3-1-1 ཇོ་ནང་ཆོས་མཛོད་ཆེན་མོ་ལས། ངག་དབང་བློ་གྲོས་གྲ གས་པའི་་གསུང་འབུམ། ༼པོད་གསུམ་པ།༽ 3-1-2 དཀར་ཆག (༡༡) འཛམ་ཐང་ཁང་དམར་རྟེན་ཁང་གི་གདན་རབས་རིམ་བྱོན།.................................(465) སྦྱངས་པ་སྐྱབས་མགོན་ཀུན་དགའ་ངེས་དོན་ཞབས་པ།............................................(465) རབ་འབྱམས་པ་བློ་བཟང་མཆོག་གྲུབ་རྒྱ་མཚོ།......................................................(482) བླ་མ་འཇམ་དཔལ་རྒྱ་མཚོ།...........................................................................(487) བླ་མ་ཀུན་དགའ་དཔལ་འཕེལ་རྒྱ་མཚོ།..............................................................(489) བླ་མ་ཀུན་དགའ་ཕུན་ཚོགས་རྒྱ་མཚོ།...................................................................(493) ཀུན་དགའ་བསོད་ནམས་མགོན་པོ།...................................................................(499) (༡༢) འཛམ་ཐང་སྒར་ཁག་གོང་མ་གཉིས་ཀྱི་བསྟན་པའི་རྩ་ལག་ཏུ་གྱུར་པ་ རྗེ་དབོན་དང་སྦྱངས་སྤྲུལ་ཟུང་གི་ལོ་རྒྱུས།.........................................................(520) རྗེ་དབོན་དམ་པ་འགྱུར་མེད་རྒྱ་མཚོ།................................................................(520) སྦྱངས་པ་ཀུན་དགའ་དཔལ།..........................................................................(548) ༢ དཔལ་ལྡན་ཇོ་ནང་པའི་བསྟན་པ་འཛི་ཡུལ་སྟོད་སྨད་དང་མགོ་ལོག་ གི་ཡུལ་སོགས་སུ་ཇི་ལྟར་དར་ཚུལ།....................................................................(587) གསའ་སྐོར་བླ་མ་ཐོགས་མེད།......................................................................(587) ས་དམར་དགོན་གྱི་རྡོ་རྗེ་སློབ་དཔོན་ངག་དབང་ལུང་རྟོགས་རྒྱ་མཚོ།...............................(590) ས་དམར་དགོན་གྱི་རྡོ་རྗེ་སློབ་དཔོན་གཉིས་པ་ཀུན་དགའ་སྙན་གྲགས།............................(600) ས་དམར་དགོན་གྱི་སྒྲུབ་རྒྱུད་ཀྱི་སློབ་དཔོན་ངག་དབང་དཔལ་བཟང་པོ།..................................(604) བཀྲ་ཤིས་ལྷ་རྩེའི་དགོན་ཕྱག་འདེབས་མཛད་པ་པོ་བླ་མ་བསྟན་གསལ།............................(608) ལྷ་རྩེའི་དགོན་གྱི་རྡོ་རྗེ་སློབ་དཔོན་ངག་དབང་ཆོས་འཛིན་ཞབས་པ།...............................(613) 3-1-3 ལྷ་རྩེའི་དགོན་གྱི་གདན་ས་འཛིན་པའི་སློབ་དཔོན་ཀུན་དགའ་མཉམ་ཉིད།................................(636) ལྷ་རྩེའི་དགོན་གྱི་གདན་ས་སྐྱོང་མཁན་ངག་དབང་བསོད་ནམས་བཟང་པོ།................................(644) སྐྱེས་ཆེན་དམ་པ་ཐུབ་བསྟན་དགེ་ལེགས་རྒྱ་མཚོ།...............................................(650) འཛི་སྲིབ་དགོན་བདག་སྐྱབས་རྗེ་ཟླ་བ་གྲགས་པ།...................................................(669) འཛི་སྲིབ་དགོན་གྱི་གདན་ས་སྐྱོང་མཛད་ངག་དབང་རིན་ཆེན་བཟང་པོ།...................................(675) བྱ་ཡུར་དགོན་གྱི་བླ་མ་མཚན་བཟང༌།..................................................................(683) བྱ་ཡུར་དགོན་གྱི་གདན་ས་སྐྱོང་མཁན་ངག་དབང་བསྟན་པ་རབ་རྒྱས།................................(706) བྱ་ཡུར་དགོན་གྱི་གདན་ས་བ་ངག་དབང་གསལ་བཟང༌།................................................(709) བྱ་ཡུར་དགོན་གྱི་གདན་ས་བ་བླ་མ་མཚན་ལྡན།.........................................................(718) བླ་མ་ངག་དབང་བསྟན་འཛིན་གྲགས་པ།...............................................................(720) སོག་པོ་བླ་མ་ཀུན་གྲོལ།..................................................................................(734) ཀུན་དགའ་ངག་དབང་དཔལ་བཟང༌།...................................................................(735) ངག་དབང་ཚོགས་གཉིས་རྒྱ་མཚོ།.......................................................................(761) རྒྱ་བླ་མ་ངག་དབང་དཀོན་མཆོག.........................................................................(784) ངག་དབང་བསྟན་འཛིན་བཟང་པོ།.................................................................(790) བླ་མ་སྨོ ན་ལམ་བཟང་པོ།............................................................................(796) མཁན་ཆེན་གསང་སྔགས་རྒྱ་མཚོ།.................................................................(811) ༣ ཇོ་ནང་པའི་ལུགས་རྔ་ཡུལ་ཕྱོགས་སུ་ཇི་ལྟར་བྱུང་ཚུལ།...........................................(815) (༡) རྔ་ཡུལ་གྱི་སེ་དགོན་པའི་ལོ་རྒྱུས།................................................................(815) (༢) རྔ་ཡུལ་གྱི་འབྲོག་དགེ་དགོན་པའི་ལོ་རྒྱུས།......................................................(823) ༼༡༽ འབྲོག་དགེ་ཀུན་དགའ་དཔལ་བཟང༌།.........................................................(823) ༼༢༽ འབྲོག་དགེ་ཀུན་དགའ་ལྷུན་གྲུབ།............................................................(827) ༼༣༽ འབྲོག་དགེ་ཀུན་དགའ་ཡོན་ཏན་རྒྱ་མཚོ།.......................................................(829) ལེའུ་གསུམ་པ། ཞར་བྱུང་འཕྲོས་དོན་གྱི་ཁ་སྐོང༌།.....................................................(843) 3-1-4 དང་པོ། ཇོ་ནང་པའི་བརྒྱུད་རིམ་གྱི་ཁ་སྐོང༌།..........................................................(843) ༼༡༽ ཆོས་རྗེ་ཀུན་བཟང་དབང་པོ།....................................................................(843) ༼༣༽ རིག་འཛིན་ཚེ་དབང་ནོར་བུ།....................................................................(845) ༼༢༽ འབྲུག་པ་དང་སི་ཏུ་རྣམ་གཉིས།................................................................(850) ༼༤༽ ཟུར་མང་ཚེ་དབང་ཀུན་ཁྱབ།................................................................(852) ༼༥༽ དབོན་སྤྲུལ་དབང་རྒྱལ་རྡོ་རྗེ།............................................................(853) ༼༦༽ བླ་མ་དམ་པ་མགོན་པོ་ཚེ་དབང༌།............................................................(853) གཉིས་པ། བསྡུས་དོན་བཤད་པས་མཇུག་བསྡུ་བ།...............................................(855) ༡ དཔལ་ལྡན་ཇོ་ནང་པའི་ཆོས་ཀྱི་བརྒྱུད་རིམ་གྱི་མཚན་ཐོ།...........................................(855) ༢ དགའ་སྟོན་གྱི་ཚུལ་དུ་བརྗོད་འོས་དུ་མ་བཤད་པ།..............................................(872) (༡) བླ་མའི་རྣམ་ཐར་བརྗོད་པའི་ཕན་ཡོན།........................................................(872) (༢) བླ་མ་ཇི་ལྟར་བསྟེན་པའི་ཚུལ།.................................................................(890) (༣) བླ་མ་ལེགས་པར་བསྟེན་པའི་དགོས་པ།.......................................................(902) (༤) འཕགས་པ་མཆོག་གི་མཛད་ཚུལ།..........................................................(913) (༥) སོ་སོའི་སྐྱེ་བོའི་གནས་ཚུལ།...................................................................(918) (༦) སྨོ ན་བྱང་དང་སྦྱར་བྱང༌།.......................................................................(924) པར་བྱང་སྨོ ན་ཚིག.......................................................................................(931) 3-1-5 3-1-6 ༼༡༽ དེ་ལྟར་རྡོ་རྗེ་རྣལ་འབྱོར་གྱི་ཆོས་བཀའ་ལེགས་མནོས་ཀྱི་ཚུལ་ལས་གོང་བླ་ཕྱོགས་ ནས་སྦྱོར་དྲུག་གི་བརྒྱུད་རིམ་འདེད་པའི་ལུགས་ནི་འཛམ་ཐང་སྒར་གོང་མ་དེང་དུས་ཀྱི་ཆོས་ རྗེའི་ཕྱོགས་རྣམས་ཡིན་ལ། དེའི་ཚུལ་ཡང་སྐྱབས་རྗེ་བླ་མ་མཆོག་གི་ཐུགས་སྲས་རྣམས་ལས་ སྒྲུབ་བརྒྱུད་རང་ལུགས་ཆེར་སྤེལ་མཛད་པ་ནི་ཀུན་དགའ་ངེས་དོན་རྒྱ་མཚོ་གང་ཉིད་ཡིན་པ་ སྟེ། དམ་པ་མཆོག་དེའི་ལོ་རྒྱུས་མདོ་ཙམ་གྱི་ཚུལ་ཡང་འཛི་ཡུལ་ཕྱོགས་ཆ་འཛམ་ཐང་བསམ་ འགྲུབ་ནོར་བུའི་གླིང་དུ་ཡབ་སྦྱངས་པ་དཔལ་ལྡན་སྐྱབས་དང་ཡུམ་ཚེས་བཅུའི་སྐུ་སྲིང་རྡོ་རྗེ་ མཚོ་གཉིས་ཀྱི་སྲས་སུ་ཤིང་རྟའི་ལོར་ངོ་མཚར་ལྟས་བཅས་སྐུ་འཁྲུངས། དམ་པ་འདི་དང་པོ་ མ་ཡུམ་གྱི་ལྷུམས་སུ་བཞུགས་སྐབས་མས་དཔལ་འབྱོར་བཟང་པོས་བཞེངས་པའི་མཆོད་ རྟེན་ལ་སྐོར་བ་བྱེད་དུས་ཉིན་ཞིག་མའི་རྨི་ལམ་དུ་མཆོད་རྟེན་ལྷོ་སྒོའི་མགོན་པོའི་སྐུ་འབག་ ཡར་བཞེངས་ནས་དུང་དཀར་གཡས་འཁྱི ལ་ཞིག་གནང་ནས། འདི་ཁྱོ ད་ཀྱིས་ཚ་ར་གྱིས་ ཤིག་ཅེས་པའི་བཀའ་འཕྲོས་བྱུང་བའི་མནལ་ལམ་ཤར་བ་དང༌། ཁོང་ཉིད་མའི་ལྷུམས་སུ་ གནས་དུས་ནས་ཀྱང་ནག་པོ་ཆེན་པོས་ལེགས་བསྲུང་མཛད་པ་དང་རང་སྣང་ལ་སྟོང་ གཟུགས་དཔག་མེད་ཀྱི་གསལ་སྣང་ཡོད་ཅིང་སྐུ་བལྟམས་ནས་བསྐྱེད་བསྲིངས་ཏེ་ན་ཆུང་གི་ དུས་སུའང་སྟོབས་དང་ལུས་རྩལ་སོགས་རང་དང་ན་མཉམ་གཞན་ལས་འཕགས་ཤིང་ མཚམས་དེ་རྗེས་ཤིག་ནས་ཆོས་རྗེའི་དབོན་བསྟན་འཛིན་ནོར་བུའི་ཐུགས་དགྱེས་པའི་རང་ མོས་ཀྱིས་ཀློག་ཡིག་ལེགས་བསླབ་སྐབས་འཛམ་ཐང་མདུན་རིའི་བཀག་ཤིང་གི་གནས་ བདག་ཀེང་ཆེན་དཀར་པོ་ཐུགས་མངོན་ཤེས་ཀྱིས་གཟིགས་པ་སོགས་ཀྱི་ཁྱད་ཆོས་མངའ་ ཞིང་སྔར་སྐུ་སྤྱོད་ལམ་རྒོད་བག་ཅན་ཞིག་ཏུ་གདའ་ནའང་དེ་འཕྲལ་དུ་ཀུན་སྤྱོད་ཞི་དུལ་དང་ 3-1-7 ལྡན་པས་ཀློག་ལེགས་སློབ་སོགས་ཀུན་ནས་མཛེས་པར་གྱུར་ཏོ། །དེ་ནས་དགུང་ལོ་བཅུ་ གསུམ་ལ་སླེབས་དུས་ཁང་དམར་ཕོ་བྲང་དུ་དབོན་བསོད་ནམས་ཆོས་ཀྱི་གྲགས་པའི་སྐུ་དྲུང་ དུ་སོང་ནས་རྡོ་རྗེའི་རྣལ་འབྱོར་གྱི་ཐུན་མོང་གི་སྔོན་འགྲོ་ལྔ་པོ་ཟླ་བ་བཅོ་བརྒྱད་དུ་ཉམས་ ལེན་གནད་འཁྱོལ་མཛད་པས་སྐྱེས་བུ་གསུམ་གྱི་ཆོས་ཚུལ་དང་མཐུན་པའི་མྱོང་བ་ལ་ཐུགས་ ངེས་འཁྲུངས་ཏེ་ཐོག་མར་དམ་པའི་ཆོས་དང་མཇལ་བའི་རྟེན་འབྲེལ་གྱི་དབུ་ཚུགས། དེ་ནས་ བླ་མ་དེ་ཉིད་ཀྱི་མདུན་ནས་ཐུན་མོང་མ་ཡིན་པའི་སྔོན་འགྲོ་དུས་འཁོར་ལྷན་སྐྱེས་དང་དབེན་ གསུམ་གོང་མའི་ཕྱག་བཞེས་བཞིན་ཉམས་སུ་བླངས་པས་ཐོག་མར་ལྷའི་གསལ་སྣང་ཁྱད་ པར་བ་དང་དེ་ནས་སེམས་ཀྱི་གནས་ལུགས་ཀྱི་རང་ངོ་ཟིན་ཏེ། གཡོ་ཐོབ་གོམས་གསུམ་གྱི་ ཉམས་ཇི་བཞིན་རྒྱུད་ལ་སྐྱེས་ཤིང་མཆོག་སྤྲུལ་མི་ཕམ་ཕྲིན་ལས་རབ་བརྟན་ཀྱི་དྲུང་ནས་ ཚངས་སྤྱོད་དགེ་བསྙེན་གྱི་བསླབ་སྡོམ་ཞུས་ཏེ་མཚན་ཀརྨ་ཐེག་མཆོག་ངེས་དོན་བསྟན་ འཕེལ་ཞེས་གསོལ། དེ་ནས་སློབ་དཔོན་བསོད་ནམས་ཆོས་གྲགས་ཀྱི་མདུན་ནས། འབྱུང་ འདུལ་བསྙེ ན་དམིགས་དང༌། འཇིགས་བྱེད་ཀྱི་བསྐྱེད་རིམ་དག་རྫོགས་སྨི ན་པའི་གནད་ ལེགས་ཚང་གི་སྒོ ་ནས་ཐོག་མར་དབང་ཁྲིད་ཞུས་ནས་བསྙེ ན་སྒྲུབ་ཚད་ལྡན་མཛད། དེ་ནས་ སྙན་བརྒྱུད་ཀྱི་དམིགས་སྐོར་ཉེར་ལྔ་ཡན་གྱི་ཁྲིད་གསན་ཏེ་བསྙེན་ཚད་ཁ་སྐོང་བཅས་དང༌། རྟ་མགྲིན་སྐྱེ་སྒང་ལུགས་དང་ས་སྐྱའི་གནས་གསར་མཁྱེན་བརྩེས་མཛད་པའི་མགོན་པོའི་ སྲུང་བཟློག་བསད་གསུམ་དང་བཅས་པའི་དབང་ཁྲིད་སྔོན་སོང་གི་སྒོ་ནས་བསྙེན་བཟླས་ཀྱི་ མཚམས་སྒྲུབ་མཛད་པས་དེ་ཕྱིས་སུ་ཉེར་དགུ་ནམ་ཐོན་ལ་མགོན་པོའི་སྐུ་ཚོན་གང་བའི་ཞལ་ གཟིགས་རྒྱུན་དུ་བྱུང་བ་སོགས་ཀྱི་ལེགས་མཐུ་བརྙེས་ཤིང་དགུང་ལོ་བཅུ་དྲུག་བཅུ་བདུན་ སྐོར་ཀོང་སྤྲུལ་འཛམ་ཐང་དུ་ཕེབས་པའི་དྲུང་ནས། ཐམས་ཅད་རིག་པའི་དབང༌། གཅོད་ དབང་ནམ་མཁའ་སྒོ ་འབྱེད། སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་རྗེས་གནང་རྣམས་གསན། 3-1-8 དེ་སྐབས་ཤིག་ཏུ་བསོད་ནམས་ཆོས་གྲགས་པའི་མདུན་ནས། སྒྲུབ་ཐབས་རིན་འབྱུང་ཆ་ཚང་ གི་རྗེས་གནང་ཀུན་མཁྱེ ན་དོལ་པོའི་བཀའ་པོད་ཡོངས་རྫོགས་ཀྱི་བཀླག་ལུང་མནོས། དགུང་ ལོ་ཉེར་གཅིག་ཏུ་ཆོས་རྗེའི་དྲུང་སྤྲུལ་བློ་གྲོས་རིན་ཆེན་དཔལ་གྱི་ངོར་སྒར་ཁོག་སྐུ་རིམ་གྱི་ དབུ་བཞུགས་དང་དེ་རྗེས་ལོ་མཚམས་དམ་པོའི་མཐར་རྫོགས་ཆེན་དཔལ་སྤྲུལ་འཛམ་ཐང་ དུ་ཕེབས་པའི་དྲུང་ནས་སྤྱོད་འཇུག་དང༌། ཀུན་མཁྱེ ན་དོལ་པོའི་ཊཱི་ཀའི་སྟེང་ནས་བརྒྱུད་བླའི་ བཤད་ཁྲིད། མདོ་སྡེ་ཟ་མ་ཏོག་གི་བཀླག་ལུང་རྣམས་གསན་སྐབས་ཀུན་རྫོབ་ཆོས་ཀུན་ གདོད་ནས་སྟོང་པའི་གཞི་ལ་དོན་དམ་རང་བྱུང་ཡེ་ཤེས་སྲིད་གསུམ་དྭངས་པའི་རྣམ་ཅན་ཡེ་ བཞུགས་ཀྱི་ཚུལ་ལ་ཐུགས་ངེས་ཆེ་བ་འཁྲུངས། དགུང་ལོ་ཉེར་གསུམ་སྐོར་ཆོས་རྗེ་དང་ཚེས་ བཅུ་སྒར་ཁག་གཉིས་ཀྱི་སྐུ་རིམ་གཏོ་སྒྲུབ་ཀྱི་དབུ་བླར་སྔ་ཕྱི་ཅི་རིགས་ཁོང་ཉིད་བཞུགས་ སྐབས་ཐུགས་སྣང་དུ་མི་མགོའི་མཚན་མ་གློ་བུར་དུ་ཐོན་ནས་ཤོག་ལིང་དུ་ཐིམ་པ་དང༌། མི་ ནག་སྦོམ་ཞིང་ཐུང་བས་མི་རོ་ཞིག་བཟུང་བཞིན་འོང་སྟེ་ཁྲོན་དོང་དུ་འཕངས་པའི་མཚན་མ་ རིམ་པར་བྱུང་བ་སོགས་གནོད་བྱེད་ལ་གཟེར་ཁ་ཐུགས་གནག་ཅུང་ཙམ་གྱིས་ཐེབས་པའི་ ནུས་མཐུ་མངའ་ལ། དེ་མཚམས་ཤིག་ནས་འཛི་སྟོད་འབྲིམ་ཤར་ཞེས་པའི་དབེན་གནས་སུ་ སྐྱབས་རྗེ་མཁར་བ་ངག་དབང་བསམ་གཏན་ཞབས་པ་བཞུགས་པའི་དྲུང་དུ་ཕྱིན་ཏེ་གང་གི་ ཞབས་པད་སྤྱི་བོས་གུས་བསྟེན་གྱི་སྒོ་ནས་སྦྱོར་བ་ཡན་ལག་དྲུག་གི་ཟབ་ཁྲིད་ཞུས་པ་སྟེ་དེ་ ཡང་ཐོག་མར་ཐུན་མོང་གི་སྔོན་འགྲོས་རྒྱུད་སྦྱངས་པ་ནས་བཟུང་ཐུན་མིན་དུས་འཁོར་ལྷན་ སྐྱེས་དབེན་གསུམ་དང་བཅས་སོར་སྡུད་ཉམས་ལེན་གྱི་སྐབས་འོད་གསལ་གྱི་སྣང་བ་དུ་བ་ སོགས་མཚན་རྟགས་བཞི་དང༌། འབར་བ་སོགས་ཉིན་རྟགས་དྲུག་གོ་རིམ་བཞིན་རྒྱུད་ལས་ བཤད་པ་ལྟར་ཤར་ཏེ། ཐིག་ལེ་ཆེན་པོ་དང་སྣ་ཚོགས་གཟུགས་བརྙན་ཡང་ཇི་བཞིན་མཐོང་ བ་སོགས་ནང་རྟོགས་ཉེ་བར་འཕེལ་ཞིང༌། བསམ་གཏན་སྐབས་གཟུགས་སེམས་དབྱེར་ 3-1-9 མེད་ཀྱི་ཡན་ལག་ལྔ་རིམ་པས་སྐྱེས་ཤིང་སྣང་བའི་སྟེང་དུ་འོད་གསལ་བཟུང་བས་རི་བོ་ སོགས་ཀྱི་ལས་སྣང་འགོག་ནུས་པའི་སྟོང་གཟུགས་ཀྱི་སྣང་བ་རབ་འབྱམས་མཆེད་དེ་སྟོང་ པའི་གཟུགས་སྒྲ་དྲི་རོ་རེག་བྱའི་ཉམས་མྱོང་མཐའ་ཡས་པ་བྱུང་ཞིང་ཐིག་ལེའི་དབུས་སུ་ངེས་ པ་གསུམ་ལྡན་གྱི་ལོངས་སྐུ་སོགས་ཀྱང་ལེགས་པར་ཤར་བ་སོགས་ཉམས་རྟོགས་ཆེས་ཆེར་ རྒྱས་བཞིན་དབེན་གནས་དེར་སྦྱོར་བ་ཡན་ལག་དྲུག་ཀ་ལ་ལོ་གསུམ་དང་སླར་སོར་བསམ་ གཉིས་ལ་ལོ་གསུམ་སྟེ་ལོ་དྲུག་ལ་བསྒོམས་པས་ཡན་ལག་དང་པོ་གཉིས་རྟོགས་པ་མཚན་ ཉིད་པ་དང་སྲོག་རྩོལ་མན་ཆད་རྗེས་མཐུན་ཙམ་སྐྱེས། དེ་སྐབས་གཏོར་མ་བརྒྱ་རྩ། གཏོར་ ཆོག མདོ་གདུགས་སྒྲོལ་གསུམ། རབ་གནས་འགྲོ་ཕན་རྒྱས་བྱེད་བཀླག་ལུང༌། མི་འཁྲུགས་ པ། བྲག་རྫོང་མའི་ཁྲིད་སོགས་ཆོས་བཀའ་མང་པོ་གསན། དེ་ནས་རང་གནས་སུ་མི་འཁྲུགས་ པ་དང། མགོན་པོ་བྲག་རྫོང་མའི་བསྙེ ན་སྒྲུབ་མཇལ་སྐབས་སྐུ་ཚེའི་སྐྱེ་བ་སྔ་ཕྱི་དྲན་པའི་ མངོན་ཤེས་སོགས་ཡོན་ཏན་གྱི་སྒོ ་མང་པོ་ཞིག་ཀྱང་འཁྲུངས། དེ་ནས་ལབ་སྐྱབས་མགོན་ དབང་ཆེན་དགྱེས་རབ་རྡོ་རྗེ་མགོ་ལོག་སྟོད་དུ་ཕེབས་པ་དང་མཇལ་བའི་ཆེད་བྱོན་ཏེ་ནངས་ པར་མཇལ་རྒྱུའི་སྟོད་ཐུན་ལ་རང་གི་སྙིང་གར་རྟ་མགོ་ལྗང་ནག་གིས་རྟ་སྐད་སྒྲོགས་པས་ལྟེ་ བའི་ཨ་ཐུང་གི་མེ་མཆེད་པ་ལ་བརྟེན་བདེ་སྟོང་གི་སྣང་བ་རྒྱ་ཆེར་བྱུང་བའི་ལེགས་མཚན་དང་ བཅས་དེའི་ནངས་པར་རྟ་མགྲིན་གསང་སྒྲུབ་ཀྱི་དབང་ཞུས་ཤིང་རང་ཡུལ་དུ་ཨརྒེ་མཆོག་ སྤྲུལ་གྱི་དྲུང་ནས་རྗེ་བཙུན་རིན་པོ་ཆེའི་བཀའ་འབུམ་ཆ་ཚང་གི་བཀླག་ལུང་དང༌། གཙང་ བའི་རྡོར་སློབ་ངག་དབང་ཆོས་འཕགས་ཀྱི་མདུན་ནས། དུས་འཁོར་དབང་ཆེན། རྡོར་འཕྲེང༌། སྦྱོང་རྒྱུད། ནཻ་གུ་ཕུར་བ་རྣམས་ཀྱི་དབང་དང༌། དུས་འཁོར་ཡོངས་རྫོགས་ཀྱི་ཁྲིད་སོགས་ཆོས་ བཀའ་མང་པོ་དང༌། བླ་མ་དཔལ་ཆེན་རྡོ་རྗེའི་མདུན་ནས། བླང་དོར་རབ་གསལ་གྱི་བཤད་ ཁྲིད་རྣམས་ཀྱང་ལེགས་གསན་མཛད། འདི་སྐོར་ཉིད་ཀྱིས་ཕྱག་འཚལ་ཉེར་གཅིག་གི་བསྟོད་ 3-1-10 པ་ཐུགས་དམ་དུ་མཛད་པས་ནུབ་ཅིག་རྨི་ལམ་དུ་རྗེ་བཙུན་སྒྲོལ་མ་བུད་མེད་ཀྱི་རྣམ་པར་བྱོན་ ཏེ་གདམས་ངག་གི་བསླབ་སྟོན་ཀྱང་གནང༌། དེ་ནས་དགེ་སྐོར་བླ་མ་ཀུན་བཟང་གི་དྲུང་དུ་ ཕུར་ཁྲིད་དཔལ་ཆེན་ཐུགས་ཐིག་དང་སྦས་པ་མིག་འབྱེད་གཉིས་ཞུས་ནས་བསྙེན་ཚད་བཏང་ ཞིང་དེ་རྗེས་རྫོགས་རིམ་རྡོ་རྗེའི་རྣལ་འབྱོར་བསྒོམས་པས་སྤྱིར་དམ་པ་འདིའི་དགུང་གྲངས་ བཞི་བཅུའི་སྟོད་ཙམ་ན་སྲོག་འཛིན་གྱི་ཡན་ལག་གཉིས་དང་དེ་ཕྱིས་ཤིག་ན་ཞལ་གསུང་ ལས་ད་ནི་དུས་འཁོར་བདེ་གཤེགས་སྙིང་པོ་དེ་སྟོང་གཟུགས་ཕྱག་ཆེན་གྱི་ཆ་ནས་མངོན་ཀྱང་ མི་འགྱུར་བདེ་ཆེན་གྱི་ཆ་ནས་ད་དུང་མ་མཇལ། ཞེས་སོགས། གསུང་ཟུར་གནང་སྐབས་ཙམ་ ན་རྗེས་དྲན་གྱི་རྟོགས་པ་མངོན་དུ་གྱུར་ཅིང་དེ་ནས་བཟུང་སྐུ་ཚེ་དང་འཆི་བ་འོད་གསལ་གྱི་ མཐའ་ཚུན་ལ་ལམ་ལྷག་མ་ཏིང་ངེ་འཛིན་རྫོགས་པར་བྱས་ན་ཆོག་ཚུལ་གསུངས་པ་ལྟར་དོན་ ལ་དམ་པ་འདི་ཉིད་རྡོ་རྗེའི་ཐེག་པའི་རྣལ་འབྱོར་མཆོག་སྤྱིར་ན་དེ་ལུགས་ལྟར་ལེགས་པར་ མངའ་བའི་ངེས་པ་དོན་གྱི་རྡོ་རྗེ་འཛིན་པ་ཡིན་ཞིང༌། ཚུལ་དེ་ལྟར་གྱི་སྒོ ་ནས་འདིར་གཞན་ དོན་གྱི་ཕྲིན་ལས་འཇུག་ཚུལ་ཡང་དམ་པ་གང་དེ་དགུང་གྲངས་སུམ་ཅུ་སོ་གསུམ་རྫོགས་ལ་ ཉེ་བ་ན་བླ་མ་བསོད་ནམས་ཀྱིས་ཞུས་ངོར་མགོན་པོ་ཁྲོ་བཅུའི་རྗེས་གནང་དམིགས་ཁྲིད་ བཅས་གནང་སྐབས་ཁོང་གི་ཐུགས་སྣང་ངོར་མི་ནག་འཇིགས་གཟུགས་ཅན་གྱིས་ཁྱོད་ནས་ དེ་འདྲ་བྱས་ན་བདག་གིས་ཕྲིན་ལས་མི་གཡེལ་བར་སྒྲུབ་བོ། ཞེས་པའི་དམ་བཅའ་ཕུལ། དེ་ ནས་བཟུང་དགུང་ལོ་སོ་བཞི་སྐོར་ནས་འབྲས་རབ་འབྱམས་པ་དགེ་བཤེས་བློ་བཟང་མཆོག་ གྲུབ་རྒྱ་མཚོས་ཞུ་བའི་ངོ་ཆེན་མཛད་པར་བརྟེན་དགུང་ལོ་སོ་ལྔའི་དུས་ཙམ་ན་དགེ་བཤེས་ ཁོང་དང་སྒྲུབ་པོ་ལྔ་ཙམ་ལ་ཁྲིད་ཡིག་མཐོང་དོན་དང་ལྷན་ཐབས་སྦྱར་ནས་སྦྱོར་དྲུག་གི་ཟབ་ ཁྲིད་སྨིན་བྱེད་དབང་སོགས་ཆ་ལག་ཡོངས་རྫོགས་གཞན་ཆོས་བཀའ་ཅི་རིགས་དང་བཅས་ ལེགས་གནང་མཛད་དེ་སྒྲུབ་པོ་གང་དག་གིས་ཕོ་བྲང་ཁང་དམར་དུ་ཉམས་ལེན་བྱས་ཤིང་དེ་ 3-1-11 སྐབས་ཁོང་གིས་ཐུགས་སློབ་རྣམས་ལ་རང་ལུགས་ཐུན་མིན་ལྟར་སྤྲོས་བྲལ་མི་རྟོག་པ་ བསྒྲུབ་ཚུལ་དང་གཟུགས་སེམས་དབྱེར་མེད་ཀྱི་རྣལ་འབྱོར་ལ་མཉམ་པར་འཇོག་པའི་ གནད་ཁྱད་པར་བ་ཕྱག་རྫོགས་ཀྱི་ལྟ་བའི་ཤན་མ་ཞུགས་པ་སྩལ་ཐོན་དུ་མཛད་དེ་ངོ་སྤྲོད་ ཞིབ་རྒྱས་སུ་གནང༌། དེ་ནས་རིམ་པར་སྦྱོར་དྲུག་གི་ཆོས་ཚན་དགུང་ལོ་སོ་དྲུག་ཏུ་བླ་མ་ འཇམ་དཔལ་རྒྱ་མཚོ་སོགས་དང༌། སོ་བརྒྱད་དུ་རོང་བ་དཔལ་གྲགས་སོགས་དང༌། བཞི་ བཅུ་ལ་བླ་མ་རིག་རྩལ་སོགས་ཡིན་ལ། དགུང་ལོ་ཞེ་གཅིག་པར་ཡར་ཐང་རྒྱ་བླ་མ་ཉམས་ ལེན་འདྲི་གཏུགས་ལ་བྱོན་པ་དེར་བོགས་འདོན་ངོ་སྤྲོད་སོགས་མཛད་ཅིང་འདི་ལོར་མི་ཕམ་ ཕྲིན་ལས་རབ་བརྟན་གྱི་མདུན་ནས། རྗེ་བཙུན་རིན་པོ་ཆེའི་བཀའ་འབུམ་ལས་བྱུང་བའི་ ཟབ་དབང་ཡོངས་རྫོགས་དང༌། དུས་འཁོར་དབང་ཆེན། མི་འཁྲུགས་པ། རྗེས་གནང་བརྒྱ་རྩ་ རྣམས་གསན། དགུང་ལོ་ཞེ་གཉིས་སུ་རི་འཕོངས་བླ་མ་རབ་གསལ་སོགས་ལ་སྦྱོར་དྲུག་ཁྲིད་ ཅིང་དགུང་ལོ་ཞེ་གསུམ་པར་མ་ཡུམ་དུས་ལས་འདས་པའི་གཤིན་ཆོག་མི་འཁྲུགས་པ་དང་ ཀུན་རིག་གི་ཆོ་ག་ཉིན་རེར་ཚར་གཅིག་གི་སྒོ་ནས་ཕན་ཐོགས་རླབས་ཆེན་མཛད་སྐབས་ཉིད་ སྐུ་གྲིབ་རྐྱེན་གྱིས་བསྙུང་དུས་རྨི་ལམ་ན་སྲིན་མོ་ཁྲོས་པའི་འཇིགས་གཟུགས་ཆེར་ངོམ་ཡང་ ཐུབ་པའི་སྣང་བརྙན་ལེགས་མཚན་གསལ་སྣང་གི་ངང་དུ་ཡ་ང་སྤུ་ཙམ་མེད་པའི་གདངས་ ནས་རང་ཞིར་སོང༌། འདི་སྐབས་བསགས་སྦྱང་གི་སྟོབས་ལས་རྫོགས་རིམ་གྱི་མྱོང་རྟགས་ཧ་ ཅང་རྒྱས་དྲག་པས་སྐྱབས་རྗེ་མཁར་བ་མི་བཞུགས་སྟབས་ཉམས་ལེན་གྱི་དོགས་གཅོད་ལ་ སྡེ་དགེ་དཔལ་སྤུངས་སུ་བྱོན་ནས་ཀོང་སྤྲུལ་གྱི་མདུན་དུ། ཁོང་གིས་ཉམས་རྟོགས་ཞུས་ཤིང་ གེགས་སེལ་བོགས་འདོན་ཇི་ལྟར་དགོས་ཚུལ་ཞུས་པ་ན། ཉམས་ལེན་འདི་ཚོད་དུ་སླེབས་ཚེ་ གེགས་སེལ་བོགས་འདོན་རང་སྟོབས་ཀྱིས་ནུས། ཞེས་གསུང་གིས་གཟེངས་བསྟོད་དང་ བཅས་སྨི ན་གླིང་རྡོར་སེམས་ཀྱི་དབང༌། དུས་འཁོར་མཆོག་དབང༌། མཐོང་དོན། ལམ་རིམ། 3-1-12 བློ་སྦྱོང་བཅས་ཀྱི་ཁྲིད་དང༌། ཐོགས་མེད་ལུགས་ཀྱི་སེམས་བསྐྱེད་དང་བྱང་སྡོམ་གནང་ནས་ བྱང་སེམས་བློ་གྲོས་དཔལ་གྱི་སྙི ང་པོ་ཞེས་པའི་མཚན་གསོལ། དེ་ནས་བླ་མ་ཞབས་དྲུང་གི་ མདུན་དུ། ཉམས་རྟོགས་ལེགས་ཞུ་བྱས་ཚེ་ཐོག་མར་བརྒལ་བརྟགས་ཀྱི་ཚུལ་དུ་རྩད་གཅོད་ ཆེར་མཛད་དུས་ཇི་བཞིན་དྲང་པོར་ཞུས་པ་ན་ཐུགས་ལེགས་དགྱེས་ཀྱིས་ཇི་བཞིན་ངོ་སྤྲོད་ དང་མན་ངག་ཟབ་མོ་དུ་མ་གསུངས་ཤིང༌། གྲོལ་མཆོག་ཁྲིད་བརྒྱ་ཡོངས་རྫོགས་བཀའ་ གཏད་བཅས་དང༌། །ཐུགས་རྗེ་ཆེན་པོ་དམར་ཁྲིད་ཚོམ་ལུགས་དང༌། སྲོང་བཙན་དང་ཇོ་ ལུགས་ཀྱི་ཐུགས་རྗེ་ཆེན་པོ་གཉིས་ཀྱི་ཁྲིད་ལུང་བཅས་གནང་ནས་འགྲོ་དོན་གྱིས་ཤིག་པའི་ བཀའ་ཉེ་བར་བསྩལ་ཏེ་བསྔགས་ཚིག་གིས་གཟེངས་བསྟོད། དགུང་ལོ་ཞེ་བཞི་པར་ཁྲིད་ བརྒྱ་ཉམས་ལེན་དང་ཞེ་ལྔ་པར་ཤྭ་རྡོ་སྒྱེད་གསུམ་དུ་ཕེབས་ནས་རྡོ་རྗེའི་རྣལ་འབྱོར་ལ་ཉམས་ བཞེས་དཀའ་ངལ་རྒྱ་ཆེ་བས་མཛད་སྐབས་ཉིན་ཞིག་དྲེད་མོང་ཞིག་འོང་སྟེ་ཟ་བར་ཆས་ཚེ་ ཁོང་གིས་སྟག་མོ་ལུས་སྦྱིན་གྱི་དམིགས་པས་སྐུ་ལུས་ལྟོས་མེད་དུ་སྦྱིན་པ་བཏང་ཡང་དྲེད་ མོང་དེས་ཟ་མ་ནུས་པར་གཡས་བསྐོར་བྱས་ནས་སོང་ཞིང་གནས་བདག་མི་དཀར་གོས་ དཀར་ཅན་གྱི་གཟུགས་སུ་འོང་ནས་ཁོང་ལ་ཞོ་དྲངས་པའི་གཟིགས་སྣང་བྱུང༌། རྨི་ལམ་དུ་ ནས་འབྲུ་དང་ཕུབ་མའི་མཆོད་པ་འདྲེས་མའི་ཚུལ་གྱི་སྣང་བ་ལས་རང་ཟས་དང་དཀོར་ཟས་ ལ་དག་མ་དག་གི་ཁྱད་ཡོད་པའི་ཐུགས་ངེས་འཁྲུངས་ཤིང་འདི་ལོར་གཙང་བའི་སྒྲུབ་གྲྭ་པ་ ལ་ཟབ་ཁྲིད་ཀྱང་གནང་བ་ནས་བཟུང་ལོ་དགུའི་བར་དེ་ལུགས་ཀྱི་རྒྱུན་བསྐྱངས། དགུང་ལོ་ ཞེ་དྲུག་ཏུ་སྦྱོར་དྲུག་པ་ཁང་དམར་དུ་ཀུན་དགའ་དཔལ་འཕེལ་དང༌། དབོན་པདྨ་དཔལ་ སོགས་དང༌། ཚེས་བཅུ་སྟོད་དུ་སྐུ་དབོན་རིན་ཆེན་དཔལ་སོགས་ཡིན། འདི་སྐབས་ཁོང་གཞི་ ཆེན་དུ་ཕེབས་ནས་མཆོག་སྤྲུལ་བཤད་སྒྲུབ་བསྟན་པའི་ཉི་མའི་མདུན་དུ། མངའ་རིས་སྡོམ་ གསུམ་རྣམ་ངེས་དང༌། འདུལ་བའི་གནང་བཀག་སོགས་ལ་སློབ་གཉེར་དོགས་གཅོད་ཞིབ་ 3-1-13 རྒྱས་མཛད་ཅིང༌། དགུང་ལོ་ཞེ་བདུན་སྐབས་སྦྱོར་དྲུག་པ་ཀ་ཐོག་བླ་མ་ཀློང་ཡངས་སོགས་ དང༌། ཁོང་ཉིད་པཱ་ལའི་རི་ཁྲོད་བཟང་ལྡན་དུ་ཕེབས་ལམ་དཀར་ཕྱོགས་པའི་བསུ་མ་དང་ ནག་ཕྱོགས་ཀྱིས་འཚེ་སྐབས་འཕགས་མ་ལ་གསོལ་བ་བཏབ་པས་གནོད་འཚེ་ཉེ་བར་ཟློག་ ཅིང་སྒྲུབ་གནས་དེ་དང་ཆོས་འབྱུང་ནམ་མཁའ་རྫོང་ཆུར་ཕུའི་རི་ཁྲོད་རྣམས་སུ་རིམ་པས་ བཞུགས་སྐབས་བར་འགའ་ལ་ཐུགས་ཏིང་ངེ་འཛིན་གྱི་ཉམས་ཤིན་ཏུ་འཐུག་པའི་སྟོབས་ ཀྱིས་ཡུན་རིང་དུ་གཡོ་འགུལ་མེད་པར་བཞུགས་པ་དེ་མཐོང་འགའ་རེའི་ཡིད་དད་གུས་ འཕེལ་བར་བྱེད་ཅིང་གསོན་ལ་འཕོ་འདེབས་ཀྱི་སྦྱོར་བས་རྒད་པོ་ཞིག་ཞག་བདུན་བར་དག་ ཞིང་བདེ་ཆེན་གྱི་སྣང་བ་འབའ་ཞིག་ཏུ་གྱུར་པར་བྱས་སྐད། དགུང་ལོ་ཞེ་བརྒྱད་དུ་སྦྱོར་དྲུག་ པ་བླ་མ་ཀརྨ་ནོར་བུ་སོགས་དང༌། ཁོང་ཉིད་བུད་ཁང་དགོན་ལུང་དུ་ཐུགས་དམ་ལ་བཞུགས་ སྐབས་གནས་བདག་དཀར་ཕྱོགས་པས་སྦྲུལ་གཟུགས་ཀྱི་རྣམ་པས་སྐུ་ལ་ལེགས་པར་ དཀྲི ས་བཞིན་གུས་འདུད་འབུལ་བ་དང། ནག་ཕྱོགས་བཙན་རིགས་ཤིག་གིས་སྐྱ་མི་མདའ་ གཞུ་ཅན་དུ་སྤྲུལ་ཏེ་འཚུབས་ལོང་གི་རྣམ་པས་འཚེ་བར་རློམ་ཡང་ཆོས་སྐྱོང་ནག་པོ་ཆེན་པོའི་ རྣམ་འཕྲུལ་གྱིས་སྲུང་མའི་ཁ་འཛིན་མཛད་པས་གནོད་མ་ནུས་ལ། དེ་ནས་རྔ་ཡུལ་དུ་བྱོན་ ནས་འབྲོག་དགེ་ཡོན་ཏན་རྒྱ་མཚོའི་དྲུང་དུ། རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་ཞུས་སོ། །དགུང་ལོ་ཞེ་དགུ་པར་སྦྱོར་དྲུག་པ་ཁང་དམར་དུ་དབོན་བསོད་ནམས་བསྟན་འཛིན་སོགས་ དང༌། ཚེས་བཅུ་སྟོད་དུ་དབོན་དཀོན་མཆོག་དཔལ་སོགས་ཡིན། དེ་སྐབས་ཤིག་ཏུ་ཁོང་ཉིད་ ཚེས་བཅུ་སྟོད་དུ་མཚམས་གྲྭ་བ་ལ་བར་ཆད་གཞོམ་ཕྱིར་བཞུགས་པའི་དུས་ཐུགས་དམིགས་ ཅུང་ཙམ་གྱིས་འཛམ་ཐང་སྒར་ཁག་གསུམ་གྱི་དཀོར་བདག་ཐམས་ཅད་དབང་དུ་བསྡུས་ཏེ་ དཀོར་བདག་དེ་ཀུན་གྱིས་གུས་པས་བཀུར་ཏེ་མཚམས་པ་དེ་དག་ལ་བར་ཆད་དེ་ཕན་ནས་ རང་ཞིར་སོང༌། ལོ་དེར་དབོན་པདྨ་དཔལ་ལ་མི་འཁྲུགས་པའི་དབང་བསྐུར་ཞིང༌། སྲིབ་ལུང་ 3-1-14 རི་ཁྲོད་དུ་མཚམས་ཁང་སྤྱིལ་བུ་གནས་ཕན་ཚུན་དུ་སྤོར་དགོས་བྱུང་དུས་སྲོག་ཆགས་གྲོག་ སྦུར་ཆེས་མང་བ་ལ་ཁོང་གིས་གཟུངས་སྔགས་དང་བསྔོ་སྨོན་བྱས་པས་དར་ཅིག་ཙམ་ན་གྲོག་ མ་ཆེ་བ་གཅིག་གིས་སྣ་ཁྲིད་བཞིན་གྲོགས་མ་དེར་གནས་མཐའ་དག་རང་རང་གི་ཕྲུ་གུ་ རྣམས་ཁར་བཟུང་ནས་གཅིག་ཀྱང་མ་ལུས་པར་བུད་སོང་ཞིང་འབུ་སྲིན་གཞན་ཡང་དེ་ཀ་ བཞིན་གཅིག་ཀྱང་མེད་ངེས་སུ་གྱུར་སྐད། དགུང་ལོ་ལྔ་བཅུའི་དུས་སུ་སྦྱོར་དྲུག་པ་རྟེན་ཁང་ དུ་བླ་མ་ཀུན་གྲོལ་སོགས་དང༌། འདུ་ཁང་དུ་སྐུ་དབོན་འགྱུར་མེད་རྒྱ་མཚོ་སོགས་སོ། །འདི་ སྐབས་ཁོང་གིས་ཐུགས་ཉམས་སུ་ཨརྒེ་མཆོག་སྤྲུལ་ལྟ་བུ་ཞིག་གིས་གདིང་བ་བཏིང་ནས་ བསྙེ ན་རྫོགས་ཀྱི་སྡོམ་རྒྱུན་སྤེལ་ཅིག ཅེས་པའི་བཀའ་ཕེབས་ཐུགས་སྣང་ལ་བྱུང་བར་བརྟེན་ རྔ་ཡུལ་དུ་བྱོན་ནས་ཀུན་དགའ་ཡོན་ཏན་རྒྱ་མཚོས་མཁན་སློབ་སྦྲགས་མ་མཛད། རྨེའུ་གྲོང་ མང་བླ་མ་ཆོས་བཟང་བས་གསང་སྟོན་པར་བྱས་ནས་དགེ་འདུན་གྲངས་ཚང་གི་མདུན་ནས་ བསྙེ ན་པར་རྫོགས་ཏེ། མཚན་ཀུན་དགའ་ངེས་དོན་བསྟན་པའི་རྒྱལ་མཚན་དུ་གསོལ། དེ་ ནས་བཟུང་བཅས་མཚམས་ལེགས་བསྲུང་གིས་སྐུ་ཚེ་འདའ་བས་ཉིད་ཀྱི་སྐུ་ལུས་ན་བཟའ་ སོགས་ལ་ཚུལ་ཁྲིམས་ཀྱི་དྲི་བསུང་བྲོ་བ་ཀུན་ཀྱི་མཐུན་སྣང་དུ་གྱུར། མཁན་དེའི་དྲུང་དུ་ གཞན་ཡང་ཐམས་ཅད་རིག་པའི་བདག་བསྐྱེད་ཀྱི་ཁྲིད། འཇིགས་བྱེད་སྙན་བརྒྱུད་སྒྲུབ་པ་ སྒྲུབ་ཆེན་བཅས་ཀྱི་ཁྲིད། གྲོལ་མཆོག་ཁྲིད་བརྒྱ། འཇིགས་བྱེད་རྟོགས་བདུན། ཤཱ་བ་རིའི་ སྦྱོར་དྲུག་གཞུང་ཆུང༌། དུས་ཞབས་སྙན་བརྒྱུད། ཞང་སྟོན་འདུལ་ཆོག་རྣམས་ཀྱི་བཀླག་ལུང་ སོགས་གསན་ནས་ཚུར་ལམ་དུ་ཉིད་ཀྱིས་བར་ཆད་རྐྱེན་སེལ་མཛད་བཞིན་རང་ཡུལ་དུ་ ཕེབས་རྗེས་དབོན་པདྨ་དཔལ་ལ་ཐུགས་སྣང་འཕགས་མའི་བྱིན་རླབས་ཀྱི་ལེགས་མཚན་ལ་ བརྟེན་གཉན་སྒྲོལ་རྗེས་གནང་ཁྲིད་བཅས་གནང༌། དགུང་ལོ་ང་གཅིག་པར་སྦྱོར་དྲུག་པ་ར་ འོབ་གསང་སྔགས་སོགས་དང༌། འདི་ལོར་ཁོང་གིས་འདུ་ཁང་དུ་དུས་འཁོར་སྒྲུབ་མཆོད་ཀྱི་ 3-1-15 ཁྲི་འཛིན་མཛད་པས་རྡུལ་ཚོན་གྱི་དབུས་སུ་འདབ་ལྡན་མེ་ཏོག་དུ་མ་སྐྱེས་པ་སོགས་ཀྱི་ རྟགས་མཚན་བྱུང༌། ཐུགས་སློབ་བླ་མ་འཇམ་དཔལ་རྒྱ་མཚོ་སོགས་ལ་ནཻ་གུའི་དབང་ཁྲིད་ རྫོགས་པར་གནང་ཞིང་དགུང་ལོ་ང་གཉིས་སུ་སྦྱོར་དྲུག་པ་ཁང་དམར་དུ་བླ་མ་བདེ་བཟང་ སོགས་དང༌། ཚེས་བཅུ་སྟོད་དུ་གྱང་བླ་བསྟན་བཟང་སོགས་དང༌། འདུ་ཁང་དུ་བླ་མ་མཆོག་ སྒྲུབ་སོགས་ཡིན་ལ། དེའི་ལོ་ཕྱི་མར་ཡང་སྦྱོར་དྲུག་པ་གཉེར་བ་བླ་མ་བསམ་གཏན་སོགས་ དང༌། འདི་དུས་སུ་ཁོང་ཉིད་གཙང་བའི་སྤྲུལ་སྐུ་བསྙུང་བའི་སྐུ་རིམ་ཕུར་སྒྲུབ་གྱི་དབུ་ བཞུགས་ལ་ཕེབས་ནས་ཐུགས་སྣང་དུ་སྒོ་དྲུང་གི་བྱི་ལ་ནག་པོ་ཞབས་གཡོན་འོག་མནན་ པའི་ཉམས་ཤར་བ་ལྟར་གཙང་སྤྲུལ་ལ་ཕན་ཐོགས་བྱུང་ཡང་ཕྱིས་སུ་ཁོང་གི་འཁོར་ལ་ཅུང་ ཟད་གནོད་པར་སོང༌། དགུང་ལོ་ང་བཞིའི་དུས་སྦྱོར་དྲུག་པ་རྟེན་ཁང་དུ་རྨེའུ་བླ་མ་བློ་བཟང་ སོགས་དང༌། འདུ་ཁང་དུ་བླ་མ་མཆོག་བཟང་སོགས་སོ། །ལོ་འདི་ནས་སྲིབ་ལུང་རི་ཁྲོད་དུ་ ཁོང་ཉིད་རྒྱུན་བཞུགས་ཀྱི་འགོ་ཚུགས། ཁོང་གིས་བླ་མ་བསྟན་གྲགས་སོགས་བླ་མ་བརྒྱད་ཅུ་ ཙམ་ལ་རྡོ་རྗེ་ཕུར་པའི་སྟོད་ལས་སྨད་ལས་ཀྱི་དབང་དཀར་བདུད་རྗེས་གནང་བཅས་དང་ དཔལ་ཆེན་ཐུགས་ཐིག སྦས་པ་མིག་འབྱེད་ཀྱི་ཁྲིད་ཀྱང་གནང་སྟེ་ཕུར་བ་ཚོམ་བུ་འབུམ་སྒྲུབ་ ཀྱི་དབུ་ཡང་བཙུགས། དགུང་ལོ་ང་ལྔ་དང་ང་དྲུག་པ་གཉིས་ལ་རིམ་པར་ལོ་དང་པོར་སྦྱོར་ དྲུག་པ་ཁང་དམར་དུ་ཀུན་དགའ་དབང་རྡོར་དང་ལྷ་ལྡན་སོགས་དང༌། འདུ་ཁང་དུ་དྲུང་སྤྲུལ་ སོགས་ཡིན་ལ། དེའི་ལོ་ཕྱི་མར་སྦྱོར་དྲུག་པ་གསར་འདུག་མེད་ཅིང་འདི་ལོར་ཁོང་གིས་ འདུས་སྡེ་ཆེན་པོ་ལ་མི་འཁྲུགས་པ་དང༌། སྦྱོང་རྒྱུད་བཅུ་གཉིས་ཀྱི་དབང་བསྐུར་ཞིང༌། ལོ་ང་ བདུན་དུ་སྦྱོར་དྲུག་པ་རྟེན་ཁང་དུ་ཀུན་དགའ་བཟང་དཔལ་སོགས་དང༌། འདུ་ཁང་དུ་བླ་ མཆན་བསོད་དཔལ་སོགས་སོ། །འདི་ལོར་སྒྲུབ་ཁང་གསར་བཏབ་ཀྱི་ནང་དུ་ཁོང་གིས་ཀུན་ དགའ་དཔལ་འཕེལ་སོགས་སྒྲུབ་པོ་བདུན་ཙམ་ལ་སྦྱོར་དྲུག་གི་དབང་ཁྲིད་གནང་སྐབས་ 3-1-16 ཐུགས་ཉམས་ལ་བུད་མེད་རྒྱན་ལྡན་ཞིག་གིས་སྨན་གྱི་ཐུམ་བུ་མང་པོ་ཕུལ་ནས་སློབ་མ་ རྣམས་ལ་བྱིན་ཅིག་ཟེར་བ་ལྟར་བྱས་པས་སློབ་བུ་གང་དག་གི་མང་ཉུང་ཆ་མ་སྙོམས་པར་ བཏུང་སྣང་ཤར་བ་ལྟར་ཕྱིས་སུ་ཐུགས་སློབ་དག་ལ་ཉམས་རྟོགས་ཡང་དེ་ལུགས་བཞིན་ བྱུང༌། དགུང་ལོ་ང་བརྒྱད་སྐབས་སྦྱོར་དྲུག་པ་ཁང་དམར་དུ་གསེར་བ་ཆོས་ལྡན་སོགས་དང༌། འདུ་ཁང་དུ་བླ་མ་མཁྱེ ན་བརྩེ་སོགས་སོ། ། ལོར་དེར་གང་ཉིད་ཀྱིས་བླ་མ་ཀར་དབང་དང༌། བླ་མ་ཆོས་འབྱོར་སོགས་འདུས་སྡེ་སྤྱི་ལ་དུས་འཁོར་དབང་ཆེན་ཉིན་ལྔ་པ་ཅན་དང༌། མི་ འཁྲུགས་པའི་དབང་བཅས་གསུངས་ཤིང༌། བླ་མ་འཇམ་དཔལ་རྒྱ་མཚོ་རིམས་ཡམས་ཀྱིས་ ཐེབས་སྐབས་ཁོང་ཉིད་འབོད་མིར་བྱུང་དུས་ཐུགས་སྣང་ལ་གནམ་ལྕགས་ལས་གྲུབ་པ་ལྟ་ བུའི་གུར་མགོན་ཨམ་གཙིགས་བསྡམས་པ་ཞལ་ཕྱིར་གཟིགས་ནས་སྡིགས་མཛུབ་ཀྱང་ཕྱིར་ བསྐོར་བ་རྨི་ཉམས་སུ་གཟིགས་པས་རང་ལ་ཉེས་མེད་དུ་གོ་ནས་ཁོང་ཉིད་སློབ་བུ་བླ་མའི་ རྩར་བྱོན་ནས་ས་ལམ་ལ་བར་ཆད་ཀྱི་བགེགས་བསལ་ཆེད་བཀའ་བསྒོ་བགེགས་བསྐྲད་དང་ འཆི་ཁའི་གདམས་པ་སོགས་ཀྱང་ལེགས་གནང་མཛད་ཅིང་དེའི་ལོ་ཕྱི་མར་སྦྱོར་དྲུག་པ་བླ་མ་ བདེ་ལེགས་སོགས་ཡིན་ཞིང་ཁོང་གི་རྨི་ཉམས་སུ་དུས་འཁོར་གྱི་བློས་བསླངས་ཤིག་མཇལ་ བ་དེ་མི་ཞིག་གིས་ཁྱོད་ཀྱིས་འདོད་ན་ཁྱེར་ཟེར་བ་ལྟར་བཏེག་ནས་འོང་སྟེ་སྒྲུབ་ཁང་དུ་ མཆོད་བཀོད་བཅས་ཀྱིས་ལེགས་འཇོག་མཛད་པའི་གཟིགས་སྣང་བྱུང་ཕྱིན་སྒྲུབ་སྡེ་བ་ལ་ ཉམས་རྟོགས་ཆེར་འཕེལ་ལོ། །དགུང་ལོ་དྲུག་ཅུ་པར་སྦྱོར་དྲུག་པ་ཚེས་བཅུ་སྤྲུལ་སྐུ་ཆོས་ དབྱིངས་རྡོ་རྗེ་སོགས་སོ། །དེ་ལོར་ཁོང་གི་རྨི་ཉམས་སུ་སྒྲུབ་ཁང་ཕྱོགས་ལ་སེར་སྡེ་མང་པོས་ ཡིག་རྫོགས་བྱེད་སྣང་བྱུང་བས་དེ་ལུགས་ཀྱི་བྱད་བཟློག་ལ་རིམ་གྲོ་སྣ་ཚོགས་པའི་གསུང་ བཀོད་དང༌། ཉེར་དགུ་ནམ་ཐོན་མགོན་པོའི་སྐུའི་སྣང་བ་དང་བར་སྐབས་སུ་མི་ནག་རྔ་ཆུང་ ཐོགས་པས་མགོན་པོའི་སྤྱན་འདྲེན་གྱི་ཚིག་བརྗོད་བཞིན་འོང་རེས་ལ་དེ་ལུགས་བསྐང་ 3-1-17 གསོལ་དགོས་པ་སོགས་ཉིད་ཀྱིས་སྒྲུབ་པོ་དག་གི་རྒྱུན་གྱི་བྱ་བ་གང་དགོས་རྣམས་ལེགས་ གསུངས་མཛད་ཅིང་སོག་པོ་བླ་མ་ཀུན་གྲོལ་དང་སྔགས་པ་བླ་མ་མཉམ་ཉིད་སོགས་ལ་བྱང་ སྡོམ་ཡང་གནང༌། དགུང་ལོ་རེ་གཅིག་རེ་གཉིས་དག་ལས་ལོ་སྔ་མ་ལ་སྦྱོར་དྲུག་པ་རྟེན་ཁང་ དུ་ཀུན་དཔལ་སོགས་དང༌། ཚེས་བཅུ་སྟོད་དུ་བདེ་རབ་སོགས་ཡིན་ལ། ཁོང་གིས་རྡོ་ལུང་བླ་ མ་ལྷག་བསམ་སོགས་ལ་དུས་འཁོར་ལྷ་དགུའི་ཁྲིད་དང༌། ཁང་དམར་དཔོན་པོ་སོགས་ལ་ བསྙེ ན་རྫོགས། བླ་མ་དཔལ་འཕེལ་སོགས་ལ་བྱང་སྡོམ་ཡང་གནང་ཞིང༌། དེའི་ལོ་ཕྱི་མ་ལ་ སྦྱོར་དྲུག་པ་བླ་མ་ཕུན་ཚོགས་སོགས་དང༌། སློབ་བུ་བླ་མ་ལྷ་ལྡན་གྱི་དག་སྣང་ངོར་བླ་མ་ མཆོག་གི་ཞལ་ཕུའི་བྱིན་རླབས་སྤྲིན་དུ་གྱུར་པའི་སྟེང་ན་རྗེ་ཁོང་ཉིད་བཞུགས་བཞིན་སློབ་ ཚོགས་ཀྱི་སྤྱི་བོར་ལེགས་བྱོན་མཛད་དེ་བྱིན་ཆེན་འབེབས་སྣང་བྱུང་བ་ལྟར་སློབ་བུ་དེ་དག་ ལ་ཚུལ་དེ་མཐུན་གྱི་ཡོན་ཏན་རེ་ཡང་སྐྱེས། ཤོས་མདའ་སང་འདུ་ཁང་རབ་གནས་ལ་ཁོང་ ཉིད་བྱོན་ཞོར་དུ་འབྲིམ་ཤར་རི་ཁྲོད་ན་བཞུགས་པའི་འཛམ་ངོས་བླ་མ་ངག་དབང་སོགས་ལ་ སྦྱོར་དྲུག་ངོས་འཛིན་གསོལ་འདེབས་ཀྱི་བཀླག་ལུང་ཡང་གནང་ངོ༌། །དགུང་ལོ་རེ་གསུམ་ དུ་སྦྱོར་དྲུག་པ་ཁང་དམར་དུ་བླ་མ་མཐའ་ཡས་སོགས་དང༌། ཚེས་བཅུ་སྟོད་དུ་སོག་པོ་བླ་མ་ ཚོགས་འཕེལ་སོགས་ཡིན་ཞིང་འདི་དུས་སུ་དམ་པ་ཉིད་ཀྱིས་གཏུགས་རྒྱ་བླ་མ་ཀརྨ་འཆི་མེད་ སེང་གེ སོག་པོ་བླ་མ་ཚུལ་བཟང༌། རབ་ཁའི་བླ་མ་དོན་ལྡན་སོགས་འདུས་སྡེ་བརྒྱ་ཕྲག་ གཉིས་ཙམ་ལ་རྡོ་རྗེ་འཕྲེང་བའི་དཀྱིལ་འཁོར་ཞེ་ལྔའི་དབང་ཡོངས་རྫོགས་ཞག་ཞེ་ལྔའི་བར་ གནང་སྐབས་རབ་ཁ་བླ་མའི་ཐུགས་སྣང་དུ་བླ་མ་མཆོག་ཉིད་དཀྱིལ་འཁོར་གང་གི་དབང་ བསྐུར་བའི་གཙོ་བོ་ཉིད་དུ་མཐོང་བ་དང༌། སོག་པོ་བླ་མའི་ཉམས་སྣང་ངོར་བླ་མ་ཉིད་དབང་ འགྲིམ་ལ་བྱོན་ཚེ་མི་སྨུག་པོ་སྟགས་ལྤགས་གྱོན་པ་སྐེད་ལ་ཤུབས་ཁྲ་འདོགས་པ་ཅན་དང༌། མི་དཀར་པོ་ལྭ་ཐོད་ཅན་གཉིས་སྐུ་རྗེས་སུ་རྒྱུན་དུ་འགྲོ་བར་མཐོང་ལ། གཞན་འགའ་ཞིག་ 3-1-18 གི་ངོར་ཡང་ཐོག་མར་ཆོས་དུང་འབུད་པ་ན་ཕྱོགས་ཀུན་ནས་དབང་ཉན་དུ་འགྲོ་རན་ཟེར་ བའི་སྒྲ་ཆེན་པོ་བཅས་མི་སྣང་བའི་འཁོར་རྒྱ་ཆེན་པོ་འདུ་བར་མཐོང་བ་སོགས་བྱུང་ཞིང༌། ཆོས་དབྱིངས་གསུང་དབང་གི་དུས་སུ་བུམ་ཆུ་བུམ་པ་གང་གིས་དབང་ཉན་པ་རེ་རེ་བཞིན་ མགོ་དང་ལག་པ་གཉིས་ཀར་མཆུ་ནས་ཐོན་ཚད་རེ་བླུགས་པའི་སྒོ་ནས་དེར་དབང་ཉན་གྱི་ འདུས་སྡེ་ཡོངས་སུ་རྫོགས་པ་ལ་འགྲིམ་ཡང་ད་དུང་མ་ཟད་དོ། །དགུང་ལོ་རེ་བཞིར་སྦྱོར་ དྲུག་པ་ཁང་དམར་དུ་མཁྱེ ན་རྟོགས་དང༌། ཚེས་བཅུ་སྟོད་དུ་ཨརྒེའི་ཡང་སྤྲུལ་བསྟན་པའི་སྒྲོན་ མེ་སོགས་དང༌། འདིར་ཁོང་ནས་འཛོང་པོ་བླ་མ་མཚན་བཟང་སོགས་འདུས་པ་སུམ་བརྒྱ་ ཙམ་ལ་རིན་འབྱུང་ཆ་ཚང་གསུངས་ཤིང༌། བུམ་ཆུ་འགྲུབ་པ་སོགས་ཀྱི་རྟགས་བྱུང༌། གྲུབ་ཆེན་ མཁན་པོ་སྐོམ་མེ་ལ་དུས་འཁོར་མཆོག་དབང་བསྐུར། དགུང་ལོ་རེ་ལྔ་པར་སྦྱོར་དྲུག་པ་ དབང་ཆེན་སྟོད་པའི་བླ་མ་བསྟན་རྒྱས་སོགས་ཡིན་ཞིང༌། ལོ་རེ་དྲུག་ཏུ་སྦྱོར་དྲུག་པ་དོན་དམ་ སོགས་ཏེ་ལོ་དེའི་ཟླ་བ་གསུམ་པར་དམ་པ་ཉིད་ཀྱིས་བདེ་མཆོག་ནག་པོའི་དབང་ཁྲིད་ཞིབ་ རྒྱས་སུ་གནང་ནས་བདེ་མཆོག་གི་སྒྲུབ་མཆོད་ཡང་བཙུགས། དགུང་ལོ་རེ་བདུན་པར་སྦྱོར་ དྲུག་པ་བླ་མ་ལུང་རྟོགས་སོགས་དང་ལོ་དེར་ཁོང་ཉིད་ཀྱི་ཐུགས་སྣང་ངོར་ཚེ་དཔག་མེད་ཀྱི་ སྐུ་དང་ཚེ་བསྙེན་གྱི་སྒྲ་མཐོང་ཐོས་ཀྱི་གཟིགས་སྣང་བྱུང་ཞིང་དེ་མཚམས་ཞབས་བརྟན་ ལེགས་སྒྲུབ་ཀྱི་རང་སྣང་ལ་དུས་འཁོར་གྱི་དཀྱིལ་འཁོར་གཤེགས་ལ་ཁད་པ་བླ་མ་གོང་མ་ དག་གིས་བརྟན་བཞུགས་མཛད་པའི་ལེགས་སྣང་གི་དགེ་མཚན་བཅས་ཀྱིས་ཁོང་གིས་སྐུ་ཚེ་ སླར་བསྲིང་གི་མཛད་སྒོ ་གནང༌། དགུང་ལོ་རེ་བརྒྱད་དང་རེ་དགུ་གཉིས་ལ་རིམ་པར་སྦྱོར་ དྲུག་པ་ཆོས་རྗེའི་མཆོག་སྤྲུལ་འཇིགས་མེད་བསྟན་པའི་ཉི་མ་སོགས་དང༌། དབོན་ཆོས་ གྲགས་སོགས་ལོ་སྔ་ཕྱི་ཡིན་ལ། དགུང་ལོ་བདུན་ཅུའི་དུས་སུ་སྦྱོར་དྲུག་པ་བླ་མ་ཆོས་ལྷུན་ སོགས་དང༌། དེ་སྐོར་ཞིག་ཏུ་ཁོང་ཉིད་སྒྲུབ་གྲྭར་ཕེབས་ནས་ར་ཁྱམས་ན་གུང་ཚིགས་བཞེས་ 3-1-19 སྐབས་མེ་ཏོག་ཙམ་པ་ཀ་ལྟ་བུ་མདོག་དམར་སེར་གྱི་ཆར་དང་དྲི་བཟང་གིས་ཁྱབ་པ་དེར་ གནས་ཀུན་གྱི་མཐུན་སྣང་དུ་གྱུར་ཏོ། །དགུང་ལོ་དོན་གཅིག་དོན་གཉིས་དག་ལས་ལོ་སྔ་མར་ སྦྱོར་དྲུག་པ་ར་འོབ་ཚུལ་ལྡན་སོགས་དང་བླ་མ་དོན་འགྲུབ་སོགས་ལ་བྱང་སེམས་ཀྱི་སྡོམ་པ་ གནང་ཞིང༌། ཁོང་གིས་སྔ་མོ་ནས་གཟབ་དགོས་ཚུལ་གྱི་རིམ་གྲོ་ཇི་བཞིན་གསུང་བ་ལེགས་ གྲུབ་ཀྱི་མཐར་ཆུ་ལོག་འཕྲལ་དུ་བྱུང་ཡང་སྒྲུབ་གྲྭར་མ་འཚེ་བ་དང༌། དེའི་ལོ་ཕྱི་མར་སྦྱོར་ དྲུག་པ་ཀུན་དགའ་རང་གྲོལ་སོགས་དང་ཉིན་གཅིག་ཏུ་ཁོང་ཉིད་ནེའུ་གསིང་དུ་སྐྱོ་བསང་ བྱེད་སྐབས་ཞལ་ནས། ཉེ་གནས་ལྷ་ལྡན་ལ་གདུང་ཁང་བརྩིག་ཚུལ་ཞུགས་ལ་བཞུ་ཚུལ་ སོགས་བསླབས་ནས་ནམ་ཞིག་མཁོ་གསུངས། དེ་ནས་ལོ་དེའི་ཟླ་བ་བཞི་པའི་ནང་ཙམ་ན་ཉེ་ གནས་གཉིས་ལ་སང་ཕོད་བགྲང་བྱ་དོན་གསུམ་དུ་སྐྱེས་ཆེན་འདེགས་ནས་གཞན་དུ་འགྲོ་ རན་ཚུལ་དང༌། རྩ་བའི་བླ་མ་ཞབས་དྲུང་དང༌། ཇོ་བོ་རྗེ། ཞབས་དཀར་བ་སོགས་ཀྱང་ལོ་ ཚད་དེར་སྐུ་གཤེགས་པ་ཡིན་ཚུལ་དང༌། ཁོང་ཉིད་ཀྱང་ལོ་ཚད་དེའི་སྟེང་དུ་འབྱོན་ཚུལ། སྤྱིར་ ན་འདུས་བྱས་མི་རྟག་པའི་ཡིན་ལུགས་སོགས་ཀྱི་བཀའ་ཆེམས་གསལ་བོར་གསུང་ཚེ། སློབ་ ཚོགས་ཀྱིས་བཞུགས་ཞུས་ཕུལ་ཡང་མ་གནང་ལ། ཁོང་ཉིད་སྒྲུབ་ཁང་དང་རང་གནས་སུ་ ཕེབས་ཏེ་རྟེན་རྣམས་ལ་བརྟན་བཞུགས་དང་ཕྱག་མཆོད་ལེགས་འབུལ་མཛད། སྤྱིར་དམ་པ་ གང་ཉིད་དོན་གྱི་ཡིན་ལུགས་སུ་རྗེ་ཇོ་ནང་པ་ཆེན་པོའི་རྣམ་པར་འཕྲུལ་བ་ལྟར་ན་འཕགས་པ་ འཇིག་རྟེན་དབང་ཕྱུག་དང་རྣམ་དབྱེར་མེད་པས་སྔོན་གྱི་དུས་ནས་མངོན་པར་བྱང་ཆུབ་ཟིན་ ཀྱང་རྣམ་པ་དེང་དུས་ཀྱི་གནས་ཚུལ་ཙམ་ལ་སློབ་ལམ་གསང་ཆེན་མངོན་རྟོགས་ཉེར་བགྲོད་ ལྟར་ནའང་གོང་སྨོས་བཞིན་སྤྱིར་ན་འཁོར་ལོ་གསུམ་དང་ཁྱད་པར་ཐུན་མོང་སྐྱེས་བུ་གསུམ་ གྱི་ལམ་ཉམས་ལེན་ཁྱད་པར་བ་ལེགས་པར་མངའ་ཞིང་སྒོས་སུ་རྣལ་འབྱོར་ཡན་ལག་དྲུག་ ཀ་སྐུ་ཚེ་འདིར་རིམ་པར་མངོན་པའི་དུས་སུ་ངེས་དོན་ཇོ་ནང་པའི་རང་ལུགས་ཐུན་མིན་ལྟར་ 3-1-20 ཀུན་རྫོབ་ཀྱི་རྣམ་པ་མཐའ་དག་གདོད་ནས་སྟོང་པའི་གཞི་ལ་འོད་གསལ་ཟུང་འཇུག་ལྷན་ སྐྱེས་ཀྱི་དང་པོའི་སངས་རྒྱས་རྟག་པའི་སྐུ་རྣམ་པ་ཐམས་ཅད་པ་རིམ་མངོན་གྱི་ལྟ་བ་ཐུགས་ ཉམས་སུ་མྱོང་སྟོབས་ཀྱིས་བདག་གིར་བཞེས་ཏེ་འོད་གསལ་དབྱིངས་ནས་སྒྱུ་མའི་སྐུ་སྟོང་ གཟུགས་ཀྱི་རྣམ་པ་བཞེངས་ཚུལ་ཡང་རྒྱུད་ཀྱི་རྒྱལ་པོ་ལས་ཇི་སྐད་གསུངས་པ་ལྟར་སྦས་ རྒྱུད་གཞན་དང་མི་མཐུན་པའི་ཡིན་ལུགས་བཅས་མྱོང་བས་གནད་དུ་ཁེལ་བ་སོགས་སྒོ་གང་ ཐད་ནས་རང་ལུགས་ཀྱི་རྡོ་རྗེ་འཛིན་པ་ཆེས་མཆོག་གི་རྣམ་པ་ཉིད་དུ་ལེགས་པར་བཞུགས་པ་ ཞིག་སྟེ། དེ་ལྟ་བུའི་འདྲེན་པ་གང་དེའི་མཛད་པ་ཐ་མའི་ཚུལ་ཉིད་དགུང་གྲངས་དོན་གསུམ་ གྱི་དུས་སུ་སྦྱོར་དྲུག་ཆོས་ཚན་པ་ཀུན་དགའ་བརྩེ་ལྡན་སོགས་ཏེ་རང་འཚམས་གྱི་ཆོས་ཁྲིད་ གནང་བཞིན་པའི་དུས་ན་ཕྱག་རྫས་གཙང་དག་གིས་རྣམ་དཀར་ལ་བཏབ་ནས་སློབ་བུ་སྤྱི་ལ་ ཞལ་ཆེམས་སྣ་ཚོགས་དང་ཉེ་གནས་གཉིས་ལ་སྒོས་སུ་ཐུན་མིན་གྱི་ཡོན་ཏན་ཆེས་མང་པོའི་ གསང་གཏམ་དང༌། རྗེ་སྒྲོལ་མགོན་དང་ཁོང་བར་ལ་བརྒྱུད་པ་ཉེ་ཚུལ། དགོངས་རྫོགས་ཇི་ ལྟར་བྱ་བའི་ཚུལ་ས་དམར་བླ་མ་ལུང་རྟོགས་ལ་རང་ལུགས་ཆོས་སྐད་ལྟ་བ་སྐྱོང་དགོས་ཚུལ་ དངོས་རྫས་འབུལ་བཅས་སོགས་ཞིབ་རྒྱས་སུ་ལེགས་གནང་གི་རྗེས་ནས་ཁོང་གིས་ཉིད་ཀྱི་ རྒྱལ་ཚབ་དབོན་འགྱུར་མེད་དང་ཀུན་དགའ་དཔལ་འཕེལ་ཟུང་བསྐོ་བཞག་བྱས་ནས་ལོ་ དེའི་ཟླ་བ་བདུན་པའི་ཉི་ཤུ་བརྒྱད་ཀྱི་ནུབ་གཟུགས་སྐུ་ཆོས་དབྱིངས་སུ་ལེགས་བསྡུ་བྱས་ཏེ་ ཐུགས་དམ་ལ་ཟླ་བ་བརྒྱད་པའི་ཚེས་བཅུ་གསུམ་བར་བཞུགས་ནས་ས་གཡོ་བ་དང་སྒྲ་ཆེན་ པོའི་ལྟས་བཅས་དཀར་དམར་ཇི་བཞིན་ལེགས་འབབ་ཀྱིས་ཐུགས་དམ་གྲོལ་ནས་སློབ་ ཚོགས་ཀྱིས་གདུང་མཆོད་ཚོགས་བསགས་ཀྱི་གཟབ་སྒོ་དང་བཅས་གདུང་བཞུ་ལེགས་ངེས་ ཀྱི་རྟགས་མཚན་སྣ་ཚོགས་དང་གདུང་ཁང་ཕྱེ་སྐབས་རིང་བསྲེལ་ཡུངས་འབྲུ་ཙམ་པ་མང་པོ་ བྱུང་བ་གདུང་རྟེན་ལེགས་བགྱིས་སོགས་སྒོ་གང་ཐད་ནས་མཛད་པ་མཐར་ཕྱིན་ཡོངས་གྲུབ་ 3-1-21 དང་ཐུགས་སློབ་ཆེ་བ་ཇི་ལྟར་བྱོན་པ་ལ་སོགས་པ་ནི་ཉིད་ཀྱི་རྣམ་ཐར་ཆེན་མོ་ན་ལེགས་པར་ གསལ་བ་ལྟར་ལས་འདིར་ཞིབ་པར་སྨྲས་སོ། །དེ་ལྟ་བུའི་དམ་པ་གང་གི་སློབ་བརྒྱུད་དུ་ འཛམ་ཐང་སྒར་གོང་མ་ཆོས་རྗེ་དང་ཚེས་བཅུ་ཕྱོགས་ཀྱི་ངེས་དོན་སྒྲུབ་བརྒྱུད་ཀྱི་བསྟན་པའི་ ཆོས་སྡེ་དུས་ཕྱིས་སུ་ཁམས་ཕྱོགས་འདིར་ཇི་ལྟར་བྱུང་བའི་ཚུལ་ལ། སྤྱིར་འཛམ་ཐང་སྒར་ གོང་མའི་ཁང་དམར་རྟེན་ཁང་དུ་སྔ་སོར་ཆོས་རྗེ་རྒྱལ་བ་བཟང་གི་སྐུ་ཕྲེང་དྲུག་པ་འཇིགས་ མེད་དཔལ་གྱི་སེང་གེ་ཁོང་ཉིད་ཀྱི་སྐུ་དབོན་དམ་པ་བསོད་ནམས་ཆོས་ཀྱི་གྲགས་པ་ཞེས་བྱ་ བ་ཡུན་རིང་མོ་ཞིག་ཏུ་ལེགས་པར་བཞུགས་པའི་དུས་སུ་དབོན་དམ་པ་གང་ཉིད་ཀྱིས་གདུལ་ བྱར་སློབ་ཚོགས་འགའ་ལ་རང་རང་དང་འཚམས་པའི་སྦྱོར་དྲུག་གི་སྔོན་འགྲོའི་ཆོས་ཁྲིད་ དང༌། བསྐྱེད་རིམ་གྱི་དམིགས་ཁྲིད་སྣ་ཚོགས་པ་རེ་ཡང་ལེགས་པར་བསྩལ་པའི་ངོས་ནས་ བཞུགས་པའི་རེ་ཞིག་གི་ཚེ་སྐུ་དབོན་ཁོང་ཉིད་སྐུ་ཚེའི་སྨད་ཙམ་ན་སློབ་ཚོགས་བསྐྱང་བ་ སོགས་བཞག་ནས་ཉིད་ཚ་རོང་ཕྱོགས་སུ་གནས་ངེས་མེད་ཀྱི་དབེན་རི་ལ་ཕེབས་ནས་ཅུང་ ཞིག་གི་རིང་སྒྲུབ་པ་འབའ་ཞིག་ལ་བཞུགས་རྗེས་སུ་དགོངས་པ་དབྱིངས་སུ་ཐིམ་པས་སྐུ་ གདུང་ལ་ཞུགས་འབུལ་གྱི་སྐབས་གདུང་དེ་ཉིད་ཀྱི་ཐུགས་ཀ་ནས་རང་བྱུང་གི་མེ་སྔོ་ལམ་ ལམ་པ་སྐད་ཅིག་ལ་བྱུང་ནས་མེ་དེས་སྐུ་གདུང་ལེགས་བཞུ་བྱས་པ་མ་གཏོགས་མེ་དངོས་སུ་ གཞན་གྱིས་སྦར་མ་དགོས་ཤིང་གདུང་རུས་ཤིན་ཏུ་དཀར་བ་སྙིམ་པ་གང་དོ་ཙམ་ལས་མ་ ལྷག་པ་སོགས་ཡོན་ཏན་གྱི་མཛད་སྒོ ་ཆེ་བ་ཞིག་ཏུ་འདུག་ལ། དེ་ལས་གཞན་རྟེན་ཁང་དེར་ རང་རེའི་ཆོས་བརྒྱུད་འཛིན་པའི་གྲགས་ཆེན་བར་སྐབས་ལ་མ་བྱུང་ཡང༌། མཚམས་ཤིག་ན་ འཛི་སྟོད་འབྲིམ་ཤར་རི་ཁྲོད་དུ་སྐྱབས་རྗེ་མཁར་བ་རྡོ་རྗེ་འཆང་ངག་དབང་བསམ་གཏན་ ཞབས་པ་བཞུགས་ཡོད་པ་ཁོང་ཉིད་སྐུ་ཚེ་སྨད་ཙམ་ན་དཔལ་གྱི་འཛམ་ཐང་ཆོས་རྗེའི་རྟེན་ ཁང་དུ་ལེགས་ཕེབས་ཀྱི་མཛད་སྒོ་ལ་ཉེ་བར་བརྟེན་ནས་སྐྱབས་རྗེ་མཆོག་གིས་ལོ་འགའ་ 3-1-22 ཞིག་གི་རིང་ལ་ཁང་དམར་རྟེན་ཁང་དེར་རྒྱུན་བཞུགས་ཀྱི་ཚུལ་མཛད་བཞིན་ཐུགས་སྲས་ དམ་པ་ཆོས་རྗེའི་དྲུང་དཀའ་བཞི་པ་ཆེན་པོའི་ཡང་སྲིད་གཉིས་པར་གྲགས་པ་སྐུ་སྐྱེས། བློ་ གྲོས་རིན་ཆེན་དཔལ་དང༌། བླ་མ་སེང་གེ བོ་བ་བླ་མ་ངེས་དོན་སོགས་ལ་སྦྱོར་བ་ཡན་ལག་ དྲུག་གི་ཟབ་ཁྲིད་ཆ་ཚང་ལེགས་གནང་གི་སྒོ་ནས་སློབ་ཚོགས་ཉེ་བར་བསྐྱངས་པ་ནས་བཟུང་ ལོ་ཤས་བར་ཁང་དམར་རྟེན་ཁང་དེ་ཉིད་དུ་སྐྱབས་རྗེ་ཁོང་ཉིད་བཞུགས་ཏེ་གང་གིས་ཨརྒེ་ སྤྲུལ་སྐུ་མི་ཕམ་ཕྲིན་ལས་རབ་བརྟན་སོགས་ལ་སྦྱོར་དྲུག་ཟབ་ཁྲིད་ལེགས་གདམས་སོགས་ ཚུལ་དེ་ཀའི་ངང་ནས་གནས་དེར་སྒྲུབ་བརྒྱུད་ཀྱི་མཚམས་གྲྭ་རྒྱུན་ཆགས་ལྟ་བུ་རིམ་པས་ ལེགས་བྱུང་དུ་སོང་ཞིང༌། དེ་ནས་ལོ་འགར་སོང་རྗེས་ཙམ་ནས་གོང་དུ་བཤད་པ་ལྟར་སྐྱབས་ མགོན་མཁར་བ་རིན་པོ་ཆེའི་ཐུགས་སྲས་མཆོག་གྱུར་སྦྱངས་པ་བླ་མ་རྗེ་ཀུན་དགའ་ངེས་དོན་ ཞབས་པ་གང་ཉིད་ཀྱིས་རང་དོན་ལེགས་གྲུབ་ཀྱི་གསང་ཆེན་མངོན་རྟོགས་རྒྱ་ཆེ་བས་ཐུགས་ མཚོར་མངོན་པར་གཏམས་ནས་གཞན་གདུལ་བྱ་རྗེས་འཛིན་གྱི་དུས་ལ་བབ་ཏེ་རྗེ་ཁོང་ཉིད་ འཛམ་ཐང་སྒར་གོང་མས་ངེས་དོན་སྒྲུབ་བརྒྱུད་འཛིན་སྐྱོང་ལེགས་སྤེལ་གྱི་བྱེད་པོ་གསང་ ཆེན་ཐེག་པའི་རྡོ་རྗེ་སློབ་དཔོན་ཆེན་པོར་བསྐོ་བཞག་གི་སྒོ་ནས་འཛམ་ཐང་ཆོས་རྗེའི་ཁང་ དམར་རྟེན་ཁང་གཙོ་བོར་གྱུར་པའི་ཆོས་རྗེའི་གྲྭ་ཚང་གི་འདུ་ཁང་སྟེང་དང༌། ཚེས་བཅུ་སྟོད་ སྒར་གྱི་ཕོ་བྲང་སོགས་སུ་རང་ལུགས་དུས་ཀྱི་འཁོར་ལོའི་བསྐྱེད་རྫོགས་སོགས་གསང་ཆེན་ རྣལ་འབྱོར་དམ་པའི་ཉམས་ལེན་སྒྲུབ་བརྒྱུད་རང་རྐང་བཙུགས་ཏེ་རྗེ་རྡོ་རྗེ་འཆང་གང་གིས་ གཞན་དོན་གྱི་མགོ་བཟུང་ནས་སྐུ་ཚེ་མཐར་ཕྱིན་གྱི་བར་མཛད་སྒོ་རྒྱ་ཆེ་བས་གང་འདུལ་གྱི་ གདུལ་བྱ་རྗེས་སུ་བཟུང་བཞིན་ངེས་དོན་སྒྲུབ་པའི་བསྟན་པ་ལེགས་བསྐྱང་གི་ཚུལ་གོང་དུ་ཉེ་ བར་སྨོས་ཟིན་པ་ལྟར་ལགས་ཤིང་རྗེ་ཁོང་གི་ཐུགས་སློབ་བསྟན་པ་ལ་ཕན་ཐོགས་པའི་ བཤེས་གཉེན་དུ་མ་བྱུང་བ་ལས་འདིར་འཛམ་ཐང་སྒར་ཁག་གོང་མ་དག་གི་དུས་ཕྱིས་སྒྲུབ་ 3-1-23 བརྒྱུད་བསྟན་ལ་བྱས་རྗེས་ཆེ་ཙམ་འཇོག་མཛད་ཀྱི་དམ་པ་འགའི་ལོ་རྒྱུས་ད་ལན་དཀྱུས་ཀྱི་ བརྗོད་བྱ་དུས་སུ་བབ་པ་སྟེ། ༼༢༽ དེ་ཡང་སྦྱངས་པ་རྡོ་རྗེ་འཆང་གང་གི་ཐུགས་སྲས་ཚ་རོང་ཕྱོགས་ཀྱི་ཛ་འགོའི་དགོན་ ཕྱག་འདེབས་མཛད་མཁན་འབྲས་རབ་འབྱམས་པ་བློ་བཟང་མཆོག་གྲུབ་རྒྱ་མཚོ་དང༌། འཛམ་ཐང་ཆོས་རྗེའི་ཁང་དམར་རྟེན་ཁང་དང་ཕ་རིའི་ཐང་གི་སྒྲུབ་གྲྭ་སོགས་ཆོས་ཁྲིད་ཀྱིས་ ལེགས་སྐྱོང་མཛད་པའི་སྐྱེས་ཆེན་རྡོ་རྗེ་འཛིན་པ་སྔ་ཕྱི་དུ་མ་ཞིག་རིམ་པས་བྱོན་པ་དེ་དག་གི་ ལོ་རྒྱུས་རྣམ་ཐར་ས་བོན་ཙམ་བརྗོད་པར་བྱ་བ་ལའང༌། ཐོག་མར་བློ་བཟང་མཆོག་གྲུབ་པ་ སྐུ་ན་ཆུང་བའི་དུས་ཀྱི་མཚན་ལ་མཆོག་དགའ་ཞེས་ཟེར་ཞིང་དེ་དུས་ནས་ཀྱང་ཆོས་ལ་སྤྲོས་ ཞིང་རྣམ་དཔྱོད་ཀྱི་སྒོ་ནས་གཞན་ཕལ་བ་རྣམས་ལས་ཆེས་མཆོག་ཏུ་བཀྲ་ཞིང་རྒྱས་པ་ཞིག་ སྟེ་མཚམས་ཤིག་ལ་འཛམ་ཐང་དུ་རྫོགས་ཆེན་དཔལ་སྤྲུལ་རིན་པོ་ཆེ་འཇིགས་མེད་ཆོས་ཀྱི་ དབང་པོ་ཕྱགས་ཕེབས་ནས་ཁོང་གིས་འདུས་པ་མང་པོར་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ འཇུག་པའི་གཞུང་ཁྲིད་ཚོགས་བཤད་གནང་བའི་སྐབས་སུ་རྗེ་དཔལ་སྤྲུལ་གང་གིས་དེར་ གནས་ཆོས་ཉན་པའི་དམ་པ་མང་པོ་ལ་སྤྱོད་འཇུག་ཡི་གེ་རེ་གནང་སྦྱིན་མཛད་ཅིང༌། དེར་ ཆོས་ཉན་ལ་གྲྭ་ཆུང་མཆོག་དགའ་ཡོད་པ་ལ་ཁོང་དང་རྟ་ཤེར་ཟེར་བའི་བན་རྒན་གཉིས་ ལ་ཐུན་མོང་དུ་སྤྱོད་འཇུག་དཔེ་ཡིག་ཅིག་གནང་བ་རེ་ཞིག་ནས་བན་རྒན་གྱིས་བདག་གིར་ བྱས་ཏེ་ཁོ་རང་གིས་ཁྱེར་སོང་རྐྱེན་གྲྭ་ཆུང་མཆོག་དགའ་དཔལ་སྤྲུལ་གྱི་སྐུ་མདུན་དུ་འོང་སྟེ་ དཔལ་སྤྲུལ་ལ་གྲྭ་ཆུང་དེས་ཞུ་བ་ཕུལ་བ། ཁྱེ ད་ཀྱིས་གནང་བའི་དཔེ་ཡིག་དེ་གྲོགས་ཀྱིས་ ཁྱེ ར་སོང་བས་ད་ལན་རང་ལ་ཡི་གེ་དེ་འདྲ་ཞིག་གནང་ན་ཉམས་ལེན་བྱེད་ངེས་ལགས། ཞུས་ པས། རྗེ་དཔལ་སྤྲུལ་ཉིད་ཀྱིས་སྤྱན་ཅེ་རེ་གྲྭ་ཆུང་དེ་ལ་གཟིགས་བཞིན་ཞལ་ནས། ཁྱོ ད་ཀྱི་ མིང་ལ་ཅི་གསུངས། གྲྭ་ཆུང་གིས་མཆོག་དགའ་ལགས། ཞུས་ཚེ་སླར་ཡང་ཞལ་ནས་ཨ་ངོ་ 3-1-24 མཚར་ཆེ་ཁྱོ ད་བྱང་ཆུབ་སེམས་དཔའ་མཆོག་ཏུ་དགའ་བའི་རྒྱལ་པོ་ཞེས་བྱ་བ་ཡིན་ཏེ། རྟེན་ འབྲེལ་ཤིན་ཏུ་འགྲིག་ད་ལན་ཉམས་ལེན་བྱེད་ཟེར་བ་ཁྱོད་ལས་གཞན་འདི་ན་དཀོན་པས་ ངས་ཁྱོད་ལ་སྤྱོད་འཇུག་ཡི་གེ་ལོས་སྦྱིན་དེ་མ་ཟད་མཆོད་སྣོད་ཕུད་ཕོར་འདི་ཡང་ཁྱོད་ལ་ སྦྱིན་ནོ། །ཞེས་གསུངས་ནས་ཁོང་གིས་སྤྱོད་འཇུག་གི་དཔེ་དང་ཕུད་སྣོ ད་དར་བཅས་གྲྭ་ཆུང་ མཆོག་དགའ་ལ་གནང་སྦྱིན་མཛད་དེ་གསུང་གིས་གཟེངས་བསྟོད་ཀྱིས་དབུགས་དབྱུང་དུས་ སུ་བསྩལ། དེ་ནས་གྲྭ་ཆུང་མཆོག་དགའ་དེ་རང་ཡུལ་དུ་ཡ་རབས་དམ་པའི་སྤྱོད་ལ་གནས་ ཤིང་དེ་མཚམས་ཤིག་ནས་ཁོང་ཉིད་སྟོད་དབུས་གཙང་གི་ཕྱོགས་སུ་སོང་སྟེ་ཡུལ་དེའི་ཆོས་གྲྭ་ ཆེ་བ་འབྲས་སྤུངས་བློ་གསལ་གླིང་དུ་ལོ་མང་པོ་ཞིག་གི་རིང་ལ་ཉིད་ཀྱིས་ཆོས་གྲྭར་ལེགས་ ཞུགས་ཀྱི་སྒོ ་ནས་ཐོག་མ་རིག་གནས་ཐུན་མོང་པ་ཁ་དོག་དཀར་དམར་གྱི་ ཁྱབ་མཐའ་དང་ བློ་རིགས་རྟགས་རིགས་ཀྱི་རིགས་པ་སློབ་ཚུལ་སོགས་དང༌། གཞུང་ཆེན་ཚད་མ་དང་དབུ་ ཕར་ཆོས་མངོན་གྱི་བཀའ་པོད་རྣམས་དང་ཐུན་མོང་མ་ཡིན་པ་སྔགས་ཕྱོགས་རྒྱུད་སྡེ་རྣམ་ བཞིའི་རབ་དབྱེ་རྒྱས་པ་ལ་སོགས་པ་མདོར་ན་མདོ་སྔགས་ཀྱི་གཞུང་ལུགས་ལ་ཐོས་བསམ་ རྒྱ་ཆེར་བརྩོན་པ་དྲག་པོ་ལྷུར་བླང་གིས་ནན་ཏན་གཏན་ཁེལ་བྱས་པས་གྲུབ་འབྲས་རིག་པའི་ གནས་ཀུན་གྱི་གནད་དོན་ཚང་མ་ཐུགས་ལ་བྱང་ཆུབ་ནས་གྲྭ་ས་དེའི་ཕྱག་སྲོལ་ཇི་བཞིན་གྱི་ མཁས་གནས་ཐོབ་སྟེ་འབྲས་རབ་འབྱམས་པ་བློ་བཟང་མཆོག་གྲུབ་རྒྱ་མཚོ་ཞེས་དགེ་བཤེས་ མཆོག་གི་གོ་གནས་ཉིད་ཀྱིས་བདག་གིར་བཞེས་ནས་སླར་རང་ཡུལ་འཛམ་ཐང་ཁང་དམར་ རྟེན་ཁང་དུ་ཕེབས་ཏེ་དེར་ཁོང་ཉིད་ལོ་འགར་བཞུགས་བཞིན་གང་གིས་བླ་མ་འཇམ་དཔལ་ རྒྱ་མཚོ་སོགས་ཐུགས་སློབ་འགའ་ལ་ལམ་རིམ་ཕུང་ལྔ་བསྡུས་གྲྭ་སོགས་གཞུང་ལུགས་མཁོ་ ཆེ་བ་དུ་མའི་བཤད་ཁྲིད་ཞིབ་བཤད་ཀྱིས་སློབ་ཚོགས་རྗེས་སུ་བཟུང་བཞིན་ལེགས་བཞུགས་ ཀྱི་སྒོ་ནས་གནས་སྐབས་རྟེན་ཁང་དེར་བོ་བ་བླ་མ་ངེས་དོན་གྱིས་ཤུག་མདའི་བློ་བཟང་ 3-1-25 སོགས་སློབ་བུ་འགའ་ལ་སྦྱོར་དྲུག་གི་ཟབ་ཁྲིད་མཛད་བཞིན་པའི་སྐབས་ཡིན། དེ་ནས་འདི་ སྐོར་ལ་ཁོང་གི་མཚན་དུ་ཁང་དམར་དགེ་བཤེས་ཞེས་གྲགས་ལ་ཉིད་ཀྱི་ཐུགས་ཉམས་སུའང་ འདི་ལྟར་དགོངས་ཏེ་ད་ནི་རང་གིས་ཀྱང་རྒྱལ་བ་ཇོ་ནང་པའི་རང་ལུགས་ཀྱི་ལམ་ཉམས་ ལེན་ཞིག་ངེས་པར་དགོས་ན་ཟབ་ཆོས་དེ་ཇི་བཞིན་སྟོན་པའི་སློབ་དཔོན་མཚན་ཉིད་ཚང་ བ་ཞིག་གང་ནས་རྙེད་སྙམ་པའི་དགོངས་བརྟགས་མཛད་པས་དེང་དུས་སུ་སྔགས་ཀྱི་རྡོ་རྗེ་ སློབ་དཔོན་དུ་འོས་ངེས་པ་ནི་སྦྱངས་པ་ཀུན་དགའ་ངེས་དོན་ཞབས་པ་ཉིད་དུ་ཐུགས་ཐག་ ཆོད་དེ་ཁོང་གིས་ཚུལ་དེ་ལུགས་ཀྱི་ཞུ་བ་སྦྱངས་པ་བླ་མ་མཆོག་ལ་ཕུལ་ན་ཐོག་མར་བླ་མས་ ཞལ་གྱིས་མ་བཞེས་ཚེ་དགེ་བཤེས་ཉིད་ནས། ཁྱེ ད་ཀྱིས་ཁོ་བོ་ལ་སྦྱོར་དྲུག་གི་ཟབ་ཁྲིད་ཞིག་ མཛད་སྐབས་འགྲིག་ན་རང་གིས་དེ་ལུགས་བཞིན་ཉམས་ལེན་ཞིག་བྱེད་སྙམ་ཡོད། འོན་ཀྱང་ དེ་འདྲ་མ་ལྡན་ཚེ་ཁོ་བོ་རང་ཡུལ་འདིར་སྡོད་སྙམ་མེད་ངེས་ཀྱི་ཞུ་ནན་ཡང་ཡང་གི་བཀའ་མ་ ཆོག་པར་སྦྱངས་པ་བླ་མ་མཆོག་ནས་ཀྱང་དགེ་བཤེས་ཀྱི་བཀའ་དང་བླང་གིས་ཞལ་བཞེས་ ལེགས་མཛད་ཀྱི་སྒོ་ནས་རྡོ་རྗེ་སློབ་དཔོན་གྱི་འགན་དབང་ཉེར་བཞེས་དང་ཁྲི་འདོན་བསྐོ་ བཞག་བཅས་ཀྱིས་ཐོག་མར་སྦྱོར་དྲུག་གི་ཆོས་ཚན་པ་དགེ་བཤེས་ཁོང་ཉིད་དང་གཞན་སློབ་ འགའ་བཅས་ཀྱིས་རྡོ་རྗེ་འཆང་ཀུན་དགའ་ངེས་དོན་ཞབས་པ་སྤྱི་བོས་བླ་མར་བཀུར་བའི་ སྒོ་ནས་རང་ལུགས་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་སྦྱོར་བ་ཡན་ལག་དྲུག་གི་དབང་ལུང་མན་ ངག་ཆ་ལག་བཅས་ཡོངས་སུ་རྫོགས་པ་ལེགས་ནོད་ཀྱིས་ཟབ་དོན་གདམས་པ་ཇི་བཞིན་ཁོང་ གིས་ཉམས་སུ་བླངས་པས་ལམ་རང་རང་གི་ཉམས་དང་རྟོགས་པ་ཁྱད་པར་བ་སྒོ་ཀུན་ནས་ ཐུགས་ཉམས་སུ་ལེགས་པར་འཁྲུངས་ཤིང༌། དེ་འདྲའི་ཚུལ་གྱིས་སྔོ ན་བྱོན་དམ་པ་གོང་མའི་ ཕྱག་བཞེས་བཞིན་ཁོང་གིས་སྦྱོར་དྲུག་ཆ་ཚང་ཉམས་ལེན་གནད་ཁེལ་མཛད། དེ་ཕན་ལོ་ ཤས་རིང་ཀླད་སྦྱངས་པ་རྡོ་རྗེ་འཆང་གིས་སློབ་ཚོགས་ལ་དབང་ལུང་མན་ངག་གནང་རྗེས་སུ་ 3-1-26 དགེ་བཤེས་ཉིད་ཀྱིས་སློབ་ཚོགས་དེ་དག་ལ་ཉེར་མཁོའི་ཆོས་ཁྲིད་མཐོང་བ་དོན་ལྡན། ལྷན་ ཐབས་འོད་བརྒྱ་འབར་བ། ལམ་རིམ་བདུད་རྩིའི་ཉིང་ཁུ་སོགས་ཆོས་བཀའ་ཅི་དགོས་ཐམས་ ཅད་ལོ་བསྟར་བཞིན་མཛད་དེ་ཁོང་ཉིད་རྡོ་རྗེ་སློབ་དཔོན་གཉིས་པ་ལྟ་བུར་ཁང་དམར་རྟེན་ ཁང་དེ་ཉིད་དུ་ལེགས་པར་བཞུགས་ཤིང༌། གོང་ནས་ཁང་དམར་དུ་ཁོང་ཉིད་བཞུགས་ཏེ་ སློབ་ཚོགས་སྔ་ཕྱི་ཅི་རིགས་དག་ལ་ཆོས་ཁྲིད་གང་མཁོ་དུས་དུས་སུ་ལེགས་གནང་གི་སྐབས་ ཐམས་ཅད་དུ་ཉིད་ལ་ཁང་དམར་དགེ་བཤེས་ཞེས་གྲགས་པ་ཀུན་ནས་ཆེ་བ་ཙམ་དུ་གྱུར་ལ། དེ་མཚམས་སྐོར་ཞིག་ནས་སྦྱང་པ་རིན་པོ་ཆེ་དང་དགེ་བཤེས་ཁོང་རྣམ་གཉིས་ཀྱིས་བཀའ་ མོལ་ཐུགས་མཐུན་བཅས་འགམ་ནང་བླ་མ་འཇམ་དཔལ་རྒྱ་མཚོ་ཁང་དམར་རྟེན་ཁང་དུ་ རྡོ་རྗེ་སློབ་དཔོན་མཆོག་ཏུ་བསྐོ་བཞག་ཀྱང་མཛད། དེ་ནས་རེ་ཞིག་གི་ཚེ་དགེ་བཤེས་ཉིད་ ཀྱིས་འདུ་འཛིའི་གཡེང་རྐྱེན་ཆུང་ཞིང་དགེ་སྦྱོར་རང་ཤུགས་ཀྱིས་འཕེལ་བའི་དབེན་གནས་ ཤིག་ཏུ་བྱོན་འདོད་ངེས་པར་ཆེ་བས་སྦྱངས་བ་བླ་མ་སྐྱབས་མགོན་མཆོག་ལ་དེ་ལུགས་ཀྱི་ ཞུ་བས་དཀའ་གནང་ལོན་ནས་དགེ་བཤེས་ཁོང་ཉིད་ཚ་རོང་སྟོད་ཀྱི་ཆ་ཛ་འགོ་ཟེར་བའི་ གནས་དེར་བྱོན་ནས་ས་ཆ་དེར་ཁོང་གིས་རི་ཁྲོད་བཏབ་ནས་རིང་ཞིག་ཏུ་ཐོས་བསམ་སྒོམ་ གསུམ་གྱིས་དུས་འདའ་བར་མཛད་པ་ན་ཁོང་གི་མཚན་སྙན་གྱི་གྲགས་པ་རིམ་པས་ཇེ་རྒྱས་ སུ་སོང་གཤིས་སློབ་ཚོགས་ཆོས་ཞུ་མཁན་ཡང་སྔ་ཕྱི་ཀུན་ཏུ་ཆེས་མང་ཙམ་འདུ་བའི་ངོས་ ནས་ཁོང་གིས་དེ་དག་ལ་ཆོས་ཁྲིད་ཅི་དགོས་ཀྱིས་རེ་བ་སྐོང་བཞིན་སྔ་ཕྱི་ཀུན་ལ་རྗེ་འདི་བ་ ཉིད་ཀྱིས་རྒྱལ་བའི་དགོངས་འགྲེལ་སྤྱི་དང་ཁྱད་པར་ངེས་དོན་ཇོ་ནང་པའི་རང་ལུགས་ཀྱི་ གསལ་བརྗོད་གསུང་རྩོམ་གནང་རིམ། ཕྱི་ནང་གྲུབ་མཐའི་རྣམ་བཤད། མངོན་པ་མཛོད་ཀྱི་ འགྲེལ་བ། གསེར་ཕྲེང་ས་བཅད་རྟེན་འབྲེལ་རྣམ་བཤད། ཕུང་པོ་ལྔའི་རྣམ་བཤད། དབུ་ མ་ཐེག་མཆོག་ཊཱིཀ་ཟིན་གྱི་མཇུག་ལེའུ་གཅིག་གི་འགྲེལ་བ། རྒྱུ་འབྲས་དབུ་མའི་ཐིག་ལེའི་ 3-1-27 འགྲེལ་བ་སོགས་ཁྱོ ན་སྡོམ་ཡོངས་ལ་གླེགས་བམ་བཅུ་ཙམ་གྱི་གསུང་ཆོས་ཡོད་སྐད། སྤྱིར་ ཁོང་ཉིད་དེར་བཞུགས་སྐབས་གདུལ་བྱ་རྗེས་བཟུང་གི་མཛད་སྒོ་ངེས་དོན་སྒྲུབ་བརྒྱུད་ཀྱི་ སྡེ་ལེགས་འཛུགས་ཀྱི་ཚུལ་ཡང་བཞག་ཤོད་དགོན་ཕྲན་མང་དག་ལ་ཟབ་ལམ་རྡོ་རྗེའི་རྣལ་ འབྱོར་སྦྱོར་བ་ཡན་ལག་དྲུག་གི་ལམ་ཉམས་ལེན་གྱི་སྒོམ་གྲྭ་ཆོས་ཚན་དུ་མ་སོ་སོར་འཛུགས་ བསྐྲུན་དང༌། ཁྱད་པར་བཀྲ་ཤིས་སྒང་གི་དགོན་པར་བྱོན་ནས་ཁོང་གིས་མཆོག་རྩེ་རྒྱལ་སྲས་ དབུས་གཙང་དགའ་ལྡན་གྱི་ཆོས་གྲྭར་སྦྱང་བརྩོན་ཡང་རབ་གྱིས་དགའ་ལྡན་གསེར་ཁྲི་ལ་ དབང་བྱེད་པ་ཅན་ཞིག་གི་དགེ་བཤེས་དེས་ཞུ་བའི་ངོར་སྦྱོར་དྲུག་ཟབ་ཁྲིད་ཆ་ཚང་ལེགས་ གནང་གིས་དགེ་བཤེས་དེ་ཉིད་ཐུགས་སློབ་མཆོག་ཏུ་རྗེས་བཟུང་མཛད་ཅིང༌། སྤྱིར་ན་རྗེ་ དགེ་བཤེས་རིན་པོ་ཆེ་གང་ཉིད་འདི་སྐོར་ནས་བཟུང་སྐུ་ཚེ་སྨད་ཀྱི་རིང་ལ་ཚ་རོང་འདི་ཕྱོགས་ སུ་འཕྲིན་ལས་རྒྱ་ཆེ་བས་ཛ་འགོའི་དགེ་བཤེས་ཞེས་པའི་མཚན་ཡོངས་གྲགས་སུ་སོང་ལ། རྗེ་འདི་ཉིད་ཀྱི་ཐུགས་སྲས་ཆེ་བ་བསྟན་འགྲོ་ལ་ཕན་ཐོགས་པ། ཀ་ཐོག་བླ་མ་ངག་མཆོག ཁྲི་ བཅུའི་དབོན་འཇིགས་མེད་རྒྱ་མཚོ། བྱང་བླ་བྲང་གི་དགེ་བཤེས་བླ་མ་ཏིང་འཛིན། བླ་མ་ པདྨ་ཚུལ་ཁྲིམས། བཀྲ་ཤིས་སྒང་བ་བླ་མ་ཚུལ་ཁྲིམས། སྐུ་མདུན་པ་བླ་མ་རིགས་ལྡན། བླ་མ་ ཆོས་འཛིན་སོགས་མང་ཙམ་ཞིག་བྱུང༌། དགེ་བཤེས་རིན་པོ་ཆེའི་སྐུ་ཚེ་དཀྱིལ་ཕྱེད་ཙམ་ནས་ ཛ་འགོའི་རི་ཁྲོད་དེར་དགོན་སྡེ་ཆོས་གཞི་ཆེར་རྒྱས་ཀྱི་ངང་ནས་དགེ་འདུན་པའི་གཙུག་ལག་ ཁང་ཀ་བ་བཅུ་དྲུག་གི་ཁྱོ ན་ཡོད་པ་གསར་བཞེངས་དང༌། གཞན་གྲྭ་ཁང་ལྔ་བཅུ་ལྷག་ཙམ་ དང་བཅས་དུས་རྒྱུན་སྦྱོར་དྲུག་སྒོམ་སྒྲུབ་བྱེད་པའི་ཆོས་ཚན་སོ་སོ་ལོ་དུས་བཞིན་ཆད་མེད་ལྟ་ བུ། དགེ་འདུན་གྱི་བསླབ་པ་ཡོངས་སུ་སྦྱོང་བའི་དབྱར་གནས་གསོ་སྦྱོང་གི་ཆོ་ག་དུས་དུས་ སུ་དང༌། ལོ་གསར་ཆོ་འཕྲུལ་གྱི་སྨོ ན་ལམ་ཆེན་མོའི་ཆོས་ཚོགས་ལོ་དུས་བཞིན་ཏེ་དེ་དག་གི་ སྐབས་འདུས་པ་མང་བའི་དུས་ན་སེར་ཚོགས་བརྒྱ་ཕྲག་ལྷག་རེ་བྱུང་བ་སོགས་མཛད་སྒོ་ཆེ་ 3-1-28 བ་རྒྱས་ངོས་ནས་དགེ་བཤེས་རིན་པོ་ཆེའི་སྐུ་ཚེ་སྨད་ཀྱི་ཆ་ལ་ཁོང་གིས་དགོན་དེའི་རྒྱལ་ཚབ་ ཏུ་བསླབ་གསུམ་མཆོག་མངའ་ཀུན་དགའ་རིག་མཆོག་རྒྱ་མཚོ་ཞེས་པ་བསྐོ་བཞག་གིས་ཆོས་ ཀྱི་སློབ་དཔོན་དུ་མངའ་གསོལ་མཛད་ནས་རེ་ཞིག་གི་ཚེ་ཤིང་སྟག་གི་ལོར་དགེ་བཤེས་ཁོང་ ཉིད་ཐུགས་དགོངས་ཆོས་དབྱིངས་སུ་ཐིམ་ཞིང༌། དེ་རྗེས་དགོན་པ་དེ་ཉིད་བླ་མ་རིག་མཆོག་ ཞབས་པས་ཡུན་རིང་པོར་ལེགས་བསྐྱང་གི་མཐར་དགོན་དེའི་ཆོས་ཀྱི་སློབ་དཔོན་བླ་མ་ཚུལ་ ཁྲིམས་དང༌། བླ་མ་དགེ་མཆོག་རྣམ་གཉིས་ཀྱིས་མཛད་ནས་བར་སྐབས་རེ་ལ་ཆོས་གཞི་རིམ་ པས་རིང་ཙམ་ཞིག་ལ་དར་རྒྱས་སྒོ་གང་ཐད་ནས་ཆེ་རབ་བྱུང་རྗེས་ནས་དེང་སང་གི་དུས་ཀྱི་ འཕོ་འགྱུར་ཆེ་བས་འོག་ཏུ་གྱུར་ཏོ། ། ༼༣༽ ད་ནི་དཀྱུས་ཀྱི་འཛམ་ཐང་ཆོས་རྗེའི་ཁང་དམར་རྟེན་ཁང་གི་གདན་རབས་པ་སྔར་ གྱི་འཕྲོས་ནི། སྐྱབས་མགོན་སྦྱངས་པ་རིན་པོ་ཆེ་སྐུ་དངོས་བཞུགས་ཀྱི་དུས་སུ་ཁོང་གིས་ཁང་ དམར་རྟེན་ཁང་དེ་ཉིད་ལ་རྡོ་རྗེ་སློབ་དཔོན་དུ་བསྐོ་བཞག་མཛད་པ་ནི་བླ་མ་འཇམ་དཔལ་ རྒྱ་མཚོ་སྟེ། དེ་ཡང་ཁོང་ཉིད་ཆུང་དུས་ནས་གྲྭ་ཆུང་ཆོས་ལ་ཞུགས་ཤིང་དམ་པའི་ངང་ཚུལ་ ཅན་སྐྱབས་མགོན་སྦྱངས་པ་རྡོ་རྗེ་འཆང་གི་དྲུང་ནས་སྦྱོར་དྲུག་ཆ་ཚང་གི་དབང་ལུང་ཟབ་ ཁྲིད་ཉིད་ཀྱིས་ལེགས་ནོད་བཅས་གོང་མའི་ཕྱག་བཞེས་བཞིན་ཉམས་ལེན་གནད་སྨིན་ཀྱང་ མཛད། དེ་རྗེས་སྐབས་ཅི་རིགས་པར་ཉིད་ཀྱིས་བསྐྱེད་རིམ་སྣ་ཚོགས་པའི་བསྙེ ན་སྒྲུབ་ཚད་ ལྡན་རེ་དང༌། དགེ་བཤེས་མཆོག་གི་མདུན་ནས་མདོ་སྔགས་ཀྱི་གཞུང་ལུགས་དུ་མའི་རྣམ་ བཤད་ལ་ཐོས་བསམ་གྱིས་བསླབ་སྦྱང་གིས་མཁས་གནས་ཐོབ་ཅིང༌། དེ་མཚམས་ཤིག་ནས་ སྦྱངས་པ་རིན་པོ་ཆེ་དང་དགེ་བཤེས་མཆོག་རྣམ་གཉིས་ཀྱིས་བཀའ་བཀོད་ལ་བརྟེན་ནས་ དམ་པ་འདི་ཉིད་ཁང་དམར་རྟེན་ཁང་དུ་རྡོ་རྗེ་སློབ་དཔོན་མཆོག་གི་གོ་གནས་སུ་བཞུགས་ ནས་དམ་པ་གང་གིས་ཆོས་ཁྲིད་གསལ་གདབ་ཀྱི་ཚུལ་དུ་སློབ་ཚོགས་ཆོས་ཚན་སྔ་ཕྱི་མང་ 3-1-29 ཙམ་ཞིག་ལོ་བཅུ་ལྷག་ལ་བསྐྱངས་ནས་ཟབ་ཆོས་ཀྱིས་བསྟན་འགྲོ་ལ་ཕན་པ་བགྱིས་ཤིང༌། དམ་པ་འདི་བ་ཉིད་ཀྱིས་བརྩམས་ཆོས་ཀྱང༌། རྡོ་རྗེ་འཇིགས་བྱེད་ཀྱི་སྔགས་གསུམ་པོའི་རྣམ་ བཤད། འབྱུང་འདུལ་གྱི་བརྒྱུད་འདེབས། འཛི་ཉིན་ཚོགས་ལ་ཉེར་མཁོ་རྩེ་ཞྭའི་རྣམ་བཤད་ དང༌། ཚོགས་ཀྱི་སྒྲིག་ཁྲིམས་སོགས་རྩོམ་པའང་འགའ་རེ་མཛད་པ་སོགས་ཀྱི་བྱས་རྗེས་ཡོད། དེ་འདྲའི་དོན་གཉིས་བཟང་རབ་ཀྱི་བཤེས་གཉེན་མཆོག་ཅིག་ཡིན་མོད་ཀྱང༌། ཉིད་ཀྱི་མཛད་ སྒོ་ཡུན་རིང་མ་བྱུང་བར་དེ་འཕྲལ་གློ་བུར་དུ་རིམས་ཡམས་ཀྱིས་སྐུ་མ་འཚོ་ཞིང་གཤེགས་ པའི་རྐྱེན་གྱིས་གདུང་མཆོད་སོགས་ཀྱི་བགྱི་བ་ཆེར་མ་བྱུང་ངོ༌། །སྤྱིར་སྐྱབས་མགོན་ཉིད་ཀྱི་ འཕྲོས་ནས་གདན་རབས་དང་པོ་དགེ་བཤེས་གཉིས་པ་འགམ་ནང་བླ་མ་གསུམ་པ་ཏོ་ཚ་བླ་ མ་གསུམ་གྱི་སྐུ་རིང་དུ་ཀླད་སྦྱངས་པ་རྡོ་རྗེ་འཆང་ཁོང་ཉིད་ཀྱིས་ཆོས་ཁྲིད་ལེགས་གནང་གི་ མཛད་སྒོ ས་བརྩེ་གཟིགས་རྒྱུན་མ་ཆད་བཞིན་བཞུགས་པ་ཡིན་ལ། ༼༤༽ སྦྱངས་པ་སྐྱབས་མགོན་སྐུ་བཞུགས་དུས་ནས་ཁང་དམར་གྱི་རྡོ་རྗེ་སློབ་དཔོན་སྐུ་ གཤེགས་རྐྱེན་སྦྱངས་པ་ཁོང་གིས་རྟེན་ཁང་དེ་ཉིད་དུ་དབོན་བསོད་ནམས་བསྟན་འཛིན་རྡོར་ སློབ་ཏུ་ཞལ་བཀོད་མཛད་ཀྱང་དབོན་ཉིད་སྲིད་དབང་ལ་ཐུགས་ཁུར་ཆེ་བས་དེ་ལུགས་ཀྱི་ སྟབས་མ་འགྲིགས་པས་ཏོ་ཚ་བླ་མ་ཀུན་དགའ་དཔལ་འཕེལ་རྒྱ་མཚོ་གང་ཉིད་ཁང་དམར་ གདན་རབས་རྡོ་རྗེ་སློབ་དཔོན་མཆོག་ཏུ་བསྐོ་བཞག་གིས་བསྟན་འགྲོ་ལ་ལེགས་ཕན་དུས་ སུ་བྱུང་བ་སྟེ། དེ་ཡང་དམ་པ་གང་དེའི་སྐུ་རུས་ཏོ་ཚ་ཡིན་ཞིང་ན་ཆུང་དུས་ནས་ཀློག་སོགས་ ལེགས་བསླབས་ཀྱིས་དམ་པའི་སྤྱོད་ལ་གནས་ཤིང་དེ་མཚམས་ཤིག་ནས་རང་ཁྱིམ་འབྲོག་ སྡེ་དང་ཉེ་བར་དམ་པ་ཉིད་ཀྱིས་ཡི་དམ་བསྐྱེད་རིམ་གྱི་རིགས་མང་ཙམ་ལ་བསྙེ ན་སྒྲུབ་མཛད་ པས་གྲུབ་འབྲས་ཀྱི་རྟགས་མཚན་བཟང་བ་དང༌། ཁྱད་པར་རྡོ་རྗེ་འཇིགས་བྱེད་ཀྱི་ལྷའི་ གསལ་སྣང་ཆེ་རབ་མངའ་ལ། སྐབས་ཅི་རིགས་སུ་སྦྱངས་པ་རྡོ་རྗེ་འཆང་གི་དྲུང་ནས་སྦྱོར་བ་ 3-1-30 ཡན་ལག་དྲུག་གི་དབང་ལུང་ཟབ་ཁྲིད་ཡོངས་སུ་རྫོགས་པ་ཉིད་ཀྱིས་ལེགས་གསན་བཅས་ གོང་མའི་ཕྱག་སྲོལ་ལྟར་ཉམས་བཞེས་མཛད་སྐབས་ནང་རྟོགས་ཀྱི་ཡོན་ཏན་མཆོག་ཏུ་གྱུར་ ཅིང་ཁྱད་པར་སྐུ་ཚེའི་མཐའ་ཚུན་ལ་རྫོགས་རིམ་གྱི་ཡན་ལག་དང་པོ་སོར་སྡུད་ཇི་བཞིན་ མཐར་ཕྱིན་པ་ཙམ་དུ་ལམ་མངོན་པར་རྟོགས་པའི་རིམ་པ་ཐུགས་ཉམས་སུ་འཁྲུངས་ལ། དེ་ འདྲའི་ཚུལ་གྱིས་རིང་ཞིག་ཏུ་སྒྲུབ་ཚུགས་བཟུང་ནས་རང་དོན་མཆོག་ཏུ་ལེགས་སྒྲུབ་ལ་ནན་ ཏན་རྒྱ་ཆེར་མཛད་ངོས་ནས་རིམ་པས་གཞན་དོན་བྱ་བའི་ཕྲིན་ལས་ཀྱི་སྐབས་སུ་ཉེ་བར་བབ་ པ་ན་སྦྱངས་པ་རྡོ་རྗེ་འཆང་གིས་བཀའ་བཀོད་ཀྱི་མཛད་སྒོའི་ངང་ནས་དམ་པ་འདི་ཉིད་ཁང་ དམར་རྟེན་ཁང་དུ་རྡོ་རྗེ་སློབ་དཔོན་ཆེན་པོ་ཉིད་དུ་མངའ་གསོལ་བ་ནས་བཟུང་རིམ་པར་ལོ་ བསྟར་བཞིན་ཀླད་སྐྱབས་མགོན་མཆོག་གིས་བྱིན་རླབས་ཀྱི་སྒོ་ཙམ་ཕྱེས་རྗེས་སུ་དམ་པ་འདི་ ཉིད་ཀྱིས་སློབ་ཚོགས་ཆོས་ཚན་སོ་སོ་དང་གློ་བུར་དུ་ལྷགས་པ་རྣམས་ལ་གང་ལ་གང་དགོས་ ཀྱི་ཆོས་བཀའ་ཐམས་ཅད་ལེགས་མཛད་ཀྱིས་སྦྱོར་དྲུག་རྩ་བའི་ཟབ་ཁྲིད་གཙོ་བོ་དང༌། གཞན་སློབ་ཚོགས་རང་རང་གི་ཁམས་དབང་དང་བསྟུན་པའི་བསྐྱེད་རིམ་འབྱུང་འདུལ། རྟ་ མགྲིན་སྐྱེ་སྒང་ལུགས། ཕུར་བ་ས་ལུགས། འཇིགས་བྱེད་འབྲུ་ནོན། སྙན་བརྒྱུད། སྒྲོལ་ དཀར། མགོན་པོ་བྲག་རྫོང་མའི་དམིགས་ཁྲིད་སོགས་དབང་ལུང་ཁྲིད་གསུམ་ལོ་བསྟར་ བཞིན་གང་དགོས་དག་གིས་རེ་འདོད་ཇི་བཞིན་སྐོང་བའི་སྒོ ་ནས་བཞུགས་ལ། འདི་སྐོར་གོང་ འོག་ཅི་རིགས་པར་གཙང་བའི་གྲྭ་ཚང་གི་འདུ་ཁང་དུ་ཐུབ་བསྟན་དགེ་ལེགས་རྒྱ་མཚོ་ཕེབས་ ནས་རྗེ་གང་ཉིད་ཀྱིས་མཛད་པའི་སྦྱོར་དྲུག་སྤྱི་དོན་སོགས་ཀྱི་བཤད་ཁྲིད་གནང་སྐབས་དམ་ པ་འདི་ཉིད་དེར་ཆོས་ཉན་དུ་བྱོན་ཏེ་གུས་པས་ལེགས་གསན་གྱིས་ཁོང་ཉིད་ཀྱི་ཉམས་རྟོགས་ ལ་སྔར་ལས་བོགས་བསྐྱེད་ཆེ་བ་བྱུང་ཞིང༌། དེ་མཚམས་སྔ་ཕྱི་གང་རུང་མེ་རྟའི་ལོར་སྐྱབས་ མགོན་སྦྱངས་བ་ཐུགས་དགོངས་དབྱིངས་སུ་ཉེ་བར་ཟུམ་པ་ནས་བཟུང་དེ་ཕན་ལོ་ལྔ་ལྷག་ 3-1-31 གི་རིང་ལ་རྗེ་དམ་པ་འདི་ཉིད་ཀྱིས་སྒོས་སུ་ཐུགས་ཁུར་བཞེས་ཏེ་སྔར་སྲོལ་ཇི་བཞིན་དུ་ཆོས་ གྲྭ་ལེགས་པར་བསྐྱངས་ཤིང༌། བར་སྐབས་སུ་རྗེ་བླ་མ་དམ་པ་འདི་ཉིད་ཀྱིས་ཁང་དམར་དུ་ འདུས་པ་བདུན་ཅུ་ལྷག་ལ་དུས་འཁོར་དབང་མོ་ཆེ་སྟ་གོན་ནས་བདག་ཆེན་གྱི་བར་ཡོངས་ སུ་རྫོགས་པ་བཀའ་དྲིན་དུ་མཛད་པ་དང༌། ཡང་སྐབས་ཤིག་ཏུ་དམ་པ་ཉིད་ཀྱིས་ཁོང་ནག་ བླ་མ་མཆོག་སྒྲུབ་སོགས་འདུས་པ་མང་ཙམ་ལ་རྡོ་རྗེ་ཕུར་བ་ས་ལུགས་ཀྱི་སྟོད་ལས་དང་ སྨད་ལས་ཀྱི་དབང་བཀའ་ཆ་ཚང་དཀར་བདུད་ཕུར་སྲུང་གི་རྗེས་གནང་བཅས་ལེགས་པར་ གསུངས་པ་སོགས་དེ་འདྲ་སྔ་ཕྱི་ཀུན་ཏུ་ཆོས་བཀའ་མང་པོ་ཡང་མཛད། ཡང་བར་སྐབས་ལ་ དམ་པ་ཁོང་ཉིད་ཆོས་རྗེའི་སྒར་གྱི་སྐུ་རིམ་དུ་སྒྲུབ་དཔོན་ལ་ཕེབས་པ་དང༌། བར་བར་ཆོས་ རྗེའི་གྲྭ་ཚང་གི་འདུ་ཁང་དུ་ཁོང་ཉིད་དུས་འཁོར་དང༌། བདེ་མཆོག་སྒྲུབ་མཆོད་ཅི་རིགས་ རེ་ལོ་དུས་བཞིན་ཚོགས་པའི་ཁྲི་འཛིན་ལའང་ཕེབས་ཤིང༌། མཚམས་རེ་ལ་བསྙུང་གནས་ ཀྱི་དབུ་བླར་ཁོང་གི་མཛད་ནས་གཞན་མང་པོ་དགེ་བསྐུལ་བྱས་པ་སོགས་རྣམ་པར་དཀར་ བའི་མཛད་སྒོ ་ཆེ་ཙམ་བདོག་ལ། ས་བྱའི་ལོར་ཁོང་དཔོན་སློབ་བརྒྱད་དགུ་ཙམ་གླང་པོ་ ཆེའི་རི་ཁྲོད་དུ་བྱོན་ནས་རྗེ་དབོན་འགྱུར་མེད་རྒྱ་མཚོའི་སྐུ་དྲུང་དུ། ཁོང་རྣམས་ཀྱིས་བྱམས་ ཆོས་སྡེ་ལྔ་དང༌། མངོན་མཛོད་རྩ་བ་སོགས་ཀྱི་བཀླག་ལུང་ཡང་གསན། ལོ་དེའི་སྟོན་དགུན་ མཚམས་སུ་ཆོས་རྗེའི་ཁང་གསར་དུ་གྲྭ་མང་གིས་ཕུར་བའི་སྒྲུབ་ཆེན་ཞག་བདུན་གྱི་རིང་དུ་ འཚོགས་སྐབས་ཀྱི་དབུ་བཞུགས་རྗེ་དམ་པ་འདི་ཉིད་ཀྱིས་མཛད་པའི་ཚེ་ཉིན་ཐ་མའི་བསྒྲལ་ ལས་ཀྱི་དུས་ཙམ་ན་སྒྲུབ་པོ་གང་དག་གི་མཐོང་སྣང་མཉམ་པོར་སྣང་བ་སྐྱི་གཡའ་ཞིང་ འཇིགས་ཟིལ་བཟོད་དཀའ་བའི་རྟགས་མཚན་མངོན་གྱུར་པ་དུས་སུ་བྱུང་ཚེ་དེར་བཞུགས་ སྐུ་དབོན་རིན་ཆེན་དཔལ་སོགས་ཆེ་བགྲེས་འགའ་ཞིག་གིས་རྗེ་དམ་པའི་མཐུ་ནུས་ཡོན་ཏན་ ལ་ཐུགས་ལྷག་པར་ཆེས་ཤིང་དེ་ལུགས་ལྟར་ངག་སྒྲོས་ནས། སྐྱེས་བུ་དམ་པ་འདི་ལྟ་བུ་རང་ 3-1-32 ཅག་གི་བསོད་ནམས་ཀྱི་ཞིང་དུ་ཡུན་རིང་བཞུགས་པར་དཀའ་བས་སྐུ་ཚེ་ཞབས་པད་བརྟན་ ཆེད་རིམ་གྲོ་ངེས་པར་དགོས་ཚུལ་གྱི་བཀའ་གྲོས་གསུང་གླེང་བྱུང་བ་ལྟར་ལོ་དེར་དེ་ལུགས་ ཀྱང་ལེགས་པར་གྲུབ་ལ། ས་བྱའི་ལོ་འདིའི་དགུན་ཁྲིད་དུ་གྲྭ་གསར་སྔོ ན་འགྲོ་བ་ཁྱ་ཡི་བླ་ མ་དཀོན་གསལ། མཁྱེ ན་དཔལ་སོགས་དགུ་ཙམ་ཡོད་ཅིང༌། དེའི་ཕྱི་ལོ་ལྕགས་ཁྱི འི་ལོར་ གྲྭ་གསར་བྱེད་པའི་སྦྱོར་དྲུག་པ་བླ་མ་ལེགས་བྱམས། བློ་བཟང༌། དོན་རིགས་སོགས་བཅུ་ གཉིས་ཙམ་དང༌། དེ་ལོར་དམ་པ་གང་གིས་མཚམས་གྲྭ་བ་སློབ་བུ་ཡོངས་ལ་འཇིགས་བྱེད་ རོ་ལངས་བརྒྱད་བསྐོར་གྱི་དབང་ལུང་མན་ངག་ཡོངས་སུ་རྫོགས་པ་ལེགས་གནང་མཛད་ ཅིང་དེ་མིན་སྔ་ཕྱིར་ཆོས་བཀའ་ཅི་དགོས་ཀྱིས་ཀྱང་ལེགས་པར་བསྐྱང་ལ། དེའི་ཡང་ཕྱི་ལོ་ ལྕགས་ཕག་གི་ལོ་ལ་ལོ་དེའི་ཟླ་བ་གཉིས་པའི་མགོ་ཙམ་ན་རྗེ་བླ་མ་དམ་པ་གང་གིས་སློབ་ ཚོགས་ལས་སྦྱོར་དྲུག་དངོས་གཞི་བ་འཁྲུལ་འཁོར་གོང་འགབ་དག་ལ་རང་འཚམས་དུས་སུ་ བབ་པའི་ཟབ་ཁྲིད་ཅི་དགོས་རྣམས་དང༌། དེ་ལོའི་གྲྭ་གསར་བྱེད་པའི་སྔོ ན་འགྲོ་བ་གང་དག་ ལ་དམ་པོའི་མུན་ཁྲིད་ལེགས་འདེབས་དང་དེ་ལ་མཁོ་བའི་མཆོག་དབང་དང༌། ལུས་ཕུད་ འབུལ་བའི་བྱིན་རླབས་སོགས་ཆ་ལག་གང་དགོས་ལེགས་གྲུབ་ཀྱི་མཛད་སྒོ་དང་བཅས་རྗེས་ ཙམ་ན་ལོ་དེར་སྦྱངས་པ་རིན་པོ་ཆེའི་སྐུ་ཚ་སྦྱངས་མཁྱེན་ཞེས་པས་འཕྲལ་དུ་གྲྭ་ལོག་བྱས་ རྐྱེན་གྱིས་རྗེ་དམ་པ་ཁོང་ལ་གློ་བུར་དུ་སྐུ་བསྙུན་བྱུང་ཞིང༌། དེ་ལ་རིམ་གྲོ་ཞབས་བརྟན་ཀྱང་ འདུས་སྡེ་ཡོངས་ནས་རྒྱ་ཆེ་བ་ཙམ་བྱས་ནའང་རེ་ཞིག་གདུལ་བྱ་རྫོགས་ཚུལ་གྱིས་ཕན་པ་མ་ བྱུང་སྐབས། རྗེ་ཁོང་གི་ཞལ་ནས། སྐུ་དབོན་ཆོས་གྲགས་སོགས་ལ་འདས་མ་འོངས་ད་ལྟ་ ལས་བརྩམས་པའི་ཞལ་ཆེམས་སྣ་ཚོགས་དང༌། ཁྱད་པར་སྦྱངས་པ་འགབ་མའི་དབོན་བླ་ མ་ཕུན་ཚོགས་རྒྱ་མཚོ་རང་གི་རྒྱལ་ཚབ་ཏུ་བསྐོ་བཞག་གི་བཀའ་ལུང་ཞིབ་རྒྱས་བཅས་ཁོང་ ཉིད་ཀྱིས་ཁྲིད་ཡིག་མཐོང་བ་དོན་ལྡན་རྡོར་དྲིལ་དར་བཅས་ཀྱིས་ཀྱང་གནང་སྦྱིན་ལེགས་ 3-1-33 མཛད་ཀྱི་སྒོ་ནས་ཚུལ་དེ་ཀའི་ངང་རེ་ཞིག་གི་ཚེ་ལོ་དེའི་ས་ག་ཟླ་བའི་ཡར་ཚེས་བཅོ་ལྔའི་ཉིན་ ཉིད་སྐུ་ཞི་བར་གཟིམས་ནས་དགོངས་པ་ཆོས་དབྱིངས་རོ་མཉམ་གྱི་ཐུགས་དམ་ཚེས་དེའི་ བཅོ་བརྒྱད་བར་ལེགས་བཞུགས་མཐར་ཐུགས་དམ་གྲོལ་སྐབས་དཀར་ཆ་སྟེང་དང་དམར་ ཆ་འོག་ནས་ཇི་བཞིན་འབབ་པའི་རྟགས་མཚན་ཀྱང་དགེ་བ་བྱུང་ཞིང༌། དེ་ནས་སློབ་ཚོགས་ ཀྱིས་གཤེགས་མཆོད་གདུང་བཞུ་སོགས་སྔོན་སྲོལ་ཇི་བཞིན་ཉེར་བསྒྲུབ་ཀྱི་དུས་སུ་གདུང་ལ་ ཞུགས་འབུལ་གྱི་སྐབས་མེ་སྒྲོན་གྱིས་དངོས་སུ་ུསྦར་མ་དགོས་པར་ཡེ་ཤེས་ཀྱི་རང་མེ་འབར་ བས་སྐུ་གདུང་ལྷག་མེད་དུ་སྐད་ཅིག་ལ་ཞུ་ཞིང་ཕྱིས་སུ་ཐུགས་མ་ཚིག་པར་ལུས་པ་བྱུང་ལ། འདིའི་དགོངས་ཆོག་སྦྱིན་སྲེག་གི་ཆོ་ག་མཛད་པ་པོ་རྗེ་དབོན་འགྱུར་མེད་རྒྱ་མཚོ་དཔོན་སློབ་ ཡིན་ཞིང༌། རྗེས་སོར་སྐུ་ཚ་ཚོགས་སློབ་འགས་གདུང་རྟེན་ལ་དངུལ་གྱི་མཆོད་རྟེན་ཁྲུ་ཚད་ གསུམ་པ་བཞེངས་པ་སོགས་རྗེས་སྒྲུབ་རྣམ་དཀར་གྱི་བསགས་སྒོ་ཡང་མི་དམན་པ་ལེགས་ བགྱིས་ཉེ་བར་བྱས་པའོ། དེ་ཡན་ཆད་ཀྱིས་ཁང་དམར་རྟེན་ཁང་དུ་བཞུགས་པའི་གདན་ རབས་འགངས་ཆེ་བ་རྒྱུན་བཞུགས་ཀྱི་ཚུལ་ཆོས་ཀྱི་སློབ་དཔོན་སྤྱིར་ནི། དང་པོ་སྦྱངས་པ་ སྐྱབས་མགོན་མཆོག་དང༌། གཉིས་པ་དགེ་བཤེས་རིན་པོ་ཆེ་དང༌། གསུམ་པ་འགམ་ནང་ བླ་མ་འཇམ་དཔལ་རྒྱ་མཚོ་དང༌། བཞི་པ་ཏོ་ཚ་བླ་མ་ཀུན་དགའ་དཔལ་འཕེལ་ཞབས་ཏེ་དེ་ རྣམས་ཀྱི་ལོ་རྒྱུས་ཆེ་ཆུང་ཅི་རིགས་སོང་ཟིན་ནས། ༼༥༽ ད་ནི་གདན་རབས་དེ་དང་འདྲ་བ་ལྔ་པ་ནི་སྦྱངས་པ་བླ་མ་ཀུན་དགའ་ཕུན་ཚོགས་ རྒྱ་མཚོ་སྟེ། དེ་ཡང་འཛམ་ཐང་དུ་དུས་ཕྱིས་སུ་གསེར་དངུལ་སྦྱངས་པའི་རིགས་ཀྱི་མི་ཁྱི མ་ ཁག་གོང་འགབ་གཉིས་ཡོད་པ་ལས་དམ་པ་འདི་ཉིད་འཁྲུངས་པའི་ཁྱིམ་དེ་སྦྱངས་པ་འགབ་ མ་ཡིན་ལ། དེའི་ཁྱི མ་སྒོ ་དེ་ཡང་སྔོ ན་རབས་སུ་ལམ་བསྐྱེད་རྫོགས་ལ་ཉམས་ལེན་བྱེད་པའི་ སྒྲུབ་པ་ལྷུར་བཞེས་ཀྱི་དམ་པ་འགའ་རེ་བྱོན་མྱོང་ཞིང༌། ད་སྐབས་སུའང་ཡབ་རྒྱ་རིགས་ 3-1-34 པདྨའམ་ལ་ལ་ལྟར་ན་ཨ་པུན་ཟེར་བ་ཞིག་དང་ཡུམ་གཟུངས་སྨན་ཞེས་པ་གཉིས་ཀྱི་སྲས་སུ་ དམ་པ་འདི་ཉིད་ས་སྟག་ལོར་སྐུ་འཁྲུངས་ཤིང༌། དེ་ནས་རིམ་པར་ཆེར་བསྐྱེད་དགུང་ལོ་བཅུ་ སྐོར་ཙམ་ན་ཀློག་ཡིག་ལེགས་བསླབ་ཀྱིས་ཇི་བཞིན་ཤེས་པ་བྱུང་ནས་དགུང་ལོ་བཅོ་བརྒྱད་ སྟེང་སྦྱངས་པ་གོང་མར་འཁྲུངས་པའི་སྐྱབས་མགོན་རྡོ་རྗེ་འཆང་ཀུན་དགའ་ངེས་དོན་རྒྱ་ མཚོའི་ཞབས་དྲུང་དུ། དམ་པ་ཆུང་སྐྱེས་གང་དེས་རྡོ་རྗེའི་རྣལ་འབྱོར་ཟབ་ལམ་སྦྱོར་བ་ཡན་ ལག་དྲུག་གི་ཟབ་ཆོས་ཀྱི་སྐོར་སྔོན་འགྲོ་ནས་བཟུང་དངོས་གཞི་ཡན་ལག་དྲུག་པོ་ཆ་ཚང་གི་ ཆོས་བཀའ་ཡོངས་རྫོགས་ཞུས་ནས་ལོ་གསུམ་དུ་གོང་མའི་ཕྱག་བཞེས་བཞིན་ཉམས་ལེན་ཇི་ ལྟ་བ་བཞིན་ལེགས་པར་མཛད་སྐབས་དུས་བསྟུན་གྱི་ཉམས་མྱོང་ཡང་བཟང་རབ་ཙམ་ངེས་ པར་བྱུང་ཆོག་ཅིང༌། དེ་སྐབས་སུ་རྗེ་སྐྱབས་མགོན་རྡོ་རྗེ་འཆང་གི་མདུན་ནས་དམ་པ་འདིས་ བར་བར་རྣམས་སུ་ཆོས་བཀའ་རྡོ་རྗེ་ཕྲེང་བའི་དབང་ཡོངས་རྫོགས། སྒྲུབ་ཐབས་རིན་འབྱུང་ ཆ་ཚང་གི་བཀའ་དབང་མཐའ་དག་ལེགས་གསན་མཛད་ལ། འདི་སྐོར་དགུང་ལོ་ཉི་ཤུ་རྩ་ནང་ ལ་རྗེ་སྐྱབས་མགོན་མཆོག་གིས་མཁན་པོ་ལེགས་མཛད་ཀྱི་ངོས་ནས་དགེ་འདུན་གྲངས་ཚང་ གི་མདུན་དུ་དམ་པ་ཉིད་ཀྱིས་རབ་བྱུང་དགེ་ཚུལ་སློང་གི་དངོས་པོའང་ཇི་བཞིན་ལེགས་པར་ ཐོབ་ངེས་བྱས་ཤིང༌། དགུང་ལོ་ཉེར་གཉིས་སྐོར་རང་ཁྱི མ་གྱི་ཁང་ཐོག་སྔོ ན་གོང་མའི་སྒྲུབ་ ཁང་ཆུང་བ་ཡོད་པ་དེར་ཉིད་བཞུགས་ནས་རང་གིས་འཇིགས་བྱེད་འབྲུ་ནོན། སྙན་བརྒྱུད་ སོགས་བསྙེ ན་སྒྲུབ་ཚད་ལྡན་འགའ་རེ་ཁ་སྐོང་སྦྱིན་སྲེག་བཅས་ལེགས་གྲུབ་ཀྱང་མཛད། དེ་ མཚམས་ཤིག་ནས་གླང་པོ་ཆེའི་རི་ཁྲོད་དུ་དབོན་རིན་ཆེན་དཔལ་གྱི་ཁང་འོག་ཏུ་སྒྲུབ་ཁང་ ཆུང་བ་ཞིག་ཉིད་ཀྱིས་བྱས་པ་དེར་བླ་མ་དམ་པ་ཆོས་དབང་དང་ལྷན་དུ་ཁོང་ཡང་ལོ་འགར་ བཞུགས་ནས་ཉིད་ཀྱིས་བསྙེན་སྒྲུབ་ཅི་རིགས་པས་མཚམས་རེ་དང་བཅས་རྗེ་དབོན་དམ་པ་ འགྱུར་མེད་རྒྱ་མཚོའི་དྲུང་ནས། ཕུང་ལྔའི་རྣམ་བཤད། ལམ་རིམ་སོགས་ལ་ཐོས་བསམ་གྱི་ 3-1-35 བསླབ་སྦྱང་ཅི་རིགས་པ་དང་བཅས་བཞིན་བཞུགས། དགུང་ལོ་ཉེར་དྲུག་པར་འཛམ་ཐང་ ཕ་རིའི་སྒྲུབ་ཁང་དུ་ལོ་གཅིག་ལ་ཉིད་ནས་རྡོ་རྗེའི་རྣལ་འབྱོར་མཆོག་ལ་སླར་ཉམས་ལེན་ གནད་ཁེལ་བགྱིས་ཤིང༌། ཚུལ་དེ་ལུགས་ཀྱིས་རང་དོན་ལེགས་སྒྲུབ་ལ་ལོ་ཁ་ཤས་ཀྱི་རིང་ ཙམ་དུ་ཉེ་བར་གཞོལ་བའི་རེ་ཞིག་ཉིད་དགུང་གྲངས་སུམ་ཅུ་སོ་བཞིའི་སྟེང་ལྕགས་ཕག་གི་ ལོ་ཙམ་ན་རྡོ་རྗེ་སློབ་དཔོན་གོང་མ་ཀུན་དགའ་དཔལ་འཕེལ་ཞབས་སྐུ་དག་ཞིང་དུ་ཕེབས་ ཀར་དམ་པ་གང་གིས་རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན་ཐབས་ཤེས་རྟགས་ མཆོག་དར་དཀར་བཟང་པོའི་ལྷ་རྫས་ཀྱི་སྐྱེས་གནང་བཅས་དམ་པ་འདི་ཉིད་ལ་ཁང་དམར་ རྡོ་རྗེ་སློབ་དཔོན་དགོས་ཚུལ་གྱི་བཀའ་ཕེབས་ཇི་སྐད་བྱུང་བ་ལྟར་གྱིས་རྒྱལ་ཚབ་ཏུ་བསྐོ་ བཞག་བྱས་པས་དེ་ལ་ཐུགས་ཁུར་ནན་ཆེར་ངང་དེ་ནུབ་ཁོང་གི་ཐོ་རེངས་རྨི་ཉམས་སུ་སྐྱབས་ མགོན་སྦྱངས་པ་རིན་པོ་ཆེའི་སྐུ་རྩར་གྱུར་པའི་མི་ཞིག་གི་རྣམ་པ་འོང་ནས་དེ་ན་རེ། ཁྱོ ད་ ཁང་དམར་དུ་སྡོད་དང་བདག་གིས་ཁྱོ ད་སྲུང་བའི་ར་བ་ངེས་པར་བརྩིགས་པ་ཡིན་ཞེས། དེ་ ལུགས་ལྟར་གྱི་བསྲུང་ར་ལེགས་བརྩིགས་ཀྱི་རྨི་ཉམས་གསལ་བོ་དུས་སུ་བྱུང་བའི་ལེགས་ ལྟས་དང་བཅས་ལོ་དེ་ནས་བཟུང་དམ་པ་འདིས་ཁང་དམར་དུ་རྡོ་རྗེ་སློབ་དཔོན་མཛད་དེ་ སྔ་ཕྱི་ཡོངས་བསྡོམས་ལོ་བཅུ་དྲུག་གི་རིང་དུ་དཔོན་སློབ་ཀུན་ལ་ཉེར་འཚེའི་གནོད་པ་བྲལ་ བཞིན་བདེ་སྐབས་སུ་གནས་པའི་སྒོ་ནས་རང་རེའི་ཆོས་བརྒྱུད་ལེགས་སྤེལ་གྱི་རིམ་པའང་ ཐོག་མར་ཁོང་ཉིད་རྟེན་ཁང་དེར་སློབ་དཔོན་དུ་བཞུགས་མ་ཐག་གི་སྐོར་ནས་ཉིད་ཀྱང་བར་ བར་དུ་གླང་པོ་ཆེའི་རི་ཁྲོད་དུ་རྗེ་དབོན་མཆོག་འགྱུར་མེད་རྒྱ་མཚོ་བཞུགས་པའི་དྲུང་དུ་ཡང་ ཡང་ཕེབས་ནས་དེའི་མདུན་ནས་ཉིད་ཀྱིས་ཁྲིད་ཡིག་མཐོང་བ་དོན་ལྡན་ལྷན་ཐབས་བཅས་ དང༌། བསྐྱེད་རིམ་སྣ་ཚོགས་པའི་དམིགས་ཁྲིད་སོགས་ལ་ཞིབ་རྟོག་ནན་ཏན་ཀྱང་མཛད། ལོ་ དེའི་སྟོན་ཁར་ཆོས་རྗེའི་གྲྭ་ཚང་གིས་ཞུས་ངོར་རྡོ་རྗེ་འཆང་སྐུ་དབོན་འགྱུར་མེད་རྒྱ་མཚོ་གང་ 3-1-36 ཉིད་ཀྱིས། དཀྱིལ་ཆོག་རྡོ་རྗེ་ཕྲེང་བ་ཡོངས་རྫོགས་ཀྱི་དབང་བསྐུར་གནང་སྐབས་སུའང་དམ་ པ་ཉིད་ཀྱིས་མཐའ་དག་ལེགས་པར་གསན་ཞིང༌། དེའི་དགུན་སྨད་དུ་དམ་པ་ཁོང་ཆོས་རྗེའི་ སྒར་ཁོག་གི་སྐུ་རིམ་ལ་བྱོན་དགོས་བྱུང་སྐབས་དེ་ལ་ཉེར་མཁོའི་ཆེད་གླང་པོའི་རི་ཁྲོད་ཀྱི་རྗེ་ དབོན་དམ་པའི་སྐུ་དྲུང་ནས་ཉིད་ཀྱིས་ནག་པོ་ཆེན་པོའི་ལས་ཚོགས་བསྐང་མདོས་ཀྱི་ཆོ་གའི་ དམིགས་ཁྲིད་གང་དགོས་དག་ཀྱང་ལེགས་པར་ཞུས་ནས་སྐུ་རིམ་སྒྲུབ་པའི་དབུ་བླར་ཕེབས་ ཏེ་ལོ་དེའི་སྐུ་རིམ་ཡང་ལེགས་རབ་བྱུང༌། སྤྱིར་དམ་པ་འདི་ཁང་དམར་དུ་བཞུགས་སྐབས་ སུ་ཉིད་ཀྱིས་སྔར་མ་སོང་བའི་བསྙེན་སྒྲུབ་བར་བར་མཛད་པ་སོགས་ཐུགས་དམ་གཙོ་བོར་ མཛད་ཅིང༌། རྗེ་དབོན་མཆོག་གིས་རྒྱུད་སྡེའི་དབང་བསྐུར་གང་མཛད་ཐམས་ཅད་ཉིད་ཀྱིས་ མ་གསན་པ་མེད་པ་ལྟ་བུ་ཡིན་ལ། དབོན་གང་གིས་རབ་བྱུང་བསྙེ ན་རྫོགས་གང་གནང་གི་ དུས་སུའང་ལས་གྲལ་དུ་དམ་པ་འདི་ཉིད་ཡང་ཡང་ཕེབས་ཤིང༌། དབོན་མཆོག་ཉིད་སྐུ་ནམ་ བཞུགས་བར་ཀླད་ནས་ཆོས་ཁྲིད་དབང་ལུང་ཅི་དགོས་གནང་བཞིན་གྱི་དམ་པ་འདིས་སློབ་ ཚོགས་རྗེས་སུ་བཟུང་ཞིང་དབོན་དེ་ཉིད་སྐུ་གཤེགས་རྗེས་སུ་དམ་པ་རང་གིས་ལོ་ལྔ་ལྷག་གི་ བར་ཙམ་ལའང་ཐུགས་ཁུར་བཞེས་པ་སྟེ་དེ་དག་གི་སྐབས་ཀུན་ཏུ་དམ་པ་འདི་ཉིད་ཀྱིས་ཀྱང་ སློབ་ཚོགས་ཡོངས་ལ་སྦྱོར་དྲུག་གཙོ་བོར་གྱུར་པའི་བསྐྱེད་རྫོགས་ཀྱི་ཆོས་བཀའ་གང་དགོས་ ཐམས་ཅད་ལེགས་པར་མཛད་པ་ཡིན་ལ། དེ་ཡང་ལོ་བསྟར་བཞིན། གྲྭ་གསར་བྱེད་པའི་སྦྱོར་ དྲུག་པའི་ཆོས་ཚན་གང་དག་གི་རིམ་པའང་དམ་པ་འདིས་ཆོས་ཁྲིད་དབང་ལུང་སོགས་ཀྱིས་ གཞན་རྗེས་བཟུང་གི་འགོ་ཚུགས་པའི་ལྕགས་ཕག་གི་ལོ་ནས་ལྕགས་བྱའི་ལོ་བར་སྦྱོར་དྲུག་ པ་ཆོས་ཚན་དུ་མ་ཞིག་བྱུང་ལ་དེ་ནས་རྗེ་དབོན་དམ་པས་དག་ཞིང་གཟིགས་པའི་ལྕགས་བྱའི་ ལོ་དེར་གྲྭ་གསར་བྱེད་པའི་སྦྱོར་དྲུག་པའི་ཆོས་ཚན་ཚེས་བཅུའི་ཁ་བྲང་མཁས་བཙུན་སོགས་ ཡིན་ཞིང༌། དེ་བཞིན་དུ་ལོ་དུས་ལྟར་རིམ་པར་ཆུ་ཁྱིའི་ལོར་གྲྭ་གསར་སྦྱོར་དྲུག་པ་བླ་མ་ 3-1-37 བསྟན་དར། གསང་སྔགས་སོགས་དང༌། ཆུ་ཕག་ལོར་ཁང་དམར་དབོན་འབྲིང་འཇམ་དཔལ། ཨ་མཆོད་སྟོབས་ཆེན། བསམ་གཏན་སོགས་དང༌། ཤིང་བྱིའི་ལོར་བླ་བྲང་གི་དགེ་བཤེས་བླ་ མ་རབ་དགའ། སེ་དགོན་པའི་བླ་མ་ཀུན་དགའ་ངག་དབང་སོགས་དང༌། ཤིང་གླང་ལོར་བླ་ མ་བློ་ལྡན། བླ་མ་སྐལ་ལྡན། དཔལ་བཟང་སོགས་དང༌། མེ་སྟག་ལོ་ཁོང་གི་དགུང་གྲངས་ཞེ་ དགུ་ལ་སླེབས་དུས་ཀླད་ཆོས་རྗེའི་སྐུ་ཕྱོགས་དབོན་བཅས་ཀྱིས་ཉིད་ཁང་དམར་དུ་དེ་ལས་ བཞུགས་མི་དགོས་པའི་བཀའ་གནང་ལ་བརྟེན་ཁོང་གིས་ལོ་དེའི་ཆོས་ཚན་པའི་སློབ་ཚོགས་ ལ་ཆོས་བཀའ་མཇུག་ལེགས་རྫོགས་བྱས་ཏེ་ལོ་དེའི་སྟོན་ཁ་ཙམ་ནས་བཟུང་གླང་པོའི་རི་ ཁྲོད་དུ་ཁོང་ཉིད་ཕེབས་ཏེ་ལོ་ཤས་བར་རྒྱུན་བཞུགས་མཛད། དེ་ནས་དགུང་ལོ་ང་གཉིས་ས་ སྦྲུལ་གྱི་ལོར་ཁོང་གིས་སྦྱང་བ་མ་འདས་མཆོག་སྤྲུལ་རིན་པོ་ཆེའི་དྲུང་ནས། ཀུན་མཁྱེ ན་དོལ་ པོའི་བཀའ་པོད་དྲུག་རྣམ་ཐར་སྐྱེས་རབས་རྒྱས་པ་བཅས་དང༌། བྱམས་ཆོས་སྡེ་ལྔ་སོགས་ ཟབ་བཀའ་མང་པོའི་བཀླག་ལུང་ཡང་ལེགས་གསན་མཛད། རྗེ་དམ་པ་ཁོང་ནས་ཀྱང༌། མ་ འདས་མཆོག་སྤྲུལ་སོགས་འདུས་པ་འགའ་ལ་དུས་འཁོར་ལྷ་དགུའི་ཁྲིད་ཡིག་འཇམ་མགོན་ ཀོང་སྤྲུལ་གྱིས་མཛད་པའི་སྟེང་ནས་ཁྲིད་བཤད་དང༌། སྐང་མདོས་ཆོ་གའི་དམིགས་ཁྲིད་ རྒྱས་པ་སོགས་ཆོས་བཀའ་མང་ཙམ་གནང་ངོ༌། །དགུང་ལོ་ང་བཞིའི་དུས་ལྕགས་ལུག་གི་ ལོར་དམ་པ་ཁོང་ཉིད་བཞུགས་གནས་རི་ཁྲོད་ཀྱི་ཚོགས་ཁང་སྟེང་དུ་གཟིམས་སྤྱིལ་ཞིག་ སློབ་འགས་གསར་བསྐྲུན་བྱས་པ་དེའི་ནང་དུ་རྒྱུན་བཞུགས་ཀྱི་ཚུལ་དུ་བར་བར་རྣམས་སུ་རི་ ཁྲོད་པ་དག་གིས་རྒྱུད་སྡེའི་ཆོས་ཚོགས་སྒྲོལ་མ་རྣལ་འབྱོར་མ། བདེ་མཆོག་ལྷ་ལྔ། ཀྱཻ་རྡོ་རྗེ་ བདག་མེད་ལྷ་མོ་བཅོ་ལྔ། སངས་རྒྱས་ཐོད་པ། མ་ཧཱ་མ་ཡ་སོགས་ཀྱི་སྒྲུབ་མཆོད་བྱེད་སྲོལ་ ཡོད་པ་དག་ལ་ཁོང་ཉིད་ཀྱིས་དབུ་བཞུགས་མཛད་ཅིང་ལོ་དུས་ཀྱི་དབྱར་གནས་ཀྱི་མཁན་ པོ་ཡང་ལན་མང་དུ་མཛད། ཡང་སྐབས་ཤིག་ཏུ་འཛི་རོང་ཕྱོགས་ཀྱི་བླ་མ་རྣམ་གཉིས་ཀྱིས་ 3-1-38 ཞུས་ངོར་རྗེ་དམ་པ་ཁོང་གིས་མཁན་པོ་དང་ཕྱིས་སུ་གཙང་བའི་གཟིམས་ཁང་གི་རྡོར་སློབ་ མཛད་མཁན་བླ་མ་རྡོར་བཟང་གིས་ལས་ཀྱི་སློབ་དཔོན་མཛད་པའི་སྒོ ་ནས། འཛི་རོང་བླ་མ་ ཟུང་དང༌། བླ་མ་བསྟན་དར། གསང་སྔགས་སོགས་འདུས་པ་དགུ་ཙམ་ལ་རབ་བྱུང་དགེ་ཚུལ་ སྔོ ན་དུ་འགྲོ་བའི་བསྙེ ན་རྫོགས་ཀྱི་སྡོམ་པ་ཆ་ཚང་ལེགས་པར་གནང་ལ། དགུང་ལོ་དྲུག་ཅུ་ མེ་གླང་གི་ལོར་ཁོང་གི་མ་ཡུམ་དུས་ལས་འདས་པའི་དགོངས་རྫོགས་རྣམ་པར་དཀར་བའི་ བསགས་སྒོ་ཡང་ཉིད་བྱ་བྲལ་འདོད་ཆུང་ཆོག་ཤེས་ཁོ་ནས་སྐུ་ཚེ་གང་བོར་བཞུགས་སྟབས་ ཕྱག་རྫས་ཆེར་མེད་ཀྱང་ཡོད་ཚོད་ལ་ལྟོས་ནས་བགྱི་བ་ཆེ་རབ་ཀྱང་ཉིད་ནས་མཛད་པ་ཡིན་ ལ། དགུང་ལོ་རེ་གཅིག་ས་སྟག་ལོར་ཁོང་ཉིད་སྐྱབས་མགོན་སྦྱངས་པའི་གདན་ས་སྲིབ་ལུང་ རི་ཁྲོད་དུ་ཕེབས་ནས་གནས་དེར་ལོ་གཅིག་གི་རིང་ཉིད་ཀྱིས་ཐུགས་དམ་རྩེ་གཅིག་ཏུ་ནང་ ཡང་དག་འཇོག་ཁོ་ན་ལ་སྒྲུབ་པ་ལྷུར་ལེན་མཛད་ཀྱིན་བཞུགས། དེ་ལྟར་དམ་པ་འདིས་སྐུ་ཚེ་ གང་བོར་མཉམ་བཞག་ཐུགས་དམ་གཙོར་མཛད་ཀྱི་ངང་འཇིག་རྟེན་ཆོས་བརྒྱད་མགོ་སྙོམས་ སུ་བཏང་ནས་མ་ཆགས་འཕགས་རིགས་བཞིའི་མཛད་སྒོ་ངེས་པར་བསྐྱངས་མཐར་ཉིད་ དགུང་གྲངས་རེ་གསུམ་ལྕགས་འབྲུག་གི་ལོ་སྨད་ཙམ་ན་ཞབས་རྐང་ཅུང་ཙམ་བསྙུང་བའི་ མགོ་བརྩམས་འདི་སྐབས་ཤིག་ནས་ཁོང་གི་ཞལ་གསུང་ལས། མ་འདས་མཆོག་སྤྲུལ་སོགས་ ལ་ད་སྐབས་སུ་ནི་ང་ལ་འབོད་པ་ཐོན་པས་འགྲོ་ངེས་ཡིན་ཚུལ་ཡང་ཡང་གསུངས་ཤིང༌། འདི་ ཕྱིར་ཕན་པའི་ཞལ་ཏ་སྣ་ཚོགས་པ་རེ་མཛད་ཀྱིན་འདུག་ལ་དེ་ནས་སློབ་ཚོགས་ཀྱིས་ཞབས་ བརྟན་ལེགས་སྒྲུབ་རེའང་བགྱིས་མོད་ཀྱང་གདུལ་བྱ་རེ་ཞིག་རྫོགས་པའི་ཚུལ་གྱིས་དགུང་ ལོ་རེ་བཞི་ལྕགས་སྦྲུལ་ལོའི་དབོ་ཟླའི་ཚེས་བཅུ་གཉིས་ཀྱི་ཉིན་སྐུ་ཞི་བར་གཤེགས་ཏེ་ཚེས་ དེའི་བཅུ་བཞིའི་ཉིན་ཐུགས་དམ་ལེགས་བཀྲོལ་གྱིས་གདུང་ཆོས་གཤེགས་མཆོད་གཟབ་ ལྡན་གང་གི་ཐུས་སྲས་མཆོག་གྱུར་སྦྱངས་པ་མ་འདས་སྤྲུལ་སྐུ་དང་ཚེས་བཅུའི་མཆོག་སྤྲུལ་ 3-1-39 ཟུང་སོགས་སློབ་ཚོགས་ཡོངས་ཀྱིས་བགྱིས་ཤིང་དེ་ལུགས་བཞིན་གྱི་གདུང་བཞུ་རྗེས་བསྒྲུབ་ དགོངས་རྫོགས་ཅི་རིགས་དང་རྗེས་སོར་སློབ་འགས་གདུང་རྟེན་གསེར་དངུལ་ལས་བསྐྲུན་ པ་ཁྲུ་ཚད་གསུམ་པ་ལེགས་བཞེངས་ནང་དུ་རིང་བསྲེལ་རྣམ་བཞིས་གཏམས་ཤིང་རབ་ གནས་དགའ་སྟོན་གྱིས་མཐའ་རྒྱས་ཇི་བཞིན་ཡོངས་སུ་གྲུབ་པའོ། ། ༼༦༽ གདན་རབས་དེ་འདྲ་དྲུག་པ་ནི། ཀུན་དགའ་བསོད་ནམས་མགོན་པོའམ་མཚན་ གཞན་བསོད་ནམས་རྒྱལ་མཚན་ཞེས་བྱ་བ་སྟེ། དེ་ཡང་དཔལ་གྱི་འཛམ་ཐང་གི་ཉེ་འདབས་ དེར་རབ་བྱུང་བཅོ་ལྔ་པ་ལ་ལོ་བཅུ་དགུ་སོང་བའི་མེ་ཕོ་ཁྱིའི་ལོར་ཡབ་དགྲ་བླ་རབ་བརྟན་ དང་ཡུམ་ཤོག་ཁང་སྒྲོལ་མ་གཉིས་ཀྱི་སྲས་སུ་དགེ་མཚན་གྱི་ལྟས་བཅས་སྐུ་འཁྲུངས། དེ་ནས་ སྐུ་ན་རིམ་བསྐྱེད་ཀྱི་དུས་སྐབས་བྱིས་པ་ཆུང་ངུའི་དུས་ཤིག་ན་ཉིན་གཅིག་སྐྱབས་མགོན་ སྦྱངས་པ་རིན་པོ་ཆེའི་སྐུ་དྲུང་དུ་བྱིས་པ་དེ་ཉིད་ཕྱིན་པའི་ཚེ་སྐྱབས་མགོན་མཆོག་གི་ཞལ་སྔ་ ནས། ཁྱོ ད་མ་འོངས་པ་ན་ཆོས་འཆད་པའི་རྡོ་རྗེ་སློབ་དཔོན་དུ་འགྱུར་ཚུལ་གྱི་བཀའ་ལུང་ བཅས་ཀྱིས་བྱིས་པ་དེ་ཉིད་སྟན་བཏིང་བའི་སྟེང་དུ་བཞག་སྟེ་དེའི་མདུན་དུ་ཞལ་ཟས་ལེགས་ བསྒྲིགས་ཀྱི་དགའ་སྟོན་མཛད་པར་གྲགས་ལ། དེ་ནས་དགུང་ལོ་དྲུག་བདུན་ཙམ་ནས་སློབ་ དཔོན་གང་རྙེད་དག་གི་དྲུང་དུ་བྱིས་པ་དེས་ཀློག་ཡིག་ལེགས་བསླབས་ཀྱིས་ཀློག་འདོན་རྩེར་ སོན་གྱི་མཁས་པར་གྱུར་ཅིང༌། དགུང་ལོ་བཅུ་གཉིས་པ་མེ་བྱའི་ལོ་འདི་ནས་རྡོ་རྗེ་འཆང་ཀུན་ དགའ་ངེས་དོན་དཔལ་བཟང་པོའི་མདུན་དུ། བྱིས་པ་དེས་གུས་པའི་སྒོ ་ནས་རྗེ་རྡོ་རྗེ་འཆང་དེ་ ཉིད་སྤྱི་བོའི་གཙུག་གིས་མངོན་པར་བཀུར་བཞིན་རྩ་བའི་བླ་མ་གཅིག་ཆོག་ཏུ་བསྟེན་ཏེ་ཟབ་ ལམ་སྦྱོར་བ་ཡན་ལག་དྲུག་གི་སྔོན་འགྲོ་ནས་བཟུང་རིམ་པས་ལེགས་ནོད་ཀྱིས་ཉམས་ལེན་ སྐབས་ཁང་དམར་དུ་ཏོ་ཚ་བླ་མ་མཆོག་གི་སྐུ་གཡོག་ཉིད་ཀྱིས་མཛད་བཞིན་ཆོས་ཀྱི་མཆེད་ མཁྱེ ན་རྟོགས། ངག་བསྟན། ཁྱ་སྨོ ན་སོགས་དང་བཅས་བྱིས་པ་སློབ་བུ་དེས་ཆོས་ཉན་སེམས་ 3-1-40 སྒོ མ་པ་ལ་ན་མཉམ་གཞན་ལས་ཆེས་འབད་པ་མཆོག་ཏུ་གྱུར་པ་ཞིག་སྟེ། དེ་འདྲའི་སྦྱོར་དྲུག་ སྔོན་འགྲོ་ནས་དངོས་གཞིའི་བར་རིམ་པས་བླ་མ་རྡོ་རྗེ་འཆང་གི་ཞལ་སྔ་ནས་རང་གིས་ནོད་ བཞིན་ཉམས་སུ་ལེན་པའི་དུས་ན་བླ་མ་མཆོག་གིས་སློབ་བུ་བྱིས་པ་དེ་ཉིད་ཀྱི་མཚན་ལ་ཀུན་ དགའ་བསོད་ནམས་མགོན་པོ་ཞེས་གསོལ་བ་ཡིན་ཞིང་དེ་ཡང་མ་འོངས་པ་ན་སློབ་བུ་དེ་ཉིད་ ཆོས་ཀྱི་སློབ་དཔོན་དུ་གྱུར་ཏེ་རྣམ་པར་དཀར་བའི་བསོད་ནམས་ཀྱི་མཛད་སྒོ་ཆེ་བས་བསྟན་ འགྲོ་ལ་ཕན་པ་ལེགས་སྤེལ་གྱི་འགྲོ་མགོན་མཆོག་གཅིག་ཏུ་ངེས་པར་འགྱུར་བ་ལ་དགོངས་ ནས་བླ་མས་གསོལ་བའི་མཚན་དེ་དགོས་པ་དོན་དང་ལྡན་པ་ཞིག་ཏུ་མངོན་ལ། དེ་ལྟར་ཁང་ དམར་དུ་སློབ་བུ་དམ་པ་འདི་ཉིད་ཀྱིས་སྦྱོར་དྲུག་གོང་མའི་ཕྱག་བཞེས་ལྟར་ལོ་གསུམ་དུ་ ཉམས་བཞེས་ཀྱི་གྲུབ་འབྲས་ཡང་སྔོན་འགྲོ་དངོས་གཞིའི་ལམ་གང་ཐད་དུ་དེང་དུས་ལ་ལྟོས་ ནས་ཉམས་མྱོང་རྗེས་མཐུན་པའི་རིམ་པ་བཟང་རབ་ཏུ་འདུག་ཆོག་ཅིང༌། སྤྱིར་ཡང་དེང་དུས་ སུ་བྱོན་པའི་སོ་སྐྱེས་ས་ལས་འདས་པའི་སློབ་མི་སློབ་གང་དག་གི་རྣམ་པར་འཕྲུལ་བ་ཡོད་དོ་ ཅོག་གི་ཐུགས་ཀྱི་གཏིང་ནི་དཔག་མི་ནུས་པས་དེ་དག་གི་ཡོན་ཏན་ཉམས་མྱོང་གི་སྒོ་ཕྱི་ངོའི་ ཚུལ་བསྟན་ཙམ་གྱི་ཆ་ཤིན་ཏུ་ཕྲ་བ་རེ་མ་གཏོགས་ཕལ་ཆེར་ཡང་རྟོགས་དཀའི་ཚུལ་གབ་ པའི་རང་བཞིན་ཁོ་ན་དང༌། སོ་སྐྱེས་ལས་དང་པོ་པ་དག་གི་སེམས་ཀྱི་མྱོང་རྟགས་གང་ཡོད་ དག་ནི་རང་ལས་གོང་མ་རྣམས་ཀྱིས་རྟོགས་སླ་ཞིང་རང་དང་ན་མཉམ་དག་གིས་ཀྱང་ཇི་ བཞིན་རྟོགས་ཆོག་ཅིང༌། དེ་ལུགས་ལྟར་ན་སོ་འཕགས་གང་དག་གི་མངོན་པར་རྟོགས་པའི་ ཆ་ཕྱོགས་རེ་མཚུངས་ཙམ་རེ་གདའ་ནའང་དོན་ལ་མཐོ་དམན་གནམ་ས་བཞིན་གྱི་ཁྱད་པར་ ཡོད་ལ། དེ་ཕྱིར་དོན་གྱི་གནས་ཚོད་དུ་འོག་མའི་རྟོགས་པ་གོང་མར་འགྲན་ནའང་ཆ་ཙམ་ བསྐྲུན་ནུས་པའི་གོ་སྐབས་མེད་མོད། འོན་ཀྱང་རང་རེའི་བྱིན་རླབས་དོན་བརྒྱུད་ཀྱི་བླ་མ་ དམ་པ་རིམ་པར་བྱུང་བ་རྣམས་དོན་དངོས་གནས་ཇི་ལྟར་ཡིན་ཅི་ཆ་ཡོད་ཀྱང་དུས་དང་ 3-1-41 བསྟུན་པའི་ཐུགས་མྱོང་གི་རྟོགས་པ་དང་ཉམས་ཀྱི་འཆར་སྒོ་སྣ་ཚོགས་རེ་ནི་སྙིགས་དུས་དེང་ སྐབས་ཀྱི་བར་ངེས་པར་བསྙོན་དུ་མེད་པས་དེ་ལུགས་ཀྱི་ཡོན་ཏན་ཕྱོགས་ནས་རང་རང་གི་ བླ་མ་གང་དག་གི་རྣམ་ཐར་སློབ་མ་དག་ལ་བརྗོད་ན་རང་འཚམས་ཀྱི་བྱིན་རླབས་འཇུག་སྒོའི་ རྐྱེན་ལ་ཕན་པ་ཆེ་རབ་ཏུ་མཐོང་བས་ན་རང་རེས་ཟབ་ཆོས་བརྒྱུད་རིམ་གྱི་བླ་མ་རྣམས་ཀྱི་ ཡོན་ཏན་ཕྱོགས་ཁོ་ན་བཟུང་བ་གལ་ངེས་པར་ཆེ་ཞིང༌། དེ་ནི་ཞར་བྱུང་འཕྲོས་དོན་ཙམ་པ་སྟེ། སྐབས་དོན་དམ་པ་འདི་ཉིད་ཀྱང་སྐུ་ན་ཆུང་སྦྱོར་དྲུག་ཉམས་ལེན་གྱི་སྐབས་ལས་དང་པོ་པའི་ དུས་ནས་ཀྱང་ལམ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྣལ་འབྱོར་ལ་ཉིད་ཀྱིས་འབད་ འབུངས་བྱེད་པའི་སྐབས་སུ་ལམ་རང་རང་གི་མྱོང་རྟགས་དུས་བསྟུན་རང་འཚམས་ཀྱི་འོད་ གསལ་རྟགས་བཅུའི་འཆར་སྒོ་སྣ་ཚོགས་པ་དང་ལུས་ཉམས་ངག་ཉམས་སེམས་ཉམས་ཀྱི་ གནས་ཚུལ་གཞན་ཡང་ཆེས་མང་པོ་རེ་ནི་ངེས་པར་ཡོད་རིགས་སུ་འདུག་ན་དེ་དག་གི་ཚུལ་ ལ་ཆ་རྒྱུས་ཡོད་མཁན་དེང་སང་དཀོན་སྟབས་ཇི་བཞིན་གྱི་ཁུངས་མ་རྙེད་པས་འདིར་ཡང་ སྨོས་པ་རྔོ་མ་ཐོགས་ལ། དེ་ལྟ་བུའི་དམ་པ་འདིས་སྦྱོར་དྲུག་ཉམས་ལེན་གྱི་རྗེས་སུ་ུལོ་འགར་ ཁང་དམར་ཕོ་བྲང་དུ་ཀླད་སྦྱངས་པ་རྡོ་རྗེ་འཆང་དང༌། དེ་འོག་ཏོ་ཚ་བླ་མ་མཆོག་གི་ཞལ་སྔ་ ནས་ཀྱང༌། བསྐྱེད་རིམ་གྱི་རིགས། འབྱུང་འདུལ། རྟ་མགྲིན། འཇིགས་བྱེད་འབྲུ་ནོན། སྙན་ བརྒྱུད། མགོན་པོ་བྲག་རྫོང་མ་སོགས་བསྙེ ན་སྒྲུབ་ཚད་ལྡན་ཅི་རིགས་པའི་དམིགས་ཁྲིད་ རྣམས་ཀྱང་ལེགས་ཞུས་ཀྱི་སྒོ་ནས་རང་གིས་དེ་ལུགས་བཞིན་གྱི་བསྙེན་མཚམས་འགྲུབ་ རྟགས་ཅི་རིགས་བཅས་བཅད་རྒྱ་དམ་པོ་རེ་ཡང་ངེས་པར་མཛད་དམ་སྙམ་མོ། །དེ་རྗེས་ དགུང་ལོ་བཅུ་དགུའམ་ཉི་ཤུའི་སྐོར་ཙམ་ན་འཛམ་ཐང་ཕ་རིའི་སྒྲུབ་ཁང་དུ་སྐྱབས་མགོན་ སྦྱངས་པ་རྡོ་རྗེ་འཆང་སྐུ་དངོས་བཞུགས་ཀྱི་དྲུང་ནས། དམ་པ་འདིས་རྡོ་རྗེའི་རྣལ་འབྱོར་གྱི་ ཆོས་བཀའ་སླར་ཡང་ཞུ་བའི་ཚུལ་གྱིས་ལམ་ཡན་ལག་དྲུག་ལ་ལོ་གཅིག་ཏུ་ཉམས་ལེན་ 3-1-42 གནད་ཁེལ་ཀྱང་མཛད། དགུང་ལོ་ཉེར་གཅིག་གི་སྟེང་སྐྱབས་མགོན་སྦྱངས་པ་གང་ཉིད་ཀྱི་ གཟུགས་སྐུ་ཆོས་དབྱིངས་སུ་བསྡུས་རྐྱེན་ཐུགས་སློབ་དམ་པ་འདིས་དེ་ལུགས་ཀྱི་དགོངས་ མཆོད་རྣམ་པར་དག་པ་བསོད་ནམས་རྒྱ་ཆེར་ལེགས་བསྐྲུན་མཆོག་གི་བསགས་སྒོ་ཁྱད་པར་ ཅན་མཛད་ཅིང༌། ཁྱད་པར་དམ་པ་ཁོང་དང་འགོ་བ་བླ་མ་རིག་འཛིན་རྒྱ་མཚོ་སོགས་དད་ ལྡན་སློབ་བུ་འགའ་ཞིག་གིས་རྐྱེན་ཉེ་བར་སྦྱར་ནས་སྦྱངས་པ་རིན་པོ་ཆེ་མཆོག་གི་གཟུགས་ སྐུའི་སྣང་བརྙན་གྱི་བྲིས་ཐང་ཐོག་ཚད་མ་སྔོན་སྦྱངས་པ་ཁོང་གིས་བཀའ་རྒྱས་བཏབ་པའི་ གསང་ཆེན་གྱི་མཛད་སྒོ་སྐུ་མདུན་པའི་གསུང་ཟུར་དུ་ཕྱིས་སུ་ལེགས་ཐོན་ཇི་བཞིན་རྗེ་ཇོ་ནང་ པ་ཆེན་པོའི་སྐུ་ཕྲེང་རྒྱལ་མདུན་མ་ལྟར་གཟབ་ཐང་ལེགས་བཞེངས་རབ་གནས་དགའ་སྟོན་ བཅས་ཀྱིས་ཕ་རིའི་སྒྲུབ་ཁང་དུ་བཞུགས་སུ་གསོལ་བ་སོགས་ཀྱིས་བྱ་བ་ལས་ཀྱི་འཁོར་ལོ་ ཡང་མཛད་ལ། སྐབས་ཤིག་ཏུ་འཛམ་ཐང་གཙང་བའི་གཟིམས་ཁང་གི་རྡོ་རྗེ་སློབ་དཔོན་ངག་ དབང་ཆོས་འབྱོར་ཞབས་པའི་དྲུང་ནས། དམ་པ་འདིས། རྡོ་རྗེ་ཕྲེང་བ་ཡོངས་སུ་རྫོགས་ པའི་དབང་བཀའ་རྣམས་དང༌། གཅོད་དབང་ནམ་མཁའ་སྒོ ་འབྱེད་སོགས་ཟབ་ཆོས་ཆེས་ མང་ཞིག་ཀྱང་གསན། དེ་མཚམས་ཅི་རིགས་ཤིག་ནས་དམ་པ་ཉིད་ཀྱིས་ཆོས་རྗེའི་གྲྭ་ཚང་གི་ བྱང་འདྲེན་པའི་ལས་ཁུར་མཛད་དགོས་བྱུང་བའི་དེ་ལ་ཉེར་མཁོའི་ཆོ་ག་གང་དག་གི་ཕྱག་ ལེན་དབྱངས་འདོན་རྟ་ཕྱག་རྒྱ་སོགས་འདོན་ཆའི་རིགས་ལ་གང་མཁོ་དག་སྨན་པ་བླ་མ་རིན་ ཆེན་བཟང་སོགས་ཀྱི་དྲུང་ནས་ལེགས་པར་བསླབ་པ་ཇི་བཞིན་མཁས་གནས་ཐོབ་སྟེ་ཁོང་ ཉིད་ཆོས་རྗེའི་གྲྭ་ཚང་སྤྱིའི་དབུ་མཛད་དུ་ལོ་གསུམ་སོགས་ལ་བཞུགས་དགོས་བྱུང༌། དགུང་ ལོ་ཉེར་ལྔ་ལྕགས་ཁྱིའི་ལོའི་དགུན་སྨད་དུ་དམ་པ་འདིས་གླང་པོ་ཆེའི་རི་ཁྲོད་དུ་དབོན་འགྱུར་ མེད་རྒྱ་མཚོའི་སྐུ་དྲུང་ནས། ཁྲིད་ཡིག་མཐོང་དོན་གྱི་ལྷན་ཐབས་འོད་བརྒྱ་འབར་བ་དང༌། རྡོ་ རྗེའི་རྣལ་འབྱོར་གྱི་རྣམ་བཤད་ཆེན་མོ་ཟུང་འཇུག་རབ་གསལ་གྱི་བཤད་ཁྲིད་ཞིབ་རྒྱས་ 3-1-43 སོགས་ཆོས་བཀའ་དུ་མ་ཞིག་གསན། དགུང་ལོ་ཉེར་དྲུག་ལྕགས་ཕག་ལོར་ཉིད་ཀྱིས་ཏོ་ཚ་བླ་ མ་དག་ཞིང་དུ་ཕེབས་པའི་དགོངས་མཆོད་ཚོགས་བསགས་གཟབ་ལྡན་དང༌། ལོ་དེའི་སྟོན་ ཁར་རྗེ་དབོན་མཆོག་གི་དྲུང་ནས། རྡོ་རྗེ་ཕྲེང་བའི་དབང་བསྐུར་ཆ་ཚང་གསན་པར་མཛད་ པ་སོགས་དམ་པ་ཉིད་ཀྱིས་སྔ་ཕྱི་ཅི་རིགས་པར་དབོན་དེ་ཉིད་ཀྱི་མདུན་ནས། རྒྱུད་སྡེ་རབ་ འབྱམས་ཡོངས་རྫོགས། ནཻ་གུ་བཀའ་ཕྱི་ནང༌། རྗེས་གནང་བརྒྱ་རྩ་སོགས་ཆོས་བཀའ་ཆེས་ མང་པོ་ལེགས་པར་ཞུས་ལ། དགུང་ལོ་ཉེར་དགུ་ཤིང་སྟག་ལོར་སྐྱབས་མགོན་སྦྱངས་པའི་ གདུང་མཆོད་དེ་ཡན་དུས་འཁོར་མཆོད་སྒྲུབ་ཡིན་ན་འདི་ལོ་ནས་རྗེ་དབོན་རིན་པོ་ཆེ་བྱོན་ ནས་ཁོང་གིས་སྟབས་བདེའི་ཆེད་འཇིགས་བྱེད་རོ་ལངས་བརྒྱད་བསྐོར་ཀྱི་སྒྲུབ་མཆོད་དུ་ མཛད་སྐབས་དམ་པ་འདིས་ཆོ་ག་དེ་ཉིད་ཀྱི་ཕྱག་ལེན་དབྱངས་རྟ་ཇ་ཚད་སོགས་བགྱི་བ་གང་ དགོས་ཐམས་ཅད་མཛད་ནས་མཆོད་སྒྲུབ་ཆོས་འཚོགས་དེའི་སྲོལ་བཟང་པོ་ལེགས་ངེས་ རྒྱུན་བཏོད་དེ་ཕྱག་བཞེས་ཡང་དག་གི་སྔར་དཔེ་འཛུགས་བསྐུན་ཉེ་བར་མཛད་པ་དང༌། འདི་ སྐོར་གོང་འོག་ཅི་རིགས་སུ་འཛམ་ཐང་དུ་བསྟན་པའི་རྩ་ལག་ཆེ་བ་སྡེ་སྣོད་འཛིན་པ་ཆེན་པོ་ ངག་དབང་ཚོགས་གཉིས་རྒྱ་མཚོ་གང་ཉིད་བཞུགས་ཏེ། རྗེ་སྨྲ་བའི་བཤེས་གཉེན་ཟླ་དང་ བྲལ་བ་གང་གིས་སློབ་ཚོགས་ལ་མདོ་སྔགས་ཀྱི་གཞུང་ལུགས་ཆེས་མང་པོའི་ཆོས་བཀའ་ཉེ་ བར་བསྩལ་པའི་སྐབས་སུའང༌། དམ་པ་འདི་ཉིད་ཀྱིས་ཀྱང་སྐྱེས་ཆེན་མཆོག་དེའི་དྲུང་དུ། གཞུང་ལུགས་མང་པོ་སྤྱི་དང་ཁྱད་པར་དུས་འཁོར་ཊཱིཀ་ཆེན་མཁས་གྲུབ་དགེ་ལེགས་དཔལ་ གྱིས་མཛད་པའི་ཡིག་ཆའི་སྟེང་ནས་བཤད་ཁྲིད་རྒྱས་པ་དེར་ཐོས་བསམ་གྱི་བསླབ་སྦྱང་ཆེ་ རབ་ལ་ནན་ཏན་མཛད། འདི་སྐོར་ཞིག་ཏུ་རྗེ་བླ་མ་ངག་དབང་ཚོགས་གཉིས་རྒྱ་མཚོ་གང་ ཉིད་ལ་དམ་པ་འདིས་སྦྱངས་པ་རིན་པོ་ཆེའི་རྣམ་ཐར་ཆེན་མོ་རྩོམ་བསྐུལ་གྱི་ཆེད་གཉེར་ཕུག་ མ་སྒོ ་ཀུན་ནས་མཛད་པ་ཡིན་ལ། འདི་སྐབས་གང་རུང་ཞིག་ལ་འཛི་སྲིབ་དགོན་དུ་སྐྱབས་རྗེ་ 3-1-44 ཟླ་བ་གྲགས་པ་བཞུགས་པའི་མདུན་དུ། དམ་པ་འདིས་དུས་འཁོར་འགྲེལ་ཆེན་ཆོས་རྗེ་ ཕྱོགས་རྒྱལ་བའི་མཆན་བུ་ཅན་དེའི་བཤད་ལུང་ཡང་ལེགས་པར་གསན་ཅིང༌། དགུང་ལོ་སོ་ བཞི་ས་ལུག་གི་ལོའི་དཔྱིད་ཀ་ལ་འཛི་སྨད་ན་མདའ་ཕྱོགས་དང་ཉེ་བའི་རྟ་མདོར་བྲག་དཀར་ སྤྲུལ་པའི་སྐུ་བློ་བཟང་དཔལ་ལྡན་བསྟན་འཛིན་སྙན་གྲགས་ཞབས་པས་ཆིབས་ཁ་ཕྱོགས་ ནས་ཉེ་བར་བསྐྱོད་དེ་ཕྱགས་ཕེབས་པ་གང་ཉིད་ཀྱི་ཞལ་སྔ་ནས། གསུང་དབྱངས་དྲུག་འགྱུར་ གྱི་གདངས་ཟབ་མོས་རྒྱལ་བའི་བཀའ་གངས་ལྗོངས་སུ་འགྱུར་རོ་ཅོག་གི་བཀླག་པའི་ལུང་ ཆེས་སྔོན་བསགས་བསོད་ནམས་ཀྱི་བསགས་སྒོ་ཁྱད་པར་བ་མེད་པར་ནམ་ཡང་ཐོས་པའི་ སྐལ་བ་ཤིན་ཏུ་དཀའ་བའི་གནས་དམ་པའི་ཆོས་ལེགས་ཚོགས་མཐའ་དག་གི་འབྱུང་སྒོ་འགྲོ་ བའི་ཉེས་ཆེན་གྱི་ནད་ཀུན་སེལ་བའི་ཐབས་མཆོག་གི་སྨན་གཅིག་པུ་བསོད་ནམས་ཀྱི་སྐལ་ བ་དུས་སུ་ཐོབ་པའི་ཆོས་གྲྭལ་དུ་དམ་པ་འདི་ཡང་བྱོན་ཏེ་ཟབ་མོ་རྒྱ་ཆེ་བའི་ཆོས་བཀའ་གུས་ པས་སྒྲ་འཛིན་ལམ་དུ་ཉེ་བར་སྤྱོད་སྐལ་གྱི་རྫོགས་ལྡན་དམ་ཆོས་ཀྱི་དཔལ་ལ་རོལ་པར་གྱུར་ ཅིང༌། དེའི་སྟོན་ཁར་རྗེ་དབོན་དམ་པའི་དྲུང་ནས་ཀྱང༌། དམ་པ་ཉིད་ལ་སྒྲུབ་ཐབས་རིན་ འབྱུང་ཆ་ཚང་གི་དབང་བཀའ་རྣམས་དང༌། དུས་འཁོར་དབང་ཆེན་སྟ་གོན་ནས་བདག་ཆེན་ བར་དང༌། དགོངས་གཏེར་སྒྲོལ་མ་དམར་མོའི་ཟབ་དབང་རྣམས་ཀྱང་ལེགས་པར་ཐོབ། དུས་སྐབས་སྔ་ཕྱི་ཅི་རིགས་ལ་འཛི་སྟོད་དར་ལྔའི་རི་ཁྲོད་དུ་རྗེ་ཀུན་དགའ་ངག་གི་དབང་པོ་ བཞུགས་པའི་དྲུང་ནས། དམ་པ་རང་གིས་དུས་འཁོར་འགྲེལ་ཆེན་ཕྱོགས་མཆན་ཅན་གྱི་སྙི ང་ པོའི་གོ་དོན་ཟབ་མོའི་གནད་མཐའ་དག་ལ་ཞིབ་ཏིག་གིས་དོགས་གཅོད་ཡང་དག་བྱས་ནས་ ཟབ་དོན་གྱི་ཚུལ་ལ་ཐུགས་ངེས་ཆེ་ཙམ་ཡང་འཁྲུངས་པར་བྱས། དགུང་ལོ་སོ་དྲུག་པར་ ལྕགས་བྱའི་ལོའི་ནག་ཟླའི་ཉེར་བདུན་ལ་རྗེ་དབོན་དམ་པ་གང་གི་དགོངས་པ་དབྱིངས་སུ་ ཐིམ་པའི་དགོངས་མཆོད་དུ་དམ་པ་འདི་སོགས་འདུས་པ་མང་པོས་ཉིན་མོ་ཆོ་ག་དང་མཚན་ 3-1-45 མོ་བླ་མཆོད་སྨོན་ལམ་སྣ་ཚོགས་པ་དང་བཅས་བར་འགར་དམ་པ་འདི་ཉིད་གཙོ་བོར་གྱུར་ པའི་འདུས་པ་དུ་མས་མཚན་མོ་ཁ་ཚང་བར་ཐོག་ཐག་ཏུ་བདེ་མཆོག་ནག་པོའི་ཞབས་ལུགས་ ཀྱི་སྒྲུབ་དཀྱིལ་ལ་བརྟེན་ནས་སྐུ་གདུང་མཆོག་གི་མདུན་དེ་ཉིད་ལས་བདག་འཇུག་ལེགས་ པར་བླངས་པ་སོགས་དམ་པ་ཉིད་ཀྱིས་སྒོ་གང་ཐད་ནས་མོས་གུས་རྩོལ་བ་ཆེར་མཛད་ཅིང༌། འདི་སྐབས་གཤེགས་མཆོད་ཀྱི་དུས་ཤིག་ན་བླ་མ་དམ་པ་ལུང་རིགས་རྒྱ་མཚོའི་མདུན་ནས། ཛ་འགོའི་དགེ་བཤེས་རིན་པོ་ཆེས་མཛད་པའི་དུས་འཁོར་ལྷ་དགུའི་ཁྲིད་ཡིག་གི་སྟེང་ནས་ ལུང་ཁྲིད་ཀྱང་དམ་པ་ཉིད་ནས་གསན། དགུང་ལོ་སོ་བརྒྱད་ཆུ་ཕག་ལོར་ངག་དབང་ཚོགས་ གཉིས་རྒྱ་མཚོ་འཛམ་ཐང་དུ་བཞུགས་པའི་དྲུང་ནས། དམ་པ་ཁོང་ཉིད་ཀྱིས་ཉ་དབོན་པས་ མཛད་པའི་བསྟན་པ་སྤྱི་འགྲེལ་གྱི་ཊཱི་ཀ་ལ་སློབ་གཉེར་ཀྱང་མཛད། དགུང་ལོ་སོ་དགུ་ཤིང་ བྱིའི་ལོར་ཁོང་ཉིད་ཕ་རིའི་སྒྲུབ་གྲྭར་ལོ་གཅིག་ཏུ་བཞུགས་ནས་ཉིད་ཀྱིས་རྡོ་རྗེའི་རྣལ་འབྱོར་ བསྒོ མ་པ་ལ་འབད་པར་བྱས་ཤིང༌། དེ་སྐབས་སུ་ཁོང་དག་གིས་རྐྱེན་སྦྱར་ནས་རྗེ་བཙུན་ སྒྲོལ་མའི་གསེར་སྐུ་བརྐྱང་ཁྲུའི་ཚད་ལུགས་མར་བཞེངས་ཏེ་ཟུང་འཇུག་རབ་གནས་བཅས་ ཀྱིས་སྒྲུབ་ཁང་དེར་བཞུགས་སུ་གསོལ། དགུང་ལོ་བཞི་བཅུ་ཤིང་གླང་གི་ལོ་ལ་གླང་པོའི་རི་ ཁྲོད་དུ་ཁོང་ཉིད་རྡོ་རྗེ་ཕུར་པའི་བསྙེན་མཚམས་ཚད་ལྡན་ལ་བཞུགས་ཤིང་ལོ་དེའི་དབྱར་ སྨད་དུ་སྦྱངས་པ་མ་འདས་མཆོག་སྤྲུལ་གྱིས་རྒྱུད་སྡེའི་དབང་བསྐུར་གང་གནང་ཐམས་ཅད་ ཀྱང་དམ་པ་ཉིད་ཀྱིས་གསན་ལ་དེའི་དགུན་སྨད་དུ་ཆོས་རྗེའི་སྒར་ཁོག་གི་སྐུ་རིམ་སྒྲུབ་ དཔོན་དུ་ཁོང་ཉིད་ཕེབས་དགོས་བྱུང་བས་དེ་ལོ་སྐུ་རིམ་གྱི་རྭ་ཟོར་ལེགས་པ་སོགས་ཀྱིས་ མཚན་མའང་མི་དམན་པ་བྱུང༌། དེ་ཕན་བར་བར་གྱི་ལོ་རྣམས་སུ་ཁོང་གིས་སྒྲུབ་བླ་སྔ་ཕྱི་དུ་ མ་ཞིག་མཛད་དགོས་པའང་ཡིན་ལ། དགུང་ལོ་ཞེ་གཅིག་མེ་སྟག་གི་ལོར་ཉིད་ཀྱིས་རི་ཁྲོད་ སོགས་སུ་མཚམས་སྒྲུབ་རེ་ལ་གཞོལ་བཞིན་ལེགས་པར་བཞུགས་སོ། །དགུང་ལོ་ཞེ་གཉིས་ 3-1-46 པའི་དུས་རབ་བྱུང་བཅུ་དྲུག་པའི་ཐོག་མ་མེ་ཡོས་ཀྱི་གནམ་ལོ་གསར་བ་ཤར་ཞིང༌། བྱང་ ཤམྦྷ་ལར་ཆོས་ཀྱི་རྒྱལ་པོ་རིགས་ལྡན་མ་འགགས་པ་གང་ཉིད་ཀྱིས་ཞབས་ཟུང་འཇིག་མེད་ རྡོ་རྗེའི་ཁྲི་ལ་མངོན་པར་འཁོད་པ་དང་ཆབས་གཅིག་པར་ངེས་དོན་སྒྲུབ་བརྒྱུད་ཀྱི་ཆོས་སྡེ་ དཔལ་གྱི་འཛམ་ཐང་བསམ་འགྲུབ་ནོར་བུའི་གླིང་གི་ཆོས་རྗེའི་རྟེན་ཁང་ཆེན་མོར་ལོ་དེའི་ཟླ་ བ་གསུམ་པ་ནག་ཟླའི་ཉ་ལ་ཀླད་ཆོས་རྗེའི་སྐུ་ཕྱོགས་ཆེན་པོའི་བཀའ་ལུང་གིས་ཐོག་མར་ཕ་ རིའི་སྒྲུབ་ཁང་གི་སྒྲོལ་མའི་ཆོས་འཚོགས་ཁར་ལྷ་རྫས་སྐྱེས་གནང་བཅས་བཀའ་བཀོད་ལ་ བརྟེན་དམ་པ་ཀུན་དགའ་བསོད་ནམས་མགོན་པོ་གང་ཉིད་གསང་ཆེན་ཐེག་པའི་རྡོ་རྗེ་སློབ་ དཔོན་མཆོག་ཏུ་བསྐོ་བཞག་མཛད་ནས་རྡོ་རྗེ་སློབ་དཔོན་གོང་མའི་རྒྱལ་ཚབ་དམ་པར་མངའ་ གསོལ་ཞིང་རྟེན་འབྲེལ་ལེགས་སྒོ་ཕུན་སུམ་ཚོགས་པའི་ངང་ནས་ཆོས་ཀྱི་སློབ་དཔོན་རྡོ་རྗེ་ འཛིན་པ་ཉིད་དུ་ངེས་པར་གྱུར་པ་སྟེ། དེ་དུས་སུ་རྗེ་སློབ་དཔོན་མཆོག་དེ་ཉིད་ཀྱིས་སློབ་ ཚོགས་གང་དག་རྗེས་སུ་ཐོག་མར་བཟུང་བའི་དབུ་ཚུགས་པ་ནས་རྗེ་གང་ཉིད་ཀྱིས་སློབ་མ་ རྣམས་ལ་ཆོས་བཀའ་ཇི་ལྟར་གནང་བའི་རིམ་པའང༌། དམ་པ་གང་ཉིད་རྡོར་སློབ་ཏུ་བཞུགས་ ཕན་ཆད་ནས་བླ་མ་གང་ཉིད་ཀྱིས་ལོ་བསྟར་བཞིན་སློབ་ཚོགས་གང་ཡོད་དག་ལ་ཐོག་མར་ སྐྱབས་སེམས་རགས་རིམ་གྱི་ཁྲིད་དམིགས་གོ་དོན་བློར་བཟུང་དུ་བཅུག་ཅིང༌། དེ་རྗེས་སུ་ ཁོང་གིས་རྡོར་སེམས་སྐབས་སྔོ ན་གྱི་ཕྱག་བཞེས་བཞིན་སློབ་བུ་བླ་མེད་ཀྱི་དབང་ཐོབ་མ་མྱོང་ བ་སུ་ཡོད་ལ་བླ་མེད་ཀྱི་རྒྱུད་སྡེ་གང་ཡང་རུང་བའི་དབང་བསྐུར་རེ་མཛད་སྲོལ་ཡོད་ཅིང༌། དེ་ ནས་བློ་ལྡོ ག་རྣམ་བཞི། རྡོར་སེམས་སྒོ མ་དམིགས། གཉེན་པོ་སྟོབས་བཞི་རྣམས་དང༌། མཎྜལ་གྱི་སྐབས་འཇིག་རྟེན་ཁམས་ཀྱི་རྣམ་གཞག་ཚོགས་བསགས་པའི་ཕན་ཡོན་རྣམས་ དང༌། བླ་རྣམ་སྐབས་བླ་སློབ་ཀྱི་མཚན་ཉིད། བསྟེན་ཚུལ། ཕན་ཡོན་སོགས་དང༌། ལྷན་སྐྱེས་ སྐབས་དེའི་རྗེས་གནང་དམིགས་ཁྲིད་ཞིབ་རྒྱས་བཅས་དང༌། དེ་ནས་མཆོག་དབང་ཁྱད་པར་ 3-1-47 ཅན། གཏོར་དབང༌། བྱིན་རླབས་ལུས་ཕུད་འབུལ་བ་རྣམས་དང༌། དེ་ནས་དབེན་གསུམ་ སྐབས་སེམས་བཞག་ཐབས་སྣ་ཚོགས་དང༌། སོར་སྡུད་སྐབས་དམིགས་པ། སྤོགས་ཆོག བོགས་འདོན། བསམ་གཏན་སྐབས་ཀྱང་དེ་ལུགས་ལྟར་ཏེ། དེ་དག་དངོས་གཞི་བ་རྣམས་ རིམ་པས་ཁྲིད་ཚུལ་དང༌། འཁྲུལ་འཁོར་གོང་མ་པ་རྣམས་ལ་ཤཱཀྱ་ཤྲིའི་ལུགས་ཀྱི་སྲོག་རྩོལ་ སྐབས་ལུས་སྦྱོང་འཁྲུལ་འཁོར་གྱི་ཁྲིད་སྟོན་པ་དང༌། འཁྲུལ་འཁོར་འགབ་མ་པ་རྣམས་ལ་ཟླ་ མགོན་ལུགས་ཀྱི་སྲོག་རྩོལ་ནས་འཛིན་པའི་བར་དང༌། རྗེས་དྲན་སྐབས་སྔོ ན་འགྲོ་དང་ དངོས་གཞིའི་རིམ་པས་ཐིག་ལེའི་འཁྲུལ་འཁོར་གྱི་ཁྲིད་སྟོན་པ་དང༌། དེ་ནས་ཏིང་ངེ་འཛིན། སྦྱོར་དྲུག་སྟན་ཐོག་གཅིག་མའི་ཁྲིད་རྣམས་རིམ་པར་སྟོན་པ་སྟེ་དེ་དག་རྩ་བ་གཞི་ཁོག་གི་ ཆོས་ཁྲིད་ཀྱི་ཚུལ་མདོ་ཙམ་དང༌། གཞན་ཡང་ཐུན་བར་རྒྱུན་ཁྱེ ར་གྱི་བྱ་བ་གཏོར་གྲལ་ལྟར་ ཆོས་སྐྱོང་རྣམས་ཀྱི་རྗེས་གནང་གཏོར་ཆོག བླ་མཆོད། སྔོ ན་འགྲོ་ཆོས་བདུན། ཆུ་གཏོར། མདོ་གདུགས་སྒྲོལ་གསུམ་སོགས་ཀྱི་བཀླག་ལུང་རྣམས་ཇི་ལྟར་འཚམས་པར་ལོ་དུས་བཞིན་ གནང་བའི་སྲོལ་དང༌། ལོ་གསུམ་འགྲོ་ལུགས་ཀྱང་འཁྲུལ་འཁོར་གོང་འགབ་གཉིས་ཀས་ཟླ་ བ་ལྔ་པའི་ཚེས་བཅུར་ཆོས་སྟོན་གྱི་ཚོགས་འཁོར་དང༌། གཉིས་ཀ་ལ་རྗེས་ཁྲིད་གདམས་ནས་ གོང་མ་པ་ལ་ཟླ་བ་བཞིས་ཆོས་མཚམས་དང༌། འགབ་མ་པ་རྣམས་ལ་མཇུག་རྫོགས་པའི་ ཕྱག་བཞེས་ལྟར་ཏེ། གཙོ་བོར་དེ་གའི་སྒོ ་ནས་དམ་པ་གང་ཉིད་ཀྱིས་སློབ་བུའི་ཚོགས་རིམ་ པར་ལེགས་བསྐྱང་མཛད་བཞིན་བཞུགས་པ་ལས་བར་བར་རྣམས་སུ་གཞན་ཡང་བསྐྱེད་ རིམ་སྣ་ཚོགས་དང༌། ཤངས་ཆོས་སོགས་ཆོས་བཀའ་གང་མཁོ་དག་ལ་དེ་ལུགས་ཀྱི་ཆོས་ ཁྲིད་རྣམས་དང་བཅས་པ་སྟེ། ཚུལ་དེ་འདྲའི་སྒོ ་ནས་རྗེ་དམ་པ་མཆོག་དེར་རྡོར་སློབ་ཏུ་ བཞུགས་པའི་མེ་ཡོས་ཀྱི་ལོ་དེ་ཉིད་དུ་གྲྭ་གསར་ལེགས་བྱེད་ཀྱི་སྦྱོར་དྲུག་པའི་ཆོས་ཚན་ལོ་ དེའི་ཟླ་བ་བཅུ་པའི་མགོ་ནས་གསར་ཞུགས་པ་གང་དག་ནི། དགེ་ལེགས་དཔལ། གཞོན་ནུ་ 3-1-48 དཔལ། ཉི་མ་དཔལ་སོགས་ཆོས་ཐུན་པ་དགུ་ཡོད་ཅིང༌། དེ་ནས་རིམ་པ་བཞིན་དམ་པ་ཉིད་ དགུང་ལོ་ཞེ་གསུམ་ས་འབྲུག་གི་ལོར་གྲྭ་གསར་བྱེད་པའི་སྦྱོར་དྲུག་པ། བློས་ཚུལ། བྱང་ཆུབ་ འོད་སོགས་བཞི། དེ་བཞིན་དུ་དགུང་ལོ་ཞེ་བཞི་ས་སྦྲུལ་གྱི་ལོར་སྦྱོར་དྲུག་པ། ཤེར་ཟློ ས། སངས་རྒྱས་རྒྱ་མཚོ། ཤེར་བརྩོན་སོགས་བཅུ་གཉིས། ལོ་དེར་དམ་པ་ཁོང་དང༌། སྦྱངས་པའི་ ཞལ་སློབ་བཅུ་སྐོར་ཞིག་གིས་ཡོན་བདག་གི་སྒོ་ནས་སྔར་སྐྱབས་མགོན་ཉིད་གྱིས་ཕྱག་ཚྭ་ གདབ་པ་གང་དག་བཞུགས་པའི་ཚྭ་ཁང་ཞིག་འཛམ་ཐང་དུ་ཡོད་པ་དེ་གཟུངས་གཞུག་ལྟ་ བུར་བྱས་ནས་དེའི་ཕྱི་རོལ་ཏུ་ཁང་བརྩེགས་མཆོད་རྟེན་ཕྱོགས་རེར་འདོམ་གསུམ་ལྷག་ཡོད་ པ་ཞིག་གསར་བཞེངས་མཛད། དགུང་ལོ་ཞེ་ལྔ་ལྕགས་རྟའི་ལོར་སྦྱོར་དྲུག་པ། བསོ་མཁས། རབ་ལྡན་སོགས་བཅུ་གཅིག དེ་ལོར་ཁོང་དག་གིས་ཡོན་སྦྱར་དེ་ལུགས་ལྟར་ལས་ཁང་ བརྩེགས་མཆོད་རྟེན་གྱི་ནང་དུ་སྐྱབས་མགོན་སྦྱངས་པའི་འདྲ་སྐུ་མི་ཚད་ལས་ལྷག་ཙམ་ འཇིམ་བཟོའི་སྒོ་ནས་ལེགས་བཞེངས་ཀྱིས་བསོད་ནམས་ཞིང་མཆོག་ཉེར་བསྐྲུན་ཀྱང་མཛད་ ལ། དགུང་ལོ་ཞེ་དྲུག་ལྕགས་ལུག་ལོར་སྦྱོར་དྲུག་པ། སྦྱངས་པ་མཁས་བཟང༌། དོན་རྒྱམ་ སོགས་གསུམ། ལོ་འདི་ཉིད་ཀྱི་ནང་དུ་ཁོང་རྣམས་ཀྱིས་རྐྱེན་སྦྱར་བཅས་ཁང་བརྩེགས་དེ་ ཉིད་དུ་ནང་གི་གྱང་རིས་བླ་བརྒྱུད། ཀུན་མཁྱེ ན་ཡབ་སྲས། རྗེ་བཙུན་སྐུ་ཕྲེང༌། དུས་འཁོར། རྡོར་སེམས། སྒྲོལ་མ་ཉེར་གཅིག ཆོས་སྐྱོང་ཆ་ཚང་སོགས་ལེགས་གྲུབ་ཀྱི་སྒོ ་ནས་རབ་གནས་ དགའ་སྟོན་མཐའ་རྒྱས་བཅས་ཀྱི་སྐབས་མཁའ་ལ་འཇའ་སྤྲིན་ངོ་མཚར་བ་སོགས་ཀྱི་ལེགས་ མཚན་དུས་སུ་བྱུང་ལ། སྤྱིར་དམ་པ་འདི་ཉིད་ལ་ཉམས་དང་རྨི་ལམ་གྱི་སྐབས་རྣམས་སུ་ སྐྱབས་མགོན་སྦྱངས་པ་རྡོ་རྗེ་འཆང་གི་ཞལ་གཟིགས་དུས་རྟག་པར་ཡོད་ཚུལ་ཁོང་གི་གསུང་ ཟུར་ལས་ལེགས་ཐོན་མཛད་པ་ལྟར་རོ། །དགུང་ལོ་ཞེ་བདུན་ཆུ་སྤྲེལ་ལོར་སྦྱོར་དྲུག་པ། བླ་ མ་རིན་ཆེན་རྡོ་རྗེ། ཡེ་ཤེས་རྒྱ་མཚོ་སོགས་ལྔ། འདི་ལོའི་ནག་ཟླར་ཁོང་ཉིད་ཆོས་རྗེའི་གྲྭ་ཚང་ 3-1-49 གི་འདུ་ཁང་དུ་བདེ་མཆོག་ནག་པོའི་ཞབས་ལུགས་ཀྱི་སྒྲུབ་མཆོད་འཚོགས་པའི་ཁྲི་འཛིན་དུ་ ཕེབས་ནས་སྟ་གོན་དངོས་གཞི་ཡོངས་སུ་རྫོགས་པའི་བར་བཞུགས། དམ་པ་གང་གིས་སློབ་ ཚོགས་བསྐྱང་ཚུལ་གཞན་ལས་ཁྱད་པར་བ་ཆེས་ཉམ་ཐག་པའི་དབང་པོ་མ་ཚང་བའི་དམུས་ ལོང་དང་དབུལ་བོ་འབྱོར་མེད་མགོན་སྐྱབས་དང་བྲལ་བ་གང་དག་ཐུགས་བརྩེ་བ་ཆེན་པོས་ རྗེས་སུ་བཟུང་སྟེ་ཐབས་སྣ་ཚོགས་པའི་མཛད་པ་ལ་བརྟེན་ཐོག་མར་ཀློག་ལེགས་བསླབས་ དང་དེ་ནས་རིམ་པར་རྡོ་རྗེའི་ཐེག་པ་ལ་བག་ཆགས་འཇོག་པར་མཛད་པ་སོགས་སྒོ་གང་ཐད་ ནས་ཐུགས་བརྩེ་ཟླ་དང་བྲལ་བ་ཞིག་གོ །དགུང་ལོ་ཞེ་བརྒྱད་ཆུ་བྱའི་ལོར་སྦྱོར་དྲུག་པ། ཆོས་ འཕགས། ངག་མཆོག་སོགས་བཅུ་གཉིས། ལོ་དེར་ཆོས་རྗེའི་ཁང་གསར་དུ་ཨ་གཏེར་ཆོས་ དབྱིངས་རྡོ་རྗེ་བྱོན་པའི་དྲུང་དུ། གཏེར་སྟོན་རང་གི་གཏེར་བྱོན་ཐང་སྟོང་རྒྱལ་པོའི་ལུགས་ ཀྱི་ཚེ་སྒྲུབ་སོགས་ཟབ་ཆོས་དུ་མ་ཞིག་དམ་པ་ཁོང་གིས་ལེགས་གསན་མཛད། དགུང་ལོ་ཞེ་ དགུ་ཤིང་ཁྱི འི་ལོར་སྦྱོར་དྲུག་པ། དབོན་ཀུན་དགའ། མཆོག་གསལ་སོགས་དགུ་ལོ་འདིར་ སྔོན་ཨ་གཏེར་གྱིས་ལུང་བསྟན་ལྟར་ཁོང་གིས་ཐང་སྟོང་རྒྱལ་པོའི་སྐུ་འདྲ་ལུགས་མ་ཉིད་ཀྱི་ སྐུ་ཚད་ཙམ་ཚོན་རྩི་ཟུང་འཇུག་རབ་གནས་བཅས་ལེགས་པར་བཞེངས་པ་རྟེན་ཁང་དུ་ བཞུགས་སུ་གསོལ་ཞིང༌། གཙང་བའི་གཟིམས་ཁང་དུ་རྡོ་རྗེ་སློབ་དཔོན་ལ་ངག་དབང་རྡོ་རྗེ་ བཟང་པོ་ལེགས་བཞུགས་ཀྱི་ཁྲི་སྟོན་ཆེད་ཁོང་ནས་རས་ཆེན་ལེབ་རྒན་མདོག་དར་དང་ བཅས་ཀྱིས་སྐྱེས་འབུལ་ཀྱང་མཛད། དགུང་ལོ་ལྔ་བཅུ་ཤིང་ཕག་ལོར་སྦྱོར་དྲུག་པ། བསོད་ ནམས་བཟང༌། མུན་ལོ་སོགས་སོ། །ལོ་འདིར་ཁོང་གིས་ཁང་དམར་མགོན་ཁང་དུ་སྔོ ན་ནས་ ཡོད་པའི་རྟེན་གཏོར་སྒམ་གསུམ་གྱི་ཁར་རྟེན་གཏོར་ཁྱད་མཚར་བ་གཏོར་གྲལ་སུམ་རིམ་གྱི་ རྣམ་པ་སྒྲུབ་ཡིག་ལྟར་གཏོར་རྫས་གཟུངས་གཞུག་ཚད་ལྡན་བཅས་དེ་དག་བླ་གྲྭ་མང་པོས་ ཞག་དུ་མར་ལེགས་སྒྲུབ་ཀྱི་སྒོ་ནས་ཆོས་སྐྱོང་བསྟན་སྲུང་ཡོངས་ལ་དགྱེས་མཆོད་ལེགས་ 3-1-50 འབུལ་གྱི་མཛད་སྒོ ་གསར་བའང་གནང༌། དགུང་ལོ་ང་གཅིག་མེ་བྱིའི་ལོར་སྦྱོར་དྲུག་པ་ མཁས་རྒྱམ། འཇམ་རྒྱམ་སོགས་ཏེ་འདི་ལོར་དམར་དམག་རྒྱང་བསྐྱོད་ཀྱི་དུས་ཟིང་གིས་ཟླ་ བ་གཅིག་ཙམ་གྱི་རིང་ལ་ཆོས་མཚམས་ཀྱང་བྱེད་དགོས་བྱུང༌། དགུང་ལོ་ང་གཉིས་མེ་གླང་གི་ ལོར་སྦྱོར་དྲུག་པ། བླ་མ་ཚུལ་ཁྲིམས་བཟང༌། ཀུན་ལྡན་སོགས་བཅུ་གཉིས། འདིའི་ལོ་ལ་ ཁོང་ཉིད་གཙང་བའི་གྲྭ་ཚང་གི་དུས་འཁོར་སྒྲུབ་མཆོད་ཀྱི་བླ་ཚབ་མུ་མདའི་བླ་མ་གསལ་ བཟང་ཡིན་སྐབས་དུས་འཁོར་འཚོགས་ཆེན་གྱི་ཁྲི་བར་ཕེབས་ཤིང་དེ་ནས་ཁོང་ལ་ཡོན་ འབུལ་ཟབ་གོས་སྣ་ཚོགས་ཕུལ་བ་གང་དག་གིས་ཁང་དམར་རྟེན་གྱི་གཙོ་བོ་བསྟན་པའི་ བདག་པོ་ཐུབ་པའི་དབང་པོའི་སྐུ་བརྙན་མཆོག་གི་སྐུ་རྒྱབ་ཏུ་འཇའ་རིས་འོད་གུར་གྱི་རྣམ་པ་ ལེགས་བཟོ་དང༌། དབུ་ཐོག་ཏུ་གནམ་རྒྱན། ཀ་རྒྱན་ལེགས་མཛེས་ཟུང་དང༌། ཕྱི་རོལ་ འཚོགས་ཁང་དུ་ཀ་འཕན་མཛེས་པ། མགོན་ཁང་དུ་བླ་བྲེ་ཆེ་ཚད། དཔལ་འབྱོར་བཟང་པོའི་ སྐུ་གདུང་གི་སྟེང་དུ་གནམ་རྒྱན་སོགས་ཁང་དམར་ཕོ་བྲང་གི་བྱིན་རྟེན་ཁྱད་འཕགས་རྣམས་ ལ་མཆོད་འབུལ་རྒྱ་ཆེར་ལེགས་བསྒྲུབས་ཀྱང་མཛད། དགུང་ལོ་ང་གསུམ་ས་སྟག་ལོར་སྦྱོར་ དྲུག་པ་བླ་མ་ཤེས་རབ་འོད་ཟེར་སོགས་དང༌། ལོ་དེར་ཟླ་བ་ལྔ་པའི་ནང་དུ་མ་ཎི་བླ་མ་པདྨ་ སིདྡྷི་འཛམ་ཐང་དུ་ཕེབས་ནས་མ་ཎི་བླ་མ་རིན་པོ་ཆེ་གང་ཉིད་ཀྱིས་ཡི་གེ་དྲུག་མའི་ཆོས་ འཚོགས་རྒྱ་ཆེ་བ་དང་བཅས་ཐུགས་རྗེ་ཆེན་པོའི་དབང་བཀའ་བྱིན་རླབས་སོགས་མཛད་པའི་ སྐབས་སུ་དམ་པ་ཁོང་ཡང་ཆོས་གྲལ་དེར་ཕེབས་ཏེ་ཡིག་དྲུག་དུང་ཕྱུར་མང་པོའི་བྱིན་རླབས་ ཉེ་བར་ཐོབ་ལ། དགུང་ལོ་ང་བཞི་ས་ཡོས་ལོར་སྦྱོར་དྲུག་པ། བླ་མ་ཆོས་མཆོག་བྱམས་པ་ སོགས་བཞི། ལོ་འདིར་ནི་རྗེ་བླ་མ་དམ་པ་གང་ཉིད་ཀྱི་དྲུང་དུ། སྦྱངས་པ་མ་འདས་མཆོག་ སྤྲུལ་ནས་ད་ཕན་ལོ་བསྟར་བཞིན་རྗེ་བཙུན་ཏཱ་ར་ནཱ་ཐའི་བཀའ་འབུམ་ལས་བྱུང་བའི་རྒྱུད་སྡེ་ རབ་འབྱམས་ཀྱི་རྒྱུན་འཚོགས་དུས་མཆོད་རྒྱུན་ཆད་མེད་ཀྱི་ཚོགས་དཔོན་དུ་ཁོང་ཉིད་ 3-1-51 བཞུགས་དགོས་པའི་ཞུ་ནན་ལྟར། རྗེ་དམ་པ་གང་གིས་ཡང་ཐུགས་དགྱེས་ཚོར་ཆེན་པོའི་ངང་ དེ་ལུགས་ཞལ་བཞེས་མཛད་ངོས་ནས་ལོ་དེའི་ཟླ་བ་བཅུ་པ་ནས་རྒྱུན་འཚོགས་ཆོ་གའི་དབུ་ བཟུང་སྟེ་སང་ཕོད་ཀྱི་ཟླ་བ་བཅུ་པའི་བར་དུ་རྒྱུད་སྡེ་རབ་འབྱམས་དང་ཟླ་རེ་ལ་གཏོ་སྒྲུབ་རེ་ སོགས་སྦྱར་ནས་རྗེ་བཙུན་རིན་པོ་ཆེའི་བཀའ་འབུམ་ལས་བྱུང་བའི་རྒྱུད་སྡེ་རབ་འབྱམས་ཆ་ ཚང་གི་ཁར་རྡོ་རྗེ་ཕྲེང་བའི་དཀྱིལ་འཁོར་གྱི་ཆོ་ག་ཡོངས་སུ་རྫོགས་པ་དང་བཅས་ལེགས་ གྲུབ་ཀྱི་རྒྱུད་སྡེའི་ཆོས་འཚོགས་ཟབ་མོའི་ཚོགས་དཔོན་དབུ་མཛད་བཅས་ཀྱིས་ཐུགས་ཁུར་ ལེགས་བཞེས་ཀྱིས་ལོ་དེ་ནས་བཟུང་ལོ་བརྒྱད་ཙམ་གྱི་རིང་དུ་ཁོང་ཉིད་ཁོ་ནས་རྒྱུད་སྡེའི་ འཚོགས་ཀྱི་སློབ་དཔོན་དེ་ལུགས་བཞིན་མཛད་ལ། སྤྱིར་དམ་པ་འདི་ཉིད་ཆོས་གཙང་ཡོངས་ ཀྱི་བླ་མ་ལྟ་བུ་ཡིན་པས་ན་སྔོན་ཆད་ངག་དབང་ཚོགས་གཉིས་རྒྱ་མཚོ་དག་ཞིང་དུ་ཕེབས་ པའི་དགོངས་མཆོད་དང་གདུང་རྟེན་རྣམས་ལེགས་གྲུབ་སྐབས་སྔ་ཕྱི་ཀུན་ཏུ་ཉིད་ཀྱིས་མཆོད་ སྨོན་དང་རབ་གནས་ཀྱི་སློབ་དཔོན་ངེས་པར་མཛད་ཅིང་གཙང་གྲྭ་ཡོངས་ལ་སྒོ་གང་ཐད་ ནས་ཕན་ཐོགས་ཀྱི་བཀའ་དྲིན་ལྷག་པར་ཆེ་བ་ཞིག་གོ །དགུང་ལོ་ང་ལྔ་ལྕགས་འབྲུག་ལོར་ སྦྱོར་དྲུག་པ། དབོན་པོ་བསོད་ནམས། སྦྱངས་པ་ངག་དབང་དཔལ་སོགས་དང༌། འདི་ལོར་ སྦྱངས་པ་མ་འདས་མཆོག་སྤྲུལ་གྱིས། ལྷ་ལུང་མཚམས་པ་སོགས་ལ་བདེ་མཆོག་རབ་ འབྱམས་ཀྱི་དབང་བསྐུར་མཛད་པའང་ཁོང་ནས་གསན། དགུང་ལོ་ང་དྲུག་ལྕགས་སྦྲུལ་ལོར་ སྦྱོར་དྲུག་པ། སངས་རྒྱས་རིན་ཆེན། འོད་གསལ་སོགས་བཅུ། ལོ་དེར་ཁོང་གི་མ་ཡུམ་དུས་ ལས་འདས་པའི་དགོངས་རྫོགས་རྒྱ་ཆེ་བའི་རྣམ་པར་དཀར་བ་ལེགས་འཛོམས་ཀྱི་སྐལ་བ་ བྱུང་ཞིང༌། སྔོ ན་བོད་ལྗོ ངས་ཀྱི་རྒྱལ་བའི་སྐུ་རྟེན་ཇོ་བོ་ཡིད་བཞིན་ནོར་བུ་གང་ལ་རྗེ་ཙོང་ཁ་བ་ ཆེན་པོས་ལོངས་སྐུའི་ཆས་གསོལ་བས་ཞྭ་སེར་ཕྱོགས་ཀྱི་བསྟན་པ་ཕྱོགས་ཐམས་ཅད་ནས་ ཡོངས་སུ་རྒྱས་པ་ལྟར་དེང་སྐབས་སུ་ཁང་དམར་རྟེན་ཁང་གི་རྒྱལ་བའི་གཟུགས་སྐུ་ཆེན་པོ་ 3-1-52 ལའང་དེ་ལུགས་ལྟར་དམ་པ་འདི་ཉིད་ཀྱིས་ལོངས་སྤྱོད་རྫོགས་པའི་ཆས་ཉེ་བར་གསོལ་ བས་རྒྱལ་བ་གཉིས་པ་ཇོ་ནང་པ་ཆེན་པོའི་ངེས་པ་དོན་གྱི་བསྟན་པ་གང་ཉིད་ཡུན་རིང་རྒྱས་ འཕེལ་གྱི་ཆེད་དུ་ཐུགས་སྨོན་རྣམ་དག་གི་དགོངས་འཇགས་ཟབ་མོ་ལེགས་མངའི་ངང་དམ་ པ་འདི་ཉིད་ཀྱིས་ཀྱང་བྱས་རྗེས་མཛད་སྒོ ་ཚུལ་དེ་ཁོ་ན་བཞིན་གནང་བའོ། །དགུང་ལོ་ང་ བདུན་ཆུ་རྟའི་ལོར་སྦྱོར་དྲུག་པ། བླ་མ་ཚུལ་ཁྲིམས་སོགས་ཡིན། འདིའི་ལོ་ལ་སྦྱངས་པ་མ་ འདས་མཆོག་སྤྲུལ་གྱི་ཀུན་མཁྱེན་དོལ་པོ་སྐུ་བརྙན་གསེར་ཟངས་ལས་ཉེར་བསྐྲུན་མཛད་པ་ ཇི་བཞིན་ལེགས་གྲུབ་གྱི་དུས་ཡིན་པས་ལོ་དེའི་ཟླ་བ་བཅུ་པའི་ཚེས་གསུམ་ལ་རི་ཁྲོད་ནས་ ཆོས་རྗེའི་གྲྭ་ཚང་གི་འདུ་ཁང་དུ་སྐུ་རྟེན་དེ་ཉིད་སྤྱན་དྲངས། དེའི་ཚེས་དྲུག་ནས་བླ་མ་མཆོག་ གང་གིས་སློབ་དཔོན་གྱི་སྒོ་ནས་གྲྭ་ཚང་ཕྱེད་ཙམ་དང་བཅས་རབ་གནས་འགྲོ་ཕན་རྒྱས་བྱེད་ ཀྱི་ཆོ་ག་དེའི་ལྷན་ཐབས་ལྟར་གྱི་ཞག་བདུན་ཕྲག་གི་བར་དུ་ལེགས་སྒྲུབ་མཛད་ཅིང༌། གཞན་ ཡང་དེ་དང་ལྷན་གཅིག་བླ་སྤྲུལ་གྲྭ་མང་བཅས་ཀྱིས་དུས་འཁོར་སྡོམ་ཆེན་གྱི་ཆོ་ག་རབ་ གནས་དང་སྦྱར་བ་སོགས་མཛད་སྒོ་དེ་དག་གི་མཐུས་སྐུ་གཟུགས་ལ་སྔར་ལས་བཀྲག་ མདངས་གཟི་བརྗིད་ཀུན་ནས་རྒྱས་པ་མངོན་གསལ་དུ་བྱུང་བ་སོགས་ཀྱི་ལེགས་མཚན་ཀྱང་ བྱུང༌། དགུང་ལོ་ང་བརྒྱད་ཆུ་ལུག་ལོར་སྦྱོར་དྲུག་པ། ཆོས་འཕེལ། མཉམ་ཉིད་སོགས་བཅུ། ལོ་དེའི་ཟླ་བ་དྲུག་པའི་ཚེས་གཅིག་ནས་རྗེ་དམ་པ་ཁོང་དང་སྦྱངས་སྤྲུལ་སོགས་ཀྱིས་དབུར་ བཞུགས་བྱས་ཏེ་ཆོས་རྗེའི་འདུ་ཁང་དུ་ས་བདག་གཏད་དཀྲུགས་ཞག་བདུན་ཕྲག་གི་བར་ མཛད་མཐར་གཏད་མདོས་གོང་ཐང་མཚོ་ཝེར་ནང་དུ་འཕངས་པས་ཕྱིས་མཚོ་དེ་ཉིད་ཕྲི་ཞིང་ གཤོང་ངོ་ཞེས་གྲགས་སྐད། དགུང་ལོ་ང་དགུ་ཤིང་སྤྲེལ་ལོར་སྦྱོར་དྲུག་པ། བྱང་ཆུབ་རིན་ཆེན་ ཤེས་རབ་རྡོ་རྗེ་གཉིས། ལོ་དེའི་ཟླ་བ་གཉིས་པའི་ཚེས་བཞི་ནས་ཆོས་རྗེའི་ལྷ་སྡེའི་དོན་ལ་ ཁོང་ཉིད་ཀྱིས་ཁང་དམར་དུ་བསྐང་གསོལ་གསར་རྙིང་ཞག་བདུན་ཕྲག་གི་བར་མཛད་པའི་ 3-1-53 གོང་བཞུགས་བྱས་ཤིང༌། དེ་ཕན་ནས་བཟུང་སློབ་ཚོགས་ལ་རེས་མོས་ཀྱི་སྒོ ་ནས་ནུབ་ཐུན་དུ་ མགོན་སྐང་ཁོ་ན་མཛད་པའི་སྲོལ་བཙུགས་ཏེ་བསྐང་བ་གཏུམ་ཆེན་མ་འབུམ་ཐེར་ལྷག་གི་ ཞལ་བཀོད་དང་བཅས་བར་བར་རྣམས་སུ་ཁོང་ཉིད་བྱོན་ནས་ཡེ་ཤེས་མགོན་པོ་འཁོར་ བཅས་ཀྱི་གསོལ་བསྐང་ལ་ཉིད་ཀྱིས་ཀྱང་ནན་ཏན་ཆེ་བ་མཛད་ཀྱིན་འདུག་ཅིང༌། འདིའི་ ལོར་ཆོས་རྗེའི་གྲྭ་ཚང་གི་འདུ་ཁང་དུ་ས་ག་ཟླ་བའི་དུས་འཁོར་སྒྲུབ་མཆོད་རྡུལ་ཚོན་གྱི་སྟེང་ ནས་ཁོང་གིས་འདུས་པ་ཆེས་མང་པོ་ལ་དུས་འཁོར་དབང་ཆེན་ཡོངས་རྫོགས་ལེགས་པར་ བསྐུར་ཞིང༌། འཇམ་དབྱངས་མཁྱེ ན་བརྩེའི་དབང་པོའི་ཐུགས་སྤྲུལ་དུ་གྲགས་པ་རྗེ་གྲུབ་ དབང་རིན་པོ་ཆེའི་བཀའ་ལུང་ལས་བྱུང་བའི་རྡོ་རྗེ་ཕུར་བའི་དབང་ལུང་ཁྲིད་གསུམ་གྱི་རིམ་ པ་ཤི་ནང་སོག་པོའི་བླ་མ་ཆོས་རྣམ་ནས་བརྒྱུད་པ་དེ་ཡང་དམ་པ་མཆོག་ཉིད་ཀྱིས་འདུས་པ་ ཡོངས་ལ་བཀའ་དྲིན་དུ་མཛད་པའོ། །དགུང་ལོ་དྲུག་ཅུ་ཤིང་བྱའི་ལོར་སྦྱོར་དྲུག་པ། རིན་ བཟང༌། ཆོས་རྒྱམ་སོགས་བཅུ་གཉིས། ལོ་དེའི་ཟླ་བ་གསུམ་པའི་བཅུ་སྐོར་དུ་རྗེ་དམ་པ་གང་ ཉིད་ཀྱིས་རྩང་མདོས་གཏོ་སྒྲུབ་ཞག་བདུན་གྱི་གོང་བཞུགས་མཛད་ཅིང་ཁོང་ལ་སློབ་འགས་ ཞབས་བརྟན་དུ་ཕུར་བའི་སྒྲུབ་ཆེན་དང་ཚེ་སྒྲུབ་ཀྱང་བྱས། ལོ་དེའི་དགུན་ཁར་ཆོས་རྗེའི་སྒར་ གྱིས་སྐུ་རིམ་དུ་སྒྲུབ་དཔོན་ལ་ཁོང་ཉིད་བྱོན་དགོས་བྱུང༌། དགུང་ལོ་རེ་གཅིག་མེ་ཁྱི འི་ལོར་ ཁང་དམར་དུ་སྦྱོར་དྲུག་པ། དབོན་འཇིགས་མེད་རྒྱ་མཚོ། མང་དགེ་མཁས་གསལ་སོགས་ བཅུ་གླང་པོའི་རི་ཁྲོད་དུ། དྲུང་བ་མཆོག་སྤྲུལ་སོགས་གསུམ་རྣམས་ཡིན་ཞིང༌། དམ་པ་གང་ ཉིད་ཡོངས་ཀྱི་འདྲེན་པ་ཆེན་པོ་ཡིན་སྟབས་ལོ་དེར་ཡང་ཁོང་གཙང་བའི་གྲྭ་ཚང་གི་ས་ག་ཟླ་ བའི་དུས་འཁོར་སྒྲུབ་མཆོད་ཀྱི་ཁྲི་འཛིན་དུའང་ཕེབས་ནས་སློབ་དཔོན་གྱི་བགྱི་བ་གང་ དགོས་དག་གིས་འགྲོ་ཕན་ཆེ་བ་མཛད། ལོ་དེའི་ཟླ་བ་ལྔ་པའི་ནང་དུ་བླ་བྲང་ནས་དགེ་བཤེས་ ཀྱི་མཁས་གནས་ཐོབ་པ་བླ་མ་རབ་དགས་ཞུས་ངོར་ཁང་དམར་ཕོ་བྲང་དུ་རྗེ་བླ་མ་དམ་པ་རྡོ་ 3-1-54 རྗེ་འཆང་གང་ཉིད་ཀྱི་ཞལ་སྔ་ནས་བླ་སྤྲུལ་དུ་མས་གཙོས་འདུས་པ་མང་ཙམ་ལ་དུས་འཁོར་ དབང་ཆེན་ཡོངས་སུ་རྫོགས་པ་དང༌། དུས་འཁོར་འགྲེལ་ཆེན་ཕྱོགས་མཆན་ཅན་གྱི་བཤད་ ལུང་རྣམས་ཀྱང་ལེགས་པར་གནང༌། ལོ་དེའི་བརྒྱད་པའི་ཉི་ཤུའི་ནང་ལ་ཁང་དམར་དུ་ཁོང་ གིས་ཕུར་བའི་སྒྲུབ་ཆེན་གྱི་དབུ་བཞུགས་མཛད་དེ་འདུས་པ་དེར་གནས་གང་དག་ལ་བསྲུང་ ཆེན་གྱི་མཛད་སྒོ ་ཡང་གནང༌། ཉིད་དགུང་གྲངས་རེ་གཉིས་མེ་ཕག་གི་ལོ་འདི་ལ་གང་གི་སྐུ་ ཞལ་དངོས་བཞུགས་རིང་གྲྭ་གསར་བྱེད་པའི་སྦྱོར་དྲུག་པ་མེད་ཀྱང༌། རྗེ་དམ་པ་གང་ཉིད་ ཀྱིས་སྔར་ཡོད་ཆོས་ཐུན་པ་འཁྲུལ་འཁོར་གོང་འགབ་པ་དག་ལ་དེ་ལུགས་ཀྱི་ཆོས་ཁྲིད་གང་ དགོས་ཐམས་ཅད་དང༌། ལོ་དེའི་ཟླ་ནང་གི་དགུ་བསྐང༌། ཚེས་བསང་སོགས་རྒྱུན་སྲོལ་ཕྱག་ བཞེས་གང་དགོས་རྣམས་དང༌། སྔོ ན་འགྲོ་བ་གང་དག་ཀྱང་རང་རང་ལ་ཉེར་མཁོའི་མཆོག་ དབང༌། དམིགས་ཁྲིད་གང་དགོས་དག་ཀྱང་ལེགས་པར་མཛད་ནས་དེ་དག་དངོས་གཞི་མུན་ ཁང་དུ་དམ་པོར་འཇུག་པ་དང༌། འཁྲུལ་འཁོར་གོང་འགབ་དག་རང་རང་གི་འཁྲུལ་འཁོར་ རླུང་སྦྱོར་ལ་ལེགས་འབད་བྱེད་དུ་འཇུག་པ་སོགས་སྐབས་དེར་བགྱི་བ་གང་དགོས་དག་ཀྱང་ ཟིན་པར་བྱས་ནས། དེ་ལོར་རྗེ་ཁོང་དཔོན་སློབ་གང་དག་གིས་དུས་ཀྱི་ལོ་མཆོད་རྒྱུད་སྡེའི་ སྒྲུབ་མཆོད་ཟབ་མོ་ལ་ལེགས་གནས་ཀྱི་སྐབས་རེ་ཞིག་ན་ལོ་དེའི་ས་ག་ཟླ་བའི་ཉི་ཤུའི་ནང་ ལ་དགེ་འཕེལ་རི་ཁྲོད་དུ་ཁང་དམར་དབོན་རྒན་བསོད་ནམས་བསྟན་འཛིན་དགོངས་པ་ དབྱིངས་སུ་ཐིམ་སྐབས་ཆོས་རྗེའི་བླ་སྤྲུལ་རྣམས་དང་ལྷན་གཅིག་ཏུ་རྗེ་བླ་མ་མཆོག་གང་ ཕེབས་དགོས་བྱུང་བས་དེར་ཞག་ཤས་བཞུགས་རིང་ཉིད་ཀྱི་ཞལ་སྔ་ནས། ད་ལན་ཁྲི་བཅུའི་ དམག་གི་དུས་ཟིང་སོགས་གང་ཐད་ནས་རང་ཡང་ཁང་དམར་དུ་འགྲོ་སྙམ་མེད་པ་ཞིག་ཡོད། ཅེས་ཡང་ཡང་གསུངས་པ་ན། སྐུའི་ཉེ་ཆར་བ་དག་གིས་ངེས་པར་བྱོན་དགོས་ཚུལ་གྱི་ནན་ཞུ་ ལྟར་སླར་ཡང་ཁང་དམར་དུ་ཁོང་ཉིད་ཕེབས་ནས་ལོ་དེའི་ཟླ་བ་ལྔ་པའི་ཚེས་སྐོར་དུ་ཆོས་ཐུན་ 3-1-55 པ་འགའ་ལ་སྔོན་དུས་ཀྱི་དམར་དམག་ལས་མཆེད་པའི་རིམས་ཡམས་བར་བར་དུས་སུ་ འབྱུང་གིན་འདུག་པ་དེ་འཕྲལ་དུ་འདིར་བྱུང་སྟེ་ཡམས་ནད་ངན་པ་དེས་ཟིན་ནས་དེ་ལོའི་ ཚོགས་མཆོད་ཀྱང་བཤོལ། སློབ་འགའ་ལ་ནད་ཟུག་ཆེ་ཞིང་ཆོས་ཐུན་པ་རེ་ཡང་ཤི་བ་སོགས་ ཀྱིས་ཉེར་འཚེ་བྱུང་སྐབས་དེ་མཚམས་ཤིག་ཏུ་རྗེ་དམ་པ་ཁོང་ཉིད་ལའང་ཡམས་ནད་དེས་སྐུ་ བསྙུང་བྱུང་སྟེ་འགྲོ་འདྲེན་བསྟན་པའི་རྩ་ལག་མཆོག་ཉིད་ཁང་དམར་དུ་རྡོ་རྗེ་སློབ་དཔོན་ཀྱི་ མཛད་སྒོ་ལ་ལོ་ཉེར་གཅིག་ཙམ་སོང་ནས་རེ་ཞིག་ཕྲིན་ལས་ལྗོངས་འདིར་བསྡུ་བ་ལ་ཆས་ ནས་ཉིན་ཞིག་སྐུ་མདུན་དུ་སློབ་བུ་ཡམས་ནད་ཀྱིས་ཟིན་པ་ནད་ཤུགས་བཙན་པོ་ཅན་ཞིག་ འོངས་ནས་དེས་ཁོང་ལ་བསྙུན་འདྲིའི་ཞུ་བ་བཅས་རང་ལ་ཁྱེད་ཀྱི་སྐུ་བསྙུང་དྭངས་རྗེས་སུ་ ཁྲུས་བྱབ་སོགས་ཀྱིས་སྲུང་བ་དགོས་ཚུལ་ཞུས་ཚེ། ཁོང་གི་ཞལ་ནས། རང་གི་ནད་ད་ལན་ དྭངས་རྒྱུ་ཨེ་ཡོད་མི་ཤེས། ཁྱོ ད་ལ་དེང་སྐབས་ནས་རང་གིས་སྲུང་བ་བྱའོ། །གསུངས་ནས་ ཁྲུས་བྱབ་སོགས་མཛད་ཕན་ཆད་སློབ་བུ་དེའི་ནད་ཤུགས་བཙན་པོ་ཞི་སོང༌། ཁོང་ཉིད་ལ་སྐུ་ བསྙུན་བྱུང་བའི་རེ་ཞིག་ནས་སྐུ་དྲང་པོར་བཞུགས་བཞིན་ཐུགས་མཉམ་བཞག་རྩེ་གཅིག་པ་ ལྟ་བུའི་ངང་ཞལ་ནས་རྒྱུད་སྡེའི་གཟུངས་སྔགས་ཀྱི་སྙིང་པོ་ཅི་རིགས་གསུངས་པ་མ་གཏོགས་ གཞན་གང་ཡང་ཞལ་གསུང་མི་མཛད་པར་ཞག་ཉེར་གཅིག་ཙམ་བཞུགས། དེ་སྐབས་སུ་ཉིད་ ནས་ཞལ་ཟས་ཀྱི་བྱ་བའང་ཉུང་ཤས་རེ་ལས་མི་མཛད། དེ་ནས་སྐབས་ཤིག་ཏུ་ཁོང་གི་ཞལ་ ནས། ད་ལན་ངེས་དོན་གྱི་བསྟན་པ་འཛིན་མཁན་སྦྱངས་པ་མཆོག་སྤྲུལ་རིན་པོ་ཆེ་སོགས་ ཆོས་གཙང་གི་རྡོ་རྗེ་སློབ་དཔོན་གང་དག་གིས་གཙོས་འདུས་པ་སློབ་ཚོགས་ཀྱི་སྡེ་དང་བཅས་ པ་རྣམས་དང་མ་འགྲོ་བ་ནམ་མཁའ་དང་མཉམ་པ་གང་དག་གི་སྐུ་གླུད་དུ་བདག་འགྲོ་བར་ གྱུར་ཅིག དེ་རྣམས་ཐམས་ཅད་སྐུ་ཚེ་རིང་ཞིང་ནད་མེད་པར་གྱུར་ཅིག ཅེས་པའི་སྨོ ན་ཚིག་ ཡང་ཡང་གསུང་གིན་འདུག་ལ། བར་བར་དུ་ཅི་ཡང་མི་གསུང་བར་ཕྱག་མཉམ་བཞག་དང༌། 3-1-56 རེས་པད་ཀོར་བཅས་ཕྱག་རྒྱ་སྣ་ཚོགས་རེ་ཡང་ཁོང་ནས་མཛད། འདི་སྐོར་ཞིག་ཏུ་ཁོང་གིས་ སྙན་ལམ་དུ་ཁྲིད་ཡིག་མཐོང་བ་དོན་ལྡན་སྒྲོགས་ཤིག ཅེས་པའི་བཀའ་ཕེབས་བྱུང་བ་ལྟར་ ཡང་ལེགས་པར་བྱས་ཤིང༌། འདི་སྐབས་གོང་འོག་ཅི་རིགས་པར་སློབ་ཚོགས་ཀྱིས་ཞབས་ བརྟན་རིམ་གྲོ་ཡང་ཕུལ་ཀྱང་རེ་ཞིག་ཁོང་གི་གདུལ་བྱ་རྫོགས་པའི་ཚུལ་གྱིས་ལོ་དེའི་ཟླ་བ་ ལྔ་པའི་ཚེས་ཉེར་དགུའི་ནངས་མོར་ཞལ་ནས་སྒྲོལ་མ་མཎྜལ་བཞི་པ་ཚར་གཅིག་གསུངས་ ནས། དེའི་ཉིན་གསོལ་བའང་ཉིད་ཀྱིས་ཅི་རིགས་པ་རེ་མཛད་དེ་དེ་ནུབ་ཀྱི་མཚན་མོའི་ཆ་རེ་ ཞིག་གི་ཚེ་ཁོང་གིས་སྐུ་སེང་གེ་ཉལ་སྟབས་ཀྱིས་བཞུགས་ཏེ་ཕྱག་གཡས་འགྲམ་འོག་དང་ གཡོན་དཔྱི་སྟེང་དུ་བཞག་བཞིན་སྡིགས་མཛུབ་མཛད་དེ་ཐུགས་དགོངས་ཆོས་དབྱིངས་སུ་ ཐིམ་པའི་ཚུལ་གྱིས་ཐུགས་དམ་ཞག་བདུན་ཕྲག་ཏུ་བཞུགས་མཐར་དགོངས་གྲོལ་གྱི་ཚེ་སྟེང་ འོག་ནས་དཀར་དམར་ཇི་བཞིན་བྱུང་ཞིང་སྐུ་གདུང་ལས་སྣུམ་ཁུ་ལྟ་བུའི་རྣམ་པ་མང་པོ་བྱུང་ ལ། སྐུ་འདས་ཉིན་ས་གཡོ་བ་དང་གནམ་གང་གི་ཉིན་ནམ་མཁར་འཇའ་སྤྲིན་གྱིས་གང་བ་ སོགས་ཀྱི་རྟགས་མཚན་ཡང་ཡོད་ཅིང༌། དེ་སྐབས་སློབ་འགའ་དེར་གནས་ཉུང་ཤས་ཀྱིས་ གདུང་མཆོད་མཚོན་ཙམ་དང་བཅས་རིམས་ཡམས་ཀྱི་དབང་གིས་སྐུ་གདུང་ལ་ཞུགས་འབུལ་ བྱེད་སྐབས་མ་འགྲིགས་པས་རེ་ཞིག་བར་འཛམ་ཐང་དགོན་གྱི་སྟོད་ཕྱོགས་ཛམ་བྷ་ལའི་ཉེ་ འདབས་སུ་སྐུ་གདུང་དེ་ཉིད་སར་སྦ་དགོས་བྱུང༌། ཡང་དེའི་ཕྱི་ལོར་སྔ་ཕྱི་ཀུན་ཏུ་རི་ཁྲོད་པ་ དང་ཆོས་རྗེའི་གྲྭ་ཚང་ཡོངས་ནས་དགོངས་མཆོད་ཆེ་རབ་མཛད་པའོ། །ཕྱིས་སུ་ས་གླང་གི་ལོ་ ལ་སློབ་ཚོགས་ཀྱིས་སྐུ་གདུང་རིན་པོ་ཆེ་དེ་ཉིད་ས་ནས་བཏོན་ཏེ་སྦྱངས་པའི་གདན་ས་སྲིབ་ ལུང་རི་ཁྲོད་དུ་སྤྱན་དྲངས་ནས་མཆོད་སྨོན་རྒྱ་ཆེར་བྱེད་དུས་སུ་གདུང་ལས་སྤོས་དུད་ལྟ་བུའི་ སྔོ ་ལམ་པ་ཞིག་ཡུན་རིང་བྱུང་བ་ཀུན་གྱི་མཐུན་སྣང་དུ་གྱུར་ཅིང༌། བླ་གྲྭ་དུ་མས་གདུང་ལ་ ཞུགས་མཆོད་ཀྱི་སྐབས་གདུང་དུད་ནམ་མཁར་ཐོན་དུས་བྱ་རྒོད་གཉིས་འཕྲལ་དུ་ཐོན་ནས་ 3-1-57 མཁའ་ལམ་དུ་རྒོད་པོ་དེ་གཉིས་ཀྱིས་ལྡིང་བསྐོར་མང་པོ་བྱས་མཐར་བྱང་ཕྱོགས་སུ་འཕུར་ སོང་བས་མཁའ་འགྲོས་ཤམྦྷ་ལ་རུ་ཁོང་ཉིད་གདན་དྲངས་པའི་ལེགས་མཚན་དང་བཅས་ དུས་འཁོར་བསྲེག་བླུགས་སློབ་བུ་དམ་པ་གང་དག་གིས་ཕུལ་ཞིང་གདུང་ཚྭ་སོགས་བགྱི་འོས་ མཐའ་དག་ལེགས་གྲུབ་མཛད་ནས་ཕྱིས་སུ་གདུང་རྟེན་ཡང་སློབ་འགས་རྗེ་བཙུན་བྱམས་ མགོན་གྱི་སྐུ་བརྙན་ཟངས་གསེར་ལས་ལེགས་བསྐྲུན་གྱི་གསེར་སྐུ་བརྐྱང་ཁྲུའི་ཚད་ལེགས་ པར་བཞེངས་ཏེ་གཟུངས་གཞུག་རབ་གནས་སོགས་ཀྱི་ལེགས་སྒོ ་དུས་སུ་གྲུབ་ཅིང་རྗེ་དམ་པ་ ཁོང་ཉིད་དག་ཞིང་དུ་ཕེབས་པའི་ཕྱི་ལོ་ས་བྱི་ནས་བཟུང་ལོ་བསྟར་བཞིན་ཁང་དམར་དུ་དུས་ འཁོར་སྒྲུབ་མཆོད་རྡུལ་ཚོན་ཅན་སྟ་གོན་དངོས་གཞི་བཅས་ཞག་བཅུ་བཞིའི་བར་གྱི་ཆོས་ འཚོགས་བྱེད་པའི་སྲོལ་རེ་ཡང་བར་སྐབས་ཙམ་ལ་བྱུང་སྐད་དོ། །དེ་ལྟ་བུའི་ཁང་དམར་རྟེན་ ཁང་དུ་གདན་རབས་འགངས་ཆེ་བའི་རྡོ་རྗེ་སློབ་དཔོན་དེ་ཙམ་བྱོན་ཞིང༌། དེ་རྗེས་སུའང་ སྤྱིར་སྦྱངས་པ་མ་འདས་མཆོག་སྤྲུལ་གང་ཉིད་ཀྱིས་འཛམ་ཐང་ཆོས་རྗེའི་སྒྲུབ་བརྒྱུད་ཀྱི་ བསྟན་པ་ལ་ཐུགས་ཁུར་ཉེར་བཞེས་མཛད་པ་ཙམ་དུ་མ་ཟད། གཞན་ཡང་བཞག་ཤོད་དགོན་ ལྔ་སོགས་ཚ་རོང་ཕྱོགས་ཀྱི་དགོན་ལག་དུ་མ་དང༌། སེ་དགོན་སོགས་རྔ་ཡུལ་གྱི་སྡེ་དགོན་སྤྱི་ ལ་ཐུགས་བསྐྱེད་རྨད་དུ་བྱུང་བས་ལེགས་སྐྱོང་མཛད་སྒོ་ཀུན་ནས་གནང་བཞིན་པའི་ངང་ སྒོས་སུ་ཁང་དམར་རྟེན་ཁང་གི་ཆོས་སྡེ་བ་གང་དག་ལ་ལོ་དུས་བཞིན་ཀླད་ནས་ཆོས་བཀའ་ ཅི་དགོས་ཐམས་ཅད་བཀའ་དྲིན་དུ་མཛད་པའི་ངོས་ནས་སྔར་ཁང་དམར་བླ་མ་དེ་ཉིད་སྐུ་ གཤེགས་པའི་མེ་ཕག་གི་ལོའི་སྟོན་ཁ་ནས་བཟུང་ལོ་འགར་ཁང་དམར་ཕོ་བྲང་དུ་གྲྭ་གསར་ བྱེད་པའི་སྦྱོར་དྲུག་པ་སྔ་ཕྱི་ཐམས་ཅད་ལ་མགོ་འདྲེན་དང་ཞིབ་ཁྲིད་མཛད་པ་པོ་ནི། དབོན་ དམ་པ་ལུང་དང་རྟོགས་པའི་ཆོས་ཚུལ་ལེགས་པར་མངའ་བའི་སྐྱེས་ཆེན་ཀུན་དགའ་ཡོན་ ཏན་རྒྱ་མཚོ་སྟེ། དེ་ཡང་ཉིད་ཀྱིས་ཐོག་མར་དམ་པ་དུ་མ་གུས་བསྟེན་གྱི་སྒོ ་ནས་རང་དོན་ཐུན་ 3-1-58 མོང་བསྐྱེད་རིམ་གྱི་བསྙེན་ཚད་གྲངས་མང་འཁྱོལ་ཞིང་ཐུན་མིན་དུས་ཀྱི་འཁོར་ལོའི་རྫཽགས་ རིམ་ཡན་ལག་དྲུག་དང་ཤངས་ཆོས་ནཻ་གུ་ཆོས་དྲུག་སོགས་ཟབ་མོའི་ལམ་ལ་ཡང་ཡང་ གོམས་འདྲིས་ཀྱིས་མྱོང་བ་རེ་ཡང་ཡོད་པས་དེ་ལུགས་ཀྱི་གདུལ་བྱ་ལ་ཕན་འདོགས་ནུས་པ་ དེང་དུས་སུ་རང་ལུགས་ཀྱི་དབང་ལུང་མན་ངག་ཆེས་མང་གི་མཛོད་ཉེ་བར་འཆང་བ་རྒྱལ་ བསྟན་སྤྱི་དང་བྱེ་བྲག་ལ་ཐུགས་ཁུར་ངེས་པར་ཆེ་ཞིང་རིས་སུ་མ་ཆད་པའི་ཀུན་སྙོམས་ཡང་ དག་གི་མཛད་སྒོ ་མཆོག་དང་ལྡན་ལ། ཁྱད་པར་བཟོ་རིག་པའི་གནས་འགའ་དང༌། སྔགས་ ཀྱི་ཆོ་གའི་ཚུལ་སོགས་ལ་ཐུགས་བློ་ཞིབ་པ། དགོངས་གཏེར་སྒྲོལ་མའི་ལས་ཚོགས་ལ་ བརྟེན་ནས་ཡངས་པའི་རྒྱལ་ཁམས་ལ་འབྱུང་བའི་དུས་ངན་འགོག་པས་འགྲོ་ཕན་སྤེལ་ མཛད་ཀྱི་དམ་པ་ཞིག་སྟེ། གང་གིས་སྦྱོར་དྲུག་ཆོས་ཚན་བཞི་ཙམ་ལ་ཆོས་རྗེའི་སྐུ་ཕྱོགས་ དབོན་བཅས་ཀྱིས་ཀླད་ནས་བཀའ་ནན་ལྟར་ཆོས་བཀའ་ཅི་དགོས་ཀྱིས་ལེགས་པར་ བསྐྱངས་ཤིང་ཚུལ་ཇི་ལྟར་ན་ཁོང་ཡང་གླང་པོའི་རི་ཁྲོད་དུ་རྒྱུན་བཞུགས་ཀྱིས་བར་བར་ཆོས་ ཁྲིད་ནམ་དགོས་དུས་སུ་སྦྱོར་དྲུག་པ་ཆོས་ཚན་སྔ་ཕྱི་རྣམས་ལའང་ཉིད་ཀྱིས་དེ་ལུགས་བཞིན་ རེ་འདོད་སྐོང་བར་མཛད་ལ། དེ་བཞིན་དུ་ལྷ་རྗེ་དམ་པ་ཉམས་རྟོགས་མཆོག་མངའ་ཀུན་ དགའ་དཀོན་མཆོག་འཕེལ་ཡང་དང་པོ་གཞོན་དུས་ནས་དམ་པ་མང་པོའི་དྲུང་ནས་ཆོས་ལ་ ཞུགས་ཤིང་ཀློག་པ་ཐོས་བསམ་གྱིས་སྦྱང་བ་རབ་ཙམ་ཐོན་ཞིང་ཁྱད་པར་གསོ་བའི་རིག་ གནས་ཀྱིས་འགྲོ་ལ་ལེགས་ཕན་བྱེད་པ། རྡོ་རྗེའི་རྣལ་འབྱོར་གྱི་གསང་ཆེན་ངེས་པའི་དོན་ལ་ མྱོང་བའི་སྒོ ་དོད་པས་གཞན་ལ་དེ་ལུགས་ཀྱི་ཕན་པ་བྱུང་བ། ཐུགས་ཤུགས་ཆེན་གྱི་སྙི ང་རྗེ་ མཆོག་གི་ཀུན་ནས་བསླངས་པ་སོགས་ཡོན་ཏན་ཆེ་བའི་མཛད་སྒོ་ངེས་པར་མངའ་བ་ཞིག་སྟེ། དེ་ཉིད་ཀྱིས་སྦྱོར་དྲུག་ཆོས་ཚན་གསུམ་ཙམ་ལ་ཆོས་རྗེའི་སྐུ་དབོན་གྱི་བཀའ་ཕེབས་ལྟར་ ཆོས་ཁྲིད་གང་དགོས་ཀྱིས་ཕན་པ་མཛད་བཞིན་སྒྲུབ་བརྒྱུད་གཙོ་བོར་གྱུར་པའི་རང་ལུགས་ 3-1-59 ཀྱི་བསྟན་པ་ཇི་བཞིན་འཛིན་སྐྱོང་སྤེལ་གསུམ་མཛད། དེ་ནས་རང་ལུགས་ངེས་དོན་གྱི་ཆོས་ ལ་ཐུགས་ངེས་འཁྲུངས་པ་ཀུན་དགའ་སྐལ་ལྡན་ནི་ཐོག་མར་དམ་པ་མང་དག་གི་མདུན་ནས་ རང་གིས་ཆོས་བཀའ་ནོད་དེ་སྤྱིར་ཆོས་ཀྱི་ཚུལ་ལ་བློ་རྣོ་ཞིང༌། ཁྱད་པར་ཇོ་ནང་པ་ཡབ་སྲས་ ཀྱི་གསུང་རབ་ལ་འདྲིས་ཆ་བཏང་བས་རྫོགས་ལྡན་རང་ལུགས་ལ་གོ་བ་ཡོད་པ་ཞིག་སྟེ། དེ་ ཡིས་ཀྱང་སྦྱོར་དྲུག་པ་ཆོས་ཚན་གཉིས་ཙམ་ཀླད་ཀྱིས་བཀོད་རིམ་ལྟར་ཆོས་ཁྲིད་ཀྱིས་ཇི་ བཞིན་བསྐྱངས་ཤིང༌། དེ་ཡན་གྱིས་མེ་ཕག་མཇུག་ནས་བཟུང་མེ་སྤྲེལ་གྱི་བར་ལོ་དགུ་ཙམ་ སོང་ལ། དེའི་ཕྱི་ལོ་མེ་བྱའི་ལོ་དེར་ཁང་དམར་ཁྲིད་དཔོན་དུ་ཀླད་ཆོས་རྗེའི་སྤྲུལ་དབོན་དག་ གིས་དབོན་དམ་པ་ཀུན་དགའ་འཇིགས་མེད་རྒྱ་མཚོ་ཉིད་བསྐོ་བཞག་བྱས་ནས་ལོ་དེ་དང་ དེའི་ཕྱི་ལོ་ས་ཁྱི་རིལ་བོ་ལ་སླེབས་ཙམ་དུ་དབོན་དེ་ཉིད་ཀྱིས་སྦྱོར་དྲུག་ཆོས་ཚན་ཕྱེད་གཉིས་ ཙམ་པ་ལ་ཆོས་བཀའི་རྒྱུན་མ་ཆད་པར་མཛད་པ་དེ་མཚམས་ས་ཕག་གི་ལོའི་ཟླ་བ་གསུམ་ པའི་བཅུ་སྐོར་དུ་དུས་ཀྱི་འཕོ་འགྱུར་ཆེན་པོའི་མངའ་དབང་གིས་ཟིལ་གྱིས་མནན་ཞིང༌། སྔར་ཁང་དམར་བླ་མ་ཀུན་དགའ་བསོད་ནམས་མགོན་པོ་སྐུ་གཤེགས་པ་ནས་བཟུང་ད་བར་ ཡན་དུ་ཀླད་ཀྱི་ཆོས་བཀའ་གང་དགོས་དག་སྦྱངས་སྤྲུལ་མཆོག་གིས་ཐུགས་འགན་བཞེས་ པའོ། ། ༼༡༽ དེ་འདྲའི་འཛམ་ཐང་གི་སྒར་ཁག་གོང་མ་རྣམ་གཉིས་ཀྱི་ཆོས་རྒྱུན་ལ་སྦྱངས་པ་ སྐྱབས་མགོན་གྱི་རྗེས་སུ་སྔ་ཕྱི་དུས་ཀུན་རླབས་ཆེན་གྱི་ཕན་པ་ཉེ་བར་མཛད་པའི་བསྟན་ པའི་རྩ་ལག་ཆེ་བ་ནི་རྗེ་དབོན་དམ་པ་འགྱུར་མེད་རྒྱ་མཚོ་དང༌། སྦྱངས་པ་མ་འདས་མཆོག་ སྤྲུལ་ཀུན་དགའ་དཔལ་རྣམ་གཉིས་ཏེ། དེ་ཡང་ཐོག་མར་རྗེ་དབོན་གང་ཉིད་ཀྱི་ལོ་རྒྱུས་དུས་ སུ་བབ་པ་ལ་ཆོས་རྗེའི་སྐུ་ཕྲེང་དྲུག་པ་འཇིགས་མེད་དཔལ་གྱི་སེང་གེའི་སྐུ་རུས་སུ་བྱོན་པའི་ མི་རྒྱབ་མགོན་གྲགས་ཞེས་བྱ་བ་དེ་རྗེ་འདིའི་ཡབ་ཡིན་ཞིང༌། མ་ཡུམ་ནི་མཆོག་རྩེའི་རྒྱལ་ 3-1-60 པོའི་བཀའ་བློན་རྒྱེམ་ང་རོ་ཤེས་རབ་ཅེས་པའི་བུ་མོ་ང་ཞེ་མོ་སྨོ ན་ཞེས་པ་ཡིན་ལ། ཁོང་ཉིད་ ཡུམ་གྱི་ལྷུམས་སུ་བཞུགས་སྐབས་ཡུམ་རང་གི་རྨི་ལམ་དུ་སྒྲོལ་མའི་མཆོད་རྟེན་ལ་དཀར་ ཆབ་གསོལ་བའི་སྣང་བ་སོགས་ཀྱི་ལེགས་སྒོ་རེ་དང་བཅས་དམ་པ་གང་ཉིད་འཁྲུངས་ཡུལ་ དངོས་ནི་པཱ་ལ་རྗེ་མོ་ཐང་བཞག་ར་སྨན་རྩེའི་ཉེ་ཞོལ་པཱ་ལ་དགོན་དང་ཧ་ཅང་མི་རིང་པ་ན་ རྒྱེམ་ཞེས་བྱ་བའི་གྲོང་ཆུང་ཞིག་ཡོད་པ་དེར་མ་ཡུམ་ཉིད་འཛམ་ཐང་ནས་གཉེན་འཕྲད་དུ་ སོང་བའི་སྐབས་རབ་བྱུང་བཅུ་བཞི་པའི་ནང་ཚན་ཤིང་མོ་ཡོས་ཀྱི་ལོའི་ཟླ་བ་དང་པོའི་ཡར་ ཚེས་ཀྱི་ནང་དུ་རྗེ་དམ་པ་སྐུ་ན་ཆུང་བྱིས་པའི་མྱུ་གུ་དུས་སུ་ལེགས་པར་སྨིན་པ་ན་པཱ་ལ་དགོན་ དུ་བཞུགས་པའི་ཁུ་བོ་ཐོགས་མེད་ཅེས་པས་བྱིས་པ་ཆུང་སྐྱེས་དེ་ལ་རྩིས་བྱས་པས་རྩིས་ འབྲས་སུ་བརྟག་དཔྱད་ཀྱི་ཡི་གེར། འདི་ལྟར་བྱུང་བ་སྟེ། ཁོ་བོ་རྒྱ་གར་ནས་འོང་བ་ཡིན། མཁས་པ་ལྔ་བརྒྱའི་གཙོ་བོ་ཡིན། ཁོ་ལ་ཡི་གེ་དགོས། གོས་དམར་པོ་དགོས། དེ་ལྟར་མ་བྱས་ ན་ཁོ་བོ་འདིར་མི་སྡོད་ཅེས་སོགས་དཔྱད་འབྲས་ལེགས་ངེས་བྱུང་བ་ལྟར་སྔོན་གྱི་དམ་པ་ མཆོག་གི་ཡང་སྲིད་དུ་ངེས་ཐག་ཆོད་པ་ཞིག་ཡིན་ལ། དེ་ནས་ཞག་འགར་སོང་བའི་རྗེས་ནས་ ཁུ་དབོན་དེ་ཉིད་ཀྱི་མདུན་དུ། མ་ཡུམ་གྱིས་བྱིས་པ་ཁྱེར་ཏེ་དབོན་ཁོང་གིས་དེ་ལ་ཁྲུས་བྱབ་ ཚེ་འགུགས་སོགས་ཀྱིས་སྲུང་བ་བཅས་མིང་ལ་ཚངས་དབྱངས་རྒྱ་མཚོ་ཞེས་བཏགས་ཤིང༌། འཇམ་དཔལ་མཚན་བརྗོད་ཀྱི་ཡི་གེ་ཐུམ་དང་བཅས་ལེགས་གནང་གིས་རྟེན་འབྲེལ་ཀྱང་ མཛད། དེ་ནས་མ་ཡུམ་གྱིས་དགོན་དེའི་ཆོས་རྗེ་རྒྱལ་བ་བཟང་གི་གདུང་རྟེན་ལ་སྐྱབས་ཞུ་ སོགས་དང་ཕ་ཁྱིམ་དུ་རེ་ཞིག་བསྡད་མཐར་རང་ཡུལ་འཛམ་ཐང་དུ་ཚུར་སླེབས་ནས་རིམ་ པས་བསྐྱེད་བསྲིངས་པས་ནར་སོན་ཞིང༌། དགུང་ལོ་བཞི་ལྔ་ཙམ་དུའང་བག་མེད་ཆེར་མེད་ པར་བྱིས་པའི་རྩེད་མོ་ཕྱག་མཆོད་ཆོས་འཆད་སྒོམ་སོགས་ཡ་རབས་དམ་པའི་སྔོན་སོང་གི་ སྤྱོད་ལ་དགྱེས་ཤིང༌། ཐུགས་ལ་སྙི ང་རྗེའི་ཤུགས་རང་བྱུང་དུ་ཆེར་མངོན་པ་སོགས་རྣམ་པར་ 3-1-61 དཀར་བའི་རིགས་ཕུན་སུམ་ཚོགས་པ་ཆུང་ངུའི་དུས་སུ་ཉེ་བར་མངོན་པ་ཞིག་ཡིན། དགུང་ ལོ་བདུན་གྱི་སྟེང་མ་ཡུམ་གྱིས་བུ་ཆུང་དེ་ཉིད་ཁྲིད་དེ་སྒྲོལ་མའི་ཞལ་གཟིགས་མངའ་བ་རྡོ་ ལུང་བླ་མ་ཀརྨ་ཆོས་དབྱིངས་ལྷུན་གྲུབ་པའི་མདུན་དུ་མཇལ་བར་ཕྱིན་སྐབས། བླ་མ་དེ་ཉིད་ ཀྱིས་ཐུགས་དགྱེས་ཆེ་བའི་ངང་བུ་ཆུང་དེ་ལ་ཆོས་བཀའ་ཅི་རིགས་བཅས་སྒྲོལ་མ་ཕྱག་འཚལ་ ཉེར་གཅིག་གི་ལུང་སོགས་བྱིན་རླབས་ཀྱང་མཛད་བཞིན་བུ་ཆུང་དེ་ཉིད་ཀྱིས་ཀློག་སློབ་ན་ བཟང་ཚུལ་ཀྱང་གསུངས་ཤིང༌། དེ་ནས་རིམ་པས་ཐོག་མར་བུ་ཆུང་གིས་སྒྲོལ་མ་ཕྱག་འཚལ་ ཉེར་གཅིག་བསླབས་སྟེ་ཅི་ནུས་ཆག་མེད་ཀྱི་མགོ་བཟུང་ལོ་དེ་ཉིད་ཀྱི་སྟེང་ཁོང་ནག་ཏུ་མི་ རྒོད་བླ་མ་མཆོག་སྒྲུབ་ཀྱི་དྲུང་ནས། ཀློག་ལེགས་པར་བསླབས་པས་ལོ་ངོ་གསུམ་ཙམ་ནས་ རང་ཡུལ་གྱི་འདོན་ཆ་ཆོས་སྤྱོད་ནས་དུས་འཁོར་སྒྲུབ་དཀྱིལ་གྱི་བར་ཐུགས་ལ་ཆུད་པར་གྱུར་ ཏོ། །དེ་ནས་དགུང་ལོ་བཅུ་གཉིས་པའི་ཐོག་ཏུ་སྡེ་དགེ་དཔལ་སྤུངས་ཕྱོགས་སུ་ཆོས་ཞུ་བའི་ ཆེད་ཉིད་སོང་སྟེ་ཐོག་མར་ཡང་ཁྲོད་ཀུན་བཟང་བདེ་ཆེན་དུ་འཇམ་མགོན་ཀོང་སྤྲུལ་རིན་པོ་ ཆེ་གང་ཉིད་སྐུ་དངོས་བཞུགས་ཀྱི་དྲུང་དུ་མཇལ་ཏེ། འཇམ་མགོན་དེ་ཉིད་ཀྱི་ཞབས་པད་ཉིད་ ཀྱིས་ཡུན་རིང་ཙམ་གུས་པས་བསྟེན་བཞིན་ཆོས་བཀའི་རིམ་པ། ཇོ་ནང་ལམ་རིམ་གྱི་ཁྲིད་ ཉིད་ཀྱིས་མཛད་པའི་བློ་སྦྱོང་དོན་བདུན་མའི་འགྲེལ་བའི་སྟེང་ནས་བཤད་ཁྲིད་ཞིབ་རྒྱས། རྗེ་གྲོལ་མཆོག་གིས་མཛད་པའི་ཟབ་ཁྲིད་བརྒྱ་རྩ་བརྒྱུད་པའི་མཚན་སྡོམ་སོགས་ཆ་ལག་ བཅས་ཀྱི་ཁྲིད་ལུང་དལ་བྲེལ་གྱི་སྒོས་ལན་གསུམ་བཟླས་སྲོལ་དེས་དབང་དང་བཅས་པ་ སོགས་ཆོས་བཀའ་མང་ཙམ་ཞིག་ལེགས་པར་གསན། དེ་ནས་རྫོགས་ཆེན་མཁན་པོ་པདྨ་རྡོ་ རྗེའི་མདུན་ནས། ཁོང་གིས་མཁན་པོ་དང་གཞན་དགེ་འདུན་གྲངས་ཚང་གི་དྲུང་དུ་ཉིད་ཀྱིས་ ཚིགས་སྔ་མ་དགེ་བསྙེན་དང་བར་མ་རབ་བྱུང་དགེ་ཚུལ་གཉིས་ཐ་མ་དགེ་སློང་གི་དངོས་པོ་ སྟེ་དེ་འདྲའི་ཚིགས་གསུམ་རིམ་ནོད་ཀྱིས་བསྙེན་པར་རྫོགས་པའི་སྡོམ་པ་ཇི་བཞིན་ཞུས་ཏེ་ 3-1-62 ཁོང་གིས་དེ་དུས་སུ་མཚན་ཀྱང་ཐུབ་བསྟན་འགྱུར་མེད་རྒྱ་མཚོ་ཞེས་གསོལ་བ་ཡིན། དེ་ནས་ ཡང་མཁན་པོ་གང་ཉིད་ཀྱི་ཞལ་སྔ་ནས། དམ་པ་འདིས། རྫོགས་ཆེན་བཀའ་སྲུང་དྲང་སྲོང་ གཟའ་མཆོག་གི་བཀའ་གཏད་དང༌། མཁན་དེ་ཉིད་ཀྱིས་མཛད་པའི་ས་ལམ་གྱི་རྣམ་གཞག་ སོགས་ཆོས་བཀའ་གཞན་ཡང་མང་པོ་ཞུས། འདི་སྐབས་དམ་པ་ཉིད་ལ་བསྙེ ན་རྫོགས་ཞུ་ བའི་ལོ་ཚད་མ་རྫོགས་ཀྱང་མཁན་དེ་འདྲ་མཇལ་དཀར་སེམས་ཤིང་ཚུལ་འདི་འདྲ་ལ་ལོ་ཚད་ གཞན་ལ་བསླངས་པ་སོགས་ཀྱིས་བསྙེ ན་རྫོགས་ཞུ་བའི་ཕྱག་སྲོལ་ལྟར་དུ་བྱས་ལ། དེ་ སྐབས་དགོན་དེ་ཉིད་དུ་ཟླ་ཤས་ཀྱི་རིང་ལ་དམ་པ་འགའི་དྲུང་ནས། ལོ་ཆེན་གྱི་སྡོམ་གསུམ་ རྣམ་བཤད་ཆེན་མོ་ཡོངས་སུ་རྫོགས་པ་ཉིད་ཀྱིས་གསན་སྦྱང་ཡང་མཛད། དེ་ནས་རྫོང་ གསར་དགོན་དུ་ཞབས་དྲུང་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་དངོས་ཞལ་བཞུགས་ པའི་སྐུ་མདུན་དུ། དམ་པ་འདིའི་ས་སྐྱའི་ལམ་འབྲས་ཆེན་མོའི་དབང་ལུང་མན་ངག་ཆ་ལག་ བཅས་དང༌། ཇོ་བོ་རྗེའི་བྱང་ཆུབ་ལམ་སྒྲོན་རྩ་འགྲེལ་གཉིས་པོ་ཏོ་བའི་དཔེ་ཆའི་སྐོར་གྱི་ ཞིབ་ཁྲིད་ཆིག་ལབ་རིང་མོ། བློ་སྦྱོང༌། སྙན་བརྒྱུད་ཆེན་མོ། བཀའ་གདམས་པའི་དམ་པ་མང་ པོའི་རྣམ་ཐར་གྱི་བཀླག་ལུང་སོགས་དང་སྔགས་རྙིང་ཕྱོགས་ཀྱི་བཀའ་གཏེར་དུ་མའི་དབང་ ལུང་མན་ངག་མང་པོ་ཡང་ལེགས་པར་གསན་པའི་སྐལ་བ་བྱུང༌། འདི་སྐབས་བླ་མ་ཞབས་ དྲུང་ཁོང་ཉིད་ཀྱི་ཚུལ་དགུན་དུས་སུའང་གཟིམས་ཁང་དུ་དྲོད་ཚ་ངམ་ངམ་པ་དང་ཚུལ་ཁྲིམས་ ཀྱི་དྲི་བཟང་གི་ངད་ཤུགས་ཉེ་བར་འཐུལ་ཞིང་ཉིད་རྒྱུན་བཞུགས་སྐབས་རྣམ་གསུམ་ན་ བཟའ་ལེགས་མཛེས་ཀྱི་ངང་གསུང་སྐད་ལྡིར་དང་བཅས་སྐུ་ལུས་གཞོན་ཤ་ཆགས་པའི་ངང་ ཚུལ་གྱིས་ཡོད་པ་ཞིག་སྟེ་དེ་འདྲའི་རྗེ་འགྲོ་འདྲེན་མཆོག་དེ་ཉིད་ཀྱི་གམ་ཆར་དུ་དམ་པ་འདི་ རིང་ཞིག་ཏུ་གནས་སྐབས་སྐུ་མཚམས་དམ་པོ་སོགས་ཀྱིས་བར་འགའ་ལ་རྗེ་གང་ཉིད་ཀྱི་ དངོས་ཞལ་མཇལ་ལོང་མེད་སྐབས་རྣམས་སུ་གང་གི་ཉེ་གནས་མཆོག་གི་དྲུང་ནས་ཀྱང་དམ་ 3-1-63 པ་འདིས་ཆོས་བཀའ་གང་དག་ལ་དོགས་གཅོད་ཅི་དགོས་མཛད་ཅིང་བར་བར་དུ་པདྨ་ཤེལ་ ཕུག་སོགས་སྒྲུབ་གནས་འགའ་རེར་དམ་པ་རང་ཉིད་ལེགས་གནས་ཀྱིས་ལམ་རིམ་བློ་སྦྱོང་ སོགས་ལ་ཉམས་བཞེས་མཛད་པ་སོགས་དེ་འདྲའི་ཚུལ་གྱིས་ལོ་འགར་གྱི་མཐར་ཕྱིས་ཤིག་ ན་ཞབས་དྲུང་རིན་པོ་ཆེ་དེ་ཉིད་ཀྱི་ཞལ་སྔ་ནས། བཀའ་བརྒྱུད་ཤིང་རྟ་བརྒྱད་ཀྱི་ཟབ་ཆོས་ཅི་ རིགས་པ་དང༌། ཉིད་གསུང་ཚེ་རྟ་ཟུང་འབྲེལ། འཇམ་དཔལ་བསྟོད་སྒྲུབ། རྒྱུད་སྡེ་བཞི་དང་ འབྲེལ་བའི་སྒྲོལ་མའི་སྒྲུབ་ཐབས། སྒྲོལ་མའི་མཎྜལ་བཞི་ཆོག་རྒྱས་བསྡུས་ཀྱི་ཁྲིད་ལུང་ སོགས་ཆོས་ཀྱི་སྒོ ་ཆེས་མང་པོ་ཞིག་དམ་པ་འདིས་ལེགས་པར་མནོས་ཤིང༌། དེ་ནས་སྐུ་དྲུང་ ལས་འབྱོན་ལ་ཉེ་སྐབས་སུ་བླ་མ་ཞབས་དྲུང་རིན་པོ་ཆེ་ཁོང་ཉིད་ཀྱིས་རབ་གནས་མཛད་ པའི་སྒྲོལ་མའི་རྟེན་ཐང༌། ཚེ་རིལ་གཏེར་རྫས། བྱིན་རྟེན་སོགས་གནང་སྦྱིན་བཅས་ཞལ་ནས། དམ་པ་འདི་ལ་ཁྱོད་ཀྱིས་ད་ཕན་རྗེ་བཙུན་སྒྲོལ་མ་ལ་རྒྱུན་དུ་གསོལ་བ་ཐོབ་དང་ཆོས་ཀྱི་བར་ ཆད་སེལ་བ་འགྱུར་རོ། །ཞེས་པའི་བཀའ་ལུང་ཡང་བྱུང་ངོ༌། །དེར་བར་སྐབས་ཤིག་ཏུ་ཉིད་ ལབ་ཁོག་ཏུ་སོང་ནས་སྐྱབས་མགོན་དབང་ཆེན་དགྱེས་རབ་རྡོ་རྗེའི་ཞལ་སྔ་ནས་ཀྱང༌། རྟ་ མགྲིན་ཡང་གསང་གི་དབང་བཀའ་སོགས་ཉིད་ཀྱིས་ལེགས་པར་ཞུས་ཤིང༌། སྐྱབས་མགོན་ རང་གི་གཟིམས་ཁང་སྒོ་ཐད་ན་རྟ་མགྲིན་ཡང་གསང་གི་སྐུ་བརྙན་ཆེ་ཞིང་བརྗིད་ཆགས་པ་ གསུང་འབྱོན་ལ་ཁད་ཅིག་བཞུགས་པ་ལའང་གུས་པས་ཕྱག་སྨོ ན་ཚད་ལྡན་ཀྱང་བྱས་ལ། དེ་ མཚམས་ཅི་རིགས་ཤིག་གི་ཚེ་དམ་པ་འདི་ཉིད་རྫ་སེར་ཤུལ་དགོན་དུ་ལོ་དྲུག་ཙམ་ལ་མཚན་ ཉིད་ཀྱི་གྲྭ་སར་ཞུགས་ཏེ་དེར་མི་ཉག་དགེ་བཤེས་ཆེན་པོ་ཀུན་བཟང་བསོད་ནམས་སམ་ མཚན་གཞན་ཐུབ་བསྟན་ཆོས་ཀྱི་གྲགས་པ་བཞུགས་པའི་སྐལ་བ་དང་འགྲིགས་ཏེ་དགེ་ བཤེས་ཆེན་པོ་དེ་ཉིད་མཚན་ཉིད་ཀྱི་སློབ་དཔོན་དུ་དམ་པ་འདིས་བསྟེན་ནས་ཐོག་མར་ཆོས་ གྲོགས་བློ་རྣོན་མང་པོ་དང་ལྷན་ཅིག་ཏུ་རིགས་པའི་སྒོ་འབྱེད་བསྡུས་གྲྭ་བརྩི་བའི་མགོ་ 3-1-64 བརྩམས་པ་ནས་བཟུང་སློབ་གྲོགས་གཞན་ཕལ་དག་དང་མི་འདྲ་བར་སེམས་རྣམ་གཡེང་དུ་ མི་བཏང་བར་ནན་ཏན་ངེས་ཏིག་གིས་རིག་པའི་ཚིག་འཛིན་སྐྱོར་རྩོད་པ་སོགས་སྒོ་གང་ཐད་ ནས་ཆེད་དུ་དོན་གཉེར་བརྩོན་པ་ཟབ་མོས་ལེགས་འབད་བྱས་ཤིང༌། དེ་ནས་རིམ་པར་འཇུ་ མི་ཕམ་རྣམ་རྒྱལ་སོགས་ཆེན་པོའི་བློ་གསལ་ཁྱད་འཕགས་དུ་མ་དང་མཉམ་དུ་ཚད་མ་རྣམ་ འགྲེལ་ལ་སློབ་གཉེར་འཛིན་སྐྱོང་རྒྱུགས་འབུལ་དང༌། དེའི་འཕྲོས་ཕར་ཕྱིན་ལ་གཞུང་ རྒྱུགས་ཕུལ་རྗེས་རང་གིས་གསེར་ཕྲེང་སོགས་ཀྱི་ཕར་ཊཱིཀ་འགའ་དང་སྦྱར་ནས་ཐོས་བསམ་ དཔེ་རྟོག་གནད་ཁེལ་གྱི་ངང་ནས་སྦྱང་བརྩོན་མཛད་ལ་དེ་ཡང་ཕར་ཕྱིན་གྱི་སྐབས་དང་པོ་ སོང་མཚམས་སུ་མི་ཉག་དགེ་བཤེས་རིན་པོ་ཆེའི་ཞལ་སྔ་ནས། རྒྱལ་བའི་བཀའ་ཆོས་ཡོངས་ རྫོགས་ཀྱི་བཀླག་ལུང་ཉིན་རེར་པོ་ཏི་གཅིག་དང་ལྡེབ་བརྒྱ་རེ་ཙམ་སྒྲ་ཚིག་གསལ་བོར་དལ་ བུས་ལེགས་པར་གསུངས་པས་ཟླ་བ་གསུམ་གྱིས་ལེགས་གྲུབ་མཛད་པ་དེ་ཡང་དམ་པ་ འདིས་རྫོགས་པར་གསན། དགེ་བཤེས་རིན་པོ་ཆེས་དེ་འདྲའི་བཀླག་ལུང་ལན་བརྒྱད་དུ་ གསུངས་མྱོང་བ་ཞིག་སྟེ་དེ་སྐབས་སུ་གཞན་ཡང་དགེ་བཤེས་མཆོག་དེ་ཉིད་ཀྱིས། རྗེ་བདག་ ཉིད་ཆེན་པོའི་བཀའ་འབུམ་ནས་འཇུག་ཊཱིཀ་དགོངས་པ་རབ་གསལ། གཏོར་མ་བརྒྱ་རྩ། སྔགས་བྱང་གི་ཕྱིར་བཅོས་རྣམས་དང༌། རྗེའི་གསུང་རྒྱལ་ཚབ་ཀྱིས་ཟིན་བྲིས་སུ་བཏབ་པའི་ སྤྱོད་འཇུག་ཤེར་འགྲེལ་དབུ་མ་རྒྱན་འགྲེལ་གཉིས་དང༌། རྗེའི་ཕར་ཕྱིན་གསེར་ཕྲེང་རྣམས་ ཀྱི་བཀླག་ལུང་གསུངས་པ་ཉིད་ལ་དེ་སྐབས་སུ་ལེགས་པར་ཐོབ་ཅིང་ཐུགས་ལ་གཏམ་རྒྱུད་ དུ་མ་རེ་ཟིན་པ་བྱུང་ཞིང༌། དེ་སྐབས་བར་བར་དུ་ངན་སོང་གི་སེམས་ཅན་གྱི་སྡུག་བསྔལ་ལ་ བསམ་ནས་བྱམས་སྙི ང་རྗེ་བཟོད་བླག་མེད་པ་དང༌། ལས་འབྲས་ཀྱི་ཚུལ་ལ་གཏིང་ནས་ཡིད་ ཆེས་རྙེད་པ་སོགས་ཐུགས་གཤིས་འགྱུར་བག་གི་རྣམ་པ་ཅིར་ཡང་བྱུང་ངོ༌། །དགེ་བཤེས་རིན་ པོ་ཆེས་མཎྜལ་ལ་རྟེན་ལུག་འབུལ་མཁན་མང་པོ་ལ་ཐུགས་དགྱེས་ཀྱི་ངང་མི་འཇིགས་པ་ 3-1-65 སྐྱབས་ཀྱི་སྦྱིན་པས་འགྲོ་ཕན་བཅས་ཆོས་སྦྱིན་ཡང་ཅི་རིགས་པ་རེ་མཛད་པ་མ་གཏོགས་དེ་ མིན་དངོས་རྫས་གཞན་ཕུལ་ཀྱང་ཅུང་ཙམ་མི་བཞེས་ལ། དེ་ནས་སླར་སེར་ཤུལ་དགོན་དུ་ དམ་པ་ཉིད་ཆོས་གྲྭར་ཞུགས་ཏེ་རང་གིས་སྔར་གྱི་ཆོས་འཕྲོ་ཕར་ཕྱིན་སྐབས་གཉིས་པ་ནས་ བརྒྱད་པའི་བར་ལ་རིགས་ལུང་སྦྱོར་བ་བརྩི་བ་སོགས་ཀྱིས་སློབ་སྦྱང་མཛད་ཅིང༌། སྐབས་ བཞི་པའི་དུས་བློ་གསལ་མཁས་གནས་ཐོབ་པ་མང་ཙམ་དང་རིགས་ལམ་གྱི་དམ་བཅའ་དང་ བཅས་དགེ་བཤེས་རིན་པོ་ཆེ་སོགས་མཁས་མང་གོང་དུ་བཞུགས་པའི་གྲྭ་ཚང་ཆེན་མོའི་ དབུས་སུ་དམ་པ་ཁོང་གིས་རྩོད་ཟླ་ཁམས་པའི་དགེ་བཤེས་བློ་བཟང་ཞེས་པས། སྐབས་བཞི་ པའི་རྫུ་འཕྲུལ་རྐང་པ་བཞིའི་ཐད་ནས་རྟགས་གསལ་བཏང་བ་ལ་རིག་པ་བཟང་ཞིང་བརྗོད་ པ་གསལ་པའི་སྒོ་ནས་དམ་བཅའ་དང་ལན་ལེགས་པར་མཛད་པས་ཀླད་བཞུགས་མཁས་པ་ དག་གིས་བཀའ་དྲིན་ཆེ་ཞེས་གསུང་གིས་གཟེངས་བསྟོད་དང་ལེགས་སོ་དུས་སུ་ཐོབ་ཕྱིར་ ཕར་ཕྱིན་སྐབས་བཞི་པའི་འཚོགས་ལངས་ཞེས་གྲྭ་སའི་སྐད་གྲགས་ཅན་གྱི་ཆོས་རྩོད་དུས་སུ་ མཁས་པའི་མཚན་སྙན་ཉེ་བར་ཐོབ། དེ་ནས་ཡང་དམ་པ་ཉིད་ཀྱིས་དབུ་མ་རྩ་ཤེས་ལ་དགེ་ བཤེས་མཆོག་གིས་མཛད་པའི་བསྡུས་དོན་དང༌། འགྲེལ་བ་བུདྡྷ་པ་ལི་སྦྱར་ནས་སློབ་སྦྱང་ དང༌། དབུ་མ་འཇུག་པ་ལ་ཊཱིཀ་ཆེན་དགོངས་པ་རབ་གསལ་སྦྱར་བཞིན་སློབ་གཉེར་ཆེ་རབ་ མཛད་ཅིང༌། གཞན་ཡང་དགེ་བཤེས་མཆོག་དེ་ཉིད་ཀྱི་ཞལ་སྔ་ནས་མངོན་པ་རྩ་བ་དང་ཀླུ་ སྒྲུབ་ཀྱིས་མཛད་པའི་སྐྱབས་འགྲོ་ཡན་ལག་དྲུག་པ་དང༌། དགེ་ཚུལ་གྱི་ཀ་རི་ཀ་ས་སྡེ་ལྔ་ སོགས་ཆོས་བཀའ་མང་པོའི་བཤད་ལུང་ཡང་ལེགས་པར་གསན། དེ་མཚམས་ཤིག་ལ་སྟུག་ རྒྱའི་དབོན་ཆུང་ཟེར་བའི་གཅོད་པ་མཐུ་ནུས་ཅན་གང་གི་དྲུང་དུ། དམ་པ་འདིས། གཅོད་ དབང་ནམ་མཁའ་སྒོ ་འབྱེད། མ་ཅིག་སྙན་བརྒྱུད་སོགས་གཅོད་སྐོར་མང་པོ། རིགས་དྲུག་ སེམས་ཅན་མའི་ཁྲིད་དམ་པ་དེ་ཉིད་ཀྱིས་མཛད་པའི་སྟེང་ནས་ཞིབ་ཁྲིད་སོགས་ཆོས་བཀའ་ 3-1-66 མང་ཙམ་མནོས་ཤིང༌། དེ་ནས་ཆོས་རར་ཞུགས་ཏེ་དབུ་མའི་ཆོས་འཕྲོས་ནས་འདུལ་བ་མདོ་ རྩ་དང་བདེ་ལེགས་ཉི་མའི་ཡིག་ཆའི་ཐོག་ནས་གསན་སྦྱང་ནན་ཏན་གྱིས་ཇི་བཞིན་ཡོངས་སུ་ རྫོགས་པར་མཛད་དེ་གཞུང་ཆེན་དཀའ་པོད་ལྔ་ལས་མངོན་པ་བཀླག་ལུང་ཙམ་མ་གཏོགས་ གཞན་དཀའ་པོད་བཞི་ལ་གྲྭ་སར་དེ་ལྟར་ཁོང་གིས་སྦྱང་བརྩོན་ཕུལ་ཕྱིན་གྱི་མཐར་སུམ་ རྟགས་སོགས་རིག་གནས་ཕྲན་བུ་འགའ་ལའང་འདྲི་རྟོག་ཅི་རིགས་རེ་ཡང་བྱས་པ་སོགས་དེ་ ལྟར་ཐོས་པ་སློབ་གཉེར་གྱི་སྐབས་ཀུན་ཏུ་ཉིད་ཀྱིས་བར་མཚམས་རྒྱུན་ཁྱེར་ལ་ཕྱག་བརྒྱ་ ཕྲག་རེ་དང་ཆུ་མཆོད་མཎྜལ་བཅས་ལམ་རིམ་སོགས་ཀྱི་དམིགས་རྣམ་ལེགས་སྐྱོང་གིས་དུས་ འདའ་བས་ཐུགས་ལ་ངེས་འབྱུང་གི་བློ་ཤུགས་དྲག་ཅིང་གཏིང་ཟབ་པའང་དུས་སུ་ལེགས་ པར་འཁྲུངས་ཤིང་དེ་ནས་གྲྭ་ཚང་ལ་ཉིད་ཀྱིས་གནང་བ་ཞུས་ནས་རྫོགས་ཆེན་དགོན་གྱི་ མདུན་རིའི་སྒྲུབ་ཕུག་གཅིག་ཏུ་འཚོ་བ་སྦྱོར་མཁན་ཧོར་ལ་ཨར་ཚང་གིས་བྱས་ནས་ཁོང་ལོ་ གཅིག་ཏུ་ལམ་རིམ་གཙོ་བོར་སྒོམ་ཞིང་སྔར་གསན་པའི་དཔེ་ཆ་རྣམས་ལ་གཟིགས་རྟོག་ བཅས་ཀྱིས་བཞུགས་བཞིན་ལོ་མཇུག་ཏུ་སློབ་རིགས་པ་འགའ་ལ་ཇོ་བོའི་བྱང་ཆུབ་ལམ་ སྒྲོན་རྩ་འགྲེལ་གྱི་ཁྲིད་བཤད་རེའང་མཛད། དེ་ནས་དཔལ་སྤུངས་སུ་ཀོང་སྤྲུལ་རིན་པོ་ཆེའི་ མདུན་དུ། དམ་པ་རང་གིས་གཏེར་མཛོད་ལས་དགོངས་གཏེར་སྒྲོལ་མ་དམར་མོའི་དབང་ ལུང་མན་ངག་སད་བསྲུང་གི་ལག་ལེན་བཅས་དང༌། འདུས་པ་མང་པོའི་གྲྭལ་དུ་དུས་འཁོར་ དབང་ཆེན་ཉིན་བདུན་པའི་ཕྱག་ལེན་ལྟར་སློབ་མ་རྗེས་འཛིན་ནས་བདག་ཆེན་གྱི་བར་དང༌། འཇིགས་བྱེད་རོ་ལངས་བརྒྱད་བསྐོར་གྱི་དབང༌། སྦྱོར་དྲུག་ཁྲིད་མཐོང་བ་དོན་ལྡན། གདམས་ ངག་མཛོད་ནས་བཀའ་བབས་དྲུག་ལྡན་ཁྲིད། རྒྱུད་བླའི་རྣམ་བཤད་ཉིད་ཀྱིས་མཛད་པ་ སོགས་ཆོས་མང་གསན་ནས་བདུད་རྩི་སྨན་སྒྲུབ་སོགས་ཀྱི་གནང་སྦྱིན་ཀྱང་ཐོབ། དེ་སྐབས་ མི་ཕམ་རྣམ་རྒྱལ་གྱི་མདུན་ནས། སློབ་དཔོན་པདྨས་མཛད་པའི་མན་ངག་ལྟ་ཕྲེང་དང༌། རང་ 3-1-67 བྱུང་རྡོ་རྗེའི་ཕྱག་ཆེན་སྨོ ན་ལམ་རྣམ་གསུམ་གྱི་བཤད་ལུང་དང༌། གཉན་ཆེན་ཐང་ལྷའི་ གསོལ་ཁ་བཀའ་གཏད་བཅས་ཀྱང་ལེགས་པར་གསན། དེ་ནས་རྫ་ཆུ་ཁར་རྫོགས་ཆེན་ དཔལ་སྤྲུལ་བཞུགས་པའི་དྲུང་དུ། དམ་པ་ཉིད་ཕྱིན་ཏེ་དེར་རིང་ཞིག་གི་བར་གནས་བཅས་ བཞིན་བཞུགས་སྐབས་ཉིད་ཀྱིས་དཔལ་སྤྲུལ་རྡོ་འབུམ་ཆེན་མོ་ལ་ཕྱག་འབུམ་དྲུག་བརྐྱང་ ཕྱག་བསྐོར་བའི་སྒོ ་ནས་མཛད་ཅིང༌། དེ་མཚམས་ཟླ་ཤས་ཀྱི་རིང་དུ་དཔལ་སྤྲུལ་རིན་པོ་ཆེའི་ ཞལ་སྔ་ནས། སྤྱོད་འཇུག་གི་བཤད་ཁྲིད་ཞིབ་རྒྱས་དང༌། དེ་ནས་བྱམས་ཆོས་སྡེ་ལྔའི་འགྲེལ་ བ་ཐུགས་ཐོག་ནས་སློབ་མ་ཞིག་གིས་རྩ་བ་ས་བཅད་ཙམ་བཀླག་རྗེས་ཇི་བཞིན་ཞིབ་རྒྱས་སུ་ ལེགས་གསུངས་ཀྱིས་སྒོ ་ནས་ཐོག་མར་རིམ་པས་རྒྱན་རྣམ་གཉིས་དང༌། དེ་ནས་རེ་ཞིག་གི་ ཚེ་འབྱེད་རྣམ་གཉིས་རྒྱུད་བླ་བཅས་ཀྱི་བཤད་པ་ཡོངས་སུ་རྫོགས་པར་གསན་པའི་སྐལ་བ་ བྱུང་བས་སྔར་གྱི་དབུ་མའི་ཚུལ་ལ་གནས་ལུགས་སྟོང་ཉིད་རང་བཞིན་མེད་ཙམ་ཁོ་ན་ལ་གོ་ ན་འདི་སྐབས་དེ་ཉིད་སྤྲོས་བྲལ་རང་རིག་ཡེ་ཤེས་སུ་ངེས་ཐག་ཆོད་པ་བྱུང༌། དེ་ནས་དཔལ་ སྤྲུལ་ཁོང་གི་ཞལ་སྔ་ནས། དམ་པ་འདི་སོགས་དུ་མ་ཞིག་གིས་ཞུ་བའི་ངོར་ཉིད་ཀྱིས་མཛད་ པའི་རྫོགས་ཆེན་སྙིང་ཐིག་གི་སྔོན་འགྲོའི་ཁྲིད་ཡིག་ཀུན་བཟང་བླ་མའི་ཞལ་ལུང་གི་དམིགས་ ཁྲིད་རིམ་པར་གནང་བའི་དབུ་ཚུགས་ཏེ། ཆོས་དེའི་རང་ལུགས་ཐུན་མོང་བློ་ལྡོ ག་རྣམ་བཞི་ ལས་བརྩམས་པའི་ཆོས་དྲུག་དང༌། ཐུན་མིན་སྐྱབས་སེམས་ནས་བཟུང་སྔོ ན་འགྲོ་འབུམ་ལྔ་ ལུས་སྦྱིན་བཅས་དྲུག་སྟེ་སྔོ ན་འགྲོའི་ཁྲིད་རྐང་བཅུ་གཉིས་དང༌། འཕོ་བའི་ཟབ་ཁྲིད་བཅས་ ཆོས་ཁྲིད་ལེགས་ནོད་ཀྱིས་རིམ་པས་ཕྱག་སྲོལ་ཇི་བཞིན་དུས་སུ་གནད་ཁེལ་གྱིས་ཉམས་ ལེན་ཚད་ལྡན་དམ་པ་འདི་ཉིད་ཀྱིས་ལེགས་པར་འཁྱོ ལ་ངེས་བྱས་ནས་དེ་རྗེས་སུ་དངོས་གཞི་ རྫོགས་ཆེན་ཀ་དག་ཁྲེག་ཆོད་ཀྱི་གདམས་པ་ཞུ་བའི་རེ་འདོད་རྗེ་དཔལ་སྤྲུལ་མཆོག་གི་སྙན་ ལམ་དུ་ལེགས་འབུལ་གྱི་སྐབས་རྗེ་གང་ཉིད་ཀྱི་ཞལ་གསུང་ལས། ད་ལན་རྫོགས་ཆེན་ལས་ 3-1-68 རང་ལུགས་དུས་འཁོར་གྱི་རྫོགས་རིམ་གལ་ཆེ་ཚུལ་རང་གཞན་གང་ཐད་ནས་ཞིབ་རྒྱས་སུ་ བཀའ་ལེགས་བསྩལ་གྱི་སྒོ ་ནས་དེ་འདྲའི་དུས་འཁོར་རྫོགས་རིམ་ཉམས་ལེན་གྱིས་རྟོགས་པ་ བཟང་པོ་བརྙེས་པ་ནི་དེང་དུས་སུ་འཛམ་ཐང་སྦྱངས་པ་བླ་མ་ལྟ་བུ་དཀོན་ཚུལ་གྱི་ལོ་རྒྱུས་ དང་དེའི་དྲུང་ནས་སྦྱོར་དྲུག་ཞུ་དགོས་པ་སོགས་ཞིབ་གླེང་བཅས་ཀྱིས་རང་ཡུལ་དུ་ལོག་ནས་ དེ་ལུགས་ཀྱི་སྒྲུབ་ཚུགས་ངེས་པར་དགོས་པའི་བཀའ་ལུང་གསལ་བོ་བྱུང་བཞིན་དམ་པ་ འདིའི་དགུང་ལོ་བཅུ་གཉིས་སྟེང་ནས་བཟུང་ཉེར་ལྔའི་བར་མི་ལོ་བཅུ་བཞི་ཙམ་ལ་སྟོད་ ཕྱོགས་སུ་ཉིད་ཀྱི་གོང་སྨོས་བཞིན་དམ་པ་མང་པོའི་ཞབས་རྡུལ་སྤྱི་བོས་ལེན་བཞིན་མདོ་ སྔགས་ཀྱི་ཆོས་བཀའ་ཆེས་མང་ལེགས་ནོད་ཉམས་ལེན་བཅས་ཀྱི་མཐར་སླར་རང་ཡུལ་ ཕྱོགས་སུ་ཉིད་དགུང་ལོ་ཉེར་དྲུག་པར་རྗེ་བླ་མ་དཔལ་སྤྲུལ་མཆོག་དང་འབྲལ་མི་ཕོད་བཞིན་ རྗེ་ཉིད་ཀྱིས་སྐྱེས་གནང་ཐུགས་སྨོན་བཅས་ཀྱིས་དམ་པ་འདིའང་ཕྱིར་འོང་ཁར་ཕྱག་བསྐོར་ སྨོན་ལམ་ཟབ་མོའི་བགྱི་བ་དེ་ལུགས་བཞིན་གྱི་སྒོ་ནས་མར་མགོ་ལོག་ཕྱོགས་བརྒྱུད་དེ་རིམ་ པར་རང་ཡུལ་དུ་ཕེབས་ནས་མི་རིང་བར་པཱ་ལ་ཕྱོགས་སུ་སྦྱངས་པ་སྐྱབས་མགོན་ཉིད་ བཞུགས་པའི་དྲུང་དུ་དམ་པ་འདི་ཡང་མཇལ་ཕྱག་གི་ཆེད་དུ་བྱོན་ནས་སྦྱངས་པ་རིན་པོ་ཆེའི་ ཞལ་མཇལ་ཏེ་ཐོག་མར་རྟ་ཕྱག་ཁྱུང་གསུམ་གྱི་རྗེས་གནང་གི་ཆོས་བཀའ་ཉེ་བར་ཐོབ་ནས་ རིམ་པར་སྦྱངས་པ་ཁོང་ཉིད་བཞུགས་གནས་སུ་ཕེབས་པའི་མདུན་ནས་ཕན་ཚུན་བཀའ་ མོལ་ཞིབ་རྒྱས་ཀྱིས་སྦྱངས་པ་གང་གི་ཐུགས་ངོ་མཚར་ཞིང་ཞལ་ནས་བསྔགས་བརྗོད་ གཟེངས་བསྟོད་ལེགས་གནང་དང་བཅས་ཀྱི་རྗེས་སུ་སྐྱབས་མགོན་སྦྱངས་པ་མཆོག་ལ། དམ་ པ་འདིས་སྔོན་གྱི་བཀའ་ལུང་གི་ཡིན་ལུགས་བཅས་ཀྱིས་ཉིད་ལ་སྦྱོར་དྲུག་གི་གདམས་པ་ གནང་དགོས་པའི་ཞུ་བ་ཕུལ་བ་ལྟར་སྦྱངས་པ་ཁོང་གིས་ཇི་བཞིན་ཞལ་བཞེས་མཛད་དེ་ཐོག་ མར་སྔར་མ་སོང་བའི་བསྙེན་ཚད་འགའ་ད་ལན་འགྲོ་དགོས་པར་གསུངས་པ་བཞིན་འབྱུང་ 3-1-69 འདུལ། རྟ་མགྲིན། ཁྱུང་ཁྲ་རྒྱུད་ལུགས་རྣམས་ཀྱི་དམིགས་ཁྲིད་གནང་བས་དེ་ལུགས་བཞིན་ གྱི་བསྙེན་སྒྲུབ་ཚད་ལྡན་པཱ་ལ་དགོན་དེར་དམ་པ་འདི་ཉིད་བཞུགས་ཏེ་རང་གིས་ཉམས་ བཞེས་ལེགས་པར་མཛད་ནས་ཁ་སྐོང་སྦྱིན་སྲེག་བཅས་ཀྱང་ལེགས་གྲུབ་བྱས་ཤིང་དེ་དག་ གི་སྐབས་ཐུགས་ཉམས་སུ་འཚུབས་ཆ་རེ་ཡང་བྱུང་ཞིང་ཀུན་ཀྱང་བྱམས་སྙིང་རྗེ་བྱང་སེམས་ ཀྱི་བློ་དང་གང་སྣང་སྒྱུ་མར་ཤར་པ་སོགས་ཀྱིས་ཇི་བཞིན་ལམ་དུ་སློང་ནུས་ཤིང༌། བྱིན་ རླབས་ཀྱི་རྟགས་མཚན་ཅི་རིགས་པ་རེའང་ངེས་པར་བྱུང་ལ། དེ་ནས་ཡར་འཛམ་ཐང་དུ་བྱོན་ ནས་ལོ་དེའི་སྟོན་ཁ་ཙམ་ན་སྦྱང་པ་རིན་པོ་ཆེའི་མདུན་ནས། དམ་པ་རང་གིས་འཇིགས་བྱེད་ འབྲུ་ནོན་དང་རྭ་པའི་སྙན་བརྒྱུད་ཀྱི་ཁྲིད་ཞུས་ནས་འཛི་སྟོད་འབྲིམ་ཤར་རི་ཁྲོད་དུ་ཉིད་ བཞུགས་ཏེ་ཁོང་གི་འབྲུ་ནོན་བསྙེ ན་ཚད་ཁ་སྐོང་བཅས་དང༌། སྙན་བརྒྱུད་མན་ངག་དམིགས་ སྐོར་ཉེར་ལྔ་ཡན་ཆད་ཀྱིས་བསྙེན་པ་ཁ་སྐོང་སྦྱིན་སྲེག་དང་བཅས་པ་ལེགས་པར་གྲུབ་ངེས་ བྱས་ཤིང་དེ་ཕན་འཇིགས་བྱེད་མངོན་རྟོགས་ཆག་མེད་ཀྱང་མཛད། དགུང་ལོ་ཉེར་བརྒྱད་ཆུ་ རྟའི་ལོར་རི་ཁྲོད་དེ་ཉིད་དུ་རང་གིས་མངོན་པའི་འགྲེལ་བ་མཆིམས་ཊཱིཀ་ལ་ཟླ་ཤས་ཙམ་དུ་ དཔེ་རྟོག་ཞིབ་གཟིགས་མཛད་ཅིང༌། ཞལ་ནས་སློབ་དཔོན་མི་མཁས་པས་མཛད་པའི་དཔེ་ ཆ་རྙོག་མ་ཅན་ལས་གཞུང་ཁུངས་ལྡན་ལ་ཕུགས་གཏད་ནས་ཞིབ་རྟོག་དགོས་ཚུལ་ཡང་ཡང་ གསུངས་ལ། གཞན་ཡང་ལོ་དེར་དགོངས་གཏེར་སྒྲོལ་མ་གསང་སྒྲུབ་ཀྱི་བསྙེ ན་སྒྲུབ་ལ་ བརྟེན་ནས་བསྙེ ན་ཚད་གཉིས་ཙམ་དང༌། འཇམ་དབྱངས་ནག་པོའི་ལྷ་བསྙེ ན་འབུམ་ཕྲག་ བཅུ་ཙམ་གྱི་བསྙེ ན་ཚད་ཀྱང་གྲུབ་པར་བྱས་ནས་ལྷ་དེ་རྣམས་ཀྱི་བྱིན་རླབས་ཀྱི་མཚན་མ་སྤྱིར་ མང་བ་མ་ཟད་སྒོས་སུ་རླུང་ཁམས་མི་བདེ་བ་ཚུན་ཀྱང་སྔར་ལས་ཇེ་དྭངས་སུ་སོང་ངོ༌། །དགུང་ལོ་ཉེར་དགུ་ཆུ་ལུག་ལོའི་དགུན་ཁར་རྡོ་རྗེ་འཆང་ཆེན་པོ་ཀུན་དགའ་ངེས་དོན་རྒྱ་ མཚོའི་ཞབས་པད་དམ་པ་རང་གིས་གུས་པས་ལེགས་བསྟེན་གྱི་སྒོ་ནས་ཐོག་མར་དུས་འཁོར་ 3-1-70 ལྷ་དགུའི་དབང་ཞིག་གསན་པ་སྔོན་དུ་འགྲོ་བ་དང་བཅས་ཡན་ལག་དྲུག་གི་ཁྲིད་ཡིག་མཐོང་ བ་དོན་ལྡན་དང་ལྷན་ཐབས་འོད་བརྒྱ་འབར་བ་ཟུང་གི་ཡིག་ཆའི་མན་ངག་ལྟར་ཐུན་མོང་ སྔོན་འགྲོ་སྐྱབས་སེམས་ནས་བཟུང་ཐུན་མིན་དུས་འཁོར་ལྷན་སྐྱེས་བར་གྱི་དམིགས་ཁྲིད་ རྣམས་རིམ་པས་ཞུས་ཏེ་ཆོས་རྗེའི་འདུ་ཁང་སྟེང་དུ་རང་ཉིད་ཀྱིས་ཇི་བཞིན་ཉམས་ལེན་ གནད་ཁེལ་གྱིས་སྔར་རྫོགས་ཆེན་སྔོན་འགྲོའི་སྐབས་ནས་ཀྱང་ཐུགས་ཉམས་སུ་དད་པ་ངེས་ འབྱུང་བྱང་ཆུབ་ཀྱི་སེམས་རྣམས་ལ་མྱོང་བ་རབ་ཏུ་གྱུར་ཅིང་སྡིག་སྒྲིབ་དག་པ་དང་ཚོགས་ བསགས་ཀྱི་རྟགས་ཀྱང་ཅི་རིགས་ཡོད་པ་དང་ཁྱད་པར་རྨི་ཉམས་སུ་རྔ་ཡབ་པདྨ་འོད་དུ་གུ་ རུའི་ཞལ་མཇལ་བའི་གསལ་སྣང་སོགས་ལམ་རང་ཐད་ཀྱི་མྱོང་རྟགས་དུ་ུམ་ཡོད་པའི་ཁར་ འདིར་ཡང་མྱོང་རྟགས་དེ་རྣམས་ཕལ་ཆེ་བ་སྔར་ལས་ཀུན་ནས་འཕེལ་རྒྱས་སུ་སོང་ཞིང་མྱོང་ བ་རྟགས་མཚན་ཀྱང་ཆེ་ཙམ་དུ་ངེས་པར་བྱུང་ལ། དགུང་ལོ་སུམ་ཅུ་ཤིང་སྤྲེལ་གྱི་ལོའི་སོས་ ཀར་སྐྱབས་མགོན་རྡོ་རྗེ་འཆང་ཕེབས་ནས་གང་གིས་སློབ་བུ་དམ་པ་ཉིད་ལ་མཆོག་གི་དབང་ གོང་མ་བཞི་ལེགས་པར་བསྐུར་ནས་ཐུན་མིན་སྔོན་འགྲོ་གཉིས་པ་དབེན་གསུམ་ཁྲིད་ལེགས་ པར་གདམས་ཏེ་སྐབས་ཀྱི་ལུས་གནད་སེམས་གནད་སོགས་ཀྱི་རིམ་པ་ལེགས་བསླབས་ ཀྱིས་ཁྲིད་ལྟ་ཡང་ཡང་མཛད་ནས་དེ་ལུགས་ལྟར་དབེན་གསུམ་གྱི་རྣལ་འབྱོར་ལ་སློབ་བུ་ དམ་པས་མཉམ་བཞག་སྐབས་སེམས་གང་ཤར་ངོས་བཟུང་དང་བྲལ་བའི་རང་ངོ་ཤེས་ཙམ་ ལེགས་བསྐྱང་གིས་རིག་པ་གསལ་སྟོང་འཛིན་མེད་རང་སོ་ཟིན་པའི་ངང་ཇི་བཞིན་སྐྱོང་ཐུབ་ པ་བྱུང་བ་དེའི་ཚུལ་ཉིད་ཀྱིས་སྐྱབས་མགོན་མཆོག་ལ་ཞུས་ཚེ་ཁོང་གིས་ཕྱག་ཆེན་སྒོམ་གྱི་ ལམ་སྣེ ་ཟིན་པའི་ཚོད་དུ་ངོ་སྤྲད་མཛད། དེ་ནས་དངོས་གཞི་སོར་བསམ་གྱི་དམིགས་ཁྲིད་བླ་ མ་མཆོག་གིས་སློབ་བུ་ཉིད་ལ་གནང་སྐབས་ལུས་ཕུད་བྱིན་རླབས་འབེབས་པའི་དུས་སུ་སློབ་ མའི་སེམས་རྒྱུད་དབང་བསྒྱུར་བའི་ཚུལ་གྱིས་ལུས་སེམས་ཐམས་ཅད་ལ་དགའ་བདེའི་སྣང་ 3-1-71 བས་ཅིར་ཡང་ཁྱབ་ཅིང་ཆོས་དང་བླ་མ་རང་བཅས་ལ་ཡིད་གཏིང་ནས་ཆེས་པའི་དད་པ་བླ་ བླག་ཏུ་འཕེལ་བཞིན་དམ་པ་རང་གིས་སོར་བསམ་མཚན་མོ་དང་ཉིན་མོའི་རྣམ་འབྱོར་ལ་ རིམ་པས་ཉམས་ལེན་སྐབས་ལུས་ངག་ཡིད་གསུམ་གྱི་ཉམས་སྣང་གི་འཆར་སྒོ་མཐའ་ཀླས་ པའི་ངང་ནས་འོད་གསལ་རྟགས་བཅུའི་རྣམ་པ་སྣང་ལ་རང་བཞིན་མེད་པའི་པྲ་ཕབ་པ་ལྟ་ བུའི་སྟོང་གཟུགས་ཐབས་མཁས་ཟབ་མོ་ལ་བརྟེན་ནས་ལས་རླུང་ཅི་རིགས་དབུ་མར་འགག་ པའི་བྱེད་ལས་ཀྱིས་དོན་དམ་གདོད་ནས་བཞུགས་པའི་ཡེ་ཤེས་ཀྱི་རང་གཟུགས་རྒྱུད་ཚོད་ དབང་པོ་དང་འཚམས་པའི་དེང་དུས་ཀྱི་མཐོང་ཚུལ་བཟང་རབ་ཀྱི་མྱོང་རྟགས་དུས་སུ་བྱུང་ བའི་སྒོ་ནས་ཆོས་ཉིད་ཀྱི་རང་གཟུགས་ཆ་ཅི་རིགས་མངོན་བྱེད་ཐབས་མཆོག་གི་ལམ་བཟང་ ལ་མྱོང་བ་བསླད་མེད་ཀྱི་རྟོགས་པ་ཉེ་བར་འཁྲུངས་ཤིང༌། འདི་དག་སྐབས་གཉིད་འཐུག་གི་ དུས་འོད་གསལ་ཟིན་པ་མཚན་མོ་ནུབ་རེ་བཞིན་མི་ཆད་པ་ལྟ་བུ་འོང་ཞིང་རྨི་ལམ་ལ་དེ་ཙམ་ གྱིས་རྩལ་ཅུང་མེད་སྐབས་དེ་ཚུལ་བླ་མ་མཆོག་ལ་ཉིད་ཀྱིས་ཞུས་དུས་སུ་གང་གི་ཞལ་ནས་རྨི་ ལམ་རྩལ་སྦྱོང་ནཻ་གུའི་གདམས་ངག་ལས་འོང་བ་ཡིན་པས་དེ་ལ་རྗེས་ནས་ཉམས་ལེན་ དགོས་ཚུལ་དང༌། སྐབས་འདི་དག་ཏུ་གང་མཁོ་བའི་ངོ་སྤྲོད། སྤོགས་ཆོག བོགས་འདོན་ཅི་ དགོས་ཐམས་ཅད་དགྱེས་བཞིན་མཛད། སྐབས་འདི་མཚམས་ཤིག་ཏུ་བླ་མ་རྡོ་རྗེ་འཆང་ཆེན་ པོའི་ཞལ་སྔ་ནས། དམ་པ་འདི་སོགས་སློབ་བུ་མང་ཙམ་ལ་ནཻ་གུའི་དབང་བཀའ་བདེ་མཆོག་ ལྷ་ལྔ་ནས་མགོན་པོ་ཕྱག་དྲུག་པའི་བར་ཡོངས་རྫོགས་དང༌། ཁྲིད་ཡིག་ཟབ་དོན་ཐང་བརྡལ་ མ། མ་མོའི་ལྷན་ཐབས། འཁྲུལ་འཁོར་སྟན་གཅིག་མའི་བར་དབང་ཁྲིད་མཐའ་དག་ཀྱང་ ལེགས་པར་ཐོབ། དེ་ལྟར་སྦྱོར་དྲུག་ཉམས་ལེན་ལོ་གསུམ་གྱི་ཕྱག་བཞེས་བཞིན་རྗེ་སྐྱབས་ མགོན་རྡོ་རྗེ་འཆང་གིས་གདམས་པ་ལ་བརྟེན་ཇི་བཞིན་སློབ་བུ་ཐུགས་སྲས་མཆོག་འདིས་ ཉམས་སུ་བླངས་པས་ཐུགས་རྒྱུད་ལ་དུས་བསྟུན་གྱི་རྟོགས་པ་ཟབ་མོ་ཡ་མཚན་པ་ཀུན་ནས་ 3-1-72 ཉེ་བར་འཁྲུངས་ངེས་སུ་འདུག་ན་ཚུལ་ཇི་བཞིན་གྱི་ཁུངས་མ་རྙེད་པས་འདིར་དེ་ཙམ་ལས་ བཤད་པས་རྔོ་མ་ཐོགས་ལ། དགུང་ལོ་སོ་གཉིས་མེ་ཁྱིའི་ལོ་སྐོར་དུ་དམ་པ་ཉིད་ཀྱིས་ལྔར་ གསན་པའི་ནཻ་གུའི་ཆོས་ཁྲིད་གང་དག་ཉམས་སུ་ལེན་པའི་མགོ་བདེ་མཆོག་ལྷ་ལྔའི་གྲངས་ བསྙེན་ཚད་ལྡན་སྔོན་དུ་བཏང་ནས་རྫོགས་རིམ་ཆོས་དྲུག་ཡོངས་རྫོགས་ལ་ཉམས་ལེན་ གནད་སྨིན་མཛད་སྐབས་གཏུམ་མོ་ཞུ་བདེའི་སྣང་བ་སྒྱུ་ལུས་དག་སྣང་གི་འཆར་སྒོ་རྨི་ལམ་ རྩལ་སྦྱོང་དག་མ་དག་གི་ཞིང་དུ་མཛད་པ་འོད་གསལ་གཤིས་ལུགས་སྔར་ལས་ཆེས་དྭངས་ ཤིང་གསལ་བའི་ཉམས་མྱོང་གི་ཚུལ་སོགས་རྟོགས་པ་ཀུན་ནས་ཡར་རྒྱས་གོང་དུ་ཉེ་བར་ འཕེལ་ངོས་ནས་ཤངས་ཆོས་ཟབ་མོའི་རིམ་གཉིས་ལ་དེ་ལུགས་བཞིན་གྱིས་སྒོམ་སྒྲུབ་ ལེགས་མཛད་ཀྱིས་རྟོགས་པ་མཆོག་ཏུ་སྨི ན་པར་བྱས། དགུང་ལོ་སོ་གསུམ་མེ་ཕག་གི་ལོའི་ བཅུ་པའི་ནང་དུ་སྐྱབས་མགོན་ཉིད་ཀྱིས་དམ་པ་འདི་སོགས་འདུས་པ་བརྒྱད་ཅུ་ཙམ་ལ་ཕུར་ བ་མཁོན་ལུགས་ཀྱི་སྟོད་ལས་བྱང་ཆུབ་སྒྲུབ་པ་དང༌། སྨད་ལས་དགྲ་བགེགས་སྒྲོལ་དབང་ ཕུར་བསྲུང་དཀར་བདུད་བཅས་ཀྱི་རྗེས་གནང་དང༌། དཔལ་ཆེན་ཐུགས་ཐིག་སྦས་པ་མིག་ འབྱེད་སོགས་ཆོས་འདིའི་མཁོ་ཚོགས་གང་དགོས་དག་གི་དབང་ལུང་ཟབ་ཁྲིད་ཕྱག་ལེན་ བཅས་ལེགས་པར་གནང་ཞིང༌། དེ་ལོར་ཆོས་རྗེའི་ཁང་གསར་དུ་སྐྱབས་མགོན་གང་གིས་ དབུར་བཞུགས་ཀྱི་སྒོ ་ནས་བླ་གྲྭ་མང་པོས་ཚོམ་བུ་ཚོགས་སྒྲུབ་ལ་ཐོག་མར་སྣ་སེལ། སྟ་གོན། ཐིག་ཚོན། ཕྱི་ནང་གི་མཚམས་གཅོད་སོགས་ཞག་གསུམ་ཙམ་དང༌། དེ་ནས་དངོས་གཞི་ཞག་ བཅོ་བརྒྱད་བར་ཉིན་མཚན་འཁོར་ཡུག་ཏུ་སྨྲ་བཅད་བསྙེན་རྒྱུན་ཆད་མེད་སོགས་ཕྱག་ལེན་ མཐའ་རྒྱས་ཞག་བཅུ་དགུའི་ནངས་མོ་དངོས་གྲུབ་བླངས་པའི་བར་མཛད་དགོས་རྣམས་ལ་ དམ་པ་འདི་ཉིད་བརྩོན་པ་གཞན་ལས་འཕགས་པའི་སྒོ་ནས་ལེགས་བཞུགས་ཀྱི་དུས་སུ་ཉིད་ ཁམས་དྭངས་ཤིང་ཐུགས་ཉམས་དགའ་ལ་དད་གུས་བརྩོན་འགྲུས་དག་སྣང་འཕེལ་བ་ 3-1-73 སོགས་ལེགས་ལམ་ཆེ་བ་བྱུང་ལ། དགུང་ལོ་སོ་བཞི་ས་བྱིའི་ལོར་འགོ་ཚ་བླ་མ་གཞན་ཕན་གྱི་ དྲུང་ནས། ཉིད་ཀྱིས་ཀུན་མཁྱེ ན་དོལ་པོའི་བཀའ་པོད་དྲུག་རྣམ་ཐར་བཅས་དང༌། རྗེ་བཙུན་ རིན་པོ་ཆེའི་བཀའ་འབུམ་པོད་བཅོ་བརྒྱད་ཆ་ལག་ཅི་རིགས་དང་བཅས་པའི་བཀླག་ལུང་ ཡོངས་སུ་རྫོགས་པ་དང༌། གཞན་ཡང་བསྐང་མདོས། རྩང་མདོས། བསྐང་རྙིང་སོགས་ཆོས་ བཀའ་མང་པོའི་བཀླག་ལུང་ཞུས། དགུང་ལོ་སོ་ལྔ་ས་གླང་གི་ལོའི་དབྱར་ཁ་ལ་དཔལ་ལྡན་ བླ་མ་མཆོག་གི་ཞལ་སྔ་ནས། དམ་པ་རང་གིས། རྡོ་རྗེ་མི་འཁྲུགས་པ། ཐམས་ཅད་རིག་པ་ གཉིས་ཀྱི་དབང་སྟ་དངོས་བཅས་དང༌། པཎ་ཆེན་ནམ་མཁའ་དཔལ་བཟང་གི་དབང་ཆོག་ སྟེང་ནས་སྦྱོང་རྒྱུད་བཅུ་གཉིས་ཀྱི་དབང་བཀའ་ཆ་ཚང༌། རྗེས་གནང་བརྒྱ་རྩ་རྒྱ་གཞུང་གི་ བཀླག་ལུང་བཅས་ལེགས་པར་གསན་ཞིང༌། འདི་སྐོར་དམ་པ་ཉིད་ཀྱིས། ལྷོ ་བ་ཐུགས་རྗེ་ དཔལ་གྱིས་མཛད་པའི་རྒྱུད་བླའི་འགྲེལ་བའི་དཔེ་སྡེ་དགེ་ཕྱོགས་སུ་ཡོད་མེད་ཀྱི་རྩར་ཆོད་ཞུ་ ཡིག་སྡེ་དགེར་བཞུགས་པའི་བླ་མ་བཀྲ་ཤིས་ཚེ་རིང་སོགས་ལ་སྤྲིངས་ཤིང་ལན་གྱི་ཡི་གེ་ ལེགས་པར་སླར་ཡང་འབྱོར་ལ། དགུང་ལོ་སོ་དྲུག་ལྕགས་སྟག་ལོར་སྐྱབས་མགོན་གྱི་མདུན་ ནས། དམ་པ་རང་ཉིད་ཀྱིས། མི་འཁྲུགས་པ་དང༌། ཐམས་ཅད་རིག་པའི་དམིགས་ཁྲིད། གཙོ་ འདུས་ཁྲིད་ཡིག་ཀོང་སྤྲུལ་གྱིས་མཛད་པ། ལྡེ འུ་ཐུང་ལྷ་གསུམ། ཚེ་དཔག་མེད། སེང་གེའི་ སྒྲ། སྒྲོལ་དཀར་སོགས་ཡི་དམ་མང་པོའི་བྱིན་རླབས་ཟབ་ཁྲིད་རྣམས་ཞུས་ཏེ་འཛི་སྟོད་དར་ ལྔའི་རི་ཁྲོད་དུ་ཕེབས་བཞུགས་ཀྱིས་བསྙེ ན་སྒྲུབ་དེ་ཀུན་ཚད་ལྡན་ཁ་སྐོང་བཅས་ལེགས་གྲུབ་ མཛད། དགུང་ལོ་སོ་བརྒྱད་ཆུ་འབྲུག་གི་ལོར་བླ་མ་མཆོག་གི་དྲུང་དུ། རང་གིས་དུས་འཁོར་ བསྐྱེད་རིམ་རྒྱས་པའི་ཁྲིད་ཞུས་ནས་ཚེས་བཅུ་སྟོད་དུ་ལོ་གཉིས་ལ་ཉེ་བ་ཙམ་ཉིད་ལེགས་ ཞུགས་ཀྱི་སྒོ་ནས་སྒྲུབ་ཐབས་དཔག་བསམ་ལྗོན་ཤིང་ལ་འཇུག་པ་དང་རྣམ་བཤད་དངོས་ གྲུབ་ཉེར་འཚོ་སྦྱར་བ་ལྟར་གྱིས་དཀྱིལ་འཁོར་ཡོངས་སུ་རྫོགས་པའི་གྲངས་བསྙེན་བྱེ་བ་ 3-1-74 སོགས་མཐའ་རྒྱས་ཅི་དགོས་ལེགས་གྲུབ་མཛད་སྐབས་ནངས་ནུབ་ཏུ་ཉིད་ཀྱིས་རྫོགས་རིམ་ ཉམས་ལེན་གནད་སྨིན་དེ་ལུགས་བཞིན་ཆགས་མེད་ཀྱིས་ཐུགས་ཀྱི་རྟོགས་པ་སྔར་ལས་སྒོ་ གང་ཐད་ནས་ལེགས་རྒྱས་སུ་བྱུང༌། འདི་སྐོར་སྡེ་དགེ་ཕྱོགས་ནས་མི་ཕམ་རྣམ་པར་རྒྱལ་ བས་གསུང་འཕྲིན་ཞལ་གདམས་བྱིན་རྟེན་བཅས་དང༌། བླ་མ་བཀྲ་ཤིས་ཚེ་རིང་ནས་ཀྱང་ བྱིན་རྟེན་སྐྱེས་གནང་གི་རིམ་པ་དུས་སུ་སླེབས་སོ། །དགུང་ལོ་བཞི་བཅུ་ཤིང་རྟའི་ལོར་སྐྱབས་ མགོན་མཆོག་གི་བཀའ་ནན་ལྟར་སྐྱབས་རྗེ་རྩ་བའི་བླ་མ་ཁོང་ཉིད་ལ་སློབ་བུ་དམ་པ་གང་ དེས་རྒྱལ་བའི་བཀའ་ལས་འདུལ་བ་གླེགས་བམ་བཅུ་གསུམ་དང༌། མདོ་སྡེ་བསྐལ་པ་བཟང་ པོའི་བཀླག་ལུང་སྒྲ་དག་གསལ་བརྗོད་ཀྱིས་དཔལ་ལྡན་བླ་མ་དགྱེས་པའི་མཆོད་སྤྲིན་དུས་ སུ་ལེགས་པར་བསྟར་བ་མཆོག་དེས་བླ་མ་སངས་རྒྱས་ཀུན་འདུས་ཉིད་ཀྱི་ཐུགས་དགྱེས་པ་ ལེགས་བསྐྱེད་དམ་པའི་རྣམ་དཀར་བསོད་ནམས་རྒྱ་ཆེན་ཉེར་བསྐྲུན་ཀྱང་མཛད། དགུང་ལོ་ ཞེ་གཅིག་ཤིང་ལུག་ལོར་ཚེས་བཅུ་དབང་མདའ་མཆོག་སྤྲུལ་ངེས་དོན་བསྟན་འཕེལ་གྱི་ བཀའ་ནན་བཞིན་རྡོ་ལུང་དུ་དམ་པ་འདི་ཉིད་ཚེས་བཅུའི་སྐུ་རིམ་དྲུག་ཅུ་དམར་ཆེན་སྒྲགས་ སྒྲུབ་ཀྱི་དབུ་བླར་ཕེབས་དགོས་བྱུང་བས་དེར་ཡང་སྐུ་དོགས་ལེགས་སེལ་གྱི་རྨི་ལྟས་གསལ་ བོ་དུས་སུ་ཤར་བཞིན་ཉིད་ཀྱིས་ཕན་པ་ཆེ་རབ་མཛད། འདི་སྐོར་གཙང་བའི་རྡོར་སློབ་ངག་ དབང་ཆོས་འབྱོར་ཞབས་པའི་དྲུང་ནས། ཉིད་ཀྱིས་མི་འཁྲུགས་པ་ཐམས་ཅད་རིག་པ་གཉིས་ ཀྱི་ཐིག་རྩ་བསླབས་ཤིང༌། སྔ་ཕྱི་ཅི་རིགས་སུ་ཨུཥྞི་ཥ་རྭ་ལུགས་ཀྱི་ཁྲིད་ལྡེ འུ་ཐུང་ལྷ་གསུམ་ ཁྲིད། རྭ་པོད། ས་བདག་གཏད་དཀྲུགས་གི་བཀླག་ལུང་སོགས་ཆོས་བཀའ་ཡང་དུ་མ་ཞུས་ ལ། དགུང་ལོ་ཞེ་གཉིས་མེ་སྤྲེལ་ལོར་སྦྱངས་པ་རྡོ་རྗེ་འཆང་ཆེན་པོའི་ཞལ་སྔ་ནས། དམ་པ་ རང་གིས་རྡོ་རྗེ་འཕྲེང་བའི་དཀྱིལ་འཁོར་ཞེ་གཉིས་དགེ་ལེགས་སུ་བྱེད་པའི་དཀྱིལ་འཁོར་ གསུམ་སྟེ་ཞེ་ལྔའི་དབང་བསྐུར་ཚུལ་པཎ་ཆེན་ནམ་མཁའ་དཔལ་བཟང་གི་དབང་ཆོག་སྟེང་ 3-1-75 ནས་ཇི་བཞིན་ལེགས་གསན་མཛད་ཅིང༌། ལོ་དེའི་དགུན་ཁར་ཡང་བླ་མ་མཆོག་དེ་ཉིད་ཀྱི་ དྲུང་ནས། དེ་ལུགས་བཞིན་མགོན་པོ་ཁྲོ་བཅུའི་རྗེས་གནང་དང༌། ནག་པོ་ཆེན་པོའི་བསྲུང་ འཁོར་རྡོ་རྗེ་བྲག་རྫོང་མའི་ཁྲིད་དང༌། མགོན་པོའི་མདུན་བསྙེ ན་གྱི་དམིགས་ཁྲིད་རྣམས་ ལེགས་པར་ཞུས་ནས་དམ་པ་རང་གིས་བཅད་རྒྱ་དམ་པོའི་ངང་ནས་ཟླ་བ་དྲུག་ཙམ་དུ་བྲག་ རྫོང་མའི་བསྙེན་སྒྲུབ་ཚད་ལྡན་ཁ་སྐོང་སྦྱིན་སྲེག་བཅས་ཇི་བཞིན་གྲུབ་པར་ཡང་མཛད། དགུང་ལོ་ཞེ་གསུམ་མེ་བྱའི་ལོར་སྐྱབས་མགོན་དམ་པ་གང་དྲུང་ནས། སྒྲུབ་ཐབས་རིན་འབྱུང་ གི་དབང་བཀའི་རིམ་པ་ཇི་ལྟར་བྱེད་ཚུལ་རྒྱ་ནག་ཡེ་ཤེས་རྡོ་རྗེའི་དབང་ཆོག་གི་སྟེང་ནས་ རྗེས་གནང་སུམ་བརྒྱ་ལྷག་རྫོགས་པར་ཉིད་ཀྱིས་གསན་ནས་ལོ་དེའི་སྟོན་མཇུག་ཏུ་མགོན་ པོའི་མདུན་བསྙེན་གྱི་ཆེད་ཐོག་མར་འབྱུང་འདུལ་བསྙེན་པ་ཁ་གསོ་ཞག་ཤས་སྔོན་དུ་འགྲོ་ བའི་སྒོ་ནས་མདུན་བསྙེན་དངོས་ཟླ་བ་བདུན་ཙམ་དུ་གྲངས་བསྙེན་ཚད་ལྡན་ཁ་བསྐང་སྦྱིན་ སྲེག་བཅས་ཀྱང་ལེགས་གྲུབ་མཛད། དགུང་ལོ་ཞེ་བཞི་ས་ཁྱི འི་ལོར་འཛམ་ཐང་གི་རྒྱབ་རི་ ཛམྦྷ་ལའི་གཡོན་ལུང་གླང་ཆེན་འདྲ་བའི་རི་ཞོལ་ལྷ་ཤིང་ཤུག་པ་དུ་མ་སྐྱེས་པའི་ལུང་ནང་དུ་ སྐྱབས་མགོན་སྦྱངས་པའི་བཀའ་ལུང་ལྟར་དམ་པ་འདིས་གཟིམས་སྤྱིལ་བྱས་པས་སྤོང་བ་ བསམ་གཏན་གྱི་ཁང་བཟང་འདུལ་བ་དང་མཐུན་པ་ལེགས་པར་གྲུབ་ཅིང་དེར་ཉིད་རྒྱུན་ བཞུགས་ཀྱི་འགོ་ཚུགས་ལ། དགུང་ལོ་ཞེ་ལྔ་ས་ཕག་ལོར་ཆོས་རྗེའི་གྲྭ་ཚང་ལ་ཁང་རྒན་བླ་མ་ ཐུབ་བསྟན་དང་དབོན་རིན་ཆེན་དཔལ་ཟུང་གིས་རྐྱེན་སྦྱར་ལ་བརྟེན་རྗེ་བཙུན་རིན་པོ་ཆེའི་ འདས་མཆོད་བདེ་མཆོག་ནག་པོའི་ཞབས་ལུགས་ཀྱི་སྒྲུབ་མཆོད་ལོ་བསྟར་བཞིན་འཛུགས་ རྒྱུའི་ཐད་ལ་རྔ་བའི་ས་སྒང་དགོན་གྱི་ཕག་མོའི་སྒྲུབ་མཆོད་སྐབས་ཀྱི་དབྱངས་རྟ་བསླབ་སྦྱང་ གིས་འདིར་འགེབས་བྱས་ཏེ་ལོ་དེར་སྐྱབས་མགོན་སྦྱངས་པ་གང་གིས། དམ་པ་འདི་སོགས་ གྲྭ་ཚང་རགས་རིམ་ལ་བདེ་མཆོག་ནག་པོའི་དབང་དང་སྒྲུབ་ཐབས་ཀྱི་ཁྲིད་བདེ་ཆེན་གཟི་ 3-1-76 འབར་ལྟར་ལེགས་གནང་གི་སྒོ་ནས་སྦྱངས་པ་ཁོང་གི་བཀའ་བཀོད་ལ་བརྟེན་ནས་དབོན་ དམ་པ་ཉིད་ཀྱིས་དེ་ལོར་སྒྲུབ་མཆོད་ཐོག་མ་འཛུགས་པའི་ཁྲི་འཛིན་སློབ་དཔོན་མཛད་ནས་ འཚོགས་དེའི་སྟ་གོན་དངོས་གཞིའི་བགྱི་བ་གང་དགོས་མཐའ་དག་ལེགས་པར་བྱས་ལ། དགུང་ལོ་ཞེ་དྲུག་ལྕགས་བྱིའི་ལོར་དབོན་དམ་པ་རང་གིས། རྡོ་ལུང་བླ་མ་ལྷ་ལྡན་སོགས་ འདུས་པ་དོན་གཉེར་ཅན་སུམ་ཅུ་ཙམ་གྱིས་ཞུས་ངོར། ཀུན་མཁྱེ ན་དོལ་པོའི་བཀའ་པོད་དྲུག་ རྣམ་ཐར་བཅས་དང༌། རྗེ་བཙུན་གྱི་གསུང་འབུམ་ཆ་ཚང་གི་བཀླག་ལུང་ལེགས་པར་གསུངས་ ཤིང༌། དེའི་ཕྱི་ལོར་ཉིད་ཀྱིས་ཆོས་རྗེའི་གྲྭ་ཚང་གི་ས་ག་ཟླ་བའི་དུས་འཁོར་སྒྲུབ་མཆོད་ཀྱི་ སློབ་དཔོན་ཀྱང་མཛད་དགོས་བྱུང་ལ། དེ་བཞིན་དུ་ལོ་དེའི་ཕྱི་ལོར་ཡང་ཆོས་རྗེའི་ཁང་ གསར་འཁྲི་ཤིང་ནང་དུ་དབོན་དམ་པས་བསྙུང་གནས་ཀྱི་སློབ་དཔོན་མཛད་དེ་སེར་སྐྱ་ཉིས་ བརྒྱ་ལྷག་ལ་གསོ་སྦྱོང་དང་དགེ་སྡིག་བླང་དོར་གྱི་ཚུལ་སོགས་ཆོས་བཀའ་རྒྱ་ཆེ་བས་ཕན་ ཐོགས་མཛད། དགུང་ལོ་ཞེ་དགུ་ཆུ་ཡོས་ལོར་དམ་པ་ཉིད་ཀྱི་རྨི་ཉམས་སུ་སྐྱབས་མགོན་ སྦྱང་པ་རིན་པོ་ཆེ་ཕེབས་ནས་ཕྱག་གིས་ཐོད་པ་བསྣམས་པ་ནས་ཚེ་ཆང་གི་བདུད་རྩི་དང༌། གཞན་ཡང་ཚེ་རྫས་རིལ་བུའི་གནང་སྦྱིན་དང་བཅས་རང་གིས་དེ་ལུགས་ཀྱིས་བཏུང་བ་དང་ བཟའ་བར་བྱས་པས་ལུས་སེམས་བདེ་ཆམ་གྱིས་སོང་བའི་རྨི་ཉམས་གསལ་བོ་བྱུང་བའི་ ལེགས་མཚན་གྱི་རྗེས་ཕྱི་ཉིན་མོར་སྐྱབས་མཆོག་སྦྱངས་པ་སྲིབ་ལུང་རི་ཁྲོད་དུ་བཞུགས་པ་ ནས་ཕོ་ཉ་ཞིག་དར་དང་བཅས་མངགས་པ་ཐོན་བྱུང་བ་དེའི་ངག་ལམ་དུ་ད་སྐབས་སྐོར་ཅིག་ དབོན་ཉིད་ཀྱིས་ཕ་རིའི་སྒྲུབ་སྡེ་བ་དག་ལ་ཆོས་ཁྲིད་མཛད་དགོས་ཀྱི་བཀའ་ཕེབས་བྱུང་ཡོད་ པ་དེ་ལུགས་བཞིན་ཉིན་དེ་ཉིད་དུ་དབོན་དམ་པ་རང་གིས་བླ་མའི་བཀའ་ལྟར་སྒྲུབ་སྡེའི་ཆོས་ ཚན་དག་ལ་ཆོས་ཁྲིད་ཀྱང་ལེགས་པར་མཛད། དགུང་ལོ་ལྔ་བཅུ་ཤིང་འབྲུག་ལོར་སྐྱབས་ མགོན་ཉིད་ཕ་རིའི་སྒྲུབ་གྲྭར་ཆོས་ཁྲིད་ལ་ཕེབས་དུས་དབོན་དམ་པའང་དེར་ཤོག་གི་བཀའ་ 3-1-77 བྱུང་ལྟར། རྣམ་གཉིས་ལྷན་རྒྱས་སྐབས་སྐྱབས་མགོན་སྦྱངས་པ་གང་གིས་ད་ཕན་དབོན་གྱིས་ ཆོས་སྡེ་ཕར་ཚུར་ཀུན་ལ་ཆོས་ཁྲིད་རྒྱུན་དུ་དགོས་ཚུལ་གྱི་བཀའ་ནན་བྱུང་ན་དབོན་ཉིད་ཀྱིས་ དགོངས་གྲོལ་ནན་ཞུས་ཆེ་སྟབས་ཕ་རིའི་སྒྲུབ་སྡེ་མིན་ཚད་ལ་བཀའ་གནང་རེ་ཞིག་ལོན་ནས་ དེ་ལུགས་ལྟར་དབོན་དམ་པ་གང་དེས་དེ་ལོར་སྒྲུབ་སྡེའི་ཆོས་ཚན་ལ་སྦྱངས་པ་མཆོག་གིས་ བྱིན་རླབས་ཀྱི་དབང་ཁྲིད་རེ་སོགས་མཛད་རྗེས་ནས་ཆོས་ཁྲིད་ཀྱི་ཚུལ་གང་ལ་གསལ་གདབ་ ཅི་དགོས་ཐམས་ཅད་མཛད་པའི་ཐུགས་འགན་ལེགས་བཞེས་ཀྱིས་དེ་ཕན་སྐུ་ཚེའི་རིང་དུ་ ཆོས་བཀའ་དེ་ལྟར་གྱིས་རྗེས་བཟུང་མ་ཆད་པ་ཡིན་ཞིང་ལོ་དེར་ཁོང་གིས་སྦྱངས་པའི་དབོན་ སོགས་ལ་ཕུང་ལྔ་ལམ་རིམ་སོགས་ཀྱི་ཁྲིད་བཤད་དང་གཞན་ཡང་ཆོས་བཀའ་ཅི་རིགས་ པས་ཕན་པ་རེ་ཡང་མཛད། དགུང་ལོ་ང་གཅིག་ཤིང་སྦྲུལ་ལོར་ཁང་རྒན་བླ་མ་དང་ཆོས་རྗེའི་ དབོན་གཉིས་ཀྱིས་བཀྲ་ཤིས་སྒང་དུ་བྱམས་པའི་ལྷ་ཁང་བཞེངས་པ་ལ་རབ་གནས་ཀྱི་ཆེད་ དུ་དབོན་དམ་པ་འདི་ཉིད་གདན་འདྲེན་བྱུང་བ་ལྟར་དེར་ཕེབས་ཏེ་དེ་ཕྱོགས་སུ་ཁོང་གིས་རྟེན་ ལ་རབ་གནས་ཉིན་གསུམ་དུ་མཛད་པས་བཀྲག་མདངས་རྒྱས་པ་སོགས་ཀྱི་ལེགས་མཚན་ བྱུང་ཞིང༌། གཞན་ཡང་དེ་ཕྱོགས་སུ་ཆོས་བཀའ་དང་བསྲུང་རིམ་ཅི་དགོས་དག་ཀྱང་མཛད་པ་ དང་ལོ་དེར་རི་སྡེའི་བསྲུང་རིམ་གཏད་དཀྲུགས་གི་དབུར་བཞུགས་རེ་ཡང་བྱེད་དགོས་བྱུང༌། དགུང་ལོ་ང་གཉིས་མེ་རྟའི་ལོར་སྲིབ་ལུང་རི་ཁྲོད་དུ་སྐྱབས་མགོན་སྦྱངས་པ་སྐུ་ཅུང་མི་བདེ་ སྟབས་རིམ་གྲོ་ཞིག་གི་དགོས་ཆེད་ལ་དབོན་ཉིད་འབོད་པར་ཆས་པའི་ནུབ་དབོན་རང་གི་ ཐུགས་ཉམས་སུ་རྗེ་བཙུན་མའི་རྣམ་པར་རོལ་པ་བུད་མེད་གཞོན་ནུ་མ་རྒྱན་ལྡན་ཞིག་འོང་ བས་ཁྱེད་སང་ཉིན་བླ་མ་མཆོག་ལ་དགོས་མཁོ་ཡོད་པས་བྱོན་དགོས་ཚུལ་གྱི་བརྡ་གསལ་བོ་ སྤྲད་པ་ལྟར་ཕྱི་ཉིན་དབོན་དེ་ཉིད་འབོད་མ་དགོས་པར་བླ་མ་མཆོག་གི་ཞབས་དྲུང་དུ་བྱོན་ འོང་བས་དེར་གནས་ཀུན་ལ་ངོ་མཚར་སྐྱེས་ཤིང༌། དེ་ནས་ཉིད་ཀྱིས་བླ་མ་མཆོག་ལ་ཞབས་ 3-1-78 བརྟན་རིམ་གྲོ་གང་དགོས་ལེགས་ཟིན་གྱི་རྗེས་སུ་རྗེ་བླ་མ་མཆོག་དེ་ཉིད་ཀྱི་ཐུགས་དགྱེས་པ་ ཆེན་པོའི་ངང་ནས་ཁོང་གིས། ཐུབ་པའི་གསེར་སྐུ་སྤུས་ལེགས་ཤིག་དབོན་ལ་གནང་སྦྱིན་ དང་བཅས་ཞལ་ནས། འདི་ཕྱིར་ཕན་པའི་བསླབ་བྱ་མང་དག་དང༌། ཁྱད་པར་རང་ལུགས་ ངེས་དོན་བསྟན་པ་ཇི་བཞིན་སྐྱོང་དགོས་ཚུལ་ཞིབ་རྒྱས་བཀྲ་ཤིས་སྨོན་ལམ་བཅས་ཀྱང་ མཛད། སྤྱིར་ལོ་དེའི་དང་པོའི་ནང་ལ་སྦྱངས་པ་མ་འདས་སྐུ་སྐྱེས་འཁྲུངས་ཤིང་དེའི་བདུན་ པའི་ཉེར་བརྒྱད་ལ་སྐྱབས་མགོན་ཞི་དབྱིངས་སུ་ཕེབས་ནས་དེའི་དགོངས་མཆོད་རྒྱ་ཆེར་ ལེགས་སྒྲུབ་དབོན་དམ་པ་སོགས་སློབ་ཚོགས་མང་པོས་མཛད་སྐབས་ནུབ་ཅིག་དབོན་གྱིས་ སྙིང་ནས་གསོལ་འདེབས་ཀྱི་མཐར་རང་གི་རྨི་ཉམས་སུ་སྤང་ལྗོངས་མེ་ཏོག་གི་དགའ་ཚལ་དུ་ སྐྱབས་མགོན་རྗེ་བླ་མ་མཆོག་ཉིད་སྐུ་འོད་ཟེར་གྱི་ཕུང་པོ་ལ་ཆོས་གོས་གསོལ་བ་ཞབས་ཐང་ གི་རྣམ་པ་ཕྱག་ན་ཨུཏྤལ་སྔོན་པོ་སྤར་གང་བ་བསྣམས་པ་ཞིག་ལ་གུས་པས་མཇལ་བའི་མོད་ རྗེ་བླ་མ་དེ་ཉིད་ཀྱི་ཕྱག་གིས་ཨུཏྤལ་རྣམས་སློབ་བུ་དབོན་རང་ལ་ལེགས་སྦྱིན་གྱི་སྒོ ་ནས་ཞལ་ གསུང་ལས། ཁྱོ ད་ཀྱིས་འདི་དག་སུ་འདོད་ལ་སྦྱིན་ཞིག ཅེས་པའི་བཀའ་ལུང་ཉེ་བར་བྱུང་བ་ ལྟར་ཕྱིས་སུ་རྗེ་དབོན་འདིས་དེ་ལུགས་ཀྱི་བསྟན་འགྲོ་ལ་ཕན་པ་ངེས་པར་བྱུང་ཞིང༌། སྦྱངས་ པ་མཆོག་ཉིད་ཀྱིས་དག་ཞིང་གཟིགས་ཕན་ཆད་རྗེ་དབོན་ཁོང་ཁོ་ནས་ཆོས་ཁྲིད་ཀྱིས་སྒྲུབ་སྡེ་ དག་གཙོ་བོར་ལེགས་བསྐྱང་མཛད་དགོས་པ་ཡིན་ལ། འདི་སྐོར་གོང་འོག་ཀུན་ཏུ་རྗེ་དབོན་ གང་ཉིད་ཀྱིས་དོན་གཉེར་ཅན་མང་དག་ལ་བསླབ་སྡོམ་རང་རང་དང་འཚམ་པས་ཅི་རིགས་ ཀྱང་མཛད་བཞིན་རྗེ་བླ་མའི་དགོངས་རྫོགས་ཞེ་དགུའི་བར་མཆོད་སྨོན་རླབས་ཆེན་ཀྱང་སྒོ་ ཀུན་ནས་བགྱིས་ཤིང༌། ལོ་དེར་ཉ་དབོན་པས་མཛད་པའི་ཕར་ཊཱིཀ་སྤུས་ལེགས་ཤིག་ཀྱང་ ཁོང་གིས་ལེགས་པར་བླུས་ཤིང༌། དེའི་ཕྱི་ལོར་ཛ་འགོའི་དགེ་བཤེས་ཀྱི་མདུན་དུ། ཕར་ཕྱིན་ ཉ་ཊཱིཀ་ལས་སྐབས་དང་པོའི་རྣམ་པར་བཤད་པ་ཟླ་བ་དྲུག་ཙམ་དུ་དབོན་དམ་པ་རང་གིས་ 3-1-79 བསླབ་སྦྱང་ནན་ཏན་མཛད་ཅིང་དེ་ནས་རང་ཡུལ་དུ་ཁོང་གིས་བསྐྱེད་རིམ་པ་འགའ་ལ་ དམིགས་ཁྲིད་དང༌། སྦྱངས་པའི་གདུང་རྟེན་ལེགས་གྲུབ་ལ་རབ་གནས་སོགས་དོན་གཉིས་ ཀྱི་བྱ་བ་ཅི་རིགས་རེ་དང་བཅས་ལོ་དེའི་ཕྱི་མ་ལའང་ཁོང་ཉིད་དཔེ་མཚམས་སུ་ལེགས་ བཞུགས་ཀྱི་ངང་ཕར་ཕྱིན་ཉ་ཊཱིཀ་ཡོངས་རྫོགས་ཚར་བརྒྱད་དུ་ཡང་ཡང་གཟིགས་རྟོག་མཛད་ དེ། ཞལ་ནས། ཕར་ཕྱིན་གྱི་དགོངས་དོན་ནམ་མཁའ་ལྟ་བུ་ཡིན་པས་སྤྱིར་གོ་རྟོག་བྱུང་བ་ དཀའ་ཡང་ད་ནི་གོ་བ་ཅི་རིགས་པ་རེ་ལོན་གསུངས། དགུང་ལོ་ང་ལྔ་ས་བྱའི་ལོར་ཁོང་གིས། ཏོ་ཚ་བླ་མ་སོགས་ལ་བྱམས་ཆོས་སྡེ་ལྔ། མངོན་མཛོད་རྣམས་ཀྱི་བཀླག་ལུང་དང༌། བར་ སྐབས་སུ་སོག་པོ་བླ་མ་ཏིང་འཛིན་སོགས་ལ་དགེ་ཚུལ་སློང་གི་སྡོམ་པ་དང༌། ཡང་སྦྱངས་ དབོན་སོགས་ལ་འཇིགས་བྱེད་རོ་ལངས་བརྒྱད་བསྐོར་གྱི་དབང་བཅས་འབྲུ་ནོན་སྙན་བརྒྱུད་ ཀྱི་དམིགས་ཁྲིད་དང༌། ལྷ་རིས་པ་བསམ་འགྲུབ་ལ་སྤྱོད་འཇུག་ས་འགྲེལ་གྱི་བཤད་པ་ སོགས་ཀྱང་ལེགས་པར་གནང༌། གཞན་ཡང་ཁོང་གིས་ཆོས་རྗེའི་ཁང་གསར་དུ་ཕུར་བའི་ སྒྲུབ་ཆེན་སྐབས་སྲི་མནན་གྱི་དབུར་བཞུགས་སོགས་དེ་འདྲ་འགའ་རེ་ཡང་མཛད། དགུང་ ལོ་ང་དྲུག་ལྕགས་ཁྱིའི་ལོར་ཁང་དམར་མི་རྒྱབ་ཚང་ལ་ཁོང་གིས་གཏད་དཀྲུགས་གི་དབུར་ བཞུགས་མཛད་དེ་བསྲུང་རིམ་དང༌། རང་ཁྱི མ་གྱི་ཤེར་ཕྱིན་འབུམ་པའི་ཡི་གེ་རྣམས་ཀྱི་སྟེང་ ནས་ཀློག་ཡོན་ལེགས་བཅོལ་གྱི་བགྱི་བ་དོན་ལྡན་ཤེར་ཕྱིན་གླེགས་བམ་གཅིག་ཙམ་ཕན་ ཡོན་བཅས་ཞལ་ནས་གསུང་བཞིན་དེ་ལུགས་ཀྱིས་བསགས་སྒོ ་ཡང་མཛད། ལོ་དེའི་བཅུ་ པའི་ནང་སྐོར་ནས་ཁོང་གིས། ཉིད་ཀྱི་སྐུ་དབོན་ཡོན་ཏན་རྒྱ་མཚོ་སོགས་ལ་སྦྱོར་དྲུག་སྔོ ན་ འགྲོ་ནས་ཆོས་ཁྲིད་གནང་བའོ། །དགུང་ལོ་ང་བདུན་ལྕགས་ཕག་ལོར་ཉིན་ཅིག་ཁོང་གི་རྨི་ ཉམས་སུ་ཁང་དམར་རྡོ་རྗེ་སློབ་དཔོན་ཉིད་མཆོད་རྟེན་ཞིག་གི་བུམ་པའི་ནང་དུ་བཞུགས་ ཡོད་པའི་ཚུལ་གྱིས་སྐད་གསང་མཐོན་པོ་ནས་གཟུངས་སྒྲ་བཅས་ཕེབས་ལ་ཆས་པའི་རྣམ་པ་ 3-1-80 ཞིག་ཏུ་ཐུགས་སྣང་བྱུང་བ་ལྟར་དེ་ལོར་རྡོ་རྗེ་སློབ་དཔོན་དེ་ཉིད་ཀྱང་སྐུ་གཤེགས། དེ་ཕན་རྗེ་ དབོན་དམ་པ་འདིས་སྔ་ཕྱིར་ལོ་བཅུ་གཅིག་ཙམ་ལ་ཁང་དམར་དུའང་ཀླད་ནས་ཆོས་བཀའ་ ཅི་དགོས་ཐམས་ཅད་མཛད་དགོས་བྱུང༌། ཞལ་ནས། ལྟ་སྟངས་ཁོ་ནས་ཀྱང་རང་གི་མིག་ལ་ ཕན་པ་དངོས་གསལ་དུ་བྱུང་ན་སྤྱིར་བྱེད་བཅིངས་སོགས་གནད་དུ་ཞོག་ན་ཕན་ཡོན་ཆེས་ མང་གི་སྒོ ་ངེས་པར་འབྱུང་བ་སྨོ ས་ཅི་དགོས་ཚུལ་ཞིབ་པར་ཡང་ཡང་གསུངས། ལོ་དེར་ཆོས་ རྗེའི་དབུ་ཆོས་དག་གིས་ཞུས་ངོར་ཁོང་ཉིད་ཀྱིས་རྡོ་རྗེ་འཕྲེང་བ་ཡོངས་སུ་རྫོགས་པའི་དབང་ བཀའ་འདུས་པ་ཉིས་བརྒྱ་ལྷག་ལ་ཞག་ཉེར་བརྒྱད་པར་ཇི་བཞིན་དུ་མཛད། དམ་པ་གང་ གིས་དབང་ནམ་གསུང་གི་སྐབས་ཆོ་གའི་ཕྱག་ལེན་སོགས་རང་སྟོབས་ཀྱིས་བྱེད་པ་དང་ འདོན་པ་སྐད་བཟང་བས་དཀའ་ངལ་མི་འོང་བ་དང་དབང་རྫས་ཇི་ཙམ་མང་ཡང་ཁོང་ཁོ་ནས་ འགྲིམ་ཡང་སྐུ་ཤུགས་མི་ལངས་པ་སོགས་གཞན་ལས་ཁྱད་ཆེ་ཞིང༌། ཁོང་གིས་དབང་དེ་དག་ གི་མཇུག་ཏུ་ཐུགས་རྗེ་ཆེན་པོའི་ཁྲོམ་དབང་ཞིག་ཀྱང་མཛད། ལོ་འདིའི་སྟོན་འཇུག་ཏུ་རྔ་བའི་ མཁར་དབོན་འགྱུར་མེད་ཆོས་དབང་གཙང་བའི་གཟིམས་ཁང་དུ་ཕེབས་ནས་རྗེ་བཙུན་གྱི་ གསུང་འཐོར་དག་གི་བཀླག་ལུང་མཛད་སྐབས་དམ་པ་འདིས་ཀྱང་དེ་ཀུན་རྫོགས་པར་ གསན། ཁོང་གིས་ཀུན་དགའ་བཟང་པོ་སོགས་ལ་གྲོལ་མཆོག་ཁྲིད་བརྒྱ་རྩ་བརྒྱད་ཀྱི་ཁྲིད་ ལུང་སྤེལ་མ་རྒྱས་པ་དང་སྔ་རྗེས་ཀྱི་ཆ་ལག་དུ་ུམ་བཅས་ཀྱི་བཀླག་ལུང་ལེགས་པར་གསུངས་ ཤིང་ལོ་དེའི་གྲྭ་གསར་སྦྱོར་དྲུག་པ་བླ་མ་དཀོན་འཕེལ་སོགས་ཏེ། སྔོ ན་འགྲོ་བ་འཁྲུལ་འཁོར་ གོང་འགབ་རང་རང་རྣམས་ལ་དུས་སུ་བབ་པའི་ཆོས་ཁྲིད་སོ་སོ་དང༌། སྔོ ན་འགྲོའི་རྡོར་ སེམས་སྐབས་གྲྭ་གསར་རྣམས་ལ་དགེ་བསྙེ ན་སྡོམ་ལུང་དང༌། དབང་ཐོབ་མ་མྱོང་བ་དག་ལ་ རྒྱུད་སྡེ་གོང་མའི་དབང་རེ་གནང་བའི་སྲོལ་དང་བཅས་པའོ། །དགུང་ལོ་ང་བརྒྱད་ཆུ་བྱའི་ ལོར་ཁོང་དཔོན་སློབ་མང་ཙམ་ཞིག་འཛི་སྟོད་དགོན་ལེབ་ཏུ་ཕེབས་ཏེ། དགེ་སྐོར་བླ་མ་ངག་ 3-1-81 དབང་བསྟན་འཛིན་གྲགས་པའི་མདུན་དུ། ཁོང་རྣམས་ཀྱིས་རྒྱུད་སྡེ་རབ་འབྱམས་ཀྱི་དབང་ བཀའ་སྤྱིར་གྱི་འགྲོས་ཀོང་སྤྲུལ་ཐོ་ཡིག་ལྟར་གཤིན་རྗེ་རབ་འབྱམས་ལ་རོ་ལངས་བརྒྱད་ བསྐོར་སོགས་དང་བདེ་མཆོག་རབ་འབྱམས་ལ་ལཱུའུ་དྲིལ་ནག་གསུམ་སོགས་ཀྱིས་གཙོར་ འགེབས་ཀྱི་ཕྱག་ལེན་ཡོངས་གྲགས་ལྟར་ཞུས་པ་ལས། དེ་ལུགས་བཀའ་དབང་དག་གི་ རིམ་པ་འཇིགས་བྱེད་རོ་ལངས་བརྒྱད་བསྐོར་གྱི་དབང་སྟ་དངོས་གཉིས་ཀྱིས་དབུ་བཟུང་སྟེ། ཕ་རྒྱུད་གཤིན་རྗེ་རབ་འབྱམས་དཀྱིལ་འཁོར་བདུན་དང༌། གཤེད་ནག་དམར་གཉིས། གསང་འདུས་མི་བསྐྱོད་འཇམ་རྡོར་གཉིས། གསང་ལྡན་ཀྱཻ་རྡོར་གཉིས་རྣམས་དང༌། མ་རྒྱུད་ མ་ཧཱ་མ་ཡ། སངས་རྒྱས་མཉམ་སྦྱོར། སངས་རྒྱས་ཐོད་པ། རྡོ་རྗེ་གདན་བཞི། གཏུམ་པོ་མི་ གཡོ་བ་དུས་འཁོར་སྡོམ་ཆེན། བདེ་མཆོག་ལཱུ་དྲིལ་ནག་གསུམ། མཁའ་འགྲོ་རྒྱ་མཚོ། བདེ་ མཆོག་ལྷ་ལྔ། སྒྲོལ་མ་རྣལ་འབྱོར་མ། དེ་ཉིད་ལྔ་པ། བདེ་མཆོག་རབ་འབྱམས་ཆ་ཚང་རྣམ་ དང༌། ཕག་མོའི་སྐོར། རྣལ་འབྱོར་མ། ན་རཱོ་མཁའ་སྤྱོད། བདེན་གཉིས་ཞལ་ཅན། དོན་གྲུབ་ མ༑ དབུ་བཅད་མ། བདེ་སྦྱིན་མ། ཕག་ཆུང་ལྷོ ་ཕྱོགས་ལུང༌། ཕུར་བ། གཟུངས་གྲྭ་ལྔ་རྣམས་ དང༌། གཅོད་དབང༌། རྣམ་འཇོམས། ཐམས་ཅད་རིག་པ། མི་འཁྲུགས་པ། ཚེ་དཔག་མེད། ཚེ་ དབང་ལྷ་གཅིག་རྣམས་ཀྱིས་ཡོངས་སུ་རྫོགས་ཤིང༌། ཁོང་གིས་གཞན་དག་ལ་དེ་ལུགས་ བཞིན་གྱི་དབང་རྒྱུན་ཀྱང་ལེགས་སྤེལ་མཛད་ན་ཆོག་པའོ། །ཁོང་གིས་སྦྱོར་དྲུག་པ་ལམ་ མཆོག་སོགས་ལ་དེ་ལུགས་ཀྱི་ཁྲིད་དང༌། དབོན་ཆོས་གྲགས་སོགས་ལ་ཕུར་བ་སྤྲོས་མེད་ བསྙེ ན་རྐྱང་གི་ཁྲིད། སྦྱངས་དབོན་བླ་མ་ཕུན་ཚོགས་སོགས་ལ་མཐོང་དོན་ལྷན་ཐབས་ཀྱི་ ཁྲིད། བསྐང་མདོས་ཀྱི་དམིགས་ཁྲིད་རྣམས་ལེགས་པར་གནང༌། དགུང་ལོ་ང་དགུ་ཆུ་གླང་གི་ ལོ་ལ་སྔོན་ཀོང་སྤྲུལ་མདུན་ནས་ནཻ་གུའི་བཀའ་ཕྱི་མ་རྣམས་འཇམ་དཔལ་རྒྱ་མཚོས་མནོས་ ཤིང༌། དེ་ལས་ཁང་དམར་དབོན་བསོད་ནམས་བསྟན་འཛིན་གྱིས་གསན། དབོན་དེ་ལས་རྗེ་ 3-1-82 དབོན་དམ་པ་འདིས་ལེགས་པར་ནོད། ལོ་དེར་སྒྲུབ་ཁང་པ་བླ་མ་བདེ་རབ་སོགས་དང༌། རི་ ཁྲོད་དུ་སྦྱོར་དྲུག་པ་ཤི་མདའི་ལྷ་མཆོག་སོགས་ཡིན། ཁོང་གིས་སྟོན་པ་ལྷ་མགྲོན་དུ་མ་ བཅས་དང༌། ཚེ་དཔག་མེད་ཀྱི་བྲིས་ཐང་གཉིས་གསར་བཞེངས་ཀྱི་བདག་རྐྱེན་དང༌། ཐུབ་ པའི་གསེར་སྐུ་རྒྱ་ནག་མ་ཡོན་གྱིས་ལེགས་བླུས་དེ་དག་ལ་རབ་གནས་སོགས་མཐའ་རྒྱས་ ཀྱང་མཛད། ལོ་དེའི་དབྱར་ཟླ་འབྲིང་བོའི་ཚེས་བརྒྱད་ལ་རྗེ་དབོན་ཁོང་གིས་མཁན་པོ་དང༌། གཞན་བླ་མ་ལུང་རིགས། སྦྱངས་དབོན་ཕུན་ཚོགས་སོགས་དགེ་འདུན་གྲངས་ཚང་བཅས་ ཀྱིས་སྦྱངས་པ་མ་འདས་སྐུ་སྐྱེས་སོགས་ལ་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་ལེགས་པར་ གནང་ཞིང༌། དེའི་སྟོན་ཁར་ཁོང་གིས་ཆོས་རྗེའི་འདུ་ཁང་དུ། ས་དམར་བླ་མ་སྙན་གྲགས། གདུང་ཡངས་བླ་མ་སྨོ ན་ལམ། མ་འདས་མཆོག་སྤྲུལ། ཚེས་བཅུའི་སྤྲུལ་སྐུ་སོགས་འདུས་པ་ ཉིས་བརྒྱ་ལྷག་ཙམ་ལ། ནཻ་གུའི་བཀའ་ནང་མ་དང་ཕྱི་མ་ཡོངས་རྫོགས། མཁའ་སྤྱོད་བཀའ་ ལྔ་བཅས་དང༌། སྒྲུབ་ཐབས་བརྒྱ་རྩ་རྒྱ་གཞུང་གི་བཀླག་ལུང་དང་བཅས་པ་བཀའ་དྲིན་དུ་ མཛད། འདི་སྐོར་རྡོ་རྗེ་འཛིན་པ་ཀུན་དགའ་རིག་མཆོག་གིས་ཞུས་ངོར་ཁོང་གིས་ཁང་དམར་ དུ་སྦྱོང་རྒྱུད་བཅུ་གཉིས་ཀྱི་དབང་བཀའ་ཆ་ཚང་གསུངས་ཤིང༌། ཤོས་མདའི་ལྷ་ཚེ་དབང་ལྡན་ སོགས་ལ་ནཻ་གུའི་ཟབ་ཁྲིད་ཆ་ཚང་དང་ཉིད་ཀྱི་སྐུ་ཚ་ཡོན་ཏན་རྒྱ་མཚོ་ལ་བློ་སྦྱོང་སྙན་བརྒྱུད་ ཆེན་པོའི་ཁྲིད་ཀྱང་གནང༌། ལོ་དེར་སྔོ ན་འགྲོ་པ་བྱ་གྲུབ་འཕེལ་སོགས་སོ། །དགུང་ལོ་དྲུག་ཅུ་ ཤིང་སྟག་ལོར་ཁོང་གིས་སྒྲུབ་ཁང་པ་བླ་མ་དཀོན་འཕེལ་སོགས་ཏེ་དེ་དག་ལ་ཅི་དགོས་ཀྱི་ ཁྲིད་གནང་ཞིང༌། སྐབས་ཤིག་ཏུ་ངག་དབང་ཚོགས་གཉིས་རྒྱ་མཚོ་རི་ཁྲོད་དུ་ཕེབས་པ་ལ་ བྱམས་ཆོས་སྡེ་ལྔ། འཇུག་ཊཱིཀ་དགོངས་པ་རབ་གསལ་རྣམས་ཀྱི་བཀླག་ལུང་དང༌། གྲོལ་ མཆོག་ཁྲིད་བརྒྱ་ལས་ལྟ་ཁྲིད་སོགས་གང་བཞེད་རེ་ཡང་མཛད་ལ། ཁོང་གིས་ལོ་དེར་ཛ་ འགོའི་དགེ་བཤེས་སྐུ་གཤེགས་པའི་དགོངས་བཀྲོ ལ་དང༌། ཚེས་བཅུ་སྟོད་ཀྱི་སྦྱོར་དྲུག་པ་ 3-1-83 དག་ལ་ཆོས་ཁྲིད་གང་དགོས་དང༌། ཕ་རིའི་སྒྲུབ་ཁང་པ་དག་ལ་མཆོག་དབང་ལྷན་ཐབས་ ཟུང་འཇུག་སོགས་ཀྱི་བཀླག་ལུང་ཡང་གནང༌། འདི་སྐོར་ཨ་སྐྱོང་གོང་མའི་དཔོན་སྲས་དང་ འཛི་གཞུང་གི་འགོ་མི་དག་གིས་ཞུས་ངོར་རྗེ་དབོན་ཉིད་ཀྱིས་དགོང་གཏེར་སྒྲོལ་མ་ལ་བརྟེན་ ནས་ལོ་ཏོག་ལ་སད་སྲུང་བྱེད་དགོས་པ་ནས་བཟུང་དེ་ཕན་ལོ་བསྟར་བཞིན་ཁོང་གིས་དེ་ ལུགས་ཀྱི་སད་འགོག་གིས་འགྲོ་ཕན་སྤེལ་བར་ཡང་མཛད། འདི་སྐབས་སུ་ཉིད་གཟིམས་ ཁང་དུ་བཞུགས་བཞིན་ཕྱིའི་ནམ་མཁར་སྤྲིན་ཇི་ལྟར་བྱུང་སོགས་བར་བར་མངོན་གསལ་དུ་ མཁྱེ ན་པ་དང༌། བར་སྐབས་རེར་ཉིད་བཞུགས་གནས་ཤུག་ལུང་རི་ཁྲོད་ནས་ནངས་སྔ་མོ་ སྐར་ཐང་གི་དུས་རྣམས་སུ་ན་བུན་འཕྱུར་ནས་ཡུལ་ཀུན་ལ་ཁྱབ་པ་དང༌། ཡང་སྐབས་ཤིག་ཏུ་ ཐན་པ་གནམ་ཐང་གི་དུས་ཉིད་ཀྱི་རྨི་ལམ་དུ་བུད་མེད་ཞིག་གིས་ཆུ་ཟོམ་གང་འོང་བ་རྨིས་ པས་ཕྱི་ཉིན་གྱི་ནུབ་ཆར་ལེགས་པར་བབས་པ་སྟེ་ཁོང་ཉིད་ཆར་སློང་དུ་ཕྱིའི་ཆུ་མིག་སོགས་ སུ་བྱོན་མི་དགོས་པར་རང་གནས་དཀྱིལ་འཁོར་སྒྲུབ་བཞིན་ཐུགས་དམིགས་ཀྱིས་ཆར་ཇི་ བཞིན་ལོན་ངེས་བསྙོ ན་དུ་མེད་པ་སོགས་ཀྱི་མཐུ་ནུས་མངའ་ཞིང༌། རྗེ་དབོན་ཉིད་ཀྱིས་སྔར་ སྦྱངས་པའི་གདུང་མཆོད་དུས་འཁོར་སྒྲུབ་དཀྱིལ་རྒྱས་པའི་སྲོལ་དེ་སྟབས་བདེའི་ཆེད་ འཇིགས་བྱེད་རོ་ལངས་བརྒྱད་བསྐོར་རྡུལ་ཚོན་ཅན་གྱི་སྒྲུབ་མཆོད་ཀྱི་ཐོག་མའི་སློབ་དཔོན་ བཅས་མཛད་ནས་རྗེས་སོར་དེ་ལུགས་ཀྱི་སྲོལ་བཏོད། སྡེ་དགེའི་བླ་ཚབ་ཀར་ནོར་དྲུང༌། ནཻ་ གུའི་བཀའ་ཕྱི་མའི་རྒྱབ་ཆོས་ཀྱི་ལུང་ཁྲིད་ཀྱང་ཁོང་གིས་གསན། ལོ་དེར་ཁང་དམར་སྦྱོར་ དྲུག་པ་བླ་མ་བཟོད་པ་སོགས་དང༌། རི་ཁྲོད་དུ་སྦྱོར་དྲུག་སྔོ ན་འགྲོ་བ་མ་འདས་སྐུ་སྐྱེས་ སོགས་ཡིན། འདི་ལོར་ཁོང་དཔོན་སློབ་པཱ་ལ་དགོན་ནས་གདན་འདྲེན་བྱུང་བ་ལྟར་དེར་ ཕེབས་ནས་ཉིད་ཀྱིས་འདུས་པ་བརྒྱ་ཕྲག་ཙམ་ལ་རིན་འབྱུང་གི་དབང་བཀའ་ཆ་ཚང་མཛད་ ཅིང༌། དེ་ནས་ཛ་འགོའི་དགོན་དུའང་ཉིད་ཕེབས་ནས་ཁོང་གིས་འཚོགས་མང་ལ་དུས་འཁོར་ 3-1-84 དབང་ཆེན་ཞིག་ལེགས་པར་བསྐུར་བ་སོགས་ཕྱི་ནང་དུ་ཆོས་བཀའ་རྒྱ་ཆེ་བས་ཕན་པ་ལྷག་ མཛད། དགུང་ལོ་རེ་གཅིག་ཤིང་ཡོས་ལོར་སྒྲུབ་ཁང་སྤོར་དགོས་སྟབས་དེར་སྒྲུབ་པོ་གསར་ འདུག་མེད་ཅིང་སྔར་ཡོད་དག་གིས་རྒྱུན་སྲོལ་མི་ཆད་ཙམ་བྱས། ཁོང་གིས་སྒྲུབ་ཁང་དེར་ འདུས་པ་ཉི་ཤུ་ཙམ་ལ་སྦྱོང་རྒྱུད་བཅུ་གཉིས་ཀྱི་དབང་དང༌། རྒྱུད་བླ་མ། དེའི་འགྲེལ་བ་དང༌། བློ་སྦྱོང་དོན་བདུན་མའི་འགྲེལ་བ་གཉིས་ཀོང་སྤྲུལ་གྱིས་མཛད་པ་རྣམས་ཀྱི་ཁྲིད་ལུང༌། རང་ བྱུང་བའི་ཕྱག་ཆེན་སྨོ ན་ལམ་བཅས་ཀྱི་བཤད་ལུང་དག་གསུངས་ཤིང༌། རི་ཁྲོད་དུ་མ་འདས་ སྐུ་སྐྱེས་སོགས་ལ་འཇིགས་བྱེད་རོ་ལངས་བརྒྱད་བསྐོར་གྱི་དབང་སོགས་དང༌། ཁང་གསར་ དུ་དབོན་པདྨ་དཔལ་སོགས་ལ་དགོངས་གཏེར་སྒྲོལ་མའི་དབང་སོགས་ཀྱང་མཛད། དབོན་ པདྨའི་མདུན་ནས་ཁོང་གིས་དྲུག་ཅུའི་གཞུང་ཁྲིད་མཉམ་བཞག་རིན་ཆེན་གྱིས་མཛད་པ་དང༌། དེའི་གཞུང་ཁྲིད་ཟུར་མང་པས་མཛད་པ་གཉིས་དང༌། ལ་གོར་སྤར་བཏབ་རྣམས་ཀྱི་ཁྲིད་ལུང་ ཡང་གསན། ལོ་དེར་ཁང་དམར་དུ་སྦྱོར་དྲུག་པ་བླ་མ་འོད་ཟེར་སོགས་དང་དེའི་ལོ་མཇུག་ཏུ་ སྒྲུབ་ཁང་ལེགས་གྲུབ་ལ་ཁོང་དཔོན་སློབ་བཅུ་ལྷག་གིས་རབ་གནས་མཐའ་རྟེན་སོགས་ མཛད། དེའི་ཕྱི་ལོར་སྒྲུབ་ཁང་པ་བླ་མ་བདེ་བཟང་སོགས་ཏེ་ཁོང་གིས་དེ་དག་དང་རི་ཁྲོད་པ་ ཚུན་ལ་ཆོས་བཀའ་ཅི་དགོས་གསུངས་ཤིང༌། ལོ་དེའི་སྟོན་ཕྱོགས་སུ་ཨ་སྐྱོང་སྤྲུལ་སྐུ་བསྟན་ གྲགས་སོགས་རི་ཁྲོད་དུ་ཕེབས་ནས་དེ་དག་གིས་ཞུས་ངོར་ནཻ་གུ་བཀའ་ཕྱི་མའི་དབང་རྣམས་ རྒྱབ་ཆོས་དང་བཅས་པ་དང༌། དགོངས་གཏེར་སྒྲོལ་མ་དམར་མོའི་དབང་བཀའ་སོགས་ གནང༌། ལོ་དེར་རྗེ་དབོན་ཉིད་ཀྱིས་ཁང་དམར་རྟེན་ཁང་དུ་སྦྱོར་དྲུག་སྔོ ན་འགྲོ་བ་བླ་མ་ཆོས་ མཛོད་སོགས་ཆོས་ཚན་སོ་སོ་ལ་དེ་ལུགས་ལྟར་གྱི་ཆོས་བཀའ་དང༌། ཁྱད་པར་ཆོས་རྗེའི་སྐུ་ ཕྱོགས་སོགས་ལ་འཇིགས་བྱེད་འབྲུ་ནོན་དང༌། རྟ་མགྲིན་སྐྱེ་སྒང་ལུགས་ཀྱི་ཁྲིད། སྐུ་ཚ་ཡོན་ ཏན་རྒྱ་མཚོ་ལ་ཉ་དབོན་བསྟན་པ་སྤྱིའི་འགྲེལ་བའི་བཤད་ཁྲིད་རྣམས་ལེགས་པར་མཛད་དོ། 3-1-85 །དེའི་ཡང་ཕྱི་ལོར་སྒྲུབ་ཁང་པ་བླ་མ་པདྨ་ཚུལ་ཁྲིམས་སོགས་ཏེ། རྗེ་དམ་པས་དེ་དག་ལ་ཆོས་ བཀའ་གང་དགོས་དང༌། ཕྱོགས་འོང་མགོ་ལོག་བླ་མ་དཀོན་དཔལ་སོགས་ལ་གྲོལ་མཆོག་ ཁྲིད་བརྒྱ་ཆ་ཚང་གི་ཁྲིད་ལུང་གསུངས་ཤིང་ལོ་དེའི་དབྱར་ཁ་ལ་བླ་མ་གྲགས་པ་སོགས་ལ་ དགེ་ཚུལ་བསྒྲུབས་ནས་བཀྲ་ཤིས་སྒང་པ་བླ་མ་ཚུལ་ཁྲིམས་བཟང་པོ་སོགས་མང་དག་ལ་ བསྙེན་རྫོགས་ཀྱང་མཛད་པ་སོགས་བཤད་ཁྲིད་གཞན་ཡང་གང་དགོས་བྱེད་བཞིན་བཞུགས་ ལ། དེ་ལོར་རྟེན་ཁང་དུ་སྦྱོར་དྲུག་སྔོ ན་འགྲོ་བ་རང་བཞིན་སོགས་ཡིན། ལོ་མཇུག་དེར་ཁོང་ གིས་སྐུ་ཚ་སོགས་ལ་ཉ་དབོན་གཞི་ལམ་འབྲས་གསུམ་གྱི་བཤད་པ་རེ་ཡང་མཛད། དགུང་ ལོ་རེ་བཞི་ས་རྟའི་ལོར་སྒྲུབ་ཁང་བ་སོག་པོ་བླ་མ་བློས་བརྟན་སོགས་ཏེ་དེ་དག་ལ་ཉིད་ཀྱིས་ ཆོས་བཀའ་ཅི་དགོས་དང༌། ཁྱད་པར་ཁོང་གིས་མཁན་པོ། བླ་མ་ལྷ་ལྡན་གྱིས་ལས་སློབ། བླ་ མ་ལུང་རིགས་གིས་གསང་སྟོན། བླ་མ་ཕུན་ཚོགས་སོགས་ཀྱིས་གྲོགས་དན་པ་མཛད་ནས་ སྒྲུབ་ཁང་པ་གསར་རྙིང་བཅོ་བརྒྱད་ཙམ་ལ་དགེ་ཚུལ་སློང་གི་སྡོམ་པ་གནང༌། གཞན་ཡང་རྗེ་ དམ་པས་ཆོས་རྗེའི་སྐུ་ཕྱོགས་སོགས་ལ་ཕུར་བ་སྟོད་ལས་ཀྱི་དབང་ཁྲིད་དང༌། སྦྱངས་པ་མ་ འདས་སྐུ་སྐྱེས་ལ་སྤྱོད་འཇུག་འབྲུ་འགྲེལ། བླ་མ་དཀོན་འཕེལ་སོགས་ལ་སྤྱོད་འཇུག་ས་ འགྲེལ་སོགས་མཛད། ལོ་དེར་སྦྱོར་དྲུག་སྔོ ན་འགྲོ་བ་འོད་བཟང་སོགས་ཡིན། ལོ་མཇུག་ཏུ་ ཁོང་གིས་སྒྲུབ་ཐབས་རིན་འབྱུང་གི་ལྷའི་གཙོ་བོ་ཕལ་ཆེ་བའི་བསྙེན་སྒྲུབ་རེ་ཡང་མཛད་དོ། །དེའི་ཕྱི་ལོ་ལ་སྒྲུབ་ཁང་པ་བླ་མ་ལྷག་བསམ་སོགས་ཡིན་ཞིང༌། ཁོང་གིས་དེ་དག་ལ་ཆོས་ བཀའ་གང་དགོས་དང༌། ཚེས་བཅུའི་མཆོག་སྤྲུལ་ལ་སྤྱོད་འཇུག་བཤད་ཁྲིད་གནང་སྐབས་ མཆོག་སྤྲུལ་ཉིད་ལ་ཞི་བ་ལྷའི་ཞལ་གཟིགས་བྱུང༌། གྲྭ་ཚང་མང་པོས་ཞུས་ངོར་རྗེ་བླ་མ་ དབོན་མཆོག་གིས་འདུས་པ་ཉིས་བརྒྱ་ལྷག་ལ། འཁོར་ལོ་སྡོམ་པ་ནག་པོའི་ཞབས་ལུགས་ ཀྱི་དབང་སྔོན་དུ་འགྲོ་བའི་སྒོ་ནས་རིན་འབྱུང་ཆ་ཚང་གི་བཀའ་དབང་ཡོངས་སུ་རྫོགས་པ་ 3-1-86 དང༌། དུས་འཁོར་དབང་ཆེན་རྣམས་གསུངས་ཤིང༌། འདུས་པ་དེ་དག་དང་གཙང་སེ་མཆོག་ སྤྲུལ་སོགས་ལ་དགོངས་གཏེར་སྒྲོལ་མའི་དབང་སོགས་ཀྱང་གནང༌། དེ་རྗེས་འཛི་སྟོད་ དགོན་ལེབ་ཏུ་ཁོང་ཕེབས་ནས་དགེ་སྐོར་བླ་མ་རྡོ་རྗེ་འཆང་འཁོར་བཅས་ལ་ཁོང་གིས་ནཻ་གུ་ བཀའ་ཕྱི་མའི་དབང་ཆ་ཚང༌། དགོངས་གཏེར་སྒྲོལ་མའི་དབང་རྣམས་ཕུལ། དེའི་ལོའི་སྦྱོར་ དྲུག་སྔོ ན་འགྲོ་བ་ཆོས་དཔལ་སོགས་ཡིན། དེའི་ཡང་ཕྱི་ལོ་ལ་སྒྲུབ་ཁང་པ་བླ་མ་མཁྱེ ན་བརྩེ་ སོགས་ཏེ་ཁོང་གིས་དེ་ལོར་ཀྱ་པུ་བླ་མ་སོགས་ལ་མགོན་པོ་ཁྲོ་བཅུའི་རྗེས་གནང༌། བྲག་རྫོང་ མའི་ཁྲིད་སོགས་གནང་ཞིང༌། ལོ་དེའི་སྦྱོར་དྲུག་སྔོ ན་འགྲོ་བ་རྔ་བའི་ཀུན་དགའ་ངག་དབང་ སོགས་ཡིན། འདི་སྐོར་དུ་ཁོང་གིས་ཚེ་ལྡན་འགའ་ལ་འཕོ་ལུང་མཛད་པས་ཇ་ཡུན་ཙམ་ལ་ རྣམ་ཤེས་དགོངས་དབྱིངས་སུ་ཐིམ་པར་མཛད་པ་སོགས་ཆོས་ཀྱིས་འགྲོ་ཕན་ཅི་རིགས་ པའང་མཛད། དགུང་ལོ་རེ་བདུན་ལྕགས་བྱའི་ལོར་སྒྲུབ་ཁང་བ་ཚེས་བཅུའི་མཆོག་སྤྲུལ་ སོགས་ཕར་ཚུར་ཆོས་ཚན་གང་ཡོད་དག་ལ་རྗེ་དབོན་རྡོ་རྗེ་འཆང་གིས་ཆོས་བཀའ་གང་ དགོས་ཀྱིས་རེ་བ་ལེགས་པར་བསྐངས་ཤིང་བསྲུང་རིམ་འགའ་རེའང་མཛད་རྗེས་ཙམ་ནས་ ལོ་དེའི་ནག་ཟླའི་བཅུ་སྐོར་དུ་སྐུ་ལ་མཁྲིས་ནད་ཀྱིས་བསྙུང་བ་ནས་ཁོང་གིས་ད་སྐབས་ལ་བྱ་ ཐབས་གང་ནས་བྲལ་ཚུལ་ཡང་ཡང་གསུངས་ན་སློབ་ཚོགས་ཀྱིས་སྒོ་ཀུན་ནས་རིམ་གྲོ་ལ་ འབད་སྐབས། ཞལ་ནས། ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ། སངས་རྒྱས་ངེས་དོན་རྒྱ་ མཚོ། ཐུབ་བསྟན་ཆོས་ཀྱི་གྲགས་པ། ཀུན་མཁྱེ ན་བློ་གྲོས་མཐའ་ཡས། འཇམ་དབྱངས་ མཁྱེ ན་བརྩེའི་དབང་པོ། མཁན་པོ་པདྨ་རྡོ་རྗེ། ཀུན་དགའ་བསྟན་འཛིན་གྲགས་པ་རྣམས་ལ་ གསོལ་འདེབས་རེ་མཛད་ཀྱིན་བཞུགས་ཤིང༌། ཉིན་གཅིག་གསུང་ལས། བླ་མ་ཆོས་དབང་ ཉིད་རེ་ཞིག་བར་སྒྲུབ་སྡེ་པ་དག་གི་སློབ་དཔོན་དུ་བསྐོས་ནས་ཟླ་བ་དེའི་ཉེར་དྲུག་ནུབ་བླ་མ་ ལུང་རིགས་གིས་ཁོང་ལ་ཐུགས་དམ་གསལ་འདེབས་བཅས་ཀྱི་ངང་བདེ་བར་གཟིམས་ནས་ 3-1-87 ཉེར་བདུན་ནམ་ལངས་ཀྱི་དུས་སུ་སྐུ་བཞེངས་ཏེ་དབུ་ཞྭ་མནབ། ལུས་རྣམ་སྣང་ཆོས་བདུན་ དང་བཅས་དགོངས་པ་དབྱིངས་སུ་ཐིམ་ནས་ཐུགས་དམ་ཞག་བདུན་ཕྲག་གི་མཐར་དཀར་ དམར་ཇི་བཞིན་གྱི་རྟགས་དང་བཅས་གདུང་ཆོག་རྒྱས་པ་དང་ཞུ་བའི་སྐབས་གདུང་དུད་དྲི་ བཟང་གི་རྣམ་པས་ཁྱབ་ཅིང་མཁའ་ལ་འཇའ་སྤྲིན་གྱིས་གང་བཞིན་ཐོག་མའི་གདུང་དུད་སྟེང་ ཕྱོགས་སུ་ཤད་ཀྱིས་སོང་བས་གང་ཉིད་དགའ་ལྡན་དུ་ཕེབས་པའི་རྟེན་འབྲེལ་དང་བཅས་ སློབ་ཚོགས་ཀྱིས་དགོངས་མཆོད་རྒྱ་ཆེ་བའི་མཐར་གདུང་རྟེན་དངུལ་དང་ཟངས་གསེར་ལས་ བསྐྲུན་པ་གཉིས་དང༌། ཁང་བརྩེགས་མཆོད་རྟེན། ཕྱིས་དུས་ཀྱི་འདས་མཆོད་སོགས་སྒོ ་གང་ ཐད་ནས་རྗེས་སྒྲུབ་ལེགས་ངེས་སུ་བྱས་པ་ལགས་སོ། ། ༼༢༽ རྗེ་དབོན་གང་གི་ཐུགས་སློབ་དག་ལས་རང་ལུགས་ཀྱི་བསྟན་པ་ལ་མཛད་རླབས་ ཅན་འདིར་བཤད་བྱ་གཉིས་པ་སྦྱངས་པ་མ་འདས་མཆོག་སྤྲུལ་ཀུན་དགའ་དཔལ་གྱི་ལོ་རྒྱུས་ དུས་སུ་བབ་པ་གང་ཞེ་ན། དེ་ཡང་སྤྲུལ་པའི་སྐུ་གང་ཉིད་ཀྱི་ཚུལ་ལྗོ ངས་འདིར་རྣམ་པ་གསུམ་ དུ་གྲགས་པ་སྟེ་ཀུན་མཁྱེན་དོལ་པོའི་རྣམ་འཕྲུལ་སྦྱངས་པ་སྐྱབས་མགོན་སྐུ་འདས་ལ་ཉེ་ སྐབས་སུ་ཉིད་ཀྱི་སྤྲུལ་སྐུར་བསྟན་འགྲོའི་དོན་དུ་བྱོན་པར་མཛད་པས་སྦྱངས་པ་མ་འདས་ སྤྲུལ་སྐུ་ཞེས་ཡོངས་སུ་གྲགས་པ་དང༌། པདྨའི་རྒྱལ་ཚབ་གཏེར་ཆེན་ཨོ་རྒྱན་ཕྲིན་ལས་གླིང་ པའི་རྡོ་རྗེའི་བཀའ་ལུང་ལྟར་ན། འཇམ་མགོན་ནི་མི་ཡི་ཤ་ཚུགས་ཅན། །རྗེ་ཏཱ་ར་ནཱ་ཐ་དཔལ་ གྱི་མིང༌། །རང་ལུགས་ཀྱི་བསྟན་པ་ག་དར་བྱེད། །ཅེས་སོགས་བཞིན་སྤྲུལ་སྐུ་འདི་ཉིད་རྗེ་ བཙུན་རིན་པོ་ཆེའི་རྣམ་པར་རོལ་པའི་སྐུ་སྐྱེས་སུ་ལ་ལར་སྨྲ་བ་དང༌། སྦྱངས་པ་མཆོག་སྐུ་ དངོས་བཞུགས་ཀྱི་དུས་སུ་ཞལ་སྔ་ནས་ཀྱི་བཀའ་ལུང་ལྟར་འཛི་སྟོད་ཚ་ཁ་ཕྱོགས་ཀྱི་བླ་མ་ རྫོགས་ཆེན་སྙིང་ཐིག་གི་རྣལ་འབྱོར་པ་འཇིགས་མེད་དགེ་བའི་མཚན་ཅན་གྱི་སྐུ་སྐྱེས་སུའང་ བཤད་ཚུལ་ཡོད་པ་དང་གསུམ་ལས་ད་ལན་གྱི་སྐབས་འདིར་སྤྲུལ་པའི་སྐུ་རང་ཉིད་ཀྱི་ཞལ་ 3-1-88 བཞེས་ཇི་བཞིན་ཡོངས་སུ་གྲགས་པ་སྦྱངས་པ་མ་འདས་མཆོག་སྤྲུལ་ཕྱོགས་ནས་ཐབས་ མཁས་འགྲོ་འདྲེན་དམ་པའི་མཛད་ཚུལ་མདོ་ཙམ་འཆད་པ་ལའང་ཐོག་མར་སྐུ་འཁྲུངས་ཡུལ་ དཔལ་གྱི་འཛམ་ཐང་གི་ནོར་འཛིན་ཕྱོགས་ཀྱི་གཞི་དེར་སྦྱངས་པ་སྐྱབས་མགོན་གྱི་སྐུའི་ལྕམ་ དུ་གྱུར་པ་དགེ་མ་བཤོ་ལེ་ཞེས་པས་སྔོན་ཚ་རོང་ཕྱོགས་ནས་འཁྱར་འོང་པའི་བུད་མེད་མ་བུ་ གཉིས་སྦྱངས་པའི་མི་ཁྱིམ་དེའི་གཡོག་བྱེད་བཞིན་ལོ་འགར་གནས་བཅས་མཐར་བུད་མེད་ དེས་རང་གི་བུ་མོ་འཛམ་ལོ་ཞེས་པ་ལོ་དྲུག་བདུན་ཅན་དེ་དགེ་མ་རང་ལ་སྦྱིན་ནས་བུད་མེད་ མོ་རང་གཞན་དུ་བག་མར་སོང་བ་ནས་བཟུང་བུ་མོ་དེ་ཉིད་རིམ་པས་གསོ་བསྐྱེད་ཀྱིས་ཆེར་ གྱུར་པ་སྔ་ཕྱིར་རྣམ་དཀར་དགེ་ལ་གཞོལ་བའི་བསོད་ནམས་བསགས་སྒོ་ཅན་སྐྱབས་མགོན་ ཉིད་ཀྱིས་ཐོད་པ་སྐྱབས་ཞེས་པའི་མིང་ཉེ་བར་བསྩལ་པའི་བུ་མོ་དེ་ཉིད་ལོ་ཉི་ཤུ་ལོན་སྐབས་ ཙམ་ན་དེའི་ལྷུམས་སུ་སྤྲུལ་སྐུ་མཆོག་གིས་ཡང་སྲིད་བཟུང་བར་མཛད་པ་ཡིན་ལ། དེ་སྐབས་ ཀྱི་ཡབ་ཀྱང་མཐའ་གཅིག་ཏུ་མ་ངེས་པར་སྐྱབས་མགོན་དམ་པའི་སྐུ་ཚ་སྦྱངས་པ་གསེར་ལི་ ཞེས་པའམ། ཚེས་བཅུ་གོང་མའི་མི་རྒྱབ་ཆོས་ཡག་ཟེར་བའམ། གཙང་བ་འགབ་མ་ཡག་ མདོའི་ཕྱག་མཛོད་རྒྱ་ཆོས་བཟང༌། ཞེས་པ་རྣམས་གང་ཡང་རུང་བ་ཞིག་གོ །དེ་ལྟ་བུའི་ཡབ་ ཡུམ་གཉིས་ཀྱི་སྲས་སུ་ཉེ་བར་བསྐྲུན་སྐབས་ཡུམ་གྱི་ལྷུམས་སུ་བཞུགས་པའི་དུས་ན་ཡུམ་ལ་ ནད་མེད་ཅིང་རྨི་ལམ་དུ་རིན་པོ་ཆེའི་གཏེར་རྙེད་པའི་སྣང་བ་སོགས་ལེགས་པའི་དགེ་མཚན་ ཅི་རིགས་པའང་དུས་སུ་བྱུང་ལ། དེ་ནས་མེ་ཕོ་རྟ་ཡི་ལོའི་ཧོར་ཟླ་དང་པོའི་ཡར་ཚེས་ལ་འཛམ་ ཐང་སྦྱངས་པ་གོང་མའི་ཁྱིམ་དུ་ཡབ་ཡུམ་གཉིས་ཀྱི་སྲས་སུ་སྐུ་བལྟམས་པ་ན་ཡུམ་གྱི་ལྷུམས་ ནས་འོ་མ་ལུད་པའི་ལེགས་མཚན་བཅས་ན་ཟུག་སོགས་མི་བདེ་བ་ཅུང་ཙམ་མེད་པར་ཁྱེའུ་ དཀར་མཛེས་ཡིད་དུ་འོང་བ་བཞིན་རས་འཛུམ་གྱི་ལེའི་རྣམ་པ་ཅན་དུ་འདུག་པ་དང༌། དེ་ སྐབས་ནམ་མཁའ་ནས་འཇའ་འོད་སྣ་ལྔ་ཁྱིམ་གཞི་དེ་ཉིད་དུ་ཟུག་པ་སོགས་ཀྱི་རྟགས་མཚན་ 3-1-89 ཁྱད་པར་བའང་བྱུང་ཞིང༌། འདི་སྐོར་སྐྱབས་རྗེ་མཁར་བ་རིན་པོ་ཆེའི་དངོས་སློབ་རྣལ་འབྱོར་ མ་ཤ་རྒྱའི་མཁའ་འགྲོ་ཟེར་བ་ཕྱོགས་ངེས་མེད་རྣམས་སུ་བྱོན་པ་ལས་རེ་ཞིག་འཛམ་ཐང་དུ་ ཕེབས་སྐབས་ཤིག་ན། ཞལ་ནས། འོ་ད་ལན་སྦྱངས་པ་བླ་མ་འཁྲུངས་པས་སྐྱིད་ད་ཡིན་ ནའང༌། ཞེས་གསུངས་པ་ལ་དེར་གནས་དག་གིས་བླ་མ་ཁོང་ཉིད་མ་འདས་པ་ལ་མཁའ་ འགྲོས་གསུང་ཚུལ་མི་ལེགས་པ་འདི་ཅི། ཞེས་སོགས་ཀྱི་སྤྱོ་བ་བྱས་ཚེ། ཡང་མཁའ་འགྲོའི་ ཞལ་ནས། ཨོ་ཡ་ཨོ་ཡ། སྦྱངས་པ་བླ་མ་མ་འདས་པར་འཁྲུངས་ན་དེ་མ་འདས་སྤྲུལ་སྐུ་ལོས་ ཡིན། ཞེས་སོགས་བཀའ་ལུང་སྣ་ཚོགས་པ་རེ་མཛད་ཀྱིན་འདུག་པ་ནས་བཟུང་རིམ་པས་ ཡོངས་ལ་སྐུ་སྐྱེས་དེ་ཉིད་སྦྱངས་པ་མ་འདས་སྤྲུལ་སྐུ་ཞེས་ཀུན་ནས་གྲགས་པ་ཆེན་པོས་ཁྱབ་ པར་གྱུར་ཏོ། །དེ་ནས་ཟླ་རེ་སོང་ཙམ་ན་སྦྱངས་པ་སྐྱབས་མགོན་ཉིད་རང་ཁྱི མ་དུ་ཕེབས་ པའི་སྐབས་ཤིག་ན་ཁོང་ལ་དེ་ལུགས་ཀྱི་ལོ་རྒྱུས་ཞིབ་ཏུ་ཞུས་པས་ཁོང་གི་ཐུགས་དགྱེས་པའི་ ངང་ནས། ཞལ་གསུང་ལས། ད་ལན་གྱི་བུ་ཆུང་གང་དེ་བསྟན་འཛིན་གྱི་སྐྱེས་བུ་ཞིག་དུས་ ཕྱིས་སུ་འོང་ན་ཐང༌། ཅུང་ཞིག་ནས་དེ་འདིར་ཁྱེ ར་ཤོག་དང་རང་གིས་སྲུང་བ་ཞིག་བྱེད། གསུངས་པ་ལྟར་སྐུ་མདུན་དུ་བུ་ཆུང་དེ་འོང་བའི་སྐབས་སུ་རྗེ་སྐྱབས་མགོན་ཁོང་གིས་བུ་ཆུང་ དེ་ལ་ཁྲུས་གསོལ་དང༌། ཁྲུས་བྱབ་བསྲུང་གསུམ། ཞལ་འདེབས། ཕྱག་མདུད་བཅས་ཀྱི་སྒོ ་ ནས་ཤིས་བརྗོད་ལེགས་གནང་བསྩལ་ཏེ། བྱིས་པ་ཆུང་སྐྱེས་དེ་ཉིད་ལ། ཁྱི ་གུ་ཐར་ཞེས་མིང་ གསོལ། དེ་ཕན་ཁོང་གིས་ཐུགས་བརྩེ་བའི་ངང་ནས་སྲུང་བ་ཅི་དགོས་ཐམས་ཅད་དུས་དུས་ སུ་མཛད་ཅིང་ལོ་དེའི་ཟླ་བ་བདུན་པའི་ཉེར་བརྒྱད་ལ་སྦྱངས་པ་རིན་པོ་ཆེའི་གཟུགས་སྐུ་ དབྱིངས་སུ་ཐིམ་པ་ཡིན། དེ་ནས་དགུང་ལོ་གཉིས་པ་མེ་ལུག་ལོའི་དུས་སུ་བུ་ཆུང་རང་གིས་ གཏམ་ཅི་ཡང་སྨྲ་མི་ཤེས་པ་ལྟ་བུ་ཡིན་ཀྱང་ཉིན་གཅིག་སྦྱངས་དབོན་ཀུན་དགའ་ཕུན་ཚོགས་ རྒྱ་མཚོ་བཞུགས་པའི་པང་དུ་བུ་ཆུང་དེ་ཉིད་བྱོན་ཏེ་ཞལ་ནས་ཐུགས་རྗེ་ཆེན་པོའི་སྙིང་པོ་ཡི་ 3-1-90 གེ་དྲུག་མ་སྒྲ་དག་གསལ་པོའི་སྒོ་ནས་ལན་འགའ་རང་ཤུགས་ཀྱིས་འདོན་པ་བྱུང་བས་དེར་ གནས་ཀུན་ཡིད་ངོ་མཚར་སྐྱེས་ཏེ་སྣང་བ་ཧ་ལས་པ་བྱུང་ཞིང༌། འདི་སྐོར་དུ་སྐུ་སྐྱེས་བྱིས་པ་ དེ་ཉིད་བར་བར་རྣམས་སུ་རང་ཁྱིམ་མཆོད་ཁང་དྲ་མིག་དག་ལས་ཟང་ཐལ་དུ་བུད་པ་ཡང་ཉེ་ སྐོར་བ་དག་གི་མཐུན་སྣང་དུ་གྱུར་པའོ། །དགུང་ལོ་གསུམ་པ་ས་སྤྲེལ་ལོར་ཛ་འགོའི་དགེ་ གཤེས་རིན་པོ་ཆེ་འཛམ་ཐང་ཆོས་རྗེའི་ཁང་གསར་དུ་ཕེབས་སྐབས་སྐུ་སྐྱེས་ཆུང་བ་དེ་ཉིད་ལ་ ཁོང་གིས་བྱིན་རླབས་སྲུང་བ་བཅས་ཀྱིས་ཀུན་དགའ་དཔལ་ཞེས་པའི་མཚན་བརྗེ་བ་མཛད་ བཞིན་ཁྱོད་མ་འོངས་པ་ན་ཆོས་རྗེ་ཉ་དབོན་པ་ལྟ་བུའི་བསྟན་འཛིན་གྱི་སྐྱེས་ཆེན་ཞིག་འོང་ བའི་རྟེན་འབྲེལ་ཡིན། ཞེས་གསུངས་པ་སོགས་ཀྱིས་གཟེངས་བསྟོད་དུས་སུ་གནང་ཞིང༌། དེ་ དང་མཉམ་དུ་ཆོས་རྗེ་སྐུ་ཕྱོགས་ནས་ཀྱང་བྱིན་རླབས་སྲུང་བ་བཞེས་སྤྲོས་གནང་སྦྱིན་བླ་ལྷག་ ཏུ་མཛད་ལ། འདི་སྐོར་ཅི་རིགས་པར་ཆོས་རྗེས་སྒར་གྱི་ལྷ་སྲུང་གིས་བདག་གཉེར་བྱས་པའི་ ལྟས་མཚན་སྐུ་སྐྱེས་ཆུང་བའི་རྨི་ལམ་དུ་ཆོས་རྗེའི་ཕོ་བྲང་ནས་ཨ་ཙ་རའི་རྣམ་པ་དང་གཞན་ མགོ་བརྙན་སྣ་ཚོགས་པ་ཅན་དུ་མ་འོང་ནས་སྐུ་སྐྱེས་རང་ཉིད་དབང་མེད་དུ་འཁྲིད་པར་ མཛད་པའི་སྣང་བ་ཡང་ཡང་བྱུང་བ་དང། བར་སྐབས་ཤིག་ཏུ་རང་ཁྱི མ་ཁང་པའི་གྲལ་ཕྱལ་ གྱི་ཝ་ཁ་བྱང་ངོས་ཕྱོགས་སུ་ཡོད་པའི་སྟེང་དུ་སྐུ་སྐྱེས་ཉིད་ཕར་བྱོན་ཏེ་ཝ་ཁ་དེའི་སྣེ་ཕྱོགས་སུ་ ཉིད་ཀྱིས་གོས་བྱ་གཤོག་ལྟར་བརྒྱངས་ཏེ་ཙོག་པུར་བཞུགས་ནས་འཕུར་ལ་ཁད་བྱེད་པ་དེར་ གནས་འགའི་མཐོང་ཆོས་སུ་གྱུར་ཚེ་མིག་གིས་བལྟ་མི་བཟོད་པ་ལྟ་བུའི་དེ་ལྷུང་གི་དོགས་པ་ སྐྱེས་ནས་ཀུ་ཅོ་སོགས་ཀྱིས་བག་ཟོན་ཉེར་བསྐུལ་གྱི་སྐབས་སྐུ་སྐྱེས་རང་གི་ཞལ་འཛུམ་པའི་ མདངས་དང་བཅས་ཕྱག་གཉིས་ཀྱིས་གོས་གཤོག་པ་ལྟར་བྱས་ཏེ་ཕྱོགས་ཐམས་ཅད་དུ་ གཟིགས་མོལ་བྱ་བཞིན་བག་ཚ་བ་སྤུ་ཙམ་མེད་པར་སླར་ཁང་སྟེང་དུ་ཕེབས་འགྲོ་བ་དང༌། ཡང་ལན་གཅིག་ཁོང་ཉིད་ཞག་འགའ་ལ་གར་སོང་ཆ་མེད་དུ་བོར་བ་ཉིན་ཅིག་ཁང་ཐོག་ཏུ་དེ་ 3-1-91 འཕྲལ་ཐོན་ནས་བཞུགས་ཡོད་པ་དང༌། སྔོ ན་ཆད་རང་མགོ་མི་ཐོན་པ་ལྕོ གས་རའི་ནང་དུ་ བཞུགས་སྐབས་ཀྱང་ཞལ་ནས་མ་ཎི་གསུང་ཞིང་ཕྱག་གིས་པད་སྐོར་གྱི་ཕྱག་རྒྱ་མཛད་བཞིན་ རང་ཐོག་གི་དངོས་པོ་བསལ་འགེབས་ཅི་དགོས་ཀྱང་ནུས་པ་དང་བར་བར་རྣམས་སུ་ལྕོགས་ ར་དེ་ཉིད་ཀྱི་སྟེང་འོད་དཀར་པོ་ཞིག་གཞན་ངོར་མཐུན་སྣང་དུ་བྱུང་བ་དུས་དུས་སུ་བསྙོན་དུ་ མེད་པའི་ལེགས་མཚན་དང༌། རང་ཁྱི མ་གྱི་ཉེ་འཁོར་ན་ཡོད་པ་འགའ་ལ་ཁོང་གིས་ད་ཚོད་མ་ ཎི་འདོན་པ་གལ་ཆེ་མ་གཏོགས་ནམ་ཞིག་ཕྱི་མར་ངན་སོང་དུ་ལྷུང་ཉེན་ཡོད་ཚུལ་གྱི་བླང་དོར་ ཆོས་གཏམ་གྱིས་གོ་བརྡ་ཡང་ཡང་སྤྲད་པ་སོགས་སྒོ་གསུམ་གང་ཐད་ནས་གཞན་ཕལ་ལས་ ཁྱད་མཚར་ཅན་ཞིག་གོ །དེ་ནས་དགུང་ལོ་བཞི་པ་ས་བྱའི་ལོར་སྐྱབས་མགོན་སྦྱངས་པའི་ གདན་ས་སྲིབ་ལུང་རི་ཁྲོད་དུ་སྔོན་ཆད་སྐྱབས་མགོན་ཉིད་ཀྱི་ཉེ་གནས་བླ་མ་ལྷ་ལྡན་དང་ འགྲོ་ཕན་གཉིས་བཞུགས་པའི་སྐུ་དྲུང་དུ་སྐུ་སྐྱེས་ཆུང་བ་དེ་ཉིད་མ་ཡུམ་གྱིས་གྲོ་ཆས་སོགས་ དང་བཅས་བསྐྱལ་ཏེ་ཀློག་བསླབས་པ་ལོ་ཕྱེད་གསུམ་ཙམ་སྐུ་སྐྱེས་ཉིད་ནས་མཛད་ཀྱང་ན་ ཚོད་ཧ་ཅང་ཕྲ་བ་དང་སློབ་དཔོན་གྱིས་དོ་གལ་ཆེར་མ་བྱས་སྟབས་ཀློག་ཀྱང་ཇི་བཞིན་མཐར་ ཕྱིན་མ་བྱུང་ཞིང་མནོལ་རྩོག་གིས་སྐུ་ལ་ཅུང་ཟད་གྲིབ་རྐྱེན་སོ་སྲིན་གྱི་ནད་སོགས་མི་བདེ་བ་ རེ་ཡང་བྱུང་ལ། དེ་རྗེས་དགུང་ལོ་བདུན་ཙམ་གྱི་སྟེང་ཆུ་བྱིའི་ལོར་རང་གནས་འཛམ་ཐང་གི་ ཉེ་སྐོར་གླང་པོའི་རི་ཁྲོད་དུ་བླ་མ་དམ་པ་ལུང་རིགས་བཞུགས་པའི་དྲུང་དུ་སྔར་གྱི་ཀློག་སློབ་ མཇུག་ལེགས་གྲུབ་ཆེད་སྐུ་སྐྱེས་ཉིད་འོང་བའི་ཐོག་མ་རི་ཁྲོད་དེ་ཉིད་ཀྱི་ཉེ་འདབས་སུ་ སླེབས་སྐབས་སྐུ་སྐྱེ་ཉིད་ཀྱིས་སྔོ ན་གནས་དྲན་པའི་ཚུལ་གྱིས་ཞལ་ནས། ཡ་གི་རི་ཁྲོད་ཀྱི་ གནས་དེར་སྔོ ན་ཆད་ང་རང་སྡོད་མྱོང་ཞིང༌། དེ་ཡང་ཕྱི་ནང་གུར་ཕུབ་ནས་འདུག་པའི་གནས་ ནི་འདི་ཀའོ། །ཞེས་ངོས་བཟུང་གསལ་བོར་མཛད་པས་དེར་གནས་གྲོགས་སོགས་སྔོ ན་གྱི་ ཡིན་ལུགས་ཇི་བཞིན་ཐོག་ཏུ་ཁེལ་བ་ལ་ཡིད་གཏིང་ནས་ཆེས་ཏེ་དད་འདུན་གྱིས་བཀུར་བའི་ 3-1-92 གནས་སུ་བྱས་སྐད། དེ་ནས་བླ་མ་ལུང་རིགས་ཀྱི་མདུན་ནས་སྐུ་སྐྱེས་དེ་ཉིད་ཀྱིས་ཀློག་ཡིག་ གི་མཇུག་ལེགས་བསླབ་ཀྱི་སྐབས་ཉིན་གཅིག་ཏུ་ཤ་རྒྱའི་མཁའ་འགྲོ་རི་ཁྲོད་དེར་བྱོན་ནས་ སྐུ་སྐྱེས་གཞོན་ནུའི་རྩར་བཞུགས་བཞིན་ཐུགས་དགྱེས་པའི་ངང་ཞལ་ནས། སྐུ་སྐྱེས་དེ་ཉིད་ སྦྱངས་པ་སྐྱབས་མགོན་མཆོག་གི་རྣམ་པར་འཕྲུལ་བ་ཡིན་ངེས་ཀྱི་བཀའ་ལུང་སྣ་ཚོགས་པའི་ བརྗོད་སྒོ་མང་དག་ཅིག་བསྩལ་པ་ནས་བཟུང་དེར་བཞུགས་སློབ་དཔོན་བཅས་ཀྱིས་སྔར་ ལས་ཐུགས་ཡིད་ལྷག་པར་ཆེས་ཤིང་བརྩི་བཀུར་ཀྱང་དེ་ལུགས་བཞིན་མཛད་ཅིང༌། བླ་མ་ ལུང་རིགས་གང་དང་རྗེ་དབོན་འགྱུར་མེད་རྣམ་གཉིས་ཀྱིས་སྐུ་སྐྱེས་གཞོན་པའི་སྐུ་གྲིབ་སེལ་ ཐབས་སྣ་ཚོགས་པ་མཛད་པས་རེ་ཞིག་སོ་སྲིན་གྱི་ནད་སོགས་ཀྱང་རིམ་པས་སོས་པ་ཙམ་ བྱུང༌། སྐུ་སྐྱེས་ཉིད་ཀྱིས་འདི་སྐོར་རྩེད་མོའི་གནས་སྐབས་ཀུན་ཀྱང་ཁོང་གིས་འདུས་སྡེ་མང་ པོ་བསྡུས་ནས་ཆོས་འཆད་པ་སོགས་བསྟན་པ་ཆོས་གཞི་ལེགས་སྐྱོང་གི་མཛད་སྒོའི་སྔ་ལྟས་ སུ་འོས་པའི་ཟློ ས་གར་རྩེད་འཇོ་ཅི་རིགས་པ་རྒྱུན་དུ་མཛད་ཀྱིན་འདུག་པ་ཞིག་གོ །དེ་ནས་ དགུང་ལོ་བརྒྱད་པ་ཆུ་གླང་གི་ལོའི་དབྱར་ཟླ་འབྲིང་པོའི་ཡར་ཚེས་བརྒྱད་ཀྱི་ཉིན་ཆོས་རྗེའི་ དབོན་རིན་ཆེན་དཔལ་བཞུགས་གནས་ཀྱི་མཆོད་ཁང་དུ་བརྟན་མཁས་ཀྱི་ཡོན་ཏན་མཆོག་ མངའ་བའི་དགེ་སློང་ཆེན་པོ་རྗེ་དབོན་ཐུབ་བསྟན་འགྱུར་མེད་རྒྱ་མཚོས་མཁན་སློབ་སྦྲགས་ མ་མཛད། ཡོངས་འཛིན་དམ་པ་ལུང་རིགས་རྒྱ་མཚོས་སྐྲ་བྲེགས་མཁན་པོ་བྱས་ཤིང་གཞན་ ཁ་སྐོང་གི་དགེ་འདུན། སྦྱངས་དབོན་ཕུན་ཚོགས་རྒྱ་མཚོ། གཉེར་བ་བླ་མ་ཀུན་དགའ་ཆོས་ བཞིན་སོགས་དགེ་འདུན་གྲངས་ཚང་གི་མདུན་དྲུང་ནས། སྐུ་སྐྱེས་དམ་པ་འདི་བས་ཚངས་ སྤྱོད་དགེ་བསྙེ ན་དང༌། བར་མ་རབ་བྱུང་སྔོ ན་དུ་འགྲོ་བའི་སྒོ ་ནས་དགེ་ཚུལ་གྱི་སྡོམ་པ་ཡང་ དག་པ་ལེགས་ནོད་མཛད། དེའི་སྟོན་ཁར་ཆོས་རྗེའི་གྲྭ་ཚང་འདུ་ཁང་དུ་རྗེ་དབོན་འགྱུར་མེད་ རྒྱ་མཚོ་གང་ཉིད་ཀྱིས། གྲྭ་ཚང་ཡོངས་ནས་ཞུ་བའི་ངོར་ཤངས་ཆོས་ནཻ་གུའི་ནང་གི་སྒོ ས་ 3-1-93 བཀའ་དྲུག་དང༌། ཕྱིའི་བཀའ་དབང་ཆ་ཚང་སྒྲུབ་ཐབས་བརྒྱ་རྩའི་རྗེས་གནང༌། རྒྱ་གཞུང་གི་ བཀླག་ལུང་བཅས་གང་མཛད་ཡོངས་སུ་རྫོགས་པ་ལེགས་པར་གསན་ཞིང༌། དེ་རྗེས་ཁང་ དམར་རྟེན་ཁང་དུ་རྗེ་དབོན་མཆོག་དེ་ཉིད་ཀྱིས་སྦྱོང་རྒྱུད་བཅུ་གཉིས་ཀྱི་དབང་བཀའ་ གསུངས་པ་ཀུན་ཀྱང་ཇི་བཞིན་མནོས་སོ། །དེ་ནས་དགུང་ལོ་དགུ་པ་ཤིང་སྟག་ལོའི་ཧོར་ཟླ་ བཅུ་པའི་ཚེས་སྐོར་ནས་རྗེ་དབོན་དམ་པ་ཉིད་སྐུ་སྐྱེས་ཀྱིས་རྩ་བའི་བླ་མ་རྡོ་རྗེ་འཆང་དུ་གུས་ པས་ལེགས་བསྟེན་གྱི་སྒོ་ནས་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་སྔོན་འགྲོ་སྐྱབས་སེམས་ཡིག་ བརྒྱ་བཅས་ཀྱི་ཆོས་ཁྲིད་རིམ་པར་ཞུས་ཏེ་གླང་པོའི་རི་ཁྲོད་དེར་ཆོས་མཆེད་ཐུབ་དབང་དང་ ལྷན་ཅིག་གོང་མའི་ཕྱག་བཞེས་བཞིན་སྐྱབས་འགྲོ་ཕྱག་འབུམ་ཡིག་བརྒྱ་འབུམ་ཐེར་བཅས་ ཀྱི་སྒོ མ་བཟླས་རྣམ་པར་དག་པ་གནད་ཁེལ་རིམ་པས་མཛད་མཐར། དགུང་ལོ་བཅུ་པ་ཤིང་ ཡོས་ཀྱི་ལོར་རྟེན་ཁང་དུ་སྦྱོར་དྲུག་པ་རྣམས་དང་ལྷན་དུ་དབོན་རྡོ་རྗེ་འཆང་དེ་ཉིད་ཀྱི་དྲུང་ ནས་སྐུ་སྐྱེས་རང་གིས་འཇིགས་བྱེད་རོ་ལངས་བརྒྱད་བསྐོར་གྱི་དབང་བཀའ་དང༌། དུས་ཀྱི་ འཁོར་ལོའི་མཆོག་དབང་ཁྱད་པར་ཅན་གསན་པ་རེ་དང་བཅས་མཎྜལ་བླ་རྣམ་ལྷན་སྐྱེས་ སྒོམ་བཟླས་དབེན་གསུམ་དག་གི་ཟབ་ཁྲིད་ལེགས་ཞུ་ལ་བརྟེན་རིམ་པས་དེ་ལུགས་ཉམས་ ལེན་གནད་སྨིན་གྱི་སྐབས་མྱོང་རྟགས་ཀྱི་རིམ་པ་ཐུན་མོང་དང་ཐུན་མོང་མ་ཡིན་པ་དུས་སུ་ཇི་ བཞིན་ཐུགས་ཉམས་སུ་དེང་དུས་དང་བསྟུན་པའི་རྟོགས་པ་བཟང་རབ་ཏུ་གྱུར་པའི་ཚུལ་ འདིར་ཞིབ་པར་བཤད་པ་རྔོ་མ་ཐོགས་ཀྱང་དངོས་གཞི་སོར་བསམ་གྱི་ཟབ་ཁྲིད་དེ་ལུགས་ བཞིན་གསན་སེམས་ཀྱི་མཉམ་བཞག་སྐབས་ཐུགས་ཉམས་སུ་འོད་གསལ་སྟོང་པའི་ གཟུགས་ཀྱི་རྣམ་པ་ཆོས་རྗེ་ཀུན་མཁྱེན་ཆེན་པོའི་སྐུ་འབྱམས་ཀླས་པའི་གཟིགས་སྣང་དང་རྨི་ ལམ་འོད་གསལ་གྱི་ངང་ནས་རང་གནས་ཀྱི་ཡུལ་འགའ་ཞིག་སྒྲིབ་མེད་ཇི་བཞིན་མངོན་དུ་ གསལ་བ་སོགས་སྐུ་སྐྱེས་ཉིད་ཀྱི་གསུང་ཟུར་ལས་ཐོན་པ་སོགས་ཀྱིས་མཚོན་ཉམས་རྟོགས་ 3-1-94 ཀྱི་འཆར་སྒོ་གཞན་ན་མཉམ་ཕལ་དང་ཡེ་མི་འདྲ་བའི་མཛད་ཁྱད་གཞིར་བཞག་གིས་དངོས་ གཞི་སྲོག་རྩོལ་རླུང་སྦྱོར་བཅས་དེ་ལུགས་ཀྱིས་ཟབ་མོའི་ཁྲིད་ཞུ་བའི་གོ་དོན་ཉམས་ལེན་ གནད་ཁེལ་རྒྱུན་ལྡན་གྱི་སྐབས། དགུང་ལོ་བཅུ་གཅིག་པ་མེ་འབྲུག་ལོའི་ཟླ་བ་དང་པོའི་ནང་ དུ་རྗེ་དབོན་དམ་པ་རྡོ་རྗེ་འཛིན་པ་གང་ཉིད་ཀྱི་མདུན་ནས། སྐུ་སྐྱེས་རང་ལ་མི་འཁྲུགས་པའི་ དབང་སྟ་གོན་དངོས་གཞི་ཁྲིད་ལུང་བཅས་དང༌། དུས་འཁོར་ལྷ་དགུའི་དབང༌། ཐམས་ཅད་ རིག་པའི་དབང་སྟ་དངོས་རྟ་ཕྱག་ཁྱུང་གསུམ། སྨེ ་བརྩེགས་རྣམས་ཀྱི་རྗེས་གནང༌། ཚེ་དབང་ ལྷ་གཅིག་འབུམ་གཅིག ཀུན་རིག མི་འཁྲུགས་པ། དུས་འཁོར་ལྷ་དགུ་བཅས་ཀྱི་མཚམས་ སྦྱར་སོགས་ཀྱི་ལུང༌། འཕོ་བ་ངོ་སྤྲོད་སྣ་ཚོགས་པའི་ལུང་ཁྲིད་གང་དགོས་དག་ཀྱང་ལེགས་ པར་ཐོབ་ཅིང༌། ལོ་དེའི་གཉིས་པའི་མགོ་ནས་ཁོང་རྣམས་ཀྱིས་སྲོག་རྩོལ་ལུས་སྦྱོང་འཁྲུལ་ འཁོར་གང་དག་གིས་རླུང་སྦྱོར་གྱི་མགོ་བཟུང་བ་ནས་སྣྲོན་ཟླ་བའི་ཚེས་བཅུར་དགའ་སྟོན་ ཚོགས་འཁོར་གྱི་རྗེས་སུ་འཕོ་བའི་མན་ངག་སྒོམ་པའི་ཕྱག་བཞེས་ཀྱིས་ཆོས་མཚམས་མཛད་ པའི་དུས་སུ་འཛམ་ཐང་ཆོས་རྗེའི་སྒར་འཛིན་སྐུ་ཕྱོགས་གང་གིས་སྤྲུལ་པའི་སྐུ་སྐྱེས་དེ་ཉིད་སྐུ་ བདག་མཛད་ནས་རྒྱལ་ཚབ་མཆོག་ཏུ་མངའ་དབང་གསོལ་བའི་ཚུལ་གྱིས་སྐུ་སྐྱེས་གྲྭ་འཁོར་ བཅས་འབྲོག་སྡེར་མར་བསོད་ཀྱིས་གདུལ་བྱར་གནང་སྒོ་མཛད་ནས་སྤྲུལ་པའི་སྐུ་སྐྱེས་ འཁོར་བཅས་ཀྱིས་འབྲོག་པའི་མི་ཁྱིམ་དག་ལ་རྗེས་གནང་སྣ་ཚོགས་དང་ཚེ་དབང་གཡང་ འབོད་གསུར་བསྔོ་སོགས་གསོན་གཤིན་རྣམས་ལ་རིམ་གྲོ་ཕན་པ་ཅི་དགོས་ཐམས་ཅད་ མཛད་ཅིང༌། དེ་ནས་ཆོས་རྗེའི་སྐུ་ཕྱོགས་ཀྱིས་བཀའ་བཀོད་ལྟར་སྐུ་སྐྱེས་མཆོག་སྤྲུལ་དེ་ཉིད་ ལ་སྒར་གཞི་གྲྭ་འཁོར་ལེགས་བསྒྲིགས་ཀྱིས་མགོ་ལོག་ཨ་སྐྱོང་གོང་མའི་ནང་དུ་གདུལ་བྱར་ ཕེབས་དགོས་བྱུང་སྟེ། ཁོང་རྣམས་ཀྱིས་དེ་ཕྱོགས་ཀྱི་འབྲོག་སྡེ་སྤྱི་ལ་བསྲུང་རིམ་རྐྱེན་སེལ་ཅི་ དགོས་ཀྱིས་རེ་བ་དུས་སུ་ལེགས་བསྐང་མཛད་ངོས་ནས་ཡུལ་དེའི་མི་ཁྱིམ་ཞིག་གིས་ཁོང་ 3-1-95 དཔོན་གཡོག་གདན་འདྲེན་སྐབས་ལུག་མང་པོ་བསད་པའི་ཤ་ཁྲག་གིས་དམར་མཆོད་ཞལ་ ཟས་ཀྱི་བྱ་བ་མཛད་དགོས་ལ་ཐུག་ཚེ་སྤྲུལ་པའི་སྐུ་སྐྱེས་ཉིད་ཀྱི་ཐུགས་ལ་ཤུགས་ཆེན་སྙིང་རྗེ་ བཟོད་དཀའ་བ་ངེས་པར་འཁྲུངས་ནས་ཉིད་ཀྱིས་བསད་ཤ་བཞེས་འདོད་ཀྱི་བསམ་པ་གཏིང་ ནས་ལོག་སྟེ་ཉི་མ་དེ་ནས་བཟུང་སྐུ་ཚེ་གང་པོར་བསད་ཤ་བཞེས་པ་སྤངས་པའི་བརྟུལ་ ཞུགས་མཆོག་ལ་ཉེ་བར་གནས་པ་ཡིན་ལ། དེ་ནས་མཆོག་སྤྲུལ་སྐུ་སྐྱེས་དམ་པ་འཁོར་ བཅས་ཨ་སྐྱོང་ར་ལོའི་སྡེ་ཤོག་ནས་གདན་འདྲེན་བྱུང་བར་བརྟེན་དེར་ཕེབས་ཏེ་ཁོང་དཔོན་ སློབ་ཀྱིས་རུ་སྡེ་སོ་སོ་ལ་བསྲུང་རིམ་རྐྱེན་སེལ་ཅི་དགོས་དང༌། ཁྱད་པར་དཔོན་མོ་ཚང་ལ་ ཁོང་རྣམས་ཀྱིས་མགོན་པོ་ལྷ་བརྒྱད་ཀྱི་རྗེས་གནང་མཛད་སྐབས་གློག་དམར་འབྲུག་སྒྲ་དྲག་ པོ་ཟིལ་ཤུགས་ལྷག་པར་ཆེ་བ་ཆར་དྲག་འཕྲལ་དུ་འབེབས་པའི་ལྟས་མཚན་ཀྱང་བྱུང་ཞིང༌། འདི་སྐབས་སྤྲུལ་པའི་སྐུ་ཉིད་བཞུགས་གདན་ལས་ཁྲུ་གང་ཙམ་མངོན་པར་འཕགས་པ་དེར་ གནས་ཀུན་གྱི་མཐུན་སྣང་དུ་གྱུར་པ་སོགས་ཀྱིས་སྙན་པ་ཆེར་རྒྱས་ཀྱི་གྲགས་པས་ཁྱབ་རྒྱ་ ངེས་པར་ཆེ་ལ་དེ་སྐབས་དངོས་རྫས་ཀྱི་འབུལ་འབྱོར་ཀྱང་ཆེས་མང་པོ་དང་བཅས་སླར་ འཛམ་ཐང་དུ་ཕེབས་ནས་ལོ་དེའི་རྗེ་དབོན་དམ་པས་དགུན་ཁྲིད་ཀྱི་དུས་ཟླ་མགོན་ལུགས་ཀྱི་ སྲོག་རྩོལ་མན་ཆད་ནས་བཟུང་སྔར་གྱི་འཕྲོས་ཆོས་ཁྲིད་སྐུ་སྐྱེས་ཁོང་གིས་ལེགས་ཞུས་ཏེ་ རྗེས་དྲན་འཁྲུལ་འཁོར་གྱི་མགོར་སླེབས་པར་ཁོང་ཉིད་ལྷ་རྗེ་དཀོན་མཆོག་འཕེལ་དང་ མཉམ་དུ་ཆོས་རྗེའི་ཁང་གསར་ཕོ་བྲང་དུ་བཞུགས་ནས་ཉིད་ཀྱིས་ཉམས་ལེན་གནད་སྨིན་ མཛད་རྗེས། དགུང་ལོ་བཅུ་གཉིས་མེ་སྦྲུལ་ལོའི་གཉིས་པའི་མགོ་ཙམ་ནས་རྟེན་ཁང་དུ་རྗེས་ དྲན་འཁྲུལ་འཁོར་གཙོ་བོར་བྱེད་པ་ནས་བཟུང་རྣལ་འབྱོར་ཡན་ལག་དྲུག་པོ་སྟན་ཐོག་ གཅིག་མ་བཅས་རིམ་པས་གོང་མའི་ཕྱག་སྲོལ་ཇི་ལྟ་བ་བཞིན་ལེགས་གྲུབ་ཀྱི་མཐར་ལོ་དེའི་ ནང་དུ་རྗེ་དབོན་དམ་པའི་དྲུང་ནས་འབྱུང་འདུལ་གྱི་དམིགས་ཁྲིད་ཁོང་གིས་ཞུས་ཏེ་ཁང་ 3-1-96 གསར་ཕོ་བྲང་དུ་བཞུགས་ནས་བསྙེན་ཚད་གཉིས་དང་ཁ་སྐོང་གི་སྦྱིན་སྲེག་བཅས་ལེགས་ པར་མཛད། དེ་ནས་ཁོང་འཁོར་བཅས་སྨྲ་རོང་ཕྱོགས་སུ་ནས་བསོད་ལ་བྱོན་དགོས་བྱུང་སྟེ་ དེར་འགྲོ་ཕན་གྱི་བྱ་བ་རྒྱ་ཆེར་མཛད་ཅིང༌། སྐབས་ཅི་རིགས་པར་ཡུལ་སྡེ་ཕྱོགས་ཀྱི་གནས་ བཟང་པོར་གྲགས་པ་གསེར་རིའམ་བསེའི་རི་ཞེས་པའི་གནས་སུ་མཆོག་སྤྲུལ་དཔོན་སློབ་ གནས་མཇལ་དུ་བྱོན་ནས་གནས་བྲག་དེའི་ངོས་ཤིག་ལ་སྤྲུལ་པའི་སྐུ་ཉིད་ཀྱིས་ཕྱག་གི་ མཛུབ་མོས་ཨཱཿཡིག་ཅིག་གསལ་བོར་བྲིས་པ་དེར་གནས་གྲྭ་འཁོར་དག་གི་མཐོང་ཆོས་སུ་ གྱུར་སྐད། ཡང་དེ་སྐབས་ཤིག་ཏུ་རྒུ་བསོའི་དམག་པ་ཆུས་ཁྱེ ར་ཏེ་ཤི་བའི་སྔས་སུ་ཁོང་རྣམས་ གདན་དྲངས་ནས་འཕོ་ལུང་གསུངས་སྐབས་ཉིད་ཀྱི་སྐུ་ནི་གྲིབ་མ་དང་བྲལ་བའི་རང་བཞིན་ དྭངས་གསལ་དུ་དེར་གནས་མཆོད་ཡོན་དག་གིས་མཐུན་སྣང་དུ་བསྙོན་མེད་ཉེ་བར་མཇལ་ བའི་ལོ་རྒྱུས་ཡོད་པ་དང༌། འདི་སྐོར་ཅི་རིགས་ཤིག་ཏུ་ཁོང་དཔོན་སློབ་རང་ཡུལ་དུ་འོང་བའི་ དུས་སུ་དེ་འཕྲལ་ཁོང་གིས་ཐུགས་ལ་དོན་ཆེར་མེད་པར་ཁོང་ཁྲོ་ལངས་པའི་ཚུལ་གྱིས་མི་ དགྱེས་པའི་ཉམས་དང་བཅས་སྐུ་གཟིམས་པར་བཞུགས་པ་ན་སྐུ་ལུས་རྔུལ་ཆུ་མང་པོ་བྱུང་བ་ དང་ཆབས་ཅིག་ཐུགས་ཀྱི་ཁྲོ་བ་གཏིང་ནས་བུད་སོང་བ་སྙམ་འོང་ཕྱིན་ཆད་སྐུ་ཚེ་གང་བོར་ ཐུགས་གཏིང་ནས་ཁོང་ཁྲོ་ཆེ་བ་གཏན་ནས་སྐྱེ་རྒྱུ་མེད་ཚུལ་ཉིད་ཀྱི་ཞལ་གསུང་ལས་བྱུང་ལ། ལོ་དེའི་ཆོས་རྗེའི་སྒར་ཁོག་གི་སྐུ་རིམ་འཚོགས་པའི་མཛད་སྒོ ་ཁོང་གིས་བྱས་སོ། །དགུང་ལོ་ བཅུ་གསུམ་པ་ས་རྟའི་ལོའི་སོས་ཀར་རྗེ་དབོན་དམ་པ་ཆོས་རྗེའི་སྐུ་ཕྱོགས་ཀྱིས་བླ་བྲང་དུ་ གདན་དྲངས་ནས་ཞུས་ངོར། དབོན་དམ་པས་ཕུར་བ་ས་ལུགས་ཀྱི་དབང་བཀའ་ཆ་ཚང་ སྤྲོས་མེད་བསྙེན་རྐྱང་ལུང་ཁྲིད་གནང་བ་ཐམས་ཅད་སྤྲུལ་སྐུ་ཁོང་ལ་ལེགས་པར་ཐོབ་པས་ ལོ་དེར་ཁོང་གིས་ཕུར་བའི་བསྙེན་སྒྲུབ་ཚད་ལྡན་ཁ་སྐོང་བཅས་ལེགས་གྲུབ་མཛད་ཅིང་དེའི་ དབྱར་སྨད་དུ་རྟེན་ཁང་ཆེན་མོར་རྡོ་ལུང་བླ་མ་ལྷ་ལྡན་གྱི་དྲུང་ནས། ཀུན་མཁྱེ ན་དོལ་པོའི་ 3-1-97 བཀའ་པོད་དྲུག་རྣམ་ཐར་བཅས་ཀྱི་བཀླག་ལུང་གསན་ནས་རི་ཁྲོད་དུ་རྗེ་དབོན་གྱི་སྐུ་མདུན་ དུ། སྤྱོད་འཇུག་བརྩོན་ལེའུ་ཡན་གྱི་འབྲུ་འགྲེལ་ཙམ་གྱི་བཤད་ཁྲིད་སྐུ་སྐྱེས་རང་གིས་ཞུས་ཏེ་ རྒྱུགས་འབུལ་ཀྱང་འཕྲོད་པར་བྱས། དེ་དུས་དབོན་གྱི་ཞལ་ཏ་ལ། ཅི་ལ་ཐུག་ཀྱང་རྐྱེན་ཐེག་ དགོས་ཚུལ། རྒོད་བག་གི་བྱ་བ་རྒྱུད་མ་དུལ་བའི་སྤྱོད་པ་རྩུབ་མོ་གཏན་ནས་མི་རུང་བའི་ ཡིན་ལུགས་ཡང་ཡང་གསུངས་ཤིང༌། ལོ་དེའི་བརྒྱད་པའི་ནང་ཆོས་རྗེའི་ཁང་གསར་དུ་དུང་ འཁོར་འོག་གི་མནན་པ་བོར་བ་ལ་རྩང་མདོས་ཀྱི་མཐུ་སྒྲུབ་ཞག་བདུན་པའི་གྲལ་དུ་ཁོང་ ཡང་ཕེབས་དགོས་བྱུང་རྗེས་སུ་སླར་རི་ཁྲོད་དུ་རྗེ་དབོན་གྱི་དྲུང་ནས་ཁོང་གིས་སྤྱོད་འཇུག་ མཇུག་བསམ་ལེའུ་མན་རྫོགས་པར་ཐུགས་སློབ་མཛད་ལ། འདི་སྐོར་བྲག་དཀར་སྤྲུལ་པའི་ སྐུ་རིན་པོ་ཆེ་འཛི་སྟོད་དགོན་ལེབ་ཏུ་ཕེབས་ནས་གང་གིས་བསྟན་བཅོས་འགའི་བཀླག་ལུང་ གསུངས་རྗེས་མར་བྱོན་ལམ་ཆོས་རྗེའི་འདུ་ཁང་དུ་ཕྱགས་ཕེབས་སྐབས་ཁོང་གི་ཞལ་སྔ་ ནས། མ་ཎི་བཀའ་འབུམ་གྱི་བཀླག་ལུང༌། ཐུགས་རྗེ་ཆེན་པོའི་རྗེས་གནང༌། དུས་འཁོར་ བསྡུས་པའི་རྒྱུད་ཀྱི་ལུང་རྣམས་ཉིད་ཀྱིས་ལེགས་གསན་གྱིས་སྐལ་བ་དུས་སུ་བྱུང་ངོ༌། །དགུང་ ལོ་བཅུ་བཞི་པ་ས་ལུག་ལོའི་སོས་ཀ་ཙམ་ན་རྗེ་དབོན་མཆོག་གི་དྲུང་ནས། ཉིད་ཀྱིས་རྟ་ མགྲིན་སྐྱེ་སྒང་ལུགས་ཀྱི་བདག་བསྐྱེད་དམིགས་ཁྲིད་ཞུས་ནས་དེ་ལུགས་བསྙེན་པ་ཚད་ལྡན་ ཁ་བསྐང་བཅས་ལེགས་གྲུབ་དང༌། དེའི་སྟོན་ཁར་ཆོས་རྗེའི་གྲྭ་ཚང་འདུ་ཁང་དུ་རྗེ་དབོན་ གྱིས་གྲྭ་ཚང་ཡོངས་ཀྱི་ངོར་བདེ་མཆོག་ནག་པོའི་ལུགས་ཀྱི་དབང་དང༌། སྒྲུབ་ཐབས་རིན་ འབྱུང་ཆ་ཚང་གི་དབང་བཀའ་དང༌། དུས་འཁོར་དབང་ཆེན། དགོངས་གཏེར་སྒྲོལ་མ་དམར་ མོའི་ཟབ་དབང་རྣམས་གསུངས་པའང་ལེགས་པར་གསན། དགུང་ལོ་བཅོ་ལྔ་པ་ལྕགས་སྤྲེལ་ གྱི་ལོའི་དབྱར་ཁ་ལ་ཚེས་བཅུ་སྐུ་དབོན་པདྨ་དཔལ་གྱི་མདུན་ནས། ཁོང་གིས་རྗེ་བཙུན་རིན་ པོ་ཆེའི་གསུང་འབུམ་ལས་སྒྲ་པོད་མ་གཏོགས་ཆ་ཚང་པོ་ཏི་བཅུ་བདུན་གྱི་བཀླག་ལུང་དང། 3-1-98 འགོ་བ་བླ་མ་རིག་འཛིན་རྒྱ་མཚོའི་དྲུང་ནས། སྒྲ་པོད། ཆོས་སྤྱོད་ཁ་ཚང༌། སྔོ ན་འགྲོ་ཆོས་ བདུན་རྙིང་པ། དུས་འཁོར་རྙིང་པ། གདུགས་དཀར་ཆེ་ཆུང༌། སྨན་བླ་ཆེ་ཆུང༌། རྣམ་འཇོམས་ ཁྲོ་ནག་དབང་ཡིག་བཅས། སྣང་ཞི། སྡེ་མཆོད། རྒྱལ་གསོལ། མགོན་པོ་དངོས་གྲུབ་འབྱུང་ གཏེར་གཞུང་ཆ་ལག་མང་པོ་བཅས། མགོན་པོ་ལྷ་བརྒྱད། བསྐང་མདོས། མ་ཏིའི་གཏེར་ བྱོན་སེང་གདོང་རྣམས་དང༌། རྩང་མདོས། སྒྲོལ་མ་མཎྜལ་བཞི་པ་ཞབས་དྲུང་དང༌། ཚེ་ དབང་ནོར་བུས་མཛད་པ་གཉིས་དང༌། ཚེ་དབང་ནོར་བུས་མཛད་པའི་རྟ་མགྲིན་ལས་བྱང༌། གཞུང་ཁྲིད་རྣམས་ཀྱི་ལུང་ཡང་གསན། དགུང་ལོ་བཅུ་དྲུག་པ་ལྕགས་བྱའི་ལོར་རྗེ་དབོན་གྱི་ མདུན་ནས། སྤྲུལ་སྐུ་ཉིད་ཀྱིས་འཇིགས་བྱེད་འབྲུ་ནོན་གྱི་ཁྲིད་གསན་ནས་སྦྱངས་པའི་ མཚམས་ཁང་དུ་བཞུགས་ཏེ་བསྙེན་ཚད་བཏང་སྐབས་ལོ་དེའི་ནག་ཟླའི་ཉེར་བདུན་ལ་རྗེ་ དབོན་དམ་པའི་དགོངས་པ་དབྱིངས་སུ་ཐིམ་པའི་ཕྱག་མཆོད་དགོངས་རྫོགས་ཀྱི་བྱ་བའང་ བསྒྲུབས། དགུང་ལོ་བཅུ་བདུན་པ་ཆུ་ཁྱི འི་ལོར་སྔར་ཡང་ཡི་གེ་སློབ་པ་དང་སྦྱོར་དྲུག་གི་ སྐབས་དང་བསྙེན་སྒྲུབ་དུ་མའི་རིང་བཀའ་དྲིན་ལྷག་པར་ཆེ་བའི་ཡོངས་འཛིན་དམ་པ་བླ་མ་ ལུང་རིགས་རྒྱ་མཚོའི་ཞལ་སྔ་ནས། སྤྲུལ་པའི་སྐུ་རང་གིས་ཀུན་མཁྱེ ན་ཆེན་པོའི་འཕོ་བ་ཁྱད་ འཕགས། གསུང་འཐོར་འཚོགས་ཆོས་བདེན་བཞི་གསལ་བ། ཀོང་སྤྲུལ་གྱི་མཛད་པའི་ཐུན་ མཚམས་ཉེར་མཁོ། སྦྱངས་པ་བླ་མས་མཛད་པའི་རབ་གནས་སྙི ང་པོ་མདོར་བསྡུས་དང་ ཐུགས་རྗེ་ཆེན་པོའི་འཕོ་བ་རྩ་བསྐྱེད་བཅས་པ་གཉིས་དང༌། བྱམས་ཆོས་སྡེ་ལྔ། མངོན་མཛོད། སྐྱབས་འགྲོ་ཡན་ལག་དྲུག་པ་སོགས་དང༌། སྒྲོལ་དཀར་ཇོ་ལུགས། གཉན་སྒྲོལ་ཡན་ལག་ དྲུག་པ། དམར་ཁྲིད་ཚོམ་ལུགས་རྒྱུད་འདེབས་བཅས་ཞབས་དཀར་གསུང་གི་རང་གནས་ ས་ཕྱོགས་མ། སྒྲོལ་མ་འབྱུང་བའི་རྒྱུད་ཀྱི་བསྡུས་དོན་རྗེ་བཙུན་རིན་པོ་ཆེས་མཛད་པ། སྒྲོལ་ མ་རྣལ་འབྱོར་མའི་རྒྱུད་དང༌། དེའི་རྒྱུད་ཕྱི་མ་གཉིས་རྗེ་བཙུན་གྱིས་བསྒྱུར་བ་མཆན་བུ་ 3-1-99 བཅས་སོགས་ཀྱི་ལུང་ཁྲིད་གསན་ལ། ཕུང་པོ་ལྔའི་རབ་དབྱེའི་རྣམ་པར་བཤད་པ་ལ་སློབ་ གཉེར་མཛད་ཅིང༌། དེ་སྐབས་སུ་ཁོང་གིས་སེམས་བྱུང་ང་གཅིག་གི་བཤད་པ་རྩོམ་སྒྲིག་ཀྱང་ མཛད། སྒྲོལ་དཀར་ཇོ་ལུགས་ཀྱི་བསྙེ ན་ཚད་ཀྱང་བཏང་ངོ༌། །དགུང་ལོ་བཅོ་བརྒྱད་པ་ཆུ་ ཕག་ལོའི་སྟོན་ཁ་ཙམ་ན་ཆོས་རྗེའི་འདུ་ཁང་དུ་ཚེས་བཅུའི་སྐུ་དབོན་པདྨ་དཔལ་གྱིས་མཆོག་ སྤྲུལ་འདི་ཉིད་ཀྱིས་གཙོས་གྲྭ་ཚང་ཡོངས་ལ། འཇིགས་བྱེད་རོ་ལངས་བརྒྱད་བསྐོར་གྱི་ དབང༌། ནཻ་གུ་བཀའ་ནང་མ་ཆ་ཚང༌། གཉན་སྒྲོལ་རྗེས་གནང༌། གསང་འདུས་མི་བསྐྱོད་རྡོ་ རྗེའི་དབང༌། ཚེ་དཔག་མེད་ལྷ་དགུའི་དབང༌། ཚེ་སྒྲུབ་མདའ་འཕེལ་མར་གྲགས་པ་ལྷ་བཅུ་ བདུན་གྱི་དབང༌། ཚེ་དབང་ལྷ་གཅིག་བུམ་གཅིག ཐུགས་རྗེ་ཆེན་པོའི་རྗེས་གནང༌། དུས་ འཁོར་དབང་ཆེན་དང༌། ལྷ་དགུའི་དབང་རྣམས་གསུངས་སྐབས་དབོན་དམ་པའི་སྤྱན་སྟོང་ གཟུགས་ཀྱིས་བསྒྲིབས་ནས་ཡི་གེ་མི་གཟིགས་པ་ལྟ་བུ་རེད་ཚེ་དབོན་ཉིད་ཀྱིས་བཀའ་ བཀོད་ལྟར་མ་འདས་མཆོག་སྤྲུལ་གང་གིས་ཕུར་བ་མཁོན་ལུགས་ཀྱི་དབང་བསྐུར་ཆ་ཚང༌། མི་འཁྲུགས་པ་དང༌། ཐམས་ཅད་རིག་པའི་དབང༌། ནཻ་གུའི་བཀའ་ཕྱི་མ་ཡོངས་རྫོགས། བོ་ དོང་ཚེ་སྒྲུབ་བཅས་ཀྱི་དབང་བཀའ་གྲྭ་ཚང་ཡོངས་ལ་ལེགས་གནང་མཛད། འདི་སྐོར་ནས་ ཆོས་རྗེ་སྐུ་ཕྱོགས་ཀྱིས་བཀའ་གསུང་བཞིན་ཁང་དམར་དུ་བླ་མ་དམ་པ་ཆོས་ཀྱི་དབང་ཕྱུག་ བཞུགས་པ་དེ་ཉིད་སྤྲུལ་སྐུ་ཁོང་གིས་ཆོས་སྟོན་པའི་དགེ་བའི་བཤེས་གཉེན་དུ་བསྟེན་ཏེ་དེའི་ མདུན་ནས་རིམ་པར་ཐོས་བསམ་སློབ་གཉེར་གྱི་དབུ་ཚུགས་དེ་ནས་དགུང་ལོ་བཅུ་དགུ་པ་ ཤིང་བྱིའི་ལོར་རྡོ་རྗེ་འཆང་ཆེན་པོ་ངག་དབང་ཚོགས་གཉིས་རྒྱ་མཚོའི་སྐུ་དྲུང་དུ། མཆོག་སྤྲུལ་ ཉིད་ལ་རང་གི་ཡོངས་འཛིན་གྱིས་རྒྱུད་སྡེའི་དབང་བསྐུར་མཛད་དགོས་པའི་ཞུ་བ་ཕུལ་བས་ ཐོག་མར་ཁོང་གིས་ཞལ་བཞེས་མ་གནང་ཡང་རྨི་ལམ་དུ་སྐྱབས་མགོན་སྦྱངས་པས་གླེག་ བམ་ཞིག་གཏད་དེ་གསུང་བསྐུལ་གསལ་བོ་བྱུང་བར་བརྟེན་ཁོང་ཉིད་ཀྱིས་རྗེས་ནས་ཞལ་ 3-1-100 བཞེས་ཇི་བཞིན་གྱིས་ལོ་དེའི་དབྱར་ཁ་ལ་དཔལ་གྱི་འཛམ་ཐང་དུ་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་ གང་གི་ཞལ་གྱི་བུམ་པ་བཟང་པོ་ལས། སྤྲུལ་པའི་སྐུ་ཉིད་དང་བླ་མ་ཆོས་དབང་སོགས་རྡོ་ རྗེའི་སློབ་མ་རགས་བསྡུས་ཙམ་ལ་དཔལ་རྒྱུད་སྡེ་རབ་འབྱམས་ཡོངས་སུ་རྫོགས་པའི་ཟབ་ དབང་གི་ཆུ་བོ་ཆེན་པོས་སློབ་ཚོགས་དེ་དག་གི་ཐུགས་རྒྱུད་ལམ་རིམ་པ་གཉིས་ཀྱི་ས་བོན་ སྨི ན་མ་རག་ཏུ་མཛད་ལ། གཞན་ཡང་སྤྲུལ་པའི་སྐུ་ཉིད་ཀྱིས་ལོ་དེར་སྔ་ཕྱི་ཅི་རིགས་པར་རི་ འཕོངས་བླ་མ་ཆོས་རབ་ཀྱི་མདུན་ནས། ཆོས་བཀའ་དུ་མ་ཞིག་དང༌། ཁང་དམར་དུ་སེ་དགོན་ གྱི་བླ་མ་གསང་མཐའ་བྱོན་པའི་མདུན་ནས་རྗེ་བཙུན་རིན་པོ་ཆེའི་གསུང་འཐོར་བུའི་རིགས་ སྔོ ན་ནས་དཔེ་ཡོད་ཚད་རྣམས་དང༌། གཙང་བའི་གཟིམས་ཁང་དུ་རྡོ་རྗེ་སློབ་དཔོན་ངག་ དབང་སྨོན་ལམ་བཟང་པོའི་དྲུང་ནས་རྗེ་བཙུན་གྱི་གསུང་འཐོར་བུ་ཕྱིས་སུ་བྱོན་པ་རྣམས་ཀྱི་ བཀླག་ལུང་ཀུན་ཀྱང་ལེགས་གསན་མཛད་དོ། །འདི་སྐོར་ཆོས་སྟོན་པའི་སློབ་དཔོན་མཆོག་ གི་དྲུང་ནས། སྤྲུལ་སྐུ་གང་གིས་འབའ་མདའ་བླ་མས་མཛད་པའི་བསྡུས་གྲྭ་སོགས་ལ་སློབ་ གཉེར་གྱིས་ཐོས་བསམ་མཛད་པར་མངོན་པ་སྟེ། སྐོར་འདི་གོང་འོག་ཅི་རིགས་པར་རྟེན་ཁང་ དུ་སྤྲུལ་པའི་སྐུ་ཉིད་དགུང་ལོ་བཅུ་དགུ་པའི་དུས་སུ་དམ་པའི་གསུང་ལས་ཁོལ་དུ་བྱུང་བའི་ བསྡུས་གྲྭའི་སྤྱི་དོན་རྣམ་བཤད་ཀྱང་ཉིད་ཀྱིས་གསུང་རྩོམ་ཉེ་བར་མཛད་པའི་ཕྱིར། དགུང་ལོ་ ཉི་ཤུ་པ་ཤིང་གླང་གི་ལོའི་ནག་ཟླའི་བཅྭོ་ལྔ་ལ་ཉིད་ཀྱི་ཡོངས་འཛིན་དམ་པ་སྐུ་གཤེགས་ཤིང་ ཡོངས་འཛིན་ཉིད་སྐུ་བཞུགས་གཤེགས་གང་ཐད་ལ་བགྱི་བ་གང་དགོས་ཐམས་ཅད་མཆོག་ སྤྲུལ་རང་གིས་མཛད་ཅིང་ལོ་དེའི་སོས་ཀ་ཙམ་ན་སློབ་དཔོན་ཆེན་པོ་ཆོས་ཀྱི་དབང་པོས་ སྤྲུལ་པའི་སྐུ་ཉིད་ཕ་རིའི་སྒྲུབ་ཁང་དུ་ཕྱགས་ཕེབས་མཛད་པར་བྱས་ཏེ་སྤྲུལ་སྐུ་ཉིད་ཀྱང་སྒྲུབ་ པོ་བསམ་འགྲུབ་ཅེས་པས་ཕྱིང་དཀར་སུམ་བརྩེགས་ཐོག་སྣ་ཚོགས་རྡོ་རྗེ་མཚལ་རིས་ཀྱིས་ བྲིས་པ་ལ་བཞུགས་སུ་གསོལ་བའི་ལེགས་མཚན་བཅས་ཁོང་ཉིད་ཀྱིས་སྒྲུབ་པོ་གང་དག་ལ་ 3-1-101 ཟབ་མོ་ཆོས་ཁྲིད་ཀྱིས་ལེགས་སྐྱོང་གི་དབུ་འཛུགས་པའི་རྟེན་འབྲེལ་ལེགས་བསྒྲིག་ཀྱང་ མཛད། དེའི་དབྱར་སྨད་དུ་ཡོངས་འཛིན་མཆོག་གི་དགོངས་རྫོགས་སུ་སྤྲུལ་སྐུ་མཆོག་གིས་ ཆོས་རྗེའི་འདུ་ཁང་ཆེན་མོར་འདུས་པ་ཉིས་བརྒྱ་ལྷག་ལ་རྗེ་བཙུན་རིན་པོ་ཆེའི་བཀའ་འབུམ་ ལས་བྱུང་བའི་རྒྱུད་སྡེ་རབ་འབྱམས་ཡོངས་སུ་རྫོགས་པའི་ཟབ་དབང་ལེགས་བསྐུར་མཛད་ སྐབས་ཉིན་གཅིག་བདེ་མཆོག་གི་དབང་ཞིག་གི་དུས་སུ་བུམ་ཆུ་བུམ་པ་གང་གིས་དབང་ཉན་ མཐའ་དག་ལ་འགྲིམས་ཡང་ད་དུང་མ་ཟད་པའི་རྟགས་མཚན་ཀྱང་བྱུང༌། དེ་དུས་སུ་རྟོགས་ ལྡན་ལྷ་མཆོག་རང་ཡང་དབང་ཉན་དུ་འོང་བའི་སྐབས་མཆོག་སྤྲུལ་གྱིས་ཐོག་མ་དབང་གི་ལོ་ རྒྱུས་གསུངས་པའི་སྐབས་ནས་ཀྱང་ལྷ་མཆོག་རང་ལ་ཡེ་ཤེས་ཕེབས་པའི་ཉམས་གསལ་བོ་ ཀུན་ནས་བྱུང་ལ། དགུང་ལོ་ཉེར་གཅིག་པ་མེ་སྟག་གི་ལོར་ཁོང་གྲྭ་འཁོར་བཅས་མགོ་ལོག་ ཏུ་གདུལ་བྱར་ཕེབས་དགོས་བྱུང་སྟེ་དེ་ཕྱོགས་སུ་མཛད་ཕྲིན་རྒྱ་ཆེ་བས་འགྲོ་དོན་མཐའ་རྒྱས་ ཀྱི་ངང་འབུལ་ནོར་ཆེས་མང་འབྱོར་ཞིང་སྤྲུལ་སྐུ་ཁོང་གིས་དད་ཟས་འབུལ་ནོར་ཧ་ཅང་འདུ་ ཚབས་ཆེ་བཞིན་འདོད་ཡོན་ལ་ཞེན་ལོག་གི་རྣམ་འགྱུར་ཤུགས་ཆེ་རབ་ཀྱང་མཛད་ཀྱིན་ འདུག འབུལ་ནོར་དེ་དག་གིས་ཆོས་རྗེའི་ཁང་གསར་ཕོ་བྲང་ཞིག་གསོས་ཀྱི་ཆ་རྐྱེན་བྱས་ ཤིང་འདི་སྐབས་གོང་འོག་ཐམས་ཅད་དུ་ཉིད་ལ་ཐུགས་སྐབས་གང་ཡོད་ཀུན་རྟེན་ཁང་དུ་ སློབ་དཔོན་དམ་པའི་དྲུང་ནས་ཆོས་ལ་སློབ་གཉེར་རྒྱུན་མ་ཆད་དུ་ཁོང་གིས་མཛད་པ་ཡིན། ལོ་དེར་ཚ་རོང་ཕྱོགས་བཞག་ཤོད་དགོན་ལྔ་སོགས་སུ་ཁོང་དཔོན་སློབ་བཅས་ཕེབས་ནས་ ཀྱང་མཆོག་གི་སྤྲུལ་སྐུས་མི་འཁྲུགས་པའི་དབང༌། དུས་འཁོར་དབང་ཆེན་སོགས་ཟབ་བཀའ་ མང་པོས་འགྲོ་དོན་མཛད་བཞིན་འབུལ་ནོར་རྒྱ་ཆེར་བསྡུས། དགུང་ལོ་ཉེར་གཉིས་པ་རབ་ བྱུང་བཅུ་དྲུག་པའི་ཐོག་མ་མེ་ཡོས་ཀྱི་གནམ་ལོ་གསར་དུ་ཚེས་པའི་དུས་ན་རི་ཁྲོད་དུ་ཁོང་ གིས་མི་འཁྲུགས་པའི་བསྙེ ན་མཚམས་ཞལ་ཟས་ཀྱི་བྱ་བ་གདན་གཅིག་གི་ངང་ནས་ལྷ་བསྙེ ན་ 3-1-102 ཚད་ལྡན་ཁ་སྐོང་སྦྱིན་སྲེག་བཅས་ལེགས་གྲུབ་མཛད་ཅིང༌། འདི་སྐོར་འཛི་རོང་གཡག་ཚེའི་ ཕྱོགས་སུ་བུད་མེད་འགོག་ཐག་གིས་གྲིར་ཤི་བ་རོ་ལངས་ལ་ཁད་པར་ཁོང་གིས་འཕོ་བ་ མཛད་པས་བམ་རོ་དེ་ཉིད་ལས་ཆུ་སེར་བྱུང་ནས་རོ་ཤུབ་སྟེ་རང་སར་སོང༌། ཡང་ཤི་བོ་འཕོ་ བ་ཐེབས་དཀའ་བ་ཞིག་ལ་སྤྲུལ་སྐུ་ཉིད་ཀྱིས་ཕོ་ལུང་གཟབ་ནན་གྱིས་རོ་མགོའི་ཐོད་རུས་ བཅག་སྟེ་ཚངས་བུག་གསར་རྡོལ་བྱུང་བའི་སྐྲ་རྟགས་ཁྱད་མཚར་བ་དུས་སུ་ཐོན་པའི་མཐུ་ ནུས་མངའ་ཞིང༌། ལོ་དེར་ཆོས་རྗེའི་ཁང་གསར་ཕོ་བྲང་གི་ནུབ་ཕྱོགས་ཞིག་གསོས་གསར་ འགྲུབ་བཅས་ཀྱིས་གསེར་ཁང་ཡང་དེ་ཕྱོགས་སུ་གསར་བཞེངས་ཕྱི་བཀོད་ཀྱི་རྣམ་པའང་ གྲུབ་ལ། དགུང་ལོ་ཉེར་གསུམ་པ་ས་འབྲུག་ལོར་ཁོང་གིས་རི་ཁྲོད་དུ་དབོན་ཡོན་ཏན་རྒྱ་ མཚོས་བཞེངས་པའི་ཁང་བརྩེགས་མཆོད་རྟེན་ལ་རབ་གནས་དང་དབོན་དེ་ཉིད་ཀྱི་དྲུང་ནས་ གྲོལ་མཆོག་ཁྲིད་བརྒྱའི་ཁྲིད་ལུང་ཡང་གསན་པར་མཛད་པ་དང༌། གཞན་ཡང་འཛི་སྲིབ་ དགོན་གྱི་རྡོར་སློབ་བླ་མ་ཟླ་བ་གྲགས་པའི་མདུན་ནས། དུས་འཁོར་འགྲེལ་ཆེན་བཀླག་ ལུང༌། ཁྱུང་ཁྲ་རྒྱུད་དང་མན་ངག་ལུགས་ཀྱི་རྗེས་གནང་ཁྲིད་ལུང་བཅས་གཟུངས་གྲ་ལྔའི་ དབང་བྱབ་ཆོག་ཁྲོ་ནག་དབང༌། སྦྱོར་དྲུག་ཁྲིད་སོགས་ཆོས་བཀའ་དུ་མ་དང༌། ཁང་དམར་ དབོན་རྒན་གྱི་དྲུང་སྦྱོར་དྲུག་ཆ་ཚང་ཡང་ལེགས་མནོས་མཛད། དགུང་ལོ་ཉེར་བཞི་པ་ས་ སྦྲུལ་ལོར་སྤྲུལ་སྐུ་ཁོང་གིས་རི་ཁྲོད་དུ་དབོན་ཡོན་ཏན་རྒྱ་མཚོ་སོགས་ལ་དོལ་པོའི་བཀའ་ པོད་དྲུག་རྣམ་ཐར་བཅས་དང༌། བྱམས་ཆོས་སྡེ་ལྔ་སོགས་ཀྱི་བཀླག་ལུང༌། དབོན་ཆོས་ གྲགས་སོགས་ལ་སྒྲོལ་མ་རྣལ་འབྱོར་མའི་དབང༌། དེའི་རྩ་རྒྱུད་དང་རྒྱུད་ཕྱི་མ་མཆན་བུ་ཅན་ གྱི་བཤད་ལུང༌། རྗེ་བཙུན་གྱི་གསུང་འཐོར་དུ་མའི་ལུང་སོགས་གནང་ཞིང༌། ཁོང་གིས་ འཛམ་ཐང་གཙང་བའི་གཟིམས་ཁང་དུ་གདུང་ཡངས་བླ་མ་སྨོ ན་ལམ་གྱི་མདུན་ནས། དུས་ འཁོར་རྒྱུད་འགྲེལ་ཕྱོགས་མཆན་ཅན་གྱི་བཤད་ལུང་ཇི་བཞིན་ནོད་པར་མཛད་ངོས་ནས་ལོ་ 3-1-103 དེའི་ཆོས་རྗེའི་སྐུ་རིམ་དུས་ཟབ་ཐང་མང་པོའི་ཞལ་ཕྱེ་མང་འཚོགས་ལ་མཇལ་ཁའི་སྐབས་ སྤྲུལ་པའི་སྐུ་ཉིད་ཀྱིས་དེ་ཀུན་ལ་དམ་རྫས་མྱོང་གྲོལ་འགྱེད་བཞིན་དགེ་བསྐུལ་རྒྱ་ཆེ་བའི་ འགྲོ་དོན་ཀྱང་མཛད་དོ། །དགུང་ལོ་ཉེར་ལྔ་པ་ལྕགས་རྟ་ལོའི་ནག་ཟླའི་ཡར་ཚེས་བཅོ་ལྔ་ལ་ བརྟན་མཁས་ཀྱི་ཡོན་ཏན་མཆོག་མངའ་བའི་ས་དམར་དགོན་གྱི་སློབ་དཔོན་ཀུན་དགའ་སྙན་ གྲགས་ཀྱིས་མཁན་པོ་དང༌། ངག་དབང་བསོད་ནམས་བཟང་པོས་ལས་སློབ། བླ་མ་ཐུགས་ རྗེ་དཔལ་གྱིས་གསང་སྟོན་པ་མཛད་པ་སོགས་དགེ་འདུན་གྲངས་ཚང་གི་དྲུང་ནས། མཆོག་ སྤྲུལ་ཉིད་ཀྱིས་ཚེས་བཅུའི་སྤྲུལ་སྐུ་སོགས་དང་ཆབ་ཅིག་ཏུ་བསྙེན་པར་རྫོགས་པའི་དགེ་སློང་ གི་དངོས་པོ་ལེགས་ཐོབ་མཛད་ཅིང༌། དེ་སྐོར་ཞིག་ཏུ་བྱང་ཆུབ་སེམས་སྡོམ་ཡང་གསན། ལོ་ དེར་ཁང་རྒན་བླ་མ་མཁས་དབང་སོགས་ལས་འཇིགས་བྱེད་སྙན་བརྒྱུད་ཀྱི་ཟབ་ཁྲིད་ཁོང་ གིས་ལེགས་ནོད་ཀྱི་སྒོ་ནས་བསྙེན་སྒྲུབ་ཚད་ལྡན་ཁ་སྐོང་བཅས་ཀྱང་གྲུབ་པ་སོགས་ཆོས་ལ་ ཉན་སེམས་ཅི་རིགས་པའང་མཛད་ལ། དེ་ཡན་དུ་བར་བར་ལོང་སྐབས་གང་ཡོད་རྣམས་སུ་ སློབ་དཔོན་ཆོས་དབང་བའི་མདུན་ནས། སྤྲུལ་སྐུ་རང་གིས། འབའ་མདའ་བླ་མས་མཛད་ པའི་ཡུམ་ཊཱིཀ་ཆུང་བ། བློ་རིག་གི་བཤད་པ། ཛ་འགོའི་དགེ་བཤེས་ཀྱིས་མཛད་པའི་གྲུབ་ མཐའི་རྣམ་བཤད། མངོན་མཛོད་འབྲུ་འགྲེལ། བླ་ཆེན་གྱིས་མཛད་པའི་ཐེག་མཆོག་ཊཱིཀ་ ཟིན། རྒྱུད་བླ་མའི་འགྲེལ་བ། དུས་འཁོར་བསྐྱེད་རྫོགས་ཀྱི་ཁྲིད་བཤད་ཆ་ཚང་སོགས་མདོ་ སྔགས་གཞུང་ལུགས་མཁོ་ཆེ་བ་དག་ལ་བརྩོན་པ་ལྷོད་མེད་ཀྱིས་སྦྱང་བ་ཐོས་བསམ་གནད་ ཁེལ་བཅས་ཀྱི་མཐར་སློབ་དཔོན་ཆེན་པོ་གང་གི་བཀའ་བཀོད་ཀྱིས་སྤྲུལ་པའི་སྐུ་ཉིད་ལ་ འཛམ་ཐང་ཕ་རིའི་སྒྲུབ་སྡེ་པ་ཟབ་ཆོས་ཀྱིས་རྟག་པར་རྗེས་བཟུང་དགོས་ཚུལ་གྱིས་རྡོ་རྗེ་ སློབ་དཔོན་ཆེན་པོར་མངའ་གསོལ་བའི་བཀའ་ལན་ཐབས་གང་ནས་བཟློག་ཐབས་མེད་ པར་གྱུར་ཅིང་སྔོ ན་སྦྱངས་པ་སྐྱབས་མགོན་སྐུ་དངོས་བཞུགས་ཀྱི་ཞལ་སྔ་ནས་ཀྱང༌། ཁོང་གི་ 3-1-104 ཤུལ་ཚབ་འདུས་སྡེ་ཡོངས་ལ་ཆོས་ཀྱིས་རྗེས་བཟུང་བྱེད་མཁན་ཕྱིས་སུ་ཡོད་ཚུལ་གྱི་བཀའ་ ལུང་ཡང་ཡོད་པ་དེ་ལུགས་ལྟར་འདིར་སློབ་དཔོན་མཆོག་གིས་རྒྱལ་ཚབ་བསྐོ་བཞག་ཀྱང་དེ་ ལྟར་གནང་སྟེ་ཞལ་ཏ་བཀའ་འཕྲོས་ཅི་དགོས་བཅས་ཀྱི་མཐར་རིང་པོ་མ་ལོན་པར་སློབ་ དཔོན་ཁོང་ཉིད་ཀྱང་ཞི་དབྱིངས་སུ་གཤེགས་ཤིང༌། ཚུལ་དེ་ཇི་ལྟ་བ་བཞིན་ཀླད་ཆོས་རྗེའི་ སྐུ་དབོན་གང་དག་གིས་སྤྲུལ་སྐུ་མཆོག་ཉིད་སྒྲུབ་སྡེ་པ་དང་གྲྭ་ཚང་ཡོངས་ལ་ཆོས་ཀྱི་སློབ་ དཔོན་དམ་པར་ཅི་ནས་ཀྱང་བཞུགས་དགོས་ངེས་ཀྱི་ཐད་ནས་བཀའ་ཕེབས་ལྡོག་མེད་བྱུང་ བ་ལ་བཟློ ག་ཐབས་གང་ནས་བྲལ་ཚེ། སྤྲུལ་པའི་སྐུ་ཁོང་ནས་ཀྱང༌། གལ་ཏེ་ངེས་པར་དགོས་ ན་འདུས་སྡེ་ཡོངས་ཀྱིས་བྱ་བ་གང་ཅིའི་ཐད་ཀུན་སྤྱོད་ཡང་དག་གི་འགྲིག་ཁྲིམས་དམ་པོ་ ལེགས་པར་དགོས་པའི་ཆད་མདོ་འདྲ་གཉིས་ཀྱི་བཀའ་ཤོག་ཡི་གེ་འགྱུར་མེད་བཅས་དེ་ཕན་ ནས་ཆོས་ཀྱི་ལམ་ལུགས་ལ་གང་ཐད་ནས་ཐུགས་འགན་བཞེས་དགོས་བྱུང་ལ། དེ་ནས་ དགུང་ལོ་ཉེར་དྲུག་ལྕགས་ལུག་ལ་ཁོང་གིས། སྒྲུབ་ཁང་པ་དག་ལ་ཆོས་ཁྲིད་ཅི་དགོས་གནང་ ཞིང་ལོ་དེར་རི་ཁྲོད་དུ་ཉིད་ཀྱི་གཟིམས་སྤྱིལ་གསར་དུ་གྲུབ་པ་དང༌། རི་ཁྲོད་དེའི་འདུ་ཁང་ ཡང་གསར་བཞེངས་ཀྱིས་གཞི་ཁྱོ ན་ལེགས་པར་གྲུབ་ལ། དགུང་ལོ་ཉེར་བདུན་ཆུ་སྤྲེལ་ལ་ ཁོང་གིས་འཛམ་ཐང་དུ་ཁང་བརྩེགས་མཆོད་རྟེན་ལ་རབ་གནས་དང༌། འདུས་སྡེ་ཡོངས་ལ་ སྦྱོང་རྒྱུད་ཀྱི་དབང་བསྐུར་ཀྱང་མཛད་ཅིང་དབོན་ཡོན་ཏན་རྒྱ་མཚོའི་དྲུང་ནས་ནཻ་གུའི་ཁྲིད་ སྐོར་བརྒྱུད་རིམ་དབང་གིས་སླར་ཞུ་བའང་བྱས་ནས་དགུང་ལོ་ཉེར་བརྒྱད་ཆུ་བྱ་ལ་སྤྲུལ་སྐུ་ གང་གིས་བླ་མ་དཀོན་འཕེལ་སོགས་ལ་རབ་བྱུང་དགེ་ཚུལ་གྱི་སྡོམ་པ་གནང་ཞིང་ལོ་དེར་རི་ ཁྲོད་དུ་ཀུན་མཁྱེན་དང་རྗེ་བཙུན་གྱི་སྐྱེས་རབས་རྣམ་ཐར་གྱི་བྲིས་ཐང་བཅུ་གསུམ་གསར་ བཞེངས་དང༌། བསླབ་པ་ཡོངས་སྦྱོང་གི་དགེ་འདུན་གྱི་དབྱར་གནས་ཀྱང་བཙུགས་ཁོང་ གིས་ཆོས་སྐྱོང་སྐུ་ལྔའི་མདོས་བསྐང་རྩོམ་སྐབས་རྨི་ཉམས་སུ་རྒྱལ་པོའི་རང་གཟུགས་ཀྱིས་ 3-1-105 གུས་འདུད་ལན་གསུམ་འབུལ་བའི་གསལ་སྣང་བྱུང་ཞིང༌། འདི་སྐོར་འཛི་ཡུལ་དུ་སྟོད་སྤྲུལ་ ཟེར་བའི་གཏེར་སྟོན་ཞིག་སླེབས་པ་ཐོག་མ་སྔོན་ནས་མ་འདས་མཆོག་སྤྲུལ་གྱི་གཏེར་སྟོན་ ཇི་བཞིན་མིན་པ་ཐུགས་ཀྱིས་མཁྱེན་པས་དེ་ལུགས་ཁོང་གིས་རང་ཚུགས་བཟུང་བའི་ངང་ ཚུལ་མཛད་ལ་དེ་དང་མཉམ་དུ་ཨ་གཏེར་བྱོན་པ་ལ་དེའི་མདུན་ནས། ཁོང་གིས་གཏེར་སྟོན་ ཉིད་ཀྱིས་གཏེར་བྱོན་ཐང་སྟོང་རྒྱལ་པོའི་སྒྲུབ་སྐོར། རྗེ་བཙུན་སྒྲུབ་ཐབས། རྣལ་འབྱོར་མའི་ སྒྲུབ་ཐབས་བཀའ་སྲུང་ལྷ་ལྔའི་སྟོད་ལས། འོད་ཟེར་ཅན་མའི་སྒྲུབ་ཐབས་དབང་ཆོག་བཅས། གུ་རུ་ཡབ་ཡུམ་གྱི་རྣམ་ཐར། སྒྲོལ་མ་མཎྜལ་བཞི་ཆོག བསམ་ལྷུན་རྣམས་ཀྱི་བཀླག་ལུང་ ལེགས་པར་གསན་ནོ། །དགུང་ལོ་ཉེར་དགུ་ཤིང་ཁྱི ་ལ་ཁོང་གིས་བྲིས་ཐང་དེ་དག་ལ་རབ་ གནས་མཛད་སྐབས་དོལ་པོའི་སྐུ་འདྲས་མེ་ཏོག་ལེགས་བཞེས་བསྙོན་མེད་ཀྱི་རྟགས་མཚན་ བྱུང་ཞིང་ཁོང་ཉིད་ཀྱིས་གཞན་ཡང་ཆོས་ལྡན་གྱི་བྱ་བ་ཡུལ་སྡེ་སྤྱི་ལ་སྲུང་རིམ་དང་སློབ་ འགའ་ལ་དགེ་ཚུལ་སློང་གི་སྡོམ་པ་འབོགས་པ་དང༌། ལ་ལར་ཕུང་ལྔའི་བཤད་ཁྲིད་སོགས་ ཀྱང་མཛད། འདི་སྐོར་ཞིག་ཏུ་ལྷ་བཟོ་སང་ཇོ་མོ་དབུས་གཙང་དུ་གནས་མཇལ་ལ་སོང་བ་ མར་ལམ་གྲོགས་དག་གིས་བསྐྱུར་ནས་དེ་ཤི་བ་སྐད་དུ་བརྗོད་པས་རང་ཡུལ་དུ་གཤིན་ཆོག་ ལ་བླ་སྒར་དུ་མ་དྲངས་མཐར་མ་འདས་མཆོག་སྤྲུལ་དྲངས་ནས་ཁོང་གིས་ཁྲུས་ཆོག་གི་མཐར་ ཚེ་འགུགས་ཡང་ཡང་གསུངས་ཏེ་འབུལ་བ་གང་ཡང་མ་བཞེས་པར་ཕེབས་སོང་བ་ལྟར་ཕྱིས་ སུ་ཇོ་མོ་དེ་ཉིད་གསོན་པོར་སླེབས་འོང་བ་ཐོག་ཏུ་ཁེལ། དགུང་ལོ་སུམ་ཅུ་ཤིང་ཕག་ལོ་ཟླ་བ་ དང་པོའི་ནང་ནས་ཁོང་རི་ཁྲོད་གཟིམས་སྤྱིལ་དུ་བཞུགས་ཏེ་ཉིད་ཀྱིས་སྦྱོར་དྲུག་མགོ་ནས་ སྐྱབས་འགྲོ་འབུམ་ཐེར་ཕྱག་བཅས་སོང་མཚམས་གཟིམས་ཁང་དེ་ཉིད་དུ་རྟེན་གཏོར་ཚད་ ལྡན་ལེགས་སྒྲུབ་ཀྱི་རྗེས་སེམས་བསྐྱེད། ཡིག་བརྒྱ་མཎྜལ། ཀུན་མཁྱེ ན་བླ་རྣམ་ལ་བརྟེན་ པའི་གསོལ་འདེབས་རྣམས་རེ་རེ་ནས་འབུམ་ཐེར་འགྲོ་ངེས་དང༌། ཧ་ཀྵ་འབུམ་ཐེར་བཅུ་དང་ 3-1-106 བཅས་ཀྱི་མཐར། དབེན་གསུམ། སོར་སྡུད་རིམ་པས་ཉམས་ལེན་གནད་སྨི ན་མཛད་སྐབས་ ནས་རི་ཁྲོད་དེའི་དབྱར་གནས་ལའང་བཞུགས་ཏེ་ཁོང་གིས་དེར་གནས་འདུས་པ་རྣམས་ལ་ བྱང་ཆུབ་སེམས་སྡོམ་ཡང་གནང་ཞིང་དེ་སྐབས་དགེ་བཤེས་ཏིང་འཛིན་ཕེབས་པའི་དྲུང་དུ་ དབུ་མ་ཐེག་མཆོག་གི་བཤད་པའང་ལེགས་པར་གསན་པའི་སྒོ་ནས་སྦྱོར་དྲུག་ཆ་ཚང་རིམ་ པས་ཉམས་ལེན་མཛད་པ་དང༌། ཛ་འགོའི་རི་ཁྲོད་དུ་བླ་མ་རིག་མཆོག་གི་མདུན་ནས། ཁོང་ དང་ཚེས་བཅུ་སྤྲུལ་སྐུ་སོགས་ཀྱི་རྡོ་རྗེ་ཕྲེང་བ་དཀྱིལ་འཁོར་ཞེ་ལྔའི་དབང་ཡོངས་རྫོགས་ཀྱང་ ནོད། དགུང་ལོ་སོ་གཅིག་མེ་བྱི་ལ་དུས་ཀྱི་དམར་དམག་རྒྱང་བསྐྱོད་ཀྱི་དུས་ཟིང་སྐབས་དེའི་ སྔ་མོ་ཉིན་གཉིས་ཙམ་གྱི་དུས་སུ་ཁོང་གི་སྐུ་མདུན་དུ་ཐུགས་སློབ་ཇོ་མོ་ཞིག་འོང་ནས་དེས་ད་ ལན་དམག་ཐོན་ནམ་མི་ཐོན་ཞུས་ཚེ། ཞལ་ནས་ཀུ་རེའི་ཚུལ་དུ། ད་ནི་དམག་ཐོན་ལ་ཉེ་སྟེ་ གནང་ཉིན་ཉིན་ཕྱེད་ཙམ་ན་ཐོན་ཞེས་གསུངས་པ་ལྟར་དེ་ལུགས་ལྟར་གྱུར་ནས་དམག་ཟིང་ གི་སྐབས་ཁོང་དང་ཆོས་རྗེའི་སྒར་ཁོག་ལྷ་སྡེ་མང་ཙམ་བཅས་ཟངས་དཀར་ཕྱོགས་སུ་ཕེབས་ སྐབས་ཉིད་ཀྱི་ཐུགས་ལ་སྤྱིར་ཆོས་ཀྱི་མཐུ་ནུས་བསམ་མི་ཁྱབ་པ་ལྟ་ཅི་ཐ་ན་ཆོས་གོས་ཀྱི་ ཚལ་བུ་ཚུན་ལ་འདི་ཕྱིའི་སྲུང་སྐྱོབ་ཆེ་བའི་ནུས་པ་ཡོད་པ་ཐུགས་ཡིད་གཏིང་ནས་ཆེས་པ་ སོགས་དང༌། ལྷ་ཆོས་སྐྱོང་གི་ཕྲིན་ལས་ཀྱིས་རྒྱུ་རྫས་རེ་ཆག་གོད་བྱུང་བ་མ་གཏོགས་ཁོང་ མཆོག་སྤྲུལ་རྣམ་གཉིས་གྲྭ་འཁོར་བཅས་ལ་ཉེར་འཚོའི་སྐྱོན་དང་བྲལ་ནས་བདེ་སྐབས་སུ་ གནས་པ་བྱུང་ངོ༌། །དགུང་ལོ་སོ་གཉིས་མེ་གླང་ལ་རྡོ་ཁོག་ཕྱུག་ཤུལ་རི་ཁྲོད་དུ་ཁོང་ཉིད་ཀྱིས་ ཚེ་མཚམས་པ་བླ་མ་མཐུ་དཔལ་དང༌། འཇིགས་མེད་ཡེ་ཤེས་སོགས་ལ་སྦྱོང་རྒྱུད་བཅུ་གཉིས་ ཀྱི་དབང་དང༌། དུས་འཁོར་དབང་ཆེན་སོགས་ཆོས་བཀའ་དུ་མ་ལེགས་གནང་མཛད་ཅིང༌། འཛི་སྟོད་ཚ་ཁའི་བྲག་དམར་དགོན་དུ་རྣལ་འབྱོར་མའི་སྒྲུབ་མཆོད་རྡུལ་མཚོན་ལ་བརྟེན་པའི་ འཚོགས་གྲྭ་འཛུགས་པའི་དབུ་བཟུང་བ་དང་དེ་ལུགས་ཀྱི་འཚོགས་ཐོས་སོགས་ཉེར་མཁོ་ 3-1-107 ཐམས་ཅད་དུས་སུ་མཛད། ལོ་དེར་ཁོང་གིས་ཛ་འགོའི་དགོན་གྱི་སློབ་དཔོན་གཤེགས་པའི་ དགོངས་མཆོད་དང༌། ཆོས་རྗེའི་སྒར་གྱི་སྐུ་རིམ། རི་ཁྲོད་ཀྱི་རྒྱུད་སྡེའི་སྒྲུབ་མཆོད་འགའ་རེ་ དང༌། དབྱར་གནས་དང་དེའི་མཇུག་ཏུ་ཐར་ཆོག་འཛུགས་པ་སོགས་བགྱི་བ་ཅི་དགོས་མཐའ་ དག་ཀྱང་མཛད་ལ། དེ་ནས་ལྷ་ཚེའི་མཆོག་སྤྲུལ་གྱིས་མདུན་ནས། ཁོང་གིས་སྙི ང་ཐིག་ནང་ སྒྲུབ་རྩལ་དབང༌། ཚེ་དབང་ཡུམ་བཀའི་དབང༌། ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་ དང༌། རཏྣའི་གསང་འདུས། ཀར་གླིང་ཞི་ཁྲོ། རཏྣའི་གུ་དྲག་དང་ཕུར་བ། གུ་རུ་ཆོས་དབང་གི་ བཀའ་བརྒྱད་གསང་རྫོགས། མ་གཅིག་རིགས་ལྔ། ཁྲོས་མ་ལྷ་ལྔ། ཚོགས་བདག་མགོན་པོའི་ གཏེར་གཞུང་གི་དབང་བཀའ་སོགས་གསན་པ་དང༌། བླ་མ་ལྷུན་པོའི་དྲུང་ནས། ནང་སྒྲུབ་ རིག་འཛིན་འདུས་པ་སོགས་དང༌། སྔོ ན་དུས་ཤིག་ནས་འཛོང་བོ་སྐྱབས་མགོན་གྱི་མདུན་དུ་ བྱང་ཆུབ་སེམས་སྡོམ། སྦྱོར་དྲུག་ཁྲིད་ལུང་སོགས་དེ་ཐམས་ཅད་ཁོང་གིས་སྔ་ཕྱི་ཅི་རིགས་སུ་ ལེགས་པར་ཞུས་སོ། །དགུང་ལོ་སོ་གསུམ་ས་སྟག་ལ་ཁོང་གིས་རི་ཁྲོད་དུ་རྨད་བྱུང་སོགས་ལ་ ནཻ་གུའི་ཆོས་བཀའ་ཅི་དགོས་གནང་བ་ནས་བཟུང་ལོ་འགར་དེའི་རྒྱུན་ཚུགས་ལ། མ་ཎི་བླ་མ་ པདྨ་སིདྡྷི་བྱོན་པས་དེའི་ཆོས་འཚོགས་ལའང་བཞུགས་ཤིང༌། དེ་ནས་ཁོང་དཔོན་སློབ་བཅས་ བཀྲ་ཤིས་སྒང་དུ་ཕེབས་ནས་དེར་གང་གིས་རྟེན་གཏོར་འཛུགས་པ་དང༌། དགུང་ལོ་སོ་བཞི་ ས་ཡོས་ཀྱི་དུས་སུ་ཡོངས་ལ་དུས་འཁོར་དབང་ཆེན་སོགས་ཆོས་བཀའ་ཅི་དགོས་གནང་བ་ དང་སྲུང་རིམ་བྱིན་རླབས་ཀྱང་མཛད་ལ། བཞག་ཤོད་དགོན་ལྔ་སོགས་སུ་ཀུན་མཁྱེ ན་ཆེན་ པོའི་དྲུག་མཆོད་ཀྱི་ཐེབས་བཞག་སོགས་རླབས་ཆེན་གྱི་མཛད་པས་དེ་ཕྱོགས་སུ་ལོ་ལེགས་ ཤིང་བདེ་སྐྱིད་ཀྱི་དཔལ་ཁ་སྔར་ལས་ཆེ་བ་བྱུང༌། དེ་ནས་རང་ཡུལ་དུ་ཁོང་གིས་ཡང་ཆོས་ ལྡན་གྱི་བགྱི་བ་འགའ་དང་ཁྱད་པར་འཛམ་ཐང་དུ་ཀུན་མཁྱེན་གྱི་དྲུག་མཆོད་དུས་འཁོར་ སྡོམ་པ་ཆེན་པོའི་སྒྲུབ་མཆོད་གསར་འཛུགས་མཆོད་བཀོད་ཁྱད་པར་བ་དང༌། ཁང་དམར་ 3-1-108 རྟེན་ཁང་དུ་རྒྱུད་སྡེ་རབ་འབྱམས་ཀྱི་ཆོས་འཚོགས་རྒྱུན་ཟུག་གི་ཉེར་མཁོ་དག་ཀྱང་ལེགས་ བསྐྲུན་བཅས་ཀྱིས་རྒྱུད་སྡེའི་རྒྱུན་འཚོགས་བྱ་བའི་དབུ་ཚུགས། དགུང་ལོ་སོ་ལྔ་ལྕགས་ འབྲུག་ལ་ཆོས་རྗེའི་འདུ་ཁང་དུ་ཁོང་གིས། ལྷ་ལུང་མཚམས་པ་སོགས་ཀྱི་ངོར་རིན་འབྱུང་ཆ་ ཚང་གི་དབང་གསུངས་ཤིང་སྲིབ་ལུང་ཁང་བརྩེགས་མཆོད་རྟེན་ལ་རབ་གནས་དང༌། ཁང་ དམར་དུ་རྒྱུད་སྡེ་རབ་འབྱམས་ཀྱི་དབང་གི་མགོ་བཟུང་བའི་མཛད་སྒོ་གནང་ཞིང་ལོ་དེར་རི་ ཁྲོད་ཀྱི་དབྱར་གནས་འཛམ་ཐང་དུ་སྤོས་པའི་ཚུལ་གྱིས་དབུ་ཚུགས་ཤིང་ར་ཤུག་རི་ཁྲོད་དུ་ ངག་དབང་ཚོགས་གཉིས་རྒྱ་མཚོ་དགོངས་པ་དབྱིངས་སུ་ཐིམ་པ་ལ་གཤེགས་མཆོད་ཕྱག་ སྨོ ན་མཛད་པ་ལ་ཁོང་ཡང་ཕེབས། དེ་ནས་དབང་འཕྲོ་ཅི་རིགས་གསུང་བཞིན་འཛམ་ཐང་ སྦྱངས་པའི་སྔར་གཟིམས་ཁང་དུ་རྟེན་ཐང་དུ་མ་འབྲི་བཞེངས་དང་བཅས་ལོ་འདི་ནས་ཀུན་ མཁྱེན་དོལ་པོ་སངས་རྒྱས་ཀྱི་འདྲ་སྐུ་ལུགས་མ་སྤྲུལ་པའི་སྐུ་རང་གི་སྐུ་ཚད་ཙམ་པ་ཟངས་ གསེར་ལས་ཉེར་བསྐྲུན་གྱི་དབུ་བཟུང༌། ཁོང་འཛི་རོང་དུ་ཕེབས་ནས་གྲུབ་ཆེན་མཁན་གང་ རྣམ་གྱི་དྲུང་ནས། ཉིད་ཀྱིས་དྲི་མེད་རྣམ་གཉིས་ཀྱི་དབང་ཆོག་བསོད་ནམས་མཆོག་གྲུབ་ ཀྱིས་མཛད་པའི་སྟེང་ནས་དབང་ལུང་སོགས་རྟེན་བཞེངས་ལ་མཁོ་བའི་ཆོས་མང་པོ་གསན། དགུང་ལོ་སོ་དྲུག་ལྕགས་སྦྲུལ་ལ་ཁོང་གིས་ཀུན་མཁྱེན་སྐུ་བརྙན་རགས་རིམ་ཙམ་གྲུབ་པ་ལ་ མ་ཎི་བླ་མ་པདྨ་སིདྡྷི་གདན་འདྲེན་གྱིས་རབ་གནས་ཞུས་ཤིང་སྐབས་དེར་སྐུ་རྟེན་གྱི་ཆ་རྐྱེན་ གསེར་ཉོ་བ་ཇག་པས་བཅོམ་ཏེ་ཤི་བསད་དུ་སོང་ཐད་ནས་སྤྲུལ་སྐུ་ཁོང་ལ་སྐུ་ངལ་ཆེ་བ་བྱུང་ སྟེ་དེ་སླད་གཤིན་དོན་དུ་དགེ་རྫོགས་སྟོབས་ཆེན་ཁོང་གིས་མཛད་ངོས་ནས་གཤིན་པོ་ཚེ་ འདས་འགའི་རྣམ་ཤེས་ཐུགས་སྣང་དུ་བྱུང་བ་ལ་འཕགས་མཆོག་སྙིང་རྗེ་དབང་ཕྱུག་དྲན་ བསྐུལ་གྱི་སྒོ་ནས་རྣམ་ཤེས་དེ་ཉིད་མངོན་དགའི་ཞིང་དུ་ལམ་བསྟན་པས་འགྲོ་ཕན་མཛད་པ་ དང༌། འདི་ཐད་ཀྱི་ཤུལ་དུ་འཁོན་པ་ལེགས་བསྡུམ་གྱི་ཆེད་དང༌། རང་རེའི་བསྟན་ལ་ཆོས་ 3-1-109 གཞིའི་ལྷ་འབངས་བསྡུ་བ་སོགས་བསྟན་པ་འབའ་ཞིག་གི་དོན་དུ་ཁོང་དཔོན་སློབ་རྔ་ཡུལ་གྱི་ རྨེའུ་རྒྱལ་ཁབ་ཏུ་བྱོན་ནས་གནོད་བྱེད་ཇག་པ་གང་ཡིན་གྱི་རྩར་ཆོད་པ་མ་ཟད་ཆོམ་པོ་རེ་ཡང་ ལག་ཏུ་ལོན་པ་བྱུང་ཞིང་དེ་ནས་ཝ་ཤུལ་ཁྲོ་ཁོ་ཕྱོགས་སུ་ཕེབས་ལམ་ཨ་མཆོག་རིན་པོ་ཆེ་ མཇལ་ཕྲད་ཀྱིས་ཕན་ཚུན་ཆོས་བཀའ་གནང་རེས་བཅས་ཐུགས་ནང་གཅིག་འདྲེས་སུ་གྱུར་ ཅིང་དེ་ཕྱོགས་ཀྱི་ལྷ་འབངས་ཆོས་རྗེ་མ་བསྡུ་གྲབས་ཀྱི་འཆར་གཞི་ཙམ་དང་བཅས་རྟེན་ བཞེངས་ཆ་རྐྱེན་གསེར་ཀྱང་བཟང་རབ་འབྱོར། དགུང་ལོ་སོ་བདུན་ཆུ་རྟ་ལ་ཁོང་གིས་སྔར་ གྱི་རྟེན་བཞེངས་འཕྲོ་བརྩམ་བཞིན་ཁོང་བཞུགས་གནས་ཀྱི་ཁང་པ་སྲིབ་ལུང་དུ་ཡོད་པ་དུས་ འཁོར་ཡོངས་རྫོགས་བསྙེན་མཚམས་པ་དེ་ཕན་ལོ་བསྟར་གྱི་བཞུགས་གནས་སུ་མཛད་དེ་ལོ་ རེ་བཞིན་གྱི་བསྙེན་མཚམས་པ་བྱུང་ངོ་ཅོག་ལ་ཆོས་བཀའ་ཅི་དགོས་ཐམས་ཅད་ཀྱང་མཛད་ ཅིང༌། སྲིབ་ལུང་ཁང་བརྩེགས་ཀྱི་ནང་དུ་ལྷ་རིས་ཆ་ཚང་འདི་ལོར་གྲུབ་པ་སོགས་ཀྱི་མཛད་ སྒོ་དང་བཅས་ཀུན་མཁྱེན་ཆེན་པོའི་སྐུ་འདྲ་ཁྱད་མཚར་པ་སྐུ་རྒྱུ་ཟངས་ཁལ་གཅིག་དང༌། བྱུགས་གསེར་ཞོ་བརྒྱ་དང་ཉེར་གསུམ་ལྷག་སོགས་ཆ་རྐྱེན་གང་དགོས་འཛོམས་པའི་ངང་ ནས་ནང་གཞུག་རབ་གནས་དགའ་སྟོན་རྒྱ་ཆེ་ཞིང་ཚད་ལྡན་ལེགས་གྲུབ་ཀྱིས་རྟེན་སྐུ་ གཟུགས་ཀྱི་མདངས་ལྷག་པར་རྒྱས་ཤིང་མཁའ་ལ་འཇའ་སྤྲིན་དང་ཡུལ་སྡེའི་ཕྱུགས་ནད་ ཆད་པ་སོགས་ལེགས་མཚན་ཕུན་སུམ་ཚོགས་པ་དུས་སུ་བྱུང་ངོ༌། །དགུང་ལོ་སོ་བརྒྱད་ཆུ་ ལུག་ལ་ཆོས་རྗེའི་འདུ་ཁང་དུ་ཁོང་གིས་སྔར་རྒྱུད་སྡེ་རབ་འབྱམས་ཀྱི་དབང་འཕྲོ་འདུས་པ་ མང་པོ་ལ་གསུང་བཞིན་འདུ་ཁང་དེ་ཉིད་དུ་དོལ་པོའི་སྐུ་རྟེན་མཆོག་བཞུགས་པའི་རྒྱབ་ཡོལ་ མཛེས་པ་རྒྱན་དྲུག་ཡབ་སྲས་བཅོ་ལྔའི་སྐུས་ལེགས་པར་བརྒྱན་པ་སོགས་མཛེས་ཁྱད་ཀྱི་ བཀོད་ལུགས་ཡོངས་སུ་རྫོགས་བར་མཛད་ཅིང༌། སྐབས་ཅི་རིགས་པར་རྗེ་བཙུན་གྱི་སྐུ་ བརྙན་གསེར་ཟངས་ལས་བསྐྲུན་པ་བརྐྱངས་ཁྲུ་གང་ལྷག་ཡོད་པ་ལེགས་བཞེངས་ཀྱི་བཀོད་ 3-1-110 འདོམས་བཅས་ཀྱིས་འགྲུབ་པར་མཛད་པ་སོགས་རླབས་པོ་ཆེའི་སྤྱོད་བཟང་ལ་ཉེ་བར་ གནས་ངོས་ནས་ཁོང་དཔོན་སློབ་རྔ་ཡུལ་སེ་དགོན་ཕྱོགས་སུ་ཕེབས་བཞིན་དེར་དྲུང་བའི་ ཡང་སྲིད་གསུམ་པའི་སྐུ་སྐྱེས་ལ་སྐུ་བདག་བླུ་ཡོན་གྱི་མཛད་སྒོ་དང་བཅས་ཁྲོ་ཁོར་ཁོང་གིས་ ལྷ་འབངས་བསྡུ་སྐབས་ཐོག་མར་ཕྱོགས་རེ་ཙམ་ལས་ཆ་ཚང་བསྡུ་སྐབས་མ་འགྲིག་ལ་དེ་ ཕྱོགས་སུ་ཁོང་གིས་མང་ཚོགས་ལ་ཆོས་བཀའ་སྣ་ཚོགས་པས་འགྲོ་དོན་མཛད་པ་ལས་ཉིན་ གཅིག་ཐུགས་རྗེ་ཆེན་པོའི་དབང་གི་དུས་དབང་ཉན་པའི་ནང་ནས་རྒད་པོ་ཞིག་ལ་ཐ་མལ་ འདི་སྣང་འགགས་ནས་འཕགས་པ་འཇིག་རྟེན་དབང་ཕྱུག་བཞུགས་གནས་པོ་ཊ་ལའི་གནས་ ཚུལ་དག་སྣང་གི་རྣམ་པར་ཤར་བའི་ངང་དེ་གར་རེབ་ཙམ་དུ་ལུས་པ་བྱུང༌། དགུང་ལོ་སོ་དགུ་ ཤིང་སྤྲེལ་ལ་ལྷ་སྡེ་ཅུང་ཙམ་འདུས་ཤིང་ཁོང་དཔོན་སློབ་རྨེ་བའི་ནང་དུ་སྲུང་རིམ་སོགས་ཀྱི་ ཆེད་གདན་འདྲེན་གྱི་སྐབས་སྤྲུལ་པའི་སྐུ་ཉིད་སྲུང་རིམ་པ་བླ་སྤྲུལ་གཞན་ལས་ཁྱད་དུ་ འཕགས་པའི་ཡི་དམ་ཧེ་རུ་ཀའི་སྐུ་དངོས་ཀྱི་འཇིགས་རྔམ་ཆེ་བའི་ཟིལ་ཤུགས་ཀྱི་གཟི་ མདངས་འབར་ཞིང་མཛད་ཕྲིན་ཟླ་དང་བྲལ་བའི་གྲགས་པ་བྱུང་ལ། དེ་ནས་ཁོང་རྣམས་ཁྲི་ བཅུ་སོ་མང་རྒྱལ་པོའི་ཁབ་ཏུ་ཕེབས་ནས་དེར་བསྲུང་བ་རྐྱེན་སེལ་ཅི་དགོས་མཛད་ནས་ལྷ་ འབངས་བསྡུ་བ་ལ་མི་འོས་པ་བྱེད་མཁན་གྱི་ཐད་ལ་ཀླད་མི་དབང་ཡབ་ཡུམ་བློན་བཅས་ ཀྱིས་དྲང་མོས་གཟུ་བཞག་ཆོད་ཁྲའི་བཀའ་ཤོག་གིས་ཉེ་བར་བསྡམས་ཏེ་སྐབས་དེའི་དགོས་ དོན་ལེགས་གྲུབ་མཛད་སྒོའི་ངང་ནས་ཁོང་གིས་དེ་ཕྱོགས་སུ་མ་ཎིའི་ཆོས་འཚོགས་རྒྱ་ཆེ་བའི་ འགྲོ་དོན་གྱི་སྐབས་དེའི་ཆོས་གྲལ་ཨ་མཆོག་དགེ་བཤེས་དུ་མ་སོགས་གསར་རྙིང་གི་དགེ་ བའི་བཤེས་གཉེན་མང་པོ་བྱོན་པ་བཅས་ལ་ཆོས་བཀའ་སྣ་ཚོགས་དུས་སུ་བསྩལ་པས་དམ་ པ་དེ་དག་གི་ཐུགས་ངོ་མཚར་ཞིང་དད་གུས་ཀྱིས་བླ་མར་བསྟེན་པ་སོགས་མཚན་སྙན་གྱི་ གྲགས་པ་ཀུན་ནས་རྒྱས་པའི་ངང་དེར་ཐུགས་རྗེ་ཆེན་པོའི་དབང་གི་དུས། དབང་ཉན་པ་སྟོང་ 3-1-111 ཕྲག་ལྷག་ཙམ་ལ་བུམ་ཆུ་བུམ་པ་གང་ཙམ་གྱིས་ཁྲུས་སོགས་གང་དགོས་ཐམས་ཅད་བྱས་ ཕྱིར་དེར་གནས་ཀུན་ཧ་ལས་པའི་ངོ་མཚར་སྐྱེས་སོ། །འཚོགས་དེ་སྐབས་སུ་ཁོང་གིས་འདོད་ ཡོན་བསུར་བསྔོ་མཛད་པའི་མེ་རྗེས་སོར་ཞག་བདུན་ཕྲག་གསུམ་གྱི་རིང་དུ་མ་ཞི་བས་དེ་ ལའང་ཡ་མཚན་སྐྱེས་སྐད། དེ་འདྲའི་མཛད་སྒོ ས་འབངས་ཕྱོགས་ལ་ལེགས་ཕན་གྱི་བགྱི་བ་ གང་དགོས་དག་དང་ཁྱད་པར་སྲུང་རིམ་ཕུར་བའི་བསྙེན་མཚམས་ཀྱང་ཁོང་གིས་མཛད། དགུང་ལོ་བཞི་བཅུ་ཤིང་བྱ་ལ་ཁོང་གིས་དེ་ཕྱོགས་སུ་དྲུང་བ་སྐུ་སྐྱེས་ཀྱི་ཁྲི་སྟོན་དང༌། རྒྱུད་སྡེ་ པ་ལ་འཚོགས་གདན་རྩེ་ཞྭའི་ཆ་རྐྱེན་ཀྱང་མཛད། དེ་སྐབས་སུ་སྐུ་ཕྱོགས་འཇམ་དབྱངས་ བཞད་པ་དང་ཁོང་གཉིས་མཇལ་ཕྲད་ཕན་ཚུན་ཆོས་འབྲེལ་གནང་རེས་ཐུགས་ནང་མཐུན་ པས་སྐུ་ཕྱོགས་དེ་ལ་མཆོག་སྤྲུལ་གྱིས་རང་རེའི་བསྟན་པ་ལ་ཉེར་བཅོལ་ནན་ཞུས་མཛད་ ཅིང༌། དེ་སྐོར་སྐྱབས་ཚང་གི་བུད་མེད་སྨྱོན་མ་གཞན་དག་གིས་ཕན་ཐོགས་དཀའ་བ་སྤྲུལ་སྐུ་ ཉིད་ཀྱིས་ཕྱག་ནས་གཏོར་ཞིང་བྲབ་པ་ཙམ་གྱིས་དེ་མ་ཐག་སྨྱོན་མ་དེ་ཉིད་བརྒྱལ་སོང་ནས་ ཇ་སྦྱོར་ཙམ་ལ་མ་སངས་དེ་ནས་སླར་སངས་ཕན་ཆད་སྨྱོ་ནད་གཏན་བྲལ་དུ་གྱུར་པ་དང༌། ཡང་ཁོང་གིས་རྒྱོ་ཤེས་སང་ལ་འོད་དཔག་མེད་དང་ཐུགས་རྗེ་ཆེན་པོའི་དབང་གསུངས་དུས་ སྒོ་ཁྱིམ་ཐམས་ཅད་འོད་དམར་པོས་གང་བ་ཡོན་མཆོད་དག་གི་མཐུན་སྣང་དུ་བསྙོན་མེད་ བྱུང་བ་སོགས་ཀྱི་མཐུ་ནུས་ཀྱི་མཚན་མ་ཕྱིར་མངོན་ལ། དེ་ནས་ཁོང་དཔོན་སློབ་རྔ་ཡུལ་སེ་ དགོན་དུ་ཕེབས་ནས་ཉིད་ཀྱིས་དེར་སྦྱོར་དྲུག་གི་ཟབ་ཁྲིད་ཀྱི་མཐར་མགོན་པོ་ཁྲོ་བཅུའི་རྗེས་ གནང་གི་དུས་གློག་འབྲུག་དྲག་ཆར་བྱུང་བ་དང་མགོན་པོ་སྐུ་ལས་སྤོས་དུད་ལྟ་བུ་དང༌། བདུད་རྩི་འཛག་པ་མངོན་གསལ་དུའང་བྱུང་ལ། དེ་དུས་ཁོང་གིས་བླ་མ་གསང་མཐའི་དྲུང་ ནས་གཟའ་དབང་སྲོག་གཏད་བཅས་དང༌། རི་ཁྲོད་པ་སངས་རྒྱས་ཀྱི་མདུན། མཁའ་སྤྱོད་ མའི་དབང་སོགས་དང༌། དཔལ་ཡུལ་མཆོག་སྤྲུལ་གྱི་ཞལ་ནས། བཀའ་བརྒྱད་དཔལ་འདུས་ 3-1-112 ཀྱི་དབང་རྣམས་གསན། དེ་ནས་ཁྲོ་ཁོར་བྱོན་སྐབས་སྒྱུ་མདོའི་བཀྲ་ཤིས་ཐང་དུ་གཟིམས་ གུར་ཕུབ་ནས་བཞུགས་སྐབས་རླུང་འཚུབས་ཀྱི་དབུས་ནས་དཔལ་ལྡན་ལྷ་མོའི་རྣམ་འཕྲུལ་ བུད་མེད་སྔོ་ནག་འཇིགས་གཟུགས་ཅན་ནུ་གཅིག་རལ་པ་ས་ལ་འཁྱིལ་བཞིན་ཕྱག་གཉིས་ ཀྱིས་ཐོད་པ་ནས་བདུད་རྩི་སྟོབ་པའི་ཚུལ་གྱིས་གུས་འདུད་བཅས་མཆོག་སྤྲུལ་ཉིད་བཞུགས་ པའི་སྐུ་མདུན་དུ་དངོས་སུ་ཐོན་འོང་བ་གྲྭ་འཁོར་གྱིས་མངོན་གསལ་དུ་མཐོང་བའི་ལོ་རྒྱུས་ ཡོད་པ་དང༌། དེ་སྐོར་ཡག་ཤུལ་ཚེ་བཀྲ་ཇག་པ་སོང་ནས་ཟླ་ཤས་འགོར་བས་རང་ཁྱི མ་གྱིས་ ཤི་གསོན་གང་ཡིན་ཆ་མ་ཕྱེད་སྐབས་སུ་སྤྲུལ་པའི་སྐུ་ཉིད་དྲངས་ཚེ་ཁོང་གིས་དེ་མ་ཤི་གསོན་ པོར་གནས་པ་མ་ཟད་དོན་ཆོད་ཚུལ་གསལ་བོར་གསུངས་ནས་ད་ཞག་གཉིས་ཙམ་ནས་ཐོན་ ཐག་བཅད་པ་བཞིན་ཕྱིས་སུ་དེ་ཁོ་ན་ལྟར་ཐོག་ཏུ་ཁེལ་བ་སོགས་ཁྱད་འཕགས་ཀྱི་མཛད་སྒོ་ མང་པོ་བཤད་དུ་ཡོད་ལ། དགུང་ལོ་ཞེ་གཅིག་མེ་ཁྱི ་ལ་ཁོང་གིས་འཛམ་ཐང་རྒྱུད་སྡེ་བ་ལ་ ཉེར་མཁོའི་ཞྭ་གོས་སོགས་དང་བཅས་ཚུར་རང་གནས་ཆོས་རྗེའི་སྒར་དུ་ཕེབས་ནས་དྲུང་ བའི་སྐུ་སྐྱེས་ཆིབས་བསུ་རྒྱ་ཆེ་བས་ཁྲི་འདོན་དང་ཉིད་ཀྱིས་མཚམས་སྒྲུབ་ཆོས་བཀའ་འཆད་ ཉན་ཅི་རིགས་པ་དང༌། སྲིབ་ལུང་དུ་ཁོང་གིས་ཁང་བརྩེགས་ནང་གི་ལྷ་རིས་ལ་བརྟན་ བཞུགས་དང་དེར་གཏོ་སྒྲུབ་གཅིག་གི་དབུ་བཞུགས་དུས་བསྒྲལ་ལས་ཀྱི་ཚེ་གནོད་བྱེད་ གཟུགས་ཀྱི་ལིངྒ་འགུལ་ནས་བླ་འོག་བསྒྱུར་ལ་ཁད་དུ་བྱུང་བ་དེར་གནས་གྲྭ་འཁོར་དག་ གིས་མཐོང་བའི་མཐུ་ནུས་བསྟན་པ་དང༌། དྲུང་བ་སྐུ་སྐྱེས་སོགས་ལ་སྦྱོར་དྲུག་མགྱོགས་ཁྲིད་ ཀྱང་གནང༌། འདི་སྐོར་ཕ་རོལ་ཕྱོགས་ཀྱི་འཚེ་བྱེད་ལ་ཉེས་པ་མངོན་གསལ་དུ་བྱུང་ཞིང་ཁྲོ་ཁོ་ ཕྱོགས་ཀྱི་ལྷ་འབངས་དག་ལ་བླ་ཚབ་ཀྱང་ནམ་དགོས་དུས་སུ་བརྫངས་པ་ཡིན། དགུང་ལོ་ཞེ་ གཉིས་མེ་ཕག་ལ་སླར་ཁོང་དཔོན་སློབ་ཁྲོ་ཁོ་ཕྱོགས་སུ་བྱོན་ཏེ་ཁོང་ཉིད་ཀྱིས་བླ་ཚབ་སྒར་ལ་ མགོ་འཛིན་ཅི་དགོས་དང༌། རྡོ་གྲུབ་སྤྲུལ་སྐུ་དང་ཁོང་གཉིས་མཇལ་ཕྲད་ཆོས་བཀའ་གནང་ 3-1-113 རེས་མཛད་ཅིང༌། གཙང་གྲུབ་ལ་མཇལ་བར་ཕེབས་ལམ་དུ་འཇམ་མགོན་ཀོང་སྤྲུལ་གྱི་སྐྱེ་ བར་གྲགས་པ་ཞུ་ཆེན་སྤྲུལ་སྐུའི་དྲུང་ནས། ཁོང་གིས་དཔལ་སྤྲུལ་སྔོ ན་འགྲོའི་ཁྲིད་ལུང༌། སྐུ་ ལྔའི་སྲོག་གཏད་ཀྱི་དབང༌། ཟབ་ཏིག་སྒྲོལ་མའི་ཁྲིད་རྣམས་གསན། དེ་ནས་འབྲི་ངམ་མདོར་ གཙང་གྲུབ་ཆེན་སྐུ་དངོས་མཇལ་སྐབས་གྲུབ་ཆེན་མཆོག་གིས་སྤྲུལ་སྐུ་ཉིད་ལ་མངའ་བའི་ ནང་རྟོགས་ཀྱི་ཡོན་ཏན་ཇི་བཞིན་མཁྱེན་ཏེ་བསྔགས་བརྗོད་ཆེ་བས་གཟེངས་བསྟོད་ཉེ་བར་ མཛད། དེ་ནས་ཁོང་རྣམས་ཨ་སུག་མས་གདན་འདྲེན་གྱི་སྒོ ་ནས་སྲུང་རིམ་ཆོས་བཀའ་ཅི་ དགོས་ཀྱིས་འགྲོ་དོན་དང་བཅས་མཐར་འབྲོག་སྒར་དུ་བཞུགས་ནས་ཉིན་གཅིག་བྱོན་བཞུད་ ཀྱི་སྐབས་ཤིག་ཏུ་སྤྲུལ་པའི་སྐུ་ཉིད་ཆིབས་གོང་དུ་བར་བར་མི་སྣང་བ་གྲྭ་འཁོར་འགའི་ མཐོང་སྣང་དུ་བྱུང་བས་རེ་ཞིག་ན་ཁོང་གི་ཞལ་ནས། ད་ལན་འཛམ་ཐང་ནས་བླ་མ་ཞིག་ཤམྦྷ་ ལར་ཕེབས་འདུག་པས་དེ་ལམ་ལ་བཞག་དགོས་ཚུལ་གསུངས་པ་ལྟར་དུས་ཚོད་དེ་མཉམ་དུ་ ཁང་དམར་རྡོ་རྗེ་སློབ་དཔོན་ཀུན་དགའ་བསོད་ནམས་མགོན་པོས་དག་ཞིང་གཟིགས་ལ་དེ་ མཚམས་ཤིག་ནས་ཁོང་དཔོན་སློབ་སླར་འཛམ་ཐང་དུ་ཕེབས་སྐབས་གྲྭ་ཚང་ལ་ཕྱག་འབབ་ རྒྱ་ཆེར་བཅས་སོ། །དགུང་ལོ་ཞེ་གསུམ་ས་བྱི་ལ་ཁོང་གིས་སྲིབ་ལུང་རི་ཁྲོད་དང་རྟེན་ཁང་ ཚུན་གྱི་མཚམས་སྒྲུབ་པ་དག་ལ་ཆོས་ཁྲིད་ཅི་དགོས་མཛད་བཞིན་རྟེན་ཁང་དུ་སྒོས་ཀྱི་སྲུང་ རིམ་ཕུར་སྒྲུབ་དང་བཅས་དེ་ལོར་སྤྲུལ་སྐུ་ངེས་དོན་རྒྱ་མཚོ་ཕེབས་དྲུང་ནས། རྒྱལ་བའི་ བཀའ་ཆོས་ཡོངས་རྫོགས་ཀྱི་བཀླག་ལུང་དབྱངས་དྲུག་འགྱུར་གྱིས་ལེགས་གནང་མཛད་པ་ ཀུན་ཀྱང་གསན་རྗེས་སུ་རྟེན་ཁང་དུ་ཁོང་གིས་སྔར་གྱི་རྡོར་སློབ་གཤེགས་པའི་དགོངས་ མཆོད་བྱིན་ཆེ་བ་མཛད་པའི་མཐར་སློབ་ཚོགས་མང་ཙམ་ལ་ཀུན་མཁྱེན་དོལ་པོའི་བཀའ་ པོད་དྲུག་རྣམ་ཐར་བཅས་དང༌། རྗེ་བཙུན་རིན་པོའི་ཆེའི་གསུང་འབུམ་ཆ་ཚང་གི་བཀླག་ལུང༌། དུས་འཁོར་འགྲེལ་ཆེན་ཕྱོགས་མཆན་དང༌། རྩང་མདོའི་སོགས་གཏོ་པོད་འགའི་ལུང་བཅས་ 3-1-114 ལེགས་པར་གནང༌། དེ་ནས་ཁོང་གིས། ལྷ་ཚེ་མཆོག་སྤྲུལ་གྱི་མདུན་ནས། ཀླུ་སྒྲུབ་ལུགས་ཀྱི་ སེམས་བསྐྱེད་དང༌། རིག་འཛིན་འཇའ་ཚོན་སྙི ང་པོའི་གཏེར་ཁ་པདྨ་འོད་འབར་སྒོ ་ནས་ཚེ་ དབང་སོགས་དང༌། བྱ་ཡུར་དགོན་གྱི་རྡོར་སློབ་བསྟན་པ་རབ་རྒྱས་ཀྱི་དྲུང༌། ཟབ་མདོའི་ བསྲུང་བཟློ ག་བསད་གསུམ། སྦྱོར་དྲུག་གི་ཟབ་ཁྲིད་སོགས་དྲུང་བའི་སྐུ་སྐྱེས་བཅས་ཀྱིས་ ལེགས་གསན་མཛད། དགུང་ལོ་ཞེ་བཞི་ས་གླང་ལ་སྐབས་ཅི་རིགས་པར་ཁོང་དཔོན་སློབ་ཚ་ རོང་པཱ་ལ་ཕྱོགས་སུ་ཕེབས་ནས་སྤྲུལ་པའི་སྐུ་ཉིད་ཀྱིས་བླ་མ་ཚུལ་ཁྲིམས་སོགས་འདུས་པ་ མང་པོ་ལ་ཚེ་སྒྲུབ་མདའ་འཕེལ་མའི་དབང་གནང་སྐབས་ཚེ་མདའ་སོར་ལྔ་ཙམ་བསྐྱེད་ འཕེལ་གྱི་ལེགས་མཚན་དུས་སུ་བྱུང་བ་དང༌། འབའ་ཝ་འབྲོའི་དགོན་དུ་ཁོང་གིས་དོལ་པོའི་ བཀའ་འབུམ་གྱི་བཀླག་ལུང་དང༌། ཁང་གསར་དགོན་དུ་ཕུར་བའི་དབང༌། ཛ་འགོའི་དགོན་ དུ་སྦྱོར་དྲུག་ཆོས་ཁྲིད་ཅི་དགོས་མཛད་པ་དང༌། ཁྱད་པར་ལྷ་མོ་རིག་བྱེད་མའི་དབང་བསྐུར་ བའི་སྐབས་འདུས་སྡེ་བརྒྱ་དང་བདུན་ཅུ་ལྷག་ལ་བུམ་ཆུ་ལི་བུམ་ཆུང་ངུ་གང་གིས་འགྲིམ་ཡང་ ད་དུང་མ་ཟད་པའི་གྲུབ་རྟགས་བྱུང༌། དེ་ནས་འཛམ་ཐང་དུ་ཁོང་གིས། བཀའ་ཆོས་སྤྲུལ་སྐུ་ ངེས་དོན་རྒྱ་མཚོའི་ངོར། དུས་འཁོར་དབང་ཆེན་དང༌། སྦྱོར་དྲུག་ཆ་ཚང་གི་ཆོས་ཁྲིད་ཀྱང་ མཛད། དེ་ནས་ཁོང་དང་དྲུང་བའི་སྐུ་སྐྱེས་གྲྭ་འཁོར་བཅས་ཁྲོ་ཁོའི་ལྷ་སྡེ་འགའ་ལ་མི་བསད་ རྐུན་ཇག་བྱུང་བ་ལ་འཛིན་བདག་བྱེད་ཕྱིར་ཕེབས་དགོས་བྱུང་བའི་ལམ་དུ་སྐུ་ཆས་བཀལ་ བའི་སྒར་མཛོ་རྨ་ཆུས་ཉིན་ཕྱེད་ཙམ་ཁྱེར་ཀྱང་ཅི་ཡང་མ་གནོད་པ་ཁོང་རྣམས་ཁྲོ་ཁོར་སླེབས་ ནས་དེར་ལྷ་སྡེ་ལ་རྐུན་ཇག་གི་དོན་གཙོ་ཆེ་བ་ལམ་དུ་ཞོག་ཅིང་མི་ངན་ཞིག་གིས་ཇི་བཞིན་མ་ ཉན་པ་འཕྲལ་དུ་མཚོན་གྲིར་ཤི་བ་སོགས་དང་དེ་ཕྱོགས་སུ་གུང་ཐང་རིན་པོ་ཆེའི་སྤྲུལ་སྐུས་ དུས་འཁོར་དབང་ཆེན་གསུངས་པ་ཁོང་གིས་གསན་ཅིང་ཡུལ་ཤོག་འགའ་ལ་འགྲོ་དོན་ཅི་ རིགས་ཀྱི་མཐར་སྔར་ལྷ་འབངས་ལ་མི་བསད་མཁན་དག་ཀྱང་ལྟས་ངན་ཆོ་འཕྲུལ་གྱི་ 3-1-115 འཇིགས་སྣང་ཆེ་བས་དབང་མེད་དུ་བསྐུལ་ཏེ་མི་བསད་སྟོང་འཇལ་གྱི་གྱོད་གཙང་ཆོད་འོང་ ཞིང་དེར་ཁོང་གིས་གསར་རྙིང་བར་གྱི་གྲྭ་འཁོན་ལེགས་བསྡུམ་བཅས་བསྲུང་རིམ་སྣ་ཚོགས་ དང་ཁྱད་པར་ཁོང་གིས་བཀའ་བརྒྱད་གསང་རྫོགས་གཏོ་སྒྲུབ་མཛད་སྐབས་ཀྱི་དངོས་གྲུབ་ གྱི་རྫས་མར་ཁྱུང་གིས་བུད་མེད་སྐྲན་ནད་ཅན་སྔ་ཕྱི་གཉིས་ཀྱི་ལུས་ལ་ཉེ་བར་བྱུགས་པས་དེ་ གཉིས་ཀྱི་སྐྲན་ནད་གཏན་ནས་ཞི་བ་དང་གཞན་ཡང་ནད་སྣ་ཚོགས་པ་ཅན་དག་ལ་ཉིད་ཀྱིས་ ཞལ་འདེབས་དང་བྱིན་རྟེན་བླུད་པ་སོགས་ཀྱིས་སོས་པར་མཛད་པའི་ལོ་རྒྱུས་མང་ལ། ཁོང་ གིས་ལམ་གོའི་དབང་རྒྱལ་ཤི་བ་ལ་ཁྲུས་ཆོག་སོགས་དང་བཅས་དེ་ཕྱི་མར་མི་ལུས་ཐོབ་ཚུལ་ གསལ་བོའི་བཀའ་ལུང་མཛད་ཅིང་ཆོས་རྗེ་མའི་ནང་དུ་གཞི་བདག་གསར་བཞག་དང་བུམ་ གཏེར་སོགས་ཀྱིས་བདེ་འབྱོར་ཅིར་ཡང་སྤེལ་བར་བྱས་པའོ། །དགུང་ལོ་ཞེ་ལྔ་ལྕགས་སྟག་ ལ་འདི་སྐོར་ཁོང་གི་ཞལ་ནས་རང་གིས་ད་ལན་སྦྱོར་དྲུག་གཉིས་ཉམས་ལེན་ཟིན་ནས་ གསུམ་པའི་ལྷན་སྐྱེས་སྒོ མ་བཟླས་ཀྱི་སྐབས་ཙམ་ཡིན། སྔར་གུང་ཐང་གི་མདུན་ནས་དུས་ འཁོར་མཆོད་ཆོག་སྟོང་མཆོད་ཁས་བླངས་ཡོད་པས་འགྲུབ་དགོས། གསུངས་ནས་དེ་ཕན་ལོ་ གསུམ་རིང་ཐོག་མར་ས་ཆོག་ནས་མགོ་བཟུང་ཉིན་རེ་སྒྲུབ་དཀྱིལ་ཆག་མེད་ཀྱི་མཐར་ལས་ ཆེན་བཅུ་གཉིས་ཀྱིས་སྲེག་བླུགས་ཀྱང་མཛད་ཅིང་འདི་སྐོར་གུང་ཐང་གིས་སྐྱེས་གནང་འབྱོར་ ལན་བཅས་ལེགས་གྲུབ་ཀྱི་སྒོ་ནས་ལོ་དེའི་ཆོས་ལྡན་བགྱི་འོས་ཁོང་གིས་མཛད་ནས་དགུང་ ལོ་ཞེ་དྲུག་ལྕགས་ཡོས་ལའང་ཁོང་གིས་ཆོས་རྗེའི་འདུ་ཁང་ཆེན་མོའི་ཤིང་བརྐོས་གསེར་ཚོན་ བཅས་ལེགས་གྲུབ་མཛད་ངོས་ནས་དེའི་ལོ་ཕྱི་མ་དགུང་གྲངས་ཞེ་བདུན་ཆུ་འབྲུག་ལ་ཁོང་ དཔོན་སློབ་རྡོ་ཁོག་ཏུ་ཕེབས་ནས་ཕྱུག་ཤུལ་བླ་མ་ཚེ་མཚམས་པ་རྣམ་གཉིས་སོགས་ཀྱི་ངོར་ དུས་འཁོར་དབང་ཆེན་དང་སྦྱོར་དྲུག་མགྱོགས་ཁྲིད་འདུས་པ་མང་ཙམ་ལ་དང༌། སེར་སྐྱ་ ཡོངས་ལ་དུས་འཁོར་ལྷ་དགུའི་ཁྲོམ་དབང་མཛད་སྐབས་དེ་ཕྱོགས་སུ་གནོད་པའི་ཡུལ་འདྲེ་ 3-1-116 ཁུག་པའི་རྟགས་མཚན་བཅས་གཤིན་ཆོག་ལམ་བསྟན་ཟབ་མོའི་སྟོབས་ཀྱིས་དེ་ཕན་ཡུལ་སྡེ་ དེ་ཀུན་ལ་གནོད་པ་མ་བྱུང་ཞེས་གྲགས་སྐད། དེ་སྐབས་རྡོ་ཁོག་དགྲ་བླའི་རི་ཁྲོད་ཀྱི་མཚམས་ ཁང་ལ་ཁོང་གིས་ཕ་རི་ནས་རབ་གནས་མཛད་པས་མཚམས་ཁང་དེ་ཉིད་ཀྱི་སྟེང་འོག་ཀུན་ཏུ་ ནས་འབྲུའི་མེ་ཏོག་འཐོར་བ་དངོས་བྱུང་བ་སོགས་ཀྱིས་དེ་ཕྱོགས་སུ་འགྲོ་ཕན་རྒྱ་ཆེན་བྱུང་ མཐར་རང་གནས་འཛམ་ཐང་དུ་ཁོང་གིས་དུས་འཁོར་ལས་ཆེན་བཅུ་གཉིས་ཀྱི་སྦྱིན་སྲེག་ རླབས་ཆེ་བས་བསྟན་འགྲོ་ཡོངས་ལ་སྲུང་རིམ་ཡང་མཛད། ལོ་འདི་ནས་སྔར་རྩི་ནང་བླ་མ་ མཚན་བཟང་གིས་ལེགས་བསྐུལ་ལྟར་སྤྲུལ་པའི་སྐུ་གང་གིས་རྗེ་བཙུན་ཏཱ་ར་ནཱ་ཐའི་བཀའ་ འབུམ་གྱི་སྤར་བསྐོས་མཛད་ཆེན་གྱི་དབུ་འཛུགས་པ་ལ་ཆས་ཏེ། ཁོང་འབྲོག་སྡེར་གདུལ་ བྱར་ཕེབས་སྐབས་སུ་ཁང་དམར་དབོན་གྱི་མ་གློ་བུར་གྲིབ་རྐྱེན་གྱི་ཤི་བ་ལྟར་གྱུར་ཚེ་ཁོང་ ཉིད་ཀྱིས་དེ་ལ་རྐྱེན་སེལ་ཁྲུས་བྱབ་སོགས་དང་རྗེས་གནང་ཁ་ཤས་མཛད་པས་མོ་ཡང་རིམ་ པས་སོས་པར་གྱུར་ཏོ། །ཁོང་ལ་འདི་སྐོར་སློབ་འགས་བླ་རྣམ་རྩོམ་བསྐུལ་གྱི་སྐབས་བཀའ་ ལས། ཁོང་ཉིད་ཀུན་མཁྱེ ན་ཆེན་པོའི་རྣམ་འཕྲུལ་གྱི་གསུང་ཟུར་རེ་ཡང་བྱུང་ཞིང་ཉིད་ཀྱིས་ རྒན་མོ་ཞིག་ལ་འཕོ་ལུང་མཛད་པས་རྒན་མོ་དེ་ཉིད་དར་ཅིག་ལ་བརྒྱལ་བཞིན་དག་སྣང་གི་ འཆར་སྒོ ་སྣ་ཚོགས་པ་བྱུང་སྐད། དགུང་ལོ་ཞེ་བརྒྱད་ཆུ་སྦྲུལ་ལ་སྐབས་ཅི་རིགས་པར་ཁོང་གི་ བཀའ་གསུང་ལས་རྗེ་རང་ཉིད་ཀུན་མཁྱེན་རྗེ་བཙུན་གང་གི་རྣམ་པར་འཕྲུལ་བར་བྱས་ཀྱང་ རྒྱལ་བའི་གསང་གསུམ་གྱི་རྣམ་རོལ་ལ་མི་འགལ་ཚུལ་གྱི་བརྗོད་ཟུར་སློབ་འགའ་ལ་གནང་ བྱུང་ཞིང་ལོ་དེའི་བདུན་པའི་ཚེས་གསུམ་ལ་རྗེ་བཙུན་མཆོག་གི་བཀའ་འབུམ་ལས་སློབ་ དཔོན་པདྨའི་རྣམ་ཐར་རྒྱ་གར་མ་དང༌། དུས་འཁོར་སྡོམ་ཆེན་སོགས་བརྐོ་བའི་དབུ་ལེགས་ པར་ཟུག་ཅིང་འདི་སྐོར་ཁོང་གི་ཉེ་སྐོར་དུ་བླ་རྒན་རེ་གཤེགས་པ་དེ་འཆི་སེམས་ལས་ལྡང་མ་ ལྡང་ཉིད་ཀྱིས་འཕོ་ལུང་ཐུགས་དམིགས་སྐབས་ཇི་བཞིན་མངོན་དུ་གྱུར་པ་དང༌། ཡང་མི་ 3-1-117 ཁྱིམ་ཞིག་གི་བུ་མོ་བོར་སོང་བ་མི་མིན་གྱིས་བྱེད་ལས་སུ་ཐུགས་ཐག་ཆོད་པ་སོགས་ལྐོག་ གྱུར་ཇི་བཞིན་གཟིགས་པའི་ལོ་རྒྱུས་མང༌། དགུང་ལོ་ཞེ་དགུ་ཤིང་རྟ་ལ་ཁོང་གིས་ཆོས་ཐུན་ པ་དང་སློབ་གཉེར་བ་རྣམས་ལ་རང་རང་དང་འཚམས་པའི་ཆོས་ཁྲིད་ཅི་དགོས་འདིར་མ་ཟད་ སྔ་ཕྱི་ཀུན་ཏུ་ཐུགས་སྐབས་ནམ་ཡོད་དུ་རྒྱུན་སྤྱོད་ཀྱི་མཛད་བཟང་ལ་འཇོག་དུས་མེད་ཅིང༌། བར་འགའ་ལ་ཐུགས་སློབ་འགའི་སེམས་ཀྱི་འགྱུ་རྟོག་རགས་པ་ཇི་བཞིན་མཁྱེན་ནས་དེ་ ལུགས་གསུང་བའང་ཡོད། འདི་སྐོར་ཁོང་གིས་དོན་རྒྱམ་སོགས་ལ་རྟ་ཕྱག་ཁྱུང་གསུམ་ སོགས་དང༌། འདུས་པ་མང་པོ་ལ་ནཻ་གུའི་བཀའ་ཕྱི་ནང་གི་ཟབ་དབང་སོགས་གསུངས་ཤིང༌། རྟེན་ཁང་དུ་ཚེས་བཅུའི་སྤྲུལ་སྐུས་དུས་འཁོར་དབང་ཆེན་གསུངས་པའང་ཁོང་གིས་གསན། ལོ་དེའི་དྲུག་པའི་བཅུ་བཞི་ལ་རི་ཁྲོད་དུ་ཁོང་གིས་མཁན་པོ་མཛད་ནས་དྲུང་བ་སྐུ་སྐྱེས་ སོགས་ལ་དགེ་བསྙེན་བར་མ་རབ་བྱུང་སྔོན་དུ་འགྲོ་བའི་དགེ་ཚུལ་སློང་གི་སྡོམ་པ་གནང་བ་ དང༌། ས་དམར་རྡོར་སློབ་བླ་མ་ངག་དཔལ་གྱི་མདུན་ནས། ཁོང་གིས་དུས་འཁོར་དབང་ ཆེན་སོགས་གསན་བཞིན་གཞན་དག་ལ་འདོད་ཆོས་ཅི་དགོས་ཀྱང་གསུངས་ལ། དེ་སྐོར་ཁོང་ གིས་པར་བརྐོ་དག་ལ་ཡོན་འབུལ་གཟབ་ལྡན་རེ་བཅས་ལོ་དེར་སྤར་ཤིང་སྟོང་ཕྲག་གཅིག་ དང་བཞི་ཙམ་ལེགས་བརྐོ ས་ཞུ་དག་བཅས་གྲུབ་པ་དང༌། མགོ་ལོག་ཕྱོགས་སུ་རྒྱལ་བའི་ བཀའ་ཆོས་ཀྱི་ཡི་གེ་བླུས་ཐབས་མཁན་གྲྭ་པ་གཉིས་ཙམ་མངགས་ཤིང་འདི་སྐོར་ཁོང་ཉིད་ ཀྱིས་ཐག་རིང་གི་མགྲོན་པོའི་གནས་ཚུལ་མངོན་ཤེས་ཀྱིས་གཟིགས་བཞིན་དེ་ལུགས་ འཇིགས་སྐྱོབ་སྲུང་བ་མཛད་ལ། གཞན་ཡང་རྡོ་རྗེ་ཕྲེང་བའི་རས་བྲིས་ཆ་ཚང་གྲུབ་པ་སོགས་ ཆོས་ལྡན་གྱི་བྱ་བ་མང་ངོ༌། །དགུང་ལོ་ལྔ་བཅུ་ཤིང་ལུག་ལ་ཁོང་ཉིད་ཀྱིས་སྔར་བཞེངས་སྤར་ ཤིང་འཕྲོ་བརྐོ་ཐབས་ལ་ཆ་རྐྱེན་བསྲུང་རིམ་གང་དགོས་མཛད་པའི་སྒོ་ནས་སྤར་ཤིང་ཀ་རིང་ སྟོང་ཕྲག་གཉིས་ལྷག་དང་ཀ་འབྲིང་བཞི་བརྒྱ་ཙམ་ཀ་ཐུང་བརྒྱ་ཕྲག་གཅིག་ཞུ་དག་བཅས་ 3-1-118 བརྐོ ་ཟིན་དེ་ལུགས་ཀྱི་ཡོན་ཐང་ཡང་སྤྲད་པ་དང༌། ཁོང་དཔོན་སློབ་ཁྲོ་སྐྱབས་སོགས་སུ་ ཕེབས་ནས་ཆོས་བཀའ་སྣ་ཚོགས་པས་འགྲོ་དོན་ཆེ་རབ་ཀྱི་མཐར་ཁོང་གི་མ་ཡུམ་ལ་སྙུན་ གྱིས་ཟིན་པས་ཉིད་རང་གནས་སུ་སླར་བྱོན་ནས་བཞུགས་ཏེ་ཁོང་གིས་རིམ་གྲོ་རྐྱེན་སེལ་ གང་དྲག་ཆེས་མང་པོ་དང་འདི་ཕྱིར་ཕན་པའི་དབང་ཆོག་སྒྲིབ་སྦྱོང་སྣ་ཚོགས་པ་དང༌། ཕྱྭ་མོ་ ལུང་བསྟན་སོགས་དྲིན་ལན་གསོ་ཐབས་འདི་མ་བྱས་མེད་པ་ལྟ་བུའི་མཐར་མ་ཡུམ་ཡང་དུས་ ལས་འདས་ཁོང་དང་བླ་གྲྭ་མང་དག་གིས་ཟབ་ལམ་འཕོ་ལུང་གི་སྦྱོར་བས་རིག་པ་སྤྱི་བོ་ནས་ སྤར་བའི་རྟགས་མཚན་ཁྱད་པར་བ་མངོན་གསལ་དུ་གྱུར་པ་ནས་བཟུང་རིམ་པས་དགོངས་ རྫོགས་རྒྱ་ཆེར་ཟླ་དང་བྲལ་བའི་མཛད་སྒོ ་ངེས་པར་བསྐྱངས་པའོ། །དགུང་ལོ་ང་གཅིག་མེ་ སྤྲེལ་ལ་མ་ཡུམ་འདས་པའི་དགེ་རྩ་སྒོ་གང་ཐད་ནས་རེམ་བཞིན་པ་ལས་ཁྱད་པར་ཁོང་གིས་ ཞུ་བའི་ངོར་ཆེན་གྱིས་གྲྭ་ཚང་ཡོངས་བཅས་ལ་དབོན་འགྱུར་མེད་ནས་བརྒྱུད་རིམ་ལྟར་བླ་མ་ དམ་པ་ལེགས་བྱམས་ཀྱི་རྒྱུད་སྡེ་རབ་འབྱམས་ཡོངས་སུ་རྫོགས་པའི་དབང་བཀའ་གསུང་ བསྐུལ་མཛད་ནས་གསུངས་པ་ཇི་བཞིན་མ་ལུས་པའི་ཟབ་དབང་ལེགས་གསན་ཡོན་འབུལ་ རྒྱ་ཆེར་བཅས་དང༌། ཁོང་གིས་འདི་སྐོར་གྲྭ་བཙུན་རྣམས་ལ་དབང་ཁྲིད་སོགས་གང་དགོས་ དང་ཁྱིམ་པ་ཕོ་མོ་ལ་བར་བར་དུ་བསྙུང་གནས་ཀྱི་གསོ་སྦྱོང་གནང་བ་དང་དེ་སྐབས་འཁོན་ཅི་ རིགས་ལེགས་བསྡུམ་དང་སྔར་གྱི་སྤར་བརྐོས་བྱ་བའི་འཕྲོ་སྐྱོང་བ་དང་ཆོས་རྗེའི་སྒར་ཁོག་ གི་རྟེན་ཟབ་ཐང་རྣམས་ཞིག་གསོས་གང་དགོས་དག་དེ་ལུགས་བཞིན་མཛད་པའི་སྒོ་ནས་ ཡོངས་ལ་མཇལ་ཁ་དུས་དུས་སུ་གནང་བ་དང༌། ཁྱད་པར་ཀུན་མཁྱེ ན་ཆེན་པོའི་ཟབ་ཐང་ སྲིད་དུ་གཞི་འདོམ་བཅུ་བདུན་དང་ཞེང་དུ་འདོམ་བཅུ་གཅིག་གི་ཚད་གཙོ་ལྷ་ཀུན་མཁྱེན་ཆེན་ པོ། ལྷ་མགྲོན་དང་པོའི་སངས་རྒྱས། རྡོ་རྗེ་འཆང༌། དུས་འཁོར། ཤཱཀྱ་ཐུབ་པ། སྒྲོལ་མ་དཀར་ ལྗང་རྣམས་དང༌། ཐུགས་སྲས་བཅུ་བཞི། སློབ་དཔོན་པདྨ། ཐང་སྟོང་རྒྱལ་པོ། གཙང་གྲུབ། 3-1-119 མགོན་པོ་གུར་སོགས་ཏེ་དེ་དག་གི་སྐུ་ཤ་ཕལ་ཆེ་བ་རྒྱ་གསེར་དང་ན་བཟའ་སོགས་ནོར་ཆབ་ དང་ཟབ་གོས་རྒྱུ་སྤུས་བཟང་ཕུན་སུམ་ཚོགས་པས་ཉེ་བར་བསྐྲུན་པའི་མཛད་སྒོ ་དང༌། འདི་ སྐོར་རྨེ་བའི་དཔོན་རྐང་འབམ་ནད་ཀྱིས་ཟིན་པ་ལ་སྤྲུལ་པའི་སྐུ་དཔོན་སློབ་དེར་གདན་ འདྲེན་གྱིས་རྐྱེན་སེལ་སྲུང་བ་རྟ་ཕྱག་ཁྱུང་གསུམ་གྱི་རྗེས་གནང་སོགས་མཛད་པས་ཕྱིར་ཉིན་ མོ་ནས་བཟུང་རིམ་པས་དཔོན་གྱི་རྐང་ནད་ལེགས་པར་སོས་ཤིང༌། ཤུག་ཆུང་སྤྲུལ་སྐུ་ཚུལ་ ཁྲིམས་རྣམ་རྒྱལ་དང་ཁོང་མཇལ་ཕྲད་ཀྱིས་ཕན་ཚུན་ཆོས་བཀའ་སེང་གདོང་མའི་དབང་དང་ སྦྱོར་དྲུག་སོགས་གནང་རེས་དང༌། པ་སུན་གཏེར་སྟོན་གྱི་དྲུང་ནས། རྟ་མགྲིན་ན་ག་ཀླུ་ འདུལ་གྱི་དབང་ལུང་སོགས་ཀྱང་ཁོང་གིས་གསན། གཞན་ཡང་ལོ་དེར་ཁོང་གིས་འཛམ་ཐང་ སྦྱངས་པའི་མཆོད་ཁང་དུ་རྟེན་བཞེངས་མཆོད་བཀོད་དུ་མ་དང༌། ཡུལ་སྡེ་སྤྱི་ལ་དུས་འཁོར་ གྱི་སྲུང་རིམ་ཆེ་བ་དང༌། ཀུན་མཁྱེ ན་ཆེན་པོའི་ཟབ་ཐང་ལ་རབ་གནས་སོགས་ཀྱི་ཆེད་རྡོ་གྲུབ་ ཡང་སྤྲུལ་རིན་པོ་ཆེ་སོགས་གཡུ་ཤུག་གི་བླ་སྤྲུལ་མང་པོ་གདན་འདྲེན་མཛད་པས་ཁོང་གིས་ ཟབ་ཐང་གི་རྟེན་ལ་རབ་གནས་དང་དགོན་གྲྭ་ཚང་ལྷ་སྡེ་བཅས་ལ་སྲུང་རིམ་གཏོ་སྒྲུབ་སྣ་ ཚོགས་པས་རྐྱེན་སེལ་ཆེ་བ་མཛད་དུ་བཅུག་པས་ཡོན་འབུལ་རྒྱ་ཆེར་དེ་ལུགས་བཞིན་ཀྱང་ མཛད། ཁོང་གིས་ཡུལ་སྡེ་སྤྱི་ལ་རྟ་མགྲིན་དབལ་ཆུ་སོགས་ཀྱིས་སྲུང་རིམ་རྐྱེན་སེལ་དང༌། ཉིད་ཀྱི་ཞལ་བཀོད་ལ་བརྟེན་འདུ་ཁང་སྒོ་ཐོག་གི་སེང་ཐོད་ལེགས་པར་གྲུབ་ཅིང་རྟེན་ཁང་དུ་ སྔར་རྡོར་སློབ་ལྷ་རྗེ་དཀོན་འཕེལ་འདས་པས་གདུང་རྟེན་དུ་རྒྱུད་སྡེ་དེ་ཉིད་ལྔ་པའི་དཀྱིལ་ འཁོར་གྱི་བློས་བསླངས་བཞེངས་པ་འདིར་ཆེ་རིམ་ཙམ་གྲུབ་མཚམས་སྤྲུལ་པའི་སྐུ་ཉིད་ འཛམ་ཐང་སྦྱངས་པའི་མཚམས་ཁང་དུ་ལེགས་བཞུགས་དང་ཁོང་གིས་མདོ་སྔགས་ཀྱི་ཞལ་ གདམས་བདེ་སྟོང་ཉི་ཟླའི་འོད་ཕྲེང་ཞེས་པ་གསུང་རྩོམ་དུ་མཛད་ཞོར་ཀུན་ལ་ཆོས་བཀའ་ གང་མཁོ་དག་ཀྱང་ལེགས་པར་གནང་ཞིང༌། སྤྱིར་ན་ཁོང་གི་གསུང་རྩོམ་གྱི་རིམ་པ་གོང་ 3-1-120 སྨོ ས་ལས་གཞན། རྩིས་ནག་གི་སྐོར་འགའ་རེ། སྦྱོར་དྲུག་ཞལ་གདམས་མཐིང་སྔོ ན་མ། ཀུན་མཁྱེ ན་རྣམ་ཐར་སྐྱེ་ཕྲེང་ཡབ་སྲས་བཅས་ཀྱི་གསོལ་འདེབས། རྗེ་བཙུན་སྐུ་ཕྲེང་གསོལ་ འདེབས། རྗེ་དབོན་སོགས་བླ་མ་འགའི་གསོལ་འདེབས། སྤྱི་ལ་སྦྱར་རུང་གི་བླ་རྣམ། བསོད་ནམས་མགོན་པོའི་གསོལ་འདེབས་རྣམ་ལྔ། ཁང་དམར་དབོན་རྒན་གྱི་གསོལ་ འདེབས་རྣམ་གཉིས། བླ་རྣམ་རྒྱ་གར་ལུགས་སོགས་དང༌། ཚེ་དཔག་མེད་བདག་བསྐྱེད། ཚེ་ གཡང་ཁ་སྤྲོད་བསྡུས་པ། དམར་ཁྲིད་ཚོམ་ལུགས་ཀྱི་དམིགས་རིམ། མི་འཁྲུགས་པའི་གཞུང་ ཁྲིད། སྔོ ན་འགྲོའི་ཁྲིད་བསྡུས། ཛམ་ལྷའི་ཆུ་གཏོར། རྣམ་སྲས་གཡང་སྒྲུབ། སྐུ་ལྔའི་གསེར་ སྐྱེམས་བསང་སྐོར། དམིགས་མེད་བསྔོ ་ཚུལ། རྫོགས་ཆེན་སེམས་ཁྲིད་སྐོར། རིག་མཆོག་ རྣམ་ཐར། རྣམ་གྲངས་མདོ་སློབ་འགྲེལ་བ་སོགས་མང་ཙམ་མཆིས། འདི་སྐོར་རྒན་མོ་ཞིག་ གི་རྣམ་ཤེས་སོགས་བར་སྲིད་པའི་ཡིན་ལུགས་འགའ་རེ་ཉིད་ཀྱི་ཐུགས་ལ་གསལ་ཞིང་ཁོང་ གིས་སྤྲུལ་སྐུ་ཀུན་བཟང་ཉི་མ་གདན་དྲངས་ཏེ་རྟེན་ཁང་དུ། བཀའ་བརྒྱད་གསང་རྫོགས་ཀྱི་ དབང་ལུང༌། ཀར་གླིང་ཐོས་གྲོལ་གྱི་དབང༌། ཚེ་དབང་ནོར་བུའི་བསྐྱེད་རྫོགས་ཀྱི་ཁྲིད་ སོགས་འདུས་པ་མང་ཙམ་ལ་གསུང་བསྐུལ་མཛད་པ་སོགས་འགྲོ་ཕན་ཆེ་བའང་ལེགས་པར་ གནང༌། དགུང་ལོ་ང་གཉིས་མེ་བྱ་ལ་ཁོང་གིས་ཁང་དམར་དུ་དབོན་འཇིགས་མེད་རྒྱ་མཚོ་ རྡོར་སློབ་ཏུ་བསྐོ་བཞག་གི་སྒོ་ནས་ཆོས་བཀའ་ཅི་དགོས་ཀྱིས་ལམ་ལ་བཞག་ཅིང་སྤར་ བརྐོ ས་ཀྱི་འཕྲོ་ཡང་བསྐྱང༌། འདི་སྐབས་ཁོང་ལ་སྨན་གྱི་ཆ་རྐྱེན་འབྱོར་བས་ཉིད་ཀྱིས་འགྲོ་ ཕན་ཆེད་གསོ་རིག་གི་གཞུང་ལ་ཞིབ་གཟིགས་བཅས་ཀྱིས་ནད་པ་གང་དག་ལ་ཕན་ཐོགས་ མཛད་པ་མ་ཟད་ཐ་ན་བུམ་རྫས་གཡང་རྫས་གཏེར་རྫས་སོགས་ལེགས་བསྡེབས་ཚུན་གྱིས་ འགྲོ་ཕན་སྤེལ་བཞིན་འདི་ལོར་དུས་འཁོར་སྒྲུབ་མཆོད་སྐབས་ཆོ་གའི་གར་འཆམ་གྱི་སྲོལ་ བཏོད་པ་དང་རྟེན་ཁང་དུ་བློས་བསླངས་གྱང་རིས་བཅས་དང༌། འདུ་ཁང་སྒོ ་ནང་གི་གསེར་ 3-1-121 ཚོན་སོགས་བྱ་བ་ལས་དང་ཀློག་པ་ཐོས་བསམ་གྱི་འཁོར་ལོ་ཟབ་མོ་ཆོས་སྦྱིན་བཅས་ཆེ་རབ་ ལེགས་གྲུབ་མཛད་ནས་སྔར་གྱི་བཀའ་ཆོས་ཡི་གེ་གླེགས་བམ་ཉིས་བརྒྱ་ཅན་ལེགས་བླུས་ ཀྱིས་འབྱོར་ཞིང་དེ་དག་ལ་ཞབས་ཕྱི་གང་དགོས་བཅས་ཀྱང་ལེགས་ཟིན་གྱི་མཐར་བཅུ་པའི་ ཡར་ཚེས་དྲུག་པའི་ཟབ་ཐང་ཞལ་འབྱེད་སྐབས་ཁོང་གིས་མང་ཚོགས་ལ་ཆོས་སྦྱིན་ཟབ་མོ་ དུས་སུ་བསྩལ་ངོས་ནས་སྤྲུལ་སྐུ་ཀུན་བཟང་ཉི་མ་ལ། ཟབ་ཏིག་སྒྲོལ་མའི་ཕྱི་ནང་གི་སྒྲུབ་ དབང་གསུང་བསྐུལ་གྱིས་ཀུན་ལ་ཆོས་ཕན་མཛད་རྗེས་ཉིད་སྐུ་ཅུང་ཙམ་བསྙུན་ཡང་ཞབས་ བརྟན་རིམ་འགྲོ་སོགས་ཀྱིས་ལེགས་དྭངས་བྱུང༌། དགུང་ལོ་ང་གསུམ་ས་ཁྱི ་ལ་འདི་སྐོར་ཡན་ ནས་ཁོང་གིས་སྦྱོར་དྲུག་ཉམས་ལེན་ལན་གསུམ་རྫོགས་པར་མངོན་ལ་འདིར་ཕུར་བ་མཁོན་ ལུགས་ཀྱི་བློས་བསླངས་གསར་བཞེངས་དང༌། ཀུན་མཁྱེ ན་ཟབ་སྐུའི་མཇུག་ལེགས་གྲུབ་ བགྱིད་སྐབས་གཟུངས་གཞུག་མགོ་མཇུག་ལོག་པའི་ལྐོག་གྱུར་གྱི་ཚུལ་ཇི་བཞིན་ཐུགས་ཤེས་ ལ་གསལ་བ་དང༌། སྐབས་གོང་འོག་ཅི་རིགས་པར་མདོ་སྡེ་བསྐལ་པ་བཟང་པོ་གྲངས་ཚར་ བཅུ་གསུམ་མཚན་སྤུངས་མང་པོ་བཅས་རྡོ་ལ་ལེགས་བརྐོ་བྱེད་དུ་བཅུག་པ་དང༌། སྤྱིར་སྤར་ ཤིང་གི་ཚུལ་ལྡེབ་གྲངས་སུམ་བརྒྱ་ལ་པོད་ཚད་བྱས་པས་རྗེ་བཙུན་གྱི་གསུང་འབུམ་གླེགས་ བམ་བརྒྱད་ལ་ཉེ་བ་ཙམ་ལེགས་པར་གྲུབ་པ་སོགས་སྐུ་གསུང་ཐུགས་རྟེན་གང་བཞེངས་ ཐམས་ཅད་ལ་རབ་གནས་དགའ་སྟོན་ཡོན་འབུལ་སོགས་མཐའ་རྒྱས་དང་བཅས་དགེ་རྩ་དེ་ ཀུན་མ་ལུས་པའི་སེམས་ཅན་གང་དག་གིས་དོན་དུ་རྫོགས་བྱང་དུ་བསྔོ ་བས་རྒྱས་ཐེབས་ངེས་ མཛད་མཐར་ཀུན་མཁྱེན་ཆེན་པོའི་ཟབ་སྐུ་ཡོངས་ལ་མཇལ་ཁ་གནང་སྐབས་སྐུ་ལུས་འབུར་ དུ་དོད་ཅིང་ཞལ་རས་དགྱེས་གཟིགས་ཀྱིས་སྤྱན་གཡོ་བ་སོགས་ཀྱིས་མཚན་མ་བྱུང་ལ། དེ་ ནས་ལོ་དེའི་སྟོན་ཟླ་ཐ་ཆུང་གི་དུས་སུ་ཆོས་རྗེའི་སྐུ་ཕྱོགས་ཀྱི་དགོངས་པ་དབྱིངས་སུ་ཐིམ་ པས་དེའི་ཐུགས་དམ་ཁོང་གིས་ལེགས་བཀྲོལ་སོགས་བགྱི་བ་གནད་འགག་ཕལ་ཆེར་མཛད་ 3-1-122 རྗེས་ཙམ་ན་དུས་ཀྱི་འགྱུར་ལྡོག་ཆེ་བའི་དུས་ཟིང་གི་གྲགས་ཆ་ཇེ་ཆེར་སོང་སྐབས་སྤྲུལ་སྐུ་ མཆོག་ཉིད་ལ་ཐུགས་སློབ་སོགས་མང་པོས་ད་ཁྱེད་ཀྱང་ཕྱོགས་གཞན་དུ་བྲོས་ན་འཐད་ཚུལ་ གྱི་ནན་ཞུའི་སྐབས་ཞལ་ནས། ད་གང་ལྟར་བྱས་ཀྱང་ཐར་དཀའ་བ་འདྲ་ཡང༌། ཁྱེ ད་ཅག་གི་ བསམ་པ་རྫོགས་ཕྱིར་འགྲོ་བར་བྱ། ཞེས་ཞལ་བཞེས་མཛད་ནས་ཁོང་གིས་ཉེ་གནས་སློབ་ བུ་དག་ལ། ད་ནི་ཡི་གེ་དང་བཅའ་ལག་གང་དགོས་ཁྱེ ད་རང་ཚོས་ཁྱེ ར། རང་གི་མགོ་བུད་ པའི་དུས་སྐབས་སུ་སླེབས་པ་འདྲ། ཞེས་པའང་ཡང་ཡང་གསུང་གནང་དང་བཅས་རྡོ་ཡུལ་ ཕྱོགས་སུ་ཁོང་དཔོན་སློབ་ཉུང་ཤས་ཤིག་ཕེབས་འགྲོ་བའི་ལམ་དུ་ཞལ་ནས། ད་ནི་རྡོ་ཡུལ་ ཕྱོགས་སུའང་རྒྱའི་དམག་དཔུང་གིས་གང་བར་འགྱུར་ཚུལ་ཡང་གསུངས། དགུང་ལོ་ང་བཞི་ ས་ཕག་ལ་ཁོང་རྡོ་ཁོག་ཕྱུག་ཤུལ་རི་ཁྲོད་དུ་རེ་ཞིག་བཞུགས་ནས། ཚེ་མཚམས་བླ་མ་རྣམ་ གཉིས་ཀྱི་དྲུང་དུ། རྡོ་གྲུབ་གྱིས་མཛད་པའི་རྫོགས་ཆེན་སྐོར་དང༌། ཁྲིད་ཡིག་ཡེ་ཤེས་བླ་མ་ སོགས་རྙིང་ཕྱོགས་ཀྱི་ཆོས་བཀའ་དུ་མ་རེ་ཡང་ཁོང་གིས་གསན་བཞིན་ཉིད་ཀྱི་མཛད་པའི་ སྦྱོར་དྲུག་གི་ཞལ་གདམས་ཉི་ཟླའི་འོད་ཕྲེང་གི་སྟེང་ནས་སློབ་ཚོགས་འགའ་ལ་སྦྱོར་དྲུག་ བསྒོ མ་དུ་བཅུག་ཅིང༌། གཞན་འགའ་ལ་སྡོམ་གསུམ་སོགས་ཆོས་ཁྲིད་ཅི་རིགས་བཅས་གསོ་ ཐབས་སྨན་གྱིས་ཕན་པའང་བཟང་རབ་རེ་མཛད་ཀྱིན་བཞུགས་སྐབས་གཞན་དག་ལ་ཞལ་ གདམས་ཅི་དགོས་རེ་དང༌། མདོ་སློབ་འགྲེལ་བ་རྩོམ་འཕྲོ་ཡང་འགྲུབ་རེ་རྩོམ་པ་མཛད་ཅིང༌། འདི་དུས་སུ་རྡོ་གྲུབ་ཡར་ལུང་སྤྲུལ་སྐུའི་དྲུང་ནས་ཀྱང༌། རིགས་འདུས་ཀྱི་དབང་སོགས་ཆོས་ བཀའ་འགའ་རེ་ཁོང་གིས་གསན་བཞིན་པའི་སྐབས་ཤིག་ནས་རྡོ་ཡུལ་གྱི་སྡེ་སྣེ་ལ་རྒྱ་དམག་ གི་དཔུང་འཕྱུར་བས་ཐོག་མར་ཁོང་རྣམས་ཚུར་འཛི་ཡུལ་ཕྱོགས་སུ་ཅུང་འབྲོས་ཙམ་མཛད་ ནུབ་ཀྱི་རྗེས་ནས་ཁོང་གི་ཞལ་ནས། མདང་རྨི་ལམ་མ་ལེགས་པ་འདྲ་ཡང་རེ་ཞིག་ཕར་ ཕྱོགས་སུ་བྲོས་ཏེ་འགྲོའ།ོ །ཞེས་གསུངས་ནས་དེ་ཕྱོགས་སུ་འབྲོས་པར་བརྩམ་པའི་ཕྱི་ཉིན་ 3-1-123 མོ་གྲྭ་པ་གཉིས་ཚུལ་དེ་བཞིན་གྱི་ཁ་སྐད་བཅས་འཛི་ཡུལ་ནས་ཐོན་བྱུང་བ་དང་མཉམ་དུ་ཁོང་ རྣམས་རྡོ་ཆུའི་ཕར་ཕྱོགས་སུ་བྲོས་ཏེ་ངང་ཁོག་ཏུ་སླེབས་ཙམ་ན་དམག་དཔུང་གིས་ཟིན་ནས་ ཚུར་རང་ཡུལ་རྒྱ་སྒར་དུ་རིམ་པས་ཕབ་ཏེ་རང་ཅག་དང་མཉམ་དུ་ཟླ་འགར་བཞུགས་སྐབས་ ཀྱང་དུས་རྒྱུན་ཐུགས་ལ་འཚུབས་ལོང་གཞི་ན་མི་དར་ཞིང་ཉེ་འཁོར་བ་དག་ལ་ཆོས་གཏམ་ འབའ་ཞིག་གིས་དུས་འདའ་བཞིན་མཚན་གཟིམས་པའི་ཚེ་བར་བར་དུ་གཤིན་པོ་རྗེས་ འཛིན་གྱི་མཛད་སྒོ་ཡང་ཡང་གནང་བཞིན་སྐུ་རྒྱལ་སྲས་སེམས་དཔའི་ངང་ཚུལ་གྱིས་རྟག་ པར་བཞུགས་ནས། དགུང་ལོ་ང་ལྔ་ལྕགས་བྱིའི་ལོ་འགོ་ཙམ་ན་སྨད་ཕྱོགས་མཆོག་རྩེའི་ རྒྱལ་ས་ལ་ཁོང་རྣམས་ཕེབས་དགོས་བྱུང་ནས་དེར་ལོ་ངོ་བཞི་ཙམ་གྱི་རིང་དུ་བཞུགས་སྐབས་ ཀྱང་ཁོང་གིས་ཉེ་འཁོར་བ་གྲྭ་བཙུན་འགའ་ལ་སྦྱོར་དྲུག་ཡོངས་རྫོགས་ཀྱི་ཆོས་བཀའ་ ལེགས་འདོམས་ཀྱིས་ཉམས་ལེན་ཀྱང་ཁ་ཚང་རིམ་པས་བྱེད་དུ་བཅུག་ཅིང་གཞན་ཡང་དེ་ ཕྱོགས་སུ་གནས་པའི་བླ་སྤྲུལ་མང་དག་ལ་ཆོས་ཁྲིད་གང་དགོས་མཛད་བཞིན་པའི་ངང་ནས་ སྔར་གྱི་མདོ་སློབ་འགྲེལ་མཇུག་ཡོངས་རྫོགས་ཀྱང་ལེགས་གྲུབ་ཀྱི་དུས་ཙམ་ན་རིམ་པས་སྐུ་ བསྙུང་ལོ་ཤས་རིང་བར་བར་འཁྲུགས་ཤིང་དེ་སྐབས་རྣམས་སུ་ཁོང་ལ་ཟས་གོས་སོགས་ དངོས་རྫས་གང་བདོག་ཀུན་ཀྱང་དབུལ་བོ་ཉམ་ཐག་རྣམས་ལ་སྟེར་བ་སོགས་ཁོང་གིས་ དཀའ་ཐུབ་ཧ་ཅང་བརྟེན་དྲགས་པ་སོགས་ཀྱིས་ཉིད་དགུང་གྲངས་ང་བརྒྱད་སླེབས་པའི་དུས་ ཆུ་ཡོས་ཀྱི་ལོ་ལ་སྙུན་ནད་ཀྱང་སྨན་སོགས་རིམ་གྲོ་གང་གིས་ཕན་པ་མེད་ཚུལ་གྱིས་རེ་ཞིག་ འགྲོ་དོན་རྫོགས་པ་ལ་ཉེ་བའི་སྐབས་སུ་ཁོང་གིས་སྐུ་མདུན་པ་དག་ལ་སྐུ་སྤྲུལ་ཇི་ལྟར་འབྱོན་ སོགས་ཉིད་ཀྱི་གསང་གསུམ་ཆེ་བ་འགའ་རེ་དང་བཅས་པ་མ་འོངས་འབྱུང་འགྱུར་གྱི་ལུང་ བསྟན་གསལ་པོའི་བཀའ་འཕྲོས་ཞལ་ཆེམ་རིམ་པ་ཆེས་མང་པོ་ལེགས་གནང་གི་མཛད་སྒོ་ དང་བཅས་ཁོང་ལ་སྐྱེ་འཆི་རང་དབང་ཡོད་ངེས་ཀྱི་རྣམ་པས་ལོ་དེའི་དགུན་ཟླ་འབྲིང་པོའི་ 3-1-124 མཐའ་ཙམ་ལ་འབར་ཁམས་སུ་སྐུ་བཞུགས་སྟངས་ཁྱད་པར་བའི་ངང་ཐུགས་དགོངས་ཆོས་ དབྱིངས་དང་རོ་མཉམ་དུ་གྱུར་པའི་ཚེ་དགུན་འབྲིང་གྲང་ངར་ལྷག་པར་བདོ་བའི་དུས་ནའང་ དཔྱིད་དུས་སོས་ཀ་ལྟ་བུའི་དྲོད་མཆེད་ཅིང་རང་གནས་ཀྱི་རི་མགོ་སོགས་སུ་མེ་ཏོག་ཆེས་མང་ སྐྱེས་ཤིང་དཔལ་གྱི་འཛམ་ཐང་སོགས་ལ་ན་བུན་ཟིལ་ཕུང་གི་རྣམ་པ་ཕྱོགས་མཚམས་ཀུན་ཏུ་ འཐིབས་པ་ལོ་དེར་མ་ཟད་ཕྱི་ལོའི་དུས་ཚིགས་རྣམས་སུ་ཡང་ཡང་བྱུང་བ་དེང་དུས་ལ་ལྟོས་ ན་ཤིན་ཏུ་ངོ་མཚར་བའི་རྟགས་མཚན་མང་པོ་བསྙོན་མེད་དུས་སུ་ལེགས་པར་ཤར་བའི་དགེ་ མཚན་ཟླ་དང་བྲལ་བའི་མཛད་སྒོའི་ངང་གདུང་མཆོད་ཞུགས་འབུལ་སོགས་དུས་མཐུན་ཙམ་ གྱི་དགོངས་མཆོད་ལེགས་གྲུབ་དང་ཕྱིས་སུ་གདུང་རྟེན་ཡང་དེ་ལུགས་བཞིན་གྱི་བགྱི་བ་མི་ དམན་པ་ཐུགས་སློབ་གང་དག་གིས་འབད་ཁུལ་གྱི་སྐལ་བ་ཙམ་ལས་ཆེར་རྒྱས་དུས་དབང་ གིས་བྱུང་སྐབས་མ་ཡོད་པའོ། ། དེ་ལྟར་བཤད་པ་རྣམས་ནི་རྗེ་དབོན་དང་སྦྱངས་སྤྲུལ་ཟུང་གི་རྣམ་པར་ཐར་པ་མདོར་ བསྡུས་ཙམ་སྟེ་རྒྱས་པ་ནི་དབོན་གྱི་རྣམ་ཐར་རྒྱས་པ་དང་སྦྱངས་སྤྲུལ་མཆོག་གི་རྣམ་ཐར་རྩོམ་ གཞི་སོགས་སུ་གསལ་ཞིང་དེ་ལས་ཕྱི་མའི་རྣམ་ཐར་རྒྱས་པ་རེ་རྗེས་སོར་སྐལ་བ་འགྲིག་ཚེ་ རང་གིས་ཀྱང་འབྲི་འདོད་ཡོད་པས་འདིར་དེ་ཙམ་ལས་མ་སྤྲོས་ལ། ཆོས་བརྒྱུད་འདི་ཕྱོགས་ ནས་འཕྲོས་པ་ཚ་རོང་ཛ་འགོའི་དགོན་ཕྱག་འདེབས་མཛད་པའི་འབྲས་རབ་འབྱམས་པ་བློ་ བཟང་མཆོག་སྒྲུབ་པའི་རྗེས་སུ་དགོན་དེ་ཉིད་དུ་རང་ལུགས་ཀྱི་བསྟན་པ་སྐྱོང་མཛད་ཀུན་ དགའ་རིག་མཆོག་ཞབས་པ་ཡང་གང་ཉིད་ཀྱིས་ཐོག་མར་དམ་པ་བསྟེན་ནས་ཟབ་ཆོས་ གསན་སྒོམ་གྱིས་རང་དོན་ལེགས་གྲུབ་ཀྱི་རྗེས་སུ་བར་དུ་ཆོས་དགོན་དེར་ཁོང་གིས་ཟབ་ ལམ་རྡོ་རྗེ་རྣལ་འབྱོར་གཙོ་བོར་གྱུར་པའི་རང་ལུགས་སྒྲུབ་བརྒྱུད་ཀྱི་ངེས་དོན་བསྟན་པ་ འཛིན་སྐྱོང་སྤེལ་གསུམ་རྒྱ་ཆེར་མཛད་ངོས་ནས་མཚན་སྙན་གྲགས་པ་ཆེ་རབ་བྱུང་ཞིང༌། ཐ་ 3-1-125 མར་གདུལ་བྱ་རེ་ཞིག་རྫོགས་ཚུལ་དང་བཅས་པའི་རྣམ་པར་ཐར་པ་རྒྱས་ཙམ་ལོགས་སུ་ ཡོད་པས་དེའི་ལོ་རྒྱུས་རེ་དང༌། དགོན་དེའི་རྗེས་སུ་བསྟན་པའི་བརྒྱུད་འཛིན་ཀུན་དགའ་ ཚུལ་ཁྲིམས་རྒྱ་མཚོ་དང༌། ཀུན་དགའ་དགེ་མཆོག་ཞབས་པ་གཉིས་ཀྱང་རིམ་པར་བྱུང་བས་ དེ་གཉིས་ཀྱིས་ཀྱང་དོན་གཉིས་ཇི་ལྟར་བསྒྲུབ་པའི་ཚུལ་སོགས་འདི་སྐོར་ལ་བཤད་བྱ་ཡོད་ ནའང་འདིར་ཧ་ཅང་ཡི་གེ་མང་བས་རེ་ཞིག་བཞག་གོ ། ད་ནི་སྔོན་དུས་གསུམ་སངས་རྒྱས་ཀུན་འདུས་ཀྱི་བདག་ཉིད་ངེས་དོན་དབུ་མ་ཆེན་པོའི་ ཤིང་རྟའི་སྲོལ་འབྱེད་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་རྗེ་ཇོ་ནང་པ་ཆེན་པོའི་བསྟན་པ་ཡོངས་ ཀྱི་མངའ་བདག་འཇམ་མགོན་ཀུན་དགའ་སྙིང་པོའི་སྐུ་ཚ་ཆ་ལུང་བ་གྲུབ་ཆེན་ངག་དབང་ ཕྲིན་ལས་ཀྱི་སྐུ་དབོན་གཙང་བ་ངག་དབང་རྣམ་རྒྱལ་ཁམས་འདིར་ཕེབས་ནས་གང་གི་སྐུ་ ཕྲེང་གསུམ་པ་གཙང་ཆེན་དཀོན་མཆོག་འཇིགས་མེད་རྣམ་རྒྱལ་གྱི་བཀའ་དྲིན་ལ་བརྟེན་ ནས་བསྟན་འཛིན་སློབ་ཚོགས་ཀྱི་སྡེ་ཁམས་འདིར་དུས་ཕྱིས་སུ་བྱུང་བའི་འཛམ་ཐང་སྒར་ ཁག་རྣམ་གསུམ་གྱི་རང་རེའི་བསྟན་པའི་རྩ་ལག་གང་དག་གི་ལོ་རྒྱུས་གལ་ཆེ་བ་རྣམས་ནི་དེ་ ལྟར་སོང་ཟིན་ནས་འདི་སྐབས་སུ་བབ་པ་གཙང་ཆེན་སྐུ་ཕྲེང་གསུམ་པ་དེ་ཉིད་ཀྱི་ཐུགས་སློབ་ ཀྱི་བརྒྱུད་པ་འཛི་ཡུལ་རྒྱབ་ཕྱོགས་དང་སྨད་ཀྱི་ཆུ་ཉིན་སྲིབ་དང་འཛི་སྟོད་རྣམས་སུ་ཆོས་གཞི་ དགོན་སྡེ་རི་ཁྲོད་སོགས་གང་ཡོད་དག་ལ་དམ་པ་སྐྱེས་ཆེན་ཇི་ལྟར་བྱོན་དང་གཞན་མགོ་ ལོག་རྔ་ཡུལ་སོགས་ལའང་དེ་ལུགས་བཞིན་རང་རེའི་བསྟན་འཛིན་གཙོ་བོ་གང་བྱོན་དག་གི་ ལོ་རྒྱུས་རིམ་པར་འཆད་པ་ལ། ༼༡༽ འཛམ་ཐང་གཙང་ཆེན་བླ་མ་ཡབ་སྲས་ཀྱི་ཆོས་བརྒྱུད་འཛིན་པ་འཛི་ཡུལ་རྒྱབ་ ཕྱོགས་ཀྱི་སྡེར་གཏོགས་པ་གསའ་སྐོར་བླ་མ་ཐོགས་མེད་ཅེས་པ་དང་པོ་གསེར་ལྷ་རྩེ་དགོན་ དུ་སོང་ནས་ཉིད་ཀྱིས་དམ་པ་དུ་མ་ལེགས་བསྟེན་གྱིས་སྔགས་རྙིང་ཕྱོགས་ཀྱི་ཆོས་ལ་གསན་ 3-1-126 སྒོམ་མཛད་པས་རྟོགས་པ་མཆོག་མངའ་ཞིང་དེ་སྐབས་ཤིག་ཏུ་ཁོང་གིས་སྐུ་གསུམ་སྒྲུབ་པའི་ གོང་ནོན་མཛད་དུས་སྒྲུབ་གཏོར་ནམ་མཁར་འཕགས་པ་སོགས་ཀྱི་རྟགས་མཚན་གསལ་ བོ་བྱུང་ལ། དེ་མཚམས་ཤིག་ནས་གཙང་བ་དགེ་སློང་གི་དྲུང་ནས་སྦྱོར་དྲུག་ཟབ་མོའི་རང་ ལུགས་ཀྱི་ཆོས་བཀའ་རྣམས་ཉིད་ཀྱིས་ལེགས་པར་གསན་པའི་སྒོ་ནས་ཉམས་ལེན་གནད་ ཁེལ་མཛད་པས་མངོན་པར་ཤེས་པ་སོགས་ནང་རྟོགས་པའི་ཡོན་ཏན་བཟང་རབ་ཏུ་གྱུར་ ཅིང་གནམ་ལྕགས་མེ་ཆར་ངར་མ་གྲུབ་རྟགས་ཀྱིས་ཅི་དགར་བཟུང་ནུས་པ་དེ་མཐུན་བསྐྱེད་ རྫོགས་གང་ཐད་ལ་མྱོང་བ་ཆེར་ཐོན་པས་ཉིད་ཀྱིས་སྐུ་གཟན་ཉི་ཐིག་གི་སྟེང་དུ་རང་དབང་ གིས་འཇོག་པ་སོགས་མཐུ་ནུས་ཁྱད་པར་དུ་འཕགས་པ་ཞིག་སྟེ། ཁོང་གིས་གཞན་གདུལ་བྱ་ གང་དག་ལ་སྔགས་རྙིང་ཕྱོགས་ཀྱི་ཆོས་བཀའ་དང་རང་ལུགས་སྦྱོར་དྲུག་གི་ཟབ་ཁྲིད་དབང་ ལུང་ཅི་དགོས་མཐའ་དག་དེ་ལྟར་དུ་མཛད་པས་ཐུགས་སློབ་བླ་མ་སྨན་མཆོག་སྒྲུབ་ཁང་དུ་ ལོ་བཅུ་གསུམ་ལ་རྣལ་འབྱོར་ཉམས་ལེན་ལ་བརྩོན་པ་སོགས་དེ་འདྲའི་སློབ་ཆེན་མང་པོ་ ཡོད་པ་དང༌། ཡུལ་གྱི་ལྷ་སྲུང་སེ་ཉག་མི་དང་མི་བཞིན་དངོས་གསལ་དུ་གཡེལ་མེད་ཀྱིས་ གཞི་བདག་དེའི་གནས་ཚུལ་ཇི་བཞིན་གཟིགས་པས་དེ་ལུགས་ཀྱི་བསང་མཆོད་རྩོམ་སྒྲིག་ མཛད་པ་སོགས་དང་ཁོང་ཉིད་སྐུ་ཚེ་གང་པོར་རང་ཡུལ་ས་དམར་མཆོད་རྟེན་གྱི་གནས་དེར་ མཚམས་ཁང་ནང་དུ་རྒྱུན་བཞུགས་ཀྱི་ངང་སྐབས་རེ་ཞིག་ཏུ་ཁོང་གིས་མཆོད་རྟེན་བྱིན་རླབས་ ཅན་རེ་ཡང་བཞེངས་པ་དང༌། པདྨ་འོད་འབར་གྱི་དུས་འཚོགས་འཛུགས་པ་སོགས་ཆོས་ལྡན་ གྱི་བགྱི་བ་མི་དམན་ཞིང་དོན་གཉིས་མཛད་བཟང་གིས་སྐུ་ཚེ་མཛད་པ་མཐར་ཕྱིན་པ་ཞིག་ བྱོན་རྗེས་ཙམ་ན་ཁོང་ཉིད་བཞུགས་གནས་དང་ཉེ་བའི་གནས་དེར་རྟོགས་ལྡན་ཀུན་དགའ་ ལུང་རྟོགས་ཞབས་པ་གཙང་བའི་རྡོ་རྗེ་སློབ་དཔོན་ཆེན་པོ་ངག་དབང་ཆོས་འཕགས་དང༌། རྡོ་ལུང་སོག་པོ་བླ་མ་ཀུན་གྲོལ། ཁྱི ་ལོ་མའི་བླ་མ་ཆོས་འབྱོར་རྣམས་ཀྱི་མདུན་སྔགས་ 3-1-127 ཕྱོགས་ཀྱི་ཆོས་བཀའ་ཆེས་མང་དང༌། སྦྱངས་པ་བླ་མ་ངེས་དོན་གྱི་དྲུང་ནས་དགེ་ཚུལ་སློང་ ཐོབ་པའི་དམ་པ་དེ་དག་གི་དངོས་སློབ་ཏུ་གྱུར་པ་གང་གིས་ཤིང་རྟའི་ལོར་དགེ་འདུན་གྱི་འདུ་ ཁང་བཞེངས་ཏེ་མེ་བྱའི་ལོར་སྦྱོར་དྲུག་བཙུགས་ནས་ལོ་དེའི་སྦྱོར་དྲུག་པ་སྐུ་དབོན་བསྟན་ དར་སོགས་དང༌། དེ་ནས་རིམ་པར་ས་ཁྱི འི་ལོར་སྦྱོར་དྲུག་པ་བླ་མ་ངག་དཔལ་སོགས། ས་ ཕག་ལ་བླ་མ་རིན་ཆེན་རྒྱ་མཚོ་སོགས། ལྕགས་བྱི་ལ་བླ་མ་ཐུགས་རྗེ་སོགས། ལྕགས་གླང་ ལ་ཡལ་འགོའི་བླ་མ་ཀརྨ་བསྟན་སོགས། ཆུ་སྟག་ལ་བླ་མ་དངོས་གྲུབ་རྒྱ་མཚོ་སོགས། ཆུ་ ཡོས་ལ་རྟོགས་ལྡན་བླ་མ་དོན་ཡོད་སོགས་ཏེ། འདི་མན་དུ་སྦྱོར་དྲུག་ཁོག་དང༌། སྦྱོར་དྲུག་ སྒྲུབ་གྲྭ་གཉིས་ཀ་ཡོད་པས་དེ་ལུགས་ལྟར་ན་སྒྲུབ་ཁང་པ་ཐོག་མ་བླ་མ་ངག་དཔལ་སོགས་ དང༌། དེ་ནས་ཡང་ཤིང་འབྲུག་ལ་སྦྱོར་དྲུག་པ་བླ་མ་མཁྱེན་རྟོགས་སོགས། སྒྲུབ་ཁང་པ་བླ་ མ་སྨན་མཆོག་སོགས། ཤིང་སྦྲུལ་ལ་སྦྱོར་དྲུག་པ་བླ་མ་སྟོང་གསལ་སོགས། སྒྲུབ་ཁང་པ་བླ་ མ་གྲོལ་མཆོག་སོགས། མེ་རྟ་ལ་སྦྱོར་དྲུག་པ་བླ་མ་གསང་མཐའ་སོགས། སྒྲུབ་ཁང་པ་བླ་ མ་སྙན་གྲགས་སོགས། མེ་ལུག་ལ་སྦྱོར་དྲུག་པ་བླ་མ་དབྱངས་སྙན་སོགས། སྒྲུབ་ཁང་པ་བླ་ མ་གྲགས་པ་སོགས། ས་སྤྲེལ་ལ་སྦྱོར་དྲུག་པ་བླ་མ་ལེགས་གྲུབ་སོགས། སྒྲུབ་ཁང་ལ་རྡོ་རྗེ་ དཔལ། ས་བྱ་ལ་སྦྱོར་དྲུག་པ་བླ་མ་རིན་ཆེན་དར་རྒྱས་སོགས། སྒྲུབ་ཁང་པ་བླ་མ་རིག་ཀུན། ལྕགས་ཁྱི ་ལ་སྦྱོར་དྲུག་པ་བླ་མ་ངག་དབང་ནམ་མཁའི་སྙིང་པོ་སོགས། སྒྲུབ་ཁང་པ་བློས་ རབ་སོགས་ཏེ་ཁོང་ཉིད་ཀྱིས་ཐུགས་སློབ་དེ་དག་གིས་གཙོས་འདུས་པ་མང་པོ་ལ་བར་བར་ རྣམས་སུ་ཟབ་ཆོས་ཀྱི་རིམ་པ་རྡོ་རྗེ་ཕྲེང་བ་སྒྲུབ་ཐབས་རིན་འབྱུང༌། སྦྱོང་རྒྱུད་བཅུ་གཉིས་ སོགས་ཆོས་ཀྱི་སྒོ་ཅི་རིགས་པ་ལེགས་གནང་གི་མཛད་པ་ཕྲིན་ལས་དེ་རྣམས་མ་གཏོགས་ས་ དམར་དགོན་འདེབས་པོ་སྐྱབས་རྗེ་ལུང་རྟོགས་རང་གི་རྣམ་པར་ཐར་པ་གཞི་ཁོག་ཕལ་ཆེ་བ་ དང༌། དེ་རྗེས་སུ་བྱོན་པའི་དམ་པ་རྣམ་གཉིས་ཀྱི་ལོ་རྒྱུས་དང་བཅས་པ་ནི་འོག་ཏུ་ཇི་བཞིན་ 3-1-128 འཆད་པར་འགྱུར་བའོ། ། ༼༢༽ གཙང་ཆེན་སྤྲུལ་པའི་སྐུ་ཕྲེང་གསུམ་པ་གང་གི་དངོས་སློབ་གཙང་བ་དགེ་སློང་གི་ སློབ་མ་ངག་དབང་ཆོས་ཀྱི་འཕགས་པའི་ཐུགས་སྲས་ཀྱི་བུ་ཆེན་རྟོགས་ལྡན་འཁྲུལ་ཞིག་རྣལ་ འབྱོར་གྱི་དབང་ཕྱུག་ངག་དབང་ལུང་རྟོགས་རྒྱ་མཚོས་ས་དམར་དཔལ་རྩེ་དགོན་པར་རང་ རེའི་ཆོས་བརྒྱུད་ལེགས་སྤེལ་གྱི་ཚུལ་ལ་ཐོག་མར་གང་དེ་འཁྲུངས་ཡུལ་ནི་འཛི་ཀའི་བྱང་གི་ ཆར་གཏོགས་ཡུལ་སྐྱོང་སེ་ཉག་གི་ཉེ་འདབས་ཀྱི་སའི་ཆ་སྟེ། དེར་ཡབ་རྦུགས་ཤུལ་ཁྲིག་ལི་ དང་ཡུམ་མི་རྒོད་བཟའ་སྐྱིད་དེ་གཉིས་ཀྱི་སྲས་སུ་ལྷུམས་ན་བཞུགས་སྐབས་གསེར་ཉི་དུང་ ཟླ་འོད་ཞགས་ཀྱིས་སྦྲེལ་བཞིན་ལུས་ལ་ཐིམ་སྣང་དང༌། རི་ཆེན་གྱི་རྩེ་ནས་དུང་འབུད་པའི་ སྒྲ་དང་མེ་ཏོག་གི་ཆར་སོགས་ཀྱི་དགེ་མཚན་དང་བཅས་ལྕགས་ཕག་ལོར་སྐུ་བལྟམས། དེ་ ནས་སྐུ་ན་རིམ་གྱིས་འཕེལ་བའི་ཚེ་ཀློག་སོགས་ཡུལ་སྲོལ་དང་བསྟུན་པའི་རིག་གནས་ལ་ བྱང་ཆུབ་པར་བྱས། དེ་ནས་རེ་ཞིག་གི་ཚེ་འཛམ་ཐང་གཙང་ཆེན་ཕོ་བྲང་དུ་རྡོ་རྗེ་འཆང་ངག་ དབང་ཆོས་ཀྱི་འཕགས་པ་བཞུགས་པའི་དྲུང་དུ་ཕེབས་པ་ན། ཁོང་གི་རྩ་བའི་བླ་མ་གཙང་བ་ དགེ་སློང་གིས་ཉིད་ལ་ཐུགས་སྲས་བུ་ཆེན་རྣམ་བཞི་འབྱུང་བར་ལུང་བསྟན་པ་ལྟར་གྱི་བུ་ཆེན་ གཅིག་ཏུ་གཟིགས་ཏེ་བརྩེ་བས་རྗེས་སུ་བཟུང་ནས་རང་ལུགས་དུས་ཀྱི་འཁོར་ལོའི་རིམ་ གཉིས་ཟབ་ལམ་གྱི་ཐོག་མ་སྔོན་འགྲོའི་ཆོས་སྐོར་བར་མ་རབ་བྱུང་གི་སྡོམ་ལུང་བཅས་ ལེགས་གནང་མཛད་དེ། མཚན་ངག་དབང་ལུང་རྟོགས་རྒྱ་མཚོ་ཞེས་གསོལ་ནས་སྨི ན་བྱེད་ མཆོག་གི་དབང་བཞིས་བྱིན་རླབས་མཛད་པ་ནས་བཟུང་རྣལ་འབྱོར་ཡན་ལག་དྲུག་གི་ཟབ་ ཁྲིད་རིམ་པས་གནང་སྟེ་དམ་པ་འདིས་ཉམས་བཞེས་མཛད་པ་ན་འོད་གསལ་རྟགས་བཅུ་ སོགས་སོར་སྡུད་ཀྱི་མྱོང་རྟགས་ཅི་རིགས་པ་དང༌། ཤེས་རབ་རྟོགས་པ་དང་དཔྱོད་པ་སོགས་ བསམ་གཏན་གྱི་ཉམས་མྱོང་བཟང་རབ་ཀྱི་སྒོ་ནས་རིམ་པས་ལས་རླུང་ཅི་རིགས་དབུ་མར་ 3-1-129 འགགས་པའི་རྟགས་སྣ་ཚོགས་དང༌། སྲིད་གསུམ་དྭངས་པའི་སྣང་བརྙན་ལྐོག་གྱུར་ཤེས་པའི་ མངོན་ཤེས་རྨི་ལམ་སྤྲུལ་བསྒྱུར་སྣ་ཚོགས་ལ་རང་དབང་ཐོབ་པ་སོགས་ཉམས་སྣང་གི་འཆར་ སྒོ་མཐའ་ཀླས་པའི་ཚུལ་བླ་མ་ལ་ཞུས་པས་ཁོང་གིས་ལུང་དང་ཉམས་མྱོང་ཁྱད་པར་བའི་སྒོ་ ནས་ཇི་བཞིན་ངོ་སྤྲོད་མཛད། ཡང་ནངས་གཅིག་རྨི་ལམ་གྱི་སྣང་ངོར་ཉི་ཟླའི་དབུས་སུ་རང་ ཉིད་གནས་པ་སྒྲ་གཅན་གྱིས་ཟོས་སོང་བའི་རྨི་ཉམས་བླ་མ་ལ་ཞུས་པས་རྩ་གསུམ་དབྱིངས་ གཅིག་ཏུ་དག་པའི་རྟགས་སུ་བརྡ་སྤྲད། ཡང་རང་ལུས་སུ་སྦྲུལ་གཉིས་ཀ་བ་ལྟར་བཙུགས་ པའི་སྣང་བ་དང༌། སྔགས་སྲུང་ཨེ་ཀ་ཙ་ཏིས་རང་ཉིད་རིལ་བོར་མིད་པའི་སྣང་བ་བླ་མ་ལ་ ཞུས་པས་རིང་མིན་ཟུང་འཇུག་ཆུང་ངུ་ཐོབ་པའི་སྔ་ལྟས་སུ་གསུངས། གཞན་ཡང་སྔགས་བླ་ མེད་ཀྱི་ཞི་ལྷག་ཟུང་འཇུག་གི་ཤིན་སྦྱངས་ཁྱད་པར་བའི་བདེ་བ་དང༌། སྤྲོས་བཅས་ལྷའི་ གསལ་སྣང་འདྲ་མིན་དང༌། སྔགས་ཀྱི་མངོན་པར་ཤེས་པ་ཁྱད་འཕགས་མང་པོ་ཐོབ་པ་ སོགས་མངོན་པར་རྟོགས་པའི་ཉམས་མྱོང་གི་ཀློང་རྡོལ་བས་རྟོགས་ལྡན་རྣལ་འབྱོར་གྱི་ དབང་ཕྱུག་མཆོག་ཏུ་གྱུར་ཏེ་གཞན་རྒྱུད་ཇི་བཞིན་མཁྱེན་པས་སྒོམ་གེགས་རླུང་སྐྱོན་བྱུང་བ་ རྣམས་ཐུགས་ལ་གང་ཤར་གྱི་སྤོགས་ཆོག་རེས་ལེགས་པར་བཅོས་ནུས་པ་ལ་སོགས་པའི་ གྲུབ་པའི་བརྟུལ་ཞུགས་ཀྱི་གོ་འཕང་བདག་གིར་བཞེས་སོ། །འདི་སྐོར་སྔ་ཕྱི་ཅི་རིགས་སུ་ གསའ་སྐོར་བླ་མ་ཐོགས་མེད་ཀྱི་མདུན་ནས། ཉམས་ལེན་གྱི་གཞི་རྩ་སེམས་ངོ་འགྱུ་བ་རྐྱང་ དེད་བྱས་ནས་སེམས་རང་གསལ་གྱི་གནས་འགྱུ་རིག་གསུམ་ལོ་ངོ་གསུམ་ཙམ་ལ་བསྒོམ་ ཞིང་རིག་པ་གཞིའི་ཡིན་ལུགས་ལ་འདྲིས་ཆ་ཆེར་བརྟན་པར་བྱས་ཤིང༌། སྦྱོར་དྲུག་གི་མ་ མཐར་བུམ་ལྟོ་ལེགས་པོ་འབྱོངས་ལ་སྤྱིར་ལུས་སྦྱོངས་འཁྲུལ་འཁོར་ཡང་ལན་གྲངས་ཉེར་ གཅིག་ཡང་བསྐྱར་གྱི་གནད་ཁེལ་མཛད། དེ་བར་ཅི་རིགས་སུ་སྦྱངས་པ་ཀུན་དགའ་ངེས་ དོན་ཞབས་པའི་མདུན་ནས་རབ་བྱུང་དང་བྱང་ཆུབ་སེམས་སྡོམ་སོགས་མནོས་སྐབས། 3-1-130 མཚན་གྱི་ཐོག་མར་ཀུན་དགའ་ཞེས་པའི་མཚན་གྲ་སྦྱར་ནས་སྔར་གྱི་མཚན་དེ་བསྐྱར་ཟློས་ ཀྱང་མཛད། ཡང་ཁོང་ཉིད་ཀྱིས་གཙང་བའི་ཕོ་བྲང་དུ་མཚམས་སྒྲུབ་མཛད་སྐབས་ཡུལ་དེའི་ ལྷ་འདྲེ་གདུག་ཅན་གང་དག་གིས་འཁུ་ལྡོག་བྱེད་པ་ལ་ཉམ་ང་མེད་པའི་གང་འདོད་ཀྱིས་སྦྱིན་ པ་བཏང་བས་གནོད་བྱེད་དེ་དག་མགུ་ཚིམ་བྱས་པ་དང༌། ཡང་རྒྱལ་གདོན་འགས་གླགས་ལྟ་ བར་རྩོམ་པ་གང་དག་སྟོང་གཟུགས་འོད་གསལ་རང་ལུས་དང་དབྱེར་མེད་དུ་མཉམ་པར་ བཞག་པས་འོད་གསལ་དེའི་ངང་ནས་རང་གྲོལ་དུ་འགྲོ་བ་དང༌། ཡང་གཅོད་ཡུལ་ཟབ་མོའི་ ལུས་སྦྱིན་གྱི་མཚམས་སྒྲུབ་དུས་སུ་ལྷ་འདྲེ་གནམ་ས་གང་བ་ཙམ་གྱིས་ཕྱི་ནང་གསང་བའི་ སློང་ཚབས་ཇི་ལྟར་ཆེ་ཡང་སྙེམ་འཕྲུག་སྤུ་ཙམ་མེད་པར་ནམ་མཁའི་རྣལ་འབྱོར་ཉག་གཅིག་ ཏུ་གནས་པས་ལྷ་འདྲེ་དེ་དག་གིས་སྲོག་སྙིང་ཕུལ་བ་སོགས་ཚར་སློང་ཆོད་གསུམ་གྱི་རྟགས་ མང་བྱུང༌། བར་སྐབས་ཤིག་ཏུ་སོག་པོ་བླ་མའི་མདུན་ནས། རྡོ་རྗེ་ཕྲེང་བ་ཡོངས་རྫོགས་ཀྱི་ དབང་བཀའ་གསན། སྔ་ཕྱི་ཅི་རིགས་པར་རྡོ་རྗེ་འཆང་ཆོས་ཀྱི་འཕགས་པའི་དྲུང་ནས། སྦྱོང་ རྒྱུད་བཅུ་གཉིས་སོགས་རྒྱུད་སྡེ་མང་པོའི་ཟབ་དབང་རྒྱ་ཆེར་ལེགས་མནོས་མཛད། ཡང་ ཅིག་ཏུ་སོག་པོ་བླ་མ་ཚུལ་བཟང་སྐུ་བསྙུང་སྐབས་རྒྱལ་བསེན་གདུག་ཅན་མང་པོས་འཚུབས་ ཆ་ལྷག་པར་ཆེ་ཡང་ཁོང་གིས་བག་ཚ་བ་མེད་པར་གནས་ལུགས་ལྟ་བའི་གདེང་བསྐྱེད་ནས་ བཞུགས་སྐབས་གང་གིས་ཀྱང་འཚེ་མ་ནུས་ཚུལ་འདྲེ་ཁོག་ཞུགས་དག་གི་སྣ་ཚོགས་ལབ་པ་ བྱུང༌། གཞན་ཡང་བསེར་གྱི་རྒྱལ་གདོན་གྱིས་གནོད་འཚེ་ཤོམ་པ་ལ་ལྷ་འདྲེ་སེམས་ཀྱི་རོལ་ པར་ཐག་བཅད་དེ་གནས་ལུགས་ཀྱི་རང་ས་བཟུང་བས་ཁོས་གླགས་མ་རྙེད་པ་དང༌། ཐེའུ་ རྒྱལ་ནི་དམ་པ་འདིའི་སྐུ་དྲུང་དུ་བཏུད་ཀྱང་མི་ཕོད་པ་སོགས་གདོན་འདྲེ་མཐའ་དག་གི་ཁ་ གནོན་དུ་བཞུགས་ཤིང་དཀར་ཕྱོགས་པ་གང་དག་གིས་རང་གཟུགས་ཇི་བཞིན་སྟོན་པ་ སོགས་ཀྱི་སྒོ ་ནས་བཀའ་དམ་ལ་འདུས་ནས་ཕྲིན་ལས་གང་དགོས་རང་ཤུགས་མ་བསྐུལ་དང་ 3-1-131 བླང་གིས་ལེགས་སྒྲུབ་མཛད། བར་འགའ་ཞིག་ཏུ་ལྷ་ཚེ་སྐྱབས་མགོན་གྱི་དྲུང་ནས། ཀར་གླིང་ ཞི་ཁྲོའི་ཟབ་དབང༌། རྫོགས་ཆེན་སྔོ ན་འགྲོ། ཚོགས་བདག་གི་དབང༌། ཚོགས་ལེ་རིན་ཆེན་ ཕྲེང་བའི་དབང༌། ཁྲོས་མ་ལྷ་ལྔ། ཞི་བ་ལམ་ཟབ་རྣམས་ཀྱང་གསན། སྔ་ཕྱི་གང་ཡང་རུང་ བར་ངག་དབང་ཆོས་འབྱོར་གྱི་མདུན་ནས་ཡང་རྡོ་རྗེ་ཕྲེང་བའི་དབང་ཆ་ཚང་ལེགས་ཞུ་ མཛད། ཡང་ཁོང་ཉིད་གཙང་ཆེན་ཕོ་བྲང་དུ་བཞུགས་སྐབས་ཤམྦྷ་ལ་ནས་ཡིན་ཟེར་བའི་ བུད་མེད་རྒྱན་ལྡན་མང་པོས་བཀྲ་ཤིས་ཆོས་འཁོར་ཐང་དུ་འདུ་ཁང་བཞེངས་ན་གྲོགས་བྱེད་ ཚུལ་གྱི་བསྐུལ་མ་ཉམས་སྣང་དུ་བྱུང་བ་ལྟར་ཕྱིས་ཨ་བོའི་བླ་མ་ཚུལ་ཁྲིམས་དར་རྒྱས་ཀྱིས་ གནས་མིང་དེ་ལྟར་འདོགས་པར་མཛད་པའི་གཞི་དེར་སྔོན་བྱོན་སྐྱེས་ཆེན་དུ་མའི་ལུང་གིས་ དེ་ལུགས་ལྟར་ཡང་ཡང་བསྔགས་པ་བཞིན་ས་དམར་དཔལ་རྩེ་དགོན་ཞེས་པའི་ཆོས་གཞི་ ཆགས་འདེབས་ཀྱི་དབུ་ ཚུགས་ཏེ། དེ་ཡང་ཉིད་དགུང་གྲངས་ཞེ་བཞིར་སོན་པ་ཤིང་ཕོ་རྟ་ཡི་ ལོར་གང་གི་བཀའ་བཀོད་ལྟར་ཝ་ཤུལ་བདེ་གསལ་དང༌། གདོང་ཁང་མདོ་སྔགས་སོགས་ ཡུལ་སྡེ་སྤྱིས་དཔལ་རྩེ་དགོན་གྱི་འདུ་ཁང་ལེགས་བཞེངས་བྱས་པ་ནས་བཟུང་དགོན་སྡེ་ མཚམས་གྲྭ་ད་བར་དུ་ཡོད་ཅིང༌། རྗེ་འདི་ཉིད་ཁོང་གི་བླ་མ་ཆོས་འཕགས་ཀྱི་དྲུང་དུ་བཞུགས་ སྐབས་ཁྲོ་རྒྱལ་རྟ་མགྲིན་གྱི་ཞལ་མངོན་སུམ་གཟིགས་ཏེ་རྟ་མགོ་ལྗང་ནག་ལས་རྟ་སྐད་ ཐེངས་གསུམ་སྒྲོག་ཅིང་རྨི་ལམ་སྤྲུལ་བསྒྱུར་གྱིས་ཟངས་མདོག་དཔལ་རི་སོགས་སུ་བགྲོད་ ནུས་པ་དང༌། རྡོ་རྗེ་ཕག་མོའི་ཞལ་གཟིགས་ནས་ཕྱག་དབང་བསྐུར་བ་མཁའ་འགྲོ་སྡེ་ལྔས་ གར་བསྒྱུར་མཛད་པ་ལབ་སྒྲོན་དངོས་ཀྱིས་ཆོས་གསུངས་ཤིང་སྤྲུལ་པའི་ཌཱ་ཀིས་ཁྲུས་བྱེད་པ་ སོགས་ཀྱི་དག་སྣང་དང༌། གསའ་སྐོར་བླ་མའི་ཁང་སྟེང་དུ་རྫོགས་ཆེན་སྒོ མ་སྐབས་ཐིག་ལེ་ སེར་པོའི་དབུས་ནས་འཇམ་དབྱངས་སྐུ་ཚོན་གང་བ་བྱུང་སྟེ་རང་གི་སྙིང་གར་ཐིམ་པ་དང་ མཉམ་དུ་རང་ལུས་ འོད་ཀྱི་གོང་བུར་སྣང་ཞིང༌། རྡོ་ལུང་བླ་མ་ཀུན་གྲོལ་གྱི་མདུན་དུ་བཞུགས་ 3-1-132 སྐབས་ཐིག་ལེ་ཁ་དོག་སྣ་ཚོགས་པའི་དབུས་ནས་རྗེ་བཙུན་སྒྲོལ་མ་ཚོན་གང་བྱུང་ནས་རང་ ལུས་ལ་ཐིམ་པའི་སྣང་བ་དང༌། ཇོ་ནང་རྗེ་བཙུན་གྱི་རྣམ་ཐར་ཆེན་མོར་གཟིགས་སྐབས་རྗེ་ བཙུན་མཆོག་གི་ཞལ་གཟིགས་ཏེ་རང་འདྲའི་སྤྲུལ་པ་དཔག་མེད་དང་དེ་དག་གི་ཐུགས་ཀ་ ནས་མཾ་ཡིག་དེ་སྙེ ད་སྤྲོས་པ་ཁོང་གི་སྙན་གཡས་སུ་ཐིམ་པའི་སྣང་བ་དང༌། ཀུན་མཁྱེ ན་ཆེན་ པོའི་རྣམ་ཐར་གསལ་སྒྲོན་གྱི་ས་བཅུའི་སྨོན་ལམ་སྐབས་རྗེ་ཇོ་ནང་པ་ཆེན་པོའི་ཞལ་ གཟིགས་ཏེ་སྐུ་ལས་འོད་ཟེར་གྱིས་རང་འདྲ་དཔག་མེད་སྤྲུལ་པའི་བཀོད་པ་ཞག་བདུན་བར་ བྱུང་བ་དང༌། རྗེ་ཙོང་ཁ་པའི་རྣམ་ཐར་གཟིགས་པའི་རྨི་ལམ་དུ་རལ་གྲི་མེ་འབར་བ་གྲངས་ མེད་པས་འཇིག་རྟེན་གང་བ་སླར་རལ་གྲི་གཅིག་ཏུ་གྱུར་པ་རང་ལུས་ལ་ཐིམ་པའི་སྣང་བ་ བྱུང་འཕྲལ་བློ་གྲོས་སྤོབས་པའི་སྣང་བ་ཐོབ་པ་དང༌། གཞན་ཡང་ཐུགས་རྗེ་ཆེན་པོ། དུས་ འཁོར། འཇིགས་བྱེད། དཔལ་དགུ། གུ་རུ་དྲག་པོ། ཕུར་བ། རྟ་མགྲིན། ཁྲོས་ནག་ལྷ་ལྔ་ སོགས་ཡི་དམ་ཆེས་མང་པོ་དང༌། ཆོས་རྒྱལ། གུར་མགོན་མ་གཟའ་དམ་གསུམ་སོགས་ཆོས་ སྐྱོང་གི་སྡེ་རིགས་མཐའ་ཀླས་པའི་ཞལ་གཟིགས་ཀྱི་སྣང་བ་དུས་དུས་སུ་བྱུང་ལ། ཁྱད་པར་ གུ་རུ་དྲག་པོའི་བསྙེན་སྒྲུབ་སྐབས་ནང་རྟགས་བླ་མ་དྲག་པོའི་དཀྱིལ་འཁོར་མངོན་སུམ་ མཇལ་ཞིང་དམ་ཅན་སྡེ་རིགས་ཀྱིས་སྲོག་སྙིང་ཕུལ་བ་དང་ཕྱི་རྟགས་དགུན་དུས་སུ་སྒྲུབ་ གཏོར་ལ་ལྕགས་སྤུ་རིལ་བུ་ཅན་སྐྱེས་ཤིང༌། མཆོད་ཆུ་ཁ་དོག་སྣ་ཚོགས་དང་ནང་མཆོད་ རྨིག་བུ་དྲི་ལྡན་དུ་གྱུར་པ་སོགས་དང༌། གཞན་ཡང་རྨི་ལམ་གྱི་ངང་དཔལ་རིར་བྱོན་ནས་ཡི་ དམ་སྐུ་དངོས་ཀྱིས་ཆོས་གསུངས་ཤིང་སྐུ་ལས་སྤྲོས་པའི་ཡིག་འབྲུ་རྣམས་རང་ལུས་ལ་ཐིམ་ པ་སོགས་ཀྱི་བྱིན་རླབས་མཛད། བླ་མ་ཀུན་དགའ་ངེས་དོན་དང་ཀུན་དགའ་དཔལ་ལྡན་ ཞབས་པ་ཟུང་གི་མདུན་ནས་འཇིགས་བྱེད་འབྲུ་ནོན་གྱི་ཁྲིད་ཞུས་སྐབས་བླ་མ་ཕྱི་མའི་ཐུགས་ སྣང་གི་སྟོང་གཟུགས་ཐིག་ལེ་སྔོན་པོ་དམ་པ་འདི་ཉིད་ཀྱི་ཐུགས་ངོར་གནས་སྤར་པ་དང་ 3-1-133 བསྙེན་སྒྲུབ་སྐབས་ཕྱི་རྟགས་མཆོད་ཆུ་དཀར་དམར་ནག་གསུམ་དུ་གནས་འགྱུར་བ་ཀ་པཱ་ ལའི་བདུད་རྩིའི་ནང་དུང་གི་མེ་ཏོག་འདབ་ལྡན་ཕོར་ཁོག་ཙམ་གཉིས་སྐྱེས་པ་དང༌། དགུན་ དུས་སུ་མཆོད་པའི་ངོས་སུ་ལྗང་བུ་གཉིས་སྐྱེས་པའི་རྩེ་མོ་རྭ་དབྱིབས་མེ་རི་དང་བཅས་པའི་ རྣམ་པ་འཁྲུངས་པ་སོགས་དང༌། ནང་རྟགས་རང་ལུས་ཐ་མལ་གདོས་བཅས་སུ་མི་སྣང་བར་ ཡི་དམ་འཇིགས་མཛད་ཀྱི་སྐུའི་རྣམ་པ་ཆེད་དུ་མ་བསྒོམས་ཀྱང་གསལ་སྣང་བརྟན་པོ་འདུ་ འབྲལ་མེད་པ་རྒྱུན་ཆགས་སུ་ཡོད་པ་སོགས་སོ། །ཁོང་ཉིད་དམ་པ་གཞན་དག་སྣང་ངོར་ སྔོ ན་གྱི་དུས་ནས་འཇམ་དཔལ་ཁྲོ་བོ་དངོས་བྱོན་རྭ་ལོ་ཆེན་དང༌། རྗེ་མི་ལའི་དྲུང་ནས་དྭགས་ པོ་ཟླ་འོད་གཞོན་ནུ་དང༌། ཀུན་མཁྱེ ན་ཆེན་པོའི་ཐུགས་སློབ་དགེ་འདུན་དཔལ་སོགས་སྐྱེས་ ཆེན་རྡོ་རྗེ་འཛིན་པ་དུ་མ་དང་མ་འོངས་པ་ན་ལྷུན་གྲུབ་གླིང་ཞེས་བྱ་བར་དཔའ་བོ་མཚན་མི་ བསྐྱོད་རྡོ་རྗེ་སོགས་སུ་སྐྱེ་བ་བཞེས་ཚུལ་གྱི་སྣང་བ་བསླུ་མེད་དུས་སུ་ཤར་བ་དང༌། ཁོང་གི་ ཐུགས་ངོར་ཡི་དམ་གྱི་ལྷ་གང་གསལ་བ་ཐམས་ཅད་རྫོགས་རིམ་གནས་ལུགས་སྤྲོས་བྲལ་གྱི་ དབྱིངས་སུ་འཛིན་མེད་ལྷུག་པར་བཞག་པ་ལས་གཉུག་མ་དོན་གྱི་ལྷ་སྐུ་གཤིས་ནས་རང་ གསལ་དུ་ཤར་ཞིང༌། ལུས་རྡུལ་སྙེ ད་ཀྱི་གྲངས་སུ་སྤྲུལ་ཏེ་བསྙེ ན་བཟླས་དཔག་པར་དཀའ་ བའི་མཛད་ཆེན་སོགས་ཆེས་ངོ་མཚར་བའི་རྣམ་ཐར་མངའ་བ་དང་དྲག་པོ་མངོན་སྤྱོད་ཀྱི་ གཟེར་ཁ་གང་ལ་བསྟན་ཀྱང་རྡུལ་དུ་བརླག་མི་ནུས་པ་གང་ཡང་མེད་ཅིང༌། ཐུགས་ཏིང་ངེ་ འཛིན་གྱི་ངང་ནས་ཕྱི་ཡུལ་སྣང་གི་མི་དང་མི་མིན་གྱི་གནས་ཚུལ་ཇི་བཞིན་མངོན་སུམ་ གཟིགས་པ་དང༌། ཕུར་བ་ཚོམ་བུ་འབུམ་སྒྲུབ་དུས་ལྕགས་ཕུར་རྣོ་དབལ་དང་ལྡན་པ་མངོན་ སུམ་ཕུལ་འོང་ཞིང་ནག་པོ་ཆེན་པོའི་སྤྲུལ་པ་མི་ནག་དར་དཀར་ཨང་རག་ཅན་གྱིས་མ་འོངས་ འབྱུང་འགྱུར་དུས་སུ་ལེགས་འདོམས་མཛད་པ་དང༌། མགོན་པོ་བྲག་རྫོང་མར་བཞུགས་ སྐབས་མེ་རླུང་འཚུབས་དཀྱིལ་ནས་གུར་མགོན་སྐུ་ཁྲུ་གང་བ་ཙམ་བྱོན་ནས་སྙིང་གར་ཐིམ་པ་ 3-1-134 སོགས་དང་བཅས་མགོན་པོས་ཕྱག་མཚན་གྲི་ཐོད་སྟེར་བས་དངོས་གྲུབ་ཐོབ་པ་དང༌། ཡེ་ ཤེས་ཀྱི་མཁའ་འགྲོ་མ་ཆེན་མོ་བདུད་འདུལ་སེང་གེའི་གདོང་ཅན་གྱི་ཞལ་དངོས་སུ་བསྟན་པ་ སོགས་ཀྱི་ཡ་མཚན་ཆེ་བའི་རྟགས་མཚན་དང་ལྡན་པའི་གསང་ཆེན་སྔགས་ཀྱི་རྡོ་རྗེ་འཛིན་པ་ ཟླ་དང་བྲལ་བ་ཞིག་སྟེ། ཁོང་ཉིད་ཀྱི་དགུང་གྲངས་ཞེ་བདུན་མེ་བྱའི་ལོར་ས་དམར་དཔལ་རྩེ་ དགོན་དུ་གང་གིས་སྦྱོར་དྲུག་གསར་དུ་བཙུགས་པའི་དབུ་བཟུང་ནས་གཞན་གདུལ་བྱ་རྗེས་ འཛིན་གྱི་མཛད་པ་གནང་སྟེ་དེ་ཕན་ཆད་ལོ་བསྟར་གྱི་སློབ་ཚོགས་ཆོས་ཚན་པ་རེ་རེ་རྒྱུན་མ་ ཆད་པར་ལེགས་བསྐྱང་གི་སྒོ་ནས་དུས་འཁོར་སྦྱོར་དྲུག་ཆ་ལག་བཅས་ཀྱི་དབང་ལུང་ཁྲིད་ གསུམ་གང་དགོས་ཐམས་ཅད་ཀྱིས་རེ་འདོད་ཇི་བཞིན་བསྐང་བར་མཛད་ཅིང༌། ཉིད་དགུང་ ལོ་ང་གསུམ་ཆུ་ཡོས་ལོར་སྒྲུབ་གྲྭ་གསར་བཙུགས་ཀྱི་སྒོ་ནས་ཟབ་ལམ་གྱི་བསྟན་པ་སློབ་ ཚོགས་ཚན་སོ་སོ་ལ་ལེགས་སྤེལ་གྱི་བྱ་བའང་དེ་ལུགས་ལྟར་མཛད་པ་ནས་བཟུང་སྒྲུབ་ བརྒྱུད་ཀྱི་གསང་ཆེན་མཆོག་གི་བསྟན་པ་ཆེས་ལེགས་སྤེལ་མཛད་པ་ཡིན་ཞིང༌། ཁོང་ཉིད་ སྒྲུབ་མཆོད་སོགས་ཀྱི་དབུ་བླར་བཞུགས་སྐབས་རྟགས་མཚན་སྣ་ཚོགས་བྱུང་ཚུལ་ཡང་ ས་ དམར་དགོན་གྱི་དུས་འཁོར་སྟོང་མཆོད་ཀྱི་ཁྲི་འཛིན་དུས་སུ་ཀུན་གྱི་མཐོང་སྣང་མཉམ་པོར་ མཆོད་པ་ནམ་མཁར་འཕགས་ཤིང༌། གཙོ་གཏོར་གྱི་ཞལ་དངོས་སུ་བླ་མ་ཁོང་ཉིད་ལ་ཕྱོགས་ པ་སོགས་སྒྲུབ་ཆེན་དུ་མའི་སྐབས་མཆོད་གཏོར་ནམ་མཁར་འཕགས་པ་ལན་མང་བྱུང། ཡང་ གཙང་སྤྲུལ་བློ་བཟང་ཁོང་གི་མདུན་དུ་མཇལ་བར་བྱོན་སྐབས་འདུ་ཁང་གི་བྲིས་ཐང་རྣམས་ ལས་སློབ་དཔོན་པདྨའི་སྤྱན་ལྟ་སྟངས་ཧྲིག་ཧྲིག་བསྒྱུར་ཞིང་གཡོ་བའི་དགྱེས་མཚན་ངོམ་པའི་ ལེགས་སྒོ་བསྙོན་མེད་བྱུང་བ་དང་ཁོང་གིས་གཞན་ནད་པ་ཚབས་ཆེན་དག་ལ་ལོ་འབྲས་ འགའ་ལ་སྔགས་བཏབ་པའི་གནང་སྦྱིན་གྱིས་ནད་དེ་དག་ལས་གྲོལ་བར་མཛད་པ་དང་ སྐབས་འགར་ཕྱག་ཏུ་གང་འོང་གི་ས་རྡོའི་དུམ་བུ་རེ་བྱིན་རླབས་མཛད་པས་ཀྱང་འཚོ་དཀའི་ 3-1-135 ནད་དམུ་ཆུ་རྐང་འབམ་སྐྲན་བད་ཀན་ཚད་གཟེར་སོགས་ལས་གྲོལ་བའི་ལོ་རྒྱུས་དུ་མ་ཡོད་ ལ། ཡང་བར་སྐབས་བུད་ཁང་གི་མཚམས་ཁང་དུ་བཞུགས་སྐབས་མི་མིན་སྐྱེས་བུ་མི་དཀར་ རྟ་དཀར་ཅན་མདུང་དཀར་པོ་ཐོགས་པ་ཞིག་གིས་ས་མིན་རྡོ་མིན་ལས་གྲུབ་པའི་ཐུགས་རྗེ་ ཆེན་པོའི་སྐུ་བརྙན་ཚོན་གང་བ་དངོས་སུ་ཕུལ་བ་དང༌། ལྷ་ཆེན་རྡོ་རྗེ་ཁྱུང་གྲགས་ཀྱིས་མ་ འོངས་འབྱུང་འགྱུར་སྒྲུབ་ཁང་གི་ཆོས་གཞི་ལེགས་འདེབས་ཀྱི་བསྐུལ་མ་དང་བཅས་ཕྲིན་ ལས་གང་བཅོལ་སྒྲུབ་པའི་གཡར་དམ་ཡང་བྱས། དེ་ལྟར་གྱི་སྒྲུབ་གྲྭ་ལེགས་བཞེངས་བྱས་ན་ བཟང་ཚུལ་འཛམ་ཐང་གཙང་བའི་རྡོ་རྗེ་སློབ་དཔོན་ངག་དབང་ཆོས་འབྱོར་ཞབས་པས་མ་ འོངས་ལུང་བསྟན་མཛད་པ་བཞིན་གྱི་ཆོས་གཞི་ལེགས་བཏབ་མཛད་པ་ཡིན། ཁོང་ཉིད་ཀྱི་ ཐུགས་དགོངས་སུ་ཕྱག་རྫོགས་དབུ་གསུམ་གྱི་ལྟ་བའི་ཟབ་གནད་འཁྲུངས་ཚུལ་དམ་པ་ འདིས་སྔ་ཕྱི་ཅི་རིགས་སུ་གཙང་ཆེན་ཕོ་བྲང་སྒྲུབ་གྲྭ་ཚུན་དང་རང་གནས་དགོན་པ་སོགས་སུ་ སྦྱོར་དྲུག་ཡང་བསྐྱར་ལན་གྲངས་དགུ་ཙམ་གྱི་གྲུབ་འབྲས་ཉིད་ཀྱི་དགོངས་ཉམས་ངེས་དོན་ དབུ་མ་སྤྲོས་བྲལ་མི་རྟོག་འོད་གསལ་ཕྱག་ཆེན་འཁྲུལ་མེད་ཀྱི་མངོན་རྟོགས་རང་ལུགས་ཟབ་ ལམ་སྲོག་གི་འཕོ་གེགས་ལས་རྒྱལ་ཞིང་སྲོག་གཟུགས་ཁྱད་པར་བ་གྲུབ་ཅིང་སྟོང་གཟུགས་ ཐིག་ལེ་བདེ་ཆེན་གྱི་ངོ་བོར་གྲུབ་སྟེ་རིམ་པས་རང་ལྷ་སྐུར་ཤར་བའི་སྒོ་ནས་བ་སྤུའི་བུ་གར་ ལྷ་ཚོགས་རབ་འབྱམས་ཀྱི་སྤྲོ་བསྡུ་རང་ཤུགས་ཀྱིས་བྱུང་ཞིང་སྐུ་ཚེའི་མཐའ་ཙམ་ལ་གཞི་ འཁོར་བས་བསྡུས་པའི་ཕུང་ཁམས་སོགས་དག་པའི་བདེ་གཤེགས་སོ་དྲུག་གི་དོན་དམ་པའི་ དཀྱིལ་འཁོར་རབ་འབྱམས་བརྟན་གཡོ་ཀུན་ཁྱབ་ཀྱི་ཡེ་གཞི་རང་བྱུང་ཡེ་ཤེས་ཆེན་པོ་ལ་ ངེས་པར་རེག་ལ་ཁད་དུ་གྱུར་ཅིང་གནས་ལུགས་བདེ་གཤེགས་སྙིང་པོ་འོད་གསལ་ཕྱག་ཆེན་ གྱི་ངོ་བོར་མངོན་ཚབས་ཆེས་མཐར་ཐུག་ཏུ་གྱུར་པ་དང༌། གཞན་རྫོགས་ཆེན་ཕྱོགས་ལ་ མཚོན་ན། ཇི་སྐད་དུ། ཆོས་ཟད་ཀློང་དུ་ཆོས་སྐུའི་དགོངས་པ་བརྙེས། །ཞེས་གསུངས་པ་ལྟར་ 3-1-136 ཀུན་རྫོབ་འཁྲུལ་སྣང་གི་བསླུ་ཆོས་མཐའ་དག་ཟད་ནས་དོན་དམ་བློ་འདས་གཉུག་མའི་ཡེ་ ཤེས་ཁྱབ་བརྡལ་ཆོས་དབྱིངས་ཀྱི་ངོ་བོ་ཡེ་ཤེས་སྐུ་ལྔ་སྒྲ་འོད་ཟེར་གསུམ་གྱི་སྣང་བ་དང་ བཅས་གཤིས་ནས་རིག་པ་ཀ་དག་གི་རང་ཞལ་ཆེས་གསལ་བའི་དུས་སུ་སླེབས་པས་གང་ ཐད་ནས་གསང་ཆེན་ལམ་གྱི་བླ་ན་སོན་པའི་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ན་བཞུགས་ཕྱིར། སྐྱབས་མགོན་སྦྱངས་པ་སོགས་ཀྱིས་ཀྱང་དམ་པ་འདི་ལ་རང་ལུགས་ཀྱི་ངེས་གསང་མཐར་ ཐུག་རྙེད་ཚུལ་གྱི་ཆེ་བསྔགས་རྒྱ་ཆེར་མཛད་དོ། །དམ་པ་འདིས་དབང་བཀའ་སོགས་གསུང་ སྐབས་ལྷ་རིགས་ཀྱིས་མེ་ཏོག་དུས་སུ་འཐོར་ཞིང༌། ཆོས་རྒྱལ་རིགས་ལྡན་གྱིས་མཁའ་ དབྱིངས་སུ་ཡེ་ཐིག་འདེབས་པར་མཛད་པ་དང༌། གཞན་སློབ་བུ་དག་སྣང་ཅན་གྱི་ངོར་ཁོང་ ཉིད་དུས་ཀྱི་འཁོར་ལོའི་སྐུ་འོད་ཟེར་མཐའ་ཡས་པའི་སྤྲོ་བསྡུ་མཚར་བཀོད་དང་བཅས་ རིགས་བདག་བླ་མར་བཞུགས་པའི་སྣང་བ་སོགས་གསང་གསུམ་གྱི་མཛད་པ་ཀུན་ནས་ བཟང་བའི་ཁྱབ་བདག་འཁོར་ལོའི་མགོན་དུ་ལེགས་པར་བཞུགས་པའོ། །ཁོང་གིས་ མཚམས་བསྙེ ན་སྒྲུབ་ཀྱི་སྒོ ་ནས་མ་ཧཱ་ཀཱ་ལ་དུང་ཕྱུར། ཧ་ཀྵ་དུང་ཕྱུར། ཧྲཱིཿཥྚི་དུང་ཕྱུར་སོགས་ ཀྱི་བསྙེ ན་བཟླས་མཛད་ཅིང༌། གསུང་ཆོས་ཡང་སྐུ་ན་ཆུང་གི་སྐབས་སྤོགས་ཆོག་ཟབ་ཁྱད་ ཅན་དུ་མ་མཛད་ཀྱང་ད་སྐབས་དཔེ་མི་བཞུགས། སྒྲུབ་ཐབས་སྣ་ཚོགས་དང་གཅོད་སྐོར་ སོགས་གླེགས་བམ་གཅིག་ཙམ་ད་ལྟ་ཡོད་པ་འདི་ཀ་ལྟར་རོ། །དེ་ནས་ཁོང་དགུང་གྲངས་དྲུག་ ཅུའི་མ་མཐའ་ཙམ་ན། ཉིད་ཀྱི་ཞལ་ནས། བདག་གི་ཚེ་ཚད་ཇོ་ནང་རྗེ་བཙུན་གྱི་སྐུ་ཚེའི་ཚད་ རེ་གཅིག་ལས་མི་བརྒལ་ཚུལ་སོགས་ཞིང་འདིར་རེ་ཞིག་གདུལ་བྱ་རྫོགས་ཚུལ་གྱི་ཞལ་ ཆེམས་གནང་སྐབས་སློབ་བུ་གང་དག་གིས་མྱ་ངན་དང་བཅས་བཞུགས་ཞུས་ཕུལ་ཀྱང་ཞལ་ བཞེས་མ་མཛད་པར་ཁོང་གིས་དཔེ་མཛོད་སོགས་གྲྭ་ཚང་ལ་གཏད། ཉིད་ཀྱི་རྒྱལ་ཚབ་ཏུ་བླ་ མ་སྙན་གྲགས་བསྐོ་བཞག་དང་བཅས་ཁོང་རང་གི་ཐུགས་སྣང་དུ་རང་བཞིན་བརྒྱད་ཅུའི་རྟོག་ 3-1-137 ཚོགས་འགག་ཚུལ་དག་སྣང་རབ་འབྱམས་མཆེད་ཚུལ་སོགས་ཀྱི་བཀའ་ཆེམས་ཞིབ་རྒྱས་ཀྱི་ མཐར་ཉིད་ཀྱིས་ཐུགས་དམ་བཅད་རྒྱའི་ངང་ནས་རེ་ཞིག་ལེགས་བཞུགས་མཛད་རྗེས་དགུང་ ལོ་རེ་གཅིག་ལྕགས་ཕག་ལོ་ཚེས་པའི་ཐོ་རེངས་སུ་སྐུ་རྣམ་སྣང་ཆོས་བདུན་གྱི་ངང་ནས་འོད་ གསལ་མ་བུ་དབྱེར་མེད་ཀྱི་ངང་དུ་ཐུགས་དམ་དུ་བཞུགས་སོ། །དེ་མ་ཐག་ས་གཡོ་བ་དང་ ནམ་མཁའ་ནས་སྒྲ་གྲགས་པ་མེ་ཏོག་གི་ཆར་འཇའ་སྤྲིན་ངོ་མཚར་བ་སོགས་ཀྱིས་ལེགས་ པའི་མཚན་མ་དང་བཅས་ཞག་བདུན་ཕྲག་གསུམ་དུ་ཐུགས་དམ་མ་གྲོལ། དེ་ནས་དཀར་ དམར་གྱི་རྟགས་ཇི་བཞིན་པ་དང་བཅས་ཐུགས་དམ་ལེགས་བཀྲོལ་གྱི་དུས་སུའང་སྔར་ལྟར་ གྱི་དགེ་མཚན་དང་བཅས་གདུང་མཆོད་རྒྱ་ཆེ་བ་ལེགས་བསྒྲུབ་དང་སྐུ་གདུང་ཞུགས་ལ་ འབུལ་སྐབས་ཁྲུ་གང་ཙམ་དུ་གྱུར་ཏེ་འཇའ་ལུས་སུ་ཆ་ཚང་འགྲུབ་ལ་ཉེ་བ་དང་བཅས་ཕྱི་ རྟགས་འོད་དཀར་པོར་ཚེས་བཅུ་གསུམ་གྱི་ཟླ་བའི་དབྱིབས་ལྟ་བུ་མཁའ་ལམ་ནས་ཤར་བ་ སོགས་ཡ་མཚན་པའི་རྟགས་དུ་མ་དང་ནང་རྟགས་ཐུགས་སློབ་དག་གི་དག་སྣང་ངོར་ངོ་ མཚར་བའི་གཟིགས་སྣང་སྣ་ཚོགས་པའི་འཆར་སྒོ་དང་བཅས་གདུང་བཞུ་ལེགས་བྱེད་དང་ གདུང་རུས་དག་ལ་ལྷ་སྐུ་རིང་བསྲེལ་སོགས་ཀྱང་ཡོད་པར་གྲགས་ཏེ་ཚུལ་དེ་ལྟ་བུའི་སྒོ་ནས་ དགོངས་མཆོད་གདུང་རྟེན་མཐའ་རྒྱས་སུ་གྲུབ་ལ། གང་གི་ཐུགས་སློབ་དཔལ་རྩེ་དགོན་གྱི་ རྡོ་རྗེ་སློབ་དཔོན་བླ་མ་ངག་དཔལ། བླ་མ་ཐུགས་རྗེ་དཔལ་སོགས་དང༌། རྔ་བའི་སེ་དགོན་གྱི་ རྡོ་རྗེ་སློབ་དཔོན་བླ་མ་གསང་མཐའ། སེ་སྤྲུལ་ཡོན་ཏན་ལྷུན་གྲུབ་སོགས་བསྟན་འགྲོ་ལ་ཕན་ ཐོགས་པ་དུ་མ་བྱོན་ནོ། ། ༼༣༽ གང་གི་གདན་ས་སྐྱོང་བའི་སྒོ ་ནས་རང་རེའི་ཆོས་བརྒྱུད་ལེགས་སྤེལ་མཛད་པའི་ ས་དམར་དཔལ་རྩེ་དགོན་གྱི་རྡོ་རྗེ་སློབ་དཔོན་གཉིས་པ་ཀུན་དགའ་སྙན་གྲགས་ཀྱི་ལོ་ རྒྱུས་ཀྱང༌། དཔལ་རྩེ་དགོན་གྱི་ཉེ་འདབས་སུ་ཡབ་ཤི་ནང་སྟོབས་རྒྱལ་དང་ཡུམ་རྦུགས་ 3-1-138 ཤུལ་བཟའ་གནས་སྐྱིད་གཉིས་ཀྱི་སྲས་སུ་ཆུ་ཕག་ལོར་སྐུ་འཁྲུངས། དེ་ནས་རིམ་པས་ཀློག་ སོགས་བསླབས་ཏེ་དགུང་གྲངས་བཅུ་དྲུག་ཙམ་ན་འཛམ་ཐང་གཙང་ཆེན་ཕོ་བྲང་དུ་ཀུན་ དགའ་དཔལ་ལྡན་ཞབས་བཞུགས་པའི་དྲུང་དུ་སྦྱོར་དྲུག་སྔོན་འགྲོའི་ཆོས་སྐོར་སྡོམ་པ་ བཅས་ལེགས་མནོས་ཀྱིས་མཚན་ཀུན་དགའ་སྙན་གྲགས་ཞེས་གསོལ། དེ་ནས་རྣལ་འབྱོར་ ཡན་ལག་དྲུག་གི་ལམ་གོང་མའི་ཕྱག་བཞེས་ལྟར་ལོ་གསུམ་ཉམས་ལེན་བརྩོན་པ་ལྷུར་ལེན་ མཛད་པས་ཉམས་རྟོགས་ཀྱང་གཞན་ཕལ་བ་ལས་བཟང་རབ་བྱུང༌། དེ་སྐབས་སྦྱོར་དྲུག་ གི་ཆོས་སྐོར་མ་ཟད་ཤངས་ཆོས་སོགས་ཆོས་བཀའ་གཞན་ཡང་ཅི་རིགས་པ་ལེགས་པར་ གསན། དེ་ནས་གཙང་བའི་སྒྲུབ་གྲྭར་སྔ་ཕྱིར་ལོ་གཉིས་ཙམ་དུ་སྦྱོར་དྲུག་ཉམས་ལེན་མཛད་ ཅིང་ལྷ་བཟོ་བླ་མའི་མདུན་ནས་ཤངས་ཆོས་སོགས་ཀྱི་ཆོས་བཀའ་ཡང་ཐོབ། དེ་ནས་དགུང་ ལོ་ཉེར་གཉིས་སྐོར་ལོ་གསུམ་དུ་ཐུགས་རྗེ་ཆེན་པོ་དམར་ཁྲིད་ཚོམ་ལུགས་ལ་ཉམས་ལེན་ མཛད་རྗེས་ལོ་བརྒྱད་དུ་གཙང་བའི་སྒྲུབ་ཁང་དུ་སྦྱོར་དྲུག་བསྒོ མས་པར་བྱས་སོ། །དགུང་ ལོ་སོ་གཉིས་སོགས་སུ་སྦྱངས་པ་བླ་མའི་མདུན་ནས་དགེ་ཚུལ་སློང་གི་སྡོམ་པ་མནོས་ཤིང༌། གཙང་བའི་སྒྲུབ་གྲྭར་ཡང་ལོ་གསུམ་དུ་རྡོ་རྗེའི་རྣལ་འབྱོར་བསྒོམས་པས་ཁྱོན་སྒྲུབ་ཁང་དུ་ལོ་ བཅུ་གསུམ་ཙམ་ལ་མཚམས་སྒྲུབ་མཛད། འདི་སྐོར་སྦྱངས་པ་བླ་མའི་མདུན་ནས་རྡོར་ཕྲེང་ གི་དབང་སོགས་ཆོས་བཀའ་རྒྱ་ཆེར་གསན་ཞིང་བླ་མ་གང་གིས་དམ་པ་འདིའི་ཉམས་ལེན་གྱི་ གནད་ཇོ་ནང་རང་རྐང་སྟོང་གཟུགས་ཆོས་ཉིད་ཀྱི་རང་མདངས་སུ་ངོ་ཇི་བཞིན་སྤྲད་དེ་ལྟ་བ་ གཏན་འབེབས་ཀྱང་མཛད། གཙང་བའི་རྡོ་རྗེ་སློབ་དཔོན་བླ་མ་ཆོས་འབྱོར་གྱི་མདུན་ནས་ ཀྱང༌། གྲུབ་ཐོབ་བརྒྱད་ཅུ། སྦྱོང་རྒྱུད་བཅུ་གཉིས། བདེ་མཆོག་རབ་འབྱམས་སོགས་སྔ་ཕྱིར་ དབང་བཀའ་ཆེས་མང་གསན། ས་དམར་དགོན་གྱི་རྡོ་རྗེ་སློབ་དཔོན་ཀུན་དགའ་ལུང་རྟོགས་ ཞབས་པའི་དྲུང་ནས། འབྱུང་འདུལ། རྟ་མགྲིན། འཇིགས་བྱེད་འབྲུ་ནོན་བསྙན་བརྒྱུད་ 3-1-139 ཀྱི་དམིགས་ཁྲིད་ཞུས་ཏེ་བསྙེན་སྒྲུབ་ཀྱང་མཛད་ཅིང་དགོན་དེའི་སྒྲུབ་ཁང་དུ་ལོ་གཅིག་ལ་ སྦྱོར་དྲུག་ཀྱང་བསྒོ མ། དགུང་ལོ་བཞི་བཅུ་སྐོར་མགོན་པོ་བྲག་རྫོང་མ་དང་མི་འཁྲུགས་པའི་ བསྙེ ན་མཚམས་མཛད་ཅིང་རྨེའུ་བླ་མའི་མདུན་དུ་གཅོད་སྐོར་ཀྱང་ཞུས། འདི་སྐབས་ཁོང་ མགོ་ལོག་ཏུ་ཀློག་འདོན་མཛད་སྐབས་རྨི་ལམ་དུ་ལྷ་ཆེན་དྲཀྴད་ཀྱི་ཞལ་ཡང་གཟིགས། བླ་ མ་ལུང་རྟོགས་དང༌། མཁས་དབང་ཟུང་གི་དྲུང༌། ནཻ་གུའི་ཟབ་ཁྲིད་དང༌། བླ་མ་ལུང་རྟོགས་ ཉིད་མདུན། རྡོར་ཕྲེང་དབང་ཡོངས་རྫོགས། ནཻ་གུའི་དབང་བཀའ་ཚང་ཆ་སོགས་ཞུས་ཤིང་ ས་དམར་སྒྲུབ་ཁང་དུ་ལོ་གཅིག་ལ་སྦྱོར་དྲུག་ཡང་བསྐྱར་བསྒོ མ་རྗེས་བླ་མ་ཆོས་འབྱོར་མདུན་ ནས་དེ་ཉིད་ལྔ་པ་སོགས་ཀྱི་དབང་བཀའ་ཡང་ཞུས། སླར་ས་དམར་སྒྲུབ་ཁང་དུ་ལོ་གཅིག་ ལ་རྡོ་རྗེའི་རྣལ་འབྱོར་ཉམས་ལེན་བྱས་རྗེས་བླ་མ་ལུང་རྟོགས་ཀྱི་གསུང་འབུམ་སྟེང་ནས་ བསྙེ ན་ཚད་དང༌། དུས་འཁོར་ལྷ་དགུའི་བསྙེ ན་མཚམས། གཅོད་གནད་དོན་སྙི ང་པོའི་སྟེང་ ནས་ཉམས་ལེན་ཀྱང་མཛད། དེ་དག་གི་གྲུབ་འབྲས་ཡང་དམ་པ་འདིའི་ཐུགས་རྒྱུད་ལ་ཐུན་ མོང་ལམ་གཙོ་གསུམ་དང་ཐུན་མིན་དུས་ཀྱི་འཁོར་ལོའི་བསྐྱེད་རིམ་དང་རྫོགས་རིམ་ཡན་ ལག་ལྔ་པ་མན་ཆད་སྐུ་ཚེ་སྨད་དུ་སླེབས་པར་དེང་དུས་ལ་ལྟོས་ནས་རིམ་གཉིས་ཀྱི་ཉམས་ རྟོགས་ཆེས་བཟང་རབ་ཀྱི་རྩེར་གྱུར་ཅིང་ཡན་ལག་དྲུག་པ་ཏིང་ངེ་འཛིན་གྱི་འཆར་སྒོ་ཡང་ ཅི་རིགས་པ་ངེས་པར་བྱུང་ཚོད་དུ་འདུག དེ་ནས་བླ་མ་ལུང་རྟོགས་སོགས་མངོན་མཁྱེ ན་ ཅན་དུ་མས་བཀའ་ལུང་བསྟན་པ་ལྟར་དང་ཁོང་རང་གི་རྨི་ལམ་འོད་གསལ་གྱི་དགེ་མཚན་ ཤར་བ་རྣམས་དུས་སུ་བབ་སྟེ། དགུང་ལོ་ཞེ་དགུའི་སྟེང་ས་དམར་དགོན་གྱི་རྡོ་རྗེ་སློབ་དཔོན་ ཀུན་དགའ་ལུང་རྟོགས་ཀྱི་གཟུགས་སྐུ་ཆོས་དབྱིངས་སུ་བསྡུས་རྐྱེན་ཁོང་ཉིད་ཀྱིས་རྒྱལ་ ཚབ་གདན་ས་བ་མཛད་དགོས་བྱུང་ནས་ལོ་བསྟར་བཞིན་གྱི་སྦྱོར་དྲུག་གི་ཆོས་ཚན་ཁོག་དང་ སྒྲུབ་ཁང་ཚུན་དང་བར་བར་དུ་མཚམས་གྲྭ་པ་གཞན་བསྐྱེད་རིམ་པ་སོགས་ཅི་རིགས་ལ་རང་ 3-1-140 རང་དང་འཚམས་པའི་ཟབ་ཆོས་ཀྱིས་རེ་བ་སྐོང་བཞིན་ལེགས་བསྐྱང་གི་མཛད་སྒོ་ནས་ཉིད་ ཀྱི་དགུང་ལོ་ཞེ་དགུ་ནས་དོན་གཅིག་བར་ལོ་ཉེར་གསུམ་ཙམ་གྱི་རིང་ལ་མཚམས་གྲྭ་སྒྲུབ་ པའི་རྣལ་འབྱོར་པ་ཆོས་ཚན་ལོ་དེ་སྙེད་ཀྱི་རིམ་པ་ལ་སྦྱོར་དྲུག་ཆ་ལག་ཡོངས་སུ་རྫོགས་པ་ དུས་འཁོར་དབང་ཆེན་ལོ་རེ་བཞིན་དང་གཞན་ཡང་ཤངས་ཆོས་སྐོར་ཆ་ཚང༌། རྒྱུད་སྡེ་རབ་ འབྱམས། རིན་འབྱུང༌། རྗེས་གནང་བརྒྱ་རྩ། སྦྱོང་རྒྱུད་བཅུ་གཉིས་ཀྱི་དབང་བཀའ་རྣམས་ དང༌། བསྐྱེད་རིམ་གྱི་རིགས་སྣ་ཚོགས་ཀྱི་ཟབ་ཁྲིད་དང༌། མཁོ་ཚོགས་ཅི་དགོས་ཀྱི་བཀླག་ ལུང་དང༌། བྲག་དཀར་སྤྲུལ་སྐུ་བློ་བཟང་དཔལ་ལྡན་བསྟན་འཛིན་སྙན་གྲགས་ལ་སྦྱོར་དྲུག་ ཁྲིད་ཡིག་མཐོང་བ་དོན་ལྡན་གྱི་ལུང་ཁྲིད་སོགས་ཟབ་མོའི་ཆོས་ཀྱི་ཟབ་བཀའ་གང་དགོས་ ལ་དེ་དེ་བཞིན་གྱི་གཞན་དོན་རྒྱ་ཆེ་བའི་མཛད་བཟང་གིས་གཞིར་གནས་མཚམས་གྲྭ་ཕན་ ཚུན་གྱི་སློབ་བུ་རྣམས་མ་ཟད་ཕྱོགས་ནས་འོང་བའི་རིས་སུ་མ་ཆད་པའི་སྐྱེས་ཆེན་དམ་པ་མང་ པོའི་གཙོས་འདུས་པ་ཆེས་མང་པོ་བར་བར་རྗེས་སུ་བཟུང་བའི་སྒོ་ནས་བསྟན་འགྲོའི་དོན་རྒྱ་ ཆེར་སྤེལ་ཞིང༌། ཁོང་གིས་སྐུ་ཚེ་གང་བོར་མཚམས་སྒྲུབ་ཀྱི་འབད་བརྩོན་གོང་སྨོ ས་བཞིན་ དང༌། གཞན་ཡང་ཧ་ཀྵ་དང་ཡིག་དྲུག་དུང་ཕྱུར་རེ་རེ་དང༌། རང་ག་བས་ཚེ་གང་པོར་འགྲུབ་ དཀའ་ཞིང་ས་ལམ་མཐོན་པོའི་མཛད་ཁྱད་ཧེ་རུ་ཀའི་ཡིག་བརྒྱ་དུང་ཕྱུར་ལྗགས་བཟླས་དང་ རྒྱལ་བའི་ཐུགས་རྟེན་ས་ཚྭ་དུང་ཕྱུར་གདབ་པ་སོགས་གསང་གསུམ་རྣམ་དཀར་འབའ་ཞིག་ ལས་སྡིག་པའི་ལས་ལྟ་ཅི་ལུང་མ་བསྟན་གྱི་བྱ་བའང་སྲིད་མཐའ་ཙམ་ལས་མི་མངའ་བའི་ སྐྱེས་བུ་དམ་པ་ཞིག་སྟེ། ཁོང་གིས་གདུལ་བྱ་རྗེས་བཟུང་སྐབས་ཀྱི་ཟབ་མོའི་དབང་བཀའ་ སོགས་རྒྱ་ཆེར་གཞན་ལ་འཆད་དུས་ཉིད་ཀྱི་ཐུགས་ཉམས་སུ་རིམ་གཉིས་ཀྱི་རྟོགས་པ་ཆེས་ ཟབ་པའི་སྟོབས་ཀྱིས་གཞན་སློབ་བུ་གང་དག་ལ་རང་རང་དང་འཚམས་པའི་ངོ་མཚར་བའི་ བཀོད་པ་སྣ་ཚོགས་ཀྱི་སྣང་བ་བྱུང་བ་སོགས་དོན་གཉིས་ཀྱི་མཛད་ཆེན་ཀུན་ནས་ཡོངས་སུ་ 3-1-141 རྒྱས་ཤིང་སྐུ་ཚེས་མཛད་པ་མཐར་ཕྱིན་པ་གང་གི་དགུང་གྲངས་དོན་གཅིག་ཏུ་སོན་སྐབས་དེ་ དུས་ཀྱི་མཚམས་གྲྭ་བ་སོགས་སློབ་བུ་གང་དག་ལ། ཉིད་ཀྱི་ཞལ་ནས། ཆོས་བཀའ་ཅི་དགོས་ དང་ཞལ་ཏའི་ཚུལ་གྱིས་སློབ་ཚོགས་ཀྱི་ཚེ་གང་བོའི་ཆོས་ལྡན་བྱ་བའི་ལམ་ལུགས་སོགས་ མཁོ་འོས་གང་འཚམས་ཀྱི་ཞལ་ཆེམས་ཞིབ་རྒྱས་གནང༌། དེ་དུས་སུ་སློབ་བུ་དག་གིས་ ཞབས་བརྟན་བཞུགས་ཞུས་ག་འདྲ་ཕུལ་ཡང་ཞལ་གྱིས་མ་བཞེས་པར་ཉིད་ཀྱི་རྒྱལ་ཚབ་བསྐོ་ བཞག་སོགས་ཀྱི་མཛད་སྒོ་ཅི་དགོས་དང་བཅས་ལོ་དེའི་ཟླ་བ་དྲུག་པའི་ཚེས་ཉི་ཤུའི་ཉིན་དེ་ སྔར་སྐུ་བསྙུང་ཚུལ་མཛད་པ་ཡར་དྭངས་ན་ཟུག་གང་ཡང་མེད་པར་སྐྱེ་འཆི་རང་དབང་ཡོད་ པ་ལྟ་བུས་སྐུ་རྣམ་སྣང་ཆོས་བདུན་ཡ་མཚན་པའི་ངང་ནས་གཟུགས་སྐུའི་བཀོད་པ་བསྡུས་ ཏེ་ཐུགས་དམ་ལེགས་གྲོལ་རྟགས་བཅས་དགོངས་མཆོད་གདུང་རྟེན་སོགས་སྒོ་གང་ཐད་ ནས་མི་དམན་པའི་ཚུལ་ཞིབ་པར་བདག་གིས་བསྒྲིགས་པའི་དམ་པ་འདི་ཉིད་ཀྱི་རྣམ་ཐར་ན་ ལེགས་པར་གསལ་བ་ལྟར་དང༌། གང་གི་ཐུགས་སློབ་ཡང་རྟོགས་ལྡན་གྱི་རྣལ་འབྱོར་པ་རང་ ལུགས་འཛིན་པ་དུ་མ་དང་ཕྱོགས་ནས་བྱོན་པའི་རིས་བྲལ་གྱི་སྐྱེས་ཆེན་མང་པོ་ཡོད་དོ། ། ༼༤༽ འདིའི་གདན་ས་འཛིན་པའི་སྒྲུབ་བརྒྱུད་ཀྱི་སློབ་དཔོན་ནི་ངག་དབང་དཔལ་བཟང་ པོ་སྟེ། དེའི་ལོ་རྒྱུས་ཡང་ས་དམར་དཔལ་རྩེ་དགོན་དང་ཧ་ཅང་མི་རིང་བར་ཡབ་མང་དགེ་ལྷ་ རྒྱལ་དང་ཡུམ་གསེར་བཟའ་དབྱངས་སྐྱིད་གཉིས་ཀྱི་སྲས་སུ་མེ་ཕག་ལ་སྐུ་འཁྲུངས་ནས་ཆེར་ བསྐྱེད་དགུང་ལོ་བདུན་གྱི་དུས་ནས་ཀློག་བསླབས་ཏེ་ཇི་བཞིན་ཐུགས་ལ་ཆུབ་པ་ནས་དགུང་ ལོ་བཅུ་གཉིས་སྐོར་དུ་ཆོས་སྒོར་ཞུགས་ཏེ་ས་དམར་དཔལ་རྩེ་དགོན་དུ་རྡོ་རྗེ་སློབ་དཔོན་ ཀུན་དགའ་ལུང་རྟོགས་ཞབས་པའི་དྲུང་དུ་ཡན་ལག་དྲུག་གི་སྔོན་འགྲོ་སྡོམ་པའི་རིམ་པ་ བཅས་ལེགས་མནོས་ཀྱི་མཚན་ཡང་ངག་དབང་དཔལ་བཟང་པོ་ཞེས་གསོལ་བ་ནས་བཟུང་ རྣལ་འབྱོར་ཡན་ལག་དྲུག གོང་མའི་ཕྱག་སྲོལ་ལྟར་ལོ་གསུམ་དུ་ཉམས་ལེན་གཟབ་ལྡན་ 3-1-142 བྱས་པས་རྟོགས་པའི་འཆར་སྒོ་ཡང་འོད་གསལ་རྟགས་བཅུ་སོགས་ཉམས་སྣང་གིས་འཆར་ ཚུལ་གཞན་ཕལ་བ་ལས་ཆེས་ཁྱད་པར་བ་བྱུང་ཞིང་ཁྱད་པར་བསམ་གཏན་གཟུགས་སེམས་ དབྱེར་མེད་ཇི་བཞིན་ངོ་འཕྲོད་ཅིང་རྩ་རླུང་ལའང་ནུས་པ་དགའ་རབ་རེ་ཐོབ་ཅིང༌། དེ་སྐབས་ སུ་སྦྱོར་དྲུག་གི་རྩ་བའི་ཟབ་ཁྲིད་སོགས་ཉེར་མཁོའི་རིགས་ཀྱི་ཆོས་བཀའ་མཐའ་དག་ཐོབ། དེ་ནས་དགུང་ལོ་བཅུ་དྲུག་སྐོར་ནས་རྨེའུ་བླ་མའི་མདུན་ནས་རྒྱལ་ཐང་བའི་ལུགས་ཀྱི་གཅོད་ སྐོར་སོགས་ཞུས་ཤིང༌། ས་དམར་སྒྲུབ་གྲྭའི་ཐོག་མ་ལ་ལོ་གཅིག་ཏུ་སྦྱོར་དྲུག་ཉམས་ལེན་ མཛད་སྐབས་ལྷ་སེམས་དཔའ་ཡབ་ཡུམ་གྱི་གསལ་སྣང་ཡང་འཆར་སྒོ འི་ཚུལ་དུ་བྱུང༌། ནཻ་ གུའི་ཟབ་ལམ་ལོ་གཅིག་ཏུ་བསྒོ མ་ཞིང༌། འབྱུང་འདུལ། རྟ་མགྲིན་གྱི་བསྙེ ན་མཚམས་མཛད་ ཅིང་འདི་སྐོར་བླ་མ་ལུང་རྟོགས་ཀྱི་མདུན་ནས་སྦྱོར་དྲུག ནཻ་གུ་བསྐྱེད་རིམ་སྣ་ཚོགས་ཀྱི་ཟབ་ ཁྲིད་དང༌། རྡོར་ཕྲེང༌། སྦྱོང་རྒྱུད་སོགས་ཀྱི་དབང་བཀའ་ཡང་དུ་མ་ཐོབ། དགུང་ལོ་ཉི་ཤུ་ སོགས་སུ་འཇིགས་བྱེད་འབྲུ་ནོན། སྙན་བརྒྱུད། མགོན་པོ་སོགས་ཀྱི་བསྙེ ན་མཚམས་དང༌། བླ་མ་ཆོས་འབྱོར་གྱི་དྲུང་ནས་བདེ་མཆོག་རབ་འབྱམས་ཀྱི་དབང་བཀའ་ཡོངས་རྫོགས་ གསན་པར་མཛད་ཅིང༌། གཅོད་གནད་དོན་སྙི ང་པོ་ཉམས་ལེན་སློང་སྣ་ཚོགས་པའི་རྟགས་ མཚན་བཅས་དང༌། ཡང་བླ་མ་དེ་ཉིད་ཀྱི་མདུན་ནས། གཤིན་རྗེ་རབ་འབྱམས་སོགས་ ཀྱི་དབང་ཅི་རིགས་པར་གསན་ནས་དེ་ལོར་མི་འཁྲུགས་པའི་བསྙེན་མཚམས་ཀྱང་མཛད། དགུང་ལོ་ཉེར་གཅིག་སྟེང་ལ་རྨེའུ་བླ་མ་དང་བླ་མ་ལུང་རྟོགས་གཉིས་ཀྱིས་མཁན་སློབ་མཛད་ ནས་དགེ་ཚུལ་གྱི་སྡོམ་པ་མནོས། ལོ་དེར་བླ་མ་ལུང་རྟོགས་ཀྱི་གསུང་འབུམ་ལས་དཀྱིལ་ ཆ་ཚང་གི་བསྙེ ན་ཚད་ཀྱང་བཏང༌། དགུང་ལོ་ཉེར་གསུམ་སྐོར་ནས་བཟུང་སྟག་ལུང་རི་ཁྲོད་ དུ་ལོ་ངོ་གཉིས་ལ་མཚམས་སྒྲུབ་མཛད་པ་སོགས་ལོ་འགར་ཐུན་མཚམས་རེ་དང་བཅས་བླ་ མ་སྙན་གྲགས་ཀྱི་མདུན་ནས་རྒྱུད་སྡེ་རབ་འབྱམས་ཡོངས་རྫོགས་ཀྱི་དབང་བཀའ་སོགས་ 3-1-143 ཀྱང་མནོས། དགུང་ལོ་སུམ་བཅུ་སོགས་སུ་ལྷ་རྩེ་སྤྲུལ་སྐུ་ཐུབ་བསྟན་ལུང་རྟོགས་རྒྱ་མཚོའི་ མདུན་ནས་མགོན་པོ་ཚོགས་བདག་གི་དབང་དང༌། སངས་རྒྱས་སྟོང་དབང་སོགས་དང༌། བྲག་དཀར་སྤྲུལ་པའི་སྐུའི་ཞལ་སྔ་ནས། རྒྱལ་བའི་བཀའ་ཆོས་ཡོངས་རྫོགས་ཀྱི་བཀླག་ལུང་ དང༌། བྱང་ཆུབ་སེམས་སྡོམ་སོགས་ཆོས་བཀའ་མང་པོ་དང༌། གཞན་ཡང་སྔ་ཕྱི་ཅི་རིགས་ སུ་སྤྲུལ་སྐུ་དེ་ཉིད་ཀྱི་མདུན་ནས། དུས་འཁོར་རྒྱས་འགྲེལ་སོགས་བསྟན་འགྱུར་གླེགས་ བམ་ཉེར་གཉིས་ཀྱི་བཀླག་ལུང་དང༌། བླ་མ་སྙན་གྲགས་ཀྱི་མདུན་ནས་སྒྲུབ་ཐབས་རིན་ འབྱུང༌། ཤངས་ཆོས་སྐོར་སོགས་ཆོས་བཀའ་སྣ་ཚོགས་དང༌། གསང་སྤྲུལ་པའི་མདུན་ནས་ འོད་དཔག་མེད་མྱུར་ལམ་སྐོར་དང༌། བླ་མ་རིན་ཆེན་དཔལ་གྱི་མདུན་ནས། གཟུངས་འདུས། རྙིང་གཏོ་སྣ་ཚོགས་ཀྱི་བཀླག་ལུང་དང༌། གཞན་ཡང་འཛི་སྟོད་སྨད་ཀྱི་བླ་མ་དུ་མའི་མདུན་ ནས་ཆོས་འབྲེལ་སྣ་ཚོགས་དང༌། རྒྱུད་སྡེ་ཡང་བསྐྱར་དུ་ཐོབ་པ་སོགས་ཆོས་བཀའ་ཆེས་མང་ གསན། དགུང་ལོ་བཞི་བཅུའི་སྐོར་དུ་བླ་མ་བསོད་ནམས་ཡེ་ཤེས་དང་བླ་མ་སྙན་གྲགས་ གཉིས་ཀྱི་མདུན་དུ་སྔ་ཕྱི་ཡང་བསྐྱར་དུ་མུ་དྲ་བརྒྱ་རྩའི་དབང་བཀའ་ཆ་ཚང་དང༌། དུས་འཁོར་ དབང་ཆེན། བདེ་མཆོག་རབ་འབྱམས་སོགས་ཟབ་དབང་རྒྱ་ཆེ་བ་དང༌། གཞན་ཡང་ལུང་ ཁྲིད་སྣ་ཚོགས་ཆེས་མང་གསན། དགུང་ལོ་ཞེ་ལྔའི་སྟེང་མགོ་ལོག་ཏུ་གཙང་བའི་བླ་ཚབ་ལ་ ཕེབས་ནས་ལོ་གཉིས་སུ་གདུལ་བྱར་མཛད་དེ་གཙང་བ་གྲྭ་ཚང་གི་དུས་འཁོར་སྒྲུབ་མཆོད་ཀྱི་ ཡོན་བདག་བྱས། དགུང་ལོ་ཞེ་བདུན་སྐབས་ཙམ་ནས་ས་དམར་དགོན་གྱི་རྡོ་རྗེ་སློབ་དཔོན་ སྐུ་གཤེགས་པའི་རྐྱེན་གྱིས་དམ་པ་འདིས་དགོན་དེའི་གདན་ས་བ་མཛད་ནས་སྔར་གྱི་གོང་ མའི་ཕྱག་བཞེས་བཞིན་ཆོས་སྡེ་ཕན་ཚུན་ཀྱི་སློབ་ཚོགས་བསྐྱང་བའི་དབུ་ཚུགས་ཏེ་ལོ་དེ་ཕན་ ཆད་ནས་བཟུང་སྐུ་ཚེ་གང་བོར་དགུང་ལོ་དོན་གཉིས་ཀྱི་བར་སྒྲུབ་སྡེ་ཟུང་གི་ཆོས་ཚན་ཉེར་ལྔ་ ལྷག་གིས་མཚོན་ཕྱི་ནང་གི་སློབ་བུ་རྒྱ་ཆེན་པོ་གྲངས་མང་པོ་ལ་ཟབ་ལམ་སྦྱོར་དྲུག་གཙོ་བོར་ 3-1-144 གྱུར་པའི་བསྐྱེད་རྫོགས་ཀྱི་ཟབ་མོའི་ཁྲིད་སྣ་ཚོགས་དེ་ལུགས་ལྟར་གྱི་སྨིན་བྱེད་དབང་བཀའ་ བཀླག་ལུང་སྣ་ཚོགས་བཅས་ཆོས་བཀའ་སློབ་ཚོགས་རང་རང་དང་འཚམས་པའི་རེ་བ་ལྟར་ གྱི་རླབས་པོ་ཆེའི་ཆོས་སྦྱིན་མཆོག་གི་སྒོ་འཕར་ལེགས་ཕྱེ་མཛད་ནས་བསྟན་འགྲོའི་དོན་རྒྱ་ ཆེར་སྤེལ་ཞིང༌། དམ་པ་གང་གི་སྐུ་ཚེ་གང་བོར་ཉམས་ལེན་ལ་བརྩོན་པ་ལྷུར་བླངས་པའི་ བྱས་རྗེས་ལམ་ཐུན་མོང་ལ་མྱོང་བ་ཐོན་ཞིང༌། ཐུན་མིན་རིམ་པ་དང་པོའི་ལྷའི་གསལ་བརྟན་ དང་རིམ་པ་གཉིས་པའི་ཡན་ལག་ལྔ་པ་མན་ཆད་ཀྱི་གཟུགས་སེམས་དབྱེར་མེད་རླུང་ཐིག་གི་ རང་མདངས་སུ་ཉམས་ཀྱི་འཆར་སྒོ་དེང་དུས་ལ་ལྟོས་ན་ཁྱད་མཚར་བ་རེ་ཡོད་ངེས་སུ་འདུག་ པས་དེ་ལུགས་ཀྱི་སློབ་བུ་དག་གི་སྣང་བའི་འཆར་སྒོ་ཡང་ཚོད་དེ་ཙམ་གྱི་དག་སྣང་འཕེལ་ བའི་ཆ་ནས་སྙི གས་དུས་སུ་སྔགས་ཀྱི་སློབ་དཔོན་དུ་ཉེ་བར་འོས་པ་ཞིག་སྟེ། ཉིད་ཀྱིས་ མཚམས་བསྙེན་གོང་སྨོས་བཞིན་ཁྱོན་ཧ་ཀྵ་ཡིག་དྲུག་རྟ་མགྲིན་བསྙེན་པ་ཚེ་བསྙེན་རྣམས་ དུང་ཕྱུར་རེ་རེ་ལྗགས་བཟླས་མཛད་པ་སོགས་ཆོས་ལྡན་རྣམ་པར་དཀར་བའི་མཛད་པ་སྒོ་ གང་ཐད་ནས་མི་དམན་པའི་ཕྲིན་ལས་ཡོངས་རྒྱས་མཐར་ཕྱིན་ཅིང་དགུང་གྲངས་དོན་གཉིས་ པའི་ལོ་དེའི་ཟླ་བ་བརྒྱད་པའི་ཚེས་ཉེར་བརྒྱད་ཉིན་དུས་སོགས་ཀྱི་དབང་གིས་རང་གནས་ཀྱི་ ཆོས་སྡེ་དག་ལ་གང་འཚམས་ཀྱིས་ཆོས་མཇུག་རྫོགས་པར་བྱས་ཏེ་འཛི་ཉིན་གྱི་ས་ཆ་རྒུ་ནང་ དུ་ཕེབས་ནས་སློབ་ཚོགས་ཉེ་འཁོར་བ་ཉུང་ཤས་དང་ལྷན་དུ་སྤོང་བ་བསམ་གཏན་གྱི་བྱ་བ་ ལ་མཐའ་གཅིག་ཏུ་རེམ་པའི་ཚུལ་གྱིས་བར་བར་དུ་སློབ་ཚོགས་ལ་རང་རང་འཚམས་པའི་ འདི་ཕྱིར་ཕན་པའི་ཞལ་ཏ་བཀའ་མོལ་ཞིབ་རྒྱས་གནང་ཞིང༌། དེ་སྐབས་ཤིག་ནས་སྐུ་འཆམ་ ཅུང་ཟད་ཅིག་ལས་བསྙུང་བའི་རྣམ་པ་གང་ཡང་མེད་བར་འབྲེལ་ཐོགས་བསྔོ་དགོས་ལ་འཕོ་ བ་དང་ནང་སློབ་འགའ་ལ་ཆོས་མཐུན་གྱི་ཞལ་ཆེམས་རེ་ཡང་བགྱིས་ནས་ཟླ་བ་བཅུ་གཅིག་ པའི་ཚེས་ཉེར་གཉིས་ཀྱི་ནུབ་སྐུ་གཟིམས་པའི་ཚུལ་གྱིས་སེང་གེ་ཉལ་སྟབས་ཀྱི་ངང་ནས་ 3-1-145 ཐུགས་དགོངས་འོད་གསལ་དུ་བསྡུས་ཏེ་སྐུ་གཤེགས་ཐུགས་དམ་ཞག་བདུན་དུ་བཞུགས་ ནས་རྟགས་མཚན་དང་བཅས་དགོངས་བཀྲོལ་གཤེགས་མཆོད་སོགས་བགྱི་བ་གང་དགོས་ མཐའ་དག་ལེགས་སྒྲུབ་ཀྱི་ཚུལ་སོགས་ཞིབ་པར་བདག་གིས་བྱས་པའི་རྣམ་ཐར་དུ་གསལ་ ལ། གང་གི་སློབ་བུ་ཡང་ཉམས་རྟོགས་མངའ་བ་ཆེས་མང་ཚོད་དུ་འདུག་གོ ། ༼༥༽ འཛམ་ཐང་གཙང་ཆེན་སྤྲུལ་པའི་སྐུ་གསུམ་པ་གང་ཉིད་ཀྱི་དངོས་སློབ་རྟོགས་ པའི་དབང་ཕྱུག་བླ་མ་བསྟན་གསལ་ཞེས་བྱ་བས་འཛི་ཉིན་ཕྱོགས་སུ་གསང་ཆེན་སྒྲུབ་བརྒྱུད་ ཀྱི་བསྟན་པ་སྤེལ་ཚུལ་ལ་ཐོག་མར་གང་གི་ལོ་རྒྱུས་ཡང་ཉིད་སྐུ་འཁྲུངས་ཡུལ་འཛི་སྨད་ ཕྱོགས་ཀྱི་ཝ་ཤུལ་ཞེས་པའི་ས་ཆ་དེ་ཡིན་ཞིང༌། འདིའི་སྐུ་རིགས་རོང་མོ་ཡིན་པས་སྨྲ་རོང་མུ་ མདའ་ནས་ཐོག་མར་འོང་བ་རུས་རོང་མོ་དང་མིང་ཨ་རྡོར་ཟེར་བའི་མི་བརྒྱུད་དུ་སྐུ་འཁྲུངས་ ལ། དེ་ནས་སྐུ་ན་རིམ་གྱིས་སོན་ཏེ་རང་ཡུལ་དུ་ཕྱུགས་རྫི་ཐུབ་ཙམ་གྱི་བྱིས་པའི་སྐབས་སུ་ རིགས་བཟང་པོ་སད་ལ་ཉེ་བའི་དབང་པོ་ཆེས་མཆོག་ཏུ་གྱུར་ཅིང་ཀློག་སོགས་རིག་གནས་ ལ་བསླབ་དུས་ཤིག་ན་ཉིན་གཅིག་རི་མགོ་ཞིག་ཏུ་བྱིས་པའི་སྐུ་རྩེད་ཀྱིས་རྡོའི་མཆོད་རྟེན་ ལྟ་བུ་ཞིག་བཞེངས་ནས་རྩེད་མོས་རབ་གནས་སོགས་ཀྱི་མཛད་སྒོ་གནང་རྗེས་དེ་ཕྱིན་རྡོའི་ མཆོད་རྟེན་ལྟ་བུ་དེ་ཡུལ་དེའི་ས་གནད་ལེགས་བསྡམ་གྱི་རྟེན་དམ་པར་གྱུར་ནས་ཡོངས་ ལ་ཕན་ཐོགས་བྱུང་སྐད། དེ་སོགས་སྐུ་ན་ཕྲ་བའི་སྐབས་ན་ལོ་རྒྱུས་ངོ་མཚར་བ་དུ་མ་ཡོད་ ཅིང༌། ཚུལ་དེ་འདྲའི་སྒོ ་ནས་ཀློག་སོགས་བྱང་ཆུབ་པའི་རེ་ཞིག་གི་ཚེ་སྔོ ན་གྱི་ལས་སྨོ ན་ཟབ་ མོས་སྦྲེལ་བའི་དབང་གིས་འཛམ་ཐང་གཙང་ཆེན་ཕོ་བྲང་དུ་སྤྲུལ་པའི་སྐུ་དཀོན་མཆོག་ འཇིགས་མེད་རྣམ་རྒྱལ་བཞུགས་པའི་དྲུང་དུ་བསྙེགས་ཏེ་སྤྲུལ་པའི་སྐུ་ཉིད་གུས་པས་བླ་མར་ ལེགས་བཀུར་གྱིས་ཆོས་སྒོར་ཞུགས་པ་ན་ཁོང་གི་རྡོ་རྗེའི་མཆེད་ཟླ་གཙང་བ་དགེ་སློང་ངག་ དབང་ཆོས་འཕེལ་དང་མཁར་བ་བླ་མ་ངག་དབང་བསམ་གཏན་གཉིས་ཡིན་ཞིང༌། གཙང་ 3-1-146 ཆེན་སྤྲུལ་སྐུ་མཆོག་གིས་སྐལ་ལྡན་ལས་ཅན་དམ་པ་དེ་གསུམ་རྡོ་རྗེའི་སློབ་མ་དབང་པོ་ཡང་ རབ་ཏུ་གཟིགས་ནས་ཟབ་ཆོས་ཀྱི་རྗེས་སུ་བཟུང་ནས་ཐོག་མར་རྣལ་འབྱོར་ཡན་ལག་དྲུག་ གི་སྔོན་འགྲོའི་ཆོས་སྐོར་སྡོམ་ལུང་འབོགས་པ་བཅས་ཀྱི་སྒོ་ནས་དམ་པ་འདི་ཉིད་ལ་ངག་ དབང་བསྟན་པ་གསལ་བྱེད་ཅེས་པའི་མཚན་གསོལ་བ་ནས་བཟུང་རིམ་པས་ཟབ་ལམ་ཡན་ ལག་དྲུག་གི་ཟབ་མོའི་ལམ་གྱི་རིམ་པ་ཇི་བཞིན་ཉམས་ལེན་གྱི་སྒོ་ནས་ཐོག་མར་སོར་སྡུད་ ཀྱིས་སྟོང་གཟུགས་མངོན་དུ་བྱས་བསམ་གཏན་གྱིས་རང་སེམས་ཀྱི་ཆོས་ཉིད་དུ་མཐོང་སྲོག་ རྩོལ་གྱིས་རླུང་གི་དྭངས་མར་ཤར་འཛིན་པས་ཐིག་ལེའི་རང་མདངས་སུ་ཐག་ཆོད་རྗེས་དྲན་ གྱིས་རང་ལུས་དག་སྣང་དུ་བསྒྱུར་ཏིང་ངེ་འཛིན་མཆོག་གིས་མི་འགྱུར་བདེ་ཆེན་ཅི་རིགས་ མངོན་དུ་བྱས་པའི་ཚུལ་ལམ་སོ་སོའི་སྐབས་རང་རང་གི་ཉམ་མྱོང་ཆེས་ཁྱད་པར་བར་གྱུར་ ཅིང་རླུང་སེམས་ལ་རང་དབང་ཐོབ་ནས་མངོན་ཤེས་སོགས་ཟག་མེད་ཡོན་ཏན་གྱི་སྒོ་དུ་མ་ དང་དག་ཆེན་དབྱིངས་ནས་དཔལ་བདེ་མཆོག་འཁོར་ལོ་དབུ་འབུམ་ཕྱག་འབུམ་གྱི་རྣམ་པ་ དངོས་སུ་ཕེབས་ནས་ཁོང་ལ་ཐིམ་པ་སོགས་དག་སྣང་རྒྱན་གྱི་འཁོར་ལོ་མཐའ་ཀླས་པར་ གྱུར་ཏེ། གཞན་ཡང་སྐྱེས་ཆེན་དུ་མའི་མདུན་ནས་ཟབ་ཆོས་ཀྱི་སྒོ ་མང་པོ་གསན་སྒོ མ་མཛད་ པས་རང་དོན་རིམ་གཉིས་ཀྱི་མངོན་རྟོགས་ཚད་མཐོན་པོར་སླེབས་པའི་མཚམས་རེ་ཞིག་གི་ སྐབས་ན་རང་ཡུལ་ཝ་ཤུལ་གྲོང་བའི་མདུན་གཡས་སུ་དམ་པ་ཁོང་ཉིད་དང་མངོན་སྤྱོད་ཀྱི་ མཐུ་ནུས་ཅན་སྔགས་པ་ནོར་བུ་དང༌། གསེར་བ་དགེ་ལེགས་ཞེས་པ་གསུམ་གྱིས་རང་རང་ གི་དགོན་ཁང་རེ་རེ་བྱས་ཏེ་དམ་པ་གང་གིས་ཅིག་ཤོས་གཉིས་ལ་ཐོག་མར་ཟབ་ལམ་སྦྱོར་ དྲུག་གི་མྱོང་ཁྲིད་མཐའ་རྒྱས་ཡོངས་རྫོགས་སུ་སྔ་ཕྱི་བར་གསུམ་ལ་ཉེར་མཁོའི་ཆོས་བཀའ་ རྒྱ་ཆེ་བ་དང་བཅས་ལེགས་གནང་མཛད་པ་ནས་བཟུང་གཞན་གདུལ་བྱ་རྗེས་འཛིན་གྱི་ཕྲིན་ ལས་ཅི་རིགས་པའི་སྒོ་ནས་ངེས་དོན་སྒྲུབ་བརྒྱུད་ཀྱི་བསྟན་པ་དབུ་ཚུགས་པའི་ཆོས་གཞི་རི་ 3-1-147 ཁྲོད་དབེན་གནས་ཀྱི་དགོན་འདི་དེ་ཕན་ཆད་ནས་ཆགས། དེ་ནས་རིམ་པར་རི་ཁྲོད་དེར་ ཝ་ཤུལ་བསྟན་རྒྱས་དང་བྱ་ཡུར་དཔལ་ལྡན་གཉིས་ལ་དེ་ལུགས་ལྟར་རྣལ་འབྱོར་ཡན་ལག་ དྲུག་གི་དབང་ལུང་ཟབ་ཁྲིད་མཐའ་དག་གནང་ནས་ཆོས་ཚན་སྒྲུབ་པའི་སྡེ་ལེགས་བསྐྱང་ མཛད་པ་སོགས་ཀྱིས་བསྟན་འགྲོའི་དོན་ཆེན་སྤེལ་ཞིང༌། འདི་སྐོར་ཁོང་ཉིད་མཉམ་བཞག་ སྐབས་དགུན་ཟླ་ཐ་ཆུང་དུ་རྒྱ་གར་ནས་འབྲས་ཀྱི་སྙེ་མ་སྔོ་ལྗང་ཕུན་སུམ་ཚོགས་པ་དངོས་ སུ་རྙེད་ནས་དེར་གནས་ཀུན་ལ་སྟོན་པར་མཛད་ཅིང༌། ཐུགས་མཉམ་བཞག་ངང་སྐད་ཅིག་ རེ་ནས་རིགས་ལྔའི་ཞིང་སོགས་དག་མ་དག་གི་ཞིང་ཁམས་རབ་འབྱམས་སུ་བགྲོད་དེ་ཟབ་ དང་རྒྱ་ཆེའི་ཆོས་སྒོ་མཐའ་ཀླས་པ་གསན་སྒོམ་མཛད་ནུས་པའི་ཆོས་སྦྱིན་ཟབ་མོའི་ཏིང་ངེ་ འཛིན་ཁྱད་པར་ཅན་ལ་དབང་འབྱོར་བ་སོགས་ཟླ་དང་བྲལ་བའི་སྤོང་བ་བསམ་གཏན་གྱི་ རྣལ་འབྱོར་མཆོག་ལ་མངའ་བརྙེས་པ་སྟེ། གང་གིས་བར་བར་རྣམས་སུ་སྐྱེས་ཆེན་དམ་པ་ བླ་མ་ཆོས་འཕགས་སོགས་ཆེས་སྐལ་བ་དང་ལྡན་པ་མང་པོ་ལ་རྗེས་གནང་བརྒྱ་རྩ་སོགས་ ཀྱི་དབང་བཀའ་དང༌། དུས་འཁོར་འགྲེལ་ཆེན་དང༌། ཀུན་མཁྱེ ན་དོལ་པོའི་བཀའ་འབུམ་ དང་ཇོ་ནང་རྗེ་བཙུན་གྱི་གསུང་འབུམ་ཡོངས་རྫོགས་ཀྱི་བཀླག་ལུང་སོགས་ཟབ་བཀའ་ ཆོས་ཀྱི་སྒོ་འཕར་རྒྱ་ཆེ་བ་སྔ་ཕྱི་ཅི་རིགས་སུ་ཡང་ཡང་ཕྱེ་བའི་མཛད་སྒོ་དང་བཅས་ཡུན་རིང་ བཞུགས་པའི་སྐུ་ཚེའི་སྨད་ཙམ་ན་རང་ཡུལ་ཝ་ཤུལ་གྱི་གྲོང་དུ་རྣམ་དཀར་བྱ་བ་ལས་ཀྱི་ འཁོར་ལོའི་རྟེན་བཞེངས་ཀྱི་མཐུན་རྐྱེན་ལེགས་སྒོ་རྒྱ་ཆེར་མཛད་པ་ལ་ཆས་ཏེ་ཁོང་དང་ལྷ་ བཟོ་བླ་མ་ཟུང་གིས་གྲོང་དེར་ཡུལ་མི་དག་གི་བསོད་ནམས་ཀྱི་ཞིང་དུ་བདུད་འདུལ་མཆོད་ རྟེན་བཞེངས་པའི་ས་འདུལ་སྔོན་དུ་མཛད་དེ་ཐུགས་རྟེན་ལེགས་བཞེངས་ཀྱིས་ཕྱི་དང་ནང་ གི་བཀོད་པ་རྟེན་གསུམ་བྲིས་འབུར་སོགས་སྒོ་གང་ཐད་ནས་མཛེས་ཁྱད་མ་ཚང་བ་མེད་པའི་ རྟེན་མཆོག་གསར་བསྐྲུན་མཛད་སྐབས་མགོ་ལོག་ལུ་ཀུ་སོགས་ཡུལ་མི་ཀུན་གྱིས་ཞབས་ 3-1-148 འདེགས་རྒྱ་ཆེར་བཅས་མཐའ་རྒྱས་རབ་གནས་དགའ་སྟོན་ངོ་མཚར་རྟགས་ཀྱི་དགེ་མཚན་ མི་དམན་པར་ལེགས་གྲུབ་མཛད། དམ་པ་འདི་ཉིད་ཀྱིས་གསང་ཆེན་ཟབ་མོའི་རྟོགས་པ་ དཔྱིས་ཕྱིན་མངའ་བརྙེས་པས་གཞན་བསམ་སྦྱོར་ལོག་པའི་བྱད་ཁ་སོགས་རྐྱེན་གང་གིས་མི་ ཚུགས་ཤིང་ལྷ་ཆེན་མགོན་པོ་དྲཀྵད་ལྕམ་དྲལ་འཁོར་བཅས་ཀྱིས་ནམ་ཡང་བཀའ་ལས་མི་ འདའ་བའི་ཐ་ཚིག་གི་སྒོ ་ནས་གང་བཅོལ་ཕྲིན་ལས་ཐོགས་མེད་དུ་བསྒྲུབ་ཅིང༌། ཁྱད་པར་ར་ འོབ་སྡེ་པའི་ཡུལ་སྐྱོང་ལ་བསང་གི་གསོལ་མཆོད་གསུང་རྩོམ་མཛད་པས་ལེགས་མཚན་རྫས་ ཀྱི་ཡོང་སྒོ ་དང་བཅས་བཀའ་བཞིན་ལེགས་སྒྲུབ་ཀྱི་དམ་བཅའ་ཕུལ་བ་དང༌། རང་ཡུལ་ སྐྱོང་བའི་གཞི་བདག་ལ་བསང་ཡིག་བརྩམས་པས་དུས་ནམ་ཡང་སྡོང་གྲོགས་མི་གཡེལ་བའི་ གཡར་དམ་ལྷོད་མེད་མཛད་པ་སོགས་ཆོས་བཞིན་སྐྱོང་བ་དག་གིས་ཇི་བཞིན་ཁོང་གི་བཀའ་ ལ་ལེགས་ཉན་གྱིས་སྲུང་མ་ནམ་དགོས་དུས་སུ་མཛད་ལ། དེ་ལྟར་དོན་གཉིས་ཀྱི་མཛད་ སྒོ་རྒྱ་ཆེ་བས་ལེགས་བཞུགས་མཐར་ཁོང་གི་གདན་ས་ལ་ལྷ་བཟོ་བླ་མ་བསྐོ་བཞག་དང་མ་ འོངས་པ་ན་རི་ཁྲོད་འདིར་དགོན་ཁང་བཞི་བཅུ་ཙམ་འབྱུང་བའི་བཀའ་ལུང་གསལ་བོ་བཅས་ སྒྲུབ་གནས་རི་དགོན་དེའི་མིང་ལ་བཀྲ་ཤིས་ལྷ་རྩེའི་དགོན་ཞེས་བཏགས་པར་མཛད། དེ་ མཚམས་ཤིག་ནས་ཁོང་གི་རྡོ་རྗེའི་སྤུན་གྱི་མཆེད་ཟླ་འཛམ་ཐང་གཙང་བ་དགེ་སློང་གིས་དག་ ཞིང་གཟིགས་པས་དེའི་ཐུགས་དམ་ལེགས་བཀྲོ ལ་མཛད་མཁན་དུ་འབོད་མི་བྱུང་ཚེ། ཁོང་ གི་ཞལ་ནས། ད་ལན་ངེད་ཀྱི་རྡོ་རྗེའི་སྤུན་གཙང་བ་དགེ་སློང་དང་ཁོ་བོ་གཉིས་ནི་ཤར་ཕྱོགས་ མངོན་དགའི་ཞིང་དུ་སོང་ནས་ཕྱིར་མི་ལྡོ ག་པར་འགྱུར་རྒྱུ་ཡིན། རྡོ་རྗེའི་སྤུན་མཁར་བ་བླ་ མ་ནི་ད་དུང་ལྷོ ་ནུབ་སྲིན་ཡུལ་དུ་སོང་ནས་འགྲོ་དོན་མཛད་དགོས་པ་ཡིན། ཞེས་གསུངས་ ནས་ཁོང་ཉིད་འཛམ་ཐང་གཙང་བའི་ཕོ་བྲང་དུ་ཕེབས་ནས་ཞལ་ཟས་ཀྱི་བྱ་བ་མཛད་རྗེས་ ཟན་ལྷག་རྣམས་ཆིབས་རྟ་ལ་སྦྱིན་དགོས་གསུང་བཞིན་འཕྲལ་དུ་དགེ་སློང་ཐུགས་དམ་དུ་ 3-1-149 བཞུགས་པའི་མདུན་དྲུང་ལ་ཕེབས་ཏེ། བརྡ་དང་བཅས་དཀོར་ཟན་ཕོ་ཆེ་ད་འགྲོ་རན། ཞེས་ གསུངས་པས་དེ་མ་ཐག་དགེ་སློང་ཉིད་ཐུགས་དམ་ལས་བཞེངས་ནས་དབུ་མདུན་དུ་ལྷུང་ བའི་རྣམ་འགྱུར་ཡང་ཐོན། དེ་ནས་ཁོང་ཉིད་རང་ཡུལ་དུ་སླར་ལོག་སྟེ་ཡུལ་མི་རྒན་པ་དག་ ལ་ཞལ་ནས་འདི་སྐབས། ད་ལན་གཙང་བ་དགེ་སློང་ནི་མངོན་དགའི་ཞིང་དུ་ཕེབས་པར་ འདུག རང་ཡང་འདིར་འགྲོ་དོན་རེ་ཞིག་རྫོགས་པས་ཞིང་དེར་འགྲོ་རན་པ་ཡིན། ད་དུང་ཁྱོ ད་ ཅག་ཚོའི་དོན་ལ་ང་ཉིད་ཕྱིར་སྐུ་སྐྱེས་སུ་འོང་དགོས་སམ། ཞེས་གསུངས་ཚེ། རྒན་དེ་དག་ གིས་འབྱོན་མི་དགོས་པར་ཞུས་པ་ན། དེ་ནས་འཕྲལ་དུ་ཐུགས་དགོངས་ཆོས་ཀྱི་དབྱིངས་ སུ་མཉམ་པར་བཞག་ཚུལ་གྱིས་སྐུ་མྱ་ངན་ལས་འདས་སོ། །དེ་ལ་འདས་མཆོད་རྒྱ་ཆེན་དང་ བཅས་སྐུ་གདུང་ཞུགས་ལ་ལེགས་བཞུ་མཛད་ཚེ་མར་མེ་སྟོང་ཕྲག་ལྷན་ཅིག་ཏུ་བལྟམས་པ་ ལྟ་བུའི་དུ་བ་མེད་པའི་འོད་ལམ་ལམ་འབའ་ཞིག་གི་ཕུང་པོ་ཉིད་དུ་གྱུར་པ་སོགས་ངོ་མཚར་ བའི་ལྟས་མང་ཞིང༌། འདི་སྐབས་སྔགས་རྙིང་ཕྱོགས་དཔལ་ཡུལ་བའི་གྲུབ་བརྙེས་ཀྱི་སྐྱེས་ ཆེན་རིག་འཛིན་ཀུན་བཟང་ཤེས་རབ་ཀྱི་ཐུགས་སྲས་བུ་ཆེན་བཞིའི་ཡ་གྱལ་ཤུག་སྒང་འབའ་ འདང་ཞེས་པའི་རྟོགས་ལྡན་རྣལ་འབྱོར་གྱི་དབང་ཕྱུག་ཅིག་བཞུགས་པ་དེའི་ཐུགས་མངོན་ ཤེས་ཀྱི་གཟིགས་སྣང་ངོར། འཛི་ཀ་ཕྱོགས་ཀྱི་དགོན་པ་ཁ་ནུབ་བསྟན་ཅིག་གི་ནང་ནས་འགྲོ་ འདྲེན་མཆོག་ཅིག་སྐུ་འདས་ཚུལ་གྱི་ངན་སོང་གི་གནས་ནས་སྡུག་བསྔལ་མྱོང་བའི་སེམས་ ཅན་གདུལ་ཞིང་དུ་གྱུར་པ་བྱེ་བ་གཅིག་ཙམ་འདྲེན་བཞིན་ཤར་ཕྱོགས་མངོན་པར་དགའ་ བའི་དག་ཞིང་དུ་རྒྱལ་བ་མི་བསྐྱོད་པ་བཞུགས་པའི་ཞབས་དྲུང་དེར་ལེགས་བྱོན་མཛད་པར་ མཐོང་བ་བཞིན་དོན་ལ་འགྲོ་བའི་འདྲེན་པ་མཆོག་དེ་ལུགས་ལྟར་དུ་གོར་མ་ཆག་ཅིང་མཛད་ ཕྲིན་རླབས་ངེས་པར་ཆེ་བ་ཞིག་སྟེ། འདིའི་སློབ་བུ་རྟོགས་པའི་དབང་པོ་སྔགས་པ་ནོར་བུ་ སོགས་སྔགས་རིག་འཛིན་པའི་རྣལ་འབྱོར་པ་དུ་མ་ཡོད་པའོ། ། 3-1-150 ༼༦༽ གང་དེའི་གདན་ས་འཛིན་པའི་སྒོ ་ནས་སྒྲུབ་བརྒྱུད་བསྟན་པ་ཆེར་སྤེལ་མཛད་པ་པོ་ ནི་གསང་ཆེན་སྔགས་ཀྱི་རྡོ་རྗེ་སློབ་དཔོན་ཆེན་པོ་ངག་དབང་ཆོས་འཛིན་ཞབས་པ་སྟེ་གང་ དེའི་ལོ་རྒྱུས་མཚོན་ཙམ་གྱི་ཚུལ་ཡང་རྗེ་འདི་ནི་དོན་གྱི་ཡིན་ལུགས་ལྟར་ན་སེམས་དཔའ་ ཆེན་པོ་ནམ་མཁའི་སྙིང་པོའི་རྣམ་པར་འཕྲུལ་བ་མཐའ་ཡས་པ་ལས་ཕྱོགས་གཅིག་རིས་ མཐུན་ཐུན་མོང་གི་སྣང་ངོར་ཙམ་ལ་རྒྱ་གར་འཕགས་པའི་ཡུལ་དུ་གྲུབ་པའི་དབང་ཕྱུག་བདེ་ སྤྱོད་བཟང་པོ་དང༌། གངས་རིའི་ལྗོ ངས་ཀྱི་དབུས་གཙང་དུ་ཇོ་ནང་ཀུན་སྤངས་ཆོས་གྲགས་ དཔལ་དང༌། མདོ་ཁམས་སྨད་ཕྱོགས་འཛི་ཡུལ་གྱི་སྟོད་དུ་ལྷ་ཚེ་བླ་མ་རྒྱལ་མཚན་གྱི་སྐུ་ཚ་ གཞོན་ནུ་རྣལ་འབྱོར་ཡན་ལག་དྲུག་ལས་ཡན་ལག་གསུམ་པ་སྲོག་རྩོལ་མན་ཆད་ཀྱི་རྟོགས་ པ་ཀློང་རྡོལ་ཏེ་གཏུམ་མོ་འོད་གསལ་གྱི་དག་སྣང་རབ་འབྱམས་མཆེད་པ་དེའི་ངང་ནས་ཡུན་ མི་རིང་བར་འཕོ་སོང་བའི་གྲུབ་བརྙེས་གཞོན་པ་རྣམས་ཀྱི་ཚུལ་རིམ་པར་ལེགས་བྱོན་མཛད་ པ་ལས་ཕྱི་མ་འདི་ཉིད་ཀྱི་ཡང་སྲིད་དུ་བསྟན་འགྲོའི་དོན་ལ་སྐྱེ་བ་ལེགས་བཞེས་ཀྱི་ཚུལ་ནི། འཛི་སྨད་ཀྱི་ཆར་གཏོགས་ཝ་ཤུལ་ཞེས་པའི་ཡུལ་དེར་རུས་ཨ་བཟང་གི་རིགས་སུ་ཆུ་མོ་ལུག་ གི་ལོར་དམ་པ་འདི་ཉིད་ཀྱི་སྐུ་ལེགས་བལྟམས་མཛད་ཅིང༌། དེ་ནས་རིམ་པ་བཞིན་སྐུ་ན་ ལེགས་པར་བསྐྱེད་དེ་མཚམས་ཤིག་ནས་ཉིད་ཀྱི་ཁུ་བོ་བླ་མ་ལྷ་བཟོ་ཀུན་ཁྱབ་ཀྱི་དྲུང་ནས་ཡི་ གེའི་ཀློག་ལེགས་བསླབ་མཛད་པས་མཁས་གནས་ཀྱང་ཐོབ། དེ་ལྟ་བུའི་ཚུལ་གྱིས་སྐུ་ན་ སོན་སྐབས་རེ་ཞིག་ནས་འཛམ་ཐང་གཙང་ཆེན་ཕོ་བྲང་དུ་གཙང་བ་དགེ་སློང་ངག་དབང་ཆོས་ འཕེལ་རྒྱ་མཚོ་བཞུགས་པའི་མདུན་དྲུང་དུ་ལེགས་ཕྱིན་མཛད་དེ། སྒོ ་གསུམ་གུས་པ་ཆེན་ པོས་དགེ་བའི་བཤེས་གཉེན་རྡོ་རྗེ་འཛིན་པ་གཅིག་ཆོག་རྒྱལ་པོ་ཉིད་དུ་བཀུར་ཏེ་ཆོས་ཀྱི་ སྒོར་ཞུགས་ནས་ཟབ་ལམ་སྦྱོར་བ་ཡན་ལག་དྲུག་གི་སྔོན་འགྲོའི་རིམ་པ་སྡོམ་ལུང་བཅས་ ཀྱིས་མཚན་ཡང་ངག་དབང་ཆོས་འཛིན་དཔལ་བཟང་པོ་ཞེས་གསོལ་བའི་བར་གྱི་ཟབ་ཆོས་ 3-1-151 གསན་སྒོ མ་ཇི་བཞིན་མཛད་ཅིང༌། དེ་དག་གི་སྐབས་ལམ་རང་རང་གི་དྲོད་རྟགས་ཁྱད་པར་ བས་ཐུགས་མཛོད་ཀུན་ནས་རྒྱས་ཤིང༌། ཉིད་ཀྱི་ཆོས་མཆེད་རྡོ་རྗེའི་སྤུན་རྒྱ་བླ་མ་ངག་དབང་ དཀོན་མཆོག་དང་ལྷ་བ་བླ་མ་ཀུན་དགའ་དཔལ་ལྡན་གཉིས་ཡིན་ལ་དེ་འདྲའི་ཚུལ་གྱིས་ཟབ་ ལམ་ཉམས་ལེན་གྱི་སྐབས་ཐོག་མར་དབེན་གསུམ་དུས་ནས་ཀྱང་སེམས་ཀྱི་གནས་ལུགས་ རང་ངོ་ཇི་བཞིན་འཕྲོད་པ་མ་ཟད་སྟོང་པའི་གཟུགས་ཀྱི་འཆར་སྒོ་མཐའ་ཀླས་ཤིང་མངོན་ པར་ཤེས་པའི་གསལ་སྣང་གིས་ལྐོག་གྱུར་གྱི་དོན་མང་པོ་ཇི་བཞིན་མཁྱེ ན་པ། སོར་སྡུད་ སྐབས་སྔར་ལས་འོད་གསལ་རྟགས་བཅུའི་སྣང་བ་ཆེས་ཀུན་ནས་རྒྱས་ཏེ་བསམ་གཏན་ སྐབས་སྟོང་གཟུགས་སེམས་དང་དབྱེར་མེད་དུ་གྱུར་ཏེ་མཉམ་རྗེས་ཁྱད་མེད་དུ་ལེགས་པར་ བརྟེན་ནས་སྲོག་རྩོལ་སྐབས་ལས་རླུང་དབུ་མར་བཅིངས་པས་རླུང་དང་སྟོང་གཟུགས་རོ་ མཉམ་གྱི་ངང་ནས་རྩ་རླུང་གི་ནུས་པ་ཆེར་རྒྱས་ཕྱིར་ལུས་སྦྱོང་འཁྲུལ་འཁོར་རིགས་དྲུག་གི་ འབེབས་ཆེན་སྐབས་སྒྲུབ་གནས་བྱམས་ཁང་དུ་བྱམས་པའི་སྐུ་བརྙན་ཆེན་མོའི་མཐར་བསྐོར་ བར་སྣང་ལམ་ནས་གཡས་བསྐོར་ལན་བཅུ་གསུམ་གྱིས་འབེབས་ཆེན་འཕེན་ཐུབ་ཅིང༌། འཛིན་པའི་སྐབས་སྟོང་གཟུགས་བདེ་བའི་རང་མདངས་སུ་ཤར་ཏེ་མཉམ་བཞག་མི་རྟོག་པ་ ཚབས་ཆེ་བས་འོད་གསལ་གྱི་དབྱིངས་དེ་ཀའི་ངང་ནས་ར་བ་སོགས་ཐོགས་བཅས་གང་ལ་སྐུ་ ཐོགས་རེག་མེད་པར་ཟང་ཐལ་གྱིས་བྱོན་བཞུད་དངོས་སུ་མཛད་པའི་འཕར་གཡོ་དང་བཅས་ སྐབས་དེར་མཚམས་གྲྭ་པ་ལ་གླགས་ལྟ་བར་བྱེད་པའི་ཕྱིའི་རྒྱལ་གདོན་སྐད་ཅིག་གིས་རྒྱང་ རིང་དུ་བསྐྲད་པར་མཛད་པ་དེ་འདྲ་མང་ལ། རྗེས་དྲན་སྐབས་སྟོང་གཟུགས་བེམ་ལུས་ཀྱི་གོ་ སར་འཕོས་ཏེ་ཞུ་བདེ་སྔར་ལས་རྒྱས་བཞིན་ཐིག་ལེ་དབབ་བཟློག་གི་འཁྲུལ་འཁོར་སྐབས་ སོགས་སུ་རྩ་བའི་བླ་མའི་དབུ་གཙུག་ཏུ་རྒྱ་གར་པའི་གྲུབ་ཐོབ་ཀྱི་རྣམ་པ་དང་བར་འགའ་ ཤམྦྷ་ལ་ནས་བྱོན་པའི་ཆོས་རྒྱལ་གྱི་རྣམ་པ་གང་ཡང་རུང་པ་ཐུགས་དག་སྣང་གི་ངོར་བྱོན་ 3-1-152 ནས་འཁྲུལ་འཁོར་སྔ་ཕྱི་ཐམས་ཅད་ཀྱི་ཕྱག་རྒྱ་ལེགས་བསླབ་མཛད་པས་ཀུན་ལ་ཐུགས་ ངེས་ཟབ་མོ་འཁྲུངས་ཏེ་དེང་དུས་ཀྱི་ཕྱག་རྒྱའི་ལག་ལེན་འགའ་ལ་ནོར་བཅོས་དང་བཅས་ གོང་མའི་འཁྲུལ་འཁོར་གྱི་ཁྲིད་ཡིག་ལ་མཆན་འགྲེལ་ཡང་མཛད། འདི་སྐོར་སྔ་ཕྱི་ཅི་རིགས་ སུ་ཁོང་ཉིད་མཉམ་བཞག་ཟབ་མོའི་སྐབས་ཤིག་ཏུ་འོད་གསལ་གཉུག་མའི་དབྱིངས་སུ་སྐད་ ཅིག་ལ་འཕྲལ་དུ་འཕོས་ཏེ་དག་པ་མཁའ་སྤྱོད་དུ་ཕེབས་པར་ཆས་པའི་ཚེ་ལྷ་དང་བླ་མས་ བསྐུལ་བའི་ཚུལ་གྱིས་རྩ་བའི་བླ་མ་དགེ་སློང་ཉིད་ཀྱི་ཞལ་ནས། ངེད་ཀྱི་སློབ་བུ་ཆོས་འཛིན་ གང་དུ་གནས་ཀྱང་འདིར་ཁུག ཅེས་པའི་བདེན་བརྗོད་དང་བཅས་ཕྱག་འཁོར་ས་ལ་བརྡབ་ པའི་མོད། སྐད་ཅིག་དེ་མ་ཐག་སློབ་བུ་མཉམ་བཞག་ལས་བསླངས་ཏེ་འཕར་གཡོའི་ངང་ ནས་བྱོན་ཏེ་བླ་མ་གང་དག་གི་དྲུང་དུ་ཁོ་བོ་ད་ལན་མཁའ་སྤྱོད་དུ་འགྲོར་མ་བཅུག་པས་ཡིད་ ཕམ་ཞིང་མྱ་ངན་ཆེ་ཚུལ་གྱི་གདུང་ཡུས་སྣ་ཚོགས་པའི་གཏམ་ཡང་བརྗོད་ཅེས་གྲགས་སྐད། དེ་ཕན་མཉམ་བཞག་ཟབ་མོ་ལ་རྩེ་གཅིག་ཏུ་ཧ་ཅང་གཞོལ་ཆེས་ན་དབྱིངས་དེའི་ངང་དུ་མྱུར་ ནས་འཕོ་བར་དོགས་ཏེ་ཐུགས་གཡེང་རྐྱེན་ལྷ་དང་ཡི་གེ་འབྲི་བ་སོགས་རིག་གནས་སྣ་ ཚོགས་ལ་འཕྲལ་འཕྲལ་བསླབ་ཏུ་བཅུག་ཅིང༌། ཏིང་ངེ་འཛིན་ཉམས་ལེན་སྐབས་སུའང་སྔར་ ལས་མི་འགྱུར་བའི་བདེ་ཆེན་གྱི་སྣང་བ་ཀུན་འཕེལ་བ་སོགས་ཀྱི་མྱོང་བའི་དྲོད་རྟགས་ཆེས་ ཁྱད་པར་བ་བྱུང་བའི་སྒོ་ནས་གོང་མའི་ཕྱག་བཞེས་བཞིན་གྱི་སྦྱོར་དྲུག་ལ་ཉམས་ལེན་མཛད་ ཅིང༌། དེ་དུས་སུ་རྗེ་བླ་མ་དགེ་སློང་གི་ཞལ་སྔ་ནས་དུས་ཀྱི་འཁོར་ལོའི་དབང་ལུང་རིམ་ གཉིས་ཀྱི་ཟབ་ཁྲིད་མན་ངག་ཆ་ལག་དང་བཅས་ཡོངས་སུ་རྫོགས་པ་ལེགས་གསན་མཛད། གཞན་ཡང་བླ་མ་དེ་ཉིད་ཀྱི་མདུན་ནས་སྔ་ཕྱི་ཅི་རིགས་སུ་འབྱུང་འདུལ། རྟ་མགྲིན། འཇིགས་ བྱེད་འབྲུ་ནོན་སྙན་བརྒྱུད་དམིགས་སྐོར་ཉེར་ལྔ་ཡན་སོགས་བསྐྱེད་རིམ་སྣ་ཚོགས་པའི་ དམིགས་ཁྲིད་ཞུས་ཏེ་བསྙེ ན་སྒྲུབ་ཚད་ལྡན་འགྲུབ་རྟགས་ཁྱད་པར་བ་དང་བཅས་པ་རེ་རེའང་ 3-1-153 མཛད་ལ། དེ་སྐོར་ཅི་རིགས་པར་རྫོགས་ཆེན་དཔལ་སྤྲུལ་འཛམ་ཐང་དུ་ཕེབས་སྐབས་སུ་ གང་གི་མདུན་ནས། བྱང་ཆུབ་སེམས་དཔའི་སྤྱོད་འཇུག ཀུན་མཁྱེ ན་དོལ་པོའི་ཊཱི་ཀའི་སྟེང་ ནས་རྒྱུད་བླའི་བཤད་ཁྲིད། མདོ་སྡེ་ཟ་མ་ཏོག་གི་བཀླག་ལུང་རྣམས་ཀྱང་རིམ་པས་གསན། རྗེ་རྩ་བའི་བླ་མ་མཆོག་གི་དྲུང་ནས། སྦྱོང་རྒྱུད་བཅུ་གཉིས་གྲུབ་ཐོབ་བརྒྱད་ཅུ། དུས་འཁོར་ དབང་ཆེན། སྒྲུབ་ཐབས་རིན་འབྱུང་ཡོངས་རྫོགས་སོགས་ཟབ་བཀའ་མང་པོ་གསན་ཞིང༌། ཁྱད་པར་ཁོང་ཉིད་དགུང་གྲངས་སོ་གཉིས་སྐོར་ཙམ་ན་རྗེ་བླ་མ་དགེ་སློང་གི་མདུན་ནས། བསྙེ ན་པར་རྫོགས་པའི་སྡོམ་པ་ལེགས་མནོས་ཀྱང་མཛད། ཡང་རྗེ་བླ་མ་གང་ཉིད་ཀྱི་དྲུང་དུ་ སྔ་ཕྱི་རིམ་པར་རྒྱུད་སྡེ་རབ་འབྱམས་ཆ་ཚང་གི་དབང་བཀའ་དང༌། ཤངས་ཆོས་སྐོར་གྱི་ དབང་ཁྲིད་མན་ངག་ཡོངས་རྫོགས་གསན་སྒོམ་གྱིས་སྔར་ལས་གསང་ཆེན་མངོན་རྟོགས་ཀྱི་ རྩལ་སྒོ ་མཐའ་དག་ནས་ཡར་རྒྱས་གོང་དུ་འཕེལ་ཞིང༌། དེ་རྗེས་ཅི་རིགས་པར་ངག་དབང་ ཆོས་ཀྱི་འཕགས་པའི་མདུན་ནས། ཀུན་མཁྱེ ན་ཇོ་ནང་པ་ཆེན་པོའི་བཀའ་པོད་དྲུག་དང༌། རྗེ་ བཙུན་རིན་པོ་ཆེའི་གསུང་འབུམ་མཐའ་དག་གི་བཀླག་ལུང་ཡང་གསན། འདི་སྐོར་ནས་རེ་ ཞིག་གི་སྐབས་ཙམ་ན་སྔར་ངག་དབང་ཆོས་ཀྱི་འཕགས་པས་མ་འོངས་པ་ན་གྲུབ་པའི་བརྟུལ་ ཞུགས་ཅན་གྱི་བླ་མ་གཟན་དཀར་པོ་དང་སྒོམ་ཐག་དམར་པོ་འཆང་བ་ཞིག་དང་ཕྲད་ཚེ་ཁྱོད་ ཀྱི་སྐྱེ་བ་སྔོན་མའི་བླ་མར་འདུག་པས་ཉིད་ཀྱི་སྐུ་ཚེ་ལ་བར་ཆད་མེད་ཅིང་ཉམས་རྟོགས་ མཐར་ཕྱིན་པའི་བཀའ་ལུང་གསལ་བོ་ཡོད་པ་ལྟར་ལྷ་ཚེ་སྐྱབས་མགོན་རིན་པོ་ཆེ་དང་མཇལ་ འཕྲད་བྱུང་སྟེ་གང་དྲུང་ནས། ཀར་གླིང་ཞི་ཁྲོའི་དབང་ལུང་ཁྲིད་གསུམ། གཅོད་སྐོར་ཞི་བ་ ལམ་ཟབ། ཁྲོས་མ་ལྷ་ལྔ། ཚོགས་ལེའུ་རིན་ཆེན་ཕྲེང་བ་རྣམས་ཀྱི་དབང་ཁྲིད་སོགས་ཞུས་ཏེ་ རྒྱེ་མའི་གནས་སུ་གཅོད་མཚམས་ལ་བཞུགས་པའི་དགོང་ཐུན་ནང་འགུགས་པའི་སྐབས་སྟོང་ གསུམ་གྱི་ལྷ་འདྲེ་དབང་དུ་སྡུད་ཅིང་བཀའ་དམ་གྱིས་ཟིལ་གནོན་མཛད་ཚེ་གནས་དེར་ལྷ་ 3-1-154 འདྲེ་གང་དག་གི་སྒྱུ་འཕྲུལ་དང་འུར་སྒྲས་ལུང་བ་ཕན་ཚུན་གང་འགྲོ་བ་ལྟ་བུའི་འཇིགས་ཟིང་ ཆེར་བྱུང་བས་དེའི་ཉེ་འཁོར་ན་ཡོད་པའི་འབྲོག་སྡེ་རྣམས་ཀྱང་སྐྲག་འཇིགས་ཀྱིས་འབྲོས་ལ་ ཁད་པ་ལྟ་བུ་འོང་ཞིང༌། ཡང་རེ་ཞིག་ཏུ་ནུབ་ཐུན་ཞིག་གི་ནང་ཤ་རྒྱའི་མཁའ་འགྲོ་སྐུ་གཅེར་ བུར་བྱོན་ནས་ཁོང་གི་མགུལ་ལ་འཁྱུད་པས་དེ་ཕན་བདེ་ཆེན་ཡེ་ཤེས་ཀྱི་རྟོགས་པ་ཆེས་ཀུན་ ནས་འབར་བར་གྱུར་ཏོ། །གཞན་ཡང་སྐྱབས་མགོན་དེ་ཉིད་ཀྱི་མདུན་ནས། རྫོགས་ཆེན་ སྔོ ན་འགྲོ། པདྨ་འོད་འབར། ར་ཕུར། གུ་དྲག མགོན་པོ་ཚོགས་བདག་སོགས་ཀྱི་དབང་ ཁྲིད་མནོས་ཏེ་བསྙེན་སྒྲུབ་ཀྱང་མཛད་པ་སོགས་སྐྱེས་ཆེན་དམ་པ་མང་པོའི་ཞབས་པད་སྤྱི་ བོས་བླངས་ཏེ་བཀའ་གསུང་གི་བདུད་རྩིས་ཐུགས་ཀྱི་བུམ་བཟང་ལེགས་པར་བལྟམས་པའི་ སྒོ་ནས་རང་དོན་མངོན་པར་རྟོགས་པའི་ལམ་གྱི་རྩེ་མོར་གྱུར་ཏེ་རྣལ་འབྱོར་གྱི་དབང་ཕྱུག་ འགྲན་ཟླ་དང་བྲལ་བའི་སྐྱེས་ཆེན་དམ་པའི་གོ་འཕང་ལ་ལེགས་བཞུགས་མཛད། དེ་ མཚམས་ཤིག་ནས་འཇམ་དཔལ་ཁྲོ་བོའི་རྣལ་འབྱོར་ལ་མངའ་བརྙེས་པའི་འཛམ་ངོས་བླ་མ་ འཇམ་དབྱངས་གང་ཉིད་གཙང་བའི་བླ་ཚབ་ཏུ་མགོ་ལོག་ལ་ཕེབས་སྐབས་ཁོང་ཉིད་ཀྱིས་བླ་ མཆན་མཛད་དགོས་བྱུང་ནས་དེ་ཕྱོགས་སུ་དམ་པ་ཟུང་གིས་འགྲོ་དོན་ཆེ་བ་མཛད་སྐབས་ ནུབ་ཅིག་རྨི་ལམ་འོད་གསལ་གྱི་ངང་དུ་ཡེ་ཤེས་དབྱིངས་ཀྱི་ཌཱ་ཀི་རྣམ་ལྔས་ཐོད་པ་བདུད་ རྩིས་གང་བ་ལེགས་བསྟབ་ཀྱི་སྒོ་ནས་ཉིད་ཀྱི་བཀའ་བཞིན་ཕྲིན་ལས་སྒྲུབ་པར་ཁས་བླངས་ པ་མ་ཟད་ཕྱིས་འབྱུང་ཆོས་བརྒྱུད་པའི་སློབ་ཚོགས་ཐམས་ཅད་ཀྱི་བཀའ་བཞིན་བསྒྲུབ་པའི་ གཡར་དམ་འགྱུར་མེད་ཀྱི་ལེགས་སྒོས་གསང་བའི་དངོས་གྲུབ་ཁྱད་པར་བའང་ཐོབ་པ་དེ་ ཕྱིན་ཆད་རྗེ་ཉིད་ནས་བཟུང་ད་བར་རྗེས་འཇུག་སློབ་བརྒྱུད་གང་དག་གིས་གསོལ་མཆོད་ཀྱི་ སྲུང་མ་ལྷ་སྨན་ཚེ་རིང་མཆེད་ལྔ་གཙོ་བོར་བྱེད་པའི་སྲོལ་ཀ་བྱུང་བ་ཡིན་ལ། དེ་འདྲའི་ཚུལ་ གྱིས་འགྲོ་དོན་མཛད་ནས་རང་ཡུལ་དུ་ཕེབས་རྗེས་སུ་རེ་ཞིག་གི་ཚེ་སླར་ཡང་དམ་པ་འདི་ 3-1-155 ཉིད་གཙང་པའི་བླ་ཚབ་ཏུ་ཕེབས་དགོས་ཚུལ་གྱི་ཞུ་བ་ཨ་སྐྱོང་གོང་མའི་དཔོན་གྱིས་ལེགས་ འབུལ་བྱེད་པའི་བང་མི་མངགས་ཤིང་དེ་དུས་སུ་དཀར་ཕྱོགས་ལྷ་གཉན་གཡུ་རྩེ་ཡང་ཞུ་ངོར་ བསུ་ཆེད་དུ་ཐོགས་པ་མེད་པར་དེ་ལུགས་ལྟར་དམ་པ་མཆོག་གི་སྐུ་དྲུང་དུ་ལེགས་ཕེབས་ མཛད་པ་སོགས་ཀྱི་དགེ་མཚན་ཅིར་ཡང་ངོམ་བཞིན་མཛད་སྒོ་དེ་འདྲ་བའི་དབང་གིས་སླར་ ཁོང་ཉིད་བླ་ཚབ་ཏུ་ཕེབས་དགོས་བྱུང་ཞིང༌། དེ་དུས་སུའང་ལམ་བར་དང་མགོ་ལོག་གི་ཡུལ་ དུ་སླེབས་མ་ཐག་པ་རྣམས་སུ་ལྷ་གཉན་འཁོར་བཅས་ཀྱིས་དགའ་བསུ་ཕུལ་དུ་བྱུང་བའི་སྒོ་ ནས་ལེགས་མཚན་དངོས་རྫས་ཀྱི་འབྱོར་བའི་འབུལ་ནོར་དུས་སུ་སྤྲད་དེ་ལེགས་པའི་རྟེན་ འབྲེལ་གྱི་མགོ་ཚུགས་པ་ནས་བཟུང་རིམ་པར་གཤིན་པོ་རྗེས་འཛིན་གྱི་སྒོ་ནས་གཙོ་བོར་ འགྲོ་དོན་མཛད་སྐབས་ནུབ་གཅིག་གློ་བུར་དུ་ཁོང་གི་ཞལ་ནས། གྲྭ་འཁོར་རྣམས་ལ། ད་ ལན་ལོང་དང་འགྲོ། གསུངས་ནས་ཁོང་ཉིད་སྔོ ན་དུ་ཆིབས་གོང་གིས་གྲྭ་འཁོར་རྣམས་ལས་ མགྱོགས་འགྲོ་བྱས་ནས་མི་ཁྱིམ་ཞིག་གི་སྒོར་སླེབ་ཚེ་ཁྱིམ་ཚང་དེའི་བུད་མེད་ཅིག་ཤི་ནས་ གཤིན་དགེ་དང་བཅས་ཞག་གཅིག་ཙམ་ལོང་བའི་ནུབ་མོ་དེར་གནས་ཀུན་གཉིད་དུ་སོང་ སྐབས་དང་ཐུག་པ་ན་མཚན་མོ་བུད་མེད་ཀྱི་རོ་ལངས་ནས་མགོ་མཇུག་བཟློག་སྟེ་གནས་པ་ དེའི་སྟེང་དུ་སྐད་ཅིག་ལ་འཇིགས་བྲལ་བག་ཚ་བ་མེད་པར་གནོད་བྱེད་ཐོག་བརྫུས་གྱི་ཚུལ་ དུ་ཆིབས་གོང་ནས་བབས་ཏེ་སྐུ་འགྱིངས་བརྗིད་རྔམ་པས་བཞུགས་བཞིན་ཟབ་མོ་གཅོད་ཀྱི་ ཟིལ་གནོན་རྒྱ་ཆེར་མཛད་པས་དེ་མ་ཐག་ཏུ་བུད་མེད་དེའི་རོ་ལས་ཆུ་སེར་རྡོལ་ནས་ཤི་བའི་ གཤེད་དང་ཀུན་ནས་བྲལ་བར་བྱས། ཡང་རྒད་པོ་ཞིག་འཕྲལ་དུ་ཤི་བས་ཁོང་གྲྭ་འཁོར་ བཅས་དེར་ཕེབས་ནས་ཉིད་ཀྱིས་ཟབ་མོ་གཅོད་ཀྱི་སྒོ་ནས་བགེགས་བསྐྲད་མཛད་རྗེས་རྒད་ པོ་སླར་སོས་ནས་གསོན་པོར་གྱུར་ཏེ་ཚེ་དབང་ཡང་བསྐུར་ནས་ཚེ་ལེགས་བསྲིང་མཛད་ སྐབས་རྒད་པོ་ཁོ་རང་གི་སྣང་བར་རང་ཉིད་བཙན་གྱིས་ཁྱེར་ཏེ་སོང་བ་ན་བཙན་དག་གིས་མེ་ 3-1-156 ལོང་ལྟ་བུའི་འོད་ལམ་མེ་ཞིག་གིས་སྒྲིབ་བྱེད་བྱས་ནས་ངེད་ཚོ་གཞན་གང་གིས་མཐོང་མི་ ནུས་པར་གྱུར་པའི་རེ་ཞིག་ན་ཉེ་འཁོར་གྱི་བྱིས་པ་ཞིག་ཀྱང་བཙན་དེ་རྣམས་ཀྱིས་ཁྱེར་ནས་ འགྲོ་བར་ཆས་ཚེ་རྒད་པོ་རང་སྣང་ལ་འཕྲལ་དུ་རང་ཁྱིམ་གྱི་སྦྲ་ཟུར་ན་སླེབས་པའི་སྣང་བ་ བྱུང་སྐབས་སྐད་ཅིག་དེ་ལ་སེར་བ་དྲག་པོ་འབབ་པའི་བཙན་ཤེད་ཀྱིས་རྒད་པོ་རང་དང་ བཙན་རྣམས་ཁ་བྲལ་བྱས་ཏེ་ཁོ་ཉིད་གཅིག་པུ་ཤུལ་དུ་ལུས་སོང་བའི་སྣང་བ་ཤར་ཚེ་ཤི་བ་ ལས་སླར་སོས་པའི་སྐབས་སུ་འདུག་གོ །ཡང་བུད་མེད་ཅིག་ནད་ཀྱིས་ཐེབས་ནས་ཁོང་ལ་ ཐུགས་བརྟགས་ཞུས་པས་ཞལ་ནས། འདི་ལ་གདོན་འདྲེ་ཅན་གྱི་ཟུར་ནས་འོང་བའི་ལྕགས་ ཆ་ཞིག་གིས་ནད་རྐྱེན་བྱས་ཡུན་རིང་མི་འཚོ་བར་ངེས་ཞེས་གསུངས་པ་ལྟར་བུད་མེད་དེ་ནད་ ལས་མ་ཐར་བར་ཤི་སྐབས་ཁོང་ཉིད་གདན་དྲངས་ནས་བྱོན་དུས་ཐུགས་ཁྲོ་བའི་ཚུལ་གྱིས་ དེར་གནས་ཀུན་ལ་བཀའ་དྲག་ཏུ་བཀྱོན་བཞིན་བུད་མེད་ཤི་བའི་བམ་རོས་གདན་བྱས་ཏེ་ གཅོད་ཀྱི་བཀའ་དྲག་པོས་མཚམས་རྔམ་གྱི་འཇིགས་ཟིལ་མཛད་ཅིང༌། དེ་སྐབས་ཁྱི མ་ཚང་ དེའི་སྦྲའི་ཉེ་འདབས་སུ་བྱིས་པ་ཞ་བོ་ཞིག་ཡོད་པ་དེ་ཁོང་གིས་ཕྱག་ནས་བཟུང་སྟེ་ནམ་ མཁར་བཀྱགས་ནས་ས་ལ་དྲག་ཏུ་བརྡབ་པར་མཛད་པས་དེ་ཕན་ཆད་དུ་བྱིས་པའི་རྐང་པ་ ནད་མེད་དུ་གྱུར་ཅིང་གཤིན་པོ་བུད་མེད་ཀྱང་ཡུལ་དེར་གནོད་པའི་འདྲེ་ངན་དུ་འགྱུར་ལ་ ཁད་པ་ལ་ཁོང་གི་ཐུགས་རྗེས་འགྲོ་ལ་གནོད་འཚེ་མེད་པར་གནས་བཟང་པོར་སྤར། ཡང་ དགུན་ཁ་ཞིག་ཏུ་གསའ་སྐོར་རྒད་པོ་ཞིག་རྐེ་བགགས་ནས་ཤི་བ་གནས་ཚུལ་སྦེད་པས་ཁོང་ གདན་འདྲེན་དུ་འོང་སྐབས་ཐུགས་ཁྲོ་ཚུལ་གྱིས་གྲྭ་འཁོར་རྣམས་ལས་སྔ་མགྱོགས་སུ་ཆས་ཏེ་ ལམ་བར་གྱི་ལུང་པ་ན་དགུན་འཁྱགས་ཆབ་རོམ་ཤིན་ཏུ་འཐུག་པས་བགྲོད་ཐབས་དཀའ་བ་ ལ་ཡུད་ཙམ་དུ་ཆིབས་རྟའི་སྟེང་ནས་ཤད་ཀྱིས་བྱོན་ཤུལ་ཆབ་རོམ་འཁྱགས་སྒང་འདོམ་གང་ ཙམ་དེ་མ་ཐག་རང་ཞིར་སོང་ནས་གྲྭ་འཁོར་ཀུན་ཀྱང་ལམ་དེ་ནས་བྱོན་བཞུད་ཀྱི་སྒོ་ནས་ 3-1-157 ཁྱི མ་ཚང་དེའི་ཁྱི མ་དུ་སྔ་ཕྱི་རིམ་པས་ཁོང་དཔོན་སློབ་སླེབ་དུས་རྒད་པོའི་རོ་ལ་གདོན་ཞུགས་ ཏེ་ཡར་ལངས་གྲབས་བྱེད་པས་ཁྱིམ་མི་ཀུན་ཕྱོགས་ཕྱོགས་ལ་བྲོས་སོང་མཚམས་དང་ཐུག་ པས་ཁོང་གིས་འཇིགས་རྔམ་གཟི་བརྗིད་ཆེར་བསྐྱེད་དེ་ཞབས་རྐང་རོ་མགོར་བཞག་པའི་སྒོ་ ནས་ཟབ་མོ་གཅོད་ཀྱིས་བགེགས་འདུལ་རྒྱ་ཆེར་མཛད་པས་དེ་མ་ཐག་ཏུ་རོ་ཤུབ་སྟེ་ཆུ་སེར་ བྱུང་ནས་རང་ཞིར་སོང་བ་སོགས་འགྲོ་འདུལ་དུས་བབ་ཀྱི་མཛད་ཆེན་རླབས་ཆེ་བས་གཤིན་ པོ་གནས་འདྲེན་དང་གདོན་འདྲེ་འདུལ་བའི་མཛད་སྒོ་ཆེས་མང་པོ་དང་བཅས་འགྲོ་འདུལ་ དཔག་མེད་ཀྱི་ཆེ་བ་ངོམ་པའི་ལོ་རྒྱུས་མང་ངོ༌། །མཚམས་འདི་སྐོར་གོང་འོག་ཅི་རིགས་སུ་རྡོ་ རྗེ་འཛིན་པ་མཆོག་གིས་ངེས་དོན་སྒྲུབ་བརྒྱུད་ཀྱི་གསང་ཆེན་བསྟན་པ་སྒོ་ཐམས་ཅད་ནས་ མཆོག་ཏུ་སྤེལ་ཞིང་དར་རྒྱས་སུ་མཛད་པའི་ཚུལ་ཡང་ཁོང་ཉིད་ཀྱི་བཞུགས་ཡུལ་སྒྲུབ་པའི་ གནས་མཆོག་དམ་པ་རི་ཁྲོད་བཀྲ་ཤིས་ལྷ་རིའི་རྩེའི་དབེན་གནས་སུ་གང་གི་ཞབས་ཟུང་རྡོ་ རྗེ་ཁྲི་ལ་ལེགས་འཁོད་མཛད་ནས་རྡོ་རྗེའི་སློབ་བུ་སྐལ་བ་དང་ལྡན་པ་རྣམས་ཐུགས་བརྩེ་བ་ ཆེན་པོས་རྗེས་སུ་བཟུང་སྟེ་རང་རང་གི་ཁམས་དབང་དང་མཐུན་པའི་ཟབ་མོའི་ཆོས་ཀྱི་སྒོ་ ལེགས་ཕྱེ་བྱས་ནས་དབང་པོའི་རིམ་པ་བཞིན་གྱི་སྨིན་གྲོལ་ལ་ཇི་ལྟར་བཀོད་པའི་རིམ་པ་ རྒྱུད་རྒྱལ་དུས་ཀྱི་འཁོར་ལོའི་ཟབ་ལམ་ཡན་ལག་དྲུག་ཉམས་ལེན་བྱེད་པའི་མཚམས་གྲྭ་བ་ གང་དག་གིས་གཞི་ཁོག་ཕུབ། གཞན་ཟབ་ལམ་ནཻ་གུའི་བསྐྱེད་རྫོགས་དང་ཡི་དམ་སྣ་ཚོགས་ པའི་བསྐྱེད་རིམ་གྱིས་མཐའ་ལེགས་པར་བརྒྱན་པའི་ཚུལ་གྱིས་སྒོམ་གྲྭ་དམ་པ་གོང་མའི་ཕྱག་ བཞེས་བཞིན་སོ་སོའི་ཆོས་ཚན་སྔ་ཕྱི་མང་པོ་ཞིག་ཟབ་ཆོས་ཀྱིས་ལེགས་བསྐྱངས་མཛད་པ་ སྟེ། སྦྱོར་དྲུག་པའི་ཆོས་ཚན་གང་དག་ལ་དུས་འཁོར་གྱི་དབང་བཀའ་སྔོ ན་དུ་འགྲོ་བའི་སྒོ ་ ནས་ཟབ་ཁྲིད་ལུང་མན་ངག་བཅས་སློབ་ཚོགས་ཀྱི་རྒྱུད་ཚོད་དང་མཐུན་པར་རྒྱུད་ལ་འབྱོར་ ངེས་སུ་ཇི་བཞིན་མ་སྦས་ཤིང་གསལ་བར་སྟོན་ལ་ཆོས་ཚན་ལྔ་ཕྱི་རིམ་པས་རྡོ་རྗེའི་རྣལ་ 3-1-158 འབྱོར་ཡན་ལག་དྲུག་ལེགས་བསྒོམ་གྱི་མཐར་དགའ་སྟོན་ཚོགས་གྱི་འཁོར་ལོ་ལོ་བསྟར་ བཞིན་མཛད་པའི་དུས་སྐབས་རྣམས་སུ་རྡོ་རྗེ་འཆང་ཁོང་ཉིད་ཚོགས་ཀྱི་སློབ་དཔོན་དུ་ ཕེབས་ཚེ་བར་འགའ་སྐུ་ཆས་ཆོས་གོས་རྣམ་གསུམ་གསོལ་ནས་བྱོན་ཞིང༌། སྐབས་རེར་ ཤམྦྷ་ལའི་རྒྱལ་པོ་རིགས་ལྡན་མཆོག་གི་ཆས་སུ་ཞུགས་ཏེ་དབུ་ལ་ལྭ་ཐོད་དང་སྐུ་ལ་ཕུ་དུང་ ཅན་སྨུག་མདོག་གི་ཚར་གོས་མནབ་ཅིང་སྐེད་དུ་ཤུབ་ཁྲའི་རལ་ཤང་གི་དཔའ་ཆས་ཀུན་ནས་ རྫོགས་པར་མཛད་པ་སོགས་དཀྱིལ་འཁོར་འཁོར་ལོའི་དབང་ཕྱུག་ཆོས་ཀྱི་རྒྱལ་པོའི་རྣམ་ པར་རོལ་པ་སོགས་ཀྱི་མཛད་སྒོ་གནང་སྟེ་ལོ་དུས་བཞིན་ཆོས་ཚན་དག་གི་ཆོས་མཇུག་རེ་ རྫོགས་མཚམས་རྣམས་སུ་ཚོགས་ཀྱི་འཁོར་ལོའི་མཆོད་པ་རྒྱ་ཆེར་བྱེད་པའི་སྲོལ་ཡོད་ཅིང༌། ཚོགས་མཆོད་སྐབས་དཔོན་སློབ་ཀུན་གྱིས་ཚོགས་ལ་རོལ་ཅིང་ལྷག་མ་ཕྱིར་དོར་བའི་སྐབས་ ལོ་རེར་ཆོས་ཚན་ལ་རྡོ་རྗེའི་སློབ་བུ་དུ་ཡོད་ཀྱི་གྲངས་ལྷག་མགྲོན་གྱི་རྣམ་པར་འཕྲུལ་བ་བྱ་ རྒོད་དེ་སྙེད་ཀྱི་གྲངས་ལོ་དུས་སུ་ཚོགས་ལྷག་བཞེས་རོལ་གྱི་མགྲོན་ལ་ནམ་ཡང་རྒྱུན་ཆད་པ་ མེད་ཅིང༌། དེ་སྐབས་ཀྱི་ཚོགས་འཁོར་གྲལ་ན་བཞུགས་པའི་བླ་སློབ་དག་པའི་སྤྱན་ལྡན་དག་ གི་ཐུགས་སྣང་ངོར་ཡ་མཚན་དགེ་ལེགས་ཅིར་ཡང་ངོམ་ཞིང་ངོ་མཚར་བའི་ལྟད་མོས་ཐུགས་ གཤིས་བདེ་དགས་ཁྱབ་སྟེ་ཉམས་བཟང་ཤུགས་འབྱུང་གིས་འཕར་གཡོ་སྣ་ཚོགས་པའི་རྩེད་ འཇོ་དང༌། རྡོ་རྗེའི་དགའ་གླུ་རིང་མོ་ངག་ནས་རང་བྱུང་དུ་ཐོན་པ་སོགས་རྫོགས་ལྡན་ཆོས་ མཆོག་གསར་བའི་དཔལ་ཡོན་མཁའ་ལ་སྤྱོད་པའི་ཌཱ་ཀི་འབུམ་ཕྲག་གི་ཞིང་དུ་མཁའ་འགྲོ་ འདུ་བའི་ཚོགས་འཁོར་གྱི་དགའ་སྟོན་ལ་ངེས་པར་འགྲན་འོས་སུ་གྱུར་པ་སྟེ་ལྷག་མགྲོན་བྱ་ རྒོད་རྣམས་སློབ་གྲངས་དང་མཐུན་པར་ཐང་དཀར་ཐང་ནག་ལ་མང་ཉུང་ཅི་རིགས་ཡོད་པས་ དེ་ལུགས་ཀྱི་སློབ་མ་ལའང་བཟང་ངན་གྱི་ཚོད་ཇི་བཞིན་དཔོག་ནུས་པ་ལོ་དུས་བཞིན་འོང་ ལ། གཞན་ལམ་ཟབ་ནཻ་གུའི་རིམ་གཉིས་ཀྱི་རྣལ་འབྱོར་པ་དག་ལ་ཤངས་ཆོས་སྐོར་གྱི་དབང་ 3-1-159 ལུང་ཟབ་ཁྲིད་མན་ངག་བཅས་གནང་སྐབས་ཞལ་ནས་སློབ་ཚོགས་ལ་སྔོན་ཡེ་ཤེས་ཀྱི་ མཁའ་འགྲོ་མ་ནཻ་གུའི་ཞལ་དག་སྣང་དུ་དངོས་སུ་མཇལ་བ་ནི་ཇོ་ནང་རྟག་བརྟན་གྱི་སློབ་ དཔོན་ཆེན་པོ་གྲུབ་པའི་དབང་ཕྱུག་སྐུ་ཞབས་སྤོ་ར་བ་བློ་བཟང་མཐུ་སྟོབས་ཞབས་པ་དེ་ཡིན་ ཞིང༌། དེའི་མདུན་ནས་ཁོང་གི་བླ་མ་དགེ་སློང་ཆོས་འཕེལ་རྒྱ་མཚོས་ལེགས་གསན་མཛད་ པས་ད་ལན་བྱིན་རླབས་དོན་གྱི་བརྒྱུད་པ་གསུམ་ལས་མི་རིང་བས་ཉེ་བརྒྱུད་བྱིན་རླབས་དྲོད་ ཚན་ཆེས་མྱུར་བ་སོགས་ཟབ་ཆོས་ཀྱི་ཆེ་བ་གཞན་ལས་ཁྱད་པར་དུ་འཕགས་པ་མཁའ་ འགྲོའི་ཐུགས་བཅུད་ཀྱི་གསང་གནད་མཆོག་གི་བཀའ་རྒྱ་དེང་འདིར་ཁྱེད་རྣམས་ལ་ཁོ་བོས་ ལེགས་བཀྲོལ་མཛད་པས་སྐལ་བ་གང་ཐད་ནས་བཟང་ཚུལ་གྱི་གསུང་གི་དབུགས་དབྱུང་ ཞིབ་རྒྱས་ཀྱིས་སྐབས་དེའི་རྡོ་རྗེའི་སློབ་བུ་རྣམས་རབ་དགའི་ཤུགས་ཀྱིས་སེམས་ལ་བཟོད་ མེད་ཀྱི་དད་པ་དང་ལུས་ཀུན་ནས་འདར་བའི་ངང་ཚུལ་སྡོད་མི་ཚུགས་པ་ལྟ་བུའི་གནས་ འགྱུར་ཐོབ་ཅིང༌། འདི་སྐོར་ཁོང་ཉིད་ཀྱིས་ཡི་དམ་གྱི་གཙོ་བོར་རྡོ་རྗེ་རྣལ་འབྱོར་མའི་ མཚམས་བསྙེན་ལ་རྒྱུན་བཞུགས་ཀྱི་ངང་ཡེ་ཤེས་སྒྱུ་མའི་སྐུ་དྲག་པོར་བཞེངས་པ་སོགས་ཀྱི་ དུས་སུ་གང་གི་ཐུགས་སྲས་ཐུ་བོ་སྔགས་པ་བླ་མ་མཉམ་ཉིད་ཀྱི་སྣང་ངོར་རྗེ་བླ་མ་ཉིད་རྡོ་རྗེ་ རྣལ་འབྱོར་མའི་སྐུ་དངོས་སུ་གྱུར་ཏེ་ཐུགས་ཀའི་འོད་ཟེར་གྱི་དབྱིངས་ནས་རྡོ་རྗེ་རྣལ་འབྱོར་ མ་རྒྱུད་སྡེ་རབ་འབྱམས་ཀྱི་ལྷ་ཚོགས་དང་བཅས་ཆེ་བ་སྲིད་གསུམ་གང་བའི་རྣམ་པ་སྐད་ཅིག་ ལ་བསྡུས་ཏེ་སྐུ་ལ་བསྟིམ་པ་སོགས་ཀྱི་ངོ་མཚར་བའི་སྤྲོ་བསྡུ་མཆོག་གི་མཚར་བཀོད་དང༌། ཚུལ་དེ་འདྲའི་སྒོ ་ནས་རིགས་དྲུག་གི་འགྲོ་ཁམས་ཆེས་མང་པོ་དག་པ་མཁའ་སྤྱོད་དུ་སྐད་ཅིག་ ལ་འདྲེན་པའི་མཛད་སྒོ ་ཡ་མཚན་པ་དང༌། བར་འགའ་བླ་མ་ཉིད་དཔལ་འཁོར་ལོ་སྡོམ་པ་རྡོ་ རྗེ་ཕག་མོ་དང་སྙོམས་པར་འཇུག་ཅིང་མེ་ཏོག་སྣ་ཚོགས་པའི་དྲ་བའི་རྒྱན་བཟང་གིས་མཛེས་ པ་སོགས་ལེགས་ཆ་ཀུན་ནས་རྫོགས་པ་ཐུགས་བདེ་སྟོང་གི་ཡེ་ཤེས་ཆེས་རྒྱས་པའི་བདག་ 3-1-160 ཉིད་དུ་དངོས་སུ་མཐོང་བ་མ་ཟད་ཕྱི་རྟགས་མཚན་མའི་རྫས་ཐོད་པའི་ནང་གི་བདུད་རྩི་ འཕྱུར་ཞིང་ཆེས་ཁོལ་བ་དང་བཅས་ཇི་བཞིན་མངོན་དུ་གྱུར་པ་སོགས་ཐུགས་སློབ་དག་པའི་ སྤྱན་ལྡན་དག་ལ་མཚར་དགུའི་ལྟད་མོ་དུས་དུས་སུ་ལེགས་པར་ངོམ་པ་སོགས་ནི་འདིར་ ཕྱོགས་རེ་ཙམ་དུ་མ་ཟད་པར་སློབ་བུ་དག་སྣང་ཅན་རྣམས་ལ་སྔ་ཕྱི་ཀུན་ཏུ་ཡང་ཡང་ཆེས་ མང་ཚོད་དུ་འདུག་ལ། རྟོགས་པ་འདི་ཙམ་གྱི་དུས་སུ་སླེབས་ཚེ་ཡོན་ཏན་གྱི་འཆར་སྒོ ་སྟོབས་ ཆེན་གང་དག་ལ་ངོ་ཅི་ཞིག་མཚར་ཏེ་སྔོན་ཆད་སྐུ་ན་ཆུང་བའི་དུས་འཛམ་ཐང་གཙང་བའི་ཕོ་ བྲང་དུ་བླ་མ་ཆོས་འཕགས་ཀྱི་མདུན་ནས་དྲུག་ཅུའི་དམ་ཅན་ཆོས་རྒྱལ་གྱི་སྤྱན་འདྲེན་ དབྱངས་གྱེར་བསླབ་དུས་ཁོང་གིས་ཡ་བེ་ཞེས་པའི་གྱེར་དབྱངས་མཛད་ཚེ་སྐད་ཅིག་ལ་ལྷོ་ ཕྱོགས་གཤིན་རྗེའི་གྲོང་ཁྱེར་ནས་ཆོས་ཀྱི་རྒྱལ་པོ་འཁོར་གཤིན་རྗེ་བྱེ་བ་ཐེར་འབུམ་བཅས་ དག་སྣང་ཡེ་ཤེས་ཀྱི་གཟིགས་ངོར་ལན་གསུམ་བྱོན་པ་སོགས་ཀྱིས་མཚོན་སྐུ་ན་གཞོན་དུས་ ནས་ཀྱང་འགྲན་ཟླ་དང་བྲལ་བའི་གྲུབ་པའི་དབང་ཕྱུག་གི་མཛད་སྒོ་རླབས་ཆེ་བ་ཅན་ཞིག་གོ །དེང་སྐབས་ཡང་ཁོང་ཉིད་མཁའ་མཉམ་གྱི་འགྲོ་བ་སྤྱི་དང་ཁྱད་པར་གདུལ་ཞིང་དུ་གྱུར་པའི་ སློབ་ཚོགས་ལ་ཐུགས་བརྩེ་ནམ་ཡང་མི་ལྷོད་པའི་དབང་གིས་ཉིན་ཅིག་སློབ་བུ་མཉམ་ཉིད་ འཛམ་ཐང་དུ་འགྲོ་སྐབས་ཁོང་གི་ཐུགས་མངོན་ཤེས་ཀྱིས་འབྱུང་འགྱུར་རྒྱལ་གདོན་གྱི་འཚེ་ བ་འབྱུང་ཚུལ་ཇི་བཞིན་གཟིགས་ཏེ་སློབ་བུ་ལ་དེ་ལུགས་ཀྱི་བསྐུལ་སློང་མཛད་དེ་སློབ་མ་ ཉིད་ནས་ཐུགས་དོགས་ཟོན་གྱིས་ཡི་དམ་ལྷའི་གསལ་སྣང་གིས་འཚེ་བྱེད་ཀྱིས་གླགས་མ་ རྙེད་པ་དང༌། ཡང་ཉིན་ཅིག་གང་གི་ཐུགས་སྲས་བུ་ཆེན་རབ་ཀའི་བླ་མ་དོན་ལྡན་སྐུ་ན་གཞོན་ པའི་དུས་རང་ཡུལ་གྱི་གཉན་ཆ་ཆེ་བའི་རི་ལུང་ཞིག་ཏུ་མཚན་མོར་གཅིག་པུར་གཉིད་ལོག་པ་ རྒྱལ་གདོན་གྱིས་འཚེ་ངོ་ཤར་ཚེ་ཁོང་གི་མངོན་ཤེས་ཀྱི་མཁྱེན་ཏེ་སྐད་ཅིག་ལ་དེར་བྱོན་ནས་ གསུང་སྐད་མཐོན་པོས་སློབ་བུའི་མིང་ནས་འབོད་པའི་སྒོ་ནས་གཉིད་ལས་བསླངས་ཏེ་ 3-1-161 འཇིགས་སྐྱོབ་མཛད་པ་སོགས་ཐུགས་སློབ་གང་དག་ལ་འདི་ཕྱི་ཀུན་ཏུ་ཐུགས་རྗེ་ནམ་ཡང་ ཡོལ་བ་མི་མངའ་བའི་ཕྲིན་ལས་མཆོག་ལེགས་པར་བདག་གིར་བཞེས་པའི་འགྲོ་འདྲེན་གྱི་ སྐྱོབ་པ་ཆེས་ཁྱད་མཚར་ཅན་ཞིག་སྟེ། གཞན་ཡང་ཁོང་གི་སྐུ་རིང་དུ་སློབ་བུ་མང་པོ་ལ་རང་ རང་དང་འཚམས་པའི་འབྱུང་འདུལ། རྟ་མགྲིན། འཇིགས་བྱེད་འབྲུ་ནོན། སྙན་བརྒྱུད་སོགས་ བསྐྱེད་རིམ་སྣ་ཚོགས་པའི་དམིགས་ཁྲིད་ཅི་དགོས་དེ་དེ་ལྟར་ཁྲིད་འདེབས་མཛད་ཅིང༌། དེ་ སྐབས་ཁོང་གི་ནང་སློབ་སྔགས་པ་བླ་མ་མཉམ་ཉིད་སོགས་དང༌། ཕྱི་སློབ་ས་དམར་བླ་མ་ ལུང་རྟོགས་སོགས་མཁྱེན་སྤྱན་མཆོག་མངའ་གང་དག་གིས་བསྐྱེད་རིམ་ཁྲིད་ཞུ་དུས་སུ་བླ་མ་ ཉིད་དེ་སྐབས་ཡི་དམ་གྱི་ལྷ་གང་ཡིན་པ་དེའི་རྣམ་པར་དངོསསུ་གཟིགས་པ་སོགས་ཀྱི་དག་ སྣང་བསྙོ ན་མེད་བྱུང་ཞིང༌། སྔར་ཁོང་ཉིད་ཀྱིས་སྐུ་གཞོན་པའི་དུས་ཝ་ཤུལ་གྲོང་གི་བདུད་ འདུལ་མཆོད་རྟེན་གྱི་ཐིག་རྩ་བ་མཛད་སྐབས་གང་གི་ཐུགས་སྣང་དུ་སྔོན་ཇོ་ནང་ཀུན་མཁྱེན་ ཆེན་པོའི་སྐུ་འབུམ་བཞེངས་དུས་ཀྱི་ཐོག་མའི་ཐིག་གདབ་དུས་ཤར་ཕྱོགས་ཀྱི་ཐིག་སྣེ་འཛིན་ མཁན་ཆོས་རྗེ་མཆོག་གི་ཐུགས་སློབ་ཅིག་ཏུ་ངེས་ཤེས་ལེགས་པར་འདྲོངས་པ་ལྟར་ད་ལྟར་ དཔལ་ལྡན་བླ་མ་འདི་ཉིད་ཇོ་ནང་པ་ཆེན་པོའི་ཐུགས་སྲས་བུ་ཆེན་ཀུན་སྤངས་ཆོས་གྲགས་ དཔལ་གྱི་ཡང་སྲིད་དུ་སོམ་ཉིའི་དྲ་བ་ཀུན་ནས་ཆོད་ངེས་སུ་འདུག གང་ཉིད་ཀྱིས་དབང་ བསྐུར་ཟབ་མོའི་བཀའ་སྔ་ཕྱི་ཅི་རིགས་སུ་ལེགས་གནང་གི་རིམ་པ་མཚོན་ཙམ་ཡང་ཆུ་ཕོ་རྟ་ ཡི་ལོར་ཁོང་གིས་འཛམ་ཐང་གཙང་བའི་རྡོ་རྗེ་སློབ་དཔོན་བླ་མ་ཆོས་འབྱོར་སོགས་འདུས་པ་ མང་པོ་ལ། ནཻ་གུའི་སྒོ ་ནས་བཀའ་དྲུག་གི་དབང་རང་བབས་རྣམ་གསུམ། འཇིགས་བྱེད་རོ་ ལངས་བརྒྱད་བསྐོར། བདེ་མཆོག་ལྷ་ལྔ། ཐམས་ཅད་རིག་པ། རྣལ་འབྱོར་མ། དུས་འཁོར་ མཆོག་དབང༌། ལྷ་དགུའི་དབང་སོགས་གསུངས་ལ། ཤིང་མོ་བྱའི་ལོར་ཡར་ཐང་དུ་ཁོང་ཉིད་ བྱོན་ནས་བླ་མ་ཆོས་འབྱོར་དང་ཡར་ཐང་པའི་བླ་སྤྲུལ་དག་གིས་གཙོས་འདུས་པ་ཆེས་མང་ལ་ 3-1-162 རྒྱུད་སྡེ་རབ་འབྱམས་ཀྱི་བཀའ་དབང་གི་ཆུ་བོ་ཡོངས་སུ་རྫོགས་པ་བཀའ་དྲིན་དུ་མཛད་ཅིང༌། མེ་མོ་ཕག་གི་ལོར་ཁོང་རང་འཛམ་ཐང་དུ་ཕྱགས་ཕེབས་མཛད་ནས་བླ་མ་ཆོས་འབྱོར། བླ་མ་ མཁས་དབང་སོགས་གྲྭ་ཚང་མང་པོ་ལ་བདེ་མཆོག་རབ་འབྱམས་ཆ་ཚང་དང༌། དེའི་ཕྱི་ལོར་ གཤིན་རྗེ་རབ་འབྱམས་ཀྱི་དབང་བཀའ་ཡོངས་རྫོགས་གསུངས་ལ། ས་མོ་གླང་གི་ལོར་ འཛམ་ཐང་དུ་ཁོང་གིས་བླ་མ་ཆོས་འབྱོར་སོགས་འདུས་པ་ཆེ་ཙམ་ལ་སྒྲུབ་ཐབས་རིན་འབྱུང་ གི་དབང་ཆ་ཚང༌། རྗེས་གནང་བརྒྱ་རྩ་སོགས་ཟབ་བཀའ་མང་པོ་ལེགས་པར་མཛད། རང་ གནས་སུ་ཁོང་ཉིད་བཞུགས་ཏེ་སྒོམ་གྲྭ་པ་གང་དག་ལ་གོང་སྨོས་རྣམས་ལས་གཞན་ཀུན་ མཁྱེ ན་དོལ་པོའི་བཀའ་པོད་དྲུག་གི་བཀླག་ལུང་བར་བར་གསུངས་ཤིང༌། དེ་མིན་འདོན་ཆ་ མཁོ་ཚོགས་ཀྱི་ལུང་སོགས་ཅི་དགོས་ཀྱང་དེ་ལུགས་ལྟར་གྱིས་རེ་འདོད་སྐོང་བར་མཛད་ལ། ཁོང་གིས་སྔར་ནས་ཀྱང་གཙང་བ་གྲྭ་ཚང་གི་དུས་འཁོར་སྒྲུབ་མཆོད་སོགས་ཀྱི་ཡོན་བདག་ བྱས་ཤིང་རྗེས་སོར་རང་ཡུལ་འཛི་ཉིན་ཤོག་གི་གྲ་མང་ལ་དུས་འཁོར་འཚོགས་ཀྱི་ཐེབས་ བཞག་སོགས་རྣམ་དཀར་གྱི་མཛད་སྒོ ་མི་དམན་པའང་ལེགས་སྒྲུབ་མཛད། ཡང་སྐོར་ཞིག་ ཏུ་ཁོང་ཉིད་འཛམ་ཐང་གཙང་བའི་སྐུ་རིམ་དྲུག་ཅུའི་དབུ་བླར་ཕེབས་ནས་ལས་མཐའ་ཟོར་ བརྡེག་གི་སྐབས་དཔའ་རི་པ་ཨོ་རྒྱན་རབ་བརྟན་ཞེས་པའི་སྔགས་རྙིང་ཕྱོགས་ཀྱི་རྣལ་འབྱོར་ པ་མཆོག་ཅིག་གི་གཟིགས་སྣང་ངོར་བླ་མ་གང་ཉིད་ཀྱིས་སྔགས་ཆས་གྱོན་བཞིན་ཟོར་འཕེན་ ལ་བྱོན་དུས་སུ་དཔལ་རྡོ་རྗེ་འཇིགས་མཛད་ཆེན་པོ་འཁོར་ཚོགས་ཡོངས་རྫོགས་བཞུགས་ ཡུལ་སུ་ུམ་པུ་རིའི་ཞིང་ཁམས་ཀྱི་བཀོད་པ་དང་བཅས་དམ་ཅན་ཆོས་རྒྱལ་གཤིན་རྗེའི་འཁོར་ ཚོགས་མཐའ་ཀླས་པས་ལས་བྱེད་བཀའ་ལ་ཉན་པའི་ཚུལ་གྱིས་འཇིགས་གཟུགས་སྲིད་ གསུམ་འདི་ན་ཆེ་བཙན་འགྲན་ཟླ་དང་བྲལ་བའི་དཔའ་གཏུམ་རྔམ་བརྗིད་བཟོད་པར་དཀའ་ བའི་བདག་ཉིད་ཀྱི་ནུས་ཤུགས་དྲེགས་དཔུང་གིས་བསྟན་ལ་འཚེ་བའི་ནག་ཕྱོགས་ཀྱི་སྡེ་ 3-1-163 རིགས་མཐའ་དག་རྡུལ་བཞིན་བརླག་པའི་མཛད་ཕྲིན་ཉེ་བར་གཟིགས་པ་ལྟར་གྱི་བསྟན་ འགྲོ་ལ་ཕན་པའི་མཛད་པ་རླབས་ཆེན་གནང་ཞིང༌། དེའི་ཕྱིས་བར་སྐབས་ཤིག་ཏུ་གཙང་བ་ འགབ་མ་ཡག་མདོའི་སྒར་གྱི་སྐུ་རིམ་དམར་ཆེན་གཏོ་སྒྲུབ་ཀྱི་དབུ་བཞུགས་སྐབས་ཡུལ་དེ་ ཕྱོགས་ཀྱི་གནས་བདག་ལྷ་བཙན་རྡོ་རྗེའི་ཁྱུང་གྲགས་རྩལ་ལ་གསོལ་མཆོད་དགྱེས་ཚིམ་ བཅས་ཀྱིས་ནུབ་གཅིག་བླ་མ་ཁོང་ཉིད་ལྷ་བཙན་གྱི་རང་གནས་སུ་གདན་འདྲེན་ཞུས་ཏེ་གུས་ པ་ཆེན་པོས་ལེགས་བཀུར་གྱི་སྒོ་ནས་ལྷ་བཙན་རང་གི་ཕོ་བྲང་དུ་འབྱོར་པ་གང་ཡོད་ཀྱི་ལྟད་ མོར་ཕུལ་བ་ན་བཟང་ཤིང་ཤུག་པ་ཉ་བྲུག་སུར་དཀར་གསུམ་གྱི་དུད་མཛོད་སོ་སོ་ལ་ལེགས་ པར་ཞིབ་གཟིགས་མཛད་ཅིང་རྗེས་སོར་ཡང་ཁོང་གིས་བསང་མཆོད་རྒྱ་ཆེ་བས་དུད་མཛོད་ གསར་བ་ཞིག་གིས་ཁ་སྐོང་བྱས་ཏེ་ལྷ་བཙན་ལ་རང་གི་ཉེར་སྤྱད་དུད་མཛོད་བཞི་དང་ལྡན་ པར་བྱས་པ་ནས་བཟུང་དེ་ཕྱོགས་ཡུལ་སྡེ་ལ་སྔར་ལས་འབྱོར་བ་རྒྱས་པར་གྱུར་སྐད། དེའི་ ཕྱིས་དབྱར་ཞིག་ཏུ་རང་ཡུལ་ཕྱོགས་སུ་ཐན་པ་འོང་སྟེ་ཟླ་བ་གཅིག་ལྷག་ཙམ་ལ་ཆར་གཏན་ ནས་མ་བབས་ཚེ་ཁོང་ཉིད་འཕྲལ་དུ་ཤི་ནང་ཙིར་མོའི་ནང་ལ་གྲྭ་པ་ཞིག་དང་བཅས་ཕེབས་ཏེ་ ཟབ་མོས་གཅོད་ཐུན་ལན་གཅིག་མཛད་རྗེས་ཙམ་ནས་ནམ་མཁའ་གཡའ་དག་པ་ལ་སྐད་ ཅིག་དེ་མ་ཐག་གློ་བུར་དུ་ཆར་སྤྲིན་རྒྱ་ཆེ་བ་འཁྲིགས་ཏེ་ཆར་ཆེན་པོ་འབབ་པའི་མགོ་བཟུང་ སྟེ་ཞག་ལྔའི་བར་དུ་ཆར་རྒྱུན་མ་ཆད་དུ་བྱུང་ངོ༌། །ཡང་ཉིན་གཅིག་རང་ཡུལ་གྱི་ཉེ་ཆར་ཏོའི་ མནང་ཟེར་བ་ན་ཏོ་ཙ་ཚང་གི་རྒད་པོ་ཞིག་འགགས་གྲིར་ཤི་བ་འགགས་ཐག་བཅད་དེ་ཤི་ རྐྱེན་གསང་བའི་སྒོ་ནས་ཁོང་ཉིད་གདན་འདྲེན་བྱས་སྐབས་རྒད་པོའི་རོ་ལ་བགེགས་ཞུགས་ པས་རོ་མགོ་བཀྱགས་ནས་ལངས་གྲབས་བྱས་ཚེ་བླ་མ་ཁོང་གིས་སྐད་ཅིག་ལ་བམ་རོའི་སྟེང་ དུ་རྔམ་བརྗིད་ཀྱིས་བཞུགས་ཏེ་ཟབ་མོའི་གཅོད་ཀྱི་ཟིལ་ནོན་ཙམ་མཛད་པའི་མོད་ལ་རོ་ཤུབ་ ནས་སོང༌། དེ་རྗེས་སྦྱིན་བདག་མོས་བསྲེག་རྫས་ཀྱི་མར་ཁུ་ལ་ཆུ་བསྲེས་པ་ཇི་བཞིན་ཐུགས་ 3-1-164 ཀྱིས་མཁྱེན་ཏེ་ཁྲོ་ཚུལ་གྱིས་ཕྱག་གིས་མར་སྣོད་བཟུང་ནས་ཁང་སྟེང་ནས་འོག་ཏུ་འཕངས་ ཀྱང་མར་ཁུ་ཅུང་ཟད་ཙམ་ཡང་ཕྱིར་མི་འཕོ་པའི་གྲུབ་རྟགས་བསྟན། ཡང་ཉིན་གཅིག་རང་ ཡུལ་གྱི་ཁྱིམ་ཚང་ཞིག་གི་བུད་མེད་དང་དེའི་བུ་མོ་གཉིས་ལ་འདྲེ་ངན་གནས་པའི་སྟོབས་ ཀྱིས་ཡུལ་སྡེ་ལ་གནོད་པས་ཀུན་གྱིས་འཛེམ་ཡུལ་དུ་གྱུར་པ་ལ་དེ་གཉིས་ཀྱིས་བར་བར་ཁོང་ ལ་བུད་ཤིང་ཁལ་མང་འོང་བས་ཞབས་ཕྱི་བྱེད་སྐབས་ཤིག་ན་ཁོང་གིས་འཕྲལ་དུ་བཀའ་དྲག་ ཏུ་བཀྱོན་བཞིན་ཕྱག་གིས་རྡོ་མང་པོ་བུད་མེད་དེ་གཉིས་ལ་འཕེན་པའི་སྒོ་ནས་འདྲེ་ངན་ བཀར་བའི་བགེགས་བསྐྲད་མཛད་པས་དེ་ཕན་ཆད་དུ་དེ་གཉིས་གང་ལའང་གནོད་པ་མེད་ པར་གནས་འདྲེ་དང་གཏན་བྲལ་བྱས་སོ། །ཡང་སྐོར་ཞིག་ཏུ་ཨ་སྐྱོང་ཉ་དགེའི་ཁྱི མ་ཚང་ཞིག་ གི་མི་ཕྱོགས་ཤིག་ཏུ་སོང་ནས་རང་ཁྱིམ་དུ་སླེབ་རྒྱུ་མེད་པར་ཤི་གསོན་གང་ཡིན་རྩར་མ་ཆོད་ པའི་སྐབས་སུ་བླ་མ་ཁོང་ཉིད་དྲངས་ནས་ཐག་གཅད་མཛད་དགོས་བྱུང་ཚེ་གང་ཉིད་ཀྱིས་ གཤིན་པོ་རྗེས་འཛིན་གྱི་ཁྲུས་ཆོག་བཅས་ཀྱིས་ཞལ་ནས། ད་ལན་ཁྱེ ད་ཚང་གི་མི་དེ་ཕ་རོལ་ ཆུ་གཞུང་ཞིག་ན་ཇག་ཆོམ་གྱིས་མེ་མདས་གློ་གཡས་སུ་བརྒྱབས་ཏེ་གཡོན་ལ་ཕུད་པའི་སྒོ་ ནས་བསད་སོང་ཞིང་ད་སྐབས་ཞག་འགའ་ལོན་ནས་མི་རོའི་སྐ་རགས་སྔོན་པོ་ཤིང་ལྕང་མ་ ཞིག་གི་རྩེ་ལ་སྔོ་ལྷབ་ལྷབ་རླུང་གིས་བསྐྱོད་བཞིན་ཡོད་པ་སོགས་ཞིབ་གསལ་རྒྱས་པར་ གསུངས་པ་ལྟར་རྗེས་སོར་དེ་ལུགས་བཞིན་གྱི་ཐོག་ཏུ་ཁེལ། གཞན་ཡང་ཁོང་ཉིད་ཀྱིས་འདི་ སྐོར་གོང་འོག་ཅི་རིགས་པར་གཞན་སྒྲུབ་པོ་རྣལ་འབྱོར་པ་དག་གི་ལྟ་བའི་མཐོ་དམན་དང་ ལྷའི་གསལ་སྣང་བཟང་ངན་དང་མི་མིན་རིགས་ཀྱི་སྤྱོད་ཚུལ་སྣ་ཚོགས་པ་དང་རང་གི་སྔོན་གྱི་ སྐྱེ་བ་ཇོ་ནང་ཆོས་གྲགས་དཔལ་གྱི་དུས་གྲིར་ཤི་ཚུལ་སོགས་ལྐོག་གྱུར་གྱི་དོན་མང་པོ་དུས་ དུས་སུ་ཡང་ཡང་ཞལ་གསུང་མང་པོ་མཛད་ཀྱིན་འདུག་ཅིང༌། འདི་སྐོར་སྔ་ཕྱི་ཅི་རིགས་པར་ ཁོང་ཉིད་ཀྱིས་འཛམ་ཐང་གཙང་བའི་གྲྭ་ཚང་གི་དུས་འཁོར་སྒྲུབ་མཆོད་ཀྱི་ཁྲི་འཛིན་མཛད་ 3-1-165 སྐབས་ཆོ་ག་ཚོགས་ཆེན་གྱི་སྤྱན་འདྲེན་དུས་དཀྱིལ་འཁོར་ལྷ་ཚོགས་ཡོངས་རྫོགས་སྤྱན་ དངོས་སུ་དྲངས་ནས་རྡུལ་ཚོན་གྱི་ལྷ་མཚན་དག་ལ་བསྟིམ་སྐབས་ཚེས་ལྷའི་ཚོམ་བུའི་མཚན་ མ་ཞིག་ཆད་པས་དེའི་ལྷ་བསྟིམ་གནས་མ་རྙེད་པར་ནམ་མཁར་བཞུགས་པ་བླ་མ་ཆོས་ འཕགས་ཀྱི་དག་སྣང་གིས་གཟིགས་ཤིང་དེ་སོགས་ཁྲི་ཆེན་ཉིད་ཀྱིས་ཆོ་གའི་མགོ་མཇུག་ཏུ་ ལྷ་ཚོགས་བྱོན་གཤེགས་དངོས་སུ་མཛད་ནུས་ཚུལ་གྱི་འཆར་སྒོ་སྣ་ཚོགས་ཐག་ཉེ་རིང་ན་ བཞུགས་པའི་སྐྱེས་ཆེན་དག་པའི་སྤྱན་ལྡན་མང་དག་གིས་ལེགས་གཟིགས་མཛད་པའི་ལོ་ རྒྱུས་མང་ལ། སྒྲུབ་མཆོད་སྐབས་ཁོང་གི་ཕྱག་གིས་ཌཱ་དྲིལ་ལེགས་བཀྲོ ལ་གྱི་མཆོད་རོལ་ ལས་ལྷ་མོ་སྣ་ཚོགས་རབ་འབྱམས་ཀྱིས་མཁའ་དབྱིངས་བཀང་སྟེ་ལྷ་ཚོགས་ལ་དགྱེས་ མཆོད་འབུལ་བའི་ཚུལ་དང༌། ལྷོ ་སྒོ འི་སྐབས་འབྲེལ་ཐོགས་གཤིན་པོའི་རྣམ་ཤེས་མ་ལུས་པ་ ཐིག་ལེ་སྣ་ཚོགས་ཀྱི་རྣམ་པར་རྟེན་ལ་ལེགས་བཀུག་མཛད་པ་དང༌། འཕོ་བའི་དུས་སུ་ཁྲི་ ཆེན་ཁོང་ཉིད་ཀྱི་དབུ་གཙུག་ཏུ་རྡོ་རྗེ་རྣལ་འབྱོར་མ་མཛེས་གཟུགས་ལང་ཚོ་ལ་བབས་པ་འོད་ དམར་གྱི་ཕུང་པོ་ཅན་ཟག་མེད་ཡེ་ཤེས་ཀྱི་སྐུ་དངོས་སུ་བཞེངས་ནས་དེའི་གསང་བ་ཆུ་སྐྱེས་ སྟོང་ཆེན་ཆོས་སྐུའི་མཁའ་དབྱིངས་སུ་གཤིན་པོ་མཐའ་དག་གི་རྣམ་ཤེས་ཐིག་ལེའི་རྣམ་པ་ གང་དག་རིམ་པས་སྤར་མཐར་ཁོང་ཉིད་ཀྱང་དབྱིངས་དེར་ཐིམ་འགྲོ་བའི་མཚར་བཀོད་སྟོན་ པ་སོགས་སྐབས་དེའི་ཚོགས་གྲལ་དུ་བཞུགས་པའི་ཐུགས་སྲས་བུ་ཆེན་རྣམས་ཀྱི་དག་སྣང་ སྒྱུ་མའི་འཆར་སྒོ་ཕྱོགས་གཅིག་ཏུ་མ་ཟད་པར་སྣ་ཚོགས་པའི་སྣང་བ་ཆེས་ཡ་མཚན་པའི་ གཟིགས་སྣང་ཤིན་ཏུ་མང་པོ་བྱུང་བའི་ནང་རྟགས་ཁྱད་པར་ཅན་དང༌། ཕྱི་རྟགས་སུའང་དེ་ དུས་སྒྲུབ་གཏོར་རྣམས་ལ་ལྕགས་སྤུའི་རྣམ་པ་འོད་འཚེར་བ་རྩེ་མོ་རྣམས་སུ་མེ་ཏོག་ཁ་ཟུམ་ པ་མང་པོ་ཅན་སྐྱེས་པ་དང༌། མར་རྒྱན་རྣམས་ལ་དུས་འཁོར་གྱི་ལྷ་ཚོགས་ཡོངས་སུ་རྫོགས་ པའི་ས་བོན་ལེགས་དོད་མཛད་པ་སོགས་ཕྱི་ནང་གི་དགེ་མཚན་བསྙོན་མེད་བྱུང་ཚེ་གནས་ 3-1-166 ཚུལ་དེ་ལ་དཔགས་ནས་འབའ་མདའ་བླ་མ་འཇམ་དབྱངས་དངོས་བྱོན་ལྟ་བུ་གང་ཉིད་ཀྱི་ ཐུགས་ངོ་མཚར་ཏེ་ཞལ་ནས། ད་དུང་འདི་བཞིན་ཞག་བདུན་བར་བསྒྲུབས་ན་མཚན་མ་རྫས་ ཀྱི་འགྲུབ་རྟགས་མེ་ཏོག་རྣམས་ཀྱང་ཁ་ཕྱེ་ཞིང་ས་བོན་རྣམས་ལྷ་ཚོགས་དངོས་ཀྱི་རྣམ་པ་ ཆེས་གསལ་བོ་འགྲུབ་ཐུབ་ངེས་རེད། ཅེས་གསུངས་པ་སོགས་དེར་གནས་མཆོག་དམན་ མཐའ་དག་ཡིད་ངོ་མཚར་ཞིང་སྣང་བ་ཧ་ལས་པའི་དགའ་སྟོན་སྔར་བྱུང་མ་མྱོང་བ་ལྟ་བུ་ངེས་ པར་བྱུང་ངོ༌། །ཡང་བར་སྐབས་ཤིག་ཏུ་རྒུའི་ན་མོ་ཆེར་ཁོང་ཉིད་ཨ་སྐྱོང་མི་དབང་རིན་ཆེན་ བྱམས་ཀྱི་སྐུ་རིམ་དུ་ཕུར་སྒྲུབ་ཀྱི་དབུ་བླར་བཞུགས་ཚེ་སྒྲུབ་ཆེན་གྱི་བྱིངས་འདྲེན་པ་ལྷ་རྩེ་ སྐྱབས་མགོན་ཉིད་ཀྱིས་མཛད་སྐབས་ཁོང་རྣམས་ལ་གསོལ་ཆས་དམར་མཆོད་ཆེད་དུད་ འགྲོ་སྐམ་གཡག་བསད་ནས་ཤ་ཁྲག་གི་ཞལ་ཟས་མཛད་ཚེ་འགྲོ་འདྲེན་གྲུབ་པའི་དབང་ཕྱུག་ ཁོང་རྣམ་གཉིས་ཀྱི་ཐུགས་རྗེའི་མཛད་སྒོ་ལས་སྐད་ཅིག་ལ་དུད་འགྲོ་གཡག་གི་རྣམ་ཤེས་ འོག་མིན་བདེ་ཆེན་ཞིང་དུ་གནས་སྤར་ཏེ་ད་ཕྱིན་ཆད་ངན་སོང་གི་སྐྱེ་སྒོ་ཀུན་ནས་ཆོད་པའི་ གནས་འདྲེན་ཁྱད་པར་པའི་བཟང་འབྲེལ་བྱུང་བ་སོགས་དེ་སྐབས་ལའང་ངོ་མཚར་བའི་ལོ་ རྒྱུས་དུ་མ་གླེང་མོལ་བྱེད་པ་བྱུང༌། དེ་ཕྱིས་ཤིག་ནས་ཨ་སྐྱོང་དཔོན་དེ་ཉིད་ཀྱི་མ་རྒན་ནད་ ཀྱིས་ཡུན་རིང་བཏབ་བཞིན་ཐུགས་ཆེན་ལ་གནས་མཇལ་དུ་ཕྱིན་རྗེས་ཙམ་ན་རྒན་མོའི་ནད་ ལ་གསོ་ཐབས་ཟད་པས་ཁོང་གི་སྐུ་དྲུང་དུ་རྣམ་ཤེས་སྤར་ཆོག་ཞུ་རུ་ཕྱིན་སྐབས་གང་ཉིད་ ཀྱིས་གསང་ཆེན་འཕོ་བའི་དགོངས་སྤྱོད་ཟབ་མོ་བྱེད་པའི་མོད་རྒན་མོ་སྐད་ཅིག་ལ་བེམ་རིག་ བྲལ་ཏེ་རྣམ་ཤེས་དག་པའི་དབྱིངས་སུ་གནས་སྤར་ནས་བདེ་གནས་ལ་དངོས་སུ་བཀོད་པར་ མཛད། དེ་རྗེས་སྐོར་ཞིག་ཁོང་ཉིད་རང་གནས་རི་ཁྲོད་ཀྱི་ཆོས་སྡེར་བཞུགས་སྐབས་འཛམ་ ཐང་གཙང་བ་སྐུ་ཆེན་འཇམ་དཔལ་མཐུ་སྟོབས་རྣམ་རྒྱལ་སྐུ་གྲིབ་ཞིག་གི་རྐྱེན་གྱིས་རྗེ་བླ་མ་ མཆོག་གི་དྲུང་དུ་སྐྱབས་ཞུ་ལ་བྱོན་ནས་ཞག་འགར་བཞུགས་དུས་ཉིན་གཅིག་གློ་བུར་དུ་བླ་ 3-1-167 མ་མཆོག་གིས་ཐུགས་ཁྲོ་ཚུལ་གྱིས་སྐུ་ཆེན་མདུན་དུ་བོས་ཏེ་ཟབ་མོའི་གཅོད་ཀྱི་བཀའ་བསྒོ་ དྲག་ལ་རྔམ་པ་སྔགས་ཆས་ཀྱིས་བརྡེག་བརྡུང་དང་བཅས་པས་བགེགས་བསྐྲད་མཛད་དེ་ ཁོང་ཉིད་མཚམས་ཁང་དུ་མཉམ་བཞག་ཟབ་མོའི་རྣལ་འབྱོར་ལ་བཞུགས། དེའི་ཕྱི་ཉིན་ ནས་བཟུང་གཙང་བའི་སྐུ་གྲིབ་གཏན་སངས་ཀྱིས་ཁམས་བདེར་བྱུང་ནས་ཁོང་རྣམ་གཉིས་ ཐུགས་སྤྲོ་ཆེ་བའི་ངང་ཉིད་ཞག་ཐོག་ཐག་གཅིག་ཙམ་ལ་ཉམས་རྟོགས་ཀྱི་བགྲོ་གླེང་ཞིབ་ རྒྱས་མཛད་རྗེས་དེའི་མཚན་མོའི་མཐའ་ཙམ་ན་བླ་མའི་ཞལ་ནས། གཙང་བ་ལ། ད་ནི་ནམ་ ལངས་ལ་ཁད་དུ་ཡོད་པས་སྤྲུལ་སྐུ་ཉིད་རེ་ཞིག་གཟིམས་པར་མཛོད། ང་རང་ནི་དེའི་ཕྱིས་ ཤིག་ནས་དུས་ཀྱི་འཁོར་ལོ་བརྟན་གཡོ་སྲིད་པ་གསུམ་ལ་ཁྱབ་པའི་རང་བཞིན་ཅན་གང་དེའི་ གཡོན་ཞལ་སྐུ་རྡོ་རྗེ་རྣམ་པར་བཞད་པའི་ཉམས་དཔེར་ན་གངས་ཀྱི་རི་བོ་ཞིག་ཉི་མའི་འོད་ ཀྱིས་བཞུས་ཏེ་དཀར་གྱི་ལི་ལི་འོང་བ་ལྟ་བུའི་སྣང་བ་དུས་རྒྱུན་དུ་ཆད་པ་མེད་པས་འོད་ གསལ་དག་པའི་རང་སྣང་དེའི་ངང་འབའ་ཞིག་ལས་གཞན་དུ་བསྐྱོད་འགུལ་སོགས་ཀྱི་རྣམ་ པ་ཡེ་ནས་མི་འདུག ཅེས་གསུངས་ཤིང༌། ཡང་དུས་གཞན་ཞིག་ཏུ་ཁོང་གིས། སློབ་བུ་དོན་ ལྡན་ལ། ད་ལན་ནི་ཁོ་བོའི་ལུས་ཀྱི་བ་སྤུའི་ཁུང་བུ་རེ་རེ་ནའང་ཞིང་ཁམས་བྱེ་བ་རབ་ འབྱམས་ཀྱི་རྣམ་པར་དུས་དུས་དུ་མཐོང་འདུག་ཅིང༌། ནམ་ཞིག་མ་འོངས་པ་ན་ཁྱོ ད་ལའང་དེ་ འདྲ་འོང༌། ཞེས་བཀའ་ལུང་གསལ་བོ་བསྟན་ཅིང༌། དེ་སྐོར་གོང་འོག་ཅི་རིགས་པར་ཁོང་ཉིད་ ཀྱི་ཞལ་ནས། འཇམ་དཔལ་གྱི་དོན་དམ་པའི་མཚན་བརྗོད་ཀྱི་ཚིག་རྣམས། བར་བར་མགུར་ དབྱངས་སུ་གྱེར་ཏེ་ཡང་ཡང་གསུང་སྙན་ལ་འཇེབས་པའི་སྒོ་ནས་འགྱུར་ཁུགས་འཐེན་པའི་ རྡོ་རྗེའི་དགའ་གླུ་རིང་མོའི་རྣམ་པ་དུས་ཀུན་དུ་མཛད་ཀྱིན་འདུག་ཅིང༌། སྤྱིར་ཁོང་གིས་ཧ་ཀྵ་ དུང་ཕྱུར་གཅིག་དང༌། བདེ་མཆོག་ཡུམ་གྱི་སྙི ང་པོ་ཡི་གེ་བདུན་པ་དུང་ཕྱུར་སོགས་ལྗགས་ བཟླས་ཡང་གྲངས་མང་མཛད་ལ་ཉིད་ཀྱི་གསུང་རྩོམ་ཡང་ཐུགས་སྒོམ་བྱུང་ཤེས་རབ་ཟབ་ 3-1-168 མོའི་ཀློང་ནས་ཀུན་མཁྱེན་ཡབ་སྲས་བཅུ་བཞིའི་གསོལ་འདེབས་ཟབ་མོའི་གཅོད་ཀྱི་ལུས་ སྦྱིན། ཚེ་འགུགས་སོགས་མཁོ་ཚོགས་ཀྱི་ཟབ་ཆོས་ཡང་གསུངས་པ་འགའ་རེ་ཡོད། གཞན་ ཡང་རྣམ་པར་དཀར་བའི་མཛད་སྒོ་རྒྱུན་ཁྱེར་བསང་གཅོད་སོགས་ཀྱི་བསོད་ནམས་ཀྱི་བགྱི་ བའང་དུས་སུ་ཆག་མེད་མཛད། ཁོང་གི་སྐུ་རིང་གི་སྨད་ལ་དབྱར་ཟླ་གསུམ་དུ་དགེ་འདུན་ འདུ་བའི་གསོ་སྦྱོང་སོགས་ཀྱིས་འདུལ་ཁྲིམས་ཉམས་པ་ཕྱིར་བཅོས་པའི་དབྱར་གནས་ལོ་ དུས་སུ་ཡོད་ལ། དེ་འདྲའི་ཁྱབ་བདག་རིགས་ཀྱི་བདག་པོ་གང་གི་ཐུགས་སྲས་ཀྱི་སློབ་བུ་ཕྱི་ ནང་གསུམ་གྱིས་བསྡུས་པ་ཆེས་མཐའ་ཀླས་ཤིང་ཁྱད་པར་ཁོང་གི་སྐུ་ཚེ་སྨད་ཙམ་ན་འབའ་ མདའི་བླ་མ་ཐུབ་བསྟན་དགེ་ལེགས་རྒྱ་མཚོ་བྱོན་ནས་ཁོང་ཉིད་རྒྱལ་ཀུན་སྤྱི་གཟུགས་ཀྱི་བླ་ མ་གསང་ཆེན་ཆོས་སྒོ་སྟོན་པའི་བཀའ་དྲིན་གསུམ་ལྡན་གྱི་རྡོ་རྗེ་འཛིན་པ་མཆོག་ཏུ་གུས་པས་ ལེགས་བཀུར་གྱི་ངང་ནས་ཟབ་ལམ་སྦྱོར་བ་ཡན་ལག་དྲུག་གི་ཉམས་ཁྲིད་ཡོངས་རྫོགས་ ཞིབ་རྒྱས་སུ་ཞུས་ཏེ་ཐོས་བསམ་སྒོམ་གསུམ་གྱིས་རྟོགས་པ་མཆོག་བརྙེས་པའི་ཐུགས་སྲས་ ཐུ་བོ་ཉིད་དུ་གྱུར་པ་དང༌། གཞན་ཡང་གོང་སྨོ ས་ལྟར་གྱི་རྟོགས་པའི་དབང་ཕྱུག་སྔགས་པ་བླ་ མ་མཉམ་ཉིད། རབ་ཀའི་བླ་མ་དོན་ལྡན། མགོ་ལོག་བླ་མ་ཚོགས་གཉིས་རྒྱ་མཚོ། བླ་མ་ བསོད་ནམས་བཟང་པོ། བླ་མ་བསྟན་པ་རབ་རྒྱས་སོགས་བླ་མ་རྡོ་རྗེ་འཛིན་པ་བསྟན་པའི་རྩ་ ལག་དུ་མ་དང༌། གཙང་བ་སྐུ་ཆེན་གཙང་བ་སྐུ་ངག གཙང་བ་སྔོ ་སྤྲུལ་སོགས་སྤྲུལ་སྐུ་དུ་མས་ གཙོས་ཐུགས་སློབ་ཉམས་རྟོགས་ཟབ་མོ་མངའ་བའི་བླ་སྤྲུལ་བསྟན་འགྲོའི་དོན་མཛད་པའི་ སྐྱེས་ཆེན་ཤིན་ཏུ་མང་པོ་ལེགས་བྱོན་མཛད་ལ། མཛད་ཆེན་གྱི་སྒོ ་དེ་ལྟ་བུའི་སྒོ ་ནས་སྒྲུབ་ གནས་རི་ཁྲོད་དུ་སྐུ་ཚེ་མཛད་པ་མཐར་ཕྱིན་པ་ལ་ཉེ་བ་ཁོང་ཉིད་དགུང་གྲངས་དོན་ལྔ་སྐོར་ ལ་སླེབས་རན་ཙམ་གྱི་དུས་ཉིན་ཞིག་ཏུ་ཁོང་དང་སྐུ་ཚ་ཆོས་ཉིད་ལྷན་རྒྱས་སུ་ཡོད་པའི་ སྐབས་ཤིག་ན། གང་ཉིད་ཀྱིས་དགའ་སྟོན་ཚོགས་ཀྱི་འཁོར་ལོའི་གསོལ་ཆང་རོ་ནུས་ལྡན་པ་ 3-1-169 ཞལ་ཕོར་གང་ལེགས་པར་གསོལ་ཏེ། ཞལ་ནས། སྐུ་ཚ་ལ། ད་ལན་ངེད་གཉིས་རི་འགོར་སྐྱོ་ སངས་ལ་འགྲོ། གསུངས་པ་ལྟར་བྱས་ཏེ་རི་མགོར་དཔོན་སློབ་རེབ་ཙམ་བཞུགས་དུས་ཁོང་ ཉིད་ཐོག་མར་ཐུགས་མཉམ་བཞག་ལ་དར་གཅིག་བཞུགས་མཐར། ཞལ་ནས། དེ་རིང་ལྟ་ བུའི་སྣང་བ་བདེ་མོ་ཚེ་གང་བོ་ལ་དཀོན་པ་ལྟར་འདུག་ད་ནི་རང་གི་ལུས་འདི་ཉིད་དུས་ཀྱི་ འཁོར་ལོའི་དྲུག་བརྒྱ་སོ་དྲུག་གི་ལྷ་སྐུའི་རྣམ་པ་དང་ངག་གི་བརྗོད་པ་གང་དག་ལྷ་ཚོགས་དེ་ དག་གི་གསུང་གཞོམ་མེད་ནཱ་དའི་སྒྲ་དབྱངས་རྣམ་ཀུན་པ་དང་ཡིད་ཤེས་དྲན་རིག་རྣམ་པ་ མཆོག་ལྡན་འགག་མེད་ཀྱི་དབྱིངས་སྤྲོས་བྲལ་འགྱུར་མེད་བདེ་ཆེན་དག་མཉམ་འབའ་ཞིག་ པ་ལས་ཐ་མལ་གྱི་སྣང་བ་མཐའ་དག་གཤིས་ན་མི་འདུག་པ་ལྟ་བུ་རེད་སོང་བས་ད་ཁྱོད་ཀྱིས་ ང་ལ་ལེགས་པར་ལྟོས་དང་དུས་ཀྱི་འཁོར་ལོའི་གསང་གསུམ་གྱི་ཆེ་བ་འདི་ལྟ་བུ་ཞིག་གོ །ཞེས་གསུངས་ནས་དེ་ཕན་ཉིད་ཀྱིས་ཆང་དང་སྒོག་པ་ཇི་ལྟར་གསོལ་ཡང་དྲི་ངན་གང་ཡང་ མེད་པར་དྲི་བཟང་པོའི་ངད་ཀྱིས་ཕྱོགས་ཀུན་ཁྱབ་ཅིང་ཁྱད་པར་དྲི་ཆུ་དྲི་ཆེན་ཡང་དྲི་བཟང་ པོ་ཅན་ཁོ་ནར་གྱུར་ཏེ་དྲི་ཆེན་གྱི་མདོག་ཀྱང་སེར་བོ་གསེར་ཚ་ཅན་དྲི་བཟང་པོའི་ངད་འཐུལ་ བའི་རིལ་བུ་འབའ་ཞིག་བར་བར་བྱུང་ཞིང་དེ་དག་བུམ་རྫས་དང་མྱོང་རེག་སོགས་སུ་དད་ ཅན་སོ་སོས་ལེགས་བསྡུ་བྱས། དེ་མཚམས་ཤིག་ནས་རྡོ་རྗེ་འཆང་ཆེན་པོ་གང་ཉིད་ཀྱི་ཐུགས་ དགོངས་ཆོས་ཀྱི་དབྱིངས་དང་མི་གཉིས་པའི་ཚུལ་གྱིས་མཉམ་རྗེས་ཆ་མི་ཕྱེད་པ་ཅན་དུ་གྱུར་ ཏེ་སྐུ་གཡོ་མེད་ཀྱི་ངང་ནས་གསུང་ལན་འགའ་ལས་མི་འབྱོན་པ་ལྟ་བུ་ཞིག་ཏུ་རེད་སོང༌། དེ་ དུས་སུ་བླ་མ་བློ་འཕེལ་གྱིས་བཞུགས་ཞུས་ཕུལ་བས་ཁོང་གིས་བཞུགས་པ་ཞལ་གྱིས་བཞེས་ པས་དེ་ཕན་ཆད་ལོ་ངོ་གསུམ་ཙམ་ལ་མཉམ་རྗེས་དབྱེར་མེད་དེ་འདྲའི་སྒོ་ནས་ལེགས་ བཞུགས་ཀྱང་མཛད། དེ་སྐབས་ཀུན་ཏུ་ཐོག་མར་སྐུ་གཡོ་འགུལ་དང་བཀྲེ ས་སྐོམ་གང་ཡང་ མེད་པར་སྤྱོད་པ་ཤུགས་འབྱུང་གིས་སྔར་གྱི་སྐུ་སྤྱོད་དང་ཡེ་མི་འདྲ་བའི་མ་བཅོས་དེ་ཀ་ཉིད་ 3-1-170 དུ་ལེགས་བཞུགས་མཛད་ཅིང༌། བར་འགའ་ཞལ་ནས། ཡེ་ཤེས་སྣང་བ་ལམ་མེ་བ། །ཞེས་ གསུངས་དུས་སྐུ་ཉི་མའི་ཟེར་ལ་སྤྱན་འདྲེན་པ་དང༌། ཤུགས་ཆེན་མགྱོགས་པ་ཆེན་པོ་སྟེ། །ཞེས་ཞལ་གསུངས་མཛད་དུས་གསང་ཆབ་བཟེད་པ་སོགས་སྐུ་གཡོག་ཇི་ལྟར་འཚམས་པ་ ལྟར་བྱས་ཏེ་བཞུགས་སྐབས་སྐུ་མདུན་དུ། ལྷ་རྩེ་སྐྱབས་མགོན་དང༌། འབའ་མདའ་བླ་མ་ གཉིས་བྱོན་ནས་བཞུགས་ཞུས་ལེགས་འབུལ་མཛད་ཕྱིན་ཁོང་གིས་ཞལ་ཟས་ཀྱི་བཟའ་ བཏུང་ཅི་དྲངས་ཀྱང་མི་གསོལ་བ་མེད་པ་གཏན་མ་དྲངས་ཀྱང་བཀྲེས་སྐོམ་གང་ཡང་མེད་ པར་སྐུ་གཟི་བརྗིད་དང་ལྡན་པ་སྐུ་གཟིམས་བཞེངས་ཇི་ལྟར་བྱེད་དུ་བཅུག་ཀྱང་དེ་ཀ་ལྟར་ཁོ་ ན་ལས་གཡོ་འགུལ་མི་བྱེད་པར་རྒྱུན་བཞུགས་མཛད་པ་ཞིག་ཏུ་གྱུར་ལ། སྔར་འབའ་མདའ་ བླ་མ་ཐོག་མར་སྐུ་མདུན་དུ་ཐོན་མ་ཐག་ལ་ཉིད་ཀྱིས་ཞལ་གསུང་ཞིག་ཀྱང་གནང་སྟེ། དགེ་ ལེགས་ང་ནི་འདི་འདྲ་ཞིག་ཏུ་རེད་སོང༌། ཞེས་གསུངས་ཚེ་འབའ་མདའ་བླ་མ་ཉིད་ཀྱི་ཐུགས་ དད་གུས་ཤུགས་དྲག་པོས་གཏིང་ནས་བསྐྱེད་དེ་གུས་པས་ཕྱག་དང་བཅས་ཞབས་གཉིས་སྤྱི་ བོར་བླངས་ཏེ་གསོལ་བ་རྩེ་གཅིག་ཏུ་འདེབས་པའི་སྒོ་ནས་སྨོན་ལམ་སྣ་ཚོགས་པ་མང་པོ་ མཛད། འབའ་མདའ་ཉིད་ཀྱི་ཞལ་ནས། གཞན་དག་ལ། ད་ལན་ནི་ཁྱེ ད་ཅག་ཚོས་འདིའི་ མདུན་ནས་སྨོན་ལམ་ཅི་འདྲ་བཏབ་ཀྱང་མི་འགྲུབ་པ་གང་ཡང་མེད་སྟོན་པ་ཤཱཀྱ་སེང་གེས་ དུས་ཀྱི་འཁོར་ལོའི་སྐུ་དངོས་སུ་བཞེངས་པ་དང་ཁྱད་པར་མི་འདུག་གོ །ཞེས་གསུངས་ནས་ བླ་མ་ཉིད་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་ཐུགས་གཏིང་ནས་ཉེར་འཇོག་མཛད་དོ། །ཡང་ ཉིན་ཞིག་ཏུ་ཁོང་ཉིད་ཀྱི་གཟུགས་སྐུ་ཉི་འོད་དུ་ཉེ་གནས་ཀྱིས་སྤྱན་དྲངས་པ་རེ་ཞིག་བར་ ལུས་པས་འཕྲལ་དུ་ཆར་གྱིས་ཅུང་ཟད་གོས་པ་ནས་བཟུང་དེ་ཕན་སྐུ་གཟིམས་ཁང་དུ་ བཞུགས་སྐབས་འོད་དཀར་ན་བུན་ལྟ་བུས་གཟིམས་ཁང་གི་ནང་རྟག་པར་ཁྱབ་སྟེ་ཉིད་ཀྱི་ དབུ་སྐྲའི་སྟེང་ཟིལ་བ་ཁྲོམ་མེའི་རང་བཞིན་དུ་རྒྱུན་གནས་སུ་གྱུར་ཅིང་ཚུལ་དེ་ཀའི་ངང་ནས་ 3-1-171 བཞུགས་པ་ལ་ཉིན་ཅིག་སློབ་ཚོགས་འགའ་ཞིག་དང་ལྷན་དུ་བཞུགས་སྐབས་སྐུ་ཚ་ཆོས་ཉིད་ ལ་གནས་ལུགས་སྟོང་ཉིད་ཀྱི་ཟབ་དོན་ལག་སྦྱིན་གྱི་ཚུལ་དུ་ཕྱག་ཟུང་གིས་སྦྱིན་ཚུལ་མཛད་ པ་ནས་བཟུང་དེ་ཕན་ཆོས་ཉིད་ཁོ་རང་གིས་སེམས་ཀྱི་གནས་ལུགས་ལ་ངེས་པ་ཟབ་མོ་རྙེད་ ཅེས་གྲགས་ཤིང༌། མཛད་པ་དེ་འདྲའི་སྒོ ་ནས་ལོ་ངོ་གསུམ་གྱི་ཐ་མའི་ནང་ཙམ་ན་ཁོང་གི་ ཤངས་བུག་ནས་རླུང་འབྱུང་འཇུག་གནས་གསུམ་སྔར་ལས་ཆེས་རིང་པོ་ཉིད་དུ་སོང་སྟེ་ཚུལ་ དེ་ཀར་ཞག་མང་པོ་ཞིག་བཞུགས་མཐར་ཁོང་ཉིད་དགུང་གྲངས་དོན་བདུན་ས་མོ་ཕག་གི་ ལོའི་ནག་ཟླའི་ཚེས་བཅུ་དྲུག་ནུབ་ཉེ་གནས་དག་གིས་ཁོང་སྐུ་གཟིམས་སུ་བཅུག་ཀྱང་ཕྱི་ཉིན་ ཚེས་བཅུ་བདུན་གྱི་ནངས་སྔ་མོར་སྐུ་ཡར་བཞེངས་ཏེ་སྔར་ལས་གཟི་བརྗིད་འབར་ཞིང་སྐུ་ མདངས་ཤིན་དུ་དཀར་འཚེར་གྱི་རྣམ་པ་སྤྱན་གཉིས་བར་སྣང་དུ་ཧྲིག་གེར་གཟིགས་བཞིན་ གཟིམས་མལ་དུ་ལེགས་བཞུགས་མཛད་འདུག་པ་ཁོང་གི་གམ་བཅར་གྱི་ཉེ་གནས་སྐུ་ཚ་ ཆོས་ཉིད་དང༌། ར་འོབ་བླ་མ་ངག་སྙན་གཉིས་ཀྱིས་མཐོང་བ་ན་སྐུ་ཚས་ཅི་ཡང་ཞུ་མ་ནུས་ ཤིང་ངག་སྙན་གྱིས་སྙན་ཞུ་ཕུལ་བ། བླ་མ་རིན་པོ་ཆེ་ལགས། གསོལ་ཇ་ལེགས་བཞེས་མཛོད་ ཅིག ཞུས་པ་ན་དེ་མ་ཐག་ཁོང་གིས་ཁྲོ་ཉམས་ཀྱིས་གསུང་གནང་མཛད་དེ། ཨ་ལེ་བསེར་ ཡག་ཕོ་ཆེ་གཉིས་ང་རང་འདིར་བཟའ་བཏུང་མེད་པས་འོང་བ་ཅི་ལ་ཡིན་སོགས་མཚང་ནས་ རྒོལ་བའི་གསུང་རྩུབ་མོའི་བཀའ་བཀྱོན་ཞིག་ཀྱང་མཛད་མཐར། ཨ་ལ་ལ། ཁྱེ ད་ཅག་ གཉིས་ཀྱི་ཞེ་བློ་བདེ་མོ་མཛོད་ཅིག་ཅེས་གསུངས་ནས་ཐུགས་རབ་ཏུ་ཞི་བ་ཆེན་པོའི་ངང་ནས་ ཁོང་གིས་སྐུ་ུསེང་གེ་ཉལ་སྟབས་ཀྱིས་གློ་གཡས་པ་ས་ལ་ཕབ་ནས་སྟོན་པ་མཆོག་མྱ་ངན་ ལས་འདའ་བའི་བཞུགས་སྟངས་ཀྱི་སྟེང་ནས་ཐུགས་དགོངས་ཆོས་དབྱིངས་ཟབ་མོའི་གཤིས་ ལུགས་ལས་སླར་ཡང་ལྡང་བ་མེད་པའི་ཚུལ་གྱིས་ཞག་འགའ་ཞིག་ཐུགས་དམ་དུ་ལེགས་ བཞུགས་མཛད་ཅིང༌། དེ་རྗེས་སུ་དཀར་དམར་རྒྱུ་བ་ཇི་བཞིན་པའི་རྟགས་དང་བཅས་ཐུགས་ 3-1-172 དམ་བཀྲོལ་ཏེ་མངོན་དགའི་ཞིང་དང་དག་པ་མཁའ་སྤྱོད་ཀྱི་ཞིང་དུ་སྤྲུལ་པ་འདྲ་མིན་ཅིག་ ཆར་བས་གཤེགས་ཚུལ་བསྟན་པ་ན་གང་གི་ཐུགས་སྲས་ཐུ་བོ་ཐུབ་བསྟན་དགེ་ལེགས་རྒྱ་ མཚོ་ཡང་ཕེབས་པར་མཛད་སྐབས་སྔར་གྱི་ལོ་རྒྱུས་གང་དག་ཞུས་ཚེ་བླ་མ་དགེ་ལེགས་ཀྱིས་ རྗེ་བླ་མའི་ཐུགས་ཆོས་དབྱིངས་སུ་ཐིམ་པ་ལ་ཉེ་བའི་དུས་སུ་ཁོང་གིས་སྐྱེ་བ་སྤྲུལ་པའི་སྐུ་ལ་ ཐུགས་དགོངས་གཏད་ཏེ་མ་འདས་པའི་སྐུ་སྤྲུལ་འབྱོན་པར་ཆས་ཡོད་པ་ལ། ཉེ་གནས་ཀྱིས་ སྙན་ཞུ་དེས་དེ་ལུགས་ལ་གེགས་སུ་གྱུར་པས་མ་ལེགས་པ་ཞིག་བྱས་གསུངས། དེ་ནས་ ཐུགས་སློབ་གང་དག་གིས་དགོངས་མཆོད་རྒྱ་ཆེར་ལེགས་སྒྲུབ་སྐབས་མཆོད་ཡོན་གང་དག་ ལ་བཀྲ་ཤིས་རྫས་རྟགས་སོགས་ཀྱི་ལེགས་མཚན་ཤར་བས་མཚོན་སྔ་ཕྱི་བར་གསུམ་ཀུན་ཏུ་ ངོ་མཚར་བའི་རྟགས་མང་ཞིང༌། གདུང་ལ་ཞུགས་འབུལ་དུས་སུ་ཡེ་ཤེས་ཀྱི་མེ་དཔུང་དང་ བཅས་ཁྲོ་རྒྱལ་རྡོ་རྗེ་ཤུགས་ཀྱི་སྐུ་རབ་འབྱམས་ཕྱོགས་བཅུར་སྤྲོ་བ་སོགས་དག་སྣང་མང་པོ་ བྱུང་ཞིང་གདུང་རུས་ཡང་ཆ་ཚང་ཆེ་ཆུང་གཉིས་སུ་སོང་ནས་དེ་དག་ལ་དུས་ཀྱི་འཁོར་ལོའི་ལྷ་ ཚོགས་ཡོངས་རྫོགས་ཀྱི་སྐུ་དང་ས་བོན་ཡི་གེ་འབུར་དུ་དོད་པ་ལེགས་པར་བྱོན་ལ། དེ་འདྲའི་ བསྟན་འགྲོའི་དཔལ་གྱུར་གང་གི་གནས་ཚུལ་ཇི་བཞིན་པ་ཐུབ་བསྟན་དགེ་ལེགས་རྒྱ་མཚོའི་ ཞལ་སྔ་ནས་གསུངས་པ། སྤྱིར་བླ་མེད་སྔགས་ལམ་ལས་ཚེ་གཅིག་ལ་སངས་རྒྱས་པ་ནི་རྗེ་ བཙུན་བཞད་པ་རྡོ་རྗེ་ལྟ་བུ་ཡིན་ཡང༌། རྗེ་བླ་མ་འདི་ཉིད་ཀྱང་སྐུ་ཚེ་འདིའི་མཐའི་རབ་ན་འཆི་ བ་ཆོས་སྐུ་དང་འབྲིང་ན་དེ་རྗེས་ཀྱི་བར་དོར་ལོངས་སྐུ་དང་ཐ་ནའང་སྐྱེ་སྲིད་ཕྱི་མར་ལོ་ གསུམ་ཕྱོགས་གསུམ་ལས་མི་འགྱངས་པར་རྡོ་རྗེ་འཆང་གི་སྐུ་ངེས་པར་མངོན་དུ་བྱེད་པ་དང༌། ད་ལྟ་གདུང་རུས་ཆེ་ཆུང་གཉིས་སུ་སོང་བ་ནི་དུས་འཁོར་ཡབ་ཡུམ་གྱི་ཡེ་ཤེས་སྒྱུ་མའི་སྐུ་གྲུབ་ པའི་བདེན་རྟགས་ཤིག་ཀྱང་རེད། ཅེས་གསུངས་སོ། །གདུང་རྟེན་ཡང་སློབ་བུ་དགྲ་བླ་བླ་མ་ བློ་མཆོག་གིས་བཞེངས་པའི་དུས་འཁོར་མཆོད་རྟེན་སོགས་རྟེན་གསུམ་ཅི་རིགས་པ་རེ་ཡང་ 3-1-173 ལེགས་བཞེངས་བགྱིས་ཤིང༌། དགོངས་པ་རྫོགས་པའི་གཤེགས་མཆོད་ཀྱི་དུས་སྐབས་ཀུན་ ཏུ་འབའ་མདའ་བླ་མ། སྔགས་པ་བླ་མ། རབ་ཁ་བླ་མ་སོགས་ཐུགས་སྲས་བུ་ཆེན་གང་དག་ གིས་གཙོས་སློབ་བུ་ཆེས་མང་པོ་རྣམ་པར་དཀར་བའི་བསོད་ནམས་ཀྱི་བསགས་སྒོ་རྒྱ་ཆེར་ ལེགས་བསྐྲུན་དང་བཅས་མཐའ་རྒྱས་ཡོངས་རྫོགས་ཀྱི་བྱ་བ་མ་ལུས་པ་གྲུབ་ཟིན་ཀྱང་ མཛད། དེ་འདྲའི་དཔལ་ལྡན་བླ་མ་མཆོག་གི་ཐུགས་སློབ་གང་དག་ཇི་ལྟར་བཞུགས་པ་ནི་ གོང་དུ་སོང་བས་མཚོན་རིམ་གཉིས་ཀྱི་རྟོགས་པ་ལེགས་པ་མངའ་བ་ཤིན་ཏུ་མང་པོ་ཡོད་པ་ ལགས། ༼༧༽ གང་དེའི་གདན་ས་འཛིན་པའི་སྒྲུབ་བརྒྱུད་ཀྱི་སློབ་དཔོན་ཀུན་དགའ་མཉམ་ཉིད་ ཅེས་པའི་ལོ་རྒྱུས་ནི། འཛི་ཉིན་གྱི་ཕྱོགས་སུ་ཡབ་སྔགས་པ་འཇིགས་མེད་དང་ཡུམ་རི་བཟའ་ ཁྱི ་ལོད་གཉིས་ལ་སྲས་ལྔ་ཡོད་པའི་ཐོག་མ་ས་ལུག་ལོར་དམ་པ་འདི་ཉིད་འཁྲུངས་ཤིང༌། དེ་ ནས་ཆེར་བསྐྱེད་དེ་ན་ཚོད་སྨིན་ཙམ་གྱིས་དུས་སུ་ལྷ་བཟོ་བླ་མ་དང་དགྲ་བླ་བླ་མ་ཕྲིན་ལས་ གཉིས་ཀྱི་དྲུང་ནས་ཀློག་བསླབས་པས་བྱང་ཆུབ་པར་བྱས་ཤིང༌། དེ་མཚམས་ཤིག་ནས་སྔར་ གྱི་རྡོ་སྟོད་དགོན་གོང་མའི་གྲྭ་རྒྱུན་ལྟར་སྐུ་ཆེན་གྱི་མདུན་ནས་རྙིང་མའི་ཆོས་སྐོར་ཆ་ཚང་ཞུས་ ཏེ་ཉམས་ལེན་མཛད་ཅིང༌། ཁྱད་པར་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་བླ་མ་ངེས་དོན་གྱི་ དྲུང་ནས་རྫོགས་ཆེན་གྱི་ཟབ་ཁྲིད་མང་པོ་གསན་སྒོམ་མཛད་སྐབས་ཁོང་ལ་མཉམ་ཉིད་ཅེས་ པའི་མཚན་གསོལ། དེ་ནས་མི་རིང་བར་བཀྲ་ཤིས་ལྷ་རིའི་དབེན་གནས་སུ་ལྷ་བཟོ་རྡོ་རྗེ་ འཆང་ངག་དབང་ཆོས་འཛིན་དཔལ་བཟང་པོའི་ཞབས་པད་གུས་བསྟེན་བྱས་ནས་རྣལ་ འབྱོར་ཡན་ལག་དྲུག་གི་དབང་ལུང་ཟབ་ཁྲིད་མན་ངག་ཡོངས་རྫོགས་ཞུས་ནས་ཉམས་ལེན་ གནད་ཁེལ་གྱིས་རྟོགས་པ་མཆོག་ཏུ་རྒྱས་ཤིང་མཐོང་སྣང་སྣ་ཚོགས་དང་མངོན་ཤེས་སོགས་ ཡོན་ཏན་གྱི་སྒོ ་རབ་ཏུ་ཡངས་པ་སྟེ། དེ་ཡང་ལྷ་བཟོ་བླ་མའི་མདུན་དུ་ཁོང་ཉིད་སྔ་ཕྱི་ཅི་རིགས་ 3-1-174 སུ་བཞུགས་པའི་རིང་ལ་ཐུགས་དག་སྣང་ངོར་བར་སྐབས་རྗེ་བླ་མས་ཡི་དམ་གང་ལ་བསྙེན་ བཟླས་མཛད་སྙམ་དུ་དགོངས་གཏད་ཀྱི་ཚེ་བླ་མ་ཉིད་བདེ་མཆོག་ཡབ་ཡུམ་རྒྱན་ལྡན་དུ་ཇི་ བཞིན་གཟིགས་ཏེ་སྒྲུབ་རྫས་ཐོད་ཆང་ཁོལ་བའི་མཚན་མ་མངོན་སུམ་མཐོང་བ་ལྟར་དོན་ལ་ ཐོག་ཏུ་ཁེལ། གཞན་ཡང་བར་འགའ་བླ་མ་ཉིད་བདེ་མཆོག་གི་དཀྱིལ་འཁོར་རྟེན་དང་ བརྟེན་པའི་བཀོད་པ་ཡོངས་སུ་རྫོགས་པ་དེ་དབུས་གཙོ་བོ་གསེར་སྒྲོམ་དུ་བཞུགས་པའི་དག་ སྣང་གི་ཚུལ་དང༌། སྐབས་ལ་ལར་བླ་མ་རྡོ་རྗེ་རྣལ་འབྱོར་མར་གྱུར་ཏེ་འོད་ཀྱིས་རྒྱུད་སྡེ་རབ་ འབྱམས་ཀྱི་ལྷ་ཚོགས་སྤྲོ་བསྡུ་བྱེད་ཅིང་རིགས་དྲུག་གི་འགྲོ་རྣམས་འདྲེན་པར་མཛད་པ་དང༌། བར་སྐབས་སྒྲུབ་མཆོད་ཀྱི་དུས་སུ་བླ་མས་རྡོ་རྗེ་རྣལ་འབྱོར་མའི་ཡེ་ཤེས་ཀྱི་སྐུ་ལེགས་ བཞེངས་མཛད་དེ་འགྲོ་བ་ཉམ་ཐག་མང་པོ་སྡུག་བསྔལ་གྱི་འཁྲུལ་སྣང་ལས་ལེགས་སྒྲོལ་ མཛད་པའི་བཀོད་པ་ཇི་བཞིན་གཟིགས་མོར་བྱེད་པ་སོགས་རྟོགས་པའི་དབང་ཕྱུག་ཟླ་བྲལ་ དུ་གྱུར་ཏོ། །དགུང་ལོ་བཅོ་བརྒྱད་སྐོར་འཛམ་ཐང་གཙང་བའི་སྒྲུབ་གྲྭར་བཞུགས་སྐབས་རྡོ་ རྗེ་འཆང་ངག་དབང་ཆོས་ཀྱི་འཕགས་པ་དང༌། ཀུན་དགའ་དཔལ་ལྡན་ཞབས་པ་རྣམ་གཉིས་ ཀྱི་དྲུང་དུ་སྔ་ཕྱི་རིམ་པར་སྦྱོར་དྲུག་གི་ཟབ་ཁྲིད་མཐོང་བ་དོན་ལྡན་ལྷན་ཐབས་ཟུང་འཇུག་ སོགས་ཟབ་བཀའ་མང་པོ་དང༌། ལྷ་རྩེ་སྐྱབས་མགོན་གྱི་མདུན། སྦྱོར་དྲུག་ཟབ་ཁྲིད། གཅོད་ སྐོར་མང་པོ་སོགས་དང༌། རྒྱ་བླ་མ་དཀོན་མཆོག་དང༌། སྦྱངས་པ་བླ་མ་ངེས་དོན་རྣམ་གཉིས་ ཀྱི་དྲུང་ནས་སྦྱོར་དྲུག་ཆོས་སྐོར་ཡོངས་རྫོགས་གསན་ནས་བླ་མ་དེ་རྣམས་ཀྱི་མདུན་དུ་ཉམས་ ལེན་ལ་འདྲི་གཏུགས་སྣ་ཚོགས་དང་ཟབ་པའི་ཉམས་མྱོང་གི་དམར་ཁྲིད་སོ་སོ་དང་བོགས་ འདོན་སྤོགས་ཆོག་གང་དགོས་ཐམས་ཅད་ལེགས་པར་གནད་ལ་ཐེབས་ཏེ་རྟོགས་པ་ཡར་ ལྡན་བླ་ལྷག་ཏུ་སོང་བཞིན་སྒྲུབ་ཁང་དེར་ལོ་གསུམ་དུ་བཞུགས། དགུང་ལོ་ཉི་ཤུའི་སྐོར་རྔ་ ཡུལ་དུ་བྱོན་ནས་འབྲོག་དགེ་ཡོན་ཏན་རྒྱ་མཚོའི་སྐུ་མདུན་ནས་དགེ་ཚུལ་སློང་གི་སྡོམ་པ་ 3-1-175 མཐའ་དག་ལེགས་མནོས་མཛད། མཉམ་ཉིད་ཅེས་པའི་མཚན་གྱི་ཐོག་མར་སྦྱོར་དྲུག་ སྐབས་ངག་དབང་དང་བསྙེན་པར་རྫོགས་སྐབས་ཀུན་དགའ་ཞེས་པའི་མཚན་སྣོན་ཀྱང་ མཛད། འདི་སྐོར་གོང་འོག་ཅི་རིགས་ལ་བླ་མ་ཆོས་འཕགས་ཀྱི་མདུན་དྲུང་དུ། ཤངས་ཆོས་ སྐོར་ཞུས་ནས་ནཻ་གུའི་ཟབ་ལམ་ཉམས་ལེན་དང༌། ལྷ་བཟོ་རྡོ་རྗེ་འཆང་གི་མདུན་ནས་སྔ་ཕྱི་ ཅི་རིགས་པར་སྤྱིར་ན་བསྐྱེད་རིམ་ཆ་ཚང་དང༌། ཁྱད་པར་རྡོ་རྗེ་རྣལ་འབྱོར་མའི་དམིགས་ ཁྲིད་ཞིབ་རྒྱས་གསན་ནས་དེ་དག་ལ་བསྙེ ན་ཚད་རེ་རེ་གཏང༌། སྦྱངས་པ་བླ་མ་ཀུན་དགའ་ ངེས་དོན་གྱི་དྲུང་དུ་བྱང་ཆུབ་སེམས་སྡོམ་ཡང་གསན། འབའ་མདའ་བླ་མ་ཐུབ་བསྟན་དགེ་ ལེགས་རྒྱ་མཚོའི་མདུན་ནས། སྦྱོར་དྲུག་སྤྱི་དོན་གསན་སྐབས་བསམ་གཏན་ཡན་ལག་གི་ དུས་སུ་དམ་པ་འདིས་མྱོང་བའི་སྟེང་ནས་ཟབ་དོན་ཉམས་ལེན་གྱི་རང་རྐང་དཔྱིས་ཕྱིན་གྱི་ ཞིབ་བཤད་ཕུལ་ཚེ་འབའ་མདའ་ཉིད་ནས་ཀྱང་ཐུགས་དགྱེས་སྤྲོས་ཡ་མཚན་གྱིས་དམ་པ་ གང་གིས་ཞུ་ཕུལ་ལྟར་གྱི་ཞིབ་བཤད་སྤྱི་དོན་གཞུང་དཀྱུས་སུ་གསར་བསྡེབས་བྱས་ནས་ ཐུགས་ངོ་མཚར་བའི་ཆེ་བསྔགས་རྒྱ་ཆེར་མཛད་ཅིང༌། གཞན་ཡང་སྦྱོར་དྲུག་སྒོ མ་རིམ། ལམ་རིམ། སྤྱོད་འཇུག ཕུང་ལྔ་སོགས་ཆོས་མང་སློབ་གཉེར་ཀྱང་མཛད། དགུང་ལོ་སོ་ བརྒྱད་སྐོར་འཛམ་ཐང་གཙང་བའི་ཕོ་བྲང་དུ་ངག་དབང་ཆོས་འབྱོར་ཞབས་པའི་མདུན་ནས། སྔ་རྗེས་ལོ་གསུམ་ཙམ་ལ་རྒྱལ་བའི་གསུང་རབ་འགྱུར་རོ་ཅོག་གི་བཀླག་ལུང་ཡོངས་རྫོགས། ལྷ་ཚེ་སྐྱབས་མགོན་མདུན་དུ། ཞི་ཁྲོ་དང༌། གཅོད་སྐོར་མང་པོའི་ཟབ་དབང་ལུང་ཁྲིད་རྒྱས་པ་ ཐོབ། ཡང་ཁོང་ཉིད་འཇིགས་བྱེད་འབྲུ་ནོན་གྱི་བསྙེན་མཚམས་ལ་བཞུགས་དུས་ཉིད་ཀྱི་ ཐུགས་སྣང་ངོར་རང་ཡི་དམ་དངོས་སུ་གྱུར་ཏེ་དབྱིངས་ནས་རང་འདྲ་ཡེ་ཤེས་པ་རྒྱུད་སྡེའི་ལྷ་ ཚོགས་མང་པོ་བཅས་དྲིལ་གཡེར་གྱི་སྒྲ་མཁའ་དབྱིངས་སུ་ཁྱབ་བཞིན་སྐད་ཅིག་ལ་དམ་ཡེ་ གཉིས་མེད་ཀྱི་ཚུལ་དུ་ལེགས་བསྟིམ་དངོས་ཀྱི་སྣང་བ་བྱུང་ཞིང༌། བར་སྐབས་ཤིག་ཏུ་ཁོང་ 3-1-176 འཛམ་ཐང་དུ་བྱོན་ཀར་ལྷ་བཟོ་རྡོ་རྗེ་འཆང་གིས་ད་ལན་ཐུགས་དམ་ཟབ་མོའི་ངང་ཕེབས་ དགོས་ཚུལ་གྱི་བཀའ་ལུང་ལྟར་བྱོན་ཏེ་མར་ལམ་ཚེ་རྒེད་འཕྲང་ཐད་དུ་ཐོན་ཚེ་གནོད་བྱེད་ རྒྱལ་གདོན་གྱིས་ཆོ་འཕྲུལ་འགྱེད་དེ་རྐང་གཡས་འཛི་ཆུའི་ཕ་རི་ལྷ་མོ་རྒྱལ་མོའི་མགོ་དང་ རྐང་གཡོན་ཚུ་རི་སེ་ལེ་དུང་དཀར་སྒང་དུ་བཞག་ནས་བསྡད་ཡོད་པ་ཁོང་ནས་གཟིགས་ཚེ་དེ་ མ་ཐག་བླ་མའི་གསུང་དྲན་བཞིན་ཐོག་མར་དུས་འཁོར་ལྷན་སྐྱེས་ཀྱི་གསལ་སྣང་ལས་སྐད་ ཅིག་ལ་གནས་འགྱུར་ཏེ་འཇམ་དཔལ་ཁྲོས་པ་ཆེན་པོ་སྲིད་གསུམ་གང་བའི་སྐུར་བཞེངས་ཏེ་ དབུའི་རྭ་རྩེད་ཀྱིས་རྒྱལ་གདོན་རྒྱ་མཚོའི་ཕ་མཐར་ལེགས་བསྐྲད་མཛད་ལ། ཡང་ཅིག་ཏུ་ལྷ་ བཟོ་ཁོང་ཉིད་ཉ་དགེའི་མི་ཤི་གསོན་གང་ཡིན་མ་གོ་བའི་སྐབས་བྱོན་དུས་སུའང་དམ་པ་འདི་ ཉིད་གྲྭ་པ་ཡིན་པས་མི་ཤི་བོའི་གནས་ཚུལ་ཇི་བཞིན་མཁྱེ ན་ཏེ་ཞིབ་རྒྱས་སུ་ལྷ་བཟོ་སང་ལ་ཞུ་ བ་ཕུལ་བ་ལྟར་ཐོག་ཏུ་ཇི་བཞིན་ཁེལ་ལོ། །དམ་པ་འདི་དགུང་ལོ་བཞི་བཅུ་ནས་སྒྲུབ་གནས་ རི་ཁྲོད་དུ་ལྷ་བཟོ་རྡོ་རྗེ་འཆང་གི་སྐུ་བཞུགས་པའི་དྲུང་དུ་ཁོང་དང་ལྷན་རྒྱས་ནས་སྒྲུབ་སྡེ་ཆོས་ ཐུན་པ་རྣམས་ལ་རང་རང་དང་འཚམ་པའི་ཟབ་ཆོས་གང་དགོས་ཀྱིས་རྗེས་སུ་ལེགས་བཟུང་ མཛད་པ་ཡིན་ལ། ཁྱད་པར་ཁོང་གི་དགུང་ལོ་ང་གཉིས་ནས་དྲུག་ཅུའི་བར་གྱི་ལོ་དགུ་ཙམ་ལ་ ཉིད་ཀྱིས་ཁྲིད་དཔོན་མཛད་དེ་མཚམས་གོང་འོག་ཅི་རིགས་པར་ཁོང་གི་སྤྱན་གྱིས་མི་ གཟིགས་པར་གྱུར་ངོས་ནས་ཀྱང་སྒྲུབ་སྡེ་སོ་སོ་སྦྱོར་དྲུག་གི་ཟབ་ཁྲིད་གཙོ་བོར་གྱུར་པའི་ ཆོས་བཀའ་ཅི་དགོས་དག་གིས་ལེགས་བསྐྱངས་བྱས་པ་སྟེ། དེ་ཡང་ཆོས་ཚན་ཐོག་མ་བླ་མ་ རྡོར་བཟང༌། བླ་མ་གསལ་བཟང༌། བླ་མ་རིན་བཟང་སོགས་སྦྱོར་དྲུག་པ་ལྔ་ནས་བཟུང་ཆོས་ ཚན་སོ་སོ་རིམ་པར་བྱུང་བ་ལས་ཁྱོན་རྡོ་རྗེའི་སློབ་བུ་དྲུག་ཅུ་ལྷག་ཙམ་དུ་གྱུར་ཅིང་དེ་དག་གི་ ནང་ནས་ཆོས་ཚན་རེ་རེ་རྫོགས་མཚམས་རྣམས་སུ་དགའ་སྟོན་ཚོགས་ཀྱི་མཆོད་པ་ལྷག་ མགྲོན་སྐབས་མཁའ་འགྲོའི་སྤྲུལ་པའི་བྱ་རྒོད་སློབ་བུའི་གྲངས་དུས་དུས་སུ་ཡོད་པ་སྔོན་ལྷ་ 3-1-177 བཟོ་སང་སྐུ་བཞུགས་པའི་དུས་དང་མཚུངས་ཤིང༌། གཞན་ཡང་བསྐྱེད་རྫོགས་ཀྱི་རྣལ་འབྱོར་ པ་མང་པོ་ལ་རང་རང་ལ་ཉེར་མཁོའི་ཆོས་བཀའ་གང་དགོས་གསུང་ཚེ་འཇིག་རྟེན་ཆུ་བུར་ སྤྱན་གྱིས་ཡི་གེ་མི་གཟིགས་ཀྱང་ཁྲིད་ཡིག་རྣམས་ལན་གཅིག་ཉིད་ཀྱི་སྙན་ལམ་དུ་འདོན་ རྗེས་ཐམས་ཅད་ཐུགས་ལ་ཟིན་ནས་གསུང་ཁྲིད་ཇི་བཞིན་གནང་བ་དང༌། གཞན་གཏོ་པོད་ སོགས་ཡིག་ཆ་ཇི་ལྟར་ཡིན་ཡང་དེ་ལུགས་ལྟར་ཐུགས་ཟིན་གྱི་སྒོ་ནས་ལེགས་པར་གསུངས་ ཤིང་འདོན་ཆ་ཕྱག་ལེན་སྐབས་ཡི་གེ་རེ་རྙེད་དཀའ་བ་གང་དག་ཁོང་གིས་ལན་གཅིག་ བསྙབས་པ་ཙམ་གྱིས་ཇི་བཞིན་ལོན་པ་དང༌། སློབ་བུ་འགས་དངོས་རྫས་བཅའ་ལག་སྐུང་ སྦེད་བྱེད་པ་ཇི་བཞིན་ཐུགས་ཀྱིས་མཁྱེ ན་ནས་མངོན་གསལ་དུ་ཕུད་པ་དང༌། སྒྲུབ་ཁང་དུ་ ཐུན་ནང་ལ་ལས་ཀ་ཅི་བྱས་མངོན་སུམ་གཟིགས་པ་སོགས་ཟླ་བྲལ་གྱི་ཡེ་ཤེས་མཆོག་གི་ སྤྱན་མངའ་བ་ཞིག་གོ །སྤྱིར་དམ་པ་གང་ཉིད་ཀྱི་ཞལ་སྔ་ནས། ཁོང་གི་ཚུལ་གསུངས་པ། སྔོ ན་ མགར་ཀློང་གཏེར་ཆེན་གྱིས། ཁོ་བོ་ཕྱག་ན་རྡོ་རྗེའི་ཐུགས་སྤྲུལ་དུ་གསུངས་ལ། རང་གི་ སེམས་སྣང་ལ་སྐྱེ་སྔོན་ཇོ་ནང་གི་ཐོག་མ་ཞང་ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་ཡིན་སྙམ་ ཡོད་ཅིང༌། རང་གིས་མངོན་དུ་གྱུར་པའི་སེམས་གནས་ལུགས་ཀྱི་གཤིས་ན་དོན་དམ་རང་ བྱུང་གི་རིགས་ལྔའི་ཞིང་ཁམས་བྱེ་བ་རབ་འབྱམས་ཀྱི་བཀོད་པ་ཡོངས་སུ་རྫོགས་པ་རང་ཆས་ སུ་བཞུགས་པར་མཐོང་ཞིང༌། བར་འགའ་མཁའ་དབྱིངས་ནས་གསུམ་ལྡན་ཐིག་ལེའི་དབུས་ སུ་མི་བསྐྱོད་པའི་སྐུ་བཞུགས་པ་ཁོང་གི་རྩ་དབུ་མ་ནས་བརྒྱུད་དེ་ལྟེ་བའི་རྩ་འཁོར་དུ་དྲངས་ པ་དང༌། གང་སྣང་ཐམས་ཅད་འཕགས་མཆོག་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་གི་སྐུའི་ སྣང་བ་སོགས་ཡ་མཚན་དག་པའི་སྣང་བ་འབའ་ཞིག་གིས་ཐ་མལ་འདི་སྣང་གི་གྲྭ་ཉེ་བར་ ཟུམ་པའི་ཚུལ་ཞིབ་རྒྱས་སུ་ཡང་ཡང་གསུངས་གནང་མཛད་ཀྱིན་འདུག དམ་པ་ཉིད་སྦྱངས་ པ་སྐྱབས་མགོན་གྱི་ཞི་གནས་ཀྱི་རྟོགས་པ་ཁོང་དང་མཉམ་ཚུལ་སྔ་མོ་ཞིག་ནས་གསུངས་ལ་ 3-1-178 སྐུ་ཚེ་སྨད་དུ་ཆུ་ཚན་སྨན་ལེགས་བསྟེན་སྐབས་དམ་པ་འདི་དང་འཛམ་ངོས་བླ་མ་ཀུན་དགའ་ ངག་གི་དབང་པོ་གཉིས་ཉམས་ལེན་བགྲོ་གླེང་གི་སྐལ་བ་བྱུང་ཚེ་འཛམ་ངོས་བླ་མ་ཉིད་ཀྱིས་ ངོ་མཚར་བའི་སྒོ་ནས་དམ་པ་མཆོག་གི་ཐུགས་ལ་འཁྲུངས་པའི་ཉམས་རྟོགས་གང་དག་ སྔགས་བླ་མེད་ཀྱི་འཕགས་ས་ཐོབ་པའི་རྟགས་སུ་གོར་མ་ཆག་ཅིང་རྒྱུད་དང་མཐུན་ངེས་སུ་ འདུག་ལ། ཁོང་གི་དག་སྣང་དུའང་དམ་པ་འདི་ཉིད་རྗེ་ཇོ་ནང་པ་ཆེན་པོའི་སྐུའི་རྣམ་པར་ མཐོང་བ་སོགས་ཀྱི་ཆེ་བསྔགས་རྒྱ་ཆེར་མཛད་ཅིང༌། བར་འགའ་ཁོང་ཉིད་ཀྱི་ཞལ་ནས། སྔོན་ཀུན་མཁྱེན་རིན་པོ་ཆེའི་ཉེ་གནས་སངས་རིན་གྱི་སྐུ་ཚེ་གང་བོར་ངེས་དོན་ཟབ་མོའི་ལྟ་ གྲུབ་ཐུགས་ལ་འཁྲུངས་པ་གང་དག་ཁོ་བོས་ད་ལམ་རྟོགས་པ་མཆོག་བརྙེས་སྐབས་ཞག་ གསུམ་གྱི་མཉམ་བཞག་གི་དབྱིངས་ནས་རྩལ་ལེགས་པར་རྫོགས་ཚུལ་གྱི་ཞལ་གསུང་བསླུ་ མེད་ཀྱི་གསུང་ཟུར་བྱུང་བའི་ལོ་རྒྱུས་ཀྱང་ཡོད། དམ་པ་འདི་རང་གི་སྐུ་དུས་སུ་ལོ་བསྟར་གྱི་ རིམ་པ་བཞིན་རབ་བྱུང་གི་འདུས་སྡེས་དབྱར་ཟླ་གསུམ་པོའི་རིང་གནས་སྐབས་ཕྱག་བཞེས་ ཅི་རིགས་པས་གཞི་གཅིག་ཏུ་མཚམས་ཕྱི་ནང་བཅད་པའི་དགེ་འདུན་འདུ་བའི་སྒོ་ནས་དུས་ དུས་སུ་གསོ་སྦྱོང་དང་བཅས་པས་འདུལ་ཁྲིམས་ཉམས་པ་ཕྱིར་བཅོས་བྱེད་པའི་ཐབས་ཁྱད་ པར་བ་ཀུན་སྤྱོད་གཙང་དག་གིས་དབྱར་གནས་འདུལ་བ་མཁན་པོ་གོང་མ་རྣམས་ཀྱི་ལག་ ལེན་ལེགས་ངེས་པའི་སྲོལ་ཀ་རྒྱུན་ཟུག་ཀྱང་ཡོད། མཛད་པ་དེ་འདྲའི་སྒོ ་ནས་ཁོང་ཉིད་ དགུང་ལོ་དྲུག་ཅུ་ས་རྟ་ལ་སླེབ་ཚེ་སྐུ་ཅུང་ཟད་བསྙུང་ཚུལ་གྱིས་ཞག་འགའ་ལ་ཐུགས་མཐོ་ བའི་ངང་ནས་གཞན་དག་གིས་གང་ཞུས་ཐམས་ཅད་རྗེས་བཟློས་ཀྱི་རྣམ་པ་ལས་གསུང་ལན་ ཇི་བཞིན་མི་མཛད་པ་ཞིག་ཏུ་གྱུར་པ་ན་སློབ་བུ་རྣམས་ཀྱིས་བཞུགས་ཞུས་དང་ཞབས་བརྟན་ སྒོ ་གང་ཐད་ནས་རེམ་པར་མཛད་སྐབས། ཁོང་གི་ཞལ་ནས། ད་ཙམ་སློབ་བུ་རྡོར་བཟང་འདྲ་ ཁོང་གི་གནས་ཚུལ་ལ་བལྟས་ནས་ཞིང་གཞན་དུ་བློ་གཏད་བྱེད་ཀྱིན་ཡོད་མེད་ལྟོས་ཤོག་ 3-1-179 གསུང༌། སྐུ་མདུན་པ་དག་གིས་དེ་ལྟར་གང་ཡང་མེད་པར་ཞུས་ཚེ་ཐུགས་དྭངས་ཤིང་དགྱེས་ སྤྲོས་ངང༌། ཞལ་ནས། སློབ་བུ་འདི་ཉིད་ནི་ང་རང་དང་རྟོགས་པ་མཉམ་ཕྱིར་མ་འོངས་པ་ན་ འགྲོ་དོན་རེ་འོང་དགོས་ཚུལ་དང༌། ཁྱོ ད་སློབ་བུ་སྤྱིའི་དོན་དུ་ཁོང་ཉིད་ཞིང་འདིར་ད་དུང་ འདུག་འདོད་ཡོད་ཚུལ་སློབ་བུ་དག་གིས་ཁོང་མ་བརྗེད་ན་ནམ་ཞིག་བསུ་མར་འོང་ཚུལ་ད་ལྟ་ ཁོང་ལ་མ་མཁའ་འགྲོས་དར་ལམ་བརྐྱངས་ཡོད་ཀྱང་རེ་ཞིག་བར་སློབ་ཚོགས་ཀྱི་དོན་དུ་ བཞུགས་ཚུལ། ཁོང་གིས་ད་ལྟ་གནས་ལུགས་ཟབ་མོའི་དོན་མངོན་དུ་གྱུར་པས་རྫུ་འཕྲུལ་ལ་ ཐོགས་པ་མེད་ཚུལ་དང༌། རང་སྣང་དུ་ལྗོ ངས་ཉམས་དགའ་བར་ཁྲི་ཆེན་གཉིས་ལས་གཅིག་ ལ་ལྷ་རྩེ་སྐྱབས་མགོན་དང་ཅིག་ཤོས་ལ་ཁོང་ཉིད་བཞུགས་པའི་མདུན་རྡོ་རྗེ་རྣལ་འབྱོར་མ་ གནས་དྲུག་ཏུ་རྒྱུད་སྡེ་དྲུག་གི་དཀྱིལ་འཁོར་ཡོད་པ་ཞལ་དངོས་སུ་མཇལ་ཏེ། རྣལ་འབྱོར་ མའི་ཞལ་ནས། བུ་སློབ་རིགས་བརྒྱུད་བཟང་པོའི་གནས་ཚུལ་ཡང་མཛད་ཅིང༌། དེ་སོགས་ རྟགས་སྣང་གང་ལ་བལྟས་ན་ད་ལན་ཁོ་བོ་ལོ་དྲུག་ཅུ་ལས་མི་བརྒལ་ཚུལ་དང༌། ད་ལྟ་ཐུགས་ དགོངས་འདིའི་ངང་ནས་སྐད་ཅིག་ལ་སངས་རྒྱས་ཀྱི་ཞིང་མང་པོར་བགྲོད་ནུས་ཤིང༌། རིགས་ དྲུག་གི་སེམས་ཅན་མང་པོའི་གནས་ཚུལ་དང་དེ་དག་གི་ཤེས་རྒྱུད་ཀྱི་ཁྱད་པར་སྣ་ཚོགས་པ་ ཇི་བཞིན་མངོན་དུ་གྱུར་ནས་རང་ཉིད་འདས་འཁྲུངས་ཀྱི་མཛད་སྒོ་དང་བཅས་དེ་ལུགས་ལྟར་ གྱི་རྣམ་པར་ཐར་པ་རྒྱས་བརྗོད་སོགས་འདྲ་མིན་གྱི་མཛད་པ་གླེང་བརྗོད་བྱས་ན་ཆོག་ཀྱང་ དགོས་པ་ཆེར་མེད་པས་རེ་ཞིག་བཞག་པ་ཡིན་ཚུལ་དང་རྗེས་ཀྱི་གདུང་ཁང་གི་གནས་དང་ འཁྲུལ་པ་ཟད་པའི་དབྱིངས་སུ་མཉམ་པར་འཇོག་ཚུལ་དང༌། ཁོང་གི་སྐུ་འདས་མ་ཐག་ནས་ དབྱིངས་སུ་ཐིམ་པ་ལས་ཐུགས་དམ་ལེགས་བཞུགས་མི་མཛད་ཚུལ་སོགས་ཀྱི་ཞལ་ཆེམས་ ཞིབ་རྒྱས་ལེགས་གནང་དང་བཅས་བར་འགའ་སྐུ་གཡོ་མེད་དང་བར་འགའ་འཕར་གཡོའི་ རྣམ་པའི་སྒོ་ནས་ལེགས་བཞུགས་ཀྱི་མཛད་པ་ལ་གནས་པའི་རེ་ཞིག་གི་སྐབས་ལོ་དེའི་ཧོར་ 3-1-180 ཟླ་དགུ་པའི་ཚེས་བཅོ་ལྔའི་ཉིན་ནངས་སྔ་མོར་ཁོང་གིས་མདུན་འདུག་ལ། མདང་གི་བདེ་མ་ ཡོད། གསུངས་ནས། ཉིན་དེའི་ཉི་ཤར་ཙམ་ན་སྐུ་སེང་གེ་ཉལ་སྟབས་སུ་བཞུགས་ཏེ་དགོངས་ པ་ཆོས་ཀྱི་དབྱིངས་སུ་ཐིམ་མོ། །དེ་ནས་ཞག་གསུམ་ཙམ་སོང་རྗེས་དཀར་དམར་ཇི་བཞིན་ ལུད་པ་སོགས་ཀྱི་རྟགས་དང་བཅས་ཐུགས་བཀྲོལ་དང་གདུང་མཆོད་ཀྱི་སྐབས་སྐུ་གདུང་ ལས་མར་ཁུ་ནར་མ་དྲི་བཟང་རོ་ཞིམ་ཅན་བྱུང་ཞིང་སློབ་བུའི་དག་སྣང་དུ་འོད་དམར་གྱི་ དབུས་ནས་བླ་མས་ཞལ་གཟིགས་ཏེ་ཁོང་དག་པ་མཁའ་སྤྱོད་དུ་ད་ལན་འགྲོ་ཞིང༌། རྗེས་སོར་ བླ་སློབ་མཉམ་དུ་འགྲོ་འདྲེན་མཆོག་ཏུ་འགྱུར་ཚུལ་གྱི་བཀའ་ལུང་གསལ་བོའི་སྣང་བ་སོགས་ དང་བཅས་ངོ་མཚར་བའི་ཕྱི་ནང་གི་དགེ་མཚན་དུ་མའི་སྒོ་ནས་གདུང་ལ་ཞུགས་མེ་འབུལ་ རྗེས་ལྷ་བཟོ་རྡོ་རྗེ་འཆང་ལྟར་གདུང་རུས་ཆ་ཚང་ཆེ་ཆུང་གཉིས་དང༌། རིང་བསྲེལ་དུང་དང་ སྲན་རིལ་གྱི་དབྱིབས་མདོག་སྣ་ཚོགས་དེ་དག་བཞུགས་གནས་གདུང་རྟེན་སོགས་བསོད་ ནམས་ཞིང་དུ་ཅི་དགོས་མཐའ་དག་ལེགས་གྲུབ་དང༌། གང་གི་ཐུགས་སློབ་བླ་མ་རྡོར་བཟང་ སོགས་སྐྱེས་ཆེན་དུ་མའང་བྱོན་ནོ། ། ༼༨༽ དེ་ནས་སྒྲུབ་གནས་དེའི་གདན་ས་ལེགས་པར་སྐྱོང་མཁན་ནི་ངག་དབང་བསོད་ ནམས་བཟང་པོ་སྟེ། དེའི་ལོ་རྒྱུས་ཡང་མགོ་ལོག་སྨྲ་སྟོད་ཕྱོགས་སུ་རྗེས་དཀར་གྱི་རིགས་ཡབ་ མགོན་ནེ་དང་ཡུམ་ཕོ་བཟའ་རྫོགས་དར་གཉིས་ཀྱི་སྲས་སུ་ཤིང་ཕག་ལོར་དམ་པ་འདི་ཉིད་ འཁྲུངས་ཤིང༌། ཆེར་བསྐྱེད་སྐབས་ཀྱི་ཆུང་མིང་ཀུ་ལུ་ཞེས་ཟེར། སྐུ་ཆུང་དུས་བྱིས་པའི་སྐབས་ ནས་ཐུགས་ལ་སྙིང་རྗེ་ཆེ་ཞིང་ཡ་རབ་དམ་པའི་རྩེད་མོ་སོགས་གཞན་ཕལ་ལས་ཁྱད་པར་བ་ ཞིག་སྟེ་དགུང་ལོ་བརྒྱད་སྐོར་ནས་ཀློག་བསླབ་དུས་དང་པོ་ཀ་མད་སུམ་ཅུ་ཉིན་གཅིག་ཙམ་ ནས་བློ་ལ་རྫོགས་པར་ཤར་ཐུབ་ཅིང་དེ་འདྲའི་ཚུལ་གྱིས་ཡི་གེ་ལ་མཁས་པར་སྦྱངས་རྗེས་ དགུང་ལོ་བཅུ་གཉིས་སྟེང་ཙམ་ན་བཀྲ་ཤིས་ལྷ་རིའི་དབེན་གནས་སུ་རྡོ་རྗེ་འཆང་ངག་དབང་ 3-1-181 ཆོས་འཛིན་ཞབས་པའི་དྲུང་ནས་ཟབ་ལམ་སྦྱོར་དྲུག་གི་དབང་ཁྲིད་སོགས་ཡོངས་རྫོགས་ མནོས་ཏེ་ཡུལ་སྲོལ་ལྟར་གྱི་ཉམས་ལེན་གནད་ཁེལ་ལེགས་པར་བགྱིས་ཤིང་དེ་སྐབས་སུ་ མཚན་ཡང་ངག་དབང་བསོད་ནམས་བཟང་པོ་ཞེས་གསོལ་འདི་སྐོར་ཅི་རིགས་སུ་ལྷ་བཟོ་རྡོ་ རྗེ་འཆང་ངག་དབང་ཆོས་འཛིན་གྱི་མདུན་ནས། དུས་འཁོར་དབང་ཆེན། མཐོང་དོན། ལྷན་ ཐབས། ཟུང་འཇུག འཁྲུལ་འཁོར་རྩ་འགྲེལ། ངོ་སྤྲོད་ཕྱི་ནང་སོགས་དུས་འཁོར་གྱི་ཆོས་སྐོར་ དང༌། ནཻ་གུའི་ཟབ་ཁྲིད་ཐང་བརྡལ་མ། མ་མོའི་ལྷན་ཐབས་བཅས་ཤངས་ཆོས་སྐོར་དང༌། སྒྲུབ་ཐབས་རིན་འབྱུང་ཆ་ཚང་སོགས་གསན་ཞིང༌། དེ་ནས་དགུང་ལོ་ཉི་ཤུའི་སྐོར་ལ་ཉེ་བར་ འཛམ་ཐང་དུ་སྦྱངས་པ་བླ་མ་ངེས་དོན་གྱི་མདུན་དུ་བསྙེན་རྫོགས་མཛད་དེ་འདི་ནས་བཟུང་ སྐུ་ཚེ་གང་བོར་འདུལ་བའི་བཅས་མཚམས་ཕྲ་རགས་ཐམས་ཅད་དེང་དུས་སུ་གཞན་སུ་ལས་ ཁྱད་པར་དུ་འཕགས་པའི་ལག་བླང་ཐེབས་ངེས་བྱས་ཏེ་སྙིགས་དུས་འདིར་མདོ་སྨད་འདི་ ཕྱོགས་སུ་འགྲན་ཟླ་དང་བྲལ་བའི་འདུལ་བ་འཛིན་པ་ཆེས་མཆོག་ཏུ་གྱུར་ལ། དགུང་ལོ་ཉི་ ཤུའི་ནང་སྐོར་དུ་འཛམ་ཐང་གཙང་བའི་སྒྲུབ་གྲྭར་ལོ་གཅིག་ཏུ་བཞུགས་ནས་ངག་དབང་ཆོས་ འབྱོར་ཞབས་པའི་དྲུང་དུ། ནཻ་གུའི་ཟབ་ཁྲིད་ཞུས་ཏེ་ཉམས་ལེན་གནད་སྨི ན་དང་བཅས་ ཕྱག་འབུམ་བརྒྱད་ཙམ་ལེགས་གྲུབ་བགྱིས། གཞན་ཡང་བླ་མ་དེ་ཉིད་ཀྱི་མདུན་ནས། བྱང་ ཆུབ་སེམས་སྡོམ། བདེ་མཆོག་དང་གཤིན་རྗེ་རབ་འབྱམས་ཆ་ཚང༌། རྡོ་རྗེ་ཕྲེང་བའི་དབང་ ལུང༌། རིན་འབྱུང་སོགས་ཀྱི་དབང་བཀའ་ཐོབ། དམ་པ་འདི་ཉིད་ལ་དགེ་སྐོར་བླ་མ་བསྟན་ འཛིན་གྲགས་པ་སོགས་སྐྱེས་ཆེན་དུ་མས་འདུལ་འཛིན་མཆོག་ཏུ་ཡང་ཡང་བསྔགས་པའི་ མེ་ཏོག་དུས་སུ་འཐོར་ཞིང༌། དགུང་ལོ་ཉེར་བདུན་སོགས་སུ་རབ་ཁ་བླ་མ་མཁས་དབང་གི་ མདུན་དུ་ཀུན་མཁྱེ ན་དོལ་པོའི་བཀའ་པོད་ཡོངས་རྫོགས་ཀྱི་བཀླག་ལུང་དང༌། སྔགས་པ་བླ་ མ་མཉམ་ཉིད་ཀྱི་དྲུང་ནས་སྦྱོར་དྲུག་སྐོར་གྱི་ཆོས་བཀའ་ཆ་ཚང༌། ནཻ་གུའི་ཟབ་ཆོས་ཀྱི་སྐོར་ 3-1-182 རྣམས་ཞུས་ནས་འདི་སྐོར་སྦྱོར་དྲུག་འཁྲུལ་འཁོར་འགབ་མར་ལོ་གཅིག་བཞུགས། ཐུབ་ བསྟན་དགེ་ལེགས་རྒྱ་མཚོའི་ཞལ་སྔ་ནས། ལམ་རིམ། སྤྱོད་འཇུག སྡོམ་གསུམ། སྦྱོར་དྲུག་ སྤྱི་དོན་རྣམས་ཀྱི་བཤད་ཁྲིད་དང༌། ངག་དབང་ཚོགས་གཉིས་རྒྱ་མཚོའི་མདུན་དུ། དུས་ འཁོར་ཡོངས་རྫོགས་ཀྱི་ཁྲིད། ཉིད་ཀྱིས་མཛད་པའི་གཞན་སྟོང་མཐར་འཛིན་གདུང་འཕྲོག་ གི་བཤད་ཁྲིད། མཐོང་དོན། སྒོ མ་རིམ་རྣམས་ཀྱི་བཤད་ཁྲིད་གསན་སྦྱང་ལེགས་པར་མཛད་ ཅིང༌། དགུང་ལོ་སུམ་ཅུ་སྐོར་སོགས་སུ་ཀུན་དགའ་མཁས་གྲུབ་དབང་ཕྱུག་གི་མདུན་ནས་ རྒྱལ་བའི་བཀའ་ཆོས་ལས་མདོ་འདུལ་གཉིས་ཀྱི་བཀླག་ལུང་དང༌། བླ་མ་མཉམ་ཉིད་ཀྱི་དྲུང་ ནས། རྡོ་རྗེ་འཇིགས་མཛད་རྭ་ཡི་རྣམ་བཤད་བཅས་དང༌། གཞན་བསྐྱེད་རིམ་ཅི་རིགས་ པའི་ཁྲིད་མང་པོ་གསན། དགུང་ལོ་ཞེ་དྲུག་ཏུ་རྡོའི་ཤུག་ཆུང་དུ་བྱོན་ནས་བྲག་དཀར་སྤྲུལ་ པའི་སྐུའི་མདུན་ནས་གསུང་དབྱངས་དྲུག་འགྱུར་གྱིས་བཀའ་འགྱུར་ཡོངས་སུ་རྫོགས་པའི་ བཀླག་ལུང་ལེགས་ཞུས་མཛད་ལ། ཉིད་དགུང་ལོ་སོ་ལྔ་སྐོར་ནས་སྐུ་ཚེའི་མཐའི་བར་ལོ་རེ་ རེ་བཞིན་ཝ་ཤུལ་གྲོང་སྡེའི་མི་སྐྱ་ཕོ་མོ་རྣམས་ལ་བསྙེན་གནས་ཆ་བརྒྱད་སོགས་ཀྱི་སྡོམ་ལུང་ འབོགས་པའི་འགྲོ་དོན་དུས་དུས་སུ་མཛད་པ་སྟེ། དམ་པ་འདི་དགུང་ལོ་ཞེ་བདུན་སྟེང་ངག་ དབང་ཚོགས་གཉིས་རྒྱ་མཚོ་དང༌། ཁོང་རྣམ་ལྷ་བཟོའི་གདན་ས་འདིར་རྡོ་རྗེ་སློབ་དཔོན་དུ་ དེར་གནས་མཆོག་དམན་ཡོངས་ཀྱིས་རེ་འདུན་ཞུས་པ་ཡིན་ནའང་དམ་པ་འདི་ཉིད་ཀྱི་སྒོས་ སུ་ཐུགས་ཁུར་བཞེས་ཏེ་བླ་མའི་གདན་ས་སྒྲུབ་གནས་སུ་ངེས་དོན་སྒྲུབ་བརྒྱུད་ཀྱི་བསྟན་པ་ ལེགས་སྤེལ་མཛད་དེ་ཆོས་རྒྱུན་རིང་དུ་གནས་པར་བྱས་པའི་ཚུལ་ཡང་ཐོག་མར་སྦྱོར་དྲུག་ ཆོས་ཚན་པ་བླ་མ་ཆོས་བློ་སོགས་སྒྲུབ་པོ་བཞི་ལ་ཟབ་ལམ་ཡན་ལག་དྲུག་གི་ཟབ་ཁྲིད་དབང་ བཀའ་བཅས་ཆ་ཚང༌། གཞན་ཡང་འདོན་ཆ་སྣ་ཚོགས་ཀྱི་བཀླག་ལུང༌། དེ་བར་བསྐྱེད་རིམ་ ཅི་རིགས་པའི་ཁྲིད་སོགས་ལེགས་གནང་མཛད། འདིའི་སྐུ་རིང་ལ་ལོ་དུས་བཞིན་གྱི་དབྱར་ 3-1-183 གནས་ཀྱང་ཡོད། དགུང་ལོ་ང་གཅིག་ནས་ང་གསུམ་བར་ལ་སྦྱོར་དྲུག་པ་བླ་མ་ཕུན་ཚོགས་ དཔལ་སོགས་དྲུག བླ་མ་རིན་དཔལ་སོགས་བརྒྱད། བླ་མ་རིག་དབང་སོགས་གཉིས་ཏེ་ ཆོས་ཚན་གསུམ་ལ་དེ་ལུགས་ལྟར་གྱི་ཟབ་ཁྲིད་དབང་ལུང་ཅི་དགོས་དང་སློབ་འགའ་ལ་ བསྙེ ན་རྫོགས་ཀྱི་སྡོམ་པའང་གནང༌། འདི་སྐོར་བླ་མ་སྙན་གྲགས་ཀྱི་མདུན་ནས་སྦྱོང་རྒྱུད་ དང་ནཻ་གུ་བཀའ་ཕྱི་ནང་སོགས་ཀྱང་ཁོང་གིས་གསན། འདི་ལོར་དུས་འཁོར་དབང་ཆེན་དང་ མཁོ་ཚོགས་ཀྱི་བཀླག་ལུང་མང་པོ་གསུངས་ལ། དགུང་ལོ་ང་ལྔ་པར་སྦྱོར་དྲུག་པ་ངག་དབང་ རྡོ་རྗེ་སོགས་གསུམ་ལ་ཆོས་བཀའ་ཅི་རིགས་ཀྱིས་རྗེས་སུ་བཟུང་ཞིང་རེ་འདོད་བསྐངས། དགུང་ལོ་ང་བདུན་ལོར་སྦྱོར་དྲུག་པ་བླ་མ་འཇིགས་དཔལ་སོགས་བརྒྱད་ལ་ཟབ་ཆོས་གང་ དགོས་དང་སྒྲུབ་ཐབས་རིན་འབྱུང་གི་དབང་ལུང་ཆ་ཚང་མཛད་ཅིང་སློབ་འགའ་ལ་དགེ་ཚུལ་ སློང་གི་སྡོམ་པ་གནང༌། དགུང་ལོ་དྲུག་ཅུར་སྦྱོར་དྲུག་པ་བྱང་གྲགས་སོགས་ལྔ་ལ་ཆོས་ བཀའ་ཅི་དགོས་དང་དགུང་ལོ་རེ་གཉིས་པར་སྦྱོར་དྲུག་པ་ཆོས་འགྲུབ་སོགས་གསུམ་ལ་དེ་ ལུགས་ལྟར་གྱི་རྒྱུན་མཁོའི་ཆོས་ཇི་ལྟར་འོས་པ་དང༌། དུས་འཁོར་དབང་ཆེན་ཀྱང་གསུངས་ པ་ཡིན་ལ། དགུང་ལོ་རེ་ལྔའི་དུས་སྦྱོར་དྲུག་པ་ཆོས་སེམས་སོགས་བཞི་ལ་ཟབ་ཁྲིད་ཉེར་ མཁོ་ལེགས་གནང་མཛད་པ་སོགས་སྦྱོར་དྲུག་པའི་མཚམས་གྲྭ་ཆོས་ཚན་སྔ་ཕྱི་ཅི་རིགས་སུ་ གང་མང་ཞིག་ལེགས་སྐྱོང་གིས་སྒྲུབ་བརྒྱུད་བསྟན་པ་ཆེར་སྤེལ་མཛད་ཅིང༌། ཁོང་གིས་ དགུང་ལོ་རེ་བདུན་སྐབས་འཛམ་ཐང་གཙང་བའི་གྲྭ་ཚང་གི་བདེ་མཆོག་སྒྲུབ་མཆོད་ཀྱི་ཁྲི་ འཛིན་ཀྱང་མཛད། དམ་པ་ཁོང་ཉིད་ཀྱིས་སྐུ་ཚེ་གང་བོར་ཕྱི་སོ་ཐར་གྱི་ཕམ་ལྷག་སྤང་ལྟུང་ སོར་བཤགས་ཀྱི་ལྟུང་བ་ལྟ་ཅི་ཉེས་བྱས་སུ་གཏོགས་པ་ཆ་ཕྲ་བ་ཚུན་ཆད་ཀྱང་མཁོ་ཆུང་དུ་མི་ བྱེད་པར་ཇི་བཞིན་ལེགས་བསྲུང་གིས་དབང་པོའི་སྒོ་ཀུན་ནས་བསྡམས་པ་ལས་འབྲས་ཕྲ་ ཞིབ་ལག་ལེན་དུ་ཐེབས་ངེས་མཛད་པ་ཉིན་རེ་ཡོན་ཆབ་བརྒྱ་ཕྲག་རེ་སོགས་སྒོ་གསུམ་གྱིས་ 3-1-184 ཚོགས་ཀུན་ནས་བསགས་པ་སོགས་དང་ནང་གི་ཉམས་མྱོང་གི་སྒོ་ཡང་སྐུ་ཚེ་སྨད་དུ་ཐུགས་ ཆོས་དབྱིངས་ཡེ་ཤེས་ཀྱི་གཤིས་ཉེ་བར་མངོན་པ་གང་སྣང་ཕལ་ཆེར་འོད་གསལ་ལྗང་འོད་ ཀྱིས་ཁྱབ་ཅིང་ཉིན་མཚན་འཁོར་མོ་ཡུག་ཏུ་གཏི་མུག་རང་སངས་སུ་སོང་སྟེ་འོད་གསལ་དག་ སྣང་གི་འཆར་སྒོ་འབྱམས་ཀླས་པ་སོགས་ཕྱི་ནང་གི་ཡོན་ཏན་རླབས་ཆེན་མངའ་བའི་དེང་ དུས་ཀྱི་འགྲོ་འདྲེན་ཆེན་པོའི་སྐྱེས་བུ་མཆོག་ཏུ་ངེས་སོ། །དེ་ལྟ་བུའི་སྒོ ་ནས་སྐུ་ཚེ་མཐར་ཕྱིན་ པ་ལ་ཉེ་སྐབས་ཁོང་ཉིད་དགུང་ལོ་དོན་གཅིག་ཤིང་བྱའི་ལོའི་ནག་ཟླའི་ཚེས་གཅིག་ནས་འཛི་ རོང་དམ་པའི་བླ་མ་རིན་ཆེན་དར་རྒྱས་ཀྱིས་བཞེངས་པའི་མཆོད་རྟེན་ཆེན་མོ་ལ་རབ་གནས་ མཛད་ཆེད་ཁོང་དེར་བྱོན་སྐབས་ཤིག་ནས་སྐུ་ལ་བསྙུན་གྱི་རྣམ་པ་བྱུང་སྟེ་ཡར་རང་གནས་སུ་ ཕེབས་རྗེས་སློབ་ཚོགས་ཀྱིས་ཞབས་བརྟན་ཀྱང་ཆེས་མང་བསྒྲུབ་པའི་སྐབས་རེ་ཞིག་ཏུ་ཉིན་ གཅིག་ཁོང་གི་ཞལ་ནས། ད་ལན་གསེར་བ་བཀའ་བསྲུང་ཤིའམ་གསུངས། ཤི་ལགས་ ཞུས་པས། ཞལ་ནས། འོ་སྙི ང་རྗེ་ཚེ་གང་བོ་མི་དགེ་བ་འབའ་ཞིག་བྱས་པས་འཆི་རྒྱུ་ངན་པ་ ཡིན་གསུངས། ཡང་ཉིན་གཅིག ད་སྐབས་ཕྱུག་ཤུལ་རྣམ་བཀྲ་ཤིའམ་གསུངས། ཤི་ལགས་ ཞུས་པས། འོ་དེ་ཡང་སྙི ང་རྗེ་ཚེ་དེར་ཚོང་མནའ་སྐུག་ལས་མེད་པས་འཆི་རྒྱུ་ངན་གསུངས་ པ་སོགས་འགྲོ་ཀུན་ལ་སྙིང་རྗེ་ཆེ་བར་གྱུར་ཏེ་ཚེ་སྔ་ཕྱི་ཇི་བཞིན་གཟིགས་པའི་རྣམ་ཅན་དུ་ བཞུགས་ནས་ཟླ་བ་དེའི་མཚམས་རེ་ཞིག་གི་སྐབས་སུ་སྐུ་དྲང་བོར་ལེགས་བཞུགས་མཛད་ དེ་སྤྱན་གཉིས་ནམ་མཁར་གཟིགས་བཞིན་ཞལ་གསུང་ལན་འགའ་ལས་མི་འབྱོན་པར་ བཞུགས་འདུག དེ་དུས་སུ་སློབ་བུ་མཆོག་དག་གིས་ཁྱེད་ཀྱི་ཐུགས་སྣང་གི་ཚུལ། ཞུས་ཚེ། ཉིད་ཀྱི་ཞལ་ནས། ང་རང་གི་ཐུགས་ཀྱི་རང་བཞིན་ནི་ཆོས་ཀྱི་དབྱིངས་འཁོར་འདས་ཀུན་ལ་ ཁྱབ་པ་ཞིག་གོ །ཞེས་གསུངས། ཡང་ད་ལན་ཁྱེ ད་ཀྱི་ཐུགས་འདུན་གང་དུ་གཏད། ཞུས་པས། ཁོང་གི་རྩ་བའི་བླ་མ་ལྷ་བཟོ་སང་མངོན་དགའི་ཞིང་དུ་བཞུགས་ཡོད་པས་དེར་བདག་གིས་ 3-1-185 འདུན་པ་གཏད་པ་ཡིན་གསུངས། སླར་ཡང་སློབ་ཚོགས་ཀྱིས་ངེད་རང་རྣམས་ཐུགས་རྗེས་མ་ འདོར། ཞུས་པས། ཞལ་ནས། རང་གིས་སྔར་ཁྱེ ད་ཅག་ལ་འདི་ཕྱིའི་འགྲོ་ལུགས་གང་བཤད་ པ་ཚོ་སེམས་ལ་ཟུང༌། རྗེས་སོར་ཁྱེ ད་ཅག་སློབ་བུ་རྣམས་མ་ཟད་རང་ལ་འབྲེལ་བ་གང་ ཐོགས་ཐམས་ཅད་ཐུགས་རྗེ་ལྷོད་མེད་ཀྱི་ངང་ནས་དག་པའི་གནས་སུ་བསུ་བ་བྱེད་ངེས་ཡིན། ད་ལན་རང་གི་སྣང་བ་ཕྱི་དག་པའི་ཞིང་འབའ་ཞིག་གི་བཀོད་པ་དང་བཅུད་ལྷ་དང་ལྷ་མོའི་ རང་བཞིན་ཤ་སྟག་ཏུ་ཤར་བ་ལས་ཐ་མལ་འདི་སྣང་གཏན་ནས་མི་འདུག ན་ཟུག་མི་བདེ་བ་ གང་ཡང་མེད་ཅིང་ཚེ་གང་བོ་ལ་དེ་རིང་གི་བདེ་མེད་པ་ལྟ་བུ་ཞིག་རེད། ཅེས་གསུངས་ནས་ འདི་སྐོར་སྔ་ཕྱི་ཅི་རིགས་པར་ཞག་བཅོ་ལྔ་ཙམ་ལ་སྐུའི་གསང་བ་སྦུབས་སུ་ནུབ་ནས་དྲི་ཆུ་དྲི་ ཆེན་གཏན་འགགས་སུ་སོང་ཞིང་སྐུ་ལས་དྲི་བཟང་པོ་ཆེར་མཆེད་བཞིན་ཞལ་ཟས་ཀྱི་བྱ་བ་ གང་ཡང་མི་མཛད་པར་སྔར་གྱི་ཐུན་མཚམས་ལ་ཉི་ཚད་ཐོན་དུས་ཞལ་འདོན་རེ་ཀློག་བཞིན་ གསུང་རེ་འབྱོན་ན་མ་གཏོགས་ཅི་ཡང་མི་སྨྲ་བའི་བརྟུལ་ཞུགས་ཀྱིས་མཉམ་བཞག་ཟབ་མོ་ ལ་རྩེ་གཅིག་པའི་ཚུལ་དུ་ལེགས་བཞུགས་ཀྱི་ངང་ནས་ཟླ་བ་དེའི་ཚེས་བཅོ་བརྒྱད་ཀྱི་ནངས་ སྔ་མོ་ཉི་ཤར་གྱི་དུས་སུའང་སྐུ་དྲང་པོར་ཕྱག་གཉིས་ས་གནོན་གྱི་ཕྱག་རྒྱ་དང་བཅས་སྔར་ ལས་གཟི་བརྗིད་ཆེ་ཞིང་འོད་མདངས་དཀར་པོ་བྱུང་བ་སྤྱན་གཉིས་བར་སྣང་ལ་གཟིགས་ བཞིན་ཞལ་ནས། ཧིག་སྒྲས་རླུང་ནང་དུ་བརྔུབས་ཏེ་ཐུགས་ཆོས་དབྱིངས་སུ་འདྲེས་ནས་ཞག་ གསུམ་ཐུགས་དམ་ལ་བཞུགས་རྗེས་དཀར་དམར་ཇི་བཞིན་པའི་རྟགས་ཀྱི་སྒོ་ནས་ཐུགས་ དམ་ལེགས་བཀྲོལ་གཤེགས་མཆོད་སོགས་ཀྱི་ཚེ་མཆོད་ཆུར་མེ་ཏོག་དཀར་པོ་འདབ་བརྒྱད་ བབས་པ་སོགས་ཕྱི་རྟགས་དང་དག་སྣང་ངོར་མི་བསྐྱོད་རྒྱལ་བའི་དཀྱིལ་འཁོར་མཐོང་བ་ སོགས་ནང་རྟགས་ཀྱང་མང་བས་མཚོན་གདུང་ལ་ཞུགས་འབུལ་སྐབས་ཤའི་རིང་བསྲེལ་ དཔག་མེད་བྱུང་ཞིང་གདུང་རྟེན་བྱང་ཆུབ་མཆོད་རྟེན་སོགས་ཀྱང་ལེགས་གྲུབ་མཛད་ཅིང༌། 3-1-186 ཉིད་ཀྱི་ཐུགས་སློབ་གོང་དུ་སྨོ ས་པ་ལྟར་གྱི་བླ་གྲྭ་ཡང་མང་པོ་བྱུང་ངོ༌། ། ༼༩༽ གཙང་ཆེན་སྤྲུལ་པའི་སྐུ་ཕྲེང་གསུམ་པའི་དངོས་སློབ་གཙང་པ་དགེ་སློང་ངག་དབང་ ཆོས་འཕེལ་དང༌། གཙང་བ་ཉིད་དང་གཙང་པ་དགེ་སློང་ཟུང་གི་དངོས་སློབ་ངག་དབང་ཆོས་ ཀྱི་འཕགས་པ་དང༌། དགེ་སློང་ཉིད་ཀྱི་ཐུགས་སློབ་ངག་དབང་ཆོས་འཛིན་ཞབས་པ་སྟེ། ཆོས་ ཀྱི་མཚན་ལྡན་རྣམ་པ་གསུམ་གྱི་ཞལ་ལུང་གི་ཆོས་ཀྱི་བདུད་རྩི་ཉེ་བར་ཐོབ་པ་སྙིགས་དུས་ཀྱི་ བསྟན་པ་གསལ་བྱེད་མཆོག་གི་སྐྱེས་ཆེན་ཐུབ་བསྟན་དགེ་ལེགས་རྒྱ་མཚོའི་ལོ་རྒྱུས་མདོ་ ཙམ་གྱི་ཚུལ་ཡང་སྤྱིར་ན་སྐྱེས་ཆེན་དམ་པ་གང་ཉིད་འཇམ་མགོན་མཁྱེན་པའི་གཏེར་གྱི་ཡེ་ ཤེས་མཆོག་གི་རྣམ་འཕྲུལ་གྱི་རོལ་པ་ལས་ངེས་པར་འཆར་བ་ཞིག་ནའང་གྲུབ་པའི་དབང་ ཕྱུག་རྡོ་བླ་ཀུན་བཟང་གཞན་ཕན་གྱི་རྡོ་རྗེའི་ལུང་གིས། དཔལ་ནཱ་རོའི་སྤྲུལ་པའི་སྐྱེས་བུ་ཞིག །ཅེས་འཕགས་ཡུལ་གྱི་པཎ་ཆེན་ནཱ་རོ་པའི་སྤྲུལ་བཀོད་སྒྱུ་མའི་སྐུ་ཉིད་དུ་འགྱུར་མེད་ལུང་ གིས་གསལ་བར་བསྟན་ཅིང༌། དེང་སྐབས་སྔོ ན་གྱི་ཡོངས་གྲགས་ལ་དམ་པ་འདི་ཉིད་གངས་ ཅན་མདོ་ཁམས་ཀྱི་སྣང་མེད་དབུ་མའི་སྲོལ་འཛིན་ཆེན་པོ་སྔགས་གསར་མ་དགེ་ལུགས་པའི་ མངའ་བདག་གཅིག་གྱུར་རྗེ་བདག་ཉིད་ཆེན་པོའི་སྤྲུལ་པའི་སྐུ་རུ་ཆེ་བསྔགས་ཀྱི་ཟེར་སྲོལ་ ཡོད་ན་དོན་གྱི་གནས་ཚོད་དུའང་རྒྱལ་བའི་རྣམ་པར་འཕྲུལ་བ་བསམ་གྱིས་མི་ཁྱབ་པས་འགྲོ་ འདུལ་དུས་བབ་གང་གི་ཚུལ་སྣ་ཚོགས་སྔ་ཕྱི་ཅིག་ཆར་ཇི་ལྟར་མཛད་ཀྱང་འགལ་མིན་ འགལ་བརྫུའི་རྩེད་མོའི་ཆོ་འཕྲུལ་མཐའ་ཀླས་པ་ལ་ཡིད་གཉིས་ཀྱི་གོ་སྐབས་ག་ལ་ཡོད། འོན་ཀྱང་འདིར་ཁོང་གི་ཐུགས་སྣང་གཟིགས་པའི་ཚད་མ་མི་བསླུ་བས་ཇི་བཞིན་མཁྱེན་པ་ ལྟར་ན་ཉིད་ཀུན་མཁྱེན་བླ་མ་འཇམ་དབྱངས་བཞད་པའི་ཡང་སྲིད་འགྲོ་འདྲེན་དུ་བྱོན་པར་ གོར་མ་ཆག་ཅིང་དེ་ཡང་ཀུན་མཁྱེན་བླ་མ་ཉིད་དེ་སྔོན་དགེ་ལུགས་པའི་བསྟན་པའི་རྒྱན་ གཅིག་ཡིག་ཆ་བཞིའི་ཡ་གྱལ་ཡིན་ཀྱང་ཁོང་གི་སྐུ་ཕྲེང་སྔོན་བྱོན་ནི་ཇོ་ནང་རྗེ་ཀུན་དགའ་ 3-1-187 གྲོལ་མཆོག་གི་སྔོན་གྱི་སྐུ་ཕྲེང་དང་གཅིག་ཆོག་པས་རྗེ་བཙུན་ཏཱ་ར་ནཱ་ཐའི་རྣམ་འཕྲུལ་དུའང་ ངེས་ཕྱིར་སྙིགས་མའི་དུས་ཀྱི་མཐར་ཀུན་མཁྱེན་ཇོ་ནང་པ་ཆེན་པོའི་ངེས་དོན་སྒྲུབ་བརྒྱུད་ཀྱི་ བསྟན་པའི་གསལ་བྱེད་མཆོག་ཏུ་བསམ་བཞིན་སྐྱེ་བ་བཞེས་པ་ནི་གནད་དེ་ལུགས་ཀྱིས་ཡིན་ པས་རྗེ་དམ་པ་འདི་ཉིད་ཇོ་ནང་རྗེ་བཙུན་རིན་པོ་ཆེ་སླར་ཡང་རང་རེའི་བསྟན་པ་གསལ་བྱེད་ དུ་ལེགས་བྱོན་མཛད་པ་ཡིན་རུང་བ་ལྟ་བུ་སྟེ། དེ་ཡང་གངས་རིའི་ལྗོ ངས་ཀྱི་བོད་ཆེན་པོའི་ ནང་ཚན་ཤར་རོལ་ཆེན་བཅོ་བརྒྱད་ལས་རྡོ་རོལ་གྱི་ཆར་གཏོགས་པ་འཛི་ཀའི་ལྷ་མོ་དར་ཐང་ དང་ཉེ་བའི་ཡུལ་འབའ་མདའ་ཞེས་པ་ན་སྟོང་པ་ཁམས་པའི་རིགས་འཛིན་པ་ཡབ་དགྲ་བླ་ ལྕགས་ལོ་དང་ཡུམ་སྐྱིད་ཀོ་མ་གཉིས་ཀྱི་སྲས་ལྕམ་སྲིང་ལྔ་ལས་ཆེ་བ་ཉིད་དུ་རབ་བྱུང་བཅུ་ བཞི་པའི་ནང་ཚན་ཁྲོ་མོ་ཞེས་པ་ཤིང་ཕོ་འབྲུག་གི་ལོར་ཉིད་སྐུ་ལེགས་བལྟམས་མཛད་ལ་དེ་ ཡང་ཡུལ་འདིའི་ཟེར་སྲོལ་ལ་འཇམ་པའི་དབྱངས་ཀྱི་རྣམ་འཕྲུལ་ཁོང་ཉིད་དང༌། སྤྱན་རས་ གཟིགས་ཀྱི་སྤྲུལ་པ་སྐུ་མཆེད་འབྲིང་བོ་སྐྱབས་རྗེ་ཟླ་བ་གྲགས་པ་དང༌། ཕྱག་རྡོར་གྱི་རྣམ་ རོལ་མཆེད་ཆུང་བ་རྣམ་དཀར་དགེ་ལ་གཞོལ་བ་ཚེ་བསམ་ཞེས་པའི་ཁྱིམ་ཐབ་པ་ཞིག་ཡོད་ པ་དེ་ཡིན་ཞེས་གྲགས་ཀྱང་དོན་ལ་སྔོན་བྱོན་ཐོགས་མེད་སྐུ་མཆེད་ལྟར་དེང་དུས་སྙིགས་མའི་ མཐར་ལྗོངས་འདིར་ཟླ་དང་བྲལ་བའི་བསྟན་པ་གསལ་བྱེད་ཀྱི་འགྲོ་འདྲེན་དམ་པའི་སྐྱེས་ ཆེན་ཟུང་ཅིག་སྐུ་མཆེད་དུ་ངེས་པར་བྱོན་ཚོད་དུ་འདུག་ལ། དམ་པ་འདི་སྐུ་ན་ཤིན་ཏུ་ཕྲ་བའི་ སྐབས་ནས་ཀྱང་བྱིས་པའི་རྒུད་པ་དང་ཉེ་བར་བྲལ་ཞིང་རྣམ་པར་དཔྱོད་པའི་ཁོ་ལག་རབ་ཏུ་ ཡངས་པ་སྔོན་སྦྱངས་ཟབ་མོའི་བྱེད་པས་རྣོ་གསལ་ཟབ་རྒྱས་ཀྱི་ཤེས་རབ་ཕུན་སུམ་ཚོགས་ པའི་སྒོ ་རང་ཆས་སུ་ངེས་པར་འཁྲུངས་པ་ཞིག་སྟེ། སྐུ་ན་ཆུང་དུས་ཡི་གེའི་རིགས་སྣ་ཚོགས་ དང་སྐར་རྩིས་སོགས་རིག་པའི་གནས་དུ་མ་ལ་ཉེ་བར་སློབ་ཚེ་མགོ་སྨོས་པ་ཙམ་གྱིས་གཞུང་ ཁོག་མཐའ་དག་ལེགས་ཤེས་མཛད་པ་སོགས་གཞན་ཕལ་བ་ལས་ཁྱད་པར་དུ་གྱུར་པའི་ 3-1-188 རིག་གནས་ཀྱི་ཚུལ་ཐུགས་ཀྱི་ཁོང་དུ་ཇི་བཞིན་ཆུད་སྟོབས་ཆེ་ཞིང་ཀུན་ཡ་མཚན་ཧ་ལས་ པའི་རིག་གནས་ཕྲ་མོའི་ཡིན་ལུགས་ལ་སྒོ་གང་ཐད་ནས་ཐོགས་པ་མེད་པའི་མཁས་གནས་ ཐོབ་ཅིང༌། ཁོང་ཉིད་སྐུ་ན་ཆུང་དུས་ཤིག་ནས་ཁུ་བོ་ཆོས་ཀྱི་འཕགས་པ་ཡིན་ནམ་སྙམ་སྟེ་དེང་ དུས་སུ་གྲགས་པའི་མཚན་གྱི་གཞི་ཙམ་ཞིག་གསོལ་ཏེ་ཆུང་མིང་དུ་ཐོགས་ནས་དེ་ལ་སྔ་ཕྱི་ཅི་ རིགས་སུ་མཚན་སྣོན་རེ་ཡང་མཛད་པའི་ཚུལ་སོགས་ཀྱི་ཡིན་ལུགས་ཇི་བཞིན་མི་གསལ་ལ། རྒྱུན་གྱི་ཞལ་འདོན་ཨ་ར་པ་ཙ་དང་འཇལ་དཔལ་མཚན་བརྗོད་གཙོ་བོར་བྱེད་ཅིང་རྣམ་ དཀར་བསོད་ནམས་བསགས་པ་ལ་ཆེར་གཞོལ་བའི་ཡ་རབས་སྐྱེས་ཆེན་དམ་པའི་མཛད་ བཟང་རང་ཤུགས་ཀྱིས་འཁྲུངས་པ་ཞིག་གོ །དགུང་ལོ་བཅུ་སྐོར་མན་ཆད་དུ་དེ་ལུགས་ལྟར་ གྱིས་བཞུགས་ལ། དེ་ནས་དགུང་ལོ་བཅོ་བརྒྱད་སྐོར་དུ་དམ་པ་འདི་སྟོད་མདོ་སྨད་ཀྱི་ཆོས་གྲྭ་ ཆེ་བ་ཁམས་སྡེ་དགེ་ཕྱོགས་སུ་བྱོན་ནས་སྐྱེས་ཆེན་མཁས་པ་དུ་མའི་ཞབས་པད་སྤྱི་བོས་ བླངས་ཏེ་ཐུན་མོང་རིག་གནས་ཀྱི་སྐོར་སྣ་ཚོགས་དང་ཐུན་མིན་མདོ་ཕྱོགས་དཀའ་པོད་ལྔ་ ལས་མཁན་ཆེན་དམ་པ་ཨ་དཀོན་གྱི་མདུན་ནས་ཕར་ཕྱིན་རྩ་འགྲེལ་སོགས་ལ་གསན་སྦྱང་ མཛད་པས་མཚོན་གཞན་སྐྱེས་ཆེན་མང་པོའི་དྲུང་ནས་བཀའ་པོད་གཞན་ཅི་རིགས་པའི་ གཞུང་ལུགས་ལ་ཐོས་བསམ་གྱིས་སྦྱང་བརྩོན་རྒྱ་ཆེར་མཛད་ཅིང༌། དེ་བཞིན་སྔགས་ཕྱོགས་ ཀྱི་གཞུང་ལུགས་འགངས་ཆེན་དག་ལ་ཐོས་བསམ་གྱིས་གོ་བ་ཞིབ་པར་བཙལ་ཏེ་རིག་པའི་ གནས་ལྔ་ལ་སྒོ་གང་ཐད་ན་ཐུགས་བློ་ཀུན་ནས་རྒྱས་པར་བྱས་ཤིང་རྫ་སེར་ཤུལ་དགོན་ སོགས་དེ་ཕྱོགས་ཀྱི་ཆོས་སྡེ་དུ་མར་ཡུན་རིང་བཞུགས་ཏེ་རིག་གནས་ལྔ་ལ་གསན་སྦྱང་ཆེ་ རབ་མཛད་ལ། ཁྱད་པར་རྫོགས་ཆེན་དཔལ་སྤྲུལ་གྱི་མདུན་ནས། སྤྱོད་འཇུག ལམ་རིམ་ སོགས་མདོ་ཕྱོགས་ཀྱི་བཤད་ཁྲིད་ཉམས་ལེན་སྐོར་དང༌། ཀོང་སྤྲུལ་རིན་པོ་ཆེའི་དྲུང་ནས། ནཱ་རོ་ཆོས་དྲུག་གི་བསྐྱེད་རྫོགས་ཀྱི་དབང་ལུང་ཟབ་ཁྲིད་མན་ངག་སོགས་སྔགས་ཕྱོགས་ཀྱི་ 3-1-189 ཟབ་ཁྲིད་ཉམས་ལེན་སྐོར་མང་པོ་ལེགས་གསན་མཛད་ནས་དེ་ཀུན་ལ་ཉམས་ལེན་བསམ་ སྒོ མ་ཡང་མི་དམན་པར་བྱས་པས་ལམ་རྣམས་ལ་མྱོང་བ་རེ་ཡང་ཐོན་ངེས་སུ་སོང་ཞིང༌། དེ་ སྐབས་ཤིག་ཏུ་ཁོང་གིས་སྤྱོད་འཇུག་གཞན་ལ་ཤོད་སྐབས་སྐྱེས་ཆེན་དམ་པ་ཞིག་ཆོས་ཁྲིད་ དེར་ཉན་དུ་བྱོན་རྗེས་དམ་པ་དེའི་ཞལ་ནས། ཁྱོ ད་རིག་བཟང་བློ་རྣོན་དུ་འདུག་ཀྱང་ད་དུང་ བསྟན་པ་ལ་ཐོས་བསམ་འདི་ཙམ་གྱིས་ཆོག་པར་མ་བྱེད་ཅིག ཅེས་གསུངས་ཏེ་རྒྱ་ནག་རི་བོ་ རྩེ་ལྔར་ཕེབས་སོང་བ་ཕྱིས་སུ་འཇའ་ལུས་སུ་སོང་སྐད། རྐྱེན་དེས་ཐོས་བསམ་ཕྱོགས་རེ་བས་ མི་ཚིམ་པར་མདོ་སྔགས་ཀྱི་གཞུང་ལུགས་ལ་སྒོ་གང་ཐད་ནས་སྦྱང་བརྩོན་མཐར་ཕྱིན་པར་ ལེགས་མཛད་ཀྱི་ཚུལ་དེ་ལྟ་བུའི་སྒོ་ནས་མདོ་སྔགས་ལ་མཁས་གནས་ཐོབ་ཅིང་དེ་དག་གི་ ལམ་ཉམས་ལེན་ལའང་རིམ་པས་མྱོང་བ་ཁྱད་པར་བ་དང་བཅས་མཐར་ཉིད་ཀྱི་སྤུན་ཐ་ཆུང་ རང་ཡུལ་ནས་འབོད་མིར་བྱུང་ཚེ་ཁོང་གི་ཞལ་ནས། མདང་མནལ་ལམ་དུ་རོལ་མོ་ཞིག་ དཀྲོལ་བར་ཆས་པ་འཕྲལ་ཤུབས་སུ་བཅུག་པ་རྨིས་པས་ཁོ་བོ་ད་ལན་རང་ཡུལ་དུ་འོང་བ་ ལས་འདི་ཕྱོགས་སུ་འགྲོ་དོན་ཆེ་ཚུལ་གསུངས་ཀྱང༌། གང་ལྟར་རང་ཡུལ་དུ་ཕེབས་དགོས་ བྱུང༌། དེ་ནས་དགུང་ལོ་ཉེར་གཅིག་སྐོར་དུ་ཐོག་མར་འཛམ་ཐང་གཙང་ཆེན་ཕོ་བྲང་དུ་རྡོ་རྗེ་ འཆང་ངག་དབང་ཆོས་འཕེལ་རྒྱ་མཚོའི་སྐུ་དྲུང་དུ་ཕེབས་ཏེ་ཟབ་ཆོས་ཀྱི་སྒོ་རྡོ་རྗེ་འཆང་ དབང༌། རྡོར་སེམས་བཟླས་ལུང༌། ལྷན་སྐྱེས་བཟླས་ལུང༌། གྲུབ་རྒྱལ་ལུགས་ཀྱི་ཚེ་དབང༌། ཀུན་རིག་ས་ལུགས་ཀྱི་དབང༌། མི་འཁྲུགས་པའི་དབང༌། འཇམ་དབྱངས་དམར་སེར་ས་ ལུགས་ཀྱི་རྗེས་གནང༌། བརྒྱད་སྟོང་པའི་བཀླག་ལུང༌། དཔལ་དུས་ཀྱི་འཁོར་ལོའི་མཆོག་གི་ དབང་གོང་མ་བཞི་པོ་ཡོངས་རྫོགས་ལེགས་པར་གསན་པ་སོགས་གཞན་ཡང་ཆོས་བཀའ་ཅི་ རིགས་མནོས་ཏེ་ཐུགས་རྒྱུད་ལ་བྱིན་རླབས་ཀྱི་སྒོ་ཕྱེ་ནས་བྱིན་ཆེན་ལེགས་འཕོས་ཀྱི་མཛད་ སྒོ ་རླབས་ཆེ་བའི་སྐལ་བཟང་ཐོབ། དེ་ནས་རེ་ཞིག་གི་ཚེ་རྡོ་རྗེ་འཆང་ཆེན་པོའི་དགོངས་པ་ 3-1-190 རྫོགས་རྗེས་རྒྱལ་ཚབ་ཉིད་ཀྱི་ཁུ་བོ་བླ་མ་ཆོས་འཕགས་ཀྱིས་མཛད་སྐབས་གདུང་རྟེན་དུས་ ཀྱི་འཁོར་ལོའི་བློས་བསླངས་བཞེངས་དུས་སུའང་དམ་པ་འདི་ཉིད་ཀྱིས་ལས་ཚན་གྱི་ཞབས་ ཕྱི་སོགས་བགྱིད་པ་ན་ཆོས་འཕགས་པ་ཉིད་ཀྱི་དགོངས་བཞེད་ཇི་བཞིན་དུས་འཁོར་བློས་ བསླངས་ཀྱི་ཉེར་མཁོའི་ཐིག་རྩ་ལག་ལེན་སོགས་ཀྱི་གནད་མཐའ་དག་ལ་མྱོང་བས་རང་བྱན་ ཚུད་པར་གྱུར་ཏེ། དགུང་ལོ་ཉེར་དགུའི་སྐོར་ཙམ་ན་ཁོང་གིས་གཙང་བའི་རྡོ་རྗེ་སློབ་དཔོན་ ངག་དབང་ཆོས་འབྱོར་སོགས་སློབ་རིགས་པ་འགའ་ལ་རིག་པའི་གནས་སྣ་ཚོགས་དང་ཕུང་ པོ་ལྔའི་རབ་དབྱེའི་རྣམ་པར་བཤད་པའང་མཛད། དགུང་ལོ་སོ་གཉིས་སྐོར་དུ་འཛམ་ཐང་ གཙང་ཆེན་ཕོ་བྲང་དུ་ངག་དབང་ཆོས་ཀྱི་འཕགས་པའི་ཞལ་སྔ་ནས། དཔལ་དུས་ཀྱི་འཁོར་ ལོའི་བསྐྱེད་རྫོགས་ཀྱི་ཟབ་ཁྲིད་མཐོང་བ་དོན་ལྡན་གྱི་ཁྲིད་ཡིག་རྩ་བ་དང༌། ལྷན་ཐབས་ འོད་བརྒྱ་འབར་བ་དང༌། ཟུང་འཇུག་རབ་གསལ་གཉིས་འགྲེལ་བཤད་དུ་བྱས་པའི་སྒོ ་ནས་ ཐུན་མོང་སྔོན་འགྲོའི་རིམ་པ་དང་ཐུན་མོང་མ་ཡིན་པའི་བསྐྱེད་རྫོགས་ཀྱི་ཟབ་གནད་མཐའ་ དག་རྒྱུད་དོན་དང་མཐུན་པར་སློབ་བུ་དག་གིས་ཉམས་སུ་ལེན་ཤེས་ངེས་ཀྱི་ཚུལ་དུ་ཐོས་ བསམ་གྱིས་སྒྲོ་འདོགས་ལེགས་པར་བཅད་དེ་ཟབ་དོན་གཏན་འབེབས་མཆོག་ཏུ་གསན་ སྦྱང་ཁྱད་པར་བ་མཛད། གཞན་ཡང་དམ་པ་གང་ཉིད་ཀྱི་དྲུང་དུ། ཕྱོགས་རྒྱལ་གྱི་སྦྱོར་དྲུག་ ཐོག་མཐའ་བར་དགེ ལོ་ཆེན་རཏྣ་བྷ་དྲའི་སྦྱོར་དྲུག སྦྱོར་དྲུག་གི་འཁྲུལ་འཁོར་ལག་ལེན་ སོགས་ཆ་ལག་ཡོངས་སུ་རྫོགས་པ་དང༌། ཤངས་ཆོས་སྐོར། བདེ་མཆོག་ལྷ་ལྔའི་བསྐྱེད་རིམ། དེའི་རྫོགས་རིམ་ནཻ་གུའི་ཆོས་དྲུག་ཡོངས་རྫོགས་ཀྱི་ཟབ་ཁྲིད་ས་བཅད་ལག་ལེན་བཅས་ཆ་ ཚང༌། འཇིགས་བྱེད་ཀྱི་བསྙེ ན་སྒྲུབ་གཉིས་ཀའི་ཁྲིད་རྫོགས་རིམ་དང་བཅས་པ། བདེ་མཆོག་ ལྷན་སྐྱེས། གསང་འདུས་འཇམ་རྡོར་དང་མི་བསྐྱོད་རྡོ་རྗེ། རྒྱུད་སྡེ་ལྔའི་གཙོ་འདུས། དགྱེས་ པ་རྡོ་རྗེ། མ་ཧཱ་མ་ཡ། ཨུཥྞི་ཥ་རྭ་ལུགས། ཕྱག་རྡོར་ཨུ་ཙརྱ། འབྱུང་པོ་འདུལ་བྱེད། རྟ་མགྲིན་ 3-1-191 སྐྱེར་སྒང་ལུགས། རྡོར་ཤུགས་ཕུབ་ཆེན་དང་གཙོ་རྐྱང༌། དུས་འཁོར་ཁྱུང་ཁྲ། འཇམ་དབྱངས་ དམར་སེར། འཛམ་དཀར། སྒྲོལ་མ་དཀར་ལྗང༌། ཚེ་དབང་གྲུབ་རྒྱལ་ལུགས། མི་འཁྲུགས་ པ། མགོན་པོ་བྲག་རྫོང་མ་རྣམས་དབང་ཁྲིད་ཡོངས་རྫོགས་ཞལ་རྒྱུན་བཅས་དང༌། སྐྱེས་བུ་ གསུམ་གྱི་ལམ་རིམ་བློ་སྦྱོང་དོན་བདུན་མ་སོགས་བཤད་ཁྲིད་ཀྱང་ཆེས་མང་པོ་སོགས་མདོ་ དང་སྔགས་ཀྱི་ཟབ་མོའི་བཀའ་རྒྱ་ཆེར་ལེགས་གསན་མཛད་དོ། །འདི་སྐོར་ཁོང་ཉིད་སྡེ་དགེ་ ནས་མར་རང་ཡུལ་དུ་བྱོན་རྗེས་གོང་འོག་ཅི་རིགས་རྣམས་སུ་འཛམ་ཐང་ཆོས་རྗེའི་ཁང་ གསར་དུ་གཙོ་བོར་བཞུགས་ནས་སྔ་ཕྱི་ཡོངས་བསྡོམས་མི་ལོ་བཅུ་གཉིས་ཙམ་ལ་མདོ་ ཕྱོགས་བཀའ་པོད་སྤྱི་དང་ཁྱད་པར་ཕར་ཕྱིན་གྱི་གཞུང་ལུགས་བོད་ཕྱི་རབས་པ་རྗེ་ཡབ་སྲས་ ཀྱི་ཡིག་ཆ་རྣམས་དང་ཡང་སྒོས་ཀུན་མཁྱེན་བླ་མའི་ཡིག་ཆ་གཙོ་བོར་བྱས་ཏེ་དཔེ་ཆ་ལ་ཞིབ་ གཟིགས་གནད་ཁེལ་དང༌། དེ་མིན་སྔགས་ཕྱོགས་ཀྱི་སྡེ་སྣོ ད་ཅི་རིགས་ལའང་ཚུལ་དེ་མཐུན་ གྱིས་དཔེ་གཟིགས་ཞིབ་རྟོག་གི་སྒོ་ནས་མདོ་དང་སྔགས་ཀྱི་གཞུང་ལུགས་ཟབ་མོའི་དགོངས་ གནད་དཔྱིས་ཕྱིན་པར་ལོན་ངེས་བྱས་ཏེ་རིགས་པ་དྲི་མ་མེད་པའི་ལམ་ནས་བྱང་ཆུབ་ཅིང་དེ་ དག་གི་སྐབས་སྦྱང་བརྩོན་ཧ་ཅང་བྱེད་དྲག་པས་ཉིད་སྐུ་ལ་རླུང་ནད་ཀྱི་བསྙུན་གཞི་རྒྱུན་དུ་ བར་བར་བྱུང་བས་དབུ་ཞྭ་ཉིས་བརྩེགས་མནབ་པ་སོགས་ཀྱི་མཛད་སྒོ ་ཡང་གནང༌། བར་ བར་རྣམས་སུ་གཞན་ལ་དཔེ་ཁྲིད་རིག་གནས་སྣ་ཚོགས་ལེགས་བསླབ་མཛད་པ་སོགས་ ཀྱིས་གཞན་དོན་ཅི་རིགས་པ་ཡང་མཛད་ཅིང༌། ཁྱད་པར་ཁོང་ཉིད་དགུང་ལོ་བཞི་བཅུ་ལ་ སླེབས་སྐབས་སོགས་སུ་འཛི་ཉིན་ཕྱོགས་ཀྱི་བཀྲ་ཤིས་ལྷ་རིའི་དབེན་གནས་ཀྱི་ཆོས་སྡེ་ན་རྡོ་ རྗེ་འཆང་ཆེན་ངག་དབང་ཆོས་འཛིན་དཔལ་བཟང་པོ་བཞུགས་པའི་དྲུང་དུ་ཕེབས་ཏེ། རྒྱལ་ བ་ཇོ་ནང་པའི་བྱིན་རླབས་དོན་གྱི་བརྒྱུད་པའི་ཉམས་མྱོང་ཟབ་ཁྱད་ཅན་དམར་ཁྲིད་ལག་ ལེན་གྱི་སྒོ་ནས་དུས་ཀྱི་འཁོར་ལོའི་ཟབ་ལམ་སྦྱོར་བ་ཡན་ལག་དྲུག་གི་དབང་ཁྲིད་ཡོངས་ 3-1-192 རྫོགས་ལེགས་མནོས་མཛད་དེ་ཟབ་མོའི་ལམ་མཆོག་དེ་དག་ལ་སྐབས་ཅི་རིགས་པར་ ཉམས་ལེན་གནད་སྨིན་གྱིས་ལམ་རང་རང་གི་ཉམས་རྟོགས་རྣམས་ཐད་ཀ་ཐད་ཀར་ཇི་ བཞིན་སྐྱེས་ཏེ་ཚུལ་དེ་ལུགས་བཞིན་ཐུགས་དགོངས་སུ་ངོ་འཕྲོད་ནས་སྲོག་ཐུར་འདྲེས་པའི་ རྟགས་ཁྱད་པར་ཅན་སོགས་གསང་ཆེན་ཐེག་པའི་མངོན་རྟོགས་མཆོག་བརྙེས་པའི་རྡོ་རྗེ་ འཛིན་པའི་གོ་འཕང་བདག་གིར་བཞེས་ཤིང༌། གཞན་ཡང་དུས་སྔ་ཕྱི་ཅི་རིགས་སུ་རྡོ་རྗེ་ འཆང་ཆེན་པོ་གང་ཉིད་ཀྱི་མདུན་ནས་དཔལ་རྒྱུད་སྡེ་རབ་འབྱམས་ཡོངས་སུ་རྫོགས་པའི་ ཟབ་བཀའ་དབང་གི་ཆུ་བོ་མ་ལུས་པས་ཐུགས་རྒྱུད་ཉེ་བར་སྨིན་པའི་སྒོ་ནས་དབང་བཀའ་དེ་ དག་ལེགས་པར་ཞུས། དེ་མཚམས་རེ་ཞིག་ནས་དགེ་འཕེལ་རི་ཁྲོད་སོགས་སུ་རྟག་པར་ བཞུགས་ཏེ་སློབ་ཚོགས་ཆོས་ཚན་སྔ་ཕྱི་ཅི་རིགས་པ་རང་རང་སོ་སོ་ལ་ཐུན་མོང་རིག་གནས་ སྣ་ཚོགས་དང་ཐུན་མིན་དབུ་ཕར་སོགས་མདོ་ཕྱོགས་དཀའ་པོད་རྣམས་དང༌། སྔགས་རིམ་ ཆེན་མོ་སོགས་གསང་ཆེན་ཐེག་པའི་གཞུང་ལུགས་ཉེ་བར་མཁོ་བ་གང་དག་ཅི་དགོས་ཐམས་ ཅད་བཤད་ཁྲིད་ཟབ་རྒྱས་དང་གཞུང་ལུགས་དེ་དག་གི་དཀའ་གནས་རྣམས་ལེགས་པར་ བཀྲོལ་བྱེད་ཀྱི་ཁོང་གིས་བརྩམས་པའི་དབུ་ཕར་གྱི་རྣམ་བཤད་ཆེན་མོ་སོགས་དུས་སྙིགས་ མའི་དབང་པོ་རྟུལ་པོ་རྨོངས་པའི་རང་བཞིན་ཅན་དག་ལ་ཆེས་རབ་གསལ་བྱེད་པའི་ཞིབ་ བཤད་ཀྱི་ཡིག་ཆ་མང་པོ་གསར་འཇོག་གི་སྒོ་ནས་གདུལ་བྱ་སློབ་ཚོགས་ཀྱི་རྒྱུད་དང་མཐུན་ པའི་ཡང་དག་ཆོས་ཀྱི་ཉིན་བྱེད་འོད་སྣང་གིས་སློབ་རིགས་པ་གང་དག་གི་རྨོངས་མུན་གཞི་ ནས་གཞོམ་པར་མཛད་པ་དང་ཆབས་ཅིག་ཤེས་བྱའི་གནས་ལ་བློ་གྲོས་ཀྱི་སྒོ་ཀུན་ནས་བཀྲ་ བའི་རྣམ་པར་དཔྱོད་པའི་འདབ་བརྒྱ་ཀུན་ནས་རྒྱས་པར་མཛད་པའི་ངེས་དོན་བཤེས་གཉེན་ ཆོས་ཀྱི་ཉི་མ་ཆེན་པོའི་མཛད་བཟང་གི་སྤྱོད་པ་ལ་ལེགས་པར་གནས་ངོས་ནས་ཉིད་དགུང་ གྲངས་ཞེ་ལྔ་སོགས་སུ་ལྷ་རྩེ་སྐྱབས་མགོན་ཀརྨ་ཆོས་གྲགས་རྒྱ་མཚོའི་ཞབས་དྲུང་ནས་ཀྱང༌། 3-1-193 སྔགས་རྙིང་ཕྱོགས་ཀྱི་ཟབ་ཆོས་ཀར་གླིང་ཞི་ཁྲོ་སྐོར་གྱི་ཟབ་བཀའ་སྣ་ཚོགས་དང་ཁྱད་པར་ སྐྱབས་མགོན་ཉིད་ཀྱིས་ཆོས་སྐྱོང་ཁྱབ་འཇུག་ཆེན་པོའི་གཟའ་དབང་སྐུར་དུས་བཀའ་གཏད་ མཛད་ཚེ་མདུན་ཅོག་སྟེང་ལྷ་ཆེན་གཟའ་མཆོག་རཱ་ཧུ་ལ་དངོས་སུ་ཕབ་ནས་བསྲུང་བའི་ གཉེར་གཏད་ཁྱད་པར་བས་བཀའ་ལེགས་བསྒོ ་མཛད་ཅིང༌། འདི་སྐབས་གོང་འོག་ཅི་རིགས་ ཤིག་ཏུ་དམ་པ་མཆོག་གང་ཉིད་དགུང་གྲངས་ལྔ་བཅུ་ལ་ཉེ་སྐབས་ཙམ་ན་ཁོང་ལ་གསུང་མི་ འབྱོན་པའི་སྙུན་ནད་ཀྱི་རྣམ་པས་ཁམས་མི་བདེ་བ་བྱུང་ནས་སྐྱབས་མགོན་ཀྱི་སྐུ་དྲུང་དུ་རེ་ ཞིག་བཞུགས་སྐབས་ཉིན་ཅིག་གློ་བུར་དུ་མཚན་མོ་ཞིག་ལ་སྐྱབས་མགོན་ཉིད་གཅོད་ཆས་ དང་བཅས་ལེགས་ཕེབས་མཛད་དེ་དམ་པ་འདི་དང་མཉམ་དུ་ཕ་གི་ཆུ་མིག་ཅིག་ལ་ལན་ འགའ་ཁོང་རྣམ་གཉིས་ཀྱིས་ཕར་ཚུར་འགོམ་སྟབས་ཀྱི་མཐར་སྐྱབས་མགོན་ཉིད་གནས་དེ་ ཀར་བཞུགས་ནས་ཟབ་མོ་གཅོད་ཀྱིས་གཉན་ཆེན་མཐའ་གཏད་ཀྱི་ལས་ཚོགས་མཛད་པ་ན་ དམ་པ་འདིས་གུས་པས་ལེགས་ཉན་བྱས་རྗེས་ཁོང་རྣམ་གཉིས་འཕྲལ་དུ་རང་རང་གི་གནས་ སུ་བཞུད་ཅིང༌། དེའི་ཕྱི་ཉིན་ནངས་སྔ་མོར་དམ་པ་འདིས་ཉིད་ཀྱི་མཆེད་ཉེ་ཆར་ཡོད་པ་ལ་ད་ ལྟ་ཡི་གེ་འབྲི་གཞི་སཾ་ཊ་ཞིག་དགོས་ པའི་བརྡ་མཛད་པ་བཞིན་ཕྱག་ཏུ་ཕུལ་ཚེ་ཁོང་གིས་བླ་ མ་སྐྱབས་མགོན་ཉིད་ལ་གང་གི་གསང་གསུམ་གྱི་མཐུ་ནུས་རླབས་ཆེ་བས་ཁོང་ཉིད་ལ་ཕན་ ཐོགས་རྒྱ་ཆེར་བྱུང་ནས་སྐུ་གེགས་ལེགས་བསལ་གྱི་མཛད་སྒོའི་ཐད་ནས་ཆེ་བའི་བསྔགས་ བརྗོད་ཀྱི་བསྟོད་ཚིག་སྡེབ་ལེགས་སྙན་མཛེས་བསྡུས་གསལ་ཞིག་བྲིས་ཏེ་ལེགས་འབུལ་ གྱིས་བཀའ་དྲིན་ཉེ་བར་གསོ་ཐབས་ཀྱང་མཛད། དེ་ནས་བཟུང་སྐུ་གེགས་སངས་ཀྱིས་སོང་ སྟེ་སྐྱབས་མགོན་མཆོག་གི་མདུན་དུ་དེ་ཕན་ཁོང་རེབ་ཙམ་བཞུགས་ནས་ཕན་ཚུན་ཆོས་ བཀའ་ཟབ་མོ་གནང་རེས་དང་བཅས་ཐུགས་སྣང་གཅིག་འདྲེས་ཀྱི་སྒོ་ནས་དགྱེས་སྤྲོ་ཚད་ མེད་ཀྱི་ངང་ནས་གཏེར་ཆེན་རཏྣ་གླིང་པའི་ཕུར་བ་ཡང་གསང་གི་དཀྱིལ་འཁོར་བློས་ 3-1-194 བསླངས་ཀྱི་རྩིག་ཐབས་ལེགས་བཞེངས་མཛད་པ་སོགས་ཀྱིས་དགའ་སྟོན་བླ་ལྷག་པས་རེ་ ཞིག་བར་དུས་འདའ་བའང་བྱུང་ལ། དེ་རྗེས་སུ་སྐབས་འགའ་ཞིག་ན་སྔོ ན་བྱོན་གྲུབ་དབང་རྡོ་ བླའི་ལུང་བསྟན་བཞིན་དུས་སུ་བབ་སྟེ་དམ་པ་གང་ཉིད་ཀྱིས་རྡོ་སྟོད་གཡུ་ཐོག་དགོན་དུ་ སྔགས་ཀྱི་རྡོ་རྗེ་སློབ་དཔོན་མཛད་ནས་ནཱ་རོའི་ཆོས་དྲུག་གི་སྒྲུབ་གྲྭ་གསར་དུ་བཙུགས་ཏེ་དེར་ ཁོང་གིས་སྒྲུབ་པ་བཀའ་བརྒྱུད་པའི་རང་ལུགས་ཀྱི་ངེས་གསང་ཇི་བཞིན་ལྟར་གྱི་པཎ་ཆེན་ནཱ་ རོའི་ལུགས་ཀྱི་དབང་ཁྲིད་མན་ངག་གི་སྒོ་འཕར་ལེགས་ཕྱེ་མཛད་དེ་སྒྲུབ་སྡེ་པ་བླ་མ་མཐུ་ རྩལ་སོགས་ཀྱིས་ཆོས་ཚན་དང་པོ་བྱས་ཏེ་རིམ་བཞིན་སྒྲུབ་སྡེའི་ཆོས་ཚན་སོ་སོའི་རྒྱུན་ད་ ལྟའི་བར་བྱུང་བ་གང་དག་ལ་ཐོག་མའི་དུས་སུ་རང་རང་གི་ཁམས་དབང་དང་མཐུན་པའི་ ཉམས་ངོ་སྤྲོད་བོགས་འདོན་གེགས་སེལ་གྱི་རིམ་པ་ཅི་དགོས་ཐམས་ཅད་ཀྱིས་ཟབ་ཆོས་ སློབ་ཚོགས་ཀྱི་རྒྱུད་ལ་འབྱོར་ཞིང་གནད་དུ་ཁེལ་ངེས་བྱས་ཤིང་ལས་དང་པོ་པ་སྒོ མ་ཡུན་ཐུང་ བས་བློ་མི་སུན་པར་བྱས་ན་ཉམས་མྱོང་གི་འཆར་སྒོ་དོད་སླ་བ་སོགས་ལ་དགོངས་ནས་ཉིན་ རེར་ཐུན་དྲུག་གི་ས་བཅད་དང་ཁོང་ཉིད་དེར་བཞུགས་དུས་སློབ་བུ་རྣམས་དབང་ཁྲིད་སྤྱིས་ ལེགས་བསྐྱང་མཛད་པར་མ་ཟད་སྐབས་སྐབས་སུ་ཐུན་བར་རྣམས་ལ་ཆོས་ཕྱོགས་སུ་སྤྲོ་བ་ བསྐྱེད་ཕྱིར་སྔོན་བྱོན་གོང་མ་དག་གི་རྣམ་ཐར་སོགས་ཆོས་དང་མཐུན་པའི་གཏམ་བཟང་ པོས་ཡིད་ཚིམ་མཛད་ཅིང་ཐུགས་དགྱེས་སྤྲོའི་ངང་ཐབས་མཁས་ཀྱི་མཛད་སྒོ་དུས་དུས་སུ་ ལེགས་གནང་གིས་བཞུགས་ལ། དེ་མ་ཟད་ཟབ་ཆོས་འདི་ལ་ཉེར་མཁོའི་རིགས་ནཱ་རོ་ཆོས་ དྲུག་གི་སྤྱི་དོན་དང་སྒོམ་རིམ་གྱི་ཡིག་ཆ་གསར་འཇོག་མཛད་དེ་བཀའ་བརྒྱུད་དམ་པ་གོང་ མའི་མན་ངག་བསྲེ་བསླད་དང་བྲལ་ངེས་རང་རྐང་དུ་བཟུང་སྟེ་སྒོ་གང་ཐད་ནས་ཐུན་ཐུན་ མཚམས་ཀྱི་རིམ་པ་ལ་བྱ་བ་གང་དགོས་ཀྱི་བསྒྲིག་བཀོད་ཐམས་ཅད་ལེགས་པར་མཛད་པའི་ སྒོ་ནས་ཕྱག་ཆེན་བཀའ་བརྒྱུད་པའི་གསང་ཆེན་ཐེག་པའི་ཆོས་ཚུལ་ཆེར་སྤེལ་བྱས་ཏེ་བསྟན་ 3-1-195 འགྲོའི་དོན་རྒྱ་ཆེར་གོང་འཕེལ་དུ་མཛད་པའི་དབུ་ཉེ་བར་བཙུགས་པ་ནས་བཟུང་ཡུན་རིང་ པོའི་བར་དུ་དེ་ལུགས་ལྟར་གྱི་སྒྲུབ་པའི་སྡེ་ཡོངས་སུ་རྒྱས་པའོ། །སྒྲུབ་སྡེ་འདིའི་ཐོག་མའི་ དུས་ཁོང་ཉིད་བཞུགས་སྐབས་སློབ་ཚོགས་ལ་དབང་ཁྲིད་སོགས་ཟབ་རྒྱས་ཞིབ་བཤད་ཡང་ ཡང་གནང་བ་སོགས་ཀྱི་ཚེ་སྐབས་རེ་ཞིག་ལ་ཁོང་ཉིད་ཀྱི་ཐུགས་སློབ་ཉེ་འཁོར་ན་གནས་པ་ འགའི་སེམས་ལ་བླ་མ་ཁོང་ཉིད་ཆོས་འདིའི་བཤད་ཁྲིད་ལ་འདི་འདྲ་མཁས་ཀྱང་དབང་ལུང་ ཁྲིད་དང་ཉམས་མྱོང་སོགས་ག་འདྲ་ཡིན་ཨང་སྙམ་པའི་དོགས་པ་སྐྱེས་ཚེ། དེ་མ་ཐག་ཁོང་གི་ ཞལ་ནས། འོ་ཁྱོ ད་རང་ཚོས་དེ་འདྲའི་དོགས་པ་སྐྱེ་མི་དགོས་དང༌། ཆོས་འདིའི་དབང་ཁྲིད་ སོགས་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེའི་དྲུང་ནས་མན་ངག་བཅས་ཇི་བཞིན་ལེགས་པར་ མནོས་ཤིང༌། རང་གིས་ཉམས་ལེན་ཡང་དེ་ལུགས་ལྟར་བགྱིས་པས་དེང་དུས་ལ་ལྟོ ས་ན་ཟབ་ ཆོས་གང་དག་ལ་ཉམས་མྱོང་གི་སྒོ་ཡང་རྒྱུན་མ་ཆད་པ་ཙམ་རང་ལ་ཡོད་པས་ཀུན་གྱིས་ཡིད་ ཆེས་པར་མཛོད་ཅིག །ཅེས་སོགས་གསུང་གནང་ཟབ་མོས་སློབ་ཚོགས་གང་དག་གི་རེ་བ་ཇི་ བཞིན་སྐོང་བར་མ་ཟད་སློབ་བུ་དེ་དག་བག་འཁུམ་ཞིང་སེམས་གཟེངས་པའི་ངང་ནས་ཡིད་ ལ་རྣམ་རྟོག་ངན་པའི་འགྱུ་སྒོ་རང་ཤུགས་བསྡམས་ཏེ་སྒོ་གསུམ་གྱི་སྤྱོད་པ་ཀུན་ནས་བག་ ཡོད་པའི་བརྟུལ་ཞུགས་ལ་རང་དབང་མེད་པར་ལེགས་གནས་མཛད་པར་གྱུར་ཏོ། །འདི་ སྐབས་ཤིག་ལ་དགོན་པའི་ནུབ་ཕྱོགས་སུ་ཁོང་གིས་ཐིག་རྩ་བ་མཛད་དེ་མཆོད་རྟེན་ཆེ་བ་ ལེགས་བཞེངས་གནང༌། སྡེ་དགེའི་ཏཱའི་སི་ཏུ་པདྨ་དབང་མཆོག་རྒྱལ་པོ་ལ་ཡོངས་འཛིན་གྱི་ ཕྱིར་རྗེ་འདི་གདན་འདྲེན་ཞུས་ཀྱང་མ་ཕེབས་པ་ཡིན། དགུང་ལོ་ལྔ་བཅུའི་ནང་སྐོར་གྱི་རེ་ ཞིག་མཚམས་ནས་བར་འགའ་མ་གཏོགས་དགེ་འཕེལ་རི་ཁྲོད་སོགས་དབེན་གནས་འདུ་ འཛི་དང་བྲལ་བར་རྒྱུན་བཞུགས་མཛད་དེ་སློབ་ཚོགས་ཅི་རིགས་ལ་རྟག་པར་རང་རང་གི་རེ་ བའི་འདོད་པ་བཞིན་གྱི་ཆོས་སྦྱིན་ཟབ་མོ་ལེགས་གནང་གི་མཛད་ཕྲིན་ནམ་ཡང་ཆད་མེད་ཀྱི་ 3-1-196 ངང་ནས་སྤྱིར་ན་རྗེ་ཉིད་ཀྱིས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ལ་ཆེས་གསལ་གྱི་བྱ་བ་རྒྱ་ཆེན་ མཛད་རིམ་ཡང་རྒྱལ་བ་ཐུབ་དབང་མཆོག་གི་བཀའ་བར་བའི་དགོངས་པ་སྣང་མེད་དབུ་ུམ་ རང་སྟོང་གི་ལྟ་གྲུབ་འཛིན་པ་བོད་ཕྱི་རབས་པ་རྗེ་ཡབ་སྲས་རྗེས་འབྲང་ཡིག་ཆ་དང་བཅས་ པའི་བཞེད་དགོངས་ཇི་བཞིན་གསལ་བར་བྱེད་པའི་བསྟན་བཅོས་མདོ་ཕྱོགས་དཀའ་པོད་ལྔ་ ལས་ཕར་ཕྱིན་གྱི་འགྲེལ་བཤད་ཆེས་ཤིན་ཏུ་རྒྱས་པ་གླེགས་བམ་པོད་ཆེན་དྲུག་དང་ཕར་ཕྱིན་ འགྲེལ་ཆུང་དུམ་གཅིག་མ་དང་ཆོས་མངོན་མཛོད་ཀྱི་དགོངས་འགྲེལ་ཕུང་ལྔའི་རྣམ་བཤད་ འཇིག་རྟེན་ཁམས་ཀྱི་ཞིབ་བཤད་སོགས་དང་ཚད་དགོངས་གཙོར་བྱས་བཀའ་པོད་ལྔའི་ དགོངས་འགྲེལ་མཆོག་གྱུར་སྔོན་མེད་ཀྱི་ལེགས་བཤད་བསྡུས་གྲྭའི་སྤྱི་ཟུར་ལྷན་ཐབས་ བཅས་དང་འདུལ་བ་ལ་ཉེར་མཁོ་དགེ་ཚུལ་སློང་གི་ཕྱིར་བཅོས་ཀྱི་ལས་ཆོག་སོགས་དང་ བཀའ་བར་བའི་དགོངས་འགྲེལ་དབུ་མ་རིག་ཚོགས་ཀྱི་དགོངས་དོན་སློབ་དཔོན་ཟླ་བའི་ ཞབས་ཀྱིས་ཇི་བཞིན་བཀྲལ་བ་ལྟར་བོད་ཕྱི་རབས་པའི་དགོངས་བཞེད་ཀྱི་རྗེས་སུ་འབྲངས་ ཏེ་ཞིབ་རྒྱས་སུ་ལེགས་པར་བཤད་པ་དབུ་མའི་བསྟན་བཅོས་པོད་ཆེན་གཉིས་སོགས་རྒྱལ་ བའི་དགོངས་པ་མཚན་ཉིད་ཐེག་པ་ཕྱོགས་ཀྱི་ཚུལ་ཡོངས་གྲགས་ལྟར་ཆེས་གསལ་མཛད་ ཅིང༌། ཁྱད་པར་ཀུན་མཁྱེ ན་ཇོ་ནང་པ་ཡབ་སྲས་བརྒྱུད་འཛིན་དང་བཅས་པའི་བཀའ་ཐ་མ་ ཕྱིར་མི་ལྡོག་པ་ངེས་དོན་དབུ་མ་ཆེན་མོའི་རང་ལུགས་ལས་བརྩམས་ཏེ་མདོ་ཕྱོགས་ལམ་ རིམ་རྒྱས་འགྲེལ་ཆེན་མོ་དང་སྔགས་ཕྱོགས་རྒྱུད་སྡེ་སྤྱིའི་དབང་ཆོག་རྡོ་རྗེ་ཕྲེང་བ། བདེ་ མཆོག་རབ་འབྱམས། དུས་འཁོར་དབང་ཆེན་རྣམས་ཀྱི་ཆོ་ག་ཞིབ་རྒྱས་སུ་བཀྲལ་བ་དང༌། དུས་འཁོར་ཆོ་གའི་གསལ་བྱེད་སྔོན་འགྲོའི་ཁྲིད་རྒྱས་པ་བསྐྱེད་རྫོགས་ཀྱི་རྣམ་བཤད་ཆེན་མོ་ གཉིས། སྒོ མ་རིམ། ཧཀྵའི་རྣམ་བཤད། བླ་རྣམ་གྱི་འབྲུ་འགྲེལ། དཀྱིལ་འཁོར་རྒྱ་མཚོའི་ ཐིག་ཡིག་སོགས་རང་ལུགས་སྒྲུབ་བརྒྱུད་ཀྱི་བསྟན་པ་སྒོ་ཀུན་ནས་གསལ་བྱེད་ཀྱི་ལེགས་ 3-1-197 པར་བཤད་པ་ཆེས་མང་པོ་དང༌། རང་རེའི་ཆོས་ལུགས་ལ་རྒོལ་བ་ལུང་རིགས་ཀྱིས་ཚར་ བཅད་པ་སོགས་ཀྱི་མཛད་སྒོ ་ངེས་པར་གནང་བ་དང༌། གཞན་ཡང་བསྟན་པ་རིས་མེད་ཕྱག་ ཆེན་བཀའ་བརྒྱུད་པའི་གསང་ཆེན་ཟབ་མོའི་ཐེག་པ་གསལ་བར་བྱེད་པའི་ནཱ་རོའི་ཆོས་དྲུག་ གི་སྒོ མ་རིམ་སྤྱི་དོན་ཆ་ལག་སྐོར་སོགས་དང༌། སྔགས་རྙིང་ཕྱོགས་ཀྱི་འོད་གསལ་རྫོགས་པ་ ཆེན་པོའི་ལྟ་བ་རྣམ་མཁྱེན་དུ་སྒྲུབ་པའི་རིགས་པ་བདུན་ཕྲག་གི་ངེས་པ་རང་སྟོབས་ཀྱིས་རྙེད་ དེ་གནས་ལུགས་གདོད་མ་ཀ་དག་གི་གསང་ལམ་ཆེས་ཟབ་པའི་གནད་དོན་ལ་མྱོང་བས་རང་ བྱན་ཚུད་པའི་སྒོ་ནས་གསང་ཆེན་མཆོག་གི་ཆོས་སྒོ་ཉེ་བར་སྤེལ་ཆེད་ཀར་གླིང་ཞི་ཁྲོའི་ཁྲིད་ ཡིག་དཀྱིལ་འཁོར་བྲི་ཐིག་རྩིག་ཐབས་ཀྱི་ཚུལ་རྣམ་བཤད་ཁྲིད་ཡིག་འདོན་ཆ་སྣ་ཚོགས་ སོགས་མདོར་ན་མདོ་སྔགས་ཀྱི་བསྟན་པ་སྤྱི་ལ་རླབས་ཆེན་གྱི་བྱ་བ་བྱས་པར་མ་ཟད་ཐུན་ མོང་རིག་གནས་རྩིས་དཀར་ནག་ལ་ཉེར་མཁོའི་རིགས་དུ་མ་དང་ཐ་ན་གྲོང་ཆོག་གི་ཆོ་གའི་ འདོན་འགྲིག་ཚུན་ཆད་བསྟན་འགྲོ་ལ་ཕན་པའི་སྒོ་གང་ཐད་ནས་འདི་མ་མཛད་སྙམ་པ་མེད་ ངེས་ཀྱི་ཚོད་དུ་འདུག་པའི་མཛད་སྒོ ་ཆེ་ཞིང༌། ཁོང་གི་སྐུ་ཚེ་འདི་སྐོར་ཀུན་ཏུ་སྤྱིར་ན་སློབ་ ཚོགས་ཆོས་ཚན་དུ་མ་ལ་རང་རང་དང་འཚམས་པའི་གཞུང་ལུགས་ཀྱི་བཤད་ཁྲིད་ཉིན་རེ་ བཞིན་དང་དེའི་སྔ་ཕྱི་གཉིས་སུ་གསུང་རྩོམ་ལྡེབ་མདའ་ཚད་མ་སུམ་ཅུ་ཙམ་རེ་རྒྱུན་རྩོམ་དང་ ཡོན་ཆབ་སྟོང་ཕྲག་རེ་རྒྱུན་བཤམས་ཆག་མེད་ལྟ་བུ་བྱས་ཏེ་ཁྱོན་ཡོངས་བསྡོམས་གླེགས་ བམ་པོད་ཆེན་ཉེར་གཅིག་ལྷག་གི་གསུང་རྩོམ་མཛད་པ་སོགས་རྣམ་དཀར་རླབས་ཆེ་བའི་ དགེ་ལ་རྟག་པར་གཞོལ་ཞིང༌། ཁོང་གིས་ཉིན་གྱི་ཆོས་སྤྱོད་དེ་འདྲའི་ངང་ནས་མཚན་མོ་ གཟིམས་མལ་དུ་ལྗགས་བསྙེན་རྒྱུན་བཟླས་ཆད་མེད་མཛད་པས་སྐུ་ཚེ་གང་བོར་ཨ་ར་པ་ཙ་ དུང་ཕྱུར་དྲུག་དང་ཧ་ཀྵ་དུང་ཕྱུར་གཅིག་སོགས་ཡི་དམ་གྱི་བསྙེན་པ་སྣ་ཚོགས་དུང་ཕྱུར་བཅུ་ གསུམ་ཙམ་བསྙེ ན་བཟླས་མཛད་ཅིང༌། དེ་འདྲའི་མཛད་ཆེན་གྱི་ལོང་སྐབས་བྱུང་བ་ནི་ངེས་ 3-1-198 པར་སོ་སྐྱེས་ས་ལས་རྣམ་པར་འདས་ཤིང་འཕགས་པ་མཆོག་གི་མཛད་བཟང་ལ་ངེས་པར་ གནས་པའི་རྟགས་ཁྱད་པར་བ་སྟེ། ཁོང་གི་ཞལ་ནས། མཛད་པ་དེ་འདྲ་རླབས་ཆེ་བ་རྣམ་ གཡེང་མཐའ་དག་སྤངས་པའི་ཀུན་བཟང་གི་སྤྱོད་པ་ཆེས་ཁྱད་པར་ཅན་དུ་ངེས་པར་གསུངས་ པ་ཉིད་ཀྱི་ཕྱིར། རྒྱལ་བའི་དགོངས་འགྲེལ་གཞུང་ལུགས་དེ་དག་གི་དགོངས་གནད་ཀྱི་དོན་ ཡང་ཁོང་ཉིད་ཀྱི་ཉིན་གྱི་ཐུགས་སྣང་དང༌། མཚན་མོ་རྨི་ལམ་འོད་གསལ་གྱི་ངང་ཅི་རིགས་ལ་ ལྷག་པའི་ལྷ་འཇམ་དཔལ་དང་དབྱངས་ཅན་ལྷ་མོ་དངོས་ཀྱིས་ཞལ་ཉེ་བར་བསྟན་ནས་ཟབ་ དོན་གྱི་གནད་ལེགས་བཀྲོ ལ་དུས་དུས་སུ་མཛད་ཅིང༌། བར་འགའ་ལ་འཇམ་དབྱངས་བཞད་ པ། སྐལ་བཟང་གོ་ཤྲི༑ ཐུའུ་བཀྭན་ཐམས་ཅད་མཁྱེ ན་པ་སོགས་སྔོ ན་བྱོན་མཁས་པའི་དབང་ ཕྱུག་གང་དག་དང་ཞལ་འཕྲད་ཀྱི་དག་སྣང་གི་སྒོ་ནས་ཕན་ཚུན་ཆོས་ཀྱི་ཟབ་དོན་ལ་བརྒལ་ བརྟག་གིས་ཐག་ཆོད་མཛད་ནས་གནད་འགག་འཁྲོལ་དཀའ་བའི་གཞུང་དོན་ལ་ངེས་པར་ ཟབ་མོ་དཔྱིས་ཕྱིན་ལེགས་འཁྲུངས་ཀྱི་སྐལ་བ་བཟང་པོ་དུས་དུས་སུ་ཐོབ་པར་མཛད་པའི་ ལེགས་སྒོ ་ཁྱད་མཚར་ཅན་མངའ་ཞིང༌། དེ་ཡང་འཇམ་དབྱངས་ཀྱི་རྣམ་པར་འཕྲུལ་བ་གང་ དག་ལ་འཇམ་དཔལ་དཔའ་བོའི་ཞལ་གཟིགས་ཀྱི་རྣམ་པར་རོལ་པའི་མཛད་སྒོ་ཉེ་བར་སྟོན་ པའི་བརྫུ་བག་ཏུ་འཕྲུལ་བ་བཞིན་ནོ། །དམ་པ་མཆོག་གང་གི་ཐུགས་ལ་འཁྲུངས་པའི་ཟབ་ མོ་གནས་ལུགས་ཀྱི་ལྟ་བའི་གཙོ་བོ་སྐུ་ཚེ་སྟོད་དུ་དབུ་མ་རིག་ཚོགས་ཀྱི་དགོངས་པ་ལྟར་ དཔྱད་སྒོམ་གྱིས་སྤྲོས་བྲལ་ཟབ་མོའི་གནས་ལུགས་ཇི་བཞིན་མངོན་དུ་བྱས་ཚོད་དུ་འདུག་ ཀྱང་མཐར་ཐུག་གནས་ལུགས་དངོས་ལ་རེག་སྐབས་རང་ལུགས་སྤྲོས་བྲལ་མི་རྟོག་མཆོག་ གི་རང་ཞལ་རང་ས་ནས་མཇལ་བ་དང་རྣམ་པ་ཀུན་ནས་ཁྱད་མེད་དུ་སོང་སྟེ་གདོད་མའི་ནང་ དབྱིངས་ཉག་གཅིག་ཏུ་དགོངས་ཆུབ་དེ་ལུགས་ལྟར་ཁོ་ན་ཉིད་དུ་གཤིས་ཐོག་གཅིག་པུར་ གྲོལ་ཞིང༌། ཁོང་གི་ཞལ་ནས། གསལ་ཉམས་གཅིག་གི་ངང་ལས་ཕ་གི་མདུན་རིའི་རྡུལ་ཕྲ་ 3-1-199 རབ་ཀྱི་གྲངས་ཆོད་ནུས་ཚུལ་ཞིབ་པར་གསུངས་པ་ལྟར་ཐུགས་ལ་ཏིང་ངེ་འཛིན་ཀྱི་སྒོ་ངོ་ མཚར་བ་མཐའ་ཀླས་པ་འཁྲུངས་ནས་དེའི་ངང་དུ་མཉམ་པར་བཞག་པས་ཚེ་རབས་སྔོན་གྱི་ གནས་མདོ་ཁམས་བྱང་གི་བླ་བྲང་དགོན་གྱི་ཆོས་གྲྭ་ཡོངས་རྫོགས་ཀྱི་གནས་ཚུལ་གསལ་བོ་ སོགས་དང༌། ད་ལྟའི་ཁོང་གི་ཉེ་འཁོར་བ་དག་གི་སེམས་ཀྱི་འགྱུ་སྒོ ་འདྲ་མིན་སྣ་ཚོགས་དང་ ལྐོག་གྱུར་གྱི་ལས་ཀ་མང་པོའི་ཡིན་ལུགས་དང་མ་འོངས་འབྱུང་འགྱུར་གྱི་བདེ་སྡུག་ཇི་ལྟར་ ཡོང་བའི་ཚུལ་གསལ་བོ་སོགས་དུས་གསུམ་དུ་གཏོགས་པའི་ལྐོག་གྱུར་གྱི་གནས་ཚུལ་ཇི་ བཞིན་ལེགས་གཟིགས་མཛད་པའི་ལོ་རྒྱུས་བསྙོན་མེད་རྫུན་དང་བྲལ་བ་ཆེས་མང་ཡོད་ལ། ཁོང་གིས་ཕྱག་བཟོའི་རས་ཁ་གང་མའི་གཞི་ཁྱོན་ལ་དུས་ཀྱི་འཁོར་ལོའི་ཐུགས་གསུང་སྐུའི་ དཀྱིལ་འཁོར་ཡོངས་རྫོགས་ཐིག་ཚད་དང་ལྡན་པ་དང༌། གཞན་ཡང་རྒྱུད་སྡེ་སྤྱིའི་ཕྱི་དཀྱིལ་ གྱི་བཀོད་པ་ཀུན་ནས་ཚང་བ་སོགས་སྤར་གཞི་ངོ་མཚར་བ་དུ་མ་ལེགས་བསྐྲུན་མཛད་ཅིང་ ཁྱད་པར་སྔར་སྡེ་དགེར་བཞུགས་སྐབས་སྒྲོལ་མ་རྣལ་འབྱོར་མའི་རྒྱུད་མཆན་བུ་ཅན་འཇམ་ མགོན་ཏཱ་ར་ནཱ་ཐས་ཕྱག་བྲིས་ཏེ་ཀོང་སྤྲུལ་གྱི་ཐུགས་དམ་འབྲལ་མེད་གཟིམས་ཁང་ལས་ ཕྱིར་མི་ཕུད་པ་དེ་ལྡེབ་ཐུང་བརྒྱ་ཙམ་ནུབ་གཅིག་ལ་དཔལ་འབར་ལ་བརྟེན་ནས་དཔེ་བྱས་ཏེ་ ཕྱག་བྲིས་ལེགས་ཟིན་ནུས་པ་སོགས་མཛད་སྒོ་ཆེ་བ་གང་ཐད་ནས་རྩོལ་སྒྲུབ་ཇི་ལྟར་བྱས་ ཀྱང་ལུས་སེམས་ཀྱི་ཤིན་སྦྱངས་ཁྱད་པར་བ་གྲུབ་པས་དཀའ་ངལ་གང་ཡང་གཞི་ན་མི་འདུག་ ཅིང༌། མཐུ་ནུས་ཡང་འཇམ་དབྱངས་ཀྱིས་རྗེས་བཟུང་མི་ཕམ་རྣམ་པར་རྒྱལ་བ་དང་ནུས་པ་ འགྲན་སྐབས་མི་ཕམ་གྱི་ངག་ནུས་ཟབ་མོས་སེར་བ་ཤུགས་དྲག་སྐད་ཅིག་ལ་ཕབས་དུས་ དམ་པ་ཁོང་གིས་དེ་མ་ཐག་མནབ་སྟོད་བརྡབ་ཆོག་གིས་ཉི་མ་ཤར་བར་བྱས་པ་དང༌། མི་ ཕམ་གྱི་ཞལ་ནས། ང་མཁས་པ་མང་པོ་དང་མཇལ་ཡང་འཛམ་ཐང་བ་དགེ་ལེགས་ལྟ་བུའི་ མཁས་མཆོག་དེང་སང་མཇལ་དཀའ་བས་ངས་ཀྱང་བརྒལ་བརྟག་གིས་ཁོང་ལ་ལན་སྤོབས་ 3-1-200 ཆེར་མི་ནུས་ཞེས་བསྔགས་བརྗོད་བྱས་པའི་ལོ་རྒྱུས་བཤད་དུ་ཡོད་ལ། ཁོང་ཉིད་མ་ཡུམ་ འདས་པའི་རུས་ཆོག་ཏུ་བཞུགས་སྐབས་དཀྱིལ་འཁོར་དུ་བུམ་པ་རྫས་ལྡན་བཞག་པ་ལ་བུམ་ ཆུ་རང་ཁོལ་བྱུང་ཞིང༌། རུས་ཚྭ་རྣམས་ཆེས་འོད་འཚེར་ཞིང་གསལ་བའི་རང་བཞིན་ཤེལ་ མདོག་ཏུ་དངོས་སུ་གྱུར་ཏེ། རྒྱུད་ལས། དེ་ནས་མཆོད་རྟེན་འབར་གྱུར་ཏམ། །ཞེས་སོགས་ གསུངས་པ་ལྟར་གྱི་འགྲུབ་རྟགས་ཁྱད་པར་བ་ངེས་པར་བསྙོན་མེད་དུ་དེར་གནས་ཀུན་ཀྱི་ མཐོང་སྣང་མཉམ་པོར་བྱུང་ལ། གཞན་ཡང་རྣམ་པར་དཀར་བའི་མཛད་སྒོ ་ཁོང་གི་མཆེད་བླ་ མ་ཟླ་གྲགས་ལ་མཁས་གྲུབ་རྗེས་མཛད་པའི་དུས་འཁོར་འགྲེལ་ཆེན་གྱི་ཡི་གེ་གླེགས་པོད་ཆ་ ཚང་བྲི་བཞེངས་ཀྱི་བསྐུལ་མ་མཛད་པ་སོགས་སྐུ་གསུང་ཐུགས་རྟེན་ཅི་རིགས་པ་ལེགས་ བསྐྲུན་གྱི་བསོད་ནམས་བསགས་སྒོ ་ཡང་བྱས། ཁོང་ཉིད་ཀྱི་ཐུགས་སློབ་ཀྱི་རིམ་པ་ཡང་ལུང་ དང་རིགས་པ་སྨྲ་བའི་སྐྱེས་ཆེན་དམ་པ་ཕུར་རྩ་བླ་མ་བློ་རྒྱམ། རི་འཕོངས་བླ་མ་ངག་བསྟན། འཛམ་ངོས་བླ་མ་ངག་དབང༌། མགོ་ལོག་བླ་མ་ཚོགས་རྒྱམ། མུ་ར་བླ་མ་མཐུ་རྩལ། ལྷ་སྐོར་ བླ་མ་ཀུན་བཟང༌། ཆོས་ཤུལ་བླ་མ་བྱམས་པ། ཀ་ཐོག་བླ་མ་འཇིགས་གྲོལ། ངང་བ་བླ་མ་ ངག་བསྟན། རྒྱ་ཚོགས་བླ་མ་སྒྲ་དབྱངས། རོང་བ་བླ་མ་རབ་ལྡན། ཆོས་རྗེའི་ལུང་མཁས། ཡུ་ ངོག་སྤྲུལ་སྐུ་བློ་བཟང༌། གསེར་དུང་དཀར་དབོན་པོ་དང༌། ཀེ་རྒྱ་བླ་མ་བསོད་ནམས་དབང་ ཕྱུག་སོགས་དོན་གཉིས་མི་དམན་པའི་འགྲོ་ཕན་གྱི་མཛད་སྒོ་ཅན་བསྟན་པའི་རྩ་ལག་ཏུ་འོས་ པ་མང་པོ་ཞིག་ཡོད་ལ། དེ་དག་ཡང་དག་ཆོས་ཀྱིས་ལེགས་བསྡུ་མཛད་དེ་གང་ལ་གང་འདུལ་ གྱིས་རྗེས་སུ་བཟུང་སྟེ་ཐབས་མཁས་པའི་མཛད་པ་མཆོག་གིས་ལེགས་བསྐྱང་གི་སྒོ་ནས་ སློབ་ཚོགས་སོ་སོ་ལ་མི་བདེ་བ་ཇི་ལྟར་འབྱུང་ཉེ་བ་གང་དག་ལ་བསྲུང་རིམ་ཆེ་བའི་སྟབས་ གཟབ་ཅི་ཡང་མི་དགོས་པར་ཁོང་ཉིད་གྱིས་ཐུགས་ཁྲོས་ཚུལ་དྲག་པོའི་རྔམ་སྟབས་ཀྱིས་ བཀའ་བཀྱོན་གཤེ་བའི་དྲག་སྔགས་མཆོག་གི་བཀའ་བསྒོ་བ་ཙམ་གྱིས་འབྱུང་འགྱུར་གྱི་བར་ 3-1-201 ཆད་མཐའ་དག་ལེགས་བསལ་མཛད་ཅིང༌། ཉིད་ཀྱིས་སློབ་ཚོགས་དབང་པོ་རབ་འབྲིང་ཐ་ མའི་རྒྱུད་དང་མཐུན་པར་དེ་ལུགས་ལྟར་གྱི་རྗེས་བཟུང་མཛད་པས་རང་རང་གི་རྒྱུད་དང་ འཚམས་པའི་ཡོན་ཏན་གྱི་སྒོ་ཡང་ཚུལ་དེ་ལུགས་བཞིན་སློབ་བུ་དག་གི་རྒྱུད་ལ་འབྱོར་ངེས་ སུ་འདུག་པ་ཀུན་གྱིས་ཤེས་གསལ་ལྟར་དང༌། གཞན་ཡང་སྨྱོ་ནད་ཀྱིས་བཏབ་པའི་མི་གཉིས་ ཙམ་ཁོང་གིས་ཐབས་མཁས་ཀྱིས་རྗེས་བཟུང་མཛད་པས་མི་དེ་གཉིས་དྲན་པ་སླར་རྙེད་དེ་ རང་བཞིན་པར་གྱུར་པ་སོགས་གདུལ་བྱ་རྗེས་བཟུང་གི་མཛད་སྒོ་གཞན་ལས་ཁྱད་པར་དུ་ འཕགས་པ་ཞིག་སྟེ། ཁོང་ཉིད་དགུང་ལོ་ང་དྲུག་གི་སྐོར་དུ་འཛམ་ཐང་གཙང་བའི་རྡོ་རྗེ་སློབ་ དཔོན་རྟོགས་པའི་སྒོ ་རབ་ཏུ་ཡངས་པ་ངག་དབང་དོན་ལྡན་གྱིས་ཞུས་ངོར་བྱས་ཏེ། གང་གིས་ དུས་འཁོར་སྦྱོར་དྲུག་གི་སྤྱི་དོན་རང་སྟོང་གཞན་སྟོང་གི་ཁྱད་ལེགས་ཕྱེ་མཛད་པའི་སྒོ་ནས་ ཞིབ་བཤད་ཀྱི་ཡིག་ཆ་པོད་གཅིག་གསུང་རྩོམ་མཛད་དེ་དེའི་བཤད་ཁྲིད་གཙང་བའི་གྲྭ་ཚང་ གི་འདུ་ཁང་ཆེན་མོར་སྐྱེས་ཆེན་དམ་པ་མང་པོས་དབུར་བཅས་འདུས་སྡེ་བརྒྱ་ཕྲག་ལྷག་ཙམ་ ལ་ཟླ་བ་གཉིས་ཀྱི་རིང་དུ་གསང་ཆེན་ཐེག་པའི་ཆོས་སྒོ ་རྒྱ་ཆེར་ལེགས་ཕྱེ་མཛད་ལ། དགུང་ ལོ་ང་དྲུག་གི་རྗེས་སམ་གོང་འོག་ཅི་རིགས་སུ་འཛམ་ཐང་གཙང་ཆེན་ཕོ་བྲང་དུ་ཉིད་ཀྱིས་ དཔལ་འཁོར་ལོ་སྡོམ་པ་གྲུབ་ཆེན་ནག་པོའི་ཞབས་ལུགས་ལྟར་དཀྱིལ་འཁོར་གྱི་བློས་ བསླངས་ཕྱི་ནང་གི་བཀོད་པ་ཡོངས་སུ་རྫོགས་པ་བཞེངས་པའི་ཐིག་ཚད་ཀྱི་སློབ་དཔོན་ མཛད་ནས་གྲུབ་རྗེས་རབ་གནས་ཀྱི་སྐབས་དགེ་ལེགས་ཀྱི་ལྟས་མཚན་མི་དམན་པ་ལྔ་བྱུང་ བ་སོགས་ངོ་མཚར་བའི་ལྟས་མང་པོ་དང་བཅས་རྟེན་ཕུལ་དུ་བྱུང་བའི་བསོད་ནམས་ཞིང་ མཆོག་གིས་བསྟན་འགྲོ་ལ་ཕན་པ་རླབས་ཆེ་བ་བྱུང༌། འདི་སྐོར་ཅི་རིགས་སུ་ཁོང་ཉིད་མཁར་ རྒུ་ང་རོས་གདན་འདྲེན་མཛད་ནས་དེ་ལ་སྲུང་རིམ་བཀའ་བརྒྱད་ཀྱི་གཏོ་སྒྲུབ་གསུང་སྐབས་ ཉིད་ཀྱི་ཞལ་ནས། ད་ལན་རང་ཅག་གིས་ལས་མཐའ་འདུལ་དཀར་ཁོ་ན་ལས་འདུལ་ནག་ 3-1-202 འདོན་མི་ཉན་གསུངས་ཀྱང་ཀུན་གྱིས་ནན་ཞུས་ཀྱིས་འདུལ་དཀར་ནག་གཉིས་ཀ་འདོན་ དགོས་བྱུང་བས་སྐབས་དེའི་ནད་པ་མ་འཚོ་བ་སོགས་ཀྱིས་གསུང་ཐོག་ཁེལ་དང༌། ཡང་སྐོར་ ཞིག་ཏུ་ན་མདའ་ཕྱོགས་ཀྱི་མི་ཁྱིམ་ཞིག་ལ་རྐྱེན་སེལ་གཏོ་སྒྲུབ་མཛད་སྐབས་ཁོང་གིས་དབུ་ བླར་བཞུགས་བཞིན་ཡི་གེ་འབྲི་བ་སོགས་གཡེང་བའི་ཟོལ་གྱིས་གནས་པ་ལ་གྲྭ་འཁོར་དག་ གིས་དེ་ལུགས་མི་འོས་ཚུལ་གྱི་སྙན་ཞུ་ཕུལ་ཚེ་གང་ཉིད་ཀྱིས་ཐུགས་ཁྲོ་ཚུལ་བཞེས་ཏེ་ཀུན་ ལ་བཀའ་བཀྱོན་དྲག་པོ་གནང་བའི་རེ་ཞིག་ན་ཞལ་ནས། ད་ལན་འདི་ཚང་ལ་མི་གེགས་ནོར་ ལ་སྤོར་ཡོད་པས་སྐོར་གཅིག་ཏུ་མི་ལ་འཚེ་ངོ་བྲལ་ཡང་ད་དུང་རྗེས་སོར་མ་གཟབ་ན་འཚེ་ བའི་གནོད་པ་ཆེ་ཚུལ་ཞིབ་པར་གསུངས་པ་ལྟར་ཕྱིས་སུ་དེ་ལུགས་ཇི་བཞིན་ཐོག་ཏུ་ཁེལ་པ་ སོགས་འདི་འདྲའི་ལོ་རྒྱུས་ཆེས་མང་བཤད་ཏུ་ཡོད་ཀྱང་རེ་ཞིག་དེ་ཙམ་དུ་བྱས་ལ། དེ་ལྟ་བུའི་ ཚུལ་གྱིས་ལྗོངས་འདིར་རེ་ཞིག་མཛད་པ་མཐར་ཕྱིན་པའི་ཚེ་སྔོན་ཆད་ཅིག་ཏུ་ཁོང་ལ་འཇམ་ དཔལ་གྱིས་ཞལ་གཟིགས་ཏེ་བཀའ་ལུང་ལ། ཁྱོ ད་ཀྱིས་ད་ལན་ལུས་འདིའི་སྟེང་འགྲོ་དོན་ཆེ་ ཙམ་མ་བྱུང་ཡང་མ་འོངས་པ་ན་ཚེ་འདི་འཕོས་མ་ཐག་བྱང་ཕྱོགས་ཤམྦྷ་ལར་སོང་སྟེ་རིགས་ ལྡན་ཁྲི་ཐོག་པ་དང་བསྟན་པ་མཐོ་དམན་མེད་པ་ཞིག་འོང༌། ཞེས་ལུང་གསལ་བར་བསྟན་པ་ བཞིན་དུས་སུ་བབ་ཏེ་ཁོང་ཉིད་དགུང་གྲངས་རེ་གཅིག་སླེབས་སྐབས་རབ་བྱུང་བཅོ་ལྔ་བའི་ ནང་ཚན་ཤིང་ཕོ་འབྲུག་གི་ལོ་དུས་ཙམ་ན་ཁོང་ཉིད་ཀྱི་ཐུགས་རྒྱུས་སྔར་དང་ཡེ་མི་འདྲ་བའི་ ཤིན་ཏུ་འཇམ་པའི་ངང་ཚུལ་དུ་གྱུར་ཏེ་སྐབས་དེ་མཚམས་ཤིག་ནས་ཉིད་ཁམས་ཅུང་ཟད་མ་ སྙོམས་པའི་རྐྱེན་གྱིས་ནང་སློབ་འགའ་དང་ལྷན་རྒྱས་སུ་དབེན་གནས་ངེས་མེད་རྣམས་སུ་ གཞན་ངོར་གསང་སྟབས་ཀྱིས་རྒྱུ་འགྲུལ་བྱེད་བཞིན་རེ་ཞིག་གི་བར་དེ་ལུགས་ལྟར་བཞུགས་ པ་ལ། བར་འགའ་ལ། ཁོང་གི་ཞལ་ནས། སློབ་བུ་འགའ་ཞིག་སྐུ་མདུན་དུ་འོང་བ་དག་ལ། ད་ལན་རང་ཤི་གསོན་ཇི་ལྟར་གྱུར་ཀྱང་རང་ཐད་ནས་ཚེ་གང་བོར་ཆོས་ཤིག་སྒྲུབ་ཁུལ་ 3-1-203 བགྱིས་པས་འཇིགས་སྣང་དང་རང་དོན་མ་འགྲུབ་སྙམ་པ་སོགས་གང་ཡང་མེད་མོད། འོན་ ཀྱང་རང་ཉིད་ད་དུང་ལོ་འགར་བསྡད་ན་སློབ་རིགས་པ་ངག་དབང་ཚོགས་རྒྱམ་སོགས་ འགའ་ལ་དེ་སྔར་མ་བཤད་པ་རེ་ཤོད་རྒྱུ་ཡོད་པས་དེ་འདྲ་ཙམ་རེ་མ་གཏོགས་མ་འགྲུབ་པ་ གང་ཡང་མེད། ཅེས་གསུངས། ཡང་སྐབས་ཤིག་ཏུ་ཁོང་གི་སྐུ་མདུན་དུ་ཐུགས་སློབ་འཛམ་ ངོས་བླ་མ་ངག་དབང་བསྙུན་འདྲིའི་ཚུལ་དུ་མཇལ་ཕྲད་ལ་འོང་སྐབས་ཉིད་ཀྱི་ཞལ་ནས། འོ་ ངག་དབང་ཁྱོད་ཀྱིས་ཁོ་བོ་མཐོང་མ་ཐག་མ་བརྟགས་ཉམས་དགའི་བློ་ངོར་རང་ཁམས་ དྭངས་དུབ་ཅི་འདྲ་ཞིག་ཏུ་ཤར་དྲང་པོར་སྨོ ས་ཤིག་གསུངས། སློབ་བུ་ཉིད་ཀྱི་སེམས་ལ་ཁོང་ མཇལ་མ་ཐག་ཁམས་ཤིན་ཏུ་དུབ་སྣང་ཞིག་ཤར་ཡང་ཚུལ་དེ་དྲང་པོར་ཞུ་མ་སྤོབས་ཚེ། ཞལ་ ནས། འོ་ཁྱོ ད་ཀྱིས་ངོ་མཐོང་གི་གཏམ་འདིས་ཅི་བྱེད། མ་བརྟགས་ཉམ་དགའི་བློ་ངོར་ཤར་ ཚུལ་ཇི་བཞིན་པ་དེ་རང་གི་གནས་ཚུལ་ལ་བསླུ་མེད་ཀྱི་མངོན་མཁྱེ ན་ལྟ་བུར་འདུག ཅེས་ གསུངས་ལ་ཡང་བར་སྐབས་རེར་ཞལ་ནས། ད་ནི་གཞན་མོ་རྩིས་པ་སོགས་ཀྱིས་བཟང་ལོ་ ཇི་ལྟར་བཤད་ཀྱང་ད་སྐབས་སུ་རང་འཆི་ཐག་ཆོད་ངེས་རེད། དེ་ཡང་དབུགས་ཀྱི་རྒྱུ་བ་འདི་ ནམ་ཆད་པའི་ཞག་གི་ཆུ་ཚོད་ཀྱི་དུས་དེ་ཇི་བཞིན་ངེས་ཐུབ་ན་རང་ནུས་པ་མི་ཆེ་ཡང་དམིགས་ པ་བཟང་རབ་ཡིན་པས་དུས་སྐབས་དེ་ལ་བྱ་ཐབས་ཤིག་རང་ཡོད་ཅེས་གསུངས་པས་ཀུན་ གྱིས་ད་རེབ་ལས་མི་བཞུགས་པར་སེམས་ཐག་ཆོད་པ་ན་ལོ་དེ་ཉིད་ཀྱི་སྨད་ཕྱོགས་ཙམ་དུ་ དཔོན་སློབ་རྣམས་རྡོའི་གཡུ་ཐོག་དགོན་པར་ཕེབས་ནས་དེར་ཞག་ཤས་བར་ལེགས་ བཞུགས་མཛད་དེ་ལོ་དེའི་ཟླ་བ་བཅུ་པའི་ཚེས་ཉེར་ལྔའི་ཉིན་སྔར་རྒྱུན་དུ་ཉིད་ཀྱི་སྐུ་ཆོས་ གོས་རྣམ་གསུམ་རྟག་པར་མནབ་སྲོལ་ཡིན་ན་དེའི་ཉིན་ནངས་སྔ་མོ་ནས་གཟིམས་ཁྲིའི་ནང་ གི་མལ་སྟན་སོགས་གཙང་དག་བྱེད་དུ་བཅུག་ནས་ཁོང་གིས་མནབ་ཤམ་པང་སྟེང་དུ་བཞག་ སྟེ་ཚུལ་དེ་ཀའི་ངང་ཉིན་དེར་བཞུགས་མཐར་ནུབ་མོའི་བཟའ་བཏུང་གི་བྱ་བ་ལེགས་པར་ 3-1-204 མཛད་རྗེས་ཁོང་གི་ཞལ་ནས། སྐུ་མདུན་པ་དག་ལ། ཁྱེ ད་རང་རྣམས་རང་གནས་སུ་སོང་ཞིག ད་ནི་རང་ལ་མཁོ་བྱ་གང་ཡང་མི་འདུག་གོ །ཞེས་གསུངས་ཡང་དེ་དག་ད་དུང་རེ་ཞིག་བར་སྐུ་ མདུན་དུ་བསྡད་པ་ན་ཁོང་གིས་སྐུ་དྲང་པོར་བསྲངས་སྟེ་རྣམ་སྣང་ཆོས་བདུན་གྱིས་བཞུགས་ ནས་སྤྱན་གཉིས་ནམ་མཁར་ཧྲིག་གེར་གཟིགས་བཞིན་ཞལ་གསུངས་སྙན་པའི་དབྱངས་ ཀྱིས། སངས་རྒྱས་རྣམས་ཀྱི་མཚན་དང༌། བླ་མ་གོང་མ་དག་གི་གསོལ་འདེབས་སྔོ ན་དུ་འགྲོ་ བའི་སྒོ་ནས་ཟབ་ལམ་འཕོ་བའི་ཆོ་ག་རྒྱས་པ་ཞིག་མཛད་པའི་མཐར་ཕཊ་སྒྲ་ཆུང་འབྲིང་ཆེ་ གསུམ་གྱི་མ་མཐའ་ཧིག་སྒྲ་ཆེས་སངས་མོ་ཞིག་གི་ངང་ནས་གཟུགས་སྐུ་གཡོ་བ་མེད་པར་ དགོངས་པ་ཆོས་དབྱིངས་སུ་ལེགས་བཞུགས་མཛད་དེ་ཐུགས་དམ་དུ་སྐད་ཅིག་ལ་མནལ་ བར་གྱུར་ཏོ། །དེ་ནས་སློབ་བུ་དག་མྱ་ངན་གྱི་ཁང་བུར་ཞུགས་བཞིན་ཞག་འགའི་མཚམས་ ནས་ཐུགས་དམ་ལེགས་བཀྲོལ་སོགས་ཀྱི་བྱ་བ་གང་འཚམས་དང་བཅས་མཐར་སྐུ་གདུང་ རིན་པོ་ཆེ་འཛི་སྲིབ་དགོན་དུ་གདན་འདྲེན་མཛད་ནས་གཤེགས་མཆོད་རྒྱ་ཆེ་བ་ཞུགས་ འབུལ་དང་བགྱི་བ་གང་དགོས་ཐམས་ཅད་ལེགས་གྲུབ་ཀྱི་སྐབས་གདུང་བཞུ་ཤུལ་ཏུ་ཕྱིས་སུ་ བཟང་ཤིང་ཤུག་པའི་སྡོང་པོ་ཞིག་སྐྱེས་པར་གྲགས་ཤིང༌། སྐུ་འདས་པ་ནས་བཟུང་གདུང་ཚ་ སྒྲུབ་དུས་ཡན་ལ་བར་བར་དུ་མཁའ་ལམ་ནས་འཇའ་གུར་ཕང་ཕུང་འཁྲིགས་པ་སོགས་ ལེགས་མཚན་གྱི་སྣང་བ་ཅིར་ཡང་ཆེ་ཞིང༌། ཁྱད་པར་གདུང་རུས་དག་ལས་དབུ་ཐོད་དུམ་བུ་ ལ་འཇམ་དབྱངས་ཀྱི་སྐུ་གསལ་བོར་དོད་ཅིང་རུས་པ་གཞན་རྣམས་ལ་ཡི་གེའི་གཟུགས་ཆེས་ མང་བྱོན་པ་སོགས་དེ་དག་ཅི་རིགས་དངོས་དང་རྟེན་གསུམ་གང་ཡང་རུང་བར་ལེགས་ བཞེངས་བྱས་ནས་གདུང་རྟེན་དུས་འཁོར་མཆོད་རྟེན་གྱི་ནང་གཞུག་ཏུ་བཞུགས་སུ་གསོལ་བ་ སོགས་བསོད་ནམས་ཞིང་གི་བསགས་སྒོ་གང་དགོས་མཐའ་དག་ལེགས་གྲུབ་ཀྱང་མཛད། དེ་འདྲའི་བསྟན་འགྲོའི་སྤྱི་དཔལ་འགྲོ་འདྲེན་དམ་པ་གང་ཉིད་ཀྱི་ཐུགས་སྲས་དག་ཀྱང་ 3-1-205 རགས་བསྡུས་ཙམ་རེ་གོང་དུ་སོང་ཟིན་ཏོ། ། ༼༡༠༽ དཔལ་ལྡན་བླ་མ་མཆོག་གི་མཆེད་སྐྱབས་རྗེ་ཟླ་བ་གྲགས་པའི་ལོ་རྒྱུས་ཉུང་བསྡུས་ ཡང༌། སྐྱབས་རྗེ་དེ་ཉིད་བླ་མ་མཆོག་གི་སྐུ་མཆེད་ན་རིམ་འབྲིང་པོའི་ཚུལ་དུ་མེ་སྦྲུལ་ལོར་སྐུ་ འཁྲུངས། ཆུང་ངུ་བྱིས་པའི་སྐབས་མ་ཡུམ་གྱི་མལ་དུ་གཟིམས་དུས་ཉིན་ཅིག་འཕྲལ་དུ་ཡར་ ལངས་ཏེ། མ་ལ་སྨྲས་པ། ཁོ་བོའི་ཕ་ནི། ད་ལྟ་ལྭ་བ་དཀར་པོ་ཞིག་གྱོན་ཏེ་ལག་ཏུ་མར་མེ་ གསལ་བོ་བཟུང་ནས་གཞན་དུ་ཐེགས་སོང༌། ཞེས་སྨྲས་པའི་ཞག་འགའ་ནས་ཕ་དུས་ལས་ འདས་པ་སོགས་ཐོག་ཁེལ་གྱི་ལྐོག་གྱུར་གཟིགས་པའི་མངོན་ཤེས་དེ་དུས་ནས་མངའ་བ་ ཞིག་སྟེ། སྐུ་ན་སོན་སྐབས་ཀློག་ལེགས་བསླབ་ཀྱིས་མཐར་སོན་མཛད་རྗེས་རེ་ཞིག་གི་ སྐབས་འཛམ་ཐང་གཙང་བའི་ཕོ་བྲང་དུ་སོང་ནས་རྡོ་རྗེ་འཆང་ངག་དབང་ཆོས་ཀྱི་འཕགས་ པའི་ཞབས་རྡུལ་སྤྱི་བོས་བླངས་ཏེ་རྣལ་འབྱོར་ཡན་ལག་དྲུག་གི་དབང་ལུང་ཟབ་ཁྲིད་མན་ ངག་མཐའ་དག་ཞུས་ཏེ་གོང་མའི་ཕྱག་སྲོལ་བཞིན་གྱི་ཉམས་ལེན་གནད་སྨིན་མཛད་པས་ ལམ་གྱི་རྟོགས་པའང་སྒོ་གང་ཐད་ནས་བཟང་རབ་ཏུ་གྱུར་ཅིང་མཚན་ཡང་ངག་དབང་ཟླ་བ་ གྲགས་པ་ཞེས་གསོལ། གཞན་ཡང་བླ་མ་རྡོ་རྗེ་འཆང་དེ་ཉིད་ཀྱི་མདུན་ནས་དམ་པ་འདིས་སྔ་ ཕྱི་ཅི་རིགས་སུ་ཤངས་ཆོས་སྐོར་དང་རྒྱུད་སྡེའི་དབང་བཀའ་རྒྱ་ཆེ་བ་དང་བསྐྱེད་རིམ་སྣ་ ཚོགས་ཅི་དགོས་ཀྱི་དམིགས་ཁྲིད་མང་པོ་ཞུས་ཏེ་མཚམས་སྒྲུབ་དེ་ལུགས་ལྟར་ཚད་ལྡན་རེ་ ཡང་བྱས་ཚོད་དུ་འདུག་ཀྱང་ཇི་བཞིན་གྱི་ཁུངས་མ་རྙེད། ངག་དབང་ཆོས་འབྱོར་ཞབས་པའི་ མདུན་ནས་ཀྱང་ཆོས་བཀའ་ཅི་རིགས་ཞུས་ནས་མཚམས་སྒྲུབ་མཛད་སྐབས་ཤིག་ལ་ཁོང་གི་ ཐུགས་མཉམ་བཞག་གི་ངང་ནས་ལྷ་བཟོ་བླ་མ་ངག་དབང་ཆོས་འཛིན་ཞབས་པ་མ་མཁའ་ འགྲོས་དག་པ་མཁའ་སྤྱོད་དུ་གདན་འདྲེན་མཛད་པ་ཇི་བཞིན་གཟིགས་པའི་ཞག་བཅྭོ་ལྔ་ ཙམ་ན་ལྷ་བཟོ་ཚང་གཟུགས་སྐུའི་བཀོད་པ་དོན་གྱིས་བསྡུས་སོང་བ་ཇི་ལྟ་བ་བཞིན་གྱུར། 3-1-206 དམ་པ་འདིས་སྔ་ཕྱི་གང་རུང་དུ་ཐུན་མོང་རིག་གནས་རྩིས་སྐར་ནག་སོགས་ལ་བསླབ་སྦྱང་ དང་ཁྱད་པར་ཉིད་ཀྱི་མཆེད་དཔལ་ལྡན་བླ་མ་མཆོག་གི་ཞལ་སྔ་ནས་ཀྱང༌། ལམ་རིམ་ སོགས་མདོ་སྔགས་ཀྱི་གཞུང་ལུགས་མཁོ་ཆེ་བ་མང་དག་ཅིག་ཀྱང་གསན་སྦྱང་ལེགས་ངེས་ མཛད། ཁོང་ཉིད་ན་གཞོན་སྐབས་ཤིག་ཏུ་ཀ་མཚན་ཞེས་པ་སྔོ ན་གྱི་ཆོས་མཆེད་ཅིག་ཡོད་པ་ དེ་དང་མཉམ་དུ་ཚ་ཁོ་ཕྱོགས་ལ་ཚོང་ཁེའི་ཆེད་འགྲོ་དགོས་བྱུང་ནས་ཚོང་ཁེ་ཇི་བཞིན་གྲུབ་ རྗེས་ཤིག་ལ་འཕྲལ་དུ་ཁོང་གི་ཐུགས་སྣང་གཏིང་ནས་འགྱུར་ཏེ་ཚོང་འདི་ཉེས་པ་མང་པོའི་ གཞི་ཉིད་དུ་ངེས་པ་འདྲོངས་ནས་དེ་ཕན་དེ་ལུགས་ཀྱི་ཉེས་སྒོ་ལ་ཀུན་ནས་བག་བསྡམས་ པས་བྱ་བ་དེ་འདྲ་གཏན་སྤངས་བྱས་པ་ནས་ཆེས་དམ་པའི་ངང་ཚུལ་ཉེ་བར་བཟུང་བས་སྐུ་ཚེ་ མཐར་འཁྱོ ལ་མཛད། ཡང་དེ་སྐབས་ཤིག་ལ་ཁོང་ཉིད་ཀྱིས་སྡེ་ནང་ཚུལ་བཟང་ཚང་ལ་མདོ་ སྡེ་སྐལ་བཟང་གི་ཀློག་འདོན་མཛད་སྐབས་མི་ཁྱིམ་དེའི་ལུག་ཁྱུར་སྤྱང་ཀིའི་གནོད་པ་བྱུང་ དུས་ངེད་ཚང་ལ་འདི་བཟང་བར་མི་ཁྱིམ་དེས་སེམས་ཀྱང་ཁོང་གི་ཐུགས་སྣང་ངོར་འཚེ་བྱེད་ ཀྱི་རིགས་མང་པོ་ཞིག་འོང་གིན་འདུག་ཅིང་དེ་དག་མཐར་ཁོང་གིས་བསྐྲད་པར་མཛད་པས་ འཚེ་བྱེད་དེ་དག་མི་ཚང་གཞན་ཞིག་ཏུ་སོང་བའི་སྣང་བ་བྱུང་བས་དེ་ལུགས་ལྟར་ད་རེས་མི་ བཟང་ཚུལ་ཞལ་ནས་གསུངས་པ་བཞིན་རྗེས་སོར་ཁྱི མ་ཚང་གཞན་ལ་མི་བདེ་བ་དེ་འདྲ་ཁོ་ན་ ལྟར་བྱུང་བའི་ལོ་རྒྱུས་ཡོད། ཡང་ཁོང་ཉིད་རང་གནས་འཛི་སྲིབ་དགོན་དུ་འཇིགས་བྱེད་ བསྐྱེད་རིམ་ལ་བཞུགས་སྐབས་ཡི་དམ་ལྷའི་གསལ་སྣང་ཆེས་ཉེ་བར་བརྟན་པའི་སྟོབས་ཀྱིས་ དེ་སྐབས་སུ་སྟོད་ཕྱོགས་ནས་བྱོན་པའི་མཁའ་འགྲོ་མ་མངོན་ཤེས་མངའ་བ་ཞིག་གིས་རྒྱང་ རིང་ནས་འཛི་སྲིབ་མཚམས་ཁང་དུ་ཁོང་ཉིད་ཡི་དམ་མ་ཧེའི་གདོང་བ་རྭ་ཅན་གྱི་རྣམ་པར་ བཞེངས་ཡོད་པ་ཇི་བཞིན་གཟིགས་ཤིང་སྤྲུལ་པའི་སྐུ་ཉིད་དུ་ལུང་བསྟན་པས་ཐུགས་ངོ་ མཚར་དུ་གྱུར་པ་སོགས་དེ་འདྲའི་ལོ་རྒྱུས་མང་ལ། ཁྱད་པར་ཁོང་གི་སྐུ་ཚེའི་དཀྱིལ་སྨད་ཙམ་ 3-1-207 ནས་གདུལ་བྱ་རྗེས་འཛིན་གྱི་མཛད་པ་གནང་སྟེ་འཛི་སྲིབ་བཀྲ་ཤིས་ཆོས་སྡེ་དགོན་དུ་སྦྱོར་ དྲུག་བཙུགས་ནས་སློབ་བུ་ཆོས་ཚན་སོ་སོ་ལ་རང་རང་དང་འཚམས་པའི་ཟབ་ཆོས་ཀྱི་སྒོ་ འཕར་ལེགས་ཕྱེ་མཛད་ནས་དབང་ལུང་ཁྲིད་གསུམ་ཅི་དགོས་ཀྱིས་གདུལ་བྱ་རྗེས་སུ་བཟུང་ བས་སྔ་ཕྱི་ཁྱོ ན་རྟོགས་ལྡན་སྡེ་ནང་བླ་མ་ཚུལ་ཁྲིམས། བྱ་བྲལ་བ་བླ་མ་ཚོགས་གཉིས་བཟང༌། སྐུ་དབོན་དམ་པ་ཕུན་ཚོགས། འདུལ་འཛིན་ཀ་ཞབས་བླ་མ་དོན་ལྡན་སོགས་སློབ་ཚོགས་ བདུན་ཅུ་ལྷག་ཙམ་བྱུང་ཞིང༌། དེ་དག་ལ་སྤྱིར་དམ་པ་གོང་མའི་རྗེས་སུ་ཅི་སློབ་བྱ་དགོས་ ཚུལ་དང་ཁྱད་པར་ནག་ཆང་རྐུ་གསུམ་ཚོང་མནའ་སྐུག་གཡོ་སྒྱུ་ལྷག་པར་སྤངས་དགོས་ཚུལ་ སོགས་ཆོས་མཐུན་གྱི་བསླབ་བྱ་མང་པོ་དུས་དུས་སུ་ལེགས་གནང་མཛད་ལ། འདི་སྐོར་ སོགས་སུ་ཁོང་ཉིད་སྤོང་བ་བསམ་གཏན་ལ་རྩེ་གཅིག་ཏུ་བཞུགས་པའི་ངང་ནས་ཐུགས་ མངོན་ཤེས་སྒྲིབ་མེད་ཀྱིས་སློབ་བུ་མཚམས་གྲྭ་པ་གང་དག་གིས་མཚམས་ཁང་དུ་སྤྱོད་པ་ བཟང་ངན་ཅི་འདྲ་བྱས་པ་རྣམས་མ་ཟད་ཁ་འཁོར་ཚུལ་ཚུན་ཆད་ཇི་བཞིན་མངོན་སུམ་དུ་ གཟིགས་ཤིང༌། དེ་མིན་གཞན་སྔར་ཞིག་ཏུ་ཡག་མདོའི་སྒར་གྱི་སྐུ་རིམ་དབུ་བླ་ངག་དབང་ ཆོས་འབྱོར་གྱིས་མཛད་སྐབས་ལས་མཐའ་ཟོར་གྱི་དུས་རྭ་ཟོར་ཇི་ལྟར་འཕེན་ལུགས་དང༌། གཙང་བ་སྐུ་འབྲིང་ལ་མི་བདེ་བ་འབྱུང་འགྱུར་གྱི་ཚུལ་དང༌། དགོན་ནང་དུ་ལྐོག་གཡོའི་བྱ་ བས་རྐུ་བྱས་པ་སོགས་ཚུལ་གསལ་བོར་སྒྲིབ་མེད་དུ་གཟིགས་པ་དང༌། གཞན་ཡང་གཙང་ བའི་རྡོ་རྗེ་སློབ་དཔོན་ངག་དབང་ཆོས་འབྱོར་སྐུ་བསྙུང་ནས་འཛམ་ཐང་གཙང་བའི་སྒྲུབ་ཁང་ དུ་བཞུགས་སྐབས་སྐུ་འཁོར་འགའ་རེ་ཕྱོགས་ཀྱི་སྨན་པའི་ཟུར་དུ་འགྲོ་བ་ལ་དེ་དང་ལྷན་ ཅིག་ནད་བདག་གི་ཚོགས་རེ་ཞིག་བཀྱགས་ཀྱང་སླར་ཕྱིར་འཁོར་སོང་བའི་ཚུལ་སོགས་དམ་ པ་གང་གི་ཐུགས་མངོན་མཁྱེ ན་གྱིས་ཇི་ལྟ་བ་བཞིན་ལེགས་གཟིགས་མཛད་པ་དང༌། དམ་པ་ ཉིད་ཀྱི་སྤུན་ཐ་ཆུང་ཤི་བ་འཛམ་ཐང་དུ་མི་ལུས་ཀྱི་སྐྱེ་སྲིད་ངེས་པར་ཐོབ་པ་སྒྲིབ་མེད་མཐོང་ 3-1-208 བ་དང༌། ཁོང་གི་ཁྱི མ་གཞིའི་རྒན་མོ་ཤི་བའི་བར་སྲིད་རྣམ་དཀར་སྟོབས་ཆེན་གྱི་ཁུར་དང་ བཅས་བདེ་འགྲོར་སྐྱེ་བའི་མཚན་མ་ཐུགས་མངོན་ཤེས་ཀྱིས་གསལ་བར་མཁྱེན་ཅིང༌། ཕྱོགས་ཐག་རིང་ཞིག་ནས་གསའ་ཀརྨ་ཞེས་པ་ཆུས་ཁྱེ ར་བའང་ཇི་བཞིན་གཟིགས། ཁོང་ཉིད་ ནས་མཐུ་སྒྲུབ་ཀྱི་གོང་བཞུགས་འདྲ་བྱེད་སྐབས་ཐོག་མར་དགྲ་ལིང་བྲིས་དུས་ནས་དགྲ་བོའི་ རྣམ་ཤེས་དངོས་སུ་ཁུག་ནས་ངོས་འཛིན་བྱེད་ཐུབ་པ་དང༌། རང་དགོན་གྱི་མཚམས་གྲྭ་པ་ གང་དག་ལ་གནོད་འཚེ་བྱེད་པའི་རྒྱལ་གདོན་ཕྱོགས་ནས་འོང་བ་སོགས་མི་མིན་འབྱུང་པོའི་ གླགས་ལྟ་ཚུལ་ཇི་བཞིན་གཟིགས་པ་ཐོག་ཏུ་ཁེལ་བ་སོགས་ལྐོག་གྱུར་སོ་སྐྱེའི་སྤྱོད་ཡུལ་ ལས་འདས་པ་མངོན་སུམ་སྣང་ཡུལ་དུ་བྱེད་པའི་མཁྱེ ན་བཟང་ལེགས་པར་མངའ་ལ། གཞན་ ཡང་ཁོང་ཉིད་ཀྱིས་དུས་འཁོར་ལུགས་ཀྱི་ཡེ་ཤེས་ཁྱུང་ཁྲའི་བསྙེན་སྒྲུབ་མཛད་པས་ཞལ་ དངོས་སུ་གཟིགས་ཤིང་འདིའི་བསྙེ ན་པའང་སྔ་ཕྱི་ཀུན་ཏུ་དུང་ཕྱུར་གཅིག་ཙམ་གསུངས། ཡི་ དམ་རྟ་མགྲིན་གྱི་བསྙེན་པའང་དུང་ཕྱུར་ལྷག་ལྗགས་བསྙེན་མཛད་ཅིང་ལམ་རིམ་གཉིས་ཀྱི་ རྟོག་པ་སྒོ ་གང་ཐད་ནས་ཆེས་མཆོག་ཏུ་གྱུར་ཏེ། ཁོང་གི་སྐུ་ཚེ་སྨད་ཙམ་ལ་ཐུགས་སུ་གཡེང་ བ་སྤུ་ཙམ་མི་མངའ་ཞིང་བར་འགའ་སློབ་བུ་དག་པ་ལ་སེམས་ཀྱི་གནས་ལུགས་མཉམ་ བཞག་གི་ངང་ནས་ངོ་སྤྲད་པ་དང་རང་གནས་དགོན་སོགས་ཐག་ཉེ་རིང་ལ་ལེགས་ཉེས་ འབྱུང་འགྱུར་ཇི་ལྟར་འོང་བའི་ཚུལ་ཐུགས་སྣང་དུ་ཇི་བཞིན་མངོན་སུམ་གསལ་བར་གཟིགས་ ཤིང༌། གདུལ་བྱ་འགྲོ་ཕན་གྱི་བྱ་བ་མོ་རྩིས་ཀྱིས་ལེགས་ཉེས་ཇི་བཞིན་སྟོན་ཅིང་སྨན་གྱིས་ འཚོ་དཀའ་བའི་ནད་མང་པོ་སེལ་བར་མཛད་པ་སོགས་འགྲོ་ལ་ཕན་པ་ཅི་ཙམ་ཆེ་ཡང་ལན་ དང་རྣམ་སྨིན་ལ་ཐུགས་འདུན་གྱི་རེ་བ་མེད་ངེས་ཀྱིས་རླབས་པོ་ཆེའི་འགྲོ་ཕན་གྱི་སྒོ་རབ་ཏུ་ ཡངས་པ་སོགས་བྱང་ཆུབ་སེམས་དཔའི་བསྡུ་བཞིའི་མཛད་སྤྱོད་ལ་གནས་བཞིན་སྐུ་ཞལ་ རས་རྒྱས་ཤིང་བརྗིད་བག་ཆེ་བ་གསུང་ཁྱད་འཕགས་ཀྱིས་ཉིན་རེར་མདོ་སྡེ་སྐལ་བ་བཟང་པོ་ 3-1-209 སྒྲ་དག་པའི་སྒོ་ནས་དལ་ཞིང་ལྷོད་པའི་སྒྲ་ཟུར་ཇི་བཞིན་པ་ཉིད་ཀྱིས་དག་ཚར་ལྷག་འགྲོ་བ་ ཐུགས་བྱམས་བརྩེ་རྒྱ་ཆེ་བས་ཉམ་ཐག་གི་འགྲོ་བ་ཀུན་ལ་ཁྱད་མེད་བུ་ལྟར་དུ་གཅེས་སྤྲས་ དང་ཕན་འདོད་ཡོད་པ་སོགས་གསང་གསུམ་གྱི་མཛད་སྒོ་དེ་ལྟ་བུའི་ངང་ནས་མཛད་པ་ མཐར་ཕྱིན་པའི་སྐྱེས་ཆེན་འགྲོ་བའི་སྐྱབས་གནས་ཀྱི་རྗེ་བོ་དམ་པ་ཞིག་སྟེ་འདི་ཉིད་དགུང་ གྲངས་དོན་དགུ་ཤིང་ཕག་གི་ལོར་ཨ་གཏེར་དཔའ་བོ་ཆོས་དབྱིངས་རྡོ་རྗེའི་བརྡ་ལུང་ལས། དགུང་གྲངས་བརྒྱད་ཅུ་ལ་རྐྱེན་དབང་གིས་གཅིག་ཕྲི་ཞིང་ཡང་ན་བཞི་གྲངས་འཕེལ་སྲིད་ པར་གསུངས་པ་ལྟར་འདིར་ཞབས་རྐང་བསྙུང་བའི་རྐྱེན་གྱིས་ཁམས་མ་སྙོམས་པ་བྱུང་དུས་ ཨ་གཏེར་གྱི་ལུང་བསྟན་ལྟར་ཕུར་སྒྲུབ་ཚོགས་འབུམ་སོགས་ཀྱི་ཞབས་བརྟན་ལེགས་གྲུབ་ སྐབས་གཏེར་སྟོན་ཉིད་བྱོན་ནས་ཚེ་སྒྲུབ་སོགས་དང་བཅས་བཞུགས་ཞུས་ལེགས་འབུལ་ མཛད་ཚེ་ཁོང་གི་ཞལ་ནས། ད་དུང་བཞུགས་པ་ལ་སྤྲོ་བ་ཡོད་ཡོད་ལྟར་གྱིས་དོན་ལ་མི་ བཞུགས་པའི་གསུང་ཟུར་གནང་བ་ན། གཏེར་སྟོན་མཆོག་གིས་ཐུགས་ངོ་མཚར་ནས་ད་ལན་ ཁོང་གིས་ཐུགས་སྲོག་གི་ངོ་བོ་ཡི་གེའང་ཞན་ཅིང་ཚོགས་འབུམ་སོགས་ཡང་མཁའ་འགྲོའི་ བསུ་མ་ད་དུང་སྡོད་ཡོད་པས་གང་ལྟར་ཡང་མི་བཞུགས་པར་ཐུགས་ཐག་བཅད། འདི་སྐོར་ ཅི་རིགས་སུ་ཁོང་གི་ཞལ་ནས། སྐུ་དབོན་དམ་པ་ལ་རྗེས་སོར་འགྲོ་ལུགས་གང་ཐད་ཀྱི་ཞལ་ བཀོད་བླ་མ་རིན་ཆེན་བཟང་པོ་ཉིད་ཀྱི་རྒྱལ་ཚབ་ཏུ་མངའ་གསོལ་ཞིང༌། དགོན་འདིའི་འགྲོ་ ལུགས་ཕྱིས་སུ་དགོན་དཀར་གཙང་དག་ཅིག་འོང་ན་ངེས་པར་བཟང་ཚུལ་སོགས་བཀའ་ འཕྲོས་ཞིབ་རྒྱས་ཀྱང་གནང་ལ། ཡང་སྐབས་ཤིག་ཏུ་ཆོས་ཚན་སློབ་ཚོགས་ལ་སྲུང་མདུད་ དང་བཅས་ཚེ་གང་གི་བྱ་ཚུལ་གྱི་བསླབ་བྱ་གསུང་འཕྲོས་ཀྱི་ཞལ་ཏ་ཡང་བསྐུར་གནང་མཛད། ཡང་བར་སྐབས་ཅི་རིགས་པར། ཞལ་ནས། འཁོར་བའི་སྡུག་བསྔལ་གྱི་ཚུལ་ཡང་ཡང་ གསུངས་ཤིང༌། ཉིད་ཀྱི་ཐུགས་སྣང་ངོར་རང་བཞིན་གྱི་དབྱིངས་ནས་ཡིག་འབྲུ་གསེར་བཙོ་ 3-1-210 མའི་མདོག་ཅན་དཔག་ཏུ་མེད་པ་བྱུང་ནས་སྐུ་ལུས་ལ་ཐིམ་པའི་སྣང་བ་བྱུང་ཚུལ་སོགས་ཀྱང་ གསུངས་ལ། དེ་འདྲའི་ཚུལ་གྱིས་ལོ་དེའི་ཟླ་བ་གཉིས་པའི་ཚེས་ཉེར་གསུམ་གྱི་ནུབ་ལ་སྐུའི་ ཉེ་ཆར་དུ་ཡོད་པ་དག་ལ། ཉིད་ཀྱི་ཞལ་ནས། ད་ནི་ཁྱོ ད་རྣམས་ཉལ་དུ་སོང་གསུངས་ཡང་རེ་ ཞིག་བསྡད་སྐབས། ཡང་ཞལ་ནས། འོ་ད་ཁྱོ ད་ཅག་མི་འགྲོ་ན་ངག་འཁྱལ་མ་ལབ་པར་ མདུན་མཁར་འོད་དཔག་མེད་ཀྱི་སྐུ་གསལ་ཐོབ་ལ་གསོལ་བ་རྩེ་གཅིག་ཏུ་འདེབས་པར་ མཛོད་ཅིག གསུངས་ནས་སྐུ་སེང་གེ་ཉལ་སྟབས་ཀྱིས་བཞུགས་ཏེ་སྤྱན་གཉིས་ལྟ་སྟངས་ཧྲིག་ གེར་བྱས་ནས་ཤངས་བུག་ནས་རླུང་དལ་བ་འགའ་བུས། མཐར་སླར་ནང་དུ་རྔུབས་པ་དང་ མཉམ་དུ་ཐུགས་དགོངས་འོད་གསལ་མ་བུ་དབྱེར་མེད་ཀྱི་ངང་ལ་ལེགས་བཞུགས་མཛད། དེ་ནས་ཞག་བདུན་ཕྲག་ཙམ་ལ་ཐུགས་དམ་དུ་བཞུགས་ཤིང༌། འདིའི་སྔ་ཕྱིའི་རིམ་པ་རྣམས་ སུ་སློབ་བུ་གང་དག་གི་སེམས་སྣང་དུ་བླ་མ་ཉིད་ཁྲི་སྟེང་དུ་བཞུགས་པ་མཁའ་འགྲོ་མ་མང་ པོས་ལེགས་བཏེགས་བྱས་ནས་འགྲོ་བ་དང་མཁའ་འགྲོ་དུ་མས་དར་ལམ་བརྐྱང་བ་དང་ཁོང་ ཉིད་ཡི་དམ་གྱི་ལྷའི་རྣམ་པར་མཐོང་བ་སོགས་དག་སྣང་སྣ་ཚོགས་པ་དང་བཅས་དཀར་ དམར་ཇི་བཞིན་ལུད་པའི་རྟགས་མཚན་གྱི་སྒོ་ནས་ཐུགས་དམ་བཀྲོལ་སྐབས་སྐུ་གདུང་ཞུན་ མར་བཞུ་བླུགས་བྱས་པ་ལྟ་བུའི་ཐིག་ལེའི་དྭངས་མ་མར་ཁུའི་རང་བཞིན་ལྟར་ངོ་མཚར་བའི་ ཕུང་པོ་ཉིད་དུ་གྱུར་ཏེ་གདུང་མཆོད་ཞུགས་ལ་བཞུ་བ་སོགས་ཀྱི་གཤེགས་མཆོད་རྒྱ་ཆེ་བའི་ དུས་སྐུ་གདུང་ཡུད་ཙམ་ལས་རང་ཞུ་ལྟ་བུར་སོང་ཞིང་གདུང་རུས་དག་སེང་གེ་ཉལ་སྟབས་ཀྱི་ རྣམ་པར་གནས་པ་ཤའི་རིང་བསྲེལ་སོགས་དང་བཅས་འདས་མཆོད་སྔ་ཕྱི་རྣམས་སུ་མཆོད་ ཆུའི་ཁར་མེ་ཏོག་བསྙོན་མེད་བབས་པས་མཚོན་དགེ་མཚན་གྱི་རྟགས་ཀྱང་མང་དུ་བྱུང་ལ། ཁོང་ཉིད་འདི་ནས་ཤམྦྷ་ལར་བྱོན་ཚུལ་གྱི་དག་སྣང་འགའ་ཞིག་ལ་བྱུང་བའི་ལོ་རྒྱུས་ཀྱང་ མང༌། གདུང་རྟེན་ཡང་འཛི་སྲིབ་དགོན་དུ་ཁང་བརྩེགས་ཀྱི་མཆོད་རྟེན་དང་དངུལ་གདུང་ 3-1-211 གཉིས་སོགས་མཐའ་རྒྱས་ལེགས་པར་གྲུབ་ཅིང༌། ཐུགས་སློབ་ཀྱི་རིམ་པའང་གོང་སྨོ ས་དག་ གིས་མཚོན་མང་ཙམ་ཡོད་དོ། ། ༼༡༡༽ གང་དེའི་གདན་ས་ལེགས་པར་སྐྱོང་མཛད་ངག་དབང་རིན་ཆེན་བཟང་པོའི་ལོ་ རྒྱུས་ནི། འཛི་སྲིབ་ཝ་འབྲོ་མགོ་ཞེས་པར་ཡབ་ལྷ་ཚེ་ལྷ་ཆུང་དང་ཡུམ་སོག་བཟའ་བསོ་འགྱུ་ གཉིས་ཀྱི་སྲས་སུ་ལྕགས་ཡོས་ལ་སྐུ་འཁྲུངས། ཆུང་མིང་འཇིག་ལི་ཟེར་ཞིང་དགུང་ལོ་བདུན་ པར་སོག་པོ་བདེ་མཆོག་གི་ཟུར་དུ་ཡི་གེ་བསླབས་དུས་ནས་རིག་པ་གསལ་ཞིང་གསུང་སྐད་ བཟང་བ་སོགས་ཡོན་ཏན་ཕལ་བ་ལས་ཁྱད་འཕགས་ཡོད་ལ། དགུང་ལོ་བཅུ་གཉིས་སྐོར་དུ་ གཙང་བའི་གཟིམས་ཁང་དུ་སོང་ནས་ངག་དབང་ཆོས་འབྱོར་ཞབས་པའི་མདུན་དྲུང་དུ་སྦྱོར་ བ་ཡན་ལག་དྲུག་གི་དབང་ཁྲིད་ཡོངས་རྫོགས་ཞུས་ཏེ་ཉམས་ལེན་ལོ་གསུམ་དུ་མཛད་དེ་ མཚན་ངག་དབང་རིན་ཆེན་བཟང་པོ་ཞེས་གསོལ་ཞིང༌། འདི་སྐོར་དུ་འབའ་མདའ་བླ་མའི་ མདུན་ནས་ཟབ་ཁྲིད་མཐོང་བ་དོན་ལྡན་ཀྱང་གསན། དེ་ནས་རིམ་པར་ལོ་འགའི་མཚམས་ ཤིག་རེར་གཙང་པའི་སྒྲུབ་གྲྭ་གོང་མར་ལོ་གཅིག་ཏུ་སྦྱོར་དྲུག་སླར་ཡང་བསྒོ མ། དེ་རྗེས་ཙམ་ ན་གཟིམས་ཁང་དུ་འཁྲུལ་འཁོར་འགབ་མར་ལོ་གཅིག་བཞུགས་སྐབས་ཉམས་ལེན་བཟང་ རབ་ཏུ་གྲགས། བླ་མ་ངག་དབང་ཆོས་འབྱོར་གྱི་མདུན་ནས་བསྐྱེད་རིམ་སྣ་ཚོགས་དང༌། ཤངས་ཆོས་སྐོར་སོགས་ཆོས་བཀའ་མང་པོ་སྔ་ཕྱི་ཀུན་ཏུ་གསན་ཞིང༌། དེ་རྗེས་ཤིག་ནས་ འཛམ་ཐང་དུ་ངག་དབང་ཚོགས་གཉིས་རྒྱ་མཚོ་བཞུགས་དྲུང་ནས། བསྡུས་གྲྭ། ཕར་ཕྱིན། སྔགས་རིམ། དུས་འཁོར་འགྲེལ་ཆེན། བློ་སྦྱོང་དོན་བདུན་མ། བླ་མ་ལྔ་བཅུ་པ། སུམ་ རྟགས་སོགས་ལ་གསན་སྦྱང་དང༌། འཛམ་ངོས་བླ་མ་ངག་གི་དབང་པོའི་མདུན་ནས་ཀྱང༌། སྐབས་ཅི་རིགས་པར་ལམ་རིམ་རྒྱས་འགྲེལ་ལ་གསན་སྦྱང་ཡང་མཛད། དེ་དག་གི་སྐབས་ ལས་ཕར་ཕྱིན་བསླབས་དུས་ནུབ་ཅིག་རྨི་ལམ་དུ་བླ་མའི་ཐུགས་ཀའི་འོད་ཟེར་དཔལ་བེའུས་ 3-1-212 མཚན་པ་སྤྲོས་ཏེ་དམ་པ་རང་གི་ཐུགས་ཀར་ཐིམ་པའི་ལེགས་མཚན་གྱི་སྣང་བའི་རྨི་ལམ་ དང༌། ཡང་ནུབ་ཅིག་བླ་མས་ཞལ་མཆིལ་ཁར་བླུགས་པ་ཅུང་ཟད་བཙོག་པའི་སྣང་བ་ཡོད་ པའི་རྨི་ལམ་བྱུང་བས་རྗེས་སོར་བརྩོན་པ་ཞན་སྟབས་ཉིད་ཀྱི་ཐུགས་རིག་དང་འཚམས་པའི་ གཞུང་ལུགས་ལ་གོ་བ་དེ་ཙམ་བྱུང་མ་ཐུབ་ཀྱང་གཞན་ཕལ་སུ་དང་བསྐྲུན་དུ་མེད་པའི་མཁས་ ཁྱད་ཐོན། ཁྱད་པར་སྔགས་རིམ་ལ་སྦྱང་བརྩོན་དུས་སུ་བླ་མས་བཤད་ཁྲིད་གསུངས་པ་ལས་ ཀྱང་ལྷག་པ་ཙམ་གྱི་སྒོ་གང་ཐད་ནས་རིག་པའི་རྩལ་ཐོན་མཛད་ནུས་པས་དེ་དུས་ཀྱི་ཆོས་ གྲོགས་རྣམས་ཀྱང་ཧ་ལས་པ་ཙམ་དུ་གྱུར་སྐད། དེ་མཚམས་ཤིག་ནས་གྲུབ་ཆེན་མཁན་པོ་ དམ་ཆོས་ཀྱི་མདུན་ནས། ད་ཕན་དུད་ཚང་གི་ཁྱི མ་དུ་མི་འགྲོ་ཞིང༌། རྒྱུ་རྫས་འོས་མེད་ཀྱང་མི་ བླང་ལ། བསད་ཤ་མི་ཟ་བ་སོགས་ཡུལ་འདིར་སྲོལ་ཀ་ཆེར་མེད་པའི་རབ་བྱུང་ཆེས་མཆོག་ གི་ངང་ཚུལ་ལེགས་བཟུང་མཛད། ཡང་ཁོང་ཉིད་གཙང་བའི་གཟིམ་ཁང་དུ་བཞུགས་དུས་ རབ་ཀ་བླ་མ་མཁས་དབང་གི་མདུན་དུ་ཉམས་ལེན་ཞུ་རུ་འགྲོ་སྐབས་ཤིག་ལ་བླ་མའི་ཞལ་ ནས། ད་ལན་ཁྱོ ད་ཀྱི་ཉམས་ལེན་འདི་ཙམ་ཤེས་པ་ནི་ལྷ་བཟོ་བླ་མ་ཚང་གི་བཀའ་དྲིན་ཡིན། ད་དུང་ཁྱོད་ལ་སྔར་མེད་ཀྱི་སྟོང་གཟུགས་དང་སེམས་ཀྱི་གནས་ལུགས་ཀྱི་ཉམས་ཤིག་ཞག་ འགའ་ནས་འོང་ཞེས་གསུངས་པ་ལྟར་ཞག་འགར་སོང་བ་ན་དེ་ལུགས་ཀྱི་འཆར་སྒོ་ངེས་པར་ བྱུང༌། ཡང་ཉིན་གཅིག་ཞལ་ནས། ཁྱོ ད་ལ་ཞག་བདུན་ནས་འཕར་གཡོ་ཞིག་འོང༌། གསུངས་ པ་བཞིན་དེ་ལྟར་བྱུང་ཚེ་ཚུལ་དེ་ཁོང་ལ་ཞུ་བར་ཆས་པ་ན་དེའི་ཉིན་ཞུ་རྒྱུའི་ལོང་སྐབས་མ་ ཤར་ཀྱང་བླ་མས་ཡི་གེ་གཅིག་གནང་ནས་འདི་ལ་ལྟོ ས་གསུངས། དེར་བལྟས་ཚེ་ཇོ་ནང་ཀུན་ མཁྱེན་ཆེན་པོས་ལྷ་སྲས་ཀུན་དགའ་ལ་གདམས་པའི་ཞལ་གདམས་དེ་ཡིན་འདུག་པས་དེའི་ ནང་དུ་ཁོང་ལ་མཁོ་བའི་སྤོག་ཆོག་ཡོད་པས་དེས་ཐུགས་ལ་གནད་དུ་ཇི་བཞིན་ཁེལ་སོང༌། བླ་མ་གང་ཉིད་ཀྱི་མདུན་ནས་སྔ་ཕྱི་ཀུན་ཏུ་བཀླག་ལུང་མང་པོ་གསན། ཡང་ཁོང་ཉིད་རྟ་ 3-1-213 མགྲིན་དུ་ལོ་གཅིག་བཞུགས་སྐབས་དགུན་དུས་སུ་ནང་མཆོད་ནས་ལྗང་བུའི་རྩེ་རལ་གྲི་ལྟ་ བུ་ཁ་དོག་སྣ་ཚོགས་པ་མང་པོ་སྐྱེས་ཤིང༌། ཚེ་སྒྲུབ་འོད་ཆོག སྒྲོལ་མ་རྣམས་ལ་བཞུགས་དུས་ སུའང་རྟགས་མཚན་རེ་དང༌། དུས་འཁོར་ཡོངས་རྫོགས་ལ་བཞུགས་སྐབས་སྒྲུབ་གཏོར་ནང་ མཆོད་སོགས་ལ་ལྕགས་མདོག་གི་སྤུ་འོད་འཚེར་བ་སྐྱེས་ཏེ་འགྲུབ་རྟགས་ཁྱད་པར་བ་རེ་ ཐོན། དགུང་ལོ་སོ་དྲུག་སྐོར་སོགས་སུ་ས་དམར་དགོན་དུ་ཕེབས་ནས་བླ་མ་སྙན་གྲགས་ཀྱི་ མདུན་དུ། ནཻ་གུའི་བཀའ་ཕྱི་ནང་ཡོངས་རྫོགས་དང༌། གཅོད་དབང་རྣམས་ཞུས། རྟོགས་ འབུལ་གྱིས་ཐུགས་མགུ་ཆེར་གནང་མཛད། བླ་མ་རྣམ་གཉིས་ལ་ཕར་དུས་འཁོར་སྦྱོར་དྲུག་ སྒོ མ་རིམ་གྱི་ཁྲིད་ལུང་གསུངས་སོ། །དེ་ལས་སྔ་ཕྱི་ཀུན་ཏུ་དམ་པ་དུ་མའི་མདུན་ཆོས་བཀའ་ གཞན་ཡང་ཆེས་མང་པོ་ནོད་རིགས་སུ་འདུག་ནའང་ཡིན་ལུགས་ཇི་བཞིན་མི་གསལ། ཁོང་ ཉིད་ཀྱིས་གདུལ་བྱ་རྗེས་སུ་བཟུང་རིམ་ཡང་གཡུ་ཐོག་བླ་མ་མཁྱེན་རབ་རྒྱ་མཚོ་སོགས་ལ་ བསྡུས་གྲྭ་དང་ཕར་ཕྱིན་གྱི་བཤད་ཁྲིད་ཞིབ་རྒྱས་སུ་མཛད། གཙང་བའི་གཟིམས་ཁང་འཁྲི་ ཤིང་ནང་དུ་མཚམས་གྲྭ་པ་ཆོས་ཚན་དུ་མ་ལ་རྡོར་སེམས་སོགས་ཀྱི་བཟླས་ལུང་དང༌། མཆོག་ དབང་གསུང་སྐབས་མཚམས་གྲྭ་པ་ཆེས་མང་ལ་འཕར་གཡོ་བྱུང་ཞིང༌། འདི་སྐོར་གཟིམས་ ཁང་དུ་ཟབ་ཁྲིད་གསལ་གདབ་ཀྱི་མཁན་པོ་མཛད་བཞིན་རྗེ་བཙུན་རིན་པོ་ཆེའི་གསུངས་ འབུམ་ཇ་པ་ཡན་གྱི་བཀླག་ལུང་ཡང་སྔ་ཕྱི་ཅི་རིགས་པར་གསུངས། དེ་མཚམས་ཤིག་ནས་ འཛི་སྲིབ་དགོན་དུ་ཕེབས་ཏེ་བླ་མ་ཟླ་བ་གྲགས་པ་དང་མཉམ་དུ་ལོ་འགར་མཚམས་གྲྭ་བ་ ཆོས་ཚན་དག་ལ་ཅི་དགོས་ཀྱི་ཟབ་ཁྲིད་ཀྱང་མཛད། དགུང་ལོ་ཞེ་ལྔའི་སྟེང་ཙམ་ན་བླ་མ་ཟླ་ བ་ཞིང་དུ་གཤེགས་ཁར་ཁོང་ཉིད་རྒྱལ་ཚབ་མཆོག་ཏུ་མངའ་གསོལ་མཛད་ནས་དེ་ཕན་ཆད་ དུ་འཛི་སྲིབ་དགོན་གྱི་སྒྲུབ་སྡེ་ལེགས་བསྐྱངས་ཀྱི་ཐུགས་ཁུར་བཞེས་ནས་རྡོ་རྗེ་སློབ་དཔོན་ ཉིད་ཀྱིས་མཛད་དེ་ལོ་ཉེར་དྲུག་བར་ཆོས་ཚན་སྔ་ཕྱི་རིམ་པས་རྗེས་སུ་བཟུང་སྟེ་ཟབ་ཁྲིད་ 3-1-214 མན་ངག་དབང་ལུང་ཅི་དགོས་མཐའ་དག་མཛད་ཡུལ་གྱི་ཆོས་ཚན་པ་རིམ་པས་དེ་ཕན་དུ་ བྱུང་ཚུལ་ཐོག་མར་སྦྱོར་དྲུག་པ་བླ་མ་རིན་ཆེན་འོད་སོགས་ཀྱི་སྐོར་དང༌། དེ་ནས་རིམ་པ་ བཞིན་སོག་པོའི་སྣང་བྱེད་སོགས་བཅུ་གཅིག བླ་མ་ཆོས་དབྱིངས་སོགས་དགུ། བླ་མ་ཚུལ་ ཁྲིམས་བཟང་སོགས་ལྔ། ཆོས་རྡོར་སོགས་གཉིས། བླ་མ་ཡོན་ཏན་རིན་ཆེན་སོགས་བཅུ། བདེ་ཆེན་སོགས་བདུན། རིན་ཆེན་འོད་སོགས་དགུ། དེའི་བར་མཚམས་གྲྭ་པ་ལྔ་ཙམ་འབུམ་ ལྔ་དང༌། ཡང་བར་སྐབས་སུ་གྲྭ་པ་ལྔ་སྦྱོར་དྲུག་པ་སོགས་དེ་ཐམས་ཅད་ཆོས་བཀའ་ཟབ་མོ་ གང་འཚམས་ཀྱིས་བསྐྱངས། དགུང་ལོ་རེ་གཉིས་སྐོར་ཀ་ཞབས་ལྷ་མོའི་དར་ཐང་དུ་སྦྱོར་ དྲུག་པ་ངག་བློས་སོགས་བཅུ་གཉིས། དགུང་ལོ་རེ་གསུམ་སྐོར་འཛི་སྲིབ་དགོན་དུ་ཀུན་ དགའ་བཟང་སོགས་སྦྱོར་དྲུག་པ་དགུ། དགུང་ལོ་རེ་བཞི་སྐོར་ཀ་ཞབས་ཐང་དུ་སྦྱོར་དྲུག་པ་ རབ་དགའ་སོགས་ལྔ། དེ་ནས་རིམ་པར་ངག་ཚུལ་སོགས་ལྔ་དང་གྲྭ་པ་བཞི་ལྔ་ཙམ་འདུག སྐུ་ཚེ་སྨད་ལ་ར་ཤུག་རི་ཁྲོད་དུ་སྦྱོར་དྲུག་པ་འགའ་རེ་ཟབ་ཆོས་ཀྱིས་ལེགས་བསྐྱང་མཛད་ ཅིང༌། སྔར་གྱི་གནས་སྐབས་ཤིག་ཏུ་ཁོང་ཉིད་འཛམ་ཐང་གཙང་བའི་གྲྭ་ཚང་གི་འདུ་ཁང་དུ་ བྱོན་ཏེ་ངག་དབང་རྡོ་རྗེ་བཟང་པོའི་མདུན་ནས་རིན་འབྱུང་གི་དབང་ཞུས་ཤིང་ཉིད་ཀྱིས་ འདུས་པ་མང་པོ་ལ་རིན་འབྱུང་རྩ་བའི་བཀླག་ལུང་ཡང་གསུངས། གཞན་ཡང་གང་གིས་སློབ་ ཚོགས་ལ་བཤད་ཁྲིད་ཀྱི་རིམ་པ་ལྕགས་སྐོང་བྱང་ཆུབ་བཟང་སོགས་ལ་བསྡུས་གྲྭ། བླ་མ་ སྟག་ལོ་སོགས་ལ་བསྡུས་གྲྭ་དང་སྦྱོར་དྲུག་སྤྱི་དོན། ཡོན་རིན་སོགས་ལ་ལམ་རིམ། ཤུག་སྒང་ སྤྲུལ་སྐུ་སོགས་ལ་བསྡུས་གྲྭ་དང་ཕར་ཕྱིན། དབུ་མཛད་གྲགས་བཟང་སོགས་ལ་ལམ་རིམ་ དང་བློ་སྦྱོང༌། གཡུ་ཐོག་སྤྲུལ་སྐུ་ཝ་ཤུལ་མཁྱེ ན་རབ་རྒྱ་མཚོ་སོག་ལ་བསྡུས་གྲྭ་དང་ཕར་ཕྱིན། རིན་ཆེན་འོད་སོགས་ལ་སྦྱོར་དྲུག་སྤྱི་དོན་དང་བློ་སྦྱོང༌། རིག་མཆོག་སོགས་ལ་རྟ་མགྲིན་ གཞུང་ཁྲིད། ངག་རིན་སོགས་ལ་དུས་འཁོར་ཡོངས་རྫོགས་ཀྱི་ཁྲིད། འདི་སྐོར་གོང་འོག་ཅི་ 3-1-215 རིགས་ལ་རྡོའི་གྲུབ་ཆེན་རིན་པོ་ཆེའི་སྤྲུལ་སྐུ་ཐུབ་པ་ཆེད་གཉེར་ཀྱིས་སྐུ་མདུན་དུ་འོང་ནས་ ཆོས་འབྲེལ་ཞུས། བྱ་ཡུར་བླ་མ་མཚན་ལྡན་སོགས་བླ་མ་དུ་མ་ལ་དུས་འཁོར་ཡོངས་རྫོགས་ ལན་གཉིས་ཁྲིད་པ་སོགས་ཡོངས་རྫོགས་མང་པོ་འདི་སྐོར་ལ་གསུངས། བཀྲ་སྐོར་བླ་མ་ མཆོག་དགའ་སོགས་གྲྭ་བཙུན་འགའ་ལ་སྦྱོར་དྲུག་ཞག་བརྒྱད་པའི་ས་བཅད་དང༌། ཐིག་རྩ་ སྣ་ཚོགས་ཀྱང་གསུངས་ཤིང༌། བཀླག་ལུང་གི་རིམ་པ་ཞུ་མཁན་རང་རང་གི་མོས་ངོར་བཞིན་ ཀུན་མཁྱེ ན་གསུང་འབུམ་རྣམ་ཐར་བཅས་དང༌། དུས་འཁོར་གསར་རྙིང་སོགས་འདོན་ཆ་ མཁོ་ཚོགས་མང་པོ། སྦྱོར་དྲུག་སྤྱི་དོན་སོགས་ཀྱི་ལུང་དང༌། ཟབ་དབང་གི་རིམ་པ་མཆོག་ དབང༌། བཟླས་ལུང་མང་པོ། དུས་འཁོར་དབང་ཆེན་ལན་གཉིས། ཀུན་རིག་མི་འཁྲུགས་པ། གཅོད་དབང༌། ཐུགས་རྗེ་ཆེན་པོ་ལྟུང་བཤགས། མྱུར་ལམ། མགོན་པོ་ཚོགས་བདག་གི་ དབང་སོགས་དང༌། དམིགས་ཁྲིད་ཀྱི་རིམ་པ་བསྐྱེད་རིམ་སྣ་ཚོགས་ནཻ་གུའི་ཟབ་ཁྲིད་སོགས་ ཀྱང་གསུངས་ལ། དེ་མིན་བར་བར་དུ་རིག་གནས་རྩིས་དཀར་ནག་དང་དཀྱིལ་འཁོར་གྱི་བྲི་ ཐིག་དང་རྩིག་ཐབས་སོགས་དོན་གཉེར་ཅན་གང་ཡོད་རྣམས་ལ་ལེགས་བསླབ་མཛད་པ་ སོགས་ཕྲིན་ལས་རྒྱས་ཙམ་དུ་སོང་ཞིང༌། གཞན་ཡང་ཐུགས་མངོན་ཤེས་ཀྱིས་ལྐོག་གྱུར་ འགའ་རེ་གཟིགས་ཤིང༌། འཛམ་ཐང་གཙང་བའི་གྲྭ་ཚང་གི་བདེ་མཆོག་དང་དུས་འཁོར་སྒྲུབ་ མཆོད་ཀྱི་ཁྲི་འཛིན་དང༌། འཛི་སྲིབ་གོང་འགབ་གྱི་སྒྲུབ་མཆོད་མང་པོའི་ཁྲི་འཛིན་ཀྱང་མཛད། འཛི་སྟོད་སྨད་ཀྱི་མཆོད་རྟེན་མང་པོའི་ཐིག་རྩ་འདེབས་པའི་སློབ་དཔོན་དང༌། མི་སྐྱ་ཕོ་མོ་ལ་ དགེ་བསྐུལ་གྱི་བསྙུང་གནས་མང་དུ་འཚོགས་སྐབས་མཆོད་གཏོར་གྱི་ངོས་ནས་བདུད་རྩིའི་ རྒྱུན་སྔ་ཕྱི་དུ་མར་དངོས་སུ་རྡོལ་བ་དེར་གནས་ཀུན་གྱི་ཐུན་མོང་གི་སྣང་ངོར་བསྙོ ན་དུ་མེད་པ་ མངོན་གསལ་དུ་གྱུར་ཅིང༌། དམ་པ་འདི་ཉིད་ཀྱིས་གསུང་ཆོས་ཡང་ཞལ་གདམས་སེམས་ ཁྲིད། གསོལ་འདེབས། སྨོ ན་ལམ་སོགས་འགའ་རེ་ཡོད། འདི་ཉིད་ཀྱི་གསུང་སྐད་ལ་ངག་ 3-1-216 སྒྲིབ་དག་པ་དང༌། སྒོ ་གསུམ་གྱི་སྤྱོད་པ་ལ་དང་བ་གསུམ་ལྡན་གྱི་ཆེ་བསྔགས་སྐྱེས་ཆེན་དམ་ པ་དུ་མས་བརྗོད་ཅེས་གྲགས་སྐད་ཡང་ར་ཤུག་རི་ཁྲོད་དུ་འཇིགས་བྱེད་རོ་ལངས་བརྒྱད་ བསྐོར་གྱི་དབང་བསྐུར་མཛད་སྐབས་བུམ་ཆུ་ཡུན་རིང་པོའི་བར་ཟད་པ་དང་རུལ་བ་གང་ ཡང་མེད་པར་ཁྲུས་སོགས་གང་འདོད་བྱེད་ཆོག་པ་བྱུང་བའི་ལོ་རྒྱུས་ཀྱང་ཡོད། དམ་པ་གང་ གི་རྒྱུན་གྱི་ཀུན་སྤྱོད་ཞལ་འདོན་རྒྱུན་འཁྱེ ར་ཐུན་བཞི་ཆག་མེད། ཐུན་མཚམས་སུ་དཔེ་ཁྲིད་ ཅི་དགོས་མཛད་ཅིང༌། སློབ་ཚོགས་ལ་ཞལ་ཏ་ཡང༌། དགེ་སྒྲུབ་སྡིག་སྤོང་གི་ཚུལ་དུ་མ་དང༌། དེང་ཚང་ཆགས་སྡང་བསགས་པ་ལ་ཇོ་སེར་རྣམས་སུ་ལས་ཐུ་ཚུལ་གྱི་བསླབ་སྟོན་ནན་མོ་ ཡང་མཛད་ལ། ཐུགས་རྒྱུད་བྱང་ཆུབ་ཀྱི་སེམས་ལ་རྟག་པར་གཞོལ་ཞིང་ཁོང་ཉིད་ཞི་བ་ལྷའི་ རྣམ་འཕྲུལ་དུ་ཟེར་སྲོལ་ཡང་ཡོད། ཁོང་གིས་བྱ་བ་ལས་ཀྱི་འཁོར་ལོ་ཡང་ཡིག་དྲུག་གི་དུང་ འཁོར་གསུམ་དང༌། ཁྲི་ལྡན། དངུལ་གྱི་མཆོད་རྟེན་གཉིས། ཇོ་དར་སྔ་ཕྱི་ཀུན་ཏུ་གྲངས་ཆོད་ དཀའ་བ། ལོ་དུས་བར་བར་དུ་དབྱར་ལ་ཚྭ་ཚྭ་སྐུ་སྤར་གྲངས་མང་འདེབས་པ། སྐལ་བཟང་རྡོ་ བརྐོས་སོགས་ཉིད་ལ་དངོས་རྫས་གང་ཡོད་རྣམ་དཀར་བསོད་ནམས་ཀྱི་ཡོན་ཐང་དུ་གཙང་ དག་མཛད་པ་སོགས་བགྱི་བ་དོན་ལྡན་འབའ་ཞིག་གི་ངང་ནས་དུས་འདའ་བ་ཞིག་གོ །དེ་ལྟ་ བུའི་ཚུལ་གྱིས་ཁོང་ཉིད་དགུང་ལོ་རེ་དགུའི་དུས་ཙམ་ན་དུས་ཀྱི་འགྱུར་ལྡོག་ཆེ་བའི་དབང་ གིས་གནས་སྐབས་གཞན་དུ་སོང་གཤིས་ཁོང་གི་ཞལ་ནས། སློབ་བུ་ཉེ་འཁོར་བ་གང་དག་ ལ། ད་ལོ་ཡུལ་ཁམས་འདིར་ལོག་ལྟས་འགོ་ཁྲིད་ཀྱི་འོག་ཏུ་ལས་འབྲས་མེད་པར་སྨྲ་བས་ གང་འདུག་པ་ལ་རང་གི་སེམས་གཏིང་ནས་སྡུག་ཅིང་ཁྱེད་རྣམས་ཀྱིས་ཀྱང་ལས་འབྲས་ལ་ ཁྱད་གསོད་མི་བྱེད་པ་ཙམ་རེ་སེམས་ལ་ཟུང༌། གཞན་དེ་ལུགས་ལྟར་བཤད་དུ་འོས་པ་ཚོ་ལ་ ཡིན་ལུགས་རེ་ཤོད་ཅིག ཅེས་གསུངས་ནས་ལོ་དེར་ཉིད་ཀྱི་ན་བཟའ་སོགས་རྒྱུ་རྫས་ཆེ་ཕྲ་ མཐའ་དག་མཆོག་དམན་ཀུན་ལ་ཆོས་ཡོན་མ་ཡིན་པར་རང་གར་གནང་སྦྱིན་མཛད་ནས་ 3-1-217 གཙང་དག་བྱས་ཏེ་སྐུ་རིང་དུ་མི་བཞུགས་ཚུལ་གྱི་གསུང་ཟུར་ཀྱང་མང་པོ་བྱུང༌། དེའི་ལོ་ཕྱི་མ་ ལྕགས་བྱིའི་ལོར་ཉིད་དགུང་གྲངས་བདུན་ཅུར་སླེབས་སྐབས་ཞལ་གསུང་ལས། སྔོ ན་ཆད་ ཁམས་སང་གཏེར་སྟོན་གྱི་བརྡ་ལུང་ལས། ཁོ་བོ་ལོ་རེ་ལྔའི་དུས་ཤི་ན་བདེ་བ་ཅན་དུ་འགྲོ་ ཞིང༌། བདུན་ཅུའི་སྐབས་ཤི་ན་ཤམྦྷ་ལར་སྐྱེས་ནས་དཔལ་བདེ་བ་མཆོག་གི་སྒྱུ་ལུས་འགྲུབ་ པར་ལུང་བསྟན་ཞིག་ཀྱང་ཡོད་པས་ད་ལོ་རང་ཤི་ན་ཐང༌། འདིའི་སྒྱུ་ལུས་ཞེས་པ་ནི་གཞན་ མིན་པར་དུས་འཁོར་ལུགས་ཀྱི་སྒྱུ་ལུས་དེ་རེད། ཅེས་གསུངས། དེ་ནས་ཟླ་བ་གཅིག་ཙམ་གྱི་ རིང་ལ་ཐུན་མཉམ་བཞག་ཏུ་བཞུགས་སྐབས་ཐང་རེར་གྲོལ་མཚམས་དུས་སུ་བྱུང་ཞིང་བར་ འགའ་ལ་ནུབ་ཐུན་ནངས་སྔ་མོ་ལས་མི་གྲོལ་བ་སོགས་མཛད་སྒོ་ངེས་མེད་ཞིག་ཏུ་གྱུར་ཏེ་ ཁམས་ཀྱང་ཅུང་མི་བདེ་བའི་རྣམ་པ་རེ་ཡང་བྱུང༌། འདི་སྐབས་སྐུ་མདུན་དུ་སུ་སོང་ཡང༌། ཉིད་ ཀྱི་ཞལ་ནས། ད་ཚོད་མ་འོངས་ན་དགའ། བདག་ལ་ནད་ཡོད་པ་མ་གོ་ཞིང་སེམས་བདེ་བ་ཁོ་ ནས་དུས་འདའ་བ་ཞིག་བྱུང་གསུངས། དེ་ཕན་ཁོང་གིས་བརྡ་མ་བྱས་པར་སུ་ཡང་སྐུ་མདུན་ དུ་འགྲོ་མ་ནུས། སྐབས་འགར་ཞལ་ནས། ཁོ་བོའི་ནད་ཀྱི་ཚུལ་ལ་སེམས་འདང་སོང་ཚེ་ཆེར་ ཡོད་པ་འདྲ་ཡང༌། ཁྱོ ད་ཅག་གིས་ནད་ཆེ་ཆུང་དྲི་བ་མེད་པར་རང་དགར་བཞག་ན་ལུས་ སེམས་བདེ་བ་འབའ་ཞིག་མ་གཏོགས་ནད་དང་སྡུག་བསྔལ་སོགས་མི་བདེ་བ་གཞི་ན་མི་ འདུག་གོ །ཞེས་གསུངས་ཤིང༌། བར་འགའ་ལ་ཞལ་གསུང་ལས། བདག་ཤི་ནའང་ཡུལ་གྱི་ རྒན་རྒོན་ཐ་མལ་རང་ག་ལྟར་ལས་ཐུགས་དམ་ཞེས་པ་གཏན་ནས་མེད་ངེས་ཡིན་པས་རང་ སྐོར་ནས་ཕུང་པོ་འདི་ཐལ་བ་རེ་བྱེད་ཐབས་བྱུང་ན་ལེགས་ཚུལ་ཀྱང་ཡང་ཡང་གསུང་གིན་ འདུག་ཅིང༌། ལོ་དེའི་ཧོར་ཟླ་གཉིས་པའི་ཚེས་དགུའི་སྔ་དྲོ་ཙམ་ན་ཉེ་གནས་སློབ་འགའ་ལ་ ཞལ་ནས། ད་ནི་ཁྱེ ད་ཅག་གིས་བྱིན་རྟེན་གང་དག་སྦྱོང་ལ་ཁོ་བོར་ལུད་ཅིག་གསུངས། དེ་ ལྟར་བྱས་ནས་སློབ་ཚོགས་ཀྱིས་ཉིད་མདུན་དུ་ཡན་ལག་བདུན་པ་རེ་འབུལ་མཐར་ཉིན་དེའི་ 3-1-218 ཕྱེད་ལ་ཐོན་ཙམ་ན་ཁོང་གི་ཞལ་འཛུམ་པ་དང་བཅས་ཨ་མཚར་གྱི་ཚིག་རེ་གསུང་བཞིན་སྤྱན་ གཉིས་ལྟ་སྟངས་མཛད་དེ་རླུང་ཕྱིར་བུས་པ་ནང་དུ་རྔུབས་ནས་དགོངས་པ་རྫོགས་ཚུལ་དུ་ བཞུགས་ཏེ་སྐུ་གཤེགས། སྐུ་གཟི་མདངས་དང་བཅས་ཕྱི་ཉིན་ཉི་ཤར་ཙམ་ནས་ཐུགས་དམ་ གྱི་རྣམ་པའང་མེད་པར་གྱུར་ཏེ་གདུང་ཆས་གཤེགས་མཆོད་སོགས་ཀྱི་ཚེ་སྐུ་ལ་བུམ་ལྟོ་དང་ གསང་བ་སྦུབས་སུ་ནུབ་པའི་མཚན་དང་དྲི་བཟང་གི་ངད་འཐུལ་བ་སོགས་ཀྱི་རྟགས་ངོ་ མཚར་བ་བྱུང་ཞིང༌། དེ་དག་གི་སྐབས་མཁའ་ལ་འཇའ་སྤྲིན་དང་གདུང་ལ་མེ་མཆོད་དུས་སུ་ གདུང་རུས་ཀྱི་སྒལ་ཚིགས་ཡ་ཡོ་མེད་པར་ཡུན་རིང་བསྡད་པ་སོགས་དང་བཅས་གདུང་བཞུ་ གདུང་ཚ་སོགས་བགྱི་བ་གང་དགོས་ལེགས་གྲུབ་བགྱིས་ཤིང༌། ཉིད་ཀྱི་ཐུགས་སློབ་སོགས་ ཀྱི་རིམ་པ་གོང་སྨོ ས་ལྟར་རོ། ། ༼༡༢༽ གཙང་ཆེན་སྤྲུལ་པའི་སྐུ་གསུམ་པ་དང་གཙང་བ་དགེ་སློང་ཟུང་གི་དངོས་སློབ་ངག་ དབང་ཆོས་ཀྱི་འཕགས་པའི་ཐུགས་སྲས་མཆོག་ཏུ་གྱུར་པ་བྱ་ཡུར་འཛོང་བོ་བླ་མ་མཚན་ བཟང་གི་ལོ་རྒྱུས་ནི། དམ་པ་འདི་ཉིད་ལ་འཛོང་བོ་སྐྱབས་མགོན་ཞེས་གྲགས་ཤིང༌། དེ་ཡང་ འཕགས་པ་འཇིག་རྟེན་དབང་ཕྱུག་གི་རྣམ་པར་འཕྲུལ་པའི་ཆ་ཤས་དང༌། བོད་གངས་རིའི་ ལྗོངས་ཀྱི་གྲགས་པར་མངོན་པར་མཐོ་བ་ས་སྐྱའི་གོང་མ་རྣམ་ལྔའི་ཡ་གྱལ་འགྲོ་མགོན་ཆོས་ རྒྱལ་འཕགས་པའི་ཡང་སྲིད་དུའང་དམ་པ་མང་པོས་ཆེ་བསྔགས་ཡང་ཡང་མཛད་པའི་འགྲོ་ འདྲེན་གྱི་སྐྱེས་ཆེན་མཆོག་ཏུ་གྱུར་པ་ཞིག་སྟེ། དེ་འདྲའི་བླ་མ་དམ་པ་དེ་ཉིད་སྐུ་འཁྲུངས་ཡུལ་ འཛི་ཉིན་ཕྱོགས་ཀྱི་བྱ་ཡུར་ཞེས་པར་ཚེས་བཅུའི་སྐུ་རིན་ཆེན་གྲགས་པ་དང་རུས་གཅིག་པ་ བསེ་ཁྱུང་སྦྲའི་རིགས་ཡབ་འཛོང་བོ་ལྷ་བསྲུང་དང་ཡུམ་ལྷ་བཟའ་སྐྱ་ལོ་མ་གཉིས་ཀྱི་སྲས་ སྤུན་ལྔའི་ཐོག་མར་མེ་ལུག་ལོར་ཁོང་ཉིད་སྐུ་བལྟམས། སྐུ་ན་ཆུང་བའི་དུས་སུ་གཙང་བ་ འཇིགས་མེད་རྣམ་རྒྱལ་གྱི་དངོས་སློབ་རབ་ཀའི་བླ་མ་བྱང་རྡོར་གྱིས་རང་གི་རྩ་བའི་བླ་མས་ 3-1-219 མཚན་ལ་གྲས་ནས་ཆུང་མིང་འཇིགས་བཟང་ཞེས་བཏགས། དམ་པ་འདི་གཞོན་དུས་སུའང་ འགྲོ་ལ་བྱམས་བརྩེ་ཆེ་ཞིང་གཏོང་ཕོད་ལ་ཤིན་ཏུ་དགའ་བའི་ཐུགས་བློ་དང་ལྡན་པ་ཆུང་ གྲོགས་བྱིས་པ་རྣམས་དང་མི་འཁོན་པས་ཐུགས་གཤིས་བཟང་བ་སྐུ་གསུང་ཐུགས་རྟེན་ བཞེངས་པ་སོགས་ཀྱི་ཟློས་གར་རྩེད་མོ་ཡ་རབས་དམ་པའི་སྤྱོད་པ་ལ་འགྲན་པ་ཞིག་སྟེ། ཉིད་དགུང་ལོ་བཅུ་གསུམ་སྐོར་གཙང་ཆེན་གྱི་དངོས་སློབ་ཁུ་བོ་བསྟན་སྐྱོང་གི་དྲུང་དུ་ཡི་གེ་ ལེགས་སློབ་མཛད་རྗེས། གཙང་པའི་སློབ་མ་བླ་མ་ཚུལ་ཁྲིམས་ཀྱི་མདུན་ནས། ཐུན་མོང་གི་ ཆོས་བཤེས་གཉེན་བསྟེན་ཚུལ་བློ་ལྡོག་རྣམ་བཞི་སོགས་གསན་སྦྱང་རེ་དང་བཅས་བླ་མ་དེ་ ཉིད་ཀྱི་བཀའ་ལུང་བཞིན་འཛམ་ཐང་གཙང་པའི་ཕོ་བྲང་དུ་བྱོན་ནས་གཙང་བའི་རྒྱལ་ཚབ་ གཙང་བ་དགེ་སློང་ངག་དབང་ཆོས་འཕེལ་རྒྱ་མཚོ་བཞུགས་པའི་དྲུང་དུ་དགུང་ལོ་བཅོ་བརྒྱད་ ཙམ་སླེབས་སྐབས་ལེགས་ཕྱིན་མཛད་ནས་བླ་མ་དགེ་སློང་ཉིད་ཀྱི་ཞལ་སྔ་ནས། ཟབ་ལམ་རྡོ་ རྗེའི་རྣལ་འབྱོར་གྱི་སྔོན་འགྲོའི་རིམ་པ་མཐའ་དག་ཞུས་ནས་ཉམས་ལེན་མྱོང་བ་ཐོན་ངེས་རེ་ བྱས། སྡོམ་པ་འབོགས་པ་དང་མཆོག་དབང་སོགས་དང་བཅས་ངག་དབང་མཚན་བཟང་ ཞེས་པའི་མཚན་ཡང་དེ་དུས་ནས་གསོལ་ཞིང༌། དེ་ནས་དབེན་གསུམ་སོར་སྡུད་ཀྱི་སྐབས་ ཙམ་ཉམས་བཞེས་ཀྱི་དུས་འོད་གསལ་རྟགས་བཅུ་བརྟན་ཅིང་དེ་དག་ནུས་མ་བཅུའི་རྣམ་ པར་མཐོང་བ་སོགས་ཀྱི་ཉམས་མྱོང་སྐྱེས། དགུང་ལོ་བཅུ་དགུ་སྐོར་དགེ་སློང་གི་མདུན་ནས་ མི་འཁྲུགས་པའི་དབང༌། སྤྱན་རས་གཟིགས་ཀྱི་རྗེས་གནང༌། འཇམ་དབྱངས་དམར་སེར་ བཟླས་ལུང༌། རྟ་ཕྱག་ཁྱུང་གསུམ་རྗེས་གནང༌། གྲུབ་རྒྱལ་ལུགས་ཀྱི་ཚེ་དབང༌། ཀོང་སྤྲུལ་ གཅོད་དབང༌། པཎ་ཆེན་གཅོད་སྐོར་རྣམས་ཀྱི་ཁྲིད་ལུང༌། ནཻ་གུའི་ཟབ་ཁྲིད། བསྐྱེད་རིམ་སྣ་ ཚོགས་ཀྱི་དམིགས་ཁྲིད། འདོན་ཆ་མཁོ་ཚོགས་ཀྱི་བཀླག་ལུང་རྣམས་གསན་ནས་དགེ་སློང་ ཉིད་དེ་མཚམས་ལོ་དེའི་བདུན་པའི་ཚེས་གཉིས་སུ་དག་ཞིང་དུ་གཤེགས། དེ་ནས་ངག་དབང་ 3-1-220 ཆོས་ཀྱི་འཕགས་པ་རྒྱལ་ཚབ་ཏུ་བཞུགས་པ་སྤྱི་བོས་བླ་མར་བཀུར་ཏེ་སླར་ཡང་སྦྱོར་དྲུག་གི་ སྔོ ན་འགྲོ་ནས་སོར་སྡུད་བར་གྱི་ཟབ་ཁྲིད་ཞུས་ནས་ཉམས་ལེན་དང༌། འདི་སྐོར་ཞིག་ཏུ་བླ་མ་ དེ་ཉིད་ཀྱི་མདུན། དགེ་ཚུལ་གྱི་སྡོམ་པའང་མནོས། སྔོ ན་འགྲོ་ཉམས་ལེན་གྱི་སྐབས་དད་པ་ དང་འཁོར་བའི་སྡུག་བསྔལ་བཟོད་མེད་དུ་མཐོང་བ། སེམས་ཅན་ལ་སྙི ང་རྗེ་ཤུགས་ཆེ་བ། གང་སྣང་བདེན་མེད་ཀྱི་རྣམ་པར་མཐོང་བ་སོགས་བྱུང༌། དབེན་གསུམ་དུས་འོད་གསལ་གྱི་ སྣང་བ་རབ་འབྱམས་ཤར་ཞིང༌། བླ་མས་ལུས་ཕུད་འབུལ་བ་ཞེས་པའི་བྱིན་རླབས་མཛད་ཚེ། སྟོང་གཟུགས་ཐིག་ལེ་རབ་འབྱམས་ལུས་ལ་ཐིམ་པས་ཉམས་འུར་སྡོད་མི་ཚུགས་པ་དང༌། སོར་སྡུད་དུ་རྟགས་བཅུ་ལྷ་མོ་ནུས་མ་དག་གི་རྣམ་པར་ཆེས་ཆེར་མཐོང་བ་དང༌། བསམ་ གཏན་སྐབས་སྟོང་གཟུགས་རབ་འབྱམས་སྔར་ལས་ཆེས་ཆེར་མཆེད་དེ་ཐིག་ལེའི་དབུས་སུ་ ཞིང་ཁམས་དང་སངས་རྒྱས་ཀྱི་སྐུའི་རྣམ་པ་འདྲ་མིན་སྣ་ཚོགས་པ་བརྗོད་པའི་ཡུལ་ལས་ འདས་པ་སོགས་ལམ་རང་རང་གི་མྱོང་རྟགས་ཁྱད་པར་ཅན་དེ་དུས་སུ་མཐའ་ཀླས་པ་ངེས་ པར་བྱུང་ཞིང༌། ཁྱད་པར་ཁོང་གི་སྐུ་ཚེ་སྨད་ཙམ་དུ་ནི་ནམ་ཞིག་འོད་གསལ་མ་བུ་གཅིག་ འདྲེས་སྒོམ་སྟོབས་ལས་བྱུང་བ་ལམ་གྱི་གནས་སྐབས་ཡན་ལག་དྲུག་གི་རྟོགས་པ་ཡར་ལྡན་ དུ་སོན་པས་ཆོས་ཉིད་དོན་དམ་པའི་གནས་ལུགས་ཟབ་མོའི་དག་སྣང་འབའ་ཞིག་ལ་རྟག་ པར་ལོངས་སྤྱོད་པ་ཞིག་ཏུའང་སོང་སྐད། ད་ལན་ཉམས་ལེན་འདི་སྐབས་སུ་ཐོག་མ་དེ་འདྲའི་ ཚུལ་གྱིས་བསྒོམ་པར་མཛད་རིང་རྡོ་རྗེ་འཆང་ངག་དབང་ཆོས་ཀྱི་འཕགས་པའི་མདུན་ནས། ཟབ་བཀའ་ཐོབ་རིམ། རྡོར་ཕྲེང་ཡོངས་རྫོགས། བཱ་རིའི་ལུགས་ཀྱི་རྗེས་གནང་བརྒྱ་རྩ། སྦྱོང་རྒྱུད། དུས་འཁོར་དབང་ཆེན། ཤངས་ཆོས་སྐོར་ཆ་ཚང༌། ཀུན་མཁྱེ ན་རྗེ་བཙུན་བཅས་ཀྱི་ གསུངས་འབུམ། རྭ་ལོའི་མན་ངག རྟོགས་བདུན་འགྲེལ་བཤད་སྐོར། མགོན་པོའི་མན་ངག་ པོ་ཏི་མེ་འབར། ཁྱུང་སྒྲུབ་སྐོར་སོགས་ལེགས་གསན་མཛད། སྦྱོར་དྲུག་རྗེས་ཁྲིད་སྐབས་བླ་ 3-1-221 མ་ཆོས་འཕགས་ཀྱི་ཞལ་ནས། མཚན་བཟང་ཁྱོ ད་ནམ་ཞིག་འཛོང་བོ་སྐྱབས་མགོན་ཞེས་ འགྲོ་བའི་རེ་ཡུལ་མཆོག་གཅིག་འོང་ངོ༌། །ཞེས་དེ་ལུགས་ལྟར་ལུང་བསྟན་གྱིས་གཟེངས་ བསྟོད་ཀྱང་གནང༌། དགུང་ལོ་ཉེར་གཅིག་སྐོར་རྡོ་རྗེ་འཆང་དེ་ཉིད་ཀྱི་དྲུང་ནས་ནཻ་གུའི་ཟབ་ ཁྲིད་ཞུས་ཏེ་ཟླ་བ་བཅུ་གསུམ་དུ་ཉམས་ལེན་མྱོང་རྟགས་དུས་སུ་ཐོན་པ་རེ་བྱས། འདི་སྐོར་དུ་ུ ར་འོབ་གྲོང་སྡེའི་མི་ཁྱིམ་ཞིག་ཏུ་ཁོང་སྲུང་རིམ་ལ་ཡོད་སྐབས་གདོན་གྱིས་བནྡྷེ་ཞིག་གི་ སེམས་བསླད་ནས་གཉིད་ལོག་པའི་དུས་སུ་ལག་གིས་མཚོན་ཆ་བཟུང་ནས་ཁོང་ཉིད་ལ་ བསྣུན་གྲབས་ཀྱི་སྐབས་ཁོང་གིས་བནྡྷེ་དེའི་འཁྲུལ་པ་སངས་པར་བྱས་ཚེ། དེ་ན་རེ། མདང་ རྨི་ལམ་དུ་བན་རྒན་ཞིག་གིས་ཐང་ཆེན་དུ་མར་གོང་ལྟ་བུ་ཕྱེད་གཤགས་གྱིས་དང་རང་ཅག་ གིས་སོ་སོར་འཁྱེ ར་འགྲོ། ཟེར་བ་རྨིས་ཚུལ་བཤད། དེ་སྔོན་བླ་མའི་ཞལ་ནས། ཁྱོ ད་ལ་བར་ ཆད་རེ་ཡོད་ཀྱང་སྐྱོན་མེད་པར་ལུང་བསྟན་པ་དེ་དུས་ཐོག་ཏུ་ཁེལ་ནས་ཉིད་ལ་གནོད་བྱེད་ ཀྱིས་གླགས་མ་རྙེད། དགུང་ལོ་ཉེར་གཉིས་སུ་རྟ་མགྲིན། འབྱུང་འདུལ། འཇིགས་བྱེད་འབྲུ་ ནོན་གསུམ་ལ་བསྙེ ན་ཚད་བཏང་ཞིང༌། དགུང་ལོ་ཉེར་གསུམ་ནས་ཉེར་དགུའི་བར་ལ་རིམ་ པར་འཇིགས་བྱེད་འབྲུ་ནོན་བསྙེ ན་ཚད་གཉིས། སྙན་བརྒྱུད་བསྙེ ན་ཚད་གཉིས། དེའི་ཡན་ ལག་ཨུཥྞི་ཥའི་བསྲུང་བཟློ ག་བསད་གསུམ་བཅས་དང༌། མགོན་པོ་བྲག་རྫོང་མའི་བསྙེ ན་ཚད་ ཁ་སྐོང༌། དེའི་མདུན་བསྙེ ན་སོགས་ལ་རིམ་གྱིས་བཞུགས་ཤིང༌། བླ་མ་གང་ཉིད་ཀྱི་མདུན་ ནས། སྔ་ཕྱི་རྣམས་སུ་དུས་འཁོར་དབང་ཆེན་སོགས་རྒྱུད་སྡེ་འགའི་དབང་དང༌། རྗེ་བཙུན་གྱི་ བཀའ་འབུམ་ལས་བྱུང་བའི་རྒྱུད་སྡེ་རབ་འབྱམས་ཡོངས་སུ་རྫོགས་པ། ཕུར་བ་ས་ལུགས་ཆ་ ལག་བཅས་སོགས་ཐོབ། གཞན་ཡང་བསྐྱེད་རིམ། རྡོར་ཤུགས་ཕུབ་ཆེན། དུས་འཁོར་ལྷ་ དགུ་དང་ཡོངས་རྫོགས། ཚེ་སྒྲུབ། མི་འཁྲུགས་པ་སོགས་བསྙེ ན་ཚད་ཁ་སྐོང་བཅས་ལེགས་ གྲུབ་མཛད། དགུང་ལོ་སུམ་ཅུ་ནས་སོ་གཉིས་བར་འཛམ་ཐང་གཙང་བའི་སྒྲུབ་གྲྭ་གསར་ 3-1-222 འཛུགས་ཀྱི་དུས་སུ་ལོ་གསུམ་ལ་བཞུགས་རིང༌། བླ་མ་ཆོས་འཕགས། ལྷ་བ་བླ་མ། ལྷ་ཚེ་ སྐྱབས་མགོན། རྒྱ་བླ་མ། སྦྱངས་པ་བླ་མ། ལྷ་བཟོ་བླ་མ་རྣམས་རིམ་པས་ཕེབས་ཏེ། སྦྱོར་ དྲུག་གི་ཆོས་སྐོར་ཆ་ཚང་རེ་རེ་གསུངས་ཤིང༌། དེ་དག་ལས། བླ་མ་ཆོས་འཕགས། ལྷ་བཟོ། སྦྱངས་པ་གསུམ་གྱི་བཀའ་དྲིན་ལ་བརྟེན་ཟབ་ལམ་ཉམས་རྟོགས་ཀྱི་རང་རྐང་ཚུགས་པ་བྱུང་ ཞིང༌། དེ་སྐོར་ཁོང་ཉིད་འབྲུམ་ནད་ཀྱིས་བསྙུན་སྐབས་ཉམས་སྣང་དུ་ལྷ་མོ་ལྗང་གུ་ཕྱག་ན་ ཤིང་ཐོག་སྐག་ཚོས་ཀྱི་མདོག་ལོ་མ་ལྗང་ལམ་མེ་ཡོད་པ་དེས་ཉིད་ཀྱི་སྐུ་ལུས་ལ་བྱུགས་པས་ ཟུག་རྔུ་མཐའ་དག་བསལ་ཏེ་ལུས་བསིལ་ཞིང་སེམས་ཆེས་དང་བར་མཛད་པ་རྒྱུན་དུ་བྱུང་ བའི་བསྙུང་གཞི་ལས་རིམ་པར་གྲོལ་ཞིང༌། དེ་ཡང་སྐབས་ཤིག་ཏུ་རྨི་ལམ་ཀྱི་སྣང་བར་རང་ ཡུལ་གྱི་སྟོད་སྨད་བར་གསུམ་དུ་ནད་བདག་བན་གཟུགས་སོགས་སྣ་ཚོགས་པས་གང་འདུག་ པ་སྐྱ་མི་དཀར་པོ་ཕྱག་ན་མདུང་དར་ཐོགས་པ་ཞིག་གིས་དེ་ཐམས་ཅད་ལ་རང་རང་དང་ མཐུན་པའི་འདོད་རྫས་རྒྱ་ཆེར་སྦྱིན་ཏེ་མཐའ་དག་རང་གནས་སུ་བསྐྲད་པ་ནས་བཟུང་བསྙུང་ ནད་ཇེ་དྭངས་ཀྱི་མགོ་བརྩམས་ཏེ་རིམ་གྱིས་སོས་པའོ། །བླ་མའི་ཞལ་ནས། དེ་སྐབས་ཀྱི་ལྷ་ མོ་རྗེ་བཙུན་སྒྲོལ་མ་དང་མི་དཀར་དེ་རང་ཡུལ་གྱི་ལྷ་སྲུང་བོན་པོ་དེ་ཡིན་པས་ནམ་ཞིག་རང་ གནས་དེར་སྡོད་ཁང་བྱས་ན་བསྟན་འགྲོའི་དོན་ཡོང་ཚུལ་གྱི་ལུང་བསྟན་ཀྱང་མཛད། དེ་ནས་ ལོ་བར་བའི་ནག་ཟླའི་ཚེས་བཅུ་བདུན་ཉིན་བླ་མ་ཆོས་ཀྱི་འཕགས་པ་སྒྲུབ་ཁང་དུ་ཕེབས་ཏེ་ གཟུགས་སྐུ་ཆོས་དབྱིངས་སུ་བསྡུ་བ་ལ་ཉེ་སྐབས་ཉིད་མདུན་དུ། ཁོང་གིས་ཉམས་ཆགས་ བཤགས་ཆེད་ཡིག་བརྒྱ་བྱེ་བ་བཟླ་བར་ཁས་བླང་ཚེ་བླ་མའི་ཞལ་ནས། ཁྱོ ད་ལ་ཉམས་ ཆགས་ཆེར་མེད་པས་སྔར་བཞིན་ཉམས་ལེན་ལ་རྒྱུན་དུ་འབོད་དང་དེ་ལྷག་མི་དགོས་པའི་ ཚུལ་སོགས་ཞལ་ཏ་ཞིབ་རྒྱས་སུ་གནང་ནས་ཟླ་བ་དེའི་ཚེས་བཅུ་དགུར་བླ་མ་དག་ཞིང་དུ་ གཤེགས་རྗེས་དགོངས་མཆོད་ཡང་དག་པས་ཐུགས་ལ་ཉམས་རྟོགས་ཀྱི་བོགས་སྔར་ལས་ཆེ་ 3-1-223 བ་ཐོན། དགུང་ལོ་སོ་གསུམ་སྟེང་སྔར་གྱི་དགོན་པ་དེར་སྒྲུབ་གནས་དགོན་ཁང་གསར་ བརྩིགས་བྱས་ནས་དེར་རྟག་པར་བཞུགས་ཏེ་བསྐྱེད་རྫོགས་ཀྱི་མཚམས་སྒྲུབ་ཀྱང་མཛད་ བཞིན་ལོ་ཤས་བཞུགས་མཐར་དགུང་ལོ་སོ་དྲུག་སྐོར་ཙམ་ན་གཙང་བའི་སློབ་ཆེན་བླ་མ་ ཚུལ་ཁྲིམས་བླ་ཚབ་ཏུ་མགོ་ལོག་ཕྱོགས་ལ་ཕེབས་པའི་བླ་མཆན་ལོ་གཉིས་ཙམ་དུ་མཛད་ དགོས་བྱུང༌། དགུང་གྲངས་སོ་སྟོད་ཙམ་ན་རྔ་ཡུལ་དུ་ཕེབས་ཏེ་འབྲོག་དགེ་ཡོན་ཏན་རྒྱ་ མཚོས་མཁན་པོ་མཛད་དེ་དགེ་འདུན་གྲངས་ཚང་གི་མདུན་ནས། བསྙེ ན་པར་རྫོགས་པའི་ སྡོམ་པ་ལེགས་མནོས་ཀྱིས་འདུལ་བ་འཛིན་པ་མཆོག་ཏུ་གྱུར་ཏེ་རབ་བྱུང་ངུར་སྨྲིག་གི་རྒྱལ་ མཚན་ཉེར་འཆང་མཛད། འདི་སྐོར་ཅི་རིགས་སུ་འཛམ་ཐང་གཙང་བའི་འདུ་ཁང་དུ་ལྷ་བཟོ་ རྡོ་རྗེ་འཆང་གི་མདུན་ནས། བདེ་མཆོག་རབ་འབྱམས་ཀྱི་དབང་དང༌། དེའི་ཕྱི་ལོར་གཤིན་རྗེ་ རབ་འབྱམས་ཀྱི་དབང་རིམ་པས་མནོས་ཏེ། སྡོམ་འབྱུང་བཅུ་གསུམ་མ་གཏོགས་རྒྱུད་སྡེ་རབ་ འབྱམས་ཆ་ཚང་ཐོབ། དེ་མཚམས་ཤིག་ཏུ་རྡོ་རྗེ་འཆང་དེ་ཉིད་ཀྱི་དྲུང་དུ། ཟབ་བཀའི་རིམ་པ་ འཕགས་པ་བརྒྱད་སྟོང་པ་ཀུན་ཏུ་སྒྱུ་ཅན་ལེའུ་སོ་གཉིས་པའི་བཀླག་ལུང༌། སྦྱོར་དྲུག་ཆོས་ སྐོར་ཆ་ཚང༌། ཐུགས་རྗེ་ཆེན་པོ་དམར་ཁྲིད་ཚོམ་ལུགས། རྗེ་རང་བྱུང་བས་མཛད་པའི་གཅོད་ ཀྱི་ཚོགས་ལས་རིན་ཆེན་ཕྲེང་བ། ར་གས་མཛད་པའི་གཤེད་འདུལ། བསྟབ་པ་ཆ་དྲུག བསྟབ་ པ་དྲག་པོ། གཅོད་ལུགས་མེ་མཆོད། ཆངས་བུ་བརྒྱ་རྩ། ས་འཛིན་བཟུང་བཀྲོ ལ་རྣམས་དང༌། ཇོ་ནང་རྗེ་བཙུན་གྱིས་མཛད་པའི་གཅོད་གནད་དོན་སྙི ང་པོའི་ཟབ་ཁྲིད། སྟན་ཐོག་གཅིག་མ་ དང༌། གྲགས་པ་དཔལ་གྱིས་མཛད་པའི་གནད་དོན་སྙི ང་པོའི་ངག་འདོན་སོགས་ཀྱི་ཁྲིད་ལུང་ རྣམས་དང༌། ལྷ་ཚེ་སྐྱབས་མགོན་གྱི་མདུན་ནས། རྙིང་ཕྱོགས་ཀྱི་གཅོད་སྐོར་ཆ་ཚང་གསན་ ཞིང༌། འདི་སྐོར་ཞིག་ལ་བཀྲ་ཤིས་ལྷ་རིའི་དབེན་གནས་སུ་བྱོན་ཏེ། ལྷ་བཟོ་རྡོ་རྗེ་འཆང་གི་ མདུན་དུ། གཅོད་ཚོགས་ལས་རིན་ཆེན་ཕྲེང་གི་སྟེང་ནས་ཚོགས་བརྒྱ་ལ་བཞུགས་དུས་སློང་ 3-1-224 ཚད་ཀྱི་རྣམ་པ་ཤིན་ཏུ་རྩུབ་དྲག་པས། ལྷ་བཟོ་ཁོང་གིས་བར་སྐབས་སུ་འདུག་གྲོགས་བྱེད་ དགོས་པ་བྱུང༌། དེ་རྗེས་ཙམ་ན་རང་དགོན་དུ་ཇོ་ནང་གཅོད་སྐོར་ལ་བཞུགས་དུས་རོ་སྙོ མས་ ཆེན་པོའི་ལྟ་བའི་གདེང་རྙེད་ཚེ་དེ་ལུགས་ལྷ་བཟོ་ཚང་ལ་ཞུས་སྐབས་ཞལ་ནས། ད་ཁྱོ ད་ལ་ ལྷ་མེད་འདྲེ་མེད་ལྟ་བའི་གདེང༌། ཞེས་པ་ལྟར་གྱི་གཉུག་མ་ཆོས་ཉིད་ཀྱི་དབྱིངས་སུ་བདེ་སྡུག་ སོགས་རྐྱེན་བཟང་ངན་ཐམས་ཅད་དག་མཉམ་བདེ་ཆེན་གྱི་རང་བཞིན་ཉག་གཅིག་ཏུ་ཐོན་ ཞེས་ངོ་སྤྲོད་མཛད། དགུང་ལོ་བཞི་བཅུ་སྐོར་ལོ་གསུམ་གྱི་རིང་ལ་ཁོང་གིས་མ་རྒན་གྱི་དགེ་ རྩར་སྦྱངས་པ་བླ་མའི་མདུན་ནས། ཐུགས་རྗེ་ཆེན་པོ་དམར་ཁྲིད་ཚོམ་ལུགས་མ་ཞུས་ཏེ་ཡིག་ དྲུག་དུང་ཕྱུར་གྱི་བསྙེན་མཚམས་རང་དགོན་དུ་མཛད་རྗེས་དགུང་ལོ་ཞེ་གསུམ་སྐོར་དུ་སྡེ་ དགེར་ཆོས་རྗེ་དབོན་འགྱུར་མེད་དང་ལྷན་ཅིག་བྱོན་ནས་ཞབས་དྲུང་རིན་པོ་ཆེའི་ཞལ་སྔ་ ནས་བྱང་ཆུབ་སེམས་སྡོམ། མཚན་བརྗོད་སྦྱོར་དྲུག་དང་སྦྱར་བའི་ཁྲིད་སྦྱོར་དྲུག་གི་ཉམས་ ཁྲིད་བཀའ་བསྒོ ། ཨོ་རྒྱན་རིན་པོ་ཆེའི་སྐུ་ཚབ་རྟེན་དབང༌། ཉེ་བརྒྱུད་ཚེ་རྟ་ཟུང་གི་སྒོ མ་ ལུགས་བཅས་ལེགས་པར་གསན་སྐབས་ཁོང་ལ་རྟོགས་འབུལ་བཀྱགས་དུས། ཞལ་ནས། སྔགས་རྙིང་མའི་རང་ལུགས་ལྟར་ན། ཁྱོ ད་ཀྱི་ལྟ་བ་དེ། ཆོས་ཟད་ཀློང་དུ་ཆོས་སྐུའི་དགོངས་ པ་བརྙེས། །འོད་གསལ་དབྱིངས་སུ་ལོངས་སྐུའི་ཞིང་སྣང་གཟིགས། །ཞེས་པ་ལྟར་གྱི་ཆོས་ ཉིད་ཟད་པའི་ཀློང་ཉག་གཅིག་ལ་སླེབས་ཚུལ་གྱི་ངོ་སྤྲོད་ཞིབ་རྒྱས་ཀྱི་སྒོ་ནས་ཆེ་བའི་ གཟེངས་བསྟོད་དཔེ་མེད་མཛད། འཇམ་མགོན་ཀོང་སྤྲུལ་མཆོག་གི་དྲུང་ནས་དུས་འཁོར་ ལྷན་སྐྱེས་རྗེས་གནང༌། སྦྱོར་དྲུག་གི་སྤྱི་བཤད་ཉིད་ཀྱིས་མཛད་པའི་ནམ་སྙི ང་བྱང་ཆོག་ དང༌། སྤྱི་འདུས་ཟབ་ཁྲིད། སྒྲོལ་མ་དམར་མོའི་སྐོར་མང་པོ་མནོས། དཔལ་སྤྲུལ་གྱི་མདུན། དངུལ་ཆུའི་བློ་སྦྱོང་དོན་བདུན་མའི་ཁྲིད། བཟང་སྤྱོད་ལུང་དང༌། ཉམས་ཁྲིད་ཀྱང་མང་པོ་ ཐོབ། རྒྱལ་སྲས་གཞན་ཕན་གྱི་དྲུང་ནས། སྒྱུ་དྲྭའི་དབང་ཆེན་སྨི ན་གླིང་དབང་ཆོག་གི་སྟེང་ 3-1-225 ནས། ཕྱི་ཕན་པའི་དབང་བཅུ། ནང་ནུས་པའི་དབང་ལྔ། གསང་བ་ཟབ་མོའི་དབང་གསུམ་ དང༌། རཏྣའི་གཤིན་རྗེའི་དྲེགས་འཇོམས་ཀྱི་དབང་རྒྱས་པ་ཕྲིན་ལས་གཏེར་མཛོད། ཟབ་ གནད་མཚོན་འཁོར་བཅས། བསྡུས་པ་དོན་དབང་ཡིད་ནོར་གཉིས་དང༌། ཚེ་སྒྲུབ་གསང་ འདུས་ཀྱི་དབང་རྣམས་དང༌། ཀར་གླིང་གི་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་བུམ་དབང་རྒྱས་པ་ འཕྲད་ཚད་རང་གྲོལ་འབྲིང་པོ་འགྲོ་དྲུག་རང་གྲོལ། བསྡུས་པ་རེག་པ་དོན་ལྡན་རྣམས་དང༌། དབང་གོང་མ་གསང་དབང་བདེ་ཆེན་རང་གྲོལ། ཤེས་རབ་ཡེ་ཤེས་ཀྱི་དབང་ཚིག་དབང་རིན་ པོ་ཆེ། ཞི་ཁྲོའི་བསྐྱེད་རྫོགས་ཆ་ཚང་བཅས་དང༌། བློ་སྦྱོང་ལེགས་བཤད་ཀུན་འདུས། སྙི ང་ ཐིག་གཅོད་མཁའ་འགྲོའི་གད་རྒྱངས། རཏྣའི་ཕུར་བ་ཆ་ཚང༌། ཚེ་སྒྲུབ་འཆི་བསླུ་སྲིན་བཟློ ག་ བཅས་དང༌། བཀའ་བརྒྱད་གསང་རྫོགས་ཀྱི་བཀླག་ལུང༌། སྨི ན་གླིང་རྡོར་སེམས་སྒྱུ་དྲྭའི་སྒྲུབ་ དཀྱིལ་ཡོངས་རྫོགས་ཀྱི་ལུང་བཅས་ལེགས་གསན་མཛད། དེ་རྗེས་རང་ཡུལ་དུ། བླ་མ་ཆོས་ གསལ་གྱི་མདུན་ནས། སྤྱོད་འཇུག་རྟོགས་པ་ཆེན་པོའི་རྒྱས་མདོ་འགྱོད་ཚངས་ཀྱི་ལེའུ་ཉི་ཚེ། བསྟན་འཛིན་རྣམ་དག་གི་གཅོད་ཚོགས། རང་བྱུང་གི་གཅོད་ཚོགས། སི་ཏུའི་གཅོད་འཐོར། དགེ་སློང་གི་གསོ་སྦྱོང་ཆུང་བ། སངས་རྒྱས་ཀྱི་ཆོས་བསྟན་ཚུལ། མ་ཎི་བཀའ་འབུམ། ཆགས་ མེད་ན་རཀ་དུང་སྤྲུག་རྣམས་ཀྱི་ལུང་ཐོབ། ཕུར་རྩ་བླ་མ་དགེ་ལེགས་ཀྱི་དྲུང་དུ། གྲོལ་མཆོག་ ཁྲིད་བརྒྱ་བརྒྱུད་རིམ་བཅས་དང༌། ལྷན་ཅིག་སྐྱེས་སྦྱོར་ཟབ་ཁྲིད། ཕུར་བའི་བསྙེ ན་ཡིག་ཆ་ ཚང༌། བསྙུང་གནས་སྐོར། མགོན་པོ་ཚོགས་བདག་གཏོ་པོད་ཆ་ལག་བཅས། ཐར་མདོ། རྡོ་ རྗེ་མཆུ། བཀར་མདོས་དུ་མ་བཅས་ཀྱི་ལུང་གསན། ལྷ་ཚེ་སྤྲུལ་པའི་སྐུའི་མདུན་ནས་ཀྱང༌། གཅོད་སྐོར། ཞི་ཁྲོའི་སྐོར་ཆ་ཚང་ཡང་ལེགས་མནོས་མཛད། དེ་རྗེས་ཤིག་ཏུ་བླ་མ་ལྷ་བཟོའི་ དྲུང་ནས་ཇོ་ནང་ཚེ་སྒྲུབ་ཀྱི་དབང་ཁྲིད་ཞུས་ནས་རང་དགོན་དུ་བསྙེ ན་ཚད་བཏང༌། དེ་བཞིན་ རིམ་པས་སྒྲོལ་མ་དམར་མོ། རཏྣའི་ཚེ་སྒྲུབ། ཕུར་བ། སྤྱི་འདུས་རྣམས་དང༌། ཚེ་རྟ་ཟུང་ 3-1-226 འབྲེལ་བཅས་ཀྱི་བསྙེ ན་ཚད་རེ་རེ་ལེགས་གྲུབ་ཀྱང་མཛད། དགུང་ལོ་ཞེ་ལྔའི་སྟེང་གཙང་བ་ གྲྭ་ཚང་བཅས་ཀྱིས་བཀའ་བཀོད་ལ་བརྟེན་མགོ་ལོག་ཏུ་བླ་ཚབ་ལོ་གསུམ་དུ་བྱོན་པར་ བཀའ་ནན་བྱུང་ཡང་རྗེས་ནས་སྦྱངས་པ་བླ་མས་ལོ་གཅིག་ལས་མི་དགོས་པའི་ཞུས་ངོར་ལྟར་ དེའི་ལོ་ཕྱི་མར་ཉིད་བྱོན་པར་ཆས་ནས་འཛམ་ཐང་གཙང་བའི་མགོན་ཁང་དུ་བསྐང་གསོལ་ གྱི་ཚེ་ཆོས་སྐྱོང་རྣམས་ཀྱིས་བཀའ་བཞིན་ལེགས་སྒྲུབ་ཀྱི་མཚན་མ་བསྟན་ཅིང༌། མགོ་ལོག་ཏུ་ ཕེབས་སྐབས་སྨ་ཆུའི་ཁར་དཀར་ཕྱོགས་ལྷ་སྲུང་དག་གིས་བསུ་མའང་བྱུང༌། དེ་ནས་ཨ་སྐྱོང་ དཔོན་ནོར་དགྲས་ཡིད་མགུ་ཆེན་པོའི་ངང་ལོ་གསུམ་བཞུགས་པར་ཞུས་ཀྱང་ཁོང་གིས་ལོ་ གཅིག་ལས་ཞལ་བཞེས་མ་གནང་བར་མ་ཟད་རྗེས་སོར་རི་འཕོངས་བླ་མ་ཆོས་རབ་བླ་ཚབ་ ཏུ་བྱོན་མི་དགོས་པའི་བཀའ་གནང་ཡང་ཆུད། དེར་ཁོང་ཉིད་བཞུགས་སྐབས་བྱང་ར་རྒྱའི་ དགོན་གྱི་ཆོས་གྲྭ་ནས་སྔར་དགེ་བཤེས་ལྷ་རམ་དུ་བུད་ཅིང་བསྐྱེད་རྫོགས་ལའང་སྦྱང་སྟོབས་ ཆེ་བ་ཁྱིག་ཤུལ་དགེ་བཤེས་ཟེར་བ་ཞིག་ཡོད་པ་དེའི་ཁྱིམ་གཞི་མི་ཚང་ཞིག་ཡོད་པའི་བུ་གྲིར་ ཤི་བའི་གཤིན་ཆོག་གནས་འདྲེན་དུ་ཁོང་ཉིད་གྲྭ་འཁོར་བཅས་ཕེབས་ནས་ཁྲུས་ཆོག་འཕོ་བ་ རྒྱས་པར་མཛད་རྗེས་སུ་མི་ཁྱིམ་དེའི་ཉེ་འཁོར་གཟིམས་གུར་དུ་དགེ་བཤེས་བཞུགས་པ་ འཕྲལ་དུ་གྲོངས་སོང་བ་ལྟར་གྱུར་སྐབས་ཁོང་ཉིད་བྱོན་ནས་ཚེ་འགུགས་ཤིག་མཛད་པས་ དགེ་བཤེས་ཉིད་སྐུ་མ་གྲོངས་པར་ཡར་སོར་ཆུད། དེ་དུས་དགེ་བཤེས་ན་རེ། བདག་ནི་དགེ་ བཤེས་མིང་ཐོགས་ཤིག་སྟེ་བདེ་མཆོག་གི་བསྐྱེད་རྫོགས་ལ་སྦྱང་སྟོབས་ཅུང་ཙམ་ཡོད་པས་ ཚ་བུའི་རྣམ་ཤེས་ཡི་དམ་གྱི་ཐུགས་སྲོག་སྔགས་འཁོར་བཅས་ཀྱི་འོག་རེ་ཞིག་གབ་ཁུལ་ བགྱིས་ཀྱང་ཁྱེད་ཀྱིས་འཕོ་བ་མཛད་པས་རང་སེམས་གཤིན་པོའི་རྣམ་ཤེས་བཅས་སྐད་ཅིག་ ལ་གནས་སྤར་བས་རྗེས་སོར་ཉིད་ཀྱིས་ཚེ་འགུགས་མ་མཛད་ན་རང་ཉིད་ཀྱང་ད་སྐབས་སླར་ མི་གསོན་པར་ངེས་ཐག་ཆོད་པས་ཁྱེད་རྒྱལ་བ་ཇོ་ནང་པ་འདི་སྤྱིར་ལམ་ཟབ་ཀྱི་མཐུས་རླུང་ 3-1-227 སེམས་ལ་དབང་ཐོབ་ཅིང་ཁྱད་པར་དོན་དམ་བྱང་ཆུབ་ཀྱི་སེམས་ཁྱད་པར་བ་ཐུགས་སུ་ཇི་ བཞིན་དགོངས་ཆུབ་མཛད་པས་དེང་དུས་སུ་སུ་ལས་ཡོན་ཏན་གྱི་སྒོ་མངོན་པར་མཐོ་བ་འདི་ ཆེས་ངོ་མཚར་བའི་གནས་ལགས་ཏེ། ཁོང་སྔགས་གསར་མ་པ་ཡང་མདོ་སྔགས་གང་གི་ སྐབས་ཆོས་ཀུན་བདེན་མེད་དུ་གཏན་ལ་ཕབ་པའི་སྒོ་ནས་མདོ་སྔགས་ལ་ཉམས་ལེན་བྱེད་ པ་མང་ན་ཚེ་གཅིག་ལ་ཡོན་ཏན་འདི་ཙམ་འཁྲུངས་ཐུབ་པ་ཆེས་དཀོན་པར་འདུག་པ་སོགས་ ཆེ་བསྔགས་རྒྱ་ཆེ་བ་དང་བཅས་པའི་སྒོ་ནས་ཡོན་ཐང་བརྒྱ་འབུལ་གྱིས་ཞབས་འདེགས་བླ་ མེད་མཛད། ཡང་ཅིག་ཏུ་ཨ་སྐྱོང་དཔོན་རིན་ཆེན་བྱམས་ཀྱིས་ཁོང་གྲྭ་འཁོར་གདན་འདྲེན་ བྱས་ནས་སྲུང་རིམ་བསྐང་གསོལ་ཚེ་འགུགས་སོགས་ཅི་དགོས་ཐམས་ཅད་ཀྱི་རེ་འདོད་ བསྐངས་ནས་འཕྲལ་རྐྱེན་འཇིགས་པ་ཀུན་ལེགས་བསལ་མཛད་པ་ལ་དངོས་འབུལ་རྒྱ་ཆེར་ བགྱིས་ཀྱང་གང་ཡང་མ་བཞེས་པར་སྔོན་བླ་བྲང་བཟའ་གཟི་བརྗིད་སྒྲོལ་མས་རྟེན་སྐལ་དུ་ འོང་རྒྱུའི་ཐུབ་པའི་གསེར་སྐུ་ཁྱད་མཚར་བ་ཙམ་ཆེས་ནན་འབུལ་གྱིས་བཞེས་དགོས་བྱུང༌། དེ་ཕན་ཨ་སྐྱོང་དཔོན་ཁག་དང་བྱང་བླ་བྲང་སྐུ་ཕྱོགས་འཇམ་དབྱངས་བཞད་པ་བཅས་ཀྱིས་ འབྱུང་འགྱུར་ལེགས་ཉེས་ལ་ཐུགས་བརྟག་དང་འདི་ཕྱིའི་འཇིགས་སྐྱོབ་ཀྱི་བླ་མར་གུས་པས་ བཀུར། མགོ་ལོག་ཏུ་སྐུ་ཕྱོགས་མཁྱེ ན་སྤྲུལ་བྱོན་པའི་དྲུང་ནས། ཞི་ཁྲོའི་དབང་ལུང་ཁྲིད་ གསུམ་ཞུས་ཤིང་ཁོང་ནས་ཀྱང་ཕར་ལ་སྦྱོར་དྲུག་བསྡུས་ཁྲིད་རྗེས་གནང་བྱིན་རླབས་ཀྱང་ མཛད། དེ་ལྟར་ལོ་གཅིག་ཏུ་འགྲོ་དོན་གདུལ་བྱ་མཛད་རྗེས་ཀུན་གྱིས་དངོས་འབུལ་གྱི་སྒོ ་ ཀུན་ནས་འཕྱུར་ཞིང་སྤུངས་པ་ལྟ་བུ་ནན་འབུལ་ཧ་ཅང་དྲག་པོ་བྱས་ཀྱང་འོས་ཚོད་ལས་ བདག་གིར་མ་མཛད། དངོས་རྫས་གང་བཞེས་དག་གིས་འཛམ་ཐང་གཙང་བའི་གྲྭ་ཚང་གི་ འདུ་ཁང་དུ་ཁྲི་འཛིན་ལྷ་བཟོ་སང་གིས་མཛད་དེ་འདུས་སྡེ་བརྒྱ་ཕྲག་བཞི་ཙམ་གྱིས་རྡུལ་ཚོན་ ལ་བརྟེན་པའི་དུས་འཁོར་སྒྲུབ་མཆོད་ཚོགས་པའི་ཆ་རྐྱེན་མཛད་དུས་ཆོ་ག་མི་ཤེས་པའི་གྲྭ་ 3-1-228 ཆུང་དག་གིས་ཧ་ཀྵ་འདོན་སྲོལ་དེ་དུས་སུ་དར་བར་མཛད་ནས་གཏོང་ཕོད་རྒྱ་ཆེ་བས་ཚོགས་ བསགས་སྔར་སྲོལ་ལས་ཁྱད་དུ་འཕགས་པ་མཛད་ཅིང་དེ་དུས་སུ་མཆོད་གཏོར་དག་ལ་ ལྕགས་སྤུ་མེ་ཏོག་ཅན་སྐྱེས་ཤིང་མཆོད་ཆུ་རྣམས་ལ་མེ་ཏོག་སྣ་ཚོགས་བབས་པ་སོགས་ རྟགས་མཚན་ཁྱད་པར་བ་ཐོན་ཞིང༌། དམ་པ་ཁོང་གི་དག་སྣང་གསར་བའི་འཆར་སྒོ ་སྔར་ ལས་རྒྱས་པའང་བྱུང༌། དེ་རྗེས་དངོས་རྫས་གང་ལྷག་གིས་ཡིག་དྲུག་དུང་འཁོར། ཞིང་བཀོད་ སྣ་ཚོགས་པའི་ལྷ་རིས་སོགས་བསོད་ནམས་རྣམ་དཀར་དུ་གཙང་དག་གི་ཆུད་ཟོས་སུ་གང་ ཡང་མ་བཏང༌། དགུང་ལོ་ཞེ་བརྒྱད་སྐོར་ཨ་སྐྱོང་དཔོན་རིན་ཆེན་བྱམས་ནད་ཀྱིས་ཐེབས་ ནས་ཁོང་ཉིད་གདན་འདྲེན་དུ་འོང་བས་དེར་ཕེབས་དགོས་བྱུང་སྟེ་ཕུར་བའི་སྒྲུབ་ཆེན་མཛད་ པས་འཕྲལ་རྐྱེན་བཟློག་པའི་འཇིགས་སྐྱོབ་མཆོག་ཏུ་གྱུར་ནས་དཔོན་སྡེ་ཀུན་དགའ་མགུ་ཡི་ རང་བས་དངོས་འབུལ་རྒྱ་ཆེར་བྱས། འདི་དུས་ཁོང་དང་དགེ་སྐོར་བླ་མ་སོགས་རྨ་ཆེན་གངས་ གནས་སུ་ཕེབས་ཏེ་ཚོགས་འཁོར་མཛད་དུས་ཉིད་ཀྱི་ཐུགས་སྣང་ངོར་མཁའ་དབྱིངས་སུ་ སངས་རྒྱས་བྱང་སེམས་ཀྱིས་གོ་མཚམས་མེད་པར་ཁྱབ་ཅིང༌། གནས་དེར་དག་པའི་ཞིང་ མང་པོའི་བཀོད་པ་དང་གནས་བདག་རྒྱལ་པོའི་ཆ་ལུགས་སུ་བཞུགས་པ་གསལ་བར་མཐོང་ ཞིང་ཀུན་གྱི་མཐུན་སྣང་དུའང་རོལ་མོའི་སྒྲ་སྣ་ཚོགས་ཐོས་པ་སོགས་བྱུང༌། དེའི་ནུབ་ཁོང་གི་ རྨི་ལམ་གྱི་སྣང་བར་རྨ་རྒྱལ་འཁོར་བཅས་སྔར་གྱི་ཆ་བྱད་ཀྱིས་འོང་སྟེ་རྨ་རྒྱལ་གྱིས་རང་གི་ གནས་ཚུལ་ཞིབ་པར་བཤད་ནས་སྐུ་ཚེ་ལ་བར་ཆད་ཞི་ཕྱིར་ད་ལན་རིན་པོ་ཆེའི་ཤེལ་ཕྲེང་ ཞིག་སྐྱེས་སུ་འབུལ། ཟེར་བའི་སྣང་བ་བྱུང༌། དེའི་ཕྱི་ཉིན་ཤེལ་ཕྲེང་ཞིག་ཀྱང་དངོས་སུ་རྙེད་ པ་ཕྱིས་སུ་ཁོང་གིས་བླ་མ་ཆོས་འཕགས་ཀྱི་སྐུ་གདུང་དངུལ་གྱི་མཆོད་རྟེན་བཞེངས་པའི་ནང་ དུ་ཡོད་ཅེས་གྲགས་སྐད། དེ་རྗེས་རང་གནས་དགོན་དུ་རེ་ཞིག་བར་བཞུགས་ནས་དགུང་ལོ་ ང་གཅིག་སྐོར་ཙམ་ན་འཛམ་ཐང་དུ་བྱོན་ནས་སྦྱངས་པ་བླ་མ་ཀུན་དགའ་ངེས་དོན་ཞབས་ 3-1-229 པའི་དྲུང་ནས་སྒྲུབ་ཐབས་རིན་འབྱུང་གི་དབང་བཀའ་ཡོངས་རྫོགས་ཞུས་ཤིང༌། དེ་རྗེས་ལོ་ གསུམ་ཙམ་དུ་འཛམ་ཐང་གཙང་བའི་སྒྲུབ་གྲྭར་བཞུགས་རྗེས་གཟིམས་ཁང་དུ་ཕུར་བ་ས་ ལུགས་ཚོམ་བུ་འབུམ་སྒྲུབ་ཀྱང་མཛད། དགུང་ལོ་ང་དྲུག་སྐོར་རང་དགོན་དུ་བཞུགས་ སྐབས་ཤིག་ལ་ན་མདའ་ཕྱོགས་ནས་མི་ཞིག་སྨྱོ་ནད་ཀྱིས་རང་དབང་མེད་པར་བསྐྱོད་དེ་ལག་ ཏུ་གྲི་ཞིག་ཐོགས་ནས་མཚན་མོ་གློ་བུར་དུ་གླགས་ལྟ་བར་ཉིད་བཞུགས་པའི་མཚམས་ཁང་ སྒོར་སླེབས་ཚེ་ཁོང་གི་ཐུགས་སྙིང་རྗེ་ཚད་མེད་པའི་སྒོ་ནས་ན་བཟའ་བཟང་པོའི་གནང་སྦྱིན་ མཛད་ནས་དེ་འཕྲལ་སྨྱོན་པ་རང་གནས་སུ་སོང་བས་ཁོང་ལ་གནོད་མ་ནུས་པས་འདི་ཡང་ སྔོན་བླ་མས་ད་དུང་འཚེ་ངོ་རེ་ཡོད་ཀྱང་རྟ་མགྲིན་བསྙེན་མཚམས་མཛད་ན་སྐྱོན་མེད་ཚུལ་ གསུངས་ཡོད་པས་དེ་ལུགས་ལྟར་དུ་གྱུར། དགུང་ལོ་ང་བདུན་སྐོར་འཛམ་ཐང་གཙང་བའི་ འདུ་ཁང་དུ་ཐུབ་བསྟན་དགེ་ལེགས་རྒྱ་མཚོའི་ཞལ་སྔ་ནས། དུས་འཁོར་སྦྱོར་དྲུག་སྤྱི་དོན་གྱི་ བཤད་ཁྲིད་ཟླ་བ་གཉིས་ཙམ་ལ་གསན་ཅིང༌། དེ་མིན་སྔ་ཕྱི་ཀུན་ཏུ་དམ་པ་དེ་ཉིད་ཀྱི་མདུན་ ནས། བློ་སྦྱོང་དོན་བདུན་མ། བློ་སྦྱོང་མཚོན་ཆ་འཁོར་ལོ། སྤྱོད་འཇུག ཉིད་ཀྱིས་མཛད་པའི་ རོ་ཆོག་སོགས་ཆོས་བཀའ་དུ་མའང་གསན། འདི་སྐོར་གཙང་བའི་གྲྭ་ཚང་གི་གཏད་སྤྲུག་དབུ་ བླ། གཙང་བའི་སྐུ་རིམ། ཡག་མདོའི་སྐུ་རིམ་གཉིས་ཀྱི་སྒྲུབ་དཔོན། གཙང་པའི་གྲྭ་ཚང་གི་ དུས་འཁོར་སྒྲུ་མཆོད་ཁྲི་འཛིན། སྦྱངས་པ་བླ་མའི་སྐུ་རིམ་བསྐང་གསོལ་གྱི་དབུ་བཞུགས། ལྷ་ཚེ་སྐྱབས་མགོན་གྱི་སྐུ་རིམ་ར་ཕུར་སྒྲུབ་ཆེན་གྱི་དབུ་བཞུགས། འཛི་ཉིན་ཚང་དུས་འཁོར་ སྒྲུབ་མཆོད་ཀྱི་ཁྲི་འཛིན་སོགས་ཀྱང་ལོ་སྔ་ཕྱི་ཅི་རིགས་པར་མཛད་ལ། དེའི་ལོ་ཕྱི་མ་ནས་ ཐུགས་ཆེན་སོགས་སུ་གནས་མཇལ་ལ་ཕེབས་སྐབས་གཙང་བ་འཇིགས་མེད་རྣམ་རྒྱལ་གྱི་རི་ ཁྲོད་དུ་ཟླ་ཤས་ལ་མཚམས་སྒྲུབ་དང༌། སྔ་ཕྱི་ཅི་རིགས་པར་ཁྲ་ཡུས་རྒྱེད་གསུམ། དར་ལྔའི་རི་ ཁྲོད་སོགས་སུའང་མཚམས་སྒྲུབ་ཅི་རིགས་མཛད། རང་དགོན་དུ་སྒྲོལ་མ་དམར་མོའི་བསྙེ ན་ 3-1-230 མཚམས་ཚད་ལྡན་དུ་བཞུགས། དེ་བཞིན་དུ་སྒྲོལ་མ་དཀར་ལྗང་སོགས་སྒྲོལ་མའི་རིགས་དུ་ མའི་བསྙེ ན་ཚད་ཀྱང་བཏང༌། དགུང་ལོ་དྲུག་ཅུའི་སྐོར་ནས་རང་དགོན་དུ་ཁོང་གིས་རྡོ་རྗེ་སློབ་ དཔོན་མཛད་ནས་སྦྱོར་དྲུག་བཙུགས་ཏེ་སྔ་ཕྱི་རིམ་པར་སྒྲུབ་པོའི་ཆོས་ཚན་རྣམས་རྗེས་སུ་ ལེགས་བཟུང་མཛད་ནས་དུས་ཀྱི་འཁོར་ལོའི་དབང་ལུང་ཟབ་ཁྲིད་གཙོ་བོར་གྱུར་པའི་ བསྐྱེད་རྫོགས་ཀྱི་ཁྲིད་གང་དགོས་གནང་སྟེ་ཆོས་ཚན་གྱི་རིམ་པ་ཐོག་མར་སྦྱོར་དྲུག་པ་བླ་མ་ བསྟན་རབ་སོགས་ལྔ་ལ་ཟབ་ཁྲིད་མཛད་བཞིན་དེའི་ལོར་ངག་དབང་ཆོས་འབྱོར་ཞབས་ པའི་མདུན་ནས་བདེ་མཆོག་རབ་འབྱམས་ཀྱི་དབང་དང་ཕྱི་ལོར་གཤིན་རྗེའི་རབ་འབྱམས། ནཻ་གུའི་དབང་སོགས་ཀྱང་ཁོང་གིས་ཞུས། དགུང་ལོ་རེ་གཉིས་རེ་གསུམ་དུས་སུ་རིམ་པར་ སྦྱོར་དྲུག་པ་བླ་མ་མཆོག་གསལ་སོགས་གསུམ་དང་གསལ་བྱེད་སོགས་བཞི་ལ་དབང་ཁྲིད་ གསུངས་ཤིང་བསྐྱེད་རིམ་པ་འགའ་ལ་གང་དགོས་ཀྱི་དམིགས་ཁྲིད་གནང༌། དགུང་ལོ་རེ་ བཞི་ནས་རེ་དགུ་ཚུན་ལ་དགོན་དེར་སྦྱོར་དྲུག་པ་མེད་སྟབས་དེ་བར་ཞིག་འཛམ་ཐང་གཙང་ བའི་སྒྲུབ་ཁང་གོང་དུ་ཁོང་ལོ་གཅིག་ལ་བཞུགས། དགུང་ལོ་བདུན་ཅུ་དང་དོན་གཅིག་གཉིས་ ལ་སྦྱོར་དྲུག་པ་བླ་མ་རིན་ཆེན་བཟང་པོ་སོགས་དགུ དཔལ་མཆོག་སོགས་ལྔ། འདི་སྐབས་ ཁོང་གིས་འཁོར་ལོ་ཁྲི་ལྡན་བཅུ་ཁང་པ་བཅས་ལེགས་བཞེངས་མཛད། དགུང་ལོ་དོན་གསུམ་ དུ་སྦྱོར་དྲུག་པ་བླ་མ་ཆོས་བློ་སོགས་ལྔ། འདི་ལོར་བྲག་དཀར་སྤྲུལ་པའི་སྐུའི་མདུན་ནས། རྒྱལ་བའི་བཀའ་ཆོས་ཆེན་མོའི་བཀླག་ལུང་ཡོངས་རྫོགས་དང༌། གཞན་ཀློང་ཆེན་མཛོད་ བདུན། བཀའ་ཐང༌། རྗེའི་ལམ་རིམ། སྤྱོད་འཇུག་ཐོགས་འགྲེལ་སོགས་ཀྱི་ཁྲིད་ལུང་རྣམས་ ཁོང་གིས་གསན། ཉིད་ཀྱིས་ན་མདའི་བླ་མ་དཔལ་འོད་སོགས་ལ། ཀར་གླིང་ཞི་ཁྲོའི་ཟབ་ དབང་ཆ་ཚང༌། བཀླག་ལུང་དུ་མ་དུས་འཁོར་མཆོག་དབང༌། འདོན་ཆ་མང་པོའི་བཀླག་ལུང་ རྣམས་གསུངས། དགུང་ལོ་དོན་བཞི་དོན་ལྔ་གཉིས་ལ་སྦྱོར་དྲུག་པ་བླ་མ་སངས་དོན་སོགས་ 3-1-231 གསུམ། སྐུ་དབོན་མཚན་ལྡན་སོགས་ལྔ། གཞན་ནཻ་གུ་དང་བསྐྱེད་རིམ་པ་འགའ་རེ་དང་ བཅས་ལ་དེ་ལུགས་ཀྱི་ཆོས་བཀའ་གསུངས་ཤིང༌། འདི་སྐོར་བྱ་ཡུར་དུ་ཁང་བརྩེགས་མཆོད་ རྟེན་བཞེངས། དགོན་དུ་བླ་མ་སྙན་གྲགས་ཕེབས་ནས་ཤངས་ཆོས་སྐོར་གྱི་དབང་དང༌། རྗེས་ གནང་བརྒྱ་རྩ་སོགས་ཁོང་གིས་ཞུས་ཤིང༌། ཉིད་ཀྱིས་ཀྱང༌། གྲུབ་ཐོབ་བརྒྱད་ཅུ། སྦྱོང་རྒྱུད། འཇིགས་བྱེད་རོ་ལངས་བརྒྱད་བསྐོར། མགོན་པོ་ཁྲོ་བཅུའི་དབང་རྣམས་གསུངས། དགུང་ལོ་ དོན་དྲུག་ཏུ་སྦྱོར་དྲུག་པ་བླ་མ་རིག་འཛིན་རྒྱ་མཚོ་སོགས་ལྔ། འདི་སྐོར་ཁོང་ཉིད་ཀྱིས་འདུས་ པ་བདུན་ཅུ་ཙམ་ལ། དུས་འཁོར་དབང་ཆེན། སྒྲོལ་མ་དམར་མོའི་དབང༌། གཅོད་དབང་ནམ་ མཁའ་སྒོ ་འབྱེད་རྣམས་མཛད་དུས་ཉིད་ཀྱི་ཐུགས་སྣང་ངོར། ཕ་ཅིག་དམ་པ། མ་ཅིག་ལབ་ སྒྲོན་སོགས་གཅོད་ཡུལ་བརྒྱུད་ལྡན་བླ་མ་ཐམས་ཅད་སྐུ་གར་སྟབས་གསུང་སྔགས་སྒྲ་ཐུགས་ ཕྱག་མཚན་ཌ་མ་རུ་འཁྲོལ་བཞིན་ཁ་བ་བུ་ཡུག་ལྟར་སྐད་ཅིག་ལ་བྱོན་པའི་སྣང་བ་དང༌། དེར་ཚོགས་དབང་གྲལ་ན་ཡོད་པའི་འདུས་སྡེ་རྣམས་དཔའ་བོ་དང་དཔའ་མོའི་རྣམ་པར་ མཐོང་བས་ཐུགས་གཤིས་དགའ་བས་ཁྱབ་བཞིན་ཁོང་ལ་དབང་ལྷ་ཕེབས་རྐྱེན་དེར་ཚོགས་ པའི་འདུས་སྡེ་དྲུག་ཅུ་ཙམ་དབང་མེད་དུ་འཕར་གཡོ་བྱུང་བས་གནས་དེ་སྔགས་རིག་འཛིན་ པ་ཆེན་པོའི་ཞིང་དང་ཁྱད་མེད་དུ་གྱུར་ཅིང༌། དེར་དབང་ཉན་དུ་སྔགས་རྙིང་ཕྱོགས་ཀྱི་གྲྭ་པ་ ཞིག་ཡོད་པ་དེའི་སྣང་བ་ཡང་བླ་མའི་བྱིན་རླབས་ཀྱིས་གནས་འགྱུར་ཏེ་མཁའ་དབྱིངས་སུ་ལྷ་ དང་ལྷ་མོའི་ཚོགས་ཀྱིས་ཡོངས་སུ་གང་བའི་འཆར་སྒོ་ལས་དབང་མེད་དུ་ཉམས་འུར་ལངས་ པ་ལྟ་བུའང་བྱུང༌། འདི་སྐོར་བསྐྱེད་རྫོགས་པ་གཞན་ཅི་རིགས་ལ་དམིགས་ཁྲིད་ཀྱང་གང་ འཚམས་མཛད། དགུང་ལོ་དོན་བདུན་དུ་སྦྱོར་དྲུག་པ་བླ་མ་རིན་ཆེན་རྒྱ་མཚོ་སོགས་ལྔ། གཞན་བསྐྱེད་རིམ་པ་རེ་དང་བཅས་ལོ་འདིར་ཁོང་གིས་ཐར་མདོའི་ཡོན་བཅོལ་རྒྱ་ཆེར་ མཛད་ཅིང༌། གསང་སྤྲུལ་འཇིགས་མེད་བསྟན་འཛིན་དགོན་དུ་ཕེབས་ནས་འོད་དཔག་མེད་ 3-1-232 མྱུར་ལམ་གྱི་དབང་ཞུས་ཤིང་ཁོང་གིས་ཀྱང་སྦྱོར་དྲུག་བསྡུས་ཁྲིད་སོགས་མཛད། དེ་ནས་ འོད་དཔག་མེད་ཀྱི་མཚན་བྱེ་བ་ལྗགས་བཟླས་དང༌། ལོ་དེར་གསང་ལུང་བླ་མ་ལྷུན་པོ་བྱོན་ ནས་དབྱར་གནས་ཀྱི་ལག་ལེན་བཅས་ཀྱི་དགེ་འདུན་པས་དབྱར་ཁས་བླང་གི་འདུལ་བའི་ མཛད་སྒོ ་ཡང་ཚུགས། འདི་ལོར་ཁོང་གི་མདུན་དགེ་ཚུལ་སློང་སྒྲུབ་པའང་མང་ཙམ་བྱུང༌། དེ་རྗེས་ཙམ་ན་བླ་མ་ཚོགས་གཉིས་རྒྱ་མཚོ་ཕེབས་ནས་ཞུས་ངོར་འདུས་པ་ཉི་ཤུ་ཙམ་ལ་ མགོན་པོ་ཁྲོ་བཅུའི་དབང་བསྐུར་ཀྱང་མཛད། འདི་སྐོར་ཁོང་ཉིད་ཐུགས་དགོངས་གནས་ ལུགས་ཟབ་མོའི་དབྱིངས་སུ་ཧ་ཅང་མཐོ་དྲག་པས་ཞལ་ནས། མཆོག་དམན་སུ་ཡིན་ཡང༌། སེམས་ཁྲིད་སོགས་ཀྱི་ཚེ། གནས་ལུགས་ཟབ་མོའི་དབྱིངས་ནི་ཁྱབ་བརྡལ་ཀློང་ཡངས་ཉག་ གཅིག་རེད། དེ་ཡང་རང་སེམས་འདིའི་གཤིས་ལས་གཞན་དུ་མི་འདུག་པས་སེམས་འདིའི་ རང་བཞིན་ཤེས་ན་སངས་རྒྱས་ཟེར་བ་དེ་ལས་ལོགས་ན་མེད། སྒོ མ་ཟེར་བའང་འདི་ལས་ མེད་གང་སྣང་དག་པ་རབ་འབྱམས་ཁོ་ནའོ། །ཞེས་སོགས་ལྟ་བ་མཐོན་པོའི་སྒང་འབའ་ཞིག་ གསུང་གིན་འདུག་ཅིང༌། བར་སྐབས་རེར། ཞལ་ནས། ཡ་བླ་མ་ཚོགས་རྒྱམ་ལགས། ངས་ གང་བཤད་ཐམས་ཅད་མཐོན་པོའི་གཏམ་དུ་འདུག ཁྱོ ད་ཀྱིས་སློབ་གསར་རྣམས་ལ་ཕན་ པའི་སེམས་ངོ་ལྟ་ཚུལ་རྟགས་བཅུ་ངོ་སྤྲོད་ཉུང་བསྡུས་ཤིག་རྩོམ་པར་མཛོད་ཅིག གསུངས་ པས། བླ་མས་ཀྱང་དེ་ལུགས་བཞིན་གྱི་བཀའ་ལེགས་སྒྲུབ་མཛད་ནས་དམ་པ་མཆོག་ལ་ ཞབས་བརྟན་སྨོ ན་ཚིག་ཕུལ་བ། རྨད་བྱུང་གདམས་ངག་མཆོག་དང་དབང་བཞིའི་ལམ། །ཡོངས་རྫོགས་བསྟན་པའི་རྒྱལ་མཚན་བཟང་པོ་མཆོག །མ་ནོར་འཛིན་མཛད་དཔལ་ལྡན་ བླ་མའི་ཞབས། །སྐུ་ཚེ་བསྐལ་བརྒྱའི་བར་དུ་ཞབས་པད་གསོལ། །རབ་འབྱམས་ཞིང་ན་ བཞུགས་པའི་རྒྱལ་བ་དང༌། །ཕུལ་བྱུང་དམ་པའི་ཆོས་དང་འཕགས་པའི་སྡེ། །བདེན་སྟོབས་ བསླུ་མེད་མཆོག་གསུམ་རྒྱ་མཚོ་ཡིས། །བདག་གིས་སྨོན་པའི་དོན་འདི་འགྲུབ་པར་མཛོད། 3-1-233 །ཅེས་པའང་གུས་པས་ལེགས་འབུལ་ཀྱང་མཛད། དགུང་ལོ་དོན་དགུ་བརྒྱད་ཅུ་གཉིས་ལ་ སྦྱོར་དྲུག་པ་བླ་མ་རིག་དབང་སོགས་གསུམ། བླ་མ་བསྟན་འཛིན་དཔལ་སོགས་དྲུག འདིར་ བྱང་ཆུབ་སེམས་སྡོམ་དང༌། བསྐྱེད་རྫོགས་དབང་བཀའ་གཞན་བསྙེ ན་རྫོགས་ཅི་རིགས་ མཛད་ལ། བཀའ་ཆོས་དག་ཚར་གྱི་ཡོན་འབུལ་རྒྱ་ཆེར་བགྱིས། དགུང་ལོ་གྱ་གཅིག་ཏུ་ཁོང་ གིས་རྒྱལ་བའི་བཀའ་ཆོས་སྡེ་དགེའི་སྤར་མ་བླུས་ཏེ་ཞབས་འདེགས་ལེགས་ངེས་དང་བཅས་ གསུང་སྒྲོག་གང་ཐུབ་དག་ལ་ཡི་གེས་མཐུན་རྐྱེན་ཀུན་སྙོམས་ཀྱིས་ཕན་པ་མཛད། དགུང་ལོ་ གྱ་གཉིས་སྐབས་སྦྱོར་དྲུག་པ་མཁྱེ ན་རྟོགས་སོགས་གཉིས། གཞན་བསྐྱེད་རྫོགས་པ་ཅི་ རིགས་བཅས་དང༌། སྤྱིར་ན་དམ་པ་འདིའི་མཛད་སྒོ་སྐུ་ལུས་ལ་དྲི་བཟང་བྱུང་ཞིང་ཐུགས་ ཀྱིས་དུས་གསུམ་དུ་གཏོགས་པའི་ལྐོག་གྱུར་མང་པོ་མངོན་སུམ་གཟིགས་པས་ཉེ་འཁོར་སློབ་ ཚོགས་ཀུན་མངོན་ལྐོག་གི་བྱ་བ་བཟང་ངན་གཉིས་སུ་བྱེད་མི་སྤོབས་པ་རྒྱུས་ཡོད་དག་གིས་ ཤེས་གསལ་ལྟར་དང༌། གང་ཉིད་ཀྱིས་གཅོད་སོགས་དྲག་པོའི་བཀའ་བསྒོ ་མཛད་པས་ གདོན་ནད་ཅན་གྱི་ནད་འཕྲལ་དུ་ཞི་བ་ཡང་ཡང་བྱུང༌། ཡང་འབྱུང་པོའི་ཆོ་འཕྲུལ་དང་འཕྲད་ པས་མི་ཞིག་ལ་འཕྲལ་ནད་ཕོག་པ་ཁོང་གི་མདུན་དུ་འོང་བ་ལ་ཞལ་ནས། མདང་འབྱུང་པོའི་ བན་གཟུགས་ཀྱིས། མི་ལྭ་དཀར་ཅན་ཞིག་ཁྲིད་པར་ཆས་པ་ལ་ཁོང་གིས་མ་མངགས་པས་དེ་ རིང་མི་འདི་ལ་སྐྱོན་མེད་ཚུལ་གསུངས་ཏེ་ཁྲུས་ཆོག་གིས་སྲུང་རིམ་ཙམ་བྱས་པས་མི་དེ་མི་ བདེ་བའི་ནད་ལས་དེ་མ་ཐག་གྲོལ་སྐད། ཡང་ཁོང་ཉིད་ལ་ཨ་སྐྱོང་དཔོན་ཀརྨ་མཐུ་སྟོབས་ ཀྱིས་ཁོ་བོའི་མིག་སྔོ ན་དུ་ཁྱེ ད་ཀྱིས་ཆོས་སྐྱོང་བསྟན་དགོས་ཚུལ་ཞུས་སྐབས། ཁོང་གི་ཞལ་ ནས། ཁྱོ ད་ལ་ཡེ་ཤེས་པ་བསྟན་པའི་སྐལ་བ་ནི་མེད་མོད། འོན་ཀྱང་འཇིག་རྟེན་པ་བསྟན་ན་ འདི་འདྲ་རེད། ཅེས་གསུངས་ནས་ཁོང་གི་ཕྱག་མཛུབ་མགོར་ཁྱབ་འཇུག་རཱ་ཧུ་ལ་འོད་ གཟུགས་བཟོད་དཀའ་བ་མེ་སྟག་གི་ཚ་ལ་མཆེད་པ་མུ་ཟིའི་གཡའ་དུག་འཁྱིལ་བ་ཞིག་སྐད་ 3-1-234 ཅིག་ལ་ཕབ་ནས་དངོས་སུ་བསྟན་ཚེ་ཨ་སྐྱོང་དཔོན་གྱིས་མ་བཟོད་པར་མགོ་ན་བ་སོགས་ དབང་མེད་དུ་བརྒྱལ་ལ་ཁད་དུ་སོང་བའི་ལོ་རྒྱུས་ཡོད། ཡང་ཁོང་གིས་མཐུ་སྒྲུབ་ཅིག་བྱེད་ པའི་དུས་སུ་ཞལ་ནས་རྐུན་མ་ངོས་བཟུང་ནས་ཁྱོ ད་ལ་གཟའ་གྲིབ་རེ་ཕོག་ཐང༌། གསུངས་ མ་ཐག་རྐུན་མ་ཉེ་འཁོར་མཐུ་སྒྲུབ་ཀྱི་གྲལ་དུ་ཡོད་པ་ཕུད་མཆོད་བྱེད་སྐབས་སྐད་ཅིག་ལ་ གཟའ་གྲིབ་གྱིས་བརྒྱལ་སོང་བ་སླར་ཉིད་ཀྱིས་སྲུང་རིམ་མཆོག་གིས་ལེགས་སྐྱོབ་མཛད་པ་ སོགས་དེ་འདྲའི་ནུས་མཐུའི་མཛད་སྒོ ་ཁྱད་པར་བའི་ལོ་རྒྱུས་མང༌། ཡང་ཁོང་ལ་བྲག་དཀར་ སྤྲུལ་སྐུས་གསུང་འཕྲིན་བསྐུར་བའི་ནང༌། འུ་ཅག་སྤྱན་གཟིགས་ཀྱི་རྣམ་འཕྲུལ་ཐུགས་རྒྱུད་ གཅིག་པས་ད་ལན་རང་གིས་བཀའ་ཆོས་ཤིག་བཞེངས་སྙམ་ཡོད་པས་དེ་ལ་བར་ཆད་ཡོད་ མེད་ཀྱི་ཐུགས་བརྟག་ལུང་བསྟན་ཞུས་པས། ཁོང་གི་ཞལ་ནས། དེ་ལ་སྒོ ་གང་ཐད་ནས་བར་ ཆད་མེད་ཅིང་རྟེན་བཞེངས་ལེགས་པར་གྲུབ་ངེས་ཀྱི་ཐུགས་ཐག་བཅད་དེ་གསུང་ལན་གྱི་ ལུང་བསྟན་གནང་བསྐུར་མཛད་པ་ལྟར་ཕྱིས་སུ་ཇི་བཞིན་དོན་ཐོག་ཏུ་ཁེལ་བ་སོགས་ཕྱོགས་ ནས་སྐྱེས་ཆེན་དམ་པ་མང་པོས་ལུང་བསྟན་གང་ཞུས་རྣམས་ཐོག་ཏུ་མི་ཁེལ་བ་མེད་ཅིང་དེ་ མཐུན་ཕྱོགས་ཕྱོགས་ཀྱི་ཆོས་སྡེ་དག་གི་གོང་མའི་སྐུ་སྐྱེས་ཡིན་མིན་དང་མ་འོངས་འབྱུང་ འགྱུར་ལེགས་ཉེས་གང་དགོས་དང་སྤྱིར་ནའང་རྒྱལ་ཁམས་ཀྱི་དུས་འགྱུར་སོགས་ལྐོག་གྱུར་ གྱི་གནས་ཚུལ་གང་ཐད་ཀྱི་ཐུགས་བརྟག་ཞུས་ན་དེ་ལུགས་ལྟར་གྱི་ལུང་བསྟན་གང་གསུང་ ཐམས་ཅད་ཀྱང་ཐོག་ཁེལ་བསླུ་མེད་དུ་སོང་ཚུལ་རྒྱུས་ཡོད་དག་གིས་ཤེས་གསལ་ལྟར་ཟོལ་ བསྟོད་མེད་ངེས་སུ་འདུག་ཅིང༌། དེ་འདྲའི་དམ་པ་གང་ཉིད་ཀྱི་ཞལ་གསུང་ཡང་ཡིག་དྲུག་དུང་ ཕྱུར་གཉིས། ཧཀྵ་དུང་ཕྱུར་གཅིག གཞན་ཡི་དམ་སྣ་ཚོགས་ཀྱི་བསྙེ ན་པ་ཡོངས་བསྡོམས་ དུང་ཕྱུར་གཅིག་ལྗགས་བཟླས་དང༌། རྒྱུན་འཁྱེ ར་བསང༌། ཆུ་གཏོར། ལན་ཆགས། བསུར་ བསྔོ ། མི་འཁྲུགས་པའི་ཆོ་ག་ཚར་གྲངས། ལུས་སྦྱིན། ཐུན་བཞི་ཆག་མེད། ཕྱག་འཚལ་ཉེར་ 3-1-235 གཅིག་གི་རྒྱུད་འབུམ་ཐེར་ཉེར་ལྔ་ལྷག་སོགས་ཞལ་འདོན་མཛད་ཅིང༌། སྐུ་ཚེ་སྨད་དུ་སྐུ་ལ་དྲི་ བཟང་ལྷག་པར་བྲོ་ཞིང་དགུང་ལོ་ན་ཤིན་ཏུ་མཐོ་བའི་སྐབས་དུང་སོ་གསུམ་སྐྱེས་སྐད། རྣམ་ དཀར་བྱ་བ་ལས་ཀྱི་འཁོར་ལོ་ཡང་གསེར་ཟངས་སོགས་ལས་བསྐྲུན་པའི་ལྟུང་བཤགས་ཀྱི་ སངས་རྒྱས་སོ་ལྔ། ཤཱཀྱ་ཐུབ་པ། དོན་ཡོད་གྲུབ་པ། ཆོས་རྒྱལ་འཕགས་པ། ཀུན་མཁྱེ ན་རྗེ་ བཙུན་སོགས་ཀྱི་སྐུ་བརྙན་ལུགས་མ་བརྒྱ་ཕྲག་གཅིག་དང་བཅོ་ལྔ་ལྷག་ཅིག་དང༌། རྡོ་རྗེ་ འཆང་གྲུབ་ཆེན་བརྒྱད་ཅུ། ཀུན་མཁྱེ ན་ཡབ་སྲས། རྗེ་བཙུན་སྐུ་སྐྱེས་སོགས་བླ་བརྒྱུད་དུ་མ་ དང༌། བདེ་དགྱེས་གསང་གསུམ་སོགས་ཡི་དམ་གྱི་རིགས་སྣ་ཚོགས་དང༌། འདོད་ལྷ་དུ་མ། ཞིང་བཀོད་མང་པོ་སོགས་གཟབ་ཐང་བྲིས་མ་ང་གསུམ་ཙམ་ཞལ་ཁེབས་སོགས་ཞབས་ཕྱི་ ཆེས་ཁྱད་ལེགས་ཅན་དུ་བྱས་པ་དང༌། གསུང་རྟེན་ཡང་རྒྱལ་བའི་བཀའ་ཆོས་སྡེ་དགེའི་ མཚལ་སྤར་མ་ཞབས་ཕྱི་ཁྱད་མཚར་ཅན་དང༌། སྡེ་དགེའི་འབུམ་ཆ་གཅིག སྐལ་བཟང༌། བརྒྱད་སྟོང་པ། གཟུངས་འདུས་སོགས་བླུས་བཞེངས་དང༌། ཡིག་དྲུག་ཀ་ཆེན་དུ་མ། འཁོར་ ལོ་མང་པོ། ཇོ་དར་ཆེས་མང་སྤར་བཞེངས་དང༌། ཐར་མདོའི་རྡོ་བརྐོས་སོགས་དང༌། གཞན་ ཡང་བཀའ་ཆོས་དུ་མ་དང༌། ཐར་མདོ། རྡོར་གཅོད་མང་པོའི་གསུང་སྒྲོག་གི་ཡོན་འབུལ་རྒྱ་ཆེ་ བ་དང༌། ཐུགས་རྟེན་དངུལ་གྱི་མཆོད་རྟེན་གསུམ། རག་གི་མཆོད་རྟེན་བརྒྱད། བཀའ་ གདམས་མཆོད་རྟེན་གཅིག་རྣམས་ལེགས་བཞེངས་དང༌། ས་རྡོའི་མཆོད་རྟེན་མང་པོ་ལ་ཞིག་ གསོས་ཞལ་འདེབས་སྔ་ཕྱི་ཀུན་ཆེས་མང་མཛད་དོ། །དེ་དག་ནི་མཚོན་ཙམ་སྟེ་རྒྱས་པར་སྨོ ས་ མི་ལང་བ་ཙམ་ཡོད། དེ་ནས་དགུང་ལོ་གྱ་གཉིས་གྱ་གསུམ་སྐོར་ལ་ཞལ་ནས་ད་ནི་ཁོང་གིས་ དགེ་བ་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ་ཆེད་བཟང་པོ་སྤྱོད་པའི་སྨོན་ལམ་ཆེས་མང་འདོན་ དགོས། གསུངས་ནས། དེ་ལུགས་ལྟར་བསྔོ ་བ་རྒྱ་ཆེར་མཛད། དགུང་ལོ་གྱ་གསུམ་དུས་སྦྱོར་ དྲུག་པ་བདེན་རྟོགས་སོགས་བརྒྱད། གཞན་བསྐྱེད་རིམ་གཅོད་མཚམས་པ་སོགས་རེ་དང་ 3-1-236 བཅས་དེ་ཀུན་ལ་སྔ་ཕྱི་ཀུན་དུ། ཁོང་གི་ཞལ་སྔ་ནས། ཆོས་ཁྲིད་གང་གནང་ལ་ཐོག་མའི་སྔོ ན་ འགྲོ་ནས་བཟུང་སྟེ་གསུང་བ་དང༌། ཁྱད་པར་དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག་པ། ལས་རྒྱུ་འབྲས། འཁོར་བའི་སྡུག་བསྔལ་གྱི་ཚུལ་མདོ་དྲན་པ་ཉེར་བཞག བྱམས་ཆོས་ཀླུ་ སྒྲུབ་ཀྱི་བཤེས་སྤྲིང༌། ཕ་དམ་པའི་གསུང་རབ། རྒྱལ་སྲས་ཐོགས་མེད། ཀུན་མཁྱེ ན་ཇོ་ནང་ པ་ཡབ་སྲས་རྗེ་བཙུན་བཅས་སོགས་ཀྱི་གསུང་རབ་རྒྱ་ཆེ་བ་ལས་ལུང་འདྲེན་མང་པོ་གོ་དོན་ དང་བཅས་ཞིབ་རྒྱས་དང༌། ཡང་སྒོ ས་ལས་འབྲས་ལ་སྤང་བླང་ལེགས་པར་བྱ་དགོས་ཚུལ། དལ་འབྱོར་གྱི་ལུས་འདི་ལ་སྙི ང་པོ་ངེས་པར་ལེན་དགོས་ཚུལ། བླ་མ་དཀོན་མཆོག་ལ་ཡིད་ གཏིང་ནས་གཏད་དགོས་ཚུལ། བྱང་ཆུབ་ཀྱི་སེམས་དང་དམིགས་མེད་ལྟ་བ་མཆོག་ལམ་གྱི་ སྲོག་ཏུ་བཟུང་དགོས་ཚུལ། རང་གི་སྐྱོན་མཚང་ལ་གནོང་ངོས་བླངས་ནས་ལེགས་བཅོས་བྱེད་ དགོས་པ་སོགས་ལྷག་པར་ཡང་ཡང་གསུངས་པས་སློབ་ཚོགས་ཀྱི་རྒྱུད་ལ་གནད་དུ་ཁེལ་ ཞིང་ཕན་ངེས་ཀྱི་ཟབ་ཆོས་སྙིང་དང་འདྲ་བ་མང་དག་ནམ་དགོས་སུ་བཀའ་དྲིན་གྱིས་ལེགས་ སྐྱོངས་མཛད། བར་བར་སློབ་ཚོགས་ལ་ཞལ་ནས། དེ་རིང་གི་སྣང་བ་དག་པ་རབ་འབྱམས་ ཁོ་ནར་སོང་བས་ཁྲིད་མི་ཐུབ། གསུང་བ་སོགས་དེ་འདྲ་འགའ་རེ་ཡང་མཛད་ཀྱིན་འདུག་ ཅིང༌། ལོ་དེའི་ཟླ་བ་བརྒྱད་པའི་ནང་ལ། ཁོང་གི་ཞལ་ནས། ད་ནི་རང་ནམ་འཆི་མི་ཤེས་པས། དགོན་འདིར་རྒྱལ་ཚབ་ཅིག་ཀྱང་བསྐོ་བཞག་བྱེད་དགོས་ཚུལ་གསུང་ཚེ། ཉེ་གནས་དག་ གིས་བཞུགས་ཞུས་རེ་དང་མྱ་ངན་མཛད་པ་ན། ཞལ་ནས། ད་ནི་བླ་མའི་ཐུགས་ཆོས་སྐུ་དང་ རང་སེམས་བར་དུ་རྟ་རྔ་ཙམ་ལས་མེད་པས་དེ་དབྱེར་མེད་དུ་ནམ་སོང་ཚེ་རང་འཆི་བ་ཡིན་ ལ། ཁྱད་པར་ཉེ་གནས་ངག་ཆོས་འདི་རང་ལ་སྒོ ་གང་ཐད་ནས་དྲིན་ལྷག་པར་ཆེ་བས་ཁོ་བོ་ ལ་དགེ་བ་ཡོད་ཚད་མཉམ་ཐོབ་ཡིན། ནམ་ཞིག་རང་དབང་ཡོད་ན་ཁྱོ ད་ངེས་པར་མི་བརྗེད་ ཅིང་ཐུགས་རྗེས་ནུས་པ་ཇི་ཡོད་བྱེད་ངེས་ཡིན། ཤུལ་འདུག་ཚ་བུ་རྣམས་ཚོས་བློ་ལྡོ ག་རྣམ་ 3-1-237 བཞིས་རྒྱུད་བསྡམས་ཏེ་སྦྱོར་དྲུག་གི་ཟབ་གནད་ལ་ཉམས་ལེན་མཐར་འཁྱོལ་མ་འཆུགས་ན་ འཆི་ཁ་འགྱོད་མེད་ཅིག་འོང་རྒྱུ་རེད། ཅེས་སོགས་ཞལ་ཏ་གང་དགོས་ཀྱི་བཀའ་མོལ་ཞིབ་ རྒྱས་ཀྱང་མཛད། དེའི་དགུ་པའི་ནང་དུ་ལྷ་རྩེ་སྤྲུལ་སྐུ་བྱོན་ཏེ་འདུས་སྡེ་བཅུ་ཕྲག་ཙམ་གྱིས་ཚེ་ ཆོག་སྟོང་མཆོད་སོགས་ཞབས་བརྟན་གང་དགོས་རེ་བསྒྲུབས། དེའི་བཅུ་པའི་ནང་ལ་བླ་མ་ བསྟན་རབ་སོགས་འདུས་པ་བཞི་བཅུ་ལྷག་གིས་མགོན་པོའི་བསྐང་ཁྲི་བཟློག་ཁྲི་ཉིན་གསུམ་ མས་ཞབས་བརྟན་ཕུལ། འདི་སྐོར་དུ་ལྷ་རྩེ་སྤྲུལ་སྐུས་ཁོང་ལ། བཞུགས་ཞུས་ཕུལ་བ་ལ། ཁོང་གི་ཞལ་ནས། འོ་ལགས། བདག་ཚེ་མཐར་ཕྱིན་པས་བྱ་ཐབས་ཅི་ཡོད། གསུངས་ནས་ བཞུགས་པར་མ་གནང་ཚེ། སྤྲུལ་སྐུས་འོ་ན་ཁྱེ ད་ཀྱི་ཐུགས་འདུན་ཞིང་ཁམས་གང་ལ་གཏད། ཞུས་པས་ཞལ་ནས། སྔོ ན་མངོན་དགའི་ཞིང་ཡིན་ན་ད་ནི་ནུབ་ཕྱོགས་ནས་འོད་དམར་པོ་ བདག་གི་ཐུགས་ཀར་ཐིམ་ཞིང༌། དེའི་རྐྱེན་གྱིས་བདེ་སྣང་དཔག་མེད་བཅས་མགོན་པོ་འོད་ དཔག་མེད་ཡིད་ལ་ཝལ་ཝལ་ཤར་འདུག་པས་རྒྱལ་བ་དེ་ཉིད་ཀྱི་ཞིང་དུ་འགྲོ་བར་སེམས། ཞེས་གསུངས། དེའི་བཅུ་གཅིག་པའི་ནང་དུ་སློབ་བུ་མང་པོ་ཉིན་རེ་བཞིན་སྐུ་མདུན་དུ་འོང་བ་ རྣམས་ལ་ཆོས་མཐུན་གྱི་ཞལ་ཏ་སོགས་ཀྱིས་མགུ་བར་བྱས། ཁྱད་པར་སློབ་བུ་རིན་ཆེན་ བཟང་གིས་བཞུགས་ཞུས་ཕུལ་ཚེ། ཞལ་ནས། འོ་ཁྱེ ད་ཀྱིས་བླ་མ་ལ་མོས་གུས། དཀོན་ མཆོག་ལ་སྐྱབས་འགྲོ། ཆོས་ལ་དག་སྣང༌། སེམས་རྒྱུད་འདུལ་ཐབས་ལ་འབོད་དང༌། ཁོང་ ཉིད་བཞུགས་པ་དང་ཁྱད་མེད་ཚུལ་ཇོ་ནང་ལོ་ཙཱའི་གསུང་གི་ལུང་འདྲེན་བཅས་དང༌། ཁྱོ ད་ ཅག་གིས་མྱ་ངན་བྱ་མི་དགོས། ང་རང་ནི་ཟབ་མོ་ཆོས་ཀྱི་དྲོད་རྟགས་ཁྱད་པར་བ་བདུན་དང་ ལྡན་པའི་རྣལ་འབྱོར་པ་སེམས་བདེ་བ་འབའ་ཞིག་ལས་མེད་པའི་རྗེ་བཙུན་རིན་པོ་ཆེའི་ གསུང་ལྟར་ཡིན་པས་ཀུན་གྱིས་ཡིད་བདེ་བར་མཛོད་ཅིག་གསུངས། དེའི་ཟླ་བ་བཅུ་གཉིས་ པའི་ནང་ཙམ་ན་ཉིད་ཀྱི་ཞབས་རྐང་ཅུང་ཙམ་བསྙུང་ཚུལ་བསྟན་པས་ཞབས་བརྟན་དུ་དུས་ 3-1-238 འཁོར་ཆོ་ག་སློབ་ཚོགས་འདུས་པ་མང་པོས་ཞག་བཅུ་ཙམ་གྱི་རིང་ལ་ལེགས་སྒྲུབ་ཀྱི་སྐབས་ སློབ་མ་རེ་རེ་བཞིན་སྐུ་མདུན་དུ་འོང་ནས་དེ་རྣམས་ལ་རང་རང་གི་ཁམས་དབང་དང་མཐུན་ པའི་ཆོས་དང་ཞལ་ཏ་རེ་རེ་བཞིན་མཛད། ཐམས་ཅད་ལ་ཞལ་ནས། ད་ལན་ཁྱེ ད་རྣམས་ཁོང་ ལ་སྐུ་དྲིན་ཆེ་ཚུལ། ཡོན་འབུལ་སོགས་ལེགས་བཞེས་མཛད་དགོས་ཚུལ། ཁོང་ད་རེབ་ལས་ མི་བཞུགས་ཚུལ་སོགས་ཞིབ་རྒྱས་སུ་གསུངས། དེ་སྐབས་སློབ་ཚོགས་ཀྱིས། རྗེས་སོར་ བསྟན་འགྲོའི་དོན་དུ་སྐུ་སྐྱེས་བྱོན་དགོས་ཚུལ་ཞུས་པ་ན། ཞལ་གསུང་ལས། རྗེས་ནས་སླར་ ཁོང་བྱོན་པ་རེ་ཞིག་དུས་དབང་གིས་དགོས་པ་མི་འདུག་ཚུལ་དང༌། དེང་དུས་ཀྱི་སྤྲུལ་མིང་ བཏགས་པ་བཟང་པོ་དཀོན་ཚུལ་ཞིབ་པར་གསུངས་ནས་ཕྱིས་སུ་ང་འཛོང་བོ་བླ་མ་ཡིན་ཟེར་ མཁན་ཅི་འདྲ་འོང་ཡང༌། ཁོང་མིན་ངེས་ཀྱི་ཐུགས་ཐག་བཅད། དགུང་ལོ་གྱ་བཞི་ཚེས་ཉིན་ ཁོང་གིས་བླ་མ་བསྟན་པ་རབ་རྒྱས་ཉིད་ཀྱི་རྒྱལ་ཚབ་ཏུ་མངའ་གསོལ་མཛད་ནས་ཁྲིད་ཡིག་ མཐོང་དོན་ཉིད་ཀྱི་གསོལ་ཀར་དར་བཅས་ཀྱིས་གནང་སྦྱིན་གྱི་སྒོ་ནས་ཞལ་གསུངས་ལས། ཁྱོད་ཀྱིས་ཁོང་གི་རྒྱལ་ཚབ་བྱས་ཏེ་སྒྲུབ་བརྒྱུད་ཀྱི་བསྟན་པ་འདི་ལེགས་སྤེལ་མཛོད་དང་ ནམ་ཞིག་འདི་ལས་ལྷག་པ་འོང་ཚུལ་གྱི་བཀའ་ལུང་གསལ་བོ་དང་ཆོས་སྐྱོང་སྲུང་མ་གང་ དག་བཀའ་གཏད་ཀྱི་སྒོ ས་ཕྲིན་ལས་ལེགས་བཅོལ་དང༌། རྒྱལ་ཚབ་དམ་པ་ཉིད་ལ་ཕྱག་ དབང་མཛད་དེ་ཞབས་བརྟན་ཐུགས་སྨོ ན་གཟབ་ལྡན་གྱི་ལེགས་སྒོ ་རྒྱ་ཆེར་གནང༌། དེ་ནས་ ཟླ་བ་དེའི་ཚེས་དྲུག་གི་ཉིན། ཞལ་ནས། ད་ནི་ཞབས་བརྟན་སྒྲུབ་མཁན་འདུས་སྡེ་གང་དག་ རེ་ཞིག་སྐུ་ངལ་གསོ་ཞིང་རང་གནས་སུ་ཅི་བདེ་བར་བཞུགས་ཤིག རང་ཡང་ད་ནི་མི་བདེ་བ་ ཅི་ཡང་མེད་པས་ཡིད་བདེ་འབའ་ཞིག་གི་ངང་དུ་བསྡད་ཆོག་གོ གསུངས་པ་ལྟར་དེ་ལུགས་ བྱས་ལ། དེ་སྐབས་སྔ་ཕྱི་ཅི་རིགས་སུ་ཁོང་ནས་ཉིད་ཀྱི་སྐུ་གདུང་བཞུ་གནས་སོགས་ཅི་ དགོས་ཀྱི་ཞལ་བཀོད་མཐའ་དག་མཛད་རྗེས། ཞལ་ནས། ད་ནི་སློབ་བུ་གང་དག་ལ་ཆོས་ 3-1-239 དང་མཐུན་པའི་གཏམ་ཅི་དགོས་ཐམས་ཅད་ནི་ལེགས་པར་བགྱིས་ཟིན་ཅིང༌། རང་ལ་ཟུག་ མི་བདེ་བ་གང་ཡང་མེད་པར་ཤིན་ཏུ་བདེ་མོ་རང་ཞིག་གདའ་གསུངས། དེ་ནས་དེའི་ཚེས་ བཅུའི་སྔ་དྲོའི་དུས་སུ། རང་ཡུལ་གྱི་ཏིའི་ལ་དཔའ་ཀོ་ཟེར་བ་ཤི་བའི་བསྔོ ་ཞུ་སྐུ་མདུན་དུ་ འབྱོར་འཕྲལ། ཞལ་ནས། འོ་ད་ལན་ཏིའི་ལ་དཔལ་ཀོ་ཁོང་གཉིས་ལྷན་དུ་འགྲོ་རན་པ་ཡིན། དཔའ་ཀོ་ནི་འདི་མེད་ཕྱི་མེད་ཡིན་པས་དེ་སྙི ང་རེ་རྗེ། གསུངས་ནས་སྤྱན་གཉིས་ནམ་མཁར་ གཟིགས་ཏེ་དར་ཅིག་ལ་བཞུགས་པའི་ངང་ནས་གནས་འདྲེན་ཁྱད་པར་བ་མཛད་སྐབས་ཉེ་ གནས་དག་གིས། ད་དུང་ཞིང་ཁམས་སུ་འདུན་པ་རེ་ཞིག་བར་མི་གཏད་པར་ཞུ་ུཞུས་པས། ཁོང་གི་ཞལ་ནས། འོ་ཁྱེ ད་ཅག་བདེ་མོ་རུ་འདུག་ཅིག ང་རང་ཤི་བ་ནི་འོད་གསལ་མ་བུ་ འདྲེས་པ་ལས་གཞན་མེད་པས་ཤིན་ཏུ་སྐྱིད་པོ་རང་ཞིག་ངེས་པར་གདའ་གསུངས། དེ་ནས་ ཡང་རེ་ཞིག་གི་ཚེ། ཞལ་ནས། ད་ནི་བདག་ལ་མི་བདེ་བ་མེད་ཅིང་གང་སྣང་དག་པ་རབ་ འབྱམས་ཀྱིས་དུས་འདའ་བའི་ཚོད་དུ་འདུག་ཅིང་གཞིའི་འོད་གསལ་དང་མ་བུ་འདྲེ་ལ་ཁད་ དུ་ཡོང་པས་རྗེས་སོར་ཐུགས་དམ་དུ་འདུག་པ་སོགས་མེད། ད་ཙམ་རང་ལ་བྱིན་རྟེན་ལེགས་ སྦྱོང་མཛད་པ་ཚོ་བླུད་རན། རྗེས་ནས་རང་གི་གདུང་མཇལ་དག་ལ་རྟེན་འདུས་དེ་ཚོ་བླུད་ན་ ཤིན་ཏུ་བཟང༌། རང་ལའང་རོ་ཆོག་ལྟར་རོ་བཀྲུ་ཕྱི་གནས་ཡིག་འདོགས་པ་སོགས་ཇི་བཞིན་ བྱས་ན་ཤིན་ཏུ་ལེགས་ཚུལ་སོགས་ཀྱི་ཞལ་འཕྲོས་རྒྱས་པ་གནང་ནས་དེའི་དགོང་མོ་ཙམ་ན། གསུང་ལས། ད་ནི་སངས་རྒྱས་ཐུགས་རྗེ་ཅན་མྱ་ངན་ལས་འདའ་བའི་ཚུལ་ལྟར་བྱས་ནས་ འཆི་ན་དགའ་སྙམ་ཡོད་པས་དེ་ལུགས་ལྟར་བྱའོ། །གསུངས་ནས་སེང་གེ་ཉལ་སྟབས་སུ་ ལེགས་བཞུགས་མཛད་ནས། ཞལ་གསུངས་ལས། རང་གིས་ཉལ་སྟབས་ལེགས་པོ་འོང་ངམ་ ལྟོས་ལ་ངེད་ཀྱི་ཆོས་གོས་རྙིང་པ་འདི་རྩ་བའི་བླ་མ་དགེ་སློང་གི་སྐུ་ཆོས་ཡིན་པས་འདི་མགོ་ འཇུག་མ་ནོར་བར་རང་སྟེང་དུ་ཁོབ་དེ་ལྷག་གོས་གཞན་རྣམས་ཕུད་ཅིག གསུངས་པ་ལྟར་ 3-1-240 བྱས་མཐར་ཐུགས་སྲས་ཐུ་བོ་རྒྱལ་ཚབ་བསྟན་པ་རབ་རྒྱས་ཀྱིས། ཁྱེ ད་ཉིད་ཞིང་གང་དུ་ ཕེབས་ལགས། ཞུས་པས། ཞལ་ནས། ང་རང་ནི་ད་སྐབས་སྣང་མཐའི་ཞིང་དུ་འགྲོ། དེ་རྗེས་ ནས་ངེས་པ་ལྔ་ལྡན་གྱི་ཞིང་གང་དུ་འགྲོ་ན་ཕ་ཁྱི མ་བུ་འགྲོ་ཡིན། ཁྱེ ད་ཅག་ཚོ་ཀུན་ཀྱིས་བདེ་ མོར་བྱས་ལ་ལེགས་བཞུགས་མཛོད་ཅིག ཅེས་གསུངས་ནས་དེའི་ཉི་ནུབ་ཏུ་སྤྱན་འབྲས་ གཉིས་གྱེན་ལ་བཟློག་ནས་ཧིག་སྒྲ་གསུམ་གྱི་མཐར་རླུང་ནང་དུ་སྡུད་བཞིན་གཟུགས་སྐུ་ཆོས་ དབྱིངས་སུ་ལེགས་ཟུམ་མཛད་སོང༌། དེ་ནས་ཞག་གསུམ་ལོན་རྗེས་སུ་ཁམས་དཀར་དམར་ ཇི་བཞིན་ལུད་པའི་རྟགས་དང་བཅས་ཐུགས་དམ་ལེགས་བཀྲོལ་སོགས་ཀྱི་ཚེ་ནམ་མཁའ་ གཡའ་དག་འཇའ་སྤྲིན་སྣ་ཚོགས། འོད་དཀར་གནམ་དུ་ཟུག་པ་སོགས་བར་འགའ་རེས་མོས་ ཀྱིས་རྟགས་མཚན་ངོ་མཚར་བའང་དུ་མ་འདས་ཉིན་ནས་བཟུང་གདུང་ཁང་ཕྱེ་བའི་བར་རྒྱུན་ དུ་བྱུང་ཞིང༌། སློབ་ཚོགས་ཀྱི་གཟིགས་ངོར་ཡང་དག་སྣང་གི་འཆར་སྒོ ་ཅི་རིགས་པ་དང་ བཅས་གདུང་མཆོད་གདུང་བཞུ་སོགས་ཀྱི་མཐར་ཐོག་མར་གདུང་རུས་ལ་རིང་བསྲེལ་སྲན་ མའི་ཚད་གསུམ་དང་རྗེས་སོར་དེར་བརྟེན་རིང་བསྲེལ་ཡུངས་འབྲུའི་ཚད་ཙམ་བརྒྱ་རྩ་གཅིག་ ངེས་པར་བྱུང་ལ། གདུང་རྟེན་ཡང་གསེར་དངུལ་སོགས་རིན་པོ་ཆེ་ལས་ཉེར་བསྐྲུན་མཛད་ པའི་མཆོད་རྟེན་ཁྱད་མཚར་ཅན་ཁམས་འདི་ཕྱོགས་སུ་ཟླ་དང་བྲལ་བའི་དཔེ་བཟང་ཁྱད་པར་ བ་རབ་གནས་སོགས་དང་བཅས་སློབ་ཚོགས་ཡོངས་ཀྱིས་ལེགས་བཞེངས་མཛད་ཅིང་སློབ་ བུ་སོ་སོས་ཡང་དངུལ་གདུང་དུ་མ་གསར་བསྐྲུན་གྱི་མཛད་སྒོ་རབ་གནས་མཐའ་རྒྱས་བཅས་ སོགས་ཀུན་ནས་ཡོངས་སུ་གྲུབ་པ་བསོད་ནམས་ཀྱི་བསགས་སྒོ་གང་ཐད་དུ་རྒྱ་ཆེ་བའི་ཚུལ་ གྱིས་མཛད་དགོངས་ཉེ་བར་རྫོགས་ཤིང༌། གང་གི་ཐུགས་སློབ་ཀྱི་རིམ་པའང་གོང་དུ་ཇི་ བཞིན་སྨོས་པ་ལྟར་ལགས་པ་སོགས་དམ་པ་འདི་ཉིད་ཀྱི་རྣམ་ཐར་རྒྱས་པ་ཞིག་ཕྱིས་སུ་སྐལ་ བ་དང་ལྡན་ན་འབྲི་འདོད་ཡོད་པས་འདིར་དེ་ཙམ་དུ་རེ་ཞིག་གཞག་གོ ། 3-1-241 ༼༡༣༽ གང་ཉིད་ཀྱི་གདན་ས་རྗེས་སོར་ལེགས་པར་སྐྱོང་མཛད་ནི་ཁོང་གིའང་ཐུགས་ སྲས་མཆོག་གྱུར་ངག་དབང་བསྟན་པ་རབ་རྒྱས་ཏེ་འདིའི་ལོ་རྒྱུས་ཡང་འཛི་ཡུལ་ཉིན་ཕྱོགས་ ཀྱི་སྨད་གྲོང་སྡེ་བྱ་ཡུར་ཞེས་པར་ཡབ་ཝ་ཤུལ་འབྲུག་སྐྱབས་དང༌། ཡུམ་ཀྱ་བཟའ་པོ་ཀྱ་ གཉིས་ཀྱི་སྲས་སུ་ཤིང་ཕག་ལོར་སྐུ་འཁྲུངས་ཆུང་ངུའི་དུས་ནས་རིགས་ཕུན་སུམ་ཚོགས་པའི་ རྟགས་མངའ་ཞིང༌། བསྐྱེད་བསྲིངས་ནས་དགུང་ལོ་བདུན་བརྒྱད་ཙམ་ལ་སླེབས་དུས་ཁོང་ གི་ཁུ་བོ་བློ་བཟང་གི་དྲུང་ནས་ཀློག་ཡིག་བསླབས་ནས་རིམ་པས་ཀློག་བྱང་བར་བྱས་རྗེས་ དགུང་ལོ་བཅུ་གསུམ་སྟེང་བཀྲ་ཤིས་ལྷ་རིའི་དབེན་པའི་སྒྲུབ་གནས་སུ་ལྷ་བཟོ་རྡོ་རྗེ་འཆང་ གི་སྐུ་མདུན་དུ་ཟབ་ཆོས་ཀྱི་སྒོར་ལེགས་ཞུགས་མཛད་སྐབས་ཐོག་མའི་རྟེན་འབྲེལ་ལེགས་ ངེས་ཀྱི་བླ་མ་རྡོ་རྗེ་འཆང་གིས་བཀའ་ལུང་གསལ་བོའི་ཆེ་བརྗོད་དང་བཅས་དགྱེས་པས་རྗེས་ སུ་བཟུང་སྟེ་གང་གི་ཐུགས་སྲས་སུ་གྱུར་པ་དེ་ནས་བཟུང་རང་ལུགས་ཀྱི་ཟབ་ཆོས་དུས་ཀྱི་ འཁོར་ལོའི་ཐུན་མོང་སྔོན་འགྲོའི་རིམ་པ་འབུམ་ལྔ་ལ་བརྟེན་ནས་བར་མ་རབ་བྱུང་གི་སྡོམ་ པ་ལེགས་མནོས་ཀྱི་སྒོ་ནས་མཚན་ངག་དབང་བསྟན་པ་རབ་རྒྱས་ཞེས་གསོལ་ཞིང་དབང་ བསྐུར་བྱིན་རླབས་ཟབ་ཁྲིད་མན་ངག་ཐུན་མོང་མ་ཡིན་པ་གང་དགོས་རྣམས་དང༌། གཞན་ ཡང་སྒྲུབ་ཐབས་རིན་འབྱུང༌། རྗེས་གནང་བརྒྱ་རྩ། བདེ་མཆོག་རབ་འབྱམས་གཤིན་རྗེའི་ རབ་འབྱམས་སོགས་ཀྱི་ཟབ་དབང་རྒྱ་ཆེ་བ་དང་བཅས་ཆོས་ཀྱིས་ཐུགས་རྒྱུད་ལེགས་སྨིན་ ཁྱད་པར་ཕུལ་དུ་བྱུང་བའི་སྒོ་ནས་ལོ་གསུམ་གྱི་རིང་གོང་མའི་ཕྱག་སྲོལ་བཞིན་གྱི་རྫོགས་ རིམ་སྦྱོར་བ་ཡན་ལག་དྲུག་ལ་ཉམས་ལེན་གནད་ཁེལ་བགྱིས་པས་གྲུབ་འབྲས་མངོན་པར་ རྟོགས་པ་ཆེས་བཟང་རབ་ཏུ་གྱུར་ཅིང་བླ་མ་རྡོ་རྗེ་འཆང་གིས་མ་འོངས་པ་ན་བསྟན་འགྲོ་ལ་ ཕན་ཐོགས་འོང་ཚུལ་གྱི་ཆེ་བསྔགས་གཟེངས་བསྟོད་དང་བཅས་སྦྱོར་དྲུག་ཉམས་ལེན་མཛད་ པ་ནས་བཟུང་སྒྲུབ་པ་ཁོ་ན་ལ་གཞོལ་བའི་འབད་འབུང་གིས་སླར་ཡང་སྒྲུབ་པ་སྦྱོར་དྲུག་ 3-1-242 ལ་ཉམས་ལེན་ལོ་གཅིག་ཀྱང་མཛད་སྐབས་དུས་འཁོར་དབང་ཆེན་སོགས་ཆོས་བཀའ་རྒྱ་ ཆེར་མནོས་པས་ཉམས་རྟོགས་སྔར་ལས་ཆེར་རྒྱས་སུ་སོང༌། དེ་ནས་དགུང་ལོ་བཅུ་དགུའི་ སྐོར་ནས་བཟུང་ལོ་རེ་བཞིན་ནས་བསྐྱེད་རིམ། འབྱུང་འདུལ། རྟ་མགྲིན། འཇིགས་བྱེད་ འབྲུ་མནོན། མི་འཁྲུགས་པ་སོགས་ཀྱི་བསྙེ ན་སྒྲུབ་ཚད་ལྡན་དང༌། བསྙེ ན་རྫོགས་ཀྱི་སྡོམ་ པའང་ལེགས་མནོས་མཛད་ཅིང༌། གཞན་བསྐྱེད་རིམ་སྣ་ཚོགས་དང་ཤངས་ཆོས་སྐོར་ལའང་ ཉམས་ལེན་གནད་སྨིན་གྱིས་རང་དོན་རྟོགས་པ་ཆེས་ཆེར་འཕེལ་བར་བྱས་པ་ནས་དགུང་ ལོ་ཉེར་ལྔ་སྐོར་དུ་ལྷ་བཟོ་རྡོ་རྗེ་འཆང་དག་ཞིང་དུ་གཟིགས་ཏེ་ཚོགས་བསགས་ཀྱི་སྒོ་རྒྱ་ཆེར་ བགྱིས་ཤིང༌། དེ་ནས་ཀྱང་རིམ་པར་ཁོང་གིས་འཛམ་ཐང་གཙང་བའི་སྒྲུབ་ཁང་དུ་སྦྱོར་ དྲུག་ལོ་གཅིག་ཏུ་ཉམས་ལེན་དང༌། སྐྱེས་ཆེན་དམ་པ་གཞན་ཐུབ་བསྟན་དགེ་ལེགས་རྒྱ་མཚོ་ དང༌། ཀུན་དགའ་མཁས་གྲུབ་དབང་པོ། ཀུན་དགའ་མཉམ་ཉིད་སོགས་སྐྱེས་ཆེན་དུ་མའི་ དྲུང་ནས་ཀྱང་མདོ་སྔགས་ཀྱི་ཆོས་བཀའ་ཟབ་མོ་ཆེས་མང་ལེགས་གསན་མཛད་པས་ཐུགས་ མཚོར་ལུང་རྟོགས་ཀྱི་ནོར་བུས་ལེགས་གཏམས་བྱས་སོ། །དེ་ནས་དགུང་ལོ་སོ་གཉིས་སྐོར་ ནས་བཟུང་རང་ཡུལ་བྱ་ཡུར་དགོན་དུ་འཛོང་བོ་སྐྱབས་མགོན་གྱི་མདུན་ནས་རང་གིས་སྦྱོར་ དྲུག་ཉམས་ལེན་དང༌། གཞན་དག་ལ་ཆོས་ཁྲིད་གསལ་འདེབས་ཀྱི་སྒོ ་ནས་དོན་གཉིས་ཟུང་ འབྲེལ་གྱི་སྒོས་སྦྱོར་དྲུག་ཆོས་ཚན་སྔ་ཕྱི་དུ་མའི་རིང་དུ་རང་གཞན་གྱི་དོན་ལེགས་སྒྲུབ་ཀྱིས་ ཁོང་ནས་སྒྲུབ་པ་ཉམས་ལེན་གཙོ་བོར་ལྷུར་ལེན་དང༌། གཞན་མཚམས་གྲྭ་བ་གང་དག་ ལ་རང་རང་གི་ཁམས་དབང་དང་མཐུན་པའི་བསྐྱེད་རྫོགས་གང་མཁོ་ལ་དེ་ལུགས་ཀྱིས་རེ་ འདོད་ལེགས་སྐོང་གིས་བྱས་རྗེས་རྒྱ་ཆེར་བཅས་དམ་པ་འདི་ཉིད་དགུང་གྲངས་ང་དྲུག་སྐོར་ ལ་མ་ཐོན་བར་ཚུལ་དེ་ཀའི་ངང་ནས་ལེགས་བཞུགས་མཛད། དགུང་ལོ་ང་དྲུག་སྟེང་ནས་ སྐྱབས་མགོན་སྐུ་ཞི་དབྱིངས་སུ་ཐིམ་པའི་རྐྱེན་གྱིས་ཁོང་གིས་རང་ཡུལ་དགོན་གྱི་ཆོས་གཞི་ 3-1-243 སྔར་ལྟར་སྐྱོང་བའི་ཐུགས་ཁུར་བཞེས་དགོས་བྱུང་བས་འདི་ནས་བཟུང་དགོན་དེའི་སྦྱོར་དྲུག་ པ་དང་བསྐྱེད་རིམ་པ་གང་ཡོད་དག་ཐུགས་སློབ་ཏུ་བྱས་ནས་རང་རང་ལ་གང་འཚམས་ཀྱི་ ཆོས་བཀའ་རྗེས་སུ་བཟུང་རིམ། སྦྱོར་དྲུག་ཆོས་ཚན་བླ་མ་བློས་ཕྲིན་སོགས་དང༌། བླ་མ་བློ་ གྲོས་བཟང་སོགས། ངག་བློས་སོགས། བླ་རིག་སོགས། ངག་དབང་བཀྲ་ཤིས་སོགས། ཀུན་ སྨོ ན་སོགས། ཀུན་དགའ་བཟང་སོགས། བླ་མ་མཁས་གྲུབ་དཔལ་སོགས། ཡར་ཐང་རྒྱ་སྤྲུལ་ སོགས། གང་ཤར་སོགས། ཤེས་རབ་བཟང་སོགས། མཁས་ཚུལ་སོགས། འཇམ་དབྱངས་ སོགས། དབྱངས་སྙན་སོགས། བླ་མ་བྱང་བཟང་སོགས། མཁས་དཔལ་སོགས་ཏེ། དེ་འདྲའི་ ཆོས་ཚན་སོ་སོ་དང༌། དེ་དག་དང་དུས་མཉམ་པར་ནཻ་གུ་དང༌། བསྐྱེད་རིམ་སྣ་ཚོགས་སོགས་ མཚམས་སྒྲུབ་པ་ཚན་སྔ་ཕྱི་མང་པོ་དང༌། ལོ་བསྟར་གྱི་དབྱར་གནས་པ་སོགས་དེ་ཀུན་ལ་རང་ འཚམས་ཀྱི་ཆོས་བཀའ་དབང་ལུང་ཟབ་ཁྲིད་ཅི་དགོས་དང་དགེ་ཚུལ་སློང་གི་སྡོམ་པའང་སྔ་ ཕྱིར་ལན་དུ་མར་གནང་ཞིང༌། དགོན་དེའི་དབྱར་གནས་ཀྱི་མཁན་པོ་དང༌། གཞན་གཙང་ པ་གྲྭ་ཚང་གི་སྐུ་རིམ་གྱི་སྒྲུབ་བླ་དང༌། འཚོགས་པའི་ཁྲི་འཛིན་སོགས་རྣམ་དཀར་ཆོས་ལྡན་ གྱིས་གཞན་དོན་རྒྱ་ཆེར་སྤྱོད་པ་དང་མཉམ་དུ་ཉིད་ཀྱི་ཚོགས་བསགས་སྒྲིབ་སྦྱང་སྤྱི་དང་ཡང་ སྒོས་རྟེན་གསུམ་ལེགས་བཞེངས་མཛད་པ་སོགས་སྒོ་གང་ཐད་ནས་མཛད་པ་རྒྱ་ཆེ་བས་ ཁོང་ཉིད་དགུང་གྲངས་དོན་དྲུག་བར་དུ་ལེགས་བཞུགས་མཛད་རྗེས་དགུང་ལོ་དེ་ཉིད་ཀྱི་ སྟེང་དུ་ལྷ་རིས་སོགས་དགོན་དེའི་དགེ་འདུན་འདུས་པ་སྤྱིའི་རྟེན་བཞེངས་ལེགས་གྲུབ་དང་ ཐུགས་སྲས་སློབ་ཚོགས་དག་ལ་གསུང་འཕྲོས་ཀྱི་བཀའ་མོལ་ཞལ་ཏ་སྣ་ཚོགས་དང༌། ཉིད་ ཡུན་རིང་མི་བཞུགས་ཚུལ་དང་གཤེགས་རྫོགས་སོགས་ཀྱི་བགྱི་བ་གང་དགོས་མཐའ་དག་ ཞིབ་རྒྱས་སུ་གསུངས་ནས་ཐུགས་སློབ་དག་གིས་བཞུགས་ཞུས་ཕུལ་ཀྱང་མ་གནང་བར་བླ་ མ་གསལ་བཟང་བླ་མ་མཚན་ལྡན་ཟུང་ལ་དགོན་དེའི་སྒྲུབ་བརྒྱུད་བསྟན་པ་ཡོངས་གཏད་ 3-1-244 ཀྱིས་རྒྱལ་ཚབ་ཏུ་ུམངའ་གསོལ་རྗེས། ཞལ་ནས། ད་ནི་ཁོང་ཉིད་ཐུགས་འོད་གསལ་སྤྲོས་ བྲལ་གྱི་ངང་ནས་བྱང་ཕྱོགས་ཤམྦྷ་ལར་རིགས་ལྡན་མ་འགགས་པའི་སྐུ་དྲུང་དུ་ཐུགས་འདུན་ ལེགས་གཏད་ཀྱི་ཚུལ་དང༌། གསུང་འཕྲོས་ཀྱང་འགའ་ཞིག་གནང་བའི་མཐར་ལོ་དེའི་ཟླ་ བ་བརྒྱད་པའི་ཚེས་ཉི་ཤུའི་དགོང་མོ་ཙམ་ན་ཉིད་སྐུ་སེང་གེ་ཉལ་སྟབས་ཀྱིས་བཞུགས་ཏེ་ སྤྱན་གཉིས་ནམ་མཁར་གཟིགས་བཞིན་སྐུ་ཆོས་དབྱིངས་སུ་ཐིམ་ནས་ཐུགས་དམ་ལ་ཞག་ དྲུག་ཏུ་བཞུགས་རྗེས་སུ་དཀར་དམར་ཇི་བཞིན་འབབ་པའི་རྟགས་དང་བཅས་ཐུགས་དམ་ ལེགས་པར་བཀྲོལ་ཏེ་སློབ་ཚོགས་ཀྱིས་དགོངས་མཆོད་གདུང་རྟེན་སོགས་བསོད་ནམས་ཀྱི་ བསགས་སྒོ་རྒྱ་ཆེར་བགྱིས་པ་དང་ཐུགས་སློབ་ཆེ་བ་ཇི་ལྟར་ཡོད་སོགས་དམ་པ་འདིའི་སྐུ་ ཚེའི་སྟོད་སྨད་ཀྱི་མཛད་ཆེན་སྤྱིའི་ཚུལ་རྒྱས་པ་བདག་གིས་བསྒྲིགས་པའི་ཉིད་ཀྱི་རྣམ་ཐར་ན་ གསལ། ༼༡༤༽ དེ་རྗེས་སུ་དམ་པ་འདིའི་གདན་ས་ལེགས་སྐྱོང་གི་གཙོ་བོ་ནི་ཉིད་ཀྱི་ཐུགས་སློབ་ ཏུའང་གྱུར་པ་མཐུ་ནུས་མཆོག་མངའ་ངག་དབང་གསལ་བཟང་ཞབས་པ་སྟེ། འདིའི་ལོ་རྒྱུས་ ཡང་འཛི་ཡུལ་སྨད་ཀྱི་ཆར་གཏོགས་པ་མུ་མདའི་ཞེས་པའི་ཡུལ་གྲོང་དེར་ཡབ་རིག་མཆོག་ དང་ཡུམ་བསོ་སྐྱིད་གཉིས་ཀྱི་སྲས་སུ་ཤིང་ཕོ་རྟ་ལ་སྐུ་འཁྲུངས། དེ་ནས་བསྐྱེད་བསྲིང་བའི་ སྐབས་སུའང་སྐུ་ན་ཆུང་ངུའི་དུས་ནས་ཆོས་ལ་གཞན་གྱིས་མ་བསྐུལ་རང་ཤུགས་ཀྱིས་ངེས་ པར་དགའ་སྤྲོ་ཆེ་བའི་ཐུགས་བློ་ཅན་ཞིག་སྟེ་ལོ་གྲངས་བདུན་བརྒྱད་ཙམ་ན་ཀློག་ཡིག་ ལེགས་པར་བསླབས་པས་ཇི་བཞིན་ཤེས་པ་བྱུང་ཞིང་དེ་སྐབས་རྣམས་སུ་ཉིད་ཀྱིས་ར་རྫི་ སོགས་བྱེད་པའི་དུས་སུ་བྱིས་པ་ཕལ་བ་གཞན་རྣམས་དང་མི་འདྲ་བར་རང་ཉིད་གཅིག་པུ་ ལོགས་སུ་སོང་ནས་སྐྱབས་མཆོག་གསུམ་ལ་གུས་པས་ཕྱག་ཆེས་མང་པོ་འཚལ་བ་སོགས་ ལུས་ངག་གི་དགེ་སྦྱོར་ལ་ཕྱོགས་ཀུན་ནས་སྐྱེས་རྩལ་ཅི་ཡོད་ཀྱིས་འབད་པ་ལ་སྤྲོ་བ་ལྷག་ 3-1-245 པར་ཆེ་བ་དང་བཅས་ཚུལ་དེ་ལུགས་ཀྱིས་ལོ་གྲངས་བཅུ་གསུམ་ཙམ་གྱི་སྟེང་ལ་སླེབས་ཚེ་ བཀྲ་ཤིས་ལྷ་རིའི་དབེན་གནས་སུ་སྔགས་པ་བླ་མ་ཀུན་དགའ་མཉམ་ཉིད་རྡོ་རྗེ་འཆང་གང་ ཉིད་བཞུགས་དྲུང་དུ་ལེགས་པར་ཕྱིན་ནས་དམ་པའི་ཆོས་གྲལ་དུ་ལེགས་ཞུགས་བྱས་ཏེ་རང་ ལུགས་དུས་ཀྱི་འཁོར་ལོའི་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ཐུན་མོང་དང་ཐུན་མོང་མ་ཡིན་ པའི་སྔོན་འགྲོའི་ཆོས་ཡོངས་རྫོགས་ཞུས་ནས་རིམ་པས་ཉམས་ལེན་གཟབ་ལྡན་མཛད་དེ་ དམ་པ་གང་དྲུང་ནས་བར་མ་རབ་བྱུང་གི་སྡོམ་པ་ཞུས་སྐབས་མཚན་ངག་དབང་གསལ་ བཟང་ཞེས་གསོལ། དེ་ནས་རིམ་པ་བཞིན་རྫོགས་རིམ་སྦྱོར་བ་ཡན་ལག་དྲུག་དམ་པ་གོང་ མའི་ཕྱག་སྲོལ་ཇི་ལྟ་བ་བཞིན་དུ་ལེགས་པར་གཞན་ཆོས་གྲོགས་རྡོ་རྗེའི་སྤུན་དུ་མ་དང་ མཉམ་དུ་ཉམས་ལེན་ལེགས་ངེས་ལོ་གསུམ་རིང་ལ་མཛད་པའི་དུས་ན་སྔགས་པ་རྡོ་རྗེ་འཆང་ གི་མདུན་ནས་སྦྱོར་དྲུག་གི་ཆོས་སྐོར་མཁོ་ཆེ་བ་གང་དགོས་མཐའ་དག་ཇི་བཞིན་མནོས་ཤིང་ ཉམས་ལེན་གྱི་དུས་རྣམས་སུའང་དམ་པ་འདི་རང་ལ་མྱོང་རྟགས་ཀྱི་རིམ་པ་གཞན་ཕལ་བ་ཚོ་ དང་གཏན་ནས་མི་འདྲ་བའི་འཆར་སྒོ ་མང་ཚོད་དུ་འདུག་ལ། དེ་འདྲའི་ཚུལ་གྱིས་ལོ་གསུམ་ རྫོགས་པའི་རྗེས་ནས་ཡང་གནས་སྐབས་ཅི་རིགས་པར་སླར་ཡང་བླ་མ་གང་ཉིད་ཀྱི་དྲུང་ནས་ སྦྱོར་བ་ཡན་ལག་དྲུག་ཆ་ཚང་བ་ཉམས་ལེན་གནད་སྨིན་བགྱིས་པས་སྔར་ལས་ནང་རྟོགས་ ཀྱིས་འཆར་སྒོ ་ཡང་བཟང་རབ་ཏུ་གྱུར་ཅིང༌། དེ་རྗེས་མི་རིང་བར་སྔགས་པ་རྡོ་རྗེ་འཆང་དང་ མཁས་དབང་ཚོགས་གཉིས་རྒྱ་མཚོ་ཟུང་གིས་དབང་བཀའ་ཞིབ་ཁྲིད་ལེགས་གནང་གི་སྒོ་ ནས་བསྙེ ན་མཚམས་ཀྱི་རིམ་པ། འབྱུང་འདུལ། རྟ་མགྲིན། འཇིགས་བྱེད་འབྲུ་ནོན། སྙན་ བརྒྱུད་གཉིས་དང༌། ཨུཥྞི་ཥ་རྭ་ལུགས། གཅོད་ཚོགས་རིན་ཆེན་ཕྲེང་བ། པ་པཾ་ཚོགས་བརྒྱ། དུས་འཁོར་ལྷ་དགུ། མགོན་པོ་བྲག་རྫོང་མ་རྣམས་དང༌། གཞན་ཡང་དུས་སྔ་ཕྱི་ཅི་རིགས་སུ་ རྡོ་རྗེ་ཤུགས། དུས་འཁོར་ཡོངས་རྫོགས་རྒྱས་པའི་བསྙེན་སྒྲུབ་ཚད་ལྡན་རྣམས་ཀྱང་ལེགས་ 3-1-246 གྲུབ་མཛད། དེ་མཚམས་ཤིག་ནས་འཛམ་ཐང་གཙང་བའི་སྒྲུབ་གྲྭ་འགབ་མར་ལོ་བདུན་དུ་ རྒྱུན་བཞུགས་མཛད་ནས། ནཻ་གུའི་བསྐྱེད་རྫོགས་གོང་མའི་ཕྱག་བཞེས་བཞིན་དང༌། དུས་ འཁོར་ཡོངས་རྫོགས། འཇིགས་བྱེད་བསྙེ ན་ཆེན་རྣམས་གྲངས་བསྙེ ན་ཚད་ལྡན་དང༌། ཐུན་ བར་རྣམས་སུ་ལུས་ཀྱིས་ཕྱག་གྲངས་མང་འཚལ་བ་སོགས་དགེ་སྦྱོར་སྒོ་དུ་མ་ནས་ལེགས་ འབད་བྱས་ཀྱི་སྒོ ས་སྒྲུབ་པའི་རྒྱལ་མཚན་ལེགས་འཛུགས་ཀྱང་མཛད། འཇིགས་བྱེད་བསྙེ ན་ ཆེན་སྐབས་སྒྲུབ་གཏོར་མར་རྒྱན་ངོས་སུ་ཡ་མ་ར་ཛའི་ཡི་གེ་གཟབ་རིས་ངོ་མཚར་བ་མངོན་ གསལ་དུ་དོད་ཅིང༌། མཆོད་ཆུ་རྣམས་སུ་མེ་ཏོག་གི་རྣམ་པའི་རིལ་བུ་དཀར་སེར་དམར་ལྗང་ མང་པོ་བྱུང་ལ། མངོན་སྤྱོད་ལས་ཀྱི་རྟགས་མཚན་ནང་མཆོད་དུ་འཇིགས་བྱེད་ཀྱི་ཕྱག་མཚན་ མང་པོའི་རི་མོ་ལེགས་པར་ཤར་ཞིང༌། ནང་མཆོད་ཤ་འབུ་ཆེས་མང་པོའི་རྣམ་པར་གྱུར་པ་ སོགས་ཀྱི་འགྲུབ་རྟགས་ལེགས་མཚན་ཀྱང་བྱུང༌། དེ་རྗེས་མཚམས་ཤིག་ལ་ལྷ་རྩེ་སྤྲུལ་སྐུ་ ཐུབ་བསྟན་ལུང་རྟོགས་རྒྱ་མཚོའི་མདུན་ནས་སྤྱིར་ན་སྔགས་རྙིང་མའི་ཆོས་བཀའ་ལུང་ཁྲིད་ བསྐྱེད་རིམ་དུ་མའི་དམིགས་ཁྲིད་དང་ཁྱད་པར་གུ་དྲག་གི་དབང་དང་གཟབ་ཁྲིད་གསན་ནས་ རང་གནས་ལྷ་རིའི་སྒྲུབ་གནས་བསྙེན་མཚམས་ལ་བཞུགས་དུས་སྒྲུབ་པའི་དམ་རྫས་ནང་ མཆོད་ཀྱི་བདུད་རྩི་ཆིལ་གྱིས་ཁོལ་བ་སོགས་ཀྱིས་མཚོན་རྟགས་མཚན་ལེགས་པ་དུ་མ་བྱུང་ ཞིང་གཞན་ཡང་སྔགས་རྙིང་ཕྱོགས་ཀྱི་བསྐྱེད་རིམ་ཡང་མང་པོའི་མཚམས་སྒྲུབ་མཛད་པ་ ཡིན་ལ། དགུང་ལོ་སུམ་བཅུ་སོ་བཞིའི་དུས་ཙམ་ན་ལྷ་རྩེ་སྤྲུལ་སྐུ་ཐུབ་བསྟན་ལུང་རྟོགས་རྒྱ་ མཚོ་གང་དྲུང་ནས། རཏྣའི་ཕུར་བའི་དབང༌། པདྨ་འོད་འབར། རིན་ཆེན་ཕྲེང་བ། རཏྣའི་ཚེ་ སྒྲུབ་རྣམས་ཀྱི་ཟབ་དབང༌། མགོན་པོ་ཚོགས་བདག་གི་གཏེར་གཞུང་ཡོངས་སུ་རྫོགས་པའི་ བཀླག་ལུང་གསན་ཅིང༌། སྤྱིར་དམ་པ་འདིས་དུས་སྔ་ཕྱི་ཅི་རིགས་སུ་ཆོས་བཀའ་ནོད་རིམ་ལྷ་ རིའི་དབེན་སར་ཀུན་དགའ་མཁས་གྲུབ་དབང་ཕྱུག་གི་མདུན་ནས། ཀུན་མཁྱེ ན་དོལ་པོའི་ 3-1-247 བཀའ་པོད་ཆ་ཚང་གི་བཀླག་ལུང༌། ས་དམར་བླ་མ་སྙན་གྲགས་ཀྱི་དྲུང་ནས། དུས་འཁོར་ དབང་ཆེན། ནཻ་གུ་བཀའ་ཕྱི་ནང་ཡོངས་རྫོགས། རྡོ་རྗེ་ཕྲེང་བ་ཆ་ཚང༌། སྦྱོང་རྒྱུད་བཅུ་གཉིས། གཅོད་དབང་ནམ་མཁའ་སྒོ ་འབྱེད་སོགས་དང༌། བླ་མ་བསྟན་པ་རབ་རྒྱས་ཀྱི་མདུན་ནས། དུས་འཁོར་དབང་ཆེན། གཅོད་དབང༌། ཚེ་རིང་མ། སྤྱན་རས་གཟིགས་ཀྱི་རྗེས་གནང་རྣམས་ དང༌། ཨ་མགོན་བླ་མའི་དྲུང་དུ་སྔ་ཕྱིར་ཆོས་དཀའ་མང་པོ་གསན། དེ་རྗེས་དགུང་ལོ་སོ་དྲུག་ གི་སྟེང་ལ་ངག་དབང་ཚོགས་གཉིས་རྒྱ་མཚོའི་མདུན་དུ། ལམ་རིམ་གྱི་ཁྲིད་ཞུས་ནས། འཛམ་ ཐང་གཙང་བའི་སྒྲུབ་གྲྭ་བར་མ་ལོ་གཅིག་ཏུ་ཉམས་ལེན་མཛད་དེ་མཚམས་དེ་ནས་མི་རིང་ བར་ཕྱིར་ལོའི་སྐོར་ནང་ཞིག་ཏུ་མགོ་བཟུང་ནས་འཛམ་ཐང་གཙང་བའི་སྒྲུབ་གྲྭ་གོང་མར་ལོ་ བདུན་ཙམ་ལ་བཞུགས་པ་སྟེ། དེ་ཡང་འཛམ་ངོས་རྡོ་རྗེ་འཆང་ཀུན་དགའ་ངག་གི་དབང་པོ་ དང༌། གཙང་བའི་རྡོ་རྗེ་སློབ་དཔོན་ངག་དབང་བསྟན་པ་གསལ་བྱེད་སོགས་རྡོ་རྗེ་འཛིན་པ་དུ་ མའི་མདུན་ནས་སྦྱོར་དྲུག་གི་དབང་བཀའ་ཟབ་ཁྲིད་བཅས་དང༌། ཉམས་ལེན་ལ་འདྲི་ གཏུགས་ཀྱི་སྒོ་ནས་ཐུན་དངོས་གཞིའི་སྐབས་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་སྤྲོས་བྲལ་མི་ རྟོག་པའི་གནས་ལུགས་ལ་མཉམ་བཞག་ཡངས་པ་ཆེན་པོ་ནས་ཉམས་ལེན་གནད་ཁེལ་གྱི་ ཐུགས་དམ་གཙོ་བོར་མཛད་པ་དང༌། རྗེས་ཐོབ་ཐུན་མཚམས་ཀུན་ལ་དུས་རྒྱུན་ཤིང་ལེབ་ ཕུག་ལ་ཉེ་བའི་ཡན་ལག་ལྔ་པོའི་རྗེས་གསལ་བར་དོད་པའི་ཕྱག་དང༌། ཡོན་ཆབ་གྲངས་མང་ དང༌། མར་མེ་སོགས་མཆོད་པ་བྱེད་པ་དང༌། གཞན་ཡང་རྒྱུན་ཁྱེ ར་ཞལ་འདོན་སྣ་ཚོགས་ སོགས་བསོད་ནམས་བགྱི་བ་དོན་དང་ལྡན་པས་དུས་འདའ་བར་བྱས་པས་ཉིད་ཀྱི་ཐུགས་ ཉམས་སུ་རྫོགས་རིམ་གྱི་མངོན་པར་རྟོགས་པའང་དེང་དུས་ལ་ལྟོས་པའི་ཉམས་མྱོང་གི་སྒོ་ སྔར་ལས་ཀྱང་ཆེས་ཀུན་ནས་ཡར་ལྡན་དུ་གྱུར་ཏེ་བྱས་རྗེས་གྲུབ་འབྲས་ཡང་མི་དམན་པ་ བྱུང༌། དུས་སྐབས་སྔ་ཕྱི་ཅི་རིགས་ཤིག་ཏུ་དགེ་སྐོར་བླ་མ་ཚུལ་ལྡན་གྱི་དྲུང་ནས་ཇོ་ནང་ལམ་ 3-1-248 རིམ་རྒྱས་འགྲེལ་ཆེན་མོ་ཡང་སློབ་གཉེར་ནན་ཏན་གྱིས་ཐུགས་སློབ་གཟབ་ལྡན་བྱས། དེ་ ནས་དགུང་ལོ་ཞེ་གཉིས་སུ་སླེབས་ཙམ་ན་འཛམ་ཐང་གཙང་ཆེན་སྤྲུལ་སྐུ་མཆོག་གི་བཀའ་ བཀོད་ཀྱིས་ཨ་སྐྱོང་གོང་མའི་ནང་དུ་བླ་ཚབ་ལ་ཕེབས་དགོས་བྱུང་ཞིང་དེར་ལོ་གསུམ་གྱི་ རིང་གཤིན་པོ་རྗེས་འཛིན་སོགས་ཀྱིས་འགྲོ་དོན་རླབས་ཆེན་མཛད་སྐབས་མི་ཁྱི མ་ཞིག་ལ་བུ་ མོ་ལོ་ཉི་ཤུ་ཅན་སྔར་ལོ་གསུམ་བཞི་ཙམ་གྱི་རིང་ངག་ལྐུག་པར་སོང་སྟེ་སྨྲ་མི་ནུས་པ་ལ་བླ་མ་ དུ་མའི་ཐབས་ཚུལ་བྱིན་རླབས་གང་གིས་ཕན་མ་ཐོགས་པའི་དུས་སུ་དམ་པ་འདི་ཉིད་ཀྱིས་བུ་ མོ་དེ་ལ་ཁྲུས་གཅོད་བཀའ་བསྒོ་བྱས་པ་ཙམ་གྱིས་ངག་སྨྲ་མི་ནུས་པ་ལས་ལེགས་གྲོལ་མཛད་ པས་དེར་གནས་ཀུན་སྣང་བ་ཧ་ལས་པའི་ངོ་མཚར་སྐྱེས། ཡང་དུས་ལན་ཅིག་གཙང་སྐོར་ མའི་ནག་མོ་ཞིག་གིས་ཁབ་མིད་པས་ཤི་ལ་ཁད་དུ་གྱུར་སྐབས་དམ་པ་ཁོང་ལ་སྐྱབས་ཞུས་ཚེ་ ཉིད་ཀྱིས་ཕྱག་ཕྲེང་རྡོག་གཅིག་བསྐུར་ནས་དེ་མིད་དུ་ཆུག་ཅིག་གསུང༌། དེ་ལྟར་བྱས་པས་རེ་ ཞིག་ན་ནག་མོ་དེའི་ཁ་ནས་ཤ་དུམ་ཞིག་སྐྱུགས་པ་དང་མཉམ་དུ་ཁབ་དེ་ཕྲེང་རྡོག་གི་བུ་གར་ འཛུལ་བཞིན་ཕྱིར་ཐོན་བྱུང་བས་ནག་མོ་དེ་སྲོག་སྐྱབས་བླ་ལྷག་པ་བྱུང༌། ཡང་ཨ་སྐྱོང་དཔོན་ ལ་སྲུང་རིམ་གཏད་སྤྲུག་ཉིད་ཀྱིས་གསུང་སྐབས་ཉིན་གཅིག་གཡོག་འཁོར་ཞིག་གདོན་གྱིས་ བརླབ་སྟེ་སྐེ་དཔྱང་ཐག་གིས་བསྡམས་ནས་ཤི་ལ་ཁད་དུ་གྱུར་སྐབས་དམ་པ་འདི་ཉིད་ཀྱིས་ ཐུགས་ཁྲོས་ཚུལ་དང་བཅས་དེ་ལ་བརྡུང་བརྡེགགིས་བགེགས་བསྐྲད་མཛད་པས་མི་དེ་ བརྒྱལ་དུ་སོང་ཡུན་ཅིག་ནས་སླར་སངས་ཏེ་སྔར་བཞིན་གསོན་པོ་ཉིད་དུ་གྱུར་ཏེ་སྐྱོན་མེད་དུ་ སོང་ནས་དེ་ཕན་ཆད་སྐེ་བགགས་པ་དང་ལྕེབས་པ་སོགས་ཀྱི་ཤི་ལུགས་ངན་པ་རྒྱུན་ཆད་དུ་ སོང་ཞེས་གྲགས་སྐད། ཡང་ཤ་ཚང་སྐོར་གྱི་ཚོང་པ་ཇག་པས་བཅོམ་ནས་བསད་པའི་མི་རོ་ བམ་ཆེན་ཧ་ཅང་བགེགས་ཀྱིས་གཙེས་རྐྱེན་རོ་ལངས་ལ་ཁད་ཀྱི་འཇིགས་གཟུགས་ཟིལ་ ཤུགས་བཟོད་དཀའ་བའི་གནས་སུ་རེད་སོང་སྐབས་སུའང་དམ་པ་འདི་ཉིད་དེར་ཕེབས་ཏེ། 3-1-249 གཅོད་བཀའ་བསྒོ ། འཕོ་བ་བཅས་ཀྱིས་རོ་ཤུབ་ནས་ཆུ་སེར་མང་པོ་བརྡོལ་ཏེ་རོ་དེ་ཉིད་བྱ་ རྒོད་མང་པོ་ལ་སྦྱིན་གཏོང་གི་རྫས་སུ་ལེགས་བསྒྱུར་མཛད་པས་ཡུལ་ཁམས་དེ་ཕྱོགས་ཀུན་ ཏུ་སྔར་ལས་མཚན་སྙན་གྱི་གྲགས་པ་ལྷག་པར་རྒྱས་པ་སོགས་མཛད་སྒོ་ཁྱད་པར་བ་དུ་མ་ དེར་གནས་ཀུན་ཀྱི་མཐུན་སྣང་དུ་བསྙོ ན་མེད་ངེས་གསལ་དུ་བྱས། དེ་དག་གི་སྐབས་སུ་ཁོང་ གིས་ཁྲ་དགེ་སློང་ཚུལ་ཁྲིམས་དར་རྒྱས་ཀྱི་མདུན་ནས། མཁའ་སྤྱོད་མའི་དབང་ཁྲིད་ཡོངས་ རྫོགས་དང༌། འཇིགས་བྱེད་ལྷ་བཅུ་གསུམ་མའི་ཟབ་དབང༌། རྗེའི་ལམ་རིམ་ཆེན་མོའི་བཀླག་ ལུང་རྣམས་ཀྱང་ལེགས་གསན་མཛད། དེ་སྐབས་སུ་གཤིན་པོ་གང་དག་ལ་ཕན་ཐོགས་མ་ ཐོགས་ཁོང་གི་སྐུའི་རྣམ་འགྱུར་གྱིས་གོ་ནུས་ཞེས། ཉེ་གནས་པ་དག་གིས་ཟེར་སྲོལ་ཡོད། དེ་ འདྲའི་ཚུལ་གྱིས་གཙང་བ་གྲྭ་ཚང་གི་དུས་འཁོར་སྒྲུབ་མཆོད་ཆེན་མོའི་འདུ་འཚོགས་ཆེས་ མང་གཏོང་སྒོ ་རླབས་ཆེན་བཅས་ཀྱི་སྦྱིན་བདག་ལོ་གསུམ་ལ་མཛད། དེ་རྗེས་སུ་དགུང་ལོ་ཞེ་ ལྔའི་སྟེང་ཙམ་དུ་སླེབས་པ་ན་བྱ་ཡུར་དགོན་དུ་ལོ་གསུམ་ལ་ཐུགས་དམ་རྩེ་གཅིག་པའི་ངང་ དུ་བཅད་རྒྱ་མཛད་ནས་བཞུགས་པ་སྟེ། དེ་ཡང་མཚམས་སྒྲུབ་ཀྱི་རིམ་པ། སྒྲོལ་མ་རྣལ་ འབྱོར་མ། གཅོད་ཡུལ་གནད་དོན་སྙི ང་པོ། དུས་འཁོར་ཐུགས་དཀྱིལ། མཁའ་སྤྱོད་མ་སོགས་ བསྙེ ན་སྒྲུབ་མཛད་ཅིང༌། སྒྲོལ་མ་རྣལ་འབྱོར་མའི་བསྙེ ན་སྒྲུབ་དུས་དམ་རྫས་ནང་མཆོད་ ཁོལ་བའི་ནང་ལ་རིལ་བུ་དཀར་སེར་དམར་ལྗང་སྔོ་བའི་མདོག་ཅན་ཆེས་མང་བྱུང་བ་སོགས་ ཀྱི་རྟགས་མཚན་དང༌། མཁའ་སྤྱོད་མའི་སྐབས་ནང་མཆོད་མདོག་དམར་སེར་དུ་སོང་བའི་ སྟེང་ལ་རྡོ་རྗེ་གྲི་གུག་གི་མཚན་མ་གྱེན་འགྲེང་དངོས་སུ་མཐུན་སྣང་དུ་ལེགས་པར་བྱུང་ཞིང༌། འདི་ཡན་དུ་ཁོང་ཉིད་ཀྱིས་ཕྱག་བྱེ་བ་ལྔ་བཅུ་ལེགས་གྲུབ་མཛད་པས་ཤིང་ལེབ་གསུམ་བུག་ པའི་རྗེས་དོད་ལ། དགུང་ལོ་ང་ལྔའི་དུས་སུ་དཔལ་གྱི་འཛམ་ཐང་དུ་མཆོག་སྤྲུལ་ངེས་དོན་ ཆོས་ཀྱི་ཉི་མའི་ཞལ་སྔ་ནས་སྒྲ་དབྱངས་དྲུག་འགྱུར་ཚུལ་གྱིས་རྒྱལ་བའི་བཀའ་འགྱུར་རོ་ 3-1-250 ཅོག་གི་བཀླག་ལུང་ཡོངས་སུ་རྫོགས་པ་དང༌། མགོན་པོའི་གཏོ་པོད་སོགས་རྙིང་ཕྱོགས་ཀྱི་ ཆོས་བཀའ་ཅི་རིགས་པའང་ལེགས་པར་མནོས་ཤིང༌། དགུང་ལོ་ང་དྲུག་པར་ཁོང་ཉིད་ཀྱིས་ བྱ་ཡུར་དགོན་དུ་བླ་མ་བསྟན་པ་རབ་རྒྱས། བླ་མ་མཚན་ལྡན། མགར་བ་བླ་མ་འཇམ་དབྱངས་ སོགས་འདུས་སྡེ་སུམ་ཅུ་ཙམ་ལ། ཚེ་དབང་གྲུབ་རྒྱལ་ལུགས། སྒྲོལ་དཀར་དང༌། རྣམ་ འཇོམས་ལྗང་གུའི་ཁྲིད་ལུང༌། སེང་གདོང་དམར་མོའི་གཏོ་པོད་ཀྱི་བཀླག་ལུང་རྣམས་ལེགས་ པར་གསུངས་ཤིང༌། དེ་ནས་བཟུང་རིམ་པར་བླ་མ་ཆོས་བློ་སོགས་ལ་དུས་འཁོར་ཡོངས་ རྫོགས་དང༌། ལྷ་དགུའི་དམིགས་ཁྲིད་དང༌། དགོན་དེར་ཡོངས་རྫོགས་འདུག་མཁན་གཞན་ རྣམས་ལའང་ལོ་རེ་བཞིན་ཡོངས་རྫོགས་ཀྱི་ཁྲིད་གང་དགོས་དང༌། ཐུན་པ་དག་ལ་གསལ་ འདེབས་ཚུལ་གྱིས་སྦྱོར་དྲུག་ཟབ་ཁྲིད་གང་དགོས་དང༌། གཞན་བསྐྱེད་རིམ་སྣ་ཚོགས་འདུག་ མཁན་རྣམས་ལ་དེ་ལུགས་བཞིན་གྱི་དབང་ལུང་ཁྲིད་དམིགས་ཉེར་མཁོ་དགོས་ཚད་ཐམས་ ཅད་ལེགས་གནང་མཛད། དེ་ནས་དགུང་ལོ་ང་བདུན་ནས་ང་དགུའི་སྟེང་ཚུན་ལ་བྱ་ཡུར་ དགོན་གྱི་རྡོ་རྗེ་སློབ་དཔོན་ངག་དབང་བསྟན་པ་རབ་རྒྱས་གང་གི་བཀའ་གནང་བཞིན་དགོན་ དེའི་སྒྲུབ་སྡེ་བ་དག་ལ་ཆོས་ཁྲིད་མཛད་པའི་ཐུགས་ཁུར་ལེགས་བཞེས་ཀྱི་ངོས་ནས་བཞུགས་ ཏེ། དགོན་དེའི་ཐུན་པ་ཆོས་ཚན་གང་ཡོད་རྣམས་དང༌། གཞན་བསྐྱེད་རིམ་པ་ཅི་ཡོད་ཐམས་ ཅད་ཟབ་ཁྲིད་གང་དགོས་ཀྱིས་ལེགས་བསྐྱང་མཛད་ལ། དུས་སྐབས་སྔ་ཕྱི་ཅི་རིགས་པར་ འཛམ་ཐང་གཙང་བའི་གཟིམས་ཁང་དུ་ཁོང་གིས། གཙང་བའི་རྡོ་རྗེ་སློབ་དཔོན་ངག་དབང་ དཀོན་མཆོག་ཞབས་པ་དང༌། གཙང་སྤྲུལ་སྐུ་སྐྱེས་གཞོན་ནུ་སོགས་འདུས་པ་འགའ་ལ། མགོན་པོ་ཁྲོ་བཅུའི་གཏོར་དབང༌། ཆོས་སྐྱོང་གཟའ་མཆོག་གི་དབང་གཉིས་ཀྱང་ལེགས་ གནང་མཛད། དེ་དག་གི་བར་བར་དུ་འཛམ་ཐང་གཙང་བ་གྲྭ་ཚང་གི་ཚོགས་ཆེན་གྱི་ཁྲི་འཛིན་ དང༌། སྤྱིར་ན་དམ་པ་འདིས་ཇོ་རྙིང་གཉིས་ཀའི་བསྐྱེད་རིམ་ཆེས་མང་ཉམས་ལེན་མཛད་ལ། 3-1-251 སྔར་སྡེ་ནང་བླ་མ་རྟོགས་པའི་དབང་ཕྱུག་ཡོན་ཏན་དཔལ་གྱིས། དམ་པ་འདི་ཉིད་གྲུབ་ཆེན་ ཐང་སྟོང་རྒྱལ་པོའི་སྤྲུལ་པར་ལུང་གིས་བསྔགས་ཤིང༌། སྔོ ན་སྐུ་ན་གཞོན་དུས་ཤིག་མི་ཁྱི མ་ དུ་སྲུང་རིམ་ལ་བཞུགས་དུས་ཁྱིམ་དེའི་སྟེང་དུ་འཇའ་གུར་གྱི་ནང་ལ་རྒྱ་གར་གྱི་གྲུབ་ཐོབ་ ཅིག་གི་རྣམ་པ་བཞུགས་ཚུལ་འགའི་མཐོང་སྣང་ལ་གསལ་བོར་ཤར་ཞིང༌། གང་ཉིད་ཀྱི་སྐུ་ཚེ་ འདིར་དུས་རྒྱུན། ཞལ་འདོན། ཆུ་གཏོར། བསང་གསུར། ལུས་སྦྱིན་སོགས་ཆག་མེད། མགོན་ བསྐང་གཏུམ་ཆེན་མ་བྱེ་བ། རྡོར་ཤུགས་སྲུང་སྔགས་གྲངས་བསྙེ ན་ཆེས་མང་སོགས་མཛད་པ་ དང༌། ལོ་འགར་ཡུལ་སྡེ་ལ་སེར་སྲུང་གིས་ལོ་ཏོག་སྐྱོབ་པ་དང༌། ལོ་རེ་བཞིན་ཚྭ་ཚྭ་གྲངས་ མང་བཏབ་པས་སྤྱིར་ཚྭ་ཚྭ་བྱེ་བ་ལྷག་དང་སྔ་ཕྱི་ཀུན་ཏུ་སྐུ་འབུམ་ཡང་མང་པོ་ལེགས་བཞེངས་ དང་སྲོག་ཆགས་ཉ་གྲོག་སོགས་ལ་ལོ་རེ་བཞིན་སྦྱིན་གཏོང་རྒྱ་ཆེ་བ་མཛད་པ་སོགས་སྒོ་གང་ ཐད་ནས་རྣམ་པར་དཀར་བའི་འཁོར་ལོ་གསུམ་གྱི་བསགས་སྒོ་ཆེས་ཁྱད་པར་དུ་འཕགས་པ་ ཞིག་སྟེ། འཛམ་ངོས་རྡོ་རྗེ་འཆང་ཀུན་དགའ་ངག་གི་དབང་པོའི་ཞལ་སྔ་ནས་ཀྱང༌། དམ་པ་ འདིའི་ཐུགས་རྒྱུད་ཀྱི་ཉམས་རྟོགས་དེང་དུས་ལ་ལྟོས་ན་བསྟན་པའི་རྫོགས་ལྡན་དང་ཆ་འདྲ་ ཚུལ་གྱི་ཆེ་བའི་བསྟོད་བསྔགས་ཀྱི་མེ་ཏོག་ཅིར་ཡང་འཐོར་བར་མཛད་པའི་ངེས་དོན་གྱི་ བཤེས་གཉེན་མཆོག་ཏུ་ཁོང་ཉིད་རྣམ་པར་ངེས་པས་མགོ་ལོག་དང་འཛི་ཀ་ཕྱོགས་ཡན་གྱི་ དགེ་བའི་བཤེས་གཉེན་རྡོ་རྗེ་འཛིན་པ་ཆེས་མང་ཐུགས་དགོངས་ཆོས་དབྱིངས་སུ་སྙོམས་ པར་ཞུགས་པ་གང་དག་ཀྱང་ཐུགས་དམ་ལས་བཞེངས་པར་ལེགས་བསྐུལ་མཛད་པ་པོ་ཡང་ དམ་པ་འདི་ཉིད་ཀྱིས་བྱས་པ་སྟེ། སྐྱེས་ཆེན་དེ་དག་ཐུགས་དགོངས་དབྱིངས་ལས་ཉེ་བར་ བསྐུལ་ནུས་ཀྱི་ཏིང་ངེ་འཛིན་ཆེས་བརྟན་པ་དམ་པ་གང་ཉིད་ལ་ལེགས་པར་མངའ་བའི་རྒྱུ་ མཚན་གྱིས་ཡིན་པའི་ཕྱིར་རོ། །དེ་ལྟ་བུའི་དམ་པ་འདི་ཉིད་ནི། ཁོང་གིས་བསྲུང་བར་བྱ་བའི་ ནད་པ་གང་དག་སྐྱོན་མི་སྐྱོན་སོགས་རང་གིས་གཅོད་དམིགས་བཟུང་བ་ཙམ་གྱིས་ཇི་བཞིན་ 3-1-252 མངོན་གསལ་དུ་ཤེས་ནུས་པའི་མཁྱེ ན་བཟང་མངའ་བ་ཞིག་ཀྱང་ཡིན་ལ། ཁོང་ཉིད་དགུང་ གྲངས་ལྔ་བཅུ་ང་དགུ་ཆུ་འབྲུག་གི་ལོ་འདིར་སྐུ་ཁམས་ཅུང་ཟད་མ་སྙོམ་པའི་སྟབས་ཀྱིས་ར་ ཤུག་རི་ཁྲོད་དུ་ཕེབས་ནས་དེར་རེ་ཞིག་གི་བར་བཞུགས་གནས་མཛད་ཅིང་སྐུ་བསྙུང་ལ་སྲུང་ རིམ་ཞབས་བརྟན་དང་སྨན་སོགས་ཐབས་གང་དྲག་བགྱིས་མོད་ཀྱང་རེ་ཞིག་གདུལ་བྱ་ རྫོགས་ཚུལ་གྱིས་ལོ་དེའི་ཟླ་བ་ལྔ་པའི་ཚེས་བཅུའི་ཉིན་གྱི་ནངས་སྔ་མོར། ཞལ་ནས། ཉེ་ གནས་ལ། མདང་གི་བདེ་མ་ཡོད། ད་ནི་འདིར་གནས་ཀྱི་ལབ་ལོབ་མང་པོ་ཚོ་ཐམས་ཅད་དེ་ རང་འགྲོར་ཆུག་ཅིག་གསུངས། ཉེ་གནས་ཀྱི་ལེགས་སོ་ཁྱེ ད་ཀྱིས་ཐུགས་གཏད་མཛོད་དང་ དེ་དག་འགྲོར་ལོས་བཅུག་ཞུས་ཚེ། ཁོང་གིས་དེ་མ་ཐག་བགེགས་བསྐྲད་དང་སྲུང་འཁོར་ མདོར་བསྡུས་ཤིག་གསུངས་ནས་བཞུགས་འདུག དེ་ཕན་ཆད་སྐུ་གཡོ་མེད་ལྟ་སྟངས་ཀྱི་ངང་ ནས་བར་སྐབས་རེར། ཞལ་གསུང་ལ། གཞི་འཁོར་བའི་གནས་སྐབས་ཀྱི་མ་དག་པའི་ ཁམས་སོ་དྲུག་ལས་བཤང་གཅི་འདོར་བ་སོགས་ཀྱི་མིང་འགའ་རེ་དང༌། ཡང་བར་སྐབས་ རེར། དེ་དག་རྣམ་པར་དག་པའི་དྲུག་དྲུག་སོ་དྲུག་གི་ལྷ་ཚོགས་རྣམས་ལས། སེམས་མ་སྒྲ་རྡོ་ རྗེ་མ་ལ་སོགས་པའི་མཚན་འགའ་རེ་དང༌། དེ་ལས་སེམས་མ་ལྷ་མོ་འགའི་སྐུ་མདོག་སྔོ ་ སངས་སྟོན་ནམ་གཡའ་དག་གི་རྣམ་པ་ཆེས་ཆེར་གསལ་བའི་གསུང་ཟུར་ཁྱད་མཚར་ཅན་རེ་ དང༌། ཡང་བར་འགར། ལྷ་མོ་ནུས་མ་བཅུའི་མཚན་རྣམས་ཀྱང་ཅི་རིགས་པར་ཡང་ཡང་ གསུང་ཞིང་ཁོང་ཉིད་ཤམྦྷ་ལ་རུ་བྱོན་རྒྱུ་ཡིན་ཚུལ་རེ་ཡང་གསུང་གིན་འདུག་ཅིང༌། དེ་འདྲའི་ ཚུལ་གྱིས་ཉིན་དེའི་མཚན་མོ་ལ་སླེབས་དུས་སུ་ཁོང་ཉིད་ཀྱི་སྐུ་གན་རྐྱལ་དུ་གཟིམས་ཏེ་ ཞབས་སེམས་སྐྱིལ་གྱི་རྣམ་པ་དང་བཅས་ཕྱག་གཉིས་ཁུ་ཚུར་རྡོ་རྗེ་བསྡམ་པ་ཐུགས་ཀར་ བསྣོལ་བཞིན་སྐུ་གཤེགས་པའི་ཚུལ་མཛད་དེ་ཞག་གསུམ་ཙམ་ལ་ཐུགས་དམ་དུ་བཞུགས་ རིང་སྐུ་ལ་གཟི་བརྗིད་ཆེར་འབར་ཞིང་སྔར་སྐུ་བསྙུང་བ་ནས་བཟུང་འདས་རྗེས་ཚུན་ལ་སྐུ་ 3-1-253 ལས་དྲི་བཟང་གི་ངད་ཤུགས་ཆེ་བ་ལྷག་པར་བྱུང་ལ། སྐུ་གདུང་གི་ཐུགས་ཀར་ཟླ་ཕྱེད་ལྟ་བུའི་ འོད་དཀར་པོ་ཞིག་ཀྱང་གསལ་དུ་ཡོད། དེ་ནས་དཀར་དམར་ཇི་བཞིན་བྱུང་བའི་རྟགས་དང་ བཅས་བླ་མ་མཚན་ལྡན་སོགས་ཀྱིས་ཐུགས་དམ་ལེགས་བཀྲོལ་གྱི་སྒོ་ནས་སྐུ་གདུང་ལ་ ལོངས་སྐུའི་ཆས་ཉེ་བར་གསོལ་ཏེ་བྱ་ཡུར་དགོན་དུ་སྤྱན་དྲངས་ནས་སློབ་ཚོགས་འདུས་སྡེ་ མང་པོས་དགོངས་མཆོད་རྒྱ་ཆེ་བ་དང་གདུང་བཞུ་ལེགས་བགྱིས་དང་གདུང་རྟེན་ཡང་སློབ་བུ་ དག་གིས་ས་རྡོའི་མཆོད་རྟེན་གཉིས་ལེགས་བཞེངས་དང༌། གདུང་མཆོད་སྒྲོལ་མའི་མཎྜལ་གྱི་ ཆོ་ག་རྒྱུན་འཛུགས་བཅས་གཤེགས་རྫོང་ལེགས་གྲུབ་ཀྱི་སྒོ་ནས་རྣམ་དཀར་བསགས་སྒོ་རྒྱ་ ཆེ་བའང་ཉེ་བར་བགྱིས་སོ། ། ༼༡༥༽ དེ་རྗེས་སུ་ཉིད་ཀྱི་གདན་ས་ལེགས་པར་འཛིན་པ་ནི་བླ་མ་མཚན་ལྡན་ཞེས་བྱ་བ་ སྟེ། དེ་ཡང་འཛོང་བོ་སྐྱབས་མགོན་གྱི་སྐུ་ཚ་ཡིན་ཞིང་ཆུང་ངུ་ནས་ཡ་རབས་ཀྱི་སྤྱོད་པ་ལ་ གནས་ཏེ་ཀློག་སློབ་ཅིང་ཆོས་སྒོར་ཞུགས་པ་ཡང་སྐྱབས་མགོན་གང་དང་བླ་མ་བསྟན་པ་རབ་ རྒྱས་ཟུང་གི་སྐུ་མདུན་དུ་སྔ་ཕྱི་ཅི་རིགས་པའི་ཚུལ་གྱིས་སྦྱོར་དྲུག་གི་ཆོས་སྐོར་ཡོངས་རྫོགས་ ལེགས་ཞུས་སྒོ་ནས་ཉམས་ལེན་ཡང་ཡུལ་དུས་དང་མཐུན་པའི་སྲོལ་ལྟར་རང་གིས་སྐྱེས་ རྩལ་ཅི་ཡོད་ཀྱིས་འབད་འབུང་བྱས་ཤིང་མྱོང་རྟགས་ཀྱི་རྣམ་པ་རེ་ཡང་རང་ཚོད་བཞིན་ཅི་ རིགས་བྱུང་ལ། སྔ་ཕྱི་གང་ཡང་རུང་བར་སྐྱབས་མགོན་མཆོག་དང་བླ་མ་དམ་པ་གང་ཉིད་རྣམ་ གཉིས་ཀྱི་དྲུང་ནས། ཤངས་ཆོས་སྐོར་དང༌། བསྐྱེད་རིམ་སྣ་ཚོགས་པའི་དབང་ལུང་ཟབ་ཁྲིད་ དུ་མའང་ལེགས་མནོས་ཀྱི་སྒོ ་ནས་ཉམས་སུ་ལེན་པ་དང༌། བསྙེ ན་སྒྲུབ་གང་དགོས་བཅས་ སྒོ་གང་ཐད་ནས་རང་ཡུལ་གྱི་དམ་པ་གོང་མའི་ཕྱག་སྲོལ་བཞིན་ལེགས་གྲུབ་བགྱིས་ཤིང༌། ཁྱད་པར་དུས་ཀྱི་འཁོར་ལོའི་བསྐྱེད་རིམ་རྒྱས་པ་ཡོངས་རྫོགས་ཀྱི་རྣལ་འབྱོར་ལ་ཉམས་ ལེན་གཟབ་ལྡན་བྱས་པ་སོགས་རང་དོན་ལུང་དང་རྟོགས་པའི་བྱ་བ་ལ་རེམ་པར་མཛད་ 3-1-254 ལ། གཞན་བསྟན་འགྲོའི་དོན་ལའང་བྱ་ཡུར་དགོན་གྱི་རྡོ་རྗེ་སློབ་དཔོན་ངག་དབང་བསྟན་ པ་རབ་རྒྱས་ཞབས་པ་སྐུ་འདས་ལ་ཉེ་སྐབས་ཉིད་ཀྱི་གསུང་གི་བཀའ་བཀོད་ལ་བརྟེན་ནས་ རང་ཡུལ་དགོན་གྱི་སྒྲུབ་བརྒྱུད་ཀྱི་བསྟན་པའི་རྒྱུན་འཛིན་སྤེལ་མཛད་དགོས་བྱུང་སྐབས་ དགོན་དེའི་སྦྱོར་དྲུག་གི་ཆོས་ཚན་སྔ་ཕྱི་ཅི་རིགས་པ་གོང་མའི་ཕྱག་བཞེས་བཞིན་གྱི་ཆོས་ བཀའ་དབང་ལུང་ཟབ་ཁྲིད་གང་དགོས་ཀྱིས་ལེགས་བསྐྱང་མཛད་པ་སྟེ། དེ་ཡང་བླ་མ་དམ་ པ་གསལ་བཟང་གི་སྐུ་དུས་ལོ་གསུམ་གྱི་རིང་ལ་སྦྱོར་དྲུག་པ་སོགས་སྒྲུབ་སྡེ་བ་དག་ལ་བླ་མ་ གསལ་བཟང་ཉིད་ཀྱིས་ཆོས་ཁྲིད་གཙོར་མཛད་དང་དེ་ནས་དམ་པ་འདིས་ཀྱང་ཆོས་བཀའ་ གང་དགོས་དག་ལ་དེ་ལུགས་ཀྱི་ཁྲིད་ལུང་སོགས་གསལ་འདེབས་ཀྱི་ཚུལ་དུ་མཛད་ལ། བླ་ མ་དམ་པ་གསལ་བཟང་སྐུ་གཤེགས་པ་ནས་བཟུང་ལོ་བདུན་ཙམ་ལ་ཉེ་བར་ཁོང་ཉིད་ནས་ ཐུགས་ཁུར་བཞེས་ཏེ་བྱ་ཡུར་དགོན་གྱི་ཆོས་སྡེ་གང་དག་ལ་དབང་ལུང་ཁྲིད་སོགས་ཅི་དགོས་ ཀྱིས་རེ་འདོད་ཇི་བཞིན་སྐོང་བར་མཛད་བཞིན་རྡོ་རྗེ་སློབ་དཔོན་གྱི་གོ་གནས་ལེགས་བཟུང་ གི་ཚུལ་དུ་སྒྲུབ་བརྒྱུད་སྤེལ་བའི་དགེ་བའི་བཤེས་སུ་གོང་སྨོས་ལྟར་གྱི་ལོ་གྲངས་ཀྱི་བར་ལ་ ཇི་བཞིན་ཉེ་བར་བཞུགས་པ་ཡིན་ནའང་བར་སྐབས་སྙིགས་དུས་ཀྱི་རང་མཚང་བསྟན་ཏེ་ དུས་ངན་གྱི་འགྱུར་ལྡོག་ཆེན་པོ་མཐུ་ཤུགས་བཟོད་པར་དཀའ་བ་སྔོན་བསགས་ངན་པའི་ འགྲོ་བ་བསོད་ནམས་ཟད་པ་གང་དག་གི་སྤྱི་མཐུན་ལས་མཐུ་བཙན་པོ་ལས་བྱུང་སྟེ་ཤིན་ཏུ་ བཟློ ག་དཀའི་ཚུལ་དུ་རྣམ་པར་སྨི ན་པ་འགྲོ་བ་རང་ཅག་གི་བགོ་སྐལ་དུ་གྱུར་པའི་དབང་གིས་ དམ་པ་གང་འདི་ཡང་རྒྱལ་སྤྱིའི་མངའ་འོག་གི་ཆར་གཏོགས་འཛམ་ཐང་རྫོང་གི་རྩ་འཛུགས་ འཛི་ཀའི་ན་ཐང་དུ་བྱས་ཡོད་པའི་དུས་ཀྱི་ཁྲི་མུན་དུ་ལོ་གཅིག་ལ་ཉེ་བ་ཙམ་སྐུ་ཚེའི་མཐའ་ལ་ འོ་བརྒྱལ་མཛད་དགོས་བྱུང་བའི་རྐྱེན་གྱིས་སྐུ་ལ་བསྙུང་ནད་ཀྱིས་ཟིན་ཏེ་རབ་བྱུང་བཅུ་དྲུག་ པའི་ནང་ཚན་ལྕགས་བྱིའི་ལོ་མཇུག་ཙམ་ན་རང་གནས་དགོན་པར་ཕེབས་ཏེ་སྐུ་གཤེགས་པ་ 3-1-255 ན་དགོངས་མཆོད་སོགས་དུས་དང་བསྟུན་པ་ཙམ་ལས་ཆེར་རྒྱས་ཀྱི་སྐལ་བ་མ་བྱུང་ངོ༌། ། ༼༡༦༽ ད་ནི་གཙང་ཆེན་སྐུ་ཕྲེང་གསུམ་པ་ཉིད་ཀྱི་ཐུགས་སློབ་གཙང་བ་དགེ་སློང་དང༌། དེའི་དངོས་སློབ་ལྷ་བ་བླ་མ་ཀུན་དགའ་དཔལ་ལྡན་དང༌། དེའི་ཐུགས་སྲས་སུ་གྱུར་པ་དགེ་ སྐོར་བླ་མ་ངག་དབང་བསྟན་འཛིན་གྲགས་པ་སྟེ། གང་གི་ལོ་རྒྱུས་མདོ་ཙམ་འདིར་འཆད་ པའི་སྐབས་སུ་བབ་པ་ལ་དམ་པ་འདིའི་འཁྲུངས་ཡུལ་འཛི་སྨད་ཉིན་གྱི་ཆར་གཏོགས་རྭ་འོབ་ ཅེས་པའི་ཡུལ་གྲོང་གི་སྡེ་དེར་དམུ་ཚ་རྒ་རིགས་ལས་བྱུང་བ་ཡབ་དགེ་སྐོར་ཚེ་དབང་དང་ ཡུམ་ལྷ་ཚེ་བཟའ་གཉིས་ཀྱི་སྲས་སུ་ལྕགས་སྤྲེལ་ལོ་སྐུ་འཁྲུངས། དེ་ནས་ཆེར་བསྐྱེད་དེ་རེ་ ཞིག་ན་ཀློག་ལེགས་བསླབ་ཀྱིས་སེར་གྲལ་དུ་ཚུད་ངེས་བྱས་པ་ནས་བཟུང་ཅུང་སྐུ་ན་སོན་ ཙམ་གྱི་དུས་སུ་དམ་པའི་ཆོས་དང་མཇལ་བའི་དབུ་བརྙེས་ཏེ་འཛམ་ཐང་གཙང་བའི་ གཟིམས་ཁང་ཕོ་བྲང་དུ་སྔགས་ཀྱི་རྡོ་རྗེ་འཛིན་པ་ཆེན་པོ་ལྷ་བ་བླ་མ་ཀུན་དགའ་དཔལ་ལྡན་ ཞབས་པ་བཞུགས་པའི་མདུན་དུ་ཕྱིན་ཏེ། དམ་པ་གང་ཉིད་ཟབ་ཆོས་ཞུ་ཡུལ་གྱི་དགེ་བའི་ བཤེས་གཉེན་རྡོ་རྗེ་འཆང་ཆེན་པོར་གུས་པས་ལེགས་བཀུར་བྱས་ནས་རྡོ་རྗེའི་རྣལ་འབྱོར་ སྦྱོར་བ་ཡན་ལག་དྲུག་གི་སྔོན་འགྲོའི་རིམ་པ་ལེགས་ཞུས་ཀྱིས་ཉམས་ལེན་གནད་སྨིན་དང༌། དེ་ནས་སྡོམ་ལུང་དང་ཟབ་དབང་གི་ཆོས་བཀའ་ལེགས་པར་གསན་ཏེ་མཚན་ཡང་ངག་དབང་ བསྟན་འཛིན་གྲགས་པ་ཞེས་གསོལ། དེ་ནས་རིམ་པར་བླ་མ་གང་ཉིད་ལ་རྫོགས་རིམ་རྣམས་ ལེགས་པར་ཞུ་བའི་སྒོ་ནས་དེ་དུས་ཀྱི་དམ་པ་གོང་མའི་ཕྱག་བཞེས་བཞིན་རྣལ་འབྱོར་ཡན་ ལག་དྲུག་ག་ལ་ཉམས་ལེན་གནད་དུ་ཁེལ་ཞིང་ཁ་ཆོས་ཙམ་གྱི་ཕྱི་ཚུལ་ཁོ་ནར་མ་སོང་བར་ བླ་མས་ཇི་སྐད་གདམས་པ་ལྟར་སྒྲུབ་པ་ལྷུར་ལེན་གྱི་བརྩོན་པ་གཞན་ཕལ་བ་གང་དང་ འགྲན་དུ་མེད་པ་ལྟ་བུའི་ཤུགས་ཀྱིས་འབད་པ་བྱས་པས་གྲུབ་འབྲས་ལ་ལམ་གང་དག་གི་ ཉམས་མྱོང་ཡང་ལམ་རང་རང་གི་ཐད་དུ་གཞན་ཕལ་པ་ལས་འཕགས་པའི་མྱོང་རྟགས་ཁྱད་ 3-1-256 པར་བ་ཅི་རིགས་ངེས་པར་བྱུང་བའི་ཚོད་དུ་གོར་མ་ཆག་ཀྱང་ཡིན་ལུགས་ཇི་བཞིན་གྱི་ཁུངས་ མ་རྙེད་པས་འདིར་འབྲི་བར་རྔོ་མ་ཐོགས་ལ། དེ་སྐབས་ཀུན་ཏུ་ལྷ་བ་རྡོ་རྗེ་འཆང་གི་དྲུང་ ནས་སྦྱོར་དྲུག་གི་ཆོས་སྐོར་མཁོ་འོས་གང་འཚམས་མཐའ་དག་མ་ཐོབ་པ་མེད་པ་ལྟ་བུ་བྱུང་ ཞིང༌། དེ་ནས་བཟུང་དུས་སྔ་ཕྱི་ཅི་རིགས་རྣམས་སུ་ལྷ་བཟོ་བླ་མ་ངག་དབང་ཆོས་འཛིན་ ཞབས་དང༌། སྦྱངས་པ་བླ་མ་ཀུན་དགའ་ངེས་དོན། འཛམ་ངོས་བླ་མ་འཇམ་དབྱངས་རྣམས་ ཀྱང་དགེ་བའི་བཤེས་གཉེན་མཆོག་ཏུ་ལེགས་བཀུར་གྱི་སྒོ་ནས་དམ་པ་དེ་དག་གང་ཡང་རུང་ བའི་ཞལ་སྔ་ནས་ཟབ་ཆོས་ཀྱི་དབང་བཀའ་སྒྲུབ་ཐབས་རིན་འབྱུང༌། རྒྱུད་སྡེ་རབ་འབྱམས་ ཡོངས་རྫོགས། རྡོ་རྗེ་ཕྲེང་བ་སོགས་ཟབ་བཀའ་སྤྱིར་ཡང་ཆེས་མང་ནོད་རིགས་སུ་འདུག་ ཅིང༌། གཞན་ཡང་བཤེས་གཉེན་དུ་མའི་མདུན་ནས་ཀུན་མཁྱེ ན་དོལ་པོའི་བཀའ་འབུམ་ བཀླག་ལུང་སོགས་ལུང་གི་ཆོས་བཀའ་མང་པོ་དང༌། ཁྱད་པར་སྦྱངས་པ་བླ་མ་ཀུན་དགའ་ ངེས་དོན་གང་དྲུང་ནས་སྦྱོར་དྲུག་གི་ཟབ་ཁྲིད་ཡོངས་རྫོགས་ཞུས་ནས་སྒྲུབ་ཁང་དུ་ལོ་གཅིག་ ལ་ཉམས་ལེན་གཟབ་ལྡན་ཡང་མཛད་ཅིང༌། དུས་སྔ་ཕྱི་ཅི་རིགས་པར་སྦྱངས་པ་བླ་མ་གང་ ཉིད་ཀྱི་དྲུང་དུ། དགེ་འདུན་གྲངས་ཚང་བཅས་ཀྱི་སྒོ ་ནས་ཚིགས་སྔ་མ་དགེ་ཚུལ་དང་ཕྱི་མ་ དགེ་སློང་གི་སྡོམ་པ་རིམ་པས་ལེགས་པར་མནོས་ཤིང་བསྙེན་པར་རྫོགས་པ་དགེ་སློང་གི་ དངོས་པོ་བདག་གིར་བཞེས་ཏེ་སྐུ་ཚེ་གང་བོར་བཙུན་པ་རབ་ཀྱི་མཐར་ཐུག་པའི་བསླབ་པ་ཕ་ མཐར་ཕྱིན་པ་ཞིག་ཏུ་གྱུར་ལ། ཁྱད་པར་ཁོང་ཉིད་དགུང་ལོ་ཉེར་བརྒྱད་སྐོར་དུ་བླ་མ་གང་ ཉིད་ཀྱི་དྲུང་དུ་འདུས་པ་ཆེས་མང་དང་ལྷན་ཅིག་རྡོ་རྗེའི་ཕུར་བའི་སྟོད་ལས་བྱང་ཆུབ་སྒྲུབ་པ་ དང༌། སྨད་ལས་དགྲ་བགེགས་བསྒྲལ་བའི་ལས་ཚོགས་ཟུང་གི་དབང་བཀའ་དཀར་བདུད་ རྗེས་གནང་བཅས་དང༌། ཕུར་བའི་སྟོད་ལས་ཀྱི་དམིགས་ཁྲིད་དཔལ་ཆེན་ཐུགས་ཀྱི་ཐིག་ལེ་ དང༌། སྨད་ལས་ཀྱི་དམིགས་རིམ་སྦས་པ་མིག་འབྱེད་གཉིས་ཀྱི་ཟབ་ཁྲིད་ཞིབ་རྒྱས་སུ་ 3-1-257 ལེགས་པར་གསན་ཞིང་སྤྱིར་དམ་པ་འདིའི་ཡི་དམ་སྒྲོལ་མ་ཡིན་པས་དེ་ལུགས་ཀྱི་བསྙེན་ སྒྲུབ་ཀྱང་གནད་སྨི ན་སྔ་ཕྱི་ཅི་རིགས་སུ་ལེགས་པར་མཛད་ལ། གཙོ་བོར་འཛམ་ངོས་བླ་མ་ འཇམ་དབྱངས་ཀྱི་དྲུང་དུ་ཡིན་ནམ་སྙམ་སྟེ། བསྐྱེད་རིམ་ཡང༌། འབྱུང་འདུལ། རྟ་མགྲིན། འཇིགས་བྱེད། མགོན་པོ་བྲག་རྫོང་མ་སོགས་ཡི་དམ་གྱི་ལྷ་བསྙེ ན་མང་པོ་ཞིག་གི་དབང་ཁྲིད་ ཞུས་ཏེ། རང་རང་སོ་སོའི་བསྙེ ན་སྒྲུབ་ཚད་ལྡན་ཀྱང་མཛད། ཁོང་ཉིད་སྐུ་ན་ཚོད་ཉུང་དུས་ དགུང་གྲངས་སུམ་ཅུ་སོ་བཞི་སྐོར་ཞིག་ནས་རང་ཡུལ་གྱི་གྲྭ་ཚང་ཡོངས་ཀྱི་ཀླད་གཙང་བ་སྒར་ གྱི་བཀའ་གསུང་གིས་ཨ་སྐྱོང་གོང་མའི་ནང་དུ་བླ་ཚབ་ཏུ་ཕེབས་དགོས་བྱུང་སྐབས་ཡར་ལམ་ ཁོང་དཔོན་གཡོག་རྒྱ་བླ་མ་ངག་དབང་དཀོན་མཆོག་ཞབས་པའི་དྲུང་དུ་ཕྱིན་ཏེ། ཕན་ཚུན་ ཐུགས་མཉེས་ཆེན་པོའི་སྒོ་ནས་གསུང་གླེང་གི་ཚེ་རྒྱ་བླ་མ་ལ་དམ་པ་འདི་ཉིད་ཀྱིས་རང་གི་ བསམ་ཚུལ་གཅིག་པུ་རི་ཁྲོད་པ་ཁོ་ན་ཞིག་ལས་འདི་འདྲའི་བླ་ཚུགས་ཀྱི་སྤྲོ་བ་མེད་ཚུལ་ཞིབ་ རྒྱས་སུ་ཞུ་བ་ཕུལ་བའི་སྐབས་བླ་མའི་ཞལ་ནས། སྤྱིར་དགོན་པ་རི་ཁྲོད་གང་དུ་བསྡད་ཀྱང་ ནམ་ཞིག་འཆི་ཁར་མི་འགྱོད་པ་སྒོ ་གང་ཐད་ནས་འོང་ཐབས་གལ་ཆེ། ཁྱེ ད་ཀྱིས་རྗེ་བཙུན་ སྒྲོལ་མ་གྲུབ་པ་ཡིན་པས་དེ་ལ་གསོལ་བ་ཐོབ་དང་བསམ་དོན་ངེས་པར་འགྲུབ་ཚུལ་གྱི་ གཟེངས་བསྟོད་ཀྱང་མཛད། དེ་ནས་ཁོང་བླ་གྲྭ་འཁོར་བཅས་མགོ་ལོག་ཏུ་ཕེབས་རྗེས་རྒྱ་བླ་ མའི་མདུན་དུ་ཉ་དགེ་ཚེ་བཀྲ་འོང་ནས་ཁོས་ད་རེབ་ཀྱི་བླ་ཚབ་དེ་འེ་ལི་ཞིག་ཡིན་པར་ཐོས་ པས་བདེན་ནམ། ཞེས་ཟེར་བ་ལ། བླ་མའི་ཞལ་ནས། འོ་གསེར་འབྲུ་ཁ་ཆུང་ཡང་སྲང་ཁ་ གནོན་ཟེར་བའི་དཔེ་ལྟར་ཁོང་སྐུ་ན་ཆུང་ཡང་ཀུན་ལ་ཕན་ཐོགས་ཀྱི་བརྗིད་ཆེ་བ་ཞིག་ངེས་ པར་ཡིན་འདུག་པས་ད་ལན་དམ་པ་གང་དེའི་ཆིབས་ཁ་བསྒྱུར་བའི་ཡུལ་སྡེ་ཀུན་བསོད་ ནམས་མི་དམན་ཚུལ་གྱི་ཞལ་གསུང་ཞིབ་ཏུ་མཛད། དེ་ལྟར་གྱི་ཁོང་མགོ་ལོག་ཏུ་ལོ་གསུམ་ གྱི་རིང་བཞུགས་སྐབས་སྐུ་བཙུན་པ་རབ་ཀྱི་མཐར་ཐུག་གི་མཛད་བཟང་ཆེས་མངའ་བས་ 3-1-258 དེར་གནས་ཐམས་ཅད་ལ་ཡིད་དང་བ་འདྲེན་པའི་དམིགས་རྐྱེན་མཆོག་ཏུ་གྱུར་ཏེ་གསེར་སྐུ་ ཇ་འཐུང་དུ་གྲགས་ཤིང༌། ཀུན་སྤྱོད་གཙང་བ་དེ་འདྲའི་ངང་ཚུལ་གྱིས་གཤིན་པོ་རྗེས་འཛིན་ གྱི་ཆོ་གས་འགྲོ་བ་མང་པོ་ངན་སོང་ལས་འདྲེན་པའི་མཛད་པ་རླབས་ཆེ་བ་དང་གསོན་པོ་ཚེ་ ལྡན་ཀུན་ལ་འཕྲལ་གྱི་འཚེ་བའི་བགེགས་ལེགས་བསལ་གྱི་སྲུང་རིམ་སྣ་ཚོགས་པས་འགྲོ་ ཕན་ལེགས་དགེ་ངེས་པར་བསྩལ་བས་མཚོན་གདུལ་བྱ་འདུལ་སྟོབས་མངོན་པར་འཕགས་ ཤིང༌། འདི་དུས་ཀྱི་ཁོང་གི་བླ་མཆན་རབ་ཀའི་བླ་མ་མཁས་དབང་ཡིན་ལ། དེ་ཕྱོགས་ཀྱི་ ཡོངས་སྒོ་མཐའ་དག་གི་དངོས་རྫས་རྣམས་ཀྱིས་འཛམ་ཐང་གཙང་བའི་གྲྭ་ཚང་གི་དུས་ འཁོར་སྒྲུབ་མཆོད་ཆེན་མོ་ལྷ་བཟོ་རྡོ་རྗེ་འཆང་སོགས་སྐྱེས་ཆེན་དུ་མས་ཁྲི་འཛིན་དབུ་ བཞུགས་ཐུགས་སྨོན་གྱི་སྒོ་ནས་འགྲོ་འདྲེན་རླབས་ངེས་པར་ཆེ་བའི་རྣམ་པར་དཀར་བའི་ བསྟན་འགྲོའི་དོན་ཁྱད་མཚར་ཅན་གྱི་དཔལ་དུ་གྱུར་ཅིང༌། དགུང་ལོ་སོ་བདུན་སོགས་སུ་ འཛམ་ཐང་གཙང་ཆེན་ཕོ་བྲང་དུ་རྡོ་རྗེ་སློབ་དཔོན་ངག་དབང་ཆོས་འབྱོར་དཔལ་བཟང་པོའི་ ཞལ་སྔ་ནས། རྒྱལ་བའི་བཀའ་ཆོས་ཆེན་མོ་གངས་རིའི་ལྗོ ངས་སུ་གང་འགྱུར་ཚད་ཀྱི་གསུང་ རབ་དམ་པའི་ཆོས་ཀྱི་སྡེ་སྣོད་ཉེས་པའི་ནད་ཀུན་སེལ་བའི་བདུད་རྩི་འགྲོ་བ་ལྷ་དང་བཅས་ པའི་ཕན་དང་བདེ་བའི་ལེགས་ཚོགས་མཐའ་དག་གི་གཞི་གཅིག་པུར་གྱུར་པ་གང་དེའི་ བཀླག་ལུང་སྒྲ་ཚིག་ཤིན་ཏུ་གསལ་པའི་སྒོ་ནས་བརྗོད་དག་ཅིང་གཙང་བའི་ཆོས་སྒྲ་ཡོངས་སུ་ རྫོགས་པ་ཆ་ཙམ་རྣ་བར་ལྷུང་བས་ཀྱང་འཁོར་བའི་འཇིགས་པ་ཆེན་པོ་ཉེ་བར་འཕྲོག་ཐུབ་ པའི་ཆོས་བཀའ་རྒྱ་ཆེ་བའི་སྒོ་དེ་ཡང་འདུས་སྡེ་སྐྱེས་ཆེན་མང་པོའི་དབུས་སུ་དམ་པ་འདི་ཉིད་ ཀྱིས་ལེགས་པར་གསན་པའི་དབུ་ཚུགས་པ་ནས་བཟུང་ལོ་འགའི་རྗེས་ནས་ཆོས་མཇུག་ ཡོངས་སུ་རྫོགས་པར་བྱས་ལ། སྤྱིར་དམ་པ་འདི་ཉིད་ཀུན་མཁྱེ ན་ཇོ་ནང་པ་ཆེན་པོའི་ཐུགས་ སྲས་འབྲི་གུང་ངམ་ས་བཟང་ལོ་ཙཱ་གང་རུང་ཞིག་གི་སྤྲུལ་པར་བཤད་སྲོལ་ཡོད་ཅིང་ཁོང་གི་ 3-1-259 བླ་མ་རྡོ་རྗེ་འཆང་ལྷ་བ་བླ་མ་ཀུན་དགའ་དཔལ་ལྡན་ཞབས་དང༌། ལྷ་བཟོ་ངག་དབང་ཆོས་ འཛིན་རྣམ་གཉིས་ལས་དུས་འཁོར་དབང་ཆེན་སོགས་དུས་ཀྱི་འཁོར་ལོའི་ཆོས་སྐོར་གྱི་ཟབ་ བཀའ་ཆེས་མང་དང༌། ཤངས་ཆོས་སྐོར་གྱི་དབང་ཁྲིད་རྣམས་གཙོ་བོར་གྱུར་པའི་ཟབ་ཆོས་ ཀྱི་བཀའ་མང་པོ་ཉིད་ཀྱིས་ལེགས་པར་མནོས་སམ་སྙམ་མོ། །དེ་ནས་འདི་སྐོར་རེ་ཞིག་གི་ མཚམས་ནས་གཙང་བའི་རྡོ་རྗེ་སློབ་དཔོན་ངག་དབང་ཆོས་འབྱོར་ཞབས་པ་དང༌། ཨ་སྐྱོང་བླ་ མ་ཐུབ་བསྟན་ཟུང་གིས་བཀས་བསྐུལ་བ་ལྟར་འཛི་སྟོད་དགོན་པ་ལ་ཁ་ཐུབ་བསྟན་བཤད་ སྒྲུབ་གླིང་ཞེས་པའི་དགོན་གཞི་དེར་ངེས་དོན་སྒྲུབ་བརྒྱུད་ལེགས་སྤེལ་གྱི་རྡོ་རྗེ་སློབ་དཔོན་ དམ་པ་འདི་ཉིད་ཀྱིས་མཛད་དགོས་བྱུང་སྟེ་དགོན་གཞི་དེར་ཁོང་ཉིད་བཞུགས་བཞིན་ཟབ་ ལམ་སྦྱོར་དྲུག་གི་སྒྲུབ་པོའི་སྡེ་ལེགས་འཛུགས་ཀྱི་མགོ་བཟུང་ནས་ལོ་བསྟར་གྱི་སྦྱོར་དྲུག་ ཆོས་ཚན་རྣམས་ལ་རང་རང་དང་འཚམས་པའི་དུས་འཁོར་ཀྱི་ཆོས་སྐོར་གཙོ་བོར་གྱུར་པའི་ ཟབ་མོའི་དབང་དང་དམིགས་ཁྲིད་ཉམས་ལེན་ལེགས་བཅོས་སོགས་བགྱི་བ་གང་དགོས་ མཐའ་དག་མཛད་པ་སྟེ། དེ་ཡང་སྦྱོར་དྲུག་ཆོས་ཚན་རིམ་པར་བྱུང་བའི་ཚུལ་ནི་ཆོས་ཚན་དང་ པོ། བླ་མ་འཇིགས་དབང༌། མཆོག་ལྡན་སོགས་དང༌། གཉིས་པ་བླ་མ་བདེ་རྒྱམ་སོགས་དང༌། གསུམ་པ་བླ་མ་ཀུན་མཆོག ཆོས་བློ་སོགས་དང༌། བཞི་པ་གང་འདུལ་སོགས་དང༌། ལྔ་པ་ ཚུལ་ཁྲིམས་དཔལ། དངོས་གྲུབ་དཔལ་སོགས་དང༌། དྲུག་པ་བླ་མ་སྣང་བྱེད། དོན་ལྡན་ སོགས་དང༌། བདུན་པ་རྒ་བླ་མ། ཟབ་གསལ་སོགས་དང༌། བརྒྱད་པ་བླ་མ་ཀུན་ལྡན་སོགས་ དང༌། དགུ་པ་བླ་མ་ཤེས་རབ་དཔལ། བྱང་ཆུབ་འོད་སོགས་དང༌། བཅུ་པ་འོད་བཟང༌། དོན་ རྟོགས་སོགས་དང༌། བཅུ་གཅིག་པ་ལེགས་གསུང༌། ཚུལ་ཁྲིམས་སོགས་དང༌། བཅུ་གཉིས་པ་ མ་ཏང་དཀོན་རྒྱམ། ཤེར་རྒྱམ་སོགས་ཏེ་དེ་དག་ཟབ་མོའི་ཆོས་བཀའ་ཅི་དགོས་ཀྱིས་རྗེས་སུ་ ལེགས་བཟུང་མཛད་ལ། གཞན་ཡང་དགོན་དེར་བསྐྱེད་རིམ་པ་ཡང་ལོ་རེ་བཞིན་མང་ཉུང་ཅི་ 3-1-260 རིགས་རེ་མི་ཆད་པ་ལྟ་བུ་ཡིན་ཞིང་དེ་དག་ལའང་དབང་ལུང་དམིགས་ཁྲིད་གང་དགོས་ཞིབ་ རྒྱས་སུ་བཀའ་དྲིན་མཛད་པ་དང༌། དགེ་ཚུལ་སློང་གི་སྡོམ་པ་ལེགས་པར་འབོགས་པས་སློབ་ ཚོགས་མང་ཕྱོགས་ཞི་དུལ་གྱི་སྤྱོད་པས་ལེགས་གནས་ཀྱི་སྒོ་ནས་དད་ལྡན་ཀུན་ཀྱི་ཡིད་ལ་ དང་བའི་དད་པ་ཆེས་ཆེར་འཕེལ་བྱེད་ཀྱི་འདུས་སྡེ་བསླབ་གཙང་བསོད་ནམས་ཀྱི་ཞིང་ཁྱད་ པར་བ་ཆེས་མང་བར་གྱུར་ཏོ། །ཁོང་ཉིད་དགོན་ལེབ་ཏུ་རྡོ་རྗེ་སློབ་དཔོན་དུ་བཞུགས་ནས་ རིང་པོ་མ་ལོན་པ་ན་ཆོས་རྗེའི་དབོན་དམ་པ་འགྱུར་མེད་དང༌། བླ་མ་ལྷ་ལྡན་སོགས་ཆོས་ རྗེའི་བླ་སེར་མང་པོས་ཞུས་ངོར། ཉིད་ཀྱིས་རྗེ་ཏཱ་ར་ནཱ་ཐའི་བཀའ་འབུམ་ལས་བྱུང་བའི་རྒྱུད་ སྡེ་རབ་འབྱམས་ཀྱི་ཟབ་མོའི་དབང་བཀའ་ཕལ་ཆེ་བ་ཞིག་ལེགས་གནང་མཛད། ལོ་བསྟར་ རྣམས་སུ་སྟོན་དཔྱིད་གཉིས་ཀྱི་དུས་ཆེན་ལ་ཁོང་གིས་སེར་སྐྱ་ཕོ་མོ་བརྒྱ་ཕྲག་ལྷག་ལ་ འཕགས་པ་ཐུགས་རྗེ་ཆེན་པོའི་ཆོ་གའི་སྒོ་ནས་གསང་སྔགས་ཀྱི་དཀའ་ཐུབ་ལ་གཏོགས་ངེས་ སུ་བྱས་ཏེ་བསྙུང་གནས་ཁྲིམས་བརྒྱད་ཀྱི་སྡོམ་པ་ལེགས་གནང་གི་སྒོས་བསྙུང་གནས་ཆ་ བརྒྱད་ལས་མི་ཉུང་བའི་ཆོས་གཞི་བཙུགས་ཏེ་འགྲོ་ལ་ཕན་པ་ལོ་དུས་བཞིན་མཛད། དེ་ མཚམས་བར་སྐབས་ཤིག་ནས་ཁོང་ཉིད་ཀྱིས་དམ་ཆོས་སོ་སོར་ཐར་པ་བསྟན་པའི་གཞི་མར་ དགོངས་ཏེ་ཉིད་ནས་གཞན་དག་ལ་བསྙེན་རྫོགས་མང་དུ་འབོགས་པར་བྱས་པས་དགེ་ འདུན་གྱི་སྡེ་ཡང་ཆེར་རྒྱས་སུ་སོང་བར་བརྟེན་འདུས་པ་མཆོག་གི་གཞི་དགེ་འདུན་དབྱར་ གནས་པའི་གསོ་སྦྱོང་ཆོས་སྤྱོད་དགག་དབྱེ་སོགས་གོང་མའི་ཕྱག་སྲོལ་ལྟར་བསླབ་པ་ཡོངས་ སུ་སྦྱོང་བའི་ཆོས་གཞི་ཁྱད་པར་བ་ཡང་ཡུན་རེ་ཞིག་གི་བར་དུ་ཚུགས་པར་མཛད། ཁོང་གིས་ དགེ་སློང་རྡོ་རྗེ་འཛིན་པའི་བརྟུལ་ཞུགས་ཉེར་འཆང་གི་སྒོ་ནས་ཕྱི་ཚུལ་དུས་རྒྱུན་དགེ་སློང་གི་ ཆོས་གོས་རྣམ་གསུམ་ལྷུང་བཟེད་སོགས་འབྲལ་མི་རུང་བ་དག་འབྲལ་སྤོང་གི་དྲི་མས་ནམ་ ཡང་གོས་པ་མེད་པར་འདུལ་ཁྲིམས་མཐའ་དག་ལ་སྒོ་ཀུན་ནས་གཅེས་སྤྲས་རྒྱ་ཆེར་མི་ལྷོད་ 3-1-261 པས་སྐུ་ལ་ཚུལ་ཁྲིམས་རྣམ་པར་དག་པའི་དྲི་བཟང་པོ་ངེས་པར་བྱུང་ཞིང༌། ནང་རྡོ་རྗེའི་ཐེག་ པའི་རིམ་གཉིས་ཀྱི་མངོན་པར་རྟོགས་པ་ཀུན་ནས་ནར་སོན་བཞིན་ཡི་དམ་གྱི་གཙོ་བོ་སྒྲོལ་ མ་དང་དུས་ཀྱི་འཁོར་ལོའི་སྙིང་པོ་རྣམ་བཅུ་དབང་ལྡན་གྱི་སྔགས་དུས་རྒྱུན་པར་ཐུགས་དམ་ གྱི་མཐིལ་མཛད་པས་ནམ་ཞིག་སྐུ་འདས་ཁར་ཧ་ཀྵའི་སྒྲ་དབྱངས་ནམ་མཁའ་ནས་རང་སྒྲ་ བྱུང་བ་ལྟ་བུའི་དགེ་མཚན་ཀྱང་མངའ། དམ་པ་འདི་ཉིད་ཀྱི་ཀུན་སྤྱོད་ཀྱང་ཇོ་ནང་རང་ལུགས་ ཁོ་ནའི་དབང་དུ་བྱས་ཏེ་ཀུན་མཁྱེན་དུས་གསུམ་སངས་རྒྱས་གཅིག་པུ་ཉིད་ཀུན་གྱི་ཡང་རྩེར་ གྱུར་པའི་ཚད་མའི་སྐྱེས་བུ་མཆོག་ཏུ་ཐུགས་ངེས་གཏིང་ནས་འཁྲུངས་ཏེ་དེའི་གསུང་རབ་ཁོ་ ན་དབང་བོ་མཆོག་ཏུ་ཐུགས་ཀྱི་བརྩི་བཀུར་ལེགས་ཞུ་ཆེ་བ་མཛད་ནས་དོལ་པོའི་རྣམ་ཐར་ཆ་ ཙམ་སྙན་ལམ་དུ་སོན་ཙམ་གྱིས་ཀྱང་སྤྱན་ཆབ་ཉིལ་གྱིས་བྱུང་ཞིང་རྗེ་ཇོ་ནང་པ་ཆེན་པོའི་ གསུང་རབ་ལ་ཐོས་བསམ་སྒོ མ་གསུམ་གཙོ་བོར་ལྷུར་ལེན་དང༌། དུས་རྒྱུན་ཐུན་བཞི་ཆག་ མེད། ཡོན་ཆབ་སོགས་ཀྱི་མཆོད་པ་དང༌། ཆུ་གཏོར། གསུར་ལན་ཆགས་སོགས་ཀྱི་སྦྱིན་ གཏོང་ཡང་དུས་རྒྱུན་མཛད་ཅིང༌། སྐུའི་སྤྱོད་ལམ་གཉའ་ཤིང་གང་ཙམ་ལྟ་བ་སོགས་ཤིན་ཏུ་ དུལ་བའི་སྤྱོད་པ་འབའ་ཞིག་མ་གཏོགས་གཡེང་བའི་ཀུན་སྤྱོད་གཞི་ན་མི་དར་ཞིང་སྐུ་ཚེ་གང་ བོར་གུང་ཚིགས་རྒྱུན་བཞེས་དང༌། བསད་ཤ་གཏན་སྤངས་མཛད་ནས་གཞན་སློབ་ཚོགས་ རྣམས་ཀྱང་མཛད་སྤྱོད་དེ་ཀ་ལ་གནས་ཅི་ཐུབ་ཀྱི་བསྐུལ་མ་ཤུགས་དྲག་གིས་རྒྱུད་ལེགས་ བཅོས་ཀྱིས་ཁོང་ལ་ལྟོས་ཚད་ཀུན་ཡང་དག་ལམ་གནས་མཆོག་གིས་གནས་སྐབས་དང་ མཐར་ཐུག་གི་ཕན་བདེ་ཅི་རིགས་པར་ལེགས་འགོད་དང༌། ཁོང་གིས་བར་བར་རྣམས་སུ་ སློབ་ཚོགས་ལ་ཀུན་མཁྱེན་ཆེན་པོས་ཤ་ཆང་བཀག་པའི་ལུང་འདྲེན་གང་དག་ཀྱང་ཡང་ཡང་ གསུངས་སོ། །དེ་ནས་ཁོང་ཉིད་དགུང་གྲངས་ལྔ་བཅུ་ང་ལྔ་ཙམ་ལ་སླེབས་སྐབས་སུ་འཛམ་ ཐང་གཙང་བའི་རྡོ་རྗེ་སློབ་དཔོན་ཀུན་དགའ་མཁས་གྲུབ་དབང་པོ་དག་ཞིང་དུ་གཤེགས་ 3-1-262 ནས་གཟིམས་ཁང་སྒྲུབ་གྲྭ་ཚུན་གྱི་ཐུན་པ་ཆོས་ཚན་རྣམས་ལོ་གཅིག་དང་ཕྱེད་ལྷག་ལ་འཛམ་ ངོས་བླ་མ་ཀུན་དགའ་ངག་གི་དབང་པོས་ཆོས་ཁྲིད་ཀྱི་མཇུག་བསྐྱངས། དེ་མཚམས་ཤིག་ ནས་ཆོས་རྒྱུན་ཆད་ལ་ཉེ་སྐབས་དམ་པ་འདིས་བསྟན་པ་ལ་ཐུགས་ཁུར་ལེགས་བཞེས་ཀྱི་སྒོ་ ནས་ཁོང་ཉིད་དགུང་ལོ་ང་བདུན་སྐོར་ཙམ་ནས་བཟུང་རང་གནས་ཀྱི་དགོན་པའི་ཆོས་སྡེ་ སྒྲུབ་པོ་རྣམས་དང༌། འཛམ་ཐང་གཙང་བའི་གཟིམས་ཁང་སྒྲུབ་གྲྭ་བཅས་ཀྱི་ཆོས་ཐུན་པ་ རྣམས་ལ་མཉམ་དུ་ཐུགས་བརྩེ་བས་རྗེས་སུ་བཟུང་ནས་དབང་ལུང་ཟབ་ཁྲིད་གང་དགོས་ཀྱི་ རིམ་པས་ཉིད་དགུང་ལོ་རེ་གཅིག་གི་བར་ཇི་བཞིན་ལེགས་བསྐྱང་མཛད་པ་སྟེ། དེ་ཡང་འདི་ དུས་སུ་གཟིམས་ཁང་གི་ཆོས་ཐུན་པ་བླ་མ་ངག་དཀོན་སོགས་ཡིན་ཞིང༌། དེ་ནས་རིམ་པས་ སྒྲུབ་གྲྭ་པ་ཚུན་ལ་ལོ་རེ་རེ་བཞིན་སྒྲུབ་ཐབས་རིན་འབྱུང་ཆ་ཚང༌། རྒྱུད་སྡེ་རབ་འབྱམས་ ཡོངས་རྫོགས། རྡོ་རྗེ་ཕྲེང་བ་ཆ་ཚང་སོགས་དབང་བསྐུར་ཆེ་བ་རེ་རེ་དང༌། ཀུན་མཁྱེ ན་ཆེན་ པོའི་བཀའ་པོད་དྲུག་གི་བཀླག་ལུང་སོགས་ལུང་ཁྲིད་འབོར་ཆེན་རེ་ཡང་ལོ་རིམ་བཞིན་ མཛད་པ་ཡིན། སྤྱིར་ན་ཁོང་གིས་དབང་ནམ་གསུང་སྐབས་ཉིད་ཀྱི་ཐུགས་སྣང་དུ་ཀུན་མཁྱེ ན་ ཇོ་ནང་པ་ཆེན་པོ་དངོས་སུ་བྱོན་ནས་གསུང་གི་སྣང་བ་འབའ་ཞིག་དང༌། བར་བར་དུ་ཀུན་ མཁྱེན་ཆེན་པོའི་ཐུགས་དང་ཐུགས་ཡིད་དབྱེར་མེད་བྱས་པས་ཀུན་མཁྱེན་གྱི་ཐུགས་ཀ་ནས་ ཐིག་ལེ་སྔོན་པོའི་ཚོགས་དཔག་ཡས་སྤྲོས་ཏེ་སློབ་མ་གང་དག་ལ་ཐིམ་པའི་རྐྱེན་གྱིས་དེ་དག་ ལ་ཡེ་ཤེས་ཕེབས་པ་ཆེས་མང་བྱུང་བའང་ཡོད། དེ་འདྲའི་ཚུལ་གྱི་རྡོ་རྗེའི་སློབ་བུ་གང་དག་ལ་ བར་བར་རྣམས་སུ་བྱིན་ཆེན་གྱི་སྣང་བའི་ལེགས་མཚན་ཡང་ཡང་བསྩལ་ཅིང༌། དཔོན་སློབ་ ཐམས་ཅད་ལ་ཉམས་བདེ་བའི་འཕར་གཡོ་དུས་དང་དུས་སུ་ཅིག་ཆར་གྱི་ཚུལ་དུ་འོང་བ་རྒྱུན་ མར་དུ་ཡོད་ལ། འདི་སྐོར་ཞིག་ན་ཉག་བླ་གཏེར་ཆེན་བསོ་རྒྱལ་དཔོན་སློབ་རྟ་མདོར་ཕེབས་ ནས་དུས་འཁོར་དབང་ཆེན་ཞུ་བའི་འཕྲིན་ཡིག་ཀ་ཐོག་བླ་མ་བློ་ལྡན་ལ་བསྐུར་ནས་བང་མིར་ 3-1-263 བཏང་བྱུང་བ་དམ་པ་ཁོང་ཉིད་གཙང་བའི་གཟིམས་ཁང་དུ་བཞུགས་པའི་མདུན་དྲུང་དུ་ སླེབས་ཚེ། ཁོང་གི་ཞལ་ནས། ད་དུང་དོ་ནུབ་རྨི་ལམ་ཞིག་བརྟག་དགོས་གསུངས། དེའི་ནུབ་ དམ་པ་གང་གི་རྨི་ཉམས་སུ་གུ་རུ་རིན་པོ་ཆེའི་སྐུ་གསེར་ལས་གྲུབ་པ་འོད་དང་ལྡན་པ་ཞིག་ དང༌། སྡོང་པོ་ལོ་མ་རྒྱས་པའི་ལོ་འདབ་ཀྱི་ངོས་རྣམས་སུ་གུ་རུ་སིདྡྷིའི་ཡིག་གཟུགས་ཀྱི་སྣང་ བརྙན་ཆེས་མང་གསལ་བོ་དོད་པ་དེ་གཉིས་ལ་རྡུལ་གྱི་དྲི་མས་ཅུང་ཙམ་གོས་ཡོད་པ་ཁོང་གི་ ཕྱག་གིས་ལེགས་སེལ་མཛད་པའི་ཐུགས་སྣང་ཤར་བ་བཞིན་ཕྱི་ཉིན་དེ་ལུགས་ཀྱི་དགོས་པ་ དོན་དང་ལྡན་པར་མཁྱེ ན་ནས། དབང་བསྐུར་ཆོག་ཚུལ་གྱི་ཞལ་བཞེས་གནང་བ་ལྟར་གཏེར་ ཆེན་གང་ཉིད་གཙང་བའི་གཟིམས་ཁང་དུ་བྱོན་ཏེ། དམ་པ་མཆོག་གི་དྲུང་ནས་དུས་འཁོར་ དབང་མོ་ཆེ། སློབ་མ་རྗེས་འཛིན། སྟ་གོན། བྱིས་འཇུག མཆོག་དབང༌། མཆོག་དབང་ཁྱད་ པར་ཅན། བདག་པོ། བདག་ཆེན་དང་བཅས་རྫོགས་པར་ལེགས་ཞུ་མཛད་སྐབས་གཏེར་ ཆེན་མཆོག་གི་ཐུགས་སྣང་ངོར། དཔལ་ལྡན་བླ་མ་དམ་པ་གང་ཉིད་ཀྱི་སྐུ་ལ་རྒྱུན་དུ་སྟོང་ གཟུགས་ལྷ་སྐུ་ཡབ་ཡུམ་མཐའ་ཀླས་པས་ཁྲིག་མེར་གྱིས་གང་བ་མཐོང་ཞིང༌། བར་འགའ་ མཁའ་དབྱིངས་ནས་རྡོ་རྗེ་ཕག་མོས་བདེ་ཆེན་དགའ་བའི་གར་གྱིས་འཁྱུད་སྟབས་རེ་མཛད་ པའི་ཚེ་བླ་མ་དམ་པའི་སྤྱན་གྱི་ལྟ་སྟངས་གཏད་པ་ན་རྡོ་རྗེ་ཕག་མོའི་སྐུའི་སྣང་བ་དཔག་ཚད་ བརྒལ་བའི་ཕ་རོལ་ཆོས་ཀྱི་དབྱིངས་དང་དབྱེར་མེད་རོ་མཉམ་དུ་སོང་ནས་གནས་ལུགས་ བདེ་བ་མཆོག་གི་གཤིས་ཆེར་ངོམ་མཛད་པའི་དག་སྣང་ཡང་བྱུང་ཞིང༌། དེའི་མཐར་གཏེར་ སྟོན་ཁོང་ཉིད་ཀྱིས་ཀྱང་གཟིམས་ཁང་བླ་གྲྭ་ཡོངས་ལ་གུ་རུ་དྲག་པོ་ཡེ་ཤེས་རབ་ཏུ་འབར་ བའི་ཟབ་དབང་ཞིབ་རྒྱས་སུ་ལེགས་གནང་མཛད་པས་དབང་ཡོན་མཎྜལ་གྱི་སྐྱེས་འདེགས་ རྒྱ་ཆེ་བས་བཀུར་སྟི་ལེགས་ངེས་ཀྱང་མཛད། སྔོ ན་དམ་པ་གང་ཉིད་ཀྱིས་ཨ་སྐྱོང་བླ་མ་ འདས་སྐབས་རྣམ་ཤེས་ལྷའི་རྣམ་པར་འོང་བ་གསལ་བར་གཟིགས་ཤིང༌། དུས་ཕྱིས་སུ་ཁང་ 3-1-264 ལུང་གི་གནས་བདག་དགེ་སློང་གི་གཟིགས་སུ་མངོན་པར་མཐོང་བ་སོགས་ལྐོག་གྱུར་གྱི་ གནས་ཇི་བཞིན་མཁྱེ ན་པའི་ཐུགས་མངོན་རབ་ཏུ་རྒྱས་པ་དང༌། སྐུ་ཚེ་སྨད་འདི་སྐོར་རྣམས་ སུ་ཁོང་ཉིད་ཀྱི་ཐུགས་སྣང་ངོར་རང་ལུས་དག་པ་སྒྱུ་མའི་ལྷ་སྐུ་སྟོང་གཟུགས་དུས་ཀྱི་འཁོར་ ལོའི་རྣམ་པར་ཤར་ཏེ་མཉམ་རྗེས་ཐམས་ཅད་དུ་སྟོང་གཟུགས་དག་སྣང་རབ་འབྱམས་ཀྱིས་ དུས་འདའ་བའང་བྱུང༌། སློབ་ཚོགས་ལ་བར་བར་དུ་སྦྱོར་དངོས་རྗེས་གསུམ་གྱིས་རང་སེམས་ ལེགས་འདུལ་བྱེད་དགོས་ཚུལ། དེ་མིན་གཟུགས་བརྙན་ཙམ་གྱི་དགེ་བས་གོ་མི་ཆོད་ཚུལ། ཉམས་སུ་མི་ལེན་པའི་དཔེ་སྦྱང་སློབ་གཉེར་གཙོར་བྱེད་ལ་དོན་མགོ་ངེས་པར་ཆུང་ཚུལ་ སོགས་ཞལ་གདམས་ཀྱི་གནད་ཀྱང་མང་པོ་གསུངས་སོ། །ད་ནི་དམ་པ་གང་དེས་བྱ་བ་ལས་ ཀྱི་འཁོར་ལོའི་མཛད་སྒོ་ཡང་འདིར་ཕྱོགས་ཙམ་བསྡུ་ན་སྔོན་ཨ་སྐྱོང་བླ་མ་འདས་པའི་ དགོངས་རྫོགས་ཀྱི་ཚུལ་དུ་དགོན་པ་ལ་ཁར་ཁང་བརྩེགས་ཀྱི་མཆོད་རྟེན་རྒྱ་ཆེ་བཀོད་ལེགས་ པ་སངས་རྒྱས་ཀྱི་རིང་བསྲེལ་འཁྲུལ་མེད་གཟུངས་གཞུག་ཏུ་ཡོད་པ་དེའི་ནང་ངོས་གྱང་རིས་ སུ་སྦྱོར་དྲུག་བརྒྱུད་པའི་བླ་བརྒྱུད་ཆ་ཚང༌། ཡི་དམ་རྒྱུད་སྡེའི་ལྷ་ཚོགས་ཆེས་མང་དཔག་ བསམ་འཁྲི་ཤིང་ཆོ་འཕྲུལ་གྱི་མཛད་བཀོད་བཅས། རི་མོ་བཟང་ཞིང་སྤུས་ལེགས་རབ་ གནས་དགའ་སྟོན་མཐའ་རྒྱས་ཡོངས་སུ་རྫོགས་པའང་དམ་པ་འདིས་སྦྱིན་བདག་ཡོན་འབུལ་ བྱས་པའི་སྟོབས་ལས་ངེས་པར་བྱུང་ཞིང༌། ཉིད་ཀྱི་ཕོ་བྲང་ནང་དུ་མཆོད་ཁང་ཀ་གཉིས་མར་ ཁོང་ནས་ལེགས་བཞེངས་མཛད་པ་ཀུན་དགའ་ར་བ་ལེགས་མཛེས་པད་འདབ་བླ་རེ་བཅས་ པའི་ནང་དུའང་རྗེ་བཙུན་བྱམས་མགོན་སོགས་གསེར་སྐུ་བཅུ་གསུམ། སྨན་སྐུ་དུས་གསུམ་ སངས་རྒྱས། ཀུན་མཁྱེ ན་ཆེན་པོའི་འདྲ་སྐུ་ཆེ་ཆུང་མང་པོ་རྣམས་བཞུགས་ཤིང༌། མཆོད་ཁང་ དུ་བཀྲམ་རྒྱུའི་ཐང་སྐུ་ཡང༌། ཀུན་མཁྱེ ན་ཡབ་སྲས། རྗེ་བཙུན་སྐུ་སྐྱེས། ཐུབ་པ་གནས་བརྟན་ བཅས་དང༌། དུས་འཁོར་ནུས་མ་གཤེགས་པ་ཡབ་ཡུམ་བཅས་དང༌། རྒྱུད་སྡེ་ལྔ་པོའི་གཙོ་ 3-1-265 འདུས། འོད་དཔག་མེད་ཞིང་ཐང༌། གུ་རུ་མཚན་བརྒྱད། ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་ རིགས་ལྔ་བཅས་དང༌། གུར་སོགས་ཆོས་སྐྱོང་ཁ་ཚང་རྣམས་དང༌། གཞན་ཡང་སྒྲོལ་ཐང་ སོགས་ཕྲན་བུ་དུ་མ་ཐང་ཤན་ཞལ་ཁེབས་སོགས་སྒོ་གང་ཐད་ནས་སྤུས་བཟང་ལེགས་ངེས་ བཞེངས་ལ། འཇམ་དཔལ་མཚན་བརྗོད་ཀྱི་སྤར་བརྐོ ་ལེགས་བགྱིད་ཀྱང་མཛད་དེ། ཐམས་ ཅད་ལ་རབ་གནས་དགའ་སྟོན་ཡོན་འབུལ་ཆེ་བའང་བྱས་ཤིང་དེ་རྣམས་ལ་མཆོད་བཀོད་ཀྱི་ ཁྱད་པར་དངུལ་ཀོང་མཚན་ཐུབ་སོགས་ཀོང་བུ་བརྒྱ་ཕྲག་ལྷག་དང༌། ལི་ཐེབ་སྤུས་ལེགས་ བརྒྱ་ཕྲག་དག་གིས་མཚོན་མཆོད་པའི་བཀོད་པའང་མི་དམན་པ་དང་བཅས་སོ། །ཁོང་ཉིད་ གཙང་བའི་གཟིམས་ཁང་དུ་བཞུགས་དུས་རྟེན་སྒམ་ནང་གི་ཀརྨ་པའི་གསེར་སྐུ་ཕྱག་ཏུ་ བཞེས་སྐབས་ཤིག་ལ་གསེར་སྐུ་དེ་ཉིད་ལས་བདུད་རྩིའི་རྒྱུན་བསྙོ ན་མེད་དུ་བྱུང་ལ། དེ་སྐོར་ སྔ་ཕྱི་ཅི་རིགས་སུ་ཉིད་ཀྱིས་ཡོན་ཆབ་ཀྱི་མཆོད་པ་འབུལ་སྐབས་ཤིག་ཏུ་མཆོད་ཆུ་ལས་རིང་ བསྲེལ་སྲན་མ་ཙམ་རྙེད་བྱུང་བ་ལ་བརྟེན་ཀ་དགུ་མའི་གཙུག་ལག་ཁང་དུ་རིང་བསྲེལ་དེས་ ནང་གཞུག་བྱས་པའི་ཀུན་མཁྱེན་ཆེན་པོའི་སྐུ་འདྲ་བརྗིད་ཆེ་བ་ཀུན་ཀྱིས་སྨོན་གནས་སུ་གྱུར་ པ་དེ་དམ་པ་འདིས་སྦྱིན་བདག་གི་སྒོ ་ནས་ལེགས་བཞེངས་མཛད་དོ། །ཡང་ཉིན་གཅིག་ དགོན་ལེབ་ཏུ་ཁོང་གིས་སྤྱན་རས་གཟིགས་ཀྱི་སྒོ་ནས་ཁྲོམ་དབང་བསྐུར་དུས་རང་སྣང་ལ་ ཁོང་ཉིད་འཕགས་པའི་སྐུ་དངོས་སུ་གྱུར་ཏེ་སྐུ་ལས་འོད་ཟེར་དང་རང་འདྲ་འཕགས་པའི་སྐུ་ གྲངས་མེད་སྤྲོས་ཏེ་སྐབས་དེར་དབང་ཉན་ཡོད་ཚད་ལ་ཕོག་པས་ད་ཕན་སྐོར་གཅིག་དེ་ཀུན་ ངན་སོང་དུ་མི་འགྲོ་བའི་ཐུགས་ཐག་ཆོད་པའང་བྱུང་ཞིང༌། ཁོང་གིས་རྒྱུན་དུ་ཐུན་བཞི་ཆག་ མེད་ཀྱི་ངང་ནས་དུས་དུས་སུ་སཱཙྪ་སྐུ་གཟུགས་སྤར་གདབ་ཀྱི་དགེ་སྦྱོར་ཡང་ཆེས་མང་རབ་ ཙམ་དུ་བྱུང་ངོ༌། །འདི་སྐོར་ཞལ་གསུང་ལས། ད་ནི་ང་རང་གི་ལུས་ཀྱི་རྩ་འཁོར་རྣམས་སུ་ རྒྱུད་སྡེའི་ལྷ་ཚོགས་གྲངས་མེད་བཞུགས་པའི་གསལ་སྣང་སྔར་དང་ཡེ་མི་འདྲ་བ་ཞིག་བྱུང་ 3-1-266 གིན་འདུག་པས་ནམ་ཞིག་རང་གི་རོ་བསྲེགས་པའི་ཐལ་བ་དང་རུས་པའི་རྡུལ་གང་གིས་རེག་ ཚད་ཀྱི་འགྲོ་བ་གང་དག་སྐོར་རེ་ངན་སོང་དུ་འགྲོ་མི་དགོས་པ་འདྲའོ་གསུང༌། ཉིད་དགུང་ གྲངས་རེ་གཅིག་པ་ལྕགས་སྤྲེལ་གྱི་ལོར་སྐུ་ཚེའི་མཛད་པ་ལེགས་རྫོགས་ཀྱི་དུས་ཏེ། དེ་ཡང་ སྔོན་ཞིག་ཏུ་ཉིད་དགུང་ལོ་ལྔ་བཅུའི་སྐོར་ན་རོང་བཙན་ཁ་བ་ཕྱོགས་ནས་བྱོན་པའི་སྐྱེས་ཆེན་ ཞིག་གི་བཀའ་ལུང་གིས་ལོ་གྲངས་འདིའི་སྟེང་ལ་གེགས་བསལ་ཚེ་སྒྲུབ་ཚད་ལྡན་དགོས་ པར་གསུངས་ན་དེ་ལུགས་མ་འཛོམས་པ་དང་དམ་པ་ཁོང་གི་གདུལ་ཞིང་རྫོགས་པ་དུས་སུ་ བབ་པས་གཞན་གེགས་སེལ་ཅི་རིགས་དང༌། ངག་དབང་ཚོགས་གཉིས་རྒྱ་མཚོ་ཕེབས་ཏེ། བླ་སྤྲུལ་མང་ཕྱོགས་ཀྱི་ཞབས་བརྟན་མང་པོ་ལེགས་སྒྲུབ་ཀྱི་དུས་སུ་ཁོང་རང་གི་སྣང་བ་ལ་ ཞབས་བརྟན་སྒྲུབ་པའི་དབུ་བཞུགས་གཙང་སྤྲུལ་ཉིད་དབང་ཆེན་ཧེ་རུ་ཀའི་སྐུ་དངོས་སུ་ མཐོང་བའི་གསུང་ཟུར་བྱུང་བ་སོགས་ལེགས་མཚན་རེ་ཡང་ཡོད་ཀྱང་གང་ཐད་ནས་ཕན་པ་ མ་བྱུང་བར་ལོ་དེའི་ཧོར་ཟླ་དང་པོ་ནས་ཉིད་ཀྱི་ཞབས་རྐང་འབམ་གྱིས་བསྙུང་སྟེ་ཟླ་བ་དེའི་ བཅོ་ལྔའི་ཉིན་ཞབས་བརྟན་གྱི་ཚུལ་དུ་དུས་འཁོར་ལྷ་དགུའི་ཆོ་ག་ཚོགས་ཆེན་བཞིན་འདུས་ སྡེ་མང་པོས་གསུང་སྒྲོག་བྱས། དེ་རྗེས་ཉིན་གསུམ་ཙམ་ལ་མཁའ་དབྱིངས་ནས་འདོན་སྒྲ་མ་ ཆད་པའི་སྣང་བ་ཁོང་ལ་བྱུང་ཞིང༌། དེ་ནས་ཞག་འགའ་སོང་བ་ན་ཁོང་གིས་ཆེ་བགྲེས་འགའ་ སྐུ་མདུན་དུ་བོས་ཏེ། ཞལ་ནས། ད་ལན་བྱང་ཤམྦྷ་ལ་ནས་མཆོད་བཀོད་རྒྱ་ཆེ་བ་དང་བཅས་ ངེད་བསུ་མ་འདིར་ཐོན་གྱིན་འདུག་པས་ད་རེབ་སྔགས་ཀྱི་ཞིང་མཆོག་དེར་ཁོ་བོ་འགྲོ་ངེས་སུ་ སེམས་ཐག་ཆོད་པས་ཁྱེ ད་རྣམས་མྱ་ངན་མ་བྱེད། སྤྱིར་སྐྱེས་པའི་ཐ་མ་འཆི་བ་སོགས་འདུས་ བྱས་མི་རྟག་པའི་དེ་ཉིད་ཡིན་ཚུལ་དང༌། ཁྱེ ད་རྣམས་ཚོས་ལེགས་ཉེས་ཇི་ལྟར་བྱུང་ཡང་བློ་ ཕུགས་ཆོས་ལ་གཏད་དགོས་ཚུལ། ཁོང་གིས་དོན་གཉིས་བཟང་རབ་ཙམ་ད་ལྟ་གྲུབ་ཚུལ་ རྗེས་སོར་ཉིད་ཀྱི་སྐུ་ལུས་ཀྱི་རུས་རྡུལ་ཐལ་བ་ཚུན་ཆུ་ནང་དུ་དོར་ན་གང་ལ་རེག་ཚད་ཀུན་ལ་ 3-1-267 བཟང་འགྲོའི་སྒོ་འབྱེད་བྱེད་ཀྱི་རྐྱེན་དུ་འགྱུར་ཚུལ་སོགས་གསུང་འཕྲོས་ཞལ་ཏ་གང་དགོས་ ཞིབ་པར་གནང་ནས་ཟླ་བ་དེའི་ཉི་ཤུ་གཉིས་པའི་ཕྱེད་ཡོལ་ཙམ་ན་ཁོང་གིས་ཉིད་མདུན་དུ་ མཆོད་བཤམས་ལེགས་ངེས་ཤིག་བྱེད་དུ་བཅུག་མཐར་སྐུ་སེང་གེ་ཉལ་སྟབས་སུ་བཞུགས་ཏེ་ ཐུགས་འོད་གསལ་དུ་ཉེར་ཐིམ་མཛད་དོ། །དེ་ནས་ཞག་བདུན་རིང་སྐུ་གཟི་མདངས་དང་ བཅས་འོད་ཟེར་སྔོན་པོའི་རྣམ་པའི་ཐིག་ལེ་དབུ་གཙུག་ཏུ་མངོན་པར་གསལ་བ་ཉེ་འཁོར་ བའི་མཐོང་ནུས་སུ་ཡོད་བཞིན་དེ་ཀར་བཞུགས། དེ་མཚམས་ནས་འཛམ་ཐང་གཙང་བའི་ གཟིམས་ཁང་དུ་འཛམ་ངོས་བླ་མ་ངག་དབང་བཞུགས་ཡོད་པས་དེའི་གསུང་འཕྲིན་ཡི་གེ་ གབ་ཚིག་གི་རྣམ་པ་འདི་ལྟར། སྔར་གྱི་ནང་ནོམ་དེ་ཁོ་བོ་མ་ཐོན་བར་བཙོང་མི་ཉན། སྟབས་ མ་གཟབ་ན་ཚོང་ཉེས་བྱེད་ཉེན་ཡོད། ཅེས་པ་བྱུང་བས་སྐུ་གདུང་ལའང་ལྔར་ལས་བཀྲག་ མདངས་རྒྱས་པ་ཡོད་པས་སླར་ཡང་ཉིན་ཞག་བདུན་དུ་གསང་རྒྱ་བྱས་པས་སྐུ་མདངས་ ཉམས་ཤིང་དཀར་དམར་ཇི་བཞིན་བྱོན་པས་ཐུགས་དམ་ལེགས་པར་གྲོལ་སྐབས་འཛམ་ ངོས་བླ་མ་ཁོང་ཉིད་ཀྱང་ཕེབས་བྱུང་བས་སྐུ་གདུང་ལ་ལོངས་སྐུའི་ཆས་གསོལ་ཏེ་འདུ་ཁང་དུ་ སྤྱན་དྲངས་ནས་ཕྱག་མཆོད་རྒྱ་ཆེ་བས་བསོད་ནམས་བསགས་སྒོ་ཞག་བདུན་ཕྲག་ཏུ་བགྱིས་ མཐར་སྐུ་གདུང་སེར་ཕྲེང་གིས་བསུ་བཀོད་བཅས་མེ་ལ་བཞུ་སྐབས་ཉིན་ཞག་བདུན་ཕྲག་ གསུམ་ལོན་ཀྱང་གདུང་ལ་དྲི་ང་བ་ཤས་ཙམ་མེད་པས་དེར་གནས་ཡིད་ལ་དོགས་པ་ཅན་ ཀྱང་དེ་འོད་གསལ་མ་བུ་འདྲེས་པའི་རྟགས་སུ་གོ་ནས་སྣང་བ་ཧ་ལས་པའི་ངོ་མཚར་དང་དད་ པ་སྐྱེས་ཤིང་དེ་དུས་སུ་སྐུ་གདུང་ལ་མེ་མཆོད་འབུལ་མཁན་ཆོས་རྗེ་དབོན་འགྱུར་མེད་དཔོན་ སློབ་རྣམས་ཡིན་ལ། གདུང་ཁང་ལ་དམ་རྒྱ་ཕྱག་མཆོད་གདུང་རུས་ཉེར་བསྡུ་སོགས་ཀྱི་ མཐར་གདུང་རྟེན་འདུས་སྡེ་སྤྱིས་རྣམ་རྒྱལ་མཆོད་རྟེན་ཆེ་བ་དང༌། རྒ་བླ་མའི་ཁང་བརྩེགས། བླ་མ་ཀུན་མཆོག་དང༌། བླ་མ་ངག་དཀོན་གཉིས་ཀྱིས་དངུལ་ལས་བསྐྲུན་པའི་བྱང་ཆུབ་ 3-1-268 མཆོད་རྟེན་རྣམས་ཀྱང་ལེགས་བཞེངས་བྱས་ཤིང༌། དེ་ནས་བཟུང་ལོ་དུས་རྣམས་སུ་ཆོ་འཕྲུལ་ ཟླ་བའི་ཉ་ལ་དུས་འཁོར་སྒྲུབ་དཀྱིལ་རྒྱས་པའི་ཆོ་ག་ལ་བརྟེན་ནས་གདུང་མཆོད་ཀྱང་ལོ་ འགའ་ཞིག་གི་བར་དུ་ཚུགས་པར་གྱུར་ཏོ། ། ༼༡༧༽ གཙང་ཆེན་སྐུ་འཕྲེང་གསུམ་པའི་དངོས་སློབ་སྐྱབས་རྗེ་མཁར་བ་བླ་མའི་ཐུགས་ སྲས་མཆོག་གྱུར་སོག་པོ་བླ་མ་ཀུན་གྲོལ་ཞེས་བྱ་བ་ཡང༌། འདིའི་སྐུ་རིགས་སོག་པོ་སྟེ་སྐུ་ འཁྲུངས་ནས་ན་གཞོན་གྱི་དུས་སུ་དང་པོ་དམ་པའི་ཆོས་ཀྱི་སྒོར་ཞུགས་པའི་ཡུལ་ནི་སྐྱབས་ རྗེ་མཁར་བ་རྡོ་རྗེ་འཆང་ཉིད་ཀྱི་སྐུ་ཚེ་སྨད་དགུང་གྲངས་བདུན་ཅུ་དོན་བརྒྱད་སྐོར་སོགས་ སུ་སླེབས་པའི་སྐབས་ཙམ་ནས་སྐྱབས་རྗེ་ཉིད་གཙོ་བོར་འཛམ་ཐང་ཆོས་རྗེའི་ཁང་དམར་ དུ་བཞུགས་དུས་ཤིག་ན་ཚེས་བཅུའི་སྐུ་ཕྲེང་བདུན་པ་ངེས་དོན་བསྟན་འཕེལ་ཞབས་དང༌། དབོན་དཀོན་མཆོག་བསྟན་འཛིན་ཁང་རྒན་བླ་མ་ཐུབ་བསྟན་སོགས་དང་ལྷན་ཅིག་ཏུ་དམ་ པ་འདི་ཉིད་ཀྱིས་སྦྱོར་དྲུག་གི་ཟབ་ཁྲིད་དབང་ལུང་མན་ངག་གང་དགོས་མཐའ་དག་དང༌། འཇིགས་བྱེད་ཀྱི་ཁྲིད་དམིགས། ལྡེ ་ཐུང༌། རབ་གནས་ཀྱི་ཁྲིད་སོགས་ཆོས་ཁྲིད་མང་པོ་ཞིག་ ཀྱང་ལེགས་པར་གསན་པ་ནས་ཆོས་ཀྱི་དབུ་ཚུགས་ཤིང་དེ་དུས་དང་བསྟུན་ནས་གོང་མའི་ ཕྱག་སྲོལ་བཞིན་ཉམས་ལེན་གནད་སྨིན་རིམ་གྱིས་མཛད་པས་ཉམས་མྱོང་ཡང་བཟང་རབ་ ཅི་རིགས་པ་ཐུགས་ལ་འཁྲུངས་པ་ནས་བཟུང་མདོ་དང་སྔགས་ཀྱི་ཆོས་ལ་ཡུན་རིང་དུ་གོམས་ སྟོབས་ཆེ་ཞིང༌། དེའི་ཕྱིས་ཤིག་ཏུ་དམ་པ་འདིས་སྦྱངས་པ་བླ་མ་ཀུན་དགའ་ངེས་དོན་གྱི་ མདུན་ནས་འཕགས་པ་ཐོགས་མེད་ལས་བརྒྱུད་པའི་བྱང་ཆུབ་ཀྱི་སེམས་ཀྱི་སྡོམ་པ་ལེགས་ མནོས་མཛད་པ་སོགས་རང་དོན་ལུང་རྟོགས་ཀྱིས་ཐུགས་རྒྱུད་མངོན་པར་གཏམས་པས་ གཞན་གདུལ་བྱ་རྗེས་འཛིན་གྱི་དུས་སུ་ངེས་པར་བབས་ཤིང་སྦས་པའི་རྣལ་འབྱོར་པ་ཆེན་ པོའི་ཚུལ་དུ་སྐྱེས་བུ་དམ་པའི་གོ་ས་ན་ལེགས་པར་བཞུགས་ཏེ་མཛད་ཕྲིན་གེགས་མེད་དུ་ 3-1-269 མཐར་ཕྱིན་པ་ཞིག་ཡིན་སྐད་དོ། ། ༼༡༨༽ དེ་ལྟ་བུའི་སྐྱེས་ཆེན་མཆོག་གི་ཐུགས་སྲས་ཀྱི་ཐུ་བོ་ཉག་གཅིག་ཏུ་གྱུར་པ་གང་ཞེ་ ན། བདག་གི་འདྲེན་པ་གཅིག་ཆོག་རྒྱལ་པོ་རྫོགས་པའི་སངས་རྒྱས་ལས་ཀྱང་རང་ལ་བཀའ་ དྲིན་ཆེ་བ་མཚན་ངེས་པར་བརྗོད་དཀའི་གནས་སུ་གྱུར་པ་དོན་གྱི་སླད་དུ་མཚན་ནས་ཉེ་བར་ སྨོ ས་ན་རྡོ་རྗེ་འཆང་ཆེན་པོ་ཀུན་དགའ་ངག་དབང་དཔལ་བཟང་པོ་ཞེས་བྱ་བ་སྟེ། གང་དེའི་ རྣམ་པར་ཐར་པ་རྒྱ་མཚོ་ལྟ་བུ་ལས་ལོ་རྒྱུས་ཆེས་ཤིན་ཏུ་ཕྲ་བ་ཟེགས་མའི་ཆ་ཙམ་འདིར་དད་ པའི་གསོས་སུ་ཉེ་བར་བསྐྲུན་པ་ལ་གངས་རིའི་ལྗོངས་ཀྱི་མདོ་ཁམས་སྨད་ཀྱི་ནོར་འཛིན་དགེ་ བའི་གཞི་རྡོ་རོལ་གྱི་ཆར་གཏོགས་འཛི་ཀའི་སྟོད་ཕྱོགས་ཀྱི་ས་ཡི་ཐིག་ལེ་ཉལ་འགྲོ་མཛེས་ མའི་ཀླུང་གི་གཡོན་ཟུར་ཟམ་ངོས་སམ་འཛམ་ངོས་ཞེས་པའི་གྲོང་སྡེ་དེར་ཡབ་རི་འཕོངས་ལྷ་ བརྟན་དང་ཡུམ་མང་དགེ་བཟའ་བོ་ཀོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ནང་ཚན་ཆུ་མོ་ བྱ་ཡི་ལོར་དམ་པ་མཆོག་གི་གཟུགས་སྐུའི་མེ་ཏོག གསར་བ་དུས་སུ་མངོན་པར་འཁྲུངས་ ཤིང༌། དེ་ནས་བཟུང་སྐུ་བསྐྱེད་བསྲིང་གི་དུས་སུ་ུན་ཕྲ་བྱིས་པའི་སྐབས་སུའང་སྨྲ་ཤེས་རང་ མགོ་ཐོན་ཙམ་ན་དམ་པའི་ཆོས་ཕྱོགས་ལ་ཐུགས་བློ་སྤྲོ་ཞིང༌། སྤོང་བ་བསམ་གཏན་གྱི་ཁང་ བུ་བྲག་ཕུག་སོགས་སུ་གཅིག་པུར་སླེབས་ནས་ཐུགས་མཉམ་བཞག་གི་ཚུལ་མཛད་པ་དང་ ཆོས་འཆད་ཉན་གྱི་ཟློས་གར་རྩེད་འཇོ་སོགས་དམ་པའི་སྤྱོད་པ་ལ་རྟག་པར་གཞོལ་བའི་ གོམས་ཤུགས་བཟང་པོ་སྔོན་སོང་གི་བྱིས་པ་རིགས་ཁྱད་པར་བ་གཞན་ཕལ་ལས་ཉེ་བར་ འཕགས་པ་ཞིག་ཏུ་ངེས་ལ། དེ་ནས་དགུང་ལོ་བརྒྱད་དགུ་ཙམ་ནས་ཀློག་ཡིག་སློབ་པ་ལ་ ཞུགས་ཏེ་ཇི་བཞིན་ལེགས་སྦྱང་གིས་རིང་པོར་མ་ཐོགས་པར་ཀློག་འདོན་མཁས་པའི་རྩེར་ སོན་ཞིང༌། དགུང་ལོ་བཅུ་གཉིས་པ་ལ་ཡབ་འཕྲལ་དུ་རྐྱེན་གྱིས་གྲོངས་ཏེ་མ་བུ་གཉིས་ལུས་ པ་བྱུང་ལ། དེ་ནས་ཁོང་ཉིད་དགུང་ལོ་བཅུ་གསུམ་པའི་དུས་སུ་གཙང་བའི་གཟིམས་ཁང་དུ་ 3-1-270 ལྷ་བ་བླ་མ་ཀུན་དགའ་དཔལ་ལྡན་བཞུགས་དུས་ཙམ་ན་དེ་ཕྱོགས་སུ་ཆོས་ཐུན་ལ་ལྐོག་བྲོས་ བྱས་ཀྱང་མ་ཡུམ་གྱིས་མ་གནང་བས་དེར་ཆོས་ཐུན་དུ་བཞུགས་པ་བཤོལ་ཏེ་ལོ་དེར་རང་ ཡུལ་དང་ཉེ་བ་སྐྱབས་རྗེ་མཁར་བའི་གདན་ས་འབྲིམ་ཤར་རི་ཁྲོད་དུ་སྐྱབས་རྗེ་གང་གི་ ཐུགས་སྲས་ཉམས་རྟོགས་ཀྱི་དཔལ་མངའ་སོག་པོ་བླ་མ་ཀུན་གྲོལ་རྒྱུན་བཞུགས་མཛད་པའི་ སྐུ་དྲུང་དུ། དམ་པ་འདི་ཉིད་དང་བུད་ཁང་མདའི་བླ་མ་ཚུལ་ཁྲིམས་བཟང་པོ་གཉིས་རྡོ་རྗེ་ སྤུན་ཆོས་གྲོགས་ཀྱི་ཚུལ་དུ་བྱས་ནས་རྗེ་དམ་པ་དེ་ཉིད་ཀྱི་མདུན་ནས་སྦྱོར་བ་ཡན་ལག་དྲུག་ གི་སྔོན་འགྲོའི་ཆོས་ཁྲིད་ཞུས་ཏེ་ཚུལ་གོང་མའི་ཕྱག་བཞེས་བཞིན་ལེགས་པར་ཉམས་སུ་ བླངས་པས་ཐུགས་ཉམས་སུའང་ལམ་རང་རང་གི་རྟགས་མཚན་ཅི་རིགས་པ་རེ་ངེས་པར་ བྱུང་ཞིང༌། སོག་པོ་རྡོ་རྗེ་འཆང་གིས་སྡོམ་ལུང་དང་སྨི ན་བྱེད་མཆོག་གི་དབང་གོང་མ་རྣམས་ ལེགས་གནང་གི་སྐབས། དམ་པ་འདིའི་མཚན་ལ་ཀུན་དགའ་ངག་གི་དབང་པོ་ཞེས་གསོལ། དེ་ནས་རིམ་པས་དབེན་པ་གསུམ་གྱི་རྣལ་འབྱོར་ལ་བརྟེན་ནས་དངོས་གཞི་སོར་བསམ་ གཉིས་ཡུན་རིང་པོ་རེ་ཉམས་ལེན་བྱས་དུས་འོད་གསལ་རྟགས་བཅུའི་སྣང་བ་གོ་རིམ་བཞིན་ དང་ལུས་ངག་གི་ཉམས་སོགས་སྒོ་གང་ཐད་ནས་གཞན་ཕལ་བ་ཚོ་ལས་འཕགས་ཙམ་བྱུང་བ་ དང༌། སྲོག་འཛིན་སྐབས་ཀྱང་བུམ་ཅན་ལེགས་གྲུབ་དང༌། གཏུམ་མོས་ཐིག་ལེ་ཞུ་བའི་འབར་ འཛག་གི་སྣང་བའི་སྟོང་གཟུགས་ཁྱད་པར་བ་དང་ཞི་བདེ་འཐུག་པོས་ཐུགས་མྱོས་པ་སོགས་ ཀྱི་མྱོང་རྟགས་དང༌། དྲན་ཏིང་གཉིས་ཀྱང་གོང་མའི་བཀའ་སྲོལ་ལྟར་ལས་དང་པོ་པའི་ཚུལ་ གྱི་ཉམས་ལེན་གནད་སྨིན་གྱི་སྒོ་ནས་དམ་པ་མཆོག་གི་དྲུང་ནས་ཆོས་ཁྲིད་གང་དགོས་ ལེགས་ཞུ་དང༌། ཐུན་བཞི་ལས་བཞིའི་བྱ་བ། སྦྱོར་དྲུག་ཡན་ལག་ལུས་སྦྱོང་དང་ཐིག་ལེའི་ འཁྲུལ་འཁོར་འཕོ་བའི་ཉམས་ལེན་བཅས་གོང་མའི་ཕྱག་སྲོལ་གང་ཡོད་མཐའ་དག་ལོ་ གསུམ་གྱི་རིང་ཇི་བཞིན་ལེགས་གྲུབ་མཛད། དེ་རྗེས་སྐབས་ཅི་རིགས་པར་སོག་པོ་རྡོ་རྗེ་ 3-1-271 འཆང་གི་མདུན་ནས་ལུས་བསྲུང་བསྐྱེད་རིམ། འབྱུང་འདུལ་དང༌། རྟ་མགྲིན་སོགས་དང༌། དེ་ བར་ཞིག་ཏུ་ཤངས་ཆོས་ཀྱི་སྐོར་ཡང་ཞུས་ཏེ་ཉམས་ལེན་ཅི་རིགས་ཀྱང་བྱས་ཚོད་དུ་འདུག་ ལ། དེ་མཚམས་དགུང་ལོ་ཉེར་གསུམ་སྐོར་དུ། སོག་པོ་བླ་མ་མཆོག་དང༌། འཛམ་ངོས་བླ་ མ་འཇམ་དབྱངས་སོགས་ཀྱི་དྲུང་ནས། འཇིགས་བྱེད་འབྲུ་ནོན། སྙན་བརྒྱུད། མགོན་པོ་ སོགས་ཀྱི་དམིགས་ཁྲིད་ཞུས་ནས་བསྙེ ན་མཚམས་ཀྱང་ཚད་ལྡན་རེ་རེ་མཛད་ཅིང༌། འདི་ སྐོར་ཞིག་ཏུ་རི་ཁྲོད་དེར་སྦྱངས་པ་བླ་མ་ཀུན་དགའ་ངེས་དོན་ཞབས་པ་ཤོས་མདའ་ཚང་འདུ་ ཁང་ལ་རབ་གནས་ཀྱི་ཞོར་དུ་ལེགས་ཕེབས་མཛད་དེ། གང་དེའི་དྲུང་ནས་དམ་པ་འདིས་ སྦྱོར་དྲུག་ངོས་འཛིན་གསོལ་འདེབས་ཀྱི་བཀླག་ལུང་ཞུས་ཏེ་སྙིང་ནས་དད་པ་བླ་ལྷག་ཏུ་ འཕེལ་བའང་བྱུང༌། འདིའི་གོང་འོག་ཅི་རིགས་སུ་དམ་པ་རྣམ་གཉིས་གང་རུང་གི་མདུན་ནས་ དུས་འཁོར་དབང་ཆེན། ཀུན་མཁྱེ ན་ཆེན་པོའི་བཀའ་པོད་ཀྱི་བཀླག་ལུང་སོགས་ཆོས་བཀའ་ ཆེས་མང་རེ་ཡང་གསན་ནམ་སྙམ། དགུང་ལོ་ཉེར་ལྔའི་དུས་སུ་འཛམ་ཐང་ཆོས་སྡེར་སྦྱངས་ པ་བླ་མ་ཀུན་དགའ་ངེས་དོན་ཞབས་པའི་མདུན་ནས། འདུས་པ་མང་པོ་དང་ལྷན་ཅིག་ཏུ་རྗེ་ བཙུན་རིན་པོ་ཆེའི་བཀའ་འབུམ་ལས་བྱུང་བའི་སྒྲུབ་ཐབས་རིན་འབྱུང་ཆ་ཚང་གི་དབང་ བཀའ་སྒྲོལ་དཀར་ཡིད་བཞིན་འཁོར་ལོ་ནས་བཟུང་བཀྲ་ཤིས་ཚེ་རིང་མཆེད་ལྔའི་བར་ ཡོངས་སུ་རྫོགས་པ་ལེགས་པར་མནོས་སོ། །དེ་ནས་འདི་སྐབས་གོང་འོག་ཅི་རིགས་ལ་ཁོང་ གི་ཐུགས་དགོངས་སུ་ད་ནི་དལ་འབྱོར་ཀྱི་ལུས་རྟེན་ལ་སྙིང་པོ་ལེན་པའི་ཐབས་དམ་པའི་ ཆོས་རྣམ་དག་ཞིག་བསྒྲུབ་པ་ལ་བླང་དོར་ཇི་བཞིན་ཤེས་པ་ཞིག་མེད་མི་རུང་ཞིང་དེ་ཡང་ཐེག་ ཆེན་ལམ་གྱི་གཞི་རྩ་བྱང་ཆུབ་ཀྱི་སེམས་འདི་ཉིད་གལ་ངེས་པར་ཆེ་ལ་དེ་སྨོན་པ་དང་འཇུག་ པའི་ཁྱད་པར་གྱི་སྒོ་ཀུན་ནས་ཇི་བཞིན་བསྒོམ་པའི་ཐབས་ཚང་ལ་མ་ནོར་བ་སྟོན་བྱེད་ཀྱི་ གཞུང་བསྟན་བཅོས་རྣམ་པར་དག་པ་འཕགས་བོད་ཀུན་ཏུ་འགྲན་ཟླ་དང་བྲལ་བར་ཡོངས་ 3-1-272 སུ་གྲགས་པའི་གསུང་རབ་མཆོག་ཏུ་གྱུར་པ་ནི་རྒྱལ་སྲས་ཞི་བ་ལྷའི་སྤྱོད་འཇུག་ཉིད་དུ་ངེས་ པས་ན་ཞི་བ་ལྷའི་སྤྲུལ་པར་གྲགས་པ་བྱང་ཆུབ་ཀྱི་སེམས་ཐུགས་ལ་འཁྲུངས་པའི་སྐྱེས་ཆེན་ ནི་རྫོགས་ཆེན་དཔལ་སྤྲུལ་རིན་པོ་ཆེ་སྟེ་དེའི་ཞལ་མཇལ་བའི་སྐལ་བ་ད་ལྟ་མེད་ཀྱང་ཁོང་གི་ དངོས་སློབ་ཆོས་འདིའི་བཤད་ཁྲིད་ཞིབ་རྒྱས་སུ་གནང་བའི་བྱིན་རླབས་ཀྱི་ཉེ་བརྒྱུད་མངའ་ བ་ནི་འགྱ་བ་ཨ་ལགས་སམ་མཚན་གཞན་མདོ་སྔགས་རྒྱ་མཚོ་ཞེས་པ་དེང་སང་སྐུ་དངོས་ བཞུགས་ཡོད་པ་དེ་ཡིན་པས་གང་དེའི་དྲུང་དུ་ད་ལྟ་གང་ཅིའི་ཐད་ནས་བྱང་ཆུབ་སེམས་ དཔའི་སྤྱོད་འཇུག་གི་གཞུང་ཁྲིད་ཞུར་འགྲོ་སྟེ་ཇི་བཞིན་སློབ་གཉེར་ཀྱང་ངེས་པར་བྱ་སྙམ་ པའི་དམ་བཅའ་འགྱུར་མེད་ཤུགས་ཆེ་བས་ཉིད་ཐུགས་ལེགས་པར་བསྐུལ་ཏེ་རང་ཡུལ་ནས་ ཁོང་ཉིད་མགོ་ལོག་ཕྱོགས་སུ་སོང་སྟེ་སླེབས་མ་ཐག་ཨ་ལག་རིན་པོ་ཆེ་དང་མཇལ་སྐབས་མ་ འཛོམས་པས་རིང་ཞིག་ཏུ་འགྱང་སྐབས་དེར་མི་ཁྱིམ་ཞིག་གི་ཟུར་དུ་དཀའ་ངལ་ཡང་ཆེ་ཙམ་ མྱོང་དགོས་བྱུང་རྗེས་ནས་ཨ་ལགས་རྗེ་དང་མཇལ་འཕྲད་ཀྱི་སྐལ་བ་བྱུང་ནས་རྗེ་ཉིད་ཀྱི་དྲུང་ དུ་སྤྱོད་འཇུག་གི་བཤད་ཁྲིད་ལེགས་པར་ཐོབ་ཅིང་སློབ་གཉེར་ཡང་མཛད། དེ་ནས་རང་ཡུལ་ དུ་ལོག་རྗེས་སུ་གཞུང་དེའི་བསྟན་བྱའི་དོན་བྱང་ཆུབ་ཀྱི་སེམས་བསྒོམ་པའི་ཐབས་ཚུལ་ལ་ ཆོས་དོན་བསམ་པ་དང་ཇི་བཞིན་ཉམས་ལེན་གྱི་བསྒོམ་པ་ཡུན་མི་ཐུང་བ་ཞིག་ཀྱང་མཛད་དོ། །དེ་ནས་དགུང་ལོ་ཉེར་བདུན་ཉེར་བརྒྱད་སྐོར་སོགས་ནས་ཉིད་ཀྱི་ཐུགས་ལ་རྒྱལ་བའི་ བསྟན་པ་མཐའ་དག་གི་སྒོར་འཇུག་པའི་གཞི་གཅིག་པུ་ནི་བླང་དོར་ཇི་བཞིན་ཤེས་པ་ལ་ རག་ལས་ཤིང་དེ་ཡང་ཐོབ་ལོ་དང་ཤེས་ལོ་ཙམ་གྱིས་གར་ཡང་མི་ཕྱིན་པས་དགེ་བའི་བཤེས་ གཉེན་ལུང་དང་རིགས་པའི་དབང་ཕྱུག་རྨོངས་མུན་སེལ་བའི་ཆོས་ཀྱི་ཉི་མ་ཞིག་ཡུན་རིང་དུ་ གུས་པས་བསྟེན་པར་བྱའོ་སྙམ་པའི་ཐུགས་དམ་ནམ་ཡང་མི་ལྷོ ད་པའི་རྐྱེན་བསྐུལ་ལ་ཉེ་བར་ བརྟེན་ནས་འཛི་ཡུལ་སྨད་ཀྱི་སྲིབ་ཕྱོགས་དགེ་འཕེལ་རི་ཁྲོད་དུ་རྗེ་བཙུན་ཏཱ་ར་ནཱ་ཐ་གང་དང་ 3-1-273 ཐུགས་རྒྱུད་གཅིག་པ་བྱང་བླ་བྲང་དགོན་ཆགས་འདེབས་མཛད་མཁན་ཀུན་མཁྱེན་བླ་མ་ འཇམ་དབྱངས་བཞད་པའི་རྡོ་རྗེའི་རྣམ་འཕྲུལ་དུ་གྲགས་ཤིང་གྲུབ་པའི་ལུང་རིགས་སྨྲ་བའི་ དབང་ཕྱུག་ཆེན་པོ་ཐུབ་བསྟན་དགེ་ལེགས་རྒྱ་མཚོ་སྐུ་དངོས་བཞུགས་པའི་དྲུང་དུ་ཕྱིན་ཏེ་ གང་གི་ཞལ་སྔ་ནས། གཞུང་ལུགས་ཀྱི་ཆོས་བཀའ་རྒྱལ་བའི་བསྟན་པ་ལ་འཇུག་པའི་སྒོ ་ གཅིག་པུར་གྱུར་པ་ཉིད་ཀྱིས་མཛད་པའི་ཚད་དགོངས་གཙོར་བྱས་པའི་ལེགས་བཤད་ རིགས་འདུས་བསྡུས་གྲྭའི་སྤྱི་ཟུར་གཉིས་དང༌། འཇམ་དབྱངས་བཞད་པའི་དགོངས་བཞེད་ ལྟར་གྱི་ཕར་ཕྱིན་ཊཱི་ཀ དབུ་མ་འཇུག་པའི་རྒྱས་འགྲེལ་པོད་གཉིས་སོགས་མདོ་དང་སྔགས་ ཀྱི་གཞུང་ལུགས་རྒྱ་ཆེ་བའི་གནད་ལ་ཉེར་མཁོའི་གཞུང་ཚན་དུ་མ་ཞིག་གུས་སྦྱོར་དང་རྟག་ སྦྱོར་གྱི་སྒོ་ནས་སྔ་རྗེས་ཀུན་ཏུ་ལོ་བརྒྱད་དགུ་ཙམ་ལ་དམ་པ་མཆོག་གི་དྲུང་དུ་རྒྱུན་བཞུགས་ ལྟ་བུར་མཛད་དེ་སློབ་གཉེར་ལ་སྒོ་ཀུན་ནས་དཀའ་བ་ཁྱད་དུ་བསད་ངལ་བ་དང་དུ་བླངས་ པས་ཉིན་མཚན་ལ་འོས་མེད་ཀྱི་གཉིད་དང་གཡེང་བ་སྤངས་ཏེ་བརྩོན་པ་ཆེད་གཉེར་ཆུ་བོའི་ རྒྱུན་བཞིན་ཆད་མེད་དུ་ཐོས་བསམ་གྱིས་གཞུང་དོན་དཀའ་བའི་གནས་མཐའ་དག་ལ་སྒྲོ་ འདོགས་ཆོད་ངེས་བྱས་ཏེ་ཡུན་རིང་དུ་བསླབ་སྦྱང་མཛད་སྐབས་རྗེ་དཔལ་ལྡན་བླ་མ་གང་ གིས་སྤྱིར་ཐུགས་སློབ་རྣམས་ལས་དབང་པོ་རབ་འབྲིང་ཐ་མའི་ཚུལ་དུ་རང་རང་དང་འཚམས་ པར་རབ་རྣམས་ལ་བཀའ་བཀྱོན་སྡང་དྲག་གི་རྣམ་པ་དང༌། འབྲིང་དག་ལ་དེ་མཐུན་གྱི་ བསྐུལ་སློང་དང༌། ཐ་མ་རྣམས་ལ་ཐུགས་ཞི་བའི་ཚུལ་གྱིས་རང་དགར་རང་མོས་སུ་འཇོག་ པའི་མཛད་ཚུལ་ཡིན་ན་དེ་དུས་སུ་ཐུགས་སློབ་དམ་པ་འདི་ཉིད་ལའང་ཆེས་དབང་པོ་རབ་ཀྱི་ གདུལ་བྱ་འདུལ་ཐབས་ཀྱིས་བར་བར་དུ་མཚང་ནས་རྒོལ་ཞིང་རྟག་ཏུ་བཀའ་བཀྱོན་པ་ སོགས་ཀྱི་སྒོ་ནས་ཉིན་ཅིག་ཁོང་ཉིད་བཞུགས་པའི་གཟིམས་ཁང་གི་ཉེ་འདབས་ཀྱི་ཐལ་ཕུང་ ཆེ་བ་ཡོད་པ་དེ་སློབ་བུ་དམ་པ་འདི་ཉིད་གཅིག་པུས་མནབ་འགག་གི་ཐུ་བར་བླུགས་ཏེ་ 3-1-274 གནས་གཞན་དུ་སྤར་བ་ཞག་འགའི་རིང་བྱེད་དགོས་བྱུང་ཡང་སྔོན་རྗེ་མར་པ་ལ་མི་ལས་ ཞབས་ཕྱི་བགྱིས་ཏེ་བཀའ་བཞིན་ལེགས་སྒྲུབ་ཀྱི་རྣམ་པར་ཐར་པ་ལྟར་དམ་པ་འདིས་ཀྱང་བླ་ མའི་བཀའ་ཇི་བཞིན་བསྒྲུབས་ཏེ་དད་གུས་ཤུགས་དྲག་དང་བཅས་ཐུགས་དགའ་སྤྲོ་གཏིང་ ནས་ཆེ་བའི་ངང་མངོན་ལྐོག་གཉིས་མེད་ཀྱིས་སྒོ་ཀུན་ནས་བླ་མའི་ཞབས་གཡོག་ཐུགས་ དགྱེས་ངེས་བསོད་ནམས་བསགས་སྒོ་རྒྱ་ཆེར་མཛད་པ་ལས་ཡིད་ལ་དོགས་པ་ཙམ་ཡང་ལྟ་ ཅི་དག་སྣང་དང་དད་གུས་བཟོད་བླག་མེད་པ་ཤུགས་ཇེ་འཕེལ་དུ་འགྲོ་བའི་རྐྱེན་དུ་གྱུར་པ་ སོགས་ཚུལ་དེ་ཀའི་སྒོ་ནས་མདོ་སྔགས་ཀྱི་གཞུང་ལུགས་ལ་རང་བྱན་མ་ཚུད་ཀྱི་བར་དུ་དམ་ པ་མཆོག་དེའི་སྐུ་དྲུང་དུ་ལེགས་བཞུགས་མཛད། སྐབས་དེ་སྐོར་དགུང་ལོ་སོ་གཅིག་གི་དུས་ སུ་འཛམ་ཐང་གཙང་བའི་གྲྭ་ཚང་གི་འདུ་ཁང་དུ་དཔལ་ལྡན་བླ་མ་གང་ཉིད་ཕེབས་ཏེ། ཉིད་ ཀྱིས་མཛད་པའི་སྦྱོར་དྲུག་སྤྱི་དོན་བཤད་ཁྲིད་ཞིབ་རྒྱས་སུ་མཛད་སྐབས་འཛི་ཀའི་སྟོད་སྨད་ ཀྱི་སྐྱེས་ཆེན་མང་པོ་ཆོས་ཉན་དུ་འདུས་པའི་གྲལ་དུ་ཁོང་གིས་ལེགས་པར་གསན་བཞིན་ གཤར་སྦྱང་གིས་ཟབ་མོ་ཆོས་ཀྱི་གོ་དོན་ལ་ཐུགས་ངེས་ཆེན་པོའི་བློ་གྲོས་གཞན་ལས་ འཕགས་པ་བྱུང་བ་སོགས་ཐོས་བསམ་དེ་ལུགས་ཡུན་རིང་དུ་བརྩོན་སྦྱང་བྱས་མཐར་མདོ་ དང་སྔགས་ཀྱི་དགོངས་དོན་ཟབ་གནད་མ་ལུས་པ་ཐུགས་སུ་ཆུད་པའི་མཁས་གནས་ཐོབ་ ཅིང་དཔལ་ལྡན་བླ་མ་འཇམ་པའི་དབྱངས་དངོས་གང་གི་ཐུགས་སྲས་ཀྱི་ཐུ་བོ་མཆོག་ཏུ་ངེས་ པར་གྱུར་ཏོ། །དེ་ནས་དགུང་ལོ་སུམ་ཅུ་སོ་བརྒྱད་སྐོར་སོགས་སུ་ཉིན་གཅིག་ཁོང་ཉིན་འཛམ་ ཐང་གཙང་བའི་གཟིམས་ཁང་དུ་བྱོན་འདུག་གི་ཚེ་དེར་རྟོགས་པའི་མཆོག་གྱུར་ཀུན་དགའ་ མཁས་གྲུབ་དབང་ཕྱུག་དང་མཇལ། སྔར་ཡང་དམ་པ་ཁོང་དང་མཇལ་འཕྲད་ཡང་ཡང་བྱུང་ མོད་ཀྱང་གསུང་གླེང་ཞིབ་རྒྱས་ཀྱི་སྐལ་བ་མ་ལྡན་འདིར་ནི་སྔོན་ལས་ཟབ་མོས་དུས་སུ་ བསྐུལ་བས་མཇལ་ཕྲད་བཀའ་མོལ་ལེགས་བྱུང་གི་སྐལ་བཟང་ཐོབ་པ་སྟེ། དེ་ཡང་དེའི་ཉིན་ 3-1-275 མཇལ་ཕྲད་བྱུང་ཉིན་མོ་རྟོགས་པའི་དབང་ཕྱུག་མཆོག་གི་ཐུགས་མངོན་ཤེས་ཀྱིས་དམ་པ་ འདི་སྔོ ན་འབྲེལ་ཟབ་མོས་བུ་སློབ་ཏུ་ཇི་བཞིན་གཟིགས་ནས་བཀའ་ལས། དེ་རིང་ཁྱོ ད་སྡོད་ དོ་ནུབ་འུ་ཅག་གི་གཏམ་གླེང་བྱ་དགོས། གསུངས་པ་བཞིན་བྱས་ཏེ་ནུབ་མོ་རྟོགས་པའི་དབང་ ཕྱུག་གང་ཉིད་བཞུགས་པའི་གཟིམས་ཁང་དུ་དམ་པ་འདི་ཉིད་ཀྱང་བྱོན་ནས་ཁོང་རྣམ་གཉིས་ ཞལ་ཟས་ཀྱི་བྱ་བ་དང་བཅས་ཐུགས་དགའ་སྤྲོའི་ངང་ཆོས་དང་མཐུན་པའི་བཀའ་མོལ་མང་ པོ་ཞིག་མཛད་རྗེས་རྟོགས་པའི་དབང་ཕྱུག་གི་ཞལ་སྔ་ནས། སློབ་བུ་དམ་པ་འདི་ལ་བཀའ་ གསུང་གནང་བ། སྤྱིར་འཇིག་རྟེན་འདི་ན་དམ་པའི་ཆོས་ལས་ཡ་མཚན་ཆེ་བ་གཞན་གང་ ཡང་ཡོད་པ་མིན་ལ། དམ་པའི་ཆོས་ལས་ཀྱང་ཟག་བཅས་དང་ཟག་མེད་ཀྱི་དགེ་བ་གཉིས་ ལས་ཕྱི་མ་གཙོ་ཆེ་ཞིང༌། ཟག་མེད་ཀྱི་དགེ་རྩ་རྣམས་ལས་ཀྱང་འོད་གསལ་འདུས་མ་བྱས་ པའི་གནས་ལུགས་ལ་མཉམ་བཞག་ནམ་མཁའ་ལྟ་བུའི་རྩེ་གཅིག་སྤྲོས་བྲལ་ལྷུན་གྲུབ་ཏུ་མ་ བཅོས་སོ་མ་རང་ཤར་གྱི་ངང་དུ་ཐག་ཆོད་ནུས་ན་ཡེ་གཞི་གདོད་ནས་བཞུགསཔའི་ཆོས་ དབྱིངས་རང་བྱུང་དོན་དམ་ཡེ་ཤེས་ཟེར་བ་དེ་ཐག་རིང་ན་བཞུགས་རྒྱུ་མ་རེད། འདི་ཀ་ཉིད་ དེ་ངོས་ཟིན་ན་ཀུན་རྫོབ་གློ་བུར་འཁྲུལ་སྣང་མཐའ་དག་བཙལ་ཡང་མི་རྙེད་པར་གཤིས་ ལུགས་རྗེན་ཆར་བ་སྐུ་དང་ཡེ་ཤེས་རྒྱ་མཚོའི་ཀློང་འབའ་ཞིག་ཏུ་ཀུན་ནས་ཐག་ཆོད་པ་ཞིག་ ད་ལྟ་ཁོ་བོ་ལ་བྱུང་ཡོད་པས་ཁྱོ ད་ཀྱིས་དེ་ལུགས་ལ་མཉམ་བཞག་མཛོད་ཅིག ཅེས་གསུངས་ མ་ཐག་ནས་སློབ་བུ་དམ་པ་མཆོག་གི་ཐུགས་ཉམས་སུ་ཡེ་གཞི་ཆོས་དབྱིངས་ཡེ་ཤེས་ངོ་བོ་ཇི་ བཞིན་པ་དེ་ཉིད་ངོ་ལྷག་པར་འཕྲོད་དེ་སྐད་ཅིག་དེ་ལ་མཉམ་གཞག་གཅིག་གི་ངང་དུ་ འབྱམས་པར་གྱུར་པ་ན་འཆི་བ་དང་ཤེད་མཚུངས་པའི་སྣང་མཆེད་ཐོབ་པའི་ཐིམ་རིམ་ཡུད་ ཙམ་ལ་ཤར་ནས་ཐུགས་ངོར་ཆེས་སྤྲོས་པ་ཀུན་ནས་ཟད་པའི་དག་ཆེན་གྱི་དབྱིངས་རང་ བཞིན་དྭངས་པ་ཆེན་པོའི་གཉུག་མའི་ཡེ་ཤེས་ཤིན་ཏུ་མཚོན་ཐབས་དཀའ་བ་གཤིས་སྟོན་ 3-1-276 གནམ་གཡའ་དག་བརྒྱ་འགྱུར་ལས་ཀྱང་ཀུན་ནས་གསལ་བའི་རང་བཞིན་བཅོས་གཞིག་ མཐའ་དག་རང་དྭངས་སུ་སོང་བའི་གནས་ལུགས་རྗེན་ཆར་བ་ཞིག་མངོན་དུ་གྱུར་ཏེ་མཉམ་ གཞག་དེ་ཉིད་ཀྱི་ངང་དུ་མཚན་མོ་ཆ་ཚང་གར་ཐལ་མ་གོ་བར་ནངས་སྔ་མོ་ལ་སླེབས་ནས་ དཔལ་ལྡན་བླ་མ་རྟོགས་པའི་དབང་ཕྱུག་གིས་ཐུགས་དམ་སླར་བཞེངས་ཀྱི་བསྐུལ་སློང་གིས་ སྐད་ཅིག་དེ་ལ་སློབ་བུ་དམ་པ་མཉམ་བཞག་ལས་བསླང་བ་ན། བླ་མ་མཆོག་གི་ཞལ་ནས། འོ་ད་ཕན་ཁྱོད་ཀྱི་རྒྱུད་ལ་རང་བྱུང་གཉུག་མའི་ཡེ་ཤེས་ཆེས་གསལ་གྱི་འགོ་ཚུགས་པས་ ཉམས་ལེན་དེ་ལུགས་ལ་རེམ་པར་མཛོད་ཅིག ཅེས་གསུངས་ཤིང༌། དེ་ནས་བཟུང་དམ་པ་ གང་དེའི་ཐུགས་རྒྱུད་ལ་སྔར་ཡང་ཉམས་ལེན་གྱི་འཆར་སྒོ་བཟང་བཟང་འདྲ་བ་མཐའ་ཡས་ མང་མོད་ཀྱང་གནས་ལུགས་འདི་ལ་ལྟོས་ན་རྣམ་ཤེས་ཀྱི་འགྱུར་བག་དང་བཅས་རྩ་ཁམས་ རླུང་གི་བྱེད་པ་ཤས་ཆེ་བས་ཀུན་གཞིའི་རྣམ་ཤེས་ཕྱོགས་ཀྱིས་བསླད་ཤུགས་ཆེ་བའི་ཉམས་ ཀྱི་འཆར་སྒོ ་དེ་དག་རྗེས་མཐུན་ཙམ་དུ་འདུག་ལ། ད་ཚོད་མངོན་དུ་གྱུར་པའི་རྟོགས་པ་འདི་ ནི་གནས་ལུགས་ཡེ་གཞི་ལ་ཆེས་ཉེ་བའི་ཡེ་ཤེས་ཕྱོགས་ཀྱི་དག་སྣང་ཤས་ཆེ་བས་ཡེ་ཤེས་ མཆོག་གི་སྣང་བ་དང་སྔར་ལས་ཆེས་མཐུན་པ་ལམ་གྱི་མངོན་རྟོགས་དངོས་གནས་ཀྱི་ཆ་ཅི་ རིགས་རྒྱུད་ལས་བསྟན་པ་དེ་ཀ་ལྟར་ཡིན་པས་སྤྱིར་གསང་སྔགས་ལམ་གྱི་འཆར་སྒོ་ལ་ ཕྱོགས་ཙམ་འདྲ་བ་མང་ན་གཤིས་ལུགས་ཀྱི་ལམ་ལ་བཟང་ངན་གྱི་ཁྱད་པར་ཤིན་ཏུ་ཆེ་བའོ། །དེ་ནས་བཟུང་དཔལ་ལྡན་བླ་མ་གང་ཉིད་དམ་པ་འདིས་སྤྱི་བོའི་རིགས་ཀྱི་བདག་པོ་མཆོག་ ཏུ་ལེགས་བཀུར་གྱི་སྒོ་ནས་དགུང་ལོ་སོ་དགུའི་སྟེང་ཙམ་ལ་གཙང་བའི་གཟིམས་ཁང་དུ་ རྟོགས་པའི་དབང་ཕྱུག་རྗེ་ཉིད་ཀྱི་དྲུང་ནས། ངན་སོང་སྦྱོང་བའི་རྒྱུད་ལས་བསྟན་པའི་དཀྱིལ་ འཁོར་བཅུ་གཉིས་ཀྱི་དབང་བསྐུར་ལེགས་པར་མནོས་ཤིང༌། དེའི་ཕྱི་ལོར་རྗེ་དེ་ཉིད་ཀྱི་ མདུན་དུ། དུས་འཁོར་དབང་ཆེན་སོགས་དང༌། རྗེ་བཙུན་ཏཱ་ར་ནཱ་ཐའི་བཀའ་འབུམ་ཡོངས་ 3-1-277 རྫོགས་ཀྱི་བཀླག་ལུང་ཡང་གསན། དགུང་ལོ་ཞེ་གཅིག་དུས་སུ་རྗེ་གང་ཉིད་ཀྱི་དྲུང་ནས། གཤིན་རྗེ་གཤེད་རབ་འབྱམས་ཀྱི་དབང་བཀའ་ཆ་ཚང་དང༌། དེའི་ཕྱི་ལོར་བདེ་མཆོག་རབ་ འབྱམས་ཀྱི་ཟབ་དབང་ཡོངས་རྫོགས་ཀྱང་ལེགས་པར་མནོས་སོ། །དགུང་ལོ་ཞེ་གཉིས་ཀྱི་ དུས་སུ་གཙང་བའི་རྡོ་རྗེ་སློབ་དཔོན་ཆེན་པོ་ཀུན་དགའ་མཁས་གྲུབ་དབང་ཕྱུག་ཉིད་ གཟུགས་སྐུ་ཆོས་དབྱིངས་སུ་བསྡུས་རྐྱེན་དེ་རྗེས་སུ་ལོ་ཕྱེད་གཉིས་ལྷག་ཙམ་ལ་བླ་མ་དམ་པ་ འདི་ཉིད་ཀྱིས་གཟིམས་ཁང་སྒྲུབ་གྲྭ་ཚུན་གྱི་ཆོས་ཐུན་པ་གང་ཡོད་དག་ལ་རྡོར་སློབ་ཀྱི་ ཐུགས་ཁུར་བཞེས་ཏེ་ཆོས་མཇུག་ལེགས་རྫོགས་ཀྱི་ཚུལ་དུ་དབང་ལུང་ཟབ་ཁྲིད་ཅི་དགོས་ ཐམས་ཅད་མཛད་དེ་མཚམས་རེ་ཞིག་གི་ཚེ་དེང་དུས་སུ་མང་ཚོགས་རྒྱུད་མ་དུལ་བ་ལ་ཕན་ ཐོགས་དཀའ་བར་དགོངས་ནས་ཆོས་སྡེ་སྤྱིའི་ཁུར་ཐང་དེ་ཙམ་དུ་བཞག་ནས་ཀླད་ཀྱི་ཆོས་ ཁྲིད་རེ་དང་སྒོས་སུ་ཁོང་ཉིད་ཀྱི་སྐུ་མདུན་དུ་གཞུང་ལུགས་ལེགས་སློབ་པ་དབུ་ཕར་ཚད་ གསུམ་དང་སྔགས་ཀྱི་རིམ་པ་སོགས་མདོ་སྔགས་ཀྱི་ཆོས་སྐོར་རང་རང་དང་གང་འཚམས་ཀྱི་ བཤད་ཁྲིད་རྒྱུན་འཛུགས་སྐབས་ལམ་ཀོའི་ངག་ཆོས་སོགས་ཆོས་ཚན་སྔ་ཕྱི་དུ་མ་དང་བཅས་ ཁོང་ཉིད་ཐུགས་དམ་གཙོ་བོར་མཛད་བཞིན་བག་ཡངས་ཀྱི་སྒོ་ནས་གཙང་བའི་གཟིམས་ ཁང་དེ་ཉིད་དུ་ཕལ་ཆེར་བར་ལོ་ལྔ་དྲུག་གི་རིང་ཙམ་རྒྱུན་བཞུགས་ཀྱི་དུས་སུ་བར་འགའ་ ཞིག་ཏུ་ཉག་བླ་གཏེར་ཆེན་གྱི་མདུན་ནས་གུ་དྲག་ཡེ་ཤེས་རབ་འབར་གྱི་དབང་བསྐུར་ཡང་ ཁོང་གིས་གསན་པར་མཛད། དེ་དུས་སུ་དགོན་ལེབ་གཟིམས་ཁང་བཅས་ཀྱི་ཁུར་ཐང་དགེ་ སྐོར་བླ་མས་ཁུར་ནས་ཡར་མར་རེས་མོས་སུ་ཕེབས་ནས་ཆོས་སྡེ་ཐམས་ཅད་རྒྱུན་བསྐྱངས། ཁོང་ཉིད་དགུང་ལོ་ལྔ་བཅུ་ལ་ཉེ་སྐབས་ཙམ་ན་དགེ་སྐོར་བླ་མ་ཡང་དག་ཞིང་དུ་གཟིགས་ ཤིང་དེ་བར་སྔ་ཕྱི་ཐམས་ཅད་དུ་དམ་པ་གང་ཉིད་ཀྱི་གཟིམས་ཁང་སྒྲུབ་གྲྭ་བཅས་ཀྱི་སྒྲུབ་པོ་ རྣམས་ལ་ལོ་རེ་རེ་བཞིན་ཆོས་བཀའ་གང་འཚམས་རེ་གནང་བ་རྒྱུན་མ་བཅད་པ་ཙམ་གྱི་སྟེང་ 3-1-278 ནས་འདི་སྐོར་ཞིག་ཏུ་རང་ཡུལ་འཛི་སྟོད་ཕྱོགས་ཀྱི་བག་ཡག་མཚོ་ཁ་སོགས་སུ་ནག་སྒར་གྱི་ ཚུལ་དུ་བཞུགས་ཏེ་ཉིད་དྲུང་དུ་བར་བར་རྣམས་སུ་དབུ་ཚད་སྦྱོར་དྲུག་གི་ཆོས་སྐོར་སོགས་ མདོ་སྔགས་ཀྱི་གཞུང་ལུགས་ལ་ཐོས་བསམ་གྱིས་དཔེ་ཆ་སློབ་གཉེར་བའི་ཆོས་ཚན་འཛི་ སྲིབ་དབོན་པོ་ཕུན་ཚོགས་སོགས་དང༌། མགར་བ་བླ་མ་སྨོ ན་རབ་སོགས་དང༌། རྔ་བའི་དགེ་ སློང་ཀུན་རྒྱམ་སོགས་དང༌། མ་བླ་མ་ཀུན་མཆོག་སོགས་དང༌། རི་འཕོངས་བླ་མ་བྱང་ཆུབ་ འོད་སོགས་ཆོས་ཚན་སྔ་ཕྱི་མང་པོ་ཞིག་བྱུང་བ་རྣམས་ལ་རང་འཚམས་ཀྱི་དཔེ་ཁྲིད་གནང་ བཞིན་ཁོང་ཉིད་ནང་དུ་ཡང་དག་འཇོག་ལ་གཙོ་བོར་གཞོལ་བའི་ངང་ནས་ལོ་ངོ་གཉིས་ གསུམ་ཙམ་ལ་བཞུགས་སོ། །དེ་ནས་དགུང་ལོ་ང་བཞིའི་མཐའ་སྐོར་ཙམ་ན་དར་ལྔའི་རི་ཁྲོད་ དུ་གཟིམས་སྤྱིལ་སྤོང་བ་བསམ་གཏན་གྱི་ཁང་བུ་བགྱིས་ནས་དེ་རྒྱུན་བཞུགས་ཀྱི་དབུ་ཚུགས་ པ་སྟེ། རི་ཁྲོད་དེར་བཞུགས་ནས་རིང་པོ་མ་ལོན་པའི་དུས་སྐབས་ཤིག་ལ་ཉིན་གཅིག་ཁོང་ ཉིད་ཀྱི་མཉམ་བཞག་སྐབས་སུ་སྔར་རྟོགས་པའི་དབང་ཕྱུག་རྡོ་རྗེ་འཆང་གིས་ཇི་ལྟར་ངོ་སྤྲད་ པའི་རང་བཞིན་གཉུག་མའི་ཡེ་ཤེས་སྤྲོས་ཚོགས་ཀུན་བྲལ་གྱི་དབྱིངས་དེ་ཀ་ཉིད་སྔར་ལས་ ཀྱང་ཆེས་ཤིན་ཏུ་དྭངས་པའི་ཀློང་དུ་ཡེ་གཞི་གདོད་མ་ཉིད་ནས་བརྟན་གཡོ་ཀུན་ཁྱབ་ཀྱི་ཚུལ་ དུ་བཞུགས་པའི་དོན་དམ་གསང་གསུམ་འཁོར་ལོའི་ལྷ་ཚོགས་རབ་འབྱམས་ཀྱི་སྣང་ཆ་སྐུ་ དང་ཡེ་ཤེས་རྒྱ་མཚོའི་བདག་ཉིད་རང་བྱུང་སྐུ་གསུམ་ཀུན་ནས་རྣམ་པ་ཐམས་ཅད་པའི་རང་ གཤིས་དེ་ཆོས་ཐམས་ཅད་ཀྱི་གནས་ལུགས་མཐར་ཐུག་ཏུ་ཐུགས་ངེས་ཟབ་མོས་ཐག་ཆོད་ ནས་རང་བཞིན་དག་ཆེན་ཀུན་ནས་བདེན་ཞིང་མི་འགྱུར་བའི་ཚུལ་དང་གློ་བུར་སྤྲོས་ཚོགས་ འཁྲུལ་སྣང་ཡ་མ་བརླ་བརྫུན་རིས་སུ་གོམས་སྟོབས་ཉམས་ལེན་གྱིས་ཇི་བཞིན་ཐུགས་གཏིང་ ནས་ངེས་པ་ལེགས་འཁྲུངས་ཀྱི་མཛད་སྒོ་གནང་བ་ནས་བཟུང་རྗེ་རྒྱལ་བ་གཉིས་པ་ཇོ་ནང་པ་ ཆེན་པོའི་དགོངས་མཐིལ་གཏིང་དཔོག་སྟེ་ངེས་དོན་རྫོགས་ལྡན་གཞན་སྟོང་དབུ་མའི་རང་ 3-1-279 ལུགས་ཀྱི་ཟབ་མོའི་ལྟ་བ་ཡང་དག་པ་ལོག་རྟོག་དྲི་མ་གང་གིས་བསླད་མེད་དངོས་གནས་ རྗེན་ཆར་བ་མཉམ་བཞག་ཡངས་པ་ཆེན་པོས་སྤྱོད་ཡུལ་དུ་གྱུར་པ་ནས་བར་བར་དུ་ཉིད་ཀྱི་ སྐུ་ལུས་གདོས་བཅས་ཀྱི་རྣམ་པ་ཡང་སྟོང་པ་ཆོས་སྐུའི་གཟུགས་ཆེན་ཁམས་གསུམ་དབང་ ཕྱུག་དུས་ཀྱི་འཁོར་ལོ་དང་དཔལ་ལྡན་བདེ་བ་མཆོག་གི་སྐུ་སོགས་རྒྱུད་སྡེ་རབ་འབྱམས་ཀྱི་ གསང་བ་གསུམ་གྱི་རྣམ་བཀོད་སྣ་ཚོགས་པ་དང་དབྱེར་མེད་རོ་མཉམ་དུ་ཡང་ཡང་ངེས་པར་ མཐོང་བ་ཞིག་འོང་ནས་མཉམ་རྗེས་ཆ་མི་ཕྱེད་པ་དག་སྣང་འཁོར་མོ་ཡུག་ཏུ་འགྲོ་བ་ཡང་དུས་ དུས་སུ་བྱུང་བས་འདི་སྐབས་སུ་བར་འགའ་ལ། ཁོང་གི་ཞལ་ནས། སློབ་ཚོགས་འགའ་ལ་ གསུངས་པ། ད་ནི་ང་རང་གི་མཉམ་བཞག་སྐབས་སུ་གཞན་སྟོང་དབུ་མ་ཟེར་བ་འདི་ལས་ ལྷག་པོ་མེད་སྙམ་པའི་ངེས་ཐག་ཆོད་པ་འདྲ་བས་ད་ལན་རང་གིས་གཞན་སྟོང་ལྟ་བཤད་ཅིག་ རྩོམ་རྒྱུ་ཡིན་ན་ཀུན་མཁྱེན་ཇོ་ནང་པའི་དགོངས་པ་ལོན་ངེས་ཤིག་འོང་ན་ཐང་སྙམ་པ་བྱུང༌། ཞེས་དང༌། རབ་ཁ་བླ་མ་འདྲ་བའི་ཇོ་ནང་རང་ལམ་པ་ཞིག་དེང་སང་དཀོན་པར་འདུག ད་ ཚོད་ནི་ཁོང་གི་ཉམས་ལེན་ཡང་ང་རང་གིས་ཨ་ཏོ་ཨ་ཏོ་དེ་འདྲ་ཞིག་རེད་དམ་སྙམ་པའང་བྱུང་ ངོ༌། །ཞེས་སོགས་གསུང་སྐོར་ཞིག་ནས་རི་ཁྲོད་དུ་ཁོང་གི་མདུན་ན་འཁོད་པའི་སློབ་བུ་དག་ གི་མཐུན་སྣང་ངོར་ཉིད་ཀྱི་གཟིམས་ཁང་ནས་ཁོང་ཉིད་ཕྱིའི་རྩིག་པ་གྱང་སོགས་ལ་ཐོགས་པ་ མེད་པར་ཟང་ཐལ་དུ་སྔར་རྗེས་ལན་གསུམ་དུ་བྱོན་པར་གྲགས་སྐད། སྔར་ཁོང་གཙང་བའི་ གཟིམས་ཁང་དུ་བཞུགས་ནས་གང་གིས་གཞུང་ལུགས་ཀྱི་བཤད་ཁྲིད་སློབ་ཚོགས་ལ་གནང་ དུས་ཤིག་ན་གློ་བུར་ཉིད་ཐུགས་ཁྲོས་པའི་ཚུལ་དུ་ཁོང་གིས་དེར་སློབ་གྲལ་ན་ཡོད་པའི་མགོ་ ལོག་པ་ལམ་ཀོའི་ངག་ཆོས་ཟེར་བ་དེ་ལ་བཀའ་དྲག་ཏུ་བཀྱོན་ཞིང་ཕྱག་འབེབས་ཀྱང་གནད་ དུ་ཁེལ་བ་གནང་བས་སློབ་བུ་ངག་ཆོས་ལ་སློབ་སྦྱང་གི་བར་ཆད་ཡོང་ལ་ཁད་པ་དེ་འཕྲལ་དུ་ ལེགས་སེལ་མཛད་ཅིང༌། ཡང་ཕྱིས་སུ་དར་ལྔའི་རི་ཁྲོད་དེར་ཉིད་བཞུགས་དུས་ཐུགས་སློབ་ 3-1-280 ཨ་སྐྱོང་སྤྲུལ་སྐུ་ལུང་རིགས་རྒྱ་མཚོ་སོགས་ཡིན་སྐབས་ཤིག་ལ་ཉེ་འཁོར་ལྟོས་པ་ནད་ཅན་ ཞིག་གི་ཆེད་དུ་དཔོན་སློབ་ཀྱིས་རྟ་མགྲིན་གཏོ་སྒྲུབ་ཀྱི་བསྲུང་རིམ་མཛད་སྐབས་སུ་ཨ་སྐྱོང་ ལུང་རིགས་ལ་ཉིད་ཐུགས་འཕྲལ་དུ་ཁྲོས་ཚུལ་གྱིས་ཕྱག་འབེབས་བཀའ་བཀྱོན་གནང་བས་ སློབ་བུ་སྤྲུལ་སྐུའི་ཕྲག་གོང་དུ་གནོད་བྱེད་བན་གཟུགས་ཀྱི་རྣམ་ཅན་སྡོད་བཞིན་འཚེ་བར་ རྩོམ་པ་ན་སྐད་ཅིག་དེ་ཉིད་ལ་གནོད་བྱེད་དེ་རྒྱང་རིང་དུ་སྐྲོད་པར་མཛད་པ་སོགས་ཐུགས་ སློབ་གང་དག་གི་ཉེར་འཚེ་མཐའ་དག་ཐུགས་སྡང་དྲག་འཇིགས་གཟུགས་ཀྱིས་སྐད་ཅིག་ལ་ བསལ་བའི་ལོ་རྒྱུས་ཆེས་མང་ཞིང༌། རི་ཁྲོད་དེར་བཞུགས་སྐབས་ཉིད་ཀྱིས་མ་ཡུམ་འདས་ པའི་དགོངས་རྫོགས་སུ་མི་འཁྲུགས་པའི་བསྙེན་སྒྲུབ་ཚད་ལྡན་དང་རུས་ཆོག་ཚྭ་སྒྲུབ་སོགས་ མཛད་སྐབས་ནུབ་ཅིག་ཐུགས་སྣང་ངོར་ནུབ་ཕྱོགས་བདེ་ཆེན་ཞིང་གི་རྒྱལ་བ་འོད་མཐའ་ ཡས་པའི་མདུན་གྱི་རོལ་མཚོ་ལས་བྱུང་བའི་མེ་ཏོག་པདྨོ་ཁ་ཕྱེ་མ་ཐག་པའི་དབུས་སུ་ུམ་རྒན་ མོ་ལྷ་གཞོན་བྱིས་པའི་རྣམ་པར་རྫུས་སྐྱེས་སུ་འཁྲུངས་པའི་སྐྲ་ནག་འབོ་ལེའི་རྣམ་པ་ཐུགས་ ངོར་གསལ་བཞིན་པའི་ལེགས་མཚན་དང༌། ཚྭ་སྒྲུབ་ལེགས་ཟིན་དུས་ཕྱི་དཀྱིལ་འཁོར་དུ་ བཤམས་པའི་བུམ་པ་རྫས་ལྡན་སྟོང་པའི་ནང་དུ་བུམ་ཆུས་ཡོངས་འགེངས་མཛད་པ་སོགས་ འགྲུབ་རྟགས་ཁྱད་པར་བ་ཐོན་ལ། དེའི་ཕྱིས་སུ་ཁོང་ལ་དད་པ་ཅན་གཙང་སྐོར་རིན་ཆེན་ བཟང་ཞེས་པ་མགོ་ལོག་ཏུ་ཤི་བའི་ཚེ་ཁོང་ཉིད་དར་ལྔའི་རི་ཁྲོད་དུ་བཞུགས་སྐབ་ནངས་ཇ་ བཞེས་དུས་སུ་ཚེ་འདས་དེའི་རྣམ་པར་ཤེས་པ་ཉིད་མདུན་དུ་ཐོན་པ་སྐད་ཅིག་ལ་ཐུགས་ མངོན་ཤེས་ཀྱིས་ཇི་བཞིན་གཟིགས་ནས་དེ་ལ་གནས་འདྲེན་འཕོ་ལུང་མཛད་པར་ཆས་ཚེ་ གཤིན་པོ་ཁོ་རང་གིས་འཆི་ཁ་རང་བསྲུང་འཇིག་རྟེན་པ་གཤེགས་མ་ཐུབ་པས་བར་སྲིད་ཀྱི་ དུས་ན་རྗེས་འབྲེལ་གྱི་དབང་གིས་བླ་སློབ་འབྲེལ་བའི་གོ་སྐབས་གཅོད་པ་ན་དེ་མ་ཐག་ཁོང་ གིས་གསེར་སྐྱེམས་ཀྱི་གཏང་རག་བཅས་སྲུང་མ་དེ་གཤེགས་གསོལ་མཛད་ནས་ཐུགས་རྗེའི་ 3-1-281 ལྕགས་ཀྱུས་ལེགས་བཟུང་གི་ངང་ནས་ཟབ་ལམ་འཕོ་ལུང་གིས་གཤིན་གྱི་རྣམ་ཤེས་གནས་ བཟང་དུ་སྤར་བར་བྱས་པས་མཛད་སྒོ ་ཡང་གནང༌། ཡང་བུད་ཁང་མདའི་བླ་མ་བསོད་གྲགས་ བསྙུང་ནད་ཀྱིས་ཟིན་དུས་ཁོང་གིས་སྐུ་མདུན་དུ་འོང་སྟེ་འཆི་ཁའི་གདམས་པ་གང་དགོས་ ཀྱང་བསྩལ་ཏེ་ཕྱིས་སུ་བླ་མ་དེ་སྐུ་གཤེགས་མ་ཐག་ནས་རྣམ་ཤེས་ཉིད་ཀྱི་སྐུ་མདུན་དུ་སླེབས་ པ་ཡང་དག་ཇི་བཞིན་གྱི་ལམ་ལེགས་པར་བསྟན་ཏེ་ཐར་པ་བདེ་གནས་སུ་བྱོན་པར་མཛད་ ལ། ཡང་ཕྱིས་ཤིག་ན་གཙང་སྡེའི་དགེ་རྒྱམ་ཟེར་བ་ཁོང་ལ་རེ་བཅོལ་བཅས་ཀྱིས་ཤི་སོང་བ་ བར་སྲིད་ཀྱི་དུས་སུ་ཁོང་གི་དྲུང་དུ་བར་མ་དོའི་སྲིད་པའི་གཟུགས་ཀྱིས་ཕྱིན་པ་རྣམ་ཤེས་ འཕོ་ལུང་གི་སྦྱོར་བས་གནས་བདེ་བར་བར་དོའི་རྣམ་པར་ཤེས་པ་སྤར་བའི་ལོ་རྒྱུས་ཡང་ ཡོད། ཡང་སྐབས་ཤིག་ཏུ་ཤོས་མདའི་མང་དགེ་བླ་མ་སྐོམ་གྲགས་སྐུ་གྲོངས་པས་བར་སྲིད་ དུ་སྔོན་གཟུགས་སེར་ཆས་གྱོན་པའི་ཆ་བྱད་ཀྱིས་ཁོང་གི་མདུན་དུ་གུས་འདུད་དང་བཅས་ འོང་བ་ལ་ལམ་གྱི་གདམས་པ་བསྩལ་ཏེ་བར་སྲིད་པ་དེས་འཛི་ཡུལ་གྱི་གཞུང་བརྒྱུད་དེ་མུ་ རྡིའི་ལུང་བ་ནས་རིམ་པས་སོང་སྟེ་ལུང་ཕུག་ཏུ་ཆོས་རྗེའི་འབྲོག་རུ་མི་ཁྱིམ་གསུམ་རིམ་པར་ བསྒྲིག་པ་ལས་གོང་མ་གཉིས་ཀྱི་ཁྱིམ་དུ་སྐྱེ་གནས་འཚོལ་ཡང་མ་རྙེད་ལ་མི་ཁྱིམ་འོག་མར་ སྐྱེ་སྲིད་འཛིན་པའི་ལས་དང་ལྡན་ཏེ་ཕྱི་མའི་སྐྱེ་བ་གྲྭ་བཙུན་བསླབ་གཙང་ཞིག་ཏུ་གྱུར་སྐད། ཡང་ཕྱིས་ཤིག་ན་ཤུ་མདའི་མི་རྒོད་རྒད་པོ་ཤི་བའི་ཁྲུས་ཆོག་ཁོང་གིས་མཛད་སྐབས་བར་ སྲིད་ཀྱི་རྣམ་ཤེས་སྔོན་གཟུགས་ཇི་ལྟ་བའི་རྣམ་པར་བཀུག་པ་ལམ་སྦྱང་བསྟན་གྱི་དུས་སུ་ གནས་ཁྱད་པར་བར་སྤར་བ་སྐུ་མདུན་སློབ་བུ་འགའི་ཐུགས་སྣང་དུ་མངོན་གསལ་གྱིས་ མཐོང་བ་སོགས་གཤིན་པོ་འདྲེན་པའི་ལོ་རྒྱུས་ཁྱད་པར་ཅན་མང་དུ་ཡོད་ལ། ཕྱིས་སུ་གནས་ སྐབས་ཤིག་ལ་འཛི་སྲིབ་དགོན་གྱི་རྡོ་རྗེ་སློབ་དཔོན་སྐྱབས་རྗེ་ཟླ་བ་གྲགས་པ་དག་ཞིང་དུ་ ཕེབས་སྐབས་ཞེ་དགུའི་རིང་ཐུགས་སློབ་དག་གི་མཆོད་པའི་ཡུལ་དུ་འཇིག་རྟེན་འདིར་ཇི་ 3-1-282 ལྟར་བཞུགས་ཚུལ་དང་རྣམ་པར་འཕྲུལ་བའི་བཀོད་པ་སྣ་ཚོགས་པས་འགྲོ་ཁམས་འདུལ་ བའི་ཐབས་ཚུལ་སོགས་ཇི་བཞིན་སྐུ་དངོས་བཞུགས་པར་མཇལ་ཕྲད་མཛད་པ་དང་ཁྱད་ པར་མེད་པའི་ཚུལ་དུ་ཁོང་ཉིད་ཀྱི་ཐུགས་མངོན་ཤེས་ཀྱིས་ལེགས་གཟིགས་མཛད་པའི་ལོ་ རྒྱུས་ངོ་མཚར་བའང་མང་པོ་གདའ། འདི་དག་གོང་འོག་གི་ཚུལ་ཕྱོགས་གཅིག་ཏུ་བསྡུས་པ་ ཙམ་ཡིན་གྱི་དགུང་གྲངས་འདི་སྐོར་དུ་ངེས་པའི་ལོ་རྒྱུས་མ་ཡིན་ཞིང༌། ཁོང་ཉིད་དར་ལྔའི་རི་ ཁྲོད་དུ་ཕེབས་མ་ཐག་གི་གནས་སྐབས་སུ་རི་ཁྲོད་དེའི་གནས་བདག་ཀྱང་ཡིད་དགའ་བའི་ ངོས་ནས་ལེགས་མཚན་ཅིར་ཡང་བསྟན་པས་ཁོང་གིས་གནས་བདག་དེ་ལ་གསོལ་མཆོད་ཀྱི་ བསང་ཡིག་ཀྱང་ལེགས་བསྒྲིགས་མཛད་ཅིང་དེར་གནས་ཀྱི་ཐེའུ་རང་གི་རིགས་ཕྲན་བུ་ མཆིས་པ་གང་དག་ཁོང་གིས་ཡི་དམ་དབང་ཆེན་མཆོག་གི་འཇིགས་གཟུགས་ཀྱིས་ཟིལ་ གནོན་མཛད་དེ་བཀའ་དམ་ཁས་བླངས་ཀྱི་བྲན་དུ་བཀོལ་ནས་བཞུགས་སྐབས་ཤིག་ཏུ་ཨ་ སྐྱོང་འཇིགས་ཕུན་གྱིས་རང་གི་གཏེར་ཆོས་ལ་ཐུགས་བརྟག་ཞུས་ཚེ་ཁོང་གིས་ནུབ་གཅིག་ ཙམ་ལ་བརྟག་དུས་ཐུག་སྣང་ངོར་གཏེར་ཆོས་ཀྱི་ཡི་གེའི་ཐོག་ཏུ་བྱེའུ་མཐེ་བོང་ལེ་ལྟ་བུ་ཆེས་ མང་པོ་ཞིག་ཕྱོགས་ཀུན་ནས་འབབ་ཀྱིན་འདུག་པའི་གཟིགས་སྣང་བྱུང་བས་འདི་ལ་གང་ ལྟར་ཡང་བདག་ཏུ་བྱེད་མཁན་ཞིག་ཡོད་མོད། དུས་དབང་གིས་དེང་དུས་སུ་འགྲོ་དོན་ཆེར་ དཀའ་བར་དགོངས་ནས་དེའི་ཕྱི་ཉིན་མོར། ཉིད་ཀྱི་ཞལ་གསུང་ལས། ཨ་སྐྱོང་འཇིགས་ཕུན་ ལ་གསུངས་པ། འོ་ད་ལན་ཁྱོ ད་ཀྱིས་རབ་བྱུང་གཙང་མས་ཆོས་ཚུལ་བཞིན་ཞིག་འོང་ན་འདི་ ཕྱི་གང་དུ་གྱོང་ཁ་མེད་ངེས་ཀྱི་སེམས་ཐག་ང་རང་གིས་ཆོད་ཚུལ་དང༌། དེ་མིན་དཔོན་ཐོབ་ ཇི་བཞིན་གྱིས་མིའི་ལུགས་ཁ་ཡང་དག་ཅིག་བྱས་ནས་འཐད་ཚུལ་སོགས་ཀྱི་གསུང་བཀའ་ གནང་བ་ལྟར་དོན་གྱི་གནས་ཚོད་ལའང་ཇི་བཞིན་གནད་ཁེལ་དུ་སོང༌། ཡང་བར་སྐབས་སུ་ ཁོང་གིས་ཟབ་མོ་གཅོད་ཀྱི་ལུས་སྦྱིན་ཞིག་གསུང་རྩོམ་གནང་བའི་མགོ་བརྩམས་པ་ནས་འཕྲོ་ 3-1-283 རེ་ཞིག་ལུས་པའི་ཚེ་ཐུགས་སྣང་ངོར་མི་མིན་སྣང་ཞིང་སྲིད་པའི་ལྷ་འདྲེ་སོགས་མགྲོན་གྱི་ རིགས་མང་པོ་ཞིག་ཉིད་བཞུགས་པའི་སྐུ་མདུན་གཟིམས་ཆུང་གི་ཕྱི་ནང་ཐམས་ཅད་ལ་ཁྱབ་ པའི་ཚུལ་དུ་སྡོད་འདུག་པ་ཞག་འགའ་ཞིག་བར་ཐུགས་སྣང་རྒྱུན་མི་ཆད་པ་བྱུང་བ་ལ་མགྲོན་ རིགས་དེ་དག་གི་རེ་འདོད་རྫོགས་པའི་ཕྱིར་གཅོད་མཇུག་ལེགས་གྲུབ་ཀྱི་གསུང་རྩོམ་གནང་ རྗེས་ཕན་ཆད་དུ་ཀུན་གྱི་རེ་འདོད་ཚིམ་པའི་ཚུལ་དུ་རང་གནས་སུ་སོང་སྟེ་མཚམས་དེ་ཕན་ ནས་སྣང་ཚུལ་དེ་འདྲ་ཡང་མ་བྱུང་སྐད། སྤྱིར་ན་རྗེ་དམ་པ་གང་གི་གསུང་རྩོམ་ཡང༌། རྒྱལ་ ཆེན་རྣམ་སྲས་ཀྱི་ནོར་སྒྲུབ་རྒྱས་པའི་ཆོ་ག་དང༌། འོད་དཔག་མེད་ཀྱི་ཆོ་ག་བདེ་ཆེན་ཞིང་སྒྲུབ་ ཀྱི་ཚུལ་སོགས་སྒྲུབ་ཆོག་འདོན་ཆའི་སྐོར་ཡང་འགའ་རེ་དང༌། བླ་མ་ཆོས་འབྱོར་གྱི་རྣམ་ཐར་ དང༌། བསླབ་བྱའི་གཏམ་ནོར་བུའི་འཕྲེང་བ་སོགས་ཞལ་གདམས་སྣ་ཚོགས་པ་དང༌། སྟོན་ པའི་མཛད་པ་བཅུ་གཉིས་ཀྱི་དབུ་རྩོམ་མཇུག་ལུས་པ་སོགས་གསུང་རྩོམ་ཡང་དུ་མ་ཞིག་ ཡོད་ལ། ཁྱད་པར་ཁོང་ཉིད་སྐུ་ཚེ་སྨད་ཀྱི་དུས་ཆོས་རྗེ་ཀུན་མཁྱེ ན་ཆེན་པོའི་ལྟ་གྲུབ་གཞན་ སྟོང་དབུ་མའི་ཟབ་གསང་གི་གནད་ཐུགས་ཀྱི་དགོངས་མཚོར་ཇི་བཞིན་མངོན་བྱས་ཀྱིས་ རྗེན་ཆར་ཉམས་མྱོང་གི་འཆར་སྒོ་ངེས་པར་བཀྲལ་བ་ནས་བཟུང་ཉིད་ཀྱི་རང་ལུགས་དབུ་མ་ ཆེན་པོའི་བསྟན་བཅོས་ཤིག་མཛད་པའི་སྐལ་བ་ཡོད་ཚེ་ཀུན་མཁྱེན་སྟོན་པ་བཞི་ལྡན་ཆེན་པོ་ གང་ཉིད་དགྱེས་པ་བསྐྱེད་པའི་ཀུན་བཟང་མཆོད་སྤྲིན་ཡ་མཚན་པ་ཀུན་ནས་སྤྲོ་བའི་མཛད་ བཟང་ཞིག་དང་གདུལ་བྱ་རྗེས་འཇུག་ཚོགས་ལ་རྫོགས་ལྡན་ཆོས་ཀྱི་དཔལ་ཡོན་ངོ་མཚར་ བའི་དགའ་སྟོན་དུས་སུ་ཐོབ་ངེས་ཤིག་ཏུ་གོར་མ་ཆག་ཀྱང་དེ་འདྲའི་ལས་སྐལ་བཟང་པོ་དུས་ དབང་གིས་དབེན་པའི་རང་ཅག་ལ་མཛད་སྒོ་དེ་ལྟར་གྱི་བསོད་ནམས་མཆོག་གི་ལས་འཕྲོ་མ་ ཡོད་དོ། །ཡང་དུས་ཕྱིས་ཤིག་ཏུ་གང་ཉིད་དར་ལྔའི་རི་ཁྲོད་དུ་བཞུགས་པའི་སྐུ་མདུན་ལ་བྱ་ ཡུར་བླ་མ་རིན་ཆེན་བཟང་བྱོན་ནས་ཞུས་པ། རང་གི་བསམ་པ་ལ་མི་མེད་རི་ཁྲོད་དབེན་ 3-1-284 གནས་ཁོ་ན་ཞིག་འདོད་མོད། དེ་ལུགས་ལྟར་ན་རང་མགོ་ཐོན་པའི་འཇིགས་སྐྱོབས་ཤིག་ སྡུག་ཐུག་ཉིན་ཇི་ལྟར་ཡོད་སྙམ་པ་ན། སེམས་ལ་ཐག་མ་ཆོད་པ་ཞིག་གི་དོགས་པ་ཡོད་ཚུལ་ ཞིབ་རྒྱས་སུ་ཞུ་བ་ཕུལ་ཚེ། ཁོང་གི་ཞལ་ནས། ཁྱོ ད་ཀྱིས་ཁ་མིན་གཏིང་ནས་འཆི་ཆོས་གཤའ་ མ་དེ་འདྲ་ཞིག་ངེས་པར་བསམ་ན། སྡུག་ཐུག་ནམ་དགོས་ཀྱི་དུས་སུ་ཁོ་བོ་དྲན་ཏེ་གསོལ་བ་ སྙིང་ནས་ཐོབ་དང་མི་དང་མི་འཕྲད་པ་བཞིན་དངོས་གནས་དོད་པོས་སྐྱོ་གྲོགས་གང་དགོས་ དང་འཇིགས་སྐྱོབ་དཔུང་གཉེན་དུ་ནམ་ཡང་མི་འབྲལ་བའི་གསལ་ཁ་ལྐོག་ཏུ་མ་གྱུར་པའི་ ལེགས་མཚན་དུས་སུ་བསླུ་བ་མེད་ངེས་ཀྱི་ཐད་ནས་ང་རང་གིས་དེ་རིང་ཁས་བླངས་པ་ཡིན། ཞེས་གསུངས་པའི་མོད་བླ་མ་རིན་ཆེན་བཟང་གིས་ཡིད་གཏིང་ནས་ཆེས་ཏེ་རི་ཁྲོད་དུ་འགྲོ་ བར་སེམས་ཐག་བཅད་ནས་དེ་ལུགས་ཀྱི་ཁས་བླངས་དང་བསླབ་བྱ་སོགས་ཀྱང་ཞུས། དཔལ་ལྡན་བླ་མ་མཆོག་གི་ཐུགས་ལྷག་པར་དགྱེས་ངོས་ནས། ཁོང་གིས་རི་ཁྲོད་ཀྱི་བསླབ་ བྱ་རྒྱས་པའི་གསུང་རྩོམ་དང་དབང་ལུང་ཟབ་ཁྲིད་གང་དགོས་རྣམས་དང་མནབ་གཟན་ སོགས་ཉེ་བར་མཁོ་བ་འགས་གནང་སྦྱིན་དང་བཅས་ལམ་དུ་བརྫང་བར་མཛད་བཞིན་ ཐུགས་སྨོ ན་རླབས་ཆེན་གྱིས་བསྐྱེལ་ཐུང་ཡང་བྱས། དེ་ནས་རིམ་པས་བླ་མ་རིན་ཆེན་བཟང་ བྱང་ཁ་ཕྱོགས་བརྒྱུད་དེ་ངེས་མེད་ཀྱི་སྒྲུབ་གནས་རྣམས་སུ་མཚམས་སྒྲུབ་ལ་ལེགས་ཐེགས་ མཛད་སྐབས་རྣམས་སུ་དང་པོ་རྨི་ལམ་གྱི་ངོ་ཙམ་དུ་བླ་མའི་གསུང་གི་སྣང་བས་བྱ་སྤྱོད་ཀྱི་ ཚུལ་དུས་སུ་འདོམས་པ་དང༌། དེ་ནས་རེ་ཞིག་གི་ཚེ་རྨི་ལམ་དུ་བླ་མའི་སྐུའི་སྣང་བ་གསལ་བོ་ བཅས་གསུང་གིས་ལེགས་ཉེས་ཇི་བཞིན་སྟོན་པ་དང༌། དེ་མཚམས་ཤིག་ཏུ་བྱང་ཕྱོགས་ཀྱི་རི་ ཁྲོད་ཅིག་ཏུ་ཉིད་གཅིག་པུར་སྡོད་སྐབས་ཉིན་ཅིག་སྔ་དྲོའི་ཆ་ལ་ནམ་མཁའ་གཡའ་དག་པའི་ དཀྱིལ་ནས་སྤྲིན་དཀར་གྱི་ལམ་དུ་འཛམ་ངོས་རྡོ་རྗེ་འཆང་སྐུ་དངོས་ཀྱི་རྣམ་པ་ཇི་བཞིན་ ལེགས་ཕེབས་མཛད་ནས་གསུང་གིས་གདམས་པ་སྣ་ཚོགས་གནང་བས་རླབས་ཆེན་བྱིན་ 3-1-285 རླབས་ཀྱིས་སློབ་བུ་གང་དེའི་ཐུགས་རྒྱུད་ལ་ཡེ་ཤེས་ཕེབས་ཏེ་ཉམས་རྟོགས་གསར་བའི་སྒོ་ ལེགས་འབྱེད་དང་དད་གུས་རྒྱ་ཆེ་བའི་ཤུགས་བཙན་པོ་མིག་ཆུ་གཏིང་ནས་ཁོལ་ཞིང་ལུས་ཀྱི་ སྤུ་ལོང་ཀུན་ནས་གཡོ་བཞིན་བླ་མ་སངས་རྒྱས་དངོས་མཐོང་གི་འདུ་ཤེས་གཏིང་ཚུགས་པར་ གྱུར་པ་ནས་བཟུང་དེ་ཕན་ཆད་ནམ་དགོས་དུས་གསོལ་བ་བཏབ་ཚེ་སྐུ་དངོས་ཇི་བཞིན་ ལེགས་བྱོན་གྱིས་གསུང་གི་གདམས་པ་དུས་སུ་བསྩལ་བ་ནི་སྐབས་རེ་ཙམ་མ་ཡིན་པར་ དགོས་པ་ནམ་བྱུང་གི་དུས་ཐམས་ཅད་ལ་ཡིན་པར་ཚེ་མཚམས་པ་བླ་མ་རིན་ཆེན་བཟང་རང་ གི་ཞལ་ནས་གསུངས་པ་བསླུ་མེད་ལྟར་གདུལ་བྱ་དུས་སུ་བབ་པ་ལ་ནམ་ཡང་དུས་ལས་མི་ ཡོལ་པའི་མཛད་ཕྲིན་དེ་ལྟ་བུ་སྟེ་རང་ཅག་ལྟ་བུའི་གདུལ་ཞིང་དུ་མ་གྱུར་པ་གང་དག་ལ་རྒྱལ་ བ་ཉིད་ཀྱི་མཆོག་གི་སྤྲུལ་པའི་སྐུའི་ཞལ་དངོས་སུ་བཞུགས་ཀྱང་ཅི་བགྱི་མི་གདའ་ན་གཞན་ སུས་ཀྱང་ལྟ་ཅི་འཚལ་ཏེ། རང་རང་གི་ལས་ངན་པའི་དབང་གིས་བྱ་ཐབས་བྲལ་བའོ། །ཡང་ ཉིན་ཞིག་ཁོང་ཉིད་ནུབ་ཐུན་དུ་བཞུགས་སྐབས་མདུན་འདུག་ཚ་མོ་ཇོ་རྒན་མས་ཕྱུགས་ རྣམས་འཚོལ་བའི་ཆེད་རི་མགོར་སོང་སྐབས་མུན་ཧ་ཅང་ནག་པའི་མཚན་མོར་འཇིགས་སྣང་ བྱུང་ཚད་པ་ན་བླ་མ་ཉིད་གང་བྱུང་ཆ་མེད་ཀྱིས་བྱོན་ཏེ། གསུང་གསལ་བོས། ཁོ་མོའི་མིང་ ནས་བཟུང་སྟེ་མ་སྐྲག་ཅིག ཅེས་སྒྲ་གསལ་བོ་དུས་རྒྱུན་བྱུང་འདུག་པས་ཇོ་མོའི་སེམས་ལ་ སྐྲག་སྣང་གཏན་མེད་དུ་སོང་ནས་སྐུ་གཉིས་ཅིག་ཆར་གྱིས་འཇིགས་པ་ཕྲན་བུ་ལས་ལེགས་ སྐྱོབས་མཛད་པ་དང༌། དེའི་ཕྱིས་ཤིག་ཇོ་མོའི་མིང་པོ་ལ་འཕྲལ་དུ་དགྲས་དུག་གི་མེ་མདའ་ བཟློག་དཀའ་བའི་མཚོན་ངར་མས་ཡང་ཡང་བསྣུན་པས་ན་དང་པོའི་དུས་ན་བླ་མ་ཁོང་ཉིད་ དྲན་མ་ཐུབ་པས་མདའ་མཚོན་གྱིས་ཇི་བཞིན་ཆོད་དེ་མིང་པོ་མི་སྐྱ་དེའི་རྐེད་པ་ཤད་ཕུག་ཏུ་ བྱས་དེ་ནས་བཟུང་མི་སྐྱ་རང་གིས་བླ་མ་ཉིད་དྲན་པས་ཁྱེད་མཁྱེན་ཞེས་སྐད་མཐོན་པོའི་ཆེད་ དུ་འབོད་བཞིན་བྲོས་པ་ན་དེ་སྐབས་མེ་མདའ་ངར་བས་ལུས་ལ་ཐེངས་བཞི་ལྔ་ཙམ་བརྒྱབ་ 3-1-286 ཀྱང་གང་གིས་ཀྱང་མ་ཆོད་པར་མདའ་ཐམས་ཅད་མི་སྐྱ་ཁོའི་གོས་ཀྱི་རུམ་དུ་འཐོར་བར་ འདུག་པ་ཉེ་དུ་རྩ་ལག་གང་དག་གི་མཐོང་བའི་ཆོས་སུ་གྱུར་པ་སོགས་འཇིགས་སྐྱོབ་ཁྱད་ འཕགས་མཛད་པའི་ལོ་རྒྱུས་ཡང་མང་པོ་དམ་པ་ཁོང་ལ་རྒྱུས་ཡོད་དག་གི་ངག་ལམ་དུ་ཇི་ བཞིན་གསལ་བ་ལྟར་ཡིན་ལ། དེ་ལྟ་བུའི་དཔལ་ལྡན་བླ་མ་གང་ཉིད་ལ་ཀློག་པ་ཐོས་བསམ་ དང་སྤོང་བ་བསམ་གཏན་གྱི་འཁོར་ལོའི་རྣམ་པར་ཐར་པ་རྒྱ་ཆེན་མངའ་ཞིང་བྱ་བ་ལས་ཀྱི་ འཁོར་ལོ་ཡང་སྐུ་རྟེན་སྒྲོལ་མའི་གསེར་སྐུ་ཁྱད་མཚར་ཅན་དང༌། ཐུབ་པ། འོད་དཔག་མེད་ སོགས་སྐུ་བརྙན་དུ་མ་དང༌། གུ་རུ་མཚན་བརྒྱད། བདེ་ཆེན་ཞིང་བཀོད་ཀྱི་ཞལ་ཐང་སོགས་ ཐང་ག་ཡང་འགའ་རེ་ཉིད་ཀྱིས་བླུས་བཞེངས་མཛད་ལ། གསུང་རྟེན་ཡང་སྔོ ན་ཁོང་གཙང་ བའི་གཟིམས་ཁང་དུ་བཞུགས་སྐབས་འབའ་མདའ་བླ་མའི་གསུང་གི་ལམ་རིམ་དང༌། སྒོ མ་ རིམ་གཉིས་སྤར་བརྐོ ་བའི་བདག་རྐྱེན་ཡང་ཁོང་ནས་མཛད་ཅིང༌། དབུ་ཕར་ཚད་མ་སོགས་ མདོ་སྔགས་ཀྱི་གཞུང་འགྲེལ་ཁྲིད་ཡིག་སོགས་ཀྱི་ཡིག་ཆ་མང་པོ་སྔར་རྗེས་ཀུན་ཏུ་ཉིད་ཀྱིས་ བཞེངས་བླུས་ཅི་རིགས་དང༌། ཁྱད་པར་སྐུ་ཚེ་སྨད་དུ་རི་ཁྲོད་ཀྱི་མདུན་ཐད་ཆུའི་ཕ་རི་ལྷ་ཁང་ ཐང་དུ་ཁོང་ཉིད་ཀྱིས་མདོ་སྡེ་བསྐལ་པ་བཟང་པོའི་རྡོ་བརྐོ་ཡོངས་རྫོགས་ཡི་གེ་ཆད་ལྷག་དང་ བྲལ་བའི་ཞུས་དག་ཚད་ལྡན་དབུ་ཡིག་གཟབ་ལྡན་སྐུ་གསུང་ཐུགས་རྟེན་གསུམ་འཛོམས་ཀྱི་ གསུང་རྟེན་ཁྱད་པར་བ་གདན་ཁྲི་ལེགས་པའི་སྟེང་དུ་བཞུགས་གསོལ་རབ་གནས་མཐའ་ རྒྱས་དགའ་སྟོན་བཅས་རྣམ་དཀར་ལེགས་དགེ་བསྟན་འགྲོ་ཡོངས་ཀྱི་ཕན་བདེའི་ཆེད་ཐུགས་ སྨོན་ཟབ་མོ་དང་བཅས་ལེགས་གྲུབ་བགྱིས་སྐབས་འདིའི་ཞབས་ཕྱི་བ་བུད་ཁང་མདའི་ མཁར་བ་རྒད་པོ་བཀྲ་ཤིས་ཟེར་བ་དེ་ཡིན་པས་ཁོང་ཉིད་ཀྱིས་དེ་ལ་ཐུགས་བརྩེ་བའི་ངང་ ནས་ཡོན་བསྔོ ་ཅུང་ཙམ་ཡང་མཛད་པ་སྟེ། ཉིད་ཀྱི་ཞལ་ནས། རྒད་པོ་དེ་ལ་ད་ལན་རྟེན་ བཞེངས་འདིའི་ལེགས་བྱས་ལ་བརྟེན་ནས་ཁྱོད་ལ་གནས་སྐབས་སུ་རིགས་བརྒྱུད་ཉམས་ 3-1-287 ཕན་ཞིག་འབྱུང་བ་དང་མཐར་ཐུག་རིམ་པས་ཉིད་ཀྱང་བྱང་ཆུབ་ཐོབ་པའི་རྒྱུ་ཉིད་དུ་ཤོག་ཅིག ཅེས་པའི་ཐུགས་སྨོན་དང་བཅས་ཁོང་གིས་བོད་ལྗོངས་ཕྱོགས་ནས་འོང་བའི་ཤིང་ཕོར་ ལེགས་མཛེས་ཆུང་བ་ཞིག་གི་ནང་ཟས་སྣས་བཀང་སྟེ་གནང་སྦྱིན་མཛད་ནས་གསུངས་པ། སང་ཕོད་ཙམ་ནས་འདིའི་ནང་དུ་ཁྱོད་ལ་བཟའ་བཏུང་བྱེད་མཁན་ཞིག་འོང་བས་དེ་དུས་སུ་ འདི་མཁོ་བ་ཡིན། ད་ལན་རང་གིས་གང་སྨོ ན་བཞིན་གྱི་བསོད་ནམས་ཁྱོ ད་ལ་ལེགས་འབྱུང་ གི་ཆེད་དུ་ཉིད་ལ་མིང་སྐལ་བཟང་རྒྱལ་འདོགས་ཞེས་གསུངས་པ་བཞིན་ཕྱིས་སུ་ཇི་བཞིན་ ཐོག་ཏུ་ཁེལ་ཏེ་ཕྱིས་མཁར་བ་རྒད་པོ་ལ་ལེགས་དོན་ཞིག་གྲུབ་པ་ད་ལྟ་རང་ཅག་གི་མངོན་ གསལ་ལྟར་རོ། །དེ་ནས་དགུང་ལོ་ང་བདུན་སྐོར་དུ་ཁོང་ཉིད་ཀྱི་ཡི་དམ་གྱི་གཙོ་བོ་དཔལ་ ཆེན་རྟ་མཆོག་རོལ་པ་སྟེ་ཁོང་གིས་ལྷ་འདིའི་སྒོ་ནས་ལོ་བསྟར་བཞིན་བསྙེན་སྒྲུབ་ཚད་ལྡན་ རེ་མཛད་བཞིན་བཞུགས་ཤིང་ཉིད་ཀྱི་སྐུ་ལུས་དང་ན་བཟའ་གཟིམས་སའི་མལ་ཆ་སོགས་ ལས་དྲི་བཟང་ངད་ཤུགས་ཆེ་བ་ཀུན་ནས་མཆེད་དེ་གཟིམས་སྤྱིལ་ཕྱི་ནང་ཐམས་ཅད་དུ་ ལེགས་ཁྱད་མཛད་པ་མ་ཟད་གང་ཉིད་ཕྱོགས་སུ་ཕེབས་ཚེ་རྒྱང་ཧ་ཅང་རིང་པོ་ནས་ཀྱང་སྐུ་ ལས་བྱུང་བའི་དྲི་བཟང་གི་ཤུགས་ཆེས་གོ་ནུས་པ་དཔེར་ན་སྨན་གྱི་དཔག་བསམ་ལྗོན་བཟང་ ཀུན་ནས་རྒྱས་པ་ལ་དྲི་བཞོན་གྱིས་རེག་པས་ངད་བཟང་ཕྱོགས་ཀུན་ཏུ་ཉེ་བར་འཕྲོ་བ་ལྟ་ བུའི་ཁྱད་མཚར་བའི་སྐུ་གཟུགས་བུམ་ལྟོ་རིལ་པོ་ལྡིར་གྱིས་དོད་པ་ཞལ་གྱི་དཀྱིལ་འཁོར་ རྒྱས་ཤིང་འདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་སོགས་ལེགས་མཚན་མཆོག་དང་ལྡན་པས་ བརྗིད་ཆགས་པ་ཀུན་མཁྱེན་དོལ་པོ་དངོས་སུ་བྱོན་པ་ལྟར་གྱི་གང་གི་ཞལ་རས་མཇལ་མ་ ཐག་དེ་སྐབས་ཀྱི་གདུལ་བྱ་གང་དག་གི་དབང་ཡིད་ཚིམ་ཞིང་ཐ་མལ་གྱི་རྟོག་ཚོགས་རང་ འགག་ཏུ་ཤུགས་འབྱུང་ངང་གིས་འགྲོ་བཞིན་པར་ཡེ་ཤེས་སྐུ་དངོས་དང་ཁྱད་མེད་པ་ཞིག་སྟེ་ སྐུ་དེ་མཐོང་བའི་མོད་ལ་གདུལ་བྱ་སློབ་ཚོགས་ཀྱི་རྒྱུད་ལ་ཡེ་ཤེས་ཕེབས་ཏེ་ཉམས་བཟང་ 3-1-288 གསར་བའི་སྒོ་འབྱེད་པར་བྱེད་ཅིང་ཡིད་ལ་དད་གུས་དབང་མེད་འཕེལ་བའི་དམིགས་རྐྱེན་ མཆོག་ཏུ་གྱུར་པའི་ངང་ནས་ལེགས་བཞུགས་མཛད་དོ། །དགུང་ལོ་ང་བརྒྱད་སྐོར་ཁོང་ཉིད་ འཛམ་ཐང་གཙང་བའི་གྲྭ་ཚང་གི་དུས་འཁོར་སྒྲུབ་མཆོད་ཀྱི་ཁྲི་འཛིན་ལ་ཕེབས་ནས་དེར་ ཞག་བདུན་ཙམ་གྱི་རིང་ལ་དྲི་ཆེན་གྱི་རྒྱུ་བ་འགག་ཅིང༌། ཕྱིས་ཤིག་ཏུ་གྲྭ་ཚང་སྤྱིའི་སྲུང་རིམ་ གྱི་དུས་སུ་འདུས་སྡེ་ཡོངས་ཀྱི་འགབ་ནས་ཁོང་གིས་ཕྱག་འབུལ་སྐབས་དེར་བཞུགས་བླ་གྲྭ་ ཡོངས་ཀྱི་ཐུགས་རྒྱུད་མཐོ་དམན་ཇི་ལྟར་ཡིན་སོགས་ལེགས་པར་གསལ་བའི་ཚུལ་གྱིས་ ཐུགས་མངོན་ཤེས་མཆོག་གིས་ཇི་བཞིན་གཟིགས་ལ། སྐབས་གོང་འོག་ཅི་རིགས་པར་ཁོང་ གིས་སྒྲུབ་སྡེ་པ་གོང་འགབ་འདུ་ཁང་སྟེང་དུ་ཡོད་པ་རྣམས་ལ་དབང་ལུང་ཁྲིད་སོགས་གནང་ པའི་དུས་ཤིག་ན་འཕྲལ་དུ་གྲིབ་སྐྱོན་ལྟ་བུ་ཞིག་གིས་ཉིད་ཀྱི་སྤྱན་ལ་ལིང་ཏོག་ཆེ་བ་བྱུང་ སྐབས་དེར་བཞུགས་སློབ་ཚོགས་ཀྱི་གཙང་སྒྲ་སོགས་ཐབས་མང་པོ་བྱས་ཀྱང་ཕན་པ་མ་བྱུང་ བའི་དུས་སུ་ཁོང་གིས་སྐྱོན་མེད་ཚུལ་གསུང་ནས་དར་ཅིག་ལ་རླུང་བུམ་ཅན་ཞིག་བཟུང་ མཐར་གློ་བུར་དུ་སྤྱན་གྱི་ལིང་ཏོག་གཏན་མེད་དུ་སོང་བ་སོགས་ཀྱི་མཛད་སྒོ་ཡང་གནང༌། སྤྱིར་དཔལ་ལྡན་བླ་མ་གང་ཉིད་ཀྱི་ཐུགས་དོན་དམ་ཆོས་སྐུ་ནི་རྒྱལ་བ་ཐམས་ཅད་ཀྱི་ཆོས་སྐུ་ དང་རྣམ་དབྱེར་མེད་མོད་ཀྱང་ཀུན་རྫོབ་གཞན་སྣང་གི་ཚུལ་ལ་འབའ་མདའ་བླ་མ་དང་ ཐུགས་སློབ་ཐུ་བོ་རྣམ་གཉིས་ཏེ་ཁོང་རྣམ་གསུམ་རྗེ་བདག་ཉིད་ཆེན་པོ་དང་རྒྱལ་ཚབ་མཁས་ གྲུབ་རྣམ་གསུམ་གྱི་སྤྲུལ་པར་གྲགས་ན་དོན་ལ་སངས་རྒྱས་བྱང་སེམས་ཀྱི་རྣམ་འཕྲུལ་ བསམ་ལས་འདས་ཕྱིར་གཅིག་དང་དུ་མ་ཅིག་ཆར་བའི་ཕན་ཚུན་ཐུགས་རྒྱུད་གཅིག་པ་དང་ སྐུ་ཕྲེང་རིམ་བྱོན་སྣ་ཚོགས་པ་ལ་འགལ་བ་ཇི་ལྟར་ཡོད་དེ་ཡོད་མི་རིགས་ཀྱང་རང་གི་རྣམ་ པར་རྟོག་པའི་ངོར་དཔལ་ལྡན་བླ་མ་ཉིད་ལ་གང་ལྟར་ཡང་སྔོན་ཀུན་མཁྱེན་ཇོ་ནང་པ་ཆེན་ པོའི་ཞལ་གྱི་གདམས་པ་ལེགས་མནོས་དང་དེ་ལུགས་ཀྱི་སྨོན་ལམ་གྱི་མཐུ་ལེགས་གྲུབ་ཀྱི་ 3-1-289 མཛད་སྒོ ་ཞིག་ནི་ཆེས་མངོན་གསལ་དུ་ཡོད་པར་མཐོང་སྟེ། ཁོང་ཉིད་ཀྱི་སྐུ་ཚེ་འདིར་རྟོག་གེ་ བའི་དཔྱོད་སྒོ་ཙམ་དུ་མ་ཟད་པར་ངེས་དོན་ཟབ་མོའི་ལྟ་བ་ཉམས་ལེན་མྱོང་སྟོབས་ཀྱིས་ ཐུགས་ལ་ཇི་ལྟར་འཁྲུངས་ཚུལ་དང༌། གཞན་གདུལ་བྱ་གང་དག་ལ་དེ་མཐུན་གྱི་ཕན་སྒོ ་རེ་ ཡང་ཆེར་སྙིགས་ཀྱི་དུས་སུ་ངེས་པར་བྱུང་བ་སོགས་ཀྱིས་ལེགས་པར་མཚོན་ནུས་སུ་ཡོད་ པའི་ཕྱིར། དེ་འདྲའི་ངེས་པ་དོན་གྱི་བཤེས་གཉེན་གང་དེས་སྔོ ན་གཙང་བའི་གཟིམས་ཁང་དུ་ བཞུགས་པ་ནས་སྐུ་ཚེ་སྨད་རི་ཁྲོད་འདིར་བཞུགས་པ་ཡན་ལ་ཐུགས་སློབ་ཆོས་ཐུན་པ་གང་ དག་ལ་དབང་ལུང་ཟབ་ཁྲིད་རྒྱུན་མཁོའི་ཁར་དུས་འཁོར་དབང་ཆེན་ལན་འགའ་རེ་གསུངས་ པ་མ་གཏོགས་རྒྱུད་སྡེ་ཆེན་པོའི་དབང་བསྐུར་དང་བཀའ་འབུམ་གྱི་བཀླག་ལུང་འདི་ལྟར་ མཛད་ཅེས་པའི་རྣམ་གྲངས་ནི་ཐོ་ཡིག་སོགས་ཀྱི་ཁུངས་མ་རྙེད་པས་ཇི་བཞིན་བརྗོད་པའི་རྔོ་ མ་ཐོགས་སོ། །དེ་ནས་དགུང་ལོ་ང་དགུར་སླེབས་པའི་དུས་ཙམ་ན་ཉིད་ཀྱི་ཞལ་བཟང་གི་ དཀྱིལ་འཁོར་སྐྱབས་འོག་པ་གུས་ཕྲན་རང་གིས་ཀྱང་མཇལ་ཏེ་གསུང་གི་བདུད་རྩི་ལེགས་ མྱོང་གི་སྐལ་བ་བཟང་པོ་ཉེ་བར་ཐོབ་པ་སྟེ། དེ་ཡང་རང་ཅག་ལ་སྦྱོར་དྲུག་གི་སྔོ ན་འགྲོ་ལས་ ཐོག་མ་སྐྱབས་འགྲོའི་ཁྲིད་གནང་བའི་སྔ་ནུབ་མོར་ཉིད་ཀྱི་གཟིམས་མལ་དུ་ཐུགས་སྣང་ལ་ མཆོད་རྟེན་ཆེ་བ་ལེགས་མཛེས་ཤིག་ཁོང་གིས་བཞེངས་ནས་དེའི་ཕྱོགས་བཞིར་དར་ཆེན་ བཞི་འཛུགས་པའི་ལེགས་མཚན་བྱུང་ཞེས་ཟེར་སྲོལ་ཡོད་ལ་དེ་ལོར་ངེད་ཅག་སྦྱོར་དྲུག་པ་ལྔ་ ཙམ་ལ་ཆོས་ཁྲིད་ཀྱིས་རེ་འདོད་སྐོང་བར་མཛད་ཅིང་འདི་དུས་སུ་རི་ཁྲོད་དེར་དགོན་ཁང་ ཡང་དུ་མ་ཞིག་གྲུབ་སྟེ་ཁོང་གིས་ཕྱོགས་ཕྱོགས་ནས་འོང་བའི་སློབ་ཚོགས་ཀྱང་མང་ཙམ་ཡོད་ པ་ལས་བླ་མ་ངག་དཀོན་སོགས་ལ་ལམ་རིམ་གྱི་བཤད་ཁྲིད་དང༌། གཞན་བསྐྱེད་རིམ་པ་དང་ རྫོགས་རིམ་པ་འགའ་རེ་ཡོད་པ་དག་ལ་དེ་མཐུན་གྱི་ཁྲིད་དམིགས་དང་བོགས་འདོན་སྤོགས་ ཆོག་གེགས་སེལ་ངོ་སྤྲོད་གང་དགོས་རྣམས་དང་ཁྱད་པར་མགོ་ལོག་པ་མཁྱེ ན་ལྡན་དང༌། རྔ་ 3-1-290 བའི་དགེ་སློང་འཇམ་ཤེར་གཉིས་ལ་ནཻ་གུའི་དབང་ལུང་ཟབ་ཁྲིད་ཀྱང་ལེགས་གནང་མཛད། དགུང་ལོ་དྲུག་ཅུ་པར་སྦྱོར་དྲུག་པ་འབེ་བླ་མ་བློ་གྲོས་རྒྱ་མཚོ། རོང་བླ་བྱང་ཆུབ་བཟང༌། ཟ་ལ་ གསུང་དབྱངས་གསུམ་དང༌། སྤྱོད་འཇུག་སློབ་གཉེར་བ་མགར་བླ་སྨོ ན་རབ། རྔ་དགེ་འཇམ་ ཤེར་སོགས་དང༌། དེའི་ལོར་ཨ་སྐྱོང་སྤྲུལ་སྐུ་བསྟན་འཛིན་རྒྱ་མཚོ་དང༌། གཙང་བ་འགབ་ མའི་བླ་ཆུང་ལོ་ཐོ་གཉིས་ཀྱང་བསྙེ ན་མཚམས་ལ་ཡོད་པ་དང༌། གཞན་ཡང་མཚམས་སྒྲུབ་པ་ སྣ་ཚོགས་ཅི་རིགས་མང་ཙམ་ཡོད་པ་དེ་ཀུན་ལ་རང་རང་དང་འཚམས་པའི་ཆོས་བཀའ་གང་ དགོས་ཐམས་ཅད་ཁོང་གིས་བཀའ་དྲིན་དུ་མཛད་ལ། དགུང་ལོ་རེ་གཅིག་ཏུ་སྦྱོར་དྲུག་པ་ གསར་འདུག་མེད་ཀྱང་ཁོང་གིས་ཡལ་འགོའི་བླ་མ་རྒྱལ་མཚན། བླ་མ་དོན་དབང་སོགས་ དང༌། ཡར་ཐང་མདོས་དབོན་སངས་རྡོར་སོགས་དང༌། གཙང་སྐོར་མའི་བསྟན་གསལ་ སོགས་དང༌། རྔ་དགེ་བླ་མ་ཀུན་རྒྱམ་སོགས་ཕྱོགས་ནས་འོང་བའི་བླ་གྲྭ་མང་པོ་དང་རང་ཡུལ་ གྱི་བླ་གྲྭ་ཡང་མང་ཙམ་མཆིས་པ་ཀུན་ལ་རླུང་བཅོས་གེགས་སེལ་ཆོས་བཀའ་ཅི་དགོས་དང༌། ཁྱད་པར་བླ་མ་དོན་དབང་ལ་རླུང་སྐྱོན་ཚབས་ཆེ་བ་ལེགས་བསལ་མཛད་ཅིང་རི་ཁྲོད་དུ་ གཞིར་བཞུགས་ཀྱི་ཆོས་གྲྭ་པ་གང་དག་གི་ནང་སེམས་ཀྱི་འགྱུ་རྟོག་བཟང་ངན་དང་ལྐོག་གི་ སྤྱོད་པ་ཕལ་ཆེར་ཁོང་གི་ཐུགས་མངོན་ཤེས་ཀྱིས་ཇི་བཞིན་གཟིགས་པས་སློབ་ཚོགས་དེ་ ཀུན་གྱིས་བག་འཁུམ་ཞིང་ཡིད་གཟེང་བའི་སྒོ་ནས་སྤྱོད་པ་མངོན་ལྐོག་མེད་པར་རྒྱུད་བག་ བསྡམས་ནས་གཙང་བའི་ཀུན་སྤྱོད་ལ་རེམ་ཅི་ཐུབ་བྱེད་པ་དང༌། ཉིན་ཅིག་སྐུ་མདུན་དུ་ཤི་ ནང་ནས་བླ་མ་དོན་ཀུན་སོགས་བླ་གྲྭ་འགའ་མཇལ་དུ་ཕྱིན་ནས་ཆོས་འབྲེལ་ཞུས་ཤིང་དེ་ དག་ལས་འགའ་ཞིག་གིས་བླ་མའི་བཀས་མ་གནང་བཞིན་ན་བཟའ་ཉུང་ཤས་དད་རྟེན་དུ་ ལྐོག་ཁྱེར་བྱས་པ་ཁོང་ནས་ཇི་བཞིན་མཁྱེན་པའི་གསུང་ཟུར་བཅས་རྗེས་སོར་དེ་དག་རང་ གནས་སུ་སླེབས་སྐབས་ན་བཟའ་མེད་པར་རང་ཡལ་དུ་སོང་སྐད། ཡང་ཉིད་མདུན་དུ་མགོ་ 3-1-291 ལོག་པའི་གྲྭ་པ་ཞིག་མཇལ་དུ་ཕྱིན་པ་ལ་གང་གིས་དེ་ལ་བུད་མེད་ལ་ཆགས་པའི་ཉེས་ དམིགས་དང་དེ་སྤོང་གི་ཕན་ཡོན་ཧ་ཅང་གསུང་སྐབས་གྲྭ་པ་དེ་ཅུང་ཟད་ཙམ་བགད་པ་ན། ཞལ་ནས། ཁྱོ ད་རང་ཅི་ཞིག་དགོད་ནམ་ཞིག་བླ་རྒན་ངའི་ལུང་བསྟན་དུ་འགྲོ་ཉེན་རེ་ཡོད་ ཐང༌། དེ་སེམས་ལ་ཟུང༌། ཞེས་གསུངས་པ་བཞིན་རྗེས་སོར་གྲྭ་པ་དེས་བན་ལོག་བྱས་པ་ སོགས་ཇི་བཞིན་ཐོག་ཏུ་ཁེལ། དགུང་ལོ་རེ་གཉིས་སྐབས་ཁོང་གིས་སྦྱོར་དྲུག་པ་བསེར་སྐོར་ སྲིབ་མའི་བླ་མ་ཤེས་རབ་དཔལ། མགོ་ལོག་པ་བླ་མ་མཁྱེན་ལྡན། རྔ་དགེ་འཇམ་ཤེར་རྣམས་ དང༌། དེ་མིན་བསྐྱེད་རྫོགས་པ་གཞན་ཅི་རིགས་གང་དག་ལ་རང་འཚམས་ཀྱི་ཆོས་བཀའ་ གནང༌། དེ་ལོར་གང་ཉིད་ཀྱིས་ཁོ་བོ་ལ་འབྱུང་འདུལ་རྗེས་གནང་གི་སྐབས་བགེགས་བསྐྲད་ མཚམས་གཅོད་འཇིགས་ཤིང་རྔམ་པ་བྱས་པས་རང་ལ་འཚེ་བའི་བར་ཆད་ཀྱི་རིགས་ཐེའུ་ རང་སོགས་གནོད་བྱེད་གང་གིས་གླགས་མི་རྙེད་པའི་བསྲུང་བ་མཆོག་ཏུ་གྱུར་པའི་བཀའ་ བཀྱོན་སྡང་དྲག་དང་བཅས་མཛད་ཅིང༌། དེ་ནས་དམིགས་ཁྲིད་ཀྱང་ཞིབ་རྒྱས་སུ་བསྩལ། འདི་སྐོར་ཉིད་ཀྱི་ཐུགས་སྣང་ལ་མ་ཤི་བའི་གང་ཟག་གི་བླ་སྔོན་ནས་འཁྱམས་པ་ཇི་བཞིན་ གཟིགས་ཚུལ་ཀྱང་ཡང་ཡང་གསུང་གིན་འདུག སྔར་ལོ་དང་དེ་ཡན་དུ་ཁོང་གིས་ཆོས་ཁྲིད་ཀྱི་ སྐབས་བར་བར་དུ་གསུང་ལས། ཇི་སྐད་དུ། ཡུལ་འཛི་ཡུལ་ཚ་བའི་མཚོན་ཆ་འཁྲུགས། །དེའི་ ཐ་མའང་སྔོ ན་པོས་འཛིན། །དཔལ་འཛམ་ཐང་གི་གནས་དེ་གར་ཡོད་ཆ་མ་མཆིས། །ཟེར་ བའི་སྔོན་བྱུང་ལུང་བསྟན་ཞིག་ཀྱང་ཡོད་པས་ད་ནི་དུས་ཤིན་ཏུ་སྙིགས་མར་རེད་སོང་པས་མི་ རིང་བ་ནས་རང་ཅག་གི་གནས་ཚུལ་དེ་འདྲ་ཞིག་ཏུ་འགྱུར་འགྲོ་རྒྱུ་རེད། དེ་དུས་ཀྱི་སེམས་ ཅན་ཚོ་སྙི ང་རེ་རྗེ། ཞེས་གསུངས་ནས་སྤྱན་ནམ་མཁར་གཟིགས་ཏེ་དར་ཅིག་ལ་བཞུགས་ འདུག་པ་སོགས་དེ་འདྲ་ཡང་ཡང་མཛད་དོ། །དགུང་ལོ་རེ་གསུམ་པར་དུས་ཀྱི་འགྱུར་ལྡོ ག་གི་ མཚན་ལྟས་ངན་པས་ཁོང་གི་ཐུགས་སུ་བསྟན་འགྲོ་ལ་ཇི་ལྟར་འགྱུར་གྱི་ཁུར་ཐང་ཆེ་བ་ 3-1-292 ལེགས་བཞེས་ཀྱི་ངང་ནས་ཉིད་ཀྱིས་བསྐུལ་སློང་གི་སྒོ་ནས་གཙང་བའི་གྲྭ་ཚང་ཡོངས་ལ་ བསྟན་འགྲོ་སྤྱིའི་དོན་དུ་བསྲུང་རིམ་རྒྱ་ཆེར་མཛད་དུ་བཅུག་རྗེས་ཁོང་དཔོན་སློབ་མགོ་ལོག་ ཕྱོགས་སུ་ཕེབས་པར་ཆས་ཚེ་འཛི་ཡུལ་ཕྱོགས་ཀྱི་བླ་གྲྭ་ཡུལ་མི་བཅས་ཀྱིས་བཤོལ་འདེབས་ ནན་ཞུས་ཕུལ་ཀྱང༌། ཁོང་གི་བཀའ་ལས། ད་ཚོད་རང་གི་བསམ་པ་ལ་སང་ཕོད་ཀྱི་དུས་སུ་ ཡུལ་འདིར་ཙི་ནའི་དམག་དཔུང་གིས་གང་ཐག་ཆོད་རེད། དེ་དུས་སུ་རང་གཞན་སུའི་ཐད་ ནས་ཕན་ཐོགས་པ་དཀའ་མོར་འདུག་ཅིང༌། ད་དུང་ལོ་འགའ་ལ་མགོ་ལོག་ཕྱོགས་ཀྱི་འབྲོག་ སྡེར་དུས་དམག་འདིས་ཅུང་མི་སྐྱོན་པ་འདྲ་བས་ད་ལན་ང་རང་དེ་ཕྱོགས་སུ་སྐོར་གཅིག་འགྲོ་ ཡང་སང་ཕོད་དབྱར་ཚུན་ལ་ཡུལ་འདི་ཡང་བདེ་འཇགས་སུ་གནས་ཁོ་བོ་ཡང་མ་ཤི་ཚེ་རང་ ཉིད་མར་རང་ཡུལ་དུ་སླེབས་ངེས་ཀྱི་བཀའ་མོལ་ཞིབ་རྒྱས་སུ་ལེགས་གནང་མཛད་དེ་འདིར་ བཞུགས་པའི་ཞལ་བཞེས་མ་གནང་བའི་སྒོ་ནས་རིམ་པར་དེ་རྗེས་མི་རིང་བར་ལོ་དེའི་སྟོན་ མཇུག་ཙམ་ན་ཁོང་དཔོན་གཡོག་མགོ་ལོག་ཏུ་ཕེབས་ནས་ངང་བའི་འཕྲང་ལུང་ཞེས་པར་ ནག་སྒར་གྱིས་སློབ་གྲྭ་བསྐྱངས་ཏེ་ལེགས་བཞུགས་མཛད། དེ་ནས་དགུང་ལོ་རེ་བཞི་པ་རབ་ བྱུང་བཅུ་དྲུག་པའི་ནང་ཚན་མེ་ཕོ་བྱི་བའི་གནམ་ལོ་གསར་དུ་ཚེས་པ་ནས་བཟུང་ཁོང་གི་ཞལ་ ནས་རང་འཁོར་ལ་འདི་ཕྱིའི་འགྲོ་ཚུལ་དང༌། རྒྱུ་རྫས་ཀྱི་དབྱེ་བསལ་སོགས་ཞལ་ཏའི་རིགས་ མང་པོ་ཞིག་ཡང་ཡང་གསུངས་ཤིང༌། དེ་རྗེས་མི་རིང་བར་སྐུ་ཁམས་ཅུང་ཟད་བསྙེ ལ་ཚུལ་ ཀྱང་མཛད་ནས་དེར་གནས་སློབ་ཚོགས་ཀྱིས་ཞབས་བརྟན་འཕྲོད་བསྟེན་སོགས་རིམ་གྲོ་ཅི་ དགོས་ལེགས་བསྒྲུབས་དང་བཞུགས་ཞུས་སོགས་ཐབས་གང་དྲག་བགྱིས་ཀྱང་ཉིད་ཀྱིས་ ཞལ་བཞེས་གང་ཡང་མ་གནང་པས་རང་གཞན་ཀུན་གྱིས་མི་བཞུགས་པར་ཐག་ཆོད། དེ་ ནས་རེ་ཞིག་གི་ཚེ་སློབ་བུ་མཁྱེ ན་ལྡན་མདུན་དུ་བོས་ཏེ། བཀའ་ལས། ད་ལན་རང་ལ་ཁྱོ ད་ ཀྱིས་དྲིན་ལེགས་པར་ཆོད་པས་རང་གི་བསམ་པ་ལ་ཁྱོད་ཀྱིས་རི་ཁྲོད་པ་ཤ་སྟག་ཅིག་འོང་ན་ 3-1-293 དེས་ལེགས་སྙམ་ཡོད་ཀྱང་ཁྱོད་རང་གིས་ཆོས་འཆད་ཉན་རེ་དང་ཕུགས་ཀྱི་འདུག་གྲོགས་ སོགས་ལ་བསམ་ནས་དེ་ལུགས་བཞིན་གྱི་ཆོས་ཐུན་པ་རེ་བསྐྱངས་འདོད་ཡོད་ན་ཁོ་བོས་ད་ ལྟ་ཁྱོད་ལ་དེ་ལྟར་གྱི་སྨོན་ལམ་ཞིག་འདེབས་པ་སྟེ་ཁྱོད་ཀྱིས་ཚེ་འདིར་གང་བསམ་ཆོས་ བཞིན་འགྲུབ་ཅིང་ཕྱི་ནང་གསང་བའི་བར་ཆད་སྒོ་ཀུན་ནས་ཞི་སྟེ་རང་གཞན་དོན་གཉིས་ཇི་ བཞིན་འགྲུབ་པར་བླ་མ་དཀོན་མཆོག་གི་བྱིན་གྱིས་རློབས། ཞེས་སོགས་ཐུགས་སྨོ ན་ཞིབ་ རྒྱས་གནང་ལ། གཞན་ཡང་ངང་བ་བླ་མ་སོགས་ཐུགས་སློབ་གཞན་རྣམས་ལ་རང་རང་དང་ འཚམས་པར་གསུང་འཕྲོས་བཀའ་མོལ་ཞལ་ཏ་སྣ་ཚོགས་པ་ཆེས་མང་ཞིག་ཀྱང་མཛད། དེ་ ནས་ལོ་དེའི་ཟླ་བ་གསུམ་པའི་ཚེས་གསུམ་ཙམ་ན་ཁོང་ཉིད་ཀྱི་མདུན་དུ་སློབ་བུ་མཁྱེན་ལྡན་ ཡོད་པ་ལ་ཞལ་གསུང་ལས་ད་ནི་རང་གིས་ཀྱང་དད་ཅན་གྱི་སློབ་བུ་རང་ལ་དྲིན་ལྷག་པར་ཆེ་ བའི་སྐལ་ལྡན་ཁྱོ ད་ཉིད་ཀྱི་ཆེད་དུ་དབང་བཞི་ལེགས་བསྐུར་གྱི་དམིགས་པ་ཞིག་བྱེད་པ་ཡིན་ པས་ཁྱོ ད་ཀྱིས་དེ་ལུགས་བཞིན་སེམས་ལེགས་པར་གཏོད་ཅིག ཅེས་གསུངས་ནས་ཉིད་ཀྱིས་ སྐུ་ལུས་དྲང་པོར་བསྲངས་ཏེ། སྤྱན་གཉིས་ནམ་མཁར་གཟིགས་ནས་གཡོ་མེད་དུ་བཞུགས་ པའི་མོད་སློབ་བུ་དེ་ཉིད་ཀྱི་རིག་པ་རྗེན་གྱིས་སོང་ཞིང་རང་བཞིན་འོད་གསལ་བའི་སེམས་ ཀུན་ཁྱབ་ནམ་མཁའི་མཐའ་དང་མཉམ་པ་དེ་སྙེད་དུ་དཔལ་ལྡན་བླ་མ་དུས་གསུམ་སངས་ རྒྱས་ཀུན་འདུས་ཀྱི་ཐུགས་ཡེ་ཤེས་ཆོས་སྐུ་ངེས་པར་བརྡལ་བའི་དབྱིངས་ཉག་གཅིག་ཏུ་ཐག་ ཆོད་པའི་ངང་དུ་སྤྲོས་བྲལ་གཡོ་བ་མེད་པར་ལྷན་གྱིས་རིག་པ་ཡེ་ཤེས་ཀྱི་རང་ངོ་ཉེ་བར་ འཕྲོད་སོང་བ་དང་ཆབས་ཅིག་ཏུ་ཁོང་ཉིད་ཀྱིས་ཀྱང་རེ་ཞིག་གི་མཚམས་དེར་ཤངས་བུག་ ནས་རླུང་ཤུགས་དྲག་ལན་གསུམ་བུས་མཐར་ནང་དུ་རྔུབས་ཏེ་ཐུགས་དགོངས་ཆོས་དབྱིངས་ སུ་འོད་གསལ་མ་བུ་དབྱེར་མེད་ཀྱི་ངང་ལ་སྙོམས་པར་ཞུགས་ནས་ཞག་འགའ་ཞིག་པར་ ཐུགས་དམ་གཡོ་མེད་ཀྱི་སྐུ་གདུང་བསྒུལ་བསྐྱོད་མེད་པར་བཞག་ནས་དེར་སློབ་ཚོགས་ཀུན་ 3-1-294 ཀྱང་མྱ་ངན་གྱི་ཁང་བུར་བཟོད་དུ་མེད་པའི་སྡུག་བསྔལ་གྱིས་ཆེས་གདུང་བར་གྱུར་ཅིང་དེ་ ནས་ཉིན་ཞག་བདུན་ཕྲག་གི་མཐའ་ཙམ་ནས་ཐུགས་སློབ་གང་དག་གིས་སྐུ་གདུང་ལ་ལོངས་ སྐུའི་ཆས་དང་བཅས་མཆོད་པའི་ཡུལ་དུ་འདུས་སྡེ་མང་ཚོགས་ཀྱི་དབུར་སྤྱན་དྲངས་ཏེ་སྒོ་ ཐམས་ཅད་ནས་ཕྱག་མཆོད་རྒྱ་ཆེ་བས་ཚོགས་བསགས་རླབས་པོ་ཆེ་ལེགས་པར་བགྱིས་ནས་ ཉིན་ཞག་དུ་མའི་རིང་གདུང་མཆོད་ཀྱི་སྐབས་ཉིན་ཅིག་གདུང་ཡངས་བླ་མ་སྨོན་ལམ་བྱོན་ ནས་སྐུ་གདུང་ལ་བསྐོར་ཕྱག་སོགས་མཛད་རྗེས་ཐུགས་ཅུང་ཟད་མཉམ་བཞག་བཅས་ཕྱག་ གིས་ཏིང་ཤག་བརྡུང་བའི་སྒྲ་མཆོད་འབུལ་རྗེས་ཙམ་ན་སྐུ་གདུང་སྔར་ལས་གནས་གྱུར་ཏེ་ གཡས་ཕྱོགས་སུ་ཡོ་ནས་བཞུགས་པ་སོགས་ཀྱི་རྟགས་མཚན་དང་བཅས་སྐུ་གདུང་ལ་ཞུགས་ འབུལ་དང་གདུང་ཁང་དམ་རྒྱ་ལེགས་མཆོད་ཕྱིས་སུ་གདུང་རྟེན་ཁང་བརྩེགས་མཆོད་རྟེན་ དང་དངུལ་ལས་གྲུབ་པའི་བྱང་ཆུབ་མཆོད་རྟེན་སྤུས་ལེགས་ཉེ་བར་བཞེངས་པ་ལེགས་པ་བྱ་ འོས་མ་ལུས་པ་ལེགས་གྲུབ་མཛད་ལ། དེ་ལྟར་དཔལ་ལྡན་བླ་མ་གང་ཉིད་སྐུ་མྱ་ངན་ལས་ འདས་པའི་རྗེས་སུའང་སྔར་གོང་སྨོས་ལྟར་ཉིད་ཀྱི་ཐུགས་སློབ་ཀྱ་པུ་བླ་མ་རིན་ཆེན་བཟང་ ལ་དུས་རྒྱུན་ནམ་དགོས་ཀྱི་སྐབས་སུ་གཟུགས་སྐུའི་སྣང་བ་དངོས་སུ་མཇལ་ཞིང་གསུང་གི་ གདམས་ངག་རྒྱུད་མི་ཆད་པ་དང༌། སློབ་བུ་བླ་མ་མཁྱེ ན་ལྡན་ལའང་རྨི་ལམ་གྱི་སྣང་བར་ཞལ་ མཇལ་གསུང་ཐོས་བར་བར་བྱུང་ཞིང༌། བླ་མ་ངག་དཀོན་གྱིས་རྗེ་དམ་པའི་གསོལ་འདེབས་ གྲངས་མང་འདོན་སྐབས་རྨི་ལམ་དུ་ཞལ་གཟིགས་གསུང་གདམས་ངག་གི་ལེགས་མཚན་ བཅས་དུས་དུས་སུ་ཡིད་ལ་དད་པའི་དམིགས་རྐྱེན་དང་བྱིན་རླབས་ཀྱི་སྣང་བ་སྩལ་བ་དང༌། ཤུག་ཅ་དགེ་ལེགས་ལ་དད་མོས་ཀྱིས་རྨི་ལམ་སྐབས་རྗེ་བླ་མ་གང་གི་སྐུ་དང་གསུང་གི་སྣང་ བ་སོགས་ཉིད་ཀྱི་ཐུགས་སྲས་སློབ་ཆེན་དག་ལ་འགྲན་ཟླ་དང་བྲལ་བའི་བྱིན་རླབས་ཀྱི་ ལེགས་མཚན་དེ་ལུགས་ལྟར་ཆེས་མང་ཚོད་དུ་འདུག་ཅིང་བསྟན་འགྲོ་ལ་རླབས་ཆེན་གྱི་ 3-1-295 མཛད་འཕྲིན་དེ་བཞིན་ཏེ་ཆེས་ཉུང་ཙམ་འདིར་སྨོས་པར་ཟད་ཀྱི་ཅུང་རྒྱས་ཙམ་ཡང་སྤྲོ་བའི་ བློ་ནུས་ཀུན་ནས་ཡོངས་སུ་བྲལ་བ་ལགས་པས་གང་ཉིད་ཀྱི་ཡོན་ཏན་མཆོག་ཏུ་རྒྱས་པའི་ གསང་བ་འབྱམས་ཀླས་པ་ནི་བསམ་གྱིས་མི་ཁྱབ་པའི་ཡུལ་ཁོ་ནའོ། ། ༼༡༩༽ གཙང་ཆེན་སྐུ་འཕྲེང་གསུམ་པའི་ཐུགས་སྲས་གཙང་བ་དགེ་སློང་གི་དངོས་སློབ་ རྣལ་འབྱོར་གྱི་དབང་ཕྱུག་ངག་དབང་ཆོས་འཛིན་ཞབས་པའི་རྡོ་རྗེའི་སློབ་མ་བསྟན་འགྲོའི་ དཔལ་དུ་གྱུར་པ་བདག་ལ་ཡང་དག་ཆོས་ཚུལ་ལེགས་པར་འདོམས་པའི་བཤེས་གཉེན་ འདྲེན་མཆོག་ཆོས་ཀྱི་རྒྱལ་པོ་ལུང་རིགས་སྨྲ་བ་ཡོངས་ཀྱི་གཙུག་རྒྱན་ངག་དབང་ཚོགས་ གཉིས་རྒྱ་མཚོ་གང་ཉིད་ཀྱི་གསང་གསུམ་ཡོན་ཏན་ནམ་མཁའ་དང་མཉམ་པ་ལས་ཆེས་ཉུང་ ས་བོན་གྱི་ཆ་ཁབ་ཀྱི་བུ་གར་ཤོང་པ་དཔེ་ཟླར་འོས་ཙམ་ཞིག་འདི་ན་སྤྲོ་བ་དུས་སུ་བབ་པ་སྟེ། དེ་ཡང་འཛི་ཉིན་སྨད་ཀྱི་ས་ཡི་ཐིག་ལེའི་ཆར་གྱུར་པའི་གྲོང་སྡེ་རབ་ཁ་ཞེས་པར་ཨ་ལྕགས་ འབྲིའི་བརྒྱུད་པ་ཨ་སྐྱོང་རྒྱལ་མཚན་གྱི་བུ་སེང་གེ་ཐར་གྱི་རིགས་རུས་ལས་བྱུང་བ་ཡབ་མགོ་ ལོག་བཀྲ་ཚེ་དང་ཡུམ་གསེར་བཟའ་ལབ་སྒྲོན་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ནང་ ཚན་ལྕགས་ཕོ་འབྲུག་གི་ལོར་སྐུ་ཟླ་གཞོན་གསར་བའི་མྱུ་གུ་དུས་སུ་ལེགས་པར་འཁྲུངས་ཏེ་ ཕན་བདེའི་འོད་དཀར་གྱི་སྣང་བའི་ཆ་ཕྲ་བའང་ཚུལ་ལུགས་དེའི་རྗེས་སུ་ཞུགས་ལ། སྐུ་ན་ བསྐྱེད་སྐབས་ཆུང་དུས་ནས་མཁྱེན་རབ་ཀྱི་རྩལ་གཞན་ཕལ་བ་ལས་ལྷག་པར་ཆེ་ཞིང་དགུང་ ལོ་བརྒྱད་དགུའི་སྐབས་ཀློག་ལེགས་པར་བསླབ་པས་ཀློག་འདོན་མཁས་པའི་རྩེར་སོན་པར་ གྱུར་ཏེ། དགུང་ལོ་བཅུ་བཞི་སྐོར་སོགས་ནས་བཀྲ་ཤིས་ལྷ་རིའི་དབེན་གནས་སུ་ལྷ་བཟོ་རྡོ་ རྗེ་འཆང་ཆེན་པོ་ངག་དབང་ཆོས་འཛིན་དཔལ་བཟང་པོ་བཞུགས་པའི་དྲུང་དུ་དུས་ཀྱི་འཁོར་ ལོའི་ཟབ་ལམ་སྦྱོར་བ་ཡན་ལག་དྲུག་གི་སྔོན་འགྲོ་རྣམས་དང་བར་མ་རབ་བྱུང་གི་སྡོམ་པ་ ལེགས་ནོད་སྐབས་ཀྱི་མཚན་ངག་དབང་ཚོགས་གཉིས་རྒྱ་མཚོ་ཞེས་གསོལ་བ་ཡིན་ཞིང༌། དེ་ 3-1-296 ནས་རིམ་པས་རྗེ་བླ་མའི་དྲུང་ནས་སྨིན་བྱེད་མཆོག་དབང་དང་བཅས་ཉེར་བསྡོགས་དབེན་ གསུམ་ནས་བཟུང་དངོས་གཞི་ཡན་ལག་དྲུག་གི་ཁྲིད་རྣམ་ཞུས་ཏེ་གོང་མའི་ཕྱག་སྲོལ་ལྟར་ ཉམས་བཞེས་མཛད་སྐབས་ལམ་རང་རང་གི་མྱོང་རྟགས་སྤྱི་དང་ཁྱད་པར་དུ་རང་གི་རྡོ་རྗེའི་ ལུས་ཀྱི་རྩ་འཁོར་དྲུག་ཏུ་སྟོང་གཟུགས་རྒྱལ་བ་རིགས་དྲུག་གི་དཀྱིལ་འཁོར་འོད་ཟེར་འདུ་ འཕྲོའི་རྣམ་པར་རོལ་བ་བཅས་རླུང་སེམས་ཐིག་ལེའི་ཆོས་ཉིད་དུ་མོས་བློས་བཏང་བ་ལ་མ་ ལྟོས་པར་འཛིན་མེད་རང་ཤར་གྱི་ཚུལ་དུ་སྒྲིབ་མེད་མཁའ་ཡི་སྐར་ཚོགས་དབང་ཡུལ་དུ་ མཐོང་བ་བཞིན་ཆེས་གསལ་ཡང་ཕྱི་རོལ་དོན་གྱི་རྣམ་པ་ལྟར་མ་ཡིན་པར་ནང་རང་སེམས་ འོད་གསལ་བའི་གཤིས་སུ་ཇི་བཞིན་མཐོང་བ་བར་བར་དུ་བྱུང་ཞིང༌། སྐབས་རྣམས་སུ་ ཐུགས་མི་རྟོག་པ་ལ་བཞུགས་སྐབས་སྟོང་གཟུགས་ཀྱི་ཐིག་ལེ་མེ་ལོང་ལྟར་དྭངས་ཤིང་ གསལ་བའི་ནང་དུ་དུས་ཀྱི་འཁོར་ལོའི་དྲུག་བརྒྱ་སོ་དྲུག་གི་ལྷ་ཚོགས་ཡོངས་རྫོགས་རང་ སེམས་དང་གཉིས་མེད་ཀྱི་ཚུལ་དུ་དུས་དུས་སུ་ལེགས་པར་གཟིགས་པ་སོགས་ཀྱི་རྟགས་ མཚན་མངའ་ལ་དེ་ལྟ་བུའི་ཚུལ་གྱི་ལོ་གསུམ་སོགས་གོང་མའི་ཕྱག་བཞེས་བཞིན་སྦྱོར་དྲུག་ ཉམས་ལེན་གནད་ཁེལ་ཁོང་ཉིད་ཀྱིས་མཛད་ཅིང༌། དགུང་ལོ་བཅོ་བརྒྱད་སོགས་ནས་ལྷ་ བཟོ་རྡོ་རྗེ་འཆང་གི་མདུན་དུ་སྔ་རྗེས་ཅི་རིགས་རྣམས་ལ། འབྱུང་འདུལ། རྟ་མགྲིན། འཇིགས་ བྱེད། རྣལ་འབྱོར་མ་སོགས་བསྐྱེད་རིམ་དུ་མ་ལོ་འགའ་ཞིག་གི་བར་ཁོང་གིས་བསྙེ ན་ཚད་ མཛད་སྐབས་རྣལ་འབྱོར་མ་སོགས་ལ་ལྷའི་གསལ་སྣང་ཆེས་བརྟན་པ་སོགས་མྱོང་རྟགས་ ཀྱང་མང་པོ་བྱུང༌། དགུང་ལོ་བཅུ་དགུའི་དུས་ལྷ་རིའི་དབེན་གནས་སུ་ཀུན་དགའ་མཁས་ གྲུབ་དབང་པོའི་མཚན་གཞན་ངག་དབང་དོན་ལྡན་ཞབས་པའི་དྲུང་ནས་ཀུན་མཁྱེན་དོལ་ པོའི་བཀའ་འབུམ་ཡོངས་རྫོགས་ཀྱི་བཀླག་ལུང་ཁོང་གིས་གསན་ཞིང༌། དེ་ཡན་དུ་རྗེ་ལྷ་བཟོ་ རྡོ་རྗེ་འཆང་གི་མདུན་ནས་དུས་འཁོར་དབང་ཆེན་དང༌། རྣལ་འབྱོར་མ་སོགས་ཡི་དམ་མང་ 3-1-297 པོའི་ཟབ་དབང་དང་ལུང་ཁྲིད་ཆེས་མང་ཞིག་གསན་ལ་ཉིད་དགུང་ལོ་ཉི་ཤུའི་སྐབས་ལྷ་བཟོ་ རྡོ་རྗེ་འཆང་གི་གཟུགས་སྐུ་ཆོས་དབྱིངས་སུ་ཐིམ་པ་ཡིན་ནོ། །དེ་སྐོར་ལས་སྔོ ན་ཅི་རིགས་པ་ ཞིག་ཏུ་ཁོང་གི་རྨི་ལམ་སྐབས་ལྷ་བཟོ་རྡོ་རྗེ་འཆང་གིས་ཁོང་ཉིད་ཁྲིད་དེ་བྱོན་པ་ན་སྤང་ ལྗོངས་ནགས་ཚལ་ཁང་བཟང་དང་བཅས་པའི་དབུས་སུ་ཁྲི་བཟང་པོའི་སྟེང་ན་ཐུབ་བསྟན་ དགེ་ལེགས་རྒྱ་མཚོ་སྐུ་གཟི་མདངས་དང་བཅས་ལེགས་བཞུགས་མཛད་པའི་སྐུ་དྲུང་དུ་ཕྱིན་ ནས་ཁོང་ལ་རིགས་ཀྱི་བུ་ཉིད་ཐུགས་སློབ་ཏུ་ལྷ་བཟོ་རྡོ་རྗེ་འཆང་གིས་ལེགས་གཏད་མཛད་ པ་ན་རྗེ་བླ་མ་དགེ་ལེགས་རྒྱ་མཚོས་རང་གི་མདུན་ནས་མཐིང་ཤོག་ལ་གསེར་གྱི་ཡི་གེ་ ལེགས་བྲིས་བྱས་པ་ཞིག་ཉེ་བར་གནང་བའི་རྨི་ཉམས་བྱུང་བ་ལྟར་སྔོན་ལས་ཀྱི་འཕྲོ་ཟབ་ མོས་ལེགས་པར་སྦྲེལ་བའི་མཐུ་དུས་སུ་སྨི ན་པ་སྟེ། དེ་ཡང་སྔོ ན་དགུང་ལོ་ཉི་ཤུ་ལ་ཉེ་སྐབས་ ཙམ་ནས་བཟུང་དགེ་འཕེལ་རི་ཁྲོད་དུ་ཐུབ་བསྟན་དགེ་ལེགས་རྒྱ་མཚོའི་དྲུང་དུ་ཀློག་པ་ཐོས་ བསམ་གྱི་འགོ་ཚུགས་ནས་ཉིད་ཀྱིས་མཛད་པའི་བསྡུས་གྲྭ་སྤྱི་ཟུར་སོགས་སྔ་ཕྱིར་ལོ་གསུམ་ གསུམ་དུ་ལན་གཉིས་བསླབ་སྦྱང་བརྩོན་པ་དྲག་པོ་ནན་ཏན་མཛད་པས་རིགས་པའི་གཞུང་ ལུགས་ལ་བློ་གྲོས་ཀུན་ནས་རྒྱས་ཤིང་རྟོགས་དཀའི་གནད་འགག་མང་པོ་ལ་ཐུགས་ངེས་ ཟབ་མོ་འཁྲུངས་ཏེ་མདོ་དང་སྔགས་ཀྱི་གཞུང་ལུགས་ལ་གོ་བ་ཕུལ་བྱུང་གིས་ཆོས་ཀྱི་ཡིན་ ལུགས་མཁྱེན་པའི་རང་ཤེད་ཉེ་བར་རྫོགས་པའི་དུས་ན་རྗེ་བླ་མ་ཉིད་ཀྱིས་མཛད་པའི་མངོན་ རྒྱན་ཊཱིཀ་ཡུམ་དོན་གསལ་བའི་མེ་ལོང་ལ་སློབ་གཉེར་ཤར་རྒྱུག་ཙམ་བྱས་པས་གཞུང་དོན་ ལ་གོ་བ་ཕུན་སུམ་ཚོགས་པར་གྱུར་ཅིང༌། དེ་མཚམས་དགུང་ལོ་ཉེར་བཞིའི་སྐབས་རྗེ་ཐུབ་ བསྟན་དགེ་ལེགས་རྒྱ་མཚོ་འཛམ་ཐང་གཙང་བའི་འདུ་ཁང་དུ་ཕེབས་ཏེ་གང་གིས་བླ་ཆེན་ འདུས་པ་མང་པོ་ལ་ཉིད་ཀྱིས་མཛད་པའི་སྦྱོར་དྲུག་སྤྱི་དོན་གྱི་བཤད་ཁྲིད་རྒྱས་པ་གནང་དུས་ དམ་པ་འདི་ཉིད་ཀྱིས་ཇི་བཞིན་གསན་ནས་ཁྲིད་བཤད་སྦྱང་གི་ཚུལ་དུ་གཞན་དག་ལ་གསལ་ 3-1-298 འདེབས་ཁྱད་པར་བ་མཛད། སྤྱིར་ཡང་དམ་པ་མཆོག་འདི་ཉིད་ཀྱིས་འབའ་མདའ་འཇམ་ པའི་དབྱངས་དངོས་ཀྱི་མདུན་དུ་ཉིད་ཀྱིས་མཛད་པའི་བསྡུས་གྲྭ་ལན་གཉིས་དང་ཕར་ཊཱིཀ་ ཆུང་བ་ལན་གཅིག་ཙམ་ལས་གསན་རྒྱ་ཆེར་མ་མཛད་ནའང་དེ་མཚམས་ནས་ཐུགས་བློ་ཐུན་ མོང་སྒྲ་ཚད་གསོ་དཔྱད་སྙན་ངག་རྩིས་སྐོར་སོགས་དང་ཐུན་མིན་དབུ་ཕར་མངོན་འདུལ་དང་ རྒྱུད་སྡེ་བཞིའི་སྔགས་རིམ་གྱི་ཟབ་གནད་བཅས་མདོ་སྔགས་ཀྱི་གཞུང་ལུགས་རྒྱ་མཚོ་ལྟ་བུ་ ལ་རྣོ་གསལ་ཟབ་རྒྱས་ཀྱི་ཤེས་རབ་ཟླ་དང་བྲལ་བ་སྒོ་ཐམས་ཅད་ནས་ཡོངས་སུ་རྒྱས་ཤིང་ ལུང་དང་རིགས་པ་སྨྲ་བའི་དབང་ཕྱུག་ཆེ་བའི་རྩེར་སོན་ཞིང་ཁོང་གིས་དེར་བཞུགས་རང་དང་ ལྷན་ཅིག་པའི་ཆོས་གྲོགས་ཀུན་ལ་དཀའ་ངལ་གང་ལ་མི་འཛེམ་པར་གཞུང་ལུགས་ཀྱི་གོ་ དོན་ལེགས་སློབ་དཔེ་དོན་སྣ་ཚོགས་པའི་སྒོ་ནས་མཆེད་གྲོགས་གཞན་དག་གིས་ཆོས་དོན་ ཁོང་དུ་མ་ཆུད་ཀྱི་བར་ཡང་ཡང་ཉིན་མཚན་ཀུན་ཏུ་གཤར་སྦྱང་གི་གྲོགས་དན་ལེགས་ངེས་ མཛད་ཅིང་ཉིད་ཀྱིས་ཆོས་གྲོགས་གཞན་ཟས་གོས་ཀྱིས་ཕོངས་པ་དག་ལ་རང་གི་ཟས་གོས་ རྣམས་སྟེར་ནས་རང་ཉིད་གྱི་ན་སྲོག་འཚོ་ཙམ་གྱི་ཟས་གོས་ངན་པ་ལ་བརྟེན་ནས་བཞུགས་ བཞིན་ཆོས་གྲོགས་ཕན་ཚུན་ལ་བརྩེ་སེམས་ཐུགས་མཐུན་གྱིས་ལས་གཡོག་གང་དགོས་ཚུལ་ ཀྱང་བྱེད་ཅིང་ཁོང་ལ་ང་རྒྱལ་སོགས་ཁེངས་དྲེགས་ཀྱི་ཐུགས་སྣང་ལྟ་ཅི་ཀུན་ལས་དམན་ས་ བཟུང་ནས་མཆེད་གྲོགས་ཐམས་ཅད་ལ་སྒོ་ཀུན་ནས་བརྩི་བཀུར་སྙིང་ཉེ་བ་མཛད་པའི་རྒྱལ་ བའི་སྲས་ཀྱི་ངང་ཚུལ་ལེགས་པར་བཟུང་བས་ཁོང་ལ་གྲོགས་དག་གིས་གཅེས་མིང་དུ་ ཚོགས་ལི་གཡང་མི་ཞེས་པའི་མཚན་ཡང་འདོགས་པར་བྱེད་ལ། རྗེ་འཇམ་མགོན་བླ་མ་ མཆོག་གིས་ཡང་ཐུགས་སྲས་སློབ་བུ་འདི་ཉིད་སྐལ་ལྡན་མཆོག་ཏུ་གཟིགས་ཏེ་སྒོ་གང་ཐད་ ནས་བཀའ་བཀྱོན་དང་སྨ་འབེབས་ཀྱི་གསུང་ཚིག་བརླིང་པོ་ཆེས་སྒམ་པོས་སློབ་བུ་དམ་པའི་ ཐུགས་རྒྱུད་ཡང་ཡང་ལེགས་འདུལ་མཛད་སྐབས་དེ་ལུགས་ཇི་བཞིན་སློབ་མས་ཀྱང་ཁོང་དུ་ 3-1-299 ཆུད་ནས་རྗེ་བླ་མ་ཉིད་སངས་རྒྱས་ཀུན་འདུས་ཀྱི་འཇམ་དཔལ་དངོས་བྱོན་དུ་སེམས་ཐག་ ཆོད་ནས་བླ་མའི་མཛད་པ་ཐམས་ཅད་ལ་མོས་གུས་དག་སྣང་འབའ་ཞིག་གི་སྒོ་ནས་དེང་དུས་ ལ་ལྟོས་ན་ཆོས་འཕགས་རྟག་ངུས་བླ་མར་བསྟེན་པ་ལ་འགྲན་འོས་ཙམ་གྱི་དགེ་བའི་བཤེས་ གཉེན་མཆོག་དེ་ཁ་ཞེ་གཉིས་མེད་ཀྱིས་སྒོ་གསུམ་གང་ཐད་ནས་སྤྱི་བོས་གཙུག་གིས་ལེགས་ བཀུར་ཆེ་བ་དང་བཅས་བཀའ་དྲིན་གཞལ་དུ་མེད་པ་མི་ཤིགས་ཐུགས་ཀྱི་ཀློང་དུ་ཡང་ཡང་ཉེ་ བར་བཅིངས་པ་སྟེ། རྗེས་སོར་གང་ཉིད་ཀྱིས་མཛད་པའི་གཤིན་རྗེའི་གཤེད་ཀྱི་དབང་ཆོག་ བཀྲོ ལ་མ་ལས། བློ་གྲོས་མྱུ་གུ་གསར་བའི་དུས་སྐབས་ན། །བྱིས་པའི་རྒུད་པ་དང་བྲལ་ རིགས་ལམ་བརྒྱས། །བློ་བཟང་འདབ་མའི་ཁོ་ལག་ཡོངས་རྒྱས་པ། །ཐུབ་བསྟན་དགེ་ལེགས་ རྒྱ་མཚོའི་བཀའ་དྲིན་དྲན། །བཤད་དང་སྒྲུབ་པའི་གདམས་བཟང་ཡིད་བཞིན་གཏེར། །སྟོང་ གསུམ་དཔལ་གྱིས་བཀུག་ཀྱང་མི་ཁུག་པ། །གང་དེ་ལྷུག་པར་སྩོལ་པའི་སྐུ་དྲིན་ཅན། །བཤེས་གཉེན་ཐུགས་རྗེ་ཆེ་ཁྱོ ད་ཡུད་ཙམ་དགོངས། །ཞེས་གསུངས་པ་ལྟ་བུའི་བཀའ་དྲིན་ ཉིད་ཀྱི་ཐུགས་སུ་ལེགས་པར་ཆུབ་པའི་ཕྱིར་རོ། །རྗེ་བླ་མའི་དྲུང་དུ་ཁོང་གིས་སློབ་གཉེར་གྱི་ སྐབས་སུ་བར་འགའ་ཞིག་ལ་བསྟན་སྲུང་ནག་པོ་ཆེན་པོ་ཡེ་ཤེས་ཀྱི་སྤྱན་ལྡན་གུར་གྱི་མགོན་ པོས་རང་ཞལ་བསྟན་ཏེ་ཆོས་བཞིན་སྒྲུབ་པ་ལ་སྡོང་གྲོགས་མཛད་པའི་གཡར་དམ་ཡང་ངེས་ པར་བྱས་ཞེས་གྲགས་སྐད། རྗེ་བླ་མ་བཞུགས་དུས་སུ་སློབ་བུ་འདི་ཉིད་ཀྱིས་གཞན་ལ་ཆོས་ གང་འཆད་དགོས་ཀྱང་ཐུགས་སྤོབས་པ་མཆོག་ཏུ་རྒྱས་པའི་སྒོ་ནས་གཞུང་ལུགས་གང་གི་ དོན་ལའང་ཐོགས་པ་མེད་པར་ཇི་བཞིན་གཞན་ལ་ཤོད་ཐུབ་ཅིང་མཐར་ཡང་རྗེ་བླ་མ་མཆོག་ གི་ཞལ་ནས་ད་ནི་སློབ་རིགས་པ་འདི་ལ་ཆོས་བཤད་རྒྱུ་ཡང་བྱུང༌། འདིས་བརྩོན་པས་ཆེད་ གཉེར་ནན་ཏན་ལྷུར་བླངས་པས་གཞན་ལས་རིག་པའི་གནས་ལ་ཆེས་མཁས་ཚུལ་སོགས་ ཐུགས་དགོངས་རྫོགས་པ་དང་བསྔགས་བརྗོད་ཀྱི་གཏམ་ཡང་བར་བར་དུ་གསུངས་ལ། དེ་ 3-1-300 ལྟར་གྱིས་ལོ་འགར་སོང་རྗེས་དཔལ་ལྡན་བླ་མ་འཇམ་པའི་དབྱངས་དངོས་དག་ཞིང་དུ་ གཟིགས་པ་ནས་བཟུང་རྗེས་ཀྱི་སློབ་ཚོགས་གང་ཡོད་ཕན་ཚུན་གྱིས་རེ་འདུན་ལྷག་པར་ཆེ་ བའི་དགའ་སྤྲོའི་ངང་ནས་གུས་ཞུ་ལྟར། དམ་པ་འདི་ཉིད་ཀྱིས་བཀྲ་ཤིས་སྒང་གི་བླ་མ་རབ་ ལྡན་དང༌། ཀ་ཐོག་མཁྱེ ན་ལྡན་སོགས་ལ་བསྡུས་གྲྭའི་བཤད་ཁྲིད་སོགས་ཆོས་བཀའ་ཅི་ རིགས་ལོ་འགའ་ཞིག་གི་རིང་དུ་ཞིབ་རྒྱས་སུ་ལེགས་གནང་མཛད། ཉིད་དགུང་ལོ་ཉེར་ དགུའི་སྐོར་དཔལ་གྱི་འཛམ་ཐང་དུ་གཙང་བའི་རྡོ་རྗེ་སློབ་དཔོན་ངག་དབང་ཆོས་འབྱོར་ ཞབས་པའི་མདུན་ནས། ཁོང་གིས་སྒྲོལ་མ་རྣལ་འབྱོར་མའི་རྒྱུད་འགྲེལ་རྗེ་བཙུན་ཏཱ་ར་ནཱ་ ཐས་མཛད་པའི་བཀླག་ལུང་དང༌། རྗེ་དགེ་ལེགས་རྒྱ་མཚོས་མཛད་པའི་དུས་འཁོར་ཡོངས་ རྫོགས་ཀྱི་ཁྲིད་ལུང༌། རྡོ་རྗེ་ཕྲེང་པའི་དབང་ཆོག་དང༌། མགོན་པོའི་ལས་ཚོགས་ཀྱི་པོ་ཏི་མེ་ འབར་དང༌། འཇིགས་བྱེད་ལས་ཚོགས་རྭ་པོད་གསུམ་གྱི་བཀླག་ལུང་རྣམས་གསན། དགུང་ ལོ་སུམ་ཅུའི་ནང་ཞིག་ནས་ཁོང་ཉིད་འཛམ་ཐང་གཙང་བའི་གཟིམས་ཁང་དུ་ཕལ་ཆེ་བར་ བཞུགས་ཏེ་འདི་སྐོར་ཁོང་གི་མདུན་དུ་ཐོས་བསམ་གྱི་སློབ་གཉེར་བ། ཨ་མགོན་བླ་མ། འཛི་ སྲིབ་བླ་མ་རིན་བཟང༌། ཕྱུག་སྐོར་བླ་མ་ཆོས་དབང༌། བླ་མ་བློས་ཚུལ། བླ་མ་ལེགས་བྱམས་ རྔ་བའི་དགེ་སློང་འཇམ་དབྱངས་སྦྱིན་པ་དང༌། དགེ་སློང་ཤེས་རབ་དཔལ་བཟང་སོགས་སྔ་ ཕྱིར་བླ་གྲྭ་མང་པོའི་ཆོས་ཚན་སོ་སོ་ལ། བསྡུས་གྲྭ། ཕར་ཕྱིན། མངོན་པ་དུས་འཁོར་རྒྱུད་ འགྲེལ། ཕྱག་འཚལ་བསྟན་པ་སྤྱི་འགྲེལ་གྱི་འགྲེལ་བཤད་སོགས་ཆོས་བཀའ་མང་པོ་ལོ་དུས་ བཞིན་གནང་ལ། དེ་སྐབས་དགུང་ལོ་སུམ་ཅུ་སོ་གཉིས་སོགས་ནས་སོ་ལྔའི་བར་ལ་རིམ་པར་ རབ་ཁའི་བླ་མ་ཀུན་དགའ་མཁས་གྲུབ་དབང་པོའི་མདུན་ནས། སྦྱོང་རྒྱུད་བཅུ་གཉིས། དུས་ འཁོར་དབང་ཆེན། རྗེ་བཙུན་ཏཱ་ར་ནཱ་ཐའི་བཀའ་འབུམ་གྱི་བཀླག་ལུང་རྣམས་ཉིད་ཀྱིས་ འཛམ་ཐང་དུ་གསན་ཞིང༌། མགོ་ལོག་ཡར་ཐང་དུ་བླ་མ་དེ་ཉིད་ཀྱི་དྲུང་དུ། ཁོང་གིས་ཕྱག་ 3-1-301 ལེན་བཅས་ཀྱི་སྒོ ་ནས། རྡོ་རྗེ་ཕྲེང་བའི་དབང་བསྐུར་ཆ་ཚང་རྣམས་དང༌། སླར་འཛམ་ཐང་དུ་ རྒྱུད་སྡེ་རབ་འབྱམས་ལས་ནཻ་གུ་དང་རྣལ་འབྱོར་མའི་སྐོར་རྣམས་མ་གཏོགས་ལྷག་མ་ཀུན་ དང་བཅས་ལེགས་པར་མནོས་སམ་སྙམ་མོ། །སྤྱིར་རབ་ཁའི་བླ་མ་གང་གིས་དམ་པ་འདི་ ཉིད་མཁས་གྲུབ་གཉིས་ལྡན་ཕྱི་ནང་མ་འཛོལ་བའི་ངེས་དོན་གྱི་བཤེས་གཉེན་མཆོག་ཏུ་ཡང་ ཡང་ཆེ་བསྔགས་བརྗོད་ཅིང༌། ཉག་བླ་གཏེར་ཆེན་གྱི་མདུན་ནས་གུ་དྲག་ཡེ་ཤེས་རབ་འབར་ གྱི་དབང་ཡང་ཁོང་ནས་གསན། སྐོར་འདི་རྗེས་ཤིག་ཏུ་གཙང་བའི་གསེར་ཁང་སྒོ ར། ལྷ་ཚེ་ དགེ་སློང་ལ་གུ་རུ་དྲག་པོའི་དབང་དང༌། ཁམས་སངས་གཏེར་སྟོན་ལ་རཏྣའི་ཕུར་བའི་དབང་ སྟོད་ལས་དང་སྨད་ལས་ཀྱི་དམིགས་ཁྲིད་བཅས་སོགས་ཞུས་ནས་ཁོང་གིས་གསན་ལ། དེ་ ཡན་རྗེ་བླ་མ་འདས་པ་ནས་བཟུང་རང་གིས་ཉམས་ལེན་དང་གཞན་ལ་ཆོས་འཆད་པ་དང༌། གཞན་དམ་པ་དུ་མའི་དྲུང་ནས་ཆོས་བཀའ་ཅི་རིགས་ཉན་པ་དང༌། དེ་དག་དང་མཉམ་དུ་ཁོང་ གིས་བར་བར་དུ་གཞུང་ལུགས་ལ་གཟིགས་རྟོག་ནན་ཆེར་མཛད་བཞིན་གཙང་བའི་ གཟིམས་ཁང་དང༌། འཛམ་ཐང་འདུ་ཁང་ཆེན་མོ། གྲོང་ཁྱི མ་གཞན་སོགས་སུ་ལེགས་ བཞུགས་མཛད་ནས་འདི་སྐོར་དུ་ཁོང་གིས་གཞན་སྟོང་མཐར་འཛིན་གདུང་འཕྲོག་དང་ གཞན་སྔ་ཕྱི་ཅི་རིགས་པར་ཀུན་མཁྱེན་ཆེན་པོའི་གྲུབ་མཐའ་དོན་གསལ་གྱི་འགྲེལ་བ། གཞན་སྟོང་སྤྱི་དོན་གྱི་དཔྱད་པ་སོགས་ཀྱང་གསུང་རྩོམ་དུ་གནང་ཞིང༌། དགུང་ལོ་བཞི་བཅུ་ དང༌། ཞེ་གཅིག་གཉིས་སུ་རིམ་པར་རྟ་མདོར་བྲག་དཀར་སྤྲུལ་པའི་སྐུའི་ཞལ་སྔ་ནས། རྒྱལ་ བའི་བཀའ་གངས་རིའི་ལྗོ ངས་སུ་འགྱུར་རོ་ཅོག་ཡོངས་རྫོགས་དང༌། ཀློང་ཆེན་མཛོད་བདུན། པདྨ་བཀའ་ཐང་རྣམས་ཀྱི་བཀླག་ལུང་དང༌། ཀླུ་སྒྲུབ་ལུགས་ཀྱི་བྱང་ཆུབ་སེམས་སྡོམ་རྣམས་ དང༌། ས་དམར་དགོན་དུ་བླ་མ་སྙན་གྲགས་ཀྱི་དྲུང་དུ། སྒྲུབ་ཐབས་རིན་འབྱུང་ཆ་ཚང༌། གཅོད་གནད་དོན་སྙི ང་པོའི་ཁྲིད་ལུང་བཅས་ལེགས་ནོད་མཛད། སྔར་ཞིག་ནས་ཉིད་ཀྱི་ཤ་ 3-1-302 ཉེ་ཤི་བས་ཕས་ཁྱིམ་ལ་མགོ་འཛིན་མཛད་དགོས་ཞེས་སྨྲས་ཀྱང་ཁོང་གིས་གང་ཡང་མ་ གསན་པར་རང་ཁྱི མ་གྱི་དངོས་རྫས་ཕལ་ཆེ་བ་དགེ་ཕྱོགས་སུ་སྦྱར་ཞིང༌། མ་ཡུམ་ལའང་ རིམ་པས་བློ་ལྡོག་རྣམ་བཞི་སོགས་ཆོས་བཀའ་མཁོ་འོས་གནང་ནས་རྒྱུད་འདུལ་བར་མཛད། དེ་ནས་འདི་སྐོར་གོང་འོག་ཅི་རིགས་ན་འཛམ་ཐང་དུ་མ་ཡུམ་འདས་ཁར་མཚམས་སྦྱོར་ བཟང་པོ་དང་འདས་རྗེས་སུ་དགོངས་རྫོགས་རྒྱ་ཆེ་བའང་མཛད། དགུང་ལོ་ཞེ་བཞིའི་དུས་ ནས་འཛོང་པོ་སྐྱབས་མགོན་གྱི་མདུན་དུ། ཁོང་གིས་མགོན་པོ་ཁྲོ་བཅུའི་རྗེས་གནང་ཞུས་ཏེ་ དགུང་ལོ་ཞེ་ལྔ་ལ་ཉེ་སྐབས་སོགས་སུ་འཛམ་ཐང་དུ་ཁོང་ཉིད་ཀྱིས་སྦྱངས་པ་མ་འདས་ མཆོག་སྤྲུལ་སོགས་ཆོས་རྗེའི་སྐུ་དབོན་བླ་གྲྭ་འགའ་ལ་རྒྱུད་སྡེ་རབ་འབྱམས་ཡོངས་རྫོགས་ ཀྱི་ཟབ་དབང་རྣམས་དང་གཞན་ཡང་ཆོས་བཀའ་མཁོ་འོས་ཆེས་མང་ཞིག་ལེགས་གསུང་ མཛད་ཅིང༌། ཁོང་ཉིད་འཛམ་ཐང་དུ་བཞུགས་སྐབས་ཤིག་ལ་ཉིན་ཅིག་ཉིད་ཀྱི་ཞལ་གསུང་ ལས། ཡུལ་སྡེས་གྲུབ་ཐོབ་ཏུ་བརྗོད་པའི་མི་ཞིག་གི་མིང་ནས་བཟུང་སྟེ་དེ་ཡང་གསོན་འདྲེར་ སོང༌། ཞེས་པའི་གསུང་ཟུར་བྱུང་བ་ལྟར་ཕྱིས་སུ་དོན་ལ་ལུང་བསྟན་ཐོག་ཁེལ་དུ་བྱུང་སྟེ་མི་ དེའི་རང་ངན་གྱི་རྟགས་ཐེར་བུད་དུ་སོང༌། ཡང་ཉིད་འཛམ་ཐང་དུ་བཞུགས་དུས་ཉིན་གཅིག་ གློ་བུར་དུ་བྱོན་ཏེ་བཀྲ་ཤིས་ལྷ་རིའི་རང་དགོན་དུ་བླ་མ་རྡོར་བཟང་བཞུགས་བའི་རླུང་གེགས་ ཁོང་གིས་ལེགས་བསལ་མཛད་དུས་མ་འོངས་པ་ན་བླ་མ་རྡོར་བཟང་འདིས་གཙང་གྲྭ་ཡོངས་ ལ་ཕན་ཐོགས་འབྱུང་ཚུལ་གྱི་གསུང་ཟུར་ཅུང་ཙམ་བྱུང་བ་བཞིན་ཕྱིས་སུ་དེ་ལུགས་མངོན་ གསལ་ཇི་བཞིན་དུ་གྱུར་ཅིང༌། བར་སྐབས་སུ་བནྡྷེ་ལོ་ཉུང་ཞིག་གིས་གད་མོ་ཆེན་པོ་བྱས་ཚེ། ཁོང་གིས་ལྐོག་གཏམ་གྱི་ཚུལ་དུ་འོ་རང་ཉིད་ནད་ངན་པས་ཟིན་ལ་ཉེ་བ་མི་ཤེས་པར་ཅི་ འདྲའི་བགད་རེ་འོང་བར་འདུག ཅེས་གསུངས་པ་ལྟར་ཕྱིས་སུ་བནྡྷེ་དེ་མཛེ་ནད་ཀྱིས་ཟིན། གཙང་གྲྭའི་སྲུང་རིམ་སྤྱིའི་དུས་ཉིད་གཙང་བའི་མགོན་ཁང་དུ་བཞུགས་སྐབས་ཕྱི་རོལ་ན་ 3-1-303 ཡོད་པའི་གླུ་བ་དགའ་བདེ་ཟེར་བ་ཞིག་གིས་གླུ་ལེན་པ་ཁོང་ནས་གསན་མ་ཐག་སྤྱན་ཆབ་ སྐད་ཅིག་ལ་བྱུང་ནས་དབུ་བཏུམས་ཏེ་ཡུན་རིང་བར་བཤུམ་པར་མཛད། དེའི་ཕྱི་ཉིན་ནངས་ སྔ་ཙམ་ན་གླུ་བ་དགའ་བདེ་ཆུས་ཁྱེར་སོང་བ་སོགས་སྔོན་ལས་ཀྱི་ཤུགས་ལྐོག་ཏུ་གྱུར་པ་གང་ དག་ཐུགས་མངོན་ཤེས་ཀྱིས་ཇི་བཞིན་གཟིགས་ནའང་ཉིད་ཀྱི་གསུང་ཟུར་དང་ལྐོག་གཏམ་ གྱི་ཚུལ་དང་སྐུའི་རྣམ་འགྱུར་སོགས་ཀྱི་ཆ་ནས་གཞན་འགའ་རེས་ཇི་བཞིན་དཔོགས་པ་མ་ གཏོགས་ཉིད་གསུངས་ལས་ཇི་བཞིན་ཆེར་སྒྲོག་མཛད་པ་ནི་གཞི་ན་མི་དར་ཞིང་ཡོན་ཏན་ མཐའ་དག་ཤིན་ཏུ་སྦེད་པའི་ངང་ཚུལ་གྱིས་ཕྱི་ནས་བལྟས་ན་མངོན་ཚན་ཆུང་ཞིང་ནང་ན་ ཡོན་ཏན་གྱི་ཆོད་ངེས་པར་ཆེ་བའི་སྔོན་བྱོན་བཀའ་གདམས་གོང་མའི་མཛད་བཟང་སྤར་ལ་ བཏབ་པ་ལྟར་དམ་པ་གང་དེས་དགོངས་ཉམས་སུ་ཇི་ལྟ་བ་བཞིན་ལག་ལེན་ཡོ་འཆུགས་མེད་ པར་ཐུགས་རྒྱུད་ལ་གནད་དུ་ཁེལ་བར་མཛད་པའོ། །དགུང་ལོ་ཞེ་དྲུག་སྐོར་ནས་ལྷ་བཟོ་རྡོ་ རྗེ་འཆང་གི་གདན་ས་རང་ཕྱོགས་ཀྱི་བཀྲ་ཤིས་ལྷ་རིའི་དགོན་དུ་ཁོང་ཉིད་ཕེབས་ཏེ་ཕལ་ཆེ་ བར་རི་དགོན་དེར་བཞུགས་ཤིང༌། སྐབས་ཤིག་ཏུ་ཁོང་གིས་ཕུར་བའི་བསྙེ ན་སྒྲུབ་ཚད་ལྡན་ མཛད་དུས་སུ་དཔལ་ཆེན་རྡོ་རྗེ་གཞོན་ནུའི་དངོས་ཞལ་ལེགས་མཐོང་གི་དགེ་མཚན་ཉེ་བར་ བྱུང་བ་ལ་བརྟེན་དེ་ཕན་ནས་ཉིད་ཀྱིས་ཡི་དམ་གྱི་གཙོ་བོ་ཕུར་བ་ལ་མཛད་ནས་ལྷ་དེའི་སྒོ་ ནས་བསྙེ ན་སྒྲུབ་མཆོད་གསོལ་རྒྱས་པ་དུས་དུས་སུ་མཛད་ཅིང༌། འདི་སྐོར་གོང་འོག་ཅི་ རིགས་བར་སྒྲུབ་གནས་རི་དགོན་གྱི་འདུས་སྡེ་ཡོངས་ཀྱིས་ནན་ཞུས་དང་བཅས་པས་དམ་པ་ ཁོང་དང་བླ་མ་བསོ་བཟང་གཉིས་དགོན་དེའི་རྡོ་རྗེ་སློབ་དཔོན་དུ་མངའ་གསོལ་ནའང་ཁོང་ གིས་རྗེས་སོར་དགོན་དེ་འཛིན་བདག་ཆེར་མ་མཛད་པར་དེར་རེ་ཞིག་བར་བཞུགས་དུས་སུ་ ཉེ་བར་མཁོ་བའི་ཆོས་བཀའ་གང་དགོས་ཀྱིས་རེ་འདོད་བསྐངས་པ་ཙམ་བྱས། དགོན་དེར་ ཉིད་བཞུགས་རིང་དུ་ཁོང་གིས་བླ་མ་བློས་ཚུལ་དང༌། བླ་མ་ལེགས་བྱམས་སོགས་ཆོས་ཚན་ 3-1-304 འགའ་ལ་ཕར་ཕྱིན་སོགས་གཞུང་ལུགས་འགའི་བཤད་ཁྲིད་གནང༌། ཝ་ཤུལ་གྲོང་གི་མཆོད་ རྟེན་བཞེངས་སྐབས་སུ་ཉིད་ཀྱིས་ཐིག་རྩ་བའང་མཛད་ཅིང༌། དེ་དུས་སུ་ཞབས་རྐང་འབམ་ གྱིས་བསྙུང་ཡང་མཚམས་ཤིག་ནས་ཡར་དྭངས་སུ་སོང་ལ། ཁོང་ཉིད་བར་བར་འཛི་སྲིབ་ དགོན་དང་རྒུའི་ན་མོ་ཆེ་སོགས་སུ་བྱོན་ཏེ་བཞུགས་ཤིང་ཉིད་ཀྱི་སྔ་ཕྱིར་རྨི་རུའི་གནས་མདུན་ དུ་རྡོ་བརྐོ ས་ཀྱི་ཡོན་ཐང་མང་པོ་བཅོས་ནས་དེ་ལུགས་ཀྱི་རྟེན་བཞེངས་ཡང་མཛད། འདི་སྐོར་ གོང་འོག་གང་ཡང་རུང་བར་ཉིད་ཀྱི་ཡབ་ཀྱང་དུས་ལས་འདས་ཤིང་དེ་ཡང་སྔོན་དུས་ན་བའི་ སྐབས་ཀྱི་བསྲུང་རིམ་གང་དགོས་དང་ཤི་བའི་རྗེས་ཀྱི་དགོངས་རྫོགས་ཀྱི་དགེ་རྩ་རླབས་ཆེ་ བ་དམ་པ་ཁོང་རང་གིས་ལེགས་པར་བགྱིས་སོ། །རྗེ་བླ་མ་གང་ཉིད་ཀྱིས་གསུང་རྩོམ་གནང་ བའི་གཞན་སྟོང་མཐར་འཛིན་གདུང་འཕྲོག་སོགས་ཀྱི་ཡིག་ཆ་ཕྱིས་ཤིག་ཏུ་མགོ་ལོག་ཕྱོགས་ སུ་ཐོན་པ་ཨ་མདོ་དགེ་བཤེས་འཇམ་དཔལ་རོལ་པའི་བློ་གྲོས་ཀྱིས་གཟིགས་རྟོག་མཛད་ དུས་ཐུགས་ཤིན་ཏུ་དགྱེས་ཏེ། རྩོད་གྲྭར་མ་ཞུགས་པར་གཞུང་ལ་འདི་འདྲའི་ཞིབ་བཤད་ ཐོན་པ་ཆེས་མཚར་ཞིང་རྟགས་གསལ་གྱིས་དཔྱད་པ་ཕྲ་ཞིང་ཟབ་པས་ཕར་ཚད་དང་སྔགས་ ཀྱི་དེ་ཉིད་མཆོག་གི་དགོངས་དོན་དཔྱིས་ཕྱིན་ཏུ་འཆད་ཚུལ་འདི་འདྲ་ནི་བདག་ཉིད་ཆེན་པོ་ འགའ་མ་གཏོགས་གཞན་མཁས་པར་རློམ་པ་དག་གིས་ཇི་བཞིན་ཐོན་ངེས་པར་དཀའ་ཚུལ་ གསུངས་ནས་ཁོང་ཉིད་ཀྱིས་ཡིག་ཆ་དེ་དཔེ་བཅད་ནས་ཡོངས་སྤེལ་གྱི་ཐུགས་ཁུར་ཀྱང་ མཛད་ལ། རྗེས་སོར་དགེ་བཤེས་ཆེན་པོ་དེ་ཉིད་བོད་ལྗོ ངས་ཀྱི་ལྷ་ལྡན་སྤྲུལ་པའི་གཙུག་ ལག་ཁང་ཆེན་པོའི་ཉེ་འདབས་བོད་གཞུང་སྨན་རྩིས་སློབ་གྲྭ་ཁང་དུ་ལེགས་བཞུགས་མཛད་ སྐབས་སུ་ཁོང་ཉིད་ཀྱི་ཞལ་སྔ་ནས། དམ་པ་འདི་ལ་ཆེ་བའི་བསྔགས་བརྗོད་ཀྱི་མེ་ཏོག་དུས་ སུ་རྒྱང་རིང་ནས་འཐོར་བར་མཛད་པ་ཡང༌། དགེ་བའི་བཤེས་དེས་རྗེ་འདི་ལ་གསོལ་ འདེབས་ཞབས་བརྟན་སྨོ ན་ཚིག་བཅས་ཀྱི་གསུང་རྩོམ་ལེགས་གནང་གི་སྐབས་སུ། འདི་ 3-1-305 སྐད། མདོ་སྔགས་ཡོངས་སུ་རྫོགས་པའི་དགོངས་དོན་རིགས་པ་དྲི་མ་མེད་པའི་ལམ་ནས་ བྱང་ཆུབ་ཅིང་ཐོས་དོན་རྒྱུད་ལ་སྦྱར་ཏེ་དབེན་པའི་གནས་སུ་ཚེ་དང་སྒྲུབ་པ་མཉམ་པར་ མཛད་ཅིང་ཁྱད་པར་ཕྱི་ནང་གཞན་གསུམ་དུས་ཀྱི་འཁོར་ལོའི་དགོངས་པ་བྱང་ཆུབ་སེམས་ དཔའི་འགྲེལ་བ་སྐོར་གསུམ་དང་མཐུན་པར་ལུང་རིགས་ཀྱི་ལམ་ནས་འཆད་པ་ལ་དེང་སང་ གི་དུས་ན་འགྲན་པའི་ཟླ་དང་བྲལ་བ་ཤར་འཛམ་ཐང་བ་ངག་དབང་ཚོགས་གཉིས་རྒྱ་མཚོ་ གང་གི་ཞེས་པའི་ཆེ་བསྔགས་དང་རྗེ་གང་ཉིད་གཞུང་ལུགས་རབ་འབྱམས་ཀྱི་དོན་ཇི་བཞིན་ བཤད་པ་དང་སྒོ་ཀུན་ནས་བསོད་ནམས་དང་གནས་ལུགས་རྟོགས་པའི་ཡེ་ཤེས་ཟབ་མོ་ མཐའ་ཡས་པའི་སྒྲུབ་བརྒྱུད་ཀྱི་བཅུད་བཟང་པོ་ཉེ་བར་འཛིན་པའི་དཔལ་ལྡན་བླ་མ་མཆོག་ ཡིན་ཚུལ། ཇི་སྐད་དུ། རབ་འབྱམས་གཞུང་ལུགས་འདོམས་པའི་ངག་ལ་དབང༌། །བསོད་ ནམས་ཡེ་ཤེས་ཚོགས་གཉིས་རྩེར་སོན་ཅིང༌། །བཤད་དང་སྒྲུབ་རྒྱུད་རྒྱ་མཚོའི་བཅུད་འཛིན་ པའི། །མཚན་ལྡན་རྗེ་བཙུན་བླ་མར་གསོལ་བ་འདེབས། །ཞེས་དང༌། ཡང་རྗེ་ཉིད་འཕགས་ བོད་ཀྱི་གཞུང་ལུགས་མང་པོའི་དོན་ཐུགས་ལ་ཆུབ་ཅིང་དེ་ཡང་མ་རྟོགས་ལོག་རྟོག་གིས་མ་ བསླད་པར་དགོངས་དོན་ཇི་བཞིན་བློ་གྲོས་མཆོག་གིས་གཏིང་དཔོག་བཞིན་ཕྱི་ནང་མ་ འཛོལ་བར་རང་གིས་ཉམས་ལེན་ཡང་དག་དང་གཞན་ལ་ཇི་བཞིན་བཤད་པའི་དོན་གཉིས་ ཁྱད་པར་ཅན་ཟུང་འབྲེལ་དུ་མངའ་བའི་ངེས་པ་དོན་གྱི་སྐྱེས་ཆེན་ཡིན་ཚུལ། ཇི་སྐད་དུ། འཕགས་བོད་གཞུང་བརྒྱའི་ཐོས་དོན་ཡོངས་རྫོགས་ཤིང༌། །དྲི་མེད་རིགས་པས་དགོངས་དོན་ གཏིང་དཔོག་སྟེ། །རྩེ་གཅིག་སྒོ མ་དང་འཆད་པའི་གཟུངས་སྤོབས་ཅན། །ངེས་དོན་བཤེས་ གཉེན་དམ་པ་ཞབས་བརྟན་ཤོག །ཅེས་དང༌། ཡང་རྗེ་གང་གིས་ཕྱི་ནང་གི་གྲུབ་མཐའ་སྤྱི་དང་ ཁྱད་པར་འཁོར་ལོ་གསུམ་གྱིས་བསྟན་དོན་རྒྱལ་ཚབ་བྱམས་པ་དང་འཕགས་པ་ཀླུ་སྒྲུབ་རྣམ་ གཉིས་ཀྱིས་ཇི་སྐད་བཀྲལ་བ་ལྟར་ཕན་ཚུན་དགོངས་པ་འགལ་མེད་ཀྱི་ཚུལ་དུ་རང་སྟོབས་ 3-1-306 ཀྱིས་ལུང་རིགས་ཡང་དག་གི་ལམ་ནས་ཇི་བཞིན་འཆད་པ་ལ་ཐུགས་ཀྱི་སྤོབས་པ་མཆོག་ ངེས་པར་བརྙེས་ཚུལ། ཇི་སྐད་དུ། ཕྲ་རགས་གྲུབ་མཐའི་ཐེམ་སྐས་ཡོངས་རྫོགས་ཏེ། །མཐའ་ བྲལ་བྱམས་ཀླུའི་དགོངས་པ་རོ་གཅིག་ཏུ། །གཞན་དྲིང་མི་འཇོག་རིགས་པའི་གད་རྒྱངས་ ཀྱིས། །སྨྲ་བའི་སེང་གེའི་བུ་བརྒྱུད་དར་གྱུར་ཅིག །ཅེས་དང༌། ཡང་དམ་པ་ཉིད་ཀྱིས་ཕྱི་འཇིག་ རྟེན་ཁམས་དང་ནང་རྩ་རླུང་ཐིག་ལེ་གཞི་ལམ་འབྲས་གསུམ་དག་པ་རོ་མཉམ་ཆེན་པོའི་ བདག་ཉིད་བདེ་སྟོང་ཟུང་འཇུག་གི་དུས་ཀྱི་འཁོར་ལོ་དྲུག་བརྒྱ་སོ་དྲུག་གི་རྣམ་པ་སྟོང་ གཟུགས་སྒྱུ་མའི་ངོ་བོར་ཇི་བཞིན་མཇལ་བས་སྔགས་ཀྱི་རྟོགས་ལྡན་རྡོ་རྗེ་སློབ་དཔོན་ཆེན་ པོར་དམ་པ་འདི་ཉིད་གོར་མ་ཆག་ཚུལ། ཇི་སྐད་དུ། ཕྱི་ནང་གཞན་གསུམ་དབྱེར་མེད་བདེ་ བ་ཆེ། །སྟོང་གཟུགས་དུས་ཀྱི་འཁོར་ལོའི་དགྱེས་འཛུམ་ཞལ། །སྐལ་བཟང་གཟིགས་མོར་ བསྒྲུབ་ལ་ངོ་མཚར་ཅན། །རྡོ་རྗེ་འཛིན་པའི་ཐུགས་བཞེད་ཀུན་འགྲུབ་ཤོག །ཅེས་དང༌། རྗེ་ ཁོང་གིས་ཀུན་མཁྱེན་དོལ་པོའི་ལྟ་གྲུབ་ཀྱི་རང་ལུགས་དེ་ཐུན་མོང་སྤྱིའི་འཛིན་མཚམས་ཀྱི་ སྟེང་ནས་ཕར་ཕྱིན་ལས་ལམ་མངོན་པར་རྟོགས་པ་བརྒྱད་གསུངས་པའི་ཟབ་མོའི་ལམ་གྱི་ གནད་དག་གི་འགྲོས་དང་སྦྱར་ཏེ་ཚད་མ་སྡེ་བདུན་གྱི་རིགས་ལམ་ཡང་དག་པས་རྣམ་ཤེས་ བློ་རིག་གི་ཁྱད་རྩལ་ཐོན་མཛད་པའི་སྒོ་ནས་ཕྱི་ནང་གྲུབ་མཐའི་དབྱེ་བ་སྤྱི་དང་བཅས་ཇི་ བཞིན་འཆད་པའི་གཞན་སྟོང་མཐར་འཛིན་གདུང་འཕྲོག་ལྟ་བུ་ནི་ཆེས་ལེགས་བཤད་རྨད་དུ་ བྱུང་བ་ཡིན་ཚུལ། ཇི་སྐད་དུ། རྟོན་བཞི་ལྡན་པའི་སྒྲུབ་བརྒྱུད་ས་ལེ་སྦྲམ། །ཕར་ཚད་ལུང་ རིགས་ནོར་བུའི་ཕྲ་ཚོམ་གྱིས། །ཡོངས་གཏམས་རྨད་བྱུང་རང་ལུགས་རིན་ཆེན་བརྒྱས། །དཔྱོད་ལྡན་ཡོངས་ཀྱི་སྙི ང་ལ་མཛེས་གྱུར་ཅིག །ཅེས་སོགས་ཀྱི་ཆེ་བའི་བསྔགས་ཚིག་ཁྱད་ པར་དུ་འཕགས་པ་རང་ཡུལ་ནང་ཁུལ་གྱི་ཕན་ཚུན་མཐུན་གཏམ་ཙམ་དུ་མ་ཟད་པར་བོད་ ལྗོ ངས་ཀྱི་ཆོས་སྡེ་ཆེ་བ་ནས་གཞུང་ལུགས་སྨྲ་བའི་མགྲིན་པ་གཟེངས་སུ་མངོན་པར་མཐོ་བའི་ 3-1-307 དགེ་བའི་བཤེས་གཉེན་གང་གིས་མཁས་པའི་གསུང་རབ་ཀྱིས་ཐུགས་ཉེ་བར་འཕྲོག་པའི་ ངང་ནས་བསྟོད་འོས་དུས་སུ་བབ་སྟེ་དོན་དང་མཐུན་པའི་བསྔགས་བརྗོད་རྒྱང་རིང་ཡུལ་ནས་ དུས་སུ་ལེགས་པར་བསྩལ་པ་གང་འདི་ཆེས་ཡ་མཚན་གྱི་གནས་ཟླ་དང་ངེས་པར་བྲལ་བའོ། །གཞན་ཡང་རྗེས་སོར་ཡང་དམ་པ་གང་ཉིད་ལ་བོད་ལྗོངས་ལྷ་ལྡན་ཕྱོགས་ནས་ཨ་མདོ་དགེ་ བཤེས་ཁོང་གིས། དུས་འཁོར་བཤད་གྲྭའི་རྒྱུན་འཛུགས་ཐུགས་ཁུར་མཛད་ན་ཆ་རྐྱེན་གང་ ཐད་ནས་ཁོང་ཉིད་ཀྱིས་མཛད་སྒོ་ལེགས་གནང་གི་བཀའ་མཆིད་འབུལ་བ་ཡང་སླད་མར་ ནས་བྱུང་བ་སོགས་དཔལ་ལྡན་བླ་མ་འཇམ་དཔལ་གཞོན་ནུ་དང་རྣམ་དབྱེར་མེད་པ་གང་ ཉིད་ཀྱི་མཁས་པ་དང་གྲུབ་པའི་མཚན་གྱི་གྲགས་སྙན་དགེ་ལེགས་ས་ཆེན་ཡངས་པའི་རྒྱན་དུ་ ལེགས་གྱུར་མཛད་ལ། དེ་ལྟ་བུའི་རྗེ་བླ་མ་གང་ཉིད་དགུང་ལོ་ང་གཅིག་ལ་སླེབས་སྐོར་ སོགས་སུ་ཆོས་སྐྱོང་ནག་པོ་ཆེན་པོའི་ཞལ་གཟིགས་ཀྱི་ལུང་བསྟན་ལྟར་རྭ་འོབ་སྐོང་སྤྲུལ་ ཤུག་ཁྲོད་དུ་གཟིམས་སྤྱིལ་གསར་རྩིགས་མཛད་དེ། དེར་ཁོང་ཉིད་རྒྱུན་བཞུགས་ལྟ་བུར་ མཛད་སྐབས་སུ་ཁོང་གིས་སྐུ་མདུན་དུ་ཐུགས་སློབ་ཀྱི་རིམ་པ། ཨ་སྐྱོང་ངང་བ་བླ་མ་ངག་ བསྟན། རྡོའི་གྲུབ་ཆེན་སྤྲུལ་སྐུའི་ཡོངས་འཛིན། མཆན། ལམ་ཀོའི་བླ་མ་གསང་སྔགས། མགར་བ་སྤྲུལ་ སྐུ་རྡོར་མཆོག ཤུག་ཅ་བླ་མ་དགེ་ལེགས། རོང་བ་བླ་མ་རབ་ལྡན། ཆོས་རྗེའི་བླ་མ་ཆོས་ འགྲུབ། ཨ་སྐྱོང་སྤྲུལ་སྐུ་བསྟན་འཛིན་རྒྱ་མཚོ། འཛི་སྲིབ་དབོན་པོ་ཕུན་ཚོགས། ཀ་ཐོག་བླ་ མ་ཐེག་མཆོག རྒྱལ་རོང་བླ་མ་དཀོན་རྒྱལ། ཟ་ལ་བླ་མ་བདེ་རྒྱམ། ཐང་སྐྱ་བླ་མ་ངག་སྨོ ན། ཀ་ཐོག་བླ་མ་མཁྱེ ན་ལྡན། རྡོ་ར་བླ་མ་བློ་ཆོས་སོགས་ཐོས་བསམ་གྱིས་སློབ་གཉེར་བ་མང་ ཙམ་ཡོད་པ་དག་ལ་སྔ་ཕྱི་ཅི་རིགས་སུ། བསྡུས་གྲྭ་སྤྱི་ཟུར། ཕར་ཕྱིན། མངོན་པ་སོགས་ གཞུང་ཆེན་དུ་མའི་བཤད་ཁྲིད་གནང་བ་དང་ཆབས་ཅིག་ཕར་ཕྱིན་དང་མངོན་པ་གཉིས་ཀྱི་ ཞིབ་ཆ་དང་མཐའ་དཔྱོད་ཀྱི་ཡིག་ཆའང་གསར་འཇོག་གི་སྒོ་ནས་གསུང་རྩོམ་མཛད་བཞིན་ 3-1-308 རིམ་གཉིས་ཀྱི་རྣལ་འབྱོར་ལ་ཉམས་ལེན་ཀྱང་གཟིམས་ཁང་ནང་དང་སྒོའི་ར་བའི་ནང་ སོགས་ངེས་མེད་རྣམས་སུ་ཅི་དགར་བཞུགས་ཏེ་ནང་ཡང་དག་འཇོག་ལ་མཉམ་བཞག་ལྷུར་ ལེན་མཛད། སྔ་གོང་ཞིག་ཏུ་ཆོས་ཁྲིད་ཀུན་ལོ་རེ་ཙམ་བཞག་ནས་ཐུགས་དམ་ཁོ་ན་ལ་ཡང་ བཞུགས། འདིར་ཕྱོགས་ནས་འོང་བའི་ཆོས་ཞུ་བ་རྣམས་ལ་བློ་སྦྱོང༌། རྩིས། བསྐྱེད་རྫོགས་ཀྱི་ ཁྲིད་སོགས་གང་དགོས་དག་ཉིད་ནས་ལེགས་པར་ཡིད་འདོད་བཞིན་རེ་བའང་སྐོང་ཞིང༌། ཉིད་མདུན་དུ་འོང་བའི་སློབ་བུ་མི་བདེ་བར་ངེས་པ་དག་ཁོང་གིས་སྔོན་ནས་ཇི་བཞིན་ གཟིགས་ཏེ་འོང་དུ་མི་འཇུག་གལ་ཏེ་མ་ཉན་པ་དག་ལ་མི་བདེ་བ་མཐོང་ཆོས་སུ་བྱུང་ལ། ཉིད་ གར་བྱོན་རྣམས་ཆིབས་རྟ་ལ་མི་བཅིབས་པ་དང༌། ཉིད་ཀྱིས་བསད་ཤ་གཏན་སྤངས་དང་ གཞན་ཡུལ་སྡེ་ལ་བཤས་ཁྲིམས་བསྡམས་པ་སོགས་གཞན་གནོད་གཞི་བཅས་སྤོང་བ་ལག་ ལེན་ཐེབས་ངེས་མཛད་ཅིང༌། དེ་སྐོར་ཅི་རིགས་པར་གཙང་བའི་གཟིམས་ཁང་དུ་འབའ་ མདའ་བླ་མའི་གསུང་འབུམ་བཀླག་ལུང་བླ་མ་མང་པོས་རེས་མོས་སུ་གསུང་སྐབས་ཁོང་དེར་ ཕེབས་ཏེ་ཉིད་ཀྱིས་འཇམ་དབྱངས་དམར་སེར་ས་ལུགས་ཁྲིད་ཡིག་གི་བཀླག་ལུང་ཐུན་པ་ བཅས་ལ་གསུངས་ཤིང༌། འབའ་མདའ་བླ་མའི་གསུང་གི་ལམ་རིམ་དང་སྒོ མ་རིམ་སོགས་ཀྱི་ པར་བརྐོ འི་བྱ་བའི་མགོ་མཐའ་ཡང་མཛད་ལ། ཡང་བར་སྐབས་ཉིད་གཙང་བའི་གཟིམས་ ཁང་དུ་ཕེབས་སྐབས་ཁོང་གིས་གདུང་ཡངས་བླ་མ་དང་གཟིམས་ཁང་ཐུན་པ་བཅས་ལ་དུས་ འཁོར་བསྟོད་ཆེན་གྱི་བཀླག་ལུང་དང་སེམས་ཁྲིད་བཅས་གསུངས་པ་སྟེ། དེ་ཡང་རྗེ་ཏཱ་ར་ནཱ་ ཐའི་ཞལ་སྔ་ནས། བརྗོད་བྲལ་འདི་ལ་ཅི་ཞིག་བརྟེན་པར་བྱ། །ཞེས་གསུངས་པ་ལྟར་རང་ སེམས་གཉུག་མ་གཤིས་ཀྱི་ངོ་བོ་ཇི་བཞིན་པའི་རང་བཞིན་ནི་གཏད་སོ་མྱོང་ཞེན་སོགས་ཀྱི་ སྤྲོས་པ་ཀུན་བྲལ་སྨྲ་བསམ་བརྗོད་པ་ལས་རྣམ་པར་འདས་པ་ཞིག་གནད་དུ་ཆེ་ཚུལ་ཞིབ་ པར་གསུངས་ལ། དེ་ནས་རྗེས་སོར་ཞིག་ཏུ་ཁོང་གཙང་བའི་སྒྲུབ་གྲྭ་གོང་མར་ཕེབས་ཏེ། གང་ 3-1-309 ཉིད་ཀྱིས་སྒྲུབ་པོ་མུ་མདའི་བླ་མ་གསལ་བཟང༌། མགོ་ལོག་བླ་མ་མཁྱེ ན་ལྡན་སོགས་ལ་ཉིད་ ཀྱིས་མཛད་པའི་ཚངས་སྤྱོད་བསྲུང་ཚུལ་མི་རྟག་རྒྱུད་བསྐུལ་བཅས་དང༌། ཚེ་དཔག་མེད་ བདག་བསྐྱེད། རྡོར་ཤུགས་བདག་བསྐྱེད་ཆུང་བ། ཚེ་འགུགས། སྦྱོར་དྲུག་ཟིན་བྲིས་སོགས་ ཀྱི་བཀླག་ལུང་ཡང་གསུངས། སྤྱིར་ན་ཁོང་ཉིད་ཀྱིས་སྐབས་སུ་མ་བབ་པའི་སྣོ ད་དུ་མི་རུང་བ་ དག་ལ་ངེས་ཁྲིད་བཅད་ཡོད། ཅེས་ཆོས་ཁྲིད་གང་ཡང་མི་གསུངས་པ་ཡང་བར་བར་དུ་མཛད་ འདུག དེ་ལྟ་བུའི་ཚུལ་གྱིས་ལོ་ལྔ་དྲུག་ཙམ་སོང་ནས་ཉིད་དགུང་ལོ་ང་བདུན་གྱི་དུས་སུ་ སླེབས་པ་ན་ཐུབ་པའི་བསྟན་པ་སྔ་དར་གྱི་མཇུག་སྙིགས་མ་ལྔ་བདོ་བའི་དུས་ཀྱི་རང་རྟགས་ ཆེས་མི་བཟད་པ་མཐའ་ཡི་དམར་དམག་གི་དཔུང་གཏིང་ནས་རྒྱང་བསྐྱོད་བྱས་ཏེ་བསྟན་ འགྲོའི་ལེགས་ཚོགས་རིམ་པས་འགྲིབ་པ་ལ་ཉེ་བའི་མགོ་བརྩམས་ཏེ་ཡུལ་འདིར་དུས་ལོག་ གི་ཟིང་ཆ་ལྷག་པར་ཆེ་བས་ཁོང་ཉིད་ཀྱང་རང་གནས་སུ་བཞུགས་ལོང་མ་བྱུང་བས་ལོ་དེར་ མགོ་ལོག་ཕྱོགས་སུ་ཕེབས་པ་ན་པཎ་ཆེན་རྒྱ་ཡུལ་ནས་ཡར་ཕེབས་པ་དང་འཛོམས་པས་ ཁོང་གིས་གཙང་པཎ་ཆེན་བློ་བཟང་ཆོས་ཀྱི་ཉི་མའི་ཞལ་སྔ་ནས། ཤམྦྷ་ལའི་སྨོ ན་ལམ་ སོགས་ཀྱི་ཆོས་འབྲེལ་དང༌། ཁྲ་དགེ་སློང་ཚུལ་ཁྲིམས་དར་རྒྱས་ཀྱི་མདུན་དུ་འཇམ་དབྱངས་ བསྟོད་སྤྲིན་རྒྱ་མཚོའི་བཀླག་ལུང་སོགས་ཆོས་བཀའ་ཅི་རིགས་པ་ཡང་གསན་པར་མཛད། ཁོང་གིས་དེ་ཕྱོགས་ཀྱི་རང་རེའི་ངེས་དོན་སྒྲུབ་བརྒྱུད་ཀྱི་བསྟན་པའི་རྩ་ལག་གདུང་ཡངས་བླ་ མའི་ཆོས་སྒར་དུ་ཡོད་པའི་བླ་གྲྭ་ཅི་རིགས་ལ་གང་འཚམས་ཀྱི་ཆོས་བཀའ་རེའང་མཛད་ཅིང༌། བླ་གྲྭ་དེ་དག་གིས་རྟོགས་འབུལ་བཅས་ཀྱིས་རྗེ་དམ་པས་ཐུགས་མགུ་ཡང་གནང༌། ཁོང་ ཉིད་ཀྱིས་སྐྱ་བྱང་ལ་འབའ་མདའ་བླ་མའི་གསུང་གི་ཕར་ཊཱིཀ་ཆུང་བ་པར་དུ་བརྐོ་བའི་ཐུགས་ བསྐུལ་གྱིས་བསྟན་པའི་ཆོས་གཞི་རླབས་ཆེན་གྲུབ་པ་སོགས་བསྟན་འགྲོ་ལ་ལེགས་སྤེལ་གྱི་ སྒོ ་ཡང་ཅི་རིགས་བྱུང་ལ། ལོ་དེའི་མཇུག་ཏུ་ཁོང་ཉིད་རང་གནས་རི་ཁྲོད་དུ་ཕེབས་ནས་ 3-1-310 ལེགས་བཞུགས་མཛད་དེ་དགུང་ལོ་ང་བརྒྱད་པ་ལ་རྗེ་བླ་མ་གང་ཉིད་ཀྱི་མདུན་དྲུང་དུ་ཆོས་ མཆེད་མཆོག་གྱུར་དགེ་སློང་བློ་གྲོས་རྒྱ་མཚོ་དང་ལྷན་ཅིག་ཕྲན་ཐ་ཤལ་བ་རང་ཡང་རྗེ་དམ་ པའི་ཞལ་བཟང་ཉེ་བར་མཇལ་བའི་སྐལ་བ་དང་ལྡན་ཏེ་གང་གི་ཐུགས་བརྩེ་བ་ཆེན་པོས་རང་ ཅག་རྗེས་སུ་བཟུང་སྟེ། བཀའ་ལས་བསྡུས་གྲྭ་སྤྱི་ཟུར་བཅས་ཀྱི་བཤད་ཁྲིད་ལེགས་པར་ གནང་བའི་འགོ་ཚུགས་པ་ནས་བཟུང་དགུང་ལོ་ང་དགུ་ཡན་གྱི་བར་ལ་ཁོང་གིས་བཀའ་དྲིན་ ཟླ་དང་བྲལ་བས་རང་ཅག་ལེགས་བསྐྱང་མཛད་པ་ཡིན་ལ། དེ་དག་གི་སྐབས་སུ་རྗེ་ཉིད་ ཀྱིས་རྟགས་རིགས་ཀྱི་རྣམ་བཤད་རྒྱས་པའི་རྩོམ་འཕྲོ་དང༌། བསྡུས་ཞིབ་ནོར་བུའི་མེ་ལོང་གི་ འཕྲོ་ཡང་ལེགས་གྲུབ་ཀྱིས་མཇུག་རིམ་པས་རྫོགས་པར་བགྱིས་ཤིང༌། བློ་སྦྱོང་སོགས་ཆོས་ བཀའ་ཅི་རིགས་གཞན་ལ་གང་མཁོ་བཞིན་གྱིས་རེ་སྐོང་དང་བཅས་རྩོམ་པ་གཞན་ཡང་སྒྲོལ་ ཆོག་མཎྜལ་གྱི་ལྷན་ཐབས་ཟུང་དང༌། ས་ལམ་རྣམ་བཞག་ཕྲན་བུ། རྒྱུད་སྡེ་རྒྱ་མཚོའི་རྩིག་ ཐིག་སོགས་དགོས་མཁོ་དུ་མའང་བར་བར་རྣམས་སུ་གསུང་རྩོམ་མཛད། སྤྱིར་ཡང་རྗེ་དམ་ པ་མཆོག་གི་གསུང་རྩོམ་གྱི་རིམ་པ་ལ་གོང་དུ་སྨོས་པ་རྣམས་དང་གསང་སྔགས་ཉམས་ལེན་ གྱི་ཚུལ་རྩ་ལྟུང་རྣམ་བཤད། བདེ་ཆེན་ཞིང་གི་རྒྱུ་བཞིའི་རྣམ་བཤད་འོད་ཆོག་བཅས་སོགས་ ཁྱོ ན་བསྡོམས་གླེགས་བམ་དྲུག་ལ་ཉེ་བ་ཙམ་ཡོད་པར་མངོན། འཛམ་ངོས་བླ་མ་ཀུན་དགའ་ ངག་གི་དབང་པོའི་ཞལ་ནས་རྗེ་འདི་ཉིད་ལྟ་བུའི་ཡོན་ཏན་མཆོག་ལེགས་པར་མངའ་བ་ནི་ རྒྱལ་བ་པཎ་ཆེན་ལྟ་བུ་ཞིག་ཡིན་ཡང་དེ་ལས་ལྷག་པ་དཀའམ་སྙམ། ཞེས་གསུངས་པ་ལྟར་ དམ་པ་གང་དེས་བཤད་དང་སྒྲུབ་པའི་རྒྱལ་མཚན་གཞན་ལས་མངོན་པར་འཕགས་པ་དེང་ དུས་སུ་འགྲན་ཟླ་དང་བྲལ་བའི་ཚུལ་གྱིས་འཛིན་སྐྱོང་སྤེལ་གསུམ་གྱི་མཛད་སྒོ་ཤིན་ཏུ་ ཡངས་པར་མ་ཟད་ཁོང་གི་ཉེ་འཁོར་དུ་སྡོད་པའི་རང་ཅག་ལྟ་བུ་རྣམས་ལའང་ཉིད་སྐུའི་ མཛད་སྤྱོད་ཀྱིས་སེམས་བར་བར་འཕྲལ་དུ་བསྒྱུར་ཏེ་འཁོར་བ་ལ་སྐྱོ་ཤས་ངེས་འབྱུང་གི་རྣམ་ 3-1-311 པའི་བློ་འབད་མེད་ཤུགས་འབྱུང་དུ་སྐྱེ་བར་མཛད་པ་དང་ཁྱད་པར་རྗེ་གང་གི་དྲིན་ལས་རང་ བློ་བསྟན་པ་ལ་ཅུང་ཙམ་ཕྱོགས་ཤིང་དམ་པའི་ཆོས་རྒྱབ་ཕྱོགས་ཁོ་ནར་མ་སོང་བར་རང་གི་ དབང་པོ་དང་འཚམས་པའི་ཆོས་བློ་ཉག་ཙམ་གཏན་མེད་དུ་ཅུང་མ་ཡལ་བའི་ངང་ཚུལ་ད་ལྟ་ རང་ལ་དབང་ཙམ་འདི་ཀ་ཉིད་གཏན་གྱི་ཕན་པ་ལེགས་པར་སྩོལ་པ་ཡིན་པ་སོགས་ལ་ བསམ་ན་རྗེ་དམ་པའི་བཀའ་དྲིན་བྱེ་བའི་ཆ་ཡང་ཐ་ཆད་རང་ལྟ་བུས་ནམ་ཡང་འཁོར་ཐབས་ ག་ལ་ཡོད། རྗེ་ཁོང་གི་ཐུགས་ཀྱིས་འགྲོ་བ་སྤྱིའི་སྡུག་བསྔལ་བཟོད་དཀའི་གནས་མཐའ་དག་ ལ་ཞིབ་གཟིགས་ཀྱི་སྒོ་ནས་ཤུག་དྲག་པོའི་སྡུག་བསྔལ་དེ་དག་ལས་བདག་གིས་འགྲོ་ཀུན་ བསྒྲལ་འདོད་ཀྱི་སྙིང་ལྷག་པར་བརྩེ་བ་ཐུགས་གཏིང་དུ་ཀུན་ནས་མཆེད་པས་རང་དབང་ མེད་པར་བར་བར་སྤྱན་ཆབ་ཡང་ཡང་བྱུང་ཞིང་སྐུ་བཞུགས་ཚུལ་རྒྱུན་དུ་སྡུག་བསྔལ་བའི་ རྣམ་པ་དང་དམན་ས་ཁེངས་བསྐྱུངས་པ་ཁོ་ནས་དུས་འདའ་བཞིན་དགེ་བའི་བཤེས་གཉེན་ གླང་རི་ཐང་པའི་མཛད་པ་དང་རྣམ་པ་ཀུན་ནས་ཁྱད་མེད་དུ་ལེགས་བཞུགས་མཛད་ཅིང་སྐུ་ ཚེ་གང་བོར་དད་གཤིན་གྱི་རྫས་ཆེན་པོ་གང་དང་མ་འབྲེལ་ཞིང་ཉིད་ཀྱིས་བར་བར་རྣམས་སུ་ ཕུར་བ་སོགས་སྐུ་བརྙན་ཆེས་མང་རང་གཞན་གང་དག་གིས་ལེགས་བཞེངས་ཀྱི་སྒོ་ནས་སྐུ་ ཁང་ཐོག་ཚད་གཅིག་པའི་ནང་དུ་སྐུ་བརྙན་དེ་དག་བཞུགས་སུ་གསོལ་བ་སོགས་ཀྱིས་བྱ་བ་ ལས་ཀྱི་འཁོར་ལོའི་བསགས་སྒོ ་ཅི་རིགས་ཀྱང་མཛད། འདི་སྐོར་ཞིག་ཏུ་ཨ་གཏེར་དཔའ་ བོ་ཆོས་དབྱིངས་རྡོ་རྗེ་བྱོན་ནས་གཏེར་སྟོན་ཉིད་ཀྱིས་རང་གི་གཏེར་ཁའི་ཐང་སྟོང་རྒྱལ་པོའི་ ལུགས་ཀྱི་ཚེ་དབང༌། རྗེ་དམ་པ་ཉིད་དང་རང་ཅག་བཅས་ལ་ལེགས་པར་གསུངས་ཤིང་ གཏེར་སྟོན་ཁོང་གིས་གཏེར་ལུང་ལས། སྔོ ན་དུས་གྲུབ་ཆེན་ལྭ་བ་ཆེ། །ཞེས་སོགས་ཀྱིས་རྗེ་ གང་ཉིད་སྔོན་གྱི་དུས་སུ་འཕགས་ཡུལ་དུ་གྲུབ་ཐོབ་ལྭ་བའི་ན་བཟའ་ཅན་སོགས་པཎ་གྲུབ་ དུ་མ་དང༌། བོད་ཕྱོགས་སུ་རྗེ་ཙོང་ཁ་བའི་ཐུགས་སྲས་རྒྱལ་ཚབ་དར་མ་རིན་ཆེན་གྱིས་མཚོན་ 3-1-312 མཁས་ཤིང་གྲུབ་པའི་སྐྱེས་ཆེན་མང་པོའི་རྣམ་པར་བྱོན་ནས་བསྟན་འགྲོ་ལ་རླབས་ཆེན་ངོ་ མཚར་བའི་མཛད་སྒོ་ཉེ་བར་གནང་ཚུལ་གྱི་རྡོ་རྗེའི་ལུང་འགྱུར་མེད་དུས་སུ་བསྩལ་ཅིང༌། འདི་སྐོར་ཅི་རིགས་སུ་གཏེར་སྟོན་ཨུ་རྒྱན་ཕྲིན་ལས་གླིང་པའམ་ཨ་གཏེར་མཆོག་གིས་སྔར་ སྲས་མདའ་ན་རྡོར་སེམས་ལྷ་ཁང་བཞེངས་ཡོད་པ་ལ་ཉེར་མཁོའི་སྨོན་ཚིག་གཏེར་སྟོན་ཉིད་ ནས་ཆེད་བསྐུལ་ལྟར་རྗེ་དམ་པས་སྨོན་ལམ་དགེ་ལེགས་མཆོག་སྩོལ་ཞེས་བྱ་བའང་གསུང་ རྩོམ་དུ་གནང༌། རྗེ་དམ་པ་གང་གིས་སྔ་ཕྱི་དུ་མར་ཐུགས་མངོན་ཤེས་ཀྱིས་ལྐོག་གྱུར་མང་ པོའི་ཡིན་ལུགས་གཟིགས་ཚུལ་སོགས་ཀྱི་ཡོན་ཏན་རླབས་ཆེན་གཞན་ཡང་ཆེས་མང་ནའང་ ཉིད་ཀྱི་ཞལ་སྔ་ནས་གསུང་ཟུར་ཙམ་ལས་རང་གི་ཡོན་ཏན་མཐའ་དག་གབ་ཅིང་མི་མངོན་ པའི་ཐ་མལ་ཕལ་གྱི་ཚུལ་ཁོ་ནས་སྐུ་ཚེ་དུས་འདའ་ཞིང་ཉུང་གསལ་གྱི་ཆ་ཡོད་པ་གང་དག་ ཀྱང་འདིར་ཁུངས་ཇི་བཞིན་མ་རྙེད་པའི་འབྲི་བའི་རྔོ་མ་ཐོགས་ལ། འོན་ཀྱང་ཉིད་ཀྱི་སྐུ་ མདུན་དུ་བཅར་སྡོད་དག་གི་གནས་ཚུལ་མ་ཟད་སྔོན་ཁོང་ཉིད་འཛམ་ཐང་གཙང་བའི་ གཟིམས་ཁང་དུ་བྱོན་སྐབས་ཤིག་ལ་ཁོང་གིས་ཕྱག་མདུད་ཅིག་སློབ་བུ་ཞིག་ལ་བསྐུར་ཏེ། ཞལ་ནས། སྲུང་མདུད་འདི་གཙང་སྡེའི་ཏོ་ཙ་ཚང་གི་བྱིས་པ་ཆུང་སྐྱེས་དེ་ལ་འཕྲོད་དུ་ཆུག ནམ་ཞིག་བྱིས་པ་དེས་ཡི་གེ་ཞིག་སློབ་ན་ངེས་པར་བཟང་ཚུལ་གྱི་གསུང་འཕྲོས་ཀྱང་གནང་ ལ་བུ་ཆུང་དེས་རྗེས་སོར་དེ་ལྟར་བྱས་ཤིང་རིམ་པས་ཆོས་ལ་ཞུགས་ནས་ད་ལྟར་རང་དང་ འཕྲད་དེ་སེར་ཚུགས་བཟང་པོའི་ངང་ཚུལ་གྱི་སྒོས་བློ་ཕུགས་ལེགས་བརྟན་གྱིས་ཆོས་ལ་དོན་ གཉེར་སྒོ་གང་ཐད་ནས་དེང་དུས་ལ་ལྟོས་ན་ཁོ་རང་དང་ན་མཉམ་ཕལ་ལས་འཕགས་ཤིང་ང་ རང་གིའང་ཆོས་ཀྱི་བརྩེ་ཟླ་དྲིན་ལྷག་པར་ཆེ་བ་ཅན་དུ་གྱུར་པ་འདི་ཀ་མཐོང་ཆོས་མངོན་ གསལ་དུ་ཡོད་པ་སོགས་འདི་འདྲའི་ཚུལ་ཕྲན་བུ་ད་དུང་འགའ་རེ་ཡོད་མོད་རེ་ཞིག་དེ་ཙམ་ ལས་མ་སྤྲོས་སོ། །དགུང་ལོ་དྲུག་ཅུའི་མཇུག་ཙམ་ན་རྗེ་དམ་པ་མཆོག་བཀའ་དྲིན་ཅན་གང་ 3-1-313 གི་སྐུ་དྲུང་དུ་ཚ་ཁའི་བླ་མ་འཇིགས་མེད་འོད་ཟེར། ཀ་ཐོག་བླ་མ་ཆོས་དབྱིངས། ཨ་ཀྱ་བླ་མ་ ཚུལ་ཁྲིམས་བཟང༌། ཕྲན་ཁོ་བོ་བཅས་ཀྱིས་བསྡུས་གྲྭའི་སྤྱི་ཟུར་སློབ་གཉེར་གྱི་སྐབས་རྗེ་ དཔལ་ལྡན་བླ་མ་གང་གིས་ཐུགས་བརྩེ་བ་ཆེན་པོས་བཤད་ཁྲིད་ལེགས་གནང་གི་བཀའ་དྲིན་ གྱིས་བསྐྱངས་ཤིང་ཚུལ་དེ་ལུགས་ཀྱིས་ཁོང་ཉིད་བཤད་སྒྲུབ་ཟུང་འབྲེལ་གྱིས་དུས་འདའ་ བཞིན་ལེགས་བཞུགས་ཀྱང་མཛད། དེ་སྐོར་སྔ་ཕྱི་ཅི་རིགས་སུ་ཁོང་གིས་རྡོའི་གཡུ་ཐོག་ དགོན་གྱི་རྡོ་རྗེ་སློབ་དཔོན་མཁྱེན་རབ་རྒྱ་མཚོ་བྱོན་ནས་དེ་ལ་མདོ་སྔགས་སྨན་སོགས་ཀྱི་ དོན་ལ་དོགས་གཅོད་གང་ཡོད་དག་ཞིབ་པར་བཀའ་བསྩལ་ཏེ་ཐེ་ཚོམ་ལེགས་བསལ་གྱི་སྒོ་ ནས་ཉིད་ཀྱིས་མཛད་པའི་མི་རྟག་རྒྱུད་བསྐུལ་བཀླག་ལུང་ཡང་གསུངས། བསེར་སྐོར་སྲིབ་ མའི་བླ་མ་ཤེས་རབ་དཔལ་སོགས་ལ་དུས་འཁོར་ཡོངས་རྫོགས་ཀྱི་དམིགས་ཁྲིད་རྒྱས་པ་ དང༌། མུ་མདའི་བླ་མ་གསལ་བཟང་སོགས་ལ་ཆོས་བཀའ་ཅི་རིགས་པའང་དུས་དུས་སུ་ གསུངས་སོ། །དེ་ནས་རྗེ་དམ་པ་དགུང་གྲངས་དྲུག་ཅུ་རེ་གཅིག་རབ་བྱུང་བཅུ་དྲུག་པའི་ནང་ ཚན་ལྕགས་འབྲུག་གི་ལོ་ཉེ་བར་ཚེས་ཏེ་འདི་སྐོར་བར་བར་རྣམས་སུ་ཁོང་གིས་ཞལ་ཟས་ཀྱི་ བྱ་བ་མཛད་སྐབས་ཟས་ཕུད་ཀྱིས་ཡི་དམ་རྡོ་རྗེ་གཞོན་ནུ་ཁྲོ་བཅུ་བཅས་ལ་འབུལ་གཏོར་རེ་ ཡང་ཕུལ་ནས་མཐར་གཏོར་མ་དེ་དག་ཁོང་གིས། ཞལ་དུ་གསོལ་བར་མཛད་ཅིང་ཉིད་ཡི་ དམ་ལྷག་པའི་ལྷ་དང་གཉིས་སུ་མེད་པའི་མཛད་སྒོ ་ཡང་གནང་ལ། དེ་མཚམས་ཞིག་ནས་རྗེ་ གང་གིས་དམ་ཅན་ཆོས་ཀྱི་རྒྱལ་པོ་ལ་མཆོད་ཆོག་གསུང་རྩོམ་དང་བཅས་དེ་ཕན་ཆད་ཡི་དམ་ འཁོར་བཅས་དང་དམ་ཅན་ཆོས་རྒྱལ་བཅས་ལ་གསོལ་མཆོད་ཀྱང་བར་བར་མཛད་ཀྱིན་ འདུག་ཅིང༌། ལོ་དེའི་ཟླ་བ་གཉིས་གསུམ་ཙམ་ནས་ཉིད་ཀྱི་ཞབས་རྐང་ཅུང་ཙམ་བསྙུང་བ་ན་ ཐུགས་སློབ་དག་གིས་ཞབས་བརྟན་སྨན་རིམ་གྲོ་སྒོ་ཀུན་ནས་ཆེར་རྒྱས་དགོས་ཚུལ་ནན་ཞུས་ ཕུལ་ཡང༌། ཁོང་གིས་དེ་ལུགས་ཀྱི་རྒྱ་བསྐྱེད་པ་མ་གནང་ཞིང༌། འདི་སྐོར་སྐུ་མདུན་དུ་རྒྱེམ་ 3-1-314 བླ་མ་དཔོན་སློབ་མཇལ་དུ་ཕེབས་ཀྱང་རྗེ་བླ་མ་མཆོག་གིས་ཞལ་གདམས་ཀྱི་བཀའ་མཆིད་ ཉུང་གསལ་གྱི་སྐྱེས་གནང་མཛད་པ་ཙམ་ལས་དངོས་སུ་ཞལ་མཇལ་མ་བྱུང་ནའང་རྒྱེམ་བླ་ མས་རྗེ་དམ་པའི་གཟིམས་ཁང་སྒོ་ནས་ཐུགས་ཡིད་དབྱེར་མེད་ཀྱིས་གསོལ་བ་ཞག་གཅིག་ ལ་བཏབ་པས་རྒྱེམ་བླ་མ་རང་གིས་ཐུགས་ཉམས་སུ་ཀུན་རྫོབ་གཟུགས་སྐུའི་བླ་མ་མ་མཇལ་ ཡང་དོན་དམ་ཆོས་སྐུའི་བླ་མ་དངོས་མཇལ་གྱི་དག་སྣང་ཆེ་བའི་ཉམས་མྱོང་གི་འཆར་སྒོ་ཆེས་ ཆེར་རྒྱས་པ་བྱུང༌། འདི་སྐབས་སུ་རི་ཁྲོད་དུ་བཞུགས་པའི་སློབ་ཚོགས་ཐམས་ཅད་ལ་ཁོང་ གིས་དངོས་རྫས་གང་ཡོད་ཀྱིས་ཀུན་རིག་དང་མི་འཁྲུགས་པའི་ཆོ་ག་འདོན་པའི་ཡོན་བཅོལ་ ཀྱིས་རྒྱུ་རྫས་གཙང་དག་མཛད་ལ། དེ་ནས་ཉིད་སྐུ་གཟིམས་མལ་དུ་མཉམ་བཞག་ཡང་དག་ འཇོག་གི་བཞུགས་ཚུལ་གྱིས་ཞག་འགར་སོང་བ་ན། ཁོང་གི་བཀའ་ལས། དགའ་ལྡན་གྱི་ཕོ་ བྲང་ཡིད་དགའ་ཆོས་འཛིན་འདི་ཡ་མཚན་ཆེ་མོད་དེ་འོན་ཀྱང་འདི་ལས་ཡ་མཚན་ཆེ་བ་ནི་ ནུབ་ཕྱོགས་བདེ་ཆེན་ཞིང་གི་བཀོད་པ་ཕོ་བྲང་སོགས་དེ་ཡིན་ནོ། །ཞེས་གསུངས་ནས་སྐུ་དྲང་ པོར་བསྲང་བཞིན་སྤྱན་ཟུམ་པའི་ངང་ནས་དར་ཅིག་ལ་གཡོ་མེད་དུ་བཞུགས་པ་དང༌། ཡང་ བར་བར་སློབ་ཚོགས་ལ་ལུགས་གཉིས་ཀྱི་འགྲོ་ཚུལ་གང་ཐད་ནས་འདི་འདྲ་དགོས་ལུགས་ ཀྱི་གསུང་ཟུར་ཞལ་ཏའི་རྣམ་པ་དུ་མ་རེ་དང༌། ད་ནི་དུས་ཤིན་དུ་སྙི གས་མར་སོང་གཤིས་ སྔར་གྱི་དམར་དམག་གི་དུས་འཁྲུགས་ལྟ་བུ་རེ་སླར་ཡང་ཤར་ན་བཟོད་མི་ཐུབ་པ་ཞིག་འོང་ བས་དེ་འདྲ་མ་བྱུང་གོང་ནས་རང་ཡང་ཤི་ཐུབ་ན་དགའམ་སྙམ་པ་ཡོད། རང་འཆི་ལ་ཉེ་ཡང་ སྔར་ཆོས་རྣམ་དག་ཅི་འགྲུབ་མི་འདུག་ཀྱང་ད་འཆི་ཁར་འགྱོད་རྒྱུ་ནི་གང་ཡང་མེད། ཅེས་ སོགས་ཉིད་ཀྱིས་གཟུགས་སྐུ་ཡུན་རིང་མི་བཞུགས་པའི་གསུང་ཟུར་ཡང་ཡང་ཡང་བྱུང༌། དེ་ ནས་ལོ་དེ་ཉིད་ཀྱི་ཧོར་ཟླ་དྲུག་པའི་ཚེས་བཅུ་བདུན་ཉིན་ནངས་སྔ་མོར་ངེད་ཅག་སྐུ་མདུན་དུ་ སོང་བ་ལ་ཉིད་ཀྱི་ཞལ་སྔ་ནས། དེ་རིང་ནི་ཁོ་བོའི་བློ་གྲོས་ཤིན་ཏུ་གསལ་ཞིང་གཞུང་ལུགས་ 3-1-315 སྤྱི་དང་ཁྱད་པར་ཚད་མ་རྣམ་འགྲེལ་སྐབས་ཁྱད་པར་གཞན་སྤོང་མི་སྤོང་གི་སྒྲའི་ཐད་ལ་རྗེ་ ཡབ་སྲས་ཡིག་ཆ་པ་བཞི་སོགས་མཁས་པ་སྔ་ཕྱིས་འཆད་ཚུལ་འདྲ་མིན་ཅི་རིགས་བྱུང་བ་ ཡང་དོན་ལ་སློབ་དཔོན་ཆོས་ཀྱི་གྲགས་པའི་དགོངས་པ་གཅིག་ཉིད་དུ་ངེས་ཚུལ་ལ་ཞིབ་ བཤད་ཅིག་ད་ལན་བྱེད་འདོད་ཆེ་ཞིང༌། ཁྱེ ད་ཅག་གིས་ཀྱང་སེམས་ལ་དོགས་པ་ཡོད་ཚད་ ལེགས་པར་དྲིས་ཤིག་དང་རང་ལ་དཀའ་ངལ་ཅི་ཡང་མེད་དོ། །ཞེས་སོགས་ཐུགས་དགྱེས་ པའི་བཀའ་ཕེབས་ཆེས་མང་ཞིག་ཀྱང་ལེགས་བསྩལ་མཛད་ལ། དེའི་ཕྱི་ཉིན་ཚེས་བཅོ་བརྒྱད་ ཀྱི་ཉི་མའི་ཕྱེད་ཡོལ་ཙམ་ན་ཉིད་སྐུ་སེང་གེའི་ཉལ་སྟབས་ཀྱི་ངང་ནས་སྤྱན་གཉིས་ཐད་ཀར་ གཟིགས་བཞིན་ཧིག་སྒྲ་དང་བཅས་དགོངས་པ་ཆོས་དབྱིངས་སུ་ལེགས་བསྡུ་མཛད་དོ། །འདིར་དགུང་ལོ་རེ་གཅིག་གི་སྐབས་ཡིན་ཡང་ཟླ་ལྷག་བཅས་བརྩིས་ན་རེ་གཉིས་སུ་སོན་ ཆོག་པའི་ཚུལ་གྱིས་ཉིད་སྐུ་གཤེགས་པ་སྟེ། ཨ་གཏེར་དཔའ་བོ་ཆོས་དབྱིངས་རྡོ་རྗེའི་འོད་ གསལ་མཁའ་འགྲོའི་བརྡ་ལུང་ལས། དྲུག་གི་གཉིས་ལ་འཚུབས་མ་གཡོ། །རླུང་དེས་བསྐྱོད་ དེ་བ་དན་བསྒྱུར། །ཞེས་པ་དོན་ཐོག་ཏུ་ཁེལ་བ་བྱུང༌། དེ་ལྟར་སྐུ་བཀྲག་མདངས་བཅས་ཞག་ གསུམ་ལ་ཐུགས་དམ་དུ་བཞུགས་རྗེས་སུ་དགོངས་གྲོལ་གྱི་རྟགས་སྐུའི་མདངས་ཉམས་པ་ དང་ནམ་མཁའ་ལ་འཇའ་སྤྲིན་འཁོར་མོ་ཡུག་གཟིམས་ཁང་སྟེང་དུ་འཁོར་བ་སོགས་ཀྱི་དགེ་ མཚན་མངོན་པར་བྱུང་ཞིང༌། དེ་ལུགས་བཞིན་གྱི་ཐུགས་དམ་བཀྲོ ལ་མཁན་གཙང་བའི་ གཟིམས་ཁང་རྡོ་རྗེ་སློབ་དཔོན་བླ་མ་རྡོར་བཟང་ཞབས་དང༌། གཞན་ཡང་ཐུགས་ཀྱི་སློབ་ ཆེན་དག་འདུས་ཏེ་གང་དག་གིས་སྐུ་གདུང་ལ་ལོངས་སྐུའི་ཆས་དབུ་རྒྱན་དང་ཆོས་གོས་ཉེ་ བར་གསོལ་ནས་ཞག་ལྔ་ཕྲག་ལྷག་ལ་དགོངས་མཆོད་རྒྱ་ཆེ་བ་མཛད་སྐབས་འཛམ་ཐང་ སོགས་འཛི་སྟོད་སྨད་ཀྱི་དགོན་གྲྭ་སོ་སོ་ནས་རྡོ་རྗེ་སློབ་དཔོན་གང་བཞུགས་ཆོས་ཐུན་གྱི་ སློབ་མ་ཡོངས་རྫོགས་བཅས་དང་ཆོས་གཙང་གི་བླ་སྤྲུལ་ཆེ་དགུ་ཡུལ་གྱི་འདུས་སྡེ་ཆེས་མང་ 3-1-316 ཀུན་ནས་འདུ་བའི་ངོས་ནས་བསོད་ནམས་བསགས་སྒོ་མི་དམན་པར་ལེགས་བགྱིས་ཀྱི་རྗེས་ སུ་སྐུ་གདུང་རིན་པོ་ཆེའི་ཕུང་པོ་དེ་ཉིད་སེར་འཕྲེང་སོགས་མཆོད་བཀོད་ཡ་མཚན་པས་ གདུང་ཁང་དུ་སྤྱན་དྲངས་ནས་ཞུགས་མཆོད་ལེགས་འབུལ་གྱི་དུས་སུ་ནམ་མཁར་ཉི་མ་ གཉིས་པ་ལྟ་བུའི་འོད་ཀོར་ཆེས་གསལ་བོ་དང༌། ཕྱོགས་ཐམས་ཅད་ནས་འཇའ་སྣེ ་མཐའ་ ཡས་པ་རི་ཁྲོད་དུ་ཟུག་པ་དང༌། ཁྱད་པར་རི་ཁྲོད་དེའི་སྟེང་གི་ནམ་མཁའ་ནས་བྱང་ལམ་སུ་ བརྒྱུད་དེ་འཇའ་ཟེར་དཀར་པོའི་ལམ་དར་དཀར་ཡུག་མ་ལྟ་བུའི་བྱང་ནས་བྱང་ཐམས་ཅད་དུ་ དར་ལམ་བཞིན་བརྐྱང་ཏེ་འཇའ་ཟེར་སྣ་ཚོགས་པའི་འོད་ཀོར་ཆེས་མང་པོས་ཀུན་ནས་ མཛེས་པ་སྐྱེ་འགྲོ་གང་དག་གིས་མཐོང་བའི་ཆོས་སུ་གྱུར་ཚེ་ཡུལ་གྲུ་ཡངས་པའི་ས་ཆེན་དག་ ན་གནས་པའི་སྐྱེ་བོ་རྒན་པ་རྣམས་ཀྱིས་ཀྱང་སྣང་བ་ཆེས་ཧ་ལས་ཤིང་ཡིད་གཏིང་ནས་འགྱུར་ བཞིན་རྒན་པ་མང་དག་གིས་སྔ་ན་འདི་འདྲ་བའི་ལེགས་མཚན་མཐོང་མ་མྱོང༌། ཞེས་པའི་ སྣང་བ་ཧ་ལས་པའི་ཚིག་ཁ་ནས་དབང་མེད་དུ་ཤོར་བ་སོགས་ཀུན་གྱིས་ངོ་མཚར་གླེང་མོ་ཉེ་ བར་སྒྲོག་ཅིང༌། རྗེ་བླ་མ་ཉིད་བྱང་ཕྱོགས་ཀ་ལཱ་པའི་སྔགས་ཀྱི་ཞིང་མཆོག་ཏུ་དངོས་སུ་ ལེགས་བྱོན་གྱི་རྟགས་མཚན་ལྔ་ལྡན་འཇའ་ཟེར་ཐིག་ལེའི་འོད་དཀར་གྱི་ལམ་ཆེས་གསལ་ ངོ་མཚར་བ་དེར་གནས་སྐྱེ་དགུ་དག་གི་དབང་པོའི་སྤྱོད་ཡུལ་དུ་མཐུན་སྣང་ངེས་པར་བཀྲ་བ་ སྟེ། ཨ་གཏེར་གྱི་འོད་གསལ་མཁའ་འགྲོའི་བརྡ་ལུང་ལས། ལྔ་ལྡན་ཐིག་ལེའི་ཟེར་ལ་ཆིབས། །བྱང་ཕྱོགས་གངས་ཀྱི་ཉེ་འདབས་འགྲོ། །ཞེས་བྱུང་བ་དང་ལེགས་པར་མཐུན་པའི་ཕྱིར། དེ་ ལྟ་བུའི་ངོ་མཚར་རྨད་དུ་བྱུང་བ་དང་བཅས་སྐུ་གདུང་ཞུགས་འབུལ་གྱི་མཐར་གདུང་ཁང་དམ་ རྒྱ་ཕྱག་མཆོད་སོགས་ཞག་བདུན་ཕྲག་དུ་མར་སློབ་ཚོགས་ཀྱི་ཉེར་བགྱིས་ལེགས་གྲུབ་ མཐར་གདུང་རུས་བསྡུ་སྐབས་གདུང་ལ་ན་བཟའ་གསོལ་བའི་ཁ་བཏགས་ཡུག་གཅིག་མེས་ མ་ཚིག་པར་ལྷག་ཡོད་པ་སོགས་ཀྱི་རྟགས་བཅས་དགོངས་མཆོད་ཀྱང་ཞག་ཞེ་དགུའི་བར་ 3-1-317 རྒྱུན་མི་ཆད་པར་བྱས་ཤིང་དེ་རྗེས་སུ་འཛམ་ཐང་གཙང་བའི་ཕོ་བྲང་གི་གསེར་ཁང་དུ་མགར་ བཟོ་མཁས་པས་རིན་ཆེན་གཉིས་པའི་རྒྱུ་ལས་མཆོད་རྟེན་ཆ་བརྒྱད་ཁྱད་མཚར་ཅན་བསྐྲུན་ ཅིང་གསེར་ཞུན་ཁུ་བས་ལཉྩའི་ཡིག་གཟུགས་ལ་ཉེ་བར་བྱུགས་ཏེ་གཡུ་བྱུར་སོགས་རིན་པོ་ ཆེ་གྱ་ནོམ་པ་མང་པོའི་ཕྲ་རྒྱན་གྱིས་ལེགས་མཛེས་ཁྱད་པར་དུ་འཕགས་པ་དཔལ་གྱི་འཛམ་ ཐང་དུ་ཕྱིས་འབྱུང་ཐུགས་རྟེན་གསར་བཞེངས་ཀྱི་རིམ་པ་རྣམས་ལས་ཀུན་ཀྱི་སྨོན་གནས་ མཆོག་ཏུ་ངེས་པར་གྱུར་པ་དེའི་ནང་དུ་ཟུང་འཇུག་གདུང་ཚ་སྐུ་བརྙན་སོགས་ཀྱིས་ཕྱུར་བུར་ བཀང་སྟེ་རབ་གནས་དགའ་སྟོན་མཐའ་རྒྱས་སོགས་རྗེ་དཔལ་ལྡན་བླ་མའི་སློབ་ཚོགས་རྗེས་ འཇུག་གང་དག་གིས་རླབས་པོ་ཆེའི་རྣམ་པར་དཀར་བའི་བསོད་ནམས་མཆོག་གི་བསགས་ སྒོ་ཀུན་ནས་ཆེས་རབ་ཀྱི་བྱ་བ་ཕུལ་བྱུང་གིས་རྗེ་དམ་པའི་མཛད་པ་ལེགས་མཐར་ཕྱིན་པ་སྟེ། གང་གི་ཐུགས་སྲས་བུ་ཆེན་གྱི་རྣམ་གྲངས་རགས་རིམ་ཙམ་ནི་གོང་སྨོས་དག་གིས་ཤེས་ནུས་ པ་ལྟར་རོ། ། ༼༢༠༽ གཙང་ཆེན་སྐུ་ཕྲེང་གསུམ་པའི་ཐུགས་སྲས་རྗེ་གཙང་བ་དགེ་སློང་གི་དངོས་སློབ་ ཡར་ཐང་རྒྱ་བླ་མ་ངག་དབང་དཀོན་མཆོག་ཞབས་པ་གང་ཉིད་ཀྱི་ཚུལ་ཡང་ཁོང་ཉིད་མགོ་ ལོག་རྒྱ་སང་ལ་སྐུ་འཁྲུངས་ནས་སྐུ་བསྐྱེད་བསྲིངས་རྗེས་ཀློག་སློབ་པ་སོགས་ནས་རིམ་པས་ ཆོས་གྲྭལ་དུ་ལེགས་ཞུགས་མཛད་པ་སྟེ། དེ་ཡང་དཔལ་གྱི་འཛམ་ཐང་གི་གཙང་ཆེན་ཕོ་བྲང་ ན་བཞུགས་པའི་རྡོ་རྗེ་འཆང་ངག་དབང་ཆོས་འཕེལ་རྒྱ་མཚོའི་སྐུ་དྲུང་དུ་དམ་པ་འདི་ཉིད་སྐུ་ུ ན་གཞོན་དུས་སུ་ཕེབས་ཏེ་རྗེ་ཉིད་དམ་པའི་མགོན་དུ་ལེགས་བཀུར་གྱི་སྒོ་ནས་རྡོ་རྗེའི་རྣལ་ འབྱོར་སྦྱོར་བ་ཡན་ལག་དྲུག་གི་སྨིན་བྱེད་དབང་དང་གྲོལ་བྱེད་ལམ་རིམ་གཉིས་ཀྱི་དམིགས་ ཁྲིད་ཆ་ཚང་ཞུས་ནས་ལོ་ལྔའི་རིང་ཇི་བཞིན་ཉམས་ལེན་གྱི་སྐབས་སུ་རྗེ་བླ་མ་གང་གིས་དམ་ པ་འདི་ལ་དབང་ཁྲིད་སྡོམ་པ་འབོགས་པ་སོགས་ཀྱི་ཚེ་མཚན་ངག་དབང་དཀོན་མཆོག་ཅེས་ 3-1-318 གསོལ་བ་ནས་བཟུང་དང་པོ་དབེན་གསུམ་གྱི་དུས་སུ་ཐུགས་ལ་ཞི་གནས་བརྟན་པོའི་ཉམས་ དང་གསལ་སྟོང་རིག་པ་རྗེན་ཆར་དུ་ངོ་འཕྲོད་པ་སོགས་དང༌། སོར་སྡུད་སྐབས་སུ་འོད་ གསལ་སྣང་བ་རབ་འབྱམས་དང་ཁྱད་པར་ཁྲོ་ཞལ་མཐིང་སྔོན་འཇིགས་སུ་རུང་བའི་ གཟིགས་སྣང་འོད་གསལ་རྟགས་བཅུ་གསལ་ཞིང་བརྟན་པ་དང་རྣམ་ཀུན་མཆོག་ལྡན་གྱི་ སྟོང་གཟུགས་ཐིག་ལེ་མཐིང་སྔོན་འོད་ལྔའི་མུ་ཁྱུད་ཅན་སོགས་མཐོང་ཞིང་བསམ་གཏན་ སྐབས་གཟུགས་སེམས་དབྱེར་མེད་ཀྱི་ཤེས་རབ་རྟོག་དཔྱོད་དགའ་བདེའི་ཉམས་ཁྱད་པར་ བའི་ངང་སྟོང་གཟུགས་སེམས་དང་དབྱེར་མེད་དུ་བརྟན་ཞིང་མངོན་ཤེས་ཀྱིས་གཞན་སེམས་ སོགས་ལྐོག་གྱུར་གྱི་དོན་དུ་མ་དང༌། རྗེ་བླ་མ་གཙང་བ་དགེ་སློང་རྡོ་རྗེ་འཆང་ཉིད་ཀྱི་སྔོ ན་བྱུང་ སྐུ་ཕྲེང་སྣ་ཚོགས་པ་ཞིག་ཇི་བཞིན་གསལ་བར་མཁྱེ ན་པ་དང༌། རྨི་ལམ་འོད་གསལ་ངང་ཤམྦྷ་ ལ་སོགས་ཞིང་མང་པོར་ཕྱིན་ནས་གདམས་ངག་དུ་མ་ལེགས་ནོད་མཛད་པ་སོགས་བྱུང༌། སྲོག་རྩོལ་སྐབས་རང་ལུས་འོད་ཀྱི་གོང་བུ་དང་དུས་འཁོར་སོགས་སུ་ཤར་ཞིང་ལས་རླུང་དབུ་ མར་ཞུགས་ནས་གཏུམ་མོ་འབར་འཛག་གི་སྣང་བ་དང་རྡོ་རྗེའི་ཡེ་ཤེས་འབེབས་ཤིང་འཁྲུལ་ འཁོར་ཕྱག་རྒྱ་སྒྲ་སྐད་སྣ་ཚོགས་རང་ཤུགས་ཀྱི་བྱུང་བ་དང༌། འཛིན་པའི་སྐབས་ལུས་ཀྱི་རྩ་ མདུད་ཕལ་ཆེར་གྲོལ་ཞིང་ཐིག་ལེ་དབབ་བཟློག་བགྲམ་གསུམ་ཇི་བཞིན་གྱི་ངང་ནས་དགའ་ བཞིའི་ཡེ་ཤེས་མཚན་ཉིད་པ་རྒྱུད་ལས་བསྟན་པ་ལྟར་ཐུགས་ཉམས་སུ་འཁྲུངས་ཤིང་རྒྱ་བོད་ གྲུབ་ཆེན་དག་གི་ཞལ་གཟིགས་ཀྱིས་ལུས་སྦྱོང་ཕྱག་རྒྱ་ནོར་བ་ལེགས་བཅོས་ཀྱིས་འཁྲུལ་ འཁོར་རྩ་འགྲེལ་ལ་མཆན་བུ་ཡང་དམ་པ་འདི་ཉིད་ཀྱིའང་གཟིགས་སྣང་བཞིན་གོང་མ་དག་ གིས་མཛད་ལ། རྗེས་དྲན་སྐབས་དམ་པ་འདིས་ཉམས་སྣང་དུ་བྱུང་བ་ལྟར་འདུག་སྟངས་ གསར་བ་ཞིག་རང་སྟོབས་ཀྱི་སྒོ་ནས་མཛད་འདུག་པ་རྗེས་སོར་ཕྱོགས་རྒྱལ་སྦྱོར་དྲུག་ན་ཇི་ བཞིན་ཡོད་པས་འདིར་ཁྲིད་ཡིག་སྤར་ལ་ཆད་པ་སླར་བསབ་མཛད། དེ་རྗེས་ཙམ་ན་དམ་པ་ 3-1-319 འདི་ཉིད་ལ་གནས་ལུགས་ཀྱི་གཤིས་ལྷག་པར་གསལ་བའི་ཉམས་རྟོགས་གཏིང་ཟབ་པ་ ཞིག་སྐྱེས་ཚེ་དགེ་སློང་རྡོ་རྗེ་འཆང་གིས་དེ་ལུགས་ཀྱི་ངོ་ཇི་བཞིན་འཕྲོད་དཀའ་བར་གྱུར་ནས་ སྡེ་དགེ་དཔལ་སྤུངས་སུ་ཀོང་སྤྲུལ་བཞུགས་པའི་དྲུང་དུ་བྱོན་པར་ཆས་ཚེ་ནུབ་ཅིག་རྗེ་བཙུན་ ཏཱ་ར་ནཱ་ཐའི་ཞལ་གཟིགས་ཀྱིས་ཡེ་ཤེས་ཆེན་པོའི་དབང་བསྐུར་དང་ཉམས་ལེན་གནད་ཀྱི་ངོ་ སྤྲོད་མཛད་པས་རང་གི་ཉམས་རྟོགས་ལ་ཐུགས་ཐག་ཆོད་ཅིང༌། དེ་ཕན་ཞིག་ནས་རྗེ་བཙུན་ རིན་པོ་ཆེ་དང༌། པཎ་གྲུབ་ཡེ་ཤེས་ཀྱི་མཁའ་འགྲོ་མ་དུ་མ་དང༌། སངས་རྒྱས་བྱང་སེམས་ མཐའ་ཀླས་པའི་སྣང་བ་དང༌། ཁྱད་པར་འཕགས་མ་སྒྲོལ་མ་ལ་ཐུགས་དམ་མཛད་པས་ནམ་ ཡང་གཡེལ་མེད་ཀྱི་གཟིགས་སྣང་དང༌། ཡེ་ཤེས་ཀྱི་ཆོས་སྐྱོང་གུར་གཙོ་འཁོར། ཕྱག་དྲུག དྲཀྵད། དུར་ཁྲོད་བདག་པོ། ཚེ་རིང་མཆེད་ལྔ་སོགས་བྲན་གྱི་ཚུལ་དུ་ཡོད་ལ། དུས་དུས་སུ་རྗེ་ བླ་མ་ཉིད་ཁོང་གི་ཐུགས་སྣང་ངོར་ཐུབ་པའི་དབང་པོ། རྡོ་རྗེ་འཆང༌། དུས་འཁོར། བདེ་ མཆོག་སོགས་རྒྱུད་སྡེ་སོ་སོའི་དཀྱིལ་འཁོར་གྱི་གཙོ་བོ་ཉིད་དུ་མཐོང་ཞིང༌། བར་བར་ཚེས་ བཅུས་བཞེངས་པའི་མཆོད་རྟེན་ལས་འོད་ཟེར་ཕྱོགས་བཅུར་འཕྲོ་བའི་སྣང་བ་དང༌། རིགས་ དྲུག་གི་གནས་རིས་སོར་སོར་མཐོང་བ་སོགས་དག་མ་དག་གི་སྣང་བ་འབྱམས་ཀླས་པའི་ རྐྱེན་གྱིས་ཐུགས་ལ་ངེས་འབྱུང་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སོགས་སྒོ་ཀུན་ནས་རང་ ཤུགས་ཀྱིས་ཆེར་འཕེལ་བ་དང༌། སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙི ང་པོ་ ཡེ་ནས་བཞུགས་པ་ཇི་བཞིན་ཉམས་མྱོང་གིས་གསལ་ཁ་ངེས་པར་ཆེ་བ་སོགས་ལམ་ལ་མྱོང་ རྟགས་ཁྱད་པར་ཅན་དུ་མ་ཐུགས་ཉམས་སུ་འཁྲུངས་ལ། ཁོང་ཉིད་སྐབས་གོང་འོག་ཅི་རིགས་ པར་རྫོགས་ཆེན་དཔལ་སྤྲུལ་དང་མཇལ་ཕྲད་བྱུང་བས་རྟོགས་འབུལ་ལེགས་ཞུས་ཀྱི་ཚེ་ དཔལ་སྤྲུལ་བས་ཁྲིད་ཡིག་དང་མཐུན་ཚུལ་གྱི་གཟེངས་བསྟོད་དང་ངོ་སྤྲོད་ལེགས་ངེས་ཀྱི་ ཐུགས་དགྱེས་ཆེན་པོ་རང་མཛད། རྗེ་བླ་མ་རིན་པོ་ཆེ་གཙང་བ་དགེ་སློང་གིས་མཁན་པོ་ 3-1-320 མཛད་ནས་དགེ་འདུན་གྲངས་ཚང་གི་མདུན་དུ་དམ་པ་འདིས་བསྙེ ན་རྫོགས་ཀྱང་ཞུས། དེ་ ཕྱིས་ཤིག་ཏུ་རང་གནས་ཡར་ཐང་དུ་གཙང་བ་དགེ་སློང་བྱོན་ནས་དེའི་མདུན་ནས་དམ་པ་ འདིས་འདུས་པ་མང་པོ་དང་ལྷན་ཅིག་དུས་འཁོར་དབང་ཆེན། རྒྱུད་སྡེ་དེ་ཉིད་ལྔ་པའི་ཟབ་ དབང༌། ཕུར་བ་བདུད་འཇོམས་རོལ་བའི་སྟོད་ལས་དང༌། སྨད་ལས་ཀྱི་དབང་བསྐུར་སོགས་ ཆོས་བཀའ་ཆེས་མང་ཡང་གསན། མཚམས་ཤིག་ན་ཁོང་ལ་སྣང་སྲིད་དག་པ་རབ་འབྱམས་ ཀྱི་སྣང་བ་འབའ་ཞིག་ཏུ་གྱུར་ཅིང༌། ཉིད་ཀྱིས་ཨ་སྐྱོང་ཁག་གསུམ་ལ་ཐུགས་སྣང་དུ་རི་བོ་ གསུམ་གྱི་རྩེར་འཁྲི་ཤིང་དར་སྣ་བཅས་རེ་དང་རྩ་བར་འདབས་ཆགས་སོགས་ཀྱིས་བསྐོར་བ་ ལ་འཕེལ་འགྲིབ་མང་ཉུང་གིས་ཐུགས་བརྟག་བཞིན་གྱི་ལུང་བསྟན་འདྲ་མིན་སོ་སོར་ གསུངས་པ་རྣམས་རྗེས་སོར་ཇི་བཞིན་ཐོག་ཏུ་ཁེལ་ལ། ཡང་ཐེངས་ཤིག་ཏུ་མཆེད་གྲོགས་ ཡོན་ཏན་ཞེས་པས་འཕོ་བ་སྦྱངས་སྐབས་བར་ཆད་རྐྱེན་གྱིས་གློ་བུར་དུ་དབུགས་ཆད་པ་ཁོང་ ཉིད་ཀྱིས་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱི་སྟོབས་ཟབ་མོས་མཆེད་གྲོགས་དེ་ཉིད་སླར་ སོས་པར་མཛད་ཅིང་རྗེ་འདི་ཉིད་རྗེ་བཙུན་ཏཱ་ར་ནཱ་ཐའི་སློབ་ཆེན་རྒྱལ་ཚབ་རིན་ཆེན་རྒྱ་ མཚོའམ་སྣར་ཐང་གྲུབ་ཆེན་རཏྣ་ས་མུ་དྲའི་ཡང་སྲིད་དུ་ཉིད་ཀྱིས་ཞལ་བཞེས་ངེས་པར་ མཛད་ལ། དེ་རྗེས་དུས་སྐབས་ཅི་རིགས་སུ་ཁོང་གི་རྨི་ལམ་འོད་གསལ་དུ་སྐྱབས་རྗེ་དམ་ པས་ཕྱག་གིས་ཆོས་དུང་ཞིག་གནང་སྟེ། ཞལ་ནས། འདི་ཁྱོ ད་ཀྱིས་ཉར་ཚགས་གྱིས་ལ་ནམ་ ཞིག་དུས་ལ་བབ་ཚེ་ཀུན་ཀྱི་རྣ་ལམ་དུ་སྒྲ་ལེགས་སྒྲོག་མཛོད་ཅིག ཅེས་གསུངས་པའི་ཐུགས་ ཉམས་ལྟར་སྐུ་ཚེའི་དཀྱིལ་ཙམ་ནས་ཉིད་ཀྱིས་གཞན་གདུལ་བྱ་རྗེས་བཟུང་གི་མཛད་པ་ གནང་སྟེ་རང་གནས་དགོན་སོགས་ཀྱི་འདུས་པ་སྔ་ཕྱི་མང་པོ་ལ་རང་རང་དང་འཚམས་པའི་ ཆོས་བཀའ་སྤྱི་དང་ཁྱད་པར་རང་ལུགས་དུས་ཀྱི་འཁོར་ལོའི་རིམ་གཉིས་ཀྱི་ཆོས་སྐོར་གཙོ་ བོར་གྱུར་པའི་ཟབ་བཀའ་གང་དགོས་ཐམས་ཅད་ཉེ་བར་བསྩལ་ངོས་ནས་རང་དགོན་དུ་ 3-1-321 སྦྱོར་དྲུག་གི་ཆོས་ཚན་སྔ་ཕྱི་མང་པོ་ཡོད་པ་སོགས་དགོན་སོ་སོ་ལའང་དེ་ལུགས་ལྟར་ཆོས་ཀྱི་ འབྲེལ་ཟབ་ཀྱིས་ལེགས་བསྐྱང་མཛད་པའང་ཅི་རིགས་པ་རེ་ཡོད་ཅིང༌། དེ་དག་སྐབས་སྔ་ཕྱི་ ཅི་རིགས་པར་མགོ་ལོག་ཕྱོགས་ནས་ཨ་མཁར་བླ་མ་སོགས་དང་ཁང་རྒན་ཚང་བླ་མ་ངག་ དར་སོགས་དང༌། འཛི་སྟོད་ཕྱོགས་ནས་སྒང་བ་བླ་མ་བདེ་ལེགས་སོགས་སྒྲུབ་པོ་རྣལ་འབྱོར་ པའི་སློབ་ཆེན་ཡང་ཆེས་མང་པོ་བྱུང་ཞིང༌། ཁོང་ལ་ཉིན་ཞིག་ཡེ་ཤེས་མཁའ་འགྲོའི་རྣམ་པར་ རོལ་པ་བུད་མེད་ཅིག་གིས་མདའ་དར་དམར་པོ་ཞིག་ཉེ་བར་བསྩལ་ཏེ་དེའི་ཞལ་ནས། ཁྱོ ད་ ཀྱིས་དབང་དུ་མ་འདུས་པ་གང་དག་ལ་མདའ་དར་འདི་གཡོབ་པར་མཛོད་ཅིག་དང་དེ་ཀུན་ དབང་དུ་འདུ་བར་འགྱུར་རོ། །ཞེས་གསུངས་པའི་ཐུགས་སྣང་བྱུང་བ་ལྟར་དམ་པ་རྗེ་འདི་ཉིད་ ཀྱིས་གདུལ་བྱ་ལ་འགྲོ་ཕན་རྒྱ་ཆེ་བའི་སྒོ་ནས་དགོན་སྡེའི་ཞལ་བདག་དུ་མ་མཛད་པ་དང་ས་ སྐྱོང་མི་དབང་ཕལ་ཆེ་བ་གུས་འདུད་སྙིང་གི་གཏིང་ནས་ཞབས་ལ་གཏུགས་པ་ནི་ཆེས་མང་པོ་ བྱུང་སྐད། ཁོང་གིས་སྤྱིར་ན་སྐུ་ཚེའི་སྟོད་ཅི་རིགས་པར་རང་ལུགས་སུ་ཡོད་པའི་བསྐྱེད་རིམ་ སྣ་ཚོགས་པའི་བསྙེ ན་སྒྲུབ་ཚད་ལྡན་དུ་མ་དང༌། ཤངས་ཆོས་སོགས་རྫོགས་རིམ་ཡང་ཅི་ རིགས་པ་ཉམས་ལེན་གནད་སྨིན་མཛད་ཚུལ་གྱི་ལོ་རྒྱུས་ཡོད་རིགས་སུ་འདུག་ན་ཁུངས་མ་ རྙེད་པས་སྤྲོ་མ་ནུས་ལ་དུས་སྐབས་གོང་འོག་གང་ཡང་རུང་བ་ཞིག་ཏུ་དཔལ་གྱི་འཛམ་ཐང་ གཙང་བའི་ཕོ་བྲང་དུ་ངག་དབང་ཆོས་ཀྱི་འཕགས་པའི་མདུན་དུ། དམ་པ་འདིས་སྐྱེས་ཆེན་ མང་པོ་སོགས་འདུས་པ་ཆེ་བའི་གྲལ་ནས་ཀུན་མཁྱེ ན་དོལ་པོའི་བཀའ་པོད་དྲུག་དང༌། རྗེ་ བཙུན་ཏཱ་ར་ནཱ་ཐའི་གསུང་འབུམ་ཡོངས་སུ་རྫོགས་པའི་བཀླག་ལུང་གསན། དེ་བར་ཞིག་གི་ སྐབས་ཁོང་གིས་སྦྱངས་པ་ཀུན་དགའ་ངེས་དོན་ཞབས་པའི་དྲུང་དུ་ཉམས་ལེན་ལ་དོགས་ གཅོད་ཞིབ་ཏིག་ཆེ་བའང་མཛད། ཡང་བར་སྐབས་སུ་རང་གནས་སུ་དགོན་དུ་ཁོང་གིས་ མཆོད་རྟེན་ཁྱད་མཚར་ཅན་ལེགས་བཞེངས་མཛད་པ་སོགས་དེ་ལུགས་ཀྱི་བྱ་བ་ལས་ཀྱི་ 3-1-322 འཁོར་ལོའི་བྱས་རྗེས་རྒྱ་ལྷག་པར་ཆེ་ཞིང༌། དེ་མཚམས་ཤིག་ནས་རྗེ་དམ་པ་འདིས་རང་ གནས་ཡར་ཐང་དུ་འཛམ་ཐང་གཙང་བའི་རྡོ་རྗེ་སློབ་དཔོན་ངག་དབང་ཆོས་ཀྱི་འཕགས་པ་ གདན་འདྲེན་མཛད་དེ་འདུས་པ་ཆེས་མང་བཅས་ཀྱིས་སྒྲུབ་ཐབས་རིན་འབྱུང་ལས་བྱུང་བའི་ དབང་བཀའ་མ་ལུས་པ་སོགས་ཆོས་ཀྱི་སྒོ ་རྒྱ་ཆེ་བ་གསན་ཞིང༌། དེ་རྗེས་ལོ་འགའ་སོང་བ་ན་ ཁོང་གིས་སླར་ཡང་འཛམ་ཐང་ནས་ཆོས་ཀྱི་འཕགས་པ་གདན་འདྲེན་ཞུས་ཏེ་རྡོ་རྗེ་ཕྲེང་བའི་ དཀྱིལ་འཁོར་ཡོངས་རྫོགས་ཀྱི་ཟབ་དབང་མཐའ་དག་དང་གཞན་ཡང་ཆོས་བཀའ་མང་པོ་ དང་བཅས་ཇི་བཞིན་ནོད་པར་མཛད་ལ། འདི་རྗེས་ཙམ་ན་དམ་པ་གང་གིས་འཛམ་ཐང་དུ་ སྒྲོལ་མའི་མཆོད་རྟེན་ཕྱི་ནང་ཡོངས་རྫོགས་ལེགས་གྲུབ་རབ་གནས་དགའ་སྟོན་མཐའ་རྒྱས་ བཅས་ཟིན་པའི་དུས་ཙམ་དུ་མངོན་ནོ། །དེ་ནས་ལོ་བཞི་ཙམ་གྱི་དུས་ན་རྗེ་དམ་པ་གང་གིས་ འཛམ་ཐང་གཙང་བའི་སྦྱོར་དྲུག་གི་སྒྲུབ་གྲྭ་གོང་མ་གསར་འཛུགས་ཀྱི་བདག་རྐྱེན་གྱི་ཐུགས་ ཁུར་ལེགས་བཞེས་ཀྱི་ངང་ནས་རིམ་པས་སྒྲུབ་སྡེ་པ་རྣམས་ཀྱི་ཐོག་མ། གཙང་སྐུ་ཆེན། དབོན་རིག་རྩལ། ཁྱི ་ལོ་མའི་བླ་མ་ཆོས་འབྱོར་སོགས་སྒྲུབ་པོ་བཅུ་གསུམ་གྱི་དབུ་བརྙེས་པ་ ནས་བཟུང་ལོ་བསྟར་བཞིན་གྱི་སྒྲུབ་གྲྭ་པ་གང་དག་ལ་ཁོང་ཉིད་བར་བར་ཕེབས་ནས་ཆོས་ བཀའ་ཅི་དགོས་དག་ཀྱང་ཉིད་ཀྱིས་ཐུགས་ལེགས་དགྱེས་བརྩེ་བས་ཡང་ཡང་འདོམས་པར་ མཛད་པའི་བཀའ་དྲིན་སོགས་དམ་པ་འདིའི་ཉིད་རང་རེའི་ངེས་དོན་སྒྲུབ་བརྒྱུད་ཀྱི་བསྟན་ པའི་རྩ་ལག་ཆེ་བ་ཉིད་དུ་ངེས་ཏེ་མཛད་སྒོ ་རྒྱ་ཆེ་བའང་ཡིན་ལ། དེ་ལྟ་བུའི་ཚུལ་གྱི་རྗེ་དམ་པ་ གང་གིས་བསྟན་འགྲོ་ལ་ཕན་པ་རླབས་ཆེན་མཛད་པ་མཐར་ཕྱིན་གྱི་བར་དུ་ནམ་ཡང་ཆད་པ་ མེད་པའི་ངང་ནས་ཉིད་ཀྱི་ཞལ་གསུང་ལས། བདག་གིས་ཚེ་འདིར་སེམས་ཅན་སྟོང་ཕྲག་ གསུམ་བཞི་ཙམ་ལ་ཕན་ཐོགས་འོང་བར་འདུག ཅེས་གསུངས་པ་ལྟར་དུ་གྱུར་ཅིང༌། སྤྱིར་ན་ རྗེ་བླ་མ་མཆོག་གིས་རྒྱལ་ཁམས་དར་རྒུད་ཇི་ལྟར་འགྱུར་བའི་ཚུལ་དང༌། ཉིད་ཀྱི་རྡོ་རྗེ་སྤུན་ 3-1-323 དང་ཐུགས་སློབ་ཡོན་བདག་བཅས་ལ་ཉེར་འཚེ་ཇི་ལྟར་ཡོད་མེད་ཚེ་ཚད་རིང་ཐུང་ཅི་ཙམ་ སོགས་དང༌། གཤིན་པོ་གང་དག་བར་དོའི་སྐབས་ནས་སྐྱེ་སྲིད་ཕྱི་མ་རབ་འབྲིང་ཐ་མའི་ གནས་ཚུལ་ག་འདྲ་ཡིན་ལ་སོགས་པ་གསོན་གཤིན་དག་གི་ཕྱིས་འབྱུང་ལྐོག་ཏུ་གྱུར་པའི་ ཡིན་ལུགས་གསལ་བརྗོད་ཀྱི་ལུང་བསྟན་དོན་ཐོག་ཏུ་ཁེལ་ངེས་དང་རྣམ་པར་ཐར་པ་རྒྱས་པ་ ཆེས་མང་ན་ཇི་བཞིན་གྱི་ཁུངས་མེད་པས་རེ་ཞིག་དེ་ཙམ་ལས་བརྗོད་ཀྱིས་ག་ལ་ལང༌། འོན་ ཀྱང་ས་བོན་དེ་ཙམ་དུ་བཀོད་ཟིན་ནས་མཛད་བཟང་དེ་འདྲའི་ཚུལ་རིམ་པས་མཐར་ཕྱིན་ཏེ་ ལྗོངས་འདིར་རེ་ཞིག་གདུལ་བྱ་ཉེ་བར་རྫོགས་པའི་རྣམ་ཅན་གྱིས་གང་ཉིད་ཀྱི་ཐུགས་ དགོངས་ཆོས་དབྱིངས་སུ་ཉེར་བསྡུས་མཛད་དེ་གཤེགས་མཆོད་དགོངས་རྫོགས་ཀྱི་རྣམ་པར་ དཀར་བའི་བགྱི་བ་རྗེས་འཇུག་སློབ་བུ་རྣམས་ཀྱིས་ལེགས་པར་གྲུབ་ངེས་སུ་བྱས་ཤིང༌། དེ་ རྗེས་སུ་རྗེ་ཁོང་ཉིད་ཀྱི་སློབ་བརྒྱུད་རིམ་བྱོན་རྣམས་དང་ཉིད་ཀྱི་སྐུ་ཕྲེང་སྐུ་སྐྱེས་འགའ་རེ་ བཅས་ཀྱིས་རང་དགོན་ཡར་ཐང་གི་ཆོས་སྡེ་ཀུན་ནས་ལེགས་སྐྱོང་གི་མཛད་སྒོ་ཡང་ད་ལྟའི་ བར་རྒྱུན་མ་ཆད་ཙམ་བྱུང་བ་འདི་ཀ་ལྟར་ལགས་སོ། ། ༼༢༡༽ གཙང་ཆེན་སྐུ་ཕྲེང་གསུམ་པའི་ཐུགས་སྲས་གཙང་བ་དགེ་སློང་གི་དངོས་སློབ་ཁྱི ་ ལོ་མའི་བླ་མའི་སློབ་མར་གྱུར་པ་གླང་འབུད་དགོན་གྱི་རྡོ་རྗེ་སློབ་དཔོན་བླ་མ་ངག་མཆོག་ གམ་ངག་དབང་བསྟན་འཛིན་བཟང་པོ་ཞེས་བྱ་བའི་ལོ་རྒྱུས་ཀྱང་འཛི་སྲིབ་ཀ་ཐོག་སའི་ཆར་ ཡབ་ཀ་ཐོག་དཔའ་སྐྱོང་དང་ཡུམ་བསེ་མཚོ་གཉིས་ཀྱི་སྲས་སུ་དམ་པ་འདི་ཉིད་ས་གླང་ལོར་ སྐུ་འཁྲུངས། དེ་ནས་སྐུ་རང་མགོ་མི་ཐོན་པའི་དུས་ན་རིག་པ་གཞན་ཕལ་ལས་གསལ་བ་ ན་སོན་སྐབས་ཤིག་ནས་ཀློག་ཀྱང་བསླབས་པས་ཇི་བཞིན་ཤེས་པ་བྱུང་ཞིང་དགུང་ལོ་བཅུ་ གསུམ་གྱི་སྟེང་ཙམ་ལ་འཛམ་ཐང་གཙང་བའི་གཟིམས་ཁང་དུ་འོང་ནས་རྡོ་རྗེ་སློབ་དཔོན་ ཆེན་པོ་ངག་དབང་ཆོས་འབྱོར་ཞབས་པའི་དྲུང་ནས་དུས་ཀྱི་འཁོར་ལོའི་ཟབ་ལམ་སྦྱོར་བ་ 3-1-324 ཡན་ལག་དྲུག་གི་དབང་ལུང་ཟབ་ཁྲིད་ཡོངས་རྫོགས་ཞུས་ནས་ཉམས་ལེན་གོང་མའི་ཕྱག་ བཞེས་བཞིན་དམ་པ་འདི་ཉིད་ཀྱིས་ལེགས་པར་མཛད་ཅིང༌། འདི་སྐབས་ཅི་རིགས་པར་རྗེ་ བླ་མས་ཁོང་ལ་ངག་མཆོག་གམ་ངག་དབང་བསྟན་འཛིན་བཟང་པོ་ཞེས་གསོལ། དེ་དག་ གི་དུས་སུ་རྟོགས་ལྡན་མཁས་གྲུབ་དབང་པོ་བཞུགས་ཀྱང་ཉིད་ཀྱིས་ཆོས་བཀའ་རྒྱ་ཆེར་མི་ མཛད་ལ་སྐུ་དངོས་མཐོང་བ་དང་ཞལ་བརྡ་སོགས་ལ་བརྟེན་ནས་དམ་པ་འདིའི་ཐུགས་རྒྱུད་ ལ་ཕན་པ་ཆེ་རབ་བྱུང༌། དགུང་ལོ་ཉི་ཤུའི་སྐོར་དེ་མཚམས་ཉིད་ཀྱིས་བསྐྱེད་རིམ་འགའ་རེ་ དང༌། གཙང་བའི་སྒྲུབ་གྲྭ་ལ་མཚམས་སྒྲུབ་ལོ་འགར་ཡང་མཛད། དེ་སྐབས་རྗེ་བླ་མའི་དྲུང་ ནས་སྔ་ཕྱིར་ཆོས་བཀའ་ཡང་མང་ཙམ་གསན་ལ། དགུང་ལོ་སུམ་ཅུའི་སྐོར་སོགས་སུ་ཛ་ འགོའི་དགོན་གྱི་བྱམས་ཕུག་ཏུ་དགེ་བཤེས་བློ་བཟང་མཆོག་གྲུབ་རྒྱ་མཚོའི་མདུན་ནས་བླ་མ་ རིག་མཆོག་འགྱ་ཏིང་སོགས་དང་མཉམ་དུ་དམ་པ་འདིས་སྔ་རྗེས་ཅི་རིགས་སུ་དཀའ་པོད་ལྔ་ ལ་སློབ་གཉེར་ལེགས་ངེས་མཛད། དེ་སྐབས་དགེ་བཤེས་ཀྱི་བཀས་བསྐུལ་ལྟར་རྗེས་སོར་ དམ་པ་འདིས་ཛ་འགོའི་དགོན་གྱི་འདུ་ཁང་བཞེངས་པ་སོགས་ལ་མཐུན་རྐྱེན་བླ་ལྷག་ཀྱང་ མཛད་ལ། དེ་ཕྱིས་སུའང་སྔར་གཙང་བའི་གཟིམས་ཁང་དུ་དམ་པ་འདི་སྦྱོར་དྲུག་ཏུ་བཞུགས་ སྐབས་རྗེ་བླ་མ་ཆོས་འབྱོར་གྱིས་ད་ཕྱིན་ཆད་ཆོས་ཚན་པ་ཁྱེད་ཅག་ཚོས་ནམ་ཞིག་གྱང་སྒང་ དགོན་པ་ལ་ཕན་ཐོགས་རེ་ཨེ་ཡོང་བལྟ་དགོས། ཞེས་གསུངས་པའི་བཀའ་ལུང་ལྟར་འདིར་ ཡང་སྐབས་ཅི་རིགས་པར་དམ་པ་འདི་ཉིད་ཀྱིས་གྱང་སྒང་རོལ་མོ་ཟེར་བའི་གྲགས་སྙན་ཅན་ སོགས་མཆོད་ཆའི་རིགས་དུ་མ་དང༌། ཟོ་ཁྲ་བཅུ་གསུམ་སོགས་ཉེར་མཁོ་མང་དག་གིས་གྱང་ དགོན་ལ་ཕན་ཐོགས་ཆེ་བ་བྱས་ཤིང༌། འདི་སྐོར་ཞིག་ཏུ་ཁོང་གིས་སྡེ་ནང་ཚང་མཆོག་དམན་ མང་ཚོགས་ལ་དཔལ་སྤྲུལ་སྔོ ན་འགྲོ་ཟླ་བ་གཅིག་ལྷག་ཙམ་ལ་ཚོགས་ཆོས་སུ་མཛད། དགུང་ ལོ་བཞི་བཅུའི་སྐོར་ཞིག་ནས་བཟུང་རིམ་པར་ཁོང་ཉིད་སྡེ་དགེ་ལ་བྱོན་ནས་ཉིད་ཀྱིས་རྒྱལ་ 3-1-325 བའི་བཀའ་ཆོས་ཆེན་མོའི་གླེགས་བམ་ཡོངས་སུ་རྫོགས་པ་དང༌། གཞན་བསྟན་བཅོས་ཀྱི་ རིགས་པོ་ཏི་ལྔ་བཅུ་ལྷག་གི་གྲངས་ལེགས་གྲུབ་མཛད། དེ་ནས་ལོ་འགའི་རྗེས་སུ་དམ་པ་ གང་དེས་གླང་འབུད་དགོན་བཏབ་ནས་དགོན་དེ་ལ་མདོ་སྔགས་བཤད་སྒྲུབ་གླིང་ཞེས་པའི་ དགོན་མིང་ཡང་བཏགས་པ་ནས་བཟུང་ཁོང་གིས་དགོན་དེའི་ཞལ་བདག་མཛད་ནས་རྒྱུན་ བཞུགས་གཙོ་བོའི་གནས་ཀྱང་བྱས་ལ། དེ་མཚམས་ཤིག་ནས་ཁོང་ཉིད་འབོས་པ་ཚང་ནང་ ལ་བྱོན་ཏེ་དེར་ཉིད་ཀྱིས་ཨ་ཛུ་བླ་མ་སོགས་འདུས་པ་བདུན་ཅུ་ལྷག་ལ་འབའ་མདའ་བླ་མའི་ ལམ་རིམ་རྒྱས་འགྲེལ་ཆེན་མོའི་བཤད་ཁྲིད་སོགས་ཆོས་བཀའ་ཅི་རིགས་པ་གསུངས་ཤིང༌། སྤྱིར་དགོན་འདི་ཆགས་པ་ནས་བཟུང་ཐོག་མར་ཁོང་ཉིད་ཀྱིས་རྒྱ་ཚོགས་བླ་མ་བསོད་ནམས་ སོགས་འདུས་པ་བཅུ་ཕྲག་ཙམ་ལ་སྤྱོད་འཇུག་ས་བཟང་གི་འགྲེལ་བའི་སྟེང་ནས་བཤད་ཁྲིད་ མཛད། དེ་ནས་དགུང་ལོ་ལྔ་བཅུ་ལ་ཉེ་སྐོར་སོགས་ནས་བཟུང་དམ་པ་ཁོང་གིས་ཕུར་རྩ་བླ་ མ་གྲུབ་དབང་སོགས་ལ་ཀར་གླིང་ཞི་ཁྲོའི་བདག་བསྐྱེད་ཀྱི་དམིགས་ཁྲིད་འབའ་མདའ་བླ་ མས་མཛད་པ་དེའི་སྟེང་ནས་ཆོས་ཁྲིད་ཀྱང་གསུངས། དེ་སྐབས་ཅི་རིགས་པར་ཡང་ཉིད་ ཀྱིས་ཨ་སྐྱོང་རྒྱ་སྤྲུལ་བསྟན་ནོར་སོགས་ལ་བསེ་ཁྲི་རྒན་གྱི་བསྡུས་གྲྭ་ཁྲིད་པ་དང་མཉམ་དུ་ གྲྭ་པ་གཞན་འགའ་ལ་འབའ་མདའ་བླ་མའི་བསྡུས་གྲྭ་ཡང་བཤད་ཁྲིད་མཛད། འདི་སྐབས་ ཅི་རིགས་ནས་ཁོང་གིས་སྦྱོར་དྲུག་ཆོས་ཚན་སྔ་ཕྱི་དུ་མ་ལའང་རང་རང་ལ་གང་འཚམས་ཀྱི་ དབང་ལུང་ཁྲིད་གསུམ་གང་དགོས་མཐའ་དག་ཀྱང་རིམ་པས་ཐུགས་ཁུར་བཞེས་ཏེ་དུས་ དུས་སུ་ལེགས་བསྩལ་གྱི་བཀའ་དྲིན་ཆེ་བའང་ཡིན་ལ། དེ་སྐབས་སྔ་ཕྱི་ཅི་རིགས་པར་རྗེ་དམ་ པས་བོང་ཡས་ཚང་དང་སྡེ་ནང་གོང་འགབ་ཀྱི་བླ་གྲྭ་མང་ཙམ་ལ་དགུན་ཆོས་འབའ་མདའ་བླ་ མའི་ལམ་རིམ་ཆེན་མོའི་ཆོས་ཁྲིད་ཡང་ཡང་གནང་ཞིང༌། དེ་དག་སྔ་ཕྱི་ཅི་རིགས་རྣམས་སུ་ ཉིད་ཀྱིས་ཆོས་ཚན་སློབ་རིགས་པ་སོ་སོ་ལ་དགེ་བཤེས་ཀྱི་གྲུབ་མཐའ་དང༌། འཇམ་དབྱངས་ 3-1-326 བཞད་པའི་རྟགས་རིགས་ཀྱི་གཞུང་ཁྲིད་དང༌། གཞན་ཡང་གཅོད་དབང་དང༌། རྟ་མགྲིན་ དམིགས་ཁྲིད་སོགས་མཁོ་འོས་དུས་སུ་བབ་པ་ཐམས་ཅད་མཛད་ལ། འདི་སྐོར་དགོན་དེའི་ དུས་འཚོགས་ཡང་སྨོ ན་ལམ་དང༌། མགོན་པོའི་བསྐང་གསོལ། དྲུག་མཆོད་སོགས་དེ་འདྲ་ འགའ་རེ་ཡང་ལོ་དུས་སུ་ཡོད། དགུང་ལོ་ང་བརྒྱད་སྐོར་སོགས་སུ་ཁོང་ཉིད་ཡར་ཐང་དགོན་ དུ་དབྱར་གནས་ཀྱི་མཁན་པོར་བཞུགས་ཤིང༌། དེས་ཕྱི་ལོ་ཙམ་ནས་ཁོང་གིས་མཁན་པོ་ མཛད་དེ་རང་དགོན་མདོ་སྔགས་བཤད་སྒྲུབ་གླིང་དུའང་དབྱར་གནས་བསླབ་པ་ཡོངས་སྦྱོང་ གི་དབུ་ཉེ་བར་ཚུགས་ཤིང༌། དབྱར་གནས་ཚུགས་ལོ་འདི་ལ་ཕྱོགས་ནས་བྱོན་པའི་སྐྱེས་ཆེན་ གྱང་སྤྲུལ་རིན་པོ་ཆེ་དང༌། འགྱ་བ་བླ་མ་རྣམ་དག རྡོ་སྤྲུལ། ཀྱི་ལང་སྤྲུལ་སྐུ་སོགས་བླ་གྲྭ་ བཞི་བཅུ་ལྷག་ཙམ་འདུས་ལ། དེ་སྐབས་སུ་རྗེ་དམ་པས་འདུས་པ་མང་པོ་ལ་དུས་འཁོར་ མཆོག་དབང༌། མགོན་པོ་ཕྱག་དྲུག་པའི་དབང་སོགས་ཇོ་ནང་རང་ལུགས་ཀྱི་ཆོས་བཀའ་ཅི་ རིགས་པ་གསུང་སྐབས་མཆོག་དབང་ཉིན་བུམ་ཆུ་བུམ་པ་གང་ཙམ་གྱིས་འདུས་པ་ཆེས་མང་ ལ་འགྱེད་ཀྱང་བུམ་ཆུ་མ་ཟད་པའི་དགེ་མཚན་ཀྱང་བྱུང༌། དེ་སྐབས་ཁོང་གིས་གྱང་སྤྲུལ་གྱི་ མདུན་ནས་སྐུ་གསུམ་ཆོ་གའི་དབང་དང༌། འགྱ་བ་བླ་མ་རྣམ་དག་གི་མདུན་དུ་ཞི་ཁྲོའི་དབང་ ཡང་གསན་ནོ། །རྗེ་དམ་པ་གང་གིས་ཆོས་སྐྱོང་ལ་གཏོར་ཆོག་གསུང་སྐབས་གསོལ་རྔའི་ངོས་ ལ་ལྷ་ཆེན་ཁྱབ་འཇུག་ཆེན་པོ་མེ་སྟག་དང་མེ་དཔུང་གི་རྣམ་པ་འཇིགས་ཟིལ་བཟོད་དཀའ་བ་ ཉེ་གནས་དག་གིས་མཐོང་བའི་ཆོས་སུ་གྱུར་པའང་བར་སྐབས་ལ་བྱུང་ཞིང༌། ཡང་ཉིན་ཞིག་ ཁོང་གིས་མཚལ་བུམ་རྐུན་མས་ཁྱེར་བ་རྐུ་མཁན་སུ་ཡིན་དང་བསྐུངས་གནས་ག་འདྲ་ཡིན་ སོགས་ཇི་བཞིན་ཐུགས་ཀྱིས་མཁྱེན་པ་སོགས་ལྐོག་གྱུར་གྱི་གནས་གསལ་བར་གཟིགས་ པའི་ལོ་རྒྱུས་ཀྱང་ཅི་རིགས་ཡོད། ཡང་ཉིན་ཞིག་ཏུ་ཁོང་གི་སྐུ་མདུན་དུ་སྨྲ་ཕྱོགས་ཀྱི་རྒྱལ་ གདོན་འོང་བ་ལ་རྗེ་ཉིད་ཀྱིས་ཇི་བཞིན་ཐུགས་ཀྱིས་མཁྱེན་ཏེ་སྐད་ཅིག་དེ་ཉིད་ལ་ཁོང་དབང་ 3-1-327 ཆེན་རྟ་མགྲིན་དུ་བསྐྱེད་པ་ན་རྒྱལ་གདོན་ཁོས་ཀྱང་དེ་བཞིན་གྱི་ལྷར་བསྐྱེད་འདུག་པས་དེ་ ལ་ཕན་པ་མ་བྱུང་སྐབས་རྗེ་དམ་པས་བདེ་སྡུག་གཏོང་ལེན་གྱི་དམིགས་པའི་སྒོ་ནས་གནོད་ བྱེད་དེ་ལ་སྙིང་རྗེ་ཆེར་སྐྱེས་པ་ན་དེ་མ་ཐག་རྒྱལ་གདོན་དེ་ཉིད་རྒྱང་རིང་དུ་བཀྱེད་ནས་ལས་ དཀར་པོར་གྱུར་བཞིན་ཕྱིན་ཆད་ཁོས་གནོད་པ་མི་བྱེད་པའི་དམ་བཅའ་ཡང་ཕུལ། ཡང་རེ་ ཞིག་གི་ཚེ་ཁོང་ཉིད་གསེར་གཞུང་དུ་ཕེབས་སྐབས་གསེར་འཛོམ་ཕྱུག་མོ་མ་དགའ་བའི་ཕྲག་ དོག་གིས་གློ་བུར་དུ་ཉིད་ཀྱི་སྟེང་ལ་གནམ་ལྕགས་ཞུན་མའི་མེ་མཚོན་ངར་མ་ཕབ་ཀྱང་ཁོང་ དང་ཆིབས་རྟ་བཅས་ལ་གནོད་པ་སྤུ་ཙམ་མ་ནུས་སྐད། དེ་རྗེས་ཤིག་ཏུ་ཤར་འོད་བླ་མ་ཚུལ་ རྣམ་སྐུ་སྙུན་གྱིས་ཐེབས་སྐབས་རིམ་གྲོ་གཞན་གང་གིས་ཕན་ཐོགས་མ་བྱུང་ཚེ་བླ་མ་བསྙུང་ ནད་ཀྱིས་ཟིན་པ་ཉིད་ཀྱི་ཞལ་གསུང་ནན་ངོ་མ་བཟློག་པས་རྗེ་དམ་པ་འདི་དེར་བྱོན་དགོས་ བྱུང་བས་བླ་མའི་བསྙུང་གཞིའི་རྐྱེན་ཇི་བཞིན་ངོ་བཟུང་སྟེ་གེགས་བསལ་རྗེ་ཉིད་ཀྱིས་མཛད་ པས་བླ་མ་ཚུལ་རྣམ་སྙུང་ལས་ལེགས་པར་གྲོལ་ཞིང་དེས་འབུམ་ཆ་ཚང་གི་ཡོན་འབུལ་ དགའ་སྟོན་ཆེ་རབ་ཀྱང་བྱས། སྤྱིར་ན་དམ་པ་གང་གིས་གཤིན་ཆོག་ལ་འཕོ་བ་བྱས་ཚེ་གཙུག་ གི་སྐྲ་རྣམས་རོ་མགོའི་མར་མེ་ཡོད་པའི་ནང་དུ་ལྷུང་བ་སྐུ་འཁོར་དག་གི་མཐུན་སྣང་དུ་གྱུར་ བའི་འཕོ་རྟགས་མངོན་ཚན་ཅན་བསྙོ ན་མེད་དུ་བྱུང་ཞིང༌། རྗེ་འདིའི་གསུང་ཆོས་སྐོར་ཡང་ བསྡུས་གྲྭའི་རྣམ་བཤད། ཨུཥྞི་ཥ་རྭ་ལུགས་ཀྱི་དམིགས་ཁྲིད། ཨ་གཏེར་སྔོ ན་འགྲོའི་ཁྲིད་ཡིག རྟ་མགྲིན་ལྕགས་འདུལ་པད་དཀར་ཕྲེང་བ་སོགས་པོ་ཏི་ལྔ་ཙམ་ལོང་བ་ཡོད་ལ། ཨ་གཏེར་ དཔའ་བོ་ཆོས་དབྱིངས་རྡོ་རྗེའི་དྲུང་ནས་དམ་པ་འདིས་ཐུགས་རྗེ་ཆེན་པོ་པད་དཀར་ཕྲེང་བའི་ དབང་སོགས་གཏེར་ཆོས་མང་པོ་གསན་ཅིང་ཨ་གཏེར་ཁོང་གིས་དམ་པ་འདི་ལ་ཆོས་བདག་ ཏུ་ང་ནམ་ཞིག་འཇའ་ལུས་འོད་སྐུར་གྲོལ་བར་བཀའ་ལུང་གིས་ཆེ་བསྔགས་དང་བཅས་ གཏེར་ཆོས་ཁ་མ་ཚང་བ་ལ་རྩོམ་བསྐུལ་ཀྱང་གནང༌། ཉིད་ཀྱི་རྨི་ལམ་འོད་གསལ་གྱི་ངང་ 3-1-328 ནས་ཁོང་རང་རྒྱ་གར་རྡོ་རྗེ་གདན་སོགས་གནས་ཁྱད་པར་བ་དུ་མར་བགྲོད་ནུས་ཤིང་སྔོན་ བྱིས་པ་མནོ་བསམ་མི་ཤེས་པའི་གནས་སྐབས་ཀྱི་ཚུལ་གསལ་བོ་ཐུགས་ཉམས་སུ་རྗེས་སོར་ ལེགས་པར་ཤར་ལ། གྱང་སྤྲུལ་དང་ཀ་བཞིའི་གཏེར་སྟོན་གཉིས་ནས་ཀྱང་རྗེ་འདི་ཉིད་རིམ་ བཞིན་སྔོན་གྱི་གྲུབ་པའི་དབང་ཕྱུག་ཆེ་བ་དང་ཇོ་ནང་ས་བཟང་མ་ཏི་པཎ་ཆེན་གྱི་སྤྲུལ་པར་ ཆེ་བསྔགས་དང་ཤུག་ཆུང་ཡང་སྤྲུལ་གྱིས་དམ་པ་འདི་ལ་རྣམ་པར་གཡེང་བ་ཀུན་དང་བྲལ་ ཚུལ་གསུང་བ་སོགས་སྒོ་གང་ཐད་ནས་དགེ་བའི་བཤེས་གཉེན་མཆོག་གི་མཚན་ཉིད་རྗེ་གང་ ཉིད་ལ་ལེགས་པར་ཚང་ངེས་པ་ཞིག་གོ །དགུང་ལོ་དྲུག་ཅུ་རེ་གཉིས་ཀྱི་དུས་སུ་ཤུག་ཆུང་ ཕྱོགས་སུ་ཁོང་ཉིད་འཁོན་པ་ལེགས་བསྡུམ་གྱི་ཆེད་དུ་ཕེབས་རྐྱེན་སྐུ་ལ་བསྙུང་གཞིས་ཟིན་ ཚེ་སླར་རང་དགོན་དུ་བཞུགས་དེ་དུས་སུ་ཁོང་ལ་སློབ་ཚོགས་ཀྱིས་ཞབས་བརྟན་རིམ་གྲོ་སྒོ་ གང་ཐད་ནས་བསྒྲུབ་པར་ཞུས་ཀྱང་བཀས་མ་གནང༌། དེ་ནས་རེ་ཞིག་ཏུ་ཁོང་གི་ཤངས་བུག་ ནས་སྣ་དུད་གང་བཞེས་ཐམས་ཅད་ལུད་ནས་སྡེར་དོ་གསུམ་ཙམ་བྱུང་ཞིང་ཞག་འགའ་སོང་ མཚམས་སུ་ཉིད་སྐུ་གཤེགས་ཏེ་ཐུགས་དམ་ཞག་ལྔ་ཕྲག་ཏུ་བཞུགས་པའི་རྗེས་ནས་ཤུག་ ཆུང་ཡང་སྤྲུལ་གྱིས་ཐུགས་དམ་ལེགས་བཀྲོལ་གྱི་སྒོ་ནས་གདུང་ཆོས་ཡུལ་སྲོལ་དང་བསྟུན་ ནས་དགོངས་མཆོད་སློབ་ཚོགས་དག་གིས་བགྱི་བ་མི་དམན་པར་བྱས་ཤིང་གདུང་ལས་མར་ ཁུའི་རྒྱུན་ནར་མར་བྱུང་བཞིན་མཐར་སྡེར་གང་ཙམ་དུ་གྱུར་པའི་སྐུ་གདུང་ཤིན་ཏུ་ཆུང་ཞིང་ དེ་ལ་ཞུགས་འབུལ་གྱི་སྐབས་གདུང་ཁང་སྟེང་དུ་འཇའ་གོར་ཉི་ཁྱིམ་ལྟ་བུ་དང་འཇའ་ཟེར་ གྱི་སྣེ་ཕྱོགས་སུ་གྱེས་པ་མང་དུ་བྱུང་ཞིང་རྗེས་སོར་གདུང་ཁང་ཕྱེ་བའི་དུས་སུ་རུས་བུ་དུང་ གི་མདོག་ལྟར་དུ་གྱུར་ཅིང་རིང་བསྲེལ་དང་གདུང་རུས་ལ་འོད་དཔག་མེད་དང་ཕྱག་ན་རྡོ་རྗེ་ གསལ་བོར་དོད་པ་དང༌། གཞན་ཡང་ལྷ་སྐུ་དབུ་དང་ཕྱག་ཞབས་དོད་པ་ཙམ་ལས་ཆེར་མི་ གསལ་བ་ཡང་འགའ་རེ་བྱུང་བ་སོགས་ལེགས་སྒོ་དེ་ལུགས་ཀྱིས་མཛད་པ་ཡོངས་སུ་རྫོགས་ 3-1-329 ཤིང་ཐུགས་སློབ་ཀྱང་དཀྱུས་སུ་བརྗོད་པས་ཕྱོགས་ཙམ་མཚོན་ཞིང་བླ་མ་ཡོན་ཏན་རིན་ཆེན་ སོགས་གཞན་ཡང་ད་ལྟ་བཞུགས་པ་ཡང་ཅི་རིགས་པ་ཡོད་དོ། ། ༼༢༢༽ གཙང་ཆེན་སྐུ་ཕྲེང་གསུམ་པའི་ཐུགས་སྲས་ཐུ་བོ་དགེ་སློང་རིན་པོ་ཆེའི་དངོས་ སློབ་ཏུ་གྱུར་པ་ནི་ངག་དབང་ཆོས་འབྱོར་ཞབས་པ་སྟེ། གང་དེའི་ཐུགས་སློབ་རང་རེའི་ཆོས་ བརྒྱུད་ལ་བཀའ་དྲིན་ཆེ་བ་ནི་གདུང་ཡངས་བླ་མ་སྨོ ན་ལམ་བཟང་པོ་ཡིན་ཞིང༌། དམ་པ་ མཆོག་དེའི་ལོ་རྒྱུས་ཅུང་ཙམ་བསྙད་པ་ལ། རྗེ་འདི་ཉིད་མགོ་ལོག་ཕྱོགས་ཀྱི་གདུང་ཡངས་ ཞེས་པར་མེ་ཕག་ལོར་སྐུ་འཁྲུངས། དེ་ནས་སྐུ་ན་རིམ་གྱིས་བསྐྱེད་དེ་རེ་ཞིག་གི་ཚེ་ཡི་གེའི་ ཀློག་བསླབས་ནས་རང་ཡུལ་གྱི་སྲོལ་དང་བསྟུན་པའི་འདོན་ཆ་གང་དགོས་རྣམས་ཀྱང་ཤེས་ པ་བྱུང༌། དེ་མཚམས་ཤིག་ནས་དཔལ་ཡུལ་དགོན་དུ་སོང་ནས་ལྷ་སྤྲུལ་གྱི་མདུན་དུ་རྙིང་ ཕྱོགས་ཀྱི་སྔོན་འགྲོ་ཆ་ཚང་དམ་པ་འདིས་ཞུས་ནས་ཉམས་ལེན་གྱི་ཆོས་འགོ་ཡང་ཚུགས་དེ་ དུས་སུ་ལྷ་སྤྲུལ་མཆོག་གི་དམ་པ་ཉིད་ལ་སྨོན་ལམ་བཟང་པོ་ཞེས་པའི་མཚན་གསོལ་ཞིང་ རྗེས་སོར་འཛམ་ཐང་ཕྱོགས་སུ་སོང་ན་སྔོན་འབྲེལ་གྱི་བླ་མ་དེ་ན་ཡོད་པས་ཕུགས་ཀྱི་དོན་ཆེ་ ཚུལ་སོགས་ཀྱི་བཀའ་ལུང་གསལ་པོར་བྱུང་བ་ལྟར་དེ་རྗེས་མི་རིང་བ་ན་འཛམ་ཐང་གཙང་ པའི་གཟིམས་ཁང་དུ་ཆོས་ཐུན་ལ་ཆས་པའི་ནུབ་ཅིག་ཏུ་ཁོང་གི་རྨི་ལམ་དུ་སྤང་ལྗོངས་མེ་ ཏོག་སྣ་ཚོགས་པའི་སྐྱེད་ཚལ་ན་མེ་ཏོག་ཆེན་པོ་ཞིག་ཡོད་པའི་ཟེའུ་འབྲུ་ལ་ཁོང་ཉིད་བཞུགས་ པའི་རྨི་ཉམས་ཀྱིས་ལྟས་བྱུང་ཞིང༌། དེ་སྐོར་དུའང་རང་ཡུལ་གྱི་ནོར་ཕྱུགས་དག་ལ་གོད་ནད་ ཕོག་ཚེ་དམ་པ་འདིས་དཀོན་མཆོག་ལ་སྐྱབས་འགྲོ་ཞེ་གཏིང་ནས་བྱས་པས་ནོར་ནད་ལ་ཕན་ ཐོགས་ཆེ་བའང་བྱུང༌། དགུང་ལོ་ཉེར་གཅིག་ཏུ་འཛམ་ཐང་གཙང་ཆེན་གཟིམས་ཁང་ཕོ་བྲང་ དུ་རྡོ་རྗེ་སློབ་དཔོན་ཆེན་པོ་ངག་དབང་ཆོས་འབྱོར་ཞབས་པ་བཞུགས་པའི་མདུན་དྲུང་དུ་སོང་ ནས་རྗེ་བླ་མ་གང་ཉིད་དམ་པ་འདིས་དགེ་བའི་བཤེས་གཉེན་དུ་བསྟེན་ནས་རྡོ་རྗེའི་རྣལ་ 3-1-330 འབྱོར་སྦྱོར་བ་ཡན་ལག་དྲུག་གི་དབང་ལུང་ཟབ་ཁྲིད་མཐའ་དག་ཞུས་ཏེ་གོང་མའི་ཕྱག་སྲོལ་ བཞིན་ཉམས་བཞེས་མཛད་སྐབས་དམ་པ་འདི་ལ་གུས་རྟག་གི་བརྩོན་པ་གཞན་ཕལ་བ་ རྣམས་ལས་ངེས་པར་རྒྱ་ཆེ་ཞིང་འདིས་མཉམ་རྗེས་ཐམས་ཅད་དུ་གཡེང་བའི་གོ་སྐབས་རྣམ་ པར་བཅོམ་སྟེ་ཐུགས་ཉམས་སུ་རྡོ་རྗེའི་རྣལ་འབྱོར་སྒོམ་པ་ལ་ནན་ཏན་ཆེན་པོ་མཛད་ཅིང༌། ཉིན་ཞིག་དམ་པ་འདི་ལ་ཡེ་ཤེས་ཕེབས་ཏེ་འཕར་གཡོ་བྱུང་བའི་ཚེ་ཉེ་འཁོར་ན་ཡོད་པའི་ མཆེད་གྲོགས་འགའ་རེ་ལའང་རྐྱེན་དེས་འཕྲལ་དུ་ཡེ་ཤེས་ཕེབས་ཤིང་ཉམས་རྟོགས་ལ་ བོགས་བསྐྱེད་ཐོན་པ་སོགས་ཀྱི་བྱིན་ནུས་ཆེ་ཞིང༌། སྲོག་རྩོལ་རླུང་རྒྱུགས་ཀྱི་སྐབས་སུ་བུམ་ ཅན་ཟིན་པའི་ཚད་ཀྱང་རབ་ལས་ལྷག་པའི་ཡང་རབ་ཏུ་གྱུར་ཅིང༌། དེ་དག་གིས་སྐབས་སུ་རྗེ་ བླ་མ་དེ་ཉིད་ཀྱི་དྲུང་དུ་དམ་པ་འདི་ལ། གཤིན་རྗེ་རབ་འབྱམས། རིན་འབྱུང༌། ཕུར་བའི་སྟོད་ ལས་སྨད་ལས་ཀྱི་དབང༌། དུས་འཁོར་དབང་ཆེན། ནཻ་གུའི་དབང་བཀའ་ཆ་ཚང༌། གཅོད་ དབང་ནམ་མཁའ་སྒོ ་འབྱེད་སོགས་ཆོས་བཀའ་ཡང་མང་ཙམ་ཐོབ། དེ་བར་ཞིག་ལ་གཙང་ བའི་སྒྲུབ་གྲྭར་རྗེ་ཉིད་བཞུགས་སྐབས་ཉིན་ཞིག་ཐུགས་སྣང་ལ་ལྷ་འདྲེ་ཆེས་མང་པོས་ཁ་ ལག་བཟེད་པའི་སྣང་བ་ཤར་ཚེ་ཁོང་གིས་དེ་དག་ལ་ལུས་ལོངས་སྤྱོད་ལྟོས་མེད་དུ་གཏོང་ བའི་ཐུགས་དམིགས་བཅས་ཀྱིས་ཕྱག་གིས་ཀར་ཡོལ་རྒྱང་རིང་དུ་འཕངས་ཀྱང་དེ་ལ་གནོད་ སྐྱོན་གྱི་ཆག་གས་གང་ཡང་མ་བྱུང་ལ། རེས་འགར་ཉིད་ཀྱི་ཐུགས་ཉམས་སུ་ཐེའུ་རང་སོགས་ གནོད་འཚེའི་རིགས་གྱུར་ཆེས་མང་པོ་བསྒྲལ་བའི་གསལ་ཉམས་ཡང་ཡང་བྱུང་བ་སོགས་ཀྱི་ མཛད་སྒོ ་དང༌། སྔ་ཕྱི་ཀུན་ཏུ་ས་དམར་བླ་མ་སྙན་གྲགས་ཀྱི་དྲུང་དུ། དམ་པ་འདིས་སྤྱིར་རྒྱུད་ སྡེ་རབ་འབྱམས་ཡོངས་རྫོགས། དུས་འཁོར་ལྷ་དགུའི་དབང༌། རིན་འབྱུང༌། གཅོད་གནད་ དོན་སྙི ང་པོའི་ལུང་ཁྲིད། རྡོ་རྗེ་ཕྲེང་བ་ཡོངས་རྫོགས། སྦྱོང་རྒྱུད་བཅུ་གཉིས། དུས་འཁོར་ དབང་ཆེན། ནཻ་གུ་བཀའ་ཕྱི་ནང་གཤིན་རྗེ་རབ་འབྱམས། ཕུར་དབང༌། གྲུབ་ཐོབ་བརྒྱད་ཅུ། 3-1-331 རྗེས་གནང་བརྒྱ་རྩ། འོད་དཔག་མེད་མྱུར་ལམ། སྤྱན་རས་གཟིགས་གངས་རི་མ། རྟ་ཕྱག་ ཁྱུང་གསུམ་རྗེས་གནང་སོགས་ཆོས་བཀའ་མང་པོ་གསན། རྗེ་འདི་ཉིད་ཀྱི་དགུང་ལོ་ཉེར་ལྔ་ སྐོར་སོགས་ནས་ཁོང་གིས་གཞན་ཅི་རིགས་ལ་ཆོས་ཁྲིད་ཉུང་ཤས་རེ་གསུངས་པ་ནས་བཟུང་ འགྲོ་དོན་མཛད་པའི་འགོ་ཚུགས་པ་ཡིན་ལ། དགུང་ལོ་སུམ་ཅུ་སོ་གསུམ་སྐོར་ནས་བཟུང་དེ་ མཚམས་ཤིག་ལ་འགམ་སྟོད་སྟག་ལུང་རི་ཁྲོད་དུ་ཉིད་བཞུགས་སྐབས་བར་འགར་ཉིན་ཞག་ བཅོ་ལྔ་ཙམ་གྱི་རིང་ལ་ཞལ་ཟས་ཡེ་ནས་མ་གསོལ་བར་སྐུ་བསྒུལ་བསྐྱོད་བྲལ་བའི་ངང་ནས་ ཐུགས་མཉམ་བཞག་གཅིག་ལ་འབྱམས་པར་གྱུར་ཏེ་འོད་གསལ་གཤིས་ལུགས་ནམ་མཁའི་ རྣལ་འབྱོར་དུ་ཁོང་ཉིད་ལེགས་བཞུགས་ཀྱི་དུས་སུ་ན་བཟའ་དང་བཞུགས་ཁྱིམ་བར་ཕན་ ཚུན་སྡོམ་གྱི་བ་རྒྱས་སྦྲེལ་བཞིན་སྐུ་ལུས་སྟེང་དུ་རྡུལ་མང་པོས་ཀུན་ནས་གཡོགས་པར་གྱུར་ ཅིང་ཚུལ་དེ་འདྲའི་མཛད་སྒོ ་བཟང་པོ་ཡང་ཉིད་ནས་བར་བར་གནང་ལ། འདི་སྐོར་ཅི་རིགས་ སུ་ཉིད་མདུན་དུ་ཡང་ཡང་འོང་བའི་བྱེའུ་ཆུང་བ་ཞིག་ཡོད་པ་ལ་ཁོང་གིས་ཐུགས་སྨོན་རྣམ་ དག་མཛད་པའི་སྟོབས་ཀྱིས་རྗེས་སོར་སྐུ་ཚེ་སྨད་དུ་བྱེའུ་དེ་ཉིད་ཚེ་འཕོས་པ་གྲྭ་བཙུན་ན་ གཞོན་དུ་གྱུར་ཏེ་རྗེ་དམ་པའི་ཆོས་གྲྭལ་དུ་ཚུད་ནས་ཐུགས་སྲས་བུ་སློབ་ཏུ་གྱུར་སྐད། བྲག་ དཀར་སྤྲུལ་པའི་སྐུའི་ཞལ་སྔ་ནས་རྒྱལ་བའི་བཀའ་ཆོས་ཡོངས་རྫོགས་ཀྱི་བཀླག་ལུང་དམ་ པ་འདིས་ཀྱང་གསན་ལ། སྦྱོར་དྲུག་མཉམ་མགུར་གྱི་ཞུ་བ་མཛད། ཡང་སྐབས་ཤིག་ནས་ ཉིད་ཚྭ་ཁའི་རི་བཙུན་མའི་སྒྲུབ་ཕུག་ཏུ་བཞུགས་སྐབས་སུ་ཞག་བཞི་བཅུ་རྩ་གཉིས་རིང་ ཐུགས་མཉམ་བཞག་གཅིག་གི་ངང་དུ་ལེགས་བཞུགས་ཀྱིས་དུས་འདའ་བས་ཉིད་ཀྱིས་དེ་ བར་ཞལ་ཟས་མ་གསོལ་ཞིང་སྐུ་ུལ་གཡོ་འགུལ་མེད་པར་རྒྱུན་བཞུགས་ཀྱི་ཚེ་ཁོང་གི་ཐུགས་ སྣང་ངོར་བར་བར་མ་མཁའ་འགྲོའི་ཚོགས་འཁོར་ལ་ལོངས་སྤྱོད་པའི་དགའ་སྟོན་མྱོང་བས་ ཟག་མེད་བདེ་ཆེན་ཅིར་ཡང་འཕེལ་བ་དང༌། ཆབས་ཅིག་གནས་བདག་རྡོ་རྗེ་གྲགས་རྒྱལ་ 3-1-332 མས་ཀྱང་དམ་ཆོས་ལེགས་སྒྲུབ་ཀྱི་སྡོང་གྲོགས་རྒྱ་ཆེ་བ་དང་བཅས་ཉེར་བཞུགས་སྐབས་རང་ ཉིད་ཀྱི་ཞབས་རྐང་འབམ་གྱིས་བསྙུང་བ་ན་གནས་བདག་གིས་བསྐུལ་མས་རྗེ་ཉིད་བསུ་ མཁན་ཉེ་སྐོར་གྱི་ཡུལ་སྡེའི་མི་འགའ་ཞིག་བྱུང་ནས་དེ་དག་གིས་བྲག་དམར་དགོན་དུ་ཁོང་ གདན་དྲངས་ཤིང་སྔར་སྒྲུབ་ཕུག་ཏུ་བཞུགས་སྐབས་ཉམས་རྟོགས་ཀྱི་སྒོ་ཆེས་ཆེར་འཕེལ་ བའི་ཐུགས་དམ་དམར་པོ་སྒོ ་གང་ཐད་ནས་ཀྱང་བྱུང༌། གོང་འོག་ཅི་རིགས་པར་འཛམ་ཐང་དུ་ ངག་དབང་ཚོགས་གཉིས་རྒྱ་མཚོའི་སྐུ་མདུན་ནས་རྒྱུད་སྡེ་རབ་འབྱམས་ལས་དབང་འགའ་ དམ་པ་འདིས་གསན་སྐབས་ཤིག་ཏུ་བླ་མས་དབང་བསྐུར་ཚན་གཅིག་གི་རིང་དུ་མཉམ་ བཞག་འཛིན་མེད་འབའ་ཞིག་གིས་དུས་འདའ་བ་བྱུང་དུས་ཚུལ་དེ་ཁོང་གིས་རྗེ་བླ་མ་མཆོག་ ལ་ཞུས་པས། ཞལ་ནས། ཡེ་ཤེས་ཕེབས་ནས་བདག་འཛིན་འགགས་པ་དང༌། །ཞེས་པ་ལྟ་ བུའི་འཕར་གཡོའི་ཉམས་ཤིག་ཏུ་ངོ་སྤྲོད་ཀྱང་གནང༌། དེ་བར་དགོན་ལེབ་ཏུ་དབྱར་གནས་ ལའང་ཁོང་ཉིད་བཞུགས་ཤིང༌། བར་སྐབས་ཁོང་དར་ལྔའི་རི་ཁྲོད་དུ་བཞུགས་པའི་ཚེ་ཉིན་ ཅིག་བྱེའུ་ཞིག་གིས། ཁམས་བཟང་ལགས། ཞེས་པས་སྐུ་ལ་བསྙུན་འདྲི་བའི་ཚུལ་གྱིས་ གུས་འདུད་ཀྱི་ཞུ་གསོལ་ཕུལ་ཞིང༌། འདི་སྐབས་ཤིག་ནའང་ཞག་བདུན་ཕྲག་སོགས་ལ་ ཞལ་ཟས་མི་བྱེད་པར་ཏིང་ངེ་འཛིན་མཉམ་བཞག་ཟབ་མོ་གཅིག་གི་ངང་ནས་བཞུགས་པ་ ལན་གྲངས་དུ་མར་ཡང་ཁོང་ནས་མཛད་ལ། འདི་སྐོར་བར་བར་དུ་ཁོང་གིས་འབྲོག་སྡེ་ འགའ་ལ་ར་ལུག་སོགས་ཀྱི་ཚེ་བླུ་མཛད་པ་དང་ཡུལ་གྲོང་འགའི་སེར་སྐྱ་མཆོག་དམན་མང་ པོ་ལ་འོད་དཔག་མེད་མྱུར་ལམ་ཟབ་མོའི་བཀའ་དབང་གསུངས་པའི་སྒོ་ནས་རྣམ་པར་ དཀར་བའི་དགེ་བསྐུལ་རྒྱ་ཆེ་ཆེར་ལེགས་མཛད་ཀྱི་འགྲོ་དོན་སོགས་དང༌། གཞན་ཡང་ འཛམ་ཐང་གཙང་པའི་གཟིམས་ཁང་དུ་ལོ་འགར་ཉིད་བཞུགས་ཏེ་གཟིམས་ཁང་སྒྲུབ་གྲྭ་ བཅས་ཀྱི་བསྐྱེད་རྫོགས་ཀྱི་ཉམས་ལེན་པའི་ཆོས་གྲྭ་པ་རྣམས་ལ་རང་རང་དང་འཚམས་པའི་ 3-1-333 དབང་ལུང་ཟབ་ཁྲིད་གང་དགོས་དག་ཁོང་ནས་ལེགས་པར་གནང་བས་སློབ་ཚོགས་རྒྱ་ཆེ་བ་ ལ་ཕན་ཐོགས་དེ་ལུགས་བཞིན་བྱུང་ཞིང༌། ཉིད་ཀྱིས་ཡུལ་སྡེ་འགའ་ལ་དམར་མཆོད་བྱེད་མི་ ཆོག་པའི་བཤས་ཁྲིམས་བསྡམས་ནས་དགེ་སྤྱོད་རྣམ་དག་བྱེད་དུ་བཅུག་པ་དང་སྔོན་ཞིག་ཏུ་ ས་དམར་དགོན་དུའང་རྗེ་ཉིད་ཕེབས་ཏེ་རྫོགས་ཆེན་དཔལ་སྤྲུལ་སྔོན་འགྲོའི་ལུང་ཁྲིད་ འདུས་པ་མང་པོ་ལ་གསུངས་ཤིང༌། ཉིད་ཀྱིས་རྩ་བའི་བླ་མ་མཆོག་གི་སྐུ་གདུང་དངུལ་གྱི་ མཆོད་རྟེན་དང་སྐུ་བརྙན་སོགས་ལེགས་བཞེངས་དང་ཡིག་དྲུག་གི་དར་ལྕོགས་མང་པོ་སྤར་ བར་མཛད་པ་དང་རྒྱུན་མཆོད་ནར་མ་དང་དུས་མཆོད་རྒྱ་ཆེ་བ་སོགས་སྟོབས་ལྷག་པར་ཆེ་ བས་ཀོང་ཆུང་རེའི་མར་མེ་ཡུན་རིང་འབར་ཞིང་མཚན་ཐོག་ཐག་སོགས་གཞན་ཕལ་དང་ཡེ་ མི་འདྲ་བའི་མཆོད་མེ་རང་འབར་གྱི་འགྲུབ་རྟགས་ཁྱད་པར་བ་ཐོན་ཞིང༌། རྗེ་གང་གིས་གོང་ འོག་ཅི་རིགས་པར་སྦྱངས་པ་མ་འདས་སྤྲུལ་སྐུ་སོགས་ལ་དུས་འཁོར་གྱི་ཆོས་སྐོར་ལུང་ཁྲིད་ མཆོག་དབང་སོགས་ཀྱི་ཆོས་བཀའ་མང་པོ་གསུངས་ཤིང་སྐབས་རེར་གཙང་སྐུ་འབྲིང་གི་རི་ ཁྲོད་འོག་མར་བཞུགས་ནས་ཉིད་ཀྱིས་ཡུལ་བའི་འདུ་ཁང་དུ་ལོ་གསར་བསྙུང་གནས་ འཚོགས་པ་ལ་སྐུ་ཕྱོགས་ཞབས་དཀར་བའི་རྣམ་ཐར་སོགས་ཀྱི་ཆོས་བཀའ་ཅི་རིགས་པའང་ གནང་བར་མཛད་ལ། སྐབས་ཅི་རིགས་པར་ཁོང་གིས་འཛམ་ཐང་གཙང་བའི་སྒྲུབ་གྲྭ་འགབ་ མ་ཞེས་པ་ནཻ་གུའི་བསྐྱེད་རྫོགས་དང་གཞན་བསྐྱེད་རིམ་སྣ་ཚོགས་པའི་སྒྲུབ་སྡེ་བ་བཞུགས་ པའི་མཚམས་ཁང་རྣམས་སྔར་ལས་རྒྱ་བསྐྱེད་པའི་སྒོ་ནས་ཞིག་གསོས་ཁྱད་པར་བ་ལེགས་ པར་མཛད་སྐབས་ལས་བྱེད་པ་དག་གིས་རྩིག་རྡོ་ཆེན་པོ་ཐེག་དཀའ་བ་འཕྲལ་དུ་ཐབས་སླ་ བས་ཐེག་སྟེ་རྩིག་པའི་རྨང་གཞི་བྱེད་པ་དང༌། ཟས་གཡོས་ཉུང་ཤས་ཀྱི་སྦྱོར་བས་ལས་ཀ་བ་ མི་འཚོགས་ཆེས་མང་གི་ཁ་ཟས་བྱས་ཀྱང་ད་དུང་མ་ཟད་པ་སོགས་ཀྱི་ལེགས་མཚན་ཀྱང་ བྱུང་སྐད། འདི་སྐོར་ཅི་རིགས་སུ་ཉིད་ཀྱིས་གཙང་པའི་གཟིམས་ཁང་གི་བྱམས་ཆེན་ལ་ན་ 3-1-334 བཟའ་གསོལ་ཞིང༌། ཐུན་པ་གང་དག་ལ་དགེ་ཚུལ་དང་བྱང་སྡོམ་ཡང་བར་བར་གནང་ལ་ སྒྲུབ་གྲྭ་བ་སོགས་ལ་དགེ་ཚུལ་སློང་གི་སྡོམ་པ་ལེགས་སྦྱིན་མཛད། སྐྱབས་རྗེ་ཟླ་བ་གྲགས་ པའི་མདུན་དུ་སྔར་ཁོང་གིས་ཡེ་ཤེས་ཁྱུང་ཁྲའི་དབང་ལུང་ཞུས་པ་ནས་བཟུང་རིམ་པས་ཁྱུང་ བསྙེ ན་དུང་ཕྱུར་སོགས་བསྙེ ན་བཟླས་ཀྱང་མང་པོ་མཛད། སྤྱིར་ན་རྗེ་དམ་པ་འདི་ཉིད་སྐྱེས་ ཆེན་གཞན་དག་གིས་རྗེ་བཙུན་མི་ལ་དང་ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་རྣམ་པར་ འཕྲུལ་བར་ལུང་གིས་ཡང་ཡང་བསྔགས་ཤིང་དག་སྣང་ཅན་འགའི་ངོར་རིགས་ལྡན་པདྨ་ དཀར་པོ་དང་ཇོ་ནང་ཀུན་མཁྱེན་ཆེན་པོའི་རྣམ་པར་མཐོང་བ་དང་བར་བར་དམ་པ་ཁོང་དང་ ལྷན་ཅིག་ཆོས་སྐྱོང་གུར་གྱི་མགོན་པོ་གྲོགས་ལྡན་དུ་ཡོད་པར་མཐོང་བ་སོགས་ཡ་མཚན་ དག་པའི་སྣང་བ་བྱུང་ལུགས་འདྲ་མིན་གྱི་ལོ་རྒྱུས་ཀྱང་དུ་མ་ཡོད་དོ། །དགུང་ལོ་བཞི་བཅུ་ཞེ་ དགུའི་སྐབས་སུ་རྗེ་ཉིད་ཕྱོགས་འདིར་དུས་ཀྱི་དམར་དམག་གི་ཟིང་ཆ་ཆེ་སྟབས་རང་ཡུལ་ མགོ་ལོག་ཕྱོགས་སུ་ཕེབས་ནས་ཨ་སྐྱོང་གོང་མ་ཚང་གི་སའི་ཆར་ཁོང་གིས་ནག་སྒར་བཟུང་ སྟེ་སྦྱོར་དྲུག་པ་རྣམས་གདམས་ངག་ཟབ་མོས་ལེགས་བསྐྱང་གིས་རང་ལུགས་ངེས་དོན་སྒྲུབ་ བརྒྱུད་ཀྱི་བསྟན་པ་རང་འཚམས་དང་མཐུན་པར་ལེགས་སྤེལ་གྱི་སྒོ་དོད་པ་ནས་རིམ་པས་ཇེ་ འཕེལ་དུ་སོང་སྟེ་ཆོས་ཚན་སྒྲུབ་པོའི་སྡེ་སྔ་ཕྱི་མང་པོ་དང་དེ་རེ་རེ་ལའང་སྒྲུབ་པོ་ལོ་སྔ་མ་ རྣམས་ལས་ཕྱི་མ་དག་གི་སྐབས་སུ་ཇེ་མང་དུ་གོང་དུ་འཕེལ་བཞིན་ཁམས་སྨད་ཕྱོགས་འདིའི་ འབྲོག་སྡེའི་ས་ཆ་ལ་རང་རེའི་བསྟན་པ་སྔར་འདི་འདྲ་དར་མ་མྱོང་བ་ལྟ་བུའི་དགེ་མཚན་གྱི་ བསྟན་པ་ལེགས་དར་གྱི་མཛད་སྒོ ་ཀུན་གྱིས་སྨོ ན་གནས་དམ་པར་གྱུར་པ་སྟེ། དེ་ཡང་སྦྱོར་ དྲུག་ཁོ་ནར་མ་ཟད་ཤངས་ཆོས་ནཻ་གུའི་བསྐྱེད་རྫོགས་དང་གཞན་བསྐྱེད་རིམ་སྣ་ཚོགས་པའི་ མཚམས་སྒྲུབ་མང་པོ་དང་བཅས་པའི་སྒྲུབ་བརྒྱུད་ངེས་དོན་གྱི་བསྟན་པ་ལེགས་འཛུགས་ མཛད་ལ་དེ་སྐབས་ཁོང་གིས་གཟིགས་སྣང་ངོར་ཆོས་སྐྱོང་གུར་མགོན་ཉིན་རེ་བཞིན་དང་ལྷ་ 3-1-335 ཆེན་ཁྱབ་འཇུག་ཆེན་པོ་ཟླ་རེ་བཞིན་མཐོང་སྣང་རྒྱུན་མི་ཆད་པ་བྱུང་ཞིང༌། ཁོང་གིས་ཆོས་ སྒར་རང་གི་གཟིམས་སྦྲའི་སྒོ་ནས་འཛམ་ཐང་གཙང་བའི་མགོན་ཁང་ལ་སྙན་དར་གྱི་ཚུལ་དུ་ ཁ་བཏགས་ཤིག་ཕུལ་བ་རླུང་འཚུབ་ཀྱིས་དེ་མ་ཐག་ནམ་མཁར་བཀྱགས་ནས་འཛམ་ཐང་ ཕྱོགས་སུ་ཁྱེ ར་སོང་སྐད། དགུང་ལོ་ལྔ་བཅུ་ང་གཉིས་ཀྱི་དུས་སུ་ཁོང་གིས་དགུན་ཆོས་ལ་ འདུས་པ་མང་པོར་སྒྲུབ་ཐབས་རིན་འབྱུང་ཆ་ཚང་གི་ཟབ་དབང༌། ནཻ་གུ་བཀའ་ཕྱི་ནང་ཡོངས་ རྫོགས་ཀྱི་དབང་བཀའ་རྣམས་གནང་ཞིང་བར་བར་དུས་འཁོར་དབང་མོ་ཆེ་རེའང་གསུངས་ ལ་མར་མེའི་མཆོད་པ་ཆེས་མང་རྒྱུན་དུ་མཛད་པས་ལོ་བསྟར་བཞིན་མར་མེ་ཁྲི་མཆོད་ལྷག་ གི་གྲངས་རྒྱུན་འཛུགས་ཀྱང་བྱུང༌། ཆོས་སྒར་དེར་ཤར་འོད་བླ་མ་ཚུལ་རྣམ་གྱི་སྐུ་ཚ་དུག་ ནད་ཀྱིས་ཟིན་པ་སྦྱོར་དྲུག་ཏུ་བསྡད་པས་དེ་ལ་དུག་ནད་གཏན་སངས་སུ་སོང༌། ཡང་སྦ་ གསར་བླ་མའི་ཚ་བོ་སྐྲན་ནད་ཀྱིས་བཏབ་པ་ཞིག་ཡོད་པ་དེ་ལྐོག་བྲོས་སུ་ཆོས་སྒར་དེར་ འོངས་ནས་སྦྱོར་དྲུག་ལ་བསྡད་ནས་འཁྲུལ་འཁོར་གོང་མའི་སྐབས་ཙམ་ན་སྐྲན་ནད་ལས་ ལེགས་པར་གྲོལ་བས་དེར་གནས་ཀུན་དད་པ་ཆེས་འཕེལ་བར་གྱུར་ཏོ། །ཡང་དམ་པ་འདིས་ རང་གི་སློབ་བུ་མཁྲིས་ནད་ཀྱིས་ཟིན་པ་ཞིག་ལ་ཞོ་ཕོར་བ་གང་བླུད་པས་དེ་མ་ཐག་སློབ་བུ་དེ་ མཁྲིས་ནད་ལས་ཐར་པ་དང༌། ཡང་གང་གིས་སློབ་མ་སྐེ་སྐྲང་གིས་ཐེབས་པ་སྐུ་མདུན་དུ་བོས་ ནས་མི་བདེ་བའི་ནད་དེ་རླུང་གི་རང་བཞིན་དུ་ངོ་སྤྲད་དེ་ཉིད་ཀྱིས་སློབ་བུ་ཕྱག་རྟེན་བྱས་ནས་ རི་མགོ་སོགས་སུ་ཁྲིད་པ་ཙམ་གྱིས་དེ་སྐེ་སྐྲང་གི་ནད་ལས་ལེགས་པར་གྲོལ་བས་ཀུན་ཧ་ ལས་པའི་ངོ་མཚར་སྐྱེས་པར་མ་ཟད་སྔར་ཁོང་ཉིད་གཙང་བའི་གཟིམས་ཁང་དུ་བཞུགས་ སྐབས་སུ་ཉིད་ཀྱིས་རྨེ་བའི་མི་མཁྲིས་ནད་ཀྱིས་བཏབ་པ་ཞིག་ཁྲུས་དང་ཕྱག་གིས་མི་དེའི་ སྙིང་གར་གཏད་པ་སོགས་བྱས་པས་མཁྲིས་ནད་འཕྲལ་དུ་ཞི་བ་སོགས་དེ་འདྲ་མང་ཙམ་ བདོག་ལ། ཁོང་གིས་དེ་སྐབས་ཤིག་ཏུ་སློབ་ཚོགས་ལ་ཐིག་ལེ་དབབ་བཟློ ག་སོགས་ཀྱི་ཁྲིད་ 3-1-336 གསུང་སྐབས་ཁོང་ཉིད་འཕར་གཡོའི་རྣམ་པས་རང་གི་སྐུ་ལུས་ལ་ཕྱག་མཛུབ་ཀྱིས་ཀུན་ནས་ རེག་པར་མཛད་པའི་མོད་དེར་གནས་ཐུགས་སློབ་འགའ་ཞུ་བདེའི་ཉམས་ཀྱིས་འུར་ལང་བ་ ལྟ་བུ་བྱུང་བ་སོགས་བྱིན་རླབས་ཀྱི་མཚན་མ་ཆེ་རབ་ཏུ་ཡོད། ཡང་ཉིད་མགོ་ལོག་ཆོས་སྒར་ དུ་བཞུགས་སྐབས་སློབ་བུ་ཞིག་ཤི་བ་མང་པོས་འཕོ་འདེབས་བྱས་ཀྱང་འཕོ་རྟགས་མ་བྱུང་ཚེ་ ཁོང་ལ་དེ་ལུགས་ཞུས་པས་ཉིད་ཀྱིས་དགོང་ཐུན་དུས་སུ་ཐུགས་དམིགས་ཙམ་བྱས་པས་སློབ་ བུ་ཤི་བའི་རོ་མགོར་ཚག་སྒྲ་དང་བཅས་ཚངས་བུག་རྡོལ་ཞིང་ཕྱིས་སུ་བྱ་འབོད་སྐབས་ཐོད་ རུས་བཅག་ཡོད་པ་མཐོང་གསལ་དུ་གྱུར་སྐད། ཡང་ཉིད་ཀྱི་སྐུ་ཚ་ཞིག་གིས་བུད་མེད་རི་ མགོར་བོར་སོང་བ་ཁོང་ལ་ཐུགས་བརྟག་ཞུས་ཚེ་ཞལ་ནས། བུད་མེད་གསོན་པོ་ཡིན་ཚུལ་གྱི་ ཞལ་གསུང་གིས་དེ་ལ་གཤིན་ཆོག་དགེ་རྫོགས་མི་དགོས་པའི་ཐུགས་ཐག་ཡང་ཡང་བཅད་ པ་བཞིན་རྗེས་སོར་བུད་མེད་ཐོན་བྱུང་བའི་སྐབས་སུ་མོས་ཡིན་ལུགས་བཤད་པ་ཁོ་མོ་སྐྱ་མི་ མང་པོས་བསྐོར་ཡོད་པ་དེ་འཕྲལ་རྗེ་བླ་མ་ཉིད་སྤྱན་རས་གསལ་བ་ཟླ་དཀར་ཆ་ཀུན་རྫོགས་ པ་ལྟར་མཛད་ནས་ཕེབས་བྱུང་བ་དེའི་ཞལ་ནས། ཁྱོ ད་རང་ཁྱི མ་དུ་སོང་ཞིག་ཅེས་གསུངས་ པ་བཞིན། མོ་ཡང་ཁྱི མ་དུ་ཐོན་ཚུལ་ཞིབ་པར་བཤད་དོ། །དགུང་ལོ་རེ་གཉིས་པར་རྗེ་ཉིད་ ཀྱིས་ལམ་སྐོར་མཁན་པོ་གསང་སྔགས་དང༌། མགར་བ་བླ་མ་འཇམ་དབྱངས་སོགས་འདུས་ པ་སུམ་བརྒྱ་ལྷག་ལ་དུས་འཁོར་ལྷ་དགུའི་དབང་བསྐུར་གནང་ཞིང་ཁྲོམ་ཚོགས་ཆེས་མང་ལ་ མི་འཁྲུགས་པ་དང༌། ཐུགས་རྗེ་ཆེན་པོ། ལྟུང་བཤགས་ཀྱི་ཟབ་དབང་རྣམས་ལེགས་བསྐུར་ མཛད་དུས་སུ་ཁོང་གིས། འདིར་འཁོད་སློབ་ཚོགས་མ་ལུས་པ་ནམ་ཞིག་བདག་གིས་བྱང་ ཤམྦྷ་ལའི་སྔགས་ཞིང་དུ་འདྲེན་ངེས་ཀྱི་ཞལ་བཞེས་འགྱུར་མེད་ཀྱང་བཀའ་གནང་མཛད། རྗེ་ གང་གི་ཐུགས་སློབ་གང་དག་ཀྱང་གཞན་ཕལ་བ་རྣམས་ལས་ཁྱད་པར་དུ་འཕགས་པའི་ཡོན་ ཏན་མངོན་འདུག་རྒྱུ་ཞིག་ཡོད་ཅེས་མ་ཎི་བླ་མ་པད་མ་བདེ་ཆེན་གྱིས་གསུང་ཞིང༌། ཤར་འོད་ 3-1-337 བླ་མ་ཚུལ་རྣམ་གྱིས་ཀྱང་རྗེ་ཁོང་ལ་ཐུགས་གཏིང་ནས་དད་དེ་སྐྱེས་བསྐུར་བཅས་ཀྱིས་ཞབས་ བརྟན་ལེགས་གསོལ་མཛད། ཡང་ཁོང་གིས་སློབ་བུ་ཞིག་གིས་ཡུན་རིང་འདུག་ཆས་བསྒྲིག་ པ་ཐུགས་མ་མཉེས་པའི་ཚུལ་གྱིས་བཀའ་ལས། ཁྱོ ད་ནས་གཞན་ཟ་བསམ་ཡང་སུས་ཟ་ཆ་མ་ མཆིས་པས་དེ་ལུགས་མཛོད་ཅིག ཅེས་གསུང་འཕྲིན་བསྐུར་བས་ཡུན་མི་རིང་བར་སློབ་བུ་དེ་ འཕྲལ་དུ་དུས་ལས་འདས་སོང་བ་སོགས་དེ་འདྲ་ཐོག་ཁེལ་གྱི་ཕྱིས་འབྱུང་གི་ལྐོག་གྱུར་ གཟིགས་པ་སྔ་རྗེས་ཀུན་ལ་མང་ཚོད་དུ་འདུག འདི་སྐོར་རྣམས་སུ་རྗེ་ཉིད་ཀྱིས་སློབ་ཚོགས་ ལ། རང་ཉིད་སྔོ ན་གཙང་བའི་གཟིམས་ཁང་དུ་བཞུགས་སྐབས་ཆོས་སྐྱོང་སྲུང་མས་ཁ་འཛིན་ རྒྱུན་ལྡན་དུ་བྱེད་ཚུལ། རི་ཁྲོད་ལ་བཞུགས་ཚེ་མ་མཁའ་འགྲོའི་ལེགས་སྒོ ་བསྩལ་ལུགས་ཁོང་ གི་ཞབས་རྐང་ན་བ་འདིའི་དབང་མིན་ན་ཟང་ཟིང་གང་ཡང་མེད་པའི་དབེན་གནས་ངེས་མེད་ དུ་ཚེ་དང་སྒྲུབ་པ་སྙོ མས་ངེས་ལ་ཐུགས་ཐག་གཏིང་ནས་ཆོད་ཚུལ། ཐུགས་མངོན་ཤེས་ཀྱིས་ ལྐོག་གྱུར་གྱི་དོན་ལ་གསལ་སྒྲིབ་མེད་ཚུལ། ཁོང་ལ་ལྟོས་བཅས་ཀུན་ནམ་ཡང་མི་བསླུ་ཞིང་ ཐག་རིང་ཐུང་མེད་པར་གསོལ་བ་འདེབས་ནུས་ན་ཁོང་དང་གཡེལ་མེད་ཡིན་ལུགས། ཉིད་ རྗེ་ཞབས་དཀར་པ་ཡིན་མྱོང་ཚུལ་གྱི་གསུང་ཟུར་ད་ཚོད་ཁོང་ལ་རྒྱུ་རྫས་གང་དུ་ཞེན་པ་མེད་ ཚུལ་སོགས་དེ་འདྲའི་བཀའ་མོལ་ཡང་བར་བར་གསུང་གིན་འདུག་ཅིང༌། ཉིད་ཀྱི་དགོངས་ ཉམས་སུ་རྗེ་བླ་མ་ངག་དབང་ཆོས་འབྱོར་རྒྱ་མཚོའི་ཞལ་གཟིགས་ཀྱི་སྣང་བ་དང་ཆོས་སྒར་ གྱི་མཐར་སྔར་མེད་ཀྱི་མེ་ཏོག་གསར་བ་འདབ་མ་བཞི་བཅུ་དང་དྲུག་ཅུ་ཙམ་ཡོད་པ་མང་པོ་ བྱུང་བའི་དགེ་ལྟས་ཁྱད་པར་བ་དང༌། མར་མེ་རྣམས་ཀྱི་སྡོང་ཤིང་དྲིལ་བྱེད་ཀྱི་འབུ་བལ་ཟད་ སྐབས་འཕྲལ་དུ་ཞག་གཅིག་ཙམ་ནས་སླར་འབུ་བལ་གྱི་སྣོད་གང་བར་གྱུར་པ་སོགས་བྱུང་ ཞིང་ཉིད་ཀྱིས་ད་ནི་སློབ་ཚོགས་ལ་སེམས་ངོ་ཤེས་ཙམ་གྱིས་ཕན་རེ་མ་ཐོགས་པ་མེད་པ་ སོགས་སྒོ་གང་ཐད་ནས་བསྟན་འགྲོ་ལ་བྱ་བ་རེ་བྱས་ཁུལ་དུ་འདུག་པས་རང་ན་སོ་རྒས་ཕྱིར་ 3-1-338 ཉིད་ཀྱི་རྒྱལ་ཚབ་ལ་མཁན་པོ་དགོས་ཚུལ་གྱི་གསུང་གནང་དང་བཅས་རྗེ་ཁོང་གིས་ལམ་ སྐོར་མཁན་པོ་གསང་སྔགས་རྒྱལ་ཚབ་དམ་པའི་མངའ་གསོལ་ཆེ་བས་རྡོ་རྗེ་སློབ་དཔོན་དུ་ བསྐོ་བཞག་མཛད། ཁོང་གིས་དེ་ཡན་དུ་མར་མེ་བྱེ་བ་དུ་མས་མཆོད་འབུལ་དང་གཡུ་བྱུར་ སོགས་རིན་པོ་ཆེ་སྣ་ཚོགས་ཆེས་མང་པོས་མཎྜལ་རྒྱ་ཆེར་འབུལ་བ་སོགས་རྣམ་པར་དཀར་ བའི་བསགས་སྒོ ་མཐའ་ཀླས་པ་བསྒྲུབ་ཏེ། ཞལ་ནས། ད་ནི་ཁོ་བོའི་ཚབ་མཁན་པོ་རིན་པོ་ཆེ་ ཉིད་བཞུགས་ནས་ཉི་མ་རེ་ཞིག་ནུབ་རིར་བཞུད་ཀྱང་ཟླ་བ་ཤར་རི་ནས་ཚེས་ཤིང་བཤད་ སྒྲུབ་ཀྱི་བསྟན་པ་སྒོ་གང་ཐད་ནས་ལེགས་སྤེལ་རྒྱ་ཆེན་ཡོང་བས་རང་གི་ཞེ་བློ་བདེ་ཚུལ་ གསུངས་ནས། དགུང་ལོ་རེ་ལྔ་ལ་སླེབས་སྐབས་སོགས་སུ་སྔར་ཡང་གཙང་པའི་གཟིམས་ ཁང་དུ་བཞུགས་སྐབས་ཉིད་ཀྱིས་རྒྱལ་བའི་བཀའ་ཆོས་ཡོངས་རྫོགས་ཀྱིས་ཡོན་ཐེངས་ལན་ འགའ་བཅོལ་ཞིང་འདིར་ཡང་བཀའ་ཆོས་ཆེན་མོའི་ཀློག་འདོན་གྱི་སྦྱིན་བདག་མཛད་དེ་ ལེགས་གྲུབ་སྐབས་དེར་གནས་ཀུན་ལ་ཞལ་ཏ་སྣ་ཚོགས་དང་མ་འོངས་པ་ན་རང་ཅག་དཔོན་ སློབ་ཤམྦྷ་ལར་སྐྱེས་ནས་ད་ལྟ་དང་འདྲ་བར་བླ་མ་དང་སློབ་མའི་བྱ་བ་ངེས་པར་བྱེད་ཚུལ་ ཞིབ་པར་གསུངས་ལ། ཉིན་ཞིག་ཁོང་དཔོན་སློབ་ཀྱི་དགའ་སྟོན་ཞིག་གི་ཚེ་ཁོང་སྔོ ན་དང་ མཁན་པོ་རྗེས་ནས་བྱོན་སྐབས་སུ་ཉིད་ཀྱི་ཞལ་ནས། མཁན་རྒན་ངའི་སྔོ ན་དུ་མི་བཏང༌། ད་ མགྱོགས་པར་འགྲོའ།ོ །ཞེས་ཀུ་ཅོའི་སྒྲ་དང་བཅས་སྐུ་རྩེད་ཀྱི་རྣམ་པས་ཁོང་ཉིད་སྔོ ན་ལ་བྱོན་ ནས་མཁན་པོ་རྗེས་སུ་ལུས་པ་བྱུང་བ་ཕྱིས་སུ་དེ་ལུགས་ཀྱི་རྟེན་འབྲེལ་སྔོན་རྗེས་ཀྱི་བྱོན་ བཞུགས་ཇི་བཞིན་དུ་སོང་ལ་འདི་སྐོར་ཁོང་གི་ཐུགས་མཉམ་རྗེས་དབྱེར་མེད་དུ་སོང་ནས་ འདི་སྣང་མ་དག་པ་འོད་གསལ་སྟོང་གཟུགས་ཀྱི་དབྱིངས་སུ་འགགས་ལ་ཁད་དུ་གྱུར་ཏེ། ཞལ་ནས། དུས་ཀྱི་འཁོར་ལོ་དྲུག་བརྒྱ་སོ་དྲུག་གི་ལྷ་ཚོགས་བཀྲ་ལམ་མེའི་སྣང་བ་བྱུང་ཚུལ་ གྱི་གསུང་ཟུར་སློབ་འགའ་ལ་གནང་བཞིན་སྔར་དང་མི་འདྲ་བའི་སྐུའི་སྤྱོད་པ་དང་གསུང་གི་ 3-1-339 བརྗོད་སྒོ་འདྲ་མིན་རེ་ཡང་འདི་ནས་བཟུང་ཁོང་གིས་བར་བར་མཛད་ཀྱིན་འདུག་པ་ཞིག་ བྱུང༌། སྐབས་ཤིག་ཏུ་རྗེ་གང་གིས་ཐུགས་སློབ་ཚོགས་ལ་དུས་འཁོར་མཆོག་དབང་དང་ བཟླས་ལུང་གསུང་སྐབས་སུ། བཀའ་ལས། ཆོས་སྐྱོང་གུར་གྱི་མགོན་པོ་ལ་དེ་རིང་བདག་ གིས་ཕྲིན་ལས་བཅོལ་ན་རང་གིས་སློབ་བུ་རྣམས་ལ་དབང་བསྐུར་ཐུབ་པ་ཡིན། ཞེས་ གསུངས་ནས་ཐུགས་སྣང་འགྲོ་བ་སྤྱིའི་སྡུག་བསྔལ་ལ་བཟོད་དཀའ་བའི་ཤུགས་བཙན་པོས་ ཐུགས་གཏིང་འགྱུར་བག་ཆེ་བའི་ངང་ནས་སྤྱན་ཆབ་བསིལ་བ་རེ་ཡང་མཛད་བཞིན་རྗེ་དམ་ པས་སློབ་ཚོགས་དེ་དག་ལ་དབང་བསྐུར་མཛད་སྐབས་དབང་གི་ཕྱེད་ཙམ་ན་སྐུ་གཡོ་མེད་དུ་ བཞུགས་ཏེ། ཐུགས་འཛིན་བྲལ་ལྷུག་པར་གྱུར་ངོས་ནས་དབང་མཇུག་རྗེས་ཟློ ས་ཙམ་གྱིས་ ལེགས་གྲུབ་བྱེད་དགོས་བྱུང་ཞིང༌། དེ་མཚམས་ཤིག་ནས་འདི་སྣང་གི་དངོས་པོ་ཀུན་ཀྱི་མིང་ གི་མཚན་མ་བར་བར་ཐུགས་ལ་ཤར་མི་ནུས་པའང་ཡང་ཡང་བྱུང་བ་ཡིན་ལ། དགུང་ལོ་རེ་ དྲུག་ཚེས་སྐོར་ཙམ་ན་ཁོང་གིས་མདང་ནུབ་རྨི་ལམ་ན་ཡི་དྭགས་ཀྱི་སྡེ་ཚན་ཞིག་གིས་སློབ་བུ་ ཞིག་ལ་འཚེ་ངོ་ཡོད་པས་དེ་རིང་བསུར་བསྔོ་རྒྱས་པ་བྱེད་དགོས་གསུངས་པ་ལྟར་བྱས་པས་ ཉེར་འཚེ་ཞི་བ་བྱུང༌། ཡང་ཉིན་ཞིག་ཞལ་ནས། མདང་ནུབ་དམྱལ་བའི་སེམས་ཅན་གྱི་སྡུག་ བསྔལ་མཐོང་ཞིང་རྫ་ཆུ་ཁ་ནས་མི་ཞིག་གིས་ལུག་ལྔ་བརྒྱ་རྒྱ་ནང་དུ་དེད་པ་སོགས་ཇི་ལྟ་བ་ བཞིན་ལེགས་པར་གསུངས་ཤིང་དེ་དག་གི་ཚུལ་ལ་ཁོང་སྙིང་རྗེ་ཤུགས་བཟོད་དཀའ་བས་ དབང་མེད་དུ་བཤུམས་པ་ཡང་ཡང་མཛད་པ་དང་བཅས་ཕྱི་ཉིན་མོ་ཁོང་གིས་དེ་དག་གི་ཆེད་ དུ་སེར་མོ་གཉིས་ལ་ཐར་པ་ཆེན་པོའི་མདོ་སྡེ་ཀློག་ཏུ་བཅུག་ཅིང་སྤྱིར་སྔོན་ཞིག་ཏུ་ཁོང་ལ་མི་ ཞིག་གིས་གྲི་ཆུང་དུ་མ་ཕུལ་བའི་རྐྱེན་བསྐུལ་གྱིས་མར་མེ་ཆེས་མང་དཀོན་མཆོག་ལ་ཁོང་ གིས་ལེགས་འབུལ་གྱི་སྒོ་ཉེ་བར་དོད་པ་ནས་བཟུང་སྐུ་ཚེ་གང་པོར་མར་མེའི་མཆོད་འབུལ་ བྱེ་བ་གསུམ་ལྷག་ཙམ་སོང༌། དེ་དག་གི་སྐབས་དང་པོ་ཀོང་ཆུང་རེས་ཉིན་ཞག་གཅིག་དང་དེ་ 3-1-340 ནས་རིམ་པར་ཞག་བདུན་ཕྲག་དང་བདུན་གསུམ་རེ་ཐུབ་པའི་འགྲུབ་རྟགས་བྱུང་ཞེས་ གྲགས་སྐད། རྗེ་དམ་པ་མཆོག་གི་ཐུགས་སློབ་གང་དག་ཀྱང་གོང་སྨོ ས་ལྟར་འཛམ་ཐང་ཡན་ དང་མགོ་ལོག་མན་ཆད་ཀྱི་འདུས་སྡེ་སྤྱི་སྡོམ་གྱི་སློབ་ཚོགས་ཀྱི་གྲངས་སྟོང་ཕྲག་གཉིས་ལྷག་ ཏུ་གྱུར་ལ། སྔོ ན་རྗེ་ཉིད་འཛམ་ཐང་དུ་བཞུགས་སྐབས་རི་ཁྲོད་དར་ལྔའི་སྒྲུབ་གནས་སུ་ ཕེབས་ཏེ་ཉིད་ཀྱིས་ངེད་ཅག་སློབ་འགའ་ལ་དགེ་ཚུལ་གྱི་སྡོམ་པ་སྦྱོར་དྲུག་ཁྲིད་ཡིག་མཐོང་ བ་དོན་ལྡན་ལྷན་ཐབས་ཟུང་འཇུག་བཅས་ཀྱི་ཁྲིད་ལུང་ལེགས་པར་བསྩལ་བའི་བཀའ་དྲིན་ ཀྱང་མཛད་ཅིང་གང་གིས་ཐུགས་སློབ་དག་ལ་རང་རང་དང་འཚམས་པའི་བོགས་འདོན་སྤོག་ ཆོག་སོགས་ཐབས་རྣམ་པ་སྣ་ཚོགས་པའི་སྒོ་ནས་སློབ་མ་རྣམས་ལ་སེམས་སྐྱོན་དང་ལུས་ཀྱི་ ནད་ལེགས་བསལ་མཛད་པ་སོགས་ཉིད་ཐུགས་ལ་གང་ཤར་ཤུགས་འབྱུང་གིས་མཛད་ཆེན་ རླབས་ཆེ་བ་ཉེ་བར་གནང་བ་ནི་རྗེ་དམ་པ་མཆོག་གི་ཟླ་དང་བྲལ་བའི་ཕྲིན་ལས་རྨད་དུ་བྱུང་ བའོ། །གང་གི་གསུང་ཆོས་ཀྱང་ཉིད་ཀྱི་གསོལ་འདེབས་སོགས་འགའ་རེ་ཡོད། ལོ་དེའི་ཧོར་ ཟླ་བཅུ་གཅིག་ཚེས་ལ་ཉེ་བའི་སྐབས་ཤིག་ན་ཉིན་ཞིག་ཏུ་ཁོང་གིས་གཟིམས་སྦྲའི་མཐར་ སྐོར་བ་བྱེད་པའི་དུས་སུ་ཞལ་ནས། ཨ་ངག་དབང་ཆོས་འབྱོར་རྒྱ་མཚོ་ཞེས་ལན་གསུམ་ འབོད་པའི་སྒོ་ནས་ཁྱེད་ཀྱི་བཀའ་ད་སྔ་ལན་གཅིག་རང་གིས་བཅག་མ་མྱོང་ད་ནི་རང་གི་ ལུས་འདིའི་སྟེང་གི་འགྲོ་དོན་རྫོགས་པ་ཡིན་པས་ཁྱེད་ཀྱི་ཐུགས་རྗེའི་ཕྲིན་ལས་ཀྱིས་ཞག་ བདུན་ཚུན་ཆད་དུ་བདག་དོན་ལེགས་མྱུར་ཅིའི་མི་མཛད། ཅེས་གསུངས་ཕན་ཆད་ནས་ཉིད་ ཀྱིས་སློབ་བུ་འགའ་ལ་ཞལ་ཏ་སྣ་ཚོགས་པ་རེ་ཡང་མཛད་བཞིན་ཞག་འགའ་ཞིག་སོང་རྗེས་ སུ་ཉིད་ཁམས་ཅུང་མི་བདེ་ཞིང་ཞབས་རྐང་ལེགས་བསྒྲིལ་བྱེད་ཀྱི་སྐུ་མདུན་པ་རང་གི་ཚ་བོ་ ཡོད་པ་ལ། བཀའ་ལས། ད་ནི་བདག་གནང་ཉིན་ཕན་ལ་ཡོད་པ་མིན་པས་ཁྱོ ད་ཀྱིས་ངའི་ རྐང་པ་བསྒྲིལ་བ་སོགས་བྱེད་མི་དགོས་པའི་ཚུལ་ཞིབ་པར་བཀའ་མོལ་ཡང་མཛད། དེ་ནས་ 3-1-341 ཟླ་བ་བཅུ་གཅིག་པ་དེའི་ཡར་ཚེས་བཅུའི་ཉིན་གྱི་ནངས་སྔ་མོར་རྗེ་དམ་པའི་སྐུ་མདུན་དུ་ ཞབས་བརྟན་བསྒྲུབ་པའི་སློབ་ཚོགས་འདུས་པའི་སྡེ་ཆེས་མང་གིས་གདུགས་རིང་ཁྲི་ཕྲག་ ལེགས་ཟིན་གྱི་བཀྲ་ཤིས་རྟེན་འབྲེལ་བྱེད་པར་ཉི་ཤར་གྱི་དུས་སུ་ལེགས་བྱོན་མཛད་པ་ན། རྗེ་ཉིད་ཀྱི་ཞལ་ནས། ཁྱེ ད་རྣམས་ཚོ་གསུང་སྒྲོག་འདིའི་ཐད་ནས་སྐུ་ཚེགས་ངེས་པར་ཆེ་ཞིང་ རང་གིས་འདི་ན་འབུལ་བ་མཚོན་ཙམ་ཡོད་པ་ཁོང་ཐམས་ཅད་ཀྱིས་ལེགས་བཞེས་མཛད་ དགོས་ཤིང་བཀའ་དྲིན་སྒོ ་ཀུན་ནས་ཤིན་ཏུ་ཆེ་ལ། ད་སྐབས་ཀྱི་ཞབས་བརྟན་བཀྲ་ཤིས་ སོགས་ནི་ང་རང་ར་རྒན་ཞིག་གི་ཚེ་ལས་མེད་པས་ཁོ་བོ་ལ་མ་ཡིན་གྱི་རང་གི་རྒྱལ་ཚབ་དམ་ པ་མཁན་ཆེན་རིན་པོ་ཆེ་དང་དཔོན་བསྟན་འཛིན་རྒྱ་མཚོ་སོགས་ལ་ཡིན་པས་དེ་ལུགས་ཀྱི་ ཐུགས་དགོངས་ལེགས་པར་མཛད་དགོས་ཚུལ་ཀྱང་གསུངས། དེ་རྗེས་སུ་མཁན་པོས་ བཞུགས་ཞུས་ཕུལ་སྐབས་ཁོང་གིས་ད་ནི་སྔར་དང་ཡེ་མི་འདྲ་བའི་སྙིང་རྗེ་རྒྱ་ཇེ་ཆེར་སོང་ ཡོད། ཅེས་ཐུགས་དགྱེས་ཤིང་དྭངས་པའི་ཚུལ་གྱི་བཞུགས་འདུག དེའི་ནུབ་ཁོང་གིས་ཞལ་ ཟས་ཀྱི་བྱ་བ་མཛད་དུས་སུ་བསྙུང་ནད་ཅིག་ཀྱང་ཡོད་པས་འོ་མའི་མདོག་སྡེར་གང་ཙམ་ཞལ་ ནས་སྐྱུག་པར་མཛད་རྗེས། བཀའ་ལས། ད་ནི་ཁོ་བོ་ལ་ཁྲུས་བྱབ་སོགས་ཉུང་བསྡུས་མཛོད་ ཅིག ཅེས་གསུངས་པ་ལྟར་བྱས་པའི་མཐར་ཞལ་ནས། ད་ཁོང་གི་ནད་ཐམས་ཅད་དག་ཟིན། ཁྱེད་རྣམས་ལ་འབུལ་བ་འདི་སྦྱིན་གསུངས་ནས་ཕྱག་གིས་གསོལ་ལྷག་ཟན་ཁམ་ཞིག་དུམ་ བུ་སོ་སོར་བཅད་ནས་མཁན་པོ་སོགས་ཉེ་འཁོར་ན་བཞུགས་པ་དག་ལ་གནང་སྦྱིན་མཛད་ རྗེས་ཞལ་གསུང་ལས་སྒོ ས་སུ་མཁན་ཆེན་ཉིད་ལ། འོ་མཁན་ཆེན་ངག་དབང་གསང་སྔགས་ རྒྱ་མཚོ་ཚང་ཁྱེད་རྗེ་ངག་དབང་ཚོགས་གཉིས་རྒྱ་མཚོ་དང་ཁོ་བོ་ལ་ཁྱད་པར་མེད་པས་འདིར་ གནས་ང་རང་དང་གྲྭ་སྡེ་ཀུན་ཁྱེ ད་ཀྱིས་ཅི་མཛད་ན་ཤེས། ཞེས་གསུངས་ནས་ཚེས་བཅུའི་ཟླ་ བ་ནུབ་ཁར་སྐུ་གཟིམས་པའི་ཚུལ་གྱིས་བཞུགས་ཏེ་ཕྱག་སྐུ་ཚ་རིན་བཟང་གིས་མགོར་བཞག་ 3-1-342 ནས་ད་ལན་ང་ནི་འགྲོ་རན་པ་ཡིན་ནོ་གསུང་རྗེས་སུ་ཉིད་སྐུ་གཡོ་འགུལ་དང་བྲལ་བར་ གཟིམས་པ་ཇི་ལྟ་བ་བཞིན་ཕྱི་ཉིན་ཚེས་བཅུ་གཅིག་པའི་མཚན་མོའི་ཟླ་བ་ནུབ་པར་ཆས་ ཙམ་བར་བཞུགས་མཐར་ཤངས་བུག་ནས་རླུང་དལ་ལ་རིང་བ་ཞིག་བུས་ནས་སླར་ནང་དུ་ རྔུབས་ཏེ་ཐུགས་འོད་གསལ་ཆོས་དབྱིངས་དང་རོ་མཉམ་དུ་གྱུར་ཏེ། ཉིན་ཞག་བདུན་ཕྲག་གི་ རིང་ལ་བཞུགས་ཚེ་ནམ་མཁའ་དྭངས་པ་ལ་འཇའ་སྤྲིན་སྣ་ཚོགས་པས་བར་བར་ཁྱབ་པ་བྱུང་ ཞིང་ཟླ་བ་དེའི་ཚེས་བཅོ་བརྒྱད་ཉིན་མཁན་ཆེན་དམ་པ་སོགས་ཀྱིས་ཐུགས་དམ་ལེགས་ཀྲོ ལ་ གྱི་སྐབས་སུ་དཀར་ཆ་ཤངས་བུག་དང་ཞལ་སྒོ་ལས་མར་ཁུ་སྐག་པ་ལྟ་བུའི་རྣམ་པར་བྱུང་ལ། དམར་ཆ་གསང་བ་ནས་ཐོན་པ་བཞུགས་གདན་གྱི་ཐོག་ཏུ་ཁྲག་ཐིགས་འགའི་རྣམ་པ་གསལ་ བར་བྱུང་བའི་རྟགས་དང་ཁྱད་པར་སྐུ་གདུང་ཆ་ཚང་མར་རྐྱལ་ལྟར་སྣུམ་གཤིས་ནས་བྱུང་ བཞིན་ཟད་དུ་མེད་པ་ལྟ་བུ་གྱུར་ནས་མདངས་ཆེར་གསལ་ཞིང་འབར་བ་ཅན་ཏེ་གདུང་ ལོངས་སྐུའི་ཆས་དང་བཅས་མཆོད་ཡུལ་དུ་བཞུགས་སུ་གསོལ་ཏེ་སློབ་ཚོགས་འདུས་པ་མང་ པོས་དགོངས་མཆོད་རྒྱ་ཆེ་བ་ཟླ་བ་བཅུ་གཉིས་པའི་ཚེས་གཅིག་གི་བར་དུ་བྱས་ནས་དེའི་ ཚེས་གཅིག་གི་ཉིན་སྐུ་གདུང་ལ་ཞུགས་འབུལ་མཆོད་བཀོད་ཁྱད་པར་བས་ལེགས་བགྱིས་ཀྱི་ སྐབས་ནམ་མཁའ་གཡའ་དག་ཅིང་གདུང་ཁང་སྟེང་དུ་འཇའ་སྤྲིན་བར་བར་བྱུང་བ་སོགས་ཀྱི་ དགེ་མཚན་དང་བཅས་གདུང་ལ་མེ་ལྕེས་རེག་མ་ཐག་གདུང་ཞལ་སྔར་ལས་ཕྱོགས་འགྱུར་ཏེ་ ཆོས་སྒར་ཕྱོགས་སུ་ཞལ་ཕྱོགས་པར་གྱུར་ནས་མེ་ལྕེ་ཐོག་མ་དག་གིས་ཤ་རྣམས་ཞུ་སྟེ་རུས་ བྱུང་དུ་བུད་ལ་དེ་སྐབས་སློབ་འགའི་དག་སྣང་དུ་རྗེ་བླ་མ་ཉིད་མདུན་མཁར་བྱོན་ནས་སློབ་ ཚོགས་ལ་གཟིགས་པའི་སྣང་བ་སོགས་ཐུན་མིན་བྱིན་རླབས་ཀྱི་ལེགས་མཚན་ཡང་དུ་མ་རེ་ ཡོད་པར་མངོན། དེ་ལྟར་དགོངས་མཆོད་གྱ་ནོམ་པའི་མཐར་གདུང་ཁང་ཕྱེ་སྐབས་ཐུགས་ ལྗགས་སྤྱན་གསུམ་ལྷག་ནས་མ་ཚིག་པ་དང་ཕྱིས་སུ་སློབ་འགའི་ཕྱག་ཏུ་ཡོད་པའི་གདུང་རུས་ 3-1-343 དག་ལ་རིང་བསྲེལ་ཡུངས་འབྲུ་ལྟ་བུ་མང་དུ་བྱུང་ཞིང་གདུང་རུས་མང་དག་གིས་གདུང་ཚྭ་ བཅས་སོགས་དངུལ་གྱི་མཆོད་རྟེན་ཆེ་བ་རིན་པོ་ཆེའི་ཕྲ་རྒྱན་མཚར་བཀོད་ཅན་གྱི་ནང་ གཞུག་ཏུ་བཞུགས་པར་གསོལ་ནས་འཛམ་ཐང་གཙང་བའི་གཟིམས་ཁང་དུ་སྤྱན་དྲངས་ཏེ་ མཆོད་པའི་རྟེན་དུ་ལེགས་བཞུགས་སུ་བགྱིས་ཤིང་རྗེ་ཉིད་རྟོགས་པ་མཆོག་བརྙེས་པའི་སྐྱེས་ ཆེན་དུ་ངེས་ཕྱིར་སློབ་ཚོགས་ཀྱིས་ཐུན་བཞི་ལས་བཞི་བྱས་པ་བས་ཁོང་ཉིད་ཀྱི་ཞབས་ཕྱི་ ལེགས་བགྱིད་བྱེད་མཁན་བྱས་ན་ཉམས་ལེན་གྱི་རྟོགས་པ་སྐྱེ་ཚབས་དེས་ཆེ་ཟེར་བའི་སྲོལ་ ཡོད་པ་ལྟར་དོན་ལའང་གནས་པའི་དགེ་བའི་བཤེས་གཉེན་གསུམ་ལྡན་རྡོ་རྗེ་འཛིན་པ་ མཆོག་གྱུར་ཞིག་སྟེ། དམ་པ་འདིའི་ཐུགས་སློབ་སྦྱོར་དྲུག་སྔོ ན་འགྲོའི་སྐབས་ནས་ཀྱང་ཡེ་ ཤེས་ཕེབས་པའི་འཕར་གཡོ་བ་མང་བ་སོགས་སྒོ ་གང་ཐད་ནས་རྗེ་ཉིད་ཟླ་དང་བྲལ་བའི་དེང་ དུས་ཀྱི་རྡོ་རྗེ་སློབ་དཔོན་ཁྱད་པར་དུ་འཕགས་པ་ཉིད་ཀྱི་ཕྱིར་རོ། །གང་གི་སློབ་ཆེན་མཁས་ བཙུན་བཟང་པོའི་དཔལ་མངའ་ཞིང་མཚན་བརྗོད་སུམ་ཁྲི་དང་ཡིག་དྲུག་དུང་ཕྱུར་ངག་ཐོག་ ནས་མཛད་མཁན་སྤུ་ཚ་བླ་མ་ཡེ་ཤེས་བཟང་དང༌། སྦྱོར་དྲུག་ལན་དྲུག་དང་ཕྱག་བྱེ་བ་མཛད་ མཁན་གསའ་སྟག་བླ་མ་ཆོས་རབ། རྟོགས་ལྡན་སྐྱེ་མཐོ་རྒྱ་བླ་མ་པད་རྣམ་སོགས་བླ་ཆེན་མང་ པོ་དང༌། ཨ་མཁར་སྤྲུལ་སྐུ། ཁྲ་དགེའི་སྤྲུལ་སྐུ། སྦྲ་གསར་སྤྲུལ་སྐུ་སོགས་སྐུ་སྐྱེས་ཀྱི་མཚན་ ཐོགས་པའང་མང་དུ་བྱུང་ལ། སྤྱིར་མགོ་ལོག་ཕྱོགས་སུ་རྗེ་དམ་པ་གང་ལས་ཀྱང་སྔར་གཙང་ བའི་རྡོ་རྗེ་སློབ་དཔོན་ལྷ་བ་བླ་མའི་དངོས་སློབ་སྐྱབས་བླ་མ་ངག་བཟང་ཟེར་བ་གདོན་ བགེགས་སྟོབས་ཆེན་ཟིལ་གྱིས་གནོན་པའི་མཐུ་ནུས་ཆེ་བ་ཞིག་བྱོན་པ་དེས་ཀྱང་སྦྱོར་དྲུག་ གི་ཆོས་སྒར་བཙུགས་ནས་བསྟན་འགྲོའི་དོན་ལ་ཐུགས་ཁུར་བཞེས་མོད་རྗེ་ཉིད་ལྟ་བུའི་ མཛད་སྒོའི་ཆ་རྒྱ་མི་ཆེ་བ་མ་ཟད་རྗེས་སོར་ཡང་གཙང་བའི་རྡོར་སློབ་རབ་ཁ་བླ་མའི་སློབ་མ་ རོང་བ་བླ་མ་རིན་ཆེན་རྒྱ་མཚོ་དང༌། ས་དམར་དགོན་གྱི་རྡོར་སློབ་བླ་མ་སྙན་གྲགས་ཀྱི་སློབ་ 3-1-344 མ་ཁང་གསར་བླ་མ་བློ་བཟང་སོགས་དེ་འདྲ་ཅི་རིགས་ཀྱང་བྱུང་སྟེ་དེ་དག་གིས་རང་རེའི་ཆོས་ བརྒྱུད་འཛིན་སྐྱོང་སྤེལ་གསུམ་མཛད་ཀྱང་རྗེ་བླ་མ་མཆོག་གི་ཕྲིན་ལས་ཀྱི་ཆ་ཙམ་བསྐྲུན་ དཀའ་བར་གྱུར་ཏོ། ། ༼༢༣༽ དེ་འདྲའི་མཛད་པ་རླབས་ངེས་པར་ཆེ་བའི་རྡོ་རྗེ་འཛིན་པ་འགྲོ་འདྲེན་གྱི་ཕུལ་ བསྟན་པའི་རྩ་ལག་རྗེ་ངག་དབང་སྨོན་ལམ་བཟང་པོ་གང་གི་རྒྱལ་ཚབ་མཆོག་ཏུ་གྱུར་པ་ ལུང་དང་རྟོགས་པའི་དབང་ཕྱུག་མཁན་ཆེན་ངག་དབང་གསང་སྔགས་རྒྱ་མཚོ་ཞེས་བྱ་བ་ཡང་ ཁོང་ཉིད་འཁྲུངས་ཡུལ་མགོ་ལོག་གོང་མའི་མངའ་འོག་ལམ་སྐོར་ཞེས་པའི་ཚོ་སྡེ་ཡིན་ལ། དེ་ནས་སྐུ་ན་ཚོད་རྫོགས་ཤིང་ཀློག་སོགས་ཤེས་པའི་མཚམས་ཤིག་ནས་འཛམ་ཐང་གཙང་ བའི་གཟིམས་ཁང་དུ་རྡོ་རྗེ་སློབ་དཔོན་ངག་དབང་དོན་ལྡན་ཞབས་པ་བཞུགས་པའི་དྲུང་དུ་ ཕྱིན་ནས་རྗེ་བླ་མ་དེ་ཉིད་དགེ་བའི་བཤེས་གཉེན་བཀའ་དྲིན་གསུམ་ལྡན་གྱི་རྩ་བའི་བླ་མར་ དམ་པ་འདིས་ལེགས་བཀུར་བཅས་ཀྱི་སྒོ་ནས་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་སྦྱོར་བ་ཡན་ ལག་དྲུག་གི་སྔོན་འགྲོའི་ཆོས་ཁྲིད་ལེགས་ཞུས་ཉམས་ལེན་དང་དབང་སྡོམ་པ་སོགས་ཀྱི་ དུས་སུ་མཚན་ངག་དབང་གསང་སྔགས་རྒྱ་མཚོ་ཞེས་པ་གསོལ་ཞིང་དེ་ནས་རིམ་པར་དམ་པ་ གོང་མའི་ཕྱག་སྲོལ་དང་མཐུན་པར་ལོ་གསུམ་གྱི་རིང་རྫོགས་རིམ་ཡན་ལག་དྲུག་ལུས་སྦྱོང་ འཁྲུལ་འཁོར་དང་ཐིག་ལེའི་འཁྲུལ་འཁོར་སྦྱོར་དྲུག་སྟན་ཐོག་གཅིག་མ་ཟབ་ལམ་འཕོ་བའི་ ཉམས་ལེན་བཅས་ཇི་བཞིན་དུས་བསྟུན་གྱི་ཉན་སེམས་སྒོམ་པ་ལག་ལེན་དང་བཅས་ལེགས་ གྲུབ་མཛད་ཅིང༌། དེ་དག་གི་སྐབས་སུ་རྗེ་བླ་མ་ཉིད་ཀྱི་མདུན་ནས་དམ་པ་འདི་ལ་གཞི་ཁོག་ སྦྱོར་དྲུག་གི་ཆོས་བཀའ་ཅི་དགོས་དང་རྒྱུད་སྡེ་རབ་འབྱམས་ཀྱི་དབང་བཀའ་མང་པོ་དང༌། རྗེ་བཙུན་གསུང་འབུམ་སོགས་ཀྱི་བཀླག་ལུང་ལ་སོགས་པ་ཆོས་བཀའ་ཆེས་མང་ཐོབ་ལ་ དེ་མཚམས་ཤིག་ནས་རྗེ་བླ་མ་ཉིད་འཕྲལ་དུ་དག་ཞིང་དུ་གཟིགས་རྐྱེན་འཛམ་ངོས་བླ་མ་ 3-1-345 ཀུན་དགའ་ངག་གི་དབང་པོ་གང་ཉིད་ཀྱིས་དམ་པ་འདི་སོགས་ལ་སྦྱོར་དྲུག་དབང་ལུང་ཁྲིད་ གསུམ་གང་དགོས་བསྩལ་ཏེ་ཆོས་མཇུག་ཡོངས་རྫོགས་ཀྱི་བར་དེ་ལུགས་ལྟར་བྱས་ཤིང༌། དེ་ནས་དམ་པ་འདིས་ཀྱང་མཚམས་སྔ་ཕྱི་ཅི་རིགས་པར་ཀུན་དགའ་ངག་གི་དབང་པོའི་དྲུང་ ནས་བསྐྱེད་རིམ་རེ་དང་ཆོས་ཁྲིད་གཞན་འགའ་ཞིག་རེ་ཞུས་ཤིང་དེ་མཐུན་བསྙེན་མཚམས་ དང་སློབ་གཉེན་རེའང་མཛད་དམ་སྙམ་མོ། །དེ་རྗེས་མི་རིང་བའི་ལོ་དུས་ཤིག་ན་ངག་དབང་ ཚོགས་གཉིས་རྒྱ་མཚོ་རྭ་འོབ་ཤུག་ཁྲོད་སོགས་སུ་བཞུགས་སྐབས་གང་ཉིད་ཀྱི་དྲུང་དུ་སོང་ སྟེ། བསྡུས་གྲྭ། ཕར་ཕྱིན། དབུ་མ། མངོན་པ་སོགས་དཀའ་པོད་རྣམས་དང་སྔགས་ཀྱི་རྣམ་ བཤད་ཅི་རིགས་དང་བཅས་མདོ་དང་སྔགས་ཀྱི་གཞུང་ལུགས་ལ་སྦྱང་བ་ཆེད་གཉེར་གྱིས་ མཁས་པའི་ཕུལ་དུ་སོན་ཞིང༌། དེ་ལྟར་ལོ་དུ་མའི་རིང་དམ་པ་འདི་འཛི་ཡུལ་གྱི་སྐྱེས་ཆེན་ མཆོག་རྣམས་བཞུགས་དྲུང་དུ་དམ་ཆོས་འཚོལ་བ་དང་ཆོས་ལ་ཐོས་བསམ་སྒོམ་གསུམ་གྱི་ ཆེད་ཡུན་རིང་པོ་ཞིག་ཏུ་ལེགས་པར་བཞུགས་ཚོད་དུ་འདུག དེ་རྗེས་རང་ཡུལ་ཕྱོགས་སུ་ ཁོང་ཉིད་ལོ་འགར་མཚམས་བསྙེན་རེ་དང་མདོ་སྔགས་ཀྱི་གཞུང་ལུགས་ལ་ཐོས་བསམ་དཔེ་ གཟིགས་ཀྱིས་རྟོག་ཞིབ་ལ་ནན་ཏན་རྒྱ་ཆེ་བ་དང་བཅས་ཀྱིས་སྔ་ཕྱི་ལོ་དུ་མ་ཞིག་འདས་སོང་ ཞིང་དེ་མཚམས་བར་བར་དུ་ཁོང་གིས་ཆོས་སྡེ་འགའ་ལ་དགེ་འདུན་གྱི་བསླབ་པ་ཡོངས་སུ་ སྦྱོང་བའི་མཁན་པོ་མཛད་དེ་ཆོས་ཁྲིད་ཀྱང་འདུལ་གཞུང་སོགས་གང་མཁོའི་ཆོས་བཀའ་ཅི་ རིགས་པ་འཆད་ཅིང༌། འདི་སྐོར་དུ་ཁོང་ལ་མཁན་པོའི་མཚན་ཆགས་ཤིང་དེ་ནས་རེ་ཞིག་ གི་ཚེ་ཉིད་ཀྱིས་སློབ་གཉེར་བ་རྒྱུན་བཞུགས་འགའ་ཞིག་ལ། བསྡུས་གྲྭ། ཕར་ཕྱིན། དབུ་མ་ སོགས་མདོ་སྔགས་གང་གི་གཞུང་ལུགས་མཁོ་བ་དག་ལ་དེ་མཐུན་ཆོས་ཀྱི་བཤད་ཁྲིད་ཅི་ དགོས་ཀྱང་མཛད་བཞིན་རང་གི་ཉེ་འཁོར་དུ་ཆོས་སློབ་པའི་གྲྭ་བཙུན་འགའ་རེ་མི་ཆད་པ་ ལྟ་བུའི་དུས་རྒྱུན་འཆད་ཉན་ལ་གཞོལ་བར་མཛད་ངོས་ནས་དུས་རེ་ཞིག་གི་ཚེ་ཆོས་སྒར་ཆེ་ 3-1-346 བའི་མངའ་བདག་སྐྱབས་མཆོག་སྨོན་ལམ་བཟང་པོ་དང་གོང་མའི་དཔོན་སོགས་ཀྱི་བཀའ་ བཀོད་ལ་བརྟེན་ནས་དམ་པ་འདི་ཉིད་ཆོས་སྒར་ཆེ་བའི་ཁྲོད་དུ་ཕེབས་དགོས་བྱུང་ཞིང་དེར་ ཉིད་ཀྱིས་ལོ་ཤས་རིང་ཀླད་བླ་མ་རྗེ་དམ་པ་མཆོག་ལ་ཐུགས་སློབ་དག་གི་ཐད་ཆོས་བཀའ་ གང་དགོས་ཀྱིས་རོགས་རམ་དང་གསལ་གདབ་ཅི་དགོས་ཐུགས་ཁུར་བླངས་བཞིན་རང་ཉིད་ ཀྱིས་བཤད་སྒྲུབ་ཟུང་འབྲེལ་ལས་གཙོ་བོར་བཤད་གྲྭ་བའི་སློབ་དཔོན་མཛད་བཞིན་ལོ་ཁ་ ཤས་ཀྱི་རིང་དེ་ལུགས་ལྟར་གྱིས་བཞུགས་ལ་དེ་ནས་མི་རིང་བར་རྗེ་སྨོན་ལམ་བཟང་པོ་གང་ ཉིད་ཀྱིས་རང་གི་རྒྱལ་ཚབ་ཏུ་མཁན་ཆེན་ཁོང་ཉིད་འཇིག་མེད་རྡོ་རྗེའི་ཁྲི་ལ་མངའ་གསོལ་ ནས་གཟུགས་སྐུ་ཆོས་དབྱིངས་སུ་ལེགས་བསྡུ་མཛད་རྗེས་སུ་དེ་ལུགས་ལྟར་གྱི་མཁན་པོ་ རང་གིས་རྡོ་རྗེ་སློབ་དཔོན་གྱི་ཐུགས་ཁུར་བཞེས་ཏེ་ཆོས་སྡེ་སྤྱིའི་ཞལ་བདག་མཛད་བཞིན་ སྦྱོར་དྲུག་པ་ཆོས་ཚན་སྔ་ཕྱི་ཡོད་ཚད་དང༌། ནཻ་གུ་པ་དང༌། རྡོར་སེམས་སྒྲུབ་གྲྭ་པ་དང༌། གཞན་ བསྐྱེད་རིམ་པ་སྣ་ཚོགས་སོགས་སྒྲུབ་བརྒྱུད་གཙོ་བོ་འཛིན་སྐྱོང་སྤེལ་བ་དང་ཆབས་ཅིག་ཏུ་ དབུ་ཕར་སོགས་བཀའ་པོད་དང་སྔགས་རིམ་སོགས་སྔགས་ཀྱི་གཞུང་ལུགས་གང་དགོས་ དག་སྟེ་མདོ་དང་སྔགས་ཀྱི་གཞུང་ལུགས་ཀྱི་བཤད་བཀའ་རྒྱ་ཆེ་བ་ནམ་ཡང་ཆད་མེད་ལྟ་ བུའི་ཚུལ་གྱིས་ལུང་སྡེ་སྣོད་ཀྱི་བཤད་གྲྭ་ལེགས་བསྐྱང་གི་སྒོ་ནས་ཐ་ན་རིག་གནས་ཕྲ་མོ་ཚུན་ གྱི་སྲོལ་རྒྱུན་ཉམས་མེད་བཅས་ཀྱིས་ལུང་དང་རྟོགས་པའི་བསྟན་པ་སྒོ་ཐམས་ཅད་ནས་སྔར་ ལས་ལྷག་པར་གྱུར་ཅིང་དེ་ཡང་སྒྲུབ་སྡེ་སོ་སོའི་ཆོས་ཚན་པ་ཉི་ཤུ་སུམ་ཅུ་ལྷག་རེ་དང་བཤད་ གྲྭ་པའང་སུམ་ཅུ་སོགས་གྲངས་མི་ཉུང་བ་ཆེས་ཧ་ཅང་རྒྱས་པས་ཀུན་ཀྱིས་རང་རེའི་ཆོས་གྲྭ་ འབྲོག་ཁུལ་དུ་ཡོད་པ་འདི་འདྲ་སྔར་བྱུང་མྱོང་དཀའ་བའི་ཆེ་བསྔགས་དང་བཅས་སྣང་བ་ཧ་ ལས་པའི་སྨོ ན་གནས་མཆོག་ཏུ་ངེས་པར་གྱུར་ཏེ། འདི་སྐོར་རྗེ་མཁན་ཆེན་མཆོག་གི་བཀའ་ དྲིན་གྱིས་མགོ་ལོག་ཕྱོགས་ཀྱི་ས་ཁུལ་ལ་རྒྱལ་བ་ཇོ་ནང་པའི་རང་ལུགས་ཀྱི་བཤད་སྒྲུབ་ཟུང་ 3-1-347 འབྲེལ་ཆེར་རྒྱས་ཀྱི་དགེ་མཚན་ལེགས་ཚོགས་སྔར་མེད་གསར་བ་རླབས་ཆེན་སྒོ་ཀུན་ནས་ འབར་ཞིང་ཁྱད་པར་ཆོས་གྲྭ་འདིར་མཚམས་སྒྲུབ་པ་རྣམས་རང་རང་གི་ཆོས་ཚན་ལྟར་ཆོས་ ཐུན་སོ་སོའི་ཐུན་བཞི་ལས་བཞི་ཆག་མེད་ཀྱི་བྱ་བ་དང་བཤད་གྲྭ་པ་ཐམས་ཅད་ཀྱང་རང་རང་ གི་ཆོས་ཚན་གཞུང་ལུགས་གང་ལ་འཆད་ཉན་དང་གཤར་སྦྱངས་བྱེད་ཡུལ་དག་ལ་དེ་ལུགས་ ལྟར་སྐྱོར་སྦྱང་གིས་ཆོས་ལ་ཐོས་པ་སློབ་གཉེར་ཀུན་སྤྱོད་གཙང་མས་ཉེ་བར་བྱེད་ཚེ་གང་ ཐད་ནས་དད་ལྡན་དང་བ་འདྲེན་པའི་དམིགས་རྐྱེན་དུ་ལེགས་པར་གྱུར་ངེས་ཀྱི་རང་ལུགས་ བསྟན་པ་སྒོ་ཐམས་ཅད་ནས་རབ་ཏུ་གསལ་བའི་མཛད་བཟང་སྙིགས་དུས་སྨག་རུམ་ཁྲོད་དུ་ ཆེས་ལྷང་ངེར་མངོན་དུ་གྱུར་ཡོད་པ་དེ་ཀ་ལྟར་རོ། །དེ་དག་གི་སྐབས་ཐམས་ཅད་དུ་རྗེ་མཁན་ ཆེན་དམ་པས་ཆོས་སྡེ་དེའི་སློབ་ཚོགས་ཐམས་ཅད་ལ་དབང་ལུང་མན་ངག་གི་ཟབ་ཁྲིད་ཅི་ དགོས་དང་གཞན་གཞུང་ལུགས་ཀྱི་བཤད་ཁྲིད་གང་དགོས་པ་མཐའ་དག་ལེགས་པར་དུས་ སུ་འདོམས་པའི་མཛད་ཆེན་ཆེས་ཡ་མཚན་པ་སློབ་ཚོགས་གང་དག་ལ་ནམ་ཡང་རིས་སུ་ཆད་ མིན་དུ་སྔར་རྗེས་ལོ་གྲངས་བརྒྱད་ཙམ་གྱི་རིང་དུ་བཤད་སྒྲུབ་ཟུང་དུ་འབྲེལ་བའི་བསྟན་པ་ རླབས་ཆེན་གྱི་རྒྱུན་ལེགས་པར་བསྐྱངས་བཞིན་བསྟན་འགྲོའི་ཕན་བདེའི་དཔལ་དུ་ཉེ་བར་ བཞུགས་པ་ཡིན་ནའང་མཚམས་ཤིག་ནས་དུས་ཀྱི་བསྐལ་བ་ཤིན་ཏུ་དམན་པའི་རང་རྟགས་ དར་ལ་བདོ་བའི་སྐབས་སུ་སླེབས་ཚེ་བསྟན་དང་འགྲོ་བའི་ལེགས་ཚོགས་གནམ་འཕང་གི་ ཉི་ཟེར་དང་འགྲན་པ་ལ་ཆས་དུས་ན་དུས་དབང་གི་འཛམ་གླིང་ཡངས་པའི་རྒྱལ་ཁམས་ཆེས་ མང་པོ་འཕོ་འགྱུར་ཆེན་པོའི་གནས་སྐབས་ཐ་དད་པ་གཤིས་ཀྱི་འགྱུར་ལྡོག་ཚབས་ཆེན་གྱི་ དབལ་ཟུར་བཟོད་དཀའ་བས་དེ་དག་གི་གཞི་ན་འཁོད་པའི་སྐྱེ་དགུ་མཆོག་དམན་ཡོད་དོ་ ཅོག་མཉམ་པར་བརྡལ་བའི་སྟོབ་ཤུགས་ཀྱིས་དེར་གནས་བསྟན་འགྲོའི་ལེགས་དགེ་ཅིག་ ཆར་གཞོམ་པའི་སྐབས་སུ་བབ་ཚེ་སྔོན་ལས་ཤུགས་བཙན་བཟློག་དཀའ་བའི་གནས་སུ་རེད་ 3-1-348 ནས་འདི་ན་རང་རེའི་བསྟན་པའི་རྩ་ལག་མཁན་རྡོ་རྗེ་འཛིན་པ་ཆེན་པོ་གང་ཉིད་ཀྱང་དུས་ ཀྱི་གཡུལ་ཆེན་བདོ་བའི་དཔུང་གིས་དབང་མེད་དུ་བཅིངས་ནས་རྒྱ་ཡུལ་ཟི་ལང་ཕྱོགས་སུ་ འཕྲལ་དུ་གཟུགས་སྐུའི་མེ་ཏོག་ཡལ་བར་གྱུར་པ་སྟེ། གང་གི་ཐུགས་ཀྱི་བུ་ཆེན་བསྟན་ལ་ ཕན་ཐོགས་ཆོག་པ་དུ་མ་རེ་བྱུང་བ་སོགས་ཀྱི་ཚུལ་ཡོད་པ་ནི་གོང་སྨོས་རྣམས་ཀྱིས་ཅུང་ཙམ་ ཤེས་ནུས་སོ། ། ད་ནི་སྔོན་དབུས་གཙང་རྟག་བརྟན་དགོན་དུ་རྗེ་བཙུན་ཏཱ་ར་ནཱ་ཐ་སྐུ་དངོས་བཞུགས་ པའི་དུས་དང་གང་གིས་དངོས་སློབ་རྒྱལ་ཚབ་ཀུན་དགའ་རིན་ཆེན་རྒྱ་མཚོའི་དུས་ཀྱི་རིམ་ པར་མདོ་ཁམས་སྨད་རྔ་ཡུལ་ཕྱོགས་སུ་ཆོས་ངེས་དོན་སྒྲུབ་བརྒྱུད་ཀྱི་བསྟན་པ་ཇི་ལྟར་རིམ་ པས་དར་ཚུལ་ཆོས་འབྱུང་དཀྱུས་སུ་བྱུང་བ་བཞིན་ལས་འདིར་གལ་ཆེ་བ་འགའ་ཞིག་ཅུང་ གསལ་ཙམ་བརྗོད་པར་བྱ་བ་སྟེ། དེ་ཡང་རྔ་ཡུལ་ཕྱོགས་ཀྱི་རང་རེའི་ཆོས་བརྒྱུད་འཛིན་ པའི་དགོན་སྡེ་ཐོག་མ་རིམ་པས་བྱུང་བ་ནི་སེ་དགོན་དང་འབྲོག་དགེ་དགོན་གཉིས་ཏེ་ཆོས་ སྡེ་ཆགས་ཚུལ་གྱི་གོ་རིམ་ནི། དེང་དུས་ཀྱི་སེ་དགོན་ལས་འབྲོག་དགེ་དགོན་པ་སྔ་ཤོས་ཡིན་ ཡང་སྔོན་ཐོག་མར་སེ་འབྲོག་གི་རང་རེའི་ཆོས་གྲྭ་པ་ཇོ་ནང་དུ་བྱོན་པ་རྣམས་ལས་སྔ་བ་ནི་སེ་ དབོན་ལྷུན་གྲུབ་སོགས་དང༌། དེ་ནས་རིམ་པས་འཕྱི་ཙམ་ན་འབྲོག་དགེ་ཀུན་དགའ་དཔལ་ བཟང་སོགས་ཀྱང་དེ་ལུགས་བཞིན་གྱིས་ཇོ་ནང་དུ་ཕེབས་པ་ཡིན་པས་ཁམས་ཕྱོགས་ནས་ ཇོ་ནང་དཔལ་དུ་རྗེ་བཙུན་ཐམས་ཅད་མཁྱེན་པའི་སྐུ་དུས་མན་ནས་ཆོས་ཞུ་རིམ་ཕེབས་ཀྱི་ ཚུལ་ལས་བརྩམས་ཏེ་འདིར་ཆོས་འབྱུང་གཞུང་ལས་ཅུང་རྒྱས་སུ་བརྗོད་པར་བྱ་བ་ཡིན་ལ། དེ་ཡང་རྔ་ཡུལ་གྱི་སེ་སང་གི་གནས་ཚུལ་ཐོག་མར་སྔོན་གྱི་དུས་སུ་རྣལ་འབྱོར་གྱི་དབང་ཕྱུག་ གྲུབ་པ་མཆོག་གི་གནས་སུ་ལེགས་པར་སོན་པ་ཞི་སྒོམ་ཆེན་པོ་འཁྲུལ་ཞིག་གྲགས་པ་ཞེས་ བྱ་བ་གང་ཉིད་ཡར་འབྲོག་མཚོ་མོའི་གནས་ན་མཉམ་བཞག་ནམ་མཁའ་ལྟ་བུའི་རྣལ་འབྱོར་ 3-1-349 ལ་ལེགས་བཞུགས་མཛད་སྐབས་ཤིག་ཏུ་ཉིན་ཞིག་རྗེ་རྣལ་འབྱོར་ཆེན་པོ་གྲུབ་ཐོབ་མཆོག་ གི་ཐུགས་སྣང་ངོར་མ་མཁའ་འགྲོའི་བཀའ་ལུང་ལས། ཁྱོ ད་མདོ་ཁམས་རྨ་གཉན་ཕྱོགས་ སུ་སོང་དང་འགྲོ་དོན་ལེགས་ངེས་འབྱུང་ངོ༌། །ཞེས་པའི་ལུང་བསྟན་བྱུང་བར་བརྟེན་རྗེ་གྲུབ་ ཐོབ་དེ་ཉིད་མདོ་ཁམས་ཕྱོགས་སུ་ཕེབས་ཏེ་རྨ་རྒྱལ་སྤོམ་ར་དང་ཤར་གཉན་གཡུ་རྩེ་ཟུང་གི་ གནས་རྣམས་སུ་རིམ་པས་བཞུགས་ནས་རྗེ་ཁོང་གིས་དེ་དག་ཏུ་གདུལ་བྱ་སྐལ་བ་དང་ལྡན་ པ་གང་དག་རྗེས་སུ་བཟུང་སྟེ་སྒོམ་བཏབ་པས་རང་རང་གིས་ཉམས་སུ་བླངས་ནས་གནས་ ལུགས་སེམས་ཀྱི་གཤིས་ཇི་བཞིན་རྗེན་ཆར་དུ་རང་ངོ་འཕྲོད་དེ་རྣམ་པར་རྟོག་པ་རྗུན་རིས་ ཀྱི་འཁྲུལ་པ་ཀུན་ནས་ཞིག་པར་གྱུར་ཐུབ་པའི་སྒོམ་པ་ཞིག་ཆེན་བཅོ་བརྒྱད་ཙམ་རྗེ་གྲུབ་ ཐོབ་མཆོག་གི་ཐུགས་སློབ་ཏུ་འདུས་ཤིང་དེ་སྐབས་ཤིག་ཏུ་སྨར་སེ་ལེ་ཐང་ཕྱོགས་ནས་སེ་ འབུམ་སྐྱབས་རྒྱལ་ཞེས་པའི་མི་ཞིག་ཤར་གཉན་གཡུ་རྩེ་ཕྱོགས་སུ་འོང་བས་ཤར་གཉན་གྱི་ གནས་དེར་ཕ་བོང་བོན་མོའི་ཕུག་ཏུ་རྗེ་སྒོམ་ཆེན་གྲུབ་པའི་དབང་ཕྱུག་ཉིད་བཞུགས་པ་དང་ མཇལ་བས་སེ་འབུམ་སྐྱབས་ཀྱིས་དེ་ལ་དད་གུས་སྙིང་ཐག་པ་ནས་སྐྱེས་ཏེ་སྒོམ་ཕོག་པའི་ ཐབས་ཞུས་པ་ན་རྗེ་གྲུབ་ཐོབ་དེ་ཉིད་ཀྱིས་སྐད་ཅིག་དེ་ལ་སེ་འབུམ་ཉིད་རྗེས་སུ་བཟུང་སྟེ་ སྒོམ་བཏབ་པ་ལྟར་ལོ་བཅུར་འབད་བརྩོན་གྱིས་བསྒོམ་པས་ཁོ་ལ་རིག་ངོ་ལྷག་གེར་འཕྲོད་ དེ་རྟོག་པ་ཉིང་འཁྲུལ་རང་ཞིག་ཏུ་སོང་ཞིང་གྲུབ་རྟག་ལ་མངའ་བརྙེས་ཏེ་སེ་འབུམ་སྐྱབས་ རྒྱལ་སྒོམ་པ་ཞིག་ཆེན་དུ་གྱུར་ནས་ཁོང་གནས་ངེས་མེད་རྣམ་སུ་རྒྱུ་བཞིན་སྤྱོད་པ་རི་དྭགས་ རྣམས་ལ་ཁལ་བཀལ་བཞིན་གསའ་གཡི་སྤྱང་ཀི་རྣམས་རེས་མོས་སུ་ཞོན་པ་བྱས་ཏེ་ཉིན་ གཅིག་ལ་སེ་ལེ་ཐང་བསྐོར་ནུས་པའི་རྫུ་འཕྲུལ་གྲུབ་ཐོབ་ཁོང་གིས་དེར་གནས་གཞན་དག་ གི་མཐོང་ཆོས་མཐུན་སྣང་དུ་ལེགས་པར་བསྟན་པས་དེ་ཀུན་ཡིད་ཧ་ལས་ཤིང་སེ་འབུམ་ སྒོ མ་ཆེན་ལ་སྔར་གྱི་མིང་འགྱུར་ཏེ་སེ་ཚང་ཞིག་པོ་གཡུང་དྲུང་འབུམ་རྒྱལ་དུ་གྲག་སྐད། དེ་ 3-1-350 ནས་སེ་ཚང་ཞིག་པོ་ཁོང་ལའང་སྒོམ་ཆེན་པའི་ཐུགས་སློབ་མང་ཙམ་འདུས་ཤིང་དེ་འདྲའི་སེ་ གཡུང་དྲུང་འབུམ་གྱི་གདུང་བརྒྱུད་ཕྱིས་རིམ་པར་བྱུང་བ་ལས་གདུང་རབས་འགའ་ཞིག་སོང་ མཚམས་སུ་སེ་གྲགས་པ་རྒྱལ་མཚན་ཞེས་བྱ་བ་བྱུང་སྟེ་དེ་དབུས་གཙང་དུ་སོང་ནས་དམ་པ་ ཆོས་ཀྱི་སྒོར་ལེགས་ཞུགས་མཛད་དེ་རང་དོན་གྲུབ་ཟིན་སྐབས་ཕྱིར་རང་ཡུལ་དུ་ཕེབས་ནས་ མཚམས་རིང་ཆོས་རྗེ་བྱ་བའི་བླ་དཔོན་ཞིག་ཡོད་པ་ལ་ཕྱག་རྟེན་ཕུལ་ཏེ་མགོ་འདྲེན་ཞུས་ ནས་སེ་གྲགས་རྒྱལ་རང་གིས་ཁམས་རྔ་སྟོད་སྲིབ་ཕྱོགས་བོ་དོང་ཞེས་པར་ཆོས་སྡེ་དགོན་པ་ བཏབ་སྟེ་དེར་རྒྱུན་བཞུགས་ཀྱི་ངང་ནས་ཁོང་གིས་དགོན་དེར་སྐུ་གསུང་ཐུགས་རྟེན་མང་དུ་ བཞེངས། དེ་ནས་དེ་དང་གདུང་རིགས་གཅིག་པའི་སེ་འཁྲུལ་ཞིག་སེང་གེ་རྒྱལ་མཚན་ཞེས་ བྱ་བ་སྒྲུབ་བརྒྱུད་འཛིན་པའི་སྐྱེས་ཆེན་ཞིག་ཀྱང་བྱུང༌། དེ་རྗེས་སུ་སེ་སྐུ་སྐྱེས་ཀུན་དགའ་རྒྱལ་ མཚན་ཞེས་པ་སྡེ་སྣོ ད་ལ་སྦྱངས་པ་ཅན་བསླབ་གསུམ་མཆོག་མངའ་བ་གང་དེ་བྱུང་ཞིང༌། དེ་ ནས་སེ་དབོན་ལྷུན་གྲུབ་རྒྱལ་མཚན་ཞེས་བྱ་བ་བྱུང་སྟེ་དེ་རང་རེའི་མ་དགོན་ཇོ་ནང་རྟག་ བརྟན་དུ་རྗེ་བཙུན་ཏཱ་ར་ནཱ་ཐ་སྐུ་དངོས་བཞུགས་ཀྱི་དྲུང་དུ་སོང་ནས་རྗེ་བཙུན་རིན་པོ་ཆེའི་ ཞལ་སྔ་ནས། སེ་དབོན་དེ་ཉིད་ཀྱིས་ཟབ་མོ་ཆོས་ཀྱི་བཀའ་ས་སྐྱའི་ལམ་འབྲས་ཆེན་པོའི་ ཟབ་དབང་ཆ་ཚང་དང༌། སྦྱོར་བ་ཡན་ལག་དྲུག་གི་ཆོས་སྐོར་ཡོངས་རྫོགས་བཅས་ལེགས་ པར་གསན་ཅིང་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན་རྩོམ་བསྐུལ་ ཀྱང་མཛད་ནས་རང་རེའི་ཁམས་ཕྱོགས་སུ་ཇོ་ནང་ནས་བསྟན་འགྲོའི་དོན་མཛད་པ་ལུང་ རིགས་རྒྱ་མཚོ་དཔོན་སློབ་གདན་འདྲེན་ལེགས་མཛད་དང་བཅས་པའི་སྒོ་ནས་རང་ཡུལ་དུ་ ཕྱིར་འོང་བར་ཆས་ཚེ་རྗེ་བཙུན་མཆོག་གི་བཀའ་ལུང་ལས། མདོ་སྨད་ཁམས་ཕྱོགས་སུ་ངེས་ དོན་གྱི་ཆོས་གཞིའི་དགོན་པ་འདེབས་ཡུལ་གྱི་ས་གནས་ཇི་བཞིན་གསལ་བོར་ལུང་བསྟན་ པ་ལྟར་སེ་དབོན་ལྷུན་གྲུབ་འཁོར་བཅས་རང་གནས་སུ་སླར་ཕེབས་ནས་སྔོན་སློབ་དཔོན་བཻ་ 3-1-351 རོ་ཙ་ན་རྒྱལ་མོ་ཚ་བ་རོང་དུ་ཕེབས་སྐབས་རྫུ་འཕྲུལ་གྱིས་ཞབས་བཅགས་པའི་ས་གནས་ རྔ་དབུས་གུར་ནང་དུ་སེ་དབོན་ལྷུན་གྲུབ་རང་གིས་ངེས་དོན་གྱི་ཆོས་གཞིའི་དགོན་སྡེ་གསར་ བཏབ་བྱས་ཏེ་དེར་ཁོང་གིས་ཟབ་མོ་ངེས་དོན་གྱི་ཆོས་བཀས་གདུལ་བྱ་ལེགས་བསྐྱངས་ བཅས་སེ་དབོན་དང་རྨེའུ་ཐེ་ཧི་དོན་གྲུབ་ཅེས་པའི་མི་དཔོན་གཉིས་ཕན་ཚུན་ཆོས་ཀྱི་འབྲེལ་ བའི་མཆོད་ཡོན་གྱིས་བསྟན་པའི་རྩ་ལག་བླ་མ་དང་བསྟན་པའི་སྦྱིན་བདག་འབྱོར་ལྡན་ བསོད་ནམས་བསགས་པ་ཅན་དུ་ལོ་འགའི་རིང་ལ་མཛད། སྐབས་ཤིག་ཏུ་ལྕགས་རྒེ་རྒྱལ་པོ་ ཞེས་པས་སེ་དབོན་རང་གི་ཆོས་སྡེ་ལ་གནོད་འཚེ་བྱས་རྐྱེན་སླར་ཁོང་ཉིད་ཇོ་ནང་རྟག་བརྟན་ དུ་ཕེབས་ཏེ། རྗེ་བཙུན་ཐམས་ཅད་མཁྱེ ན་པའི་དྲུང་ནས། ཆོས་སྐྱོང་གུར་མགོན་ཁྲོ་བཅུའི་ བསྲུང་འཁོར། བྲག་རྫོང་མའི་གདམས་ངག་ཡི་གེར་བཀོད་པ་ཁྲོ་བཅུའི་རྟེན་ཐང་བཅས་ གནང་སྦྱིན་གྱི་སྐལ་བ་དུས་སུ་ཐོབ་ནས་སླར་རང་ཡུལ་དུ་ལོག་སྟེ་ཁོང་གིས་གདམས་ངག་ དེ་དག་ལ་བརྟེན་ནས་སྐབས་དེའི་བསྟན་དགྲ་དངོས་གནས་ཆམ་ལ་ཕབས་ཤིང་དེའི་བདུན་ བརྒྱུད་ཚུན་གཏན་ནས་བརླག་པར་མཛད་དོ། ། དེ་ནས་དེ་དག་གི་གདུང་རབས་ཅི་རིགས་ལས་བྱུང་བ་སེ་སྙིང་པོ་རྒྱལ་མཚན་ཞེས་བྱ་ བ་ཡིན་ཞིང༌། དེ་ལས་ཅུང་འཕྱི་ཙམ་ན་སེ་དབོན་འཕྲིན་ལས་སྙི ང་པོ་རྒྱལ་མཚན་བྱ་བ་ བྱུང་ཞིང༌། དེ་ཡང་ཇོ་ནང་དུ་སོང་སྟེ་རྗེ་བཙུན་ཆེན་པོ་སྐུ་མི་བཞུགས་ཀྱང་མཁས་གྲུབ་བློ་ གྲོས་རྣམ་རྒྱལ་གྱི་དྲུང་ནས་ཉིད་ཀྱིས་རང་ལུགས་ཆོས་བཀའ་ཅི་དགོས་ཐམས་ཅད་ཞུས་ ནས་རང་ཡུལ་དུ་ལོག་སྟེ་བསྟན་འགྲོ་ལ་ཕན་པ་ཉེ་བར་བྱས་ཤིང༌། དེ་ནས་ལོ་འགར་སོང་ རྗེས་ཙམ་ན་སྔོན་གྱི་གོང་མ་དག་གི་གདུང་རབས་ཅི་རིགས་ལས་བྱུང་བ་སེ་ལྷ་དབང་རྒྱལ་ མཚན་དང༌། འཕྲིན་ལས་རྒྱ་མཚོ་གཉིས་ཏེ་དེ་གཉིས་ཀྱིས་ཀྱང་གཙང་བ་ངག་དབང་རྣམ་ རྒྱལ་འཛམ་ཐང་དུ་ཕེབས་རྗེས་ཙམ་ན་རྗེ་གཙང་བ་དེ་ཉིད་ཀྱི་དྲུང་དུ་རང་རེའི་ཆོས་བཀའ་ 3-1-352 གང་དགོས་དག་ལེགས་པར་ཞུས་ནས་རང་གནས་རྔ་ཡུལ་ལ་སེ་ལྷ་དབང་རྒྱལ་མཚན་དེ་ ཉིད་སེ་ཉིན་ཕྱོགས་སུ་བཞུགས་ནས་དེའི་བརྒྱུད་འཛིན་ལ་སེ་ཀུན་དགའ་ཆོས་འབྱོར་དང༌། དབོན་པོ་ངག་དབང་རྒྱལ་མཚན་གཉིས་རིམ་པས་བྱུང་བ་ལས་ཕྱི་མ་དབོན་དེ་ཉིད་ལ་རང་ དང་གདུང་རུས་གཅིག་པའི་བསེ་ཁྲི་རྒན་གྱི་གནོད་སྦྱིན་བཀྩེ་བཀའ་ཡིས་ཉེར་གཏད་བྱས་ པ་ནས་བཟུང་སེ་སང་བརྒྱུད་འཛིན་གང་དག་གིས་ལྷ་དེའི་རྟེན་ཐང་སྒྲུབ་བཞི་བཅས་བསྲུང་ མར་ལེགས་བརྟེན་མཛད་པ་ཡིན་ལ། དེ་རྗེས་ཤིག་ནས་རིམ་པར་བྱོན་པ་སེ་བོང་དགེ་སྤྲུལ་ པའི་སྐུ་དང༌། སེ་དཔལ་རྡོར་སྤྲུལ་སྐུ། སེ་དགེ་བཤེས་བྱང་ཆུབ་ཆོས་དར། སེ་སྤྲུལ་སྐུ་ངག་ དབང་བསྟན་པ། སེ་མཆོག་སྤྲུལ་ཡོན་ཏན་ལྷུན་གྲུབ་གྱི་བར་དག་གིས་ངེས་དོན་སྒྲུབ་བརྒྱུད་ ཀྱི་བསྟན་པ་སྒོ ་ཀུན་ནས་ལེགས་བསྐྱང་མཛད་ལ། སྔོ ན་སེ་ཕྲིན་རྒྱམ་དེ་ཉིད་སེ་སྲིབ་ཕྱོགས་ སུ་བཞུགས་ཏེ་ཁོང་གི་སྐུ་རིང་ཙམ་ནས་མཐར་ཉིད་ཀྱིས་གཞིའི་སྒར་ཁའི་ཆ་རྐྱེན་མཐའ་དག་ འཛི་ཡུལ་གྱི་ཡག་མདོའི་གཙང་བ་འགབ་མའི་བདག་བཟུང་མཁན་ཀུན་བཟང་ཕྲིན་ལས་ཀྱི་ སྐུ་དབོན་ལྷུན་གྲུབ་རྒྱ་མཚོའི་ཕྱག་ཏུ་ལེགས་གཏད་མཛད་ནས་དེ་ཕན་ཆད་དུ་སེ་སྲིབ་ཕྱོགས་ ལ་ཆོས་གཞི་དང་བརྒྱུད་འཛིན་གང་ཡང་མ་བྱུང་ངོ༌། །སྤྱིར་གོང་སྨོ ས་ལྟར་སེ་བླ་རབས་དང་ རྨེའུ་དཔོན་རབས་གཉིས་བསྟན་འཛིན་དང་སྦྱིན་བདག་གི་འབྲེལ་ཆེ་ཞིང་དེ་ལྟ་བུའི་རྨེའུ་ དཔོན་ཁག་ཀྱང་སྔོན་ཆད་སོག་དམག་གིས་ཡུལ་ཁམས་དབང་བསྒྱུར་སྐབས་དཔོན་ཕྲན་ ཡིན་ཞིང་དེ་རྗེས་ཡན་གུང་རྒྱ་དམག་གིས་དབང་བསྒྱུར་དུས་སུ་རྒྱ་དེ་ཉིད་ཀྱིས་དཔོན་ཆེན་ དུ་བསྐོས་ནས་དེ་རྗེས་མི་རིང་བ་མེ་རྟའི་ལོར་གོང་མ་ཏཱ་ལོ་ཡཱེ་ནས་ཆོ་ལོ་འཇའ་ས་རྨེའུ་དཔོན་ འདི་ལ་ལེགས་གནང་གི་སྒོ་ནས་སྔར་ལས་གོ་གནས་མཐོ་ཞིང་སྟོབས་ཤུགས་དབང་ཐང་ཇེ་ ཆེར་སོང་ལ། ཚུལ་དེ་ལུགས་ཀྱི་སེ་རྨེའུ་མཆོད་ཡོན་དུ་གྱུར་ངོས་ནས་འདི་སྐོར་དེ་མཚམས་ ཀྱི་ཕྱིས་ཤིག་ན་རྨེའུ་རྒྱལ་ལྕགས་ཐར་འབུམ་བཀའ་བློན་མོ་བ་ཕུན་ཚོགས་བཅས་དང་ཨ་ 3-1-353 སྐྱོང་བདེ་སྒྲོལ་སོགས་ལྷན་རྒྱས་ནས་བཀའ་མོལ་ཞལ་མཐུན་གྱིས་རྔ་ཡུལ་དགོན་སྡེ་སེ་ཉིན་ སྲིབ། མཁར་སོག་པོ་རྩི་ཡག་བཅས་ཀྱི་གྲྭ་སྡེ་ཐམས་ཅད་ཕྱོགས་གཅིག་ཏུ་བཞུགས་བའི་ ཆོས་གཞི་དགོན་པ་ཞིག་གསར་འདེབས་ཀྱི་གྲོས་འཆམས་བྱུང་བ་ནས་བཟུང་འབྲོག་དགེ་ ཀུན་དགའ་ཡོན་ཏན་རྒྱ་མཚོ་གཙོར་བཞུགས་ཀྱི་འདུས་པ་མང་པོ་རྒྱལ་བློན་བཅས་ཀྱི་བཀའ་ མཐུན་སྒོ་ནས་ཆོས་གཞི་དེ་ལུགས་གསར་འདེབས་ཀྱི་དོན་ཐད་འཛམ་ཐང་གཙང་ཆེན་ཕོ་ བྲང་དུ་སྒྲུབ་བརྒྱུད་འཛིན་པའི་རྡོ་རྗེ་སློབ་དཔོན་ཀུན་དགའ་ངག་དབང་དཔལ་ལྡན་ཞབས་པ་ འཇིག་མེད་རྡོ་རྗེའི་ཁྲི་ལ་ཞབས་སེན་ཉེ་བར་འགོད་པའི་སྐབས་སུ་ལུང་བསྟན་ཞུ་བའི་ཕོ་ཉ་ བ་མིར་བཏང་ན། རྗེ་རྡོ་རྗེ་སློབ་དཔོན་མཆོག་གིས་ཐུགས་བརྟག་གི་བཀའ་ལུང་གསལ་བོས། དགོན་དེ་འདྲ་གསར་འདེབས་བྱས་ན་གནས་སྐབས་གེགས་བྲལ་ནམ་ཕུགས་བཟང་ངེས་ཀྱི་ འགྱུར་མེད་ལུང་བསྟན་ལེགས་པར་བྱུང་བའི་གནང་སྒོ ་དུས་སུ་ཉེ་བར་མཛད་ཅིང༌། དེ་དང་ མཐུན་པར་སྔོན་བྱོན་གཏེར་ཆེན་གསང་བདག་ཡེ་ཤེས་མགོན་པོའི་ཐུགས་དག་སྣང་ངོར་ དགོན་གཞིའི་གནས་དེ་ཉིད་དུ་ཆོས་ཀྱི་འཁོར་ལོ་ཆེན་པོ་གཡོན་དུ་འཁོར་བ་གཟིགས་པས་དེ་ ལུགས་བཞིན་མ་འོངས་པ་ན་གནས་དེར་མ་རྒྱུད་སྒྲུབ་པའི་སྡེ་བཞུགས་གནས་ཀྱི་ཆོས་གཞི་ ངེས་པར་ཆགས་འོང་ཚུལ་གྱི་གཏེར་ལུང་ཡང་ཁོང་ནས་བསྩལ་པ་ལྟར་ཕྱིས་བྱོན་རིག་འཛིན་ རྣམ་སྣང་རྡོ་རྗེས་ཀྱང་དཔལ་འཁོར་ལོ་སྡོམ་པའི་བསྐྱེད་རྫོགས་ལེགས་སྒྲུབ་ཀྱི་དགོན་གནས་ སུ་ཚུལ་དེ་གར་བསྔགས་པའི་ཚིག་གི་མེ་ཏོག་མངོན་པར་འཐོར་བ་དང༌། གཞན་ཡང་རྡོ་བླའི་ དངོས་སློབ་རིག་འཛིན་འཇིགས་མེད་རྒྱལ་བ་མཆོག་དབྱངས་ཞེས་བྱ་བའི་གཏེར་ལུང་ལས་ ཀྱང༌། དགོན་པའི་ས་གནས་འདི་ཞིག་ཏུ་རྒྱུད་སྡེའི་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་ནས་ སྒྲུབ་མཆོད་ཆེ་བ་མཛད་པའི་གནས་སུ་ལེགས་པར་འགྱུར་ཚུལ་གྱི་རྡོ་རྗེའི་ལུང་ཟབ་མོ་ངེས་ པར་བྱུང་བ་དང༌། བདེ་ཕུ་ཆོས་རྗེ་བྱམས་པ་དཀོན་མཆོག་བཟང་པོས་གནས་དེ་མ་འོངས་ 3-1-354 པར་ཆོས་ཀྱི་འཁོར་ལོ་བསྐོར་གནས་སུ་རེད་ཚུལ་སོགས་ཀྱི་སྔོན་བྱོན་དམ་པའི་སྐྱེས་ཆེན་ གང་དག་གི་བཀའ་ལུང་ཡང་ཡང་དུས་སུ་བྱུང་བ་སྟེ། དགེ་ལྟས་ཀྱི་མཚན་མ་ཡང་དགོན་འདི་ མ་ཆགས་པའི་སྔོན་གྱི་ལོ་འགའ་ནས་དབྱར་འབྲིང་གི་དུས་སུ་མེ་ཏོག་སེར་པོ་ཁྱད་མཚར་ ཅན་རྩ་བ་གཅིག་གི་ངོས་ན་གྱེས་པའི་མེ་ཏོག་འདབ་མ་བདུན་བརྒྱ་ལྷག་ཙམ་གྱི་ཟེའུ་འབྲུ་ རབ་ཏུ་རྒྱས་པ་ཞིག་དང༌། ཟེའུ་འབྲུ་དེ་ཙམ་མ་རྒྱས་ཀྱང་འདབ་མ་ལྷག་པར་རྒྱས་པ་ཞིག་ དང༌། ཅུང་ཟད་ཁ་འབུས་པ་ཙམ་གྱི་མེ་ཏོག་སྟེ་རིགས་མི་གཅིག་པའི་མེ་ཏོག་གསུམ་སྡོང་ བུ་གཅིག་ལས་འཁྲུངས་པ་ལོ་དུས་བཞིན་བར་སྐབས་ལ་བྱུང་བའི་ལེགས་མཚན་དང་བཅས་ རབ་བྱུང་བཅོ་ལྔ་པའི་ནང་ཚན་ལྕགས་ཕོ་འབྲུག་གི་གནམ་ལོ་ཤར་བ་ན་རྗེ་དཔལ་ལྡན་བླ་ མ་ཀུན་དགའ་ཡོན་ཏན་རྒྱ་མཚོ་ཁོང་ཉིད་ལེགས་ཕེབས་ཀྱི་སྒོ་ནས་ལོ་དེའི་ཧོར་ཟླ་དགུ་པའི་ ཉིན་གཟའ་སྐར་སྦྱོར་བྱེད་ཕུན་ཚོགས་ཀྱི་དུས་སུ་རྗེ་བླ་མ་དམ་པ་དེ་ཉིད་ཀྱིས་ས་འདུལ་ སྦྱངས་བཟུང་ལྟོ ་འཕྱེ་བརྟག་པ་སོགས་མཛད་ནས་ཞལ་གསུང་ལས་ཀྱང༌། སྤྱིར་རང་ཅག་གི་ ཡུལ་འདི་རྔའི་དབྱིབས་སུ་ཡོད་ཕྱིར་རྔ་ཁོག་ཅེས་པའི་མིང་ཆགས་ཤིང་ཡུལ་དེའི་དབུས་ཙམ་ ན་རང་རེའི་དགོན་གནས་འདི་ཡོད་ཅིང་ས་ཕྱོགས་གང་འདི་ལ་རྒྱ་ནག་ལུགས་ཀྱི་བསྲུང་བཞི་ དང་གཙུག་ལག་རྣམས་ནས་བཤད་པའི་གདན་གསུམ་གྱི་མཚན་ཉིད་སོགས་སྤྱིར་གྱི་ཕྱིའི་ ལེགས་མཚན་དང་ཁྱད་པར་གནས་གཞི་གྲུ་གསུམ་ཆོས་འབྱུང་ཨེ་ཡིག་གི་རྣམ་པ་དང་གཙུག་ ལག་ཁང་འདི་ཉིད་དེ་དབུས་སུ་ཝཾ་ཡིག་བདེ་བ་ཆེན་པོའི་མཚོན་བྱེད་ཀྱི་ནང་གི་དགེ་ལེགས་ ཀྱི་མཚན་མ་ཉེ་བར་ཚང་ཞིང༌། ཡང་སྒོ ས་སུ་བདེ་མཆོག་རྩ་རྒྱུད་ལས་གསུང་པ་ལྟར་གྱི་སྨན་ ལྗོངས་ཆུ་བོ་ཆེན་པོའི་ངོགས་དག་ཏུ་ཡི་དམ་གྱི་དཀྱིལ་འཁོར་ཉེར་སྒྲུབ་མཆོད་པའི་གནས་སུ་ འོས་ཚུལ་དང་མཐུན་པར་ཞིབ་རྒྱས་ཀྱི་བཀའ་ཕེབས་ཀྱང་གནང་བ་སོགས་མཛད་སྒོ་རྒྱ་ཆེ་བ་ དང་བཅས་གནས་གཞི་དེ་ཉིད་དུ་དགེ་འདུན་འདུས་པའི་གཙུག་ལག་ཁང་ལེགས་བཞེངས་ 3-1-355 ཀྱི་དབུ་ཚུགས་པ་ནས་བཟུང་རིམ་པས་ལོ་དུ་མ་ཞིག་གི་རིང་ཆོས་གཞིའི་དགོན་སྡེ་ཉེ་བར་ འཕེལ་ངོས་ནས་ལོ་སྐོར་ཕྱི་མ་ཆུ་འབྲུག་གི་ལོ་ཙམ་ན་དཔལ་མགོན་དྲཀྴད་ཡེ་ཤེས་ཀྱི་ཆོས་ སྐྱོང་མཆོག་གི་སྒྲུབ་པའི་མགོན་ཁང་གསར་བཞེངས་ཀྱི་ནང་དུ་དཔལ་རིག་འཛིན་རྣམ་སྣང་རྡོ་ རྗེ་གང་ཉིད་ཀྱིས་རྟེན་རྫས་རྟགས་གཏོར་བཙུགས་ཏེ་གཏོར་སྒྲུབ་རྒྱུན་གསོལ་གྱི་སྒོ་ནས་རིམ་ པར་ལོ་ཉེར་ལྔ་ཙམ་སོང་སྐབས་ཕ་རོལ་འགས་ཕོད་བཙུགས་འགྲན་ཟླ་བྱེད་པ་ལ་མགོན་ ཁང་དེར་འདུས་པ་མང་ཙམ་གྱིས་རྦད་བསྐུལ་ཞག་ཉེར་གཅིག་ཙམ་བྱས་པས་སྒྲུབ་གནས་ཀྱི་ ནང་རྣམས་སུ་ཁྲག་གི་ཐིགས་པ་ཀུན་ནས་འབབ་པ་དངོས་གསལ་དུ་བྱུང་བ་སོགས་ཀྱི་ནང་ རྟགས་དང༌། ཆེར་མ་འགྱངས་པར་ད་དགྲ་བདོ་བ་དངོས་སུ་ཆོམ་པའི་ཕྱི་རྟགས་ཀྱི་གྲགས་ སྙན་ཀྱང་ཆེ་རབ་བྱུང་ལ། དེ་འདྲའི་ངེས་དོན་གྱི་ཆོས་གཞིའི་དགོན་པ་ཐུབ་བསྟན་ཕྱོགས་ལས་ རྣམ་རྒྱལ་གླིང་ཞེས་བྱ་བ་གང་འདིར་ཡང་བདེ་མཆོག་ལྷ་ཁང་དུ་ཟབ་ལམ་སྦྱོར་བ་ཡན་ལག་ དྲུག་གི་སྒྲུབ་གྲྭ་ཚུགས་ཤིང་ཡར་ངོ་དང་མར་ངོའི་ཚེས་བཅུ་ལ་རྒྱུན་སྲོལ་བཅས་དང༌། དགོན་ དེའི་མང་ཚོགས་ཀྱིས་བར་བར་རྣམས་ལ། དུས་ཀྱི་འཁོར་ལོ་དང༌། དཔལ་འཁོར་ལོ་སྡོམ་པ། ཐམས་ཅད་རིག་པ། མི་འཁྲུགས་པ་རྣམས་ལ་རྡུལ་ཚོན་གྱི་སྟེང་ནས་སྒྲུབ་མཆོད་བྱེད་པ་ལོ་ བསྟར་བཞིན་དང༌། གཞི་གསུམ་ཆོ་ག་རྒྱུན་ཚོགས་རྣམས་དང༌། ནང་གསེས་ཁང་ཚན་བཞི་ ལ། གསང་འདུས། བདེ་མཆོག འཇིགས་བྱེད། དུས་འཁོར་སྡོམ་ཆེན་བཅས་ཀྱི་རྡུལ་ཚོན་ལ་ བརྟེན་པའི་སྒོས་མཆོད་རེ་ཡང་ལོ་དུས་བཞིན་ཆག་མེད་ཀྱི་སྲོལ་སོགས་མཛད་སྒོ་དེ་འདྲའི་ ཚུལ་གྱིས་དགོན་དེར་དུས་མཐུན་གྱི་བསྟན་རྩ་རིམ་པར་བྱུང་ཞིང་ཆོས་ཚོགས་སྒྲུབ་སྡེ་བཅས་ ཀྱང་རྒྱུན་ལྡན་དར་རྒྱས་ཀྱི་ངང་ནས་ད་བར་ཇི་བཞིན་ངེས་པར་བྱུང་བ་དེ་ག་ལྟར་རོ། ། ད་ནི་རྔ་ཡུལ་གྱི་འབྲོག་དགེ་ཚང་གི་གནས་ཚུལ་ཅུང་རྒྱས་ཡང་ཐོག་མའི་སློབ་དཔོན་ འབྲོག་དགེ་ཀུན་དགའ་དཔལ་བཟང་སྟེ། དེ་ཡང་ས་སྦྲུལ་ལ་སྐུ་འཁྲུངས་ཤིང༌། དེ་ཆེར་སྐྱེས་ 3-1-356 ཀྱི་སྐབས་ཕ་མས་ཁྱིམ་ཐབ་དང་སྦྱར་ཀྱང་བུ་ཆུང་གང་དེས་དེ་ལྟར་བྱེད་འདོད་མེད་པར་ དབུས་གཙང་ཕྱོགས་སུ་ཆོས་ཀྱི་ཆེད་དུ་གཅིག་པུར་བྲོས་ནས་དགེ་ལུགས་ཀྱི་ཆོས་སྡེ་འབྲས་ སྤུངས་དང༌། དཔལ་ལྡན་ས་སྐྱའི་ཆོས་བརྒྱུད་འཛིན་པའི་སྡེ་གཙོ་བོར་གྱུར་པ་ཐུབ་བསྟན་ གསེར་མདོག་ཅན་གཉིས་སུ་རིམ་པས་སོང་སྟེ་གཞོན་པ་བུ་ཆུང་དེས་ཆོས་གྲྭར་ལེགས་ཞུགས་ ཀྱི་སྒོ་ནས་མཚན་ཉིད་ཕྱོགས་ཀྱི་གཞུང་ལུགས་ལ་སྦྱང་བརྩོན་ཁྱད་པར་བ་མཛད་པས་རིང་ པོར་མ་ཐོགས་པར་གཞུང་དོན་ཐུགས་ལ་ཆུད་ཅིང༌། དེ་ནས་ཉིད་རྒྱ་བལ་ཕྱོགས་སུ་ཕེབས་ ནས་ཁོང་གིས་བལ་ཡུལ་མཆོད་རྟེན་ཆེན་མོ་ལ་མཇལ་ཕྱག་དང་གསེར་གྱི་མེ་ཏོག་མང་པོའི་ མཆོད་འབུལ་དང༌། འཕགས་པ་ཤིང་ཀུན་དང་མཆོད་རྟེན་གོ་མ་ས་ལ་གནྡྷོ་རྣམས་ལའང་མེ་ ཏོག་ཙམ་པ་ཀ་མང་པོ་མངོན་པར་གཏོར་བ་སོགས་ཀྱི་བསགས་སྒོ་བཅས་རླབས་པོ་ཆེའི་སྨོན་ ཚིག་ཀྱང་ཉིད་ཀྱིས་རྩོམ་པར་མཛད། དེ་ནས་ཇོ་ནང་རྟག་བརྟན་དུ་རྒྱལ་ཚབ་རིན་ཆེན་རྒྱ་མཚོ་ སྐུ་དངོས་བཞུགས་ཀྱི་དྲུང་དུ་ཁོང་ཉིད་ཕྱིན་ཏེ་རྗེ་རྒྱལ་ཚབ་དེ་ཉིད་ཁོང་གིས་དད་གུས་རྒྱ་ཆེ་ བས་བླ་མ་མཆོག་ཏུ་བཀུར་བཞིན་དམ་པ་གང་གི་ཞལ་སྔ་ནས། སྡོམ་པ་གསུམ་རིམ་པར་ནོད་ ཅིང་གཞན་དབང་ལུང་མན་ངག་གི་སྒོ ་མང་པོ་ཞིག་ལེགས་གསན་དང༌། ཁྱད་པར་ཐེག་མཆོག་ དབུ་མ་རྣམ་ངེས་སོགས་གཞན་སྟོང་གི་རྣམ་པར་བཤད་པ་དུ་མ་ལ་གསན་སྦྱང་ལྷུར་ལེན་ཉེ་ བར་མཛད་ནས་ཁོང་ཉིད་ཀྱིས་ཇོ་ནང་དེ་ཉིད་དུ་རྗེ་བཙུན་ཐམས་ཅད་མཁྱེན་པའི་གཞན་སྟོང་ དབུ་མའི་རྒྱན་ལ་འགྲེལ་བཤད་ཅིག་ཀྱང་བརྩམས་ཏེ་རྗེ་རྒྱལ་ཚབ་མཆོག་ཉིད་ཀྱིས་འགྲེལ་ བཤད་དེ་ལ་གཟིགས་རྟོགས་གིས་ཞིབ་ཏིག་ཀྱང་གནང༌། དམ་པ་འབྲོག་དགེ་བ་འདིས་ ཇོ་ནང་དུ་དམ་པ་དེ་ཉིད་ཀྱི་དྲུང་ནས། དུས་འཁོར་དང་འཇིགས་བྱེད་ཀྱི་བསྐྱེད་རྫོགས་ལ་ གསན་སྒོ མ་མྱོང་རྟག་ཐོན་ངེས་རེ་དང༌། གུར་མགོན་སོགས་མན་ངག་ལས་ཚོགས་ཆེས་མང་ ཡང་གསན་ལ། དེ་ནས་བདུད་རྩི་ཕུག་ཏུ་རྗེ་བཙུན་རིན་པོ་ཆེའི་ཉེ་གནས་རྗེ་གྲགས་པ་དཔལ་ 3-1-357 བཟང་གི་མདུན་དུ། འབྲོག་དགེ་པ་འདིས་ཆོས་བཀའ་དུ་མ་དང༌། གནོད་སྦྱིན་བཀྩེའི་རྗེས་ གནང་སོགས་ཞུས་ཤིང༌། དེ་བཞིན་དུ་ཇོ་ནང་དུ་བློ་གྲོས་རྣམ་རྒྱལ་དང༌། རྗེ་བཙུན་མ་ཀུན་ དགའ་ཕྲིན་ལས་དབང་མོ་གཉིས་ལ་རིམ་པས་འབྲོག་དགེ་པ་དེ་ཉིད་ཀྱིས་ཟབ་ཆོས་གདམས་ ངག་ཅི་དགོས་ལེགས་གསན་གྱི་སྒོ་ནས་རྗེ་བཙུན་མས་འབྲོག་དགེ་པའི་རང་ཡུལ་དུ་ཆོས་ གཞི་འདེབས་གནས་ཀྱི་ལུང་བསྟན་གསལ་བོ་དང༌། ཇོ་ནང་རྒྱལ་ཚབ་ཀྱིས་དད་རྟེན་གནང་ སྦྱིན་དང་བཅས་འབྲོག་དགེ་པ་ཁོང་ཉིད་རང་གནས་སུ་ཕེབས་ཏེ་ཆོས་གཞི་དགོན་པ་དེ་ ལུགས་བཞིན་ཁོང་གིས་བཏབ་ནས་ངེས་དོན་བསྟན་པ་ཇི་ལྟར་བསྐྱང་ཚུལ་ཆོས་འབྱུང་གཞུང་ དུ་བརྗོད་ཟིན་ལྟར་ལས་རྗེ་དམ་པ་འབྲོག་དགེ་པ་ཁོང་ལ་སངས་རྒྱས་བྱང་སེམས་མང་པོ་དང་ ཁྱད་པར་རྒྱལ་བ་ཚེ་འཛིན་དབང་པོའི་ཞལ་གཟིགས་ཀྱིས་ད་ལན་སྐུ་ཚེའི་ཚད་དང་ཕྱི་མར་སྐྱེ་ འགྱུར་ཇི་ལྟར་གྱི་ཚུལ་སོགས་བསླུ་མེད་ལུང་བསྟན་དུས་སུ་བྱུང་ལ། ཁོང་ཉིད་ཀྱིས་ཆོས་སྐྱོང་ གུར་མགོན་དང་གནོད་སྦྱིན་བཀྩེ་ལྕམ་སྲིང་ཇི་འདོད་ཀྱིས་བྲན་དུ་བཀོལ་ཞིང༌། རྣལ་འབྱོར་ ཡན་ལག་དྲུག་གི་རྟོགས་པ་མཐར་ཕྱིན་པའི་ངེས་དོན་གཞན་སྟོང་གི་ལྟ་གྲུབ་འཛིན་སྐྱོང་སྤེལ་ བའི་སྐྱེས་ཆེན་མཆོག་མདོ་ཁམས་སྨད་ཕྱོགས་འདིར་མཛད་པ་རླབས་ཆེ་བས་ངེས་པ་དོན་གྱི་ བསྟན་པ་ཆེས་ཉེ་བར་དར་རྒྱས་སུ་བྱེད་པ་སྟེ་ཁོང་ཉིད་མེ་བྱའི་ལོར་དགུང་གྲངས་རེ་བརྒྱད་དུ་ ལོ་དེའི་དཔྱིད་ཟླ་ར་བའི་ནང་ལ་ཞི་བར་གཟིམས་ནས་སྐུ་གཤེགས་སོ། །རྗེ་གང་དེའི་ཐུགས་ སློབ། སྐུ་དབོན་ཆོས་སྐྱོང་དོན་གྲུབ། དབོན་ཡོན་ཏན་ལྷུན་གྲུབ་ལ་སོགས་པའི་སྐུ་ཚ་གྲགས་ ཆེན་རྣམས་དང༌། ཨ་དཔའ་འཇམ་དབྱངས་བསྟན་འཛིན། མཁར་བླ་ཀུན་དགའ་དར་རྒྱས། སོག་པོ་བཀྲ་ཤིས་རྒྱ་མཚོ་སོགས་སྐྱེས་ཆེན་བསྟན་པའི་རྩ་ལག་མང་པོ་ཉེ་བར་བྱོན་པ་ལས་ འདིར་སྨོ ས་རགས་བསྡུས་ཀྱི་ལོ་རྒྱུས་ས་བོན་ཙམ་བརྗོད་ན། རྗེ་འབྲོག་དགེ་མཆོག་གི་གདན་ ས་ལེགས་སྐྱོང་གི་སྐུ་དབོན་ཆོས་སྐྱོང་དོན་གྲུབ་ཅེས་བྱ་བའང་ཐོག་མར་འབྲོག་དགེ་གང་ཉིད་ 3-1-358 ཀྱི་གདུང་རིགས་སུ་སྐུ་འཁྲུངས། དེ་ཆེར་སོན་སྐབས་ཁུ་བོ་འབྲོག་དགེ་ཁོང་ཉིད་ཀྱི་དྲུང་དུ་ དབང་ལུང་ཁྲིད་སོགས་ཆོས་བཀའ་མང་ཙམ་ཞིག་སྐུ་ཚ་གཞོན་ནུས་ལེགས་གསན་གྱིས་ཆོས་ སྒོར་ཞུགས་པ་ནས་བཟུང་རིམ་པས་སྐབས་ཤིག་ཏུ་སྐུ་ཚ་དེ་ཉིད་ཇོ་ནང་རྟག་བརྟན་དུ་རྗེ་ཆ་ ལུང་བ་གྲུབ་ཆེན་ངག་དབང་ཕྲིན་ལས་བཞུགས་པའི་དྲུང་དུ་སོང་ནས་ཉིད་ཀྱིས་དུས་འཁོར་ དབང་ཆེན་དང༌། ཟབ་ལམ་སྦྱོར་དྲུག་གི་མན་ངག་ཁྲིད་བཤད་སོགས་ཆོས་བཀའ་མང་པོ་ ཞུས་ཏེ་རང་ཡུལ་སོགས་སུ་ཁོང་གི་སྒོམ་པ་ཉམས་ལེན་གྱི་དུས་སུ་བླ་མ་དང་ཡི་དམ་ལྷག་ པའི་ལྷས་རྗེས་སུ་བཟུང་ཞིང་ཁྱད་པར་རྡོ་རྗེ་འཇིགས་མཛད་ཆེན་པོས་བྱིན་གྱིས་རླབས་པ་ ལ། ཉིད་ཀྱིས་གུར་མགོན་ཁྲོ་བཅུའི་སྲུང་འཁོར་བྲག་རྫོང་མའི་བསྙེ ན་སྒྲུབ་ལ་བརྟེན་ནས་ མ་ཧཱ་ཀ་ལ་དུང་ཕྱུར་བདུན་དང་རྩ་སྔགས་བྱེ་བ་ལྗགས་བཟླས་སུ་མཛད་ཅིང་བཀྩེ་ལྕམ་སྲིང་ ལས་ལ་འཁོལ་བ་ཞིག་སྟེ། འདིས་འབྲོག་དགེའི་གདན་ས་བཟུང་ནས་དོན་གཉིས་རླབས་ ཆེན་གྱི་སྤྱོད་སྒོ་རྒྱ་ཆེར་མཛད་བཞིན་པའི་སྐབས་ན་རྗེ་དམ་པ་གང་འདི་ཉིད་ཚ་ཁོའི་རྫོང་གི་ མངའ་བདག་ས་སྐྱོང་ཆོས་ཀྱི་སྦྱིན་བདག་ཆེ་བ་ང་ཤུ་ཙ་ཚེ་དབང་དྲག་རྒྱལ་གྱི་དབུ་བླར་ཕེབས་ དགོས་བྱུང་ནས་དེར་ཁོང་དཔོན་སློབ་རིང་ཙམ་བཞུགས་ཏེ་ཉིད་ཀྱིས་བསྟན་འགྲོ་ལ་ཉེར་ ཕན་ཆེ་བ་མཛད་རྗེས་སུ་ཚ་ཁོའི་ཕུན་ཚོགས་རྫོང་དེ་ཉིད་དུ་དག་ཞིང་གཟིགས་སྐབས་འཇའ་ འོད་ངོ་མཚར་ཅན་སོགས་ཀྱི་རྟགས་མཚན་ལེགས་པ་དུས་སུ་བྱུང་ངོ༌། །དེ་རྗེས་སུའང་གདན་ རབས་རིམ་བྱུང་གང་དག་འབྲོག་དགེའི་སྐུ་རིགས་སུ་འཁྲུངས་པ་ཕལ་ཆེ་བ་སྟེ། དེ་མཚམས་ ནས་མཁས་བཙུན་བཟང་པོའི་དཔལ་ཉེ་བར་མངའ་བ་འབྲོག་དགེ་གྲགས་པ་བསམ་འགྲུབ་ བྱ་བ་བྱུང་སྟེ་ཁོང་ཡང་དོན་གཉིས་མཆོག་ལ་སྤྱོད་བཞིན་པ་གང་དེས་འབྲོག་དགེའི་གདན་ས་ རེབ་ཙམ་བསྐྱངས་ནས་བསྟན་འགྲོའི་དོན་དེ་ལུགས་ཀྱིས་མཐར་ཕྱིན་ལ། དེ་ནས་སྐུ་དབོན་ཀུན་དགའ་ལྷུན་གྲུབ་ཅེས་བྱ་བ་འབྲོག་དགེའི་དབོན་རིགས་སུ་སྐུ་ 3-1-359 འཁྲུངས་ནས་དམ་པ་དུ་མའི་མདུན་དུ་ཉིད་ཀྱིས་ཆོས་བཀའ་མང་ཙམ་གསན་སྒོམ་བཅས་ ཀྱིས་དོན་གཉིས་གང་ཐད་ལ་མཛད་རྒྱ་ཆེ་ཙམ་བྱུང་ཞིང་ཁྱད་པར་འདྲ་ནང་རི་ཁྲོད་དུ་གཙང་ བ་ངག་དབང་རྣམ་རྒྱལ་ཀྱི་དངོས་སློབ་སྐྱེས་ཆེན་དམ་པ་མཁས་བཙུན་བཟང་པོ་ཞེས་བྱ་བ་ བཞུགས་པའི་དྲུང་དུ། འབྲོག་དགེ་ལྷུན་གྲུབ་པ་བྱོན་ནས་རྗེ་དེ་ཉིད་ཀྱི་དྲུང་ནས་འབྲོག་དགེ་ བ་རང་གིས་སོ་ཐར་རབ་བྱུང་དགེ་ཚུལ་སྔོན་དུ་འགྲོ་བའི་བསྙེན་པར་རྫོགས་པའི་སྡོམ་པ་ཇི་ བཞིན་ལེགས་མནོས་མཛད་པ་སོགས་དམ་པ་ཆེས་མང་གི་ཞབས་རྡུལ་སྤྱི་བོར་ལེན་པའི་སྒོ་ ནས་ཆོས་ལ་གསན་སྦྱང་ཆེ་རབ་བྱས་ཤིང༌། དེ་མཚམས་ཤིག་ནས་རྗེ་འབྲོག་དགེ་ལྷུན་གྲུབ་ པ་གང་ཉིད་རྔ་ཡུལ་ལྕགས་རྩི་མདའ་གཉིས་ཀྱི་སེར་སྡེ་གང་དག་གིས་ཀླད་དགོན་བདག་ཏུ་ མངའ་གསོལ་བ་ནས་བཟུང་རྗེ་འབྲོག་དགེ་འདི་ཉིད་ཀྱིས་རྩི་ནང་གི་དགོན་བདག་ཉེ་བར་ མཛད་ལ་གཞི་དེར་ཆོས་སྡེའི་དགོན་པ་གསར་འདེབས་ཀྱི་སྒོ་ནས་ཆོ་ག་སོགས་ཇོ་ནང་རང་ ལུགས་བཞིན་གྱི་སྲོལ་དང་ངེས་དོན་གྱི་བསྟན་པ་ལ་འཆད་རྩོད་རྩོམ་གསུམ་གྱིས་བྱ་བ་རྒྱ་ ཆེར་བྱས་ཤིང་ཁོང་གི་ཐུགས་སློབ་ཡང་གཙང་བ་ཕྲིན་ལས་རྣམ་རྒྱལ་སོགས་དོན་གཉིས་ མཛད་རླབས་ཅན་དུ་མ་ཞིག་ཀྱང་བྱུང་ལ། བར་སྐབས་ཤིག་ན་ཨ་སྐྱོང་དམག་ཟོར་མགོན་ པོའི་འབངས་སྡེར་གཏོགས་པ་ཆོས་སྐོར་རབ་བརྟན་ཞེས་པས་རྒྱ་ནག་མཁན་པོའི་རྒྱུ་ནོར་ སོགས་ལ་ཇག་ཆོམ་བྱས་པས་རྒྱ་ཀྱང་ལཱའི་ས་སྒོ་ནས་ཏཱ་ལོ་ཡེ་གསུམ་གྱི་རྒྱ་དམག་དཔུང་ ཆེན་འཁྲུགས་ཏེ་སྟོབས་ཤེད་ཀྱིས་ཨ་སྐྱོང་དཔོན་ཁང་སར་དཔོན་དམག་ཟོར་མགོན་པོ། མཆན།བཙན་ བཟུང་བྱས་ནས་ཁྱེར་སོང་བ་ལམ་བར་དུ་དཔོན་དེ་ཉིད་ཤི་བའི་སྐབས་དེ་ཐད་དུ་ཀླད་རྒྱ་ ཀྱང་ལཱ་ནས་དཔོན་གྱི་སྤུར་ཆོས་སྐོར་ལ་སྤྲད་པ་སོགས་དོན་དག་འདི་འགྲུབ་ཐབས་བྱས་ན་ གོ་ས་ཐོབ་དབང་ཁྱད་པར་བ་གནང་སྦྱིན་ཆོག་ཚུལ་གྱི་བཀའ་ཡིག་རྗེ་དབོན་ལྷུན་གྲུབ་པ་ལ་ དུས་སུ་སྐུར་གནང་གི་སྐབས་དབོན་ཁོང་ཉིད་དང་གཙང་བ་ཕྲིན་ལས་རྣམ་རྒྱལ་སོགས་ཀྱིས་ 3-1-360 རྒྱའི་སྐུ་དོན་དེ་ལུགས་བཞིན་གྱི་ཐུགས་ཁུར་ལེགས་བཞེས་མཛད་པས་རྗེ་སྐུ་དབོན་ཉིད་ཧ་ ཅང་སྐུ་ངོ་ཆེ་བར་གྱུར་ཏེ་ལུགས་གཉིས་གང་ཐད་ལ་དབང་ཆ་སྔར་ལས་ཆེས་ལྷག་ཏུ་སོང་ ནས་རྗེ་དབང་གོང་ཀྱང་ལཱ་ནས་བཀའ་རྟགས་གསུང་ཡིག་ཐེལ་བཅས་ཀྱིས་འཇའ་ས་བཟང་ པོའི་ལུང་ཡང་གནང་ཞིང་འབྲོག་དགེ་སྐུ་དབོན་གང་ཉིད་ལ་རྒྱལ་རོང་ཕྱོགས་ཀྱི་དགོན་སྡེ་ བདུན་དང་གྲྭ་པ་བརྒྱ་ཕྲག་བརྒྱད་ཀྱི་ཁྲི་འཛིན་མཆོག་ཏུ་སྒོ་ཀུན་ནས་བསྟན་པ་ཡོངས་གཏད་ མཛད། དེ་འདྲའི་མཛད་པ་རླབས་ཆེན་གྱིས་ཁོང་ལེགས་བཞུགས་ཀྱི་དུས་སྐུ་ཚེ་སྨད་ཙམ་ན་ རྒྱ་ནག་གོང་མ་ལ་ཞལ་ངོ་ཆེ་བའི་སྔགས་གསར་ཕྱོགས་ཀྱི་ཆོས་བརྒྱུད་འཛིན་པ་རྒྱལ་རོང་ ཆུ་ཆེན་མཁན་པོ་ཞེས་པའི་རང་རེའི་ཆོས་ལུགས་ལ་གནོད་པའི་བཀའ་ཤོག་སྤྲིངས་པ་ཡང་ འབྲོག་དགེ་རྗེ་གང་ཉིད་ཀྱིས་ཐབས་མཁས་མཆོག་གི་མཛད་བཟང་ལ་བརྟེན་རང་ཆོས་ལ་ གང་ཡང་གནོད་མ་ནུས་སོ། །ཡང་བར་འགའ་ཞིག་ཏུ་རྗེ་ཉིད་ཀྱིས་གནམ་ལྕགས་དགོན་དུ་ གནོད་སྦྱིན་བཀྩེ་ལྕམ་སྲིང་གི་སྲོག་གཏད་མཛད་པས་ཆོས་སྐྱོང་འཁོར་བའི་རྟགས་མཚན་ དངོས་སུ་བྱུང་ཞིང་ཉིད་ཀྱི་ཐུགས་སྲས་གྲགས་ཅན་ཨ་སྐྱོང་བླ་མ་དགེ་འདུན་རྒྱ་མཚོ་དང༌། གོས་ལྷ་ཀུན་དགའ་ཆོས་དབྱིངས་སོགས་དུ་མ་ཞིག་ཡོད། རྗེ་འདི་ཉིད་དབང་ཆོས་ཀྱི་བརྒྱུད་ པ་ལ་བཞུགས་པའི་བླ་མ་རྡོ་རྗེ་འཛིན་པ་མཆོག་ཅིག་ཡིན་ངོས་ནས་ཉིད་ཀྱི་མཛད་པ་མཐར་ ཕྱིན་སྐད། རྗེ་འབྲོག་དགེ་པ་འདི་ཉིད་ཀྱི་ཡང་སྤྲུལ་སྨྲ་རོང་ཕྱོགས་ཀྱི་ས་བར་དུ་འཁྲུངས་པ་ ཨ་ལ་སྤྲུལ་སྐུ་འཇིགས་མེད་ཆོས་ཀྱི་དབང་ཕྱུག་ཅེས་བྱ་བ་བྱུང་ཞིང་དེ་ཉིད་ཀྱི་གདུལ་བྱ་དེ་ ཕྱོགས་སུ་རེ་ཞིག་རྫོགས་རྗེས་སུ། དེའི་ཡང་སྲིད་མགོ་ལོག་ཡོ་སྟག་ཏུ་འཁྲུངས་པ་ནི་སྤྲུལ་སྐུ་ འཇིགས་མེད་ཆོས་ཀྱི་འབྱུང་གནས་ཏེ་འདིས་བསྟན་འགྲོ་ལ་ལེགས་ཕན་དུས་སུ་བྱུང་བས་ ཁོང་ཉིད་བསྟན་པའི་རྩ་ལག་ཏུ་རྣམ་པར་ངེས་པའོ། ། དེ་ནས་རྗེ་བཙུན་ལྷ་དབང་གྲགས་པའི་སྤྲུལ་པ་འབྲོག་དགེ་ཀུན་དགའ་ཡོན་ཏན་རྒྱ་ 3-1-361 མཚོ་ནི། ཡོ་སྟག་སྤྲུལ་སྐུ་དེ་ཉིད་ཀྱི་སྐུ་ཚར་གྱུར་པའི་སྒོ་ནས་དེ་ཕྱོགས་སུ་ས་སྟག་གི་ལོར་སྐུ་ ལེགས་འཁྲུངས་ཀྱི་རྣམ་པ་སྟེ། དེ་ཡང་སྐུ་ན་ཆུང་བའི་དུས་ནས་ཐུགས་རྒྱ་ཆེ་ཞིང་ཀློག་སློབ་ སོགས་ཡ་རབས་དམ་པའི་ཀུན་སྤྱོད་ལ་ཉེ་བར་གནས་བཞིན་དེ་མཚམས་ཤིག་ཏུ་མཁར་ བླ་བསྟན་པ་ཆོས་འཕེལ་གྱི་དྲུང་ནས། དམ་པ་སྐུ་ན་གཞོན་པ་དེས་རབ་བྱུང་བསྙེ ན་རྫོགས་ ཀྱི་སྡོམ་པ་དང་དབང་ལུང་ཟབ་ཁྲིད་མང་དུ་ཞུས་ཤིང་དེ་ནས་རིམ་པར་སྐབས་ཅི་རིགས་ སུ་གོས་ལྷ་ཀུན་དགའ་ཆོས་དབྱིངས་ཀྱི་མདུན་དུ་དམ་པ་འདིས་ཆོས་བཀའ་ལུང་ཁྲིད་དུ་མ་ དང༌། རིག་གནས་དཀྱིལ་འཁོར་བྲི་ཐིག་ཉི་ཟླའི་གོ་ལ་རྣམ་གསན་བསླབ་ཅི་རིགས་མཛད་ པ་དང༌། སྐུ་དབོན་འཇམ་དབྱངས་རྒྱ་མཚོ་དྲུང་ནས། ཇོ་ནང་རྗེ་བཙུན་གྱི་བཀའ་འབུམ་ལས་ བྱུང་བའི་སྒྲུབ་ཐབས་རིན་འབྱུང་ཆ་ཚང་གི་དབང་བཀའ་རྣམས་དང༌། དབོན་ཕུན་ཚོགས་ ཀྱི་ཞལ་ནས་ཀྱང་ལུང་ཁྲིད་དུ་མ་ཞིག་ལེགས་གསན་མཛད་དོ། །དེ་མཚམས་ཤིག་ནས་རྗེ་ འཇམ་མགོན་བླ་མ་ཀུན་དགའ་སྙི ང་པོའི་སྤྲུལ་པར་གྲགས་པ། ཨ་མཆོག་རིན་པོ་ཆེ་དཀོན་ མཆོག་བསྟན་པའི་རྒྱལ་མཚན་ཞེས་བྱ་བའི་སྤྲུལ་སྐུ་མཆོག་གི་དྲུང་དུ། དམ་པ་འབྲོག་དགེ་ བ་འདི་ཉིད་ལེགས་ཕེབས་ཀྱི་སྒོ ་ནས་མཆོག་སྤྲུལ་དེ་ཉིད་ཀྱི་མདུན་ནས། ཁོང་གིས་དབང་ ལུང་མང་པོ་ཞིག་ལེགས་པར་གསན་སྐབས་རྗེ་ཨ་མཆོག་ཉིད་ལ་ཞུ་བ་ཕུལ་ཆེད། ངེད་རང་ ཚོའི་མེ་ཏོག་ལྷ་བབས་ཀྱི་བསྟན་པའི་ཆོས་སྐལ་དཔལ་ཇོ་ནང་པའི་ངེས་དོན་བསྟན་པ་འདི་ག་ ཉིད་སྔོ ན་ཆད་དར་རྒུད་ཇི་ལྟར་བྱུང་ཚུལ། ད་ལྟ་བསྟན་འཛིན་གྱི་སྡེ་ཉུང་ཞིང་གྲུབ་མཐའ་ལ་ གཞན་གྱི་གནོད་བྱེད་མང་བ་སོགས་སྒོ་གང་ནས་ཉམས་ཆེས་དམའ་བ་འདི་ལ་རྗེ་ཁྱེད་ནས་ ཐུགས་དགོངས་ཉེར་འཇོག་གིས་རང་ལུགས་ཀྱི་ཆོས་འཛིན་སྐྱོང་སྤེལ་བའི་ཐབས་ལ་བཀའ་ དྲིན་ཆུང་མི་ཉན་ཚུལ་ཞིབ་རྒྱས་སུ་ཐུགས་ཡུས་ཆེན་པོའི་ངང་ནས་སྙན་ཞུ་ལེགས་པར་ཕུལ་ བའི་ཚེ། རྗེ་ཨ་མཆོག་གི་ཞལ་སྔ་ནས། རང་གིས་ཡང་དེ་ལུགས་ཀྱི་སེམས་ཁུར་བཅས་ད་ 3-1-362 ལན་ཇོ་ནང་ལུགས་འདི་ནུབ་ལ་ཁད་དུ་འདུག་མོད་འོན་ཀྱང་དེང་སྐབས་སུ་རྡོ་སྨད་ཕྱོགས་ན་ སི་ཏུ་ཡབ་སྲས་ཀྱི་སློབ་བརྒྱུད་ཀརྨ་འོད་གསལ་འགྱུར་མེད་ཅེས་བྱ་བ་དཔལ་སྤུངས་ཕྱོགས་ ནས་བྱོན་ཏེ་བཞུགས་ཡོད་པས་བླ་མ་དམ་པ་ཁོང་ཉིད་ལ་རྗེ་ཏཱ་ར་ནཱ་ཐའི་བཀའ་འབུམ་ཡོངས་ རྫོགས་ཀྱི་དབང་ལུང་ལེགས་པར་བཞུགས་ངོས་ནས་ད་ལན་ཁོ་བོ་དེར་སོང་ནས་དབང་ ལུང་མཐའ་དག་གི་རྒྱུན་བླངས་ཏེ་ཁྱོད་ལ་ལེགས་བསྐུར་གྱི་སྐལ་བ་བྱུང་ཚེ་ཁྱོད་རང་གིས་ ཇོ་ནང་ཆེན་པོའི་བསྟན་ལ་འཕེལ་བསྐྱེད་ཆེར་འོང་ངེས་སུ་འདུག ནམ་ཞིག་འཚོགས་ཆོས་ སྒྲུབ་མཆོད་ཀྱི་སྡེ་ཚུགས་ན་རྣལ་འབྱོར་རྒྱུད་ཀྱི་གདངས་དབྱངས་ཁོ་བོའི་ཕྱག་ལེན་འདི་ཁྱེད་ ཅག་ཚོས་སློབ་དང་ཡོ་ག་རང་ལུགས་ཡིན་ཕྱིར་གསར་རྙིང་གི་དབྱེ་བ་མེད། བླ་མེད་རྒྱུད་སྡེ་ རྣམས་ལས་དཔལ་སྤུངས་དུས་འཁོར་འདོན་ལྟ་འདི་ཇོ་ནང་རང་ལུགས་ངེས་པར་ཡིན་ཚུལ་ སོགས་ཞལ་བཀོད་ཆེས་མང་གི་བཀའ་ཕེབས་བཅས་ཐུགས་དགྱེས་ཀྱིས་རང་རེའི་བསྟན་ལ་ ཉེར་ཕན་གྱི་མཛད་སྒོ་རྒྱ་ཆེར་ལེགས་གནང་གི་སྒོ་ནས་ཨ་མཆོག་ཁོང་ཉིད་རྡོ་སྨད་དུ་ཕེབས་ པ་མ་འཛོམས་ཀྱང་ཁོང་གི་དོད་གྲུབ་དབང་བདེ་མཆོག་རྡོ་རྗེ་ཕེབས་ནས་ཀརྨ་འོད་གསལ་ བའི་མདུན་ནས་རྗེ་བཙུན་ཏཱ་ར་ནཱ་ཐའི་བཀའ་འབུམ་ཆ་ཚང་གི་དབང་ལུང་ཁྲིད་གསུམ་གང་ དགོས་མཐའ་དག་ཞུས་སྐབས་འཛམ་ཐང་གཙང་བ་དགེ་སློང་དང༌། བླ་མ་ཀླུ་སྒྲུབ་པ། ངག་ དབང་ནོར་བཟང་སོགས་བླ་གྲྭ་ཆེས་མང་ལྷན་རྒྱས་སུ་འཛོམས་ཤིང༌། འདི་སྐོར་ཨ་མཆོག་ ཁོང་དང་འབྲོག་དགེ་ཡོན་ཏན་རྒྱ་མཚོ་དཔོན་སློབ་བཅས་ཀྱིས་ཚ་ཁོ་ཕྱོགས་བཀྲ་ཤིས་སྒང་གི་ དགོན་པ་ནས་བྱོན་པའི་བླ་མ་དམ་པ་རྒྱལ་མཚན་ཞེས་བྱ་བའི་དྲུང་ནས་ཇོ་ནང་རྗེ་བཙུན་རིན་ པོ་ཆེའི་གསུང་འབུམ་ལས་བྱུང་བའི་གཤིན་རྗེའི་གཤེད་རབ་འབྱམས་ཀྱི་ཟབ་དབང་རྣམས་ དང་འཇིགས་བྱེད་སྒྲུབ་ཆེན་ལུགས་ཀྱི་ཟབ་ཁྲིད་ལག་ལེན་སོགས་ཆོས་བཀའ་མང་པོ་ཞིག་ ལེགས་གསན་མཛད། དེ་རྗེས་མི་རིང་བ་ན་གྲུབ་དབང་བདེ་མཆོག་པ་ཉིད་ཀྱིས་ཨ་མཆོག་ 3-1-363 རིན་པོ་ཆེ་ལ་རྗེ་བཙུན་གྱི་བཀའ་འབུམ་ལས་ཆོས་བཀའ་ཅི་རིགས་པ་ལེགས་འབུལ་གྲུབ་ རྗེས་ཙམ་ན་ཨ་མཆོག་ཁོང་ཉིད་བྱང་བླ་བྲང་དགོན་དུ་ཕེབས་སྐབས་ཤིག་ལ་དགུང་གྲངས་ ཞེ་ལྔའི་སྟེང་ནས་འཕྲལ་དུ་གཟུགས་སྐུ་ཆོས་དབྱིངས་སུ་ཉེར་ཐིམ་བྱས་རྐྱེན་སྔར་གྱི་ཐུགས་ བཞེད་དང་མཛད་སྒོ་ཇི་བཞིན་འགྲུབ་པའི་སྐལ་བ་མ་བྱུང་སྟབས་རྗེ་བླ་མ་དམ་པ་འབྲོག་ དགེ་ཡོན་ཏན་རྒྱ་མཚོ་གང་གིས་རང་རེའི་བསྟན་ལ་ཐུགས་བསྐྱེད་རྒྱ་ཆེ་བས་འཛམ་ཐང་ནས་ གཙང་བ་དགེ་སློང་ངག་དབང་ཆོས་འཕེལ་ཉིད་ཐུགས་སྲས་ངག་དབང་ནོར་བཟང་དང་ཆོས་ ཀྱི་འཕགས་པ་སོགས་དཔོན་སློབ་མང་ཙམ་ཞིག་གདན་འདྲེན་མཛད་དེ་འབྲོག་དགེ་དགོན་ དཔལ་ཚེས་ཁ་བསམ་འགྲུབ་གླིང་དུ་དཔོན་སློབ་ལྷན་རྒྱས་ཀྱི་ངང་ནས་གཙང་བ་དགེ་སློང་གི་ མདུན་ནས་བླ་མ་དམ་པ་ཡོན་ཏན་རྒྱ་མཚོ་འཁོར་བཅས་ཀྱིས་རྗེ་བཙུན་བཀའ་འབུམ་ཡོངས་ རྫོགས་ཀྱི་དབང་ལུང་མཐའ་དག་གསན་ཅིང་ཁྱད་པར་སྦྱོར་བ་ཡན་ལག་དྲུག་གི་ཟབ་ཁྲིད་ མན་ངག་གི་རིམ་པ་བླ་མ་གོང་མའི་ཕྱག་བཞེས་བཞིན་གསན་སྒོམ་ཁྱད་པར་བ་མཛད་ལ། ཐུགས་སྲས་བླ་མ་ནོར་བཟང་ཞབས་པའི་དྲུང་ནས་ཀྱང་དེ་ལྷག་གི་དབང་ལུང་ཕྲན་བུ་རེ་དང༌། ཤངས་ཆོས་སྐོར་གྱི་དབང་ལུང་ཟབ་ཁྲིད་མཐའ་དག་ལེགས་གསན་གྱི་སྒོ་ནས་ཉམས་བཞེས་ ལྷུར་བླང་གིས་གྲུབ་འབྲས་དུས་སུ་སྨིན་ངེས་བྱས་ཏེ་སྔ་ཕྱིར་ལོ་དུ་མའི་རིང་མྱོང་རྟགས་རང་ ལུགས་ཀྱི་ཏིང་ངེ་འཛིན་ཁྱད་པར་བའི་གཡོ་ཐོབ་གོམས་པ་མཐར་ཕྱིན་པའི་ངང་ནས་སྟོང་ གཟུགས་ཕྱག་རྒྱ་ཆེན་མོ་རྣམ་པ་ཀུན་དང་ལྡན་པའི་རང་གཤིས་གསལ་སྟོང་འཛིན་པ་བྲལ་ བར་མཇལ་ཚབས་ཆེ་བ་སོགས་ཉམས་མྱོང་ཐུན་མོང་མ་ཡིན་པ་ཐུགས་ཉམས་སུ་ལེགས་ འཁྲུངས་ཀྱིས་སྒོ མ་པ་མཆོག་གི་ཀློང་དུ་གྱུར་ཏོ། ། དེ་ནས་རེ་ཞིག་གི་ཚེ་སྔོན་འབྲོག་དགེ་ཀུན་དགའ་ལྷུན་གྲུབ་ནས་བཟུང་བླ་རབས་ལྔ་ དྲུག་ཙམ་བྱུང་བར་མངོན་ལ་རྩི་ནང་དགོན་གྱི་ཞལ་བདག་མཛད་མཁན་གོང་སྨོས་ལྟར་དེ་ 3-1-364 དག་གིས་རང་ཚོད་རེ་ཡང་བྱས་པ་ཡིན་པས་འདིར་ཡང་དེ་ལུགས་ལྟར་གྱིས་རྗེ་བླ་མ་འབྲོག་ དགེ་ཡོན་ཏན་རྒྱ་མཚོ་ཁོང་ཉིད་ལ་ལྕགས་རྩི་མདའ་གཉིས་ཀྱི་མི་དཔོན་དག་གིས་རྩི་ནང་ དགོན་ཞལ་བདག་གི་མགོ་འདྲེན་ལེགས་མཛད་དགོས་ཚུལ་གྱི་ཞུ་ུབ་ནན་ཆེར་ཕུལ་ངོས་ནས་ རྗེ་བླ་མ་གང་ཉིད་ཀྱིས་ཐུགས་བསྐྱེད་དེ་ལྟར་ལེགས་བཞེས་མཆོག་གི་ངང་ནས་རྩི་ནང་དགོན་ དུ་འདུས་སྡེའི་འཚོགས་ཁང་གསར་བཞེངས་ཀྱི་ནང་དུ་རྒྱུད་སྡེ་དེ་ཉིད་ལྔ་པའི་རྡུལ་ཚོན་ལ་ བརྟེན་པའི་སྒྲུབ་མཆོད་དང༌། དེ་ནས་རིམ་པ་བཞིན་དུས་འཁོར་དང༌། ཐམས་ཅད་རིག་པའི་ སྒྲུབ་མཆོད་རྡུལ་ཚོན་ཅན་དང༌། ལོ་བསྟར་གྱི་ཆོ་འཕྲུལ་སྨོ ན་ལམ་ཆེན་མོ་སོགས་དུས་མཆོད་ དུ་མའི་འཚོགས་གྲྭ་ལེགས་འཛུགས་མཛད་ཅིང༌། ཡང་དག་འགྲིག་ཁྲིམས་ཀྱི་བཅའ་ཡིག་ ལེགས་བཀོད་ཀྱི་སྒོ་ནས་དགོན་སྡེའི་མིང་ལ་དཔལ་མི་འགྱུར་ངེས་དོན་བདེ་ཆེན་གླིང་ཞེས་ བཏགས་ནས་དེར་རང་ལུགས་ངེས་དོན་གྱི་ཆོས་གྲྭ་རིང་དུ་བསྐྱངས་ཏེ་བསྟན་འགྲོ་ལ་ཕན་པ་ རླབས་ཆེན་ཡང་མཛད། དེ་ལྟ་བུའི་མཛད་པ་མཆོག་གིས་དུས་འདའ་བཞིན་རྗེ་བླ་མ་ཉིད་རིང་ ཞིག་ཏུ་བཞུགས་པའི་མོད་ཁོང་དགུང་གྲངས་ལྔ་བཅུ་ང་ལྔ་ཆུ་སྤྲེལ་གྱི་ལོར་རང་གནས་འབྲོག་ དགེ་དགོན་ཁོང་གིས་ཀུན་སྤྱོད་དག་ཐེར་མཛད་དེ་དགོན་དེའི་བླ་གྲྭ་མཆོག་དམན་ཐམས་ ཅད་འདུལ་ཁྲིམས་ཡང་དག་གིས་ཀུན་ནས་མཛེས་པར་བྱས་ཤིང༌། ཆུ་ཉིན་དུ་མ་ཉེས་ཐར་ མོ་དགོན་གསར་འདེབས་ཀྱི་སྒོ་ནས་དགོན་དེ་ལ་བཀྲ་ཤིས་ཕུན་ཚོགས་གླིང་ཞེས་བཏགས་ ལ། འདི་སྐོར་ཅི་རིགས་པར་ཚེས་མདའ་ཨ་དཔའ་དགོན་ཡང་དག་ཐེར་གྱིས་བླ་གྲྭ་ཡོངས་ལ་ ཀུན་སྤྱོད་གཙང་ངེས་བྱས་ཏེ་རིམ་པ་བཞིན་ཁོང་ཉིད་ཀྱིས་གོང་སྨོས་ལྟར་སེ་དགོན་པའི་ཆོས་ གཞི་གསར་འདེབས་ཀྱི་དབུ་ཉེ་བར་འཛུགས་པར་མཛད་ངོས་ནས་རང་རེའི་བསྟན་པ་ལ་སྒོ་ ཀུན་ཏུ་ཕན་པ་རྒྱ་ཆེར་ཡུན་རིང་པོ་ཞིག་ལ་ལེགས་པར་མཛད་རྗེས་ཉིད་ཀྱིས་དགུང་ལོ་བདུན་ ཅུ་དོན་གསུམ་ལྕགས་སྟག་ལོར་གཟུགས་སྐུའི་བཀོད་པ་བསྡུས་ནས་རེ་ཞིག་ཕྱོགས་འདིའི་ 3-1-365 གདུལ་བྱ་རྫོགས་ཚུལ་མཛད་དོ། །རྗེ་གང་གི་ཐུགས་སྲས་བུ་ཆེན་མཆོག་གྱུར་ནི་དཔལ་རིག་ འཛིན་རྣམ་སྣང་རྡོ་རྗེ་སྟེ་སྔོན་རྗེ་བཙུན་ཐམས་ཅད་མཁྱེན་པའི་སྤྲུལ་པར་གྲགས་པ་ཨ་མཆོག་ རིན་པོ་ཆེ་དཀོན་མཆོག་བསྟན་པའི་རྒྱལ་མཚན་གྱི་ཡང་སྲིད་ཉིད་དུ་སླར་བྱོན་གྱི་མཛད་སྒོ་ ལེགས་པར་གནང་བ་ནི་རིག་འཛིན་རྣམ་སྣང་བ་འདི་ཀ་ཉིད་དུ་གྲགས་ཤིང༌། དེ་ཡང་ཁོང་ ཉིད་སྐུ་ཆུང་བའི་དུས་ནས་ཇོ་ནང་ཀུན་མཁྱེན་ཆེན་པོའི་ཞལ་གཟིགས་ཀྱི་སྣང་བས་ཡང་ཡང་ རྗེས་སུ་བཟུང་བ་དང༌། ལྷ་ཆེན་ལེགས་ལྡན་དྲཀྴད་ཀྱིས་མཛད་འཕྲིན་དུས་སུ་ཉེ་བར་སྒྲུབ་ ཅིང་ངེས་དོན་རང་ལུགས་གཞན་སྟོང་དབུ་མའི་ལྟ་གྲུབ་ཀྱི་དགོངས་དོན་དཔྱིས་ཕྱིན་པ་རིམ་ པས་ཐུགས་སུ་འཁྲུངས་ནས་གསང་ཆེན་རྡོ་རྗེ་ཐེག་པའི་ཉམས་མྱོང་གི་ཀློང་ཉེ་བར་རྡོལ་ཏེ་ ཁོང་ཉིད་ཀྱིས་རྗེ་རྒྱལ་བ་གཉིས་པ་ཇོ་ནང་པ་ཆེན་པོའི་ངེས་དོན་རྫོགས་ལྡན་ཆོས་མཆོག་ ཟབ་མོ་མདོ་སྔགས་ཀྱི་གནས་ལུགས་མཐར་ཐུག་གི་དེ་ཉིད་དུ་ལུང་དང་རིགས་པས་གཞན་ དག་ལ་རྩལ་ཐོན་མཛད་བཞིན་རྒྱལ་བསྟན་མདོ་དང་སྔགས་ཀྱི་གསང་ལམ་ཐུགས་ཉམས་སུ་ བྱང་ཆུབ་སྟེ་གཞན་དོན་དེ་ལུགས་བཞིན་ཉེ་བར་སྤྱོད་པའི་རང་རེའི་ངེས་དོན་གྱི་བསྟན་པའི་ རྩ་ལག་ཆེ་བ་སྙིགས་མའི་དུས་སུ་འགྲན་ཟླ་དང་བྲལ་བའི་སྐྱེས་ཆེན་མཆོག་ཏུ་གོར་མ་ཆག་པ་ ཞིག་ཏུ་འདུག་པས་སྐུ་ཚེ་སྨད་དུ་འདིའི་མཚན་ལ་ཨ་ལགས་གྲོང་མང་ཚང་ཞེས་གྲགས་སྙན་ ཤིན་ཏུ་ཆེ་བར་གྱུར་ཏེ་བཤོགས་ཆུང་དགེ་བཤེས་ཀྱིས་ཁོང་གི་ཞབས་ལ་གཏུགས་པས་ཇོ་ ནང་དོལ་ཆུང་བ་ཞེས་བསྔགས་པའི་མེ་ཏོག་འཐོར་བའོ། ། སྔོན་གྱི་རྗེ་བླ་མ་འབྲོག་དགེ་ཡོན་ཏན་རྒྱ་མཚོའི་སྐུ་དབོན་ཐུབ་བསྟན་རྒྱ་མཚོ་རྩི་ནང་ དགོན་བདག་ཏུ་བཞུགས་སྐབས་བྱང་བླ་བྲང་གིས་དུས་འཁྲུགས་ཚབས་ཆེན་བསླངས་ཏེ། རྩི་ ནང་དགོན་ལ་ཆག་གོད་ཆེ་བ་བྱུང་དུས་སུའང་རྗེ་གྲོང་མང་པ་གང་གིས་ཆོས་སྐྱོང་ཁྱབ་འཇུག་ ཆེན་པོ་གནོད་བྱེད་བསྟན་དགྲའི་ཐོག་ཏུ་རྦད་བསྐུལ་མཛད་པས་ལོ་ཟླ་མ་འགྱངས་པར་ 3-1-366 གཟའ་རྒོད་མེ་དཔུང་ཆེན་པོ་འཇིགས་ཟིལ་བཟོད་པར་དཀའ་བའི་རྣམ་པ་ནམ་མཁའི་བར་ སྣང་ལ་དགོང་མོའི་དུས་སུ་ངེས་པར་རྒྱུག་ཅིང་དེའི་དྲག་བཙན་ངར་མའི་དུག་གྲིབ་ཀྱིས་ཕ་ རོལ་ཉེས་ཅན་དག་གི་གཙོ་བློན་ཞེ་གནག་པ་རྣམས་སྐད་ཅིག་ལ་བསྒྲལ་ཏེ་གནོད་བྱེད་དཔུང་ ཁག་གི་དཔའ་སྙི ང་ཆེས་ཞུམ་པར་བྱས་ཏེ་རང་ཕྱོགས་ལ་དགེ་མཚན་གྱི་གྲགས་སྙན་ཀུན་ནས་ ལྡིར་བར་གྱུར་པ་སོགས་ཟླ་དང་བྲལ་བའི་མཛད་སྒོ་མང་པོའི་ལོ་རྒྱུས་བཤད་དུ་ཡོད་ཀྱང་ འདིར་རེ་ཞིག་དེ་ཙམ་མོ། ། འབྲོག་དགེ་ཡོན་ཏན་རྒྱ་མཚོའི་སྐུ་དབོན་འཇམ་དབྱངས་རྒྱ་མཚོ་ཞེས་བྱ་བའང་དོན་ གཉིས་མཆོག་གྲུབ་པའི་མཁས་ཤིང་གྲུབ་བརྙེས་ཀྱི་སྐྱེས་ཆེན་དམ་པ་རང་རེའི་ཆོས་བཀའ་ དབང་ལུང་གི་བརྒྱུད་འཛིན་ཆེ་བ་ཁོང་གི་ཞལ་སྔ་ནས་ཀྱང༌། འདུས་པ་དུ་མ་ལ་ཀུན་མཁྱེ ན་ དོལ་པོའི་བཀའ་པོད་དྲུག་གི་བཀླག་ལུང་དང༌། རྗེ་བཙུན་གྱི་བཀའ་འབུམ་ལས་བྱུང་བའི་ སྒྲུབ་ཐབས་རིན་འབྱུང་གི་དབང་བཀའ་ཆ་ཚང་སོགས་རང་རེའི་ཆོས་བཀའ་མང་ཙམ་ལེགས་ སྤེལ་མཛད་ལ། དེ་ནས་འབྲོག་སྤྲུལ་བསྟན་པའི་རྒྱལ་མཚན་ཞེས་པ་རིག་པའི་གནས་ཀུན་ ཐུགས་སུ་ཆུད་པའི་མཁས་པའི་དབང་པོ་ཞིག་ཀྱང་ཡིན་ཞིང༌། དེ་རྗེས་སུ་བྱུང་བའི་འབྲོག་ སྤྲུལ་ཀུན་དགའ་འགྱུར་མེད་ཆོས་ཀྱི་དབང་ཕྱུག་ནི་རྗེ་ཡོན་ཏན་རྒྱ་མཚོ་ཡབ་སྲས་ཀྱི་བརྒྱུད་ འཛིན་ཆེ་བ་རང་ལུགས་བསྐྱེད་རྫོགས་ཀྱི་རྟོགས་པ་ཀློང་དུ་གྱུར་ཅིང༌། དེ་རྗེས་སུ་འདི་ཉིད་ སྡེ་དགེ་དཔལ་སྤུངས་སུ་ཕེབས་ནས་འཇམ་མགོན་ཀོང་སྤྲུལ་དང་མཁན་བཀྲ་ཤིས་འོད་ཟེར་ སོགས་ཀྱི་མདུན་དུ། འབྲོག་སྤྲུལ་འདིས་རྗེ་བཙུན་བཀའ་འབུམ་ཐོར་བུ་དང༌། གྲོལ་མཆོག་ ཁྲིད་བརྒྱའི་རྒྱབ་ཆོས་གདམས་ངག་མཛོད་ཅེས་པ་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་སྐོར་དང༌། སྒྲུབ་ཐབས་རིན་འབྱུང་གི་རྒྱབ་ཆོས་སྒྲུབ་ཐབས་ཀུན་བཏུས་སོགས་ཟབ་བཀའ་ཆེས་མང་ ཞུས་ཤིང༌། དེ་བཞིན་གཞན་དག་ལ་ལེགས་སྤེལ་གྱི་མཛད་སྒོ ་ཉེ་བར་མི་དམན་པ་སོགས་ 3-1-367 དོན་གཉིས་མཆོག་མངའ་བའི་བསྟན་པའི་རྩ་ལག་ཏུ་གྱུར་པ་ནས་བཟུང་ད་བར་སྤྲུལ་དབོན་ རྒྱུན་མ་ཆད་པ་འདི་ཀ་ལྟར་རོ། ། སྔོན་གྱི་འབྲོག་དགེའི་ཐོག་མ་རྗེ་ཀུན་དགའ་དཔལ་བཟང་གི་སྐུ་དབོན་ཡོན་ཏན་ལྷུན་ གྲུབ་ཅེས་བྱ་བའང་སྐུ་ཆུང་ངུའི་དུས་ནས་རྗེ་འབྲོག་དགེ་གོང་མ་སོགས་དམ་པ་མང་པོའི་ ཞབས་རྡུལ་ཉིད་ཀྱིས་སྤྱི་བོར་ལེན་བཞིན་ཆོས་བཀའ་རྒྱ་ཆེར་གསན་སྒོམ་གྱིས་རང་དོན་ ལེགས་གྲུབ་ཟིན་རྗེས་ནས་གཞན་ཕན་གྱི་མཛད་སྒོ་ཡང་ཁོང་གིས་འཛམ་ཐང་གཙང་པ་ངག་ དབང་རྣམ་རྒྱལ་ལ་རྡོ་རྗེ་ཕྲེང་བའི་དབང་བསྐུར་རྒྱས་པ་བསྩལ་ཞིང་ཁོང་ཉིད་སྐུ་ཚེ་སྨད་དུ་ ཚ་ཁོའི་རྫོང་འགག་གི་ཆོས་རྒྱལ་ཚེ་དབང་དྲག་རྒྱལ་གྱིས་བླ་མར་བཀུར་ཞིང༌། ནང་སོ་ཀུན་ དགའ་བསྟན་པའི་དབང་ཕྱུག་གིས་སྐུ་དབོན་འདི་ཉིད་ལྷར་ཡག་དགོན་གྱི་ཁྲི་བར་བསྐོ་ བཞག་མཛད་པ་དང༌། འདིའི་མཛད་པ་རྒྱ་ཆེ་སྟབས་མཆོག་རྩེའི་ས་སྐྱོང་མི་དབང་རྒྱལ་པོས་ འབྲོག་དགེའི་དབོན་གང་ཉིད་ལ་བཀའ་ཡིག་གིས་ཐོབ་དཔང་ལེགས་པར་གནང་བས་ཆེ་ བཀུར་རྒྱ་ཆེན་པོ་ཉེ་བར་མཛད་པ་སོགས་རྗེ་འབྲོག་དབོན་ཉིད་ལུགས་ཟུང་གི་མཛད་རྒྱ་ངེས་ པར་ཆེ་ཞིང་ཕྲིན་ལས་ཀྱི་རླབས་ཕྱོགས་སུ་ཁྱབ་པའི་མཚན་སྙན་ཅན་ཞིག་སྟེ་གང་ཉིད་སྐུ་ཚེ་ སྨད་དུ་སྔར་གྱི་འབྲོག་དགེའི་དགོན་པ་ལ་གཟིམས་ཁང་གོང་འོག་གཉིས་ཡོད་པ་ལས་གོང་ མར་རྒྱུན་བཞུགས་ལྟ་བུར་མཛད་པ་ནས་བཟུང་འབྲོག་དགེ་གོང་མ་ཞེས་པའི་མིང་ཆགས། དེ་ ནས་རིམ་པར་འབྲོག་དགེ་གོང་དུ་གདན་རབས་ཀྱང་ཆོས་བཀའ་དབང་ལུང་གི་བརྒྱུད་འཛིན་ འབྲོག་དགེ་ཀུན་དགའ་བཀྲ་ཤིས། མཁས་དབང་སངས་རྒྱས་རིན་ཆེན། དཀོན་མཆོག་ཡོན་ ཏན་རྒྱ་མཚོ་སོགས་དང༌། དབོན་དཀོན་མཆོག་བློ་གྲོས། དཀོན་མཆོག་ཆོས་བཟང༌། འཇམ་ དབྱངས་མཁྱེ ན་རབ་ཀྱི་བར་རྣམས་བྱུང་ལ། འདི་ཕྱོགས་ཀྱི་སྡེ་དགོན་ཡང་སྲིབ་དགོན་བར་ དགོན་ཉིན་དགོན་གསུམ་ཡོད་པས་སྔ་མ་སྲིབ་དགོན་ནི་ཤར་མཚོ་ནམ་མཁའ་རྒྱལ་མཚན་ 3-1-368 ཞེས་པའི་མཁས་གྲུབ་གཉིས་ལྡན་ཞིག་བྱུང་བ་དེས་གསར་འདེབས་བྱས་པ་ནས་བཟུང་ དགོན་དེར་བརྒྱུད་འཛིན་གྱི་བླ་རབས་གསར་དབོན་ནམ་མཁའ་རྒྱ་མཚོ། གསར་དབོན་ཡོན་ ཏན་རྒྱ་མཚོ། གསར་དབོན་བསམ་གཏན་རྡོ་རྗེ། ཨ་སྡོམ་མཁྱེ ན་རབ་ཡེ་ཤེས་ཀྱི་བར་རྣམས་ རིམ་པས་བྱུང་ཞིང༌། བར་དགོན་རི་ཁྲོད་ཀྱི་རྣམ་པ་ཞིག་སྟེ། དེར་ཡང་ཞང་ཆེན་ཞི་སྒང་རྒྱ་ མཚོ། ཆུ་ཆོས་གྲགས་དབང་ཕྱུག་སོགས་སྐྱེས་ཆེན་དུ་མ་རིམ་བཞིན་དུ་བཞུགས་ལ། ཕྱི་མ་ ཉིན་དགོན་དུ་ཇོ་ནང་རྒྱལ་ཚབ་ཀྱི་དངོས་སློབ་མཁས་གྲུབ་གཉིས་ལྡན་ཁྱི་གུ་རབ་འབྱམས་ ནས་བཟུང་བླ་རབས་ཀྱི་བརྒྱུད་པ་རིམ་པས་བྱུང་སྟེ། དབོན་འཇིགས་མེད་ཕུན་ཚོགས་ཀྱི་ བར་དུ་རྒྱུན་མ་ཆད་པའོ། །ཡང་འབྲོག་དགེ་ཐོག་མའི་སློབ་དཔོན་གང་ཉིད་ཀྱི་དངོས་སློབ་ འཇམ་དབྱངས་བསྟན་འཛིན་བཟང་པོ་ནི། སྐུ་ན་གཞོན་སྐབས་འབྲོག་དགེ་ཆོས་རྗེ་ཉིད་ ཡུན་རིང་པོ་ཙམ་ལ་ཁོང་གིས་བླ་མར་བསྟེན་ནས་ཆོས་བཀའ་མང་པོ་གསན་སྒོམ་མཛད་པ་ དང༌། ཁྱད་པར་འཁོར་ལོ་ཐ་མའི་མདོ་རྣམས་དང་དེ་དག་གི་དགོངས་འགྲེལ་བྱམས་ཆོས་ སོགས་ངེས་དོན་གཞན་སྟོང་གི་ཆོས་སྐོར་ལ་སྦྱང་བ་ཆེ་རབ་ཀྱིས་རྩལ་ཐོན་མཛད་པས་འདི་ ཉིད་རང་ལུགས་ཐུན་མིན་གྱི་ལྟ་གྲུབ་འཛིན་པ་ལ་ཆེས་མཁས་གནས་ཁྱད་པར་བ་ལེགས་ པར་ཐོབ་ཅིང༌། དེ་མཚམས་ཅི་རིགས་ནས་དམ་པ་འདི་ཉིད་ཇོ་ནང་དུ་ཕེབས་ཏེ་ཁོང་གིས། གྲགས་པ་དཔལ་བཟང་གི་དངོས་སློབ་ཀུན་དགའ་རིན་ཆེན་གྱི་དྲུང་དུ། གཅོད་སྐོར་ཆ་ཚང་ དང༌། རྗེ་ཆ་ལུང་གྲུབ་ཆེན་སྐུ་དངོས་བཞུགས་ཀྱི་ཞལ་སྔ་ནས། རང་རེའི་ཆོས་བཀའ་དབང་ ལུང་ཁྲིད་གསུམ་ཆེས་མང་པོ་གསན་ལ། དེ་ནས་ཉིད་ས་སྐྱར་ཕེབས་ཏེ་སྔགས་འཆང་ཆེན་པོ་ ཀུན་དགའ་བསོད་ནམས་བཞུགས་པའི་དྲུང་དུ། འཇམ་དབྱངས་བསྟན་འཛིན་པ་རང་གིས་ དབང་ལུང་མང་པོའི་ཆོས་བཀའ་ལེགས་ཐོབ་ཀྱི་སྒོ་ནས་སྔགས་འཆང་མཆོག་གིས་འབྲོག་ དགེའི་དབོན་ཉིད་ལ་ཆེ་བའི་བསྔགས་བརྗོད་ཀྱི་བཀའ་ཤོག་དུས་གསུམ་གནང་བ་སོགས་ 3-1-369 རང་དོན་གྱི་རྣམ་པར་ཐར་པ་རྒྱ་ཆེ་ཞིང་ཁོང་ཉིད་སྐུ་ཚེ་སྨད་དུ་ཚ་ཁོའི་ས་ཆེན་སྐྱོང་བ་ཚེ་དབང་ དྲག་རྒྱལ་གྱིས་དབུ་བླར་གུས་པས་ལེགས་བཀུར་དང་ཉིད་ཀྱིས་ནང་སོ་བླ་ཆེན་སྙིང་པོ་སྣང་ མཛད་ལ་ཟབ་བཀའ་རྒྱ་ཆེར་བསྩལ་བས་མཚོན་ཆེ་དགུ་དཔོན་དུ་མའི་གཙུག་ནོར་དུ་གྱུར་པ་ དང༌། ཁོང་གིས་ཆོས་སྡེ་བསམ་གཏན་གླིང་གསར་བཏབ་བྱས་ནས་དགོན་དེར་རྫོགས་ལྡན་ ཆོས་མཆོག་གི་འཆད་ཉན་རྒྱ་ཆེར་བཙུགས་ཤིང་དེ་ནས་ཉིད་སོག་ཡུལ་དུ་རྒྱ་ནག་ཡེ་ཤེས་རྡོ་ རྗེའམ་སོག་ཁལ་ཁ་རྗེ་བཙུན་དམ་པ་བློ་བཟང་བསྟན་པའི་རྒྱལ་མཚན་ལ་འཇལ་བར་ཕེབས་ ལམ་རི་བོ་རྩེ་ལྔར་སླེབས་ཙམ་ན་གཟུགས་སྐུའི་བཀོད་པ་འཇམ་དཔལ་དབྱངས་ཀྱི་དགོངས་ ཆེན་དང་རོ་མཉམ་དུ་བཞུགས་པའི་མོད་གང་གི་སྐུ་དབོན་བློ་གྲོས་བཟང་པོ་ཞེས་བྱ་བ་དེ་ ཉིད་རིམ་པས་སོག་ཡུལ་དུ་སོང་ནས་ཡེ་ཤེས་རྡོ་རྗེ་ཉིད་དང་འཇལ་ཕྲད་ཀྱི་སྐལ་བ་དུས་སུ་ ཐོབ་ཅིང་རྗེ་གང་གིས་སྐུ་དབོན་ཉིད་ལ་ཆོས་གོས་སྣམ་སྦྱར་ཞིག་གནང་སྟེ་བཀའ་ལུང་གིས་ དབུགས་དབྱུང་གཟེངས་བསྟོད་མཛད་པ་ལྟར་ཚ་ཁོའི་རྗེ་དཔོན་ཚེ་དབང་དྲག་རྒྱལ་གྱི་དབུ་ བླར་མཛད་བཞིན་ལོ་འགའ་ཞིག་གི་རིང་དུ་ཕུན་ཚོགས་རྫོང་གི་རྒྱལ་ཁབ་དེར་བསྟན་འགྲོའི་ དོན་ལ་བཞུགས་རྗེས་སུའང་དེའི་སྐུ་དབོན་ཀུན་དགའ་བཀྲ་ཤིས་སོགས་བླ་བརྒྱུད་མང་པོ་ ཞིག་ཀྱང་རིམ་པར་བྱོན་ནོ། ། ཡང་འབྲོག་དགེ་སློབ་དཔོན་ཐོག་མའི་དངོས་སློབ་མཁར་བླ་ཀུན་དགའ་དར་རྒྱས་ནི། རྗེ་ འབྲོག་དགེ་གོང་མ་ཡབ་སྲས་ཀྱི་ཐུགས་སློབ་ཏུ་གྱུར་ཏེ་ལུང་རྟོགས་མཆོག་གི་ཡོན་ཏན་མངའ་ བའི་སྐྱེས་ཆེན་ཞིག་སྟེ་ཉིད་ཀྱིས་གཞན་གདུལ་བྱ་གང་དག་ལ་རྡོ་རྗེ་ཕྲེང་བ་སོགས་དབང་ ལུང་གི་ཆོས་བཀའ་མང་པོ་འཆད་སྤེལ་ཉེ་བར་མཛད་ཅིང༌། དུས་སྐབས་ཤིག་ཏུ་ཕྱུགས་ཚང་ སྟོད་འདུས་པ་རྒྱ་ཚོ་ཟེར་བའི་མི་ཞིག་གིས་སྦྱིན་བདག་མཛད་དེ་རྗེ་འདི་ཉིད་ཀྱིས་བཤད་སྒྲུབ་ རྟག་བརྟན་གླིང་བྱ་བའི་ཆོས་སྡེ་ཆེ་བ་ཞིག་གསར་དུ་བཏབ་ནས་དེར་བྱམས་སྐུ་སོགས་རྟེན་ 3-1-370 གསུམ་ཁྱད་འཕགས་དུ་མ་ཞིག་ལེགས་བཞེངས་མཛད་པ་སོགས་བྱས་རྗེས་མི་ཉུང་བ་ཡོད་ ལ། འདིའི་གདན་རབས་པ་ཡང་སྤྲུལ་སྐུ་ངག་དབང་ཕྲིན་ལས་སོགས་སྤྲུལ་དབོན་དུ་མ་དང༌། ཁྱད་པར་འདིའི་བླ་རབས་སུ་བྱུང་བ་མཁར་བླ་ཀུན་དགའ་བསྟན་པ་ཆོས་འཕེལ་ཟེར་བ་ཡང་ གླིང་སྒོ མ་ཆེན་བསྟན་པ་སྙི ང་པོ་དང༌། བྱ་ཡུར་ཀུན་དགའ་ཆོས་འབྱོར་ཟུང་གི་ཐུགས་ཟིན་གྱི་ སློབ་བུ་མཆོག་ཅིག་ཏུ་གྱུར་ཏེ་ཀུན་དགའ་ཆོས་འབྱོར་བས་ཐུགས་སློབ་བསྟན་པ་ཆོས་འཕེལ་ ཉིད་ལ་རྡོར་དྲིལ་གྱི་གནང་སྦྱིན་བཅས་གསང་ཆེན་ཐེག་པ་གཞན་ལ་སྟོན་པའི་རྡོ་རྗེ་སློབ་ དཔོན་མཆོག་ཏུ་མངའ་གསོལ་ཡང་མཛད། ཚུལ་དེ་ལྟ་བུའི་གཞན་རྗེས་བཟུང་གི་དུས་ནའང་ བར་སྐབས་ཤིག་ཏུ་མཁར་བླ་བསྟན་པ་ཆོས་འཕེལ་གང་ཉིད་ཀྱིས་ཨ་མཆོག་སྤྲུལ་སྐུ་དཀོན་ མཆོག་བསྟན་པའི་རྒྱལ་མཚན་ལ་དུས་འཁོར་དབང་དང་བསྐྱེད་རྫོགས་ཀྱི་ཟབ་ཁྲིད་གནང་ སྐབས་མཁར་བླ་རྡོ་རྗེ་འཆང་ཉིད་ཨ་མཆོག་སྤྲུལ་སྐུའི་ཐུགས་དག་སྣང་ངོར་དུས་ཞབས་ འཇམ་པའི་རྡོ་རྗེ་དངོས་སུ་མཐོང་ནས་མཚན་ནས་བརྗོད་སྐབས་སུའང་དང་པོའི་སངས་རྒྱས་ དུས་ཞབས་པ་ཆེན་པོ། ཞེས་ཐུགས་སློབ་སྤྲུལ་སྐུ་མཆོག་གིས་བསྔགས་པའི་ཆེ་བརྗོད་བཅས་ ཐུན་མོང་མ་ཡིན་པའི་རྩ་བའི་བླ་མ་མཆོག་ཉིད་དུ་སྒོ་ཀུན་ནས་གུས་འདུད་འབུལ་བ་དང༌། མཁར་བླ་གང་ཉིད་ཚ་རོང་གི་རྒྱལ་ཁབ་ཕུན་ཚོགས་རྫོང་དུ་ཕེབས་སྐབས་ཁོང་གིས་སྡེ་དགེ་ ཀ་ཐོག་པ་དགེ་རྩེ་པཎྜི་ཏ་ཚེ་དབང་མཆོག་གྲུབ་ལ་དུས་འཁོར་གྱི་དབང་བསྐུར་མཛད་སྐབས་ སུ་བླ་མ་ཉིད་དགེ་རྩེ་བའི་ཐུགས་སྣང་དུ་དུས་ཀྱི་འཁོར་ལོ་དངོས་སུ་གཟིགས་ཤིང༌། བླ་མ་ དེ་ཉིད་ཀོས་ལྷ་ཀུན་དགའ་ཆོས་དབྱིངས་ཀྱི་དག་སྣང་ངོར་རིགས་ལྡན་པདྨ་དཀར་པོའི་རྣམ་ པར་མཇལ་བས་རྗེ་མཁར་བླ་ཁོང་ཉིད་ལ་ཀོས་ལྷ་མཁས་པའི་དབང་པོས་རྣམ་དག་རྩིས་ གཞུང་རྩོམ་པར་ལེགས་བསྐུལ་གྱི་ཞུ་བ་ནན་དུ་ཕུལ་ཞིང༌། རྗེ་མཁར་བླ་འདི་ཉིད་འབྲོག་དགེ་ ཡོན་ཏན་རྒྱ་མཚོ་གང་ཉིད་ཀྱིས་ཀྱང་རིགས་བདག་གཙུག་གི་རྒྱན་གཅིག་པུར་སྒོ་ཐམས་ཅད་ 3-1-371 ནས་ལེགས་བཀུར་མཛད་པ་སོགས་རྗེ་བླ་མ་གང་ཉིད་ཀྱི་ཞབས་རྡུལ་སྐྱེས་ཆེན་མང་པོས་སྤྱི་ གཙུག་དད་པའི་མཛེས་རྒྱན་དུ་ཉེ་བར་འགོད་པའི་ཡོངས་ཀྱི་འདྲེན་པ་ཆེན་པོ་ཞིག་གོ ། འདི་དག་གི་བརྒྱུད་པ་ལས་སྤྲུལ་དབོན་ཅི་རིགས་ད་ལྟའི་བར་བྱུང་ཆོག་ལ། ཡང་འབྲོག་ དགེ་སློབ་དཔོན་ཆེན་པོ་ཐོག་མ་གང་གི་ཐུགས་སྲས་སུ་གྱུར་པ་སོག་པོ་བཀྲ་ཤིས་རྒྱ་མཚོ་སྟེ་ དེ་ཡང་ཐོག་མ་སོག་རིགས་སུ་སྐུ་འཁྲུངས་ཤིང་དེ་ནས་རིམ་པར་འབྲོག་དགེ་ཆོས་རྗེ་མཆོག་ དང་མཇལ་ཏེ་གསུང་གི་གདམས་པ་ཐུགས་སློབ་གཞོན་པས་ཇི་བཞིན་ནོད་ནས་ཉམས་ལེན་ གྱིས་ནང་རྟོགས་ཡོན་ཏན་མཆོག་གི་ཀློང་རྡོལ་བ་ལྟ་བུར་རེད་སོང་ཞིང༌། དེ་ནས་རེ་ཞིག་གི་ཚེ་ སྐུ་བསོད་རྒྱས་ཤིང་མཛད་འཕྲིན་གྱི་སྒོ་ངེས་པར་ཡངས་པའི་དབུ་ཚུགས་ཏེ་རྔ་ཡུལ་གྱི་བུ་ནང་ སྨད་དུ་ཁོང་གིས་ཆོས་གཞིའི་དགོན་སྡེ་སྨིན་གྲོལ་གླིང་ཞེས་པ་ཆགས་འདེབས་མཛད་རྗེས་སུ་ དགོན་གནས་དེར་འདུས་སྡེའི་གཙུག་ལག་ཁང་དང་ནང་རྟེན་བྱམས་ཆེན་སོགས་རྟེན་གསུམ་ མང་པོ་བཞེངས་ཤིང༌། ཉ་རས་སེར་སྡེ་འདུས་པ་མང་ཙམ་རྒྱུན་འཚོགས་བཅས་ཁོང་ཉིད་ ཀྱིས་བར་སྐབས་སུ་འདུས་སྡེ་ཆེས་མང་ལ་རྡོ་རྗེ་ཕྲེང་བའི་དབང་བསྐུར་རྒྱས་པ་སོགས་ཆོས་ བཀའ་ཡང་མང་པོའི་བཀའ་དྲིན་ཀྱང་མཛད། དགོན་དེར་རྗེ་དེ་ཉིད་ཀྱིས་ས་ག་ཟླ་བའི་དུས་ མཆོད་སོགས་བར་བར་རྣམས་སུ་དུས་ཀྱི་མཆོད་འཚོགས་དུ་མ་ལེགས་འཛུགས་ཀྱི་མཛད་ སྒོ ་གནང་ཞིང༌། དེ་སོགས་བསྟན་འགྲོའི་དོན་ལ་བྱས་རྗེས་མི་དམན་པའི་རང་རེའི་བསྟན་རྩ་ མཆོག་གྱུར་ཞིག་ངེས་པར་བྱོན་པ་ནས་བཟུང་དེའི་རྗེས་འཇུག་ཀྱང་འགའ་རེ་དུས་ཕྱིས་སུ་ ཡོད་པར་མངོན་ནོ། ། དེ་ལྟ་བུའི་འབྲོག་དགེའི་སློབ་དཔོན་ཐོག་མ་གང་གི་གདུང་རིགས་དང་སློབ་བརྒྱུད་དུ་ སྐྱེས་ཆེན་མང་པོ་བྱོན་ཞིང་གོང་དུ་སྨོས་པ་བཞིན་འབྲོག་དགེའི་སྐུ་དབོན་ཀུན་དགའ་ལྷུན་ གྲུབ་པའི་རིང་ནས་བཟུང་དེ་ཕན་བླ་རབས་དུ་མའི་བར་རྩི་ནང་དགོན་བདག་ཏུ་ངེས་པས་ 3-1-372 རྗེས་སོར་གྱི་སྐབས་རྣམས་སུ་འབྲོག་དགེའི་སྐུ་རིགས་དང་སློབ་བརྒྱུད་དུ་གཏོགས་པ་དག་ གིས་དེ་ལུགས་བཞིན་གྱིས་རྩི་ནང་དགོན་འདི་ལ་ཞལ་བདག་གི་ཐུགས་འགན་ལེགས་བཞེས་ མཛད་ངོས་ནས་དགོན་འདི་ཉིད་ཀྱི་སྒྲུབ་ཕུག་གི་གནས་སུ་སྔོན་ཆད་འཛམ་ཐང་གཙང་བའི་ སྐུ་དབོན་ལྷུན་གྲུབ་རྒྱ་མཚོའི་ཐུགས་སྲས་སུ་གྱུར་པ་གཅོད་པ་ཀུན་དགའ་བསྟན་གསལ་ཞེས་ བྱ་བ་ཆགས་ཕེབས་ནས་སྒྲུབ་ཕུག་དེར་ཟབ་མོའི་རྣལ་འབྱོར་སྒོམ་བཞིན་བཞུགས་པའི་དུས་ སུ་གཅོད་པ་ཁོང་ཉིད་ཀྱི་སྒྲུབ་ཕུག་ཏུ་མ་ཅིག་གི་སྐུ་བརྙན་བྱིན་ལྡན་ལེགས་བཞེངས་མཛད་ ཅིང༌། དེ་རྗེས་སུ་གཅོད་པ་དེ་ཉིད་ཀྱི་དངོས་སློབ་གྲོང་མང་བླ་མ་ངག་དབང་འཇིགས་མེད་ ཅེས་བྱ་བ་སྒྲུབ་གནས་དེར་བཞུགས་པ་ནི་ཁོང་ཉིད་ཀྱིས་ཡི་དམ་སྤྱན་རས་གཟིགས་དང་མ་ ཅིག་ལབ་སྒྲོན་གྱི་དངོས་ཞལ་དག་སྣང་དུ་མཇལ་བས་ཉིད་ཇི་བཞིན་རྗེས་སུ་བཟུང་བ་དང༌། བཀའ་སྲུང་ཁྱབ་འཇུག་ཆེན་པོ་དང་དཔའ་བོ་དུར་ཁྲོད་བདག་པོ་ཁོང་གིས་ཅི་དགར་བྲན་ དུ་བཀོལ་ནུས་པའི་ལེགས་མཐུ་ཉེ་བར་མངའ་ལ། དེ་ནས་རིམ་པ་བཞིན་རྟོགས་པ་དང་ མཐུ་ནུས་མངའ་བའི་སྒོ མ་ཆེན་པ་རག་བླ་ངག་དབང་ཚུལ་ཁྲིམས་རྒྱ་མཚོ་དང༌། སྟོང་ཚ་བླ་ མ་ངག་དབང་རྒྱལ་མཚན་སོགས་རྣལ་འབྱོར་མཆོག་མངའ་སྐྱེས་ཆེན་མང་དག་ཅིག་ལེགས་ བཞུགས་ཀྱི་སྒྲུབ་གནས་སུ་ངེས་པར་གྱུར་ཕྱིར་དེང་སྐབས་མ་ཅིག་གི་སྒྲུབ་ཕུག་ཅེས་པའི་ཐ་ སྙད་ཡོངས་གྲགས་སུ་སོང་བ་འདི་ཀ་ལྟར་ཏེ་དེ་འདྲའི་གནས་དང་ཉེ་བའི་དགོན་སྡེ་ཆོས་གཞི་ ནི་རྩི་ནང་དགོན་དཔལ་མི་འགྱུར་ངེས་དོན་བདེ་ཆེན་གླིང་ཞེས་བྱ་བ་དེ་ཡིན་ཞིང༌། དགོན་ དེར་སྔོན་བྱོན་འབྲོག་དགེའི་གདུང་སློབ་གང་དག་གིས་འཛིན་བདག་སྤྱི་དང་ཁྱད་པར་འབྲོག་ དགེ་ཡོན་ཏན་རྒྱ་མཚོ་ཉིད་བཀའ་དྲིན་ལྷག་པར་ཆེ་ཞིང་རྗེ་ཁོང་ཉིད་ཀྱིས་དགོན་དེར་མཆོག་ དམན་ཐམས་ཅད་ལ་ཀུན་སྤྱོད་གཙང་དག་གི་བཅའ་ཁྲིམས་བསྒྲིག་ཡིག་ལེགས་བརྩམས་ཀྱི་ སྒོ་ནས་ཡུལ་དཔོན་ཟུང་གིས་དེ་ལུགས་བཞིན་གྱིས་བཀའ་ཕེབས་ལེགས་སྒྲུབ་གུས་འདུད་ 3-1-373 བླ་མེད་བཅས་ལམ་ལུགས་གང་ཐད་དུ་དགོན་དེ་ལ་ཞབས་འདེགས་ཁྱད་པར་བས་ཆོས་ཁྲིད་ དང་སྒྲུབ་མཆོད་རྒྱུན་འཛུགས་རྟེན་གསུམ་ལེགས་བཞེངས་སོགས་ཕུན་ཚོགས་ལེགས་བྱས་ ཀྱི་དཔལ་ཁ་ཀུན་ནས་རྒྱས་བཞིན་རྗེ་བླ་མ་མཆོག་གང་ཉིད་ཀྱིས་བར་བར་རྣམས་སུ་དགོན་ གནས་དེར་མི་ར་བཤོགས་ཆུང་དགེ་བཤེས་ཚུལ་ཁྲིམས་དབྱངས་ཅན་དང༌། ཨ་ལགས་རྣམ་ སྣང་རྡོ་རྗེའམ་གྲོང་མང་པ་དཀོན་མཆོག་ཆོས་བཟང་སོགས་བླ་གྲྭ་ཕལ་མོ་ལ་ཆོས་འཁོར་རྒྱ་ ཆེན་ལེགས་བསྐོར་གྱི་མཛད་བཟང་སོགས་སྒོ་གང་ཐད་ནས་རྗེ་གང་ཉིད་ཀྱི་སྐུ་དུས་སུ་དགོན་ པ་ཆོས་སྡེ་རབ་རྒྱས་ལ་འགལ་རྐྱེན་ཀུན་བྲལ་ལྟ་བུར་གྱུར་ངོས་ནས་བདེ་བར་བཞུགས་ཀྱང་ དེ་རྗེས་སྐུ་དབོན་ཐུབ་བསྟན་རྒྱ་མཚོའི་རིང་རབ་བྱུང་བཅོ་ལྔ་པའི་ལྕགས་ཡོས་ལོར་གནམ་ སྐོས་གོང་མ་ཀེང་ཤི་ཉིད་དགུང་གྲངས་བཅུ་བདུན་བཞེས་སྐབས་སུ་རྔ་ཡུལ་བསུ་སྟོད་པ་དང་ བྱང་བླ་བྲང་མ་མཐུན་པའི་རྐྱེན་གྱིས་བླ་བྲང་དེ་ཕྱོགས་ཀྱི་མགོ་བློན་དཔའ་ཤེར་དང་འགྱང་ གཉེར་སོགས་མི་དྲག་འགས་གཏིང་བསྐུལ་གྱི་སྒོ་ནས་དམག་དཔུང་ཆེ་བའི་འཁྲུགས་པ་རྔ་ ཡུལ་དུ་ལྷགས་ནས་ཟླ་འགར་དམག་སྒར་བཏབ་ནས་འཇིགས་ཟིང་ཆེར་བསྐུལ་བྱས་ཀྱང་ དེས་མཚམས་ནས་ཞི་འཇགས་ལ་ཆས་ཚེ་བླ་བྲང་གི་སྐུ་ཚབ་ཚུལ་ཁྲིམས་ནག་ཐོ་ཟེར་བའི་ བསྟན་ལ་གནག་སེམས་ཅན་ཞིག་གིས་རང་རེའི་བསྟན་དགོན་ལ་གནོད་འཚེ་བྱེད་པའི་ཆོམ་ པོ་ཇག་ཉུལ་ལྟ་བའི་བསྟན་དགྲའི་བྱ་བ་འཛེམ་མེད་བྱས་ཏེ་རྩི་ནང་དགོན་པ་ལ་མེ་བརྒྱབ་ཅིང་ བསྟན་བདག་སྐུ་དབོན་གྲྭ་འཁོར་བཅས་མང་ཙམ་དམར་གསོད་དུ་བཏང་ཞིང་དབོན་དཀོན་ མཆོག་བློ་གྲོས་སོགས་བླ་གྲྭ་འགའ་གསོན་བཟུང་བྱས་པ་སོགས་མི་འོས་པའི་ཚབས་ཆེན་ཀྱི་ བྱ་བ་ཆེས་ངན་པ་ཆོག་ཤེས་མེད་པར་རང་རེའི་དགོན་སྡེ་ལ་གནོད་པ་དེ་འདྲ་ཉེ་བར་སྤྱད་པའི་ ད་དགྲ་བདོ་བའི་དུས་ཉག་ལ་ཐུག་སྐབས་འཛམ་ཐང་གཙང་ཆེན་རྡོ་རྗེ་སློབ་དཔོན་ངག་དབང་ ཆོས་འབྱོར་ཞབས་པ་དང༌། ཨ་ལགས་གྲོང་མང་རིན་པོ་ཆེ་རྣམ་གཉིས་ཀྱིས་གཙོར་གྱུར་ 3-1-374 རང་རེའི་བླ་གྲྭ་ཕལ་མོ་གང་དག་གིས་བསྟན་ལ་ཐུགས་ཁུར་ལེགས་བཞེས་ཀྱི་ངང་ནས་ཆོས་ སྐྱོང་རྦད་བསྐུལ་མཛད་པས་ཆེར་མ་འགྱངས་པར་ཉེས་ཅན་རྣམས་ལ་རྟགས་མཚན་མངོན་ དུ་བསྟན་ཏེ་བླ་བྲང་ཕྱག་མཛོད་མཁན་པོ་དང་གཟུ་བོར་མི་གནས་པའི་མི་དཔོན་ཚེ་བརྟན་པ་ སོགས་དུ་མ་ཞིག་གི་མཐོང་ལམ་དུ་བཀའ་སྲུང་ར་ཧུ་ལ་དངོས་སུ་རྒྱུག་བཞིན་དེ་དག་ལས་ གནག་སེམས་ཅན་འགའ་ཞིག་གཟའ་ཡི་དུག་ནད་ཀྱིས་ཤི་བརླག་ཏུ་སོང་ཞིང་ཚུལ་དེ་ལུགས་ ཕ་རོལ་པོས་མ་བཟོད་པར་ཁག་ཕན་ཚུན་བར་ཀྱི་འཁོན་པ་བསྡུམ་པ་ལ་རེ་འདུན་དང་བཅས་ ལོ་འགའ་ལས་མ་འགྱངས་པར་ཤིང་རྟའི་ལོ་ཙམ་ན་ཁག་བར་འཁོན་སེལ་ཐབས་ཀྱི་གཟུ་ བཞག་པ་ཀླད་རྒྱ་རིགས་ཡཱ་ཟི་དང༌། ཀྱང་ལཱ་གཉིས་ཀྱི་མགོ་གཙོ་རྒྱ་དྲག་ལས་དམག་བཅས་ དང༌། བོད་རིགས་གླིང་སྤྲུལ་འཇིགས་མེད་བློ་གྲོས་རྒྱ་མཚོ་དང༌། ཨ་སྐྱོང་དགེ་བཤེས་སོགས་ རྒྱ་བོད་ཀྱི་ཆེ་དགུ་ལྷན་ཅིག་རྒྱས་ངོས་ནས་རང་ཕྱོགས་གཙང་སྐུ་ཆེན་མཐུ་སྟོབས་རྣམ་རྒྱལ། གཙང་དབོན་རིག་རྩལ་སོགས་བླ་གྲྭ་མང་པོ་དང༌། ཕ་རོལ་བླ་བྲང་ཕྱོགས་ཀྱི་སྤྲུལ་དབོན་ མི་དྲག་དུ་མ་བཅས་ལྷན་འཛོམས་ཀྱི་གྱོད་འཁོན་ལེགས་བསལ་མཛད་སྐབས་སུ་གཙང་པའི་ ཆོས་སྐྱོང་གཟའ་མཆོག་ཆེན་པོའི་མཐུ་ཆེན་རྫུ་འཕྲུལ་གྱིས་ཕ་རོལ་ལ་དྲག་སེར་ངར་མའི་ཆར་ འཚུབས་བུ་ཡུག་དང་གློག་ཞགས་འཁྱུག་བཞིན་གནམ་ལྕགས་འཕྲལ་དུ་ལྷུང་བའི་རྟགས་ མཚན་དང་བཅས་པས་ཕན་ཚུན་ཁག་གི་གྱོད་གཙང་དྲས་ལེགས་མཛད་ཀྱི་སྒོ་ནས་རྒྱ་སྟོད་རྡོ་ རིང་ལ་འཁོན་བསྡུམ་ཆོད་ཡིག་གསལ་བོ་བརྐོས་ནས་རང་ཕྱོགས་རྒྱལ་ཁ་ཐོབ་ཅིང་དེ་རྗེས་ སུ་རྩི་ནང་དགོན་དེ་ཉིད་སྔར་ཆག་གོད་སོང་བ་རྣམས་བླ་གྲྭ་སྤྱིས་སླར་ཡང་གསར་བཞེངས་ མཛད་ནས་དགོན་དེར་བླ་མ་ངག་དབང་དོན་གྲུབ་པས་སྒྲུབ་གྲྭ་ཇི་བཞིན་ཚུགས་མ་ཐུབ་ཀྱང༌། དེ་ནས་འབྲོག་དགེའི་ཡང་སྤྲུལ་མཆོག་གི་བཀའ་དྲིན་ལས་སྒོམ་གྲྭ་མཐར་རྒྱས་ཀྱི་སྐལ་བ་ བྱུང་ནས་དེ་རིམ་བཞིན་ད་ལྟའི་བར་དུ་ཆོས་སྡེ་ལེགས་རྒྱས་ཀྱི་འཕེལ་ཁ་ཡར་ངོས་ཟླ་བའི་ 3-1-375 དཔལ་ལ་འགྲན་པར་གྱུར་པ་འདི་ཀ་བཞིན་ནོ། །དེ་དག་གིས་རྔ་ཡུལ་ཕྱོགས་སུ་རང་རེའི་ ཆོས་སྡེ་དར་ཚུལ་མདོ་ཙམ་སོང་ཟིན། ། ད་ནི་ཆོས་འབྱུང་གཞུང་གི་ཞར་བྱུང་འཕྲོས་དོན་སྐབས་སུ་ཅུང་གསལ་གྱིས་ཁ་བསྐང་ བ་ཡང་སྔོན་དབུས་གཙང་ནས་གྲུབ་ཆེན་ཆ་ལུང་བ་ངག་དབང་ཕྲིན་ལས་གང་གི་སྐུ་ཚ་དང་ ཐུགས་སློབ་གཉིས་སུ་གྱུར་པ་གཙང་བ་ངག་དབང་རྣམ་རྒྱལ་ཉིད་ཁམས་ཕྱོགས་སུ་ཕེབས་ ནས་རྗེས་འཇུག་ཇི་ལྟར་བྱུང་རིམ་གོང་དུ་ཞིབ་པར་བཤད་ཟིན་ཅིང་རྗེ་གྲུབ་ཆེན་ཆ་ལུང་བ་ ཉིད་ཀྱི་ཐུགས་སློབ་གཞན་རང་རེའི་ཆོས་བརྒྱུད་སྤེལ་མཛད་ཆོས་རྗེ་ཀུན་བཟང་དབང་པོ་ ཞེས་བྱ་བ་ནི་བོད་ལྗོངས་དབུས་ཀྱི་སྟོད་ཕྱོགས་པ་སྣམ་དང་གཞི་ཀ་རྩེའི་བར་གྱི་ས་ཆ་ཟུར་ གསང་སྔགས་གླིང་ངམ་གནས་རྙིང་ཞེས་པའི་གྲོང་བ་ཞིག་ཡོད་པ་དེའི་ཟུར་གྱི་གདུང་བརྒྱུད་ དུ་རྗེ་འདི་ཉིད་སྐུ་འཁྲུངས་ཤིང་ཐོག་མ་སྐུ་གཞོན་དུས་ནས་ཉིད་ཀྱིས་དམ་པ་མང་པོའི་ཞབས་ རྡུལ་སྤྱི་བོས་ལེན་བཞིན་ཐུན་མོང་དང་ཐུན་མིན་གྱི་ཟབ་བཀའ་རྒྱ་ཆེ་བ་གསན་སྒོམ་ལེགས་ ངེས་མཛད་པས་གསང་ཆེན་ཐེག་པའི་རྣལ་འབྱོར་པ་མཆོག་ཏུ་གྱུར་ཅིང་སྔ་འགྱུར་བཀའ་ མའི་ཆོས་སྐོར་ལ་ཆེས་མཁས་གནས་ཐོབ་པ་ནས་བཟུང་རྗེ་ཁོང་སྔགས་རྙིང་མའི་དགོན་སྡེ་ ཆེ་བ་ཞིག་གི་མངའ་བདག་ཏུ་གྱུར་ནས་རྙིང་ཕྱོགས་བཀའ་མའི་རང་ལུགས་ཀྱི་ཟབ་ཆོས་དམ་ པ་མཆོག་གིས་འཆད་སྤེལ་སྒོ་ཀུན་ནས་ཆེ་རབ་གྱི་མཚན་སྙན་ཡོངས་སུ་རྒྱས་པ་ཞིག་སྟེ་རྗེ་ འདིས་ལེགས་བཞེངས་ཀྱི་རྟེན་ཁང་ཕོ་བྲང་དང་དེའི་ནང་དུ་རྟེན་གསུམ་ཁྱད་འཕགས་དུ་མ་ བྱིན་ལྡན་བཞུགས་སུ་གསོལ་བ་སོགས་མཛད་སྒོ ་རྒྱ་ཆེ་བ་ཙམ་དུ་ཡོད་ལ། དེ་ནས་མཚམས་ ཤིག་ཏུ་རྗེ་ཁོང་ཉིད་ཇོ་ནང་རྟག་བརྟན་དུ་གྲྭ་སར་ཕེབས་ཏེ་གྲུབ་ཆེན་ཆ་ལུང་བ་སྐུ་དངོས་ བཞུགས་ཀྱི་དྲུང་ནས་རྗེ་བཙུན་ཏཱ་ར་ནཱ་ཐའི་བཀའ་འབུམ་སྐོར་གཙོ་བོར་གྱུར་པའི་ཇོ་ནང་ རང་ལུགས་ཀྱི་ཆོས་བཀའ་རྒྱ་ཆེ་བ་ལེགས་གསན་མཛད་ཅིང༌། ཁྱད་པར་ཇོ་ནང་ཆོས་བརྒྱུད་ 3-1-376 འཛིན་པ་དགེ་སློང་ཆགས་པ་ཆོས་འཕེལ་བྱ་བ་སྔོན་རྫོང་འོག་མར་སྐུ་འཁྲུངས་ནས་རྗེས་སོར་ རྟག་བརྟན་དུ་གྲྭ་སར་ཞུགས་ཏེ་མདོ་སྔགས་གཞུང་ལུགས་རིག་གནས་ལ་མཁས་གནས་ ཐོབ་ཅིང་ཉིད་ཀྱིས་གོང་ས་རྒྱལ་བའི་དབང་པོའི་དྲུང་དུ་གཞུང་རྒྱུགས་ཕུལ་བས་མཁས་པའི་ སྙན་པ་ཆེ་ཞིང༌། ཟླ་བ་གཅིག་ཙམ་གྱི་རིང་ཁོང་གིས་སྨན་རྒྱུད་བཞི་པོ་དང་དུས་འཁོར་རྒྱུད་ འགྲེལ་ཐུགས་ལ་བྱང་ཆུབ་པར་ནུས་པས་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་དྲུང་དུའང་ཉིད་ཀྱིས་ དེ་ལུགས་བཞིན་རྒྱུགས་འབུལ་མཛད་ཅིང་སྐད་གཉིས་སྨྲ་བའི་ལོ་ཙཱ་ཡང་མཁྱེན་པ་ཞིག་ ཡོད་པ་དེ་ཉིད་ཀྱི་དྲུང་དུའང་ཆོས་ཀྱི་རྗེ་ཀུན་བཟང་དབང་པོ་འདིས་ཆོས་བཀའ་ཟབ་མོ་ཆེས་ མང་ལེགས་མནོས་ཀྱི་སྒོ་ནས་བླ་མ་དམ་པ་དགེ་སློང་མཆོག་གི་བཀའ་ལུང་ལས་རྗེ་འདི་ལ་ ཇོ་ནང་རྗེ་བཙུན་ཆེན་པོའི་ཆོས་བཀའ་གཙོ་བོར་གྱུར་པའི་ཟབ་ཆོས་ཡང་དག་གི་རྒྱུད་འཛིན་ སྐྱོང་སྤེལ་གསུམ་ཅི་ནས་ཀྱང་མཛད་དགོས་ཚུལ་གྱི་བཀའ་ནན་དུས་སུ་ཡང་ཡང་བྱུང་བར་ བརྟེན་རྗེ་ཀུན་བཟང་དབང་པོ་རང་གི་ཕ་ཆོས་སྔགས་རྙིང་མ་ཡིན་ཡང་རང་རེའི་ཟབ་ཆོས་ཀྱི་ མཛོད་ཀྱང་ཁོང་གིས་བཟུང་ནས་རང་གི་ཉམས་བཞེས་ལྷུར་ལེན་དང་གཞན་དག་ལ་རྒྱ་ཆེར་ འཆད་སྤེལ་གྱི་མཛད་སྒོ་དུས་དུས་སུ་ལེགས་གནང་གིས་སྐལ་བ་བཟང་པོའི་དཔལ་ལ་དབང་ བསྒྱུར་བའི་ངེས་དོན་བསྟན་ལ་ཉེ་བར་སྨན་པའི་བསྟན་པའི་རྩ་ལག་བཀའ་དྲིན་མཚུངས་ཟླ་ མ་མཆིས་པ་ཞིག་ཡིན་ནོ། ། དེ་འདྲའི་ཆོས་རྗེ་མཆོག་གི་ཐུགས་སློབ་ཆེས་མང་ཡོད་པ་ལས་འདིར་འཇམ་མགོན་ བླ་མ་སྒྲོལ་མགོན་ཞབས་ཀྱི་བཀའ་སྲོལ་གྱི་ཆོས་རྒྱུན་ལེགས་སྤེལ་མཛད་པའི་གཙོ་བོ་ནི་ རིག་པ་འཛིན་པ་ཚེ་དབང་ནོར་བུ་སྟེ། རྗེ་འདི་ཉིད་ནི་གྲུབ་ཆེན་ནག་པོ་སྤྱོད་པའི་རྣམ་འཕྲུལ་ དུ་གྲགས་ཤིང་ཁོང་ཉིད་འཁྲུངས་པའི་ཡུལ་ཡང་མདོ་ཁམས་བསོ་རོང་དུང་དཀར་རི་ཁྲོད་ དུ་སྔོན་བོད་རྗེ་སྲོང་བཙན་གྱི་ཆོས་བློན་མགར་གྱི་གདུང་རིགས་ཡབ་ཨ་ཏི་མགོན་པོ་དང་ 3-1-377 ཡུམ་སྒོ ་ཟ་རྡོ་རྗེ་མཚོ་གཉིས་ཀྱི་སྲས་སུ་ཉིད་སྐུ་ལེགས་བལྟམས་མཛད་ཅིང༌། སྐུ་ན་ཆུང་གི་ སྐབས་ནས་ཡི་གེ་འབྲི་ཀློག་ཚེགས་མེད་དུ་མཁྱེན་ལ་དམ་པ་མང་པོའི་མདུན་ནས་ཉིད་ཀྱི་ ཆོས་བཀའ་མདོ་རྒྱུད་བཀའ་གཏེར་མང་པོ་ཡང་གསན། དེ་ནས་དགུང་ལོ་བཅུ་དྲུག་གི་དུས་ ཙམ་ན་ཀཿཐོག་གཏེར་ཆེན་ཀློང་གསལ་སྙིང་པོའི་སྲས་བསོད་ནམས་སྡེ་བཙན་ཞེས་བྱ་བའི་ དྲུང་ནས། ཁོང་གིས་དགེ་བསྙེ ན་ཀྱི་སྡོམ་པ་ལེགས་མནོས་ཀྱི་སྐབས་སུ་མཚན་བསོད་ནམས་ ཐེག་མཆོག་བསྟན་འཛིན་ཞེས་གསོལ་ཞིང༌། འདི་སྐོར་ནས་ཀྱང་ཁོང་གི་ཐུགས་སྣང་ངོར་ གུ་རུ་པདྨའི་དངོས་ཞལ་མཇལ་ཏེ་ཟབ་གཏེར་གྱི་ཁ་བྱང་འགའ་ཞིག་བྱུང་བ་དང༌། མཁའ་ འགྲོ་མཚོ་རྒྱལ་མཆོག་གི་ཞལ་གཟིགས་ཀྱིས་བྱིན་རླབས་ཀྱང་མཛད་པར་བརྟེན་ཁོང་ཉིད་ ཀྱིས་གཙང་རྡོ་རྗེ་གྲོ་ལུང་ནས་དམ་རྫས་ཀྱི་གཏེར་ཕྲན་འགའ་རེ་ཡང་ལེགས་པར་བཞེས་ལ། དགུང་ལོ་ཉེར་གཉིས་སྐོར་ཙམ་ནས་གཞན་དོན་ཕྲིན་ལས་ཀྱི་དབུ་ཚུགས་སྐབས་རིག་འཛིན་ རོལ་པའི་རྡོ་རྗེ་དང་མཇལ་ཕྲད་ཀྱི་སྐལ་བ་བྱུང་ན་སྐུ་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དག་པའི་ ཞིང་དུ་བགྲོད་ནུས་རྒྱུ་ཡིན་ནའང་དེ་ལུགས་ཀྱི་སྟབས་མ་འགྲིགས་ཤིང༌། དེ་རྗེས་ཙམ་ལ་རྗེ་ ཆོས་ཀྱི་འབྱུང་གནས་དང་ཐོག་མར་མཇལ་ནས་ཕན་ཚུན་ཆོས་བཀའ་ཅི་རིགས་པས་སྐྱེས་ འབུལ་བཅས་དགུང་ལོ་ཉེར་ལྔའི་དུས་སུ་ཀཿཐོག་རྒྱལ་སྲས་རིན་པོ་ཆེ་དང་མཇལ་ཕྲད་བྱུང་ ནས་དེས་ཁོང་ཉིད་རྒྱལ་ཚབ་ཏུ་མངའ་གསོལ་ཡང་མཛད། དེ་ནས་རིམ་པར་དབུས་གཙང་དུ་ ཕེབས་ནས་མཚུར་ཕུའི་གདན་སར་ཀརྨ་པ་ཞྭ་དམར་ནག་གཉིས་དང་མཇལ་ཏེ། དེ་དག་གི་ དྲུང་ནས་སླར་དགེ་བསྙེ ན་ཞུས་མཚན་ཀརྨ་བསྟན་པ་མཐའ་རྒྱས་ཞེས་བྱ་བ་ཡིན། སྟག་སྣར་ དྲེ་ཧོ་བློ་བཟང་ཆོས་ཀྱི་དབང་པོ་དང་མཇལ་ནས་ཆོས་བཀའ་ཅི་རིགས་འདིས་གསན་སྐབས་ ཤིས་བརྗོད་བཅས་ཀྱིས་མཚན་གསོལ་བ་ནི་དཔལ་རིག་པ་འཛིན་པ་ཆེན་པོ་ཞེས་སོ། །སྤྱིར་ ཚེ་དབང་པ་གང་གིས་ཞལ་ནས། ཁོང་ཉིད་གཏིང་སྐྱེས་རྒྱལ་པོའི་སྲས་བླ་ཆེན་ཡེ་ཤེས་རྒྱ་ 3-1-378 མཚོའི་སྐྱེ་བར་གསུངས་ལ་བླ་ཆེན་ནི་རྗེ་བཙུན་རིན་པོ་ཆེ་ཉིད་དང་ཐུགས་རྒྱུད་གཅིག་པའི་ སློབ་མར་གསུངས་པས་ན་དེ་ལུགས་ལྟར་རྗེ་བཙུན་ཉིད་དང་འདི་གཉིས་ཐུགས་རྒྱུད་ཀྱང་ གཅིག་ཆོག་ལ། དེ་ནས་དྲེ་ཧོའི་ལུང་བསྟན་ལྟར་ཁོང་ཉིད་ཆོས་རྗེ་ཀུན་བཟང་དབང་པོ་དང་ མཇལ་བར་ཕེབས་ཀྱང་རེ་ཞིག་དུས་མ་འཛོམས། དེ་ནས་ཁོང་རིམ་པར་དེང་རི། སྙེ ་ནམ། བལ་པོ། སྐྱིད་གྲོང༌། རི་བོ་དཔལ་འབར། གངས་ཏི་སེ། མི་ལའི་རྫོང་དྲུག་སོགས་གནས་ཆེན་ མང་པོར་ཕེབས་ནས་རྟེན་གསུམ་དུ་མ་ལ་ཕྱག་མཆོད་སྨོན་ལམ་དང་བཅས་མཁའ་འགྲོའི་ ཆོ་འཕྲུལ་ཆེ་བ་ཟིལ་གྱིས་མནན། དེ་རྗེས་སུ་སྔར་གྱི་ལུང་བསྟན་ལྟར་སླར་ཡང་ཆོས་རྗེ་ཀུན་ བཟང་དབང་པོའི་དྲུང་དུ་ཁོང་ཉིད་བྱོན་ཏེ་རང་གིས་རྗེ་བཙུན་རིན་པོ་ཆེའི་བཀའ་འབུམ་སྐོར་ གྱི་དབང་ལུང་དང་དུས་འཁོར་དབང་སྦྱོར་དྲུག་ཟབ་ཁྲིད་སོགས་ཆོས་བཀའ་ཅི་དགོས་ཐམས་ ཅད་གསན་པའི་སྐལ་བ་བྱུང་ཞིང༌། དེ་ནས་ལ་སྟོད་བྱང་ནས་བརྒྱུད་ཆུ་མིག་བརྒྱ་རྩ་འགྲིམ་སྟེ་ རིམ་པས་མོན་རོང་གི་དུར་ཁྲོད་དུ་ཉིད་ཀྱིས་སྤྱོད་པ་མཛད་པས་གནས་ལུགས་ཀྱི་གལ་གནད་ ཐུགས་ལ་འཁྲུངས། གྲུབ་མཐའི་བཞེད་ལུགས་སྣ་ཚོགས་མ་འདྲེས་པར་ཇི་བཞིན་མཁྱེ ན། དེ་ ནས་ལྷ་སར་ཕེབས་ཏེ་ཁོང་གིས་བཤེས་གཉེན་བྱམས་པ་དང་ཆོས་ཀྱི་འབེལ་གཏམ་བཟང་པོ་ མཛད་རྗེས་སུ་འབྲུག་པ་ཐམས་ཅད་མཁྱེན་པ་ལ་ཇོ་ནང་རྗེ་བཙུན་གྱི་བཀའ་འབུམ་ལས་བྱུང་ བའི་སྒྲུབ་ཐབས་རིན་འབྱུང་ཆ་ཚང་གི་དབང་བཀའ་རྒྱས་པར་བསྐུར། དེ་ནས་ཁོང་གིས་ལྷ་ མོ་རིག་བྱེད་མའི་སྒྲུབ་ཐབས་ཤིག་གཏེར་ནས་བཞེས་ཏེ་རྒྱལ་དབང་སྐུ་ཕྲེང་བདུན་པ་སྐལ་ བཟང་རྒྱ་མཚོ་ལ་ཆོས་སྐལ་དུ་ལེགས་འབུལ་མཛད། ཞྭ་ནག་བཅུ་གསུམ་པ་བདུད་འདུལ་རྡོ་ རྗེ་དང་ཞྭ་དམར་བཅུ་པ་ཆོས་འགྲུབ་རྒྱ་མཚོ་རྣམ་གཉིས་ཀྱིས་ཇོ་ནང་ཆོས་སྐོར་སོགས་ཞུས་ ཏེ་ཆེ་བའི་བླ་མར་བཀུར། སྐབས་དེར་བོད་སྡེ་པ་གཞུང་གི་བཀའ་བློན་བསོད་ནམས་སྟོབས་ རྒྱས་སོགས་ཀྱིས་བླ་མར་བཀུར་རོ། །དེ་རྗེས་སུ་རྗེ་ཚེ་དབང་ནོར་བུ་ཁོང་ཉིད་ཀྱིས་སི་ཏུ་ 3-1-379 རིན་པོ་ཆེ་ལ་སྒྲོལ་མ་རྣལ་འབྱོར་མ། དུས་འཁོར་སྦྱོར་དྲུག གདན་བཞིའི་ཁྲིད། རྭ་ལུགས་ འཇིགས་མཛད་དང་དུས་འཁོར་སྐོར། ས་ལུགས་དགྱེས་རྡོར། རྭ་ལུགས་རོ་ལངས་བརྒྱད་ བསྐོར་གྱི་དབང་རྣམས་དང༌། དུས་ཀྱི་འཁོར་ལོའི་བདག་པོ་བདག་ཆེན་གྱི་རྡོ་རྗེ་སློབ་དཔོན་ ཆེན་པོའི་བཀའ་དབང་དང་བཅས་ལེགས་པར་གནང་ནས་ཁོང་དང་སི་ཏུ་གཉིས་ལྷན་རྒྱས་ སུ་བལ་ཡུལ་དུ་ཕེབས་ནས་རང་བྱུང་མཆོད་རྟེན་གྱི་དྲུང་དུ་སླར་ཁོང་ཉིད་ཀྱིས་པཎ་ཆེན་སི་ ཏུ་ལ་འོད་གསལ་རྫོགས་པ་ཆེན་པོའི་སྙི ང་ཐིག་ཡབ་བཞིའི་ཟབ་ཁྲིད་ཆ་ཚང་དང༌། དབུ་མ་ གཞན་སྟོང་གི་ལྟ་ཁྲིད་མང་པོ་ཞིག་ཞིབ་རྒྱས་སུ་ལེགས་གནང་མཛད། དེ་ནས་རྗེ་ཚེ་དབང་ ནོར་བུ་དང་སི་ཏུ་རིན་པོ་ཆེ་ཟུང་དང་བཅས་བལ་ཡུལ་ཀུན་དུ་ཕེབས་སྐབས་སུ་མཆོད་རྟེན་ ཆེན་མོ་བྱ་རུང་ཁ་ཤོར་ཞིག་གསོས་དབུ་འཛུགས་ཀྱི་དུས་སུ་རྗེ་ཚེ་དབང་པ་གང་གིས་གྲུབ་ རྟགས་ཀྱིས་མཐུན་རྐྱེན་ཉེར་སྒྲུབ་དང་ཡམས་ནད་ཞི་བ་མཁའ་འགྲོ་མང་པོ་དང་ལྷན་ཅིག་ ཚོགས་འཁོར་བསྐོར་བ་སོགས་ཀྱི་ལེགས་མཚན་དུས་སུ་བསྟན་པ་དང༌། སྐྱིད་གྲོང་དུ་སྔགས་ འཆང་རིན་ཆེན་བཟང་པོའི་དྲུང་ནས་ཉིད་ཀྱིས་ཀརྨ་སྙི ང་ཐིག་གི་ཟབ་ཁྲིད་དང༌། རྙིང་རྒྱུད་ ཡོངས་རྫོགས་ཀྱི་བཀླག་ལུང་ཡང་གསན། དེ་ནས་ཁོང་ཉིད་ཆུ་ལ་མེ་འབར་དུ་ཕེབས་སྐབས་ དམ་ཅན་དང་གཉན་ཆེན་གྱིས་བསྐུལ་ནས་ཁོང་གིས་གནས་དེར་ཚོགས་གཏོར་མང་དུ་མཛད་ པས་མཁའ་འགྲོའི་འདུ་བ་ཐོབ་ཅིང༌། དགེ་དཀར་དུ་སྲུང་མ་ལེགས་ལྡན་དགྱེས་ཉམས་ཀྱིས་ དངོས་སུ་མི་ལ་བརླབས་ནས་དམ་ཆུ་བཏུང་བཞིན་བཀའ་ལྟར་སྒྲུབ་ཁས་བླངས། དེ་ནས་ ཁོང་དཔོན་སློབ་གཉལ་སྨད་དགེ་རིར་ཕེབས་ཏེ་དཔོན་སློབ་བཅས་ཀྱིས་ཚོགས་འཁོར་དང་ གཞོན་ནུ་མའི་སྟོན་མོ་མཛད་སྐབས་སུ་དུས་འཁོར་ཡེ་ཤེས་མཆོད་རྟེན་ཞིག་བཞུགས་པར་ འདྲ་ལེན་ཡང་མཛད། བསམ་ཡས་སམ་བྱ་རུང་ཁ་ཤོར་མཆོད་རྟེན་ཆེན་མོར་ཟབ་གོས་མུ་ ཏིག་གི་དྲ་བས་སྤྲས་པ་གསེར་སྲང་སྟོང་གི་རིན་ཐང་ཅན་གྱི་བླ་བྲེ་ཕུལ་ཞིང༌། དེ་ནས་ཁོང་ 3-1-380 ཉིད་ཀྱིས་བལ་ཡུལ་རང་བྱུང་མཆོད་རྟེན་བཞེངས་པའི་ཆ་རྐྱེན་ལེགས་བསྒྲིག་གི་སྒོ་ནས་ ཡམ་བུ་རྒྱལ་པོ་དང༌། གོརྵ་རྒྱལ་པོ་གཉིས་ལ་མཆོད་རྟེན་ལེགས་བཞེངས་ཀྱི་ཞབས་ཕྱི་སྤྱི་ དང་སྲོག་ཤིང་འདྲེན་པའི་ལས་ཀ་སོགས་ཀྱི་ཐད་ལ་འགན་སོ་སོར་བཀའ་བཞག་མཛད་ ནས་ཁོང་གི་ཐུགས་སྣང་ངོར་སྲོག་ཤིང་གི་རྒྱུའི་ཀར་ཤིང་གར་ཡོད་དང་ཤིང་དེའི་གནས་ ཚུལ་ལྐོག་གྱུར་དག་ཇི་བཞིན་མངོན་ཤེས་ཀྱིས་གཟིགས་ཤིང་བསྒོ་བ་དེ་ལུགས་བཞིན་གྱི་ བཀའ་ཕེབས་སོ་སོར་ལེགས་གནང་མཛད། དེ་རྗེས་སུ་ཡུལ་དེ་ཕྱོགས་ཀྱི་ལ་དྭགས་སྟོད་ སྨད་ཀྱི་རྒྱལ་བློན་ཕན་ཚུན་ནང་འཁོན་གྱི་འཁྲུགས་པ་ལང་ནས་ཞི་འཇགས་ཆེས་དཀའ་བར་ གྱུར་སྐབས་རྗེ་ཚེ་དབང་ནོར་བུ་དཔོན་སློབ་དེར་ཕེབས་ནས་ཁོང་རྣམས་ཀྱིས་འཁྲུགས་པ་ ཞི་བདེའི་ངང་ནས་རྒྱལ་བློན་སྟོད་སྨད་ཁག་བར་གྱི་ཁ་མཆུའི་གྱོད་གཞི་བྱུང་དོན་གཙང་ཆོད་ བཅད་རྒྱས་ཁྲ་མ་ཟངས་གླེགས་ལ་ཚར་ལྔ་དང་ལར་རྒྱའི་ཆོད་ཁྲལ་ཀ་ཤིའི་རས་ལ་དེ་ལུགས་ བཞིན་བྲིས་གནང་ལེགས་མཛད་ཀྱི་སྒོ་ནས་ཀུན་སྙོམས་ཕན་བདེ་ཆེར་སྤེལ་གྱི་ངོས་ནས་ གཞན་ཡང་འཁོན་བསྡུམ་ཕྲན་བུའང་མང་པོ་མཛད་དེ་ཀུན་བདེ་སེམས་མཐུན་བཅས་ཀྱིས་ ཡུལ་དེར་མཆོད་རྟེན་ཆེན་མོ་བཞེངས་པའི་ལས་གྲྭ་ཚུགས་པར་བྱས་ཤིང་རྒྱལ་བློན་སོགས་ དབང་ཆེ་བ་རྣམ་དཀར་ལ་མི་མོས་པ་དག་ཁོང་གིས་ལྷ་ཆེན་བསྐུལ་བ་སོགས་ཀྱིས་འཇིགས་ སྣང་བསྐྱེད་པའི་ཐབས་མཁས་ལ་བརྟེན་ནས་རྒྱལ་བློན་དེ་དག་ཅི་དགར་དབང་དུ་བསྡུས་ ཏེ་རྟེན་བཞེངས་ལ་དད་པ་ཐོབ་པར་བྱས་ཤིང་ཀུན་གྱིས་ཡིད་འཐད་ཞུས་བཞིན་སྒོ་ཐམས་ ཅད་དུ་བརྩོན་སྤྲོ་འབད་པ་ལྷུར་བླང་གིས་དུས་འདའ་བ་ལས་སྐབས་འགར་གནོད་འགལ་ ཕྲན་བུ་བྱེད་པས་གླགས་མི་རྙེད་པར་མཛད་པ་དང་ཆ་རྐྱེན་རྡོ་གཏེར་ཕྱོགས་ཤིག་ནས་ཐོན་ པར་མཛད་ལ། ཡང་ཁོང་ཉིད་ཀྱིས་སྐུ་ཞབས་འབྲུག་པའི་སྐུ་གེགས་བསལ་ནས་འབྲུག་པ་ ལ་ཆོས་བཀའ་རྒྱ་ཆེར་གནང་ཞིང་གནས་དེར་རྡོ་ལ་ཞབས་རྗེས་གསལ་བོ་བཞག ཉིན་ཞིག་ 3-1-381 ཁོང་གི་གཟིམས་གུར་ཐོག་ཏུ་གློ་བུར་རྡོ་ཆེན་པོའི་རྦབ་འགྲིལ་བྱུང་བ་ཉིད་ཀྱིས་སྐད་ཅིག་ ལ་སྡིགས་མཛུབ་གཏད་པས་གནོད་པ་དེ་འཕྲལ་བཟློག་བྱས་པ་སོགས་ངོ་མཚར་བའི་གྲུབ་ རྟགས་མངོན་ཚན་ཅན་ཆེས་མང་གི་སྒོ་ནས་ཡུལ་དེར་མཆོད་རྟེན་ཆེན་མོ་མ་གཞི་ཙམ་ཡོད་པ་ ལ་ཞིག་གསོས་ཀྱི་ཚུལ་ཡིན་ཀྱང་ཐམས་ཅད་ནས་གསར་བཞེངས་ལྟ་བུའི་ལས་ཆེན་གྱི་བགྱི་ བ་རླབས་པོ་ཆེས་རྟེན་བཞེངས་ཆེ་རབ་མཛད་དགོས་བྱུང་བ་ནས་དེ་མཚམས་རེ་ཞིག་གི་ཚེ་རྗེ་ ཁོང་གི་ཞལ་ནས། སྐུ་འཁོར་དུ་གཏོགས་པའི་དཔོན་བསྟན་འཛིན་རྡོ་རྗེ་སོགས་ལ་མཆོད་རྟེན་ བཞེངས་འཕྲོ་ལེགས་གྲུབ་དགོས་ཚུལ་གྱི་བཀའ་ཆེམས་ཞིབ་རྒྱས་གནང་མཐར་ཕག་ལོའི་ ཧོར་ཟླ་བརྒྱད་པའི་ཉེར་ལྔའི་ཉིན་ཁོང་ཉིད་དཔལ་པདྨ་འོད་ཀྱི་ཞིང་དུ་གཤེགས་པར་གྱུར་ ནས་རྗེས་སོར་དེ་ལུགས་བཞིན་གྱི་རྟེན་བཞེངས་འཕྲོ་ཡང་ལེགས་གྲུབ་མཐར་ཕྱིན་གྱི་སྐལ་ བ་བྱུང་ཞིང་རྗེ་འདི་ཉིད་སྔགས་རྙིང་མ་ཡིན་ཡང་རང་རེའི་ཆོས་བཀའ་ཆེན་པོའི་སྲོལ་བཟུང་ གི་སྒོ་ནས་འཛིན་སྐྱོང་སྤེལ་གསུམ་རླབས་པོ་ཆེའི་མཛད་བཟང་ཉེ་བར་མངའ་བའི་བཀའ་ དྲིན་ལྷག་པར་ཆེ་བ་རྗེ་འདི་གཏེར་ཆེན་བརྒྱ་རྩའི་གྲས་སུའང་བཞུགས། གདུང་རྟེན་གསེར་ གདུང་ཆེན་མོ་དེ་བལ་བོད་ཀྱི་ས་མཚམས་གངས་རྒྱལ་མོ་མཐོན་མཐིང་གི་ངོས་རི་བོ་དཔལ་ འབར་དགོན་དུ་བཞུགས་པ་ཞིག་གོ ། ད་རྗེ་གང་གི་ཕྲིན་ལས་ཀྱི་རྒྱུན་སྐྱོང་བའི་ཐུགས་སློབ་མང་པོ་བཞུགས་པ་ལས་ཆེས་རང་ རེའི་ཆོས་བཀའ་ལ་ཕན་ཐོགས་ཆེ་བ་ནི་འབྲུག་པ་དང་སི་ཏུ་གཉིས་ཏེ་དེ་ཡང་སྔ་མ་འབྲུག་ ཆེན་ཐམས་ཅད་མཁྱེན་པ་བཀའ་བརྒྱུད་ཕྲིན་ལས་ཤིང་རྟ་ཞེས་བྱ་བའང་པཎ་ཆེན་ནཱ་རོ་ པའི་སྤྲུལ་པར་གྲགས་ཤིང་ཁོང་ཉིད་ཀྱིས་སྐྱེས་ཆེན་དམ་པ་མང་པོ་བསྟེན་ནས་རང་ལུགས་ འོད་གསལ་ཕྱག་རྒྱ་ཆེན་པོའི་ལྟ་གྲུབ་རྒྱ་ཆེར་སྤེལ་ཞིང་ཁྱད་པར་རིག་འཛིན་ཚེ་དབང་ནོར་ བུའི་དྲུང་ནས་ཟབ་བཀའི་རིགས་སྤྱི་དང་ཡང་དགོས་ཇོ་ནང་པའི་ཆོས་བཀའ་ཆེས་མང་པོ་ 3-1-382 ལེགས་གསན་གྱི་སྒོ་ནས་འབྲུག་པ་རང་ཉིད་ཀྱིས་ཉམས་མྱོང་ཐུགས་བཞེས་མཆོག་གི་ངང་ ནས་གདུལ་བྱ་གཞན་གང་དག་ལ་འཆད་སྤེལ་རྒྱ་ཆེ་བས་བསྟན་འགྲོ་ལ་ལེགས་ཕན་ཉེ་བར་ བསྩལ་པའི་ཕྲིན་ལས་ཀྱི་མཛད་སྒོ ་དུས་སུ་ངེས་པར་བྱུང་བ་ཞིག་ཡིན་ལ། ཕྱི་མ་སི་ཏུ་ཆོས་ ཀྱི་འབྱུང་གནས་ནི། སྤྱིར་སྐྱེས་ཆེན་མང་པོས་ཟབ་ཆོས་རྒྱ་ཆེ་བས་རྗེས་སུ་བཟུང་བ་ཁོང་ཉིད་ རིག་པའི་གནས་མཐའ་དག་ལ་མཁྱེན་རྒྱ་ཤིན་ཏུ་ཆེ་བ་ཁྱད་པར་བརྡ་སྤྲོད་ཀྱི་གཞུང་ལུགས་ དང༌། གསོ་བའི་གནས་སོགས་ཐུན་མོང་རིག་པའི་གཞུང་ལུགས་ལ་ཆེས་ཉེ་བར་བྱང་ཆུབ་ ཅིང་ཆོས་དང་སྲིད་ཀྱི་ཐད་གང་ནས་མངོན་པར་མཐོ་བ་སྐུ་ཐོག་མཉམ་པ་ཞིག་ལ་འགྲན་ཟླ་ དང་བྲལ་བའི་ཚོད་དུ་འདུག་པ་ཞིག་སྟེ། སི་ཏུ་འདི་ཉིད་ཀྱིས་རིག་འཛིན་ཚེ་དབང་ནོར་བུ་ སྤྱི་བོས་བླ་མར་བཀུར་ནས་སྤྱིར་ན་ཆོས་བཀའ་མང་པོ་དང་ཁྱད་པར་ཇོ་ནང་ལུགས་ཀྱི་ཟབ་ ཆོས་དུ་མ་རྣམས་དང༌། ཡང་སྒོ ས་སུ་བྱིན་རླབས་དོན་བརྒྱུད་ཀྱི་འཕོ་བའི་ཟབ་བཀའ་བཅས་ ཟབ་དགུའི་གདམས་ངག་སྐོར་མང་པོ་ལེགས་པར་མནོས་ཤིང༌། རྗེ་ཚེ་དབང་ནོར་བུས་བལ་ ཡུལ་མཆོད་རྟེན་དཔང་བོར་བཞག་ནས་སྒྲོལ་མ་རྣམ་འབྱོར་མའི་རྒྱུད་གཞུང་རྗེ་བཙུན་རིན་ པོ་ཆེའི་ཕྱག་མཆན་ཡོད་པ་དེ་ཉིད་སི་ཏུ་པཎ་ཆེན་གྱིས་དབུར་བཞག་ནས་ཚེ་དབང་པ་ཁོང་གི་ ཞལ་ནས། སི་ཏུ་ཉིད་ལ། ཁྱོ ད་ཀྱིས་གཞན་སྟོང་ལྟ་གྲུབ་དང་ཆོས་བརྒྱུད་འདི་བཟུང་ན་ནམ་ ཞིག་རིམ་པས་ཕྲིན་ལས་ཆེར་རྒྱས་དང་བསྟན་འགྲོ་ལ་ལེགས་ཕན་ཆེ་བ་འབྱུང་ངེས་ཀྱི་བཀའ་ ལུང་གསལ་བོ་ཞིབ་རྒྱས་སུ་མཛད་པ་ལྟར་སི་ཏུ་རིན་པོ་ཆེས་ཀྱང་དེ་ལུགས་བཞིན་རང་རེའི་ རྒྱལ་བ་ཇོ་ནང་པའི་བསྒྲུབ་བརྒྱུད་ངེས་པ་དོན་གྱི་བསྟན་པ་ལ་ཉེར་ཕན་གྱི་བྱ་བ་རང་ལུགས་ ཆོས་བཀའ་ཆེས་མང་འཛིན་སྐྱོང་སྤེལ་བའི་ཐབས་ལ་སྒོ་ཀུན་ནས་རླབས་ཆེན་ཀྱི་མཛད་སྒོ་མི་ དམན་པ་ལེགས་པར་བགྱིས་ངོས་ནས་སྔོན་བྱོན་སྐྱེས་ཆེན་གཞན་ལས་སི་ཏུ་རིན་པོ་ཆེ་འདི་ ཉིད་བཀའ་དྲིན་མཆོག་གི་གནས་སུ་ཉེ་བར་གྱུར་པའོ། ། 3-1-383 སི་ཏུ་པཎ་ཆེན་གང་གི་ཐུགས་སྲས་རྣམས་ལས་རང་རེའི་ཆོས་བརྒྱུད་ལ་ཕན་ཐོགས་ཆེ་ བ་ནི་སྒྲ་རིག་པའི་གནས་ཀྱི་བཀའ་བབས་འབེ་ལོ་ཙཱ་བ་ཟུར་མང་ཚེ་དབང་ཀུན་ཁྱབ་སྟེ། དེ་ ཡང་ཟུར་མང་དུ་སྐུ་འཁྲུངས་པ་ནས་བཟུང་རིམ་པས་ཆོས་ལ་ཞུགས་ཏེ་གཙོ་བོར་སི་ཏུ་ཆོས་ ཀྱི་འབྱུང་གནས་ཉིད་བླ་མ་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་ལེགས་བཀུར་བཅས་ཀྱིས་ ཆོས་བཀའ་རིག་གནས་གང་དགོས་མཐའ་དག་གསན་སྦྱང་གིས་ཐུགས་ཉམས་སུ་ཁོང་དུ་ ཆུད་ངེས་བྱས་ཤིང་པཎ་ཆེན་སི་ཏུའི་དངོས་སློབ་རིག་གནས་ཀྱི་བཀའ་བབས་མང་དག་ལས་ བརྡ་སྤྲོད་གཞུང་ལུགས་ལ་བཀའ་ཉེར་བབས་ཀྱི་ཐུགས་སྲས་གཅིག་ཆོག་ལྟ་བུར་གྱུར་ཅིང་ རང་གཞན་གྱི་དོན་ལ་ཡང་དག་ཆོས་ཀྱི་ཐད་ནས་མཛད་རླབས་ཀྱང་ཆེ་བ་ཙམ་དུ་འདུག་པས་ བསྟན་ལ་རིས་མེད་ཀྱི་འཛིན་སྐྱོང་སྤེལ་བ་ཅི་རིགས་པས་བསྟན་རྩ་མཆོག་གི་གོ་གནས་ན་ ངེས་པར་བཞུགས་པ་ཡིན་ལ། དེ་མཚམས་བར་སྐབས་སུ་དམ་པ་ཟུར་མང་པ་ཁོང་ཉིད་ཀྱིས་ ཇོ་ནང་རང་ལུགས་ཀྱི་དུས་འཁོར་སྒྲུབ་མཆོད་ཉེར་འཛུགས་སོགས་ཆོས་འབྱུང་གཞུང་ལྟར་ རང་རེའི་བསྟན་ལ་ཕན་ཐོགས་ཆེ་རབ་མཛད་པ་དང༌། ཇོ་ནང་པའི་དབང་ལུང་མན་ངག་གི་ ཟབ་བཀའ་ཆེས་མང་པོའི་བརྒྱུད་སྲོལ་ལེགས་བཟུང་གི་སྒོ་ནས་བཀའ་དྲིན་གྱི་མཛད་བཟང་ ཆེས་ལྷག་ཅིག་ངེས་པར་ཡིན་ནོ། ། ཟུར་མང་པ་འདིའི་ཐུགས་སློབ་དབོན་སྤྲུལ་དབང་རྒྱལ་རྡོ་རྗེའམ་མཚན་གཞན་མཆོག་ སྤྲུལ་ཀརྨ་ངེས་དོན་བསྟན་འཛིན་རབ་རྒྱས་སམ་གཙོ་ཆེར་གྲགས་པའི་མཚན་ཚབ་ཚ་སྤྲུལ་ སྐུ་ཀརྨ་པ་རིན་ཆེན་ཞབས་པ་དེ་ཉིད་ཀྱིས་ཀྱང་རྗེ་བླ་མ་དམ་པ་ཟུར་མང་པའི་དྲུང་ནས་ཆོས་ བཀའ་ཐུན་མོང་དང་ཐུན་མོང་མ་ཡིན་པ་ཆེས་མང་པོ་ལེགས་པར་གསན་པ་རང་གིས་ཉམས་ བཞེས་དང་གཞན་དག་ལ་འཆད་སྤེལ་ཟུང་གིས་རང་རེའི་བསྟན་ལ་བྱས་རྗེས་ཆེ་ཙམ་འཇོག་ མཁན་གྱི་བསྟན་འཛིན་ཕུལ་གྱུར་ཅིག་སྟེ། བླ་མ་དམ་པ་གང་ཉིད་ཀྱིས་རྗེས་སོར་གདུལ་བྱ་ 3-1-384 རྗེས་བཟུང་གི་སྐབས་ཐུགས་སློབ་གཙོ་བོ་ནི་ཀརྨ་འོད་གསལ་ཉིད་ཡིན་པས་བླ་མ་དམ་པ་ ཉིད་ཀྱིས་སློབ་ཚོགས་ལ་དབང་ལུང་མན་ངག་ནམ་གནང་བའི་སྐབས་སུ་སློབ་བུ་ཀརྨ་འོད་ གསལ་ཉིད་ལ་སྒོས་སུ་ཆོས་བཀའ་ཆེར་ཐོབ་ཀྱི་ཐུགས་མོས་ཧ་ཅང་ཆེ་བའི་གསུང་ཟུར་དང་ མཛད་སྒོ་གནང་བ་ལྟར་དེ་ཕྱིས་སུ་ཀརྨ་འོད་གསལ་མཆོག་གི་བཀའ་དྲིན་ལས་རང་རེའི་དམ་ པ་གོང་མ་འཛམ་ཐང་གཙང་བ་དགེ་སློང་སོགས་ནས་བཟུང་ད་བར་དུ་ཆོས་བཀའ་དབང་ལུང་ གི་རྒྱུན་ནམ་ཡང་ཆད་མེད་དུ་ངེས་པར་བྱུང་བའི་སྐལ་བ་བཟང་པོ་འདི་ག་ལྟར་ལགས། དེ་རྗེས་སུ་སྤྲུལ་སྐུ་ཀརྨ་རིན་ཆེན་པ་གང་ཉིད་ཀྱི་ཐུགས་སློབ་བླ་མ་དམ་པ་མགོན་པོ་ཚེ་ དབང་ངམ་མཚན་གཞན་ཀརྨ་འོད་གསལ་འགྱུར་མེད་ཅེས་བྱ་བ་ནི། ཐོག་མར་སྐུ་ུན་གཞོན་ པའི་དུས་སུ་ཉིད་ཀྱིས་སྤྲུལ་སྐུ་གང་གི་དྲུང་དུ་ཆོས་བཀའ་ཅི་དགོས་མཐའ་དག་གསན་བསམ་ གྱིས་རང་དོན་ལེགས་གྲུབ་ཀྱི་ངང་ནས་བར་སྐབས་ཤིག་གི་རིང་སྒྲུབ་བླར་བྱས་ཏེ་སྒྲུབ་ཁང་ དུ་ལེགས་བཞུགས་མཛད་རྗེས་ཙམ་ན་དེ་དུས་ཀྱི་ཀླད་ཀྱི་གཙོ་བླ་སི་ཏུ་པདྨ་ཉིན་བྱེད་དབང་ པོ་ཡིན་པས་ཁོང་གི་བཀའ་ནན་ལ་བརྟེན་ནས་རྗེ་ཀརྨ་འོད་གསལ་ཉིད་རྡོ་སྨད་ཕྱོགས་སུ་བླ་ ཚབ་ལ་ཕེབས་དགོས་བྱུང་བས་དེ་ཕྱོགས་སུ་རྗེ་གང་ཉིད་རིང་ཞིག་བཞུགས་པའི་སྐབས་སུ་ ཁོང་གི་སྐུ་དྲུང་དུ་ཟབ་བཀའ་རྒྱ་ཆེར་ཞུ་སླད། ཨ་མཆོག་རིན་པོ་ཆེས་མངག་པའི་ཝ་ཤུལ་དྲག་ མགོན་བླ་མ་ཡེ་ཤེས་ཕུན་ཚོགས་སམ་མཚན་གཞན་གྲུབ་དབང་བདེ་བའི་རྡོ་རྗེ་ཞེས་པ་དཔོན་ སློབ་དང༌། འཛམ་ཐང་ཕྱོགས་ནས་གཙང་པ་དགེ་སློང་ངག་དབང་ཆོས་འཕེལ། གྲུབ་དབང་ ཀླུ་སྒྲུབ་རྒྱ་མཚོ། ཐུགས་སྲས་ངག་དབང་ནོར་བཟང་སོགས་དཔོན་སློབ་ཆེས་མང་ཕེབས་ ནས་རྗེ་བླ་མ་ཀརྨ་འོད་གསལ་རིན་པོ་ཆེའི་མདུན་དུ། ཁོང་དེ་རྣམས་ཀྱིས་རྗེ་བཙུན་ཏཱ་ར་ནཱ་ ཐའི་བཀའ་འབུམ་ཡོངས་སུ་རྫོགས་པའི་དབང་ལུང་ཁྲིད་གསུམ་མ་ཚང་བ་མེད་པར་གུས་ པ་ཆེན་པོས་ལེགས་ཞུས་ལྟར་ཐམས་ཅད་བུམ་པ་གང་བྱོས་ཚུལ་དུ་ཇི་བཞིན་དུས་སུ་ལེགས་ 3-1-385 གནང་གི་བཀའ་དྲིན་མཛད་པ་ལས་གཙང་བ་དགེ་སློང་ཉིད་འཛམ་ཐང་གཙང་ཆེན་བླ་མའི་ རྒྱལ་ཚབ་ཡིན་སྟབས་གཙང་པའི་སྒྲུབ་སྡེ་པ་གང་དག་ལ་དུས་ཀྱི་ཆོས་ཁྲིད་དགོས་གལ་ལ་ དེར་ཕེབས་དགོས་པས་བཀའ་འབུམ་ཆ་ཚང་ཅུང་ཞུ་སྐབས་མ་འགྲིག་ཀྱང་རྗེས་ནས་ངག་ དབང་ནོར་བཟང་གིས་ཆོས་བཀའ་དེ་དག་ཆ་ཚང་གསན་ཐུབ་པའི་ཕྱིས་སུ་རྗེ་དགེ་སློང་ཉིད་ ལ་ཐུགས་སྲས་ནོར་བཟང་གིས་དེ་ལྷག་ཆ་ཚང་ལེགས་འབུལ་ཀྱང་མཛད་དེ་ཚུལ་དེ་ལུགས་ ཀྱིས་རྗེ་བླ་མ་ཀརྨ་འོད་གསལ་ཉིད་ཀྱི་བཀའ་དྲིན་ལ་བརྟེན་ནས་རྗེ་བཙུན་རིན་པོ་ཆེའི་བཀའ་ འབུམ་དབང་ལུང་ཟབ་ཁྲིད་ཀྱི་སྒོ་མ་ལུས་པ་རང་རེའི་བླ་མ་རྗེ་རྡོ་རྗེ་འཆང་ངག་དབང་ཆོས་ འཕེལ་རྒྱ་མཚོ་ནས་བཟུང་ད་ལྟའི་རང་ཅག་གི་རྩ་བའི་བླ་མ་རྣམས་ལ་ཐུག་གི་བར་དབང་ ལུང་མན་ངག་ཆུ་བོའི་རྒྱུན་ལྷུག་པར་སྩོལ་པ་འདི་བཞིན་གྱི་བསོད་ནམས་དབང་སྐལ་ལ་ཉེ་ བར་སྤྱོད་པ་འདི་ཀ་ལྟར་དང༌། གཞན་ཡང་གསང་འདུས་འཇམ་པའི་རྡོ་རྗེ་དང་མི་བསྐྱོད་རྡོ་ རྗེ་ལྟ་བུ་འགའ་རེ་འཇམ་མགོན་ཀོང་སྤྲུལ་རྒྱལ་རོང་ཕྱོགས་སུ་ཕེབས་ལམ་དུ་འཛམ་ཐང་ལ་ ཆགས་ཕེབས་སྐབས་ཀོང་སྤྲུལ་ནས་གཙང་པ་དགེ་སློང་ལ་གསུངས་སོ། ། དེ་ཡན་ཆད་ཀྱིས་རང་རེའི་རྒྱལ་བ་ཇོ་ནང་པ་ཆེན་པོའི་ངེས་དོན་རྫོགས་ལྡན་ཆོས་མཆོག་ གི་རང་ལུགས་འཛིན་སྐྱོང་སྤེལ་བར་མཛད་པའི་བརྒྱུད་རིམ་སྟོན་པ་སངས་རྒྱས་ནས་བཟུང་ འཕགས་ཡུལ་དང་བོད་ལྗོངས་མདོ་སྨད་བཅས་ཀྱི་ངེས་པ་དོན་གྱི་ཆོས་བརྒྱུད་ལེགས་པར་ འཛིན་པ་དོན་གཉིས་རླབས་ཆེན་གྱི་སྤྱོད་བཟང་མངའ་བ་གང་དག་ད་ལྟའི་རང་རེའི་རྩ་བའི་ བླ་མའི་བར་ཆེ་ལོང་ཙམ་བརྗོད་འོས་དུས་སུ་ལེགས་པར་སོང་ཟིན་ལགས། ད་ནི་རང་རེའི་ཆོས་བཀའ་གང་གི་བརྒྱུད་རིམ་ཇི་ལྟར་ཡིན་ཚུལ་མཚན་ཐོ་ཙམ་རིམ་པར་ སྨོ ས་པ་སྐབས་སུ་བབ་ཏེ། དེ་ལའང་མཆོག་གི་དང་པོའི་སངས་རྒྱས་ལས་བྱུང་བ་དཔལ་དུས་ ཀྱི་འཁོར་ལོའི་བསྡུས་པའི་རྒྱུད་དང༌། དེའི་འགྲེལ་ཆེན་དཔལ་དྲི་མ་མེད་པའི་འོད་ཅེས་བྱ་བ་ 3-1-386 རྩ་འགྲེལ་ལེའུ་ལྔ་པ་དེ་གཉིས་ཤམྦྷ་ལར་ཆོས་ཀྱི་རྒྱལ་པོ་རིགས་ལྡན་འཇམ་དཔལ་གྲགས་ པ་དང༌། དེའི་སྲས་རིགས་ལྡན་པདྨ་དཀར་པོ་རྣམ་གཉིས་ཀྱིས་རིམ་པས་མཛད་པ་དེ་དག་ ཁ་ཆེའི་པཎ་ཆེན་ཟླ་མགོན་དང༌། འབྲོ་ལོ་ཙཱ་པ་ཤེས་རབ་གྲགས་པ་ཟུང་གིས་ལོ་པཎ་མཛད་ དེ་ཇི་བཞིན་ལེགས་བསྒྱུར་གྱི་རྒྱུད་རྒྱལ་རྩ་འགྲེལ་འདི་ལ་རྗེས་ནས་ཤངས་སྟོན་རྡོ་རྗེ་རྒྱལ་ མཚན་གྱིས་འགྱུར་བཅོས་ཀྱང་བྱས་ཤིང་དེ་ལ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ གི་རྣམ་པར་རོལ་པ་ཆེན་པོ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་རྗེ་ཇོ་ནང་པ་ཆེན་པོའི་གསུང་གི་ གསང་བའི་རྗེས་སུ་འབྲངས་ཏེ་ཆོས་རྗེ་ཉིད་ཀྱི་རྒྱལ་ཚབ་ལོ་ཙཱ་བ་བློ་གྲོས་དཔལ་དང༌། ས་ བཟང་པཎྜི་ཏ་ལོ་ཙཱ་བློ་གྲོས་རྒྱལ་མཚན་རྣམ་གཉིས་ཀྱིས་དེ་འདྲའི་དུས་ཀྱི་འཁོར་ལོའི་རྒྱུད་ རྩ་འགྲེལ་གྱི་འགྱུར་ལ་ཞུས་ཆེན་ལེགས་བགྱིས་མཛད་ཅིང༌། རྗེ་ཇོ་ནང་པ་ཡབ་སྲས་རྣམ་ གསུམ་གྱིས་རྒྱུད་རྩ་འགྲེལ་ཟུང་གི་གནད་དོན་ཉེར་བསྡུས་ཀྱི་མཆན་འགྲེལ་ངོ་མཚར་ཟབ་ དོན་དཔྱིས་ཕྱིན་པར་གནས་ལུགས་དེ་ཉིད་རྣམ་པར་གསལ་བྱེད་རྨད་དུ་བྱུང་བའི་ལེགས་ བཤད་བླ་མེད་བཀའ་དྲིན་དུ་མཛད་པ་ལས་རྗེས་སོར་ཆོས་ཀྱི་རྗེ་ཀུན་མཁྱེན་ཆེན་པོ་ཁོང་ གིས་རང་ཉིད་ཀྱིས་མཛད་པའི་རྒྱུད་འགྲེལ་ཆེན་མོའི་མཆན་ལ་གཟིགས་ནས་ཐུགས་ཡ་ མཚན་པའི་ཚུལ་གྱིས་གསུང་གནང་ངེས་པར་བྱུང་བ་འདི་ལྟ་སྟེ། ཨ་ལ་ལ་འདི་འདྲ་ཁོ་ཀུན་ སུ་ཡིས་མཛད་དེ་ངོ་མཚར་ཆེ། ཞེས་གསུངས་ནས་ཕྱག་ཐལ་མོ་ཡང་ཡང་སྦྱོར་བཞིན་ངེས་ དོན་ཟབ་མོའི་གོ་ལུགས་འདི་འདྲ་ལ་བལྟས་ཙ་ན་ང་རང་ཡང་སུ་ཡིན་ནམ་སྙམ་པ་ཡོང་གིན་ འདུག་ཅེས་ཁོང་ཉིད་རིགས་ལྡན་དངོས་སྤྲུལ་དུ་ཐུགས་ཡིད་ངེས་པར་ཆེས་ཏེ་ཆོས་རྗེ་ངེས་ དོན་བསྟན་པའི་མངའ་བདག་གང་ཉིད་ཀྱིས་སྟོན་པ་བཅོམ་ལྡན་འདས་ཀྱི་དགོངས་ཆེན་ཟབ་ མོ་མདོ་སྔགས་ཀྱི་གནས་ལུགས་མཐར་ཐུག་གི་ངེས་གསང་མཁས་མང་ཕལ་གྱིས་ཇི་བཞིན་ རྟོགས་དཀའི་གནས་ཤིན་དུ་གསང་ཆེན་ངེས་པ་དོན་གྱི་ཆོས་མཆོག་རྫོགས་ལྡན་རང་ལུགས་ 3-1-387 ཀྱི་སྲོལ་གངས་རིའི་ལྗོངས་འདིར་རྒྱལ་བ་ཉིད་ཀྱི་དགོངས་པ་སྔོན་དགའ་ལྡན་དུ་རྒྱལ་ཚབ་ བྱམས་པ་དང་ཤམྦྷ་ལར་ཆོས་རྒྱལ་རྣམ་གསུམ་གྱིས་ཇི་སྐད་ལེགས་བཀྲལ་མཛད་པ་ལྟར་ ཐུགས་མཁྱེན་རབ་རྒྱ་ཆེ་བས་ཟབ་དགོངས་གཏིང་དཔོག་པའི་སྒོ་ནས་སྔོན་མེད་མཆོག་གི་ ཤིང་རྟའི་ལམ་བཟང་རང་སྟོབས་ཀྱིས་འབྱེད་པ་ནི་ཆོས་རྗེ་ཁོང་ཉིད་ཉག་གཅིག་ཏུ་རྣམ་པར་ ངེས་པའི་ཚུལ་གྱི་ཞལ་བཀའ་བསླུ་མེད་དུས་དུས་སུ་ལེགས་བྱུང་མཛད་པ་ལྟར་དོན་གྱི་གནས་ ཚོད་འགྱུར་མེད་བདེན་དོན་མཆོག་ཉིད་དུ་གོར་མ་ཆག་པར་ཚད་མས་ལེགས་གྲུབ་ཀྱི་གནས་ མི་བསླུ་ུབ་སྟེ། དེ་ལྟ་བུའི་ལུང་རིགས་ཡང་དག་གིས་རྩལ་ཐོན་མཛད་ཅིང་སྒྲུབ་པའི་རྒྱལ་ མཚན་གཞན་ཀུན་ལས་ཁྱད་པར་དུ་འཕགས་པ་སྲིད་འདིར་ངེས་པར་བསྒྲེང་བའི་ཟབ་མོ་ ཆོས་ཀྱི་མཐར་ཐུག་རྒྱུད་རྒྱལ་དུས་ཀྱི་འཁོར་ལོའི་རྩ་འགྲེལ་གང་དག་གི་ལུང་ཁྲིད་མན་ངག་ གི་བརྒྱུད་པའི་རིམ་པ་གང་ཞེ་ན། དེ་ལ་ཐོག་མའི་སངས་རྒྱས་རྒྱལ་ཀུན་དོན་དམ་ཆོས་སྐུའི་ དེ་ཉིད་དམ་པ་དང་པོའི་སངས་རྒྱས་ཡེ་ནས་ཀུན་ཁྱབ་གདོད་མའི་མགོན་དུ་རང་བྱུང་རྟག་ པའི་ཁམས་སུ་ཉེ་བར་བཞུགས་པ་འཁོར་འདས་མཐའ་དག་གི་སྤྱི་དཔལ་རིགས་ཀུན་ཀྱི་ཁྱབ་ བདག་དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་གང་དེ་ནི་ཐོག་མའི་མགོན་པོ་མཐར་ཐུག་པ་ སྟེ། གནས་ལུགས་དེ་ཉིད་ལས་གཞན་སྣང་ངོར་རང་རང་དང་འཚམས་པར་མདོ་དང་སྔགས་ ཀྱི་ཐེག་པ་སྣ་ཚོགས་པའི་ཆོས་བརྒྱུད་རིམ་པར་བྱུང་བ་ལས་འདིར་སྐབས་སུ་བབ་པ་འོག་ མིན་ཞིང་དུ་འཁོར་དག་པའི་དབུས་སུ་བཞུགས་པ་ཆོས་སྐུ་རྡོ་རྗེ་འཆང་ཆེན་པོ་དང༌། དེ་ལས་ འཕགས་ཡུལ་འབྲས་སྤུངས་མཆོད་རྟེན་དུ་རྣམ་པར་འཕྲུལ་བ་ལོངས་སྐུ་བདེ་སྟོང་ཟུང་འཇུག་ དུས་ཀྱི་འཁོར་ལོ། འཕགས་ཡུལ་དུ་གདུལ་བྱ་ཐུན་མོང་ངོར་སྤྲུལ་པའི་སྐུ་ཤཱཀྱ་ཐུབ་པ། དུས་ འཁོར་མཆོག་གི་དྲུང་ནས་རྒྱུད་ཞུ་ུབ་པོ་ཆོས་རྒྱལ་ཟླ་བཟང་ནས་ཤམྦྷ་ལར་ཆོས་རྒྱལ་རིམ་ བྱོན་གང་དག་དང༌། དེ་རྣམས་ལས་རིགས་ལྡན་རྒྱལ་དཀའི་དུས་ནས་འཕགས་ཡུལ་དུ་རྒྱུད་ 3-1-388 གདན་འདྲེན་མཁན་གྲུབ་ཆེན་དུས་འཁོར་ཞབས་པ་འཇམ་པའི་རྡོ་རྗེ་ནས་བཟུང་འཕགས་ བོད་དུ་རིམ་བྱོན་འབྲོ་ལུགས་སྦྱོར་དྲུག་བརྒྱུད་པའི་བླ་མ་པཎ་ཆེན་ཟླ་མགོན་ནས་ཞང་ཀུན་ སྤངས་པའི་བར་དང༌། དེ་ནས་ཀུན་མཁྱེ ན་ཆོས་ཀྱི་རྒྱལ་པོའི་བར་དང༌། དེ་ནས་འཇམ་མགོན་ བླ་མ་ཀུན་དགའ་སྙི ང་པོའི་བར་དུས་འཁོར་བརྒྱུད་འདེབས་ཇི་ལྟ་བ་བཞིན་ལ། དེ་ནས་རིམ་ པ་བཞིན་ཇོ་ནང་རྒྱལ་ཚབ་རིན་ཆེན་རྒྱ་མཚོ། འབྲོག་དགེ་ཀུན་དགའ་དཔལ་བཟང༌། ཆོས་ སྐྱོང་དོན་འགྲུབ། ཀུན་དགའ་བཀྲ་ཤིས། ངག་དབང་རྒྱལ་མཚན། རྩི་ཡག་སྔོ ་སང་བླ་མ། ཀུན་ དགའ་ཆོས་འཕེལ། ཀོས་ལྷ་ཀུན་དགའ་ཆོས་དབྱིངས། བློ་གྲོས་མཚན་ཅན། ངག་དབང་དྲི་ མེད། གཙང་བ་དགེ་སློང་ཆོས་འཕེལ་རྒྱ་མཚོ། ངག་དབང་བསྟན་གསལ། ཆོས་ཀྱི་འཕགས་ པ། ངག་དབང་ཆོས་འབྱོར། ངག་དབང་བསྟན་པ་གསལ་བྱེད་ཀྱི་བར་དུ་བཞུགས་སམ་སྙམ་ ལ། གཞན་སྡེ་དགེ་ཕྱོགས་དང༌། དུས་ཕྱིས་སུ་འཛི་ཡུལ་དུ་བྱོན་པ་བྲག་དཀར་སྤྲུལ་སྐུ་སོགས་ ཕྱོགས་གཞན་ཅི་རིགས་པ་ནས་རྒྱུད་རྒྱལ་རྩ་འགྲེལ་གྱི་བཀླག་ལུང་ཙམ་རེ་དང༌། འབའ་ མདའ་བླ་མ་ཐུབ་བསྟན་དགེ་ལེགས་རྒྱ་མཚོ་དང༌། རང་གི་རྩ་བའི་བླ་མ་ངག་དབང་ཚོགས་ གཉིས་རྒྱ་མཚོ་སོགས་སྐྱེས་ཆེན་འགས་རྒྱུད་འདིའི་བཤད་ཁྲིད་རེ་ཡང་འཛི་ཡུལ་ཕྱོགས་ འདིར་མཛད་པར་གྲགས་པ་ཙམ་ལས་ད་ལན་ལུང་ཁྲིད་ཇི་བཞིན་དཀོན་པར་སེམས་སོ། ། རང་ཅག་གི་ཆོས་སྐལ་དུས་སུ་ཐོབ་པ་དཔལ་མཆོག་དུས་ཀྱི་འཁོར་ལོའི་སྨིན་བྱེད་དབང་ དང་གྲོལ་བྱེད་ལམ་གྱི་རིམ་པ་གང་དག་གི་བརྒྱུད་པའི་བླ་མ་རིམ་བྱོན་གྱི་ཚུལ་ལས། ཐོག་ མར་དུས་འཁོར་དབང་མོ་ཆེ་ཞེས་པ། སློབ་མ་རྗེས་འཛིན་སྟ་གོན། བྱིས་པ་འཇུག་པའི་དབང་ བདུན། མཆོག་གི་དབང་གོང་མ། མཆོག་དབང་ཁྱད་པར་ཅན། བདག་པོ་བདག་ཆེན་བཅས་ ཀྱི་དབང་གི་བརྒྱུད་རིམ་ནི། དམ་པ་དང་པོའི་སངས་རྒྱས། ཆོས་སྐུ་རྡོ་རྗེ་འཆང༌། ལོངས་སྐུ་ དུས་འཁོར། སྤྲུལ་སྐུ་ཤཱཀྱ་ཐུབ་པ་ནས་བཟུང་རྗེ་བཙུན་ཏཱ་ར་ནཱ་ཐའི་བར་དུས་འཁོར་བརྒྱུད་ 3-1-389 འདེབས་ལྟར་དང༌། དེ་ནས་རིམ་བཞིན། རིན་ཆེན་རྒྱ་མཚོ། བློ་གྲོས་རྣམ་རྒྱལ། ངག་དབང་ ཕྲིན་ལས། ངག་དབང་རྣམ་རྒྱལ། མཁས་བཙུན་དར་རྒྱས། ཕྲིན་ལས་རྣམ་རྒྱལ། ལྷུན་གྲུབ་ རྒྱ་མཚོ། འཇིགས་མེད་རྣམ་རྒྱལ། གཙང་བ་དགེ་སློང༌། ཆོས་ཀྱི་འཕགས་པ། ངག་དབང་ཆོས་ འབྱོར། བསྟན་པ་གསལ་བྱེད་ཀྱི་བར་ཏེ། དེས་བདག་ལའོ། །འདི་ལ་གཙང་སྤྲུལ་འཇིགས་ མེད་རྣམ་རྒྱལ་ནས་སྐྱབས་རྗེ་མཁར་བ་བླ་མ་ལ་བརྒྱུད་ཚུལ་དང༌། གཙང་བ་དགེ་སློང་ནས་ ལྷ་བཟོ་བླ་མ་ལ་བརྒྱུད་ཚུལ་སོགས་བརྒྱུད་ཚུལ་འདྲ་མིན་དུ་མ་ཞིག་ཡོད་པ་ལས་ལྷ་བཟོ་ནས་ ཀུན་དགའ་མཉམ་ཉིད། ངག་དབང་ཚོགས་གཉིས་རྒྱ་མཚོ་གཉིས་དང༌། དེ་གཉིས་ནས་ངག་ དབང་རྡོ་རྗེ་བཟང་པོ་སྟེ། དེས་ཀྱང་བདག་ལ་བཀའ་དྲིན་མཛད། ཡང་ན་ལྷ་བཟོ་བླ་མ་ནས་ ངག་དབང་དོན་ལྡན། དཀོན་མཆོག་དར་རྒྱས་ཏེ། དེས་ཀྱང་བདག་ལའོ། །ཡང་སྔར་ངག་ དབང་ཕྲིན་ལས་ཀྱི་རྗེས་སུ་བརྒྱུད་ཚུལ་གཞན་ཀུན་བཟང་དབང་པོ། ཚེ་དབང་ནོར་བུ། ཕྲིན་ ལས་ཤིང་རྟ། སི་ཏུ་ལོ་ཆེན། ཟུར་མང་པ། ཀརྨ་རིན་ཆེན། འོད་གསལ་འགྱུར་མེད། གཙང་ བ་དགེ་སློང་གི་བར་དང༌། ཡང་ན་ཇོ་ནང་རྒྱལ་ཚབ་ཀྱི་རྗེས་ནས་ཀུན་དགའ་དཔལ་བཟང༌། ཡོན་ཏན་ལྷུན་གྲུབ། ཀུན་དགའ་བཀྲ་ཤིས། སྙི ང་པོ་བསྟན་པ། བསྟན་པ་ཆོས་འཕེལ། འབྲོག་དགེ་ཡོན་ཏན་རྒྱ་མཚོ་སོགས་རྔ་ཡུལ་ཕྱོགས་ཀྱི་བརྒྱུད་ཚུལ་ཀྱང་ཡོད་པ་སོགས་དེ་ འདྲ་ཡུལ་དུས་ཀྱི་དབང་གི་སྣ་ཚོགས་པ་མང་ངོ༌། ། ཕྱི་མ་གྲོལ་བྱེད་ལམ་གྱི་རིམ་པ་ལས་རང་རེ་རྣམས་ཀྱིས་ཉམས་ལེན་མཐིལ་དུ་གཙོར་ བྱེད་ཀྱི་ཟབ་ལམ་ནི་དུས་འཁོར་རྫོགས་རིམ་འདི་ཉིད་དེ། དེ་ཡང་ཟབ་ལམ་རྡོ་རྗེའི་རྣལ་ འབྱོར་གྱི་སྔོན་འགྲོ་སྐྱབས་སེམས་ནས་བཟུང་དངོས་གཞི་ཡན་ལག་དྲུག་རྗེས་ཁྲིད་ཡན་ཆད་ དང༌། སྦྱོར་དྲུག་ཆ་ལག་སྲོག་འཛིན་གཉིས་ལ་ལུས་སྦྱོང་འཁྲུལ་འཁོར་དྲུག་ཅུ་རྩ་དྲུག རྗེས་ དྲན་ལ་ཐིག་ལེའི་འཁྲུལ་འཁོར་ཉི་ཤུ་དང་བཅས་པའི་ཟབ་ཆོས་ཡོངས་རྫོགས་ཀྱི་བརྒྱུད་ 3-1-390 རིམ་ནི། དང་པོའི་སངས་རྒྱས། རྡོ་རྗེ་འཆང༌། དུས་འཁོར་ནས་བཟུང་རྗེ་བཙུན་སྒྲོལ་མགོན་ ཞབས་ཡན་སྦྱོར་དྲུག་གསོལ་འདེབས་ཀྱི་བརྒྱུད་པ་ལྟར་དང༌། དེ་ནས་རིམ་པར་རིན་ཆེན་རྒྱ་ མཚོ། བློ་གྲོས་རྣམ་རྒྱལ། ངག་དབང་ཕྲིན་ལས། ངག་དབང་རྣམ་རྒྱལ། མཁས་བཙུན་དར་ རྒྱས། ཕྲིན་ལས་རྣམ་རྒྱལ། ལྷུན་གྲུབ་རྒྱ་མཚོ། འཇིགས་མེད་རྣམ་རྒྱལ། འདི་ནས་གཙང་ བ་དགེ་སློང་ནས་བརྒྱུད་ཚུལ་དང༌། སྐྱབས་རྗེ་མཁར་བ་ནས་བརྒྱུད་ཚུལ་གཉིས་ཡོད། དགེ་ སློང་ནས་ཀྱང༌། ཆོས་འཕགས། དཔལ་ལྡན། ཆོས་འབྱོར། རྒྱ་བླ་མ་དཀོན་མཆོག་སོགས་ སློབ་ཆེན་སོ་སོ་ལས་རང་རང་གི་རྗེས་འཇུག་བརྒྱུད་རིམ་མི་འདྲ་བ་དུ་མ་དང༌། མཁར་བ་ནས་ ཀྱང༌། ཀུན་དགའ་ངེས་དོན༌། བླ་མ་འཇམ་དབྱངས། སོག་པོ་བླ་མ་ཀུན་གྲོལ་སོགས་སློབ་ ཆེན་སོ་སོ་ལས་བརྒྱུད་འཛིན་མི་འདྲ་བ་འགའ་རེ་བྱུང་བ་དང༌། སྔ་ཕྱི་དེ་དག་རྣམས་ལས་ཀྱང་ ཆོས་འཕགས་དངོས་སློབ་ཟླ་གྲགས་སོགས་དང༌། དཔལ་ལྡན་དངོས་སློབ་བསྟན་གྲགས་ སོགས་དང༌། ཆོས་འབྱོར་དངོས་སློབ་ངག་དབང་སྨོ ན་ལམ་བཟང་པོ་སྟེ། དེས་ཀྱང་བདག་ ལ་བསྩལ་པ་སོགས་སྦྱོར་དྲུག་བརྒྱུད་སྲོལ་རང་གནས་འཛི་ཡུལ་སྟོད་སྨད་སོགས་སུ་མི་འདྲ་ བ་སྣ་ཚོགས་པ་དུ་མ་བྱུང་བ་དང༌། གཞན་ཡང་བརྒྱུད་ཚུལ་གྱི་རིམ་པ་ངེས་དོན་དངོས་སློབ་བློ་ བཟང་མཆོག་གྲུབ་སོགས་དང༌། སོག་པོ་བླ་མ་ཀུན་གྲོལ་གྱི་དངོས་སློབ་ཀུན་དགའ་ངག་གི་ དབང་པོ་སྟེ། དེས་བདག་ལ་བཀའ་དྲིན་དུ་མཛད་པའོ། །ཡང་གཙང་བ་ངག་དབང་རྣམ་རྒྱལ་ གྱི་རྗེས་ནས་ཐུགས་སྲས་ཀུན་དགའ་ཆོས་འཕེལ། བྱ་ཡུར་ཀུན་དགའ་ཆོས་འབྱོར། གཙང་ སྤྲུལ་འཇིགས་མེད་རྣམ་རྒྱལ་སོགས་ནས་བརྒྱུད་ཚུལ་དང༌། ཡང་ན་བྱ་ཡུར་ཆོས་འབྱོར་ནས་ གཙང་སྤྲུལ་ཕྲིན་ལས་རྣམ་རྒྱལ། ལྷ་ཚེ་ངག་དབང་རྒྱལ་མཚན། འཇིགས་མེད་རྣམ་རྒྱལ་ སོགས་ནས་དང༌། ཡང་ན་ངག་དབང་ཕྲིན་ལས་རྗེས་ནས་ཀུན་བཟང་དབང་པོ། ངག་དབང་ རྣམ་རྒྱལ་སོགས་ནས་དང༌། ཡང་ན་ཀུན་བཟང་དབང་པོའི་རྗེས་ནས་གོང་བླ་ཀུན་དགའ་རྣམ་ 3-1-391 རྒྱལ། ངག་དབང་རྒྱལ་མཚན། འཇིགས་མེད་རྣམ་རྒྱལ་སོགས་ནས་དང༌། ཡང་ན་ངག་ དབང་རྒྱལ་མཚན་གྱི་རྗེས་ནས་ངག་དབང་བསམ་གཏན། ཀུན་དགའ་ངེས་དོན་སོགས་ནས་ འཛམ་ཐང་སྒར་གོང་མ་དག་གི་བརྒྱུད་རིམ་འདེད་པ་དང༌། ཡང་ན་གཙང་བ་ངག་དབང་རྣམ་ རྒྱལ་གྱི་རྗེས་ནས་ས་ར་དགེ་སློང་བློ་གྲོས་དང༌། ཆོས་འཕེལ་གཉིས། དེ་གཉིས་ཀྱི་རྗེས་སུ་ལྷ་ ཚེ་བླ་མ་རྒྱལ་མཚན། གཙང་སྤྲུལ་འཇིགས་མེད་རྣམ་རྒྱལ་སོགས་ནས་དང༌། ཡང་ན་གཙང་བ་ ངག་དབང་རྣམ་རྒྱལ་གྱི་རྗེས་སུ། རྔ་བའི་འདྲ་ནང་མཁས་བཟང༌། གཙང་སྤྲུལ་ཕྲིན་ལས་རྣམ་ རྒྱལ། ལྷ་ཚེ་བླ་མ་སོགས་ནས་དང༌། ཡང་ན་མཁས་བཟང་གི་རྗེས་སུ་རྔ་ཡུལ་རི་ཁྲོད་པ་ཀུན་ དགའ་རྒྱ་མཚོ་སོགས་ནས་ཡུལ་དེ་ཕྱོགས་སུ་སྦྱོར་དྲུག་བརྒྱུད་རིམ་སྣ་ཚོགས་པ་མང་ཙམ་དུ་ འདུག་གོ ། རང་རེའི་ངེས་དོན་བསྟན་པའི་མངའ་བདག་རིགས་ལྡན་སྤྲུལ་པའི་སྐུ་ཀུན་མཁྱེན་ཆེན་ པོ་དོལ་པོ་སངས་རྒྱས་ཀྱི་བཀའ་འབུམ་གླེགས་བམ་དྲུག་དང་སྐྱེས་རབས་རྣམ་ཐར་གྱི་པོ་ཏི་ གཅིག་སྟེ་གསུང་པོད་བདུན་ཕྲག་གཅིག་གི་བཀླག་ལུང་ཟབ་ཁྲིད་ཀྱི་བརྒྱུད་རིམ་ནི། དུས་ གསུམ་སངས་རྒྱས་ཐམས་ཅད་ཀྱི་སྤྲུལ་པ་མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་ ནས་སྨོས་ན་ཀུན་མཁྱེན་རྟོན་པ་བཞི་ལྡན་དོལ་པོ་པ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོ་ གང་ཉིད་དང༌། དེ་ནས་རིམ་པ་བཞིན་གང་གི་ཐུགས་སྲས་ཆོས་རྗེ་ཡོན་ཏན་བཟང་པོ། ཆོས་ རྗེ་བསོད་ནམས་དཔལ། འཛམ་ཐང་པ་ཆོས་རྗེ་གཞོན་ནུ་རྒྱལ་མཚན། སློབ་དཔོན་རིན་ཆེན་ པ། ཆོས་རྗེ་རྒྱལ་བ་བཟང༌། བླ་མ་ཁྲོ་བཅུ་པ། བླ་མ་བྷོ ་ཝམ་རོ་པ། རྗེ་བཙུན་ཡེ་ཤེས་རྡོ་རྗེ། ཚོ་བཞིའི་བླ་མ་ཕུན་ཚོགས། ཀུན་དགའ་རིན་ཆེན། ངག་དབང་རིན་ཆེན། འབྲོག་དགེ་ཀུན་ དགའ་ལྷུན་གྲུབ། ཀུན་དགའ་བཀྲ་ཤིས། ངག་དབང་རྒྱལ་མཚན། གཙང་སྤྲུལ་འཇིགས་ མེད་རྣམ་རྒྱལ། ངག་དབང་ཆོས་འཕེལ། ཆོས་ཀྱི་འཕགས་པ་དང༌། ངག་དབང་ཆོས་འཛིན་ 3-1-392 གཉིས། ཀུན་དགའ་མཁས་དབང༌། རིན་ཆེན་བཟང་པོ། རིན་ཆེན་འོད་ཟེར་ཏེ། གང་དེས་ བདག་ལ་བཀའ་དྲིན་དུ་མཛད་ཅིང༌། གཞན་ཡང་ངག་དབང་རྒྱལ་མཚན་གྱི་རྗེས་ནས་རྔ་ཡུལ་ ཕྱོགས་ཀུན་དགའ་བསྟན་པ་ཆོས་འཕེལ། ཀོས་ལྷ་ཀུན་དགའ་ཆོས་དབྱིངས། རྡོ་རྗེ་འཛིན་ པ་བློ་གྲོས་མཚན་ཅན། ཀླུ་སྒྲུབ་རྒྱ་མཚོ། ངག་དབང་འཇིགས་མེད། འཇམ་དབྱངས་རྒྱ་ མཚོ། འབྲོག་དགེ་ཡོན་ཏན་རྒྱ་མཚོ། གྲོང་མང་རྣམ་སྣང་རྡོ་རྗེ་སོགས་ནས་ཁམས་རྔ་ཡུལ་ ཕྱོགས་སུ་བརྒྱུད་ཚུལ་ཏེ། དེ་འདྲ་དུ་མ་ཡོད་པར་མངོན་ནོ། །སྤྱིར་རྔ་ཡུལ་ཕྱོགས་སུ་དུས་ འཁོར་གྱི་རྣལ་འབྱོར་པ་སྒོམ་ཆེན་བསྟན་པའི་སྙིང་པོ་བྱ་བ་སྔོན་རྟག་བརྟན་དུ་རྗེ་བཙུན་རིན་ པོ་ཆེའི་དྲུང་ནས་དགེ་སློང་འཆི་མེད་ཅེས་བྱ་བ་དང༌། ལུང་བ་ཞིག་གི་མགོར་ཨ་དཔའ་འཇམ་ དབྱངས་བསྟན་འཛིན་ཟེར་བའི་རི་ཁྲོད་པ་ཅིག་དང༌། ཐེ་བོའི་ཡུལ་ཕྱོགས་ཀྱི་རྣལ་འབྱོར་པ་ ཚེ་མཚམས་པ་བཟང་པོ་སོགས་སྔོན་གནས་ཀྱི་སྐྱེ་བ་ཇི་བཞིན་གསལ་བོ་ཐུགས་མངོན་ཤེས་ ཀྱིས་མཁྱེ ན་པ་སོགས་ནང་རྟོགས་ཀྱི་ཡོན་ཏན་མངའ་བ་ཞིག་ཡིན། མཁར་བླ་ཀུན་དགའ་ བསྟན་པ་ཆོས་འཕེལ་ཡང་གྲུབ་ཆེན་དུས་ཞབས་པའི་སྤྲུལ་པར་གྲགས་ཤིང་ཐུགས་སྟོང་ གཟིགས་ཕྱག་ཆེན་ལས་མ་གཡོས་པར་ལས་རླུང་དབུ་མར་ཐིམ་པས་གཞོམ་མེད་ནཱ་དའི་ དབྱིངས་ནས་དུས་གསུམ་གྱི་ལྐོག་གྱུར་ཕལ་ཆེར་ཇི་བཞིན་ཐུགས་མངོན་ཤེས་ཀྱིས་གཟུགས་ པའི་སྐྱེས་ཆེན་དམ་པ་ཞིག་ཡིན་ཚུལ་གོང་དུ་མདོ་ཙམ་བཤད་ཟིན་ལྟར་དང༌། པཎྜི་ཏ་ཀོས་ལྷ་ ཀུན་དགའ་ཆོས་དབྱིངས་ནི་རིག་པའི་གནས་ལྔ་ལ་མཁས་པ་ཁྱད་པར་བཟོ་རིག་ཕུལ་དུ་སོན་ ཞིང་ནང་རྟོགས་དུས་འཁོར་གྱི་རིམ་གཉིས་ལ་མྱོང་རྟགས་ཁྱད་པར་ཅན་ཐུགས་ལ་མངའ་བ་ མཁར་བླ་གང་ཉིད་ཀྱི་མདུན་ནས་ཀོས་ལྷ་རང་གིས་དབང་བསྐུར་ནོད་སྐབས་དག་སྣང་ངོར་ མཁར་བླ་རིན་པོ་ཆེ་ཉིད་ཆོས་རྒྱལ་རིགས་ལྡན་བཟང་པོའི་བཞུགས་སྟངས་ཀྱི་རྣམ་པ་ཕྱག་ གིས་ཤེལ་ཕྲེང་བརྒྱ་རྩ་ལྔ་བཅུ་ཡོད་པ་ཐུགས་སློབ་ཀོས་ལྷ་ཉིད་ཀྱི་མགྲིན་པར་བསྐོན་ཏེ་ཞལ་ 3-1-393 ནས་ལྔ་བསྡུས་རྩིས་གཞུང་རྩོམ་བསྐུལ་གནང་བའི་ཐུགས་སྣང་བྱུང་བ་དང༌། ཡི་དམ་སྒྲོལ་ མའི་ཐུགས་རྗེས་ལེགས་བཟུང་གི་དགེ་མཚན་གསལ་བོ་དུས་སུ་མངོན་པར་ཤར་བ་སོགས་ གསང་གསུམ་མཛད་རླབས་ངེས་པར་ཆེ་བ་ཞིག་ཀྱང་ཡིན་ནོ། ། རྗེ་འཇམ་མགོན་གྲུབ་པའི་དཔའ་བོ་དཔའ་ལྡན་ཀུན་དགའ་གྲོལ་མཆོག་བློ་གསལ་ རྒྱ་མཚོའི་སྡེ་ཞེས་བྱ་བ་གང་གིས་དམ་པའི་ཆོས་ཀྱི་མན་ངག་ཟབ་མོའི་བཅུད་ཀུན་ལེགས་ བསྡུས་ཀྱི་ཚུལ་དུ་མཛད་པ་གྲོལ་མཆོག་ཁྲིད་བརྒྱ་ཞེས་གྲགས་པ་ཟབ་མོའི་ཁྲིད་ཚན་བརྒྱ་རྩ་ བརྒྱད་ཀྱི་བཀླག་ལུང་ཚར་གསུམ་ཕྱག་བཞེས་ཀྱི་བཀའ་སྲོལ་མཆོག་གི་བརྒྱུད་རིམ་ནི། རྗེ་ བཙུན་བླ་མ་ཀུན་དགའ་གྲོལ་མཆོག་ཁོང་ཉིད་དང༌། དེ་ནས་རིམ་པར་ཐུགས་སྲས་མཁན་ ཆེན་ལུང་རིགས་རྒྱ་མཚོ། རྗེ་ཐམས་ཅད་མཁྱེ ན་གཟིགས་སྒྲོལ་བའི་མགོན་པོ། རྒྱལ་ཚབ་རིན་ ཆེན་རྒྱ་མཚོ། དགེ་སློང་སྙི ང་པོ་མཐའ་ཡས། རྗེ་ཀུན་བཟང་དབང་པོ། ཚེ་དབང་ནོར་བུ་དང་ ཀུན་དགའ་རྣམ་རྒྱལ་གཉིས། དེ་གཉིས་ནས་ཆོས་ཀྱི་འབྱུང་གནས་ཀརྨ་འགྱུར་མེད། པདྨ་ ནོར་བུ། དཔལ་ལྡན་མི་ཕམ་ཆོས་རྒྱལ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། དེ་ནས་འཛམ་ཐང་སྒར་ གོང་འོག་གི་རྡོ་རྗེ་འཛིན་པ་ཅི་རིགས་པས་གསན་བཞིན་ལུང་རྒྱུན་ད་ལྟའི་བར་མ་ཆད་ཙམ་ བཞུགས། ཡང་གྲོལ་མཆོག་ཁྲིད་བརྒྱ་ཞིབ་ཁྲིད་ལུགས་ཀྱི་བརྒྱུད་རིམ་ནི། རྗེ་གྲོལ་མཆོག་ གང་ཉིད་དང། གང་གི་ཞལ་སྔར་གསན་པ། ལུང་རིགས་རྒྱ་མཚོ་དང༌། ལྷ་དབང་གྲགས་པ་ གཉིས། དེ་གཉིས་ཀ་ནས་རྗེ་བླ་མ་སྒྲོལ་མགོན་ཞབས། ཁོང་ནས་གསན་པ་རྗེ་བཙུན་ཕྲིན་ ལས་དབང་མོ་དང༌། རིན་ཆེན་རྒྱ་མཚོ། དེ་གཉིས་ནས་དགེ་སློང་སྙི ང་པོ་མཐའ་ཡས། ཀུན་ བཟང་དབང་པོ། དེ་ནས་ཚེ་དབང་ནོར་བུ་དང་གོང་བླ་ཀུན་དགའ་རྣམ་རྒྱལ་གཉིས། གོང་བླ་ དེ་ཉིད་ལས་འཛམ་ཐང་སྒར་གོང་འོག་གི་བླ་སྤྲུལ་ཅི་རིགས་ལ་ཐོབ་ཆོག་གམ་སྙམ་ལ། གཞན་ ཡང་ཀུན་བཟང་དབང་པོའི་རྗེས་ནས། སྔགས་གསར་ཕྱོགས་ལྕགས་ཟམ་པ་བློ་བཟང་དཔལ་ 3-1-394 གྲུབ། ལྕགས་ཐང་བ་བཀྲ་ཤིས་འབྱུང་གནས། འཇམ་དབྱངས་བཞད་པ་འཇིགས་མེད་དབང་ པོ། ངག་དབང་བློ་བཟང༌། བདེ་བའི་རྡོ་རྗེ། དཀོན་མཆོག་རྒྱལ་མཚན། བཀའ་འགྱུར་པ་ཤེས་ རབ་རྒྱ་མཚོ། ཨ་མཆོག་སྤྲུལ་སྐུ་དཀོན་མཆོག་བསྟན་པའི་རྒྱལ་མཚན། དཀོན་མཆོག་མཁས་ གྲུབ། རང་རེ་ཇོ་ནང་པ་འབྲོག་དགེ་ཡོན་ཏན་རྒྱ་མཚོ། གྲོང་མང་རིག་འཛིན་རྣམ་སྣང་རྡོ་རྗེ་ སོགས་ནས་རྔ་ཡུལ་ཕྱོགས་སུ་བརྒྱུད་ཚུལ་ཞིག་ཀྱང་ཡོད་ལ། འདི་ནི་དམར་ཁྲིད་ལྟར་གྱི་ཁྲིད་ ཚུལ་རྒྱས་པ་ཡིན་མོད། འོན་ཀྱང་གོང་ལྟར་བཀླག་ལུང་བཞིན་བྱས་པས་ཁྲིད་ཀྱི་གོ་ཆོད་པར་ གསུང་སྲོལ་ཡོད་པ་ཡིན་ཞིང༌། གང་ལྟར་ཡང་བརྒྱུད་ལྡན་གོང་མ་རྣམས་ཀྱི་ཉམས་ལེན་ཕྱག་ བཞེས་མ་ཆད་པའི་བྱིན་རླབས་དོན་བརྒྱུད་དུ་གྲགས་སྐད། ཡང་ཁྲིད་བརྒྱ་ཞེས་གྲགས་པ་ དེའི་ཐུན་མོང་མ་ཡིན་པའི་རྟོགས་པ་མཆོག་གི་ཁྲིད་ཚུལ་ལ། སྔོ ན་འགྲོའི་ཁྲིད་ཇི་སྐད་བཤད་ བཞིན་སོང་ནས་དངོས་གཞི་ལ། མདོར་བསྟན་པ་དང༌། རྒྱས་པར་བཤད་པ། དོན་བསྡུ་བ་ སྟེ་ས་བཅད་གསུམ་གྱིས་འཆད་ཚུལ་བྱིན་རླབས་རྟོགས་པ་མཆོག་གི་ལུགས་ཀྱི་བརྒྱུད་རིམ་ ནི། རྗེ་གྲོལ་མཆོག ལྷ་དབང་གྲགས་པ། སྒྲོལ་བའི་མགོན་པོ། ཀུན་དགའ་དབང་མོའམ་ རིན་ཆེན་རྡོ་རྗེ་མ། རྒྱལ་ཚབ་རིན་ཆེན་རྒྱ་མཚོ། སྙི ང་པོ་མཐའ་ཡས། ཀུན་བཟང་དབང་པོ། ཚེ་དབང་ནོར་བུ། ཆོས་དབྱིངས་རང་གྲོལ། ཀུན་བཟང་ཆོས་འབྱོར། སྤོ་ར་བ་བློ་བཟང་མཐུ་ སྟོབས། གཙང་སྤྲུལ་འཇིགས་མེད་རྣམ་རྒྱལ་དང༌། ངག་དབང་ཆོས་འཕེལ་གཉིས། དེ་གཉིས་ ནས་ཆོས་འཕགས། ཆོས་འབྱོར། བསྟན་པ་གསལ་བྱེད་ཀྱི་བར་རིམ་པར་བྱུང་ངམ་སྙམ། གཞན་སྤོ་ར་བ་བློ་བཟང་མཐུ་སྟོབས་ཀྱི་རྗེས་ནས། སྔགས་གསར་ཕྱོགས་ལྕགས་ཟམ་སྤྲུལ་ སྐུ་ཉི་མ་ཆོས་འཕེལ། ཞྭ་ལུ་བློ་གསལ་བསྟན་སྐྱོང༌། རིས་མེད་བསྟན་འཛིན་ཞབས་དྲུང་འཇམ་ དབྱངས་མཁྱེ ན་བརྩེའི་དབང་པོ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། མཁན་བཀྲ་ཤིས་འོད་ཟེར། ཀུན་དགའ་འགྱུར་མེད་ཆོས་དབང་སོགས་ཚུལ་དེ་ལུགས་ལྟར་བྱུང་བའང་ཡོད་ལ། དེ་ལྟ་བུའི་ 3-1-395 གྲོལ་མཆོག་ཁྲིད་བརྒྱའི་རྒྱབ་ཆོས་ལྟ་བུ་ནི་འཇམ་མགོན་ཀོང་སྤྲུལ་གྱིས་བསྒྲིགས་པའི་མཛོད་ ལྔའི་ཡ་གྱལ་གདམ་ངག་མཛོད་ཅེས་པ་སྒྲུབ་བརྒྱུད་ཤིང་རྟ་རྣམ་བརྒྱད་ཀྱི་ཆོས་བཀའ་ལེགས་ པར་བཞུགས་པ་དེ་ཡིན། རྗེ་བཙུན་རིན་པོ་ཆེའི་སྒྲུབ་ཐབས་རིན་འབྱུང་གི་རྒྱབ་ཆོས་ལྟ་བུ་ནི་ ཞབས་དྲུང་རིན་པོ་ཆེས་བསྒྲིགས་པའི་སྒྲུབ་ཐབས་ཀུན་བཏུས་ཞེས་བྱ་བ་ཟབ་བཀའ་རྒྱ་ཆེར་ ཉེར་བཞུགས་ཀྱི་ལེགས་པར་བཤད་པའི་མན་ངག་གི་མཛོད་ཆེན་པོ་དེ་ཡིན་ནོ། ། རྗེ་བཙུན་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་བཀའ་འབུམ་དེང་སྐབས་སྤར་དུ་འཁོད་ ངེས་ཀྱི་གླེགས་བམ་བཅུ་དགུ་ལྷག་གི་སྐོར་ལ་སྨིན་བྱེད་དབང་ལུང་སོགས་ཀྱི་བརྒྱུད་རིམ་ ཐ་དད་པ་མང་པོ་བཞུགས་པ་ལས་འདིར་སོ་སོར་ཅུང་ཟད་ཙམ་སྨོ ས་པ་ལ། སྤྱིར་རྗེ་བཙུན་ ཀུན་དགའ་སྙིང་པོ་བཀྲ་ཤིས་རྒྱལ་མཚན་དཔལ་བཟང་པོ་གང་གི་བཀའ་འབུམ་གསུང་རབ་ མཆོག་གི་བརྒྱུད་རིམ་ཐ་དད་པ་མང་ན་ཆོས་རྒྱུན་ལ་གཙོ་བོར་བཀའ་དྲིན་ངེས་པར་ཆེ་བ་ནི་ རྗེ་གྲུབ་པའི་དབང་ཕྱུག་སྒྲོལ་བའི་མགོན་པོ་ཁོང་ཉིད་དང༌། དེ་ནས་རིམ་པར་ཐུགས་སྲས་ དང་གཟུངས་མར་གྱུར་པ་རྣལ་འབྱོར་མ་ཆེན་མོ་རྗེ་བཙུན་མ་ཕྲིན་ལས་དབང་མོའམ་མཚན་ གཞན་རཏྣ་བཛྲ་ཎིའམ་བདེ་ཆེན་ལྷན་སྐྱེས་རྒྱལ་མོ་ཞེས་བྱ་བ་གང་ཉིད་རྗེ་བཙུན་རིན་པོ་ཆེའི་ ཟབ་བཀའ་ཀུན་གྱི་མཛོད་ཉེ་བར་འཛིན་མཁན་དང༌། དེས་རྡོ་རྗེའི་རྣལ་འབྱོར་མཆོག་བརྙེས་ སྡོམ་བརྩོན་དམ་པ། དགེ་སློང་སྙི ང་པོ་མཐའ་ཡས་ལ་གནང༌། དེས་མཁས་གྲུབ་བློ་གྲོས་རྣམ་ རྒྱལ། ངག་དབང་ཕྲིན་ལས་གཉིས་ལ་གནང་བ་ནས་བཟུང་གོང་སྨོ ས་ལྟར་ཀུན་བཟང་དབང་ པོ། ཚེ་དབང་ནོར་བུ། འབྲུག་པ། སི་ཏུ། ཟུར་མང་པ། ཀརྨ་རཏྣ། འོད་གསལ་འགྱུར་མེད། གཙང་བ་དགེ་སློང༌། ཆོས་འཕགས། ཆོས་འབྱོར། དོན་ལྡན། ངག་གསལ་གྱི་བར་ད་ལྟ་ཡན་ དུ་བཞུགས་པ་འདི་ཀ་ལྟར་ཡིན་ལ། ཁྱད་པར་རྗེ་བཙུན་ཀྱི་བཀའ་འབུམ་ལས་བྱུང་བ་སྒྲུབ་ཐབས་རིན་ཆེན་འབྱུང་གནས་ 3-1-396 ཀྱི་དབང་བཀའ་རྗེས་གནང་སུམ་བརྒྱ་ལྷག་གི་བརྒྱུད་རིམ་ནི། དེ་དག་མ་གཞི་རང་རང་གི་ བརྒྱུད་ཡིག་སྣ་ཚོགས་ལྟར་ལས་རྗེ་བཙུན་ཁོང་ཉིད་དང༌། རྒྱལ་ཚབ་བློ་གྲོས་རྣམ་རྒྱལ། རྭ་བ་ ངག་དབང་ཕྲིན་ལས། ཀུན་བཟང་དབང་པོ་སོགས་ནས་གཙང་བ་དགེ་སློང་གི་བར་དང༌། དེ་ ནས་ཆོས་འཕགས། ཆོས་འཛིན། བསོད་བཟང༌། ངག་དབང་རྡོ་རྗེ་བཟང་པོའི་བར་ཏེ། དེས་ བདག་ཅག་ལ་གནང་པའོ། ། ཡང་རྗེ་བཙུན་གྱི་བཀའ་འབུམ་ལས་དུས་འཁོར་མཁའ་འགྲོ་དྲ་བའི་སྡོམ་པ་ཆེན་པོའི་ དབང་གི་བརྒྱུད་རིམ་ནི། མ་གཞི་ཁོག་གི་རྒྱུད་པ་དཀྱིལ་ཆེན་དང་འདྲ་བ་ལས་འཇམ་དབྱངས་ དཀོན་བཟང་མན་ཆད། འཇམ་དབྱངས་ཆོས་དབང༌། དབོན་ཆེན་ཆོས་སེང༌། མཁས་གྲུབ་ སངས་ཡེ། བྱམས་པ་ལྷུན་གྲུབ། ཀུན་དགའ་སྙི ང་པོ། རིན་ཆེན་རྒྱ་མཚོ། བློ་གྲོས་རྣམ་རྒྱལ། ངག་དབང་ཕྲིན་ལས། ཀུན་བཟང་དབང་པོ། ཚེ་དབང་ནོར་བུ་ནས་གོང་བཞིན་འོད་གསལ་ འགྱུར་མེད་ཀྱི་བར་དཔལ་སྤུངས་བརྒྱུད་པ་ལྟར་ལས། ངག་དབང་ནོར་བཟང༌། གཙང་བ་ དགེ་སློང༌། ཆོས་ཀྱི་འཕགས་པ། ངག་དབང་ཆོས་འབྱོར། ངག་དབང་དོན་ལྡན། བསྟན་པ་ གསལ་བྱེད་ཀྱི་བར་ད་ཡན་དུའོ། ། ཡང་བཀའ་འབུམ་དེ་ཉིད་ལས། དཔལ་རྡོ་རྗེ་འཇིགས་མཛད་རོ་ལངས་བརྒྱད་བསྐོར་ གྱི་དབང་གི་བརྒྱུད་རིམ་ནི། གོང་མ་དག་རང་གི་བརྒྱུད་འདེབས་ལྟར་ལས། གཙང་བ་ངག་ དབང་རྣམ་རྒྱལ་ནས་འཛམ་ཐང་ཕྱོགས་ཀྱི་བརྒྱུད་རིམ་དང༌། སི་ཏུ་ནས་དཔལ་སྤུངས་ཕྱོགས་ ཀྱི་བརྒྱུད་རིམ་དང་གཉིས་ཡོད་པ་དུས་འཁོར་ལྟར་ཡིན་པ་ལས། གཙང་བ་དགེ་སློང་མན་ ཆད་ནས། ཆོས་ཀྱི་འཕགས་པ། ངག་དབང་ཆོས་འབྱོར། ངག་དབང་དོན་ལྡན། ངག་དབང་ རབ་གསལ་གྱི་བར་ཏེ། དེས་རང་ཅག་ལ་གནང༌། ཡང་ན་གཙང་བ་དགེ་སློང་ནས། ཆོས་ འཕགས། ཀུན་དགའ་དཔལ་ལྡན། ངག་དབང་ཆོས་འབྱོར། བསྟན་འཛིན་གྲགས་པ། དཀོན་ 3-1-397 མཆོག་དར་རྒྱས་ཀྱི་བར་ཏེ། དེས་ཀྱང་བདག་ལའོ། །འདི་ལ་གཞན་རྗེ་བཙུན་གྱི་རྗེས་སུ། ཡེ་ ཤེས་རྣམ་གྲོལ། ཀུན་དགའ་དཔལ་བཟང༌། ཡོན་ཏན་ལྷན་གྲུབ། ཀུན་དགའ་ལྷུན་གྲུབ། བླ་ མ་ངག་ཕྲིན། བསྟན་པ་ཆོས་འཕེལ། འབྲོག་དགེ་ཡོན་ཏན་རྒྱ་མཚོ། གྲོང་མང་རྣམ་སྣང་རྡོ་རྗེ་ སོགས་ནས་རྔ་ཡུལ་ཕྱོགས་སུ་བརྒྱུད་ཚུལ་ཀྱང་ཡོད། ཡང་དེ་ཉིད་ཀྱི་བཀའ་འབུམ་ལས་དཔལ་འཁོར་ལོ་སྡོམ་པ་ནག་པོའི་ཞབས་ལུགས་ཀྱི་ དབང་གི་བརྒྱུད་རིམ་ནི། སྤྱིར་ལུགས་སྣ་ཚོགས་མང་ན་འདིར་ས་ལུགས་རྭ་ལུགས་ཟུང་གིས་ གཙོ་བོར་བྱས་ན་བརྒྱུད་པ་གོང་མ་དག་ནག་ལུགས་དཀྱིལ་ཆོག་རང་གི་བརྒྱུད་ཡིག་ལྟར་ ལས་ཀུན་དགའ་གྲོལ་མཆོག་ཡན་ཆད་དེ་བཞིན་དང་དེ་མན་ཆད། ཆོས་སྐུ་ལྷ་དབང་གྲགས་ པ། རྗེ་སྒྲོལ་པའི་མགོན་པོ། རྗེ་བཙུན་ཕྲིན་ལས་དབང་མོ། མཁས་གྲུབ་བློ་གྲོས་རྣམ་རྒྱལ། རྭ་བ་ངག་དབང་འཕྲིན་ལས། ཀུན་བཟང་དབང་པོ། ཚེ་དབང་ནོར་བུ། སི་ཏུ། ཟུར་མང་པ། ཀརྨ་རཏྣ། འོད་གསལ་འགྱུར་མེད། ངག་དབང་ནོར་བཟང༌། གཙང་བ་དགེ་སློང༌། ཆོས་ཀྱི་ འཕགས་པ། ཀུན་དགའ་དཔལ་ལྡན། ངག་དབང་ཆོས་འབྱོར། ཀུན་དགའ་མཁས་དབང༌། བསྟན་འཛིན་གྲགས་པ། དཀོན་མཆོག་དར་རྒྱས་ཀྱི་བར་ཏེ། དེས་བདག་ཅག་འདུས་པ་ མང་པོ་ལ་བཀའ་དྲིན་མཛད། ཡང་བཀའ་འབུམ་དེ་ཉིད་ལས་བདེ་མཆོག་ལཱུ་དྲིལ་ལུགས་གཉིས་ཀྱི་དབང་བཀའི་ བརྒྱུད་རིམ་ནི། རང་རང་གི་བརྒྱུད་ཡིག་ལྟར་ལས་རིག་འཛིན་ཚེ་དབང་ནོར་བུ་ཡན་ཆད་སྤྱི་ ལྟར་དང་དེ་ནས་སི་ཏུ་ལོ་ཆེན་ནས་བཟུང༌། འོད་གསལ་འགྱུར་མེད་ཀྱི་བར་དཔལ་སྤུངས་ ལྟར་ལ། དེ་ནས་གཙང་བ་དགེ་སློང༌། ཆོས་འཕགས། དཔལ་ལྡན། ཆོས་འབྱོར། མཁས་ དབང༌། བསྟན་གྲགས། དཀོན་མཆོག་དར་རྒྱས་ཀྱི་བར་ཏེ། དེས་བདག་ལའོ། ། ཡང་བཀའ་འབུམ་དེ་ཉིད་ལས་དཔལ་བདེ་མཆོག་མཁའ་འགྲོ་རྒྱ་མཚོའི་ཟབ་དབང་གི་ 3-1-398 བརྒྱུད་རིམ་ནི། སྤྱིར་བརྒྱུད་པ་གོང་མ་དག་རང་གི་དབང་ཆོག་ལྟར་ལས། སི་ཏུ་ནས་ཀརྨ་ འོད་གསལ་བར་དཔལ་སྤུངས་ལྟར་དང༌། གཙང་བ་དགེ་སློང་ནས་ངག་དབང་དཀོན་མཆོག་ མཚན་ཅན་གྱི་བར་ཏེ། དེས་བདག་ལ་གནང༌། འདི་ལ་གཞན་འོད་གསལ་ནས། བདེ་མཆོག་ རྡོ་རྗེ་དང༌། ཨ་མཆོག་སྤྲུལ་སྐུ་སོགས་ལ་བརྒྱུད་ཚུལ་དང༌། གཙང་བ་དགེ་སློང་དང༌། འབྲོག་ དགེ་ཡོན་ཏན་རྒྱ་མཚོ་སོགས་ལ་བརྒྱུད་ཚུལ་དང་གཉིས་ཡོད། ཡང་བཀའ་འབུམ་དེ་ཉིད་ལས། མ་ཧཱ་མ་ཡཱ། སངས་རྒྱས་ཐོད་པ། རྡོ་རྗེ་གདན་བཞི། སངས་རྒྱས་མཉམ་སྦྱོར། དགྱེས་རྡོར་མན་ངག་ལུགས་རྣམས་དང༌། ནཱ་རོ་མཁའ་སྤྱོད། ཕག་ མོ་དབུ་བཅད་མ། རྗེ་བཙུན་མ་རྔོན་པའི་གདམས་ངག་ལས་བྱུང་བ། ཕག་མོའི་སྒྲུབ་ཐབས་ ཆུང་བ་གུ་རུ་ལྷོ ་ཕྱོགས་པའི་ལུགས་རྣམས་དང༌། གསང་འདུས་མི་བསྐྱོད་རྡོ་རྗེ། གཤེད་དམར་ ལྷ་ལྔ། གཤེད་ནག་བཅུ་གསུམ་མ་རྣམས་ཀྱི་དབང་བཀའ་དག་གི་བརྒྱུད་རིམ་ནི། གོང་མའི་ བརྒྱུད་པ་རྣམས་རང་རང་གི་དཀྱིལ་ཆོག་གི་བརྒྱུད་རིམ་ཇི་ལྟ་བ་བཞིན་ལས། སི་ཏུ་མན་ཆད་ དཔལ་སྤུངས་ལྟར་དང༌། དེ་མན་གཙང་བ་དགེ་སློང་ནས། ངག་དབང་དཀོན་མཆོག་ཡན་ཆད་ ཀྱི་བར་ལ་ལེགས་པར་བཞུགས་སོ། ། ཡང་བཀའ་འབུམ་དེ་ཉིད་ལས་གཤིན་རྗེའི་གཤེད་དང༌། བདེ་མཆོག་རབ་འབྱམས་ཞེས་ གྲགས་པ་གང་དག་གི་དབང་བཀའི་བརྒྱུད་རིམ་ནི། བརྒྱུད་ཁོག་རང་རང་གི་ལུགས་ལྟར་ ལས། དཔལ་སྤུངས་བརྒྱུད་པ་གོང་ལྟར་དང༌། གཙང་བ་དགེ་སློང་ནས་ངག་དབང་དཀོན་ མཆོག་གི་བར་ཡང་གོང་བཞིན་དེ། དེས་བདག་ལ་ལེགས་པར་བསྩལ། འདི་ལའང་གཞན་ འོད་གསལ་ནས། ཨརྒེ་སྤྲུལ་སྐུ་མི་ཕམ་ཕྲིན་ལས་རབ་བརྟན། གསར་ཕྱོགས་བློ་བཟང་རྒྱ་ མཚོ། དཀོན་མཆོག་བསྟན་པའི་རྒྱལ་མཚན། འབྲོག་དགེ་ཡོན་ཏན་རྒྱ་མཚོ་སོགས་ནས་རྔ་ ཡུལ་དུ་བརྒྱུད་ཚུལ་ཡང་ཡོད། 3-1-399 ཡང་བཀའ་འབུམ་དེ་ཉིད་ལས། དཔལ་རྡོ་རྗེ་གཏུམ་པོ་ལྷ་དགུ་བླ་མེད་ལུགས་དང༌། འཇམ་དཔལ་གསང་ལྡན། ཐམས་ཅད་རིག་པ་རྣམས་ཀྱི་དབང་བརྒྱུད་ནི། སྤྱིར་ན་གོང་རིམ་ དག་སོ་སོའི་བརྒྱུད་ཡིག་ལྟར་ལས། དཔལ་སྤུངས་མན་ཆད་རིམ་པར་གཙང་བ་དགེ་སློང་ ནས་བཟུང་ད་ལྟའི་གཙང་བའི་རྡོར་སློབ་ངག་དབང་དཀོན་མཆོག་གི་བར་བཞུགས་པ་ལས། ཉིད་ཀྱི་མདུན་ནས་རང་ལ་ཐམས་ཅད་རིག་པའི་དབང་བཀའ་ཙམ་ཐོབ། ཡང་བཀའ་འབུམ་དེ་ཉིད་ཀྱི་ཁྲོད་དུ་བཞུགས་པ་རྗེ་བཙུན་ཐམས་ཅད་མཁྱེན་པ་གང་ ཉིད་ཀྱིས་གངས་རིའི་ལྗོངས་སུ་རྗེས་སོར་འཕྱི་ཙམ་ལ་གསར་འགྱུར་གྱི་ཚུལ་དུ་ལེགས་ བསྒྱུར་མཛད་པའི་སྒྲོལ་མ་རྣལ་འབྱོར་མ་ཞེས་བྱ་བའི་རྒྱུད་ལ་བརྟེན་པའི་སྒྲུབ་དཀྱིལ་གྱི་ སྒོ ་ནས་ཟབ་མོའི་དབང་གི་བརྒྱུད་པའི་རིམ་པ་ནི་རྗེ་ཏཱ་ར་ནཱ་ཐ་ཁོང་དང༌། རྗེ་བཙུན་མ་ འཕྲིན་ལས་དབང་མོ། དགེ་སློང་སྙི ང་པོ་མཐའ་ཡས། ཀུན་བཟང་དབང་པོ། ཚེ་དབང་ནོར་ བུ། འཕྲིན་ལས་ཤིང་རྟ། ཆོས་ཀྱི་འབྱུང་གནས། ཚེ་དབང་ཀུན་ཁྱབ། བསྟན་འཛིན་རབ་ རྒྱས། ཀརྨ་འོད་གསལ་འགྱུར་མེད། གཙང་བ་དགེ་སློང༌། ངག་དབང་ཆོས་འཕགས། ངག་ དབང་ཆོས་འབྱོར། ཀུན་དགའ་མཁས་དབང༌། ངག་དབང་བསྟན་པ་གསལ་བྱེད་ཀྱི་བར་དུ་ ལེགས་པར་བཞུགས་ལ། དེ་དག་ནི་འཛམ་ཐང་དང་རྔ་ཡུལ་དུ་རང་རེའི་དབང་ལུང་གདམས་ པ་ཇི་ལྟར་དར་བའི་གཙང་བ་སྒར་ཕྱོགས་ཀྱི་བརྒྱུད་རིམ་གཙོ་ཆེ་བ་གང་དག་སྟེ་གཞན་ཡང་ འཛམ་ཐང་སྒར་གོང་མ་རྣམ་གཉིས་ཕྱོགས་ཀྱི་སྤྲུལ་དབོན་བླ་མ་མང་དག་ལས་ཀྱང་འཛམ་ ཐང་འདིར་བརྒྱུད་རིམ་འདེད་ཚུལ་ཁ་སྐོང་གི་རིམ་པ་འདྲ་མིན་སྣ་ཚོགས་རེ་ཡོད་ཀྱང༌། དེ་ དག་གི་ཕུག་གཙོ་ཆེ་བ་གོང་སྨོས་རྣམས་ལ་ཐུག་ཕྱིར་བརྒྱུད་ཚུལ་འདིར་སྨོས་གང་དག་ཙམ་ གྱིས་ཆོག་པར་མཐོང་ཞིང༌། ཡི་གེ་མང་བ་ལའང་འཇིགས་ནས་རེ་ཞིག་དེ་ཙམ་དུ་བཞག་པ་ ཡིན་ལ། དེ་ལྟ་བུའི་རྗེ་བཙུན་ཐམས་ཅད་མཁྱེ ན་པའི་བཀའ་འབུམ་ལས་བྱུང་བའི་རྒྱུད་སྡེའི་ 3-1-400 དབང་བཀའ་དེ་དག་ལས། སྒྲུབ་དཀྱིལ་ཡོད་པ་གང་དག་ལ་དབང་བསྐུར་ཚུལ་གྱི་ལག་ ལེན་ཆེས་གསལ་ཞིང༌། སྒྲུབ་ཐབས་ཙམ་ལས་མེད་པ་རྣམས་ལ་དབང་ཆོག་གི་རིམ་པ་ལག་ ལེན་གང་ལྟར་དགོས་ཚུལ་དང་ཆོ་ག་གཞན་གང་གིས་འགེབས་ན་སྟབས་བདེ་ཁོག་མཐུན་ འོང༌། ཡིན་ལུགས་དེ་འདྲའི་ཐད་ནས་འཛམ་ཐང་གཙང་བའི་རྡོ་རྗེ་སློབ་དཔོན་ངག་དབང་ ཆོས་འབྱོར་ཞབས་པས་འཛམ་ཐང་ནས་སྡེ་དགེ་དཔལ་སྤུངས་སུ་ལེགས་བཞུགས་ཀྱི་འཇམ་ མགོན་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའམ། མཚན་གཞན་བློ་གྲོས་མཐའ་ཡས་སམ། པདྨ་གར་ གྱི་དབང་ཕྱུག་རྩལ་དུ་འབོད་པ་གང་གི་སྐུ་མདུན་དུ། དེ་ལུགས་རྒྱུད་སྡེའི་དབང་བསྐུར་ཚུལ་ ལ་དྲི་བ་དོགས་གཅོད་ཀྱིས་ཞུ་ཡིག་ལེགས་ཕུལ་མཛད་པའི་ལན། རྗེ་ཀོང་སྤྲུལ་རིན་པོ་ཆེ་ ནས་གསུངས་པ་འདི་ལྟ་སྟེ། གཤིན་རྗེ་རབ་འབྱམས་ལ་དཀྱིལ་ཆོག་སོ་སོར་འབྱུང་བ་ལགས་ ཀྱང་རྗེ་བཙུན་བཀའ་འབུམ་དུ་སྒྲུབ་ཐབས་ཙམ་ལས་མི་བཞུགས་པས་དབང་རྒྱུན་ལྷ་ལྔས་ འགེབས་གསུངས། ཡང་དེ་མཚུངས་བདེ་རབ་དབང་རྒྱས་ན་བདེ་མཆོག་སྟོད་འགྲེལ། བསྡུ་ ན་བདེ་མཆོག་བདག་དབང་གིས་འགེབས་གསུངས་པ་བློ་དམན་ལ་རྒྱུན་མི་ཆད་པ་ཙམ་གྱི་ སྟབས་བདེ་བར་དགོངས་པ་ལས། ཚུལ་བཞིན་བྱེད་དུས་དེ་རིགས་ཀྱིས་མི་འཐུས་པའི་རྒྱུ་ མཚན་མང༌། དེས་ན་འཇིགས་མཛད་བཅུ་གསུམ་མ་རོ་ལངས་བརྒྱད་བསྐོར་གྱི་དཀྱིལ་ཆོག་ ཁ་སྤོ། འདི་ལ་རིག་འཛིན་ཚེ་དབང་ནོར་བུས་མཛད་པའི་དཀྱིལ་ཆོག་ཀྱང་ཡོད། སྐྱོ་ལུགས་ ཞེ་དགུ་མ་ལ་དགྲ་ནག་ཞང་ལུགས་སྦྱར། ཁྲོ་མོ་བརྒྱད་བསྐོར་ལ་རོ་ལངས་བརྒྱད་བསྐོར་ དང༌། ཨ་མོ་གྷའི་རྒྱ་གཞུང་གུང་བསྒྲིག་འཇིགས་བྱེད་མལ་ལུགས་ལ་ཞྭ་དམར་སྤྱན་སྔ་ཆོས་ གྲགས་ཀྱི་སྒྲུབ་དཀྱིལ་ཡོད་ཀྱང་མལ་ལུགས་བདེ་མཆོག་གི་དབང་ཆོག་སྦྱར། གཤེད་དམར་ བཅུ་གསུམ་ལ་དགྲ་ནག་ཞང་ལུགས་ཀྱིས་འགེབས། གཤིན་རྗེ་གདོང་དྲུག་འཇིགས་བྱེད་ ལྷ་དགུའི་དབང་ཆོག་ལ་འདོར་ལེན་ཅུང་ཟད་དགོས། བདེ་མཆོག་རབ་འབྱམས་ལས་དྲིལ་ 3-1-401 ཆུང་ལྷ་ལྔ་ལ་དྲིལ་བུའི་ཕྱི་དཀྱིལ་དང༌། ལུས་དཀྱིལ་དབང་ཆོག་ལ་ལཱུ་ཡི་དཀྱིལ་ཆོག་གིས་ འགེབས། ཨ་བྷ་ཡའི་འཁྲུལ་སྤོང་གི་ལཱུ་ཡི་ལུགས་ནི་བྷུ་ཏིའི་རྒྱ་གཞུང་དང་སྦྱར། མཻ་དྲི་བཅུ་ གསུམ་མ་ལ་ནག་པོའི་ལུགས་ཀྱི་དཀྱིལ་ཆོག་སྦྱར། ཕག་མོ་སོ་བདུན་མ་ལ་ནག་པོའི་ལུགས་ སྦྱར། དེ་རྣམས་རྩ་རྒྱུད་ལུགས་ཡིན། བཤད་རྒྱུད་ལས་བྱུང་བའི་ཟུར་བཀའ། སྡོམ་འབྱུང་ བཅུ་གསུམ་མ་ལ་ལཱུ་ནག་གཉིས་ལྟོ ་སྦྱར་བའི་འདོར་ལེན་དགོས། ལྭ་བ་བཅུ་གསུམ་མ་ལཱུ་ ཡི་ལུགས་ལ་བཤད་རྒྱུད་ཀྱི་དགོངས་པའི་འདོར་ལེན་དགོས། འཁོར་ལོས་སྒྱུར་དྲུག་ཀྱང་དེ་ དང་མཚུངས། ཁོ་བོས་བྱས་པའི་དཀྱིལ་ཆོག་ཟུར་དུའང་ཡོད། འཇམ་པའི་རྡོ་རྗེ་ལྷ་ཉེར་ལྔ་པ་ རྗེ་བཙུན་གྱིས་མཛད་པའི་སྒྲུབ་དཀྱིལ་ཟུར་དུ་ཡོད་ཀྱང་དཔེ་གཏན་ནས་མ་རྙེད། སྤྱིར་གསར་ འགྱུར་ཡིན་པས་ཞི་སྦས་ལུགས་རྣམས་རྐང་མཚུངས་ཀྱང་རྒྱུན་ཙམ་ནི་ལཱུ་ཡི་ལུགས་ལ་བཤད་ རྒྱུད་ཀྱི་དགོངས་པའི་འདོར་ལེན་བྱེད་དྲག་པོ་ཆེན་པོ་ནག་པོའི་ལུགས་དང་མཚུངས། བོང་ ཞལ་ཅན་ནག་པོའི་དཀྱིལ་ཆོག་ལ་ཨ་བྷི ་ངྷ་ནའི་ལུགས་ཀྱིས་ཁ་བསྒྱུར། ཕག་མོ་བཅུ་བདུན་ མ་ལྭ་བ་བཅུ་གསུམ་མ་དང་འདྲ། རྡོ་རྗེ་མཁའ་འགྲོ་ནག་པོའི་ལུགས་སྦྱར། མཁའ་འགྲོ་རྒྱ་ མཚོ་སྒྲུབ་དཀྱིལ་ཟུར་གསལ་ལྟར་བྱ། ཕག་མོ་སོ་བདུན་མ་ལ་མཁའ་འགྲོ་རྒྱ་མཚོའི་དཀྱིལ་ ཆོག་སྦྱར། བདེ་མཆོག་ཁྲོ་བོ་རྡོར་སེམས་ལ་ནག་པོའི་ལུགས་སྦྱར། ཕག་མོ་འབྱུང་བ་ལྷ་ཉེར་ གཅིག་པའང་དེ་དང་མཚུངས། ཞི་བ་རྡོར་སེམས་སོ་བདུན་མ་ཕྲེང་བའི་ལུགས་ཀྱིས་འགེབས་ དགོས་སོ། །ཞེས་པའི་གསུང་གནང་ཉེ་བར་བསྩལ་པ་ལྟར་རྗེས་སོར་འཛམ་ཐང་གཙང་བའི་ གཟིམས་ཁང་གི་རྡོར་སློབ་ཆོས་འབྱོར་ཞབས་པས་ཀྱང་ཕྱག་བཞེས་དེ་བཞིན་མཛད་ནས་ རྒྱུད་སྡེ་མང་པོའི་དབང་བསྐུར་རྒྱས་པ་བྱས་ཤིང་རྗེ་ཀོང་སྤྲུལ་ནི་རྗེ་བཙུན་རིན་པོ་ཆེའི་སྤྲུལ་ པར་གྲགས་ལ་ཁོང་གིས་ཀྱང་དེ་ལུགས་ལྟར་གྱི་རང་རེའི་ཆོས་རྒྱུན་ལ་ཕན་ཐོགས་ཆེ་རབ་ བྱུང་བའི་མཛད་པ་གནང་བ་སྟེ། ཀོང་སྤྲུལ་ཉིད་ཀྱིས་སྔ་སོར་རྗེ་བཙུན་གྱི་བཀའ་འབུམ་ལས་ 3-1-402 བྱུང་བའི་རྒྱུད་སྡེ་རབ་འབྱམས་རྣམ་གཉིས་ཀྱི་དབང་བཀའ་མཐའ་དག་ཀརྨ་འོད་གསལ་ འགྱུར་མེད་གང་དྲུང་ནས། རྒྱུན་མི་ཆད་པ་སྟབས་བདེ་བའི་ཚུལ་དུ་སྔ་མོར་ལན་གཅིག་ཞུས་ པ་དང༌། སླར་ཡང་ཕྱིས་སུ་དམ་པ་གོང་མའི་ཕྱག་སྲོལ་མ་ཉམས་པ་ཇི་བཞིན་གྱི་སྒོ ་ནས་ཞིབ་ རྒྱས་སུ་ལེགས་ཞུས་མཛད་དེ་སྔ་ཕྱིར་ལན་གཉིས་སུ་བརྩོན་པ་ལྷུར་བླང་གིས་དབང་བསྐུར་ ལེགས་ནོད་མཛད་བཞིན་ཁོང་གིས་འཛིན་སྐྱོང་སྤེལ་གསུམ་རླབས་ཆེ་བའང་བྱས་རྗེས་མི་ དམན་པའི་བཀའ་དྲིན་ཤིན་ཏུ་ཆེ་བའི་ངང་རང་རེའི་ཆོས་བརྒྱུད་དུ་ལེགས་བཞུགས་ཀྱི་མཛད་ སྒོ ་དངོས་གསལ་བསྙོ ན་མེད་ལེགས་གནང་མཛད་པ་དེ་ཀ་ལྟར་རོ། །དེ་ཡན་ཆད་ཀྱིས་རང་ རེའི་ཆོས་བརྒྱུད་ཀྱི་རིམ་པའི་ཚུལ་ཅུང་ཙམ་སོང་ཟིན། ད་ནི་རང་ཅག་གི་མེ་ཏོག་ལྷ་བབས་ཀྱི་སྐལ་བ་དུས་སུ་ཐོབ་པའི་ཟབ་མོ་ཆོས་ཀྱི་བརྒྱུད་ རིམ་དཔལ་ལྡན་བླ་མ་རྡོ་རྗེ་འཛིན་པ་གོང་སྨོས་གང་དག་གི་གསང་བ་གསུམ་ཀྱི་རྣམ་པར་ ཐར་པ་གལ་ཆེན་རེའི་གནད་དོན་ས་བོན་ཙམ་རེ་ཕྱོགས་ཚན་ཉེར་བསྒྲིག་ཀྱི་མཇུག་ཆ་ལག་ བཅས་ལེགས་པར་རྫོགས་ཟིན་ནས་མཐར་དགའ་སྟོན་གྱི་ཚུལ་དུ་བརྗོད་འོས་དུས་སུ་བབ་པ་ ནི་འདི་ལྟ་སྟེ། བླ་མའི་རྣམ་ཐར་བརྗོད་པའི་ཕན་ཡོན། བླ་མ་ཇི་ལྟར་བསྟེན་པའི་ཚུལ། བླ་མ་ ལེགས་བསྟེན་གྱི་དགོས་པ། འཕགས་པ་མཆོག་གི་མཛད་ཚུལ། སོ་སོའི་སྐྱེ་བོའི་གནས་ཚུལ་ དང་ལྔ་ལས། གོང་དུ་ཞིབ་པར་བཤད་པའི་རང་རེའི་ངེས་དོན་སྒྲུབ་བརྒྱུད་གཙོ་བོར་གྱུར་པའི་ལུང་ དང་རྟོགས་པའི་རྫོགས་ལྡན་ཆོས་མཆོག་བླ་ན་མེད་པ་ཇི་ལྟར་ལེགས་བྱུང་གི་བརྒྱུད་ཁུངས་ རྡོ་རྗེ་འཆང་ཆེན་པོ་ནས་བཟུང་ད་ལྟའི་རང་ཅག་གི་རྩ་བའི་བླ་མ་གང་དག་གི་བར་གྱི་བརྒྱུད་ ལྡན་དཔལ་ལྡན་བླ་མ་འགྲོ་བ་འདྲེན་པའི་མཆོག་ཏུ་མཛད་ཚུལ་སྣ་ཚོགས་པའི་སྒོ་ནས་རིམ་ པར་བྱོན་པ་དེ་ཐམས་ཅད་ཀྱང་དོན་དམ་པར་གནས་ལུགས་ཆོས་སྐུའི་ཡིན་ལུགས་ལ་ལྟོས་ 3-1-403 ན་དམ་པ་དང་པོའི་སངས་རྒྱས་གཞི་འབྲས་དབྱེར་མེད་ཀྱི་ཟུང་འཇུག་མཐར་ཐུག་པར་རོ་ མཉམ་དགོངས་ཀློང་གཅིག་པ་ཉིད་དུ་ཡེ་ནས་ངེས་པ་ཡིན་ཏེ། སྤྱིར་ན་ཀུན་རྫོབ་ཐ་སྙད་སྣང་ ཞིང་སྲིད་པས་ཉེར་བསྡུས་ཀྱི་ཆོས་ཡོད་དོ་ཅོག་གང་དག་ནི་རྟེན་ཅིང་འབྲེལ་འབྱུང་གི་རྣམ་ པར་རོལ་པ་དཔེ་རྨི་ལམ་གྱི་ཡུལ་སྣང་དང་སྒྱུ་མའི་འཕྲུལ་ཇི་བཞིན་རྣམ་པར་རྟོག་པ་འཕྲུལ་ སྣང་ངམ་རྣམ་ཤེས་བསླུ་བའི་ངོ་ཙམ་དུ་འགྲོ་བ་མ་རིག་པའི་དབང་དུ་སོང་བའི་སྣང་ཤེས་ཅན་ གང་དག་ལ་མཚན་མར་འཛིན་པའི་ཞེན་འཛིན་ཐོག་མེད་ནས་གོམས་ཆ་རབ་ཏུ་བརྟན་པས་ འགྲོ་བ་དེ་ཀུན་ལ་རང་རང་གི་ལས་སྣང་དུ་གོ་ཆོད་ཆོད་ཀྱི་རྟག་ཐུབ་བརྟན་ཚུགས་པའི་རྣམ་ པར་སྣང་བ་ལ་ཨ་འཐས་པས་རྒྱུན་དུ་འཁྲུལ་བའི་ཡོ་ལང་གི་ངང་དུ་གནས་ཤིང་དེར་བརྟེན་ ལས་ཉོན་སྣ་ཚོགས་པས་གོ་སྐབས་བྲལ་བར་སྡུག་བསྔལ་ཕྱི་མ་རྣམས་སུ་དབང་མེད་དུ་སྦྱོར་ བས་འཁོར་བའི་སྡུག་བསྔལ་ལ་ཨ་ཐང་ཆད་པའི་བློ་སུན་ཞིང་ཀུན་ནས་ཡིད་མི་འོང་དུ་མི་ རྟག་ཅིང་བསླུ་བའི་ཆོས་སུ་གྱུར་པ་གང་དག་རྣམས་ནི་འཁྲུལ་སྣང་ཅན་གྱིས་རང་རང་ལ་ལོག་ རྟོག་གི་མཐའ་མ་བཀག་ཕྱིར་སྣ་ཚོགས་ཀྱི་འཛིན་སྒོ་ཆེས་འདྲ་མིན་མང་པོའི་བྱེད་པ་ལ་བརྟེན་ ནས་དེ་ལུགས་ལྟར་སེམས་ཅན་དེ་དག་གི་ཡུལ་སྣང་གི་མྱོང་སྒོ་ཡང་བདེ་སྡུག་བཏང་སྙོམས་ ཀྱི་རྣམ་པ་གང་ཡང་རུང་བ་སྣ་ཚོགས་འདྲ་མིན་གྱི་སྒོ་ཡང་ཆེས་མི་གཅིག་པ་མང་པོ་བྱུང་བས་ སེམས་ཅན་གང་དག་རང་རང་གི་སྣང་བར་རྒྱུད་ཐ་དད་པ་མཐའ་ཀླས་པའི་སྤྱོད་ཚུལ་རྣམ་ པ་སྣ་ཚོགས་པ་དེ་སྙེད་ཀྱི་སོ་སོ་བ་ཅི་དགར་དབང་བསྒྱུར་དཀའ་བའི་གནས་སུ་སྣང་བ་འདི་ དག་ནི་མི་བདེན་པ་བརྫུན་སྣང་དུ་ཐུན་མོང་དབུ་མའི་རིགས་ལམ་ལས་ཐག་ངེས་པར་ཆོད་པ་ གང་ཞིག དེ་ཐམས་ཅད་ཀྱི་གཤིས་ཀྱི་གནས་ལུགས་མཐར་ཐུག་གི་ཚུལ་དེ་ནི་གདོད་ནས་ ཀུན་ཁྱབ་རྟག་པ་དང་ཐེར་ཟུག་གི་རང་བཞིན་ནམ་ཡང་རིས་སུ་མ་ཆད་ཅིང་ཀུན་ནས་རྣམ་པ་ ཐམས་ཅད་པའི་བདག་ཉིད་རང་བྱུང་ཡེ་ཤེས་ཀྱི་དགོངས་ཀློང་ཉག་གཅིག་ཏུ་གྱུར་པ་དེ་ཀའི་ 3-1-404 དབྱིངས་ཉིད་ནི་འོད་གསལ་སྐུ་ཐུགས་ཟུང་འཇུག་དཀྱིལ་འཁོར་རྒྱ་མཚོའི་བདག་པོ་རིགས་ ཀྱི་མགོན་གསང་གསུམ་མཛད་པ་མཁའ་མཐར་སྤྲོ་བའི་ཡེ་གཞི་གསར་བྱུང་འཁོར་འདས་ མཐའ་དག་གི་དྭངས་མའི་དྭངས་མ་ཆེན་པོ་དུས་གསུམ་རྒྱལ་བ་མ་ལུས་པའི་རང་བཞིན་དོན་ དམ་པའི་ཆོས་ཀྱི་སྐུ་བརྟན་གཡོ་ཀུན་ལ་ཁྱབ་པ་དེ་ཉིད་དེ་སངས་རྒྱས་ཐམས་ཅད་ཀྱི་ཆོས་ སྐུ་ཡིན་པ་མ་ཟད་སེམས་ཅན་མ་ལུས་ཤིང་ལུས་པ་མེད་པ་གང་དག་གིའང་གཞིའི་དུས་ཀྱི་ གནས་ལུགས་དེ་བཞིན་ཉིད་དུ་གྱུར་པ་དག་མཉམ་ཁོ་ན་ཁྱད་མེད་དུ་ངེས་པར་བཞུགས་པ་ སེམས་ཅན་སངས་རྒྱས་ཀུན་གྱི་སྤྱི་ནོར་མཆོག་ཏུ་གཤིས་ཀྱི་གནས་ལུགས་འགྱུར་མེད་བདེན་ པ་ཉིད་དུ་ཐམས་ཅད་མཁྱེན་པའི་དགོངས་སྤྱོད་ཚད་མ་བླ་མེད་ཀྱི་གཟིགས་ཡུལ་དུ་ལེགས་ པར་གྲུབ་པའི་ཕྱིར། དེས་ན་གློ་བུར་རྫུན་པ་དང་གནས་ལུགས་བདེན་པ་དེ་འདྲ་ཡིན་ན་རྩ་ བརྒྱུད་བླ་མ་གང་དག་གི་དགོངས་ཀློང་མཐར་ཐུག་དོན་དམ་གཞི་དབྱིངས་ཉིད་ཀུན་ནས་རོ་ མཉམ་གཅིག་ཉིད་དུ་ངེས་པར་ཡིན་ཤིན་ཏུ་རུང་སྟེ། འཁོར་འདས་བརྟན་གཡོ་གང་ཐད་ནས་ གནས་ལུགས་རང་བྱུང་ཡེ་ཤེས་ཀྱི་སྲོག་ཆེན་པོ་ཉག་མ་གཅིག་པུ་གདོད་ནས་སྐུ་གསུམ་རང་ ཆས་སུ་རྒྱལ་བ་མཆོག་གི་མཁྱེན་བཟང་གི་ཡུལ་དུ་རྣམ་པར་བདེན་པ་ནམ་ཡང་བསླུ་མེད་ཀྱི་ གཤིས་ལུགས་ཡིན་ན་རང་རེའི་ངེས་དོན་ཆོས་བརྒྱུད་འཛིན་སྐྱོང་སྤེལ་མཛད་ཀྱི་གདུལ་བྱ་ འདྲེན་པའི་མགོན་པོ་མཆོག་གང་དག་གི་ཐུགས་གཤིས་དོན་དམ་ངེས་པ་དོན་གྱི་ཡེ་གཞི་ཆོས་ སྐུ་ནི་རིས་སུ་ཆད་མིན་རྣམ་ཀུན་མཆོག་དང་ལྡན་པའི་དང་པོའི་སངས་རྒྱས་ཀུན་ཁྱབ་རྟག་ པའི་དཔལ་དུ་ལུང་རིགས་གང་ཐད་ནས་ངེས་པར་འཐད་ཅིང་དོན་ལ་ཡོངས་སུ་གྲུབ་པའི་ གནས་ལུགས་ཟབ་གསང་གི་དེ་ཉིད་དུ་གོར་མ་ཆག་པའི་ཕྱིར་རོ། ། དེ་ལྟ་བུའི་རྩ་བརྒྱུད་བླ་མ་གང་དག་གི་དོན་དམ་ཆོས་སྐུ་ཉག་གཅིག་གི་གཤིས་ལུགས་ དངོས་དེ་ནི་དམ་པ་དང་པོའི་སངས་རྒྱས་ཞེས་བྱ་བ་ཉིད་དུ་ལེགས་པར་ངེས་པའང་ཡིན་ཏེ། 3-1-405 དེ་ནི་གདོད་མ་ཡེ་ནས་མཐར་ཐུག་གི་གནས་ལུགས་དེ་ཁོ་ན་ཉིད་དུ་ངེས་པར་བདེན་པའི་ དོན་གྱི་དམ་པ་དང་ཡེ་གདོད་མ་ནས་གཞི་འབྲས་དབྱེར་མེད་ཀྱི་ཆོས་སྐུ་དོན་དམ་སྐུ་གསུམ་ ལྷུན་གྲུབ་ཏུ་ཆོས་ཉིད་དེ་ཁོ་ན་མཆོག་གི་གནས་ལུགས་གསང་བ་གསུམ་གྱི་ཡོན་ཏན་གངྒཱའི་ ཀླུང་གི་བྱེ་སྙེད་ལས་ཀྱང་འདས་ཤིང་རྨད་དུ་བྱུང་བ་ངོ་མཚར་བའི་ཆོས་ཚུལ་མཐའ་ཡས་པའི་ མཛོད་ཉག་མ་གཅིག་གི་བདག་ཉིད་དུ་རྣམ་པར་ངེས་པས་ན་གནས་ལུགས་དོན་གྱི་དང་པོའི་ སངས་རྒྱས་ཉིད་དུའང་ལེགས་པར་གྲུབ་པ་ཉིད་ཀྱི་ཕྱིར། དུས་གསུམ་དུ་མངོན་པར་བྱོན་ པའི་དཔལ་ལྡན་བླ་མ་ཐམས་ཅད་ཀྱི་དོན་དམ་ཆོས་སྐུ་དང་པོའི་སངས་རྒྱས་དེ་འདྲ་བ་གང་ ཉིད་ནི་འབྲས་བུ་མངོན་གྱུར་གྱི་སྐབས་མ་ཟད་གཞིའི་དུས་སུ་དྲི་བཅས་སེམས་ཀྱི་གཤིས་ ལུགས་དེ་བཞིན་ཉིད་དུ་ངེས་པར་བཞུགས་པ་ཡིན་ཏེ། རྒྱལ་བ་བཅོམ་ལྡན་འདས་ཐམས་ ཅད་གཟིགས་པ་དཔལ་ཧེ་རུ་ཀ་ཉིད་ཀྱི་དཔལ་གྱི་མགུར་ནས་ཆེད་དུ་བྱ་བའི་སྐལ་བ་ཆེས་ རབ་ཀྱི་འཁོར་དཔའ་བོ་དང་རྣལ་འབྱོར་མ་འབྱམས་ཀླས་པའི་དབུས་སུ་གཞི་སེམས་ཅན་ གྱི་གནས་སྐབས་དྲི་བཅས་སེམས་གློ་བུར་བའི་རང་གཤིས་གནས་ལུགས་ཀྱི་ཚུལ་དུ་དོན་ དམ་སངས་རྒྱས་དངོས་བཞུགས་གཞི་དང་འབྲས་བུ་དབྱེར་མེད་ཀྱི་རྣམ་པ་ཇི་བཞིན་གབ་ སྦས་མེད་པར་རྡོ་རྗེའི་ཚིག་གིས་ཡང་ཡང་གསལ་བརྗོད་དུ་བཀའ་ངེས་པར་བསྩལ་བའང་ དཔལ་བརྟག་གཉིས་ཀྱི་རྒྱུད་ལས། འཇིག་རྟེན་ཁམས་ནི་གང་དུ་ཡང༌། །སངས་རྒྱས་གཞན་ དུ་རྙེད་མི་འགྱུར། །སེམས་ནི་རྫོགས་པའི་སངས་རྒྱས་ཉིད། །སངས་རྒྱས་གཞན་དུ་བསྟན་ པ་མེད། །ཅེས་དང༌། དེ་བཞིན་དུ་སམ་བྷུ་ཊིའི་རྒྱུད་ལས་ཀྱང༌། རང་གི་ལུས་ལ་སངས་རྒྱས་ བཞུགས། །གཞན་དུ་གང་ན་སངས་རྒྱས་མེད། །མི་ཤེས་མུན་པས་བསྒྲིབས་པ་རྣམས། །ལུས་ ལས་གཞན་དུ་སངས་རྒྱས་འདོད། །ཅེས་གསུངས་ཤིང༌། དེ་དག་དང་མཐུན་པར་རྒྱུད་ཀྱི་ རྒྱལ་པོ་ལས་ངེས་པར་གསུངས་པའང༌། སེམས་ཅན་རྣམས་ནི་སངས་རྒྱས་ཉིད་དེ་ཆེན་པོའི་ 3-1-406 སངས་རྒྱས་གཞན་ནི་འཇིག་རྟེན་དག་ན་ཡོད་མ་ཡིན། ཞེས་པ་ལ་སོགས་པ་དེ་འདྲ་ཆེས་མང་ པ་ཉིད་ཀྱི་ཕྱིར་དང༌། ཚུལ་དེ་དང་མཐུན་པར་དགོངས་པ་ལེགས་པར་གསལ་མཛད་ཀྱི་གྲུབ་ པའི་དབང་ཕྱུག་བཱིར་བ་པས་ཀྱང་བཅོམ་ལྡན་རྒྱལ་བ་མཆོག་དེ་ཉིད་ཀྱི་དགོངས་པ་ཇི་བཞིན་ ལེགས་པར་བཀྲལ་པ་མ་ཟད་གཞན་གྲུབ་དབང་དུ་མས་ཞལ་མཐུན་པར་ཡང་ཚུལ་དེ་ཀ་ཁོ་ ན་ལྟར་མཛད་པ་སྟེ། དེ་ཡང་ཐོག་མར་གྲུབ་ཆེན་བཱིར་བ་པས། རང་གི་ལུས་ལ་སངས་རྒྱས་ བཞུགས། །གཞན་དུ་གང་ན་སངས་རྒྱས་མེད། །སངས་རྒྱས་རྣམས་ཀྱི་ཡེ་ཤེས་སྐུ། །གཞན་ དུ་བཙལ་བས་རྙེད་མི་འགྱུར། །ཞེས་དང༌། ས་ར་ཧས་དེ་མཐུན་དུ། མཁས་པ་བསྟན་བཅོས་ འཆད་པ་ཐམས་ཅད་ཀྱིས། །ལུས་ལ་སངས་རྒྱས་ཡོད་པར་མ་རྟོགས་སོ། །དེ་ལྟར་རྟོགས་ན་ གང་དུའང་འགྲོ་བ་མེད། །མཁས་པ་ངོ་ཚ་མེད་པས་དེ་མ་རྟོགས། ཞེས་དང༌། དེ་བཞིན་དུ་ཕ་ དམ་པ་རྒྱ་གར་གྱིས། མྱ་ངན་འདས་ཆུང་ངུ་རྫོགས་པའི་སངས་རྒྱས་དང་གཏན་དུ་འགྲོགས་ ཀྱང་རྒྱུས་མེད་པ་མང་པོ་ཞིག་གདའ་འོ། །ཞེས་དང༌། མ་ཅིག་ལབ་སྒྲོན་མཆོག་གི་ཞལ་སྔ་ ནས་ཀྱང༌། ཡེ་ནས་སངས་རྒྱས་ཡིན་པར་མ་རྟོགས་པར། །སངས་རྒྱས་གསར་བུ་རེས་ཀྱང་ མི་འོང་ནས། །ཞེས་སོགས་ངེས་དོན་ཟབ་གསང་གི་གནད་ཇི་བཞིན་གསུང་པ་ལྟར་རང་རེའི་ བླ་མ་རྗེ་རྒྱལ་པ་གཉིས་པ་ཇོ་ནང་པ་ཆེན་པོ་གང་ཉིད་ཀྱིས་གངས་ལྗོངས་སུ་དེ་འདྲའི་སྲོལ་ ལེགས་ཕྱེ་མཛད་པའང༌། ཉིད་ཀྱི་ཞལ་སྔ་ནས། གཞི་ལ་བཞུགས་པ་ལམ་གྱི་ཐབས་མཆོག་ གིས། །སྤྲིན་དང་རྡུལ་སོགས་སངས་པའི་ནམ་མཁའ་བཞིན། །དྲི་མ་ཀུན་སྤངས་དྲི་མེད་ དེ་བཞིན་ཉིད། །མངོན་དུ་གྱུར་ཙམ་འབྲས་བུར་སྟོན་ལ་འདུད། །ཅེས་སོགས་ཀྱིས་མཚོན་ རྫོགས་ལྡན་ཆོས་མཆོག་གི་དགོངས་དོན་དཔྱིས་ཕྱིན་རྩལ་ཐོན་ཉེ་བར་མཛད་པའི་ཕྱིར་རོ། ། དེ་ལྟ་བུའི་ངེས་པ་དོན་གྱི་དཔལ་ལྡན་བླ་མ་གང་དག་གི་ཆོས་སྐུ་རང་བྱུང་གི་ཡེ་ཤེས་ མཆོག་འབད་མེད་ལྷུན་གྲུབ་ཀྱི་འགྲོ་དོན་ཆད་མེད་དུ་ངེས་པར་བྱུང་བ་དེ་དང་གང་འདུལ་གྱི་ 3-1-407 གདུལ་བྱའི་སྨོན་ལམ་ཡང་དག་པ་ལྷན་ཅིག་ཚོགས་པ་ལས་གཞན་སྣང་ངོར་གཟུགས་སྐུའི་ རྣམ་པར་འཕྲུལ་བ་རང་རང་དང་འཚམས་པར་དུས་སུ་བསླུ་མེད་དུ་ལེགས་བྱུང་མཛད་པ་སྟེ། འཕགས་པ་གསེར་འོད་དམ་པའི་སྡེ་སྣོ ད་ལས། བཀའ་བསྩལ་པ། ནམ་མཁའི་སྙི ང་པོ། དཔེར་ ན་ཉི་ཟླ་དང་ཆུ་དང་མེ་ལོང་ལ་རྟོག་པ་མེད་བཞིན་དུ་གཟུགས་བརྙན་འབྱུང་ངོ༌། །དེ་བཞིན་ དུ་དེ་བཞིན་ཉིད་ཀྱི་ཡེ་ཤེས་ལ་རྣམ་པར་རྟོགས་པ་མི་མངའ་ཡང༌། སྨོ ན་ལམ་གྱི་སྟོབས་ཀྱིས་ སེམས་ཅན་སྐལ་བ་དང་ལྡན་པ་རྣམས་ལ་གཟུགས་ཀྱི་སྐུ་གཉིས་ཀྱིས་འགྲོ་བའི་དོན་མཛད་ དོ། །ཞེས་གསུངས་པའི་ཕྱིར། གཞན་སྣང་ངོར་འགྲོ་དོན་མཛད་ཚུལ་ཡང་རྣམ་པ་སྣ་ཚོགས་ པའི་སྒོ་ནས་གང་འདུལ་གྱི་མཛད་ཆེན་སྣ་ཚོགས་པ་གདུལ་བྱ་སེམས་ཅན་གྱི་ཁམས་དབང་ བཞིན་གྱི་རྗེས་སུ་ངེས་པར་འགྲོ་བའང་ཡིན་ཏེ། ལག་ན་མེ་ཏོག་གི་མདོར། སེམས་ཅན་ལ་ ལར་དེ་བཞིན་གཤེགས་པའི་གཟུགས་སྟོན་ནོ། །སེམས་ཅན་ལ་ལར་ལྷ་ཡི་ལུས་མཐོང་བས་ འདུལ་ལོ། །སེམས་ཅན་ལ་ལར་སྐྱེས་པའི་གཟུགས་ཀྱིས་འདུལ་ལོ། །ལ་ལར་བུད་མེད་ ཀྱི་གཟུགས་སུ་མཐོང་བས་འདུལ་ལོ། །ལ་ལར་ལུས་ཆེན་པོས་འདུལ་ལོ། །ལ་ལར་ལུས་ ཆུང་ངུས་འདུལ་ལོ། །ཞེས་སོགས་གསུངས་པ་ལྟར་ཡིན་པའི་ཕྱིར། མཛད་ཚུལ་སྣ་ཚོགས་ པ་དེ་དག་ཀུན་ཀྱང་དཔེ་ཡིད་བཞིན་གྱི་ནོར་བུ་ལས་དགོས་འདོད་འབྱུང་བ་དང་གཞི་དྭངས་ པར་སྣང་བརྙན་སོགས་ཇི་བཞིན་དུ་འབད་མེད་ལྷུན་གྱིས་གྲུབ་པར་བྱུང་བ་ཡིན་པར་རྒྱལ་བ་ ཉིད་ཀྱི་དགོངས་པ་ཇི་བཞིན་རྒྱལ་ཚབ་མཆོག་གང་ཉིད་དང་འཕགས་པ་ཀླུ་སྒྲུབ་རྗེས་འབྲང་ བཅས་ཀྱིས་ཇི་སྐད་དགོངས་འགྲེལ་ཀྱང་ལེགས་པར་མཛད་པ་སྟེ། རྒྱུད་བླ་མ་ལས། ཇི་ལྟར་ བཻ་ཌཱུར་ས་གཞི་གཙང་མ་ལ། །ལྷ་དབང་ལུས་ཀྱི་གཟུགས་བརྙན་འཆར་བ་ལྟར། །དེ་བཞིན་ གདུལ་བྱ་འགྲོ་སེམས་དག་པ་ལ། །ཐུབ་པའི་དབང་པོའི་སྐུ་ནི་གཟུགས་བརྙན་འཆར། །ཞེས་ དང༌། ཆོས་དབྱིངས་བསྟོད་པ་ལས། དྲི་མ་མེད་པའི་ཆོས་སྐུ་ལ། །ཡེ་ཤེས་རྒྱ་མཚོ་གནས་གྱུར་ 3-1-408 ན། །སྣ་ཚོགས་ནོར་བུ་ཇི་བཞིན་དུ། །དེ་ལས་སེམས་ཅན་དོན་མཛད་འབྱུང༌། །ཞེས་དང༌། སྤྱོད་འཇུག་ལས་ཀྱང༌། ཡིད་བཞིན་ནོར་བུ་དཔག་བསམ་ཤིང༌། །ཇི་ལྟར་རེ་བ་ཡོངས་བསྐང་ བ། །དེ་བཞིན་གདུལ་བྱ་སྨོན་ལམ་གྱི། །དབང་གི་རྒྱལ་པོའི་སྐུར་སྣང་ངོ༌། །ཞེས་གསུངས་ པ་ལ་སོགས་པའི་ཕྱིར་རོ། །རྒྱུ་མཚན་དེ་དག་གི་ཕྱིར་ན་གནས་ལུགས་རང་བྱུང་དོན་གྱི་ཡེ་ ཤེས་ཡེ་ནས་གཞི་དང་འབྲས་བུ་དབྱེར་མེད་དུ་དངོས་སུ་བཞུགས་པ་དེ་ཆེས་གོང་མའི་གནས་ ངེས་པ་དོན་གྱི་བླ་མ་ཉིད་དུ་གཤིས་ལུགས་སུ་གྲུབ་ཅིང་གདོད་ནས་རང་བྱུང་གི་མྱང་འདས་ཞི་ བའི་དབྱིངས་རང་རིག་ཡེ་ཤེས་མཆོག་གི་སྤྱོད་ཡུལ་དུ་བཞུགས་པའི་ཆ་ནས་དོན་དམ་སྐྱབས་ གསུམ་གྱི་རྣམ་པར་བདེན་པ་ཡིན་ཏེ། ཚུལ་དེ་ལུགས་ལ་དགོངས་ནས་ངེས་དོན་བླ་མ་སྐྱབས་ གནས་རིན་ཆེན་གསུམ་དུ་ངེས་པའི་དོན་ཡེ་ཤེས་གྲུབ་པའི་རྒྱུད་ལས་ཇི་སྐད་གསུངས་པའང༌། བླ་མ་སངས་རྒྱས་ཆོས་འགྱུར་ཞིང༌། །དགེ་འདུན་ཡང་ནི་དེ་ཉིད་དེ། །དེ་འདྲ་ཉིད་ཀྱི་ཤེས་ གྱུར་པས། །དེ་བས་དཀོན་མཆོག་གསུམ་ཡིན་ནོ། །ཞེས་བྱུང་ཞིང་དེ་དང་ཞལ་མཐུན་དུ་ གཞན་ཡང༌། སྡོམ་པ་འབྱུང་བའི་རྒྱུད་ལས། བླ་མ་སངས་རྒྱས་བླ་མ་ཆོས། །བླ་མ་དེ་བཞིན་ དགེ་འདུན་ཏེ། །སངས་རྒྱས་ཀུན་དང་མཉམ་སྦྱོར་བའི། །མཁའ་འགྲོ་མ་ཡི་དྲྭ་བ་སྡོམ། །ཞེས་ དང༌། བདེ་མཆོག་རྩ་རྒྱུད་ལས། སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཛིན་པའི་ ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །ཞེས་པ་ལ་སོགས་པ་ཆེས་མང་པོ་གསུངས་ པའི་ཕྱིར་དང༌། ཡང་ངེས་པ་དོན་གྱི་གནས་ལུགས་ཀྱི་ངོ་བོར་གྱུར་པའི་བླ་མ་གང་དག་དོན་ དམ་སངས་རྒྱས་ཀུན་མཉམ་གྱི་རྡོ་རྗེ་འཆང་དང་གནས་ལུགས་འགྱུར་བ་མེད་པའི་རྡོ་རྗེ་ འཛིན་པ་ཆེན་པོ་ཉིད་དུའང་ཀུན་གཟིགས་རྒྱལ་བ་མཆོག་གིས་བཀའ་ལེགས་པར་བསྩལ་པ་ ཡིན་ཏེ། ཚུལ་དེ་ལུགས་ལ་དགོངས་ནས་སྒྱུ་འཕྲུལ་དྲ་བའི་རྒྱུད་ལས། སློབ་དཔོན་ཇི་ལྟར་ བལྟ་ཞེ་ན། །བླ་མ་སངས་རྒྱས་ཀུན་དང་མཉམ། །དེ་ཉིད་རྟག་ཏུ་རྡོ་རྗེ་འཆང༌། །ཞེས་དང༌། 3-1-409 བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས། བླ་མ་དང་ནི་རྡོ་རྗེ་འཆང༌། །ཐ་དད་པར་ནི་མི་བརྟག་གོ །ཞེས་ དང༌། རྒྱུད་རྒྱལ་ལས་ཀྱང༌། མི་ཡི་འཇིག་རྟེན་རྣམས་སུ་ཉོན་མོངས་རྣམ་བྲལ་བླ་མ་གང་དག་ རྡོ་རྗེ་འཛིན་བདག་ཉིད། སེམས་ཅན་རྣམས་ལ་དེ་ཡིས་བདེ་མཉམ་འབྲས་བུ་ཐར་པ་སྟེར་ བས་ཕྱག་བྱ་མཆོད་བྱ་སྲས་རྣམས་ཀྱིས། །ཞེས་པ་ལ་སོགས་པའང་གསུངས་པའི་ཕྱིར། རྗེ་བཙུན་དཔལ་ལྡན་བླ་མ་གང་དག་གི་གནས་ལུགས་དོན་དམ་པའི་ཆོས་སྐུ་གཅིག་པུ་ ཉིད་དེ་ཕུང་པོ་ལྔའི་ཆོས་ཉིད་རྒྱལ་བ་དེ་བཞིན་གཤེགས་པ་ལྔ་དང་ཁམས་ལྔའི་ཆོས་ཉིད་ དོན་དམ་དབྱིངས་ཀྱི་ཡུམ་ཆེན་ལྔ་དང་སྐྱེ་མཆེད་བཅུ་གཉིས་ཀྱི་ཆོས་ཉིད་སེམས་དཔའ་དང་ སེམས་མ་བཅུ་གཉིས། ཡན་ལག་དག་གི་ཆོས་ཉིད་ཁྲོ་རྒྱལ་རྣམ་བཞིའི་ངོ་བོར་ཡེ་ནས་གནས་ ལུགས་སུ་ངེས་པར་བདེན་པས་དེ་འདྲའི་ཆོས་ཉིད་རྣམ་པ་ཐམས་ཅད་པའི་བདག་ཉིད་ཡིན་ པའི་ཆ་ནས་གཞན་གདུལ་བྱའི་མོས་སྣང་གི་ཆོས་ཅན་ཀུན་རྫོབ་ཀྱི་བླ་མ་སློབ་དཔོན་གྱི་རྣམ་ པ་གང་དག་ཀྱང་རང་རང་གི་སློབ་ཚོགས་རྣམ་ཀྱིས་མོས་འདུན་དེ་ལུགས་ཀྱིས་བྱིན་རླབས་ ཀྱི་སྒོ་ཉེ་བར་འབེབས་པ་ལ་དགོངས་ནས་རྒྱལ་བ་མཆོག་གིས་དེ་ལུགས་བཞིན་གྱི་བཀའ་ བསྩལ་པའང་འདི་ལྟ་སྟེ། དཔལ་གསང་འདུས་ལས་ཀྱང༌། རྡོ་རྗེ་སློབ་དཔོན་ལུས་འདི་ལ། །རྒྱལ་བའི་སྐུ་ནི་རིམ་བཞིན་གནས། །དེ་ཡི་གཟུགས་ཀྱི་ཕུང་པོ་ནི། །སངས་རྒྱས་རྣམ་པར་ སྣང་མཛད་ཡིན། །ཚོར་བ་རྡོ་རྗེ་ཉི་མ་སྟེ། །འདུ་ཤེས་པདྨ་གར་དབང་ཕྱུག །འདུ་བྱེད་རྡོ་རྗེ་ རྒྱལ་པོ་སྟེ། །རྣམ་པར་ཤེས་པ་མི་བསྐྱོད་པ། །ས་ནི་སྤྱན་ཞེས་བྱ་བ་སྟེ། །ཆུ་ཡི་ཁམས་ནི་མཱ་ མ་ཀཱི ། །གོས་དཀར་སྒྲོལ་མ་ཞེས་བྱ་སྟེ། །མེ་དང་རླུང་དུ་རབ་ཏུ་གྲགས། །ནམ་མཁའ་རྡོ་རྗེ་ དབྱིངས་ཕྱུག་མ། །རྡོ་རྗེའི་སྐྱེ་མཆེད་འདི་དག་ཀྱང༌། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ མཆོག །ཡན་ལག་ཁྲོ་བོའི་རྒྱལ་པོ་རྣམས། །ཞེས་གསུངས་པའི་དགོངས་པ་དེ་བཞིན་གནས་ པའི་ཕྱིར། ཚུལ་དེ་ལུགས་ལྟར་གོང་སྨོ ས་དག་གི་དོན་ཡང་གཞིའི་གནས་ལུགས་ཆོས་ཉིད་ 3-1-410 དོན་དམ་སྐྱབས་གསུམ་དང་པོའི་སངས་རྒྱས་རྡོ་རྗེ་འཆང་སོགས་སྐུ་དང་ཡེ་ཤེས་རྒྱ་མཚོའི་ བདག་ཉིད་དུ་ཀུན་ནས་རྣམ་པ་ཐམས་ཅད་པར་བདེན་པའི་ཆ་ནས་ཆོས་ཅན་ཀུན་རྫོབ་ མཛད་ཚུལ་གྱི་རྣམ་པ་གང་དག་ཀྱང་ཚུལ་དེ་ལུགས་དང་མཐུན་པར་རྒྱལ་བ་ཉིད་ཀྱིས་གདུལ་ བྱའི་བསམ་ངོ་ལ་ལྟོས་ནས་དགོས་དབང་གིས་གསུངས་པ་ཆེས་མང་པོ་ཡོད་པ་རྣམས་ཀྱི་ གནད་གསང་ཕྱིན་ཅི་མ་ལོག་པར་རྟོགས་པ་གལ་ཆེའོ། ། དེ་ལྟ་བུའི་གཞིའི་གནས་ལུགས་རྒྱལ་ཀུན་གཞི་དབྱིངས་ཆོས་ཀྱི་སྐུ་ཉེ་བར་མངའ་ཞིང་ གནས་ལུགས་དེ་ཉིད་མངོན་དུ་གྱུར་པའི་ཡེ་ཤེས་དོན་གྱི་རྩལ་དབང་རང་གིས་ཇི་བཞིན་ ཐབས་སླ་བས་གཞན་ལ་གདམས་ཤིང་བསྐུར་བ་པོའི་གསང་ཆེན་སྔགས་ཀྱི་རྡོ་རྗེ་སློབ་དཔོན་ གང་ཉིད་ཀྱི་བཀའ་དྲིན་གྱི་ཆ་ལ་ཕྱོགས་བཅུར་བཞུགས་པའི་སངས་རྒྱས་གང་དག་གིས་ ཐུགས་ཀྱིས་ཡི་རང་བའི་སྒོ ་ནས་གུས་ཕྱག་འཚལ་བར་འགྱུར་བ་སྟེ། བླ་མ་ལྔ་བཅུ་པ་ལས། དབང་བསྐུར་མཆོག་ཐོབ་རྡོ་རྗེ་ཡི། །སློབ་དཔོན་ལ་ནི་དེ་བཞིན་གཤེགས། །ཕྱོགས་བཅུའི་ འཇིག་རྟེན་ཁམས་བཞུགས་རྣམས། །དུས་གསུམ་དུ་ནི་མངོན་ཕྱག་འཚལ། །ཞེས་གསུངས་ པ་ལྟར་རོ། ། དེ་དག་ནི་དོན་གྱི་གནས་ལུགས་ངེས་པ་དོན་གྱི་སློབ་དཔོན་ཆེན་པོ་ལ་ཡིད་ཆེས་བྱ་ བའི་ཚུལ་ཐུན་མོང་མ་ཡིན་པ་སྟེ། འདི་ལྟར་ཐུན་མོང་གི་ཚུལ་ལའང་གཞིའི་གནས་ལུགས་ ཀྱི་ཆ་ཅི་རིགས་མངོན་དུ་བྱས་པའི་སློབ་དཔོན་གང་དག་ནི་སོ་སྐྱེས་ས་ལས་རྣམ་པར་འདས་ ཤིང་ཕྱོགས་བཅུའི་སངས་རྒྱས་གང་དག་གིས་ཐུགས་སྨོན་དགྱེས་པ་བསྩལ་པའི་གནས་སུ་ འདུག་ཅིང་དེ་མ་ཟད་གནས་ལུགས་དེ་ཉིད་ལ་བློ་ཁ་ཕྱོགས་པ་ཡན་ཆད་སོ་སྐྱེས་རང་ག་བར་ གཏོགས་པ་ཚུན་ལ་རང་གིས་དམ་ཆོས་ཞུས་ཕན་ཆད་སློབ་དཔོན་དེ་ལ་དག་སྣང་མོས་གུས་ ཀྱི་དད་པ་མེད་མི་རུང་ཞིང་སྤྱིར་ན་ཆོས་སྤྱིའི་རྩ་བ་དད་པ་ལ་ཐུག་པས་དད་ཡུལ་བཟང་ངན་ 3-1-411 ཇི་ལྟར་ཡིན་ཡང་དད་པ་བྱེད་མཁན་རང་གིས་དག་སྣང་དད་པ་ཆེས་བརྟན་པོ་མི་འགྱུར་བར་ བྱེད་ནུས་ཕྱིན་ཆད་བྱིན་རླབས་ཀྱི་སྒོ ་གང་ཐད་ནས་འཕེལ་བསྐྱེད་ངེས་པར་ཆེ་ཞིང༌། སྤྱིར་ དད་པ་ནི་ཆོས་ཀུན་གྱི་སྔོན་འགྲོ་མེད་མི་རུང་བ་ཡོན་ཏན་ཐམས་ཅད་འཕེལ་བྱེད་སྐྱོན་མང་པོ་ ལས་སྒྲོལ་བྱེད་དོན་ཆེན་པོའི་ནོར་གཏེར་རྐང་ལག་ལྟ་བུ་ཡིན་ཚུལ་རྒྱལ་བའི་བཀའ་དཀོན་ མཆོག་ཏ་ལ་ལའི་གཟུངས་ལས་འདི་ལྟར་གསུངས་པ་སྟེ། དད་པ་སྔོ ན་འགྲོ་མ་ལྟར་བསྐྱེད་ པ་སྟེ། །ཡོན་ཏན་ཐམས་ཅད་བསྲུང་ཞིང་འཕེལ་བར་བྱེད། །དོགས་པ་སེལ་ཞིང་ཆུ་བོ་རྣམས་ ལས་སྒྲོལ། །དད་པ་བདེ་ལེགས་གྲོང་ཁྱེ ར་མཚོན་བྱེད་ཡིན། །དད་པ་རྙོག་པ་མེད་ཅིང་སེམས་ དང་བྱེད། །ང་རྒྱལ་སྤོང་ཞིང་གུས་པའི་རྩ་བ་ཡིན། །དད་པ་ནོར་དང་གཏེར་དང་རྐང་པའི་ མཆོག །ལག་པ་བཞིན་དུ་དགེ་སྡུད་རྩ་བ་ཡིན། །དད་པས་ཡོངས་སུ་གཏོང་ལ་དགའ་བར་ བྱེད། །དད་པས་རྒྱལ་བའི་ཆོས་ལ་རབ་དགའ་བསྐྱེད། །དད་པས་ཡོན་ཏན་ཡེ་ཤེས་ཁྱད་པར་ འཕགས། །སངས་རྒྱས་གོ་འཕང་ཐོབ་ཅིང་འཐོབ་པར་བྱེད། །ཅེས་གསུངས་ཤིང༌། དད་ པ་ཆོས་ཀྱི་གཞི་རྩ་མཆོག་ཉིད་དུ་ངེས་པས་དེ་མེད་པར་དཀར་པོའི་ཆོས་ཡང་དག་ཅིག་རྣམ་ པ་ཀུན་ནས་འབྱུང་ཚུལ་མེད་པ་བཀའི་སྡེ་སྣོད་ཆོས་བཅུ་པ་ལས་ངེས་པར་གསུངས་པ་ཡང༌། གང་གིས་འདྲེན་པ་ངེས་འབྱུང་ལ། །དད་པ་ཐེག་པའི་མཆོག་ཡིན་ཏེ། །དེ་ཕྱིར་བློ་དང་ལྡན་ པའི་མིས། །དད་པའི་རྗེས་སུ་འབྲང་བ་བསྟེན། །མ་དད་པ་ཡི་མི་དག་ལ། །དཀར་པོའི་ཆོས་ རྣམས་མི་སྐྱེ་སྟེ། །ས་བོན་མེ་ཡིས་ཚིག་པ་ལ། །མྱུ་གུ་སྔོ ན་པོ་ཇི་བཞིན་ནོ། །ཞེས་པ་ལྟར་དང༌། དད་པ་ལ་སྒོ ་ཀུན་ནས་བརྩོན་པ་ལྷུར་ལེན་དགོས་ཚུལ་མདོ་རྒྱ་ཆེར་རོལ་པ་ལས། ཀུན་དགའ་ བོ་དད་པ་ལ་བརྩོན་པར་གྱིས་ཤིག །ཅེས་དང༌། དད་པའི་སྟོབས་ཀྱིས་ཚེ་རབས་རྣམས་སུ་ ངན་སོང་གསུམ་སོགས་མི་ཁོམ་པའི་གནས་སུ་མི་སྐྱེ་ཚུལ་སེང་གེས་ཞུས་མདོར། དད་པས་ མི་ཁོམ་སྤོང་བར་འགྱུར། །ཞེས་དང༌། དད་པ་ཉིད་ནོར་བུ་དང་བུམ་བཟང་འདོད་འཇོའི་བ་མོ་ 3-1-412 བཞིན་འདི་ཕྱིའི་ལེགས་ཚོགས་ཀྱི་འདོད་དགུ་ཀུན་གྱི་འབྱུང་གནས་དང་ཕྱི་མར་གང་ལ་དད་ ཡུལ་གྱི་དག་ཞིང་དུ་སྐྱེ་ངེས་ཀྱི་ཚུལ་འཕགས་པ་སྡོང་པོ་བཀོད་པ་ལས། དད་པ་ནོར་བུ་བུམ་ པ་བཟང༌། །འདོད་དགུ་བཞོ་བའི་བཞོན་མཚུངས་པ། །བླ་མ་དང་ནི་སངས་རྒྱས་ལ། །དེ་ལྟ་ བས་ན་མགུ་བར་བྱ། །སངས་རྒྱས་དད་པའི་བསོད་ནམས་གང༌། །སངས་རྒྱས་ཞིང་དུ་སྐྱེ་བར་ འགྱུར། །ཞེས་དང༌། བླ་མ་སངས་རྒྱས་ལྟ་བུ་དང་འཕྲད་ཚེ་དེ་ལ་དད་གུས་བྱེད་མཁན་རིང་ མིན་བྱང་ཆུབ་ཆེན་པོའི་གོ་འཕང་ཐོབ་ཚུལ་འཕགས་པ་མེ་ཏོག་མཆོག་གི་མདོ་ལས། སངས་ རྒྱས་ཕྲད་ན་ཤིན་ཏུ་དད། །དད་ནས་ཤིན་ཏུ་གུས་པར་འགྱུར། །གུས་པས་ནན་ཏན་བྱེད་ པས་ན། །མྱུར་དུ་བྱང་ཆུབ་ཐོབ་པར་འགྱུར། །ཞེས་དང༌། མཁན་སློབ་ལ་དད་གུས་བྱེད་ མཁན་རིན་པོ་ཆེ་ལྟར་འཇིག་རྟེན་ན་ཆེས་དཀོན་པའི་སྐྱེས་བུ་མཆོག་ཡིན་ཚུལ་སོ་ཐར་གྱི་མདོ་ ལས། ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་ནི་མཁན་པོ་དང་སློབ་དཔོན་ལ་གུས་པས་ གང་ཡོངས་སུ་མི་གཏོང་བ་ནི་རིན་པོ་ཆེ་ལྟར་འཇིག་རྟེན་ན་མེད་དོ། །ཞེས་དང༌། སྤྱིར་ཆོས་ ཚིག་བཞི་ཙམ་ཞུ་ཡུལ་གྱི་སློབ་དཔོན་ལ་དད་གུས་བྱ་དགོས་པའི་ཚུལ་དྲག་ཤུལ་ཅན་གྱིས་ ཞུས་མདོ་ལས། ཚིག་བཞི་པའི་ཚིགས་སུ་བཅད་པ་སུ་ལ་མཉན་ནམ། ལུང་ནོད་དམ་བླངས་ པའི་སློབ་དཔོན་དེ་ལ་ཆོས་ཀྱིས་གུས་པར་བྱའོ། །ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་ཤིང་ སྔོ ན་ཇོ་བོ་རྗེ་བོད་དུ་བྱོན་སྐབས་ཁོང་གི་དྲུང་དུ། འབྲོམ་སྟོན་པས་ཞུ་བ། བོད་ལ་སྒོ མ་སྒྲུབ་ བྱེད་པ་མང་པོ་ཡོད་པ་ལ་ཡོན་ཏན་ཁྱད་པར་ཅན་བརྙེས་པ་མི་བདོག་ཞུས་པས། ཇོ་བོའི་ ཞལ་ནས། ཐེག་ཆེན་གྱི་ཡོན་ཏན་ཆེ་སྐྱེས་ཆུང་སྐྱེས་ཐམས་ཅད་བླ་མ་ལ་བརྟེན་ནས་སྐྱེ་བ་ལ་ ཁྱེ ད་བོད་བླ་མ་ལ་ཐ་མལ་བའི་འདུ་ཤེས་ལས་མེད་ག་ན་སྐྱེ་གསུངས་པ་དང༌། ཇོ་བོ་ལ། ཨ་ ཏི་ཤ་གདམས་ངག་ཞུ་ཞེས་སྐད་ཆེན་པོའི་ཞུས་པ་ན། ཧེ་ཧེ་ཁོ་བོ་ལ་རྣ་བ་ཏ་བཟང་པོ་བཟང་ པོ་བདོག་སྟེ་མན་ངག་བྱ་བ་དད་པ་ཡིན། དད་པ་དད་པ། གསུང་བ་ལྟར་དད་པ་ཤིན་ཏུ་གལ་ 3-1-413 ཆེའོ། བླ་མ་སློབ་དཔོན་གང་དག་ལ་རང་རང་གི་སློབ་ཚོགས་ཀྱིས་འདུ་ཤེས་ག་འདྲ་འཇོག་ དགོས་སྙམ་ན། རང་རང་གི་བླ་མ་སློབ་དཔོན་རྣམས་བཟང་ངན་གྱི་རྣམ་པ་ཇི་ལྟར་ཡིན་ཀྱང་ སློབ་མ་གང་དག་གི་དག་སྣང་གིས་སྟོན་པ་དངོས་ཀྱི་འདུ་ཤེས་འཇོག་དགོས་ཤིང་དེ་འདྲའི་ཞེ་ ས་དང་རིམ་གྲོ་བྱས་ན་སྤངས་རྟོགས་ཡོངས་སུ་རྫོགས་ཚུལ་དམ་ཆོས་དཀོན་མཆོག་སྤྲིན་ལས་ གསུངས་པ་འདི་ལྟ་སྟེ། ཇི་སྐད་དུ། བླ་མ་བསྟེན་ནས་དགེ་བ་འཕེལ་ཞིང་མི་དགེ་བ་འགྲིབ་ པར་རྟོགས་པས་མཁན་པོ་ཐོས་པ་ཆེ་བའམ་ཆུང་བའམ་ཤེས་པའམ་མི་ཤེས་པའམ་ཚུལ་ ཁྲིམས་དང་ལྡན་པའམ་ཚུལ་ཁྲིམས་འཆལ་བ་ལའང་སྟོན་པའི་འདུ་ཤེས་བསྐྱེད་དེ། ཇི་ལྟར་ སྟོན་པ་ལ་དགའ་བ་དང་དད་པ་ལྟར་མཁན་པོ་ལའང་དད་པ་དང་དགའ་བར་བྱའོ། །སློབ་ དཔོན་རྣམས་ལ་ཞེ་ས་དང་རིམ་གྲོ་བསྐྱེད་དེ་དེ་ལ་བརྟེན་ནས་བྱང་ཆུབ་ཀྱི་ཚོགས་མ་རྫོགས་ པ་ནི་རྫོགས་པར་འགྱུར། ཉོན་མོངས་པ་མ་སྤངས་པ་ནི་སྤོང་བར་འགྱུར་སྙམ་སྟེ་དགའ་བ་ དང་རངས་པ་འཐོབ་ཅིང་དགེ་བའི་ཆོས་ལ་དེ་དང་མཐུན་པར་སྤྱོད་ལ་མི་དགེ་བ་ལ་མི་མཐུན་ པར་སྤྱོད་དོ། །ཞེས་པ་ལྟར་ཡིན་ཞིང༌། གཞན་ཡང་སློབ་དཔོན་གྱིས་སློབ་མ་རྣམས་ལ་ཆོས་ ཀྱི་མིང་ཚིག་ཡི་གེ་ཇི་སྙེད་ཅིག་བསྟན་པ་དེ་སྙེད་ལ་རེ་རེ་བཞིན་བསྐལ་བའི་བར་ལ་སློབ་མ་ དེ་དག་གིས་བཀུར་སྟི་མཆོད་པ་སོགས་བྱས་ཀྱང་སློབ་དཔོན་དེ་རྣམས་ཀྱི་སྐུ་དྲིན་ངེས་པར་ འཁོར་ཐབས་དཀའ་ཚུལ་དྲག་ཤུལ་ཅན་གྱིས་ཞུས་མདོ་ལས། མིང་དང་ཚིག་དང་ཡི་གེ་ཇི་ སྙེད་ཀྱི་ཚིགས་སུ་བཅད་པ་དེ་བསྟན་པ་དེ་སྙེད་ཀྱི་བསྐལ་བར་གལ་ཏེ་སློབ་དཔོན་དེ་ལ་གཡོ་ མེད་པར་རྙེད་པ་དང༌། བཀུར་སྟི་དང་མཆོད་པ་ཐམས་ཅད་ཀྱིས་རིམ་གྲོ་དང་བསྙེ ན་བཀུར་ བྱས་ཀྱང༌། ཁྱི མ་བདག་ད་དུང་དུ་སློབ་དཔོན་ལ་སློབ་དཔོན་དུ་གུས་པར་བྱ་བ་ཡོངས་སུ་ རྫོགས་པ་མ་ཡིན་ན་ཆོས་མ་ཡིན་པའི་གུས་པས་ལྟ་ཅི་སྨོ ས། ཞེས་གསུངས་པ་བཞིན་ཏེ། མདོ་ ཕར་ཕྱིན་ཐེག་པ་དང་ཐེག་དམན་འདུལ་བ་གང་གི་སྐབས་སུའང༌། བླ་མ་སློབ་དཔོན་ལ་སློབ་ 3-1-414 ཚོགས་ཀྱི་སྟོན་པའི་འདུ་ཤེས་འཇོག་དགོས་ཚུལ་དེ་དང་འདྲ་ཞིང༌། ཁྱད་པར་གསང་ཆེན་ ཐེག་པའི་སྐབས་སུ་ནི་སློབ་དཔོན་རྡོ་རྗེ་འཛིན་པ་གང་དག་ལ་རྡོ་རྗེའི་སློབ་བུའི་ཚོགས་རྣམས་ ཀྱིས་ཇི་ལྟར་བལྟ་ཚུལ་ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས་བྱུང་བ་ལྟར་ཏེ། རྒྱུད་དེ་ཉིད་ ལས། གསང་བའི་བདག་པོ་སློབ་དཔོན་ལ་སློབ་མས་ཇི་ལྟར་བལྟ་བར་བྱ་ཞེ་ན། སངས་རྒྱས་ བཅོམ་ལྡན་འདས་ལ་ཇི་ལྟ་བ་དེ་བཞིན་དུ་ུབྱའོ། །དེ་ཡི་སེམས་ནི་དེ་ལྟར་ན། །རྟག་ཏུ་དགེ་བ་ སྐྱེ་བར་འགྱུར། །དེ་ནི་འཇིག་རྟེན་ཐམས་ཅད་ལ། །ཕན་པར་བྱེད་པའི་སངས་རྒྱས་འགྱུར། །ཞེས་གསུངས་ཤིང༌། དེ་ལྟར་བླ་མ་སློབ་དཔོན་མཆོག་གང་དག་གི་ཡོན་ཏན་ཁོ་ན་བཟུང་ བ་མ་གཏོགས་སྐྱོན་གྱི་ཕྱོགས་ནས་ལོག་པར་རྟོག་པ་ནི་སློབ་དཔོན་རང་རང་གི་སློབ་ཚོགས་ རྣམས་ཀྱིས་ནམ་ཡང་མི་རུང་བའི་ཚུལ་རྒྱུད་དེ་ཉིད་ལས། སློབ་དཔོན་གྱི་ནི་ཡོན་ཏན་བཟུང། །སྐྱོན་ནི་ནམ་ཡང་བཟུང་མི་བྱ། །ཡོན་ཏན་བཟུང་ན་དངོས་གྲུབ་འཐོབ། །སྐྱོན་རྣམས་བཟུང་ ན་དངོས་མི་འགྲུབ། །ཅེས་གསུངས་པ་ལྟར་རོ། ། ཚུལ་དེ་ལྟར་གྱིས་མདོ་སྔགས་གང་གི་སྐབས་སུ་སློབ་དཔོན་རྣམས་ལ་རང་རང་གི་སློབ་ ཚོགས་དག་གིས་ཁ་ཙམ་མ་ཡིན་པར་ཡིད་གཏིང་ནས་དད་གུས་ངེས་པར་བྱ་དགོས་པ་ཡིན་ ན༑ ཇི་སྐད་དུ། དད་པའི་ཞིང་ནི་སློབ་དཔོན་ཡིན་པས་བླ་མའི་རྣམ་ཐར་བཤད་པར་བྱའོ། །ཞེས་གསུངས་པ་ལྟར་མདོ་དང་སྔགས་ཀྱི་སྐབས་ཐམས་ཅད་དུ་ལམ་ཡོངས་རྫོགས་ཀྱི་རྐང་ འཇོག་བྱེད་བྱིན་རླབས་ཀྱི་སྒོ་ལེགས་ཕྱེ་མཛད་པའི་གཞི་གཅིག་པུ་ཉིད་དུ་ངེས་པ་ནི་རང་རང་ ལ་མདོ་སྔགས་གང་གི་ལམ་གྱི་ཆོས་ཚུལ་ལེགས་པར་འདོམས་པའི་བཀའ་དྲིན་ཅན་དགེ་ བའི་བཤེས་གཉེན་མཆོག་ཉིད་ལ་ཡིད་གཏིང་ནས་དད་པའི་རྩ་བ་བརྟན་པོ་ཡོད་པ་ལ་ཐུག་ ཕྱིར་དད་པ་དེ་འདྲ་སྒོ་ཀུན་ནས་བསྐྱེད་པའི་ཐབས་ཀྱི་གཙོ་བོ་ནི་རང་ཅག་རྣམས་ཀྱི་ཉམས་ ལེན་ཟབ་ཆོས་ཀྱི་བརྒྱུད་རིམ་དཔལ་ལྡན་བླ་མ་དམ་པ་གང་དག་གི་གསང་བ་གསུམ་ཀྱི་ 3-1-415 རྣམ་པར་ཐར་པ་ཇི་བཞིན་ཤེས་པ་དེ་ཡིན་པས་དེ་ལྟར་ན་བརྒྱུད་པའི་བླ་མ་རྣམས་ལ་དད་པ་ བསྐྱེད་པས་དེ་དག་གི་བྱིན་རླབས་སློབ་བུའི་སེམས་རྒྱུད་ལ་ཞུགས་པས་མདོ་སྔགས་ཀྱི་ལམ་ སྐབས་སུ་གང་བབས་སེམས་རྒྱུད་ལ་རིམ་པས་སྐྱེ་བ་ནས་བཟུང་རིང་མིན་མཐར་ཐུག་གི་ བྱང་ཆུབ་མཆོག་མངོན་དུ་གྱུར་པའི་བར་དུ་ངེས་པར་བྱུང་བས་ན་སློབ་དཔོན་རྡོ་རྗེ་འཛིན་པ་ གོང་སྨོས་གང་དག་གི་ཐུགས་སློབ་ཐམས་ཅད་ལ་རབ་མཐར་ཐུག་གི་གོ་འཕང་འབྲིང་གནས་ སྐབས་ལམ་གྱི་རིམ་པ་ཐ་མ་དཀར་ཆོས་ལ་བློ་ཁ་ཕྱོགས་པ་ཡན་ཆད་ནི་གང་ལས་བྱུང་ན་བླ་ མ་རྣམས་ཀྱི་གསང་གསུམ་གྱི་རྣམ་ཐར་ཇི་བཞིན་ཤེས་ནས་དེ་དག་ལ་མི་ཕྱེད་པའི་དད་པ་ འཁྲུངས་པ་ལ་བརྟེན་ནས་བྱུང་བ་ཤ་སྟག་ཡིན་པས་དེ་ལྟ་བུའི་ཡོན་ཏན་མ་ལུས་པ་དམ་པ་ གོང་མའི་རྗེས་འཇུག་སྐལ་བ་དང་ལྡན་པ་ཕྱིས་འབྱུང་རྣམས་ལ་ངེས་པར་གང་བྱུང་ཐམས་ ཅད་ནི་དཔལ་ལྡན་བླ་མ་གང་དག་གི་རྣམ་ཐར་ལེགས་བརྗོད་ཀྱི་ཕན་ཡོན་དངོས་དེ་ཡིན་ལ། དེ་ལྟ་བུའི་བླ་མ་དམ་པ་གང་དག་གི་རྣམ་པར་ཐར་པ་དུས་སུ་ཇི་བཞིན་བརྗོད་པའི་ཡོན་ཏན་ གྱི་སྒོ་གྲངས་མེད་པའི་ཚུལ་རྒྱལ་བ་སྟོན་པ་ཉིད་ཀྱིས་མདོ་སྔགས་ཀྱི་སྡེ་སྣོད་གང་དག་རྣམས་ སུ་ཆེས་མང་གསུངས་པ་ལས་འདིར་མཚོན་ཙམ་བསྡུ་ན་གང་ཟག་ལ་ལས་སྟོང་གསུམ་གྱི་ སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་རིན་ཆེན་སྣ་བདུན་གྱིས་ཕྱུར་བུར་བཀང་སྟེ་མ་ལུས་པ་དེ་ དག་གིས་སེམས་ཅན་ལ་སྦྱིན་གཏོང་བྱས་པས་བསོད་ནམས་ལས་བླ་མ་དམ་པ་གང་དག་གི་ རྣམ་པར་ཐར་པ་ཚིག་བཞི་པའི་ཕྱེད་ཙམ་གཞན་དག་ལ་སྟོན་པའི་ཕན་ཡོན་ཆེས་ངེས་པར་ མང་ཞིང་རྒྱ་ཀུན་ནས་ཆེ་བའི་ཚུལ། དྲི་མེད་གྲགས་པས་ཞུས་མདོ་ལས་ཇི་སྐད་གསུངས་པ་ འདི་ལྟ་སྟེ། རབ་འབྱོར་གང་ལ་ལ་ཞིག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་ཀྱི་ ཁམས་འདིར་རིན་པོ་ཆེ་སྣ་བདུན་གྱིས་རབ་ཏུ་གང་བར་བྱས་ཏེ་སྦྱིན་པ་བྱིན་ན་བསོད་ནམས་ མང་དུ་བསྐྱེད་དམ། རབ་འབྱོར་གྱིས་གསོལ་བ། བཅོམ་ལྡན་འདས་མང་ལགས་སོ། །བདེ་ 3-1-416 བར་གཤེགས་པ་མང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། རབ་འབྱོར་ གང་ལ་ལ་ཞིག་གིས་བླ་མའི་རྣམ་ཐར་གྱི་ཚིག་བཞི་པའི་ཕྱེད་ཙམ་སྟོན་ན། དེ་བས་བསོད་ ནམས་མང་དུ་བསྐྱེད་པར་འགྱུར་རོ། །ཞེས་པའི་བཀའ་ཉེ་བར་བསྩལ་བ་ལྟར་ཏེ་གཞན་ ཡང་སློབ་དཔོན་དང་མཁན་པོའི་རྣམ་ཐར་རམ་གནས་ཚུལ་གྱི་མཚན་ཉིད་ཇི་བཞིན་བཤད་ པ་ལ་བརྩོན་པ་ཀུན་ནས་བསྐྱེད་དགོས་ཚུལ་གཞོན་ནུ་ལུང་བསྟན་གྱི་མདོ་ལས། གཞོན་ནུ་ སློབ་དཔོན་གྱི་མཚན་ཉིད་བཤད་པར་བྱའོ། །མཁན་པོའི་ཡོན་ཏན་གྱི་བཤད་པ་ལ་བརྩོན་ ཅིག །ཅེས་དང༌། སློབ་དཔོན་གང་དག་གི་རྣམ་ཐར་རམ་མཚན་ཉིད་སུ་ཞིག་གིས་བཤད་ ཚད་ལ་བསོད་ནམས་དཔག་མེད་ཐོབ་ཅིང་ལྷ་སྲུང་གིས་བར་ཆད་ལས་ལེགས་སྐྱོབས་མཛད་ པའི་ཕན་ཡོན་དུས་སུ་ངེས་པར་བྱུང་བའི་ཚུལ་འཕགས་པ་གནྜི་རྒྱས་པའི་མདོ་ལས། སློབ་ དཔོན་མཚན་ཉིད་སུས་བཤད་པར། །བསོད་ནམས་མཐའ་ཡས་དཔག་མེད་ཐོབ། །ལྷ་ཡིས་ བསྲུངས་ལ་བར་ཆད་མེད། །དེ་ཕྱིར་བླ་མ་ལ་གུས་ཤིག །ཅེས་དང༌། བྱང་ཆུབ་སེམས་དཔའ་ གང་དག་གིས་རང་རང་གི་བླ་མ་རྣམས་ཀྱི་རྣམ་ཐར་རམ་མཚན་ཉིད་ཇི་བཞིན་ཞིབ་ཏུ་ཤེས་ ཤིང་མོས་གུས་གཏིང་ནས་བྱེད་པ་གལ་ཆེ་བའི་ཚུལ་ཚུལ་ཁྲིམས་དྲི་མེད་གསལ་བའི་མདོར་ ཡང༌། ཀུན་དགའ་བོ་ཚུལ་ཁྲིམས་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི་བླ་མའི་མཚན་ ཉིད་ལ་རྟོགས་པར་བྱའོ། །ཞེས་དང༌། ཆོས་ཉན་སྒྲུབ་ཀྱི་གང་ཟག་སུ་ཡིན་ཡང་རུང་དེ་རྣམས་ ཀྱིས་རང་རང་གི་བླ་མ་རྣམས་ཀྱི་རྣམ་པར་ཐར་པ་ཞིབ་རྒྱས་སུ་ཇི་བཞིན་གཏན་ལ་ཕབ་ནས་ དེ་དག་གི་དོན་གཞན་དག་ལའང་ཇི་བཞིན་བཤད་ན་དོན་ཆེན་པོ་ཡོད་ཚུལ་གྱི་གོ་དོན་བྱང་ ཆུབ་ཤིང་དྲུང་དུ་འཇུག་པའི་མདོ་ལས་འོད་སྲུང་བླ་མའི་རྣམ་ཐར་ལ་རྟོག་ཅིང་བཤད་པར་ གྱིས་ཤིག །མཁན་པོའི་མཚན་ཉིད་ལ་ནན་ཏན་གྱིས་ཤིག །ཅེས་པ་ལ་སོགས་པ་མདོ་སྡེ་དུ་ མར་བླ་མ་རྣམས་ཀྱི་རྣམ་ཐར་ཇི་བཞིན་རྟོགས་པ་དང༌། གཞན་ལ་བརྗོད་པའི་ཕན་ཡོན་ཆེས་ 3-1-417 མཐའ་ཀླས་པ་གསུངས་ཤིང༌། གཞན་ཡང་ཚུལ་དེ་རྣམས་དང་མཐུན་པར་གསང་སྔགས་ཀྱི་ མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པའང་རྡོ་རྗེ་སློབ་དཔོན་མཆོག་གི་རྗེས་སུ་ངེས་པར་ འབྲང་ཕྱིར་རྡོར་སློབ་ཀྱི་བླ་མ་མེད་པར་སློབ་ཚོགས་ལ་དངོས་གྲུབ་སྒོ་གང་ཐད་ནས་འབྱུང་མི་ སྲིད་པས་ན་དེ་ལུགས་ལྟར་དངོས་གྲུབ་ཀྱི་རྩ་བ་བླ་མ་མཆོག་ལ་དད་གུས་སྤེལ་སླད་དེའི་རྣམ་ ཐར་རམ་མཚན་ཉིད་ལ་སློབ་ཚོགས་ཀྱིས་སྒོ་ཀུན་ནས་འདྲིས་པར་བྱས་ཏེ་དེ་དག་གི་ཚུལ་ སྐལ་ལྡན་གཞན་དག་ལའང་ཇི་བཞིན་བཤད་དགོས་ཚུལ་དཔལ་སྒྱུ་འཕྲུལ་དྲ་བའི་སྔགས་ རྒྱུད་ལས་ཇི་སྐད་བསྟན་པ་ཡང་འདི་བཞིན་ཏེ། རེ་ཞིག་དང་པོར་དངོས་གྲུབ་ནི། །སློབ་དཔོན་ རྗེས་སུ་འབྲང་ཡིན་པས། །སློབ་དཔོན་མེད་པར་གྱུར་ནས་ནི། །དངོས་གྲུབ་ཐོབ་པར་མི་ འགྱུར་བས། །སློབ་དཔོན་མཚན་ཉིད་བཤད་པར་བྱ། །ཞེས་ལས་དང་པོ་པའི་དངོས་གྲུབ་ཆེ་ ཆུང་སློབ་དཔོན་ལ་རག་ལས་པར་གསུངས་ཤིང༌། མཚན་དཔེ་མངའ་བའི་ལྷ་བསྐལ་པ་སྟོང་དུ་སྒོམ་པ་བས་སྔགས་ཀྱི་སློབ་དཔོན་ཉིད་དད་ གུས་ཀྱིས་དྲན་ཙམ་ལ་བསོད་ནམས་མང་དུ་འབྱུང་ཚུལ་གྱི་ཆ་ནས་དེ་སླད་དུ་བླ་མའི་རྣམ་ཐར་ ལ་ཞིབ་འདྲིས་བྱེད་དགོས་པ་དོན་གྱིས་བསྟན་ཚུལ་ཡེ་ཤེས་གསལ་བའི་རྒྱུད་ལས། མཚན་ དང་དཔེ་བྱད་ལྡན་པའི་ལྷ། །བསྐལ་པ་སྟོང་དུ་བསྒོ མ་པ་བས། །བླ་མ་དྲན་པའི་བསོད་ ནམས་ཆེ། །ཞེས་དང༌། ལས་དང་པོ་པ་དག་གིས་བླ་མ་མེད་པར་རྫོགས་རིམ་བསྐལ་པར་ བསྒོམ་པ་བས་སྙིང་ནས་དད་གུས་བཅས་ཀྱིས་བླ་མ་ཉིད་སེམས་དཀྱིལ་དུ་དར་ཅིག་ལ་ཤར་ ཙམ་གྱི་ཕན་ཡོན་འབུམ་ཕྲག་ཉི་ཤུའི་ཆར་ཡང་འགྲན་མི་ནུས་པའི་ཆ་ནས་དེ་སླད་དུ་དམ་པ་ གང་དག་གི་རྣམ་ཐར་འདྲིས་བརྗོད་ཉེ་བར་བྱ་དགོས་ཚུལ་དཀོན་མཆོག་བཀོད་པའི་རྒྱུད་ ལས། རྫོགས་པའི་རིམ་པ་བསྐལ་བའི་བར་དུ་ནི། །འདུ་འཛི་གཡེང་བ་སྤངས་ནས་བསྒོ མ་ པ་བས། །བླ་མ་སེམས་ཀྱི་དཀྱིལ་དུ་དར་ཅིག་ཤར་བ་ཙམ། །འབུམ་ཕྲག་ཉི་ཤུའི་ཆར་ཡང་མི་ 3-1-418 ཕོད་དོ། །ཅེས་དང༌། བླ་སློབ་མཚན་ཉིད་དང་ལྡན་པ་གང་དག་ལ་དངོས་གྲུབ་ཀྱི་སྒོ ་གང་ནས་ མི་དམན་ཞིང་ཡང་དག་གི་འཇུག་ལམ་ཁྱད་པར་བ་ངེས་པར་མི་བསླུ་པའི་ཆ་ནས་བླ་མ་གང་ དག་གི་རྣམ་ཐར་བརྗོད་པ་དང་དེ་ལ་བརྟེན་ནས་བླ་མ་དམ་པ་མཆོག་ཉིད་ལ་ཡོན་ཏན་གང་ མཐོང་གི་ཆ་ནས་དད་གུས་དག་སྣང་རྒྱ་ཆེ་བའི་སྒོ ་ནས་སློབ་དཔོན་གྱི་སྐུ་མཐོང་བ་ཙམ་ལའང་ དགའ་སྤྲོ་དཔག་མེད་བསྐྱེད་དགོས་པའི་ཚུལ་འཇམ་དཔལ་རྩ་རྒྱུད་དུའང༌། སློབ་དཔོན་ སློབ་མ་མཚན་ཉིད་ལྡན། །སློབ་མས་སློབ་དཔོན་མཐོང་བར་སྤྲོ། །དེ་ལྟ་བུ་ཡིས་རྟག་ཏུ་ནི། །དངོས་གྲུབ་ཡང་དག་འབྱོར་བ་ཉིད། །ཅེས་པ་ལ་སོགས་ཕན་ཡོན་གྱི་སྒོ ་རྒྱ་ཆེར་གསུངས་ ཤིང༌། དེ་འདྲའི་བླ་མ་རྡོ་རྗེ་སློབ་དཔོན་གང་ཉིད་དེང་དུས་སུ་འགྲོ་དོན་ལ་ལེགས་པར་བྱོན་ པ་རྣམས་ནི་དོན་གྱི་ཡིན་ལུགས་སུ་ཡེ་གཞི་ཆོས་སྐུའི་རང་གཟུགས་དཔལ་ལྡན་ཁྱབ་བདག་ རྡོ་རྗེ་སེམས་དཔའ་དངོས་ཀྱི་ངོ་བོར་བཞུགས་པ་ཡིན་ཡང་སྙིགས་དུས་ཀྱི་འགྲོ་བ་རང་ཅག་ གིས་དེ་འདྲ་དངོས་མཐོང་བའི་སྐལ་བ་མེད་པས་རང་འཚམས་དང་མཐུན་པའི་མིའི་དགེ་བའི་ བཤེས་གཉེན་མཆོག་གི་རྣམ་པ་ཙམ་གྱི་ཐབས་ཚུལ་ཁོང་གིས་གདུལ་བྱ་ལ་ལྟོས་ནས་དགོས་ དབང་གིས་འཆང་པ་ལ་བསམ་ན་བླ་མ་གང་དག་གི་གསང་བ་གསུམ་གྱི་ཡོན་ཏན་རྒྱ་མཚོ་ དང་འདྲ་བ་ལས་ཆུ་ཐིགས་ཀྱི་ཆ་ཙམ་ཡང་རང་ལྟ་བུས་ཇི་བཞིན་བརྗོད་པའི་རྔོ་ག་ལ་ཐོགས་ ཏེ། རྡོ་རྗེ་གུར་གྱི་རྒྱུད་ལས། རྡོ་རྗེ་སེམས་དཔའ་ཇི་ལྟ་བུས། །དེ་ལྟར་སློབ་དཔོན་གཟུགས་ འཛིན་ཏེ། །སེམས་ཅན་རྗེས་སུ་བཟུང་དམིགས་ནས། །ཕལ་བའི་གཟུགས་སུ་གནས་པའོ། །ཞེས་གསུངས་པ་ལྟར་དོན་གྱི་གནས་ཚོད་ལ་གདོད་མའི་སངས་རྒྱས་དཔལ་རྡོ་རྗེ་སེམས་ དཔའི་གསང་གསུམ་གྱི་ཆ་ཕྲ་བའང་ཀུན་ནས་རྣམ་པ་ཐམས་ཅད་པའི་བདག་ཉིད་ཡིན་པས་ དེའི་ཡིན་ལུགས་ཇི་བཞིན་བརྗོད་ནུས་པའི་སོ་སྐྱེས་རང་ག་བ་གང་ནས་མི་སྲིད་པ་སྨོས་ཀྱང་ མ་དགོས་པ་ལྟ་བུའི་གནས་སུ་ངེས་པར་གྱུར་པའི་ཕྱིར། དེས་ན་དེ་ལུགས་ལ་དགོངས་ཏེ་ 3-1-419 རྗེ་བཙུན་སྤྱན་རས་གཟིགས་དབང་ཕྱུག་གིས་དུས་འཁོར་འགྲེལ་ཆེན་དྲི་མེད་འོད་དུ། དུས་ ཀྱི་འཁོར་ལོའི་རྒྱུད་སྟོན་པ་པོ་རྡོ་རྗེ་སློབ་དཔོན་ནི་བཅོམ་ལྡན་འདས་འཇམ་དཔལ་ཇི་ལྟ་བ་ དང༌། དུས་ཀྱི་འཁོར་ལོ་དང་པོའི་སངས་རྒྱས་ཇི་ལྟ་བ་བཞིན་དུ། ཐར་པ་དོན་དུ་གཉེར་བ་ རྣམས་ཀྱིས་བལྟ་བར་བྱའོ། །ཞེས་གསུངས་པ་ལྟར་བླ་མ་ལ་མོས་གུས་དག་སྣང་རྒྱ་ཆེ་བ་འདི་ བྱིན་རླབས་མ་ལུས་པའི་རྩ་བ་ཡིན་ཞིང་མདོ་སྔགས་གང་གི་སྐབས་ལ་ལམ་ཐམས་ཅད་ཀྱི་ ཐོག་མའི་འཇུག་སྒོ་ཉག་གཅིག་ཏུ་གྱུར་པ་ཀུན་ནས་མེད་མི་རུང་བའི་གལ་བོ་ཆེ་ཆོས་ཀྱི་རྩ་བ་ གཅིག་ཆོག་མ་ཡིན་ངེས་སུ་འདུག་པས་དེ་འདྲ་ནི་གང་ལ་རག་ལས་ན་ལམ་སྒྲུབ་པོ་གང་དག་ གིས་རང་རང་གི་རྩ་བའི་བླ་མའི་བར་གྱི་ཟབ་ཆོས་གདམས་པའི་མཛོད་འཛིན་པའི་སྐྱེས་ཆེན་ གོང་མ་རིམ་བྱོན་རྣམས་གོང་ནས་གོང་དུ་ཕུག་དེད་དེ་རང་རེའི་ངེས་དོན་སྒྲུབ་བརྒྱུད་གཙོ་ བོར་གྱུར་བའི་ལུང་དང་རྟོགས་པ་རྫོགས་ལྡན་ཆོས་མཆོག་གི་ལུགས་སྲོལ་བཟང་པོ་དེ་ཉིད་ ཀྱི་ཁུངས་བོད་དང་འཕགས་ཡུལ་གྱི་ལོ་པཎ་ཡོངས་སུ་གྲགས་པ་སྤྱི་དང་ཁྱད་པར་འཛམ་གླིང་ མཛེས་རྒྱན་ཐོགས་མེད་སྐུ་མཆེད་རྗེས་འབྲང་བཅས་དང༌། ཤམྦྷ་ལའི་འཕགས་པ་རིགས་ གསུམ་མགོན་པོའི་རྣམ་པར་འཕྲུལ་བའི་ཆོས་གྱི་རྒྱལ་པོ་གང་དག་དང༌། རྒྱལ་ཚབ་མི་ཕམ་པ་ དང་སྟོན་པ་མཆོག་བསྟན་པའི་བདག་པོ་གང་ཉིད་ཀྱི་བར་ཆུ་མགོ་གངས་ལ་ཐུག་པ་ལྟ་བུའི་ ཆོས་བརྒྱུད་ཆེས་བཟང་ཞིང་ཁུངས་ཉེ་བར་བཙུན་པའི་ལོ་རྒྱུས་ཀྱི་རྣམ་པར་ཐར་པ་ཇི་བཞིན་ ཤེས་པ་ལ་བསླུ་མེད་དུ་རག་ལས་ཡོད་པར་མཐོང་བས་ན་དེ་ལྟར་གྱི་རྣམ་པར་ཐར་པ་ལེགས་ བརྗོད་ཀྱི་ཕན་ཡོན་ཡང་ཚུལ་དེ་དག་ལ་བརྟེན་ནས་དམ་ཆོས་མཐའ་དག་གི་ཐོག་མའི་སྒོ་ ལེགས་པར་དོད་པའི་ལུས་ཅན་གང་དག་ལ་གནས་སྐབས་དང་མཐར་ཐུག་གི་དགོས་དོན་མ་ ལུས་པ་རིམ་པས་བདེ་བླག་ཏུ་འགྲུབ་འོང་ངེས་སུ་ཚད་མས་ཐག་ཆོད་དེ་སོམ་ཉིའི་གོ་སྐབས་ ཀུན་ནས་བྲལ་བར་གྱུར་ཏོ། ། 3-1-420 དེ་ཡང་སྤྱིར་ན་གང་བསྟེན་པར་བྱ་བའི་བླ་མའི་མཚན་ཉིད་དང་གང་གིས་བསྟེན་པར་ བྱེད་མཁན་སློབ་མའི་མཚན་ཉིད་ཇི་ལྟ་བུ་ཞིག་དགོས་ཞེ་ན། དེ་ཡང་བཤད་པར་བྱ་སྟེ། ཐུན་ མོང་རྒྱུའི་ཐེག་པའི་སྐབས་སུ་ལམ་སློབ་པ་གང་དག་གིས་གུས་པས་བསྟེན་བྱ་བླ་མ་དགེ་བའི་ བཤེས་གཉེན་གྱི་མཚན་ཉིད་སྡེ་སྣོད་སོ་སོ་ལས་གསུངས་ཚུལ་དུ་མ་ཡོད་ཀྱང་འདིར་མདོ་སྡེ་ རྒྱན་ལས་གསུངས་པ་ལྟར་ཏེ། ཇི་སྐད་དུ། བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ། །ཡོན་ཏན་ ལྷག་པ་བརྩོན་བཅས་ལུང་གིས་ཕྱུག །དེ་ཉིད་རབ་ཏུ་རྟོགས་པ་སྨྲ་མཁས་ལྡན། །བརྩེ་བའི་ བདག་ཉིད་སྐྱོ་བ་སྤངས་ལ་བརྟེན། །ཞེས་པ་ལྟར་དགེ་བའི་བཤེས་གཉེན་ཆོས་བཅུ་དང་ལྡན་ པ་ཞིག་དགོས་པ་ཡིན་ལ། དེ་ཡང་བཤེས་གཉེན་དེ་ཉིད་རང་རྒྱུད་ལེགས་པར་དུལ་བའི་ ཚུལ་ཁྲིམས་ཀྱི་བསླབ་པ་དང༌། ནང་སེམས་ཡོངས་སུ་ཞི་ཞིང་ཡང་དག་པའི་དམིགས་པ་ལ་རྩེ་ གཅིག་ཏུ་གནས་པའི་ཞི་གནས་ཀྱི་ཉམས་ལེན་ཏིང་ངེ་འཛིན་གྱི་བསླབ་པ་དང༌། ཞི་གནས་ཀྱི་ དམིགས་པའི་དོན་སོ་སོར་ངེས་ཤིང་གསལ་བའི་ཉེ་བར་ཞི་བ་ལྷག་མཐོང་གི་ཆར་གཏོགས་ ཤེས་རབ་ཀྱི་བསླབ་པ་སྟེ་བསླབ་པ་གསུམ་དང་ལྡན་དགོས་ཤིང་། དེ་ཡང་ལུང་རྟོགས་ཀྱི་ ཡོན་ཏན་གང་ཐད་ནས་སློབ་མ་ལས་ལྷག་པ་དང༌། གཞན་དོན་ལ་སྤྲོ་བའི་བརྩོན་འགྲུས་ཆེ་ ཞིང་བརྟན་པ་དང༌། ལུང་སྡེ་སྣོ ད་གསུམ་ལ་སོགས་པ་ལ་མང་དུ་ཐོས་པ་དང་ལྡན་པའི་ལུང་ གི་ཆོས་ཀྱིས་རྒྱུད་ལེགས་པར་ཕྱུག་པ་དང༌། ཤེས་རབ་ཀྱི་བསླབ་པ་ཁྱད་པར་ཅན་ཟབ་མོའི་ གནས་ལུགས་ཀྱི་དོན་རྟོགས་པའི་ཡེ་ཤེས་མངའ་བའམ་ལུང་རིགས་ཡང་དག་པ་དང་ལྡན་པ་ དང༌། གདུལ་བྱ་ཆོས་ཀྱིས་ཇི་ལྟར་བཀྲི ་བའི་རིམ་པ་ལ་མཁས་ཤིང་གཞན་དག་ལ་དེ་ལུགས་ ཀྱི་ཆོས་འཆད་པ་ལ་ཐོགས་པ་མེད་པ་དང༌། ཆོས་སྟོན་པའི་ཀུན་སློང་ཡང་རྙེད་བཀུར་སོགས་ ལ་མི་བལྟ་བར་བྱམས་སྙིང་རྗེས་ཀུན་ནས་བསླངས་པའི་བསམ་པ་ཡང་དག་པའི་བདག་ཉིད་ ཅན་དང༌། ཆོས་གཞན་ལ་ཇི་ལྟར་འཆད་དགོས་ཀྱང་མི་ངལ་ཞིང་དེ་ལ་དཀའ་སྤྱད་བཟོད་ 3-1-421 པས་སྐྱོ་བ་སྤངས་པ་སྟེ་སློབ་དཔོན་གྱི་མཚན་ཉིད་བཅུ་པོ་ལས་གོང་ལྟར་གྱི་དུལ་བ། ཞི་བ། ཉེར་ཞི། ཡོན་ཏན་ལྷག་པ། ལུང་གིས་ཕྱུག་པ། དེ་ཉིད་རྟོགས་པ་དང༌། དྲུག་པོ་དེ་རང་གིས་ ཐོབ་པའི་ཡོན་ཏན་ཡིན་ལ། ལྷག་མ་བརྩོན་བཅས། སྨྲ་མཁས། བརྩེ་བ། སྐྱོ་སྤངས་བཞི་ནི་ གཞན་རྗེས་སུ་འཛིན་པའི་ཡོན་ཏན་སྟེ། དེ་དག་ཁ་ཚང་བའི་སློབ་དཔོན་དེ་མཆོག་ཡིན་མོད། འོན་ཀྱང་དུས་དབང་གིས་དེ་འདྲར་མ་རྙེད་ན་ཇི་ལྟར་བྱ་སྙམ་ན། དཔུང་བཟང་གིས་ཞུས་པ་ ལས། སྒྲུབ་གྲོགས་ཀྱི་མཚན་ཉིད་གསུངས་པའི་ནང་ཚན་ལ། འདི་སྐད། དེ་ལྟའི་ཡོན་ཏན་ མ་ལུས་ལྡན་པ་དག །རྩོད་པའི་དུས་ན་ཤིན་ཏུ་དཀོན་པས་ན། །ཡོན་ཏན་ཕྱེད་དམ་བཞི་ཆ་ བརྒྱད་ཆ་ཅན། །དེ་ལྟ་བུ་ནི་སྔགས་པའི་གྲོགས་པོར་བསྟེན། །ཞེས་བྱུང་བ་ལྟར་འདིར་བླ་མ་ ལའང་མཚུངས་སོ་ཞེས་སྔོན་བོད་དུ་བྱོན་པའི་བཀའ་གདམ་པའི་སྲོལ་འབྱེད་མཉམ་མེད་ཇོ་ བོ་ཆེན་པོས་གསུང་གནང་མཛད་པ་ལྟར་ད་སྐབས་སུའང་གོང་སྨོས་ཀྱི་སློབ་དཔོན་མཆོག་གི་ མཚན་ཉིད་བཅུ་ལས་ཕྱེད་དམ་བཞི་ཆའམ་མ་མཐའ་བརྒྱད་ཆ་ཙམ་ཚང་ན་དེང་དུས་ཀྱི་སློབ་ དཔོན་ཆོག་པའི་ཚད་དུ་བྱས་ལ། སློབ་མའི་མཚན་ཉིད་ཀྱང༌། བཞི་བརྒྱ་པ་ལས། གཟུར་ གནས་བློ་ལྡན་དོན་གཉེར་བའི། །ཉན་པོ་སྣོ ད་ཅེས་བྱ་བར་བཤད། །ཅེས་གསུངས་པ་ལྟར་ སློབ་དཔོན་ཚུལ་བཞིན་བསྟེན་པའི་སློབ་མ་གང་དག་རང་ཕྱོགས་ལ་ཀུན་ནས་ཞེན་ཅིང༌། དེ་ ལ་འོས་མེད་ཀྱིས་བཀུར་པ་དང༌། གཞན་ཕྱོགས་ལ་དྲང་པོར་ཡིད་འཐད་མི་བྱེད་པར་དེ་ལ་ འོས་མེད་ཀྱིས་སྡང་ཕྱོགས་སུ་བཅད་པ་ནི་གཟུར་བོར་མི་གནས་པ། ཞེས་བྱ་ལ། དེ་འདྲའི་ ཕྱོགས་ལྷུང་གི་བློ་མེད་པར་རྒྱུད་དྲང་པོར་གནས་པ་དང་ལེགས་བཤད་དང་ཉེས་བཤད་ཀྱི་ ཆ་སོ་སོར་འབྱེད་ནུས་པའི་བློ་མཐུ་དང་ལྡན་པ་དང༌། ཆོས་ཀྱི་ཕྱིར་བརྩོན་པའི་དོན་གཉེར་ ཆེན་པོ་དང་ལྡན་དགོས་པ་སྟེ་དེ་དག་ནི་སློབ་དཔོན་དང་སློབ་མ་སྤྱིའི་མཚན་ཉིད་ཡིན་ཞིང༌། ཁྱད་པར་གསང་ཆེན་ཐེག་པའི་སྐབས་སུའང་གསང་སྔགས་རང་གི་ཁྱད་ཆོས་ཅི་རིགས་པ་ 3-1-422 མ་གཏོགས་བླ་མའི་མཚན་ཉིད་སྤྱི་རྣམས་ཐེག་ཆེན་དགེ་བའི་བཤེས་གཉེན་དང་སྤྱིར་བཏང་ ནས་མི་འདྲ་བ་མེད་པས་བླ་མའི་མཚན་ཉིད་མདོ་སྔགས་ལ་མི་འདྲ་བ་ཆེར་མེད་ཀྱང་ཁྱད་པར་ གྱི་སྒོ ་ཅུང་ཟད་ཡོད་པ་རྣམས་འདིར་སྨོ ས་ན། རྒྱུད་ལས། སྔགས་དང་རྒྱུད་ཀྱི་སྦྱོར་བ་ཤེས། །སྙི ང་བརྩེ་ལྡན་ཞིང་བསྟན་བཅོས་མཁས། །དེ་ཉིད་བཅུ་ནི་ཡོངས་སུ་ཤེས། །དཀྱིལ་འཁོར་ འབྲི་བའི་ལས་ལ་མཁས། །གསང་སྔགས་འཆད་བྱེད་སློབ་དཔོན་ཏེ། །ཞེས་གསུངས་པ་ལྟར་ སྔགས་ཀྱི་རྡོ་རྗེ་སློབ་དཔོན་གང་དེ་ནི་རིག་སྔགས་བཟླ་བ་དང༌། དེའི་ལག་ལེན་སྣ་ཚོགས་ པ་ནི་སྔགས་ཀྱི་སྦྱོར་བ་དང༌། སྔགས་རྒྱུད་ལས་བསྟན་པའི་དངོས་གྲུབ་སྒྲུབ་པའི་ཐབས་སུ་ ལས་ཚོགས་མི་འདྲ་བའི་སྒོ་ནི་རྒྱུད་ཀྱི་སྦྱོར་བ་ཡིན་པས་དེ་འདྲའི་སྔགས་རྒྱུད་ཀྱི་སྦྱོར་བ་ཇི་ བཞིན་ཤེས་པ་དང༌། བྱམས་པ་དང༌། སྙི ང་རྗེ་བའི་བརྩེ་བ་ཕུན་ཚོགས་དང་ལྡན་པ་དང༌། མདོ་ དང་སྔགས་ཀྱི་བསྟན་བཅོས་ཀྱི་དོན་ལ་མཁས་པ་དང༌། དེ་ཉིད་བཅུ་ཞེས་པ་ལ་ཕྱིའི་དེ་ཉིད་ དང༌། གསང་བའི་དེ་ཉིད་བརྩི་ལུགས་གཉིས་ལས། དང་པོ་ཕྱིའི་དེ་ཉིད་བཅུ་ནི། དཀྱིལ་ འཁོར། ཏིང་ངེ་འཛིན། ཕྱག་རྒྱ། སྟངས་སྟབས། འདུག་སྟངས། བཟླས་བརྗོད། སྦྱིན་སྲེག མཆོད་པ། ལས་སྦྱོར། སླར་བསྡུ་རྣམས་ཡིན། གསང་བའི་དེ་ཉིད་བཅུ་ནི། ཕྱིར་བཟློ ག་གི་ ཆོ་ག་གཉིས་དང༌། གསང་བ་དང༌། ཤེས་རབ་ཡེ་ཤེས་གཉིས་དང༌། ཁ་སྦྱོར་དབྱེ་བའི་ཆོ་ག་ དང༌། གཏོར་མའི་བྱ་བ་དང༌། རྡོ་རྗེའི་བཟླས་པ་དང༌། དྲག་ཤུལ་སྒྲུབ་པའི་སྦྱོར་བ་དང༌། རབ་ ཏུ་གནས་པ་དང༌། དཀྱིལ་འཁོར་སྒྲུབ་པ་རྣམས་ཡིན་ལ། དེ་རྣམས་ཀྱི་ཚུལ་ཇི་བཞིན་ཤེས་ པ་དང༌། དཀྱིལ་འཁོར་འབྲི་བའི་ལས་དང༌། སྔགས་རྒྱུད་ཀྱི་དགོངས་དོན་ཇི་བཞིན་འཆད་ ཤེས་པ་རྣམས་སྔགས་ཀྱི་སློབ་དཔོན་ལ་ལྡན་དགོས་ཤིང༌། གསང་ཆེན་ཐེག་པའི་སློབ་དཔོན་ དང་སློབ་མ་གཉིས་ཀ་ལ་མཉམ་དུ་ལྡན་དགོས་པ་ནི། རྒྱུད་ལས། བརྟན་ཅིང་དུལ་ལ་བློ་གྲོས་ ལྡན། །བཟོད་ལྡན་དྲང་ལ་གཡོ་སྒྱུ་མེད། །ཅེས་བྱུང་བ་ལྟར་ཚུལ་ཁྲིམས་བརྟན་ཅིང་མ་ཉམས་ 3-1-423 པ། སེམས་རྒྱུད་དུལ་བ། ཆོས་ཀྱི་ཚུལ་སོ་སོར་འབྱེད་ནུས་པའི་བློ་གྲོས། ཆོས་ཀྱི་དཀའ་སྤྱད་ ལ་བཟོད་པ། རྒྱུད་དྲང་པོར་གནས་པ། གཡོ་སྒྱུས་ཡོན་ཏན་མེད་ཀྱང་ཡོད་པ་ལྟར་དང་སྐྱོན་ ཡོད་ཀྱང་མེད་པ་ལྟར་བྱེད་པ་དེ་འདྲ་ནམ་ཡང་མི་བྱེད་པ་སྟེ། ཡོན་ཏན་དེ་དྲུག་ནི་སྔགས་ཀྱི་ སློབ་དཔོན་སློབ་མ་གཉིས་ཀར་མེད་མི་རུང་ཚུལ་གསུངས་པ་སོགས་དེ་ལུགས་ཀྱི་རིམ་པ་ སྣ་ཚོགས་པ་མང་ན་གཙོ་བོར་སློབ་དཔོན་ཉིད་ལ་མེད་མི་རུང་བ་ནི། དད་པ་དང་ལྡན་པ། དམ་ཚིག་མ་ཉམས་པ། བསྙེ ན་པ་སོགས་ཀྱིས་ལྷ་མཉེས་པར་བྱས་པ། ཆོས་གང་གིས་སློབ་ ཚོགས་རྗེས་སུ་བཟུང་ན་དེ་ལུགས་ཀྱི་ཆོས་དེ་ལ་མཁས་པ་རྣམས་ཡིན། སློབ་མ་ལའང་མེད་ མི་རུང་བ་ནི། དམ་ཚིག་ཇི་བཞིན་བསྲུང་ནུས་པ་དང༌། སྡིག་པའི་གྲོགས་པོ་ངེས་པར་སྤངས་ པ་དེ་ཡིན་ནོ། །དེ་ལྟ་བུའི་སློབ་དཔོན་དང༌། སློབ་མ་གང་དག་ཕན་ཚུན་བསྟེན་པ་དང་སྟེན་ བྱེད་ཀྱི་འབྲེལ་བ་ཡོད་ཕན་ཆད་སློབ་དཔོན་དེ་ཉིད་སློབ་མའི་བསམ་སྦྱོར་གཉིས་ཀྱི་སྒོ་ནས་ གུས་པས་ལེགས་བསྟེན་བྱེད་དགོས་ཤིང༌། དེ་ཡང་དཔོན་སློབ་ཀྱི་འབྲེལ་བརྟག་པ་ཡང་ཆོས་ ཀྱིས་མ་སྦྲེལ་གོང་དུ་བྱ་དགོས་ཀྱི། སྔར་བརྟགས་པ་དང་མ་བརྟག་པ་གང་ཡིན་ཡང་འདྲ་ཆོས་ འབྲེལ་ཐོབ་ཕན་ཆད་ནས་བླ་མ་དེའི་སྐྱོན་མི་རྟོག་ཅིང་ཡོན་ཏན་གྱི་ཕྱོགས་ཁོ་ན་བཟུང་བའི་ སྒོ ་ནས་གུས་བསྟེན་ལེགས་པར་བྱ་དགོས་ཏེ། མཁས་གྲུབ་ཆེན་པོ་ཤནྟི་པས་མཛད་པའི་དགྲ་ ནག་གི་དཀའ་འགྲེལ་དུ་དྲངས་པ་ལས་ཀྱང༌། ཚིགས་བཅད་གཅིག་ཙམ་མཉན་པ་ལ། །གང་ གིས་བླ་མར་མི་འཛིན་པ། །ཁྱི ་ཡི་སྐྱེ་གནས་བརྒྱར་སྐྱེས་ནས། །སྨེ ་ཤ་ཅན་དུ་སྐྱེ་བར་འགྱུར། །ཞེས་གསུངས་པ་ལྟར་ཡིན་པའི་ཕྱིར། དེ་ལྟ་བས་ན་བླ་མ་གང་ཡིན་ཡང་རུང་སློབ་མ་དག་ གིས་སློབ་དཔོན་དུ་བརྟེན་པའི་ཚེ་དཔེར་ན་བུ་མཛངས་པས་ཕ་ལ་བྱ་བ་ལྟར་རང་དབང་དོར་ ནས་རང་ཉིད་བླ་མའི་དབང་དུ་ངེས་པར་གཏོང་བ་གལ་ཆེ་ཞིང་སློབ་དཔོན་དེ་ཉིད་ལ་སློབ་ མས་མ་འདྲིས་པའི་མཛའ་བཤེས་སུ་བློ་རྩེ་གཅིག་པ་ནམ་ཡང་མི་ཕྱེད་པ་བརྟན་པའི་རྡོ་རྗེ་ལྟ་ 3-1-424 བུའི་བསམ་པ་དང་བཅས་སྡིག་གྲོགས་སོགས་ཀྱི་དབང་དུ་རང་ཉིད་མི་གཏོང་བ་དང༌། བླ་ མ་སློབ་དཔོན་གྱི་བྱ་བ་ཐམས་ཅད་སློབ་མ་དེས་འགན་ཁུར་སེམས་གཏིང་ནས་བྱས་ཏེ་བྱ་བ་ ག་འདྲ་ལ་ཐུག་ཀྱང་སེམས་མི་སྐྱོ་བའི་ཁུར་ཐེག་ཅིང་རྒུལ་སྐྱོད་མེད་ པའི་ས་ལྟ་བུའི་སེམས་ ཚུགས་བཟུང་དགོས་པ་དང༌། བླ་མའི་སྐུ་དོན་དུ་སློབ་མ་ལ་སྡུག་བསྔལ་ཅི་བྱུང་ཡང་དེས་སློབ་ མའི་སེམས་ལ་མི་དགའ་བས་གཡོ་འགུལ་མེད་པ་རི་བོ་ལྟ་བུའི་སེམས་ཀྱིས་གནས་པ་དང༌། བླ་མ་ལ་ཞབས་ཕྱི་གཡོག་བཀོལ་གྱི་བྱ་བ་འཇིག་རྟེན་ཁྱིམ་པའི་བྲན་ཐ་ཆད་ལྟ་བུས་ངན་ལས་ ཐམས་ཅད་གུས་པས་དང་བླང་གི་སྒོ ་ནས་སྐྱེས་རྩལ་ཅི་ཡོད་ཀྱིས་འབད་པ་དང༌། བླ་མ་ལས་ རང་དམའ་བར་འཛིན་པའི་སྒོ ་ནས་ང་རྒྱལ་ཐམས་ཅད་རྣམ་པར་སྤང་ཏེ་གནས་པ་དང༌། བླ་ མའི་བྱ་བ་ཤིན་ཏུ་བྱ་དཀའ་བའི་ཁུར་ལྕི་བ་རྣམས་ཀྱང་སྤྲོ་བཞིན་དུ་སློབ་མས་ལེགས་པར་ འཛིན་པ་དང༌། བླ་མས་བརྙས་ཤིང་གཤེ་ཡང་དེ་ལ་སློབ་མ་ཉིད་མི་ཁྲོ་ཞིང་བདག་པོའི་ཁྱི ་ ལྟ་བུའི་ངང་ཚུལ་གྱིས་སློབ་མ་དེ་ཉིད་ལེགས་པར་གནས་དགོས་པ་སྟེ། བརྒྱད་སྟོང་པ་ལས་ ཀྱང༌། གལ་ཏེ་ཆོས་སྨྲ་བ་དག་ཆོས་འདོད་པ་དག་ལ་བརྙས་ཤིང་མི་སེམས་པ་ལྟར་ནའང་དེ་ ལ་ཁྱོད་ཀྱིས་ཕྱིར་བསྡོ་བར་མི་བྱ་སྟེ་ལྷག་པར་ཡང་ཆོས་དོན་དུ་གཉེར་བ་དང་གུས་ཤིང་མི་སྐྱོ་ བས་དེའི་ཕྱི་བཞིན་འབྲང་བར་བྱའོ། །ཞེས་གསུངས་པས་སོ། ། གཞན་ཡང་བླ་མའི་བྱ་བ་ལ་ཇི་ལྟར་ཞུགས་ཀྱང་འགྲོ་ཞིང་འོང་བས་མི་སྐྱོ་བ་གྲུ་ལྟ་བུའི་ སེམས་སློབ་མས་བསྐྱེད་དགོས་པར་ཡང་རྗེ་བདག་ཉིད་ཆེན་པོ་སོགས་སྐྱེས་ཆེན་དུ་མའི་ཞལ་ མཐུན་དུ་བཀའ་ཕེབས་ངེས་པར་བྱུང་བ་སོགས་སྤྱིའི་ཚུལ་དེ་འདྲ་ལགས་ལ། དེ་ལྟ་བུའི་བླ་ མ་དགེ་བའི་བཤེས་གཉེན་སློབ་དཔོན་དེ་ཉིད་ལ་སློབ་ཚོགས་གང་དག་གིས་བསམ་པ་དང་ སྦྱོར་བ་ཡང་དག་པའི་སྒོ་ནས་ཇི་ལྟར་བསྟེན་པ་སྒོས་ཀྱི་ཚུལ་ལ་ཐོག་མར་བསམ་པའི་རྩ་བ་ ནི་བླ་མའི་མོས་གུས་ཉིད་ཡིན་ལ། དེའི་ཡན་ལག་ཏུ་བླ་མའི་སྐུ་གསུང་ཐུགས་ཀྱི་སྐྱོན་ལ་མི་ 3-1-425 བརྟག་སྟེ། གལ་ཏེ་སྐྱོན་གྱི་རྣམ་པ་མཐོང་ནའང་སློབ་མ་རང་གིས་བློ་སྦྱོང་ཚུལ་འདི་ལྟར་བྱ་ དགོས་ཏེ། རྩ་བའི་བླ་མ་མཆོག་ལ་འདི་ལྟ་བུའི་སྐྱོན་དང་མཛད་སྤྱོད་ག་ལ་མངའ། འདི་ནི་ བདག་རང་གི་སེམས་མ་དག་པས་ལན་མཁྲིས་ནད་ཅན་གྱིས་དུང་སེར་པོ་མཐོང་བ་དང་འདྲ། སྔོན་གྱི་དུས་ན་སྟོན་པ་སངས་རྒྱས་འཁོར་བཅས་ལྷོ་ཕྱོགས་ཀྱི་རི་མཐོ་བ་ལ་གཤེགས་པའི་ ཚེ། འཁོར་དེའི་ནང་ནས་བྱང་ཆུབ་སེམས་དཔའ་མཐོང་བ་དོན་ཡོད་ཀྱི་བསམ་པ་ལ། ཀྱེ་མ་ ད་ལྟ་ནི་སངས་རྒྱས་ལ་ཆོས་ཉན་དུ་ཡོད་ན། སངས་རྒྱས་འདས་ནས་ཇི་ལྟར་བྱ་སྙམ་པ་དང༌། སངས་རྒྱས་ཀྱི་ཞལ་ནས། ཀ་ཡེ་མཐོང་བ་དོན་ཡོད་ཁྱོ ད། །ཕྱི་མའི་དུས་སུ་གྱུར་པ་ན། །ང་ ནི་སློབ་དཔོན་གཟུགས་ཀྱིས་སྟོན། །གསུངས། ཡང་སྔོན་སྟོན་པ་སངས་རྒྱས་ཀྱིས་བྱ་གསོད་ པའི་རྔོན་པ་ས་ཏྭ་ཞེས་པ་སྐུ་དངོས་ཀྱིས་འདུལ་བའི་སྐལ་བར་མ་གྱུར་པས། ཁོ་རང་འདྲ་བའི་ རྔོན་པར་སྤྲུལ་ཏེ་ཐབས་ཀྱིས་བཏུལ་བའི་ལོ་རྒྱུས་བཞིན། སྔོ ན་དུས་སངས་རྒྱས་ཀྱིས་འདུལ་ བའི་སྤྱོད་ཡུལ་དུ་མ་གྱུར་པ་རྣམས་ལ་དེང་སང་སྙིགས་དུས་འདིར་གང་ལ་གང་འདུལ་གྱི་དགེ་ བའི་བཤེས་གཉེན་གྱི་སྐུར་སྤྲུལ་ནས་འགྲོ་བའི་དོན་མཛད་པ་ཡིན་ཏེ། རྔ་བོ་ཆེའི་མདོ་ལས། མྱ་ངན་མ་བྱེད་ཀུན་དགའ་བོ། །ང་ནི་ཕྱི་མའི་དུས་སུ་ནི། །དགེ་བའི་བཤེས་གཉེན་ཉིད་སྤྲུལ་ ནས། །ཁྱོ ད་ལ་སོགས་པའི་དོན་བྱེད་འགྱུར། །ཞེས་གསུངས་པ་ལྟར་དང། དེ་མ་ཟད་སྟོན་ པ་ཉིད་དྲང་སྲོང་སྐར་མ་ལ་དགའ་བས་རང་སྣང་མ་དག་པའི་དབང་གིས་མུ་སྟེགས་ཀྱི་དྲང་ སྲོང་དུ་མཐོང་བའི་ལོ་རྒྱུས་ཡོད་པ་སོགས་ཡུལ་དངོས་གནས་དེ་རང་ལ་བསླད་བྱེད་ཀྱི་དབང་ གིས་ཇི་བཞིན་མཐོང་མི་ནུས་པ་མང་ཚོད་དུ་འདུག་ལ། རང་ཅག་ལྟ་བུའི་དབང་པོ་དམན་པ་ གང་དག་མ་ཟད་སྔོན་དུ་བྱུང་བའི་སྤྱོད་པ་མཆོག་གི་གནས་ལ་བཞུགས་པ་བྱང་ཆུབ་སེམས་ དཔའ་ནོར་བཟང་གིས། བླ་མ་དེ་ཉིད་བྲམ་ཟེ་རྒྱལ་བའི་དྲོང་དུ་མཐོང་བ་དང༌། འཕགས་པ་ ཐོགས་མེད་ཀྱིས་རྗེ་བཙུན་བྱམས་པ་ཁྱི ་མོ་རོ་སྨད་འབུས་གཡེང་བར་མཐོང༌། སློབ་དཔོན་ 3-1-426 མཚོ་སྐྱེས་ཀྱིས། ཡན་ལག་མེད་པའི་རྡོ་རྗེ་ཕག་རྫིར་མཐོང༌། སློབ་དཔོན་སངས་རྒྱས་ཡེ་ཤེས་ ཀྱིས་འཕགས་པ་འཇམ་དཔལ་ཞིང་ལས་བྱེད་པར་མཐོང༌། ནཱ་རོ་པས་ཏེ་ལོ་པ་ཉ་གསོན་ པོར་བསྲེགས་པ་སོགས་མི་འཚམ་པ་བྱེད་པའི་སྨྱོན་པ་ལྟ་བུར་མཐོང༌། མཻ་དྲི་པས་རྣལ་འབྱོར་ གྱི་དབང་ཕྱུག་ཤ་བ་རི་པ་རྔོན་པར་མཐོང་པ་སོགས་སྔོན་བྱོན་སྐྱེས་ཆེན་དམ་པ་རྣམས་ལ་ ཡང་མཐོང་སྣང་དེ་འདྲ་བྱུང་ཡང་དེ་དག་གིས་མ་དད་པ་མེད་པར། གུས་པ་ཕྱིར་ཞིང་འཕེལ་ བས། དངོས་གྲུབ་ཐོབ་པ་དང། མ་དད་པའི་རྣམ་རྟོག་སྐད་ཅིག་རེ་རེས་ཀྱང་དངོས་གྲུབ་ ལ་བར་ཆད་བྱུང་བ་ལྟར༌། བདག་ཀྱང་བླ་མའི་མཛད་པ་ཇི་ལྟ་བུ་མཐོང་ཡང་དད་པ་འཕེལ་ བ་ཞིག་བྱེད་དགོས་སྙམ་དུ་བསམ་དགོས་ལ། གཞན་ཡང་བློ་སྦྱོང་ཚུལ་ནི། བླ་མ་དེའི་སྐུ་ གསུང་ཐུགས་ཀྱི་སྐྱོན་མཐོང་བའམ། མཛད་སྤྱོད་ཀྱི་སྒོ་ནས་མི་དགེ་བཅུ་མཛད་པར་མཐོང་ ཡང༌། བླ་མས་མཛད་པ་འདི་ལྟ་བུ་མཛད་པ་ནི། གདུལ་བྱ་གང་ལ་གང་གདུལ་གྱི་དབང་ ལས། སེམས་ཅན་དཔག་ཏུ་མེད་པ་སྨི ན་གྲོལ་དུ་མཛད་པའི་འཕྲིན་ལས་ཡིན། དགོས་པའི་ དབང་ལས་སྔོ ན་སྟོན་པ་སངས་རྒྱས་ཀྱིས་གཞན་ལ་སྡིག་པའི་རྣམ་སྨི ན་ཤིན་ཏུ་ཆེ་ཞིང༌། སུ་ གང་གིས་བཟློག་ཏུ་མེད་པར་མྱོང་དགོས་པ་སྟོན་པའི་ཆེད་དུ་དགོངས་ནས་ཐབས་ཚུལ་སྣ་ ཚོགས་མཛད་པ་འཕགས་སྐྱེས་ཀྱིས་ཤཱཀྱ་བདུན་སྟོང་བསད་དུས། དབུ་སྙུང་ཞིང་ཀླད་པ་མི་ བདེ་བ་བྱུང་བ་དང༌། ཉིན་གཅིག་སེང་ལྡེ ང་གི་ཚལ་བ་སོར་བཞི་པ་ཞིག་ཞབས་ལ་ཟུག་པ་ དང༌། བདུད་ཀྱིས་སྒྱོགས་རྡོ་འཕངས་པས་ཞབས་གཡས་པའི་མཐེ་བོང་ལ་ཕོག་པས་ཁྲག་ འོ་མའི་རྒྱུན་ལྟར་བབས་པའི་ཚུལ་བསྟན་པ་དང༌། ཡང་ལས་ཀྱི་རྣམ་པར་སྨི ན་པ་རང་གིས་ མྱོང་ངེས་རྣམས་གཞན་ལ་བསྒྱུར་དུ་མི་བཏུབ་པ་སྟོན་པའི་ཆེད་དུ། ཀུན་ཏུ་རྒྱུ་གནས་མའི་བུ་ སངས་རྒྱས་ཀྱི་སྐུ་མདུན་དུ་བསད་པ་ལ། སངས་རྒྱས་ཀྱི་མ་བསྐྱབས་པར་བཏང་སྙོ མས་སུ་ བཞག་པ་དང༌། ཡང་ཕྱི་རབས་གང་ཟག་རྣམས་ལ་སྡུག་བསྔལ་བྱུང་ན་ཡིད་མི་སུན་པར་བྱ་ 3-1-427 བའི་ཆེད་དུ། མུ་སྟེགས་ཀྱི་བྲམ་ཟེ་བྷ་ར་ཛས། སངས་རྒྱས་ལ་རྔན་བགྲངས་ཏེ་སྤྱོ་བ་བྱས་པ་ དང༌། བྲམ་ཟེའི་བུ་མོ་གྲགས་མས་ཤིང་གི་གཞོང་བུ་གོས་རུམ་དུ་བཅུག་ནས་ཁོ་མོའི་ལུས་ ནི་དགེ་སྦྱོང་གོའུ་ཏ་མས་སྦྲུམ་མར་བྱས་སོ་ཞེས་བསྐུར་བ་བཏབ་པ་དང༌། གྲོང་ཁྱེ ར་བལ་ ཅན་དུ་བསོད་སྙོ མས་ལ་ཕྱིན་པས། འབྲས་ཟེག་པ་གཅིག་ཀྱང་མ་རྙེད་པར་ལྷུང་བཟེད་སྟོང་ པར་ལོག་པ་དང༌། མཐའ་འཁོབ་ཀྱི་གྲོང་ཁྱེ ར་ལ་ཕྱིན་དུས། བསོད་སྙོ མས་མ་འབྱོར་པར་ ཚོང་པའི་རྟ་ཆས་སྲན་མ་རུལ་བ་བཞེས་དགོས་པའི་ཚུལ་བསྟན་པ་དང༌། ཡང་ངལ་ཞིང་དུབ་ པའི་མཐའ་སྤང་པའི་ཆེད་དུ་སྐུ་རྒྱབ་བསྙུང་ནས་སྨན་པའི་རྒྱལ་པོ་འཚོ་བྱེད་ལས། སྨན་ཨུཏ་ པ་ལ་ཧ་ཏ་གྷན་དྷ་བླངས་པ་དང༌། སྐུ་ན་བགྲེས་ཏེ་ལོ་དྲུག་ཅུ་རྩ་གཅིག་ལོན་པ་དང་ང་ལ་ཉེ་ གནས་གཅིག་དགོས་གསུངས་པ་ལྟ་བུའི་ཐབས་ཚུལ་སྣ་ཚོགས་པའི་སྒོ་དུ་མ་སྟོན་པ་མཆོག་ ཉིད་ཀྱིས་ལེགས་གནང་གི་མཛད་པ་ལ་ཡང་ཡང་བསམ་པར་བྱ་དགོས་ཤིང༌། དེ་འདྲའི་དག་ སྣང་གི་ཐབས་བྱ་བའི་ཚུལ་སྔོ ན་གྱི་དམ་པ་གོང་མ་འགའི་ཞལ་སྔ་ནས། འདི་ལྟ་སྟེ། མཚན་ ལྡན་བླ་མ་རིན་ཆེན་འདིས། །གང་མཛད་ཐམས་ཅད་ལེགས་པ་ཡིན། །ཅི་མཛད་ཐམས་ཅད་ ཡོན་ཏན་ཡིན། །མི་གསོད་བཤན་པ་མཛད་ན་ཡང༌། །དེ་ཁས་འཚེངས་ཤིང་དེ་ཁ་ལེགས། །སེམས་ཅན་ཐུགས་རྗེས་འཛིན་པར་ངེས། །ལོག་གཡེམ་འཆལ་པའི་ཚུལ་སྟོན་ཡང༌། །ཡོན་ ཏན་འཕེལ་ཞིང་ཡོན་ཏན་འབྱུང༌། །ཐབས་ཤེས་ཟུང་དུ་འཇུག་པའི་བརྡ། །རྫུན་གྱིས་གཞན་ མགོ་བསྐོར་བ་ན། །བརྡ་ཐབས་རྣམ་པ་སྣ་ཚོགས་ཀྱིས། །འགྲོ་ཀུན་ཐར་པའི་ལམ་ལ་འདྲེན། །རྐུ་འཕྲོག་ཆོམ་པོ་མཛད་ན་ཡང༌། །གཞན་གྱི་ཡོ་བྱད་ཚོགས་སུ་བསྒྱུར། །སྐྱེ་བོ་ཕོངས་པ་ཞི་ བ་ཡིན། །དོན་ལ་འདི་འདྲའི་བླ་མ་ཡིས། །བཀའ་བཀྱོན་མཛད་ན་དྲག་སྔགས་ཡིན། །རྐྱེན་ ངན་བར་ཆད་སེལ་བར་ངེས། །བརྡུང་བརྡེག་མཛད་ན་བྱིན་རླབས་ཡིན། །དངོས་གྲུབ་ཐམས་ ཅད་དེ་ལས་འབྱུང༌། །མོས་གུས་ཅན་ཚོ་ཉམས་རེ་དགའ། །ཞེས་གསུངས་པ་ལྟར་རང་རེའི་ 3-1-428 བླ་མ་རྗེ་བཙུན་ཀུན་དགའ་གྲོལ་མཆོག་གིས་ཀྱང་གསུངས་པའང༌། དངོས་གྲུབ་ཀྱི་རྩ་བ་དེ་བླ་ མ་སྐད། །བླ་མ་དེ་སངས་རྒྱས་དངོས་བྱོན་སྐད༌། །ཅི་མཛད་དེ་ལེགས་པར་བལྟ་དགོས་སྐད། །མཛེས་མཛེས་སུ་སྨྲ་ཡང་སྒྲ་སྐད་ལགས། །དངོས་གྲུབ་ལ་ཐོབ་རུང་མ་ཐོབ་རུང༌། །སངས་ རྒྱས་དང་སེམས་ཅན་གང་ཡིན་ཡང༌། །མཛད་པ་ཡང་ལེགས་ཉེས་ཅི་སྟོན་རུང༌། །མི་ང་ལ་ སྙོ མས་ཁྲིགས་རྡུལ་ཙམ་མེད། །ཅེས་པ་ལྟར་རོ། །གཞན་ཡང་མོས་གུས་བྱ་ལུགས་འདི་ལྟར་ བསམ་ལ། རང་ལ་བཀའ་དྲིན་གསུམ་ལྡན་གྱི་བླ་མ་མཆོག་འདི་ཉིད་དོན་དངོས་པོའི་གནས་ ཚོད་ཀྱི་དབང་དུ་བྱས་ན་སངས་རྒྱས་བྱང་སེམས་ཀྱི་སྤྲུལ་པ་ཡིན་པའང་སྲིད། མ་ཡིན་ཐ་མལ་ བ་ཡིན་དུ་ཆུག་ཀྱང༌། རྡོ་རྗེ་སློབ་དཔོན་དེའི་སྐུ་གསུང་ཐུགས་ལ་ཡི་དམ་གྱི་ལྷ་རྣམས་རྗེས་སུ་ ཞུགས་པའི་ཚུལ་གྱིས་འགྲོ་དོན་མཛད་པ་ཡིན་པས་སངས་རྒྱས་དངོས་དང་ཁྱད་པར་མེད་པ་ ལྟ་བུ་ནི་ཡིན། དེ་མཉེས་ན་སངས་རྒྱས་མཉེས། དེ་ལ་སྡིག་བསགས་ན་སངས་རྒྱས་ལ་སྡིག་ བསག་པར་འགྲོ། དེ་མཆོད་པས་སངས་རྒྱས་ཐམས་ཅད་མཆོད་པའི་ཕྱིར་སློབ་མའི་སྒྲིབ་པ་ ཐམས་ཅད་ཟད་པར་འགྱུར་ཏེ། འཇམ་དཔལ་ཞལ་ལུང་ལས། མ་འོངས་རྡོ་རྗེ་འཆང་བ་སྟེ། །དེ་ལ་བརྙས་བྱེད་སེམས་ཅན་གང༌། །དེ་ཡིས་ང་ལ་བརྙས་བྱེད་པས། །ངས་ནི་དེ་ཀུན་དུས་ སུ་སྤོང༌། །ཞེས་དང༌། འདི་ཡི་དོན་ལྡན་འགའ་ཞིག་ལ། །ང་ནི་དེ་ཡི་ལུས་གནས་ཏེ། །སྒྲུབ་ པོ་གཞན་ལ་མཆོད་པ་ལེན། །དེ་མཉེས་དེ་ཡིས་རང་གི་རྒྱུད། །ལས་ཀྱི་སྒྲིབ་པ་དག་བྱེད་དོ། །ཞེས་གསུངས། འོན་ཀྱང་མོས་གུས་བསྒོ མ་པའི་ཚུལ་ནི་རྩ་བའི་བླ་མ་དེ་ཉིད། དངོས་པོ་ལ་ སུ་གང་ཡིན་རུང་སོ་སོའི་སྐྱེ་བོའམ་འཕགས་པ་སློབ་པ་ལྟ་བུ་དང༌། དགེ་བའི་བཤེས་གཉེན་ ཕལ་པ་སོགས་སུ་བལྟ་བ་མ་ཡིན། སངས་རྒྱས་དངོས་སུ་བསྒོ མ་དགོས་དོན་ལ་སངས་རྒྱས་ གཅིག་དང་མང་པོ་ཁྱད་མེད་ཀྱང༌། མོས་གུས་འཇུག་ཚུལ་ལ་ཁྱད་ཡོད་པས་སངས་རྒྱས་ཀྱང་ གཅིག་གམ་གཉིས་ལྟ་བུ་མ་ཡིན། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཀུན་འདུས་པའི་ 3-1-429 ངོ་བོ་ཡིན། དེའི་ཕྱིར་ཆོས་དང་དགེ་འདུན་ཀུན་ཡང་འདུས། དེ་བས་ན་བདག་གི་བླ་མ་འདི་ དངོས་གནས་ལ་དཀོན་མཆོག་ཀུན་འདུས། བླ་མ་ཉིད་དཀོན་མཆོག་གསུམ། དཀོན་མཆོག་ གསུམ་ཉིད་བླ་མ་ཡིན། རང་རེའི་སྣང་ངོ་དང་བསྟུན་ན། དཀོན་མཆོག་གསུམ་ལས་ཀྱང་བླ་ མ་བཀའ་དྲིན་ཆེ། ཕྱོགས་བཅུའི་སངས་རྒྱས་རྣམས་སྤྱིར་ན་བཟང་སྟེ། བདག་ལ་ཞལ་མི་སྟོན་ གསུང་མི་འབྱོན། སངས་རྒྱས་དང༌། ཡི་དམ་དང༌། བྱང་སེམས་མཁའ་འགྲོ་ཆོས་སྐྱོང་སོགས་ དངོས་སུ་བྱོན་ཀྱང་རུང༌། བདག་ལ་དཔལ་ལྡན་བླ་མས་མཛད་པ་ལས་ལྷག་པོ་མཛད་རྒྱུ་ དང་སྟོན་རྒྱུ་མེད། དེ་དག་དངོས་སུ་མཇལ་བའི་སྐལ་བ་མེད་དུས་འདིར། དེ་རྣམས་ཀྱི་མཛད་ རྒྱུ་ཐམས་ཅད་བླ་མས་མཛད་པ་ཡིན་བཀའ་དྲིན་རང་ཆེའོ་སྙམ་པ་དང༌། ཆོས་བཅུ་པའི་མདོ་ ལས། བླ་མའི་བཀའ་དྲིན་དྲན་ཚུལ་གསུངས་པ། བདག་ཡུན་རིང་དུ་འཁོར་བར་འཁྱམས་ པ་ཚོལ་བར་བྱེད་པ་དང༌། བདག་ཡུན་རིང་དུ་གཏི་མུག་གིས་བསྒྲིབས་ཤིང་གཉིད་ལོག་པའི་ སད་བྱེད་དང་བདག་སྲིད་པའི་རྒྱ་མཚོའི་ནང་དུ་བྱིང་བའི་འབྱིན་བྱེད་དང༌། བདག་ལམ་ངན་ པར་ཞུགས་པ་ལ་ལམ་བཟང་པོ་སྟོན་བྱེད་དང༌། བདག་སྲིད་པའི་བཙོན་རར་བཅིངས་པ་ འགྲོལ་བྱེད་དང༌། བདག་ཡུན་རིང་པོར་ནད་ཀྱིས་ཉམ་ཐག་པའི་སྨན་པ་དང་བདག་འདོད་ ཆགས་ལ་སོགས་པའི་མེས་ཀུན་ཏུ་འབར་བ་ཞི་བར་བྱེད་པའི་ཆར་སྤྲིན་གྱི་འདུ་ཤེས་བསྐྱེད་ དོ། །ཞེས་པ་ལྟར་གྱི་གོ་དོན་ཡིད་ལ་བཞག་སྟེ་མདོར་ན་བླ་མ་སངས་རྒྱས་སུ་ཤེས་པ། བཀའ་ དྲིན་དྲན་པ། གདུང་ཤུགས་དྲག་པ། ཡང་ཡང་མ་བརྗེད་པར་དྲན་པ་དང་བཞི་པོ་མོས་གུས་ ཚད་ཕྱིན་ཏུ་ཆེ་བསྔགས་གོང་མ་དག་གིས་མཛད་པའོ། ། དེ་ནས་བླ་མ་དམ་པ་སློབ་དཔོན་དེ་ཉིད་སློབ་མ་གང་དག་གིས་སྦྱོར་པས་བསྟེན་ཚུལ་ ཡང༌། བླ་མ་ལྔ་བཅུ་པ་ལས། འདིར་མང་སྨོ ས་པ་ཅི་ཞིག་དགོས། །བླ་མ་དགྱེས་བྱེད་གང་ཡིན་ བྱ། །མི་མཉེས་བྱེད་ཀུན་སྤང་བ་ནི། །དེ་དང་དེ་ལ་འབད་དེ་བརྟག །དངོས་གྲུབ་སློབ་དཔོན་ 3-1-430 རྗེས་འབྲང་ཞེས། །རྡོ་རྗེ་འཛིན་པ་ཉིད་གསུངས་པར། །ཤེས་ནས་དངོས་པོ་ཐམས་ཅད་ཀྱིས། །བླ་མ་ཡོངས་སུ་མཉེས་པར་བྱ། །ཞེས་གསུངས་པ་ལྟར་མཉེས་པ་བསྒྲུབས་པ་དང་མི་མཉེས་ པ་སྤོང་པ་ལ་གནད་ཐམས་ཅད་འདུས་ཤིང་དེ་ཡང་མཉེས་པ་བསྒྲུབ་པ་ལ་ལུས་ཀྱི་སྒོ་ནས་ ཟང་ཟིང་གི་འབྱོར་བ་གཅེས་དགུ་ལེགས་འབུལ་དགོས་ཚུལ་སྔོན་མཉམ་མེད་ཇོ་བོ་རྗེ་ཡེར་ བ་ལྷ་རི་སྙི ང་པོའི་མགུལ་ན་བཞུགས་དུས། དགེ་བཤེས་འབྲོམ་གྱིས་གསེར་ཞོ་དགུ་དགུ་ལ་ སྲང་རེ་བྱས་པའི་སྲང་བརྒྱ་དང་བཅུ། རྟ་བཅོ་བརྒྱད་ལ་སོགས་པའི་འབུལ་མོ་ཆེ་ཕུལ། རྔོག་ ལེགས་པའི་ཤེས་རབ་ཀྱིས་བཀའ་གདམས་ཕ་ཆོས་བུ་ཆོས་ཞུ་དུས་གསེར་གྱི་མཎྜལ་མདའ་ གང་བ་ལ་རིན་པོ་ཆེ་སྣ་ཚོགས་པའི་ཚོམ་བུ་བཀོད་ནས་ཕུལ་བ་དང༌། ལྷོ ་བྲག་མར་པ་ལ་ གཞུང་གི་རྔོག་སྟོན་ཆོས་རྡོར་གྱིས་སྙན་བརྒྱུད་ཀྱི་གདམས་པ་ཞུ་དུས་ཕྱི་ནང་གི་ནོར་ཡོད་ཚད་ དང༌། ཐ་ན་ར་མ་རྒན་མོ་རྐང་པ་ཆག་པ་ཡན་ཆད་ཕུལ་བ་ལྟར། ཟང་ཟིང་གི་ནོར་གང་ཡོད་ ཕུལ་ནས་བླ་མ་མཉེས་པར་བྱ་དགོས་ཤིང༌། གཞན་ཡང་བླ་མ་མཆོག་ལ་སློབ་མས་ལུས་ཀྱི་ སྒོ ས་ཕྱག་འབུལ་སྐོར་བ་བྱེད་པ་དང༌། ཉེ་བ་དང་རིང་བའི་ཕྱག་གཡོག་དང་ལས་ཀྱི་མཐའ་ དང༌། ཕོ་ཉ་དང་རྐང་འགྲོ་སོགས་དགོས་པའི་བྱ་བ་ཐམས་ཅད་བྱེད་དེ། ཐ་ན་ཆུ་འཆུ་ཐལ་ འཕྱག་ཚུན་ཆོད་ཀྱང་ལེགས་པར་བྱ་དགོས། ངག་གི་སྒོ་ནས་ཀྱང༌། དངོས་ལྐོག་གང་དུ་ཡང་ སྐུར་འདེབས་དང་གཤེ་བ་སོགས་ཚིག་གཅིག་ཀྱང་མི་བྱེད། ཚིག་འཇམ་པ་དང་དྲང་པོ་བདེན་ པ་ཕྱི་ནང་མེད་པར་སྨྲ། བླ་མའི་ཐུགས་སུ་འཐད་པ་དང༌། རང་ཡང་ཡིད་ཕེབས་པ་དང༌། ཚིག་ གསལ་བས་གབ་གསང་མེད་པར་ནང་ཡན་བྱས་ཀྱིན་ཞུ། སྒོ ་ཐམས་ཅད་ནས་སྙན་པ་དང༌། བསྟོད་པ་དང༌། ཆེ་བ་བརྗོད་པ་དང༌། ཡིད་ཀྱིས་གོང་སྨོ ས་བཞིན་བླ་མ་སངས་རྒྱས་དངོས་ སུ་མཐོང་ཞིང་ཅི་མཛད་ཐམས་ཅད་ལེགས་པ་ཁོ་ནར་བལྟ་བ་སོགས་སྒོ་གསུམ་གྱིས་བསྙེན་ བཀུར་རིམ་གྲོ་གང་གཟབ་ཀྱིས་བླ་མའི་ཐུགས་མགུ་ངེས་བྱ་བ་གལ་ཆེ་ཚུལ་མདོ་སྡེའི་རྒྱན་ 3-1-431 ལས། བཀུར་སྟི་རྙེད་པ་དག་དང་རིམ་གྲོ་དང༌། །སྒྲུབ་པའི་སྒོ ་ནས་བཤེས་གཉེན་བསྟེན་པར་ བྱ། །ཞེས་དང༌། བརྟན་པ་ཇི་སྐད་བསྟན་པ་བསྒྲུབ་པ་དེས། །དེ་ཡི་སེམས་ནི་ཡང་དག་མགུ་ བར་བྱེད། །ཅེས་གསུངས་ལ། བླ་མ་ལ་སློབ་མས་ཡོན་འབུལ་དགོས་ཚུལ། བླ་མ་ལྔ་བཅུ་པ་ ལས། རང་གིས་དམ་ཚིག་སློབ་དཔོན་ནི། །སྦྱིན་མིན་བུ་དང་ཆུང་མ་དང༌། །རང་སྲོག་གིས་ རྟག་བསྟེན་བྱ་ན། །ལོངས་སྤྱོད་གཡོ་བས་སྨོ ས་ཅི་དགོས། །ཞེས་གསུངས་པ་ལྟར་དང༌། དེ་ ལྟར་བྱས་པའི་ཕན་ཡོན་ཡང༌། དེ་ཉིད་ལས། དེ་བྱིན་སངས་རྒྱས་ཐམས་ཅད་ལ། །རྟག་དུ་ ཕུལ་བ་ཉིད་དུ་འགྱུར། །དེ་ཕུལ་བསོད་ནམས་ཚོགས་ཡིན་ཏེ། །ཚོགས་ལས་དངོས་གྲུབ་ མཆོག་དུ་འགྱུར། །ཞེས་སོགས་གསུངས་པས་མཚོན་དེ་འདྲ་མདོ་རྒྱུད་རྣམས་སུ་མཐའ་ཡས་ པ་དག་ལས་འདིར་ཆ་ཤས་ཙམ་ལེགས་བསྡུ་བྱས་པའོ། ། གསུམ་པ་བླ་མ་ལེགས་བསྟེན་གྱི་དགོས་པ་ནི། རྩ་བའི་བླ་མ་དགེ་བའི་བཤེས་གཉེན་ མཆོག་དེ་ཉིད་སློབ་ཚོགས་ཀྱིས་ཇི་བཞིན་ལེགས་པར་བསྟེན་པའི་དགོས་པ་ཕན་ཡོན་གྱི་ཚུལ་ ཡང་འདི་བཞིན་ཏེ། དེ་ལྟར་གུས་བསྟེན་བྱེད་པའི་སློབ་འབངས་རྣམས་ཀྱང་སངས་རྒྱས་ཀྱི་གོ་ འཕང་ལ་ཉེ་བ་དང་རྒྱལ་བ་རྣམས་དགྱེས་པ་དང་དགེ་བའི་བཤེས་གཉེན་གྱིས་མི་ཕོངས་པ་ དང་ངན་འགྲོར་མི་ལྷུང་བ་དང་ལས་ངན་པ་དང་ཉོན་མོངས་པས་ཐུབ་པར་དཀའ་བ་དང༌། བྱང་སེམས་ཀྱི་སྤྱོད་པ་དང་མི་འགལ་ཞིང་དེ་ལ་དྲན་པ་དང་ལྡན་པས་ཡོན་ཏན་གྱི་ཚོགས་ ཀྱིས་ཇེ་མཐོ་ཇེ་མཐོར་འགྱུར་ཞིང་གནས་སྐབས་དང་མཐར་ཐུག་གི་དོན་ཐམས་ཅད་འགྲུབ་ པར་འགྱུར་བ་དང༌། དེ་ལ་བསྙེ ན་བཀུར་བས་བསམ་སྦྱོར་དགེ་བ་ཐོབ་ནས་རང་གཞན་ཀྱི་ དོན་བྱེད་ཅིང་ཚོགས་རྫོགས་པར་འགྱུར་བའོ། །དེ་ལྟར་ཡང་སྡོང་པོ་བཀོད་པ་ལས། རིགས་ ཀྱི་བུ་དགེ་བའི་བཤེས་གཉེན་གྱིས་ཡང་དག་པར་ཟིན་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་ ངན་འགྲོར་མི་ལྟུང་ངོ༌། །དགེ་བའི་བཤེས་གཉེན་གྱིས་བསམ་པའི་བྱང་ཆུབ་སེམས་དཔའ་ 3-1-432 རྣམས་ནི་བྱང་ཆུབ་སེམས་དཔའི་བསླབ་པ་དང་འགལ་བར་མི་བྱེད་དོ། །དགེ་བའི་བཤེས་ གཉེན་གྱིས་བསྐྱངས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་འཇིག་རྟེན་ལས་མངོན་པར་ འཕགས་པ་ཡིན་ནོ། །དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་བྱས་པའི་བྱང་ཆུབ་སེམས་ དཔའ་རྣམས་ནི་སྤྱོད་པ་ཐམས་ཅད་ལ་མི་བརྗེད་པར་སྤྱོད་པ་ཡིན་ནོ། །དགེ་བའི་བཤེས་ གཉེན་གྱིས་ཡོངས་སུ་བཟུང་བའི་བྱང་ཆུབ་སེམས་དཔའ་རྣམས་ནི་ལས་དང་ཉོན་མོངས་པ་ རྣམས་ཀྱིས་ཐུབ་པར་དཀའ་བ་ཡིན་ནོ། །ཞེས་དང༌། རིགས་ཀྱི་བུ་དགེ་བའི་བཤེས་གཉེན་ གྱིས་རྗེས་སུ་བསྟན་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་ལ་སངས་རྒྱས་བཅོམ་ལྡན་ འདས་རྣམས་ཐུགས་མཉེས་པར་འགྱུར་རོ། །དགེ་བའི་བཤེས་གཉེན་གྱི་ཚིག་དང་མི་འགལ་ བར་གནས་པའི་བྱང་ཆུབ་སེམས་དཔའ་ལ་ཐམས་ཅད་མཁྱེ ན་པ་ཉེ་བར་འགྱུར་རོ། །དགེ་ བའི་བཤེས་གཉེན་གྱི་ཚིག་ལ་ཐེ་ཚོམ་མེད་པ་ལ་དགེ་བའི་བཤེས་གཉེན་རྣམས་ཉེ་བར་ འགྱུར་རོ། །དགེ་བའི་བཤེས་གཉེན་ཡིད་ལ་བྱེད་པ་དང་མ་བྲལ་བ་ལ་དོན་ཐམས་ཅད་མངོན་ དུ་འགྱུར་རོ། །ཞེས་པ་དང༌། གསང་བ་བསམ་གྱིས་མི་ཁྱབ་པ་ལས་ཀྱང༌། རིགས་ཀྱི་བུའམ་ རིགས་ཀྱི་བུ་མོ་དག་གིས་ཤིན་ཏུ་གུས་པས་བླ་མ་ལ་བསྟེན་པ་དང་བསྙེན་པ་དང་བསྙེན་ བཀུར་བྱའོ། །དེ་ལྟར་ན་དགེ་བའི་ཆོས་ཐོས་པས་བསམ་པ་དགེ་བ་དང་དེ་ལས་སྦྱོར་བ་དགེ་ བར་འགྱུར་རོ། །དེས་དགེ་བའི་ལས་བྱེད་ཅིང་དགེ་བར་འགྲོ་བས་དགེ་བའི་གྲོགས་མགུ་བར་ བྱེད་དོ། །དེ་ལས་སྡིག་པའི་ལས་མི་བྱེད་ཅིང༌། དགེ་བ་བྱེད་པས་བདག་དང་གཞན་ལ་གདུང་ བར་མི་བྱེད་དོ། །བདག་དང་གཞན་རྗེས་སུ་བསྲུང་བས་ནི་བླ་ན་མེད་པའི་བྱང་ཆུབ་ཀྱི་ལམ་ རྫོགས་པར་བྱེད་པས་ལམ་ངན་པར་ཞུགས་པའི་སེམས་ཅན་རྣམས་ཀྱི་དོན་བྱེད་པར་ནུས་སོ། །དེ་བས་བྱང་ཆུབ་སེམས་དཔའི་བླ་མ་ལ་བརྟེན་ཏེ་ཡོན་ཏན་གྱི་ཚོགས་ཐམས་ཅད་རྫོགས་ པར་བྱའོ། །ཞེས་གསུངས་སོ། །གཞན་ཡང་བཤེས་གཉེན་བཀུར་བས་ནི། ངན་འགྲོ་མྱོང་ 3-1-433 བའི་ལས་རྣམས་ཚེ་འདི་ལ་ལུས་སེམས་ལ་གནོད་པ་ཕྲ་མོ་ཙམ་མམ། རྨི་ལམ་དུ་མྱོང་བས་ ཀྱང་ལས་དེ་རྩ་བ་དྲུངས་ནས་ཟད་པར་འགྱུར་བ་དང༌། སངས་རྒྱས་དཔག་ཏུ་མེད་པ་ལ་ཡོན་ ཕུལ་བ་སོགས་ཀྱི་དགེ་རྩ་རྣམས་ཟིལ་གྱིས་གནོན་པ་སོགས་ཀྱི་ཕན་ཡོན་ཤིན་ཏུ་ཆེ་སྟེ། སའི་ སྙི ང་པོའི་མདོ་ལས། དེས་ཟིན་པ་ནི་བསྐལ་པ་བྱེ་བ་དཔག་ཏུ་མེད་པར་ངན་འགྲོར་འཁྱམས་ པར་འགྱུར་བའི་ལས་རྣམས་ཚེ་འདིར་རིམས་ལ་སོགས་པའམ་མུ་གེ་ལ་སོགས་པ་ལུས་དང་ སེམས་ལ་གནོད་པ་བྱུང་བས་བྱང་བར་འགྱུར་ཏེ་ཐ་ན་བརྒྱད་བཀག་གམ་རྨི་ལམ་ཙམ་གྱིས་ ཀྱང་བྱང་བར་འགྱུར་རོ། །དེས་སངས་རྒྱས་བྱེ་བ་དཔག་ཏུ་མེད་པ་ལ་དགེ་བའི་རྩ་བ་བསྐྱེད་ པ་སྦྱིན་པའམ་མཆོད་པའམ་བསླབ་པ་བཟུང་བ་ལས་བྱུང་བ་རྣམས་སྔ་དྲོ་གཅིག་གིས་ཟིལ་ གྱིས་གནོན་ནོ། །བླ་མ་ལ་བསྙེ ན་བཀུར་བྱེད་པ་ནི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་ལྡན་ པའོ། །ཞེས་དང༌། སངས་རྒྱས་ཀྱི་ཡོན་ཏན་རྣམ་པར་འཕྲུལ་བ་དཔག་ཏུ་མེད་པ་ཐམས་ཅད་ ཀྱང་འདི་ལས་བྱུང་བར་བལྟའོ། །དེས་ན་སངས་རྒྱས་ལ་བྱ་བ་ལྟར་བླ་མ་བསྟེན་པ་དང་བསྙེ ན་ པ་དང་བསྙེ ན་བཀུར་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །སྐྱེས་རབས་ལས་ཀྱང༌། དམ་པ་ རྣམས་ནི་སུས་ཀྱང་མི་བསྲིང་སྟེ། །དུལ་བའི་ཚུལ་གྱིས་དགེ་བ་བསྟེན་པར་བྱ། །དེ་དང་ཉེ་ན་ དེ་ཡི་ཡོན་ཏན་རྡུལ། །ཆེད་དུ་མ་བསྒོ མས་པར་ཡང་གོས་པར་འགྱུར། །ཞེས་པ་ལ་སོགས་པ་ ཕར་ཕྱིན་ཐེག་པའི་སྡེ་སྣོ ད་དུ་དེ་འདྲ་ཆེས་མང་པོ་གསུངས་ཤིང༌། གསང་སྔགས་ཀྱི་སྡེ་སྣོ ད་ དག་ལས་ཀྱང་ཚུལ་དེ་དང་མཐུན་པར་རྡོ་རྗེ་ཐེག་པའི་ཆོས་ཚུལ་འདོམས་པའི་བླ་མ་རྡོ་རྗེ་ འཛིན་པ་སློབ་དཔོན་ཆེན་པོ་གང་ཉིད་རྡོ་རྗེའི་སློབ་བུ་རྣམས་ཀྱིས་གུས་པའི་སྒོ་ནས་ལེགས་ བསྟེན་གྱི་ཕན་ཡོན་ཡང་གསང་ཆེན་བླ་མེད་ཀྱི་གནས་ལུགས་རང་བྱུང་ཡེ་ནས་བཞུགས་པའི་ དོན་དམ་བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་རང་མདངས་ཀྱི་ཆ་རིམ་པས་ཇི་བཞིན་ མངོན་བྱེད་ཀྱི་ཐབས་ཁྱད་པར་བ་ནི་བླ་མ་རྡོ་རྗེ་སློབ་དཔོན་ཁོ་ནས་བཀའ་དྲིན་ལས་གཞན་ 3-1-434 པས་རྙེད་ཐབས་གང་ནས་བྲལ་ཞིང་དེ་ཡང་བླ་མ་དང་སློབ་མ་ཟུང་ཕན་ཚུན་མཚན་ཉིད་ ལེགས་པར་ཚང་ཞིང་བླ་མས་གདམས་ངག་བསྟན་པ་དང་སློབ་མས་ཚུལ་བཞིན་ཉམས་སུ་ བླངས་པ་ཁོ་ནའི་བསོད་ནམས་ཀྱི་བྱེད་པ་ལས་ངེས་པར་འབྱུང་དགོས་ཚུལ་དང་བཅས་ དགྱེས་རྡོར་གྱི་རྒྱུད་ལས་ཇི་བཞིན་གསུངས་པའང་འདི་ལྟ་སྟེ། ཇི་སྐད་དུ། གཞན་གྱིས་བརྗོད་ མིན་ལྷན་གཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །བླ་མས་དུས་ཐབས་བསྟན་པ་དང༌། །བདག་གི་བསོད་ནམས་ལས་ཤེས་བྱ། །ཞེས་གསུངས་ཤིང༌། ཡེ་ཤེས་ཆེན་པོ་དེ་ཉིད་བླ་མས་ བརྡ་སྤྲད་པའི་སྐད་ཅིག་དེ་ཉིད་དུ་སློབ་མ་ལ་རིག་པ་ཡེ་ཤེས་ཀྱི་རང་ངོ་ཉེ་བར་འཕྲོད་པའི་ བཀའ་དྲིན་གྱི་ཆ་ནས་མཁའ་འགྲོ་ཀུན་སྤྱོད་ཀྱི་རྒྱུད་ལས། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང༌། །བླ་མ་རིན་ཆེན་ལྟ་བུའི་སྐུ། །ཞེས་པའང་གསུངས་པ་ཡིན་ ལ། དེ་འདྲའི་བླ་མའི་མན་ངག་ལ་བརྟེན་ནས་སྔོ ན་འདས་པ་དང་ད་ལྟར་གྱི་དུས་དང་མ་ འོངས་འབྱུང་བར་འགྱུར་བ་གང་གི་དུས་རྣམས་སུ་བྱོན་ཟིན་འབྱོན་བཞིན་འབྱོན་འགྱུར་གྱི་ སངས་རྒྱས་ཡོད་དོ་ཅོག་ཀྱང་ངེས་པར་འབྱོན་དགོས་པ་ཤ་སྟག་ལས་མེད་པའི་ཚུལ་ལ་ དགོངས་ནས་ཡོན་ཏན་ཡོངས་བཟུང་གི་རྒྱུད་དུ། བླ་མ་མེད་པའི་གོང་རོལ་ན། །སངས་རྒྱས་ བྱ་བའི་མིང་ཡང་མེད། །འདས་དང་མ་འོངས་སངས་རྒྱས་རྣམས། །བླ་མ་དག་ལ་བརྟེན་ནས་ འབྱུང༌། །ཞེས་གསུངས་ཤིང་བླ་མའི་ཞལ་གྱི་མན་ངག་གི་ཆོས་ལ་མ་བརྟེན་པར་རྣམ་པ་ཀུན་ ཏུ་འཁོར་བ་ལས་ཐར་བའི་དུས་མེད་ཚུལ་ཀྱང༌། རྩ་རྒྱུད་ལས། བླ་མའི་ཞལ་ལ་མ་བརྟེན་ དང༌། །དེ་ཡི་མན་ངག་མ་ཐོབ་པར། །འཁོར་བ་རྒྱ་ཆེ་རྒྱ་མཚོ་ལས། །ཕ་རོལ་ཕྱིན་པར་མི་ འགྱུར་རོ། །ཞེས་གསུངས་པ་དང༌། དབང་ལུང་མན་ངག་སྟོན་པའི་སློབ་དཔོན་ཉིད་ཟབ་མོ་ ཆོས་ཀྱི་མིག་སྙིང་ལུས་ཁོག་དང་འདྲ་ཞིང་འདི་ལྷག་པར་གཉན་པས་བླ་མའི་དམ་ཚིག་ཁོ་ན་ བསྲུང་ནུས་ན་གཞན་སོ་བྱང་སྔགས་ཀྱི་བཅས་མཚམས་ལ་ཉམས་པ་སོང་ཡང་མཐར་ཐུག་ 3-1-435 མཆོག་གི་གོ་འཕང་ལ་བར་ཆད་མི་འོང་ཚུལ་བྲམ་ཟེ་བསོད་སྙོ མས་པའི་རྒྱུད་ལས། དབང་ བསྐུར་བླ་མ་མིག་དང་འདྲ། །མན་ངག་སྟོན་པ་སྙི ང་དང་འདྲ། །རྒྱུད་སྟོན་པ་ནི་ལུས་དང་འདྲ། །དེ་ལ་དམ་ཚིག་མ་ཉམས་ན། །འདུལ་ཁྲིམས་ཉིས་བརྒྱ་ལྔ་བཅུ་དང༌། །བྱང་སེམས་སྡོམ་པ་ཉི་ ཤུ་སོགས། །ཉམས་ཀྱང་རྡོ་རྗེ་འཛིན་པ་ཐོབ། །ཅེས་གསུངས་པ་ལྟ་བུ་ཡིན་ཞིང༌། དགོངས་པ་ དེ་མཐུན་དུ་གྲུབ་པའི་དབང་ཕྱུག་ས་ར་ཧས། བླ་མས་གདམས་ངག་ཕོག་པའི་སློབ་མ་གང་ དག་ལ་ཡེ་ཤེས་ཆེན་པོའི་གཏེར་ཇི་བཞིན་མངོན་དུ་གྱུར་ཚུལ་གསུངས་པ། བླ་མས་སྨྲས་པ་ གང་གི་སྙི ང་ཞུགས་པ། །ལག་པའི་མཐིལ་ན་གནས་པའི་གཏེར་མཐོང་འདྲ། །ཞེས་པ་ལྟར་ དང༌། དཔལ་ལྡན་རྩ་བའི་བླ་མ་མཆོག་གི་བཀའ་དྲིན་ལས་སློབ་ཚོགས་ལ་གྲོལ་བ་ངེས་པར་ ཐོབ་པ་དང་སྡིག་པ་དང་དེའི་འབྲས་བུ་སྡུག་བསྔལ་བཅས་ལས་སྒྲོལ་བཞིན་བདེ་བའི་གོ་ སྐབས་ལེགས་སྦྱིན་གྱི་ཚུལ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་རིམ་ལྔ་ལས་ཀྱང༌། རི་དབང་ རྩེ་ལས་འགའ་ཞིག་ལྷུང་གྱུར་ན། །ལྷུང་བར་མི་འདོད་ཀྱང་ནི་ལྷུང་བར་འགྱུར། །བླ་མའི་དྲིན་ གྱིས་ཕན་པའི་ལུང་ཐོབ་ན། །གྲོལ་བར་མི་འདོད་ཀྱང་ནི་གྲོལ་བར་འགྱུར། །ཞེས་པ་དང༌། སློབ་དཔོན་གྱིས་ནི་སྡིག་པ་འཕྲོག །སློབ་དཔོན་གྱིས་ནི་འཇིགས་པ་སེལ། །སློབ་དཔོན་གྱིས་ ནི་སྡུག་བསྔལ་གྱི། །རྒྱ་མཚོ་འཇིངས་ལས་སྒྲོལ་བར་འགྱུར། །ཞེས་སོགས་དེ་འདྲ་མང་པོ་ མདོ་སྔགས་ཀྱི་བཀའ་བསྟན་བཅོས་དུ་མ་ལས་བྱུང་ལ། དེ་ལྟར་གང་གསུངས་ལྟར་དོན་ལ་ཇི་ བཞིན་མྱོང་བས་གྲུབ་ཚུལ་ཅི་རིགས་སྔོན་བྱོན་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུས་ཤ་དང་ ཁྲག་དང་རུས་པ་དང༌། རྐང་སོགས་ཀྱི་ལུས་དང་སྲོག་བཏང་སྟེ། བྱང་ཆུབ་སེམས་དཔའ་ཆོས་ འཕགས་ལ་བསྙེན་བཀུར་བྱས་པས་ཚེ་དེ་ཉིད་ལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་ པ་དང༌། ནཱ་རོ་པཎ་ཆེན་གྱིས་ཀྱང་གྲུབ་ཆེན་ཏེ་ལོ་པ་བསྟེན་དུས་ལུས་སྲོག་ཐེད་ལ་བོར་ནས་ དཀའ་བ་དཔག་ཏུ་མེད་པ་བྱ་དཀའ་བ་རྣམས་སྤྱད་པས་བཞེད་དོན་གྲུབ་པ་དང༌། མར་པ་ལོ་ 3-1-436 ཙཱས་བླ་མ་ནཱ་རོ་པ་ཆེན་པོ་སྐུ་གཤེགས་ཟིན་ཀྱང་དད་པའི་ཤུགས་ཆེན་པོས་བཙལ་བས་བླ་མ་ དང་མཇལ་བའི་ལོ་རྒྱུས་དང༌། རྗེ་བཙུན་མི་ལས་ལྷོ ་བྲག་མར་པ་ཡབ་ཡུམ་ལ་བསྙེ ན་བཀུར་ བྱས་པས་དོན་ཐམས་ཅད་གྲུབ་པ་དང༌། བྱ་ཡུལ་བས་སྤྱན་སྔ་བ་ཚུལ་བཞིན་དུ་བསྟེན་པས། ནང་མ་གཅིག་ལ་སྡེ་སྣོ ད་གསུམ་དང༌། རྒྱུད་སྡེ་བཞིའི་ཚིག་དོན་མ་ལུས་པ་ཐུགས་ལ་འཁྲུངས་ པ་དང༌། བོད་ལྗོ ངས་ཀྱི་ཆོས་སྡེ་འབྲས་སྤུངས་སུ་བླ་མ་དམ་པའི་བཀའ་བཞིན་སྒྲུབ་པའི་ཉེ་ གནས་ཤིག་བླ་མ་ལས་ལོ་བཅུ་གཉིས་ཀྱི་སྔོན་དུ་མཆོག་གི་དངོས་གྲུབ་ཐོབ་པའི་ལོ་རྒྱུས་ དང༌། དེ་དང་འདྲ་བར་བལ་བོའི་བླ་མ་གྲུབ་ཐོབ་ཅིག་གིས་སློབ་མ་ཉེ་གནས་བཀའ་ལེགས་ སྒྲུབ་མཁན་ཞིག་ཀྱང་བླ་མ་གྲུབ་པ་ཐོབ་པའི་སྔོན་ལོ་བཅུ་གཅིག་ཙམ་ན་གྲུབ་པ་ཐོབ་སོང་བ་ དང༌། ཇོ་བོ་རྗེ་བོད་དུ་བཞུགས་སྐབས་ཁོང་གི་ཐུགས་སློབ་རྣམས་ལས་ཉེ་གནས་འགའ་ཞིག་ གིས་དགོན་པར་མཚམས་སྒྲུབ་མཛད་སྐབས་འགའ་ཞིག་གིས་ཇོ་བོ་ཉིད་ལ་ཞབས་ཏོག་ཕུལ་ བས་ཉམས་རྟོགས་བཟང་རབ་བྱུང་བའི་ལོ་རྒྱུས་ཡོད་པ་དང༌། བླ་མ་ས་སྐྱ་བའི་དངོས་སློབ་ བཀའ་བཞིན་སྒྲུབ་པ་འགའ་སྐུ་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་པ་དང༌། འགའ་ ཞིག་ལ་རྫུ་འཕྲུལ་མངོན་ཤེས་སོགས་ཁྱད་འཕགས་ཀྱི་ཡོན་ཏན་བྱུང་བའི་ལོ་རྒྱུས་མང༌། རང་རེའི་བླ་མ་རྗེ་ཀུན་དགའ་སྙིང་པོའི་ཕྱག་མཛོད་ཀུན་དགའ་དཔལ་བཟང་གིས་ཀྱང་བླ་ མའི་ཞབས་ཏོག་ཁོ་ན་ཚེ་གང་བོར་བསྒྲུབས་པས་ཕྱག་མཛོད་ཉིད་དུས་ཀྱི་ཆོས་དང་ལྡན་ལ་ཉེ་ སྐབས་འཕྲལ་དུ་གནས་ལུགས་ཀྱི་རང་ངོ་ཟིན་ནས་རྟོགས་པ་མངོན་དུ་གྱུར་པ་སོགས་བླ་མའི་ བཀའ་བཞིན་སྒྲུབ་པའི་ཐུགས་སློབ་རྣམས་ལ་གྲུབ་འབྲས་དངོས་བྱུང་གི་ལོ་རྒྱུས་བརྫུན་མེད་ མང་པོ་བཤད་དུ་ཡོད་པ་སྟེ། ཚུལ་དེ་ལུགས་ལ་དགོངས་ནས་སྔོ ན་བྱོན་རྗེ་བཙུན་མི་ལས། བླ་ མ་མཚན་ལྡན་ཞིག་ལ་སློབ་མ་གུས་ལྡན་ཅིག་གིས་གསོལ་བ་བཏབ་ན་སྒོམ་ཞོར་ལ་འོང༌། ཞེས་གསུངས་པ་དང༌། ཇོ་བོ་ཆེན་པོས་ཀྱང༌། ལུས་ངག་ཡིད་གསུམ་བླ་མའི་ཞབས་ཏོག་ཏུ་ 3-1-437 བཀོལ་ན་སྒོ མ་གྱི་དམིགས་པ་གཞན་ནས་བཙལ་མི་དགོས། ཞེས་གསུངས་པ་སོགས་དོན་ ལ་དེ་ལྟར་གནས་པ་ལགས། དེ་ལྟ་བུའི་བཀའ་དྲིན་གཞལ་དུ་མ་མཆིས་པའི་དཔལ་ལྡན་རྩ་ བའི་བླ་མ་གང་ཉིད་ཀྱི་གཟུགས་སྐུ་ཙམ་མཐོང་བའི་ཕན་ཡོན་ཡང་སྡོང་པོ་བཀོད་པ་ལས། དགེ་བའི་བཤེས་གཉེན་མཐོང་བ་ནི། ཡོན་ཏན་རིན་ཆེན་ཐམས་ཅད་ཀྱི་འབྱུང་གནས་སོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ཡོངས་སུ་དག་ཅིང་ཡོངས་སུ་རྫོགས་པའི་རྒྱུའོ། །དྲན་པ་རྣམ་པར་དག་པར་བྱེད་པའོ། །གཟུངས་ཀྱི་དཀྱིལ་འཁོར་ལ་སྦྱོར་བའོ། །ཏིང་ངེ་ འཛིན་གྱི་སྣང་བ་བསྐྱེད་པའོ། །སངས་རྒྱས་མཐོང་བ་བསྒྲུབ་པའོ། །སངས་རྒྱས་ཀྱི་ཆོས་ཀྱི་ སྤྲིན་གྱི་ཆར་འབབ་པའོ། །ཞེས་དང༌། གྲོ་ལུང་པའི་བསྟན་རིམ་ལས། དེ་མཐོང་བས་ཀྱང་ ཡོན་ཏན་རིན་ཆེན་ཚོགས། །ཀུན་འབྱུང་རྒྱལ་སྲས་སྤྱོད་པ་རྫོགས་པའི་རྒྱུ། །དྲན་དང་ཏིང་ འཛིན་གཟུངས་སོགས་འགྲུབ་པ་སྟེ། །སངས་རྒྱས་མཐོང་ཞིང་དོན་ཆེན་ཀུན་རྫོགས་འགྱུར། །གསུངས། ཕ་དམ་པའི་ཞལ་ནས། ཡི་དམ་གྱི་ལྷ་བརྒྱའི་ཞལ་མཇལ་བ་ལས། བླ་མའི་ཞལ་ རས་ལན་ཅིག་མཇལ་བ་ཕན་ཡོན་ཆེ་སྟེ་བོད་བླུན་པོ་ཚོས་མ་གོ །ཞེས་གསུངས་ཤིང༌། བླ་མ་ ལན་རེ་ཙམ་དྲན་པའི་ཕན་ཡོན་ཡེ་ཤེས་གསལ་བའི་སྒྲོན་མེའི་རྒྱུད་ལས། གང་གིས་བསྐལ་པ་ བརྒྱད་ཁྲི་བཞི་སྟོང་གི་བར་དུ་སྦྱིན་པ་བཏང༌། ཚུལ་ཁྲིམས་བསྲུང༌། བཟོད་པ་བསྒོ མ། བརྩོམ་ འགྲུས་བརྩམས། བསམ་གཏན་ལ་མཉམ་པར་བཞག ཤེས་རབ་བསྐྱེད་པ་ལས། ལྷའི་སྐུ་ མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་སྐད་ཅིག་དྲན་པ་བསོད་ནམས་ཆེ། དེ་བསྐལ་པ་བརྒྱད་ཁྲི་ བཞི་སྟོང་གི་བར་དུ་བསྒོ མ་པ་བས་བླ་མ་སྐད་ཅིག་དྲན་པ་བསོད་ནམས་ཆེའོ། །དེ་ཅིའི་ཕྱིར་ ཞེ་ན། ཚེ་འདི་ཉིད་དུ་སངས་རྒྱས་པའི་ཕྱིར་རོ། །ཞེས་དང༌། ཀུན་འདུས་ལས། གང་གིས་ བསྐལ་པ་འབུམ་ཕྲག་ཏུ། །ལྷ་སྐུ་འབུམ་ཕྲག་བསྒོ མ་པ་བས། །བླ་མ་དྲན་པ་བསོད་ནམས་ མཆོག །བསོད་ནམས་འདི་ནི་ཕ་མཐའ་ཡས། །གསུངས། ཀྲི ་ཡ་དཔུང་བཟང་གི་རྒྱུད་ལས། 3-1-438 སྐྱེས་བུ་གང་ཞིག་འཆི་བའི་ཚེ། །བླ་མ་སྐད་ཅིག་དྲན་གྱུར་ན། །འཕོ་བ་ཀུན་གྱི་མཆོག་ཏུ་ འགྱུར། །སྐྱེས་བུ་དེ་ནི་མངོན་སངས་རྒྱས། །ཞེས་གསུངས་པ་ལྟར་དང༌། བླ་མ་ལ་གསོལ་བ་ བཏབ་པའི་ཕན་ཡོན་རྗེ་རྒོད་ཚང་བས་འདི་ལྟར་གསུངས་པ་སྟེ། སྤྱིར་ནི་བསམ་གྱིས་མི་ཁྱབ་ ལགས། །མདོ་ཙམ་བསྡུ་ན་འདི་ཚོ་ཡིན། །གསོལ་བ་བཏབ་པའི་ཕན་ཡོན་ནི། །རྗེ་དང་ཐུགས་ ཡིད་གཅིག་ཏུ་འདྲེས། །གསོལ་བ་བཏབ་པའི་ཕན་ཡོན་ནི། །ཐུན་མོང་མ་ཡིན་རྟོགས་པ་ འཆར། །གསོལ་བ་བཏབ་པའི་ཕན་ཡོན་ནི། །རྒྱུན་ཆད་མེད་པའི་ཉམས་མྱོང་ཡོང༌། །གསོལ་ བ་བཏབ་པའི་ཕན་ཡོན་ནི། །དཀོན་མཆོག་ཐུགས་རྗེས་རྟག་ཏུ་སྐྱོབ། །གསོལ་བ་བཏབ་པའི་ ཕན་ཡོན་ནི། །ཅི་བསམ་དགོས་འདོད་ལྷུན་གྱིས་གྲུབ། །གསོལ་བ་བཏབ་པའི་ཕན་ཡོན་ནི། །མཁའ་འགྲོ་ཆོས་སྐྱོང་བུ་བཞིན་གཟིགས། །གསུངས། དགེ་བཤེས་སྟོན་པའི་ཞལ་ནས། ངས་ ནི་ཡི་དམ་ལྷ་ལ་གསོལ་བ་བཏབ་པ་ལས། ཨ་ཏི་ཤ་ལ་གསོལ་བ་བཏབ་པ་བྱིན་རླབས་ཆེ་ བར་ཉམས་མྱོང་ཡོད། ཅེས་གསུངས་པ་ལྟར་དང༌། བླ་མའི་སྐུ་འདྲ་བཞེངས་པ་དང་མཆོད་ བསྟོད་ཀྱི་ཕན་ཡོན་ཨ་ཏི་བཀོད་པའི་རྒྱུད་ལས། འཇིག་རྟེན་ཁམས་ནི་ཐམས་ཅད་ཀྱི། །གསེར་དངུལ་ལ་སོགས་རྒྱུ་ལས་ནི། །སངས་རྒྱས་དཔག་ཏུ་མེད་པ་ཡི། །སྐུ་གཟུགས་གྲངས་ མེད་བྱས་པ་བས། །བླ་མའི་སྐུ་འབག་སུས་བྲིས་པ། །འདི་ནི་བསོད་ནམས་ཁྱད་པར་འཕགས། །བརྒྱ་སྟོང་ཁྲི་འབུམ་ཆར་མི་ཕོད། །གང་གིས་བླ་མའི་སྐུ་འབགས་ལ། །མཆོད་ཅིང་བསྟོད་པ་ སུས་བྱས་པ། །རྡོ་རྗེ་འཆང་ལ་བསྐལ་པ་བརྒྱར། །མཆོད་ཅིང་བསྟོད་པའི་བསོད་ནམས་ཆེ། །འབུམ་ཕྲག་སུམ་ཅུ་རྩ་ལྔ་ཡང༌། །ཕོད་ཅིང་མཉམ་པ་མ་ཡིན་ནོ། །གསུངས། འདས་མཆོད་ བྱས་པའི་ཕན་ཡོན་ནི། བླ་མའི་ཡོན་ཏན་ཡོངས་སུ་བཟུང་བའི་རྒྱུད་ལས། བླ་མ་འདས་ནས་ གདུང་བས་མཆོད་བྱས་ན། །དགེ་བའི་རྣམ་སྨི ན་བླ་མའི་རྗེས་འབྲངས་ཏེ། །ཐུགས་ཀྱི་ དགོངས་པ་གོང་དུ་ཡོངས་རྫོགས་ཤིང༌། །སློབ་མས་བླ་མའི་རྣམ་ཐར་བསྙེ ག་པར་འགྱུར། 3-1-439 །ཞེས་དང༌། ཨ་ཏི་བཀོད་པའི་རྒྱུད་ལས། འདས་པས་ལོ་ཟླ་ཚེས་གྲངས་ལ། །མ་ནོར་བ་ནི་ བརྩི་བྱས་ནས། །མཆོད་པའི་རྣམ་པ་སུས་བྱས་པ། །ཚོགས་གཉིས་རབ་ཏུ་རྫོགས་པ་དང༌། །ཚེ་འདིར་ལོངས་སྤྱོད་འཕེལ་བར་གྱུར། །ཞེས་དང༌། ཤ་ར་བའི་ཞལ་ནས། འདུས་བྱས་ཀྱི་ དགེ་བ་ལ། དགེ་བའི་བཤེས་གཉེན་ལ་འདས་མཆོད་བྱས་པ་བསོད་ནམས་ཆེ། ཞེས་པ་ལ་ སོགས་རྒྱ་ཆེར་གསུངས་པ་ལྟར་རོ། ། དེ་ལས་འཕྲོས་ཏེ་བླ་མ་བསྟེན་ཚུལ་ཇི་བཞིན་མི་འོང་པ་ལ་ཉེས་པ་ཡོད་ཚུལ་ཅུང་ཙམ་ སྨྲས་ན། བླ་མ་སློབ་དཔོན་གང་ཡིན་ཀྱང་རང་གིས་ཆོས་ཞུ་བའི་ཡུལ་དུ་གྱུར། ཕན་ཆད་བླ་མ་ དེ་ཉིད་ཀྱི་བཀའ་ལས་འདའ་བའི་བྱ་བ་ཆེན་པོ་སློབ་མ་དེས་བྱ་མི་འོས་པ་མ་ཟད་བླ་མ་གང་ དེ་སློབ་མས་བསྟེན་ཚུལ་ཅུང་ཟད་རེ་ལོག་ནའང་དོན་མི་འགྲུབ་པའི་ཚུལ་སྔོན་སློབ་དཔོན་ འཇམ་དཔལ་བཤེས་གཉེན་གྱིས་དཀྱིལ་འཁོར་མངོན་སུམ་དུ་བསྟན་ནས་སངས་རྒྱས་ཡེ་ ཤེས་ཞབས་ལ་ཁྱོ ད་ཐོག་མར་ལྷའམ་ང་ལ་ཕྱག་བྱེད་གསུངས་པས། ད་ལམ་ལྷ་གལ་ཆེ་སྙམ་ ནས་ཕྱག་མཛད་པས་ལྷ་མེད་སོང༌། གཟོད་བླ་མ་རང་ལ་ཕྱག་བྱས་པས་དངོས་གྲུབ་ཐོབ་པར་ གསུངས་པའི་ལོ་རྒྱུས་ལྟར་དང༌། གཞན་ཡང་ཌོམ་བྷི ་ཧེ་རུ་ཀས་དང་པོ་ཕྱུགས་རྫི་བྱེད་པའི་ དུས་སུ། ནཱ་རོ་པ་ཆེན་པོ་ལ་དད་ནས་ཡང་ཡང་མཇལ་བས། ནཱ་རོ་པའི་ཞལ་ནས། ཁྱོ ད་ང་ལ་ དད་དམ་གསུངས། དད་ལགས་ཞུས་པས། འོ་ན་ཆང་ཞིག་ཁྱེ ར་ལ་ཤོག་གསུངས། ཕྱིན་པས་ དེའི་ནུབ་འཁོར་ལོ་བདེ་མཆོག་གི་དབང་བསྐུར་བས། དབང་ཐོབ་པ་དང་གྲུབ་པ་ཐོབ་པ་ མཉམ་དུ་བྱུང༌། དེའི་ཚེ་བྲམ་ཟེ་ཞིག་ཌོམ་བྷི ་པ་ལ་དད་ནས་ཆོས་ཞུ་ཟེར་བ་ལ་བླ་མ་ཌོམ་བྷི ་ པའི་ཞལ་ནས། བྲམ་ཟེ་ལ་ང་རྣལ་འབྱོར་པའི་ཕྱིའི་ཀུན་སྤྱོད་ལ་མ་དད་ན་ཡོན་ཏན་འགྲིབ་པ་ ཡིན་ནོ་གསུངས། བྲམ་ཟེ་ཌོམ་བྷི ་པ་ལ་བརྟེན་ནས་རྫུ་འཕྲུལ་དང་མངོན་ཤེས་ཐོབ་ཅིང༌། བླ་ མ་བསྙེ ན་བཀུར་ཚུལ་བཞིན་དུ་བྱེད་པའི་ཚེ། བླ་མས་ཆང་གསོལ་བའི་ཞལ་སྐྱུགས་ཅུང་ཟད་ 3-1-440 བྲམ་ཟེའི་མགོ་ལ་ཕོག་པ་བྲམ་ཟེ་གཞན་ཞིག་གིས་མཐོང་བ་དེ་ན་རེ། དེ་འདྲ་ཁྱོ ད་ཀྱི་བླ་མ་ ཡིན་ནམ་ཟེར་བ་ལ། ཁོས་ངའི་བླ་མ་མིན་བྱས་པས། ཁོའི་རྒྱུད་ཀྱི་མངོན་ཤེས་དང་རྫུ་འཕྲུལ་ ཐམས་ཅད་དུང་གི་རྡུལ་ཕྱིས་པ་བཞིན་དུ་སོང་ཞིང༌། ཡང་བླ་མ་རིགས་ངན་གྱི་ཁྲིའི་དྲུང་ན་ སློབ་མ་རྒྱལ་པོ་ཡོད་པའི་མགོ་ཐོག་ཏུ་བླ་མའི་སྐྱུགས་པ་བྱུང་བ་ལ་བྱིན་རླབས་བྱུང་སྙམ་པའི་ དད་གུས་ཀྱིས་རྐང་མགྱོགས་ཀྱི་དངོས་གྲུབ་ཐོབ་ཅིང༌། དེ་ནས་མི་མང་པོས་བསྐོར་བའི་ ཚེ། བླ་མ་བྱོན་པ་ལ་ཡིད་ཀྱིས་དད་གུས་བྱས། དངོས་སུ་མིས་འཕྱས་དོགས་ནས་ཕྱག་མ་ བྱས་པས་དངོས་གྲུབ་ཡལ་སྐད། དེ་ལུགས་ཀྱི་ལོ་རྒྱུས་གཞན་ཡང་འཕགས་བོད་གཉིས་ཀྱི་ རྡོ་རྗེ་འཛིན་པའི་བླ་མ་དང་སློབ་མའི་བསྟེན་ཚུལ་ཅུང་མ་ལེགས་པའི་ཉེས་སྒོ་ཅི་རིགས་བཤད་ དུ་ཡོད་ལ། ཁྱད་པར་བླ་མ་བཤེས་གཉེན་དུ་བྱས་ནས་བསྟེན་ཚུལ་ལོག་པ་དངོས་གནས་བྱུང་ བའི་ཉེས་དམིགས་ནི། དེ་ལྟར་བྱེད་པའི་སློབ་མ་གང་དག་ལ་ཚེ་འདིར་ནད་དང་གདོན་དུ་ མས་གཙེ་བ་དང་ཕྱི་མར་ངན་འགྲོའི་སྡུག་བསྔལ་དཔག་ཏུ་མེད་པ་དུས་དཔག་དུ་མེད་པར་ མྱོང་པར་འགྱུར་ཏེ། ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས། བཅོམ་ལྡན་འདས་གང་དག་ སློབ་དཔོན་ལ་བརྙས་པར་བགྱིད་པ་དེ་དག་གི་རྣམ་པར་སྨི ན་པ་ཇི་ལྟ་བུ་ལགས། བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་པ། ལག་ན་རྡོ་རྗེ། ལྷ་དང་བཅས་པའི་འཇིག་རྟེན་སྐྲག་པར་འགྱུར་ གྱི་དེ་སྐད་མ་སྨྲ་ཞིག གསང་བའི་བདག་པོ། འོན་ཀྱང་ཅུང་ཞིག་བརྗོད་པར་བྱ་ཡི། །དཔའ་ བོ་བསྒྲིམས་ཏེ་དེ་ཉོན་ཅིག །མཚམས་མེད་ལ་སོགས་མི་བཟད་པ། །དམྱལ་བ་གང་དག་ངས་ བཤད་པ། །དེ་རྣམས་ཀྱི་ནི་གནས་སུ་བརྗོད། །དེར་ནི་བསྐལ་པ་མཐའ་ཡས་སོ། །དེ་ལྟ་བས་ ན་རྣམ་ཀུན་ཏུ། །དེ་ལ་ནམ་ཡང་བརྙས་མི་བྱ། །ཞེས་དང༌། ལྔ་བཅུ་པ་ལས། སློབ་དཔོན་ལ་ ནི་སྨོ ད་པ་དེ། །ཡམས་དང་མཛེ་དང་ནད་རྣམས་དང༌། །གདོན་དང་རིམ་དང་དུག་རྣམས་ཀྱིས། །རྨོངས་ཆེན་དེ་ནི་འཆི་བར་འགྱུར། །རྒྱལ་པོ་མེ་དང་སྦྲུལ་གདུག་དང༌། །ཆུ་དང་མཁའ་འགྲོ་ 3-1-441 རྐུན་པོ་དང༌། །གདོན་དང་ལོག་འདྲེན་རྣམས་ཀྱིས་ཀྱང༌། །བསད་ནས་སེམས་ཅན་དམྱལ་ བར་འགྲོ། །ནམ་ཡང་སློབ་དཔོན་དག་གི་ནི། །ཀུན་ཏུ་སེམས་དཀྲུགས་མི་བྱ་སྟེ། །གལ་ཏེ་ རྨོངས་པས་བྱས་གྱུར་ན། །དམྱལ་བར་ངེས་པར་འཚེད་པར་འགྱུར། །མནར་མེད་ལ་སོགས་ འཇིགས་རུང་བའི། །དམྱལ་བ་བསྟན་པ་གང་ཡིན་པ། །སློབ་དཔོན་ལ་ནི་སྨོ ད་པ་རྣམས། །དེར་ནི་གནས་པར་ཡང་དག་བཤད། །ཅེས་གསུངས་པ་ལྟར་དང༌། རྒྱུད་སྒྱུ་འཕྲུལ་དྲ་བ་ལས་ ཀྱང༌། ཡོན་ཏན་བཟུང་བས་དངོས་གྲུབ་ཅིང༌། །སྐྱོན་རྣམས་ཀྱིས་ནི་དངོས་གྲུབ་ཉམས། །དེ་ ཡི་གྲིབ་མའང་མི་འགོམ་སྟེ། །མཆོད་རྟེན་བཤིག་དང་འདྲ་བར་གསུངས། །ཞེས་གསུངས་པ་ ལྟར་རང་གི་རྩ་བའི་བླ་མའི་སྐྱོན་བརྗོད་པས་དངོས་གྲུབ་ཐོབ་ཟིན་པའང་ཉམས་པར་བྱེད་པ་ དང་སྐུའི་གྲིབ་མ་འགོམ་ཡུག་ཏུ་བཏང་བས་ཀྱང་མཆོད་རྟེན་བཤིག་པའི་ཉེས་སྒྲིབ་དང་ཁྱད་ པར་མེད་པ་ཡིན་ཞིང༌། གཞན་ཡང་བླ་མ་བསྟེན་ཚུལ་ལོག་པས་ཡོན་ཏན་མ་སྐྱེས་པ་རྣམས་ མི་སྐྱེ་ཞིང་སྐྱེས་པ་རྣམས་ཀྱང་ཉམས་ནས་འགྲོ་སྟེ། ད་ལྟར་གྱི་སངས་རྒྱས་མངོན་སུམ་པའི་ ཏིང་ངེ་འཛིན་བསྟན་པའི་སྡེ་སྣོ ད་ལས། གལ་ཏེ་དེས་དེ་ལ་མནར་སེམས་སམ་ཐ་བའམ་སྡང་ བའི་སེམས་ཀྱིས་གནས་ལ་ཡོན་ཏན་འཐོབ་པ་ནི་གནས་མེད་དོ། །སྟོན་པའི་འདུ་ཤེས་མི་ བསྐྱེད་ནའང་དེ་བཞིན་ནོ། །འདི་ལྟར་ཐེག་པ་གསུམ་པོའི་གང་ཟག་དང་ཆོས་སྟོན་པའི་དགེ་ སློང་ལ་གུས་པ་དང་བླ་མའམ་སྟོན་པའི་འདུ་ཤེས་མི་བསྐྱེད་ན་དེ་དག་མཐོང་བའི་ཆོས་འཐོབ་ པའམ་ཐོབ་པ་ཆུད་མི་ཟ་བ་ནི་གནས་མེད་དེ་མ་གུས་པས་ནི་ཆོས་ནུབ་པར་འགྱུར་བའི་ཕྱིར་ རོ། །ཞེས་གསུངས་པ་ལྟར་ཇི་བཞིན་ཤེས་པར་བྱའོ། །དེ་ལྟར་བླ་མ་བསྟེན་པའི་ཚུལ་ལ་ཇི་ བཞིན་བསྟེན་པའི་ཕན་ཡོན་དང་ལོག་པར་བསྟེན་པའི་ཉེས་དམིག་ལེགས་པར་ཞིབ་ཏུ་ཤེས་ པའི་སྒོ ་ནས་མདོར་ན་བླ་མའི་སྐྱོན་ལ་མི་བརྟག་པ་དང༌། ཅི་མཛད་ཡོན་ཏན་དུ་ཤེས་པ་དང༌། རེ་དོགས་འགོག་པའི་ཐག་ཆོད་དང༌། གཉེན་གཤིན་པའི་བསམ་པ་དང་བཞི་པོ་ཚང་ན་མོས་ 3-1-442 གུས་ལམ་ཏུ་འགྲོ་བར་སྔོ ན་བྱོན་གོང་མ་དག་གིས་གསུངས་ཤིང༌། མོས་གུས་བྱས་པའི་དགོས་ དོན་གོང་མ་དག་གིས་གསུངས་པ། བླ་མ་སངས་རྒྱས་སུ་མཐོང་ན་སངས་རྒྱས་ཀྱི་བྱིན་རླབས་ འཇུག བྱང་ཆུབ་སེམས་དཔར་མཐོང་ན་བྱང་ཆུབ་སེམས་དཔའི་བྱིན་རླབས་དང༌། གྲུབ་ཐོབ་ ཏུ་མཐོང་ན་གྲུབ་ཐོབ་ཀྱི་བྱིན་རླབས། སོ་སོའི་སྐྱེ་བོའི་དགེ་བཤེས་བཟང་པོར་མཐོང་ན་དེ་ དང་མཐུན་པར་བྱིན་རླབས་འཇུག་སྟེ། ལར་མོས་གུས་མེད་ན་བྱིན་རླབས་མི་འཇུག་གོ །ཞེས་ པའི་དོན་ཇི་ལྟ་བ་བཞིན་ཏེ། བྱིན་རླབས་དངོས་གྲུབ་མཐའ་དག་བླ་མ་ལ་མོས་གུས་ཡོད་མེད་ ལ་རག་ལས་ཤིང་མོས་གུས་ནི་བླ་མའི་རྣམ་ཐར་ཇི་བཞིན་ཤེས་པས་ལེགས་པར་བྱུང་དགོས་ པ་དེ་བས་ན་བླ་མའི་རྣམ་ཐར་ཤེས་པས་མོས་གུས་བྱུང་དེ་ལས་མཆོག་ཐུན་མོང་གི་དངོས་ གྲུབ་འབྱུང་བ་ནམ་ཡང་མི་བསླུ་བའི་རྟེན་འབྲེལ་གྱི་འབྱུང་སྒོ་འགོག་མི་ནུས་པ་ངེས་པར་ཡིན་ ཚུལ་དྲི་མེད་འོད་ཟེར་རྒྱས་པའི་རྒྱུད་ལས། རྡོ་རྗེ་སློབ་དཔོན་ཐམས་ཅད་མཁྱེ ན། །ཀུན་མཁྱེ ན་ ཡེ་ཤེས་དབང་གི་རྒྱལ། །མོས་གུས་དྲག་པོ་འབྱུང་བའི་གཞི། །བླ་མའི་རྣམ་ཐར་རྒྱས་བསྡུས་ རྣམས། །ཡིད་བཞིན་ནོར་བུ་ལྟ་བུ་ཅན། །ཡང་ཡང་བལྟ་བར་བརྩོན་གྱུར་ན། །དངོས་གྲུབ་ ཐོབ་པར་ཐེ་ཚོམ་མེད། །ཅེས་གསུངས་པ་ལྟར་མོས་གུས་འབྱུང་བའི་གཞི་བླ་མའི་རྣམ་ཐར་ རྒྱས་བསྡུས་གང་རུང་ལ་བལྟ་ཞིང་དེའི་དོན་ལ་གོམས་འདྲིས་ཀྱིས་ཡང་ཡང་སེམས་པ་གང་ དག་ལ་རང་རང་དང་འཚམས་པའི་དངོས་གྲུབ་དུས་སུ་བསླུ་བ་མེད་ཅིང་སོམ་ཉི་མི་དགོས་པ་ རྡོ་རྗེ་འཆང་ཆེན་པོའི་བཀའ་ལས་ངེས་པར་བྱུང་བས་བདག་གིས་ཀྱང་དེ་ལུགས་ལ་བསམ་ ནས་གོང་དཀྱུས་སུ་དམ་པ་གང་དག་གི་རྣམ་པར་ཐར་པ་ཅུང་ཙམ་རེ་བརྗོད་འོས་དུས་སུ་བབ་ པ་ལ་བརྩོན་པས་འབད་ཁུལ་བགྱིས་སོ། ། བཞི་པ་འཕགས་པ་མཆོག་གི་མཛད་ཚུལ་ནི། སྤྱིར་འཕགས་པའི་ས་ལ་གནས་པའི་ སློབ་པ་དང་མི་སློབ་པའི་འགྲོ་བ་སྐྱོབ་བྱེད་ཀྱི་ཐབས་ལ་མཁས་པའི་མཛད་བཟང་གི་ཚུལ་དེ་ 3-1-443 ཡང་འགྲོ་འདུལ་དུས་སུ་བབ་པའི་ཕན་པ་རླབས་པོ་ཆེའི་མངའ་བདག་གང་དག་གིས་རང་ རང་གི་གདུལ་ཞིང་སྣ་ཚོགས་པའི་དབང་གིས་དཔེར་ན་རྒྱལ་པོའི་རིགས་ཀྱི་གདུལ་བྱ་ལ་ རྒྱལ་པོའི་རྣམ་པ་དང་དགེ་སྦྱོང་གི་རིགས་ལ་དགེ་སྦྱོང་གི་ཚུལ་དང༌། དེ་བཞིན་ཏུ་བྲམ་ཟེ་དང་ དྲི་ཟ་སོགས་རིགས་སྣ་ཚོགས་པ་དེ་སྙེད་ལ་ཐབས་ཚུལ་རང་རང་དང་འཚམས་པའི་མཛད་སྒོ་ དེ་དག་དང་མཐུན་པར་སྟོན་པའི་སྒོ་ནས་འགྲོ་མགོན་དེ་དག་གིས་གདུལ་བྱ་རྣམས་ཀྱི་དོན་ ལེགས་པར་མཛད་པ་ཡིན་ཏེ། མདོ་སྡེ་དག་ལས། རྒྱལ་པོ་འདུལ་བ་ལ་རྒྱལ་པོ། དགེ་སྦྱོང་ འདུལ་བ་ལ་དགེ་སྦྱོང༌། བྲམ་ཟེ་འདུལ་བ་ལ་བྲམ་ཟེ། དྲི་ཟ་འདུལ་བ་ལ་དྲི་ཟའི་གཟུགས་ སུ་སྤྲུལ་ལོ། །ཞེས་སོགས་རྒྱས་པར་གསུངས་པ་ལྟར་དོན་ལ་གནས་པའི་ཕྱིར། ཚུལ་དེ་དང་ མཐུན་པར་གསང་ཆེན་སྔགས་རྒྱུད་ལས་ཀྱང་མཛད་པ་རླབས་ཆེན་མངའ་བའི་བདག་པོ་གང་ དག་གིས་གང་འདུལ་གྱི་འགྲོ་དོན་གདུལ་བྱ་གང་འཚམས་ཀྱི་མཛད་ཆེན་སྒོ་ཀུན་ནས་སངས་ རྒྱས་དང༌། གྲུབ་པ་ཐོབ་པའི་དཔའ་བོ། ཆོས་དང་དགེ་འདུན་གྱི་གཟུགས་སྣ་ཚོགས་པ་དང༌། གཞན་ཡང་ངན་འགྲོ་དང་བདེ་འགྲོའི་གཟུགས་དུ་མ་དང༌། དེ་ཡང་ཕོ་མོ་མ་ནིང་གི་གཟུགས་ དང༌། ཆགས་སྡང་རྨོངས་པའི་རྣམ་ཅན་འགའ་དང༌། བརྟན་པ་སྣོ ད་ཀྱི་གཟུགས་སོགས་ བཟང་ངན་མི་འདྲ་བ་ཆེས་མང་པོ་དག་གི་རྣམ་ཚུལ་གྱི་བཀོད་པ་མཐའ་ཀླས་པའི་ཐབས་ཀྱིས་ འགྲོ་དོན་མཛད་པར་མི་གཡོ་གཏུམ་པོའི་རྒྱུད་ལས་ཇི་སྐད་བཀའ་བསྩལ་པ་སྟེ། རྒྱུད་དེ་ཉིད་ ལས། གང་དང་གང་གི་གཟུགས་ཀྱིས་ནི། །སེམས་ཅན་གདུལ་བར་དེ་ཉིད་འཇུག །དེང་སང་ དེ་ཉིད་ཚུལ་གྱིས་ནི། །འཇིག་རྟེན་དོན་མཛད་ང་གནས་སོ། །འགའ་ཞིག་སངས་རྒྱས་གྲུབ་ ཐོབ་སྤྲུལ། །ལ་ལར་ཆོས་དང་དགེ་འདུན་ཏེ། །ལ་ལར་ཡི་དྭགས་ལ་ལར་ཕྱུགས། །ལ་ ལར་དམྱལ་བའི་གཟུགས་ཅན་ནོ། །ལ་ལར་ལྷ་དང་ལྷ་མ་ཡིན། །ལ་ལར་མི་ཡི་གཟུགས་ཅན་ ནོ། །ལ་ལར་བརྟན་པའི་གཟུགས་ཅན་ནོ། །སྣ་ཚོགས་གཟུགས་ཅན་ཐེ་ཚོམ་མེད། །ང་ནི་ 3-1-444 སྐྱེས་པ་བུད་མེད་དང༌། །མ་ནིང་གཟུགས་སུ་ལ་ལར་རོ། །ལ་ལར་ཆགས་ཅན་ལ་ལར་སྡང༌། །ལ་ལར་རྨོངས་ཤིང་ལ་ལར་གཙང༌། །ལ་ལར་མི་གཙང་གཟུགས་སུུ་དང༌། །སེམས་ཅན་ གཟུགས་ཀྱིས་བདག་གནས་སོ། །ཞེས་སོགས་ཐབས་ཚུལ་སྣ་ཚོགས་པའི་བཀོད་པ་ཇི་བཞིན་ ཞིབ་རྒྱས་སུ་ངེས་པར་གསུངས་པའི་ཕྱིར། དེ་ལྟ་བུའི་དགོངས་པ་མཆོག་ཏུ་ངེས་པར་སོན་ པ་གང་དག་གི་མཛད་པ་རླབས་པོ་ཆེ་མ་ལུས་པ་འབྱུང་བའི་གནས་ནི་གནས་ལུགས་སངས་ རྒྱས་ཀུན་དངོས་རྡོ་རྗེ་འཆང་ཆེན་པོ་སྟེ། དེ་ཉིད་ཀྱིས་སྙི གས་མའི་དུས་རྩོད་ལྡན་གྱི་སྐབས་སུ་ ཚུལ་དེ་དང་མཐུན་པའི་སྒོ་ནས་འགྲོ་དོན་ཉེ་བར་མཛད་པ་ལ་ཡིད་ཆེས་ཏེ་གུས་པས་བསྟེན་ ན་སངས་རྒྱས་མཆོག་གི་ཐུགས་བདེ་ཆེན་གྱི་ཡེ་ཤེས་ཇི་བཞིན་མངོན་དུ་གྱུར་པའི་ངང་ནས་ ལེགས་པར་ཐོབ་པ་ཡིན་ཏེ། ཨིནྡྲ་བྷུ་ཏིའི་ཡེ་ཤེས་གྲུབ་པ་ལས། སངས་རྒྱས་ཀུན་དངོས་བླ་ མ་དམ་པའི་མན་ངག་མེད་པར་སློབ་མ་རང་ཐད་ནས་ཡོན་ཏན་ཇི་ལྟར་རྫོགས་ཀྱང་སྲིད་པ་ ཕྲ་རགས་ལས་ངེས་པར་ཐར་མི་ནུས་ཚུལ་གསུངས་པ། ཡོན་ཏན་ཐམས་ཅད་རབ་རྫོགས་ ཀྱང༌། །བླ་མ་མེད་པར་སྲིད་མཐར་མིན། །ཞེས་པ་ལྟར་ཡིན་པ་དེ་བས་ན་མཐུ་སྟོབས་དབང་ ཕྱུག་བིརྺ་པས་ཀྱང༌། སངས་རྒྱས་ཀུན་དངོས་རྡོ་རྗེ་འཆང༌། །རྩོད་པའི་དུས་འདིར་བདག་དོན་ དུ། །ཀུན་དང་མཐུན་པར་སྟོན་མཛད་པ། །དེ་ལྟར་ཤེས་ནས་དངོས་ཀུན་གྱིས། །བསྟེན་བྱ་ དུས་གསུམ་སངས་རྒྱས་ཀྱི། །དངོས་གྲུབ་བདེ་ཆེན་ཐོབ་པར་འགྱུར། །ཞེས་གནས་ལུགས་ཀྱི་ ཚུལ་ཇི་བཞིན་ཤེས་པའི་ངང་ནས་དེ་ཉིད་བསྒོམ་པ་ལ་གང་གིས་འབད་ཚད་ཟབ་མོའི་གསང་ ཆེན་གྱི་གནད་ལ་མྱུར་ནས་རེག་ངེས་ཀྱི་བཀའ་ལུང་གསལ་པོ་དུས་སུ་བྱུང་བའི་ཕྱིར། ཚུལ་དེ་ ལུགས་ལྟར་དོན་དམ་རྣམ་ཀུན་མཆོག་ལྡན་གྱི་མཛད་པ་གང་འདུལ་འགྲོ་བློའི་ངོར་རང་རང་ གི་དབང་བོ་དང་སྐལ་བ་ཇི་ལྟར་འཚམས་པའི་ཚུལ་དུ་རྣམ་པར་སྤྲུལ་པའི་རོལ་གར་འགོག་ མེད་དུས་སུ་ངེས་པར་བྱུང་ཚུལ་རིགས་ལྡན་སྤྱན་རས་གཟིགས་ཀྱིས་འགྲེལ་ཆེན་དྲི་མེད་འོད་ 3-1-445 དུའང་ཚུལ་དེ་ཁོ་ན་བཞིན་ལེགས་པར་གསུངས་པ་ཡིན་ཏེ། འགྲེལ་ཆེན་དེ་ཉིད་ལས། རྣམ་ པ་ཀུན་གྱི་མཆོག་ལྡན་པ། །སྐུ་ནི་མོས་པ་སྣ་ཚོགས་ལས། །རང་རང་བསམ་པ་སེམས་ཅན་ གྱི། །མཐོང་བས་སྤྲུལ་པའི་མཚན་ཉིད་དོ། །ཞེས་སོགས་ཞིབ་པར་གཏན་ལ་ཕབ་པའང་ཚུལ་ དེ་ག་ལྟར་ལས་གཞན་དུ་འོས་མེད་པས་སོ། །དེ་ལྟར་ན་སློབ་པ་དང་མི་སློབ་པས་བསྡུས་པས་ འཕགས་ཆེན་གྱི་གོ་འཕང་ལ་ངེས་པར་བཞུགས་པ་གང་དག་གི་དུས་ཀྱི་དབང་ལས་རང་རང་ གི་གང་འདུལ་གྱི་གདུལ་བྱ་རྣམས་ཀྱི་བསམ་པ་ལ་ལྟོས་ནས་ཚུལ་དེ་ལུགས་ལྟར་གྱི་མཛད་པ་ བསྟན་པའི་སྒོ ་ནས་འགྲོ་བའི་དོན་ངེས་པར་མཛད་པ་ཡིན་ཏེ། གནས་འོག་མིན་ལྟ་བུའི་ཞིང་ དུའང་དོན་དམ་ཆོས་སྐུའི་རང་མདངས་ཀྱི་རྣམ་པར་རོལ་པ་སྟོན་འཁོར་ཐ་མི་དད་ཅིང་ཀུན་ ནས་རང་སྣང་རྣམ་པ་ཐམས་ཅད་པའི་མཛད་ཆེན་མཆོག་རང་བཞིན་དག་པ་ཆེན་པོའི་གཤིས་ ལུགས་ལྷུན་གྲུབ་གསང་གསུམ་རྒྱན་གྱི་འཁོར་ལོའི་ཆེ་བ་ཀུན་རྫོབ་རིས་སུ་གང་ནས་གཅོད་ མི་ནུས་པའི་བདག་ཉིད་ཅན་གྱི་དབྱིངས་བརྗོད་བྱའི་ཡུལ་ལས་འདས་པའི་ངོ་མཚར་སྒྱུ་མའི་ བཀོད་པ་འབྱམས་ཀླས་པའི་ཚུལ་དང༌། གཞན་སྣང་དག་པ་ས་བཅུའི་སེམས་དཔའ་ཉག་ གཅིག་གི་སྤྱོད་ཡུལ་ཀུན་བཟང་དག་པ་མཆོག་གི་འཁོར་ལོ་བློ་ཆེན་ཡེ་ཤེས་དམ་པའི་མཛད་ སྒོ ་ཕུན་སུམ་ཚོགས་པའི་ཆོ་འཕྲུལ་གྱི་རྣམ་པར་རོལ་པའི་མཛད་ཚུལ་དང༌། ཐུན་མོང་གཞན་ དག་གི་སྣང་ངོར་མཛད་པ་བཅུ་གཉིས་ཀྱིས་མཆོག་གི་སྤྲུལ་སྐུའི་བཀོད་པ་ཁྱད་པར་བས་ འཛམ་གླིང་བྱེ་བ་ཕྲག་བརྒྱ་སོགས་སུ་ངོ་མཚར་གཟུགས་སྐུའི་རྣམ་པ་ཅི་དགར་ཉེ་བར་སྟོན་པ་ དང༌། གཞན་ཡང་དག་པ་དང་མ་དག་པའི་ཞིང་རྣམས་སུ་སྣོ ད་བཅུད་སྣ་ཚོགས་པའི་བཀོད་ པ་འདྲ་མིན་དང༌། བཅུད་ཀྱི་སྐྱེ་འགྲོའི་ཁྱད་པར་བཟང་ངན་བར་མ་གང་ཡང་རུང་བ་སོགས་ གང་འདུལ་གྱི་མཛད་པ་སྐབས་ཀྱི་གདུལ་བྱ་གང་དག་དང་ལེགས་པར་འཚམས་པའི་མཛད་ ཕྲིན་གྱི་སྒོ ་ནམ་ཡང་རིས་སུ་མ་ཆད་ཅིང་དུས་རྟག་པར་བྱུང་བ་ཡིན་ལ། དེ་འདྲའི་མཐར་ཐུག་ 3-1-446 གི་གོ་འཕང་ན་བཞུགས་པའི་མཛད་སྒོ་དེ་དང་མཚུངས་པ་ནི་གནས་སྐབས་སློབ་པའི་ལམ་ གྱི་འཕགས་པའི་ཡེ་ཤེས་ཉེ་བར་མངའ་བ་གང་དག་ལའང་མཆོག་དམན་ཅི་རིགས་པའི་ཚུལ་ གྱིས་ངེས་པར་འབྱུང་ཆོག་པའི་དེ་ལུགས་ལྟར་གྱི་གདུལ་བྱ་འདུལ་བའི་མཛད་རླབས་ཀྱང་ རང་ཚོད་ལ་ལྟོས་པ་ཙམ་གྱིས་རང་རང་གི་མཛད་པ་ཕྲིན་ལས་བྱེད་པ་གདུལ་བྱ་དེ་འཚམས་ དང་མཐུན་པར་མཐོ་བར་དམན་པ་གང་ཡང་རུང་བའི་འཇུག་སྒོ་ཡང་སྔོན་གྱི་སྨོན་ལམ་དང་ ཚོགས་བསགས་ཚུལ་གྱི་ཁྱད་པར་ལས་དེ་ལུགས་སྣ་ཚོགས་པ་ནམ་ཡང་ཆད་པ་མི་མངའ་ བ་ཀུན་ནས་ཤིན་ཏུ་འཐད་པའི་ཕྱིར། དེས་ན་ཚུར་མཐོང་གི་སྣང་ངོ་ལྟར་ལ་སྟོན་པ་མཆོག་ གི་མཛད་ཚུལ་ཀྱང་འཛམ་གླིང་འདི་ལྟ་བུ་ལ་ཐོག་མར་མཆོག་སྤྲུལ་དངོས་ཀྱི་རྣམ་པ་དང་དེ་ ནས་རིམ་པ་དུས་ཀྱི་དབང་གིས་བྱང་ཆུབ་སེམས་དཔའ་དང་བླ་མ་དགེ་བའི་བཤེས་གཉེན་ སྣ་ཚོགས་པ་དང༌། དེ་ཡང་རིམ་པར་མཛད་སྒོ ་ཇེ་དམན་དུ་འོང་བའི་ཚུལ་ལ་རང་ཅག་ལྟ་བུའི་ བློ་དམན་གང་དག་གིས་ཡིད་གཉིས་ཟ་མི་རུང་སྟེ། འགྲོ་འདྲེན་མཆོག་གི་མཛད་པ་མཐའ་ དག་ནི་གདུལ་བྱའི་ཁམས་དབང་འབའ་ཞིག་ལ་ལྟོས་ནས་དེ་ལུགས་བཞིན་དུ་སྣང་བ་ཆོས་ ཉིད་ཡིན་པ་གང་ཞིག གདུལ་བྱ་རྣམས་ཁམས་དབང་རིགས་ཀྱི་ཁྱད་པར་སྣ་ཚོགས་པ་ཡིན་ པས་དེ་མཐུན་དུ་ཕྲིན་ལས་འཇུག་དགོས་ཕྱིན་ཆད་རང་རང་དང་འཚམས་པའི་མཛད་པ་ཞིག་ མ་བྱུང་ཐབས་མེད་ཁོ་ནར་གནས་པའི་ཕྱིར། ཚུལ་འདི་ལ་བསམ་ན་རྒྱལ་བ་སྲས་བཅས་ཀྱི་ འགྲོ་འདྲེན་གྱི་མཛད་སྒོ་དེ་དག་ཀུན་ཀྱང་དུས་དང་གདུལ་བྱའི་རིམ་པ་ལ་ལྟོས་ནས་ཐོག་མའི་ དུས་རྣམས་སུ་མི་མཇེད་འཇིག་རྟེན་འདིའི་འཕགས་ཡུལ་དུ་སྟོན་པ་ཉིད་ཀྱིས་མཆོག་སྤྲུལ་གྱི་ མཛད་པ་དང་དེ་ནས་རིམ་པར་དུས་དང་གདུལ་བྱའི་ཁམས་དབང་བཞིན་ཡོངས་ཀྱི་འདྲེན་ པ་སྔར་ལས་མཛད་ཚུལ་སྐབས་དེའི་སྣང་ངོ་ཙམ་ན་ཇེ་དམན་གྱི་རྣམ་པ་བྱུང་བའི་སྒོ་ནས་རང་ རང་དང་འཚམས་པའི་ཆོས་བསྟན་ནས་གདུལ་བྱ་དེ་ཀུན་རིམ་པས་སྨིན་གྲོལ་ལ་བཀོད་པའི་ 3-1-447 ཐབས་མཁས་མཛད་བཟང་གནང་བ་འདི་ཀ་བཞིན་རྒྱལ་བ་སྲས་བཅས་དག་གིས་མཛད་ པའི་རྣམ་པ་གང་སྟོན་པ་ཐམས་ཅད་ཕྱི་ངོར་སྣང་ཚུལ་ཙམ་ལས་དོན་གྱི་གནས་ཚོད་ལ་བཟང་ ངན་གྱི་དབྱེ་བ་མེད་པར་མཛད་ཆེན་སྟོན་པའི་མངའ་བདག་མཆོག་ཉིད་དང་མི་གཉིས་པ་ ཡིན་ངེས་སུ་འདུག་པས་རྣམ་པ་སྟོན་ཚུལ་ཙམ་ལ་དཔག་ནས་མཐར་ཐུག་གི་གོ་འཕང་བརྙེས་ པ་གང་དག་སླར་ཇེ་ངན་དུ་ཉམས་ནས་འགྲོ་བ་ལྟ་བུའི་ཡིད་གཉིས་ཀྱི་དོགས་པ་རང་ཅག་ལྟ་ བུའི་བློ་དམན་གང་དག་ལ་འབྱུང་ཉེ་ཡང་དེ་ལུགས་ཀྱི་ལོག་པར་རྟོག་པའི་དབང་དུ་འགྲོ་བར་ བྱ་མི་རུང་ངོ༌། ། ལྔ་པ་སོ་སོའི་སྐྱེ་བོའི་གནས་ཚུལ་ཡང་མི་མཇེད་འཇིག་རྟེན་འདི་ལྟ་བུ་ལ་སྔོན་རྒྱ་གར་ འཕགས་པའི་ཡུལ་དུ་རང་ཅག་གི་སྟོན་པ་རྣམ་འདྲེན་བཞི་པ་གང་ཉིད་བྱོན་ནས་ཆོས་ཀྱི་ འཁོར་ལོ་བསྐོར་བའི་དུས་སུ་ལྷ་མིས་གཙོ་བྱས་པའི་ལས་དང་སྐལ་བར་ལྡན་པའི་གདུལ་བྱ་ མང་པོས་བཀའ་ཆོས་ཐོས་པས་སྐད་ཅིག་ཙམ་དང༌། དར་ཅིག་ཙམ་བསྒོ མས་པས་ཀྱང་དགྲ་ བཅོམ་པའི་གོ་འཕང་ཐོབ་པ་དང༌། རྗེས་སུ་ཉེ་གནས་ཀུན་དགའ་བོས་ཀྱང་ཞག་བདུན་ཙམ་ ལས་བསྒོམ་མ་དགོས་པར་དགྲ་བཅོམ་ཐོབ་པར་གསུངས་པ་ལྟ་བུ་དེ་དུས་ཀྱི་ཐེག་དམན་ རིགས་ཅན་གང་དག་དགེ་སྦྱོང་གི་འབྲས་བུ་བཞི་པོ་ཅི་རིགས་པ་ཚེགས་ཤིན་ཏུ་ཆུང་བས་ ཐོབ་སླ་བ་དང༌། བྱ་རྒོད་སྤུངས་རི་སོགས་སུ་སྟོན་པས་ཤེར་ཕྱིན་ཀྱི་སྡེ་སྣོ ད་གསུངས་སྐབས་ སུའང་ཐེག་ཆེན་རིགས་ཅན་རྣམས་ཀྱང་སྐད་ཅིག་རེ་ལ་ཆེས་གྲངས་མང་པོ་ཟབ་པ་དང་རྒྱ་ཆེ་ བའི་གནས་ལ་རང་བྱན་ཚུད་ཅིང་གཟུངས་དང་ཏིང་ངེ་འཛིན་གྱི་སྒོ་མཐའ་ཀླས་པ་གསར་དུ་ ཐོབ་པ་ལ་སོགས་པ་དང༌། འབྲས་སྤུངས་མཆོད་རྟེན་སོགས་སུ་སྟོན་པ་མཆོག་གིས་དཔལ་ ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་བཞེངས་ནས་རྒྱུད་སྡེ་བཞི་པོ་ཅི་རིགས་གསུངས་པའི་དུས་ན་ སྔགས་རིག་འཛིན་པའི་སེམས་དཔའི་འདུ་ཚོགས་གྲངས་མང་པོ་སྐད་ཅིག་རེ་རེ་ལ་ཐུན་མོང་ 3-1-448 དང་ཐུན་མོང་མིན་པའི་དངོས་གྲུབ་ཀྱི་སྒོ་འབྱམས་ཀླས་པའི་གྲུབ་འབྲས་གསར་བ་དུ་མའི་ འཕེལ་ཁ་བཅས་གསང་ཆེན་གྱི་མངོན་པར་རྟོགས་པ་ཆེས་སྨིན་ཞིང་མཐུ་ནུས་ཆེ་བའི་སྔགས་ ལམ་མཚན་ཉིད་པ་འབྲས་བུའི་དུས་ཀྱི་ཁྱད་ཆོས་ཟླ་བྲལ་པ་རྒྱུད་ཀྱིས་དངོས་བསྟན་ཇི་བཞིན་ པ་དུས་སུ་ལེགས་སྨིན་གྱི་སྐལ་བ་ཡོད་པ་སོགས་མདོ་སྔགས་གང་ཐད་ཀྱི་རྟོགས་པ་མཚན་ ཉིད་ཚང་བའི་ཡང་རབ་སྐད་ཅིག་ལ་སྐྱེ་ཐབས་ཀྱི་ཚུལ་ལ་དཀའ་ཚེགས་མི་དགོས་པ་དང༌། དེ་ནས་རིམ་པར་དུས་ཀྱི་དབང་ལས་མདོ་དང་སྔགས་ཀྱི་ནང་རྟོགས་པའི་བསྟན་པ་འབྲས་ བུའི་སྐབས་ཀྱང་མར་མར་ཇེ་དམན་དང་འབྲས་བུ་གང་དག་ཀྱང་ཟད་ནས་སྒྲུབ་པའི་བསྟན་ པ་ཉིད་དུ་རྟོགས་པ་འཕེལ་ཚབས་ཆུང་བར་གྱུར་ནས་བཟུང་རིམ་བཞིན་ཇེ་དམན་དུ་སོང་སྟེ་ བྱང་ཤམྦྷ་ལའི་སྔགས་ཞིང་མ་གཏོགས་འཛམ་གླིང་སྤྱི་ཁྱོན་ཡོངས་ལ་ཐུབ་པའི་བསྟན་པ་མདོ་ སྔགས་གང་ཐད་ནས་མར་མར་འགྲིབ་པའི་ཚུལ་གྱིས་ལམ་མངོན་རྟོགས་ཀྱི་རིམ་པ་ཇི་བཞིན་ སྐྱེ་ཚབས་ཆུང་བའི་སྒོ་ནས་རྟོགས་པ་སྔར་ལས་དམན་བཞིན་རྗེས་མཐུན་ཆ་འདྲ་དེང་དུས་ ཀྱིས་བར་ངེས་པར་བྱུང་འོང་བ་ཡིན་ལ། ཚུལ་དེ་ལྟར་ན་སྟོན་པ་མཆོག་དང་བསྟན་འཛིན་གྱི་ སྡེ་རིམ་པར་བྱུང་བ་དགྲ་བཅོམ་དུ་མ་དང་སེམས་དཔའ་ཆེན་པོ་དང་སྐྱེས་ཆེན་སློབ་དཔོན་ པཎ་གྲུབ་བཅས་ཀྱིས་གདུལ་ཞིང་སློབ་ཚོགས་གང་དག་གི་སེམས་རྒྱུད་ལ་དུས་དང་བསོད་ ནམས་ཀྱི་རིམ་པ་བཞིན་བརྗོད་བྱ་རྟོགས་པའི་བསྟན་པ་འཕེལ་འགྲིབ་དེ་ལུགས་བཞིན་ངེས་ པར་བྱུང་བ་ཡིན་ཏེ། ཐོག་མར་བསྟན་པ་རྫོགས་ལྡན་འབྲས་བུའི་དུས་སུ་ལམ་གྱི་རྟོགས་པ་ སྒོ ་གང་ཐད་ནས་སྐྱེ་བ་མྱུར་བ་གང་ཞིག དེ་ནས་གསུམ་ལྡན་གྱི་དུས་སུ་སྔར་ལས་ཅུང་ཟད་ ཞན་ཏེ་རྟོགས་པའི་ཆོས་སྐྱེ་རིམ་རྫོགས་ལྡན་ལ་ལྟོས་ན་བཞི་ཆ་གཅིག་ཕྲི་བ་དང་དེ་བཞིན་དུ་ གཉིས་ལྡན་སྐབས་བཞི་ཆ་གཉིས་དང་རྩོད་ལྡན་དུས་སུ་བཞི་ཆ་གསུམ་གྱི་ཆ་དམན་ཏེ་བཞི་ ཅ་གཅིག་ཙམ་ལས་མི་ལྷག་པའི་སྒོ་ནས་ཐུབ་པའི་བསྟན་པ་སྔ་དར་རིམ་པར་ཡོངས་སུ་སྡུད་ 3-1-449 བཞིན་དུས་སྐབས་དེ་དག་ཏུ་སེམས་ཅན་གང་གནས་དག་ལ་ཕན་ཐོགས་ཀྱང་སྤྱི་ལྡོག་ནས་དེ་ ལུགས་ལྟར་གྱི་རྗེས་སུ་འགྲོ་ལྡོ ག་བྱེད་པའི་ཕྱིར། །དེས་ན་སྔོ ན་བྱོན་སྐྱེས་ཆེན་གོང་མ་དབང་ པོ་ཡང་རབ་གང་དག་གི་ཐུགས་ལ་འཁྲུངས་པའི་མདོ་སྔགས་གང་གི་སྐབས་ཀྱི་ལམ་མངོན་ རྟོགས་རྣམས་དང་ཕྱིས་སྙིགས་དུས་རྩོད་ལྡན་འདིར་རྗེས་འཇུག་ཕལ་བ་གང་ཡིན་རྣམས་ ལ་མདོ་སྔགས་ཉམས་ལེན་སྐབས་རང་རང་གི་ཐུགས་སྣང་ཉམས་ཙམ་གྱི་རྣམ་པ་དེ་དག་ནི་ ཕྱོགས་རེའི་ཆ་ནས་འདྲའམ་སྙམ་པ་བྱུང་ཡང་གཤིས་ཀྱི་སྡོད་ལུགས་ལ་གནམ་ས་ཙམ་གྱི་ ཁྱད་ངེས་པར་ཡོད་དེ། བསྟན་པ་འབྲས་བུ་སྒྲུབ་པ་རབ་འབྲིང་གི་དུས་ཀྱི་སྐྱེས་ཆེན་ལམ་སྒྲུབ་ པོ་གང་དག་གི་ཐུགས་ཉམས་ལམ་མངོན་རྟོགས་ཀྱི་རིམ་པ་ཕལ་ཆེ་བ་དེ་རྣམས་ཀྱང་རང་ དུས་དང་མཐུན་པའི་རྟོགས་པ་ཤེད་རྒྱས་པ་འབའ་ཞིག་ཏུ་ངེས་པ་གང་ཞིག རྩོད་ལྡན་སྙི གས་ མའི་དུས་འདིར་སྤྱི་ལྡོག་ལམ་ཉམས་ལེན་པ་གང་དག་གི་མྱོང་སྣང་དུ་འཁྲུངས་པ་དེ་རྣམས་ནི་ སྔ་མ་དག་གི་གནས་སྐབས་ལ་ལྟོས་ན་དུས་ཀྱི་དབང་གིས་དངོས་དང་རྗེས་མཐུན་གྱི་ཁྱད་ཆེ་ བས་མཐོ་དམན་ཧ་ཅང་སོང་བའི་ཕྱིར་ཏེ། བསྟན་པ་རབ་འབྲིང་གི་དུས་ཀྱི་གང་ཟག་རྣམས་ ཀྱི་ཐུགས་ཉམས་མཆོག་གི་རྟོགས་པ་མཁའ་ལམ་གྱི་ཟླ་བ་ལྟ་བུ་ཡིན་ན་བསྟན་པ་ཐ་མའི་དུས་ ཀྱི་རྗེས་འཇུག་གང་དག་གི་ཉམས་མྱོང་གི་རིམ་པ་དག་ནི་ཆུ་ནང་གི་ཟླ་བརྙན་ཙམ་གྱི་ཆ་ལས་ སླེབས་མི་ནུས་པ་ལྟ་བུ་ཡིན་པའི་ཕྱིར་ཏེ། དེ་དག་གི་ལམ་མངོན་པར་རྟོགས་པ་རྣམས་ལ་དུས་ དང་བསོད་ནམས་མཆོག་དམན་གྱི་དབང་གིས་བཟང་ངན་གྱི་ཁྱད་པར་དེ་ལུགས་ལྟར་བྱུང་པ་ ཡིན་པའི་ཕྱིར་ཏེ། སྔོ ན་བསྐལ་པ་རྫོགས་ལྡན་དུས་ཀྱི་ཆུ་བོ་གངྒའི་རོ་བཅུད་དེ་དེང་དུས་སུ་ཀ་ ར་བུ་རམ་འོ་མར་བསྲེས་པའི་རོ་བཅུད་ཀྱིས་འགྲན་ཀྱང་ཆ་ཙམ་བསྐྲུན་དུ་མེད་པ་ལྟ་བུ་ཕྱིའི་ སྣོད་ཀྱི་ལེགས་འབྱོར་ལ་ཁྱད་དེ་ལུགས་ཡོད་པ་བཞིན་ནང་བཅུད་གང་ཟག་གི་དབང་པོ་དང་ བློའི་རིམ་པ་ལའང་མཆོག་དམན་གྱི་ཁྱད་དེ་ལྟར་རྗེས་སུ་འགྲོ་ལྡོག་ངེས་པར་འཐད་པའི་ཕྱིར་ 3-1-450 རོ། །འོན་ཀྱང་དུས་སྔ་མ་དང་ཕྱི་མའི་མཆོག་དམན་སྤྱི་ལྡོ ག་སྤྱི་མཐུན་ལས་ཀྱི་སྟེང་ནས་དེ་ འདྲ་ཡིན་མོད། ཁྱད་པར་ནང་གསེས་ལ་རང་རང་གིས་བསགས་ཚུལ་བཟང་ངན་གྱི་བྱེད་པས་ ནི་དུས་སྔ་མའི་སྐབས་སུ་སྤྱིར་ཕྱི་ནང་སྣོད་བཅུད་བཟང་བ་ལ་འགའ་ཞིག་གི་ཚུལ་ལ་ཅུང་མི་ ལེགས་པ་དང་དུས་ཕྱི་མའི་ཚེ་ནའང་ཁྱོན་ངན་ཀྱང་འགའ་ལ་ལེགས་སྒོ་ཅུང་ཟད་རེ་ཡང་ཡོད་ པ་སོགས་སྤྱི་དང་སྒོ ས་ཀྱི་ལས་ཚུལ་ནི་སྣ་ཚོགས་པ་མང་པོ་ཡོད་ལ། སྤྱིར་བླ་སློབ་མཚན་ ཉིད་དང་ལྡན་པ་ལྟ་བུ་ཕན་ཚུན་ལ་ཆ་རྒྱུས་འདྲིས་ཞིབ་ཡོད་པ་དག་ལ་ནི་བླ་མས་སློབ་བུའི་ སེམས་རྒྱུད་ཇི་བཞིན་ཤེས་པའི་སྒོ་ནས་སློབ་རྒྱུད་ལེགས་བཅོས་དང་དེ་ལུགས་ལྟར་གྱི་ཚོད་ འཛིན་པ་ནི་ཤིན་ཏུ་རུང་མོད། དེ་མིན་རང་ཅག་ལྟ་བུའི་རྨོངས་པ་བློ་དམན་རྣམས་ལ་དགོངས་ ནས་སྟོན་པས་ཀྱང་ང་དང་ང་འདྲ་མ་གཏོགས་གང་ཟག་གིས་གང་ཟག་གི་ཚོད་གཟུང་བར་མི་ བྱ་ཞེས་བཀའ་ཉེ་བར་བསྩལ་པ་ལྟར་ཕན་ཚུན་འགྲོ་བ་ནང་གི་རྒྱུད་ཚོད་ཇི་བཞིན་ཤེས་པ་ནི་ ཆེས་ཤིན་ཏུ་དཀའ་ཞིང་འདི་ལ་བརྟེན་ནས་ཉེས་དམིགས་ཀྱི་སྒོ་ཡང་རང་ཅག་ལྟ་བུ་ལ་འབྱུང་ ངེས་པར་ཉེ་བ་སྟེ། གནས་ཚུལ་དེ་ལུགས་ལྟར་གྱི་ཡུལ་མཆོག་དམན་བར་མ་ཅི་རིགས་པར་ སྡོད་པ་གང་དག་ལ་ཇི་བཞིན་གཏིང་མ་དཔོག་བཞིན་ང་རྒྱལ་རང་མཐོང་འབའ་ཞིག་གིས་ འོལ་ཚོད་ཀྱིས་དཔྱད་པ་ལ་བརྟེན་ནས་གཞན་ཕ་རོལ་པོ་དག་བཟང་ངན་ཀྱི་ཁྱད་པར་འབྱེད་ སྔ་བྱེད་པ་ལ་ཧ་ཅང་དགྱེས་ན་རང་ཉིད་ཉམས་པར་འགྱུར་པའི་གནས་ཡོད་པས་དེ་ལུགས་ མཆོག་དམན་ཡོངས་ཀྱིས་ཐུགས་འཇགས་ནན་མོ་དགོས་གལ་ཆེ་བར་སེམས་སོ། །རང་རེའི་ དམ་པ་གོང་མ་སོགས་སྤྱིར་གྱི་འགྲོ་དོན་དུ་ཕན་དགོངས་གང་བཞེས་དག་གི་དེང་དུས་སུ་ སྤྲུལ་པའི་སྐུ་སྔ་ཕྱི་རིམ་བྱོན་དག་ལས་འགྲོ་བའི་མགོན་པོ་ཕལ་ཆེ་བ་ནི་གོང་སྨོས་བཞིན་དུས་ དང་མཐུན་པའི་བསྟན་འགྲོའི་དོན་ལ་ལེགས་བྱོན་གྱི་སྤྲུལ་པའི་སྐུ་སྐྱེས་བསྟན་པའི་རྩ་ལག་ ཉིད་དུ་ངེས་པ་དང་ལ་ལ་རྣམས་ནི་གོང་མ་གང་དག་གིས་བྱིན་གྱིས་རླབས་པས་དེ་ལ་སྤྲུལ་ 3-1-451 བའི་ཐ་སྙད་ཐོགས་པ་ཅི་རིགས་རེ་དང་བཅས་འགྲོ་འདུལ་དུས་སུ་བབ་པ་གང་མང་ཞིག་སྟེ། དེ་རྣམས་ལས་རང་ཅག་གི་ཆོས་རྒྱུད་ཀྱི་དམ་པ་གོང་མ་རིམ་བྱོན་དག་ནི་སྟོན་པ་ཐུབ་དབང་ མཆོག་ལྷ་དང་མིའི་བླ་མ་ཉག་གཅིག་གང་ཉིད་ལས་བརྩམས་ཟབ་མོའི་ཆོས་སྒྲུབ་བརྒྱུད་ཀྱི་ བྱིན་རླབས་དུས་དང་མཐུན་པ་རེ་ད་ལྟ་རང་ཅག་དག་གི་རྩ་བའི་བླ་མ་རྣམས་ལ་ཐུག་གི་བར་ དུ་ངེས་པར་བྱུང་བས་དེ་ལུགས་ལ་ཡིད་ལྷག་པར་ཆེས་དགོས་ཤིང༌། སྔོ ན་བསགས་དམན་ པ་དང་སྨོན་ལམ་ལོག་པ་དང་དུས་ངན་པའི་དབང་ལས་ལ་ལ་དག་ནི་དམ་པའི་རྣམ་པར་ འཕྲུལ་བ་དང་བྱིན་གྱིས་བརླབས་པ་གང་ཡང་མ་ཡིན་པར་ཆོས་མིན་ཆོས་སུ་བརྫུས་ཏེ་གཞན་ མགོ་བསྐོར་བའི་གཡོ་ཐབས་ལ་གནས་པ་ཅི་རིགས་པའང་དུས་དུས་སུ་སྔར་བྱུང་བ་དང་ད་ ལྟ་འབྱུང་བཞིན་པ་དང་ཕྱིས་སུ་འབྱུང་བར་འགྱུར་བ་གང་དག་ཀྱང་སུ་ཡིས་བཟློག་པར་ནུས་ ཏེ་དེ་འདྲའང་བར་བར་དུ་བྱུང་ལ། དེ་དག་གི་ཁྱད་པར་གྱི་གནས་ཚུལ་ཡང་འཕགས་པའི་ མཁྱེན་སྤྱན་མཆོག་གིས་ཇི་བཞིན་གཟིགས་ཤིང་རྣམ་པར་དཔྱོད་པའི་བློ་གྲོས་ཡངས་པ་དག་ གིས་ཀྱང་ཕྱོགས་མཚོན་ཙམ་གྱི་ཆ་དག་ལེགས་པར་གསལ་ནུས་པའང་ཡོད། ཚུལ་དེ་དག་ནི་ ཀུན་རྫོབ་རྣམ་ཤེས་ཀྱི་འཕྲུལ་སྣང་ལ་བཟང་ངན་བར་མ་སྣ་ཚོགས་པ་སོ་སོར་རིས་སུ་གཅོད་ པའི་ཡུལ་སྣང་མཚན་མའི་ཆ་ཐ་དད་པ་འདྲ་མིན་གྱི་སྒོ་མཐའ་ཡས་པའི་རོལ་པ་ཀུན་རྫོབ་ སྒྱུ་མ་འབའ་ཞིག་ཏུ་ཟད་ཀྱི་དོན་ལ་གནས་ལུགས་ཇི་བཞིན་པ་ལྟར་ན་ནི་སེམས་ཅན་ནས་ སངས་རྒྱས་ཀྱི་བར་ཐུན་མོང་སྤྱི་ནོར་རང་བཞིན་དོན་དམ་པའི་ཁམས་ཆོས་ཉིད་འོད་གསལ་ བདེ་གཤེགས་སྙིང་པོ་བརྟན་གཡོ་ཀུན་གྱི་བདག་ཉིད་གཞི་འབྲས་དབྱེར་མེད་དང་པོའི་ སངས་རྒྱས་ངོ་མཚར་གསང་བ་གསུམ་གྱི་ཆེ་བའི་ཡོན་ཏན་མ་ལུས་པ་གདོད་ནས་རང་ཆས་ ལྷུན་གྱིས་གྲུབ་པའི་གཤིས་ལུགས་གཅིག་པུ་ལ་ནི་གང་ཐད་ནས་བཟང་ངན་སོ་སོར་འབྱེད་ དུ་མེད་པར་གཉུག་མ་ཡེ་ཤེས་མཆོག་གི་དེ་ཉིད་དག་མཉམ་ཆོས་ཀྱི་སྐུ་ཡེ་གཞི་དགོངས་ཀློང་ 3-1-452 ཉག་གཅིག་ཏུ་ཀུན་ནས་ངེས་པར་བདེན་ཞིང་དོན་དམ་པའི་རྣམ་པ་མཆོག་ཀུན་ནས་ལྡན་ པའི་གསང་ཆེན་གནས་ལུགས་མཐར་ཐུག་གི་ཚུལ་ཇི་བཞིན་པ་རྒྱལ་བ་རང་ཉིད་ཁོ་ནས་སྤྱོད་ ཡུལ་མ་གཏོགས་དེ་ལས་གཞན་གང་དག་ལ་ཐོག་མ་ནས་འགྲོགས་ཀྱང་ལྐོག་ཏུ་གྱུར་པའི་ ཟབ་གསང་གི་དགོངས་ཆེན་དེ་ཉིད་ངེས་དོན་འཁོར་ལོ་ཐ་མའི་རྗེས་འབྲང་གི་དབུ་མའི་རང་ ལུགས་ཀྱི་རྫོགས་ལྡན་ཆོས་མཆོག་བཟང་པོ་ཁྱད་དུ་འཕགས་པའི་ངེས་པ་དོན་གྱི་ཤིང་རྟའི་ སྲོལ་བླ་ན་མེད་པ་གང་དེ་ནི་ཀུན་གཟིགས་རྒྱལ་བ་བཅོམ་ལྡན་འདས་ལྷ་མིའི་མཆོག་གྱུར་ རྣམ་པར་འདྲེན་པ་ཉིད་ཀྱི་དགོངས་པ་མཐར་ཐུག་པ་ནམ་ཡང་མི་བསླུ་བའི་གནས་ཡང་དག་ ཏུ་ཟབ་མོའི་དེ་ཉིད་མངོན་དུ་གྱུར་པའི་ཀུན་མཁྱེན་ཡེ་ཤེས་མཁྱེན་པ་བཟང་པོའི་ཚད་མའི་ ཡུལ་དུ་ངེས་པར་གྲུབ་པ་དེ་ཀ་ཉིད་ཨེ་མ་ཆེས་ཤིན་ཏུ་ངོ་མཚར་བའི་དགེ་བའི་ལེགས་ཚོགས་ མཐའ་དག་གི་སྤྱི་དཔལ་ཆོས་ཀུན་གྱི་དེ་ཉིད་མི་བསླུ་བར་གོར་མ་ཆག་པ་ལྟར་སྐལ་བ་དང་ ལྡན་པ་གང་དག་གིས་དེ་ལུགས་ཡིད་ཆེས་ན་ལུང་རིགས་དྲི་མ་མེད་པའི་འཇུག་སྒོ་དོན་དམ་ འགལ་འདུ་ཀུན་བྲལ་གྱི་གནས་བླ་ན་མེད་པའི་ཡིན་ལུགས་དམ་པ་ལགས་སོ། ། འདིར་སྨྲས་པ། རྨད་བྱུང་དགེ་ལེགས་རྒྱ་མཚོའི་དཔལ་གྱུར་པ། ། འཁོར་འདས་བརྟན་གཡོའི་དྭངས་བཅུད་སྲོག་ཆེན་པོ། ། དང་པོའི་སངས་རྒྱས་རྒྱལ་ཀུན་སྤྲུལ་པའི་གཞི། ། རང་བྱུང་ཡེ་ཤེས་སྙི ང་པོ་རྒྱལ་གྱུར་ཅིག ། གང་ལས་རྣམ་པར་རོལ་པ་སྒྱུ་མའི་གར། ། འོག་མིན་ཞིང་དུ་ལོངས་སྐུའི་མཛད་པ་ཆེ། ། ངེས་པ་ལྔ་ལྡན་མགོན་དུ་ལེགས་སྣང་བ། ། 3-1-453 འཁོར་ལོའི་དབང་ཕྱུག་རྡོ་རྗེ་འཆང་ཆེན་རྒྱལ། ། རིགས་ཀྱི་བདག་པོས་དཀྱིལ་འཁོར་བཞེངས་པའི་གཙོ། ། གསང་གསུམ་ལྷ་ཡི་འཁོར་ལོའི་མཛད་ཆེན་བདག ། བདེ་སྟོང་ཟུང་འཇུག་ཡེ་ཤེས་རོལ་པའི་སྐུ། ། ཧེ་རུ་ཀ་དཔལ་ཡབ་ཡུམ་གུས་པས་མཆོད། ། ངོ་མཚར་བཀོད་ཆེན་གང་དེ་སྤྲོ་བའི་བདག ། ཤཱཀྱ་སེངྒེ་ལྷ་མིའི་འདྲེན་པ་མཆོག ། མི་མཇེད་འཇིག་རྟེན་ཞིང་འདིའི་གཉེན་གཅིག་པུ། ། སྟོན་པ་གང་དེའི་བཀའ་དྲིན་སྙི ང་ནས་དྲན། ། བདེ་གཤེགས་ཞལ་བཟང་ཉེ་བར་བཞད་པའི་དྲུང༌། ། ངོ་མཚར་སྒྱུ་མའི་བཀོད་བཟང་ལེགས་སྒོ འི་དཔལ། ། ཀུན་ནས་ཉམས་མྱོང་ཟབ་གསང་མཛོད་འཆང་བ། ། ཟླ་བཟང་རིགས་སྲས་བརྒྱུད་བཅས་གསང་ཆེན་བདག ། སྔགས་རིགས་ཞིང་ནས་གསང་ཆེན་དགའ་སྟོན་ཆར། ། ཀུན་ནས་འཕགས་ཡུལ་ཁྲོད་དུ་སླར་བསྐྱིལ་བ། ། འཇམ་པའི་རྡོ་རྗེ་ཡང་གསང་འདྲེན་པའི་ཕུལ། ། བརྒྱུད་འཛིན་ལོ་པཎ་དང་བཅས་གཙུག་གིས་བཀུར། ། རབ་དཀར་ཀེ་ལ་ཤ་ཡིས་ལེགས་བསྐོར་བ། ། མ་སྨད་ནོར་འཛིན་ལྗོ ངས་འདིར་བསོད་ནམས་ཞིང༌། ། ཕུལ་བྱུང་ཆེས་གསང་དགའ་སྟོན་འགྱེད་པའི་བདག ། 3-1-454 སྔོ ན་བྱོན་སྐྱེས་ཆེན་དག་ལ་སྙི ང་ནས་དད། ། ཁྱད་པར་ནགས་རྒྱལ་དཔལ་དུ་ངེས་དོན་གྱི། ། ཆོས་ཆར་ཟབ་མོས་ལེགས་དགའ་སྦྱིན་པའི་གཉེན། ། ཇོ་ནང་པ་ཞེས་ཐོག་མའི་འདྲེན་པ་རྗེ། ། ཀུན་སྤངས་ཀུན་ཏུ་བཟང་པོའི་བཀའ་དྲིན་དྲན། ། རྒྱལ་བའི་དགོངས་ཟབ་ངེས་དོན་སྙི ང་གི་བཅུད། ། སྔ་ན་མེད་པའི་སྲོལ་བཟང་རྫོགས་ལྡན་ལུགས། ། གང་རིའི་ལྗོ ངས་སུ་ལེགས་འབྱེད་ཤིང་རྟ་ཆེ། ། སྤྱན་རས་གཟིགས་དབང་རིགས་ལྡན་སྤྲུལ་པའི་སྐུ། ། གང་གི་ཐུགས་སྲས་ཐུ་བོས་རྗེས་བཟུང་བ། ། ཚ་རོང་ཡུལ་ནས་བྱོན་པའི་དཀའ་བཞིའི་མཚན། ། མདོ་སྨད་ངེས་དོན་བསྟན་པའི་གཞིར་གྱུར་པ། ། ལས་བཞིས་བསྟན་འགྲོ་སྐྱོང་འདི་ཡ་མཚན་གནས། ། རིགས་ལྡན་བླ་མའི་རང་ལུགས་གསལ་མཛད་མཆོག ། འཇམ་དབྱངས་གཞོན་ནུས་བཤེས་གཉེན་ཚུལ་བཟུང་བ། ། ངེས་དོན་ཆོས་ཚུལ་འཛིན་སྐྱོང་ལེགས་སྤེལ་མགོན། ། འཇམ་མགོན་བླ་མ་མཆོག་ཉིད་ཕྱག་གི་ཡུལ། ། གང་དེའི་བརྒྱུད་འཛིན་ལས་བྱུང་ཆོས་ཀྱི་རྗེ། ། ཁམས་ཕྱོགས་སྨག་རུམ་ཁྲོད་དུ་ཆོས་སྣང་གིས། ། བསྟན་དང་འགྲོ་ལ་ལེགས་ཚོགས་ཆེར་སྤེལ་མཁན། ། 3-1-455 གཙང་ཆེན་བླ་མ་རང་ཅག་འགྲོ་བའི་སྐྱབས། ། གཞན་ཡང་འཕགས་བོད་སྤྱི་དང་ཁམས་སྟོད་སྨད། ། གང་དུའང་ངེས་དོན་ཆོས་མཆོག་རྩ་ལག་ཏུ། ། ལེགས་བཞུགས་འགྲོ་འདྲེན་དུས་གསུམ་གྱིས་བསྡུས་པ། ། དེ་དག་ཀུན་ལ་སྙི ང་ནས་མོས་གུས་བསྐྱེད། ། བཀའ་དྲིན་ཀུན་ནས་འཁོར་མཐའ་བྲལ་བའི་གཉེན། ། སངས་རྒྱས་ཀུན་དངོས་རྡོ་རྗེ་འཛིན་པའི་གཙོ། ། རང་ལ་སངས་རྒྱས་ལས་ལྷག་མཛད་བཟང་ཅན། ། རྣམ་གཉིས་དམ་པའི་སྐུ་དྲིན་ལོན་ཐབས་གང༌། ། ཐུགས་རྗེ་མཆོག་གི་བཀའ་དྲིན་ལ་བརྟེན་ནས། ། ལུས་རྟེན་འདི་ལ་རང་གིས་བགོ་སྐལ་དུ། ། རྒྱལ་བསྟན་སྤྱི་དང་ངེས་དོན་ལུགས་བཟང་ཉིད། ། བསོད་ནམས་ཞིང་གི་མེ་ཏོག་སྐལ་བར་ཐོབ། ། དེ་སླད་བཀའ་དྲིན་གསོ་བའི་ཐབས་ཀྱི་མཆོག ། ལེགས་ལམ་ཆོས་ཀྱི་ཉིང་ཁུ་ངེས་པའི་དོན། ། འཛིན་སྐྱོང་སྤེལ་བའི་སྐྱེས་ཆེན་གོང་མའི་ཚུལ། ། གཞུང་བཤད་ལས་རྒྱས་ལྷན་ཐབས་འདི་ངས་བྱས། ། དེ་ཡང་རྒྱལ་བའི་དགོངས་ཟབ་ཐུགས་ཀྱི་བཅུད། ། ཇི་བཞིན་ལེགས་འཛིན་གོང་མར་རིམ་བྱོན་གྱི། ། གསང་གསུམ་རྣམ་པར་ཐར་ལ་ཡིད་ཆེས་ཏེ། ། 3-1-456 གདམས་ཟབ་མྱོང་བས་སློབ་རྒྱུད་འཚོ་ཕྱིར་ཡིན། ། སྐྱེས་ཆེན་གང་དག་གནས་ལུགས་ཆོས་སྐུ་ལས། ། གདུལ་བྱ་རང་འཚམས་མཛད་པ་སྟོན་བགྱིད་ན། ། གསང་གསུམ་ཚུལ་ལ་དད་ཅན་སུ་མི་གུས། ། དེ་ཕྱིར་འདི་ན་གང་བརྗོད་དོན་མེད་མིན། ། གོང་མའི་གསང་གསུམ་ཆེ་བའི་མཛད་བཟང་གི ། ཆེས་ཕྲའི་ཆ་ལ་ཅུང་ཙམ་བསྔགས་འདི་ཡང༌། ། ལེགས་ཆ་གང་སྲིད་བླ་མ་ལྷར་བཅས་ལ། ། མཆོད་པར་བསྟར་ཞིང་ཉེས་ནོངས་གང་མཆིས་བཤགས། ། རྣམ་པར་དཀར་བའི་ལེགས་བྱས་འདིས་མཚོན་ཏེ། ། རང་གཞན་སྐྱེ་འཕགས་སྒོ ་གང་ནས་བསགས་པའི། ། བསོད་ནམས་བགྱི་བ་དོན་ཆེན་གང་ཡོད་དེ། ། མཁའ་མཉམ་འགྲོ་བས་བྱང་ཆུབ་ཐོབ་ཕྱིར་བསྔོ ། ། ཁྱད་པར་ཚུལ་འདིར་སྤྱོད་ལ་དགའ་བའི་གྲོགས། ། ལེགས་བྱས་ཡི་གེའི་འདུ་བྱེད་མི་དམན་པ། ། གང་དེས་སྙི ང་སྟོབས་མཆོག་གིས་ལེགས་འབད་འདིས། ། རིང་མིན་ཁོང་ཉིད་ཆོས་ཀྱི་རྒྱལ་པོར་ཤོག ། གཞན་ཡང་ཡི་གེ་འབྲི་གཞི་ལེགས་བསྒྲིགས་སོགས། ། སྒོ ་གང་ཐད་ནས་མཐུན་རྐྱེན་སྦྱར་ཚད་དང༌། ། རང་ལ་ལྟོ ས་པའི་འབྲེལ་ཐོགས་བཅས་དེ་ཡང༌། ། 3-1-457 མྱུར་ནས་ཆོས་ཀྱིས་གྲོལ་བ་ཐོབ་གྱུར་ཅིག ། ཚུལ་འདིར་མོས་དགེ་ཕུན་ཚོགས་ཀྱིས་དྲངས་ཏེ། ། སུ་ཞིག་དམ་པའི་ཚུལ་ལ་བལྟ་རྟོག་དང༌། ། དད་གུས་དག་སྣང་འཆར་སྒོ ་གང་འཕེལ་ཚད། ། ཚེ་དེར་ཟུང་འཇུག་མཆོག་ལ་རེག་ནུས་ཤོག ། བདག་ཀྱང་ད་ནས་རིང་པོར་མི་ཐོགས་པར། ། རྣམ་མང་འགྲོ་ལ་ཆོས་ཀྱིས་དབང་བསྒྱུར་ཏེ། ། གནས་སྐབས་མཐར་ཐུག་ཕན་བདེ་ཡོངས་སྤེལ་ནས། ། བསྟན་འགྲོའི་དོན་ཆེན་ཟླ་དང་བྲལ་བར་སྨོ ན། ། དེ་སྐད་རྣམ་དཀར་བསགས་སྒོ འི་མཐུ་སྨོ ན་ཀུན། ། དོན་དམ་གནས་ལུགས་དང་པོའི་སངས་རྒྱས་ཉིད། ། རྟག་བརྟན་ཐེར་ཟུག་གཤིས་སུ་བདེན་གང་གིས། ། ཇི་བཞིན་ལེགས་གྲུབ་དགའ་སྟོན་སྤྱོད་གྱུར་ཅིག ། ཅེས་ཇོ་ནང་ཆོས་འབྱུང་གི་ལྷན་ཐབས་བརྒྱུད་རིམ་དཔལ་ལྡན་བླ་མ་གང་དག་གི་མཚན་ ཉིད་རབ་ཏུ་གསལ་བ་ཉི་གཞོན་འོད་སྣང་དད་པའི་པདྨོ་རྣམ་པར་བཞད་བྱེད་ཅེས་བྱ་བ་འདི་ ཡང་སྔར་འཕགས་ཡུལ་དང་བོད་ལྗོངས་སུ་བྱོན་པའི་རང་རེའི་བརྒྱུད་རིམ་གང་དག་གི་ལོ་ རྒྱུས་ཅུང་ཟད་རྒྱས་ཤིང་མདོ་སྨད་ཁམས་སུ་བྱོན་པ་དེ་དག་ལ་བསྡུས་ཙམ་ལས་མེད་པའི་ ཆོས་འབྱུང་རྩ་བ་ལྟ་བུ་ལ་འདིར་མདོ་ཁམས་ཕྱོགས་སུ་བརྒྱུད་འཛིན་གཙོ་ཆེར་གང་བྱོན་ རྣམས་ཀྱི་ལོ་རྒྱུས་མགོ་བར་མཇུག་གསུམ་དུ་རྒྱས་པའི་ཚིགས་སུ་བཅད་པ་སོགས་ཀྱི་སྤྲོས་ པ་བསྐྱུངས་ཏེ་གོ་དོན་གནད་བསྡུས་ཀྱི་རྣམ་ཐར་ལྷན་ཐབས་ཀྱི་ཚུལ་དུ་བཤད་ཁུལ་བགྱིས་ 3-1-458 པ་དེ་ནི་སྔ་སོར་རིང་མོའི་དུས་ནས་མང་དག་ཞིག་གིས་བསྐུལ་བ་དང༌། ཁྱད་པར་བསླབ་ གཙང་ཉམས་ལེན་པ་ཀུན་དགའ་བརྩོན་འགྲུས་ཀྱིས་ངལ་བ་ཁྱད་བསད་ཀྱི་དོན་གཉེར་ཆེ་ བས་རྩོམ་གཞི་ལེགས་འཚོལ་སོགས་མཐུན་རྐྱེན་ཆེར་སྒྲུབ་མཛད་པ་དང༌། ཡང་སྒོ ས་སུ་རང་ གི་ཉེ་གནས་རྣམ་པར་དཀར་བ་ལ་བློ་རྒྱ་རབ་ཏུ་ཡངས་ཤིང་དད་མོས་ལྷག་བསམ་མཆོག་ གིས་རྒྱུད་མངོན་པར་གཏམས་པ་ཅན་ངག་དབང་ཡོན་ཏན་བཟང་པོ་ཞེས་པས་སྙིང་སྟོབས་ ཕྱོགས་ཀུན་ནས་ངེས་པར་བསྐྱེད་དེ་ཆོས་འབྱུང་ལྷན་ཐབས་འདི་བསྒྲིག་གི་སྐབས་ཁོང་ཉིད་ ཀྱིས་འདི་ཕྱོགས་སྔོན་བྱོན་རང་རེའི་དམ་པ་གོང་མ་རྣམ་ཐར་ཡོད་མེད་ཐམས་ཅད་ཀྱི་ལོ་རྒྱུས་ ཕྱོགས་བསྡུས་ཤིག་དད་པའི་རྟེན་དུ་གལ་ངེས་པར་ཆེ་ཚུལ་གྱི་ནན་བཀོད་དུས་སུ་སླར་ལྡོག་ མེད་པར་ཆེར་བརྩོན་དགའ་སྤྲོ་རྒྱ་ཆེ་བས་ཉིད་ཀྱི་བླ་མ་མཆོག་གི་རྣམ་པར་ཐར་པ་སོགས་ དམ་པ་མང་པོའི་ལོ་རྒྱུས་ཞིབ་ཏིག་གིས་རྩད་གཅོད་ཀྱང་མཛད་དེ་ཉེར་བསྐུལ་བཅས་ཀྱིས་ དངོས་རྫས་ཟབ་གོས་གཡུང་རིས་མའི་ཆོས་གོས་རྣམ་སྦྱར་ཁྱད་མཚར་ཅན་དང་མཆོད་རྫས་ གོས་ཡོལ་ལེགས་མཛེས་དཀར་ཡོལ་བཀྲ་ཤིས་རྟགས་བརྒྱད་སོགས་ཀྱིས་རྟེན་འབྲེལ་ ལེགས་མཚོན་དང་བཅས་རང་གིས་ཡི་གེ་ལེགས་པར་འབྲི་བའི་ཐུགས་ཁུར་བཞེས་བཞིན་ རབ་བྱུང་བཅུ་དྲུག་པའི་ནང་ཚན་(ཕྱི་ལོ་༡༩༦༦)མེ་རྟ་ལོའི་དབྱར་ཟླ་དང་པོའི་ནང་ཞིག་ནས་འདི་ རྩོམ་པའི་མགོ་བཟུང་ཉིན་མཁའ་དབྱིངས་སུ་འཇའ་སྤྲིན་སྣ་ཚོགས་པས་གང་བའི་དགེ་མཚན་ བྱུང་བ་ནས་བཟུང་ལོ་དེའི་དབྱར་ཕྱོགས་དང་དེའི་ཕྱི་ལོ་(ཕྱི་ལོ་༡༩༦༧)མེ་ལུག་ལོའི་དབྱར་མགོ་ ནས་དབྱར་མཇུག་རྫོགས་པ་ཡན་ལ་ལོང་སྐབས་གང་བྱུང་དང་བར་བར་རྩོམ་གཞི་མ་རྙེད་པ་ སོགས་ཀྱིས་ཡུན་རིང་འགྱངས་བ་རེ་ཡང་བྱུང་བ་མ་གཏོགས་དེ་འཕྲལ་སྐབས་སྐབས་རྣམས་ སུ་འབྲི་བར་བྱེད་སྐབས་རང་གི་ཉེ་ཆར་བ་དད་བརྩོན་སྙིང་སྟོབས་ལེགས་མངའ་བརྩོན་ འགྲུས་དཔལ་གྱིས་ཀྱང་ཤོག་ལས་སོགས་ཆ་རྐྱེན་གང་དགོས་དུས་སུ་བསྒྲུབས་ཏེ་ཚུལ་དེ་ 3-1-459 ལུགས་ཀྱི་སྒོ་ནས་དཔལ་ལྡན་ཇོ་ནང་པའི་ཆོས་བརྒྱུད་དུ་སྐྱེས་པ་མ་ཏི་ཀིརྟི་ཞེས་པས་ལུག་ ལོའི་སྟོན་ཟླ་ཐ་ཆུང་གི་ཚེས་ཉེར་གསུམ་རྒྱལ་ཕུར་འཛོམ་པའི་སྔ་དྲོའི་ཆ་ལ་མཇུག་ལེགས་ རྫོགས་ཀྱིས་ཉེ་བར་སྦྱར་བ་འདིས་རྒྱལ་བསྟན་ཡུན་རིང་དུ་གནས་ཤིང་མ་ལུས་པའི་ཡིད་ཅན་ གང་དག་ལ་གནས་སྐབས་དང་མཐར་ཐུག་གི་ལེགས་ཚོགས་ཕྱོགས་ཐམས་ཅད་ནས་ཡོངས་ སུ་རྒྱས་པར་གྱུར་ཅིག །དགེའོ། ། པར་བྱང་སྨོ ན་ཚིག འདིར་སྨྲས་པ། ཀུན་རྟོག་རྡུལ་མང་རབ་དྭངས་རང་གཤིས་སྤྲོས་བྲལ་མི་རྟོག་ཡེ་ཤེས་ འཁོར་འདས་ཡོངས་ཁྱབ་ཆུ་གཏེར་མཚུངས། །རྟག་ཆད་སྤངས་པའི་མཐའ་བྲལ་དབུ་མ་ཆེན་ མོའི་ལུགས་བཟང་ཀུན་རྟོག་ཡུལ་འདས་བརྩེ་ཆེན་རླབས་ཕྲེང་གཡོ། །ཕྱོགས་ལྷུང་དང་བྲལ་ ཆ་མེད་ཀུན་ཁྱབ་སྐུ་ཞིང་ཅིག་ཆར་རབ་སྟོན་འཁོར་འདས་སྣང་བརྙན་འབད་མེད་ངོམ། །ཡེ་ བཞུགས་ད༷མ་པ༷་ད༷ང་པོ༷འི་ས༷ངས་རྒྱ༷ས་རྟག་བརྟན་ནང་དབྱིངས་གཡོ་མེད་ལྷུན་གྲུབ་དེ་ལ་ གུས་པས་འདུད། །ག༷ང་སྐུ་ཞིང་ཁམས་ཀུན་ལ༷འང་དུས་གསུམ་ཀུན་ཏུ་སྐུ་གསུམ་མཛད་ བཟང་དཔག་ཡས་འགྲོ་ལ་ཅིག་ཆར་སྟོན༷། །ག༷ང་གསུང་འགྲོ་བ་ཀུན་ལ༷འང་སྒྲ་སྐད་སྣ་ ཚོགས་ཡིད་ཀྱི་རྗེས་འགྲོ་ཇི་བཞིན་དམ་ཆོས་ཅིག་ཆར་སྟོན༷། །ག༷ང་ཐུགས་ཤེས་བྱའི་གནས་ ལ༷འང་མ་འདྲེས་སོ་སོར་གསལ་བར་མཁྱེན་པས་དེ་ལུགས་ཐབས་མཁས་ཅིག་ཆར་སྟོ༷ན། །ག༷ང་དེ་རྡོ༷་རྗེ༷་འཆ༷ང་ལ༷འང་སྙན་ཚིག་བསྟོད་བསྔགས་ཨུཏྤལ་ཕྲེང་བསྟར་དད་བཅས་རྣམ་ འགྱུར་དུ་མ་སྟོ༷ན། །འདོད་ཆགས་རྙོག་མའི་སྒྲིབ་གཉིས་ལས་གྲོལ་རྟག་ཏུ་འདོད་ཆགས་ཆེན་ པོའི་རྦ་རླབས་གཡོ་ཞིང་བརྩེ་ཆེན་རླན། །དངོས་དང་དངོས་མེད་རྣམ་པ་དང་བྲལ་དྲུག་བརྒྱ་ སོ་དྲུག་རྟེན་དང་བརྟེན་པའི་རྒྱུ་སྐར་སྣང་བརྙན་གསལ། །གཅིག་དང་དུ་མའི་གཟུགས་ཀུན་ 3-1-460 སྤངས་པའི་རྒྱུད་སྡེ་བྱེ་བའི་པད་དཀར་དབུས་སུ་སྐལ་བཟང་གསེར་ལྡན་མར། །གདམས་ ངག་ནོར་བུའི་འཁྲི་ཤིང་རྒྱས་པ་ཨེ༷་ཝ༷ཾ་ཟུ༷ང་འཇུ༷ག་ལྷ་དབང་ཐོར་ཅོག་བཀྲོལ་བའི་བཀུར་ འོས་གནས། །སྐལ་བཟང་རྣམ་འདྲེན་སྟོང་ལས་ཐུགས་བསྐྱེད་ཁྱད༷་འཕ༷གས་ཨུཏྤལ་དཀར་ པོས་ནོར་འཛིན་འགེངས་བཞིན་འགྲོ་བའི་དོན། །གཟིགས་པས་སྐལ་ཆེན་རྣམས་སུ་ཚོགས་ གཉིས་ཁྱ༷ད་འཕ༷གས་མཐར་ཕྱིན་མདོ་སྔགས་སྦྲང་རྩིའི་རྒྱུན་བཟང་འབད་མེད་ལུད། །དཔག་ ཡས་འགྲོ་བའི་སྙིམ་པར་བླུགས་ཏེ་ཁྱད༷་འཕ༷གས་སྨན་འདི་འཐུང་བས་ཉོན་མོངས་ནད་ཀུན་ དྲུངས་ཕྱུང་བ། །བུ༷་ར༷མ་ཤི༷ང་པ༷་སངས་རྒྱས་ཀུན་ལས་ཁྱད༷་འཕ༷གས་ལྷ་ཡི་ལྷ་ལའང་གུས་ པས་མཚན་བཟང་འཁོར་ལོ་འདུད། །ཧེ་མ་བྷ་དཱའི་བྱང་ཕྱོགས་བསིལ་རིའི་དབུས། །རྫོགས་ ལྡན་ཆོས་གཏེར་གངས་ཀྱི་རྒྱལ་མོ་འགྱིང༌། །ལྟ་ངན་ལོག་སྨྲ་ཝ་སྐྱེས་དཔུང་ཚོགས་བསྙི ལ། །ཟླ༷་བཟ༷ང་ལ་སོགས་ཆོ༷ས་རྒྱ༷ལ་ཡོངས་ལ་གུས། །འཛམ་གླིང་ལྷོ ར་གནས་བསགས་སྟོབས་ མཐུ་སྨི ན་གཟིགས། །ཀ་ལཱ་པ་རུ་རྫུ་འཕྲུལ་སྟོབས་ཀྱིས་ཕེབས། །དུས་འཁོར་རྒྱུད་རྒྱལ་ འགྲེལ་ཆེན་བཅས་གདན་དྲངས། །དུ༷ས་ཞ༷བས་ཆེ༷་སོགས་རྒྱུན་འཛིན་ཕྱག་གི་ཡུལ། །མདོ་ སྔགས་རྒྱལ་བསྟན་རིན་ཆེན་སྣ་ཚོགས་འདི། །དབང་ལུང་མན་ངག་གསེར་གྱི་སྲད་བུར་ བསྟར། །སྐལ་ལྡན་མགྲིན་པའི་རྒྱན་དུ་སྤྲས་པ་འདི། །ལོ༷་པ༷ཎ་རི༷མ་བྱོ༷ན་བཀའ་དྲིན་ཡིན་ ཡང་དྲན། །རྟག་ཆད་ལྟ་བར་མུན་སྟུག་རྒོལ་ངན་ཀུན། །རྟེན་འབྱུང་རིགས་པའི་བཅུ་གཉིས་ བདག་པོས་བསལ། །རྫོགས་ལྡན་ལམ་མཆོག་ལུགས་སྲོལ་གསར་བཏོད་མཁན། །མཁས་ མཆོག་དོ༷ལ་པོ༷་ས༷ངས་རྒྱ༷ས་དགེ་ལེགས་སྩོལ། །རབ་འབྱམས་ཤེས་བྱ་མཐའ་དག་ཐུགས་སུ་ ངེ༷ས། །ངེ༷ས་དོན་སྙི ང་པོའི་ལུགས་བཟང་སླར་གསལ་མཛ༷ད། །མཛ༷ད་སྤྱོད་བཟང་པོས་གངས་ ལྗོ ངས་རྫོགས་ལྡན་ཞི༷ང༌། །ཞི༷ང་ཁམས་ལྟར་མཛད་ཏཱ༷་ར༷་ནཱ༷་ཐ༷ར་གུས། །མི་བཟོད་སྲིད་པའི་ བཙོན་ཁང་ར་བ་རུ། །ཉམ་ཐག་འགྲོ་བ་མགོན་མེད་གཏན་འཁྱམས་རྣམས། །ཐུགས་རྗེས་ 3-1-461 ཤུགས་ཀྱི་བདེ་ཆེན་ཁང་བཟང་ལ། །འདྲེན་མཛད་བཤེ༷ས་གཉེན༷་རྣམས་ལ་གུས་ཕྱག་འཚལ། །གསང་གསུམ་ཡོན་ཏན་ག་བུར་གཏེར་མཛོད་ཀྱིས། །སྐལ་ལྡན་ཀུ་མུད་ཚལ་ཡང་རབ་ཏུ་ བཞད། །མ་དད་ཐེ་ཚོམ་སེལ་བྱེད་བདུད་རྩི་འཛག །ཐར་འདོད་དོན་གཉེར་ལྡན་རྣམས་འདི་ མྱང་རིགས། །སྔོ ན་མེད་ལེགས་བཤད་ན་ཆུང་འགྲམ་ཆང་གིས། །སྐལ་ལྡན་བ་ཀུ་ལ་ཡི་ཚལ་ འབྱེད་དེ། །དད་གསུམ་མངར་ལྡན་སྙི ང་པོའི་རོ་མཆོག་གིས། །རྒྱལ་བསྟན་ར་ཡིག་གཉིས་ པ་རིང་སྐྱོང་མཛད། །དཔ༷ག་ཡས་འགྲོ་ལ་ཡང་དག་ལམ་སྟོན་ཞིང༌། །དཔ༷ག་མེད་ཡོན་ ཏན་རྣམས་ཀྱིས་ལེགས་པར་བརྒྱན། །དཔ༷ག་ཏུ་མེད་པའི་གསང་གསུམ་ཡོན་ཏན་ཚོགས། །དཔ༷ག་དཀའ་སྙན་པའི་ངག་ལས་དྲངས་ཏེ་བརྗོད། །གང་སྐུ་ཞོ་འཐུང་དབང་པོའི་ཕུང་པོ་ནི། །མཐུན་ངོར་དུས་ཀྱིས་འཇིག་པ་དང་བྲལ་ངང༌། །ཞབས་བརྟན་གཉིས་འཐུང་ཁྲི་ལ་ལེགས་ འཁོད་ནས། །ཐེག་གསུམ་ཆོས་འཁོར་བསྐོར་རྣམས་རང་ཅག་སྤྲོ། །གང་དག་འཇམ་དཔལ་ དབྱངས་དང་ཐ་དད་བྲལ། །ལྟ་ངན་བག་ཆགས་དང་བཅས་གཏན་ནས་སྤངས། །སྤང་བླང་ གནས་ལ་རྒྱལ་བ་རྣམས་དང་མཉམ། །རབ་འབྱམས་གནས་རྣམས་ལ་མཁས་བླ་༷མ༷ར་དད། །ང༷ག་གི་དབ༷ང་ཕྱུག་ཡི་དམ་ལྷ་རུ་ངེ༷ས། །ངེ༷ས་དོན་བློ་༷གྲོ༷ས་རྩལ་གྱིས་ཆོས་དུང་སྒྲ༷། །སྒྲ༷་ འཛིན་ལམ་དུ་གྲག༷ས་པ༷འི་རྒྱུད་བརླན་ཞི༷ང༌། །ཞི༷ང་འདིར་རྫོགས་ལྡན་སླར་ཡང་གསལ་བར་ བྱས། །དོན་དང་མ་འབྲེལ་བརྗོད་བྱ་སྤངས་པའི་ང༷ག །ངག༷་གི་འདབ་མ་རྒྱས་པས་ཡོངས་ སྨྲ་དབ༷ང༌། །དབ༷ང་རྟུལ་གཟུང་འཛིན་ལས་གྲོལ་མི་རྟོག་བློ།༷ །བློ་༷དམན་ཡོངས་ལ་སྐྱེ་བའི་ གཏམ་གླེང་གྲོས༷། །གྲོ༷ས་འདེབས་ཡང་ཡང་བརྩེ་གཟིགས་མཚན་སྙན་གྲག༷ས། །གྲག༷ས་སྙན་ མི་སྒྲུབ་ཟབ་མོའི་དོན་སྤྱོད་པ༷། །པ༷་ཊུ་བ་ཡིས་སྔོ ན་རབས་ཆོ༷ས་འབྱུ༷ང་བརྩམས། །ཆུ་ཡི་ཐུབ་ པས་རྡུལ་བརྩེགས་འདབ་བརྒྱད་རི་བོའི་རྣ་བར་རྟོན་བཞི་ལྡན་པའི་ལུང་གིས་རབ་བསྔགས་ གནས། །ཚོགས་གཉིས་ཉིན་བྱེད་རབ་ཏུ་སྣང་བའི་རྩེ་དགའ་དང་འདྲེས་དབང་སྔོ ན་མཁའ་ 3-1-462 ཕྱོགས་འདབ་སྟོང་དུ་མ་ཡིས། །ཟླ་བའི་འཕེལ་མཐར་བསྐོར་བའི་དྲི་བཟང་ངད་འཐུལ་མཁས་ མང་དར་དིར་སྒྲོག་པ་ལུང་རིགས་འདབ་གཤོག་ལྡན། །གྲུབ་པའི་རྒྱུན་འཛིན་དཔལ་སྡུག་ ལྡན་པའི་སྔོ ན་མེད་སྤར༷་གྱི་༷ལེག༷ས་བྱས༷་ཉེས་འཇོམས་སྨན་རྩི་འཛད་མེད་ལུད། །འབད་ མེད་དབང་དུ་འདུས་པའི་དངོས་རྫས་མཐའ་དག་འཇིག་རྟེན་བྱེད་པོ་དང་མཚུངས་མཁའ་ཡི་ རྒྱལ་མཚན་འཁྱི ལ། །གཡོ་བྱེད་འཕྲུལ་གྱིས་ཕྱོགས་བཅུར་བསྐྱོད་བཞིན་གསེར་འོད་ཞགས་ པའི་རྩེ་དགའ་དང་འགྲོགས་ནམ་མཁའི་རྔ་གསང་ལྡི ར། །བསགས་སྟོབས་ལས་བྱུང་འདས་ ལྡན་དུ་མས་རྣམ་མང་དངོས་རྫས་སྤྲིན་གྱི་མེ་ཏོག་སྨན་ལྗོངས་གནས་སུ་འཐོར། །སྟོང་གསུམ་ རིན་གྱིས་གཞལ་མེད་ཕན་བདེའི་འབྱུང་གཞི་པ༷ར་བསྐྲུ༷ན་རྐང་འཐུང་དབང་པོ་དྲི་ངད་ལྡན་ པས་ཁྱབ། །སྐུ་བརྙན་ལྦུ་ཕྲེང་འཛུམ་དཀར་སྟོང་ལྡན་གཡོ་ལྡེ མ་འཇམ་མཉེན་ལྗང་གསལ་ པདྨོའི་ཁེབས་པའི་ཆུ་གཏེར་བཞིན། །གསང་གསུམ་སྣང་བརྙན་ཤར་བའི་བསིལ་དྭངས་ དབུལ་སེལ་ཡི༷ག་ཚོ༷གས་རིན་ཆེན་བརྒྱས་གཏམས་བྱིན་རླབས་ན་བུན་འཐུལ། །རྟེན༷་གསུ༷མ་ གསར་བའི་ཆར་གྱིས་ཁུར་ལྕི་མགྱོགས་འགྲོ་ལ་བརྟེན་ནམ་མཁའི་གླང་པོ་མཁའ་ལམ་རྣམས་ སུ་ཉུལ། །འགྲོ་དྲུག་འཛིན་མར་ཟབ་རྒྱས་ཆར་གྱི་འདུ་བྱེད་དང་མཐུན་ཕན་བདེའི་པདྨ་དཀར་ པོས་སྲིད་འདིར་ཁྱབ། །འདིར་བསགས་ཨུཏྤལ་དཀར་པོའི་ལྷུན་པོར་དུས་གསུམ་དགེ་ཚོགས་ ཟླ་ཟེར་སྟོང་གི་མདངས་ཀྱིས་གོས་ལྟར་དཀར། །བསོད་ནམས་བསྐྱེད་པས་སྐྱེ་དགུ་ཀུན་ཀྱང་ ཀེ་ལ་ཤ་ཡི་ས་འཛིན་འབུམ་ཕྲག་དུ་མའི་བསྐོར་བའི་དབུས། །ཆུ་སྐྱེས་འདབ་བརྒྱད་གསང་ སྔགས་གེ་སར་འཛུམ་བག་རབ་སྟོན་ཨེ་ཝཾ་བཅུད་རྩི་ཁྱད་འཕགས་འཛད་མེད་འཇོ། །སྐལ་ བཟང་སྦྲང་རྩི་སྐྱོང་བའི་ཁྱུ་ཚོགས་གྲལ་ཕེབས་སྐྱེས་ཐོབ་གཤོག་ཟུང་རླུང་གིས་བར་སྣང་ལམ་ དུ་འཕྱོ། །བར་ཆད་སྤྲིན་གྱི་མེ་ཚོགས་ཞི་ཞིང་མཐུན་རྐྱེན་ཆུ་འཛིན་རབ་འཐུལ་རིགས་ལྡན་ བླ་མའི་སྒྲ་བརྒྱ་ལྡི ར། །ཚུལ་ཁྲིམས་ནོར་འཛིན་གདམས་པའི་ཆར་གྱིས་བརླན་ཞིང་དད་པའི་ 3-1-463 མྱུ་གུའི་ཚལ་དུ་ངེས་འབྱུང་པདྨོ་འཁྲུངས། །བྱང་ཆུབ་སེམས་ཀྱི་གེ་སར་རྒོད་ཅིང་མཐའ་བྲལ་ ལྟ་བའི་ཟིལ་མངར་རབ་རྒྱས་ཕྱིན་དྲུག་ཡལ་འདབ་གཡོ། །རྨད་བྱུང་བྱེ་བའི་གསེར་ལྡན་དང་ འགྲོགས་ཤེས་དང་ཤེས་བྱའི་བདག་པོའི་ཆུ་སྲིན་གྲོང་ཁྱེ ར་འཇུག་གྱུར་ཅིག །སྦྱང་གཞི་ཆོས་ ཉིད་འགྲོ་ཀུན་འཛིན་མར་སྦྱོང་བྱེད་ཟབ་ལམ་སྤྲིན་དཀར་དཀྲིགས་པས་ཕུན་ཚོགས་སྦྲང་ ཆར་འབེབས། །སྦྱང་བྱ་གློ་བུར་རྡུལ་ཚོགས་འདུས་པ་རབ་ཏུ་བཀྲུས་ཏེ་སྦྱངས་འབྲས་ཆོས་ སྐུ་ལྷ་ཡི་ལྗོ ན་བཟང་རྒྱས། །རྟག་ཆད་མཐའ་བྲལ་ལྷ་ལམ་ཡངས་པར་བདེན་གཉིས་མཁྱེ ན་ པའི་རླུང་གིས་སྒྲོ་སྐུར་སྨུག་ཆེན་རབ་གཏོར་ཏེ། །ཚོགས་གཉིས་ལམ་བཟང་བརྙེས་པའི་ སྔོ ་བསངས་མ་རུ་སྲིད་ཞིའི་མཐའ་བྲལ་དོན་གཉིས་ཉི་ཟླ་རྟག་འཆར་ཤོག །འདིར་ཕྱོགས་ ནོར་འཛིན་དཔལ་མོའི་ལྟོ་བར་ལུགས་གཉིས་རྣམ་སད་བདུད་རྩིའི་རོལ་མོ་བརྒྱ་ཕྲག་དུ་མ་ འཁྲོལ། །རྒྱལ་བསྟན་ཉལ་འགྲོའི་ཕུང་པོ་ཕྱོགས་བཅུར་རྒྱས་ཏེ་བློ་གསལ་གསེར་གོས་ཅན་ རྣམས་ཁྱབ་པའི་རྒྱུ་རུ་སྨོ ན། །བླ་མ་རྒྱལ་སྲས་གངས་རིའི་ཕྲེང་བསྟར་དུས་གསུམ་དགེ་ཚོགས་ རྟ་ལྗང་འོད་ཀྱིས་བྱིན་རླབས་ཆུ་ཀླུང་དང༌། །དེ་ལྟར་བདག་གཞན་བསགས་པའི་རྣམ་དཀར་ འབབ་ལྡན་དང་འགྲོགས་མཐར་ཐུག་སྐུ་བཞིའི་རྒྱ་མཚོར་འཇུག་གྱུར་ཅིག །ཅེས་སྐྱེས་ཐོབ་ ཡོན་ཏན་གྱི་སྒང་ངེས་པར་མཐོ་ཞིང་བསླབ་པ་གསུམ་དང་ཐོས་བསམ་སྒོམ་གསུམ་གྱི་ཡོན་ ཏན་སྤངས་རྟོགས་དང་མཁས་བཙུན་བཟང་གསུམ་འཆད་རྩོད་རྩོམ་གསུམ་གྱི་རྣམ་ཐར་རྒྱ་ཆེ་ བས་བརྒྱན་པའི་དགེ་བའི་བཤེས་གཉེན་ཆེན་པོ་མཚན་བརྗོད་དཀའི་གནས་སུ་བཞུགས་པ་ དོན་རྒྱ་ཆེན་པོའི་སླད་དུ་མཚན་ནས་སྨོ ས་ན་ངག་དབང་བློ་གྲོས་གྲགས་པ་ཞེས་མཚན་གྱི་སྙན་ པ་སྲིད་འདིར་ལྷའི་རྔ་བོ་ཆེ་ལྟར་གྲགས་ཤིང༌། ཟེགས་མའི་ཆ་ཙམ་རྣ་བར་ལྷུང་བས་ཀྱང་ངན་ འགྲོའི་ལས་ཀྱི་དཔུང་བསྙིལ་ཞིང་བདེ་འགྲོའི་གནས་སྟེར་བ་སྙིགས་དུས་སུ་ངེས་གསང་གི་ བསྟན་པ་སླར་ཡང་སྐྱོང་བར་དགོངས་ཏེ་བསམ་བཞིན་བྱོན་པ་གང་གིས་མཛད་པའི་དཔལ་ 3-1-464 ལྡན་ཇོ་ནང་པའི་ཆོས་འབྱུང་རྒྱལ་བའི་ཆོས་ཚུལ་གསལ་བྱེད་ཟླ་བའི་སྒྲོན་མེ་ཞེས་བྱ་བ་དང་ དེའི་ལྷན་ཐབས་རྒྱུད་རིམ་དཔལ་ལྡན་བླ་མ་གང་དག་གི་མཚན་ཉིད་རབ་ཏུ་གསལ་བ་ཉི་ གཞོན་འོད་སྣང་དད་པའི་པདྨོ་རྣམ་པར་བཞད་བྱེད་ཅེས་བྱ་བ་པར་དུ་བསྐྲུན་སྐབས་པར་བྱང་ སྨོན་ཚིག་ཏུ་གང་གི་ཉེ་གནས་ཐ་མ་ཤཱཀྱའི་དགེ་སློང་བློ་བཟང་ཆོས་འཕེལ་གྱིས་བྲིས་པ་སྟེ། འདིས་ཀྱང་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དགེ་བའི་བཤེས་གཉེན་དམ་ པ་རྣམས་ཀྱིས་རྗེས་སུ་འཛིན་པ་དང༌། རྒྱལ་བསྟན་སྤྱི་དང་དཔལ་རྒྱལ་བ་ཇོ་ནང་པའི་ལུགས་ བཟང་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག །དགེ་ འདིས་འབྲེལ་ཡོད་གང་དང་མཁའ་མཉམ་འགྲོ། །ཕ་མའི་ཐོགས་དྲངས་ཤམྦྷ་ལར་སྐྱེས་ ནས། །རིགས་ལྡན་རྒྱལ་པོས་རྗེས་བཟུང་དབང་གདམས་ནོད། །རིམ་གཉིས་མཐར་ཕྱིན་ རྡོ་རྗེ་འཆང་ཐོབ་ཤོག ། པར་འདི་རྒྱལ་བ་གཉིས་པ་ཀུན་མཁྱེན་ཇོ་ནང་པ་ཆེན་པོའི་ལུང་གིས་བསྔགས་པའི་ གནས་མཆོག་ཆེན་པོ་སྨུག་འཛིན་དབང་པོའི་རི་ཡི་ཉེ་འདབས་ཐང་ཆེན་ཆོས་ལྡན་གནས་སུ་ བཞུགས།