེས་ཆོས་སྐུ་དྲི་མ་ཡོངས་སུ་དག་པའི་སོ་སོ་རང་རིག་ཡེ་ཤེས་མཆོག་གི་སྤྱོད་ ཡུལ་གྱི་བདག་དམ་པའི་ཕ་རོལ་དུ་ཕྱིན་པ་ཐོབ་པ་ཡིན་ཕྱིར་གདོད་ནས་བཞུགས་པའི་བདག་ ཉིད་ཆོས་སྐུ་ཀུན་ཁྱབ་ཆེན་པོའི་བདག་ཏུ་འགྱུར་ཚུལ་ལེགས་པར་གསུངས་པ་དང༌། ཆོས་ 4-1-307 དབྱིངས་བསྟོད་པ་ལས། གང་ཕྱིར་སངས་རྒྱས་མྱ་ངན་འདས། །གཙང་པ་རྟག་པ་དགེ་བའི་ གཞི། །གང་ཕྱིར་གཉིས་ནི་བྱས་པས་བརྟག །དེ་ཡི་གཉིས་མེད་རྣལ་འབྱོར་གནས། །ཞེས་ གསུངས་པ་བཞིན། གང་གི་ཕྱིར་དོན་དམ་པའི་སངས་རྒྱས་མི་གནས་པའི་མྱ་ངན་ལས་འདས་ པ་ཆེན་པོ་དེ་ཡང་གློ་བུར་གྱི་དྲི་མ་མཐའ་དག་གཙང་ཞིང་དག་པའི་བདག་ཉིད་རང་བཞིན་ གདོད་མ་ནས་ངོ་བོ་ནམ་ཡང་མི་འགྱུར་བའི་རྟག་པ་དོན་དམ་སྤྲོས་བྲལ་གྱི་རྣམ་པར་དཀར་ བའི་དགེ་བ་རྒྱ་ཆེན་པོའི་གཞི་གནས་ལུགས་དམ་པའི་ཆོས་ཉིད་བསམ་བརྗོད་ལས་འདས་པ་ གང་གི་ཕྱིར་འགྲོ་བློས་གཟུང་འཛིན་གཉིས་སུ་བཅད་དེ་འཁྲུལ་བའི་ཞེན་ངོར་ཉི་ཚེ་བའི་སྤྲོས་ པར་བཏགས་པ་ནི་རྨོངས་པ་བྱིས་པས་འཁྲུལ་ངོར་ཨ་འཐས་སུ་བརྟག་པ་ཙམ་དུ་ཟད་ལ། གནས་ལུགས་དེ་ཡི་ཡིན་ལུགས་ནི་གཉིས་འཛིན་བློ་ཡི་ཡུལ་དུ་མེད་ཅིང་འཕགས་པ་མཆོག་ གི་ཡེ་ཤེས་ཀྱི་རྣལ་འབྱོར་དམ་པའི་དགོངས་སྤྱོད་དུ་ཇི་བཞིན་གནས་པ་ཡིན་པར་གསུངས་ པ་དེ་གནས་ལུགས་མཐར་ཐུག་གི་རང་དོན་དམ་པ་ཆོས་ཀྱི་སྐུ་སྟེ། དེ་ལས་གཞན་དོན་ཕུན་ ཚོགས་འབྱུང་ཚུལ་ཡང༌། རྒྱན་ལས། སངས་རྒྱས་ཆོས་ཀྱིས་ཤིན་ཏུ་རྫོགས་པའི་སྐུ་གང་ཡིན། །དམ་པའི་ཆོས་ལ་སེམས་ཅན་རབ་འདུལ་མཁྱེན་པ་གང༌། །འགྲོ་བ་ཀུན་ལ་ཐུགས་རྗེའི་ཕ་ རོལ་ཕྱིན་པ་གང༌། །སངས་རྒྱས་ཉིད་དེ་འདིར་ནི་སྐྱབས་ཀྱི་མཆོག་ཏུ་འདོད། །ཅེས་སྔར་ཀྱི་ ཆོས་སྐུ་དེ་ལས་གཡོ་བ་མི་མངའ་བའི་ངང་ལས་ལོངས་སྤྱོད་རྫོགས་པའི་སངས་རྒྱས་འོག་ མིན་གྱི་གཙོ་བོ་ཆེན་པོ་ཐེག་པ་ཟབ་མོའི་ཆོས་ཀྱིས་དབང་པོ་རབ་ཀྱི་གདུལ་བྱ་མཐའ་ཡས་ པ་ལ་སྤང་རྟོགས་ཤིན་ཏུ་རྫོགས་པར་མཛད་པའི་སྐུ་གང་ཡིན་པ་དེའི་བདག་རྐྱེན་ལ་བརྟེན་ ནས་མཆོག་སྤྲུལ་སོགས་སྤྲུལ་པའི་སྐུའི་མཛད་པ་རབ་འབྱམས་ནམ་མཁའ་དང་མཉམ་པས་ གདུལ་བྱ་དབང་པོ་རབ་འབྲིང་ཐ་མ་རྣམས་ལ་རང་རང་དང་འཚམས་པར་དམ་པའི་ཆོས་ལ་ ལོངས་སྤྱོད་པར་བྱས་པའི་སེམས་ཅན་གང་དག་རབ་ཏུ་འདུལ་བའི་ཐབས་ཚུལ་ཀུན་མཁྱེན་ 4-1-308 ཅིང་གཟིགས་པ་གང་དེ་ཉིད་མཐའ་ཡས་པའི་འགྲོ་བ་ཀུན་ལ་ཐུགས་སྙིང་རྗེ་ཆེན་པོའི་ཕ་ རོལ་ཏུ་ཕྱིན་པ་གང་གི་གདུལ་བྱ་འདུལ་བའི་མཛད་པ་ལ་དུས་ནམ་ཡང་ཡོལ་བ་མི་མངའ་ བའི་ཤེས་བྱ་ཀུན་གཟིགས་ཀྱི་སངས་རྒྱས་གཅིག་ཉིད་དེ་མཐར་ཐུག་གི་སྐྱབས་ངོས་འཛིན་ གྱི་སྐབས་འདིར་ནི་སྐྱབས་གནས་ཡང་དག་པའི་མཆོག་ཏུ་འདོད་ཅེས་གསུངས་ལ། ཆོས་ དབྱིངས་བསྟོད་པ་ལས། དྲི་མ་མེད་པའི་ཆོས་སྐུ་ལ། །ཡེ་ཤེས་རྒྱ་མཚོ་གནས་གྱུར་ནས། །སྣ་ ཚོགས་ནོར་བུ་ཇི་བཞིན་དུ། །དེ་ལས་སེམས་ཅན་དོན་རབ་མཛད། ། ཅེས་རང་བཞིན་དྲི་མ་མེད་པའི་ཆོས་ཀྱི་སྐུ་ལ་རྣམ་པར་བྱང་བའི་ཟག་མེད་ཀྱི་ཡེ་ཤེས་ རྒྱ་མཚོ་ལྟ་བུར་གནས་པའི་མཛོད་དུ་གྱུར་ནས་འོག་མིན་ཆེན་པོར་ངེས་པ་ལྔ་ལྡན་གྱི་ཞིང་གི་ གཙོ་བོ་དང་དེ་ལས་སྤྲུལ་པའི་རོལ་གར་གྱི་རྣམ་པ་མཐའ་ཡས་པས་དཔེར་ན་རིན་པོ་ཆེ་སྣ་ ཚོགས་པའི་ནོར་བུ་ལས་དགོས་འདོད་འབྱུང་བ་ཇི་ལྟ་བ་བཞིན་དུ་གང་འདུལ་གྱི་མཛད་པ་སྣ་ ཚོགས་པའི་སྒོ་དེ་ལས་གདུལ་བར་བྱ་བའི་སེམས་ཅན་མཐའ་དག་གི་དོན་རབ་ཏུ་མཛད་དེ་ སྨིན་གྲོལ་གྱི་ལམ་ལ་འགོད་པར་གསུངས་པ་སྟེ་མདོར་ན་དོན་དམ་པའི་སངས་རྒྱས་ཡེ་ཤེས་ ཆོས་སྐུ་འཁོར་འདས་ཡོངས་ཁྱབ་ཀྱི་བདག་ཉིད་གདོད་ནས་འགྱུར་བ་མེད་པ་རང་བཞིན་ སྤྲོས་བྲལ་གྱི་དབྱིངས་ནི་སློབ་པའི་འཕགས་པ་རྣམས་ཀྱི་སོ་སོ་རང་གི་རིག་པས་རིམ་གྱི་ཆ་ ཤས་ནས་མངོན་དུ་གྱུར་ཏེ་གནས་ལུགས་ཇི་བཞིན་པ་རང་བྱུང་མཐར་ཐུག་གི་ཡེ་ཤེས་ཁོ་ ནས་ཁོང་དུ་ཆུད་ཅིང། གཞན་སྣང་ངོར་ལོངས་སྤྲུལ་གྱི་བཀོད་པ་རྣམ་པར་རོལ་པའི་མཛད་ པ་གདུལ་བྱའི་ཁམས་དབང་དང་མཐུན་པར་འབད་མེད་ལྷུན་གྲུབ་ཀྱི་འགྲོ་དོན་ནམ་ཡང་ དུས་ལས་མི་ཡོལ་ཞིང་གསང་བ་གསུམ་གྱི་མཛད་བཟང་ནམ་མཁའ་དང་མཉམ་པ་ཞིག་ གོ །དོན་དམ་ཆོས་སྐུའི་ཡིན་ལུགས་ཡང་འདི་ལྟ་སྟེ། སྤྲིན་ཆེན་པོའི་མདོ་ལས། བཅོམ་ལྡན་ སངས་རྒྱས་ཆོས་ཀྱི་སྐུ། །དེ་བཞིན་གཤེགས་པ་ཆོས་ཀྱི་དབྱིངས། །བཅོམ་ལྡན་སྐུ་ནི་དེ་འདྲ་ 4-1-309 ལ། །ཆོས་བསྟན་པ་ཡང་དེ་དང་འདྲ། །ཞེས་བཅོམ་ལྡན་འདས་སངས་རྒྱས་ཆོས་ཀྱི་སྐུ་གང་ ཞེ་ན། དེ་བཞིན་གཤེགས་པ་ཆོས་ཀྱི་དབྱིངས་གདོད་མའི་གནས་ལུགས་ཆེན་པོ་རང་བཞིན་ སྤྲོས་བྲལ་ཉག་གཅིག་པའི་བཅོམ་ལྡན་འདས་ཀྱི་ངེས་པ་དོན་གྱི་སྐུ་ནི་དེ་འདྲ་མཚན་མ་དང་ བྲལ་བའི་ཡོངས་སུ་དག་པ་ཆེན་པོ་ཡིན་ལ། གང་འདུལ་གྱི་ཆོས་བསྟན་པ་ཡང་རང་བཞིན་ ཆོས་ཀྱི་སྐུ་ལས་མ་གཡོས་བཞིན་རྩོལ་མེད་རང་ཤུགས་ཀྱིས་བྱུང་བའི་ཚུལ་ཡང་དེ་དང་འདྲ་ བར་གསུངས་ཤིང་དེ་ཡང་མྱ་ངན་ལས་འདས་པ་ཆེན་པོ་ཡེ་ནས་བཞུགས་པའི་ཆོས་ཉིད་རྟག་ བརྟན་ཞི་བ་ཐེར་ཟུག་པའི་བདག་ཉིད་དུ་རྔ་བོ་ཆེའི་མདོ་ལས་ཀྱང༌། འདི་ལྟར་གསུངས་པ་སྟེ། སངས་རྒྱས་བཅོམ་ལྡན་འདས་གང་དག་ཡོངས་སུ་མྱ་ངན་ལས་འདས་པ་དེ་དག་ཐམས་ཅད་ ནི་རྟག་པ་བརྟན་པ་ཞི་བ་ཐེར་ཟུག་ཡིན་ནོ། །ཞེས་སོགས་རྒྱས་པར་གསུངས་པ་ལྟར་རོ། ། སྤྱིར་དམ་པའི་ཆོས་ཞེས་བྱ་བ་ཡང༌། མཛོད་ལས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །ཅེས་གསུངས་པ་ལྟར་དམ་པའི་ཆོས་ལ་རྗོད་བྱེད་ལུང་ དང་བརྗོད་བྱ་རྟོགས་པའི་ཆོས་གཉིས་ལས་ལུང་གི་ཆོས་ནི། རྒྱན་ལས། གནས་རྣམས་དང་ ནི་མཚན་ཉིད་དང༌། །ཆོས་དོན་སྨོས་ཕྱིར་མདོ་ཡིན་ནོ། །ཞེས་མདོ་སྡེ་གང་དུ་གསུངས་པའི་ གནས་རྣམས་དང་ནི་བདེན་པ་གཉིས་ཀྱི་མཚན་ཉིད་དང་ཕུང་པོ་ལ་སོགས་པའི་ཆོས་དོན་ སྨོས་པར་བྱེད་ཕྱིར་མདོ་ཞེས་དང༌། དེ་ཉིད་ལས། མངོན་དུའི་ཕྱིར་དང་ཡང་ཡང་དང༌། །ཟིལ་ གནོན་རྟོགས་ཕྱིར་མངོན་པའི་ཆོས། །ཞེས་མྱང་འདས་མངོན་དུ་བྱ་བའི་ཕྱིར་དང་ཆོས་རེ་རེའི་ འང་རྣམ་པ་མང་པོར་རབ་ཏུ་ཡང་ཡང་སྟོན་པ་དང༌། ཕ་རོལ་སྨྲ་བ་ཟིལ་གྱིས་གནོན་པ་དང་ མདོ་སྡེའི་དོན་རྣམས་རྟོགས་པར་བྱེད་ཕྱིར་མངོན་པའི་ཞེས་དང༌། དེ་ཉིད་ལས། ལྟུང་དང་ འབྱུང་དང་ལྡང་བ་དང༌། །ངེས་པར་འབྱུང་དང་གང་ཟག་དང༌། །བཅས་པ་དང་ནི་རབ་དབྱེ་ དང༌། །རྣམ་པར་ངེས་ཕྱིར་འདུལ་བ་ཉིད། །ཅེས་ལྟུང་བ་སྡེ་ལྔ་དང་དེ་རྣམས་འབྱུང་བའི་རྒྱུ་དང་ 4-1-310 དེ་དག་ལས་ལྡང་བའི་ཚུལ་དང་ངེས་པར་འབྱུང་བའི་གནས་ཚུལ་དང་གང་ཟག་དང་བསླབ་ པ་བཅས་པ་དང་ནི་དེ་དག་གི་རབ་ཏུ་དབྱེ་བ་དང་རྣམ་པར་ངེས་པ་རྣམས་ཀྱང་སྟོན་པར་བྱེད་ པའི་ཕྱིར་འདུལ་བ་ཉིད་དུ་བརྗོད་ཅེས་པ་སྟེ། དེ་འདྲའི་རྗོད་བྱེད་ལུང་སྡེ་སྣོ ད་གསུམ་གྱི་ཆོས་ དང༌། བརྗོད་བྱ་རྟོགས་པའི་ཆོས་ལའང་འགོག་པ་དང་ལམ་གྱི་བདེན་པ་གཉིས་ལས། འགོག་ བདེན་ནི། རྒྱན་ལས། ཆོས་རྣམས་ཀུན་གྱི་དེ་བཞིན་ཉིད། །སྒྲིབ་གཉིས་དག་པའི་མཚན་ཉིད་ ཅན། །ཞེས་ཆོས་རྣམས་ཀུན་གྱི་གནས་ལུགས་མཐར་ཐུག་གཞི་དབྱིངས་དེ་བཞིན་ཉིད་ཉོན་ ཤེས་ཀྱི་སྒྲིབ་གཉིས་དག་པའི་མཚན་ཉིད་ཅན་དེ་ངེས་པ་དོན་གྱི་འགོག་བདེན་དུ་གསུངས་ ཤིང༌། དེ་ཡང༌། དེ་ཉིད་ལས། དེ་ནི་ཆོས་དཀར་རང་བཞིན་ཡང༌། །དེ་ཡིས་དེ་ནི་བརྗོད་མ་ ཡིན། །ཞེས་གནས་ལུགས་ཀྱི་འགོག་པ་བདེན་པ་ཡང་ཆོས་ཉིད་མཐར་ཐུག་པའི་ཚུལ་དེ་ནི་ ཆོས་དཀར་པོ་མཐའ་དག་གི་རང་བཞིན་དུ་ཡེ་ནས་གནས་པ་ཡིན་ཡང་སྤྲོས་མཚན་ཅན་གྱི་བློ་ དེ་ཡིས་ནི་ངེས་དོན་འགོག་པ་བདེན་པའི་གནས་ལུགས་ཇི་བཞིན་པ་དེ་ནི་བསམ་ཁྱབ་དཀའ་ ཞིང་སྒྲ་རྟོག་གིས་བརྗོད་བྱའི་ཡུལ་མ་ཡིན་པའི་ཤིན་ཏུ་ཟབ་མོ་རྟོགས་དཀའ་བའི་གནས་སོ། ། དེ་ལ་གཞན་སྣང་ངོར་ལྟོ ས་ནས་གདུལ་བྱའི་ཁམས་དབང་དང་མཐུན་པའི་དབྱེ་བའི་མིང་ གིས་བརྗོད་ན། འཇིག་རྟེན་པའི་ལམ་གྱིས་སྤང་བྱའི་ས་བོན་ཉམས་སྨད་པ་བརྡའི་འགོག་པ་ དང༌། འཕགས་པའི་ཤེས་རབ་ཀྱིས་སྤང་བྱའི་ས་བོན་ཀུན་ཏུ་བཅོམ་པ་དོན་དམ་པའི་འགོག་ པ་དང༌། སློ བ་པ་རྣམས་ཀྱིས་ཉོན་མོངས་པ་ཅི་རིགས་པ་སྤངས་པ་ཡོངས་སུ་མ་རྫོགས་པའི་ འགོག་པ་དང༌། མི་སློ བ་པ་རྣམས་ཀྱིས་སྤང་བྱ་མཐའ་དག་སྤངས་བ་ཡོངས་སུ་རྫོགས་པའི་ འགོག་པ་ལ་སོགས་པའོ། ། མིང་གི་རྣམ་གྲངས་ཡང་མ་ལུས་པར་སྤངས་པ་ངེས་པར་སྤངས་པ་བྱང་བར་གྱུར་པ་ཟད་ པ་འདོད་ཆགས་དང་བྲལ་བ་འགོག་པ་རྣམ་པར་ཞི་བ་སོགས་ནས་ཟག་མེད་མྱང་འདས་ཀྱི་ 4-1-311 བར་མདོ་དང་བསྟན་བཅོས་རྣམས་སུ་རྒྱས་པར་གསུངས། ལམ་གྱི་བདེན་པ་ཡང༌། མདོ་ ལས། ཐབས་དང་བཅས་པའི་ཤེས་རབ་ནི་ལམ་མོ་ཤེས་རབ་དང་བཅས་པའི་ཐབས་ནི་ལམ་ མོ་ཞེས་གསུངས་པ་ལྟར་ཐབས་ཤེས་ཟུང་དུ་འབྲེལ་དགོས་པ་གང་ཞིགརྣམ་པར་གྲོལ་བའི་ འཇུག་ངོགས་སུ་གྱུར་པ། བྱེད་ལས་ཟག་བཅས་འབྲས་བུའི་ཆོས་ཐམས་ཅད་སྡུག་བསྔལ་དུ་ ཤེས་ནས་དེའི་རྒྱུ་ལས་ཉོན་མོངས་སྤོང་ཞིང་རྣམ་པར་དག་པ་མངོན་སུམ་དུ་བྱ་བའི་ཆེད་ཟག་ མེད་དགེ་བའི་རྩ་བ་རྣམས་བསྟེན་ཅིང་ཆེས་ཆེར་རྒྱས་པར་བྱེད་པ་ཞིག་སྟེ། དེ་ལ་གོང་འཕེལ་ གྱི་རིམ་པས་དབྱེ་ན་ཆོས་མངོན་རྟོགས་ཚོགས་ལམ། དོན་མངོན་རྟོགས་སྦྱོར་ལམ། བདེན་ པ་མངོན་རྟོགས་མཐོང་ལམ། མཐོང་ཟིན་གོམ་པ་སྒོམ་ལམ། མཐར་ཕྱིན་པ་མི་སློ བ་ལམ་ དང་ལྔ་ཡོད། དེ་དག་གི་ནང་གསེས་ཀྱི་དབྱེ་བ་ཚོགས་ལམ་ཆུང་འབྲི ང་ཆེ་གསུམ། སྦྱོར་ལམ་ ལ་དྲོད་རྩེ་བཟོད་ཆོས་བཞི། མཐོང་ལམ་ལ་བར་ཆད་མེད་ལམ་དང་རྣམ་གྲོལ་ལམ་གཉིས། སྒོམ་ལམ་ལ་ཆུང་འབྲི ང་ཆེ་གསུམ་གྱི་རིམ་པར་སྐོ ར་དགུ། མི་སློབ་ལམ་ལ་བར་ཆད་མེད་པ་ དང༌། རྣམ་པར་གྲོལ་བའི་ཡེ་ཤེས་མཐར་ཐུག་པ་གཉིས་སོགས་མང་ངོ༌། ། དེ་ཡང་བྱང་ཆུབ་ཀྱི་སེམས་བཅོས་མིན་སྐྱེས་པ་ན་ཐེག་ཆེན་ཚོགས་ལམ་དུ་ཞུགས་ནས་ རྒྱལ་བའི་སྲས་སུ་གྱུར་པ་སྟེ། སྤྱོད་འཇུག་ལས། བྱང་ཆུབ་སེམས་སྐྱེས་གྱུར་ན་སྐད་ཅིག་གིས། །འཁོར་བའི་བཙོན་རར་བསྡམས་པའི་ཉམ་ཐག་ཡང༌། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་ བརྗོད་བྱ་ཞིང༌། །འཇིག་རྟེན་ལྷ་མིར་བཅས་པས་ཕྱག་བྱར་འགྱུར། །ཞེས་གསུངས་པ་ལྟར་རོ། ། སྦྱོར་ལམ་དྲོད་སོགས་བཞི་ལ་ཡང་ཆུང་འབྲིང་ཆེ་གསུམ་གྱི་དབྱེ་བའི་རིམ་པས་བགྲོད་ དགོས་ཏེ། མངོན་རྟོགས་རྒྱན་ལས། བྱང་ཆུབ་སེམས་དཔའ་སྐྱོབ་པ་ཡི། །དྲོད་སོགས་བདག་ ཉིད་ཇི་བཞིན་དུ། །ཆུང་དང་འབྲི ང་དང་ཆེན་པོ་རྣམས། །ཞེས་གསུངས་པའི་ཕྱིར། མཐོང་ 4-1-312 ལམ་དུ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་རྣམ་པར་མི་རྟོག་དྲི་མ་མེད་པ་གཉིས་འཛིན་དང་ བྲལ་བ་ཐོབ་པ་སྟེ། རྒྱན་ལས། དེ་ནས་དེས་ནི་འཇིག་རྟེན་ལས། །འདས་པའི་ཡེ་ཤེས་བླ་མེད་ པ། །རྣམ་པར་མི་རྟོག་དྲི་མ་མེད། །འཛིན་པ་གཉིས་དང་བྲལ་བ་ཐོབ། །ཞེས་གསུངས་པ་ལྟར་ རོ། །མཐོང་ལམ་དང་ས་དང་པོ་ཐོབ་པ་དུས་མཉམ་ཞིང་སྒོམ་ལམ་དུ་ས་ལྷག་མ་དགུ་ཐོབ་ པའི་རིང་ལ་སྒོམ་སྤང་ཆེ་སྐོར་ནས་གཉེན་པོ་ཆུང་རིམ་གྱི་སྒོ་ནས་ལེགས་པར་སྤངས་པ་ཡིན་ ཏེ། མངོན་རྟོགས་རྒྱན་ལས། ས་དགུ་ལ་ནི་ཆེན་པོ་ཡི། །ཆེན་པོ་ལ་སོགས་དྲི་མ་ཡི། །གཉེན་ པོ་ཆུང་ངུའི་ཆུང་ངུ་ལ། །སོགས་པའི་ལམ་ནི་དག་པ་ཡི། །ཞེས་གསུངས་པས་སོ། ། དེ་ལྟར་སྒོམ་ལམ་སྐོར་དགུའི་ཐ་མ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་རྣམ་པར་རྟོག་པས་ནམ་ ཡང་མི་ཤིགས་པ་ཐོབ་ནས་རིམ་གྱིས་ཆོས་ཉིད་བདེ་གཤེགས་སྙིང་པོ་གཞན་སྣང་ངོར་མཐར་ ཐུག་གི་འབྲས་བུ་ཡེ་ཤེས་ཆོས་སྐུའི་ངོ་བོར་གནས་འགྱུར་བའི་ཚུལ་གྱི་དྲི་བྲལ་ཡེ་ཤེས་ཀྱི་ དབྱིངས་ནས་ལོངས་སྤྲུལ་གྱི་མཛད་པས་འགྲོ་ཀུན་ལ་ཕན་བདེ་སྒྲུབ་བྱེད་ཀྱི་ཐམས་ཅད་ མཁྱེན་པའི་གོ་འཕང་མངོན་དུ་གྱུར་པའི་སྒོ་ནས་ཐོབ་པ་སྟེ། རྒྱན་ལས། རྡོ་རྗེ་ལྟ་བུའི་ཏིང་ངེ་ འཛིན། །རྟོག་པས་མི་ཤིགས་ཐོབ་ནས་ནི། །གནས་གཞན་གྱུར་པ་མཐར་ཐུག་པ། །སྒྲིབ་པ་ ཀུན་གྱི་དྲི་མེད་དང༌། །གང་ལ་གནས་ནས་སེམས་ཅན་ཀུན། །ཕན་ཕྱིར་རབ་ཏུ་སྒྲུབ་བྱེད་པ། །རྣམ་པ་ཐམས་ཅད་མཁྱེན་པ་ཡི། །གོ་འཕང་བླ་ན་མེད་པ་ཐོབ། །ཞེས་གསུངས་པ་ལྟར་རོ། ། དེ་ལྟ་བུའི་དམ་པའི་ཆོས་ཀྱི་མཆོག་ངེས་པ་དོན་གྱི་འགོག་བདེན་ཆོས་སྐུ་དེ་ཡང་གདོད་ མ་ཉིད་ནས་རང་གཤིས་དྲི་མས་མ་བསླད་པ་དཔེ་ནམ་མཁའ་གསེར་ཆུ་ལྟར་ཡིན་ཀྱང་གློ་ བུར་གྱི་དྲི་མ་སྤྲིན་གཡའ་རྙོག་མ་ལྟ་བུའི་ཚུལ་གྱིས་སྒྲིབ་བྱེད་བྱས་ནས་རང་མདངས་ཇི་བཞིན་ མི་མཐོང་ཞིང་ཡེ་ནས་རང་དང་འགྲོགས་ཀྱང་ཞལ་མ་མཇལ་བའི་མ་རིག་འཁྲུལ་དབང་དུ་ སོང་བ་རྣམས་ལ་རྒྱལ་བའི་ཐབས་མཁས་ཀྱི་མཛད་པ་ལ་བརྟེན་ནས་དྲི་མ་གློ་བུར་བ་རྣམས་ 4-1-313 རིམ་གྱིས་སྦྱང་བར་བྱ་བའི་གཞི་རང་བཞིན་རྣམ་དག་གི་ངོ་བོ་ཆོས་སྐུ་སྤྲོས་པ་ཀུན་བྲལ་ གྱི་དབྱིངས་ཡིན་ཏེ། རྒྱན་ལས། རྟག་ཏུ་གཉིས་བྲལ་འཁྲུལ་བའི་རྟེན་གང་ཡིན་དང་གང་ ཞིག་རྣམ་ཀུན་ཏུ། །བརྗོད་པར་ནུས་མ་ཡིན་ཞིང་སྤྲོས་པ་མེད་པ་མེད་པའི་རང་བཞིན་དེ་ཁོ་ ན། །ཤེས་བྱ་སྤང་བྱ་རང་བཞིན་དྲི་མེད་འདོད་གང་རྣམ་པར་སྦྱང་བྱ་སྟེ། །དེ་ནི་ནམ་མཁའ་ གསེར་དང་ཆུ་ལྟར་ཉོན་མོངས་པ་ལས་རྣམ་དག་འདོད། །ཅེས་གསུངས་པའི་ཕྱིར་རོ། །སྤྱིར་ འཕགས་ཚོགས་དགེ་འདུན་ཞེས་བྱ་བ་ཡང་ཞར་བྱུང་ཐེག་དམན་དང༌། སྐབས་བབ་ཐེག་ཆེན་ གཉིས་ལས་ཐེག་དམན་ལ་ཉན་རང་གཉིས་ཀྱི་ཉན་ཐོས་རྣམས་ལ་ཞུགས་འབྲས་བརྒྱད་ཀྱི་ དབྱེ་བ་ཡང༌། རང་ལམ་གྱི་སྦྱཽར་ལམ་ནས་བཟུང་མཐོང་ལམ་ཤེས་བཟོད་སྐད་ཅིག་བཅོ་ལྔ་ པ་ལ་གནས་པའི་གང་ཟག་ནི་རྒྱུན་ཞུགས་ཞུགས་པ་དང༌། མཐོང་ལམ་ཤེས་བཟོད་བཅུ་དྲུག་ པ་ལ་གནས་པ་ནི་རྒྱུན་ཞུགས་འབྲས་གནས་དང༌། སྒོམ་ལམ་གྱི་སྤང་བྱ་འདོད་ཉོན་ལྔ་པོ་ སྤངས་པའི་ལམ་ལ་གནས་པ་ཕྱིར་འོང་ཞུགས་པ་དང༌། འདོད་ཉོན་དྲུག་པ་སྤངས་པའི་ལམ་ ལ་གནས་པ་ཕྱིར་འོང་འབྲས་གནས་དང༌། འདོད་ཉོན་བདུན་པ་དང་བརྒྱད་པ་སྤངས་པའི་ ལམ་ལ་གནས་པ་ཕྱིར་མི་འོང་ཞུགས་པ་དང༌། འདོད་ཉོན་དགུ་པ་སྤངས་པའི་ལམ་ལ་གནས་ པ་ཕྱིར་མི་འོང་འབྲས་གནས་དང༌། དེ་ནས་བཟུང་སྲི ད་རྩེའི་ཉོན་མོངས་བརྒྱད་པ་སྤངས་པའི་ ལམ་གནས་དགྲ་བཅོམ་ཞུགས་པ་དང༌། དེའི་དགུ་པ་སྤངས་པ་ལ་གནས་དགྲ་བཅོམ་པའི་ འབྲས་གནས་སྟེ་ཞུགས་འབྲས་བརྒྱད་དོ། །འདི་ལ་འཇོག་ཚུལ་འདྲ་མིན་ཡོད་ཀྱང་དེ་ཙམ་ མོ། །ཉན་ཐོས་དེ་དག་སྲི ད་པ་ཐ་མའི་ཚེ་སློ བ་དཔོན་ལས་ཆོས་ཉན་པའམ་ཐེག་ཆེན་ཐོས་པ་ གཞན་ལ་སྒྲོགས་པར་བྱེད་པས་ན་ཉན་ཐོས་སམ་ཐོས་པ་སྒྲོགས་པ་ཞེས་བྱ་སྟེ། དམ་ཆོས་ པད་དཀར་ལས། མགོན་པོ་དེ་རིང་བདག་ཅག་ཉན་ཐོས་གྱུར། །བྱང་ཆུབ་དམ་པ་ཡང་དག་ བསྒྲག་པར་བགྱི། །བྱང་ཆུབ་པ་ཡི་སྒྲ་ཡང་རབ་ཏུ་བརྗོད། །དེ་བས་བདག་ཅག་ཉན་ཐོས་མི་ 4-1-314 ཟད་འདྲ། །ཞེས་གསུངས་པ་ལྟར་རོ། །རང་རྒྱལ་ལ་ཡང་གསུམ་སྟེ། རང་ལམ་གྱི་སྦྱོར་ལམ་ ཡན་ཆད་གཞན་ལ་མ་ལྟོས་པར་རང་སྟོབས་ཀྱིས་མངོན་དུ་བྱས་ཏེ་བསྐལ་པ་བརྒྱ་ཚོགས་ བསགས་ནས་གཅིག་པུར་གནས་ཏེ་རང་བྱང་ཆུབ་ཐོབ་པར་བྱེད་པའི་དབང་རྣོན་བསེ་རུ་ལྟ་ བུའི་རང་རྒྱལ་དང༌། རང་ལམ་དུ་ཚོགས་ཀྱང་བསགས་ཤིང་འབྲས་བུ་དང་པོ་ཡན་ཆད་རང་ སྟོབས་ཀྱིས་མངོན་དུ་བྱས་ཏེ་རང་རྒྱལ་བར་གྱུར་ཅིང་ཚོགས་དང་ལྷན་ཅིག་སྤྱོད་པའི་དབང་ འབྲི ང་ཚོགས་སྤྱོད་ཆེན་པོ་པ་དང༌། རང་ལམ་དུ་ཚོགས་ཀྱང་ཅུང་ཟད་བསགས་ཤིང་འབྲས་ བུ་གཉིས་པ་ཡན་ཆད་རང་སྟོབས་ཀྱིས་མངོན་དུ་བྱས་ཏེ་རང་རྒྱལ་བར་གྱུར་ཅིང་ཚོགས་དང་ ལྷན་ཅིག་པའི་དབང་རྟུལ་ཚོགས་སྤྱོད་ཆུང་ངུ་པ་དང་གསུམ་ཡོད། དེ་དག་ཀྱང་སངས་རྒྱས་ དང་ཉན་ཐོས་སོགས་སློབ་དཔོན་གཞན་ལ་མ་བརྟེན་པར་རྟེན་འབྲེལ་ཟབ་མོ་རྟོགས་པའི་ཡེ་ ཤེས་ཁྱད་པར་ཅན་བསྐྱེད་པར་བྱེད་པ་ཡིན་ཕྱིར་རང་སངས་རྒྱས་ཞེས་བྱ་བ་སྟེ། དབུ་མ་རྩ་ བ་ལས། རྫོགས་སངས་རྒྱས་རྣམས་མ་བྱུང་ཞིང༌། །ཉན་ཐོས་རྣམས་ཀྱང་ཟད་པ་ན། །རང་ སངས་རྒྱས་ཀྱི་ཡེ་ཤེས་ནི། །རྟེན་པ་མེད་པར་རབ་ཏུ་སྐྱེ། །ཞེས་གསུངས་པས་སོ། ། དེ་ལྟར་ཐེག་དམན་ཉན་རང་གི་བསྒོམ་བྱ་རང་ལམ་སྟོན་པའི་མདོའི་དགོངས་དོན་བྱང་ ཆོས་སོ་བདུན་སོགས་གཞི་འདྲ་བ་ལས་རྟེན་འབྲེལ་ལུགས་འབྱུང་ལྡོག་དང་གཉིས་སྟོང་ སོགས་མི་སྒོམ་པ་དང་སྒོམ་པའི་ཁྱད་པར་དང་ཚོགས་བསགས་ཚུལ་གྱི་སྒོ་འདྲ་མིན་རེ་དང་ རང་སྟོབས་ཀྱིས་བྱང་ཆུབ་མངོན་དུ་མི་བྱེད་པ་དང་བྱེད་པའི་ཁྱད་པར་རེ་ཡོད་པའི་ཕྱོགས་ ནས་ཉན་རང་གཉིས་སུ་གྱུར་པའོ། ། འདིར་སྐབས་སུ་བབ་པ་ཐེག་པ་ཆེན་པོའི་སློབ་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ ཡང༌། རྒྱན་ལས། །གང་ཟག་དུས་ཀྱི་བྱེ་བྲག་གིས། །བློ་ལྡན་ལུང་སྟོན་རྣམ་པ་གཉིས། ། བྱང་ཆུབ་དང་ནི་ལུང་སྟོན་པར། །གཞན་ཡང་ཆེན་པོར་བརྗོད་པ་ནི། །མི་སྐྱེ་བཟོད་པ་ 4-1-315 ཐོབ་པ་ཡིས། །ཞེས་གསུངས་པ་ལྟར་གང་ཟག་གི་བྱེ་བྲག་དང་དུས་ཀྱི་བྱེ་བྲག་གིས་རིམ་པར་ བློ་ལྡན་བྱང་ཆུབ་སེམས་དཔའ་རྣམས་ལ་ལུང་སྟོན་རྣམ་པ་གཉིས་ཏེ་དངོས་སུ་བྱང་ཆུབ་ཏུ་ ལུང་སྟོན་པ་དང་ནི་གཞན་གྱིས་ལུང་སྟོན་པར་འགྱུར་རོ་ཞེས་ལུང་སྟོན་པའི་ཚུལ་གཉིས་ཡོད་ ཅིང༌། གཞན་ཡང་ཆེན་པོར་ལུང་སྟོན་པར་བརྗོད་པ་ཞེས་པ་ནི། ཆོས་ལ་མི་སྐྱེ་བའི་བཟོད་ པ་ཐོབ་པ་ཡིས་འོང་བར་གསུངས་པ་བཞིན་ཏེ། འདིའི་རྣམ་པའི་དབྱེ་བ་ཡང༌། དེ་ཉིད་ལས། གཅིག་ནི་མོས་པ་དང་ལྡན་པ། །ལྷག་པའི་བསམ་པ་དག་པ་གཞན། །མཚན་མ་དང་ནི་མཚན་ མ་མེད། མངོན་པར་འདུ་བྱེད་མེད་སྤྱོད་པ། །ལྔ་པོ་འདི་དག་ས་ཀུན་ལ། །བྱང་ཆུབ་སེམས་ དཔའ་ཡིན་ཞེས་བྱ། །ཞེས་བྱང་ཆུབ་སེམས་དཔའི་ཚུལ་རྣམ་པ་ལྔ་སྟེ། དང་པོ་གཅིག་ནི་ཐེག་ ཆེན་ཚོགས་ལམ་དང་སྦྱོར་ལམ་དུ་མོས་པས་སྤྱོད་པ་དང་ལྡན་པ། གཉིས་པ་ས་བཅུ་ལ་གནས་ པ་རྣམས་ལྷག་པའི་བསམ་པ་དག་པ་གཞན་མཆོག་ཏུ་གྱུར་པའི་སྤྱོད་པ་ཅན། གསུམ་པ་ས་ དང་པོ་ནས་དྲུག་པའི་བར་ལ་གནས་པ་རྣམས་མཚན་མ་དང་བཅས་པར་སྤྱོད་པ་ཅན། བཞི་ པ་ས་བདུན་པ་ལ་གནས་པ་ནི་མཚན་མ་མེད་པར་སྤྱོད་པ་ཅན། ལྔ་པ་ས་བརྒྱད་པ་ཡན་ཆད་ ལ་གནས་པ་རྣམས་མངོན་པར་འདུ་བྱེད་པ་མེད་པར་སྤྱོད་པ་ཅན་གྱི་བྱང་ཆུབ་སེམས་དཔའ་ སྟེ་ལྔ་པོ་འདི་དག་ས་བཅུ་པོ་ཀུན་ལ་རིམ་གྱིས་གནས་པའི་བྱང་ཆུབ་སེམས་དཔའ་ཡིན་ཞེས་ གསུངས་པར་བྱ་བ་དེ་ལྟར་ལགས་ཏེ། དེ་དག་ལ་བྱང་ཆུབ་སེམས་དཔའ་ཞེས་བརྗོད་པ་ཡང་ སྤྱིར་ཐེག་པ་ཆེན་པོ་ལ་གནས་པས་ཡུན་རིང་པོར་ཟབ་པ་དང་རྒྱ་ཆེ་བའི་ལམ་མཐའ་ཡས་པ་ ལ་སློབ་ཅིང་བྱ་དཀའ་བའི་ལས་ལ་འཇུག་ཅིང་རང་བཞིན་ཆོས་ལ་ལྷག་པར་དགའ་བའི་མོས་ པ་དང་ལྡན་པས་ཐེག་ཆེན་གྱི་ལམ་རྒྱ་ཆེ་བ་ལ་སྨོན་ཞིང་བརྩོན་པ། ཆོས་མཐའ་ཡས་པ་ལ་ དབང་བའི་གནས་ལུགས་ཟབ་མོ་རྟགས་པའི་ལམ་མངའ་བས་ན་དེ་ལྟར་དུ་བྱང་ཆུབ་སེམས་ དཔའ་ཞེས་བྱ་སྟེ་ཇི་སྐད་དུ། ཆོས་ལ་མི་དགའ་རང་བཞིན་ཆོས་ལ་དགའ། །ཆོས་ལ་སྨོན་ཞིང་ 4-1-316 ཆོས་ལ་མངོན་པར་བརྩོན། །ཆོས་ལ་དབང་བ་ཆོས་ལ་མུན་པ་མེད། །ཆོས་གཙོར་བྱེད་པ་བྱང་ ཆུབ་སེམས་དཔའ་ཡིན། །ཞེས་གསུངས་པ་ལྟར་རོ། །གཞན་ཡང་མིང་གི་རྣམ་གྲངས་འདི་ལྟ་ སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། །བློ་ལྡན་དང་ནི་གསལ་བའི་མཆོག །རྒྱལ་སྲས་ རྒྱལ་བའི་གཞི་དང་ནི། །རྒྱལ་བྱེད་རྒྱལ་བའི་མྱུ་གུ་དང༌། །རྩལ་ལྡན་དང་ནི་འཕགས་མཆོག་ དང། །དེད་དཔོན་དང་ནི་གྲག་མཆོག་དང༌། །སྙིང་རྗེ་ཅན་དང་བསོད་ནམས་ཆེ། །དབང་ཕྱུག་ དེ་བཞིན་ཆོས་དང་ལྡན། །ཞེས་སོགས་རྒྱ་ཆེར་གསུངས་སོ། །དེ་དག་གིས་སྐྱབས་གསུམ་སྤྱིའི་ རྣམ་གཞག་མདོ་ཙམ་སོང་ཟིན་ཏོ། ། གཉིས་པ་སོ་སོར་བྱེ་བྲག་ཏུ་བཤད་པ་ནི་རྒྱུད་བླ་མས་ཇི་སྐད་བསྟན་པ་ལྟར་འདིར་ཉུང་ བསྡུས་སུ་འཆད་པར་བྱ་བ་ལ། སྐྱབས་གསུམ་གྱི་རྣམ་བཞག་དངོས་དང༌། སྐྱབས་གསུམ་དུ་ བཞག་པའི་འཐད་པ། དོན་དམ་གྱི་སྐྱབས་གཅིག་ཏུ་བསྟན་པ། དཀོན་མཆོག་གི་སྒྲ་དོན་དང་ བཞི་ལས། དང་པོ་ལ། སངས་རྒྱས། ཆོས། དགེ་འདུན་གྱི་སྐྱབས་གནས་གསུམ་ལས། དང་ པོ་སངས་རྒྱས་ཀྱི་སྐྱབས་གནས་བཤད་པ་ལ། བསྟོད་པའི་སྒོ་ནས་དངོས་པོ་བརྗོད་པ། དོན་ དེ་རྣམ་པར་ཕྱེ་སྟེ་བསྟན་པ། དེ་དག་སྦྱར་ཏེ་རྒྱས་པར་བཤད་པ་གསུམ་ལས། དང་པོ་ནི། རྒྱུད་བླ་མ་ལས། གང་ཞིག་ཐོག་མ་དབུས་མཐའ་མེད་ཞི་སངས་རྒྱས་ཉིད་རང་ རྣམས་སངས་རྒྱས། །སངས་རྒྱས་ནས་ནི་མ་རྟོགས་རྟོགས་ཕྱིར་འཇིག་མེད་རྟག་པའི་ལམ་ སྟོན་པ། །མཁྱེན་བརྩེ་རལ་གྲི་རྡོ་རྗེ་མཆོག་བསྣམས་སྡུག་བསྔལ་མྱུ་གུ་གཅོད་མཛད་གཅིག །སྣ་ཚོགས་ལྟ་ཐིབས་ཀྱིས་བསྐོ ར་ཐེ་ཚོམ་རྩིག་པ་འཇིག་མཛད་དེ་ལ་འདུད། །ཅེས་གསུངས་ པ་སྟེ། དེ་ཡང་དོན་དམ་པའི་སངས་རྒྱས་གང་ཞིག་གཞི་འབྲས་དབྱེར་མེད་ཀྱི་རང་བཞིན་ གདོད་ནས་བཞུགས་པའི་ཆོས་སྐུ་རྟག་པའི་ངོ་བོ་དེ་ནི་སྐྱེ་བའི་ཐོག་མ་དང་གནས་པའི་དབུས་ དང་འཇིག་པའི་མཐའ་སྟེ་འདུས་བྱས་ཀྱི་མཚན་ཉིད་གསུམ་མེད་པས་འདུས་མ་བྱས་པ་ཉིད་ 4-1-317 དང༌། སྤྲོས་པ་དང་རྣམ་པར་རྟོག་པ་ཉེ་བར་ཞི་བས་ལྷུན་གྱིས་གྲུབ་པ་ཉིད་དང༌། སངས་རྒྱས་ ཉིད་ཀྱིས་གཞན་ལ་མ་ལྟོས་པར་སོ་སོར་རང་གིས་རིག་པའི་ཡེ་ཤེས་ཀྱིས་རང་བྱུང་གི་རྣམ་ པར་སངས་རྒྱས་པ་སྟེ་མངོན་པར་བྱང་ཆུབ་པས་གཞན་རྐྱེན་གྱིས་རྟོགས་བྱ་མིན་པ་ཉིད་དང༌། དེ་ལྟར་ཆོས་གསུམ་དང་ལྡན་པས་རང་ཉིད་སངས་རྒྱས་ནས་ནི་ཤེས་བྱ་མཐའ་དག་ཅིག་ཆར་ མངོན་སུམ་ཏུ་རྟོགས་པའི་མཁྱེན་པ་ཕུན་སུམ་ཚོགས་པ་ཉིད་དང༌། དེ་མ་རྟོགས་པའི་འགྲོ་བ་ གཞན་དག་གིས་ཀྱང་རྟོགས་པར་བྱ་བའི་ཕྱིར་དུ་འཁོར་བར་ནམ་ཡང་འཇིགས་པ་མེད་པའི་ ཚུལ་གྱིས་བཞུགས་ཏེ་གདུལ་བྱ་རྣམས་ལ་ངེས་དོན་འཁོར་ལོ་ཕྱིར་མི་ལྡོག་པའི་གཏམ་གྱིས་ གཞི་འབྲས་དབྱེར་མེད་ཀྱི་རང་བཞིན་དོན་དམ་མཆོག་གི་སངས་རྒྱས་འཇིགས་མེད་རྟག་པ་ ཆོས་ཀྱི་སྐུ་མངོན་སུམ་དུ་འགྱུར་བའི་ལམ་སྟོན་པའི་ཕྱིར་ཐུགས་རྗེ་ཕུན་སུམ་ཚོགས་པ་ཉིད་ དང། དེ་ལྟ་བུའི་མཁྱེན་པ་དང་བརྩེ་བ་དག་རལ་གྲི་དང་རྡོ་རྗེ་མཆོག་ལྟ་བུ་བསྣམས་ནས་གོ་ རིམ་བཞིན་དུ་མཁྱེན་བརྩེ་རལ་གྲི་ལྟ་བུས་གདུལ་བྱའི་སྡུག་བསྔལ་ཉེར་ལེན་གྱི་ཕུང་པོ་ཕྱི་ མ་བསྐྱེད་པ་མྱུ་གུ་དང་ཆོས་མཚུངས་པ་ཀུན་ཡོངས་སུ་གཅོད་པར་མཛད་པ་གཅིག་པུར་གྱུར་ ཅིང༌། མཁྱེན་བརྩེ་རྡོ་རྗེ་ལྟ་བུས་ནི་གདུལ་བྱའི་བདག་དང་བདག་གིར་འཛིན་པ་ལ་སོགས་ པའི་ལྟ་བ་ནགས་ཐིབས་པོ་ལྟ་བུ་རྣམས་ཀྱི་ཡོངས་སུ་བསྐོར་བའི་ཐེ་ཚོམ་རྩིག་པ་བརྟན་པོ་ དང་འདྲ་བ་རྣམ་པར་འཇིག་པར་མཛད་པའི་ནུས་པ་ཕུན་སུམ་ཚོགས་པ་ཉིད་དེ། རང་དོན་ འདུས་མ་བྱས། ལྷུན་གྲུབ། གཞན་རྐྱེན་གྱིས་རྟོགས་བྱ་མིན་པ་དང་གསུམ། གཞན་དོན་ མཁྱེན་བརྩེ་ནུས་གསུམ་དང་ཆོས་དྲུག་དང་ལྡན་པའི་སྒོ་ནས་དོན་གཉིས་མཐར་ཕྱིན་པ་དེ་ལ་ སྒོ་གསུམ་གུས་པས་འདུད་ཅེས་པའི་དོན་ནོ། ། གཉིས་པ་དོན་དེ་རྣམ་པར་ཕྱེ་སྟེ་བསྟན་པ་ནི། དེ་ཉིད་ལས། འདུས་མ་བྱས་ཤིང་ལྷུན་ གྱིས་གྲུབ། །གཞན་གྱི་རྐྱེན་གྱིས་རྟོགས་མིན་པ། །མཁྱེན་དང་བརྩེ་དང་ནུས་པར་ལྡན། །དོན་ 4-1-318 གཉིས་ལྡན་པའི་སངས་རྒྱས་ཉིད། །ཅེས་གསུངས་པའི་དོན། གོང་དུ་སྨོས་མ་ཐག་པའི་ཆོས་ དྲུག་གི་དབྱེ་གཞི་དོན་གཉིས་སོ་སོར་བགྲང་བས་ཆོས་བརྒྱད་དུ་བཤད་པ་སྟེ། དེ་ཡང་དོན་ དམ་པའི་སངས་རྒྱས་ཆོས་ཀྱི་སྐུ་ཉིད་རྒྱུ་རྐྱེན་གྱིས་མ་བསྐྱེད་པས་འདུས་མ་བྱས་ཞིང་རང་བྱུང་ འགྱུར་བ་མེད་པའི་ཡོན་ཏན་དང༌། འབད་རྩོལ་ཀུན་དང་བྲལ་བས་ལྷུན་གྱིས་གྲུབ་པའི་ཡོན་ ཏན་དང༌། རང་གིས་རིག་པས་གཞན་གྱི་རྐྱེན་གྱིས་རྟོགས་པ་མིན་པའི་ཡོན་ཏན་དང༌། དེ་ གསུམ་དང་ལྡན་པས་མཁྱེན་པའི་ཡོན་ཏན་དང༌། གཞན་ཡང་དེ་ལ་འགོད་པས་ཐུགས་བརྩེ་ བའི་ཡོན་ཏན་དང་གཞན་གྱི་སྡུག་བསྔལ་རྒྱུ་ུབཅས་སྤོང་བར་བྱེད་ནུས་པར་ལྡན་པའི་ཡོན་ ཏན་དེ་རྫས་ཀྱི་དབྱེ་བ་དྲུག་གམ་ལྡོག་པས་ཕྱེ་ན་ཡོན་ཏན་སྔ་མ་གསུམ་གྱི་གཞི་རང་དོན་དང་ ཕྱི་མ་གསུམ་གྱི་གཞི་གཞན་དོན་ཏེ་དེ་གཉིས་སོ་སོར་བགྲང་བས་ཡོན་ཏན་བརྒྱད་དོ། །དེ་ལྟ་ བུའི་རང་དོན་དང་གཞན་དོན་གཉིས་དང་ལྡན་པའི་གནས་ལུགས་དོན་དམ་པའི་སངས་རྒྱས་ ནི་སྐྱབས་གནས་མཐར་ཐུག་པ་ཉིད་ཡིན་ནོ། །ཞེས་སོ། ། གསུམ་པ་དེ་དག་སྦྱར་ཏེ་རྒྱས་པར་བཤད་པ་ནི། དེ་ཉིད་ལས། ཐོག་མ་དབུས་མཐའ་ མེད་པ་ཡི། །རང་བཞིན་ཡིན་ཕྱིར་འདུས་མ་བྱས། །ཞི་བ་ཆོས་ཀྱི་སྐུ་ཅན་ཕྱིར། །ལྷུན་གྱིས་ གྲུབ་ཅེས་བྱ་བར་བརྗོད། །སོ་སོར་རང་གིས་རྟོགས་བྱའི་ཕྱིར། །གཞན་གྱི་རྐྱེན་གྱིས་རྟོགས་ མིན་པ། །དེ་ལྟར་རྣམ་གསུམ་རྟོག་ཕྱིར་མཁྱེན། །ལམ་སྟོན་ཕྱིར་ན་ཐུགས་བརྩེ་བ། །ནུས་པ་ ཡེ་ཤེས་ཐུགས་རྗེ་ཡིས། །སྡུག་བསྔལ་ཉོན་མོངས་སྤོང་ཕྱིར་རོ། །དང་པོ་གསུམ་གྱིས་རང་དོན་ ཏེ། །ཕྱི་མ་གསུམ་གྱིས་གཞན་དོན་ཡིན། །ཞེས་གསུངས་པའི་དོན་གོང་དུ་བསྟོད་པར་བསྟན་ པ་རྣམས་རྒྱུ་མཚན་དུ་བྱས་ནས་ཕྱིས་དབྱེ་བར་བསྟན་པ་རྣམས་རིམ་གྱིས་སྒྲུབ་པའི་ཚུལ་གྱིས་ གོང་འོག་སྦྱར་ནས་འདིར་འཆད་པ་སྟེ། དེ་ཡང་དོན་དམ་པའི་སངས་རྒྱས་ཆོས་སྐུ་ཀུན་ཁྱབ་ པ་ཐུགས་རྗེ་རྒྱ་མཚོའི་བདག་ཉིད་དེ་ཐོག་མ་དབུས་མཐའི་སྐྱེ་གནས་འཇིག་གསུམ་མེད་པའི་ 4-1-319 རང་བཞིན་ཅན་ཡིན་པའི་ཕྱིར་འདུས་མ་བྱས་པ་སྟེ། མྱང་འདས་ཀྱི་མདོ་ལས། རྟག་ཏུ་གནས་ པའི་ཆོས་ནི་དུས་གསུམ་ལ་མ་གཏོགས་ཏེ། དེ་བཞིན་གཤེགས་པ་ཡང་དེ་དང་འདྲ་བར་དུས་ གསུམ་ལ་མ་གཏོགས་པ་དེ་བས་ན་རྟག་པའོ། །ཞེས་གསུངས་པས་སོ། །དེ་འདྲའི་ཆོས་སྐུ་དེ་ ལུས་ངག་གི་སྤྲོས་པ་དང་སེམས་ཀྱི་རྣམ་པར་རྟོག་པ་སོགས་འབད་རྩོལ་མ་ལུས་པ་ཉེ་བར་ ཞི་བའི་འོད་གསལ་དོན་དམ་པའི་རྣམ་ཀུན་མཁྱེན་པའི་ཡེ་ཤེས་ཆོས་ཀྱི་སྐུའི་བདག་ཉིད་ཅན་ ཡིན་པའི་ཕྱིར་ན་ཕྲིན་ལས་ལྷུན་གྱིས་གྲུབ་པ་ཞེས་བྱ་བར་བརྗོད་པ་དང༌། ཆོས་སྐུའི་རང་ མདངས་སོ་སོ་རང་གིས་རིག་པའི་རང་བྱུང་གི་ཡེ་ཤེས་ཀྱིས་རྟོགས་པར་བྱ་བ་ཡིན་པའི་ཕྱིར་ གཞན་གྱིས་བརྗོད་པ་ལ་སོགས་པའི་རྐྱེན་གྱིས་རྟོགས་བྱ་མིན་པ་དང༌། དེ་ལྟར་འདུས་མ་བྱས་ པ་ལ་སོགས་པའི་ཡོན་ཏན་རྣམ་པ་གསུམ་དང་ལྡན་པའི་ཆོས་ཀྱི་དབྱིངས་སེམས་ཅན་ཐམས་ ཅད་ལ་ཁྱད་མེད་དུ་ཡོད་པར་རྟོགས་པའི་ཕྱིར་མཁྱེན་པའི་ཡེ་ཤེས་ཕུན་སུམ་ཚོགས་པ་དང་ ལྡན་པ་དང༌། གདུལ་བྱ་གཞན་དག་ཀྱང་རང་རང་གིས་ཆོས་སྐུ་མངོན་བྱེད་ཀྱི་ཐབས་སུ་སྐལ་ བ་དང་མཐུན་པར་འཇིག་རྟེན་ལས་འདས་པས་ལམ་སྟོན་པར་མཛད་པའི་ཕྱིར་ན་ཐུགས་ བརྩེ་བ་ཕུན་ཚོགས་དང་ལྡན་པ་དང། ནུས་པའི་ཕྲིན་ལས་ཡང་བཤད་མ་ཐག་པའི་ཡེ་ཤེས་ དང་ཐུགས་རྗེ་གཉིས་པོ་ཡིས་སེམས་ཅན་རྣམས་ཀྱི་སྡུག་བསྔལ་ཉེར་ཕུང་དང་དེའི་རྒྱུ་ཉོན་ མོངས་པ་མཐའ་དག་སྤོང་ནུས་པའི་ཕྱིར་རོ། །དེ་ལས་ཡོན་ཏན་དང་པོ་གསུམ་གྱིས་ནི་རང་ གི་དོན་ཕུན་ཚོགས་གྲུབ་པ་ཡིན་ཏེ། ཆོས་དབྱིངས་འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པ་རང་ རིག་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་ཅིང་ཟག་བཅས་རྒུད་པ་མཐའ་དག་སྤངས་ནས་ཟག་མེད་ བདེ་བ་ཆེན་པོ་དང་ལྡན་པའི་རང་དོན་མཐར་ཕྱིན་པའི་ཕྱིར། ཕྱི་མ་གསུམ་གྱིས་ནི་གཞན་དོན་ ཕུན་ཚོགས་གྲུབ་པ་ཡིན་ཏེ། མཁྱེན་པའི་ཡེ་ཤེས་ཀྱིས་གདུལ་བྱའི་ཁམས་གཟིགས་པ་ལྟར་ བརྩེ་བ་ཐུགས་རྗེ་ཆེན་པོ་ཞུགས་ནས་ཕྲིན་ལས་ཀྱིས་ཀྱང་ཇི་ལྟར་བཞེད་པ་བཞིན་འདོད་དོན་ 4-1-320 མ་ལུས་པ་སྒྲུབ་ནུས་པའི་ཕྱིར་རོ། །ཞེས་པའོ། །དོན་གཉིས་ཡང༌། སངས་རྒྱས་ཐམས་ཅད་ཀྱི་ ཡུལ་ལ་འཇུག་པ་ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ལས། འཇམ་དཔལ། སྐྱེ་འགག་མེད་པ་ཞེས་བྱ་ བ་འདི་ནི་དེ་བཞིན་གཤེགས་པ་སངས་རྒྱས་ཀྱི་ཚིག་བླ་དྭགས་སྟེ། ཞེས་སོགས་གསུངས་པས་ རང་དོན་དང༌། ཐུགས་རྗེ་ཆེན་པོ་བསྟན་པའི་མདོ་ལས། འཇམ་དཔལ། ཆོས་ཐམས་ཅད་དེ་ ལྟ་བུའི་རང་བཞིན་མངོན་པར་བྱང་ཆུབ་སྟེ། སེམས་ཅན་རྣམས་ལ་སྐྱོན་དང་བཅས་པའི་ཆོས་ དབྱིངས་གཟིགས་ནས་ཐམས་ཅད་ལ་རྣམ་པར་བརྩེ་བ་ཞེས་བྱ་བའི་དེ་བཞིན་གཤེགས་པའི་ ཐུགས་རྗེ་ཆེན་པོ་རབ་ཏུ་འཇུག་གོ །ཞེས་སོགས་གསུངས་པས་གཞན་དོན་གྱི་ཚུལ་རྒྱས་པར་ བསྟན་པའོ། ། གཉིས་པ་ཆོས་ཀྱི་སྐྱབས་གནས་བཤད་པ་ལ། བསྟོད་པའི་སྒོ་ནས་དངོས་པོ་བརྗོད་པ། དོན་དེ་རྣམ་པར་ཕྱེ་སྟེ་བསྟན་པ། དེ་དག་བདེན་པ་གཉིས་སུ་བསྡུ་བ། དེ་རྣམས་སྦྱར་ཏེ་རྒྱུ་ མཚན་བཤད་པ་དང་བཞི་ལས། དང་པོ་ནི། རྒྱུད་བླ་མ་ལས། གང་ཞིག་མེད་མིན་ཡོད་མེད་མ་ ཡིན་ཡོད་མེད་ལས་གཞན་དུའང༌། །བརྟག་པར་མི་ནུས་ངེས་ཚིག་དང་བྲལ་སོ་སོར་རང་གིས་ རིག་ཞི་བ། །དྲི་མེད་ཡེ་ཤེས་འོད་ཟེར་སྣང་ལྡན་དམིགས་པ་ཀུན་ལ་ཆགས་པ་དང༌། །སྡང་ དང་རབ་རིབ་རྣམ་པར་འཇོམས་མཛད་དམ་ཆོས་ཉི་མ་དེ་ལ་འདུད། །ཅེས་གསུངས་པ་སྟེ། དེ་ཡང་དམ་པའི་ཆོས་གང་ཞིག་ཡེ་གདོད་མ་ནས་བཞུགས་པའི་ཀུན་ཁྱབ་ཆོས་ཀྱི་དབྱིངས་ དེ་བཞིན་ཉིད་རང་བཞིན་དོན་དམ་པའི་བདེན་པ་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱི་སྤྱོད་ ཡུལ་དུ་ཡོད་ཕྱིར་མེད་པ་ཆད་མཐར་ལྟུང་བ་མིན་ཞིང༌། ཀུན་རྫོབ་གློ་བུར་བའི་དངོས་པོར་ གདོད་མ་ནས་སྐྱེ་བ་མེད་ཕྱིར་ཡོད་པ་རྟག་མཐར་ལྟུང་བའང་མིན་ལ། དེ་དག་སོ་སོར་མ་ཡིན་ པས་ཀྱང་ཡ་གྱལ་ཁེགས་པའི་ཕྱིར་དང་ཕན་ཚུན་འགལ་བའི་ཕྱིར་ན་གཉིས་ཀ་ཚོགས་པའི་ གཞི་མཐུན་པའང་མ་ཡིན་ཞིང༌། ཡོད་མེད་གཉིས་ཡིན་མ་གྲུབ་པས་ཡོད་མེད་གཉིས་ཀ་ལས་ 4-1-321 གཞན་པ་གཉིས་མ་ཡིན་དུའང་བརྟག་པར་མི་ནུས་པའི་ཕྱིར་མུ་བཞིའི་སྤྲོས་པ་ལས་རྣམ་པར་ གྲོལ་བ་དང༌། བརྡའ་དང་ཐ་སྙད་ཀྱིས་ཇི་བཞིན་བརྗོད་དུ་མེད་ཅིང་ངག་གི་སྤྱོད་ཡུལ་ལས་ ཡང་དག་པར་འདས་པས་ངེས་ཚིག་དང་བྲལ་བ། དཔེ་དང་གཏན་ཚིགས་ལ་སོགས་པས་ བསྟན་བྱ་དང་གཞན་རིག་གི་སྤྱོད་ཡུལ་མ་ཡིན་པས་འཕགས་པ་རྣམས་ཀྱི་སོ་སོ་རང་གིས་ རིག་པར་བྱ་བ་ཡིན་ཕྱིར་བསམ་དུ་མེད་པ་ཉིད་དང༌། འཁོར་བའི་རྩ་བ་ལས་ཉོན་དག་ཞི་བས་ གཉིས་སུ་མེད་པ་ཉིད་དང༌། དེ་དག་གི་རྒྱུ་ཚུལ་མིན་གྱི་རྣམ་རྟོག་ཉེ་བར་ཞི་བས་རྟོག་པ་མེད་ པ་ཉིད་དེ་འགོག་བདེན་གྱིས་བསྡུས་པ་དང༌། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་བག་ ཆགས་དང་བཅས་པའི་དྲི་མ་མེད་པས་རྣམ་པར་དག་པ་ཉིད་དང༌། ཤེས་བྱའི་སྒྲིབ་པ་དང་ བྲལ་བའི་ཡེ་ཤེས་ཆེན་པོ་དོན་དམ་པའི་རྣམ་པ་ཐམས་ཅད་མངོན་སུམ་དུ་མཁྱེན་པའི་མཁྱེན་ པ་རྒྱ་མཚོའི་འོད་ཟེར་གྱི་སྣང་བ་དང་ལྡན་པས་གསལ་བ་ཉིད་དང༌། དམིགས་པར་བྱ་བའི་ ཡུལ་ཀུན་ལ་སྡུག་པ་ལ་འདོད་ཅིང་ཆགས་པ་དང་མི་སྡུག་པ་ལ་ཁྲོ་ཞིང་སྡང་བ་དང་བར་མ་ལ་ རྨོངས་ཤིང་གཏི་མུག་པའི་རབ་རིབ་མུན་པ་ལྟ་བུ་རྣམས་རྣམ་པར་འཇོམས་པར་མཛད་པས་ གཉེན་པོར་གྱུར་པ་ཉིད་དེ། དག་གསལ་གཉེན་པོར་གྱུར་པའི་དམ་པའི་ཆོས་ཉི་མ་ལྟ་བུར་ གྱུར་པ་ལམ་བདེན་གྱིས་བསྡུས་པ་དེ་དག་ལ་ཀུན་ནས་དང་བས་འདུད་ཅེས་པའི་དོན་ནོ། ། གཉིས་པ་དོན་དེ་རྣམ་པར་ཕྱེ་སྟེ་བསྟན་པ་ནི། དེ་ཉིད་ལས། བསམ་མེད་གཉིས་མེད་ རྟོག་མེད་པ། །དག་གསལ་གཉེན་པོའི་ཕྱོགས་ཉིད་ཀྱིས། །གང་ཞིག་གང་གིས་ཆགས་བྲལ་ བ། །བདེན་གཉིས་མཚན་ཉིད་ཅན་དེ་ཆོས། །ཞེས་གསུངས་པའི་དོན་བཤད་མ་ཐག་པའི་ ཆོས་དྲུག་གི་སྟེང་ལ་འགོག་ལམ་གྱི་བདེན་པ་གཉིས་སོ་སོར་བགྲང་བས་བརྒྱད་དུ་འགྱུར་ བ་སྟེ། དེ་ཡང་དམ་པའི་ཆོས་གནས་ལུགས་དེ་བཞིན་ཉིད་ནི་ཐ་སྙད་པའི་ཤེས་པས་བསམ་ དུ་མེད་པའི་ཡོན་ཏན་དང༌། ལས་ཉོན་གཉིས་མེད་པའི་ཡོན་ཏན་དང༌། དེ་དག་གི་རྒྱུ་རྣམ་ 4-1-322 པར་རྟོག་པ་མེད་པའི་ཡོན་ཏན་ཏེ་འགོག་པ་ཕྱོགས་ཀྱི་གསུམ། ཉོན་མོངས་པའི་དྲི་མ་རྣམ་ པར་དག་པའི་ཡོན་ཏན་དང༌། ཡེ་ཤེས་ཀྱི་སྣང་བ་གསལ་བའི་ཡོན་ཏན་དང༌། དུག་གསུམ་ འཇོམས་པའི་གཉེན་པོའི་ཡོན་ཏན་ཏེ་ལམ་ཕྱོགས་ཀྱི་གསུམ་སྟེ་དེ་དག་ཉིད་ཀྱིས་རྫས་ཀྱི་ དབྱེ་བ་དྲུག་གམ་ལྡོག་པས་ཕྱེ་ན་སྔ་མ་གསུམ་གཞན་སྣང་ངོར་འབྲས་བུར་བཏགས་པ་གང་ ཞིག་འདོད་ཆགས་དང་བྲལ་བར་བྱ་བ་འགོག་པའི་བདེན་པ་དང༌། ཕྱི་མ་གསུམ་གཞན་སྣང་ ངོར་རྒྱུར་བཏགས་པ་གང་གིས་འདོད་ཆགས་དང་བྲལ་བར་བྱེད་པ་ལམ་གྱི་བདེན་པ་སྟེ། རྣམ་པར་བྱང་བའི་བདེན་པ་གཉིས་ཀྱྀ ་མཚན་ཉིད་ཅན་དང་བཅས་པའི་ཡོན་ཏན་བརྒྱད་ དང་ལྡན་པ་དེ་ནི་དོན་དམ་པར་ན་དམ་པའི་ཆོས་གནས་ལུགས་མཐར་ཐུག་པའི་རང་བཞིན་ ཆོས་ཀྱི་དབྱིངས་འགྱུར་བ་མེད་པའོ་ཞེས་བསྟན་པས་སོ། ། གསུམ་པ་དེ་དག་བདེན་པ་གཉིས་སུ་བསྡུ་བ་ནི། དེ་ཉིད་ལས། ཆགས་བྲལ་ཉིད་ནི་ འགོག་པ་དང༌། །ལམ་གྱི་བདེན་པ་དག་གིས་བསྡུས། །གོ་རིམ་ཇི་བཞིན་དེ་དག་ཀྱང༌། །ཡོན་ ཏན་གསུམ་གསུམ་གྱིས་རིག་བྱ། །ཞེས་གསུངས་པའི་དོན་འདོད་ཆགས་དང་བྲལ་བ་ཉིད་ལ་ ཆོས་ཞེས་བརྗོད་པ་གང་ཡིན་པ་དེ་ནི་ཆགས་པ་དང་བྲལ་བའི་འབྲས་བུར་བཏགས་པ་འགོག་ པའི་བདེན་པ་དང༌། ཆགས་པ་དང་བྲལ་བར་བྱེད་པ་རྒྱུར་བཏགས་པའི་ལམ་གྱི་བདེན་པ་ དག་གིས་བསྡུས་པ་ཡིན་ལ། གོ་རིམ་ཇི་ལྟ་བ་བཞིན་དུ་བདེན་པ་གཉིས་པོ་དེ་དག་ཀྱང་ བསམ་མེད་གཉིས་མེད་རྟོག་མེད་ཀྱི་ཡོན་ཏན་གསུམ་གྱིས་དག་པ་གཉིས་ལྡན་འགོག་པའི་ བདེན་པ་དང༌། དག་གསལ་གཉེན་པོའི་ཡོན་ཏན་གསུམ་གྱིས་དག་པར་བྱེད་པ་ལམ་བདེན་ བསྟན་པར་རིག་པར་བྱའོ། །ཞེས་པའོ། ། བཞི་པ་དེ་རྣམས་སྦྱར་ཏེ་རྒྱུ་མཚན་བཤད་པ་ནི། དེ་ཉིད་ལས། བརྟག་མིན་ཕྱིར་དང་ བརྗོད་མིན་ཕྱིར། །འཕགས་པས་མཁྱེན་ཕྱིར་བསམ་མེད་ཉིད། །ཞི་ཉིད་གཉིས་མེད་རྟོག་ 4-1-323 མེད་དེ། །དག་སོགས་གསུམ་ནི་ཉི་བཞིན་ནོ། །ཞེས་གསུངས་པའི་དོན་བསྟོད་པར་བསྟན་ པ་རྣམས་རྒྱུ་མཚན་དུ་བྱས་ནས་ཡོན་ཏན་གྱི་དབྱེ་བ་རྣམས་རིམ་གྱིས་སྒྲུབ་ཅིང་འཆད་པ་སྟེ། དོན་དམ་པའི་འགོག་པ་བདེན་པའི་ཆོས་ནི་མུ་བཞིར་འཛིན་པའི་རྟོག་གེས་བརྟག་པར་བྱ་ བའི་ཡུལ་མིན་པའི་ཕྱིར་དང༌། སྒྲ་དང་ཐ་སྙད་ངེས་པའི་ཚིག་ལ་སོགས་པས་བརྗོད་པར་བྱ་ བའི་ཡུལ་མིན་པའི་ཕྱིར་དང༌། འཕགས་པས་མཉམ་པར་བཞག་པའི་སོ་སོ་རང་གིས་རིག་ པའི་ཡེ་ཤེས་ཀྱིས་མཁྱེན་པར་བྱ་བ་ཡིན་ཕྱིར་འཇིག་རྟེན་པའི་བསམ་དུ་མེད་པ་ཉིད་དང༌། ལས་དང་ཉོན་མོངས་པ་ཞི་བ་ཉིད་ཀྱི་ཕྱིར་གཉིས་སུ་མེད་པ་ཡིན་ལ། དེ་དག་གི་རྒྱུ་རྣམ་པར་ རྟོག་པ་ཞི་བའི་ཕྱིར་རྟོག་པ་མེད་པ་ཉིད་ཡིན་ཏེ། མདོ་ལས། ཤཱ་རིའི་བུ། འགོག་པ་ཞེས་བྱ་ བ་ནི་ཆོས་ཀྱི་སྐུ་སྟེ་གཉིས་སུ་མེད་པའི་ཆོས་ཅན་རྣམ་པར་མི་རྟོག་པའི་ཆོས་སོ། །ཞེས་སོགས་ གསུངས་ཤིང༌། གཞན་ཡང་སྐྱེ་འགག་མེད་པ་ལ་སེམས་ཡིད་རྣམ་ཤེས་མི་འཇུག་ཅིང་དེ་མི་ འཇུག་པ་ལ་ཀུན་ཏུ་རྟོག་པ་མེད་ཚུལ་དེ་མེད་ན་སྲིད་པའི་ཡན་ལག་བཅུ་གཉིས་མི་སྐྱེ་བ་ཡང་ རྒྱས་པར་གསུངས་སོ། །ཡང་མདོ་ལས། འགོག་པ་ཞེས་བགྱི་བ་ཐོག་མ་མེད་དུས་ཅན། མ་ སྐྱེས་ཟག་པ་མེད་ཅིང་རྟག་བརྟན་ཞི་བ་རྣམ་དབྱེ་མེད་པ་བསམ་མི་ཁྱབ་པའི་སངས་རྒྱས་ཀྱི་ ཆོས་གང་གཱའི་ཀླུངུ་གི་བྱེ་མ་ལས་འདས་པ་དང་ལྡན་པའི་ཆོས་སྐུ། ཞེས་སོགས་གསུངས་པ་ ལྟར་དོན་དམ་དབྱིངས་ཀྱི་ཆོས་སྐུ་ནི་མཐར་ཐུག་པ་སྟེ་དེ་མངོན་བྱ་བའི་སློ བ་འཕགས་ཀྱི་ལམ་ དང་བཅས་རྣམ་པར་དག་པའི་ཡོན་ཏན་དང༌། སོགས་པའི་སྒྲས་གསལ་བ་དང་གཉེན་པོའི་ ཡོན་ཏན་སྟེ་གསུམ་པོ་དཔེ་ཉི་མའི་དཀྱིལ་འཁོར་དག་པ་དང་ཆོས་མཐུན་པར་ཉོན་མོངས་ དྲི་མས་དག་པ་དང༌། གཟུགས་གསལ་བྱེད་དང་ཆོས་མཐུན་ཤེས་བྱ་ཐམས་ཅད་ལ་ཡེ་ཤེས་ ཀྱི་འོད་ཟེར་གསལ་བར་འཇུག་པ་དང༌། མུན་པའི་གཉེན་པོ་དང་ཆོས་མཐུན་དེ་བཞིན་ཉིད་ མཐོང་བའི་གེགས་ཕྲ་རྒྱས་ཉོན་མོངས་དང་ལས་དང་སྐྱེ་བ་གསུམ་གྱི་ཉོན་མོངས་པའི་གཉེན་ 4-1-324 པོ་བྱེད་པ་དང་རིམ་གྱིས་ཆོས་མཐུན་སྦྱར་བ་བཞིན་ནོ། ། གསུམ་པ་དགེ་འདུན་གྱི་སྐྱབས་གནས་བཤད་པ་ལ། བསྟོད་པའི་སྒོ་ནས་དངོས་པོ་ བརྗོད་པ། ཡོན་ཏན་དེ་དག་གཉིས་སུ་བསྡུ་བ། དེ་རྣམས་སྦྱར་ཏེ་རྒྱས་པར་བཤད་པ་དང་ གསུམ་ལས། དང་པོ་ནི། རྒྱུད་བླ་མ་ལས། སེམས་དེ་རང་བཞིན་འོད་གསལ་བས་ན་ཉོན་ མོངས་ངོ་བོ་མེད་གཟིགས་པས། །གང་དག་འགྲོ་ཀུན་བདག་མེད་མཐའ་ཞི་ཡང་དག་རྟོགས་ ནས་ཐམས་ཅད་ལ། །རྫོགས་པའི་སངས་རྒྱས་རྗེས་ཞུགས་གཟིགས་པ་སྒྲིབ་པ་མེད་པའི་བློ་ མངའ་བ། །སེམས་ཅན་རྣམ་དག་མཐའ་ཡས་ཡུལ་ཅན་ཡེ་ཤེས་གཟིགས་མངའ་དེ་ལ་འདུད། །ཅེས་གསུངས་པ་སྟེ། དེ་ཡང་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོ ག་པའི་སེམས་དེ་ནི་གཉེན་ པོ་རང་བཞིན་གྱིས་འོད་གསལ་བ་མངོན་སུམ་དུ་གྱུར་པས་ན་སྤང་བྱ་ཉོན་མོངས་པའི་ངོ་བོ་ གདོད་མ་ནས་སྐྱེ་བ་མེད་པར་གཟིགས་པས། བྱང་ཆུབ་སེམས་དཔའ་གང་དག་འགྲོ་བ་ཀུན་ གྱི་རང་བཞིན་གང་ཟག་དང་ཆོས་ཀྱི་བདག་མེད་པའི་མཐའ་ལ་ཆོས་ཉིད་སྤྲོས་པ་ཞི་བ་ཡང་ དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པའི་སྒོ་ནས་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་དང༌། ཆོས་ཅན་ སེམས་ཅན་ཐམས་ཅད་ལ་ཆོས་ཉིད་རྫོགས་པའི་སངས་རྒྱས་ཀྱི་ཆོས་སྐུ་ཁྱབ་པར་རྗེས་སུ་ ཞུགས་པར་གཟིགས་པའི་སྒོ་ནས་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཏེ། དེ་དག་ཀྱང་རིམ་པ་ལྟར་ ཡུལ་ལ་ཆགས་པ་དང་ཐོགས་པའི་སྒྲིབ་པ་མེད་པའི་བློ་འཇིག་རྟེན་ལས་འདས་པའི་ཤེས་ རབ་མངའ་བའི་སྒོ་ནས་སེམས་ཅན་རྣམས་ཀྱི་ཆོས་དབྱིངས་རྣམ་པར་དག་པ་མཁྱེན་པ་དང༌། དེ་སེམས་ཅན་མཐའ་ཡས་པ་ལ་ཁྱབ་པར་མཁྱེན་པའི་ཡུལ་ཅན་དང་ལྡན་པའི་ཕྱིར་ཤེས་བྱ་ མཐའ་དག་ལ་ཡེ་ཤེས་ཀྱི་གཟིགས་པ་རྣམ་པར་དག་པ་མངའ་བས་ལུས་ཅན་ཐམས་ཅད་ཀྱི་ སྐྱབས་གནས་མཆོག་ཏུ་གྱུར་པ་དེ་ལ་ཀུན་ནས་དང་བས་འདུད་ཅེས་པའི་དོན་ནོ། ། གཉིས་པ་ཡོན་ཏན་དེ་དག་གཉིས་སུ་བསྡུ་བ་ནི། དེ་ཉིད་ལས། ཇི་ལྟ་ཇི་སྙེད་ནང་གི་ནི། 4-1-325 །ཡེ་ཤེས་གཟིགས་པ་དག་པའི་ཕྱིར། །བློ་ལྡན་ཕྱིར་མི་ལྡོ ག་པའི་ཚོགས། །བླ་མེད་ཡོན་ཏན་ དང་ལྡན་ཉིད༌། །ཅེས་གསུངས་པའི་དོན་བཤད་མ་ཐག་པའི་ཡོན་ཏན་གཉིས་ལྡན་སྟོན་པ་སྟེ། ཡུལ་ཆོས་ཉིད་དེ་བཞིན་ཉིད་ཇི་ལྟ་བ་བཞིན་དུ་ཡོད་པ་ལ་དམིགས་ནས་འཕགས་པ་རྣམས་ ཀྱི་གཞན་དང་ཐུན་མིན་དུ་སོ་སོ་རང་རིག་གི་ཡེ་ཤེས་ཀྱི་གཟིགས་པ་ཆགས་སྒྲིབ་ཀྱིས་དག་ ཕྱིར་ཇི་ལྟ་མཁྱེན་པའི་ཡོན་ཏན་དང༌། ཡུལ་ཆོས་ཅན་སེམས་ཅན་ཇི་སྙེད་པ་ཐམས་ཅད་ལ་ ཆོས་དབྱིངས་ཁྱབ་པར་ཡོད་པ་ལ་དམིགས་ནས་འཕགས་པ་རྣམས་ཀྱི་གཞན་དང་ཐུན་མིན་ དུ་ནང་སོ་སོ་རང་རིག་གི་ནི་ཡེ་ཤེས་ཀྱི་གཟིགས་པ་ཐོགས་སྒྲིབ་ཀྱིས་དག་པའི་ཕྱིར་ཇི་སྙེད་ མཁྱེན་པའི་ཡེ་ཤེས་ཀྱི་ཡོན་ཏན་ཏེ། དེ་དག་དང་ལྡན་ཕྱིར་བློ་ལྡན་བྱང་ཆུབ་སེམས་དཔའ་ རྫོགས་པའི་བྱང་ཆུབ་ཆེན་པོ་ལ་ཕྱིར་མི་ལྡོག་པའི་ཚོགས་དགེ་འདུན་དཀོན་མཆོག་རྣམས་ ཉན་རང་ལས་མཆོག་ཏུ་གྱུར་པས་བླ་ན་མེད་པའི་ཡེ་ཤེས་ཀྱི་ཡོན་ཏན་དང་ལྡན་པ་ཉིད་དོ། །ཞེས་བསྟན་པས་སོ། ། གསུམ་པ་དེ་རྣམས་སྦྱར་ཏེ་རྒྱས་པར་བཤད་པ་ལ། ཇི་ལྟ་བ་རྟོགས་ཚུལ་རྒྱས་བཤད་ ཇི་སྙེད་པ་རྟོགས་ཚུལ་རྒྱས་བཤད། དེ་དག་ཀྱང་རྣམ་པར་དག་པར་བསྟན་པ། དེ་ཀུན་གྱི་ སྐྱབས་གནས་མཆོག་ཏུ་བསྟན་པ་དང་བཞི་ལས། དང་པོ་ནི། དེ་ཉིད་ལས། འགྲོ་བ་ཞི་བའི་ ཆོས་ཉིད་དུ། །རྟོགས་ཕྱིར་ཇི་ལྟ་ཉིད་དེ་ཡང༌། །རང་བཞིན་གྱིས་ནི་ཡོངས་དག་ཕྱིར། །ཉོན་ མོངས་གདོད་ནས་ཟད་ཕྱིར་རོ། །ཞེས་གསུངས་པའི་དོན་འགྲོ་བ་ཐམས་ཅད་ཀྱི་སེམས་ ཀྱི་རང་བཞིན་གདོད་མ་ནས་སྤྲོས་པ་ཞི་བའི་ཆོས་ཉིད་ཅན་དུ་སོ་སོ་རང་རིག་ཡེ་ཤེས་ཀྱིས་ མངོན་སུམ་དུ་རྟོགས་པའི་ཕྱིར་ན་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཉིད་དོ། །ཞེས་བྱ་བ་ཡིན་ལ། དེ་ཡང་སེམས་རང་བཞིན་གྱིས་ནི་ཡོངས་སུ་དག་ཅིང་འོད་གསལ་བར་རྟོགས་པའི་ཕྱིར་དང༌། དེ་གློ་བུར་གྱི་ཉོན་མོངས་པ་གདོད་ནས་མ་སྐྱེས་པས་ཟད་ཅིང་འགགས་པར་རྟོགས་པའི་ཕྱིར་ 4-1-326 རོ། །ཞེས་པའོ། །དེ་ལ་སེམས་རང་བཞིན་གྱིས་འོད་གསལ་བ་ཡང་ཡིན་གློ་བུར་གྱིས་ཉོན་ མོངས་པར་བྱས་པ་དེ་ནི་ཕལ་བས་རྟོགས་པར་དཀའ་སྟེ། མདོ་ལས། རང་བཞིན་གྱིས་ཡོངས་ སུ་དག་པའི་སེམས་ཉེ་བར་ཉོན་མོངས་པའི་རྟོགས་པར་དཀའོ། །ཞེས་གསུངས་པས་སོ། ། གཉིས་པ་ཇི་སྙེད་པ་རྟོགས་ཚུལ་རྒྱས་བཤད་ནི། དེ་ཉིད་ལས། ཤེས་བྱ་མཐར་ཐུག་ རྟོགས་པའི་བློས། །ཐམས་ཅད་མཁྱེན་པའི་ཆོས་ཉིད་ནི། །སེམས་ཅན་ཐམས་ཅད་ལ་ཡོད་པ། །མཐོང་ཕྱིར་ཇི་སྙེད་ཡོད་པ་ཉིད། །ཅེས་གསུངས་པའི་དོན་ཤེས་བྱ་མཐར་ཐུག་དེ་བཞིན་ཉིད་ རྟོགས་པ་འཇིག་རྟེན་ལས་འདས་པའི་ཤེས་རབ་ཀྱི་བློ་ཐམས་ཅད་མཁྱེན་པའི་ཆོས་ཉིད་དེ་ བཞིན་གཤེགས་པའི་སྙིང་པོ་ནི་སེམས་ཅན་ཇི་སྙེད་པ་ཐམས་ཅད་ལ་ཤེས་སྒྲིབ་དག་པའི་རང་ བཞིན་དུ་ཁྱབ་པར་ཡོད་པར་སོ་སོ་རང་རིག་གི་ཡེ་ཤེས་ཀྱིས་མངོན་སུམ་དུ་མཐོང་བའི་ཕྱིར་ ན་ཆོས་ཅན་ཇི་སྙེད་པ་ཡོད་པ་མཁྱེན་པའི་ཡེ་ཤེས་ཉིད་དོ། །ཞེས་སོ། །དེ་ནི་ས་དང་པོ་ནས་སྐྱེ་ སྟེ། ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བའི་དོན་དུ་རྟོགས་པའི་ཕྱིར་རོ། ། གསུམ་པ་དེ་དག་ཀྱང་དག་པར་བསྟན་པ་ནི། དེ་ཉིད་ལས། དེ་ལྟར་རྟོགས་པ་གང་ཡིན་ དེ། སོ་སོ་རང་ཤེས་མཐོང་བ་ཉིད། དྲི་མེད་དབྱིངས་ལ་ཆགས་མེད་དང༌། ཐོགས་མེད་ཕྱིར་དེ་ དག་པ་ཡིན། ཞེས་གསུངས་པའི་དོན་དེ་ལྟར་ཇི་ལྟ་ཇི་སྙེད་མཁྱེན་པའི་ཡེ་ཤེས་ཀྱིས་འཇིག་ རྟེན་ལས་འདས་པའི་ལམ་རྟོགས་པ་གང་ཡིན་པ་དེ་ནི་གཞན་དང་ཐུན་མོང་མ་ཡིན་པར་ འཕགས་པ་རྣམས་ཀྱི་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱིས་མཐོང་བ་ཉིད་ཡིན་ཞིང༌། དེ་ ཡང་ཐམས་ཅད་ལ་ཁྱབ་པར་རང་བཞིན་གྱིས་དྲི་མ་མེད་པའི་ཆོས་ཀྱི་དབྱིངས་ལ་འཇུག་པས་ ཆགས་པ་དང་བཅས་པ་ཉོན་མོངས་པའི་སྒྲིབ་པ་མེད་པ་དང༌། དེ་ཤེས་བྱའི་དངོས་པོ་ཐམས་ ཅད་ལ་ཁྱབ་པར་རྟོགས་པས་ཐོགས་པ་དང་བཅས་པ་ཤེས་བྱའི་སྒྲིབ་པ་མེད་པ་ཡིན་ལ། དེའི་ ཕྱིར་ཡེ་ཤེས་གཉིས་པོ་དེ་ནི་ཉི་ཚེ་བའི་ཡེ་ཤེས་ཀྱིས་མཐོང་བ་ལ་ལྟོས་ནས་ཤིན་ཏུ་རྣམ་པར་ 4-1-327 དག་པའང་ཡིན་ནོ། །ཞེས་པའོ། ། བཞི་པ་དེ་ཀུན་གྱི་སྐྱབས་གནས་མཆོག་ཏུ་བསྟན་པ་ནི། དེ་ཉིད་ལས། ཡེ་ཤེས་གཟིགས་ པ་དག་པས་ན། །སངས་རྒྱས་ཡེ་ཤེས་བླ་མེད་ཕྱིར། །འཕགས་པ་ཕྱིར་མི་ལྡོ ག་པ་ནི། །ལུས་ ཅན་ཀུན་གྱི་སྐྱབས་ཡིན་ནོ། །ཞེས་གསུངས་པའི་དོན་ཇི་ལྟ་ཇི་སྙེད་མཁྱེན་པའི་ཡེ་ཤེས་ཀྱི་ ཡུལ་ལ་གཟིགས་པ་ཆགས་ཐོགས་ཀྱི་སྒྲིབ་པས་རྣམ་པར་དག་པས་ན་སངས་རྒྱས་ཡེ་ཤེས་ ཀྱི་གཟིགས་པ་བླ་ན་མེད་པར་གྱུར་པའི་ཕྱིར་ཆོས་ཉིད་མངོན་གསུམ་དུ་མཐོང་བའི་འཕགས་ པ་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་རྣམས་ནི་ལུས་ཅན་ཀུན་འཁོར་བ་སྡུག་བསྔལ་ གྱི་ཚོར་བ་ལས་སྐྱོབ་པའི་སྐྱབས་གནས་མཆོག་ཏུ་གྱུར་པ་ཡིན་ནོ། །ཞེས་པའི་དོན་ནོ། །ཉན་ ཐོས་ཀྱི་དགེ་འདུན་ནི་འདིར་སྐྱབས་སུ་ུམ་སྨོས་ཏེ། གཞན་ལ་ཕན་པའི་བསམ་པ་རྒྱ་ཆེ་བ་དང་ བྲལ་བའི་ཕྱིར་རོ། །དེ་ལྟར་ཐེག་དམན་དང་ཐེག་ཆེན་གྱི་དགེ་འདུན་ལ་ཁྱད་པར་ཡོད་ཚུལ། ཇི་སྐད་དུ། གང་ཞིག་ཚུལ་ཁྲིམས་བདག་དོན་བྱེད་པས་རྣམ་རྒྱས་ཤིང༌། །ཚུལ་ཁྲིམས་འཆལ་ བའི་སེམས་ཅན་རྣམས་ལ་བརྩེ་བྲལ་བ། །བདག་ཉིད་རྒྱས་བྱེད་ཚུལ་ཁྲིམས་ནོར་གྱིས་རབ་ དག་པ། །འཕགས་པ་དེ་ནི་ཚུལ་ཁྲིམས་རྣམ་པར་དག་མི་བརྗོད། །གང་ཞིག་གཞན་ལ་མཆོག་ ཏུ་སྙིང་རྗེ་བསྐྱེད་ནས་ནི། །ཚུལ་ཁྲིམས་ཡང་དག་བླངས་པར་བྱས་ཏེ་མེ་རླུང་དང༌། །ཆུ་དང་ ས་བཞིན་གཞན་དག་ཉེ་བར་འཚོ་བྱེད་པ། དེ་ནི་ཁྲིམས་ལྡན་གཞན་ནི་དེ་ཡི་གཟུགས་བརྙན་ ཡིན། །ཞེས་གསུངས་པ་ལྟར་རོ། །གཉིས་པ་སྐྱབས་གསུམ་དུ་བཞག་པའི་འཐད་པ་ནི། རྒྱུད་ བླ་མ་ལས། སྟོན་པ་བསྟན་པ་སློ བ་དོན་གྱིས། །ཐེག་གསུམ་པ་དང་བྱེད་གསུམ་ལ། །མོས་ པ་རྣམས་ཀྱི་དབང་བྱས་ནས། །སྐྱབས་གསུམ་རྣམ་པར་བཞག་པ་ཡིན། །ཞེས་གསུངས་པ་ སྟེ། དེ་ཡང་སྐྱབས་གནས་མཐར་ཐུག་སྟོན་པ་སངས་རྒྱས་ཀྱི་ཡོན་ཏན་བསྟན་པའི་དོན་གྱིས་ དེའི་ཡོན་ཏན་མཐོང་བ་ལས་ཐེག་པ་གསུམ་གྱི་ནང་ནས་ཐེག་པ་ཆེན་པོ་པ་སངས་རྒྱས་དོན་ 4-1-328 དུ་གཉེར་བ་རྣམས་དང༌། བྱེད་པ་གསུམ་གྱི་ནང་ནས་སངས་རྒྱས་ལ་རྐང་གཉིས་རྣམས་ཀྱི་ མཆོག་ཏུ་བྱ་བ་བྱེད་པར་མོས་པ་རྣམས་ཀྱི་དབང་དུ་བྱས་ནས་སྐྱབས་གནས་གསུམ་གྱི་ནང་ ནས་སངས་རྒྱས་ཉིད་སྐྱབས་གནས་དང་པོར་རྣམ་པར་བཞག་པ་ཡིན་ཞིང༌། དེའི་བསྟན་པ་ དམ་པའི་ཆོས་ཀྱི་ཡོན་ཏན་བསྟན་པའི་དོན་དེའི་ཡོན་ཏན་མཐོང་བ་ལས་ཐེག་གསུམ་ལས་ རང་རྒྱལ་ཐེག་པ་བ་རང་ཉིད་རྟེན་འབྲེལ་ཟབ་མོས་ཆོས་རྟོགས་ཤིང་ཐོབ་པར་འདོད་པ་ རྣམས་དང༌། བྱེད་པ་གསུམ་ལས་ཆོས་ལ་འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཏུ་བྱ་ བར་བྱེད་པར་མོས་པ་རྣམས་ཀྱི་དབང་དུ་བྱས་ནས་སྐྱབས་གསུམ་ལས་ཆོས་ནི་སྐྱབས་གནས་ གཉིས་པར་རྣམ་པར་གཞག་པ་ཡིན་ལ། བསྟན་པ་ལ་ཞུགས་པ་སློ བ་མ་དགེ་འདུན་གྱི་ཡོན་ ཏན་བསྟན་པའི་དོན་གྱིས་དེའི་ཡོན་ཏན་མཐོང་བ་ལས་ཐེག་གསུམ་ལས་ཉན་ཐོས་ཐེག་པ་ བ་གཞན་གྱི་བསྟན་པའི་རྗེས་སུ་འབྲངས་སྟེ་དེ་ཉིད་ཐོབ་པར་འདོད་པ་རྣམས་དང༌། བྱེད་པ་ གསུམ་ལས་དགེ་འདུན་ལ་ཚོགས་རྣམས་ཀྱི་མཆོག་ཏུ་བྱ་བ་བྱེད་པར་མོས་པ་རྣམས་ཀྱི་དབང་ དུ་བྱས་ནས་སྐྱབས་གསུམ་ལས་དགེ་འདུན་ནི་སྐྱབས་གནས་གསུམ་པར་རྣམ་པར་གཞག་ པ་སྟེ། མདོར་ན་དོན་རྣམ་པ་གསུམ་གྱིས་གང་ཟག་དྲུག་གི་དབང་དུ་བྱས་ནས་སྐྱབས་གནས་ གསུམ་དུ་རྣམ་པར་གཞག་པ་འདི་ནི་སེམས་ཅན་རྣམས་རིམ་གྱིས་གཞུག་པའི་དོན་དུ་བསྟན་ པའོ། ། གསུམ་པ་དོན་དམ་གྱི་སྐྱབས་གཅིག་ཏུ་བསྟན་པ་ལ། ཐོག་མར་གཏན་སྐྱབས་མ་ཡིན་ པ་ངོས་བཟུང་བ། དོན་དམ་པའི་གཏན་སྐྱབས་དངོས་བཤད་པ་དང་གཉིས་ལས། དང་པོ་ ནི། རྒྱུད་བླ་མ་ལས། སྤང་ཕྱིར་བསླུ་བའི་ཆོས་ཅན་ཕྱིར། །མེད་ཕྱིར་འཇིགས་དང་བཅས་པའི་ ཕྱིར། །ཆོས་རྣམ་གཉིས་དང་འཕགས་པའི་ཚོགས། །གཏན་གྱི་སྐྱབས་མཆོག་མ་ཡིན་ནོ། ། ཞེས་གསུངས་པ་ཡང་རེ་ཞིག་པའི་ཆོས་དང་དགེ་འདུན་དག་མཐར་ཐུག་གི་སྐྱབས་ 4-1-329 གནས་མིན་ཞེས་སྟོན་པ་སྟེ། དེ་ལ་མིང་ཚིག་ཡི་གེའི་ཚོགས་ཀྱིས་བསྡུས་པ་ལུང་གི་ཆོས་ནི་ དོན་སྤྱིའི་སྒོ་ནས་རྟོགས་པའི་རྟེན་ཡིན་ཡང་ལམ་མངོན་པར་རྟོགས་པ་ཕུལ་དུ་ཕྱིན་པའི་དུས་ ན་ཆུ་ུལ་བརྒལ་བའི་གཟིངས་བཞིན་དུ་སྤང་བར་བྱ་བ་ཡིན་པའི་ཕྱིར་དང༌། རྟོགས་པའི་ཆོས་ ཀྱང་གཉིས་ལས་གང་གིས་རྟོགས་པ་ལམ་གྱི་ཆོས་བློས་བྱས་ཀྱི་རིགས་རྣམས་ནི་འདུས་བྱས་ ཀྱི་མཚན་ཉིད་ཅན་མི་རྟག་པ་མི་བརྟན་པ་སྤྲིན་གྱི་མཚན་མ་ལྟ་བུར་བརྫུན་པ་བསླུ་བའི་ཆོས་ ཅན་ཡིན་པའི་ཕྱིར་དང༌། སྤྱིར་རྟོགས་པ་འགོག་པའི་ཆོས་སྐུ་ནི་མཐར་ཐུག་པ་སངས་རྒྱས་ ཉིད་ཡིན་ཡང་ཉན་ཐོས་པའི་ཚུལ་གྱི་རྟོགས་པ་གནས་སྐབས་ཀྱི་འགོག་པ་ནི་མར་མེ་རྒྱུན་ བཅད་པ་བཞིན་དུ་ཉོན་མོངས་པ་དང་སྡུག་བསྔལ་མེད་པ་ཙམ་ཡིན་པའི་ཕྱིར་དང༌། དགེ་ འདུན་ལའང་དགྲ་བཅོམ་པ་སྲིད་པ་ཟད་པ་རྣམས་ཀྱང་འདུ་བྱེད་རྣམས་ལ་རལ་གྲི་གདེངས་ པའི་གཤེད་མ་བཞིན་དུ་འཇིགས་པ་དེ་ལས་ངེས་པར་འབྱུང་བ་ཚོལ་ཞིང༌། བྱང་ཆུབ་སེམས་ དཔའ་རྣམས་ཀྱང་སློབ་པ་བྱ་བ་དང་བཅས་པས་འཇིགས་པ་མེད་པར་ཁྱུ་མཆོག་གིས་སར་མ་ ཕྱིན་པས་ཐམས་ཅད་ཀྱང་འཇིགས་པ་དང་བཅས་པའི་སྒོ་ནས་སངས་རྒྱས་ལ་སྐྱབས་སུ་འགྲོ་ བའི་ཕྱིར་ན་ལུང་དང་གོང་སྨོས་ཀྱི་མངོན་པར་རྟོགས་པའི་ཆོས་རྣམ་པ་གཉིས་དང་སངས་ རྒྱས་ལས་གཞན་པའི་འཕགས་པའི་ཚོགས་དགེ་འདུན་རྣམས་ནི་རེ་ཞིག་པའི་སྐྱབས་གནས་ ཡིན་གྱི་མཐར་ཐུག་ཐོབ་པའི་དུས་ལ་ལྟོས་ན་གཏན་གྱི་སྐྱབས་གནས་མཆོག་ནི་མ་ཡིན་ནོ། །ཞེས་སོ། ། གཉིས་པ་དོན་དམ་པའི་སྐྱབས་གནས་དངོས་བཤད་པ་ནི། དེ་ཉིད་ལས། དམ་པའི་ དོན་དུ་འགྲོ་བ་ཡི། །སྐྱབས་ནི་སངས་རྒྱས་ཉག་གཅིག་ཉིད། །ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། །ཚོགས་ཀྱང་དེ་ཡི་མཐར་ཐུག་ཕྱིར། །ཞེས་གསུངས་པའི་དོན་ཡང་སྤྱིར་དམ་པའི་དོན་དུ་ན་ འགྲོ་བ་མཐའ་ཡས་པ་ཡི་སྡུག་བསྔལ་ལས་སྐྱོབ་ཅིང་འཇིགས་པ་མེད་པ་རྟག་པའི་སྐྱབས་ 4-1-330 གནས་མཆོག་ཏུ་གྱུར་པ་ནི་རྫོགས་པའི་སངས་རྒྱས་ཉག་མ་གཅིག་པུ་ཉིད་ཡིན་ནོ། །འོ་ན་ ཆོས་དང་དགེ་འདུན་ཡང་སྐྱབས་གནས་སུ་གསུངས་པ་ཇི་ལྟར་ཞེ་ན། དེ་དག་མཐར་ཐུག་ པའང་སངས་རྒྱས་ཉིད་ཡིན་ཏེ། སྔར་བཤད་པ་ལྟར་ཐོག་མཐའ་མེད་པ་ལ་སོགས་པས་རབ་ ཏུ་ཕྱེ་བའི་ཐུབ་པ་ནི་རྣམ་པར་བྱང་བའི་བདེན་པ་གཉིས་ཀྱི་མཚན་ཉིད་ཅན་འདོད་ཆགས་དང་ བྲལ་བ་མཐར་ཕྱིན་པ་ཆོས་ཀྱི་སྐུ་ཅན་ཡིན་པའི་ཕྱིར་དང༌། ཐེག་པ་གསུམ་གྱི་ཚོགས་ཀྱང་ སྤངས་རྟོགས་ཀྱི་ཁྱད་པར་དུ་བྱས་ལ་དེའི་མཐར་ཐུག་པའང་སངས་རྒྱས་ཀྱི་ཆོས་སྐུ་མངོན་དུ་ གྱུར་པ་ཉིད་ཡིན་པའི་ཕྱིར་རོ། །ཞེས་པའི་དོན་ནོ། ། དེ་ལྟ་བས་ན་གནས་ལུགས་དོན་དམ་གྱི་སྐྱབས་གནས་ཉག་གཅིག་ནི་མཆོག་གསུམ་ འདུས་པ་ཡིན་ཏེ། དོན་གྱི་དམ་པ་ཡེ་ཤེས་ཆོས་སྐུ་ཀུན་ཁྱབ་རྟག་པའི་བདག་ཉིད་དེ་མཁྱེན་ དང་བརྩེ་བ་ནུས་པ་མཐར་ཀླས་པའི་སངས་རྒྱས་ཉིད་དང༌། ཟབ་ཞི་སྤྲོས་བྲལ་འོད་གསལ་ འདུས་མ་བྱས་པའི་ཟག་མེད་ཆོས་སྐུའི་རང་བཞིན་ཉིད་དང༌། ཐེག་གསུམ་འཕགས་པའི་ སྤངས་རྟོགས་ཡོངས་སུ་རྫོགས་པའི་དཔལ་དུ་གདོད་མ་ཆོས་ཉིད་ཀྱིས་ངེས་ཤིང་ལྷུན་གྱིས་ གྲུབ་པའི་ཕྱིར་རོ། ། དེས་ན་ཉག་གཅིག་དོན་དམ་དབྱིངས་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པས་གནས་ ལུགས་དོན་གྱི་སྐྱབས་གནས་རྣམ་གསུམ་པོ་སྐྱབས་དངོས་སུ་ལེགས་པར་བསྟེན་པ་ཡིན་ པར་གྲུབ་བོ། གཞན་ཡང་མཐར་ཐུག་སྐྱབས་གསུམ་གཅིག་ཏུ་གྱུར་པའི་ཚུལ་ཡང༌། མདོ་ ལས། ཆོས་དང་སངས་རྒྱས་དོན་གཅིག་ཏེ། །དེ་བཞིན་གཤེགས་པ་ཆོས་ཀྱི་སྐུ། །དགེ་འདུན་ དེ་བཞིན་གཤེགས་ཀྱི་མིང༌། །ཞེས་དང༌། མྱང་འདས་ཆེན་པོ་ལས་ཀྱང༌། དགའ་བོ་དེ་བས་ ན་དཀོན་མཆོག་གསུམ་ནི་རྟག་པར་གནས་པ་མི་འགྱུར་བ་མི་འཕོ་བ་སྟེ་སེམས་ཅན་ཐམས་ ཅད་ཀྱི་མགོན་དང་སྐྱབས་གནས་སུ་གྱུར་པར་རིག་པར་བྱའོ། །ཞེས་སོགས་རྒྱ་ཆེར་གསུངས་ 4-1-331 ཤིང༌། ཁྱད་པར་རྟག་བརྟན་ཞི་བ་གཡུང་དྲུང་གི་སྐྱབས་གནས་མཐར་ཐུག་པ་གཅིག་པུའི་ ཚུལ་རྒྱས་པ་དཔལ་ཕྲེང་གི་མདོའི་རྗེས་སུ་འབྲངས་ཏེ་རྟོགས་པར་བྱ་དགོས་སོ། ། བཞི་པ་དཀོན་མཆོག་གི་སྒྲ་དོན་ནི། རྒྱུད་བླ་མ་ལས། འབྱུང་བ་དཀོན་ཕྱིར་དྲི་མེད་ཕྱིར། །མཐུ་ལྡན་ཕྱིར་དང་འཇིག་རྟེན་གྱི། །རྒྱན་གྱུར་ཕྱིར་དང་མཆོག་ཉིད་ཕྱིར། །འགྱུར་བ་མེད་ ཕྱིར་དཀོན་མཆོག་ཉིད། །ཅེས་གསུངས་སྟེ། དེ་ཡང་རཏྣའི་སྒྲ་དཀོན་མཆོག་དང་རིན་པོ་ཆེ་ གཉིས་ཀ་ལ་འཇུག་པས་ན་འདིར་ཡང་ཆོས་མཐུན་པ་རྣམ་པ་དྲུག་གིས་མཆོག་གསུམ་རིན་པོ་ ཆེ་དང་འདྲ་བར་སྟོན་པ་སྟེ། འཇིག་རྟེན་ན་རིན་པོ་ཆེ་འབྱུང་བ་དཀོན་པ་དང་ཆོས་མཐུན་པར་ དཀོན་མཆོག་གསུམ་ཡང་བསྐལ་པ་མང་པོར་ཚོགས་གཉིས་ཀྱི་དགེ་བའི་རྩ་བ་མ་བསྒྲུབས་ པ་རྣམས་ཀྱིས་འཕྲད་པ་ཙམ་ཡང་མི་ཐོབ་པས་འབྱུང་བ་དཀོན་པའི་ཕྱིར་དང༌། རིན་པོ་ཆེ་མ་ དག་པའི་དྲི་མ་མེད་པ་དང་ཆོས་མཐུན་པར་དཀོན་མཆོག་གསུམ་ཡང་རྣམ་པ་ཐམས་ཅད་དུ་ ཉེས་པའི་དྲི་མ་མེད་པའི་ཕྱིར་དང༌། རིན་པོ་ཆེ་ལ་རྒུད་པ་སེལ་ཞིང་འབྱོར་བ་སྟེར་བའི་མཐུ་ ཡོད་པ་དང་ཆོས་མཐུན་པར་དཀོན་མཆོག་གསུམ་ཡང་མངོན་པར་ཤེས་པ་ལ་སོགས་པའི་ ཡོན་ཏན་གྱི་མཐུ་བསམ་གྱིས་མི་ཁྱབ་པ་དང་ལྡན་པའི་ཕྱིར་དང༌། རིན་པོ་ཆེ་ནི་འཇིག་རྟེན་གྱི་ རྒྱན་དུ་གྱུར་པ་དང་ཆོས་མཐུན་པར་དཀོན་མཆོག་གསུམ་ཡང་འགྲོ་བ་ཐམས་ཅད་ཀྱི་བསམ་ པ་དགེ་བའི་རྒྱུར་གྱུར་པས་འཇིག་རྟེན་པ་ཀུན་གྱི་རྒྱན་མཆོག་ཏུ་གྱུར་པའི་ཕྱིར་དང་རིན་པོ་ ཆེ་ནི་བཅོས་མ་ལས་མཆོག་ཏུ་གྱུར་པ་དང་ཆོས་མཐུན་པར་དཀོན་མཆོག་གསུམ་ཡང་འཇིག་ རྟེན་ལས་འདས་པ་ཡིན་པས་ཆོས་ཐམས་ཅད་ཀྱི་ནང་ནས་མཆོག་ཉིད་དུ་གྱུར་པའི་ཕྱིར་དང༌། རིན་པོ་ཆེ་སྟོད་སྨད་ལ་སོགས་པས་འགྱུར་བ་མེད་པ་དང་ཆོས་མཐུན་པར་དཀོན་མཆོག་ གསུམ་ཡང་འདུས་མ་བྱས་པའི་རང་བཞིན་ཡིན་པས་དད་པ་དང་མ་དད་པ་ལ་སོགས་པའི་ རྐྱེན་གྱིས་ནམ་ཡང་འགྱུར་བ་མེད་པའི་ཕྱིར་ན་རིན་པོ་ཆེ་དང་འདྲ་བའི་དཀོན་མཆོག་ཉིད་ 4-1-332 ཅེས་བཞེད་པས་སོ། །དེ་ཡན་ཆད་ཀྱིས་གང་ལ་སྐྱབས་སུ་འགྲོ་བའི་ཡུལ་མདོ་ཙམ་བརྗོད་ ཟིན་ཏོ། ། རྩ་བའི་ས་བཅད་གཉིས་པ་གང་གིས་སྐྱབས་སུ་ཇི་ལྟར་འགྲོ་ཚུལ་ལ། ཐུན་མོང་དང༌། ཐུན་མོང་མ་ཡིན་པ་གཉིས་ལས། དང་པོ་ལ། རྒྱུ་གང་གིས། ཚུལ་ཇི་ལྟར། དུས་ཇི་ཙམ་དུ། བསླབ་བྱ་གང༌། དབྱེ་བའི་ གྲངས། སྒྲ་དོན་དང་དྲུག་ཡོད་པ་ལས། དང་པོ་ནི། །མདོ་རྒྱལ་མཚན་དམ་པ་ལས། གང་ཚེ་ གང་ཞིག་སངས་རྒྱས་དང༌། །ཆོས་དང་དགེ་འདུན་ལ་སྐྱབས་སོང༌། །ཞེས་པ་ནས། སྐྱབས་ དེ་གཙོ་བོ་ཡིན་པ་སྟེ། །སྐྱབས་དེ་མཆོག་ཏུ་གྱུར་པ་ཡིན། །སྐྱབས་དེ་ལ་ནི་བརྟེན་ནས་ཀྱང༌། །སྡུག་བསྔལ་ཀུན་ལས་གྲོལ་བར་འགྱུར། །ཞེས་གསུངས་པ་ལྟར་གང་གི་ཚེ་སྲི ད་པ་འཁོར་ བའི་སྡུག་བསྔལ་དང་ཞི་བ་མྱང་འདས་ཀྱི་སྡུག་བསྔལ་མཐའ་དག་ལ་འཇིགས་ཤིང་སྐྲག་པ་ དང༌། དེ་དག་ལས་སྐྱོབ་པའི་ནུས་པ་དཀོན་མཆོག་གསུམ་ལ་ཡོད་པར་ཡིད་ཆེས་པའི་དད་ པ་ལ་བརྟེན་ནས་མཆོག་གསུམ་ལ་སྐྱབས་སུ་སོང་ན་སྐྱབས་དེ་གཙོ་བོ་དང་མཆོག་ཡིན་པས་ སྐྱབས་སུ་འགྲོ་བ་པོ་གང་དག་སྡུག་བསྔལ་ལས་གྲོལ་བར་གསུངས་པས་ན་སྐྱབས་འགྲོའི་རྒྱུ་ ནི་སྡུག་བསྔལ་ལ་འཇིགས་སྐྲག་དང༌། དེ་ལས་སྐྱོབ་པའི་ནུས་པ་ཡོད་པར་ཡིད་ཆེས་པའི་དད་ པ་དང་གཉིས་དེ་ཡིན་ལ། དེ་ཡང་རྒྱན་ལས། འཇིག་རྟེན་ཇི་སྲི ད་སེམས་ཅན་གྱི། །གནོད་དང་ ཕུན་སུམ་ཚོགས་པ་ཀུན། །བཟློ ག་དང་འབྱོར་བར་བྱ་ཆེད་དུ། །སངས་རྒྱས་སྐྱབས་ཆེན་ཉིད་ དུ་འདོད། །ཅེས་གསུངས་པ་ལྟར་སྐྱབས་སུ་འགྲོ་བ་པོ་འཇིག་རྟེན་ཇི་སྲི ད་ཀྱི་འགྲོ་བ་སེམས་ ཅན་རྣམས་ཀྱི་སྡུག་བསྔལ་བའི་གནོད་པ་དང་བདེ་འབྱོར་བའི་ཕུན་སུམ་ཚོགས་པ་ཀུན་རིམ་ པས་བཟློག་པ་དང་འབྱོར་བར་བྱ་བ་ལ་དེ་ལུགས་ཀྱི་ནུས་པ་སྐྱབས་གནས་ལ་ཡོད་པར་ ཡིད་ཆེས་པའི་སྒོ་ནས་དེ་ལྟར་གནོད་བྱེད་ཕན་བཟློག་འབྱོར་གྱི་ཆེད་དུ་སངས་རྒྱས་གང་ཉིད་ 4-1-333 སྐྱབས་ཀྱི་གནས་ཆེན་པོ་ཉིད་དུ་འདོད་ཅིང་སྐྱབས་སུ་བསྟེན་པར་གསུངས་པ་ཡང་ཕུགས་ འཇིགས་དད་ལ་ཐུག་གོ ། གཉིས་པ་ཚུལ་ཇི་ལྟར་ན། ཐེག་དམན་དག་སེམས་ཀྱིས་དམིགས་པ་འཁོར་བའི་འཇིག་ པ་ཙམ་དང༌། ཐེག་ཆེན་པ་རྣམས་ཀྱིས་དམིགས་པ་སྲི ད་ཞི་གཉིས་ཀའི་འཇིགས་པ་སྤང་བའི་ ཕྱིར་དུ་དཀོན་མཆོག་གསུམ་འཇིགས་པ་དེ་དག་ལས་སྐྱབས་པའི་སྐྱབས་སུ་བསྟེན་པར་ ཁས་ལེན་པའི་ངག་གི་རིག་བྱེད་དང་ནང་དམ་བཅའ་བའི་བློ་དང་བཅས་པས་སངས་རྒྱས་ལ་ སྟོན་པ་དང༌། ཆོས་ལ་ལམ་དང༌། དགེ་འདུན་ལ་གྲོགས་ཀྱི་འདུ་ཤེས་ཀྱིས་སྐྱབས་སུ་བསྟེན་ དགོས་སོ། །འདི་ལ་གཞན་རྒྱུད་དུ་གྲུབ་ཟིན་པའི་དཀོན་མཆོག་ལ་དམིགས་ནས་དེ་སྐྱབས་ སུ་བསྟེན་པར་ཁས་ལེན་པ་རྒྱུའི་སྐྱབས་འགྲོ་དང༌། རང་ལ་མ་འོངས་པ་ན་འབྱུང་བར་འགྱུར་ བའི་འབྲས་བུའི་དཀོན་མཆོག་ལ་དམིགས་ནས་དེ་ལྟར་ཁས་ལེན་པ་འབྲས་བུའི་སྐྱབས་འགྲོ་ དང་གཉིས་ཡོད། གསུམ་པ་དུས་ཇི་ཙམ་དུ་ན། ཐེག་དམན་པ་དག་དེང་ནས་ཇི་སྲི ད་འཚོའི་བར་དང༌། ཐེག་ ཆེན་པ་དག་དེང་ནས་བྱང་ཆུབ་སྙིང་པོ་ཐོབ་ཀྱི་བར་དུ་ཞེ་དམ་བཅའ་བ་དང༌། བཞི་པ་བསླབ་བྱ་གང་ཞེ་ན། འདི་ལ། སྤྱི་དང་སོ་སོ་གཉིས་ལས། དང་པོ་ནི། སྤྱིར་ སྐྱབས་སུ་འགྲོ་བའི་བསླབ་པ། བསྡུ་བ་ལས། འདི་ལྟར་གསུངས་པ་སྟེ། སྐྱེས་བུ་དམ་པ་དང་ འགྲོགས་པ། དམ་པའི་ཆོས་ཉན་པ། ཚུལ་བཞིན་ཡིད་ལ་བྱ་བ། ཆོས་ཀྱི་རྗེས་སུ་མཐུན་པའི་ ཆོས་སྒྲུབ་པ་སྟེ་དགེ་བའི་རྟེན་བཞི་དང༌། དབང་པོའི་སྒོ་བསྡམས་པ་དང༌། སེམས་ཅན་ལ་ སྙིང་བརྩེ་བ་དང༌། དཀོན་མཆོག་མཆོད་པ་ལ་བརྩོན་པ་དང༌། སྡོམ་པ་ཅི་ནུས་ལེན་པ་སྟེ་དགེ་ བའི་དངོས་པོ་བརྒྱད་གསུངས་པ་ལ་བསླབ་པར་བྱའོ། ། གཉིས་པ་སོ་སོའི་ཚུལ་ནི་མྱང་འདས་ཆེན་པོར། གང་ཞིག་སངས་རྒྱས་སྐྱབས་འགྲོ་བ། 4-1-334 །དེ་ནི་ཡང་དག་དགེ་བསྙེན་ཏེ། །ནམ་དུའང་ལྷ་ནི་གཞན་དག་ལ། །སྐྱབས་སུ་སོང་བ་མ་ཡིན་ ནོ། །དམ་པའི་ཆོས་ལ་སྐྱབས་ཚོལ་ན། །འཚེ་ཞིང་གསོད་པའི་སེམས་དང་བྲལ། །དགེ་འདུན་ ལ་ཡང་སྐྱབས་སོང་བས། །མུ་སྟེགས་ཅན་ལ་ཕྱག་མི་བྱ། །ཞེས་དང༌། སྐྱབས་གསུམ་བདུན་ ཅུ་པ་ལས། །དགེ་བསྙེན་ཉིད་དུ་དམ་བཅས་ནས། །སྐྱབས་གསུམ་པོ་རྣམས་བསྲུང་བར་བྱ། །མུ་སྟེགས་གཞན་ལ་གུས་པ་དང༌། །ཕྱག་དང་མཆོད་པ་རྣམས་མི་བྱ། །ཞེས་སོགས་རྒྱ་ཆེར་ གསུངས་པ་ལྟར་རོ། ། ལྔ་པ་དབྱེ་བའི་གྲངས་ཡང༌། སྤྱིར་གནས་སྐབས་ཀྱི་འཇིགས་སྐྱོབས་ལེགས་སྨོན་ཙམ་ གྱི་ཆེད་དུ་དམིགས་ནས་སྐྱབས་སུ་འགྲོ་བ་དང༌། མཐར་ཐུག་གི་ངེས་པར་འབྱུང་བའི་ཆེད་དུ་ དམིགས་ནས་སྐྱབས་སུ་འགྲོ་བ་དང་གཉིས་འཇིག་རྟེན་པའི་ལྷ་སོགས་ཀྱི་ཡོན་ཏན་ལ་ཤེས་ ནས་དད་པས་སྐྱབས་འགྲོ་མི་བརྟན་པ་དང༌། དཀོན་མཆོག་གི་ཡོན་ཏན་ལ་ཤེས་ནས་དད་ པས་སྐྱབས་འགྲོ་བརྟན་པ་དང་གཉིས། རང་ཉིད་འཁོར་བའི་འཇིགས་པ་ལས་སྐྱོབ་པའི་ སྐྱབས་འགྲོ་ཐུན་མོང་བ་དང༌། རང་གཞན་ཐམས་ཅད་སྲི ད་ཞིའི་འཇིགས་པ་ལས་སྐྱོབ་པའི་ སྐྱབས་འགྲོ་ཐུན་མོང་མ་ཡིན་པ་དང་གཉིས་སོགས་དུ་མ་ཡོད། དྲུག་པ་སྒྲ་དོན་ནི། ཇི་སྐད་དུ། རྟག་ཏུ་ཉོན་མོངས་ཚོགས་ཀུན་དང༌། །ཉེས་པར་སྤྱོད་པ་ ཐམས་ཅད་དང༌། །རྒ་དང་འཆི་བ་དག་ལས་ཀྱང༌། །སངས་རྒྱས་ཉིད་ནི་ཡོངས་སུ་སྐྱོབ། །འཚེ་ བ་དག་ནི་ཐམས་ཅད་དང༌། །ངན་སོང་དང་ནི་ཐབས་མིན་དང༌། །འཇིགས་ཚོགས་ཐེག་པ་ དམན་དག་ལས། །སྐྱོབ་ཕྱིར་སྐྱབས་ཀྱི་དམ་པའོ། །ཞེས་སོ། །དེས་ན་དཀོན་མཆོག་དེ་དག་ ལ་སྡུག་བསྔལ་དང་སྒྲིབ་པའི་འཇིགས་པ་ལས་སྒྲོལ་བའི་དཔུང་གཉེན་ཞུ་ཞིང་བསྙེན་ཏེ་སོང་ བའམ་བསྙེན་པར་སོང་བས་ན་སྐྱབས་འགྲོ་ཞེས་བྱའོ། ། གཉིས་པ་ཐུན་མོང་མ་ཡིན་པ་ནི། རྒྱན་ལས། འདི་ནི་དེ་དངོས་འདོད་པས་ཁས་ལེན་དེ་ 4-1-335 ཡང་སྙིང་རྗེ་ལས་རིག་བྱ། །དེ་ལས་རྣམ་པ་ཀུན་མཁྱེན་ཕན་དང་བདེ་བྱེད་དཀའ་ལ་སྐྱོ་བ་ མེད། །ངེས་པར་འབྱུང་བ་ཐེག་པ་ཀུན་གྱིས་རྟོན་པའི་ཡོན་ཏན་རྟག་ཏུ་ལྡན། །བརྡ་དང་ཆོས་ ཉིད་ཐོབ་པ་བློ་ལྡན་རྣམས་ཀྱི་སྐྱབས་འགྲོ་འདི་མཆོག་ཡིན། ཞེས་གསུངས་པ་སྟེ། དེ་ཡང་ ཐེག་པ་ཆེན་པོའི་ལུགས་ལ་སེམས་བསྐྱེད་དང་མཐུན་པར་དོན་རྣམ་པ་དྲུག་ཏུ་ཤེས་དགོས་ ཏེ། དང་པོ་ངོ་བོའི་དོན་འདི་ནི། སྐྱབས་གནས་མཐར་ཐུག་པ་སངས་རྒྱས་དེ་དངོས་ཉིད་ཐོབ་ པར་འདོད་པས་དེའི་རྒྱུ་ལམ་བསྒྲུབ་པར་ཁས་ལེན་ཞིང་དམ་བཅའ་བ་ཡང༌། རྒྱན་ལས། གང་ ཞིག་དཀའ་བ་མང་པོས་བྱང་ཆུབ་མཆོག་དོན་གཉེར། །གང་ཞིག་སྐྱོ་བ་མེད་པར་དཀའ་བ་ ཡང་དག་སྤྱོད། །གང་ཞིག་རྣམ་སངས་རྒྱས་ནས་སངས་རྒྱས་ཀུན་མཉམ་འགྱུར། །བློ་ལྡན་ དེ་ནི་ཁས་ལེན་མཆོག་ཏུ་ཤེས་པར་བྱ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་རྒྱུའི་དོན་ནི་ སེམས་ཅན་ལ་དམིགས་པའི་སྙིང་རྗེ་ཆེན་པོ་ལས་སྐྱེས་པ་ཡིན་པར་རིག་པར་བྱ་སྟེ། ཇི་སྐད་ དུ། དེའི་རྩ་བ་སྙིང་རྗེར་འདོད། །ཅེས་གསུངས་པས་སོ། ། གསུམ་པ་འབྲས་བུའི་དོན་ནི། སྙིང་རྗེ་དེ་ལས་ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པའི་རྣམ་པ་ ཀུན་མངོན་སུམ་དུ་མཁྱེན་པའི་ཡེ་ཤེས་དང་ལྡན་པས་སངས་རྒྱས་ཉིད་ཐོབ་པའོ། ། བཞི་པ་ལས་ཀྱི་དོན་ནི། མཐར་ཐུག་གི་ཕན་པ་ངེས་པར་ལེགས་པ་དང་གནས་སྐབས་ ཀྱི་བདེ་བ་མངོན་པར་མཐོ་བ་ལ་སྦྱོར་ཞིང༌། དེ་དག་གིས་དཀའ་སྤྱད་ལ་ནམ་ཡང་སྐྱོ་བ་མེད་ པའོ། ། ལྔ་པ་ལྡན་པའི་དོན་ནི། ངེས་པར་འབྱུང་བར་བྱ་བ་ལ་ཐེག་པ་ཀུན་དང་མཐུན་པར་ ཚོགས་གཉིས་ཀྱི་ཉེ་བར་རྟོན་པའམ་བསྐྱེད་པའི་ཡོན་ཏན་བྲལ་བ་དང་སྨིན་པའི་འབྲས་བུ་ ཟད་མེད་པ་དང་རྟག་ཏུ་ལྡན་པའོ། ། དྲུག་པ་འཇུག་པའི་དོན་ནི། རགས་པ་ཡང་དག་པར་བླངས་པ་བརྡ་ལས་བྱུང་བ་དང་ཕྲ་ 4-1-336 བ་དོན་དམ་པ་ཆོས་ཉིད་ཀྱིས་ཐོབ་པ་བློ་ལྡན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐྱབས་འགྲོ་ འདི་ཐེག་པ་དམན་པ་རྣམས་ཀྱི་སྐྱབས་འགྲོ་ལས་མཆོག་ཏུ་གྱུར་པ་ཡིན་ཞིང༌། དེ་ཡང་གང་གི་ ཆེད་དུ་ན་ཀུན་ཏུ་འགྲོ་བ་མ་ལུས་པའི་དོན་དང༌། ཁས་ཇི་ལྟར་ལེན་ན་ནམ་ཞིག་བྱང་ཆུབ་སྙིང་ པོ་མ་ཐོབ་ཀྱི་བར་དུ་དང༌། དེ་ཐོབ་བྱེད་མངོན་པར་རྟོགས་པ་རྒྱ་མཚོ་ལྟ་བུ་ལ་ཉེ་བར་སློ བ་ པ་དང༌། སྙིང་སྟོབས་ཀྱི་གོ་ཆ་བརྟན་པས་བྱ་དཀའ་བའི་ལས་ལ་དཔའ་བས་དམན་པ་ཟིལ་ གྱིས་གནོན་པའི་ཆ་ནས་གཞན་ཉན་རང་རྣམ་ལས་ཆེས་མཆོག་ཏུ་གྱུར་པའོ། །སྤྱིར་སྐྱབས་ སུ་བསྟེན་པ་ལ་ཁས་བླངས་པའི་སྒོ་ནས་མཆོག་གསུམ་སྡུག་བསྔལ་ལས་སྐྱོབ་པའི་སྐྱབས་སུ་ བསྟེན་ཚུལ་དང༌། མཆོག་གསུམ་གྱི་ངོ་བོ་དོན་གྱི་གནས་ལུགས་རང་རྒྱུད་ལ་ཉམས་སུ་བླངས་ པའི་སྒོ་ནས་སྐྱབས་དངོས་སུ་བསྟེན་པའི་ཚུལ་གཉིས་ལས་སྔ་མ་ནི་ཁས་བླངས་ཙམ་གྱིས་ སྐྱབས་སུ་བསྟེན་པ་ལས་དང་པོ་པ་རྣམས་ཀྱི་སྤྱོད་ཡུལ་དང༌། ཕྱི་མ་ནི་དོན་དངོས་གནས་ཀྱི་ སྐྱབས་གནས་ལུགས་ཇི་བཞིན་པ་ལ་དབང་འབྱོར་བའི་ཚུལ་གྱིས་སྐྱབས་དངོས་བསྟེན་ཚུལ་ མཆོག་མངོན་རྟོགས་ལམ་དང་ལྡན་པ་དག་གི་སྤྱོད་ཡུལ་ལོ། ། ད་ནི་རྩ་བའི་ས་བཅད་གསུམ་པ་གང་སྐྱབས་སུ་བསྟེན་པའི་འབྲས་བུའི་ཚུལ་ནི་སྐྱབས་ འགྲོའི་ཕན་ཡོན་གྱི་སྒོ་ནས་འཆད་པར་བྱ་སྟེ། དེ་ལའང༌། གནས་སྐབས་དང༌། མཐར་ཐུག་གི་ ཕན་ཡོན་གྱི་འབྲས་བུ་གཉིས་ལས། དང་པོ་ནི། མཛོད་ལས། །གཞན་ལ་བསྙེན་གནས་ཡོད་མོད་ཀྱི། །སྐྱབས་སུ་ུམ་སོང་བ་ ལ་མེད། །ཅེས་བསྙེན་གནས་ཀྱི་སྡོམ་པ་ཙམ་ཡང་སྐྱབས་སུ་ུམ་སོང་བ་ལ་མི་སྐྱེ་བར་གསུངས་ ཤིང༌། སྐྱབས་གསུམ་བདུན་ཅུ་པ་ལས། དགེ་བསྙེན་གསུམ་ལ་སྐྱབས་འགྲོ་བ། །དེ་ནི་སྡོམ་ བརྒྱད་རྩ་བ་ཡིན། །ཞེས་སྐྱབས་འགྲོ་ནི་སོ་ཐར་རིས་བརྒྱད་ཀྱི་སྡོམ་པའི་རྩ་བ་ཡིན་པར་ གསུངས་པ་དང༌། ཕག་མོའི་རྟོགས་བརྗོད་ལས། གང་ཞིག་སངས་རྒྱས་སྐྱབས་འགྲོ་བ། །དེ་ 4-1-337 ནི་ངན་འགྲོར་མི་འགྲོ་སྟེ། །མི་ཡིས་ལུས་ནི་སྤངས་ནས་ཀྱང༌། །ལྷ་ཡི་ལུས་སུ་སྐྱེ་བར་འགྱུར། །ཞེས་སོགས་ཆོས་དགེ་འདུན་ལ་སྦྱར་ནས་གཏམ་རྒྱུད་དང་བཅས་ཏེ་སྐྱབས་འགྲོ་མངོན་མཐོ་ ལྷའི་གོ་འཕང་ཐོབ་བྱེད་ཀྱི་རྒྱུར་རྒྱས་པར་གསུངས་པ་དང༌། གཞན་ཡང་ཇི་སྐད་དུ། སངས་ རྒྱས་ཉིད་དེ་སྐྱབས་ནི་དཔེ་མེད་མཆོག་ཏུ་འདོད། །སྣ་ཚོགས་འཇིགས་འགྱུར་འཇིག་ཚོགས་ ཀུན་དང་ཐེག་པ་དང༌། །ངན་སོང་རྣམ་མང་སྡུག་བསྔལ་ཐབས་མིན་སོང་བ་རྣམས། །སྐྱེ་དང་ འཆི་དང་ཉོན་མོངས་ལས་རྣམས་ཀུན་ལས་བསྲུང༌། །ཞེས་སྐྱབས་སུ་འགྲོ་བ་པོ་རྣམས་ལ་ ཚེ་འདིར་ཡང་གནོད་བྱེད་སྣ་ཚོགས་ཀྱིས་གླགས་མི་རྙེད་ཅིང་ལྟ་བ་ངན་པ་རྣམས་སུ་མི་ལྷུང་ ཞིང་ཕྱི་མར་ངན་སོང་ལས་སྐྱོབ་པ་དང་སྐྱེ་འཆི་ཉོན་མོངས་ཀུན་ལས་ཀྱང་བསྲུང་ཞིང་སྐྱོབ་ པ་མཆོག་ཏུ་གྱུར་ཚུལ་གསུངས་པ་དང༌། བསྡུ་བ་ལས་ཀྱང༌། བསྲུང་བ་ཆེན་པོ་དང་ལྡན་པ་ དང༌། །ལོག་པར་མོས་པའི་སྒྲིབ་པ་ཐམས་ཅད་ཟད་པ་དང༌། །སྐྱེས་བུ་དམ་པའི་ནང་དུ་བགྲང་ བ་དང༌། །སྟོན་པ་དང་ཆོས་གྲོགས་དང་བསྟན་པ་ལ་དད་པའི་ལྷ་རྣམས་ཀྱི་ཡིད་དུ་འོང་བ་ སྟེ་བཞི་དང༌། བསོད་ནམས་ཆེན་པོ་དང༌། དགའ་བ་ཆེན་པོ་དང༌། ཏིང་ངེ་འཛིན་དང༌། རྣམ་ པར་དག་པ་སྟེ་བཞི་སྟེ་ཕན་ཡོན་བརྒྱད་གསུངས་པ་དང༌། མདོ་རྒྱ་ཆེར་རོལ་པ་ལས། མཆོག་ གསུམ་ལ་སྐྱབས་སུ་སོང་བ་གང་དག་གི་འགྲོ་བ་རྣམས་ལ་ཆོས་སྣང་བའི་སྒོ་བརྒྱ་རྩ་བརྒྱད་ འབྱུང་བར་གསུངས་པ་སོགས་ཀྱི་མཚོན་གནས་སྐབས་ཀྱི་ཕན་ཡོན་གྱི་འབྲས་བུ་མཐའ་ཡས་ པ་འབྱུང་བའོ། ། གཉིས་པ་མཐར་ཐུག་གི་ཕན་ཡོན་གྱི་འབྲས་བུ་ནི། གསུང་རབ་དམ་པ་ལས། སྐྱབས་ སུ་འགྲོ་བ་འདིར་སོང་དོན་ཆེན་ཏེ། །དེ་ནི་ཚད་མེད་ཡོན་ཏན་ཚོགས་འཕེལ་འགྱུར། །འགྲོ་ བ་འདི་ལ་སྙིང་རྗེའི་བསམ་པས་ཁྱབ། །མཚུངས་མེད་འཕགས་ཆེན་ཆོས་ཀྱང་རྒྱས་པར་བྱེད། །ཅེས་གསུངས་པ་སྟེ། དེ་ཡང་ཐེག་པ་ཆེན་པོའི་སྐྱབས་སུ་འགྲོ་བའི་སྒོ་འདིར་ལེགས་པར་ 4-1-338 སྐྱབས་སུ་གང་སོང་བ་རྣམས་ལ་མཐར་ཐུག་གི་དོན་ཤིན་ཏུ་ཆེ་བ་ཡིན་ཏེ། སྐྱབས་སུ་འགྲོ་ བའི་རྒྱལ་སྲས་དེ་ནི་རིམ་གྱིས་སྤང་རྟོགས་ཡོངས་སུ་རྫོགས་ཏེ་རང་དོན་ཆོས་སྐུའི་ཡོན་ཏན་ གྱི་ཚོགས་མཐའ་མེད་དུ་འཕེལ་བར་འགྱུར་ཏེ། གདུལ་བྱའི་འགྲོ་བ་མཐའ་ཡས་པ་འདི་དག་ ལ་ཐུགས་སྙིང་རྗེ་བརྩེ་བ་ཆེན་པོ་ནམ་ཡང་རིས་སུ་མ་ཆད་པའི་བསམ་པ་མཆོག་གིས་ལེགས་ པར་ཁྱབ་སྟེ། མཚུངས་པ་མེད་པའི་འཕགས་ཆེན་གྱི་མཛད་ཕྲིན་བླ་ལྷག་པས་ཐེག་པ་ཆེན་ པོའི་ཟབ་རྒྱས་ཆོས་ཀྱི་དགའ་སྟོན་རྒྱ་ཆེ་བ་རྣམས་ཀྱང་ལེགས་པར་བསྟན་པས་དེ་དག་ལ་ གདུལ་བྱ་རང་རང་གི་སྐལ་བ་དང་འཚམས་པར་ལོངས་སྤྱོད་ཅིང་མངོན་པར་རྟོགས་པ་དབང་ པོའི་རིམ་པ་དང་མཐུན་པ་རྒྱས་པར་བྱེད་པའི་གཞན་དོན་ཕུན་སུམ་ཚོགས་པ་ཡང་ངེས་པར་ འབྱུང་བའི་ཕྱིར་རོ། ། གཞན་ཡང་སངས་རྒྱས་ལ་སྐྱབས་སུ་སོང་བས་ནམ་ཞིག་སངས་རྒྱས་སྟེ་ལོངས་སྤྲུལ་ གྱི་གོ་འཕང་ཐོབ་སྟེ་གསང་གསུམ་གྱི་མཛད་པ་འབྱམས་ཀླས་ལ་དབང་བར་བྱེད། ཆོས་ལ་ སྐྱབས་སུ་སོང་བས་མཐར་ཐུག་གི་གོ་འཕང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་ཟུང་གི་ རླབས་ཆེན་གྱི་མཛད་ཕྲིན་མཐའ་ཡས་པའི་སྒོ་ནས་གང་འདུལ་གྱི་གདུལ་བྱ་རྣམས་ལ་ཁམས་ དབང་དང་མཐུན་པའི་ཆོས་ཀྱི་འཁོར་ལོ་བསྐོ ར་བར་བྱེད། དགེ་འདུན་ལ་སྐྱབས་སུ་སོང་ བས་མཐར་ཐུག་ལོངས་སྤྲུལ་ཀྱི་འཁོར་དུ་རང་རང་དང་འཚམས་པའི་ཐེག་པ་ཆེ་ཆུང་གི་དགེ་ འདུན་དཔག་ཏུ་མེད་པས་བསྐོ ར། དེ་དག་ལ་སྐལ་བཟང་བསོད་ནམས་དཔལ་གྱིས་ཉེ་བར་ མཛེས་པར་བྱས་ཏེ་ཐུགས་ཀྱི་རེ་འདོད་མ་ལུས་པ་སྐོ ང་བར་མཛད་པ་ལགས་སོ། །སྨྲས་པ། མ་ལུས་འདོད་འགུ་འཇོ་བའི་དཀོན་མཆོག་རིན་ཆེན་ཟ་མ་ཏོག ། ལེགས་འབྱུང་ཕན་བདེ་ཡིད་བཞིན་དབང་པོ་ཇི་དགར་འབྱུང་བའི་གཏེར། ། མཐའ་དག་སྐྱེ་དགུའི་དབུལ་བ་དྲུངས་འབྱིན་སྐལ་བཟང་བསོད་ནམས་ཞིང༌། ། 4-1-339 ཨེ་མ་མཆོག་གསུམ་དམ་པའི་སྐྱབས་གཅིག་ངོ་མཚར་ཀུན་གྱི་ཕུལ། ། རྣམ་གསུམ་རིན་ཆེན་དབང་པོའི་ཕྲིན་ལས་མཆོག ། ནམ་ཡང་ཟད་མིན་ལེགས་ཚོགས་སྤེལ་བའི་གཉེན། ། མ་ལུས་འགྲོ་འདིའི་སྙིང་གི་ཁམས་སུ་སད། ། ཡོངས་དག་ཡེ་ཤེས་སྣང་བ་མངོན་གྱུར་ཤོག ། འདིར་འབད་རྣམ་དཀར་ག་བུར་གཏེར་གྱི་ཟེར། ། ཡིད་ཅན་སྡུག་བསྔལ་ཚ་གདུང་བཅིལ་བའི་སླད། ། ཀུན་ཕན་བསིལ་ཟེར་སྣང་བའི་རེག་བྱ་རྒྱས། ། འདིས་ཀྱང་འགྲོ་ལ་ངལ་གསོ་སྦྱིན་གྱུར་ཅིག ། ཅེས་སྐྱབས་གསུམ་གྱི་རྣམ་བཤད་ཐེག་མཆོག་ངེས་པའི་མྱུ་གུ་ཞེས་བྱ་བ་འདི་ཡང་རིན་ཆེན་རྣམ་གསུམ་ལ་མི་ཕྱེད་དད་པས་ རྟག་པར་སྐྱབས་སུ་བསྟེན་པའི་ངེས་པར་ཆོས་ལ་ཉེ་བར་ཕྱོགས་པ་ཅན་ངག་དབང་ཡོན་ཏན་བཟང་པོའི་ཐུགས་ཀྱི་མོས་འདུན་མ་ བཟློག་ཙམ་དུ་མ་ཏི་ཀིརྟི་ཞེས་པས་མཐུན་པའི་རྟེན་འབྲེལ་ཉེས་ཞི་ལེགས་ཚོགས་རྒྱས་པའི་གཟའ་སྐར་བཟང་པོའི་ཉིན་བཀའ་ བསྟན་རྣམ་དག་གི་གཞུང་ལུགས་ཀྱི་དགོངས་པ་བཞིན་ལེགས་པར་བྲིས་པས་མཐའ་ཡས་པའི་འགྲོ་བ་གང་དག་རྣམ་གསུམ་ སྐྱབས་ཀྱི་གོ་འཕང་ལ་མྱུར་ནས་ཕྱིན་པར་གྱུར་ཅིགདགེ་ལེགས་འཕེལ།། །། འདི་བཞེངས་དགེ་བའི་ཟླ་ཟེར་གྱིས། ། བསྟན་འགྲོའི་ལེགས་སྒོ་ཀུ་མུད་ཚལ། ། ཡོངས་རྒྱས་དགའ་སྟོན་གསར་བའི་དཔལ། ། སྲི ད་མཐའི་བར་དུ་ཉམས་མེད་ཤོག ། འདིའང་གྲོགས་ཀྱི་ངོར་མ་ཏིས་བྲི ས། 4-1-340 ༄༅། །འཇམ་མགོན་ཏཱ་ར་ནཱ་ཐས་མཛད་པའི་འཕགས་པ་འཇིག་རྟེན་ དབང་ཕྱུག་གི་བསྟོད་པའི་ཚིག་འགྲེལ་ ཞེས་བྱ་བ་བཞུགས་སོ། ། ༄༅། །རྨད་བྱུང་མཚུངས་པ་མ་མཆིས་པའི་མགོན་འཕགས་མཆོག་བརྩེ་ཆེན་གཏེར་ གྱུར་གང་གི་ཞབས་ཟུང་ཉེ་བར་འགོད་པའི་སྤྲུལ་བཀོད་ཀྱི་ཞིང་གཙོ་འཁོར་བཅས་ལ། ཡིད་ དད་མོས་ལྷག་པར་བསྐྱོད་པའི་ངང་ནས་འདིར་བརྗོད་བྱ་དུས་སུ་བབ་པ་ལ། མ་ལུས་པའི་ འགྲོ་བའི་སྐྱབས་རླབས་ཆེན་ཐུགས་རྗེ་ཆེ་མངའ་རྒྱལ་སྲས་སེམས་དཔའི་ཚུལ་དུ་གང་འདུལ་ གྱི་མཛད་སྒོར་བཞུགས་པ་མཆོག་ལ་རྗེ་འཇམ་མགོན་བླ་མས་བསྟོད་པའི་རབ་བྱེད་ངོ་མཚར་ དག་སྣང་གི་ཕྱོགས་ཆ་གཅིག་ནས་མདོ་ཙམ་རྡོ་རྗེའི་ཚིག་གིས་སྙན་ངག་གི་རྒྱན་དང་བཅས་ བཀའ་ལེགས་བསྩལ་གྱི་དོན་ལ། ཐོག་བར་ཐ་གསུམ་གྱི་ཚུལ་ལས། ཐོག་མར་བསྟོད་པ་རྩོམ་ པའི་སྔོན་དུ་སྐྱེས་བུ་དམ་པའི་མཛད་བཟང་བསོད་ནམས་རླབས་ཆེན་གྱི་བསགས་སྒོ་དུས་སུ་ མི་ཡོལ་བའི་སླད་ཤིས་བརྗོད་དང་མཆོད་པར་བརྗོད་པ་སྔོན་དུ་འགྲོ་བ་རིམ་བཞིན་འདི་ལྟ་ སྟེ། ༀ༷་སྭ༷་སྟི༷། ཞེས་པས་ཤིས་པ་བརྗོད་པའི་དོན་ཡང་བསོད་ནམས་ཞིང་གི་ཡུལ་ཁྱད་ འཕགས་ལ་ཕུལ་བྱུང་བསྟོད་པ་ཆེ་བསྔགས་འཆད་འགྱུར་མཛད་པོ་མཆོག་གི་དགོངས་ཉམས་ སུ། ཇི་བཞིན་ལེགས་འབྱུང་གི་སྔོ ན་གྱི་གནས་སྐབས་མཐར་ཐུག་དེར་ལྟོ ས་གང་གང་མཛད་ 4-1-341 སྒོ་བདེ་ལེགས་ཕུན་ཚོགས་སུ་རྒྱལ་ཀུན་གསང་གསུམ་སྙིང་རྗེའི་ཕྲིན་ལས་སེམས་དཔར་ བཞེངས་པ་ལ། མཛད་པོས་ཐུགས་ཀྱི་དགོངས་འདོད་དེ་ལུགས་ཀྱི་དགེ་ལེགས་ཤིས་ཚིག་ ཁྱད་པར་བ་བརྗོད་ཅིང༌། དེ་ནས་སྔོ ན་འགྲོའི་མཆོད་བརྗོད་ཉུང་ཙམ་དངོས་ཀྱི་ཚུལ་ཐམས་ ཅད་གཟིགས་སོགས་གསུངས་པ་སྟེ། དེ་ཡང་ཟག་མེད་མཁྱེན་སྤྱན་སྒྲིབ་པ་ཀུན་བྲལ་གྱི་ གཟིགས་པ་འདུ་འགོག་དང་རིས་སུ་ཆད་པ་ནམ་ཡང་མ་དམིགས་པའི་ཡེ་ཤེས་མཆོག་གིས་ བདེན་པ་གཉིས་བསྡུས་ཀྱི་ཆོ༷ས་ཐ༷མས་ཅད་རང་སྣང་དོན་དམ་གཟི༷གས་ཚུལ་ཁྱད་པར་བ་ དང་གཞན་སྣང་ཀུན་རྫོབ་པ་རྣམས་ཀྱང་ཇི་བཞིན་སྒྲིབ་མེད་དུ་མ་འདྲེས་སོ་སོར་མཁྱེན་པ༷འི་ སྤྱ༷ན་ད༷ང་ལེགས་པར་ལྡ༷ན་པ༷། འདིར་དོན་གྱི་ཕྱིར་མཚན་ནས་སྨོས་ན་འཕགས་པ་མཆོག་ སྤྱིར་འགྲོ་བ་ཡོངས་དང་ཁྱད་པར་གངས་ལྗོངས་འདུལ་བའི་དཔལ་དུ་གྱུར་པ་འཇི༷ག་རྟེན་ དབང་ཕྱུག་སྐྱོབ་པ་ཟླ་དང་བྲལ་བ་ལ༷་རྩོམ་པ་པོས་སྒོ་གསུམ་གྱིས་གུས་འདུད་ཞུ་བ་ནི་ཕྱ༷ག་ འཚ༷ལ་ལོ༷་ཞེས་པའི་དོན་ནོ། ། གཉིས་པ་བར་གྱི་བསྟོད་པ་དངོས་ཀྱི་ཚུལ་ལ། སྤྱིར་གསང་གསུམ་ཆེ་བའི་བསྟོད་པ་ དང༌། ཁྱད་པར་གང་འདུལ་སྤྲུལ་པའི་བསྟོད་པ་གཉིས་ལས། དང་པོ་ནི། ངེས་པ་དོན་གྱི་ཡིན་ ལུགས་ལ་མ་ལུས་པའི་འགྲོ་འདྲེན་རྒྱལ་བ་གང་དག་གི་དགོངས་ཆེན་གཞི་དབྱིངས་ཉག་མ་ གཅིག་པུའི་ཆོས་སྐུ་དེ་ཉིད། འཁོར་འདས་ཀྱི་སྲོ ག་གི་དྭངས་མར་རིས་སུ་ཆད་པ་མེད་པར་ གདོད་ནས་སྐུ་གསུམ་ལྷུན་གྲུབ་ཏུ་ངེས་པར་བརྡལ་བ་ལས་རང་གཞན་གྱི་སྣང་བར་ཇི་འོས་ སུ་ལོངས་སྤྲུལ་སྒྱུ་མའི་རོལ་གར་དེ་སྙེད་མི་ཟད་རྒྱན་གྱི་འཁོར་ལོར་མངའ་དབང་བསྒྱུར་ཏེ། གང་འདུལ་ལ་ཕན་བདེ་འཁོར་བ་སྲིད་དུ་རེས་འཇོག་བྲལ་བ་ཡང་གནས་ལུགས་ཀྱི་འབྱུང་ ཚུལ་བསླུ་མེད་དུ་ངེས་པ་ནི་འདིར་མཛད་པོ་མཆོག་གི་དགོངས་བཞེད་ཀྱི་དབང་དུ་བྱས་ན། སྙིང་རྗཻའི་གཏེར་ཆེན་སེམས་དཔའ་གང་ཉིད་རྒྱལ་ཀུན་ཆོས་སྐུ་གཅིག་གི་དགོངས་དབྱིངས་ 4-1-342 ལས་འགྲོ་འདུལ་དུས་བབ་ཏུ་སེམས་ཅན་མཐའ་དག་ལ་རང་རང་དང་འཚམས་པར་འདྲེན་ པ་མཆོག་གི་མགོན་དུ་དེ་ལུགས་ལྟར་བསོད་ནམས་ཀྱི་སྐལ་བར་ཆེས་ངེས་ཐག་ཆོད་པར་མ་ ཟད། བདག་ཅག་གི་སྟོན་པས་རེ་ཞིག་གང་འདུལ་གཞན་སྣང་ལྟར་ན་དམ་ཆོས་པད་དཀར་ སོགས་ལས་བརྩེ་ཆེན་དབང་ཕྱུག་ཉིད་དོན་གྱི་ཡིན་ལུགས་སུ་ཆོས་དབྱིངས་ཉག་གཅིག་ ཇི་བཞིན་དགོངས་ཆུབ་ཀྱི་ངང་ནས་འབད་མེད་ལྷུན་གྲུབ་ཏུ་གདུལ་བྱའི་ཁམས་དབང་དང་ འཚམས་པའི་སྤྲུལ་བཀོད། སངས་རྒྱས་བྱང་སེམས་ཉན་རང་དང༌། ཚངས་པ་བརྒྱ་བྱིན་དབང་ ཕྱུག་སོགས་འཇིག་རྟེན་ལས་འདས་མ་འདས་ཀྱི་མགོན་སྣ་ཚོགས་པའི་ཐབས་ཚུལ་གྱི་རོལ་ པ་མཐའ་ཀླས་པར་དཔལ་གྱི་མགུར་ནས་བཀའ་ལེགས་བསྩལ་ལྟར། སྤྱན་གཟིགས་མགྲིན་ སྔོན་སྒྲུབ་ཐབས་སོགས་ལས་ཀྱང་འདས་པའི་དུས་ནས་མངོན་སངས་རྒྱས་ཀྱང་ཐུགས་རྗེའི་ དབང་གིས་ས་བཅུའི་སེམས་དཔའི་ཚུལ་སྟོན་པའི་སྒོ་ནས་འཁོར་བ་ཇི་སྲིད་དུ་གང་ལ་གང་ འདུལ་ཐབས་ཀྱི་མཛད་བཟང་ནམ་ཡང་རིས་སུ་མ་ཆད་པར་ཡང་ཡང་གསུངས་པ་བཞིན། འདིར་འཕགས་པ་མཆོག་གི་གསང་གསུམ་ཆེ་བསྔགས་ཀྱི་སྐབས་སུ་དེ་ལུགས་ཀྱི་མཛད་ དགོངས་རླབས་ཆེན་གནང་བའི་རིམ་པ་ལ་སྐུ་དང༌། གསུང་དང༌། ཐུགས་ཀྱི་གསང་བའི་ཆ་ མདོ་ཙམ་པ་རྗོད་བྱེད་ཀྱི་ཚིག་ཚེག་བར་བཅོ་ལྔ་པ་གཅིག་དང་ཉེར་གཅིག་པ་གཉིས་ཚིགས་ བཅད་དུ་བྱས་ནས་ཚིག་བཞི་གསུམ་གྱིས་ཐོག་མར་གང་བརྗོད་པར་བྱ་བའི་ཚུལ་གསུམ་ ལས། དང་པོ་སྐུའི་གསང་བ་ཆེན་པོའི་མཛད་པ་ཡང༌། འཇིག་རྟེན་དབང་ཕྱུག་གདོད་ནས་ ཞི་བ་ཆོས་སྐུའི་དེ་ཉིད་ཀུན་ཁྱབ་རྣམ་པ་མཆོག་དང་ཡེ་ཤེས་དོན་དམ་པ་རྒྱ་མཚོའི་དཔ༷ལ་ ཆེས་བསམ་ཁྱབ་ངེས་པར་དཀའ་བའི་གནས་ལུགས་མཐར་ཐུག་རང་བཞིན་འོད་གསལ་ གཤེགས་སྙིང་རྟག་པའི་སྐུ་རུ་ཡེ་ནས་ངེས་པར་ལྡ༷ན་པ་ནི་ཆོས་ཀྱི་གཤིས་ལུགས་ཡང་དག་ 4-1-343 གི་སྐུ་ངེས་པ་དོན་དམ་པ་སྟེ། རང་བཞིན་གཞི་དབྱིངས་སྤྲོས་བྲལ་རྣམ་ཀུན་པ་དེ་ཉིད་ལས་ ལྷུན་གྲུབ་འབད་མེད་རིས་བྲལ་གྱི་ཚུལ་དུ་འོག་མིན་ངེས་པ་ལྔ་ལྡན་གྱི་ཞིང་ལྟ་བུར་ཡེ་ཤེས་ རོལ་པའི་མཛད་ཆེན་ར༷བ་བརྗི༷ད་ཀུན་ནས་ཡ་མཚན་ཆེས་མཐའ་ཀླས་པའི་མངའ་བདག་ ཞིང་གཙོ་གཅིག་གྱུར་ག༷ང་གི་ལོངས་སྤྱོད་རྫོགས་སྐུ༷་ཁ་སྦྱོར་བདུན་གྱི་དབང་ཕྱུག་ཏུ་ཉེ་བར་ བཞེངས་པ་ཡ༷ང༌། གདུལ་བྱ་སྐལ་བ་བཟང་ཞིང་དབང་པོ་ཆེས་རབ་ཏུ་སོན་པས་གཙོ་འཁོར་ ཆེར་ཐ་དད་མི་མངོན་ཕྱིར་དག་པ་ཡེ༷་ཤེ༷ས་ཆེ༷ན་པོ༷འི་ར༷ང་སྣ༷ང་འབའ་ཞིག་ལྟ་བུ་ལ་སྟོན་ འཁོར་གསང་ཆེན་ཐེག་པ་མཆོག་ལ་ལོངས་སུ་སྤྱོད་པའི་ཚུལ་ཁྱད་པར་བས་དུས་འདའ་བ་ སྟེ། གང་ཉིད་སངས་རྒྱས་ཐམས་ཅད་ཀྱི་ཆོས་སྐུ་གཤིས་ལུགས་གཅིག་པུ་ལས་ངེས་པར་བྱུང་ བའི་མཛད་བཟང་གི་སྒོ་ཕུལ་དུ་བྱུང་སྟོབས་ཀྱིས། དག་མ་དག་གི་ཞིང་ཆེས་མང་པོ་རྣམས་ སུ་ཕྱོགས་བཅུའི་ཞིང་བཞུགས་འདྲེ༷ན་པ༷་སངས་རྒྱས་ཀུ༷ན་གྱི༷་ཐུག༷ས་སྙིང་རྗེ༷་ཆེན་པོའི་མཐུ་ ཕྱོགས་གཅིག་མཆོག་གི་སྤྲུལ་པའི་སྐུ་རྣམ་འདྲེན་འོད་མཐའ་ཡས་པ་སོགས་དང༌། རྒྱལ་ བའི་སྲས་སེམས་དཔའ་ཆེན་པོ་འཕགས་མཆོག་འཇིག་རྟེན་མགོན་པོ་ལ་སོགས་པ་གང་ལ་ གང་འདུལ་གྱི་སྤྲུལ་པ་རབ་འབྱམས་ངོ་མཚར་སྒྱུ་མའི་བཀོད་ཆེན་ཅིག་ཆར་མཁའ་དབྱིངས་ ལས་ཉིན་བྱེད་འོ༷ད་སྟོ༷ང་ཕྱོགས་མཚམས་ཀུན་ཏུ་འགྱེད་པ་དང་ཆོས་མཚུངས་ཤིང༌། གདུལ་ བྱ་གང་འཚམས་ལ་དེ་ལུགས་ཀྱི་སྤྲུལ་པའི་སྐུ་སྣ་ཚོགས་སྤྱི་དང་ཁྱད་པར་འཕགས་མཆོག་ སེམས་དཔའ་ཆེན་པོའི་རྣམ་པར་རོལ་པ་ཉིད་མགོན་གང་དག་གི་ཕྲིན་ལས་ཀྱི་ཡུལ་དུ་གྱུར་ ཚད་གདུལ་བྱ་སྤྱིས་སྔོན་བསགས་མཐུ་ཆེ་བ་དང་དད་མོས་སྨོ༷ན་ལ༷མ་རྣམ་པར་དག་པ་སེ༷ར་ བུ༷་རླུང་ལྟ་བུས། སྨོས་མ་ཐག་གི་སྐྱོབ་པ་མཆོག་ཆོས་ཀྱི་ཉི་མ་ལྟ་བུ་གང་དག་ཀྱང་གདུལ་བྱ་ རང་རང་གི་བསོད་ནམས་ཞིང་དུ་ལེགས་པར་དྲངས་ཏེ་ཚུལ་དེ་མཐུན་གྱི་གདུལ་ཞིང་གི་སྐལ་ བ་དུས་སུ་ཐོབ་པ༷་ན༷། སྤྲུལ་པའི་སྐུ་དེ་དག་གི་གདུལ་བྱར་གྱུར་པའི་འགྲོ༷་བ་དེ་རྣམ༷ས་ཐམས་ 4-1-344 ཅད་ལ་ཡང་གནས་སྐབས་མཐར་ཐུག་གི་ལེགས་པའི་ལམ་ལ་དང་འདོད་ཡིད་ཆེས་ཀྱི་དད་ པ༷འི་བློ་པདྨོའི་གེ༷་ས༷ར་ལྟ་བུ་ཆོས་སྣང་ཉི་ཟེར་དང་མཚུངས་པ་ལ་བརྟེན་ནས་ཆེས་རྒྱས་པ་ ལ༷ས་གདུལ་བྱ་རང་རང་ལ་གང་འོས་པའི་མངོན་པར་རྟོགས་པ་ཡེ་ཤེས་སྣང་བའི་འོད་ཟེར་ དང་ཆོས་མཚུངས་པས་ངོས་སྐལ་སྤང་བྱ་མུན་པ་ལྟ་བུ་དེ་ལུགས་བཞིན་གཞོམ་པའི་སྒོ་ནས། ཆེས་གསལ་མཁྱེན་རབ་འོད་རྡུལ་ཕྲེང་བ་གཟུངས་དང་ཏིང་ངེ་འཛིན་གྱི་སྒོ་ངོ་མཚར་བ་མང་ པོ་བཅས་སྤངས་དང་རྟོགས་པའི་དགའ་སྟོན་གསར་བ་ཡང་དག་ལམ་ཀྱི་ངོ་བོར་གྱུར་པ་གང་ དག་གི༷ས། ལམ་ལ་སློ བ་པ་ཚོའི་ཐུགས་རྒྱུད་དཀྲི༷གས་ཤིང་ཡོངས་སུ་རྫོགས་པ༷ས་རིང་པོར་ མི་ཐོགས་པར་དེ་དག་མི་སློབ་ཡེ་ཤེས་མཆོག་གིས་རབ་ཏུ་སྒེག་ཅིང་མཛེས་པར་གྱུ༷ར་པ༷འི་ མཛད་ཕྲིན་རླབས་པོ་ཆེ་མངའ་བའི་བདེན་གཉིས་ཀྱིས་བསྡུས་པ་ཐ༷མས་ཅ༷ད། མངོན་སུམ་དུ་ དངོས་ཤུགས་ཀྱིས་གཟིགས་ཚུལ་ཡང་དག་པའི་མཁྱེན་མཆོག་དང་མི་གཉིས་པའི་ཟག་མེད་ ཡེ་ཤེས་ཀྱི་སྐུའི་གསང་བ་ལ༷་བསྟོད་པ་པོས་གུས་འདུད་ཀྱི་ཕྱ ༷ ག་ལེགས་འབུལ་བགྱི༷ས་པའོ༷། །དེས་ན་འདིས་ནི་སྐུ༷་གསུམ་མཛད་པ་དང་བཅས་པའི་ཆ་ནས་བསྟོད་པ་ཡིན་ནོ། ། གཉིས་པ་གསུང་གི་གསང་བ་ཆེན་པོའི་མཛད་པ་ནི། སྤྱན་རས་གཟིགས་དབང་ཕྱུག་རང་ སྣང་གནས་ལུགས་གསུང་གཞོམ་མེད་མཁའ་ཁྱབ་ཏུ་བཞུགས་པ་སྤྲོས་བྲལ་ཆོས་ཀྱི་དབྱིངས་ ཡེ་ཤེས་དང་རྣམ་པ་ཀུན་ནས་འདུ་འབྲལ་མེད་ཀྱང༌། གཞན་སྣང་གི་ངོར་གང་འདུལ་གྱི་ གདུལ་བྱས་ཁམས་དབང་དང་མཐུན་པའི་འཕགས་མཆོག་གང་གི་རྗོད་བྱེད་རྣམ་དག་གསུ༷ང་ དབྱངས་གཏིང་ཟབ་ཅིང་རྒྱ་ཆེ་བའི་རི༷ན་པོ་ཆེ༷འི་འབྱུ༷ང་གན༷ས་རྒྱ་མཚོ་ལྟ་བུ། ཕན་བདེ་མཐའ་ དག་གི་གཞིར་གྱུར་དབྱངས་སྙན་འཇེབས་ཆེས་ཀུན་ཏུ་ཡིད་ལ་འཐད་པའི་ཡ༷ན་ལ༷ག་ལེགས་ ངེས་ཀྱི་ཆ་དྲུ༷ག་ཅུ༷་མཚོ་ཆེན་གྱི་རླ༷བས་ཕྲེ༷ང་ལྟར་ཀུན་ནས་རྒྱས་ཤིང༌། བརྗོད་བྱའི་དོན་གྱི་ངོ་ བོ་ཡང་འཇིག་རྟེན་ན་ལེ༷གས་པར་མཐོ༷་བའི་ཡང་དག་ཆོས་ཚུལ་བཟང་པོ་རིགས་ཅན་གསུམ་ 4-1-345 གྱི་གདུལ་བྱ་རང་རང་གི་ཁམས་དབང་མོས་པ་དང་མཐུན་པར་ཡི༷ད་དུ་འོ༷ང་ཞིང་རྒྱུད་ལ་ཇི་ བཞིན་ལེགས་པར་འབྱོར་བ་སྟེ་ཆོས་ཀྱི་སྒོ་མོ་ཡང་ཉན་ཐོས་རིགས་ཅན་ལ་འཕགས་པའི་ བདེན་པ་བཞི་ལས་བརྩམས་པ་དང༌། རང་རྒྱལ་རིགས་ཅན་ལ་དེ་དག་གི་ཁར་རྟེན་འབྲེ ལ་ གཉིས་སྟོང་སོགས་དང༌། ཐེག་ཆེན་ཕར་ཕྱིན་ཐེག་པའི་རིགས་ཅན་རྣམས་ལ་ཟ༷བ་པ་སྟོང་ ཉིད་སྤྲོས་བྲལ་སྟོང་ཕྱོགས་ཙམ་གྱི་རྣམ་གྲངས་པ་དང༌། སྣང་སྟོང་ཟུང་འཇུག་རང་བཞིན་ དམ་པའི་ཤེར་ཕྱིན་ངེས་པ་དོན་གྱི་གནས་ལུགས་ཟབ་ཁྱད་ཅན་གྱི་སྒོ་མང་པོ་ད༷ང༌། རྒྱ༷་ཆེ་ བ༷འི་བསམ་སྤྱོད་སྨོན་འཇུག་སེམས་བསྐྱེད་ཕྱིན་དྲུག་བསྡུ་བཞི་སོགས་ཀྱི་སྒོ་ཆེས་མང་བ་ རྣམས་དང༌། གསང་ཆེན་ཐེག་པའི་རིགས་ཅན་དག་ལ་རྒྱུད་སྡེ་རྣམ་བཞི་ལས་བརྩམས་པའི་ མཚན་བཅས་མཚན་མེད། ཟབ་གསལ་གཉིས་མེད། རིམ་གཉིས་རྣལ་འབྱོར་བདེ་སྟོང་ཟུང་ འཇུག་ལ་སོགས་པ་རང་རང་དང་འཚམས་པའི་ཆོས་སྒོ་འདི་ཕྱིའི་ལེགས་ཚོགས་ཀུན་འབྱུང་ ཡི༷ད་བཞི༷ན་ནོ༷ར་བུ༷་ལྟ་བུའི་ཟབ་ཆོས་ཀྱི་ཕུ༷ང་པོ༷ས་ལེ༷གས་པར་ཡོངས་སུ་ག༷ང་བའི་བྱེད་པ་ ལ་བརྟེན་སྲི ད་པའི་འགྲོ༷་བ་ལྷ་མི་བདེ་འགྲོ་བའི་རིགས་དང༌། ལྷ་མིན་དུད་འགྲོ་ཡི་དྭགས་ དམྱལ་བ་ངན་འགྲོའི་རིགས་ཏེ་དྲུ༷ག་པོ་ཆུ༷་ན་གན༷ས་པའི་སེ༷མས་ཅ༷ན་བཞིན་སྡུག་བསྔལ་ གྱིས་གདུང་བ་རྣམས་གན༷ས་སྐབས་མཐར་ཐུག་གི་བདེ་བས་ཉེ་བར་འཚོ༷་བའི་སླད་གང་གི་ གསུང་དབྱངས་མཁའ་མཉམ་གྱི་སེམས་ཅན་སྐད་རིགས་ཡོད་དོ་ཅོག་གི་སྒྲ༷་སྐ༷ད་ཐ༷མས་ཅ༷ད་ དང་མཐུན་པ༷འི་ཚིག་དོན་ཅིག་ཆར་བའི་མཛད་བཟང་རེས་འཇོག་དང་བྲལ་བ། དེ༷་འདྲ༷་ག༷ང་ ཡི༷ན་ན་འཕགས་མཆོག་ཁྱོད་ཀྱི་གསུང༷་གི་གསང་བ་ངེས་པར་ལགས་པ༷ས་ན་དེ་ལ་བསམ་ ནས་བསྟོད་པ་པོ་བད༷ག་ཅ༷ག་ཀྱང་རབ་ཏུ་སྙིང་གཏིང་ནས་ཡིད་ཆེས་པའི་སྒོ་ནས་གུས་འདུ༷ད་ ཆེ་བས་འགྲོ་མགོན་ཁྱོ༷ད་ཉིད་ཀྱི༷ས་ཇི་སྐད་གསུ༷ངས་པ་བཞི༷ན་གྱི་དོན་མཐའ་དག་དུས་ན༷མ་ ཞི༷ག་གི་ཚེ་སྒྲུབ་པའི་སྐལ་བ་ཡོ༷ད་པར་འགྱུ༷ར་སྙམ་འདི་འབའ་ཞིག་སེམས་པར་གྱུར་ཏེ་ཆོས་ 4-1-346 ཀྱི་གཏེར་སྙིང་རྗེའི་དབང་ཕྱུག་ཁྱོ༷ད་ཀྱི་གསུ༷ང་གིས་གདམས་པའི་ཟབ་རྒྱས་ཀྱི་བདུ༷ད་རྩི༷་ ཉེས་སྒྲིབ་དུག་ནད་སེལ་བྱེད་ཕུལ་གྱུར་གང་དེ། གདུལ་བྱར་གྱུར་པ་སུ་ཞིག་གིས་འཐུ༷ང་བ༷༷་ ག༷ང་ད༷ག་ཀྱང་གདོས་བཅས་བེམ་པོ་དང་བྲལ་བའི་ལྷ༷་ལུས་ལྟར༷་རྣམ་སྨིན་རབ་དྭངས་ཟག་ ཟད་ཡེ༷་ཤེ༷ས་ཀྱི་སྣང་ཆར་ཤར་བའི་འོད་ཁ་དོག་སྣ་ལྔ༷ ་པ༷་ངོ་མཚར་སྤྲུལ་པའི་ལུས་བཟང་ བདག་གིར་མཛད་དེ། འོད་ལུས་ཁྱད་པར་བ་ལ༷་ར༷བ་དགས་རྫུ་འཕྲུལ་སྣ་ཚོགས་པའི་རྩེད་ མོ་རྩེ༷་བ༷ར་བྱེ༷ད་པ་ལ་ཡང་ཅི་དགར་དབང་འབྱོར་བའོ། །དེས་ན་འདིས་ནི་རྗོད་བྱེད་གསུང་ སྒྲ་སྐད་ཐམས་ཅད་པས་བརྗོད་བྱ་གང་འདུལ་ཡོད་ཚོད་ཁམས་དབང་དེ་མཐུན་དུ་གྲོལ་བར་ མཛད་པའི་ཆ་ནས་བསྟོད་པ་ཡིན་ནོ། ། གསུམ་པ་ཐུགས་ཀྱི་གསང་བ་ཆེན་པོའི་མཛད་པ་ནི། ཐུགས་རྗེ་ཆེན་པོ་འགྲོ་བ་འདུལ་ བྱེད་དམ་པར་གྱུར་པ་གང་ཐུགས་ཆོས་དབྱིངས་ཡེ་ཤེས་རྣམ་དག་རང་བཞིན་འོད་གསལ་ དོན་དམ་སྤྲོས་བྲལ་ཐུགས་མཆོག་ཡོངས་ཁྱབ་བ༷དེ་ཆེ༷ན་རྡོ་རྗེ། ནམ་དུ་ཡང་འཕོ་འགྱུར་མེད་ པའི་རང་གཤིས་ལ་ནི་ཉེས་ཚོགས་གང་གིས་གདོད་ནས་གོས་མ་མྱོང་ཞིང་ཡོན་ཏན་རྒྱ་མཚོའི་ དཔལ་དུས་ཀུན་འཕེལ་འགྲིབ་བྲལ་བར་རང་ཆས་སུ་བདེན་པའི་དེ་ཉིད། ཇི་བཞིན་སྒྲ་རྟོག་ གི་ཡུལ་ལས་འདས་མོད་ཀྱང་ཡང་དག་ཡེ་ཤེས་མཐར་ཐུག་ཕྱོགས་མཚོན་ཙམ་གྱི་ཆ་ནི། འཇིག་རྟེན་དབང་པོ་གང་གི་ཐུགས་མཁྱེ༷ན་བཟང་དམ་པ༷་ཉིན་བྱེད་པདྨ༷འི་གཉེ༷ན་གྱི་དཔལ་ འབར་བའི་བྱེད་ལས་བཞི༷ན། ཤེས་བྱ་ཇི༷་སྙེ༷ད་པ་མཐའ་དག་འོད་གསལ་དོན་དམ་རྣམ་ཀུན་ པའི་ཚུལ་དུ་གཟི༷གས་ཤིང་དེ་ལུགས་ལྟར་གྱི་མཁྱེན་པ༷་ཟབ་མོའི་འོ༷ད་བརྒྱ༷་ར༷བ་ཏུ་འཕྲོ༷་བས་ བདེན་པ་གཉིས་ཀྱིས་བསྡུས་པའི་ཤེས་བྱ་དངོ༷ས་པོ༷་ཞེས་པ་ཡོད་ཚད་ཐམ༷ས་ཅ༷ད་དངོས་ ཤུགས་ཀྱིས་ཇི་བཞིན་གས༷ལ་བ༷ར་བྱེད་པ་པོ༷། ཡེ་ཤེས་ངོ་བོ་ལམ་མེ་བ་ཤེ༷ས་པར་བྱ ༷ ་བའི་ ཆོས་ཀུ༷ན་ལ༷་དོན་དམ་སྣང་བ་ཆེན་པོར་རོ༷་གཅི༷ག་ཏུ་ཁྱ༷བ་པ༷འི་ཀུན་གས༷ལ་ཕྲ་བའི་ཡེ་ཤེས་ 4-1-347 ག༷ང་དེ༷། དུས་ན༷མ་དུ་ཡ༷ང་ཀུན་ཏུ་རྫོབ་པ་བརྟ༷ན་པ་སྣོད་དང་གཡོ༷་བ་བཅུད་ཀྱི་རིགས་སུ་ གཏོགས་པའི་བྱེ༷་བྲ༷ག་སྣ་ཚོགས་པ་སོ་སོའི་རིས་སུ་ཉི་ཚེའི་ཕྱོགས་ལ་མ་ལྷུང་ཞིང༌། དེ་ལུགས་ ལྟར་ཡོང༷ས་སུ་ཆ༷ད་པ་སྟེ་རང་བཞིན་སྤྲོས་བྲལ་དབྱིངས་ཉག་མ་གཅིག་པུར་གྱུར་ཅི༷ང༌། ཀུན་ རྫོབ་རྟག༷་མཐའ་དང་དོན་དམ་ཆ༷ད་པའི་མཐའ་གཉིས་དང་ལ༷་སོ༷གས་པས་གཉིས་ཡིན་ གཉིས་མིན་གྱི་མཐའ་སོགས་བསྡུས་ཏེ། ཀུན་རྫོབ་སྤྲོས་པའི་མཚ༷ན་མ༷་མཐའ་དག་ར༷བ་ཏུ༷་ སྤ༷ངས་ཤིང༌། གཞིའི་གཤིས་ལུགས་སྤྲོས་བྲལ་ག༷ང་གི༷་དབྱ ༷ ིངས་དེ་ཉིད་ནས་མ༷་རི༷ག་མུ༷ན་ ན༷ག་ལྟ་བུ་གཞི་རྩ་དྲུངས་ནས་འཇོ༷མས་པ་ལ༷་མངོ༷ན་པར་བརྩོ༷ན་པ༷འི་རང་བྱུང་གཉེན་པོའི་ ཡེ་ཤེས་མི་འགྱུར་བ༷དེ་ཆེ༷ན་ངོ་བོ། རབ་གསལ་ཉི་མ༷་དང་མཚུངས་པ་ཐུ༷གས་སྙིང་རྗེ༷་ཆེན་ པོའི་གཞན་དབང་དུ་གྱུར་པའི་སྒོ་ནས་གདུལ་བྱའི་བསོད་ནམས་ཤི༷ང་རྟས་རང་རང་གི་འདྲེན་ པ་མཆོག་གི་སྐལ་བར་ཡོ༷ངས་སུ་དྲངས་པའི་ཚེ། གང་འདུལ་འགྲོ་བ༷་དེ་དག་གི་སེམས་རྒྱུད་ འཛི༷ན་མ༷འམ་ས་གཞི་ལྟ་བུ་ཆེས་སྨིན་པར་བྱས་ཏེ་རང་འཚམས་ཀྱི་སྤངས་པ་དང་རྟོགས་ པའི་བྱ༷ང་ཆུ༷བ་ཀྱི་འབྲས་བུ་གསུམ་པོ་གང་རིགས་སུ་གཏོགས་པ་མངོན་དུ་གྱུར་ཏེ། རྒྱུད་ལ་ བརྡ༷ལ་ཞིང་ཁྱབ་པ༷ར་མཛ༷ད་པའི་སྒོ་ནས་རྣམ་གྲོལ་ཕུན་ཚོགས་ཀྱི་ལེགས་སྒོ་དུས་སུ་བསླུ་བ་ མེད་པའི་ཚུལ་དུ་ངེས་པར་སྟེར་བའོ། །དེས་ན་འདིས་ནི་ཐུགས་བརྗོད་བྲལ་དོན་དམ་འགོག་ ལམ་དང་མཐུན་པ༷འི་ཟབ་ཁྱད་གཞན་ལས་འཕགས་པའི་ཆ་ནས་བསྟོད་པ་ཡིན་ནོ། །དེ་ལྟར་ གསང་གསུམ་ཆེ་བསྟོད་འདི་ལ་མོས་དབང་གིས་འགྲེལ་ཚུལ་གྱི་སྒོ་སྣ་ཚོགས་པ་ཡོད་ཆོག་ མོད་འདིར་ནི་སྙིང་པོའི་ལུགས་སུ་ཞུགས་ཏེ་ཉུང་བསྡུས་ཟུར་ཙམ་དུ་བཀོད། གཉིས་པ་གང་འདུལ་སྤྲུལ་བསྟོད་ཀྱི་རིམ་པ་ལ་ནི། སྤྱིར་སངས་རྒྱས་སེམས་དཔའི་ཚུལ་ རྒྱལ་བའི་སྲས་ལྟར་དུ་བཞུགས་པ་གང་གི་སྤྲུལ་པའི་མཛད་སྒོ་ཐེག་ཆེན་ཐུན་མིན་ལྟར་རྡུལ་ གཅིག་གི་སྟེང་དུ་རྡུལ་སྙེད་ཀྱི་སངས་རྒྱས་ཞིང་གི་བཀོད་པ་ལྟ་བུའི་བསམ་མི་ཁྱབ་པ་དང༌། 4-1-348 ཐེག་དམན་ཐུན་མོང་ལྟར་སྤྱིར་འཛམ་གླིང་བྱེ་བ་ཕྲག་བརྒྱ། ཁྱད་པར་འཇིག་རྟེན་ཁམས་འདི་ བ། ཡང་སྒོས་ལྷོ ་འཛམ་གླིང་པ་ལྟ་བུ་སྟེ། དེ་དག་ཐམས་ཅད་སེམས་དཔའ་ཆེན་པོའི་སྤྲུལ་ པའི་རོལ་གར་གྱི་བཀོད་ཆེན་གདུལ་བྱ་རང་རང་དང་འཚམས་པ་ལ་ཕྲིན་ལས་དུས་སུ་ནམ་ ཡང་ཡོལ་སྲི ད་པའི་གོ་སྐབས་གཏན་ནས་མ་དམིགས་པ་དེ་བས་ན། དམིགས་བསལ་གྱི་ཁྱད་ པར་རང་ཅག་གནས་པའི་འཛམ་གླིང་ལྷོའི་ཆར་གཏོགས་པར་འཕགས་མཆོག་འཇིག་རྟེན་ དབང་ཕྱུག་གིས་གང་འདུལ་སྤྲུལ་པའི་རྣམ་བཀོད་གདུལ་བྱ་རང་འཚམས་ཀྱི་ཞིང་ཉེ་བར་ བཟུང་སྟེ། མཛད་ཕྲིན་དམ་པས་འགྲོ་འདུལ་གྱི་ཆེ་བཀོད་ངོམ་པའི་ཕྱོགས་ལ་གཙོ་བོར་ལྟོས་ ཏེ་རྗེ་འཇམ་མགོན་བླ་མས་འཕགས་པའི་གང་འདུལ་སྤྲུལ་པའི་སྣོད་བཅུད་ཡོངས་ལ་གུས་ བསྟོད་མཛད་པའི་དབང་དུ་བྱས་པ་སྟེ། དེ་ལའང། ཞིང་གནས་ཆུ་མཚོའི་ཁྱད་པར་ལ་བསྟོད་ པ། ཞིང་གཞི་རི་བོ་གྲུ་འཛིན་གྱི་བསྟོད་པ། ཞིང་འདིའི་བཅུད་བཀོད་ངོ་མཚར་བའི་བསྟོད་པ། ཞིང་གཙོ་སེམས་དཔའ་བཞུགས་ཚུལ་གྱི་བསྟོད་པ། ཞིང་གི་འཁོར་ཚོགས་བསྟོད་སྨོན་དང་ བཅས་པའི་ས་བཅད་ལྔ་ཡོད་པ་ལས། དང་པོ་ཞིང་གནས་ཆུ་མཚོའི་ཁྱད་པར་ལ་བསྟོད་པ་ནི། བསྟོད་ཚིག་ཚེག་བར་ཉེར་གཅིག་ པ་ཚིགས་བཅད་གཉིས་དང་རྐང་པ་གཉིས་ཀྱིས་བསྟན་པ་སྟེ། དེ་ཡང་གང་འདུལ་མོས་ངོར་ ཕྱོགས་རེའི་སྣང་བ་ལ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་འཛམ་གླིང་དུམ་ བུ་གཅིག་པུའི་ལྷོ་ངོས་ཀྱི་ཆར་རྒྱ་མཚོའི་ནང་དེར་དཔལ་གྱི་རི་བོ་གྲུ་འཛིན་དུ་ངོ་མཚར་སྒྱུ་ འཕྲུལ་གྱི་བཀོད་པ་གང་འདུལ་ཡིད་ཀྱི་རྗེས་སུ་འགྲོ་བ་ཞིང་དེའི་གཙོ་བོ་སེམས་དཔའ་བཅུ་ གཅིག་ཞལ་ཅན་འཁོར་ཕོ་བྲང་གནས་ཡུལ་བཅས་ཀྱི་རྣམ་པར་འཕྲུལ་བ་ལ་ཡང༌། སྤྱིར་ན་གྲུ་ འཛིན་རི་བོ་གནས་པའི་མཚོ་འཁོར་ཡུག་ཏུ་ཡོད་པའི་ཕྱོགས་རྣམས་སུ་རབ་དྭངས་ཀུན་ནས་ འཁྱིལ་བ་རབ་མཛེས་ཁ་དོག་གི་དཔལ་ཕུན་སུམ་ཚོགས་པ་སྔོ་དཀར་སེར་ནག་གི་མདངས་ 4-1-349 ཆེས་གསལ་ཞིང་ངོ་མཚར་རིན་ཆེན་དུ་མ་དང་བཅས་རབ་གསལ་སྣང་བརྙན་མཐའ་ཡས་པ་ བཀྲ་བའི་བར་བར་དང་མཐའ་སྐོར་སྤང་ལྗོན་ཀུན་ནས་མཛེས་པའི་ལེགས་ཆ་ཉེ་བར་རྫོགས་ པའི་ཚུལ། ཆེས་མཛེས་ཆུ་མཚོའི་ཕྱོགས་སོ་སོའི་རིམ་པར་རིན་ཆེན་ཨི༷ནྡྲ་ནཱི༷་ལ༷འི་ས༷་འཛི༷ན་ ནམ་རི་བོ་ར༷བ་ཏུ་མཐོ༷ང་བའི་སྣང་ཤེས་གང་སྣང་མཐིང་སྔོན་དུ་འགྱུར་བྱེ༷ད་ཆུ་མཚོ་ལས་ཐོན་ པའི་མདངས་འོད་མཚོ་ཆུ༷་དེ་ཉིད་ད༷༷ང་འདྲེ༷ས་པ༷་ཉི༷ད་ལ༷ས་ཆུའི་ཁ་དོག་མཐོ༷ན་མཐི༷ང་གི་ འོ༷ད་ཀུན་ནས་འཁྲིགས་པ༷འི་ཆུ་གཏེ༷ར་ཏེ་རྒྱ་མཚོ་ཆེ་བ་མཆོ༷ག་ཕྱོགས་ན་གནས་པ་ད༷ང༌། དེ་ ལས་གཞན་དུ་ནི༷་རོ་བཅུད་ནུས་ལྡན་འོ༷་མ༷འི་རྒྱ༷་མཚོ༷་ཁ་དོག་གི་མདངས་ཆེས་ར༷བ་ཏུ་དཀར་ བའི་ཟླ༷་བ༷་ཆུ་ཤེལ་གྱི་རིགས་ནོ༷ར་བུ༷་དུ་མའི་ཕུང་པོ་ཆུ༷་ཀླུ༷ང་དང་རབ་ཏུ་འདྲེས་ཤིང་འདུ༷ས་ པར་གྱུར་པའི་སྟོབས་ཀྱིས་ཆུ་མཚོའི་མདོག་ཀྱང་དཀར་གསལ་འབའ་ཞིག་ཏུ་སྣང་ཞིང་ཡོན་ ཆབ་བསིལ་དྭངས་འཁྲུ༷གས་བསྐྱེ༷ད་ཀྱི་རྙོག་མ་མེད་ཅི༷ང་ཆེས་ཡིད་ལ་འཐད་ཕྱིར་ཤེས་པ་ དབང་མེད་དེ་ཕྱོགས་སུ་བསྐྱོད་ཅིང་འཕྲོ༷ག་པར་བྱེད་པའི་རྒྱུ༷༷་སྐར་མཛེ༷ས་མ༷འི་བདག་མོ༷་ སྟེ་ཟླ་བ་ནམ་མཁར་གནས་པ་ཉིད་ཀྱང་འོ་མཚོ་ག༷ང་གི༷་སྐྱེ༷་གནས་ལས་ཐོག་མར་ངེ༷ས་པ༷ར་ འདྲེ༷ན་ཅིང་བསྐྱེད་བྱེད་ཀྱི་ཆུ་ཤེལ་ནོར་བུའི་འབྱུང་ཁུངས་སུ་གྱུར་པའི་རྒྱ་མཚོ་ཆེས་ཡ་མཚན་ པ༷་སྟེ། འཕགས་པའི་བྱིན་གྱིས་བརླབས་པའི་མཚོ་གང་དག་གི་ངོགས་རྣམས་སུ་དག་ཞིང་ལྷ་ མིའི་གནས་དང་ངན་སོང་གནས་རིས་སྣ་ཚོགས་པའི་སྣང་བ་དུས་སུ་འགོག་མེད་དུ་ཤར་བའི་ ལྟད་མོ་རྣམ་བྱང་ཆོས་ཚུལ་ལ་དད་མོས་དང་འཁོར་བ་ལ་ཞེན་པ་ལྡོག་པའི་དམིགས་རྐྱེན་ཁྱད་ མཚར་བ་མཐའ་ཀླས་པའི་ཚུལ། དཔེར་ན་བཟོ་བོ་ལག་རྩལ་བྱང་བས་སྒྱུ༷་མ༷འི་འཕྲུལ་ལྟ་བུའི་ མཛེས་ཚོ༷ན་གྱི༷ས་བརྟ༷ན་པ་སྣོད་དང་གཡོ༷་བ་བཅུད་ཀུ༷ན་གྱི༷་རྣམ་དབྱིབས་རྣམ་པ་སྣ་ཚོགས་ པའི་སྣ༷ང་བརྙ༷ན་རི་མོར་བྲི༷ས་ས༷མ་ཡང་ན་གཞ༷ན་ནི༷་བྱེ༷ད་པ་པོ༷འི་མེ༷་ལོ༷ང་རབ་ཏུ་གསལ་ བའི་ནང་དུ་གཟུགས་བརྙན་སྣ་ཚོགས་པ་དེ་ལུགས་བཞིན་འཆར་བ་ཡི༷ན་ནམ་ཚུལ་འདི་ཅི༷་ 4-1-350 ཞིག་སྟེ་ཞེས་ཡིན་ལུགས་ཇི་བཞིན་མ་དཔོག་པ་དག་ལ་སོམ་ཉིའི་འཁྲུལ་བ་བྱུང་ནས་ཚིག་བླ་ རྡོལ་དུ་སྨྲ་ལ། གཞན་ཡང་སྣང་བརྙན་འགྱུར་ལྡོ ག་གི་སྒེག་ཆ་ཆེས་ཉེ་བར་ངོམས་པའི་ཕྱོགས་ ནས་དཱ༷་རི༷་ཀ༷་སྟེ་རྣམ་འགྱུར་སྒྱུ་རྩལ་ལ་བྱང་བའི་མཛེས་མ་འདོད་ལྡན་མའི་ཀུན་སྤྱོད་ལྟར་ རོ་ཞེ༷ས་པའི་ཚིག་གནས་ཚུལ་ལ་རྨོ༷ངས་པ་རྣམ༷ས་ཀྱིས་སྒྲོ༷ག་པར་བྱེད་ཀྱང༷༌། དོན་གྱི་ཡིན་ ལུགས་ཆེས་མཛེས་རབ་དྭངས་མཚོ་ཆེན་གྱི་རླབས་ཕྲེང་གཉེ༷ར་མ༷་ཕྱོགས་ཐམས་ཅད་ལ་རྣམ་ པར་གཡོ་བ་དང་ལྡན་པའི་ངོ༷་མཚར་མཛེས་ཆ་འདི་རྣམ༷ས་ཆུ་མཚོ་དེ་ཉིད་ཀྱི་ངོགས་སུ་སྣང་ ལ་རང་བཞིན་མེད་པ་གཟུ༷གས་བརྙ༷ན་ལྟ་བུར་ཚུལ་དེ་ཁོ་ནར་ཟ༷ད་པ་ཙམ་ལས་མཚན་མའི་ དངོས་པོ་ཚུགས་ཐུབ་པ་ཅི་ཡང་མ་དམིགས་ལ། མཚོ་གཞན་ཁ༷་ཅི༷ག་གསེར་སྦྱ༷ང་ནོར་བུའི་ རིགས་ཁྱད་པར་བ་དང་འདྲེས་པའི་བྱེད་ལས་མདོག་མཚུ༷ངས་སུ་ཆུ༷་དེའི་རྦ་རླ༷བས་ཕྱོགས་ སུ་གང་བསྐྱོད་ཐམས་ཅད་རྟ་གདོ༷ང་རབ་ཏུ་གས༷ལ་བ༷འི་མེ་དཔུང་མཆེད་པ་ལྟར་དམར་སེར་ མདངས་འབར་གྱི་དཔ༷ལ་ལྷ༷ག་པར་འཛིན་ཅིང༌། གོང་འོག་ཏུ་སྨོས་ཤིང་འཆད་འགྱུར་གྱི་ མཚོ་དེ་དག་གི་བར་བར་དང་མཐའ་རྣམས་སུ་ཡང་གཞ༷ན་བྱེ༷ད་པོའི་བློའི་གཡོ༷་བ༷ས་ཉེ༷ར་ བཀྲུ༷ན་ལྟ་༷བུའི་ཡིད་དུ་འོང་བའི་ཤིང་ལྗོན་བཟང་རྩ་བའི་ལྟ ༷ ོ་བ་མི་ཉ༷ མས་པར་རྒྱས་ཤིང་ཆེར་ གྱུར་པ༷་བརྒྱ༷་ཕྲག་དུ་མ་ཡལ་ག་ལྕུ༷ག་ཕྲེ༷ང་དོ༷་ཤ༷ལ་གྱི་རྣམ་པར་འཕྱང་བ་ཡི༷ད་དུ་འོ༷ང་བ་དག༷་ གིས་ལོ་འབྲས་སྣ་ཚོགས་སུ་སྤུ༷ད་ཅིང་ཀུན་ནས་འཕྱུར་བཞིན་པ་རྣམ༷་པ་མ༷ང་པོ་འཛེ༷གས་ ཤིང་ཕྱོགས་ཐམས་ཅད་དུ་ཡོངས་སུ་རྒྱས་པ༷་དང་བཅས། དེ་འདྲའི་ཤིན་ཏུ་ངོ༷་མཚ༷ར་བར་ ཀུ༷ན་ཏུ་རྟོ༷གས་བྱའི་ཡ་མཚན་གྱི་ཁྱད་པར་བྱེ༷་བ༷འི་འབྱུ༷ང་གན༷ས་སུ་གྱུར་པའི་མཚོ་མོ་ཆེ་རྣམ༷་ པ༷་གཞན་གྱི་ཚུལ་ནི༷། རིན་པོ་ཆེ་ནག་པོའི་རིགས་སུ་གྱུར་པ་དག་དང་འདྲེས་པའི་སྟོབས་ལ་ བརྟེན་མཚོ་དེའི་ཁ་དོག་ཀྱང་བུ༷ང་བ༷འི་དཔ༷ལ་འཛི༷ན་པ་སྟེ་ཤིན་ཏུ་ནག་མཐིང་གི་རྣམ་པར་ མངོན་ཞིང་མཚོ་གཏི༷ང་ཟབ་ཅིང་དཔ༷ག་དཀ༷འ་བ༷་ཉིད༷་དུ་རྣམ་པར་འཁྱིལ་བཞིན་ཕྱོགས་ཀྱི་ 4-1-351 རྒྱ་མཚོ་དེ་དག་གི་ནང་དུ་མཐུ་ཆེ་བའི་རྫས་ཀྱི་མཚ༷ན་མ་འདྲ་མིན་མཐ༷འ་ཡ༷ས་ཀྱི༷ས་རྣམ་པར་ གང་ཞིང་ནོར་བུ༷འི་རིགས་སྣ་ཚོགས་དུ་མའི་འབྱུང་གནས་འདོད་དགུའི་མངའ་བདག་ཀླུ༷འི་ རྒྱ༷ལ་པོ་རྣམ༷ས་ཀྱི༷ས་གནས་འཆའ་ཞིང་ཉེ་བར་བརྟེན་པ། ལྷ་མིན་གྱི་རིགས་སྣ་ཚོགས་དང་ དྲང་སྲོ ང་རིག༷་པ་འཛི༷ན་པའི་ཚོགས་ཆེས་མང་པོ་ད༷ང༌། གཞན་ཡང་མི་མིན་བདེ༷ན་བྲ༷ལ་སྲི ན་ པོའི་རིགས་མཐུ་ཆེ་བ་གང་དག་དང། ནོ༷ར་སྦྱིན་ཛམ་ལྷའི་སྡེ་རིགས་སྣ་ཚོགས་པ་དང༌། རིག་ སྔགས་ར༷བ་ཁྱད་པར་བ་མཆོ༷ག་ལེགས་པར་གྲུ༷བ་པ༷འི་ངག་གི་བདེན་ཚིག་ལ་གཡེལ་བ་མི་ མངའ་བའི་ཚོ༷གས་རྣམ༷ས་ཀྱང༌། ཡོངས་ཀྱི་མགོན་བརྩེ་བ་ཆེན་པོའི་གདུལ་ཞིང་དུ་ངེས་པ་ལ་ ཆེས་སྤྲོ་བ་རྒྱ་ཆེན་ཀུན་ནས་འཕེལ་བའི་ངོས་དགྱེས་བྲོ་རྩེ༷་དག༷འ་ཅིར་ཡང་རོ༷ལ་ཞི༷ང་ཕྱོགས་ སུ་རྣམ་པར་རྒྱུ༷་བ༷འི་ཆུ༷་གཏེ༷ར། དཔལ་ལྡན་སེམས་དཔས་གང་འདུལ་སྣ་ཚོགས་པའི་རྣམ་ བཀོད་དུ་སྤྲུལ་པའི་རྒྱ་མཚོ་ཆེན་པོ་ག༷ང་གི༷་དབུས་སུ་འཇིག་རྟེན་དབང་ཕྱུག་གི་གནས་རི་ ཆོས་ཞིང་གི་ཁྱད་ཆོས་རྫོགས་པ་དེ་གདུལ་བྱའི་ཡིད་ལ་གང་འཚམས་སུ་ལེགས་པར་གྲུབ་ པའོ། ། གཉིས་པ་ཞིང་གཞི་རི་བོ་གྲུ་འཛིན་གྱི་བསྟོད་པ་ནི་ཚེག་བར་ཉེར་གཅིག་པ་ཚིག་རྐང་ གཉིས་དང་ཚེག་བར་དགུ་ུཔ་ཚིགས་བཅད་བཅུ་གསུམ་གྱིས་བསྟན་པ་སྟེ། དེ་ཡང་གོང་དུ་ སྨོས་མ་ཐག་པ་ལྟར་གྱི་མཚོ་དེ་ལས་ལེགས་པར་ཐོན་པའི་ཟླ༷་བ་ཆུ་ཤེལ་ཁམས་ཀྱི་རྡུལ་ མང་ལས་གྲུབ་པའི་རི་བོ་བརྗིད་ལྡན་མཛེས་ཆ་རྫོགས་པ་ཆུ༷་གཏེ༷ར་རྒྱ་མཚོ་ལས་ཉེ་བར་ འཕགས་ཤིང༌། ཆེས་མཐོ༷ན་པོ༷ར་བརྩ ༷ ེགས་པའི་སྟེང་ཕྱོགས་རིའི་སུམ་ཆར་སླེ བས་མཚམས་ ཀྱི་མགུ༷ལ་བའི་ཐད་ཀྱི་ཕྱོགས་འཁོར་ཡུག་ན༷་རིན་ཆེན་ནོར་བུ༷འི་རྐ༷ང་འཐུ༷ང་ངམ་ལྗོན་པ་ བཟང་པོ་ཡ༷ལ་ག༷་ལོ་འབྲས་ཕུན་སུམ་ཚོགས་པ་ཆེས་རྒྱས་པའི་རྩེ་མོ་རྣམས་སུ། ཤི༷ན་ཏུ༷་རྣ༷་ བར་སྙ༷ན་པ༷འི་གླུ༷་དབྱ༷ངས་ཀྱི་སྒྲ་དུས་སུ་ར༷བ་ཏུ་སྒྲོ༷ག་པའི་སྒྲོ་སྤུ་ཀུན་ནས་མཛེ༷ས་སྡུ༷ག་ལྷག་ 4-1-352 པར་རྒྱ༷ས་པ༷འི་གཉི༷ས་སྐྱེ༷ས་བྱ་རིགས་ཀྱི་ཚོགས་རྣམ༷ས་ཀྱང་དག༷འ་བ༷འི་ཡི༷ད་ཀྱིས་དུས་རྟག་ པར་གནས་པའི་སྒོ་ནས་ངང་ཚུལ་བརྟ༷ན་པ༷ས། ཤིང་ཚལ་གང་དག་ར༷བ་ཏུ་བརྗི༷ད་ཆགས་ པའི་གོ་སྐབས་རྒྱུན་དུ་ཐོབ་པར་གྱུ༷ར་བཞིན་ཡིད་དགའ་ཆེས་སྤེལ་གྱི་གནས་བཟང་ཁྱད་པར་ བའི་ཆེ་བ་གཞན་ཡང་འདི་ལྟ་སྟེ། ཡི༷ད་ཀུན་ནས་འཕྲོ༷ག་པའི་རྣམ་དབྱིབས་དང་ཁ་དོག་སྣ་ ༷ཚོ༷གས་པ་བཀྲ་བའི་མེ༷་ཏོ༷ག་ཆེས་མང་པོའི་ཕྲེ༷ང་བ༷ས་ཕྱོགས་མཚམས་ཐམས་ཅད་དུ་བརྒྱ༷ན་ པའི་ཡོངས་སུ་ལེགས་པའི་རྒྱན་མཛེས་པར་གྱུར་ཅིང༌། གནས་དེ་དག་གི་ཕྱོགས་འཁོར་ཡུག་ ཏུ་སྔོ༷་ལྗང་འཇམ་མཉེན་གྱི་ལོ༷་མ༷འི་ཚོགས་གོ༷ས་ལྟར་རབ་རྒྱས་ཀྱི༷ས་ཉེ༷་བར་བཀླུ༷བས་ཤི༷ང༌། བཅུད་ལྡན་ཁ་དོག་མཛེས་པའི་འབྲ༷ས་བུ་བཟ༷ང་པོ་ཆེས་དཀ༷ར་བ་འཛི༷ན་པའི་ལྕིད་ཀྱིས་རབ་ དུ༷ད་ཅེས་པ་ཀུན་ནས་སྤངས་ཏེ་འབོ་ལེར་འདུག་པ༷། དེ་འདྲའི་བགྲ༷ང་ཡ༷ས་ཀྱི་ལྗོན་ཤི༷ང་བུ༷་ མོ༷འམ་ཆེས་མཛེས་དར་ལ་བདོ་བའི་བསྟི༷་གནས་ཀྱི་དཀྱིལ་གང་དག་ན་སེར་བུ་རླུང་རེག་བྱ་ བདེ་བ་དང་ལྡན་པའི་ཉ༷མས་ཀྱིས་སྤྱོད་པ་ཡི་ཚུལ་ལ་གནས་ཤིང་བསིལ་དྭངས་ཁྲུས་ཀྱི་རྫིང་ བུ་ཆེར་དར་ཞིང་ལང་ཚོ་བདོ་བ་རྣམས་ཀྱང༌། ལེགས་མཛེས་ལྦུ་བའི་ཕྲེང་བ་ཕྱོགས་ཀུན་ནས་ འཁྲི༷གས་པའི་འཛུམ་དཀ༷ར་གྱི་རྣམ་པ་སྟོན་པ༷་ལྟ་བུ་དང་རྫིང་བུ་དེ་རྣམས་ལ་ཕྱོགས་ཕྱོགས་ སུ་ཆུ་ཡི་རླབས་ཕྲེང་ལན་བརྒྱ༷ར་གཡོ༷་བ༷འི་ཚུལ་གང་དག་ཀྱང༌། རྣམ་དབྱིབས་ལེགས་སྟོན་ ལ་མཁས་པའི་ཟློ༷ས་ག༷ར་བསྒྱུ༷ར་བ་ལྟར་གྱི་མཛེས་ཆ་རྫོགས་ཤིང་དེར་གནས་མེ་ཏོག་གི་ རིགས་རྣམས་ཡིད་འོང་ཟེ༷འུ་འབྲུ༷་རྣམ་པར་བཞད་པ་སོ༷་ཕྲེ༷ང་གས༷ར་བ་ལྟར་ངོ༷མས་པར་བྱེ༷ད་ པ༷་གང་དག་རབ་ཡངས་འདབ་མ་རྒྱ༷ས་པ་མཆུ་སྒྲོས་ལྟར་ལ་ཀུན་ནས་འདར་ཞིང་གཡོ་བའི་ འདབ་རྩེ་རྣམས་ཕྱོགས་སུ་དགོད་ཅིང་བསྐྱོད་པ་ཡི་ཆུ༷་ནས་སྐྱེས་པའི་མེ་ཏོག་གཞོན་ནུ་ཆེས་ མཛེས་པ་འདི་དག་གིས། ཆགས་སྲེ ད་ལྡན་པ་རང་ག་བ་ལ་མཚོན་ན་ཡིད་འཁོར་བ་ལས་ངེས་ པར་འབྱུང་འདོད་ཀྱི་བདག་པོའི་ཡིད་ཀྱི་ཐ་ཚིག་གི་རྣམ་པའི་དཀའ་ཐུབ་དམ་པོའི་མདུད་པ་ 4-1-353 གཅོད་བྱེད་ཀྱི་མཚོ༷ན་ཆ༷ར་བྱ༷ས་ཏེ་ཆོས་ཀྱི་གནས་ལ་དགའ་སྤྲོ་ཁོང་ཡོངས་སུ་བསྐྱེད། མེ་ཏོག་ དེ་རྣམས་སུ་རྣམ་པར་རྒྱུ་བའི་བུ༷ང་བའི་ན༷་ཆུང་གཤོག་སྒྲས་རྒྱང་གླུ༷་དོན་དང་ལྡན་པ་དབྱངས་ སྙན་པར་ལེན་པ་ས༷རྦ༷་ཏི༷་སྟེ་ཐམས་ཅད་མཛེས་མའི་ལ༷ན་བུ༷་ལྟར༷་གནག་སྣུམ་གྱི་མདངས་ ཆེར་བཀྲ་ཞིང་མཛེས་པའི་རྣམ་འགྱུར་དང་བཅས་ཟིལ་མངར་སྦྲ༷ང་ཆང་གིས་མྱོས་པའི་ཟོལ་ དག་ཀྱང༌། སྐལ་བཟང་པི་ཝཾ་རྒྱུད་མངས་བསྒྲེ༷ངས་ཏེ་ཇི་བཞིན་ལེགས་སྒྲོག་ལ་མཁས་པའི་ ཚུལ་འདི་དག་གིས་རིང་པོའི་ཕྱོ༷གས་ཀྱི་མཛའ་བོ་རྣམས་དབྱངས་སྙན་པ་ཉན་བསྐུལ་གྱིས་ ལེགས་འབོ༷ད་ལ་དུས་སུ་མངོན་པ༷ར་བརྩོན་པ་ཇི་བཞིན་དུ་གྱུར་ཏེ། དུས་བཟང་པོ་དཔྱིད་ ཀྱི་དག༷འ་མས་རབ་དྭངས་ཀླུང་གང་དག་ལ་དཔལ་ཡོན་དོ་ཤལ་ཕྲེང་བ་ལེགས་སྤེལ་གྱི་ཚུལ་ ཇི་ལྟ་༷བ་བཞིན་མཛེས་ཤིང་ཡི༷ད་དུ་འོང་བའི་བྱ་ངང་བ་དམར་སེར་ཁ་དོག་གི་མདངས་ལྡན་ ཕྲེང་བ་ལྟར་ཀུན་ནས་བསྒྲིགས་པ་གཙོ་ཆེ་བ་དང་བཅས་པའི་ཁྱུ་ཚོགས་ཀྱིས། ཕྱོགས་སུ་ འབབ་པའི་ཆུ་བོ་རྣམས་ཀྱང་མཛེས་པར་བྱས་ཤིང་ཕྱོགས་གང་དག་ཏུ་རབ་རྒྱས་ནགས་ཚལ་ ཆེས་མཛེས་རྣམ་ཀྱི་གནས་སུ་རྩེ་ཞིང་རོལ་པའི་དག༷འ་སྟོན་དུས་དུས་སུ་སྤྱོད་པ་ལ་བ༷ག་ཉེ་ བར་ཕབ་པའི་གཅན་ཟན་སོ་དང་ལྡན་པའི་རིགས་སྟག་གཟིག་གླང་ཆེན་སོགས་འཇིག་རྔམ་ སྟོབས་དཔུང་དར་བའི་སྡེ་ཚོ༷གས་རྣམས་ཀྱང༌། ཆེས་དྲེགས་ཤི༷ང་འགྱིང་བས་ཇི་དགར་འགྲ ༷ ོ་ བཞིན་པར་ཕན་ཚུན་གྲོགས་དཔག་ཡས་རི་དྭགས་སྣ་ཚོགས་པ་དག་དང་མཉམ་དུ་རྒྱུ་བའི་སྒོ་ ནས་མཐུན་འཇུག་དགའ་བའི་རྩེ༷ད་འཇོ་དང་བཅས་གང་ལའང་གནོད་པ་མེད་པར་ཇི་བཞིན་ རྒྱུ་བ་ན། གནས་ཞིང་ཁྱད་པར་བའི་བྱིན་མཐུ་ལས་དེ་དག་ཕན་ཚུན་ཡིད་གཅིག་པའི་སྦྱོར་བ་ དང་བཅས་གང་འདུལ་ལ་ཉེར་མཁོ་འཕགས་པའི་གསང་ཆེན་མ་རྨད་ངོ་མཚར་འདོད་པའི་ རྣམ་པར་འཕྲུལ་བའི་དཔལ་ལ་དབང་བསྒྱུར་གྱི་ཆེ་རྟགས་སྒོ་གང་ཐད་ནས་སྣང་བ་འགྱུར་ བྱེད་འདྲ་ངེས་ཀྱི་ལེགས་མཚན་ཆེས་མང་ལ། དེ་འདྲའི་དཔལ་གྱི་རི་བོ་ཆེན་པོ་ཕྱོགས་རེའི་ 4-1-354 འགྱུར་བག་རབ་ཏུ་འཇིགས་གཟུགས་ཀྱི་ཆོ་འཕྲུལ་དང་བཅས་ཆེས་ཡིད་ཀྱི་བརྟན་པ་འཕྲོག་ པར་བྱེད་པའི་རི་དབང་ཀཻ་ལ་ཤ་སྟེ་རབ་དཀར་གངས་རྡུལ་དག་པ་ཆེར་སྤུངས་པ་ལ་ཉི་ གཞོན་འཆར་ཀའི་འོད་རིས་ཀྱི་མདངས་ཆེས་གསལ་དག་པས་ཀུན་ནས་དཀྲིས་ཤིང༌། རབ་ ཏུ་གསལ་པའི་འོད་སྣང་མཆེད་པ་བཞིན་གྱི་མཛེས་ཆ་རྫོགས་པའི་དཔལ་ཕུན་ཚོགས་ལྷུན་ གྱིས་གྲུབ་པའི་གནས་བཟང་ཐུན་མོང་མཐུན་སྣང་གཙོ་ཆེ་བ་གང་དག་གི་སོ་སོའི་ཆ་ལ་ཐུན་ མིན་ལེགས་ཚོགས་ཀྱི་སྒོ་འདྲ་མིན་གང་འདུལ་རང་སྣང་ལ་འོས་ཙམ་གྱི་ཚུལ་གཞན་མ་ཡང༌། སྐབས་གསུམ་ལྷ་ཡི་བུ་མོའི་ཚོགས་གང་དག་གིས་ཡིད་འཕྲོ༷ག་མཛེས་པའི་ག༷ར་སྟབས་ བསྒྱུ༷ར་བ༷་སྣ་ཚོགས་པ་མྱུར་རྩལ་ཁ་དོག་གློ༷ག་འོད་ཕྲེ༷ང་བ་གཡོ༷་བ༷འི་དཔ༷ལ་ཉེ་བར་འཛི༷ན་ པའི་མཆོ༷ད་སྤྲིན་ཕུལ་བྱུང་ལེགས་པ་དུས་སུ་རྒྱ༷ས་ཤིང༌། མཆོ༷ད་བྱེ༷ད་སྒེག་མོ་འདི༷་དག༷་ གིས་སྙ༷ན་པ༷འི་འགྱུར་ཁུག་ཡན་ལག་དྲུག་ཅུ་དང་ལྡན་པའི་གླུ༷་དབྱ༷ངས་ཀྱི༷ས་རྒྱ་ཆེན་མཁ༷འ་ དབྱི༷ངས་སུ་ར༷བ་ཏུ་ག༷ང་བ་སྒྲ་འཛིན་ལམ་དུ་སོན་ཚད་ཀྱི་རྣ༷་བ༷འི་བཅུ༷ད་ལེ༷ན་མཆོག་ཏུ་སྒྲུ༷བ་ པས་ཡིད་དགའ་སྤེལ་བའི་གོ་སྐབས་ཐོབ་པ། དཔལ་གྱི་གནས་བཟང་གི་ཕྱོགས་སོ་སོར་ རྒྱལ་སྲས་མཐུ་ཆེན་དག་བཞུགས་ཤིང་ངོ་མཚར་སྒྱུ་མའི་བཀོད་པ་དང་བཅས་འཇ༷མ་དཔ༷ལ་ གཞོ༷ན་ནུ༷ར་གྱུར་པ་དང་གས༷ང་བ༷འི་བད༷ག་པོ༷་ཕྱག་རྡོར་ད༷ང་འཕགས་པ་ན༷མ་མཁ༷འི་སྙི༷ང་ པོ་དང་ལ༷་སོ༷གས་པའི་ཁོངས་ནས་བཏོན་པ་རྒྱ༷ལ་བའི་སྲ༷ས་གཞན་ཡང་སའི་སྙིང་པོ་སྒྲིབ་ པ་རྣམ་སེལ་ཀུན་ཏུ་བཟང་པོ་བྱམས་པ་སོགས་ཆེས་མང་པོ་ད༷ང༌། ར༷ང་རྒྱ༷ལ་གྱི་རིགས་བསེ་ རུ་ལྟ་བུ་དུག་ཆེན་འཇོམས་པ་རྫུ་འཕྲུལ་ཆེར་སྟོན་སེང་གེའི་སྒྲ་སོགས་དུ་མའི་ཚོགས་གནས་ ཤིང༌། དེ༷་བཞི༷ན་དུ་མཐུ་བོ་ཆེ་སྲེ ད་མེ༷ད་བུ༷་དང་སོ༷གས་པས་བསྡུས་པ་གཞོན་ནུ་གདོང་དྲུག་ གནོད་སྦྱིན་སྟོབས་པོ་ཆེ། ཚངས་པ་ཁྱབ་འཇུག་བརྒྱ་བྱིན་དབང་ཕྱུག་འབྱུང་བཞིའི་ལྷ་བསམ་ མི་ཁྱབ་པ་བཅས་ཀྱི༷ས། གནས་ས༷་འཛི༷ན་རི་བོ་མཆོ༷ག་འདི༷་ཀུ༷ན་ཏུ༷་ལེགས་པར་བསྟེ༷ན་ 4-1-355 བཞིན་པ༷ར་གནས་ཀྱི་ཞིང་གཙོ་འཕགས་མཆོག་གྲུ་འཛིན་བདག་པོའི་གསང་བ་གསུམ་གྱི་ མཛད་ཆེན་ཕྱོགས་སུ་བརྡལ་བ་སྒོ་གང་ཐད་ནས་འཛིན་སྐྱོང་སྤེལ་བར་བྱ༷་ཞིང༌། ཁྱད་པར་ རྒྱལ་སྲས་མཆོག་ནོ༷ར་བུ་བཟ༷ང་པོ་ཆེས་གཞོ༷ན་ནུ༷་བགྲེས་རྒུད་དང་བྲལ་བའི་ཉམས་ཀྱིས་ བཞུགས་པ། བགྲ༷ང་དུ་ཡས་པའི་འགྲོ་བ་ཆེས་མང་པོ་རྣམ༷ས་ཀྱི༷་བྱང་ཆུབ་རྣམ་གསུམ་ལ་ ཁྲིད་པའི་ས༷་ལམ་མཁ༷ན་མཆོ༷ག་ཏུ་གྱུར་པ་དེ༷་ཉིད། ག༷ང་དུ༷་བརྟེ༷ན་པ༷ར་བྱ་བའི་གནས་ཀྱི་ ཞིང་འདིའི་ཆ་ཤས་ཀྱི་ཚུལ་ནི༷། དཔལ་གྱི་བརྟེན་གནས་ཁྱད་པར་བ་ཕྱོགས་འགར་ཡོད་པ་ཟླ་ བ༷་ནོ༷ར་བུ༷འི་ཕུག་མོ་ཆེ་གཞལ་ཡས་ཁང་བཟང་གི་དཔལ་ཡོན་ལ་འགྲན་པ་དེའི་ན༷ང་དུ། རི༷་ བོང་ཅ༷ན་ཟླ་བ་ཆུ་ཤེལ་གྱི་རང་བཞིན་ཞུ་བ་འཁྱི༷ལ་འདྲ ༷ འི་རབ་མཇེས་རིན་པོ་ཆེའི་རྡོ༷་ལེ༷བ་མོ་ ཡ༷ངས་ཤིང་རྒྱ་ཆེ་བ་ཕྱོགས་ཀུན་ཏུ་རྒྱས་པ༷་ནི༷།ཕྱོ༷གས་དང་མཚམས་ཀྱི་གྲོ༷ལ་བའི་ངོ༷ས་གང་ དག་ལ༷་རབ་མཛེས་ཤིང་ལྗ ༷ ོན་པ༷འི་སྐྱེ༷ད་མོས་ཚ༷ལ་ད༷ང་འཆི༷་མེ༷ད་ལྷའི་ད༷ལ་འགྲ ༷ ོ་སྟེ་ཡོན་ ཆབ་བསིལ་དྭངས་ཀྱི་ཆུ་ཀླུང་མཛེས་པ་མང་པོ་དང་མེ་ཏོག་འད༷བ་བརྒྱའི་ཕྲེང་བ་ཕྱོགས་སུ་ གཡོ་བའི་ཡན་ལག་བརྒྱད་ལྡན་རྫི༷ང་བུ༷་ལྟེང་ཀ་མཛེས་པ་སོ༷གས་ཡ་མཚན་དཔལ་གྱི་རོལ་པ་ དཔེར་བསྐྲུན་ན་སེམས་དཔའ་འཇ༷མ་དཔལ་དབྱངས་ཀྱི༷་མཁྱེ༷ན་པ༷འི་ལེགས་བྱས་པི༷ར་གྱི༷ས་ བྱེད་པ་ལ་བརྟེན་ངོ་མཚར་སྒྱུ༷་མ༷འི་གྲོ༷ང་ཁྱེར་མཆོག་གསེ༷ར་གྱི༷་རི་མོ༷་བྲི༷ས་པ༷་ཇི༷་ལྟ་༷བ༷ར་སྲི ད་ པ་ཁ༷མས་གསུ༷མ་གྱི་མཛེས་ཆ་མཐའ་དག་བརྫུན་པ་ཡིད་མི་འོང་རྨི༷་ལ༷མ་གྱི་སྣང་བ་ལྟ་༷བུར་ མཚོ༷ན་པར་བྱེ༷ད་པ༷འི་ཆེས་ངོ་མཚར་ལྟད་མོ་རྣམ་བྱང་ཕྱོགས་ཀྱི་དགའ་བའི་དཔལ་ཉེར་བར་ རྒྱས་ཤིང། གཞན་ཡང་དཔལ་གྱི་གྲུ་འཛིན་རི༷་བོ༷འི་མགུ༷ལ་ཐད་ཀྱི་ཕྱོགས་སོ་སོ་ན༷་ཁ་དོག་ སྣ་ཚོགས་པའི་སྤྲི༷ན་གྱི༷་བླ་རེ༷་མངོན་པར་བྲེ༷ས་པ་གང་དག་ཏུ་མདངས་ཤིན་དུ་བཀྲ་བའི་བརྒྱ༷་ ཕྲ༷ག་དུ་མའི་གྲངས་ལྡན་དབ༷ང་པོ༷འི་གཞུ༷་འཇའ་ཟེར་སྣ་ཚོགས་པ་ཡི་མཛེས་པའི་ཆ་དར་ གྱི་བ༷་ད༷ན་ཕྱོགས་རྣམས་སུ་འཕྱ༷ར་བའི་བཀོད་པ་ལྟར་ཀུན་ནས་མཛེས་པ་གཞི་གང་དག་ 4-1-356 ཏུའང། འདབ་གཤོག་ལེགས་ཤིང་སྤུ་སྡུག་མཛེས་མདངས་འབར་བའི་མདོངས་མཐ༷འ་རྨ་ བྱའི་ཚོ༷གས་རྣམ༷ས་ཀྱིས་མགྲི༷ན་པ༷འི་སི༷ལ་སྙ༷ན་དབྱངས་སྙན་པོར་སྒྲོ༷གས་པ་སོགས་ཆེས་ངོ་ མཚར་མཐའ་ཡས་ཤིང་ལེགས་དགེའི་སྣང་བ་ཕྱོགས་སུ་བརྡལ་བ། ཡང་སྒོས་སུ་ཆུ༷་གཏེ༷ར་རྒྱ་ མཚོའི་དབུ༷ས་ན༷ས་འཕྱུར་བའི་ཁ་དོག་དབ༷ང་སྔོ༷ན་གས༷ར་བ༷འི་དཔ༷ལ་ཉེ་བར་འཛིན་བཞིན་ བར་སྣང་ན་བུན་ཆེར་འཁྲིགས་པའི་གསེབ་ནས། འབྲུག་གིས་སྒྲ་དབྱངས་ཀྱི་དབྱ༷ར་རྔ༷་བརྡུ༷ང་ ཞི༷ང་དེ་དང་ལྷན་ཅིག་བདུ༷ད་རྩི༷འི་ཆ༷ར་ཟི༷མ་བུ༷་དུས་སུ་ར༷བ་རྒྱས་འབེ༷བས་པ་དང་བཅས་ པའི་ཆུ༷་ཁུ༷ར་ཏེ་སྤྲིན་གྱི་ཕྲེ༷ང་བ༷་ཕྱོགས་སོ་སོར་བརྒྱ༷་ཕྲག་དུ་མ་ཀུན་ནས་དཀྲིགས་བཞིན་པ༷འི་ དབུས་དཀྱིལ་དེ་ཉིད་ལས་འཕགས་མཆོག་གི་ཕྲིན་ལས་དུས་སུ་ཤར་བའི་ལྷ་མྱུར་མ་དཔའ་ མོ་ན༷གས་ཀྱི༷་ལྷ༷་མོ༷འི་རྣམ་པ་ཆེས་མཛེས་ཤིང་རྒྱན་གོས་ཀྱིས་སྒེག་པ་རྒྱ༷ལ་བ༷་ཀུ༷ན་གྱི༷་ཡུ༷མ་ མཆོག་གཅིག་པུར་གྱུར་པ། འཕགས་མཆོག་འཇི༷ག་རྟེན་མགོན་པོ་ཁྱེད་ཞལ་ཆུ་སྐྱེས་རྣམ་ པར་བཞད་པ་ལས་འཁྲུངས་ཚུལ་བསྟན་པ༷་ཡི་ཕྲིན་ལས་རབ་མྱུར་ཨཱ༷རྱ༷་ཏཱ༷་རེ༷་སྟེ་འཕགས་མ་ སྒྲོལ་མ་གང་ཉིད། ངོ་མཚར་བཀོད་མཛེས་གཞལ་མེ༷ད་ཁ༷ང་མཆོ༷ག་གི་ནང་ན༷་རྣམ་འཕྲུལ་ སྒྱུ་མའི་བཀོད་པ་སྣ་ཚོགས་བཅས་ར༷བ་ཏུ་དགེ༷ས་པའི་ཐུགས་བརྩེ་དང་བཅས་ལེགས་པར་ བཞུ༷༷གས་ཚུལ་མཛད་པ་འདི་ཡང་ཆེས་ངོ་མཚར་བའི་གནས་སོ༷། མཛད་བཟང་དེ༷་ལྟར༷་གང་ སྣང་བ་ཐམས་ཅད་ནི་གནས་ཚོད་དུ་སྔོན་ནས་ཀུན་གཟིགས་རྒྱ༷ལ་བ་དངོས་སུ་གྱུར་ཟིན་པ་ ཁྱོ༷ད་ཀྱི༷་རྣམ་འཕྲུལ་ཁོ་ནར་ཐག་ཆོད་ཅིང༌། རྣམ་བཀོད་དེ་དག་རེ་ཞིག་གདུལ་བྱའི་ངོར་མི་ བསྡུ་བརྟན་པ༷འི་ངང་ཚུལ་ཉེ་བར་འཆང་བའི་འཛམ་གླིང་འདིའི་ཆར་གཏོགས་པ་འཇིག་རྟེན་ དབང་ཕྱུག་གི་གན༷ས་མཆོ༷ག་དེ༷་ལ༷འ༷ང་བསྟོད་པ་པོས་གུས་ཕྱ༷ག་གཙོ་བོར་འཚ༷ལ་བའོ། ། གསུམ་པ་ཞིང་འདིའི་བཅུད་བཀོད་ངོ་མཚར་བའི་བསྟོད་པ་ནི། ཚེག་བར་དགུ་པ་ ཚིགས་བཅད་གཅིག་དང་ཚེག་བར་བདུན་པ་ཚིགས་བཅད་བཞིས་བསྟན་པ་སྟེ། དེ་ཡང་ངོ་ 4-1-357 མཚར་བའི་ཁྱད་ཆོས་མང་པོ་གོང་དུ་སོང་བ་ལྟར་གྱི་བརྩེ་ཆེན་འཕགས་པ་མཆོག་གི་ལེགས་ བཞུགས་གང་འདུལ་སྤྲུལ་པའི་གནས་བཟང་གྲུ༷་འཛི༷ན་དཔ༷ལ་གྱི་རི་དབང་ཆེས་ཁྱད་མཚར་ བ་དེ༷་ཡི་རྩེ་མོ༷འི་ཕྱོགས་ཀྱི་སྟེང་གི་རྒྱ་ཁྱོན་ནི། རབ་ཡངས་དཔག་ཚ༷ད་བཞི་ཡི་ཚད་ཙམ་པའི་ གང་འདུལ་དེར་སྣང་གི་དབང་དུ་བྱས་པ་གཞི་རྒྱ་ཐ༷་གྲུ༷་ཡངས་ཤིང་མཉམ་པ༷འི་སྟེ༷ང་དེ་དག་ ཏུ། མཐའ་ཕྱོགས་འཁོར་མོ་ཡུག་ཏུ་རིན་པོ་ཆེའི་རང་བཞིན་ཟླ༷་བ་ཆུ་ཤེ༷ལ་དང་ལཱ༷༷་ལ༷་མ༷་ནི༷་ དང་ལ༷་སོ༷གས་པ༷འི་ཁོངས་ནས་ཆུ་གསེར་མཆོག་དང་པདྨ་རཱ་ག་དང་ཨིནྡྲ་ནཱི་ལ་ཤས་ཆེ་བའི་ རིན་ཆེན་དུ་མའི་ཁམས་ལས་གྲུབ་པའི་དབྱིབས་ལེགས་ཤིང་མཛེས་ཆ་རྫོགས་པའི་བྲག་ གི་རི་རྩེ༷་མོ༷་བརྒྱ༷་ཡི༷ས་ཡོངས་སུ་སྐོ ༷ར་བ༷འི་དབུ༷ས་ཀྱི་གཞི་དེ་དག་ལ། མིང་འོ༷ད་ཀྱི་སྣ༷ང་བ་ ཞེས་བྱ༷་ཞིང་ས་དབྱིབས་སྤྱིའི་ཚུལ་འད༷མ་སྐྱེ༷ས་པདྨོ་ལྟར༷་ཕྱོགས་མཚམས་སུ་དཔ༷ལ་གྱི༷་དུ༷མ་ བུ༷འི་འདབ་མ་བརྒྱད་དང་དབུས་གེ༷་ས༷ར་དང་བཅ༷ས་པའི་རྣམ་པར་ཡོད་ལ། གཞི་ཡོངས་སུ་ དག་པའི་གནས་སོ་སོར་གཙོ་བོར་གསེར་བཟང་པོའི་གཞི་ལ་མུ་ཏིག་རཱ་ག་བེ་ཌཱུརྱ་སོགས་ རིན་ཆེན་སྣ་ཚོགས་པས་བར་བར་མཛེས་ཤིང་དེ་དག་ལའང་གསེ༷ར་གྱི༷་འོ༷ད་སྟོང་སེར་ལམ་ པ་གཙོ་ཆེར་ཀུན་ནས་འཕྲོ་ཞིང་འཛམ་བུའི་ཆུ་གསེར་གྱིས་ཕྱོགས་ཆ་ཤུགས་ཆེ་བ་ཡོངས་སུ་ བརྒྱན་ཅིང༌། ཕྱི་ནང་ཕྱོགས་མཚམས་སུ་རིན་ཆེན་སྣ་ཚོགས་པའི་རང་བཞིན་མེ་ཏོག་འདབ་ སྟོང་དང་བརྒྱ་དང་བཅུ་སོགས་དང་ལྡན་པའི་ལེགས་མཛེས་ཡིད་དུ་འོང་བ་གང་དག་དང༌། གཞན་ཡང་རིན་པོ་ཆེ༷འི་སྐྱེ༷ད་མོས་ཚ༷ལ་དང་ཡན་ལག་བརྒྱད་སོགས་དང་ལྡན་པའི་རྫི༷ང་ བུ༷་དྭངས་བསིལ་ཕུན་སུམ་ཚོགས་པ་དང་སོ༷གས་བསྡུས་བདུད་རྩིའི་རང་བཞིན་གྱི་ཆུ་ཀླུང་ ཉམས་དགའ་བ་ཆེ་ཆུང་དུ་མ་ཕྱོགས་ཕྱོགས་སུ་འབབ་པ། མི་ལས་འདས་ཤིང་ལྷ༷འི༷་དཔལ་ འབྱོར་ལ་འགྲན་འོས་པའི་གཟུགས་མཛེས་པ་སྣ་ཚོགས་སྒྲ་སྙན་པའི་བྱེ་བྲག་དྲི་ཕུན་སུམ་ ཚོགས་པ་རོ་བཅུད་བཟང་པོ་ཕུལ་བྱུང་རེག་གོས་སྲབ་འཇམ་ཡང་བ་འདྲ་མིན་མང་པོ་འདོ༷ད་ 4-1-358 ཡོ༷ན་ཡིད་འོང་སྣ་ཚོགས་པ་བརྒྱ་ཕྲ༷ག་དུ་མ་དག་གིས་སྣོད་ཀྱི་གཞི་རྒྱ་ཆེན་པོ་དེ༷་ལ༷་མངོ༷ན་ པ༷༷ར་སྤྲ༷ས་ཤིང༌། མཛེས་པ༷ར་གྱུ༷ར་པ་མཐའ་སྐོ ར་གྱི་རིའི་རྩ ༷ ེ་མོ༷་རྣམས་སུ་ཡང༌། ར༷ ིན་པོ་ཆེ༷་ གསེར་དངུལ་ཟངས་ལྕགས་མུ་ཏིག་མཆོང་བཻ་ཌཱུརྱའི་རྣམ་པའི་སྣ་༷བདུ༷ན་པོ་རྣམས་ཀྱི༷་རང་ བཞིན་ལས་གྲུབ་པའི་ཕོ་བྲང་མཛེས་ཁྱད་ཅན་སྔགས་ཀྱི་མཐུ་རླབས་ཆེན་ལ་མངའ་བརྙེས་ པའི་རི༷ག་པ་འཛི༷ན་པ་ཕོ་མོའི་བཞུགས་གནས་གྲོ༷ང་ཁྱེ༷ར་ཉ༷མས་དག༷འ་བ༷་དུ་མ་ཕྱོགས་ཚན་ སོ་སོ་ན་ཡོད་པ་དེ་དག་གི་ནང་རྣམས་སུ། མཆོད་པའི་ལྷ་མོར་འོས་པ་སྒེག་མཛེ༷ས་མ༷་ན་ཚོད་ ཆེར་བདོ་བ་འཁྲི༷་ཤི༷ང་གས༷ར་བ༷འི་དཔ༷ལ་གྱི་ལ༷ང་ཚོ༷་མེ༷་ཏོ༷ག་ར༷བ་ཏུ་རྒྱ༷ས་པ༷་ཆེས་མང་དག་ གིས། དཔ༷ག་ཡ༷ས་ཡིད་འོང་འདོ༷ད་ཡོ༷ན་བཟའ་བཏུང་གོས་རྒྱན་འབྲ༷ས་བུ༷་སྣ་ཚོགས་པ་ འཛི༷ན་བཞིན་མཆོད་སྤྲིན་ལེགས་སྒོ་དགའ་ཆེན་སྟོན་མོས་དུས་འདའ་བ། གནས་ཞིང་གང་ དེའི་གཞི་སོ་སོའི་ལ༷མ་སྲ༷ང་ཀུ༷ན་གྱི༷་རྒྱན་དུ༷་བྱ༷ས་རིམ་ཡང་མུ་ཏིག་སྣ་ཚོགས་པའི་ཕྲེ༷ང་བ༷་ དང་དར་སྣ་དུ་མའི་བ༷་ད༷ན་ལྡ་ལྡི༷་དང་སོ༷གས་བསྡུས་གདུགས་རྒྱལ་མཚན་རྔ་ཡབ་རྣམ་པ་སྣ་ ༷ཚོ༷གས་པའི་རྒྱ༷ན་གྱི༷ས་ལེ༷གས་པ༷ར་བརྒྱ༷ན་ཅིང༌། ས་གཞི་ཁང་པ་རི་སོགས་ལས་ཀྱང་ཤི༷ན་ ཏུ༷་མཛེ༷ས་པ༷་འོ༷ད་ཟེར་གྱི་སྣང་བ་བརྒྱ་ཕྲག་དུ་མ་ཡི༷ས་གནས་ཞིང་དེ་ན་རྟག་ཏུ་མཚ༷ན་མོ༷འི་ མུན་ནག་ཀུན་ལེགས་པར་བཅོ༷མ་པས། ཡ་མཚན་སྣང་བ་དུས་འཁོར་མོ་ཡུག་རྟག་པར་འོད་ གསལ་བའི་ཞིང་ཁྱད་པར་དུ་འཕགས་པའོ། །དེ་ལྟར་དཔལ་གྱི་གནས་བཟང་གི་ཆུ་མཚོ་རི་ བོ་བཅུད་བཀོད་ཀྱི་སྣང་ཚུལ་ཡང༌། ཆོས་ལོངས་སྤྲུལ་པའི་བདག་འབྲས་ཀྱི་འཆར་བཀོད་ གདུལ་བྱའི་ཁམས་དབང་རབ་འབྲིང་ཐ་མའི་དབང་གིས་མཐོང་སྣང་དེ་ལུགས་ཀྱི་ཚུལ་ནི་མི་ གཅིག་པ་ཆེས་མང་ངོ༌། ། བཞི་པ་ཞིང་གཙོ་སེམས་དཔའ་བཞུགས་ཚུལ་གྱི་བསྟོད་པ་ནི། ཚེག་བར་དགུ་པ་ཚིགས་ བཅད་བཅུ་གསུམ་གྱིས་བསྟན་པ་སྟེ། དེ་ཡང་དཔལ་གྱི་གནས་མཆོག་དེ་ལྟ་བུའི་དབུ༷ས་ཀྱི་ 4-1-359 གཞིར་གྱུར་པ་ན༷་འཕགས་མཆོག་གང་གི་ཆོས་དབྱིངས་ཡེ་ཤེས་སོགས་རྣམ་པ་ལྔའི་རང་སྣང་ ལས་ཤར་བའི་མདོག་ལྔའི་འོ༷ད་ཟེར་དཀར་སེར་དམར་ལྗང་མཐིང་སྔོན་གྱི༷་རྣམ༷་པས་ཕྱོགས་ ཀུན་ནས་ཡོངས་སུ་སྤྲ༷ས་ཤི༷ང༌། ངོ་མཚར་བའི་ཁ༷ང་བ་བརྩ ༷ ཻག་པ་ཁྲག་ཁྲིག་བརྒྱ་ཡིས་ར༷བ་ ཏུ་བསྐོ༷ར་བ༷་དེའི་དབུས་སུ་ཡེ༷་ཤེ༷ས་ཆེན་པོའི་ར༷ང་བཞི༷ན་ལས་གྲུབ་པའི་གཞ༷ལ་མེ༷ད་ཁ༷ང་ མཚན་ཉིད་ཡོངས་སུ་རྫོགས་ཤིང་རྒྱན་བཀོད་ཚད་ལས་འདས་པ༷་གདུལ་བྱའི་ཁམས་དབང་ ལ་ལྟོས་པའི་རྗེས་སུ་འགྲོ་བ་བསམ་མི་ཁྱབ་པའི་ཆོས་ཀྱི་ཕོ་བྲང་རྒྱ་ཆེ་བ་དེའི་ནང་གི་གཞིར། གཙོ་བོ་ལ་འོས་པའི་ཁྲི་གདན་གྱི་སྟེང་ན༷་རྒྱུ་དང་འབྲས་བུའི་ཐེག་པ་མཐའ་དག་གི་ཆོས་ཀྱི་ མཛོད་འཆང་བ་ཞིང་དེའི་དག་པའི་འཁོར་ཚོགས་མཐའ་དག་གི་གཙོ་བོ་རྗེ༷། སྒྲིབ་བྲལ་ཡེ་ ཤེས་ཕུལ་བྱུང་གིས་ཆེས་བཙུ༷ན་པའི་འཇི༷ག་རྟེ༷ན་གསུམ་གྱི་སྐྱབས་གནས་ཉག་གཅིག་གི་ དབ༷ང་ཕྱུ༷ག་བརྩེ་ཆེན་སྙིང་རྗེ་ཆེན་པོའི་སྤྱ༷ན་ར༷ས་ཀྱིས། འགྲོ་བ་ཐམས་ཅད་ལ་གཟི༷གས་པ་ རེས་འཇོག་བྲལ་བའི་མངའ་བདག་དུ༷ས་འདས་མ་འོངས་ད་ལྟ་གསུ༷མ་གྱི་རྒྱ༷ལ་བ༷་སངས་ རྒྱས་ཀུ༷ན་གྱི༷་སྤྲུལ་པའི་གཞིར་གྱུར་པའི་སྒོ་ནས། གང་འདུལ་དེར་སྣང་གི་རྣམ་འདྲེན་ཐབས་ མཁས་ཀྱིས་སྤྲུལ་བཀོད་སྣ་ཚོགས་པ་ཀུན་ནས་བསྐྱེད་པའི་ཡ༷བ་གཅི༷ག་པུ༷་ལྟ་བུ་བདེ་ གཤེགས་སྟོབས་བཅུ་མངའ་བ་སང༷ས་རྒྱ༷ས་ཀུ༷ན་གྱི༷་རང་གཤིས་ཆོས་སྐུ་ཡེ༷་ཤེ༷ས་རྣམ་ཀུན་ པ་སྤྱི་ཡི༷་རང་མདངས་ལས་གང་འདུལ་རྣམ་པར་འཕྲུལ་བ་སེམས་དཔའ་ཆེན་པོའི་གཟུ༷གས་ སྐུར་འགྲོ་འདུལ་དུས་བབ་ཏུ་ཤར་ཞིང༌། དགོས་དབང་གིས་དོན་ལ་སངས་རྒྱས་ཟིན་ཀྱང་ རྒྱ༷ལ་བའི་སྲ༷ས་ཐུ༷་བོ༷་མཆོག་སྐུ་བགྲེས་རྒུད་བྲལ་བ་གཞོ༷ན་པ༷འི་ངང་ཚུ༷ལ་ཉེ་བར་འཛི༷ན་ པ༷་འཁོར་བར་ལས་དབང་གིས་འགྲོ༷་བ༷འི་ཉམ་ཐག་པ་མཐའ་དག་སྡུག་བསྔལ་བ་ལས་ དབུགས་དབྱུང་བའི་མགོ༷ན་པོ༷་ཁྱོ༷ད་ལ༷་ཕྱ༷ག་འཚ༷ལ་ལོ༷་སྟེ་སྒོ་གསུམ་ཀྱིས་གུས་འདུད་ལེགས་ འབུལ་གྱི་སྒོ་ནས། འདིར་ཞིང་གཙོ་སེམས་དཔའ་ཆེན་པོ་ནི་གཟུགས་སྐུའི་རྣམ་འཕྲུལ་གྱི་ 4-1-360 བཀོད་པ་གདུལ་བྱའི་ཁམས་དབང་གི་རྒྱུད་ཚོད་དང་མཐུན་པར་ཆགས་བཅས་ཆགས་བྲལ། ཞི་བ་ཁྲོ་བོ། ཞལ་ཕྱག་ཀྱང་མང་ཉུང་ཅི་རིགས། ཁ་དོག་སྣ་ཚོགས་པ་སོགས་གང་ལ་གང་ འདུལ་དེ་ལ་དེ་སྟོན་པའི་ཚུལ་ཡིན་པས་ཕྱོགས་རེས་ཁོ་ནར་གཅོད་པའི་བློ་མིག་ཆུང་མི་འོས་ ཀྱང་གང་འདུལ་སྤྱིའི་སྣང་ཕྱོགས་དང་ཁྱད་པར་གྱི་དག་སྣང་གི་སྒོ་ནི་སྣ་ཚོགས་རེ་ཡང་མཛད་ ཕྲིན་འཇུག་ཚུལ་གྱིས་ཡོད་རུང་བས་དེ་ལུགས་ལྟར་འདིར་ཕོ་བྲང་དུ་བཞུགས་པའི་སེམས་ དཔའ་ཞིང་དེའི་གཙོ་བོ་དང༌། གང་ཉིད་ལས་འཕྲོས་པ་སྐུ་སྲས་དགའ་ཚལ་དུ་བཞུགས་པར་ སྣང་བའི་ཕྱོགས་ནས་གཟུགས་ཅན་རབ་བརྟག་གི་དཔེ་དང་བཅས་པས་སེམས་དཔའ་མཆོག་ ཉིད་བཅུ་གཅིག་ཞལ་ལྡན་ཕྱག་སྤྱན་སྟོང་ཕྲག་གི་རྣམ་པར་དགོས་དབང་གིས་ལེགས་པར་ བཞེངས་པའི་ཆ་ལ་བསྔགས་པའི་ཆེ་བའང༌། མགོན་པོ་གང་གི་སྐུ་དཀར་གསལ་གྱི་ཕུང་པོ་ ལ་རྒྱན་བཟང་གིས་མཛེས་པའི་གནས་ཚུལ་གཟུགས་ཅན་གང་དང་མཚུངས་ན། ཆེས་རབ་ ཏུ་དཀར་པའི་ཀཻ༷་ལ༷་ཤ༷་གངས་ཀྱི་རི་དབ༷ང་མཛེས་སྡུག་ར༷བ་སྒ ེ༷ག་གི་ཡི༷ད་འཕྲ ༷ ོག་མཛེས་མ༷་ ལ་དྲི་མེད་ཟླ་བའི་ཟེ༷ར་གཞོ༷ན་ནུ༷ས་ལེག༷ས་པར་འཁྲི༷ལ་ཞི༷ང་འཁྱུ༷ད་པ༷་ཇི་བཞི༷ན་དུ། ར༷བ་ དཀ༷ར་འཕགས་པ་མཆོག་ཁྱོ༷ད་ཀྱི་སྐུ༷་ཟག་བྲལ་ཡེ་ཤེས་ཀྱི་རང་གཟུགས་ངོ་མཚར་དར་གོས་ འཇའ་འོད་ཕྲེ༷ང་བ༷་བརྒྱ༷་ཡིས་མངོ༷ན་པ༷ར་སྤྲ༷ས་པའི་ཚུལ་གྱིས་སྒེག་འགྱིང་དུ་ངོམ་པ་འདི༷་ ནི། མི༷ག་གི༷་བདུ༷ད་རྩི༷ར་གྱུར་པའི་མཛེས་གཟུགས་རྣམ་པར་བྱང་བའི་སྐུ་ཕུལ་དུ་བྱུང་བ་ཡི༷ན་ ལ་གང་ཉིད་ཀྱིས་རྣམ་པར་འཕྲུལ་བ་སྐུ་སྲས་མཆོག་གི་ཚུལ་རབ་ཡངས་དག༷འ་ཚ༷ལ་ཆེས་ མཆོ༷ག་ཏུ་གྱུར་པ་ན་ལེགས་པར་རོལ་པའི་གཞོན་ནུ་ཡི༷ད་བཟ༷ང་བུ༷་ཞེས་བྱ་བ་ཡང༌། གཙོ་ བོ་ཡབ་རྗེ་ཁྱོ༷ད་སྐུ༷འི་རྗེ༷ས་སུ༷་འགྲོ༷་བའི་སྒོ་ནས་ཡ་མཚན་གྱི་ཆེ་བ་སྣ་ཚོགས་ལེགས་པར་ སྟོན་པ་དང༌། ཞིང་གཙོ་གང་གི་ཤིན་ཏུ་མཛེ༷ས་ཤི༷ང་ལྟ་༷བས་མི༷་ངོ༷མས་པའི་མཛེས་གཟུགས་ ཡོངས་སུ་རྫོགས་པའི་ཉི༷ད་སྐུ༷འི་དཔལ་བརྗིད་འབར་བའི་སྣ༷ང་བ༷་དེ་ལས་བྱེ་བའི་ཆ༷་ཙམ་དེ༷་ 4-1-361 ཉི༷ད་ཁོ་ན༷ས་ཀྱང༌། ལྷ་དང་བཅས་པའི་སྲི ༷ད་གསུ༷མ་མཛེས་སྡུག་གི་ལ༷ང་ཚོ༷་གང་ཡོད་ཚད་ བཅོ༷མ་ནུས་པའི་ཁྱད་དུ་མངོན་པར་འཕགས་པའི་སྐུ་ུལ། རྒྱལ་བའི་མཚན་བཟང་དབུའི་ གཙུག་ཏོར་དཔྲལ་བའི་མཛོད་སྤུ་སོགས་དང་དཔེ༷་བྱད་སེན་མོ་ཟངས་མདོག་ལྟར་དམར་བ་ ལ་སོགས་པའི་ཟེ༷འུ་འབྲུ༷འི་ལེགས་ཆ་ཀུན་ནས་མངོ༷ན་དུ་རྒྱ༷ས་ཤིང་ཟག་མེད་མཆོག་གི་བདེ༷་ བ་འབྱམས་ཀླས་པའི་ཚུལ་ཆེས་མཛེས་འདབ་མ་རྒྱ༷ས་པའི་ར༷བ་དར་ཡི༷ད་དུ་འོ༷ང་བ༷འི་ཆུ༷་ སྐྱེ༷ས་མེ་ཏོག་ཉི༷ད་འད༷མ་རྫ༷བ་དྲི་མ་སྤ༷ངས་པ༷འི་འད༷མ་སྐྱེ༷ས་ལྟར། ཟ༷ག་མེ༷ད་དམ་པའི་རང་ བཞིན་གྱི༷་མཛེས་སྐུ་བདེ༷་ཆེ༷ན་ཡེ་ཤེས་སྦྲ༷ང་རྩ ༷ ིའི་འབྱུ༷ང་གན༷ས་བསོད་ནམས་ཞིང་རྨད་དུ་ བྱུང་བ་གང་འདི༷་ར༷བ་རྒྱས་ངོ་མཚ༷ར་བའི་གནས་བླ་མེད་པ་སྟེ། འཕགས་པའི་ཞལ་རས་རྣམ་ པར་རྒྱས་པའི་མཛད་ཚུལ་གདུལ་བྱ་ཕྱོགས་རེའི་སྣང་ངོ་ལྟར་ན་སྟོ༷ན་ཟླ༷་དྲི༷་མ༷་མེ༷ད་འདྲ༷འི་ ཡོ༷ན་ཏ༷ན་གྱི་དཔལ་མངའ་བའི་ནད་གདོན་ཉེར་ཞིའི་རྩ་ཞ༷ལ་དཀར་པོ་གསུམ་དང༌། དེ༷་ བཞིན་གཞ༷ན་ཚེ་བསོད་རྒྱས་པའི་ཐོག་ཞལ་གསུམ་པོ་དག་ཀྱང་འཛ༷མ་བུ༷འི་གསེ༷ར་སྦྱ༷ངས་ བཞི༷ན་རབ་ཏུ་སེར་བ་དང༌། གཞ༷ན་ཁམས་གསུམ་དབང་སྡུད་ཀྱི་སྟེང་ཞལ་ནི༷་ཉི༷ན་བྱེ༷ད་ དཔལ་དང་ལྡན་པའི་ཁ་དོག་ལྟར་ཆེས་དམར་གསལ་དུ་གནས་པ་དང༌། དེ༷་བཞི༷ན་དུ་ནི་ གཞན་ཡང་གནོད་བྱེད་སྒྲོལ་བའི་དྲག་པོའི་ཁྲོ་ཞལ་མི༷ག་སྨན་སྔོ ་ནག་གི་རྗེ༷ས་སུ་འགྲོ༷་བ། སྔ་ མའི་དམར་ཞལ་ཟུ༷ང་གཉིས་དང་ཕྱི་མའི་ནག་ཞལ་ཟུ༷ང་གཉིས་དག་གིས་རྣམ་པར་མཛེ༷ས་ ཤིང༌། དེ་ཀུན་གྱི་སྟེ༷ང་ན༷་རབ་དམར་བི་ཛིའི་རི་དབང་ལྷུ༷ན་པོ་ག༷ང་ལ་བརྒྱ་ཕྲག་རྟ་བདུན་ཉི་ མའི་ཟེར་ཕྲེ༷ང་གི་སྣང་བས་ལེགས་པར་སྤྲས་ནས་ཀུ༷ན་གས༷ལ་མཁའ་ལམ་གྱི་ཁྱིམ་དུ་འོད་ སྣང་གས༷ལ་བའི་དུ༷ས་ཀྱི་དག༷འ་མ༷འི་དཔ༷ལ་དོ༷ན་དུ་གཉེར་ནས་འོ༷ང་བ་ཇི༷་བཞིན་དུ། ཐུབ་ པ་འོད་དཔག་མེད་པ༷འི་ཞ༷ལ་མངོན་པར་འཕགས་ཤིང་དེ་ལྟ་བུའི་དཀར་སེར་གྱི་ཞལ་དྲུག་ དང་དམར་ནག་གི་ཞལ་བཞི་ཤིན་དུ་དམར་གསལ་གྱི་ཞལ་གཅིག་སྟེ་དེ༷་ད༷ག་ཐ༷མས་ཅ༷ད་ 4-1-362 ད༷པག་ཡ༷ས་ག༷ཟི་བརྗི༷ད་ཆེར་འབར་བ་ཅ༷ན་ཞི་རྒྱས་དབང་གི་ཞལ་རྣམས་ལ་སྤྱན་དག་གིས་ མཛེས་པའི་ཚུལ་ཉིན་བྱེད་འཆ༷ར་ཁ༷འི་འོ༷ད་རི༷ས་ཕྲ༷་མོས་ལེ༷གས་པར་སྤྲས་པ༷འི་སྤྱ༷ན་བཟ༷ང་ ཞིང་ཡངས་པའི་དཀྱིལ་འཁོར་ཨུ༷ཏྤ༷ལ་སྔོ༷་མཛེས་མ༷ས་དབ༷ང་སྔོ༷ན་གྱི་བསི༷ལ་ཟེ༷ར་བདུ༷ད་རྩི༷་ འཐུ༷ང་པ༷་བཞི༷ན་གྱི་གཟུགས་ཅན་བརྟགས་པའི་དཔེ་དཔེ་ཅན་དུ་འོས་ཤིང༌། ཁྱད་པར་དྲག་ ཞལ་གྱི་སྤྱན་ཡི༷ད་དུ༷་ར༷བ་སྡུག་ཅིང་རྣམ༷་པར་བཀྲ༷་བའི་སྤྱ༷ན་གསུ༷མ་པོའི་ཚུལ་ནི༷། རྒྱན་གྱིས་ སྤུད་པའི་རི༷ག་འཛི༷ན་དག༷འ་མའི་ལ༷ན་བུ༷་ཆེས་མཛེས་པ་དག་གི་གཟི༷་བརྗི༷ད་རབ་ཏུ་རྒྱས་ པའང་ཉ༷མས་པར་བྱེ༷ད་པའི་དཀར་དམར་མཐིང་གི་གཟི་འོད་ཆེར་འབར་བ། སྤྱན་གང་དག་ གི་སྨིན་མ་རྣམས་ཀྱང་མཆོ༷ད་སྦྱི༷ན་བརྒྱ༷་པ༷་ལྷའི་དབང་པོའི་གཞུ༷འི་དབྱི༷བས་ལ༷ས་རྣམ༷་པར་ བརྒ༷ལ་བ༷་བུ༷ང་བའི་དཔ༷ལ་ནག་མདངས་འཛིན་པའི་སྨི༷ན་འཁྱུ༷ག་མཛེས་ཤིང་རྒྱ༷ས་པ་དག་ གིས་ལེགས་པར་བརྒྱ༷ན་པ། རལ་པའི་ཐོར་ཅོག་རྣམས་ཀྱང་ཕྱོ༷གས་གྲོ༷ལ་བུ༷་མོ༷་ནམ་མཁའ་ མཚ༷ན་མོ༷འི་ཁྱི༷མ་དུ་བོ༷ས་པ་ལྟར་གྱི་ཁ་དོག་གནག་ཅིང་ར༷བ་ཏུ་མཛེ༷ས་པའི་ཨ༷ཉྩ༷་གཞོན་པ་ ན་ཚོད་བྱུ༷ག་པ་འདྲ༷་བའི་ཐོར་ཚུ༷གས་གང་འདི་དག་ནི། དཔེར་ན་རི༷ན་ཆེན་ཕྲེ༷ང་བ༷་ཡི༷ས་དེ་ འདྲའི་ཐོར་ཚུགས་རྣམས་ལ་མཛེས་རྒྱན་དུ་བྱས་ཚུལ་མཚན་མོའི་ནམ་མཁའ་ལ་དཔ༷ག་ཡ༷ས་ རྒྱུ༷་སྐ༷ར་བཀྲ་བ་ཇི་བཞི༷ན་དུ༷་རྣམ༷་པར་མཛེ༷ས་ཤིང༌། སྟོང་ཕྲག་ཏུ་ཚང་བའི་ཕྱག་སྤྱན་དག་ ཀྱང་རྣམ་པར་བརྟག་པའི་གཟུགས་ཅན་དུ་དཔེ་དཔེ་ཅན་དུ་བཀོད་པ་ཆུ༷་སྐྱེ༷ས་མེ་ཏོག་དཀ༷ར་ པོའི་ལྡུ༷མ་བུ༷་ལྟར། ཆེས་འཇ༷མ་ཞིང་མཛེས་པ༷འི་འཕགས་མཆོག་ག༷ང་གི༷་གཡས་གཡོན་ ཕྱོགས་ཀྱི་ཕྱ༷ག་ནི༷་སྟོ༷ང་ཕྲ༷ག་རྣམས་ཀྱང་ར༷བ་ཡིད་འོ༷ང་ཞིང་རབ་ཏུ་རྒྱ༷ས་པའི་པདྨ༷འི་འད༷བ་ མ་ལྟར༷་རྣམ་པ༷ར་བཀྲ༷་བ༷འི་ཕྱག་སྟོང་ཕྲག་གི་མཐིལ་རྣམས་སུ་མཐོན་མཐི༷ང་མདོག་དྭངས་ ཤིང་གསལ་བའི་འདྲེ༷ན་བྱེ༷ད་དམ་སྤྱན་བརྒྱ༷་ཕྲ༷ག་བཅུ༷་ཡི༷ས་ལེགས་པར་བརྒྱ༷ན་པ། ཁ་དོག་ གི་རྣམ་འགྱུར་ར༷བ་དཀ༷ར་འད༷བ་བརྒྱ༷འི་ཟེ༷འུ་འབྲུ༷་ལ་རྐང་དྲུ༷ག་བུང་བ་མཛེས་པ༷་དག་ར༷བ་ 4-1-363 ཏུ་གཡོ༷་བ་ཇི༷་ལྟ་བ་བཞི༷ན་འཛི༷ན་བྱེད་སྤྱན་གྱི་ཕྲེ༷ང་བ་གང་འདི༷་དག་ཀྱང༌། ཐམས་ཅད་ མཚུངས་པར་དབ༷ང་སྔོ༷ན་བཞུ་ུབའི་ཞུ༷ན་མ༷་ལྟར་མཚར་སྡུ༷ག་གི་རི༷་མོ་མང་པོ་ཡི༷ས་རྣམ༷་པར་ བཀྲ༷་ཞིང་དེ་དག་གི་རབ་གསལ་སྣང་བ་ཆེན་པོའི་གཟི་མདངས་ཀྱིས་འཇིག་རྟེན་འོ༷ད་དཀ༷ར་ དྲེ༷གས་པ༷་མཐའ་དག་འཇོ༷མས་པར་བྱེ༷ད་པ་བཞི༷ན་ནོ། །གཞན་ཡང་སྐུའི་རྒྱན་དར་གོས་རིན་ ཆེན་གྱི་ཕྲེང་བ་རྣམས་ཀྱང་རབ་མཛེས་ཨཱ༷་ཛི༷་ན༷་ད༷ང་དབ༷ང་པོ༷འི་གཞུ༷་འཇའ་མདངས་གསལ་ བ་ལྟ་༷བུ༷ར་ཡི༷ད་དུ་འོ༷ང་བའི་ད༷ར་སྣ་ཚོགས་ཀྱི༷་ན༷་བཟ༷འ་ལྷ༷བ་ལྷུ༷བ་ཏུ་གཡོ་བ་གང་དག་ད༷ང༌། རི༷ན་པོ་ཆེ༷འི་ཕྲེང་བ་དུ་མ་སྣ༷ང་བ༷་བརྒྱ༷འི་གཟི་འོད་ཆེར་འཕྲོ་བ་ཅ༷ན་འཛ༷མ་བུ༷འི་ཆུ་བོའི་ གསེར་བཟང་གི་རང་བཞིན་གྱི་དབུ་རྒྱན་མགུལ་རྒྱན་ཕྲེང་བ་གདུ་བུ་སོགས་རྒྱ༷ན་མཆོ༷ག་ཏུ་ གྱུར་པ་ཀུ༷ན་གྱི༷ས་སྤྲས་ཤིང༌། དེ་ལྟ་བུའི་སྤྱན་རས་གཟིགས་བཅུ་གཅིག་ཞལ་མངའ་ཕྱག་སྟོང་ སྤྱན་སྟོང་གི་རྣམ་པ་གང་འདུལ་དེར་སྣང་གཙོ་ཆེ་བའི་མཚར་བཀོད་ཀྱི་རྣམ་པར་བཞེངས་པ་ དང༌། གཞན་ཡང་གདུལ་བྱ་འདུལ་ཚུལ་གྱི་མཛད་པ་ལ་ལྟོ ས་ནས་ཞིང་དེའི་གཙོ་བོའི་མཐོང་ སྣང་གི་རིམ་པ་འཇིག་རྟེན་མགོན་པོ་ཞལ་གཅིག་ཕྱག་བཞི་པ་དང་ཕྱག་གཉིས་པ་སོགས་དང་ ཁ་དོག་མཛད་སྤྱོད་ཐ་དད་པ་འདྲ་མིན་མང་པོའི་སྣང་ཚུལ་ལ་ཚད་བཟུང་མི་ནུས་ཤིང༌། གང་ གིས་ཆོས་ཀྱི་སྒོ་ཡང་ཐུན་མོང་ཕར་ཕྱིན་ཐེག་པ་དང་ཐུན་མིན་གསང་ཆེན་ཐེག་པ་སྐབས་གང་ བབ་ཀྱི་གདུལ་བྱའི་ཁམས་དབང་དང་ཚུལ་དེ་ལུགས་ལ་དུས་སུ་གཡེལ་བ་མེད་ངེས་ཟབ་དང་ རྒྱ་ཆེའི་ཆོས་སྣང་འགྱེད་པ་རྒྱུན་མི་ཆད་པའི་ཚུལ་གྱིས་བཞུགས་པའོ། ། ལྔ་པ་ཞིང་གི་འཁོར་ཚོགས་བསྟོད་སྨོན་བཅས་པ་ནི། ཚེག་བར་དགུ་པ་ཚིགས་བཅད་ གསུམ་གྱིས་བསྟན་པ་སྟེ། དེ་ཡང་གནས་ཀྱི་ཞིང་མཆོག་དེའི་གཙོ་བོ་གང་གི་འཁོར་ཡང་ འཇ༷མ་དཔ༷ལ་དང་ཕྱག་ན་རྡོ་རྗེ། བྱམས་པ། ཀུན་བཟང་ལ་སོགས་པའི་བྱ༷ང་ཆུ༷བ་སེ༷མས་ དཔ༷འ་དཔག་ཏུ་མེད་པ་ད༷ང་རིག༷ས་ཀྱིི༷་བད༷ག་པོ༷་ཁྲོ༷་རྒྱ༷ལ་རྟ་༷མཆོ༷ག་རོ༷ལ་པ་ད༷ང༌། རྗེ༷་ 4-1-364 བཙུ༷ན་སྒྲོ༷ལ་མ༷། གཙུག་ཏོར་རྣམ་རྒྱལ། རིག་བྱེད་ལྷ་མོ། ཀུ་རུ་ཀུལླེ་སོགས་མ་ཚོགས་ མཁའ་འགྲོའི་རིགས་ཀྱི་སྡེ་ཆེས་མཐའ་ཀླས་པ་དང་གཞན་ཡང་དཔའ་བོ་དང་དཔའ་མོ་རིག་ པ་འཛིན་པ་སྔགས་ཀྱི་རྣལ་འབྱོར་པ་བགྲང་ལས་འདས་པ་དང༌། ཐེག་པ་དམན་པའི་སྡེ་ཡང་ ཉན་རང་གི་རིགས་བསམ་མི་ཁྱབ་པ་ལ༷་སོག༷ས་པའི་སྒྲིབ་གཉིས་ཅི་རིགས་ལས་གྲོལ་བ་ དང༌། སྒྲི༷བ་པ་ཀུན་ལ༷ས་ཀྱང་རྣམ༷་པ༷ར་གྲོ༷ལ་བ༷འི་འཁོར་ཚོགས་རྒྱ་མཚོ་ལྟ་བུ་ཆེས་མཐའ་ ཡས་པ་སློབ་པ་མི་སློབ་པའི་འཁོར་དང་ཡང་འཁོ༷ར་གྱི༷ས་ཡོངས་སུ་བསྐོ༷ར་བ་དེ་ཐམས་ཅད་ ལའང་བསྟོད་པ་པོས་གུས་འདུ༷ད་ཡང་དག་ངེས་པར་འབུལ་བ་དང་བཅས། དེ་དག་ལས་ཀྱང་ གཙོ་བོ་དང་འཁོར་དང་ཡང་འཁོར་གྱི་ཚུལ་རྣམས་ཀྱི་སྤྱོད་པ་ཡང་དབང་པོ་རབ་འབྲིང་ཐ་ མའི་སྐལ་བ་གང་འཚམས་དང་མཐུན་པར་ཐེག་པའི་སྒོ་སྨིན་ཅིང་གྲོལ་བའི་ཐབས་དེ་ལུགས་ ཁོ་ན་ལྟར་དབང་པོའི་རིམ་པ་བཞིན་རྒྱ་ཆེར་ཀུན་ནས་སྤྱོད་བཞིན་པ་ལ་ལགས་ཏེ། གནས་ ཞིང་གི་སྣོད་བཅུད་ཁྱད་འཕགས་གང་དག་ལ་དེ་ལྟར་ལེགས་པར་བསྟོད་པའི་མཇུག་ཏུ་སྨོན་ པའི་དོན་ལ་ཞུགས་པ་ནི། གོང་དུ་བཤད་པ་བཞིན་གནས་ཡུལ་གནས་ཀྱི་བཅུད་བཀོད་གཙོ་ འཁོར་བཅས་ལ་དེ༷་ལྟར་དུ་ལེགས་པར་བསྟོ༷ད་པ༷ས་བསྟོད་བསྔགས་བྱེད་པ་པོ་བད༷ག་གིས་ མཚོན་སོགས་ཁོངས་ནས་མཐའ་ཡས་པའི་སེ༷མས་ཅ༷ན་གཅིག་ཀྱང་མ་ལུས་པ་དེ་ཀུ༷ན། ལྷ་ ཐུགས་རྗེ་ཆེན་པོའི་ཐུ༷གས་རྗེ༷འི་ལྕ༷གས་ཀྱུ༷ས་དེ༷་རི༷ང་ངམ་རིང་པོར་མི་ཐོགས་པར་སྲི༷ད་པ་ སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་གཏིང་ཟབ་ཅིང་ཐར་དཀའ་བའི་གནས་ལ༷ས་ཡོ༷ངས་སུ༷་དྲ༷ངས་ ཏེ༷། མཐར་ཐུག་གཏན་བདེའི་གོ་འཕང་ཤེ༷ས་བྱ ༷ ་ཀུ༷ན་མངོན་དུ་གནས་ལུགས་བདེན་པའི་དོན་ ཇི་ལྟ་བར། གཟི༷གས་པའི་རྫོགས་པ༷འི་སང༷ས་རྒྱ༷ས་རང་བྱུང་མཁྱེན་པའི་ཡེ༷་ཤེ༷ས་ཅ༷ན་གྱི༷་ ཆོས་སྐུ་སྒྲིབ་མེད་དུ་མཐོང་བའི་བཀ༷འ་དྲི༷ན་ཉེ་བར་སྩོ༷ལ་བའི་སྨོན་འདུན་རྒྱ་ཆེ་བ་དང་བཅས། གནས་སྐབས་དེ་མ་ཐོབ་པའི་རིང་དག་ཏུ་ཡང་ནམ་ཞིག་བླ་མེད་བྱང་ཆུབ་ལས་ག༷ཡོ་བ་མེ༷ད་ 4-1-365 པའི་ལ༷མ་མཆོ༷ག་ཏུ་གྱུར་པ། སྟོན་པ་བླ་ན་མེད་པ་རྒྱ༷ལ་བ༷ས་བསྟ༷ན་པ༷་ལྟར༷་སྐྱེ་དགུ་གང་ དག་གིས་ན༷ན་ཏ༷ན་སྙིང་པོར་སྒྲུ༷བ་པ་ལ༷་ཕྱི་ནང་གསང་བའི་འག༷ལ་རྐྱེ༷ན་ཀུ༷ན་ལེགས་པར་ཞི༷་ ཞི༷ང༌། རིམ་པས་ན༷མ་མཁ༷འ་ལྟར༷་རབ་ཏུ་ཡ༷ངས་པའི་ལས་ཉོན་གྱི་གཞན་དབང་ཅན་མངོན་ མཐོ་དང་ངན་སོང་གིས་བསྡུས་པའི་འགྲོ༷་བ་རིགས་དྲུ༷ག་ཏུ། གང་གཏོགས་པའི་སེ༷མས་ཅ༷ན་ རྣམ༷ས་ཀྱང་ཆོས་མཐུན་ལ་རྐྱེན་ངན་བྲལ་ཞིང་མཐུན་རྐྱེན་ཡོངས་འགྲིག་གི་སྒོ་ནས་བདེ་བླག་ དམ་པ་ལ་བརྟེན་ནས། ཆོས་ཀུ༷ན་མཁྱེ༷ན་པའི་གོ༷་འཕ༷ང་གསང་བ་གསུམ་གྱི་ཆེས་ངོ་མཚར་ བའི་དགེ༷་ལེག༷ས་ར༷བ་ཏུ་རྒྱ༷ས་པ་ཞིག་འོང་བར་ཤོ༷ག་ཅིག་ཅེས་པས་མཇུག་རྫོགས་པར་གྲུབ་ བོ། ། རྩ་བའི་ས་བཅད་གསུམ་པ་ཐ་མའི་མཛད་བྱང་གི་ཚུལ་ནི། འཕགས་པ་འཇིག་རྟེན་ དབང་ཕྱུག་ལ་བསྟོད་པ་འདི་ཡང་དགེ་སློང་ཀུན་དགའ་སྙིང་པོས་ཆོས་འཁོར་ལྷ་སར་སྦྱར་ བའི་ཐུགས་བསྐྱེད་ཀྱང༌། རང་གི་ཆེ་བ་སྒྲོག་ཕྱིར་དང་ཐ་སྙད་ཚིག་ལ་སྦྱང་བས་མཁས་རློམ་ གྱི་དྲི་མ་དང་མ་འདྲེས་པར། འགྲོ་ཕན་ཁོ་ནས་སླད་དུ་རང་ལོ་ཉི་ཤུ་པ་ལ་འཕགས་པའི་སྐུར་ རང་བྱུང་ལྔ་ལྡན་གྱི་དྲུང་ནས་བསྟོད་ཚིག་སྙན་པའི་ངག་སྡེབ་སྦྱོར་མཛེས་པས་བཅིངས་པའི་ མཆོད་སྤྲིན་ཡོངས་སྤྲོས་ཀྱི་བྱེད་པས། མ་ལུས་པའི་སེམས་ཅན་གང་དག་འཕགས་མཆོག་ འཇིག་རྟེན་དབང་ཕྱུག་སེམས་དཔའ་རྒྱ་མཚོའི་འཁོར་ཐམས་ཅད་དང་བཅས་དགོངས་ཆེན་ ཟབ་མོའི་དབྱིངས་གཅིག་པའི་ཀློང་ནས། ལེགས་ཚོགས་བྱིན་ཆེན་གྱི་སྣང་བ་དུས་སུ་བསླུ་བ་ མེད་པར་ཐུགས་སྨོན་དགོངས་བཞེས་གནང་བ་ལགས་སོ། ། ཞེས་འཇམ་མགོན་ཏཱ་ར་ནཱ་ཐས་མཛད་པའི་འཕགས་པ་འཇིག་རྟེན་དབང་ཕྱུག་གི་བསྟོད་པའི་ཚིག་འགྲེལ་འདི་ཡང༌། འགྲེལ་སྒོ་འདི་ཙམ་དུ་མ་ཟད་པར་གཞན་ཡང་ཅི་རིགས་པ་ཡོད་ཆོག་པར་འདུག་ཀྱང་རང་ལུགས་ངེས་དོན་སྙིང་པོའི་ཕྱོགས་དང་ ཅུང་ཟད་མཐུན་པར་བྱས་ཏེ་བརྗོད་སྒོ་མདོ་ཙམ་དུས་སུ་བབ་དགོས་པ་ཡང༌། རིགས་དང་རྣམ་པར་དཔྱོད་པའི་སྒོ་མཐོ་ཞིང་ཡངས་ 4-1-366 པ་རྒྱལ་བསྟན་ཀུན་བཟང་ཐུགས་ཀྱི་དགོངས་ཆེན་ལ་སྐུ་ུན་ཕྲ་བའི་སྐབས་ཉེ་བར་སྤྱོད་པའི་སྐལ་བཟང་ཐོབ་ཅིང༌། ཕྱིས་སུ་ངེས་ དོན་ཕྱིར་མི་ལྡོག་པའི་གསང་བ་ཟབ་མོའི་ལམ་ལ་ཉམས་བཞེས་མཛད་པའི་སྐུ་སྐྱེས་མཆོག་རྡོ་རྗེའི་མཚན་འཆང་བ་གང་གིས་འདི་ ལྟར་ཐུགས་བཞེད་ཡོད་པར་ཐོས་པ་དང༌། ལྷ་སྤྱན་གཟིགས་ལ་མི་ཕྱེད་དད་ལྡན་གསེར་གྱི་མིང་ཅན་གྱིས་རེ་འདོད་དེ་ལྟར་ཟུར་ ནས་གསལ་ཞིང༌། ཁྱད་པར་ལྷ་ལ་བསྟོད་པ་མཛད་པའི་འཇམ་མགོན་རྗེ་བཙུན་ཉིད་འདི་ཕྱིའི་སྐྱབས་ཉག་གཅིག་ཏུ་སྙིང་ནས་ བཀུར་བ་ཀུན་དགའ་རབ་བརྟན་མིང་གསང་བ་དད་པའི་འཕེལ་རྐྱེན་དུ་མི་མངོན་པར་མི་ཤིགས་སྙིང་གི་ཟེའུ་འབྲུར་རྟག་པར་ བཀོད་པ་ཅན་གྱིས། ལྷག་བསམ་རྣམ་པར་དཀར་བའི་ཉེར་བསྐུལ་གྱི་མཐུ་ལ་བརྟེན་འདིར་རྩ་བ་དཔེ་མི་དག་པ་སོགས་ལེགས་ བཅོས་ཆ་རྐྱེན་ཆེར་མ་འཛོམས་ཀྱང་གང་བྱུང་ཙམ་གྱི་ཆ་ནས། དེ་ལུགས་ཚིག་འགྲེལ་ཉུང་བསྡུས་ཆུ་གླང་ཟླ་བ་ལྔ་པའི་ཡར་ཚེས་ བཞི་པར་གཟའ་སྐར་རྒྱལ་ཕུར་ཟུང་དུ་འཇུག་པར་མགོ་བཟུང་ཞག་གསུམ་ཁོངས་ལོངས་སྐབས་གང་ཡོད་དུས་སུ་ལེགས་བརྗོད་ བགྱི་བ་པོ་ནི། སྒོ་གསུམ་ཟུག་རྔུས་རྨོངས་དུབ་པ་མ་ཏི་ཞེས་ཉམ་ལྷག་པར་ཆུང་ངུར་གནས་པ་ཞིག་སྟེ། ཡིག་རིས་སོར་འཕྲུལ་ ཉེར་བསྐྲུན་བྱེད་པོ་ཆོས་སྣང་བཅུད་འཛིན་རབ་དགའི་དཔལ་གྱི་མཆེད་གུ་ཎའི་མཚན་ཉེ་བར་འཆང་བ་མཆོག་གི་མཐུ་ུལ་བརྟེན་ ལེགས་གྲུབ་བགྱིས་པ་འདིས་ཀྱང༌། འཕགས་མཆོག་སྙིང་རྗེའི་དབང་ཕྱུག་འཇིག་རྟེན་གསུམ་གྱི་མགོན་པོ་མཆོག་ཏུ་གྱུར་པའི་ རླབས་ཆེན་ཕྲིན་ལས་འཇུག་སྒོ་མཁའ་ཁྱབ་གདུལ་བྱ་མཐའ་དག་ལ་མྱུར་ནས་གཡེལ་བ་མེད་པར་ཇི་བཞིན་དུས་སུ་སྤྱོད་པའི་ སྐལ་བཟང་ཕུན་ཚོགས་སུ་ལེགས་པར་གྱུར་ཅིག་གུ། 4-1-367 ༄༅། །ཐེག་པ་ཆེན་པོའི་བློ་སྦྱོང་མཚོན་ཆའི་ འཁོར་ལོ་བཞུགས་སོ། ། ༄༅། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དགྲ་བོ་གནད་ལ་དབབ་པ་མཚོན་ ཆའི་འཁོར་ལོ་ཞེས་བྱ་བ། ཁྲོ་བོ་ཆེན་པོ་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ། ། བཙན་དུག་ནགས་སུ་རྨ་བྱ་རྒྱུ་བ་ན། །སྨན་གྱི་ལྡུམ་ར་ལེགས་པར་མཛེས་གྱུར་ཀྱང༌། ། རྨ་བྱའི་ཚོགས་རྣམས་དགའ་བར་མི་འགྱུར་གྱི། །བཙན་དུག་བཅུད་ཀྱིས་རྨ་བྱ་འཚོ་བ་ལྟར། ། དཔའ་བོ་འཁོར་བའི་ནགས་སུ་འཇུག་པ་ན། །བདེ་སྐྱིད་དཔལ་གྱི་ལྡུམ་ར་མཛེས་གྱུར་ཀྱང༌། ། དཔའ་བོ་དག་ནི་ཆགས་པར་མི་འགྱུར་གྱི། །སྡུག་བསྔལ་ནགས་སུ་སེམས་དཔའ་འཚོ་བ་ ཡིན། །དེ་ཕྱིར་བདེ་སྐྱིད་དང་དུ་ལེན་པ་ཡི། །སྡར་མའི་དབང་གིས་སྡུག་ལ་སྐྱེལ་བ་ཡིན། ། སྡུག་བསྔལ་དང་དུ་ལེན་པའི་སེམས་དཔའ་དེ། །དཔའ་བའི་སྟོབས་ཀྱིས་རྟག་ཏུ་བདེ་བ་ཡིན། ། ད་འདིར་འདོད་ཆགས་བཙན་དུག་ནགས་དང་འདྲ། །དཔའ་བོ་རྨ་བྱ་ལྟ་བུས་འཆུན་པར་ འགྱུར། །སྡར་མ་བྱ་རོག་ལྟ་བུའི་སྲོག་ལ་འཆི། །རང་འདོད་ཅན་གྱིས་དུག་འདི་ག་ལ་འཆུན། ། ཉོན་མོངས་གཞན་ལའང་དེ་བཞིན་སྦྱར་བ་ན། །བྱ་རོག་ལྟ་བུའི་ཐར་པའི་སྲོ ག་ལ་འབབ། ། དེ་ཕྱིར་སེམས་དཔའ་རྨ་བྱ་ལྟ་བུ་ཡིས། །དུག་གི་ནགས་དང་འདྲ་བའི་ཉོན་མོངས་རྣམས། ། བཅུད་དུ་བསྒྱུར་ལ་འཁོར་བའི་ནགས་སུ་འཇུག །དང་དུ་བླངས་ལ་དུག་འདི་གཞོམ་པར་བྱ། ། ད་ནི་རང་དབང་མེད་པར་འཁོར་བ་ཡི། །བདག་ཏུ་འཛིན་པ་བདུད་ཀྱི་ཕོ་ཉ་འདི། །རང་འདོད་ སྐྱིད་འདོད་རོ་དང་ཕར་འཕྲལ་ལ། །གཞན་དོན་དཀའ་སྤྱད་དང་དུ་བླང་བར་བྱ། །ལས་ཀྱིས་ བདས་ཤིང་ཉོན་མོངས་གོམས་པ་ཡིས། །རིགས་མཐུན་སྐྱེ་རྒྱུ་ཡོངས་ཀྱི་སྡུག་བསྔལ་རྣམས། ། 4-1-368 སྐྱིད་འདོད་བདག་གི་སྟེང་དུ་སྤུང་བར་བྱ། །གལ་ཏེ་རང་འདོད་འཁྲི་བ་ཞུགས་པའི་ཚེ། །ཟློག་ ལ་རང་གི་བདེ་སྐྱིད་འགྲོ་ལ་སྦྱིན། །ཇི་ལྟར་བདག་ལ་འཁོར་གྱིས་ལོག་སྒྲུབ་ཚེ། །རང་གི་ ཡེངས་པས་ལན་ཞེས་སྙིང་ཚིམ་བསྒྲེང༌། །ལུས་ལ་མི་བཟོད་ན་ཚ་བྱུང་བའི་ཚེ། །འགྲོ་བའི་ ལུས་ལ་གནོད་པ་བསྐྱལ་བ་ཡིས། །ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །ད་ནི་ན་ཚ་མ་ ལུས་རང་ལ་བླངས། །རང་གི་སེམས་ལ་སྡུག་བསྔལ་བྱུང་བའི་ཚེ། །ངེས་པར་གཞན་གྱི་ སེམས་རྒྱུད་དཀྲུགས་པ་ཡིས། །ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །ད་ནི་དུཿཁ་མ་ ལུས་རང་ལ་བླངས། །རང་ཉིད་བཀྲེས་སྐོ མ་དྲག་པོས་གཟིར་བ་ན། །ཁྲལ་དང་རྐུ་འཕྲོག་སེར་ སྣ་བྱས་པ་ཡིས། །ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །ད་ནི་བཀྲེས་སྐོ མ་མ་ལུས་དང་ དུ་བླངས། །དབང་པོ་གཞན་གྱིས་འཁོལ་ཞིང་མནར་བའི་ཚེ། །དམན་ལ་སྡང་ཞིང་བྲན་དུ་ འཁོལ་བ་ཡིས། །ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །ད་ནི་ལུས་སྲོ ག་དུ་བཀོལ་བར་ བྱ། །མི་སྙན་ཚིག་རྣམས་རྣ་བར་བྱུང་བ་ན། །ཕྲ་མ་ལ་སོགས་ངག་གི་ཉེས་པ་ཡིས། །ལས་ ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །ད་ནི་ངག་གི་སྐྱོན་ལ་སྨད་པར་བྱ། །གང་ཡང་མ་དག་ ཡུལ་དུ་སྐྱེས་པ་ན། །མ་དག་སྣང་བ་རྟག་པར་བསྒོམས་པ་ཡིས། །ལས་ངན་མཚོན་ཆ་རང་ལ་ འཁོར་བ་ཡིན། །ད་ནི་དག་སྣང་འབའ་ཞིག་བསྒོམ་པར་བྱ། །ཕན་ཞིང་མཛའ་བའི་གྲོགས་ དང་བྲལ་བའི་ཚེ། །གཞན་གྱི་འཁོར་རྣམས་བདག་གིས་ཁ་དྲངས་པས། །ལས་ངན་མཚོན་ ཆ་རང་ལ་འཁོར་བ་ཡིན། །ད་ནི་གཞན་དག་འཁོར་དང་བྲལ་མི་བྱ། །དམ་པ་ཐམས་ཅད་ བདག་ལ་མི་དགའ་ན། །དམ་པ་བོར་ནས་གྲོགས་ངན་བསྟེན་པ་ཡིས། །ལས་ངན་མཚོན་ཆ་ རང་ལ་འཁོར་བ་ཡིན། །ད་ནི་ངན་པའི་གྲོགས་རྣམས་སྤང་བར་བྱ། །སྒྲོ་སྐུར་གཞན་གྱིས་ སྡིག་བསོག་བྱུང་བའི་ཚེ། །{རང་གི་དམ་པ་རྣམས་ལ་སྨད་པ་ཡིས། །ལས་ངན་མཚོན་ཆ་ རང་ལ་འཁོར་བ་ཡིན། །ད་ནི་གཞན་ལ་སྒྲོ་སྐུར་སྨད་མི་བྱ། །མཁོ་བའི་རྫས་ལ་ཆུད་ཟོས་བྱུང་ 4-1-369 བའི་ཚེ།།} གཞན་གྱི་མཁོ་བ་ཁྱད་དུ་བསད་པ་ཡིས། །ལས་ངན་མཚོན་ཆ་རང་ལ་འཁོར་བ་ ཡིན། །ད་ནི་གཞན་གྱི་མཁོ་བ་བསྒྲུབ་པར་བྱ། །སེམས་མི་དགའ་ཞིང་སྙིང་མི་གསལ་བའི་ཚེ། །སྐྱེ་བ་གཞན་ལ་སྡིག་པ་བསགས་པ་ཡིས། །ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །ད་ ནི་གཞན་གྱི་སྡིག་རྐྱེན་སྤང་བར་བྱ། །བྱ་བ་མ་འགྲུབ་སེམས་རྩ་འཁྲུགས་པའི་ཚེ། །དམ་པའི་ ལས་ལ་བར་ཆད་བྱས་པ་ཡིས། །ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །ད་ནི་བར་ཆད་ ཐམས་ཅད་སྤང་བར་བྱ། །གང་ལྟར་བྱས་ཀྱང་བླ་མ་མ་མཉེས་ཚེ། ། དམ་པའི་ཆོས་ལ་ངོ་ལྐོག་ བྱས་པ་ཡིས། །ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །ད་ནི་ཆོས་ལ་ངོ་ལྐོག་ཆུང་བར་བྱ། །སྐྱེ་བོ་ཡོངས་ཀྱིས་ཁ་ལོག་བྱུང་བའི་ཚེ། །ངོ་ཚ་ཁྲེལ་ཡོད་ཁྱད་དུ་གསོད་པ་ཡིས། །ལས་ངན་ མཚོན་ཆ་རང་ལ་འཁོར་བ་ཡིན། །ད་ནི་མི་རུང་བ་ལ་འཛེམ་པར་བྱ། །འཁོར་ཚོགས་འདུས་ མ་ཐག་ཏུ་འགྲས་པའི་ཚེ། །སྡུག་གཤིས་ངན་པ་ཕྱོགས་སུ་བཙོངས་པ་ཡིས། །ལས་ངན་ མཚོན་ཆ་རང་ལ་འཁོར་བ་ཡིན། །ད་ནི་གང་ལའང་མི་གཞི་ལེགས་པར་བྱ། །ཉེ་ཚད་ཐམས་ཅད་ དགྲ་བོར་ལངས་པའི་ཚེ། །བསམ་པ་ངན་པ་ནང་དུ་བཅུག་པ་ཡིས། །ལས་ངན་མཚོན་ཆ་རང་ ལ་འཁོར་བ་ཡིན། །ད་ནི་མུག་སྐྱོ་གྱ་ནོམ་ཆུང་བར་བྱ། །བར་གཅོད་ནད་དང་རྨུ་ཆུ་ན་བའི་ཚེ། །ཁྲིམས་མེད་དཀོར་ལ་བག་མེད་འབགས་པ་ཡིས། །ལས་ངན་མཚོན་ཆ་རང་ལ་འཁོར་བ་ ཡིན། །ད་ནི་དཀོར་འཕྲོག་ལ་སོགས་སྤང་བར་བྱ། །གློ་བུར་འགོ་ནད་ལུས་ལ་ཐེབས་པའི་ཚེ། །དམ་ཚིག་ཉམས་པའི་བྱ་བ་བྱས་པ་ཡིས། །ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །ད་ནི་ མི་དགེའི་ལས་རྣམས་སྤང་བར་བྱ། །ཤེས་བྱ་ཀུན་ལ་བློ་གྲོས་རྨོངས་པའི་ཚེ། །བཞག་ཏུ་འོས་ པའི་ཆོས་ལ་བྱས་པ་ཡིས། །ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །ད་ནི་ཐོས་སོགས་ ཤེས་རབ་གོམས་པར་བྱ། །ཆོས་ལ་སྤྱོད་ཚེ་གཉིད་ཀྱིས་ནོན་པའི་ཚེ། །དམ་པའི་ཆོས་ལ་སྒྲིབ་ པ་བསགས་པ་ཡིས། །ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །ད་ནི་ཆོས་ཕྱིར་དཀའ་ 4-1-370 བ་སྤྱད་པར་བྱ། །ཉོན་མོངས་ལ་དགའ་རྣམ་གཡེང་ཆེས་པའི་ཚེ། །མི་རྟག་འཁོར་བའི་ཉེས་ དམིགས་མ་བསྒོམས་པས། །ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །ད་ནི་འཁོར་བའི་ ཡིད་འབྱུང་ཆེ་བར་བྱ། །ཇི་ལྟར་བྱས་ཀྱང་མར་འགྲོར་ཤོར་བའི་ཚེ། །ལས་དང་རྒྱུ་འབྲས་ཁྱད་ དུ་བསད་པ་ཡིས། །ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །ད་ནི་བཟོད་ལས་སོགས་ལ་ འབད་པར་བྱ། །རིམ་གྲོ་བྱས་ཚད་ལོག་པར་སོང་བའི་ཚེ། །ནག་པོའི་ཕྱོགས་ལ་རེ་ལྟོས་བྱས་ པ་ཡིས། །ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །ད་ནི་ནག་པོའི་ཕྱོགས་ལས་བཟློ ག་ པར་བྱ། །དཀོན་མཆོག་གསུམ་ལ་གསོལ་བ་མ་ཐེབས་ཚེ། །སངས་རྒྱས་པ་ལ་ཡིད་ཆེས་ མ་བྱས་པས། །ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །ད་ནི་དཀོན་མཆོག་ཁོ་ན་བསྟེན་ པར་བྱ། །རྣམ་སྡིག་གྲིབ་དང་གདོན་དུ་ལངས་པའི་ཚེ། །ལྷ་དང་སྔགས་ལ་སྡིག་པ་བསགས་པ་ ཡིས། །ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །ད་ནི་རྣམ་རྟོག་ཐམས་ཅད་གཞོམ་པར་ བྱ། །དབང་མི་ཐོབ་པར་བྱེས་སུ་འཁྱམས་པའི་ཚེ། །བླ་མ་ལ་སོགས་གནས་ནས་བསྐྲད་པ་ ཡིས། །ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །ད་ནི་གང་ཡང་ཡུལ་ནས་དབྱུང་མི་བྱ། །སད་སེར་ལ་སོགས་མི་འདོད་བྱུང་བའི་ཚེ། །དམ་ཚིག་ཚུལ་ཁྲིམས་ཚུལ་བཞིན་མ་བསྲུངས་ པས། །ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །ད་ནི་དམ་ཚིག་ལ་སོགས་གཙང་བར་བྱ། །འདོད་པ་ཅན་ལ་འབྱོར་བས་ཕོངས་པའི་ཚེ། །སྦྱིན་དང་དཀོན་མཆོག་མཆོད་པ་མ་བགྱིས་ པས། །ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །ད་ནི་མཆོད་སྦྱིན་དག་ལ་བརྩོན་པར་བྱ། །སྐྱེ་གཟུགས་ངན་ཏེ་འཁོར་གྱིས་བརྙས་པའི་ཚེ། །སྐུ་གཟུགས་ངན་ཏེ་ཁོང་ཁྲོས་བསྲེ གས་པ་ ཡིས། །ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །ད་ནི་ལྷ་བཞེངས་ངང་རྒྱུད་རིང་བར་བྱ། །གང་ལྟར་བྱས་ཀྱང་ཆགས་སྡང་འཁྲུགས་པའི་ཚེ། །མ་རུངས་རྒྱུད་ངན་རེངས་སུ་བཅུག་པ་ ཡིས། །ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །ད་ནི་རེངས་ཁྱོད་དྲུང་ནས་དབྱུང་བར་བྱ། 4-1-371 །སྒྲུབ་པ་གང་བྱས་དམིགས་སུ་མ་སོང་ཚེ། །ལྟ་བ་དམན་པ་ཁོག་ཏུ་ཞུགས་པ་ཡིས། །ལས་ངན་ མཚོན་ཆ་རང་ལ་འཁོར་བ་ཡིན། །ད་ནི་ཅི་བྱེད་གཞན་དོན་ཉིད་དུ་བྱ། །དགེ་སྦྱོར་བྱས་ཀྱང་ རང་རྒྱུད་མ་ཐུལ་ཚེ། །ཚེ་འདིའི་ཆེ་ཐབས་དང་དུ་བླངས་པ་ཡིས། །ལས་ངན་མཚོན་ཆ་རང་ ལ་འཁོར་བ་ཡིན། །ད་ནི་ཐར་པ་འདོད་ལ་བསྒྲིལ་པར་བྱ། །འདུན་མ་ཐག་ལ་བརྟགས་ཤིང་ འགྱོད་པའི་ཚེ། །ཁྲེལ་མེད་གསར་འགྲོགས་མཐོ་ཁ་འགྲིམས་པ་ཡིས། །ལས་ངན་མཚོན་ཆ་ རང་ལ་འཁོར་བ་ཡིན། །ད་ནི་ཡོངས་ལ་འགྲོགས་ལུགས་གཟབ་པར་བྱ། །གཞན་གྱིས་མུག་ སྐྱོས་རང་ཉིད་བསླུས་པའི་ཚེ། །རང་ཉིད་ང་རྒྱལ་ལྟོ གས་འདོད་ཆེ་བ་ཡིས། །ལས་ངན་མཚོན་ ཆ་རང་ལ་འཁོར་བ་ཡིན། །ད་ནི་གང་ལའང་འདོད་པ་ཆུང་བར་བྱ། །ཉན་བཤད་ཆགས་སྡང་ གྲོགས་སུ་སོང་བའི་ཚེ། །བདུད་ཀྱི་སྐྱོན་རྣམས་སྙིང་ལ་མ་བསམས་པས། །ལས་ངན་མཚོན་ ཆ་རང་ལ་འཁོར་བ་ཡིན། །ད་ནི་འགལ་རྐྱེན་བརྟགས་ནས་སྤང་བར་བྱ། །བཟང་བྱས་ཐམས་ ཅད་ངན་དུ་ལོག་པའི་ཚེ། །དྲིན་ལན་ཐམས་ཅད་ལོག་པར་གཞལ་བ་ཡིས། །ལས་ངན་མཚོན་ ཆ་རང་ལ་འཁོར་བ་ཡིན། །ད་ནི་དྲིན་ཆེན་སྤྱི་བོས་བླང་བར་བྱ། །འདོད་དང་མི་འདོད་ཐོག་ ཏུ་བབ་པ་རྣམས། །མགར་བ་རང་གིས་རལ་གྲིས་བསད་པ་ལྟར། །ལས་ངན་མཚོན་ཆ་རང་ ལ་འཁོར་བ་ཡིན། །ད་ནི་སྡིག་པའི་ལས་ལ་བག་ཡོད་བྱ། །ངན་སོང་རྣམས་སུ་དུཿཁས་མྱོང་ བ་རྣམས། །མདའ་མཁན་རང་གིས་མདའ་ཡིས་བསད་པ་ལྟར། །ལས་ངན་མཚོན་ཆ་རང་ལ་ འཁོར་བ་ཡིན། །ད་ནི་སྡིག་པའི་ལས་ལ་བག་ཡོད་བྱ། །ཁྱིམ་གྱི་སྡུག་བསྔལ་ཐོག་ཏུ་བབས་ པ་ཡང༌། །བསྐྱངས་པའི་བུ་ཚས་ཕ་མ་བསད་པ་ལྟར། །ལས་ངན་མཚོན་ཆ་རང་ལ་འཁོར་ བ་ཡིན། །ད་ནི་རྟག་པར་རབ་ཏུ་བྱུང་བར་རིགས། །དེ་ལྟར་ལགས་པས་དགྲ་བོ་བདག་གིས་ ཟིན། །འཇབ་ནས་བསླུ་བའི་ཆོམ་རྐུན་བདག་གིས་ཟིན། །རང་དུ་བརྫུས་ནས་བསླུ་བ་བདག་ གིས་ཟིན། །ཨེ་མ་བདག་འཛིན་འདི་ཡིན་ཐེ་ཚོམ་གཅོད། །ད་ནི་ལས་ཀྱི་མཚོན་ཆ་ཀླད་ལ་ 4-1-372 བསྐོ ར། །ཁྲོས་པའི་ཚུལ་གྱིས་ལན་ གསུམ་ཀླད་ལ་བསྐོ ར། །བདེན་གཉིས་ཞབས་བགྲད་ཐབས་ཤེས་སྤྱན་མིག་གདངས། ། སྟོབས་བཞིའི་མཆེ་བ་གཙིགས་པ་དགྲ་ལ་བསྣུན། །དགྲ་བོ་གཟིར་བའི་རིག་སྔགས་རྒྱལ་པོ་ ཡང་། །འཁོར་བའི་ནགས་སུ་རང་དབང་མ་མཆིས་པར། །ལས་ཀྱི་མཚོན་ཆ་ཐོགས་ནས་རྒྱུག་ པ་ཡིས། །བདག་འཛིན་འགོང་པོ་ཞེས་པའི་གདུག་རྩུབ་ཅན། །རང་གཞན་ཕུང་དུ་འཇུག་ པའི་དམ་ཉམས་ཁུག །ཁུག་ཅིག་ཁུག་ཅིག་ཁྲོ་བོ་གཤིན་རྗེ་གཤེད། །རྒྱོབ་ཅིག་རྒྱོབ་ཅིག་ དགྲ་བདག་སྙིང་ལ་བསྣུན། །ཕུང་བྱེད་རྟོག་པའི་མགོ་ལ་ཆེམས་སེ་ཆེམ། །དགྲ་བདག་གཤེད་ མའི་སྙིང་ལ་མཱ་ར་ཡ། །ཧཱུཾ་ཧཱུཾ་ཡི་དམ་ཆེན་པོས་རྫུ་འཕྲུལ་བསྐྱེད། །ཛཿཛཿདགྲ་བོ་འདི་ནི་དམ་ ལ་ཐོག །ཕཊ་ཕཊ་འཆི་བདག་ཆེན་པོས་བསྒྲལ་དུ་གསོལ། །ཤིག་ཤིག་འཛིན་པའི་མདུད་ པ་བཅད་དུ་གསོལ། །ཚུར་བྱོན་ཡི་དམ་ཁྲོ་བོ་གཤིན་རྗེ་གཤེད། །འཁོར་བར་ལས་ཀྱི་འདམ་ རྫབ་སྦྱར་བ་ཡིས། །ལས་དང་ཉོན་མོངས་དུག་ལྔའི་རྐྱལ་བུ་འདི། །ད་ལྟ་ཉིད་དུ་ཤག་ཤག་ དབྲལ་དུ་གསོལ། །ངན་སོང་གསུམ་དུ་སྡུག་ལ་བསྐྱལ་གྱུར་ཀྱང༌། །བྲེ ད་མི་ཤེས་པར་རྒྱུ་ལ་ རྒྱུག་པ་ཡི། །ཕུང་བྱེད་རྟོག་པའི་མགོ་ལ་ཆེམས་སེ་ཆེམ། །དགྲ་བདག་གཤེད་མའི་སྙིང་ལ་ མཱ་ར་ཡ། །འདོད་ཐག་ཉེ་ལ་སྒྲུབ་ལ་བརྩོན་འགྲུས་ཆུང༌། །བྱ་བྱེད་མང་ལ་གང་ཡང་མཐར་མི་ འཁྱོལ། །ཕུང་བྱེད་རྟོག་པའི་མགོ་ལ་ཆེམས་སེ་ཆེམ། །དགྲ་བདག་གཤེད་མའི་སྙིང་ལ་མཱ་ར་ ཡ། །སྐྱིད་འདོད་ཆེ་ལ་དེ་རྒྱུ་ཚོགས་མི་གསོག །སྡུག་བསྲན་ཆུང་ལ་འདོད་ནག་རྔམ་སེམས་ཆེ། །ཕུང་བྱེད་རྟོག་པའི་མགོ་ལ༴ དགྲ་བདག་གཤེད༴ གསར་འགྲོགས་ཆེ་ལ་ཁྲེལ་གཞུང་ཕྱི་ཐག་ ཐུང༌། །ལྟོ ་དུང་ཆེ་ལ་རྐུ་འཕྲོག་ཚོལ་ཁྲོ་རེམ། །ཕུང་བྱེད་རྟོག་པའི་མགོ༴ དགྲ་བདག་གཤེད༴ ཁ་བསག་གཞོགས་སློ ང་མཁས་ལ་ཞེ་མུག་ཆེ། །བསྡུ་བསོགས་རེམ་ལ་ཡོད་ཀྱང་སེར་སྣས་ བཅིངས། །ཕུང་བྱེད་རྟོག་པའི་མགོ་ལ༴ དགྲ་བདག་གཤེད་མའི་༴ ཀུན་ལ་བྱས་པ་ཆུང་ཞིང་ 4-1-373 སྡུག་ཡུས་ཆེ། །རང་ལ་ཁྱེར་ཁ་མེད་ལ་རྔམ་པོ་ཆེ། །ཕུང་བྱེད་རྟོག༴ དགྲ་བདག་གཤེད༴ སློ བ་ དཔོན་མང་ལ་དམ་ཚིག་ཁུར་ཤས་ཆུང༌། །སློ བ་མ་མང་ལ་ཕན་ཐོག་སྐྱོང་རན་ངན། །ཕུང་བྱེད་ རྟོག༴ དགྲ་བདག་གཤེད༴ ཁས་བླངས་ཆེ་ལ་ཕན་པའི་ཉམས་ལེན་ཆུང༌། ། སྙན་པ་ཆེ་ལ་བརྟགས་ན་ལྷ་འདྲེས་ཁྲེལ། །ཕུང་བྱེད་རྟོག༴ དགྲ་བདག་གཤེད༴ ཐོས་རྒྱ་ཆུང་ ལ་སྟོང་སྐད་རྦད་ཁམ་ཆེ། །ལུང་རྒྱ་ཆུང་ལ་མི་རྟོགས་དགུ་ལ་རྟོགས། །ཕུང་བྱེད་རྟོག༴ དགྲ་ བདག་གཤེད༴ འཁོར་གཡོག་མང་ལ་ཁུར་མཁན་སུ་ཡང་མེད། །དཔོན་པོ་མང་ལ་རྒྱབ་ བརྟེན་མགོན་དང་བྲལ། །ཕུང་བྱེད་རྟོག༴ དགྲ་བདག་གཤེད༴ གོ་ས་ཆེ་ལ་ཡོན་ཏན་འདྲེ་བས་ ཆུང༌། །བླ་མ་ཆེ་ལ་ཆགས་སྡང་བདུད་བས་རྩུབ། །ཕུང་བྱེད་རྟོག༴ དགྲ་བདག་གཤེད༴ ལྟ་ བ་མཐོ་ལ་སྤྱོད་པ་ཁྱི་ལས་ངན། །ཡོན་ཏན་གཞི་མ་ཐམས་ཅད་རླུང་ལ་ཤོར། །ཕུང་བྱེད་རྟོག༴ དགྲ་བདག་གཤེད༴ ཞེ་འདོད་ཐམས་ཅད་རང་གི་ཕུགས་སུ་བཅུག །གྱོང་སྐོ ར་ཐམས་ཅད་ དོན་མེད་གཞན་ལ་བྱེད། །ཕུང་བྱེད་རྟོག༴ དགྲ་བདག་གཤེད༴ ངུར་སྨྲིག་གྱོན་ནས་སྲུང་ སྐྱོབ་འདྲེ་ལ་ཞུ། །སྡོམ་པ་བླངས་ནས་བསླབ་བྱ་བདུད་དང་བསྟུན། །ཕུང་བྱེད་རྟོག༴ དགྲ་ བདག་གཤེད༴ རྟག་ཏུ་དགོན་པར་བསྡད་ནས་གཡེང་བས་ཁྱེར། །དམ་ཆོས་གཙུག་ལག་ ཞུས་ནས་མོ་བོན་སྐྱོང༌། །ཕུང་བྱེད་རྟོག༴ དགྲ་བདག་གཤེད༴ ཚུལ་ཁྲིམས་ཐར་པ་བོར་ནས་ ཕ་ཁྱིམ་འཛིན། །བདེ་སྐྱིད་ཆུ་ལ་ཕོ་ནས་སྡུག་ལ་སྙེག །ཕུང་བྱེད་རྟོག༴ དགྲ་བདག་གཤེད༴ ཐར་པའི་འཇུག་ངོགས་བོར་ནས་ཚོང་ཁ་བསྒྲུབ། །བླ་མའི་ཆོས་རྭ་བོར་ནས་གྲོང་ཡུལ་འགམྲི ། །ཕུང་བྱེད་རྟོག༴ དགྲ་བདག་གཤེད༴ རང་གི་འཚོ་བ་བཞག་ནས་འདུ་སྒོ་འཕྲོག ། རང་གི་ཁ་ཟས་བཞག་ནས་གཞན་ལ་རྐུ། །ཕུང་བྱེད་རྟོག༴ དགྲ་བདག༴ ཨེ་མ་སྒོམ་སྲན་ཆུང་ ལ་མངོན་ཤེས་རྣོ། །ལམ་སྣ་མ་ཟིན་དོན་མེད་རྐང་པ་མགྱོགས། །ཕུང་བྱེད་རྟོག༴ དགྲ་བདག་ གཤེད༴ ཕན་པར་སྨྲས་ན་སྡང་སེམས་དགྲ་རུ་འཛིན། །མགོ་བསྐོ ར་བསླུ་ན་སྙིང་མེད་དྲིན་དུ་ 4-1-374 འཛིན། །ཕུང་བྱེད་རྟོག༴ དགྲ་བདག་གཤེད༴ ནང་མིར་བསྟེན་ན་སྙིང་གཏམ་དགྲ་ལ་འཆད། ། ཕེབས་པར་འགྲོགས་ན་ཁྲེལ་མེད་བློ་སྙིང་རྐུ། །ཕུང་བྱེད་རྟོག༴ དགྲ་བདག་གཤེད༴ ཀོ་ལོང་ དམ་ལ་རྣམ་རྟོག་སུ་བས་རགས། །འགྲོགས་པར་དཀའ་ཞིང་གཤིས་ངན་རྒྱུན་དུ་སློ ང༌། །ཕུང་ བྱེད་རྟོག༴ དགྲ་བདག་གཤེད༴ བཅོལ་བ་མི་ཉན་བཟློག་ནས་གནོད་པ་བསྐྱེལ། །བཏུད་ ན་མི་འདུད་རྒྱང་ན་རྩོད་པ་འཚོལ། །ཕུང་བྱེད་རྟོག༴ དགྲ་བདག་གཤེད༴ བཀའ་བློ་མི་བདེ་ འགྲོགས་པར་རྟག་ཏུ་དཀའ། །ཕོག་དུག་མང་ལ་རྟག་ཏུ་འཛིན་པ་དམ། །ཕུང་བྱེད་རྟོག༴ དགྲ་ བདག་གཤེད༴ མཐོ་གནོན་ཆེ་ཞིང་དམ་པ་དགྲ་རུ་འཛིན། །འདོད་ཆགས་ཆེ་བས་གཞོན་ ནུ་དང་དུ་ལེན། །ཕུང་བྱེད་རྟོག༴ དགྲ་བདག་གཤེད༴ ཕྱི་ཐག་ཐུང་བས་སྔར་འདྲིས་རྒྱབ་ཏུ་ བསྐྱུར། །གསར་འགྲོགས་ཆེ་བས་ཀུན་ལ་ཁ་བྲོ ད་འདིངས། །ཕུང་བྱེད༴ དགྲ་བདག༴ མངོན་ ཤེས་མེད་པས་རྫུན་སྐུར་དང་དུ་ལེན། །སྙིང་རྗེ་མེད་པས་བློ་གཏད་སྙིང་ལ་བྲབ། །ཕུང་བྱེད༴ དགྲ་བདག༴ ཐོས་པ་ཆུང་བས་ཀུན་ལ་སྦར་ཚོད་བྱེད། །ལུང་རྒྱ་ཆུང་བས་ཡོངས་ལ་ལོག་ལྟ་ སྐྱེ། །ཕུང་བྱེད༴ དགྲ་བདག༴ ཆགས་སྡང་གོམས་པས་གཞན་ཕྱོགས་ཡོངས་ལ་སྨོད། །ཕྲག་ དོག་གོམས་པས་གཞན་ལ་སྒྲོ་སྐུར་འདེབས། །ཕུང་བྱེད༴ དགྲ་བདག༴ སློ བ་གཉེར་མ་བྱས་ རྒྱ་ཆེན་ཁྱད་དུ་གསོད། །བླ་མ་མ་བསྟེན་ལུང་ལ་སྨོད་པར་བྱེད། །ཕུང་བྱེད༴ དགྲ་བདག༴ སྡེ་ སྣོ ད་མི་འཆད་རང་བཟོ་རྫུན་དུ་བསྒྲིག །དག་སྣང་མ་འབྱོངས་ལབ་ཚད་འབའ་ཤ་མང་། ། ཕུང་བྱེད༴ དགྲ་བདག༴ ཆོས་མིན་ལས་ལ་སྨོད་པར་མི་བྱེད་པར། །ལེགས་བཤད་ཡོངས་ལ་ སུན་འབྱིན་སྣ་ཚོགས་གཏོང༌། །ཕུང་བྱེད༴ དགྲ་བདག༴ ངོ་ཚའི་གནས་ལ་ངོ་ཚར་མི་འཛིན་ པར། །ངོ་མི་ཚ་ལ་ངོ་ཚའི་ཆོས་ལོག་འཛིན། །ཕུང་བྱེད༴ དགྲ་བདག༴ བྱས་ན་རུང་བ་གཅིག་ ཀྱང་མི་བྱེད་པར། །མི་རིགས་བྱ་བ་ཐམས་ཅད་བྱེད་པ་ཡི། །ཕུང་བྱེད༴ དགྲ་བདག༴ ཨེ་མ་ བདག་ལྟའི་འགོང་པོ་འཇོམས་པ་ཡི། །བདེ་གཤེགས་ཆོས་ཀྱི་སྐུ་མངའ་མཐུ་སྟོབས་ཅན། ། 4-1-375 བདག་མེད་ཡེ་ཤེས་མཚོན་ཆ་དབྱུག་ཐོ་ཅན། །ཐེ་ཚོམ་མེད་པར་ལན་གསུམ་ཀླད་ལ་བསྐོར། ། རྔམ་སྟབས་ཆེན་པོས་དགྲ་འདི་བསྒྲལ་དུ་གསོལ། །ཤེས་རབ་ཆེན་པོས་རྟོག་ངན་གཞོམ་དུ་གསོལ།། སྙིང་ རྗེ་ཆེན་པོས་ལས་ལ་བསྐྱབ་ཏུ་གསོལ། །ངེས་པར་བདག་འདི་བརླག་པར་མཛད་དུ་གསོལ། །འཁོར་བའི་ས་ལ་དུཿཁ་མཆིས་པ་ཀུན། །བདག་འཛིན་འདི་ལ་ངེས་པར་སྤུང་དུ་གསོལ། ། གང་ལ་ཉོན་མོངས་དུག་ལྔ་ཅི་མཆིས་པ། །རིགས་མཐུན་འདི་ལ་ངེས་པར་སྤུང་དུ་གསོལ། ། འདི་ལྟར་ཉེས་པའི་རྩ་བ་མ་ལུས་པ། །ཐེ་ཚོམ་མེད་པར་རིག་པས་ངོས་ཟིན་ཀྱང༌། །ད་དུང་ འདི་ཡི་ཁ་འཛིན་ཤགས་འདེབས་ན། །འཛིན་མཁན་འདི་ཡང་བརླག་པར་མཛད་དུ་གསོལ། ། ད་ནི་ལེ་ལན་ཐམས་ཅད་གཅིག་ལ་གདའ། །སྐྱེ་འགྲོ་གཞན་ལ་བཀའ་དྲིན་ཆེ་བར་བསྒོམ། ། གཞན་གྱི་མི་འདོད་བདག་གི་རྒྱུད་ལ་ལེན། །བདག་གི་དགེ་བ་འགྲོ་བ་ཡོངས་ལ་བསྔོ ། །དེ་ ལྟར་འགྲོ་བ་གཞན་གྱི་སྒོ་གསུམ་གྱིས། །དུས་གསུམ་བགྱིས་པ་བདག་གིས་བླངས་པ་ཡིས། ། རྨ་བྱ་དུག་གི་མདངས་དང་ལྡན་པ་ལྟར། །ཉོན་མོངས་བྱང་ཆུབ་གྲོགས་སུ་འགྱུར་བར་ཤོག ། བདག་གི་དགེ་རྩ་འགྲོ་ལ་སྦྱིན་པ་ཡིས། །བྱ་རོག་དུག་ཟོས་སྨན་གྱིས་གསོས་ལྟར་ཤོག །སྐྱེ་བོ་ ཡོངས་ཀྱི་ཐར་པའི་སྲོག་བཟུང་ནས། །བདེ་བར་གཤེགས་པའི་སངས་རྒྱས་ཐོབ་པར་ཤོག ། ནམ་ཞིག་བདག་དང་ཕ་མར་གྱུར་པ་རྣམས། །འོག་མིན་གནས་སུ་བྱང་ཆུབ་མ་ཐོབ་པར། ། འགྲོ་བ་དྲུག་ཏུ་ལས་ཀྱིས་འཁྱམས་པ་རྣམས། །ཕན་ཚུན་གཅིག་སེམས་གཅིག་གིས་འཛིན་ པར་ཤོག །དེ་ཚེ་འགྲོ་བ་གཅིག་གི་དོན་དུ་ཡང༌། །ངན་སོང་གསུམ་དུ་བདག་གིས་ཡོངས་ ཞུགས་ནས། །སེམས་དཔའ་ཆེན་པོའི་སྤྱོད་པ་མ་ཉམས་པར། །ངན་སོང་སྡུག་བསྔལ་བདག་ གིས་འདྲོངས་པར་ཤོག །དེ་མ་ཐག་ཏུ་དམྱལ་བའི་སྲུང་མ་རྣམས། །བདག་ལ་བླ་མའི་འདུ་ ཤེས་སྐྱེས་གྱུར་ཏེ། །མཚོན་ཆ་རྣམས་ཀྱང་མེ་ཏོག་ཆར་དུ་གྱུར། །གནོད་པ་མེད་པར་ཞི་བདེ་ བསིལ་བར་ཤོག །ངན་སོང་བ་ཡང་མངོན་ཤེས་གཟུངས་ཐོབ་ནས། །ལྷ་མིའི་ལུས་བླངས་ 4-1-376 བྱང་ཆུབ་སེམས་བསྐྱེད་དེ། །བདག་གིས་དྲིན་ལན་ཆོས་ཀྱིས་གསོབ་གྱུར་ཅིང་། །བདག་ ལ་བླ་མར་བཟུང་ནས་བསྟེན་པར་ཤོག །དེ་ཚེ་མཐོ་རིས་འགྲོ་བ་ཐམས་ཅད་ཀྱང༌། །བདག་ དང་མཚུངས་པར་བདག་མེད་རབ་བསྒོམས་ནས། །སྲི ད་དང་ཞི་བ་རྣམ་པར་མི་རྟོག་པར། ། མཉམ་པ་ཉིད་དུ་རང་ངོ་འཕྲོད་པར་ཤོག །དེ་ལྟར་བྱས་ན་དགྲ་འདི་ཆོམས་པར་འགྱུར། །དེ་ ལྟར་བྱས་ན་རྣམ་རྟོག་ཆོམས་པར་འགྱུར། །མི་རྟོག་ཡེ་ཤེས་བདག་མེད་གོམས་གྱུར་ནས། ། གཟུགས་སྐུའི་རྒྱུ་འབྲས་ཅི་སྟེ་ཐོབ་མི་འགྱུར། །ཀ་ཡེ་དེ་དག་ཐམས་ཅད་རྟེན་འབྲེ ལ་ཡིན། ། རྟེན་འབྲེ ལ་ལྟོ ས་པར་རང་ཚུགས་མེད་པ་ཡིན། །ཕར་བསྒྱུར་ཚུར་བསྒྱུར་བརྫུན་སྣང་སྒྱུ་མ་ ཡིན། །མགལ་མེ་བཞིན་དུ་སྣང་བའི་གཟུགས་བརྙན་ཡིན། །ཆུ་ཤིང་བཞིན་དུ་སྲོ ག་ལ་སྙིང་ པོ་མེད། །ལྦུ་བ་བཞིན་དུ་ཚེ་ལ་སྙིང་པོ་མེད། །ཁུག་སྣ་བཞིན་དུ་བཏུད་ན་འཇིག་པ་ཡིན། ། སྨིག་རྒྱུ་བཞིན་དུ་རྒྱང་ནས་མཛེས་པ་ཡིན། །མེ་ལོང་གཟུགས་བརྙན་ལྟ་བུར་བདེན་བདེན་ འདྲ། །སྤྲིན་དང་ན་བུན་བཞིན་དུ་སྡོད་སྡོད་འདྲ། །དགྲ་བདག་གཤེད་མ་འདི་ཡང་དེ་བཞིན་ དུ། །ཡོད་ཡོད་འདྲ་སྟེ་ནམ་ཡང་ཡོད་མ་མྱོང་། །བདེན་བདེན་འདྲ་སྟེ་གང་དུའང་བདེན་མ་ མྱོང༌། །སྣང་སྣང་འདྲ་སྟེ་སྒྲོ་སྐུར་ཡུལ་ལས་འདས། །དེ་ལ་ལས་ཀྱི་འཁོར་ལོ་གང་ཞིག་ཡོད། ། འདི་ན་དེ་ལྟར་རང་བཞིན་མེད་ན་ཡང༌། །ཆུ་ནང་ཟླ་བའི་དཀྱིལ་འཁོར་ཤར་བ་ལྟར། །ལས་ འབྲས་འདི་ནི་བརྫུན་པ་སྣ་ཚོགས་བཀྲ། །སྣང་བ་ཙམ་དུ་བླང་དོར་བྱའོ་ཨང༌། །རྨི་ལམ་ཡུལ་ དུ་ལ་མའི་མེ་འབར་ཚེ། །རང་བཞིན་མེད་ཀྱང་ཚ་བས་འཇིགས་པ་ལྟར། །དམྱལ་ཁམས་ལ་ སོགས་རང་བཞིན་མེད་ན་ཡང༌། །བཙོ་བསྲེ གས་ཚོགས་ལ་འཇིགས་པས་སྤང་བར་བྱ། །ཚད་ པས་འཁྲུལ་ཚེ་མུན་ནག་ཡོངས་མེད་ཀྱང༌། །གཏིང་རིང་ཕུགས་སུ་རྒྱུ་ཞིང་འཚུབ་པ་ལྟར། །མ་ རིག་ཚོགས་ལ་རང་བཞིན་མེད་ན་ཡང༌། །ཤེས་རབ་གསུམ་གྱིས་འཁྲུལ་པ་བསལ་བར་བྱ། ། རོལ་མོ་མཁན་གྱི་པི་ཝཾ་གླུ་བླངས་ཚེ། །དཔྱད་ན་སྒྲ་དེའི་རང་བཞིན་མ་མཆིས་མོད། །མ་དཔྱད་ 4-1-377 ཚོགས་པས་སྙན་པའི་སྒྲ་འབྱུང་ནས། །སྐྱེ་བོ་སེམས་ཀྱི་གདུང་བ་སེལ་བ་ལྟར། །ལས་དང་རྒྱུ་ འབྲས་ཡོངས་ལ་དཔྱད་པ་ན། །གཅིག་དང་ཐ་དད་རང་བཞིན་མེད་ན་ཡང༌། །སྣང་སྣང་ལྟ་ བུར་ཆོས་རྣམས་སྐྱེ་འཇིག་བྱེད། །ཡོད་ཡོད་ལྟ་བུར་བདེ་སྡུག་སྣ་ཚོགས་མྱོང༌། །ཆུ་ཡི་ཐིགས་ པས་བུམ་པ་འགེངས་པ་ན། །ཆུ་ཐིགས་དང་པོས་བུམ་པ་མི་ཁེངས་ཤིང་། །ཐ་མ་ལ་སོགས་ རེ་རེས་མ་ཡིན་མོད། །རྟེན་འབྲེ ལ་ཚོགས་པས་བུམ་པ་གང་བ་ལྟར། །བདེ་སྡུག་འབྲས་བུ་ གང་གིས་མྱོང་བ་ན། །རྒྱུ་ཡི་སྐད་ཅིག་དང་པོས་མ་ཡིན་ཞིང༌། །ཐ་མའི་སྐད་ཅིག་སོགས་ཀྱིས་ མ་ཡིན་ཀྱང༌། །རྟེན་འབྲེ ལ་ཚོགས་པས་བདེ་སྡུག་མྱོང་བར་འགྱུར། །ཨེ་མ་མ་བརྟགས་གཅིག་ པུར་ཉམས་དགའ་བའི། །སྣང་བ་འདི་ལ་སྙིང་པོ་མ་མཆིས་མོད། །འོན་ཀྱང་ཡོད་པ་ལྟ་བུར་ སྣང་བ་ཡི། །ཆོས་འདི་ཟབ་སྟེ་དམན་པས་མཐོང་བར་དཀའ། །ད་ནི་ཏིང་འཛིན་མཉམ་པར་ འཇོག་པ་ན། །ངེས་པར་སྣང་བ་ཙམ་ཡང་ཅི་ཞིག་ཡོད། །ཡོད་པ་ཅི་ཡོད་མེད་པའང་ཅི་ཞིག་ ཡོད། །ཡིན་མིན་དམ་བཅའ་གང་དུ་སུ་ཞིག་ཡོད། །ཡུལ་དང་ཡུལ་གྱི་ཆོས་ཉིད་མ་མཆིས་ ཤིང༌། །བླང་དོར་ཀུན་བྲལ་སྤྲོས་དང་བྲལ་བ་ཡིས། །གཉུག་མའི་ངང་དུ་བློ་གྲོས་མ་བཅོས་ པར། །ལྷན་ནེ་གནས་ན་སྐྱེས་བུ་ཆེན་པོ་འགྱུར། །དེ་ལྟར་ཀུན་རྫོབ་བྱང་ཆུབ་སེམས་དང་ནི། །དོན་དམ་བྱང་ཆུབ་སེམས་ལ་སྤྱོད་པ་ཡིས། །ཚོགས་གཉིས་བར་ཆད་མེད་པར་མཐར་ཕྱིན་ ནས། །རང་གཞན་དོན་གཉིས་ཕུན་སུམ་ཚོགས་པར་ཤོག ། དགྲ་བོ་གནད་ལ་དབབ་པ་མཚོན་ཆའི་འཁོར་ལོ་ཞེས་བྱ་བ། འཇིགས་པའི་གཅན་ གཟན་སྣ་ཚོགས་རྒྱུ་བའི་ནགས་ཁྲོད་དུ་ལུང་རིགས་རྟོགས་པའི་རྣལ་འབྱོར་པ་དྷརྨ ་རཀྵི་ཏ་ ཆེན་པོ་དེས་བླ་མ་དམ་པའི་གསུང་ལྟར་བསྡེབས་ནས་དུས་ཀྱི་སྙིགས་མ་ལ་འཇིགས་པ་དང་ བཅས་པའི་ནགས་ཁྲོད་དུ་ཉམས་སུ་བླང་བའོ། ། དེས་ཨ་ཏི་ཤ་ལ་གནང་ནས། ཨ་ཏི་ཤས་ཀྱང་གདུལ་དཀའ་བའི་སེམས་ཅན་མང་པོ་ 4-1-378 འདུལ་བའི་ཕྱིར། ཕྱོགས་མཚམས་མེད་པར་ཉམས་སུ་བླངས་པས། རྟོགས་པ་འཁྲུངས་པའི་ ཚིགས་སུ་བཅད་པའང་འདི་སྐད་གསུངས་སོ། ། ཁོ་བོས་རྒྱལ་སྲི ད་སྤངས་ནས་དཀའ་བ་སྤྱད་པའི་ཚེ། །བསོད་ནམས་བསགས་པའི་བླ་ མ་མཆོག་དང་མཇལ། །དམ་ཆོས་བདུད་རྩི་འདི་བསྟན་ཆོས་དབང་བསྐུར། །དེང་སང་གཉེན་ པོ་ཐོབ་ནས་ཚིག་ཀྱང་བཟུང༌། །གྲུབ་པའི་མཐའ་ལ་ཕྱོགས་རིས་མ་མཆིས་པར། །བློ་གྲོས་ བཀྲམ་ནས་ཀུན་ནས་བསླབ་པའི་ཚེ། །ཡ་མཚན་དཔག་མེད་བདག་གི་མཐོང་མོད་ཀྱི། ། སྙིགས་མའི་དུས་འདིར་ཆོས་འདིས་ཕན་པར་འབྱུང༌། །ཞེས་གསུངས་ནས། རྒྱ་བོད་ན་སློ བ་ མ་བསམ་གྱིས་མི་ཁྱབ་པ་མཆིས་པའི་ནང་ནས། བཅོམ་ལྡན་འདས་མ་སྒྲོལ་མ་ལ་སོགས་པ་ ཡི་དམ་གྱི་ལྷ་དཔག་ཏུ་མ་མཆིས་པའི་ལུང་བསྟན་པའི་སློབ་མ་སྣོད་དང་ལྡན་པ་ཨུ་པ་སི་ཀ་ དང༌། དེས་མཐའ་འཁོབ་ཀྱི་གདུལ་བྱ་མ་རུངས་པ་འདུལ་བའི་ཆོས་སུ་གནང་བ་སྟེ། ལོ་པཎ་ ཡང་རྒྱལ་བ་ཡབ་སྲས་གཉིས་ཀྱིས་མཛད་དོ།། །། ཇོ་བོས་སྟོན་པ། པོ་ཏོ་པ། ཤ་ར་བ། འཆད་ཀ་པ། སྤྱིལ་བུ་པ། ལྷ་ཆེན་པོ། ལྷ་འགྲོ་བའི་ མགོན་པོ། འོད་འཇོ་པ། མཁན་པོ་དམར་སྟོན། མཁན་པོ་ཤེས་རབ་རྡོ་རྗེ། དེས་མཁན་པོ་ བུདྡྷཱ་རཏྣ་ལ། དེས་ཀཱི རྟི་ཤྲཱི་ལ། དེས་རྒྱལ་བ་བཟང་པོ་ལ། དེས་སྣུབས་ཆོས་ལུང་བ་བསོད་ ནམས་རིན་ཆེན་ལ། དེས་གཞོན་ནུ་རྒྱལ་མཆོག་དཀོན་མཆོག་འབངས་ལ། བླ་མ་དྷརྨ ་རཀྵི ་ ཏའི་བློ་སྦྱོང་གི་སྐོ ར་རོ།། །། 4-1-379 ༄༅། །བློ་སྦྱོང་མཚོན་ཆའི་འཁོར་ལོའི་འབྲུ་འགྲེལ་གཅེས་འཛིན་ ཚ་གདུང་སེལ་བའི་རབ་དཀར་ཟླ་གཞོན་ ཞེས་བྱ་བ་བཞུགས་སོ། ། ༄༅། །ༀ་སྭ་སྟི་སིདྷཾ། ག༵ང་སྐུ་དྲན་པས་བདེ་ལེགས་དཔལ་སྟེར་ཞིང༌། །ག༵ང་གསུང་ ཐོས་པས་སྲིད་ཞིའི་འཇིགས་ལས་སྐྱོབས། །ག༵ང་ཐུགས་བརྩེ་བས་འགྲོ་ལ་རྟག་ཏུ་དགོངས། ། རྣམ་འདྲེན་ཟ༵ས་གཙ༵ང་སྲས༵་པོ༵ས་དགེ་ལེགས་སྩོལ། །ག༵ང་གསུང་འོད་ཀྱི་ཆ་ཤས་ཕྲ་བས་ ཀྱང༌། །ག༵ང་གི་བློ་ཡི་མུན་པ་མཐར་བསྐྲད་དེ། །ག༵ང་འདུལ་ཆོས་ཀྱི་སྣང་བས་ཁྱབ་མཛད་ པའི། །སྨྲ་བའི་ཉི་མ་འཇ༵མ་པ༵འི་དབྱང༵ས་ལ༵་འདུད། །རྨད་བྱུང་རྒྱལ་བསྟན་ཡིད་བཞིན་ དབང་གི་རྒྱལ། །འཆད་རྩོད་རྩོམ་པས་བྱི་དོར་ལེགས་བྱས་ནས། །རྩེ་གཅིག་སྒྲུབ་པའི་རྒྱལ་ མཚན་རྩེར་བཀོད་དེ། །འཛིན་མཛད་རྒྱ་བོད་མཁ༵ས་པ༵འི་ཚོ༵གས་ལ་འདུད། །ངེས་དོན་བསྟན་ པའི་གངས་ཀྱི་རི་བོའི་སྤོར། །རྨད་བྱུང་ལུང་རིགས་ཟབ་མོའི་ངར་སྒྲ་ཡིས། །སྨྲ་ངན་རི་དྭགས་ ཚོགས་རྣམས་མཐར་བསྐྲད་པའི། །སྨྲ་བའི་སེང་གེ་དོ༵ལ་པོ༵་པ༵་ལ་འདུད། །རབ་འབྱམས་ གཞུང་ལུགས་རྒྱ་མཚོའི་ཕ་མཐར་སོན། །མདོ་སྔགས་ལམ་གྱི་དགོངས་དོན་ཐུགས་སུ་ཆུད། །སྐལ་ལྡན་སྨིན་གྲོལ་ལམ་ལ་འགོད་མཛད་པའི། །ཀུ༵ན་མཁྱེ༵ན་སྒྲོ༵ལ་མགོ༵ན་བྱང་ཆུབ་བར་དུ་ བསྟེན། །ང༵ག་གི་དབ༵ང་པོའི་མཁྱེན་བརྩེའི་འོད་ཀྱིས་བློ་གྲོས་འདབ་མ་རབ་ཕྱེ་ཞིང༌། །ཚོ༵གས་ གཉི༵ས་རྒྱ་༵མཚོ༵འ་ིདཔལ་ལས་ཉརེ ་འཁྲུངས་མཁས་པའ་ིསྙན་པ་དྲི་བསུང་གསི ། ། བློ་གསལ་རྐང་དྲུག་ཚོགས་རྣམས་བསྡུས་ནས་ལེགས་བཤད་སྦྲང་རྩིའི་དགའ་སྟོན་གྱིས། ། 4-1-380 ཚིམ་མཛད་མཚུངས་བྲལ་བཤེས་གཉེན་ཆེན་པོ་པ༵དྨ༵་དཀ༵ར་པོ༵་གང་དེར་འདུད། ། གང་དེས་ རྗེས་བཟུང་ཅོལ་ཆུང་ཁོ་བོ་ཡིས། །རང་དང་སྐལ་མཉམ་རྣམས་ལ་ཕན་པའི་བློས། །བློ་སྦྱོང་ མཚོན་ཆ་འཁོར་ལོའི་ཚིག་འགྲེལ་ཙམ། །གོང་མའི་གསུང་བཞིན་འཆད་ལ་སྤྲོ་བ་སྐྱེས། ། དེ་ལ་འདིར་འཕགས་པའི་ཡུལ་དང་བོད་གངས་ཅན་གྱི་མཁས་གྲུབ་ཡོངས་ཀྱི་ཐུགས་ བཅུད། སྐལ་བ་དང་ལྡན་པ་རྣམས་ཐར་པ་མཆོག་ལ་འགོད་པའི་ལམ་ཆེན་པོ་བྱང་ཆུབ་ཀྱི་ སེམས་རིན་པོ་ཆེ་བསྐྱེད་པའི་ཐབས་རྨད་དུ་བྱུང་བ་བླ་མ་དྷརྨ ་རཀྵི་ཏས་ཨ་ཏི་ཤ་ལ་གནང་ བའི་བློ་སྦྱོང་མཚོན་ཆ་འཁོར་ལོའི་འབྲུ་འགྲེལ་ཙམ་ཞིག་འབྲི ་བར་བྱེད་པ་ལ། ཐོག་མར་བློ་སྦྱོང་ཞེས་པ་ནི་རང་རྒྱུད་ཀྱི་བློ་འདི་ཉིད་སྦྱོང་བར་བྱེད་པའི་ཐབས་ཤིག་ལ་ ཟེར་བ་ཡིན་པས་སྤྱིར་ན་བཤེས་གཉེན་བསྟེན་ཚུལ་ནས་བཟུང་སྟེ་ལམ་གྱི་རིམ་པ་ཐམས་ ཅད་བློ་སྦྱོང་ཡིན་ལ། ལམ་རིམ་བློ་སྦྱོང་གཉིས་སུ་ཕྱེ་བའི་བློ་སྦྱོང་ནི་ཐོག་མའི་བློ་སྦྱོང་སྟེ། དེ་ ལ་ཡང་སྐྱེས་བུ་ཆེ་འབྲིང་ཆུང་གསུམ་གྱི་བློ་སྦྱོང་གསུམ་ཡོད་པའི་ཐོག་མའི་བློ་སྦྱོང་ལྟ་བུ་སྐྱེས་ བུ་ཆུང་ངུའི་བློ་སྦྱོང་ཡིན་ཞིང༌། དེ་བཞིན་དུ་འབྲི ང་གི་བློ་སྦྱོང་ཡང་ཡོད་ལ་སྐབས་འདིར་ནི་ སྐྱེས་བུ་ཆེན་པོའི་བློ་སྦྱོང་ཡིན་ཏེ། འདིའི་མཚན་གྱི་དོན་བཤད་པ་ནི། བླ་མ་དྷརྨ ་རཀྵི ་ཏས་ཨ་ཏི་ཤ་ལ་གནང་བའི་རང་རྒྱུད་ ཀྱི་བློ༵་སྦྱོ༵ང་བར་བྱེད་པའི་ཐབས་བདག་གཅེས་འཛིན་གྱི་དགྲ་བོ་གཞོམ་པ་ལ་མཚོན་ཆའི་ འཁོར་ལོ་དང་འདྲ་བར་ཤིན་ཏུ་ནུས་པ་སྟོབས་དང་ལྡན་པས་མཚོ༵ན་ཆ༵འི་འཁོ༵ར་ལོ༵་ཞེ༵ས་བྱ་ ༵བ༵་བཞུ༵གས་སོ༵། །ཞེས་པའོ། ། ཕྱག་འཚལ་བ་ནི། བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ངེས་དོན་དང༌། དེ་ཉིད་བཞིན་ ལག་གི་རྣམ་པར་ཤར་བའི་དྲང་དོན་གྱི་ཁྲོ༵་བོ༵་ཆེ༵ན་པོ༵་གཤི༵ན་རྗེ༵འི་གཤེ༵ད་ལ༵་ཕྱག༵་འཚ༵ལ་ལོ༵། ། ཞེས་དང༌། ཕྱག་ནི་གཉིས་སུ་མེད་པའི་ཡེ་ཤེས་དང་འཚལ་བ་ནི་དེ་ལ་མོས་པའི་དོན་ནོ། ། 4-1-381 བཙན་དུག་ནགས་སུ་སོགས་ཀྱི་དོན་ནི། བཙ༵ན་དུ༵ག་གི་ན༵གས་སུ༵་རྨ༵་བྱ་༵རྣམས་རྒྱུ༵་བ༵འི་ ཚེ༵། སྨན༵་གྱི༵་ལྡུ༵མ་ར༵་མེ་ཏོག་སྡོང་པོ་འབྲས་བུ་སོགས་ཀྱིས་ལེ༵གས་པ༵ར་མཛེ༵ས་པ་ཅི་ཙམ་ ཡོད་པར་གྱུ༵ར་ཀྱང༵༌། རྨ༵་བྱའི༵་ཚོ༵གས་རྣམ༵ས་དེ་དག་ལ་དག༵འ་བ༵ར་མི༵་འགྱུ༵ར་གྱི༵ས་ཏེ་ མི་འགྱུར་བར། བཙ༵ན་དུ༵ག་གི་བཅུ༵ད་ཀྱི༵ས་རྨ༵་བྱ་༵རང་གི་ལུས་འཚོ༵་བ༵ར་བྱེད་པ་ལྟར༵། རང་ དོན་ཡལ་བར་དོར་ནས་གཞན་དོན་ཁོ་ནར་སྤྱོད་པའི་སྐྱེས་བུ་དཔ༵འ་བོ༵་རྣམས་འཁོ༵ར་བ༵འི་ ན༵གས་སུ༵་སྟེ་དུག་གསུམ་གྱི་ནགས་ཚང་ཚིང་འཁྲིགས་པ་ལྟ་བུར་ཡོད་པའི་འཁོར་བའི་གནས་ དེར་འཇུ༵ག་པ༵འི་ཚེ༵་བདེ༵་སྐྱི༵ད་རྙེད་བཀུར་སྙན་གྲགས་སོགས་ཀྱི་དཔ༵ལ་སྨན་གྱི༵་ལྡུ༵མ་ར༵་ མཛེ༵ས་པ་དང་འདྲ་བ་ཅི་ཙམ་ཞིག་མཐོང་བར་གྱུ༵ར་ཀྱང༵༌། དཔ༵འ་བོ༵་ད༵ག་ནི༵་དེ་དག་གི་ཉེས་ དམིགས་དང་འབྲས་བུ་སྡུག་བསྔལ་འབྱུང་ཚུལ་སོགས་ཁོང་དུ་ཆུད་པས་རྨ་བྱ་སྨན་གྱི་ལྡུམ་ ར་ལ་མི་དགའ་བ་ལྟར་དེ་དག་ལ་ཅུང་ཟད་ཀྱང་ཆ༵གས་པ༵ར་མི༵་འགྱུ༵ར་གྱི༵། འཁོར་བ་སྡུ༵ག་ བསྔ༵ལ་གྱི་ན༵གས་སུ༵་རྨ་བྱའི་བཙན་དུག་ལ་ལོངས་སྤྱོད་པ་ལྟར་སྡུག་བསྔལ་ཇི་ཙམ་ཡོད་ པ་རྣམས་བྱང་ཆུབ་ཀྱི་སྤྱོད་པ་རྫོགས་པའི་ཐབས་སུ་འཁྱེར་ཞིང༌། དང་དུ་ལེན་པའི་སྒོ་ནས་ སེ༵མས་དཔ༵འ་བདག་ཉིད་ཆེན་པོ་རྣམས་འཚོ༵་བ༵་ཡི༵ན་ནོ་ཞེས་སོ། ། སྔར་བཤད་པའི་རྒྱུ་མཚན་དེ༵འི་ཕྱི༵ར་ན་སྡུག་བསྔལ་དང་དུ་ལེན་པ་ཞིག་དགོས་པ་ལ་དེ་ ལས་ལྡོག་སྟེ་གཅེས་འཛིན་གྱི་དབང་གིས་ཐོག་མེད་ནས་བདེ༵་སྐྱི༵ད་སོགས་ད༵ང་དུ༵་ལེ༵ན་པ་ལ་ བརྩོན་པ༵འི་བློ་སྡར༵་མ༵འི་དབ༵ང་གི༵ས་སྔར་ཡང་སྡུག་བསྔལ་ལ་སྦྱོར་ཞིང་ད་དུང་ཡང་དེ་ལས་ མ་ལྡོ ག་ན་ཕྱི་མཐའི་བར་དུ་སྡུ༵ག་བསྔལ་འབའ་ཞིག་ལ༵་སྐྱེ༵ལ་བ༵་ཡི༵ན་ཞེས་སོ། ། སྡུག་བསྔལ་དང་དུ་ལེན་པའི་སོགས་ཀྱི་དོན་ནི། སྡར་མ་དེ་ལས་བློ་ཁྱད་པར་དུ་གྱུར་པ་ སེམས་ཅན་ཐམས་ཅད་ཀྱི་སྡུ༵ག་བསྔ༵ལ་ད༵ང་དུ༵་ལེ༵ན་པ༵འི་བློ་སྟོབས་དང་ལྡན་པའི་སེ༵མས་ དཔ༵འ་ཆེན་པོ་དེ༵་དག་ནི་ཤིན་ཏུ་ནས་ཀྱང་དཔ༵འ་བ༵་ཡིན་ལ། དེའི༵་སྟོ༵བས་ཀྱི༵ས་སྐྱེ་བ་འདི་ 4-1-382 ཙམ་དུ་མ་ཟད་ཕྱི་མའི་ཚེ་རབས་ཀྱི་ཕྲེང་བ་ཐམས་ཅད་དུ་རྟག༵་ཏུ༵་བདེ་ནས་བདེ༵་བར་རྒྱུན་མི་ ཆད་དུ་འགྲོ་བ༵་ཡི༵ན་ནོ། །ཞེས་སོ། ། ད་འདིར་འདོད་ཆགས་སོགས་ཀྱི་དོན་ནི། སྐྱེས་བུ་ཆུང་འབྲིང་ཐུན་མོང་པའི་ལམ་གྱིས་ རྒྱུད་སྦྱངས་ཟིན་པའི་སྐབས་སུ་ཉམས་སུ་ལེན་དགོས་པ་སྟོན་ཕྱིར་དུ་ཞེས་དང་སྔགས་དང་ འབྲེལ་བར་སྙིགས་མའི་ཚེ་ཐུང་འདི་ལ་འཚང་རྒྱ་བར་བྱེད་ཐུབ་པ་ཞིག་བྱེད་དགོས་ཞེས་ བསྟན་འདོད་ནས་འདིར་གསུངས་པ་ཡིན། དེ་ལ་ཉོན་མོངས་ལམ་འཁྱེར་ལ་འདོད་ཆགས་ ཐོག་མར་སྨོས་པ་ནི་སྐྱེ་སླ་ཞིང་རིག་ཤིན་ཏུ་དཀའ་བའི་དབང་གིས་ཡིན་ལ། ཐ་ན་ཇ་ཞིམ་པ་ ཚུན་ཆད་ལ་འདོད་ཆགས་མི་འདྲ་བ་དུ་མ་སྐྱེ་བ་སོགས་ཡུལ་སེམས་ཅན་དང་སེམས་ཅན་མ་ ཡིན་པ་ལ་དམིགས་པའི་འདོ༵ད་ཆ༵གས་མཐའ་ཀླས་པ་བཙ༵ན་དུ༵ག་གི་ན༵གས་ད༵ང་འདྲ་༵བ་ ཤིན་ཏུ་མང་ལ། དེ་དག་ཀྱང་དཔ༵འ་བོ༵་བདག་ཉིད་ཆེན་པོ་རྨ༵་བྱ་༵དང་འདྲ་བ་ལྟ་༵བུ༵་རྣམས་ ཀྱིས་ནི་འཆུ༵ན་པ༵ར་འགྱུ༵ར་བ་སྟེ་ལམ་དུ་འཁྱེར་ནུས་པ་ཡིན་གྱི། སྡར༵་མ༵་བྱ་༵རོ༵ག་ལྟ་༵བུ༵ས་ སྤྱད་ན་ནི་ལམ་དུ་འཁྱེར་མི་ནུས་པའི་ཁར་ཐར་བའི་སྲོ༵ག་ལ༵་འཆི༵་བར་འགྱུར་བའམ་བརྒོལ་ བར་འགྱུར་རོ། །འདོད་ཆགས་སོགས་ཀྱི་དུག་ནི་འདི་གཞན་དོན་སྒྲུབ་པའི་ཐབས་སུ་འགྱུར་ བའང་རང་འདོད་ཀྱི་འཁྲི་བ་གཏན་ནས་མེད་པ་ཞིག་དགོས་ཀྱི་ར༵ང་བདེ་བར་འདོ༵ད་པ་ཅ༵ན་ དག་གི༵ས་ནི་དེ་ལྟར་མི་ནུས་པས་ན་དུ༵ག་འདི༵་ག༵་ན༵་འཆུ༵ན་སྟེ་མ་འཆུན་པ་ཡིན། ཞེ་སྡང་དང་ གཏི་མུག་སེར་སྣ་ཕྲག་དོག་སོགས་ཉོ༵ན་མོ༵ངས་གཞ༵ན་ལ༵འ༵ང་དེ༵་བཞི༵ན་སྦྱ༵ར་བ༵་ན༵། དཔའ་ བོ་རྣམས་ཀྱིས་ལམ་སྒྲུབ་པའི་གྲོགས་སུ་འགྱུར་ནུས་ཤིང་ཉན་རང་སོགས་ཀྱིས་མཚོན་པའི་ སྡར་མ་བྱ་༵རོ༵ག་ལྟ་༵བུ༵་རྣམས་ཀྱི༵ས་དེ་དག་སྤྱད་ན་སྔར་བཤད་པ་ལྟར་ཐ༵ར་པ༵འི་སྲོ༵ག་ལ༵་ བ༵བས་པ་སྟེ་སྲོ ག་རྩ་གཅོད་པར་འགྱུར་ཞེས་པའོ། ། དེ་ཕྱིར་སེམས་དཔའ་སོགས་ཀྱི་དོན་ནི། རྒྱུ་མཚན་དེ༵འི་ཕྱི༵ར་ན་སེ༵མས་དཔ༵འ་ཆེན་པོ་ 4-1-383 རྨ༵་བྱ་༵ལྟ་༵བུ༵་ཡི༵ས་ནི། ཆེས་མང་བ་བཙན་དུ༵ག་གི༵་ན༵གས་ད༵ང་འདྲ་༵བ༵འི་ཉོ༵ན་མོ༵ངས་པ་རྣམ༵ས་ བཅུ༵ད་དུ༵་སྦྱ༵ར་ལ༵་སྟེ་གཞན་དོན་གྱི་ཐབས་སུ་བསྒྱུར་བའི་སྒོ་ནས་འཁོ༵ར་བ༵འི་ན༵གས་སུ༵་ འཇུ༵ག་པར་བྱེད་ལ་གཞན་དོན་དུ་འདོད་ཡོན་ལ་ལོངས་སྤྱོད་པའི་ཚེ་ན་ཡང་རང་འདོད་དང་ རློམ་སེམས་སོགས་མེད་པར་ནང་དུ་དེ་དག་གི་ཉེས་དམིགས་སོགས་ཁོང་དུ་ཆུད་པའི་སྒོ་ནས་ འཇིགས་པ་དང་བཅས་པའི་སྒོ་ནས། ཕྱི་རོལ་ཏུ་གཞན་ཚོགས་རྫོགས་པར་བྱ་བའི་ཕྱིར་དུ་ སྤྲོ་བའི་ཚུལ་གྱིས་ད༵ང་དུ༵་བླང༵་བར་བྱ་དགོས་ལ༵། དེ་ལྟར་བྱས་ན་ཉེས་དམིགས་བསམ་པའི་ དབང་གིས་འདོད་ཡོན་སོགས་ཀྱིས་དུ༵ག་འདི༵་དག་གི་གནོད་པར་མི་ནུས་པ་མ་ཟད་དེའི་ནུས་ པ་ཕར་གཞོལ་པར་འགྱུར་བས་ན་གཞོ༵མ་པ༵ར་བྱ་༵ཞེས་དེ་ལྟར་བཤད་པ་ཡིན་ནོ་ཞེས་སོ། ། ད་ནི་རང་དབང་སོགས་ཀྱི་དོན་ནི། དེ་ཡན་ཆད་ཀྱི་སྤྱི་བཤད་རྣམས་སོང་ཟིན་ནས་དངོས་ གཞིའི་ཉམས་ལེན་གྱི་རིམ་པ་སྟོན་པར་འདོད་ནས་ད༵་ནི༵་ཞེས་གསུངས་པ་ཡིན། ཉན་ར༵ང་ སོགས་ཀྱིས་མཚོན་པའི་སེམས་ཅན་ཐམས་ཅད་སངས་རྒྱས་སུ་མི་འཇུག་པར་རང་དབ༵ང་ མེ༵ད་པ༵ར་འཁོ༵ར་བ༵་ཡི༵་ནང་དུ་འཁོར་དུ་འཇུག་མཁན་གྱི་གཙོ་བོ་བད༵ག་ཏུ༵་འཛི༵ན་པ༵འམ་ བདག་གཅེས་པར་འཛིན་པ་བདུ༵ད་ཡིན་ལ། དེ༵འི་ཕོ༵་ཉ་༵ནི༵་བདག་ཏུ་འཛིན་པ་དེ་ཡིན་པས་དེ་ གཉིས་དཔོན་གཡོག་གི་ཚུལ་དུ་ཡོད་དེ། དེ་འདྲ་བའི་བདག་འཛིན་དཔོན་གཡོག་གཉིས་ཅར་ ར༵ང་འདོ༵ད་ཀྱི་རོ་དང་སྐྱི༵ད་འདོ༵ད་ཀྱི་རོ༵་སོགས་ད༵ང་ཕ༵ར་འཕྲ༵ལ་ལ༵་དེ་གཉིས་ཀྱི་དབང་དུ་མི་ གཏོང་བར་དེ་ལས་ལྡོ ག་སྟེ་གཞ༵ན་དོ༵ན་སྤྱི་དང༌། དེའི་ནང་ནས་ཀྱང་ཇི་ཙམ་དཀ༵འ་བར་སྤྱ༵ད་ པའི་གཞན་དོན་རྣམས་ད༵ང་དུ༵་བླང༵་བ༵ར་བྱའོ༵། ། ལས་ཀྱིས་བདས་ཤིང་སོགས་ཀྱི་དོན་ནི། རང་ཅག་རྣམས་འཁོར་བའི་གནས་སུ་རང་ དབང་མེད་པར་འཁྱམས་ཤིང་སྡུག་བསྔལ་འབའ་ཞིག་མྱོང་བ་ནི་བདག་གཅེས་འཛིན་གྱིས་ དབང་གིས་བསགས་པའི་ལ༵ས་ཀྱི༵ས་བད༵ས་ཤི༵ང་ཉོ༵ན་མོ༵ངས་པ་བསྟེན་གོ༵མས་ལན་མང་དུ་ 4-1-384 བྱས་པ༵་ཡི༵ས་ཡིན་ལ། དེའི་ཕྱིར་ཕྱིན་ཆད་རི༵གས་མཐུ༵ན་སྐྱེ༵་རྒུ༵་ཡོ༵ངས་ཀྱི༵་སྡུ༵ག་བསྔ༵ལ་རྣམ༵ས་ རང་བདེ་སྐྱེ༵ད་འདོ༵ད་མཁན་བད༵ག་ཁོ་ན༵འི་སྟེ༵ང་དུ༵་སྤུ༵ང་བ༵ར་བྱ་༵བྱང་སེམས་ཕལ་ཆེར་ལ་ ནི་རང་འདོད་ཀྱི་འཁྲི་བ་ཞུགས་པ་ནམ་ཡང་མི་སྲི ད་མོད། བརྒྱ་ལ་ག༵ལ་ཏེ༵་སྔོ ན་གོམས་པའི་ དབང་གིས་ར༵ང་འདོ༵ད་ཀྱི་འཁྲི༵་བ༵་ཞུ༵གས་པ༵་སྲིད་ན་དེའི་ཚེ༵་ཁྱོད་རེ་ཞན་ཞེས་རང་ལ་སྨད་ པའི་སྒོ་ནས་ལྡོ༵ག་པར་བྱས་ལ༵་ར༵ང་གི༵་བདེ༵་སྐྱི༵ད་སོགས་ཆ་ཐམས་ཅད་འགྲོ༵་བ་རྣམས་ལ༵་ སྦྱི༵ན་པར་བྱ་དགོས་སོ། །ཇི༵་ལྟར༵་རང་གི་འཁོར་གཡོག་ཐ་ན་དགེ་ཕྲུག་ཚུན་ཆད་ལ་རང་གིས་ ཕན་ཇི་ཙམ་བཏགས་ཀྱང་བད༵ག་ལ༵་དེའི་ལན་དུ་ཚུར་གནོད་པ་སྐྱེལ་བ་སྟེ་མི་སྙན་པར་སྨྲ་ བ་དང༌། སྐུར་བ་འདེབས་པ་སོགས་འཁོ༵ར་གྱི༵ས་དྲིན་ལན་ལོ༵ག་པར་སྒྲུ༵བ་པ་བྱུང་བའི་ཚེ༵། གཞན་དུ་མི་སེམས་པར་ར༵ང་གི༵ས་གཡེ༵ང་བ༵འི་ལ༵ན་པ་སྟེ་བདག་གཅེས་འཛིན་གྱིས་གཞན་ དོན་ལས་གཡེང་བར་བྱས་ནས་གཞན་ལ་གནོད་པ་བསྐྱལ་བའི་ལན་པ་ཡིན་པས་ཁྱོད་ཉིད་ ལ་ཕན་པོ་ཨེ་ཞེ༵ས་སྙི༵ང་ཚི༵མ་བསྒྲེ༵ངས་དགོས་པའི་དོན་ནོ་ཞེས་པའོ། ། ལུས་ལ་མི་འདོད་སོགས་ཀྱི་དོན་ནི། ལུ༵ས་ལ༵་མི༵་འདོ༵ད་པའི་ན༵་ཚ༵་ཟུག་གཟེར་སོགས་ བྱུ༵ང་བ༵འི་ཚེ༵་ནའང་འདི་སྙམ་དུ་དེ་ཡོང་བ་སྐྱེ་བ་སྔོན་མ་དང་ཚེ་འདི་ཉིད་བཅས་ལ་འགྲོ༵་བ༵འི་ ལུ༵ས་ལ༵་རྡུང་རྡེག་སོགས་གནོ༵ད་པ༵་མང་དུ་བསྐྱ༵ལ་བ༵འི་ལ༵ས་ང༵ན་གྱི་མཚོ༵ན་ཆ༵་ར༵ང་ལ༵་ འཁོ༵ར་བ༵་ཡི༵ན་སྙམ་དུ་བསམ་དགོས། ཞེས་པའོ། །ལས་ངན་དེ་བདེ་སྐྱིད་སོགས་གཅོད་པར་ བྱེད་པ་ལ་མཚོན་ཆ་དང་འདྲ་བས་ན་དེ་ལྟར་བཤད་དོ། །རྒྱུ་མཚན་དེ་ལྟ་བས་ན་ད༵་ནི༵་ཐབས་ གཞན་མི་འཚོལ་བར་མདུན་མཁར་བླ་མ་ལྷ་སོགས་གསལ་བཏབ་ནས་བདག་གི་ནད་འདིའི་ གཙོས་སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་ན༵་ཚ༵་ཅི་ཙམ་མཆིས་པ་མ༵་ལུ༵ས་པ་ར༵ང་ལ༵་བླང༵ས་ པ་སྟེ་བདག་གི་སྟེང་དུ་སྨིན་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་སྙིང་ཐག་པ་ནས་གསོལ་བ་ བཏབ། དེ་ནས་སྡུག་བསྔལ་གཏོང་ལེན་གྱི་དམིགས་པ་སྒོམ། དེ་བཞིན་དུ་ར༵ང་གི༵་སེ༵མས་ལ༵་ 4-1-385 རྐྱེན་ངན་པའི་དབང་གིས་སམ་མིན་ཀྱང་འགའ་ཞིག་ལ་དོན་མེད་དུ་སྡུ༵ག་བསྔ༵ལ་སྣ་ཚོགས་ བྱུ༵ང་བ༵འི་ཚེ༵། ག་རེ་འདི་ཅི་ཡིན་སྙམ་དུ་བསམ་པ་ན། དེ་ནི་ངེ༵ས་པ༵ར་སྐྱེ་བ་སྔོ ན་མ་རྣམས་སུ་ བླ་མ་དང་ཕ་མ་གྲོགས་མཆེད་སོགས་ཀྱིས་མཚོན་པའི་གཞ༵ན་གྱི༵་སེ༵མས་རྒྱུ༵ད་དཀྲུ༵གས་པ༵་ ཡི༵་ལ༵ས་ང༵ན་གྱི་མཚོ༵ན་ཆ༵་ར༵ང་ལ༵་འཁོ༵ར་བ༵་ཡི༵ན་འདུག་སྙམ་དུ་བསམ་ཞིང་དེས་ན་ད༵་ནི༵་ དུ༵ཿཁ༵་སྟེ་གཞན་གྱི་སྡུག་བསྔལ་མ༵་ལུ༵ས་པ་ཐམས་ཅད་ད༵ང་དུ༵་བླང༵ས་པ་སྟེ་བདག་གི་སེམས་ སྟེང་དུ་ལེན་པར་བྱའོ་སྙམ་པའི་སྒོ་ནས་སྔར་བཞིན་བླ་མར་གསོལ་བཏབ་དང་གཏོང་ལེན་གྱི་ དམིགས་པ་བྱ། རང་ཉིད་བཀྲེས་སྐོ མ་སོགས་ཀྱི་དོན་ནི། ར༵ང་ཉི༵ད་ལ་བཀྲེ༵ས་པ་དང་སྐོ ༵མ་པའི་གདུང་བ་ དྲག༵་པོ༵ས་གཟི༵ར་བ༵་ན༵། དེ་ནི་སྐྱེ་བ་སྔོ ན་མ་རྣམས་སུ་གཞན་ལ་ནོར་གྱི་ཕྱིར་དུ་ཁྲམ༵་བྱས་པ་ ད༵ང་ནོར་བརྐུ༵་བ་དང༌། དབང་གིས་འཕྲོ༵ག་པ་དང༌། རང་གི་ནོར་ལ་སེ༵ར་སྣ་༵བྱས༵་པ༵་སོགས་ཀྱི་ ལ༵ས་ང༵ན་གྱི་འབྲས་བུ་ཡིན་པར་འདུག་སྙམ་དུ་བསམ་ཞིང༌། ད༵་ནི༵་བདག་གིས་བཀྲེ༵ས་སྐོ ༵མ་ གྱི་སྡུག་བསྔལ་འདིས་མཚོན་སེམས་ཅན་ཐམས་ཅད་ཀྱི་བཀྲེས་སྐོམ་གྱི་སྡུག་བསྔལ་མ༵་ལུ༵ས་ པ་ཐམས་ཅད་ད༵ང་དུ༵་བླང༵་བར་བྱའོ་སྙམ་དུ་གསོལ་བཏབ་དང་གཏོང་ལེན་སྒོམ། དང་དུ་བླང་ ཚུལ་ནི། དཔེར་ན་རང་རེ་སྙུང་གནས་སོགས་ལ་གནས་པའི་ཚེ་བཀྲེས་སྐོ མ་གྱི་གདུང་བ་བྱུང་ བ་ན། གོ་རེ་བཅད། འདི་ནི་སྔར་རྐུ་འཕྲོག་སེར་སྣ་སོགས་བྱས་པ་དེ་ད་རེས་ཆོས་ཀྱི་སྟོབས་ ཀྱིས་སྨིན་ནས་དག་པར་འགྱུར་བ་ཡིན་འདུག་པས་དཀོན་མཆོག་གི་བཀའ་དྲིན་ཡིན་སྙམ་པ་ སོགས་ཀྱང་བྱེད་དགོས་པ་ལྟ་བུའོ། ། དབང་མེད་གཞན་གྱི་སོགས་ཀྱི་དོན་ནི། ཅུང་ཟད་ཀྱང་སྡོད་ལོང་མེད་པར་དབ༵ང་མེ༵ད་ དུ་མི་འདོད་བཞིན་དུ་དཔོན་པོ་སོགས་གཞ༵ན་གྱི༵ས་ལས་ལ་འཁོ༵ལ་ཞི༵ང་ལུས་སེམས་ལ་སྡུག་ བསྔལ་གྱིས་མན༵ར་བ་བྱུང་བ༵འི་ཚེ༵་འདི་ནི་ངེས་པར་སྔར་རང་གིས་དམ༵ན་པའི་སེམས་ཅན་ 4-1-386 རྣམས་ལ༵་སྡང༵་ཞི༵ང་མི་འདོད་བཞིན་དུ་བྲ༵ན་དུ༵་བཀོ༵ལ་ཞི༵ང་སྡུག་བསྔལ་གྱི་ལ༵ས་ང༵ན་པར་ བྱས་པ་ལ་སོགས་ཀྱིས་འབྲས་བུ་ཡིན་པས། ད༵་ཕྱིན་ཆད་ནི༵་རང་གི་ལུ༵ས་སྲོ ༵ག་རྣམས་རང་ དོན་དུ་མི་བཀོལ་བར་གཞ༵ན་གྱི་བྲན་དུའམ་དོན་དུ༵་བཀོ༵ལ་བ༵ར་བྱ་༵ཞེས་སོ། ། མི་སྙན་ཚིག་རྣམས་སོགས་ཀྱི་དོན་ནི། གཞན་གྱིས་སྐུར་བ་འདེབས་པ་དང༌། ཕན་ཚུན་ ཞེ་འགྲས་པར་བྱེད་པ་དང་དཔོན་པོ་སོགས་ཀྱིས་ཀྱང་དོན་མེད་དུ་བཀའ་བཀྱོན་བྱེད་པ་ སོགས་མི༵་སྙན༵་པའི་ཚི༵ག་རྣམ༵ས་རྣ་༵བ༵ར་བྱུ༵ང་བ༵འི་ཚེ༵་ཅི་དྲག་སྙམ་དུ་མི་སེམས་པར་དེ་ནི་ སྔར་རང་གིས་གཞན་ལ་ཕྲ༵་མ༵་བྱས་ཏེ་ཕན་ཚུན་འགྲས་སུ་བཅུག་པ་དང༌། ཚིག་རྩུབ་དང་སྐུར་ འདེབས་ལ༵་སོ༵གས་པ་ང༵ག་གི༵་ཉེ༵ས་པ༵་བྱས་པ་ཡི༵་ལ༵ས་ང༵ན་གྱི་མཚོ༵ན་ཆ༵་ར༵ང་ལ༵་འཁོ༵ར་བ༵་ ཡི༵ན་པས། ད༵་ཕྱིན་ཆད་ནི༵་རང་གི་ང༵ག་གི༵་སྐྱོ༵ན་ཕྲ་མ་དང་ཚིག་རྩུབ་སོགས་ལ༵་སྨད༵་པའི་སྒོ་ ནས་མི་འཇུག་པ༵ར་བྱ་༵དགོས་པའི་དོན་ནོ་ཞེས་སོ། ། གང་ཡང་མ་དག་སོགས་ཀྱི་དོན་ནི། གྲོགས་ཀྱིས་གནོད་པ་བསྐྱེལ་མི་མང་བ་དང་ཡིད་ དུ་མི་འོང་བ་ལ་སོགས་ཀྱི་སྡོད་གནས་སམ། སྔགས་ཀྱི་དབང་དུ་བྱས་ན་ཐ་མལ་བའི་སྣང་བ་ དང༌། དེས་བསྐྱེད་པའི་ཞེན་པས་མ་དག་པ་ལ་བྱེད་པ་ཡིན། ག༵ང་ལྟར་ཡ༵ང་དེ་འདྲ་བའི་ མ༵་ད༵ག་པའི་ཡུ༵ལ་དུ༵་སྐྱེ༵ས་པ༵འི་ཚེ༵། འདི་སྙམ་དུ་རང་གིས་སྐྱེ་བ་སྔོན་རྣམས་སུ་གཞན་ལ་མ༵་ ད༵ག་པའི་སྣང༵་བ༵་འབའ་ཞིག་རྟག༵་པ༵ར་ཏེ་རྒྱུན་མི་ཆད་དུ་སྒོམ་སྒོམ་པ༵འི་ལ༵ས་ང༵ན་གྱི་འབྲས་ བུ་ཡིན་ཕྱིར། ད༵་ནི༵་ཀུན་ལ་ད༵ག་སྣང༵་འབ༵འ་ཞི༵ག་བསྒོ༵མ་པ༵ར་བྱ་༵དགོས་སོ། །དེ་ནི་དཔེར་ ན་གནོད་བྱེད་ལ་འདི་ནི་བདག་གི་ལས་ངན་འཛད་པར་བྱ་བའི་ཆེད་དུ་སངས་རྒྱས་བྱང་ཆུབ་ སེམས་དཔའ་རྣམས་ཀྱི་འདི་འདྲ་བའི་རྣམ་པར་བསྟན་པ་ཡིན་འདུག་པས་བཀའ་དྲིན་ཆེ་སྙམ་ པའི་སྒོ་ནས་དག་སྣང་སྦྱོང་དགོས་པ་དང༌། སྔགས་ཀྱི་དབང་དུ་བྱས་ན་གང་ཤར་ཐམས་ཅད་ བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་གཅིག་པུའི་རྣམ་འགྱུར་རྡོ་རྗེ་འཆང་གི་རྣམ་རོལ་དུ་ཤར་ 4-1-387 བ་ཞིག་བྱུང་ན་ནི་མ་དག་པའི་སྣང་བ་འོང་དོན་མེད་པས་དེ་འདྲའི་དག་སྣང་སྦྱོང་དགོས་པ་ དེའོ། ། ཕན་ཞིང་མཛའ་བའི་སོགས་ཀྱི་དོན་ནི། རང་དང་ཧ་ཅང་སྙིང་ཉེ་བ་མ་ཡིན་ཀྱང་བཟའ་ བཏུང་ལོངས་སྤྱོད་སོགས་ཀྱིས་རང་ཕ༵ན་བཏགས་ཤི༵ང༌། དངོས་སུ་ཕན་འདོགས་པར་མི་བྱེད་ ཀྱང་སྙིང་ཤིན་ཏུ་ཉེ་བའི་མཛ༵འ་བ༵འི་གྲོ༵གས་པོ་རྣམས་ཐག་རིང་སོང་བ་ད༵ང་ཤི་བ་སོགས་ ཀྱི་བྲ༵ལ་བར་གྱུར་ཏེ་སྡུག་བསྔལ་འབྱུང་བ༵འི་ཚེ༵། འདི་སྙམ་དུ་འདི་ལྟར་ཡོང་བ་ནི་སྐྱེ་བ་སྔོ ན་ མ་རྣམས་སུ་བླ་མའི་སློ བ་མ་དང༌། གཞ༵ན་གྱི༵་འཁོ༵ར་གཡོག་དང་དགེ་ཕྲུག་རྣམ༵ས་དེ་དག་ དང་ཐབས་ཀྱིས་ཕྲལ་ནས་ར༵ང་གི༵་ཕྱོགས་སུ་ཁ༵་དྲང༵ས་པར་བྱས་པ༵འི་ལ༵ས་ང༵ན་གྱི་མཚོ༵ན་ ཆ༵་ར༵ང་ལ༵་འཁོ༵ར་བ༵་ཡི༵ན་འདུག་པས་ད༵་ཕྱིན་ཆད་ནི༵་གཞ༵ན་ད༵ག་གི་སློ བ་མ་དང༌། འཁོ༵ར་ གཡོག་དགེ་ཕྲུག་སོགས་ཐད་ཀར་འཇོག་པ་ལས་དེ་དག་ད༵ང་ནམ་ཡང་དབྲ༵ལ་བ་སྟེ་ཕྲལ་ ནས་རང་གི་ཕྱོགས་སུ་ཁ་དྲངས་པ་ནམ་དུ་ཡང་མི༵་བྱ་༵སྙམ་དུ་བསམ་དགོས་པའི་དོན་ནོ། ། ཞེས་སོ། ། དམ་པ་ཐམས་ཅད་སོགས་ཀྱི་དོན་ནི། བླ་མ་སོགས་སྐྱེས་བུ་ད༵མ་པ༵་ཐ༵མས་ཅ༵ད་ཕར་ གུས་འདུད་སོགས་ཅི་ཙམ་བྱས་ཀྱང་བད༵ག་ལ༵་ཚུར་མི་མཉེས་པའམ་མི༵་དག༵འ་ལྟ་བུ་བྱུང་ བའི་ཚེ་ན༵་མ་གུས་པ་དང་ལོག་ལྟ་སོགས་མི་བྱེད་པར་རང་ཉིད་ལ་ཚུར་མཛུབ་མོ་བཙུག་ནས་ དེ་ནི་བདེན། ཁྱོད་ཀྱི་སྐྱེ་བ་སྔོ ན་མ་རྣམས་སུ་སྐྱེས་བུ་ད༵མ་པ༵་མཇལ་ཡང་མ་མཇལ་ལ་གལ་ ཏེ་མཇལ་ཀྱང་དེ་དག་གི་རྗེས་སུ་མི་འཇུག་པར་ཡལ་བར་བོ༵ར་ན༵ས་རང་དོན་ཡིད་བྱེད་ཀྱི་ འབའ་ཞིག་གི་དབང་དུ་སོང་བའི་གྲོགས་ངན་ནམ། ཡང་ན་ཆོས་ཀྱི་ཕྱོགས་སུ་མི་སྦྱོར་བར་ ཆོས་མིན་གྱི་ཕྱོགས་འབའ་ཞིག་ཏུ་འཁྲིད་པར་བྱེད་པའི་གྲོ༵གས་ང༵ན་པ་རྣམས་བསྟེ༵ན་ཅིང་དེ་ དག་གི་རྗེས་སུ་འབྲང་ནས་ཕྱིན་པ༵་ཡི༵་ལ༵ས་ང༵ན་གྱི་མཚོ༵ན་ཆ༵་ར༵ང་ལ༵་འཁོ༵ར་བ༵་ཡི༵ན་འདུག་ 4-1-388 སྙམ་དུ་བསམ་སྟེ། ད༵་ནི༵་དེ་འདྲའི་ང༵ན་པ༵འི་གྲོ༵གས་རྣམ༵ས་བློའི་བརྩེ་བས་གཏོང་མི་རིགས་ ཀྱང་དངོས་སུ་དེ་དག་དང་འགྲོགས་འདྲིས་མི་བྱ་ཞིང་དེ་དག་གི་དབང་དུ་ནམ་དུ་ཡང་མི་ གཏོང་བར་སྤང༵་བ༵ར་བྱའོ༵་ཞེས་སོ། ། སྒྲོ་སྐུར་གཞན་གྱི་སོགས་ཀྱི་དོན་ནི། རང་གི་ཉེས་པའི་བྱ་བ་གང་ཡང་མ་བྱས་ན་ཡང་ འདི་དང་འདི་འདྲ་བ་བྱས་སོ་ཞེས་དོན་མེད་དུ་སྒྲོ༵་འདོགས་པ་དང༌། སྐུ༵ར་འདེབས་ཀྱི༵་སྡི༵ག་ བསོ༵ག་བྱུ༵ང་བ༵འི་ཚེ༵། དེ་ཡོང་སྟེ། ཁྱོད་ཀྱིས་སྐྱེ་བ་སྔོ ན་མ་རྣམས་སུ་གཞ༵ན་གྱི༵་མཁོ༵་བ༵་ཁྱད༵་ དུ་༵བས༵ད་པ༵་སྟེ། གཞན་ག་ྱིནརོ ་ལངོ ས་སྤདྱོ ་འཁརོ ་གཡགོ ་དང་དབྲལ་ནས་རང་ཉདི ་ཀ་ྱིདབང་ དུ་བྱེད་པ་དང༌། ལེགས་པ་ཅི་མཆིས་པ་ཐམས་ཅད་བདག་ཉིད་ལ་བྱུང་ན་གཞན་ལ་མ་བྱུང་ ཡང་ཁྱད་མི་འདུག་སྙམ་དུ་ཁྱད་གསོད་བྱས་པ་ཡི༵ས་ལ༵ས་ང༵ན་གྱི་མཚོ༵ན་ཆ༵་ར༵ང་ལ༵་འཁོ༵ར་ བ༵ར་བསམས་ནས། ད༵་ཕྱིན་ཆད་ནི༵་ལེགས་པ་ཐམས་ཅད་བདག་ལ་བྱུང་ན་སྙམ་པའི་བློ་ངན་ སྤངས་ཏེ་གཞ༵ན་ལ་མཁོ༵་བ༵འི་དངོས་པོ་ཇི་ལྟར་དགོས་པ་ཐམས་ཅད་དངོས་སུ་སྒྲུབ་པ་དང་ ཡིད་ཀྱི་སྒོ་ནས་ཀྱང་སྒྲུ༵བ་པའི་ཞེ་དམ་དང་བཅས་པ༵་བྱེ༵ད་དགོས་པའི་དོན་ནོ་ཞེས་སོ། ། སེམས་མི་དགའ་ཞིང་སོགས་ཀྱི་དོན་ནི། དོན་མེད་དུ་སེ༵མས་མི༵་དག༵འ་བར་སེམས་ལ་ སྡུག་བསྔལ་དྲག་པོ་བྱུང་ཞི༵ང༌། སྙི༵ང་མི༵་གས༵ལ་བ་ནི། དཔེར་ན་ལྷ་བསྒོམ་པ་ལྟ་བུའི་ཚེ་ཇི་ ལྟར་བྱས་ཀྱང་ཡིད་ལ་གསལ་བར་མི་ཐུབ་པ་ནག་ཐོམ་མེ་འགྲོ་བ་ལྟ་བུ་བྱུང་བ༵འི་ཚེ༵། གདུག་ འདྲེས་གནོད་པ་དང༌། ཆོས་སྐྱོང་གི་འཁུ་ལྡོ ག་སོགས་ཡིན་འདུག་ཅེས་ཟེར་མོད། འོན་ཀྱང་ གདུག་འདྲེས་གནོད་པ་མ་ཡིན་ཏེ། གདུག་འདྲེས་གཙོ་བོ་བདག་གཅེས་འཛིན་གྱིས་གནོད་ པ་ཡིན་ལ། དེའི་དབང་གིས་སྡིག་པའི་ལས་འབའ་ཞིག་བསགས་པས་ཆོས་སྐྱོང་སོགས་ཀྱང་ མཉེས་པར་མི་འགྱུར་བས་ན་ཆོས་སྐྱོང་གི་འཁུ་ལྡོ ག་ཀྱང་ཡིན་འདུག་ཅིང༌། འོན་ཀྱང་དེ་ལྟར་ ཡིན་འདུག་ཅེས་གཞན་དུ་རྒྱུག་མི་དགོས་ཏེ། འདི་སྙམ་དུ་དེ་ནི་བདེན་ཏེ། བདག་གིས་སྐྱེ༵་ 4-1-389 བ༵་གཞ༵ན་པ་རྣམས་ལ༵་བདག་གཅེས་ཀྱི་དབང་གིས་སྡི༵ག་པ༵་མི་དགེ་བའི་ལས་འབའ་ཞིག་ བས༵གས་པ༵་ཡི༵ས་ལ༵ས་ང༵ན་གྱི་མཚོ༵ན་ཆ༵་ར༵ང་ལ༵་འཁོ༵ར་བ༵་ཡི༵ན་འདུག །ད༵་ནི༵་གཞ༵ན་གྱི༵་ སྡི༵ག་རྐྱེ༵ན་དུ་འགྱུར་བ་ནམ་དུ་ཡང་སྤང༵་བ༵ར་བྱ་༵དགོས་ཞེས་སོ། །གཞན་གྱི་སྡིག་རྐྱེན་དུ་ འགྱུར་ཚུལ་ནི། དཔེར་ན། གྲྭ་ས་ལྟ་བུར་མཚོན་ན། བྱ་བ་མ་ཡིན་པ་ལ་བརྟེན་ནས་དགེ་སྐོ ས་ སོགས་ཀྱི་རྒྱུད་འཁྲུགས་ཏེ་རྡུང་རྡེག་བྱས་པས་དེ་དག་གི་རྒྱུད་ལ་སྡིག་པ་གསོག་པར་འགྱུར་ བ་ལྟ་བུ་ཡིན། དེས་མཚོན་ནས་གཞན་གྱི་སྡིག་རྐྱེན་དུ་འགྱུར་བའི་ལས་ནམ་དུ་ཡང་མི་བྱེད་ སྙམ་དུ་བསམ་དགོས་སོ་ཞེས་པའོ། ། བྱ་བ་མ་འགྲུབ་སོགས་ཀྱི་དོན་ནི། ཆསོ ་དང་འཇགི ་རནྟེ ་ག་ྱིབྱ་༵བ༵་མ༵་འགྲུབ༵ ་པས་སེ༵མས་ རྩ༵་དཀྲུ༵གས་ཏེ་འཁྲུགས་པར་འགྱུར་བ་དེ་འདྲ་བ་བྱུང་བ༵འི་ཚེ༵། འདི་ནི་ངེས་པར་བདག་གིས་ སྐྱེ་བ་སྔོན་མ་རྣམས་སུ་སྐྱེས་བུ་དམ་པ་རྣམས་ཀྱིས་གསུངས་པ་སོགས་དང༌། གང་ཟག་གཞན་ ཁ་འདོན་དང་སློ བ་གཉེར་དང༌། སྒོམ་བྱེད་པ་སོགས་ད༵མ་པ༵འི་ལ༵ས་ལ༵་བ༵ར་ཆ༵ད་བྱས་ཏེ་ དགེ་བྱེད་དུ་མི་འཇུག་པར་ཆོས་མིན་གྱི་ཕྱོགས་སུ་ཁ་དྲངས་པར་བྱས༵་པ༵་ཡི༵ས་ལ༵ས་ང༵ན་གྱི་ མཚོ༵ན་ཆ༵་ར༵ང་ལ༵་འཁོར༵་བ༵་ཡི༵ན་པས། ད༵་ནི༵་གཞན་དག་དགེ་བའི་ལས་བྱེད་པ་ལ་བ༵ར་ཆ༵ད་ ཐ༵མས་ཅ༵ད་སྤང༵་ཞིང་མི་བྱེད་པའི་ཁར་རྗེས་སུ་ཡི་རང་བ་དང་བསྔགས་པ་བརྗོད་པ་སོགས་ ཀྱི་སྒོ་ནས་གོང་འཕེལ་དུ་གཏོང་བ་ལ་འབད་པ༵ར་བྱ་༵དགོས་ཞེས་སོ། ། གང་ལྟར་བྱས་ཀྱང་སོགས་ཀྱི་དོན་ནི། རང་ཉིད་ཀྱི་བླ་མ་ལ་མཉེས་པའི་ཐབས་ག༵ང་ ལྟར༵་བྱས༵་ཀྱང༵་བྱ་སྤྱོད་མི་མཁས་པ་སོགས་ཀྱི་བླ་༵མ༵་མ༵་མཉེ༵ས་པར་གྱུར་པའི་ཚེ༵། དེ་ནི་ངེས་ པར་བདག་གིས་སྐྱེ་བ་སྔོ ན་མ་རྣམས་སུ་ད༵མ་པ༵འི་ཆོ༵ས་ལ༵་ངོ༵་ལྐོ༵ག་བྱས་པ་སྟེ། བྱི་ལའི་སྤྱོད་ པ་བཞིན་ཕྱི་རོལ་ཏུ་དུལ་བ་ལྟར་བྱས་ནས་ལྐོག་ཏུ་བྱ་བ་མ་ཡིན་པའི་སྤྱོད་པ་ཤ་སྟག་ལ་ འཇུག་པ་དང་ལྷག་པར་བླ་མ་སོགས་ཀྱིས་ཆོས་མིན་གྱི་བྱ་བ་སྤོངས་ཤིག །ཆོས་དང་མཐུན་ 4-1-390 པའི་ལས་འདི་དང་འདྲ་བ་གྱིས་ཤིག་གསུངས་པའི་ཚེ་དངོས་སུ་བྱེད་པར་ཁས་བླངས་ནས་ ལྐོག་ཏུ་དེ་ལས་ལྡོག་ཏེ་ཆོས་མིན་གྱི་ལས་ཁོ་ན་བྱེད་པ་སོགས་ཡིན་ཏེ། དེ་ལྟར་བྱས༵་པ༵འི་ལ༵ས་ ང༵ན་གྱི་མཚོ༵ན་ཆ༵་ར༵ང་ཐོག་ཏུ་འཁོ༵ར་བ༵འམ་བབས་འདུག་སྙམ་པའི་སྒོ་ནས་ད༵་ནི༵་ཆོ༵ས་ལ༵་ ངོ༵་ལྐོ༵ག་ཆུ༵ང་བ༵་སྟེ་མི་བྱེད་པར་ཕྱི་ནང་མཐུན་པ་ཞིག་ངེས་པར་བྱེ༵ད་དགོས་སོ་ཞེས་པའོ། ། སྐྱེ་བོ་ཡོངས་ཀྱི་སོགས་ཀྱི་དོན་ནི། སྐྱེ༵་བོ༵་ཡོ༵ངས་ཀྱི༵་རང་ལ་ཁ༵་ལོ༵ག་པ་སྟེ། རང་མ་ཉེས་ ཀྱང་མི་སྙན་པ་སྨྲ་བ་དང༌། སྐུར་འདེབས་སོགས་བྱུ༵ང་བ༵འི་ཚེ༵། གཞན་དུ་མི་སེམས་པར་ དེ་ནི་སྐྱེ་བ་སྔོན་མ་རྣམས་སུ་བླ་མ་དང་ཕ་མ་མཆེད་གྲོགས་སོགས་ཀུན་ལ་ངོ་ཚ་བར་མི་བྱེད་ པར་ངོ༵་ཚ༵་ཁྱད་དུ་གསོད་པ་དང༌། དེ་དག་ཁྲེལ་ན་ཡང་ཁྲེལ་སྙམ་པ་ནི་ཁྲེ༵ལ་ཡོ༵ད་ཁྱད༵་དུ༵་ གསོ༵ད་པ་ཡིན་པས། དེ་འདྲའི་ཁྱད་གསོད་ཀྱི་སྒོ་ནས་མི་དགེ་བ་སྣ་ཚོགས་བྱས་པ༵འི་ལ༵ས་ ང༵ན་གྱི་མཚོ༵ན་ཆ༵་ར༵ང་ལ༵་འཁོ༵ར་བ༵ར་ཤེས་པའི་སྒོ་ནས། ད༵་ཕྱིན་ཆད་ནི༵་ཆོས་དང་མི་མཐུན་ པའི་བྱ་བ་མཐའ་དག་མི༵་རུ༵ང་བ༵་ཡིན་པས་དེ་དག་ལ༵་ནམ་དུ་ཡང་མི་འཇུག་པར་ངོ་ཚ་ཁྲེལ་ ཡོད་དང་ལྡན་པས་འཛེ༵མ་པ༵ར་བྱ་༵དགོས་པའི་དོན་ཡིན་ནོ་ཞེས་སོ། ། འཁོར་ཚོགས་འདུས་མ་སོགས་ཀྱི་དོན་ནི། དཔོན་པོ་སོགས་སྐུ་ཆེ་བ་རྣམས་ལ་དང་པོར་ འཁོ༵ར་གཡོག་སོགས་ཀྱི་ཚོ༵གས་འགའ་ཞིག་འདུ༵ས་མ༵་ཐག༵་ཏུ༵་སྟེ་རིང་པོར་མ་ལོན་པར་དེ་ དག་དང་ཞེ་འགྲས༵་པར་གྱུར་པ༵འི་ཚེ༵། དེ་ནི་སྔར་རང་གི་སྡུ༵ག་གཤི༵ས་ང༵ན་པ༵་ཕྱོ༵གས་སུ༵་སྟེ་ ཕྱོགས་ཀུན་ཏུ་བཙོ༵ང་ནས་ཀུན་ལ་ཞེ་འགྲས་པར་བྱས་པ༵འི་རྣམ་སྨིན་ཡིན་འདུག་པས། ད༵་ ནི༵་ག༵ང་ལ༵འ༵ང་གཤིས་ངན་མི་བྱེད་པར་ཞི་ཞིང་འཛུམ་པ་དང་ལྡན་པའི་མི༵་གཞི༵་ལེ༵གས་པ༵ར་ བྱེ༵ད་དགོས་སོ་ཞེས་པའི་དོན་ཡིན་ནོ་ཞེས་པའོ། ། ཉེ་ཚད་ཐམས་ཅད་སོགས་ཀྱི་དོན་ནི། བླ་མ་དང་སྔར་སྙིང་ཉེ་བའི་གྲོགས་པོ་ལ་སོགས་ པ་ཉེ༵་ཚ༵ད་ཐ༵མས་ཅ༵ད་དགྲ་༵བོ༵ར་ལ༵ངས་ཏེ་སྡུག་བསྔལ་བ༵འི་ཚེ༵། དེ་ནི་སྐྱེ་བ་སྔ་མར་གཞན་ 4-1-391 ལ་བསམ་པ་ངན་པའི་སྒོ་ནས་དངོས་སུ་གནོད་པ་སྐྱེལ་བའམ་དེ་ལྟར་མ་ཐུབ་ཀྱང་གནོད་ པ་ཞིག་བྱུང་ན་སྙམ་པའི་བས༵མ་པ༵་ང༵ན་པ༵་འབའ་ཞིག་ན༵ང་དུ༵་བཅུ༵ག་པ༵་ཡི༵་ལ༵ས་ང༵ན་གྱི་ མཚོ༵ན་ཆ༵་ར༵ང་ལ༵་འཁོ༵ར་བ༵་ཡི༵ན་འདུག་སྙམ་ནས། ད༵་ཕྱིན་ཆད་ནི༵་མུ༵ག་སྐྱོ༵་གྱ་༵ནོ༵མ་སྟེ་མུག་ སྐྱོ་ནི་གཡོ་དང་གྱ་ནོམ་རྒྱུ་ལ་ཟེར་བ་ཡིན་པས། དེ་འདྲའི་གཡོ་སྒྱུའི་ལས་ལས་ཆུ༵ང་བ༵་སྟེ་ནམ་ དུ་ཡང་མི་བྱེད་པ་ཞིག་བྱ་༵དགོས་སོ་ཞེས་པའོ། ། བར་གཅོད་ནད་དང་སོགས་ཀྱི་དོན་ནི། ནད་མ་ཡིན་པའི་གནོད་པས་བར་དུ་གཅོད་ པའམ། ཡང་ན་རང་ཅག་རྣམས་ལ་ཆོས་བྱེད་པ་ལ་བ༵ར་དུ་གཅོ༵ད་པར་བྱེད་པའི་ན༵ད་སྤྱི་ད༵ང༌། རྨུ༵་ཆུ༵་ནི་གཅུང་ནད་ཚབ་པོ་ཆེ་ད་ལྟ་ཕྱི་ཆུ་ནང་ཆུ་སོགས་སུ་གྲགས་པ་འདི་དག་སྟེ། དེ་ལྟ་བུའི་ ནད་ཀྱིས་ན༵་བ༵འི་ཚེ༵་དེ་ནི་སྐྱེ་བ་སྔོན་མ་རྣམས་སུ་ཁྲི༵མས་མེ༵ད་ཀྱིས་དཀོ༵ར་ལ༵་འབགས་པ་ དང༌། བ༵ག་མེ༵ད་དུའམ་བག་མེད་ཀྱི་སྒོ་ནས་དཀོར་ལ་འབ༵གས་པ༵འི་ལ༵ས་ང༵ན་གྱི་མཚོ༵ན་ ཆ༵་ར༵ང་ལ༵་འཁོ༵ར་བ༵་ཡི༵ན་པས་ད༵་ནི༵་དཀོ༵ར་འཕྲོ༵ག་ལ༵་སོ༵གས་སྤོ༵ང་བ༵ར་བྱ་༵དགོས་པས་ དཀོར་འཕྲོག་ཚུལ་ནི་སྔར་བཤད་པ་ལྟར་ཁྲིམས་མེད་ཀྱིས་དཀོར་ལ་འབགས་པ་དེ་ཡང་མི་ འོས་བཞིན་དུ་སྤྱོད་པས་འཕྲོག་པ་ཡིན་ལ། གཞན་ཡང་བླ་མ་དང་དགེ་འདུན་སོགས་ཀྱི་ དཀོར་འཕྲོག་ཚུལ་ཤིན་ཏུ་མང་བས་ད་ཕྱིན་ཆད་དེ་དག་ནམ་དུ་ཡང་སྤང་བར་བྱ་དགོས་པའི་ དོན་ནོ། །དེ་ཡང༌། རང་ཉིད་ལ་ཕམ་པ་སོགས་ཀྱི་སྐྱོན་གྱིས་གོས་ན་ཁྲིམས་མེད་ཡིན་མོད། དེའི་དགེ་འདུན་གྱི་མང་འགྱེད་སོགས་དཀོར་ལ་འབགས་པའི་ཚེ་རང་ཉིད་ཁྲིམས་མེད་དུ་ ཤེས་པའི་འཇིགས་པ་དང་བཅས་པའི་སྒོ་ནས་འབགས་ན་ཁྲིམས་མེད་ཀྱིས་འབགས་པར་ ཡིན་ཡང་བག་མེད་ཀྱིས་འབགས་པ་མིན་ལ། རང་ཉིད་ཁྲིམས་མེད་ནའང་ད་དུང་ཇི་མི་སྙམ་ པར་ཟ་འོས་འཐུང་འོས་ཡིན་སྙམ་པའི་སྒོ་ནས་ལོངས་སྤྱད་ན་བག་མེད་ཀྱི་སྒོ་ནས་ཡང་ འབགས་པ་ཡིན་ནོ། ། 4-1-392 གློ་བུར་འགོ་ནད་སོགས་ཀྱི་དོན་ནི། རང་ཅག་ལ་གློ༵་བུ༵ར་དུ་ནད་དྲག་པོ་སྤྱི་དང་ནང་ཚན་ འགོ༵་བའི་ན༵ད་ཚད་པ་ལ་སོགས་པས་ལུ༵ས་ལ༵་ཐེ༵བས་པ༵འི་ཚེ༵། གོ་རེ་བཅད་རང་གི་ཚེ་ སྔོ ན་ མ་རྣམས་སུ་ད༵མ་ཚི༵ག་ཉམ༵ས་པ༵འི་བྱ་༵བ༵་བྱས༵་པ༵་ཡི༵་ལ༵ས་ང༵ན་གྱི་མཚོ༵ན་ཆ༵་ར༵ང་ལ༵་འཁོ༵ར་ བ༵་ཡི༵ན། འདི་སྐབས་ཀྱི་དམ་ཚིག་ཉམས་པ་ནི་རང་གི་ཇི་ལྟར་ཁས་བླངས་པ་དེ་ཉིད་དམ་ པར་བསྲུང་དགོས་པ་ཡིན་པ་ལ་དེ་ལྟར་མ་བསྲུང་བ་དང༌། ལྷག་ཏུ་བླ་མ་ལ་དམ་ཚིག་ཉམས་ པའི་ལས་ངན་རང་ལ་འཁོར་བར་བསམ་ནས་གཏོང་ལེན་སྒོམ་དགོས་པ་ཡིན། ད༵་ནི༵་མི༵་དགེ༵་ བའི་ལས་སྤྱི་དང་ཁྱད་པར་དམ་ཚིག་ཉམས་འགྱུར་གྱི་ལ༵ས་རྣམ༵ས་སྤང༵་བ༵ར་བྱ་༵ཞེས་སོ། ། ཤེས་བྱ་ཀུན་ལ་སོགས་ཀྱི་དོན་ནི། སློབ་གཉེར་བྱེད་པ་ན་ཕར་ཚད་མངོན་འདུལ་སོགས་ ཤེ༵ས་བྱའི༵་གནས་ཀུ༵ན་ལ༵་ཐོས་བསམ་བྱས་ཀྱང་ཉན་ན་ཚིག་མི་ཟིན། བསམ་ན་དོན་མི་གོ་ བའི་བློ་གྲོས་ཤིན་ཏུ་རྨོངས་པ་དང༌། སྒོམ་བྱེད་ནའང་དམིགས་རྣམ་སོགས་གཏན་ནས་གསལ་ མི་ཐུབ་པར་ནག་ཐོམ་མེར་གྱུར་པ་ལྟ་བུའི་བློ༵་གྲོ༵ས་ཤིན་ཏུ་རྨོ༵ངས་པ༵འི་ཚེ༵། དེ་ནི་བདེན་ཏེ་ ཁྱོད་རང་གི་སྐྱེ་བ་སྔོན་མ་རྣམས་སུ་ཆོས་མིན་གྱི་ལས་ལ་འཇུག་པ་གཙོར་བྱས་ནས་ཆོས་ཀྱི་ ལས་རྣམ་མ་བྱུང་ཡང་སྐྱོན་མེད་ཅེས་བཞ༵ག་ཏུ༵་འོ༵ས་པ༵་ཆོ༵ས་ལ༵་བྱས༵་པ༵་ཡི༵ས་ལ༵ས་ང༵ན་གྱི་ མཚོ༵ན་ཆ༵་ར༵ང་ལ༵་འཁོ༵ར་བ༵་ཡི༵ན་འདུག་པས་ཚེ་འདིར་གང་ཡང་མི་ཤེས་པ་དེ་སྐྱེ་བ་སྔོ ན་མར་ ཐོས་བསམ་སོགས་མ་བྱས་པས་ལན་པར་འདུག་ད་དུང་ཚེ་འདིར་ཡང་ཐོས་བསམ་མ་བྱས་ ན་སྐྱེ་བ་ཕྱི་མར་འདི་ལས་སྡུག་ཏུ་འགྱུར་བ་ལས་མ་འདས་པས་གང་ཡང་མི་ཤེས་པར་འདུག་ ཅེས་བསྐྱུར་ནས་མི་འཇོག་པ་ད༵་ཕྱིན་ཆད་ནི༵་ཐོ༵ས་པའི་ཤེས་རབ་དང༌། སོ༵གས་ཁོང་ནས་ བསམ་བྱུང་དང༌། སྒོམ་བྱུང་གི་ཤེ༵ས་ར༵བ་རྣམས་བསྒོ༵མ་པ༵ར་བྱ་༵དགོས་སོ་ཞེས་པའི་དོན་ནོ། ། ཆོས་ལ་སྤྱོད་ཚེ་སོགས་ཀྱི་དོན་ནི། ཚོགས་སུ་ཆོ་ག་སོགས་འདོན་པ་བཏོན་པ་སོགས་ཀྱི་ ཚེའམ། གཞན་ཡང་ཁ་འདོན་དགེ་སྦྱོར་བྱེད་པ་དང༌། ཆོ༵ས་ཉན་པ་སོགས་ལ༵་སྤྱོ༵ད་པའི་ཚེ༵་ 4-1-393 གཉི༵ད་ཀྱི༵ས་ནོ༵ན་པར་གྱུར་པ་དེ་འདྲ་བ་བྱུང་བ༵འི་ཚེ༵། དེ་ནི་རང་གིས་སྐྱེ་བ་སྔོ ན་མ་རྣམས་ སུ་དཔེ་ཆ་སོགས་ལའང་དག་སྣང་ཅུང་ཟད་ཀྱང་མི་གཏོང་བར་འགོམས་པ་དང་བརྫིས་པ་ སོགས་ལུང་གི་ཆོས་ལ་བརྟེན་པའི་སྒྲིབ་པ་དང༌། རྟོགས་པའི་ཆོས་ལ་བརྟེན་པའི་སྒྲིབ་པ་ནི་ རྟོགས་པའི་ཡོན་ཏན་རྒྱུད་ལ་ལྡན་པའི་དགེ་བའི་བཤེས་གཉེན་སོགས་དགེ་འདུན་པ་རྣམས་ ལ་དམ་ཉམས་ཞེས་སོགས་སྨད་པར་བྱེད་པ་རྣམས་ཡིན་ལ། དེ་འདྲ་བའི་ད༵མ་པ༵འི་ཆོ༵ས་ལ༵་ བརྟེན་པའི་སྒྲི༵བ་པ༵་བས༵གས་པ༵ས་ལན་པར་འདུག་སྙམ་པའི་སྒོ་ནས་གཏོང་ལེན་དང༌། ད༵་ ཕྱིན་ཆད་ནི༵་ཆོས་ལ་མ་གུས་པ་སོགས་ཅུང་ཟད་ཀྱང་མི་བྱེད་པའི་ཁར་ཆོ༵ས་ཀྱི་ཕྱི༵ར་དུ་དཀ༵འ་ བ༵་དང་དུ་ལེན་པའི་སྒོ་ནས་སྤྱ༵ད་པ༵ར་བྱ་༵དགོས་སོ་ཞེས་པའོ། ། ཉོན་མོངས་ལ་དགའ་སོགས་ཀྱི་དོན་ནི། ཉོ༵ན་མོ༵ངས་ལ༵་དག༵འ་བ་ནི་དཔེར་ན་ནོར་ ཟས་གོས་སོགས་ལེགས་པ་མཐོང་ཚེ་ངེས་པར་རང་ལ་བྱུང་ན་སྙམ་དུ་འདོད་ཆགས་ལ་དགའ་ བ་དང༌། དེ་བཞིན་དུ་ཁོང་ཁྲོ་ལ་དགའ་བ་དང༌། གཏི་མུག་ནི་གཙོ་བོར་མ་རིག་པ་བྱེད་ མོད། འོན་ཀྱང་འཇིག་རྟེན་ན་གཉིད་ལ་གཏི་མུག་ཏུ་གྲགས་པ་ལ་བྱེད་ནའང་དེ་ལ་ཤིན་ཏུ་ དགའ་བས་ཉལ་བ་ལ་བརྩོན་པ་རྣམས་དང༌། རྣམ༵་གཡེ༵ང་ཆེ༵ས་པ་ནི་ཆོས་བྱེད་ལོང་མེད་ པར་ཚོང་ལ་སོགས་པའི་རྣམ་གཡེང་ཁོ་ན་ཟད་པ་ལྟ་བུ་སྟེ། དེ་འདྲ་བ་བྱུང་བ༵འི་ཚེ༵་འདི་ནི་ རང་གིས་སྔར་མི༵་རྟག༵་པ་དང་འཁོ༵ར་བ༵འི་ཉེ༵ས་དམི༵གས་སོགས་མ༵་བསྒོ༵མས་པ༵ས་ལན་པར་ འདུག་སྙམ་དུ་གཏོང་ལེན་དང༌། ད༵་ཕྱིན་ཆད་ནི༵་མི་རྟག་པ་ལ་སོགས་པ་ཡང་ཡང་བསྒོམས་ ནས་འཁོ༵ར་བ༵འ་ིགནས་ལས་ངསེ ་པར་ཡི༵ད་འབྱུང༵ ་བ་ཞགི ་བདྱེ ་དགསོ ་པའ་ིདནོ ་ན་ོཞསེ ་ས།ོ ། ཇི་ལྟར་བྱས་ཀྱང་སོགས་ཀྱི་དོན་ནི། ཐོས་བསམ་སྒོམ་གསུམ་ཇི༵་ལྟར༵་བྱས༵་ཀྱང༵་ཡར་ བསྐྱེད་མེད་པར་སྡུག་ཏུ་འགྲོ་བ་དང༌། འཇིག་རྟེན་ལ་མཚོན་ན་ཚོང་དང་སོ་ནམ་སོགས་གང་ ལྟར་བྱས་ཀྱང་མ༵ར་འགྲོ༵ར་ཤོ༵ར་བ༵འི་ཚེ༵། འདི་ནི་ངེས་པར་སྐྱེ་བ་སྔོ ན་མ་རྣམས་སུ་ལ༵ས་ད༵ང་ 4-1-394 རྒྱུ༵་འབྲ༵ས་ལ་རྩིས་གྲུབ་ཅུང་ཟད་ཀྱང་མ་བཏང་བར་ཁྱད༵་དུ༵་བས༵ད་ནས་གསོད་བརྡུང་དང༌། མ་བྱིན་ལེན་སོགས་མི་དགེ་བའི་ལས་འབའ་ཞིག་བྱས་པ༵འི་ལ༵ས་ང༵ན་གྱི་མཚོ༵ན་ཆ༵་ད་ལྟ་ ར༵ང་ལ༵་འཁོ༵ར་བ༵ར་བསམ་ནས་གཏོང་ལེན་དང༌། ད༵་ཕྱིན་ཆད་ནི༵་ལས་འབྲས་སོགས་ཁྱད་ དུ་མ་བསད་པར་ཆོས་བཞིན་དུ་བྱེད་པ་ལ་དཀའ་བ་ཅི་ཙམ་བྱུང་ཡང་དང་དུ་ལེན་པའི་སྒོ་ནས་ བཟོ༵ད་པའི་ལ༵ས་སོ༵གས་ལ༵་འབ༵ད་པ༵ར་བྱ་༵དགོས་པའི་དོན་ནོ་ཞེས་སོ། ། རིམ་གྲོ་བྱས་ཚད་སོགས་ཀྱི་དོན་ནི། ལུས་ལ་ན་ཚ་སོགས་བྱུང་བའི་ཚེ་རིམ་གྲོ་ཅི་ཙམ་ བྱས་ཀྱང་དྲག་བསྐྱེད་མེད་པར་ཇེ་སྡུག་ཇེ་སྡུག་ཏུ་སོང་ཏེ་རི༵མ་གྲོ༵་བྱས༵་ཚ༵ད་ལོ༵ག་པ༵ར་སོ༵ང་ བར་གྱུར་པ་ལྟ་བུ་བྱུང་བ༵འི་ཚེ༵། བྱས་པའི་རིམ་གྲོ་ལ་ལོག་ལྟ་མི་བྱ་སྟེ། དེ་དག་ལ་ཕན་ཡོན་ ཡོད་མོད་ཀྱང་རང་གི་ལས་ངན་གྱི་དབང་གིས་ཀྱང་སྐབས་ཐོབ་ཁོ་ནར་ཕན་པར་མ་ནུས་པ་ ཡིན་པས་དེའི་ཚེ་འདི་སྙམ་དུ་འདི་ལྟར་བྱུང་བ་ནི་སྐྱེ་སྔོན་རྣམས་སུ་ན༵ག་པོ༵འི་ཕྱོ༵གས་ལ༵་རེ༵་ ལྟོ ༵ས་འཆའ་བ་སྟེ། ཆོས་དང་མི་མཐུན་པའི་གང་ཟག་དང་བྱ་བ་མཐའ་དག་ནག་པོའི་ཕྱོགས་ ཡིན་པས་དེ་འདྲ་ལ་རེ་ལྟོས་བྱས་ནས་ཆོས་ལ་ཅུང་ཟད་ཀྱང་སེམས་པར་མ་བྱས༵་པ༵འི་ལ༵ས་ ང༵ན་གྱི་མཚོ༵ན་ཆ༵་ར༵ང་ལ༵་འཁོ༵ར་བ༵་ཡི༵ན་བསམ་ནས་གཏོང་ལེན་དང༌། ད༵་ནི༵་ན༵ག་པོ༵འི་ ཕྱོ༵གས་ཆོས་མིན་གྱི་བྱ་བ་མཐའ་དག་ལ༵ས་ལྡོ༵ག་པ༵ར་བྱས་ནས་ཆོས་འབའ་ཞིག་བྱ་༵དགོས་ པའི་དོན་ནོ་ཞེས་སོ། ། དཀོན་མཆོག་གསུམ་ལ་གསོལ་བ་སོགས་ཀྱི་དོན་ནི། རང་ཅག་རྣམས་ནོར་དང་གོ་ས་ སོགས་ལེགས་པ་ཞིག་འདོད་ནས་དེའི་ཕྱིར་དུ་དཀོན་མཆོག་ལ་གསོལ་བ་འདེབས་པ་བྱས་ ཀྱང་དོན་མ་འགྲུབ་པ་གསོལ་བ་མ་ཐེབས་པ་ཡིན་ལ། དཀོ༵ན་མཆོ༵ག་གསུ༵མ་ལ༵་དེ་འདྲའི་ གསོ༵ལ་བ༵་མ༵་ཐེ༵བས་པའི་ཚེ༵་ལོག་ལྟ་མི་བྱེད་པར་འདི་ནི་སྔར་རང་གིས་ནང་བ་ས༵ངས་རྒྱ༵ས་ པ༵འི་ཆོས་དང༌། དཀོན་མཆོག་ལ༵་ཡི༵ད་ཆེ༵ས་མ༵་བྱས་པར་ཆོས་ནས་དེ་དང་དེ་འདྲ་མི་བདེན་ 4-1-395 སྙམ་དུ་ཡིད་མ་ཆེས་པ་བྱས༵་པ༵་ཡི༵་ལ༵ས་ང༵ན་གྱི་མཚོ༵ན་ཆ༵་ར༵ང་ལ༵་འཁོ༵ར་བ༵ར་ཤེས་པའི་སྒོ་ ནས། ད༵་ཕྱིན་ཆད་ནི༵་སྐྱིད་སྡུག་ཅི་བྱུང་ཡང་སྐྱབས་གཞན་མི་འཚོལ་བར་སངས་རྒྱས་སྐྱབས་ སྟོན་པ་པོ་དང༌། ཆོས་སྐྱབས་དངོས་དང་དགེ་འདུན་སྐྱབས་སྒྲུབ་པའི་ཟླ་གྲོགས་སུ་ཡིད་ཆེས་ པའི་སྒོ་ནས་དེ༵་ད༵ག་ཁོ༵་ན༵་ལ་བརྟེ༵ན་པ༵ར་བྱ་༵དགོས་ཞེས་པའི་དོན་ནོ། ། ཉམས་སྡིག་གྲིབ་དང་སོགས་ཀྱི་དོན་ནི། དམ་ཚིག་ཉམ༵ས་པའི་སྡི༵ག་པ་དེ་ཉིད་རང་གི་ ལས་ངན་གྱི་དབང་གིས་སྟེང་གདོན་སོགས་ཀྱི་གྲི༵བ་ད༵ང༌། གདོ༵ན་དུ༵་ལ༵ངས་པ་སྟེ་ཕྱི་རོལ་ གདོན་གཟུགས་ཀྱི་རྣམ་པར་ཤར་ནས་གནོད་པ་སྐྱེལ་བ་ད་ལྟ་རྒྱལ་བཙན་སོགས་ཀྱི་གནོད་ པར་གྲགས་པ་དེ་དག་བྱུང་བ༵འི་ཚེ༵། འདི་ནི་སྐྱེ་བ་སྔོ ན་མ་རྣམས་སུ་འཇིག་རྟེན་ལས་འདས་ མ་འདས་ཀྱི་ལྷ་༵ད༵ང༌། འདིའི་སྐབས་ཀྱི་སྔགས་ནི་སྤྱིར་བཏང་གི་སྔ༵གས་ཙམ་ལ༵་མི་བྱེད་དེ། སྔགས་ཀྱི་སྐད་དོད་མནྡྲ་ཞེས་པ་ཡིད་སྐྱོབ་ལ་འཇུག་པས་ན་ཡིད་མི་དགེ་བའི་ཕྱོགས་ལས་ སྐྱོབ་པར་བྱེད་པའི་ཆོས་མཐའ་དག་ལ་གོ་རྒྱུ་ཡིན་པས་སྐྱེས་བུ་ཆུང་ངུའི་ཆོས་སྐོར་ཡན་ཆད་ ཐམས་ཅད་འདིའི་སྐབས་ཀྱི་སྔགས་ལ་འཇོག་པས་དེ་དག་ལ་བརྙས་དམོད་དང་ཁྱད་གསོད་ སོགས་ཀྱིས་སྡི༵ག་པ༵་བས༵གས་པ༵འི༵་རྣམ་སྨིན་ཡིན་པར་བསམ་ནས་གཏོང་ལེན་དང༌། ད༵་ནི༵་ སྔགས་དང་འབྲེ ལ་བར་བྱེད་ན་ཐ་མལ་གྱི་ཞེན་སྣང་དང༌། ཐུན་མོང་བ་ལྟར་ན་ཆོས་དང་མི་ མཐུན་པའི་རྣམ༵་རྟོ༵ག་ངན་པ་ཐ༵མས་ཅ༵ད་གཏན་དུ་གཞོ༵མ་པ༵ར་བྱ་༵དགོས་པའི་དོན་ནོ། ། དབང་མ་ཐོབ་པར་སོགས་ཀྱི་དོན་ནི། བྲན་གཡོག་ལྟ་བུ་རྣམས་ལ་དཔོན་པོ་སོགས་ ཀྱི་བཀས་དབ༵ང་མ༵་ཐོ༵ས་པ༵འམ་དབང་མེད་དུ་མི་འདོད་བཞིན་དུ་ཐག་རིང་པོའི་བྱེ༵ས་སུ༵་ འཁྱམ༵ས་དགོས་སོགས་ཀྱི་སྡུག་བསྔལ་བྱུང་བ༵འི་ཚེ༵་དེ་ནི་སྐྱེ་བ་སྔོན་མར་དབང་ཤིན་ཏུ་ཆེ་ བར་བྱས་ནས་རང་གི་བླ་༵མ༵་ལ༵་སོ༵གས་པ་རང་གན༵ས་སུ༵་བཞུགས་མི་འཇུག་པར་གཞན་དུ་ སྐྲ༵ད་པ༵་སོགས་དང༌། གཞན་ཡང་ཐ་ན་གནམ་གྲང་བའི་ཚེ་གཞན་ཉི་མར་སྡོད་མི་འཇུག་པར་ 4-1-396 བསྐྲད་པ་སོགས་ལྟ་བུས་མཚོན་ནས་གཞན་གནས་ནས་དབྱུང་བའི་ལན་པར་སྣང་བས་ད༵་ ཕྱིན་ཆད་ནི༵། ག༵ང་ཟག་ཅི་འདྲ་ཡིན་ཡ༵ང་ཡུ༵ལ་ན༵ས་དབྱུ༵ང་བར་མི༵་བྱ་༵ཞེས་སོ། ། སད་སེར་ལ་སོགས་ཀྱི་དོན་ནི། ས༵ད་དང་སེ༵ར་བ་དང་སོགས་ཁོང་ནས་རྩ་དང་འབུ་ དང་ཐན་པ་ལ༵་སོ༵གས་པ་མི༵་འདོ༵ད་པ་བྱུ༵ང་ནས་ལོ་ཏོག་སོགས་བསྡུ་མེད་དུ་བཏང་བ༵འི་ཚེ༵། འདི་སྙམ་དུ་དེ་ནི་སྔར་རང་གི་ད༵མ་ཚི༵ག་དང་བླ་མ་ལ་དམ་ཚིག་ཉམས་པ་དང༌། ཁས་བླངས་ པའི་ཚུ༵ལ་ཁྲི༵མས་ཁ་རལ་སྣ་ཟགས་སུ་བཏང་ནས་ཚུ༵ལ་བཞི༵ན་མ༵་བསྲུ༵ང་བ༵འི་དབང་གིས་ ལ༵ས་ང༵ན་གྱི་འབྲས་བུ་རྣམས་རང་གིས་བདག་ཏུ་བཟུང་བའི་ཕྱི་རོལ་གྱི་ཡུལ་གྱི་སྟེང་དུ་སྨིན་ པ་ཡིན་འདུག་སྙམ་དུ་བསམ་ནས་གཏོང་ལེན་དང༌། ད༵་ཕྱིན་ཆད་ནི༵་གཙོ་བོར་བླ་མའི་ད༵མ་ ཚི༵ག་དང༌། ཁས་བླངས་བའི་ཚུལ་ཁྲིམས་ལ༵་སོ༵གས་པ་རྣམས་སྲོ ག་གི་ཕྱིར་དུ་ཡང་མི་གཏོང་ བར་གཙ༵ང་སང་ངེ་བ༵ར་བྱ་༵དགོས་པའི་དོན་ནོ། ། འདོད་པ་ཅན་ལ་སོགས་ཀྱི་དོན་ནི། ནོར་ལོངས་སྤྱོད་སོགས་ཆེ་བར་འདོད་ནས་ཚོང་ ཁེ་སྤོགས་ཀྱི་ལས་ལ་ཤིན་ཏུ་འབད་པའི་འདོ༵ད་པ༵་ཅ༵ན་ལ༵་ཚོང་ཉེས་འབའ་ཞིག་བྱུང་ནས་ མཐར་ཅི་ཡང་མེད་པར་འབྱོ༵ར་བ༵ས་ཕོ༵ངས་པར་གྱུར་པ་ལྟ་བུ་བྱུང་བ༵འི་ཚེ༵། དེ་ནི་སྐྱེ་བ་སྔོ ན་ མ་རྣམས་སུ་སེར་སྣའི་དབང་དུ་གྱུར་ཏེ་ངན་སློ ང་ལ་སྦྱི༵ན་པ་ད༵ང༌། དཀོ༵ན་མཆོ༵ག་ལ་མཆོ༵ད་ པ༵་གཏན་ནས་མི༵་བྱེ༵ད་པ༵ར་ཤི་སྤར་འཐམ་ནས་བསྡད་པའི་ལ༵ས་ང༵ན་གྱི་མཚོ༵ན་ཆ༵་ར༵ང་ ལ༵་འཁོ༵ར་བ༵ར་བསམ་ནས་གཏོང་ལེན་དང༌། ད༵་ཕྱིན་ཆད་ནི༵་དཀོན་མཆོག་ལ་མཆོ༵ད་པ་ དང༌། དགེ་འདུན་ལ་བསྙེན་བཀུར་ངན་སློ ང་ལ་སྦྱི༵ན་གཏོང་སོགས་ཀྱི་ལ༵ས་ལ༵་ཕངས་མེད་དུ་ བརྩོ༵ན་པ༵ར་བྱ་༵དགོས་ཞེས་པའོ། ། སྐྱེ་གཟུགས་ངན་ཏེ་སོགས་ཀྱི་དོན་ནི། གཞན་དོན་བྱེད་པ་ལ་གཟུགས་བཟང་བའང་ངེས་ པར་དགོས་ཏེ། གདུལ་བྱ་གཞན་དག་གིས་མཐོང་བ་ཙམ་གྱིས་དད་པ་དང༌། བླ་མ་སོགས་ 4-1-397 ཀྱིས་ཀྱང་མཉེས་བཞིན་དུ་རྗེས་སུ་འཛིན་པ་སོགས་ཀྱི་ཕྱིར་དུ་དེ་ལྟར་དགོས་པ་ལ་དེ་ལས་ ལྡོ ག་སྟེ་སྐྱེ༵་གཟུ༵གས་ང༵ན་ཏེ༵་སྒུར་བོ། ཞར་བ་མདོག་ངན་པ་སོགས་སུ་གྱུར་པས་རང་གི་ འཁོ༵ར་ཚུན་ཆད་ཀྱི༵ས་ཀྱང་བརྙས༵་པར་གྱུར་པ༵འི་ཚེ༵། དེ་ནི་བདེན་ཏེ་རང་གིས་སྐྱེ་བ་སྔོ ན་མ་ རྣམས་སུ་སྐུ༵་གཟུ༵གས་ང༵ན་ཏེ༵་ཞེས་པ། སངས་རྒྱས་ཀྱི་སྐུ་གཟུགས་བཞེངས་པར་ཡང་མི་ བྱེད་ལ། གལ་ཏེ་བཞེངས་ཀྱང་ལེགས་པར་མ་བཞེངས་པར་སྤྱན་མེད་པ་དང༌། ཞལ་སྐྱོགས་ པ་སོགས་ངན་པར་བཞེངས་པ་དང༌། ཁོང་ཁྲོས་བསྲེ གས་པ་ནི་སངས་རྒྱས་ཀྱི་སྐུ་གཟུགས་ དང་དཔེ་ཆ་སོགས་ཁོ༵ང་ཁྲོ༵ས་ཀུན་ནས་བསླངས་ཏེ་གུས་པར་མི་བྱེད་པ་དང༌། བསྲེ གས་པ་ ཞེས་པ་ནི་ཁོང་ཁྲོས་མེས་བསྲེ གས་པ་དེ་ཉིད་དམ། ཡང་ན་སྐུ་གསུང་ཐུགས་རྟེན་རྣམས་མེ་ལ་ བསྲེ༵གས་པར་བྱས་པ༵་ཡི༵་ལ༵ས་ང༵ན་མཚོ༵ན་ཆ༵་ར༵ང་ལ༵་འཁོ༵ར་བ༵ར་བསམ་ནས་གཏོང་ལེན་ དང༌། ད༵་ནི༵་ལྷའི༵་སྐུ་གཟུགས་དང་གསུང་རབ་ཀྱི་ཆོས་བཞེངས་པ་དང༌། དེ་ཡང་ངན་པ་མ་ ཡིན་པར་རྒྱུ་ཚོགས་དང་བཀོད་པ་སོགས་ཤིན་ཏུ་མཛེས་ཤིང་ལེགས་པར་བཞེ༵ངས་པ་དང༌། སྐ་ྱེབ་ོགཞན་ལ་གཤསི ་ངན་མ་ིབདྱེ ་པར་ང༵ང་རྒྱུད༵ ་ཤནི ་ཏུ་རི༵ང་བ༵ར་བྱེ༵ད་དགསོ ་པའ་ིདནོ ་ན།ོ ། གང་ལྟར་བྱས་ཀྱང་སོགས་ཀྱི་དོན་ནི། ཐབས་ག༵ང་ལྟར༵་བྱས༵་ཀྱང༵་ཉོན་མོངས་པས་ གཞན་དབང་དུ་གྱུར་པས་དབང་གིས་རང་ཕྱོགས་ལ་ཆ༵གས་པ་དང༌། གཞན་ཕྱོགས་ལ་སྡང༵་ བ་སོགས་ཀྱི་བློ་ངན་འགོག་མི་ཐུབ་པར་རང་རྒྱུད་ལ་འཁྲུ༵གས་པ༵འི་ཚེ༵། དེ་ནི་སྔར་ཕན་ཆད་ བདག་གཅེས་འཛིན་གྱིས་རང་རྒྱུ༵ད་ང༵ན་པ་མ༵་རུ༵ངས་པར་བྱས་པ་དེ་ཉིད་ཇི་ལྟར་འདོད་ འདོད་དུ་བཏང་བའམ་རེ༵ངས་སུ༵་བཅུ༵ག་པ༵ས་ལན་པར་སྣང་བས་ད༵་ཕྱིན་ཆད་ནི༷་རང་རྒྱུད་ རེ༵ངས་སུ་འཇུག་པའི་བདག་གཅེས་འཛིན་ཁྱོ༵ད་དྲུ༵ངས་ན༵ས་བྱུ༵ང་བ༵་སྟེ། རྩ་བ་ནས་འདོན་ པར་བྱ་དགོས་སོ་ཞེས་པའི་དོན་ནོ། ། སྒྲུབ་པ་གང་བྱས་སོགས་ཀྱི་དོན་ནི། བསྐྱེད་རྫོགས་ལྟ་བུ་སྒོམ་པའམ་བྱང་ཆུབ་ལམ་རིམ་ 4-1-398 ལྟ་བུའི་སྒྲུ༵བ་པ༵་ཉམས་ལེན་ག༵ང་བྱས༵་ཀྱང་དམི༵གས་སུ༵་མ༵་སོ༵ང་བ་སྟེ་གནད་དུ་ནམ་ཡང་མི་ འགྲོ་བའི་ཚེ༵། འདི་ནི་བདག་གིས་ཚེ་འདི་དང་སྐྱེ་བ་སྔ་མ་རྣམས་སུ་ལྟ་༵བ༵་དམ༵ན་པ༵་ཁོག་ཏུ༵་ ཞུ༵གས་པ༵་སྟེ། སྐབས་འདིའི་ལྟ་བ་ནི་རང་གཅེས་འཛིན་པར་བལྟས་ནས་གཞན་ཡལ་བར་ འདོར་བའི་ལྟ་བ་དམན་པ་བདག་གཅེས་འཛིན་ཁོག་ཏུ་ཞུགས་པའི་ལ༵ས་ང༵ན་གྱི་མཚོ༵ན་ཆ༵་ ར༵ང་ལ༵་འཁོ༵ར་བ༵ར་བསམས་ནས། ད༵་ནི༵་དགེ་བའི་ལས་ཅི༵་བྱེ༵ད་ཀྱང་རང་འདོད་ཀྱི་འཁྲི་ བས་གཏན་ནས་མ་བསླད་པར་གཞ༵ན་དོ༵ན་འབ༵འ་ཞི༵ག་གི་ཕྱིར་དུ་བྱེ༵ད་དགོས་པའི་དོན་ནོ། ། དགེ་སྦྱོར་བྱས་ཀྱང་སོགས་ཀྱི་དོན་ནི། རང་རྒྱུད་དགེ་བ་ལ་འབྱོར་བྱེད་ཀྱི་ཐབས་དགེ༵་ སྦྱོར་མང་དུ་བྱས༵་ཀྱང༵་ར༵ང་རྒྱུ༵ད་གཏན་ནས་མ༵་ཐུ༵ལ་བར་འཇིག་རྟེན་པ་དང་ཁྱད་པར་མེད་ པ་ལྟ་བུ་བྱུང་བའི་ཚེ༵། འདི་ནི་རང་གི་ཚེ་འདི་དང་སྔོ ན་མ་རྣམས་སུ་དགེ་སྦྱོར་ཅི་འདྲ་ཞིག་བྱས་ ཀྱང་ཚེ༵་འདི༵ར་བདེ་བ་དང་སྐྱིད་པ་གཏམ་སྙན་གྲགས་དང་གོ་ས་བྱུང་ན་སྙམ་དུ་ཚེ་འདིའི་ཆེ༵་ ཐ༵བས་ཁོ་ན་ད༵ང་དུ༵་བླང༵ས་པ༵འམ། ཞེ་ཕུགས་སུ་བཅུག་པའི་དབང་གིས་བློ་ལ་ཡར་སྐྱེད་ཅུང་ ཟད་ཀྱང་ཐོན་རྒྱུ་མེད་པ་འདི་བྱུང་འདུག་སྙམ་པའི་སྒོ་ནས་གཏོང་ལེན་དང༌། ད༵་ནི༵་ཚེ་འདིའི་ ཆེ་ཐབས་ཀྱི་དབང་དུ་ཅུང་ཟད་ཀྱང་མི་གཏོང་བར་དགེ་བ་ཅི་བྱེད་ཐམས་ཅད་ཉོན་མོངས་ པ་དང་ཤེས་བྱའི་སྒྲིབ་པའི་གནས་ངན་ལེན་གྱི་འཆིང་བ་ལས་ཐར་བའི་ཐ༵ར་པ༵་མཆོག་མི་ གནས་པའི་མྱང་འདས་ཁོ་ན་ཐོབ་པ་དོན་གཉེར་གྱི་འདོ༵ད་པ་ལ༵་བློ་རྩེ་གཅིག་ཏུ་སྒྲི༵ལ་བ༵ར་བྱ་ ༵དགོས་པའི་དོན་ནོ། ། འདུག་མ་ཐག་ལ་སོགས་ཀྱི་དོན་ནི། མཚམས་སོགས་ལ་བསྡད་ནས་སྒོམ་སྒྲུབ་སོགས་ ལ་འདུ༵ག་མ༵་ཐ༵ག་ལ༵་སྟེ་རིང་དུ་མ་ལོན་པར་རང་རྒྱུད་ལ་བརྟག༵ས་ཤི༵ང་དཔྱད་པ་ན་གནད་ དུ་གཅིག་ཀྱང་མ་སོང་བར་མཐོང་ནས་ད་རེས་དམ་བཅའ་དེ་མ་བྱས་ནས་ལེགས་པར་འདུག་ སྟེ་སྙམ་པ་ལྟ་བུས་འགྱོ༵ད་པར་གྱུར་པ༵འི་ཚེ༵། དེ་ནི་སྐྱེ་བ་སྔོ ན་མ་རྣམས་སུ་ཁྲེ༵ལ་མེ༵ད་གས༵ར་ 4-1-399 འགྲོ༵གས་བྱས་པ་སྟེ། བླ་མ་ལྟ་བུར་མཚོན་ན་ཐོག་མར་གསར་འགྲོགས་བྱས་ཏེ་ཆོས་སོགས་ ཞུས་ཤིང༌། རིང་པོར་མ་ལོན་པར་ཁྲེལ་མེད་བྱས་ཏེ་ཁ་གཏོང་བ་སོགས་དང༌། མཐོ༵་ཁ༵་ འགྲི༵མ་པ༵་ཞེས་པ་ནི། སྐྱེས་བུ་ཆུང་འབྲི ང་སོགས་ཐུན་མོང་བའི་ལམ་ལ་བློ་མ་སྦྱངས་བར་དང་ པོ་ཉིད་ནས་སྟོང་སྟོང་པོ་མེད་མེད་པོ་སོགས་མཐོན་ཆོས་ལ་དགའ་བར་བྱེད་པ་སྟེ། ཡང་ན་ དཔེ་འགའ་ནས་ངོ་འགའ་འགྲིམ་པ་ཞེས་ཀྱང་འབྱུང་བས་དེའི་དབང་དུ་བྱས་ན་ཉམས་ལེན་ སོགས་རང་གི་བློ་ཚོད་དང་བསྟུན་ནས་གནད་དུ་ཁེལ་བ་མི་བྱེད་པར་གཞན་གྱི་ངོ་ལ་དགའ་ བར་བྱས་ནས་དཔེར་ན་སྟོང་ཉིད་སྟོན་མཁན་ཞིག་བྱུང་ན་དེ་ལ་དགའ་བར་བྱེད་པ་དང༌། ཡང་ བྱང་ཆུབ་ཀྱི་སེམས་ལྟ་བུ་སྟོན་མཁན་བྱུང་ན་སྔ་མ་དེ་བསྐྱུར་ནས་དེ་ལ་དགའ་བར་བྱེད་པ་ ལྟ་བུ་ཡིན། དེ་ལྟ་བུའི་མཐོ་ཁའམ་ངོ་དགའ་འགྲིམས་པ་སོགས་ཀྱི་ལ༵ས་ང༵ན་མཚོ༵ན་ཆ༵་ར༵ང་ ལ༵་འཁོ༵ར་བ༵ར་བསམ་ནས་གཏོང་ལེན་དང༌། ད༵་ནི༵་བླ་མ་སོགས་སྐྱེ་བོ་ཡོ༵ངས་ལ༵་གསར་ འགྲོགས་དང་ངོ་དགའ་སོགས་ཀྱི་དབང་དུ་མ་སོང་བར་འགྲོ༵གས་ལུ༵གས་གཟ༵བ་པ༵ར་བྱེ༵ད་ དགོས་པའི་དོན་ནོ། །དེ་ཡང་རང་ཉིད་སྐྱེས་བུ་ཆུང་ངུའི་ཉམས་ལེན་ལྟ་བུ་བྱེད་པའི་ སྐབས་བླ་མས་སྟོང་ཉིད་ལྟ་བུ་སྒོམ་ཤིག་གསུངས་ན་རང་གི་ཉམས་ལེན་གྱི་གཙོ་བོ་བློ་ཚོད་ དང་བསྟུན་པའི་སྐབས་སུ་གང་བབས་པ་དེ་ཉིད་ལ་བྱས་ནས་བླ་མའི་དགོངས་པ་དང་མི་ འགལ་ཞིང་བཀའ་སྒྲུབ་ཕྱིར་གང་སྒོམ་ཤིག་གསུངས་པ་དེ་ཉིད་ཉམས་ལེན་ཀྱང་ཅུང་ཟད་རེ་ བྱེད་པ་ལྟ་བུའི་སྒོ་ནས་ཐུགས་དང་མི་འགལ་བར་བྱ་དགོས་སོ། ། གཞན་གྱི་མུག་སྐྱོས་སོགས་ཀྱི་དོན་ནི། སྐབས་འདིར་ནི་སྔར་དང་མི་འདྲ་བར་མུག་སྐྱོ་ ཞེས་པས་གཡོ་རྒྱུ་གཉིས་ཅར་བསྡུས་ནས་བསྟན་པ་ཡིན་ལ། དེ་ལ་གཞ༵ན་གྱི༵་མུ༵ག་སྐྱོ༵འམ་ གཡོ་རྒྱུས་ར༵ང་ཉི༵ད་བསླུ༵་བར་བྱེད་པ༵འི་ཚེ༵་འདི་སྙམ་དུ་དེ་ནི་ར༵ང་གི༵་སྐྱེ་བ་སྔོན་མ་རྣམས་སུ་ ང་རྒྱལ་དང་གཞན་གྱི་ནོར་ལ་ཆོག་ཤེས་མེད་པར་ལེན་གང་ཐུབ་བྱེད་པ་རྣམས་ལ་འཇིག་རྟེན་ 4-1-400 ན་ལྟོགས་འདོད་ཅན་དུ་གྲགས་པ་ལྟར་དེ་འདྲ་བའི་ང༵་རྒྱ༵ལ་དང་ལྟོ༵གས་འདོ༵ད་ཆེ༵་བར་བྱས་ པ་ཡི༵་ལ༵ས་ང༵ན་གྱི་མཚོ༵ན་ཆ༵་ར༵ང་ལ༵་འཁོ༵ར་བ༵་ཡི༵ན་སྙམ་ནས་གཏོང་ལེན་དང༌། ད༵་ནི༵་ འཁོར་བའི་ཕུན་ཚོགས་ག༵ང་ལ༵་ཡ༵ང་འདོ༵ད་པ༵་ཆུ༵ང་ཞིང་ཆོག་ཤེས་པ༵ར་བྱེ༵ད་དགོས་པའི་ དོན་ནོ། ། ཉན་བཤད་ཆགས་སྡང་སོགས་ཀྱི་དོན་ནི། ཆོས་འཆད་ཉན་ལྟ་བུ་ལ་མཚོན་ན་ཁོས་ཀྱང་ ཆོས་ཉན་ཀྱིན་འདུག་པས་ངས་ཀྱང་ཆོས་ཉན་སྙམ་པ་ལྟ་བུའི་ཆགས་སྡང་འགྲན་སེམས་ཀྱིས་ ཀུན་ནས་བསླངས་ཏེ་ཉན་པ་དང༌། འཆད་པའི་ཚེ་ནའང་དེ་བཞིན་དུ་བྱེད་པ་སོགས་ཉན༵་ བཤ༵ད་ཆ༵གས་སྡང༵་གི་གཉེན་པོར་མ་སོང་བར་གྲོ༵གས་སུ༵་སོ༵ང་བ༵འི་ཚེ༵། འདི་ནི་སྐྱེ་བ་ འདི་དང་སྔོན་མ་རྣམས་སུ་རང་གཞན་ཕོངས་སུ་འཇུག་པའི་བདུ༵ད་བདག་གཅེས་འཛིན་ལ་ སོགས་པ༵འི་སྐྱོ༵ན་རྣམ༵ས་སྙི༵ང་ལ༵འམ་སེམས་ལ་ལེགས་པར་མ༵་བས༵མ་པ༵ར་དེ་ཁོ་ནའི་དབང་ དུ་བཏང་བའི་ལ༵ས་ང༵ན་གྱི་མཚོ༵ན་ཆ༵་ར༵ང་ལ༵་འཁོ༵ར་བ༵ར་བསམ་ནས་གཏོང་ལེན་དང། ད༵་ ཕྱིན་ཆད་ནི༵་འག༵ལ་རྐྱེ༵ན་གྱི་གཙོ་བོ་བདག་གཅེས་འཛིན་ལ་སོགས་པའི་སྐྱོན་རྣམས་ལེགས་ པར་བརྟག༵ས་པའི་སྒོ་ན༵ས་སྤང༵་བ༵ར་བྱ་༵དགོས་པའི་དོན་ནོ་ཞེས་སོ། ། བཟང་བྱས་ཐམས་ཅད་སོགས་ཀྱི་དོན་ནི། རང་ཉིད་ཀྱིས་གཞན་ལ་ཕན་སེམས་ཀྱི་སྒོ་ ནས་བཟ༵ང་པོ་ཅི་ཙམ་བྱས༵་ཀྱང་དེ་ཐ༵མས་ཅ༵ད་ང༵ན་དུ༵་ལོ༵ག་པ་སྟེ། དཔེར་ན་བླ་མ་དང་ཀློག་ སློབ་པའི་དགེ་རྒན་དང་དགེ་སྐོས་སོགས་ཀྱིས་ཀྱང་གཞན་ཤ་ཚའི་སྒོ་ནས་བསླབ་བྱ་དང་ ཚོགས་གཏམ་གཏོང་བ་སོགས་བྱས་པ་ན་གཞན་དག་གིས་ཁོས་ང་ལ་འདི་དང་འདི་ལྟ་བུ་ཟེར་ ཞེས་འཁོན་དུ་འཛིན་པ་དང༌། ཁ་གཏོང་བ་སོགས་བྱུང་བ་རྣམས་ཀྱང་བཟང་བྱས་ངན་དུ་ ལོག་པ་ཡིན་པས་དེ་འདྲ་བྱུང་བའི༵་ཚེ༵། འདི་ནི་རང་གིས་སྔར་ཕ་མ་ལ་སོགས་པ་ཙམ་མ་ཡིན་ པར་རང་ལ་ཤ་ཚའི་སྒོ་ནས་ཕན་འདོད་པར་བྱེད་པའི་མི་ཐམས་ཅད་དང༌། དེར་མ་ཟད་སེམས་ 4-1-401 ཅན་ཐམས་ཅད་ཀྱང་རང་གི་མ་བྱས་པའི་དྲིན་ཅན་ཤ་སྟག་ཡིན་པ་ལ་དེ་ཐམས་ཅད་ལ་རང་ གཅེས་པར་འཛིན་བསམ་པས་ཀུན་ནས་བསླངས་ཏེ་གནོད་པ་སྐྱེལ་བ་སོགས་དྲི༵ན་ལ༵ན་ ཐ༵མས་ཅ༵ད་ལོ༵ག་པ༵ར་འཇ༵ལ་བ༵འི༵་ལ༵ས་ང༵ན་གྱི་མཚོ༵ན་ཆ༵་ར༵ང་ལ༵་འཁོ༵ར་བ༵ར་བསམས་ ནས་གཏོང་ལེན་དང༌། ད༵་ཕྱིན་ཆད་ནི༵་རང་ལ་ཕན་སེམས་ཀྱི་སྒོ་ནས་ཆོས་དང་མཐུན་པར་ ཕན་འདོགས་པའི་དྲི༵ན་ཅ༵ན་དེ་དག་གིས་འཇམ་རྩུབ་ཅི་འདྲ་བ་ཞིག་མཛད་ནའང་མ་གུས་པ་ དང་ལོག་པར་ལྟ་བ་སོགས་མི་བྱེད་པར་གུས་པས་སྤྱི་༵བོ༵ར་ཁུར་བའམ། ཡང་ན་དྲིན་ཅན་དེས་ བཀའ་ཇི་ལྟ་བུ་ཞིག་བསྩལ་ནའང་དེ་ལས་འདའ་བ་མེད་པར་རྒྱལ་པོ་ཆེན་པོའི་བཀའ་བཞིན་ སྤྱི་བོས་ནོ༵ད་པ༵ར་བྱ་༵བ་སྟེ། དེ་ལྟར་བྱ་དགོས་པའི་དོན་ནོ། ། འདོད་དང་མི་འདོད་སོགས་ཀྱི་དོན་ནི། དེ་ལ་མདོར་བསྡུ་ན་ཚེ་འདིར་འདོ༵ད་པ་མི་འབྱུང་ བ་ད༵ང་མི༵་འདོ༵ད་པ་བྱུང་བ་སོགས་ཀྱི་སྡུག་བསྔལ་ཐོ༵ག་ཏུ༵་བ༵བས་པ༵་རྣམ༵ས་ནི་མག༵ར་བ༵་ དག་ར༵ང་གི༵ས་ལེགས་པར་བཟོས་པའི་ར༵ལ་གྲི༵ས་རང་ཉིད་བས༵ད་པ༵་བཞི༵ན་དུ་རང་གི་སྐྱེ་བ་ སྔོན་མ་རྣམས་སུ་བྱས་ཤིང་བསགས་པའི་ལ༵ས་ང༵ན་གྱི་མཚོ༵ན་ཆ༵་ར༵ང་ལ༵་འཁོ༵ར་བ༵་ཤ་སྟག་ ཡི༵ན་པས་ལས་གཞན་གྱིས་བྱས་པའི་ལས་ངན་གྱི་འབྲས་བུ་རང་ལ་སྨིན་པ་ནི་ནམ་དུ་ཡང་མི་ སྲི ད་པས་ན་དེ་སྲི ད་པའི་ལས་ངན་གྱི་འབྲས་བུར་བསམ་པའི་སྒོ་ནས་གཏོང་ལེན་དང༌། ད༵་ ནི༵་སྡི༵ག་པ༵་མི་དགེ་བའི་ལ༵ས་ལ༵་ནམ་དུའང་མི་འཇུག་པར་རྣམ་པ་ཀུན་ཏུ་བ༵ག་ཡོ༵ད་པར་བྱ་ ༵དགོས་ཞེས་པའི་དོན་ནོ། ། ངན་སོང་རྣམས་སུ་སོགས་ཀྱི་དོན་ནི། སྐྱེ་བ་སྔ་ཕྱི་རྣམས་སུ་ང༵ན་སོ༵ང་གི་གནས་ཡུལ་ རྣམ༵ས་སུ༵་ལས་ངན་གྱི་དབང་གིས་དུ༵ཿཁ༵་སྟེ་སྡུག་བསྔལ་སྣ་ཚོགས་མྱོ༵ང་བར་གྱུར་པ༵་རྣམ༵ས་ མདའ༵ ་མཁ༵ན་ར༵ང་གི༵ས་མདའ༵ ་ཡི༵ས་བས༵ད་པ༵་ལྟར༵་ཏ།ེ སྔར་མདའ་མཁན་ཞགི ་གསི ་གཞན་ལ་ གནོད་པའི་ཕྱིར་དུ་མདའ་ཤིན་ཏུ་རྣོ་བ་དུག་བྱུག་པ་ཕོག་ཚད་འཆི་བར་འགྱུར་བ་ཞིག་བཟོས་ 4-1-402 པ་ལས་རྗེས་སོར་ཁོ་རྒྱལ་པོའི་གཡུལ་དུ་སོང་བའི་ཚེ་སྔར་ཁོ་རང་གིས་བཟོས་པའི་མདའ་དེ་ ཕོག་ནས་འཆི་བའི་ལོ་རྒྱུས་ཡོད་པ་ལྟར་རང་གིས་སྡིག་ལས་མང་དུ་བསགས་པའི་ལ༵ས་ང༵ན་ གྱི་མཚོ༵ན་ཆ༵་ར༵ང་ལ༵་འཁོ༵ར་བ༵ར་བསམས་ནས། ད༵་ནི༵་ངན་སོང་དུ་སྐྱེ་འགྱུར་གྱི་སྡི༵ག་པ༵འི་ ལ༵ས་རྣམས་ལ༵་མི་འཇུག་པར་བ༵ག་དང་ལྡན༵་པའི་སྒོ་ནས་སྤང་བར་བྱ་༵དགོས་པའི་དོན་ནོ། ། ཁྱིམ་གྱི་སྡུག་བསྔལ་སོགས་ཀྱི་དོན་ནི། དགྲ་དང་འཕྲད་པ་དང་གཞིས་བུད་མེད་མ་ འཁྱོངས་པ་ལ་སོགས་པའི་ཁྱི༵མ་གྱི༵་སྡུ༵ག་བསྔ༵ལ་ཐོ༵ག་ཏུ༵་བབ༵ས་པ༵འི་ཚེ། དཔེར་ན། དྲིན་ གྱིས་ཡ༵ང་ཡང་བསྐྱ༵ངས་པ༵འི་བུ༵་ཚ༵་འགའ་ཞིག་ཉོན་མོངས་པའི་གཞན་དབང་དུ་གྱུར་པས་ འདོད་མི་འདོད་ཀྱི་གཏམ་ཅུང་ཟད་ཙམ་ཞིག་གིས་ཁོང་ཁྲོ་འབར་ཏེ་ཕ༵་མ༵་སོགས་ཀྱི་དྲིན་བྱིན་ པ་བརྗེད་ནས་གནོད་པར་བྱེད་པ་དང༌། སྡུག་ཤོས་ཀྱིས་སྲོ ག་དང་བྲལ་ཏེ་བས༵ད་པར་བྱེད་པ་ དག་ཀྱང་འབྱུང་བ༵་ལྟར༵། རང་གི་སྐྱེ་བ་སྔོན་མ་རྣམས་སུ་བདག་གཅེས་འཛིན་གྱི་དབང་གིས་ གཞན་དག་ལ་དྲིན་ལན་ལོག་པར་གཞལ་བའི་ལ༵ས་ང༵ན་གྱི་མཚོ༵ན་ཆ༵་ར༵ང་ལ༵་འཁོ༵ར་བ༵ར་ བས༵མས་ནས་གཏོང་ལེན་དང༌། ད༵་ནི༵་རྟག༵་པ༵ར་ཁྱིམ་གྱི་གནས་ལས་ར༵བ་ཏུ༵་བྱུ༵ང་སྟེ་ངེས་ པ༵ར་འབྱུང་ནས་ཆོས་རྣམ་དག་ཞིག་བྱེད་པར་རི༵གས་སོ་ཞེས་པའི་དོན་ནོ། ། དེ་ལྟར་ལགས་པས་སོགས་ཀྱི་དོན་ནི། སྔར་གོང་དུ་བདག་གཅེས་འཛིན་གྱི་སྐྱོན་མང་དུ་ བརྗོད་པ་དེ་ཐམས་ཅད་སྒྲོ་འདོགས་དང་སྐུར་འདེབས་སོགས་མིན་པར་དེ༵་ལྟར༵་ཡིན་ངེས་སུ་ མཐོང་བ་ལ༵གས་པ༵ས་དགྲ་༵བོ༵་བདག་གཅེས་འཛིན་འདི་ཉིད་ད་བར་དགྲ་ཡིན་པར་ངོས་མ་ ཟིན་པ་ལ། ད་རེས་ཆོས་དང་བླ་མའི་ཐུགས་རྗེས་དགྲ་བོ་ལ་དགྲ་བོ་ཡིན་པར་བད༵ག་གི༵ས་ ངོས་ཟི༵ན་བྱུང༌། རྐུན་མ་རྣམས་ཀྱིས་འཇ༵བས་ན༵ས་ནོར་རྐུ་བར་བྱེད་པ་བཞིན་འདིས་ཀྱང་མི་ མངོན་པར་འཇབས་པའི་སྒོ་ནས་བདག་བསླུ༵ས་ཏེ་དགེ་ནོར་རྐུ་བ༵འི་ཆོ༵མ་རྐུ༵ན་སྡུག་ཤོས་ ཡིན་པའང་བད༵ག་གི༵ས་ངོ་ཟི༵ན་བྱུང༌། ཤིན་ཏུ་ངོ་ཟིན་དཀའ་བ་རང་ཡིན་པ་ལྟར་བྱས་ནས་ 4-1-403 གཅེས་པར་བཟུང་བའི་སྒོ་ནས་ཕན་འདོགས་པ་ཡིན་ཁུལ་གྱིས་བསླུ་བར་བྱེད་ཀྱང༌། དེ་ལྟར་ མ་ཤེས་པར་ངེས་པར་ཕན་འདོགས་མཁན་ཞིག་ཡིན་པར་འཁྲུལ་ནས་དེའི་དབང་དུ་སོང་ལ། ད་རེས་ར༵ང་དུ༵་བརྫུ༵ས་ན༵ས་བསླུ༵་བ༵ར་བྱེད་པ་པོ་ཡིན་པར་བད༵ག་གི༵ས་ངོས་ཟི༵ན་བྱུང༌། ཆོས་ དང་བླ་མ་ལ་ངོ་མཚར་ཆེ་བར་མཐོང་ནས་ཨེ༵་མ༵་སྔར་ཕན་ཆད་འདི་ཉིད་དགྲ་བོ་ཡིན་པར་ ཕལ་ཆེར་ཀྱིས་གཏན་ནས་མ་ཤེས་ལ། འགའ་ཞིག་གིས་ཤེས་ཀྱང་ཐེ་ཚོམ་མ་ཆོད་པས་ན་ད་ ནི་དགྲའི་གཙོ་བོ་བད༵ག་གཅེས་འཛི༵ན་འདི༵་ཉིད་ཡི༵ན་པར་ཐག་ཆོད་པས་ན་ཡིན་མིན་གྱི་ཐེ༵་ ཚོ༵མ་གཅོད་པའམ་ཆོ༵ད་པས། ད༵་ནི༵་ལ༵ས་ངན་གྱི༵་མཚོ༵ན་ཆ༵་རྣམས་ཀླད༵་ལ༵་བསྐོ ༵ར་ཏེ་བདག་ གཅེས་འཛིན་གྱི་དགྲ་བོ་གཏན་མེད་དུ་གཞོམ་པར་མཛོད་ཅིག་ཅེས་བླ་མ་དྷརྨ ་རཀྵི་ཏས་རང་ གི་ཡི་དམ་ཁྲོ་བོ་ཆེན་པོ་གཤིན་རྗེའི་གཤེད་ལ་བསྐུལ་མ་མཛད་པ་ཡིན་ཏེ། རིམ་བཞིན། ཁྲོས་པའི་ཚུལ་གྱིས་སོགས་ཀྱི་དོན་ནི། ཁྲོ་བྱ་མཐར་ཐུག་པ་དེ་ལ་ཁྲོ༵ས་པ༵འི་ཚུ༵ལ་གྱི༵ས་ སྒོ་ནས་ཕྱག་མཚན་གྱི་མཚོན་ཆ་རྣམས་ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ གཉིས་དང༌། དེ་གཉིས་ཟུང་དུ་འཇུག་པ་དང་གསུམ་གྱིས་དགྲ་བོ་དེ་བརླག་པར་བྱེད་པ་ མཚོན་ཕྱིར་ལ༷ན་གསུ༵མ་ཀླད༵་ལ༵་བསྐོ ༵ར་བ་དང༌། བདེ༵ན་གཉི༵ས་སམ་ཀུན་རྫོབ་བྱང་ཆུབ་ཀྱི་ སེམས་མཚོན་པས་ཞ༵བས་གཡས་བསྐུམ་པ་དང༌། དོན་དམ་པ་བྱང་ཆུབ་ཀྱི་སེམས་མཚོན་ པས་ཞབས་གཡོན་བརྐྱངས་པ་དང་བཅས་ཏེ་བསྒྲ༵ད་པ་དང༌། དེ་བཞིན་དུ་ཐ༵བས་ཀུན་རྫོབ་ བྱང་ཆུབ་ཀྱི་སེམས་དང་ཤེ༵ས་རབ་དོན་དམ་བྱང་ཆུབ་ཀྱི་སེམས་གཉིས་ཆ་སྙོམས་མཉམ་དུ་ དགོས་པ་མཚོན་ཕྱིར་སྤྱ༵ན་གཉི༵ས་མཉམ་པར་གད༵ངས་ཞིང༌། སྟོ༵བས་བཞི༵་མཚོན་པའི་མཆེ༵་ བ༵་བཞི་གཙི༵གས་པའི་སྒོ་ནས་མཚོན་ཆ་ལ༵་སོགས་པ་རྣམས་བདག་གཅེས་འཛིན་གྱི་དགྲ་༵འདི་ ཉིད་ལ༵་བསྣུ༵ན་ཞིག །དགྲ་༵བོ༵་གཟི༵ར་བ༵འི་རི༵ག་སྔ༵གས་རྒྱ༵ལ་པོ༵་ཡ༵ང་ཞེས་པ་ནི། རང་ཡལ་ བར་དོར་ནས་གཞན་གཅེས་པར་འཛིན་པའི་བདག་གཅེས་འཛིན་གྱི་དགྲ་བོ་གཞོམ་པར་བྱེད་ 4-1-404 པའི་རིག་སྔགས་ཀྱི་རྒྱལ་པོ་ཡིན་པའི་དོན་ནོ། ། འཁོར་བའི་ནགས་སུ་སོགས་ཀྱི་དོན་ནི། དགྲ་བོ་དེས་ནི་འཁོ༵ར་བ༵་སྡུག་བསྔལ་གྱི་ ན༵གས་ཚང་ཚིང་འཁྲིགས་པའི་གནས་སུ༵་རང་ཅག་རྣམས་ར༵ང་དབ༵ང་ཅུང་ཟད་ཀྱང་མ༵་མཆི༵ས་ པ༵ར་དཔོན་པོ་ཆེན་པོའི་བཀའ་སྒྲུབ་པ་བཞིན་དུ་ཁོས་གང་ཟེར་ལ་ཉན་ནས་རྒྱུག་ཅིང་དེ་ཚེ་ ཡང་གཅེས་འཛིན་གྱིས་བསྐྱེད་པའི་ལ༵ས་ངན་གྱི༵་མཚོ༵ན་ཆ༵་ཐོ༵གས་ན༵ས་སྲིད་རྩེ་ནས་མནར་ མེད་ཀྱི་བར་དུ་རྒྱུ༵ག་ཏུ་འཇུག་པར་བྱེད་པ༵་ཡི༵་ཉན་རང་སོགས་ཀྱིས་སྤངས་པའི་བདག་ཏུ་ འཛིན་པའི་བདག་འཛིན་དང༌། ལྷག་ཏུ་བད༵ག་གཅེས་པར་འཛི༵ན་པའི་འགོ༵ང་བོ༵་ཞེ༵ས་པ༵འི་ གདུ༵ག་རྩུ༵བ་ཅ༵ན་འདི་གཉིས་ནི་ར༵ང་གཞ༵ན་ཕུང་བྱེད་ཀྱི་རྩ་བ་ཡིན་ཏེ། རང་ཉིད་ཕུ༵ང་དུ༵་ འཇུ༵ག་པ༵་མ་ཟད། ཁོའི་དབང་གིས་གཞན་དོན་བྱེད་པ་ཡང་དཀོན་ལ་འགའ་ཞིག་བྱེད་ཁུལ་ བགྱིས་ཀྱང་ཞར་དང་ཞོར་ལ་རང་ཉིད་ལེགས་པ་ཞིག་བྱུང་ན་སྙམ་པ་ཁོ་ནས་གཞན་དོན་ཇི་ བཞིན་པ་གཏན་ནས་མི་འགྲུབ་པས་ན་གཞན་ཕུང་དུ་འཇུག་པའང་ཡིན་པས་དེ་འདྲ་བའི་ ད༵མ་ཉམ༵ས་ཀྱི་དགྲ་བོ་དེ་ཉིད་ཡན་པོར་མ་གཏོང་བར་འགུ༵གས་པར་མཛོད་ཅིག ། ཁུག་ཅིག་ཁུག་ཅིག་སོགས་ཀྱི་དོན་ནི། ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ གཉིས་ཀྱིས་བསྒྲལ་བར་བྱ་ཕྱིར་ཁུ༵ག་ཅི༵ག་ཁུ༵ག་ཅི༵ག་ཁྲོ༵་བོ༵་གཤི༵ན་རྗེ༵་གཤེ༵ད། དེ་བཞིན་དུ་ རྒྱོ༵བ་ཅི༵ག་ལ༵ན་གཉི༵ས་སྨོས་པ་རྒྱུ་མཚན་གོང་དང་མཚུངས་ཤིང་དགྲ་༵བད༵ག་ཅེས་པ་འདིའི་ སྐབས་ཀྱི་དགྲ་བོ་ནི་བདག་གཅེས་འཛིན་དང༌། བདག་ཅེས་པ་བདག་འཛིན་ལ་བྱ་སྟེ༑ དེ་ གཉིས་རང་གཞན་ཕུང་བྱེད་ཀྱི་རྩ་བ་ཡིན་པས་དེ་གཉིས་ཀྱི་སྙི༵ང་ལ༵་སྣུ༵ན་ཤིག་དང༌། གོང་དུ་ བཤད་པ་ལྟར་རང་གཞན་ཕུ༵ང་བར་བྱེ༵ད་པའི་བདག་གཅེས་འཛིན་གྱི་རྟོ༵ག་པ༵་ངན་པ་དེའི་ མགོ༵་ལ༵་ཆེ༵མས་སེ༵་ཆེ༵མ་ཞེས་བྲོ་བརྡུང་བ་སྟེ་ཆེམ་གཉིས་སྨོས་པའི་རྒྱུ་མཚན་གོང་དང་འདྲ། དགྲ་༵བད༵ག་ནི་བདག་ཏུ་འཛིན་པའི་དགྲ་བོ་དང༌། གཤེ༵ད་མ༵་ནི་དགྲ་བོས་བཏང་བའི་གཤེད་ 4-1-405 ལག་ཏུ་རལ་གྲི་ཐོགས་པ་དང་མཚུངས་པའི་བདག་གཅེས་འཛིན་ལ་བྱས་ནས་དེ་གཉིས་ཀྱི་ སྙི༵ང་ལ༵་མཱ༵་ར༵་ཡ༵་སྟེ་དེ་གཉིས་ཀྱིས་འཛིན་ཚུལ་ཐུན་མོང་མ་ཡིན་པ་སྙིང་དང་འདྲ་བ་དེ་ལ་ གནད་དུ་ཕོག་པའི་སྒོ་ནས་གསོད་པར་བྱེད་པའོ། ། ཧཱུྃ་ཧཱུྃ་ཡི་དམ་སོགས་ཀྱི་དོན་ནི། ཧཱུ༵ྃ་གཉི༵ས་ཀྱི་མཚོན་ཚུལ་ནི་གོང་དང་འདྲ་ལ་ཡི༵་ད༵མ་ ཆེ༵ན་པོ༵་གཤིན་རྗེའི་གཤེད་ཀྱི་རྫུ༵་འཕྲུ༵ལ་མཐའ་ཀླས་པ་བསྐྱེ༵ད་པའི་སྒོ་ནས། ཛ༵ཿནི་འགུགས་ པའི་དོན་ཏེ། དེ་ཡང་ལན་གཉི༵ས་སྨོས་པ་གོང་དང་འདྲ་བ་དགྲ་༵བོ༵་འདི༵་ནི༵་བཀུག་ནས་ཡན་ པོར་མ་གཏོང་བར་ད༵མ་ལ༵་ཐོ༵གས་ཤིག །ཕ༵ཊ་ཕ༵ཊ་ནི་ཁོས་ཁོས་ཞེས་པ་སྟེ་ལན་གཉིས་སྨོས་ པ་གོང་དང་འདྲ་ཞིང་འཆི༵་བད༵ག་ཆེ༵ན་པོ༵་གཤིན་རྗེའི་གཤེད་དེ། གཤིན་རྗེ་ནི་གཅེས་འཛིན་ གྱི་བདུད་དེ་ཡིན་ལ། དེའི་གཤེད་དུ་གྱུར་པས་ན་གཤིན་རྗེའི་གཤེད་ཅེས་གྲགས་པའི་འཆི་ བདག་ཆེན་པོ་ཁྱོད་ཀྱི་དགྲ་བོ་འདི་ནི་མྱུར་དུ་བསྒྲ༵ལ་བར་མཛད་དུ༵་གསོ༵ལ། ཤི༵ག་གཉི༵ས་ ཀྱི་དོན་ནི་སྔར་ལྟར་དང་འཛི༵ན་པ༵འི་མདུ༵ད་པ༵་ནི་བདག་འཛིན་དང་བདག་གཅེས་འཛིན་གྱི་ མདུད་པ་ལ་བྱེད་པ་སྟེ། དེ་གཉིས་རྩ་བ་ནས་གཅོ༵ད་པར་མཛད་དུ༵་གསོ༵ལ། ཚུར་བྱོན་ཡི་དམ་སོགས་ཀྱི་དོན་ནི། ད་དུང་ཡང་ཡི༵་ད༵མ་གཤི༵ན་རྗེ༵འི་གཤེ༵ད་ལ་ཚུ༵ར་ བྱོ༵ན་ཞེས་གསོལ་ནས་ཞུ་བ་འགའ་ཞིག་འབུལ་རྒྱུ་ཡོད་པ་སྟེ། གང་ཞེ་ན། འཁོ༵ར་བ༵འི་གནས་ ལ༵ས་དང་ཉོན་མོངས་པ༵འི་འད༵མ་རྫབ༵་ཀྱི་གང་བ་དེ་ལ་སྦྱ༵ར་བར་བྱེད་པ༵་ཡི༵་ལ༵ས་ངན་པ་ ད༵ང་ཉོ༵ན་མོ༵ངས་དུ༵ག་ལྔ༵ས་ཡོངས་སུ་གང་བའི་གཅེས་འཛིན་གྱི་རྐྱ༵ལ་བ༵་འདི༵་ཉིད་རིམ་གྱིས་ དབྲལ་ལྟ་བུ་མ་ཡིན་པར་ད༵་ལྟ་༵ཉི༵ད་དུ༵་མྱུར་བར་ཤ༵ག་ཤ༵ག་དབྲ༵ ལ་དུ༵་གསོ༵ལ། ཤག་གཉིས་ སྨོས་པའི་རྒྱུ་མཚན་གོང་དང་འདྲ། ངན་སོང་གསུམ་དུ་སོགས་ཀྱི་དོན་ནི། སྔར་ཕན་ཆད་རང་ཅག་རྣམས་ཡང་དང་ཡང་དུ་ ང༵ན་སོ༵ང་གསུ༵མ་གྱི་གནས་སུ་སྐྱེས་ནས་སྡུ༵ག་བསྔལ་འབའ་ཞིག་ལ༵་བསྐྱ༵ལ་བར་གྱུ༵ར་ཀྱང༵་ 4-1-406 ད་དུང་བྲེ༵ད་མི༵་ཤེ༵ས་པ༵་སྟེ་དེ་ལ་འཇིགས་མི་ཤེས་པ་སླར་ཡང་དེའི་རྒྱུ༵་འབའ་ཞིག་སྒྲུབ་ཕྱི༵ར་ དུ་རྒྱུ༵ག་པ༵ར་བྱེ༵ད་པ་དང༌། དེ་ལྟར་རྒྱུག་ཏུ་འཇུག་མཁན་ཡང་བདག་གཅེས་འཛིན་ཡིན་པར་ མཐོང་ནས་སྔར་བཞིན་ཕུ༵ང་བྱེ༵ད་རྟོ༵ག་པ༵འི་སོགས་དང་། དགྲ་༵བད༵ག་གཤེ༵ད་མ༵འི༴ འདོད་ཐག་ཉེ་ལ་སོགས་ཀྱི་དོན་ནི། མཚམས་བསྙེན་སྒྲུབ་སོགས་བྱེད་ནའང་ཞག་ གཉིས་གསུམ་ཙམ་ལས་མ་སོང་གོང་ནས་མངོན་ཤེས་དང་ཞལ་གཟིགས་སོགས་འདོད་པ་ དང་སློབ་གཉེར་བྱེད་ནའང་མྱུར་དུ་མཁས་པའི་གོ་ས་མཐོན་པོ་བྱུང་སྙམ་པ་ལྟ་བུའི་འདོ༵ད་ ཐ༵ག་ཤིན་ཏུ་ཉེ༵་བ་ཡིན་པ་ལ༵། དེ་དང་དེ་སྒྲུ༵བ་པ༵འི་བརྩོ༵ན་འགྲུ༵ས་ཆུ༵ང་བ་ཟླ་ལོ་ཙམ་ལོན་པ་ ན་ཐང་ཆད་ནས་འཇོག་པར་བྱེད་པ་དང༌། དེ་བཞིན་དུ་བྱ་༵བྱེ༵ད་མ༵ང་བ༵་སྟེ་སློ ༵བ་གཉེ༵ར་བྱེད་ པའི་མཐ༵ར་མ༵་ཕྱི༵ན་པར་སྒྲུབ་གྲྭ་རྣམས་སུ་ཞུགས་པ་དང༌། དེ་ལ་ཞུགས་ནས་ཀྱང་མཐའ་མ་ འཁྱོང་བར་རི་ཁྲོད་ལྟ་བུར་འགྲོ་བ་དང༌། དེ་ཡང་མཐར་མ་ཕྱིན་པར་གཞན་ཞིག་བྱེད་པ་ལྟ་བུ་ རྣམས་ཏེ། དེ་ལྟར་བྱ་བ་གང་མཐར་མི་ཕྱིན་པར་བྱེད་དུ་འཇུག་པ་ཡང་བདག་གཅེས་འཛིན་དུ་ མཐོང་ནས་སྔར་བཞིན་ཕུ༵ང་བྱེ༵ད་རྟོ༵ག་པ༵འི༴ དགྲ་༵བད༵ག༴ སྐྱིད་འདོད་ཆེ་ལ་སོགས་ཀྱི་དོན་ནི། རང་ཅག་ཕལ་ཆེ་བ་རྣམས་སྐྱི༵ད་འདོ༵ད་ཤིན་ཏུ་ཆེ༵་ བ་ཡིན་པ་ལ༵། དེ༵འི་རྒྱུ༵་མདོ་ལས། སྦྱིན་པའི་ལོངས་སྤྱོད་ཁྲིམས་ཀྱིས་བདེ། །ཞེས་སོགས་ཀྱི་ ཕྱིན་དྲུག་གི་སྒོ་ནས་ཚོ༵གས་བསགས་པ་ཞིག་དགོས་པ་ལ་དེ་མི༵་བསོ༵ག་པ་དང༌། སྡུ༵ག་སྲན༵་ ཆུ༵ང་ལ༵་སྟེ་སློབ་གཉེར་སོགས་དགེ་ལས་གང་བྱས་ཀྱང་སྡུག་སྲན་གཏན་ནས་མེད་པར་དཀའ་ ལས་ཅུང་ཟད་ཅིག་བྱུང་ན་ཕྱི་བཤོལ་བྱེད་པ་དང༌། འདོ༵ད་ན༵ག་ཅེས་པ་རང་ཉིད་ཀྱིས་ཇི་ འདོད་པའི་ཚེ་འདིའི་བདེ་འབྱོར་སོགས་ལ་ཤིན་ཏུ་མནག་ཅིང་བཏང་མི་ཤེས་པ་ལྟ་བུ་ལ་ཟེར། རྔ༵མས་སེ༵མས་ཆེ༵། ཞེས་པ། དཔེར་ན་སློ བ་གཉེར་ལྟ་བུ་ཞིག་བྱེད་ཚེ་སྡུག་སྲན་མེད་པས་ཐོས་ བསམ་ལེགས་པོ་མི་ནུས་ཀྱང་ཞེ་ཕུགས་ནས་དགེ་བཤེས་མཁན་པོ་སོགས་འོང་དུ་རེ་བ་དང༌། 4-1-407 འཇིག་རྟེན་པའི་དབང་དུ་བྱས་ན་བྱ་བ་གང་ཡང་སྒྲུབ་མི་ནུས་པ་ལ་གོ་ས་མཐོན་པོ་ཨེ་ཡོང་ སྙམ་པ་ལྟ་བུའི་རྔམས་སེམས་ལ་ཟེར་བས་དེ་དག་བྱེད་དུ་འཇུག་མཁན་བདག་གཅེས་འཛིན་ ཡིན་པར་མཐོང་ནས་ཕུ༵ང་བྱེ༵ད་རྟོ༵ག་པ༵འི༴ དགྲ་༵བད༵ག་གཤེ༵ད་མ༵འི༴ གསར་འགྲོགས་ཆེ་ལ་སོགས་ཀྱི་དོན་ནི། བླ་མ་དང་གྲོགས་སོགས་གང་ལའང་ཐོག་མར་ བརྟག་དཔྱད་ཙམ་ཡང་བྱེད་ལོང་མེད་པར་ཆོས་ཞུ་བ་དང་འགྲོགས་འདྲིས་བྱེད་པ་སོགས་ གས༵ར་འགྲོ༵གས་ཆེ༵་བར་བྱེད་པ་ཡིན་པ་ལ༵། ཁྲེ༵ལ་གཞུ༵ང་ཕྱི༵་ཐ༵ག་ཐུ༵ང་བ་སྟེ་རིང་པོར་ མ་ལོན་པར་དེ་ཉིད་ལ་ཁ་གཏོང་བ་དང་མིག་ཙམ་ཡང་མི་ལྟ་བ་སོགས་བྱེད་པ་རྣམས་དང༌། ལྟོ༵་དང་དེ་བཞིན་དུ་གོས་དང་ནོར་སོགས་ལ་དུ༵ང་སེམས་ཆེ༵་བ་སྟེ་འདོད་པ་ཤིན་ཏུ་ཆེ་བ་ཡིན་ ལ༵། དེའི་མཆོད་སྦྱིན་གང་ཡང་མི་བྱེད་པར་གཞན་ནོར་རྐུ༵་འཕྲོ༵ག་དང༌། ནོར་འཚོ༵ལ་ཕྱིར་ཚོང་ ལ་འགྲོ༵་བ་སོགས་ལ་རེ༵མ་པར་བྱེད་པ་རྣམས་ཏེ། དེ་ལྟར་བྱེད་པ་ཡང་བདག་གཅེས་འཛིན་ གྱིས་ལན་པར་མཐོང་ནས་ཕུ༵ང་བྱེ༵ད་རྟོ༵ག་པ༵འི༴ དགྲ་༵བད༵ག༴ ཁ་གསག་གཞོགས་སློང་སོགས་ཀྱི་དོན་ནི། འདུལ་བ་ནས་ལོག་འཚོ་ལྔ་བཤད་པ་ལྟར་ ཁ༵་གས༵ག་སྟེ་གཞན་ལ་ནོར་ཕྱིར་མཛེས་ཆོས་བྱེད་པ་དང༌། གཞོ༵གས་སློ ༵ང་ནི་ནོར་དངོས་སུ་ མ་སློང་ཀྱང་ཐབས་ཀྱིས་སློང་བར་བྱེད་པ་དང་དེ་གཉིས་ཀྱིས་མཚོན་ཏེ་གཞན་ཡང་ཐོབ་ཀྱིས་ མཇལ་བ་དང་རྙེད་པས་རྙེད་འཚོལ་སོགས་ལོག་འཚོ་གཞན་རྣམས་ལ་མཁ༵ས་པར་བྱེད་ལ༵། ཞེ༵་ཕུགས་ནས་ང་ལ་ཇ་མར་སོགས་འདི་ཙམ་ལས་མེད་དེ་ལས་ལྷག་པ་བྱུང་ན་སྙམ་དུ་མུ༵ག་ པ་སྟེ་བསམ་པར་བྱེད་པའི་འདུན་བློ་ཆེ༵་བ། དེ་བཞིན་དུ་རང་ལ་རྒྱུ་རྫས་རྙེད་ཚེ་དེ་མ་ཐག་དོ་ དམ་གསྱི ་བསྡུ་༵གསོ༵གས་ལ་རེ༵མ་པར་བདྱེ ་ལ༵། ནརོ ་ཡོ༵ད་ཀྱང༵་སེ༵ར་སྣས༵་བཅི༵ངས་པས་མཆདོ ་ སྦྱིན་ཅུང་ཟད་ཀྱང་མི་ནུས་པ་རྣམས་ཏེ། དེ་དག་ཀྱང་བདག་གཅེས་འཛིན་གྱིས་བྱས་པར་ མཐོང་ནས་ཕུ༵ང་བྱེ༵ད་རྟོ༵ག་པ༵འི༴ དགྲ་༵བད༵ག༴ 4-1-408 ཀུན་ལ་བྱས་པ་སོགས་ཀྱི་དོན་ནི། བླ་མ་དང་དགེ་འདུན་ཀུ༵ན་ལ༵་རང་གིས་བྱས༵་པ༵་ ཆུ༵ང་བ་ཙམ་བགྱིས་ཤི༵ང་ངས་འདི་འདྲ་བགྱིས་ཞེས་སྡུ༵ག་ཡུ༵ས་ཆེ༵་བ། ར༵ ང་ལ༵་ཆོས་འཇིག་ རྟེན་གང་གི་ངོས་ནས་ཁྱེ༵ར་ཁ༵་སྟེ་ཁ་རྗེ་ཅི་ཡང་མེ༵ད་པ་ལ༵་ད་རུང་ང་བཟང་པོ་ཡིན་སྙམ་པའི་ རྔ༵མས་པོ༵་ཆེའི་སེམས་ཆེ༵་བར་བྱེད་པ་འདི་བདག་གཅེས་འཛིན་གྱིས་ལན་པར་མཐོང་ནས་ ཕུ༵ང་བྱེ༵ད༴ དགྲ་༵བད༵ག༴ སློ བ་དཔོན་མང་ལ་སོགས་ཀྱི་དོན་ནི། སློ བ་མའི་བླ་མ་བསྟེན་ཚེ་ཡང་སློ ༵བ་དཔོ༵ན་མ༵ང་ པོ་ལ༵་ཆོས་ཞུས་ཚར་ཕན་ཆད་ད༵མ་ཚི༵ག་ཀུན་བསྲུང་བ་དང༌། སློ བ་དཔོན་གང་དང་དེའི་ གསུང་གུས་པའི་སྤྱི་བོས་ཁུ༵ར་ཞིང༌། དེ་ཕན་འདོགས་ཀྱི་བཤེ༵ས་ཐམས་ཅད་ཀྱི་མཆོག་ཏུ་ བལྟ་དགོས་པ་ལ། དེ་དག་གང་མི་བྱེད་པར་སྐུར་འདེབས་བརྙས་སྨོད་དང་བཅས་ཏེ་བཤེས་ གཉེན་ལ་བརྩི་བཀུར་ཆུ༵ང་བར་བྱེད་པ་དང༌། བླ་མས་སློ བ་མ་བསྟེན་སྐབས་སུའང་ཐོག་མར་ སློབ་མའི་རྒྱུད་བརྟགས་ཤིང་དེ་ནས་སློ༵བ་མ༵་མ༵ང་པོ་བསྟེན་རྗེས་ནས་དེ་དག་ལ༵་བློ་ཚོད་དང་ མཐུན་པའི་ཆོས་དང་ཟང་ཟིང་གི་སྒོ་ནས་ཀྱང་ཕ༵ན་ཐོ༵གས་པར་བྱས་ཏེ་སྐྱོ༵ང་ཚུལ་ར༵ན་པ་སྟེ་ མཁས་པར་དགོས་པ་ལ། དེ་འདྲ་མི་བྱེད་པར་སྙན་གྲགས་སོགས་འདོད་པས་སློ བ་མ་མང་ འདུ་ལ་དགའ་ཞིང༌། དེ་དག་ལ་སྐྱོང་ཚུལ་མི་མཁས་པས་གང་འདོད་བྱེད་དུ་འཇུག་པ་སོགས་ སྤྱོད་ཚུལ་ང༵ན་པར་བྱེད་པར་འདི་བདག་གཅེས་འཛིན་གྱིས་ལན་པར་མཐོང་ནས་སོགས་ གོང་བཞིན་ནོ། ། ཁས་བླངས་ཆེ་ལ་སོགས་ཀྱི་དོན་ནི། རང་ཅག་རྣམས་ཀྱིས་སངས་རྒྱས་བྱང་སེམས་ སོགས་དཔང་པོར་བཞག་ནས་སོ་བྱང་སྔགས་གསུམ་གྱི་སྡོམ་པ་བསྲུང་བར་ཁ༵ས་བླང༵ས་པ་ ཆེན༵་པོ་བྱས་པ་ལ༵། དོན་ལ་བསྲུང་རྒྱུའི་དམ་ཚིག་ཐམས་ཅད་རལ་ཏེ་རང་ལ་ཕ༵ན་ངེས་པ༵འི་ ཉམ༵ས་ལེ༵ན་ཤིན་ཏུ་དཀོན་ཞིང་ཆུ༵ང་བར་གྱུར་ནའང་ཕྱི་ནས་བླ་མ་དགེ་བཤེས་སོགས་ཀྱི་ 4-1-409 མཚན་སྙན༵་པ༵་ཤིན་ཏུ་ཆེ༵་བ་ལ༵་བརྟག༵ས་ན༵་ཡེ་ཤེས་པའི་ལྷ་༵དང་དཀར་ཕྱོགས་སྐྱོང་བ་རྣམས་ ལྟ་ཅི་སྨོས་ཐ་ན་གདུག་འདྲེ༵ས་ཀྱང་ཡིད་གཏིང་ནས་ཁྲེ༵ལ་བར་འགྱུར་བ་འདི་ཡང་བདག་ གཅེས་འཛིན་གྱི་ལན་པར་མཐོང་ནས་སོགས་གོང་བཞིན། ཐོས་རྒྱ་ཆུང་ལ་སོགས་ཀྱི་དོན་ནི། ཐོས་བསམ་ལ་གོམ་འདྲིས་བཏང་བ་མེད་པར་རང་ གར་སྡོད་པས་ཐོ༵ས་རྒྱ༵་ཤིན་ཏུ་ཆུ༵ང་བའི་རྨོངས་པ་དག་ལ༵་ཆོས་ཀྱི་འདྲི་རྟོག་བྱས་པ་ན་སྐབས་ དོན་དང་མི་འབྲེལ་བའི་རང་རྒྱུད་ལ་མེད་པའི་ལྟ་བ་མཐོན་པོའི་སྟོ༵ང་སྐད༵་ཀྱི་ཁ་འཕངས་ཤིན་ ཏུ་མཐོ་བའི་རྦ༵ད་ཁ༵མ་ཆེ༵་བ་དང༌། ཡང་དག་ལུ༵ང་དང་རིགས་པ་སྒོ་ཀུན་ནས་རྒྱ༵་ཆུ༵ང་བའི་བློ་ སྟོབས་ལྷག་པར་ཞན་པ་དག་ལ༵་ཆོས་ཀྱི་ཡིན་ལུགས་དྲིས་ཚེ་ཁོང་ལ་ལྟ་གྲུབ་གང་ཐད་ནས་ ལེགས་པར་ཤེས་པ་མེད་ཀྱང་ཡོད་ཁུལ་བྱས་གཞན་ངོར་མགོ་མཐོང་མཇུག་མཐོང་གི་ཚིག་ ཟུར་ཕུད་ནས་མི༵་རྟོ༵གས་དགུ༵་ལ༵་རྟོ༵གས་ཏེ་སྙིང་པོ་མེད་པའི་ཚིག་སྣ་ཚོགས་ཀྱིས་གཞན་མགོ་ བསྐོར་བར་བྱེད་པ་འདི་དག་ཀྱང་བདག་གཅེས་འཛིན་གྱི་ལན་པར་མཐོང་ནས་སོགས་གོང་ བཞིན། འཁོར་གཡོག་མང་ལ་སོགས་ཀྱི་དོན་ནི། མི་དཔོན་བཞིན་རང་གི་འཁོ༵ར་གཡོ༵ག་ཆེས་ མ༵ང་བ་བསྟེན་ནས་གང་འདོད་དུ་བཞག་པ་ལ༵་ནམ་ཞིག་དགོས་དོན་བྱུང་ནས་དེ་དག་ལ་རེ་ བ་བྱས་ཚེ་རང་གི་ལས་དོན་ཁུ༵ར་མཁ༵ན་སུ༵་ཡ༵ང་མེ༵ད་པར་ཁ་མཉམ་ལག་མཉམ་དུ་འགྱུར་ བ་དང༌། དཔོ༵ན་སློ ༵བ་མ༵ང་པོ་ལ༵་རྒྱབ་བརྟེན་མགོན་དུ་རེ་ནས་སྤྱི་དཔོན་སྒོས་དཔོན་དུ་བྱས་ ནས་དེ་དག་ལ་མགོ་བདེ་འདོགས་ཀྱིས་འབྱར་ཁུལ་བྱས་ཀྱང་རང་ལ་དགོས་པའི་ཚེ་ན་ཁོ་ དང་ཁོས་བྱས་འགྲོ་སྙམ་པའི་བར་ལག་ཏུ་ལུས་ནས་རྒྱ༵བ་བརྟེ༵ན་དང་མགོ༵ན་གཅིག་ཀྱང་མེད་ པར་དེ་དག་ད༵ང་བྲ༵ལ་བ་སྟེ། དེ་ལྟར་ཡོང་བ་ཡང་རང་གཅེས་འཛིན་གྱིས་ལན་པར་མཐོང་ ནས་སོགས་གོང་བཞིན། 4-1-410 གོ་ས་ཆེ་ལ་སོགས་ཀྱི་དོན་ནི། ཐོབ་གོ༵་ས༵་མཐོན་པོ་ལ་བཞུགས་པའི་བླ་མ་དང་སྤྲུལ་ སྐུའི་མཚན་ཐོགས་ཏེ་ཆེ༵་བའི་གནས་སུ་བཞག་པ་ལ༵འང་ནང་བསླབ་པ་གསུམ་གྱི་ཡོ༵ན་ཏ༵ན་ གྱིས་ལྷ་དང་མཉམ་པ་མ་ཟད་འཇིག་རྟེན་གྱི་གདུག་རྩུབ་ཅན་འདྲེ༵འི་མཐུ་བ༵ས་ཀྱང་ཉམ་ཆུ༵ང་ ཞིང་ཡོན་ཏན་གང་ཡང་མེད་པ། དེང་སྐབས་བླ་༵མ༵་དགེ་བའི་བཤེས་གཉེན་གྱི་མཚན་སྙན་རྒྱ་ ཆེ༵་ལ༵་ནང་ཐུགས་རྒྱུད་ཆག༵ས་སྡང༵་བདུ༵ད་བ༵ས་ཀྱང་རྩུབ༵་པའི་ཕྱི་ནང་ཆ་མི་མཚུངས་འོང་བ་ ཡང་རང་གཅེས་འཛིན་གྱིས་ལན་པར་མཐོང་ནས་སོགས་གོང་བཞིན། ལྟ་བ་མཐོ་ལ་སོགས་ཀྱི་དོན་ནི། དེང་སང་ཕལ་ཆེར་ལྟ་༵བ༵་མཐོ༵ན་པོ་ཡིན་ཡིན་སྐད་ཀྱི་ མེད་མེད་སྟོང་སྟོང་གི་ཁ་བཤད་ལ་འབྱམས་ནས་བཞུགས་པ་ལ༵། སྤྱོ༵ད་པ༵འི་ངོས་ནས་དམ་ སྡོམ་ལས་འབྲས་སོགས་ཁྱད་དུ་བསད་ནས་མཛད་སྤྱོད་གཙང་རྩོག་མེད་པ་ཁྱི༵་ཕག་ལ༵ས་ ཀྱང་ང༵ན་པ་དང༌། དེའི་དབང་གིས་ཡོ༵ན་ཏ༵ན་གྱི་གཞི༵་མ༵་ཚུལ་ཁྲིམས་སྣ་གཅིག་ཀྱང་མེད་ པས་འདི་ཕྱིའི་བདེ་སྐྱིད་ཐ༵མས་ཅ༵ད་རླུ༵ང་ལ༵་ཤོ༵ར་བ་ཡང་བདག་གཅེས་འཛིན་གྱིས་ལན་པར་ མཐོང་ནས་སོགས་གོང་བཞིན། ཞེ་འདོད་ཐམས་ཅད་སོགས་ཀྱི་དོན་ནི། ཁེ་དང་རྒྱལ་ཁ་སོགས་ཞེ༵་འདོ༵ད་ཐ༵མས་ཅ༵ད་ རང་ལ་བྱུང་ན་སྙམ་པའི་ར༵ང་གི༵་ཞེ་ཕུ༵གས་སུ༵་བཅུ༵ག །གྱོ༵ང་སྐོ ༵ར་སྟེ་གྱོང་ཁ་ཐ༵མས་ཅ༵ད་དོ༵ན་ མེ༵ད་གཞ༵ན་གྱི་ཐོག་ལ༵་འགེལ་ཅི་ཐུབ་བྱེ༵ད་པ་ཡང་བདག་གཅེས་འཛིན་གྱིས་ལན་པར་ མཐོང་ནས་སོགས་གོང་བཞིན། ངུར་སྨྲིག་གྱོན་ནས་སོགས་ཀྱི་དོན་ནི། དགེ་སློང་སོགས་ཞུས་ནས་གོས་ངུ༵ར་སྨྲི༵ག་གྱོ༵ན་ ཏེ་ཆོས་པར་ཁས་བླངས་ན༵ས་དཀོན་མཆོག་ལ་བློ་མི་འགེལ་བར་སྲུ༵ང་སྐྱོ༵བ་གདུག་འདྲེ༵་ སོགས་ལ༵་ཞུ༵་བ་དང༌། སོ་བྱང་སྔགས་གསུམ་གྱི་སྡོ༵མ་པ༵་བླང༵ས་ན༵ས་དེ་དག་གི་བསླ༵བ་བྱ་༵ལ་ མི་སློབ་པར་རང་བདེ་དང་དུ་ལེན་ནས་གཞན་སྡུག་ཡལ་བར་དོར་བའི་བདུ༵ད་ཀྱི་སྤྱོད་པ་ད༵ང་ 4-1-411 བསྟུ༵ན་པར་བྱེད་པ་འདི་ཡང་བདག་གཅེས་འཛིན་གྱི་ལན་པར་མཐོང་ནས་སོགས་སོ། ། རྟག་ཏུ་དགོན་པ་སོགས་ཀྱི་དོན་ནི། དུས་རྟག༵་ཏུ༵་དགོ༵ན་པ༵་སོགས་སུ་བསྡད༵་མིང་ བསྒྲགས་ཀྱང་དགེ་སྦྱོར་སོགས་ལ་གཏིང་ན༵ས་མི་རེམ་པར་ཟིན་མེད་བྲེལ་ཏོའི་བྱ་བ་སྣ་ ཚོགས་པའི་གཡེ༵ང་བ༵ས་བསླུས་ཏེ་མི་ཚེ་དོན་མེད་དུ་ཟད་ཅིང་ཁྱེ༵ར་བར་བྱེད་ལ། ད༵མ་པའི་ ཆོ༵ས་བྱང་ཆུབ་ལམ་གྱི་རིམ་པ་སོགས་ཡང་དག་པའི་གཙུ༵ག་ལ༵ག་རྒྱ་ཆེར་ཞུ༵ས་ན༵ས་དེའི་དོན་ ཉམས་སུ་ལེན་པ་ལ་མི་བརྩོན་པར་གཞན་མགོ་བསྐོར་ཕྱིར་མོ༵་རྩིས་སོགས་ལ་འབད་ཅིང༌། བོ༵ན་ཞེས་པ་ཡས་གཏོང་མདོས་བྱེད་པ་སོགས་ཀྱི་མཚོན་གྲོང་ཆོག་ཁོ་ནའི་བྱ་བ་སྐྱོ༵ང་བར་ བྱེད་པ་ཡང་བདག་གཅེས་འཛིན་གྱིས་ལན་པར་མཐོང་ནས་སོགས་སོ། ། ཚུལ་ཁྲིམས་ཐར་པ་སོགས་ཀྱི་དོན་ནི། རྒྱུ་ཚུ༵ལ་ཁྲི༵མས་རྣམ་པར་དག་པ་དང་དེ་ལ་བརྟེན་ ནས་འབྲས་བུ་ཐ༵ར་པ༵འི་གོ་འཕང་གཏན་བདེ་མཚུངས་པ་མ་མཆིས་པ་ཐོབ་པ་ཡིན་པ་ལ་དེ་ ཐོབ་བྱེད་ཀྱི་ལམ་མི་རེམ་པར་རྒྱབ་ཏུ་བོ༵ར་ན༵ས་འདི་ཕྱིའི་སྡུག་བསྔལ་བསྐྱེད་པའི་རྒྱུ་ཉོན་ མོངས་པ་དུག་གསུམ་འབྱུང་བའི་གནས་ཐ་མལ་བའི་ཁ༵ང་ཁྱི༵མ་ལ་བརྟེན་བྱས་ཏེ་ཆགས་སྡང་ གི་སྤྱོད་ངན་དུ་འཛི༵ན་པ་དང༌། རྣམ་དཀར་དགེ་རྩ་མཐའ་དག་བརླག་པས་དེ་དག་གིས་ བསྐྱེད་པའི་འདི་ཕྱིའི་བདེ༵་སྐྱི༵ད་ཐམས་ཅད་ཆུ༵་ལ༵་ཕོ༵་བ་བཞིན་གཏན་ན༵ས་མེད་པར་བྱས་ཏེ། དེའི་དབང་གི་འདོད་རྒྱུ་བདེ་བ་འདོད་ཀྱང་བྱེད་ལུགས་སྡུ༵ག་བསྔལ་འབའ་ཞིག་ལ༵་ཧབ་ཐོབ་ ཀྱིས་སྙེ༵ག་པར་བྱེད་པ་ཡང་བདག་གཅེས་འཛིན་གྱིས་ལན་པར་མཐོང་ནས་སོགས་སོ། ། ཐར་པའི་འཇུག་ངོགས་སོགས་ཀྱི་དོན་ནི། ཐ༵ར་པར་འཇུག་པ༵འི་འཇུ༵ག་ངོ༵གས་བླ་ན་ མེད་པ་དམ་པའི་ཆོས་དེ་བྱེད་པ་བོ༵ར་ན༵ས་ཚོ༵ང་ཁེ༵་སྤོག་སོགས་སྡིག་ལྟུང་གཏམ་ངན་ཁྱད་དུ་ བསད་ནས་ངན་སོང་གི་རྒྱུ་འབའ་ཞིག་སྒྲུ༵བ་པ་དང༌། ཕ་བླ་༵མ༵འི་ཆོ༵ས་ར༵་འགྲིམ་ནས་ཆོས་ འཆད་ཉན་བྱེད་པ་སོགས་བོ༵ར་ན༵ས་ཉིན་རེ་བཞིན་གྲོ༵ང་ཡུ༵ལ་འགྲི༵མ་ནས་དོན་མེད་ལེ་ལོའི་ 4-1-412 དུས་འདའ་བར་བྱེད་པ་ཡང་བདག་གཅེས་འཛིན་གྱིས་ལན་པར་མཐོང་ནས་སོགས་སོ། ། རང་གི་འཚོ་བ་སོགས་ཀྱི་དོན་ནི། ར༵ང་གི༵་ལོངས་སྤྱོད་བྱའི་འཚོ༵་བ༵་ཡོད་ནའང་དེ་སྤྱོད་ མི་བྲ་བར་རེ་ཞིག་བཞ༵ག་ན༵ས་གཞན་དགེ་འདུན་པའི་འདུ༵་བའི་སྒོ༵་འཕྲོ༵ག་པ་སྟེ་སྤྱི་རྫས་ལ་ འོས་མེད་དུ་སྤྱོད་པ་དང༌། ར༵ང་གི༵་ཁ༵་ཟ༵ས་ཡོད་ཀྱང་མི་བྲ་བར་བཞ༵ག་ན༵ས་གཞ༵ན་གྱི་ཟས་ ལ༵་རྐུ༵་ཞིང་འཕྲོག་པ་ཡང་བདག་གཅེས་འཛིན་གྱིས་ལན་པར་མཐོང་ནས་སོགས་སོ། ། ཨེ་མ་སྒོམ་སྲན་སོགས་ཀྱི་དོན་ནི། ཨེ༵་མ༵་ཞེས་པ་ངོ་མཚར་བ་སྟེ། གང་ལ་ངོ་མཚར་ན་ དེང་སང་ལོ་ཟླ་འགའ་ལའང་སྒོམ་སྒྲུབ་མི་ནུས་ཤིང་སྒོ༵མ་སྲན༵་ཤིན་ཏུ་ཆུ༵ང་བ་དག་ལ༵་གཞན་ མགོ་བསྐོར་ཕྱིར་མངོ༵ན་ཤེ༵ས་རྣོ༵་འདོགས་ཁ་བར་བྱས་ཏེ་རྫུན་སྣ་ཚོགས་ལབ་གང་ཐུབ་བྱེད་ པ་ལ་བླ་མ་དྷརྨ ་རཀྵི ་ཏ་ཡང་ཤིན་ཏུ་ངོ་མཚར་བར་གྱུར་ནས་ཨེ་མ་ཞེས་གསུངས། དེ་བཞིན་ དུ་རང་ཅག་རྣམས་སངས་རྒྱས་ཀྱི་སར་འགྲོ་བའི་ལ༵མ་སྣ་༵ཅུང་ཟད་ཀྱང་མ༵་ཟི༵ན་ཞིང༌། དོ༵ན་ མེ༵ད་དུ་རྒྱ་གར་ནག་སོགས་སླེབ་ཐུབ་པའི་རྐ༵ང་པ༵་ཤིན་ཏུ་མགྱོ༵གས་པ་ཡང་བདག་གཅེས་ འཛིན་གྱིས་ལན་པར་མཐོང་ནས་སོགས་སོ། ། ཕན་པར་སྨྲས་ན་སོགས་ཀྱི་དོན་ནི། དེང་དུས་ཕལ་ཆེ་བ་རྣམས། བླ་མ་དང་ཕ་མ་སོགས་ ཀྱིས་རང་ལ་སྐྱོན་བརྗོད་དེ་ཤ་ཚའི་ཕ༵ན་པ༵ར་བསམ་པས་གཏམ་དྲང་བོར་སྨྲ༵ས་པ་ན༵་དེ་ལ་ འཁོན་དུ་བཟུང་ནས་སྡང༵་སེ༵མས་ཀྱིས་དགྲ་༵རུ༵་འཛི༵ན་པ་དང༌། གཞན་དག་གིས་གཡོ་ཐབས་ ཀྱིས་མགོ༵་བསྐོ ༵ར་ཏེ་ངོ་བསྟོད་སོགས་ཀྱིས་བསླུ༵ས་པར་བྱེད་པ་ན༵། སྙི༵ང་པོ་མེ༵ད་པའི་བསླུ་ བྲིད་མཁན་དེ་དྲི༵ན་ཅན་དུ༵་འཛི༵ན་པར་བྱས་ནས་ལོག་པར་ཞུགས་པ་ཡང་བདག་གཅེས་ འཛིན་གྱིས་ལན་པར་མཐོང་ནས་སོགས་སོ། ། ནང་མིར་བསྟེན་ན་སོགས་ཀྱི་དོན་ནི། དེང་དུས་ཀྱི་མི་འགའ་རང་གི་ན༵ང་མི༵ར་བསྟེ༵ན་ ནས་གསང་ཚིག་གི་གཏམ་བཤད་བསྙད་པ་ན༵་དེས་གློ་མེད་བྱས་ཏེ་སྙི༵ང་གཏ༵མ་གང་སྨྲས་ 4-1-413 གཞན་དགྲ་༵བོ་ལ༵་འཆ༵ད་པར་བྱེད་པ་དང། རང་གི་བློ་ཕེ༵བས་པ་སྟེ་ཤིན་ཏུ་སྙིང་ཉེ་བ༵ར་བྱས་ ནས་འགྲོ༵གས་པ་ན༵་མི་འགས་ཁྲེ༵ལ་མེ༵ད་བྱས་ནས་དེ་ལ་མི་སེམས་པར་སྐྱོན་བརྟགས་གང་ ཐུབ་དང་མཐར་བསླུ་བར་བྱས་ཏེ་༵བློ༵་སྙི༵ང་རྐུ༵་བར་བྱེད་པ་ཡང་བདག་གཅེས་འཛིན་གྱི་སྐྱོན་ དུ་མཐོང་ནས་སོགས་སོ། ། ཀོ་ལོང་དམ་ལ་སོགས་ཀྱི་དོན་ནི། ཀོ༵་ལོ༵ང་གཙང་བཙན་ལས་ད༵མ་ཞེས་པ་ལྟར་ཏེ། དེ་ ཡང་གཞན་གྱི་མིག་གིས་བལྟ་ཉེས་ཚུན་ལ༵འང་འདིས་ང་ལ་ཅི་བྱེད་སྙམ་པའི་ཁོང་དུ་མི་ཤོང་ བའི་དོགས་བློ་ཆེ་བ་དང༌། ཆོས་དང་མི་མཐུན་པའི་རྣམ༵་རྟོ༵ག་གཞན་ཐ་མལ་རང་ག་བ་སུ༵་ བ༵ས་ཀྱང་ར༵གས་པ། སྤྱོད་པ་མཐུན་པའི་སྒོ་ནས་གང་ཐད་ནས་འགྲོ༵གས་པ༵ར་དཀ༵འ་ཞི༵ང་ གཤི༵ས་ང༵ན་རྒྱུན༵་མི་ཆད་དུ༵་སློ༵ང་བར་བྱེད་པ་ཡང་བདག་གཅེས་འཛིན་གྱིས་ལན་པར་མཐོང་ ནས་སོགས་སོ། ། བཅོལ་བ་མི་ཉན་སོགས་ཀྱི་དོན་ནི། བླ་མ་སོགས་ཀྱིས་ཁྱོད་ཀྱིས་ལས་འདི་ལྟ་བུ་གྱིས་ ཤིག་ཅེས་བཅོ༵ལ་བ༵་ན་དེ་ལ་མི༵་ཉན༵་པར་བྱ་མ་ཡིན་པ་གཞན་ཞིག་བྱས་ཏེ་དེ་ལས་ལྡོ༵ག་པའི་ སྒོ་ན༵ས་གནོ༵ད་པ༵་བསྐྱེ༵ལ་བ་དང༌། དེ་འདྲའི་མི་ངན་དེ་ལ་ཕར་བཏུ༵ད་ན༵འང་ཚུར་གུས་པས་ མི༵་འདུ༵ད་པ་མ་ཟད་རྒྱ༵ང་ན༵ས་འཁོན་འཛིང་གི་རྩོ༵ད་པ༵་འཚོ༵ལ་བར་བྱས་ནས་མི་བདེ་བར་ བྱེད་པ་ཡང་བདག་གཅེས་འཛིན་གྱིས་ལན་པར་མཐོང་ནས་སོགས་སོ། ། བཀའ་བློ་མི་བདེ་སོགས་ཀྱི་དོན་ནི། མཁན་སློ བ་སོགས་ཀྱིས་ཕན་སེམས་ཀྱིས་གང་ བསྒོ་བ་ཉན་དུ་མི་བཏུབ་པའི་བཀ༵འ་བློ༵་མི༵་བདེ༵་བ་དང༌། གང་ཟག་གཞན་གྱིས་སྤྱོད་ལམ་ཅི་ འདྲ་ཞིག་གི་སྒོ་ནས་ཀྱང་འགྲོ༵གས་པ༵ར་རྟག༵་ཏུ༵་དཀ༵འ་བ། རྐྱེན་ཉུང་ཙམ་གྱིས་ཀྱང་བློ་ངོར་ ཕོ༵ག་དུ༵ག་མ༵ང་པོ་ལ༵་འགྱུར་སླ་ཞིང༌། དེ་མ་ཟད་གདུག་འཛེར་ནམ་ཡང་རྟག༵་ཏུ༵་མི་བརྗེད་ པར་བསམ་ངན་གྱི་འཛི༵ན་པ༵་ད༵མ་པར་བྱེད་པ་ཡང་བདག་གཅེས་འཛིན་གྱི་ཉེས་དམིགས་སུ་ 4-1-414 མཐོང་ནས་སོགས་སོ། ། མཐོ་གནོན་ཆེ་ཞིང་སོགས་ཀྱི་དོན་ནི། གཞན་གྱིས་སློ བ་གཉེར་སྒོམ་སྒྲུབ་སོགས་བྱེད་ཚེ་ རྗེས་སུ་ཡི་རང་མི་བྱེད་པར་མཐོ༵་གནོ༵ན་གྱི་བསམ་པས་སྐྱོན་བརྗོད་ཅིང་རྨོད་པ་ཆེ༵་བ་བྱ་ཞི༵ང༌། སྐྱེས་བུ་ད༵མ་པ༵་རྣམས་ལ་གུས་པ་མི་བྱེད་པར་དགྲ་༵རུ༵་བཟུ༵ང་ནས་སྐུར་བ་འདེབས་པ་དང༌། འདོ༵ད་ཆ༵གས་ཆེ༵་བ༵ས་གཞོ༵ན་ནུ༵་དང་བུད་མེད་སོགས་ད༵ང་དུ༵་ལེ༵ན་པར་བྱེད་པ་ཡང་བདག་ གཅེས་འཛིན་གྱི་སྐྱོན་དུ་མཐོང་ནས་སོགས་སོ། ། ཕྱི་ཐག་ཐུང་བས་སོགས་ཀྱི་དོན་ནི། སྔར་གཞན་དག་དང་སྙིང་ཉེ་བའི་སྒོ་ནས་འདྲིས་ པར་བྱས་ཀྱང་རྗེས་སོར་དེ་ལ་སྡུག་བསྔལ་གྱིས་ཉམ་ཐག་པ་སོགས་བྱུང་ཚེ་ཕན་ཐོགས་ཅུང་ ཟད་མི་བྱེད་པར་སྔར་འདྲིས་རྒྱབ་ཏུ་བསྐྱུར་བ་ནི་ཕྱི༵་ཐ༵ག་ཐུ༵ང་བ༵ས་སྔ༵ར་འདྲི༵ས་རྒྱ༵བ་ཏུ༵་ བསྐྱུ༵ར་བ་ཞེས་པ་དེ་ཡིན། གཞན་དང་ཐུག་ལོང་མེད་པར་འགྲོགས་འདྲིས་བྱེད་པ་ནི་གས༵ར་ འགྲོ༵གས་ཆེ༵་བ༵་དང༌། ཀུ༵ན་ལ༵་ཁ༵་བྲོ ༵ད་འདི༵ངས་ཞེས་པའང་དངོས་སུ་གཞན་ལ་ཕན་མི་ ཐོགས་པར་ཁ་བཟང་གིས་ལོངས་སྤྱོད་ཡོད་ཚུལ་སོགས་ཀྱིས་མགོ་སྐོ ར་བ་སྟེ། དེ་ལྟར་བྱེད་ པ་ཡང་རང་གཅེས་འཛིན་གྱིས་ལན་པར་མཐོང་ནས་སོགས་སོ། ། མངོན་ཤེས་མེད་པས་སོགས་ཀྱི་དོན་ནི། རང་ཉིད་ལ་མངོ༵ན་ཤེ༵ས་མེ༵ད་པ༵ས་གཞན་ གྱིས་བརྟགས་པ་སོགས་ཞུས་ཚེ་ཡོད་ཁུལ་གྱིས་རྫུན་བཤད་ཅིང༌། དེའི་དབང་གིས་རྗེས་ནས་ མི་བདེན་པ་བྱུང་ཚེ་གཞན་དག་རྫུ༵ན་སྐུ༵ར་འདེབས་པ་ད༵ང་དུ༵་ལེ༵ན་དགོས་བྱུང་བ་དང༌། རང་ ལ་སྙི༵ང་རྗེ༵་མེ༵ད་པ༵ས་མི་འདོད་པ་ཅུང་ཙམ་བྱེད་མཁན་བྱུང་ནའང་དེ་ལ་བློ༵་གནག་པ་གཏ༵ད་ ནས་ཅི་གནོད་བྱེད་པའི་སྒོ་ནས་སྙི༵ང་ལ༵་བྲ༵བ་པ་སྟེ་སེམས་ཕམ་དུ་འཇུག་པར་བྱེད་པ་ཡང་ རང་གཅེས་འཛིན་གྱིས་ལན་པར་མཐོང་ནས་སོགས་སོ། ། ཐོས་པ་ཆུང་བས་སོགས་ཀྱི་དོན་ནི། ཐོག་མར་ཐོས་བསམ་བྱེད་ཚེ་ཆོས་ཀྱི་ཡིན་ལུགས་གང་ 4-1-415 ཐོ༵ས་པ༵་ལ་རེམ་པའི་བརྩོན་འགྲུས་ཆུ༵ང་བ༵ས་རྗེས་སོར་གཞན་ལ་འཆད་དགོས་བྱུང་ཚེ་འདི་ དང་འདི་ཡིན་པ་འདྲ་ཞེས་ཀུ༵ན་ལ༵་སྦར༵་ཚོ༵ད་དེ་ཚོད་ཚོད་བྱེ༵ད་བཞིན་བཤད་དགོས་བྱུང་ན་ མཁས་པ་རྣམས་ཁྲེལ་བར་འགྱུར་བ་དང༌། ལེགས་པར་བཤད་པའི་ལུ༵ང་གི་ཆོས་ཚུལ་ཐོས་ རྒྱ༵་ཤིན་ཏུ་ཆུ༵ང་བ༵ས་ད་ལྟ་མཚན་ཉིད་ཀྱི་གཞུང་ནས་འབྱུང་བ་ལྟར་རྟེན་འབྲེལ་དང་གཅིག་ཏུ་ བྲལ་ལ་སོགས་པའི་ལུང་དང་རིགས་པའི་རྣམ་གྲངས་མཐའ་ཡས་པ་ཐོས་ཚེ་རང་ཉིད་ཀྱིས་ མ་མཐོང་བ་རྒྱུ་མཚན་དུ་བྱས་ནས་ཆོས་ཚུལ་ཡོང༵ས་སུ་རྒྱས་པ་ལ༵་དེ་དག་སེམས་ཁོངས་སུ་མ་ ཤོང་བས་གཞུང་གང་ནས་དེ་ལྟར་མ་བཤད་དོ་སྙམ་པ་སོགས་ཕྱིན་ཅི་ལོ༵ག་གི་ལྟ་༵བ་སྐྱེ༵་བར་ འགྱུར་བ་ཡང་བདག་གཅེས་འཛིན་གྱི་སྐྱོན་དུ་མཐོང་ནས་སོགས་སོ། ། ཆགས་སྡང་གོམས་པས་སོགས་ཀྱི་དོན་ནི། རང་ཉིད་སྐྱེ་བ་དུ་མར་ཆ༵གས་སྡང༵་ལ་ཤིན་ ཏུ་གོ༵མས་པ༵ས་ཆོས་ལུགས་དང་དགྲ་གཉེན་སོ་སོར་བཅད་ནས་རང་ལ་བསྟོད་ཅིང་གཞ༵ན་ ཕྱོ༵གས་ཡོ༵ངས་ལ༵་སྨད༵་པར་བྱེད་པ་དང༌། དེ་བཞིན་དུ་ཕྲ༵ག་དོ༵ག་ལ་གོ༵མས་པ༵ས་གཞ༵ན་ ལེགས་པ་མཐོང་ན་དེ་ལ༵་མི་བཟོད་པའི་དབང་གིས་ཉེས་པ་མ་བྱས་པ་ལ་བྱས་སོ་ཞེས་སྒྲོ༵་ འདོགས་པ་དང༌། ཡོན་ཏན་ཡོད་ཀྱང་མི་འདུག་ཅེས་སྐུ༵ར་བ་འདེ༵བས་པར་བྱེད་པ་ཡང་བདག་ གཅེས་འཛིན་གྱིས་བྱས་པར་མཐོང་ནས་སོགས་སོ། ། སློ བ་གཉེར་མ་བྱས་སོགས་ཀྱི་དོན་ནི། དཔེར་ན་སློ ༵བ་གཉེ༵ར་མ༵་བྱས༵་པའི་རྒན་ཆོས་ པ་ལྟ་བུ་རྣམས་ཀྱིས་ཆོས་བྱེད་འདོགས་ཁ་ཡང་ཉུང་ངུ་ཞིག་ལ་བློ་རྩེ་གཏོད་པ་ལས་རྒྱ༵་ཆེ༵ན་ པོའི་ཆོས་རྣམས་བློར་མ་ཆུད་པས་དེ་དག་གིས་ཕན་མི་ཐོགས་སྙམ་དུ་ཁྱད༵་དུ༵་གསོ༵ད་འདོད་ ཀྱི་བློ་སྐྱེ་བ་དང༌། ངེས་པར་བླ་༵མ༵་མ༵་བསྟེ༵ན་པར་རང་ཉིད་ལ་ཤེས་རབ་ཡོད་པ་ཙམ་རྒྱུ་མཚན་ དུ་བྱས་ནས་ཆོས་འདི་འདྲ་བ་ལ་ནི་ཁྲིད་ལུང་སོགས་མི་དགོས་ཏེ། ང་རང་གི་ཤེས་རབ་ཀྱིས་ འཆད་ཐུབ་པ་འདུག་ཅེས་རང་ཚོད་ཀྱིས་འཆད་པར་བྱེད་པ་རྣམས་ནི་ལུ༵ང་ལ༵་སྨད༵་པ༵ར་བྱེ༵ད་ 4-1-416 པ་སྟེ་དེ་ཡང་བདག་གཅེས་འཛིན་གྱིས་ལན་པར་མཐོང་ནས་སོགས་སོ། ། སྡེ་སྣོད་མི་འཆད་སོགས་ཀྱི་དོན་ནི། ཆོས་འཆད་པ་ན་བཅོམ་ལྡན་འདས་ཀྱིས་གསུངས་པའི་ ལུང་སྡེ༵་སྣོ༵ད་དང་མཐུན་པར་མི༵་འཆ༵ད་པར་རང་ཉིད་ཀྱིས་ཉམས་སྣང་དང་རྨི་ལམ་དུ་བྱུང་ ཚུལ་སོགས་ར༵ང་བཟོ༵་སྣ་ཚོགས་པ་ཞིག་བརྫུ༵ན་དུ༵་བསྒྲི༵གས་ནས་བཤད་པ་དེང་སང་མང་དུ་ ཡོད་པ་རྣམས་དང༌། ད༵ག་སྣང༵་མ༵་འབྱོ༵ངས་པའི་དབང་གིས་དགོས་རྒྱུའི་ཆོས་དོན་འདི་ཡིན་ འཆད་རྒྱུ་མེད་པར་ལ༵བ་ཚ༵ད་གཞན་ལ་ཟུར་ཟ་དང་སུན་འབྱིན་ཤ་སྟག་གིས་འབ༵ར་ཤ༵་མ༵ང་ བ་ཡང་བདག་གཅེས་འཛིན་གྱིས་ལན་པར་མཐོང་ནས་སོགས་སོ། ། ཆོས་མིན་ལས་ལ་སོགས་ཀྱི་དོན་ནི། སྨད་པར་འོས་པ་ཆོ༵ས་མི༵ན་གྱི་སྡིག་པའི་ལ༵ས་ རྣམས་ལ༵་སྨད༵་པ༵ར་མི༵་བྱེ༵ད་པ༵ར་དང་དུ་ལེན་པ་དང༌། སངས་རྒྱས་ཀྱི་དགོངས་པ་ཕྱིན་ཅི་མ་ ལོག་པར་སྟོན་པའི་མཁས་པའི་ལེ༵གས་པར་བཤད༵་པ་ཡོང༵ས་ལ༵་གུས་པ་མི་བྱེད་པར་མི་ འཐད་པའི་སུ༵ན་འབྱི༵ན་སྣ་༵ཚོ༵གས་པ་གཏོ༵ང་བ་ཡང་བདག་གཅེས་འཛིན་གྱི་སྐྱོན་དུ་མཐོང་ ནས་སོགས་སོ། ། ངོ་ཚའི་གནས་ལ་སོགས་ཀྱི་དོན་ནི། ཆོས་མིན་སྡིག་པ་མི་དགེ་བའི་ལས་ལ་འཇུག་པ་ ནི་ཤིན་ཏུ་ངོ༵་ཚ༵་བའི་གན༵ས་ཡིན་མོད་ཀྱང༌། དེ་དག་ལ༵་ངོ་མི་ཚ་བར་རམ་ངོ༵་ཚ༵ར་མི༵་འཛི༵ན་ པ༵ར་ངོ་སོར་ཁྱེར་ནས་འཇུག་པ་དང༌། གཞན་དག་ཚེ་འདི་བློས་ཐོང་ནས་ནོར་ལོངས་སྤྱོད་ སོགས་བཞག་སྟེ་ཆོས་རྣམ་དག་བྱེད་པ་ནི་ངོ༵་མི༵་ཚ༵་བའི་གནས་ཡིན་པ་ལ༵་འདི་ལོངས་སྤྱོད་ དོར་ནས་སྤྲང་བོ་ལྟར་བྱེད་པ་ཐ་ཆད་དོ། །ཞེས་ངོ༵་ཚ༵་བའི་ཆོ༵ས་སུ་སེམས་ནས་ལོ༵ག་པར་འཛི༵ན་ པ་རང་གཅེས་འཛིན་གྱིས་བསྐྱེད་པར་མཐོང་ནས་སོགས་སོ། ། བྱས་ན་རུང་བ་སོགས་ཀྱི་དོན་ནི། ལེགས་པར་བྱས༵་ན༵་ཤིན་ཏུ་རུ༵ང་བ༵་ཐར་པ་དང་ཐམས་ ཅད་མཁྱེན་པ་ཐོབ་བྱེད་ཀྱི་ཐབས་རྣམ་པར་དག་པ་སྣ་གཅི༵ག་ཀྱང༵་མི༵་བྱེ༵ད་པ༵ར། ཐོགས་ 4-1-417 མེད་ནས་ད་ལྟའི་བར་དུ་མི༵་རི༵གས་པའི་བྱ་༵བ༵་སྡིག་པ་མི་དགེ་བའི་ལས་ཐ༵མས་ཅ༵ད་ལ་ངམ་ ངམ་ཤུགས་ཀྱིས་འཇུག་པར་བྱེ༵ད་པ༵་ཡི༵་ཕུང་བྱེད་བདག་གཅེས་འཛིན་འདི་ལས་གཞན་པའི་ དགྲ་བོ་མེད་པར་མཐོང་ནས་སོགས་གོང་ལྟར་རོ། ། དེ་ལྟར་གོང་ནས་འདིའི་བར་དུ་བདག་གཅེས་འཛིན་གྱི་སྐྱོན་གྱི་རིམ་པ་མཐའ་ཡས་པ་ རྒྱས་པར་བསྟན་ནས་འདི་ཉིད་ངེས་པར་འཇོམས་དགོས་པར་མཐོང་ནས་སླར་ཡང་ཁྲོ་བོ་ ཆེན་པོ་གཤིན་རྗེའི་གཤེད་ལ་བསྐུལ་བར་མཛད་པ་ནི། ཨེ་མ་བདག་ལྟའི་འགོང་བོ་སོགས་ གསུངས་ཏེ། དེ་དག་གི་དོན་ནི། བདག་ལྟ་འཇོམས་བྱེད་ཀྱི་ཁྲོ་བོ་གཤིན་རྗེའི་གཤེད་ཀྱི་སྐུ་ གསུང་ཐུགས་ཀྱི་ཡོན་ཏན་རྣམས་ལ་བླ་མ་དྷརྨ ་རཀྵི་ཏའི་ཐུགས་ངོ་མཚར་བའི་སྒོ་ནས་ཨེ༵་ མ༵་ཞེས་བརྗོད་པའོ། །བདག་ལྟའི་འགོང་བོ་ཞེས་པ་བདག་ཏུ་འཛིན་པ་ལ་བྱ་སྟེ། དེ་ཉིད་ འཇོམས་དགོས་པའི་རྒྱུ་མཚན་བདག་འཛིན་ལ་བརྟེན་ནས་བདག་གཅེས་འཛིན་བྱུང་བས་ན་ དེ་དེའི་གཞི་རྩ་ཡིན་པའི་དབང་གིས་ཡིན་ཞིང༌། དེ་ལྟ་བུའི་བད༵ག་ལྟའི༵་འགོ༵ང་བོ༵་འཇོ༵མས་ པ༵་ཡི༵་མངའ་བདག་ནི། རྣམ་འགྲེལ་ལས། རྒྱུ་སྤངས་ཡོན་ཏན་གསུམ་བདེ་གཤེགས། །ཞེས་ པ་ལྟར་གྱི་བདེ་བར་གཤེགས་པ་སངས་རྒྱས་བཅོམ་ལྡན་འདས་ཏེ། དེ་ལ་ཡང་ཀུན་རྫོབ་དང་ དོན་དམ་གཉིས་ཡོད་པ་ལས། བདེ༵་གཤེ༵གས་ཞེས་པས་ཀུན་རྫོབ་དྲང་དོན་བཞིན་ལག་གི་ རྣམ་པར་ཤར་བའི་གཤིན་རྗེའི་གཤེད་བསྟན་པ་ཡིན་ལ། དེ་ཁོ་ནས་བདག་འཛིན་འཇོམས་ པར་མི་ནུས་ནའང༌། ཆོ༵ས་ཀྱི༵་སྐུ༵་མང༵འ་བ་སྟེ་དོན་དམ་ངེས་དོན་གྱི་གཤིན་རྗེའི་གཤེད་བདེ་ སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཐུགས་རྒྱུད་ལ་མངའ་བའི་དབང་གིས་བདག་འཛིན་དྲུངས་ ནས་འབྱིན་པའི་མཐུ་སྟོབས་ནུས་པ་ཕུལ་དུ་ཕྱིན་པ་དང་ལྡན་པས་ན་མཐུ༵་སྟོ༵བས་ཅ༵ན་ཞེས་ བྱའོ། ། བདག་མེད་ཡེ་ཤེས་སོགས་ཀྱི་དོན་ནི། དེ་ཡང་བདག་མེད་ཅེས་པས་ཕར་ཕྱིན་ཐེག་པ་ 4-1-418 དང་ཐུན་མོང་བའི་བད༵ག་མེ༵ད་རྟོགས་པའི་ཤེས་རབ་བསྟན་ཅིང༌། ཡེ༵་ཤེ༵ས་ཞེས་པས་དེ་ ཡང་ཐབས་བདེ་བ་ཆེན་པོ་དང་དབྱེར་མེད་དུ་སྦྱོར་བའི་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ བསྟན་པ་སྟེ། དེས་ནི་བདག་གཅེས་འཛིན་ཕྱེ་མར་འཐག་པར་བྱེད་པ་མཚོ༵ན་ཕྱིར་མཚོན་ ཆ༵འི་ནང་ནས་དབྱུ༵ག་ཐོ༵འི་རྣམ་པར་ཤར་བའམ་དེ་དང་ཆོས་མཚུངས་སུ་སྦྱར་ནས་བསྟན་པ་ དང༌། དེ་ཉིད་ཐེ༵་ཚོ༵མ་མེ༵ད་པ༵ར་ལ༵ན་གསུ༵མ་ཀླད༵་ལ༵་སྐོ ༵ར་བ་ནི། གཞོམ་བྱ་བདག་འཛིན་ དང༌། དེས་བསྐྱེད་པའི་བདག་གཅེས་འཛིན། དེ་གཉིས་ཆར་གྱིས་བསྐྱེད་པའི་གཟུགས་ཕུང་ དང་བཅས་པ་གསུམ་ལ་སྐོ ར་བའམ། ཡང་ན་འཇོམས་བྱེད་སྒྱུ་ལུས་འོད་གསལ་ཟུང་འཇུག་ གསུམ་མཚོན་བྱེད་དུ་བྱས་ཀྱང་རུང་བར་གསུངས་སོ། ། རྔམས་སྟབས་སོགས་ཀྱི་དོན་ནི། དེ་ལྟར་ཕྱག་མཚན་ཕྱར་ཞིང་མཆེ་བ་གཙིགས་པ་ སོགས་རྔ༵མས་པའི་སྟབ༵ས་ཆེ༵ན་པོ༵འི་སྒོ་ནས་བདག་གཅེས་འཛིན་གྱི་དགྲ་༵བོ་འདི༵་བསྒྲ༵ལ་ བར་མཛད་དུ༵་གསོ༵ལ། ཞེས་དང་སྙིང་རྗེ་སོགས་ཏེ། ཐུགས་སྙི༵ང་རྗེ༵་ཆེ༵ན་པོ༵ས་ཀུན་ནས་ བསླངས་སྟེ་བདག་དང་སེམས་ཅན་ཐམས་ཅད་རང་གཅེས་འཛིན་གྱིས་བསྐྱེད་པའི་ལ༵ས་ངན་ པའི་འཇིགས་པ་ལ༵ས་བསྐྱ༵བ་ཏུ༵་གསོ༵ལ། ཞེས་དང༌། ངེས་པར་སོགས་ཏེ། ངེ༵ས་པ༵ར་ཏེ་ཐེ་ ཚོམ་མེད་པར་བད༵ག་གཅེས་འཛིན་འདི༵་ཉིད་བརླག༵་པ༵ར་མཛ༵ད་དུ༵་གསོ༵ལ་ཞེས་པའོ། ། འཁོར་བའི་ས་ལ་སོགས་ཀྱི་དོན་ནི། འཁོ༵ར་བ༵འི་ས༵་འདིའི་ཐོག་ལ༵་གནས་པའི་འགྲོ་བ་ ཐམས་ཅད་ཀྱི་དུ༵ཿཁ༵་སྟེ་སྡུག་བསྔལ་ཅི་མཆི༵ས་པ༵་དེ་ཀུ༵ན་ཀྱང་བད༵ག་གཅེས་འཛི༵ན་འདི༵་ཉིད་ ལ༵་ངེ༵ས་པ༵ར་སྤུ༵ང་དུ༵་གསོ༵ལ། སྡུག་བསྔལ་དང་ཉོན་མོངས་ག༵ང་ལ༵་མཆིས་པའི་སེམས་ཅན་ དག་གི་རྒྱུད་ཀྱི་ཆགས་སོགས་ཉོ༵ན་མོ༵ངས་པ་དུ༵ག་ལྔ༵་དང་དེས་བསྐྱེད་པའི་སྡུག་བསྔལ་ཅི༵་ མཆི༵ས་རྣམས། རང་གཅེས་འཛིན་སོགས་དང་ལྡན་པའི་འགྲོ་བ་གཞན་རྣམས་དང་རི༵གས་ མཐུ༵ན་པའི་ད་རེས་ཀྱི་བདག་གཅེས་འཛིན་འདི༵་ཉིད་ཀྱི་ཐོག་དེ་ལ༵་ངེ༵ས་པ༵ར་སྤུ༵ང་དུ༵་གསོ༵ལ་ 4-1-419 སྙམ་པའི་སྒོ་ནས་གཏོང་ལེན་སྒོམ་པའོ། ། འདི་ལྟར་ཉེས་པའི་སོགས་ཀྱི་དོན་ནི། འདི༵་ལྟར༵་ཉེ༵ས་པ༵འ་ིརྩ༵་བ༵་མ༵་ལུས༵ ་པ༵་ན་ིབདག་ གཅེས་འཛིན་འདི་ཉིད་ཡིན་པར་བླ་མ་དང་ཆོས་ཀྱི་བཀའ་དྲིན་ལ་བརྟེན་ནས་ཐེ༵་ཚོ༵མ་མེ༵ད་ པ༵ར་རི༵ག་པ༵ས་ལེགས་པར་ངོ༵ས་ཟི༵ན་པར་གྱུར་ན་ཡ༵ང༌། ད༵་དུ༵ང་འདི༵འི༵་ཁ༵་འཛི༵ན་ཤ༵གས་ འདེ༵བས་པ་སྟེ། འད་ིཉདི ་ཀ་ྱིཕགྱོ ས་འཛནི ་ཅངི ་རྒྱབ་ལ་ལང་བར་བདྱེ ་ན་༵ན་ིའཛི༵ན་མཁ༵ན་འདི༵་ ཡ༵ང་ངེས་པར་བརླག༵་པ༵ར་མཛ༵ད་དུ༵་གསོ༵ལ། ཞེས་པའོ། །འདིའི་འཛིན་མཁན་ཡང༌། དེ་ འདྲའི་འཛིན་སྟངས་ཀྱི་ཚུལ་དང༌། འཛིན་མཁན་གང་ཟག་གི་གཟུགས་ཕུང་དང་བཅས་པའོ། ། ད་ནི་ལེ་ལན་སོགས་ཀྱི་དོན་ནི། ད༵་ལམ་ནི༵་ངན་པའི་ལེ༵་ལ༵ན་ཐ༵མས་ཅ༵ད་བདག་གཅེས་ འཛིན་གཅི༵ག་པུ་ལ༵་གད༵འ་ཡི་གཞན་སུ་ལ་མི་གདའ་བས་སྐྱེ༵་འགྲོ༵་གཞ༵ན་ཐམས་ཅད་ཀྱིས་ ནི་རང་ལ་རྣམ་སྨིན་ངན་པ་ཟད་ཅིང་བཟང་པོ་སྨིན་པར་བྱེད་པ་འདི་ལ༵་བཀ༵འ་དྲི༵ན་ཤིན་ཏུ་ཆེ༵་ བ༵ར་བསྒོ༵མས་ལ། གཞ༵ན་འགྲོ་བ་ཐམས་ཅད་ཀྱི༵ས་མི༵་འདོ༵ད་པ་མཐའ་དག་བད༵ག་གི༵་རྒྱུ༵ད་ ལ༵་ལེ༵ན་ཞིང༌། བད༵ག་གི༵་དགེ༵་བ༵་འབྲས་བཅས་གང་ཡོད་རྣམས་འགྲོ༵་བ༵་སེམས་ཅན་ཡོ༵ངས་ ལ༵་ཕངས་པ་མེད་པར་བཏང་ཞིང་བསྔོ ༵་བར་བྱ་བའོ། ། དེ་ལྟར་འགྲོ་བ་སོགས་ཀྱི་དོན་ནི། དེ༵་ལྟར༵་འགྲོ༵་བ༵་སེམས་ཅན་གཞ༵ན་གྱི་༵ལུས་ངག་ ཡིད་ཀྱི་སྒོ༵་གསུ༵མ་གྱི༵ས་འདས་མ་འོངས་ད་ལྟར་དུ༵ས་གསུ༵མ་དུ་བགྱི༵ས་པ༵འི་ལས་ཉོན་ཅི་ མཆིས་པ་ཐམས་ཅད་བད༵ག་གི༵ས་རྒྱུད་སྟེང་དུ་ལེགས་པར་བླང༵ས་པ༵་དེ་ཡི༵ས་ཇི་ལྟར་རྨ༵་བྱས༵་ བཙན་དུ༵ག་ཟོས་པ་ན་ལུས་ལ་གནོད་པ་མེད་པར་སྒྲོ་མདོག་གི༵་བཀྲག་མད༵ངས་ད༵ང་ལྡན༵་པ༵་ ལྟར༵་ལས་དང་ཉོ༵ན་མོ༵ངས་པ་དེ་དག་ཐམས་ཅད་རང་ལ་དགེ་བའི་བར་ཆད་དུ་མི་འགྱུར་བར་ བླ་མེད་བྱང༵་ཆུ༵བ་སྒྲུབ་པའི་གྲོ༵གས་སུ༵་འགྱུ༵ར་བ༵ར་ཤོ༵ག་ཅིག །ཅེས་པའོ། །འདི་ཡང་འགྲོ་བ་ ཐམས་ཅད་ཀྱི་དོན་དུའོ། ། 4-1-420 བདག་གི་དགེ་རྩ་སོགས་ཀྱི་དོན་ནི། དེ་བཞིན་དུ་བད༵ག་གི༵་དགེ༵་བའི་རྩ༵་བ་ཐམས་ཅད་ འགྲོ༵་བ་སེམས་ཅན་རྣམས་ལ༵་སྦྱི༵ན་ཞིང་བསྔོ ས་པ༵་ཡིས༵། ཇི་ལྟར་བྱ་༵རོ༵ག་གིས་དུ༵ག་ཟོ༵ས་ ནས་ཤི་བ་ལ་ཉེ་སྐབས་ཆུ་དང་སྨན༵་སོགས་ཀྱི༵ས་གསོ༵ས་པར་གྱུར་པ་ལྟར༵ ་འགྲོ་བ་རྣམས་ ལས་ཉོན་གྱིས་མནར་བས་དགེ་རྩ་ཆད་པར་ཉེ་བ་ལས་གསོས་ཏེ་བྱང་ཆུབ་ཀྱི་སེམས་ཀྱི་ལུས་ སྟོབས་རྒྱས་པར་ཤོ༵ག་ཅིག །ཚུལ་དེ་ལ་བརྟེན་ནས་ལུས་ཅན་སྐྱེ༵་བོ༵་ཡོ༵ངས་ཀྱི༵་ཐ༵ར་ པ༵འ་ིསྲོ༵ག་བདག་གསི ་བཟུང༵ ་ནས༵ ། ད་ེཐམས་ཅད་རངི ་པརོ ་མ་ིཐགོ ས་པར་བདེ༵་བ༵ར་གཤེ༵གས་ པ༵འི་སང༵ས་རྒྱ༵ས་མཆོག་གི་གོ་འཕང་མྱུར་དུ་ཐོ༵བ་པ༵ར་ཤོ༵ག་ཅིག་ཅེས་སོ། ། ནམ་ཞིག་བདག་དང་སོགས་ཀྱི་དོན་ནི། དེ་ལྟ་བུའི་སྒོ་ནས་བྱང་ཆུབ་ཀྱི་སྤྱོད་པ་ལ་ བརྟེན་ནས་དུས་ན༵མ་ཞི༵ག་ན་བད༵ག་ད༵ང་ཕ༵་མ༵ར་གྱུ༵ར་པ༵འི་སེམས་ཅན་རྣམ༵ས་འོ༵ག་མི༵ན་གྱི་ གན༵ས་སུ༵་ཆབས་ཅིག་བླ་མེད་བྱང༵་ཆུ༵བ་མ༵་ཐོ༵བ་པའི་བ༵ར་དུ་ལྷ་དང་མི་སོགས་འགྲོ༵་བ༵་དྲུ༵ག་ ཏུ༵་ལ༵ས་ཀྱི༵ས་འཁྱམ༵ས་པ༵འི་སེམས་ཅན་རྣམ༵ས་ཕ༵ན་ཚུ༵ན་སྡང་སེམས་ཞི་ནས་གཅི༵ག་སེ༵མས་ གཅི༵ག་གི༵ས་འཛི༵ན་པའི་སྙིང་ཉེ་བ༵ར་ཤོ༵ག་ཅིག་ཅེས་སོ། །འདིའི་འོག་མིན་ཡོངས་སུ་གྲགས་ པ་ལྟར་རམ་མི་སློ བ་པའི་ཟུང་འཇུག་གི་གོ་འཕང་ལ་བྱེད་ཆོག་པར་གསུངས། དེ་ཚེ་འགྲོ་བ་སོགས་ཀྱི་དོན་ནི། དེ་འདྲའི་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པའི་ སྐབས་དེ༵་ཚེ༵་ན་ཐ་ན་འགྲོ༵་བ༵་གཅི༵ག་གི༵་དོ༵ན་དུ༵་ཡ༵ང་ང༵ན་སོ༵ང་གསུ༵མ་དུ༵་འདོད་ལྡན་མཐོ་ རིས་ཀྱི་དགའ་ཚལ་དུ་འཇུག་པ་ལྟར་དགའ་ཞིང་སྤྲོ་བཞིན་དུ་བད༵ག་གི༵ས་ཡོ༵ངས་སུ་ཞུ༵གས་ ན༵ས་སེ༵མས་དཔ༵འ་ཆེ༵ན་པོ༵འི་མཛད་བཟང་གི་སྤྱོ༵ད་པ༵་ནམ་ཡང་མ༵་ཉམ༵ས་པ༵ར་ང༵ན་སོ༵ང་ གསུམ་གྱི་སྡུ༵ག་བསྔ༵ལ་རྒྱུ་དང་བཅས་པ་ལས་བད༵ག་ཉིད་གཅིག་པུའི་སྟོབས་དག་གི༵ས་ངེས་ པར་འདྲོངས་པ༵ར་ཤོ༵ག་ཅིག་ཅེས་སོ། ། དེ་མ་ཐག་ཏུ་སོགས་ཀྱི་དོན་ནི། གོང་ལྟར་སེམས་ཅན་རྣམས་ཀྱི་ཕྱིར་དུ་དམྱལ་བའི་ 4-1-421 ལྕགས་བསྲེགས་ཀྱི་ས་གཞི་མེ་འབར་བའི་ནང་དུ་ཚམ་ཚོམ་མེད་པར་ཞུགས་པ་ན་དེ༵་མ༵་ཐ༵ག་ ཏུ༵་དམྱལ༵་བ༵འི་སྲུ༵ང་མ༵་མི་བསྲུན་པ་རྣམ༵ས་ཀྱང་གནོད་འཚེའི་བསམ་པ་ཞི་ནས་བད༵ག་ཉིད་ ལ༵་བླ་མ༵འི་འདུ༵་ཤེ༵ས་སྐྱེ༵ས་པར་གྱུ༵ར་ཏེ༵་དང་བ་དང་གུས་པའི་སེམས་ཀྱིས། ཀྱེ་མ་སྐྱེས་བུ་ ཆེན་པོ་འདིར་བྱོན་དོན་ཅི་ཞེས་དྲིས་པ་ན། བདག་ནི་སྡུག་བསྔལ་གྱིས་མནར་བ་དག་དྲངས་ ཕྱིར་ལྷག་གོ །ཞེས་སྨྲས་པས། དེ་དག་གིས་སེམས་ཅན་བཟུང་བཅིང་རྣམས་རང་ཤུགས་ཀྱིས་ ལྷོ ད་པ་དང༌། དམྱལ་སྲུང་དག་གི་མཚོ༵ན་ཆ༵འི་ཆར་ཕབ་པ་རྣམ༵ས་ཀྱང༵་མེ༵་ཏོ༵ག་གི་ཆ༵ར་དུ༵་ གྱུ༵ར་ཏེ། སེམས་ཅན་དེ་དག་གི་ལུས་ལ་གནོ༵ད་པ༵་ཅུང་ཟད་མེ༵ད་པ༵ར་ཞི༵་བའི་བདེ༵་བ་ཆེན་ པོས་སེམས་རྒྱུད་ཡོངས་སུ་བསི༵ལ་བ༵ར་ཤོ༵ག་ཅིག་ཅེས་སོ། ། ངན་སོང་བ་ཡང་སོགས་ཀྱི་དོན་ནི། གཞན་ཡང་བདག་གི་མཐུ་ལས་ང༵ན་སོ༵ང་དུ་འགྲོ་ བ༵འི་སེམས་ཅན་དེ་རྣམས་ལ་ཡ༵ང་གནས་དེ་ཉིད་དུ་མངོ༵ན་པར་ཤེ༵ས་པ་ལྔ་དང་གཟུ༵ངས་ཀྱི་ སྒོ་དུ་མ་སོགས་ཡོན་ཏན་མང་པོ་ཐོ༵བ་ན༵ས་དེ་ནས་འཕོས་མ་ཐག་ཏུ་ཡང་མངོན་མཐོ་ལྷ་༵མི༵འི་ ལུ༵ས་ཁོ་ན་བླང༵ས་པ་ལ་བརྟེན་ནས་ཉན་རང་གི་བྱང༵་ཆུ༵བ་དོན་དུ་མི་གཉེར་ཞིང་བླ་ན་མེད་ པའི་བྱང་ཆུབ་མཆོག་ཏུ་སེ༵མས་བསྐྱེ༵ད་དེ༵། སྔར་བད༵ག་གི༵ས་ངན་སོང་གི་གནས་ལས་དྲངས་ པའི་དྲི༵ན་ལ༵ན་མཐའ་དག་ཀྱང་རྒྱལ་སྲས་ཀྱི་སྤྱོད་པ་རླབས་པོ་ཆེའི་ཆོ༵ས་ཀྱི༵ས་གསོ༵བ་པར་ གྱུ༵ར་ཅི༵ང༌། བདག་གིས་ཀྱང་དེ་དག་ལ་དགེ་བའི་བཤེས་གཉེན་གྱི་བྱ་བ་བྱེད་ཅིང་དེ་དག་ གིས་ཀྱང་བད༵ག་ལ༵་བླ་༵མ༵ར་བཟུ༵ང་ན༵ས་བསྟེ༵ན་ཚུལ་ཕྱིན་ཅི་མ་ལོག་པར་བྱས་ཏེ་རིང་མིན་ ས་ལམ་གྱི་བགྲོད་པ་མཐར་ཕྱིན་པ༵ར་ཤོ༵ག་ཅིག་ཅེས་སོ། ། དེ་ཚེ་མཐོ་རིས་སོགས་ཀྱི་དོན་ནི། དེ༵འི་ཚེ༵་མཐོ༵་རི༵ས་སུ་གཏོགས་པའི་འགྲོ༵་བ༵་ཐ༵མས་ ཅ༵ད་ཀྱིས་ཀྱང༵་བདག་གིས་འགྲོ་དོན་བྱེད་པ་དེའི་སྐབས་སུ་བད༵ག་གིས་ཇི་ལྟར་སྤྱོད་པ་ད༵ང་ མཚུ༵ངས་པ༵ར་བད༵ག་མེ༵ད་རྟོགས་པའི་ཤེས་རབ་རྣམ་པར་དག་པ་ར༵ བ་ཏུ་བསྒོ༵མས་པར་ 4-1-422 བྱས་ན༵ས། སྲི ༵ད་པ་ད༵ང་ཞི༵་བ༵་ཕྱོགས་གཅིག་པའི་བདེ་བ་གང་ལ་རྣམ༵་པ༵ར་མི༵་རྟོ༵ག་པ་སྟེ་མི་ ཆགས་པ༵ར་སྲིད་ཞིའི་གཤིས་ལུགས་བདེན་སྟོང་མཉམ༵་པ༵་ཉི༵ད་དུ༵་རང་བཞིན་གནས་ལུགས་ ཀྱི་ངོ་བོ་ཇི་བཞིན་པ་མངོན་དུ་གྱུར་ཏེ་ར༵ང་ངོ༵་འཕྲོ༵ད་པ༵ར་ཤོ༵ག་ཅིག་ཅེས་སོ། ། དེ་ལྟར་བྱས་ན་སོགས་ཀྱི་དོན་ནི། དེ༵་ལྟར༵་བདག་གཅེས་འཛིན་ལ་དགྲར་བལྟས་ནས་ འགོག་པའི་ཐབས་ཚུལ་འདི་བཞིན་བྱས༵་ན༵་བདག་གཅེས་འཛིན་གྱི་དགྲ་༵འདི༵་མྱུར་ནས་ཆོ༵མ་ པ༵ར་འགྱུ༵ར་ལ། དེ༵་ལྟར༵་བྱས༵་ན༵་བདག་གཅེས་འཛིན་དང་དེས་བསྐྱེད་པའི་རྣམ༵་རྟོ༵ག་ངན་ པ་རྣམས་ཀྱང་ཆོ༵མ་པ༵ར་འགྱུ༵ར་ཏེ། སྤྱིར་ན་ཡང་བདེ་བ་ཆེན་པོ་རྣམ་པར་མི༵་རྟོ༵ག་པའི་ཡེ༵་ ཤེ༵ས་དང་ཤེས་རབ་བད༵ག་མེ༵ད་རྟོགས་པའི་ཡེ་ཤེས་ཟུང་འབྲེལ་དུ་གོ༵མས་པར་གྱུ༵ར་པ་ན༵་ གཟུ༵གས་སྐུ༵་འགྲུབ་བྱེད་ཀྱི་རྒྱུ༵་ཐབས་ཤེས་ཀྱི་མངོན་རྟོགས་རྒྱ་ཆེ་བ་དང༌། དེའི་འབྲ༵ས་བུ་ གཟུགས་སྐུ་དང་བཅས་པ་ཅི༵་ཕྱིར་སྟེ༵་ཐོ༵བ་པར་མི༵་འགྱུ༵ར་ཏེ། རྒྱུ་ཚང་ན་འབྲས་བུ་འབྱུང་བ་ ཆོས་ཉིད་ཡིན་པའི་ཕྱིར་རོ། །དེ་ཡན་ཆད་ཀྱིས་ཀུན་རྫོབ་སེམས་བསྐྱེད་ལ་འབད་དགོས་ཚུལ་ ལེགས་པར་བསྟན་ཟིན་ཏོ། ། ད་ནི་དོན་དམ་སེམས་བསྐྱེད་ལ་འབད་དགོས་ཚུལ་རྣམས་བསྟན་པ་སྟེ། ཀ་ཡེ་དེ་དག་ ཐམས་ཅད་རྟེན་འབྲེ ལ་ཡིན། །ཞེས་སོགས་ཀྱི་དོན་རིམ་པ་བཞིན་འདི་ལྟ་སྟེ། ཀ༵་ཡེ༵་ཞེས་རང་ ཅག་ལ་བོས་ནས་གོང་དུ་བཤད་པའི་བདག་འཛིན་བདག་གཅེས་འཛིན་ཡུལ་གྱི་བདག་གི་ དོན་སྤྱི་སོགས་དེ༵་ད༵ག་ཐ༵མས་ཅ༵ད་རྟེ༵ན་འབྲེ ༵ལ་ཡི༵ན་ཏེ། རྒྱུ་རྐྱེན་ཚོགས་ཙམ་ལ་བརྟེན་ནས་ གྲུབ་པའི་ཕྱིར། ཆོས་ཐམས་ཅད་རྟེ༵ན་འབྲེ ༵ལ་ཡིན་པའི་རྒྱུ་མཚན་ཡང་རྒྱུ་རྐྱེན་དང་ཆ་ཤས་ སོགས་གང་ཡང་རུང་བ་ཞིག་ལ་ལྟོ༵ས་ནས་གྲུབ་པ༵་ལས་ར༵ང་ཚུ༵གས་ཐུབ་པ་མེད་པ༵འི་དབང་ གིས་ཡི༵ན་ལ། དེ་ལྟར་ཚུགས་ཐུབ་ཏུ་མ་གྲུབ་པ་ལ་བཟང་ངན་འདྲ་མིན་སྣ་ཚོགས་དུ་ཕ༵ར་ བསྒྱུ༵ར་ཚུ༵ར་བསྒྱུ༵ར་བྱེད་སླ་ཞིང་མིང་རྐྱང་བཏགས་ཡོད་ཙམ་གྱི་རྫུ༵ན་སྣང༵་བདེན་པར་མེད་པ་ 4-1-423 དཔེ་སྒྱུ༵་མ༵་མཁན་པོའི་འཕྲུལ་དང་མཚུངས་པ་ཡི༵ན། དཔེར་ན་ཤིང་འག༵ལ་དུམ་གྱི་མེ༵་ཞིག་ བར་སྣང་ལ་མྱུར་བར་བསྐོར་ཚེ་མེ་དམར་པོ་ཁོར་མོ་ཡུག་ཏུ་སྣང་ཡང་དོན་ལ་དེ་ལྟར་མེད་པ་ བཞི༵ན་དུ༵་རྒྱུ་དང་འབྲས་བུའི་ཆོས་གང་དག་ཕར་སྣང༵་བ༵འི་ངོར་ཤར་ཙམ་གྱི་གཟུ༵གས་བརྙན༵་ བཏགས་ཡོད་ཙམ་ལས་བདེན་པར་མེད་པ་ཡི༵ན་པ་དང༌། ཆུ༵་ནང་དུ་ཡོད་པའི་ཤི༵ང་གི་སྡོང་ པོ་ནི་ཇི་ལྟར་ཆེ་ཡང་ནང་ཆུས་ཟོས་པའི་དབང་གིས་སྐྱོན་ཅུང་ཙམ་གྱིས་འགྱེལ་འགྲོ་བའི་སྙིང་ པོ་མ་མཆིས་པ་བཞི༵ན་དུ༵་རང་ཅག་རྣམས་ཀྱི་སྲོ༵ག་ལ༵་ཡང་རྐྱེན་གྱིས་འཇིག་སླ་བའི་སྙི༵ང་པོ༵་ མེ༵ད་པ་དང༌། དཔེར་ན་ཆུའི་ལྦུ༵་བ༵་འཕྲལ་དུ་སྡོད་ཀྱང་ཐུག་ཙམ་གྱིས་ འཇིག་པ་བཞི༵ན་དུ༵་རང་ཅག་གི་ཚེ༵་ཡང་རེ་ཞིག་ལ༵་སྡོད་པ་ལྟར་སྣང་ཡང་རྐྱེན་ཉུང་ཟད་ ཀྱིས་འཇིག་ནུས་པས་སྙི༵ང་པོ༵་མེ༵ད་པ་དང༌། ཁུ༵ག་སྣ་༵དེ་རྒྱང་རིང་པོ་ནས་མཐོང་ཚེ་ཡོད་པ་ ལྟར་སྣང་ཡང་དྲུང་དུ་བཏུད་ན་མེད་པར་འགྱུར་བ་བཞི༵ན་དུ༵་དངོས་པོ་རྣམས་མ་བརྟགས་མ་ དཔྱད་ན་ཡོད་ཡོད་འདྲ་ཡང་རིགས་པས་བཏུ༵ད་ཅིང་དཔྱད་ན༵་འཇི༵ག་པ༵ར་འགྱུར་བ་ཡི༵ན་པ་ དང༌། རྐྱེན་གྱི་སྟོབས་ཀྱིས་སྨི༵ག་རྒྱུ༵་རྒྱང་ནས་མཐོང་ཚེ་ཆུ་དངོས་རྒྱུག་པ་ལྟར་སྣང་ཡང་དྲུང་དུ་ སླེབས་ན་མེད་པ་བཞི༵ན་དུ༵་ཆོས་ཐམས་ཅད་མ་དཔྱད་པར་སྣང་ཙམ་དུ་རྒྱ༵ང་ན༵ས་བཞག་ན་ བདེན་བདེན་ལྟ་བུའི་མཛེ༵ས་པ༵ར་སྣང་བ་ཡི༵ན་ཀྱང་དོན་གྱི་ཡིན་ལུགས་དཔྱད་ན་ཅི་ཡང་མ་ གྲུབ་པ་དང༌། མེ༵་ལོ༵ང་གི་ནང་དུ་འཕོས་པའི་གཟུ༵གས་བརྙན༵་དོན་ལ་བྱད་བཞིན་དུ་མི་བདེན་ ཀྱང་བདེན་བདེན་ལྟར་སྣང་བ་དེ་ལྟ་༵བུ༵ར་ཆོས་རྣམས་བདེན་པར་གྲུབ་པ་མེད་ཀྱང་སེམས་ བདེན་འཛིན་ལ་ཐོག་མེད་ནས་གོམས་པའི་དབང་གིས་དེ་དག་ཀྱང་བདེ༵ན་བདེ༵ན་འདྲ་༵བར་ སྣང་བ་དང༌། མཁའ་ལ་འཁྲིགས་པའི་སྤྲི༵ན་ད༵ང་ན༵་བུ༵ན་རྣམས་རེ་ཞིག་སྡོད་སྡོད་འདྲ་ཡང་གློ་ བུར་དུ་ཡལ་ནས་འགྲོ་བ་བཞི༵ན་དུ༵་འདུས་བྱས་རྣམས་ཀྱང་རྟག་འཛིན་གྱི་སྣང་ངོར་རེ་ཞིག་ རྟག་རྟག་ཏུ་སྡོ༵ད་སྡོ༵ད་འདྲ་༷ཡང་དོན་ལ་དེ་དག་སྐད་ཅིག་རེ་རེ་བཞིན་ཡང་མི་སྡོད་པར་འཇིག་ 4-1-424 འགྲོ་བ་དང༌། དཔེ་དེ་རྣམས་བཞིན་དུ་དགྲ་༵བད༵ག་འཛིན་དང༌། དེས་བསྐོ ས་པའི་གཤེ༵ད་མ༵་ བདག་གཅེས་འཛིན་དང་བཅས་པ་འདི༵་དག་ཡ༵ང་གོང་དུ་བཤད་པ་དེ༵་བཞི༵ན་དུ༵་ད་ལྟ་འཁྲུལ་ བའི་སྣང་ངོར་བདེན་པར་ཡོ༵ད་ཡོ༵ད་འདྲ་༵སྟེ༵་སྣང་ཡང་དོན་གྱི་གནས་ཚོད་ལ་ན༵མ་ཡ༵ང་བདེན་ གྲུབ་ཡོ༵ད་མ༵་མྱོ༵ང་བ་དང༌། དེ་དག་འཁྲུལ་བའི་དབང་གིས་བདེ༵ན་བདེ༵ན་འདྲ་༵སྟེ༵་སྣང་ཡང་ དོན་ལ་ག༵ང་དུ༵འ༵ང་བདེ༵ན་པར་ཡོད་མ༵་མྱོ༵ང་ཞིང༌། བདེན་པར་སྣང༵་སྣང༵་འདྲ་༵སྟེ༵་དོན་ལ་ བདེན་པར་གྲུབ་པ་གཅིག་ཀྱང་མེད་པའི་གནད་ཀྱིས་དོན་དམ་པར་ན་ཆོས་ཐམས་ཅད་སྒྲོ༵་ སྐུ༵ར་གྱི་ཡུ༵ལ་ལ༵ས་འད༵ས་པ་ཡིན་ལ། བདེན་པར་མེད་པའི་ཡིན་ལུགས་དེ༵་ལ༵་ལ༵ས་ཉོན་གྱི༵་ དབང་གིས་སྲི ད་པའི་གནས་སུ་འཁོ༵ར་ལོ༵་ལྟར་འཁོར་ཏེ་སྡུག་བསྔལ་མྱོང་བ་སོགས་ཀྱང་སྣང་ ཙམ་མ་གཏོགས་བདེན་པར་གྲུབ་པ་ག༵ང་ཞི༵ག་ཡོ༵ད་དེ་མེད་དོ། ། དེ་ཡན་ཆད་ཀྱིས་ཆོས་ཀུན་བདེན་མེད་དུ་གཏན་ལ་ཕབ་ནས་དེ་དག་བདེན་པར་མ་ གྲུབ་ཀྱང་ཐ་སྙད་སྣང་ཙམ་དུ་མི་བསླུ་བས་ན་རྒྱུ་འབྲས་ཀྱི་སྤང་བླང་ལ་གཟོབ་པ་ལྷུར་ལེན་ དགོས་ཚུལ་སོགས་འདི་ལྟ་སྟེ། འདི་ན་དེ་ལྟར་རང་བཞིན་མེད་ན་ཡང་ཞེས་སོགས་ཀྱི་དོན་ རིམ་བཞིན་ནི། འོ་ན་ཆོས་ཐམས་ཅད་བདེན་པར་མེད་ན་ལས་འབྲས་སོགས་ཀྱི་རྣམས་གཞག་ མི་འཐད་དམ་ཞེ་ན། དེ་ནི་མ་ཡིན་ཏེ། འདི༵་ན༵་གོང་དུ་བཤད་པ་དེ༵་ལྟར༵་བདག་འཛིན་དང་ རྒྱུ་འབྲས་སོགས་དུ་མར་སྣང་བ་འདི་དག་ར༵ང་བཞི༵ན་བདེན་གྲུབ་གཅིག་ཀྱང་མེ༵ད་ན༵་ཡ༵ང་ དྭངས་པའི་ཆུ༵་ན༵ང་དུ་ཟླ་༵བ༵འི་དཀྱི༵ལ་འཁོ༵ར་གྱི་སྣང་བརྙན་ལེགས་པར་ཤ༵ར་ཀྱང་དོན་ལ་ ཟླ་བ་ཆུ་ནང་དུ་འཕོས་པ་མེད་པ༵་ལྟར༵་ལ༵ས་འབྲ༵ས་ཀྱི་ཆོས་འདི༵་རྣམས་ནི༵་བདེན་པར་མེད་ པའི་རྫུ༵ན་པ༵་སྣང་ཙམ་དུ་དགེ་སྡིག་ལས་བདེ་སྡུག་སྣ་༵ཚོ༵གས་འབྱུང་བ་ལ་མི་བསླུ་བའི་སྒོ་ ནས་མིང་རྐྱང་བཏགས་ཡོད་ཀྱི་ཡིན་ལུགས་འདྲ་མིན་སོ་སོའི་རྣམ་པ་ལེགས་པར་བཀྲ་༵ཞིང་ཅི་ དགར་བསྙོན་མེད་ཀྱི་སྣང་བ་འབྱུང་བས་ན། སྣང༵་བ༵་དེ་ཙ༵མ་གྱི་སྟེང་ནས་དགེ་སྡིག་སོགས་ 4-1-425 ཡིད་ཡུལ་དུ༵་བཞག་སྟེ་བླང༵་དོ༵ར་ཕྱིན་ཅི་མ་ལོག་པར་བྱའོ༵།༵ །ཨ༵ང་ཞེས་བརྩེ་བས་འདོམས་ པའོ། །སྐྱེས་བུ་འགའ་ཞིག་གཉིད་ཀྱིས་བསླད་པའི་སྐྱོན་གྱིས་རྨི༵་ལ༵མ་གྱི་ཡུ༵ལ་དུ༵་ལ༵་མ༵འི་མེ༵་ རབ་ཏུ་འབ༵ར་ཏེ་རང་གི་ལུས་སོགས་ཚིག་སྣང་བྱུང་ཚེ༵་སྐབས་དེར་གཉིད་ཀྱིས་མ་བསླད་པ་ རྣམས་ལ་དེ་འདྲའི་མེ་མཐོང་བ་མི་སྲིད་པས་དོན་ལ་མེའི་ར༵ང་བཞི༵ན་མེ༵ད་ཀྱང༵་གཉིད་ཀྱིས་ བསླད་པའི་ངོར་དེ་འདྲའི་མེའི་ལུས་ཚ༵་བ༵འི་སྣང་བ་དང་སེམས་ལ་འཇི༵གས་སྐྲག་གི་སྣང་བ་ བསྙོན་མེད་དུ་འབྱུང་དུ་ཡོད་པ༵་ལྟར༵་དམྱལ༵་བའི་ཁ༵མས་དང་ལ༵་སོ༵གས་པས་བསྡུས་པ་ཡི་ དྭགས་དུད་འགྲོའི་ཁམས་སོགས་ཀྱང་ར༵ང་བཞི༵ན་གྱིས་བདེན་པར་མེ༵ད་ན༵་ཡ༵ང་ལས་ངན་ བསགས་པའི་གང་ཟག་གི་ངོར་བཙོ༵་བསྲེ༵གས་ལ་སོགས་པའི་སྡུག་བསྔལ་གྱི་ཚོ༵གས་ལ༵་ འཇི༵གས་སྐྲག་གི་སྣང་བ༵་བསྙོན་མེད་དུ་འབྱུང་བ་ཡོད་པ་དེའི་སྒོ་ནས་དེའི་རྒྱུ་སྡིག་པ་མི་དགེ་ བའི་ལས་རྣམས་ངེས་པར་སྤང༵་བ༵ར་བྱ་༵དགོས་སོ། །ཚ༵ད་པ༵འི་ནད་སོགས་ཀྱིས་མནར་བའི་ གང་ཟག་འགའ་ཞིག་ནད་ཀྱི་དབང་གིས་འཁྲུ༵ལ་བར་གྱུར་པའི་ཚེ༵་དོན་ལ་མུ༵ན་ན༵ག་ཡོ༵ངས་ ནས་མེ༵ད་ཀྱང༵་ནད་པ་དེའི་ངོར་མུན་ཏོང་གཏི༵ང་རི༵ང་གི་ཕུ༵གས་སུ༵་རྒྱུ༵་ཞི༵ང་འཚུ༵བ་པ༵འི་སྣང་ བ་འབྱུང་བ་ལྟར༵་མ༵་རི༵ག་པ་སོགས་ཉོན་མོངས་པའི་ཚོ༵གས་རྣམས་དོན་ལ༵་ར༵ང་བཞི༵ན་ བདེན་གྲུབ་མེ༵ད་ན༵་ཡ༵ང་ཐ་སྙད་ཙམ་དུ་དེ་དག་གིས་ལས་ངན་དང་སྡུག་བསྔལ་སོགས་ བསྐྱེད་པར་བྱེད་ཕྱིར་སྣང་ཙམ་དུ་ཤེ༵ས་ར༵བ་གསུ༵མ་གྱི༵ས་འཁྲུ༵ལ་བ༵་བདག་འཛིན་བག་ཆག་ དང་བཅས་པ་བས༵ལ་བ༵ར་བྱ་༵དགོས་སོ། །འདིའི་ཤེས་རབ་གསུམ་ནི་སྟོང་ཉིད་རྟོགས་པའི་ ཐོས་བྱུང་རྗེས་དཔག་མངོན་སུམ་གསུམ་གྱི་ཤེས་རབ་བམ་ཡང་ན་སྟོང་ཉིད་རྟོགས་པའི་ ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་གསུམ་ལ་བྱས་ཀྱང་ཆོག་པར་གསུངས། དཔེར་ན་ རོ༵ལ་མོ༵་མཁ༵ན་མཁས་པ་རྣམས་ཀྱི༵ས་པི༵་ཝ༵ང་གི་སྒྲ་དང་སྦྱར་ཏེ་གླུ༵་བླང༵ས་པའི་ཚེ༵་བརྟགས་ ཤིང་དཔྱད༵་ན༵་སྒྲ༵་དེ༵་འབྱུང་བའི་ར༵ང་བཞི༵ན་ཚུགས་ཐུབ་ཞིག་གང་ན་མ༵་མཆི༵ས་མོ༵ད་ཀྱང་ 4-1-426 མ་བརྟགས་མ༵་དཔྱད༵་ན་རྒྱུ་རྐྱེན་རྣམས་ཚོ༵གས་པ་ལ་བརྟེན་ནས་དེའི་བྱེད་པ༵ས་སྙན༵་པ༵འི་ སྒྲ༵་ཡིད་འོང་འབྱུ༵ང་བ༵ས་སྐྱེ༵་བོ༵འི་སེ༵མས་ཀྱི༵་གདུ༵ང་བ༵་སྟེ་སྡུག་བསྔལ་སེ༵ལ་ཞིང་དགའ་བ་ བསྐྱེད་པ༵་ལྟར༵་དགེ་བ་དང་མི་དགེ་བའི་ལ༵ས་ད༵ང་རྒྱུ༵་འབྲ༵ས་ཡོ༵ངས་ལ༵་བརྟགས་ཤིང་དཔྱད༵་ པ༵་ན༵་བདེན་པའི་གཅི༵ག་ད༵ང་ཐ༵་ད༵ད་གང་གི་ར༵ང་བཞི༵ན་དུ་རྙེད་པ་མེ༵ད་ན༵་ཡ༵ང་མ་བརྟགས་ མ་དཔྱད་ན་རྒྱུའི་སྣང༵་བ་དང་འབྲས་བུའི་སྣང༵་བ་ལྟ་༵བུ༵ར་འདུས་བྱས་ཀྱི་ཆོ༵ས་རྣམ༵ས་དང་ པོ་སྔར་མེད་གསར་དུ་སྐྱེ༵ས་ཏེ་མཐར་འཇི༵ག་ཅིང་འགག་པར་བྱེ༵ད་པའི་སྒོ་ནས་ཐ་སྙད་སྣང་ ཙམ་དུ་ཡོ༵ད་ཡོ༵ད་ལྟ་༵བུ༵ར་དགེ་སྡིག་གི་འབྲས་བུ་བདེ༵་བ་དང་སྡུ༵ག་བསྔལ་སྣ་༵ཚོ༵གས་པ་མྱོ༵ང་ བ་ནི་ནམ་ཡང་འགོག་པར་མི་ནུས་སོ། །དཔེར་ན་ཆུ༵་ཡི༵་ཐི༵གས་པ༵ས་བུ༵མ་པ༵་འགེ༵ངས་པར་ བྱེད་པ༵་ན༵་ཆུ༵་ཐི༵གས་ད༵ང་པོ༵་ཁོ་ནས་བུ༵མ་པ༵་མི༵་ཁེ༵ངས་ཤི༵ང་ཆུ་ཐིགས་ཐ༵་མ༵་ལ༵་སོ༵གས་པའི་ ཕྱི་མ་རེ༵་རེ༵ས་ཀྱང་བུམ་པ་ཁེངས་པ་མ༵་ཡི༵ན་མོ༵ད་ཀྱང་ཆུ་ཐིགས་དང་པོ་ནས་ཐ་མའི་བར་གྱི་ སྔ་ཕྱི་ཐམས་ཅད་ཀྱི་རྟེ༵ན་འབྲེ༵ལ་ཚོ༵གས་པ༵ས་བུ༵མ་པ་ལེགས་པར་ག༵ང་བ༵་ལྟར༵་དགེ་སྡིག་གི་ བསྐྱེད་པའི་བདེ༵་བ་དང་སྡུ༵ག་བསྔལ་གྱི་རྣམ་པར་སྨིན་པའི་འབྲ༵ས་བུ༵་གང་ཟག་ག༵ང་གི༵ས་ མྱོ༵ང་བ༵་ན༵་རྒྱུ༵་ཡི༵་སྐད༵་ཅི༵ག་ད༵ང་པོ༵་ཁོ་ནས་བདེ་སྡུག་མྱོང་བར་བྱེད་པ་མ༵་ཡི༵ན་ཞི༵ང་ཐ༵་མ༵འི་ སྐད༵་ཅི༵ག་མ་སོ༵གས་རེ་རེའི་སྟོབས་ཀྱི༵ས་མྱོང་བར་བྱེད་པ་མ༵་ཡི༵ན་མོད་ཀྱང༵་རྒྱུའི་སྐད་ཅིག་ སྔ་ཕྱིའི་རྟེ༵ན་འབྲེ༵ལ་ཉེ་བར་ཚོ༵གས་པ༵ས་འབྲས་བུ་བདེ༵་སྡུ༵ག་བསླུ་མེད་དུ་མྱོ༵ང་བ༵ར་འགྱུ༵ར་ བའོ། །དེ་ལྟ་བས་ན་སྣང་སྟོང་འགལ་མེད་དུ་འཆར་བའི་ཚུལ་འདི་ཤིན་ཏུ་ངོ་མཚར་བའི་ གནས་སུ་གཟིགས་ནས་ཨེ༵་མ༵་ཞེས་བརྗོད་པར་མཛད་དེ་མ༵་བརྟག༵ས་པའི་བློ་གཅི༵ག་པོ༵ར་ ཉམ༵ས་དག༵འ་བ༵འི་སྣང༵་བ༵་འདི༵འི་ངོར་ཤར་བའི་ཆོས་ཐམས་ཅད་ལ༵་བདེན་པར་གྲུབ་པའི་ སྙིང་པོ༵་གང་ཡང་མ༵་མཆི༵ས་མོ༵ད། འོ༵ན་ཀྱང༵་རྟེན་འབྲེ ལ་སྣང་ཙམ་གྱི་སྟེང་ནས་མི་བསླུ་བར་ ཡོ༵ད་པ༵་ལྟ་༵བུ༵ར་སྣང༵་བ༵་ཡི༵་ཆོ༵ས་འདི༵་དག་གི་ཡིན་ལུགས་ཤིན་ཏུ་ཟ༵བ་པ་སྟེ༵་འདིའི་ཚུལ་ 4-1-427 བདེན་གཉིས་འགལ་འཛིན་གྱིས་བསླད་པའི་བློ་རྒྱ་ཉེ་བར་དམ༵ན་པ༵ས་ནི་ཇི་བཞིན་དུ་མཐོ༵ང་ བ༵ར་དཀ༵འ་བ་ཡིན་ནོ། །དེ་ལྟར་སྟོང་པ་ཉིད་ཀྱི་དོན་ལེགས་པར་གཏན་ལ་ཕབས་ཟིན་རྗེས་ སུ་ད༵་ནི༵་དོན་དེ་ཉིད་ལ་སེམས་ཏི༵ང་ངེ་འཛི༵ན་ཏེ་རྩེ་གཅིག་ཏུ་འཛིན་པའི་སྒོ་ནས་མཉམ༵་པ༵ར་ འཇོ༵ག་པ༵་ན༵་མཉམ་བཞག་དེའི་སྣང་ངོར་ཀུན་རྫོབ་ཀྱི་སྣང་བ་མཐའ་དག་ལོག་པར་འགྱུར་ བས་ངེ༵ས་པ༵ར་སྣང༵་བ༵་ཙ༵མ་ཡ༵ང་ཅི༵་ཞི༵ག་ཡོ༵ད་དེ་མེད། མཉམ་བཞག་དེའི་གཟིགས་ངོར་ ཀུན་རྫོབ་ཀྱི་སྣང་བ་ཡོ༵ད་པ༵་ཅི༵་སྟེ་ཡོ༵ད་དེ་མེད་པ་དང་དོན་དམ་སྟོང་ཉིད་འོད་གསལ་གྱི་ཡིན་ ལུགས་མེ༵ད་པ༵འ༵ང་ཅི༵་ཞི༵ག་ཡོ༵ད་པ་ཡིན་ཏེ་མེད་དོ། །དེ་བཞིན་དུ་དེའི་ངོར་བདེན་གྲུབ་ཡི༵ན་ མི༵ན་ལ་སོགས་པའི་ད༵མ་བཅ༵འང་ག༵ང་དུ༵་སུ༵་ཞི༵ག་ཡོ༵ད་དེ་ཅུང་ཟད་ཀྱང་མེད་པའོ། །འདི་ སྤྱིར་བཏང་གི་དབང་དུ་བྱས་ན་བདེན་གྲུབ་ཏུ་ཡོད་པ་དང་ཐ་སྙད་དུ་མེད་པ་དང༌། རང་བཞིན་ གྱི་གྲུབ་པའི་ཡོད་པ་ཡིན་པར་རམ། ཐ་སྙད་ཙམ་དུའང་ཡོད་པ་མིན་པར་དམ་བཅའ་བའི་ དབུ་མ་པ་ཆེན་པོ་ནི་གང་དུ་སུ་ཞིག་ཡོད་དེ་མེད་དོ། །ཞེས་པ་ལྟ་བུས་འགྲེལ་ ཚུལ་བྱས་ཀྱང་ ཆོག་པར་གསུངས། དེ་ལྟར་ཡུ༵ལ་རྣམས་བདེན་པར་མ་གྲུབ་པ་བཞིན་དུ་ཡུ༵ལ་གྱི༵་ཆོ༵ས་ཉི༵ད་ སྟོང་པ་ཉིད་ཀྱང་མིང་དང་རྟོག་པས་ཕར་བཏགས་ཙམ་ལས་རང་ངོས་ནས་གྲུབ་པ་མ༵་མཆི༵ས་ ཤི༵ང༌། དེའི་ཕྱིར་དོན་དམ་པར་འདི་ནི་བླང༵་བྱའོ། །འདི་ནི་དོ༵ར་བྱའོ། །ཞེས་སོགས་ཀྱི་ཐ་སྙད་ ཀུ༵ན་དང་བྲ༵ལ་ཞིང་དེ་མ་ཟད་ཀུན་རྫོབ་ཀྱི་སྤྲོ༵ས་པ་མཐའ་དག་ད༵ང་བྲ༵ལ་བ༵འི༵་སྤྲོས་མེད་ཀྱི་ དབྱིངས་དེ་གནས་ལུགས་གཉུ༵ག་མ༵་ཆེན་པོ་ཡིན་ལ། དེའི༵་ང༵ང་དུ༵་བློ༵་གྲོ༵ས་མ༵་བཅོ༵ས་པ༵ར་ རང་བབས་ལྷན༵་ནེ༵ར་གན༵ས་པ་ལ་ཡང་ཡང་གོམས་པར་བྱས་ན༵་རིང་པོར་མི་ཐོག་པར་སྟོང་ ཉིད་མངོན་སུམ་དུ་རྟོགས་པའི་སྐྱེ༵ས་བུ༵་ཆེ༵ན་པོ༵ར་འགྱུ༵ར་བའོ། །དེ༵་ལྟར༵་སྔར་བཤད་པ་དེ་ དག་གི་དོན་བཞིན་དུ་བདག་གཞན་བརྗེ་བའི་ཉམས་ལེན་ཀུ༵ན་རྫོ༵བ་བྱང༵་ཆུ༵བ་ཀྱི་སེ༵མས་ སྒོམ་པ་ད༵ང་ནི༵་གནས་ལུགས་རྟོགས་པའི་ཉམས་ལེན་དོ༵ན་ད༵མ་བྱང༵་ཆུ༵བ་གྱི་སེ༵མས་ལ༵་ཐོས་ 4-1-428 བསམ་སྒོམ་གསུམ་གྱིས་ལེགས་པར་སྤྱ༵ད་པ༵་དེ་ཡི༵ས་ནམ་ཞིག་ན་བསོད་ནམས་དང་ཡེ་ཤེས་ ཀྱི་ཚོ༵གས་གཉི༵ས་པོ་བ༵ར་ཆ༵ད་གང་ཡང་མེ༵ད་པ༵ར་མཐ༵ར་ཕྱི༵ན་ན༵ས་ར༵ང་དོན་དམ་པ་ཆོས་ སྐུ་དང་གཞ༵ན་དོ༵ན་དམ་པ་གཟུགས་སྐུ་གཉི༵ས་གསང་བ་གསུམ་གྱི་ཡོན་ཏན་མཐའ་ཡས་པ་ ཕུ༵ན་སུ༵མ་ཚོ༵གས་པ་བདེ་བླག་ཏུ་ཐོབ་པ༵ར་འགྱུར་བར་ཤོ༵ག་ཅིག །ཅེས་པ་སྟེ་སྨོན་ལམ་རྣམ་ པར་དག་པས་མཇུག་བསྡུ་བར་མཛད་པའོ། ། དགྲ་༵བོ༵་གན༵ད་ལ༵་དབ༵བ་པ༵་མཚོ༵ན་ཆ༵འི་འཁོ༵ར་ལོ༵་ཞེ༵ས་བྱ་༵བ༵་འདི་ཡང་བླ་མ་དྷརྨ ་རཀྵ་ ཏ་ཆེན་པོ་ཉིད་ཀྱིས་སྒྲུབ་པ་མཛད་པའི་གནས་སྟག་སེང་སོགས་འཇི༵གས་པ༵འི་གཅ༵ན་གཟ༵ན་ གཏུམ་པོ་སྣ་༵ཚོ༵གས་རྒྱུ༵་བ༵འི་ན༵གས་ཁྲོ༵ད་དུ༵་རང་གཞན་གྱི་གྲུབ་མཐའ་སྤྱི་དང་ཁྱད་པར་ཐེག་ ཆེན་ཐུན་མོང་མ་ཡིན་པའི་ལུ༵ང་དང་རི༵གས་པའི་གནས་ཀུན་ལ་ཐུགས་སུ་མ་ཆུད་པ་མི་མངའ་ ཞིང༌། ཇི་ལྟར་རྟོ༵གས་པ་བཞིན་ཐུགས་ཉམས་སུ་བཞེས་པས་རང་སེམས་ཀྱི་ཆོས་ཉིད་རྣལ་ མ་ལ་མངོན་སུམ་དུ་འབྱོར་པ༵འི་རྣལ༵་འབྱོ༵ར་པ༵་ཆེན་པོ་དོན་གྱིས་སླད་དུ་མཚན་ནས་སྨོས་ ན་དྷ༵རྨ༵་ར༵ཀྵི ༵་ཏ༵་ཆེ༵ན་པོ༵་སྟེ་ཆོས་བསྲུང་བ་ཞེས་པའོ། །དེ་འདྲའི་རྣལ་འབྱོར་པའི་དབང་ཕྱུག་ མཆོག་དེ༵ས་བླ་༵མ༵་ད༵མ་པ༵འི་གསུ༵ང་ལྟར༵་བསྡེ༵བས་ན༵ས་དུ༵ས་སྙི༵གས་མ༵་སེམས་ཅན་རྣམས་ ཕ་ལ་ཕར་མི་བརྩི་མ་ལ་མར་མི་བརྩི་བ་སོགས་ཀྱིས་ལས་ངན་པ་སྣ་ཚོགས་ལ་སྤྱོད་པའི་དུས་ སྐབས་འདི་ལ༵་གོང་སྨོས་ལྟར་འཇི༵གས་པ༵་ད༵ང་བཅ༵ས་པ༵འི་ན༵གས་ཁྲོ༵ད་དུ༵་ཆོས་འདི་ལེགས་ པར་ཉམ༵ས་སུ་༵བླང༵་བ༵འོ༵། །ཞསེ ་པས་མཛད་བྱང་ཉ་ེབར་རགྫོ ས་པ་ཡནི ་ན།ོ ། ཆོས་ཚུལ་འདི་ཉིད་བླ་མ་དྷརྨ ་རཀྵི ་ཏས་ཇོ་བོ་རྗེ་དཔལ་ལྡན་ཨ༵་ཏི༵་ཤ༵་ལ༵་གན༵ང༌། ཨ༵་ ཏི༵་ཤ༵ས་ཀྱང༵་གདུ༵ལ་དཀ༵འ་བ༵འི་སེ༵མས་ཅ༵ན་མ༵ང་པོ༵་འདུ༵ལ་བ༵འི་ཕྱི༵ར་ཕྱོ༵གས་མཚ༵མས་ མེ༵ད་པ༵ར་ཉམ༵ས་སུ༵་བླང༵ས་པ༵ས་རྟོ༵གས་པ༵་ཕུལ་དུ་བྱུང་བ་འཁྲུ༵ངས་ནས་ཁོང་གི་འདི་ལྟར་ གསུངས་ཏེ། ཁོ་བོས་རྒྱལ་སྲི ད་སྤངས་ནས་དཀའ་བ་སྤྱད་པའི་ཚེ། །བསོད་ནམ་བསགས་ 4-1-429 པའི་བླ་མ་མཆོག་དང་མཇལ། །དམ་ཆོས་བདུད་རྩི་འདི་བསྟན་ཆོས་དབང་བསྐུར། །དེང་སང་ གཉེན་པོ་ཐོབ་ནས་ཚིགས་ཀྱང་བཟུང་། །གྲུབ་པའི་མཐའ་ལ་ཕྱོགས་རིས་མ་མཆིས་པས། ། བློ་གྲོས་བཀྲམ་ནས་ཀུན་ལ་བསླབ་པའི་ཚེ། །ཡ་མཚན་དཔག་མེད་བདག་གིས་མཐོང་ མོད་ཀྱི། །སྙིགས་མའི་དུས་འདིར་ཆོས་འདིས་ཕན་པར་འབྱུང༌། །ཞེས་པ་རྣམས་ཀྱི་དོན་ནི་ ཤེས་སླ་བས་མ་བྲི ས་ལ། ཇོ་བོ་རྗེས་སྒྲོལ་མ་སོགས་ཡི་དམ་གྱི་ལྷ་མང་པོས་ལུང་བསྟན་པ་ ལྟར་སྲས་ཀྱི་ཐུ་བོ་འགྲན་ཟླ་མ་མཆིས་པ་ཨུ་པ་སི་ཀ་སྟེ་དགེ་བསྙེན་དུ་གྲགས་པ་འབྲོམ་ཆོས་ ཀྱི་རྒྱལ་པོ་ལ་མནོགས་ཆོས་སུ་སྩལ་བར་མཛད་ལ། འབྲོ མ་གྱིས་གདམ་པ་འདི་ལ་ཐུགས་ དམ་གྱི་མཐིལ་དུ་མཛད་དེ་སྣོད་ལྡན་གྱི་སློབ་མ་བགྲང་ལས་འདས་པ་ལ་རྒྱ་ཆེར་བསྟན་ཅིང་ སྤེལ་བ་དང༌། དེའི་རྗེས་སུ་བཀའ་གདམས་སྐུ་མཆེད་གསུམ་ལ་སོགས་པའི་བཀའ་གདམས་ ཀྱི་སེམས་དཔའ་ཆེན་པོ་རྣམས་ལ་རིམ་པར་བརྒྱུད་དེ་ད་ལྟའི་བར་དུ་དགེ་ལེགས་ཟབ་ཆོས་ ཀྱི་ སྣང་བ་ཆེས་ཆེར་འཕེལ་བ་ལགས་སོ། ། བློ་སྦྱོང་འདིའི་ཚིགས་འགྲེལ་ཅུང་རྒྱས་སུ་བྱས་ཏེ་ས་བཅད་སོགས་བཞག་ནས་རང་ ལུགས་ཀྱི་འབྲེལ་སྒོ་འདྲ་མིན་ཞིག་ཀྱང་ཡོད་པར་སྣང་ཞིང༌། བློ་སྦྱོང་འདིའི་རྩ་བའི་དཔེ་འགའ་ ལྟར་ན་ཚིག་ལྷག་པོ་དང་འདྲ་མིན་གྱི་ཁྱད་པར་བསྣན་ཕྲི་རེ་དགོས་པ་ཡོད་ནའང༌། ཡང་ འདིའི་མགོ་རྩོམ་པ་པོས་སྔོན་བཞི་སྡེ་དགའ་ལྡན་བསམ་གཏན་གླིང་དུ་སེར་བ་བློ་བཟང་ བསྟན་པ་རབ་རྒྱས་ནས་འདུས་པ་མང་པོ་ལ་འདིའི་བཤད་ཁྲིད་འཚོགས་ཆོས་སུ་མཛད་ སྐབས་ཉིད་ཀྱི་སློབ་མ་སེར་སྟོད་མཁན་པོ་བློ་བཟང་འཕྲིན་ལས་ཀྱིས་བློ་སྦྱོང་འདིའི་བཤད་ འགྲེལ་ཟིན་བྲིས་སུ་བཏབ་པ་དེས་གཞི་བྱས་ཏེ་རྒྱས་བསྡུས་དགའ་རེ་མ་གཏོགས་ཚིགས་ སོར་བཞག་ཏུ་བྱས་ནས་མཚོན་ཆ་འཁོར་ལོའི་ཚིག་འགྲེལ་དུ་བྲིས་པའི་མཇུག་མཐུད་པ་ཡིན་ པས་ད་སྐབས་ཡང་དེའི་རིགས་འགྲེའི་སྒོ་ནས་ཚིག་འགྲེལ་མདོར་བསྡུས་ཀྱིས་སྔར་རྩོམ་འཕྲོ་ 4-1-430 རྫོགས་པར་བགྱིས་པ་ཡིན་ནོ། ། སྨྲས་པ། གང་ཞིག་འགྲོ་བ་གཅིག་དོན་མནར་མེད་ལྟ་བུའི་གནས་ལ་དགའ་སྤྲོའི་འཇུག་ པ་ལྷུར་ལེན་ཅིང༌། །མ་ལུས་འགྲོ་འདི་བསྒྲལ་ཆེད་སྙིང་སྟོབས་ཐུགས་ཀྱིས་ཁུར་ཆེན་ཡོངས་ བཞེས་རླབས་ཆེན་སྤྱོད་པའི་གཏེར། །ཟབ་དང་རྒྱ་ཆེའི་ཡེ་ཤེས་རྒྱས་མཚོ་ཟག་མེད་ཆོས་ལ་ མཁྱེན་བློ་རབ་རྒྱས་སེམས་དཔའ་ཆེ། །ཨེ་མ་རྒྱལ་སྲས་ལམ་བཟང་མངའ་བའི་སྐྱེས་མཆོག་ བདེ་བའི་འབྱུང་གནས་ཆོས་བསྲུང་བ་ཡི་མཚན། །གང་གི་ཐུགས་རྗེ་བྱམས་བརྩེ་མི་ ལྷོ ད་པས། །མ་འོངས་ཚེ་རབས་ཕྲེང་བ་ཀུན་ཏུ་ཡང༌། །ནམ་ཡང་གཡེལ་མེད་རྗེས་སུ་ཉེར་ བཟུང་ཏེ། །སྐྱེ་ཀུན་བདག་གི་བླ་མ་མཛད་གྱུར་ཅིག །ཟབ་རྒྱས་བཀའ་གདམས་གོང་མའི་ ཐུགས་ཀྱི་བཅུད། །རྣམ་གཉིས་བྱང་ཆུབ་སེམས་མཆོག་སྒོམ་པའི་ཚུལ། །འདིའི་དོན་གོང་ མའི་གསུངས་བཞིན་བཤད་པ་ལ། །ཉེས་ཆ་གང་མཆིས་མཁས་པ་ཡོངས་ལ་བཤགས། །ཚུལ་ འདི་དོན་དུ་གཉེར་ན་ཚུལ་དེར་ལྟོ ས། །མ་བལྟས་རང་སོར་བཞག་ན་མ་བྲི ས་བདེ། །འདི་དོན་ ཤེས་པར་མཛོད་ལ་འདི་བཞིན་གྱིས། །ལེགས་པར་བདེ་བའི་ལམ་ལ་ལེགས་གནས་མཛོད། ། ཟབ་ཟབ་རྣམ་གཉིས་རིན་ཆེན་བྱང་ཆུབ་སེམས། །གསལ་གསལ་ཡིན་ལུགས་ཇི་བཞིན་ཤེས་ བྱས་ནས། །ཡང་ཡང་གོམས་པའི་ནུས་པ་སེམས་ལ་ཞོག །མྱུར་མྱུར་དེས་ཀྱང་བླ་མེད་གོ་ འཕང་སྙེགས། །ལེགས་བྱས་འདི་ལ་བརྩོན་པའི་རྣམ་དཀར་གང་མཆིས་ཏེ། །སྲས་བཅས་ རྒྱལ་བ་ཀུན་གྱི་རླབས་ཆེན་སྨོན་པ་དང༌། །འགྲོགས་ནས་མཐུ་བཟང་ཀུན་ནས་ཡོངས་སུ་རབ་ རྒྱས་པས། །སྐྱེ་དགུ་འཇིགས་རུང་སྲི ད་མཚོའི་གཏིང་ནས་སྒྲོལ་ནུས་ཤོག ། ཅེས་བློ་སྦྱོང་མཚོན་ཆ་འཁོར་ལོའི་འབྲུ་འགྲེལ་གཅེས་འཛིན་ཚ་གདུང་སེལ་བའི་རབ་ དཀར་ཟླ་གཞོན་ཞེས་བྱ་བ་སྔ་སོར་ལུང་རིགས་སྨྲ་བ་མཆོག་གིས་རྔ་བའི་སེ་དགོན་ནས་རྩོམ་ འཕྲོ་ལུས་པ་དེའི་མཇུག་དགོན་དེར་གནས་ཀྱི་གྲྭ་བཙུན་བསྟན་འཛིན་རྒྱ་མཚོ་ཞེས་པས་སླད་ 4-1-431 ནས་དངུལ་གོས་དར་བཅས་དངོས་རྫས་ཀྱི་མཐུན་རྐྱེན་སྦྱར་ཏེ་བསྐུལ་མ་ཆེད་གཉེར་མཛད་ པ་ལྟར་རྨོངས་བན་མ་ཏི་ཀིརྟིས་རྫོགས་པར་བགྱིས་པའོ།། །།བཀྲ་ཤིས། 4-1-432 ༄༅། །བློ་སྦྱོང་སྒོམ་ཚུལ་སེམས་ཀྱི་དྲི་མ་སྦྱོང་བྱེད་བདུད་རྩིའི་ ཟིལ་ཐིགས་ཞེས་བྱ་བ་བཞུགས་སོ། ། ༄༅། །བླ་མ་ལ་ཕྱག་འཚལ་ནས་འདིར་བློ་སྦྱོང་སྒོམ་ཚུལ་མདོར་བསྡུས་ནི། ཐོག་མར་ རང་སེམས་རྣལ་དུ་ཕབ་ནས་འདི་ལྟར་བསམ་དགོས། ད་རེས་ནི་རང་ལ་ཆོས་སྒྲུབ་པའི་ མཐུན་རྐྱེན་ཕྱི་ནང་ཀུན་ནས་འགྲིགས་པའི་མི་ལུས་ཁྱད་པར་ཅན་སྐོར་གཅིག་ཐོབ་དུས་དེ་ རྣམ་གཡེང་ལེ་ལོའི་དབང་གིས་མི་ཚེ་དོན་མེད་དུ་བཏང་མི་ཉན་སེམས་ཐག་ཡིན། ཡང་ ཡང་བསམ། ཆོས་སྒྲུབ་པའི་ལུས་རྟེན་སྐོ ར་གཅིག་ཐོབ་ནི་བོ་བསྐུར་ནས་རང་བདག་ཁེ་ འདེ་མ་འཇིག་རྟེན་ཕ་རོལ་དུ་ནམ་འགྲོ་རན་མི་ཤེས་པས་ཕར་རིང་བཞག་མི་བྱེད་དེ་ཐུང་མྱུར་ དེ་རིང་སང་ནས་འཆི་ཆོས་གཤའ་མ་ཞིག་ཨེ་འགྲུབ་གི་ལྟ་དགོས་ཤག་ཤག་ཡིན། ཡང་ཡང་ བསམ། སྤྱིར་འཁོར་བ་སྲི ད་རྩེ་ནས་མནར་མེད་ཀྱི་བར་གང་དུ་སྐྱེས་ཀྱང་ཕུག་ཐུབ་ཀྱི་བདེ་ བ་མེད་ཁྱད་པར་མི་ཡུལ་འདི་ནའང་སྐྱེ་རྒ་ན་འཆིའི་སྡུག་བསྔལ་ཡོད་པ་འདིའི་སྟེང་དུ་གློ་བུར་ དགྲས་བཅོམ་པ་གཉེན་དང་བྲལ་བ་ནད་ཀྱིས་ཐེབས་པ་སོགས་མི་འདོད་པ་སྣ་ཚོགས་རང་ དབང་མེད་པར་ཡོང་བ་སོགས་གང་ལ་བསམ་ཀྱང་སྐྱིད་ངེས་ཞིག་མེད་པ་རེད། ད་ནི་ཕུགས་ ཐུབ་ཀྱི་སྐྱིད་པོ་ཞིག་འོང་ཐབས་ལ་ཆོས་ཡང་དག་ཞིག་འགྲུབ་ན་དེས་བཟང་མེད་པས་ཅི་ལ་ ཐུག་ཀྱང་ཆོས་འདི་སྐྱུར་མི་ཉན་སེམས་ཐག་ཡིན། ཡང་ཡང་བསམ། ཉིན་གཅིག་ཚེ་ཕྱི་མ་ ཟེར་རྒྱུ་བོ་ལ་འགྲོ་དགོས་ཉིན་གོ་མེད་རིག་མེད་གི་གཉིད་སོང་ནི་འདྲ་འདྲ་ཞིག་མ་ཡིན་པར་ མངོན་ལྐོག་སྤུ་ཙམ་མི་ཤོར་བར་དགེ་སྡིག་གི་ལས་ཀྱི་རྗེས་སུ་འབྲངས་ནས་བདེ་སྡུག་བསླུ་བ་ མེད་པ་ཞིག་མྱོང་དགོས་ཤག་ཤག་ཡིན་ན། ད་ལྟ་རང་གིས་སྒྲུབ་ལུགས་ལ་བལྟས་ན་ཕྱི་མར་ 4-1-433 སྐྱིད་པོ་མི་ཡོང་ནི་བོ་ཐག་ཆོད་པས་རང་ལ་ཤ་ཚ་ན་རང་དོན་ཞིག་ལ་འབད་རན་རེད། ཡང་ ཡང་བསམ། ནམ་མཁའ་དང་མཉམ་པའི་སེམས་ཅན་མ་ལུས་པ་ནི་ད་ལྟའི་རྩ་བའི་མ་ བཞིན་དུ་གཅེས་པའི་དྲིན་གྱི་བསྐྱངས་པ་ཤ་སྟག་ཡིན་པས་དེ་དག་བདེ་བ་ཐམས་ཅད་དང་ ལྡན་པར་གྱུར་ཅིག །ལྡན་ནི་ཞིག་བདག་གིས་བྱ། ལྡན་པར་བླ་མ་དཀོན་མཆོག་གིས་བྱིན་ གྱིས་རློབས། སྡུག་བསྔལ་ཀུན་དང་བྲལ་བར་གྱུར་ཅིག །བྲལ་ནི་ཞིག་བདག་གིས་བྱ། བྲལ་ བར་བླ་མ་དཀོན་མཆོག་གིས་བྱིན་གྱིས་རློབས། ཡང་ཡང་བསམ། རང་གི་བདེ་དགེ་མ་ལུས་ པ་མ་སེམས་ཅན་ཐམས་ཅད་ལ་ཕངས་པ་མེད་པར་སྦྱིན་པས་དེ་དག་བདེ་དགེ་མ་ལུས་དང་ ལྡན་པར་བསམ། མ་སེམས་ཅན་གྱི་སྡུག་བསྔལ་དང་སྡིག་པ་མཐའ་དག་རང་གིས་བླངས་ ནས་དེ་དག་སྡུག་བསྔལ་རྒྱུ་དང་བཅས་པ་བྲལ་བར་བསམ། དེ་ཉིད་དམིགས་པ་གསལ་ཆེད་ རང་གི་རླུང་འབྱུང་རྔུབ་དང་བསྟུན་ནས་རང་གི་བདེ་དགེ་འོད་དཀར་པོའི་རྣམ་པས་སྣ་བུག་ གཡས་ནས་སོང་ཏེ་སེམས་ཅན་ལ་ཐིམ་པས་དེ་དག་བདེ་དགེ་དང་ལྡན་པ་དང༌། དེ་དག་ གི་སྡུག་སྡིག་འོད་ནག་པོའི་རྣམ་པས་སྣ་བུག་གཡོན་ནས་ཞུགས་ཏེ་རང་ལ་ཐིམ་པས་བདག་ གིས་སྙིང་ནང་ན་གནས་པའི་བདག་གཅེས་འཛིན་མར་མེའི་གཟུགས་གསལ་བ་དེ་ནག་ཐིབ་ ཀྱིས་བཅོམ་པར་བསམ། སྡུག་བསྔལ་ལེན་ཚུལ་ཐོག་མར་རང་ལ་འབྱུང་འགྱུར་དང༌། དེ་ནས་ རྩ་བའི་མ་ཉེ་དུ་སོགས་ཀྱི་སྡུག་བསྔལ་ལེན་པ་ནས་བརྩམས་དགོས་པར་གསུངས། འདི་ལ་ ཡིད་འགྱུར་ཐོན་པ་ཞིག་གལ་ཆེ། དེ་ནས་རང་གི་སེམས་གོ་མཁན་གྱི་རིག་པའི་ངོ་བོ་གསལ་ སྟོང་དང་བའི་རང་བཞིན་ཅན་གློ་བུར་རྟོག་ཚོགས་ཀྱི་སྤྲོས་པ་ཀུན་དང་བྲལ་བའི་ནང་རིག་ འགྱུར་བ་མེད་པའི་བདག་ཉིད་དེ་ཀ་མ་བཅོས་རང་བབས་ཀྱི་སྒོ་ནས་གཏད་སོ་མྱོང་ཞེན་གྱི་ འདུ་རྟོག་རང་དྭངས་སུ་བྱས་ཏེ་སོ་སོར་རང་རིག་པའི་ཚུལ་གྱིས་རྩ་བྲལ་ལྷུན་གྲུབ་ཆེན་པོའི་ ངང་ནས་གང་ཤར་རང་གྲོལ་གྱི་ཉམས་ལེན་སྐྱོང་བ་ནི་རང་ལུགས་ཀྱི་དམ་པའི་མན་ངག་ 4-1-434 ཡིན། དེ་ཡན་ཆད་མཉམ་བཞག་ཐུན་གྱི་འགྲོ་ལུགས་མདོར་བསྡུས་ཙམ་མོ། ། དེ་ནས་རྗེས་ཐོབ་ཐུན་བར་ཀུན་ལ་མཁའ་ཁྱབ་ཀྱི་སེམས་ཅན་ལ་བྱམས་བརྩེ་དང་ བདག་བས་གཞན་གཅེས་ཀྱི་བསམ་པ་དང་ཆོས་ཐམས་ཅད་ཀྱི་རྩ་བ་རང་སེམས་སུ་ཐག་ བཅད་དེ་རིག་པའི་རང་ངོ་ལ་རྟག་ཏུ་བལྟ་བའི་བརྩོན་པ་ནམ་ཡང་མི་ལྷོད་པ་ཞིག་རྒྱུན་དུ་ གལ་ཆེ། གཞན་ཡང་འགྲོ་འདུག་སྤྱོད་ལམ་ཀུན་ཏུ། བདག་ལ་དེ་དག་སྡུག་སྨིན་ཅིང༌། ། བདག་དགེ་མ་ལུས་དེར་སྨིན་ཤོག །ཅེས་པ་དང༌། ཁེ་དང་རྒྱལ་ཁ་གཞན་ལ་བྱིན། །གྱོང་ དང་བུབ་ཁ་རང་གི་བླངས། །ཞེས་པ་ལྟ་བུ་ཡང་ཡང་བརྗོད་པའི་སྒོ་ནས་སེམས་བཅོས། ཡང་ བར་སྐབས་སུ་རང་རྒྱུད་ལ་འདི་སྣང་ཡིད་འོང་གི་དངོས་པོ་ལ་ཆགས་པའི་འདོད་ཆགས། ཡིད་མི་འོང་དགྲ་སོགས་ལ་སྡང་བའི་ཞེ་སྡང༌། བར་མ་རང་འདུག་སྐབས་སྙོམ་ལས་ཀྱི་བདེ་ བས་དུས་འདའ་བ་སོགས་གྱི་ཚེ་མ་སེམས་ཅན་ཀྱི་དུག་གསུམ་ཐམས་ཅད་བདག་གི་འདི་ལ་ འདུས་པར་གྱུར་ཅིག །སྙམ་པའི་ཞེ་འདུན་བསྒྱུར་བའམ་རང་བབས་གསལ་སྟོང་དུ་ལྟ་བ་གང་ རུང་བྱ། ཡང་རང་ལ་མི་འདོད་པའི་གནོད་པ་བྱུང་ཚེ་ལེ་ལན་རང་གི་བདག་གཅེས་འཛིན་ འདི་ལས་གཞན་མིན་འདི་དག་གིས་བདག་ལ་སྔོན་གྱི་ལས་ངན་ཟད་པར་བྱེད་པས་བཀའ་ དྲིན་ཆེ་བར་བསྒོམ་པའམ་གནོད་བྱེད་རང་སེམས་དབྱེར་མེད་དུ་ལྟ་བ་གང་དྲག་བྱ། ཡང་ བར་སྐབས་སུ་རྒྱུན་དུ་ཐུན་བར་ཀུན་ལ་རང་སེམས་གྱི་འགྲོ་ལུགས་ལ་བལྟ་རྟོགས་བྱས་ནས་ གཞན་ཕན་བྱེད་འདོད་དམ་རང་སེམས་ལ་ལྟ་བ་འདི་རྒྱུན་དུ་མེད་མི་རུང༌། ཡང་རང་ལ་ ན་ཚ་སོགས་སྡུག་བསྔལ་དང་འཕྲད་སྐབས་ཡིད་ལ་བླངས་ནས་ཡིད་མི་བདེ་བ་མི་བྱ་ཞིང་ མ་སེམས་ཅན་གྱི་སྡུག་བསྔལ་ཐམས་ཅད་འདི་ལ་སྤུངས་ནས་རང་ཁོ་ནས་མྱོང་ན་ཅི་མ་རུང་ སྙམ་པའི་དགའ་སྤྲོ་དང༌། རང་སེམས་གྱི་གདེང་ལ་སྐྱིད་སྡུག་རོ་སྙོམས་རང་བབས་སུ་བཞག་ པ་གང་རུང་དགོས། ཡང་རྒྱུན་དུ་སེམས་དང་དུབ་ལ་ཁྱད་མི་ཕྱེ་བར་སྤྱོད་པ་དྲག་པོས་རང་ 4-1-435 སེམས་བཅོས་པ་དང་རང་ལ་ཁེ་དང་གྲགས་པའི་རེ་འདོད་སྤངས་ནས་རང་སེམས་ལ་རང་ དབང་ཐོབ་པའི་ཐབས་ལ་རེམ་དགོས། ཡང་རང་ལ་ནུས་མཐུ་སོགས་གོང་དུ་རེ་བ་དང་ན་ཚ་ སོགས་རང་ཡོང་སྙམ་པའི་དོགས་པ་སྤངས་ནས་སྙེམ་ཕྲུག་ཟ་བ་ཀུན་སྤངས། གཞན་གྱི་གནོད་ པ་ཞེ་གཏིང་དུ་མི་ལེན་རང་གི་སྔགས་བཟླ་བ་སོགས་དགེ་སྦྱོར་བྱས་ཚད་ནད་གདོན་སོགས་ བཟློག་པའི་ཆེད་དུ་མི་བསམ་པར་མ་སེམས་ཅན་གྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཁོ་ན་ ཐོབ་བྱེད་དུ་བསམ་པ་དང༌། གཞན་གང་ལའང་ཞེ་གནག་པ་སྤངས་ཤིང་རེ་ཕུགས་དཀོན་མཆོག་ གསུམ་ཉག་གཅིག་ལ་གཏད་ནས་རང་བས་གཞན་གཅེས་ཀྱི་བསམ་པ་ལ་བསླབས་ཤིང་ ཉིན་རེར་ཐུན་རེ་རེ་བཞིན་དུ་རང་གི་སེམས་རྒྱུད་ལ་དགེ་མི་དགེའི་བློ་ཇི་ལྟར་སྐྱེ་བརྟགས་ནས་ དགེ་མང་ན་དགའ་སྤྲོ་དང་སྡིག་བློ་གང་ཡོད་པ་དེའི་ཐད་ནས་བཤགས་སྡོམ་ཁ་མིན་གཏིང་ ནས་ཉིན་རེ་བཞིན་བྱ་དགོས། རང་རྒྱུད་ལ་ཉོན་མོངས་པ་སྐྱེས་པ་ངོས་ཟིན་སྐབས་དེ་མ་ཐག་ བཙན་ཤེད་ཀྱིས་བཟློ ག་པ་དང༌། རང་བབས་སུ་གསལ་སྟོང་རིག་གདངས་ལ་བལྟ་བ་གང་ བདེ་གདམ་ཁ་བྱ། གཞན་ཡང་རྒྱུན་དུ་རང་གཞན་ལ་རག་མ་ལས་པར་སྒོ་གསུམ་གྱི་དགེ་བ་ གང་འགྲུབ་བྱས་ནས་ཚེ་འདི་ལས་ཕྱི་མ་གལ་ཆེ་བ་ཡིད་ཞབས་སུ་བཞག་ནས་དེ་ལུགས་ཀྱི་བྱ་ བ་ལ་རིམ་པ་ཞིག་ཅི་ལ་ཐུག་ཀྱང་ངེས་པར་དགོས་པ་ཡིན་ནོ། །སྙམ་པའི་ཞེ་དམ་རྒྱུན་དུ་མི་ ལྷོ ད་པ་གལ་ཆེ་བ་ལགས། སྨྲས་པ། སེམས་ཀྱི་དྲི་མ་ཀུན་སྦྱངས་ནས། །གནས་ལུགས་ དོན་དམ་རྟོགས་པའི་ཐབས། །མན་ངག་ཉུང་བསྡུས་བཀོད་པ་སྟེ། །འདིས་ཀྱང་ཕན་ཐོགས་ ལེགས་འབྱུང་ཤོག །ཅེས་བློ་སྦྱོང་སྒོམ་ཚུལ་མདོར་བསྡུས་སེམས་ཀྱི་དྲི་མ་སྦྱོང་བྱེད་བདུད་ རྩིའི་ཟིལ་ཐིགས་ཞེས་བྱ་བ་འདི་ཡང་ཉམས་ལེན་ལ་བརྩོན་པ་བླ་མ་ཀུན་སྣང་ལ་ཉིད་ཐུགས་ གསལ་འདེབས་ཀྱི་ཆེད་ངག་དབང་བློ་གྲོས་གྲགས་པ་ཞེས་བྱ་བས་ཉེ་བར་ཕུལ་བའོ།། །། 4-1-436 མཐོང་དོན་མཆོད་བརྗོད་ཚིག་འགྲེལ་ཉུང་བསྡུས། ༄༅། །འདིར་གཞི་དབྱིངས་བདེ་བར་གཤེགས་པའི་སྙིང་པོ་དོན་དམ་པའི་གནས་ ལུགས་ཡང་དག་པ་ལ་མཆོད་པར་བརྗོད་པ་སྟེ། དེ་ཡང་གཞི་དབྱིངས་རྣམ་པ་ཐམས་ཅད་པར་ བསྟན་པ་དང༌། རང་བཞིན་ཡོན་ཏན་ཀུན་གྱི་གཏེར་དུ་བསྟན་པ་དང༌། གདོད་ནས་དྲི་བྲལ་ ཆོས་སྐུའི་ངོ་བོར་བསྟན་པ་དང༌། འགྱུར་མེད་དོན་དམ་པའི་ཡེ་ཤེས་སུ་བསྟན་པ་དང་བཞིའི་ སྒོ་ནས་མཆོད་པར་བརྗོད་པ་ཡིན་ལ། དེ་ལས་དང་པོ་ནི། ཀུན་ཁྱབ་དབྱིངས་ནི་རྣམ་པ་ཐམས་ ཅད་པ། །ཞེས་པ་སྟེ། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས། ཞི་བའི་བློ་གྲོས་འདི་ལྟ་ སྟེ། དཔེར་ན་ནམ་མཁའ་ནི་གཟུགས་སུ་སྣང་བ་ཐམས་ཅད་དུ་ཞུགས་པའོ། །ཞི་བའི་བློ་གྲོས་ དེ་བཞིན་དུ་དེ་བཞིན་གཤེགས་པའི་སྐུ་ཡང་སེམས་ཅན་དུ་སྣང་བ་ཐམས་ཅད་དུ་ཞུགས་པའོ། །ཞེས་གསུངས་པ་ལྟར་དཔེར་ན་ནམ་མཁའ་གཟུགས་ཅན་གྱི་དངོས་པོ་ཀུན་ལ་ཁྱབ་པ་ལྟར་ བདེ་གཤེགས་སྙིང་པོ་དེ་ཉིད་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རང་བཞིན་དུ་ཞུགས་ཤིང་ ཁྱབ་པར་གསུངས་པའི་དགོངས་པ་ལྟར་མ་དག་པ་འཁོར་བའི་ཆོས་དང༌། དག་པ་མྱ་ངན་ ལས་འདས་པའི་ཆོས་ཀུ༷ན་ལ་ཁྱད་པར་མེད་པར་ཡོངས་སུ་ཁྱ༷བ་པའི་ཆ་མེད་ཀུན་འགྲོ་ཁྱབ་ པ་པོ་དེ་ཉིད་ནི་གཞིའི་དོན་དམ་པའི་ཆོས་ཀྱི་དབྱི༷ངས་ཡིན་ལ། དེ་འདྲའི་ཆོས་དབྱིངས་དེ་ནི༷་ དཔལ་ཕྲེང་གི་མདོ་རྒྱུད་བླ་མ་དུས་འཁོར་བསྡུས་རྒྱུད་སོགས་ཀྱི་དགོངས་པ་ལྟར་ཤེས་བྱ་མ་ ལུས་པའི་དོན་དམ་པའི་རྣམ༷་པ༷་ཐ༷མས་ཅ༷ད་འཛིན་པའི་རང་བཞིན་མཐར་ཐུག་པ་ཡིན་ཞིང་ འཁོར་འདས་ཀུན་གྱི་རྣམ་པ་འཆར་བའི་གཞི་ཡང་ཡིན་པ༷་ལགས། ཞེས་པའོ། ། 4-1-437 གཉིས་པ་ནི། སེམས་ཉིད་རང་བཞིན་ཡོན་ཏན་ཀུན་གྱི་གཏེར། །ཞེས་པ་སྟེ། དེ་བཞིན་ གཤེགས་པའི་སྙིང་པོའི་མདོ་ལས། རིགས་ཀྱི་བུ་དག་དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་ མངོན་པར་ཞེན་པའི་ཡིད་ལ་བྱེད་པ་ཁྱིམ་ལྟ་བུར་གྱུར་པའི་འོག་ན་དེ་བཞིན་གཤེགས་པའི་ སྙིང་པོའི་སྟོབས་དང་མི་འཇིགས་པ་དང་མ་འདྲེས་པ་དང་སངས་རྒྱས་ཀྱི་ཆོས་ཐམས་ཅད་ ཀྱི་མཛོད་ཀྱི་གཏེར་ཆེན་པོ་ཡོད་ཀྱང༌། ཞེས་སོགས་གསུངས་པའི་དགོངས་པ་ལྟར་རང་བྱུང་ ལྷན་ཅིག་སྐྱེས་པའི་ཡེ་ཤེས་རང་བཞིན་གྱི་འོད་གསལ་བའི་སེ༷མས་ཉི༷ད་བདེ་བར་གཤེགས་ པའི་སྙིང་པོ་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རང་བཞིན་དུ་ཁྱབ་པར་གནས་པ་དེའི་ ར༷ང་བཞི༷ན་ལ་གདོད་ནས་རང་ཆས་སུ་རྫོགས་པའི་དོན་དམ་པའི་ཡོན་ཏན། གནས་དང་ གནས་མིན་མཁྱེན་པའི་སྟོབས། ལས་དང་རྣམ་སྨིན་མཁྱེན་པའི་སྟོབས། མོས་པ་སྣ་ཚོགས་ མཁྱེན་པའི་སྟོབས། ཁམས་སྣ་ཚོགས་མཁྱེན་པའི་སྟོབས། དབང་པོ་མཆོག་དང་མཆོག་མིན་ མཁྱེན་པའི་སྟོབས། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས། བསམ་གཏན་རྣམ་ ཐར་སོགས་ཀྱི་མཁྱེན་པའི་སྟོབས། སྔོ ན་གནས་རྗེས་སུ་མཁྱེན་པའི་སྟོབས། འཆི་འཕོ་སྐྱེ་བ་ མཁྱེན་པའི་སྟོབས། ཟག་པ་ཟད་པ་མཁྱེན་པའི་སྟོབས་སྟེ་སྟོབས་བཅུ་དང༌། རང་དོན་རྟོགས་ པ་ཕུན་ཚོགས་དམ་བཅས་པ་ལ་མི་འཇིགས་པ་དང༌། རང་དོན་སྤངས་པ་ཕུན་ཚོགས་དམ་ བཅས་པ་ལ་མི་འཇིགས་པ་དང༌། བར་དུ་གཅོད་པའི་ཆོས་བསྟན་པ་ལ་མི་འཇིགས་པ་དང༌། ངེས་པར་འབྱུང་བའི་ལམ་བསྟན་པ་ལ་མི་འཇིགས་པ་སྟེ་མི་འཇིགས་པ་བཞི་དང༌། སྐུའི་ སྤྱོད་པ་ལ་འཁྲུལ་པ་མི་མངའ་བ་ནི་སྐུའི་སྤྱོད་པས་བསྡུས་པའི་མ་འདྲེས་པ་དང༌། གསུང་ལ་ ཅ་ཅོ་མི་མངའ་བ་ནི་གསུང་གི་སྤྱོད་པས་བསྡུས་པའི་མ་འདྲེས་པ་དང༌། དྲན་པ་ཉམས་པ་མི་ མངའ་བ། ཐུགས་མཉམ་པར་མ་བཞག་པ་མི་མངའ་བ། ཐ་དད་པའི་འདུ་ཤེས་མི་མངའ་བ། མ་བརྟགས་པའི་བཏང་སྙོམས་མི་མངའ་བ་སྟེ་བཞི་ནི། ཐུགས་ཀྱི་སྤྱོད་པས་བསྡུས་པའི་མ་ 4-1-438 འདྲེས་པ་སྟེ་དེ་དྲུག་སྤྱོད་པས་བསྡུས་པའོ། །འདུན་པ་ཉམས་པ་མི་མངའ་བ། བརྩོན་འགྲུས་ ཉམས་པ་མི་མངའ་བ། དྲན་པ་ཉམས་པ་མི་མངའ་བ། ཏིང་ངེ་འཛིན་ཉམས་པ་མི་མངའ་བ། ཤེས་རབ་ཉམས་པ་མི་མངའ་བ། རྣམ་པར་གྲོལ་བ་ཉམས་པ་མི་མངའ་བ་སྟེ་དྲུག་ནི་རྟོགས་ པས་བསྡུས་པའི་མ་འདྲེས་པའོ། །སྐུའི་འཕྲིན་ལས་ཐམས་ཅད་ཡེ་ཤེས་སྔོ ན་དུ་འགྲོ་ཞིང་ཡེ་ ཤེས་ཀྱི་རྗེས་སུ་འབྲང་བའི་མ་འདྲེས་པ་དང༌། གསུང་གི་ཕྲིན་ལས་ཐམས་ཅད་ཡེ་ཤེས་སྔོ ན་ དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བའི་མ་འདྲེས་པ་དང༌། ཐུགས་ཀྱི་ཕྲིན་ལས་ཐམས་ ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བའི་མ་འདྲེས་པ་སྟེ་ཕྲིན་ལས་ཀྱིས་ བསྡུས་པ་གསུམ་དང༌། འདས་པའི་དུས་ཀྱི་ཤེས་བྱ་མཐའ་དག་ལ་ཆགས་ཐོགས་མེད་པར་ འཇུག་པའི་ཡེ་ཤེས་དང༌། མ་འོངས་པའི་ཤེས་བྱ་ལ་ཆགས་ཐོགས་མེད་པར་འཇུག་པའི་ཡེ་ ཤེས་དང༌། ད་ལྟ་བའི་ཤེས་བྱ་ལ་ཆགས་ཐོགས་མེད་པར་འཇུག་པའི་ཡེ་ཤེས་སྟེ་ཡེ་ཤེས་ཀྱི་ བསྡུས་པའི་མ་འདྲེས་པ་གསུམ་སྟེ། དེ་འདྲའི་མ་འདྲེས་པ་བཅོ་བརྒྱད་དང༌། གཞན་ཡང་རྡོ་རྗེ་ བཞི་དང༌། སྐུ་བཞིའི་བདག་ཉིད་ཅན་རིགས་ཀུན་འདུས་པའི་སྤྱི་རྗེ་ཁྱབ་བདག་འཁོར་ལོའི་ དབང་ཕྱུག་ཆེན་པོ་བདེ་སྟོང་ཟུང་དུ་འཇུག་པའི་སེམས་དཔའ་མཆོག་གི་གསང་བ་གསུམ་གྱི་ ཡོ༷ན་ཏ༷ན་མཐའ་ཡས་པ་ཀུ༷ན་གྱི༷་གཏེ༷ར་སྟེ་ཀླུང་ཆེན་པོ་ཡིན། ཞེས་པའོ། ། གསུམ་པ་ནི། དབྱེར་མེད་གདོད་ནས་རྣམ་གྲོལ་ཆོས་ཀྱི་སྐུ། །ཞེས་པ་སྟེ། འཕགས་ པ་དཔལ་ཕྲེང་གི་མདོ་ལས། རྣམ་པར་དབྱེར་མེད་པ་བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ ཀྱི་ཆོས་གང་གཱའི་ཀླུང་གི་བྱེ་མ་ལས་འདས་པ་དང་ལྡན་པ་དེ་བཞིན་གཤེགས་པའི་ཆོས་ཀྱི་ སྐུར་བསྟན་པ་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་ཆོས་སྐུ་འདི་ཉིད་ཉོན་མོངས་ པའི་སྦུབས་ལས་མ་གྲོལ་བ་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བགྱིའོ། །ཞེས་སོགས་ གསུངས་པའི་དགོངས་པ་བཞིན་གོང་དུ་བཤད་པ་ལྟར་གྱི་གཞི་དབྱིངས་རྣམ་པ་ཐམས་ཅད་ 4-1-439 པའི་སེམས་ཉིད་རང་བཞིན་གྱིས་འོད་གསལ་བ་ཡོན་ཏན་ཀུན་གྱི་གཏེར་ཆེན་པོ་དང་ནམ་ ཡང་དབྱེ༷ར་མེ༷ད་པ་ཡེ་གདོ༷ད་མ་ན༷ས་ཆོས་དབྱིངས་རང་གི་ངོ་བོ་ལ་དྲི་མ་གང་གིས་གོས་མ་ མྱོང་ཞིང་གཤིས་ལ་དྲི་མ་མ་ཞུགས་པའི་རང་བཞིན་རྣམ༷་པར་དག་པའི་གྲོ༷ལ་བ་མཆོག་གི་ རང་བྱུང་ཡེ་ཤེས་ཆོ༷ས་ཀྱི༷་སྐུ༷་ཆེན་པོ་ཡིན། ཞེས་པའོ། ། བཞི་པ་ནི། ནང་རིག་འགྱུར་མེད་དོན་དམ་རྒྱལ་གྱུར་ཅིག །ཅེས་པ་སྟེ། རྒྱུད་བླ་མ་ལས། ལུས་ཅན་ལ་ཡོད་ཟག་པ་མེད་པའི་ཤེས་པ་སྦྲང་མའི་རྩི་དང་འདྲ། །ཞེས་སོགས་གསུངས་ པ་ལྟར་སེམས་ཅན་རྣམས་ཀྱི་ཡིད་ཀྱི་ན༷ང་དུ་ཆུད་པའི་ཆོས་ཉིད་ཀྱིས་ཐོབ་པའི་ཐོགས་མེད་ ནས་བརྒྱུད་དེ་འོང་བའི་རང་བྱུང་གི་རི༷ག་པ་སྐད་ཅིག་ཀྱང་རྒྱུན་མ་ཆད་ཅིང་ནམ་ཡང་འགྱུ༷ར་ བ་མེ༷ད་པའི་རང་བཞིན་ཡུལ་དང་ཡུལ་ཅན་གྱི་དབྱེ་བ་མེད་པ་སྤྲོས་པ་ཀུན་བྲལ་གྱི་དོ༷ན་ ད༷མ་པའི་ཡེ་ཤེས་ཆེན་པོ་དེ་ཉིད་ཡིད་ཅན་མཐའ་དག་གི་སྙིང་ལ་ཉེ་བར་བཞུགས་པའི་མཐུ་ ལས་སྐྱེ་དགུ་དེ་དག་གིས་རྡོ་རྗེའི་རྣལ་འབྱོར་མཆོག་ལ་བསྟེན་ནས་རིང་པོར་མི་ཐོགས་པར་ སྙིགས་དུས་ཀྱི་ཚེ་ལུས་གཅིག་ལ་ཀུན་རྫོབ་གློ་བུར་དྲི་མས་བསླད་པའི་མི་མཐུན་ཕྱོགས་ཀྱི་ དཔུང་ཀུན་ལས་རྣམ་པར་རྒྱ༷ལ་བ་ཐོབ་སྟེ་གཞི་ན་བཞུགས་པའི་དྲི་བྲལ་རྒྱལ་བའི་ཡེ་ཤེས་ གསང་གསུམ་གྱི་ཡོན་ཏན་འབྱམས་ཀླས་པའི་བདག་ཉིད་མངོན་སུམ་དུ་གྱུ༷ར་པའི་ངོ་མཚར་ བའི་དགེ་མཚན་གྱི་སྣང་བ་ཉེ་བར་སྩོལ་ཅི༷ག ཅེས་པའོ། །འདི་ལ་འབྲས་དུས་དང་སྦྱར་ནས་ འབྲེ ལ་ཚུལ་གཞན་ཞིག་ཀྱང་སྣང་མོད་དེ་རེ་ཞིག་དེ་ཙམ་ལས་མ་སྤྲོས། ༈ ད་ནི་དེ་དག་མདོར་བསྡུས་ན། འཁོར་འདས་ཀུ༷ན་ལ་ཁྱ༷བ་པའི་གཞིའི་དུས་ཀྱི་ཆོས་ དབྱི༷ངས་དེ་ནི༷་ཤེས་བྱ་མཐའ་དག་གི་དོན་དམ་པའི་རྣམ༷་པ༷་ཐ༷མས་ཅ༷ད་འཛིན་པ༷་ཡིན་ལ། སེ༷མས་ཉི༷ད་ར༷ང་བཞི༷ན་གྱིས་འོད་གསལ་བའི་ཡེ་ཤེས་ཀྱི་རང་གཤིས་ལ་རྡོ་རྗེ་བཞི་དང་སྐུ་ བཞིའི་ཡོ༷ན་ཏ༷ན་བསམ་ལས་འདས་པ་ཀུ༷ན་རང་ཆས་སུ་རྫོགས་པར་གྱུར་པ་ཅན་གྱི༷་གཏེ༷ར་ 4-1-440 ཆེན་པོ་དང་དབྱེ༷ར་མེ༷ད་པའི་དོ༷ན་ད༷མ་པའི་ཡེ་ཤེས་དེ་ཉིད་སེམས་ཅན་ཀུན་གྱི་སྙིང་ལ་ ལེགས་པར་གནས་པ་འདིས་སེམས་ཅན་གང་གིས་གསང་སྔགས་ལམ་ལ་བསྟེན་ནས་རིང་ མིན་ཀུན་རྟོག་འཁྲུལ་བའི་ཕྱོགས་མ་ལུས་པ་ལས་རྒྱ༷ལ་ཏེ་ཆོས་ཉིད་བདེ་གཤེགས་སྙིང་པོ་ མངོན་དུ་གྱུ༷ར་པའི་དགེ་ལེགས་ཀྱི་སྣང་བ་སྩོལ་ཅི༷ག ཅེས་པའོ། ། ༈ གང་ཡང་རྒྱུད་སྡེའི་ཆུ་བོ་སོགས་ཀྱི་དོན་ཡང་མདོ་ཙམ་བརྗོད་ན། ག༷ང་འདིར་ཡ༷ང་ བདག་ཅག་གི་སྟོན་པ་དེ་ཉིད་སངས་རྒྱས་པའི་ཕྱི་ལོ་ནག་པའི་ཉ་ལ་དཔལ་ལྡན་འབྲས་ སྤུངས་ཀྱི་མཆོད་རྟེན་གྱི་བུམ་པའི་ནང་དུ་ཆོས་དབྱིངས་གསུང་གི་དབང་ཕྱུག་དཔལ་དུས་ ཀྱི་འཁོར་ལོའི་སྐུར་བཞེངས་ནས་སྐལ་བ་དང་ལྡན་པ་རྣམས་ལ་གསང་བ་སྔགས་ཀྱི་རྒྱུ༷ད་ སྡེ༷་མཐའ་ཡས་པའི་ཆུ༷་བོ༷་ཆེན་པོའི་ཀློང་རྡོལ་བ་ལྟ་བུའི་ཟབ་ཆོས་འབུ༷མ་ཕྲ༷ག་གི་ཐང་མར་ བརྡལ་བའི་གསང་སྔགས་ཀྱི་བསྟན་པ་དེ་ཉིད་སྤྱིར་ན་འཕགས་བོད་ཀྱི་པཎ་གྲུབ་རྣམས་དང་ ཁྱད་པར་ཀུན་མཁྱེན་ཇོ་ནང་པ་ཆེན་པོ་ཡབ་སྲས་བརྒྱུད་པ་དང་བཅས་པའི་བཀའ་དྲིན་ལ་ བརྟེན་ནས་རིམ་བཞིན་དུ་བརྒྱུད་དེ་བྱིན་རླབས་ཀྱི་ཚན་ཁ་ཆེ་བ་དང་བཅས་པའི་མན་ངག་ གི༷ས་བདག་རྗེ་བཙུན་ཀུན་དགའ་སྙིང་པོ་དེ་ཉིད་ཀྱི་རྩ་བའི་བླ་མ་གསུམ་ལྡན་རྡོ་རྗེ་འཛིན་པ་ ཆེན་པོ་གང་གི་བློ༷་གྲོས་ཀྱི་རྒྱ་རབ་དུ་ཡངས་པ་ཡི༷་མཚོ༷་ཆེ༷ན་པོ་ལྟ་བུའི་ཁྱོན་ཀུན་ཏུ་བྲི༷ས་པ་ སྟེ་ཡོངས་སུ་གང་བ་དེ་ལ༷ས་ཆེས་མངོ༷ན་པར་འཕ༷གས་པ༷འི་བླ་མེད་ལམ་གྱི་མན་ངག་མང་ པོ་དེ༷་ལ༷ས་དུས་ཀྱི་འཁོར་ལོའི་རྒྱུད་ལས་བསྟན་པའི་རིམ་པ་གཉིས་ཀྱི་ལམ་ལས་རིམ་པ་ཕྱི་ མའི་མན་ངག་ཟབ་ཁྱད་ཅན་གྱིས་རྗེ་བཙུན་ཉིད་ཀྱི་སྙི༷ང་གི༷་བུ༷མ་པ༷་སྟེ་ཐུགས་ཀྱི་བུམ་བཟང་ ཤིན་ཏུ་ག༷ང་བར་གྱུར་པ་པན་ཆེན་ཟླ་མགོན་སོགས་འཕགས་བོད་ཀྱི་གྲུབ་པའི་དབང་ཕྱུག་དུ་ མའི་དགོངས་བཅུད་དུ་གྱུ༷ར་པ༷འི་གད༷མ་པ༷འི་རྒྱུ༷ན་གྱི༷ས་བོད་ཕྱོ༷གས་ཀྱི་ལྗོངས་འདི༷་ན་ལུས་ ཅན་ཡོངས་ཀྱིས་ཡན་ལག་དྲུག་གི་རྣལ་འབྱོར་ཉམས་སུ་བླངས་པའི་སྐལ༷་བ་བཟ༷ང་པོ་བྱ༷་ 4-1-441 བ་ཡིན། ཞེས་པའོ། །ཞེས་མཐོང་བ་དོན་ལྡན་གྱི་མཆོད་བརྗོད་ཚིག་འགྲེལ་ཉུང་བསྡུས་འདི་ ལྟ་བུ་དགོས་ཞེས་ངག་དབང་དཀོན་མཆོག་དར་རྒྱས་ཀྱིས་བཀའ་གསུང་སྤྱི་བོར་ཕེབས་པ་ དོན་ཡོད་པའི་ཕྱིར་མ་ཏི་ཀཱི རྟིའི་མིང་གིས་བྲི ས་པ། རྗེས་འཇུག་ཡོངས་ལ་ཕན་པ་རླབས་ཆེན་ འབྱུང་བའི་རྒྱུར་གྱུར་ཅིག་གུ། དགེ་ལེགས་འཕེལ། 4-1-442 ༄༅། །ཀློང་ཆེན་སྙིང་གི་ཐིག་ལེའི་ཐུན་མོང་ཕྱི་ནང་གི་ ཁྲིད་ཡིག་མཚུངས་མེད་བླ་མ་དམ་པའི་ ཞལ་རྒྱུན་བཞུགས། ༄༅། །འཇམ་དབྱངས་མི་གཟུགས་བཤེས་གཉེན་ཚུལ་བཟུང་ནས། །གསུང་གི་སྣང་ བས་འབྲེ ལ་ཚད་ཐར་ལམ་འགོད། །གང་ལ་གང་འདུལ་མཛད་པ་མཐའ་ཡས་པ། །དྲིན་ཆེན་ བླ་མ་མཆོག་ལ་གུས་པས་འདུད། །བསྟན་པ་ཡོངས་རྫོགས་ཀུན་མཁྱེན་བརྒྱུད་པའི་གཞུང༌། །མན་ངག་སྔོ ན་འགྲོ་ཐུན་མོང་ཕྱི་ནང་གཉིས། །གདམས་ངག་ཀུན་བཟང་བླ་མའི་ཞལ་ལུང་ ལས། །བསྡུས་དོན་སྙིང་པོ་ཟུར་ཙམ་བཀོད་པ་ལགས། ། ཆོས་ཉན་ཀུན་སློ ང་ཚུལ། ཇི་སྐད་དུ། བསམ་པ་དགེ་དང་མི་དགེའི་བྱེ་བྲག་ལས། །དགེ་ སྡིག་གཟུགས་བརྙན་ཆེ་ཆུང་རྗེས་མི་འགྲོ། །ཞེས་དང༌། ཚུལ་གསུམ་སྒྲོན་མེ་ལས། དོན་ གཅིག་ན་ཡང་མ་རྨོངས་དང༌། །ཐབས་མང་དཀའ་བ་མེད་པ་དང༌། །དབང་པོ་རྣོན་པོའི་དབང་ བྱས་པས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་དང༌། ཇི་སྐད་དུ། ཆོས་རྣམས་ཐམས་ ཅད་རྐྱེན་ཡིན་ཏེ། །འདུན་པའི་རྩེ་ལ་རབ་ཏུ་གནས། །ཞེས་དང༌། རྒྱ་གར་དམ་པས་ཀྱང༌། ཆོས་ཉན་པའི་དུས་སུ་རི་དྭགས་སྒྲ་ལ་ཉན་པ་ལྟ་བུ་ཞིག་དགོས། བསམ་པའི་དུས་སུ་བྱང་ པས་ལུག་འབྲེ ག་པ་ལྟ་བུ་ཞིག་དགོས། བསྒོམ་པའི་དུས་སུ་གླེན་པས་རོ་མྱོང་བ་ལྟ་བུ་ཞིག་ དགོས། སྒྲུབ་པའི་དུས་སུ་གཡག་ལྟོ གས་ཀྱིས་རྩྭ་ཟ་བ་ལྟ་བུ་ཞིག་དགོས། འབྲས་བུའི་དུས་ཉི་ 4-1-443 མ་སྤྲིན་ལས་གྲོལ་བ་ལྟ་བུ་ཞིག་དགོས། ཞེས་དང༌། ཐུབ་པ་ཆེན་པོས་ཀྱང༌། ངས་ནི་ཁྱོད་ལ་ ཐར་པའི་ལམ་བསྟན་གྱི། །ཐར་པ་རང་ལ་རག་ལས་ཤེས་པར་གྱིས། །ཞེས་དང༌། མཉམ་ མེད་དྭགས་པོས། ཆོས་ཆོས་བཞིན་མ་སྤྱད་ན། ཆོས་ཀྱིས་སླར་ངན་སོང་དུ་འགྲོ་བའི་རྒྱུ་བྱེད། ཅེས་དང༌། ཇི་སྐད་དུ། མེ་ཚོགས་སྤུ་གྲིའི་སོ་ཡང་བརྒལ་ནས་ནི། །འཆི་མཐར་ཐུག་གི་བར་དུ་ དམ་ཆོས་བཙལ། །ཞེས་དང༌། རྒྱལ་སྲས་རིན་པོ་ཆེས། སྔོ ན་སྤྱད་བདེ་སྡུག་ཆུ་ཡི་རི་མོ་འདྲ། །ཟིན་པ་རྗེས་མེད་ཡིན་གྱི་རྗེས་མ་གཅོད། །ཅིས་ཀྱང་དྲན་ན་འབྱོར་རྒུད་འདུ་འབྲལ་སོམས། །ལྟོ ས་ཐུབ་ཆོས་ལས་འདུག་གེ་མ་ཎི་བ། །ཕྱི་ཚིས་གྲབ་ཤོམ་གྲོག་སྐམ་ཉ་རྒྱ་འདྲ། །བསམ་ པའི་ཐོག་ཏུ་མི་འབབ་འདོད་འདུན་སྐྱུངས། །ཅེས་ཀྱང་དྲན་ན་ནམ་འཆི་ཆ་མེད་སོམས། །ཆོས་ མིན་བྱ་ལོང་འདུག་གེ་མ་ཎི་བ། །འཕྲལ་གྱི་བྱ་བཞག་རྨི་ལམ་སོ་ཚིས་འདྲ། །འབད་པ་དོན་ མེད་ཡིན་གྱིས་སྐྱུར་ལ་ཐོང༌། །ཆོས་མཐུན་ཟས་ཀྱང་ཞེན་མེད་རྒྱ་ཡིས་ཐོབ། །བྱ་བྱེད་སྙིང་པོ་ མེད་དོ་མ་ཎི་བ། །རྗེས་ཐོབ་དུག་གསུམ་རྟོག་པའི་འདུལ་སྦྱོང་འདི། །དྲན་སྣང་ཐམས་ཅད་ ཆོས་སྐུར་མ་ཤར་བར། །མེད་ཐབས་མེད་དོ་དགོས་དུས་དྲན་པར་གྱིས། །འཁྲུལ་རྟོག་ཡན་ པར་མ་བཏང་མ་ཎི་བ། །ཞེས་དང༌། གཞན་ཡང༌། མ་འོངས་པ་ཡི་མདུན་མ་བསུ། །མ་འོངས་ པ་ཡི་མདུན་བསུས་ན། །ཟླ་བ་གྲགས་པའི་ཕ་དང་འདྲ། ཞེས་དང༌། བཅོམ་ལྡན་འདས་ལ་ ཞུས་པས། ཚེ་དང་ལྡན་པ་ཁྱོད་ཁྱིམ་ན་གནས་པའི་ཚེ་པི་ཝཾ་སྦྲེང་བ་ལ་མཁས་སམ་གསུངས། དེ་ཤིན་ཏུ་མཁས་ཞུས་པས། ཁྱོད་ཀྱི་པི་ཝཾ་གི་སྒྲ་དེ་རྒྱུད་ཧ་ཅང་གྲིམ་པ་ལས་བྱུང་ངམ་ཧ་ཅང་ ལྷོ ད་པ་ལས་བྱུང་གསུངས། དེ་གཉིས་ཀ་མ་ལགས་ཏེ་གྲིམ་ལྷོ ད་རན་པ་ལས་བྱུང་བར་ཞུས་ པས། འོ་ན་ཁྱོད་ཀྱི་སེམས་ཀྱང་དེ་དང་འདྲ་བར་གསུངས་པས་འབྲས་བུ་ཐོབ་པ་དང༌། མ་ ལབ་སྒྲོན་གྱིས་ཀྱང༌། གྲིམ་ཀྱིས་སྒྲིམ་ལ་ལྷོ ད་ཀྱིས་གློད། །དེ་ན་ལྟ་བའི་གནད་ཅིག་ཡོད། །ཅེས་དང༌། སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ་ཁྱོད་ཀྱིས་བདག་ཉིད་ལ་ནད་པའི་འདུ་ཤེས་ 4-1-444 བསྐྱེད་པར་བྱའོ། །ཆོས་ལ་སྨན་གྱི་འདུ་ཤེས་བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་ལ་ སྨན་པ་མཁས་པའི་འདུ་ཤེས་བསྐྱེད་པར་བྱའོ། །ནན་ཏན་ཉམས་སུ་ལེན་པ་ནི་ནད་ཉེ་བར་ འཚོ་བའི་འདུ་ཤེས་བསྐྱེད་པར་བྱའོ། །ཞེས་དང༌། ཨོ་རྒྱན་ཆེན་པོས་ཀྱང༌། མཚན་བྱང་མགོ་ ལ་དབང་བསྐུར་བྱེད་ཙ་ཕྱིས། །རྣམ་ཤེས་བར་དོར་ཁྱི་གླེན་བཞིན་དུ་འཁྱམས། །མཐོ་རིས་ འདྲེན་ཏེ་དེ་ལ་དཀའ་ལས་ཡོད། །ཅེས་དང༌། ཡོན་ཏན་མཛོད་ལས། མི་གཞི་ངན་པའི་ཟོལ་ སྦྱོར་ཐ་གུས་ལྕེ ས། །བླ་མ་སྤོས་ཀྱི་གླང་པོ་ལྟར་བསྙེན་ནས། །དམ་ཆོས་གླ་རྩིའི་རྙེད་པ་ཐོབ་ ནས་སླར། །རྔོན་ལ་ཡང་དག་སྤྲོ་བས་དམ་ཚིག་འཕེན། །ཞེས་དང༌། ཆོས་སྤྱོད་ཐམས་ཅད་ཀྱི་ མན་ངག་མངོན་པར་རྟོགས་པའི་རྒྱུད་ལས། མེ་ཏོག་སྟན་སོགས་རབ་འབུལ་ཞིང༌། །ས་ ཕྱོགས་སྤྱོད་ལམ་སྡོམ་པ་དང༌། །སྲོ ག་ཆགས་ཀུན་ལ་འཚེ་མི་བྱ། །བླ་མ་ལ་ནི་ཡང་དག་དད༌། །མ་ཡེངས་བླ་མའི་གདམས་ངག་ཉན། །དོགས་སེལ་ཕྱིར་ན་སྐྱོན་ཚིག་དྲི། །ཉན་པོ་ཡན་ལག་ དྲུག་དང་ལྡན། །ཞེས་དང༌། འདུལ་བ་ལུང་ལས། མ་གུས་པ་ལ་ཆོས་མི་བཤད། །མི་ན་བཞིན་ དུ་མགོ་གཡོགས་དང༌། །གདུགས་དང་འཁར་བ་མཚོན་ཐོགས་དང༌། །མགོ་བོ་དཀྲིས་པ་དག་ ལ་མིན། །ཞེས་དང༌། སྐྱེས་རབས་ལས། རབ་ཏུ་དམའ་བའི་ས་ལ་འདུག །དུལ་བའི་དཔལ་ ནི་རྣམ་པར་བསྐྱེད། །དགའ་དང་ལྡན་པའི་མིག་གིས་བལྟ། །ཚིག་གི་བདུད་རྩི་འཐུང་བ་ བཞིན། །རབ་ཏུ་བསྒྲིམས་ཏེ་ཆོས་ཉོན་ཅིག །ཅེས་སོ། །དལ་འབྱོར་གྱི་ཚུལ། ཇི་སྐད་དུ། དམྱལ་བ་ཡི་དྭགས་དུད་འགྲོ་དང༌། །ཀླ་ཀློ་ཚེ་རིང་ལྷ་དང་ནི། །ལོག་ལྟ་སངས་རྒྱས་ཀྱིས་སྟོང་ པ། །ལྐུགས་པ་འདི་དག་མི་ཁོམས་བརྒྱད། །ཅེས་དང༌། ཀླུ་སྒྲུབ་ཀྱིས། མི་ཉིད་དབུས་སྐྱེས་ དབང་པོ་ཚང༌། །ལས་མཐའ་མ་ལོག་གནས་ལ་དད༌། །ཅེས་དང༌། ཇི་སྐད་དུ། སངས་རྒྱས་ བྱོན་དང་དེས་ཆོས་གསུངས། །བསྟན་པ་གནས་དང་དེའི་རྗེས་འཇུག །གཞན་ཕྱིར་སྙིང་ནས་ བརྩེ་བའོ། །ཞེས་དང༌། ཇི་སྐད་དུ། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ 4-1-445 ལྟ་བུའི་ཆོས་ཞིག་བདག་གིས་རྙེད། །སུ་ལ་བསྟན་ཀྱང་གོ་བར་མི་འགྱུར་བས། །མི་སྨྲ་ནགས་ འདབས་ཉིད་དུ་གནས་པར་བྱ། །ཞེས་དང༌། སྡུད་པ་ལས། སངས་རྒྱས་ཆོས་རྣམས་དགེ་བའི་ བཤེས་ལ་བསྟེན་ཏེ་ཞེས། །ཡོན་ཏན་ཀུན་གྱི་མཆོག་མངའ་རྒྱལ་བས་དེ་སྐད་གསུངས། །ཞེས་ དང༌། སྔོ ན་ཇོ་བོ་བོད་དུ་བྱོན་དུས་ཁུ་རྔོག་འབྲོ མ་གསུམ་གྱིས། རྟེན་གྱི་གང་ཟག་གཅིག་ཐར་ པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་བྱེད་པ་ལ་བཀའ་བསྟན་བཅོས་ཀྱི་གཞུང་ དང༌། བླ་མའི་གདམས་ངག་གཉིས་གང་གཙོ་ཆེ་ཞུས་པས། དེ་བླ་མའི་གདམས་ངག་གཙོ་ཆེ་ གསུངས། དེ་ཅི་ལགས་ཞུས་པས། སྡེ་སྣོ ད་གསུམ་ཁ་ཏོན་དུ་འཆད་ཤེས་ཤིང༌། ཆོས་ཐམས་ ཅད་ཀྱི་མཚན་ཉིད་ལ་མཁས་ཀྱང༌། ཉམས་སུ་ལེན་པའི་དུས་སུ་བླ་མའི་གདམས་ངག་གི་ ལག་ལེན་མེད་ན། ཆོས་དང་གང་ཟག་ཡ་བྲལ་དུ་འགྲོ་གསུངས། ཡང་བླ་མའི་གདམས་ངག་ གི་ལག་ལེན་འུབ་ཀྱིས་དྲིལ་ན་སྡོམ་པ་གསུམ་ལ་གནས་པར་བྱ་བ་དང༌། སྒོ་གསུམ་དགེ་བ་ ལ་འབད་པས་འདུས་པར་གདའ་ཡེ་ཞུས་པས། ཇོ་བོའི་ཞལ་ནས། དེས་ཅུང་མི་ཕན་གསུངས། འོ་ན་ཅི་ལགས་ཞུས་པས། སྡོམ་པ་གསུམ་ལ་གནས་ཤིང་དག་ཀྱང་ཁམས་གསུམ་འཁོར་བ་ ལས་ཡིད་མ་བྱུང་ན་སླར་འཁོར་བའི་རྒྱུ་བྱེད། ཉིན་མཚན་དུ་སྒོ་གསུམ་དགེ་བ་ལ་འབད་ཀྱང་ རྫོགས་པའི་བྱང་ཆུབ་ཏུ་བསྔོ་མ་ཤེས་ན་ཕྱིན་ཅི་ལོག་གི་རྟོག་པ་འགའ་ཞིག་གིས་འཛད། མཁས་བཙུན་སྟོན་སྒོམ་དུ་ཡོད་ཀྱང་འཇིག་རྟེན་ཆོས་བརྒྱད་ལ་བློ་མ་ལོག་ན་ཅི་བྱས་ཚེ་འདིའི་ འདུན་མར་སོང་ནས་ཕྱི་མའི་ལམ་མི་རྙེད། ཅེས་དང༌། ཡིད་བཞིན་མཛོད་ལས། དུག་ལྔ་ འཁྲུགས་དང་བླུན་རྨོངས་བདུད་ཀྱིས་ཟིན། །ལེ་ལོ་ཅན་དང་ལས་ངན་མཚོ་ཆེན་རྡོལ། །གཞན་ དབང་འཇིགས་སྐྱོབ་ཆོས་ལྟར་བཅོས་པ་སྟེ། །འཕྲལ་བྱུང་རྐྱེན་གྱི་མི་ཁོམ་རྣམ་པ་བརྒྱད། །ཅེས་དང༌། འཆིང་བ་དམ་ལྡན་ཀུན་སྤྱོད་ཤིན་ཏུ་ངན། །འཁོར་བར་མི་སྐྱོ་དད་པ་ཅུང་ཟད་ མེད། །མི་དགེ་སྡིག་སྤྱོད་ཆོས་ལ་སེམས་པ་བྲལ། །སྡོམ་དང་དམ་ཚིག་འཆལ་བ་ཞེས་བྱ་སྟེ། 4-1-446 །རིས་ཆད་བློ་ཡི་མི་ཁོམ་རྣམ་པ་བརྒྱད། །ཅེས་དང༌། ཀླུ་སྒྲུབ་ཀྱིས། རྒྱ་མཚོར་ཆེར་གཡེངས་ གཉའ་ཤིང་བུ་ག་དང༌། །རུས་སྦལ་འཕྲད་པ་བས་ཀྱང་དུད་འགྲོ་ལས། །མི་ཉིད་ཆེས་ཐོབ་ དཀའ་བས་མི་དབང་གིས། །དམ་ཆོས་སྤྱོད་པས་དེ་འབྲས་མཆིས་པར་མཛོད། །ཅེས་དང༌། ཞི་བ་ལྷས་ཀྱང༌། རྒྱ་མཚོ་ཆེར་གཡེང་གཉའ་ཤིང་གི །བུ་གར་རུས་སྦལ་མགྲིན་ཆུད་ལྟར། །མི་ ཉིད་ཤིན་ཏུ་རྙེད་དཀའ་གསུངས་ཞེས་དང༌། །མྱང་འདས་སོགས་ལས། གྱང་ལོག་ཞལ་བ་དང་ ཁབ་རྩེ་གྱེན་བསྟན་ལ་སྲན་འབྲུ་ཆགས་དཀའི་དཔེ་དང༌། དུད་འགྲོ་ཡི་དྭགས་དམྱལ་བའི་ གྲངས་ཉིན་མཚན་སྐར་མ་དང༌། ཆང་འགག་སྦང་མ། གངྒའི་བྱེ་མ་ས་ཆེན་རྡུལ། ལྷ་མི་ལྷ་མིན་ སེན་སྟེང་རྡུལ་ཁ་བ་བུ་ཡུག་ཙམ་དུ་གསུངས། ཇི་སྐད་དུ། མི་ལུས་རིན་ཆེན་རྙེད་པ་འདི། །ནོར་བུ་རྙེད་པའི་དོ་མ་ཡིན། །སྐྱོ་ཤས་མེད་པའི་མི་རྣམས་ཀྱིས། །སྟོང་ཟད་བྱས་པ་མཐོང་ ལགས་སམ། །བླ་མ་དམ་པ་མཇལ་བ་འདི། །རྒྱལ་སྲི ད་ཐོབ་པའི་དོ་མ་ཡིན། །མོས་གུས་མེད་ པའི་མི་རྣམས་ཀྱིས། །མཉམ་འགྲོགས་བྱས་པ་མཐོང་ལགས་སམ། །སེམས་བསྐྱེད་སྡོམ་པ་ ཞུས་པ་འདི། །སྡེ་དཔོན་ཐོབ་པའི་དོ་མ་ཡིན། །སྙིང་རྗེ་མེད་པའི་མི་རྣམས་ཀྱིས། །འུར་རྡོར་ འཕང་པ་མཐོང་ལགས་སམ། །རྒྱུད་སྡེའི་དབང་བསྐུར་ཐོབ་པ་འདི། །འཁོར་ལོས་སྒྱུར་བའི་ དོ་མ་ཡིན། །དམ་ཚིག་མེད་པའི་མི་རྣམས་ཀྱིས། །ཆུ་ལ་བསྐུར་བ་མཐོང་ལགས་སམ། །སེམས་ཉིད་རང་ངོ་མཐོང་བ་འདི། །སངས་རྒྱས་མཐོང་བས་དོ་མ་ཡིན། །སྙིང་རུས་མེད་པའི་ མི་རྣམས་ཀྱིས། །འཁྲུལ་དུ་བཅུག་པ་མཐོང་ལགས་སམ། །ཞེས་དང༌། གྲགས་པ་རྒྱལ་མཚན་ གྱིས། དལ་འབྱོར་མི་ལུས་རྙེད་པ་འདི། །ཕོ་རྒོད་མཐོ་བས་མ་ལགས་ཏེ། །བསོད་ནམས་ བསགས་པའི་འབྲས་བུ་ཡིན། །ཞེས་དང༌། རྗེ་མི་ལས། ཁྱི་ར་མགོན་པོ་རྡོ་རྗེ་ལ། སྤྱིར་དལ་ འབྱོར་མི་ལུས་དཀོན་གསུངས་ཏེ། །ཁྱོད་འདྲ་མཐོང་ན་དཀོན་རྒྱུ་མེད། །ཅེས་དང༌། ཇི་སྐད་ དུ། ལེགས་ན་ཐར་པའི་གྲུ་གཟིངས་ལུས་འདི་ཡིན། །ཉེས་ན་འཁོར་བའི་གཏིང་རྡོ་ལུས་འདི་ 4-1-447 ཡིན། །དགེ་སྡུག་ཀུན་གྱི་གཡོག་པོ་ལུས་འདི་ཡིན། །ཞེས་དང༌། སྤྱོད་འཇུག་ལས། འདི་ འདྲའི་དལ་བ་རྙེད་གྱུར་ནས། །བདག་གིས་དགེ་གོམས་མ་བྱས་ན། །འདི་ལས་བསླུས་པ་ གཞན་མེད་དེ། །འདི་ལས་རྨོངས་པའང་གཞན་མེད་དོ། །ཞེས་དང༌། དགེ་བཤེས་སྤྱན་སྔ་བ་ ཁོང་མནལ་ཡེ་མ་ལོག་པར་དགེ་སྦྱོར་ཁོ་ན་མཛད་པས། དགེ་བཤེས་སྟོན་པས། བུ་ཁམས་ དུབ་པ་རེ་སང༌། ཁམས་ལོག་ཉེན་ཡོད་གསུངས་པས། ཁམས་སང་བ་ཡང་དེ་ཀ་ལགས་ཏེ། བདག་གིས་དལ་འབྱོར་རྙེད་དཀའ་འདི་བསམ་ཙ་ན་ཁམས་སང་ལོང་མི་འདུག་གསུངས་སོ། །ཚེ་མི་རྟག་ཚུལ། སྤྲིངས་ཡིག་ལས། སའམ་འོན་ཏེ་མཐོ་རིས་ན། །སྐྱེས་ནས་ལ་ལ་མ་ཤི་བ། །འགའ་ཞིག་ཁྱོད་ཀྱིས་མཐོང་བའམ། །ཐོས་སམ་འོན་ཏེ་ཐེ་ཚོམ་ཟ། །ཞེས་དང༌། ཚོམ་ལས། སང་ཙམ་འཆི་ཡང་སུས་ཤེས་ཀྱི། །དེ་རིང་ཉིད་དུ་བསྟུན་ཏེ་བྱ། །འཆི་བདག་སྡེ་ཆེན་དེ་དང་ནི། །ཁྱེད་ཉིད་བཤེས་པ་མ་ཡིན་ནོ། །ཞེས་དང༌། ཀླུ་སྒྲུབ་ཀྱིས། ཚེ་འདི་གནོད་མང་རླུང་གིས་ བཏབ་པ་ཡི། །ཆུ་ཡི་ཆུ་བུར་བས་ཀྱང་མི་རྟག་ན། །དབུགས་འབྱུང་དབུགས་རྔུབ་གཉིད་ཀྱིས་ ལོག་པ་ལས། །སད་ཁོམ་གང་ལགས་དེ་ནི་ངོ་མཚར་ཆེ། །ཞེས་དང༌། ཡོན་ཏན་མཛོད་ལས། ཚངས་དབང་བདེ་འབྱུང་འཁོར་ལོས་སྒྱུར་རྣམས་ཀྱང༌། །འཆི་བདག་བདུད་ལས་བཟུར་བའི་ ཐབས་མི་བསམ། །ཞེས་དང༌། མྱ་ངན་བསལ་བ་ལས། །དྲང་སྲོ ང་ཆེན་པོ་ལྔ་མངོན་ཤེས། །མཁའ་ལ་རྒྱང་རིང་འགྲོ་བ་ཡང༌། །གང་དུ་འཆི་མེད་སྤྱོད་ཡུལ་བའི། །ས་དེར་འགྲོ་བར་མི་ ནུས་སོ། །ཞེས་དང༌། རྗེ་མི་ལས། རོ་ཞེས་བྱ་མཐོང་ན་འཇིགས་པ་དེ། །དུས་ད་ལྟ་ལུས་ཀྱི་རྩ་ ན་གདའ། །ཞེས་དང༌། ཕ་དམ་པས། བཟའ་ཚང་མི་རྟག་ཚོང་འདུས་མགྲོན་པོ་ལ། །ངན་ཤག་ འཐབ་མོ་མི་བྱེད་དིང་རི་བ། །ཞེས་གསུངས། ཇི་སྐད་དུ། ཕ་ཤ་ཟ་ཞིང་མ་ལ་རྡེག །གསོད་ པའི་དགྲ་བོ་པང་ན་བཟུང༌། །ཆུང་མས་ཁྱོ་ཡི་རུས་པ་འཆའ། །འཁོར་བའི་ཆོས་ལ་གད་མོ་བྲོ ། །ཞེས་དང༌། བྱ་མི་འོས་པའི་ཁ་སྐད། །རྟོགས་ལྡན་རྒས་པའི་སློ བ་གཉེར། །ཞེན་ལོག་རྒས་ 4-1-448 པའི་གསོག་འཇོག །སྟོན་པ་རྒས་པའི་གཟའ་དཔོན་ཟེར་བ་བཞིན་དང༌། རྗེ་མི་ལས། མི་མེད་ ལུང་པའི་བྲག་ཕུག་ན། །སྐྱོ་ཆད་དེ་བ་ལ་སངས་དུས་མེད། །བླ་མ་དུས་གསུམ་སངས་རྒྱས་ལ། །ཡིད་དུང་ངེ་བ་ལ་འབྲལ་བ་མེད། །ཅེས་དང༌། ཨཱརྱ་དེ་ཝས། འཆི་བའི་རྐྱེན་ནི་ཤིན་ཏུ་མང༌། །འཚོ་བའི་རྐྱེན་ནི་ཤིན་ཏུ་ཉུང༌། །དེ་ཡང་འཆི་བའི་རྐྱེན་དུ་འགྱུར། །ཞེས་དང༌། རྗེ་མི་ལས། ང་ འཆི་བས་འཇིགས་ནས་རི་ལ་ཕྱིན། །ནམ་འཆི་ཆ་མེད་བསྒོམས་བསྒོམས་པས། །འཆི་མེད་ གཉུག་མའི་བཙན་ས་ཟིན། །ད་འཆི་བའི་འཇིགས་པ་བོར་ཏེ་ཐལ། །ཞེས་དང༌། དྭགས་པོའི་ ཞལ་ནས། དང་པོ་སྐྱེ་འཆིའི་འཇིགས་པས་དེད་པ་ཤ་བ་བཙོན་དོང་ནས་འབྲོ ས་པ་ལྟ་བུ་ཞིག་ དགོས། བར་དུ་ཤི་ཡང་མི་འགྱོད་པ་ཞིང་པས་སོ་ནམ་རེམ་པ་ལྟ་བུ་ཞིག་དགོས། ཐ་མ་བློ་ བདེ་བ་བྱ་བ་རླབས་ཆེན་ཟིན་པའི་སྐྱེས་བུ་ལྟ་བུ་ཞིག་དགོས། དང་པོ་ལོང་མེད་དུ་ཤེས་པ་ སྐྱེས་བུའི་གནད་ལ་མདའ་ཕོག་པ་ལྟ་བུ་ཞིག་དགོས། བར་དུ་ཡེངས་མེད་དུ་བསྒོམ་པ་བུ་ གཅིག་པོ་ཤི་བའི་མ་ལྟ་བུ་ཞིག་དགོས། ཐ་མ་དབྱེར་མེད་དུ་ཤེས་པ་ཕྱུགས་མ་གྲས་དེད་པའི་ རྫི་བོ་ལྟ་བུ་ཞིག་དགོས། ཞེས་དང༌། བཅོམ་ལྡན་འདས་ཀྱིས་ཀྱང༌། མི་རྟག་པ་མང་དུ་བསྒོམ་ ན་སངས་རྒྱས་ཐམས་ཅད་ལ་མཆོད་པ་བྱས་པ་ཡིན་ནོ། །མི་རྟག་པ་མང་དུ་བསྒོམ་ན་སངས་ རྒྱས་ཐམས་ཅད་ཀྱིས་དབུགས་ཕྱུང་བ་ཡིན་ནོ། །མི་རྟག་པ་མང་དུ་བསྒོམ་ན་སངས་རྒྱས་ ཐམས་ཅད་ཀྱིས་ལུང་སྟོན་པ་ཡིན་ནོ། །མི་རྟག་པ་མང་དུ་བསྒོམ་ན་སངས་རྒྱས་ཐམས་ཅད་ ཀྱིས་བྱིན་གྱིས་རླབས་པ་ཡིན་ནོ། །དཔེར་ན་རྗེས་རྣམས་ཀྱི་ནང་ན་གླང་པོ་ཆེའི་རྗེས་མཆོག་ ཡིན་ནོ། །དེ་བཞིན་དུ་ནང་པ་སངས་རྒྱས་པའི་བསྒོམ་པའི་འདུ་ཤེས་ཐམས་ཅད་ཀྱི་ནང་ན་མི་ རྟག་པ་བསྒོམ་པའི་འདུ་ཤེས་ཁོ་ན་མཆོག་ཡིན་ནོ། །ཞེས་དང༌། འདུལ་བ་ལུང་ལས། ངའི་ འཁོར་བུམ་པ་བཟང་པོ་ལྟ་བུ་དང༌། དགེ་སློ ང་ཤཱ་རིས་བུ་དང༌། མོའུ་འགལ་གྱི་བུ་དང་འདྲ་བ་ བརྒྱ་ལ་གདུགས་ཚོད་ཡོན་དང་བཅས་པ་བྱིན་པ་བས། འདུས་བྱས་མི་རྟག་པ་སྐད་ཅིག་མ་ 4-1-449 གཅིག་དྲན་པ་མཆོག་ཡིན་ནོ། །ཞེས་དང༌། པུ་ཏོ་བས། ཆོས་གཅིག་ཏུ་བྱ་བ་ལ་མི་རྟག་པ་ བསྒོམ་པ་འདི་གལ་ཆེ་སྟེ། འཆི་བ་མི་རྟག་པ་འདི་བསྒོམ་ན། དང་པོ་ཆོས་ལ་འཇུག་པའི་རྒྱུ་ བྱེད། བར་དུ་དགེ་སྦྱོར་ལ་བསྐུལ་བའི་རྐྱེན་བྱེད། ཐ་མ་ལ་ཆོས་མཉམ་པ་ཉིད་དུ་རྟོགས་པའི་ གྲོགས་བྱེད། ཡང་མི་རྟག་པ་འདི་བསྒོམ་ན། དང་པོ་ཚེ་འདིའི་གདོས་ཐག་ཆོད་པའི་རྒྱུ་བྱེད། བར་དུ་འཁོར་བ་མཐའ་དག་ལ་ཞེན་པ་ལྡོ ག་པའི་རྐྱེན་བྱེད། ཐ་མ་མྱ་ངན་ལས་འདས་པའི་ ལམ་དུ་འཇུག་པའི་གྲོགས་བྱེད། ཡང་མི་རྟག་པ་འདི་བསྒོམ་ན། དང་པོ་དད་པ་སྐྱེ་བའི་རྒྱུ་ བྱེད། བར་དུ་བརྩོན་འགྲུས་རྩོམ་པའི་རྐྱེན་བྱེད། ཐ་མར་ཤེས་རབ་སྐྱེ་བའི་གྲོགས་བྱེད། ཡང་ མི་རྟག་པ་འདི་བསྒོམས་ཤིང་རྒྱུད་ལ་སྐྱེས་ན། དང་པོ་ཆོས་ཚོལ་བའི་རྒྱུ་བྱེད། བར་དུ་ཆོས་ སྒྲུབ་པའི་རྐྱེན་བྱེད། ཐ་མ་ཆོས་མཐར་ཕྱིན་པའི་གྲོགས་བྱེད། ཡང་མི་རྟག་པ་འདི་བསྒོམས་ ཤིང་རྒྱུད་ལ་སྐྱེས་ན། དང་པོ་གོ་ཆའི་བརྩོན་འགྲུས་རྩོམ་པའི་རྒྱུ་བྱེད། བར་དུ་སྦྱོར་བའི་ བརྩོན་འགྲུས་རྩོམ་པའི་རྐྱེན་བྱེད། ཐ་མར་ཕྱིར་མི་ལྡོ ག་པའི་བརྩོན་འགྲུས་རྩོམ་པའི་གྲོགས་ བྱེད། གསུངས་ཤིང༌། ཕ་དམ་པས། མི་རྟག་པ་འདི་རྒྱུད་ལ་སྐྱེས་ན། དང་པོ་ཆོས་ལ་འཇུག་ པའི་རྒྱུ་བྱེད། བར་དུ་བརྩོན་འགྲུས་ཀྱི་ལྕགས་བྱེད། མཐར་འོད་གསལ་ཆོས་སྐུ་ཐོབ་པར་ བྱེད། ཅེས་དང༌། དམ་པས། བོད་ཀྱི་ཆོས་བྱེད་པ་ལ་ནི་ཤི་སྙམ་པ་ནི་གཅིག་ཀྱང་མི་སྣང་བ་ ལ། ལུས་པ་ནི་གཅིག་ཀྱང་མ་མཐོང༌། ལར་སེར་གོས་གྱོན་ནས་ནོར་བསགས་པ་དགའ་ཚད་ འདིས་འཆི་བདག་གཤིན་རྗེ་ལ་ཟས་ནོར་འཇལ་བ་ཨེ་ཡིན་སྙམ། ནོར་བཟང་བཟང་ཐམས་ ཅད་ཚགས་བྱེད་ལུགས་ལ། དམྱལ་བ་ལ་ལྐོག་འདུན་འཇལ་བ་ཨེ་ཡིན་སྙམ། བོད་ཀྱི་ཆོས་པ་ འདི་ཚོ་མཐོང་ན་དགོད་རེ་བྲོ ་ཨ་ཧ་ཧ། ཐོས་པ་སུ་ཆེ་ང་རྒྱལ་ཆེ། །སྒོམ་པ་སུ་བཟང་ཟས་ནོར་ བསོགས། །དབེན་པ་སུ་བརྟེན་འདུ་འཛི་མང༌། །རང་ཡུལ་གང་སྤངས་ངོ་ཚ་མེད། །དེ་ཚོ་ཆོས་ ལ་དྲེད་པ་ཡིན། །དེ་ཚོ་སྡིག་ལ་དགའ་བ་ཡིན། །ཕ་རོལ་པོ་ཤི་བ་མཐོང་ཡང་རང་འཆི་བ་མི་ 4-1-450 ཤེས་པས་ལེ་ལན་དང་པོ་དེ་ལ་ཐུགཅེས་དང༌། པུ་ཏོ་བས། ཁྱོད་ཀྱིས་འཆི་བ་མི་རྟག་པ་མང་ དུ་སོམས་དང༌། དེར་འཆི་ངེས་པའི་བློ་གཅིག་བྱུང་ན། སྡིག་པ་སྤོང་བ་ལ་དཀའ་རྒྱུ་མེད། དགེ་ བ་བསྒྲུབ་པ་ལ་དཀའ་རྒྱུ་མེད་པ་ཞིག་འོང་གི་དེའི་སྟེང་དུ་ཁྱོད་ཀྱིས་བྱམས་པ་དང་སྙིང་རྗེ་ མང་དུ་བསྒོམ་དང༌། དེ་རྒྱུད་ལ་སྐྱེས་ན། སེམས་ཅན་གྱི་དོན་བྱེད་པ་ལ་དཀའ་རྒྱུ་མེད་པ་ཞིག་ འོང་གི དེའི་སྟེང་དུ་ཁྱོད་ཀྱིས་ཆོས་རྣམས་ཀྱི་གནས་ལུགས་སྟོང་པ་ཉིད་མང་དུ་སྒོམས་དང༌། དེ་རྒྱུད་ལ་སྐྱེས་ན་འཁྲུལ་བ་སྦྱོང་པ་ལ་དཀའ་རྒྱུ་མེད་པ་ཞིག་འོང་གི ཞེས་གསུངས་སོ། ། འཁོར་བའི་ཉེས་དམིགས་བསྒོམ་ཚུལ། ཀླུ་སྒྲུབ་ཀྱིས། མ་ཡི་ཐུག་མཐའ་རྒྱ་ཤུག་ཚིག་གུ་ ཙམ། །རིལ་བུར་དྲིལ་ཀྱང་ས་ཡིས་ལོངས་མི་འགྱུར། །ཞེས་དང༌། ཨུ་རྒྱན་ཆེན་པོས། མ་བུ་ གཉིས་ཀ་གཤིན་ཡུལ་གོམ་ཕྱེད་བོར། །མ་ཡི་ཁ་རུས་མ་གཏོགས་རུས་ཚིགས་བྱེ། །ཞེས་དང༌། རྗེ་མི་ལས། བརྟོད་ཕུར་འདོན་པའི་ལྡང་ལུགས་དང་གཅིག །བྱ་ལ་འཇབ་པའི་འགྲོ་ལུགས་ དང་གཉིས། །ས་དོ་ཆད་པའི་སྡོད་ལུགས་དང་གསུམ། །གསུམ་འདི་གསུམ་འཛོམས་པའི་ དུས་ཚོད་ན། །ཨ་ཕྱི་སྒྱུ་ལུས་རྒུད་པའི་ཡིད་ཕམ་མ། །ཕྱི་པགས་པ་འདུས་པའི་གཉེར་མ་དང་ གཅིག །ནང་ཤ་ཁྲག་ཟད་པའི་འབུར་གོབ་དང་གཉིས། །བར་གླེན་ལྐུགས་འོན་ལོང་ཐོར་ཡོར་ དང་གསུམ། །གསུམ་འདི་གསུམ་འཛོམས་པའི་དུས་ཚོད་ན། །ཨ་ཕྱི་མི་སྡུག་སྟོན་པའི་ཁྲོ་ གཉེར་ཅན། །ལྕི ་ལ་ཧྲུལ་པའི་དུག་པོ་དང་གཅིག །གྲང་ལ་ཉོག་པའི་བཟའ་བཏུང་དང་གཉིས། །པགས་པོ་བཞི་སྦྱོར་གྱི་མལ་ས་དང་གསུམ། །གསུམ་འདི་གསུམ་འཛོམས་པའི་དུས་ཚོད་ན། །ཨ་ཕྱིས་མིས་འགོམ་ཁྱིས་འགོམ་གྱིས་རྟོགས་ལྡན་མ། །ཞེས་དང༌། ཇི་སྐད་དུ། མི་སྡིག་ཅན་ འཆི་བ་མཐོང་ཙ་ན། །ལས་རྒྱུ་འབྲས་སྟོན་པའི་སློ བ་དཔོན་ཡིན། །ཞེས་དང༌། ཇི་སྐད་དུ། ཆོས་སེམས་ཨ་མའི་མངལ་ནས་སྐྱེས། །སྐྱེས་མ་ཐག་ཏུ་འཆི་ཆོས་དྲན། །ཞེས་དང༌། ཀླུ་སྒྲུབ་ གྱིས། བསགས་དང་བསྲུང་དང་སྤེལ་བས་ཉམ་ཐག་པས། །ནོར་ནི་ཕུང་ཀྲོལ་མཐའ་ཡས་ 4-1-451 ཤེས་པར་བྱ། ཞེས་དང༌། རྗེ་མི་ལས་ཀྱང༌། ནོར་དང་པོ་བདག་སྐྱིད་གཞན་སྨོན་པོ། །ཅི་ཙམ་ ཡོད་ཀྱང་ཆོག་ཤེས་མེད། །བར་དུ་སེར་སྣའི་མདུད་པས་བཅིང༌། །དགེ་བའི་ཕྱོགས་སུ་གཏོང་ མི་ཕོད། །དགྲ་འདྲེ་གཉིས་ཀྱི་གཡབ་མོ་ཡིན། །རང་གིས་བསགས་པ་མི་ཡིས་སྤྱོད། །ཐ་མ་ སྲོ ག་གི་བདུད་དུ་འོང༌། །དགྲ་བོའི་ནོར་གཉེར་སེམས་ལ་གཟན། །འགྲོ་བའི་བསླུ་རྡོ་སྤངས་པ་ ཡིན། །བདུད་ཀྱི་མགོ་བསྐོ ར་དེ་ང་མི་འདོད། །ཅེས་དང༌། རྗེ་མི་ལས། བུ་དང་པོ་ལྷ་བུ་ཡིད་ འོང་པོ། །སྙིང་བརྩེ་བའི་སེམས་ལ་བཟོད་གླག་མེད། །བར་དུ་བུ་ལོན་འདེད་དྲག་པོ། །ཐམས་ ཅད་བྱིན་ཀྱང་མགུ་དུས་མེད། །མི་ཡི་བུ་མོ་ནང་དུ་བཅུག ། དྲིན་ཆེན་ཕ་མ་ཕྱི་རུ་ཕུད༌། །ཕ་ ཡིས་བོས་ཀྱང་ལན་མི་སྟེར། །མ་ཡིས་བོས་ཀྱང་ཨང་མི་ཁུག ། ཐ་མ་ཁྱིམ་མཚེས་སྙིང་རིང་ པོ། །ཁྲམ་པའི་ཁ་ཆོས་བྱས་པས་ཕུང༌། །རང་སྐྱེས་ཀྱི་དགྲ་བོ་སེམས་ལ་གཟན། །འཁོར་བའི་ བཤལ་ཐག་སྤང་པ་ཡིན། །འཇིག་རྟེན་གྱི་བུ་ཚ་ང་མི་འདོད། །ཅེས་དང༌། བུ་མོ་དང་པོ་ལྷ་ ཕྲུག་འཛུམ་ཁ་མོ། །ནོར་གང་དམར་ཁྱེར་བའི་དབང་མོ་ཆེ།།བར་དུ་ལན་ཆགས་འཁོར་མེད་ མ། །ཕ་ལ་དངོས་སུ་བསླངས་ནས་ཁྱེར། །མ་ལ་ལྐོག་ཏུ་བརྐུས་ནས་ཁྱེར། །བྱིན་པ་ངོ་སོ་མི་ བྱེད་པ། །དྲིན་ཆེན་ཕ་མ་སྙིང་རླུང་སློ ང༌། །ཐ་མ་སྲི ན་མོ་གདོང་དམར་མ། །ལེགས་ན་གཞན་ གྱི་དཔལ་བསྐྱེད་མ། །ཉེས་ན་རང་གི་བྱུར་སྡུད་མ། །ཕུང་བྱེད་ཀྱི་སྲི ན་མོ་སེམས་ལ་གཟན། །སངས་མེད་ཀྱི་མྱ་ངན་སྤངས་པ་ཡིན། །ཕུང་གཞིའི་བུ་མོ་ང་མི་འདོད། །ཅེས་དང༌། །གཉེན་ དང་པོ་འཕྲད་དགའ་མཐོང་འཛུམ་པོ། །འདིར་བྱོན་དང་འདིར་བཞུགས་ཀྱིས་ལུང་པ་ འགེངས། །བར་དུ་ཤ་ཆང་གི་ཟས་ལན་ཅན། །ཕར་གཅིག་ལན་དུ་ཚུར་གཅིག་སྟེར། །ཐ་མ་ ཆགས་སྡང་གི་གྱོད་གཞི་ཅན། །སྡུག་གྲོགས་ཀྱི་གྱོད་རྩ་སེམས་ལ་གཟན། །སྐྱིད་ཚེའི་ཟ་ གྲོགས་དེ་སྤངས་པ་ཡིན། །འཇིག་རྟེན་གྱི་ཉེ་དུ་ུང་མི་འདོད། །ཅེས་དང༌། ཀུན་མཁྱེན་ཀློང་ ཆེན་པས། །བཟའ་ཚང་ཉེ་འབྲེ ལ་འདི་དང་དུས་རྟག་ཏུ། །མི་འབྲལ་འགྲོགས་པར་འདོད་ཀྱང་ 4-1-452 འབྲལ་བར་ངེས། །བཟང་པོའི་གནས་མལ་འདི་རུ་དུས་རྟག་ཏུ། །མི་འབྲལ་འདུག་པར་འདོད་ ཀྱང་འགྲོ་བར་ངེས། །བདེ་སྐྱིད་ལོངས་སྤྱོད་འདི་དང་དུས་རྟག་ཏུ། །མི་འབྲལ་སྤྱོད་པར་འདོད་ ཀྱང་འགྲོ་བར་ངེས། །དལ་འབྱོར་མི་ལུས་མཆོག་འདི་དུས་རྟག་ཏུ། །མི་འབྲལ་རྟག་པར་ འདོད་ཀྱང་འཆི་བར་ངེས། །བཟང་པོའི་བླ་མ་འདི་དང་དུས་རྟག་ཏུ། །མི་འབྲལ་ཆོས་ཉན་ འདོད་ཀྱང་འབྲལ་བར་ངེས། །དམ་པའི་གྲོགས་བཟང་རྣམས་དང་དུས་རྟག་ཏུ། །མི་འབྲལ་ འགྲོགས་པར་འདོད་ཀྱང་འབྲལ་བར་ངེས། །དེ་རིང་ཉིད་ནས་བརྩོན་པའི་གོ་བགོས་ཏེ། །འབྲལ་མེད་བདེ་ཆེན་གླིང་དུ་བགྲོད་རེ་རན། །སྐྱོ་ཤས་གཏིང་ནས་སྐྱེ་བའི་གྲོགས་རྣམས་ལ། །ཆོས་མེད་སྤྲང་པོ་བདག་གིས་དེ་སྐད་བསྐུལ། །ཞེས་དང༌། རྗེ་མི་ལས། སྤྱིར་རྒྱལ་བ་མི་ཡི་ དབང་པོ་དེས། །ཆོས་རྣམས་ཆོས་བརྒྱད་འཇོམས་ཕྱིར་གསུངས། །ད་ལྟ་མཁས་པར་རློམ་པ་ རྣམས། །ཆོས་བརྒྱད་ཆེ་རུ་མ་སོང་ངམ། །རྒྱལ་བས་ཚུལ་ཁྲིམས་བསྲུང་བ་དེ། །འཇིག་རྟེན་བྱ་ བ་སྤང་ཕྱིར་གསུངས། །ད་ལྟའི་ཁྲིམས་སྲུང་བཙུན་པ་རྣམས། །བྱ་བཞག་མང་དུ་མ་སོང་ངམ། །སྔོ ན་དུས་དྲང་སྲོ ང་ཆ་ལུགས་དེ། །ཉེ་དུའི་འབྲེ ལ་ཐག་བཅད་ཕྱིར་གསུངས། །ད་ལྟའི་དྲང་ སྲོ ང་ཆ་ལུགས་རྣམས། །ངོ་སྲུང་ཆེ་རུ་མ་སོང་ངམ། །མདོར་ན་འཆི་བ་མ་དྲན་པའི། །དམ་ཆོས་ ཅི་བྱེད་ཀྱི་ནར་གདའ། །ཞེས་དང༌། ཀུན་མཁྱེན་ཀློང་ཆེན་པས། སྐབས་སུ་རང་སྣང་མཐུན་ པའི་རྐྱེན་གྲོགས་ལྟོ ས། །རང་སྣང་ཤེས་པས་ཉམས་མྱོང་གྲོགས་སུ་འཆར། །སྐབས་སུ་མི་ མཐུན་གནོད་པའི་རྐྱེན་སྣང་ལྟོ ས། །འཁྲུལ་པ་ཞེན་ལོག་གནད་དུ་ཆེ་བ་ཡིན། །སྐབས་སུ་ གྲོགས་དང་གཞན་གྱི་བླ་མར་ལྟོ ས། །བཟང་ངན་ཤེས་པས་ཉམས་ལེན་བསྐུལ་མ་ཡིན། །སྐབས་སུ་མཁའ་ལ་འབྱུང་བཞིའི་ཆོ་འཕྲུལ་ལྟོ ས། །སེམས་ཉིད་ངང་དུ་འབད་རྩོལ་ཞིག་པ་ ཤེས། །སྐབས་སུ་རང་གི་ཡུལ་མཁར་ལོངས་སྤྱོད་ལྟོ ས། །སྒྱུ་མར་ཤེས་པས་འཁྲུལ་སྣང་ཞེན་ པ་ལྡོ ག །སྐབས་སུ་གཞན་གྱི་ནོར་དང་ལོངས་སྤྱོད་ལྟོ ས། །སྙིང་རྗེར་ཤེས་པས་འཁོར་བའི་ 4-1-453 འདོད་པ་སྤོང༌། །མདོར་ན་སྣ་ཚོགས་སྣང་བའི་ཆོས་རྣམས་ལ། །རང་བཞིན་བརྟགས་པས་ བདེན་ཞེན་འཁྲུལ་པ་འཇིག །ཅེས་དང༌། ཀླུ་སྒྲུབ་ཀྱིས། ཚངས་ཉིད་ཆགས་བྲལ་བདེ་བ་ཐོབ་ ནས་སླར། །མནར་མེད་མེ་ཡི་བུད་ཤིང་གྱུར་པ་ཡི། །སྡུག་བསྔལ་རྒྱུན་མི་ཆད་པ་བསྟེན་ འཚལ་ལོ། །ཞེས་དང༌། དྲན་པ་ཉེར་བཞག་ལས། སེམས་ཅན་དམྱལ་བ་དམྱལ་མེས་ཉམས། །ཡི་དྭགས་བཀྲེས་ཤིང་སྐོ མ་པས་ཉམས། །དུད་འགྲོ་གཅིག་ལ་གཅིག་ཟས་ཉམས། །མི་དག་ འཚོ་བ་ཐུང་བས་ཉམས། །ལྷ་མིན་འཐབ་ཅིང་རྩོད་པས་ཉམས། །ལྷ་དག་བག་མེད་པ་ཡིས་ ཉམས། །འཁོར་བ་ཁབ་ཀྱི་རྩེ་ཙམ་ལ། །བདེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་དང༌། བྱམས་ པས། འགྲོ་ལྔ་དག་ན་བདེ་བ་མེད། །མི་གཙང་ཁང་པར་དྲི་ཞིམ་མེད། ཅེས་དང༌། ཨོ་རྒྱན་ ཆེན་པོས། འཁོར་བ་འདི་ལ་ཁབ་ཀྱི་རྩེ་ཙམ་ཡང༌། །བདེ་བ་ནམ་ཡང་ཡོད་མ་ཡིན་ཞེས་ གསུངས། །ཅུང་ཟད་བདེ་ཡང་འགྱུར་བའི་སྡུག་བསྔལ་ཡོད། ཅེས་དང༌། ཀླུ་སྒྲུབ་ཀྱིས། དམྱལ་ བ་བྲི ས་པ་མཐོང་དང་ཐོས་པས་ཀྱང༌། །འཇིགས་པ་སྐྱེ་བར་བྱེད་ན་མི་བཟད་པའི། །རྣམ་སྨིན་ ཉམས་སུ་མྱོང་རྣམས་ཅི་བྱར་ཡོད། །ཅེས་དང༌། ཇོ་བོ་འདའ་ཁར་རྣལ་འབྱོར་བས། །ཇོ་བོ་ གཤེགས་པའི་འོག་ཏུ་བདག་གིས་སྒོམ་བྱེད་པར་ཞུ་ཞུས་པས། །བསྒོམས་ཀྱང་ཆོས་སུ་འགྲོ་ ཡི་གསུངས། །འོ་ན་འཆད་པར་ཞུ་ཞུས་པས། སྔར་བཞིན་གསུངས། འོ་ན་ཇི་ལྟར་བགྱི་ཞུས་ པས། ཁྱེད་ཐམས་ཅད་ཀྱིས་སྟོན་པ་ལ་བསྟེན་ལ་ཚེ་འདི་བློས་ཐོང་གསུངས། བཙུན་པ་གཅིག་ རྭ་སྒྲེང་ལ་ཕྱི་སྐོ ར་བྱེད་པ་དང༌། དགེ་བཤེས་སྟོན་པ་དང་མཇལ་བས། སྟོན་པའི་ཞལ་ནས། ཇོ་བོ་བསྐོ ར་བ་བྱེད་པ་ཡང་གློ་བ་དགའ་སྟེ། དེ་བས་ཆོས་ཞིག་རང་བྱས་ན་མི་དགའ་འམ་ གསུངས། དེར་ཇོ་བོ་དེས་བསམ་པ་ལ། བསྐོ ར་བ་བྱས་པ་ལས་ཀྱང་ཐེག་པ་ཆེན་པོའི་མདོ་ ཀློག་པ་ཁེབས་ཆེའམ་སྙམ་ནས། ཀུན་དགའ་ར་བའི་ཁྱམས་སུ་མདོ་བཀླགས་པས། སྟོན་ པའི་ཞལ་ནས། ཆོས་ཀློག་པ་ཡང་གློ་བ་དགའ་སྟེ། དེ་བས་ཀྱང་ཆོས་ཞིག་རང་བྱས་ན་མི་ 4-1-454 དགའ་འམ་གསུངས། ཡང་ཁོ་བོའི་བསམ་པ་ལ། ཀློག་པ་བས་ཏིང་ངེ་འཛིན་བསྒོམ་པ་ཁེབས་ ཆེ་བའི་བརྡའ་ཡིན་སྙམ་ནས། ཀློག་པ་བཤོལ་ནས་མལ་དུ་མིག་ཟིམ་མེ་བསྡད་པས། སྟོན་ པའི་ཞལ་ནས་བསྒོམས་པ་ཡང་གློ་བ་དགའ་སྟེ། དེ་བས་ཀྱང་ཆོས་ཞིག་རང་བྱས་ན་མི་དགའ་ འམ་གསུངས། དེར་ཁོས་གཞན་བྱ་ཐབས་མ་རྙེད་ནས། དགེ་བཤེས་ལགས། འོ་ན་བདག་ གིས་ཆོས་ཇི་ལྟ་བུ་ཞིག་བགྱི་ཞུས་པས། སྟོན་པའི་ཞལ་ནས། ཇོ་བོ་ཚེ་འདི་བློས་ཐོང༌། ཚེ་འདི་ བློས་ཐོང་གསུངས་སྐད། རྒྱ་གར་ཕ་དམ་པས། དངོས་པོ་འདི་སྤྲིན་དང་ན་བུན་འདྲ་བ་ཡིན་ པས་དེ་ལ་རྟག་པར་མ་འཛིན། སྙན་གྲགས་ཐམས་ཅད་བྲག་ཆ་དང་འདྲ་བ་ཡིན་པས་སྙན་ གྲགས་མ་སྒྲུབ་ཆོས་ཉིད་སྒྲུབ། གོས་བཟང་པོ་འཇའ་ཚོན་དང་འདྲ་བ་ཡིན་པས་དུག་པོ་གྱོན་ ལ་ཉམས་སུ་ལོངས། རང་གི་ལུས་འདི་རྣག་ཁྲག་ཆུ་སེར་གྱི་རྐྱལ་བ་ཡིན་པས་གཅེས་པར་མ་ འཛིན། ཞིམ་པོ་ཟོས་ཀྱང་མི་གཙང་བའི་རྒྱུ་ཡིན་པས་ལྟོ་ལ་ཆེད་དུ་མ་ལྟ། སྣང་བ་དགྲ་རུ་ ལངས་པ་ཡིན་པས་དགོན་པའམ་རི་ལ་ཉོལ། འཁྲུལ་བའི་ཚེར་མ་སེམས་ལ་འཛུགས་པ་ཡིན་ པས་མཉམ་པ་ཉིད་དུ་ཉམས་སུ་ལོངས། དགོས་འདོད་ཐམས་ཅད་རང་ལས་འབྱུང་བ་ཡིན་ པས་རང་སེམས་སྐྱོངས། ནོར་བུ་རིན་པོ་ཆེ་རང་ལ་ཡོད་པ་ཡིན་པས་ནོར་ལ་ཆགས་པ་མ་ བྱེད། སྨྲ་བ་མང་པོ་གྱོད་ཀྱི་རྩ་བ་ཡིན་པས་ལྐུགས་པ་བཞིན་དུ་སྡོད། སེམས་ཉིད་ལས་སུ་ འཆར་བ་ཡིན་པས་ཡིད་ལྟོ ་ཕྱིར་མ་འབྲངས། བྱིན་རླབས་སེམས་ལ་འབྱུང་བ་ཡིན་པས་བླ་མ་ དང་ཡི་དམ་ལ་གསོལ་བ་ཐོབ། ས་གཅིག་ཏུ་ཡུན་རིང་ན་སངས་རྒྱས་ལ་ཡང་སྐྱོན་མཐོང་བ་ ཡིན་པས་ས་གཅིག་ཏུ་ཡུན་རིང་མ་སྡོད། དམན་པའི་སྤྱོད་པ་གྱིས་ལ་ཆེ་བའི་ང་རྒྱལ་སྤོངས། དུས་རིང་པོར་མི་སྡོད་པ་ཡིན་པས་མི་རིང་བར་སྒྲུབ་པ་གྱིས། ཚེ་འདི་མགྲོན་པོ་དང་འདྲ་བ་ ཡིན་པས་ངལ་གསོ་སར་མཁར་ལས་མ་བྱེད། ལར་ཅིས་ཀྱང་ཕན་པ་མེད་པ་ཡིན་པས་སྒྲུབ་ པ་ཉམས་སུ་ལོངས། རང་གི་ལུས་འབུ་སྲི ན་གྱིས་ཟ་བའམ་ནམ་ཡལ་ཆ་མེད་པ་ཡིན་པས་ཚེ་ 4-1-455 འདིའི་སྣང་བ་ལ་མ་ཡེངས། གཉེན་དང་གྲོགས་ཤིང་ཁའི་བྱེའུ་ཆུང་དང་འདྲ་བ་ཡིན་པས་དེ་ ལ་མ་ཆགས། ཡིད་ཆེས་ཀྱི་དད་པ་འདི་ས་གཞི་བཟང་པོ་དང་འདྲ་བས་ཉོན་མོངས་པའི་ཐ་ བར་མ་བཞགཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་འདྲ་བའི་མི་ལུས་འདི་ཞེ་སྡང་གི་དགྲ་ལ་ མ་བསྐུར། དམ་ཚིག་སོ་ཁའི་མཁར་བུ་དང་འདྲ་བ་འདི་ཉེས་པའི་སྐྱོན་གྱི་མ་གོས་པར་གྱིས། རྡོ་རྗེ་སློ བ་དཔོན་བཞུགས་པའི་ཚེ་དམ་ཆོས་ལེ་ལོར་མ་བཞག་ཨང་གསུངས། ལས་རྒྱུ་འབྲས་ ཀྱི་ཚུལ། ཇི་སྐད་དུ། དཀོར་ནག་པོ་སྲོ ག་གི་སྤུ་གྲི་ཡིན། ཟོས་དྲག་ན་ཐར་པའི་སྲོ ག་རྩ་གཅོད། །ཅེས་དང༌། ལས་བརྒྱ་པ་ལས། །ལུས་ཅན་རྣམས་ཀྱི་བདེ་སྡུག་ནི། ལས་རྣམས་ཡིན་པར་ཐུབ་ པས་གསུངས། །ལས་རྣམས་ཀྱང་ནི་སྣ་ཚོགས་ལ། །དེ་ཡིས་འགྲོ་འདི་སྣ་ཚོགས་བྱས། །སྣ་ ཚོགས་རྣམ་པར་འཁྱམས་ཤིང་འཇུག །ལས་ཀྱི་དྲ་བ་འདི་ཆེའོ། །ཞེས་དང༌། རྒྱལ་པོ་ལ་ གདམས་པའི་མདོ་ལས། །དུས་ཀྱིས་ཉེན་ཏེ་རྒྱལ་པོ་འགྲོ་གྱུར་ན། །ལོངས་སྤྱོད་མཛའ་དང་ བཤེས་རྣམས་རྗེས་མི་འབྲང༌། །སྐྱེས་བུ་དག་ནི་གང་ནས་གར་འགྲོ་ཡང༌། །ལས་ནི་གྲིབ་མ་ བཞིན་དུ་རྗེས་སུ་འབྲང༌། །ཞེས་དང༌། ལས་བརྒྱ་པ་ལས། ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་ པར་འགྱུར། །ཞེས་དང༌། ཡོན་ཏན་མཛོད་ལས། ས་བླ་མཐོན་པོར་གཤེགས་པའི་མཁའ་ལྡི ང་ གི །གྲིབ་མ་རེ་ཞིག་བལྟ་བར་མི་མངོན་ཡང༌། །ལུས་ཅན་དག་དང་འདུ་འབྲལ་སྤངས་པ་ བཞིན། །ཚོགས་ཤིང་དུས་ལ་བབ་ཚེ་ལྷག་པར་མངོན། །ཞེས་དང༌། ཞི་བ་ལྷས། སྐད་ཅིག་ གཅིག་བྱས་སྡིག་པས་ཀྱང༌། །བསྐལ་པར་མནར་མེད་གནས་འགྱུར་ན། །ཐོག་མེད་འཁོར་བ་ བསགས་སྡིག་གིས། །བདེ་འགྲོར་མི་འགྲོ་སྨོས་ཅི་དགོས། །ཞེས་དང༌། མཛངས་བླུན་ལས། སྡིག་པ་ཆུང་ངུ་དག་ལ་ཡང༌། །མི་གནོད་སྙམ་དུ་བརྙས་མི་བྱ། །མེ་མདག་ཆུང་ངུ་དག་གིས་ ཀྱང༌། །རྩ་ཕུང་རི་ཙམ་སྲེ ག་པར་བྱེད། །ཅེས་དང༌། མཛངས་བླུན་ལས། དགེ་བ་ཆུང་ངུ་དག་ 4-1-456 ལ་ཡང༌། །མི་ཕན་སྙམ་དུ་བརྙས་མི་བྱ། །ཆུ་ཡི་ཐིགས་པ་བསགས་པ་ཡིས། །སྣོ ད་ཆེན་རིམ་ གྱིས་གང་བར་འགྱུར། །ཞེས་དང༌། ཡོན་ཏན་མཛོད་ལས། ཇི་ལྟར་ས་བོན་ཡུངས་འབྲུ་ཙམ་ པའི་ཤིང༌། །ཨ་ཤོ་ཏ་ཡི་འབྲས་བུ་ལོ་དུས་སུ། །ཡལ་ག་རེ་ལའང་དཔག་ཚད་ཙམ་འཕེལ་ བས། །དགེ་སྡིག་གཟུགས་བརྙན་འཕེལ་བའི་དཔེར་མི་ཕོད། ཅེས་དང༌། འཇིགས་གླིང་གིས། དགྲས་ལོག་སྒྲུབ་བྱས་ཀྱང་ཐུགས་དམ་གྱི་བོགས་འདོན། །གཏམ་མ་ཉེས་ཁ་ཡོག་དགེ་སྐུལ་ གྱི་ལྕག་འདེབས། །འདི་ཆགས་ཞེན་འཇིག་པའི་བླ་མ་རུ་འདུག་པས། །ཁོའི་དྲིན་ལན་འཁོར་ ཐབས་མེད་པ་རུ་གཟིགས་མཛོད། །ཅེས་དང༌། ཡོན་ཏན་མཛོད་ལས། རྩ་བ་སྨན་དུ་མཆིས་ན་ མྱུ་གུ་འང་སྨན། །རྩ་བ་དུག་ཡིན་མྱུ་གུ་སྨོས་ཅི་དགོས། །ཞེས་དང༌། ཇོ་བོས། བླ་མའི་མཆོག་ མཚང་ལ་རྒོལ་བ་ཡིན། །གདམས་ངག་གི་མཆོག་མཚང་ཐོག་ཏུ་འབེབས་པ་ཡིན། །ཨོ་རྒྱན་ ཆེན་པོས། རྒྱལ་པོ་ཆེན་པོའི་ངའི་གསང་སྔགས་འདི་ལྟ་བ་གཙོ་ཆེ། ལྟ་བའི་ཕྱོགས་སུ་སྤྱོད་པ་ མ་ཤོར་བར་མཛོད། དེ་ཤོར་ན་དགེ་སྟོང་སྡིག་སྟོང་ནག་པོ་ཁ་འབྱམས་བདུད་ཀྱི་ལྟ་བར་འགྲོ། ཡང་སྤྱོད་པའི་ཕྱོགས་སུ་ལྟ་བ་མ་ཤོར་བར་མཛོད། དེ་ཤོར་ན་དངོས་པོ་དང་མཚན་མས་ བཅིངས་ནས་གྲོལ་བའི་དུས་མེད་ཅེས་དང༌། ལྟ་བ་ནམ་མཁའ་བས་ཀྱང་མཐོ། ལས་རྒྱུ་ འབྲས་བག་ཕྱེ་བས་ཀྱང་ཞིབ། ཅེས་དང༌། ཕ་དམ་པར། སྟོང་ཉིད་རྟོགས་ན་སྡིག་པ་བྱས་ན་ གནོད་དམ་མི་གནོད་ཞུས་པས། སྟོང་ཉིད་རྟོགས་ན་སྡིག་པ་བྱ་དོན་མེད། སྟོང་ཉིད་རྟོགས་པ་ དང་སྙིང་རྗེ་སྐྱེ་བ་དུས་མཉམ་གསུངས། རྡོ་རྗེ་གཅོད་པ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ སྤྱོད་པའི་བྱང་ཆུབ་སེམས་དཔའ་མནར་ཞིང་རབ་ཏུ་མནར་བར་འགྱུར་ཏེ། དེ་མ་འོངས་པ་ན་ སྡུག་བསྔལ་མྱོང་བར་འགྱུར་བའི་ལས་ཚེ་འདིར་སྨིན་པའོ། །ཞེས་དང༌། མདོ་དྲན་ཉེར་ལས། སེམས་ཅན་གཅིག་གི་སྲོག་བཅད་ཀྱང་སྲོག་ལན་ལྔ་བརྒྱ་འཇལ་དགོས་པ་དང་བར་གྱི་ བསྐལ་བ་ཞིག་ཏུ་དམྱལ་བར་གནས་དགོས་པར་གསུངས། ཕ་དམ་པས། དཀོན་མཆོག་གི་ 4-1-457 རྟེན་སྡིག་སྡུག་གིས་བཞེངས། ཚེ་ཕྱི་མ་རླུང་ལ་བསྐུར། ཞེས་དང༌། ཇོ་བོ་རྗེས། ང་རང་སོ་སོར་ ཐར་པའི་སྒོར་ཞུགས་ནས་ཉེས་བྱས་ཕྲ་མོས་ཀྱང་མ་གོས། བྱང་སེམས་ཀྱི་བསླབ་བྱ་ལ་ཉེས་ པ་རེ་རེ་གཉིས་གཉིས་བྱུང༌། གསང་སྔགས་རྡོ་རྗེ་ཐེག་པའི་སྒོར་ཞུགས་ནས་ཉེས་པ་ཅོ་ལེ་ཉོ་ ལེ་བྱུང་ཡང་ཉེས་ལྟུང་དང་འགྲོགས་ནས་ཞག་གཅིག་ཀྱང་སྡོད་མ་མྱོང་གསུངས། རྗེ་བཙུན་མི་ ལ་ལ། སློ བ་མ་རྣམས་ཀྱིས་རྗེ་བཙུན་གྱི་མཛད་སྤྱོད་འདི་གང་ལ་བལྟས་ཀྱང་སོ་སོའི་སྐྱེ་བོའི་ བློའི་ཡུལ་ལས་འདས་པར་འདུག་པས། རྗེ་བཙུན་རིན་པོ་ཆེ་དང་པོ་ཉིད་ནས་རྡོ་རྗེ་འཆང་ངམ་ སངས་རྒྱས་བྱང་སེམས་གང་རུང་ཞིག་གི་སྤྲུལ་པ་ཡིན་པར་འདུག་པས་གསུང་བར་ཞུ་ཞུས་ པས། རྗེ་བཙུན་གྱི་ཞལ་ནས། ཁྱེད་རྣམས་ཀྱིས་ང་ལ་རྡོ་རྗེ་འཆང་ངམ་སངས་རྒྱས་བྱང་སེམས་ གང་རུང་ཞིག་གི་སྤྲུལ་པ་ཡིན་སྙམ་པ་དེ་ང་ལ་དང་དད་པ་ཡིན་ཏེ། ཆོས་ལ་ལོག་ལྟ་དེ་ལས་ཆེ་ བ་མེད། ངས་དང་པོ་མཐུ་དང་སེར་བ་ལ་བརྟེན་ནས་སྡིག་ཚབས་པོ་ཆེ་དེ་བསགས་འཕྲལ། ངེས་པར་དམྱལ་བར་སྐྱེ་བ་ལས་མེད་སྙམ་ནས་སྒྲུབ་པ་ལ་སྙིང་རུས་ཕུར་ཚུགས་སུ་བྱས་པས་ གསང་སྔགས་ཐབས་ཟབ་པའི་གནད་ཀྱིས་རྒྱུད་ལ་ཡོན་ཏན་ཁྱད་པར་ཅན་སྐྱེས་པ་ཡིན་ཁྱེད་ རང་རྣམས་ཆོས་ལ་སྙིང་རུས་མ་ནུས་པ་ལས་རྒྱུ་འབྲས་ལ་ཡིད་ཆེས་མ་སྐྱེས་པས་ལན། རྒྱུ་ འབྲས་ལ་སྙིང་ཐག་པ་ནས་ཡིད་ཆེས་སྐྱེས་ན། ངའི་སྙིང་རུས་དེ་འདྲ་བ་སོ་སྐྱེ་སྙིང་རུས་ཅན་ ཀུན་ལ་འོང་བར་འདུགདེ་ཙ་ན་ཡོན་ཏན་ཡང་རྒྱུད་ལ་སྐྱེ་བས་རྡོ་རྗེ་འཆང་ངམ་སངས་རྒྱས་ བྱང་སེམས་ཀྱི་སྤྲུལ་པ་ཡིན་སྙམ་པ་ཡང་ཡོང་བར་འདུག་གསུངས། ཇི་སྐད་དུ། དགེ་བ་ཅན་ སྨན་གྱི་སྡོང་པོ་དང་འདྲ། །གང་བསྟེན་བསྟེན་པ་ཀུན་རྒྱལ་ནས་གདའ། །སྡིག་པ་ཅན་དུག་གི་ སྡོང་པོ་དང་འདྲ། །གང་བསྟེན་བསྟེན་པ་ཀུན་བརླགས་ནས་གདའ། །ཞེས་གསུངས་སོ། ། བཤེས་གཉེན་བསྟེན་ཚུལ། ཇི་སྐད་དུ། ཇི་ལྟར་མ་ལ་ཡི་ནགས་ཀླུང་དུ། །རྣམ་པར་ འཁྱམས་པའི་སྡོང་དུམ་ཕལ་པ་ཡང༌། །ཡལ་འདབ་བརླན་པས་ཙནྡན་དྲི་བསུང་ལྟར། །གང་ 4-1-458 ལ་བརྟེན་པ་དེ་ཡི་རྗེས་སུ་འགྲོ། །ཞེས་དང༌། དམ་པའི་ཆོས་ཚུལ་མཐའ་དག་རྫོགས་པ་ནི། །སྙིགས་མའི་མཐུས་བྱས་རྙེད་པར་དཀའ་ན་ཡང༌། །སྡོམ་གསུམ་གནང་བཀག་གཙང་མའི་ས་ གཞི་ལ། །ཐོས་དང་སྙིང་རྗེ་ཆེན་པོས་ཐུགས་བརྒྱུད་བརླན། །སྡེ་སྣོ ད་སྔགས་རྒྱུད་རྒྱ་མཚོའི་ཆོ་ ག་མཁས། །སྤངས་རྟོགས་ཡེ་ཤེས་དྲི་མེད་འབྲས་བུས་ཕྱུག །བསྡུ་དངོས་བཞི་ཡི་མེ་ཏོག་རྣམ་ བཀྲ་བས། །སྐལ་བཟང་སློ བ་མའི་བུང་བ་སྡུད་ལ་བསྟེན། །ཞེས་དང༌། ཁྱད་པར་མན་ངག་ སྟོན་པའི་བླ་མ་ནི། །དབང་ཐོབ་དམ་ཚིག་ལ་གནས་ཤིན་ཏུ་ཞི། །གཞི་ལམ་འབྲས་བུའི་རྒྱུད་ དོན་ཁོང་དུ་ཆུད། །བསྙེན་སྒྲུབ་རྟགས་རྫོགས་རྟོགས་པས་རང་རྒྱུད་གྲོལ། །སྙིང་རྗེ་ཚད་མེད་ གཞན་དོན་འབའ་ཞིག་གཉེར། །བྱ་བ་ཉུང་ཞིང་ནན་ཏན་ཆོས་ལ་སེམས། །སྐྱོ་ཤས་ཆེར་ལྡན་ གཞན་ཡང་དེ་ལ་བསྐུལ། །ཐབས་ལ་མཁས་ཤིང་རྒྱུད་པའི་བྱིན་རླབས་ལྡན། །དེ་ལྟ་བུ་ལ་ བསྟེན་ན་དངོས་གྲུབ་མྱུར། །ཞེས་དང༌། བྲམ་ཟེ་བཞིན་དུ་ཆོ་རིགས་སྲུང་བའམ། །བསྟི་གནས་ ཉམས་པར་དོགས་པའི་རྫིང་བུ་རུ། །ཐོས་བསམ་འབྲས་བུ་གནས་མིན་ཁྲུས་ལ་ཞུགས། །ཤིང་ གི་རང་ཐག་ལྟ་བུའི་ལམ་སྟོན་དང༌། །སོ་སོའི་སྐྱེ་བོའི་རང་བཞིན་མ་འགལ་ཡང༌། །བླུན་པོ་ དད་པས་བབ་ཅོལ་གནས་ལ་སྦྱར། །རྙེད་དང་བཀུར་སྟི་མཆོད་པས་ཁེངས་གྱུར་པའི། །ཁྲོན་ པའི་ལག་འགྲོ་ལྟ་བུའི་བཤེས་གཉེན་དང༌། །ཐོས་པ་ཉུང་ཞིང་སྡོམ་དང་དམ་ཚིག་འཆལ། །རྒྱུད་ཚོད་དམའ་ལ་ཀུན་སྤྱོད་ས་བླར་གཤེགས། །བྱམས་དང་སྙིང་རྗེའི་དཔྱངས་ཐག་ཆད་པ་ ཡི། །སྨྱོན་པའི་ལམ་མཁན་རྣམས་ལས་སྡིག་པ་འཕེལ། །ཁྱད་པར་རང་ལས་ཡོན་ཏན་ལྷག་ བཅས་མིན། །བྱང་ཆུབ་སེམས་བྲལ་གྲགས་པའི་མཐུས་བསྟེན་ན། །ལོང་བའི་དེད་དཔོན་ ནོར་བ་ཆེན་པོ་སྟེ། །ཟོལ་འགྲོགས་མུན་པའི་སྨག་ཏུ་འཁྱམས་པར་གྱུར། །ཞེས་དང༌། དེ་ཕྱིར་ དམ་པ་ཤིན་ཏུ་མ་བརྟགས་ན། །དད་པ་ཅན་གྱི་དགེ་ཚོགས་ཆུད་གཟན་ཞིང༌།།དལ་བ་སྐབས་ ཤིག་རྙེད་པ་སྦྲུལ་གདུག་དང༌། །ཤིང་གི་གྲིབ་མ་ནོར་བཞིན་བསླུ་བར་འགྱུར། ཞེས་དང༌། 4-1-459 མཐའ་དག་ཡོན་ཏན་རྫོགས་པའི་བླ་མ་ནི། །སངས་རྒྱས་ཀུན་གྱི་ཐུགས་རྗེ་ཡེ་ཤེས་ཁམས། །གདུལ་བྱའི་ཡུལ་ལ་སྐྱེས་བུའི་གཟུགས་ཀྱིས་བྱོན། །དངོས་གྲུབ་ཀུན་གྱི་རྩ་བ་བླ་ན་མེད། །ཅེས་དང༌། དྲང་བའི་དོན་དུ་ཀུན་དང་ཕྱོགས་མཐུན་ལ། །ངེས་པའི་དོན་དུ་ཀུན་དང་རྣམ་ བཞག་འགལ། །དགོངས་པ་ཅན་ཕྱིར་ཀུན་ལས་ཁྱད་པར་འཕགས། །ཐེ་ཚོམ་གཅོད་མཁས་ ལོག་སྒྲུབ་སྐྱོ་ངལ་བཟོད། །ཅེས་དང༌། སྲི ད་པའི་མཚོ་ལས་སྒྲོལ་བའི་གྲུ་བོ་ཆེ། །ལམ་མཆོག་ འཁྲུལ་པར་མི་འགྱུར་དེད་དཔོན་དངོས། །ལས་ཉོན་མེ་ཚོགས་འཇོམས་པའི་བདུད་རྩིའི་ཆར། །མ་རིག་མུན་པ་སེལ་བའི་ཉི་ཟླར་མཚུངས། །ཐེག་པ་ཤིན་ཏུ་ཆེ་བས་ས་གཞི་འདྲ། །ཕན་དང་ བདེ་བའི་འབྱུང་གནས་དཔག་བསམ་ཤིང༌། །ཆོས་ཀྱི་མཛོད་ལྡན་བུམ་པ་བཟང་པོ་སྟེ། །ཀུན་ འབྱུང་ཡིད་བཞིན་ནོར་བུ་ལས་ཀྱང་ལྷག །ཀུན་ལ་སྙོམས་པར་བྱས་པའི་ཕ་མ་ཡིན། །ཆེ་ཞིང་ མྱུར་བའི་སྙིང་རྗེ་ཆུ་ཀླུང་མཚུངས། །འཕོ་འགྱུར་མེད་པའི་དགའ་བ་རི་དབང་འདྲ། །འཁྲུགས་ པ་མེད་པའི་བཏང་སྙོམས་ཆར་སྤྲིན་བཞིན། །ཞེས་དང༌། དེ་འདྲའི་བླ་མ་སངས་རྒྱས་ཀུན་དང་ མཉམ། །གནོད་པ་བྱས་ཀྱང་བདེ་བའི་ལམ་འབྲེ ལ་ན། །ཟོལ་མེད་དད་པས་བསྟེན་པའི་སྐྱེས་ བུ་ལ། །མངོན་མཐོ་ངེས་ལེགས་ཡོན་ཏན་ཆར་བཞིན་འབབ། །ཞེས་དང༌། ནད་པས་སྨན་པ་ མགྲོན་པོས་སྐྱེལ་མ་དང༌། །འཇིགས་པས་རམ་ཟླ་ཚོང་པས་དེད་དཔོན་དང༌། །གྲུ་པས་མཉན་ པ་བཞིན་དུ་སྐྱེ་ཤི་དང༌། །ཉོན་མོངས་དགྲ་ཡིས་འཇིགས་པས་བསྟེན་པར་བྱ། །ཞེས་དང༌། གོ་ཆ་ཆེ་ལ་བློ་གྲོས་ཤིན་ཏུ་བརྟན། །ལུས་དང་སྲོ ག་ལ་མི་ལྟ་རིམ་གྲོ་བགྱིད། །ཅི་གསུངས་ བཀའ་དཀྲི་བདག་ཉིད་མི་བསླུ་བའི། །སྐྱེས་བུ་དེ་ནི་མོས་གུས་ཁོ་ནས་གྲོལ། ཞེས་དང༌། དད་ དང་ཤེས་རབ་ཐོས་དང་སྙིང་རྗེ་ཆེ། །སྡོམ་དང་དམ་ཚིག་ལ་གུས་སྒོ་གསུམ་དུལ། །ཁོང་ཡང་ གཏོང་ཕོད་དག་སྣང་ཁྲེལ་ཡོད་ལྡན། །ཞེས་དང༌། བླ་མ་ཤིན་ཏུ་སྲུང་བས་མཛངས་པ་དང༌། །བཀའ་བཀྱོན་དག་ལ་མི་ཁྲོ་རྟ་མཆོག་བཞིན། །གྲུ་ལྟར་འགྲོ་འོང་གནས་ལ་སྐྱོ་བ་སྤངས། 4-1-460 །ཟམ་པ་ལྟ་བུར་བཟང་ངན་ཐམས་ཅད་ཐེག །བཟོ་སྟེགས་བཞིན་དུ་ཚ་གྲང་གང་ཡང་བཟོད། །བཀའ་བཞིན་ཉན་པ་བྲན་ཁོལ་ལྟ་བུ་དང༌། །ང་རྒྱལ་སྤངས་པ་ཕྱག་དར་ལྟ་བུ་དང༌། །དྲེགས་ པ་སྤངས་པ་ཁྱུ་མཆོག་རྭ་ཆད་ལྟས། །བླ་མ་བསྟེན་ཞེས་སྡེ་སྣོ ད་དག་ལས་གསུངས། །ཞེས་ དང༌། འབྱོར་བ་ཡོད་ན་དཀོན་མཆོག་བཞི་པ་མཆོད། །ཞབས་ཏོག་སྲི ད་ཞུ་ལུས་ངག་བཀོལ་ བའི་ལས། །མཐའ་དག་ནམ་ཡང་ཆུད་ཟོས་གྱུར་པ་མེད། །མཉེས་པ་གསུམ་གྱི་ནང་ན་སྒྲུབ་པ་ མཆོག །ཅེས་དང༌། མཛད་སྤྱོད་གང་ཡང་ལོག་པར་མི་བལྟ་སྟེ། །འཕགས་པའི་ཡུལ་གྱི་དབང་ ཕྱུག་ཕལ་མོ་ཆེ། །གདོལ་པ་གཡུང་པོ་སྡིག་སྤྱོད་ཕལ་པའི་ཚུལ། །ཉམས་པ་ལས་ཀྱང་ཤིན་ཏུ་ ཉམས་པར་ཡོད། །ཅེས་དང༌། རང་གི་ཉེར་ལེན་དབང་དུ་མ་གྱུར་པར། །འཁྲུལ་པ་བརྟགས་ པའི་ཉེས་པ་ཚད་མེད་དེ། །སྡེ་སྣོ ད་བཅུ་གཉིས་བློ་ལ་ཆུབ་པ་ཡི། །དགེ་སློ ང་སྐར་བཟང་སྡིག་ པའི་མཐུས་བཏབ་ནས། །སྟོན་པའི་མཛད་པ་གཡོ་སྒྱུར་མཐོང་བའི་ཚུལ། །ལེགས་པར་ བསམ་ནས་རང་གིས་རང་ཉིད་འཆོས། །ཞེས་དང༌། གལ་ཏེ་བླ་མ་སྡང་བར་མངོན་གྱུར་ན། །བདག་སྐྱོན་གཟིགས་ནས་སྐྱོ་བས་འདུལ་བ་ཡི། །དུས་ལ་བབས་པར་རིག་ནས་བཤགས་ སྡོམ་བྱ། །ཅང་ཤེས་སྐྱེས་བུ་བདུད་ཀྱི་དབང་མི་འགྲོ། །ཞེས་དང༌། བླ་མ་བཞེངས་ཚེ་སྟན་ལ་ འདུག་པ་མིན། །བཞུགས་པའི་དུས་ན་བསྙུན་འདྲི་ཉེར་སྤྱད་དབུལ། །གཤེགས་ན་ཞབས་ འབྲི ང་སྔོ ན་རྗེས་གཡས་ནས་མིན། །བསྟན་དང་བཞོན་པ་རྨད་སོགས་བསོད་ནམས་ཉམས། །སྒོ་འཕར་བརྡེགས་དང་སྒེག་ཆོས་ངོ་འཛུམ་གནག །རྫུན་དང་བབ་ཅོལ་བཞད་གད་འབྲེ ལ་ མེད་གཏམ། །སྤངས་ལ་སྒོ་གསུམ་ཉེ་བར་ཞི་བས་བསྟེན། །ཞེས་དང༌། བླ་མ་དམོད་ཅིང་སྡང་ བའི་གང་ཟག་དང༌། །བཤེས་པར་མི་བྱ་ནུས་པས་དེ་བཟློག་ཅིང༌། །བག་ཕེབས་སྨྲ་ན་སྡིག་ པའི་གཞན་དབང་ནི། །ལྷག་པར་མཐུ་ཆེ་དམ་ཚིག་སྐྱོན་ཅན་བྱེད། །ཅེས་དང༌། འགྲོགས་པར་ བདེ་བ་སྐ་རགས་ལྟ་བུ་དང༌། །འཇུག་པར་བདེ་བ་ལན་ཚྭ་ལྟ་བུ་དང༌། །བཟོད་བསྲན་ཆེ་བ་ཀ་ 4-1-461 བ་ལྟ་བུ་ཡིས། །བླ་མའི་འཁོར་དང་རྡོ་རྗེའི་སྤུན་ལ་བསྙེན། །ཞེས་དང༌། རྫིང་བུ་མཆོག་ལ་ བསྟེན་པའི་ངང་བ་དང༌། །བུང་བས་མེ་ཏོག་བཅུད་ལ་རོ་མྱོང་བཞིན། །རྟག་ཏུ་འགྲོགས་པར་ སྤྱོད་པ་ངོ་མཚར་ཅན། །སྐྱོ་ངལ་མེད་པས་བླ་མའི་ཐུགས་བཟུང་ནས། །དད་པས་ཉེ་བར་ལེན་ པས་ཡོན་ཏན་མྱོང༌། །ཞེས་དང༌། འཇུག་པའི་སྤྱོད་ལ་ངེས་པར་ཞུགས་པ་ཡི། །དམ་པ་མཆོག་ གི་བསོད་ནམས་ཡེ་ཤེས་ཚོགས། །གང་གི་ཁྲོད་དུ་དོན་མཐུན་སྤྱོད་པ་དང༌། །མངག་གཞུགས་ བང་ཕྱིན་ཕྱགས་དར་ཚུན་ཆད་ཀྱང༌། །ངལ་བ་འབྲས་བཅས་ཚོགས་ཀྱི་ལམ་མཆོག་ཡིན། །ཞེས་དང༌། ཅི་ཕྱིར་སྐྱབས་སུ་འགྲོ་དང་ཚོགས་ཀྱི་ཞིང༌། །བླ་མ་སྒྲུབ་པའི་རྣལ་འབྱོར་ཕྱི་ནང་ གཉིས། །བསྐྱེད་རྫོགས་བསྒྲུབ་བྱའི་ངོ་བོ་འདིར་འདུས་པའི། མདོ་རྒྱུད་ཀུན་ནས་སངས་རྒྱས་ ཉིད་དུ་བསྟན། །ཞེས་དང༌། རྨོངས་པ་ཕལ་ཆེར་གཟུགས་བརྙན་འདྲི་ཞིང་བསྒོམ། དངོས་སུ་ བཞུགས་ལ་རིམ་གྲོ་བགྱི་བ་མེད། །གནས་ལུགས་བསྒོམ་ཟེར་བླ་མའི་ཐུགས་མི་ཤེས། །སྒྲུབ་ དང་བསྒྲུབ་བྱ་འགལ་པ་ཉོན་རེ་མོངས། །མོས་གུས་མེད་བཞིན་བར་དོར་མཇལ་བ་མཚར། །ཅེས་དང༌། དང་པོ་བླ་མ་བརྟགས་ལ་མཁས་པ་དང༌། །བར་དུ་བླ་མ་བསྟེན་ལ་མཁས་པ་ དང༌། །ཐ་མར་དགོངས་སྤྱོད་བསླབ་ལ་མཁས་པ་ཡི། །སྐྱེས་བུ་དེ་ནི་ཡང་དག་ལམ་ལ་འགྲོ། །ཞེས་སོ། ། སྐྱབས་འགྲོའི་ཚུལ། ཨོ་རྒྱན་རིན་པོ་ཆེས། ཡིད་ཁྱེད་ཤེས་ཀྱི་དད་པས་བྱིན་རླབས་འཇུག །བློ་ཐེ་ཚོམ་དང་བྲལ་ན་ཅི་བསམ་འགྲུབ། །ཅེས་དང༌། མདོ་ལས། དད་པ་མེད་པའི་མི་རྣམས་ ལ། །དཀར་པོའི་ཆོས་ནི་མི་འབྱུང་སྟེ། །ས་བོན་མེ་ཡིས་ཚིག་པ་ལ། །མྱུ་གུ་སྔོ ན་པོ་ཇི་ལྟར་ འབྱུང༌། །ཞེས་དང༌། དད་པའི་འཁོར་ལོ་རིན་པོ་ཆེ། །ཉིན་མཚན་དགེ་བའི་ལམ་ལ་སྦྱོར། །ཞེས་དང༌། དད་པ་ནོར་དང་གཏེར་དང་རྐང་པའི་མཆོག །ལག་པ་བཞིན་དུ་དགེ་སྡུད་རྩ་བ་ ཡིན། །ཞེས་དང༌། ཇི་སྐད་དུ། གང་གིས་མོས་པའི་ཡིད་བྱེད་པ། །དེ་ཡི་མདུན་ན་ཐུབ་པ་ 4-1-462 བཞུགས། །དབང་བསྐུར་བྱིན་གྱིས་བརླབ་པར་འགྱུར། །ཞེས་དང༌། ཨོ་རྒྱན་ཆེན་པོས། དད་ པ་ཅན་གྱི་གང་ཟག་ཕོ་མོ་ལ། །པད་འབྱུང་གང་དུའང་མ་བཞུད་སྒོ་ཉལ་ཡོད། །ང་ཡི་ཚེ་ལ་ འདས་གྲོང་ཡོད་མ་ཡིན། །དད་ལྡན་མི་རེའི་མདུན་ན་པད་འབྱུང་རེ། །ཞེས་དང༌། མདོ་ལས་ ཀྱང༌། ཤཱ་རིའི་བུ་དོན་དམ་པ་ནི་དད་པས་རྟོགས་པར་བྱ་བ་ཁོ་ན་ཡིན་ནོ་གསུངས། སྔོ ན་ དྭགས་པོ་རིན་པོ་ཆེ་འབྱོན་ཁར་རྗེ་བཙུན་ལ་ཚོགས་པ་སྐྱོང་བའི་དུས་ནམ་ཡིན་ཞུས་པས། ཇི་ ཞིག་ན་ད་ལྟ་དང་མི་འདྲ་བའི་སེམས་ཀྱི་ངོ་བོ་ལྷག་གིས་མཐོང་བའི་རྟོགས་པ་ཞིག་རྒྱུད་ལ་སྐྱེ། དེའི་དུས་སུ་ཕ་རྒན་ང་ལ་ཡང་སངས་རྒྱས་དངོས་སུ་མཐོང་བས་དད་པ་བརྟན་པོ་སྐྱེ་བ་ཡིན་ པས་དེ་དུས་ཚོགས་པ་སྐྱོང་གསུངས། སྔོ ན་ཇོ་བོ་རྗེ་ལྷ་ཅིག་ལ་སློ བ་མ་ཞིག་གིས་མཚན་ནས་ བོས་ཏེ། ཇོ་བོ་བྱིན་རླབས་ཤིག་ཞུ་དང་ཞུས་པས། བུ་ལྷོ ད་པོ་མོས་གུས་ཤིག་ཞུ་དང་གསུངས། ཀུན་མཁྱེན་ཀློང་ཆེན་པས། འཚོ་བས་ཉེན་ནས་ཆོས་དང་འཕྲད་པ་དེ། །ཐར་ལམ་རྙེད་པ་ གནོད་བྱེད་བཀའ་དྲིན་ཆེ། །སྡུག་བསྔལ་ཡིད་བྱུང་ཆོས་དང་འཕྲད་པ་དེ། །གཏན་བདེ་རྙེད་ པས་སྡུག་བསྔལ་བཀའ་དྲིན་ཆེ། །མི་མིན་གནོད་པས་ཆོས་དང་འཕྲད་པ་དེ། །འཇིགས་མེད་ རྙེད་པས་འདྲེ་གདོན་བཀའ་དྲིན་ཆེ། །མི་སོགས་སྡང་བས་ཆོས་དང་འཕྲད་པ་དེ། །ཕན་བདེ་ རྙེད་པས་སྡང་བྱེད་བཀའ་དྲིན་ཆེ། །རྐྱེན་ངན་དྲག་པོས་ཆོས་དང་འཕྲད་པ་དེ། །འགྱུར་མེད་ ལམ་རྙེད་རྐྱེན་ངན་བཀའ་དྲིན་ཆེ། །གཞན་གྱིས་བསྐུལ་བས་ཆོས་དང་འཕྲད་པ་དེ། །སྙིང་ པོའི་དོན་རྙེད་སྐུལ་མཁན་བཀའ་དྲིན་ཆེ། །མཉམ་དུ་དྲིན་གཟོ་དགེ་བ་དེ་ལ་བསྔོ ། །ཞེས་དང་ སྤྱོད་འཇུག་ལས། ཇི་ལྟར་མཚན་མོ་མུན་ནག་སྤྲིན་རུམ་ན། །གློག་འགྱུ་སྐད་ཅིག་རབ་སྣང་ སྟོན་པ་ལྟར། །དེ་བཞིན་སངས་རྒྱས་མཐུ་ཡིས་བརྒྱ་ལམ་ན། །འཇིགས་རྟེན་བསོད་ནམས་བློ་ གྲོས་ཐང་འགའ་འབྱུང༌། །ཞེས་དང༌། ཇི་སྐད་དུ། ཕྱི་པ་ནང་པ་སྐྱབས་འགྲོའི་ཁྱད། ཅེས་དང༌། ཇོ་བོ་རྗེ་ཨ་ཏི་ཤ་ཡང་མདོ་སྔགས་ཀྱི་ཆོས་རྒྱ་མཚོ་ལྟ་བུ་ལ་མི་མཁྱེན་པ་དང་མི་གཟིགས་པ་ 4-1-463 ཅུང་ཟད་མེད་ཀྱང༌། དེ་དག་ཀུན་ལས་ཀྱང་ཐོག་མར་སྐྱབས་འགྲོ་ཁོ་ན་གནད་དུ་ཆེ་བར་ དགོངས་ནས་འཁོར་འདུས་པ་ཐམས་ཅད་ལ་སྐྱབས་འགྲོ་ཁོ་ན་གསུངས་པས་སྐྱབས་འགྲོའི་ པནྚི་ཏ་ཞེས་གྲགས། མདོ་ལས། གང་ཞིག་སངས་རྒྱས་སྐྱབས་འགྲོ་བ། །དེ་ནི་ཡང་དག་དགེ་ བསྙེན་ཏེ། །ནམ་དུ་ཡང་ནི་ལྷ་གཞན་ལ། །སྐྱབས་སུ་སོང་བ་མ་ཡིན་ནོ། །དམ་པའི་ཆོས་ལ་ སྐྱབས་འགྲོ་ན། །འཚེ་ཞིང་གནོད་པའི་སེམས་དང་བྲལ། །འཕགས་པའི་དགེ་འདུན་སྐྱབས་ འགྲོ་བ། །མུ་སྟེགས་ཅན་དང་འགྲོགས་མི་བྱ། །ཞེས་དང༌། བཅོམ་ལྡན་འདས་ཀྱིས། ལྔ་ བརྒྱའི་ཐ་མར་གྱུར་པ་ན། །ང་ནི་ཡི་གེའི་གཟུགས་སུ་གནས། །ང་ཡིན་སྙམ་དུ་ཡིད་བྱོས་ལ། །དེ་ཚེ་དེ་ལ་གུས་པ་གྱིས། །ཞེས་དང༌། སྐྱབས་འགྲོ་བདུན་ཅུ་པ་ལས། སྡོམ་པ་ཀུན་ལ་ཡོད་ མོད་ཀྱང༌། །སྐྱབས་སུ་མ་སོང་པ་ལ་མེད། །ཅེས་དང༌། ཇི་སྐད་དུ། བསམ་པ་བཟང་པོས་ མཆིལ་ལྷམ་ཞིག །ཐུབ་པའི་དབུ་ལ་བཞག་པ་དང༌། །གཞན་གྱིས་དེ་ཉིད་བསལ་བྱས་པ། །གཉིས་ཀ་རྒྱལ་སྲི ད་ཐོབ་པར་གསུངས། །ཞེས་དང༌། ཇི་སྐད་དུ། སྒྲུབ་པ་བརྩོན་འགྲུས་ཅན་ ལ་བདུད་རྣམས་ལྷག་པར་སྡང༌། ཞེས་དང༌། ཆོས་ཟབ་ཙ་ན་ནག་པོའི་བདུད་ཀྱང་ཟབ། ཅེས་ དང༌། རྗེ་བཙུན་མི་ལས། ཡེ་ཤེས་པའི་ལྷ་འཇིག་རྟེན་པའི་སྲུང་སྐྱོབ་ལ་སྤྱན་འདྲེན་པ་དེ་རྒྱལ་ པོ་ཁྲི་ཐོག་ནས་ཕབ་སྟེ་ཕྱག་དར་གྱི་ལས་བཅོལ་བ་དང་འདྲ་གསུངས། ཕ་དམ་པས། གསང་ སྔགས་ཀྱི་དཀྱིལ་འཁོར་གྲོང་བའི་ར་ཚང་དུ་བཞེངས་ནས་གཉེན་པོ་ཡིན་པ་སྐད། ཅེས་དང༌། དྲི་མ་མེད་པའི་མདོ་ལས། སྐྱབས་སུ་སོང་བའི་བསོད་ནམས་གང༌། །གལ་ཏེ་དེ་ལ་གཟུགས་ མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་ཡང༌། །དེ་ནི་དེ་བས་ལྷག་པར་འགྱུར། །ཞེས་ དང༌། ཕར་ཕྱིན་བསྡུས་པ་ལས། སྐྱབས་སོང་བསོད་ནམས་གཟུགས་མཆིས་ན། །ཁམས་ གསུམ་འདི་ཡང་སྣོ ད་དུ་ཆུང༌། །རྒྱ་མཚོ་ཆེན་པོ་ཆུ་ཡི་གཏེར། །ཕུལ་གྱིས་གཞལ་བར་ག་ལ་ ནུས། །ཞེས་དང༌། ཉི་མའི་མདོ་ལས། སངས་རྒྱས་སྐྱབས་སུ་སེམས་ཅན་སུ་འགྲོ་བ། །བདུད་ 4-1-464 རྣམས་བྱེ་བས་བསད་པར་མི་ནུས་ཏེ། །ཚུལ་ཁྲིམས་ཉམས་ཤིང་བློ་ནི་འཁྲུགས་གྱུར་ཀྱང༌། །དེས་ནི་ངེས་པར་སྐྱེ་བའི་ཕ་རོལ་འགྲོ། །ཞེས་སོ། །སེམས་བསྐྱེད་ཚུལ། མདོ་སྡེ་ལས། བྱམས་ པའི་ལས་ཀྱི་ལས་དང༌། །བྱམས་པའི་ངག་གི་ལས་དང༌། །བྱམས་པའི་ཡིད་ཀྱི་ལས་ཞེས་ གསུངས། །སྤྱོད་འཇུག་ལས། མིག་གིས་སེམས་ཅན་ལྟ་ན་ཡང༌། །དྲང་ཞིང་བྱམས་པའི་ཚུལ་ གྱིས་བལྟ། །ཞེས་དང༌། ཇོ་བོས། ཐག་རིང་གི་མགྲོན་པོ། ཡུན་རིང་གི་ནད་པ། ཕ་མ་རྒས་ འཁོགས་སོགས་ལ་བྱམས་པར་བྱས་ན་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་བསྒོམ་པ་དང་འདྲ་ བར་གསུངས། དྲིན་ལན་བསབ་མདོར། བུས་ཕྲག་པ་གཡས་གཡོན་གཉིས་སུ་ཕ་མ་གཉིས་ ཁུར་ཏེ་ས་ཆེན་པོ་ལ་བསྐོར་བ་བྱེད་པ་ཙམ་གྱིས་ཞབས་ཏོག་བསྒྲུབས་ཀྱང་ཕ་མའི་དྲིན་ལན་ མི་འཁོར་ཞིང་ཕ་མ་ཆོས་ལ་བཙུད་ན་དྲིན་ལན་འཁོར་བར་གསུངས། ཨོ་རྒྱན་ཆེན་པོས། རྒས་པ་ཡི་མུག་མ་འཇུག་བཀུར་སྟིས་སྐྱོངས། ཞེས་དང༌། སྔོ ན་རྗེ་བཙུན་མི་ལ་མཆོང་ལུང་ ཁྱུང་གི་རྫོང་ན་བཞུགས་སྐབས། བགེགས་ཀྱི་རྒྱལ་པོ་བཱི་ན་ཡ་ཀས་ཆོ་འཕྲུལ་བྱུང་སྟེ། ཨ་ཙ་ ར་མིག་ཕོར་ཁོག་ཙམ་བསྒྲད་པ་ལྔ་གཟིམ་ཁང་དུ་འདུག་པས། བླ་མ་དང་ཡི་དམ་ལ་གསོལ་ བ་བཏབ་ཀྱང་མ་སོང༌། ཡི་དམ་གྱི་བསྐྱེད་རིམ་བསྒོམ་ནས་དྲག་སྔགས་བཟླས་ཀྱང་འགྲོར་མ་ འདོད་པའི་ཚེ། ང་ལ་ལྷོ ་བྲག་མར་པས། སྣང་སྲི ད་སེམས་སུ་ངོ་སྤྲོད་ཅིང༌། སེམས་ཉིད་འོད་ གསལ་སྟོང་པར་ངོ་སྤྲད་པ་ཡིན་པས། གདོན་བགེགས་ཕྱི་རོལ་ཏུ་བཟུང་ནས་སོང་ན་དགའ་ བ་འདི་བྱེད་དོན་མི་འདུག་དགོངས་ཏེ། ལྷ་འདྲེ་རང་སྣང་དུ་ཤེས་པའི་ལྟ་བའི་ངར་གདེང་སྐྱེས་ ནས་ནང་དུ་འཚངས་ཀྱིས་བྱོན་པས། ཁོང་རྣམས་སྐྲག་ནས་མིག་རིག་རིག་བྱེད་ཅིང་མི་སྣང་ བར་གྱུར། བྲག་སྲི ན་མོའི་གླུ་ལས། ལར་བག་ཆགས་བདུད་འདི་སེམས་ལས་བྱུང༌། །སེམས་ ཀྱི་དེ་ཉིད་མ་ཤེས་ན། །ཁྱོད་སོང་ཞིག་བྱས་པས་ང་མི་འགྲོ། །རང་སེམས་སྟོང་པར་མ་རྟོགས་ ན། །འདྲེ་ང་ཡིས་མི་ཚད་གཞན་ཡང་ཡོད། །རང་སེམས་རང་གི་ངོ་ཤེས་ན། །མི་མཐུན་རྐྱེན་ 4-1-465 རྣམས་གྲོགས་སུ་འཆར། །ང་བྲག་སྲི ན་མོ་ཡང་འབངས་སུ་མཆི། །ཞེས་དང༌། ཆོས་ཡང་དག་ པ་སྡུད་པ་ལས། སངས་རྒྱས་ཐོབ་པར་འདོད་པས་ཆོས་མང་པོ་ལ་བསླབ་པར་མི་བགྱི་ཡི། ཆོས་གཅིག་ལ་བསླབ་པར་བགྱིའོ། །དེ་གང་ཞེ་ན་སྙིང་རྗེ་ཆེན་པོའ།ོ །གང་ལ་སྙིང་རྗེ་ཆེན་པོ་ ཡོད་པ་དེ་ལ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལག་མཐིལ་དུ་ཡོད་པ་ལྟར་འགྱུར་རོ། །ཞེས་ དང༌། སྔོ ན་དགེ་བཤེས་སྟོན་པའི་དྲུང་དུ་སྐུ་མཆེད་གསུམ་དང་ཁམས་ལུང་པའི་སློབ་མ་ཡིན་ པའི་བཙུན་པ་ཞིག་མཇལ་དུ་བྱུང་བ་ལ། སྟོན་པས་པུ་ཏོ་བ་ཁོང་ཅི་མཛད་ཀྱིན་གདའ་ གསུངས་པས། ཁོང་གིས་དགེ་འདུན་བརྒྱ་ཕྲག་མང་པོ་ལ་ཆོས་གསུང་གྱིན་གདའ་ཞུས་པས། ངོ་མཚར་ཆེ། དེ་ཡང་གཅིག་ཡིན་གསུངས། དགེ་བཤེས་ཕུ་ཆུང་བ་ཁོང་ཅི་མཛད་ཀྱིན་གདའ་ གསུངས་པས། རང་གཞན་གྱི་ཡོ་བྱད་མང་པོས་རྟེན་གསུམ་འབའ་ཞིག་བཞེངས་ཤིང་གདའ་ ཞུས་པས་སྔར་བཞིན་གསུངས། དགོན་པ་བ་ཁོང་ཅི་མཛད་ཀྱིན་གདའ་གསུངས་པས། ཁོང་ སྒོམ་འབའ་ཞིག་མཛད་ཀྱིན་གདའ་ཞུས་པས། སྔར་བཞིན་གསུངས། ཁམས་པ་ལུང་པ་ཁོང་ ཅི་མཛད་ཀྱིན་གདའ་གསུངས་པས། ཁོང་པ་གྲོག་ཁ་རེ་རུ་བཞུགས། དབུ་བཏུམས་ཏེ་བཤུམ་ པ་འབའ་ཞིག་མཛད་ཅིང་གདའ་ཞུས་པས། སྟོན་པས་དབུ་ཞྭ་ཕུད། ཐུགས་ཀར་ཐལ་མོ་སྦྱར་ སྤྱན་ཆབ་མང་པོ་ཕྱུང་ནས་ཤིན་ཏུ་ངོ་མཚར་ཆེ། ཆོས་བྱ་བ་ཁོང་གིས་བྱས་པ་ཡིན། འདིའི་ ཡོན་ཏན་མང་པོ་བཤད་རྒྱུ་ཡོད་དེ། ད་ལྟ་བཤད་ན་ཁོང་མི་མཉེས་པར་འདུག་གསུངས། བྱམས་པ་དང་སྙིང་རྗེ་གཉིས་པོ་འདི་གལ་ཆེ་བའི་རྒྱུ་མཚན་མང་པོ་སྤྱན་སྔ་བས་གསུངས་པའི་ ཚེ། གླང་ཐང་པས་ཕྱག་མཛད་དེ། བདག་དུས་འདི་ནས་བཟུང་སྟེ་བྱམས་སྙིང་རྗེ་འབའ་ཞིག་ བསྒོམ་པར་ཞུ་ཞུས་པས། དགེ་བའི་བཤེས་གཉེན་པས་དབུ་ཞྭ་ཕུད། ཤིན་ཏུ་ཡང་ཆ་བཟང་ ལེགས་ཞེས་ལན་གསུམ་གསུངས། དྭགས་པོས། འཕྲལ་དུ་བསད་པའི་ཤ་ཁྲག་དྲོན་མོ་ དཀྱིལ་འཁོར་དུ་བཞག་ན་ལྷ་ཡེ་ཤེས་པ་ཐམས་ཅད་བརྒྱལ་འགྲོ། ལྷ་ཡེ་ཤེས་པ་སྤྱན་དྲངས་ 4-1-466 ནས་བསད་པའི་ཤ་ཁྲག་གིས་མཆོད་ན་མ་སྔོ ན་དུ་བུ་བཤས་པ་དང་འདྲ་ཞེས་གསུངས། ཞི་བ་ ལྷས། གང་ཞིག་ལུས་ལ་ཀུན་ནས་མེ་འབར་བ། །འདོད་པ་ཀུན་གྱིས་ཡིད་བདེར་མི་འགྱུར་ ལྟར། །དེ་བཞིན་སེམས་ཅན་གནོད་པ་བྱས་ན་ཡང༌། །ཐུགས་རྗེ་ཆེ་རྣམས་དགྱེས་པའི་ཐབས་ མེད་དོ། །ཞེས་དང༌། ཨོ་རྒྱན། བི་མ། མཁན་ཆེན་སོགས་ཀྱིས། བསྟན་པ་གཅིག་ལ་སྟོན་པ་ གཉིས་མི་འོང༌། །ཆོས་ལུགས་གཅིག་ལ་བྱེད་ལུགས་གཉིས་མི་འབྱུང༌། །ཆོས་ཀྱི་ཁྲིམས་དང་ མི་མཐུན་བོན་ལུགས་འདི། །སྡིག་པ་ཕལ་གྱི་ཐུན་མོང་མ་ཡིན་པས། །འདི་འདྲ་བྱེད་བཅུག་ ངེད་རྣམས་རང་ཡུལ་འགྲོ། །ཞེས་དང༌། སྔོ ན་ཇོ་བོ་རྗེ་ལྷ་ཅིག་ཕྱག་བསྙུང་བ་ལ་འབྲོ མ་སྟོན་ གྱི་པང་དུ་བཞག་ནས་འདི་ལ་ཁྱོད་ཀྱིས་བྱིན་རླབས་ཤིག་གྱིས་དང༌། ཁྱེད་ལ་བསམ་པ་བཟང་ པོ་ཡོད་པ་ཡིན་གསུངས། བསམ་པ་བཟང་པོ་ཁོ་ན་གཙིགས་སུ་མཛད། ཁམས་བདེ་བྱེད་པ་ ལ་ཡང་བསམ་པ་བཟང་པོ་བྱུང་ངམ་གསུངས། ཞལ་ཏ་མཛད་པ་ཐམས་ཅད་ལ་ཡང་བསམ་ པ་བཟང་པོ་གྱིས་ཨང་གསུངས། ཇི་སྐད་དུ། བསམ་པ་བཟང་ན་ས་དང་ལམ་ཡང་བཟང༌། །བསམ་པ་ངན་ན་ས་དང་ལམ་ཡང་ངན། །ཐམས་ཅད་བསམ་པ་དག་ལ་རག་ལས་པས། །རྟག་པར་བསམ་པ་བཟང་ལ་འབད་པར་བྱ། །ཞེས་དང༌། སྤྱོད་འཇུག་ལས། འགྲོ་བར་འདོད་ དང་འགྲོ་བ་ཡི། །བྱེ་བྲག་ཇི་ལྟར་ཤེས་པ་ལྟར། །དེ་བཞིན་མཁས་པས་འདི་གཉིས་ཀྱི། །བྱེ་ བྲག་རིམ་བཞིན་ཤེས་པར་བྱ། ཞེས་དང༌། ཇོ་བོ་རྗེ་ལྷ་ཅིག་གིས་བླ་མ་གཞན་གྱི་མཚན་ནས་ བརྗོད་པའི་ཚེ་ཕྱག་ཐུགས་ཀར་ཐལ་མོ་སྦྱར། ཇོ་བོ་གསེར་གླིང་པའི་མཚན་ནས་བརྗོད་པའི་ ཚེ། ཕྱག་ཐལ་མོ་སྤྱི་བོར་སྦྱར་ཏེ་སྤྱན་ཆབ་གཡོ་བཞིན་དུ་གསུངས་པ་ལ། སློ བ་མ་རྣམས་ཀྱི་ ཇོ་བོས་བླ་མ་རྣམས་མཚན་ནས་བརྗོད་པ་ལ་ཁྱད་པར་འདི་ཙམ་མཛད་པ། བླ་མ་དེ་རྣམས་ཀྱི་ ཐུགས་རྒྱུད་ཀྱི་ཡོན་ཏན་ལ་ཆེ་ཆུང་ཡོད་པ་ཡིན་ནམ་བཀའ་དྲིན་ལ་ཆེ་ཆུང་གི་ཁྱད་ཡོད་པ་ གང་ཡིན་ཞུས་པས། ཇོ་བོའི་ཞལ་ནས། ངའི་བླ་མ་དེ་ཐམས་ཅད་གྲུབ་པ་ཐོབ་པ་ཤ་སྟག་ཡིན་ 4-1-467 པས་ཡོན་ཏན་ལ་ཆེ་ཆུང་མེད། བཀའ་དྲིན་ལ་ཆེ་ཆུང་ཡོད་དེ། ངའི་རྒྱུད་ཀྱི་བྱང་ཆུབ་ཀྱི་སེམས་ ཉག་མ་གཅིག་པུ་འདི་ཇོ་བོ་གསེར་གླིང་པའི་བཀའ་དྲིན་གྱིས་ཐོབ་པ་ཡིན་པས་ཁོང་བཀའ་ དྲིན་ཆེ་གསུངས། དེ་ལྟར་སེམས་བསྐྱེད་པ་དེ་ཡང༌། སེམས་མཆོག་བསྐྱེད་པ་མི་གཙོ་སྐྱེས་པ་ གཙོ། ཞེས་དང༌། ཤ་བོ་པོས། སྲི ད་པ་མང་པོ་འཕེལ་གྱི་ཡིད་ཀྱིས་རྒྱལ་སྲི ད་མ་སྐྱོངས། ཞེས་ དང༌། དམ་པ་སངས་རྒྱས་ལ། དྲུང་པ་གཟི་རྣ་ཅན་གྱིས་གདམས་ངག་ཚིག་གཅིག་གིས་ཆོག་ པ་ཞིག་ཞུས་པས། ཁྱེད་རང་ཇི་ལྟར་འདོད་པ་དེ་གཞན་རྣམས་ཀྱང་དེ་ལྟར་འདོད་པ་ཡིན་ པས་དེ་དང་སྦྱོར་ཅིག་གསུངས། སྔོ ན་དགེ་བཤེས་འཆད་ཁ་བ་དེ་གསར་རྙིང་གི་ཆོས་དང་ཚད་ མའི་པུསྟི་མང་པོ་མཁྱེན་པ་ཡིན་པ་ལ། སྐབས་ཤིག་དགེ་བཤེས་ལྕགས་ཤིང་པའི་དྲུང་དུ་བྱོན་ པས་ཁོང་གི་དབུ་སྔས་ན་དཔེ་ཆུང་པུསྟི་ཞིག་འདུགདེ་ཞལ་ཕྱེ་ནས་གཟིགས་པས་དེའི་ནང་ན། ཁེ་དང་རྒྱལ་ཁ་གཞན་ལ་སྦྱིན། །གྱོང་དང་བུབ་ཁ་རང་གིས་བླང༌། །ཟེར་བ་ཞིག་འདུག་པས། ཆོས་ངོ་མཚར་ཅན་ཞིག་ཡིན་པར་འདུག་དགོངས་ནས། ཆོས་འདི་ཇི་སྐད་བྱ་བ་ཡིན་གསུངས་ པས། འདི་གླང་ཐང་པའི་ཚིག་རྐང་བརྒྱད་མ་བྱ་བ་ཡིན་ཟེར། འདིའི་གདམས་ངག་དེ་སུ་ལ་ ཡོད་དྲིས་པས། དགེ་བཤེས་གླང་ཐང་བ་ལ་ཡོད་ཟེར། དེ་ཞུ་རུ་འགྲོ་དགོངས་ཏེ་ལྷ་སར་བྱོན། ཞག་འགའ་བསྐོ ར་བ་མཛད་ནས་བཞུགས་པས། དགོངས་ཅིག་གླང་ཐང་ནས་འོང་བའི་མཛེ་ ཕོ་གཅིག་གིས་གླང་ཐང་བ་གྲོང་ཟེར། གདན་ས་ཅི་འདྲ་ཡོད་དྲིས་པས་ཞང་ཞུང་པ་དང༌། མདོ་ སྡེ་པ་བྱ་བ་གཉིས་ཡོད་དེ་ཁོང་གཉིས་གདན་ས་སུ་བྱེད་ལ་མི་འཆམས་པར་འདུག་ཟེར། ཁོང་ རྣམ་པ་གཉིས་གདན་ས་ངས་བྱེད་ཀྱི་ཕམ་རྒྱལ་བརྩད་ནས་མ་འཆམས་པ་མིན། ཞང་ཞུང་པ་ ན་རེ་ཁྱེད་བགྲཻས་ཤོས་ལགས་པས་གདན་ས་མཛད་པར་ཞུ། ངས་ཀྱང་གླང་ཐང་པ་དང་ཁྱད་ མེད་དུ་ཁུར་ཟེར། མདོ་སྡེ་པ་ན་རེ་ཁྱེད་ཡོན་ཏན་ཆེ་བས་གདན་ས་མཛད་པར་ཞུ་ཟེར། ཁོང་ གཉིས་དག་སྣང་སྦྱོང་རེས་ཡིན་ཀྱང༌། ཁོང་གིས་བླ་མའི་གདན་ས་ལ་མ་འཆམས་ཟེར་བ་སྐྱོན་ 4-1-468 ཅན་དུ་གོ་ནས། དེ་གཉིས་མི་འཆམས་ལུགས་ཀྱིས་ཆོས་དེ་མེད་པར་འདུག དེ་གདམས་ངག་ དེ་ཡོད་པ་སུ་དྲག་ཞེས་རྩད་བཅད་པས། ཐམས་ཅད་ཀྱིས་ཤ་ར་བ་དྲག་ཟེར། ཤ་ར་བ་དེ་དགེ་ འདུན་སྟོང་རེ་ཙམ་ལ་པུསྟི་མང་པོའི་གཞུང་བཤད་མཛད་ཀྱིན་འདུག་པ་ལ། ཞག་འགའ་ཉན་ ཡང་ཁོང་འདོད་པའི་ཆོས་ཀྱི་ཚིག་ཟུར་ཙམ་ཡང་མ་བྱུང༌། འདི་ལ་ཡང་ཆོས་དེ་ཨེ་ཡོད་མི་ཤེས་ པར་འདུག་ཡོད་མེད་དྲིས་ལ་ཡོད་ན་སྡོད། མེད་ན་འགྲོ་དགོས་དགོངས་ཏེ། ཤ་ར་བ་མཆོད་ རྟེན་ལ་བསྐོར་བ་མཛད་པའི་དྲུང་དུ་ཕྱིན་ནས་ན་བཟའ་བཏིང་སྟེ་འདི་ལ་ཅུང་ཞིག་བཞུགས་ པར་ཞུ། ཞུ་བ་ཅིག་བདོག་ལགས་ཞུས་པས་ཇོ་བོ་ཁྱེད་ལ་གྲོས་ཐག་མ་ཆོད་པ་ཅི་ཡོད། ངས་ ནི་འདུན་མ་ཐམས་ཅད་སྟན་ཐོག་ཏུ་བཅད་པ་ཡིན་གསུངས། དེར་ཁོང་གིས་བདག་གིས་ མཐོང་བའི་ཆོས་ཞིག་ན། ཁེ་དང་རྒྱལ་ཁ་གཞན་ལ་སྦྱིན། །གྱོང་དང་བུབ་ཁ་རང་གིས་བླང༌། །བྱ་བ་གཅིག་གདའ། དེར་བདག་གི་བློ་ལ་འཕྲོད་པ་ཞིག་བྱུང་སྟེ། ཆོས་དེ་ཟབ་མི་ཟབ་ཇི་ ལྟར་ལགས་ཞུས་པས། ཇོ་བོ་དེ་ཁྱོད་ཀྱི་བློ་ལ་འཕྲོད་རུང་མི་འཕྲོད་རུང༌། སངས་རྒྱས་ཐོབ་ པར་མི་འདོད་ན་མ་གཏོགས། ཐོབ་པར་འདོད་ན་ཆོས་དེ་མེད་ཐབས་མེད་པ་ཞིག་ཡིན་ གསུངས། དེའི་གདམས་ངག་དེ་བླ་མ་ལ་ཡོད་དམ་ཞུས་པས་ཡོད། ངའི་ཉམས་ལེན་ཐམས་ ཅད་ཀྱི་གཙོ་བོ་དེ་ཡིན་གསུངས། འོ་ན་གདམས་ངག་དེ་བདག་ལ་གནང་བར་ཞུ་ཞུས་པས། ཁྱོད་ཡུན་རིང་པོར་ངའི་རྩར་སྡོད་ནུས་སམ་ནུས་ན་སྟེར་གསུངས། དེར་ཁོང་ནས་ལོ་དྲུག་ལ་ བློ་སྦྱོང་ཚར་གཅིག་ཉམས་ཁྲིད་དུ་བྱས་ཏེ་བསྒོམས་པས་བདག་གཅེས་འཛིན་གྱི་འཁྲི་བ་ གཏན་ནས་མེད་པ་ཞིག་བྱུང་བ་ཡིན། རྗེ་མི་ལས། ལྟོ ་ཁ་ནས་བྲུས་ལ་སྦྱིན་པ་ཐོང༌། ཞེས་དང༌། ཇོ་བོ་ལ་འཁོར་སློ བ་རྣམས་ཀྱིས་ཚོགས་པ་སྐྱོང་པའི་དུས་ནམ་ཡིན། གཞན་དོན་བྱེད་པའི་ དུས་ནམ་ཡིན། གཤིན་པོ་ལ་འཕོ་བ་འདེབས་པའི་དུས་ནམ་ཡིན་ཞུས་པས། ཚོགས་པ་སྐྱོང་ བའི་དུས་སྟོང་ཉིད་རྟོགས་ཤིང་མངོན་ཤེས་སྐྱེས་པའི་དུས་ཡིན། གཞན་དོན་བྱེད་པའི་དུས་ 4-1-469 རང་དོན་ཟད་ཙམ་ན་ཡིན། གཤིན་པོ་ལ་འཕོ་བ་འདེབས་པའི་དུས་མཐོང་ལམ་ཐོབ་ནས་ ཡིན་གསུངས། ཇོ་བོས། ད་ལྟ་སྙིགས་མའི་དུས་སུ་ཕོ་ཟོ་འདོན་པའི་དུས་མ་ཡིན། སྙིང་རུས་ འདོན་པའི་དུས་ཡིན། ཆེ་ས་བཟུང་བའི་དུས་མ་ཡིན། དམན་ས་བཟུང་བའི་དུས་ཡིན། འཁོར་ གཡོག་བསྟེན་པའི་དུས་མ་ཡིན། དབེན་པ་བསྟེན་པའི་དུས་ཡིན། སློ བ་མ་བསྲེ ལ་བའི་དུས་ མ་ཡིན། །རང་ཉིད་བསྲེ ལ་བའི་དུས་ཡིན། །ཚིག་རྗེས་བསྲུང་བའི་དུས་མ་ཡིན། །དོན་ལ་ བསམ་པའི་དུས་ཡིན། །ཕན་ཚུན་འགྲོ་བའི་དུས་མ་ཡིན། །ས་གཅིག་ཏུ་སྡོད་པའི་དུས་ཡིན་ གསུངས། །དགེ་བཤེས་སྟོན་པ་ལ། སྐུ་མཆེད་གསུམ་གྱིས། དབེན་པར་ཉམས་སུ་ལེན་པ་ དང༌། སེམས་ཅན་ལ་ཆོས་ཀྱིས་ཕན་འདོགས་པའི་གཉིས་ཁེབས་གང་ཆེ་ལགས་ཞུས་པས། སྟོན་པའི་ཞལ་ནས། རང་རྒྱུད་ལ་ཉམས་རྟོགས་ཅི་ཡང་མེད་པའི་ལས་དང་པོ་པའི་གང་ཟག་ གིས་སེམས་ཅན་ལ་ཆོས་ཀྱིས་ཕན་བཏགས་ཀྱང་མི་ཐོགས་སྟེ། བྱིན་རླབས་སྣོད་སྟོང་པ་བྱོ་བ་ དང་འདྲ་སྟེ། བྱིན་རླབས་ལ་འོང་རྒྱུ་མེད། གདམས་ངག་སྦང་མ་མནན་པར་བསིང་བའི་ཆང་ དང་འདྲ་སྟེ། གདམས་ངག་ལ་རོ་བཅུད་མེད། དྲོད་ཐོབ་ལ་བརྟན་པ་མ་ཐོབ་པའི་མོས་པས་ སྤྱོད་པའི་གང་ཟག་གིས་སེམས་ཅན་གྱི་དོན་བྱར་མི་བཏུབ་སྟེ། བྱིན་རླབས་བུམ་པ་གང་བྱོ་ དང་འདྲ་སྟེ། གཞན་གང་ཙམ་ན་རང་ཉིད་སྟོང་པར་འགྱུར། གདམས་ངག་སྒྲོན་མེ་ལག་བརྒྱུད་ དང་འདྲ་སྟེ། གཞན་གསལ་ཙམ་ན་རང་ཉིད་འགྲིབ་བར་འགྱུར། ས་ཐོབ་ན་མར་སེམས་ཅན་ གྱི་དོན་འགྲུབ་ཚད་བྱ་བ་ཡིན་ཏེ། བྱིན་རླབས་བུམ་པ་བཟང་པོའི་དངོས་གྲུབ་དང་འདྲ་སྟེ། གཞན་ཐམས་ཅད་སྨིན་པར་བྱས་ཀྱང༌། རང་ཉིད་ལ་གང་སྟོང་མེད། གདམས་ངག་མར་མེའི་ གཞི་མ་དང་འདྲ་སྟེ། གཞན་གསལ་བར་བྱས་ཀྱང༌། རང་ལ་འགྲིབ་པ་མེད་པ་ཡིན། དེས་ན་ ད་ལྟ་སྙིགས་མའི་དུས་འདིར་སོ་སོའི་སྐྱེ་བོས་དབེན་པར་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ ལ་བློ་གོམས་པར་བྱ་བ་མ་ཡིན་པར། སེམས་ཅན་ལ་དངོས་སུ་ཕན་གདགས་པའི་དུས་མ་ 4-1-470 ཡིན། རང་རྒྱུད་ཀྱི་ཉོན་མོངས་པ་སྲུང་བའི་དུས་ཡིན། དཔེར་ན་སྨན་ཆེན་པོའི་ལྗོན་ཤིང་གི་མྱུ་ གུ་དེ་བཅད་པའི་དུས་མ་ཡིན། སྲུང་བའི་དུས་ཡིན་གསུངས། ཕ་དམ་པས། ནོར་སྒྲུབ་པའི་ ཟོང་ཆོས་ལ་བྱེད་གསུངས། སྤྱོད་འཇུག་ལས། བསྐལ་པ་སྟོང་དུ་བསགས་པ་ཡི། །སྦྱིན་དང་ བདེ་གཤེགས་མཆོད་ལ་སོགས། །ལེགས་སྤྱད་གང་ཡིན་དེ་ཀུན་ཀྱང༌། །ཁོང་ཁྲོ་གཅིག་གིས་ འཇོམས་པར་འགྱུར། །ཞེས་དང༌། ཞེ་སྡང་ལྟ་བུའི་སྡིག་པ་མེད། །བཟོད་པ་ལྟ་བུའི་དཀའ་ ཐུབ་མེད། །དེ་བས་བཟོད་པ་ནན་ཏན་ཏུ། །སྣ་ཚོགས་ཚུལུ་གྱིས་བསྒོམ་པར་བྱ། །ཞེས་དང༌། རྒྱ་གར་ཕ་དམ་པས། དགྲ་སྡང་ལས་ཀྱི་འཁྲུལ་སྣང་ཡིན་པ་ལ། །ཞེ་སྡང་གདུག་སེམས་སྐྱུར་ ཅིག་དིང་རུ་བ། །ཞེས་དང༌། ཇོ་བོ་རྗེ་ལྷ་ཅིག་གིས། གནོད་པ་བྱེད་པ་ལ་ཁོང་མ་ཁྲོ། །གནོད་ པ་བྱེད་པ་ལ་ཁོང་ཁྲོ་ན། །བཟོད་པ་ཅི་ཙམ་ན་བསྒོམ། །ཞེས་དང༌། རྒྱ་གར་དམ་པས། འདོད་ ཆགས་ཀྱི་ལས་བརྒྱ་བས། ཞེ་སྡང་གི་ལས་སྐད་ཅིག་གི་སྡིག་པ་ཆེ་བ་ཡིན་ཏེ་མ་གོ་ཞེས་ གསུངས། སྤྱན་སྔ་བས། འོ་ཅག་ཐོས་བསམ་སྒོམ་གསུམ་བྱས་ཀྱིན། ང་བདག་ཇེ་ཆེར་སོང་ ནས་བཟོད་སྲན་ཤའུ་བས་ཆུང་བ། ཀོ་ལོང་གཙང་བཙན་པས་དམ་པར་འདུག་པ་འདི་ཐོས་ བསམ་སྒོམ་གསུམ་ལོག་པར་སོང་བའི་རྟགས་ཡིན། ཞེས་དང༌། འཇིགས་གླིང་གིས། ལྟོ་ འབོལ་བ་གོས་དྲོ་བ་སྡོད་གནས་སྐྱིད་པ། སྦྱིན་བདག་ལེགས་པ་ཞིག་གི་སྟ་གོན་བྱས་ཕྱིན་ ཆད་ཆོས་མ་འགྲུབ་གོང་དུ་བདུད་འགྲུབ་ཚར་བ་ཡིན། ཞེས་དང༌། ཤ་བོ་པས། སྙིང་ནས་ཆོས་ བྱེད་ན་བློ་རྩེ་སྤྲང་པོ་ལ་གཏད་དགོས། སྤྲང་པོའི་ཐ་མར་འཆིར་འཇུག་ནུས་པ་ཞིག་དགོས་པ་ ཡིན། བློ་སྣ་དེ་ལྟ་བུ་ཞིག་སྐྱེས་ན། ལྷ་འདྲེ་མི་གསུམ་གྱི་འོ་བརྒྱལ་དུ་མི་འཇུག་ངེས་པ་ཡིན། ཞེས་དང༌། རྗེ་མི་ལས། ང་ན་ན་དྲི་མི་མེད་པ་དང༌། །ཤི་ན་ངུ་མི་མེད་པ་དང༌། །རི་ཁྲོད་འདི་རུ་ འཆི་ནུས་ན། །རྣལ་འབྱོར་བསམ་པ་རྫོགས་པ་ཡིན། །སྒོ་ན་མི་རྗེས་མེད་པ་དང༌། །ནང་ན་ ཁྲག་རྗེས་མེད་པ་རུ། །རི་ཁྲོད་འདི་རུ་འཆི་ནུས་ན། །རྣལ་འབྱོར་བསམ་པ་རྫོགས་པ་ཡིན། 4-1-471 །གར་སོང་དྲི་མི་མེད་པ་དང༌། །འདིར་སོང་གཏད་སོ་མེད་པ་རུ། །རི་ཁྲོད་འདི་རུ་འཆི་ནུས་ན། །རྣལ་འབྱོར་བསམ་པ་རྫོགས་པ་ཡིན། །རོ་རུལ་འབུ་ཡིས་ཟ་བ་དང༌། །རྩ་རྒྱུས་སྦྲང་བུས་ འཇིབས་པ་རུ། །རི་ཁྲོད་འདི་རུ་འཆི་ནུས་ན། །རྣལ་འབྱོར་བསམ་པ་རྫོགས་པ་ཡིན། །ཞེས་ དང༌། འབྲུག་པདྨ་དཀར་པོས། མི་ཚེ་འདི་བཤས་རའི་དུད་འགྲོ་དང་འདྲ། །ཡུད་ཙམ་རེ་སོང་ ཡང་འཆི་ལ་ཉེ། །དེ་རིང་དང་སང་གི་ངང་རིང་འདིས། །མལ་མཐའ་ནས་འོ་དོད་འཆོར་རོ་ ཨང༌། །ཞེས་དང༌། ཀུན་མཁྱེན་ཀློང་ཆེན་པས། འཇིག་རྟེན་བྱ་བ་ཕྱི་ཕྱིར་ཟིན་དུས་མེད། །ནམ་ བཞག་དུས་ན་ཟིན་པ་ཆོས་ཉིད་ཡིན། །ཞེས་དང༌། བྱ་བྱེད་བྱིས་པའི་རྩེད་མོ་འདྲ། །བྱས་ན་མི་ ཟིན་བཞག་ན་ཟིན། །ཞེས་དང༌། འཇིགས་མེད་གླིང་པས། འཆི་བ་ལ་ཅི་ཙམ་བཅར་བཞིན་ དགེ་སྦྱོར་ལ་སྙིང་རུས་ཆེར་འགྲོ་བ་འདི་ཆོས་པ་སད་ཀྱིས་མ་ཁྱེར་བའི་རྟགས་ཡིན། ཞེས་ དང༌། ཇོ་བོ་རྗེ་ལྷ་གཅིག་གི་དྲུང་དུ་རྒྱ་གར་གྱི་དགེ་སློ ང་སྦྱངས་པའི་ཡོན་ཏན་བཅུ་གཉིས་ལ་ གནས་པ་གཉིས་བྱུང༌། ཇོ་བོས་གང་ཟག་གི་བདག་མེད་གསུངས་པས་ཁོང་གཉིས་དགའ། ཆོས་ཀྱི་བདག་མེད་གསུངས་པའི་ཚེ་འཇིགས་འཇིགས་དེ་ལྟར་མི་གསུངས་པར་ཞུ་ཟེར། ཟབ་ མདོ་འདོན་པ་ཐོས་པའི་ཚེ་རྣ་འགེབས་པས། ཇོ་བོ་ཐུགས་ཆད་དེ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་ སེམས་ལ་བློ་སྦྱངས་ནས་ཆོས་ཟབ་མོ་ལ་ཡིད་ཆེས་པ་ཞིག་མེད་ན། སྲུང་སྡོམ་དག་པ་གཅིག་ པུས་གར་ཡང་མི་ཕྱིན་པར་འདུག་གསུངས། དྭགས་པོས། མི་དགོས་སྙམ་པ་དེ་དགོས་བདོ་ ཡིན་པའི་རྟགས་ཡིན་གསུངས། དཱི་པཾ་ཀ་རས་ཀྱང༌། ཉིན་རེ་བཞིན་ཕྱག་ས་ཁ་ལེ་སཱཙྪ་ འདེབས་པ་ལ་བརྩོན། འཁོར་རྣམས་ཀྱིས་ཁྱེད་བླ་མ་ཆེན་པོ་ཞིག་ས་ལས་མཛད་པ་མིས་ཀྱང་ འཕྱ་ཞིང༌། འོ་བརྒྱལ་བར་འདུག་པས་ངེད་རྣམས་ཀྱིས་བྱེད་པར་ཞུ་ཞུས་པས། ཅི་ཟེར་འོ་ན་ ངའི་ཟན་ཀྱང་ཁྱེད་རྣམས་ཀྱིས་ཟའམ་གསུངས། ཀུན་མཁྱེན་འཇིགས་མེད་གླིང་པས། བརྩོན་ འགྲུས་མེད་པའི་གང་ཟག་ལ། །ཤེས་རབ་དང་ནི་དབང་འབྱོར་སྟོབས། །གང་གིས་སྐྱོབ་པར་ 4-1-472 མི་ནུས་ཏེ། །གྲུ་གཟིངས་ཡོད་པའི་དེད་དཔོན་ལ། །སྐྱ་བས་རྡུགས་པ་ཇི་བཞིན་ནོ། །ཞེས་ དང༌། རས་པ་ཞི་བ་འོད་ཀྱིས། རང་ཉིད་གཅིག་པུ་སངས་རྒྱས་ཀྱི་ངང༌། །ཆོས་མཐུན་གྲོགས་ པོ་དགེ་སྦྱོར་གྱི་རྟེན། །གསུམ་བཞི་ཕན་ཆད་ཆགས་སྡང་གི་རྒྱུ། །བདག་དེས་ཀྱང་གཅིག་པུར་ བསྡད་པ་ཞིག་ལགས། །ཞེས་དང༌། ཇི་སྐད་དུ། གང་ལ་ནོར་ཡོད་དེ་ལ་སེར་སྣ་ཡོད། །ཞེས་ དང༌། ཡོད་ཀྱིན་ཅིས་དགོས་ཕྱུག་པོ་འདྲ། །ཞེས་དང༌། ནོར་མེད་ཙ་ན་དགྲ་དང་བྲལ། །ཞེས་ དང༌། ཀླུ་ུསྒྲུབ་ཀྱིས། གསོག་དང་སྲུང་དང་སྤེལ་བས་ཉམ་ཐག་པས། །ནོར་ནི་ཕུང་ཀྲོལ་ མཐའ་ཡས་ཤེས་པར་བྱ། །ཞེས་དང༌། ཟླ་བ་སྒྲོན་མའི་མདོ་ལས། དབེན་པའི་གནས་སུ་ དངོས་སུ་ཕྱིན་ནས་སྡོད་པ་ལྟ་ཡང་ཅི་སྨོས། །ཐ་ན་དབེན་པའི་གནས་དེར་འགྲོ་བསམ་ནས། །དེའི་ཕྱོགས་སུ་གོམ་པ་བདུན་བོར་ཡང༌། །བསྐལ་པ་གདའྒཱ ི་ཀླུང་གི་བྱེ་མ་སྙེད་དུ་ཕྱོགས་ བཅུའི་སངས་རྒྱས་ཐམས་ཅད་ལ་མཆོད་པ་ཕུལ་བ་ལས་ཀྱང་ཕན་ཡོན་ཆེ་བར་གསུངས། ཇི་ སྐད་དུ། རི་ཁྲོད་དབེན་པའི་གནས་མཆོག་ན། །སྤྱོད་ལམ་ཐམས་ཅད་དགེ་བ་ཡིན། །ཞེས་ དང༌། རྗེ་མི་ལས། བདག་འཛིན་སྤངས་པའི་ཕ་རོལ་ན། །སྦྱིན་པ་བྱ་བ་ལོགས་ན་མེད། །གཡོ་ སྒྱུ་སྤངས་པའི་ཕ་རོལ་ན། །ཚུལ་ཁྲིམས་བྱ་བ་ལོགས་ན་མེད། །དོན་ལ་མི་སྐྲག་ཕ་རོལ་ན། །བཟོད་པ་བྱ་བ་ལོགས་ན་མེད། །ཉམས་ལེན་འབྲལ་མེད་ཕ་རོལ་ན། །བརྩོན་འགྲུས་བྱ་བ་ ལོགས་ན་མེད། །ངང་ལ་གནས་པའི་ཕ་རོལ་ན། །བསམ་གཏན་བྱ་བ་ལོགས་ན་མེད། །གནས་ ལུགས་རྟོགས་པའི་ཕ་རོལ་ན། །ཤེས་རབ་བྱ་བ་ལོགས་ན་མེད། །བྱས་ཚད་ཆོས་ཀྱི་ཕ་རོལ་ ན། །ཐབས་ཞེས་བྱ་བ་ལོགས་ན་མེད། །བདུད་བཞི་བཅོམ་པའི་ཕ་རོལ་ན། །སྟོབས་ཞེས་བྱ་ བ་ལོགས་ན་མེད། །དོན་གཉིས་འགྲུབ་པའི་ཕ་རོལ་ན། །སྨོན་ལམ་བྱ་བ་ལོགས་ན་མེད། །ཉོན་མོངས་རང་མཚང་རིག་པ་ན། །ཡེ་ཤེས་བྱ་བ་ལོགས་ན་མེད། །ཞེས་དང༌། ཁུ་རྔོག་ འབྲོ མ་གསུམ་གྱིས། ཇོ་བོ་ལ། ལམ་གྱི་ཆོས་ཐམས་ཅད་ཀྱི་མཆོག་གང་ལགས་ཞུས་པས། ཇོ་ 4-1-473 བོའི་ཞལ་ནས། མཁས་པའི་མཆོག་བདག་མེད་ཀྱི་དོན་རྟོགས་པ་ཡིན། བཙུན་པའི་མཆོག་ སེམས་རྒྱུད་འདུལ་བ་ཡིན། ཡོན་ཏན་གྱི་མཆོག་ཕན་སེམས་ཆེ་བ་ཡིན། གདམས་ངག་གི་ མཆོག་རྟག་ཏུ་རང་སེམས་ལ་ལྟ་བ་ཡིན། གཉེན་པོའི་མཆོག་གང་ཡང་རང་བཞིན་མེད་པར་ ཤེས་པ་ཡིན། སྤྱོད་པའི་མཆོག་འཇིག་རྟེན་དང་མི་མཐུན་པ་ཡིན། དངོས་གྲུབ་ཀྱི་མཆོག་ཉོན་ མོངས་པ་ཇེ་ཆུང་ལ་སོང་བ་ཡིན། གྲུབ་རྟགས་ཀྱི་མཆོག་འདོད་པ་ཇེ་ཆུང་ལ་སོང་བ་ཡིན། སྦྱིན་པའི་མཆོག་མ་ཆགས་པ་ཡིན། ཚུལ་ཁྲིམས་ཀྱི་མཆོག་སེམས་ཞི་བ་ཡིན། བཟོད་པའི་ མཆོག་དམན་ས་བཟུང་བ་ཡིན། བརྩོན་འགྲུས་ཀྱི་མཆོག་བྱ་བ་ཐོང་བ་ཡིན། བསམ་གཏན་གྱི་ མཆོག་བློ་མ་བཅོས་པ་ཡིན། ཤེས་རབ་ཀྱི་མཆོག་གང་ལ་ཡང་དེར་འཛིན་མེད་པ་ཡིན། ཞེས་ དང༌། འཇིགས་མེད་གླིང་པས། ཆོག་ཤེས་ལ་སྦྱིན་པའི་ཕར་ཕྱིན་གནས། །དེ་ཡི་ངོ་བོ་གཏོང་ སེམས་ཡིན། །དཀོན་མཆོག་གིས་མ་ཁྲེལ་ན་ཚུལ་ཁྲིམས་ཡོད། །དྲན་རིག་མ་ཉམས་པ་བཟོད་ པའི་མཆོག །ཀུན་ཀྱི་གྲོགས་སུ་བརྩོན་འགྲུས་དགོས། །སྣང་ཞེན་ལྷར་སྒོམ་བསམ་གཏན་དེ། །འཛིན་ཞེན་རང་གྲོལ་ཤེས་རབ་པོ། །དེ་ལ་བསམ་དང་བསམ་བྱེད་མེད། །ཐ་མལ་མ་ཡིན་ ངེས་ཤེས་བྲལ། །མྱ་ངན་འདས་ཞི་དམ་པ་པོ། །འདི་ནི་ཀུན་ལ་བརྗོད་མི་བྱ། །སེམས་ཀྱིས་ དམ་པར་ཟུང་ཞིག་གུ། །ཞེས་དང༌། ས་ར་ཧའི་དོ་ཧ་ལས། སྙིང་རྗེ་དང་བྲལ་སྟོང་པ་ཉིད་ལྟ་བ། །དེས་ནི་ལམ་མཆོག་རྙེད་པ་མ་ཡིན་ཏེ། །གལ་ཏེ་སྙིང་རྗེ་འབའ་ཞིག་བསྒོམ་ན་ཡང༌། །འཁོར་ བ་འདིར་གནས་ཐར་པ་ཡོད་དམ་ཅི། །གང་ལ་གཉིས་པོ་ཡོད་པར་གྱུར་པ་དེ། །སྲི ད་པར་མི་ གནས་མྱ་ངན་འདས་མི་གནས། །ཞེས་དང༌། ཀླུ་སྒྲུབ་ཀྱིས། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །བྱང་ཆུབ་སྒྲུབ་པ་ཁ་ཅིག་ལའོ། །ཞེས་དང༌། ཇོ་བོ་རྗེ་ལྷ་གཅིག་ལ་འབྲོ མ་སྟོན་པས་ཆོས་ ཐམས་ཅད་ཀྱི་མཐར་ཐུག་གང་ལགས་ཞུས་པས། ཆོས་ཐམས་ཅད་ཀྱི་མཐར་ཐུག་སྟོང་ཉིད་ སྙིང་རྗེའི་སྙིང་པོ་ཅན་ཡིན་གསུངས། དཔེར་ན་འཇིག་རྟེན་ན་སྨན་དཔའ་བོ་ཆིག་ཐུབ་བྱ་བ་ 4-1-474 ནད་ཐམས་ཅད་ཀྱི་གཉེན་པོར་འགྲོ་བ་ཞིག་ཡོད་པ་ཡིན། དཔེ་དེ་བཞིན་དུ་སྨན་དཔའ་བོ་ ཆིག་ཐུབ་ལྟ་བུ། ཆོས་ཉིད་སྟོང་པ་ཉིད་ཀྱི་དོན་རྟོགས་ན་ཉོན་མོངས་པ་ཐམས་ཅད་ཀྱི་གཉེན་ པོར་འགྲོ་བ་ཡིན་གསུངས། འོ་ན་སྟོང་ཉིད་རྟོགས་ཟེར་བ་ཀུན་གྱི་ཆགས་སྡང་ཁ་མ་བྲི ་བར་ གདའ་བ་ཅི་ལགས་ཞུས་པས། ཇོ་བོའི་ཞལ་ནས་དེ་ཀུན་ཁ་སྟོང་དུ་སོང་བ་ཡིན། སྟོང་པ་ཉིད་ ཀྱི་དོན་གཤའ་མར་རྟོགས་ན། ལུས་ངག་ཡིད་གསུམ་རས་བལ་རྡོག་པས་མནན་པའམ། ཕྱེ་ ཐུག་ལ་ཟོ་མར་སྐྱུར་པ་བཞིན་དུ་འགྲོ། སློ བ་དཔོན་ཨཱརྱ་དེ་བའི་ཞལ་ནས། ཆོས་རྣམས་ཀུན་ གྱི་གནས་ལུགས་སྟོང་པར་འདུག་གམ་མི་འདུག་སྙམ་དུ་ཐེ་ཚོམ་ཟོས་པ་ཙམ་གྱིས་ཀྱང་སྲིད་ པ་ཧྲུལ་པོར་འགྲོ་བར་གསུངས། དེས་ན་སྟོང་པ་ཉིད་ཀྱི་དོན་ཕྱིན་ཅི་མ་ལོག་པ་ཞིག་རྟོགས་ན་ སྨན་དཔའ་བོ་ཆིག་ཐུབ་དང་མཚུངས་ཏེ། ལམ་གྱི་ཆོས་ཐམས་ཅད་དེའི་ཁོང་ན་ཡོད་གསུངས། སྟོང་པ་ཉིད་རྟོགས་པའི་ཁོང་ན་ལམ་གྱི་ཆོས་ཐམས་ཅད་ཇི་ལྟར་ཡོད་ཞུས་པས། ཇོ་བོའི་ཞལ་ ནས་ལམ་གྱི་ཆོས་ཐམས་ཅད་ཕ་རོལ་ཏུ་ཕྱིན་པ་དྲུག་ཏུ་འདུས་ཏེ། སྟོང་པ་ཉིད་ཀྱི་དོན་ཕྱིན་ཅི་ མ་ལོག་པ་ཞིག་རྟོགས་ན། ཕྱི་ནང་གི་དངོས་པོ་མཐའ་དག་ལ་ཞེ་འདོད་འཛིན་ཆགས་མེད་ པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྒྱུན་ཆད་མེད་པར་ཡོད། འཛིན་ཆགས་མེད་པ་ལ་མི་དགེ་ བའི་དྲི་མས་མི་གོས་པས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱུན་ཆད་མེད་པར་ཡོད། དེ་ལ་ང་ དང་ང་ཡིར་འཛིན་པའི་ཁོང་ཁྲོ་མེད་པས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་རྒྱུན་ཆད་མེད་པར་ ཡོད། དེ་རྟོགས་པའི་དོན་ལ་སེམས་མངོན་པར་སྤྲོ་བ་དང་ལྡན་པས་བརྩོན་འགྲུས་ཀྱི་ཕ་རོལ་ ཏུ་ཕྱིན་པ་རྒྱུན་ཆད་མེད་པར་ཡོད། དེ་ལ་དངོས་པོར་འཛིན་པའི་གཡེང་བ་དང་བྲལ་བས་ བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་རྒྱུན་ཆད་མེད་པར་ཡོད། གང་ལ་ཡང་འཁོར་གསུམ་དུ་ རྟོགས་པའི་ཡིད་དང་བྲལ་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱུན་ཆད་མེད་པར་ཡོད་ གསུངས། འོ་ན་དོན་རྟོགས་པ་གཅིག་ལ་སྟོང་པ་ཉིད་ཀྱི་ལྟ་སྒོམ་ཁོ་ནས་སངས་རྒྱས་པ་ 4-1-475 ལགས་སམ་ཞུས་པས། འདི་ལྟར་སྣང་ཚོད་གྲགས་ཚོད་འདི་ཐམས་ཅད་རང་གིས་སེམས་ ལས་མ་བྱུང་བ་མེད། སེམས་རིག་པ་དང་སྟོང་པ་གཉིས་མེད་དུ་རྟོགས་པ་དེ་ལྟ་བ་ཡིན། དེ་ལ་ མ་ཡེངས་པར་དྲན་པ་རྒྱུན་ཆགས་སུ་གནས་པ་དེ་སྒོམ་པ་ཡིན། དེའི་ངང་ནས་སྒྱུ་མ་ལྟ་བུའི་ ཚོགས་གཉིས་གསོག་པ་དེ་སྤྱོད་པ་ཡིན། དེ་དེ་ལྟར་ཉམས་འོག་ཏུ་ཚུད་པ་ཞིག་ཡོད་ན་རྨི་ལམ་ དུ་འོང༌། རྨི་ལམ་དུ་བྱུང་ན་འཆི་ཁར་འོང༌། འཆི་ཁར་བྱུང་ན་བར་དོར་འོང༌། བར་དོར་བྱུང་ན་ མཆོག་གི་དངོས་གྲུབ་ཐོབ་ངེས་པ་ཡིན་གསུངས། ཁ་རག་སྒོམ་ཆུང་གིས། སྐྱབས་འགྲོ་ནས་ བཟུང་སྟེ་སྔགས་ཀྱི་བར་དུ་སྡོམ་པ་ཐམས་ཅད་བླངས་ཀྱང་འཇིག་རྟེན་པའི་ཆོས་ལ་བློ་མ་ ལོག་ན་ཕན་མེད། དུས་རྒྱུན་དུ་གཞན་ལ་ཆོས་འཆད་ཀྱང་རང་གི་ང་རྒྱལ་མ་ཞི་ན་ཕན་མེད། ཡར་སྐྱེད་བཏོན་ཀྱང་སྐྱབས་འགྲོའི་ཆོས་གཞུག་ཤོར་ན་ཕན་མེད། ཉིན་མཚན་མེད་པར་དགེ་ སྦྱོར་ལ་འབད་འབད་ཀྱང་བྱང་ཆུབ་སེམས་ཀྱིས་མ་ཟིན་ན་ཕན་མེད། ཅེས་དང༌། སྔོ ན་ཇོ་བོ་ རྗེ་སྙེ་ཐང་ན་བཞུགས་པའི་ཚེ། ཞང་སྣ་ཆུང་སྟོན་པ་དང༌། ཀུང་སྟོན་པ་དང༌། ལྷང་ཚང་སྟོན་པ་ གསུམ་གྱིས་ཚད་མའི་གྲུབ་མཐའ་ཞུས་པས། ཇོ་བོས་ཞལ་ནས། ཕྱི་རོལ་མུ་སྟེགས་པ་དང༌། ནང་པ་སངས་རྒྱས་པའི་གྲུབ་མཐའ་མང་དུ་ཡོད། དེ་ཐམས་ཅད་རྣམ་པར་རྟོག་པའི་ཕྲེང་བ་ ཡིན། རྣམ་རྟོག་བགྲང་གིས་མི་ལང་དགོས་པ་མེད། ཚེ་ལ་ལོང་མེད་པས་སྙིང་པོའི་དོན་བསྡུ་ བའི་དུས་ཡིན་གསུངས། ཞང་སྣ་ཆུང་སྟོན་པས། སྙིང་པོའི་དོན་ཇི་ལྟར་བསྡུ་ཞུས་པས། ཇོ་ བོའི་ཞལ་ནས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་བྱམས་པ་དང་སྙིང་རྗེ་ བྱང་ཆུབ་ཀྱི་སེམས་སྦྱངས། དེ་རྣམས་ཀྱི་དོན་དུ་ཚོགས་གཉིས་གསོག་པ་ལ་འབད་པར་གྱིས། དེ་ལས་བྱུང་བའི་དགེ་བའི་རྩ་བ་ཐམས་ཅད་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་རྫོགས་ པའི་བྱང་ཆུབ་ཏུ་བསྔོ ས། དེ་ཐམས་ཅད་ཀྱི་རང་བཞིན་སྟོང་པ་མཚན་ཉིད་རྨི་ལམ་སྒྱུ་མ་ལྟ་ བུར་ཤེས་པར་གྱིས་གསུངས། སྔོ ན་ཇོ་བོ་བོད་དུ་ཕེབས་པའི་ཚེ། ལོ་ཆེན་རིན་ཆེན་བཟང་ 4-1-476 པོས་གདན་དྲངས་པས། ཇོ་བོས་ལོ་ཙཱ་བ་ལ། ཆོས་འདི་དང་འདི་ལྟ་བུ་མཁྱེན་ནམ་ཞེས་རིམ་ པར་དྲིས་པས་མི་མཁྱེན་པ་མེད་པ་ལྟར་འདུག་པས། ཇོ་བོ་མགུ་སྟེ་ངོ་མཚར་ཆེ། ཁྱེད་ལྟ་བུའི་ མཁས་པ་བོད་ན་བཞུགས་བཞིན་དུ་ཁོང་བོད་དུ་འོང་མི་དགོས་པར་འདུག་གསུངས། སླར་ ཡང་དེ་ཐམས་ཅད་སྟན་ཐོག་གཅིག་ཏུ་ཉམས་སུ་ལེན་ན་ཇི་ལྟར་བྱེད་གསུངས་པས། རང་རང་ གི་གཞུང་ནས་ཇི་ལྟར་བཤད་པ་ལྟར་ཉམས་སུ་ལེན་པ་ཡིན་ཞུས་པས། ཇོ་བོ་མ་དགྱེས་ཏེ། ལོ་ཙཱ་བ་རུལ། ང་བོད་དུ་འོང་དགོས་པར་འདུག་གསུངས། འོ་ན་ཇི་ལྟར་བྱེད་ཞུས་པས། ཆོས་ ཐམས་ཅད་གནད་གཅིག་ཏུ་བསྡུས་ནས་ཉམས་སུ་ལེན་དགོས་པ་ཡིན་གསུངས། རྗེ་མི་ལས། མི་ལྟོ གས་པ་ལ་ཟན་གོ་བས་མི་ཆོག་ཟ་དགོས་པ་ལྟར། ཆོས་ཤེས་པས་མི་ཕན་ཉམས་སུ་བླང་ དགོས། ཞེས་དང༌། ཟོས་མ་ཟོས་དམར་ཆུང་བྱད་ལ་ཤེས། ཟེར་བ་ལྟར། ཆོས་ཤེས་མ་ཤེས་ དང་ཉམས་སུ་བླངས་མ་བླངས་བདག་འཛིན་དང༌། ཉོན་མོངས་པའི་གཉེན་པོར་སོང་མ་སོང་ གིས་ཤེས་གསུངས། སྟོན་པ་ལ། པུ་ཏོ་པས། ཆོས་དང་ཆོས་མ་ཡིན་པའི་གནམ་ཐིག་གང་ ལགས་ཞུས་པས། སྟོན་པའི་ཞལ་ནས། ཉོན་མོངས་པའི་གཉེན་པོར་འགྲོ་ན་ཆོས་ཡིན། མི་ འགྲོ་ན་ཆོས་མིན། འཇིག་རྟེན་པ་ཀུན་དང་མི་མཐུན་ན་ཆོས་ཡིན། མཐུན་ན་ཆོས་མིན། བཀའ་ དང་མཐུན་ན་ཆོས་ཡིན། མི་མཐུན་ན་ཆོས་མིན། རྗེས་བཟང་ན་ཆོས་ཡིན། རྗེས་ངན་ན་ཆོས་ མིན། གསུངས། སློ བ་དཔོན་ལྕེ ་སྒོམ་གྱིས། ལས་རྒྱུ་འབྲས་ལ་ཡིད་ཆེས་པ་ནི། དབང་པོ་ཐ་ མའི་ཡང་དག་པའི་ལྟ་བ་ཡིན། ཕྱི་ནང་གི་ཆོས་ཐམས་ཅད་སྣང་བ་དང་སྟོང་པ་དང་རིག་པ་ དང་སྟོང་པ་ཟུང་འཇུག་བཞིར་རྟོགས་པ་ནི། དབང་པོ་འབྲི ང་གི་ཡང་དག་པའི་ལྟ་བ་ཡིན། བལྟ་བྱ་ལྟ་བྱེད་རྟོགས་པ་གསུམ་དབྱེར་མེད་པར་རྟོགས་པ་ནི། དབང་པོ་རབ་ཀྱི་ཡང་དག་ པའི་ལྟ་བ་ཡིན། དམིགས་པ་རྩེ་གཅིག་པའི་ཏིང་ངེ་འཛིན་ལ་གནས་པ་ནི། དབང་པོ་ཐ་མའི་ ཡང་དག་པའི་སྒོམ་པ་ཡིན། ཟུང་འཇུག་བཞིའི་ཏིང་ངེ་འཛིན་ལ་གནས་པ་ནི། དབང་པོ་ 4-1-477 འབྲི ང་གི་ཡང་དག་པའི་སྒོམ་པ་ཡིན། བསྒོམ་བྱ་སྒོམ་བྱེད་ཉམས་མྱོང་གསུམ་མེད་ཅིང་མི་ དམིགས་པ་ནི། དབང་པོ་རབ་ཀྱི་ཡང་དག་པའི་སྒོམ་པ་ཡིན། ལས་རྒྱུ་འབྲས་མིག་གི་འབྲས་ ལྟར་སྲུང་བ་ནི། དབང་པོ་ཐ་མའི་ཡང་དག་པའི་སྤྱོད་པ་ཡིན། ཆོས་ཐམས་ཅད་རྨི་ལམ་སྒྱུ་མ་ ལྟ་བུའི་ཚུལ་གྱིས་སྤྱོད་པ་ནི། དབང་པོ་འབྲི ང་གི་ཡང་དག་པའི་སྤྱོད་པ་ཡིན། གང་ཅི་ལ་ཡང་ མི་སྤྱོད་པ་ནི། དབང་པོ་རབ་ཀྱི་ཡང་དག་པའི་སྤྱོད་པ་ཡིན། བདག་འཛིན་ཉོན་མོངས་རྣམ་ རྟོག་སོགས་ཇེ་ཆུང་ཇེ་ཆུང་ལ་སོང་བ་ནི། དབང་པོ་རབ་འབྲི ང་ཐ་མ་གསུམ་ཀའི་ཡང་དག་ པའི་དྲོད་རྟགས་ཡིན། ཞེས་དང༌། ཀུན་མཁྱེན་ཆེན་པོས། ཤེས་བྱ་ནམ་མཁའི་གཟའ་སྐར་ འདྲ། །བསླབ་དགོས་གནས་ལ་ཟད་པ་མེད། །ད་རེའི་ཆོས་སྐུ་ུསྙིང་པོའི་དོན། །འགྱུར་མེད་ བཙན་ས་བཟུང་ན་ལེགས། །ཞེས་དང༌། ཕ་དམ་པས། བླ་མའི་གདམས་ངག་ཚོལ་བ་ལ་ཁྲ་ ཚང་མས་གཟན་ཚོལ་བ་ལྟ་བུ་ཞིག་དགོས། ཞེས་དང༌། དྭགས་པོས། ཆོས་ལ་ཐོས་བསམ་ སྒོམ་གསུམ་དཀྲུག་མར་བྱེད་པ་ནི་གནད་མ་ནོར་བ་ཡིན་གསུངས། སྒྲིབ་པ་སྦྱོང་ཚུལ། རྗེ་མི་ལས། སྡིག་བཤགས་པས་ཨེ་འདག་སྙམ་པ་ན། །དགེ་བ་དྲན་ན་ འདག་པ་ཡིན། །ཞེས་དང༌། སྤྱོད་འཇུག་ལས། སྡིག་པ་ཤིན་ཏུ་མི་བཟད་བྱས་ན་ཡང༌། །དཔའ་ ལ་བརྟེན་ནས་འཇིགས་པ་ཆེན་པོ་ལྟར། །གང་ལ་བསྟེན་ནས་ཡུད་ཀྱི་གྲོལ་གྱུར་བ། །དེ་ལ་ བག་ཅན་རྣམས་ཀྱིས་ཅིས་མི་བསྟེན། །དེས་ནི་དུས་མཐའི་མེ་བཞིན་སྡིག་ཆེན་རྣམས། །སྐད་ ཅིག་གཅིག་གིས་ངེས་པར་སྲེ ག་པར་འགྱུར། །ཞེས་དང༌། སྔོ ན་དྭགས་པོ་ལ་སློ བ་མ་སྒོམ་པ་ ཞིག་གིས། སྔར་གསུང་རབ་ཀྱི་གླུད་ཟོས་པ་དྲན་ནས་འགྱོད་དེ་ཞུས་པས། གསུང་རབ་དེ་ཉིད་ བཞེངས་ཤིག་གསུངས། གསུང་རབ་དེ་བཞེངས་པར་བརྩམས་པས་རྣམ་གཡེང་མང་དུ་བྱུང༌། དེས་སུན་ནས་སྐུ་མདུན་དུ་ཕྱིན་ཏེ། གསུང་རབ་བཞེངས་པ་ལ་ཡང་རྣམ་གཡེངས་མང་པོ་རང་ བྱུང༌། སྡིག་པ་བཤགས་པ་ལ་ཡང་ངོ་བོ་སྐྱོང་བ་རང་ལས་ཟབ་པ་མེད་དམ་ཞུས་པས། དྭགས་ 4-1-478 པོ་རིན་པོ་ཆེ་དགྱེས་ཏེ་དོན་དུ་དེ་ག་རང་ཡིན། སྔར་བྱས་པའི་སྡིག་པའི་ཕུང་པོ་རི་རབ་ཙམ་ ཡོད་ཀྱང༌། ངོ་བོ་མཐོང་བའི་སྐད་ཅིག་ལ་འདག་པ་ཡིན་གསུངས། རྒྱུད་ལས། གལ་ཏེ་ཏིང་ ངེ་འཛིན་འདི་མེད་ན། །རྒྱ་མཚོའི་འཇིང་གི་ཕ་ཝང་བཞིན། །བསྐལ་པར་བཟླས་ཀྱང་འབྲས་ མི་འབྱིན། །ཞེས་དང༌། དག་དང་མ་དག་སྟོང་འགྱུར་ཡིན། །ཏིང་འཛིན་ཡོད་མེད་འབུམ་ འགྱུར་ཡིན། །ཞེས་དང་ཨོ་རྒྱན་ཆེན་པོས། ལོ་གཅིག་འབག་བསྙེན་བྱས་པ་བས། །ཟླ་གཅིག་ སྨྲ་བཅད་བྱས་པ་དགའ། །ཞེས་དང༌། དྲི་མེད་བཤགས་རྒྱུད་ལས། བདེ་བར་གཤེགས་པ་ ཐམས་ཅད་ཀྱི་ཐུགས་ཀྱི་ཡང་སྙིང་ཉམས་ཆགས་དང་རྟོག་སྒྲིབ་ཐམས་ཅད་སྦྱོང་བར་བྱེད་པ། ཡི་གེ་བརྒྱ་པ་ཞེས་བྱ་བ་བཤགས་པ་ཐམས་ཅད་ཀྱི་རྒྱལ་པོ་འདི་དུས་གཅིག་ལ་ལན་བརྒྱ་རྩ་ བརྒྱད་དུ་བཟླས་ན་ཉམས་ཆགས་ཐམས་ཅད་བསྐངས་ཏེ། ངན་སོང་གསུམ་དུ་ལྷུང་བ་ལས་ ཐར་བར་འགྱུར་རོ། །རྣལ་འབྱོར་པ་གང་ཞིག་གིས་ཡི་དམ་དུ་བཅས་ནས་འདོན་ན། མི་དེ་ཚེ་ འདི་ལའང་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་སྲས་ཀྱི་དམ་པར་དགོངས་ནས་སྲུང་ སྐྱོབ་མཛད་ལ། ཤི་འཕོས་ནས་ཀྱང་བདེ་བར་གཤེགས་པ་རྣམས་ཀྱི་སྲས་ཀྱི་ཐུ་བོར་འགྱུར་བ་ གདོན་མི་ཟའོ། །ཞེས་དང༌། སྙིང་པོ་རྒྱན་ལས། པད་དཀར་ཟླ་བའི་གདན་གནས་པའི། །རྡོ་རྗེ་ སེམས་དཔའ་ལེགས་དམིགས་ཏེ། །ཡི་གེ་བརྒྱ་པ་ཆོ་ག་བཞིན། །ཉི་ཤུ་རྩ་རེ་བཟླས་གྱུར་ན། ལྟུང་སོགས་བྱིན་གྱིས་བརླབ་འགྱུར་ཕྱིར། །འཕེལ་བ་རུ་ནི་མི་འགྱུར་ཞེས། །གྲུབ་པ་མཆོག་ རྣམས་ཀྱིས་བཤད་པས། །རྟག་པར་ཏུ་ནི་ཉམས་སུ་བླང༌། །འབུམ་ཕྲག་གཅིག་ཏུ་བཟླས་གྱུར་ ན། །རྣམ་པར་དག་པའི་བདག་ཉིད་འགྱུར། །ཞེས་དང༌། ཡོན་ཏན་མཛོད་ལས། སྔགས་ལ་ ཞུགས་པའི་སྐྱེས་བུ་ངན་སོང་དང༌། །སངས་རྒྱས་གཉིས་ལས་འགྲོ་ས་གསུམ་པ་མེད། །ཞེས་ དང༌། རྒྱུད་ལས། །ཉམས་ལ་འགྲོགས་ཤིང་ཉམས་པ་སྐོང་བ་དང༌། །ཉམས་དང་སྣོ ད་མིན་ རྣམས་ལ་ཆོས་བཤད་དང༌། །ཉམས་ལ་མི་འཛེམ་ཉམས་པ་དེ་དག་གི། །ཉམས་གྲིབ་སྐྱོན་ 4-1-479 གྱིས་གོས་པར་གྱུར་ཏོ་འཚལ། །ཚེ་འདིའི་རྐྱེན་དང་ཕྱི་མའི་སྒྲིབ་གྱུར་རྣམས། །རང་གནོང་ འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས། །ཞེས་དང༌། ཇི་སྐད་དུ། ཇི་ལྟར་འོ་མ་ཐིགས་པ་ གཅིག །རུལ་བས་ཐམས་ཅད་རུལ་བ་ལྟར། །རྣལ་འབྱོར་ཉམས་གྱུར་གཅིག་གིས་ནི། །རྣལ་ འབྱོར་ཅན་ཀུན་མ་རུངས་བྱེད། །ཅེས་དང༌། གྲུབ་ཐོབ་ཨུ་རྒྱན་པས། གངས་ཅན་གྱི་སྤྲང་པོ་ རིན་ཆེན་དཔལ། །དགྲ་ཉམས་གྲིབ་མིན་པས་ཐུབ་མ་མྱོང༌། །གྲོགས་བླ་མ་མིན་པས་སྐྱོབ་མ་ མྱོང༌། །ཞེས་དང༌། རྒྱུད་ལས། རྡོ་རྗེ་སྲི ན་པོས་སྙིང་ཁྲག་འཐུང་བ་དང༌། །ཚེ་ཐུང་ནད་མང་ནོར་ ཡལ་དགྲས་འཇིགས་དང༌། །མནར་མེད་དམྱལ་བ་ཤིན་ཏུ་སྐྱི་གཡའ་བར། །སྡུག་བསྔལ་མི་ བཟད་ཡུན་རིང་གནས་པར་འགྱུར། །ཞེས་དང༌། སྔོ ན་གྱི་དམ་པ་དག་གིས། དང་པོ་ནས་སྡིག་ གིས་མ་གོས་པ་དང༌། གལ་སྲི ད་གོས་ན་བཤགས་པ་བྱེད་པ་གཙོ་ཆེ་བ་ཡིན། ཉན་ཐོས་ཀྱི་ ལུགས་ལ་རྩ་ལྟུང་སྐོར་གཅིག་བྱུང་ན་རྫ་བེའུ་ཆག་པ་དང་འདྲ་སྟེ་སླར་གསོ་བའི་ཐབས་མེད། བྱང་སྡོམ་རིན་པོ་ཆེའི་ཉེར་སྤྱད་ཆག་པ་དང་འདྲ་སྟེ། དཔེར་ན་རིན་པོ་ཆེའི་ཉེར་སྤྱད་ཆག་ ན་མགར་བ་མཁས་པ་ལ་བརྟེན་ནས་བཅོས་སུ་ཡོད་པ་ལྟར། གཞན་རྐྱེན་དགེ་བའི་བཤེས་ གཉེན་ལ་བརྟེན་ནས་གསོ་རུང༌། གསང་སྔགས་ཀྱི་སྡོམ་པ་ནི་རིན་པོ་ཆེའི་ཉེར་སྤྱད་ཅུང་ཟད་ ཞོམ་པ་དང་འདྲ་སྟེ། རང་ཉིད་ཀྱིས་ཀྱང་ལྷ་སྔགས་ཏིང་ངེ་འཛིན་ལ་བརྟེན་ནས་བཤགས་པ་ བྱས་ཀྱང་ལྷག་མ་མེད་པར་དག་པར་གསུངས། ཚོགས་གསོག་ཚུལ། མདོ་ལས། ཇི་སྲི ད་ཚོགས་གཉིས་དམ་པ་དེ་ནི་མ་རྫོགས་པར། །དེ་ སྲི ད་སྟོང་ཉིད་དམ་པ་དེ་ནི་རྟོགས་མི་བྱེད། །ཅེས་དང༌། ཇི་སྐད་དུ། །དོན་དམ་ལྷན་ཅིག་སྐྱེས་ པའི་ཡེ་ཤེས་ནི། །ཚོགས་བསགས་སྒྲིབ་པ་དག་པའི་ལག་རྗེས་དང༌། །རྟོགས་ལྡན་བླ་མའི་ བྱིན་རླབས་ཁོ་ན་ལས། །ཐབས་གཞན་བསྟེན་པ་རྨོངས་པར་ཤེས་པར་བྱ། །ཞེས་དང༌། ཏེ་ལོ་ པས། བུ་སྣང་བ་རྟེན་ཅིང་འབྲེ ལ་འབྱུང་འདི། །དོན་སྐྱེ་བ་མེད་པར་མ་རྟོགས་པར། །ཚོགས་ 4-1-480 གཉིས་ཤིང་རྟའི་འཕང་ལོ་དང༌། །འབྲལ་བར་མ་བྱེད་ན་རོ་པ། །ཞེས་དང༌། བིརྦ་པའི་དོ་ཧ་ ལས། །ཀུན་རྫོབ་སངས་རྒྱས་མི་རེའི་གདེང་ཆེན་ལྡན་གྱུར་ཀྱང༌། །བསོད་ནམས་ཚོགས་ཆེན་ མི་གཅོག་ཅི་ནུས་འབད་པར་བྱ། །ཞེས་དང༌། དྭགས་པོས། བསགས་སྦྱང་རང་སར་དག་ཀྱང་ ཚོགས་ཆུང་ངུ་ནས་བསགས་ཞེས་གསུངས། རྒྱུད་ལས། སངས་རྒྱས་ཞིང་ཁམས་ཐམས་ཅད་ ལ། །སྟོང་གསུམ་ཞིང་ཁམས་མ་ལུས་པ། །འདོད་པའི་ཡོན་ཏན་བརྒྱན་པ་ཡིས། །མཆོད་ན་ སངས་རྒྱས་ཡེ་ཤེས་རྫོགས། །ཞེས་དང༌། ཇོ་བོ་རྗེས། བོད་ཕྱུག་པོ་མི་འོང་གཏོར་ཟན་སླ་མོ་ བྱེད་ཀྱིན་འདུག་ལ། ཞེས་དང༌། བོད་ན་བསོད་ནམས་བསགས་པ་ལ་ཆུ་གཅིག་པོས་ཀྱང་ ཆོག་པར་འདུགརྒྱ་གར་ཚད་ཁུངས་ཆེ་བས་བོད་ཀྱི་ཆུ་འདི་འདྲ་བའི་ལེགས་པ་མེད་གསུངས། རྒྱུད་ལས། ཚོགས་མ་བསགས་ལ་དངོས་གྲུབ་མེད། །བྱེ་མ་བཙིར་བས་མར་མི་འབྱུང༌། །ཞེས་ དང༌། ཇོ་བོའི་ཞལ་ནས། བོད་པྲེ་ཏ་པུ་རིའི་རྒྱལ་ཁམས་དངོས་སུ་འདུགབོད་ཡུལ་ན་ཞིང་དག་ པ་ཞིག་ལ་ནས་བྲེ་གང་སྦྱིན་པ་བཏང་བའི་སྦྱིན་འབྲས་ལ་ལོངས་སྤྱོད་མཁན་མི་འདུགཅེས་ གསུངས། མཉམ་མེད་དྭགས་པོ་རིན་པོ་ཆེ་ལ་སློ བ་མ་ཞིག་གིས་ད་ལྟ་སྙིགས་མའི་དུས་འདིར་ ཆོས་ཡང་དག་པ་ཞིག་སྒྲུབ་པ་ལ་ཟས་གོས་དང་ཡོ་བྱད་དཀའ་བར་འདུག་པས། ནོར་སྒྲུབ་ དུམ་པ་རེ་བྱའམ། བཅུད་ལེན་བཟང་པོ་རེ་སློ བ་བམ། ཡང་ན་ངེས་པར་འཆིར་འཇུག་ནུས་པ་ ཞིག་དགོས་པ་ཡིན་ནམ། གང་ལགས་ཞུས་པས། ནོར་སྒྲུབ་བྱས་ཀྱང་རང་ལ་སྔོ ན་གྱི་སྦྱིན་ འབྲས་མེད་ན་འོང་བ་ཡང་དཀའ་ཞིང༌། སྙིང་ནས་ཆོས་བཞིན་བྱེད་པ་ལ་ཚེ་འདིའི་ཆེད་དུ་ནོར་ སྒྲུབ་པ་ཡང་འགལ། བཅུད་ལེན་བྱས་ཀྱང་སྔོ ན་བསྐལ་པ་ཡར་དར་ལ་ས་རྡོ་ཆུ་ཤིང་ལ་སོགས་ པའི་བཅུད་མ་ཤོར་བའི་དུས་ལྟ་བུ་དེང་སང་མི་འོང་བས། ད་ལྟའི་དུས་ན་ཕན་མེད་ངེས་པར་ འཆིར་བཅུག་པ་ཡང་མི་འོང་སྟེ། དལ་འབྱོར་ཚང་བའི་ལུས་རྟེན་ད་རེས་ཀྱི་འདི་འདྲ་བ་ཕྱིན་ ཆད་རྙེད་པར་དཀའ། འོན་ཀྱང་ངེས་པར་ཤི་མ་ཤི་མེད་པར་ཉམས་སུ་ལེན་ནུས་པའི་བློ་ཞིག་ 4-1-481 སྙིང་ཐག་པ་ནས་སྐྱེས་ན། ལྟོ ་གོས་ཀྱིས་ཕོངས་པ་མི་འོང་སྟེ། ཆོས་པ་མུ་གེས་ཤི་བའི་དཔེ་ མེད། བཅོམ་ལྡན་འདས་ཀྱིས་ཀྱང་ཕྱེ་བྲེ ་རེ་ལ་མུ་ཏིག་བྲེ་རེ་འཇལ་བའི་མུ་གེ་བྱུང་ཡང་སངས་ རྒྱས་ཀྱི་རྗེས་འཇུག་ཟས་གོས་ཀྱིས་མི་ཕོངས་པར་གསུངས། ཞེས་གསུངས། རང་གི་རྩ་བའི་ བླ་མ་ཡང༌། ཇི་སྐད་དུ། ལུས་ནི་གང་ཟག་ལྷ་མི་ཡང༌། །དགོངས་པ་དམ་པ་སངས་རྒྱས་དངོས། ཞེས་པ་ལྟར་རོ། །བདུད་གཅོད་ཚུལ། ཇི་སྐད་དུ། རྟ་དང་གླང་པོ་བརྒྱ་འགྱུར་ཡིན། །བུ་དང་ ཆུང་མ་སྟོང་འགྱུར་ཡིན། །ལུས་ཀྱི་མཆོད་སྦྱིན་འབུམ་འགྱུར་ཡིན། ཞེས་དང༌། མ་ཅིག་གི་ ཞལ་ནས། ཆགས་མེད་ལུས་སྦྱིན་བྱེད་པ་དེ། །ཚོགས་གཉིས་ཡིན་པར་མ་ཤེས་ནས། །ཕུང་པོ་ གཅེས་འཛིན་བྱས་པ་དེ། །མ་སྤྲུལ་པའི་སྐུ་ལ་མཐོལ་ལོ་བཤགས། ཞེས་དང༌། མ་ཅིག་གིས། ཐོག་མ་མེད་པའི་དུས་ནས་ལས་ངན་གྱི་རྒྱུ་བྱས། རྐྱེན་ངན་གྱི་རླུང་གིས་དེད། འཁྲུལ་སྣང་དང་ སྡུག་བསྔལ་ཁོ་ན་ལ་འཁོར་མོ་ཡུག་ཏུ་སྤྱོད། ཤི་ཙམ་ན་ངན་སོང་གི་གཏིང་རྡོ་ལས་འགྲོ་ས་ མེད་པའི་ལྷ་དྲེ་གདུག་པ་ཅན་དེ་དག་ངས་སྙིང་རྗེའི་ལྕགས་ཀྱུས་བཟུང་སྟེ། རང་གི་ཤ་དྲོན་མོ་ དང་ཁྲག་དྲོན་མོ་ཟས་སུ་བྱིན་ནས། བྱམས་སྙིང་རྗེ་བྱང་ཆུབ་སེམས་ཀྱིས་སྣང་བ་བསྒྱུར་ཏེ། རང་གི་འཁོར་དུ་བསྡུ་བ་ཡིན་པ་ལ། མ་འོངས་པའི་གཅོད་མཁན་ཆེན་པོ་དེ་དག་གིས་ངའི་ སྙིང་རྗེའི་ལྕགས་ཀྱུས་བཟུང་བའི་ནོར། ལྷ་འདྲེ་མ་རུངས་པ་དེ་དག་བསད་པ་དང༌། སྐྲོད་པ་ དང༌། རྡུང་བར་རློམ་པ་ནི་གཅོད་ལོག་བདུད་ཀྱི་བསྟན་པ་དར་བའི་རྟགས་ཡིན་པར་གསུངས་ ཤིང༌། དེ་བཞིན་དུ་ནག་པོ་དགུ་ཕྲུག་གི་གཅོད་པ་ལ་སོགས་པ་གཅོད་ལོག་ཇི་སྙེད་ཅིག་འབྱུང་ བར་གསུངས་པ་ཐམས་ཅད་ཀྱང་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་བྲལ། མ་ཅིག་གིས། ཐོགས་བཅས་བདུད་དང་ཐོགས་མེད་བདུད། །དགའ་བྲོ ད་བདུད་དང་སྙེམས་བྱེད་བདུད། །དེ་ཡང་སྙེམས་བྱེད་བདུད་ལ་ཐུག་ཅེས་དང༌། འདྲེ་མང་པོ་བྱ་བ་འདུ་ཤེས་ཡིན། །འདྲེ་ངར་མ་ བྱ་བ་ངར་འཛིན་ཡིན། །འདྲེ་རྒོད་པོ་བྱ་བ་རྣམ་རྟོག་ཡིན། །འདྲེ་དེ་དག་ཆོད་ན་གཅོད་པ་ཟེར། 4-1-482 །ཞེས་དང༌། རྗེ་མི་ལས། འདྲེ་ཁྱོད་ལས་ཐུ་བ་ངར་འཛིན་ཡིན། །འདྲེ་ཁྱེད་ལས་མང་བ་འདུ་ ཤེས་ཡིན། །འདྲེ་ཁྱོད་ལས་ལང་ཤོར་རྣམ་རྟོག་ཡིན། །ཞེས་དང༌། གཉན་ས་རི་ཁྲོད་འགྲིམ་པ་ ཕྱི་ཡི་གཅོད། །ཕུང་པོ་གཟན་དུ་བསྐྱུར་བ་ནང་གི་གཅོད། །ཉག་གཅིག་རྩད་ནས་གཅོད་པ་ དོན་གྱི་གཅོད། །གཅོད་དེ་གསུམ་དང་ལྡན་པའི་རྣལ་འབྱོར་པ་ལགས་ཏེ། ཞེས་དང༌། འདྲེ་ འདྲེ་རུ་བཟུང་ན་གནོད་པ་ཡིན། །འདྲེ་སེམས་སུ་ཤེས་ན་གྲོལ་བ་ཡིན། །འདྲེ་སྟོང་པར་རྟོགས་ ན་ཆོད་པ་ཡིན། །ཞེས་དང༌། གདོན་གནོད་སྦྱིན་ཕོ་མོ་སྣང་བ་འདི། །མ་རྟོགས་དུས་ན་བདུད་ ཡིན་ཏེ། །ཐོ་འཚམ་བར་དུ་གཅོད་པར་བྱེད། །རྟོགས་ན་བདུད་ཀྱང་ལྷ་ཡིན་ཏེ། །དངོས་གྲུབ་ ཐམས་ཅད་ཁྱོད་ལས་བྱུང༌། །ཞེས་དང༌། ངའི་ཆོས་ལུགས་འདི་བདག་འཛིན་རྩད་ནས་བཅད་ དེ་ཆོས་བརྒྱད་རླུང་ལ་བསྐུར་ནས་བདུད་བཞི་ཁ་སྐྱེངས་སུ་འཇུག་པའི་ཆོས་ལུགས་ཡིན་ གསུངས། ཇི་སྐད་དུ། ནད་པ་འདྲེ་ལ་གཏད་པ་ཡིན། །སྐྱེལ་མ་དགྲ་ལ་བཅོལ་བ་ཡིན། །སྲུངས་ཤིག་སྐྱོབས་ཤིག་བརྒྱ་ལས་ཀྱང༌། །ཟོ་ཞིག་ཁྱེར་ཅིག་གཅིག་གིས་དགའ། ཨ་མ་ཇོ་ མོའི་ཆོས་ལུགས་ཡིན། །ཞེས་དང་ཨོ་རྒྱན་ཆེན་པོས། སྙིགས་མའི་དུས་ན་སྐྱེས་པའི་སྙིང་ལ་ ཕོ་འདྲེ་འཇུག །བུད་མེད་སྙིང་ལ་མོ་འདྲེ་འཇུག ། བཙུན་པའི་སྙིང་ལ་དམ་སྲི ་འཇུག །བོད་མི་ རེའི་སྙིང་ལ་འདྲེ་རེ་འཇུགཅེས་དང༌། ཐེའུ་རང་ལྷ་རུ་མཐོང་བའི་དུས། །བོད་སྡུག་པའི་དུས་ ལ་བབ་པ་ཡིན། །ཞེས་དང༌། ཇི་སྐད་དུ། ལྷ་མེད་འདྲེ་མེད་ལྟ་བའི་གདེང༌། །ཡེངས་མེད་ འཛིན་མེད་བསྒོམ་པའི་གནད༌། །བླང་མེད་དོར་མེད་སྤྱོད་པའི་གནད། །རེ་མེད་དོགས་མེད་ འབྲས་བུའི་གནད། །ཟེར་བ་ལྟར་རོ། །བླ་རྣམ་ཚུལ། ཇོ་བོ་རྗེས། གྲོགས་དག་བྱང་ཆུབ་མ་ ཐོབ་བར་དུ་བླ་མ་དགོས་པས་བཤེས་གཉེན་དམ་པ་བསྟེན། གནས་ལུགས་མ་རྟོགས་བར་དུ་ ཐོས་པ་དགོས་པས་བླ་མའི་གདམས་ངག་ཉོན། བདེ་བ་ཐམས་ཅད་བླ་མའི་བྱིན་རླབས་ ལགས་པས་དྲིན་དུ་གཟོ་བར་མཛོད། ཅེས་དང༌། ཁ་རག་སྒོམ་ཆུང་གིས། བླ་མ་འཇིག་རྟེན་ 4-1-483 དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་ཀྱི་བྱེད་པ་པོར་ངོ་ཤེས་དགོས་ཞེས་ དང༌། སྡེ་སྣོ ད་གསུམ་ཤེས་ཀྱང་བླ་མ་ལ་མོས་གུས་མེད་ན་ཕན་མེད། ཅེས་དང༌། རྒྱུད་ལས། གང་གི་བསྐལ་པ་བྱེ་བ་རུ། །ལྷ་སྐུ་འབུམ་ཕྲག་བསྒོམ་པ་ལས། །བླ་མ་སྐད་ཅིག་དྲན་པ་མཆོག །ཅེས་དང༌། ས་ར་ཧས། བླ་མས་སྨྲས་པ་གང་གི་སྙིང་ཞུགས་པ། །ལག་པའི་མཐིལ་ན་གནས་ པའི་གཏེར་མཐོང་འདྲ། ཞེས་དང༌། ཀུན་མཁྱེན་ཀློང་ཆེན་པས། བསྐྱེད་རིམ་དང་རྫོགས་རིམ་ སྒོམ་པ་ལ་སོགས་པ་རྣམས་ནི་རང་རང་གི་ལམ་གྱི་ངོ་བོ་དེས་མི་གྲོལ་ཏེ། དེ་ཡང་སྤྱོད་པ་དང་ བོགས་འདོན་སོགས་ལ་བརྟེན་པ་ཡིན། བླ་མའི་རྣལ་འབྱོར་ནི་རང་གི་ལམ་གྱི་ངོ་བོ་འདི་ཁོ་ ནས་གནས་ལུགས་ཀྱི་རྟོགས་པ་རྒྱུད་ལ་སྐྱེས་ཏེ་གྲོལ་བ་ཡིན་པས་ན། ལམ་ཐམས་ཅད་ལས་ བླ་མའི་རྣལ་འབྱོར་ཟབ་པ་ཡིན་ཞེས་གསུངས། དམ་ཚིག་བཀོད་པའི་རྒྱུད་ལས། མཚན་དང་ དཔེ་བྱད་ལྡན་པའི་ལྷ། །བསྐལ་པ་འབུམ་དུ་བསྒོམ་པ་བས། །བླ་མ་སྐད་ཅིག་དྲན་པ་མཆོག །བསྙེན་སྒྲུབ་བཟླས་པ་ས་ཡ་བས། །བླ་མའི་གསོལ་འདེབས་ལན་གཅིག་མཆོག །ཅེས་དང༌། ཨ་ཏི་བཀོད་པ་ལས། དྲིན་དང་ལྡན་པའི་བླ་མ་དེ། །སྤྱི་བོའི་གཙུག་གམ་སྙིང་གི་དཀྱིལ། །ཡན་ ལག་མཐིལ་དུ་གང་བསྒོམ་པ། །སངས་རྒྱས་སྟོང་གི་དངོས་གྲུབ་ཀྱང༌། །གང་ཟག་དེ་ཡིས་ འཛིན་བར་འགྱུར། །ཞེས་དང༌། རྗེ་རྒོད་ཚང་པས། བླ་མའི་རྣལ་འབྱོར་བསྒོམ་པ་ན། །སྐྱོན་ ཟད་ཡོན་ཏན་རྫོགས་པར་འགྱུར། །ཞེས་དང༌། བསྐྱེད་རིམ་བསྒོམ་པ་མང་ལགས་ཀྱང༌། །བླ་ མ་བསྒོམ་པ་གོང་ན་མེད། །རྫོགས་རིམ་བསྒོམ་པ་མང་ལགས་ཀྱང༌། །བློ་ཁེལ་ལིང་བསྐྱུར་ གོང་ན་མེད། །ཅེས་དང༌། འབྲི ་གུང་སྐྱོབ་པ་རིན་པོ་ཆེས། །བླ་མ་སྐུ་བཞིའི་གངས་རི་ལ། །མོས་གུས་ཀྱི་ཉི་མ་མ་ཤར་ན། །བྱིན་རླབས་ཀྱི་ཆུ་རྒྱུན་མི་འབེབས་པས། །སེམས་མོས་གུས་ འདི་ལ་ནན་ཏན་མཛོད། །ཅེས་དང༌། རྗེ་བཙུན་རས་པས། རྗེ་ལ་གསོལ་བ་མི་འདེབས་པའི། །མི་རྟོག་ཡེ་ཤེས་འདོད་པ་དེ། །བྱང་བསྟན་ཕུག་པ་ཉི་སྒུག་འདྲ། །སྣང་སེམས་འདྲེས་དུས་དེ་ 4-1-484 ལ་མེད། །ཅེས་དང༌། ཏེ་ལོ་པས། ནཱ་རོ་པ་ལ། འདི་ཙམ་བསྟན་ཡང་མི་གོ་བ་ཞེས་གསུངས་ཏེ་ མཆིལ་ལྷྭམ་གྱིས་དཔྲལ་བར་བསྣུན་པས་གནས་ལུགས་ཀྱི་རྟོགས་པ་སྐྱེས་ཏེ་བླ་མ་དང་ དགོངས་པ་མཉམ་པར་གྱུར་པ་དང༌། ཀླུ་སྒྲུབ་ཀྱིས་ངར་སྣབས་ཤིག་དོར་བ་ཀླུའི་བྱང་ཆུབ་ ཀྱིས་ཙེན་གྱིས་བླངས་ནས་ལོངས་སྤྱོད་པས་མཆོག་གི་དངོས་གྲུབ་ཐོབ་པར་བཤད་པ་དང༌། རིག་འཛིན་འཇིགས་མེད་གླིང་པས། ཁོ་བོས་ཀྱང་རྒྱལ་བ་གཉིས་པའི་གསུང་རབ་མཐོང་ ནས། སངས་རྒྱས་དངོས་ཀྱི་འདུ་ཤེས་བཅོས་མ་མ་ཡིན་པ་རྒྱུད་ལ་སྐྱེས་ཏེ་ཕུར་ཚུགས་སུ་ གསོལ་བ་བཏབ་པས་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་སྟེ་རང་བྱུང་གི་རྟོགས་པ་རྒྱུད་ལ་སྐྱེས་ དུས་དེ་ནས་བཟུང་སྟེ། ཞུ་བ་པོ་བརྒྱ་ཕྲག་ཐལ་བ་ལ་ཁྲིད་བཏབ་པ་ཡིན་ཏེ། བརྩོན་འགྲུས་ ཅན་འཇིག་རྟེན་པའི་བསམ་གཏན་ལས་ན་མི་འཕར། ཤེས་རབ་ཅན་རྟོགས་དཔྱོད་ཀྱི་ཕྱོགས་ སུ་མི་འཆོར། དོན་དམ་པའི་རྟོགས་ཚུལ་མོས་གུས་ཀྱི་སྲང་ལ་ཐེག་པ་ཤ་སྟག་བྱུང་ངོ༌། །ཞེས་ གསུངས། བཻ་རོ་ཙ་ན་ཚ་རོང་དུ་སྤྱུགས་ཚེ། །མི་ཕམ་མགོན་པོ་ཞེས་བྱ་བ་རྒན་པོ་ལོ་བརྒྱད་ཅུ་ འགྲོ་བ་ཤིན་ཏུ་རྒས་ཤིང་འཁོགས་པ་ཞིག་ལ། སྒོམ་ཐག་ལུས་ལ་བཅིངས། སྒོམ་རྟེན་སྐེ ད་ལ་ བཙུགས་ཏེ་བྱིན་རླབས་བླ་མའི་ལམ་ཁྱེར་འདི་བསྟན་པས། ཀ་དག་ཁྲེག་ཆོད་ཀྱི་དགོངས་པ་ མ་ནོར་བ་རྒྱུད་ལ་སྐྱེས་ཏེ་ལུས་རྡུལ་ཕྲན་དུ་དེངས་ནས་སངས་རྒྱས། ཐར་མདོ་ལས། པདྨ་ཁ་ འབུས་ཕྱེ་འདྲ་བ། །ལག་གཉིས་སྤྱི་བོར་ཐལ་སྦྱར་ཏེ། །ལུས་དཔག་མེད་པའི་སྤྲིན་ཚོགས་ བཅས། །ཕྱོགས་བཅུའི་སངས་རྒྱས་ལ་ཕྱག་འཚལ། །ཞེས་དང༌། ཡོན་ཏན་མཛོད་ལས། བབ་ ཅོལ་གོམས་པ་མིན་པའི་ལུས་བཏུད་ནས། སྙིང་གར་གུས་བཅས་མངོན་རྟགས་ངོམ་པ་ལ། །མེ་ཏོག་དོག་པས་རབ་བཟུང་སྙིམ་པའི་སྣོ ད། །ག་བུ་ཆུང་གི་བརྟུལ་ཞུགས་འཛིན་པ་ཡིན། ཞེས་དང༌། ཁ་སྐད་དུ། སྡིག་ཅན་ཆོས་ཀྱིས་ཐུལ་ཀྱང་ཆོས་དྲེད་ཆོས་ཀྱིས་མི་ཐུལ། །གྱོང་པོ་ སྣུམ་གྱིས་ཐུལ་ཀྱང་མར་སྐོ ག་སྣུམ་གྱི་མི་འདུལ། །ཞེས་དང༌། ཨོ་རྒྱན་ཆེན་པོས། ཆོས་སྨྲས་ 4-1-485 གོ་དྲེད་ཁྱེར་བའི་འཁོར་མི་བསྟེན། །དམ་ཚིག་ཚོད་ཡོད་བྱེད་པའི་གྲོགས་མི་འགྲོགས། །ཞེས་ དང༌། མདོ་ལས། བཅོམ་ལྡན་འདས་ཀྱི་དབུ་གཙུག་ཏོར་ལྟར་མི་མངོན་པ་ནི། བླ་མར་བྱ་བའི་ སྐྱེ་བོ་ལ་གུས་པར་བཏུད་དེ་ཕྱག་འཚལ་བ་ལས་བྱུང་ངོ༌། །ཞེས་དང༌། སྡུད་པ་ལས། སྟོང་ གསུམ་རི་རབ་སྲང་ལ་གཞལ་བས་ཚད་གཟུང་རུང༌། །རྗེས་སུ་ཡི་རང་དགེ་བ་དེ་ནི་དེ་ལྟ་མིན། །ཞེས་དང༌། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། ཇི་ལྟར་ཆུ་ཐིགས་རྒྱ་མཚོ་ཆེ་ནང་ལྷུང༌། །རྒྱ་མཚོ་མ་ཟད་བར་དུ་དེ་མི་འཛད། །དེ་བཞིན་བྱང་ཆུབ་ཡོངས་བསྔོ ས་དགེ་བ་ཡང༌། །བྱང་ ཆུབ་མ་ཐོབ་བར་དུ་དེ་མི་འཛད། །ཅེས་དང༌། འབྲི ་གུང་སྐྱོབ་པ་རིན་པོ་ཆེས། ཚོགས་གཉིས་ ཡིད་བཞིན་ནོར་བུ་ལ། །སྨོན་ལམ་གྱིས་བྱི་དོར་མ་བྱས་ན། །དགོས་འདོད་ཀྱི་འབྲས་བུ་མི་ འབྱུང་བས། །མཇུག་བསྔོ ་བ་འདི་ལ་ནན་ཏན་མཛོད། །ཅེས་དང༌། ཁམས་པ་ལུང་བའི་ཞལ་ ནས། འདུས་བྱས་ཀྱི་དགེ་བ་ཐམས་ཅད་ལུང་མ་བསྟན་ཡིན་པས། །སེམས་ཅན་གྱི་དོན་དུ་ སྨོན་ལམ་རྒྱ་ཆེན་པོ་ཐོབ། །ཅེས་དང༌། སྔོ ན་ཡངས་པ་ཅན་པས་སྟོན་པ་ལ་གདུགས་ཚོད་ དྲངས་པའི་དགེ་རྩ་དེ་དག་གིས་ཕ་མ་ཡི་དྭགས་སུ་སྐྱེས་པ་ལ་སངས་རྒྱས་ཀྱིས་བསྔོ་བ་ གསུངས་པ། སྦྱིན་པ་འདི་ཡི་དགེ་རྩ་གང༌། །དེ་དག་ཡི་དྭགས་རྗེས་སུ་སོང༌། །ཡི་དྭགས་ལུས་ ངན་མེད་པ་དང༌། །མཐོ་རིས་བདེ་བ་ཐོབ་པར་ཤོག །གསུངས་པས་ཡི་དྭགས་དེ་དག་ཚེ་ འཕོས་ཏེ། སུམ་ཅུ་རྩ་གསུམ་གྱི་ལྷ་ཡུལ་དུ་སྐྱེ་བར་གསུངས། རྗེ་བཙུན་མི་ལས། རི་ལ་སྒོམ་ པའི་སྒོམ་ཆེན་དང༌། །འཚོ་བ་སྦྱོར་བའི་ཡོན་བདག་གཉིས། །སངས་མཉམ་པོར་རྒྱ་བའི་རྟེན་ འབྲེ ལ་ཡོད། །རྟེན་འབྲེ ལ་གྱི་སྙིང་པོ་བསྔོ ་བ་ཡིན། །ཞེས་དང༌། སྡུད་པ་ལས། ཇི་ལྟར་དུག་ དང་འདྲེས་པའི་ཁ་ཟས་བཟང་ཟ་བ། །དཀར་པོའི་ཆོས་ལ་དམིགས་པའང་དེ་འདྲར་རྒྱལ་ བས་གསུངས། ཞེས་དང༌། རྗེ་མི་ལས། ང་འགྲོ་ན་སྣང་བ་ལམ་དུ་འཁྱེར། །ཚོགས་དྲུག་རང་ གྲོལ་གྱི་འགྲོ་ལུགས་ཡིན། །སྡོད་ན་མ་བཅོས་རྣལ་མར་སྡོད། །སྙིང་པོ་དོན་གྱི་སྡོད་ལུགས་ 4-1-486 ཡིན། །ཟ་ན་སྟོང་ཉིད་ཀྱི་ཟས་ལ་ཟ། །གཟུང་འཛིན་སྤངས་པའི་ཟ་ལུགས་ཡིན། །འཐུང་ན་ དྲན་ཤེས་ཀྱི་ཆབ་ལ་འཐུང༌། །རྒྱུན་ཆད་མེད་པའི་འཐུང་ལུགས་ཡིན། ཞེས་དང༌། ཇི་སྐད་དུ། གསང་སྔགས་དབང་ལ་མ་བརྟེན་འགྲུབ་པ་མི་འགྱུར་ཏེ། །དཔེར་ན་མཉན་པ་ལག་སྐྱ་མེད་པ་ བཞིན་ཞེས་དང༌། །དབང་མ་བསྐུར་ལ་དངོས་གྲུབ་མེད། །བྱེ་མ་བཙིར་ལ་མར་མི་འབྱུང༌། ཞེས་གསུངས་སོ། །སྤྱིར་ཆོས་དང་ཁྱད་པར་ཡོ་ག་གསུམ་གྱི་ཚུལ། ཇི་སྐད་དུ། ཉོན་མོངས་ འདོད་ཆགས་འདུལ་བའི་གཉེན་པོ་རུ། །འདུལ་བའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །ཉོན་ མོངས་ཞེ་སྡང་འདུལ་བའི་གཉེན་པོ་རུ། །མདོ་སྡེའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །ཉོན་ མོངས་གཏི་མུག་འདུལ་བའི་གཉེན་པོ་རུ། །མངོན་པའི་སྡེ་སྣོ ད་ཉི་ཁྲི་ཆིག་སྟོང་གསུངས། །དུག་གསུམ་ཆ་མཉམ་འདུལ་བའི་གཉེན་པོ་རུ། །སྡེ་སྣོ ད་བཞི་པ་ཉི་ཁྲི་ཆིག་སྟོང་གསུངས། །ཞེས་སོ། །སྟོན་པས། ང་ནི་འདི་ནས་མི་སྣང་ནས། །ལོ་ནི་བརྒྱ་དང་ཉི་ཤུ་ཚེ། །ལྷ་གནས་ གསུམ་དུ་གྲགས་པ་ཡི། །བསྟན་པའི་སྙིང་པོ་དམ་པ་ཞིག །འཛམ་གླིང་ཤར་གྱི་ཕྱོགས་ མཚམས་ཀྱི། །མི་ལས་སྐལ་ལྡན་རིགས་ཅན་ཏེ། །རྒྱལ་པོ་ཛ་ཞེས་བྱ་བ་ལ། །སྔོ ན་ལྟས་བཟང་ པོ་སྣང་བར་འགྱུར། །དྲག་ཤུལ་ཅན་ཞེས་བྱ་བའི་རིར། །གྲོགས་ཀྱི་སེམས་ཅན་དམན་པའི་ རིགས། ལང་ཀའི་བདག་པོ་ལ་སོགས་པར། །ལག་ན་རྡོ་རྗེས་སྣང་བར་འགྱུར། ཞེས་ལུང་ བསྟན། དམ་པའི་རིགས་ཅན་དྲ་མ་ལྔས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ། ཀྱཻ་མ་ཀྱེ་ ཧུད་བླ་མ་ཀློང༌། །སྟོན་པའི་གསལ་བྱེད་འོད་ནུབ་ན། །འཇིག་རྟེན་མུན་པ་གང་གིས་སེལ། །ཞེས་སོགས་གདུང་ཚིག་ཉེར་གསུམ་བཏོན་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ གསང་བདག་ལ། །གསང་བའི་བདག་པོ་ཁྱོད་ཉོན་ཅིག །སྔོ ན་གྱི་གོ་ཆ་ཡལ་ལམ་ཅི། །ལོ་ ཀའི་སྡུག་བསྔལ་མི་ཤེས་སམ། །སྙིང་རྗེས་ས་ལ་བབས་ནས་ཀྱང༌། །ལོ་ཀའི་གདུང་བ་སེལ་ བར་གྱིས། ཞེས་བསྐུལ་བས། གསང་བདག་གིས། ཐོག་མ་ཐ་མ་མེད་པ་རུ། །བདག་གིས་ 4-1-487 དམ་བཅའ་མི་འདོར་པའི། །སྐུལ་བའི་དུས་ནི་གང་བྱུང་བ། །བདག་ཀྱང་དེ་བཞིན་ཆོ་འཕྲུལ་ སྣང༌། ཞེས་གསུངས། ཡང་སངས་རྒྱས་ཐམས་ཅད་ཀྱི་རྡོར་སེམས་ལ། །རིན་ཆེན་འཕྲུལ་གྱི་ ཐབས་ལྡན་པ། །གདུལ་བྱའི་གང་འདོད་སྒོ་ཕྱེས་ནས། །རྩོལ་མེད་དབྱིག་དང་ལྡན་པར་ མཛོད། །ཅེས་དང༌། །གཉིས་མེད་ཡེ་ཤེས་གསང་བའི་དོན། །བྱར་མེད་རྩོལ་མེད་ཡེ་སངས་ རྒྱས། །དབུ་མ་ཆེན་པོར་གྲགས་པའི་ལམ། །འདུས་པའི་འཁོར་ལ་བསྟན་པར་གྱིས། །ཞེས་ བསྐུལ་བས་སེམས་དཔའ་རྡོ་རྗེས། བཛྲ་སཏྭ་ནམ་མཁའ་ཆེ། །ཚིག་སྤྱོད་ཡུལ་མ་ཡིན་པ་ལ། །བདག་གིས་སྒྲོག་པར་ཤིན་ཏུ་དཀའ། །མ་རྟོགས་པ་ལ་ཚིག་སྒོ་ནས། །མཚོན་པས་རྟོགས་ པར་བྱ་བའི་ཕྱིར། །ཅི་རིགས་པ་ཡིས་རྣལ་འབྱོར་སྒྲོལ། །ཞེས་ཞལ་གྱིས་འཆེས། དེ་ལ་རྡོར་ སེམས་དང་ལག་ན་རྡོ་རྗེའི་སྤྲུལ་སྐུ་དགའ་རབ་རྡོ་རྗེས། སེམས་ཀྱི་རང་བཞིན་ཡེ་ནས་བུདྡྷ་སྟེ། །སེམས་ལ་སྐྱེ་འགགས་མེད་པ་ནམ་མཁའ་འདྲ། །ཆོས་ཀུན་མཉམ་ཉིད་ཡང་དག་དོན་རྟོགས་ ན། །དེ་ཉིད་མ་བཙལ་བཞག་ན་བསྒོམས་པ་ཡིན། །ཞེས་དང༌། དེའི་སློབ་མ་འཇམ་དཔལ་ བཤེས་གཉེན་གྱིས། བདག་ནི་འཇམ་དཔལ་བཤེས་གཉེན་ཏེ། །གཤིན་རྗེའི་གཤེད་ཀྱི་དངོས་ གྲུབ་ཐོབ། །འཁོར་འདས་མཉམ་པ་ཆེན་པོར་རྟོགས། །སརྦ་ཛྙཱ་ནའི་ཡེ་ཤེས་ཤར། །ཞེས་ གསུངས་སོ། ། འཕོ་བའི་ཚུལ། ཇི་སྐད་དུ། མངལ་སྒོ་དགག་ནས་རུ་ལོག་དྲན་པར་བྱ། །སྙིང་རུས་དག་ སྣང་དགོས་པའི་དུས་གཅིག་ཡིན། ཞེས་དང༌། རྗེ་མི་ལས། མཐོང་ལམ་གྱི་བདེན་པ་མ་མཐོང་ བར། །གཤིན་པོ་ལ་འཕོ་བ་མ་འདེབས་ཤིག །ཅེས་དང༌། ཇི་སྐད་དུ། རང་ཐར་པའི་སྐམ་ སར་མ་ཕྱིན་པར། །མི་གཞན་གྱི་འདྲེན་སྟོན་བྱེད་པ་དེ། །དེ་གཉིས་ཀྱང་ཅུང་ཟད་ཆ་མ་མཐུན། །དཔེ་ཆུས་ཁྱེར་མི་ལ་མིས་འཇུས་འདྲ། །ཞེས་དང༌། དྲི་མེད་བཤགས་རྒྱུད་ལས། འདའ་ཀ་ འོད་ཀྱི་གོང་བུ་སྒྲ་ཡིས་འཕོ། །ཞེས་དང༌། རྒྱུད་ལས། འཆི་བ་ཞེས་བྱ་རྣམ་རྟོག་སྟེ། །མཁའ་ 4-1-488 སྤྱོད་གནས་སུ་ཁྲིད་པར་བྱེད། །ཅེས་དང༌། འཆི་བ་འཆི་བ་ཞེས་བྱ་བ། །རྣལ་འབྱོར་སངས་ ཆུང་རྒྱ་བ་ཡིན། །ཞེས་དང༌། ཇི་སྐད་དུ། ལམ་སྦྱངས་པ་དམན་ན་འཕོ་བས་བསུ། །གསུངས་པ་ དང༌། རྒྱུད་ལས། ཉིན་བཞིན་བྲམ་ཟེ་གསོད་པ་དང༌། མཚམས་མེད་ལྔ་ནི་བྱེད་པ་ཡང༌། །འདི་ ཡི་ལམ་གྱིས་གྲོལ་འགྱུར་ཏེ། སྡིག་གིས་གོས་པར་མི་འགྱུར་རོ། །ཞེས་པ་ཡང༌། བུ་ག་དགུ་ཡི་ སྟེང་ཕྱོགས་སུ། །ཡིད་ཀྱིས་བསམ་ཏེ་འཕོ་བྱེད་ན། །སྡིག་གིས་གོས་པར་མི་འགྱུར་ཏེ། །དག་ པའི་ཞིང་དུ་སྐྱེ་བར་འགྱུར། །ཞེས་དང༌། ཇི་སྐད་དུ། གནས་སྤྱི་གཙུག་ཉི་ཟླའི་གདན་སྟེང་ན། ཕ་མཚན་ལྡན་གྱི་བླ་མའི་ཞབས་དྲུང་དུ། །རྩ་དར་དཀར་གྱི་ལམ་ལ་འགྲོ་ཤེས་ན། །མཚམས་ མེད་ལྔ་པོ་བྱས་ཀྱང་གྲོལ། །ཞེས་དང༌། རྡོ་རྗེ་འཆང་གིས། ཉིན་བཞིན་བྲམ་ཟེ་གསོད་པ་དང༌། །མཚམས་མེད་ལྔ་པོ་བྱེད་པ་ཡང༌། །གདམས་པ་འདི་དང་འཕྲད་གྱུར་ན། །གྲོལ་འགྱུར་འདི་ ལ་ཐེ་ཚོམ་མེད། །ཅེས་དང༌། ཨོ་རྒྱན་ཆེན་པོས། བསྒོམས་ཏེ་སངས་རྒྱས་ཀུན་ལ་ཡོད། །མ་ བསྒོམས་ཆོས་ནི་ང་ལ་ཡོད། །ཅེས་དང༌། པཎ་ཆེན་ནཱ་རོ་པས། སྒོ་དགུ་འཁོར་པའི་སྐར་ཁུང་ ཅན། །སྒོ་གཅིག་ཕྱག་རྒྱ་ཆེན་པོའི་སྒོ། །སྒོ་དགུ་བཅད་ནས་སྒོ་གཅིག་ཕྱེ། །ཐར་པའི་ལམ་ལ་ ཐེ་མི་ཚོམ། །ཞེས་དང༌། ལྷོ ་བྲག་མར་པས། ངས་ད་ལྟའི་དུས་སུ་འཕོ་བ་སྦྱངས། །སྦྱངས་ཤིང་ སྦྱངས་ཤིང་ཡང་ཡང་སྦྱངས། །ཐ་མལ་འཆི་ཡང་ཉམ་ང་མེད། །སྔར་འདྲིས་བྱས་པའི་གདེང་ ཞིག་ཡོད། །ཞེས་དང༌། རྗེ་མི་ལས། བསྲེ ་འཕོ་མཚམས་སྦྱོར་གྱི་གདམས་ངག་འདི། །གནད་ བར་དོ་འཇོམས་པའི་ལམ་མཁན་ཡིན། །ལམ་འདི་དང་ལྡན་པའི་མི་ཡོད་དམ། །སྲོ ག་རྩོལ་ དབུ་མར་ཚུད་པའི་མི་རེ་བདེ། །ཆོས་ཀྱི་དབྱིངས་སུ་སླེ བ་པ་འདི་ཨེ་མ་ཧོ། །ཞེས་དང༌། རྒྱུད་ ལས། དུས་ལ་བབས་ན་འཕོ་བྱ་སྟེ། །དུས་མིན་ལྷ་རྣམས་གསོད་པར་འགྱུར། །ཞེས་ཇི་སྐད་ དུ། མགོ་ན་ཆུ་སེར་ཟིལ་བ་ཕྲོམ། །འཇག་མ་དལ་གྱིས་ཚུགས་སོགས་འབྱུང༌། །ཞེས་གསུངས་ སོ། །ཇོ་བོའི་ཞལ་ནས། ཕན་བཏགས་པའི་མཆོག་ཆོས་ལ་བཙུད་པ་ཡིན། ཕན་ཐོགས་པའི་ 4-1-489 མཆོག་ཆོས་ལ་བློ་སྣ་འགྱུར་བ་ཡིན་གསུངས། རྫོགས་ཆེན་དཔལ་སྤྲུལ་རིན་པོ་ཆེའི་ཞལ་སྔ་ ནས། དེ་ལྟར་དལ་འབྱོར་རྙེད་པར་དཀའ་བ་ལ་བསམ་ནས་དལ་བའི་རྟེན་ལ་སྙིང་པོ་བླང༌། ཚེ་འདི་མི་རྟག་པའི་ཚུལ་ལ་བསམ་ནས་བརྩོན་འགྲུས་ཀྱི་ལྕགས་གིས་བྲབ། འཁོར་བ་མཐའ་ དག་སྡུག་བསྔལ་གྱི་རང་བཞིན་དུ་ཤེས་ནས་ངེས་འབྱུང་དང་སྙིང་རྗེའི་བློ་བསྐྱེད་རྒྱུ་འབྲས་ཀྱི་ རྣམ་གྲངས་ཤེས་ནས་དགེ་སྡིག་ལ་སྤང་བླང་དུ་བྱ། ཐར་པའི་ཕན་ཡོན་དྲན་པས་འབྲས་བུ་ལ་ བྲོ ད་པ་བསྐྱེད། ཡང་དག་པའི་དགེ་བའི་བཤེས་གཉེན་བསྟེན་ནས་དགོངས་སྤྱོད་བསླབ་པ་སྟེ། ཐུན་མོང་ཕྱིའི་སྔོ ན་འགྲོ་ཁྲིད་རྐང་དྲུག་དང༌། དཀོན་མཆོག་གསུམ་ལ་སྐྱབས་སུ་བཟུང་ནས་ ཐར་པའི་ལམ་གྱི་རྟེན་གཞི་བཅའ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ་རྒྱལ་སྲས་ཀྱི་སྤྱོད་ པ་རྒྱ་མཚོའི་ཁོག་ཕུབ། རྡོ་རྗེ་སེམས་དཔའི་སྒོམ་ཟླས་ལ་བརྟེན་ནས་ཉེས་པ་ཐམས་ཅད་ཀྱི་ རྩ་བ་སྡིག་ལྟུང་སྟོབས་བཞིའི་སྒོ་ནས་བཤགས། སྐུ་གསུམ་གྱི་ཞིང་ཁམས་མཎྜལ་དུ་ཕུལ་ཏེ། ཡོན་ཏན་ཐམས་ཅད་ཀྱི་རྩ་བ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགབྱིན་རླབས་ཐམས་ ཅད་ཀྱི་འབྱུང་གནས་བླ་མ་ལ་གསོལ་བ་བཏབ་སྟེ་རྟོགས་པའི་ཡེ་ཤེས་རང་རྒྱུད་ལ་སྐྱེད་པ་སྟེ། ཐུན་མིན་ནང་གི་སྔོ ན་འགྲོ་ཁྲིད་རྐང་ལྔ་དང༌། ལམ་མཐར་མ་ཕྱིན་པར་འཆི་བ་ཐོག་བབ་ཏུ་ བྱུང་ན་དག་པའི་ཞིང་དུ་མཚམས་སྦྱོར་བ་འཕོ་བ་མ་བསྒོམས་སངས་རྒྱས་ཏེ། ཁྱོན་ཁྲིད་རྐང་ བཅུ་གཉིས་ཡིན་ལ། དེ་དག་ཀྱང་སྔོ ན་འགྲོ་བློ་ལྡོ ག་བཞི་དང༌། ཐར་པའི་ཕན་ཡོན་ལ་བརྟེན་ ཏེ་བཅོས་མ་མ་ཡིན་པའི་ངེས་འབྱུང་བསྐྱེད་ཅིང་ལམ་ཐམས་ཅད་ཀྱི་སྒོ་ཕྱེ། ཡོན་ཏན་ཐམས་ ཅད་ཀྱི་འབྱུང་གནས་དགེ་བའི་བཤེས་གཉེན་བསྟེན་ཏེ་ལམ་གྱི་རྟེན་འབྲེལ་བསྒྲིགསྐྱབས་ འགྲོས་གཞི་བཟུང༌། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། ཕྱིན་དྲུག་གི་ལམ་ལ་བསླབས་ནས་ རྣམ་པ་ཐམས་ཅད་མཁྱེན་པ་རྫོགས་པའི་སངས་རྒྱས་ཀྱི་ལམ་ཡང་དག་པ་ལ་ཁྲིད་པར་བྱེད་ པ་སྟེ། ཁྲིད་ཚུལ་གཞན་དུ་སྣང་བ་གསུམ་དང༌། སྐྱེས་བུ་གསུམ་དང༌། ཕྱག་ཆེན་མདོ་ལུགས་ 4-1-490 སུ་ཁྲིད་པར་གྲགས་པ་ལ་སོགས་པ་ཐམས་ཅད་ཀྱི་ལམ་གནད་ཡོངས་སུ་རྫོགས་པ་འདི་ཙམ་ དུ་འདུས་པ་ཡིན་ལ། ཐབས་བླ་ན་མེད་པ་རྡོར་སེམས་དང་མཎྜལ་ལ་བརྟེན་པའི་བསགས་ སྦྱང་གཉིས་དང༌། ཟབ་མོ་བྱིན་རླབས་ཀྱི་གསང་ལམ་བླ་མའི་རྣལ་འབྱོར་དང༌། མ་བསྒོམ་ པར་སངས་རྒྱས་པ་འཕོ་བའི་གདམས་པ་རྣམས་ནི། ཁྲིད་ཚུལ་འདིའི་ཁྱད་པར་གྱི་ཆོས་བླ་ན་ མེད་པ་ཡིན། ད་དུང་ཡང་སྙིང་ཐིག་རྡོ་རྗེ་སྙིང་པོའི་ལམ་གྱི་དངོས་གཞི་ཐུན་མོང་མ་ཡིན་པའི་ སྒོར་འཇུག་པ་ལ་ནི། ཁྱད་པར་གྱི་སྔོ ན་འགྲོའི་སྒོ་ནས་སྐུ་གསུམ་དང་སེམས་རིག་གི་སྣ་ཁྲིད་ དེ། དོན་གྱི་ངོ་སྤྲོད་རིག་པ་རྩལ་གྱི་དབང་བསྐུར་ནས་གཟོད་ཉམས་ཁྲིད་དམར་བཅད་དུ་ འདེབས་པ་ཡིན་ནོ། །ཞེས་བསྡུས་དོན་མཛད་ལྟར་གྱི་ཀློང་ཆེན་སྙིང་ཐིག་ཐུན་མོང་ཕྱི་ནང་གི་ ཁྲིད་ཡིག་ལས་གོང་སྨོས་དམ་པའི་ལེགས་བཤད་དེ་ཀུན་ཟུར་དུ་བཀོལ་བ་ལགས། འདིར་ སྨྲས་པ། གྲོལ་བ་ཀུན་ལྡན་ཀུན་བཟང་རིན་ཆེན་གཏེར། ། ཀློང་ཆེན་ནམ་མཁའི་རྣལ་འབྱོར་ཕྱག་རྒྱས་བཀྲོལ། ། སྙིང་ཐིག་ཅེས་གྲགས་གྲུབ་གཉིས་དཔལ་གྱི་གཞི། ། འདོད་དགུར་སྦྱིན་ལ་མཐུ་དང་རླབས་ཆེ་བ། ། སྔོ ན་འགྲོའི་ཆོས་བཤད་ཟུར་ཙམ་ཐོས་པ་ཡིས། ། ལས་ཅན་བློ་སྣ་བཙན་ཐབས་སྒྱུར་ནུས་པས། ། ལེགས་བཤད་ཉམས་ལེན་ཚེ་འདིར་མཐར་འཁྱོལ་ཏེ། ། མཚུངས་མེད་བླ་མའི་ཞབས་དྲུང་འགྲོ་བར་ཤོག ། དེ་བར་གནས་སྐབས་ཀུན་ཏུ་ཕྱི་ནང་གསང༌། ། བར་ཆད་མི་མཐུན་ཕྱོགས་རྣམས་ཡོངས་སུ་གྲོལ། ། 4-1-491 མཐུན་རྐྱེན་ལེགས་ཚོགས་ཡར་ངོའི་ཟླ་བཞིན་འཕེལ། ། རྟག་ཏུ་ཕན་པ་འབའ་ཞིག་ལྷུར་ལེན་ཤོག ། ཅེས་པ་འདི་ཡང་ཀློང་ཆེན་སྙིང་གི་ཐིག་ལེའི་ཐུན་མོང་ཕྱི་ནང་གི་ཁྲིད་ཡིག་མཚུངས་མེད་བླ་མ་དམ་པའི་ཞལ་རྒྱུན་ལྟར་བྲིས་ པ་ལས་ལེགས་པར་བླང་བ་པོ་ནི་མ་ཏི་ཀིརྟིའོ། །དགེའོ།།