2-1-1 ཇོ་ནང་ཆོས་མཛོད་ཆེན་མོ་ལས། ངག་དབང་བློ་གྲོས་གྲ གས་པའི་་གསུང་འབུམ། ༼པོད་གཉིས་པ།༽ 2-1-2 དཀར་ཆག ཐོག་མའི་གླེང་བརྗོད།.........................................................................................(1) ཤར་འཛམ་ཐང་བ་ངག་དབང་བློ་གྲོས་གྲགས་པའི་རྣམ་ཐར་ཉུང་བསྡུས།.......................................(1) མཆོད་བརྗོད་དང་རྩོམ་པར་དམ་བཅའ་བ།...........................................................(1) དཔལ་ལྡན་ཇོ་ནང་པའི་རིང་ལུགས་བྱུང་ཚུལ་སྤྱིར་བཤད་པ།...................................(1) འཁོར་ལོ་ཐ་མའི་རྗེས་འབྲང་དཔལ་ལྡན་ཇོ་ནང་པའི་རིང་ལུགས་བྱུང་ཚུལ་དངོས་བཤད་པ།.................(3) ལེའུ་དང་པོ། ཇོ་ནང་པའི་རིང་ལུགས་འཕགས་ཡུལ་དུ་ཇི་ལྟར་བྱུང་ཚུལ།......................................(3) དང་པོ། མདོ་ཕྱོགས་ནས་རིམ་པར་བརྒྱུད་ཚུལ།....................................................(3) ༡ ཐེག་དམན་གྱི་ཆོས་བྱུང་ཚུལ།.........................................................................(4) ༢ ཐེག་ཆེན་གྱི་ཆོས་བྱུང་ཚུལ།.........................................................................(5) (༡) ཐེག་ཆེན་གྱི་ཆོས་རྒྱ་གར་དུ་ཐོག་མར་བྱུང་ཚུལ།.........................................................(5) (༢) ཐེག་ཆེན་གྱི་ཆོས་རྒྱ་གར་དུ་རྗེས་ནས་ཇི་ལྟར་དར་ཚུལ།................................................(8) གཉིས་པ། སྔགས་ཕྱོགས་ནས་རིམ་པར་བརྒྱུད་ཚུལ།..............................................(13) ༡ སྟོན་པས་གསང་བ་སྔགས་ཀྱི་རྒྱུད་སྡེ་ཇི་ལྟར་གསུང་ཚུལ།......................................(13) ༢ རྗེས་ནས་གསང་སྔགས་ཇི་ལྟར་དར་ཚུལ།.....................................................(18) (༡) སྤྱིར་རྒྱ་གར་དུ་གསང་སྔགས་དར་ཚུལ།................................................................(19) (༢) བྱེ་བྲག་དུས་ཀྱི་འཁོར་ལོ་འཕགས་བོད་དུ་དར་ལུགས།...............................................(21) ལེའུ་གཉིས་པ། ཇོ་ནང་པའི་ལུགས་བོད་དུ་ཇི་ལྟར་བྱུང་ཚུལ།...................................(24) དང་པོ། སྟོད་དབུས་གཙང་དུ་ཐོག་མར་ཇི་ལྟར་བྱུང་ཚུལ།.....................................(24) ༡ དཔལ་ཇོ་ནང་པའི་སྒྲུབ་གནས་ཀྱི་ཆེ་བ།...................................................(24) 2-1-3 ༢ སྒྲུབ་གནས་དེར་རང་ལུགས་འཛིན་པ་ཇི་ལྟར་བྱུང་ཚུལ།....................................(26) {༡} ཀུན་མཁྱེན་ཇོ་ནང་བ་ཆེན་པོའི་སྐྱེས་རབས།..........................................................(32) {༢} ཀུན་མཁྱེན་ཇོ་ནང་པ་ཆེན་པོའི་མཛད་ཕྲིན།..........................................................(34) {༣} ཀུན་མཁྱེན་ཇོ་ནང་པ་ཆེན་པོའི་ཐུགས་སྲས།.........................................................(46) ༣ ཇོ་ནང་པའི་གདན་རབས་དང་བྱིན་རླབས་ཀྱི་བརྒྱུད་རིམ།...................................(56) (༡) རྗེ་བཙུན་ཀུན་དགའ་སྙིང་པོའི་སྐྱེས་རབས་དང་མཛད་ཕྲིན།..........................................(60) (༢) རྗེ་བཙུན་ཀུན་དགའ་སྙིང་པོའམ་ཏཱ་ར་ནཱ་ཐའི་མཛད་ཕྲིན།............................................(79) གཉིས་པ། དཔལ་ལྡན་ཇོ་ནང་པའི་བསྟན་པ་མདོ་ཁམས་སྨད་ཀྱི་ཕྱོགས་སུ་ཇི་ལྟར་བྱུང་ཚུལ།.............(93) ༡ ཐོག་མར་ཇི་ལྟར་བྱུང་ཚུལ།................................................................(93) ༢ རྗེས་ནས་བསྟན་པ་སྤེལ་ཚུལ།..........................................................(102) (༡) གཙང་ནས་འཛམ་ཐང་དུ་སྤེལ་ཚུལ།................................................(102) (༢) གཞན་དུ་སྤེལ་བའི་ཚུལ།.....................................................(117) (༣) ཞར་བྱུང་འཕྲོས་དོན་བཤད་པ།.............................................(121) (༤) གདན་ས་དང་དགོན་གནས་རི་ཁྲོད་ཀྱི་སྐོར།......................................(123) (༥) འཛམ་ཐང་གི་དགོན་ལག............................................................(124) ལེའུ་གསུམ་པ། དཔལ་ལྡན་ཇོ་ནང་པའི་བསྟན་པའི་སྦྱིན་བདག་གི་སྐོར།..................................(125) དང་པོ། ཀུན་མཁྱེན་དོལ་པོའི་ལུང་གིས་ཟིན་པའི་སྦྱིན་བདག་གི་སྐོར།................................(125) གཉིས་པ། རྗེ་ཀུན་དགའ་གྲོལ་མཆོག་རིང་གི་སྦྱིན་བདག.................................(126) གསུམ་པ། རྗེ་དྲུང་ཀུན་དགའ་དཔལ་བཟང་རིང་གི་སྦྱིན་བདག........................(126) བཞི་པ། རྗེ་བཙུན་ཏཱ་ར་ནཱ་ཐའི་རིང་གི་སྦྱིན་བདག......................................(126) ལྔ་པ། ཆོས་རྗེ་རྒྱལ་བ་སེང་གེའི་སྐུ་རིང་གི་སྦྱིན་བདག...............................(128) དྲུག་པ། མཁས་གྲུབ་བློ་གྲོས་རྣམ་རྒྱལ་རིང་གི་སྦྱིན་བདག.................................(129) བདུན་པ། གཙང་བ་ངག་དབང་རྣམ་རྒྱལ་རིང་གི་སྦྱིན་བདག...............................(129) མཇུག་བསྡུ་བ།.................................................................................(132) 2-1-4 དཔལ་ལྡན་ཇོ་ནང་པའི་ཆོས་འབྱུང་རྒྱལ་བའི་ཆོས་ཚུལ་གསལ་བྱེད་ཟླ་བའི་ སྒྲོན་མེ་ཞེས་བྱ་བའི་གཞུང་གི་ཁ་སྐོང་ལྷན་ཐབས་བརྒྱུད་རིམ་ དཔལ་ལྡན་བླ་མ་གང་དག་གི་མཚན་ཉིད་རབ་ཏུ་ གསལ་བ་ཉི་གཞོན་འོད་སྣང་དད་པའི་པདྨོ་ རྣམ་པར་བཞད་བྱེད་ཅེས་བྱ་བ་ བཞུགས་སོ།།..................................................................................(137) མཆོད་བརྗོད་དང་རྩོམ་པར་དམ་བཅའ་བ།............................................(139) ལེའུ་དང་པོ། དཔལ་ལྡན་ཇོ་ནང་པའི་རིང་ལུགས་ཀྱི་བྱུང་བ་སྤྱིར་བརྗོད་པ།...............................(140) དང་པོ། མདོ་ཕྱོགས་ནས་རིམ་བརྒྱུད་སྐབས།........................................(140) གཉིས་པ། སྔགས་ཕྱོགས་ནས་རིམ་བརྒྱུད་སྐབས།........................................(147) གསུམ་པ། རྒྱུད་རྒྱལ་དུས་ཀྱི་འཁོར་ལོ་དར་ཚུལ།.........................................(148) ༡ དུས་ཀྱི་འཁོར་ལོ་འཕགས་ཡུལ་དུ་དར་ཚུལ།............................................(148) ༢ དུས་ཀྱི་འཁོར་ལོ་བོད་དུ་དར་ཚུལ།......................................................(149) ལེའུ་གཉིས་པ། ཇོ་ནང་པའི་ལུགས་ཇི་ལྟར་བྱུང་ཚུལ།......................................(151) དང་པོ། ཐོག་མར་དབུས་གཙང་གི་ས་ཆར་ཇི་ལྟར་བྱུང་ཚུལ།...............................(151) གཉིས་པ། རྗེས་སུ་མདོ་སྨད་དུ་ཇི་ལྟར་བྱུང་ཚུལ།...........................................(156) ༡ འཛམ་ཐང་གི་ཡུལ་དུ་ཇི་ལྟར་དར་ཚུལ།..................................................(158) (༡) དྲུང་པ་སྐུ་ཕྲེང་དང་པོ་རཏྣ་ཤྲིའམ་རིན་ཆེན་དཔལ་གྱི་ལོ་རྒྱུས།...............................(158) (༢) འཛམ་ཐང་ཆོས་རྗེ་སྐུ་ཕྲེང་རིམ་བྱོན་གྱི་ལོ་རྒྱུས།...................................(170) ཆོས་རྗེ་སྐུ་ཕྲེང་དང་པོ་རྒྱལ་བ་བཟང་པོ།............................................(170) ཆོས་རྗེ་སྐུ་ཕྲེང་གཉིས་པ་རྒྱལ་བ་སེང་གེ..................................................(180) ཆོས་རྗེ་སྐུ་ཕྲེང་གསུམ་པ་བོན་རེ་ཤིང་པའམ་ཀུན་དགའ་ཐུབ་བསྟན་རྒྱལ་མཚན་སེང་གེ..................(202) ཆོས་རྗེ་སྐུ་ཕྲེང་བཞི་པ་གྲགས་པ་འོད་ཟེར།...............................................(205) ཆོས་རྗེ་སྐུ་ཕྲེང་ལྔ་པ་རྒྱལ་བ་ལྷུན་གྲུབ་གྲགས་པ།.............................................(210) 2-1-5 ཆོས་རྗེ་སྐུ་ཕྲེང་དྲུག་པ་ངེས་དོན་བསྟན་པ་དར་རྒྱས།.........................................(216) ཆོས་རྗེ་སྐུ་ཕྲེང་བདུན་པ་འཇིགས་མེད་དཔལ་གྱི་སེང་གེ......................................(219) ཆོས་རྗེ་སྐུ་ཕྲེང་བརྒྱད་པ་མི་ཕམ་ཆོས་ཀྱི་བྱམས་པ།............................................(230) ཆོས་རྗེ་སྐུ་ཕྲེང་དགུ་པ་འཇིགས་མེད་དབང་པོ།..................................................(234) (༣) འཛམ་ཐང་ཚེས་བཅུ་སྐུ་ཕྲེང་རིམ་བྱོན་གྱི་ལོ་རྒྱུས།.....................................(248) ཚེས་བཅུ་སྐུ་ཕྲེང་དང་པོ་རཏྣ་ཀཱིརྟི།..............................................................(248) ཚེ་བཅུ་སྐུ་ཕྲེང་གཉིས་པ་རྒྱལ་བ་རྡོ་རྗེ་བསྟན་འཛིན།..........................................(251) ཚེས་བཅུ་སྐུ་ཕྲེང་གསུམ་པ་ནུས་ལྡན་རྡོ་རྗེ།........................................................(252) ཚེས་བཅུ་སྐུ་ཕྲེང་བཞི་པ་མདོ་སྔགས་བསྟན་པའི་སྒྲོན་མེ།....................................(253) ཚེས་བཅུ་སྐུ་ཕྲེང་ལྔ་པ་ཀརྨ་འོད་གསལ།........................................................(253) ཚེས་བཅུ་སྐུ་ཕྲེང་དྲུག་པ་ཀུན་དགའ་རབ་གསལ་རྒྱ་མཚོ།......................................(253) ཚེས་བཅུ་སྐུ་ཕྲེང་བདུན་པ་ཀརྨ་ངེས་དོན་བསྟན་འཕེལ།........................................(254) ཚེས་བཅུ་སྐུ་ཕྲེང་བརྒྱད་པ་ཀུན་དགའ་རིན་ཆེན་གྲགས་པ།....................................(255) (༤) འཛམ་ཐང་ཨརྒེ་སྐུ་ཕྲེང་རིམ་བྱོན་གྱི་ལོ་རྒྱུས།........................................(257) ཨརྒེ་སྐུ་ཕྲེང་དང་པོ་ཉི་མ་འོད་ཟེར།...........................................................(257) ཨརྒེ་སྐུ་ཕྲེང་གཉིས་པ་ཉི་མ་འོད་ཟེར་དཔལ།.............................................(258) ཨརྒེ་སྐུ་ཕྲེང་གསུམ་པ་ཀརྨ་དོན་དམ།.....................................................(258) ཨརྒེ་སྐུ་ཕྲེང་བཞི་པ་ཕྲིན་ལས་རབ་བརྟན།...................................................(259) ཨརྒེ་སྐུ་ཕྲེང་ལྔ་པ་བསྟན་པའི་སྒྲོན་མེ།......................................................(259) (༥) འཛམ་ཐང་དྲུང་པ་སྐུ་ཕྲེང་རིམ་བྱོན་གྱི་ལོ་རྒྱུས།........................................(261) དྲུང་པ་སྐུ་ཕྲེང་གཉིས་པ་རིན་ཆེན་བཟང་པོ་དཔལ།..............................................(261) དྲུང་པ་སྐུ་ཕྲེང་གསུམ་པ་བློ་གྲོས་རིན་ཆེན་དཔལ་གྱི་སྙིང་པོ།.................................(262) དྲུང་པ་སྐུ་ཕྲེང་བཞི་པ་གྲུབ་རྟགས་ཅན།.................................................(263) དྲུང་པ་སྐུ་ཕྲེང་ལྔ་པ་ཀུན་དགའ་རིན་ཆེན་དཔལ་གྱི་སྙིང་པོ།................................(263) 2-1-6 (༦) འཛམ་ཐང་གཙང་བ་སྐུ་ཕྲེང་གོང་མ་གསུམ་གྱི་ལོ་རྒྱུས།..............................(264) གཙང་བ་སྐུ་ཕྲེང་དང་པོ་ངག་དབང་བསྟན་འཛིན་རྣམ་རྒྱལ།..............................(264) གཙང་བ་སྐུ་ཕྲེང་གཉིས་པ་ཀུན་བཟང་ཕྲིན་ལས་རྣམ་རྒྱལ།.............................(266) གཙང་བ་སྐུ་ཕྲེང་གསུམ་པ་དཀོན་མཆོག་འཇིགས་མེད་རྣམ་རྒྱལ།..........................(272) (༧) གཙང་ཆེན་གྱི་རྡོ་རྗེ་སློབ་དཔོན་རིམ་བྱོན།...........................................(280) གཙང་ཆེན་གྱི་རྡོ་རྗེ་སློབ་དཔོན་དང་པོ་ངག་དབང་ཆོས་འཕེལ།.................................(281) གཙང་ཆེན་གྱི་རྡོ་རྗེ་སློབ་དཔོན་གཉིས་པ་ངག་དབང་ཆོས་ཀྱི་འཕགས་པ།.................................(293) གཙང་ཆེན་གྱི་རྡོ་རྗེ་སློབ་དཔོན་གསུམ་པ་ཀུན་དགའ་དཔལ་ལྡན།...........................(304) གཙང་ཆེན་གྱི་རྡོ་རྗེ་སློབ་དཔོན་བཞི་པ་ངག་དབང་ཆོས་འབྱོར་རྒྱ་མཚོ།.........................(313) གཙང་ཆེན་གྱི་རྡོ་རྗེ་སློབ་དཔོན་ལྔ་པ་ཀུན་དགའ་མཁས་གྲུབ་དབང་ཕྱུག...........................(323) གཙང་ཆེན་གྱི་རྡོ་རྗེ་སློབ་དཔོན་དྲུག་པ་ངག་དབང་བསྟན་པ་གསལ་བྱེད།..................................(338) གཙང་ཆེན་གྱི་རྡོ་རྗེ་སློབ་དཔོན་བདུན་པ་ངག་དབང་རྡོ་རྗེ་བཟང་པོ།............................(350) གཙང་ཆེན་གྱི་རྡོ་རྗེ་སློབ་དཔོན་བརྒྱད་པ་ངག་དབང་དཀོན་མཆོག་བསྟན་པ་དར་རྒྱས།...................(371) (༨) གཙང་བ་སྐུ་ཕྲེང་བཞི་པ་མན་གྱི་ལོ་རྒྱུས།................................................(394) གཙང་བ་སྐུ་ཕྲེང་བཞི་པ་ངག་ལོ།.............................................................(394) གཙང་བ་སྐུ་ཕྲེང་ལྔ་པ་འཇིགས་མེད་ཕྱོགས་ལས་རྣམ་རྒྱལ།.................................(404) གཙང་ཆེན་གྱི་གདན་ས་པ་སེ་སྤྲུལ་ངག་དབང་ཀུན་དགའ་ཕུན་ཚོགས།...........................(415) (༩) གཙང་བ་འགབ་མ་ཡག་མདོའི་སྒར་གྱི་སྐུ་ཕྲེང་རིམ་བྱོན་གྱི་ལོ་རྒྱུས།.................................(439) གཙང་བ་འགབ་མ་སྐུ་ཕྲེང་དང་པོ་གྲུབ་ཆེན་ངག་དབང་ཕྲིན་ལས།................................(439) གཙང་བ་འགབ་མ་སྐུ་ཕྲེང་གཉིས་པ་ངག་དབང་ཕྲིན་ལས་རྒྱ་མཚོ།.............................(440) གཙང་བ་འགབ་མ་སྐུ་ཕྲེང་གསུམ་པ་ངག་དབང་སྦྱིན་པ་རྒྱ་མཚོ།................................(442) གཙང་བ་འགབ་མ་སྐུ་ཕྲེང་བཞི་པ་ཀརྨ་བསྟན་པའི་ཉི་མ།.......................................(444) གཙང་བ་འགབ་མ་སྐུ་ཕྲེང་ལྔ་པ་ངག་དབང་འཇིགས་མེད་ཕྱོགས་ལས་རྣམ་རྒྱལ།.........................(446) (༡༠) སྐྱབས་རྗེ་ངག་དབང་བསམ་གཏན་གྱི་ལོ་རྒྱུས།.............................................(450) ༄༅། །དཔལ་ལྡན་ཇོ་ནང་པའི་ཆོས་འབྱུང་ རྒྱལ་བའི་ཆོས་ཚུལ་གསལ་བྱེད་ ཟླ་བའི་སྒྲོན་མེ་ཞེས་བྱ་བ་ བཞུགས་སོ། ། སྟོད་ཆ། 2-1-7 ༄༅༅། །ཨ་བདེ་ལེགས་སུ་གྱུར་ཅིག གང་འདུལ་འགྲོ་བའི་ཁམས་དབང་རྗེས་འགྲོའི་ དཔལ། །ངོ་མཚར་ལྷུན་གྲུབ་གསང་གསུམ་མཛད་པའི་འཕྲུལ། །མ་ལུས་ཞིང་དུ་རྟག་པར་ ཡོངས་བཀྱེ་བ། །བདེ་གཤེགས་ཐུབ་དབང་སྲས་བཅས་རྒྱལ་གྱུར་ཅིག །སྟོབས་བཅུ་མངའ་ བའི་དགོངས་ཟ༵བ་ཟ༵བ་མོའི་གནས་ལུགས་མཐར་ཐུག་མཆོ༵ག །མཆོ༵ག་གྱུར་སྐལ་བཟང་ རིགས་ཀུ༵ན་ཀུ༵ན་ནས་རྣམ་གྲོལ་ཞི་བསིལ་སྦྱི༵ན། །སྦྱི༵ན་བདག་རྫོགས་ལྡན་ཆོས་ལེ༵གས་ ལེ༵གས་པའི་ཕྱིར་ལྡོ ག་མི་མངའི་གཏ༵མ། །གཏ༵མ་གྱི་སྙིང་པོ་ཇི་སྙེ༵ད་སྙེ༵ད་དོན་གསལ་མཛད་ མི་ཕམ་མགོན། །རབ་དཀར་བསིལ་ལྗོངས་ནོར་འཛིན་ཡངས་པའི་གཞིར། །ནགས་རྒྱལ་རྡོ་ རྗེ་ལྷ་མོས་བསྟེན་པའི་གནས། །གང་དེར་རྫོགས་ལྡན་ཆོས་མཛོད་ལེགས་ཕྱེ་བའི། །ཆོས་རྗེ་ ཇོ་ནང་པ་ལ་གུས་པས་མཆོད། །གང་དེའི་ཆོ༵ས་ཚུལ་ངེས་དོན་དབུ་མའི་ལུགས། །མདོ་དང་ སྔགས་ཀྱི་དགོངས་དོན་མཐར་ཐུག་པ། །འཕགས་པའི་ཡུལ་དང་གངས་ཅན་བོད་ལྗོངས་སུ། །ཇི་ལྟར་འབྱུ༵ང་བའི་རིམ་པ་མདོ་ཙམ་བརྗོད། ། དེ་ལ་འདིར་འོ་སྐོལ་གྱི་རྣམ་འདྲེན་བཞི་པ་གང་གིས་རིང་མོའི་དུས་ནས་འགྲོ་བ་མཐའ་ དག་སྡུག་བསྔལ་ལས་བསྒྲལ་བའི་ཁུར་ཆེན་པོ་ཉེ་བར་ལྷུར་བླངས་ཏེ། རླབས་པོ་ཆེའི་ཐུགས་ བསྐྱེད་རྒྱ་ཆེ་བའི་ཕུལ་བྱུང་ཡ་མཚན་པའི་དམ་བཅའ་ཀུན་མཐར་ལེགས་པར་ཕྱིན་ཏེ། བླ་ མེད་བྱང་ཆུབ་ཀྱི་གོ་འཕང་བདག་གིར་བཞེས་ནས། ངེས་པ་ལྔ་ལྡན་གྱི་ཞིང་གི་གཙོ་བོ་ལོངས་ སྤྱོད་རྫོགས་པའི་སྒྱུ་འཕྲུལ་གྱི་བཀོད་པ་ཆེན་པོ། རབ་འབྱམས་འཇིག་རྟེན་གྱི་ཁམས་ནམ་ མཁའི་མཐའ་ཀླས་པ་ཀུན་ཏུ་ཅིག་ཆར་བའི་གང་འདུལ་གྱི་མཛད་པ་མཐའ་ཡས་པ་ལས་མི་ མཇེད་འཇིག་རྟེན་འདིར་མཆོག་གི་སྤྲུལ་སྐུའི་མཛད་པ་ལ་རོལ་ཏེ། རྒྱ་གར་འཕགས་ཡུལ་ དུ་མཉམ་མེད་ཤཱཀྱའི་རྒྱལ་པོ་ཟས་གཙང་གི་སྲས་སུ་འཁྲུངས་ཏེ། གདུལ་བྱ་ཐུན་མོང་གི་ 2-1-8 ངོར། སྲི ད་པ་ཐ་མ་པའི་བྱང་སེམས་ཚོགས་ལམ་ཆེན་པོ་པའི་ཚུལ་གྱིས་ཐོག་མར་རྒྱལ་སྲི ད་ བསྐྱངས། དེ་ནས་རབ་ཏུ་བྱུང་ཞིང་དཀའ་བ་སྤྱད་ཏེ། མཐར་སྲོ ད་ལ་བདུད་བཏུལ། གུང་ ལ་མཉམ་པར་བཞག་པས་སྦྱོར་ལམ་དྲོད་ནས་མི་སློབ་ལམ་གྱི་བར་མཚན་མོ་གཅིག་གིས་ བགྲོད་ནས་ཐོ་རེངས་རྒྱལ་རྔ་བརྡུང་བའི་སྐབས་སུ་རང་སྟོབས་ཀྱིས་ཟད་མི་སྐྱེ་མཁྱེན་པའི་ཡེ་ ཤེས་མངོན་དུ་བྱས་ཏེ་སྔ་ན་མེད་པའི་བྱང་ཆུབ་ཆེན་པོ་ལ་དབང་བའི་ཚུལ་གྱིས། གདུལ་བྱ་ རིགས་ཅན་གསུམ་རིམ་གྱིས་བསྟན་པ་ལ་ཉེ་བར་གཞུག་པའི་ཆེད་དུ་བཀའ་འཁོར་ལོ་རིམ་ པ་གསུམ་ལེགས་པར་བསྐོར་བ་སྟེ། དེ་ལས་འཁོར་ལོ་ཐ་མའི་རྗེས་འབྲང་གི་དབུ་མ་པ་བོད་ དུ་བྱུང་བ་དཔལ་ལྡན་ནགས་རྒྱལ་གྱི་སྒྲུབ་གནས་སུ་ཆོས་སྡེ་བཏབ་པ་ལས་བྱུང་བའི་ངེས་ དོན་སྒྲུབ་བརྒྱུད་ཀྱི་བསྟན་པ་འཛིན་པའི་སྡེ་གང་དག་ནི། དཔལ་ལྡན་ཇོ་ནང་པ་སྟེ་བོད་འདིར་ ཕྱག་རྫོགས་དབུ་གསུམ་དུ་གྲགས་པ་ལས་དབུ་མ་པ་ལ་རང་སྟོང་གཞན་སྟོང་གཉིས་སུ་ཡོད་ པའི་ནང་གི་ཕྱི་མ་ཉིད་དོ། ། དེ་ལྟ་བུའི་འཁོར་ལོ་ཐ་མའི་རྗེས་འབྲང་གི་དཔལ་ལྡན་ཇོ་ནང་པའི་རིང་ལུགས། འཕགས་ཡུལ་དུ་ཇི་ལྟར་བྱུང་ཚུལ་དང༌། བོད་དུ་ཇི་ལྟར་བྱུང་བའི་ཚུལ་བཤད་པ་གཉིས་ལས། དང་པོ་འཕགས་ཡུལ་དུ་ཇི་ལྟར་བྱུང་བའི་ཚུལ་ལ། མདོ་ཕྱོགས་ནས་རིམ་པར་བརྒྱུད་ ཚུལ་དང༌། སྔགས་ཕྱོགས་ནས་རིམ་པར་བརྒྱུད་ཚུལ་གཉིས་ལས། དང་པོ་མདོ་ཕྱོགས་ནས་རིམ་པར་བརྒྱུད་པའི་ཚུལ་ནི། སྟོན་པ་ཡང་དག་པར་རྫོགས་ པའི་སངས་རྒྱས་དེ་ཉིད་ཀྱིས་གདུལ་བྱ་རྣམས་ཀྱི་ཁམས་དབང་དང་མཐུན་པར་ཆོས་ཀྱི་ འཁོར་ལོ་རིམ་པ་གསུམ་ཇི་ལྟར་བསྐོར་བའི་ཚུལ་ཡང༌། མདོ་ལང་ཀར་གཤེགས་པ་ལས། ཇི་ ལྟར་ནད་པ་ནད་པ་ལ། །སྨན་པས་སྨན་ནི་གཏོང་བ་ལྟར། །དེ་བཞིན་སངས་རྒྱས་སེམས་ཅན་ ལ། །སེམས་ཙམ་དུ་ཡང་སྟོན་པར་མཛད། །ཅེས་དང༌། དབུ་མ་རིན་ཆེན་ཕྲེང་བར་ཡང༌། བརྡ་ 2-1-9 སྤྲོད་པ་དག་ཇི་ལྟ་བར། །ཡི་གེ་ཕྱི་མོ་ཀློ ག་འཇུག་ལྟར། །དེ་བཞིན་སངས་རྒྱས་གདུལ་བྱ་ལ། །ཇི་ཙམ་བཟོད་པའི་ཆོས་སྟོན་ཏོ། །ཞེས་གསུངས་པ་ལྟར། འཇིག་རྟེན་ན་སྨན་པ་མཁས་པས་ ནད་པ་དག་གི་ཁམས་བརྟགས་ནས་རང་རང་ལ་འཕྲོད་པའི་སྨན་སྟེར་བ་ལྟར་ཐམས་ཅད་ མཁྱེན་པས་གདུལ་བྱ་ཐ་འབྲི ང་རབ་ཀྱི་དབང་པོ་དང་འཚམ་པར་སྣོ ད་བཅུད་སེམས་ཀྱི་དབང་ གིས་བྱུང་ཚུལ་དེ་ལུགས་ཀྱི་རིམ་པ་ལྟར་བསྟན་པས་གདུལ་བྱ་དེ་དག་རིམ་གྱིས་བསྟན་པ་ལ་ འཛུད་པར་མཛད་པ་དང༌། དེ་བཞིན་དུ་གཞན་ཡང་བརྡ་སྤྲོད་པའི་སློབ་དཔོན་གྱིས་སློབ་མ་ དག་ཡི་གེ་ཀུན་ལ་རིམ་གྱིས་སློབ་ཆེད་ཐོག་མར་ཡི་གེའི་ཕྱི་མོ་ཀློག་ཏུ་འཇུག་པ་བཞིན་སངས་ རྒྱས་ཀྱིས་གདུལ་བྱ་དག་གི་ཁམས་དང་དབང་པོས་ཇི་ཙམ་རྟོགས་ནུས་པའི་ཆོས་ཀྱི་གནས་ ལུགས་བསྟན་ནས་གདུལ་བྱ་རྣམས་རིམ་པས་ལམ་དུ་དཀྲི་བའི་སྒོ་ནས་ཡང་དག་པའི་གོ་ འཕང་ལ་སྙེག་པར་བྱེད་དོ། ། དེ་དག་གི་ཚུལ་མདོ་ཙམ་སྨོས་ན་སྤྱིར་སྟོན་པས་ཐེག་དམན་རིགས་ཅན་གྱི་གདུལ་བྱ་ དབང་པོ་ཐ་མ་རྣམས་དང༌། ཐེག་ཆེན་རིགས་ཀྱི་གདུལ་བྱ་དབང་པོ་ཞན་པ་དང་འབྲི ང་དང་ རབ་ཀྱི་རིམ་པ་རྣམས་ལ་ཁམས་དབང་བཞིན་སྣོད་བཅུད་གང་དག་ལས་ཉོན་གྱིས་བསྐྱེད་པ་ ཙམ་དང་སེམས་ཀྱི་བག་ཆགས་བརྟན་པོའི་དབང་གིས་བྱུང་བ་དང་ཆོས་ཀུན་རྟེན་འབྲེ ལ་མིང་ རྐྱང་བཏགས་ཡོད་ཙམ་དང་ཁྱད་པར་ཀུན་རྫོབ་ཀྱི་ཆོས་ཁོ་ན་བདེན་པར་མེད་པའི་ཚུལ་གྱིས་ གསུངས་ཤིང༌། ཆོས་ཀུན་ཀྱི་གནས་ལུགས་ཀྱང་གདུལ་བྱ་དེ་དག་གི་རིམ་པས་གང་ཟག་དང་ ཆོས་གང་དག་རྟག་གཅིག་རང་དབང་བ་དང་རང་རྐྱ་ཐུབ་པའི་རྫས་མེད་པ་དང༌། གཟུགས་ སོགས་ཕྱི་དོན་དང་སྒྲ་རྟོག་གི་འཇུག་ཞེན་གྱི་གཞིར་རང་མཚན་གྱིས་མ་གྲུབ་པ་དང༌། ཆོས་ ཀུན་བདེན་པར་མེད་ཅིང་གནས་ལུགས་སྟོང་པ་ནམ་མཁའ་ལྟ་བུ་དང༌། དོན་དམ་པའི་ཡོངས་ གྲུབ་ཆོས་ཉིད་རྣམ་པ་ཐམས་ཅད་པ་ནམ་ཡང་འགྱུར་བ་མེད་པའི་ཚུལ་གྱིས་ལེགས་པར་ 2-1-10 བསྟན་པས་གདུལ་བྱ་རང་རང་གི་བློ་ཚོད་ཀྱིས་ཇི་ལྟར་ཁོང་དུ་ཆུད་ནུས་པ་དེ་ལྟར་བདེན་པ་ གཉིས་ཀྱི་རྣམ་གཞག་བཀའ་འཁོར་ལོ་གསུམ་གྱིས་རིམ་པར་གསུངས་པ་སྟེ། དེ་ཡང་ཐོག་ མར་ཡུལ་ཝཱ་རཱ་ཎ་སཱི་དྲང་སྲོང་སྨྲ་བ་རི་དྭགས་ཀྱི་ནགས་སུ་ཐེག་དམན་གྱི་རིགས་ཅན་ལ་ གཙོ་བོར་དགོངས་ཏེ་བཀའ་དང་པོ་བདེན་པ་བཞི་རྣམ་པར་ཕྱེ་བའི་ཆོས་ཀྱི་འཁོར་ལོ་སོ་ཐར་ གྱི་མདོ། འདུལ་ལུང་སྡེ་བཞི། ལས་བརྒྱ་པ། རྟེན་འབྲེལ་མདོ། ཆོས་འཁོར་གྱི་མདོ། དོན་ རྣམ་པར་ངེས་པའི་མདོ་སོགས་ཆེ་ཆུང་སྡོམ་པ་ལྔ་བཅུ་ཙམ་གྱིས་མཚོན་ཐེག་དམན་གྱི་སྡེ་སྣོད་ དཔག་ཏུ་མེད་པའི་ཆོས་འཁོར་བསྐོར་བ་དེ་དག་ནི་བླ་ན་མཆིས་པ། སྐབས་མཆིས་པ། དྲང་ བའི་དོན། རྩོད་པའི་གཞིའི་གནས་སུ་གྱུར་པ་ཡིན་པར་དགོངས་འགྲེལ་ལས་གསུངས་སོ། ། ཁྱད་པར་ཐེག་པ་ཆེན་པོའི་ཆོས་ཀྱི་ཚུལ་རྒྱ་གར་དུ་སྟོན་པས་ཇི་ལྟར་གསུངས་ཚུལ་དང༌། རྗེས་ནས་ཇི་ལྟར་བྱུང་བའི་ཚུལ་གཉིས་ལས། དང་པོ་རྒྱུ་ཕར་ཕྱིན་ཐེག་པ་བཀའ་བར་ཐ་གཉིས་སུ་གསུངས་པའང་ཡུལ་བྱ་རྒོད་ཕུང་ རི་སོགས་སུ་གདུལ་བྱ་ཐེག་ཆེན་དབང་འབྲིང་གི་རིགས་ཅན་རྗེས་སུ་བཟུང་ཆེད་བཀའ་བར་ བ་མཚན་ཉིད་མེད་པ་གནས་ལུགས་སྤྲོས་བྲལ་གྱི་ཚུལ་སྟོན་པའི་ཆོས་ཀྱི་འཁོར་ལོ་ཡུམ་རྒྱས་ འབྲིང་བསྡུས་གསུམ་སོགས་ཤེར་ཕྱིན་གྱི་མདོ་གྲངས་བཅུ་བདུན་ཙམ་གྱིས་མཚོན་སྡེ་སྣོད་ མཐའ་ཡས་པའི་ཆོས་འཁོར་བསྐོར་བ་དེ་ཡང་སྔ་ན་མཆིས་པ་སོགས་རྩོད་གཞིར་གྱུར་པའི་ བར་གོང་ལྟར་གསུངས་ཤིང༌། ཡུལ་ཡངས་པ་ཅན་སོགས་སུ་གདུལ་བྱ་དབང་པོ་རབ་ཀྱི་ཐེག་ ཆེན་རིགས་ཅན་དག་གི་ཆེད་དུ་གཙོ་བོར་དགོངས་ནས་བཀའ་ཐ་མ་དོན་དམ་རྣམ་པར་ཕྱེ་བ་ ཆོས་རྣམས་ཀྱི་གནས་ལུགས་མཐར་ཐུག་ཆོས་ཉིད་འོད་གསལ་བདེ་གཤེགས་སྙིང་པོ་ལེགས་ པར་གསལ་བྱེད་ངེས་དོན་ཕྱིར་མི་ལྡོག་པ་འཁོར་ལོའི་གཏམ་སྟོན་བྱེད་ཀྱི་ཆོས་ཀྱི་འཁོར་ལོ། གཤེགས་སྙིང་གི་མདོ། དཔལ་འཕྲེང་གིས་ཞུས་མདོ། སོར་འཕྲེང་ལ་ཕན་པའི་མདོ་སོགས་ 2-1-11 ཐུན་མོང་མ་ཡིན་པའི་མདོ་སྡེ་མང་པོ་དང༌། དགོངས་འགྲེལ། ལང་གཤེགས་སོགས་ཐུན་ མོང་གི་མདོ་སྡེ་གྲངས་ཉི་ཤུ་ཙམ་གྱིས་མཚོན་སྡེ་སྣོ ད་མཐའ་ཀླས་པ་གསུངས་པའི་ཆོས་འཁོར་ བསྐོར་བ་གང་དེ་བླ་ན་མ་མཆིས་པ། སྐབས་མ་མཆིས་པ། ངེས་པའི་དོན་ལགས་ཏེ་རྩོད་པའི་ གཞིར་མ་གྱུར་པའི་ཚུལ་སྟོན་པ་ཉིད་ཀྱིས་རང་གི་དགོངས་པ་ལེགས་པར་འགྲེལ་ཚུལ་གྱིས་ དཔལ་གྱི་མགུར་ནས་བཀའ་བསྩལ་པའོ། །དེ་འདྲའི་ཐེག་པ་ཆེན་པོའི་ཆོས་ཚུལ་ཡང༌། ལང་ ཀར་གཤེགས་པ་ལས། སེམས་ཙམ་ལ་ནི་བརྟེན་ནས་སུ། །ཕྱི་རོལ་དོན་དུ་མི་བརྟག་གོ །སྣང་ བ་མེད་པ་ལ་བརྟེན་ནས། །སེམས་ཙམ་ལས་ནི་འདའ་བར་བྱ། །ཡང་དག་དམིགས་པ་ལ་ བརྟེན་ནས། །སྣང་བ་མེད་ལས་འདའ་བར་བྱ། །རྣལ་འབྱོར་སྣང་བ་མེད་གནས་ན། །ཐེག་ པ་ཆེན་པོ་མི་མཐོང་ངོ༌། །ཞེས་གསུངས་པ་ལྟར་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ རྣམས་ཀྱིས་ཆོས་ཀུན་སེམས་ཀྱི་སྣང་ཆ་ཙམ་དུ་ཤེས་ནས་ཕྱི་དོན་མེད་པར་གཏན་ལ་ཕབ། དེ་ ནས་ཆོས་ཐམས་ཅད་བདེན་མེད་དུ་གཏན་ལ་ཕབ་སྟེ། སེམས་ཙམ་གསལ་བའི་ངོ་བོ་གཞན་ དབང་ཀུན་རྫོབ་པ་འདི་ཀུན་ལའང་བདེན་ཞེན་བཟློག་ནས་དངོས་སྨྲའི་སེམས་ཙམ་ལུགས་ ལས་འདའ་བར་བྱས་ཏེ་བདེན་མེད་སྤྲོས་བྲལ་རང་བཞིན་གནས་ལུགས་སུ་གཏན་ལ་དབབ། དེ་ནས་གནས་ལུགས་མཐར་ཐུག་དོན་དམ་པའི་རྣམ་པ་ཐམས་ཅད་པ་ཡང་དག་པའི་ཆོས་ ཉིད་བདེ་གཤེགས་སྙིང་པོ་དམིགས་པ་ལ་བརྟེན་ནས་བདེན་མེད་སྤྲོས་བྲལ་གྱི་ཆ་འབའ་ཞིག་ པའི་སྣང་མེད་དབུ་མའི་ཚུལ་ལས་ཀྱང་འདའ་བར་མ་བྱས་ན་རིགས་ཁམས་མཐར་ཐུག་གི་ ངེས་པ་དོན་གྱི་ཐེག་པ་ཆེན་པོ་ཡོན་ཏན་མཐའ་ཡས་པའི་ཀློང་དུ་གྱུར་པའི་གཞི་གཅིག་པུ་ ཉིད་ནམ་ཡང་མཐོང་ཚུལ་མེད་པ་དེ་བས་ན། འཁོར་ལོ་ཐ་མའི་དགོངས་དོན། རྒྱན་སྟུག་པོ་ བཀོད་པའི་མདོ་ལས། ཉི་མ་ཟླ་བའི་ནོར་བུ་དག །ཡོངས་སུ་དག་པའི་མཚན་ཉིད་ཅན། །ཉི་ ཟླའི་ཟེར་གྱིས་ཕོག་པ་དང༌། །དེ་དག་རང་གི་ཡོན་ཏན་འབྱིན། །དེ་བཞིན་ཀུན་གཞིའི་ཤེས་པ་ 2-1-12 རབ། །དེ་བཞིན་གཤེགས་པའི་སྙིང་པོ་དགེ །ཟག་མེད་ལེགས་དང་ལྡན་གྱུར་ཏེ། །གཞན་དུ་ གྱུར་ན་རབ་ཏུ་འབྱིན། །ཞེས་གསུངས་པ་ལྟར་ཉི་ཟླའི་རིགས་ཀྱི་ནོར་བུ་ལ་ཉི་ཟླའི་འོད་ཀྱིས་ ཕོག་པས་རང་འོད་ཆེར་འབྱིན་པ་ལྟར་ཐབས་མཁས་ལམ་གྱི་བྱེད་པ་ལ་བརྟེན་ནས་རིགས་ ཁམས་བདེ་གཤེགས་སྙིང་པོ་ཀུན་གཞིའི་རྣམ་ཤེས་ལས་གཞན་པ་གང་ལས་ཟག་མེད་ཡེ་ ཤེས་ཀྱི་ཆོས་མཐའ་དག་འབྱུང་སྟེ་མངོན་དུ་གྱུར་པའི་ཚུལ་འདི་རྒྱལ་བའི་དགོངས་པ་མཐར་ ཐུག་ཏུ་ལེགས་པར་གྲུབ་ཕྱིར་ངེས་དོན་དབུ་མ་ཆེན་པོའི་ཆོས་ཀྱི་ཁུངས་ཆུ་མགོ་གངས་ལ་ ཐུག་པ་ལྟ་བུ་འདི་གའོ། །སྤྱིར་ནི་བཀའ་བར་དུ་གཙོ་བོར་རང་སྟོང་བསྟན་ཞིང་བཀའ་ཐ་མར་ ངེས་དོན་གཞན་སྟོང་གཙོ་བོར་བསྟན་པས་དེ་གཉིས་ཀྱི་ཁྱད་པར་ཀུན་རྫོབ་དོན་དམ་གྱིས་ བསྡུས་པའི་ཆོས་ཐམས་ཅད་རང་ངོས་ནས་གྲུབ་པས་སྟོང་པས་རང་སྟོང་དང༌། ཀུན་རྫོབ་ རྣམས་རང་ངོས་ནས་གྲུབ་པས་སྟོང་ཡང་དོན་དམ་པའི་ཆོས་ཉིད་ནི་ནམ་ཡང་རང་ངོས་ནས་ མི་སྟོང་བར་གནས་ལུགས་མཐར་ཐུག་ཏུ་ཡེ་ནས་འགྱུར་བ་མེད་པའི་རང་མདངས་ལ་གཞན་ ཀུན་རྫོབ་གཟུང་འཛིན་གྱི་སྤྲོས་པས་སྟོང་པས་ན་གཞན་སྟོང་ཞེས་བརྗོད་ཅིང༌། ཀུན་རྫོབ་ བདེན་པར་མེད་ཀྱང་དོན་དམ་གནས་ལུགས་མཐར་ཐུག་ཏུ་བདེན་པས་མཐའ་གཉིས་སྤངས་ པའི་ངེས་དོན་དབུ་མའི་ལམ་བཟང་ཆེན་མོ་དེ་ཡང་གཙོ་བོར་འཁོར་ལོ་ཐ་མའི་སྡེ་སྣོད་དུ་ བསྟན་ཀྱང་སྤྱིར་ནི་འཁོར་ལོ་དང་པོ་དང་བར་པ་གཉིས་ཀྱིའང་དགོངས་པ་མཐར་ཐུག་ཏུ་ངེས་ ཤིང་དེ་ལུགས་ཀྱི་ཚུལ་དུ་བསྟན་པར་གསུངས་ལ། འདི་དག་གི་སྐོར་ལ་བཤད་བྱ་མང་ཡང་རེ་ ཞིག་དེ་ཙམ་མོ། ། གཉིས་པ་རྗེས་ནས་ཇི་ལྟར་བྱུང་ཚུལ་ནི་སྟོན་པས་ཆོས་འཁོར་གསུམ་པོ་བསྐོར་ཟིན་མི་ རིང་བ་ན་ཐུན་མོང་ངོར་ཐེག་ཆེན་གྱི་སྡེ་སྣོ ད་རྣམས་ནི། ལྷ་ཀླུ་སོགས་ཀྱིས་རང་རང་གི་གནས་ སུ་སྤྱན་དྲངས་ཏེ་རེ་ཞིག་མི་ཡུལ་དུ་མི་བཞུགས་ལ་ཐེག་དམན་གྱི་མདོ་སྡེ་ལ་བརྟེན་ནས་དགེ་ 2-1-13 སྦྱོང་གི་འབྲས་བུ་བཞི་པོ་མངོན་དུ་བྱེད་པའི་འཕགས་ཚོགས་ཀྱི་འདུས་སྡེ་བསམ་གྱིས་མི་ ཁྱབ་པ་བྱུང་ཞིང༌། རྒྱལ་བ་མྱ་ངན་ལས་འདས་རྗེས་སུ་དགྲ་བཅོམ་འོད་སྲུངས་ཆེན་པོས་༼༡༽ ཐེག་དམན་གྱི་བཀའ་བསྡུ་དང་པོ་མཛད་ནས་བསྟན་པ་ཀུན་དགའ་བོ་༼༢༽ལ་གཏད་པ་ནས་ བཟུང་སྟེ་རིམ་བཞིན། ཤ་ནའི་གོས་ཅན་༼༣༽དང༌། ཉེ་སྦས་༼༤༽དང༌། དྷཱི་ཏི་ཀ་༼༥༽གསུམ་ གྱིས་བསྟན་པ་བསྐྱངས་ཏེ་འཕགས་པ་དྷཱི་ཏི་ཀ་འདིའི་སྐུ་དུས་ཤིག་ན་ཡངས་པ་ཅན་པའི་དགེ་ སློང་དག་གིས་མི་རུང་བའི་གཞི་བཅུ་སྤྱོད་བཞིན་གཞི་དེ་དག་སྟོན་པའི་བསྟན་པ་ཡིན་པར་ བསྒྲགས་སྐབས་དགྲ་བཅོམ་གྲགས་པ་སོགས་དགྲ་བཅོམ་པ་བདུན་བརྒྱས་དེ་སུན་ཕྱུང་སྟེ་ བཀའ་བསྡུ་གཉིས་པ་མཛད། དེ་ནས་གཏད་རབས་ནག་པོ་པ་༼༦༽དང༌། ལེགས་མཐོང་༼༧༽ གཉིས་ཀྱིས་བསྟན་པ་རིམ་བཞིན་བསྐྱངས་རྗེས་རིང་ཞིག་ལོན་སྐབས། ཡུལ་ཨོ་ཊི་བི་ཤའི་ རྒྱལ་པོ་ཟླ་བ་བསྲུང་གི་ཁྱིམ་དུ་འཇམ་དཔལ་གྱིས་སྤྲུལ་པའི་དགེ་སློང་གིས་ཐེག་ཆེན་གྱི་ཆོས་ བསྟན། གླེགས་བམ་ཞིག་ཀྱང་བཞག་གོ། ཞེས་བྱུང་བ་མདོ་ལུགས་པས་ཤེར་ཕྱིན་བརྒྱད་སྟོང་ པ་དང༌། སྔགས་པ་རྣམས་ཀྱིས་དེ་ཁོ་ན་ཉིད་བསྡུས་པ་ཡིན་ཟེར་ཏེ། འདི་སྐབས་སྔར་སྟོན་ པས་གསུངས་པའི་ཐེག་ཆེན་གྱི་སྡེ་སྣོ ད་རྣམས་གནས་གཞན་ན་བཞུགས་པ་ལས་ཅི་རིགས་མི་ ཡུལ་དུ་སླར་ཡང་དར་བའི་ཐོག་མ་ཡིན་པར་གསུངས་ལ། དུས་འདི་སྐོར་གྱི་སྔ་ཕྱི་ཅི་རིགས་ སུ་དགེ་སློང་ལྷ་ཆེན་པོ་དང༌། བཟང་པོ་གཉིས་རིམ་པར་བྱུང་སྟེ། དེ་གཉིས་ཀྱིས་ལོག་པའི་ གཞི་ལྔ་སོགས་བསྒྲགས་ནས་བསྟན་པ་ལ་རྩོད་གཞི་བཞག དེ་རྗེས་དགེ་སློང་ཀླུ་དང༌། ཡིད་ བརྟན་པ་གཉིས་ཀྱང་རིམ་བཞིན་བྱུང་ནས་ལོག་པའི་རྗེས་སུ་ཞུགས་ཤིང་བསྟན་པ་དཀྲུགས་ ཏེ་རྩོད་པ་བྱུང་བ་ནས་རིམ་པ་བཞིན་ཐེག་དམན་གྱི་སྡེ་བཞི་དང་བཅོ་བརྒྱད་སོ་སོར་གྱེས་ཤིང་ དགེ་སློང་རྣམས་ཀྱང་འབྲས་བུ་ཐོབ་པའང་ཤིན་ཏུ་ཉུང་བའི་སྐབས་ན་དགྲ་བཅོམ་པ་དང༌། སྡེ་ སྣོད་འཛིན་པའི་བཙུན་པ་མང་པོ་ཞིག་གིས་ཐེག་དམན་གྱི་བཀའ་བསྡུ་གསུམ་པ་བྱས་ཏེ་ཉན་ 2-1-14 ཐོས་སྡེ་བཅོ་བརྒྱད་ཀྱི་བསྟན་པ་རྣམ་དག་ཏུ་སྒྲུབས་ཤིང༌། མདོ་དང་མངོན་པ་སྔར་ཡི་གེ་མ་ འཁོད་པ་རྣམས་ཡི་གེར་བཀོད་ཅིང་འཁོད་པ་རྣམས་ལ་དག་ཐེར་བྱས་སོ། །འདིའི་གོང་ཞིག་ ཏུ་ཁ་ཆེའི་བཙུན་པ་ཆེན་པོ་གནས་བརྟན་འཁོར་དགེ་སློང་ལྔ་སྟོང་དང་བཅས་བྱོན་པའང་མདོ་ སྡེ་པའི་ཐོག་མའོ། ། དེ་ལྟར་ཐེག་དམན་གྱི་བཀའ་བསྡུ་གསུམ་པ་བྱས་པའི་འོག་ཞིག་ན་སླར་ཡང་ཐེག་ཆེན་ གྱི་ཆོས་སྨྲ་བའི་བཙུན་པ་ཆེན་པོ་ཨ་བི་ཏརྐ་སོགས་ཆོས་སྟོན་པ་ལྔ་བརྒྱ་ཙམ་བྱོན་ཏེ། གནས་ ཐ་དད་པ་ནས་ཐེག་ཆེན་གྱི་སྡེ་སྣོ ད། ལང་གཤེགས་དང༌། རྒྱན་སྟུག་པོ་བཀོད་པའི་མདོ་ སོགས་ཐེག་ཆེན་གྱི་མདོ་སྡེ་མང་པོ་ཞིག་སླར་ཡང་སྤྱན་དྲངས་པའི་ཚུལ་གྱིས་དར་བར་མཛད་ ཅིང༌། ཐེག་ཆེན་སྡེ་པ་དངོས་སྨྲའི་སེམས་ཙམ་ལུགས་ཀྱང་འདི་ནས་བྱུང༌། དེ་རྗེས་ཞིག་ནས་ དཔལ་ས་ར་ཧ་ཆེན་པོ་བྱོན་ནས་དབུ་མའི་ཚུལ་ལུགས་དར་བར་མཛད། དེའི་འོག་ཏུ་སློབ་ དཔོན་ཀླུ་སྒྲུབ་ཀྱིས་བསྟན་པ་བསྐྱངས་ཏེ་དབུ་མ་ལྷག་པར་དར་བར་མཛད་པ་ནས་བཟུང་ བསྟན་པ་འཛིན་པའི་སྐྱེས་ཆེན་དུ་མ་འཕགས་ཡུལ་དུ་རིམ་པར་བྱོན་པའི་རེ་ཞིག་ན། ༼༡༽ རྒྱལ་བའི་དགོངས་པ་མཐར་ཐུག་གི་ངེས་གསང་རྙེད་ཅིང་ཐེག་ཆེན་གྱི་མདོ་སྡེའི་དྲང་ངེས་ འབྱེད་པ་ལ་མཆོག་ཏུ་བསྔགས་པ་ངེས་དོན་དབུ་མ་ཆེན་པོའི་ཤིང་རྟའི་སྲོལ་ལེགས་པར་ཕྱེ་ བའི་ས་གསུམ་བརྙེས་པ་འཕགས་པ་ཐོགས་མེད་ཞབས་པའང་བྱོན་པ་སྟེ། དེ་ཡང་འཇམ་ དཔལ་རྩ་རྒྱུད་ལས། ཐོགས་མེད་ཅེས་བྱའི་དགེ་སློང་ནི། །བསྟན་བཅོས་དེ་ནི་དོན་ལ་མཁས། །མདོ་སྡེ་ངེས་དོན་དྲང་བའི་དོན། །རྣམ་པ་མང་པོ་རབ་ཏུ་འབྱེད། །འཇིག་རྟེན་རིག་པ་སྟོན་ བདག་ཉིད། །གཞུང་བྱེད་ངང་ཚུལ་ཅན་དུ་འགྱུར། །དེ་ཡིས་རིག་པ་གྲུབ་པ་ནི། །སཱ་ལའི་ཕོ་ ཉ་མོ་ཞེས་བརྗོད། །དེ་ཡི་སྔགས་ཀྱི་མཐུ་ཡིས་ནི། །བློ་ནི་བཟང་པོ་སྐྱེས་པར་གྱུར། །བསྟན་ པ་ཡུན་རིང་གནས་བྱའི་ཕྱིར། །མདོ་ཡི་དེ་ཉིད་དོན་བསྡུད་བྱེད། །ལོ་ནི་བརྒྱ་དང་ལྔ་བཅུ་འཚོ། ། 2-1-15 དེ་ལུས་ཞིག་ནས་ལྷ་ཡུལ་འགྲོ། །འཁོར་བ་རྣམས་སུ་འཁོར་བ་ན། །ཡུན་རིང་བདེ་བ་རྗེས་ མྱོང་ནས། །བདག་ཉིད་ཆེན་པོ་མཐར་གྱིས་ཏེ། །བྱང་ཆུབ་ཐོབ་པར་འགྱུར་བ་ཡིན། །ཞེས་ པའི་ལུང་གིས་བསྔགས་པ་འཕགས་པ་ཐོགས་མེད་ནི། ཡི་དམ་སྤྱན་རས་གཟིགས་ཀྱིས་རྗེས་ སུ་བཟུང་བ་བྲམ་ཟེ་མོ་གསལ་བའི་ངང་ཚུལ་མ་ཞེས་པའི་སྲས་སུ་འཁྲུངས་ཏེ་རྒྱལ་རིགས་སུ་ གྱུར་པའི་སྐྱེས་བུ་རིག་གནས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་མདོ་སྡེའི་དོན་ཕལ་ཆེར་ ཐུགས་སུ་ཆུད་པར་བྱས་ནས་ཤེར་ཕྱིན་གྱི་དགོངས་དོན་རྟོགས་དཀའ་བར་དགོངས་ཏེ། དེའི་ དོན་དུ་ལྷག་པའི་ལྷ་ཞལ་མཐོང་ཆེད་སློབ་དཔོན་ཨརྷ་ཏ་ལ་སྒྱུ་འཕྲུལ་དྲ་བའི་དཀྱིལ་འཁོར་ དུ་དབང་བསྐུར་བ་མནོས་པས་མེ་ཏོག་རྒྱལ་བ་མི་ཕམ་པ་ལ་ཕོག་གོ ། དེ་ནས་རི་བོ་བྱ་རྐང་ཅན་དུ་གྲགས་པའི་ཕུག་ཅིག་ཏུ་ལོ་བཅུ་གཉིས་སུ་འཕགས་པ་ བྱམས་པ་བསྒྲུབས་ཏེ་བྱམས་པའི་ཞལ་དངོས་སུ་མཐོང་ནས་དུས་དེ་ཉིད་དུ་སློབ་དཔོན་ གྱིས་ཆོས་རྒྱུན་གྱི་ཏིང་ངེ་འཛིན་ཐོབ། ཅི་འདོད་གསུངས་པ་ལ། ཐེག་པ་ཆེན་པོ་དར་བར་ཞུ་ ཞེས་ཞུས་པས། ངའི་གོས་ཀྱི་མཐའ་ལ་འཇུས་ཤིག་གསུངས་པ་ལྟར་འཇུས་པས་དེ་མ་ཐག་ དགའ་ལྡན་དུ་སླེབས་ནས་མི་ལོ་ཕྱེད་ལྔ་བཅུའམ་ལོ་ཆ་ཚང་ཉེར་ལྔ་ཙམ་བཞུགས་ཏེ་ཐེག་པ་ ཆེན་པོའི་ཆོས་མཐའ་དག་གསན་ཏེ་མདོ་སྡེའི་དོན་ཀུན་ཐུགས་སུ་ཆུད། ཁྱད་པར་རྒྱལ་ཚབ་ བྱམས་པས་འཁོར་ལོ་ཐ་མའི་དགོངས་དོན་གཙོ་བོར་བྱས་ཏེ་ཐེག་ཆེན་མདོ་སྡེ་སྤྱིའི་དགོངས་ འགྲེལ་གྱི་ཚུལ་དུ་རྒྱུད་བླ་མ། འབྱེད་རྣམ་གཉིས། རྒྱན་རྣམ་གཉིས་ཏེ་བྱམས་ཆོས་ལྔ་མཛད་ པ་དེ་སློབ་དཔོན་གྱིས་གསན་ཚེ་དོན་ཚན་རེ་རེ་གསན་ཙམ་གྱིས་ཏིང་ངེ་འཛིན་གྱི་སྒོ་མི་འདྲ་ བ་རེ་རེ་ཐོབ་ཅིང༌། བྱམས་ཆོས་འདི་དག་གིས་རྒྱལ་བའི་དགོངས་པ་མཐར་ཐུག་ངེས་དོན་ ཕྱིར་མི་ལྡོག་པའི་གཏམ་ལས་བརྩམས་ཏེ་གཞན་སྟོང་དབུ་མ་ཆེན་པོའི་ལྟ་སྒོམ་ཆེས་གསལ་ བར་བྱས་པ་ཇི་ལྟ་བ་བཞིན་དུ་སློབ་དཔོན་ཐོགས་མེད་ཀྱིས་ཀྱང་དགོངས་དོན་དེ་ལྟར་ཐུགས་ 2-1-16 སུ་བྱང་ཆུབ་པའི་ཚུལ་གྱིས་སླར་ཡང་མི་ཡུལ་དུ་བྱོན་ནས་ངེས་དོན་དབུ་མ་ཆེན་པོའི་ཤིང་རྟའི་ སྲོ ལ་ལེགས་པར་ཕྱེ་བ་ལགས་སོ། ། ༼༢༽ སློབ་དཔོན་འདིའི་གཅུང་དབྱིག་གཉེན་ཡང་བྲམ་ཟེའི་རིགས་ལས་བྱུང་བའི་ ཡུམ་གཅིག་པའི་སྐུ་མཆེད་ཡིན་ལ། འདིས་ཀྱང་ཐོག་མར་ཉན་ཐོས་ཀྱི་སྡེ་སྣོ ད་མཐའ་དག་ བྱང་ཆུབ་པར་བྱས་པས་ཐེག་ཆེན་ལ་མི་མོས་པའི་ཚུལ་གྱིས་བཞུགས་པ་ན་རེ་ཞིག་གི་ཚེ། གཅེན་འཕགས་པ་ཐོགས་མེད་ཀྱི་དངོས་སློབ་ཐེག་ཆེན་སྨྲ་བའི་དགེ་སློང་གཉིས་ཀྱིས་མདོ་ སྡེ་བློ་གྲོས་མི་བཟད་པ་དང༌། ས་བཅུ་པ་གཉིས་གསུང་སྒྲོག་བྱེད་པ་ཐོས་པའི་རྐྱེན་གྱིས་ཐེག་ ཆེན་ལ་མོས་པའི་ཐུགས་བློ་གཏིང་ནས་བྱུང་སྟེ་འཕགས་པ་མཆོག་གི་དྲུང་ནས་ཐེག་པ་ཆེན་ པོའི་མདོ་སྡེ་མཐའ་དག་ཚར་གཅིག་གསན་པ་ཙམ་གྱིས་ཐུགས་སུ་ཆུད་དེ་ཐེག་ཆེན་སྤྱི་དང་ ཁྱད་པར་འཁོར་ལོ་ཐ་མའི་དགོངས་དོན་འཕགས་པའི་བཞེད་སྲོལ་བཞིན་རྒྱ་ཆེར་དར་བར་ མཛད། དེ་ནས་རིམ་པར་བརྒྱུད་དེ། ༼༣༽ཕྲ་ཞིང་རྟོགས་དཀའ་བ་དྲང་སྲོ ང་ཆེན་པོའི་ལམ་ བཟང་བདེ་གཤེགས་སྙིང་པོའི་ལེགས་བཤད་སེང་གེའི་སྒྲ་ཆེན་རིང་ནས་ནུབ་པ་སླར་ཡང་ གསལ་བར་མཛད་པ་གངྒ་མཻ་དྲིའི་ཞབས་དང༌། ༼༤༽རྒྱལ་བ་མི་ཕམ་པའི་ཞལ་གཟིགས་ཏེ། གཉིས་འཛིན་འཁྲུལ་བའི་དྲི་མ་གཏན་ནས་སྤངས་ཤིང་བརྟུལ་ཞུགས་སྤྱོད་མཛད་ཨ་ཝ་དྷཱུ་ཏཱི་ པ་ཆེན་པོ་དགའ་བ་གྲགས་པའི་དཔལ་དང༌། ༼༥༽ཐེག་མཆོག་གཞུང་ལུགས་རྒྱ་མཚོའི་ ཕ་རོལ་སོན་ཅིང་ཚངས་སྤྱོད་དཔལ་གྱིས་བརྒྱན་པའི་དགེ་སློང་ཆེན་པོ་གནས་ལུགས་ཟབ་ མོའི་དོན་གཟིགས་པའི་ཁ་ཆེ་བ་འབྱུང་གནས་ཞི་བའི་ཞབས་དང༌། ༼༦༽དབུས་ཀྱི་ཀ་ཆེན་ དང་པོ་བྲམ་ཟེ་རིན་ཆེན་རྡོ་རྗེའི་གདུང་བརྒྱུད་དུ་འཁྲུངས་པ་ཡི་དམ་ལྷག་པའི་ལྷའི་བྱིན་གྱིས་ བརླབས་ཤིང་གསུང་རབ་མཐའ་ཡས་པ་མཁྱེན་པའི་རྣལ་འབྱོར་གྱི་དབང་ཕྱུག་བྲམ་ཟེ་སཛྫ་ ན་ཞེས་བྱ་བའི་བར་གྱི་སྐྱེས་ཆེན་དམ་པ་དེ་དག་གིས་འཁོར་ལོ་ཐ་མའི་དགོངས་དོན་ངེས་པ་ 2-1-17 དོན་གྱི་དབུ་མའི་ལུགས་སྲོ ལ་ལེགས་པར་བཟུང་ནས་འཕགས་ཡུལ་དུ་སྤེལ་ཞིང༌། དེ་ནས་ བོད་གངས་རིའི་ལྗོངས་སུ་ཡང༌། ༼༧༽དཔལ་འཁོར་ལོ་སྡོམ་པའི་ཞལ་གཟིགས་ཤིང་མཁས་ དབང་དུ་མའི་གཙུག་གི་ནོར་བུ་གངས་ལྗོངས་འདིར་གཞན་སྟོང་དབུ་མའི་སྒྲ་ཆེན་བསྒྲགས་ ཤིང་དཔེ་མེད་གྲོང་དུ་རྡོ་རྗེའི་སྐུ་བརྙེས་པའི་གཟི་ལོ་ཙཱ་བ་དགའ་བའི་རྡོ་རྗེ་ནས་བཟུང་རིམ་ པར། ༼༨༽མི་ཕམ་གཞུང་ལ་མཁས་ཤིང་ངེས་དོན་དབུ་མའི་ལམ་བཟང་ཐུགས་སུ་ཆུད་ པའི་སྡོམ་བརྩོན་དམ་པ་བཙན་རིགས་ཁའོ་ཆེ་དྲི་མེད་ཤེས་རབ། ༼༩༽ཟབ་མོའི་གནས་ དང་རྒྱུད་སྡེ་དུ་མ་མཁྱེན་པ་བྱམས་པས་རྗེས་སུ་བཟུང་བ་ལ་སྟོད་པ་དར་མ་བརྩོན་འགྲུས། ༼༡༠༽སྙིང་པོའི་བསྟན་པ་གསལ་མཛད་དོལ་པ་གཉན་ཡེ་ཤེས་འབྱུང་གནས། ༼༡༡༽ འཕགས་མཆོག་གཉིས་ཀྱི་དགོངས་པ་གཅིག་གཟིགས་འཇད་སྟོན་སྐུ་མཆེད་ཟུང་སྟེ་བྱང་ཆུབ་ སྐྱབས་དང༌། གཞོན་ནུ་བྱང་ཆུབ། ༼༡༢༽ཕྱག་རྡོར་ཞལ་གཟིགས་ཆོས་སྐྱོང་བྲན་དུ་འཁོལ་ བ་སྐྱོ་སྟོན་པ་སྨོ ན་ལམ་ཚུལ་ཁྲིམས། ༼༡༣༽མི་གཡོ་མགོན་པོའི་བྱིན་གྱིས་རླབས་ཤིང་ བཀའ་བསྟན་དགོངས་རྟོགས་རིག་པའི་རལ་གྲི། ༼༡༤༽ངེས་དོན་སྙིང་པོ་ཉན་བཤད་ཀྱིས་ སྤེལ་མཛད་སྐྱི་སྟོན་པ་སྟེ། ༼༡༥༽ཀུན་མཁྱེན་ཇོ་ནང་པའི་བར་དུ་བརྒྱུད་པ་བར་མ་ཆད་ཅིང་ བརྒྱུད་ཚུལ་འདིར་གཅིག་ཏུ་མ་ཟད་གཞན་དུ་མའི་སྒོ་ནས་ཀྱང་རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ ནས་ངེས་དོན་ཟབ་མོའི་ལུགས་བཟང་འཕགས་བོད་དུ་ཇི་ལྟར་བྱུང་བའི་ཚུལ་མང་ངོ༌། ། སྨྲས་པ། བདེ་གཤེགས་ངེས་དོན་དགོངས་བཅུད་འདབ་སྟོང་ཚལ། ། དུས་ཀྱི་དབང་གིས་རེ་ཞིག་ཟུམ་པའི་མོད། ། མི་ཕམ་ལེགས་གསུང་རྟ་ལྗང་ཚ་ཟེར་གྱིས། ། སྐལ་བཟང་རྐང་དྲུག་བསོད་ནམས་དཔལ་དུ་བཞད། ། 2-1-18 ཅེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། ། གཉིས་པ་སྔགས་ཕྱོགས་ནས་རིམ་པར་བརྒྱུད་ཚུལ་ལ། སྟོན་པས་ཇི་ལྟར་གསུངས་ཚུལ་ དང༌། རྗེས་ནས་ཇི་ལྟར་བྱུང་བའི་ཚུལ་གཉིས་ལས། དང་པོ་ནི་རྒྱུད་ལས། ཤིན་ཏུ་རྣམ་དག་ཆོས་ཀྱི་མཆོག །གདོད་ནས་གྲོལ་བ་དེ་བཞིན་ གཤེགས། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །བྱང་ཆུབ་སེམས་དཔའ་བདག་གྲུབ་མཛོད། ། ཅེས་གསུངས་པ་ལྟར་སྔར་སྟོན་པས་ཕར་ཕྱིན་ཐེག་པར་ངེས་དོན་ཆོས་ཉིད་བདེ་ གཤེགས་སྙིང་པོ་གནས་ལུགས་མཐར་ཐུག་ཏུ་བསྟན་པ་ཉིད་འདིར་གསང་ཆེན་བླ་མེད་ཐེག་ པའི་སྐབས་སུ་ཤིན་ཏུ་རྣམ་པར་དག་པའི་ཆོས་ཉིད་གདོད་མ་ནས་གྲོལ་བ་ཆེན་པོ་དེ་བཞིན་ གཤེགས་པ་ཀུན་ཏུ་བཟང་པོ་དོན་དམ་པའི་རྣམ་པ་ཀུན་གྱི་བདག་ཉིད་ཅན། ཞེས་པའི་ མཚན་གྱིས་གཞིའི་ཆོས་ཉིད་དུ་ལེགས་པར་བསྟན་པའང་སྔགས་ཀྱི་གཞན་སྟོང་དབུ་མ་ཆེན་ པོ་ཡིན་ལ། དེ་ཉིད་བདེ་སྟོང་ཟུང་འཇུག་གི་ངོ་བོར་མངོན་དུ་བྱེད་པའི་ཐབས་ལ་དྲུག་ལྡན་ རྡོ་རྗེ་ལུས་ཀྱི་རྩ་རླུང་ཐིག་ལེ་ལ་གནད་དུ་བསྣུན་པའི་ཐབས་ཁྱད་པར་ཅན་གསང་ཆེན་བླ་ མེད་ཀྱི་ཆོས་ཀྱི་མཛོད་ཆེན་པོ་སྟོན་པ་ཉིད་རྣམ་པར་སྣང་མཛད་འཁོར་ལོས་སྒྱུར་བ་ཆེན་པོ་ དང༌། ཆོས་ཀྱི་དབྱིངས་གསུང་གི་དབང་ཕྱུག་སོགས་ཀྱི་སྐུའི་རྣམ་པར་གནས་འགྱུར་ཏེ་ཐུན་ མོང་མ་ཡིན་པའི་སྔགས་ཀྱི་གདུལ་བྱ་མཆོག་རྣམས་ལ་ལེགས་པར་ཕྱེས་ནས་རྗེས་སུ་བཟུང་ སྟེ། རིང་པོར་མི་ཐོགས་པར་ཟུང་འཇུག་མཆོག་གི་གོ་འཕང་ལ་བཀོད་པ་ཡིན་ཏེ། དེ་ཡང་ སྟོན་པ་བཞུགས་པའི་དུས་རེ་ཞིག་གི་ཚེ་སྟོན་པའི་འཁོར་དགྲ་བཅོམ་པ་རྣམས་གླིང་གཞན་ ལ་འཕུར་ཏེ་འགྲོ་འོང་བྱེད་པ་ཨོ་རྒྱན་ཡུལ་གྱི་རྒྱལ་པོ་ཨིནྡྲ་བྷུ་ཏཱིས་གཟིགས་པ་ན་ཐག་རིང་ བས་ཆ་མ་ཕྱེད་དེ། བློན་པོ་རྣམས་ལ་བྱ་དམར་པོའི་ཁྱུ་འདི་རྣམས་ཅི་ཡིན་དྲིས་པས། བློན་པོ་ རྣམས་ན་རེ། ལྷ་ཅིག འདི་ནི་བྱ་མ་ལགས། དྲང་སྲོ ང་ཆེན་པོ་སངས་རྒྱས་ཀྱི་ཉན་ཐོས་ལགས་ 2-1-19 སོ་བྱས་པས། རྒྱལ་པོས་སངས་རྒྱས་ལྟ་འདོད་པ་ལ། བློན་པོ་རྣམས་ཀྱིས་ཐག་རིང་བས་མི་ འབྱོན་ཟེར་བ་ན། རྒྱལ་པོས་གསོལ་བ་བཏབ་པས་ནངས་པར་གདུགས་ཚོད་ལ་སངས་རྒྱས་ དགྲ་བཅོམ་ལྔ་བརྒྱ་བཅས་བྱོན་པ་ལ་རྒྱ་ཆེར་མཆོད་ནས་སངས་རྒྱས་ཐོབ་པའི་ཐབས་ཞུས་ པས། རྒྱལ་པོ་འདོད་ཡོན་སྤོངས་ལ་བསླབ་གསུམ་དང་ཕར་ཕྱིན་དྲུག་ལ་རྟེན་ཅིག་གསུངས་ པས། རྒྱལ་པོས་བདག་བུད་མེད་ཀྱི་ཚོགས་དང་ལྷན་ཅིག་འདོད་ལྔ་ལ་སྤྱོད་པས་སངས་རྒྱས་ ཐོབ་པའི་ཐབས་ཤིག་འཚལ་ལོ། །ཛམྦུའི་ཚལ་ནི་ཉམས་དགའ་བར། །ཝ་སྐྱེས་ཉིད་དུ་གྱུར་ ཀྱང་བླའི། །འདོད་ཡོན་སྤངས་པའི་ཐར་པ་ནི། །ནམ་ཡང་མི་འདོད་གཽ་ཏ་མ། །ཞེས་ཞུས་པས། དེར་ཉན་ཐོས་ཀྱི་ཚོགས་རྣམས་མི་སྣང་བར་ཐལ་ཏེ། འདི་ན་གང་ཟག་བརྒྱད་མེད་ཅིང༌། །ཉན་ཐོས་རང་རྒྱལ་འགའ་ཡང་མེད། །བྱང་ཆུབ་སེམས་དཔའ་རྫུ་འཕྲུལ་ཆེ། །དེ་དག་དེ་ཡི་ གཟུགས་སུ་སྤྲུལ། །ཞེས་ནམ་མཁའ་ནས་སྒྲ་ཡང་བྱུང༌། དེར་རྣམ་པར་སྣང་མཛད་འཁོར་ ལོས་སྒྱུར་བ་སོགས་དཀྱིལ་འཁོར་ཆེན་པོ་མཐའ་ཡས་པར་གྱུར། རྒྱལ་པོ་ལ་དབང་བསྐུར་ བས་དེ་ཉིད་དུ་ཟུང་འཇུག་གི་སྐུ་འགྲུབ་སྟེ། དེ་ལ་རྒྱུད་ཐམས་ཅད་གཏད་དེས་ཀྱང་རྒྱ་ཆེར་ སྤེལ། རྒྱུད་རྣམས་གླེགས་བམ་དུ་བྱས་མཐར་བཙུན་མོའི་ཚོགས་དང་ལྷན་ཅིག་མི་སྣང་བར་ གྱུར་ཏེ་ལོངས་སྤྱོད་རྫོགས་པའི་སྐུར་གྱུར་སྐད། དེ་ནས་བཟུང་རྣལ་འབྱོར་གྱི་དབང་ཕྱུག་ཕོ་ མོ་མང་པོ་ལ་བརྒྱུད་དེ་གདོད་ནས་བཞུགས་པའི་རྣམ་སྣང་ཆེན་པོ་སོགས་མངོན་བྱེད་ཐབས་ ཀྱི་ཉེ་ལམ་རྒྱ་ཆེར་དར་བར་གྱུར་ཅིང༌། གཞན་ཡང་སྟོན་པ་མཆོག་གི་ཕྲིན་ལས་ཀྱི་རྣམ་རོལ་ དཔལ་རྡོ་རྗེ་རྣལ་འབྱོར་མ་དང༌། གསང་བའི་བདག་པོ། འཇམ་པའི་རྡོ་རྗེ་སོགས་སྐུའི་རྣམ་ པ་མཐའ་ཡས་པས་གྲུབ་པའི་དབང་ཕྱུག་སོ་སོ་ལ་གསང་ཆེན་ཐེག་པའི་ཉེ་ལམ་བསྩལ་པ་ལ་ བརྟེན་ནས་གཉུག་མ་རང་བྱུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་གྱུར་ཏེ་མིག་འཕྲུལ་ལྟར་ གྲོལ་བའི་སྐལ་བཟང་སྔགས་རིག་འཛིན་པ་ནི་ཆེས་ཤིན་ཏུ་མཐའ་ཡས་པ་བྱུང་ལ། དེ་དག་ 2-1-20 ཀྱང་སྔགས་ཀྱི་གཞན་སྟོང་དབུ་མ་ཆེན་པོ་རང་བྱུང་བདེ་སྟོང་ལྷན་ཅིག་སྐྱེས་པ་དོན་དམ་པའི་ རྣམ་ཀུན་མཆོག་ལྡན་གྱི་ཡེ་ཤེས་ཐབས་མཁས་ཟབ་མོའི་ལམ་གྱིས་མངོན་དུ་བྱེད་པ་འབའ་ ཞིག་གོ ། ཁྱད་པར་བླ་མེད་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་གསང་སྔགས་ཀྱི་ཉེ་ལམ་རང་རེའི་ མེ་ཏོག་ལྷ་བབས་ཀྱི་ཆོས་སྐལ་ལགས་པས་དེའི་ཚུལ་ཡང༌། འཇམ་དཔལ་གྱི་མཚན་ཡང་དག་ པར་བརྗོད་པ་ལས། དང་པོའི་སངས་རྒྱས་རྒྱུ་མེད་པ། །ཡེ་ཤེས་སྐུ་སྟེ་རང་བྱུང་བ། །མཆོག་ གི་དང་པོ་སྐུ་གསུམ་འཆང༌། །སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །ཞེས་གསུངས་པའི་ དགོངས་པ་དང་གཅིག་པར། དུས་འཁོར་གྱི་རྒྱུད་ལས་ཀྱང༌། ཕྱག་རྒྱ་ཆེན་པོ་མི་འགྱུར་བདེ། །འགྱུར་བ་མེད་ལས་འཁྲུངས་པའི་སྐུ། །དུས་ཀྱི་འཁོར་ལོ་དེ་ལ་འདུད། །ཀུན་མཁྱེན་ཡེ་ཤེས་ སྐུ་ཞེས་པ། །ཞེས་གསུངས་པས་མདོ་དོན་མཐར་ཐུག་གནས་ལུགས་བདེ་གཤེགས་སྙིང་པོ་ གང་དེ་སྔགས་བླ་མེད་ཀྱི་སྐབས་འདིར་ནི་མཆོག་གི་དང་པོའི་སངས་རྒྱས་འདུས་མ་བྱས་པ་ རང་བྱུང་ཡེ་ཤེས་ཀྱི་སྐུ་གསུམ་མམ་ལྔའི་བདག་ཉིད་ཅན་ཕྱག་རྒྱ་ཆེན་པོ་མི་འགྱུར་བའི་བདེ་ བ་མཆོག་གི་རང་བཞིན་ཀུན་མཁྱེན་ཡེ་ཤེས་ཀྱི་སྐུ་དུས་ཀྱི་འཁོར་ལོ་གཞི་འབྲས་དབྱེར་མེད་ ཀྱི་ངོ་བོ་འདི་ག་རང་སྟེ། དེ་ཉིད་རིམ་གཉིས་ལམ་གྱིས་མངོན་དུ་བྱ་བའི་ཐབས་ཚུལ་རྒྱ་ཆེར་ སྟོན་པ་ཉིད་ཀྱིས་ཇི་ལྟར་གསུངས་པའི་ཚུལ་ནི། དུས་འཁོར་རྩ་རྒྱུད་ལས། སྟོན་པས་བྱ་རྒོད་ ཕུང་པོའི་རིར། །ཤེས་རབ་ཕ་རོལ་ཕྱིན་ཚུལ་བཞིན། །ཆོས་བསྟན་དཔལ་ལྡན་འབྲས་སྤུངས་ སུ། །དེ་བཞིན་གསང་སྔགས་ཚུལ་རབ་བསྟན། །ཞེས་གསུངས་པ་ལྟར་སྟོན་པས་གདུལ་བྱ་ ཐུན་མོང་གི་ངོར་བྱ་རྒོད་ཕུང་རིར་ཤེར་ཕྱིན་གསུངས་པ་དང་མཉམ་དུ་དཔལ་ལྡན་འབྲས་ སྤུངས་སུ་གསང་སྔགས་འཁོར་ཐུན་མིན་གྱི་ངོར་གསུངས་པ་ཡིན་ལ། དེ་ཡང་དུས་འཁོར་རྩ་ རྒྱུད་གཙོ་བོར་གྱུར་པའི་གསང་སྔགས་ཀྱི་རྒྱུད་སྡེ་མཐའ་དག་གསུངས་པ་སྟེ་བསྡུས་རྒྱུད་ཕྱི་མ་ 2-1-21 ལས། དཔལ་ལྡན་འབྲས་སྤུངས་མཆོད་རྟེན་ཆེན་པོར་སྟོབས་བཅུ་པ་ཡིས་སངས་རྒྱས་པ་ཡི་ རྒྱུད་རྣམས་མཐའ་དག་རབ་ཏུ་བསྟན། ཞེས་པ་ལྟར་རོ། ། དེའི་ཚུལ་རྒྱ་གར་ལྷོ་ཕྱོགས་དཔལ་གྱི་རི་དང་ཉེ་བར་དྷ་ན་ཤྲཱིའི་གླིང་དུ་སྔོན་གྱི་སངས་ རྒྱས་གསེར་ཐུབ་དང་འོད་སྲུང་གང་རུང་ཞིག་གི་དུས་ནས་འབྲས་སོ་བའི་ཆར་གྱི་རྒྱུ་ལས་ ལྷ་ཆེན་རྣམས་ཀྱིས་བཞེངས་པར་གྲགས་པ་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་གྱི་ བུམ་པའི་ནང་གི་སྟེང་འོག་ཏུ་སྟོན་པ་ཉིད་ཀྱིས་རྩ་རྒྱུད་ནས་བསྟན་པའི་དཔལ་ལྡན་རྒྱུ་སྐར་ གི་དཀྱིལ་འཁོར་ལྷ་སྟོང་དང་དྲུག་བརྒྱ་ཉི་ཤུ་ཅན་དང༌། བསྡུས་རྒྱུད་ལས་བསྟན་པའི་ཆོས་ དབྱིངས་གསུང་གི་དབང་ཕྱུག་གམ་དུས་ཀྱི་འཁོར་ལོ་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པའི་ དཀྱིལ་འཁོར་ལྷ་བདུན་བརྒྱ་ཉེར་གཉིས་ཀྱི་རྣམ་པ་མངོན་པར་སྤྲུལ་ཏེ་གཙོ་བོ་དུས་ཀྱི་འཁོར་ ལོའི་མདུན་ཞལ་ཐུགས་རྡོ་རྗེ་ལས་རྩ་རྒྱུད་སོགས་བླ་མེད་རྣམས་དང༌། ཞལ་ལྷག་མ་རྡོ་རྗེ་ གསུམ་ལས་རྒྱུད་སྡེ་འོག་མ་གསུམ་གསུངས་པ་སྟེ། སྐབས་ཀྱི་ཆེད་དུ་བྱ་བའི་གདུལ་བྱ་རྒྱུད་ ཞུ་བ་པོ་ཆོས་རྒྱལ་ཟླ་བ་བཟང་པོ་སོགས་ཤམྦྷ་ལའི་གྲོང་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་གི་མིའི་ འགྲོ་བ་སྐལ་ལྡན་དཔག་ཏུ་མེད་པ་དང༌། ལྷ་ཀླུ་གནོད་སྦྱིན་འབྱུང་པོ་སོགས་མི་མིན་གྱི་འགྲོ་ བ་བགྲང་ལས་འདས་པའོ། ། གསང་སྔགས་ཀྱི་སྡེ་སྣོ ད་གཙོ་ཆེར་བོད་དུ་འགྱུར་བ་ཡང༌། བྱ་རྒྱུད་ལ། དམ་ཚིག་གསུམ་ བཀོད། འཇམ་དཔལ་རྩ་རྒྱུད་སོགས་དེ་བཞིན་གཤེགས་པའི་རིགས། དོན་ཞགས་ཆོ་ག་ཞིབ་ མོ། ཞལ་བཅུ་གཅིག་པའི་གཟུངས་སོགས་པདྨའི་རིགས། ཕྱག་རྡོར་རིག་པ་མཆོག་གི་རྒྱུད་ སོགས་རྡོ་རྗེའི་རིགས། ནོར་རྒྱུན་མ། ཛམྦྷ་ལའི་གཟུངས་སོགས་ནོར་བུའི་རིགས། མེ་ཁ་ ལེའི་གཟུངས་སོགས་ལྔ་རྩེན་གྱི་རིགས། ལྷ་ཀླུ་འབྱུང་པོ་ཕལ་བས་ཕུལ་བའི་གཟུངས་རྣམས་ འཇིག་རྟེན་ཕལ་བའི་རིགས་དང་དྲུག་ཡོད། སྤྱོད་རྒྱུད་ལ། རྣམ་སྣང་མངོན་བྱང༌། མི་གཡོ་ 2-1-22 བརྟུལ་ཕོད་སོགས་སྐུའི་རིགས། གསུང་གི་རིགས་བོད་དུ་མ་འགྱུར། ཕྱག་རྡོར་དབང་བསྐུར་ བའི་རྒྱུད་སོགས་ཐུགས་ཀྱི་རིགས་དང་གསུམ་མོ། །རྣལ་འབྱོར་རྒྱུད་ལ། དེ་ཉིད་བསྡུས་པ། རྡོ་རྗེ་རྩེ་མོ་སོགས་ཕ་རྒྱུད། དཔལ་མཆོག་དང་པོ། རྡོ་རྗེ་སྙིང་རྒྱན་སོགས་མ་རྒྱུད་དང་གཉིས་ སོ། །བླ་མེད་ལ། ཕ་རྒྱུད་མ་རྒྱུད་གཉིས། ཕ་རྒྱུད་ལ། གསང་འདུས། གཤིན་རྗེ་གཤེད་དམར་ ནག རྣམ་སྣང༌། སྒྱུ་དྲྭ་སོགས་ཆགས་ཅན་རྗེས་འཛིན་གྱི་རྒྱུད་དང༌། འཇིགས་བྱེད་རྟོག་བདུན་ སོགས་ཞེ་སྡང་ཅན་ཚར་གཅོད་ཀྱི་རྒྱུད་དང༌། འཇམ་དཔལ་སྒྱུ་དྲྭ་སོགས་གཏི་མུག་ཅན་རྗེས་ འཛིན་གྱི་རྒྱུད་དང་གསུམ་མོ། །མ་རྒྱུད་ལ། བདེ་མཆོག དགྱེས་རྡོར། མ་ཧཱ་མ་ཡ། སངས་ རྒྱས་ཐོད་པ་སོགས་ཧེ་རུ་ཀའི་རིགས། གདན་བཞི་རྣམ་སྣང་གི་རིགས། རིགས་ཀྱི་འཇིག་ རྟེན་མགོན་པོ་པདྨའི་རིགས། རྡོ་རྗེ་བདུད་རྩི་རིན་འབྱུང་གི་རིགས། སྒྲོལ་མ་བླ་མེད་སོགས་ རྟའི་རྒྱལ་པོའི་རིགས། སངས་རྒྱས་མཉམ་སྦྱོར། ཟླ་གསང་ཐིག་ལེ་རྡོར་སེམས་ཀྱི་རིགས་ དང་དྲུག་ཡོད་ལ། དུས་འཁོར་ཡང་ཧེ་རུ་ཀ་དང་རྡོར་སེམས་གཉིས་ཀའི་རིགས་ལ་བརྟེན་པ་ ལྟར་ཡོད་ཀྱང་འདིར་རྡོར་སེམས་ཀྱི་རིགས་སུ་འཇོག བླ་མེད་ལ་གསུམ་དུ་འབྱེད་ན་གཉིས་ མེད་ཀྱི་རྒྱུད་དུ་བཞག་ཀྱང་ཆོག དེ་ལྟར་རྒྱུད་མཐའ་དག་གསུངས་ནས་ཟླ་བ་བཟང་པོ་ལ་ གཏད་ཅིང་མི་དང་མི་མིན་བགྲང་བ་ལས་འདས་པ་འདོད་པའི་དངོས་གྲུབ་ཐོབ། རེ་ཞིག་ མིའི་འཇིག་རྟེན་གཞན་དུ་མ་དར། ཤམྦྷ་ལར་ཟླ་བ་བཟང་པོས་རྒྱུད་མཐའ་དག་གླེགས་བམ་ ལ་བྲི ས། དུས་འཁོར་རྩ་རྒྱུད་ཀྱི་འགྲེལ་བཤད་མཛད་པ་སོགས་ཀྱི་སྒོ་ནས་གསང་སྔགས་རྒྱ་ ཆེར་དར་བར་བྱས་པ་ནས་བཟུང༌། ཆོས་རྒྱལ་བདུན། རིགས་ལྡན་ཉེར་ལྔ། འཁོར་ལོ་ཅན་ གྱི་རྒྱལ་བརྒྱུད་བཅུ་གཅིག་སྟེ་དུས་འཁོར་རྩ་རྒྱུད་ནས་ལུང་བསྟན་པའི་ཆོས་ཀྱི་རྒྱལ་པོ་བཞི་ བཅུ་རྩ་གསུམ་གྱི་བར་དུ་སྔགས་ཀྱི་ཞིང་མཆོག་དེར་བསྟན་པ་ཆེས་དར་ཞིང་ཀུན་ཀྱང་རྫོགས་ ལྡན་ཆོས་མཆོག་ངེས་དོན་དབུ་མ་ཆེན་པོ་ཐུགས་ཀྱི་དགོངས་བཅུད་དུ་བྱས་ཏེ་གནས་ལུགས་ 2-1-23 མཐར་ཐུག་གཅིག་ཏུ་གཞོལ་བ་ཤ་སྟག་གོ ། གཉིས་པ་རྗེས་ནས་ཇི་ལྟར་བྱུང་བའི་ཚུལ་ནི། སྤྱིར་རྒྱ་གར་དུ་རྒྱལ་པོ་པདྨ་ཆེན་པོ་དང་ དུས་མཉམ་པ་ལས་ཅུང་ཟད་འཕྱི་བ་ཙམ་ན། ཡུལ་ཨོ་ཊི་བི་ཤར་རྒྱལ་པོ་ཟླ་བ་བསྲུང་གི་ཁྱིམ་ དུ་འཇམ་དཔལ་དགེ་སློང་གི་ཚུལ་གྱིས་བྱོན་ཏེ་དེ་ཁོ་ན་ཉིད་བསྡུས་པའི་གླེགས་བམ་གནང༌། དེ་ནས་རེ་ཞིག་གི་དུས་རྒྱལ་པོ་ཧ་རི་ཙནྡྲ་བྱ་བ་ཙནྡྲའི་རིགས་གྱི་ཐོག་མ་བྱུང་བ་དེ་སྔགས་ལམ་ ལ་བརྟེན་ནས་དངོས་གྲུབ་ཐོབ། ལོངས་སྤྱོད་ལྷ་དང་མཉམ་པ་མཐར་འཁོར་སྟོང་དང་བཅས་ རིག་འཛིན་གྱི་གནས་ཐོབ། ༼༡༽ དུས་དེ་ཙམ་ན་དཔལ་ས་ར་ཧའམ་བྲམ་ཟེ་སྒྲ་གཅན་འཛིན་ཆེན་པོ་བྱོན་ནས་རྡོ་རྗེ་ རྣལ་འབྱོར་མའི་ཞལ་དངོས་སུ་མཇལ་ཏེ་གདོད་མ་ཆོས་ཉིད་ཀྱི་དོན་རྟོགས་ནས་དོ་ཧ་རྡོ་རྗེའི་ གླུ་མང་དུ་བླངས་པས་རྒྱལ་པོ་ལ་སོགས་པ་སྟོང་ཕྲག་ལྔས་གནས་ལུགས་ཀྱི་དོན་མངོན་སུམ་ དུ་མཐོང༌། ལུས་ཀྱང་རིག་པ་འཛིན་པར་གྱུར་ནས་རྫུ་འཕྲུལ་གྱིས་ནམ་མཁའ་ལ་འགྲོ་ཞིང་ མཐར་གྱིས་མི་སྣང་བར་གྱུར་སྐད། གཞན་ཡང་ཕྱག་རྒྱ་ཆེན་པོ་སེམས་རྣལ་དུ་མཚོན་པ་ནི་ བརྒྱ་སྟོང་དུ་མ་ཞིག་བྱུང་བས་ཕྱོགས་ཐམས་ཅད་དུ་གྲགས་པས་ཁྱབ་ཅིང༌། འགྲོ་བ་མང་པོའི་ དོན་མཛད་ནས་སྐུ་ལུས་དེ་ཉིད་ཀྱིས་སངས་རྒྱས་ཀྱི་ཞིང་གཞན་དུ་བཞུད་དོ། ། ༼༢༽ དེ་ནས་འཕགས་པ་ཀླུ་སྒྲུབ་བྲམ་ཟེའི་རིགས་སུ་ལྷོ་ཕྱོགས་བཻ་དརྦྷར་སྐུ་འཁྲུངས་ པ་དེ་ནི་འདིའི་སློབ་མ་སྟེ། དེ་ཡང་ཆུང་ངུ་ལོ་བདུན་ལ་སླེབས་སུ་ཉེ་བའི་སྐབས་ན་སྐུ་ཚེའི་ གེགས་ཤིན་ཏུ་ཆེ་སྟབས་ཕ་མས་དེ་མ་བཟོད་ནས་གཡོག་དང་བཅས་ཡུལ་གཞན་དུ་འཁྱམ་ དུ་བཏང་བས་མཐར་ནཱ་ལེན་དྲར་སླེབས། དེར་མཁན་པོ་སྒྲ་གཅན་འཛིན་བཞུགས་པས་དེས་ སྐུ་ཚེའི་གེགས་བསལ་དེར་རབ་ཏུ་བྱུང༌། ཐེག་པ་ཆེ་ཆུང་གི་སྡེ་སྣོ ད་མཐའ་དག་དང༌། རིག་ པའི་གནས་གང་ཡང་མི་མཁྱེན་པ་མེད་པར་བྱས། དེ་ནས་རྨ་བྱ་ཆེན་མོ་སོགས་ཀྱི་རིག་སྔགས་ 2-1-24 བསྒྲུབས་པས། རིལ་བུ་མིག་སྨན་སོགས་ཀྱི་དངོས་གྲུབ་མང་པོ་དང༌། ཚར་གཅོད་སླར་གསོ་ ལ་སོགས་པའི་ནུས་པ་ཐམས་ཅད་གྲུབ། མི་མ་ཡིན་ཐམས་ཅད་མངག་གཞུག་ཏུ་སོང༌། ཁྱད་ པར་བཅུད་ལེན་གྲུབ་པའི་རྡོ་རྗེའི་སྐུར་གྱུར། རྫུ་འཕྲུལ་དང་མངོན་ཤེས་ཆེན་པོར་གྱུར་སྐད། དེ་ནས་རིག་སྔགས་ཀྱི་མཐུ་སོགས་ཀྱིས་སྔགས་ཀྱི་ཞིང་གཞན་དུ་བྱོན་ནས་ཡེ་ཤེས་ཀྱི་མཁའ་ འགྲོ་རྣམས་ལས་གདམས་པ་ཐོབ། རྒྱུད་དང་སྒྲུབ་ཐབས་མང་པོ་སྤྱན་དྲངས། ཀླུ་དང་མིའི་ དོན་རྒྱ་ཆེ་བ་ལ་དགོངས་ནས། རེ་ཞིག་ཀླུ་ཡུལ་དུ་བྱོན་ནས་ཤེར་ཕྱིན་འབུམ་པ་སོགས་སྤྱན་ དྲངས། དེ་ནས་བཀའ་བར་ཐའི་དགོངས་པ་གཙོ་བོར་འགྲེལ་བྱེད་ཀྱི་བསྟན་བཅོས་དབུ་མ་ རིགས་ཚོགས་དང་བསྟོད་ཚོགས་སོགས་ཀྱང་བརྩམས་པས་གནས་ལུགས་མཐར་ཐུག་དོན་ དམ་པའི་ཡེ་ཤེས་ཆོས་སྐུར་གཏན་ལ་ཕབ། དེ་སོགས་བསྟན་པ་ལ་བྱ་བ་རྒྱ་ཆེར་བྱས། ཕྱིས་ དཔལ་གྱི་རིར་ལོ་ཉིས་བརྒྱ་ཙམ་གནོད་སྦྱིན་མོ་རྣམས་ཀྱི་འཁོར་དང་བཅས་ཏེ་སྔགས་ཀྱི་སྤྱོད་ པས་བཞུགས། མཚན་བཟང་སོ་གཉིས་སྐུ་ལ་འགྲུབ། མཐར་དབུ་སྦྱིན་པ་བཏང་རྐྱེན་གྱིས་ ཕྱེད་ལོ་དྲུག་བརྒྱར་དོན་གཅིག་གིས་མ་ཚང་སྐད། ༼༣༽ དེའི་སློབ་མ་གྲུབ་ཆེན་ཤཱ་བ་རི་གར་མཁན་གྱི་རིགས་སུ་འཁྲུངས་ཏེ་སློབ་དཔོན་ལ་ བདེ་མཆོག་གི་དབང་བསྐུར་ཞུས་ནས་བསྒོ མས་པས་སྙིང་པོའི་དོན་མངོན་དུ་གྱུར་བྱང་སེམས་ བློ་གྲོས་རིན་ཆེན་གྱི་ཞལ་མཐོང་མཐར་ཟུང་འཇུག་གྲུབ་ནས་ལྷོ་ཕྱོགས་ཀྱི་རི་ལ་རི་དྭགས་ བཤོར་བ་ལྟར་གྱིས་འགྲོ་དོན་མཛད་དོ། །དེ་ནས་རིམ་པར་གསང་སྔགས་ཀྱི་ལམ་ལ་སྤྱོད་ པའི་གྲུབ་དབང་དུ་མས་ཀྱང་རང་བྱུང་ལྷན་སྐྱེས་ཡེ་ཤེས་མངོན་དུ་བྱས་པ་ཡིན་ལ། གཞན་ ཡང་ཀླུ་སྒྲུབ་ཡབ་སྲས་ཀྱི་དུས་སྔ་ཕྱི་ཅི་རིགས་སུ་གསང་སྔགས་ཀྱི་ལམ་ལ་བརྟེན་ནས་སྐྱེ་བོ་ སྟོང་ཕྲག་ཏུ་བཅད་པ་བརྒྱས་རིག་པ་འཛིན་པ་གྲུབ་ཅིང༌། དེ་འདྲའི་རིགས་མང་པོ་ཡོད་པ་ དག་ཀྱང་ཤིན་ཏུ་སྒམ་ཞིང་གསང་བ་བསྲུང་བ་ཡིན་ཕྱིར་རིག་པ་འཛིན་པ་མ་གྲུབ་ཀྱི་བར་དུ་ 2-1-25 སུས་ཀྱང་མི་ཤེས་པས་སློབ་དཔོན་གྱིས་སློབ་མ་ལ་བརྒྱུད་རིམ་གྱིས་འདོམས་པའང་ཅུང་ཟད་ ལས་མེད་ལ། རྒྱུད་སྡེ་གང་གི་སྒོ་ནས་ཀྱང་ལས་དང་དངོས་གྲུབ་ཐོགས་མེད་དུ་འགྲུབ་པ་མང་ ངོ༌། ། ཁྱད་པར་དུས་འཁོར་གྱི་རྒྱུད་སོགས་འགའ་ཞིག་ནི། རྒྱ་གར་རྒྱལ་པོ་མ་ཧི་བཱ་ལའི་དུས་ སུ་བྱོན་པའི་སློབ་དཔོན་པི་ཊོ་བ་སྟེ་བསོད་སྙོམས་པ་བྱ་བ་ཞིག་ལ་ཕྱག་ན་རྡོ་རྗེས་ལུང་བསྟན་ ཏེ་རྫུ་འཕྲུལ་གྱིས་ཤམྦྷ་ལར་བྱོན་ནས་རྒྱུད་མང་པོ་སྤྱན་དྲངས་རཏྣ་གི་རིར་སློབ་མ་མང་པོ་ལ་ བཤད། མཐར་མི་སྣང་བའི་དངོས་གྲུབ་བརྙེས་སོ། ། དེ་སོགས་དུས་འཁོར་འཕགས་བོད་དུ་དར་ལུགས་ལ་རྒྱ་བོད་དུ་ལུགས་འདྲ་མིན་མང་ ཡང༌། མཆོག་ཏུ་གྱུར་པ་འབྲོ་ལུགས་ལྟར་ན། ཤམྦྷ་ལའི་རིགས་ལྡན་རྒྱལ་དཀའི་དུས་ཙམ་ན། ༼༡༽ འཕགས་ཡུལ་དུ་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པ་ཞིག་གི་སྲས་དུས་ཞབས་ཆེན་པོ་ འཇམ་པའི་རྡོ་རྗེ་མདོ་སྔགས་ཀུན་ལ་མཁས་ཤིང་འཇམ་དཔལ་གྱི་ཞལ་གཟིགས་པ་ཞིག་ལ་ ཡི་དམ་གྱིས་ལུང་བསྟན་ནས་བྱང་ཕྱོགས་སུ་གཤེགས་པས། ལམ་དུ་རིགས་ལྡན་གྱི་སྤྲུལ་པ་ དང་མཇལ། དབང་བསྐུར་ཞིང་ཟབ་མོའི་རྣལ་འབྱོར་ཟླ་བ་དྲུག་ལ་བསྒོ མས་པས་རྫུ་འཕྲུལ་ ཐོབ་སྟེ་ཤམྦྷ་ལར་བྱོན། རིགས་ལྡན་དངོས་དང་མཇལ། དུས་འཁོར་སོགས་རྒྱུད་སྡེ་མང་པོ་ དང༌། སེམས་འགྲེལ་སྐོར་གསུམ་སོགས་ཟབ་བཀའ་མང་པོ་གསན། དེ་དག་ལས་འགའ་ ཞིག་ཐུགས་ལ་བཟུང༌། འགའ་ཞིག་གླེགས་བམ་སྤྱན་དྲངས་ཏེ་འཕགས་ཡུལ་དུ་བྱོན། ཕལ་ ཆེར་སྒོ མ་པ་གཙོ་བོར་མཛད། མུ་སྟེགས་ཀྱི་དཔུང་ལྟ་སྟངས་ཀྱིས་གནོན་པ་སོགས་རྫུ་འཕྲུལ་ མང་དུ་བསྟན། མཐར་འཇའ་ལུས་སུ་གཤེགས། ༼༢༽ དེའི་སློབ་མ་དུས་ཞབས་ཆུང་བ་ཤྲི་ བྷ་དྲ་མཁས་ཤིང་མངོན་ཤེས་རྫུ་འཕྲུལ་ཐོགས་པ་མེད་ཅིང༌། ཕ་རོལ་སྨྲ་བ་ཟིལ་གྱིས་གནོན་ པ་དེས་ཆོས་འདིས་ས་སྟེང་ཁྱབ་པར་བྱས། ༼༣༽ དེའི་སྲས་བྱང་ཆུབ་བཟང་པོ། ནཱ་ལེནྡྲའི་ 2-1-26 གནས་གཞིའི་བདག་པོ་ལས་བཞི་གང་བསྒྲུབས་ཀྱང་རླུང་གི་རྣལ་འབྱོར་ཁོ་ནས་འགྲུབ་པ་ དེས་སོ། །༼༤༽ དེའི་སློབ་མ་ཁ་ཆེའི་པཎ་ཆེན་ཟླ་མགོན། དབུགས་ཐེངས་རེ་ལ་ཤླཽ་ཀ་བཅུ་ དྲུག་ཙམ་ཟིན་པ། དུས་འཁོར་སོགས་སྔགས་ཀྱི་ཟབ་དོན་བསྒོ མས་པས་སྲོ ག་འཛིན་མཐར་ ཕྱིན་སྐུ་ལ་བཤང་གཅིའི་རྒྱུ་བ་ཆད། ཆོམ་རྐུན་ལ་སྡིགས་མཛུབ་མཛད་པས་རེངས་པ་སོགས་ ནུས་མཐུ་ཆེ། བོད་དུ་ལན་གསུམ་བྱོན། སྒྲོན་གསལ། རིགས་ཚོགས། ས་སྡེ་སོགས་ཆོས་མང་ གསུངས། ཁྱད་པར་དུས་འཁོར་ཤིན་ཏུ་དར་བར་མཛད་དོ། ། དེ་ནས་བོད་དུ་བརྒྱུད་རིམ་མདོ་ཙམ་ལ། ༼༥༽ འབྲོ་ལོ་ཙཱ་བ་ཤེས་རབ་གྲགས་ཀྱིས་ པཎ་ཆེན་ཟླ་མགོན་གྱི་མདུན་ནས་ཆོས་འདི་ཡོངས་རྫོགས་གསན་ནས་བླ་མ་མཆོག་ཏུ་འཁུར། ༼༦༽ བླ་མ་ལྷ་རྗེ་སྒོ མ་པ་དཀོན་མཆོག་བསྲུང་གིས་ཀྱང་པཎ་ཆེན་ཟླ་མགོན་ལས་དབང་རྒྱུད་ བཤད་མན་ངག་མཐའ་དག་གསན། ༼༧༽ བླ་མ་སྒྲོ་སྟོན་གནམ་བརྩེགས་ཀྱིས་པཎ་ཆེན་ཟླ་ མགོན་ལས་དབང་དང་རྒྱུད་བཤད་རྫོགས་པར་ཐོབ། ༼༨༽ གྲུབ་ཆེན་ཡུ་མོ་མི་བསྐྱོད་རྡོ་རྗེས་ རབ་བྱུང་དང་པོའི་དུས་སུ་བྱོན། མཆན།ཆོས་འབྲེ ལ་ཙམ་ལས་མ་ཐོབ་ཀྱང༌། བླ་མ་སྒྲོ་སྟོན་ལོ་ལྔའི་བར་ དུ་བསྟེན་ནས་ཁོང་ལ་བཞུགས་པའི་དབང་རྒྱུད་མན་ངག་མཐའ་དག་ཐོབ། ཕྱིས་འུ་ཡུག་གི་ རྒྱལ་གནས་སུ་བཞུགས། བསྟན་བཅོས་མང་དུ་མཛད། སྔགས་ཀྱི་གཞན་སྟོང་གྲུབ་མཐའི་ སྲོ ལ་ཕྱེ། ༼༩༽ དེའི་སྲས་ཆོས་ཀྱི་དབང་ཕྱུག་གིས། གྲུབ་ཆེན་ལ་མངའ་བའི་གདམས་ངག་ ཐམས་ཅད་དགུང་ལོ་ཉི་ཤུ་ཚུན་ལ་ཐུགས་སུ་ཆུད། ༼༡༠༽ དེའི་བུ་ཆེན་ནམ་མཁའ་འོད་ཟེར་ མདོ་སྔགས་ལ་མཁས་ཤིང་འོད་ཟེར་ཕྲེང་བ་སོགས་བསྟན་བཅོས་ཀྱང་མང་དུ་མཛད། ༼༡༡༽ ཆོས་ཀྱི་དབང་ཕྱུག་གི་སྲས་ལྕམ་སྲིང་གསུམ་ལས་ཆོས་བརྒྱུད་ལ་ཕན་པའི་འགྲོ་དོན་ཅན་ གཉིས་ཏེ། ཨིནྡྲ་བོ་དྷིའི་ལྕམ་ལི་ཀྵཾ་ཀ་རའི་སྤྲུལ་སྐུ་ཇོ་འབུམ་གྱིས་དུས་འཁོར་རྒྱུད་འགྲེལ་ ཡོངས་རྫོགས་ཐུགས་ལ་བཞུགས། ཡབ་ལས་གསན་པའི་སྦྱོར་བ་ཡན་ལག་དྲུག་བསྒོ མས་ 2-1-27 པས་ཞག་གཅིག་ལ་རྟགས་བཅུ་རྫོགས། བདུན་ལ་རླུང་དབུ་མར་ཐིམ། གྲུབ་ཐོབ་ཆེན་མོར་ གྱུར་པས་ཆོས་འདི་ལ་ཕན་པ་ཆེར་བྱུང༌། ༼༡༢༽ དེ་ཉིད་ཀྱི་མིང་པོ་སེ་མོ་ཆེ་བ་ནམ་མཁའ་ རྒྱལ་མཚན་ཡང་ཡན་ལག་དྲུག་བསྒོམས་པས་ཉམས་རྟོགས་དང་མཁྱེན་རབ་ནང་ནས་རྡོལ། ནམ་མཁའ་འོད་ཟེར་ལས་རྒྱུད་འགྲེལ་དང༌། ཇོ་འབུམ་ལས་དབང་མདོར་བསྟན་བཀའ་ འགྲེལ་པདྨ་ཅན་གསན་གྲུབ་ཐོབ་ཀྱི་མཚན་གྲགས་ཆེ་སྐུ་ཚེའི་སྨད་ལ་གཙང་འོ་ལུང་སེ་མོ་ ཆེའི་དགོན་པ་བཏབ། ༼༡༣ ༽ འཇམ་གསར་བ་ཤེས་རབ་འོད་ཟེར་གྱིས་འཇམ་དབྱངས་ཀྱིས་ ལུང་བསྟན་པ་ལྟར་སེ་མོ་ཆེ་བ་ལས་དུས་འཁོར་གྱི་དབང་གསན་སྒོམ་པས་ཉམས་རྟོགས་ མཐར་ཕྱིན། རྐྱང་འདུར་གྱི་འཆད་ཉན་མཛད། བཤད་སྒྲུབ་སྤེལ་མའི་ངང་ལ་བཞུགས། འདི་ མན་ལ་དུས་འཁོར་ཅུང་ཟད་བཀའ་ཡང་དུ་སོང༌། ༼༡༤༽ ཀུན་མཁྱེན་ཆོས་སྐུ་འོད་ཟེར་ གྱིས་ཆོས་རྗེ་འཇམ་གསར་བ་ལ་དུས་འཁོར་གྱི་དབང་རྒྱུད་མན་ངག་རྫོགས་པར་གསན་པས་ ཉམས་རྟོགས་བརྒྱ་འགྱུར་དུ་འཕེལ། དབང་གི་ཡེ་ཤེས་སྐབས་བླ་མ་རྡོར་ཤུགས་སུ་གཟིགས། ཡེ་ཤེས་ཕེབས་པ་ཉིན་ཕྱེད་ཙམ་མ་བཏང༌། འདུས་པའི་རྒྱུད་ཡོངས་རྫོགས་རྒྱ་སྐད་དུ་སངས་ ཀྱིས་བཏོན། མནལ་ཐམས་ཅད་འོད་གསལ་དུ་སོང་བའི་ངང་ནས་སྒོ མ་བཟླས་སོགས་བྱེད་ ཅིང་སྐུའི་བཀོད་པ་ཡང་ཅིག་ཆར་མང་དུ་བསྟན། འདིའི་སློབ་མ་ཀུན་སྤངས་པ་ནས་ཇོ་ནང་ པ་ཆེན་པོའི་བར་དུ་གསང་ཆེན་སྔགས་ཀྱི་དབུ་མ་གཞན་སྟོང་གི་ལྟ་གྲུབ་ཀྱི་བརྒྱུད་པ་ཆུ་བོའི་ གཞུང་ལྟར་བྱུང་ཞིང་བོད་ནས་བརྒྱུད་རིམ་འདི་ཡན་མདོ་ཙམ་སྟེ་རྒྱས་པར་དུས་འཁོར་ཆོས་ འབྱུང་ལྟར་རོ། །ཀུན་སྤངས་པ་ཆེན་པོ་མན་ཆད་རྗེས་ནས་འོག་ཏུ་འཆད་དོ། ། སྨྲས་པ། གསང་ཆེན་ཆོས་ཉིད་འོད་གསལ་དྭངས་པའི་དབྱིངས། ། སྐུ་དང་ཡེ་ཤེས་རྒྱ་མཚོའི་རྩལ་རབ་རྫོགས། ། 2-1-28 རྣམ་ཀུན་སྤྲོས་བྲལ་སྣང་བ་མཆོག་ལྡན་པ། ། གང་འདི་སོ་སོ་རང་རིག་ཁོ་ནའི་ཡུལ། ། ཞེས་པ་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། ། གཉིས་པ་བོད་དུ་ཇི་ལྟར་བྱུང་བའི་ཚུལ་ལ། སྟོད་དབུས་གཙང་དུ་ཐོག་མར་ཇི་ལྟར་བྱུང་ ཚུལ་དང༌། སྨད་མདོ་ཁམས་སུ་རྗེས་ནས་བྱུང་ཚུལ་ལོ། ། དང་པོ་ལ། དཔལ་ཇོ་ནང་པའི་སྒྲུབ་གནས་ཀྱི་ཆེ་བ་དང༌། དེར་རིང་ལུགས་འཛིན་པ་ཇི་ ལྟར་བྱུང་ཚུལ་གཉིས་ལས། དང་པོ་ནི། གངས་ཅན་ལྗོངས་འདིའི་ལྟེ་བ་སའི་ཐིག་ལེ། རི་བོ་སྟོང་ཕྲག་དུ་མའི་དབུས་ ན་མངོན་པར་འཕགས་པ། ས་འཛིན་དབང་པོ་ནགས་རྒྱལ་དཔལ་གྱི་རི། རུ་ལག་གཡས་ རུའི་སོ་མཚམས་ཕྱི་ལྟར་གནས་མཆོག་བྱ་རྒོད་ཕུང་རི། ནང་ལྟར་ཕོ་བྲང་རི་བོ་པོ་ཊ་ལ། གསང་བ་ལྟར་ན་བྱང་ཕྱོགས་ཤམྦྷ་ལ། དེ་ཁོ་ན་ཉིད་ལྟར་ན་དཔལ་ལྡན་འབྲས་སྤུངས་ཆོས་ དབྱིངས་གསུང་གི་དབང་ཕྱུག་གི་དཀྱིལ་འཁོར། དོན་དམ་ཡེ་ཤེས་སངས་རྒྱས་སེང་གེའི་ ཁྲིར་བཞུགས་ཨེ་ཝཾ་ཟུང་འཇུག་གི་ངོ་བོ་སྒྲུབ་གནས་བྱེ་བ་ཕྲག་བརྒྱའི་དབུས་ན་ལྷུན་པོ་ལྟར་ མངོན་པར་མཐོ་ཞིང༌། གྲགས་པ་ཉི་ཟླ་ལྟར་གསལ་བ་རི་ཁྲོད་ཆེན་པོ་ཇོ་ནང་ཞེས་ཡོངས་སུ་ གྲགས་པ་འདིའི་གནས་ཀྱི་ཆེ་བ། ས་གཞི་ལ་རང་བཞིན་གྱིས་གྲུབ་པའི་ཡོན་ཏན་ཡང་ལྷ་དང་ དྲང་སྲོ ང་རིག་འཛིན་རྣམས་ཀྱིས་ཉེར་བསྟེན་རིའི་རྒྱལ་པོའི་དཔལ་ཡོན་འདུས་པ། རྩ་བརྟན་ དབྱིབས་ལེགས་སྨན་ལྗོངས་ནགས་ཚལ་གྱིས་བརྒྱན་པ། ཡིད་དུ་འོང་བའི་འབྲས་བུ་གཡུར་ ཟ་བའི་ལྗོན་པ་དང༌། དྲི་ངད་ཀྱིས་ཕྱོགས་ཀུན་འགེངས་ཤིང༌། ཆར་སྤྲིན་དང་འབབ་ཆུ་ཡིད་ དུ་འོང་བ། རི་དྭགས་དང་འདབ་ཆགས་སྣ་ཚོགས་ཀྱིས་མཛེས་པ་ཕྱོགས་མཚམས་འཁོར་ ཡུག་ཏུ་སྒྲུབ་གནས་དང་ཆོས་གྲྭ་རྒྱས་པ་ཕྱི་རྡོ་རྗེ་རྩེ་ལྔའི་དབྱིབས་ནང་འཁོར་སྒྱུར་གདན་ལ་ 2-1-29 བཞུགས་འདྲ། ལོགས་རྣམས་ལ་རྒྱལ་སྲི ད་སྣ་བདུན་དང་བཀྲ་ཤིས་རྟགས་རྫས་ཀྱི་རྣམ་པ་ གསལ་བ་སོགས་ངོ་མཚར་བའི་ཁྱད་པར་ཡོངས་སུ་རྫོགས་པ། གནས་ཀྱི་སྐྱོང་མ་ཆེན་མོ་ སྔོན་གྱི་དུས་ནས་རྒྱལ་བའི་ཞལ་མཐོང་གྲུབ་པའི་དམ་ལ་གནས་ཤིང་འདྲེན་པའི་བསྟན་པ་ གཅེས་པར་སྐྱོང་བའི་ལྷ་མོ་མཐུ་ལྡན་ནགས་སྨན་རྒྱལ་མོ་ལྷ་སྨན་འབུམ་གྱི་ཚོགས་དང་ལྷན་ ཅིག་ཏུ་དགའ་བས་རོལ་ཞིང༌། ལྷ་སྲི ན་སྡེ་བརྒྱད་ལ་དབང་བསྒྱུར་བཞིན་རྫུ་འཕྲུལ་ཆེན་པོས་ སྒྲུབ་གནས་སྐྱོང་བ་ལ་ནམ་ཡང་གཡེལ་བ་མི་མངའ་བས་གནས་མཆོག་དཔལ་གྱི་ཇོ་ནང་ ཞེས་གྲགས་པ་དེར་སྔོ ན་སློབ་དཔོན་པདྨ་འབྱུང་གནས་ཀྱི་ཞབས་ཀྱིས་བཅགས་ས། དེ་རྗེས་ གནུབས་ཆེན་ནམ་མཁའི་སྙིང་པོ། ངམ་འབྲེ་ཀླུའི་རྒྱལ་མཚན། སྣ་ནམ་པ་ཚུལ་ཁྲིམས་འབྱུང་ གནས་སོགས་ཀྱིས་སྒྲུབ་གནས་མཛད་ཅིང༌། དེ་ནས་འབྲོག་མི་ལོ་ཙཱ་བའི་སློབ་མ་རྣལ་འབྱོར་ མ་ཆེན་མོ་དཀོན་མཆོག་ཅེས་བྱ་བ་གནས་འདིར་ཡུན་རིང་བཞུགས་ཤིང་མཐར་འཇའ་ལུས་ གྲུབ། དེ་རྗེས་ལོ་བརྒྱད་ཅུ་སྐོར་ན། མ་ཅིག་སངས་རྒྱས་རི་མ་གནས་འདིར་ཕེབས་ཏེ་ཡུན་ རིང་བཞུགས་ནས་བཀའ་གདམས་དང་རྫོགས་ཆེན་གྱི་སྒྲུབ་གྲྭ་བསྐྱངས། དེ་ནས་མི་རིང་བར་ གྲུབ་ཐོབ་འདར་ཕྱར་རིན་ཆེན་བཟང་པོ་བྱོན་ནས་ཐོག་མར་སྒྲུབ་པ་མཛད་སྐབས། ཕུག་ཆེན་ འོག་མར་བདག་མེད་ལྷ་མོ་བཅོ་ལྔ་དང་བདེ་མཆོགས་སོགས་ཀྱི་ཞལ་གཟིགས། ཕུག་ཆེན་ གོང་མར་པད་འབྱུང་གི་ཞལ་དངོས་སུ་མཇལ་ཏེ། པདྨ་དབང་གི་ཆོས་བདག་ཏུ་བསྐོས། ནུས་ མཐུ་ཐོགས་མེད་མངའ་ཞིང་གསང་འདུས་རིམ་ལྔ་གཙོར་གྱུར་གསར་རྙིང་གཉིས་འདུས་ཀྱི་ སྒྲུབ་གྲྭ་མཛད། གྲུབ་ཐོབ་ཉིད་ཀྱིས་མིའི་བླ་མ་གཞན་ལ་མ་གསན་ཡང༌། སེམས་འགྲཻལ་སྐོར་ གསུམ་གཟིགས་ཀྱིན་དོན་ཐུགས་ཉམས་སུ་བཞེས་པས་སྦྱོར་བ་ཡན་ལག་དྲུག་པའི་ཉམས་ རྟོགས་མཐར་ཕྱིན་པ་ཞིག་གོ །དེ་ལྟ་བུའི་སྐྱེས་ཆེན་དམ་པ་རྣམས་ཀྱིས་བྱིན་གྱིས་བརླབས་ པའི་གནས་དེར་འདི་ཡན་ལ་རང་རེའི་ཆོས་བརྒྱུད་འཛིན་པ་མ་བྱུང་ཡང་སྤྱིར་ནི་བོད་ལྗོངས་ 2-1-30 སུ་སྒྲུབ་གནས་དུ་མ་ཡོད་པ་ལས་འགྲན་ཟླ་དང་བྲལ་བའི་གནས་ཁྱད་དུ་འཕགས་པ་ཞིག་ ཡིན་ནོ། ། གཉིས་པ་དེར་རང་ལུགས་འཛིན་པ་ཇི་ལྟར་བྱུང་ཚུལ་ནི། སྔར་གྱི་སྒྲུབ་གྲྭའི་རྒྱུན་མ་ སྟོངས་ཙམ་གྱི་རེ་ཞིག་གི་དུས་སྐབས་ན། ༼༡༥༽ ཐོག་མར་རིགས་ལྡན་སྤྲུལ་པའི་སྐུ་མཁས་ བཙུན་བཟང་བའི་མཐར་ཐུག རྟགས་མངོན་གྱུར་གྱི་གྲུབ་ཐོབ་ཆེན་པོ་ཞང་ཀུན་སྤངས་ཐུགས་ རྗེ་བརྩོན་འགྲུས། ཕྱི་ལོ། ༡༢༤༣ འཁྲུངས། ༡༣༡༣ འདས། མཆན། མཚན་གྱི་ཁྱད་པར་གཞན་ཀུན་ སྤངས་ཆེན་པོ་ཀུན་ཏུ་བཟང་པོ་ཞེས་བྱ་བ་ཕེབས་པ་ཡིན་ཏེ། དེ་ཡང་མདོག་གི་དང་བ་ཕྱར་ དུ་ཕྱི་ལོ། ༡༢༤༣ རབ་ལོ། ༢༡༧ མཆན། ཆུ་ཡོས་ལོར་སྐུ་འཁྲུངས། ས་སྐྱ་དང་མདར་སོགས་དབུས་ གཙང་གི་གྲྭ་ས་ཕལ་ཆེར་དུ་ཕེབས། མདོ་སྔགས་ཐམས་ཅད་ལ་མཁྱེན་པ་ཤིན་ཏུ་རྒྱས། ཆུ་ མིག་པ་སེང་གེ་དཔལ་སོགས་མཁས་མཆོག་ཐམས་ཅད་ཟིལ་གྱིས་མནན། མདར་དང་དོན་ མོ་རིར་ཟུར་ཆོས་ཀྱང་མཛད། དེ་ནས་འཇམ་གསར་གྱི་གདན་ས་རྐྱང་འདུར་གྱི་ཆོས་དཔོན་ མཛད་ཅིང༌། ཀུན་མཁྱེན་ཆོས་སྐུ་པ་ལ་མངའ་བའི་གཞུང་གདམས་ངག་ཐམས་ཅད་གསན། ཁྱད་པར་དུས་འཁོར་རྭ་ལུགས་སྔར་ནས་མཁྱེན་ཅིང༌། ཀུན་མཁྱེན་ཆོས་སྐུ་པ་ལ་འབྲོ་ལུགས་ ཀྱི་དབང་རྒྱུད་བཤད་དང་སྦྱོར་དྲུག་ཉམས་ཁྲིད་དུ་མ་གསན་པས་ཉམས་རྟོགས་ཀྱི་ཀློང་ བརྡོལ། སྤྱིར་སྦྱོར་བ་ཡན་ལག་དྲུག་པའི་གདམས་པ་མི་འདྲ་བ་བཅུ་བདུན་ཙམ་གསན་ཅིང་ ཉམས་སུ་མྱོང་བར་མཛད། སྲོ ག་རྩོལ་བསྒོ མས་པས་འབྱུང་ལྔའི་རླུང་སྟོབས་སུ་གྱུར་ཏེ་ཐུགས་ ཉམས་འུར་ལང་ཕྱག་ཡ་རེ་མི་བཅུ་བཅུས་མི་ཐུབ་པ་དང༌། གཟིམས་ཁང་ན་ཡོད་པ་རྣམས་ རེས་འགའ་འཁྱགས་ཏེ་མི་ཚུགས་པ་དང༌། རེས་འགའ་ཚད་པས་གདུངས་ཏེ་མི་ཚུགས་པ་ དང༌། གཟིམས་ཁང་ཡོམ་ཡོམ་དུ་གཡོ་བ་དང༌། བུག་སྒོ་རྩིག་པ་ལ་ཐོགས་མེད་དུ་གཤེགས་ པ་རྣམས་བྱུང༌། ལན་ཅིག་སྲོ ག་གེགས་ཅུང་ཟད་བྱུང་བ་ཀུན་མཁྱེན་ཆོས་སྐུ་པས་མངོན་ཤེས་ 2-1-31 ཀྱིས་མཁྱེན་ནས་ཕེབས་ཏེ་བསལ། དེར་ཉམས་རྟོགས་མཐར་ཕྱིན་ནས་སྤྱན་རས་གཟིགས་ ཞལ་བཅུ་གཅིག་པ་སོགས་ཡི་དམ་དཔག་ཏུ་མེད་པའི་ཞལ་གཟིགས། དེ་ནས་འཆད་ཉན་ བོར་ཏེ་ཀུན་སྤངས་མཛད་རི་ཁྲོད་ངེས་མེད་ལ་ཐེག ལྷ་སའི་ཇོ་བོ་བཅུ་གཅིག་ཞལ་ལ་གསོལ་ བ་ཡུན་རིང་དུ་བཏབ་པས་སྤྱན་རས་གཟིགས་ཀྱིས་དམར་ཁྲིད་ཀྱི་བཀའ་རྒྱ་གྲོལ་བའི་ལུང་ བསྟན་བྱུང༌། སེ་མཁར་ཆུང་དུ་བཞུགས་པའི་ཚེ། གྲུབ་ཐོབ་སེ་སྟོན་ཀུན་རིག་གི་སྐུའི་སྐྱེ་བ་ ཡིན་པར་ཡང་ཐུགས་ཀྱིས་དྲན། གཞི་བདག་རྙིང་པ་རྣམས་ཀྱིས་ཀྱང་ངོ་ཤེས། རྒྱུད་ཀྱི་སྙིང་པོ་ མཛད་པའི་ཐོག་མར་དགེ་བའི་གཟིགས་ལྟས་ཀྱང་བྱུང་སྟེ། དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་སྙིང་ པོ་བསྡུ་བར་དགོངས་ནས་གསོལ་བ་བཏབ་པས་ཆོས་རྒྱལ་རིགས་ལྡན་རྣམས་དུས་གཅིག་ཏུ་ ཞལ་གཟིགས་ནས་བཀས་གནང༌། འདི་ལ་དགེ་མཚན་ལན་གསུམ་བྱུང༌། དེ་དུས་བརྟན་མ་ བཅུ་གཉིས་ཀྱི་གཙོ་མོ་ནགས་སྨན་རྒྱལ་མོས་ཇོ་ནང་དུ་སྤྱན་འདྲེན་པའི་ཞུ་བ་ཡང་ཡང་ཕུལ། དེ་ལ་ད་ལྟ་དུས་ལ་ཅུང་ཟད་མ་བབ་པས་ད་རེས་མི་འཚལ། ལོ་གསུམ་ནས་འོང་ཞེས་ཞལ་ གྱིས་བཞེས། དེ་བར་དུ་ལྷ་ས་ཡེར་བ་སོགས་དབུས་ཕྱོགས་སུ་འགྲོ་དོན་ཆེར་མཛད། སྔར་གྱི་ ཕྱི་ནང་གི་རྟེན་འབྲེལ་འཛོམས་པ་ལས་ལོ་གསུམ་གྱི་མཚམས་དེ་ནས་སྤྱི་བྲག་ནགས་གསུམ་ གྱི་མཁན་སློབ་དགེ་འདུན་ཐམས་ཅད་མགྲིན་གཅིག་པས་ནན་ཏན་དུ་གསོལ་བ་བཏབ་པ་ལ་ བརྟེན་ནས་གནས་མཆོག་དམ་པ་འདིར་ཆགས་ཕབ། དེ་ཙ་ན་གནས་འདིའི་རྒྱུན་བཞུགས་ སྒྲུབ་པ་པོ་སུམ་ཅུ་ཙམ་ཡོད་པར་གྲགས། ཐོག་མ་ལོ་གཅིག་སེང་རྫོང་དུ་བཞུགས། དེ་ནས་ འཁྱོག་པོའི་བཙན་གྱིས་གདན་དྲངས། འཁྱོག་པོར་གཟིམས་ཁང་མཁའ་སྤྱོད་བདེ་ལྡན་དུ་ ཐོག་མཐའ་བར་གསུམ་དུ་དགེ་བའི་མཚན་མ་བརྙེས་ནས་རྒྱུད་ཀྱི་སྙིང་པོ་རྩ་འགྲེལ་ཚང་ བར་མཛད། རྣལ་འབྱོར་ཡན་ལག་དྲུག་པའི་མན་ངག་སྙན་བརྒྱུད་དུ་བཞུགས་པ་རྣམས་ཡི་ གེར་འགོད་པར་མཛད་པ་ན་དུས་ཀྱི་འཁོར་ལོ་ཉིད་ཞལ་གཟིགས་ལུང་བསྟན་ཐོབ། འདིར་ 2-1-32 སྦྱོར་དྲུག་གི་ཁྲིད་ཡིག་རྒྱས་པ་བོད་དུ་བྱུང་བའི་སྔ་ཤོས་ཡིན། ཕྱིས་སྐྱིད་ཕུག་བདེ་ལྡན་དུ་ ཕེབས་རྣལ་འབྱོར་དབང་ཕྱུག་བིརྺ་པའི་ཞལ་གཟིགས། ལམ་འབྲས་ལ་འཁྲུགས་སྡེབས་ཀྱི་ ཡིག་ཆ་མཛད། གསང་སྔགས་གསར་སྙིང་སྒོ་མཐའ་དག་ནས་ཆོས་ཀྱི་སྒོ་སྤེལ། ཕྱོགས་རིས་ མེད་པ་ནས་འདུས་པའི་སྒོ མ་ཆེན་དྲུག་བརྒྱ་རེ་རྟག་ཏུ་འཚོགས། ཉམས་རྟོགས་བཟང་པོ་མ་ སྐྱེས་པ་གཅིག་ཀྱང་མེད། སྔགས་ཀྱི་གཞན་སྟོང་དབུ་མ་ཆེན་པོ་བདེ་སྟོང་ཟུང་འཇུག་གི་ངོ་ བོར་མངོན་དུ་བྱ་བའི་ཐབས་མཆོག་རྣལ་འབྱོར་ཡན་ལག་དྲུག་ལ་ཉམས་ལེན་གྱི་མཐིལ་དུ་ མཛད། རྒྱུད་འགྲེལ་ཆེན་མོ་ཡང་ལན་མང་དུ་གསུངས། རྒྱུད་སྙིང་ལོ་རེ་བཞིན་ལན་གཉིས་ གཉིས་གསུངས། སྐུ་ཚེའི་སྨད་ལ་སྐྱིད་ཕུག་བདེ་ལྡན་དུ་གདན་ཕབ་སྟེ་ངེས་དོན་སྒྲུབ་བརྒྱུད་ ཀྱི་བསྟན་པའི་གདན་ས་ལོ་ཉེར་གཅིག་ཙམ་མཛད། དེ་ནས་བཟུང་རང་རེའི་ཆོས་བརྒྱུད་ ལ་དཔལ་ཇོ་ནང་པའི་མཚན་ཆགས། བྱང་སེམས་ཆེན་པོ་གདན་སར་སྐོས་ནས་ཞིང་འདི་ ན་གདུལ་བྱ་མེད་པས་གཞན་དུ་འགྲོ་ཞེས་སྐུ་འདའ་བར་དགོངས་པ་ན་བྱང་སེམས་ཆེན་པོ་ བསྙུང་བས་ཟླ་ཤས་ཤིག་སྐུ་ཚེ་བསྲི ངས། ཡང་གཤེགས་པར་བཞེད་པ་ལ་སློབ་མ་རྣམས་ ཀྱིས་གསོལ་བ་བཏབ་བས་ཟླ་བ་ཕྱེད་བཞུགས། དེ་ནས་སྐུ་བསྙུང་བ་མེད་པར་དགུང་གྲངས་ དོན་གཅིག་བཞེས་པ་ཕྱི་ལོ། ༡༣༡༣ རབ་ལོ།༢༨༧ མཆན། ཆུ་མོ་གླང་གི་ལོར་དཔྱིད་འབྲི ང་པོའི་ཉེར་ ལྔའི་ཐོ་རེངས་ལ་དགའ་ལྡན་དུ་བདེ་བར་གཤེགས་སོ། །འདི་སྐབས་ས་སྐྱའི་གོང་མ་རྣམ་ལྔ་ ལས་འགྲོ་མགོན་ཆོས་རྒྱལ་འཕགས་པའི་སྐུ་ཚེའི་སྨད་དམ་དེ་རྗེས་ཙམ་དུ་མངོན་ནོ། ། ༼༡༦༽ དེ་ནས་རིམ་པར་རྗེ་ཀུན་སྤངས་པའི་བརྒྱུད་འཛིན་བྱང་སེམས་རྒྱལ་བ་ཡེ་ཤེས་ ནི། ཕྱི་ལོ།༡༢༥༧ རབ་ལོ། ༢༣༡ མཆན། མེ་སྦྲུལ་ལོར་ཡུལ་མདོ་ཁམས་སུ་འཁྲུངས། ཆུང་ངུའི་དུས་ ཀརྨ་པ་པཀྵིའི་གྲྭ་པ་ཡིན་བླ་མ་ཐུགས་གཏུམ་པས་ཤིན་ཏུ་འཇིགས་ནའང་བླ་མས་དེ་ལྟར་མ་ བྱེད་གསུངས་པས་འཇིགས་པ་སངས་ཏེ་ལོ་མང་དུ་བསྟེན། ཁོང་ལ་མངའ་བའི་གདམས་ངག་ 2-1-33 ཐམས་ཅད་གསན་ཅིང་བསྒོ མས། འོན་ཀྱང་ཉམས་མྱོང་རྩལ་ཆེ་བ་ཙམ་མ་བྱུང༌། དེ་ནས་བླ་ མའི་ཞལ་ནས། རི་ཁྲོད་ངེས་མེད་འགྲིམས། ཆོས་ལ་ཕྱོགས་རིས་མ་བྱེད། བླ་མ་བཟང་པོ་ གཅིག་དང་མཇལ་བར་འདུག་གི་གསུངས་པས་དེ་བཞིན་མཛད། ཤར་བ་འཇམ་དབྱངས་ ཆེན་པོའི་སྐུ་གཞོགས་སུ་ཡུན་རིང་བཞུགས། མདོ་སྔགས་ཀྱི་ཆོས་མང་དུ་གསན། ཆོས་རྗེ་ ཀུན་སྤངས་ཆེན་པོ་དང་མཇལ་ནས་ཤིན་ཏུ་དད་པ་ཐོབ། རྣལ་འབྱོར་ཡན་ལག་དྲུག་གསན་ པས་ཉམས་རྟོགས་མཐར་ཕྱིན། གཞུང་གདམས་ངག་ཐམས་ཅད་བུམ་པ་གང་བྱོར་གནང༌། གནས་ངེས་མེད་དུ་གཤེགས་པར་བཞེད་པ་ལ། འཇམ་དབྱངས་ཆེན་པོའི་བཀའ་མ་ཆོག་སྟེ་ བདེ་ཆེན་གྱི་དགོན་པ་བཏབ། སྒྲུབ་པའི་ངང་ནས་ཆོས་ཀྱང་མང་དུ་གསུངས། ཐུགས་སྙིང་ རྗེ་ཆེན་པོའི་རང་བཞིན་དུ་བཞུགས་པས་བྱང་སེམས་ཆེན་པོའི་མཚན་ཐོགས། ཀུན་སྤངས་ ཆེན་པོའི་བཀའ་གནང་ལ་བརྟེན་ཇོ་ནང་གི་གདན་སར་ཕེབས། དགོན་གཉིས་ཀར་སྒྲུབ་གྲྭ་ རྒྱ་ཆེར་བསྐྱངས། ཞབས་ལ་གཏུགས་ཚད་གནས་ལུགས་ཀྱི་རང་ཞལ་ལྟ་ཤེས་པ་ཁོ་ན་བྱུང༌། ཆོས་རྗེ་ཀུན་སྤངས་པའི་གདན་སར་ལོ་བརྒྱད་བཞུགས་ནས་མཁས་བཙུན་ཡོན་ཏན་རྒྱ་མཚོ་ ལ་གདན་ས་གཏད་ནས་དགུང་ལོ་རེ་བཞི་ཕྱི་ལོ། ༡༣༢༠ རབ་ལོ། ༢༩༤ མཆན། ལྕགས་ཕོ་སྤྲེལ་ལོའི་ དཔྱིད་འབྲི ང་ཚེའི་བཅུའི་ཉི་དྲོས་ལ་ཕུག་མོ་ཆོས་རྫོང་གི་རི་ཁྲོད་དུ་སྐུ་གཤེགས་སོ། ། ༼༡༧༽ དེ་ནས་མཁས་བཙུན་ཡོན་ཏན་རྒྱ་མཚོ་ནི། བྱང་སེམས་ཆེན་པོ་ཉིད་ཀྱི་མཆེད་ གྲོགས་སློབ་མ་རྒྱལ་ཚབ་གསུམ་ཀ་ཡིན། མདོག་གི་མཁར་རྙིང་དུ་སྔགས་རྙིང་མ་པའི་རྒྱུད་ དུ་ཕྱི་ལོ། ༡༢༦༠ རབ་ལོ། ༢༣༤ མཆན། ལྕགས་སྤྲེལ་ལ་འཁྲུངས། གྲྭ་ས་མང་དུ་བསྟེན་པ་ལས་གཙོ་ བོར་མདར་དུ་སྦྱང་བ་མཛད། གསང་སྔགས་ཕྱོགས་ཀྱི་བླ་མ་མང་དུ་བསྟེན། ཁྱད་པར་ཤར་ བ་འཇམ་དབྱངས་ཆེན་པོའི་བུ་ཆེན་དང་ཟུར་ཆོས་པའི་གཙོ་བོ་ཡིན། ཁོང་པའི་བཀའ་ནན་ གྱིས་ཐུགས་བློས་མི་ལོངས་བཞིན་དུ་རྒྱ་ནག་དུ་ཕེབས་དགོས་བྱུང༌། ཆོས་རྗེ་ཡབ་སྲས་གཉིས་ 2-1-34 དང་སྔར་ནས་དཔོན་སློབ་ཏུ་གྱུར་པ་ཡིན་ཞིང༌། དེ་སྐབས་ཇོ་ནང་དུ་ཕེབས་ཀུན་སྤངས་ཆེན་ པོ་ལས་ཟབ་ལམ་གྱི་ཁྲིད་གསན། མཚན་མོའི་རྣལ་འབྱོར་ཞག་ཉེར་གཅིག་ལ་རྟགས་བཅུ་ རྫོགས་པར་མཐར་ཕྱིན། ཉིན་མོའི་རྣལ་འབྱོར་གྱི་སྐབས་འཕར་གཡོའི་ཉམས་ཆེར་བྱུང་སྟེ་ མདའ་རྒྱང་ཙམ་དང་རྡོ་རྒྱང་ཙམ་དུ་འཕར་བའི་འཕར་གཡོས་ཇོ་ནང་གི་རི་ཀླུང་མེད་པར་བྱོན་ པ་ཞག་བདུན་གྱི་བར་དུ་བྱུང༌། དེ་སངས་ནས་མཉམ་ཉིད་ཆེན་པོ་གཅིག་གི་ངང་དུ་གྱུར། མངོན་མཁྱེན་ཐོགས་མེད་མངའ། ཆོས་ལ་འདི་མ་གསན་དང་འདི་མི་མཁྱེན་མེད་པ་ཙམ་ཡིན། སྐུ་བཙུན་པ་རབ་ཀྱི་མཐར་ཐུག་པས་ཚུལ་ཁྲིམས་ཀྱི་དྲི་བསུང་རྒྱ་ཆེར་འཕྲོ་བ་ཞིག་སྟེ། དང་པོ་ ཀུན་སྤངས་ཆོས་རྗེ་བླ་མ་བསྟེན་ཚུལ་རྒྱུད་ནས་བཤད་པ་ལྟར་བསྟེན། དེ་རྗེས་བྱང་སེམས་ ཆེན་པོ་གདན་སར་ཕེབས་པ་ལའང་ཀུན་སྤངས་ཆེན་པོ་དང་ཁྱད་མེད་དུ་བསྟེན། བྱང་སེམས་ ཆེན་པོ་སྐུ་འདས་ནས་ཇོ་ནང་གི་གདན་སར་ཕེབས་སྒྲུབ་བརྒྱུད་ཀྱི་བསྟན་པ་རྒྱ་ཆེར་བསྐྱངས་ ཏེ་ལོ་བདུན་ལྷག་ཙམ་ནས་ཀུན་མཁྱེན་ཆེན་པོ་གདན་སར་བསྐོས། དེ་རྗེས་ལོ་གཉིས་ཙམ་ ནས་དགུང་ལོ་རེ་བརྒྱད་ཕྱི་ལོ། ༡༣༢༧རབ་ལོ། ༣༠༡ མཆན། མེ་མོ་ཡོས་ཀྱི་ལོར་སྟོན་ཟླ་འབྲི ང་པོའི་ ཚེས་ལྔ་ལ་དག་ཞིང་དུ་གཤེགས་སོ། ། ༼༡༨༽ དེ་ལྟར་མདོ་སྔགས་ཟུང་འབྲེ ལ་གྱི་གནས་ལུགས་མཐར་ཐུག་དབུ་མ་ཆེན་མོ་ཉག་ གཅིག་གི་རང་བཞིན་ཕར་ཕྱིན་ཐེག་པའི་སྐབས་གཤེགས་སྙིང་དང༌། གསང་སྔགས་ཐེག་པ་ མཆོག་གི་དུས་སུ་དང་པོའི་སངས་རྒྱས་སོགས་ཀྱིས་བསྟན་པའི་ངེས་དོན་ཟབ་མོའི་དགོངས་ པ་དབྱིངས་གཅིག་པའི་ཡེ་ཤེས་དམ་པའི་བདག་ཉིད་ཇི་བཞིན་མངོན་བྱེད་ཀྱི་ཐབས་རྒྱུ་དང་ འབྲས་བུའི་ཐེག་པ་སོ་སོའི་མཛོད་ཆེན་པོ་ཉེ་བར་བཟུང་སྟེ་གཞན་དྲིང་མི་འཇོག་པའི་ལུང་ རིགས་དྲི་མ་མེད་པའི་ལམ་ནས་ངེས་དོན་ཕྱིར་མི་ལྡོག་པ་འཁོར་ལོའི་གཏམ་བཟང་པོས་བོད་ གངས་རིའི་ལྗོངས་འདིར་རྫོགས་ལྡན་ཆོས་ཀྱི་གནས་ཚུལ་རྒྱ་ཆེར་སྤེལ་བས་སྔགས་ཀྱི་ཞིང་ 2-1-35 མཆོག་ཤམྦྷ་ལ་གཉིས་པ་ལྟ་བུའི་སྔོན་མེད་ཀྱི་དགེ་མཚན་གསར་པའི་དཔལ་ཡོན་ལེགས་ སྦྱིན་གྱི་བྱེད་པོ་ཐུབ་དབང་གཉིས་པའི་མཛད་པ་དང་ཕྲིན་ལས་ཀྱིས་དབང་བསྒྱུར་བའི་ཆོས་ ཀྱི་རྒྱལ་པོ་ཆེན་པོ་ངེས་དོན་དབུ་མའི་ཤིང་རྟའི་སྲོལ་ཕྱེ་བ་རིགས་ལྡན་སྤྲུལ་པའི་སྐུ་ཐམས་ ཅད་མཁྱེན་པ་རྗེ་ཇོ་ནང་པ་དོན་གྱི་སླད་དུ་མཚན་ནས་སྨོས་ན་མཚན་བརྗོད་པར་དཀའ་བ་ དོལ་པོ་པ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོ་ཕྱི་ལོ། ༡༢༩༢ འཁྲུངས། ༡༣༦༡ འདས། མཆན། གང་ དེ་ཉིད་རང་ཅག་གི་བསོད་ནམས་ཀྱིས་བླ་མའི་སྐལ་བར་ཐོབ་པ་འདི་ནི་ཤིན་ཏུ་ཡ་མཚན་ པའི་གནས་ལགས་ཏེ། དེ་ཡང་རྔ་བོ་ཆེའི་མདོ་སྡེ་སོགས་ལས་ལུང་བསྟན་པ་ནི། ལི་ཙ་བཱི་ གཞོན་ནུ་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་ཞེས་བྱ་བ་མ་འོངས་པའི་དུས་ན་ཀ་ ཡོ་རིའི་རྒྱུད་དུ་ངའི་མིང་འཆང་བའི་དགེ་སློང་དུ་གྱུར་ཏེ། ཞེས་སོགས་གསལ་བར་གསུངས་ པ་དང༌། གཙུག་ཏོར་རྣམ་པར་རྒྱལ་མའི་རྒྱུད་ལས། བདེ་གཤེགས་མྱ་ངན་འདའ་འོག་ནས། །ལོ་ནི་སྟོང་ཕྲག་ཕྱེད་རིང་ཚེ། །གདོང་དམར་ཡུལ་དུ་ུང་འདྲ་བའི། །བསྟན་པ་འཛིན་པའི་དགེ་ སློང་ཞིག །ཆུ་བོ་ལྗོན་ཤིང་ཕྲེང་མཛེས་སུ། །ཀ་ཡོ་རི་ཡི་གྲོང་ཁྱེར་དུ། །ཡབ་ནི་ཡེ་ཤེས་དབང་ ཕྱུག་ཆེ། །ཡུམ་ནི་ཚུལ་ཁྲིམས་རྒྱན་ཞེས་གྲགས། །སྲས་ནི་སངས་རྒྱས་མིང་ཅན་འབྱུང༌། །ང་ ཡི་བསྟན་པའི་རྒྱལ་མཚན་འཛུགས། །ཆོས་ཀྱི་དུང་འབུད་དར་ཕྱར་འགྱུར། །ཞེས་སོགས་ མདོ་རྒྱུད་དུ་མ་ནས་ཡང་ཡང་ལུང་བསྟན་པའི་ཀུན་མཁྱེན་དོལ་པོ་སངས་རྒྱས་ཉིད་ཀྱི་སྐུ་ཕྲེང་ གི་མཛད་ཚུལ་གྱིས་གདུལ་བྱ་ལེགས་པར་སྐྱོང་བ་དོན་དམ་པར་ན་མཁའ་མཉམ་གྱི་ཞིང་དུ་ མཐའ་ཀླས་ཤིང་རིང་མོའི་དུས་ནས་བླ་མེད་བྱང་ཆུབ་བརྙེས་ཟིན་ཀྱང་སླར་ཡང་ཞིང་འདིར་ ཐབས་ཚུལ་མཆོག་གི་ངོ་མཚར་སྐྱེས་རབས་ཀྱིས་འགྲོ་ཕན་སྤེལ་ཚུལ་ཡང༌། སྨྲས་པ། ཀུན་གཟིགས་སྟོབས་བཅུ་མངའ་བའི་གསུང་གི་ཟིལ། ། 2-1-36 ངེས་དོན་འཇིགས་མེད་གདོང་ལྔའི་ང་རོ་ཅན། ། སེམས་དཔའ་ཆེན་པོ་མཐོ༵ང་ན༵་དག༵འ་བ༵འི་ཕུལ། ། རྒྱལ་བའི་སྲས་ཀྱི་ངང་ཚུལ་འཆང་འདི་རྨད།༡། ཐེག་མཆོག་གསང་ཆེན་སྔགས་ཀྱི་ཞིང་གི་གཙོ། ། པ༵དྨ༵་དཀར་པོ༵འི་སྒྱུ་མའི་རོལ་གར་གྱིས། ། རིགས་ཅན་གང་དག་ཟག་བྲལ་ཟུང་འཇུག་ཏུ། ། ཡོངས་འཕོས་བདེ་ཆེན་སྦྱིན་མཛད་འཁོར་ལོས་སྒྱུར།༢། དཔལ་གྱི་ལྷུན་པོར་ཡེ་ཤེས་མཆོག་བརྙེས་ཤིང༌། ། རྒྱལ་བའི་དགོངས་བཅུད་ཟབ་མོའི་གཏེར་གྱི་བདག ། ཀླུ༵་སྒྲུ༵བ་སྙི༵ང་པོ༵་འཛམ་གླིང་བསྟན་པའི་རྒྱན། ། མཁས་གྲུབ་ཡོངས་ཀྱི་གཙུག་ན་མངོན་པར་མཛེས།༣། དྲི་འཛིན་དབང་པོའི་བཅུད་ལེན་སྤོས་ངད་ལྡན། ། གང་དེར་སེམས་དཔའ་མཆོག་གི་བརྟུལ་ཞུགས་འཆང༌། ། ཆོ༵ས་བཟང་ཁྱད་འཕ༵གས་ཤེར་ཕྱིན་དམ་པའི་མཛོད། ། ཐེག་ཆེན་རིགས་ཅན་ཀུན་ཀྱི་རབ་དགའི་དཔལ།༤། བསིལ་ལྗོངས་ནོར་འཛིན་གཞི་འདིའི་ཐ་གྲུ་ཀུན། ། དམ་པའི་ཆོས་ཀྱིས་དབང་བསྒྱུར་ས་ཆེན་སྐྱོང༌། ། ལྷ་ལྡན་གནས་ནས་སྲོ ༵ང་བཙ༵ན་མཛད་བཟང་གིས། ། མ་ལུས་ས་འདི་རྫོགས་ལྡན་གསར་བ་བྱས།༥། རྔ་ཡབ་ཟངས་མདོག་དཔལ་གྱི་རི་དབང་དུ། ། 2-1-37 གསང་སྔགས་བརྟུལ་ཞུགས་མཆོག་གི་དགའ་སྟོན་གྱིས། ། ཟ་བྱེད་སྲི ན་པོ་འདུལ་ཞིང་འགྲོ་ཁམས་སྐྱོང༌། ། རིག་འཛིན་བླ་མའི་སྤྱི་རྗེ་པ༵དྨ་༵འབྱུ༵ང༌།༦། ངོ་མཚར་མཛད་པའི་ཆོ་འཕྲུལ་གང་འདི་ཀུན། ། གདུལ་བྱའི་ཁམས་དབང་ཇི་བཞིན་དེ་ལྟ་མོད། ། ངེས་པ་དོན་དུ་སྐུ་བཞིའི་དབང་ཕྱུག་གི ། ངོ་བོར་གདོད་མའི་དུས་ནས་མངོན་སངས་རྒྱས། ། ཞེས་པའི་ཚིགས་བཅད་ཀྱིས་སྐྱེ་འཕྲེང་མདོ་ཙམ་བརྗོད་པ་སྔོ ན་དུ་བཏང་ནས། དེང་སྐབས་སྙིགས་དུས་སུ་ཀུན་མཁྱེན་ཇོ་ནང་པ་ཆེན་པོ་ཁམས་གསུམ་ཆོས་ཀྱི་རྒྱལ་ པོའི་མཛད་པ་ལེགས་པར་བསྟན་པའི་ཚུལ་ཉུང་བསྡུས་སུ་བཀོད་པ་ལ། ཐོག་མར་རང་དོན་ གྱི་མཛད་ཚུལ། བར་དུ་བསྟན་འགྲོའི་དོན་མཛད་ཚུལ། ཐ་མར་མཛད་པ་རྫོགས་ཚུལ་གསུམ་ ལས། དང་པོ། རང་དོན་གྱི་མཛད་ཚུལ་ནི། ཡུལ་མངའ་རིས་དོལ་པོ་པན་ཚང་ཀ་ཡོ་རིའི་གྲོང་ ཁྱེར་དུ་ཡབ་ཡེ་ཤེས་དབང་ཕྱུག་དང་ཡུམ་ལྷ་མོ་ཚུལ་ཁྲིམས་རྒྱན་གཉིས་ཀྱི་སྲས་སུ་ཕྱི་ལོ། ༡༢༩༢ རབ་ལོ། ༢༦༦ མཆན། ཆུ་ཕོ་འབྲུག་ལ་རྒྱལ་སྲས་དོན་གྲུབ་གཉིས་པ་ལྟ་བུའི་ཆེས་ངོ་མཚར་བའི་ མཛད་ཚུལ་དང་བཅས་སྐུ་བལྟམས། རུས་སྔགས་རྙིང་མ་ཡིན། ཡུལ་དུ་བླ་མ་སྐྱི་སྟེངས་པ་ སོགས་བླ་མ་མང་རབ་བསྟེན། ཆོས་ཀྱང་རྙིང་མ་དང་དབུ་མ་རིགས་ཚོགས་སོགས་དང༌། རིག་ གནས་བཟོ་གནས་ཕྲ་མོ་མང་པོ་ཆུང་ངུའི་དུས་ནས་ཚེགས་མེད་དུ་མཁྱེན། དགུང་ལོ་བཅུ་ གཅིག་ལ་མཁན་པོ་ཚུལ་ཁྲིམས་སྙིང་པོ་སོགས་ལས་དགེ་ཚུལ་གྱི་སྡོམ་པ་བླངས་ནས་མཚན་ ཤེས་རབ་རྒྱལ་མཚན་བཏགས་ཤིང་ཀཱ་རི་ཀཱ་དང་གཞུང་འགྲེལ་སོགས་གསན། དགུང་ལོ་ 2-1-38 བཅུ་བཞི་བཅོ་ལྔ་ཙམ་ལ་དགོན་པའི་བྱ་བ་ཐན་ཐུན་མཛད་དགོས་བྱུང༌། དགུང་ལོ་བཅུ་དྲུག་ པ་ལ་སྐྱི་སྟོན་འཇམ་དབྱངས་གྲགས་པ་ཡ་རྩེར་ཕེབས་པའི་ཞོར་ལ་གློ་བོ་སྟོད་དུ་མཇལ་ནས་ ཕྲེང་བ་སྐོར་གསུམ་སོགས་ཀྱི་ལག་ལེན་དང་ཆོས་མང་དུ་གསན། དེ་རྗེས་མར་ཕེབས་དང་ ཡང་མཇལ་ནས་སྔགས་ཆོས་མང་པོ་དང༌། ཚད་བསྡུས་མཁྱེན་པར་མཛད། དགུང་ལོ་ཉེར་ གཅིག་པ་ལ་གཅིག་པུར་བྲོ ས་ཏེ་བླ་མ་སྐྱི་སྟོན་པའི་དྲུང་དུ་ཕེབས་ནས་ཕར་ཚད་མངོན་གསུམ་ དང༌། སྤྱོད་འཇུག སྔགས་ཆོས་འགའ་དང་བཅས་ལོ་ཕྱེད་གཉིས་སུ་དུས་གཅིག་ཏུ་བསླབས་ པས་གཞུང་བཞི་ཆར་འགྲེལ་བ་དང་བཅས་པའི་ཚིག་དོན་མཐའ་དག་ཐུགས་སུ་ཆུད་ནས་ བཤད་གསར་མཛད་པའི་ཆས་སྒྲུབ་པ་ལ་རྟ་ནག་ཏུ་ཕེབས་སློབ་དཔོན་རིན་ཡེའི་དྲུང་དུ་ཟླ་ གསུམ་ཙམ་བཞུགས། རྡེའུའི་བཅུད་ལེན་སོགས་སྦྱོང་བཞིན་བྱམས་ཆོས་ཀྱི་བཤད་པ་ཚར་ གཅིག་གསན། དེ་རྗེས་བཤད་གསར་མཛད། ཡུམ་རྒྱས་འབྲི ང་བསྡུས་གསུམ་སོགས་ཤེར་ ཕྱིན་གྱི་མདོ་རྣམས་ཡུད་ཙམ་གསན་པས་ཐམས་ཅད་ཐུགས་སུ་ཆུད། དབུས་གཙང་གི་སྡེ་ཕལ་ ཆེར་དུ་གྲྭ་སྐོར་ལ་ཕེབས་པས་མཁྱེན་རབ་ཀྱི་རྩལ་དང༌། རིག་པའི་རྣམ་འགྱུར་བཟང་ཞིང༌། ཤེར་ཕྱིན་འབུམ་པ་སོགས་མདོ་སྡེ་དུ་མའི་ཚིག་མཐའ་དག་ཐུགས་ལ་བྱང་བར་བཞུགས་པ་ དང༌། གཞུང་ཆེ་ཆུང་གང་ལ་ཡང་ཐོགས་པ་མེད་པར་མཁྱེན་པ་རྒྱས་པས་ཐམས་ཅད་ཀྱིས་ ཀྱང་ཀུན་མཁྱེན་རང་དུ་འདུག་ཅེས་བསྔགས་པས་ཀུན་མཁྱེན་གྱི་མཚན་དེ་དུས་ནས་ཀྱང་ ཐོགས། སྤྱིར་མདོ་སྔགས་ཀྱི་ཆོས་གསན་པའི་བླ་མ་སུམ་ཅུ་ལྷག་མངའ་བ་ལས་མཆོག་ཏུ་གྱུར་ པ་སྐྱི་སྟོན་འཇམ་དབྱངས་ལ། མདོ་སྔགས་ཀྱི་གཞུང་ཆེ་ཆུང་དཔག་མེད་དང༌། དབང་བསྐུར་ ཡང་ཟུར་བཀའ་བདུན་ཅུ་ཙམ་གསན། དུས་འཁོར་གྱི་ཕྱོགས་ལ་ཡང་དང་པོར་བླ་མ་འདིའི་ དྲུང་དུ་དབང་རྒྱུད་མན་ངག་ཐམས་ཅད་ལ་ཤིན་ཏུ་མཁས་པར་མཛད། འཆད་ཉན་ཟུར་ཆོས་ པ་ཡང་ལོ་ཤས་མཛད་ནས་ཆོས་ལུང་ཚོགས་པའི་མཁན་ཆེན་བསོད་ནམས་གྲགས་ལ་བསྙེན་ 2-1-39 རྫོགས་ཞུས་ཤིང༌། འདུལ་བ་མདོ་རྩ་གཞུང་འགྲེལ་བཅས་མ་ལུས་པ་གསན་ཅིང་མཁྱེན། སྐུ་ བཙུན་པའི་མཐར་ཐུག་པར་བཞུགས། དགུང་ལོ་སུམ་ཅུ་པ་ལ་ཇོ་ནང་དུ་དོན་གཅོད་ཅིག་ལ་ ཕེབས་པས་སྒྲུབ་ཚུགས་ལ་ཐུགས་དད་སོང༌། དེ་ནས་ལྷ་ས་དང་མཚུར་ཕུ་སོགས་སུ་ཕེབས་ ཆོས་རྗེ་རང་བྱུང་བ་དང༌། ཆོས་ཀྱི་གསུང་གླེང་མང་དུ་མཛད། རང་བྱུང་བས་རྗེ་འདིའི་ལུང་ རིགས་ཀྱི་ཞལ་ཡ་མ་ཐེགས་ཀྱང་མངོན་ཤེས་བཟང་པོ་མངའ་བས་ཁྱེད་ལ་ལྟ་གྲུབ་དང་ཆོས་ སྐད་ད་ལྟའི་འདི་བས་ཀྱང་ཆེས་བཟང་བ་ཞིག་མྱུར་དུ་འོང༌། ཅེས་ལུང་བསྟན། དགུང་ལོ་སོ་ གཅིག་པ་ཕྱི་ལོ། ༡༣༢༢ རབ་ལོ། ༢༩༦ མཆན། ལ་ཇོ་ནང་དུ་ཕེབས་མཁས་བཙུན་ཆེན་པོ་ལ་སྤྱིར་དབང་ དང་གདམས་པ་མང་དུ་གསན། སྦྱོར་དྲུག་ལ་ཉམས་ཁྲིད་མཛད། དམིགས་པ་ཞུ་སྐབས་མ་ གཏོགས་སུ་དང་ཡང་མི་འཕྲད་པར་མཁའ་སྤྱོད་བདེ་ལྡན་དུ་བཞུགས། སོར་བསམ་གྱི་ཉམས་ རྟོགས་མཐར་ཕྱིན་པས་བླ་མས་མགྱོགས་འཁྲིད་བྱ་གསུང་བ་ལས། གོ་ལེར་སྦྱོང་བར་ཞུས་ ཏེ་སྒོམ་པར་མཛད་པས་སྲོག་རྩོལ་མཐར་ཕྱིན་པའི་རྟགས་རྒྱུད་ནས་བཤད་པ་བཞིན་མངའ། དེ་ནས་ལྷ་སར་སྨོ ན་ལམ་མཛད་ཅིང་ཡེར་བར་ཐོག་གཅིག་ཐུགས་དམ་ལ་བཞུགས། ཡང་ ཡར་ཕེབས་ཏེ་སྐྱིད་ཕུག་ཏུ་བླ་མ་ཀུན་སྤངས་ཆོས་གྲགས་དཔལ་ལ་འགྲེལ་ཆེན་ཚར་གཅིག་ གསང་ནས་གསུངས། མཁས་བཙུན་ཆེན་པོའི་གསུང་གནང་བས་དགེ་བཤེས་ལྔ་བཅུ་ཙམ་ལ་ རྒྱུད་འགྲེལ་གྱི་བཤད་པ་རྒྱས་པ་ཚར་གཅིག་གསུངས་སོ། ། གཉིས་པ་བར་དུ་བསྟན་འགྲོའི་དོན་མཛད་ཚུལ་ནི། འདི་ནས་རིམ་གྱིས་བྱུང་བ་སྟེ། དེ་ ཡང་བླ་མའི་བཀའ་ནན་ཆེན་པོས་དགུང་ལོ་སོ་ལྔ་པར་ཕྱི་ལོ། ༡༣༢༦ རབ་ལོ། ༣༠༠ མཆན། གདན་ སར་ཕེབས། མཁས་བཙུན་ཆེན་པོ་ཤིན་ཏུ་དགྱེས་ནས་ལོ་གཉིས་སུ་ཉེ་བ་ཞིག་ཉིན་མཚན་ མེད་པར་དབང་ལུང་ཁྲིད་བཤད་པ་སོགས་བླ་མ་ཉིད་ལ་མངའ་བའི་ཆོས་ཐམས་ཅད་བསྩལ། སྤྱིར་སྐྱི་སྟོན་འཇམ་དབྱངས་དང་མཁས་བཙུན་ཆེན་པོ་ལ་ཆོས་གསན་པ་ནི་མཐའ་ཡས་ཏེ་ 2-1-40 མིང་ཙམ་འཛིན་པ་དཀའོ། །གཞན་ཡང་བཀའ་དང་བསྟན་བཅོས་འགྱུར་རོ་འཚལ་རྫོགས་ པར་ནན་ཏན་དང་བཅས་པས་ཚར་གཅིག་གཟིགས། དེ་དག་གི་དོན་ཐམས་ཅད་མ་འདྲེས་ པར་ཐུགས་སུ་ཆུད། གཞན་སྟོང་གི་ལྟ་སྒོ མ་ཁྱད་པར་ཅན་ནི་མཁའ་སྤྱོད་བདེ་ལྡན་དུ་ བཞུགས་པའི་ཚེ་ཐུགས་ལ་འཁྲུངས་པ་ཡིན་ཡང་ལོ་ཤས་ཤིག་གཞན་ལ་མ་གསུངས། སྔོ ན་ ཆོས་རྗེ་ཀུན་སྤངས་ཆེན་པོས། གནས་འདིར་ཕ་ལས་བུ་ལྷག་བུ་ལས་ཚ་བུ་ལྷག་ཚ་ལས་ཡང་ ཚ་ལྷག་པ་འབྱུང༌། ད་ལྟ་བཟང་ལྡན་གོང་མར་ཆོས་འཆད། མ་འོངས་པ་ན་བར་མར་མཆོད་ རྟེན་བཞེངས་ཞེས་ལུང་བསྟན་པ་ལྟར། གདན་སར་ཕེབས་ནས་ལོ་ཤས་ནས་སྐུ་འབུམ་ཆེན་ མོའི་རྨང་འདིང་པ་དང་བཟང་ལྡན་གོང་གི་ཆོས་ཁྲིར་བཞུགས། བཤེས་གཉེན་དམ་པ་བཅུ་ ལྷག་ལ་སྙིང་པོའི་མདོ་བཅུའི་བཤད་པ་རང་བཞེད་རྩལ་དུ་བཏོན་ནས་རྒྱས་པར་གསུངས། གཞན་སྟོང་སྟོན་པའི་གསུང་རབ་ཐན་ཐུན་ཀྱང་མང་དུ་མཛད་དཔེ་རྣམས་དང་ཆོས་སྐད་ ཕྱོགས་ཐམས་ཅད་དུ་ཁྱབ་པས་མཁས་པ་ཕལ་གྱི་བློར་མ་ཤོང་དངོས་སུ་འབེལ་གཏམ་རྩོད་ པ་ཞུས་པ་རྣམས་རྒྱ་མཚོ་ལ་ཁ་བ་བབས་པ་བཞིན་དུ་སོང་བས་དངོས་སུ་མཇལ་བ་རྣམས་ གྲུབ་མཐའ་ལ་ངེས་ཤེས་དང་བླ་མ་ལ་དད་པ་ཐོབ་པ་ཤ་སྟག་བྱུང༌། རིང་ནས་ངག་ལོན་དང་ རྩོད་ཡིག་བསྐུར་བ་རྣམས་ལ་ཆོས་དང་མཐུན་པའི་ལན་མཛད་པས་ངེས་པ་རྙེད། ཕྱིས་གྲུབ་ མཐའ་དེ་རྩོད་བྲལ་དུ་སོང་ནས་ཕྱོགས་བཞིའི་དགེ་བཤེས་དུ་མས་བསྐུལ་ནས་ངེས་དོན་རྒྱ་ མཚོ་སོགས་གྲུབ་མཐའི་ཆོས་བཅུ་དྲུག དུས་འཁོར་ས་བཅད་སོགས་དུས་འཁོར་ཆ་ལག་བཅོ་ བརྒྱད། ཡུམ་གྱི་མཆན་བུ། གསོལ་འདེབས་ཉེར་ལྔ། ཐུགས་རྗེ་ཆེན་པོའི་ཆོས་སྐོར་ཉེར་ གསུམ། བསྟོད་སྐོར་བཅུ་བཞི། སྐུ་འབུམ་ཆེན་པོའི་ཆོས་སྐོར་ལྔ། རྡོ་རྗེ་ཕྲེང་བ་དབང་སྐོར་ གསུམ། སྤྲིངས་ཡིག་བརྒྱད། སྨོ ན་ལམ་གསུམ། བཀྲ་ཤིས་བཞི་སོགས་སྔ་ཕྱི་ཀུན་ཏུ་གསུང་ རབ་ཀྱི་ཡིག་ཆ་མང་པོ་མཛད་པས་ཐུབ་བསྟན་སྤྱི་དང་ངེས་དོན་དབུ་མ་ཆེན་མོ་མདོ་སྔགས་ཀྱི་ 2-1-41 གནས་ལུགས་མཐར་ཐུག་ཏུ་ལུང་རིགས་དྲི་མ་མེད་པས་གཏན་ལ་ཕབ་ཏེ་རྒྱུ་དང་འབྲས་བུའི་ ཐེག་པའི་ཆོས་སྒོ་མཐའ་དག་གསལ་བར་བྱས། མཆོད་རྟེན་ཆེན་མོ་བཞེངས་པའི་ཚེ་སྲོ ག་ ཆགས་ཤིན་ཏུ་མང་པ་ལ་ལྗགས་སྔགས་མཛད་སེ་གོལ་གཏོགས་པས་སྲོག་ཆགས་ཅིག་ཀྱང་ མེད་པར་སོང་ཞིང༌། ནམ་མཁའ་ལ་འཇའ་འོད་ཀྱིས་ཁེངས། ཆུ་མེད་པ་ལ་བཅའ་ལུང་གི་ཕུ་ ཆུ་ནར་གྱིས་ཐོན། གཞལ་ཡས་ཁང་གི་ཐོག་ཕིབས་དང་གདུགས་ཀྱི་ཐོག་ཕིབས་ཀྱང་ཉི་མ་རེ་ རེ་ཁོ་ན་ལ་ཁེལ། རླུང་ཤིན་ཏུ་ཆེ་བ་དང་ཆར་ཞོད་ཆེ་བ་བྱུང་རེས་ལ་བདེན་སྟོབས་བརྗོད་པས་ འཕྲལ་ཉིད་དུ་ཞི་བ་ཁོ་ན་བྱུང༌། ཆོས་ཁྲིའི་ཁར་ཆོས་གསུངས་པ་དང་བཟོ་བོ་རྣམས་ཀྱི་སར་ བཀོད་པ་མཛད་པ་དང་གཟིམས་ཆུང་དུ་ཐུགས་དམ་ལ་བཞུགས་པ་སོགས་སྐུ་ལུས་ཀྱི་བཀོད་ པ་གསུམ་གསུམ་དུས་གཅིག་ཏུ་བྱུང་བ་ནི་མང་པོས་ཡང་ཡང་མཐོང༌། སྐུའི་བཀོད་པ་བརྒྱད་ དུས་གཅིག་ཏུ་བྱུང་བ་ཡང་འགའ་རེས་མཐོང༌། མི་དང་མི་མ་ཡིན་གྱིས་མཆོད་རྟེན་ཆེན་མོ་ བཞེངས་པའི་ཆ་རྐྱེན་འབུལ་ཞིང་ལས་ཀ་ལ་རེམ་པས་ངོ་མཚར་འཕྲུལ་གྱིས་ཕྱི་ནང་གི་བཀོད་ པ་ཡོངས་རྫོགས་དཀའ་ངལ་མེད་པས་གྲུབ་ཅིང་དགེ་མཚན་ལེགས་པའི་ལྟས་བཟང་ཀུན་གྱི་ མངོན་གྱུར་མཐའ་ཡས་པ་དང་བཅས་རབ་གནས་མཐའ་རྒྱས་དགའ་སྟོན་གྱི་སྒོ་ནས་བསོད་ ནམས་ཀྱི་ཞིང་དམ་པ་ཉེ་བར་བཞེངས་ཏེ། སྔ་ཕྱི་ཇོ་ནང་དང༌། ཕུག་མོ་ཆོས་རྫོང་དང༌། སྤྱི་ བར་ཕུག་གི་བྲག་ངོས་མིས་ཡེ་མི་ཐར་པ་མང་པོར་ཡུད་ཀྱིས་ཕེབས་ནས་མཆོད་རྟེན་མང་པོ་ བཞེངས། ལ་ལ་ད་ལྟ་ཡང་སྣང༌། ཐོག་མ་ཇོ་ནང་དུ་ཕེབས་པའི་སྐབས་ཉིད་ཇོ་མདའ་ནས་ ཡར་ཕེབས་པས་ནམ་མཁའ་ལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ཡོངས་རྫོགས་གཟིགས། དེ་ནས་བཟུང་ཡི་དམ་ཞལ་གཟིགས་པ་ནི་གྲངས་ལས་འདས་ཏེ་ཆེས་ཆེར་ཡང་མི་མཛད། འཕགས་པ་སྤྱན་རས་གཟིགས་དང་མི་ལབ་པ་བཞིན་ཡོད་ལ། གུར་མགོན་དང་རྣམ་སྲས་ བྲན་བཞིན་འཁོལ། ཕྱག་མཆོད་ཐུགས་དམ་མཛད་རེས་ཀྱི་རིགས་གསུམ་མགོན་པོ་དང༌། 2-1-42 འཕགས་མ་སྒྲོལ་མ་དང༌། སྨན་བླ། བྱམས་པ་རྣམས་རེས་མོས་ཀྱིས་འབྱོན། མཁའ་འགྲོ་རྒྱ་ མཚོ། སྒྱུ་འཕྲུལ་དྲ་བ། སྡོམ་པ་ཆེ་ཆུང༌། རྡོ་རྗེ་ཕག་མོ། རྡོ་རྗེ་དབྱིངས་ལ་སོགས་པའི་དཀྱིལ་ འཁོར་གཟིགས་པ་ཡང་གྲངས་ལས་འདས། བདེ་བ་ཅན་གྱི་སྨོ ན་ལམ་མཛད་ཚེ་བདེ་ཆེན་ ཞིང་དངོས་སུ་གཟིགས་པ་དང༌། གཟིམས་ཁང་བདེ་བ་ཅན་དུ་གུ་རུའི་ཚེས་བཅུའི་མཆོད་པ་ མཛད་པའི་ཚེ། སློབ་དཔོན་པདྨ་མཁའ་འགྲོའི་ཚོགས་དང་བཅས་མངོན་སུམ་དུ་བྱོན་ནས་ ཤིས་བརྗོད་མཛད་པ་དང༌། མཆོད་རྟེན་བཞེངས་པའི་ལས་ལ་ཞུགས་ཚད་བདེ་བ་ཅན་དུ་ འགྲོ་བའི་མཚན་མ་གཟིགས། སྤུན་གསུམ་དུ་བཞུགས་སྐབས་ཐུགས་དམ་གྱི་ལྷ་ཇོ་བོ་བྷུགྨ་ ལ་རབ་གནས་མཛད་པའི་ཚེ་འཇའ་འོད་ལ་བཀྲ་ཤིས་རྟགས་བརྒྱད་ཀྱི་གཟུགས་ཤིན་ཏུ་ གསལ་བ་ནུབ་ཕྱོགས་ནས་བྱུང་བ་དང༌། མེ་ཏོག་གི་ཚོགས་ཁ་དོག་སྣ་ཚོགས་པ་མང་པོ་སྙོན་ མེད་དུ་བབས། ནམ་ཕྱེད་སྐུ་འབུམ་ནང་དུ་ཆུ་ཤོར་བ་སོགས་ཕྲན་བུ་རྣམས་ཀྱང་འཕྲལ་ འཕྲལ་མཁྱེན་ཅིང༌། གོང་མ་ཡོན་མཆོད་ཀྱི་མངའ་ཐང་འགྱུར་ལྡོ ག་དང༌། རྒྱལ་ཁམས་ཀྱི་ འགྱུར་ལྡོ ག་རྣམས་ཀྱང་ཇི་སྐད་གསུངས་པ་བཞིན་ཐོག་ཏུ་ཁེལ། ཧོར་གྱི་སྤྱན་འདྲེན་འབྱུང་བ་ ཡང་སྔ་མོ་ནས་དགོངས། སྤྱན་འདྲེན་བྱུང་བའི་ཚེ། ཉིང་རོ་དང༌། བར་ཕུག་དང༌། ན་དུམ་ སོགས་སུ་དབེན་པ་ཁོ་ན་བརྟེན་པ་ལོ་བཞི་ཙམ་མཛད། ཕྱིས་རྒྱལ་པོས་ལུང་བཟང་པོ་གནང་ ནས་ཕེབས་མི་དགོས་པར་བྱུང་ནས་ཤིན་ཏུ་དགྱེས་ཏེ་དགོན་པར་ཕེབས། དེ་ལ་རྗེ་འདིས་ཇོ་ ནང་གི་གདན་ས་ལོ་བཅུ་བདུན་མཛད་རིང་གཙོ་བོར་ཇོ་ནང་ཉིད་དུ་བཞུགས་ཤིང་སྒྲུབ་བརྒྱུད་ ཀྱི་བསྟན་པ་རྒྱ་ཆེར་སྤེལ། སྐུ་འབུམ་བཞེངས་པ་དང༌། གསུང་སྒྲོགས་དང༌། མཆོད་པ་འབུལ་ བ་དང༌། མཁས་པ་དུ་མ་འདུས་པ་ལ་མདོ་སྔགས་ཀྱི་དབང་དང་གཞུང་བཤད་རྒྱ་ཆེར་བསྩལ། ཚོགས་པ་ཡང་སྒྲུབ་པ་སྙིང་པོར་བྱེད་པ་ཁོ་ན་རང་ཡང་ཉུང་དུས་སུ་སྟོང་ཙམ་རེ་འཚོགས་ཤིང༌། སྤྱིར་ཚོགས་པ་ཉུང་དུས་སུ་ཡང་ཉིས་སྟོང་ཙམ་རེ་འདུ་བ་བྱུང༌། མང་བ་ལ་ཚད་མེད། ཆོས་རྗེ་ 2-1-43 འདི་ལ་ཟབ་ལམ་གྱི་ཁྲིད་ཞུས་པ་ལ་དགེ་སྦྱོར་གྱི་སྣེ་མ་ཟིན་པ་ནི་གཅིག་ཀྱང་མེད། མུ་གེ་བྱུང་ སྐབས་སློབ་མ་ཀུན་ལ་དཀའ་ཐུབ་རིགས་མང་དུ་གནང༌། དཔོན་སློབ་ཀུན་གྱིས་མི་ཟས་ སྤངས་གསོལ་ཆས་ཐམས་ཅད་ཕོངས་པ་རྣམས་ལ་གནང༌། ཕྱིས་ཆོས་རྗེའི་ཐུགས་སྲས་ ཀླུབས་ལོ་ཙཱ་བ་དང༌། རྗེ་ཕྱོགས་ལས་རྣམ་རྒྱལ་པས་གདན་ས་མཛད་རིང་དབེན་གནས་ངེས་ མེད་ཀྱི་རི་ཁྲོད་མང་པོར་ཕེབས་ཤིང༌། ཕལ་ཆེར་ནི་ཐུགས་དམ་ལ་བཞུགས་པ་དང་ཟབ་ལམ་ གྱི་ཁྲིད་འདེབས་པའི་འགྲོ་དོན་ཉིད་གཙོ་བོར་མཛད་པར་བར་དུ་ཆོས་གསུངས་པ་དང༌། རྟེན་ བཞེངས་པ་ཡུལ་སོ་སོའི་ལྷ་ཁང་ལ་ཞིག་གསོས་མཛད་པ་ཡང་ཤིན་ཏུ་མང༌། ངམ་རིང་དུ་ཆོས་ སྡེ་བཏབ་ནས་འཆད་ཉན་གྱི་གྲྭ་བཙུགས། དེར་སྙུང་བ་ཞིག་གིས་རྐྱེན་བྱས་ཞག་བཅུ་གཉིས་ ཀྱི་རིང་སངས་རྒྱས་ཀྱི་ཞིང་ཁམས་དང༌། ཡི་དམ་གྱི་ལྷ་བགྲང་བར་མི་དཔྱོད་པ་ཞལ་གཟིགས། རིན་སྡིང་གི་ལྕགས་ཟམ་འདྲེ་གདུག་པ་ཞུགས་པ་ཞིག་ཐུགས་རྟོག་མི་མཛད་ན་བསྣོམས་པར་ ཞུ་ཞེས་བདག་པོས་ཕུལ་བ་ལ། འདྲེན་ཐག་བཏང་མཚམས་ལྕགས་ཀྱི་ཚུར་ཁ་ནས་བཀའ་ ཤོག་བསྒྲགས་པ་ཙམ་གྱིས་ཕར་ཕྱོགས་ཀྱི་ལྕགས་ཐག་རང་ཆད་ལ་སོང་སྟེ། ཚུར་ཕྱོགས་ཀྱི་ ཟམ་བརྡུར་དུ་ཕུང་གིས་བྱུང་བ་སོགས་ཡ་མཚན་པའི་ལྟས་མང༌། དབུས་དམག་ཡོང་བའི་ སྐབས་ཤིག་ཞག་ཤས་བློ་སྦྱོང་ཁོ་ནའི་ཆོས་གསུངས་ཤིང་བཟོད་པའི་བསྔགས་པ་འབའ་ཞིག་ མཛད་ཆོས་རར་བཞུགས་ཐོག་དམག་བརྒྱ་ཙམ་སླེབས། སྐུ་ལ་མདའ་རྡོ་མཚོན་ཆ་སྣ་ཚོགས་ འཕངས་ཀྱང་ཅུང་ཟད་ཀྱང་མ་སྐྱོན་ཅིང་གཡོ་མེད་དུ་བཞུགས་དེ་ནས་དད་པ་སྐྱེས་ཏེ་ བཤགས་པ་ཕུལ། ཡང་ས་སྐྱའི་སྒོ་རར་དབང་བསྐུར་མཛད་པའི་ཡེ་ཤེས་དབབ་པའི་རོལ་མོ་ ཕྱི་རོལ་གང་འཆག་པའི་མིས་ཚོར་བ་ལ་ཡང་ཡེ་ཤེས་ཕེབས་པ་དང་དབང་བསྐུར་མཛད་ཚད་ ལ་ཡེ་ཤེས་ཕེབས་པ་དང༌། ཤ་གྲགས་སེང་སོགས་སྐྱེས་བུ་དམ་པ་དུ་མ་ཞལ་མཐུན་པར་ རིགས་ལྡན་གྱི་སྤྲུལ་པར་ལུང་བསྟན་པ་དང༌། འཆིམས་བློ་བཟང་གྲགས་པས་འཕགས་པ་ 2-1-44 སྤྱན་རས་གཟིགས་ཀྱི་སྐུ་དངོས་སུ་གཟིགས་པ་ཡང་ཡང་བྱུང་བ་དང༌། ཉེ་གནས་ནམ་མཁའ་ བྱང་ཆུབ་ཀྱིས་འཇམ་དབྱངས་དངོས་སུ་མཐོང་བ་དང༌། བཅོམ་ལྡན་རྡོ་རྗེ་སྙིང་པོ་དང༌། སྣང་ བ་དག་པའི་སྒྲུབ་པ་ཕོ་མོ་མང་པོས་སྐུ་ལ་མཚན་དཔེ་རྫོགས་པར་མཐོང་བ་སོགས་ངོ་མཚར་ བའི་ལྟས་བསམ་གྱིས་མི་ཁྱབ་པ་མངོན་གྱུར་དུ་མངའ། དོན་དུ་ནི་འཕགས་པ་སྤྱན་རས་ གཟིགས་ཀྱི་རྣམ་པར་འཕྲུལ་བ་ཡིན་པས་རིགས་ལྡན་པདྨ་དཀར་པོ་དང་གཉིས་སུ་མེད་པའི་ ངོ་བོ་ཉིད་ཡིན་ཕྱིར་རྗེ་ཐམས་ཅད་མཁྱེན་པ་འདི་ལ་རིགས་ལྡན་གྱི་སྤྲུལ་པའི་སྙན་གྲགས་ཆེ་ བ་དང༌། དཔལ་དུས་ཀྱི་འཁོར་ལོའི་ཆོས་ཀྱི་མངའ་བདག་ཆེན་པོར་མངོན་སུམ་དུ་བཞུགས་ པ་ལ་བརྟེན་དུས་མཉམ་གྱི་དགེ་བཤེས་ཕལ་མོ་ཆེ་ཞིག་གིས། ཆོས་འདི་དང་འབྲེ ལ་བའི་མན་ ངག་ཅི་རིགས་པ་མ་གསན་པ་མེད་པ་ལྟ་བུ་ཡིན། དབང་རྒྱུད་མན་ངག་རྫོགས་པར་གསན་ པ་ཡང་སྟོང་ཕྲག་མང་པོ་དང༌། དབང་དང་ཁྲིད་ཆ་ཚང་ཐོབ་པ་ཁྲི་ཕྲག་བརྒལ་བ་དང༌། མཆོག་དབང་གོང་མ་དང་སོ་སོར་སྡུད་པའི་ཁྲིད་གསན་ཅིང་ཉམས་མྱོང་སྐྱེས་པ་ནི་བགྲང་ བར་མི་དཔོག་པ་ཙམ་ཡོད་པར་གྲགས་ཤིང༌། སྤྱིར་བསྟན་པ་སྒོ་ཐམས་ཅད་ནས་རྒྱས་པར་ མཛད། སྒོ ས་སུ་བོད་ཀྱི་རི་སུལ་ཐམས་ཅད་རྡོ་རྗེའི་རྣམ་འབྱོར་གྱི་སྒྲུབ་པ་པོས་ཁྱབ་པ་དང༌། བཤད་ཉན་གྱི་གྲྭ་ཐམས་ཅད་དུ་སྙིང་པོའི་མདོ་དང་རྒྱུད་བླ་མའི་བསྟན་བཅོས་ལས་བརྩམས་ ཕྱིར་མི་ལྡོག་པ་འཁོར་ལོའི་གཏམ་བདེ་གཤེགས་སྙིང་པོ་སེང་གེའི་སྒྲས་ཁྱབ་པར་མཛད་དེ། རྔ་བོ་ཆེའི་མདོར་ལུང་བསྟན་པ་བཞིན་དུ་ལོ་བརྒྱད་ཅུ་ལྷག་གི་བར་དེ་ལྟ་བུའི་རྒྱུན་གནས་པར་ གྱུར་ལ། དེ་རྗེས་ལྟ་བ་མཐོ་རུ་རེ་ཞིང་དྲང་དོན་ཀུན་རྫོབ་ལ་ལྷག་པར་ཞེན་པའི་ངང་ཚུལ་ཅན་ མང་དུ་བྱོན་པ་ལ་བརྟེན་སྔོན་བཞིན་གསལ་བར་མ་གྱུར་ཀྱང་དུས་ཀྱི་ཐ་མ་འདི་ལྟ་བུ་ལའང་ རྡོ་རྗེའི་རྣལ་འབྱོར་སྒོ མ་པ་དང༌། དེ་བཞིན་གཤེགས་པའི་སྙིང་པོའི་གཏམ་སྲོ ལ་ཁ་མ་ནུབ་ ཙམ་ཡོད་ཅིང༌། བར་སྐབས་སུ་མང་དུ་བྱུང་བ་ནི་དམ་པ་འདི་ཁོ་ནའི་དྲིན་ནོ། །ཡང་དམ་པ་ 2-1-45 འདིས་དང་པོ་ས་སྐྱར་འཆད་ཉན་ལ་ཐུགས་གཞོལ་སྐབས། ཀ་ཆེན་བཞི་དང༌། རིགས་ཚོགས་ ལྔ། དབུ་མ་འཇུག་པ། བྱམས་ཆོས་ཕྱི་མ་བཞི་རྣམས་ལན་མང་དུ་གསུངས། སྔ་ཕྱིར་གཞུང་ ཕྲན་མི་གཅིག་པ་ཡང་བཅུ་ཙམ་གསུངས། ཕྱིས་སྒྲུབ་པ་ལ་ཐེག་ནས་ལྟར་ཆགས་སུ་སྐྱོང་བའི་ འཆད་ཉན་གྱི་གྲྭ་འཛུགས་པ་ནི་ཡེ་མ་མཛད། དོན་གཉེར་མཁས་པ་མང་པོ་འདུས་པ་ལ་ བྱམས་ཆོས་སྡེ་ལྔ། དབུ་མ་བསྟོད་ཚོགས། འབུམ། སྙིང་པོའི་མདོ་རྣམས་དང༌། སེམས་འགྲེལ་ སྐོར་གསུམ། དབང་མདོར་བསྟན། ཀྱཻ་རྡོར་ནཱ་རོའི་འགྲེལ་ཆེན་རྣམས་ཡང་ཡང་གསུངས། དབུ་མ་རྩ་བ། སྤྱོད་འཇུག བསླབ་བཏུས། ཀྱཻ་རྡོར་རྒྱུད་གསུམ། མཁའ་འགྲོ་རྒྱ་མཚོ། རྡོ་རྗེ་ ཕྲེང་བ། གསང་འདུས་སྒྲོན་གསལ། དམར་ནག་འཇིགས་གསུམ་སོགས་ཀྱང་ལན་རེ་རེ་ གཉིས་གཉིས་གསུངས། སོ་སོའི་འདོད་པ་དང་མཐུན་པར་དཀྱིལ་ཆོག་རྡོར་ཕྲེང་གི་དབང་ རྣམས་དང༌། བདེ་དགྱེས་གསང་གསུམ། གཤིན་རྗེ་གཤེད། རྡོར་དབྱིངས། རྟ་མགྲིན། ཕུར་ པ་སོགས་གསང་སྔགས་གསར་རྙིང་གི་དབང་ཟུར་བཀའ་ཡང་མང་དུ་གནང༌། གདམས་ངག་ འཁྲིད་ཚུལ་ཐ་དད་པ་ཡང་མང་དུ་གསུངས་མོད་ཀྱི། གཙོ་བོར་ཤེར་ཕྱིན་གྱི་མདོ་དང༌། མངོན་ རྟོགས་རྒྱན། སྙིང་པོའི་མདོ་དང༌། རྒྱུད་བླ་མ། དུས་འཁོར་གྱི་དབང་ཁྲིད། སེམས་འགྲེལ་ སྐོར་གསུམ་གྱི་བཤད་པ་དང་བཅས་པ་རྣམས་རྟག་ཏུ་གསུངས་པ་ལྟ་བུ་ཡིན་ཞིང་ཐེག་པ་ མཐའ་དག་གི་ངེས་པའི་དོན་ཡང་དེ་དག་ལས་བརྩམས་ཏེ་གསུངས་སོ། །འོན་ཀྱང་རེས་ འགའ་ནི་སྒྲུབ་པ་ཁོ་ན་ལ་ཐུགས་གཞོལ་བ་ཡང་མཛད། ཆོས་གསུང་བའི་དུས་ན་ཡང་ གཟིགས་རྟོག་བཤར་སྦྱང་ཐུགས་བསམ་སོགས་མཛད་མི་དགོས་ཏེ། ཆོས་གྲྭར་ཕེབས་པའི་ དུས་དང༌། ཞལ་བཀོད་སོགས་གང་དགོས་པའི་དུས་དེ་ག་མ་གཏོགས་ཟབ་མོའི་རྣལ་འབྱོར་ ཁོ་ན་ལ་བཞུགས་སོ། །སྐུ་འཁོར་འགའ་ཞིག་གིས། བླ་མའི་མཁྱེན་རབ་འདི་ལ་མཁན་ཆེན་ བུ་སྟོན་པའི་གཟིགས་རྟོག་གི་ཐུགས་རྩོལ་དང༌། འཆད་ཉན་ལ་ཐུགས་གཞོལ་བ་འདི་ཡོད་ན་ 2-1-46 སངས་རྒྱས་འཇིག་རྟེན་དུ་བྱོན་པ་ལྟ་བུ་ཅིག་ཡོང་བར་གདའ་ཞུས་པས། སྤྱིར་ཆོས་འདི་རྣམས་ བསླབ་པས་གོ་བ་ཁོ་ན་རང་ཡང་མིན་ཚོགས་སྒོ་དུ་མ་ནས་གསོག་ཅིང་བསྒོམས་ན་གོ་བ་ ལགས། ད་ལྟ་སྙིང་པོ་བསྡུ་བའི་སྐབས་འདིར་སྒྲུབ་པ་ཁོ་ན་ཕན་ཡོན་ཆེ་བ་ཡིན་མོད་གསུང་ ངོ༌། །སྐུ་ཚེའི་སྨད་ལ་ནུབ་ཆོས་ལུང༌། འུ་ཡུག་སྙེ་མོ། གནམ་སྟོད་ལུང་སོགས་རིམ་པས་བརྒྱུད་ ནས་ཁྱད་པར་ལྷ་སར་ཕེབས་ནས་ཟླ་བ་བཅུ་གཅིག་བཞུགས། དབུས་ཕྱོགས་ཀྱི་བླ་མ་སློབ་ དཔོན་དགེ་བཤེས་དཔོན་སྐྱ། སྐྱེ་བོ་ཐམས་ཅད་ཀྱིས་ཞབས་ལ་གཏུགས། གང་ཕེབས་ཐམས་ ཅད་དུ་ཟབ་ལམ་རྡོ་རྗེ་རྣལ་འབྱོར་གྱི་ཁྲིད་དང༌། སྐྱེ་བོའི་ཚོགས་ལ་སེམས་བསྐྱེད་དང༌། ཡིག་ དྲུག་གི་ཆོས་ཁོ་ན་གནང༌། ལྷ་སར་བཞུགས་རིང་གདོན་གྱི་གནོད་པ་ལ་བཀའ་ཤོག་བསྒྲགས་ པ་ཙམ་གྱིས་ཕན་པས་བཀའ་ཤོག་ཞུ་བ་ཉིན་རེ་བཞིན་ཤིན་ཏུ་མང་སྟེ་མང་དུས་བརྒྱ་བརྒྱ་ ཙམ་བྱུང་སྐད། ཟབ་ལམ་གྱི་ཁྲིད་ལན་བདུན་གནང་བ་ལ་ཁྲིད་གྲྭ་སྔ་མ་རྣམས་ལ་བརྒྱ་ཙམ་ ཉིས་བརྒྱ་ཙམ། ལྔ་བཅུ་ཙམ་ཅི་རིགས་པ་ཡོད་ཅིང༌། ཁྲིད་རྟིང་མ་ཁྲིད་མོ་ཆེར་གྲགས་པ་ལ་ དམ་པོ་འདེབས་པ་སྟོང་དང་བརྒྱད་བརྒྱ་ལྷག་ཙམ་བྱུང༌། གྲངས་སུ་མ་བཅད་པ་ལ་ཟབ་ལམ་ སྒོ མ་མཁན་དཔག་ཏུ་མེད་དེ། སྤྲང་པོ་ཚུན་ཆད་ཀྱང་ཆོས་ལ་དད་པ་སྐྱེས་ནས་ལམ་སྲང་ རྣམས་སུ་དབེན་གསུམ་སྒོ མ་པ་དང༌། སྐྱེ་བོ་སྟོང་ཕྲག་མང་པོ་ལ་མཆོག་དབང་གོང་མ་གནང་ བས་མི་རྣམས་ལ་ལྟ་ཅི་སྨོ ས། སྲང་ཁའི་ཁྱི་ཚུན་ཆད་ལ་ཡེ་ཤེས་ཕེབས་པའི་རྣམ་འགྱུར་མང་ དུ་བྱུང༌། གཞན་ཡང་དུས་འཁོར་གྱི་རྒྱུད་འགྲེལ་ཚར་གཅིག འབུམ་གྱི་བཤད་པ་ཚར་གཅིག དབང་མདོར་བསྟན་ཚར་གཉིས། ནཱ་རོའི་འགྲེལ་ཆེན་དང༌། སེམས་འགྲེལ་ཆུང་བ་ཚར་ གཉིས། དབུ་མ་བསྟོད་ཚོགས་ཚར་གསུམ། སྙིང་པོའི་མདོ་བཅུ་དང༌། ངེས་དོན་རྒྱ་མཚོ་ སོགས་མང་དུ་གསུངས། སྙེ་མོ་ནས་འདིའི་བར་ལ་སྲོ ག་རྩོལ་གནང་བས་ཉམས་རྟོགས་ཚད་ དུ་ཕྱིན་པ་ཡང་ཉིས་བརྒྱ་ལྷག་ཙམ་བྱུང༌། ཕྱིར་ཕེབས་པའི་ཚེ་ཕྱག་འབུལ་བར་འོང་བའི་རྟ་ 2-1-47 ཁྲོམ་མི་ཁྲོམ་སྐྱང་ཐང་སྒང་ལ་མི་ཤོང་བ་ཙམ་བྱུང༌། དེ་ནས་ཀྱི་སྨད་དང༌། ཡར་འབྲོ ག་དང༌། ཉང་སྟོད་སོགས་སུ་རིམ་གྱིས་ཕེབས་ནས་དེ་ཀུན་ཏུ་ཡང་ཟབ་ལམ་གྱི་ཁྲིད་མང་དུ་གསུངས། ཤམ་པོ་རྩེ་ལྔ་ལ་བདེ་གཤེགས་སྙིང་པོའི་དོན་རྟོགས་པ་མང་དུ་འབྱུང་ཞེས་ལུང་བསྟན། ཐམས་ཅད་མཁྱེན་པ་གཉིས་པ་བུ་སྟོན་ཆེན་པོ་དང་འབེལ་གཏམ་མཛད་པར་བཞེད་ནའང་བུ་ སྟོན་ཆེན་པོས་རྩོད་པ་མཛད་མ་ནུས་ཞེས་གྲགས་པ་ཡང་དོན་ལ་གནས། སྔ་དུས་སུ་བུ་སྟོན་ ཆེན་པོས་ཇོ་ནང་གི་སྐུ་འབུམ་གཟིགས་པར་བཞེད་ནས་མནལ་ལམ་བཟུང་སྟེ་ཕེབས་པས་ཇོ་ མདར་ཕེབས་པ་ན། ཀུན་མཁྱེན་ཆེན་པོས་ཕཊ་ཅེས་གསུངས་པས་མནལ་སད་དེ་གཟིགས་ མ་ཐུབ་སོགས་ཀྱི་ལོ་རྒྱུས་ཡོད། གང་ཕེབས་ཐམས་ཅད་དུ་སེམས་བསྐྱེད་དང༌། ཡིག་དྲུག་གི་ ལུང་ཞུ་བ། དགེ་བསྙེན་ཕོ་མོ་ཞུ་བ། རབ་བྱུང་བསྙེན་རྫོགས་ཞུ་བ་སོགས་ཀྱང་རྒྱུན་མི་འཆད་ པ་བྱུང༌། སྐུ་མི་འདའ་བའི་སྔོ ན་ལོ་ལྔ་ཙམ་ནས་བཤང་གཅིའི་རྒྱུན་ཆད་པ་དང༌། སྔ་མོ་ནས་ གཏུམ་མོའི་བདེ་དྲོད་ཀྱི་འུར་ལང་པ་ཉིན་མཚན་དང་ཐུན་ཐུན་མཚམས་མེད། མ་ཟོས་བཀྲེས་ མེད་ཟོས་ཀྱང་འཇུ། །ཞེས་པའི་ཚུལ་གྱིས་རེས་འགའ་ཞག་གྲངས་མང་པོར་ཟས་མ་གསོལ་ ཀྱང་བཀྲེས་པ་མེད་ཅིང་སྟོབས་དང་ལྡན་པ་དང་རེས་འགར་ཉིན་ཞག་རེར་མི་ཟས་མང་པོ་ གསོལ་ཡང་མི་འཇུ་བ་མེད་ཅིང་ལེགས་པར་འབྱོངས་པའི་བདག་ཉིད་ཅན་མི་ཕལ་བ་གཞན་ དང་ཡེ་མི་འདྲ་བའི་གསང་བདག་སེམས་དཔའ་ཆེན་པོའི་ངང་ཚུལ་ཅན་ནོ། ། གསུམ་པ་ཐ་མར་མཛད་པ་རྫོགས་ཚུལ་ནི། དེ་ནས་ཇོ་ནང་དུ་ཕྱག་ཕེབས་ནས་ལོ་གཉིས་ ཙམ་ཉེ་བ་ན། འཚོགས་པ་ཆེན་པོའི་དབུ་ནས་བཞུགས་ཏེ་དེ་རྣམས་ལ། ངེས་དོན་རྒྱ་མཚོ་ ཁྱེད་རྣམས་ཀྱི་ཆོས་སྐལ་ཡིན་གསུངས་ནས་སྐུའི་གཟི་མདངས་གསལ་བ་ནམ་མཁའ་སྒྲ་དང་ མེ་ཏོག་གི་ཆར་འཇའ་འོད་ཀྱིས་ཁེངས་སོ། །ཞལ་ནས། བོད་ཡུལ་འདིར་དབྱར་དྲོ་དགུན་ འཁྱགས་པས་ངའི་བག་མི་སྤྲོ། ད་ལོ་ནི་དྲོ་ས་ཞིག་སྙོགས་དགོས་གསུངས། ཉེ་གནས་དངོས་ 2-1-48 གྲུབ་དཔལ་ན་རེ། དྲོ་ས་གང་དུ་གཤེགས་ཞུས་པས། བདེ་བ་ཅན་དུ་འགྲོ་གསུངས། གཟིམས་ ཁང་བདེ་བ་ཅན་དུ་གོ ད་ཆེ་བགྲེས་རྣམས་བོས་གསང་གྲོས་ཤིག་བྱེད་གསུངས། དེ་དག་སྐུ་ དྲུང་དུ་འདུས་པ་ལ་གསུང་གླེང་ཞལ་ཏ་སོགས་གནང་ནས། འདི་སྐད་ཅེས། སྐྲ་དཀར་ལྕགས་ ཀྱུས་བདག་གི་མགོ་ལ་བཏབ། །གཉེར་མའི་ཞགས་པས་ལུས་ནི་དམ་པོར་བཅིང། །རྟ་བདུན་ རྒྱལ་པོ་ནུབ་ཀྱི་ལ་ཁར་སླེབས། །དེ་ཕྱིར་ད་ལོ་འདི་ནས་བདག་ནི་འགྲོ། །གནས་འདི་སྤྲེལ་ འདྲ་ཉ་འདྲ་རྨ་བྱ་འདྲ། །སྤྲེལ་འདྲའི་དུས་སུ་བུ་ཆེན་ཁྱེད་རྣམས་ཀྱང༌། །ང་ལྟར་ལྟ་སྒོ མ་སྤྱོད་ འབྲས་ཡང་དག་སྤྱོད། །བསྟན་པ་འཛིན་པའི་དགེ་སློང་མང་དུ་འབྱུང༌། །དམ་ཆོས་མ་ལུས་ རྒྱས་པར་རབ་ཏུ་སྟོན། །ཞེས་སོགས་ལུང་བསྟན་བསམ་གྱིས་མི་ཁྱབ་པ་གནང་སྟེ། དགུང་ལོ་ བདུན་ཅུར་སོན་པ་ཕྱི་ལོ། ༡༣༦༡ རབ་ལོ། ༣༣༥ མཆན། ལྕགས་མོ་གླང་གི་ལོའི་དགུན་ཟླ་ར་བ་ཡར་ ངོའི་ཚེས་དྲུག་གི་སྲོད་ཐུན་དང་པོའི་དུས་སུ་གཟུགས་སྐུ་ཆོས་དབྱིངས་སུ་བསྡུ་བར་མཛད་ དོ། །དེ་ཚེ་ས་གཡོ་བ་དང་འཇའ་འོད་མེ་ཏོག་གི་ཆར་སོགས་ངོ་མཚར་བའི་ལྟས་དང་བཅས་ ཞག་བདུན་ཐུགས་དམ་མ་གྲོལ་བའི་སྐབས་བར་ཕུག་ནས་འཇད་ཀྱི་བར་གཙང་པོ་ཉིས་ལྡབ་ ཏུ་བྲི ། དེ་ནས་རྒྱུད་ལས། སངས་རྒྱས་ཀུན་ཀྱི་མཛོད་སྤུ་ཡི། །དཔྲལ་བར་ཟླ་བ་བདུད་རྩི་ཉ། །ཉི་རྡུལ་གསང་བར་གནམ་སྟོང་སྟེ། །གཙུག་ཏོར་ནོར་བུ་འདི་དག་གོ །ཞེས་གསུངས་པ་ལྟར། ཐུགས་དམ་གྲོལ་བའི་ཚེ་བྱང་ཆུབ་ཀྱི་སེམས་དབུ་གཙུག་ནས་ལུད་པའི་སྐབས་ཇོ་མདར་ཇ་ སྦྱོར་གཅིག་ཙམ་གྱི་ཡུན་ལ་གཙང་པོ་གྱེན་དུ་ལོག་ནས་ཆད་དེ་བར་ལ་མི་འགའ་རེས་འགྲོ་ འོང་བྱས། དེ་ནས་སྤུར་སྦྱང་བའི་ཚེ་དུ་བ་ཐམས་ཅད་འཇའ་འོད་དུ་སོང་བ། འོད་གསལ་རྫ་མ་ ལྟ་བུས་ཁྱབ་ཅིང་བར་སྣང་ལ་རོལ་མོའི་སྒྲ་དང་དྲི་བཟང་སོགས་ངོ་མཚར་བའི་ལྟས་མང་པོ་ དང༌། གདུང་རུས་ལ། སྒལ་ཚིགས་དུས་འཁོར་ཕྱག་མང༌། དཔྲལ་བར་རྟ་མགྲིན་ཡང་གསང༌། དཔུང་གཡས་མི་གཡོ་བ། ལྟག་པར་སངས་རྒྱས་ཐོད་པ། ཕྱག་མཛུབ་སྤྱན་རས་གཟིགས་ 2-1-49 སོགས་ལྷ་སྐུ་འབུར་དོད་མང་པོ་དང༌། སྟོང་ཆེན་ཡིག་ལྔ་སོགས་གསུང་རྟེན་མང་པོ། དུང་ དཀར་གཡས་འཁྱིལ་སོགས་ཐུགས་རྟེན་མང་པོ་རིང་བསྲེལ་གྱི་ཚོགས་དང་བཅས་དཔག་ཏུ་ མེད་པའི་ངོ་མཚར་བ་ཆེས་མང་ལགས། རྗེ་ཇོ་ནང་པ་ཆེན་པོ་གང་གི་དངོས་སློབ་སངས་རྒྱས་བྱང་སེམས་ཀྱི་རྣམ་འཕྲུལ་ཐུགས་ སྲས་བཅུ་གསུམ་དང་དེ་དག་གི་སློབ་མ་གཅིག་སྟེ་བཅུ་བཞི་པོ་མདོ་ཙམ་སྨྲོས་ན། དང་པོ་ནམ་སྙིང་སྤྲུལ་པ་ཀུན་སྤངས་ཆོས་གྲགས་དཔལ་འཁྲུངས་ཡུལ་རྭ་ལུང་དུ་ཕྱི་ལོ། ༡༢༨༣ རབ་ལོ། ༢༥༧ མཆན། ཆུ་མོ་ལུག་ལ་ངོ་མཚར་བའི་ལྟས་བཅས་སྐུ་འཁྲུངས། དགུང་ལོ་ལྔ་ ལ་རིག་གནས་སྣ་ཚོགས་ལས་མཁས་པར་བྱས། བདུན་ལ་ཆོས་སྒོ ར་ཞུགས་ཏེ་འདུལ་མངོན་ ཚད་མ་སྒྲ་རིག་སོགས་ལ་མཁས་པའི་གནས་ཐོབ། ཉེར་གཅིག་ལ་དབུས་གཙང་གཉིས་སུ་ གྲྭ་སྐོར་མཛད་ཅིང་མཁས་མང་ལ་ཆོས་གསན། ཉེར་གསུམ་སྐོར་ནས་ཇོ་ནང་དུ་ཡོན་ཏན་ རྒྱ་མཚོའི་དྲུང་ནས་བསྙེན་རྫོགས་མཛད། ཉེར་ལྔ་ལ་ཀུན་མཁྱེན་ཆེན་པོ་དང་མཇལ་ནས་ གདམས་ངག་མཐའ་དག་གནང༌། སྟོན་པ་ཡེ་དཔལ་གྱིས་ཆུ་བཟང་གི་དགོན་པ་ཕུལ་དེར་ འཆད་ཉན་བཙུགས། ཆོས་རྗེའི་སྐུ་ཚབ་རྒྱ་ནག་ཏུ་ཕེབས། གསུང་ཆོས་གཞི་ལམ་འབྲས་ གསུམ་གྱི་རྣམ་ཀཞག རྒྱུད་སྡེའི་དབྱེ་བ། རྩིས་སོགས་མང་པོ་མཛད། འདིས་ཀྱང་ལོ་ཙཱ་ མཁྱེན་པས་འཇམ་དཔལ་ལྟ་འདོད་སོགས་བསྒྱུར། ཕྱི་ལོ། ༡༣༦༣ རབ་ལོ། ༣༣༧ མཆན། ཆུ་ཡོས་ ལོར་དགུང་ལོ་གྱ་གཅིག་ཏུ་སྡིག་ཅན་བྱང་བ་སིདྡྷིས་བཀྲོངས་ནས་ངོ་མཚར་བའི་ལྟས་བཅས་ འདས་སོ། ། གཉིས་པ་སྒྲིབ་སེལ་སྤྲུལ་པ་ལོ་ཙཱ་བ་བློ་གྲོས་དཔལ་ཕྱི་ལོ། ༡༢༩༩ རབ་ལོ། ༢༧༣ མཆན། ས་མོ་ ཕག་ལོར་མདོ་སྨད་དུ་འཁྲུངས། དགུང་ལོ་ལྔའི་བར་མའི་ནུ་ཞོ་མ་གསོལ་མ་ཎི་དང་ཆོས་སྒྲ་ མང་པོ་རང་ཤེས་ཀྱིས་གསུངས། ལོ་བཅོ་ལྔ་མན་ལ་ཕར་ཚད་མངོན་འདུལ་སོགས་ལ་མཁས་ 2-1-50 པའི་གྲགས་པ་ཐོབ་པས་དབུས་གཙང་དུ་གྲྭ་སྐོར་མཛད། ཉེར་ལྔ་ལ་བྲག་རམ་དུ་དཔང་ལོ་ ལས་བརྡ་རིག་སོགས་གསན། དེས་ཀུན་མཁྱེན་ཆེན་པོའི་མཚན་སྙན་གསུངས་པ་ལ་བརྟེན་ ཇོ་ནང་དུ་ཆོས་རྗེའི་དྲུང་ནས་བོད་དུ་འགྱུར་ཚད་ཀྱི་བཀའ་འགྲེལ་ཞུས་མཐར་དགུང་ལོ་ཞེ་ གཅིག་སྐབས་ཇོ་ནང་གི་གདན་སར་བསྐོས་ཏེ་ཕྲིན་ལས་དར་ཞིང་རྒྱས། གསུང་ཆོས་བཀའ་ འགྲེལ། ངོ་སྤྲོད། ཕྲེང་བའི་ཐིག་སྐོར། རྩིས་སོགས་མང༌། དགུང་ལོ་ང་ལྔ་ཕྱི་ལོ། ༡༣༥༣ རབ་ལོ། ༣༢༧ མཆན། ཆུ་སྦྲུལ་ལོའི་རྒྱལ་ཟླའི་ཚེས་བརྒྱད་ལ་ངོ་མཚར་ལྟས་བཅས་ཞི་བར་གཤེགས་སོ། ། གསུམ་པ་བྱམས་པའི་སྤྲུལ་པ་ས་བཟང་མ་ཏི་པཎ་ཆེན་ཕྱི་ལོ། ༡༢༩༤ རབ་ལོ། ༢༦༨ མཆན། ཤིང་ ཕོ་རྟ་ལ་མངའ་རིས་སུ་འཁྲུངས། བཙས་མ་ཐག་གོམ་གསུམ་བཞེས་ནས་བྱམས་པའི་སྤྲུལ་ པའི་འགྲོ་དོན་མཛད་ཚུལ་གྱི་ཚིགས་བཅད་གསུངས། དགུང་ལོ་བཞི་ནས་བྱམས་པའི་ཆོས་ ལྔ་ཁ་ཏོན་མཛད། ལོ་བཅོ་ལྔ་སྐོར་ནས་མཁས་པའི་གྲགས་པ་ཆེན་པོ་ཐོབ་ཅིང་དབང་ལུང་ མན་ངག་མང་པོ་གསན། ལོ་ཉེར་ལྔར་ཞྭ་ལུར་བྱོན་ནས་མཁན་ཆེན་དྲུང་ནས་བསྙེན་རྫོགས་ མཛད། དེར་དབྱར་ཆོས་མཁའ་འགྲོ་རྒྱ་མཚོའི་རྒྱུད་གསུངས་པའི་ཆོས་གྲྭར་ཀུན་མཁྱེན་ཆེན་ པོའི་རྣམ་ཐར་གསན་པས་དད་པས་དབང་མེད་དུ་ཇོ་ནང་ལ་བྱོན་ཏེ་ཆོས་རྗེ་ཉིད་ལ་མངའ་ བའི་ཆོས་ཡོངས་རྫོགས་ཞུས་ཏེ་ཀུན་ལ་མཁས་པའི་ཐུགས་སྲས་མཆོག་ཏུ་གྱུར། གཞན་ཀུན་ སྤངས་ཆོས་གྲགས་དཔལ་དང་ལོ་ཙཱ་བློ་བརྟན་གཉིས་ལས་ཀྱང་ཆོས་བཀའ་རིག་གནས་མང་ པོ་ཞུས། བླ་མ་ཟླ་བ་རྒྱལ་མཚན་གྱིས་ས་བཟང་དགའ་ལྡན་དགོན་གཞི་རྟེན་བཅས་ཕུལ་ནས་ དེར་ཆོས་མང་གསུངས། བྱམས་གླིང་དུ་སྡེ་བ་དོལ་བ་བསྐུལ་ནས་ཇོ་ནང་དཔལ་གྱི་མཆོད་ རྟེན་ཚད་ལྡན་བཞེངས། གསུང་ཆོས། སྒྲ་ཊཱིཀ སྤྱོད་འགྲེལ། བླང་དོར་རབ་གསལ། རྩིས་ ཐིག་རྩ་སོགས་མང༌། དགུང་ལོ་གྱ་གསུམ་ཕྱི་ལོ། ༡༣༧༦ རབ་ལོ། ༣༥༠ མཆན། མེ་འབྲུག་ལོའི་ཐ་སྐར་ 2-1-51 ཟླ་བའི་ཚེས་བཅོ་ལྔ་ལ་ངོ་མཚར་དུ་མ་བཅས་སྐུ་གཤེགས་སོ། ། བཞི་པ་ཀུན་བཟང་སྤྲུལ་པ་འབྲི་གུང་ལོ་ཙཱ་བ་མ་ཎི་ཀ་ཤྲི་ཕྱི་ལོ། ༡༢༩༩ རབ་ལ། ༢༧༣ མཆན། ས་ མོ་ཕག་ལ་ཡུལ་སྐྱེར་ཕུར་འཁྲུངས། ལོ་གསུམ་ན་བཟང་སྤྱོད་སཾ་སྐྲི་ཏའི་སྐད་ཀྱིས་བཏོན། ལོ་ བཅོ་ལྔ་མན་ཕར་ཚད་མངོན་འདུལ་སོགས་ལ་མཁས་པར་བྱས། ཁྱད་པར་ལེགས་སྦྱར་གྱི་སྒྲ་ ལ་བསླབས་པས་ལོ་ཙཱ་མཆོག་ཏུ་གྱུར། འབྲི་གུང་གདན་ས་མཛད་པས་དགོན་གྱི་འགྲིགས་ ལམ་བཟང་པོར་སོང༌། ལོ་ཉེར་གཅིག་སྐབས་ཀུན་མཁྱེན་ཆེན་པོ་སྙེ་ཐང་དུ་བྱོན་པ་དང་ མཇལ། དུས་ཀྱི་འཁོར་ལོའི་དབང་ལུང་སོགས་ཟབ་ཆོས་དཔག་མེད་གསན་པས་རྩ་བའི་བུ་ ཆེན་དུ་གྱུར། རབ་འབྱམས་པ་ཉེར་ལྔ་ལ་བརྩད་པས་རྒྱལ་ཏེ་ལུང་རིགས་ཀྱིས་གཞན་སྟོང་ གཏན་ལ་ཕབ། ཇོ་ནང་དུ་ལོ་བརྒྱད་བཞུགས་ནས་རྒྱུད་འགྲེལ་གསུངས། དགུང་ལོ་དོན་ལྔ་ མཁའ་ལྡི ང་ཕུང་པོའི་རི་ཁྲོད་དུ་ཕྱི་ལོ། ༡༣༧༣ རབ་ལོ། ༣༤༧ མཆན། ཆུ་མོ་གླང་ལོའི་དཔྱིད་ཟླ་ར་ བའི་ཚེས་བཅུ་ལ་ངོ་མཚར་དང་བཅས་གཤེགས་སོ། ། ལྔ་པ་གསང་བདག་སྤྲུལ་པ་ཞང་སྟོན་རྒྱ་བོ་བསོད་ནམས་གྲགས་ཕྱི་ལོ། ༡༢༩༢ རབ་ལོ། ༢༦༦ མཆན། ཆུ་ཕོ་འབྲུག་ལོར་ཡུལ་སྐྱིད་ཤོད་དུ་འཁྲུངས། དགུང་ལོ་དྲུག་ནས་བསླབ་སྦྱངས་ཀྱིས་ མཁས་གནས་ཐོབ། ལོ་བཅུ་བཞི་སྐོར་ནས་ཕར་ཚད་སོགས་དང༌། སྒྲ་རིག་སོགས་བྱང་ཆུབ་ པས་ལ་སྟོད་ཞྭ་ལུ་སོགས་ལ་གྲྭ་སྐོར་མཛད་དུས་རྗེ་རང་བྱུང་པས་ཀུན་མཁྱེན་ཆེན་པོའི་མཛད་ སྤྱོད་གསུངས་པས་དད་པ་འཁྲུངས་ཏེ་ཆོས་རྗེའི་དྲུང་ནས་རྭ་འབྲོའི་དུས་འཁོར་དབང་སོགས་ ཟབ་ཁྲིད་དཔག་མེད་གསན་ཉམས་རྟོགས་ཕུན་སུམ་ཚོགས་པ་སྐྱེས། གཞན་ཡང་སེམས་ འགྲེལ་སོགས་ཟབ་བཀའ་མང་པོ་ཞུས། རེ་བཞི་ལ་ལྷ་དབང་བས་དཔལ་སྟེང་གི་དགོན་གཞི་ ཕུལ་དེར་གཙུག་ལག་ཁང་དང་རྟེན་གསུམ་བཞེངས། ལོ་བཅོ་ལྔར་རྒྱུད་འགྲེལ་གསུངས་པས་ བུ་སློབ་མཁས་པ་མང་པོ་བྱུང༌། དཀའ་འགྲེལ་སོགས་གསུང་ཆོས་ཀྱང་ཡོད། དགུང་ལོ་དོན་ 2-1-52 དགུ་ཕྱི་ལོ། ༡༣༧༠ རབ་ལོ། ༣༤༤ མཆན། ལྕགས་ཕོ་ཁྱི་ལོའི་དབྱར་ཟླ་ར་བའི་ཚེས་བཅོ་བརྒྱད་ལ་ ཕུལ་བྱུང་མཛད་པས་འདས་སོ། ། དྲུག་པ་ལོ་ཙཱ་རིན་ཆེན་བཟང་པོའི་རྣམ་འཕྲུལ་ཐང་བོ་ཆེ་ཀུན་དགའ་འབུམ་ཕྱི་ལོ། ༡༣༣༡ རབ་ལོ། ༣༠༥ མཆན། ལྕགས་མོ་ལུག་ལོར་ཡུལ་གླིང་སྟོད་དུ་འཁྲུངས། དགུང་ལོ་བཅུ་གཉིས་སུ་ ཕར་ཚད་མངོན་འདུལ་སོགས་ཀྱི་དོན་ཐུགས་སུ་ཆུད་དེ་རྩོད་རྒྱལ་དུ་གྲགས་ཤིང་རྗེས་ནས་ དབང་ཁྲིད་གཞུང་འགྲེལ་སོགས་མང་དུ་གསན་པས་དཀའ་བཅུ་ཚད་ལྡན་དུ་གྲགས། དེ་ཚེ་ བསྟན་པ་སྤྱི་འགྲེལ་གསོལ་འདེབས་ཀྱི་ཡི་གེ་གཟིགས་པས་ཀུན་མཁྱེན་ཆེན་པོ་ལ་མོས་གུས་ སྐྱེས་ནས་ཇོ་ནང་དུ་ཆོས་རྗེའི་དྲུང་ནས་དབང་བཀའ་ཟབ་ཁྲིད་མང་པོ་ཞུས་ནས་ཉམས་མྱོང་ ཁྱད་པར་ཅན་བྱུང༌། མདོ་སྔགས་ཀྱི་གཞུང་ལུགས་མང་པོ་གསན། དགུང་ལོ་ཞེ་བརྒྱད་རྟ་ ནག་ཏུ་སློབ་དཔོན་རིན་ཆེན་བཟང་པོའི་རྒྱལ་ཚབ་ལ་བཞུགས། ལོ་དྲུག་གི་རིང་རྒྱུད་འགྲེལ་ སོགས་ཟབ་ཆོས་རྒྱ་ཆེར་གསུངས་པས་དེར་སློབ་མ་མང་པོ་བྱུང༌། ལོ་ང་བདུན་སྟེང་ཡར་ལུང་ དུ་གདན་དྲངས་ནས་སློབ་དཔོན་ཡེ་དཔལ་གྱིས་དགོན་པ་གཏད། དེར་རྟེན་གསུམ་བཞེངས། རྒྱུད་འགྲེལ་གྱི་འཆད་ཉན་མཛད། རྡོར་ཕྲེང་གི་ཐིག་རྩ་སོགས་གསུང་ཆོས་མཛད་ནས་ཡོད། དགུང་ལོ་དོན་གཉིས་ཕྱི་ལོ། ༡༤༠༢ རབ་ལོ། ༣༧༦ མཆན།ཆུ་རྟའི་ལོ་ལྔ་པའི་ཚེས་བརྒྱད་ལ་ཡ་མཚན་ དང་བཅས་དབྱིངས་སུ་ཐིམ་མོ། ། བདུན་པ་འཇམ་དཔལ་གྱི་སྤྲུལ་པ་སྨན་ཆུ་ཁ་པ་བློ་གྲོས་རྒྱལ་མཚན་ཕྱི་ལོ། ༡༣༡༤ རབ་ལོ། ༢༨༨ མཆན།ཤིང་ཕོ་སྟག་གི་ལོར་ཡུལ་སྐྱིད་ཤོད་སྟོད་ལུང་དུ་འཁྲུངས། དགུང་ལོ་བཅུ་གསུམ་ མན་ཆད་དུ་ཐུན་མོང་རིག་གནས་དང་འདུལ་ལུང་སྡེ་བཞི་ལ་མཁས་པར་མཛད། ལོ་སོ་ གསུམ་དུ་ཚད་མ་རྣམ་ངེས་ཀྱི་ཚིག་དོན་ཀུན་ཐུགས་སུ་ཆུད་དེ་རྩོད་རྒྱལ་དུ་གྲགས། དེ་རྗེས་ ཀུན་མཁྱེན་ཆེན་པོ་ས་སྐྱར་གདན་དྲངས་ཏེ་ཕེབས་སྐབས་རྨི་ལམ་དུ་རྡོ་རྗེ་ཕག་མོས་ལུང་ 2-1-53 བསྟན་པ་ལྟར་མཇལ་ཏེ་དབང་ལུང་བཀའ་འགྲེལ་མཐའ་དག་གསན། ལོ་ཞེ་བརྒྱད་དུ་ཆོས་ གྲགས་དཔལ་གྱི་མདུན་དུ་དབང་བཀའ་མང་པོ་ཞུས། ལོ་ཙཱའི་བློ་གྲོས་དཔལ། མཆན། དྲུང་ནས་ ཕྲེང་བ་སྐོར་གསུམ་སོགས་གསན། ཆོས་རྗེ་ཕྱོགས་པ་ལས་དབང་རྒྱུད་བཤད་སོགས་ཞུས་དེ་ དང་ལྷན་དུ་འགྲོ་དོན་ཆེར་མཛད། དབོན་ལྷུན་དཔལ་གྱིས་བཀྲ་ཤིས་སྨན་ཆུའི་རི་ཁྲོད་ཕུལ་ ཏེ་རྗེས་སུ་དེར་བཞུགས་འཆད་ཉན་རྒྱས་པར་མཛད། རྨི་ལམ་གྱི་ལྟས་བཟང་དང་བསྟུན་ ས་བཟང་པཎ་ཆེན་ཉིད། མཆན། རི་ཁྲོད་དུ་གདན་དྲངས་ནས་བྱམས་ཆོས་སོགས་ཞུས། གཤིས་ ལུགས་ཅང་མེད་དུ་འདོད་པ་དག་ལ་གསུང་རབ་ཚད་མ་དཔང་བཞག་བྱས་ཏེ་ལུང་རིགས་ ཀྱི་རྩོད་པ་ལས་རྒྱལ། སྨན་ཆུར་རྟེན་གསུམ་བཞེངས་བརྟགས་གཉིས་ཀྱི་འགྲེལ་བ་སོགས་ མཛད། དགུང་ལོ་དོན་དྲུག་ཕྱི་ལོ། ༡༣༨༩ རབ་ལོ། ༣༦༣ མཆན། ས་མོ་སྦྲུལ་ལོའི་ཚེས་བཅུའི་སྔ་དྲོ་ལ་ ངོ་མཚར་དང་བཅས་ཞི་བར་གཤེགས་སོ། ། བརྒྱད་པ་ཐོགས་མེད་སྤྲུལ་པ་ཆོས་རྗེ་རིན་ཚུལ་བ་ཕྱི་ལོ། ༡༢༩༧ རབ་ལོ། ༢༧༡ མཆན། མེ་མོ་བྱ་ ཡི་ལོར་ཡུལ་བྱ་རྫིང་དུ་འཁྲུངས། དགུང་ལོ་བརྒྱད་ནས་བསྟན་པ་ལ་ཞུགས་ཏེ་སྐྱེས་བུ་དམ་པ་ མང་པོ་བསྟེན་ནས་མདོ་སྔགས་ཀྱི་གཞུང་ལུགས་ལ་མཁས་པར་སྦྱང༌། དབང་ལུང་མན་ངག་ རྒྱ་ཆེར་གསན། ཁྱད་པར་རྗེ་རང་བྱུང་པས་ལུང་བསྟན་ལྟར་ཇོ་ནང་དུ་ཀུན་མཁྱེན་ཆེན་པོ་དང་ མཇལ་ནས་མདོ་རྒྱུད་མཐའ་དག་གསན་ཅིང་ཉམས་རྟོགས་ཁྱད་པར་ཅན་བྱུང༌། ཀུན་སྤངས་ ཆོས་གྲགས། ལོ་ཙཱ་བ།བློ་གྲོས་དཔལ། མཆན། ས་བཟང་གསུམ་ལ་ཆོས་མང་ཞུས། ལོ་ང་བརྒྱད་དུ་ མཁན་ནོར་བཟང་གིས་སྟོད་ལུང་རྣམ་རྒྱལ་དགོན་ཕུལ་ནས་དེར་རྟེན་གསུམ་བཞེངས། གུང་ ཐང་དུ་སྦྱོར་དྲུག་སོགས་ཆོས་མང་གསུངས། མཚན་ཉིད་པ་མང་པོ་ཕར་ཚད་ཀྱི་བགྲོ་གླེང་ གིས་ཕམ་པར་མཛད། སླར་རྣམ་རྒྱལ་དགོན་དུ་རྒྱུད་འགྲེལ་སོགས་གསུངས་ཤིང༌། ཚོགས་ གཉིས་ལམ་འཇུག་གི་བཤད་པ་ཆེ་ཆུང་སོགས་ཀྱང་མཛད། ཆོས་རྗེ་རྒྱ་ནག་གིས་གདན་ 2-1-54 འདྲེན་སྐབས་ལྷ་སའི་ཇོ་ཁང་དུ་ཆོས་རྗེའི་སྐུ་འདྲ་ཉིད་ཀྱིས་བཞེངས་དགུང་ལོ་དོན་གཉིས་ཕྱི་ ལོ། ༡༣༦༨རབ་ལོ། ༣༤༢ མཆན།ས་ཕོ་སྤྲེལ་ལོའི་ལྔ་པའི་བཅུ་དྲུག་ལ་རྟགས་དང་བཅས་སྐུ་གཤེགས་ སོ། ། དགུ་བ་ཨརྱ་དེ་ཝའི་སྤྲུལ་པ་གྷ་རུང་བ་ལྷའི་རྒྱལ་མཚན་ཕྱི་ལོ། ༡༣༡༩ རབ་ལོ། ༢༩༣ མཆན། ས་ མོ་ལུག་གི་ལོར་ཡུལ་སྡེ་ཐང་དུ་འཁྲུངས། ཆུང་ངུ་ནས་སྐྱེས་ཆེན་མང་པོ་བསྟེན་ནས་ཕར་ཚད་ མངོན་འདུལ་སོགས་གཞུང་ལུགས་ལ་མཁས་པར་སྦྱངས་ནས་དགུང་ལོ་ཉི་ཤུ་སྐོར་ནས་དོན་ ཀུན་ཁོང་དུ་ཆུད། དེ་ནས་གུང་ཐང་དུ་མཁས་པ་མང་པོ་དང་རྩོད་པ་མཛད་པས་ཕ་རོལ་སྨྲ་བ་ ཟིལ་གྱིས་མནན། གཞན་ཡང་མཁས་གྲུབ་མང་པོ་ལས་ཆོས་གསན་མཐར་ཀུན་མཁྱེན་ཆེན་ པོའི་སྙན་གྲགས་གསན་པས་དེར་གུས་པས་ཞབས་ལ་གཏུགས་ནས་མདོ་སྔགས་ཀྱི་ཆོས་མང་ པོ་ཞུས་པས་དག་སྣང་དཔག་མེད་འཕེལ། ཆོས་གྲགས་དཔལ། ལོ་ཙཱ་བ།བློ་གྲོས་དཔལ། མཆན། ས་ བཟང༌། ཆོས་རྗེ་ཕྱོགས་པ། ཉ་དབོན་པ་རྣམས་ལས་ཀྱང་ཆོས་མང་གསན། གྷ་རུང་ཆོས་སྡེར་ སློབ་དཔོན་ཆོས་གྲགས་ཀྱིས་གདན་ས་གཏད་དེར་ལོ་མང་འཆད་ཉན་མཛད། དེ་ནས་མཁན་ བྱང་ཆུབ་བཟང་པོས་གནས་ཆེན་ནམ་མཁའ་མཛོད་ཀྱི་དགོན་ཕུལ་ནས་དེར་བཞུགས་ཏེ་རྟེན་ གསུམ་བཞེངས་རྒྱུད་འགྲེལ་སོགས་ཆོས་མང་གསུངས། དགུང་ལོ་གྱ་གཅིག་ཕྱི་ལོ། ༡༣༧༧ རབ་ ལོ། ༣༥༡ མཆན། མེ་སྦྲུལ་ལོའི་དྲུག་པའི་ཚེས་བརྒྱད་དུ་རྟགས་དང་བཅས་གཤེགས་སོ། ། བཅུ་པ་ཤཱཀྱ་བཤེས་གཉེན་གྱི་སྤྲུལ་པ་ཆོས་རྗེ་ཕུན་ཚོགས་དཔལ་ཕྱི་ལོ། ༡༣༠༤ རབ་ལོ། ༢༧༨ མཆན། ཤིང་འབྲུག་ལོར་ཡུལ་འཕན་ཡུལ་དུ་འཁྲུངས། དགུང་ལོ་བཅུ་དྲུག་ནས་བཟུང་སྟེ་ སྐྱེས་བུ་དམ་པ་དུ་མའི་མདུན་ནས་ཕར་ཚད་མངོན་འདུལ་སོགས་གཞུང་ལུགས་ལ་མཁས་ པར་བྱས། རྗེ་རང་བྱུང་བ་དང༌། རྟོགས་ལྡན་གྲགས་སེང་གི་དྲུང་ནས་དབང་བཀའ་སོགས་ མང་པོ་གསན། དེ་སྐབས་ངེས་དོན་རྒྱ་མཚོའི་དཔེ་ཆ་གཟིགས་པས་ཀུན་མཁྱེན་ཆེན་པོ་ལ་ 2-1-55 དད་པ་སྐྱེས་ཏེ། ཆོས་རྗེ་སྣར་ཐང་དུ་བྱོན་པ་དང་མཇལ་དུས་ཀྱི་འཁོར་ལོའི་དབང་དང་སྦྱོར་ དྲུག་གསན་པས་ཉམས་མྱོང་ཁྱད་པར་ཅན་བྱུང་བའི་ངང་ནས་སྐུའི་སྐྱེ་བ་དྲན་པའི་མགུར་གླུ་ གསུངས་ཤིང༌། ཆོས་རྗེའི་མདུན་དུ་རྒྱུད་འགྲེལ་སོགས་ཟབ་བཀའ་མང་པོ་ཞུས་ཏེ་གསང་ ཕུར་གདན་དྲང་བའི་ཚེ་ཆོས་རྗེས་ཞལ་ཏ་གསུང་མགུར་དང་བཅས་གནང༌། བུ་སྟོན་སོགས་བླ་ མ་མང་པོ་ལས་ཆོས་ཞུས། དེ་ནས་གསང་ཕུ་སོགས་ཆོས་སྡེ་མང་པོ་ལ་ཆོས་མང་དུ་གསུངས། ལྷ་སར་སེ་འབྲས་གྱི༌། མཆན། འདུས་སྡེ་མང་པོ་དང་རྩོད་པ་བྱས་པས་ཐམས་ཅད་གུས་པར་མཛད། འཕན་ཡུལ་དུ་ཀ་ལཱ་པ་ཞེས་པའི་རི་ཁྲོད་བཏབ་ཅིང་རྟེན་གསུམ་བཞེངས། དེར་ཁམས་དབང་ དང་མཐུན་པའི་ཆོས་མང་གསུངས། རྣམ་འཇོམས་གཟུངས་ཀྱི་ཊཱི་ཀ་སོགས་གསུང་ཆོས་ཀྱང་ མཛད། དགུང་ལོ་དོན་བཞི་ཕྱི་ལོ། ༡༣༧༧ རབ་ལོ། ༣༥༡ མཆན། མེ་སྦྲུལ་ལོའི་དྲུག་པའི་ནང་རྟགས་ དང་བཅས་ཞི་བར་གཤེགས་སོ། ། བཅུ་གཅིག་པ་གྲུབ་ཆེན་ཡུ་མོའི་སྤྲུལ་པ་ཐང་སྟོན་ཆུང་བ་བློ་གྲོས་དཔལ་ཕྱི་ལོ། ༡༣༡༣ རབ་ལོ། ༢༨༧ མཆན། ཆུ་མོ་གླང་གི་ལོར་ཡུལ་དབུས་སུ་འཁྲུངས་ལྷ་རྣམས་ཀྱིས་ཁྲུས་གསོལ་བ་ སོགས་ངོ་མཚར་བའི་ལྟས་བཅས་བཙས་མ་ཐག་གོམ་གཅིག་བོར་བའི་ཁར་བཞེངས་ནས་ སྔོ ན་གནས་ཕྱི་མཐའ་སོགས་ཀྱི་ཚིགས་བཅད་གསུངས། དགུང་ལོ་དྲུག་ནས་རབ་ཏུ་བྱུང་སྟེ་ དམ་པ་དུ་མའི་མདུན་ནས་ཕར་ཚད་མངོན་འདུལ་སོགས་གཞུང་ལུགས་ལ་སྦྱང་ཞིང༌། དབང་ ལུང་མན་ངག་མཐའ་ཡས་པ་གསན་པས་མཁས་པའི་གྲགས་པ་ཐོབ། བླ་མ་དོན་ཡོད་རྒྱལ་ མཚན་དཔོན་སློབ་ཇོ་ནང་དུ་ཀུན་མཁྱེན་ཆེན་པོའི་དྲུང་དུ་ཆོས་ཉན་དུ་ཕེབས། རྗེས་སུ་ཇོ་ནང་ དུ་བྱོན་ཏེ་ཀུན་མཁྱེན་ཆེན་པོའི་མདུན་ནས་དུས་འཁོར་དབང་དང་སྦྱོར་དྲུག་སོགས་གསན་ པས་ཉམས་རྟོགས་ཁྱད་པར་ཅན་བྱུང༌། ཆོས་རྗེ་ལ་སྔོ ན་ཡུ་མོའི་སྒོ མ་ཐག་ཅིག་ཡོད་པ་ངོས་ བཟུང༌། ཡུ་མོ་དངོས་ཡིན་པའི་ལུང་བསྟན་ཡང་མཛད། ཕྱི་ནང་གི་ཆོས་སྐོར་ཐམས་ཅད་ 2-1-56 ལེགས་པར་ཞུས། ཆོས་གྲགས། ལོ་ཙཱ། ས་བཟང༌། ཕྱོགས་པ་སོགས་ལའང་ཆོས་མང་གསན། སྟོད་ལུང་རྣམ་རྒྱལ་དུ་གོང་མའི་རྒྱལ་ཚབ་མཛད་ནས་རྒྱུད་འགྲེལ་སོགས་ཀྱི་ཆོས་ཆར་ཕབ་ ནས་ཕྲིན་ལས་དར་རྒྱས་སུ་མཛད། དགུང་ལོ་དོན་དགུ་ཕྱི་ལོ། ༡༣༩༡ རབ་ལོ། ༣༦༥ མཆན། ལྕགས་ ལུག་ཟླ་བ་གཉིས་པའི་ཚེས་བརྒྱད་ལ་ཞིང་བརྗེས་ནས་ངོ་མཚར་བའི་རྟགས་བྱུང་ངོ༌། ། ༼༡༩༽ བཅུ་གཉིས་པ་ཀུན་མཁྱེན་ཆེན་པོའི་གདན་ས་འཛིན་པའི་མངའ་བདག ས་སྙིང་ སྤྲུལ་པ་ཕྱོགས་ལས་རྣམ་རྒྱལ་ཕྱི་ལོ། ༡༣༠༦ རབ་ལོ། ༢༨༠ མཆན། མེ་ཕོ་རྟ་ཡི་ལོར་མངའ་རིས་ཡ་ ཚ་རྒྱལ་པོའི་བླ་མཆོད་བླ་ཆེན་ཞིག་གི་སྲས་སུ་འཁྲུངས། ལོ་ཤས་གསང་ཚུལ་དུ་བཞུགས། དེ་རྗེས་གློ་བོར་བྱོན་ཡབ་ཁུ་བོ་སོགས་ལས་སྔགས་ཆོས་མང་པོ་དང་དབུ་མ་རྩ་འཇུག་སྤྱོད་ འཇུག་བཅས་མཁས་པར་སྦྱང༌། གཞོན་དུས་ཉིད་ནས་ཚོགས་བཤད་བྱས་པས་ཀུན་ངོ་ མཚར། དེ་ནས་དབུས་གཙང་དུ་འབྱོན་པར་བཞེད་ནས་གཅིག་པུར་བྲོ ས་ཏེ། གུང་ཐང་དང༌། ས་སྐྱར་བརྒྱུད་ནས་བྲག་རམ་དུ་བྱོན། ལོ་གཅིག་ཕར་ཚད་དབུ་གསུམ་སྦྱངས་པས་མཁས་ པར་མཁྱེན། དེ་ནས་གུང་ཐང་དུ་ལོ་གཉིས་རིང་སྦྱང་བ་ཆེར་མཛད་པས་གཞུང་ལུགས་ཐམས་ ཅད་ལ་མཁྱེན་པ་རྒྱས། དགུང་ལོ་ཉེར་གཅིག་ལ་དབུས་གཙང་ཀུན་དུ་གྲྭ་སྐོར་མཛད། དེ་ནས་ སྐུ་གཞོན་ནུ་གཞུང་ལུགས་ཀུན་ལ་མཁྱེན་པ་རྒྱས་ཤིང༌། ཐུགས་གསལ་བརྗོད་གཙང་རྩོད་པ་ ལ་འགྲན་གྱི་དོ་མེད་དུ་གྲགས། འཚལ་དཔོན་དགའ་བདེས། ཕྱོགས་ལས་རྣམ་རྒྱལ་དུ་མཚན་ གསོལ། ཚལ་གུང་ཐང་གི་ཟུར་ཆོས་ཀྱང་མཛད་སླར་བྲག་རམ་དུ་བྱོན་པ་ཞིག་ལ། ཀུན་ མཁྱེན་ཆེན་པོའི་གཞན་སྟོང་གི་གྲུབ་མཐའ་ལ་བརྟགས་དཔྱད་བྱེད་དགོས་དགོངས་ཏེ། ཇོ་ ནང་དུ་ཕེབས། ཆོས་རྗེས་སྐུ་འབུམ་ལ་བསྐོར་བ་བྱེད་པ་དང་མཇལ་ཏེ་བླ་བྲང་དུ་ཞག་བདུན་ ལ་འབེལ་གཏམ་ཤིན་ཏུ་འཕེལ་བར་མཛད་པས་གཞན་སྟོང་གི་གྲུབ་མཐའ་སངས་རྒྱས་ ཐམས་ཅད་ཀྱི་དགོངས་པ་ཆོས་ཐམས་ཅད་ཀྱི་ཆོས་ཉིད་དུ་ངེས་པ་རྙེད། གཞན་སྟོང་འགོག་ 2-1-57 བྱེད་ཀྱི་རྩོད་པ་རྣམས་ནི་རྣམ་པར་རྟོག་པའི་རི་མོ་ཙམ་ལས་དོན་ལ་མི་གནས་པར་མཁྱེན། ཀུན་མཁྱེན་ཆེན་པོ་ལ་མི་ཕྱེད་པའི་དད་པ་འཁྲུངས། དེ་སྐབས་ཆོས་འབྲེ ལ་ཅི་རིགས་གསན། སླར་དུས་འཁོར་གྱི་རྒྱུད་སོགས་ཐུགས་ལ་བཟུང་ནས་ཇོ་ནང་དུ་ཕེབས་དུས་ཀྱི་འཁོར་ལོའི་ དབང་ཞུས་ཟབ་ལམ་གྱི་ཁྲིད་བསྐྱངས་པས་ཉམས་རྟོགས་ཕུན་སུམ་ཚོགས་པར་འཁྲུངས། རྒྱུད་འགྲེལ་སྦྱངས་པས་ཚེགས་མེད་མཁྱེན། ཆོས་རྗེ་ལས་དབང་དང་མདོ་སྔགས་ཀྱི་བཤད་ པ་དཔག་མེད་གསན། ལོ་མང་མཆོད་གཡོག་ཀྱང་མཛད། བུ་སྟོན་ལས་ཕར་ཕྱིན་མཚན་ བརྗོད་གསན། ཤུག་ཕུག་ཏུ་བཤད་སྒྲུབ་ཀྱི་གྲྭ་ཆུང་ངུ་སྐྱོང་ཞིང་ལོ་ཤས་བཞུགས། ངམ་རིང་ གི་ཆོས་དཔོན་མཛད་ནས་ཕར་ཚད་ལ་བསྟན་བཅོས་མང་དུ་མཛད། འཆད་ཉན་འཕེལ་བར་ བཞུགས་སྐབས། ལོ་ཙཱ་བློ་གྲོས་དཔལ་སྐུ་འདས་ནས་ཇོ་ནང་གི་གདན་ས་ལོ་དྲུག་མཛད། ངམ་རིང་གི་ཆོས་དཔོན་དང་ཇོ་ནང་གི་གདན་ས་ལྷན་ཅིག་བཞག་ནས་སེ་མཁར་ཆུང་དུ་གཙོ་ བོར་ཐུགས་དམ་ལ་བཞུགས། ལོ་འགའ་ནས་ཀུན་མཁྱེན་ཆེན་པོ་གཤེགས། དེ་རྗེས་མི་རིང་ བར་ཚལ་གུང་ཐང་སོགས་སུ་དུས་འཁོར་གྱི་ཆོས་རྒྱ་ཆེར་སྤེལ། སྐུ་ཚེའི་སྨད་དུ་སླར་ཇོ་ནང་གི་ གདན་ས་མཛད། མངོན་ཤེས་ཐོགས་མེད་དུ་མངའ་བའི་ལོ་རྒྱུས་མང༌། དགུང་ལོ་དོན་གསུམ་ པ་ལ་སྐུ་དོགས་ཆེ་ཟེར་སྐབས་ཁམས་བསྙུང་ལ་རིམ་གྲོ་མཛད་པར་ཞུས་པས། རུང་སྟེ་གྱ་ གཅིག་གི་བར་བསྡད་ཆོག་གསུངས། ལོ་དོན་དགུ་ལ་ཁམས་ཤིན་ཏུ་བསྙེལ་སྐབས་ད་ལོ་མི་ འཆི་བའི་རང་དབང་ཡོད་གསུངས། བརྒྱད་ཅུ་པ་ལ་སྐུ་ཁམས་བཟང་ཡང་ད་གཟོད་ངེས་པར་ འགྲོ་དགོས་པ་ཡིན་གསུངས། ཐམས་ཅད་ཐོག་ཏུ་ཁེལ། ཕར་ཕྱིན་ཊཱི་ཀ་སོགས་གསུང་ཆོས་ མང་པོ་མཛད་ནས་དགུང་ལོ་གྱ་གཅིག་ཕྱི་ལོ། ༡༣༨༦ རབ་ལོ། ༣༦༠ མཆན། མེ་སྟག་ལོའི་ས་ཟླའི་བཅུ་ གཅིག་ཉི་ཤར་ལ་བདེ་བ་ཅན་དུ་ཕེབས་སོ། ། ༼༢༠༽ བཅུ་གསུམ་པ་འཇམ་དཔལ་སྤྲུལ་པ་ཉ་དཔོན་ཀུན་དགའ་དཔལ་ཕྱི་ལོ། ༡༢༨༥ རབ་ལོ། 2-1-58 ༢༥༩ མཆན། ཤིང་མོ་བྱའི་ལོར་ཐ་སྐར་ཟླ་བའི་ཚེས་བརྒྱད་ལ་ཡུལ་ཉང་པོར་འཁྲུངས། ཁམས་ པའི་དགེ་བཤེས་ཉ་དར་མ་རིན་ཆེན་གྱི་དབོན་པོ་ཡིན། ཆུང་ངུ་ནས་མཁྱེན་རབ་ཤིན་ཏུ་ཆེ། ཀུན་མཁྱེན་ཆེན་པོ་དང་ཡང་ཡང་མཇལ། དགོངས་དོན་ཐུགས་སུ་ཆུད་ཅིང་མོས་གུས་ཆེན་ པོ་ཅན་ཞིག་ཡིན་པ་དགུང་ལོ་ཉི་ཤུ་སྐོར་ལ་ཕྱག་ཞབས་གོད་དེ་འབྱོན་མ་ཐུབ། ཀླུ་གདོན་གྱི་ རྟོག་པ་བྱུང༌། ཀུན་མཁྱེན་ཆེན་པོ་ས་སྐྱར་ཕེབས་སྐབས་གྲོགས་ཀྱིས་ཁུར་ནས་བྱིན་རླབས་ ཞུ་རུ་བྱོན། བྱིན་རླབས་གནང་ལྗགས་བཏབ་ཙམ་གྱིས་བསྙུང་གཞི་ལས་འཕྲལ་དུ་གྲོལ། ཕྱིས་མདོ་སྔགས་ཀྱི་གཞུང་ཐམས་ཅད་ལ་མཁྱེན་པ་རྒྱས་ཤིང་རིག་པའི་དབང་ཕྱུག་ཆེན་པོར་ གྱུར། ཕྱོགས་ལས་རྣམ་རྒྱལ་ཡུན་རིང་བསྟེན་ཉམས་རྟོགས་ཀྱང་མཐར་ཕྱིན། དུས་འཁོར་ སོགས་མདོ་སྔགས་ཀྱི་ཆོས་མང་གསན། ས་སྐྱར་འཆད་ཉན་ཡུན་རིང་མཛད་སྐུ་ཚེའི་སྨད་ལ་ བློ་གསལ་དྲུག་བརྒྱ་ཙམ་གྱིས་བསྐོར་ནས་རྩེ་ཆེན་གྱི་ཆོས་སྡེ་བཏབ། བཤད་སྒྲུབ་གཉིས་ཀ་ འཕེལ་བར་མཛད། གཙུག་ལག་ཁང་དང་གསེར་འབུམ་རྒྱུད་འགྲེལ་དོལ་པོའི་འདྲ་སྐུ་གསེར་ ཟངས་ལས་བསྐྲུན་པ་ཆེ་ཆུང་མང་པོ་བཞེངས། ཚད་མ་དང་ཕར་ཕྱིན་གྱི་ཊཱིཀ་ཆེན་སོགས་ གསུང་ཆོས་མང༌། བརྒྱུད་འཛིན་གྱི་སློབ་མ་མང་ཞིང༌། རྗེ་བློ་བཟང་གྲགས་པ་སོགས་བརྒྱུད་ འཛིན་གཞན་གྱི་བདག་ཉིད་ཆེན་པོ་ཡང་མང་པོ་སློབ་མར་གྱུར་པའོ། །དགུང་ལོ་གོ་ལྔ་ཕྱི་ལོ། ༡༣༧༩ རབ་ལོ། ༣༥༣ མཆན། ས་ལུག་གི་ལོའི་ཆུ་སྟོད་ཟླ་བའི་ཚེས་དྲུག་ལ་ངོ་མཚར་དུ་མའི་ལྟས་ བཅས་སྐུ་ཞི་བའི་དབྱིངས་སུ་གཤེགས་སོ། །དེ་དག་ནི་ཀུན་མཁྱེན་ཆེན་པོའི་དངོས་སློབ་བཅུ་ གསུམ་མོ། ། བཅུ་བཞི་པ་ཡབ་སྲས་དེ་དག་གི་སློབ་མ་གནས་བརྟན་བ་ཀུ་ལིའི་སྤྲུལ་པ་མཚལ་མིན་ པ་བསོད་ནམས་བཟང་ཕྱི་ལོ། ༡༣༤༡ རབ་ལོ། ༣༡༥ མཆན། ལྕགས་མོ་སྦྲུལ་ལོར་ཡུལ་སྐྱེད་ཕུར་ འཁྲུངས། དགུང་ལོ་ལྔ་ནས་རབ་ཏུ་བྱུང༌། ཀུན་མཁྱེན་ཆེན་པོའི་ཞབས་སྤྱི་བོས་བླངས་ནས་ 2-1-59 དགུང་ལོ་བཅུ་བདུན་ནས་སོ་དགུའི་བར་ཉེ་གནས་མཛད་དེ་ཆོས་མང་གསན་པས་ཉམས་ རྟོགས་སྐྱེས། ཆོས་རྗེ་སྐུ་འདས་རྗེས། ཕྱོགས་རྒྱལ་བ། ས་བཟང༌། ཉ་དབོན་པ་སོགས་ལས་ བཀའ་མདོ་རྒྱུད་བསྟན་བཅོས་མན་ངག་དང་བཅས་པ་གསན། ལྷ་སྒང་དུ་ལོ་བཅུ་གཅིག་ བཤད་སྟོན་མཛད། ཆོས་དཔལ་བཟང་པོས་མཚལ་ཆེན་གྱི་དགོན་པ་ཕུལ་ནས་དེར་བཀའ་ བརྒྱུད་གོང་མའི་བཤད་སྲོ ལ་བཙུགས། དགུང་ལོ་དགུ་བཅུར་ཕར་ཕྱིན་གྱི་ཊཱི་ཀ་མཛད། གོ་ གཉིས་སུ་དུས་འཁོར་འགྲེལ་ཆེན་གསུངས། གོ་གསུམ་ཕྱི་ལོ། ༡༤༣༣ རབ་ལོ། ༤༠༧ མཆན། ཆུ་ གླང་ལོའི་དང་པོའི་ཚེས་བཅུར་ཞི་བར་གཤེགས་པའང་ངོ་མཚར་བ་མང་པོ་བཅས་ནས་སོ། །འདིའི་སློབ་མ་རྒྱལ་བ་ཇོ་བཟང་པའོ། ། ཡང་ཀུན་མཁྱེན་ཆེན་པོའི་དངོས་སློབ་བྱམས་པ་ཁ་བོ་ཆེའམ་མི་ཉག་བློ་གྲོས་གྲགས་ པ་ཞེས་པ་དང་པོ་ཇོ་ནང་དུ་འོང་ནས་སྐུ་འབུམ་ལ་བསྐོར་བ་བྱེད་སྐབས་འོད་ཟེར་ཆེན་པོའི་ ནང་དུ་ཀུན་མཁྱེན་བཞུགས་པ་མཐོང་ནས་དད་པ་མི་ཕྱེད་པས་དར་ཡུག་གཅིག་གསེར་ སྲང་གཉིས་ཆོས་གོས་ཤིག་ཕུལ་ཏེ་མཇལ་ནས་ཆོས་རྗེ་ཁོང་གི་དྲུང་དུ་ལོ་དྲུག་ལ་ཕྱི་ནང་གི་ ཆོས་སྐོར་མང་པོ་ཞུས་ནས་ཆོས་རྗེས་ལུང་བསྟན་པ་ལྟར་མདོ་ཁམས་རྡོ་རྗེ་མཆེད་དྲུག་གི་ གནས་འོབ་གངས་དཀར་རྩ་བར་ངེས་དོན་གྱི་ཆོས་གཞི་བཏབ་ནས་བསྟན་པ་སྤེལ་བར་ཡང་ གསུངས་སོ། །དེ་དག་ཆོས་རྗེ་ཡབ་སྲས་ཀྱི་རྣམ་ཐར་མདོ་ཙམ་མོ། ། དེ་ནས་ཀུན་མཁྱེན་ཆེན་པོས་ལུང་བསྟན་པ་ལྟར་དཔལ་ཇོ་ནང་པའི་གདན་རབས་ཀྱང་ རིམ་བྱོན་གྱི་ཚུལ་ཡོད་ནའང་འདིར་བྱིན་རླབས་ཀྱི་བརྒྱུད་རིམ་ས་བོན་ཙམ་ཉུང་བསྡུས་སུ་ འགོད་པ་སྟེ། ༼༢༡༽ དེ་ཡང་ཉ་དབོན་པའི་ཐུགས་སྲས་གྲུབ་ཆེན་ཀུན་བློ་ཤར་ཁ་བའི་སྐུ་རུས་ སུ་འཁྲུངས། ཕར་ཚད་མངོན་འདུལ་དབུ་མ་སོགས་མདོ་ཕྱོགས་རྣམས་དང༌། དུས་འཁོར་གྱི་ བཤད་སྒྲུབ་ཉ་དབོན་པ་ལས་གསན། བླ་མ་གཞན་མང་པོ་ལས་དབང་གདམས་ངག་རྒྱ་ཆེར་ 2-1-60 ཞུས། རྒྱལ་རིགས་སུ་འཁྲུངས་ཀྱང་སྲི ད་ལ་མ་ཆགས་པར་བས་མཐའ་རྣམས་སུ་སྒྲུབ་པ་ཁོ་ན་ ལ་གཞོལ། རང་རེའི་ཆོས་བརྒྱུད་འཛིན་སྤེལ་བཅས། སྐུ་ཚེའི་སྨད་ལ་འཁྲུལ་ཞིག་ཆེན་པོར་ བཞུགས་ཤིང༌། བུ་སྟོན་གྱི་སྐྱེ་བར་གྲགས་སོ། ། ༼༢༢༽ འཇམ་དབྱངས་དཀོན་མཆོག་བཟང་པོ་འཁྲུངས་ཡུལ་ལ་སྟོད་བྱང་པ། རྩ་བའི་གྲྭ་ ས་བཟང་ལྡན། ས་སྐྱ་སོགས་གྲྭ་ས་ཕལ་ཆེར་དུ་བྱོན་ནས་མཁན་འཇམ་དབྱངས་རིན་རྒྱལ་ བ་ལ། ས་སྐྱའི་ཆོས་རྣམས་གསན། གྲུབ་ཆེན་ཀུན་བློ་ལ་དུས་འཁོར་སོགས་ཟབ་དོན་མཐའ་ དག་ཞུས། སི་ཏུ་ཀུན་བཟང་རབ་བརྟན་འཕགས་ཀྱིས་བླ་མར་བཀུར། ཉང་སྟོད་ཀྱི་ཆོས་སྡེ་ གསར་བའི་ཆོས་དཔོན་མཛད། ཇོ་ནང་པའི་གྲྭ་ཚང་གསར་དུ་བཙུགས། ཕྱིས་རྩེ་ཤར་ནུབ་ ཀྱིས་གུས་པས་བཏུད། ཆོས་སྡེ་གཉིས་ཆར་དང་ཇོ་ནང་གི་གདན་ས་མཛད། མཁས་གྲུབ་ རྗེ་དཔོན་སློབ་ཀྱིས་བྱད་ཁ་བྱས་པ་ཡང་བྱང་སེམས་དང་རྡོར་བཟླས་སྤེལ་བས་ཕྱིར་ལོག་ཏུ་ སོང༌། བླ་མ་ས་སྐྱ་པའི་སྤྲུལ་པར་གྲགས། ༼༢༣༽ ནམ་མཁའ་ཆོས་སྐྱོང༌། རྩ་བའི་གྲྭ། གྲྭ་ཚང་ཆེན་མོ། ཀུན་མཁྱེན་བསོད་ཆེན་ལ་ མཚན་ཉིད་ཀྱི་གཞུང་རྣམས་མཁས་པར་སྦྱང༌། སླར་འཇམ་དབྱངས་དཀོན་བཟང་གི་ཆོས་ གྲྭར་བྱོན། ཆོས་དང་གང་ཟག་ལ་དད་དེ་མཚན་ཉིད་ཀྱི་གཞུང་རྣམས་མཁས་ཉན་མཛད། གཞན་སྟོང་ལ་ངེས་པ་ཚུགས། སྦྱོར་དྲུག་ཞུས་ཏེ་ཉམས་རྟོགས་ཀྱང་ཤིན་ཏུ་བཟང༌། དུས་ འཁོར་གྱི་རྒྱུད་ལ་མཁས་པར་བྱས། ངམ་རིང་སོགས་འཆད་ཉན་འགའ་རེའི་སར་ཕེབས། རྩེ་ཤར་ནུབ་དང་ཁྱད་པར་སེང་གེ་རྩེ་བས་ཡོན་བདག་བྱས། རྩེ་ཆེན་དང་ཇོ་ནང་གི་གདན་ ས་ཡུན་རིང་མཛད་བཤད་སྒྲུབ་གཉིས་ཀར་བཟུང༌། སྐུ་འབུམ་ཆེན་མོའི་ཆོས་འཁོར་གསེར་ ཟངས་ཀྱིས་གཡོགས་པར་མཛད་དོ། ། ༼༢༤༽ ནམ་མཁའ་དཔལ་བཟང་གྲུབ་མཐའ་རྩ་བ་ས་སྐྱ། མུས་པ་རབ་འབྱམས་ཐུགས་ 2-1-61 རྗེ་དཔལ་བཟང་གི་གྲྭ་སར་སློབ་གཉེར་མཛད། བརྒྱ་སྡེར་འཆད་ཉན་ཡང་ལོ་ཤས་ཚུགས་པ་ བྱུང༌། ལྷུན་སྡིངས་སུ་བདག་ཆེན་པའི་སློབ་མ་ཤངས་སྟོན་བྱ་བ་ལས་དུས་འཁོར་བྱང་ལུགས་ ཞུས་ཏེ་དེ་ལ་མཁས་པར་སྦྱར། རྒྱལ་བ་ནམ་མཁའི་མཚན་ཅན་ལས་སྦྱོར་དྲུག་མན་ངག་ཇོ་ ནང་ལུགས་འདི་སྔ་དུས་ཤིག་ནས་གསན་པས་ཉམས་རྟོགས་བཟང་པོ་འཁྲུངས། འབྲས་ སྤུངས་དགོན་པ་བཏབ་ནས་འགྲོ་དོན་ཅུང་ཟད་མཛད་དོ། ། དེ་ནས་རིམ་པར་ལོ་ཆེན་རཏྣ་བྷ་དྲ། དཔལ་ལྡན་ཀུན་དགའ་གྲོལ་མཆོག མཁན་ལུང་ རིགས་རྒྱ་མཚོ། རྗེ་བཙུན་ཏཱ་ར་ནཱ་ཐའི་བར་དུ་སྟེ་དེ་དག་ལས་བཤད་དགོས་པ་རྣམས་འོག་ ནས་རིམ་གྱིས་འཆད་པར་འགྱུར་རོ། ། སྨྲས་པ། རྒྱ་ཆེན་བསིལ་ལྡན་ལྷ་ཡི་ལམ་བཟང་དུ། ། ཆོས་དབང་རི་དྭགས་སྣང་བའི་ཟློ ས་གར་ཅན། ། ངེས་དོན་ཀུནྡ་དགོད་པའི་གཉེན་དུ་འཆར། ། འོད་དཀར་ཟེར་གྱིས་རྨོངས་མུན་ཆབས་ཅིག་བསལ། ། རབ་ཡངས་གཞི་འདིར་ཆོས་མཆོག་གོས་དཀར་གྱིས། ། དགེ་ལེགས་རྫོགས་ལྡན་སྣང་བའི་དཔལ་སྦྱིན་པ། ། གང་འདི་སྔ་ན་མེད་པའི་ཡ་མཚན་གནས། ། སྐལ་བཟང་སྐྱེ་དགུའི་སྙིང་ལ་དགའ་བ་སྟེར། ། ལྔ་བདོའི་ཆེར་རྨོངས་སྨག་རུམ་འཐུག་པོའི་ཁྲོད། ། ངེས་གསང་ཟབ་མོ་རབ་ཏུ་གསལ་བའི་གཉེན། ། ཆོས་རྗེ་ཟླ་བ་ཐུགས་སྲས་རྒྱུ་སྐར་ཚོགས། ། 2-1-62 སྙིང་པོའི་བསྟན་པ་གསལ་བྱེད་གཞན་ལས་འཕགས། ། ངེས་དོན་ལུགས་བཟང་དུས་བཞི་ཕྱི་མའི་ཚེ། ། རྫོགས་ལྡན་ཆོས་ཀྱི་དགོངས་དོན་མཆོག་གྱུར་ཏེ། ། རིགས་ཅན་དབང་པོ་རབ་ཀྱི་གདུལ་ཞིང་ཀུན། ། ཆོས་དོན་མ་ལུས་ཇི་བཞིན་ཁོང་དུ་ཆུད། ། ཡང་དག་གྲུབ་མཐའི་གངས་རིའི་སྤོ་ལ་གནས། ། དྲི་མེད་ལུང་དང་རིགས་པའི་གཡུ་རལ་འབར། ། ངེས་དོན་འཇིགས་མེད་སེང་གེའི་སྒྲ་ཆེན་སྒྲོག ། དགག་སྒྲུབ་སྦར་ཕྲེང་གཡོ་བའི་གདོང་ལྔ་པ། ། གངས་ལྗོངས་མཁས་དབང་བྱེ་བའི་གཙུག་ནོར་མཆོག ། གནས་ལུགས་མཐར་ཐུག་ལེགས་འབྱེད་ཤིང་རྟ་ཆེ། ། ཟླ་བྲལ་དབུ་མ་ཆེན་པོའི་དོན་སྟོན་པའི། ། དོལ་པོ་སངས་རྒྱས་ཆོས་རྗེ་ཇོ་ནང་པ། ། གྲུ་འཛིན་བདག་པོའི་སྤྲུལ་པའི་རོལ་གར་གྱིས། ། ངེས་དོན་སྟོན་པ་ཆེན་པོའི་ཟོལ་བསྒྱུར་པ། ། རྒྱལ་བ་གཉིས་པའི་ཚུལ་གྱི་མཛད་བཟང་ཅན། ། ཀུན་གཟིགས་ཆོས་ཀྱི་ཉི་མ་ཁྱོད་མིན་སུ། ། ཞེས་པ་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། ། ༼༢༥༽ ད་ནི་སྐབས་འདིར་བཤད་པར་བྱ་བའི་རིགས་ལ་ལོ་ཆེན་རཏྣ་བྷ་དྲ། འཁྲུངས་ཡུལ་ འབྲོ ག་པ། གྲྭ་ས་གཞད་ཀྱི་གྲྭ་ཚང༌། ཨོ་རྒྱན་རྫོགས་པ་སོགས་བླ་མ་མང་པོ་བསྟེན། གསང་ 2-1-63 སྔགས་གསར་རྙིང་སོགས་ཀུན་ལ་མཁས། ཁྱད་པར་པཎ་ཆེན་ནམ་མཁའ་དཔལ་བཟང་ལས་ དུས་འཁོར་གྱི་ཆོས་སྐོར་གསན་པས་ཉམས་རྟོགས་རྒྱས། སྤྱན་གཟིགས་སོགས་ཡི་དམ་མང་ པོའི་ཞལ་གཟིགས། མདོག་གི་སྨན་སྡེང་དང༌། གཞད་རི་བོ་གྲུ་འཛིན་སོགས་དགོན་གནས་ མང་དུ་བཏབ། ཐུགས་རྗེ་ཆེན་པོའི་དམར་ཁྲིད་དང༌། སྦྱོར་དྲུག་ཁྲིད་ཡིག་སོགས་ཀྱང་མཛད་ དོ། ། འདིའི་སློབ་མ་རྗེ་ཀུན་དགའ་གྲོལ་མཆོག་སྟེ་ལོ་རྒྱུས་སྐུ་ཕྲེང་གི་སྐབས་སུ་འོག་ནས་ གསལ་བ་ལྟར་རོ། ། ༼༢༦༽ དེའི་དངོས་སློབ་མཁན་ཆེན་ལུང་རིགས་རྒྱ་མཚོ། ཉིང་སྟོད་དུ་སྡེ་པ་གཙང་ཁང་ པའི་སྐུ་རུས་སུ་འཁྲུངས། གསེར་མདོག་ཅན་དུ་མདོ་སྔགས་ལ་གསན་སྦྱང་རྒྱ་ཆེར་མཛད། ཁྱད་པར་རྗེ་ཀུན་དགའ་གྲོལ་མཆོག་ལས་དུས་འཁོར་གྱི་དབང་རྒྱུད་མན་ངག་མཐའ་དག་ གསན། མ་འོངས་ལུང་བསྟན་ཡང་སྲི ད་ངོས་འཛིན་སོགས་ཀྱི་ཞལ་བཀོད་དང༌། རྒྱལ་ རྩེའི་མཁན་པོར་མངའ་གསོལ། གཞན་སྤོང་ཁང་ཚོགས་པ་སོགས་ཀྱི་མཁན་པོ་ཡུན་རིང་ བཞུགས། རྗེ་དམ་པའི་ཡང་སྤྲུལ་ཁྲི་འདོན་མཛད་ནས་བཀའ་ཆོས་ཐམས་ཅད་ཕུལ་གྲུབ་སྟེ་ ཐུགས་དགོངས་རྫོགས་ནས་འདས་ཚུལ་བསྟན་ནོ། ། དེ་ནས་ངེས་དོན་བསྟན་པ་འཛིན་པའི་སྐྱེས་ཆེན་རྗེ་བཙུན་ཆེན་པོ་ཀུན་དགའ་སྙིང་པོ་ བཀྲ་ཤིས་རྒྱལ་མཚན་དཔལ་བཟང་པོའི་སྐུ་ཕྲེང་དང་འབྲེལ་བའི་མཛད་པ་མདོ་ཙམ་བརྗོད་ ན། སྐྱེས་རབས་དང༌། མཛད་ཚུལ་གཉིས་ལས། དང་པོ་ལ་ངོ་མཚར་བའི་སྐྱེས་པའི་རབས་བཅུ་གསུམ་ལས། དང་པོ་ནི་སྤྱིར་རྗེ་བཙུན་ ཆེན་པོ་ཁྱབ་བདག་འཁོར་ལོའི་དབང་ཕྱུག་གང་ཉིད་ཀྱི་གསང་བ་གསུམ་དཔལ་ལྡན་འཁོར་ ལོ་སྡོམ་པ་དང་མི་གཉིས་པའི་ངོ་བོར་རྟག་པར་བཞུགས་པ་ལ་གང་འདུལ་གྱི་མཛད་པ་ཐུན་ 2-1-64 མོང་སྤྱིའི་ཁམས་དབང་དང་མཐུན་པར་སྟོན་པའི་རིམ་པ་ཐོག་མ་རྒྱ་གར་དུ་སློབ་དཔོན་པཎྜི་ ཏ་འབར་བའི་གཙོ་བོའི་སྐུའི་སྐྱེ་བ་བཞེས་ཏེ། འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱི་ཞལ་ལུང་ བདུད་རྩི་གསོལ་བའི་སྐལ་བཟང་ཅན་དུ་གྱུར་ཏེ་སྡེ་སྣོད་གསུམ་དང་རིག་པའི་གནས་ལྔ་དག་ ལ་མཁས་པར་སྦྱངས་པས་དེ་ཀུན་བྱང་ཆུབ་སྟེ་མཁས་པའི་མཐར་སོན། ཡི་དམ་ལྷ་མོ་སྒྲོལ་ མ་ལ་བརྟེན་ནས་དངོས་གྲུབ་བརྙེས། ཕྱིས་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་དུ་མུ་སྟེགས་ རྟ་དབྱངས་ཀྱི་གྲུབ་མཐའ་འཛིན་པའི་ཕྱི་རོལ་པའི་པཎྜི་ཏ་རྩོད་པའི་ཁྱུ་མཆོག་ཏུ་གྲགས་པ་ ཙཀྲ་ཝརྟི་ཞེས་བྱ་བ་ལྷགས་ཏེ་རྩོད་པ་སྣ་ཚོགས་ཀྱི་ཚིག་སྨྲས་པ་ན། བདག་ཉིད་ཆེན་པོ་དེ་ ཉིད་ཀྱིས་ཐོགས་པ་མེད་པའི་ལན་དང་ལུང་རིགས་རྒྱ་ཆེ་བས་ཚར་བཅད་དེ་ནུས་མཐུས་ཕམ་ པར་བྱས་ནས་ཕས་ཀྱི་རྒོལ་བ་ལས་རྣམ་པར་རྒྱལ་བ་ཐོབ་པ་སོགས་བསྟན་པ་རྒྱ་ཆེར་སྤེལ་ མཐར། སྐུ་འདའ་བའི་ཁར། ཀླུ་སྒྲུབ་དཔལ་གྱི་རི་བོར་གཤེགས། །ཨཱརྱ་དཱེ་ཝ་དབྱིངས་སུ་ བཞུད། །ཤཱཀྱ་བཤེས་གཉེན་ཞི་བར་གཟིམས། །ནཱ་ག་བོདྡྷི་ས་མཐར་བྱོན། །ཀླུ་སྒྲུབ་སློབ་ བཅས་སྤྲིན་བཞིན་དེངས། །སངས་རྒྱས་བསྟན་པའི་ཉི་འོད་ཡལ། །མུ་སྟེགས་ངན་པའི་མུན་ པས་ཁྱབ། །ཀྱེ་ཧུད་འགྲོ་བའི་དམིགས་བུ་བྲལ། །ཞེས་པ་དེ་ལྟ་བུའི་ཡིད་འབྱུང་དབང་གིས་ མིག་ཆུ་གཡོ་བཞིན་མྱ་ངན་ལས་འདས་པར་བཤད་དོ། ། གཉིས་པ་དུས་འཁོར་བསྡུས་རྒྱུད་ཕྱི་མ་ལས། ཁ་ཊཱཾ་ཀ་དང་རུས་རྒྱན་ཅང་ཏེའུ་ཆང་སྣོ ད་ ཐོགས་པ་ནག་པོའི་མིང་ཅན་འབྱུང་བར་འགྱུར། །ཞེས་ལུང་བསྟན་པའི་སློབ་དཔོན་ནག་པོ་ སྤྱོད་པ་འཁྲུངས་ཡུལ་རྒྱ་གར་ཤར་ཕྱོགས་གཽ་རའི་རྒྱལ་ཁམས་ཀྱི་ནང་ཚན་ཨོ་རུ་བི་ཤ་ཞེས་ བྱ་བ་བྷཾ་ག་ལ་དང་ཅུང་ཟད་ཉེ་བའི་ཕྱོགས་དེར་བྲམ་ཟེའི་རིགས་སུ་འཁྲུངས། ཆུང་ངུའི་དུས་ ནས་བློ་རྣོ་ཞིང་སྒྲ་དང་སྨན་དཔྱད་བཟོའི་གནས་ཐམས་ཅད་ལ་མཁས་པར་བྱས། དེར་སྔོ ན་ གྱི་ལས་འཕྲོ་སད་པས་ཡེ་ཤེས་ཀྱི་རྣལ་འབྱོར་མ་དུ་མས་ཞལ་མངོན་སུམ་དུ་བསྟན། དེ་ནས་ 2-1-65 དཔལ་ནཱ་ལེནྡྲ་ཞེས་བྱ་བར་པཎྜི་ཏ་ལྔ་བརྒྱ་གནས་ཤིང་ཆོས་ཤིན་ཏུ་དར་བས་དེར་བྱོན་དགེ་ སློང་མཛད་ཅིང་ལོ་མང་བཞུགས་ནས་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་ཐོས་བསམ་གྱིས་ བྱང་བར་མཛད། སྔགས་དང་བསམ་གཏན་ཡང་ཅི་རིགས་གྲུབ། དེར་བསྒོ མ་ཞིང་བཞུགས་ སྐབས་རྣལ་འབྱོར་མ་མང་པོས་ཞལ་བསྟན་བྱིན་གྱིས་བརླབས་པས་ཏིང་ངེ་འཛིན་ཁྱད་པར་ ཅན་བརྙེས་ལུང་བསྟན་པ་ལྟར་བྱང་ཕྱོགས་གྲོང་ཁྱེར་ཛ་ལནྡྷ་ར་ན། གྲུབ་ཐོབ་ཛ་ལནྡྷ་རི་པ་ བཞུགས་པ་དང་མཇལ། དེར་ཞབས་ལ་གུས་པས་བཏུད་དེ་རྗེས་སུ་བཟུང་བར་གསོལ་བ་ བཏབ་པས་སྐལ་བ་དང་ལྡན་པར་མཁྱེན་ནས་དབང་བསྐུར་གདམས་པ་མཐའ་དག་བསྩལ་ ཏེ་བསྒོམས་པས་ལན་གཅིག་ན་རྩིག་པ་ལ་ཐོགས་མེད་དུ་འབྱོན་པ་བྲག་རི་ལ་ཡང་བཞེད་ན་ ཐལ་བྱུང་དུ་བཞུད་ནུས་པ། ཏིང་ངེ་འཛིན་ནམ་བསྒོ མ་ཚེ་བདག་ཉིད་ཧེ་རུ་ཀའི་དཀྱིལ་འཁོར་ གསལ་བར་གཟིགས་ཤིང༌། ལྷ་དེ་རྣམས་ཀྱིས་དྲི་ལན་མཛད་པའི་ཚུལ་གྱིས་སློབ་དཔོན་རང་ གི་ཐེ་ཚོམ་ཆོད་པ། བསྟོད་པ་དང་རྡོ་རྗེའི་གླུ་ནམ་བླངས་པ་ན་ས་གཡོ་བའམ། མེ་ཏོག་གི་ཆར་ འབབ་པའམ། སྒྲ་འབྱིན་པའམ། འོད་སྣང་བར་བྱེད་པ་བྱུང་ངོ༌། །དེ་སྐབས་སྤྱོད་པ་བྱ་དུས་ ཡིན་ནམ་དགོངས་པ་ན་མཁའ་འགྲོས་བཟློ ག་པར་མཛད། ཡང་བསྒོ མས་པས་རེ་ཞིག་ན་རིམ་ གྱིས་རལ་གྲི། དངུལ་ཆུ། རིན་པོ་ཆེའི་གཏེར། རིལ་བུ་སོགས་ཐུན་མོང་གི་དངོས་གྲུབ་མང་ པོ་ཆེད་དུ་མ་བསྒྲུབས་ཀྱང་རང་ཤུགས་ཀྱིས་གྲུབ་པའི་ཚེ། སྤྱོད་པའི་དུས་སམ་སྙམ་པ་ན་བླ་ མ་ཛ་ལནྡྷ་རི་པས་མ་གནང་བར་བཀའ་བཞིན་ཡུལ་པྲེ་ཏ་པུ་རིར་མཁའ་འགྲོ་སྐལ་པ་བཟང་ མོའི་ཕྱག་ནས་རྒྱུད་ཁ་སྦྱོར་ཐིག་ལེ་སྤྱན་དྲངས་ཀྱང་མཁའ་འགྲོ་མ་ལ་རྟོག་དཔྱོད་ཅུང་ཙམ་ བྱས་པས་མཆོག་མ་ཐོབ། དེ་ནས་བླ་མས་རུས་རྒྱན་ཞིག་ཨོ་རྒྱན་གྱི་ཡུལ་དུ་མཁའ་འགྲོ་མ་ལ་ བྱིན་རླབས་ཞུ་ཚུལ་དུ་ནག་པོ་སྤྱོད་པ་མངགས་ཏེ་བྱོན། མཁའ་འགྲོས་བྱིན་གྱིས་བརླབས་ཏེ་ མདུད་རྒྱ་དང་བཅས་ཕྱིར་བླ་མ་ལ་བསྐུར་བ་ན་ནག་པོ་སྤྱོད་པས་བླ་མ་ལ་རུས་རྒྱན་ཕུལ་བའི་ 2-1-66 སྔར་ནས་མདུད་རྒྱ་བཤིག་པས་མཆོག་མ་ཐོབ་ཀྱང་རིག་སྔགས་འཆང་ཆེན་པོ་ཡིན་ཕྱིར་བླ་ མ་དང་མཁའ་འགྲོས་གནང་སྟེ་སློབ་མ་ཅི་རིགས་རྗེས་སུ་བཟུང་ནས་དངོས་གྲུབ་སྣ་རེ་བྱིན་ པས་བུ་སློབ་རྣལ་འབྱོར་པ་སོ་ལྔ་དང་རྣལ་འབྱོར་མ་སོ་བདུན་ཙམ་ཡོད། དེ་ནས་སྐབས་ཤིག་ ན་སློབ་དཔོན་ནག་པོ་རང་ལ་ཕ་རོལ་པོ་བསད་པ་དང༌། གསོ་བ་དང༌། རེངས་པ་དང༌། ལྟུང་ བ་དང༌། དགུག་པ་ལ་སོགས་པའི་ལྟ་སྟངས་ཁྱད་པར་ཅན་གྲུབ་པ་ན་བླ་མ་ཛ་ལནྡྷ་རི་པས་ སྔར་མཁའ་འགྲོའི་བྱིན་གྱིས་བརླབས་པའི་རུས་རྒྱན་གནང་སྟེ་ཁྱོད་རིག་པའི་བརྟུལ་ཞུགས་ ཀྱི་སྤྱོད་པ་གྱིས་ཤིག འོན་ཀྱང་ཡུལ་དེ་ཝི་ཀོ་ཊར་མ་འགྲོ་ལྷག་མ་དུར་ཁྲོད་བརྒྱད་དང་ཡུལ་ ཆེན་གཞན་ཐམས་ཅད་དུ་ཅི་བདེར་རྒྱུ་བར་གྱིས་ཞེས་བཀས་གནང་བ་ལྟར་སློབ་དཔོན་ནག་ པོ་སྤྱོད་པ་སྤྱོད་ཡུལ་དུ་རྒྱུ་ཚེ་གདུགས་བདུན་འཛིན་མེད་དུ་འཁོར། ཌཱ་མ་རུ་བདུན་འཁྲོལ་པ་ པོ་མེད་པར་ཡང་འཁྲོལ། རེས་འགའ་ཞབས་ཁྲུ་གང་གིས་ས་ལ་མི་རེག་པར་བཞུད། རེས་ རོ་ལངས་མེ་ཏོག་གི་ཕྲེང་བ་ཅན་ལ་བཅིབས། ལྟ་སྟངས་བརྒྱད་དམ་བཅུའི་སྒོ་ནས་ཉིན་རེ་ བཞིན་སེམས་ཅན་མང་པོའི་དོན་མཛད། དུས་ལན་འགའ་ན་གདུགས་དང་ཌཱ་མ་རུ་བདུན་ བརྒྱ་རེ་འཕེལ། འཁོར་ཚོགས་རྣམས་ཀྱང་ཆོ་འཕྲུལ་དང་བཅས་པས་བཞུད་པ་དང་བཞུགས་ པར་མཛད། སྤྱོད་པ་དེ་འདྲའི་སྒོ་ནས་དུར་ཁྲོད་དང་ཡུལ་ཆེན་རྣམས་སུ་བགྲོད་དེ་འགྲོ་དོན་རྒྱ་ ཆེར་བྱས་ཟིན་སྐབས་རིམ་གྱིས་ཡུལ་དེ་ཝི་ཀོ་ཊར་བྱོན། དེར་ཕྲ་མེན་མ་མུ་སྟེགས་ཀྱི་མཁའ་ འགྲོ་མ་བ་ཧཱུ་རི་ཞེས་པས་རིགས་སྔགས་བཟླས་ཤིང་ལྟ་སྟངས་བྱས་པས་སློབ་དཔོན་སྐུ་ བསྙུང་སྟེ་འདས་ཚུལ་བསྟན། བར་དོར་མཆོག་གི་དངོས་གྲུབ་བསྒྲུབས་ཏེ་སླར་རྫུ་འཕྲུལ་ཆེན་ པོས་གདུལ་བྱ་འདུལ་བའི་ཆེད་སྐུའི་སྣང་བ་མངོན་དུ་བསྟན་ནས་མང་པོར་བྱོན་ནོ། ། གསུམ་པ་རཱ་ཏན་བྷ་ལ་ནི་ཡུལ་ཛྷ་རི་ཁནྚའི་གནས་སུ་རཱ་ཏན་པུ་ར་ཞེས་པའི་དྲུང་དུ་ཡབ་ མ་ཎི་ཀ་པིརྺ་དང་ཡུམ་རཏྣ་ཝཏིའི་སྲས་སུ་རྒྱལ་རིགས་ཀྱི་རྣམ་པར་སྐུ་འཁྲུངས། དེ་ཡང་ 2-1-67 སྔོན་བླ་མ་ཛ་ལནྡྷ་རི་པའི་དྲུང་དུ་ནག་པོ་སྤྱོད་པར་སྐྱེས་སྐབས་བླ་མའི་དམོད་པ་ལ་བརྟེན་ ནས་རྐྱེན་འགའ་ཞིག་གིས་ད་ལྟ་རྒྱལ་པོའི་སྐྱེ་བའི་དུས་སེམས་བརྣག་ཚུལ་བསྟན་ཏེ་ཡུལ་ དེའི་ཛོ་ཀི་མ་ལུས་པ་གང་ན་འདུག་བཀུགས་ནས་མིས་གཉེར་བཅག་བྱས་ཏེ་ས་འབའ་ཞིག་ སྐོར་བཅུག་གོ །དེར་གོ་རཀྵའི་ཏིང་ངེ་འཛིན་གྱིས་ཤེས་ནས་ཧ་ལས་ཏེ་རྒྱལ་པོ་འདུལ་བའི་ ཕྱིར་བྱོན་ཏེ་ཐུགས་ལ་གྲུབ་ཐོབ་ཀུན་ཀྱི་སློབ་མ་ཡང་བློ་རྨོངས་རྒྱལ་པོས་བྲན་དུ་བྱས་འདུག་ དགོངས་ནས་རྒྱལ་པོ་དེའི་སྒོ ར་ཁྲོས་ཏེ་བཞུགས་པས་ཡུལ་དེའི་གླང་པོ་ཆེ་དང༌། རྟ་སོགས་ ཀྱིས་རྩྭ་མི་ཟ། བུ་ཆུང་ཀུན་ཀྱིས་འོ་མ་མི་འཐུང་ངོ༌། །དེ་ནས་རྒྱལ་པོས་གོ་རཀྵ་ནུས་མཐུ་ཆེ་ བའི་གྲུབ་ཐོབ་ཆེན་པོ་ཡིན་པར་ཤེས་ནས་སྔོན་དུ་བཙུན་མོས་གྲུབ་ཆེན་གྱི་ཞབས་ལ་ཕྱག་ འཚལ་བས་བཞད་དེ་དང་པོར་བཙུན་མོ་ལ་མུ་དྲ་སྦྱིན། དེ་ནས་རྒྱལ་པོས་ཕྱག་འཚལ་གནོང་ འགྱོད་བྱས་རྗེས་སུ་རྒྱལ་པོ་ལ་ཥེ་ཙ་རིའི་མུ་དྲ་སྦྱིན་ཏེ་མིང་རཱ་ཏན་བྷ་ཧུ་ལར་བཏགས། ཛོ་ཀི་ ཀུན་ཀྱིས་ཕྱག་བྱས་གོ་རཀྵའི་ཕྱག་རྒྱལ་པོའི་མགོ་ལ་བཞག་པའི་མོད་སྐད་ཅིག་དེ་ཉིད་དུ་ རྒྱལ་པོ་གྲུབ་པ་ཐོབ་སྟེ་གྲུབ་ཐོབ་རཱ་ཏན་བྷ་ཧུ་ལར་གྱུར་པའི་ཚུལ་བསྟན་ཏོ། །ས་རྐོ་སར་མཚོ་ བྱུང་བའི་མིང་ལ་རིན་ཆེན་རྒྱ་མཚོར་གྲགས་སྐད། བཞི་པ་རོང་ཟོམ་ཆོས་བཟང་སྔ་འགྱུར་རྙིང་མ་པ། མཆན།ནི། བོད་རུ་བཞིའི་ནང་ནས་གཙང་ རུ་ལག་སྨད་ཀྱི་སྣར་ལུང་རོང་དུ། ཡབ་རོང་བན་རིན་ཆེན་ཚུལ་ཁྲིམས་ཞེས་པའི་སྲས་སུ་ འཁྲུངས། ཆུང་ངུ་ནས་རྒྱ་གར་སྐད་ཀྱིས་ཆོས་ཚིག་གསལ་པོར་གསུང་བ་རང་གི་མེས་པོ་རོང་ བན་ཡོན་ཏན་རིན་ཆེན་གྱིས་པཎྜི་ཏ་སྨྲ་ཏི་ཛྙཱ་ནའི་སྐྱེ་བར་ལུང་བསྟན། ཇོ་བོ་རྗེ་ལྷ་ཅིག་དང་ རོང་གི་ཆུ་ཚན་ཁར་མཇལ་སྐབས་ཉིད་ཀྱི་ཕྱག་མགོ་ལ་བཞག་ནས་ལེགས་སྦྱར་སྐད་ཀྱིས་ དྲི་བ་གང་མཛད་ཀུན་ལ་ལན་ཐོགས་མེད་བཏབ་པས་ཇོ་བོ་རྗེས་ཐུགས་ངོ་མཚར་བའི་ངང་ ནས་ནག་པོ་སྤྱོད་པའི་སྐྱེ་བར་ལུང་གསལ་བར་བསྟན་ནོ། །དེ་ནས་དགུང་ལོ་བཅུ་གཅིག་ 2-1-68 ནས་མཚན་ཉིད་ཀྱི་ལུང་ཆོས་སྦྱངས་པས་བཅུ་གསུམ་མན་གྱིས་གསན་པ་རྫོགས་ཏེ་ཤེས་བྱ་ ཐམས་ཅད་ལ་མ་རྨོངས་པར་གྲགས། ཡང་མགར་སྟོན་ཚུལ་ཁྲིམས་བཟང་པོ་དང་མདོ་སྟོན་ སེང་གེ་རྒྱལ་མཚན་པའི་དྲུང་ནས་ཆོས་གསན་སྐབས་རེ་ཞིག་མནལ་ལམ་དུ་རྒྱུད་གསང་བ་ སྙིང་པོས་ཟན་བྱས་སངས་རྒྱས་མཉམ་སྦྱོར་གྱིས་ཚོད་མ་བྱས་ནས་གསོལ་བར་རྨིས་པ་སློབ་ དཔོན་ལ་ཞུས་པས་དེ་གཉིས་ཁོང་དུ་ཆུད་པའི་རྟགས་སུ་གསུངས། ༼མ་ཡིག་འཛམ་ཐང་ཤིང་དཔར་ ལྟར་ན། གཞན་ཡང་བླ་མ་གཙོ་ཆེ་བ་རྗེ་འབངས་ཉེར་ལྔའི་གྲས་འབྲེ་རྒྱལ་བའི་བློ་གྲོས་ཀྱི་གདམས་ངག་ལ་བརྟེན་པ་ཁོ་ནའོ།། མཆན།༽ འདི་སྐོར་དུ་ཡུལ་མིས་མཚར་གཏམ་སྒྲོག་པ། མུལ་པ་མཚུར་སྟོན་ཡི་གེ་མཁས། །ཆོག་ བསྒྲིགས་གྲངས་ཀྱིས་མི་གྲགས་མཁས། །སྒྲ་ཚད་མགོས་ལོ་ཁུག་པ་མཁས། །ཐམས་ཅད་ འཛོམས་པ་ཆོས་བཟང་ཙམ། །ཞེས་ཟེར་སྐད། དེར་རྩོམ་པ། ཚིག་གི་མདོ་རྒྱས། རྒྱས་འགྲེལ། ཡན་ལག་བཅོ་ལྔ་པ། མཉམ་སྦྱོར་འགྲེལ་ཆེན། རྫོགས་ཆེན་ལྟ་སྒོ མ་གྱི་མན་ངག གསར་ མའི་ངན་སོང་སྦྱོང་རྒྱུད་འཇིགས་བྱེད་དགྲ་གདོང་ལ་སོགས་པའི་རྣམ་བཤད་སོགས་མང་པོ་ མཛད་སྐབས་སུ་བོད་རུ་བཞིའི་དུས་མཚུངས་ཀྱི་མཁས་པ་མ་ལུས་པ་རྩོད་པ་ལ་བྱོན་ཏེ་དག་ ཐེར་བྱས་པས་ཀུན་ངོ་མཚར་དུ་གྱུར་ཏེ་བླ་མར་བཀུར། གཞན་རྒྱ་གར་གྱི་པཎྜི་ཏ་མང་པོ་ལས་ ཀྱང་ཕྱི་ནང་གི་རིག་གནས་མན་ངག་དཔག་མེད་ཞུས་ཏེ་མཐར་ཕྱིན་པར་མཛད། ཉམས་ལེན་ དང་གཞན་དོན་སྔ་འགྱུར་ཁོ་ན་ལ་མཛད། མ་གཤིན་ཕུར་བའི་བསྙེན་སྒྲུབ་མཐར་ཕྱིན། ནུས་ མཐུས་བོད་ཀྱི་ཡུལ་ལྷ་སྡེ་བརྒྱད་ཀུན་ཀྱང་དབང་དུ་བསྡུས་རང་རང་གི་སྲོ ག་སྙིང་ཕུལ། བྲག་ གཟར་བའི་ངོས་ལ་གཤེགས་བཞུད་སོགས་རྫུ་འཕྲུལ་དུ་མ་བསྟན། སྐུ་ཚེའི་སྨད་ལ་ལེགས་ སྦྱར་སྐད་ཁོ་ན་གསུངས་ཤིང་རང་གི་སྲས་མོ་ཡེ་ཤེས་མཁའ་འགྲོ་དགུང་ལོ་བཅུ་དྲུག་ཏུ་རྒྱུད་ བཤད་གནང་བཞིན་སྐུ་ལུས་དངོས་ཀྱིས་མཁའ་སྤྱོད་དུ་གཤེགས་པ་སོགས་ངོ་མཚར་བ་མང་ ངོ༌། ། 2-1-69 ལྔ་པ་བྷ་རོམ་དར་མ་དབང་ཕྱུག་མར་བ་བྷ་རོམ་བཀའ་བརྒྱུད། མཆན། ནི། འཕན་ཡུལ་རིག་པའི་ འབྱུང་གནས་སུ་ཡབ་སྟོན་པ་བློ་གྲོས་འབྱུང་གནས་དང༌། ཡུམ་ཇོ་མོ་ཆུང་མ་ཞེས་པའི་སྲས་སུ་ ལུག་གི་ལོར་འཁྲུངས། དགུང་ལོ་བདུན་པའི་སྐབས། བུད་མེད་མཁའ་འགྲོའི་རྟགས་མཚན་ ཅན་ཞིག་གིས་ང་ཡང་དྭགས་པོ་ལྷ་རྗེའི་སློབ་མ་ཡིན་བླ་མ་དེ་དང་ཁྱོད་ལ་ལས་ཀྱི་འབྲེལ་བ་ འདུག་ཅེས་ཟེར་བ་དངོས་སུ་བྱུང༌། ཤར་ཕྱོགས་ནས་འོད་དཀར་པོ་ཞིག་སྙིང་གར་ཐིམ་པར་ རྨིས། ལོ་བརྒྱད་ལ་མཁན་དར་མ་སེང་གེ་དང་སློབ་དཔོན་དབང་ཕྱུག་གཞོན་ནུ་ལས་རབ་ཏུ་ བྱུང་མཚན་ཡང་མཁན་སློབ་མཚན་གྲས་དར་མ་དབང་ཕྱུག་ཏུ་བཏགས། སློབ་དཔོན་དབང་ གཞོན་པས་ཤུད་བུ་ལོ་ཙཱ་ནས་བརྒྱུད་པའི་མགོན་པོ་གྲི་གུག་མའི་གཏོར་དབང་བསྐུར། ཆོས་ སྐྱོང་འདི་ང་ལས་ཁྱོད་ལ་ངེས་པར་འགོ་ཞིང་སྲུང་སྐྱོབ་ཆེ་གསུངས། ལོ་བཅུ་གཅིག་དུས་ དགེ་བཤེས་བྱ་ཡུལ་བ་མཁན་བུ་དགོན་གསར་དུ་རྟེན་གྱི་རབ་གནས་ལ་བྱོན་སྐབས་བཀའ་ གདམས་ལྷ་བཞིའི་སྒོ མ་ལུང་ཞུས། དགེ་བཤེས་པོ་ཏོ་བའི་དངོས་སློབ་གྲུམ་བུ་ལུང་པའི་ དྲུང་དུ་བྱམས་ཆོས་ལྔ་དང་བསླབ་བཏུས་སྤྱོད་འཇུག་ལ་སྦྱངས་པས་ཐུགས་སུ་ཆུད། སྐྱེས་བུ་ གསུམ་གྱི་ཁྲིད་ཀྱང་མནོས་སྔར་གྱི་མཁན་པོའི་སྤྱན་སྔར་འདུལ་བ་སྦྱངས་པས་ལེགས་པར་ དགོངས། དེར་བྱིས་པའི་དུས་ཀྱི་མོས་བློའི་ཉམས་སད་ནས་ད་ནི་གང་གིས་དགོས་པ་མེད་ པར་བླ་མ་དྭགས་པོ་ལྷ་རྗེ་ལས་སྒོམ་ཞིག་ཞུ་སྙམ་པའི་ཐུགས་འདུན་དྲག་པོས་རི་བྲག་ཏུ་ གཤེགས་པས་གངས་ཕྲུག་རྣལ་འབྱོར་པ་སྐྲ་ཕུར་ཁ་ཡོད་པའི་གཞོན་པ་ཞིག་གང་ནས་འོང་ ཆ་མེད་པར་བྱུང་བ་དེ་ལ་རྒྱུ་མཚན་དྲིས་པས་ང་དྭགས་པོ་ནས་ཡོང༌། བླ་མ་ལྷ་རྗེའི་སློབ་མ་ ཡིན་ཟེར་བས། འོ་ན་ང་རང་ཁྱེད་ཀྱིས་ཁྲིད་རོགས་མཛོད་བྱས་པས། སྟོན་ཆུང་ཁྱོད་ངའི་བླ་ མའི་གདུལ་བྱར་སྣང་བས་མྱུར་དུ་མཇལ་འོང་ཟེར་ནས་གར་སོང་ཆ་མེད་ཡལ་སོང་བས་ཡིད་ བསྐུལ་ཏེ་ལོ་ཉེར་གཅིག་གི་དུས་སུ་བླ་མའི་དྲུང་དུ་སླེབས། དེར་བླ་མས་ཚེས་བཅུའི་ཚོགས་ 2-1-70 མཆོད་མཛད་པའི་སྐབས་དང་ཐུག ནང་དུ་བོས་ནས་ཞལ་མཇལ་བའི་མོད་ལ་བདེ་གསལ་ གྱི་ཏིང་ངེ་འཛིན་མང་པོ་རང་ཤུགས་ཀྱིས་འཁྲུངས། བླ་མའི་གསུང་གིས། ཁྱོད་ཀྱིས་ཁྲིད་སྔར་ ནས་བསྒོ མ་ཚར། སྒོ མ་མ་ཕོག་པར་སྐྱེས་འདུག ཁྱོད་ཀྱི་སེམས་ལ་རྟོགས་པའི་ཆོས་དེ་ལ་ རིག་པ་རྐྱང་དེད་ཅེས་མིང་ཐོགས། རྟེན་ཐོད་པ་ཆང་གིས་གང་བ་དཀྱིལ་འཁོར་དུ་ཡོད་པ་དེ་ བླངས་ནས་གནང་དངོས་གྲུབ་ཏུ་དགོངས་ནས་ལྷག་མེད་དུ་གསོལ། ཁྱོད་ལ་དབང་མ་བསྐུར་ ཀྱང་ཐོབ། ངའི་ཡི་དམ་ཕག་མོ་དམར་ཆུང་འདིས་ཁྱོད་རྗེས་སུ་སྐྱོངས་གསུངས་ནས་དེའི་ དབང་གདམས་པ་སོགས་གནང༌། དེར་སྐུ་བསྙུང་དྲག་པོས་ཐེབས་ཀྱང་བླ་མ་ལ་མོས་གུས་ གཅིག་པུས་སངས། ཉིན་ཅིག་བླ་མ་དྭགས་པོ་ལྷའི་བུས་སྤྱན་དྲངས་པའི་ཆིབས་སྣ་ལ་བྱོན་ཏེ་ ཁྱི་སྨྱོན་གྱི་འཇིགས་པ་གྲྭ་འཁོར་གཞན་ཀུན་བས་ལུས་སྲོག་ལ་མ་འཛེམ་པར་བསྲུངས། བླ་ མའི་ཕྱག་མཁར་སྦ་སྨྱུག་རང་གི་ཁུར་ཡོད་པ་དེ་ཞགས་པ་ལྟར་བསྒྲིལ་བས་ཁྱི་སྨྱོན་གྱི་མགུལ་ བསྡམས་ཏེ་ཆུར་འཕངས། རྗེས་ནས་བླ་མའི་ཐུགས་རྗེས་ཁྱི་སྨྱོན་གྱི་རིག་པ་སོར་ཆུད་པ་ སོགས་ངོ་མཚར་བའི་ལོ་རྒྱུས་ཡོད། དེ་ནས་བླ་མའི་ཞལ་ནས་ཁྱོད་ལ་དགོས་པའི་ཆོས་ཐམས་ ཅད་གདམས་ཟིན་ད་ནི་བྱང་འབབ་རོང་གི་རི་ཁྲོད་དེར་སྒྲུབ་པ་གྱིས་གསུངས་ནས་གསེར་ སྲང་གང་རེ་དང་དཔེ་ཆ་བཅའ་ལག་སོགས་གང་དགོས་གནང་ཡང༌། སྐུ་བཞུགས་རིང་གར་ ཡང་མི་འགྲོ་ཞུས། འོ་ན་ཞག་སུམ་ཅུ་རྩ་གསུམ་བར་ཕ་བུ་ལྷན་དུ་སྡོད། དེ་ནས་ཁོ་བོས་འདས་ མཆོད་རི་ཁྲོད་དུ་སྒྲུབ་པ་ལ་རེམ་གསུངས། དེ་བར་བསྡད་པས་རིན་པོ་ཆེའི་སྐུ་ཡལ། དེ་ནས་ དགུང་ལོ་ཉེར་བརྒྱད་ནས་བླ་མའི་བཀའ་བཞིན་བྱང་འབབ་རོང་དུ་ཚེ་དང་སྒྲུབ་པ་མཉམ་ པར་བྱས་ནས་རྒྱགས་སྐྱེལ་མཁན་མིན་པ་སུས་ཀྱང་མི་མཐོང་བར་སྒྲུབ་པ་མཛད། ཐུགས་ བྱམས་པའི་སྟོབས་ཀྱིས་རི་དྭགས་བྱ་རིགས་སོགས་ཀྱིས་གུས་འདུད་འབུལ་ཞིང༌། སྟག་ལུང་ པ་དང༌། འབྲི་གུང་པ་སོགས་དམ་པ་མང་པོས་བསྙེན་བཀུར་མཛད། མ་མཁའ་འགྲོས་རྟག་ 2-1-71 པར་རྗེས་སུ་བཟུང་བ་གང་གི་ཚེ་དགུང་ལོ་དོན་གསུམ་ལུག་ལོའི་གཉིས་པའི་ཚེས་གཉིས་ཀྱི་ ནམ་ཕྱེད་ལ་ངོ་མཚར་ཆེ་བ་བཅས་སྐུ་གཤེགས་སོ། ། དྲུག་པ་ཨ་ཝ་དྷཱུ་ཏཱི་འོད་ཟེར་དཔལ་ཤངས་པ་བཀའ་བརྒྱུད། མཆན། ནི། གཙང་ཉང་སྟོད་གནས་ རྙིང་གི་གཙུག་ལག་ཁང་ལས་ཅུང་ཞིག་ཕྱིན་པ་ཡོལ་ཞེས་པའི་རི་ཁྲོད་དུ་ཨ་ཝ་དྷཱུ་ཏཱིའི་ཚུལ་ འཛིན་རྣལ་འབྱོར་པ་མཛེ་སྐྱས་ལུས་བཏབ་པ་སློང་མོའི་འཚོ་བས་ཆོག་ཤེས་པ་ཞིག་ཏུ་ འཁྲུངས། ཁྱུང་པོའི་རྣལ་འབྱོར་པས་ཆོས་སྐྱོང་གི་མངའ་དབང་བསྐུར་བ། ལ་སྟོད་པ་དཀོན་ མཆོག་མཁར། ཞེས་པའི་དྲུང་ནས་གདམས་པ་དང་རྗེས་གདམས་ཀྱི་སྒོ་དུ་མ་ནོད་པའི་རྣལ་ འབྱོར་གྱི་དབང་པོ་ཉིན་པར་སློང་མོར་རྒྱུ་བའི་ཚུལ་དང་ནུབ་མོར་བྲག་སྐྱིབས་གང་ཡིན་དུ་ གཟིམས་པས་ནང་ཡང་དག་རྣལ་འབྱོར་མཆོག་གིས་དུས་འདའ་བར་གྱུར་ཏོ། །དེའི་ཚེ་བླ་ ཆེན་གྲགས་པ་རྒྱལ་མཚན་གྱི་སྲས། གསལ་བ་དབང་ཕྱུག་གྲགས། ནུབ་པ་རིག་འཛིན་ གྲགས། བནྡྷེ་བཤེས་གཉེན་གྲགས། དཀར་ཤཱཀྱ་གྲགས་སྟེ་བཞི་ལས། མཆེད་སྔ་མ་གསུམ་ གྱིས་སྐུ་འདྲ་རེ་བཞེངས་ནས་བླ་ཆེན་པས་རབ་གནས་ཀྱང་མཛད། དེར་དཀར་གྱིས་སྐུ་འདྲ་ བཞེངས་པར་བརྩམས་ན་བླ་ཆེན་པས་ད་དུང་ནང་གཞུག་ཁྱད་པར་ཅན་གྱི་དུས་ལ་མ་བབ་ གསུངས་ནས་རེ་ཞིག་བཟློ ག ཕྱིས་ཨ་ཝ་དྷཱུ་ཏཱི་པ་སྐུ་འདས་པ་ན་བླ་ཆེན་པས་དཀར་ལ་ད་ ཁྱོད་ཀྱིས་སྐུ་འདྲ་བཞེངས་དགོས་པའི་དུས་ལ་བབ་སྟེ། ཁྱོད་ཉང་སྟོད་ཕྱོགས་སུ་སོང་དང་ དེའི་རི་སུལ་ཞིག་ན་ནག་པོ་སྤྱོད་པས་འགྲོ་དོན་དུ་མཛེ་བོའི་ལུས་གཟུགས་བཟུང་ནས་ཡོད་ པ་ད་ལྟ་འདས་སོང་བས་དེའི་དབུ་ཐོད་བྲེ ག་སྟེ་ལོང་ཤོག འདིར་རྟེན་གྱི་ནང་གཞུག་ཏུ་སྔར་ ནས་དམིགས་པ་ཉིད་དོ། །ཅེས་ལུང་བསྟན་པ་ལྟར་དབུ་ཐོད་བླངས་ནས་བླ་ཆེན་པའི་ཕྱག་ཏུ་ གཟིགས་ཚེ་ཐོད་པར་བདེ་མཆོག་ལྷ་རེ་གཉིས་པའི་དཀྱིལ་འཁོར་ཡོངས་རྫོགས་གསལ་བར་ དོད་འདུག་པ་དེ་སྐུ་འདྲའི་ཐུགས་ཀར་གཞུག་གོ །ཞེས་གྲགས་སྐད། 2-1-72 བདུན་པ་ཞང་སྟོན་འབྲུག་སྒྲ་རྒྱལ་མཚན་རྙིང་མ་པ། མཆན། ནི། ལྷོ་འབྲི་མཚམས་ཀྱི་གནས་ སུ་ཞང་སྔགས་རཏྣའི་མིང་ཅན་དང༌། ཡུམ་སྲས་སྐྱེས་སྨན་ཞེས་པའི་ལྷུམས་སུ་སྐུ་བལྟམས། ཡབ་ཡུམ་གྱི་རྨི་ལྟས་བཟང་པོ་སོགས་ངོ་མཚར་བ་མང༌། སྐུ་འཁྲུངས་དུས་ནམ་མཁའ་ལས་ གློག་འོད་དང་འབྲུག་སྒྲ་བསྒྲགས་པས་ཡབ་ཀྱིས་མཚན་འབྲུག་སྒྲ་རྒྱལ་མཚན་དུ་གསོལ། དེར་ཡབ་རང་གིས་ཡི་དམ་གཤིན་རྗེ་དུས་དགྲ་ནག་པོའི་དབང་བསྐུར། བསྐྱེད་རྫོགས་ཀྱང་ གནང་བས། བཟླས་སྒོ མ་མཛད་པས་དུས་དགྲའི་སྐུའི་རྣམ་པ་དངོས་སུ་གཞན་གྱིས་མཐོང་ ཞིང༌། མིའི་བཟའ་བཏུང་ལ་ལྟོ ས་པ་མེད་པར་ལྷ་མོ་དམག་ཟོར་མས་བྱང་ཤར་མུ་ལེ་ཏིང་གི་ བདུད་རྩི་གནང་བ་ལ་ཞལ་ཟས་མཛད་པས་འཚོ་བ་ཞིག་གོ །དེ་ནས་ཡབ་ཡུམ་གྱི་བཀས་སྐྱིད་ པ་འཛོམས་ཞེས་པའི་ཇོ་མོ་ཞིག་ཁབ་ཏུ་བཞེས། ཡང་ཟར་བྱང་ཕུག་གི་ཇོ་བོ་ལ་བསྐོར་ཚེ་ལྷ་ བཙན་གྱིས་ལྷོ་ཁ་བཞིའི་འདྲེ་དམག་བསྡུས་ཏེ་བར་ཆད་བརྩམས་པ་ན་དུས་དགྲའི་སྐུས་དེ་ དག་དབང་དུ་བསྡུས་ནས་སྲོ ག་སྙིང་སོ་སོར་ཕུལ། ཇོ་བོས་ལུང་བསྟན་ལྟར་ཟར་གྱི་སྐྱེ་འགྲོའི་ མདངས་སྲོག་འཕྲོག་བྱེད་ཀྱི་ཕྲ་མེན་མ་དཔོན་གཡོག་དྲག་པོ་མངོན་སྤྱོད་ཀྱིས་བཏུལ་ནས་ ཞིང་ཆེན་པགས་པས་མཁར་རྔ་དགོན་གྱི་ལྷ་མོའི་སྐུའི་སྟེང་ན་བླ་བྲེ་བྱས་སྐད། སླར་རང་ཡུལ་ དུ་ཆང་གཏེར་གྱི་སྦྱོར་བ་སོགས་རྫུ་འཕྲུལ་གྱིས་འགྲོ་དོན་མཛད། མཐར་ས་སྐྱའི་བླ་བྲང་བྲོ ག་ ཁར་དུ་གདན་ཕབ་ནས་འགྲོ་དོན་བཅས་དེ་ཉིད་དུ་འདས་པ་ཡིན་ཞེས་གླེང་ངོ༌། ། བརྒྱད་པ་གཉོས་ལྷ་ནང་པ་སངས་རྒྱས་རས་ཆེན་འབྲི་གུང་བཀའ་བརྒྱུད། མཆན། ནི། ཁ་རག་ གཉོས་གྲགས་པ་དཔལ་གྱི་སྲས་སུ་ངོ་མཚར་ལྟས་བཅས་འཁྲུངས། ཡབ་གསང་སྔགས་ལ་ མཁས་པས་དབང་མང་བསྐུར་དགུང་ལོ་དྲུག་པར་གཤིན་རྗེའི་གཤེད་ལ་བཤད་པ་མཛད། ལོ་བདུན་དུས་དགེ་བཤེས་གཡོར་གཉེར་གྱི་གྲ་སར་བྱོན་ནས་ཚད་མ་རྣམ་ངེས་གསན། ཟིན་ བྲི ས་ཅིག་ཀྱང་ཡོད། ལོ་དེར་བླ་མ་ཞང་གིས་ཡབ་སྲས་གུང་ཐང་དུ་སྤྱན་དྲངས་ཏེ་ཁྲི་ལ་མངའ་ 2-1-73 གསོལ། དེ་ནས་འབྲི་གུང་བ་དང་མཇལ་ཁོང་གི་བཀའ་ལྟར་དགེ་བཤེས་རྡོར་གཞོན་སོགས་ ལ་བསྙེན་རྫོགས་ཞུས་ཏེ་བསླབ་བྱ་ཕྲ་རགས་ལ་མཁས་པར་མཛད། སླར་འབྲི་གུང་དུ་བྱོན་ ནས་འབུལ་བའི་མཎྜལ་བཅས་མཐར་ཕྱིན་ལྔ་ལྡན་གྱི་ཁྲིད་ཕོག་པས་ཆོས་ཉིད་ངོ་བོ་མཉམ་ རྗེས་མེད་པར་སྤྲོས་བྲལ་དུ་ངོ་འཕྲོད། དེ་ནས་དགུང་ལོ་བཅུ་གསུམ་སྐོར་ནས་རྒྱ་གར་དུ་ལོ་ ཙཱ་བསླབ་འདོད་ཆེ་ནའང་སྔ་ཕྱི་ཀུན་ཏུ་སྟབས་མ་འགྲིག་སླར་ཆོས་རྗེ་འབྲི་གུང་བ་མན་ངག་གི་ ཁུངས་སུ་བྱས་ཏེ་གུས་པས་བསྟེན་གཉོས་ཀྱི་ཐོད་པ་རྨ་གུར་གྲགས་པ་དེ་ཡང་དེར་ཕུལ་བས་ ཡུལ་སྡེས་ཁ་ཟེར་བ་ཡང་བྱུང༌། འབྲི་གུང་གི་ཚོགས་པ་རྒྱ་ཆེན་པོ་ལ་སྔ་ཕྱི་ཀུན་འབུལ་རྟེན་ ཆེ་བ་ལན་བཞི་བཀྱག་སྟེ། གསེར་དངུལ་ལྷ་ཆ་མཆོད་རྫས་དར་ཟབ་རྟ་ཕྲུག་པགས་རིགས་ ཟས་སྣ་སོགས་འབུལ་བ་རྒྱ་ཆེར་མཛད་པས་ཕྱག་རྟེན་ཚོ་བསྡོམས་པས་གསེར་ཕྱེ་བྲེའི་ཁལ་ ཕྱེད་བྱུང་ཞེས་གྲགས་ལ། དེར་དགེ་འདུན་མང་ཚོགས་ཀྱི་གྲངས་ལྔ་ཁྲི་ལྔ་སྟོང་ལྔ་བརྒྱ་ཉེར་ལྔ་ འདུག་ཟེར། ཁོང་གིས་རྩིག་པ་སོགས་ཐོགས་མེད་དུ་བྱོན་པ། ཆུ་བོ་རྒྱས་པ་ནུས་མཐུས་ཕྲི་བ། སྦྲང་མ་ཤི་བ་སླར་སོས་པར་མཛད་པ་སོགས་གྲུབ་རྟགས་མང་པོ་བསྟན། བལ་ཡུལ་སོགས་ ཡུལ་གྲུ་མང་པོར་ཆོས་ཀྱིས་དབང་བསྒྱུར་སྡིག་རྒྱུན་བཅད་དགེ་བའི་སྲོལ་བཏོད་པ་ཆེས་མང༌། ལ་ཕྱི་སོགས་དབེན་གནས་དུ་མར་སྒྲུབ་པ་མཛད་པར་དེར་གསང་འདུས་ལ་བཤད་པ་མཛད་ དེ་སློབ་བུ་མཁས་བཙུན་དང་སྟོན་པ་མང་དུ་བྱུང༌། དགུང་ལོ་ང་དྲུག་ཏུ་ཐང་ལྷའི་མགུལ་དུ་ ཕྱག་ཕེབས་འབྲི་གུང་དང་འདྲ་བའི་དགོན་པ་བཏབ་དེར་འཚོགས་ཀུན་སྨིན་གྲོལ་ལ་བཀོད་ ཅིང་འདུལ་བའི་བཅས་ཁྲིམས་ཀྱང་དམ་པོར་མཛད། དེར་ཐུགས་དམ་ལ་བཞུགས་པའི་དགེ་ འདུན་ཉིས་སྟོང་བྱུང་ངོ༌། །སྤྲེལ་ལོའི་སྟོན་འབྲི ང་གི་ཚེས་བརྒྱད་སྔ་དྲོ་ནམ་ལངས་ཀྱི་དུས་སུ་ ངོ་མཚར་དང་བཅས་ཞི་བར་གཤེགས། ། དགུ་པ་ཀུན་མཁྱེན་སཾ་གྷ་བྷ་དྲ་གསར་མ། མཆན། ནི། ལྷོ་མོན་འབྲི་མཚམས་ལྷ་ལུང་ར་ས་ 2-1-74 དགོན་པར་ཡབ་སྟོན་པ་མགོན་ཆེན་དང༌། ཡུམ་ཆོས་ཉིད་རྒྱན་ཞེས་བྱ་བའི་སྲས་སུ་ལྕགས་ ཡོས་ལོར་འཁྲུངས། སྐུ་ཞང་སངས་རྒྱས་དཔལ་ལས་དགེ་བསྙེན་སྒྲུབས། འབྲི་ཀློ ག་གི་ རིགས། རྒྱ་གར། རྒྱ་ནག ཧོར། བལ་བོ། ཁ་ཆེའི་ཡིག་རིགས་རྣམས་དང༌། མཁའ་འགྲོའི་ བརྡ་ཡིག་གྲངས་མེད། མེ་ཆུའི་ཡི་གེ ལྷ་བཟོ། ལྷ་རིས། ཤིང་བརྐོ ས། དཀྱིལ་འཁོར་བྲི་ཐིག རྩིས་དཀར་ནག སྨན་དཔྱད། སྒྲ་སྙན་ངག་སྡེབ་སྦྱོར་སོགས་དཀའ་ཚེགས་མེད་པར་ཐུགས་ སུ་ཆུད་པས་མཚན་ཡང་ཀུན་མཁྱེན་ཞེས་གྲགས། དགུང་ལོ་བཅུ་གསུམ་ནས་ཉེར་གསུམ་ བར་གྱི་སྐོར་ལ་རབ་བྱུང་གཞུང་ལུགས་ལ་ཐོས་བསམ་བསྙེན་རྫོགས་བཅས་ལེགས་པར་ གསན་པས་དེ་ཀུན་གྱི་སྐབས་བབ་ཀྱི་དོན་མཐའ་དག་བྱང་ཆུབ་ཅིང་དཀར་ལྷ་ཕུག་ཏུ་ཕྱག་ རྡོར་འཁོར་ཆེན་ལྷ་བཅོ་བརྒྱད་ཀྱི་བསྐྱེད་རྫོགས་ལ་ཐུགས་དམ་མཛད་སྐབས། ཕག་རི་རིན་ ཆེན་སྒང་ན་སྔོན་རྒྱལ་བ་ལྷ་ནང་པས་བཞེངས་ཤིང་རབ་གནས་བགྱིས་པའི་དྲཀྴད་ཀྱི་རིས་ བྲིས་ཤིག་ཡོད་པ་དེས་དགོན་གཉེར་ལ་གསུང་བྱོན་ནས་ལྷ་ནང་པ་རང་གི་སྐྱེ་བ་དངོས་ད་ལྟ་ དཀར་ལྷ་ཕུག་ཆེན་ན་གསང་བདག་གི་སྒྲུབ་པ་ལ་བཞུགས་ཡོད་སར་རྟེན་ཐང་སྐྱོལ་གསུང་བ་ བཞིན་ཕྱག་ཏུ་ཕུལ་བས་གཉོས་ལྷ་ནང་པའི་སྐྱེ་བར་གྲགས། དེ་ནས་མཁན་ཆེན་རིན་རྒྱལ་ བ་སོགས་འདུས་པ་བརྒྱ་ཕྲག་ཙམ་ལ་འཁོར་ཆེན་གྱི་དབང་གནང་བས་སྐལ་ལྡན་མང་པོས་ ལྷ་གཙོ་འཁོར་དུ་མར་མཐོང༌། ཆོས་སྐྱོང་གིས་ཞལ་གཟིགས་ཏེ་ལུང་བསྟན་བཞིན་ལྕམ་ དྲལ་གྱི་སྐུ་འདྲ་གསེར་ཟངས་ལས་བཞེངས་ཤིང་ངོ་མཚར་རྟགས་བཅས་རབ་གནས་མཛད། སྐུ་ཞང་གཤེགས་པའི་དགོངས་རྫོགས་རྟེན་བཞེངས་མཆོད་པ། སྦྱིན་གཏོང་སོགས་རྒྱ་ཆེར་ བྱས། དེ་ཕྱིན་དགོན་བྲག་དཀར་དུ་འདུས་པའི་ཚོགས་མང་པོ་ལ་བཀའ་གདམས་གཞུང་དྲུག་ སོགས་དབང་ལུང་མན་ངག་བཤད་ཁྲིད་མཐའ་ཡས་པས་གདུལ་བྱ་མི་དང་མི་མིན་གྱི་སེམས་ ཅན་མང་པོའི་དོན་མཛད། དེ་ནས་བ་རི་སྐུ་མཆེད་ལ་ཆོས་བཀའ་ཡང་བསྩལ། དགུང་ལོ་རེ་ 2-1-75 དགུར་ཞབས་ཅུང་ཟད་བསྙེལ་མུ་ནས་ས་ཕག་རྟ་ཟླའི་ཚེས་གཅིག་ལ་བརྒྱུད་འཛིན་སངས་ རྒྱམ་རྒྱལ་ཚབ་ཏུ་དབང་བསྐུར་ཏེ་ངོ་མཚར་བཅས་སྐུ་འདས་སོ། ། བཅུ་པ་འཇམ་དབྱངས་ཆོས་རྗེ་དགེ་ལུགས་པ། མཆན། ནི། བསམ་ཡས་སུ་བསམ་འགྲུབ་གླིང་ པའི་ཞལ་ངོར་ལུག་ལོ་ལ་བལྟམས། རང་གི་མནལ་ལམ་དུ་མཁའ་འགྲོས་གཉོས་ལྷ་ནང་པ་ སོགས་སྐྱེ་བརྒྱུད་མང་པོ་ལུང་བསྟན། རྩེ་ཐང་དུ་རབ་ཏུ་བྱུང༌། གསང་ཕུ་དང་སྐྱོར་མོ་ལུང་དུ་ ཕར་ཚད་འདུལ་མངོན་རྣམས་ལ་མཁས་པར་སྦྱང༌། དགའ་ལྡན་དུ་རྗེ་ཙོང་ཁ་པའི་དྲུང་ནས་ དྲང་ངེས་རྣམ་འབྱེད་གསང་འདུས་འགྲེལ་བཤད་སོགས་མདོ་སྔགས་ཀྱི་ཟབ་ཆོས་མང་པོ་ དང་བསྙེན་རྫོགས་བཅས་ཞུས་ཏེ་སྐུ་ཡོན་ཏན་གྱི་རྒྱ་མཚོར་གྱུར། ཆོས་སྐྱོང་གནས་ཆུང་གིས་ དགེ་འདུན་སྟོང་ཕྲག་ལྔའི་དངོས་གྲུབ་བཅས་ལུང་བསྟན་པ་ལྟར་ཆོས་སྡེ་དཔལ་ལྡན་འབྲས་ སྤུངས་བཏབ། པོ་ཏི་བརྒྱ་དང་སུམ་ཅུ་ལ་ཐུགས་བཤད། ཉིན་རེ་བཞིན་གསང་སྔགས་ཀྱི་ཆོ་ ག་དང་བསྙེན་པ་གྲངས་མང་ཞལ་འདོན་མཛད། འཇམ་དབྱངས་ཀླུ་སྒྲུབ་ཞི་འཚོ་རྗེ་རིན་པོ་ཆེ་ རྣམས་ཀྱི་གཟིགས་སྣང་བརྒྱུད་མར་བྱུང་ཞིང་རླུང་འོད་ཟེར་ལྔ་པའི་ཁ་དོག་མཐོང་བ་སོགས་ ངོ་མཚར་བའི་ལོ་རྒྱུས་མང་ལ་དགུང་ལོ་དོན་གཅིག་པ་སྦྲུལ་ལོའི་བཞི་པའི་ཚེས་བཅོ་བརྒྱད་ ལ་ཞི་བར་གཤེགས། བཅུ་གཅིག་པ་ཆོས་ཀྱི་ཉིན་བྱེད་ནི། སིང་གྷ་ལའི་རྒྱ་མཚོའི་ཕ་རོལ་ཡུལ་གྲུ་བཟང་པོར་ ཡབ་པྲ་ཧྨ་ཤྲི་ཛ་ཏི་དང༌། ཡུམ་པདྨ་ཞེས་པའི་སྲས་སུ་བལྟམས། པཎྜི་ཏ་མིའི་ཉི་མ་སོགས་ལ་ རབ་བྱུང་བསྙེན་པར་རྫོགས། མིའི་ཉི་མས་ཡི་དམ་རལ་གཅིག་མ་ཉམས་བཞེས་སུ་བསྩལ་ པས་རི་བོ་བྱ་རྩེར་བསྒྲུབས་པས་ཞལ་བསྟན་ཏེ་ཕྱིས་རི་བོ་རྩེ་ལྔར་འབྱོན་པའི་ལུང་བསྟན། དབུས་འགྱུར་རྡོ་རྗེ་གདན་སོགས་གནས་རྣམས་མཇལ་ཏེ་མུ་སྟེགས་ཀྱི་རྒོལ་བ་འགའ་ཚར་ བཅད། དགུང་ལོ་ཉེར་གསུམ་ཡི་དམ་གྱི་ལུང་བསྟན་ལྟར་རི་བོ་རྩེ་ལྔར་བྱོན་པས་འཇམ་ 2-1-76 དཔལ་གྱིས་རྒྱུད་བྱིན་གྱིས་བརླབས། དེ་ནས་བོད་ཀྱི་ཚོང་པ་མང་པོའི་ཞབས་འབྲང་སྟེ་བྱང་ སྟག་ལུང་དུ་ཕེབས། ངག་དབང་གྲགས་དང་མཇལ་ལོ་གཅིག་བཞུགས་ཏེ། སྟག་ལུང་པས་ ཞབས་ཏོག་བགྱིས་ཏེ་ཀརྨ་ཆོས་གྲགས་རྒྱ་མཚོའི་སྤྱན་སྔར་ཕེབས་ཇོ་བོ་ལ་བསྟོད་བཤགས་ བསྐོར་བ་མང་དུ་མཛད། པོ་ཏ་ལར་བཞུགས་གནས་མཛད་དེ་རྒྱ་གར་ལུགས་ཀྱི་དཀྱིལ་ འཁོར་ཐིག་རྩ་སྤེལ། དེ་ནས་གོང་དཀར་དང་གཙང་ལ་བརྒྱུད་ནས་གསེར་མདོག་ཅན་ཏུ་ ཕེབས་དེར་རིག་གནས་རེ་དང་ལྷ་མོའི་རྗེས་གནང་བསྩལ་ཁོང་གིས་པཎ་ཆེན་ཤཱཀྱ་མཆོག་ ལྡན། མཆན། ལ་དབང་ཞིག་གསན་ནས་ཡར་ལམ་མངའ་རིས་སུ་ཕེབས་ཞབས་ཏོག་རྗེ་གྲོལ་ མཆོག་གི་ཡབ་ཡུམ་གྱིས་བསྒྲུབས། ཡུམ་ལ་གནས་ཁང་གཡར་དགོས་གསུངས་ནས་གུང་ ཐང་བརྒྱུད་བལ་བོར་བྱོན། པཎྜི་ཏ་ཛེ་ས་གསེན་ལས་འཁོར་ལོ་སྡོམ་པའི་དབང་མནོས་ནས་ རྣལ་འབྱོར་པའི་ཆས་སུ་བསྒྱུར་ཏེ་རྒྱ་གར་ལ་ཕེབས་རྡོ་རྗེ་གདན་གྱི་བྱང་ཆུབ་ཆེན་པོ་ལ་ཕྱག་ མཆོད་སྨོན་ལམ་མཛད་དེ་སླར་རང་ཡུལ་དུ་བྱོན་དགོངས་ཏེ་བྱོན་ལམ་གྲུ་ཞིག་པས་ཞི་བར་ གཤེགས་སོ། ། ༼༢༧༽ བཅུ་གཉིས་པ་རྗེ་ཀུན་དགའ་གྲོལ་མཆོག་མངའ་རིས་སྨད་ཀྱི་གློ་བོ་སྨན་ཐང་ཞེས་ པར་གཉག་སྟོན་ཤཱཀྱ་མུ་ནེའི་རིགས་རྒྱུད་དུ་ཡབ་དཔོན་དྲུང་ཚེ་དབང་བཟང་པོ་ལོ་ང་བརྒྱད་ དང༌། ཡུམ་བཙུན་མོ་སྔ་ཕྱི་གཉིས་ལས་ཕྱི་མ་ལོ་ཉེར་གཉིས་བཞེས་པ་གཉིས་ཀྱི་སྲས་སུ་མེ་ ཡོས་ལོར་འཁྲུངས། རྭ་སྟོན་ཆོས་རྗེར་མིང་ཞུས་པས་སྒྲོལ་མ་འབུམ་དུ་གསོལ། བཙུན་པའི་ བག་ཆགས་བཟང་པོར་འདུག་པས་ཆོས་སྒོ ར་ཆུག་ཅེས་ལུང་བསྟན། དགུང་ལོ་བཞི་པར་དྲུང་ བ་ཆོས་རྗེ་ལས་སྐྱབས་སྡོམ་དང་དགེ་བསྙེན་རིམ་གྱིས་ཞུས་ཏེ་མདོ་སྡེ་སྐྱེས་རབས་ཀློག་པས་ ཕལ་ཆེར་ཐུགས་སུ་ཆུད། དགུང་ལོ་བདུན་པར་དྲུང་པ་ཆོས་རྗེ་ལས་གཤེད་དམར་ལྷ་ལྔའི་ དབང་ཞུས་གསང་མཚན་ཞེ་སྡང་རྣམ་དག་རྡོ་རྗེ་གསོལ། དེ་ལོར་ཞེན་པ་བཞི་བྲལ་གྱི་ཁྲིད་ 2-1-77 གསན་པས་ཉམས་རྟོགས་ཁྱད་པར་ཅན་འཁྲུངས། རྗེ་དྲུང་བཙུན་པ་ལས་བསྡུས་རྩིས་དང་ གཞུང་ཆེན་རྣམས་ཐུགས་ལ་བཟུང་ནས་རྒྱུགས་ཕུལ། གཞན་ཡང་ཕར་ཚད་འདུལ་མངོན་ བྱམས་ཆོས་ལྷག་མ་བཞི། སྤྱོད་འཇུག བཤེས་སྤྲིངས་སོགས་ཐུགས་སུ་ཆུད་དེ་དྲུང་བ་ཆོས་ རྗེ་ལ་རྒྱུགས་སྣོ ན་ཕུལ། བྱམས་གླིང་པ་དང༌། དྲུང་བ་གཉིས་ལས་རྗེས་གནང་མང་པོ་ཞུས་ཏེ་ ལྗགས་བསྙེན་ཡང་གྲུབ་པར་མཛད། དགུང་ལོ་བཅུ་པར་དྲུང་བ་ལས་དགེ་ཚུལ་གྱི་སྡོམ་པ་ གསན། ཀུན་དགའ་གྲོལ་མཆོག་ཏུ་མཚན་གསོལ། དགེ་བསྙེན་སྡོམ་བརྒྱད་ཀཱ་རི་ཀཱ་སོགས་ ཀྱི་རྩ་འགྲེལ་བཅས་ཀྱི་ལུང་གསན། མཁན་སུ་བྷ་ག་ཏ་སོགས་ལས། མདོ་སྐོར། རྒྱ་གཞུང་ སྐོར། བཀའ་གདམས་པའི་གསུང་བགྲོས་མང་པོ། ཟུར་བཀའི་རྗེས་གནང་མང་པོ་གསན། ལམ་འབྲས་ལ་སྦྱང་བ་མཐར་ཕྱིན་མཛད། དགུང་ལོ་བཅུ་གསུམ་པར་དབུས་གཙང་དུ་བྱོན་ ལམ་ས་སྐྱར་ཕེབས། ཁའུའི་བྲག་རྫོང་དུ་ཀུན་སྤངས་རིན་པོ་ཆེ་ལས་དཔལ་མགོན་ཐིམ་ པའི་བྲག་སྒོ་ཉིད་དུ་ཞལ་བཞི་པའི་རྗེས་གནང་གསན། རྟགས་མཚན་ངོ་མཚར་བ་བྱུང༌། དེ་ ནས་གསེར་མདོག་ཅན་དུ་ཕེབས་ཨ་མོ་གྷ་སིདྡྷིའི་ཞལ་སྔ་ནས་མཚན་ཉིད་ཕྱོགས་ལ་གསན་ སྦྱོང་གྱིས་མཁས་པའི་ཕུལ་ཕྱིན་མཛད། གཞན་ཡོངས་འཛིན་དུ་མ་ལས་སྔགས་ཕྱོགས་ཀྱི་ དབང་བཀའ་སོགས་གསན་སྦྱང་མཛད་དེ་སླར་རང་ཡུལ་དུ་ལོག པཎ་ཆེན་བྱམས་གླིང་པ་ དང་དྲུང་བ་ཆོས་རྗེ་མཇལ་འཛོམས་གནང་སྟེ་དགྱེས་ཆེན་མཛད། དེ་ནས་ངོར་ཆེན་ཡབ་སྲས་ དང་དྲུང་བ་ཆོས་རྗེ་རྣམས་ཀྱིས་མཁན་སློབ་སོགས་མཛད་ནས་བསྙེན་རྫོགས་ཞུས་དྲུང་པ་ ཆོས་རྗེའི་གདན་སར་མངའ་གསོལ་ཆོས་རྗེ་རྣམ་གསུམ་བྱམས་གླིང་པ། ངོར་ཆེན་པ། དྲུང་པ། མཆན། གྱི་ ཕྱག་ནས་གནང༌། ཇོ་ཤཱཀ་རྣམ་གཉིས་མཇལ། གསེར་མདོག་ཅན་དུ་ཕེབས་འགྱེད་སོགས་ རྒྱས་པར་གནང༌། མཁའ་འགྲོ་ནཻ་གུ་མའི་ཞལ་གཟིགས་ཏེ་ཆོས་དྲུག་གི་བཀའ་རྣམས་ཞུས། བྲག་སྟངས་རྡོ་རྗེ་རྫོང་དུ་རྣམ་སྲས་རྟ་བདག་བརྒྱད་ཀྱི་ཞལ་གཟིགས། མནལ་ལམ་དུ་མི་ཏྲ་ 2-1-78 ཛོ་ཀིས་སྙིང་པོ་དོན་གསུམ་གནང་ཞིང་ནཻ་གུ་མ་སོགས་མཁའ་འགྲོ་མང་པོའི་ཚོགས་འཁོར་ དུ་ཡང་ཡང་ཕེབས། ཤ་བ་རིས་ཀྱང་བྱིན་རླབས་དབང་བསྐུར་བ་སོགས་དག་སྣང་དུ་ལྷ་དང་ བླ་མ་ལས་ཟབ་ཆོས་དུ་མ་གསན་ཏེ་ལྷ་དང་མཁའ་འགྲོས་སྦྱིན་པའི་མིང་འཇམ་མགོན་གྲུབ་ པའི་དཔའ་བོ་ཞེས་བྱ་ལ། དངོས་ཀྱི་བླ་མ་མཁས་གྲུབ་བཞི་བཅུ་ཙམ་བསྟེན་ནས་མདོ་སྔགས་ མཐའ་ཡས་པ་གསན་པ་ལས་རྗེ་སྤྱང་ལུང་བས་བློ་གསལ་རྒྱ་མཚོའི་སྡེ་ཞེས་མིང་བསྩལ། རྒྱ་ སྒོམ་ལེགས་རྒྱལ་ལས་མགོན་པོའི་སྤྲུལ་པས་ཆོས་བདག་པོའི་ལག་ཏུ་སྤྲོད་གསུངས་པའི་ ལུང་བསྟན་ལྟར་ནཻ་གུའི་ལུགས་སྲོལ་བཅུ་གཉིས་ཀྱི་ཆོས་སྐོར་མ་ཚང་བ་མེད་པར་གསན། ཁྱད་པར་ལོ་ཆེན་རིན་ཆེན་བཟང་པོ་ལས་ནམ་མཁའ་དཔལ་བཟང་ནས་བརྒྱུད་པའི་དུས་ཀྱི་ འཁོར་ལོའི་ཆོས་སྐོར་ཡོངས་རྫོགས་ཞུས། བཀྲ་ཤིས་ལྷུན་པོར་ཕེབས། པཎ་ཆེན་བློ་བཟང་ བསྟན་པས་བསྙེན་བཀུར་མཛད། སྔ་ཕྱི་གཉིས་ཀར་ངམ་རིང་དུ་ཕེབས་དེར་བླ་མ་འགའ་ ཞིག་ལས་ཆོས་གསན། གཞན་ཡང་དབུས་གཙང་མངའ་རིས་སོགས་ཡུལ་ཕྱོགས་མང་པོར་ ཕེབས་སེར་སྐྱ་མཆོག་དམན་མཐའ་དག་ལ་ཆོས་ཆར་འཛད་མེད་ཕབ་པས་བྱང་བདག་ངག་ དབང་རྣམ་རྒྱལ་བཀྲ་ཤིས་སྟོབས་རྒྱས། རིན་སྤུངས་ཆོས་རྒྱལ་ངག་གི་དབང་ཕྱུག འཇིག་ རྟེན་མགོན་པོ་གྲགས་པ་རྡོ་རྗེ། རྒྱལ་པོ་ལྷ་སྲས་ཉིན་བྱེད་དབང་པོ། རྡོ་རྗེ་གདན་གྱི་ཁུ་དབོན་ རྣམས་དང༌། ཡར་འབྲོ ག་ཁྲི་དཔོན་བསྟན་འཛིན། སྡེ་བ་ཀུན་སྤངས་དྲུང༌། རྒྱལ་རྩེའི་ཡུམ་ མངའ་བདག་རྒྱལ་མོ་སོགས་བོད་ཀྱི་ཆེ་རྒུ་མཐའ་དག་གིས་དབུ་བླར་བསྟེན། དབང་བཀའ་ མན་ངག་སྐོར་ཐུགས་ལ་བཞུགས་རིམ། སྒྲོལ་མ་མགོན་པོའི་སྐོར། སྙན་བརྒྱུད་ཚད་མ་བཞི་ ལྡན་གྱི་ཆོས་སྐོར། སྒོ མ་རིམ་པ་ནས་བརྒྱུད་པའི་གྲོལ་མཆོག་ཁྲིད་བརྒྱའི་སྐོར། བློ་སྦྱོང་སྐོར། སྙིང་པོ་དོན་གསུམ། སེམས་ཉིད་ངལ་གསོ། ཐིག་ལེ་བཅུ་དྲུག ཤེར་ཕྱིན་བཀའ་བབས་དྲུག་ པ། ཞི་བྱེད་ལམ་ལྔ། བྱམས་ཆོས་སྡེ་ལྔ། ཀྱཻ་རྡོར་འཁོར་ཆེན་བསྐྱེད་རྫོགས། དུས་འཁོར་མན་ 2-1-79 ངག སྦྱོར་དྲུག ལམ་འབྲས། གསང་འདུས་རིམ་ལྔ། བདེ་མཆོག རྡོ་རྗེ་གདན་བཞི། ནཱ་རོ་ཆོས་ དྲུག ནཻ་གུ་ཕྱག་ཆེན་གའུ་མ་སོགས་དབང་ལུང་མན་ངག་བརྒྱ་རྩ་བརྒྱད་ཀྱིས་མཚོན་ཇོ་ནང་ ཤངས་པ། ས་སྐྱ་སོགས་ཀྱི་དབང་བཀའ་མང་པོ་དང༌། ཚེ་དབང་འཆི་མེད་དཔལ་སྟེར་སོགས་ རྙིང་ཕྱོགས་ཀྱི་ཆོས་སྐོར་དང་བཅས་ཟབ་ཆོས་ཀྱི་མཛོད་ཆེན་པོར་བཞུགས་ལ། རྒྱལ་བ་ དགེ་འདུན་རྒྱ་མཚོ་དང་ལན་གཉིས་མཇལ་བས་དང་པོའི་སྐབས་འབེལ་གཏམ་དང་ཕན་ཚུན་ ཐུགས་མཉེས་མཛད། རྗེས་མཇལ་དུས་ཆོས་འབྲེ ལ་བཀའ་གདམས་ནོར་ཕྲེང་གི་རྩ་བའི་ལུང་ ཞུས། མདོར་ན་རྗེ་འདིས་མདོ་སྔགས་ལམ་གྱིས་མཆོག་བརྙེས་ཤིང་རྣམ་དཀར་མཛད་པས་ འགྲོ་དོན་ལྷག་པར་ཆེ་བ་མཛད་ལགས་སོ། །ཁྱད་པར་གསེར་མདོག་ཅན། དཔལ་འཁོར་ བདེ་ཆེན། རྩེ་ཆེན། ངམ་རིང་སོགས་དགོན་སྡེ་མང་པོའི་ཆོས་ཁྲིར་འཁོད་ཀྱང་བྱ་བཏང་ཡན་ པ་བློ་བདེ་བྱས་ནས་དགོན་སྡེའི་ཞལ་འཛིན་ཆེར་མ་མཛད་དེ་རྣལ་འབྱོར་རང་ས་འཛིན་དུས་ སེམས་ཀྱི་མདུད་གྲོལ་ཞེས་པའི་མཚན་ཐོགས། བར་སྐབས་རེར་ཇོ་ནང་གི་གདན་ས་མཛད། སྐུ་ཚེའི་སྨད་དུ་ཆོས་ལུང་བྱང་རྩེ་བཏབ་ནས་སྒྲུབ་སྡེ་ལ་གཙོ་བོར་མཛད། བུ་སློབ་ཀྱི་གཙོ་བོ། རྡོ་རིང་ཀུན་དགའ་རྒྱལ་མཚན། ཆོས་སྐུ་ལྷ་དབང་གྲགས་པ། མཁས་དབང་བྱམས་པ་ལྷུན་ གྲུབ། མཁན་ལུང་རིགས་རྒྱ་མཚོ། རྗེ་དྲུང་ཀུན་དགའ་དཔལ་བཟང་རྣམས་སོ། །དེ་ནས་སྔོ ན་ གྱི་སྐྱེས་རབས་དང་རྗེས་ནས་ཡང་སྲིད་ངོས་འཛིན་སོགས་ཀྱི་ལུང་བསྟན་གསལ་བར་མཛད་ དེ་བསྟན་འགྲོའི་དོན་རེ་ཞིག་རྫོགས་ཚུལ་གྱིས་དགུང་ལོ་དྲུག་ཅུ་མེ་སྟག་ལོའི་ཟླ་བ་དང་པོའི་ ཚེས་བརྒྱད་ལ་གཟུགས་སྐུ་ཆོས་དབྱིངས་སུ་ཐིམ་པའོ། ། བཅུ་གསུམ་པ་དགའ་བྱེད་ས་སྐྱོང་ནི། རྒྱ་གར་དུ་གཱ་ཡ་ཞེས་པའི་གྲོང་ཁྱེར་ན། རྒྱལ་ པོ་བྷ་ར་ཏ་རིའམ་རཱ་མ་བརྟ་རི། མཆན། བྱ་བ། ཡུལ་མ་ག་དྷ། བཅོམ་བརླག བྲ་ཡ་ག་རྣམས་ཀྱི་ བདག་པོར་གྱུར་པ་ཞིག་གི་སྲས་སུ་འཁྲུངས། རྒྱལ་པོ་དེ་མུ་སྟེགས་པ་ལ་དད་པ་ཞིག་སྟེ། 2-1-80 རྒྱལ་བུ་བལྟམས་པའི་བཙས་སྟོན་དུ་ཕོ་བྲང་གི་ཡང་ཐོག་ཏུ་བྲམ་ཟེ་རྣམས་མཆོད་པའི་ལས་ བྱེད་དུ་བཅུག་སྐབས་རྣལ་འབྱོར་པ་ཞིག་གང་བྱུང་ཆ་མེད་དུ་ཐོན། དེ་ལ་བྲམ་ཟེ་དག་གིས་ སོངས་ཤིག་བྱས་པས། རྣལ་འབྱོར་པ་དང་ཁོ་རང་རྣམས་ཀྱི་མཆོད་རྫས་བཅས་མི་སྣང་བར་ གྱུར་པས་ཡ་མཚན་སྐྱེས། ཡང་རྣལ་འབྱོར་པ་གཞན་ཞིག་བྱུང་ནས་དམ་པ་གུ་རུ་ནཱ་མ་ཞེས་ སྨྲས་ནས་དེ་ཡང་མི་སྣང་ངོ༌། །དེ་ནས་རེ་ཞིག་ན་བཙས་སྟོན་ཆེར་བྱེད་སྐབས་རྒྱལ་པོ་ཉིད་ མུ་སྟེགས་པ་ལ་དད་པས་དཔག་ཚད་བརྒྱ་ཁོར་ཡུག་ཏུ་ཕྱི་ནང་གི་རབ་བྱུང་གཞན་སྲུང་ཞིང་ སྔར་གནས་རྣམས་བསྐྲད་གློ་བུར་པ་ཡོང་དུ་མ་བཅུག་ནས་མཆོད་སྦྱིན་ཁང་པར་སྲེད་མེད་ བུའི་སྐུ་ལ་མཆོད་ཡོན་འབུལ་ཚེ། གློ་བུར་དུ་རྣལ་འབྱོར་པ་ཞིག་བྱུང་ནས་མཆོད་སྦྱིན་ཆུ་སྣོ ད་ དུ་ཁྲུས་བྱས་པས་བྲམ་ཟེ་རྣམས་ཀྱིས་བརྡེག་པར་བརྩམས་པ་ན། ཕ་ཊཱ་ཡེ། ཞེས་ཟེར་བས་ མཆོད་སྦྱིན་གྱི་ཁང་པ་ཞིག་པས་དེ་ཐམས་ཅད་སྐྲག་པ་ན། རྣལ་འབྱོར་པའི་ཞལ་ནས། རྒྱལ་ པོ་ལ་ཁྱོད་ཀྱི་བུ་ནི་སྐྱེ་བ་སྔོན་དུ་སངས་རྒྱས་པའི་རིགས་ཡིན་པས་འདིའི་བཙས་སྟོན་བྲམ་ ཟེའི་མཆོད་སྦྱིན་མི་འོས། རྣལ་འབྱོར་པ་ལ་མཆོད་པ་རྒྱ་ཆེར་གྱིས་ཞེས་གསུངས། ཁྱོད་སུ་ ཞིག ཞུས་པས་མེ་གྷ་ནཱ་ཐའོ་གསུང༌། དེ་ལྟར་རྣལ་འབྱོར་བའི་བཀའ་བཞིན་བྱས། མིང་ར་ མ་གཱོ་པཱ་ལར་བཏགས། ཕྱིས་སུ་སྲས་ཀྱིས་ཀྱང་སངས་རྒྱས་དང་སློབ་དཔོན་གོ་རཀྵ་ཁོ་ནའི་ བསྔགས་པ་བརྗོད། ཡུམ་རྒྱལ་རིགས་ཀྱི་བུ་མོ་ལཀྵྨཱི་ནི་ཐོག་མ་ནས་སངས་རྒྱས་ལ་དད་པས་ པཎྜི་ཏ་གསུམ་ལྡན་རྡོ་རྗེ་འཛིན་པ་བསོད་སྙོམས་པ་ཞིག་སྤྱན་དྲངས། དེས་ཀྱང་རྒྱལ་བུ་ལ་ སངས་རྒྱས་ཀྱི་བསྟོད་པ་མང་པོ་འཛིན་དུ་བཅུག ལྷ་མང་པོའི་དབང་བསྐུར་རིག་སྔགས་བྱིན་ པས་སྔོ ན་གྱི་སྐྱེ་བ་མང་པོ་དྲན། ཁྱད་པར་ཡང་སྲི ད་སྔ་མ་བོད་དུ་ཆོས་ཀྱི་སྒྲོན་མེ་སྦར་བ་ཡང་ དྲན་པས་ཀུན་ཀྱིས་ངོ་མཚར་དུ་འཛིན། ཡང་བསོད་སྙོམས་པ་ཀུབྟ་མུ་དྲ་ལས་སེམས་བསྐྱེད་ དང་ཟབ་ཆོས་མང་དུ་ནོད་པས་རྣལ་འབྱོར་ལ་བརྩོན་པར་མཛད། ཡང་སྐབས་ཤིག་ནགས་ 2-1-81 ཚལ་དུ་རྒྱུ་ཚེ། ཤིང་དྲུང་ཞིག་ན་རྣལ་འབྱོར་པ་བཅུད་ལེན་གྲུབ་པ་གཡོག་སྤྲེའུ་གསུམ་དང་ དོམ་ཞིག་གིས་བྱེད་པ་མཉམ་བཞག་ཏུ་རླུང་གི་རྒྱུ་བ་འགགས་པ་གྲུབ་ཐོབ་ཨོ་ཀོ་ར་ནཱ་ཐའི་ དངོས་སློབ་མེ་གྷ་ནཱ་ཐའམ་ཛྭ་ལ་ནཱ་ཐ་ཞེས་བྱ་བ་བཞུགས་པ་མཐོང་བས་དད་དེ་དེ་ལ་བསྙེན་ བཀུར་མཛད་པ་ན་བྱིན་རླབས་དང་གདམས་ངག་གནང་ནས་བུ་ཁྱིམ་དུ་མ་འགྲོ་དེ་ཉིད་དུ་ སྡོད་ཅེས་གསུངས་ནས་བསྡད་པ་ན། ཡབ་ཀྱིས་སློབ་དཔོན་གྱིས་བུ་མ་བཏང་བ་ལ་ཁྲོས་ནས་ རྟ་པ་སྟོང་ཕྲག་གཉིས་བཏང་བ་རྣམས་སློབ་དཔོན་གྱིས་རེངས་བར་མཛད་པས་ཐམས་ཅད་ངོ་ མཚར་ནས་མོས་གུས་བྱས་པས་རེངས་བ་རྣམས་གྲོལ་ཞིང་རྒྱལ་པོ་ལ་སྦྲན་པས་རྒྱལ་པོ་ཡང་ ངོ་མཚར་སྐྱེས་ནས་སློབ་དཔོན་ལ་ཕྱག་འཚལ་བཟོད་གསོལ་ཕུལ་བས་སློབ་དཔོན་གྱིས་ཀྱང་ བི་བྷུ་ཏིའི་ཐིག་ལེ་ཡང་བསྩལ་ཏོ། ། དེས་ན་རྒྱལ་བུ་འདི་སྐབས་འགར་སློབ་དཔོན་རྣམ་གསུམ་པནྜི་ཏ། ཀུབྟ་མུ་དྲ། མེ་གྷ་ནཱ་ཐ། མཆན།གྱི་དྲུང་དང༌། སྐབས་འགར་ཕོ་བྲང་དུ་བཞུགས། ཡབ་དང་ལྷན་ཅིག་བཎྜ་བརྷ་ན་སོགས་ ཡུལ་མང་པོར་བྱོན། སློབ་དཔོན་ཨཱ་ནནྡ་པྲ་ཤོ་ཏི་དང་མཇལ་སྒྲོལ་མའི་བཟླས་ལུང་མནོས་ པས་འཕྲལ་རྟགས་བྱུང༌། ར་ཛ་གྲ་ཧ་སོགས་གནས་ཆེན་ཀུན་དང་ནགས་དང་གྲོང་ཁྱེར་ཀུན་ ཏུ་ངོ་མཚར་སྒྱུ་མའི་རོལ་རྩེད་མཛད་ཅིང༌། སྐྱེས་བུ་མཆོག་གི་ལོ་བརྒྱའི་བྱ་བ་དེ་འདིས་ལོ་ བརྒྱད་དུ་ཉེ་བ་ན་རྫོགས་པར་མཛད་ཅེས་གྲགས་སྐད་དོ། །དེ་དག་སྐྱེས་རབས་བཅུ་གསུམ་ གྱི་ས་བོན་ཙམ་མོ། ། གཉིས་པ་མཛད་ཚུལ་དངོས་ལ། ཐོག་བར་ཐ་གསུམ་གྱི་མཛད་པ་གསུམ་ལས། ༼༢༨༽ དང་པོ་ཐོག་མའི་མཛད་ཚུལ་ཡང་སྐུ་སྐྱེ་བཅུ་བཞི་པ་རྗེ་བཙུན་ཀུན་དགའ་སྙིང་ པོ་སྟེ། དེ་ཡང་བོད་ཁམས་སྐྱོང་བའི་བརྟན་མ་བཅུ་གཉིས་ཀྱི་ནང་ནས་རྡོ་རྗེ་གཡུ་སྒྲོན་མའི་ གནས་ཁ་རག་འབྲང་གི་ཕུ། སྔོ ན་རྭ་ལོ་ཙཱ་བ་ཆེན་པོའི་བརྒྱུད་པ་རིམ་པར་བྱོན་པའི་བསྟི་ 2-1-82 གནས་ད་ལྟ་ཆོས་འཁོར་ལྡིངས་སུ་གྲགས་པ་རྭ་ཤར་ནུབ་གཉིས་ལས་ཤར་བ་ཀུན་དགའ་ སེང་གེས་བཏབ་པའི་དགོན་གཞི་དེར། དེའི་གདུང་རྒྱུད་སྔགས་འཆང་ཚུལ་ཁྲིམས་རྒྱ་མཚོ་ ལ་སྲས་བཞི་བྱུང་བའི་ཆེ་ཤོས་རྣམ་རྒྱལ་ཕུན་ཚོགས་དང་ཡུམ་རྡོ་རྗེ་བུ་དགའ་ལྷ་མོ་གཉིས་ ཀྱི་སྲས་སུ་ཕྱི་ལོ། ༡༥༧༥ རབ་ལོ། ༥༤༩ མཆན། ཤིང་མོ་ཕག་ལོ་ཆུ་སྟོད་ཟླ་བའི་ཚེས་བརྒྱད་ལ་གྲོད་ པུ་འཇའ་ཚོན་ཁ་དོག་ལྔ་ལྡན་གྱི་ནང་དུ་འཁྲུངས། དེ་ཡང་ཁ་འབྱེད་མ་ཐག་ཁྱེའུ་སྐུ་ལ་ཤ་ མཚན་ཁྲག་ཞག་གི་ཐིག་ལེ་ལི་ཁྲིའི་ཚངས་སྐུད་ཀྱི་རྣམ་པ་ཅན། ཕྱག་ཞབས་ལ་འཁོར་ལོ་ དང་སྐུ་ལ་གུར་ཀུམ་གྱི་དྲི་ངད་ལྡན་པ་སྤྱན་གྱིས་ཕྱོགས་ཐམས་ཅད་ལ་གཟིགས་བཞིན་ཞལ་ ནས་སུམ་བྷ་ནིའི་སྔགས་ལན་གསུམ་བརྗོད་པ་ཞིག་བལྟམས་སོ། །དེ་སྐབས་མེས་པོས་ པདྨ་སྲི་གཅོད་རྡོ་རྗེ་ཞེས་པའི་མཚན་གསོལ། ངོ་མཚར་བའི་ལྟས་ཀྱང་ཉེ་སྐོར་གྱི་ལྡུམ་ར་ན་ མེ་ཏོག་མང་པོའི་ཁ་འབུས། ནམ་མཁའ་ནས་མེ་ཏོག་གི་ཆར་ཞག་བདུན་བབས། བྱ་བྱེའུ་ རྣམས་ཀྱང་སྐད་སྙན་སྒྲོགས་ཤིང༌། རི་དྭགས་རྣམས་རྩེ་དགའ་བྱེད། མི་ནད་ཕྱུགས་ནད་ཆད་ ཅིང་མི་རྒན་རྣམས་ཚེ་འཕེལ་ནས་གཞོན་ཤ་ཅན་དུ་གྱུར་པ་སོགས་ཡ་མཚན་པ་ཆེས་མང་ངོ༌། །ཟླ་བ་བརྒྱད་ནས་ཐམས་ཅད་ལ་འབྱོན་ཐུབ་ཅིང༌། དགུང་ལོ་གཅིག་ལོན་ཙམ་ནས་སྨྲ་ཤེས་ ཤིང༌། སྨྲ་ཤེས་ཙམ་ནས་ང་བླ་མ་ཀུན་དགའ་གྲོལ་མཆོག་ཡིན་ཞེས་ཡང་ཡང་གསུངས། སྐུ་ ཚེ་སྔོ ན་མའི་སྦྱིན་བདག་གྲྭ་རིགས་ལྷ་ཆ་རྟེན་གསུམ། ཉེ་གནས་དཔལ་འབྱོར་གྱིས་ཞབས་ ཕྱི་བགྱིས་པ་སོགས་གསལ་བར་སྨྲས་པས་ཀུན་ངོ་མཚར་སྐྱེས། ཀུན་ཀྱིས་གསང་ཐབས་སུ་ བསྐྱེད་བསྲི ངས། ནམ་ཞིག་ན་ཞལ་ངོ་འཁོར་བཅས་ནང་དུ་གསོལ་བ་མཛད་སྐབས་གང་བྱུང་ ཆ་མེད་པར་རྣལ་འབྱོར་པ་སྐུ་ཤ་སྔོ་སང་ངེ་བ་སྐུ་ལ་རས་དང་སྟག་ལྤགས་ཀྱི་ན་བཟའ་གསོལ་ བ་ལག་ན་མི་ཐོད་རློན་པ་ཐོགས་པ་རལ་པའི་ཐོད་བཅིངས་ཅན་ཞིག་བྱོན་པས་གཞན་ཀུན་ སྐྲག་ཀྱང་སྐུ་སྐྱེས་གཞོན་ནུ་དགྱེས་ཤིང་དེ་ལ་ཕྱག་འཚལ་ཏེ་གསུང་གླེང་མང་དུ་མཛད། དེས་ 2-1-83 ཀྱང་རྣམ་འཇོམས་ཀྱི་ཁྲུས་དང༌། ལྕགས་ཕུར་ཞིག་གནང༌། ཕུར་བུ་འདི་སྔོ ན་པད་འབྱུང་གིས་ མཚོ་རྒྱལ་ལ་གནང༌། དེས་སྣ་ནམ་བདུད་འཇོམས་ལ་གནང༌། དེས་བསམ་ཡས་སུ་གཏེར་དུ་ སྦས་པ་ཕྱིས་བླ་མ་གཡུང་སྟོན་པས་བཏོན་པ་ཡིན་ཚུལ་རྒྱས་པར་གསུངས། དེ་ནས་གསོལ་ བཞེས་མཛད་དེ་ཐེག་སོང༌། གཞན་ཡང་ན་ཆུང་ངུ་ནས་དག་སྣང་མང་པོ་གཟིགས་པ་དང༌། གཞན་རྒན་གཞོན་བར་གསུམ་ལ་རང་རང་དང་འཚམ་པར་ཆོས་གསུངས་ཤིང་རྟེན་གསུམ་ མཐོང་ན་དད་པ་དང་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སོགས་རང་ཤུགས་ཀྱིས་མངའ། ཡི་ གེ་འབྲི་ཀློ ག་ཕལ་ཆེར་དང༌། ཁྱད་པར་ཡི་དམ་ཆོས་སྐྱོང་གི་མངོན་རྟོགས་རྩ་སྔགས་གཏོར་ ཆོག་རྣམས་སུས་ཀྱང་མ་བསླབས་པར་རང་ཤེས་སུ་མཁྱེན་པ་ཡིན་ལ། དགུང་ལོ་གསུམ་དང་ ཟླ་བ་ཕྱེད་དྲུག་ལོན་སྐབས་ཆོས་རྗེ་བསྟན་འཛིན་པ་སྤྲུལ་སྐུ་ངོས་འཛིན་མཇལ་ཁ་ཞུ་ཆེད་ ལ་བྱོན་ཀྱང་སྐུ་སྐྱེས་མཆོག་ནས་བྱང་སྟག་རྩེའི་ཌཱ་མ་རུ་གསལ་བོར་ངོས་བཟུང་བ་ཙམ་མ་ གཏོགས་བཀའ་ལུང་ཆེར་མ་གནང་བ་སོགས་ཀྱིས་རེ་ཞིག་འགྱངས། དེ་ནས་མཁན་ཆེན་ ལུང་རིགས་རྒྱ་མཚོ་ཕོ་བྲང་དཀར་པོ་ན་བཞུགས་སྐབས་སྟག་ལོའི་ཧོར་ཟླ་བརྒྱད་པའི་ཚེས་ བཅོ་ལྔའི་ནུབ་མཁའ་འགྲོས་ལུང་བསྟན་དང་རྗེས་ནས་སྡེ་བ་སྣ་དཀར་རྩེ་བས་བསྐུལ་ཞིང་ ལོ་རྒྱུས་རྣམས་དང་མཁན་རང་ལ་སྔར་རྗེ་གོང་མས་གནང་བའི་ལུང་བསྟན་ཤོག་ཁྲ་སོགས་ དང་ཆེས་མཐུན་པས་ཐུགས་ཡིད་ཆེས་ཏེ་རྟེན་འབྲེལ་ལེགས་པའི་འབྱོར་བ་དང་བསྟུན་ནས་ འདི་སྐབས་དགུང་ལོ་བཞི་སྟེང་སྤྲུལ་སྐུ་སྤྱན་འདྲེན་བྱེད་མཁན་ལུང་རིགས་རྒྱ་མཚོས་རྒྱལ་ རྩེ་ནས་བྱང་ཞབས་དྲུང་བཀྲ་ཤིས་སྟོབས་རྒྱས་དབང་པོའི་བར་གྱི་མི་སྣ་དྲག་བསྡུས་རྟ་པ་ བརྒྱ་དང་དྲུག་ཅུ་རྩ་ལྔ་འཁོར་གཡོག་བཅས་མང་པོ་བསྡུས་ཏེ། མཁན་རང་ཉིད་སྤྲུལ་པའི་སྐུ་ བསླུ་ཞིང་མངའ་གསོལ་བའི་ཆེད་བྱོན་ཏེ་ཁོང་གཉིས་མཇལ་འཕྲད་སྐབས་སྔོན་གྱི་འདུ་ཤེས་ གསལ་པོས་ཕན་ཚུན་ཐུགས་དགྱེས་ཚོར་ཆེན་པོ་མཛད། མཁན་རང་དང་སྡེ་བ་སྣ་དཀར་རྩེ་ 2-1-84 པས་སྤྲུལ་སྐུ་དང་ཡབ་ཡུམ་བཅས་ལ་འབུལ་བ་ལེགས་པ་བགྱིས་ཏེ་ཟླ་བ་དགུ་བའི་ཉེར་ལྔ། མཆན། བཅུ་པའི་ཚེས་བཞི་ལ་མཆོག་གི་སྤྲུལ་སྐུའི་ཆིབས་ཁ་བསྒྱུར། དེ་ནས་རིམ་གྱིས་གཙང་ཕྱོགས་ སུ་བྱོན་ཏེ། སྡེ་བདག་ཞལ་ངོ་དགོན་པ་སོགས་རིམ་བཞིན་ངོས་འཛིན་དང་ཞལ་འཕྲོས་གོང་ མའི་དུས་ཇི་བཞིན་མཛད། ཆོས་ལུང་བྱང་རྩེར་ཁྲི་སྟོན་མཛད་སྐབས་རྗེ་གོང་མའི་བུ་སློབ་རྡོ་ རིང་ཀུན་དགའ་རྒྱལ་མཚན། ཐུགས་སྲས་ལྷ་དབང་གྲགས་པ། མཁན་ཆེན་ལུང་རིགས་རྒྱ་ མཚོ། མཁས་དབང་བྱམས་པ་ལྷུན་གྲུབ། རྗེ་དྲུང་ཀུན་དགའ་དཔལ་བཟང་སོགས་བུ་སློབ་ ཡོངས་རྫོགས་ཞལ་འཛོམས་ཤིང་དགའ་སྟོན་ཕུན་སུམ་ཚོགས་པར་མཛད། དེ་ནས་དགུང་ལོ་ བརྒྱད་པར་དཔོན་སློབ་རྣམས་ཀྱི་གྲོས་སྟེང་ནས་དཔལ་སྟག་ལུང་པ་ཆེན་པོ་ཀུན་དགའ་རྒྱལ་ མཚན་གདན་དྲངས་ནས་རབ་ཏུ་བྱུང་སྟེ། མཚན་ཀུན་དགའ་སྙིང་པོ་བཀྲ་ཤིས་རྒྱལ་མཚན་དུ་ གསོལ་ཞིང༌། དག་སྣང་དུ་སྤྲུལ་པའི་བཤེས་གཉེན་རྒྱ་གར་པ་ཛྭ་ལ་ནཱ་ཐས། ཏཱ་ར་ནཱ་ཐ་ཞེས་ པའི་མིང་བསྩལ། མཁས་མཆོག་བྱམས་པ་ལྷུན་གྲུབ་གནས་ཀྱི་བླ་མར་བསྟེན་ནས་མདོ་རྒྱུད་ ལ་གསན་སྦྱང་མཛད་དེ་མཁས་པའི་གནས་ཐོབ། རྗེ་རྡོ་རིང་པ་ལས་ལམ་འབྲས་གཙོ་བོར་ གྱུར་བའི་དབང་གདམས་པ་བསམ་གྱིས་མི་ཁྱབ་པ་གསན། རྗེ་བྲག་སྟོད་པ་ཆོས་སྐུ་ལྷ་དབང་ གྲགས་པའི་དྲུང་ནས་ཆོས་དྲུག་ཕྱག་ཆེན་རྣམས་ཀྱིས་གཙོས་མན་ངག་མཐའ་ཡས་པ་ལེགས་ པར་གསན་པས་ནང་ཟབ་ལམ་གྱི་མངོན་པར་རྟོགས་པའི་ཀློང་རྡོལ་ཏེ་རྡོ་རྗེའི་གནས་པ་བཅུ་ གཉིས་ཀྱི་ཡེ་ཤེས་མཆོག་རིམ་གྱིས་བརྙེས་ཏེ་གྲུབ་པའི་དབང་ཕྱུག་གི་གོ་འཕང་ཐོབ་བོ། །རྗེ་ དྲུང་ཀུན་དགའ་དཔལ་བཟང་ནས་དུས་འཁོར་དང་མགོན་བཀའ་རྣམས་གནང་ཞིང་ཇོ་ནང་ གི་གདན་ས་གཏད། མཁན་ལུང་རིགས་རྒྱ་མཚོས་དུས་ཀྱི་འཁོར་ལོའི་དབང་དང་རྒྱུད་བཤད་ མན་ངག་སྦྱོར་བ་ཡན་ལག་དྲུག་པའི་བྱིན་རླབས་དོན་བརྒྱུད་བཅས་བསྩལ་ཞིང་ཉམས་སུ་ བླངས་པས་ཉམས་རྟོགས་མཐར་ཕྱིན་ཇོ་ལུགས་ཁྲིད་གྲོལ་ནས་བུ་ལུགས་ལ་མགྱོགས་ཁྲིད་ 2-1-85 དང༌། ཇོ་ཞལ་བླ་མ་དམ་པའི་ཡིག་ཆ་རྣམས་དང༌། རྒྱ་གཞུང་ཡིག་རྙིང་ཕལ་ཆེར། ཀུན་ མཁྱེན་ཆེན་པོའི་གསུང་འབུམ། བཀའ་དང་བསྟན་བཅོས་མང་པོའི་ལུང་གསན། མཁས་གྲུབ་ སངས་རྒྱས་ཡེ་ཤེས། རྡོ་རྗེ་འཛིན་པ་ཡེ་ཤེས་དབང་པོ་སོགས་ལས། ས་སྐྱ་ཇོ་ནང་ཤངས་པ་ ཞྭ་ལུ་འབྲུག་པ་ཀཾ་ཚང༌། སྟག་ལུང་སོགས་ཀྱི་ཆོས་སྐོར་མང་པོ་དང༌། རྒྱུད་སྡེ་བཞིའི་དབང་ ཁྲིད་མན་ངག་མ་ལུས་པ་གསན། རྒྱ་གར་གྲུབ་ཆེན་གུ་རུ་ལྷོ་ཕྱོགས་པ་སངས་རྒྱས་སྦས་པའི་ མགོན་པོ་ལས་གསང་སྔགས་རྒྱུད་སྡེའི་དབང་བསྐྱེད་རྫོགས་མཐའ་ཡས་པ་གསན་པ་སྟེ། བླ་ མེད་སྔགས་ཀྱི་གཞུང་ལུགས་ལ་བོད་འདིར་སྔོན་མེད་ཀྱི་བློ་བསྐྱེད་གྲངས་སུ་བཏབ་པའང་ ལྔ་བརྒྱ་ཙམ་བྱུང་བར་ཉིད་ཀྱིས་གསུངས་པ་སོགས་ཀྱིས་མཚོན་ཆེ་བའི་རྣམ་ཐར་མང་ལ། གཞན་ཡང་སྔ་ཕྱི་ཀུན་ཏུ་རྒྱ་གར་གྱི་རྣལ་འབྱོར་བ་འགའ་ལས་ཟབ་ཆོས་དང་ཕྱི་ནང་གི་རིག་ གནས་སྒྲ་སོགས་ཞུས་པས་དགོངས་དོན་ཀུན་མངོན་པར་བྱང་ཆུབ་པའོ། །དེ་ནས་སྔ་གོང་ དགུང་ལོ་ཉི་ཤུ་ཉེ་བའི་སྐོར་ལ། འདུལ་འཛིན་ཀུན་དགའ་རྒྱལ་མཚན་གྱིས་མཁན་པོ། བྱམས་ པ་ལྷུན་གྲུབ་པས་སློབ་དཔོན། རྗེ་དྲུང་ཀུན་དགའ་སོགས་ལས་ཁ་སྐོང་དང་བཅས་པ་ལས་ བསྙེན་པར་རྫོགས་པ་དགེ་སློང་གི་སྡོམ་པ་བཞེས་ཤིང་ཕྱི་ལྟར་ཉན་ཐོས་ཀྱི་སྤྱོད་པ་ནང་ལྟར་ རྒྱལ་སྲས་བྱང་སེམས་གསང་སྔགས་འཛིན་པ་ཆེན་པོར་གྱུར་ཏོ། །བླ་མ་དེ་རྣམས་ལ་ཆོས་ཞུ་ བའི་དུས་སྔ་ཕྱི་ཅི་རིགས་ཡོད། གཉིས་པ་བར་གྱི་མཛད་ཚུལ་ནི། དེ་ནས་དགུང་ལོ་ཉེར་གཅིག་སྐབས་ཤིག་ནས་བླ་མ་ དམ་པ་ཀུན་དགའི་མཚན་ཅན་དང༌། སློབ་དཔོན་རིན་པོ་ཆེའི་བཀའ་བཀོད་ལ་གདན་ས་ འཛིན་པ་ཇོ་ནང་དུ་ཕེབས་དགོས་གསུངས་པ་ལྟར་རི་ཁྲོད་ཇོ་ནང་དུ་ཕྱི་ལོ། ༡༥༩༥ རབ་ལོ། ༥༦༩ མཆན། ཤིང་མོ་ལུག་ཧོར་ཟླ་བརྒྱད་པའི་ཚེས་བརྒྱད་ཉིན་གཟའ་སྐར་བཟང་བ་ལ་གདན་སར་ འཁོད་ཅིང་བསྐོ་ཇ་སྒྲོགས། བྱང་ནས་རྩིས་སྤྲོད་གནང་བ་སོགས་མཐུན་རྐྱེན་ལེགས་པར་ 2-1-86 བྱུང༌། དེ་ནས་སྐྱིད་ཕུག་ཏུ་མཚམས་ལ་བཞུགས། ལོ་དུས་ཆག་མེད་ཇོ་ནང་དུས་ཁྲིད་ཆེན་མོ་ བཙུགས་པས་ཁྲིད་མ་ཐེབས་པ་གཅིག་ཀྱང་མེད་ཧོར་ཟླ་དང་པོའི་ཚེས་དགུ་ལ་ཁྲིད་གཏོར་ བྱས་ཐོག་མར་དགེ་བའི་ཁྲིད་ངོ་སྤྲོད་བཅས་རྒྱས་པར་གནང༌། རྒྱ་གར་སློབ་དཔོན་སུ་ནིརྦཱ་ ཎ་ཤྲཱི་དང་པུརྞ་བཛྲ་སོགས་ལས་ཟབ་བཀའ་མང་པོའི་གདམས་པ་ནོད་དེ་ཐུགས་བཅུད་རྒྱས། སླར་ཇོ་ནང་སྒྲུབ་མཆོག་སྐབས་དུས་འཁོར་རྡུལ་ཚོན་བཞེངས་སྟེང་ནས་སྒྲུབ་སྡེ་གང་ཡོད་ ཡོངས་སྒྲིལ་བདུན་བརྒྱ་ཙམ་ལ་དབང་བཅུ་གཅིག་རྫོགས་པར་བསྐུར། དགུང་གྲངས་ཉེར་ དྲུག་སྐོར། རྭ་བསྒྲེང་སོགས་སུ་ཕེབས་སྐབས་འཚོགས་སུ་ཆོས་འབྲེ ལ་དང་ཁྱད་པར་བྲག་ སེང་གེའི་ཞོལ་རྗེ་ཙོང་ཁ་པའི་བཞུགས་ཁྲིའི་སྟེང་ནས་ལམ་རིམ་གསུངས་ཤིང༌། རྒྱ་དཔེ་མེ་ ཐུབ་མ་རྣམས་མཇལ་ཚེ་དགྲ་ནག་གི་རྒྱུད་སྐད་གཉིས་ཀྱིས་སྨྲ་བའི་སྤོབས་པ་ཆེ་ཞིང་ཤུགས་ མྱུར་བས་རྭ་བསྒྲེང་བ་རྣམས་ངོ་མཚར་བས་བསྔགས་པ་སོགས་བསྟན་འགྲོ་ལ་ཕན་པ་རྒྱ་ ཆེར་བྱས་སོ། །སློབ་དཔོན་རིན་པོ་ཆེ་བྱམས་པའི་ཞལ་བཀོད་དང་བསྟུན་པ་སྐུ་འབུམ་ཞིག་ གསོས་གྲུབ་སྐབས་ཉམས་སྣང་ལ། ལུང་པ་གྲུ་གསུམ་དམར་པོ་ཞིག་གི་དབུས་ན་ཤེལ་གྱི་རི་ བློས་མི་འཁྱུད་པ་དེ་ཉིད་མཆོད་རྟེན་བཟང་པོ་དབྱིབས་ཆེ་ཆུང་མ་ངེས་པས་གོ་མཚམས་མེད་ པར་གཏམས། མཆོད་རྟེན་རེ་རེ་ལ་སངས་རྒྱས་བྱང་སེམས་དཔག་ཏུ་མེད་པས་ཞུ་ུབ་ཞུ་ལེན་ སོགས་ཆོས་སྒྲ་དི་རི་རི་འདུག ནམ་མཁའ་ནས་མེ་ཏོག་གི་ཆར་དང་ཕྱོགས་བཅུ་ནས་སེམས་ ཅན་གྲངས་མེད་པས་མཆོད་པ་བྱེད་ཀྱིན་ཐམས་ཅད་ཀྱང་མགྲིན་གཅིག་ཏུ། ཨེ་ཡིག་ལ་ནི་ཝཾ་ གནས་ཏེ། །རྒྱལ་བ་ཀུན་ཀྱི་ཕོ་བྲང་ལ། །སངས་རྒྱས་གྲངས་མེད་བདུན་ཅུ་གཉིས། །འཁོར་ ནི་བྱེ་བ་བྱེ་བས་བསྐོར། །བདེ་ཆེན་འོད་དཔག་མེད་པའི་ཞིང༌། །ཞེས་སོགས་གསུངས་ཤིང༌། རི་འདི་ཅི་ཡིན་དྲིས་པས་མཆོད་རྟེན་དཔལ་ཡོན་ཅན་ཡིན་ཟེར་བའི་སྣང་བ་ཤར་བས་རང་རེ་ ཇོ་ནང་པ་རྣམས་རྣམ་དཀར་གྱི་ལེགས་ཚོགས་འཕེལ་བ་ལ་སྐུ་འབུམ་ཆེན་པོ་ཞབས་ཏོག་བྱེད་ 2-1-87 པ་ལ་རག་ལས་སོ་གསུངས། ལོ་བསྟར་གྱི་དུས་ཁྲིད་མཐར་ཁྲིད་གཏོར་བཅས་མ་ཆག་པར་ གནང༌། དགུང་ལོ་ཉེར་དགུ་པའི་དཔྱིད་ལ་ཇོ་ནང་དུ་ཡོད་སྐབས་ཐོ་རེངས་ཤིག་སྤྲིན་གསེབ་ ནས་རྗེ་བཙུན་བྱམས་པ་བྱོན་ནས་མཐར་རང་ལ་ཐིམ་སྙམ་པ་ན་ངེད་རང་གིས་ལྷ་ཀླུ་འདྲེ་སྲིན་ མང་པོ་ལ་ཆོས་འཆད་ཀྱིན་འདུག་ཉམས་དེ་ཡལ་བ་ན་གཞན་སྟོང་དབུ་མའི་གྲུབ་མཐའ་ལ་ ངེས་ཤེས་གཏིང་ནས་རྙེད། ཀུན་མཁྱེན་ཆེན་པོའི་ཞལ་གཟིགས་ཤིང་སྔ་ཕྱིའི་ལུང་བསྟན་མང་ དུ་མཛད་པ་དང༌། རྨི་ལམ་གྱི་ངང་ནས་ཤམྦྷ་ལར་ཡང་ཕྱིན་པས་ཡུལ་གྱི་བཀོད་པ་གསལ་ བར་མཐོང་བ་དང༌། ཕོ་བྲང་ཀ་ལཱ་པར་ཕྱིན་པས་ས་བཅུའི་བྱང་ཆུབ་སེམས་དཔའི་སྐུ་རིགས་ ལྡན་དང་མཇལ་ཏེ་གསུང་གི་སྣང་བ་བྱུང༌། དེ་ནས་བཟང་ལྡན་ཆོས་སྡེར་ལམ་འབྲས་སོགས་ ཟབ་བཀའ་རྒྱ་ཆེ་བ་དང༌། ཇོ་ནང་གི་དུས་ཁྲིད་སྔར་ལས་ལྷག་པ་མཛད་ཅིང༌། འཁོར་ལོ་སྡོམ་ པའི་གསང་གསུམ་གྱི་རོལ་པ་མཇལ་བའི་ཉམས་བཟང་དང་བཅས་བསམ་རྩེའི་རྒྱལ་བུའི་ སྐུ་གེགས་བསལ་ཏེ་འགྲོ་ཕན་སྤེལ་ཞིང༌། ཉིད་ཀྱི་བླ་མ་བྲག་སྟོད་པའི་གདུང་ཆོག་སོགས་ རྣམ་དཀར་གྱི་མཛད་ཆེན་གནང༌། དེ་ནས་དགུང་ལོ་སོ་དྲུག་སྐོར་དུས་ཁྲིད་ཀྱང་བཙུགས་ སྐབས་འཛམ་ཐང་པའི་གྲྭ་པ་སོག་པོའི་བླ་མ་དབུ་བླ། མཆན། སངས་རྒྱས་དཔལ་ཟེར་བ་ དཔོན་སློབ་རྣམས་ཕེབས་ནས་ཇོ་ནང་སྒྲུབ་སྡེ་ལ་མང་ཇ་འགྱེད་སོགས་བསྒྲུབས་པ་ལ་དབང་ བཀའ་དང༌། ཕུག་གསུམ་པ་རྣམས་ལ་གྲྭ་ཁྲལ་བྱས། ཀུན་མཁྱེན་ཆེན་པོ་ལ་ཟླ་མཆོད་དང༌། གོང་མ་ཡབ་སྲས་གསུམ་ཀུན་སྤངས་པ། བྱང་སེམས་པ། མཁས་བཙུན་པ། མཆན། ལ་ལོ་མཆོད་བཙུགས། ཕག་ལོའི་དུས་ཁྲིད་སྐབས་བཙུན་གསར་བྱེད་པ་མང་དུ་བྱུང༌། ཁམས་པ་མི་ཉག་པ་ཆོས་ཞུ་ུ བ་གསར་སླེབས་དང༌། འཛམ་ཐང་གི་གྲྭ་རིགས་འགའ་ལ་སྦྱོར་དྲུག་ཅིག་བཙུགས། བཀྲ་ ཤིས་འཛོམས་ཀྱི་གྲྭ་གསར་རྣམས་ལ་སྐྲ་བཅད་བྱས། དགུང་གྲངས་སོ་དགུ་ཙམ་དུས་ན་མདོ་ ཁམས་བྱང་ངོས་ཕྱོགས་ཀྱི་དགོན་པ་ཉུག་རྗེ་ནས་ཀ་བཞི་རྒྱལ་མཚན་སེང་གེའི་སྐུ་སྐྱེ། ཀ་བཞི་ 2-1-88 པའི་དབོན་པོ་གཉིས་དང༌། ཁམས་དགོན་པ་པ་དབོན་པོ་ལྷུན་གྲུབ་སོགས་མང་རབ་ལ་ལམ་ འབྲས་སྦྱོར་དྲུག་སོགས་དང༌། དབོན་པོ་ལྷུན་གྲུབ་ཀྱིས་བསྐུལ་ནས་སྦྱོར་དྲུག་གི་ཁྲིད་ཡིག་ མཐོང་བ་དོན་ལྡན་བརྩམས། ཁོང་ཚོས་ནན་གྱིས་བསྐུལ་ནས་ལུང་རིགས་རྒྱ་མཚོ་དཔོན་ གཡོག་རྣམས་ཁམས་ཕྱོགས་སུ་འགྲོ་དོན་ལ་ཕེབས། གཙང་སྡེ་སྲི ད་ཕུན་ཚོགས་རྣམ་རྒྱལ་ ཀྱིས་ཆོས་གཞིས་དང་ལྷ་འབངས་སོགས་རྒྱ་ཆེར་ཕུལ་ཏེ་ངེས་དོན་གྱི་ཆོས་གཞི་དགོན་གནས་ འདེབས་པའི་མཐུན་རྐྱེན་སྒྲུབ་པར་ཞུས་པ་དང༌། ཕྱི་ནང་གི་ས་དཔྱད་སོགས་དགེ་མཚན་དུ་ མ་ཚང་བའི་རྫོང་མདུན་དུ་དཔལ་རྟག་བརྟན་དམ་ཆོས་གླིང་ངེས་དོན་དགའ་བའི་ཚལ་གྱི་ གནས་གཞི་གསར་བཞེངས་བྱེད་པར་རྟེན་འབྲེལ་ལེགས་ཚོགས་དུ་མ་བྱུང་བ་ནས་དགུང་ལོ་ ཞེ་གཅིག་ཕྱི་ལོ། ༡༦༡༥ རབ་ལོ། ༥༨༩ མཆན། ཤིང་མོ་ཡོས་ཀྱི་ལོ་ཧོར་ཟླ་གཉིས་པའི་ཚེས་བཅུ་གཅིག་ ལ་ས་སྦྱངས་བཟུང་རྒྱས་པར་བྱས། གསུམ་པའི་ཚེས་བརྒྱད་ལ་ཐིག་འདེབས་ས་ཆོག་དངོས་ གཞི་རྒྱས་པར་དགེ་མཚན་དཔག་ཏུ་མེད་པ་བྱུང༌། དེ་ནས་ལས་གྲྭ་བཙུགས་ཏེ་གཙུག་ལག་ ཁང་ཉི་ཤུ་རྩ་གྲངས་གྲྭ་ཁང་བརྒྱ་ཕྲག་ལྕགས་རི་དང་བཅས་པ། ནང་གི་རྟེན་གསུམ་སངས་ རྒྱས་རབས་བདུན་སྐུ་ཚད་ཤིན་ཏུ་ཆེ་བ་གསེར་ཟངས་ལས་གྲུབ་པ། ཚེ་དཔག་མེད། སྒྲོལ་མ། ཡུམ་ཆེན་མོ། ཛམ་བྷ་ལ་སོགས་གསེར་ཟངས་ལས་གྲུབ་པ་ཆེ་ཚད་ཕྲ་རྒྱན་སྣ་ཚོགས་ཅན་ དང༌། གསེར་ཟངས་ལས་གྲུབ་པའི་འཁོར་ལོ་སྡོམ་པའི་སྐུ་ཞལ་ཕྱག་ཡོངས་རྫོགས་ཚད་ཤིན་ ཏུ་ཆེ་བ་དང༌། བདེ་གཤེགས་མཆོད་རྟེན་བརྒྱད་དང༌། རེག་པ་མེད་པའམ་དུས་འཁོར་ནས་ བཤད་པའི་མཆོད་རྟེན་རྣམས་གསེར་ཟངས་ཕྲ་ཚོམ་བཟོ་བཀོད་ཁྱད་མཚར་ཅན་དང༌། འོད་ དཔག་མེད་པའི་གསེར་སྐུ་ཐོག་ཚད་ཕྱེད་གཉིས་ཅན་རྣམས་དང༌། ཇོ་ནང་དུ་ལྷ་ཁང་གསར་ བཞེངས་གསུམ་གྱི་ནང་རྟེན་བྱམས་ཆེན་ཐོག་ཚད་གཉིས་པའི་གཙོས་གསེར་ཟངས་ཀྱི་སྐུ་ གཟུགས་དང་སྨན་འདམ་དང་སྤོས་སྐུ་མང་པོ། བཀའ་འབུམ་པོ་ཏི་བཞི་བཅུ་སོགས་སྤར་ 2-1-89 མང་པོ། བཀའ་བསྟན་བཅོས་འགྱུར་རོ་ཅོག་ཡོངས་རྫོགས་ཚར་གྲངས་མང་པོ་དང༌། གོས་ སྐུ་ལེགས་པ་བཅོ་བརྒྱད་ཙམ་སོགས་ངོ་མཚར་པའི་རྟེན་གསུམ་རྣམས་ལ་ཟབ་ཆེན་གནམ་ རྒྱན་དང་བུམ་གདན་སོགས་ཆེས་བཟང་བའི་མཆོད་རྫས་རྣམས་ཀྱིས་དྲལ་ཕྱམས་སོགས་མི་ མཐོང་ཞིང་མཆོད་རྫས་དང་མཆོད་ཆ་བྱེ་བྲག་དཔག་མེད་གར་འཆམ་གྱི་ཆ་ལག་རྒྱན་གོས་ དང་གཏོར་འཆམ་གྱི་གདོང་བརྙན་སྣ་ཚོགས་རོལ་མོའི་ཚོགས་བརྒྱ་ཕྲག་མང་པོ་དང་བཅས་ པ་ལོ་བཅུ་གསུམ་གྱི་ཁོངས་སུ་སྔོན་ཀུན་མཁྱེན་ཆེན་པོས་སྐུ་འབུམ་བཞེངས་སྐབས་ལྟར་ངོ་ མཚར་བའི་རྟགས་ཀྱི་མཛད་པ་དང་བཅས་པའི་སྒོ་ནས་ལེགས་པར་གྲུབ་པས་སོ་སྐྱེས་སྤྱོད་ ཡུལ་ལས་འདས་པ་ཞིག་གོ ། དེ་མཚམས་སུ་དགུང་གྲངས་ཞེ་གསུམ་སྐོར་སྔར་འཛམ་ཐང་རྒྱལ་བ་སེང་གེའི་སྐུ་སྐྱེ་ གཉིས་པའི་ཚུལ་ཏེ་བོན་པོ་ཞུ་ཚང༌། རེ་ཤིང་བའི་ཞལ་ངོ་དྲང་སྲོ ང་འདི་ཡིན་ཟེར་འདུག་ཅིང་ འཁྲུལ་མེད་རང་ཡིན་མིན་ཁོང་ལ་ཐུགས་གསལ་བརྟག་པས་ཡིན་དུ་རུང་ཡང་འཛམ་ཐང་དུ་ ཕན་ཐོགས་མི་ཡོང་བའི་ཚུལ་བཀའ་ལུང་གསལ་བས་ལུང་བསྟན་ཀྱང༌། འདིར་མ་ཉན་པར་ སྤྱན་འདྲེན་པར་ཨརྒེ་སྐུ་སྐྱེ་དང་གཉེར་པ་རྒྱལ་བ་དཔལ་སོགས་བྱུང་བ་དང༌། ཁམས་པ་ཁྲོམ་ ཚུགས་སྐུ་སྐྱེ། སྒང་བ་དབོན་པོ་སྡོམ་ཙ་དབོན་པོ་སོགས་ཁམས་པ་ཉི་ཤུ་རྩ་བདུན་ལ་སྦྱོར་ དྲུག་དང་ཁྲིད་བརྒྱ་སོགས་བཀའ་ཆོས་མང་དུ་གནང༌། སླར་དུས་ཁྲིད་སྔར་ཁྱུད་ལྟར་བཙུགས། རེ་ཤིང་པའི་སྐུ་སྐྱེས་ཁམས་ཕྱོགས་སུ་ཕེབས་ཀྱང་སྔར་གྱི་ལུང་བསྟན་ལྟར་སྐྱིད་ཤོད་བྲག་ དཀར་དུ་གཤེགས་འདུག སྔར་རྟག་བརྟན་གཙུག་ལག་ཁང་དུ་སངས་རྒྱས་རབས་བདུན་གྱི་ སྐུ་གཟུགས་ལེགས་གྲུབ་རབ་གནས་ཐོག་མའི་དགའ་སྟོན་སྐབས་སྡེ་སྲིད་དབུས་ནས་བསམ་ འགྲུབ་རྩེར་ཕེབས་ཏེ་ཁོང་ལ་གཡངས་ཁྲེའུའི་གཡང་ཊིའི། མཆན། དམ་ཁ་དང༌། མཛོད་པ་ཀུན་ དགའ་དཔལ་བཟང་ལ་ཡང་ཙན་དན་དམར་པོའི་རྒྱ་རྟགས་སོགས་གནང༌། དེ་ནས་རིམ་པར་ 2-1-90 བསྟན་འགྲོའི་དོན་རྒྱ་ཆེར་མཛད་དེ་དགུང་ལོ་ང་བཞི་སྐོར་རྗེ་ཡེ་ཤེས་རྒྱ་མཚོ་ལ་འཁོར་ལོ་ སྡོམ་པའི་རྒྱུད་བཤད་ཐུན་མོང་མ་ཡིན་པ་ཞིབ་བཤད་མཛད་དེ་ཟིན་འགྲེལ་ལེགས་པར་བྲིས། གཞན་ཡང་མདོ་སྔགས་ཀྱི་གཞུང་བཤད་དབང་བཀའ་སོགས་ཆོས་ཀྱི་སྒོ་རིམ་གྱིས་ཐང་མར་ བརྡལ་བས་གདུལ་བྱ་རྣམས་སྨི ན་གྲོལ་ལ་བཀོད། དགུང་ལོ་ང་དགུ་བྱ་ལོའི་ཟླ་བ་གཉིས་པའི་ ཉེར་བཞི་ལ་ཕྱག་མཛོད་ཀུན་དགའ་དཔལ་བཟང་སྐུ་མ་འཚོ་སྟབས་ཐུགས་ཁུར་ཆེར་བཞེས་ ཡོད་པས་རྗེ་བཙུན་ཕྲིན་ལས་དབང་མོ་ལ་ཞལ་འཕྲོས་དང་བཀོད་པ་མང་དུ་གནང༌། ཁོང་གི་ སྔ་སོར་འཐུང་ཕོར་ཤིང་ཀ་པ་གཅིག་ལ་གཤིན་རྗེའི་སྐུ་རང་བྱོན་ཅིག་བྱུང༌། དེ་ཚོའི་རྗེས་ཅིག་ ལ་ཆོས་རྒྱལ་ལས་ཀྱི་གཤིན་རྗེའི་མན་ངག་ཐམས་ཅད་ནག་པོ་འགྲོ་ཤེས་སུ་བྱས་ཤིང་མཇུག་ ཏུ་ཆོས་ཀྱི་རྒྱལ་པོའི་རྟོག་པ་ལ་ཡང་དཀའ་འགྲེལ་གོ་བདེ་དང་བཅས་པ་ཞིག་བརྩམས། འདི་ སྐབས་གསལ་སྣང་ལ་དམ་ཅན་ཆོས་ཀྱི་རྒྱལ་པོ་ད་ལྟ་རང་འདི་ན་ཕེབས་ཡོད། ཡུམ་ཨེན་ ཙམ་ཕེབས་མ་བྱུང་ཟེར་བས་ལྕམ་དྲལ་གཉིས་ལ་ཇ་གྲལ་དང་མགྲོན་གཏོང་རྒྱུའི་ཁུངས་ བྱེད་པ་གསལ་བོར་བྱུང༌། འདི་སྐོར་ཞིག་ལ་མདོ་སྨད་པ་དབོན་པོ་ལྷུན་གྲུབ་རྒྱ་མཚོ་ལ་གུར་ མགོན་ཁྲོ་བཅུའི་སྲུང་འཁོར་རྡོ་རྗེ་བྲག་རྫོང་མའི་ཁྲིད་ཡིག་འདུས་གསལ་ཚང་བ་དང་ཕྱག་ ལེན་བཅས་གནང་བ་ཡིན་ལ། སྤྱིར་རྗེ་བཙུན་རིན་པོ་ཆེས་སྟོན་པའི་མཛད་བརྒྱ། རྒྱ་གར་ཆོས་ འབྱུང་སོགས་པཎ་གྲུབ་མང་པོའི་རྣམ་ཐར་དང༌། ཤེར་སྙིང༌། བཟང་སྤྱོད་ཀྱི་འགྲེལ་བ་སོགས་ མདོ་ཕྱོགས་སྤྱིའི་རྣམ་བཤད་དུ་མ་དང༌། ཁྱད་པར་ཐེག་མཆོག་རྒྱས་པའི་དབུ་མ་སོགས་ གཞན་སྟོང་གི་ལྟ་གྲུབ་སྐོར་དང༌། དུས་འཁོར་བདེ་གསང་འཇིགས་གསུམ་སོགས་གསང་ སྔགས་རྒྱུད་སྡེའི་ཆོ་ག་མང་པོ་དང༌། དུས་འཁོར་བདེ་གསང་གི་བསྐྱེད་རྫོགས་ཀྱི་རྣམ་བཤད་ སོགས་སྔགས་ཀྱི་གཞུང་འགྲེལ་མང་པོ་དང་ཐ་ན་བསྟོད་ཚོགས་སྨོན་ལམ་སོགས་ཀྱིས་མཚོན་ གྲངས་ཡོངས་སྡོམ་པོ་ཏི་བཅུ་ཕྲག་བཞི་ལྷག་གི་གསུང་རབ་མཛད་པའི་སྒོ་ནས་མདོ་སྔགས་ 2-1-91 སྤྱི་དང་ཁྱད་པར་ངེས་དོན་དབུ་མ་ཆེན་མོ་རྗེ་རྒྱལ་བ་གཉིས་པ་ཇོ་ནང་པའི་དགོངས་བཞེད་ ལྟར་ལེགས་པར་གསལ་བར་བྱས་ཏེ་དར་རྒྱས་སུ་མཛད། ཉིད་ཀྱི་སྐུ་ཕྲེང་རིམ་བྱོན་ལ་ཕྲིན་ ལས་ཀྱི་མཛད་སྒོ་བྲན་ལྟར་བྱེད་པའི་ཆོས་སྐྱོང་དཔལ་མགོན་དྲཀྴད་དང༌། གནོད་སྦྱིན་ཀྵེ་ དྲ་པ་ལ། བྲག་རམ་པ་བག་ཙེ་ལྕམ་སྲི ང༌། མ་ཅིག་ནགས་སྨན་རྒྱལ་མོ། ཆེ་བཙན་བྲག་རྗེ། མདངས་དཀར་བྲག་བཙན། རྩེ་ཆེན་བཟང་ར་ལ་སོགས་པས་བཀའ་ཚུལ་བཞིན་བསྒྲུབ་ཅིང༌། དཔལ་འཁོར་བདེ་ཆེན། རྩེ་ཆེན་ཤུག་ཁྲོད། འཇག བསམ་སྡིངས། ཐར་པ་གླིང༌། རྟག་བརྟན་ ཆོས་འཕེལ་སོགས་སྡེའི་ཞལ་བདག་དང༌། དབུས་གཙང་གི་གྲུབ་མཐའ་རིས་མེད་ཀྱི་ཆོས་ སྡེ་ཕལ་ཆེར་འཛིན་སྐྱོང་ལེགས་པར་མཛད། གཙང་སྡེ་སྲིད་ཀུན་དགའ་རབ་བརྟན་དབང་གི་ རྒྱལ་པོའི་བཀའ་བཀོད་གནང་བ། ཕྱག་མཛོད་ལ་ཁོང་གི་སྐུ་དབོན་རྭ་བ་ཀུན་དགའ་བསྟན་ པ་བསྐོ་བཞག་མཛད་དོ། ། གསུམ་པ་ཐ་མའི་མཛད་ཚུལ་ནི། རྗེ་བཙུན་རིན་པོ་ཆེ་གང་ཉིད་ཀྱིས། རྗེ་བཙུན་ཕྲིན་ ལས་དབང་མོ་དང་བུ་སློབ་རྣམས་ལ་མ་འོངས་ལུང་བསྟན་དང་བསྟན་པའི་འཕེལ་འགྲིབ་ རྒྱལ་ཁམས་འགྱུར་ལྡོ ག་སོགས་གསུངས་ཤིང༌། རྟག་བརྟན་དམ་ཆོས་གླིང་ངེས་དོན་དགའ་ བའི་ཚལ་གྱི་གདན་ས་འཇམ་དབྱངས་སྤྲུལ་སྐུ་སངས་རྒྱས་རྒྱ་མཚོ་ལ་གཏད་ནས་ཆོས་ལུང་ རྩེའི་སྒྲུབ་སྡེར་བཀའ་ཆོས་དང་ཇོ་ནང་དུ་བཀའ་ཆོས་ད་རེས་མ་གཏོགས་མི་འཆད་གསུངས་ པ་སོགས་ཇོ་ནང་དུས་ཁྲིད་ཕྱག་ལེན་ལྟར་གནང་སྟེ། ད་བློ་བདེ་སྤྲུལ་སྐུ་སངས་རྒྱས་རྒྱ་མཚོ་ རིན་པོ་ཆེ་རྟག་བརྟན་གདན་ས་ལ་བཀོད་ཟིན་ཀྱང་རང་རེ་འདས་ནས་ཟར་ཟིར་ཞིག་ཡོང་ འདུག སྤྱིར་ཐུགས་རབ་རྒྱ་ཆེ་བ་དང་སྤྱི་མང་མཐུན་རུང་རྩེ་ནས་དགོངས་པ་མེད་འདུག་རང་ དང་གཙང་སྡེ་སྲིད་གཉིས་བློ་རྩེ་གཅིག་པ་འདི་ཁ་ཡིན་པས་ད་ཁུར་ཡང་དུ་སོང་བས་ད་ལོ་ མ་གཏོགས་དུས་ཁྲིད་ཀྱང་མ་བྱས་པས་ཡོང་འདུག ད་ནི་རྩོམ་པ་འདི་འདྲ་ཡང་བསྐུལ་བ་ 2-1-92 པོའི་ངོ་མ་ཆོག་པ་ཙམ་ལས་གང་ཡང་མི་བྱེད་པར་སྡོད་པ་འདི་དགའ་འམ་བསམ། ཞེས་པ་ ལྟ་བུའི་གསུང་ཟུར་བྱུང༌། ཕྲིན་ལས་དབང་མོ་ནས། སྤྱིར་བསྟན་པ་དང་སྒོ ས་སུ་ངེས་དོན་གྱི་ བསྟན་པ་ལ་དགོངས་ཏེ་སྐུ་ཚེ་བརྟན་པ་དང་སླར་ཡང་སྐུ་སྐྱེ་ཡང་འདི་རང་གི་བསྟན་པ་ལ་ཕན་ པ་ཅིག་རང་ཐུགས་རྗེས་འཛིན་དགོས་ཞུས་ཀྱང༌། བཀའ་ལས། ཐམས་ཅད་བློ་རྩེ་གཅིག་ པས་གསོལ་བ་འདེབས་ནུས་ཤིང་རྟེན་འབྲེལ་བསྒྱུར་ཕྱོགས་ཤེས་ན་ད་དུང་འདིའི་བསྟན་པ་ ལ་ཕན་པའང་སྲི ད་གསུངས། དེ་ལྟར་བསྟན་འགྲོའི་དོན་རྒྱ་ཆེར་གྲུབ་ནས་དགུང་གྲངས་རེ་ གཅིག་བཞེས་པ་ཕྱི་ལོ། ༡༦༣༥ རབ་ལོ། ༦༠༩ མཆན། ཤིང་མོ་ཕག་ལོའི་ནག་པ་ཟླ་བའི་ཉེར་བརྒྱད་ལ་ གཞན་དོན་དུ་དགོངས་ནས་སྨན་པའི་རྒྱལ་པོའི་ཞིང་དུ་གཤེགས། ཆོས་སྡེ་དང་སྒྲུབ་སྡེའི་བུ་ སློབ་རྣམས་དང༌། སྡེ་བདག་དད་ལྡན་སོ་སོ་ནས་མཆོད་པ་དང་བསགས་སྦྱངས་ལ་དམིགས་ པའི་ཚོགས་རྒྱ་ཆེན་པོ་བསགས། ཕྲིན་ལས་ཀྱི་རྒྱུན་སྐྱོང་བུ་སློབ་བསམ་མི་ཁྱབ་པ་ལས་རང་ ལུགས་འཛིན་པ་སྤྲུལ་སྐུ་སངས་རྒྱས་རྒྱ་མཚོ། མཁས་དབང་ཡེ་ཤེས་རྒྱ་མཚོ། མཁན་ཆེན་ རིན་ཆེན་རྒྱ་མཚོ། མཁས་གྲུབ་བློ་གྲོས་རྣམ་རྒྱལ་རྣམས་དང༌། གཞན་ཡང་སྒམ་པོ་སྤྲུལ་སྐུ། ཆོས་རྗེ་ངག་དབང་པ། བླ་མ་ཆུ་བོ་ཆུང་བའི་སྐུ་སྐྱེས། རྗེ་ཉིད་ཀྱི་མཁན་ཀུན་དགའ་བཀྲ་ཤིས་ རྒྱལ་མཚན། སྤྲུལ་སྐུ་ངག་གི་དབང་པོ། དྲེ་བོ་སྤྲུལ་སྐུ། ཞབས་དྲུང་བླ་མའི་དྲུང༌། ཆོས་རྗེ་རིན་ སྟེངས་པ། དུས་འཁོར་ཤར་ཆེན་པ། ཆོས་རྗེ་ལྷ་འོ་པ་སོགས་དང༌། དགེ་སློང་སྙིང་པོ་མཐའ་ ཡས། བྱམས་པ་ཡོན་ཏན་མགོན་པོ། ངག་དབང་ཀུན་དགའ་བསོད་ནམས། ཀུན་དགའ་ཕྲིན་ ལས་དབང་མོ། གཙང་གི་རྒྱལ་སྲས་ཀུན་དགའ་བསྟན་པའི་རྒྱལ་མཚན་སོགས་མཐའ་ཡས་ པའི་ནང་གི་འདིར་སྨོ ས་ལས་གོང་འོག་རྣམས་རང་ལུགས་གཙོ་བོར་འཛིན་པའོ། །བསྟན་ པའི་སྦྱིན་བདག་ཡང་གཙང་སྡེ་སྲི ད་ཕུན་ཚོགས་རྣམ་རྒྱལ་ཡབ་སྲས། བྱང་བདག་བཀྲ་ཤིས་ སྟོབས་རྒྱས། ཡར་འབྲོ ག་བསྟན་འཛིན་མི་འགྱུར་དབང་གི་རྒྱལ་པོ་སོགས་མངའ་ཐང་ལས་ 2-1-93 ཤུགས་བསམ་གྱིས་མི་ཁྱབ་པ་མང་པོས་གུས་འདུད་བྱེད་པའོ། །དེ་དག་གིས་རྗེ་བཙུན་སྐུ་ སྐྱེས་བཅུ་བཞིའི་རྣམ་ཐར་མདོ་ཙམ་སོང་ཟིན་ཏོ། ། སྤྱིར་ཇོ་ནང་ཀུན་མཁྱེན་ཆེན་པོས་གཟུགས་སྐུ་ཆོས་དབྱིངས་སུ་བསྡུ་ཚུལ་མཛད་སྐབས་ ཀུན་སྤངས་ཆོས་གྲགས་དཔལ་སོགས་ཐུགས་ཀྱི་བུ་ཆེན་རྣམས་ལ་མ་འོངས་ལུང་བསྟན་གྱི་ ཚུལ་འདི་སྐད། འཕགས་མཆོག་ཀུན་བཟང་སྤྲུལ་པ་མཁྱེན་བརྩེ་ཅན། །མཁས་བཙུན་སངས་ རྒྱས་ཞེས་བྱའི་རྒྱལ་ཚབ་འབྱུང༌། །ཞེས་སོགས་རྒྱ་ཆེར་ལེགས་པར་གསུངས་པ་ལྟར་དཔལ་ ལྡན་ཇོ་མོ་ནགས་རྒྱལ་འདིར་ཕྱོགས་རྒྱལ་བའི་རྗེས་ནས་གདན་རབས་ཀྱི་ཚུལ། མཁས་ བཙུན་སངས་རྒྱས་མཚན་ཅན་གྱིས་རྒྱལ་ཚབ་འཛིན་པ་དང༌། དེ་དུས་བྱང་བདག་རྣམ་རྒྱལ་ གྲགས་བཟང་གིས་བསྟན་པ་སྐྱོང་ཚུལ་དང༌། དེ་ནས་མཁྱེན་རབ་བྱང་ཆུབ་སེང་གེས་རྒྱལ་ ཚབ་འཛིན་པ་དང༌། ཆོས་རྒྱལ་རབ་བརྟན་འཕགས་ཀྱིས་དཔལ་འཁོར་ཆོས་སྡེ་འདེབས་པ་ སོགས་ཇོ་ནང་གི་གདན་རབས་རིམ་བྱོན་གྱི་ཚུལ་ལུང་དུ་བསྟན་པ་རྣམས་དུས་ལས་མི་ཡོལ་ བར་མ་ཟད་འདིར་མ་སྨོ ས་པ། ཇོ་བཟང་བ། ཆོས་དཔལ་མགོན་པོ། བསོད་ནམས་བཟང་པོ། ཤེས་རབ་བཟང་པོ། ཆོས་དཔལ་བཟང་པོ། དཀོན་མཆོག་རྒྱལ་མཚན། བསོད་ནམས་རྒྱལ་ མཚན། འདི་སྐོར་ཡན་རིགས་ལྡན་གྱི་སྤྲུལ་པར་གྲགས་ཤིང་ཇོ་ནང་པའི་བཀའ་སྲོ ལ་འདྲེས་ མེད་དང་དེ་མན་སྐོར་ཡང་མཁས་བཙུན་བཟང་པོ་ཤ་སྟག་ཡིན་ལ། དེ་ནས་ཡང་དཔལ་ལྡན་ རིན་ཆེན། ཆོས་སྐྱོང་རྒྱལ་མཚན། ཀུན་དགའ་ལེགས་པ། ནམ་མཁའ་བཟང་པོ། རིན་ཆེན་ བཀྲ་ཤིས། རྗེ་དྲུང་ཀུན་དགའ་དཔལ་བཟང་ཡན་གྱིས་གདན་ས་ཇི་ལྟར་བཟུང་ཚུལ་དང༌། བྱིན་རླབས་དོན་བརྒྱུད་ལའང་དབང་ལུང་མན་ངག་ཕྱོགས་གཅིག་ནས་བརྒྱུད་ཚུལ་ཕྲན་བུ་ རེ་སོགས་འདྲ་མིན་མང་པོ་ཡོད་པ་ལས་འདི་དག་གི་སྐབས་སུ་བབ་པའི་བཤད་བྱ་ནི་ཡོངས་ གྲགས་བྱིན་རླབས་དོན་བརྒྱུད་ལྟར་སྟེ། 2-1-94 ༼༢༩༽ དེ་ཡང་རྒྱལ་ཚབ་འཛིན་པ་ཀུན་དགའ་རིན་ཆེན་རྒྱ་མཚོ་གཙང་གི་སྡེ་པ་སྣར་ ཐང་པའི་སྲས་སུ་འཁྲུངས། རྗེ་བཙུན་ཀུན་དགའ་སྙིང་པོའི་ཞབས་ལ་གཏུགས་ཤིང་རབ་བྱུང་ དང་བསྙེན་རྫོགས་ཡང་མཛད། ཁྱད་པར་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་དབང་ལུང་མན་ ངག་གསན་ཏེ་བསྒོ མས་པས་ཉམས་རྟོགས་མཐར་ཕྱིན། སྔོ ན་སྦྱངས་སད་པས་བློ་གྲོས་ནང་ ནས་རྒྱས་ཏེ་གསུང་རབ་ཉིན་རེ་ལ་ཤོག་བུ་བཅོ་བརྒྱད་ཙམ་ཐུགས་ལ་ཟིན། གཞན་ཡང་མདོ་ སྔགས་ཀྱི་ཆོས་བཀའ་མང་པོ་ཞུས་ནས་དེ་དག་གི་དགོངས་དོན་ཐུགས་སུ་ཆུད། རྟག་བརྟན་ དམ་ཆོས་གླིང་གི་སློབ་དཔོན་ཞིང་གཤེགས་པའི་རྐྱེན་གྱིས་དེར་ཕེབས་ཏེ་རྒྱལ་ཚབ་མཛད་ ནས་ལོ་བཅོ་ལྔ་ཙམ་ལ་བཤད་སྒྲུབ་ཀྱི་གྲྭ་མ་ཉམས་པར་སྐྱོང་བར་མཛད། སྐུ་ཚེའི་སྨད་ལ་ གསང་སྔགས་རི་བོ་བདེ་ཆེན་དུ་བཤད་སྒྲུབ་སྤེལ་མའི་ངང་ལ་བཞུགས། ཐུགས་སྲས་ཀྱི་བུ་ སློབ་ཡང་བློ་གྲོས་རྣམ་རྒྱལ། ཨ་མདོ་ཀུན་དགའ་དཔལ་བཟང་སོགས་མང་པོ་བྱུང་ལ་དེ་ ལས་འགའ་རེ་འོག་ཏུ་ཡང་གསལ་ལོ། ། སྨྲས་པ། ཆུ་འཛིན་དང་བྲལ་མཐོ་རིས་ལམ་བཟང་དུ། ། སྣང་བརྒྱའི་འཁོར་ཡུག་ཕྱོགས་བརྒྱར་བཀྲ་བ་ལྟར། ། ཆེར་སྙིགས་མིག་སྨན་བཞིན་མདངས་གནག་ངོམ་ཚེ། ། ངེས་གསང་སྣང་བའི་འཛུམ་སྟོང་བཞད་འདི་མཚར། ། འཇམ་མགོན་དགོངས་བཟང་ཀུན་གསལ་དོ་ར་ནས། ། ལེགས་བཤད་བཅུ་གཉིས་བདག་པོའི་གཟི་འོད་ཀྱིས། ། ཀུན་མཁྱེན་དགོངས་བཞེད་འདབ་སྟོང་བཀྲོལ་མཛད་པ། ། སྨྲ་དབང་བསྟན་པའི་གསལ་བྱེད་ཁྱོད་དུ་ངེས། ། 2-1-95 ཐེག་མཆོག་དགོས་འདོད་ཀུན་འབྱུང་ཡིད་བཞིན་དབང༌། ། བཤད་སྒྲུབ་རྒྱལ་མཚན་ཏོག་ཏུ་ལེགས་མཆོད་དེ། ། སྐལ་བཟང་སྐྱེ་དགུའི་རེ་སྐོང་དབང་གི་རྒྱལ། ། ཀུན་དགའ་སྙིང་པོ་སྲས་བཅས་རྒྱལ་གྱུར་ཅིག ། ཅེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། ། གཉིས་པ་མདོ་ཁམས་སྨད་ཀྱི་ཕྱོགས་སུ་རྗེས་ནས་བྱུང་ཚུལ་ལ། ཐོག་མ་ཇི་ལྟར་བྱུང་ ཚུལ་དང༌། རྗེས་ནས་བསྟན་པ་སྤེལ་ཚུལ་གཉིས་ལས། དང་པོ་ནི་གོང་དུ་བཤད་ཟིན་ལྟར་ཆོས་རྗེ་ཀུན་མཁྱེན་ཆེན་པོས། ཁམས་ཡུལ་སྐྱེས་པའི་ ལྷག་བསམ་ལས་འཕྲོ་ཅན། །སྔོ ན་ལས་སད་པའི་བྱམས་པ་ཁ་ཆེ་ཁྱོད། །ཐོས་པས་དཔལ་ འབྱོར་ཡོན་ཏན་ལྗོན་ཤིང་རྒྱས། །ད་ནི་མདོ་ཁམས་ཕྱོགས་སུ་འགྲོ་བ་རན། །ཞེས་སོགས་ཀྱི་ ལུང་བསྟན་པ་ལྟར་བྱམས་པ་ཁ་བོ་ཆེས་ཁམས་རྩེ་མདོའི་ས་ཆ་རྡོ་རྗེ་མཆེད་དྲུག་གི་གནས་སུ་ འབོ་གངས་དཀར་གྱི་རྩ་བར་ངེས་དོན་གྱི་ཆོས་གཞི་བཏབ་ནས་བཤད་སྒྲུབ་ཀྱིས་བསྟན་པ་ སྤེལ་བ་ཡིན་ལ། {༡} དེ་རྗེས་མི་རིང་བ་ན་ཀུན་མཁྱེན་ཆེན་པོས་སྔར་སྐུ་འདའ་ཁར་ཞལ་ཆེམས་ཀྱི་ཚུལ་ དུ་ལུང་བསྟན་གསུང་པ། ཆོས་ལུགས་ཉམས་པར་བྱེད་པ་ངན་རིགས་ཅན། །སྣང་ཞིག་བོན་ ནག་སྤྲེའུ་གཟུགས་ཞྭ་དཀར་ཅན། །ཟུང་ཅུའི་ཁམས་སུ་འབྱུང་ནས་བོན་རྒྱུད་སྤེལ། །ལྟ་ངན་ མུན་པས་གུར་ཆེན་བསྐོར་བའི་ཚེ། །མཐར་མཛད་རིགས་ལྡན་དྲག་པོའི་སྤྲུལ་པ་སྟེ། །ཆོས་ཀྱི་ འོད་སྟོང་རཏྣའི་མཚན་གྲགས་པ། །མདོ་ཁམས་ཚ་བ་རོང་དུ་འབྱུང་བར་འགྱུར། །ཡང་དག་ ལྟ་བའི་སེང་གེའི་སྒྲ་སྒྲོགས་པས། །ལྟ་ངན་རིགས་ཅན་མ་ལུས་ཚར་བཅད་ནས། །མདོ་ཁམས་ གནས་སུ་ང་ཡི་བསྟན་པ་འབྱུང༌། །དེ་ཡི་སྲས་ལ་ཡོངས་འཛིན་དཔག་ཏུ་མེད། །རྒྱལ་བའི་ཆོས་ 2-1-96 ལུགས་ཡུན་རིང་གནས་པར་འགྱུར། །ཞེས་པས་ལུང་བསྟན་པའི་དྲུང་རཏྣ་ཤྲཱི་འཛམ་གླིང་སྟོང་ ཁུན་རྒྱལ་པོའི་ཡུལ་མཐའ་ཤར་རྒྱལ་མོ་ཚ་བ་རོང་དུ་འཁྲུངས། ཇོ་ནང་དཔལ་དུ་བྱོན་ནས་ ཕྱོགས་རྒྱལ་བ་ཡབ་སྲས་ཀྱི་དྲུང་ནས་མདོ་སྔགས་ཀྱི་ཟབ་ཆོས་གསན་ཏེ་རྫོགས་པར་ཐུགས་ སུ་ཆུད་ནས་ཕྲིན་ལས་རྣམ་བཞི་ལ་མངའ་བརྙེས་པ་ཞིག་གོ །ཡང་ཀུན་མཁྱེན་ཆེན་པོས་ འདི་སྐད་གསུངས་པ་སྟེ། ང་ནི་འདི་ནས་འགྲོ་བའི་ཞག་འགའ་ན། །ཕྲིན་ལས་རྣམ་བཞིའི་ གློག་དཀར་དྲ་བ་ཅན། །འཇམ་དབྱངས་དཔའ་བོ་ཛྙཱ་ན་ཧེ་རུ་ཀ །ལྟ་ངན་མུན་སེལ་མི་བཟད་ དྲག་པོ་ཆེ། །དགེ་སློང་དཔའ་བོ་ཆེན་པོ་ཐུང་ཅན་པ། །ཁ་སྤུ་ལྡན་པའི་རཏྣ་ཤྲཱི་ཞེས་པ། །རི་ ཁྲོད་ཆེན་པོ་འདི་ན་འོང་བར་འགྱུར། །བུ་ཁྱོད་ཀྱི་ནི་རྗེས་སུ་འཇུག་གྱུར་ཏེ། །རོ་མཆོག་དམ་ ཆོས་བདུད་རྩིས་རྒྱུད་ཚིམས་ནས། །མ་ཀི་འཛི་ཀ་ཞེས་པའི་ས་ཕྱོགས་སུ། །ཆུ་བོའི་འགྲམ་ ལ་བརྟེན་པའི་ལུང་བ་རུ། །སྐྱེ་བོ་དམུ་རྒོད་དར་བའི་ཡུལ་ས་ན། །ཨ་མི་སྐུ་མཆེད་དག་གི་ བསྟན་པ་རྒྱས། །གནོད་སྦྱིན་གཏེར་བདག་མིང་གི་དགོན་པ་རུ། །དུས་ཀྱི་འཁོར་ལོའི་བཤད་ སྒྲུབ་གཙོ་བོར་སྟོན། །ཟབ་ལམ་རྡོ་རྗེ་ཐེག་པའི་དགེ་ལེགས་རྒྱས། །ཀུན་ཀྱིས་མཆོད་གནས་ བཀུར་བསྟི་བྱ་བའི་གནས། །ཞེས་པའི་ལུང་བསྟན་པའི་དགོན་གནས་འཚོལ་བཞིན་དྲུང་རཏྣ་ ཤྲཱི་ཇོ་ནང་ནས་ཕྱིར་ཁམས་ཕྱོགས་སུ་ཕེབས་པས་འཛི་ཆུ་རྒྱས་ནས་རབ་མ་ཚུགས་པར་དེར་ བཞུགས། ལུང་བསྟན་པའི་དགོན་གནས་འདི་ཡིན་ཡང་ད་ལན་དགོན་པ་ཞིག་འདུག་པས་ ཇི་ལྟར་བྱ་དགོངས་ནས་ཐོག་མར་ཐབས་ཀྱིས་གནས་ཚང་གཡར་དགོས་ཞེས་མཇལ་དར་ བསྐུར་བ་ལ། དགོན་དེ་བོན་པོའི་དགོན་པ་ཡིན་པས་དགོན་གྱི་བོན་པོ་རྣམས་ཀྱིས་ཚུར་དར་ དང་བཞུགས་གདན་ཕུལ་བ་སོགས་རྟེན་འབྲེ ལ་ལེགས་པར་འགྲིག དེ་ནས་ཕྱིས་སུ་དྲུང་རཏྣ་ ཤྲཱིས་ཆོ་འཕྲུལ་གྱི་མཛད་པ་མང་པོ་དག་བསྟན་པས་བོན་པོ་རྣམས་ཀྱིས་དགོན་གཞི་ཕུལ་ཏེ་ ཁོ་རང་རྣམས་ཡུལ་བུད་ནས་སོང་ཤུལ་གྱི་གནས་སུ་དྲུང་དཀའ་བཞི་རིན་ཆེན་དཔལ་ཉིད་ 2-1-97 ཀྱིས་ཤིང་མོ་སྦྲུལ་ལོ་ལ་དཔལ་གྱི་འཛམ་ཐང་ཆོས་སྡེ་ཆེན་པོ་བཏབ་སྟེ་ངེས་དོན་གྱི་བསྟན་ པའི་གཞི་བཙུགས་ཏེ་བཤད་སྒྲུབ་ཀྱི་བསྟན་པ་ངེས་གསང་ཟབ་མོའི་ལུགས་བཟང་སྒྲུབ་ བརྒྱུད་གཙོ་བོར་བྱས་ནས་དར་རྒྱས་སུ་མཛད་པའི་དབུ་བརྙེས་པ་སྟེ། འདི་སྐབས་སུ་ཇོ་ནང་ དཔལ་དུ་རྒྱལ་ཚབ་འཛིན་པ་འཇམ་དབྱངས་དཀོན་མཆོག་བཟང་པོའི་དུས་ཙམ་ཡིན་པར་ མངོན། དེ་ནས་མདོ་སྨད་འཛམ་ཐང་གི་ཆོས་སྡེ་དེར་དྲུང་དཀའ་བཞི་པས་ཞི་རྒྱས་དབང་དྲག་ གི་གང་འདུལ་གྱི་མཛད་པ་མཐའ་ཡས་པའི་སྒོ་ནས་མཐའ་འཁོབ་དམུ་རྒོད་ཀྱི་སེམས་ཅན་ འདུལ་དཀའ་བ་རྣམས་བཏུལ་ཏེ་ངེས་དོན་གསང་ཆེན་ཐེག་པའི་ཆོས་སྒོར་བཙུད་ནས་བསྟན་ འགྲོའི་དོན་རྒྱ་ཆེར་མཛད་དེ་བསྟན་པ་རྒྱས་ཤིང་འགྲོ་བའི་བདེ་སྐྱིད་འཕེལ་བར་བྱས་ལ། དེ་ ཉིད་ཀྱི་གདན་ས་འཛིན་པ་མཁན་ཆེན་དཀོན་མཆོག་རྒྱལ་མཚན། ཚེས་བཅུ་རཏྣ་ཀིརྟི། ཨརྒེ་ ཉི་མ་འོད་ཟེར། ཆོས་རྗེ་གཞོན་ནུ་རྒྱལ་མཚན། རྒྱལ་བ་བཟང་རྣམས་ཀྱིས་གཙོས་འདུས་སྡེ་ སྟོང་ཕྲག་ཙམ་འཚོགས་ཞེས་གྲགས་སྐད། {༢} དེ་ལས་ཆོས་རྗེ་རྒྱལ་བ་བཟང་པོ་ནི། མདོ་ཁམས་སྨད་ཀྱི་ཆར་གཏོགས་བཞག་ཤོད་ དཔལ་མོ་འཛོམ་པ་ཞེས་བྱ་བ་ན་འཁྲུངས་ཤིང༌། ཆོས་འབྱུང་ནམ་མཁའ་རྫོང་དུ་སྒྲུབ་པའི་ རྒྱལ་མཚན་བཙུགས་པས་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་ཏེ་གྲུབ་རྟགས་ངོ་མཚར་ བ་མང་དུ་བཞག་ནས་བསྟན་འགྲོའི་དོན་རྒྱ་ཆེར་མཛད་པ་རྒྱལ་བ་མི་ཕམ་པའི་སྤྲུལ་བར་ བསྔགས་པ་ཞིག་གོ །འདིའི་སྔོ ན་གྱི་སྐྱེས་རབས་དང་རྗེས་སུ་སྐུ་སྐྱེས་ཀྱི་ཚུལ་རགས་རིམ་ལ་ བསྐལ་པ་དཔག་མེད་ཀྱི་སྔོན་རོལ་སངས་རྒྱས་རྣམ་པར་སྣང་མཛད་ཀྱི་དྲུང་དུ་བྱང་སེམས་ཛཱ་ ཡ་མེ་དྲི་ཞེས་བྱ་བར་གྱུར་ཏེ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། སངས་རྒྱས་རྣམ་གཟིགས་ཀྱི་ དྲུང་དུ་ཚོགས་གཉིས་རྒྱ་མཚོ་ལྟ་བུ་བསགས་པ་སོགས་ཀྱི་མཐར། དེ་ནས་ནམ་ཞིག་གི་དུས་ དགའ་ལྡན་དུ་དམ་པ་ཏོག་དཀར་གྱིས་རྒྱལ་ཚབ་མི་ཕམ་པའི་ཚུལ་བཟུང༌། དེ་ནས་རྒྱ་གར་ 2-1-98 དུ་འཕགས་པ་ཐོགས་མེད་དུ་སྐྱེས་ཚུལ་བསྟན། དེ་ནས་བོད་ལྗོངས་སུ་སྐད་གཉིས་སྨྲ་བའི་ཁྲོ་ ཕུ་ལོ་ཙཱ་བ་བྱམས་པ་དཔལ། དེ་ནས་ཀུན་མཁྱེན་དོལ་པོའི་དྲུང་དུ་ཐུགས་སྲས་ས་བཟང་མ་ ཏི་པཎ་ཆེན། དེ་ནས་མདོ་སྨད་བཞག་ཤོད་དུ་ཆོས་རྗེ་རྒྱལ་བ་བཟང༌། དེ་ནས་ཤམྦྷ་ལར་ཆོས་ རྒྱལ་རྡོ་རྗེ་སྙིང་པོའི་དྲུང་དུ་བློན་ཆེན་ཀུན་དགའ་འཕགས། དེ་ནས་གཙང་གི་ཕྱོགས་སུ་ལོ་ ཤེས་འགྲོ་དོན་མཛད་པའི་སྐྱེ་བ་བཞེས་ཚུལ་བསྟན་ནས་གཟོད་ཁམས་རྡོ་ཡུལ་དུ་འཛམ་ཐང་ གི་མངའ་བདག་རྒྱལ་བ་སེང་གེ་ཞེས་བྱ་བར་འཁྲུངས་པ་སྟེ། {༣} དེ་ཡང་སློབ་དཔོན་པདྨའི་བཀའ་ལུང་གསལ་པོས། འདི་སྐད། རྒྱལ་རོང་ཆུ་མགོ་ རྡོ་སྟོད་ཞེས་བྱ་བར། །འཛུམ་ལུང་ཞེས་བྱ་ལུང་ཆུང་གཅིག་ཏུ་ན། །འོད་ཟེར་ཡབ་ལ་སྒྲོལ་ མ་ཞེས་བྱའི་ཡུམ། འབྲུག་སྦྲུལ་ལོ་པ་རྒྱལ་གྱི་མིང་ཅན་འབྱུང༌། །འཆད་རྩོད་རྩོམ་དང་ཤེས་ བྱ་དག་ལ་མཁས། །འགྲོ་དོན་བསྟན་པ་ཤར་གྱི་ཕྱོགས་སུ་དར། །འཁོར་དུ་དགེ་སློང་དགེ་ འདུན་སྟོང་གིས་བསྐོར། །པདྨ་ང་སྤྲུལ་ཡིན་ཏེ་ངོ་མི་ཤེས། །སྐུ་ཚེའི་ཚད་ནི་བདུན་ཅུ་དོན་བཞི་ སྟེ། །སྔགས་པས་ཚེ་སྒྲུབ་དག་ལ་འབད་གྱུར་ན། །བརྒྱད་ཅུ་རྩ་བཞིའི་བར་དུ་འཚོ་ཡང་སྲི ད། །ལོག་བྱེད་སྙིགས་མའི་དུས་ཀྱི་མི་རྣམས་ཀུན། །ཚུལ་བཞིན་གུས་པའི་ཡིད་ཀྱིས་གསོལ་བ་ ཐོབ། །དེ་དང་འབྲེ ལ་ཚད་དགའ་ལྡན་གནས་སུ་སྐྱེ། །ཞེས་པས་ལུང་བསྟན་པ་ཆོས་རྗེ་རྒྱལ་ བ་སེང་གེ་དཔལ་འབྱོར་བཟང་པོ་རྡོ་རོང་ཞེས་བྱ་བ་འཛུམ་ལུང་གི་ཆར་གཏོགས་རྡོའི་ཤུག་ ཆེན་དུ་མང་བཀུར་ལྷ་བབས་ཀྱི་རིགས་ལྷུ་བཞི་མགོན་རྒྱལ་ནག་པོའི་གདུང་རིགས་ཡབ་རྗེ་ དཀོན་མཆོག་སྐྱབས་ཀྱི་གདུང་རབས་མ་ཆད་པའི་ཡབ་རྗེ་དཀོན་མཆོག་རྒྱལ་བ་འོད་ཟེར་ དང་ཡུམ་དཔལ་སྐྱིད་སྒྲོལ་མ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་བཅུ་གསུམ་བཞེས་ ནས་ཕྱི་ནང་གི་ཆོས་སྐོར་མ་ལུས་པ་མཁྱེན། སློབ་དཔོན་པདྨས་ལན་གསུམ་བཞིར་དངོས་ སུ་བྱོན་ནས་བྱིན་རླབས་དང་དབང་བསྐུར་གནང༌། མཚན་གྱི་སྙན་པ་ཡོངས་སུ་གྲགས་པས་ 2-1-99 མདོ་ཁམས་ཀྱི་ཉི་མ་གཅིག་པུར་གྱུར་པ་སྟེ། དེ་ཡང་དགུང་ལོ་བཅུ་གསུམ་པར་ཀུན་མཁྱེན་ དོལ་པོའི་སྐྱེ་བར་གྲགས་པ་རཏྣ་ཀིརྟིའི་དྲུང་དུ་བྱོན་ནས་མཇལ་ཚེ་བླ་མ་སྤྱན་རས་གཟིགས་ སུ་མཐོང་ཕྱག་འབུལ་སྐབས་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་རྣམས་བླ་མའི་སྐུ་ལ་ ཐིམ་སོང་བའི་རྣམ་པ་གསལ་བར་གཟིགས་ཤིང་ཟབ་བཀའ་མང་པོ་ཞུས་དྲུང་དཀའ་བཞི་ པའི་གདན་ས་པ་ཆེན་པོ་མཁན་དཀོན་མཆོག་རྒྱལ་མཚན་གྱིས་གཙོས་དགེ་འདུན་མང་པོའི་ དབུས་སུ་དགེ་ཚུལ་གྱི་སྡོམ་པ་མནོས་ཏེ། མཚན་དཔལ་འབྱོར་བཟང་པོ་ཞེས་གསོལ། དེ་ ནས་རྒྱལ་རོང་གི་བཞག་བྲ་ལྷ་རྩེའི་དགོན་དུ་ཕེབས་ནས་ཆོས་འབྱུང་ནམ་མཁའ་རྫོང་དུ་ཟླ་བ་ དྲུག་ཏུ་སྐུ་མཚམས་དམ་པོར་བཞུགས་པས་གནས་ལུགས་དོན་གྱི་སྙིང་པོའི་རང་ངོ་འཕྲོད། དེ་ ནས་གྲུབ་པའི་དབང་ཕྱུག་ལྕགས་མདུད་ཤེས་རབ་རྒྱལ་མཚན་གྱི་དྲུང་དུ་བྱོན་པར་དགོངས་ ཚེ་དཔལ་ལྡན་ལྷ་མོ་སོགས་ཀྱི་བསུ་བ་དང༌། མཁའ་འགྲོ་སེང་གདོང་མགོན་པོ་ཕྱག་དྲུག་པ་ སོགས་ལྷག་པའི་ལྷ་མང་པོའི་ཞལ་གཟིགས་དེར་བྱོན་ལྕགས་མདུད་དྲུང་ནས་མདོ་སྔགས་ཀྱི་ གཞུང་མང་པོ་དང་དབང་བཀའ་རིམ་གཉིས་ཀྱི་བཤད་པ་མཐའ་དཔྱད་མན་ངག་དང་བཅས་ མཐའ་དག་གསན། སླར་རྩེ་ཐོག་རྒྱལ་བའི་གཏེར་གནས་སུ་བྱོན་ཏེ་བཞུགས་སྐབས་སངས་ རྒྱས་བྱང་སེམས་མཁའ་ལ་སྤྲིན་འཐིབ་པ་བཞིན་གཟིགས། གསེར་ཤོད་རྡོ་རྗེ་འཆང་རྒྱལ་ མཚན་སེང་གེའི་དྲུང་དུ་དབང་གདམས་ངག་མང་པོ་ཞུས་ནས་ཐབས་ལམ་བསྐྱེད་རིམ་ཉམས་ བཞེས་གནང་སྐབས། དཔལ་ནག་པོ་ཆེན་པོ་ལྕམ་དྲལ་དང་དམ་ཅན་མགར་ནག་དང་བཅས་ པས་མཐུན་རྐྱེན་སྒྲུབ་པ་མངོན་སུམ་བྱུང༌། དེ་ནས་སླར་དཔལ་གྱི་འཛམ་ཐང་དུ་ཕེབས་ནས་ དགུང་ལོ་ཉེར་གསུམ་པར་རཏྣ་ཀིརྟིའི་དྲུང་དུ་རྒྱུད་སྡེ་རྒྱ་མཚོའི་དཀྱིལ་འཁོར་མང་པོའི་ཞལ་ ཕྱེས་ནས་དབང་བཀའ་ཡོངས་རྫོགས་གསན། དེར་མཁན་སློབ་བཅུ་གསུམ་གྱི་དབུས་སུ་ གསོལ་ཀ་པ་ཡོན་ཏན་རྒྱ་མཚོ་དང་ལྷན་ཅིག་བསྙེན་པར་རྫོགས། དེ་ནས་རིམ་པར་གདུལ་ 2-1-100 བྱ་རྣམས་རྗེས་སུ་བཟུང་སྟེ་འཛམ་ཐང་དགོན་འདིར་བསྟན་པའི་རྒྱལ་མཚན་འཛིན་པའི་གྲུབ་ རྟགས་མངོན་གྱུར་ཐོགས་མེད་མངའ་བ་སྤྲུལ་པའི་སྐུ་ཆེན་པོ་བཅུ་གསུམ་གྱི་གཙོས་དགེ་ འདུན་སྟོང་ཕྲག་མང་པོ་ལ་མདོ་སྔགས་རྒྱུད་སྡེ་སྤྱི་དང་དུས་ཀྱི་འཁོར་ལོའི་བཤད་སྒྲུབ་འཆད་ ཉན་རྩོམ་གསུམ་དབང་བཀའ་ལུང་དང་བཅས་ཟབ་ཅིང་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོ་གདུལ་ བྱ་རང་རང་དང་འཚམ་པར་བསྐོར་བས་སྨིན་གྲོལ་གྱི་ལམ་བཟང་པོ་ལ་འགོད་པར་མཛད་དོ། །དེ་དག་གི་སྙན་པ་ཕྱོགས་སུ་ཁྱབ་པས་སྐུ་ཐོགས་དེར། གོང་མ་ཆེན་པོ་ཏཱ་མིང་རྒྱལ་པོ་དང༌། སོག་པོ་ཡོངས་ཤུའི་བུ་དང༌། ཧོར། འཇང༌། བཙན་ལྷ་རབ་བརྟན་ལ་སོགས་པའི་རྒྱལ་ཆེན་ རྣམས་ཀྱིས་བླ་དཔོན་དུ་བཀུར་ཞིང་གསེར་ཡིག་གསེར་ཐམ་དང་བཅས་གནང་ངོ༌། །དཔལ་ གྱི་འཛམ་ཐང་དགོན་འདིར་གཟིམས་ཁང་ཕོ་བྲང་བདེ་ཆེན་བཀྲ་ཤིས་འཁྱིལ་བཞེངས་པ་ དང༌། རྗེས་སུ་ལོ་འགའ་ཞིག་ནས་རྒྱལ་བའི་རྟེན་ཁང་ལྷུན་གྱིས་གྲུབ་པ་ཁང་དམར་གཙུག་ ལག་བཞེངས་པའི་དུས་སུ་ཡུལ་མི་ཀུན་ཀྱིས་དགའ་སྟོན་དང་བཅས་བཞེངས་པའི་ཆ་རྐྱེན་ མ་ཕུལ་བ་གཅིག་ཀྱང་མེད་ལ། སོ་སོར་རྟེན་འབྲེ ལ་བརྟགས་པའི་མིང་ཡང་ལེགས་པ་བཀྲ་ ཤིས་སྨོ ན་ལམ་དང་བཅས་རེ་རེ་གནང༌། ཕྱི་བཀོད་རྫོགས་པ་དང་ནང་བཞུགས་ཀྱི་སྐུ་རྟེན་ སོགས་བཞེངས་སྐབས་ཆོས་སྐྱོང་རྣམས་ལ་གཏོར་མ་རྒྱ་ཆེར་བཏང་ནས་ལས་བཅོལ་གཏད་ སྐབས་གསེར་གྱི་གོ་ཁྲབ་ཅན་གྱི་མི་ཆེན་གཉིས་བྱུང་ནས་ཐུགས་ཀྱི་དགོངས་པ་ལ་བར་ཆད་ གང་ཡང་མེད་པར་སློབ་དཔོན་པདྨ་དང་མཁའ་འགྲོ་གསང་བ་ཡེ་ཤེས་སོགས་ཀྱི་བྱིན་རླབས་ དང་བཅས་མཉམ་དུ་གྲུབ་བོ་གསུངས་ནས་མི་སྣང་བར་གྱུར་ཏོ། །དེ་ནས་རྟེན་རྣམས་ལ་རབ་ གནས་རྗེ་བླ་མ་ཉིད་དང་སློབ་དཔོན་རྒྱལ་མཚན་སེང་གེས་དབུར་བཅས་བུ་ཆེན་བཅུ་གསུམ་ དང་དགེ་སློང་ཕྱི་ནང་ཚུལ་ལྡན་བརྒྱ་ཕྲག་གཅིག་གིས། གསང་འདུས། དགྱེས་རྡོར། དུས་ འཁོར་སོགས་རྒྱུད་སྡེའི་དཀྱིལ་འཁོར་མང་པོའི་ཞལ་ཕྱེས་ཏེ་བསྒྲུབ་མཆོད་ཞག་བདུན་བར་ 2-1-101 དུ་མཛད་ཅིང་ཉིན་རེ་བཞིན་རབ་གནས་ཕྱག་ལེན་ཐེབས་ངེས་མཛད་པས་ཀུན་ཡིད་ཆེས་ ཤིང་ངོ་མཚར་བའི་ལྟས་ཀྱང་དཔག་མེད་བྱུང་ལ། དེ་ལས་ཐུབ་པའི་དབང་པོའི་སྐུ་གཟུགས་ ལས་འོད་ཟེར་གྱི་ཚོགས་དུ་མ་གསེར་བཙོ་མའི་མདོག་ལྟ་བུ་གློག་འོད་འཁྱུག་པ་བཞིན་བྱུང་ བས་ས་དང་ནམ་མཁར་ཁྱབ་ཅིང་འོད་ཀྱི་ཕུང་པོའི་དཀྱིལ་ནས་སྙན་པའི་སྒྲ་གདངས་ལ། འདི་ ལྟར་ཚིགས་སུ་བཅད་པ་བྱུང་བ་སྟེ། བསྐལ་པ་སྔོ ན་ནས་མངོན་པར་བྱང་ཆུབ་ཀྱང༌། །མཐའ་ ཡས་འགྲོ་ལ་བྱམས་བརྩེའི་ཐུགས་བསྐྱེད་མཐུས། །བརྒྱད་ཁྲི་བསྐལ་པ་བཟང་པོའི་ཞིང་ ཁམས་ལས། །རྫོགས་ལྡན་བྱམས་པའི་འབྲེ ལ་ཚད་ལུང་བསྟན་འབྱུང༌། །ཞེས་པའི་དབྱངས་ ཀྱི་སྒྲ་ཤིན་ཏུ་འཇམ་པའི་ཚིག་ལན་ལྔའི་བར་དུ་སྐྱེས་བུ་ཀུན་གྱི་མཐོང་ཐོས་སུ་བྱུང་ངོ༌། །དེ་ འདྲའི་ཁང་དམར་གཙུག་ལག་ཁང་ཆེན་པོས་གཙོས་དགོན་ལག་བརྒྱ་དང་བཅུ་གསུམ། མཆོད་རྟེན་བརྒྱ་དང་བཅུ་གསུམ་ཕྱག་འདེབས་མཛད། གཞན་ཡང་དཔལ་དགུ། རྩེ་ལྔ། ཐང་ བརྒྱད་ཀྱི་བདག་པོར་གྱུར་ཏོ། །ནང་གི་བསྟན་པའི་གཉེར་ཁ་བ་རྒྱལ་མོ་རོང་གི་ཕྱོགས་ཚ་ཁོ་ བ་ངག་དབང་གྲགས་པའི་དབོན་པོ་ཆོས་གྲགས་རྒྱ་མཚོའི་སྐུ་རིགས་ཀྱི་དབོན་དུ་མཛད་ནས་ དེ་ལས་བྱུང་བའི་རིགས་རུས་ཀྱང་འཛིན་པ་ཤིན་ཏུ་མང་ངོ༌། །དེ་ནས་དགུང་ལོ་རེ་དགུ་པར་ རྟོགས་པ་བདེ་ཆེན་གྱི་རང་ངོ་ཧྲིག་གེར་བཞུགས་ནས་གནས་ལུགས་གདོད་མ་ཆེན་པོ་འཁོར་ འདས་ཡོངས་ཁྱབ་ཀྱི་བརྟན་གཡོའི་རོལ་གར་ཅིར་ཡང་འཛིན་པའི་མཛད་པ་མཐའ་ཡས་པའི་ རྣམ་པར་ཐར་པ་དོན་དམ་ཆོས་ཉིད་ཀྱི་ཉམས་མགུར་རྡོ་རྗེའི་གླུ་དབྱངས་གསུངས་སོ། །དེ་ ནས་གྲྭ་སློབ་མང་པོ་བཅས་གསེར་ཤོད་ནས་བརྒྱུད་ལྗགས་མདའ་དགོན་སོགས་དགོན་ལག་ རྣམས་ལ་བཀའ་འཕྲོས་ཀྱི་ཞལ་གདམས་སོགས་ཀྱིས་འགྲོ་དོན་མཛད། འབའ་ལྷ་སྒང་ལ་ ཆགས་ཕེབས་ལོ་གཅིག་བཞུགས་ནས་ཆོས་འཁོར་རྒྱ་ཆེར་བསྐོར། དེ་ནས་ས་སྐྱའི་བླ་མ་ནམ་ མཁའ་རྒྱལ་མཚན་གྱིས་སྤྱན་དྲངས་ཏེ་ཆོས་མང་གསུང་སྐབས་རྣམ་རྒྱལ་ཆེན་མོའི་མཆོད་ 2-1-102 རྟེན་བཞེངས། རབ་གནས་སྐབས་མཆོད་རྟེན་ལས་འོད་ཟེར་བྱུང་སྟེ་སྒྲ་གདངས་སྙན་པ་བྱུང་ བ་ཀུན་གྱིས་ཐོས་པས་ཡ་མཚན་སྐྱེས་པ་སོགས་ངོ་མཚར་བ་མང༌། དེར་ཀུན་གྱིས་ཡུན་རིང་ བཞུགས་ཞུས་གསོལ་ཡང་ཆོས་སྐྱོང་གིས་བསྐུལ་བས་མ་གསན་པར་སླར་འཛམ་ཐང་དུ་ ཕེབས་ཚེ་གཞོན་ནུ་རྒྱལ་མཚན་པའི་ཡང་སྤྲུལ་སོགས་སྤྲུལ་སྐུ་བཞིས་ཐོག་དྲངས་དགེ་འདུན་ སྟོང་ཕྲག་བཅུས་ཉིན་ལམ་གཅིག་ཏུ་སེར་ཕྲེང་གིས་བསུ་བ་མཛད། སླར་འཛམ་ཐང་གཟིམས་ ཁང་བདེ་ཆེན་དུ་སྤྱན་དྲངས་ནས་རྡོར་ཕྲེང་དཀྱིལ་འཁོར་ཞེ་དགུ་རྡུལ་ཚོན་གྱི་སྟེང་ནས་དབང་ བསྐུར། དེ་ནས་ལོ་གཉིས་སུ་བྱང་ཕུག་རྡོ་རྗེ་གདན་དུ་སྒྲུབ་པ་མཛད་ནས་བཞུགས། དགུང་ལོ་ དོན་གཉིས་ན་ཁམས་ཅུང་མི་བདེ་བའི་ཚུལ་བསྟན་དབོན་བཀྲ་ཤིས་རྒྱ་མཚོས་ཞུ་ཕུལ་ལྟར་ སླར་འཛམ་ཐང་དུ་ཕེབས་བུ་ཆེན་རྣམས་ལ་སོ་སོར་བཀའ་འཕྲོ་བཅས་བསྟན་པའི་འཕེལ་ འགྲིབ་ཀྱི་ལུང་བསྟན་དང་ཁོང་གི་མཛད་པའི་ཐ་མ་ཡིན་ཚུལ་སོགས་རིམ་པས་གནང༌། རཏྣ་ ཀིརྟིའི་ཡང་སྤྲུལ་རིན་ཆེན་དཔལ་སོགས་དཔལ་གྱི་མཚན་ཅན་བུ་ཆེན་བཅུ་གསུམ་སོགས་ མཁས་གྲུབ་ཀྱི་སྐྱེས་བུ་དམ་པ་རང་འདྲ་དུ་མ་རྣམས་ཀྱི་གཙོས་དགེ་འདུན་སྟོང་ཕྲག་དུ་མ་ལ་ རང་རང་གི་སྐལ་བ་དང་འཚམ་པའི་ཟབ་ཆོས་མང་དུ་གནང་བའི་མཐར་འབྲུག་ལོའི་ཟླ་བ་ བཅུ་པའི་ཚེས་བརྒྱད་ཉིན་སྤྲུལ་པའི་དཀྱིལ་འཁོར་ཆོས་ཀྱི་དབྱིངས་སུ་གཤེགས་པས་མཁའ་ ལ་འཇའ་འོད་དང་ས་རྣམ་པ་དྲུག་ཏུ་གཡོ་ཞིང་བར་སྣང་ལ་སྒྲ་དང་མེ་ཏོག་གི་ཆར་སོགས་ངོ་ མཚར་བའི་དགེ་མཚན་ཤིན་ཏུ་མང་ངོ༌། ། {༤} འདིའི་སྐུ་ཕྲེང་གཉིས་པ། རྣམ་ཐར་གསོལ་འདེབས་ལས། བོན་པོ་འདུལ་ཕྱིར་རེ་ ཤིང་དྲང་སྲོ ང་སྐུ། །ཏཱ་ར་ནཱ་ཐས་ལུང་བསྟན་ཞབས་པད་བརྟན། །བསྙེན་རྫོགས་བསྒྲུབས་ ནས་དུས་འཁོར་བསྐྱེད་རྫོགས་ཞུས། །ཁམས་སུ་ཕེབས་མཛད་ལམ་དུ་མཁའ་འགྲོས་བསུས། །ཞེས་གསུངས་པ་ལྟར་དབུས་གཙང་དུ་བོན་པོ་ཞུ་ཚང་རེ་ཤིང་པའི་སྐུ་སྐྱེས་སུ་འཁྲུངས་ཀྱང་ 2-1-103 ཁམས་སུ་ཕེབས་ལམ་སྐྱིད་ཤོད་བྲག་དཀར་དུ་སྐུ་གཤེགས་ཚུལ་རྗེ་བཙུན་གྱི་རྣམ་ཐར་ སྐབས་གོང་དུ་སྨོ ས་པ་ལྟར་རོ། ། {༥}སྐུ་ཕྲེང་གསུམ་པ་ཆོས་རྗེ་ལྷོ་ཁ་པ་གྲགས་པ་འོད་ཟེར་ཡང་ལྷོ་ཁའི་ཡུལ་དུ་འཁྲུངས་ ནས་འཛམ་ཐང་དུ་གདན་དྲངས་ཏེ་ཆོས་རྗེ་རིན་ཆེན་གྱི་བཀའ་འབངས་སུ་གྱུར་དུས་འཁོར་ སྦྱོར་དྲུག་ཉམས་ལེན་དང་བསྙེན་སྒྲུབ་མང་དུ་མཛད་པས་ཉམས་རྟོགས་རྒྱས། གཙུག་ལག་ ཉམས་པ་གསོས་ཤིང་ཐུགས་རྟེན་ཆེན་པོ་བཞེངས། བསྟན་དགྲ་ཚར་བཅད་བསྟན་འགྲོར་ ཕན་ཆེར་མཛད། ཅེས་པ་ལྟར་ནུས་མཐུས་བསྟན་དགྲ་བསྒྲལ་ཏེ་བསྟན་པ་དང་འགྲོ་བ་ལ་ ཕན་ཐོགས་མཛད་ཅིང༌། ཀིརྟི་ཚང་དང་མཐུ་འགྲན་བྱེད་པ་པོ་དེ་ཡང་འདི་ཡིན་ནམ་སྙམ་ན་མ་ ཡིན་པར་སྐུ་ཐོག་མའི་དུས་ཤིག་ཏུ་མངོན་ནོ། ། {༦}སྐུ་ཕྲེང་བཞི་པ་ཆོས་རྗེ་གོ་རྒྱལ་རྒྱལ་བ་ལྷུན་གྲུབ་གྲགས་པ་སྒྲུབ་པ་ཟབ་མོའི་མཐུ་ ནུས་ཆེ་བ་བསྟན་འགྲོ་ལ་ཕན་ཐོགས་ཅན་ཞིག་སྟེ་འདི་གཉིས་ཀྱི་དུས་སུ་གཙང་ནས་མཁས་ གྲུབ་བློ་གྲོས་རྣམ་རྒྱལ་དང་ངག་དབང་རྣམ་རྒྱལ་གཉིས་རིམ་གྱིས་ཕེབས་ནས་བསྟན་ འགྲོ་ལ་ཕན་པ་མཛད་ཚུལ་རྗེས་ནས་འཆད། {༧} སྐུ་ཕྲེང་ལྔ་པ་ངེས་དོན་བསྟན་པ་དར་རྒྱས། དྲུག་པ་ཆོས་རྗེ་ཤཱཀྱ་འོད་ཟེར་རམ་ འཇིགས་མེད་དཔལ་གྱི་སེང་གེ བདུན་པ་ཀརྨ་ཆོས་ཀྱི་བྱམས་པ། བརྒྱད་པ་མི་ཕམ་འཇིགས་ མེད་དབང་པོ་རྣམས་རིམ་གྱིས་བྱོན་ནས་དཔལ་འཛམ་ཐང་གི་ཆོས་རྗེའི་གདན་རབས་ བཟུང༌། རཏྣ་ཀིརྟིའི་སྐུ་ཕྲེང་རིམ་བྱོན་རྣམས་ཀྱིས་ཚེས་བཅུ་གོང་དང༌། ཨརྒེ་སྐུ་སྐྱེས་ཀྱི་ སྐུ་ཕྲེང་རིམ་པར་བྱོན་པས་ཚེས་བཅུ་སྨད་ཀྱི་གདན་རབས་བཟུང་བ་ཡིན་ལ། ཆོས་རྗེ་ཀུན་ མཁྱེན་ཆེན་པོས། ཆུ་བོ་གྱེན་དུ་འཁྱིལ་བའི་ལྷོ་ཕྱོགས་སུ། །ཀུ་མ་ར་ཡི་མཚན་གྲགས་ཁམས་ སུ་འོང༌། །ཁོ་བོའི་གསུང་འབུམ་རྙེད་ནས་ཁམས་སུ་སྤེལ། །བསྟན་དང་འགྲོ་ལ་ཕན་པའི་ 2-1-104 བཀྲ་ཤིས་འབྱུང༌། །ཞེས་པས་ལུང་བསྟན་པ་ཆོས་རྗེ་གཞོན་ནུ་རྒྱལ་མཚན་གྱིས་འཛི་སྟོད་དུ་ དགོན་པ་བཏབ་ནས་ངེས་དོན་ལྟ་གྲུབ་ཀྱི་རང་རྐང་བཙུགས། དོལ་པོའི་བཀའ་འབུམ་པོད་ ཆེན་དྲུག་འཆད་ཉན་གྱི་རྒྱུན་སྤེལ། དེ་ཉིད་ཀྱི་ཡང་སྤྲུལ་རིམ་བྱོན་འགའ་རེ་ཡོད་ཅིང༌། དུས་ ཕྱིས་སུ་དེ་ཉིད་ཀྱི་སྒྲུབ་གྲྭའི་ཤུལ་དུ་ཨ་སྐྱོང་བླ་མ་ངག་དབང་ཐུབ་བསྟན་གྱིས་དགོན་པ་ལ་ཁ་ གསར་བཏབ་བྱས་སོ། ། སྨྲས་པ། ཡིད་དགའ་ཆོས་ཀྱི་དཔལ་འཛིན་ཕོ་བྲང་ནས། ། སྒྱུ་འཕྲུལ་སྲས་པོའི་ཞལ་སྐྱིན་ཏོག་དཀར་པོ། ། རྨུགས་འཛིན་ཐིག་ལེར་སྒྱུ་མའི་རོལ་པ་འཛིན། ། གང་འདིས་གསང་བའི་མཛད་བཟང་ཆ་ཙམ་མངོན། ། ཞེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། ། གཉིས་པ་རྗེས་ནས་བསྟན་པ་སྤེལ་ཚུལ་ལ། གཙང་ནས་འཛམ་ཐང་དུ་སྤེལ་ཚུལ་དང༌། གཞན་དུ་སྤེལ་ཚུལ་གཉིས་ལས། དང་པོ་ནི་དེ་ཡང་རྗེ་བཙུན་ཏཱ་ར་ནཱ་ཐ་དང་རྒྱལ་ཚབ་ཀུན་དགའ་རིན་ཆེན་རྒྱ་མཚོ་གཉིས་ ཀྱི་དངོས་སློབ་མཁས་གྲུབ་བློ་གྲོས་རྣམ་རྒྱལ། དེ་ནས་རིམ་བྱོན་ཆ་ལུང་བ་ངག་དབང་ཕྲིན་ ལས། གཙང་བ་ངག་དབང་རྣམ་རྒྱལ་ཏེ། དམ་པ་གོང་མ་དེ་གསུམ་གྱི་ལོ་རྒྱུས་མདོ་ཙམ་ལས་ བརྩམས་ཏེ་སྐབས་དོན་འཆད་པར་བྱ་བ་སྟེ། ༼༣༠༽ དེ་དག་ལས་བློ་གྲོས་རྣམ་རྒྱལ། ཡུལ་འཇད་འཆོས་ཟ་རྭ་བར་དུ་ཕྱི་ལོ་༡༦༡༨རབ་ལོ་ ༥༩༢ མཆན། ས་ཕོ་རྟ་ལ་ཡབ་ལྷ་དར་རྒྱས་དང་ཡུམ་ཕྱུག་མོ་དཔལ་འཛིན་གཉིས་ཀྱི་སྲས་སུ་ ལྟེ་བས་སྒོ མ་ཐག་གི་ཚུལ་འཆང་བཞིན་ངོ་མཚར་བའི་ལྟས་བཅས་འཁྲུངས། ཆུང་ངུ་ནས་ 2-1-105 ལྟུང་བཤགས་རང་ཤེས་དང་བྱམས་པའི་ཞལ་གཟིགས་མང༌། དགུང་ལོ་བཅུ་དྲུག་པར་ མཁའ་འགྲོས་བསྐུལ་བ་ལྟར་རྗེ་བཙུན་ཀུན་དགའ་སྙིང་པོའི་དྲུང་དུ་སྐྲ་ཕུད་ཕུལ། ཞལ་ནས་ བགེགས་བསྐྲད་དང་བཀྲ་ཤིས་ཀྱི་ཚིགས་བཅད་གསུངས་ཏེ་ཕྱག་ནས་འཐོར། མིང་བློ་གྲོས་ རྣམ་རྒྱལ་དུ་བསྩལ། དར་ཚོས་སྣ་གསུམ་གྱི་ཕྱག་མདུད་དང་བུ་རམ་སོགས་བཞེས་སྤྲོ་གནང་ སྟེ་སློབ་གཉེར་ལ་འབུངས་གསུངས། སློབ་གཉེར་མཛད་པས་རིང་པོར་མ་ལོན་པར་མཁས་ གནས་ཐོབ། རབ་བྱུང་དང་སྦྱོར་དྲུག་སོགས་བཀའ་ལུང་མང་དུ་ནོད། ཕག་ལོའི་ནག་ཟླའི་ ནང་ལ་རྗེ་བཙུན་རིན་པོ་ཆེའི་དྲུང་ནས་རྣལ་འབྱོར་མའི་དབང་བསྐུར་ཞུ་སྐབས་རྡོར་དྲིལ་སྤྱི་ བོར་བཞག་སྟེ་བྱ་བ་གང་ལ་བརྩོན་འགྲུས་བསྐྱེད་པ་གལ་ཆེ་གསང་མིང་སོགས་མ་བརྗེད་ གསུངས། ཟླ་བ་དེའི་ཉེར་བརྒྱད་ལ་རྗེ་བཙུན་ཉིད་སྐུ་གཤེགས་ཏེ་ཕྱག་མཆོད་སྒྲིབ་སྦྱོང་ལ་ འབད། དེ་ནས་མཁན་རིན་ཆེན་རྒྱ་མཚོ་ལས་བསྙེན་རྫོགས་དང་དབང་བཀའ་མང་པོ་ཞུས་ ཏེ། བསྙེན་སྒྲུབ་སོགས་མཛད་པའི་རེ་ཞིག་ན་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་བསྙེན་ སྒྲུབ་དུས་སུ་ཞལ་གཟིགས་ཏེ་ཁྱོད་ཀྱི་དགོན་པ་འདི་ཡིན་གསུངས། རི་འཛམ་ལྷའི་སྐུ་འདྲ་བ་ ཞིག་གི་མདུན་ན་དགོན་པ་ཁྲ་ཤིག་གེ་ཞིག་འདུག་པ་ཕྱིས་འཛམ་ཐང་དུ་འདུག དེ་ནས་སྒྲུབ་ ལ་བརྩོན་པས་ཉམས་རྟོགས་ཀྱི་ཀློ ང་རྡོལ། རྒྱལ་བའི་དབང་པོའི་གོང་ས་ལྔ་པ་བློ་བཟང་རྒྱ་མཚོ། མཆན། དྲུང་དུ་དུས་འཁོར་དང་གཞན་སྟོང་དྲིས་ལན་ཞིབ་རྒྱས་ཕུལ་བས་ཐུགས་དགྱེས་པས་གནང་ སྦྱིན་མཛད། དོལ་པོའི་སྐུའི་རྣམ་པའི་ཞལ་གཟིགས་ཀྱིས་ཁྱོད་ཀྱི་ལས་འཕྲོ་ཤར་ཕྱོགས་ན་ ཡོད་གསུངས། ཚུལ་དེ་མཁན་ལ་ཞུ་ཕུལ་བས་ཐུགས་དགྱེས་ཏེ་རྡོ་རྗེའི་རྣལ་འབྱོར་ལ་འབད་ གསུམ་ཐོན་ཞེས་བསྩལ། དེ་ནས་དཔལ་མགོན་གྱིས་བཀའ་ལུང་གནང་བ་ལྟར་མི་རིང་བར་ སྙིང་པོ་ཁྱབ་བདག་སོགས་ཁམས་པ་མང་པོའི་ཞུ་ནན་སོགས་ཀྱིས་བསྐུལ་ཏེ་སྐྱིད་ཕུག་ནས་ མེ་བྱའི་ལོའི་ཧོར་ཟླ་ལྔ་པར་ལམ་དུ་ཞུགས་ཁར་རྗེ་བཙུན་ཕྲིན་ལས་དབང་མོ་ལ་མཇལ་ཏེ་ 2-1-106 བར་ཆད་བསལ་བ་དང་རྗེས་འཛིན་གྱི་སྨོན་ལམ་བཏབ་པས་རྗེ་བཙུན་མས་རེ་ཞིག་ཏུ་བཀའ་ གནང་བསྩལ་ཏེ་ལོ་གསུམ་ནས་འབྱོར་ངེས་གྱིས་ཞེས་གསུང༌། སྐུ་འབུམ་དང་དགོན་གནས་ གཞན་གྱི་རྟེན་ལ་ཕྱག་མཆོད་མཛད་པས་ལྟས་ཀྱང་ལེགས། དེ་ནས་ཆས་ཏེ་བར་ལམ་སོག་ ཡོང་ཤའི་བུ་སོགས་ལ་ཆོས་འབྲེལ་རེ་དང་བཅས་ཧོར་ཟླ་བརྒྱད་པའི་ནང་ལ་འཛམ་ཐང་དུ་ འབྱོར་བས་རྒྱལ་བ་སེང་གེ་ལྷོ་ཁ་བ། མཆན། སོགས་ནས་གཞི་ལེན་རྒྱས་པར་མཛད། ཕྱི་ལོ། ༡༦༥༨ རབ་ལོ། ༦༣༢ མཆན། ས་ཁྱིའི་ལོ་ནས་བཟུང་གདུལ་བྱ་རིས་མེད་རྣམས་ལ་དུས་ཀྱི་འཁོར་ལོའི་ དབང་ཁྲིད་སོགས་རྒྱས་པར་བསྩལ། རབ་བྱུང་བསྙེན་རྫོགས་སྒྲུབ་པ་ལྔ་བཅུ་ཙམ་དང༌། གུར་ མགོན་གཏོ་སྒྲུབ་བྱས་པས་མགོན་པོའི་ཞལ་གཟིགས་ཟོར་འཕེན་དུས་ཐོག་བབས་སོགས་ ཉེས་ཅན་ལ་རྟགས་ཐོན། ལོ་བསྟར་དུ་ཁྲིད་སྒྲུབ་མཆོད་རྟེན་བཞེངས་པ་སོགས་མང་པོ་ མཛད། ལུག་ལོར་དྲཀྵད་གཏོར་བཟློ ག་བྱས་པས་ཟོར་རྩེ་ལ་མེ་འབར་བ་སོགས་ཚམ་རྔམ་ ཆེ། རྡོ་འཛི་སྨར་གསུམ་གྱི་དད་ལྡན་རྣམས་ལ་རྡོར་ཕྲེང་སོགས་དབང་བཀའ་རྒྱ་ཆེར་གནང༌། དེ་སྐབས་ཤིག་ནས་ཚ་ཁོའི་རྒྱལ་པོ་སངས་རྒྱས་འབུམ་གྱིས་གདན་དྲངས་དབང་བཀའ་རྗེས་ གནང་མང་པོ་གསུངས། ཕྱག་དྲུག་པའི་རྗེས་གནང་སྐབས་མགོན་པོའི་ཞལ་གསལ་བར་ གཟིགས། མཆོད་ཡོན་འབྲལ་མི་ཕོད་བཞིན་འཛམ་ཐང་དུ་ཕེབས། བུ་སློབ་ནང་སོ་སྙིང་ པོ་སྣང་མཛད་སོགས་ཀྱིས་ཚ་ཡུལ་དུ་མཛད་ཕྲིན་བསྐྱངས། དེ་ལྟར་ལོ་ངོ་བཅུ་གཉིས་ཙམ་ ཁམས་ཕྱོགས་སུ་བཞུགས་ནས་བསྟན་འགྲོའི་དོན་མཛད། དེ་ནས་སེ་དབོན་ཕྲིན་སྙིང་སོགས་ ཀྱིས་བཤོལ་ཀྱང་ཡར་ཕེབས་པའི་ཐུགས་ཐག་བཅད་དེ་ས་སྤྲེལ་ཧོར་ཟླ་བཞི་པའི་ཡར་ཚེས་ ལ་འཛམ་ཐང་ནས་གཞི་བཏེགས། སོག་ཡུལ་དུ་བརྒྱུད་དེར་སྣ་ལེན་གཟབ་རྒྱས་དང་ཀྵེ་ཊ་པཱ་ ལའི་སྐུའི་རྣམ་པ་གཟིགས་པས་བར་ཆད་མེད་པར་གསུངས། ཐང་ལྷ་ལ་མཆོད་པས་དགྱེས་ པར་བྱས་ཏེ་ཟླ་བ་བཅུ་གཅིག་པའི་ནང་ལྷ་སར་འབྱོར་ཕྱག་མཆོད་སྨོན་ལམ་མཛད་ནས་རྟག་ 2-1-107 བརྟན་དུ་བླ་མ་འདུས་སྡེ་ལ་མང་ཇ་སོགས་བྱས། དེ་ནས་སྐུ་མཚམས་ལ་བཞུགས་བཞིན་བར་ སྐབས་འབྲོག་དགེ་ཀུན་དགའ་དཔལ་བཟང་སོགས་དོན་གཉེར་ཅན་འགའ་ལ་འདོད་ཆོས་རེ་ ཡང་བསྩལ། སྐུ་གདུང་རྣམ་གཉིས་གྲོལ་མཆོག་དང༌། རྗེ་བཙུན། མཆན། སོགས་རྟེན་ལ་མཆོད་པ་དང་ དགོན་ཕུ་མདའ་ལ་མང་ཇ་སོགས་ཚོགས་བསགས་རེ་དང༌། སྐུ་གདུང་ཆེན་མོ་ལ་ཞུགས་རྗེ་ བཙུན། མཆན། འབུལ་སོགས་ཀྱང་མཛད་ལོ་ཁ་ཤས་ལ་སྒྲུབ་པ་གཙོ་བོར་བྱས་ཏེ་བསྟན་འགྲོའི་ དོན་མཛད་ནས་བཞུགས་མཐར་དགུང་གྲངས་རེ་དྲུག་ཕྱི་ལོ། ༡༦༨༣ རབ་ལོ། ༦༥༧ མཆན། ཆུ་ཕག་ ལོར་སྐུ་གཤེགས། འདི་ཡང་ཀུན་མཁྱེན་ཆེན་པོས། རང་གི་མའི་རྣམ་འཕྲུལ་དུ་ལུང་བསྟན་ ནོ། ། ༼༣༡༽ ཡང་ཀུན་མཁྱེན་ཆེན་པོས། གློ་བུར་དུ་བྱུང་བའི་སྤྲུལ་པའི་སྐུ་གཅིག་གིས་ང་དང་ འདྲ་བར་ངེས་དོན་གྱི་བསྟན་པ་ལ་བྱ་བ་མཛད་ཅེས་གསུངས་པ་ཆ་ལུང་བ་ངག་དབང་ཕྲིན་ ལས་ཡིན་པར་གྲགས་པས་དེ་ཡང་ཡུལ་ཆོས་ཟར་དུ་ཕྱི་ལོ། ༡༦༥༤ རབ་ལོ། ༦༢༨ མཆན། ཤིང་ཕོ་རྟ་ལ་ འཁྲུངས། ཆུང་ངུ་ནས་དམ་པའི་སྤྱོད་པ་ལ་གནས་པ། དགུང་ལོ་བཅུ་དྲུག་པར་ཨ་ཁུ་བློ་གྲོས་ རྣམ་རྒྱལ་གྱིས་རྒྱལ་ཚབ་ཕྱིར་རབ་བྱུང་མཛད། ཐོག་མ་ནས་ཆ་ལུང་རྡོ་རྗེ་བྲག་བཙན་ཁོང་ གིས་བཏུལ་ནས་སྐྱེལ་བསུ་སོགས་བྱེད་ལ། ལོ་ཉི་ཤུའི་བར་འདུལ་མཛོད་དབུ་ཕར་སོགས་ གཞུང་ལུགས་ལ་སྦྱངས་པས་དཀའ་བ་མེད་པར་མཁྱེན་ནས་རྒྱལ་བའི་གོང་ས་ལྔ་པ། མཆན། དྲུང་ དུ་རྒྱུགས་ཕུལ། བློ་གྲོས་རྣམ་རྒྱལ་ལས་དུས་འཁོར་བསྐྱེད་རྫོགས་སོགས་ཟབ་བཀའ་མང་ པོ་གསན། སྦྱོར་དྲུག་བསྒོ མ་པས་བཤད་ཚོད་དང་མཐུན་པའི་ཉམས་རྟོགས་ཤར། ཁམས་ འཛམ་ཐང་ལ་བླ་མ་གོང་མའི་རྒྱལ་ཚབ་ཏུ་བཀོད་པ་གནང་ཡང་ཡབ་ཡུམ་གྱིས་བཤོལ་བཏབ་ པས་ཕེབས་པ་མ་འཛོམས། དགུང་ལོ་ཉེར་བཞིའི་བར་ཁུ་བོའི་ཞབས་ཕྱི་བཅས་རྟག་བརྟན་ དུ་བཞུགས། དེ་ནས་ཁུ་བོ་གཤེགས་དགོན་མིང་བསྒྱུར་བ་སོགས་ཀྱིས་བཞུགས་གནས་ངེས་ 2-1-108 མེད་མཛད། གསང་འདུས་རྒྱུད་ཤོག་རིང་མདའ་ཚད་མ་བཅོ་བརྒྱད་ནུབ་གཅིག་ཐུགས་ལ་ བཟུང༌། རྨི་ལམ་འོད་གསལ་ངང་ནས་རི་བོ་རྩེ་ལྔར་ཕེབས་ཏེ་འཇམ་དཔལ་ལྷ་ལྔའི་དཀྱིལ་ འཁོར་མངོན་སུམ་གཟིགས། གཟིམས་ཆུང་ཨ་མི་ཏ་རུ་ལོ་དྲུག་ལ་རྡོ་རྗེ་རྣལ་འབྱོར་བསྒོ མས་ ཕྱག་དྲུག་པས་ལོངས་སྤྱོད་ཀྱི་ཕྲིན་ལས་བསྒྲུབས། ཚར་དགོན་ཕུན་ཚོགས་ལྷུན་གྲུབ་འཛིན་ བདག་ལོ་བཞིར་མཛད། འབྲོ ག་དགེ་དབོན་པོ་སོགས་ལ་ཟབ་ཁྲིད་དབང་སོགས་གནང༌། སྔོ ན་འགྲོ་ཆོས་བདུན་གྱི་ངག་འདོན་མཛད། རིག་འཛིན་ཆོས་དབྱིངས་རྡོ་རྗེ་ལས་བྱང་གཏེར་ ཆོས་སྐོར་མང་པོ་གསན་ཁོང་ལ་ཟབ་ལམ་ཇོ་ནང་ལུགས་ཀྱི་ཆོས་མང་ཕུལ། མེ་ཕག་ལོར་ ཆ་ལུང་རྡོ་རྗེ་བྲག་གི་གདན་སར་ཕེབས་ནས་སྦྱོར་དྲུག་སོགས་ཀྱི་གྲྭ་བཙུགས་ནས་འཆད་ ཉན་མཛད། དེ་ནས་ཀུན་སྤངས་མཛད་དེ་དབུས་གཙང་ཀུན་ཏུ་རྒྱལ་བ་བློ་བཟང་རྒྱ་མཚོ་ ལས་དགེ་ལུགས་སྐོར། རྨོག་ཅོག་སྤྲུལ་སྐུ་སོགས་ལས་བཀའ་རྒྱུད་ཇོ་ནང་ལུགས་ཀྱི་དབང་ རྗེས་མང་པོ། སངས་རྒྱས་བཟང་པོ་ལས་ས་སྐྱ་དང་འབྲུག་པའི་ཆོས་སྐོར་མང་དུ་གསན་ནོ། །གཞན་རིས་མེད་ཀྱི་སྐྱེས་བུ་དམ་པ་དུ་མ་ལས་ཆོས་བཀའ་ཚུར་ཞུ་ཕར་གནང་མང་པོ་མཛད། ལྕགས་འབྲུག་ལོར་འབྲས་སྤུངས་དགའ་ལྡན་གཉིས་སུ་ཇོ་ནང་གི་བསྟན་གཞི་བཙུགས། ཕུན་ གླིང་ནས་མི་འཚམ་པར་བྱ་བ་ལ་རྟགས་མངོན་ཚན་ཅན་བསྟན་པས་མཐུ་ཆེ་བའི་གྲགས་པ་ བྱུང༌། དགོན་གནས་མང་པོ་ལ་ཆོས་བཀའ་དགོན་བདག་ཡུན་རིང་མཛད། ཡི་དམ་མང་པོའི་ ཞལ་གཟིགས་ཤིང་ལུང་བསྟན་བྱུང༌། དེ་ནས་ཆོས་རྗེ་ཀུན་བཟང་དབང་པོ་སོགས་ལ་སྦྱོར་ དྲུག་དབང་ཁྲིད་སོགས་གནང་བས་ཇོ་ནང་གི་རང་སྐད་གྲགས་ཤིང༌། ཡེ་ཤེས་ཕེབས་པའི་ རྣམ་འགྱུར་ཀུན་མཁྱེན་ཆེན་པོའི་སྐབས་ལྟར་བྱུང༌། ཕག་ལོར་གསང་སྟབས་སུ་ཁམས་འཛམ་ ཐང་ལ་ཕེབས་ཆས་མཛད་ཀྱང་ཡང་མ་འཛོམས། གསེར་མདོག་ཅན་དུ་ཕེབས་ནས་དུས་ འཁོར་དབང་ཁྲིད་གནང་བས་ཡེ་ཤེས་ཕེབས་པ་སོགས་སློབ་མའི་རྒྱུད་ལ་བྱིན་རླབས་ཚབས་ 2-1-109 ཆེན་ཞུགས་པས་ཐམས་ཅད་ཀྱིས་མཐུན་པར་བླ་མ་གྲུབ་ཐོབ་པར་མཚན་བཏགས། དེ་ནས་ ལྷོ་འབྲས་མོ་གཤོང་ཕྱོགས་སུ་ཕེབས། གསང་རིའི་ཀུན་དགའ་རིན་ཆེན་རྒྱ་མཚོའི་གདན་ ས་མཇལ། དགའ་ལྡན་རྩེར་གྲུབ་ཆུ་བཏོན། དྲཀྴད་ཀྱི་ཆོས་སྐོར་གསན། ཟར་གྱི་ཇོ་བོ་དང་ མཇལ་ཏེ་གསུང་འབྱོན། བསམ་རྩེ་སོགས་ལ་དབང་ཁྲིད་གསུངས་སྐབས་ཕྱིས་སུ་སོག་ཡུལ་ དུ་བྱོན་པའི་རྨི་ལྟས་ཤར། པཎ་ཆེན་ལས་སྒྲུབ་ཐབས་རྒྱ་མཚོ་ཞུས། ལྷ་ཁང་ཞིག་གསོས་དང་ གཞན་གྲྭ་སློབ་མང་པོ་ལ་ཆོས་གསུངས། སོག་པོའི་གདན་འདྲེན་རྣམས་འབྱོར། རྒྱལ་པོ་ལྷ་ བཟང་དང་པཎ་ཆེན་གཉིས་ནས་རང་བླ་ལྟར་བདག་རྐྱེན་བྱེད་དགོས་བྱུང་བར་བརྟེན། ཤིང་ ཕོ་རྟའི་ལོར་སོག་ཡུལ་དུ་ཕེབས་ཏེ་ལོ་གཅིག་ལྷག་གི་རིང་ལ་ཆོས་བཀའ་ཟབ་མོས་བསྲུང་བ་ རྒྱ་ཆེ་བས་སོག་པོའི་རྒྱལ་པོ་འཁོར་བཅས་ལ་ལེགས་ཚོགས་ཀྱི་སྒོ་སྤེལ་ཏེ་ཡོན་གྱི་འབྱོར་བ་ བཟང་པོ་དང་བཅས་རང་ཡུལ་དབུས་གཙང་དུ་ཕེབས་པར་ཆས་ཏེ་ཡུ་ཤུམ་དུ་སླེབས་ཚེ་ཨེན་ ཙའི་དམག་གིས་དབུས་གཙང་བཏབ་ནས་རྒྱལ་པོ་ལྷ་བཟང་དང་བཀྲ་ཤིས་ལྷུན་པོའི་གདུང་ རྒྱུད་རྣམས་བཀྲོངས་ཏེ་དུས་འཁྲུགས་ཀྱི་ཟར་ཟིར་ཆེ་བས་འབྲི་ཆུའི་ཁར་ལོ་གཅིག་བཞུགས་ ཏེ་འདན་ཆོས་འཁོར་ཡན་ལ་ཆོས་ཟབ་བཀའ་མང་དུ་གནང༌། སླར་སོག་ཡུལ་ཕྱོགས་སུ་ལོ་ གཅིག་གི་རིང་དགོན་སྡེ་ཞིག་གསོས། གྲྭ་ཚང་གསར་བཙུགས་སོགས་བསྟན་འགྲོའི་དོན་ རྒྱ་ཆེར་མཛད་དེ་མཆོད་ཡོན་མཉམ་དུ་དབུས་གཙང་དུ་ཕེབས། དགོན་སྡེ་སོ་སོར་མང་ཇ་ སོགས་མི་སྡེ་བཅས་ཀུན་ལ་འདོད་ཆོས་ཟབ་རྒྱས་ཀྱིས་རེ་འདོད་བསྐངས། བཀྲ་ཤིས་ལྷུན་ པོར་ཕེབས་ནས་སོག་རྒྱལ་འཁོར་བཅས་ལ་ཟླ་ལྷག་ཙམ་ལ་དབང་ལུང་མན་ངག་ཅི་རིགས་ གནང༌། པཎ་ཆེན་གྱི་བླ་མ་དྲུང་རམ་པ་ཚེ་བརྟན་རྡོ་རྗེ་ལ་ཇོ་ནང་ལུགས་ཀྱི་ཆོས་སྔར་མ་ གསན་པ་ཐམས་ཅད་ཕུལ། དེར་མཆོད་ཡོན་སོ་སོར་ཕེབས། ཏིང་ཕུ་ཕུན་ཚོགས་དགེ་འཕེལ་ གྱི་དགོན་པ་བཏབ་ཟིན་ཐག་ཉེ་རིང་ལ་ཆོས་བཀའ་ཟླ་འགར་གསུངས་རྗེས་ཕུན་ཚོགས་གླིང་ 2-1-110 དུ་ཕེབས། ཁྲབ་སྒངས་སུ་དགོངས་པ་ཅན་གྱི་འདའ་ཚུལ་བསྟན། སླར་སློབ་བུ་རྣམས་ཀྱིས་ གསོལ་བ་བཏབ་པས་སྐུ་སྔར་རྒྱུན་དུ་སོང་ནས་སློབ་མའི་ངོར་ཞག་གཅིག་བཞུགས་ནས་ཞལ་ ཆེམས་ལུང་བསྟན་སོགས་དང་བཅས་དགུང་ལོ་བདུན་ཅུ་ཕྱི་ལོ། ༡༧༢༣ རབ་ལོ། ༦༩༧ མཆན། ཆུ་ ཡོས་ལོའི་ཆོ་འཕྲུལ་ཟླ་བའི་ཚེས་བརྒྱད་ལ་སྐུ་འདས་སོ། །འདིའི་སློབ་མ་ཡང་དབོན་ངག་ དབང་རྣམ་རྒྱལ། རྗེ་ཀུན་བཟང་དབང་པོ། མཁན་ཆེན་ཆགས་པ་ཆོས་འཕེལ། འབྲོ ག་དགེ་ ཆོས་སྐྱོང་དོན་གྲུབ་སོགས་མང་ངོ༌། ། ༼༣༢༽ དེ་ལས་གཙང་བ་ངག་དབང་བསྟན་འཛིན་རྣམ་རྒྱལ། གོང་མ་རྣམ་གཉིས་བློ་གྲོས་ རྣམ་རྒྱལ། ངག་དབང་འཕྲིན་ལས། མཆན། ཀྱི་དབོན་རྒྱུད་དུ་ཕྱི་ལོ། ༡༦༩༡ རབ་ལོ། ༦༦༥ མཆན། ལྕགས་མོ་ལུག་ གི་ལོར་བཞད་འཆོས་པ་རྭ་བར་མའི་ཕ་སྐྱབས་གྲོལ་དང་མ་དཔོན་མོ་བུ་ཁྲིད་ཀྱི་བུར་སྐྱེ་བ་ བླངས། དགུང་ལོ་བརྒྱད་ལ་ངག་དབང་ཕྲིན་ལས་དྲུང་ནས་ཀློ ག་ཡིག་བསླབས། དགུང་ལོ་ བཅུ་པར་རྡོ་རྗེ་འཆང་ཆ་ལུང་བ། མཆན། ཆེན་པོའི་དྲུང་ནས་རྡོ་རྗེའི་རྣལ་འབྱོར་གྱི་དབང་མན་ངག་ ཆ་ཚང་ཐོབ། གོང་མའི་ཕྱག་བཞེས་བཞིན་ཞག་བདུན་ཕྲག་གཉིས་ལ་བཅད་རྒྱ་བྱས་ནས་ བསྒོ མས། ཁོང་གིས། མཆན། འདི་སྐད། དེ་ནས་བཟུང་ཉམས་ལེན་གྱི་རྒྱུན་མ་ཆད་ཙམ་དུ་ བསྐྱངས་པ་ཡིན་གསུངས། ལོ་བཅུ་དྲུག་པར་སྐྲ་ཕུད་ཕུལ་སྐབས། ཆ་ལུང་བའི། མཆན། གསུང་ ལས་བླ་མ་རྣམ་གཉིས་ཀྱི་ཕྲིན་ལས་ལ་དབང་དགོས་པས་མིང་ངག་དབང་རྣམ་རྒྱལ་དུ་ གསོལ། རབ་བྱུང་མཁན་ཕུན་ཚོགས་དར་རྒྱས་ལ་ཞུས། བསྙེན་རྫོགས་སློབ་དཔོན་ངག་ དབང་བློ་གྲོས་ཀྱིས་གནང༌། དེ་ནས་ལོ་བཅུ་དྲུག་ནས་ཉི་ཤུ་མན་ལ་རྡོ་རྗེ་འཇིགས་མཛད་ སོགས་ཡི་དམ་མང་པོའི་བསྙེན་སྒྲུབ་ལ་བཅད་རྒྱ་བཞུགས། སློབ་དཔོན་ངག་དབང་བློ་གྲོས་ ལས་སྒྲུབ་ཐབས་བརྒྱ་རྩའི་རྗེས་གནང་སོགས་ཐོབ། པཎ་ཆེན་བློ་བཟང་ཡེ་ཤེས་ནས་སྒྲུབ་ ཐབས་རྒྱ་མཚོའི་དབང་སོགས་འགའ་ཞིག་ཐོབ། ཆོས་རྗེ་ཀུན་བཟང་དབང་པོའི་དྲུང་དུ་སྦྱོར་ 2-1-111 དྲུག་གི་མན་ངག་ལུས་སྦྱོང་སྐོར་དང༌། རྩ་ཐིག་རླུང་ཁྲིད་ཀྱི་སྐོར་དང༌། ངེས་དོན་མདོ་དུམ་པ་ སུམ་ཅུ་སོ་ལྔས་གཙོར་བྱས་གཞུང་གདམས་ངག་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་ཐོབ། དེ་ནས་གོང་མ ཆ་ལུང་བ། མཆན། འི་བཀའ་གསུང་ལྟར་ཡི་དམ་འབྱུང་འདུལ་དང་ཆོས་སྐྱོང་མྱུར་ མཛད་མགོན་པོས་བྱས་ཏེ་བསྐང་བ་དགེ་ལུགས་པའི་རང་ལུགས་དེ་བློར་བཟུང༌། ཕྱིས་སུ་ སོག་པོའི་རྒྱལ་པོའི་འབོད་མི་བྱུང་བར་བརྟེན་དགུང་ལོ་ཉེར་བཞི་ཤིང་རྟའི་ལོའི་ནག་ཟླའི་ ཡར་ཚེས་ལ་གོང་མའི་ཞབས་ཕྱིར་འབྲང་བར་བྱོན་ཏེ་སོག་ཡུལ་དུ་གོང་མའི་ཞབས་ཕྱི་བའི་ ཚུལ་དུ་ཡུན་རིང་བཞུགས་ཀྱང་ཡོན་བདག་ཀུན་དད་གུས་ཆེ་བར་བྱེད། དེ་ཕྱོགས་ཀྱི་ཆོ་ག་ སོགས་འདོན་ཆོས་ཐམས་ཅད་དང་སོག་སྐད་ཚུན་ཆད་ལེགས་པར་ཤེས། གོང་མའི་གསུང་ ལས་ངེས་དོན་གྱི་བསྟན་པ་འདི་ལ་སྒོ་གང་ཐད་ནས་ནན་ཏན་དགོས་ཚུལ་མང་པོ་གསུངས། དེ་ནས་མི་རིང་བར་ཚ་ཁོ་ནང་སོ་དང་འཛམ་ཐང་ཆོས་རྗེ་རྒྱལ་བ་ལྷུན་གྲུབ་གྲགས་པ་གཉིས་ ཀྱི་བཀའ་གྲོས་ཀྱིས་ཕོ་ཉ་བཏང་སྟེ་རབ་ན་གཙང་བ་སྐུ་ཆེ་བ་དང་དེ་མིན་སྐུ་ཚ་དབོན་པོ་ཉིད་ གདན་ཕེབས་ཞུ་རུ་འོང་བས་གོང་མ་ཕེབས་ཀར་མ་འཛོམས་པས་དབོན་པོ་ཉིད་ཕེབས་པར་ ཆས་པ་ལ་གོང་མའི་གསུང་ལས་ངག་དབང་བསྟན་འཛིན་རྣམ་རྒྱལ་ཞེས་པའི་མཚན་སྣོན་ མཛད་དེ་ཡོན་བདག་ཀུན་ཀྱིས་བདག་རྐྱེན་གང་དགོས་བགྱིས་ཏེ་ཚྭ་མཚོ་དཀར་མོ་ན་སླེབས་ ཚེ་གོང་མས་ལོ་གསུམ་ནས་ཡར་འོང་དགོས་ངེས་ཀྱི་བཀའ་ནན་ཡང་ཡང་ཕེབས་ཏེ། ཁོང་ དབུས་གཙང་དུ་ཕྱིར་ཕེབས་སོ་སོར་གྱེས་ནས་གཙང་བ་ངག་དབང་བསྟན་འཛིན་རྣམ་རྒྱལ་ དཔོན་གཡོག་བཅས་ཁམས་ཕྱོགས་སུ་སྟོང་ཁོག་བརྒྱུད་ནས་མར་རིམ་གྱིས་ཕེབས་པས་སྟོང་ གི་ཁས་ཀར་ཐོན་ཚེ་ལྷ་གཉན་གཡུ་རྩེ་འཁོར་བཅས་བསུ་མ་སླེབས། ཁོང་གིས་གྲྭ་སློབ་རྣམས་ ལ་ཡུལ་ལྷ་གཞི་བདག་རྣམས་དགའ་སྤྲོ་བཅས་རང་རེ་བསུ་མར་ཐོན་གསུངས། དེར་གཙང་ པའི་བླ་བརྒྱུད་སློབ་འབངས་བཅས་ལ་རྒྱུན་དུ་ཁ་འཛིན་དང་སྡོང་གྲོགས་མཛད་པའི་ཕྲིན་ 2-1-112 ལས་བཅོལ་ཚེ་ཞལ་བཞེས་ཀྱི་སྣང་བ་གསལ་བོར་བྱུང༌། རིམ་པར་འོང་སྟེ་སྨྲ་ལ་བདེ་མོར་ ཐོན་ཚེ་ཏོམ་ཙ་བླ་མ་ཀུན་དགའ་བཀྲ་ཤིས་དང༌། ཨ་སྐྱོང་མི་དབང་བསྟན་འཛིན་གཉིས་ཀྱིས་ གཙོས་མཆོག་དམན་ཀུན་ཀྱིས་གུས་འདུད་ཆེ་བས་བསུ་བ་དང་སྣ་ལེན་ཡང་དག་མཛད། དེར་ ཞག་བཅོ་ལྔ་ཙམ་བཞུགས་ཏེ། རྡོ་རྗེ་འཇིགས་མཛད་དང༌། ཚེ་ཆོག་སོགས་དབང་བཀའ་རྗེས་ གནང་མང་དུ་མཛད། རྒྱུ་འབྲས་ཀྱི་ཆོས་ཀྱང་བཤད་དེ་མི་ནག་པ་མང་པོ་དད་སྒོ ར་བཙུད། དགེ་སྡིག་སྤང་བླང་མཛད་པ་མང་དུ་བྱུང༌། ཏོམ་ཙ་བླ་མས་དགོན་པ་བྲག་དཀར་མགོ་ཕུལ་ མིང་ལ་སྨྲ་མདོ་སྔགས་བཤད་སྒྲུབ་གླིང་བཏགས། རྗེ་བོ་བསྟན་འཛིན་པས་ཨ་སྐྱོང་ཆུ་ཉིན་ མའི་བླ་སེར་རྣམས་དང༌། ཡང་སྒོ ས་སུ་འཛི་ཀའི་ཏ་ཙེ་ཡན་ཆད་ཀྱི་སེར་སྡེར་གཏོགས་ཚད་གྲྭ་ རྒྱུན་ལ་ཕུལ་དེ་ཡུལ་ལྷས་མཐུན་རྐྱེན་སྒྲུབ་པའི་རྟགས་སུ་ཐུགས་ཀྱིས་མཁྱེན། མི་དབང་ བསྟན་འཛིན་གྱི་མགོར་ཁོང་གིས་ཕྱག་བཞག་སྟེ་ཨ་སྐྱོང་ལ་ཆོས་སྐྱོང་ཞེས་གསོལ། མཆོད་ ཡོན་གཉིས་ཀྱི་འདི་ཕྱིའི་ལེགས་ཚོགས་གོང་འཕེལ་དུ་འགྲོ་བའི་ཐུགས་སྨོན་དང་ཤིས་བརྗོད་ རྒྱ་ཆེར་མཛད། ཇོ་ནང་པའི་ཆོས་བརྒྱུད་འདི་བཟུང་ན་ཡོན་བདག་ལ་དགེ་བའི་ལུང་བསྟན་ ཡང་གནང༌། ཁོང་གི་གསུང་ལས། ཡ་ཀི་རྒྱབ་རི་འདི་ལ་མི་དཀར་དར་གྱི་རལ་གུ་གྱོན་ཞིང་ གཡག་དཀར་པོ་ལ་ཞོན་པ་ཞིག་ཡོད་སྣང་ཡིན་པ་ནི་སྲིད་པ་ལྷ་ཡི་གཙོ་བོ་ཡིན་ལས་ཆེ་ནའང་ ཡུལ་ལྷ་བཀྲ་ཤིས་དཀར་འཛོམས་ཞེས་མིང་དུ་བཏགས་པ་ཡིན་གསུངས། དེ་ཉིན་འཇིགས་ བྱེད་དབང་གི་དུས་ཕ་ཀི་ཆུ་མིག་ནས་བུད་མེད་དཀར་མོ་གཅིག་གིས་ཁོང་ལ་ནོར་བུ་ཞིག་ ཕུལ་བའི་གསལ་སྣང་བྱུང༌། དེ་ནི་ཀླུ་མི་མགོན་དཀར་པོ་ཡིན་པ་འདྲ། ཆུ་མིག་དེ་ལ་དཀར་མོ་ འབེབས་དང་གྲོང་འདི་ལ་ཡར་ཐང་ཞེས་རྟེན་འབྲེ ལ་བསྒྲིགས་པ་ཡིན་གསུངས། དེ་ནས་རིམ་ པར་འཛམ་ཐང་ལ་ཕེབས་སྐབས་ཀྱང་གཞི་བདག་ཐམས་ཅད་ཀྱིས་མཐུན་རྐྱེན་སྒྲུབ་པའི་ རྟགས་དང་བསྟན་འགྲོའི་དོན་དང་སྒྲུབ་པའི་རྒྱལ་མཚན་འཛུགས་པའི་རྟགས་དང་རྨི་ལྟས་ 2-1-113 བཟང་པོ་ཡང་མང་དུ་བྱུང༌། ཕྱི་ལོ། ༡༧༡༧ རབ་ལོ། ༦༩༡ མཆན། མེ་མོ་བྱ་ལོའི་ཧོར་ཟླ་དགུ་པ་ལ་ དཔལ་འཛམ་ཐང་པའི་སྤྲུལ་དབོན་རྣམས་དང་སེར་སྡེས་བསུ་བ་རྒྱ་ཆེར་བྱས་ཏེ་དགོན་དུ་ སླེབས། ཆོས་རྗེ་གོ་རྒྱལ་བས་ལྷུན་གྲུབ་གྲགས་པ། མཆན། ཁྱེད་བྱོན་པ་སྐུ་དྲིན་ཆེ་བསྟན་པ་ལ་ཐུགས་ རྗེ་ཆུང་མི་ཉན། ཁྱེད་ལ་བཞུགས་གནས་ཁོ་བོའི་གཟིམས་ཁང་འདི་འབུལ་བས་ཁྱེད་འདིར་ བཞུགས། རང་གིས་ཁང་གསར་ཞིག་བྱ་ཆོག་གསུངས་ནས་དབུ་བླར་བསྐོས། དེའི་ཕྱི་ལོ་ས་ ཟླའི་ཚེས་གསུམ་ནས་ཆོས་ཀྱི་དབུ་བརྩམས་ཏེ། འཛམ་ཐང་སྐུ་དབོན་ནོར་བུ་སོགས་འདུས་ སྡེ་མང་པོ་ལ་དུས་འཁོར་གྱི་དབང་མོ་ཆེ་ཡོངས་རྫོགས་དང་སྒྲུབ་ཐབས་བརྒྱ་རྩ་སོགས་ཟབ་ བཀའ་མང་པོ་ཟླ་བ་གསུམ་ལྷག་ཙམ་གནང༌། དེའི་ཕྱིར་ལོ་ཕག་ལོའི་བཅུ་པའི་ནང་ལ་ཚ་ཁོ་ ས་ར་དགོན་པའི་བླ་མ་ཡེ་ཤེས་རྒྱ་མཚོའི་དྲུང་ནས་སྒྲུབ་ཐབས་རིན་འབྱུང་ལས་སྔར་ཁོང་ལ་ མ་ཐོབ་པའི་དབང་བཀའ་ཐམས་ཅད་ཀྱིས་ཁ་བཀང་སྟེ་ཡེ་ཤེས་ལྷའི་སྒྲུབ་ཐབས་ཆ་ཚང་ཞུས་ ཁོ་རང་ལ་མ་ཐོབ་པ་མང་པོ་ཕུལ། དེར་འཆད་ཉན་གྱི་གྲྭ་ཟླ་བ་གཉིས་གསུམ་ལ་བསྐྱངས། སླར་འཛམ་ཐང་དུ་ཆོས་རྗེ་ལྷུན་གྲུབ་གྲགས་པ་སོགས་འདུས་སྡེ་མང་པོར་སྒྲུབ་ཐབས་རིན་ འབྱུང་ཡོངས་རྫོགས་དང་དབང་ཁྲིད་མང་དུ་གནང༌། དེ་ནས་རྔ་ཁོག་གི་སེ་བླ་ལྷ་དབང་རྒྱལ་ མཚན་སོགས་སྟོད་སྨད་ཀྱི་གདན་འདྲེན་མཁན་བྱུང་བར་བརྟེན་ཆུ་ཡོས་ལོའི་དང་པོའི་ཚེས་ གཅིག་ལ་རྔ་ཁོག་ཏུ་ཕེབས། མ་ཉེས་ཐར་མོ་ཡན་དང་རྡོར་ཞར་རྩི་ནང་མན་གྱི་མཆོག་དམན་ ཐམས་ཅད་ལ་སོ་སོའི་འདོད་པ་བཞིན་དབང་ལུང་མན་ངག་རྗེས་གནང་བཅས་མང་པོ་ གསུངས་ཤིང༌། ཁོ་རང་རྣམས་ནས་ཡོན་འབུལ་རྒྱ་ཆེར་གང་བྱས་ཐམས་ཅད་སོ་སོའི་དགོན་ ལ་སྤྱི་ཐེབས་སུ་བཞག་སྟེ་སླར་འཛམ་ཐང་དུ་ཕེབས། དེ་ནས་ཚ་ཁོའི་ནང་སོའི་བཀའ་ནན་ གྱིས་གདན་དྲངས་འོང་བར་བརྟེན་ཆུ་ཡོས་ལོའི་བཅུ་པའི་ཚེས་ལ་རྒྱལ་ས་རྣམ་དག་དགོན་དུ་ ཕེབས་དེར་དབང་ལུང་མན་ངག་རང་རང་གི་འདོད་པ་བཞིན་གསུངས། འདི་སྐབས་ནང་སོའི་ 2-1-114 བདག་རྐྱེན་ལ་བརྟེན་མཁས་བཙུན་ཡོན་ཏན་ལྷུན་གྲུབ་ཀྱི་དྲུང་ནས་རྡོར་ཕྲེང་དབང་ཡོངས་ རྫོགས་གསན། ཏ་ཀུ་ལུར་ཕེབས་གྲྭ་ཚང་ལ་རང་རང་གི་ཐུགས་འདོད་དང་མཐུན་པའི་ཆོས་ མང་གསུངས། སླར་འཛམ་ཐང་དུ་ཕེབས་ཕྱོགས་ནས་འདུས་པའི་འདུས་སྡེ་མང་པོ་ལ་སྦྱོར་ དྲུག་ཁྲིད་མོ་ཆེ་དང་གཞན་དབང་ལུང་མན་ངག་མང་པོ་གནང་བས་བཤད་ཚོད་དང་མཐུན་ པའི་ཉམས་རྟོགས་སྐྱེས་པ་ཀུན་མཁྱེན་ཆེན་པོའི་དུས་དང་མཚུངས་ཞེས་གྲགས། གང་རྙེད་ ཐམས་ཅད་དབུས་གཙང་དུ་འབུལ་སྐྱེལ་ལན་གསུམ་དང༌། སྨྲ་མདོ་སྔགས་བཤད་སྒྲུབ་གླིང་ ཞིག་གསོས། འཛམ་ཐང་དུ་རྒྱུད་སྡེའི་ལྷ་ཁང་ད་ལྟ་དུས་འཁོར་བློས་བསླང༌། མཆན། ལོགས་བྲི ས་བཅས་ དང༌། འོད་དཔག་མེད་ཀྱི་གོས་སྐུ་བཞེངས་ཤིང་སློབ་དཔོན་ཉེར་ལྔས་རྒྱུད་སྡེ་སོ་སོའི་སྒོ་ནས་ རབ་གནས་བྱས་པས་ནུབ་ཕྱོགས་ནས་འོད་དམར་ཐིམ་པ་སོགས་འབྲེལ་ཚད་བདེ་ཆེན་དུ་ ཁྲིད་པའི་དགེ་མཚན་རྙེད། མགོན་ཁང་ལོགས་བྲིས་ཡི་དམ་ཆོས་སྐྱོང་གི་སྐུ་འབག་ནང་ གཞུག་བྲི ས་སྒྲུབ་རྒྱལ་བའི་བཀའ་འགྱུར་དངུལ་བྲི ས་མ་རྣམས་དང༌། རྒྱལ་ཁབ་ཕུན་ཚོགས་ རྫོང་གི་མངའ་ཞབས་ན་མཆོད་རྟེན་མང་པོ་ཞིག་གསོས་མཛད། དེ་མཚམས་གསེར་གྱི་བླ་ དཔོན་རྣམས་བཀའ་གྲོས་ཀྱིས་གདན་འདྲེན་བྱུང་བར་བརྟེན་ཤིང་སྦྲུལ་བཅུ་པའི་ནང་གསེར་ ལྗགས་མདའ་དགོན་དུ་ཕེབས་ནས་འདུས་སྡེ་ལ་སྦྱོར་དྲུག་སོགས་རང་རང་འདོད་ཆོས་མང་ དུ་གསུངས་སོ་སོར་ཉམས་རྟོགས་དང་མཐུན་པའི་ངོ་སྤྲོད་བཏབ། སླར་འཛམ་ཐང་དུ་ཕེབས་ ནས་ལྕགས་ཁྱིའི་ལྔ་པའི་ཡར་ཚེས་ལ་ཆོས་རྗེ་གོ་རྒྱལ་གྱི་བཀའ་ནན་ལ་བརྟེན་འདུས་པ་རྒྱ་ མཚོ་ལྟ་བུ་ལ་རྡོར་ཕྲེང་གི་དབང་ཡོངས་རྫོགས་དང་སྦྱོར་དྲུག་ཁྲིད་ལུང་ཆ་ཚང༌། གཞན་དབང་ བཀའ་ཁྲིད་ལུང་ཟླ་གསུམ་ཙམ་གནང་བའི་དབང་ཡོན་སོགས་ཀྱིས་ཆ་རྐྱེན་བྱས་ལྷ་ཁང་ཀ་བ་ བྱམས་མདུན། མཆན། བཅུ་དྲུག་ཅན་ཕྱི་ནང་དང་བཅས་པ་བཞེངས། ཡང་ནང་སོའི་བཀའ་ནན་ གྱིས་དགུ་པའི་ནང་རྒྱལ་ས་རྣམ་དག་ཏུ་ཕེབས་འདུས་པ་སྟོང་ཕྲག་ལྷག་ལ་སྦྱོར་དྲུག་ཁྲིད་ལུང་ 2-1-115 སོགས་སོ་སོའི་འདོད་ཆོས་ཟླ་གཉིས་ཙམ་གནང༌། བཀྲ་ཤིས་སྒང་དུ་ཕེབས་ནས་འདུས་སྡེ་ མང་པོར་ཟབ་བཀའ་རྒྱ་ཆེར་གསུང་ནས་འཛམ་ཐང་དུ་ཆོས་རྗེ་གོ་རྒྱལ་ལ་ཡར་ཕེབས་པའི་ གནང་བ་ཞུས་ཚེ་མ་གནང་ཡང་འབྱོན་གྲབ་མཛད་ནས་སྒར་གཞི་ཀ་ཞབས་ལྷ་མོའི་དར་ཐང་ དུ་ཕེབས་པ་ལ་ཆོས་སྐྱོང་རྣམས་ཀྱིས་མ་མངགས་སོ། །དེ་ནས་འཛམ་ཐང་འཚོགས་ཁང་གོང་ མའི་ནང་དུས་འཁོར་སྒྲུབ་མཆོད་མཛད་པས་བུམ་ཆུ་ཁོལ་བ་སོགས་ཕྱི་རྟགས་ཡ་མཚན་པ་ ཀུན་ཀྱི་མཐོང་སྣང་དུ་གྱུར། མགོ་ལོག་ཏུ་གདན་འདྲེན་ཞུས་ཏེ་སྦྱོར་དྲུག་ཁྲིད་ལུང་གནང༌། ལྷར་ཡག་དགོན་པའི་བླ་མ་ཀུན་རིན་སོགས་ལ་དབང་བཀའ་མང་པོ་ཡང་གསུངས། ཆུ་བྱིའི་ ནག་ཟླའི་ནང་སླར་འཛམ་ཐང་དུ་ཕེབས། ཕུན་ཚོགས་རྫོང་རྒྱལ་གྱིས་གདན་འདྲེན་ལན་ གསུམ་འོང་བར་བརྟེན་དེར་བྱོན་ཐ་སྐར་ཟླ་བའི་ནང་དེར་འབྱོར་རྒྱལ་པོ་བནྡྷེ་རྒྱལ་སྔོན་ནས་ ནད་ཀྱིས་ཐེབས་པ་ལ་རིམ་གྲོ་གང་གིས་མ་ཕན་པར་འདས་པའི་གཤེགས་རྫོགས་ལེགས་ པར་མཛད། དེའི་སྲས་ཚེ་དབང་དྲག་རྒྱལ་རྒྱལ་སར་བཀོད་དེ་ཐུགས་བཞེད་ལྟར་གྱི་དབང་ བཀའ་སོགས་མཛད། ས་ར་དགོན་ཞིང་དང་བཅས། གཞན་རྒྱལ་ཁབ་འདིའི་དགོན་སྡེ་གྲྭ་ ཚང་ཡོད་ཚད་གཙང་བ་ལ་གྲྭ་འབུལ་བཀྱག་སྟེ་ད་ཕན་ལོ་དུས་སུ་ཕེབས་ངེས་ཀྱི་བཀའ་ གསུང་གི་ཆད་མདོ་བྱས་ཏེ་རང་གནས་འཛམ་ཐང་དུ་ཕེབས་ཏེ་ཕྱོགས་ནས་འདུས་པ་རྣམས་ ལ་སྒྲུབ་ཐབས་བརྒྱ་རྩ་སོགས་དབང་ལུང་ཁྲིད་གསུམ་ཟླ་གསུམ་ཙམ་དུ་གསུངས། དེ་ནས་ ཤིང་སྟག་ལོར་ཆོས་རྒྱལ་ཚེ་དབང་དྲག་རྒྱལ་གྱི་སྐུ་རིམ་དུ་གདན་འདྲེན་འོང་བས་བྱོན་ཏེ་ འཇིགས་བྱེད་ལྕགས་མཁར་གྱི་གཏོར་སྒྲུབ་ཞག་གྲངས་མང་པོར་བསྒྲུབས་ནས་ཟོར་འཕེན་ སྐབས་ཟོར་རྩེ་ནས་མེ་འབར་བ་དགྲ་ཕྱོགས་ཀྱི་རི་བསྙིལ་བ་སོགས་མཚན་ལྟས་སྣ་ཚོགས་ བྱུང་བས་རྒྱལ་པོ་འཁོར་བཅས་ལྷག་པར་དད་པ་སྐྱེས་ཏེ། འཇིགས་མཛད་དང་ཚེ་ཆོག་གི་ དབང་དང༌། ཐུགས་འདོད་བཞིན་ཚེ་དབང་སྟོང་མཆོད་ཀྱི་སྐབས་ཚེ་དབང་ཚིགས་བཅད་མ་ 2-1-116 བརྩམས་ཏེ་ཕུལ་བས་བར་ཆད་ཞི་བ་སོགས་ཀྱི་མཚན་ལྟས་ཀྱང་ལེགས། རྒྱལ་པོས་དབུ་བླར་ ཡང་ཡང་མངའ་གསོལ། སླར་འཛམ་ཐང་དུ་འབྱོར་ནས་ཤིང་ཡོས་ལོར་ས་ར་བའི་བཀའ་ནན་ ལྟར་དེར་ཕེབས་ཆོས་བཀའ་མང་དུ་གསུངས་ནས་འཛམ་ཐང་དུ་ཕེབས་མེ་འབྲུག་ལོར་རྔ་ ཁོག་ཏུ་གདན་དྲངས་སྒྲུབ་ཐབས་རིན་འབྱུང་སོགས་ཟླ་བ་བཞི་ཙམ་ལ་གནང༌། དེ་ནས་སླར་ ཡང་དཔལ་འཛམ་ཐང་དུ་ཕེབས་མེ་སྦྲུལ་ལོར་གཟིམས་ཁང་དུ་བསྙེན་སྒྲུབ་རེ་ལ་བཞུགས་ བཞིན་སྔར་གྱི་སྐུ་གསུང་ཐུགས་རྟེན་བཞེངས་འཕྲོ་རྣམས་ལེགས་པར་གྲུབ་ནས་བར་སྐབས་ དབང་ལུང་ཁྲིད་གསུམ་སོ་སོའི་བློ་དང་མཐུན་པར་གནང་བའི་རེ་ཞིག་གི་སྐབས། མགོ་ལོག་ ཝ་ཤུལ་གཉིས་འཁོན་འཛིང་བསྡུམས་པའི་གྱོད་གཏམ་གྱི་གཟུ་དཔང་ལ་མི་འདོད་བཞིན་ འདུག་དགོས་བྱུང་བས་ཕན་ཚུན་བདེན་རྫུན་དྲང་པོར་མཛད་ཀྱང་ཝ་ཤུལ་རྣམ་རྒྱལ་བཀྲ་ ཤིས་ཀྱི་སྙིང་བདུད་སྡིག་ཏོས་བསྐུལ་ནས་ངན་སེམས་ཀྱིས་དུག་དྲངས། ཁོང་གི་གནས་ཚུལ་ ཇི་བཞིན་མཁྱེན་ཀྱང་རེ་ཞིག་འདིར་གདུལ་བྱ་རྫོགས་ནས་ཞིང་གཞན་དུ་འབྱོན་པར་དགོངས་ ནས་སྡིག་ཅན་གྱི་བསམ་པ་འགྲུབ་ཕྱིར་གྱི་ཚུལ་དུ་དུག་གསོལ་བས་བསྙུང་ཚུལ་བསྟན་ཏེ། གཟིམས་ཁང་དུ་གྲྭ་སློབ་རྣམས་ལ་ལས་འབྲས་ཀྱི་ཆོས་མང་དུ་གསུངས་ནས་སློབ་བུ་མང་ དགེ་མཁས་བཙུན་དར་རྒྱས་དང༌། ཕུར་རྩ་ཆོས་འཕེལ་གཉིས་རྒྱལ་ཚབ་ཏུ་བསྐོས་ཁྲིད་ལུང་ མཐའ་དག་གཏད་དེ་དགུང་ལོ་ཞེ་བརྒྱད་ཕྱི་ལོ། ༡༧༣༨ རབ་ལོ། ༧༡༢ མཆན། ས་རྟའི་ལོར་སྐུ་ཆོས་ དབྱིངས་སུ་གཤེགས། འདི་གཙང་བ་གོང་མའི་སྐུ་ཐོག་མའོ། ། ༼༣༣༽ དེ་ལས་མཁས་བཙུན་དར་རྒྱས་ནི་མཁས་བཙུན་བཟང་པོའི་ཡོན་ཏན་མཆོག་ཏུ་ མངའ་ཞིང་ཁྱད་པར་ཉམས་རྟོགས་ཀྱི་རྩལ་ལྡན། དབང་ལུང་ཁྲིད་ཀྱི་ཆོས་བརྒྱུད་འཛིན་པ་ ཞིག་ཡིན་ལ། ཡན་ལག་དྲུག་གི་ཉམས་རྟོགས་ཀྱི་འཆར་སྒོ་མ་འགགས་པའི་བརྒྱུད་འཛིན་ སྲོག་འཛིན་རྟགས་མངའ་ཀུན་དགའ་ཆོས་འཕེལ་གྱི་སློབ་མ་བྱ་ཡུར་ཆོས་འབྱོར་ཞེས་པ་རྗེས་ 2-1-117 དྲན་རྟགས་ལྡན་མངོན་ཤེས་ཅན་ཞིག་ཀྱང་བྱོན་པ་སོགས་དངོས་བརྒྱུད་ཅི་རིགས་པའི་སློབ་ ཚོགས་མང་པོ་ཡོད་དོ། ། ༼༣༤༽ འདིའི་གཙང་བའི་སྐུ་ཕྲེང་གཉིས་པ་སྔོ ན་ཏཱ་ར་ནཱ་ཐའི་དྲུང་ནས་བློ་གྲོས་རྣམ་ རྒྱལ་ལ་སྡོམ་པ་འབོགས་སྐབས་སྲུང་མདུད་དཀར་སེར་མཐིང་གསུམ་གནང་བ་དེ་ཕྱིས་སྐུ་ རིགས་སུ་རིགས་གསུམ་མགོན་པོའི་རྣམ་འཕྲུལ་འབྱུང་བའི་བརྡ་ཐབས་བསྟན་པ་ལྟར་བླ་ མ་རྣམ་གསུམ་གྱི་མཚན་གྲས་ཀུན་བཟང་ཕྲིན་ལས་རྣམ་རྒྱལ་ནི། རྒྱལ་རོང་བག་ཀོ་ཤོག་ ཏུ་སྐུ་ངོ་མཚར་བའི་ལྟས་བཅས་འཁྲུངས། ཆུང་ངུ་ནས་ཆོས་ལ་བསླབས། ཁྱད་པར་ངག་ དབང་མཁས་བཙུན་དར་རྒྱས་སོགས་དམ་པ་གོང་མ་མང་པོ་ལས་རང་ལུགས་ཀྱི་དབང་ལུང་ མན་ངག་སོགས་ཟབ་བཀའ་ཡོངས་རྫོགས་གསན་ཏེ་ཐུགས་དམ་མཛད་པས་ཉམས་རྟོགས་ ཆེར་རྒྱས་དབུས་གཙང་དུ་ཀརྨ་པ་སོགས་མཁས་གྲུབ་དུ་མ་བསྟེན་སླར་ཕེབས། གཙང་བའི་ གཟིམས་ཁང་གི་གདན་ས་བཟུང་ནས་སྨྲ་མདོ་སྔགས་བཤད་སྒྲུབ་གླིང༌། གསེར་ལྗགས་ མདའ་དགོན། རྔ་བ། ལྷར་ཡག རྒྱ་ཁ་བཀྲ་ཤིས་གླིང་ཡན་ཆད་ཀྱི་སློབ་ཚོགས་སྤྲིན་བཞིན་ བསྡུས་ནས་བསྟན་འགྲོའི་དོན་མཛད་པ་སྟེ་རྒྱས་པར་ཉིད་ཀྱི་རྣམ་ཐར་ན་གསལ་ཡང་འདིར་ མང་བས་དོགས་ནས་མ་བྲི ས། ༼༣༥༽ འདིའི་དངོས་སློབ་ཟབ་ལམ་གཏུམ་མོའི་ཡེ་ཤེས་མཆོག་རྒྱས་ཤིང་མངོན་མཁྱེན་ ལྡན་པ་ལྷ་ཚེ་བླ་མ་རྒྱལ་མཚན་སོགས་མང་བ་ལས་ཆོས་བརྒྱུད་ལ་ཕན་ཐོགས་ཆེ་བ་བསྟན་ སྲུང་བྲན་དུ་འཁོལ་ཞིང་དྲག་པོ་མངོན་སྤྱོད་ཀྱི་ལས་ཐོགས་མེད་གྲུབ་པའི་ནུས་ལྡན་ལྷུན་གྲུབ་ རྒྱ་མཚོ་སྟེ། འདིས་ཡག་མདོའི་ཕོ་བྲང་བཞེངས་ནས། གཙང་བ་ངག་དབང་ཕྲིན་ལས་ཀྱི་ཡང་ སྤྲུལ་དབུས་གཙང་དུ་འཁྲུངས་པ་ཕྲིན་ལས་རྒྱ་མཚོ་ཞེས་པ་འདས་ནས་དེའི་སྤྲུལ་སྐུ་སྨྲ་ཁོག་ གསེར་རིའམ་བསྭེའི་རུ་ཞེས་པར་འཁྲུངས་པ་སྐུ་སྐྱེས་སྦྱིན་པ་རྒྱ་མཚོ་ཟེར་བ་དེ། དབོན་ལྷུན་ 2-1-118 གྲུབ་པས་བླུས་ཏེ་ཡག་མདོའི་ཕོ་བྲང་དེར་བཞུགས་སུ་གསོལ་ནས་ལུགས་ཟུང་གིས་འགྲོ་ ཕན་སྤེལ་བར་མཛད། ཨ་སྐྱོང་དཔོན་ངག་དང་མཆོད་ཡོན་དུ་གྱུར་ཏེ་ཉིད་ཀྱི་ཡང་སྤྲུལ་དེང་ སང་སྐུ་ངག་ཏུ་གྲགས་སོ། ། ༼ ༣༦༽ གཙང་བའི་སྐུ་ཕྲེང་གསུམ་པ་དཀོན་མཆོག་འཇིགས་མེད་རྣམ་རྒྱལ། མགོ་ལོག་ ཡོ་སྟག་ཏུ་ངོ་མཚར་བ་དང་བཅས་ཏེ་འཁྲུངས། གཙང་བའི་གདན་སར་བཀོད། ལྷ་ཚེ་བླ་ མ་རྒྱལ་མཚན་དང༌། དབོན་ལྷུན་གྲུབ་རྒྱ་མཚོ་གཉིས་ལས་དུས་འཁོར་ཆོས་སྐོར་དང༌། ཇོ་ ནང་སྐྱིད་ཕུག་ཏུ་སྐུ་ཞབས་སྤོ་ར་པའི་དྲུང་ནས་ནཻ་གུའི་ཆོས་བཀའ་སོགས་བླ་མ་མང་པོ་ལས་ དབང་ལུང་ཁྲིད་གསུམ་རྒྱ་ཆེར་མནོས་ཏེ་ཐོས་བསམ་སྒོམ་གསུམ་གྱིས་རྟོགས་པ་མཆོག་ཏུ་ རྒྱས་ནས་བསྟན་འགྲོ་ཡུན་རིང་བསྐྱང་ཚུལ་ཡང་ཉིད་ཀྱི་རྣམ་ཐར་ལྟར་རོ། ། ༼༣༧༽ དཀོན་མཆོག་འཇིགས་མེད་རྣམ་རྒྱལ་དེ་ཉིད་དང་ཉིད་ཀྱི་ཐུགས་སྲས་གཙང་བ་ དགེ་སློང་ངག་དབང་ཆོས་འཕེལ་ནས་བཟུང་གཙང་བའི་གཟིམས་ཁང་གི་སྒྲུབ་བརྒྱུད་འཛིན་ པ་རིམ་བཞིན། ༼༣༨༽ གཙང་བའི་གཟིམས་ཁང་གི་སྒྲུབ་བརྒྱུད་འཛིན་པ། མཆན།ངག་དབང་ཆོས་ཀྱི་འཕགས་པ། ༼༣༩༽ གཙང་བའི་གཟིམས་ཁང་གི་སྒྲུབ་བརྒྱུད་འཛིན་པ། མཆན།ཀུན་དགའ་ངག་དབང་དཔལ་ལྡན། ༼༤༠༽ གཙང་བའི་གཟིམས་ཁང་གི་སྒྲུབ་བརྒྱུད་འཛིན་པ། མཆན།ངག་དབང་ཆོས་འབྱོར་རྒྱ་མཚོ། ༼༤༡༽ གཙང་བའི་གཟིམས་ཁང་གི་སྒྲུབ་བརྒྱུད་འཛིན་པ། མཆན།ཀུན་དགའ་མཁས་གྲུབ་དབང་ཕྱུག ༼༤༢༽ གཙང་བའི་གཟིམས་ཁང་གི་སྒྲུབ་བརྒྱུད་འཛིན་པ། མཆན།ངག་དབང་བསྟན་པ་གསལ་བྱེད། ༼༤༣༽ དེ་ནས་གཙང་བའི་གཟིམས་ཁང་གི་སྒྲུབ་བརྒྱུད་འཛིན་པ། མཆན།ངག་དབང་རྡོ་རྗེ་བཟང་པོའི་བར་ བྱོན་ཏེ་རྡོ་རྗེ་སློབ་དཔོན་གྱི་ཚུལ་གྱིས་བཞུགས་སོ། ། འཇིགས་མེད་རྣམ་རྒྱལ་གྱི་ཡང་སྤྲུལ་དུ་བྱོན་པ་ནི་གཙང་བ་སྐུ་འབྲིང་འཇིགས་མེད་ཕྱོགས་ལས་ 2-1-119 རྣམ་རྒྱལ། མཆན། དུ་གྲགས་པའོ། །དེ་དག་ལས་རྣམ་པར་ཐར་པ་བརྗོད་དགོས་པ་མང་ན་ཡང་ཡི་ གེ་མང་བས་འཇིགས་ནས་རེ་ཞིག་དེ་ཙམ་ལས་མ་སྤྲོས་པ་ལགས། སྨྲས་པ། མཁྱེན་རབ་ཡེ་ཤེས་གཞོན་ནུའི་སྐུ་འཆང་བ། ། བརྩེ་བ་ཆེན་པོ་པད་དཀར་འཁྲི་ཤིང་ཅན། ། མཐུ་སྟོབས་གསང་བ་ཀུན་འཛིན་འཁོར་ལོའི་བདག ། བརྒྱུད་འཛིན་སྲས་བཅས་བསོད་ནམས་སྐལ་བས་གྲུབ། ། ཅེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། ། གཉིས་པ་གཞན་དུ་སྤེལ་བའི་ཚུལ་ལ། སྐབས་དོན་དངོས་དང༌། ཞར་བྱུང་འཕྲོས་དོན་ གཉིས་ལས། དང་པོ་གཙང་ནས་ཁམས་འཛམ་ཐང་ལས་མདོ་ཁམས་གཞན་དུ་རང་ལུགས་ ཀྱི་བསྟན་པ་རྗེས་ནས་ཇི་ལྟར་སྤེལ་ཚུལ་ནི། ༼༡༽ དབུས་གཙང་ཕྱོགས་ཀྱི་རང་རེའི་ཆོས་གཞི་རབ་ཏུ་རྒྱས་པའི་སྐབས་རྗེ་བཙུན་རིན་ པོ་ཆེ་སྐུ་དངོས་བཞུགས་པའི་དྲུང་དུ་ཁམས་རྔ་བ་ཕྱོགས་ནས་སེ་དབོན་པོ་ལྷུན་གྲུབ་རྒྱལ་ མཚན་ཕེབས་ནས་སྦྱོར་དྲུག་ཁྲིད་ཡིག་རྩོམ་པར་བསྐུལ་ཞིང་དབང་ལུང་ཟབ་བཀའ་མང་ པོ་ཞུས། ཁོང་གི་གསུང་ལས་ཁམས་རྔ་བ་ཕྱོགས་སུ་ངེས་དོན་གྱི་ཆོས་གཞི་དགོན་གནས་ འདེབས་པའི་ལུང་བསྟན་གསུངས་པ་ལྟར་སེ་དབོན་པོ་རང་ཡུལ་དུ་བྱོན་ནས་ས་རྔ་དབུས་ གུར་ནང་དུ་དགོན་པ་བཏབ། དམེ་ཐཱེ་ཧི་དོན་གྲུབ་དང་མཆོད་ཡོན་མཛད། ལྕགས་རྒེ་རྒྱལ་པོ་ ཞེས་པས་ཁོང་གི་མཛད་སྤྱོད་ལ་ལོག་གྲུབ་བྱས་པས་སླར་དཔལ་རྟག་བརྟན་དུ་ཕེབས་ཏེ་རྗེ་ བཙུན་ཆེན་པོ་ལ་མན་ངག་གི་བཀའ་རྣམས་ཞུས་པས། གུར་མགོན་ཁྲོ་བཅུའི་བསྲུང་འཁོར་ བྲག་རྫོང་མའི་གདམས་ངག་ཡི་གེར་བཀོད་པ་དང་ཁྲོ་བཅུའི་རྟེན་ཐང་གནང་བ་སོགས་ཀྱི་ 2-1-120 བཀའ་དྲིན་ཐོབ། དེ་ལ་བརྟེན་ནས་བསྟན་དགྲ་གདུག་ཅན་བདུན་བརྒྱུད་དང་བཅས་རྩད་ ནས་བཅད་དེ་ཡུལ་དེར་ངེས་དོན་གྱི་བསྟན་པ་དར་རྒྱས་སུ་མཛད། ༼༢༽ དེ་ནས་སེ་སྙིང་པོ་རྒྱལ་མཚན་དང༌། སེ་དབོན་ཕྲིན་ལས་སྙིང་རྒྱན་གཉིས་ཀྱིས་ ཀྱང་བློ་གྲོས་རྣམ་རྒྱལ་གྱི་མདུན་ནས་དབང་དཀའ་སོགས་ཞུས་ནས་རང་ཡུལ་དུ་སྤེལ་ཞིང༌། ཁྱད་པར་སེ་ལྷ་དབང་རྒྱལ་མཚན་དང་ཕྲིན་ལས་རྒྱ་མཚོ་གཉིས་ནས་ངག་དབང་རྣམ་རྒྱལ་ལ་ དབང་བཀའ་སོགས་གསན་ནས་འཛིན་སྐྱོང་མཛད་ཅིང་འདི་རྣམ་གཉིས་ནས་སེ་ཉིན་སྲིབ་ གཉིས་སུ་གྱེས་སོ། ། ༼༣༽ ཡང་རྒྱལ་མོ་ཚ་རོང་ནས་ས་ར་བ་ཀུན་དགའ་རྒྱལ་མཚན་རྟག་བརྟན་དུ་རྗེ་བཙུན་ ཆེན་པོ་ལ་ཆོས་ཞུ་རུ་ཕེབས་ཀྱང་ཁོང་གཞན་དོན་ལ་གཤེགས་ཟིན་པས་རྗེ་བཙུན་མ་ཕྲིན་ ལས་དབང་མོ་ལ་ཆོས་མང་ཞུས་ཏེ་འཁོར་ལོ་སྡོམ་པའི་དབང་གི་སྐབས་རྗེ་ཉིད་ཀྱི་ཞལ་མ་ མཇལ་སྐྱེ་དམན་འདི་འདྲ་ལ་ཆོས་ཞུ་དགོས་སྙམ་པའི་རྣམ་རྟོག་བྱུང་ཚེ། རྗེ་བཙུན་མའི་མངོན་ ཤེས་ཀྱིས་མཁྱེན་ནས་བུ་སེམས་སྡུག་མི་དགོས་ཡར་ལྟོ ས་གསུངས། མདུན་གྱི་ནམ་མཁར་ བདེ་མཆོག་གི་རྟེན་བརྟེན་པ་ཡོངས་རྫོགས་མངོན་སུམ་དུ་བསྟན་པས་གུས་པ་མཆོག་ཏུ་གྱུར་ ཏེ་གདམས་པ་མང་པོ་ཞུས། དཔལ་མགོན་དྲཀྴད་ཀྱི་དབང་དང་བཀའ་གཏད་མཛད་ནས་ བསྲུང་མར་བསྐོས་སྐེད་ཕུར་བྱིན་ལྡན་ཞིག་གནང་བ་དེ་མར་ཕེབས་ལམ་རིང་དུ་སོང་སྐབས་ ལས་ཤུལ་དུ་ལྷག་སོང་བ་མ་དྲན། དེ་དུས་སུ་ནུབ་མོར་ཆོས་སྐྱོང་ལ་ཕྲིན་བཅོལ་བྱས་པས་ ནངས་པར་དབུ་སྔས་སུ་ལྕགས་ཕུར་དངོས་དེ་ཐོན་བྱུང༌། དེ་ནས་ས་ར་དགོན་དུ་ཕེབས་ནས་ མགོན་པོའི་རྟེན་སྐུ་ཁྱད་པར་བ་བཞེངས་ཆོས་རྒྱུན་སྤེལ་བར་བྱས་སོ། ། ༼༤༽ ཡང་འབྲོ ག་དགེ་ཀུན་དགའ་དཔལ་བཟང་རྟག་བརྟན་དུ་ཕེབས་རྒྱལ་ཚབ་རིན་ ཆེན་རྒྱ་མཚོའི་དྲུང་དུ་སྡོམ་གསུམ་དང་དབང་ལུང་མན་ངག་མཐའ་དག་ཞུས། ཐེག་མཆོག་ 2-1-121 དབུ་མ་སོགས་གཞན་སྟོང་གི་ལྟ་གྲུབ་ལ་སྦྱང༌། དབུ་མའི་རྒྱན་ལ་འགྲེལ་བཤད་ཅིག་བྱས་པ་ རྒྱལ་ཚབ་ཉིད་ཀྱིས་གཟིགས་རྟོག་མཛད། དུས་འཁོར་དང༌། འཇིགས་བྱེད་ཀྱི་བསྐྱེད་རྫོགས་ མཐར་ཕྱིན་པའི་གོ་དོན་ཐུགས་ལ་མངའ། བདུད་རྩི་ཕུག་ཏུ་རྗེ་བཙུན་གྱི་ཉེ་གནས་གྲགས་པ་ དཔལ་བཟང་ལས་ཀྱང་དབང་ལུང་མན་ངག་མང་དུ་ཞུས། ཁྱད་པར་བཀྩེ་ལྕམ་སྲི ང་གི་རྗེས་ གནང་སྲོ ག་གཏད་གནང་སྟེ་ཕྲིན་ལས་ཚུལ་བཞིན་སྒྲུབ་པའི་རྟགས་མཚན་གཟིགས། ཇོ་ནང་ དུ་མཁས་གྲུབ་བློ་གྲོས་རྣམ་རྒྱལ་གྱིས་བདེ་མཆོག་ནག་པོའི་དབང་དང་རྭ་བ་ཚུལ་ཁྲིམས་ རྣམ་རྒྱལ་གྱི་ཕྱག་བྲིས་བདེ་མཆོག་དཀྱིལ་ཐང་གནང་ཞིང་མདོ་ཁམས་བསྟན་པའི་སྒྲོན་མེར་ མངའ་གསོལ། རྗེ་བཙུན་ཀུན་དགའ་ཕྲིན་ལས་དབང་མོའི་དྲུང་ནས་གདམས་པའི་གནད་ མ་ལུས་པ་ཞུས་ཤིང༌། ཁྱད་པར་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ལུས་སྦྱོང་འཁྲུལ་འཁོར་ གྱི་ལག་ལེན་གནང་སྐབས་རྗེ་བཙུན་མ་ཉིད་ཞབས་རྡོ་རྗེ་སྐྱིལ་ཀྲུང་བཅས་ནས་བར་སྣང་ལ་ ཡུན་རིང་བཞུགས་པའི་གྲུབ་རྟགས་ཀྱང་བསྟན། ཁམས་སུ་ངེས་དོན་གྱི་ཆོས་གཞི་འདེབས་ པ་ལ་བཀའ་ལུང་ཞུས་ཏེ། རྗེ་བཙུན་མའི་གསུང་ལས། དགོན་ས་དབྱིབས་དང་ཁྱད་པར་ངོ་ མཚར་ཆེ་བ་དགུན་དུས་མཚོ་ཁར་མེ་ཏོག་རྒྱས་པ་རྙེད། དེར་བུ་ཁྱོད་ཀྱིས་དགོན་པ་ཐོབ་ཅིག་ གསུངས། སྔོ ན་རྗེ་བཙུན་ཆེན་པོ་སྐུ་གཤེགས་ཁར་ཉིད་ཀྱི་ཆོས་གོས་དང༌། མཁན་རིན་ཆེན་ རྒྱ་མཚོའི་ཆོས་གོས་གཉིས་ལྷན་དུ་བཞག་ནས་ཕྱིས་སུ་འདིར་ཨ་མདོ་པ་གཉིས་གྲྭ་སར་འོང་ བ་ལ་རྟེན་སྐལ་འདི་སྟེར་གསུངས་པ་ལྟར་མཁན་རིན་པོ་ཆེ་ནས་འབྲོག་དགེ་བ་ལ་རྗེ་བཙུན་ གྱི་སྐུ་ཆོས་དང༌། སྒོ་ཉིན་ཁྱི་གུ་རབ་འབྱམས་པ་ལ་ཉིད་ཀྱི་སྐུ་ཆོས་གནང་ངོ༌། །དེ་ནས་ས་ར་ བ་དང་མཉམ་དུ་བྱོན། རང་ཡུལ་དུ་ཕེབས་ནས་བར་སྐབས་ཤིག་ཏུ་ན་ཆེའི་ཁར་དགུན་དུས་ སུ་མེ་ཏོག་གསར་བ་མང་པོ་གཟིགས་པས་དེར་ཆོས་གཞི་དགོན་གནས་བཏབ། ནང་རྟེན་ བྱམས་ཆེན་སོགས་རྟེན་གསུམ་མང་པོ་བཞེངས། དཔལ་ཚེས་ཁ་བསམ་འགྲུབ་གླིང་ཞེས་སྐུ་ 2-1-122 ཚེའི་སྨད་ལ་གནས་དེར་གདན་ཕབ་ཡི་དམ་གྱི་ལྷ་མང་པོའི་ཞལ་གཟིགས་ཆོས་སྐྱོང་སྲུང་མས་ ཕྲིན་ལས་སྒྲུབ་སྟེ། ངེས་དོན་སྒྲུབ་བརྒྱུད་ཀྱི་བསྟན་པ་བསྐྱངས་ནས་སྐུ་དབོན་ཆོས་སྐྱོང་དོན་ གྲུབ་སོགས་སློབ་བུ་མང་ངོ༌། ། ༼༥༽ སྐུ་དབོན་ཆོས་སྐྱོང་དོན་གྲུབ་རྟག་བརྟན་དུ་ཡང་ཕེབས་ནས་གྲུབ་ཆེན་ཆ་ལུང་བའི་ སྤྱན་སྔར་ཟབ་ལམ་སྦྱོར་དྲུག་དང་དུས་འཁོར་དབང་ཆེན་སོགས་འདོད་ཆོས་མང་དུ་གསན། སླར་རང་ཡུལ་དུ་བྱོན་ཏེ་འབྲོ ག་དགེའི་གདན་ས་མཛད། ༼༦༽ དེ་ནས་འབྲོ ག་དགེ་གྲགས་པ་བསམ་གྲུབ་ཀྱིས་བསྐྱངས། ༼༧༽ དེ་ནས་སྐུ་དབོན་ཀུན་དགའ་ལྷུན་གྲུབ་པས་རྩི་ནང་དུ་དགོན་པ་བཏབ། ༼༨༽ དེ་ནས་ཀུན་དགའ་ཡོན་ཏན་རྒྱ་མཚོས་དགོན་དེར་འཚོགས་ཁང་བཞེངས་པ་དང༌། དགེ་འདུན་གྱི་སྡེ་གསར་འཛུགས་དང་དུས་མཆོད་སྨོན་ལམ་སོགས་ཚུགས་པར་མཛད་ཅིང་ དཔལ་མི་འགྱུར་ངེས་དོན་བདེ་ཆེན་གླིང་ཞེས་བཏགས། མ་ཉེས་ཐར་མོ་དགོན་ཆུ་ཉིན་དུ་ གསར་འདེབས་བྱས་ནས་བཀྲ་ཤིས་ཕུན་ཚོགས་གླིང་ཞེས་བཏགས། ཚེས་མདའ་ཨ་དཔའ་ དགོན་ཡང་གསར་དུ་དག་ཐེར་མཛད། སེ་དགོན་ཐུབ་བསྟན་ཕྱོགས་ལས་རྣམ་རྒྱལ་གླིང་ གསར་འདེབས་བྱེད་པའི་ཞལ་བཀོད་དང་ས་འདུལ་སོགས་མཛད། ༼༩༽ གང་གི་ཐུགས་སྲས་སུ་གྱུར་པ་དཔལ་རིག་འཛིན་རྣམ་སྣང་རྡོ་རྗེས་སེ་དགོན་གྱི་ མགོན་ཁང་དུ་རྟེན་རྫས་དང་རྟག་གཏོར་བཙུགས་ཏེ། གཏོར་སྒྲུབ་དང༌། གཏོར་ཆེན་རྒྱུན་ གསོལ་རྣམས་བསྒྲུབས་ནས་ནུས་མཐུའི་རྩལ་མྱུར་བའི་རྟགས་མཚན་མངོན་གྱུར་དང་ལྡན་ པར་བྱས་པ་སོགས་ཁམས་ཕྱོགས་སུ་སླད་ནས་ཆོས་གཞི་དང༌། ངེས་དོན་སྒྲུབ་བརྒྱུད་ཀྱི་ བསྟན་པ་ཆེས་དར་བ་ལས་འདིར་ས་བོན་གྱི་ཆ་ཙམ་སྨོས་པར་ཟད་ཀྱི་མཐའ་དག་སྨྲ་ག་ལ་ ནུས་ཏེ་མི་ནུས་སོ། ། 2-1-123 གཉིས་པ། ཞར་བྱུང་འཕྲོས་དོན་ཇོ་ནང་རྗེ་བཙུན་གྱི་ཆོས་བརྒྱུད་འཛིན་པའི་བཀའ་དྲིན་ ཆེ་བ་ནི། ༼༡༽ དབུས་གཙང་གི་ཕྱོགས་སུ་ཟུར་གྱི་གདུང་བརྒྱུད་དུ་འཁྲུངས་ཤིང་རྟག་བརྟན་གྱི་ ཆོས་གྲྭ་ཆ་ལུང་པའི་དངོས་སློབ་གྲུབ་པའི་དབང་ཕྱུག་ཀུན་བཟང་དབང་པོ་དང༌། ༼༢༽ དེ་ལས་དབང་ལུང་ཁྲིད་གསུམ་གྱི་བརྒྱུད་འཛིན་པ་མདོ་ཁམས་བོས་རོང་དུང་ དཀར་རི་ཁྲོད་དུ་ཆོས་བློན་མགར་གྱི་གདུང་རུས་སུ་འཁྲུངས་པ་རིག་འཛིན་ཚེ་དབང་ནོར་བུ་ ལ་འཕྲིན་ལས་ཀྱི་རྒྱུན་སྐྱོང་བའི་བུ་སློབ་མང་ཡང༌། ༼༣༽ ཡོངས་རྫོགས་བསྟན་པའི་ཉིན་བྱེད་འཇམ་མགོན་ཆོས་ཀྱི་འབྱུང་གནས་ཉིད་བཀའ་ དྲིན་ལྷག་པར་ཆེ་ཞིང༌། ༼༤༽ གང་གི་ཐུགས་སྲས་རིག་གནས་ལ་བཀའ་བབས་མང་དུ་བཞུགས་པའི་ནང་ནས་སྒྲ་ རིག་པའི་བཀའ་བབས་འབེ་ལོ་ཙཱ་བ་ཟུར་མང་ཚེ་དབང་ཀུན་ཁྱབ་ནི། རྒྱལ་ཚབ་འཛིན་པའི་ མཆོག་ཏུ་གྱུར་ཏེ་ཐུབ་བསྟན་ཆོས་གླིང་གི་འཚོགས་ཁང་སྟེང་དུ་གསེར་གྱི་གཉྫི་ར་དང༌། ཀུན་ མཁྱེན་དྷརྨཱ་ཀ་རའི་གདུང་མདུན་དུ་དུས་ཆེན་ལ་ཇོ་ལུགས་དུས་འཁོར་སྒྲུབ་མཆོད་བཙུགས་ ཤིང་ཆོ་ག་འདོན་ལྟ་ཕྱག་ལེན་དང་དཔལ་རེག་པ་མེད་པའི་མཆོད་རྟེན་གྱི་ཆ་ཚད་འདྲ་ལེན་ བྱེད་པར་ཆེད་གཏད་དུ་ཇོ་ནང་ལ་ལན་གཉིས་ཕེབས་ནས་ཇོ་ནང་རང་ལུགས་ཀྱི་ཕྱག་སྲོལ་ མ་ཉམས་པར་མཛད། རྗེ་བཙུན་བཀའ་འབུམ་འཐོར་བའི་སྐོར་སོགས་ཕྱག་དཔེ་མང་དུ་ བསྒྲིགས་ནས་བསྟན་པ་ལ་བྱ་བ་རྒྱ་ཆེར་བྱས། ༼༥༽ དེ་ནས་དེའི་བརྒྱུད་འཛིན་དངོས་སློབ་དབོན་སྤྲུལ་མང་ཐོས་ཀརྨ་རཏྣ་ཞེས་པ་དེ་ ཉིད་ཀྱིས་དབང་ལུང་གནང་སྐབས། ཀརྨ་འོད་གསལ་འགྱུར་མེད་ཉིད་ཐུབ་བསྟན་ཆོས་གླིང་ གི་རྒྱུག་གྲྭ་དཀྱུས་མ་ཞིག་ཏུ་ཡོད་པ་ཆེད་གཉེར་གྱིས་དབང་གྲྭར་བཞག་སྟེ། དབང་ཇ་འགྲིམ་ 2-1-124 པ་སོགས་ལ་སོང་སྐབས་དེ་མི་འདུག་གསུངས། ཆོས་མཚམས་མཛད་ནས་བཞུགས་འདུག་ པས་ཀུན་ཀྱིས་ཐུགས་དགོངས་གཏད་སོ་ཡིན་པར་ཤེས་ཏེ། ཕྱིན་ཆད་ཇ་འདྲེན་སོགས་ལ་ མ་མངགས་པས་ཐུགས་དགྱེས་ཤིང་དབང་ལུང་ཁྲིད་གསུམ་ཡོངས་རྫོགས་བདག་པོ་སྤོས་ བསྒྱུར་གྱི་ཚུལ་དུ་གནང་ལ། ༼༦༽ ཕྱིས་སུ་ཀརྨ་འོད་གསལ་འགྱུར་མེད་ནི་སྒྲུབ་བླ་ཆེན་པོ་ཡིན་ཡང་སི་ཏུ་པདྨ་ཉིད་ བྱེད་དབང་པོའི་བཀས་བསྐུལ་ཏེ་རྡོ་སྨད་དུ་བླ་ཚབ་ལ་ཕེབས་ནས་གཙང་པ་དགེ་སློང་སོགས་ ངེས་དོན་སྒྲུབ་བརྒྱུད་འཛིན་པ་མང་པོ་ལ་ཟབ་བཀའ་ཡོངས་རྫོགས་ཐང་མར་བརྡལ་བའོ། ། ༼༧༽ ཆོས་བརྒྱུད་དེ་དག་སོགས་སྡེ་དགེ་དཔལ་སྤུངས་ཕྱོགས་ནས་རང་ལུགས་ཀྱི་ཆོས་ མཛོད་འཛིན་པ་རིམ་བྱོན་རྣམས་དང༌། གཙང་སྤྲུལ་དཀོན་མཆོག་འཇིགས་མེད་རྣམ་རྒྱལ་ གྱི་སློབ་བརྒྱུད་དུ་དཔལ་འཛམ་ཐང་གི་ཆོས་གྲྭར་ཀུན་མཁྱེན་དོལ་པོའི་རྣམ་འཕྲུལ་ངེས་ དོན་སྒྲུབ་བརྒྱུད་ཀྱི་བསྟན་པའི་མངའ་བདག་སྦྱངས་པ་རྗེ་ཀུན་དགའ་ངེས་དོན་ཞབས་པ་སྐུ་ འཁྲུངས་ཏེ། རང་ཡུལ་གྱི་དམ་པ་མང་པོའི་ཞལ་ནས་གདམས་པ་མ་ལུས་པ་གསན་ཏེ་གསང་ ཆེན་གྱི་རྟོགས་པ་མཆོག་ཏུ་རྒྱས། སྡེ་དགེའི་ཞབས་དྲུང་དང༌། ཀོང་སྤྲུལ་རྣམ་གཉིས་ཀྱི་དྲུང་ ནས་ཉམས་མྱོང་ཆོས་ཀྱི་འདྲི་གཏུག་གིས་ཕུ་ཐག་བཅད་ནས་ཟབ་བཀའ་མང་པོའི་གདམས་ པ་ཡང་ནོད་བཞིན་རང་ཡུལ་དུ་ཆགས་ཕེབས་ངེས་དོན་སྒྲུབ་པའི་རྒྱལ་མཚན་སྲིད་རྩེར་ བསྒྲེངས་པའི་ཚུལ་རྒྱས་པ་ཉིད་ཀྱི་རྣམ་ཐར་ཏུ་ུགསལ་བ་ལྟར་དང༌། དེའི་བརྒྱུད་འཛིན་གྱི་ རྡོ་རྗེ་སློབ་དཔོན་རིམ་བྱོན་ཆོས་རྗེའི་ཁང་དམར་རྟེན་ཁང་ཆེན་མོར་བཞུགས་ཏེ་ད་ལྟའི་བར་ གསང་ཆེན་སྔགས་ཀྱི་ཐེག་པ་དར་རྒྱས་སུ་མཛད། ༼༨༽ དུས་དེ་ཙམ་ན་ཀུན་སྤངས་ཆོས་གྲགས་དཔལ་གྱི་སྤྲུལ་པ་འཛི་སྨད་ལྷ་རིའི་གནས་ སུ་བཞུགས་པ་གསང་སྔགས་ཟབ་མོའི་གཏེར་གྱུར་ངག་དབང་ཆོས་འཛིན་ཞབས་པས་ཟབ་ 2-1-125 གསང་རྡོ་རྗེའི་ཐེག་པའི་མཛོད་སྒོ་ཕྱེས་ཏེ་གང་འདུལ་གྱི་མཛད་པས་ལྗོངས་འདིའི་གདུལ་བྱ་ རྣམས་སྨི ན་གྲོལ་ལ་བཀོད་དོ། ། ༼༩༽ འཇམ་དབྱངས་མིའི་རྣམ་རོལ་ཐུབ་བསྟན་དགེ་ལེགས་རྒྱ་མཚོ་ཡང་འབའ་མདར་ འཁྲུངས་ཏེ་དགེ་འཕེལ་རི་ཁྲོད་སོགས་སུ་བཞུགས་ནས་གསུང་རབ་ཆོས་ཀྱི་སྒོ་རྒྱ་ཆེ་བས་ རྒྱལ་བསྟན་སྤྱི་དང༌། ཁྱད་པར་ཀུན་མཁྱེན་ཇོ་ནང་པའི་ལུགས་ཀྱི་དུས་ཀྱི་འཁོར་ལོའི་བསྐྱེད་ རྫོགས་ཀྱི་ཟབ་གནད་བཀྲོལ་ཞིང་གསང་ཆེན་སྔགས་ཀྱི་ཆོས་ཚུལ་ཆེས་གསལ་ཞིང་དར་རྒྱས་ སུ་མཛད་དེ་མདོ་སྔགས་སྤྱིའི་བསྟན་པའི་རྒྱན་གཅིག་པུར་གྱུར་ཏོ། ། གཞན་ཡང་དེ་དག་གིས་མཚོན་འཛི་ཡུལ་དུ་བསྟན་འཛིན་སྐྱེས་བུ་རིམ་བྱོན་རྣམས་ཀྱི་ གདན་ས་བཞུགས་གནས་རི་ཁྲོད་དགོན་གནས་ཆེ་ཆུང་མཚམས་འདི་སྐོར་ནས་རིམ་གྱིས་ བྱུང་བ། ༼༡༽ གསང་སྔགས་རྟོགས་པ་མཆོག་གི་མཐར་སོན་སྐྱབས་རྗེ་ངག་དབང་བསམ་གཏན་ གྱི་གདན་ས་འབྲི མ་ཤར་རི་ཁྲོད། ༼༢༽ རྭ་ལོའི་སྤྲུལ་པར་གྲགས་པ་ས་དམར་བླ་མ་ལུང་རྟོགས་ཀྱི་གདན་ས་ས་དམར་ དཔལ་རྩེའི་དགོན། ༼༣༽ སྒྲུབ་བརྒྱུད་མན་ངག་མཆོག་མངའ་བསྟན་འཛིན་གྲགས་པའི་གདན་ས་དགོན་ ལེབ། ༼༤༽ ཟབ་མོའི་རྣལ་འབྱོར་གྱི་དབང་ཕྱུག་ཀུན་དགའ་མཚན་བཟང་གི་གདན་ས་བྱ་ཡུར་ དགོན། ༼༥༽ མཁས་བཙུན་བཟང་པོའི་དཔལ་གྱུར་ཟླ་བ་གྲགས་པའི་མཚན་ཅན་གྱི་གདན་ས་ འཛི་སྲི བ་དགོན། 2-1-126 ༼༦༽ རང་ལ་ཟབ་ལམ་གདམས་པའི་རྡོ་རྗེ་འཆང་ཀུན་དགའ་ངག་གི་དབང་པོའི་གདན་ ས་དར་ལྔའི་རི་ཁྲོད། ༼༧༽ རང་ལ་ལེགས་བཤད་མཆོག་གནང་མཛད་པའི་མཁས་དབང་ངག་དབང་ཚོགས་ གཉིས་རྒྱ་མཚོའི་གདན་ས་ར་ཤུག་རི་ཁྲོད་སོགས་ད་ལྟ་ཡོད་མེད་ཅི་རིགས་ཀྱི་རི་དགོན་ཆོས་ གཞི་མང་པོ་བྱུང་ཞིང་གནས་དེ་དག་ཏུ་དམ་པ་གང་དག་གིས་སྒྲུབ་བརྒྱུད་གཙོ་བོར་བྱས་ཏེ་ བཤད་སྒྲུབ་ཟུང་འབྲེལ་གྱི་བསྟན་པའི་བསིལ་ཟེར་གྱི་འོད་སྣང་དཀར་པོས་དུས་ཕྱིས་སུ་བྱུང་ བའི་སྙིགས་མའི་གདུལ་བྱ་ཕལ་མོ་ཆེའི་སྡུག་བསྔལ་གྱི་ཚ་གདུང་རབ་ཏུ་ཞི་བར་མཛད་པའི་ རྣམ་པར་ཐར་པ་ཡོད་ནའང་མང་བས་རེ་ཞིག་དེ་ཙམ་དུ་བཞག་གོ ། འཛམ་ཐང་གི་དགོན་ལག་ཡུལ་གཞན་དུ་ཡང༌། ༼ ༡༽ གཙང་བ་བློ་གྲོས་རྣམ་རྒྱལ་ཚ་རོང་ དུ་བྱོན་པ་ནས་བཟུང་ཡང་སྤྲུལ་བརྒྱུད་འཛིན་བཅས་ཕེབས་ནས་བཞུགས་པའི་གནས་ལྷར་ ཡག་དགོན་དང༌། ༼༢ ༽ ངག་དབང་རྣམ་རྒྱལ་གྱི་རིང་ནས་སྨྲ་ཕྱོགས་ཡར་ཐང་དགོན་པ་དང༌། ༼༣༽ སྔར་ཆོས་རྗེ་རྒྱལ་བ་བཟང་གི་གདན་ས་བཞག་བྲ་ལྷ་རྩེ་ཕྱོགས་ཀྱི་བཞག་ཤོད་ དགོན་ལྔར་གྲགས་པ་ཡང༌། པཱ་ལ་དགོན། ཁང་སར་དགོན། བྷོ་ཝཾ་རོའི་དགོན། ཙག་དགེ་ བ་དགོན། དཔལ་ལྡན་བཀྲ་ཤིས་སྒང་རྣམས་དང༌། དེ་དག་ལས་གྱེས་པའི་དགོན་ཕྲན། ཡ་ མདའི་དགོན། ཡོ་མདའི་དགོན། ཤུའུ་མདའི་དགོན། སྣར་མདའ་དགོན། ས་ར་དགོན། ཛ་ འགོའི་དགོན། གྱང་སྒང་དགོན་སོགས་ཀྱང་བྱུང་ལ་དེ་དག་ཏུའང་སྐྱེས་ཆེན་དམ་པ་དུ་མའི་ ཞབས་བཅག་སྟེ་ངེས་དོན་སྒྲུབ་པའི་བསྟན་པ་འཛིན་སྐྱོང་སྤེལ་བར་མཛད་པའོ། ། ད་ནི་བོད་ལྗོངས་སྟོད་སྨད་དུ་བསྟན་པའི་ཆོས་གཞི་རྒྱས་ཏེ་སྦྱིན་བདག་འབྱོར་ལྡན་དག་ གིས་ཞབས་འདེགས་བྱས་ཚུལ་མདོ་ཙམ་ཕྱོགས་གཅིག་ཏུ་བརྗོད་ན། 2-1-127 དང་པོ། ཀུན་མཁྱེན་དོལ་པོའི་ལུང་གིས་ཟིན་པའི་སྦྱིན་བདག་གི་སྐོར། ཀུན་མཁྱེན་དོལ་པོ་པའི་ལུང་གིས་ཟིན་པ་བྱང་བདག་རྣམ་རྒྱལ་གྲགས་བཟང་དང༌། ཆོས་རྒྱལ་རབ་བརྟན་འཕགས་དང༌། སྡེ་བ་དོལ་པ་སོགས་ཀྱིས་ཇོ་ནང་དཔལ་དུ་སྒོ མ་ཆེན་པ་ བདུན་བརྒྱ་ལྷག་ཙམ་ལ་ཞབས་ཏོག་ལེགས་པར་བསྒྲུབས། རྗེ་ཀུན་དགའ་གྲོལ་མཆོག་གི་རིང་ལ་དབུས་གཙང་གི་སྡེ་པ་ཁག་ཆེན་ཐམས་ཅད་ཀྱིས་ ཆོས་ལུང་བྱང་རྩེ་དང༌། ཇོ་ནང་གཙོས་དགེ་འདུན་རྣམས་ལ་གུས་ཞབས་ཆེན་པོ་མཛད་ཅིང་ ཁྱད་པར་སྡེ་པ་རིན་སྤུངས་པ་ངག་དབང་འཇིགས་གྲགས་ཀྱིས་བསྟན་པའི་སྦྱིན་བདག་ཆེ་བ་ མཛད། གཙང་སྡེ་པ་ཀུན་སྤངས་དྲུང་གིས་སྐུ་གོང་འོག་གཉིས་ལ་གུས་འདུད་ཕུལ། རྗེ་དྲུང་ཀུན་དགའ་དཔལ་བཟང་རིང་སྡེ་སྲིད་གོ་གསུམ་ནས་འདུས་སྡེ་བདུན་བརྒྱ་ཙམ་ རེ་ལ་འཚོ་བ་སྦྱོར། རྗེ་བཙུན་ཏཱ་ར་ནཱ་ཐའི་སྐུ་རིང་དུ་ཡར་འབྲོག་ཁྲི་དཔོན་བསྟན་འཛིན་མི་འགྱུར་དབང་གི་ རྒྱལ་པོས་དགོན་སྡེ་གཉིས་སུ་སྲི་ཞུ་བླ་ལྷག་ཏུ་བྱས། བྱང་བདག་བཀྲ་ཤིས་སྟོབས་རྒྱས་ནས་ སྐུ་གོང་འོག་གཉིས་ལ་བསྙེན་བཀུར་བསམ་གྱིས་མི་ཁྱབ་པ་དང༌། གཙང་སྡེ་བ་ཀརྨ་བསྟན་ སྐྱོང་དང་སྐུ་འབྲིང་བ་མཐུ་སྟོབས་རྣམ་རྒྱལ་གཉིས་ཀྱིས་ཀྱང་བསྟན་པའི་སྦྱིན་བདག་བྱས་ཏེ་ བརྩི་བཀུར་གྱིས་ཞབས་འདེགས་ལེགས་པར་བྱས། ཁྱད་པར་ལུགས་གཉིས་ཁྲིམས་བཟང་ གིས་ས་ཆེན་པོ་ལ་མངའ་དབང་ལེགས་པར་བསྒྱུར་མཛད་གཙང་སྡེ་སྲིད་ཕུན་ཚོགས་རྣམ་ རྒྱལ་གྱིས་རྣམ་པར་དཀར་བའི་ཐུགས་བསྐྱེད་རྒྱ་ཆེ་བས་ཆོས་ཀྱི་རྗེ་སྒྲོལ་བའི་མགོན་པོ་ཉིད་ ལ་ཞུ་བ་འདི་ལྟར་ཕུལ་ཏེ། ངེད་ཀྱིས་རྒྱལ་སྲི ད་ཀྱི་བྱ་བ་རླབས་ཆེན་གྲུབ། ད་དུང་སྐྱོང་བ་ལ་ དཀའ་བ་མེད། ལུགས་ཟུང་གི་བྱ་བ་མི་ནག་པས་བཀོད་རྒྱ་བྱས་པ་དོན་ཆུང་ཞིང༌། སྤྱིར་ན་ ངེས་དོན་གྱི་བསྟན་པ་ལ་བྱ་བ་བྱེད་པ་དཀོན། དཀོན་པ་ཙམ་ལ་རིན་ཐང་ཆེ་བའི་དཔེ་ལྟར། 2-1-128 རང་རེ་ཆོས་ཚུལ་འདི་ལ་མོས་པའང་ཡིན་པས་ངེད་ཀྱིས་ཆོས་གཞི་འདེབས་པའི་ཁུར་ལེན་ ཁྱེད་ཀྱིས་གནང་དགོས་ཞེས་དེ་ལུགས་ཞུས་པ་ལྟར་ཤིང་མོ་ཡོས་ཀྱི་ལོར་དཔལ་རྟག་བརྟན་ དམ་ཆོས་གླིང་ངེས་དོན་དགའ་བའི་ཚལ་བཏབ། དུས་རིང་པོ་མ་ལོན་པར་འཚོགས་པ་སྟོང་ ཕྲག་ཕྱེད་གསུམ་ཙམ་འདུས། དེ་ནས་རིམ་པར་འཕེལ་ཏེ། འདུས་སྡེ་དེ་རྣམས་ཀྱིས། ཧོར་ཟླ་ དང་པོ་ལ་སྨོ ན་ལམ་གྱི་རིགས་ཐམས་ཅད་དང༌། གཉིས་པ་ལ་ཚེ་དཔག་མེད་ལྷ་དགུའི་ཆོ་ག གསུམ་པ་ལ་བླ་སྒྲུབ་ཆེན་མོ་སྐལ་བཟང་འཇུག་ངོགས། བཞི་པ་ལ་དུས་འཁོར་རྡུལ་ཚོན་གྱི་ སྒྲུབ་མཆོད། ལྔ་པ་ལ་ཆོག་ཡངས་ཆེན་མོ་ཞེས་བླ་མེད་ཀྱི་དཀྱིལ་འཁོར་ཉི་ཤུ་རྩ་ལྔ་རྡུལ་ཚོན་ གྱི་སྟེང་ནས་འདུས་སྡེ་སྟོང་གསུམ་ཙམ་གྱིས་སོ་སོར་བསྒྲུབ་ཅིང་མཆོད་པ། དྲུག་པ་ལ་བདེ་ མཆོག་ནག་པོ་པ་རྡུལ་ཚོན་གྱི་སྒྲུབ་མཆོད། བདུན་པ་ལ་བསྔོ་ཞུ་ཞེས་པ། བརྒྱད་པ་ལ་ཡང་ དུས་འཁོར་སྒྲུབ་མཆོད། དགུ་པ་ལ་དྲཀྴད་གཏོར་བཟློ ག་དང་བཅས་པ། བཅུ་པ་ལ་འཇིགས་ བྱེད་དྲུག་ཅུ་པ་ལྡེ འུ་ཐུང་བཅས་པ། བཅུ་གཅིག་པ་ལ་གུར་མགོན་རྣམ་སྲས་ཞལ་དང་བཅས་ པའི་བསྐང་གསོལ་ཆེན་མོ། བཅུ་གཉིས་པ་ལ་བདེ་མཆོག་ནག་པོ་པའི་སྒྲུབ་མཆོད་དང༌། ཟླ་ བ་བྱུང་ངོ་ཅོག་ཐམས་ཅད་ཀྱི་ཚེས་དྲུག་ལ་དུས་འཁོར། ཚེས་བརྒྱད་ལ་རྣམ་རྒྱལ། ཚེས་དགུ་ ལ་རྣམ་འཇོམས། ཚེས་བཅུ་ལ་རྣམ་འབྱོར་མ། བཅོ་ལྔ་ལ་དུས་འཁོར་བསྡུས་རྒྱུད་དང་ཐེག་ མཆོག་དབུ་མ་ཆེན་མོ། ཉ་སྟོང་རྣམས་སུ་སོ་ཐར་གསོ་སྦྱོང་ཆག་མེད་བཅས་དང༌། གོང་གི་ སྒྲུབ་མཆོད་དེ་རྣམས་ཚེས་གཅིག་ནས་བཅོ་ལྔའི་བར་དུ་འཚོགས་པ་རྣམས་ཀྱིས་ཕྱག་ལེན་ མཐའ་རྒྱས་ཀྱི་སྒོ་ནས་སྒྲུབ་པའོ། །དེ་ལྟར་ཆོས་སྡེ་ཆེན་པོ་དེ་ལ་མཆོད་ཐེབས་རྒྱུན་ཕོགས་ སོགས་ལ་ཆོས་ཀྱི་རྒྱལ་པོ་སྡེ་སྲིད་ཉིད་ནས་ལྷ་འབངས་ཆོས་གཞིས་བསམ་གྱིས་མི་ཁྱབ་པ་ གནང༌། ཕྱི་རྩིག་པ་ནང་ལྷ་རྟེན་ལོ་བཅུ་གསུམ་གྱི་ཁོངས་སུ་ཡོངས་རྫོགས་གྲུབ། སྡེ་སྲི ད་ དགུང་གྲངས་བཅོ་བརྒྱད་ཙམ་ནས་བཞི་བཅུའི་བར་བོད་ཁམས་ཀྱི་རྒྱལ་པོ་གཅིག་པུར་གྱུར་ 2-1-129 ཏེ་བོད་ཁྲི་སྐོར་བཅུ་གསུམ་ལ་རིམ་གྱིས་མངའ་དབང་བསྒྱུར་ཞིང་དེའི་སྲས་ཀུན་དགའ་རབ་ བརྟན་དབང་གི་རྒྱལ་པོས་ཀྱང་ཆོས་སྡེ་འདི་ཉིད་ལ་སྔར་ལས་ལྷག་པས་གུས་ཞབས་ཆེན་པོ་ མཛད་དོ། །དེ་ལྟར་རྗེ་བཙུན་ཀུན་དགའ་སྙིང་པོས་སྐུ་ཚེའི་ཐ་མར་མཁའ་འགྲོ་མ་ཕྲིན་ལས་ དབང་མོ་ལ་ཞལ་ཆེམས་ལུང་བསྟན་གནང་བ། གཙང་སྡེ་སྲི ད་ཡང་འགྱངས་ཙམ་ནས་རྩེ་ལ་ བཞུགས་རྒྱུ་མི་འོང༌། བོད་ཁམས་སོག་པོས་ཁྱབ་འགྲོ། དགོན་གནས་འདི་ལ་དར་རྒུད་ཅུང་ ཟད་འོང་འདུག རང་བཞིན་གྱིས་ངེས་དོན་བསྟན་པ་འདི་ཡང་དར་བར་འགྱུར་རོ། །ཞེས་ གསུངས། དེ་ལྟར་ཨོ་རྒྱན་པདྨས་ལུང་བསྟན་པ་ལྟར་ཡང་གཙང་པ་རྒྱལ་པོ་ཞེས་ཤིང་གླང་ ནས་ལྕགས་སྦྲུལ་གྱི་བར་ལོ་གྲངས་བདུན་ཅུ་དོན་བདུན་ལ་གཙང་དཔོན་རབས་བཞིས་ གཙང་སྟོད་རྒྱལ་པོའི་ལུང་ཞེས་གྲགས་པ་བྱུང་ནས་བོད་ཁམས་ལ་དབང་བསྒྱུར་རོ། །ཕྱིས་ སུ་ཡང་ཡར་འབྲོག་ཁྲི་དཔོན་བསྟན་འཛིན་མི་འགྱུར་དབང་རྒྱལ་ནས་ཏིང་མཁས་བདག་མོ་ སོགས་དང༌། རྩེ་ཤར་ནུབ་རྣམས་ཀྱིས་ཀྱང་དགོན་དེ་ལ་སྲི་ཞུ་ལེགས་པར་མཛད་དོ། ། དེ་ནས་ཁམས་འཛམ་ཐང་འདིར་སྔོན་ཆོས་རྗེ་རྒྱལ་བ་སེང་གེའི་སྐུ་རིང་ལ་འདུས་སྡེ་ཁྲི་ ཕྲག་བརྒལ་བ་འཚོགས་ཤིང༌། གཞན་ཡང་དགོན་ལག་བརྒྱ་དང་བཅུ་གསུམ། མཆོད་རྟེན་ བརྒྱ་དང་བཅུ་གསུམ་སོགས་བསྟན་པའི་ཆོས་གཞི་ཆེ་བར་ཡོད་པ་རྣམས་ལ་བསྟན་པའི་སྦྱིན་ བདག གོང་མ་ཆེན་པོ་དང༌། སོག་ཡོངས་ཤུའི་བུ་དང༌། ཧོར་དང༌། འཇང་དང༌། བཙན་ལྷ་ རབ་བརྟན་གྱི་རྒྱལ་པོ་སོགས་ཆོས་ཀྱི་རྒྱལ་པོ་ཆེས་ཆེ་བ་རྣམས་ཀྱིས་བཀུར་ཞིང་མཆོད་པའི་ གནས་སུ་བྱས་ཏེ་ཞབས་ཏོག་བླ་ན་མེད་པ་མཛད། དེ་རྗེས་སུ་མཁས་གྲུབ་བློ་གྲོས་རྣམ་རྒྱལ་འཛམ་ཐང་དུ་ཕེབས་སྐབས་ཚ་ཁོའི་རྒྱལ་པོ་ སངས་རྒྱས་འབུམ་གྱིས་ཚ་ཡུལ་དུ་གདན་དྲངས་ཆོས་བཀའ་མང་དུ་ཞུས། བུ་སློབ་ཀྱི་གཙོ་བོ་ ནང་སོ་སྙིང་པོ་སྣང་མཛད་ཀྱིས་རྒྱལ་ས་རྣམ་དག་ཏུ་ཇོ་ནང་རང་ལུགས་ཀྱི་ལྷ་རྟེན་དང་གོས་ 2-1-130 སྐུ་མང་དུ་བཞེངས། བཞག་ཤོད་ཀྱི་དགོན་པ་རྣམས་ལ་བསྙེན་བཀུར་དང་བསྟན་བདག་ མཛད་དེ། གྲྭ་པ་ཡང་སུམ་བརྒྱ་ལྷག་ཙམ་འཚོགས། དེ་ནས་གཙང་པ་ངག་དབང་རྣམ་རྒྱལ་ཕེབས་སྐབས་ཨ་སྐྱོང་དཔོན་བསྟན་འཛིན་གྱིས་ ཡར་ཐང་མདོ་སྔགས་བཤད་སྒྲུབ་གླིང་དང་འཛི་ཀའི་ཏ་ཙེ་ཡན་ཆད་གྲྭ་རྒྱུན་ལ་ཕུལ་བས་དེང་ སང་གི་བར་དུ་རིམ་གྱིས་གྲྭ་པ་སྟོང་ཕྲག་ཙམ་བྱུང་ལ་བསྟན་པའི་སྦྱིན་བདག་ཨ་སྐྱོང་གིས་ད་ བར་རྟག་ཏུ་མཛད་དོ། །རྒྱལ་ཁབ་ཕུན་ཚོགས་རྫོང་བདག་རྒྱལ་པོ་བན་དྷེ་རྒྱལ་གྱིས་གཙང་པ་ ངག་དབང་རྣམ་རྒྱལ་གདན་དྲངས་ཆོས་བཀའ་མང་དུ་ཞུས་ཏེ་དབུ་བླར་བསྐོས། དེ་ནས་རྒྱལ་ སྲས་དམ་པ་ང་ཤུ་ཚྭ་ཚེ་དབང་དྲག་རྒྱལ་ནི་རྗེ་བཙུན་རིན་པོ་ཆེས་ཁོང་གི་སྤྲུལ་པའི་སྡེ་དཔོན་ སྟོབས་ལྡན་དུ་ལུང་བསྟན་པའི་ཆོས་རྒྱལ་ཉིད་ཡིན་པས་ངེས་དོན་བསྟན་པ་ཐུགས་ཀྱི་དཔལ་ བེའུར་བཅང་ནས་ཇོ་ནང་རང་ལུགས་འཛིན་པའི་མཁས་གྲུབ་དུ་མ་བླ་མར་བསྟེན་ཅིང་ཁྱད་ པར་གཙང་བ་ངག་དབང་རྣམ་རྒྱལ་ཉིད། རྒྱལ་པོའི་གསུངས་ལས། བདག་གི་བླ་མ་ནི་ཁྱེད་ གཅིག་པུ་ཡིན་ནོ། །ཞེས་པས་དབུ་བླ་གཅིག་ཆོག་ཏུ་མངའ་གསོལ་བཞིན་པར་རྣམ་དཀར་ ཆོས་ཀྱིས་བསྟན་པ་ལ་བྱ་བ་བྱས་རིམ་དུས་འཁོར་དང་བདེ་མཆོག་ནག་པོའི་ཞབས་ལུགས་ ཀྱི་དཀྱིལ་འཁོར་བློས་བསླངས་དང༌། ཀུན་མཁྱེན་དོལ་པོའི་བཀའ་འབུམ་དང་སྐྱེས་རབས་ ཀྱི་སྤར་དང༌། པད་འབྱུང་དང་རྗེ་ཏཱའ་ར་ནཱ་ཐའི་འདྲ་སྐུ་སྟོང་ཕྲག་རེ་རེ་ཙནྡན་དང་སྨན་འདམ་ གྱིས་བཞེངས། ཆུ་ཕོ་ནོར་བུ་གླིང་བཏབ་ནས་གཙུག་ལག་ཁང་དང་དགེ་འདུན་གྱི་སྡེ་བཙུགས། ནང་རྟེན་བྱམས་ཆེན་དང༌། འཇིགས་མཛད། བདེ་མཆོག་རབ་འབྱམས་སོགས་སྨན་སྐུ་མང་ དུ་བཞེངས། བསྐྱེད་རྫོགས་སྒྲུབ་རྒྱུད་དང་སྒྲུབ་མཆོད་མང་པོ་བཙུགས། གར་འཆམ་དང་རོལ་ ཆ་མཆོད་རྫས་བསམ་གྱིས་མི་ཁྱབ་པ་བསྒྲིགས། ཆོས་སྐྱོང་འཁོར་བཅས་ཀྱི་སྐུ་བརྙན་བྲི ས་ འབུར་མང་དུ་བཞེངས། ཕོ་བྲང་དུ་ཡང་ལྕགས་ཀྱི་དྲྭ་མིག་མཆོག་གི་ལྷ་ཁང་ནང་དུ་རྒྱ་དཀར་ 2-1-131 ནག་གི་གསེར་སྐུ་ལི་མ་མཐའ་ཡས་པ་དང༌། དཔལ་མགོན་དྲཀྴད་ཀྱི་མགོན་ཁང་འདོད་རྒྱལ་ ཁང་བཟང་གི་བཀོད་པ་དང་བཅས་པ་བཀའ་ཤིན་ཏུ་གཉན་ཅིང་བལྟ་བར་མི་བཟོད་པའི་རྣམ་ པར་ཡོད་ལ། གཞན་ཡང་ཕུན་ཚོགས་རྫོང་གི་མངའ་ཞབས་ལ་བཀའ་བརྒྱུད་རྣམ་རྒྱལ་སྟེང་ སོགས་དགོན་ཕྲན་མང་པོ་བཏབ་ཅིང་རྒྱལ་ཁ་བཀྲ་ཤིས་གླིང་དུ་རྟག་བརྟན་དགོན་ཞེས་པའི་ ཆོས་སྡེ་ཆེན་པོ་བཏབ་སྟེ་ནང་དུ་རྟེན་བཞེངས་ཡང་རྒྱ་ཆེར་བྱས་སོ། །བར་སྐབས་ཕོ་བྲང་པེ་ ཅིན་དུ་རྒྱ་ནག་གོང་མ་ཆེན་པོའི་གསེར་ཞལ་མཇལ་དུ་ཕེབས་ཚེ་རྒྱ་ནག་མི་དཔྱད་མཁས་པ་ རྣམས་ཀྱིས་ཚེ་དབང་དྲག་རྒྱལ་གྱི་སྤྱན་འབྲས་གཉིས་ལ་གསེར་གྱི་འབྲུག་ཟུང་གསལ་བར་ ཡོད་པ་ཤེས་ནས་རྒྱལ་པོ་གསེར་འབྲུག་ཅན་དང་སྤྱན་འབྲུག་ཅན་ཞེས་མཚན་གསོལ། ལས་ ཞྭ་དང་གོ་ས་གསེར་ཡིག་ཆོ་ལོ་སོགས་ཐོབ་ཀྱི་མངའ་ཐང་ཆེན་པོ་གནང་སྟེ་རྒྱལ་རོང་རྒྱལ་ ཁག་བཅོ་བརྒྱད་ལ་དབང་ཐོབ། རྒྱ་བོད་ཀྱི་ས་ཚུགས་བགོས། རྒྱལ་སྒོ་ཆེན་པོ་ཚུགས་པ་ སོགས་སྟོབས་ཀྱི་དབང་ཤུགས་དར་ཞིང་རྣམ་པར་དཀར་བའི་ཕྲིན་ལས་རྒྱ་ཆེ་བས་ངེས་དོན་ བསྟན་པའི་དབུ་འཕང་འདེགས་པར་བྱེད་པ་ཡིན་ནའང་དུས་རེ་ཞིག་གི་ཚེ་སྡིག་སྤྱོད་མཁན་ ཞིག་གིས་ཁྲིན་ཏུའི་ས་སྒོའི་ཙོང་ཏེའུའི་མདུན་དུ་ཞུ་ལོག་ཕུལ་བས་མ་བརྟག་ཁྲིམས་གཅོད་ བྱས་རྐྱེན་སྐུ་འདའ་ཚུལ་བསྟན་སྐབས་ཁྲག་འོ་མར་འཛག་པ་དང་ནམ་མཁའ་འཇའ་སྤྲིན་ གྱིས་གང་བ་སོགས་ངོ་མཚར་བའི་ལྟས་མང་དུ་བྱུང་ངོ༌། །ཁོང་གི་སྐུ་ཚེའི་སྨད་དང༌། རྒྱལ་ སྲས་ཀྱི་རིང་དུས་ཙམ་ཅི་རིགས་ན་དབུས་གཙང་ནས་ཆ་ལུང་བའི་ཡང་སྤྲུལ་གདན་འདྲེན་ པ་དང་མཉམ་དུ་ཇོ་ནང་རང་ལུགས་འཛིན་པ་གོང་དཀར་བ་ཀུན་དགའ་རྣལ་རྒྱལ་སྐུ་སྐྱེས་ གཞོན་པའི་ཡོངས་འཛིན་གྱི་ཚུལ་དུ་ཕེབས་བྱུང་བ་དེས་ཀྱང་ཟབ་ཆོས་ཀྱི་རྒྱུན་སྤེལ་བ་ལ་ བརྟེན་དེང་དུས་སུ་རང་རེའི་ཆོས་སྡེ་འགས་བརྒྱུད་རིམ་དེ་ཕྱོགས་ནས་འདེད་པའང་ཡོད། རྒྱལ་པོ་དེའི་སྲས་ཚེ་དབང་ལྷུན་གྲུབ་སོགས་རྒྱལ་རབས་རིམ་བྱོན་རྣམས་ཀྱིས་ཀྱང་ངེས་དོན་ 2-1-132 བསྟན་པའི་སྦྱིན་བདག་རིམ་པར་བྱས་ཏེ་ཆོས་བཞིན་སྐྱོང་བའི་རྒྱལ་རབས་བཟུང་ཞིང༌། ཁྱད་ པར་ཚེ་དབང་ལྷུན་འགྲུབ་ཀྱི་སྐུ་རིང་ལ་ཁོང་གིས་སྦྱིན་བདག་བྱས་ཏེ་ཀཿཐོག་དགེ་རྩེ་པཎྜི་ ཏས་ཞུས་ངོར། ཆུ་ཕོ་ཕུག མཆན། ནོར་བུའི་གླིང་དུ་མཁར་བླ་ཀུན་དགའ་བསྟན་པ་ཆོས་འཕེལ་ གདན་དྲངས་ནས་དུས་འཁོར་དབང་མོ་ཆེ་ཞུས་ཤིང༌། ཀོས་ལྷ་ཀུན་དགའ་ཆོས་དབྱིངས་ཀྱིས་ སྐྱེ་རབས་བརྒྱ་པ་བྲི ས་པ་སོགས་ཕྱག་རྗེས་ཆེ་བར་མངོན་ལ། ཡང་སྒོ ས་སུ་སྔར་ཆོས་རྒྱལ་ ཚེ་དབང་དྲག་རྒྱལ་གྱི་སྐུ་རིང་ལ་ཉིད་ཀྱིས་དཔལ་འཛམ་ཐང་རྨུགས་འཛིན་ཆོས་འཁོར་གླིང་ གི་གཙོས་རྒྱལ་ཁ་རྟག་བརྟན་བཀྲ་ཤིས་གླིང་ཡན་ཆད་དང་མགོ་ལོག་རྔ་ཡུལ་སོགས་རྒྱལ་བ་ ཇོ་ནང་པའི་རང་ལུགས་འཛིན་པའི་དགོན་སྡེ་ཆེ་ཆུང་གང་ཡོད་རྣམས་ལ་ཆོས་ཀྱི་མཐུན་རྐྱེན་ ཞབས་འདེགས་ཀྱི་ཚུལ་ལེགས་པ་བགྱིས་ཏེ་དངོས་རྫས་འཚོགས་ཟངས་རྣ་བཞི་མ། མཆོད་ སྣོ ད་བཤོས་དཀར། ཟ་འོག་གི་ཀ་འཕན་ཆ་སོགས་འབུལ་བཞག་གཟབ་ལྡན་དང་ངེས་དོན་ བསྟན་པ་ཡོངས་སྤེལ་གྱི་སྒོ་ཐབས་སྣ་ཚོགས་ཀྱི་བཀའ་ཤོག་གནང་བ་སོགས་ཀྱིས་མཚོན་ བསྟན་འགྲོའི་བདེ་སྐྱིད་མ་ལུས་པའི་དཔལ་གྱུར་ཀུན་མཁྱེན་བུ་རམ་ཤིང་པའི་ལུང་རྟོགས་ཀྱི་ བསྟན་པ་སྤྱི་དང་ཁྱད་པར་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་རྗེ་རྒྱལ་བ་གཉིས་པ་ཇོ་ནང་པ་ཆེན་ པོའི་ངེས་དོན་སྒྲུབ་བརྒྱུད་ཀྱི་བསྟན་པའི་བ་དན་ནམ་ཡང་ནུབ་མེད་དུ་ལེགས་པར་ཕྱར་ཞིང༌། ངེས་དོན་ཟབ་མོའི་ཆོས་དུང་གི་སྒྲ་སྙན་ས་ཆེན་མ་ལུས་པའི་ཁོངས་སུ་ཆེས་ཆེར་སྒྲོགས་པའི་ དགེ་མཚན་སྒོ་མཐའ་དག་ནས་ཞབས་འདེགས་རྒྱ་ཆེ་བས་སྤེལ་བར་མཛད། དེ་ལྟར་དཔལ་ ལྡན་ཇོ་ནང་པའི་ཆོས་ཚུལ་འཕགས་བོད་དུ་ཐོག་མ་མདོ་སྔགས་ཀྱི་བརྒྱུད་རིམ་སོ་སོའི་སྒོ་ ནས་ཀུན་མཁྱེན་ཆེན་པོའི་བར་དུ་བྱུང་ཞིང་དེ་ནས་རང་ལུགས་གསང་སྔགས་ཀྱི་སྒྲུབ་བརྒྱུད་ གཙོ་བོར་བྱས་ཏེ་མདོ་སྔགས་ཟུང་འབྲེལ་གྱི་བརྒྱུད་པ་ཡོངས་གྲགས་གཅིག་གི་ཚུལ་གྱིས་ རྒྱུན་མ་ཆད་པར་ད་ལྟའི་བར་དུ་གནས་བཞིན་པ་འདི་ག་ལྟར་ལགས་སོ། ། 2-1-133 འདིར་སྨྲས་པ། བདེ་གཤེགས་མཁྱེན་བཟང་དགོངས་མཚོར་སྤངས་རྟོགས་ནོར་བུས་རབ་གཏམས་པ། ། བརྩེ་ཆེན་རླབས་ཕྲེང་རི་མོ་ཕྱོགས་མཐའ་ཀུན་ནས་མངོན་པར་གཡོ། ། མཛད་ཕྲིན་ཆུ་འཛིན་འཕྱུར་ལས་ཟབ་རྒྱས་གྲུ་ཆར་ལེགས་འཇོ་བས། ། སྐལ་བཟང་གཞི་རྒྱུད་འཛིན་མར་རྣམ་བྱང་རྐང་འཐུང་བསྐྲུན་འདི་མཚར། ། མ་ལུ༵ས་ལུ༵ས་པ་མེད་པའི་ཞིང་ཀུན་ན། ། ཕུལ་བྱུ༵ང་བྱུ༵ང་བའི་ངོ་མཚར་མཛད་བཟང་གིས། ། དགེ་ལེ༵གས་ལེ༵གས་པས་གདུལ་བྱའི་རེ་སྐོང་བ། ། མ་རྨ༵ད་རྨ༵ད་བྱུང་སྦྱིན་མཛད་སྒྱུ་འཕྲུལ་སྲས། ། གསང་གསུམ་ཆེ་བ་ཕྱོགས་ཀྱི་འཁོར་ལོར་བརྒལ། ། རྣམ་མང་འགྲོ་འདིའི་ཡིད་འདོད་བཞིན་སྤྲུལ་པ། ། འབད་རྩོལ་ཀུན་བྲལ་ངོ་མཚར་བྱེད་པོའི་བདག ། ཀུན་བཟང་ཆོ་འཕྲུལ་ཕ་མཐའ་སུ་ཡིས་དཔོག ། ཨེ་མ་གདུལ་བྱའི་ཡིད་ཀྱིས་གང་ཆུབ་པ། ། དེ་དེ་བཞིན་དུ་མཛད་པ་ཉེ་བར་སྣང༌། ། ཁམས་དབང་དང་འཚམ་ཆོས་མཛོད་ལེགས་ཕྱེ་བ། ། གང་འདི་རྒྱལ་བའི་ཐབས་མཁས་མཛད་ཕྲིན་ལགས། ། དེ་སླད་རྒྱལ་བས་ཆོས་ཚུལ་གང་བསྟན་པ། ། ཐུན་མོང་སྤྱི་ཡི་མཛད་པའི་ལེགས་བཀོད་དང༌། ། དེ་མཐུན་འཛིན་སྐྱོང་སྤེལ་བ་བསྟན་རྩ་དག ། 2-1-134 འཕགས་བོད་ལྗོངས་སུ་ཆོས་ཀྱི་སྣང་བ་འགྱེད། ། གང་ལས་རྒྱལ་བའི་དགོངས་ཟབ་མཐར་ཐུག་པ། ། ཕྱིར་མི་ལྡོ ག་པ་ངེས་དོན་དབུ་མའི་གཏམ། ། ཐུབ་པ་མཆོག་གི་ཐུགས་ཀྱི་བུམ་པར་གསང༌། ། དེ་ཕྱིར་འཕགས་མཆོག་མིན་པས་རྟོགས་དཀའི་གནས། ། གསང་དོན་རང་དབང་འབྱེད་པ་མི་ཕམ་མགོན། ། དེ་ལས་གདམས་པ་ལེགས་མནོས་ཐོགས་མེད་མཆེད། ། ཁྱད་པར་གངས་ལྗོངས་ངེས་དོན་སྲོ ལ་ཕྱེ་བ། ། རྟོན་བཞི་ལྡན་པ་རིགས་ལྡན་སྤྲུལ་པའི་སྐུ། ། ཀུན་གྱི་དགོངས་བཅུད་སྙིང་པོའི་རང་ལུགས་མཆོག ། རྒྱལ་བ་གཉིས་པས་ནགས་རྒྱལ་དཔལ་དུ་འཆད། ། དེ་ཡི་ཕྱིར་ན་ཇོ་ནང་ཆེན་པོའི་མཚན། ། བསིལ་ལྡན་ཁྲོད་དུ་སྙན་པའི་གྲགས་པ་རྒྱས། ། ཆོས་མཆོག་གང་དེའི་འབྱུང་ཁུངས་ལས་བརྩམས་ཏེ། ། རྒྱལ་བའི་ཆོས་ཚུལ་སྤྱི་ཙམ་གསལ་བྱེད་དུ། ། གོང་མའི་གསུང་ལས་འདི་ན་ཆ་ཙམ་བསྡུས། ། རང་དང་སྐལ་མཉམ་འགའ་ཡི་སླད་དུ་འོ། ། ལེགས་ཆ་སྲི ད་ན་ཆོས་རྗེ་ཡབ་སྲས་ལ། ། སྐྱེ་ཀུན་རྗེས་བཟུང་ཆེད་དུ་མཆོད་པར་བསྟར། ། ཉེས་བཤད་གང་མཆིས་མཁས་པའི་སྤྱན་ལྡན་གྱིས། ། 2-1-135 དྲི་མེད་ཇི་བཞིན་ཚངས་པར་མཛོད་ཅིག་ཀྱེ། ། སྐྱེ་བ་འདི་ནས་ཚེ་རབས་ཕྲེང་བ་རུ། ། རྒྱལ་བསྟན་མཆོག་ལ་རྟག་པར་མཇལ་བ་དང༌། ། ངེས་དོན་ཆོས་ལུགས་འཛིན་པའི་སྐལ་བཟང་ལྡན། ། ཡང་དག་ཆོས་དང་ནམ་ཡང་འབྲལ་མེད་ཤོག ། འདི་བྱས་ལས་བྱུང་རབ་དཀར་གང་མཆིས་དེས། ། འགྲོ་ཀུན་རྒྱལ་བའི་བསྟན་པ་ལ་བརྟེན་ནས། ། ཟག་མེད་ཆོས་ལ་སྤྱོད་པའི་བགོ་སྐལ་ཐོབ། ། རིང་མིན་སྐུ་བཞིའི་རང་མདངས་མངོན་གྱུར་ཅིག ། ཅེས་དཔལ་ལྡན་ཇོ་ནང་པའི་ཆོས་འབྱུང་རྒྱལ་བའི་ཆོས་ཚུལ་གསལ་བྱེད་ཟླ་བའི་སྒྲོན་མེ་ ཞེས་བྱ་བ་འདི་ཡང་ཆོས་ཚུལ་འདི་ལ་ཐུགས་མོས་རྒྱས་པ་འཛམ་ཐང་གཙང་བའི་སྐུ་སྐྱེས་ངག་ དབང་བསོད་ནམས་དཔལ་ལྡན་ཕྱོགས་ལས་རྣམ་རྒྱལ་གྱིས་བཀྲ་ཤིས་པའི་དངོས་རྫས་ཀྱི་ རྟེན་འབྲེ ལ་བཟང་པོ་དང་བཅས་ལེགས་པར་བསྐུལ་ངོར། ཇོ་ནང་པའི་ཆོས་བརྒྱུད་དུ་སྐྱེས་པ་ ངག་དབང་བློ་གྲོགས་གྲགས་པས་དམ་པ་གོང་མའི་གསུང་རབ་ཀྱིས་གཞི་བྱས་ཏེ། རྒྱལ་བ་ཇོ་ ནང་པའི་སྒྲུབ་བརྒྱུད་བསྟན་པའི་ཆོས་གཞི་ཆེ་བ་དཔལ་འཛམ་ཐང་དུ་ཡར་ངོས་ཀྱི་ཚེས་བཅུ་ གསུམ་དངོས་གྲུབ་སྦྱོར་བའི་ཉིན་རྫོགས་པར་བྱས་ཏེ་སྦྱར་བའོ། །འདིས་ཀྱང་ཀུན་མཁྱེན་ རྟོན་པ་བཞི་ལྡན་གྱི་བསྟན་པ་ཕྱོགས་མཐར་ཡུན་རིང་དུ་གནས་པར་གྱུར་ཅིག། །། སརྦ་མངྒལཾ། ༄༅། །དཔལ་ལྡན་ཇོ་ནང་པའི་ཆོས་འབྱུང་རྒྱལ་བའི་ཆོས་ཚུལ་གསལ་བྱེད་ཟླ་བའི་སྒྲོན་མེ་ཞེས་བྱ་བའི་གཞུང་གི་ཁ་སྐོང་ལྷན་ཐབས་ བརྒྱུད་རིམ་དཔལ་ལྡན་བླ་མ་གང་དག་གི་ མཚན་ཉིད་རབ་ཏུ་གསལ་བ་ཉི་གཞོན་ འོད་སྣང་དད་པའི་པདྨོ་རྣམ་པར་ བཞད་བྱེད་ཅེས་བྱ་བ་ བཞུགས་སོ། ། 2-1-136 ༄༅༅། །ཕུལ་བྱུང་ཀུན་གཟིགས་རྣམ་འདྲེན་བཞི་པའི་གཙོ། ། བསྐལ་བཟང་སྒྲོན་མེ་སྟོང་ལས་ཆེས་འཕགས་པའི། ། རླབས་ཆེན་ཐུགས་བསྐྱེད་པད་དཀར་འཛུམ་པའི་གཉེན། ། ཟླ་མེད་བསྟན་པའི་བདག་པོས་དགེ་ལེགས་སྩོལ། ། གང་གི་དགོངས་ཟབ་ངེས་དོན་དབུ་མ་ཆེ། ། ཇི་བཞིན་གསལ་མཛད་རྒྱལ་ཚབ་མི་ཕམ་མགོན། ། དེ་ཡི་དགོངས་བཞེད་མཐར་ཐུག་ལེགས་འབྱེད་པའི། ། གངས་ལྗོངས་ངེས་དོན་བསྟན་པའི་མངའ་བདག་རྗེ། ། རྟོན་པ་བཞི་ལྡན་ཆོས་རྗེ་ཡབ་སྲས་དང༌། ། ཟབ་གསང་བསྟན་པའི་རྒྱན་གཅིག་སྒྲོལ་བའི་མགོན། ། ངེས་དོན་སྒྲུབ་པའི་བརྒྱུད་འཛིན་གསེར་རིའི་ཕྲེང༌། ། རིམ་བྱོན་བྱིན་རླབས་མན་ངག་གསང་བའི་མཛོད། ། བུམ་པར་གང་བྱོས་ཚུལ་དུ་འཕོས་པ་ཡི། ། གདམས་ཟབ་ཐུགས་ཀྱི་བཅུད་དུ་ལེགས་བསྐྱིལ་བ། ། བརྒྱུད་ལྡན་བཀའ་དྲིན་གསུམ་ལྡན་རྡོ་རྗེ་འཛིན། ། དེ་དག་ཀུན་ཀྱི་ཞབས་པད་གཙུག་གིས་བསྟེན། ། དཔལ་ལྡན་ནགས་རྒྱལ་ཇོ་ནང་ཆེན་པོའི་ལུགས། ། ཆོས་འབྱུང་གཞུང་གི་ཁ་སྐོང་ལྷན་ཐབས་སུ། ། དཀྱུས་སུ་མ་འདུས་པ་དག་སླར་བསྡུས་ཚུལ། ། 2-1-137 རབ་གསལ་ངག་གིས་འདི་ན་དབྱེ་བར་བྱ། ། དེ་ལ་འདིར་དཔལ་ལྡན་ཇོ་ནང་པའི་རིང་ལུགས་ཀྱི་ཆོས་འབྱུང་རྒྱལ་བའི་ཆོས་ཚུལ་ གསལ་བྱེད་ཟླ་བའི་སྒྲོན་མེ་ཞེས་བྱ་བའི་གཞུང་གི་ཁ་སྐོང་ལྷན་ཐབས་ཀྱི་ཚུལ་དཀྱུས་སུ་མ་ འདུས་པའི་གལ་ཆེ་བའི་ཆ་གང་དག་སླར་ཡང་ལེགས་བསྡུའི་སྒོ་ནས་བརྗོད་པར་བྱ་བ་སྟེ། གང་ཇི་ལྟར་ན་ཐོག་མར་འཕགས་ཡུལ་དུ་རང་ལུགས་ངེས་དོན་འཁོར་ལོ་ཐ་མ་རྫོགས་ ལྡན་ཆོས་ཀྱི་ཚུལ་བྱུང་བ་ལ་མདོ་ཕྱོགས་ནས་རིམ་བརྒྱུད་སྐབས། དང་པོ་སྟོན་པ་ཀུན་ གཟིགས་བུ་རམ་ཤིང་པ་ལྷ་དང་བཅས་པའི་འགྲོ་བ་ཡོངས་ཀྱི་བླ་མ་རྣམ་འདྲེན་བཞི་པ་ གང་ཉིད་ཀྱིས་བཀའ་དང་པོ་བདེན་བཞིའི་ཆོས་འཁོར་དུ་ཐེག་པ་ཐུན་མོང་གི་བདེན་པའི་ གནས་ལུགས་དང་བར་བ་མཚན་ཉིད་མེད་པར་ཐེག་ཆེན་དབུ་མ་རང་སྟོང་གི་ལྟ་བ་སྣང་མེད་ སྤྲོས་བྲལ་སྟོང་པ་ཉིད་ཀྱི་ཕྱོགས་གཙོ་བོར་བསྟན་པ་དང་ཐ་མ་དོན་དམ་རྣམ་པར་ཕྱེ་བའི་ སྐབས་རང་ལུགས་དབུ་མ་ཆེན་པོ་གཞན་སྟོང་གི་ལྟ་བ་སྤྲོས་བྲལ་སྟོང་ཕྱོགས་གཞིར་བཞག་ གི་གནས་ལུགས་མཐར་ཐུག་དོན་དམ་རྣམ་པ་ཀུན་ལྡན་གྱི་ཡེ་གཞི་ཆོས་དབྱིངས་ཆེས་ཕྲ་ ཟབ་གསང་གི་གནད་ལེགས་པར་ཕྱེས་ཏེ་ཇི་བཞིན་གཏན་འབེབས་ཀྱི་ཚུལ་དུ་ལེགས་པར་ གསུངས་ཤིང༌། དེ་མ་ཟད་གསང་ཆེན་སྔགས་ཀྱི་ཐེག་པ་རྣམས་ཀྱང་དེ་དག་དང་དུས་སྔ་ཕྱི་ བར་གསུམ་ཅི་རིགས་སུ་གསུངས་པ་ཡིན་ལ། དེ་ནས་སྟོན་པའི་སྐུ་དངོས་ཀྱིས་ཐུན་མོང་གི་ སྣང་ངོར་མི་མཇེད་འཇིག་རྟེན་གྱི་ཁམས་འདིའི་གདུལ་ཞིང་རེ་ཞིག་རྫོགས་པའི་ཚུལ་མཛད་ ནས་གང་གི་གཟུགས་སྐུ་མྱ་ངན་ལས་འདས་རྗེས་སུ་རེ་ཞིག་གི་བར་དུ་འཕགས་ཡུལ་ཐུན་ མོང་ངོར་ཐེག་ཆེན་གྱི་སྡེ་སྣོད་མི་བཞུགས་པར་གནས་གཞན་སོ་སོར་ལྷ་ཀླུ་སོགས་ཀྱིས་སྤྱན་ དྲངས་ཏེ། འདིར་ཐེག་དམན་གྱི་སྡེ་སྣོ ད་ལ་བརྟེན་ནས་བཀའ་བསྡུ་དང་པོ་མཛད་པ་ནས་ བཟུང་གཏད་རབས་བདུན་དང་ཐེག་དམན་གྱི་བཀའ་བསྡུ་གསུམ་པའི་བར་རིམ་གྱིས་བྱུང་ 2-1-138 བ་ན་དེ་དག་གི་སྐབས་སུ་སྔོན་སྟོན་པ་མྱ་ངན་ལས་འདས་པ་ནས་བཟུང་ཐུན་མོང་གི་སྣང་ ངོར་ཐེག་དམན་རྩ་བའི་སྡེ་རིམ་པས་བྱུང་ཞིང༌། དེའི་སྒོ་ནས་འབྲས་བུ་བཞི་མངོན་དུ་བྱས་ ཏེ་དགྲ་བཅོམ་པའི་གོ་འཕང་ཐོབ་པའི་འདུས་སྡེ་རྒྱ་ཆེན་པོ་ཆེས་ཀུན་ནས་དར་བར་གྱུར་ལ། དེ་མཚམས་སྐོར་ཞིག་ནས་སྟོན་པའི་བསྟན་པ་ལ་དུས་ཀྱི་དབང་གིས་དཀྲུགས་མ་བྱུང་བའི་ རྐྱེན་གྱིས་ཐེག་དམན་ཉན་ཐོས་ཀྱི་སྡེ་བ་བཅོ་བརྒྱད་པོ་རིམ་པས་སོ་སོར་གྱེས་ཤིང༌། དེ་ནས་ རེ་ཞིག་ཏུ་ཁ་ཆེའི་བཙུན་པ་གནས་བརྟན་འཁོར་བཅས་བྱོན་ཏེ་ཐེག་དམན་མདོ་སྡེ་པ་གྱེས་ སྐོར་ཙམ་གྱི་སྔ་ཕྱི་ཅི་རིགས་ན་ཁ་ཅིག་ལྟར་ལ་དགྲ་བཅོམ་པ་མང་པོ་དང༌། མཆོག་གཞན་གྱི་ བཞེད་དགོངས་ལྟར་ན་འཕགས་ཡུལ་དུ་མཆོག་སྲིད་སྔ་ཕྱི་དུ་མ་བྱུང་བ་ལས་དང་པོ་ཞིག་སྟེ་ སྒྲིག་པོ་བདག་ཉིད་ཆེན་པོ་གང་ཡང་རུང་བ་ལྟར་གྱིས་བྱེ་བྲག་བཤད་མཛོད་ཆེན་མོ་བསྒྲིགས་ ཕན་ཆད་དུ་ཉན་ཐོས་རྩ་བའི་སྡེ་པ་ལ་བྱེ་བྲག་སྨྲ་བའི་མཚན་ཆགས་ཤིང༌། དེ་ནས་བཟུང་ ཐེག་དམན་སྡེ་པ་ལ་བྱེ་མདོ་གཉིས་སུའང་དེ་ལུགས་ལྟར་རིམ་པས་བྱུང་བ་ཡིན། ཐེག་ཆེན་ ཡང་འདིའི་ཅུང་སྔ་རྒྱལ་པོ་ཟླ་བ་བསྲུང་གི་ཁྱིམ་དུ་འཕགས་པ་འཇམ་དཔལ་གྱི་ཐུགས་རྗེའི་ རྣམ་པར་རོལ་པ་ལས་ཐེག་པ་ཆེན་པོའི་སྡེ་སྣོད་ཀྱི་གླེགས་བམ་སླད་མར་ཡང་འཕགས་པའི་ ཡུལ་དུ་བསོད་ནམས་ཆོས་ཀྱི་སྐལ་བར་ལེགས་བྱུང་མཛད་པ་ནས་བཟུང་སྟེ་མི་ཡུལ་དུ་སླར་ དར་བའི་འགོ་ཚུགས་ནའང་འདི་སྐབས་མི་རིང་བ་ནས་ཐེག་ཆེན་ཆོས་སྨྲ་བའི་བཙུན་པ་ལྔ་ བརྒྱ་ཙམ་བྱོན་ནས་ཐེག་ཆེན་སྡེ་པ་དངོས་སྨྲ་བའི་སེམས་ཙམ་གྲུབ་མཐའ་བྱུང་བ་ཡིན་ལ། དེ་ ལྟར་དངོས་སྨྲའི་སེམས་ཙམ་གྱི་ཐེག་ཆེན་སྡེ་པ་དར་ནས་རིང་པོར་མ་ལོན་པ་ན་གྲུབ་མཐའ་ དེ་ཡང་སྤྱོད་ཕྱོགས་ནས་ཐེག་དམན་ལས་ཁྱད་ཆེ་ཡང་ལྟ་ཕྱོགས་ནས་ཐེག་ཆེན་གྱི་གནས་ ལུགས་མཐར་ཐུག་མཐའ་གཉིས་སྤངས་པའི་སྒོ་ནས་ཇི་བཞིན་མ་རྟོགས་པ་ཡིན་པས་སྤྱིར་ ཐེག་དམན་སྡེ་གཉིས་དང་ཐེག་ཆེན་དངོས་སྨྲའི་ལུགས་གང་དག་ལས་སྔ་མ་ཐེག་དམན་སྡེ་ 2-1-139 པའི་ཕྱི་དོན་བདེན་གྲུབ་ཀྱི་གྲུབ་མཐའ་དང༌། ཐེག་ཆེན་དངོས་སྨྲའི་རྣམ་ཤེས་བདེན་གྲུབ་ཀྱི་ གྲུབ་མཐའ་སོགས་ནི་མཐའ་གཉིས་གང་རུང་ལས་མ་འདས་པའི་ཆ་ནས་ཀུན་རྫོབ་སྤྲོས་པ་ ཀུན་བྲལ་གྱི་མཐའ་གཉིས་སྤངས་པའི་དབུ་མའི་གནས་ལུགས་ཡང་དག་ཇི་བཞིན་ལ་ལྟོས་ ན་གནས་སྐབས་ཙམ་ལས་མཐར་ཐུག་མ་ཡིན་པའི་ཚུལ་ལུང་རིགས་ཀྱི་ལམ་ནས་ལེགས་ ཕྱེ་མཛད་ནས་འཁོར་ལོ་བར་ཐའི་བསྟན་དོན་ཐེག་ཆེན་གྱི་གནས་ལུགས་ཟབ་མོ་ཡོད་མེད་ ཀྱི་མཐའ་དང་བྲལ་བར་རྒྱལ་བའི་དགོངས་པ་ཇི་བཞིན་འཆད་པ་ནི་གྲུབ་ཆེན་ས་ར་ཧའི་ དངོས་སློབ་སློབ་དཔོན་ཀླུ་སྒྲུབ་སྟེ། དེ་ཡང་འཇམ་དཔལ་རྩ་རྒྱུད་ལས། སྟོན་པ་མྱ་ངན་ལས་ འདས་ནས་ལོ་བཞི་བརྒྱ་ལོན་པ་ན་སློབ་དཔོན་ཀླུ་སྒྲུབ་བྱོན་ནས་ལོ་དྲུག་བརྒྱ་བཞུགས་པར་ གསུངས་ཤིང༌། དེའི་ཚུལ་ཡང་རྒྱལ་པོ་བདེ་སྤྱོད་ཀྱི་བུས་སློབ་དཔོན་གྱི་དབུ་བསླང་རྐྱེན་ ཡོངས་གྲགས་ལྟར་ན་ལོ་དྲུག་བརྒྱར་དོན་གཅིག་གིས་མ་ཚང་བ་དང་འགའ་ཞིག་ལྟར་ན་ ཉེར་དགུས་མ་ཚང་བར་འདོད་ལ། ལུགས་སྔ་མའི་དབང་དུ་བྱས་ན་སློབ་དཔོན་ཡུལ་དབུས་ སུ་ལོ་ཉིས་བརྒྱ་དང་ལྷོ་ཕྱོགས་སུ་ལོ་ཉིས་བརྒྱ། དཔལ་གྱི་རིར་ལོ་བརྒྱ་དང་ཉེར་དགུའི་རིང་ བཞུགས་པས་ཁྱོན་སྡོམ་ལོ་ལྔ་བརྒྱ་ཉེར་དགུའོ། ། ཕྱི་མའི་དབང་དུ་བྱས་ན་ཡུལ་དབུས་དང་ལྷོ་ཕྱོགས་ཀྱི་ལོ་གྲངས་སྔ་མ་ལྟར་ལ་དཔལ་ རིར་ལོ་བརྒྱ་དང་དོན་གཅིག་ཏུ་བཞུགས་པས་ཁྱོན་ལོ་ལྔ་བརྒྱ་དོན་གཅིག་གོ །ལོ་དེ་དག་ ཀྱང་ཕྱེད་ལོ་དང་ཁ་ཚང་གི་འདོད་ཚུལ་འདྲ་མིན་ཡོད། དེ་ལྟ་བུའི་སློབ་དཔོན་ཀླུ་སྒྲུབ་ཀྱིས་ བཀའ་དང་པོའི་གཙོར་བསྟན་ཐུན་མོང་བདེན་བཞིའི་དགོངས་པ་འཆད་བྱེད་གཏམ་ཚོགས་ དང༌། བཀའ་བར་བའི་གཙོར་བསྟན་དབུ་མ་རང་སྟོང་གི་དགོངས་པ་འཆད་བྱེད་རིགས་ ཚོགས་དང༌། བཀའ་ཐ་མའི་གཙོར་བསྟན་དབུ་མ་གཞན་སྟོང་གི་དགོངས་པ་འཆད་བྱེད་ བསྟོད་ཚོགས་རྣམས་བརྩམས་པའི་སྒོ་ནས་རྒྱལ་བའི་དགོངས་པ་ཐེག་དམན་དང་ཐུན་མོང་ 2-1-140 གི་བདེན་བཞི་དང་ཐེག་ཆེན་རྣམ་གྲངས་དབུ་མ་རང་སྟོང་དང་ངེས་དོན་དབུ་མ་གཞན་སྟོང་ གི་ཚུལ་སོ་སོར་གསལ་བར་མཛད་ཅིང༌། དེ་ནས་ཀླུ་སྒྲུབ་འཁྲུངས་ནས་ལོ་ལྔ་བརྒྱ་ཙམ་ན་ རྒྱལ་བའི་དགོངས་པ་མཐར་ཐུག་ངེས་དོན་དབུ་མ་ཆེན་པོའི་སྲོལ་ལེགས་པར་ཕྱེ་བའི་སྒོ་ནས་ ཐེག་པ་ཆེན་པོའི་མདོ་སྡེའི་དྲང་བ་དང་ངེས་པའི་དོན་ཇི་བཞིན་ལེགས་འབྱེད་མཛད་པ་པོ་ནི་ འཕགས་པ་ཐོགས་མེད་དེ། དེ་ཡང་འཇམ་དཔལ་རྩ་རྒྱུད་ལས། སྟོན་པ་མྱ་ངན་ལས་འདས་ ནས་ལོ་དགུ་བརྒྱ་ན་འཕགས་པ་ཐོགས་མེད་བྱོན་ནས་ལོ་བརྒྱ་དང་ལྔ་བཅུར་བཞུགས་པར་ གསུངས་ཤིང༌། འདིའི་དགུང་གྲངས་ཡང་ཕྱེད་ལོ་དང་ཁ་ཚང་གི་འདོད་ལུགས་མི་འདྲ་བ་ཡོད་ ཅིང༌། འཕགས་པས་ལོ་བཅུ་གཉིས་སུ་བྱམས་པ་བསྒྲུབས་ནས་དགའ་ལྡན་དུ་བྱོན་ཏེ་མི་ལོ་ལྔ་ བཅུར་བཞུགས་ནས་ཐེག་ཆེན་གྱི་ཟབ་དོན་མཐའ་དག་གསན་རྗེས་སླར་མི་ཡུལ་དུ་བྱོན་ནས་ བྱམས་པའི་ཆོས་ལྔ། རྒྱན་རྣམ་གཉིས། འབྱེད་རྣམ་གཉིས། རྒྱུད་བླ་རྣམས་ལེགས་པར་ཡི་ གེར་བཀོད་ཅིང་ལོ་བརྒྱ་དང་ལྔ་བཅུའི་བར་བཞུགས་ནས་བྱམས་ཆོས་དེ་དག་གི་དགོངས་པ་ འགྲེལ་བྱེད་ས་སྡེ་ལྔ་སོགས་བསྟན་བཅོས་དུ་མ་བརྩམས་ཏེ། རྒྱལ་བའི་བཀའ་དང་པོས་གང་ ཟག་གི་བདག་མེད། བར་བས་ཆོས་ཀྱི་བདག་མེད། ཐ་མས་དོན་དམ་གནས་ལུགས་ཇི་བཞིན་ ཡོངས་རྫོགས་སུ་གཙོ་བོར་ལེགས་པར་བསྟན་པའི་སྒོ་ནས་ངེས་དོན་གཞན་སྟོང་དབུ་མ་ཆེན་ པོའི་གནས་ལུགས་ལས་བརྩམས་ཏེ་ཐེག་པ་ཆེན་པོའི་སྤྱོད་ཕྱོགས་རྒྱ་ཆེ་བའི་ཟབ་གསང་གི་ ཚུལ་རྒྱལ་བའི་དགོངས་པ་ཇི་བཞིན་རྒྱལ་ཚབ་ཉིད་ཀྱིས་དེ་ལུགས་ལྟར་བཀྲལ་བའི་བཞེད་ དགོངས་ལེགས་ཕྱེ་མཛད་པའི་ངེས་པ་དོན་གྱི་དབུ་མ་གཞན་སྟོང་གི་ཤིང་རྟའི་སྲོལ་རྣམ་པར་ འབྱེད་པའི་མཛད་བཟང་རླབས་ཆེ་བས་ཐེག་ཆེན་ངེས་དོན་གྱི་དབུ་མ་ཆེས་དར་བར་མཛད། འདི་སྐབས་ན་འཕགས་ཡུལ་དུ་སློབ་དཔོན་ཀླུ་སྒྲུབ་ཡབ་སྲས་མ་ཟད་འཕགས་པ་ཐོགས་མེད་ སྐུ་མཆེད་རྗེས་འབྲང་བཅས་ཐེག་ཆེན་དབུ་མ་སྟོང་ཕྱོགས་སྤྲོས་བྲལ་གྱིས་རྟག་པ་ཡོད་པའི་ 2-1-141 མཐའ་དང་སྣང་ཕྱོགས་དོན་དམ་གྱིས་ཆད་པ་མེད་པའི་མཐའ་གཉིས་ལེགས་བསལ་བྱས་ཏེ་ མཐའ་བྲལ་དབུ་མ་ཆེན་པོའི་དགོངས་དོན་ཀུན་ནས་མཚུངས་པར་འཆད་པ་ལ་འགྲན་ཟླ་དང་ བྲལ་བའི་ཐེག་ཆེན་དབུ་མའི་སློབ་དཔོན་སྔ་ཕྱི་ཁྱད་མེད་རྩོད་བྲལ་ཡོངས་གྲགས་ཡིན་པས་ ཀླུ་ཐོགས་གཉིས་ཀ་དབུ་མའི་སློབ་དཔོན་ཆེན་པོ་ཐུགས་དགོངས་གནས་ལུགས་གཅིག་ཏུ་ གཞོལ་བ་འབའ་ཞིག་པར་གོར་མ་ཆག་གོ །འཕགས་པ་ཐོགས་མེད་རབ་ཏུ་བྱུང་བའི་ཕྱི་ལོ་ ཙམ་ནས་སློབ་དཔོན་དབྱིག་གཉེན་འཁྲུངས་ཏེ་དགུང་ལོ་བརྒྱར་ཉེ་བ་ཙམ་བཞུགས་ནས་ངེས་ དོན་དབུ་མའི་ཚུལ་མཆོག་ཡུམ་གསུམ་གནོད་འཇོམས་སོགས་བསྟན་བཅོས་དུ་མ་བརྩམས་ པའི་སྒོ་ནས་ཟབ་དོན་སྙིང་པོ་གཙོར་གྱུར་ཐེག་ཆེན་རྒྱ་ཆེར་འཛིན་སྐྱོང་སྤེལ་བར་བྱས། འདིའི་ སྐུ་ཚེའི་སྨད་ཙམ་ན་སློབ་དཔོན་ཕྱོགས་གླང་བྱོན་ཞིང༌། སྐུ་མཆེད་དངོས་སློབ་སངས་རྒྱས་ འབངས་ཀྱི་སྐུ་ཚེའི་སྨད་དང༌། ལེགས་ལྡན་རྣམ་གྲོལ་སྡེ་གཉིས་ཀྱི་སྐུ་ཚེའི་སྟོད་དུས་མཉམ་ ཙམ་དུ་མངོན། ལེགས་ལྡན་སོགས་ཀྱིས་ཐོགས་མེད་ལུགས་སེམས་ཙམ་མོ་ཞེས་འགོག་པར་ མཛད་པས་ཕྱིས་སུ་ལེགས་ལྡན་སྐུ་གཤེགས་པའི་འོག་ཏུ་ཐེག་ཆེན་རྣམ་པ་གཉིས་སུ་གྱེས་ཏེ་ ཚུལ་དེ་ལུགས་ཀྱི་རྩོད་པའང་བྱུང༌། ལེགས་ལྡན་དང་སྔ་ཕྱི་ཆེར་མེད་པར་ཅུང་སྔ་ཙམ་ན་སློབ་ དཔོན་ཀླུའི་རྗེས་འབྲང་སངས་རྒྱས་བསྐྱངས་བྱོན་ཞིང༌། གང་ལྟར་ཡང་དེ་གཉིས་ཀླུའི་རྗེས་ འབྲང་ཕྱིས་བྱོན་མ་གཏོགས་དངོས་སློབ་མ་ཡིན་ལ། ཀླུ་སྒྲུབ་ཀྱི་དངོས་སློབ་རེའི་ཞབས་ཟིན་ པའི་ཕྱིས་ཀྱི་བརྒྱུད་འཛིན་དབུ་མ་ཐལ་རང་གི་སྲོལ་ཕྱེ་མཁན་སྐད་གྲགས་ཆེ་བའི་སློབ་དཔོན་ རྣམ་གཉིས་སོ། །དེ་ལས་སངས་རྒྱས་བསྐྱངས་ཀྱི་དངོས་སློབ་ཀ་མ་ལ་བུདྡྷི་དང༌། ལེགས་ ལྡན་སློབ་མ་འགའི་ཞབས་ཟིན་སློབ་དཔོན་ཟླ་བ་གྲགས་པས་དེ་དག་ལས་ཀླུ་སྒྲུབ་ཀྱི་གཞུང་ ལུགས་གསན་སྦྱང་མཛད། འདི་དུས་ཙམ་ན་ཐོགས་མེད་སྐུ་མཆེད་ཀྱི་སྲོ ལ་འཛིན་སློབ་དཔོན་ ཙནྡྲ་གོ་མི་ཡང་བྱོན་ཏེ་སྐབས་དེར་འཕགས་ཡུལ་དུ་ཡོངས་སུ་གྲགས་པ་རྒྱ་ཆེ་ཞིང་ཟླ་བས་ཀླུ་ 2-1-142 སྒྲུབ་ཀྱི་སྲོ ལ་དང༌། ཙནྡྲ་གོ་མིས་ཐོགས་མེད་ཀྱི་སྲོ ལ་བཟུང་ནས་དཔལ་ན་ལེནྡྲར་ལོ་བདུན་ གྱི་རིང་དུ་ལུང་དང་རིགས་པས་བགྲོ་གླེང་གི་རྩོད་པ་བྱས་པས་མཁས་པ་གང་དག་གིས་ཆེད་ དུ་བརྗོད་པ་འདི་ལྟར། ཀྱེ་མ་འཕགས་པ་ཀླུ་སྒྲུབ་གཞུང༌། །ལ་ལའི་སྨན་ལ་ལ་ལའི་དུག །མི་ ཕམ་འཕགས་པ་ཐོགས་མེད་གཞུང༌། །སྐྱེ་བོ་ཀུན་ལ་བདུད་རྩི་ཉིད། །ཅེས་པ་འདི་ཕྱིས་སུ་ ཡུན་རིང་མོའི་བར་མ་ག་དྷའི་གྲོང་ཁྱེར་གྱི་ཁྱེའུ་དང་བུ་མོ་ཚུན་ཆད་ཀྱིས་གླུ་དབྱངས་ཀྱི་སྒོ་ ནས་སྒྲོག་པར་བྱེད་དོ། ། དེས་ན་འཕགས་ཡུལ་དུ་སངས་རྒྱས་བསྐྱངས་ལེགས་ལྡན་སོགས་མ་བྱོན་གོང་དུ་ཐེག་ ཆེན་སྡེ་པ་རྣལ་འབྱོར་སྤྱོད་པའི་སློབ་དཔོན་དག་གི་རྗེས་འབྲང་དངོས་སྨྲའི་སེམས་ཙམ་པ་ དང༌། ཀླུ་ཐོགས་གཉིས་ཀྱི་རྗེས་འབྲང་དབུ་མ་པ་གཉིས་ཡོངས་སུ་གྲགས་པ་ལྟར་ཡིན་ཞིང༌། དེ་ཡང་ཀླུ་སྒྲུབ་ཀྱིས་སྔོན་གྱི་སློབ་དཔོན་གང་དག་གི་རྗེས་འབྲང་དངོས་སྨྲའི་སེམས་ཙམ་ བཀག་ཅིང་རང་ལུགས་དབུ་མ་རང་སྟོང་དང་གཞན་སྟོང་གི་སྲོ ལ་ལེགས་པར་བཟུང༌། དེ་ རྗེས་སུ་ཐོགས་མེད་སྐུ་མཆེད་ཀྱིས་ཀྱང་ཐེག་ཆེན་སྤྱོད་ཕྱོགས་རྒྱ་ཆེར་རྩལ་དུ་བཏོན་པའི་སྒོ་ ནས་དབུ་མ་རང་སྟོང་གཞན་སྟོང་གི་ཁྱད་ལེགས་པར་ཕྱེས་ཏེ་རང་སྟོང་གི་བསྟན་ཚོད་གནས་ སྐབས་ཀྱི་དབུ་མ་ཙམ་དང་གཞན་སྟོང་གི་བསྟན་ཚོད་མཐར་ཐུག་གི་གནས་ལུགས་ངེས་པ་ དོན་གྱི་དབུ་མར་གཏན་ལ་ཕབ་ནས་མདོ་སྡེའི་དགོངས་དོན་དྲང་ངེས་ལེགས་ཕྱེ་མཛད་པས་ འདི་སྐབས་ན་སྤྱིར་དབུ་མ་ཙམ་དང༌། རྣམ་རིག་ངེས་དོན་དབུ་མ་གཉིས་དབུ་མའི་དབྱེ་བར་ རྩོད་མེད་དུ་གྲགས་སོ། །དེ་ནས་རིམ་གྱིས་སངས་རྒྱས་བསྐྱངས་ལེགས་ལྡན་སོགས་ཀྱི་རིང་ ནས་ཐོགས་མེད་སེམས་ཙམ་དང་ཀླུ་སྒྲུབ་དབུ་མ་པར་བཅད་ནས་ཐལ་རང་གི་རིང་ལུགས་སོ་ སོར་སྲོ ལ་ཕྱེ་བ་ཡོད་ནའང༌། འདིར་རང་ལུགས་ཀུན་མཁྱེན་ཇོ་ནང་པ་ཆེན་པོའི་རྫོགས་ལྡན་ ཆོས་མཆོག་གི་བཞེད་དགོངས་ལྟར་འཇམ་མགོན་བླ་མ་རྗེ་ཀུན་དགའ་སྙིང་པོའི་ཞལ་སྔ་ནས་ 2-1-143 སྔོན་གྱི་སེམས་ཙམ་པའི་བསྟན་བཅོས་གང་དག་བྱམས་ཆོས་དང་ཐོགས་མེད་མཆེད་ཀྱི་རྗེས་ འབྲང་མ་ཡིན་ཞིང༌། ཐོགས་མེད་སྐུ་མཆེད་བྱོན་པ་ནས་བཟུང་ཐེག་ཆེན་སྔར་ལས་དར་རྒྱ་ཆེ་ བའི་སྒོ་ནས་རྣམ་རིག་དབུ་མ་ངེས་དོན་གཞན་སྟོང་གི་ཚུལ་གཙོ་བོར་རྩལ་ཐོན་མཛད་པའི་ ཐེག་ཆེན་སྤྱི་དང་ངེས་དོན་དབུ་མའི་སྲོལ་འབྱེད་ཆེན་པོ་ཉིད་དུ་ཆེས་ལེགས་པར་བཞུགས་ ནས་དེ་ལུགས་ཀྱི་དབུ་མ་ཆེན་པོའི་ཆོས་ཚུལ་གསལ་མཛད་ཀྱི་འཛམ་གླིང་མཛེས་པའི་རྒྱན་ དུ་ལེགས་པར་གསུངས་པ་ཡིན་གྱི་ཐོགས་མེད་སྐུ་མཆེད་དངོས་པོར་སྨྲ་བ་ཁོ་ནའི་གྲལ་དུ་སྨ་ འབེབས་མཛད་པ་ནི་ཆེས་མི་རིགས་པས་དེ་ལུགས་ལྟར་རང་རེའི་དམ་པ་གོང་མ་དག་ནི་མི་ བཞེད་དོ། །དེ་ལྟ་བས་ན་ངེས་དོན་དབུ་མའི་རང་ལུགས་མདོ་ཕྱོགས་ནས་བརྒྱུད་རིམ་ཡང་ རྒྱལ་བ་གང་དང་རྒྱལ་ཚབ་ཀྱི་དགོངས་པ་བཞིན་འཛམ་གླིང་མཛེས་པའི་རྒྱན་མཆོག་དག་ གིས་ལེགས་པར་བཀྲལ་བའི་རྫོགས་ལྡན་གྱི་ཟབ་ཆོས་བླ་ན་མེད་པའི་ཁུངས་ཤིན་ཏུ་བཙུན་ པའོ། ། སྤྱིར་ཀུན་གཟིགས་སྟོན་པ་ཆེན་པོ་ནི་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་ ཡིན་པས་གདུལ་བྱ་མཐའ་དག་གི་ཁམས་དབང་ཇི་བཞིན་མཁྱེན་པའི་སྒོ་ནས་དེ་མཐུན་ཉེ་ བར་ཕན་པའི་ཡང་དག་གི་ཆོས་འབའ་ཞིག་གདུལ་བྱ་རང་རང་དང་འཚམས་པར་བཀའ་དྲིན་ དུ་མཛད་པ་ལས་དེ་ཐམས་ཅད་ཀྱང་མཐར་ཐུག་གནས་ལུགས་གདོད་མ་དང་པོའི་སངས་ རྒྱས་ཉག་གཅིག་མངོན་བྱེད་ཐབས་སུ་དངོས་དང་བརྒྱུད་པའི་ལམ་གྱི་རིམ་པ་གདུལ་བྱ་གང་ དག་གི་རང་བློ་དང་སྒོ་བསྟུན་ནས་གསུངས་པ་ཤ་སྟག་མ་ཡིན་པ་མེད་པས་གཞིའི་གནས་ ལུགས་ནི་གཅིག་ལས་མ་འདས་པས་དགོངས་པའི་གནད་དོན་གྱི་མཐའ་གཅིག་ལ་གཞོལ་ ཞིང་འབབ་ངེས་སུ་འདུག་ཕྱིར་སྟོན་པ་གང་ཉིད་ཀྱིས་གདུལ་བྱའི་ཁམས་དབང་དང་མཐུན་ པའི་རྒྱུ་དང་འབྲས་བུའི་ཐེག་པ་གསུངས་ཤིང༌། དེ་ཡང་རང་རང་བྱིན་གྱིས་རླབས་པ་གང་རུང་ 2-1-144 ལ་བརྟེན་ནས་འབྲས་ཐེག་ལ་སྔགས་གསར་རྒྱུད་རྒྱུད་སྡེ་བཞི་དང༌། རྙིང་རྒྱུད་སེམས་ཀློ ང་ མན་ངག་གི་རྒྱུད་སྡེ་རྒྱ་ཆེ་བ་དང་བཅས་འཕགས་ཡུལ་དང༌། འབྲས་སྤུངས་ཀྱི་མཆོད་རྟེན། པོ་ཊ་ལ། ཨུ་རྒྱན་གྱི་ཡུལ་སོགས་འཛམ་གླིང་གི་གནས་སོ་སོ་དང༌། རི་རབ་ཀྱི་རྩེ། སུམ་ཅུ་རྩ་ གསུམ། འོག་མིན་གྱི་གནས་སོགས་སུ་གདུལ་བྱ་ཐུན་མིན་གྱི་ངོར་རང་རང་གི་ཁམས་དབང་ མཐུན་པའི་རྒྱུད་སྡེ་མཐའ་དག་གང་གསུངས་པ་དེ་དག་མ་ལུས་པ་རྒྱུད་སྡེ་འོག་མ་ནས་རིམ་ པས་བླ་མེད་གསང་ཆེན་མཆོག་གི་བར་གྱིས་གཞིའི་གདོད་མའི་གནས་ལུགས་རིམ་གྱིས་ཇི་ བཞིན་མངོན་བྱེད་ཐབས་ཀྱི་བུལ་མྱུར་ཅི་རིགས་པའི་མན་ངག་གི་སྒོ་འདྲ་མིན་གྱི་ཁྱད་པར་ ཙམ་ལས་དོན་ལ་མཐར་ཐུག་གི་དགོངས་གནད་གཅིག་པར་གཞོལ་བ་ཡིན་པས་ཐམས་ཅད་ ངེས་དོན་སྔགས་ཀྱི་གཞན་སྟོང་དབུ་མ་ཆེན་མོ་གཅིག་ཉིད་དངོས་བརྒྱུད་གང་འཚམས་ནས་ མི་སྟོན་པ་མེད། དེ་རྣམས་ལས་ཀྱང་ད་སྐབས་རང་རེ་ལ་སྒྲུབ་བཀའ་བབས་པའི་གཙོ་བོ་ཅང་འཇུས་སུ་ བྱེད་ཡུལ་ནི་གསར་རྒྱུད་བླ་མེད་ཐེག་པའི་ཡང་རྩེ་རྒྱུད་རྒྱལ་དུས་ཀྱི་འཁོར་ལོ་ལས་བསྟན་ པའི་རིམ་གཉིས་ཀྱི་ལམ་ཟབ་མོ་ཉིད་ཡིན་པས་ཚུལ་དེ་སྟོན་པ་ཉིད་ཀྱིས་འབྲས་སྤུངས་ མཆོད་རྟེན་དུ་གསུངས་པ་ནས་བཟུང་རིམ་པར་བྱང་ཤམྦྷ་ལའི་ཆོས་རྒྱལ་རིམ་བྱོན་རྣམས་ ནས་བརྒྱུད་དེ། སླར་ཡང་འཕགས་ཡུལ་དང་གངས་ལྗོངས་སུ་ལེགས་པར་དར་བའི་སྐབས་ ཀུན་ཏུ་ཡང་སྔགས་ཀྱི་གཞན་སྟོང་དབུ་མ་ཆེན་མོ་ཉག་གཅིག་གནས་ལུགས་མཐར་ཐུག་ ཏུ་བྱས་ནས་དེའི་ཚུལ་རྒྱུད་བཤད་དང་མན་ངག་གིས་ཟབ་གསང་གི་གནད་ལེགས་བཀྲོལ་ མཛད་དེ་གནས་ལུགས་ཇི་བཞིན་མངོན་བྱེད་ཐབས་མཁས་ཀྱི་ཁྱད་པར་ལམ་ཟབ་མོ་སྒྲུབ་ པ་ལ་རྩེ་གཅིག་ཏུ་གཞོལ་བའི་ངེས་དོན་སྒྲུབ་པའི་བཀའ་བབས་ཤིང་བྱིན་རླབས་ཀྱི་ཆུ་བོའི་ རྒྱུན་ནམ་ཡང་ཆད་མ་མྱོང་བའི་འཇུག་སྒོ་ཆེས་ཁྱད་པར་དུ་འཕགས་པ་དེ་ནི་རང་ཅག་གི་སྐལ་ 2-1-145 བ་དུས་སུ་ཐོབ་པའི་སྔོན་གྱི་ལས་འབྲེལ་ཡོད་པའི་བསོད་ནམས་ཀྱི་ཞིང་དམ་པར་ངེས་ཤིང༌། དེ་ཡང་དུས་འཁོར་ཆོས་སྐོར་ཤམྦྷ་ལའི་རིགས་ལྡན་གང་གི་སྐུ་དུས་ནས་འཕགས་ཡུལ་དུ་ཇི་ ལྟར་དར་བའི་ཚུལ་ལ་ཆོས་རྗེ་ཇོ་ནང་པ་ཆེན་པོའི་སྐུ་ཚེའི་སྟོད་ལ་སྔོན་བྱོན་རྭ་འབྲོ་རྣམས་ཀྱི་ གསུང་སྒྲོས་བསྐྱར་ཙམ་ལས་རང་བཞེད་གསལ་ཁ་མེད་ཀྱང་སྐུ་ཚེའི་སྨད་དུ་རྒྱུད་འགྲེལ་གྱི་ དགོངས་དོན་དཔྱད་པ་མཐར་ཕྱིན་པའི་རང་བཞེད་ལ། སྤྱིར་ཤམྦྷ་ལའི་ཆོས་རྒྱལ་རྣམས་ལོ་ བརྒྱ་ཕྲག་རེ་བཞུགས་ཚུལ་གསུངས་པ་དེ་ཡང་སྐུ་ཚེ་ཧྲིལ་པོའི་ལོ་ཚད་མ་ཡིན་ཞིང་སེང་གེའི་ ཁྲི་ལ་བཞུགས་ཏེ་ཆོས་སྟོན་པའི་ལོ་ཚད་ཡིན་ལ། དེ་ཡང་ཟླ་བཟང་སོགས་ཆོས་རྒྱལ་བདུན་ གྱི་རྗེས་ནས་རིམ་པར་རིགས་ལྡན་གྲགས་པ་ནས་རིགས་ལྡན་བཅུ་པ་རྒྱ་མཚོ་རྣམ་རྒྱལ་གྱི་ ཆོས་ཁྲིར་ལོ་བརྒྱ་དང་གྱ་གསུམ་དང་དེ་རྗེས་རིགས་ལྡན་བཅུ་གཅིག་པ་རྒྱལ་དཀས་ལོ་ཉིས་ བརྒྱ་དང་ཉི་ཤུའི་རིང་ཆོས་བསྟན་པའི་ལོ་གྲངས་དེ་གཉིས་བསྡོམས་པ་ལ་མེ་མཁའ་རྒྱ་མཚོ་ སྟེ་རིགས་ལྡན་གཉིས་ཀྱི་ཆོས་ཁྲིའི་ལོ་གྲངས་ཁྱོན་སྡོམ་བཞི་བརྒྱ་དང་གསུམ་སོང༌། དེ་འདྲའི་ རིགས་ལྡན་རྒྱལ་དཀས་ཆོས་བསྟན་པའི་མཇུག་གི་ཆ་ལ་འཕགས་ཡུལ་ནས་གྲུབ་ཆེན་དུས་ ཞབས་པ་ཆེན་པོ་རྫུ་འཕྲུལ་གྱིས་ཤམྦྷ་ལར་བྱོན་ནས་རིགས་ལྡན་རྒྱལ་དཀའི་མདུན་དྲུང་ དུ་ཟབ་ཆོས་ཀྱི་སྒོ་ལེགས་ནོད་མཛད་དེ་རིགས་ལྡན་བླ་མར་ཇི་ཙམ་བསྟེན་གྱི་ངེས་པ་མེད་ ཀྱང་གདན་སའི་དུས་རྫོགས་མཚམས་ལ་ཐུག་གི་བར་ཤམྦྷ་ལར་བཞུགས་ནས་མེ་མཁའ་རྒྱ་ མཚོའི་ལོ་གྲངས་རྫོགས་མཚམས་དེ་ནས་རབ་བྱུང་གི་ལོ་ཤར་བའི་ནང་དུ་དུས་ཞབས་པ་ཆེན་ པོས་འཕགས་ཡུལ་དུ་དུས་འཁོར་གྱི་རྒྱུད་སོགས་སྤྱན་དྲངས་པ་ཡིན་ནོ། ། དེ་ནས་དེའི་སློབ་བརྒྱུད་གསུམ་པ་པཎ་ཆེན་ཟླ་མགོན་གྱི་དུས་སུ་བོད་གངས་རིའི་ལྗོངས་ སུ་བསོད་ནམས་ཀྱི་སྐལ་བར་ཕེབས་པ་སྟེ། དེ་ཡང་དུས་འཁོར་བོད་དུ་འགྱུར་ཚུལ་སྤྱི་ལ། ཐོག་མར་གྱི་ཇོ་ལོ་ཙཱ་བ་ཟླ་བའི་འོད་ཟེར་གྱི་འགྱུར་ལ་མང་འགྱུར་དུ་གྲགས། དེ་ནས་རིམ་ 2-1-146 པར། རྨ་དགེ་བའི་བློ་གྲོས། འབྲོ་ལོ་ཤེས་རབ་གྲགས། གཉན་ལོ་དར་མ་གྲགས། མང་འོལ་ བྱང་ཆུབ་ཤེས་རབ། འ་ཞ་རྒྱ་གར་བརྩེགས། རྭ་ལོ་ཆོས་རབ། སྟེང་ལོ་ག་རོང་ཚུལ་ཁྲིམས་ འབྱུང་གནས། པུ་རང་ལོ་ཆུང་གྲགས་འབྱོར་ཤེས་རབ་རྣམས་དང༌། ཙ་མི་སངས་རྒྱས་གྲགས། སྤོང་ཞོ་གསལ་བ་གྲགས། ཁེར་སྒང་འཁོར་ལོ་གྲགས། ལྡི ང་རི་ཆོས་ཀྱི་གྲགས་ཏེ་གྲགས་པའི་ མིང་མཐའ་ཅན་བཞི་དང༌། གླང་ལོ་རྡོ་རྗེ་དབང་ཕྱུག སེ་ལོ་ཚུལ་ཁྲིམས་གཞོན་ནུ། ལོ་ཙཱ་བ་ བསོད་ནམས་ཡེ་ཤེས། ལོ་ཙཱ་བ་བློ་གྲོས་སྙིང་པོ། ཆག་ལོ་ཆོས་རྗེ་དཔལ། ཤུད་ཀེ་གྲགས་པ་ རྒྱལ་མཚན་རྣམས་ཀྱིས་རྒྱ་གར་པཎ་གྲུབ་རྣམས་ཀྱི་མདུན་ནས་དུས་ཀྱི་འཁོར་ལོའི་ཆོས་སྐོར་ གྱི་དབང་ལུང་མན་ངག་བཤད་པ་བཅས་སོ་སོར་ཞུས་ཏེ་ཆོས་འདི་ལེགས་པར་བསྒྱུར་བའི་ བཀའ་དྲིན་མཛད་ཅིང་ཕལ་ཆེར་བྱིན་རླབས་དང་ལྡན་པ་ཡིན་ཡང་རྭ་འབྲོ་ཙ་མི་ཆག་ལོའི་ ལུགས་རྣམས་མ་གཏོགས་གཞན་རྣམས་ལ་བརྒྱུད་པ་རིང་དུ་མ་དར་བར་སྐབས་སུ་ཙ་ཆག་ ལུགས་དར་རབ་ཙམ་བྱུང་ལ། དེ་དག་ལས་རྭ་འབྲོ་གཉིས་ནི་ཕྲིན་ལས་ཀྱི་སྒོ་འགྲན་ཟླ་མེད་ པ་ཡིན་ཞིང་རྭ་བ་ལ་བཤད་བཀའ་དང་འབྲོ་བ་ལ་སྒྲུབ་བཀའ་བབས་ཟེར་བ་ལྟར་དོན་ལའང་ རྭ་ལུགས་འཛིན་པ་གང་དག་ལ་རྒྱུད་བཤད་ཤིན་ཏུ་དར་ཞིང་ཕྲིན་ལས་རྒྱ་ཆེ་ལ། འབྲོ་ལུགས་ པ་རྣམས་ལའང་གྲུབ་པ་བརྙེས་པའི་སྐྱེས་ཆེན་ཆེས་མང་དུ་བྱུང་བ་ཡིན་ནོ། །ཁྱད་པར་ཀུན་ མཁྱེན་ཇོ་ནང་པ་ཆེན་པོའི་བཀས་བསྐུལ་ཞིང་གང་གི་རྡོ་རྗེའི་གསུང་དང་ལེགས་བསྟུན་གྱི་སྒོ་ ནས་རྩལ་འགྱུར་བྱིན་རླབས་ཀྱི་ཚན་ཁ་དང་ལྡན་པ་ནི་ཆོས་རྗེའི་ཐུགས་སྲས་ཇོ་ནང་ལོ་ཙཱ་བ་ བློ་གྲོས་རྣམ་གཉིས་ཀྱིས་ལེགས་བསྒྱུར་མཛད་པ་སྟེ། འདི་ནི་ཕྱིས་ཀྱི་འགྱུར་གསར་རྣམས་ཀྱི་ ནང་ནས་གཙུག་གི་ནོར་བུ་ལྟར་ཆེས་མཆོག་ཏུ་གྱུར་པའོ། །དེ་ལས་རང་ཅག་གི་ལུགས་ནི་འབྲོ་ ལོ་ཙཱ་བ་ཤེས་རབ་གྲགས་ཀྱི་འགྱུར་ལྟར་ངེས་དོན་སྒྲུབ་བརྒྱུད་ཀྱི་སྲོལ་ཉེ་བར་འཛིན་པ་ཡིན་ ལ། དེ་ནས་རིམ་པར་སློབ་བརྒྱུད་གཉིས་སོང་མཚམས་སུ་གྲུབ་ཆེན་ཡུ་མོ་མི་བསྐྱོད་རྡོ་རྗེ་བྱོན་ 2-1-147 ནས་སྔགས་ཀྱི་གཞན་སྟོང་གྲུབ་མཐའི་སྲོ ལ་ཕྱེས། ཞེས་གྲགས་པའང་སྔོ ན་གྱི་དུས་ན་རྒྱལ་བ་ སྐུ་བཞིའི་དབང་ཕྱུག་གིས་འགྱུར་མེད་རྡོ་རྗེའི་ཚིག་གིས་གསང་བདག་གི་རྣམ་རོལ་ཆོས་རྒྱལ་ ཟླ་བཟང་སོགས་ལ་སྔགས་ཀྱི་གཞི་རྒྱུད་དག་པ་རང་བྱུང་དང་པོའི་སངས་རྒྱས་གནས་ལུགས་ དོན་གྱི་དམ་པ་ཀུན་ཏུ་བཟང་པོ་ཀུན་གྱི་བདག་ཉིད་རིགས་ཐམས་ཅད་ཀྱི་ཆེ་བའི་བདག་པོ་ བླ་མེད་ཡང་གསང་གི་ཟབ་གནད་ལེགས་པར་ཕྱེ་བ་ནས་བཟུང་ཤམྦྷ་ལ་དང་འཕགས་བོད་ ཀྱི་ཆོས་རྒྱལ་རིགས་ལྡན་གྱི་པཎ་གྲུབ་མཐའ་དག་གི་ཐུགས་ཀྱི་བཅུད་དུ་ལེགས་པར་བསྐྱིལ་ ཏེ་སྐལ་མེད་རྣམས་ལ་བཀའ་རྒྱས་བཏབ་ཅིང་གསང་བའི་ཚུལ་དུ་ཟབ་དོན་མན་ངག་རྒྱུད་ བཤད་དང་བཅས་པའི་སྒོ་ནས་དེ་འདྲའི་སྔགས་གཞི་དོན་དམ་པ་ཀུན་རྫོབ་སྤྲོས་པས་སྟོང་ པའི་གཤིས་ལུགས་དེ་བཞིན་ཉིད་དེ་ཡིན་ལུགས་ཁོང་དུ་ཆུད་ཅིང་རང་མདངས་མངོན་དུ་བྱེད་ པའི་ཉམས་མྱོང་གི་སྒོ་དོན་ལ་འཕེལ་འགྲིབ་འདི་ལྷག་བསམ་སྙམ་ནམ་ཡང་མེད་པར་རིམ་ བརྒྱུད་དུ་ལེགས་པར་བྱུང་མོད། འོན་ཀྱང་ཕྱི་ཚུལ་ཙམ་དུ་གྲུབ་ཆེན་འདིས་སྔར་ལས་བཀའ་ རྒྱ་ཅུང་ཡངས་སུ་བཏང་སྟེ་སྔགས་ཀྱི་གཞན་སྟོང་གི་སྲོལ་ལེགས་ཕྱེ་གངས་ལྗོངས་སུ་མཛད་ པ་ཙམ་ཡིན་ནོ། ། འདི་ནས་སློབ་བརྒྱུད་དྲུག་ཙམ་སོང་རྗེས་བོད་དུ་ཇོ་ནང་པ་ཇི་ལྟར་བྱུང་ཚུལ་ལ་ཐོག་མར་ དབུས་གཙང་གི་ས་ཆར་སྒྲུབ་གནས་ཇོ་ནང་གི་ཆེ་བ་སྤྱིར་ཆོས་འབྱུང་གི་གཞུང་ལྟར་ལས་ཁྱད་ པར་དེ་འདྲའི་དཔལ་གྱི་གནས་མཆོག་ནགས་རྒྱལ་གྱི་སྒྲུབ་གནས་འདི་ནི་སྔོན་གྱི་དུས་ན་ཁ་ བ་ཅན་དུ་སྒྲུབ་གནས་དང་སྒྲུབ་གྲྭ་ཆེས་མང་ཡོད་མྱོང་ཡང་རང་རེའི་སྒྲུབ་གནས་འདི་ལྟར་ ཡུན་རིང་པོའི་བར་ཆོས་རྒྱུན་ཉམས་བཞེས་གཅིག་པའི་སྒྲུབ་བརྒྱུད་བར་མ་ཆད་པ་ནི་ཆེས་ དཀོན་པ་ལྟ་བུ་སྟེ། གནས་འདིའི་སྒྲུབ་གྲྭ་ཚུགས་པ་དང་མཉམ་པའི་སྒྲུབ་བཤད་ཀྱི་གྲྭ་གཞན་ རྣམས་ལྟ་ཅི་སྨོ ས། འདི་ལས་ཆེས་འཕྱི་བ་དུས་ཕྱིས་སུ་བཏབ་པའི་དགོན་གྲྭ་རྣམས་ཀྱང་དུས་ 2-1-148 དབང་གིས་འགའ་ཞིག་རྩ་བ་ནས་སྟོང༌། ལ་ལར་གྲོང་ཡུལ་དང་སེར་ཁྱིམ་དུ་སོང༌། སྔོ ན་གྱི་ ཤུལ་འགའ་ཞིག་ཏུ་ད་ལྟ་གསར་འདེབས་ཀྱི་སྒྲུབ་གྲྭ་དང༌། ལ་ལར་སེར་ཁྱིམ་གཙང་མའི་གྲྭ་ གསར་བྱེད་པ་དང༌། བར་སྐབས་སེར་ཁྱིམ་དུ་སོང་བ་རྣམས་ཕུད་ནས་ཤུལ་དུ་སྒྲུབ་གྲྭ་གསར་ འཛུགས་བྱས་པ་ལྟ་བུ་གནས་སྐབས་དུས་ཀྱི་དབང་གིས་འགྱུར་བག་མི་བརྟན་པ་ཁོ་ན་མ་ གཏོགས་ལོ་སུམ་བརྒྱ་བཞི་བརྒྱ་ཙམ་དུ་གང་སྟོང་དང་སེར་ཁྱིམ་སོགས་ཀྱིས་བར་མ་ཆོད་ པར་རང་རེའི་ཆོས་འགོ་ཚུགས་པ་ནས་བཟུང་བླ་བརྒྱུད་ཆོས་བརྒྱུད་གཅིག་ཅིང་ཉམས་ལེན་ རྒྱུན་གཅིག་པའི་སྒྲུབ་བརྒྱུད་བར་མ་ཆད་པར་དར་བ་ནི་བོད་གངས་རིའི་ཁྲོད་ན་སྒྲུབ་གནས་ དམ་པ་དཔལ་ཇོ་ནང་འདི་ཁོ་ན་ལས་གཞན་མེད་པ་ལྟ་བུ་ཡིན་ཞིང༌། གནས་འདིར་སྔོ ན་ མ་ཅིག་རི་མ་ནས་བཟུང་དེང་སྐབས་ཀྱི་བར་སྒྲུབ་གྲྭ་རྒྱུན་མ་ཆད་པའི་དབང་དུ་བྱས་ན་རྗེ་ བཙུན་གྱི་སྐུ་དུས་ཡན་ལ་ལོ་ལྔ་བརྒྱ་ལྷག་ཙམ་སོང༌། རང་རེའི་ཆོས་བརྒྱུད་ཀྱི་དབུ་འཛུགས་ མཛད་པའི་ཆོས་རྗེ་ཀུན་སྤངས་ཆེན་པོ་ཕེབས་པ་ནས་ཆོས་བརྒྱུད་གཅིག་ཅིང་ཉམས་ལེན་ རྒྱུན་གཅིག་གི་སྒྲུབ་བརྒྱུད་འདི་ཁོ་ནའང་རྗེ་བཙུན་ཏཱ་ར་ནཱ་ཐ་ཡན་ཆད་དུ་ལོ་བཞི་བརྒྱ་ལྷག་ ཙམ་སོང་བ་ཡིན་ལ། དེ་ལྟར་ན་སྔོ ན་གྱི་ཤེས་ལྡན་གཟུར་གནས་དག་གི་ཁ་སྐད་ལ། གནས་ གཅིག་ཏུ་ཚུགས་པའི་སྒྲུབ་བརྒྱུད་ལ་དཔལ་ཇོ་ནང་དང༌། བཤད་གྲྭ་ལ་གསང་ཕུ་ནེའུ་ཐོག་ གཉིས་བསྟན་པའི་རྒྱུན་གང་སྟོང་མེད་པར་གནས་ཡུན་རིང་ཞེས་གྲགས་པའང་དོན་ལ་གནས་ པ་ལྟ་བུ་ཡིན་ཞིང༌། འོན་ཀྱང་གསང་ཕུ་ནི་ཕྱིས་འབྱུང་ལོ་ཉིས་བརྒྱ་ཚུན་ལ་ས་དགེ་སོ་སོའི་ གྲུབ་མཐའ་འཛིན་པ་མ་གཏོགས་སྔོན་གྱི་རྔོག་ལོ་ཡབ་སྲས་དང་ཕྱྭ་ཚང་ལ་སོགས་པའི་གསང་ ཕུ་རང་ལུགས་ཀྱི་གྲུབ་མཐའ་འཛིན་པ་མེད་ལ། གནས་འདིར་ནི་ལྟ་གྲུབ་ཉམས་ལེན་རྒྱུན་ གཅིག་གི་བྱིན་རླབས་ཀྱི་དྲོད་ཚན་མ་ཡལ་བ་ལ་བསྲེ་སླད་དང་བྲལ་ཞིང༌། ཚིག་གི་བཤད་ ཡམ་ཙམ་དུ་མ་ཟད་པར་སྒྲུབ་པ་སྙིང་པོ་བྱེད་པའི་སྲོལ་བཟང་གི་རྒྱུན་མ་ཆད་པས་དུས་གྱི་ཐ་ 2-1-149 མ་ད་ལྟ་ཡན་ལ་མདོ་ཁམས་འདི་ཚུན་གྱི་སྒྲུབ་སྡེ་དགོན་གནས་མཐའ་དག་དར་བའི་གཞི་ཉེ་ བར་བྱས་སོ། ། དེ་འདྲའི་གནས་མཆོག་དེར་རང་རེའི་སྒྲུབ་བརྒྱུད་ངེས་དོན་བསྟན་པའི་དབུ་ལེགས་ བརྙེས་མཛད་པའི་གྲུབ་ཐོབ་ཆེན་པོ་ཞང་ཀུན་སྤངས་ཀུན་ཏུ་བཟང་པོ་ཉིད་ཆགས་ཕེབས་ མཛད་པ་ནས་བཟུང་རིམ་པར་སློབ་བརྒྱུད་བྱང་སེམས་ཆེན་པོ་དང༌། མཁས་བཙུན་ཆེན་པོ་ གཉིས་ཀྱི་རྗེས་སུ་རྗེ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཀུན་མཁྱེན་རྒྱལ་བ་གཉིས་པ་ཇོ་ནང་པ་ ཆེན་པོས་རྒྱལ་བའི་དགོངས་པ་མདོ་ཕྱོགས་ཀྱི་དབུ་མ་རང་སྟོང་གཞན་སྟོང་གི་ཁྱད་དགོངས་ འགྲེལ་བྱམས་ཆོས་དང་ཐོགས་མེད་མཆེད་ཀྱི་གཞུང་ལུགས་ལ་བརྟེན་ནས་ལེགས་ཕྱེ་མཛད་ ཅིང་དེ་ཡང་གསང་ཆེན་ཐེག་པའི་སྔགས་ཀྱི་ཡེ་གཞི་དང་མཐར་ཐུག་དགོངས་གནད་གཅིག་ པའི་ཚུལ་ལ་སེམས་འགྲེལ་སོགས་སྔགས་ཀྱི་དགོངས་འགྲེལ་ཁྱད་འཕགས་རྣམས་ལ་བརྟེན་ ནས་ཟབ་གསང་གི་གནད་དེ་ལུགས་ལྟར་དུ་གནས་ལུགས་བདེན་པའི་དོན་ལ་མི་བསླུ་བའི་ མཁྱེན་སྤྱན་ཟབ་མོས་ཇི་བཞིན་གཟིགས་པའི་སྒོ་ནས་བོད་ལྗོངས་གངས་རིའི་ཁྲོད་འདིར་ མཁས་རློམ་ཕལ་མོ་ཆེའི་ཁོང་དུ་ཆུད་དཀའ་བའི་ངེས་པ་དོན་གྱི་དབུ་མ་རྫོགས་ལྡན་ཆོས་ མཆོག་ཟབ་མོ་མདོ་དང་སྔགས་ཀྱི་གཞན་སྟོང་གི་སྲོལ་ཁྱད་པར་བ་མི་འཇིགས་སྤོབས་པ་ མངོན་པར་མཐོ་བའི་རླབས་པོ་ཆེའི་སེང་གེའི་ང་རོའི་དབྱངས་ཀྱིས་ཁྱབ་བརྡལ་དུ་རྒྱ་ཆེར་ ལེགས་དར་མཛད་ནས་དེ་ལྟ་བུའི་མདོ་སྔགས་ཟུང་འབྲེལ་གྱི་ངེས་དོན་དབུ་མ་ཆེན་པོའི་ བརྒྱུད་པའི་ཆུ་བོ་གཅིག་འདུས་ཀྱི་ཤིང་རྟའི་སྲོལ་འབྱེད་རྟོན་པ་བཞི་དང་ལྡན་པའི་རིགས་ ལྡན་སྤྲུལ་པའི་སྐུ་དེ་ནི་གངས་ཅན་དུ་འགྲན་པའི་ཟླ་དང་བྲལ་བའི་སྙིགས་མའི་དུས་ཀྱི་འགྲོ་ བ་མགོན་མེད་མཐའ་དག་གི་འདྲེན་པའི་དཔལ་ཉག་གཅིག་ཏུ་གྱུར་ཏེ་ཇོ་ནང་གི་གདན་ རབས་བྱིན་རླབས་དོན་བརྒྱུད་གཉིས་ཀར་བཞུགས་པའོ། །འདི་སྐོར་གྱི་རང་རེའི་དམ་པ་ 2-1-150 གོང་མ་སྔ་ཕྱིར་རིམ་བྱོན་རྣམས་ལ་གདན་རབས་དང་དོན་བརྒྱུད་གཉིས་ཀར་བཞུགས་པ་ དང་ཅི་རིགས་ལས་མི་བཞུགས་པའང་ཡོད་ལ། དེ་ལས་གདན་རབས་རྣམས་ལས་རྒྱལ་བ་ ཇོ་བཟང་པས་རྒྱལ་ཚབ་འཛིན་པའི་སྐབས་ན་སྡེ་པ་དོལ་པས་སྐུ་འབུམ་ལ་དཔེ་བླངས་པའི་ མཆོད་རྟེན་ཁྱད་མཚར་ཅན་བཞེངས་ཤིང་ཇོ་ནང་གི་བསྟན་པའི་སྦྱིན་བདག་ཆེ་བ་བྱས་ཤིང༌། དེ་ལས་རྗེ་དྲུང་ཀུན་དགའ་དཔལ་བཟང་ནི་རྗེ་གྲོལ་མཆོག་གི་སྐུ་རུས་གཅིག་པའི་དབོན་དུ་ འཁྲུངས་ཤིང༌། དེ་ཡང་དགུང་ལོ་བདུན་ནས་རབ་ཏུ་བྱུང་སྟེ་ཀློ ག་སོགས་བསླབ། དགུང་ལོ་ བཅུ་དགུའི་དུས་ནས་དབུས་གཙང་གི་བཤེས་གཉེན་དུ་མ་བསྟེན་ནས་མདོ་ཕྱོགས་བཀའ་ པོད་བཞི་དང་སྔགས་ཕྱོགས་རྒྱུད་སྡེ་བཞིའི་རྣམ་པར་བཤད་པ་ལ་ཐུགས་གཉེར་མཛད་དེ་ རིང་མིན་དུ་མཁས་གནས་ཐོབ། ཁྱད་པར་རྗེ་གྲོལ་མཆོག་གི་མདུན་ནས་སྔ་ཕྱི་ཅི་རིགས་སུ་ ལམ་འབྲས་སོགས་ཟབ་བཀའ་ཆེས་མང་དང༌། ལོ་ཆེན་གྱི་དྲུང་ནས་བཀའ་འགྲེལ་སོགས་ གསན་ནས་ཉམས་ལེན་ཟབ་གནད་ལྷུར་བཞེས་མཛད། དེ་ནས་རེ་ཞིག་གི་ཚེ་རྗེ་གྲོལ་མཆོག་ གིས་དག་ཞིང་གཟིགས་རྗེས། ཁོང་ཉིད་ལ་སྡེ་སྲི ད་གོ་གསུམ་ནས་འབུལ་ཆས་འཇའ་ས་ བཅས་ཕུལ་ཏེ་ཇོ་ནང་གི་གདན་སར་འཁོད་ནས་གཞན་གདུལ་བྱ་ཆེས་མང་པོ་ལ་ཆོས་བཀའ་ རྒྱ་ཆེ་བའི་བཀའ་དྲིན་མཛད་ནས་དེ་དག་སྨིན་གྲོལ་ལ་བཀོད་བཞིན་པའི་མཚམས་ཤིག་ན་ རྗེ་གོང་མའི་ཡང་སྤྲུལ་འཇམ་མགོན་ཀུན་དགའ་སྙིང་པོ་དབུས་ཕྱོགས་སུ་འཁྲུངས་པ་དེ་ཉིད་ ཁོང་གིས་གཙོས། རྡོ་རིང་བ། བྲག་སྟོད་པ། དཔོན་དྲུང་འཕན་ནེ་སོགས་བླ་ཚོགས་མི་སྣ་དྲག་ སྦྲེལ་བཅས་ཀྱིས་ཆིབས་བསུ་དགའ་སྟོན་རྒྱ་ཆེ་བས་མཆོག་གི་སྤྲུལ་པའི་སྐུ་ཁྲི་འདོན་མཛད་ ནས་རེ་ཞིག་བར་ཁོང་གིས་རང་ལུགས་ཀྱི་ཟབ་ཆོས་ཀྱི་སྒོ་མང་པོའི་སྐྱེས་འབུལ་དང་བཅས་ ཏེ་མཐར་རང་གི་རྒྱལ་ཚབ་ཏུ་སྤྲུལ་པའི་སྐུ་དེ་ཉིད་མངའ་གསོལ་མཛད་ནས་རང་ལུགས་ཀྱི་ བསྟན་པ་ཡོངས་རྫོགས་གཏད་དེ་ཁོང་ཉིད་དགུང་ལོ་གྱ་གསུམ་སྟེང་ནཻ་གུའི་འཕོ་བའི་ངང་ 2-1-151 ནས་མཁའ་སྤྱོད་དུ་གཤེགས། དེ་ནས་རྗེ་ཀུན་དགའ་སྙིང་པོ་བཀྲ་ཤིས་རྒྱལ་མཚན་དཔལ་ བཟང་པོ་གང་ཉིད་ཀྱིས་ཀུན་མཁྱེན་རྟོན་པ་བཞི་ལྡན་མཆོག་གི་ངེས་དོན་བསྟན་པ་ཡོངས་སུ་ རྫོགས་པའི་མངའ་བདག་བྱས་ཏེ་རང་རེ་ཇོ་ནང་པའི་སྒྲུབ་བརྒྱུད་གཙོར་གྱུར་ཟབ་གསང་གི་ བསྟན་པ་སྒོ་ཐམས་ཅད་ནས་བཤད་སྒྲུབ་ཟུང་འབྲེལ་གྱི་འདུས་སྡེ་ཆེས་མང་པོ་དང་ཆོས་གཞི་ ལྷ་འབངས་བཅས་ལུགས་ཟུང་གང་ཐད་ནས་རེ་ཞིག་བར་མངའ་ཐང་དགུང་ལ་བསྙེགས་པར་ མཛད་ནས་ད་ལྟའི་རང་ཅག་གི་རྩ་བའི་བླ་མའི་བར་དུ་བྱིན་རླབས་ཀྱི་ཟབ་ཆོས་རིམ་པར་རྒྱུན་ མ་ཆད་པར་བྱུང་བའི་བཀའ་དྲིན་གཞལ་དུ་མེད་པ་འདི་ག་ལྟར་རོ། ། སྤྱིར་ནི་ཀུན་མཁྱེན་ཆེན་པོ་ཡབ་སྲས་ཀྱི་སྐུ་དུས་སུ་ངེས་དོན་དབུ་མ་ཆེན་མོ་དང་དུས་ཀྱི་ འཁོར་ལོའི་ཆོས་སྐོར་གཙོ་བོར་གྱུར་པའི་རང་ལུགས་མདོ་སྔགས་ཀྱི་བཤད་པ་དང་སྒྲུབ་པའི་ རྐང་བཙུགས་ཏེ་དཔལ་ལྡན་ས་སྐྱ་པའི་ཆོས་བཀའ་ཟབ་མོ་གཙོ་ཆེ་བ་དང་གཞན་ཡང་རིས་ མེད་ཀྱི་ཟབ་ཆོས་ཅི་རིགས་པས་མཐའ་བརྒྱན་པའི་ཚུལ་དུ་རྒྱལ་བསྟན་གྱི་སྙིང་པོ་རྨང་ནས་ འདེགས་པའི་མཛད་སྒོ་རླབས་པོ་ཆེ་གནང་བར་མཛད་ཅིང༌། དེ་རྗེས་རང་ལུགས་ཀྱི་བསྟན་ པ་མན་ངག་ལྟར་ན་དཀྱུས་སུ་བཀོད་པ་ལྟར་དང༌། གདན་རབས་ལྟར་ན་ཀུན་མཁྱེན་ཆེན་ པོས་འདུལ་བའི་སྡེ་སྣོ ད་ཀྱི་བཀའ་བབས་དཀོན་མཆོག་རྒྱལ་མཚན་ལ་གཏད། དེས་ཚད་ མའི་བཀའ་བབས་ས་བཟང་ལོ་ཙཱ་དང༌། དེས་མངོན་པའི་བཀའ་བབས་ཕྱོགས་ལས་རྣལ་ རྒྱལ་དང༌། དེས་ཕར་ཕྱིན་བཀའ་བབས་ཆོས་རྗེ་ནམ་ཡེ་ལ་གཏད་པ་ནས་བཟུང་ཕྱིས་བྱོན་རྗེ་ གྲོལ་མཆོག་དང་ཡང་སྤྲུལ་ཏཱ་ར་ནཱ་ཐ་ཡབ་སྲས་བཅས་ཀྱིས་ཀྱང་རང་རེའི་སྔོན་བྱོན་གོང་མ་ དག་གིས་མཛད་པའི་སྒོ་གཞིར་བྱས་ཏེ་ངེས་དོན་སྒྲུབ་བརྒྱུད་གཙོ་བོར་གྱུར་པའི་རང་ལུགས་ ཀྱི་མདོ་སྔགས་བཤད་སྒྲུབ་ཟུང་འབྲེལ་གྱི་རྐང་ལ་ཤངས་ཆོས་སོགས་བཀའ་བརྒྱུད་པའི་ཟབ་ ཆོས་སླད་མེད་གང་དག་གིས་གཙོས་རིས་མེད་ཀྱི་བསྟན་པའང་དེ་ལུགས་ཀྱི་འཛིན་སྐྱོང་སྤེལ་ 2-1-152 བའི་ངང་ནས་སྒོ་ཐམས་ཅད་དུ་ཁྱབ་བརྡལ་དར་རྒྱས་ཆེས་བླ་ལྷག་པ་ཉེ་བར་མཛད་པ་ཡིན་ ནོ། ། མདོ་སྨད་དུ་རང་རེའི་བསྟན་པ་བྱུང་ཚུལ་ལ། ཐོག་མར་ཀུན་མཁྱེན་ཆེན་པོ་སྐུ་བཞུགས་ དུས་སུ་བྱམས་པ་ཁ་བོ་ཆེས་དངོས་སུ་མཇལ་ཏེ་ཁོང་གི་དྲུང་དུ་ལོ་དྲུག་ལ་ཕྱི་ནང་གི་ཆོས་སྐོར་ ཞུས་ནས་མཐར་ཆོས་རྗེའི་ཞལ་ནས། ཁྱོད་ཁམས་ལ་སོང་དང་བསྟན་པ་ལ་ཕན་ཐོགས་འོང༌། ཞེས་གསུངས་ཚེ། བྱམས་པ་ཁ་བོ་ཆེས་ཕྱག་ཕུལ་ནས་ཁོ་བོ་མི་འགྲོ། ཕ་མཆོག་ཁྱེད་དང་ འབྲལ་མི་ཕོད། ཅེས་ཞུས་པ་ན། ཁོང་གིས་དུང་གཅིག་དང༌། བཀའ་བསྡུ་བཞི་པའི་གླེགས་ བམ་ཞིག་གནང་སྦྱིན་མཛད་ནས་ལུང་བསྟན་གནང་བ། ཁམས་ཡུལ་སྐྱེས་པའི་ལྷག་བསམ་ ལས་འཕྲོ་ཅན། །ཞེས་པ་ནས་དཀྱུས་ལྟར་གྱི། འགྲོ་བ་རན། །ལམ་སྟབས་མི་དགོས་བདེ་བར་ ཕྱིན་པར་འགྱུར། །དེ་ལ་ཐོན་ནས་འདི་ཡིས་བཤད་སྟོན་གྱིས། །དེ་དུས་རྩེ་མདོའི་ས་ཆར་འོང་ བ་ཡི། །ཚོང་པ་བརྒྱ་ཕྲག་ཆོས་གྲྭར་འདུས་པའི་ཚེ། །ལྷ་མོའི་སྤྲུལ་པ་བུད་མེད་སྔོ་ནག་གིས། །བོང་བུ་གྭ་པ་སོག་འདབས་གཡས་གཡོན་ལ། །དཔལ་བེའུ་ནོར་བུ་གཉིས་ཀྱི་སྤུ་རྟགས་ཅན། །ཇ་མར་སྦྲང་རྩི་དར་འབོགས་བཀལ་ནས་ཀྱང༌། །ཁྱོད་ལ་ཕུལ་ཚེ་ཐག་ཐོགས་མེད་པར་ ལོངས། །ཆོས་ཀྱི་གྲོགས་བཟང་གཏེར་ཆེན་རྡོལ་བ་ལགས། །རྒྱལ་གྱི་ཉིན་ཞིག་བོང་བུ་གྭ་པ་ དེ། །གླེགས་བམ་འདི་ཉིད་བཀལ་ཅིང་རྒྱབ་ཏུ་དེད། །ཁོ་རང་གར་སོང་སོང་ལ་འགྲོ་རུ་ཆུག །བོང་བུ་གར་ཉལ་ས་ལ་དུང་འདི་བུས། །ང་ལ་གསོལ་བ་ཐོབ་དང་དགོན་པ་གྱིས། བསྟན་ པའི་བ་དན་མཁའ་ལ་འཕྱར་བར་འགྱུར། །ང་ཡི་ཆོས་བྱེད་དགེ་སློང་མང་དུ་འབྱུང༌། །སྐྱེ་བོ་ དུ་མ་སྨི ན་གྲོལ་ལམ་ལ་འཇུག །རྡོ་རྗེ་མཆེད་དྲུག་མིང་ཅན་གནས་བདག་གིས། །དེ་ཚེ་ཁྱེད་ ཀྱི་བཀའ་སྲུང་བྱེད་པར་འགྱུར། །ཐོས་པ་འདི་ཙམ་ཡིན་གྱི་བྱམས་པ་ཁྱོད། །ཁམས་སུ་སོང་ ཞིག་གཞན་ཕན་མཐའ་ཡས་འབྱུང༌། །ཞེས་གསུངས་པ་བཞིན་བཀའ་ལྡོ ག་ཏུ་མ་བཏུབ་སྟེ་ 2-1-153 བྱམས་པ་ཁ་བོ་ཆེ་མདོ་ཁམས་སྨད་ཕྱོགས་རིམ་པར་བརྒྱུད་དེ་མར་བྱོན་ནས་ཆོས་རྗེའི་ལུང་ བསྟན་ལྟར་རྡོ་རྗེ་མཆེད་དྲུག་གི་གནས་འབོ་གངས་དཀར་གྱི་རྩ་བ་ལ་ལེགས་པར་སླེབས་ཚེ་ དེར་ངེས་དོན་གྱི་ཆོས་གཞི་དགོན་སྡེ་བཏབ་ནས་བཤད་སྒྲུབ་ཀྱི་བསྟན་པ་དེ་ལུགས་ལྟར་རྒྱ་ ཆེར་སྤེལ་ཞིང་རྩེ་མདོའི་ས་ཆ་དེ་ཕྱོགས་སུ་དགོན་སྡེ་ཡང་རྒྱས་ཙམ་དང་རང་རེའི་ཆོས་ལུགས་ འཛིན་པའི་འདུས་སྡེ་མང་ཚོད་དུ་འདུག་ལ། དེ་སྐབས་རེ་ཞིག་གི་ཚེ་དགོན་བདག་ཁོང་ཉིད་ ཀྱི་ནུབ་གཅིག་ཏུ་རྨི་ལྟས་ཀྱིས་མཚན་མ་མི་ལེགས་པ་ལ་བརྟེན་སླར་ཡང་ཇོ་ནང་དུ་ཆོས་རྗེ་ མཆོག་གི་དྲུང་དུ་ལན་ཅིག་ཕེབས་སྙམ་ཡོད་ཚེ། ཉིན་དེའི་སྔ་དྲོ་ཙམ་ན་རྡོ་རྗེ་མཆེད་དྲུག་གི་ དུར་ཁྲོད་དེར་ཆོས་རྗེ་ཀུན་མཁྱེན་ཆེན་པོ་གང་ཉིད་སེང་གེ་ལ་ཆིབས་ནས་གཤེགས་བྱོན་ མཛད་པ་མངོན་སུམ་དུ་མཐོང་ནས་མཇལ་སྐབས་སུ་དགོན་བདག་པ་ཁོང་ནས་ཐུགས་གཏིང་ ནས་དད་མོས་ཤུགས་དྲག་གི་གདུང་བའི་དབྱངས་ཀྱིས་གསུང་མགུར་དང་བཅས་གསོལ་བ་ རྩེ་གཅིག་ཏུ་བཏབ་པས་དེར་ཆོས་རྗེ་ཐམས་ཅད་མཁྱེན་པ་གང་གི་ཞལ་སྔ་ནས་ཚུལ་ཁྲིམས་ རྣམ་པར་དག་པའི་མདོ་ཡོངས་སུ་རྫོགས་པ་ཚར་གཅིག་གསུང་བསྒྲགས་ཀྱིས་ལེགས་གནང་ མཛད་རྗེས་ཆོས་རྗེ་ཉིད་གར་སོང་ཆ་མེད་དུ་ཕེབས་སོང་བ་སོགས་དགོན་གྱི་ཞལ་བདག་ བྱམས་པ་ཁ་བོ་ཆེ་ཁོང་ལ་ཡ་མཚན་པའི་གསང་གསུམ་གྱི་རྣམ་ཐར་མང་ཞིང་སྐུ་ཚེ་གང་བོར་ རྡོ་རྗེ་མཆེད་དྲུག་གི་གནས་བདག་དམ་ཅན་སྡེ་རིགས་ཀྱིས་རྟག་པར་མཛད་ཕྲིན་སྐྱོང་བའི་ བཀའ་སྲུང་གི་གཡར་དམ་ལྷོ ད་མེད་ཀྱི་ངང་ནས་མཛད་པ་མཐར་ཕྱིན་སྐད་དོ། ། དེ་རྗེས་ཇོ་ནང་དཔལ་དུ་ཀུན་མཁྱེན་ཆེན་པོ་གཟུགས་སྐུ་ཆོས་དབྱིངས་སུ་ཐིམ་པ་ལ་ ཉེ་བའི་སྐབས་སུ་ཉིད་ཀྱི་བཀའ་ཆེམས་སུ་མ་འོངས་པ་ན་ཁམས་ཕྱོགས་སུ་རང་རེའི་ཆོས་ བརྒྱུད་དར་ཚུལ་གྱི་ལུང་བསྟན། ཆོས་ལུགས་ཉམས་པར་བྱེད་པ་ངན་རིགས་ཅན། །ཞེས་ སོགས་ཀྱིས་དུས་ཕྱིས་སུ་མདོ་སྨད་ཟུང་ཅུའི་ཁམས་ཕྱོགས་ནས་སྣང་ཞིག་བོན་ནག་གིས་ 2-1-154 ཕྱུགས་ཀྱི་དམྱལ་ཐག་བཅད་དེ་བ་གླང་གི་རྐང་པ་གདར་བ་སོགས་ལོག་པའི་ཆོས་ལུགས་ཀྱི་ བོན་བརྒྱུད་སྤེལ་བའི་སྐབས་སུ་ཡང་ལུང་བསྟན། མཐར་མཛད་རིགས་ལྡན་དྲག་པོའི་སྤྲུལ་ པ་སྟེ། །ཞེས་སོགས་ཀྱིས་ཁམས་འཛམ་ཐང་དགོན་ཆགས་འདེབས་མཛད་པ་རིགས་ལྡན་ དྲག་པོའི་རྣམ་འཕྲུལ་ཚ་རོང་དུ་འཁྲུངས་ནས་རང་རེའི་ཆོས་བརྒྱུད་དུ་ཞུགས་ཏེ་ངེས་དོན་ཟབ་ མོའི་ལྟ་གྲུབ་ཡང་དག་གིས་ལྟ་ངན་ཚར་བཅད་དེ་ཁམས་ཕྱོགས་དེར་གསང་ཆེན་སྒྲུབ་བརྒྱུད་ ཆེར་སྤེལ་འབྱུང་ཚུལ་འདི་དང་གཞན་ཡང་ལུང་བསྟན་མང་དག་གིས་ཇི་བཞིན་གསལ་བརྗོད་ ལེགས་གནང་མཛད་པ་སྟེ། དེ་ཡང་ལུང་བསྟན་གྱི་ཚིགས་འགའ་དཀྱུས་སུ་སོང་བས་འདིར་ མི་སྤྲོ། དེ་ལྷག་གི་ལོ་རྒྱུས་དཀྱུས་སུ་མ་འདུས་པ་ཉུང་བསྡུས་འདིར་བསྙད་པར་བྱ་བ་ལ། ཐོག་མར་རིགས་ལྡན་སྤྲུལ་པ་དྲུང་རཏྣ་ཤྲིའི་ལོ་རྒྱུས་ནི། དུས་གང་གི་ཚེ་སྔོ ན་གྱི་གྲུབ་ པའི་སློབ་དཔོན་ཆེན་པོ་བོད་གངས་རིའི་ལྗོངས་ཀྱི་འགྲོ་ཕན་རླབས་ཆེན་སྤེལ་མཛད་གསང་ སྔགས་བརྟུལ་ཞུགས་མཆོག་གྲུབ་པའི་ཨོ་རྒྱན་གྱི་སློབ་དཔོན་པད་འབྱུང་ཀྱིས་རྗེ་འདི་ཉིད་ འགྱུར་མེད་རྡོ་རྗེའི་ལུང་གིས་ཆེར་བསྔགས་ཀྱི་མེ་ཏོག་དུས་སུ་ལེགས་པར་འཐོར་བ་སྟེ། ཇི་ སྐད་དུ། རྒྱལ་བའི་བློ་གྲོས་ལྷག་བསམ་སྟོབས་དང་ལྡན། །ཐོག་མཐའ་བར་དུ་བསྟན་པའི་ གཉེར་ཁ་བ། །ལན་གཅིག་བསྐལ་པ་དུས་ཀྱི་ཐ་མར་ཡང༌། །མདོ་ཁམས་ཚ་བའི་ལུང་ཞེས་ བྱ་བ་ན། །རྣལ་འབྱོར་དབང་ཕྱུག་རཏྣའི་མཚན་ཅན་ཞིག །གསང་སྔགས་བསྟན་འཛིན་འགྲོ་ བ་དཔག་མེད་འདྲེན། །དགྱེས་པའི་མདངས་ལྡན་དཔའ་བོའི་གཟུགས་སྟོབས་ཅན། །ཡིག་ བདུན་བསྟན་པས་འགྲོ་བ་སྐྱོང་བྱེད་ཅིང༌། །ཀུན་ཀྱང་གསང་སྔགས་མཆོག་ལ་འགོད་བྱེད་ འབྱུང༌། །ཞེས་གསུངས་པ་ལྟར་རོ། ། དུས་མཐར་གསང་སྔགས་བསྟན་པའི་དཔལ་གྱུར་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ ཆེན་དམ་པ་གང་དེ་ཐོག་མར་སྐུ་འཁྲུངས་པའི་ཚུལ་ཡང་འཛམ་གླིང་སྟོང་ཁུན་རྒྱལ་པོའི་ཡུལ་ 2-1-155 མཐའ་མདོ་ཁམས་རྒྱལ་མོ་ཚ་བའི་རོང་ཞེས་བྱ་བའི་ཡུལ་བྱེ་མ་ཐང་དུ་རབ་དཀར་སྔོན་ལས་ ཀྱི་སྟོབས་ཆེ་བའི་རིགས་རུས་མཐོན་པོའི་ཕ་མ་ཡ་རབས་ཀྱི་སྲས་སུ་སྨོན་འདུན་མཆོག་གིས་ བསམ་བཞིན་སྐུའི་སྐྱེ་སྲིད་བཟུང་སྐབས་ཡུམ་གྱི་རྨི་ལམ་དུ་མཆོད་རྟེན་ངོ་མཚར་ཅན་ལེགས་ བསྐྲུན་མཛད་པའི་སྣང་བ་སོགས་དགེ་མཚན་དུ་མ་མངོན་དུ་གྱུར་ཅིང༌། ཕྱོགས་དེའི་ཡུལ་ ལྗོངས་རྣམས་སུ་ལོ་ལེགས་འབྲུ་བཅུད་ཕུན་སུམ་ཚོགས་པ་སོགས་དཔལ་དང་འབྱོར་བའི་ འཕེལ་ཁ་རྒྱ་ཆེ་བ་གྲོང་ཁྱེར་གྱི་གནས་ཁང་དཀོར་མཛོད་རྣམས་ལ་འོད་ཟེར་གྱི་ཕུང་པོས་ ཁྱབ་པ་སོགས་ཐུན་མོང་གི་ཡུལ་སྡེའི་སྣང་ངོར་ཆེས་ཡ་མཚན་པ་ཀུན་ནས་འཕྱུར་བར་གྱུར་ ཏོ། །དེ་ནས་མངལ་ཟླ་ཡོངས་སུ་རྫོགས་པའི་གནས་སྐབས་ན་ངོ་མཚར་དགེ་བའི་ལེགས་ ཚོགས་དུ་མའི་ལྟས་བཟང་པོ་དང་བཅས་ཕྱི་ལོ་༡༣༥༠ རབ་ལོ་༣༢༤མཆན། ལྕགས་ཕོ་སྟག་གི་ལོར་ གཟུགས་སྐུའི་མེ་ཏོག་ཀུན་ནས་གསར་བའི་དཔལ་གྱི་ལང་ཚོ་ལྷུམས་ནས་ཉེ་བར་བལྟམས་ ཏེ་མངོན་པར་བཞད་པའི་དགའ་སྟོན་མངོན་དུ་གྱུར། དེ་ནས་གཞོན་ནུ་བསྐྱེད་བསྲི ངས་པའི་ སྐབས་བྱིས་པའི་དུས་ན་ཆུ་བོའི་ཕ་རོལ་གྱི་བྲག་རི་ལ་གླེགས་བམ་དུ་མ་བརྩེགས་པ་ཆོས་ ཕུང་ཆེས་བཀྲ་བའི་རྣམ་པ་མཐའ་ཀླས་པ་དག་སྣང་གི་གཟིགས་མོ་རང་ཤུགས་ཀྱིས་ངོམ་པ་ སོགས་སྣོ ད་བཅུད་དག་པའི་སྣང་བ་ཀུན་ནས་མང་ཞིང༌། རང་དང་ན་མཉམ་པའི་བྱིས་པ་ རྣམས་ལ་ཆོས་ཀྱི་དགའ་སྟོན་འགྱེད་པས་ཕན་འདོགས་ནུས་པ་སོགས་འགྲོ་བ་རང་ག་ལས་ ཆེས་ཁྱད་མཚར་ཆེ་བ་ཞིག་གོ །དེ་དག་ནི་སྐུ་འཁྲུངས་པའི་སྐབས་ཏེ་དང་པོའ།ོ ། དེ་ནས་སྨྲ་ཤེས་རང་མགོ་ཐོན་པའི་གནས་སྐབས་ཙམ་ན་འཇིག་རྟེན་འདི་སྣང་ལ་སྙིང་པོ་ མེད་པར་དགོངས་ནས་ཡབ་ཡུམ་སོགས་ལས་ལྐོག་ཏུ་བྲོས་ཏེ། མངོན་ཤེས་མཆོག་མངའ་རི་ པ་ཤེས་རབ་དཔལ་ཞེས་བྱ་བ་ཐག་ཧ་ཅང་མི་རིང་པར་བཞུགས་པ་དེ་ཉིད་ཀྱི་དྲུང་དུ་སླེབས་ པ་ན། རི་པ་བླ་མས་སྔོ ན་ནས་མངོན་ཤེས་ཀྱིས་ཇི་བཞིན་མཁྱེན་ནས་རང་གིས་ཉེ་འཁོར་དག་ 2-1-156 ལ་དེ་རིང་སྐྱེས་བུ་དམ་པ་ཞིག་འབྱོན་པར་འདུག་པས་རང་ཅག་གིས་དགའ་བསུ་དགོས་ཚུལ་ གསུངས་པ་ལྟར་ཁོང་དཔོན་སློབ་ཀྱིས་བསུ་བཀོད་མཛད་ནས་བླ་མ་དེའི་མདུན་ནས་ཐོག་ མར་ཡི་གེ་བསླབ་པས་འབད་མེད་ཀློ ག་བཟང་ཕུལ་ཕྱིན་དུ་མཁྱེན་པ་བྱུང༌། དེ་ནས་རེ་ཞིག་གི་ ཚེ་འདུལ་འཛིན་དམ་པ་ཤེས་རབ་དཔལ་སོགས་མཁན་སློབ་གྲངས་ཚང་གི་དྲུང་དུ་སྲིད་ལས་ ངེས་པར་འབྱུང་འདོད་ཀྱི་བསམ་པས་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་ལེགས་ནོད་མཛད་ ནས་མཚན་རིན་ཆེན་དཔལ་ཞེས་བྱ་བར་གསོལ། དེ་ནས་དགུང་ལོ་བཅོ་བརྒྱད་སྟེང་དབུས་ གཙང་དུ་ཕེབས་ཏེ་མཁས་གྲུབ་ཀྱི་སྐྱེས་བུ་དམ་པ་དུ་མའི་ཞབས་ལ་གཏུགས་ནས་ཟབ་ཆོས་ རེ་ཞིག་བར་ཞུས་སྐབས་སུ་མཁན་ཆེན་བྱང་ཆུབ་རྩེ་མོས་མཁན་པོ་དང་གཞན་སློབ་དཔོན་དུ་ འོས་པ་སོགས་ཁ་སྐོང་དང་བཅས་པའི་གྲངས་ལེགས་འཛོམས་ཀྱི་མདུན་ནས་ཚིགས་ཕྱི་མ་ བསྙེན་རྫོགས་ཀྱི་སྡོམ་པ་ལེགས་པར་ཞུས་ཏེ་གཅིག་རྗེས་གཉིས་མཐུད་དུ་བྱང་ཆུབ་སེམས་ སྡོམ་ཡང་མནོས་པ་ནས་བཟུང་ཤ་ཆང་གི་ཉེས་དམིགས་ཐུགས་དགོངས་སུ་བཅིངས་ཏེ་སྐུ་ ཚེ་ཧྲིལ་བོར་ཤ་དང་ཆང་གཏན་སྤངས་བྱས་པ་མ་ཟད་གཞན་མང་པོ་ལ་དེ་ལུགས་ལྟར་སྤོང་ དུ་འཇུག་པའི་གཞན་ཕན་རྒྱ་ཆེར་མཛད། དེ་དག་གི་སྐབས་སུ་དབུས་གཙང་དུ་ཆོས་ཇི་ལྟར་ ཞུས་ན། ས་བཟང་མ་ཏི་པཎ་ཆེན། ཆོས་རྗེ་ཕྱོགས་ལས་རྣམ་རྒྱལ། འཇམ་དབྱངས་བློ་གྲོས། ཉ་དབོན་ཀུན་དགའ་དཔལ། ཕྲིན་ལས་བཟང་པོ། བྱང་ཆུབ་སེང་གེ མཁན་བྱང་ཆུབ་རྩེ་མོ་ སོགས་ཀྱི་དྲུང་ནས་སྦྱོར་བ་ཡན་ལག་དྲུག་ཆ་ལག་དང་བཅས་པ། འགྲེལ་ཆེན་དྲི་མེད་འོད། རྡོ་རྗེ་སྙིང་འགྲེལ། བདེ་མཆོག་སྟོད་འགྲེལ། འཇམ་དཔལ་ལྟ་འདོད། དོན་དམ་བསྙེན་པ་ སྟེ་སེམས་འགྲེལ་ཡན་ལག་བཅས་དང༌། བྱམས་ཆོས་སྡེ་ལྔ། ཐོགས་མེད་ཀྱི་ས་སྡེ་ལྔ་དང༌། སྡོམ་རྣམ་གཉིས། དབྱིག་གཉེན་གྱི་སུམ་ཅུའི་རབ་དབྱེ། ཉི་ཤུའི་རབ་དབྱེ། ལས་རྣམ་འབྱེད་ པ། ཕུང་ལྔའི་རབ་དབྱེ། རྣམ་བཤད་རིག་པ་དང་ལྔ་ཚན་གཅིག ཡང་མདོ་རྒྱན་འགྲེལ་བ། 2-1-157 དབུས་མཐའ་རྣམ་འབྱེད་འགྲེལ་བ། རྟེན་འབྲེ ལ་མདོ་འགྲེལ་དང་གསུམ་ཚན་གཅིག་སྟེ་ བྱམས་པ་དང་འབྲེ ལ་བའི་ཆོས་སྡེ་ཉི་ཤུ། གཞན་ཡང་མངོན་པ་སྡེ་བདུན་མངོན་པ་གོང་འོག་ དང་བཅས་པ་དང༌། ཚད་མ་སྡེ་བདུན་ཚད་མདོ་དང་བཅས་པ། འདུལ་ལུང་སྡེ་བཞི་གཞུང་ འགྲེལ་དང་བཅས་པ་སོགས་མདོ་རྒྱུད་བསྟན་བཅོས་མན་ངག་བཅས་གསན་བསམ་རང་ བྱན་ཚུད་དེ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ལམ་གང་དག་ལ་ཚུལ་ཇི་བཞིན་གོམས་པར་ བྱས་པས་ཐུགས་རྒྱུད་འདྲེས་ངེས་ཀྱི་ཉམས་མྱོང་གི་སྒོ་ཡང་ཕན་ཚུན་འགྲན་པ་ལྟ་བུའི་ཆེས་ ཀུན་ནས་རྒྱས་པ་དང༌། གཞན་ཡང་འབྲི་གུང་ལོ་ཙཱ། ཆོས་རྗེ་ཆོས་དཔལ་མགོན་པོ་སོགས་ཀྱི་ དྲུང་ནས་ཀྱང་ཕྲེང་བ་སྐོར་གསུམ། གཤིན་རྗེའི་གཤེད་སྐོར། ཡོ་ག་བྱ་སྤྱོད་མན་ངག་བཅས་ གསན་ཏེ་ཚེགས་ཆུང་ངུས་ཐུགས་སུ་ཆུད་པར་མཛད་དེ་འདི་དག་གང་ཐད་ནས་ཀྱང་སྔོན་ གོམས་བཟང་པོའི་དབང་གིས་ལན་རེ་གཟིགས་ཙམ་གྱིས་གཞན་ཕལ་བ་གང་ལས་ཆེས་ཁྱད་ པར་དུ་འཕགས་པའི་གཞུང་ལུགས་ཀྱི་དོན་ཐུགས་སུ་ཆུད་སྟོབས་ཆེ་བ་ཁྱད་པར་དྲང་ངེས་ཇི་ བཞིན་གཟིགས་པའི་ཤེས་རབ་མཆོག་གིས་རང་སྟོང་གཞན་སྟོང་གི་ལྟ་བའི་གནད་ལ་ངེས་ ཤེས་ཟབ་མོ་འཁྲུངས་ནས་མདོ་སྔགས་སྤྱི་ལ་མཁྱེན་པའི་སྒོ་རླབས་ཆེ་བ་རྒྱས་ཏེ་བྱམས་པ་ འཇམ་དབྱངས་ཀླུ་སྒྲུབ་སོགས་ཤིང་རྟ་ཆེན་པོ་གང་དག་གི་དགོངས་པའི་དོན་དཔྱིས་ཕྱིན་པར་ ཐུགས་ཉམས་སུ་བསྟར་ནས་ཕྱི་ནང་གི་རིག་པའི་གནས་མཐའ་དག་ལ་སྒྲོ་འདོགས་ཆོད་ངེས་ ཀྱི་མཁས་གྲུབ་གཉིས་ལྡན་ཆེས་མཆོག་ཏུ་གྱུར་ཏོ། །དེ་དག་ནི་བཤེས་གཉེན་ལས་མང་ཐོས་ བཙལ་ཏེ་ཟབ་དོན་ཐུགས་ལ་ལེགས་འབྱོར་གྱི་སྐབས་ཏེ་གཉིས་པའོ། ། དེ་ནས་དགུང་ལོ་སུམ་ཅུ་བཞེས་པའི་སྟེང་ཙམ་ན་ཀུན་མཁྱེན་ཕྱོགས་རྒྱལ་བ་སོགས་ དགེ་བའི་བཤེས་གཉེན་རྡོ་རྗེ་འཛིན་པ་གཙོ་ཆེ་བ་གང་དག་གི་ཞལ་ནས་ད་ནི་སྔོན་ཆོས་རྗེ་ མཆོག་གིས་ལུང་བསྟན་བཞིན་ཁྱོད་ཁམས་ཕྱོགས་སུ་ཕེབས་དང་སྒོ་གང་ཐད་ནས་བསྟན་ 2-1-158 འགྲོ་ལ་ཕན་ཐོགས་འབྱུང་ངེས་ལགས་པས་དེང་སྐབས་ཁྱོད་ལ་རྟེན་སྐལ་དུ་བཀའ་གདམས་ མཆོད་རྟེན་ཞིག་དང༌། ཆོས་དུང་ཞིག་ཡོད་པས་དེ་དག་བོང་བུ་ལ་འགེལ་བཞིན་མདོ་ཁམས་ ཕྱོགས་སུ་ལེགས་ཕྱིན་མཛོད་དང་ནམ་ཞིག་བོང་བུ་གར་ཉལ་དང་དུང་དཀར་རང་གྲགས་ ཀྱི་དུས་ན་ཁྱོད་གཏན་དུ་སྡོད་གནས་རང་རེའི་ངེས་དོན་གྱི་བསྟན་པའི་ཆོས་གཞིའི་དགོན་སྡེ་ འདེབས་གནས་སུ་ས་ཆ་དེ་ཉིད་ཀྱིས་མཛོད་དང་བསྟན་འགྲོ་ལ་ཕན་པ་ཡུན་དུ་འབྱུང་བའི་ བཀའ་ལུང་གསལ་བོ་ཡོད་ཚུལ་ཞིབ་རྒྱས་སུ་གསུངས་ཏེ་བཀའ་པོད་བཞིའི་གཞུང་ལུགས་ ཀྱི་དོན་ལ་གཞི་ནས་བྱང་ཆུབ་པ་མ་ཟད་མདོ་སྔགས་ཀྱི་གཞུང་ལུགས་རབ་འབྱམས་སྨྲ་བའི་ སྤོབས་པ་ཀུན་ནས་གཟེངས་མཐོ་བར་གྱུར་ཏེ། སྐབས་དེ་མཚམས་ནས་ཀྱང་དྲུང་དཀའ་བཞི་ རིན་ཆེན་དཔལ་ཞེས་པའི་མཚན་སྙན་གྱི་གྲགས་པ་རྒྱས་བཞིན་ཁམས་ཕྱོགས་སུ་རིམ་པར་ ཕེབས་པ་ལ་ཆས་པ་སྟེ། དེ་ཡང་མདོ་ཁམས་སྨད་ཕྱོགས་སུ་གཉའ་རི་ཆོས་རྫོང་སོགས་དགོན་ སྡེ་དུ་མ་ཆགས་འདེབས་དང་ཞལ་བདག་མཛད་པ་མང་ཚོད་དུ་འདུག་ཀྱང་ལོ་རྒྱུས་ཞིབ་མོའི་ ཁུངས་མ་རྙེད། དེ་ལས་ཁམས་འཛམ་ཐང་ཕྱོགས་ལ་ཕྱགས་ཕེབས་མཛད་ཚུལ་སྟོད་དབུས་ གཙང་ནས་སྔར་བཞིན་བོང་བུ་ཁལ་བཅས་དེད་དེ་འཇམ་དཔལ་མཚན་བརྗོད་ཞལ་འདོན་ མཛད་བཞིན་རིམ་པས་ཕེབས་པ་ན་འཛི་ཀའི་འཛམ་ཐང་གི་ཐད་ཀྱི་ཕ་ཀི་པག་རྒེས་ལེབ་ཟེར་ བའི་གནས་དེར་ཐོན་ཚེ་སྔར་གྱི་ལུང་བསྟན་བཞིན་བོང་བུ་ཉལ་ཞིང་དུང་དཀར་རང་གྲགས་ ཀྱི་མཚན་རྟགས་དང་ཞལ་འདོན་གྱི་ཚིག་མཚམས་ཀྱང༌། ཆོས་ཀྱི་རྒྱལ་མཚན་ལེགས་པར་ འཛུགས། །ཞེས་པར་ཐོན་ཡོད་ཕྱིར་ཁོང་གིས་གང་ཅིའི་ཐད་ནས་རྟེན་འབྲེ ལ་བཟང་པོའི་དགེ་ མཚན་དུ་མཁྱེན་ནས་གནས་དེར་ཞག་མལ་བྱས་ཏེ་ཕར་ཕྱོགས་ཀྱི་འཛམ་ལྷའི་ཐང་དེར་བོན་ དགོན་ཆགས་པ་ལ་་ཞིག་ཕར་སྐྱེས་སུ་བསྐུར་ལན་ཚུར་སྟན་དཀར་གྱི་གདན་ཞིག་ལེགས་ འབུལ་བྱས་པས་གནས་དེར་ཁོང་བཞུགས་ནས་བོན་རྣམས་གཞན་དུ་འགྲོ་བའི་རྟེན་འབྲེལ་ 2-1-159 འགྲིག དེ་ནས་དྲུང་དཀའ་བཞི་པ་ནི་ཕྲིན་ལས་རྣམ་བཞི་ལ་མངའ་བརྙེས་པ་ཡིན་པས་ཁོང་ གིས་ཕ་རོལ་གྱི་བོན་རྣམས་ལ་ནངས་སྔ་མོར་ཐབས་ཚུལ་དྲག་པོས་བཀའ་བགོ་བ། ཁྱོད་ཅག་ གནས་འདི་ནས་མྱུར་དུ་མ་སོང་ན་སྟོབས་ཆེན་དམག་དཔུང་གིས་བསྐྲད་པར་བྱའོ། །ཞེས་ གསུང་གིས་ཁྱབ་བསྒྲགས་བྱས་ཤིང་སྤྲུལ་པའི་དམག་དཔུང་གི་སྐྱ་རྗེས་ཆེས་མང་པོ་གྲོང་ གསེབ་ཀུན་ཏུ་སྣང་བ་སོགས་འཇིགས་གཟུགས་ཀྱི་རྣམ་པར་འཕྲུལ་བ་དུ་མ་ཉེ་བར་བསྟན་ པས་དེའི་མཐུ་མ་བཟོད་པས་བོན་རྣམས་མྱུར་ནས་ས་བུད་དེ་ཡུལ་གཞན་དུ་བྲོ ས་སོང༌། དེ་ རྗེས་སུ་ཁོང་ཉིད་འཛམ་ཐང་གི་གནས་དེར་ཕེབས་ནས་ངེས་དོན་གྱི་ཆོས་གཞི་དགོན་པ་ ཆགས་འདེབས་པའི་དབུ་འཛུགས་ལེགས་བསྒྲིགས་ཀྱི་སྒོ་ནས་ཕྱི་ལོ་༡༤༢༥ རབ་ལོ་༣༩༩ མཆན། ཤིང་མོ་སྦྲུལ་གྱི་ལོ་ལ་དཔལ་འཛམ་ཐང་གི་ཆོས་སྡེ་རྒྱ་ཆེ་ལེགས་བཀོད་ཀྱི་ཁྱད་པར་དང་ བཅས་དབུ་བརྙེས་གསར་བའི་དཔལ་ཡོན་ཤར་ཏེ་ངེས་པའི་དོན་གྱི་བསྟན་པ་ཟབ་མོའི་གཞི་ ཚུགས་ནས་བཤད་སྒྲུབ་ཟུང་འབྲེལ་གྱི་ཆེ་བ་སྒོ་ཀུན་ནས་རྒྱས་པའི་མཛད་བཟང་གི་ཁམས་ ཕྱོགས་རྨོངས་མུན་གྱི་ཡུལ་གྲུ་འདིར་ཐེག་མཆོག་རྫོགས་ལྡན་གསར་བའི་ཆོས་ཀྱི་འོད་སྣང་ ཅིར་ཡང་བརྡལ་བས་སྔ་ན་མེད་པའི་དགེ་མཚན་རླབས་པོ་ཆེ་སྐྱེ་དགུའི་བསོད་ནམས་ཀྱི་ཞིང་ དུ་རྣམ་པ་ཀུན་ནས་ཚད་བཟུང་དང་བྲལ་བའི་ངོ་མཚར་ཁྱད་འཕགས་མཆོག་གི་གནས་སུ་ གྱུར་ཏེ། དགོན་སྡེ། རྟེན་ཁང༌། ཆོས་ར། འདུ་ཁང༌། རྒྱ་ཕིབས། ལྕགས་རི་སོགས་ཕྱི་ནང་གི་ ཁྱད་བཀོད་མཚར་ཆེ་བ་དང་བཅས་དགེ་འདུན་འདུས་པའི་སྡེ་ཚོགས་ཀྱང་དེ་ལུགས་བཞིན་ རྣམ་དཀར་འཁོར་ལོ་གསུམ་སྟོབས་ཆེ་བས་དུས་ཉེ་བར་འདའ་བཞིན་འཕེལ་ཁ་དབྱར་གྱི་ དགའ་ཚལ་ལ་འགྲན་འོས་སུ་གྱུར་ནས་ཡུན་རིང་ཁོང་གི་ཞབས་པད་འཇིགས་མེད་རྡོ་རྗེའི་ཁྲི་ ལ་བརྟན་པ་ནས་བཟུང་འགྲོ་ཕན་རྒྱ་ཆེ་བའི་ཐུགས་སྲས་ཀྱི་མཆོག་རགས་བསྡུས་ཙམ་བརྗོད་ ན། ཉིད་ཀྱི་རྒྱལ་ཚབ་མཁས་པའི་དབང་པོ་བླ་མ་དཔལ་སྐུ་མཆེད་ཟུང་དང༌། མཁན་དཀོན་ 2-1-160 མཆོག་རྒྱལ་མཚན། ཚེས་བཅུ་རཏྣ་ཀཱིརྟི། ཨརྒེ་ཉི་མ་འོད་ཟེར། ཡོ་བེ་ནམ་མཁའ་དཔལ། རག་ཁྲོམ་ཀུན་དགའ་དཔལ། ཚད་མ་པ་རྒྱལ་བ་བཟང༌། ཁ་སར་ཉི་མ་རྒྱལ་མཚན། སེམས་ དཔའ་ནམ་མཁའ་རྒྱལ་མཚན། ག་གཞའ་རྒྱ་བོ། ཨ་འབོལ་རྒྱ་བོ། འཇམ་དབྱངས་རིན་རྡོར། ཁྲི་སྨོ ན་བཀྲ་ཤིས་དཔལ། ཆོས་རྗེ་གཞོན་ནུ་རྒྱལ་མཚན། ཀུན་སྤངས་ཡེ་ཤེས་རྒྱལ་མཚན། སེང་གེ་རྒྱལ་མཚན། བླ་མ་བཀྲ་ཤིས་རིན་ཆེན་སོགས་མཁས་ཤིང་གྲུབ་བརྙེས་ཀྱི་སྐྱེས་བུ་ དམ་པ་དུ་མ་དང་དགེ་སློང་གི་དགེ་འདུན་རབ་ཏུ་བྱུང་བའི་རྟགས་ཀྱི་རྒྱལ་མཚན་ལེགས་པར་ འཆང་བ་ཆེས་མང་ཞིང་འདུས་པ་སྟོང་ཕྲག་གི་གྲངས་སུ་ལོངས་པ་རྒྱུན་དུ་འཚོགས་ཏེ་ལུང་ རྟོགས་ཀྱི་བྱ་བ་རླབས་ཆེན་ཀུན་ནས་སྤྱོད་པ་འབའ་ཞིག་སྟེ། གཞན་ཡང་སྐྱེ་བོའི་ཚོགས་སྟོང་ ཕྲག་དུ་མ་ལ་རང་རང་གི་སྐལ་བ་དང་འཚམས་པར་ཐུན་མོང་མདོ་ཕྱོགས་ཀྱི་གཞུང་ལུགས་ དང་ཐུན་མིན་གསང་སྔགས་ཀྱི་དབང་བསྐུར་རྒྱུད་བཤད་མན་ངག་སོགས་སྒོ་གང་ཐད་ནས་ ཆོས་ཆར་ཟད་མེད་ལེགས་ཕབ་མཛད་པའི་ཕྲིན་ལས་ཀྱི་འཇུག་པ་རྒྱ་ཆེ་ཞིང༌། དེ་ཡང་མདོ་ སྔགས་ཀྱི་གཞུང་ལུགས་གང་འཆད་ཚེ་རྒྱལ་བའི་དགོངས་པ་དྲང་ངེས་བདེན་གཉིས་ཀྱི་ཚུལ་ ལ་མཁས་ཤིང་རྣམ་པར་དག་པའི་ལེགས་པར་བཤད་པ་མཆོག་གིས་མཁས་མང་རྒྱ་མཚོའི་ རྣ་བའི་དགའ་སྟོན་འགྱེད་པ་རྨད་བྱུང་ལུང་དང་རིགས་པ་ཆེས་རྣོ་བས་རང་ལུགས་འཇོག་ པའི་རྟགས་སྦྱོར་ཡང་དག་དང་ཕ་རོལ་རྒོལ་བ་ལ་རྩོད་པའི་ཐལ་འཕྲེང་བཟློག་མེད་ཀྱིས་ ལྟ་བ་ངན་པའི་སོམ་ཉི་ཀུན་ནས་གཞོམ་པར་མཛད་པ། གསུང་སྒྲོས་མཛེས་པའི་ཚིག་གིས་ རྗོད་བྱེད་ཉུང་ལ་དོན་རབ་ཏུ་གསལ་བའི་གོ་བདེ་ཡིད་ལ་འཐད་པའི་སྡེབ་སྦྱོར་གྱི་རྩོམ་པས་ མཁས་དབང་གཟུ་བོར་གནས་པའི་ཐུགས་ལ་དགྱེས་པ་ཅིར་ཡང་སྟེར་བའི་སྒོ་ནས་ཉིད་ཀྱི་ རྩོམ་ཆོས་ཡང༌། གསུང་རབ་སྤྱི་འགྲེལ། ལེགས་བཤད་རྡོ་རྗེ་ཕྲེང་བ། གཞི་ལམ་འབྲས་བུའི་ གསལ་བྱེད། སྦྱོར་དྲུག་གི་ཁྲིད་གཞུང༌། གོང་མ་མཆོག་གི་དབང་བཞིའི་ཆོ་ག འཁོར་ལོ་ 2-1-161 སྡོམ་པ་ཆེ་ཆུང༌། སྒྱུ་འཕྲུལ་དྲ་བ། གསང་འདུས་རྣམས་ཀྱི་སྒྲུབ་ཐབས། དུས་འཁོར་ལྷ་དགུའི་ སྒྲུབ་ཐབས། དུས་འཁོར་གྱི་ཆོ་ག དུས་འཁོར་མངོན་རྟོགས་རྣམ་བཤད། བློ་སྦྱོང་འགྲེལ་ བ། ལུང་སྦྱོར་རིན་ཆེན་ཕྲེང་བ། མཁན་གྲགས་རྡོར་གྱི་རྩོད་ལན་ཆེ་ཆུང་སོགས་མདོ་སྔགས་ རྣམ་བཤད་དང༌། ཆོ་གའི་རིགས་སོགས་ཆེས་མང་ཡོད་རིགས་སུ་འདུག་ཀྱང་དེང་སྐབས་དཔེ་ ཙམ་ཡང་དུས་དབང་གིས་དཀོན་པ་ལྟར་དུ་སོང་ངོ༌། །དེ་དག་ནི་བསྟན་འགྲོའི་དོན་མཛད་ པའི་སྐོར་ཏེ་གསུམ་པའོ། ། དེ་ལྟ་བུའི་བསྟན་འགྲོའི་དཔལ་གྱུར་གང་གི་སྔོན་ལས་སྨོན་ལམ་ཟབ་མོའི་ལེགས་མཐུ་ ལས་ཉེ་བར་འཁྲུངས་པའི་མཛེས་སྐུ་དོན་དམ་ཡེ་ཤེས་ཀྱི་རང་མདངས་ལས་མིའི་ཤ་ཚུགས་ སུ་ཤར་བ་ཆེས་ངོ་མཚར་བའི་མཚན་དང་དཔེ་བྱད་ཀྱི་རྣམ་ཆ་གསལ་བ་གསུང་གཞོམ་བྲལ་ རྡོ་རྗེའི་དབྱངས་རྣམ་པ་དུ་མས་ཆོས་དོན་སྟོན་པའི་རྗོད་བྱེད་ཆེས་ཁྱད་པར་བ་ཐུགས་དྲི་བྲལ་ ཆོས་དབྱིངས་དག་པའི་རང་ཞལ་ཇི་བཞིན་མངོན་དུ་གྱུར་པ་སོགས་ཐུན་མོང་མ་ཡིན་པའི་ གསང་བ་གསུམ་གྱི་རླབས་པོ་ཆེའི་ཡོན་ཏན་ཕ་མཐའ་བྲལ་བ་རྣམས་ཀུན་ནས་གཞལ་བར་ དཀའ་ཞིང་ཐུན་མོང་ཚུར་མཐོང་གི་ངོ་ཙམ་ལའང་ཁོང་ཉིད་རྡོ་རྗེའི་རྣལ་འབྱོར་གྱི་ཏིང་ངེ་ འཛིན་ལ་མཉམ་པར་བཞག་པའི་ངང་ནས་གཞན་མང་པོ་ལ་ལེགས་བཤད་ཆོས་ཀྱི་དགའ་ སྟོན་ངོ་མཚར་བ་འགྱེད་པས་རང་རང་ལ་གང་འཚམས་ཀྱི་རེ་འདོད་སྐོང་བར་མཛད་པ་དང༌། བཀོད་པ་ལུས་ཀྱི་རྫུ་འཕྲུལ་རྡོ་རྗེའི་སྒྱུ་མའི་གར་གྱིས་དར་ལྭའི་ཡོལ་བའི་སྟེང་ནས་ཕན་ཚུན་ རྒྱུ་འགྲུལ་གྱིས་ཡ་མཚན་རྩེད་མོ་ཐུན་མོང་གི་མཐོང་སྣང་དུ་གྱུར་པ་དང༌། མི་གཡོ་རྡོ་རྗེའི་སྐྱིལ་ མོ་ཀྲུང་བཅས་མཆོད་རྟེན་གྱི་གསེར་ཏོག་རྩེར་ནམ་མཁའི་དབྱིངས་སུ་གཡོ་མེད་དུ་བཞུགས་ པ་དང༌། ཐུགས་མངོན་ཤེས་མཆོག་གིས་ལྐོག་ཏུ་གྱུར་པའི་གཟུགས་སྒྲ་སོགས་ཇི་བཞིན་སྒྲིབ་ མེད་མངོན་སུམ་དུ་མཐོང་ཞིང་ལས་བཞིའི་ཕྲིན་ལས་ལ་ཐོགས་པ་མེད་པའི་སྟོབས་ཀྱིས་ 2-1-162 མཐའ་འཁོབ་གང་འདུལ་གྱི་གདུལ་བྱ་འདུལ་བ་ལ་དྲག་པོས་ཚར་གཅོད་དང་བརྩེ་བས་རྗེས་ བཟུང་གི་སྒོ་ནས་རླབས་ཆེ་བའི་སྤྱོད་པ་མཆོག་གིས་སྙིགས་དུས་ཀྱི་འགྲོ་བ་ཉམ་ཐག་པ་གང་ དག་ངེས་པར་སྐྱོང་བའི་མཛད་པ་བཟང་པོའི་མཐུ་ནུས་འགྲན་ཟླ་དང་བྲལ་བ་མང་ཞིང༌། ཁོང་ གིས་རྣམ་དཀར་ལས་ཀྱི་འཁོར་ལོ་ཡང༌། ལྷ་ཁང་ཕྱི་ནང་གི་བཀོད་པ་ཡོངས་རྫོགས་ཆེ་ཁྱད་ ཅན་དང༌། གཞལ་ཡས་ཁང་སོགས་སྐུའི་རྟེན་མང་པོ་དང༌། དུས་ཀྱི་འཁོར་ལོའི་རྒྱུད་དང་རྒྱས་ འགྲེལ་བརྒྱ་རྩའི་གྲངས་དང༌། བཀའ་འགྱུར་བསྟན་འགྱུར་སོགས་གསུང་རྟེན་ཁྱད་འཕགས་ མང་པོ་དང༌། མཆོད་རྟེན་བཀྲ་ཤིས་སྒོ་མང་ལ་སོགས་པའི་ཐུགས་རྟེན་ཡང་མང་པོ་ལེགས་ བཞེངས་མཛད་ནས་སྤྱིར་རྒྱལ་བའི་བསྟན་པ་དང་ཁྱད་པར་ངེས་དོན་སྙིང་པོའི་རང་ལུགས་ སྐྱེ་དགུའི་ཕན་དང་བདེ་བ་ཀུན་གྱི་གཞིར་གྱུར་ཉག་གཅིག་གང་དེ་དུས་མཐར་སྙིགས་འགྲོའི་ རྒུད་པ་ཀུན་ནས་སེལ་བའི་གཉེན་མཆོག་ཏུ་ཡུན་རིང་མོའི་བར་བསོད་ནམས་ཀྱི་ཞིང་དུ་རྟག་ པར་སྤེལ་བའི་མཛད་སྒོ་རྒྱ་ཆེན་གནང་བའོ། །དེ་དག་ནི་རླབས་ཆེན་གྱི་མཐུ་དང་ལྡན་ཞིང་ རྣམ་པར་དཀར་བའི་དགེ་ལས་ཀྱི་མཛད་པའི་སྐབས་ཏེ་བཞི་པའོ། ། དེ་འདྲའི་རྒྱ་ཆེན་མཛད་ཕྲིན་གྱིས་བསྟན་འགྲོ་རིང་ཞིག་ཏུ་ལེགས་པར་བསྐྱངས་མཐར་ ལྗོངས་འདིར་རེ་ཞིག་གདུལ་བྱ་རྫོགས་པ་ལ་བརྟེན་གང་གི་དགུང་གྲངས་གྱ་དྲུག་དུ་སོན་ སྐབས་ཕ་ཁྱིམ་དུ་བུ་འགྲོ་བ་ལྟར་གང་བཞེད་རང་དབང་གིས་དག་སྣང་འབའ་ཞིག་ལ་ཅི་ དགར་སྤྱོད་པ་སྟེ། དེ་ཡང་ཁོང་གི་སྣང་ངོར་མ་དག་ཐ་མལ་གྱི་སྣང་བ་དབྱིངས་སུ་ཟུམ་པའི་ ངང་ནས་དག་ཆེན་སྒྱུ་མའི་རྣམ་པར་རོལ་པ་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་སོགས་ཞི་ ཁྲོའི་ལྷ་ཚོགས་རབ་འབྱམས་ཀྱི་སྣང་བ་གསུང་གིས་གདམས་ངག་རྗེས་སུ་འདོམས་པ་སོགས་ མཛད་བཟང་ཡ་མཚན་པའི་གཟིགས་མོས་དུས་འདའ་བ་རེ་ཞིག་གི་བར་བྱུང་ནས་མཉམ་ རྗེས་ཆ་མི་ཕྱེད་པའི་འོད་གསལ་ནམ་མཁའི་རྣལ་འབྱོར་ཉག་གཅིག་གི་ངང་ནས་ཕྱི་ལོ་༡༤༣༥ 2-1-163 རབ་ལོ་༤༠༩ མཆན། ཤིང་མོ་ཡོས་ལོའི་སྨི ན་དྲུག་ཟླ་བའི་ཡར་ཚེས་བརྒྱད་ཀྱི་ཉིན་གཟུགས་སྐུ་ ཆོས་དབྱིངས་སུ་མནལ་བའི་ཚུལ་གྱིས་ལྗོངས་འདིར་སྤྲུལ་བཀོད་རེ་ཞིག་བསྡུ་བར་མཛད་པ་ ན་ས་རྣམ་པ་དྲུག་ཏུ་གཡོས་ཤིང་མཁའ་དབྱིངས་ནས་རོལ་མོའི་སྒྲ་དབྱངས་སྣ་ཚོགས་རང་ གྲགས་སུ་བྱུང་བ་སོགས་སེམས་དཔའ་མཆོག་གི་ཐུགས་དགོངས་འོད་གསལ་མ་བུ་དབྱེར་ མེད་ཀྱི་གནས་ལུགས་གདོད་ནས་བཞུགས་པའི་རང་མདངས་མངོན་དུ་མཛད་པའི་དགེ་ མཚན་ཁྱད་པར་བ་དང་བཅས་ཞག་འགའ་ཞིག་བཞུགས་མཐར་དཀར་ཆ་སྟེང་དང་དམར་ ཆ་འོག་ནས་བྱུང་སྟེ་ཐུགས་དམ་ལས་བཞེངས་ཚེ་མཁའ་ལ་འཇའ་འོད་ཀྱི་རྣམ་པའི་གུར་ གདུགས་རྒྱལ་མཚན་བ་དན་སོགས་མཆོད་རྫས་ཀྱི་ཁྱད་བཀོད་ཁྱད་མཚར་ཅན་མཐའ་ཀླས་ པ་དང་མེ་ཏོག་གི་ཆར་བ་སྙོན་མེད་བབས་ཅིང༌། སྐུ་གདུང་ལོངས་སྤྱོད་རྫོགས་པའི་ཆས་ ཀྱིས་བརྒྱན་ཏེ་བསོད་ནམས་ཀྱི་ཞིང་དུ་འདུས་སྡེ་ཆེས་མང་པོས་རྒྱ་ཆེ་བའི་མཆོད་པའི་བཀོད་ པ་མཐའ་ཡས་པ་དང་བཅས་བླ་གྲྭ་སོ་སོས་རྒྱུད་སྡེ་དུ་མའི་ཞལ་ཕྱེས་ཏེ་ཆོག་གྲྭ་སྣ་ཚོགས་ པས་ལེགས་མཆོད་གཟབ་ལྡན་གྱིས་ཞག་གྲངས་སྦྲེལ་མར་བགྱི་བ་ཕུན་ཚོགས་དོན་ལྡན་གྱི་ མཐར་མཆོད་བཀོད་བླ་ལྷག་གིས་སྐུ་གདུང་ཡེ་ཤེས་ཞུགས་ཕྲེང་གིས་ལེགས་བཞུ་མཛད་ཚེ་ སྔོ་ལྗང་ཁ་དོག་ཉེ་བར་མཛེས་པའི་དུ་བ་ཤར་ཕྱོགས་མངོན་དགའི་ཞིང་ཕྱོགས་ཀྱི་མཁའ་ལམ་ ལ་བསྐྱོད་དེ་དེ་ཕྱོགས་སུ་འཇའ་ཟེར་སྣ་ཚོགས་པའི་མཆོད་བཀོད་ཆེས་ཁྱད་པར་བ་དུ་མ་ དང་མཁའ་དབྱིངས་ནས་མེ་ཏོག་གི་ཆར་སོགས་ངོ་མཚར་རྟགས་ཀྱི་ཆེ་བ་དེར་གནས་སྐྱེ་དགུ་ ཡོངས་ཀྱི་མཐུན་སྣང་དུ་གྱུར། གདུང་ཁང་ལ་དམ་རྒྱ་ལེགས་མཆོད་ཀྱི་རྗེས་ཞལ་ཕྱེའི་སྐབས་ གདུང་རུས་དག་ལས་སྐུ་རྟེན་གཙུག་ཏོར་དུ་རྡོ་རྗེ་འཆང༌། དཔྲལ་བར་དུས་འཁོར་ཡབ་ཡུམ། རྣ་ལྟག་གཡས་སུ་འཇིགས་མཛད་ཕྱག་མང༌། ལྟག་པར་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང༌། རྣ་ལྟག་གཡོན་པར་མི་གཡོ་བ། སྤྱི་བོར་གུར་མགོན། རྗེ་ངར་དག་ལ་མཆོད་ལྷ་བཞི་རྣམས་ 2-1-164 བྱོན། གསུང་རྟེན་དབྱངས་གསལ་གྱི་ཡི་གེ་དོད་པའི་རུས་བུ་དུ་མ་དང༌། ཐུགས་རྟེན་དུང་ དཀར་གྱི་རྣམ་པའི་རིང་བསྲེ ལ་སོགས་དང༌། གཞན་ཡང་ཆེ་འབྲི ང་ཆུང་གསུམ་གྱི་རིང་བསྲེ ལ་ རིལ་མ་འོད་འཚེར་བ་ཆེས་ཁྱད་པར་དུ་འཕགས་པ་མང་པོ་བྱོན་པ་སོགས་ངོ་མཚར་ལེགས་ ཚོགས་ཀྱི་མཚན་མ་རང་རེའི་དམ་པ་གོང་མ་རྗེ་ཇོ་ནང་པ་ཡབ་སྲས་ཀྱིས་དག་ཞིང་གཟིགས་ ཚུལ་དང་ཀུན་ནས་མཉམ་པའི་ངོ་མཚར་རྣམ་པར་འཕྲུལ་བ་དཔེ་བྲལ་གྱི་མཛད་སྒོ་ཉེ་བར་ བསྟན་ནས་གདུང་རྟེན་སོགས་ལེགས་བསྒྲུབས་བགྱིས་པའོ། །དེ་དག་ནི་ཐ་མར་མཛད་པའི་ ཚུལ་གྱི་སྐབས་ཏེ་ལྔ་པའོ། ། དེ་ལྟར་སྐབས་དོན་ལྔ་པའི་མཛད་ཚུལ་གྱི་རྣམ་པར་ཐར་པ་ཉུང་བསྡུས་ས་བོན་ཙམ་གྲུབ་ པའི་རིགས་ལྡན་གྱི་སྤྲུལ་པ་མདོ་ཁམས་སྨད་ཀྱི་ངེས་དོན་བསྟན་པའི་མངའ་བདག་ཆེ་བ་ དཔལ་འཛམ་ཐང་བསམ་འགྲུབ་ནོར་བུའི་གླིང་ཕྱག་འདེབས་མཛད་པ་པོ་དྲུང་དཀའ་བཞི་ རིན་ཆེན་དཔལ་གང་ཉིད་ཀྱིས་བསྟན་ཆས་ཕྲིན་ལས་སྒོ་རབ་ཏུ་ཡངས་པ་ལེགས་བསྐྱངས་ མཛད་པའི་དུས་སྐབས་ན་དབུས་གཙང་གི་རང་རེའི་ཆོས་སྡེ་རི་ཁྲོད་ཇོ་ནང་དཔལ་དུ་གདན་ སའི་མཛད་ཕྲིན་སྐྱོང་མཁན་འཇམ་དབྱངས་དཀོན་མཆོག་བཟང་པོ་ཡིན་ཞིང༌། འདི་དག་ དང་དུས་མཚུངས་ས་སྐྱའི་སྔགས་འཆང་ངག་དབང་གྲགས་པ་རྒྱལ་མཚན། རྗེ་ཙོང་ཁ་པའི་ དངོས་སློབ་མཁས་གྲུབ་དགེ་ལེགས་དཔལ་ཡབ་སྲས། དགེ་འདུན་གྲུབ་སོགས་དང༌། བོད་ ལྗོངས་འཛམ་གླིང་སྒར་བ་རྒྱལ་དབང་ཀརྨ་ཞྭ་ནག་པ་ན་རིམ་དྲུག་པ་མཐོང་བ་དོན་ལྡན་དང༌། བདུན་པ་ཆོས་གྲགས་རྒྱ་མཚོའི་སྐུ་དུས་དང༌། ཞྭ་དམར་གསུམ་པ་ཆོས་དཔལ་ཡེ་ཤེས་སོགས་ དང༌། གནམ་སྐོས་གོང་མ་ཏཱ་མིང་རབས་ཡུང་ལོ་རྒྱལ་པོ་དང༌། བོད་ཀྱི་དབང་འཛིན་ཕག་ གྲུའི་བརྒྱུད་པ་ཧྭ་ཝང་གྲགས་པ་རྒྱལ་མཚན་སོགས་དང་དུས་མཚུངས་ཙམ་དུ་མངོན། མདོ་ ཁམས་འདིར་ངེས་དོན་སྒྲུབ་བརྒྱུད་ཀྱི་ཆོས་སྡེ་འཛམ་ཐང་དགོན་འདི་ཐོག་མར་ཕྱག་འདེབས་ 2-1-165 ཀྱིས་དབུ་བརྙེས་ཙམ་ན་ཁམས་ཕྱོགས་དགོན་སྡེ་གྲགས་ཅན་གཞན་མང་པོ་ལས་སྔ་ཤོས་ཀྱི་ དུས་སྐབས་ཏེ་ཁམས་སྡེ་དགེ་དཔལ་ཡུལ་རྣམ་རྒྱལ་གླིང་སོགས་གྲགས་པ་ཆེ་བའི་དགོན་སྡེ་ འགའ་ཕྱིས་ལོ་མང་པོ་སོང་རྗེས་ནས་ཕྱག་འདེབས་བྱས་པ་ཡིན་ཞིང༌། བྱང་ཕྱོགས་ཀྱི་དགེ་ ལུགས་པའི་དགོན་པ་བླ་བྲང་བཀྲ་ཤིས་འཁྱིལ་སོགས་དང༌། ལྷོ་ཁའི་སྔགས་སྙིང་ཕྱོགས་ཀྱི་ དགོན་པ་གསེར་ལྷ་རྩེ་དགོན། རྩང་མདའ། འཇང་སྒང༌། ཤུག་སྒང་དགོན་སོགས་ཀྱང་ཕྱིས་ རིང་མོ་ཞིག་ནས་བཏབ་པ་ཁོ་ནའོ། །དྲུང་དཀའ་བཞི་པ་ཁོང་གི་ཐུགས་སྲས་སློབ་མ་མཆོག་ གང་དག་གི་སྐུ་བརྒྱུད་ཕལ་ཆེ་བ་དང༌། ཉིད་ཀྱི་སྐུ་བརྒྱུད་འགའ་རེ་དང་བཅས་པས་ངེས་ དོན་གྱི་ཆོས་སྡེ་འདི་རིང་མོ་ནས་ད་བར་ལེགས་བསྐྱངས་ཀྱི་བཀའ་དྲིན་མཛད་སྒོ་རྒྱ་ཆེ་བའི་ ཕུལ་བྱུང་གི་རྣམ་ཐར་ཤིན་དུ་ངོ་མཚར་བའི་གནས་གང་དག་གི་ཆ་འདིར་ཅུང་ཙམ་བསྡུ་བ་ལ་ ཐོག་མར་ཐུགས་སློབ་མཆོག་མཁས་ཤིང་གྲུབ་བརྙེས་ཀྱི་སྐྱེས་བུ་ཆོས་རྗེ་རྒྱལ་བ་བཟང་དང༌། ཚེས་བཅུ་རཏྣ་ཀིརྟི་དང༌། ཨརྒེ་ཉི་མ་འོད་ཟེར་གསུམ་གྱི་སྐུ་བརྒྱུད་གང་དག་གིས་འཛམ་ ཐང་དགོན་འདིར་ཕན་པའི་བྱ་བ་རླབས་ཆེ་བ་ཅི་རིགས་མཛད་ཅིང༌། ཆོས་རྗེ་གཞོན་ནུ་རྒྱལ་ མཚན་གྱིས་ཀྱང་འཛི་སྟོད་དུ་ངེས་དོན་སྒྲུབ་བརྒྱུད་ཀྱི་ཆོས་གཞི་དང་བཅས་བསྟན་འགྲོའི་ དོན་ལ་མཛད་སྒོ་མི་དམན་ཞིང་ཉིད་ཀྱི་སྐུ་བརྒྱུད་འགའ་རེས་འགྲོ་ཕན་ཆེ་བ་བྱུང་ཚུལ་ཡོད་ ནའང་འདིའི་ལོ་རྒྱུས་ཀྱི་ཁུངས་རྙེད་དཀའ་བས་རེ་ཞིག་སྤྲོ་མི་ནུས་ལ། གོང་མ་གསུམ་ལས་ ཀྱང་ཆེས་མཛད་རྒྱ་ཆེ་བ་ནི་རྒྱལ་བ་བཟང་སྟེ། སྤྱིར་ན་དེ་གསུམ་གྱི་ལོ་རྒྱུས་ཅི་ནུས་རེ་འདིར་ ཡང་འགོད་པ་ལ། ༼༡༽ ཐོག་མར་དྲུང་དཀའ་བཞི་པ་ཆེན་པོའི་ཐུགས་ཀྱི་བུ་ཆེན་ཆོས་རྗེ་རྒྱལ་བ་བཟང་གང་ ཉིད་ནི། འཛམ་ཐང་གི་ཆོས་གཞི་འདི་ལ་ཆེས་མཛད་ཕྲིན་ངོ་མཚར་བའི་སྒོ་དུ་མ་ནས་བསྟན་ འགྲོ་ལ་སྨན་པའི་ལེགས་སྒོ་རྒྱ་ཤིན་ཏུ་ཆེ་བའི་སྤྱོད་རླབས་གཞན་གང་གིས་འགྲན་ཟླ་དང་ 2-1-166 བྲལ་བས་ཇི་བཞིན་ངེས་པར་སྐྱོང་བའི་གཡར་དམ་ནམ་ཡང་མི་ལྷོད་པའི་འགྲོ་འདྲེན་མཆོག་ གི་སྐྱེས་ཆེན་དམ་པ་སྟེ། དེ་ཡང་དོན་གྱི་ཡིན་ལུགས་ལ་སྔོ ན་ཚེ་བསྐལ་པ་ཆེས་རིང་མོའི་དུས་ ཀྱི་གནས་སྐབས་ཤིག་ཏུ་རྒྱལ་པོ་ཡུལ་འཁོར་སྲུང་གི་སྲས་སུ་འཁྲུངས་ཏེ་སངས་རྒྱས་རྣམ་ པར་སྣང་མཛད་ཀྱི་དྲུང་ནས་བྱང་སེམས་ཛཱ་ཡ་མེ་དྲིས་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས་ ནམ་ཞིག་བསྐལ་བཟང་རྣམ་འདྲེན་ལྔ་པར་ལུང་བསྟན་ཐོབ་པ་དེ་ནས་བཟུང་དག་ཆེན་གྱི་ མཛད་པ་རླབས་ཆེན་ཉེ་བར་སྤྱོད་པའི་ཚུལ་རྒྱལ་ཚབ་མི་ཕམ་པ་ནས་རིམ་པར་གདུལ་བྱ་རང་ སྣང་དང་འཚམས་པའི་རྣམ་བཀོད་ཕྱོགས་གཅིག་གི་ཐུན་མོང་ངོར་ཡོངས་གྲགས་རང་རེའི་ ཀུན་མཁྱེན་ཇོ་ནང་པའི་ཐུགས་སློབ་མཆོག་གྱུར་ས་བཟང་ལོ་ཙཱའི་བར་གྱི་མཛད་ཚུལ་བསྟན་ ནས་དུས་གྱི་མཐར་གངས་ལྗོངས་ཀྱི་ས་ཆར་གཏོགས་པ་མདོ་ཁམས་སྨད་ཀྱི་ཕྱོགས་སུ་དེར་ གནས་ཀྱི་སྙིགས་འགྲོ་ཆེས་མང་པོའི་མགོན་སྐྱབས་སུ་ལས་དང་སྨོན་ལམ་གྱི་མཐུ་ཉེ་བར་ གྲུབ་པའི་ཚུལ་ཡང༌། མདོ་སྨད་ཀྱི་ཆར་གཏོགས་རྒྱལ་རོང་གི་ཡུལ་གྲུར་གནས་པའི་སྐྱེ་བོ་ དམུ་རྒོད་དག་གདུལ་ཞིང་དུ་གཟིགས་ནས་བཞག་ཤོད་དཔལ་མོ་འཛོམས་ཞེས་བྱ་བར་ རིགས་རུས་གཙང་བའི་ཡབ་ཡུམ་གྱི་སྲས་སུ་ཕྱི་ལོ་༡༤༡༩ རབ་ལོ་༣༩༣ མཆན། ས་མོ་ཕག་ལ་ངོ་ མཚར་ལྟས་བཅས་སྐུ་འཁྲུངས། དགུང་ལོ་བརྒྱད་ཙམ་ནས་ཀློ ག་སོགས་རིག་གནས་འགའ་ སྦྱང་བརྩོན་མཐར་ཕྱིན། དེ་ནས་རིམ་པས་སྔོ ན་སྦྱང་ཟབ་མོའི་མཐུ་ལས་ཆོས་ལ་དོན་གཉེར་ གྱི་བློ་མིག་ཡོངས་སུ་རྒྱས་པར་བརྟེན་འཛམ་ཐང་བསམ་འགྲུབ་ནོར་བུའི་གླིང་གི་ཆོས་གྲྭར་ ཕྱིན་ཏེ་རིགས་ལྡན་དྲག་པོ་དགེ་བའི་བཤེས་གཉེན་མཆོག་གི་ཟོལ་ལ་བརྟེན་པ་དྲུང་དཀའ་ བཞི་པ་ཆེན་པོའི་ཞབས་དྲུང་དུ་བསྙེགས་ནས་གང་ཉིད་སྤྱི་བོའི་བླ་མར་བཀུར་ཏེ་ཐོག་མར་ རབ་བྱུང་ཚིགས་སྔ་ཕྱིའི་སྡོམ་པ་རིམ་པས་ལེགས་མནོས་མཛད་ནས་མི་ཕམ་རྒྱལ་བ་བཟང་ པོ་ཞེས་པའི་མཚན་གསོལ། དེ་ནས་བླ་མ་མཆོག་གི་དྲུང་དུ་ཆོས་ལ་ཐོས་བསམ་གྱིས་ཞུགས་ 2-1-167 ཏེ་སྡོམ་གསུམ། བླང་དོར་རབ་གསལ། སྤྱོད་འཇུག་སོགས་ནས་བཟུང་མདོ་ཕྱོགས་བཀའ་ པོད་ལྔ་ལ་རིམ་པས་གསན་སྦྱང་མཐར་ཕྱིན་མཛད། དེ་ནས་དབང་ལུང་ཟབ་མོས་རྒྱུད་སྦྱང་ བཞིན་དུས་འཁོར་རྩ་འགྲེལ་སོགས་སྔགས་ཀྱི་གཞུང་ལུགས་ཕལ་མོ་ཆེར་བསླབ་སྦྱང་ནན་ ཏན་གྱིས་མཁས་པའི་གནས་ཐོབ། དེ་ནས་རང་རེའི་མེ་ཏོག་ལྷ་བབས་ཀྱི་ཆོས་སྐོར་དུས་ཀྱི་ འཁོར་ལོའི་བསྐྱེད་རྫོགས་གཙོ་བོར་གྱུར་པའི་ཟབ་གསང་ཐེག་པའི་མན་ངག་གིས་ཉམས་ ལེན་ལ་གནད་སྨིན་བགྱིས་པས་རིམ་གཉིས་ཀྱི་རྣལ་འབྱོར་གནད་ལ་ཐེབས་ཏེ་སྒོམ་པ་ཀློང་ དུ་གྱུར་ནས་གྲུབ་འབྲས་ཀྱི་རྟག་མཚན་ཁྱད་པར་བ་ཀུན་གྱི་སྣང་ངོར་ལེགས་པར་མངོན་པའི་ གྲུབ་པ་མཆོག་གི་གོ་འཕང་ལ་སླེབས་ཤིང༌། གཞན་ཡང་བཤེས་གཉེན་དུ་མ་ལས་གསང་ཆེན་ རྒྱུད་སྡེ་རྒྱ་མཚོའི་དབང་ལུང་མན་ངག་བཤད་བཀའ་མཐའ་ཀླས་པ་ནོད་དེ་ཟབ་དོན་ནོར་ བུས་ཐུགས་མཛོད་ལེགས་རྒྱས་བྱས་མཐར། བླ་མ་དྲུང་པ་རིན་པོ་ཆེའི་བཀའ་བཞིན། རྒྱལ་ ཚབ་དམ་པའི་ཁྲི་ལ་མངའ་གསོལ་གྱི་སྒོ་ནས་འཛམ་ཐང་ཆོས་སྡེའི་དགེ་འདུན་པ་ཡོངས་ལ་ རང་རང་དང་འཚམས་པའི་ཟབ་བཀའ་རྒྱ་ཆེར་བསྩལ་ཅིང་ཁྱད་པར་བཀའ་པོད་ཀྱི་གཞུང་ ལུགས་ལྔའི་མཚན་ཉིད་ཀྱི་འཛིན་གྲྭ་བཙུགས་ཏེ་ཡང་སྒོས་ཚད་མ་མདོ་སྡེ་བདུན་བཅས་ལ་ རྩལ་ཐོན་གྱི་རིགས་ལམ་ཆེས་བཟང་པོས་མདོ་སྔགས་མཐའ་དག་གི་ཟབ་གནད་གཏིང་ དཔོག་པའི་ལུགས་སྲོལ་པདྨོའི་ཕྲེང་བ་ལྟར་གཙང་ཞིང་དྲི་མ་མེད་པར་ག་དར་ལེགས་འབྱེད་ ཀྱི་དགག་བཞག་ཧ་ཅང་རྣོ་བས་ཁོང་ལ་ཚད་མ་པ་རྒྱལ་བ་བཟང་ཞེས་གྲགས་པའི་མཚན་སྙན་ ཁྱབ་བརྡལ་དུ་སོང༌། དེ་འདྲའི་མཛད་བཟང་གིས་ལོ་འགར་ཆོས་གྲྭ་བསྐྱངས་མཐར་སྙིགས་ དུས་འདིར་བཤད་པ་བས་སྒྲུབ་པ་གཙོ་ཆེ་བ་ལ་དགོངས་འདུན་བཞེས་ནས་རི་ཁྲོད་དབེན་རི་ འགྲིམས་ཏེ་བྱ་བཏང་རྣལ་འབྱོར་གྱི་ངང་ཚུལ་བཟུང་ནས་ཐུགས་སྒྲུབ་པ་རྩེ་གཅིག་པ་ལ་ཀུན་ ནས་གཞོལ་བར་གྱུར་ཏོ། །དེ་ལུགས་ལྟར་ཁོང་ཉིད་ངེས་མེད་ཀྱི་སྒྲུབ་གནས་རྣམས་སུ་ 2-1-168 ལེགས་ཕེབས་མཛད་ནས་སྒྲུབ་པ་ལ་རྩེ་གཅིག་རེམ་པ་ལྷུར་ལེན་གྱི་སྐབས་རེ་ཞིག་རང་ཡུལ་ དང་ཉེ་བའི་གནས་ཤིག་ན་བཞུགས་པའི་དུས་སུ་ཉིན་ཞིག་ཏུ་ཁོང་གི་སྒྲུབ་གནས་ཀྱི་མདུན་ ཐད་ཕ་ཀི་ན་ཕ་བོང་ཞིག་ཡོད་པའི་རྩར་སྐྱ་མི་མདུང་དར་ཅན་ཞིག་གློ་བུར་དུ་ཐོན་ཏེ་མདུང་ རྟིང་གིས་ཕ་བོང་ལ་བརྒྱབ་པས་དེའི་ཞབས་ནས་མི་ནག་པོ་ཞིག་ཐོན་བྱུང་བ་ལ་ཚིག་འགའ་ ཞིག་བཤད་ནས་གཉིས་ཀ་གར་སོང་ཆ་མེད་པར་ཡལ་ནས་ཐལ་བ་ན། ཁོང་ཉིད་ཕ་བོང་རྩར་ ཕེབས་ཏེ་ཕྱག་གིས་མཚན་མར་བཅིང་པའི་རྡོ་རྗེས་ཕ་བོང་ལ་བརྡ་བྱས་པས་སླར་འོང་བའི་མི་ ནག་གནས་བདག་དེ་ལ། ཡིན་ལུགས་དྲིས་ཚེ། ཁོས་ད་གཟོད་འོང་བ་དེ་བཞག་ར་སྨན་རྩེས་ མངགས་པ་རེད། ཁོ་བོ་དམ་ཅན་མགར་བའི་རིགས་ཡིན་པས་རང་ལ་གནམ་ལྕགས་རྫས་ རིགས་ཆེས་རྣོ་ངར་ཅན་བཞུ་བརྡུང་གི་ཉེར་མཁོ་བྱེད་དགོས་པའི་བཀའ་ཕེབས་བྱུང་བ་ ལགས་ཟེར་བས། ཁོང་ནས་དེ་དགོས་པ་གང་གི་ཆེད་རེད། གསུངས་པས། དེ་ན་རེ། སང་ ཉིན་ཡུལ་འདིའི་སེར་སྲུང་ལ་འཕེན་པའི་ཆེད་དུའོ། །ཞེས་ཟེར་ནས་དེ་ཡང་མི་སྣང་བར་སོང༌། སྐབས་དེར་ཡུལ་དེའི་སེར་སྲུང་བ་ཁོང་ཉིད་ཀྱི་ཡབ་རིག་སྔགས་ལ་ནུས་པ་ཐོན་པའི་སྔགས་ འཆང་དེ་ཡིན་པས་དེ་ལ། ཁོང་ནས་གསུངསཔ། སང་ཉིན་སེར་སྤྲིན་འཁྲིགས་ཚེ་ཁྱོད་ཀྱིས་ སྔགས་ཆས་ཕྱིར་ཕུད་དེ་སྐས་མགོར་བསྐོན་ལ་ཁྱོད་ཉིད་རང་ཁྱིམ་ཕུགས་ཀྱི་ཆོས་བཀའི་ གླེགས་བམ་དག་གི་ཞབས་སུ་གབ་ནས་སྡོད་དང་རེ་ཞིག་སེར་བ་དང་གནམ་ལྕགས་དབལ་ ཟེར་ཟིལ་ཆེ་བ་སླེབས་རྗེས་དེ་མ་ཐག་ཁྱོད་རང་ཕྱིར་བུད་ལ་ནུས་པ་གང་དྲག་གི་མཐུ་སྦོར་ ཞིག ཞེས་གསུངས་པ་ལྟར་ཕྱི་ཉིན་ཡབ་ཀྱིས་དེ་ལུགས་ལྟར་བྱས་ནས་བསྡད་སྐབས་སེར་བ་ གནམ་ལྕགས་བཅས་ཀྱིས་སྔགས་ཆས་བརླག་སྟེ་ཚུལ་དེ་ཀ་བཞིན་བྱུང་མ་ཐག་ནས་ཡབ་ཉིད་ ཕྱིར་ཐོན་ཏེ་ཡུངས་ཀར་སྔགས་མ་བྱིན་ཅན་མཁའ་ལ་གཏོར་བས་དེ་མ་ཐག་སེར་བ་ཡང་ཞི་ སོང༌། དེའི་ཕྱི་ཉིན་ཙམ་ན་རྒྱལ་བ་བཟང་བཞུགས་གནས་ཀྱི་སྒྲུབ་ཕུག་སྒོ ར། སྔར་གྱི་སྐྱ་མི་ 2-1-169 དེས་འབྲུག་གཅིག་ཁྲིད་ནས་ཐོན་བྱུང་བ། དེ་ན་རེ། ངེད་ནི་བཞག་ར་ལྷ་རྩེས་ཁྱེད་དྲུང་དུ་ མངགས་པ་ཡིན། ཁ་སང་ཡུལ་འདིར་ངེད་ཅག་གིས་སེར་བ་ཕབ་ནས་སེར་སྲུང་དེ་གསོད་ ཕྱིར་གནམ་ལྕགས་འཕངས་པ་ན། ཁོ་པོ་གཞོམ་ཐུབ་སྙམ་བྱས་ཀྱང༌། རྗེས་ནས་ཡུངས་ཟོར་ རྦབ་རྡོ་ལྟར་དོས་དྲག་ཅིང་བཟོད་དཀའ་བ་ཆེས་མང་པོས་ནམ་མཁའ་བར་སྣང་ཀུན་ཁྱབ་སྟེ་ ངེད་ཅག་གི་ལས་བྱེད་སྡེར་གཏོགས་གང་མང་ཤི་རྨས་སུ་བཏང་བའི་ཉེན་ཁ་ཆེ་བ་འབྱུང་ སྐབས་བཞག་རའི་སྐུ་སྲས་ཀྱི་སྤྱན་འབྲས་ལ་ཡུངས་ཀར་གྱི་ཕྱེ་རྡུལ་ཕྲ་མོ་ཟུག་པས་ད་ལན་ན་ ཟུག་བཟོད་དཀས་གདུང་ཡོད་པས་དེ་སྐྱོབ་ཆེད་ཁྱེད་ཉིད་སྤྱན་འདྲེན་དུ་འོང་བས་འབྱོན་ གནང་གི་ཞུ་བ་ཕུལ་ཚེ། ཁོང་ནས་དེ་ལྟར་ཞལ་བཞེས་གྱི་སྒོ་ནས་བག་ཚ་བ་མེད་པར་རྫུ་ འཕྲུལ་ཆེན་པོས་གཡུ་འབྲུག་རྩལ་ལྡན་ལ་ཆིབས་ཏེ་ཡུལ་སྐྱོང་བཞག་ར་སྨན་རྩེའི་གནས་ ཡུལ་དུ་ཕེབས་པར་མཛད་ཚེ་ལམ་བར་ཀུན་ཏུ་མི་མིན་གྱི་སྡེ་རིགས་མང་པོ་བསད་ཅིང་ལ་ལ་ ཡུངས་ཟོར་གྱིས་རྨས་པ་རྣམས་གཟིགས་ཏེ་ཐུགས་སྙིང་རྗེ་ཆེན་པོས་དེ་དག་ཟུག་རྔུ་ལས་ ལེགས་སྐྱོབ་མཛད། དེ་ནས་བཞག་རའི་གནས་ཀྱི་ཕོ་བྲང་ཆེན་པོར་ཆེ་བསུ་དང་བཅས་ཁྲི་ལ་ འཁོད་ནས་སྐུ་སྲས་ཀྱི་སྤྱན་ལ་གཟིགས་ཚེ་ཡུངས་རྡུལ་ཧ་ཅང་ཕྲ་མོ་གོག་ལ་ཁད་པ་ཅི་ཡང་མི་ གནོད་པ་ལྟར་འདུག་པས་ཁོང་གིས་ཕྱག་དེ་ཉིད་ཀྱིས་སྐད་ཅིག་ལ་དཀའ་ཚེགས་མེད་པར་ བསལ་ཏེ་བསྲུང་བ་ལེགས་བསྐྱབས་བྱས་པས་བཞག་ར་ལྷ་རྩེ་དང་སྐུ་སྲས་སྨན་པ་དོན་གྲུབ་ གཉིས་ཀྱིས་གཙོས་བཀའ་བློན་སྡེ་རིགས་མང་པོས་མཆོད་ཡོན་ཟབ་མོའི་འབྲེལ་ཆེ་བ་འདི་ ནས་བཟུང་དུས་ཇི་སྲིད་དུ་བཀའ་ཡིས་བསྒོ་བ་ཐམས་ཅད་ནམ་ཡང་མི་འདོར་བའི་གཡར་ དམ་ཕུལ། ཁོང་ཉིད་ལ་བཞག་རའི་ཕོ་བྲང་ཕྱི་ནང་གི་བང་མཛོད་རྣམས་ཀྱང་གཟིགས་མོར་ ཕུལ་ཚེ་མཛོད་མང་ཕྱོགས་བསང་དུད་ཀྱིས་གང་འདུག་པ་ཆེས་ཉག་ཕྲ་ཙམ་ཉམས་པ་ཡང་ རྩིས་འཛིན་གྱིས་སེར་སྣ་ཆེར་བྱེད་པས་རྗེས་སོར་དུད་མཛོད་གང་དག་སྔར་ལས་བརྒྱ་འགྱུར་ 2-1-170 གྱིས་ལེགས་བཀང་མཛད། དེ་ནས་ཁོང་ལ། སྐུ་སྲས་ཀྱི་ཟུག་རྔུ་སངས་ཁྱེར་བྱས་པའི་བཀའ་ དྲིན་གསོ་ཐབས་སུ་ཟོང་ནོམ་དང་འབྲུ་སྐྱིན་འབྲུ་རིགས་འབུལ་བར་ཁས་བླངས་ཏེ་ཕེབས་ སྐྱེལ་ལེགས་པོའི་ངང་ཁོང་ཉིད་རང་གནས་སུ་བྱོན་པའི་ལམ་བར་དུ་སྟོད་ཕྱོགས་ནས་མི་ དབང་ཞིག་གི་བུ་མོ་བག་མར་བསྐྱལ་བའི་ཆུ་ཆེན་ལ་བརྒལ་ལམ་དུ་མི་མིན་གྱིས་གནམ་ ལྕགས་ཕབ་པས་བུ་མོ་དེའི་མགོ་བོ་བཅད་དེ་བསད་སོང་བ་དེའི་མགོ་གཡུ་བྱུར་སྤོས་ཤེལ་ སོགས་ཀྱི་རྒྱན་ཧ་ཅང་ཆེ་བ་དེ་ཉིད་ཆུས་ཁྱེར་ཏེ་འོང་བས་ཁོང་གི་ཕྱག་ཏུ་འབྱོར། ཕྱིས་སུ་ གདུང་རྟེན་ལ་གཡུ་བྱུར་སོགས་དེ་དག་གིས་ཕྲ་རྒྱན་བྱས་པ་ད་ལྟ་མཇལ་དུ་ཡོད་ཅེས་གྲགས་ སྐད། དེ་ནས་ཁོང་ཉིད་རང་གནས་སྒྲུབ་ཕུག་ཏུ་ཕེབས་ཏེ་ཡུན་རིང་བཞུགས་སྐབས་སུ་སྔར་ སེར་བས་ལོ་ཐོག་བཅོམ་པའི་སྐྱིན་པ་འབྲུ་རིགས་འབུལ་རྒྱུ་ཁས་བླངས་པ་ལྟར་དེ་ཕྱིན་ཡུན་ རིང་བར་བཞག་རའི་རྩར་བྲག་གཤོང་དུ་ནས་མང་པོ་མི་སུ་ཡིན་ཀྱང་ལེན་དུ་ཡོད་པ་ཀུན་གྱི་ མཐོང་ཐོས་སུ་གྱུར་པ་ལྟར་རོ། །དེ་སོགས་ངོ་མཚར་བའི་གྲུབ་རྟགས་དང་བཅས་ངེས་མེད་ཀྱི་ དབེན་གནས་རྣམས་སུ་སྒྲུབ་པ་སྙིང་པོར་བྱས་ནས་བཞུགས་པ་སྟེ། སྒྱེ་མའི་གནས་མདུན་དུ་ བཞུགས་སྐབས། ཁོང་གིས་སྔར་མཆོད་རྟེན་ཆེན་པོ་ཞིག་རི་ངོས་མཐོ་སར་བཞེངས་པ་དེ་མ་ ཡུམ་གྱི་བསྐོར་ཐག་རིང་དྲག་པས་དཻ་མི་བདེ་གསུངས་ནས་སྐུ་གཟན་གྱིས་ཁུར་ཏེ་ཆུ་ཁར་ བསྐོར་ཐག་ཉེ་སར་ཕབ་སྟེ་བཞག་པ་ད་ལྟའང་ཡོད། མཆོད་རྟེན་འདིའི་ཚད་མེད་སྟེང་ནས་ ཤུག་སྡོང་ཡ་མཚན་པ་རྗེས་སོར་སྐྱེས་ནས་དེང་སང་ཡོད་པ་དེ་ཆོས་རྗེའི་བླ་ཤིང་དུ་གྲགས། ཡང་ལན་ཅིག་འཛི་སྟོད་དུ་ཕེབས་ཏེ་དགོན་ལེབ་ཀྱི་མ་མཐར་བ་གཡག་མཚོ་ཞེས་པ་གཞུང་ ལམ་ལ་ཡར་མར་གྱི་རྒྱུ་འགྲུལ་ལ་གནོད་འཇིགས་རྔམ་པའི་རང་བཞིན་དུ་ཡོད་པ་དེ་ཉིད་ མཚན་གཅིག་ལ་ཆུ་གནས་དང་གནས་བདག་ཀུན་གྱིས་ཀུ་ཅོ་ལྷང་ལྷང་དང་བུད་མེད་ཀྱིས་ཁྱི་ འབོད་སོགས་སྒྲ་སྣ་ཚོགས་དིར་དིར་སྒྲོག་པ་ཉེ་འཁོར་ན་ཡོད་པ་དག་གི་མངོན་སུམ་གྱིས་ 2-1-171 ཐོས་བཞིན་པར་ལུང་བ་དེའི་ངོས་གཅིག་ནས་བརྒྱུད་དེ་ལུང་ཕུག་གི་རྫ་རིའི་ཁྲོད་དུ་བསྐྱིལ་ ནས་བ་གཡག་མཚོ་དེང་སང་ལུང་སྟོད་རྫ་རིས་བསྐོར་བ་ན་ཡོད་པ་འདི་ག་ལྟར་དང༌། མཚོ་ ཡར་ཁྲིད་པའི་ཤུལ་ལ་མཚོ་ཤུལ་འཕོངས་ཞེས་ད་ལྟའི་བར་དུ་གྲགས་པ་ཡིན་ཞིང༌། མཚོ་ཁྲིད་ པའི་ཕྱི་ཉིན་ཤུལ་རྣམས་སུ་སྲམ་ལ་སོགས་པའི་ཆུ་གནས་འགའ་རེའི་རོ་དེར་གནས་དག་ གིས་རྙེད་ཟེར་པའི་བཤད་སྲོ ལ་ཡང་ཡོད། ཡང་དེ་དང་ཧ་ཅང་མི་རིང་བར་ཚ་ཁའི་རི་བཙུན་རྡོ་ རྗེ་དྲག་མོ་རྒྱལ་གྱི་སྒྲུབ་གནས་སུ་བཞུགས་སྐབས་རྣམ་འཕྲུལ་བཀོད་པའི་སྐུ་རྩེད་ཀྱིས་ཤར་ ཕྱོགས་རྫ་རིའི་རྩེ་ལ་མདའ་འཕངས་པས་རྫ་རིའི་རྩེ་འབུགས་པའི་ལམ་སེང་བུ་ག་ཁྲ་སྒོར་བ་ དེང་སྐབས་མཐོང་ཡུལ་དུ་ཡོད་པ་ལྟར་དང༌། གནས་དེར་མཚོ་གཅིག་ཡོད་པའི་ནང་དུ་མར་ མེ་འོད་དཀར་གྱི་སྣང་བ་ཅན་གཏེར་དུ་སྦས་པས་ཉིན་མཚན་ཀུན་ལ་འཕེལ་འགྲིབ་བྲལ་བའི་ འོད་དཀར་སྒོར་རེ་བ་ཕྱོགས་གཅིག་ན་རྟག་པར་གསལ་མཚེར་དུ་ཡོད་པས་མཚོ་དེའི་མིང་ལ་ ད་ལྟ་མཚོ་དཀར་མ་ཞེས་གྲགས་པ་ལྟར་རོ། །གཞན་ཡང་ཕ་བོང་ཆེ་བ་ཐོག་བརྩེགས་དང་ཨ་ ནར་དང་བ་གཡག་མཚོ་གཉིས་རྒྱུད་གཅིག་པའི་ཚུལ་དུ་དངོས་རྫས་ཕན་ཚུན་བསྐྱེལ་འདྲེན་ མཛད་པ་སོགས་དེང་སྐབས་ཀྱི་བར་དུ་ཕལ་ཆེར་མཐོང་ཡུལ་ཐུན་མོང་དུ་ཡོད་པའི་གྲུབ་ རྟགས་ཆེས་མང་དུ་བཞུགས་པའང་ཡིན་ནོ། ། ཆོས་རྗེ་འདིས་ངེས་དོན་སྒྲུབ་བརྒྱུད་ཀྱི་ཆོས་གཞིའི་དགོན་ཕྱག་འདེབས་མཛད་པའང༌། གཙོ་བོ་བཞག་ཤོད་ཀྱི་དགོན་པ་ལྔ་ཞེས་གྲགས་པ་སྟེ། པཱ་ལ་བཟང་ལྡན་དགོན། ཁང་གསར་ དགོན། དཔལ་ལྡན་བཀྲ་ཤིས་སྒང༌། མཚོ་བདུན་ལྷ་ཁང་དགོན་ནམ་ཙག་དགེ་བ་དགོན། འབོ་ཝ་འབྲོ འི་དགོན་དང་ལྔ། དེ་དག་ལས་གྱེས་པ། ཤུ་མདའི་དགོན། ཡ་མདའི་དགོན། ཡོ་ མདའི་དགོན། ས་ར་དགོན་སོགས་དགོན་ཕྲན་ཀྱང་མང་ཙམ་ཡོད། དགོན་གནས་དེ་དག་ གིས་གཙོས་གནས་སོ་སོར་སྐུ་གསུང་ཐུགས་རྟེན་གྲངས་མང་དང༌། ཁྱད་པར་མཆོད་རྟེན་བརྒྱ་ 2-1-172 རྩ་ཡང་བཞེངས་པར་གྲགས་ལ། ཉིད་ཀྱི་ཐུགས་སློབ་ཡང་སྔར་དྲུང་དཀའ་བཞི་པའི་མདུན་ ནས་ཕན་ཚུན་མཆེད་གྲོགས་དང་བུ་སློབ་དུ་གྱུར་པ། ཚེས་བཅུ་རཏྣ་ཀཱིརྟི། ཆོས་རྗེ་གཞོན་ནུ་ རྒྱལ་མཚན། ཁྲི་སྨོ ན་བཀྲ་ཤིས་དཔལ། འཇམ་དབྱངས་རིན་ཆེན་རྡོ་རྗེ་སོགས་མཁས་གྲུབ་ དམ་པ་དུ་མ་དག་དང༌། གཞན་ཡང་བླ་མ་ཁྲོ་བཅུ་པ། ཨོ་རྒྱན་རིན་ཆེན་སོགས་བསྟན་འགྲོའི་ དཔལ་གྱུར་མང་པོ་དག་བྱུང་ལ། ཁོང་གི་སྐུ་ཚེ་སྨད་དུ་རྒྱལ་རོང་བཞག་ར་སྨན་རྩེའི་ངོས་ཆོས་ འབྱུང་ནམ་མཁའ་རྫོང་དུ་སྒྲུབ་གནས་མཛད་དེ་ཡུན་རིང་བཞུགས། དེ་དུས་ཀྱི་སྐབས་ཤིག་ ལ་འཛམ་ཐང་དུ་ཚེས་བཅུ་རཏྣ་ཀཱིརྟིས་མཆོད་རྟེན་བཀྲ་ཤིས་སྒོ་མང་བཞེངས་གྲུབ་ནས་ཁོང་ ལ་རབ་གནས་དགོས་ཚུལ་ཞུས་ཚེ་སྒྲུབ་གནས་དེ་ཀ་ནས་ཡ་མཚན་པའི་རབ་གནས་དང་རྟེན་ ལ་མཆོད་པའི་ཆེད་སྐུ་ཆོས་ལེགས་འབུལ་བྱས་པ་ན་འཛམ་ཐང་གི་མཆོད་རྟེན་དེ་ཉིད་ཀྱི་ཆོས་ འཁོར་རྩེར་དར་དཔྱངས་ཀྱི་ཚུལ་དུ་ཅོད་པན་སེར་ཟུམ་མེར་གསོལ་བ་དེར་གནས་ཀྱི་ཐུན་ མོང་གི་སྣང་ངོར་མཐོང་བའི་ཆོས་སུ་གྱུར་ཏེ་རྗེས་སོར་དེ་ལུགས་ཀྱི་རྟེན་འབྲེལ་མཚོན་བྱེད་ མཆོད་རྟེན་དག་གི་ཆོས་འཁོར་ལ་སེར་རྩི་གསོལ་བའི་སྲོལ་ཀ་ད་བར་བྱུང་བ་ཡིན་ཞིང༌། དེ་ སོགས་གྲུབ་པའི་རྟགས་ངོ་མཚར་བའི་ལོ་རྒྱུས་ཆེས་མང་ནའང་འདིར་དེ་ཙམ་ལས་ཁུངས་ མ་རྙེད། ཆོས་རྗེ་གང་ཉིད་ཀྱིས་མཛད་པའི་གསུང་རབ་སྣ་ཚོགས་པ་ཡང་ཆེས་མང་ཚོད་དུ་ འདུག་ཀྱང་ད་ལྟ་དཔེ་རྒྱུན་མཚོན་ཙམ་ལས་མི་བཞུགས་ལ། དེ་ལྟ་བུའི་རླབས་པོ་ཆེའི་མཛད་ བཟང་ཟླ་དང་བྲལ་བས་བསྟན་འགྲོ་ཡུན་རིང་དུ་བསྐྱངས་ཏེ་མཐའ་འཁོབ་མུན་ཡུལ་གྱི་སྐྱེ་ འགྲོ་གང་དག་ལ་འདི་ཕྱིའི་ལེགས་ཚོགས་ཀྱི་གཞི་གཅིག་པུ་རྒྱལ་བསྟན་སྙིང་པོའི་ཆོས་ཀྱི་ཉི་ མ་དུས་སུ་ལེགས་པར་ཤར་བའི་དགའ་སྟོན་མཆོག་འགྱེད་པའི་འདྲེན་པ་སྐྱབས་ཀྱི་དམ་པ་ ཁོང་ཉིད་དུས་སུ་བསོད་ནམས་ཀྱིས་བླ་མའི་སྐལ་བར་ཐོབ་པ་སྟེ། ཁོང་གི་སྐུ་ཚེའི་མཐའ་ཙམ་ གྱི་དུས་རེ་ཞིག་གི་ཚེ་སྤྱིར་ན་མཐུ་ཆེན་དཀར་ཕྱོགས་སྐྱོང་བ་ཀུན་གྱིས་ཁོང་གི་བཀའ་ལས་ 2-1-173 འདའ་ནམ་ཡང་མི་ནུས་ཤིང་ཁྱད་པར་བཀའ་ཡི་འཕྲིན་ལས་ལ་ཆེས་མི་འདའ་བའི་གཡར་ དམ་བཞེས་པ་བཞག་ར་སྨན་རྩེ་བཀའ་བློན་ཡང་འཁོར་བཅས་ཡིན་པས་དེ་ལུགས་ལྟར་ཁོང་ ཉིད་ཀྱིས་ཞལ་སྔ་ནས་གསུངས་པ། ཉིན་གཅིག་བཞག་ར་ལྷ་རྩེ་ལ་འུ་ཅག་ཚེ་གང་བོའི་ཡོན་ མཆོད་ཡིན་པས་ད་ལན་ཁྱོད་ཀྱི་རང་གཟུགས་ཇི་བཞིན་པ་དེ་སྟོན་ཅིག ཅེས་བཀའ་བསྒོ་ བ་ན། ལྷ་རྩེ་ན་རེ། རང་གཟུགས་ཇི་བཞིན་བསྟན་པས་དམ་ཚིག་ལ་སེལ་འགྲོ་ཉེན་ཆེ་བས་ དགོངས་གནང་ཞུ། ཟེར་ཡང་ཁོང་གིས་དགོངས་གནང་མ་མཛད་སྐབས་ཆོས་རྗེ་མཆོག་གི་ བཀའ་བཞིན་ཞག་འགའ་སོང་རྗེས་བཞག་རའི་བླ་མཚོ་ཆེར་འཁྲུགས་སྤྲིན་རླངས་འཐུལ་བ་ དང་བཅས་མཚོ་དེ་ནས་སྦྲུལ་འཇིགས་སུ་རུང་བ་མགོ་བོ་བར་སྣང་ནམ་མཁའི་དབྱིངས་རུམ་ དུ་བསྐྱོད་པ་སྦྲུལ་མགོ་དུ་མའི་གདེངས་ཀ་ཕྱོགས་ཕྱོགས་སུ་རྣམ་པར་རྩེ་བ་གཟི་བརྗིད་ཀྱི་ འཇིགས་ཟིལ་བཟོད་དཀའ་བ་ཞིག་མངོན་པར་བྱུང་སྟེ་རང་གཟུགས་ཆོས་རྗེའི་གཟིགས་མོར་ ངོམ་ཚེ་ཁོང་གིས་ཕྱག་རྡོ་རྗེ་དང་བཅས་ཏེ་སྡིགས་མཛུབ་ཅིག་བསྟན་པས་དེ་མ་ཐག་སྦྲུལ་མཚོ་ ནང་དུ་ལྷུང་སོང་བས་རྗེས་སོར་དེའི་རྐྱེན་གྱིས་ཁོང་ལ་སྐུ་གྲིབ་ཀྱི་རྣམ་པ་ཅུང་ཙམ་ཕོག་པ་དེ་ དམ་སེལ་གྱི་རྣམ་པ་ཙམ་དུ་གདའ་ནའང་དེ་ནི་དགོས་དབང་གིས་ཐབས་ཚུལ་ཙམ་ལས་དོན་ གྱི་ཡིན་ལུགས་སུ་ནི་རྒྱལ་ཚབ་མི་ཕམ་མཆོག་གི་སྤྲུལ་པའི་རོལ་གར་འཇིག་མེད་རྡོ་རྗེའི་ཡེ་ ཤེས་ཀྱི་སྐུ་ལ་འཚེ་བྱེད་གང་གིས་གཙེ་ནུས་པའི་གོ་སྐབས་ག་ལ་ཡོད་དེ་ནམ་ཡང་གནས་དང་ སྐབས་མ་མཆིས་སོ། ། ཆོས་རྗེས་གང་གི་སྐུ་ཚེ་སྨད་འདི་མཚམས་ཤིག་ནས་བཀོད་པ་ལུས་ཀྱི་རྫུ་འཕྲུལ་ལ་ཆེས་ དབང་བར་གྱུར་ཏེ་གང་འདུལ་གྱི་གདུལ་བྱ་མི་དང་མི་མིན་གྱི་མཐུན་སྣང་ངོར་གང་གི་ཐུགས་ ཆོས་ཀྱི་སྐུའི་རང་གཟུགས་རྒྱལ་ཚབ་བྱམས་པ་མགོན་པོའི་གསང་གསུམ་གྱི་ཆེ་བ་རྒྱན་གྱི་ འཁོར་ལོ་ངོ་མཚར་སྒྱུ་མའི་འཕྲུལ་ལྟར་གྱི་རྣམ་བཀོད་ཡ་མཚན་པའི་དག་སྣང་མཆོག་གི་ 2-1-174 ལྟད་མོ་དུས་རྟག་པར་བཀྱེ་བའི་སྐལ་བ་བཟང་པོའི་དཔལ་ལ་ངེས་པར་རོལ་པ་མ་ལུས་པའི་ གདུལ་བྱ་གང་དག་གི་ཡིད་ཀྱི་རེ་འདོད་ཇི་བཞིན་སྐོང་བར་མཛད་པའི་མཐར་ཉིད་དགུང་ གྲངས་རེ་བཞི་སོན་སྐབས་ཕྱི་ལོ་༡༤༨༢ རབ་ལོ་༤༥༦ མཆན། ཆུ་ཕོ་སྟག་ལ་ཆེས་ངོ་མཚར་བའི་དགེ་ ལེགས་ཀྱི་མཚན་མ་ཀུན་ནས་བཀྲ་ཞིང་རབ་ཏུ་འབར་བཞིན་ཁོང་ཉིད་ཀྱིས་གཟུགས་སྐུའི་ བཀོད་པ་ལེགས་བསྡུས་ཐབས་ཚུལ་གྱི་མཛད་བཟང་ཉེ་བར་གནང་སྟེ་ཐུགས་དམ་བཞུགས་ བཞེངས་གདུང་ཆོག་སོགས་སྒོ་གང་ཐད་ནས་རླབས་ཆེན་འགྲན་ཟླ་དང་བྲལ་བའི་སྤྱོད་པ་ ཁྱད་པར་དུ་འཕགས་ངོས་ནས་ཆོས་རྗེ་མཆོག་གི་སྐུ་གདུང་རིན་པོ་ཆེའི་ཕུང་པོ་དེ་ཉིད་དམར་ གདུང་ལོངས་སྤྱོད་རྫོགས་པའི་ཆས་དང་བཅས་དངུལ་གྱི་མཆོད་རྟེན་ཐོག་ཚད་མ་རིན་ཆེན་ཕྲ་ རྒྱན་དུ་མས་ཉེ་བར་མཛེས་པ་གང་གི་ནང་གཞུག་ཏུ་མངའ་གསོལ་ཏེ་འགྲོ་བ་གང་དེར་གནས་ པ་ཐམས་ཅད་ལ་མཐོང་ཙམ་གྱིས་གྲོལ་བ་སྟེར་བའི་བསོད་ནམས་ཞིང་མཆོག་དམ་པར་གྱུར་ པ་སྟེ། དེ་འདྲའི་གདུང་རྟེན་ཁྱད་མཚར་ཅན་དེ་ད་ལྟ་བཞག་ར་ལྷ་རྩེ་དགོན་དུ་བཞུགས་ཡོད་ པ་དེ་ཀ་ལྟར་རོ། ། ཆོས་རྗེ་འདི་དང་སྐུ་ཐོག་མཉམ་པ་ནི། ས་སྐྱའི་སྔགས་འཆང་དབང་རྣམ་སྲས་རྒྱལ་ མཚན། དབང་ནམ་མཁའ་ལེགས་པའི་དཔལ་གཉིས་འཛམ་གླིང་སྒར་བ་ཞྭ་ནག་སྐུ་ཕྲེང་ དྲུག་པ་དང་བདུན་པ་གཉིས་དང་ཞྭ་དམར་བཞི་པ་ཆོས་གྲགས་ཡེ་ཤེས། རྗེའི་དངོས་སློབ་ དགེ་འདུན་གྲུབ་དང་མཁས་གྲུབ་རྗེ་སོགས་དང༌། གོང་མ་ཏཱ་མིང་ཡུང་ལོ་དང༌། བོད་རྗེ་ཕག་ གྲུ་གྲགས་པ་རྒྱལ་མཚན་སོགས་སོ། །འདིའི་བསྟན་པའི་སྦྱིན་བདག་ཡང་རྡོའི་ཝ་ཤུལ་དཔོན་ མགོན་རྒྱལ་ནག་པོའི་གདུང་བརྒྱུད་དཀོན་རྒྱལ་བ་འོད་ཟེར་དང༌། ཚ་བ་རྒྱལ་པོ་ད་དར་ དཀོན་མཆོག་སྐྱབས་སོགས་ཡིན་ལ། ཆོས་རྗེས་བཏབ་པའི་བཞག་ཤོད་དགོན་ལྔ་ལས། བཀྲ་ཤིས་སྒང་དུ་བསྟན་འཛིན་སྐྱེས་བུ་ཕྱིས་སུ་བྱོན་རིམ་བླ་མ་མཚན་ལེགས་དར་རྒྱས་ཞེས་ 2-1-175 པ་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་བྱོན་ཞིང༌། དེའི་ཐུགས་སྲས་སྔགས་འཆང་རིན་ ཆེན་མཉམ་བཞག་ནི། སྒོ མ་སྟོབས་ལས་གྲོལ་བ་སྟེ། གདན་ཐོག་གཅིག་ལ་རྣལ་འབྱོར་ཡན་ ལག་དྲུག་གི་རྟགས་སྣང་ཡོངས་སུ་རྫོགས་ཤིང་གཅིག་ཤེས་ཀུན་གྲོལ་གྱི་ནུས་མཐུ་མཆོག་ བརྙེས་ཏེ་ལས་གང་སྒྲུབ་ཀྱང་རླུང་གི་རྣལ་འབྱོར་ཁོ་ནས་ཆོག་པ་ཁྱད་པར་རྡོ་རྗེ་འཇིགས་ མཛད་ཀྱི་སྒྲུབ་པ་རྣམ་གསུམ་དང་དམ་ཅན་ཆོས་རྒྱལ་གྱི་སྒོས་སྒྲུབ་བཅས་ལ་རང་བྱན་ཚུད་ དེ་ལས་བཞིའི་མཛད་ཕྲིན་གྱི་ཁྱད་པར་ལ་དབང་ཐོབ་ཅིང་ཆོས་སྐྱོང་ནག་པོ་ཆེན་པོའི་སྒོ་ནས་ ཀྱང་བསྟན་དགྲ་ཚར་གཅོད་ཐབས་སྣ་ཚོགས་པས་བསྟན་པ་ལ་རླབས་ཆེན་གྱི་བྱ་བ་མཛད་དེ་ བཀྲ་ཤིས་སྒང་དུ་མགོན་ཁང་སོགས་སྐུ་གསུང་ཐུགས་རྟེན་མང་དུ་བཞེངས། འདིའི་བརྒྱུད་ འཛིན་ཡང་ཤང་དར་བླ་མ་བློ་བཟང་རྒྱལ་མཚན་སོགས་མང་དུ་བྱོན། ཙག་དགོན་དུའང་ སྐྱེས་བུ་དམ་པ། དགེ་བ་རྒྱ་མཚོ། རིན་ཆེན་རྒྱལ་མཚན་སོགས། སྒྲུབ་བརྒྱུད་འཛིན་པ་དུ་མ་ དང༌། ས་ར་དགོན་པར་བླ་མ་དམ་པ་ཀུན་དགའ་རྒྱལ་མཚན་སོགས་ཀྱིས་མཚོན་དེ་ཕྱོགས་ཀྱི་ དགོན་སྡེ་ཆོས་རྗེ་འདིས་ཕྱག་འདེབས་མཛད་པ་ལས་བྱུང་བ་གང་དག་ཏུ་ཕྱིས་ཡུན་རིང་བར་ ངེས་དོན་སྒྲུབ་བརྒྱུད་ཀྱི་བསྟན་པ་འཛིན་པའི་སྐྱེས་ཆེན་དམ་པ་ཆེས་མང་པོར་བྱོན་པའོ། ། ༼༢༽ དེ་ནས་ཆོས་རྗེ་རྒྱལ་བ་བཟང་གི་སྐུ་འདས་པའི་ཚུལ་ལྗོངས་འདིར་བསྟན་པ་ནས་ ཡང་སྲིད་གཉིས་པའི་ཚུལ་བྱང་ཤམྦྷ་ལ་སྔགས་རིག་འཛིན་པའི་ཞིང་དུ་སྤྲུལ་པའི་ཆོས་རྒྱལ་ རྡོ་རྗེ་སྙིང་པོའི་དྲུང་ནས་བཀའ་བློན་ཀུན་སྐྱོབ་ཀྱི་སྲས་བློན་ཆེན་ཀུན་དགའ་འཕགས་ཞེས་བྱ་ བའི་སྐྱེ་བ་བཞེས་ཏེ་ཆོས་རྒྱལ་གྱི་མདུན་ནས་ཟབ་དགུ་རྒྱ་མཚོ་ལྟ་བུས་ཐུགས་རྒྱུད་ལེགས་ ཕྱུག་མཛད་ཅིང་ཆོས་རྒྱལ་མཆོག་གི་ཞལ་སྔ་ནས་བློན་ཆེན་ཁྱོད་མ་འོངས་པ་ན་བོད་ཡུལ་དུ་ འགྲོ་དོན་ལ་ཕེབས་དགོས་ཚུལ་གྱི་ལུང་བསྟན་གནང༌། དེ་ནས་མི་རིང་བར་ཌཱ་ཀི་གསང་བ་ ཡེ་ཤེས་ཀྱིས་བསྐུལ་རྐྱེན་བོད་དུ་འགྲོ་དོན་ལ་མཁའ་འགྲོ་ཁོང་དང་མཉམ་དུ་ཕེབས་ལམ། 2-1-176 ཨུ་རྒྱན་ཕྱོགས་ནས་འོང་བའི་མཁའ་འགྲོ་གྲི་ཐོད་འཛིན་པ་བརྒྱད་དང་འཕྲད་ནས་དེ་དག་ གིས་བདུད་རྩིས་གང་བའི་ཐོད་པ་གཏད་དེ་གར་བརྡ་མཛད་པ་ན་བློན་རང་དང་འགྲོགས་ པའི་མཁའ་འགྲོས་ད་ལན་བདུད་རྩི་མ་འཐུང་ཞེས་པའི་བརྡ་ལ་བརྟེན་བློན་པོས་བདུད་རྩི་ མ་བཞེས། དེ་ནས་སོ་སོར་ཕེབས་ལམ་བྱས་ཏེ་མཁའ་འགྲོ་གསང་བ་དང་འགྲོགས་ནས་ བློན་ཆེན་རིག་སྔགས་འཆང་བ་ཉིད་བོད་ཡུལ་ཕྱོགས་སུ་ཕེབས་ལམ་དུ། མཁའ་འགྲོ་གསང་ བའི་ཞལ་ནས། ད་སྔོ ན་ཁྱོད་ཀྱིས་བདུད་རྩི་དེ་འཐུང་ན་ཨུ་རྒྱན་དུ་འགྲོ་དགོས་པ་ལ། དེ་མ་ འཐུང་བས་རང་ཅག་ལྷན་དུ་བོད་ཕྱོགས་སུ་འོང་བའི་སྐལ་བ་འགྲིག དེང་སྐབས་ཁྱོད་ལ་ ཨུ་རྒྱན་ལས་བོད་ཀྱི་འགྲོ་དོན་ཆེའོ་གསུངས། དེ་ནས་མཁའ་འགྲོ་གསང་བ་དང་མཉམ་དུ་ བོད་ཕྱོགས་སུ་ཕེབས་ནས་བར་སྲིད་པའི་སེམས་ཅན་མང་པོ་ཞིག་གི་སྡུག་བསྔལ་འཁྲུལ་བ་ བསལ་ཏེ་ཀུན་ཀྱང་དག་པའི་གནས་སུ་སྤར་ནས་འདྲེན་པར་མཛད། དེ་ནས་མཁའ་འགྲོས་ ད་སྐྱེ་སྲིད་ཚོལ་ཅིག་གསུང་བ་ལྟར་གཙང་གི་ཕྱོགས་སུ་སྐྱེ་བ་བཟུང་ནས་ལོ་ཤས་སུ་འགྲོ་ བའི་དོན་མཛད་པ་སྟེ། དེ་ཡང་སེམས་དཔའ་མཆོག་གི་རྣམ་འཕྲུལ་བསམ་གྱིས་མི་ཁྱབ་པ་ དང་སེམས་ཅན་གང་དག་གི་ལས་ཚུལ་བསམ་མི་ཁྱབ་པ་ཡིན་པས་སྐད་ཅིག་བསྐལ་པར་ སྣང་བ་དང་བསྐལ་པ་སྐད་ཅིག་ཏུ་སྣང་བ་སོགས་ཚུར་མཐོང་གི་བློས་སྤྱོད་ཡུལ་ལས་འདས་ པས་སྣང་ཚུལ་སྣ་ཚོགས་པ་ཡོད་པའི་དབང་གིས་འདི་སྐོར་དང་སྐབས་ཅི་རིགས་པར་བོད་ ཕྱོགས་སུ་བསྟན་འགྲོ་ལ་ངེས་པར་ཕན་པའི་མཛད་སྒོ་ཅན་རྣམ་པར་འཕྲུལ་བས་མཁའ་ལམ་ དུ་བྱོན་ཏེ་དུང་འབུད་བཞིན་ཉིན་བྱེད་ལ་སྐོར་བ་བྱེད་པའི་ཁྱད་འཕགས་ཀྱི་མཛད་མངའ་ དགེ་སློང་དཔལ་བཟང་པོ་ནས་བཟུང་རིམ་པར་པདྨའི་སྙིང་པོ་ཅན། དགེ་སློང་རིན་ཆེན་ཚུལ་ ཁྲིམས་རྣམས་ཀྱི་སྐྱེ་བ་བཞེས་ཏེ་བསྟན་པ་དང་སེམས་ཅན་ལ་རང་རང་དང་འཚམས་པའི་ ཕན་བདེ་སྤེལ་བར་བྱས་མཐར་ནངས་ཤིག་གི་ཚེ་ཨུ་རྒྱན་ནས་བྱོན་པའི་མཁའ་འགྲོའི་གཙོ་ 2-1-177 མོ་སྐུ་མདངས་དམར་ནག་ཏུ་འབར་བ་གྲི་ཐོད་འཛིན་པ་ཅན་གྱི་ཞལ་ལུང་ལས། ཁྱོད་ཉིད་ འདིར་བསྡད་ན་བསྟན་འགྲོའི་དོན་མི་འོང་བས་རེ་ཞིག་ཁམས་སུ་བྱོན་དང་བསྟན་དང་འགྲོ་ ལ་སྨན་པར་འགྱུར་རོ། །ཞེས་གསུངས་པ་བཞིན་ཐབས་ཚུལ་སྣ་ཚོགས་པའི་སྐྱེ་སྲི ད་འགའ་ ཞིག་གི་མཐར་གུ་རུ་པདྨའི་ལུང་བསྟན་བཞིན་པདྨ་ཉིད་ཀྱི་རྣམ་པར་རོལ་པ་ལས་བྱུང་ཞིང་ སྔོན་འབྲེལ་ཟབ་མོས་མཁའ་འགྲོ་གསང་བ་ཡེ་ཤེས་དང་ནམ་ཡང་འབྲལ་མེད་ཀྱི་གྲོགས་ དང་བཅས་མདོ་ཁམས་སྨད་ཀྱི་རྡོ་རོང་དུ་ཐུགས་རྗེའི་ལེགས་སྨོན་དུས་སུ་སྨིན་ཏེ་དོན་གྱི་ ཡིན་ལུགས་ན་རྒྱལ་ཚབ་བྱམས་མགོན་དང་འཕགས་པ་ཡེ་ཤེས་དབང་པོ་ཟུང་གི་དགོངས་ ཆེན་གྱི་དབྱིངས་གཅིག་པུས་བསྡུས་ཀྱང་རྣམ་པ་མིའི་ཤ་ཚུགས་སྤྲུལ་པའི་སྐུ་འགྲོ་འདྲེན་དམ་ པའི་གཟུགས་སུ་རྣམ་པར་བཞད་པ་ནི་ཆོས་ཀྱི་རྗེ་རྒྱལ་བ་སེང་གེ་དཔལ་འབྱོར་བཟང་པོ་སྟེ། ཁམས་ཕྱོགས་འདིར་སྐུ་འཁྲུངས་པའི་ཚུལ། ཆོས་སྒོ ར་ཞུགས་ནས་དམ་པ་བསྟེན་ཚུལ། ཟབ་ ཆོས་ཀྱི་སྒོ་ནོད་ནས་ཉམས་སུ་བླངས་ཚུལ། གཞན་གདུལ་བྱ་རྗེས་སུ་བཟུང་ཚུལ། བསྟན་ པའི་སྦྱིན་བདག་དུ་མས་ཞབས་འདེགས་བྱས་ཚུལ། རྣམ་དཀར་མཛད་སྒོ ས་རྟེན་བཞེངས་ དང་ཆོས་སྡེ་བཏབ་ཚུལ། བསྟན་འགྲོའི་བྱ་བ་རེ་ཞིག་མཐར་ཕྱིན་པའི་ཚུལ་རྣམས་ཆོས་ འབྱུང་གཞུང་གི་དཀྱུས་སུ་རགས་བསྡུས་ཙམ་བཀོད་ཟིན་པ་ལས་སླར་ཡང་འདིར་མ་འདུས་ པ་རྣམས་སྐབས་སྐབས་སུ་རིམ་པར་བརྗོད་ན། སྤྱིར་ཆོས་འབྱུང་གཞུང་གི་སྟོད་ཆར་བཤད་ པའི་འཕགས་བོད་ཀྱི་བླ་མ་དག་གི་རྣམ་ཐར་ནི་ཡོངས་གྲགས་ཆེ་བ་སོ་སོར་ཡོད་པས་འདིར་ རྒྱས་པར་མ་བྱས་ལ། སྨད་ཆར་བཤད་པ་གང་དག་ནི་དེ་འདྲ་ཡོངས་གྲགས་མིན་པས་ཕལ་ ཆེ་བའི་ལོ་རྒྱུས་སྤྱི་ཙམ་ཡང་གོ་དཀའ་བར་བསམ་ནས་འདིར་དེ་ལུགས་ལྟར་ཆོས་འབྱུང་སྨད་ ཀྱི་ཆ་གསལ་བྱེད་ཀྱི་ཁ་སྐོང་གཙོ་བོར་བཤད་པར་བྱ་བ་ཡིན་ཏེ། ཚུལ་དེ་ལྟར་ན་ཆོས་རྗེ་རྒྱལ་ བ་སེང་གེ་གང་ཉིད་དགུང་གྲངས་རེ་དགུར་སོན་སྐབས། ཞལ་སྔ་ནས། ཉིད་ཀྱི་རྣམ་ཐར་གྱི་ 2-1-178 ཆིངས་མདོར་བསྡུས་སྡོམ་ཚིག་ཏུ་ལེགས་པར་གསུངས་པ་ལས། ཐོག་མར་དམ་པའི་རྣམ་ ཐར་འཆད་ཚུལ་ནི། ཀྱེ་མ་བསྐལ་པ་ལས་ཀྱི་སྙིགས་མ་འདིར། །འཚོ་བ་ལས་འདས་དམ་པའི་ རྣམ་ཐར་ལ། །གུས་དང་འདྲི་བ་ངེས་ཤེས་སུ་ཡི་སྐྱེ། །སྔོ ན་གྱི་བག་ཆགས་རང་རང་ལས་ཀྱིས་ འཁོར། །འོན་ཀྱང་གསང་བའི་སྐལ་ལྡན་ཡིད་ཆེས་འགའ། །ཕན་སྙམ་བློ་ལ་བབ་ཡོད་ཙམ་དུ་ བཤད། །ཅེས་སྙིགས་དུས་འདིར་སྐྱེས་བུ་དམ་པའི་རྣམ་ཐར་ལ་གུས་པ་དང་འདྲི་བ་ངེས་ཤེས་ སྐྱེ་བ་ཤིན་ཏུ་དཀོན་པ་ནི་སྔོན་ལས་ངན་པའི་དབང་གིས་ཡིན་ཡང་སྐལ་བ་དང་ལྡན་པའི་ ཡིད་ཆེས་ཅན་རྣམས་ཀྱི་དོན་དུ་ཁོང་གིས་རང་ཉིད་ཀྱི་རྣམ་པར་ཐར་པ་མདོ་ཙམ་བཤད་པར་ གསུངས་པ་ལྟར་ཏེ། དེ་ཡང་དུས་གསུམ་དང་འབྲེ ལ་བའི་རྣམ་ཐར་གྱི་སྡོམ་སྤྱིར་བསྟན་པ་ ནི། ཇི་སྐད་དུ། རྒྱལ་སྲས་ཐོགས་མེད་སྒྱུ་འཕྲུལ་བྱེད་པོ་གར། །དལ་འབྱོར་ཕུན་ཚོགས་ནོར་ ལྡན་ཡོངས་སུ་བསྐྲུན། །བྱང་སེམས་དགེ་བའི་བློ་གྲོས་ནོར་གྱིས་ཕྱུག །དོན་གཉིས་འབྲས་བུ་ མི་ཟད་མངོན་བརྡལ་བས། །འགྲོ་ཁམས་ཡོངས་སུ་དག་པའི་མགྲོན་འདི་བྱས། །ཞེས་ཁོང་ གི་སྔོན་འདས་པའི་དུས་ན་རྒྱལ་ཚབ་མི་ཕམ་པ་དང་འཕགས་པ་ཐོགས་མེད་ནས་བཟུང་སྤྲུལ་ སྐུ་རིམ་པར་བྱོན་པ་གང་དག་ཀྱང་རྟེན་ཕུན་སུམ་ཚོགས་པའི་སྒོ་ནས་བྱང་ཆུབ་སེམས་དཔའ་ རྣམ་དཀར་དགེ་བའི་ཆོས་ཀྱི་བློ་གྲོས་ཡིད་བཞིན་གྱི་ནོར་བུ་ལྟ་བུས་རང་རྒྱུད་མངོན་པར་ཕྱུག་ བཞིན་ཚུལ་དེ་ལྟར་ལ་གཞན་འགྲོ་བ་མཐའ་ཡས་འགོད་པར་མཛད་པའི་དོན་གཉིས་ཀྱི་སྤྱོད་ བཟང་ཁྱད་པར་བས་གདུལ་བྱ་དུས་སུ་བབ་པའི་འགྲོ་བ་ཆེས་མང་པོ་རྗེས་སུ་བཟུང་སྟེ་ཡང་ དག་ཆོས་ཀྱིས་དེ་ཀུན་མགྲོན་དུ་ཡང་ཡང་བོས་ཏེ་འགྲོ་དོན་རྒྱ་ཆེར་བྱས་ཟིན་གྱི་རྣམ་ཐར་ གསུངས་པ་དང༌། ད་ལྟར་གྱི་མཛད་པའང༌། ཇི་སྐད་དུ། གང་འདི་ས་ཆེན་འདི་ན་དམ་པའི་ ཆོས། །སྲི ད་ཞིའི་ཕུན་ཚོགས་དགེ་ལེགས་མངོན་མཛད་པའི། །ཐུབ་བསྟན་སྙིང་པོ་མི་ནུབ་ རིན་ཆེན་གཏེར། །ཡོངས་སུ་ཆུབ་འདི་སྔོ ན་གོམས་ཁོ་ན་ལགས། །ཞེས་ད་ལྟར་གྱི་སྐབས་ 2-1-179 སུ་དམ་པའི་ཆོས་སྲིད་ཞིའི་ལེགས་ཚོགས་མཐའ་དག་འབྱུང་བའི་གཞི་གཅིག་གྱུར་ཐུབ་པའི་ བསྟན་པ་མཆོག་གི་ཡང་སྙིང་ངེས་དོན་གཞན་སྟོང་དབུ་མ་ཆེན་མོའི་དགོངས་དོན་ཡུན་རིང་ མི་ནུབ་པར་དར་ཞིང་རྒྱས་པའི་གཉེན་དུ་ཟབ་ཆོས་རིན་པོ་ཆེའི་གཏེར་ལྟ་བུ་དེ་ཇི་བཞིན་ ཡོངས་རྫོགས་ཁོང་གི་ཐུགས་ཉམས་སུ་བྱང་ཆུབ་པའི་མཛད་བཟང་ཟླ་དང་བྲལ་བ་འདི་ སྔོན་བསགས་རྣམ་དཀར་རླབས་ཆེ་བ་ལས་ངེས་པར་བྱུང་བའི་རྣམ་པར་ཐར་པ་ཡིན་ཚུལ་ གསུངས་པ་དང༌། འདི་ནས་མ་འོངས་པའི་མཛད་པ་ལའང་གནས་སྐབས་དང་མཐར་ཐུག་ གཉིས་ལས། དང་པོ་ནི། ཇི་སྐད་དུ། སྐྱེ་དང་སྐྱེ་བའི་ཕྲེང་བར་ལེགས་བཟུང་ནས། །རྟོགས་ ལྡན་བསོད་ནམས་བཟང་པོ་ལམ་གྱི་རིམ། །མ་རིག་འཁོར་བའི་རབ་གྲོལ་ཀུན་རྫོགས་པའི། །ཆོས་ཉིད་སྒྱུ་མའི་གཞན་ཕན་འདི་ཁོ་ན། ཞེས་མ་འོངས་པའི་གནས་སྐབས་སྐྱེ་བའི་འཕྲེང་བ་ རྣམས་སུའང་ངེས་དོན་གནས་ལུགས་ཟབ་མོ་ཇི་བཞིན་རྟོགས་པའི་ལམ་བཟང་གིས་གདུལ་ བྱ་རྒྱ་མཚོ་ལྟ་བུ་འཁོར་བ་ཕྲ་རགས་ལས་སྒྲོལ་བར་མཛད་པའི་ཀུན་རྫོབ་ཀྱིས་བསྡུས་པ་ཀུན་ ཀྱང་སྒྱུ་མ་ལྟ་བུའི་ངང་ཚུལ་གྱི་སྒོ་ནས་གཞན་ཕན་རླབས་ཆེ་བ་ཅན་དུ་འགྱུར་ཚུལ་གྱི་ཕྱིས་ འབྱུང་གནས་སྐབས་ཙམ་གྱི་རྣམ་ཐར་གསུངས་པ་དང༌། གཉིས་པ་མཐར་ཐུག་གི་གོ་འཕང་ མངོན་དུ་བྱེད་ཚུལ་ཡང༌། ཇི་སྐད་དུ། དེ་ནས་ལེགས་བྱས་ཉེར་བརྟེན་པས། །ཕྱོགས་བྲལ་ ནམ་མཁའི་ཁྱོན་ཡངས་ལ། །མཆོད་འོས་ཤིང་རྟའི་སྨོ ན་ལམ་ཁར། །ཡིད་མཁར་འོད་སྟོང་ དྲ་བ་དྲངས། །སྲི ད་པའི་ནགས་སུ་གྲོལ་བ་སྐད། །མུན་འཇོམས་རྒྱལ་པོ་དགའ་བྱེད་ཀྱི། །ཁ་ དོག་ལྡན་པའི་ཁང་བཟང་རྩེར། །མཆོད་པའི་ཡ་མཚན་ཅི་ཡང་རྨད། །ཟག་མེད་སྤྱན་ལྡན་ འཕགས་པ་གང༌། །སྲི ད་འདིའི་ཕུན་ཚོགས་ལེགས་འབྱུང་གཞི། །བསྟན་པའི་གོ་འཕང་མཆོག་ བགྲོད་ལམ། །རྒྱལ་བའི་ཐུགས་ཀློ ང་བདེ་བར་བསྐྱིལ། །ཞེས་དེ་ལྟ་བུའི་གཞན་དོན་རླབས་ ཆེན་མཛད་རྗེས་ནས་ཁོང་གིས་རིམ་པས་བྱང་ཆུབ་མངོན་དུ་བྱ་བར་འགྱུར་བ་ཡང་ནམ་ཞིག་ 2-1-180 ཐུགས་དྲི་བྲལ་ཆོས་དབྱིངས་ཡེ་ཤེས་ཆོས་ཀྱི་སྐུ་ཇི་བཞིན་རྗེན་པར་མངོན་དུ་གྱུར་པ་ན་གཞི་ དབྱིངས་དེ་ཉིད་ལས་མ་གཡོས་བཞིན་མཁའ་ལས་ཉིན་བྱེད་ཤར་བ་ལྟར་ལོངས་སྤྲུལ་གྱི་ གཟུགས་སྐུ་རང་གཞན་གྱི་སྣང་བ་གང་འཚམས་དང་མཐུན་པར་འབད་མེད་ལྷུན་གྲུབ་ཏུ་རྣམ་ པར་དག་པའི་མཛད་ཆེན་གྱི་སྣང་བས་ཞིང་རབ་འབྱམས་ཀྱི་རྒྱལ་བ་སྲས་བཅས་ལ་དགྱེས་ པ་བསྐྱེད་ཅིང་མ་ལུས་པའི་གདུལ་བྱ་གང་དག་གི་རེ་འདོད་ཇི་བཞིན་སྐོང་བའི་མཐར་ཐུག་ ཟག་བྲལ་གྱི་མཁྱེན་སྤྱན་མཆོག་གི་མངའ་བདག་སངས་འཕགས་སྐུ་བཞིའི་དབང་ཕྱུག་གི་གོ་ འཕང་དུ་སོན་ཚེ་སྲིད་ཞིའི་ཕུན་ཚོགས་ཀྱི་འབྱུང་སྒོ་བསྟན་པ་རྒྱ་མཚོའི་བདག་རྐྱེན་མི་སློབ་ ཡེ་ཤེས་ཆེན་པོའི་ཐུགས་ཀློང་དུ་མངོན་དུ་བྱས་པའི་དོན་གཉིས་མཐར་ཕྱིན་སྐྱེ་དགུ་ཡོངས་ཀྱི་ འདྲེན་པར་གྱུར་པའི་མཐར་ཐུག་གི་རྣམ་པར་ཐར་པ་ཇི་བཞིན་གསུངས་པ་ལྟར་རོ། །དེ་ནས་ ཁྱད་པར་ད་ལྟ་དང་འབྲེ ལ་བའི་རྣམ་ཐར་ཅུང་རྒྱས་སུ་བསྟན་པ་ལ། ཁོང་ཉིད་ལྗོངས་འདིར་ བྱོན་ཚུལ་དང༌། ད་ལྟར་གྱི་རྣམ་ཐར་དངོས་གཉིས་ལས། དང་པོ་ནི། ཇི་སྐད་དུ། ཐུབ་པའི་ ངུར་སྨྲིག་ཐུན་མཚམས་ཀྱི། དམར་འོད་འདི་ན་ནམ་བསྡུས་སླར། །དཀྱིལ་འཁོར་མགོན་པོའི་ ཆ་ཤས་ཀྱི། །ཡར་ཚེས་གང་སྐུ་ཞུན་མའི་ཁམས། །རི་བོང་མཚན་མ་ཡོངས་སུ་འཛིན། །བརྒྱུད་ འཛིན་ནམ་མཁའི་ཁམས་དབུས་ན། རྒྱུ་སྐར་གསུམ་པའི་མེ་ཏོག་ཚོམ། །རིག་འཛིན་རྒྱལ་ བའི་མདངས་དང་བཅས། །རྣམ་པར་བཀྲ་བའི་རྒྱན་འདི་ཕུལ། །ཞེས་ཡུལ་གྲུ་འདིར་ཐུབ་པ་ མཆོག་གི་རྗེས་འཇུག་རབ་བྱུང་གི་སྡེ་ཉམས་དམའ་བའི་སྐབས་སུ་ཡང་དག་ཆོས་ཀྱི་ཟླ་བ་ལྟ་ བུ་ཁོང་ཉིད་དང་བརྒྱུད་པའི་སློབ་ཚོགས་སྐར་ཚོགས་དང་ཆེས་མཚུངས་པའི་བསླབ་གསུམ་ གྱིས་མཛེས་ཤིང་སྔགས་རིག་འཛིན་པའི་སྡེ་གང་དག་མདོ་སྨད་དུ་བསོད་ནམས་ཀྱི་ཞིང་དམ་ པར་ཆེ་བསྔགས་མཛད་པ་ལྟར་ཡིན་ལ། གཉིས་པ་ད་ལྟར་གྱི་རྣམ་པར་ཐར་པ་དངོས་ལ། རང་སྣང་ཐུན་མིན་གྱི་རྣམ་ཐར་དང༌། 2-1-181 གཞན་སྣང་ཐུན་མོང་གི་རྣམ་ཐར་གཉིས་ལས། དང་པོ་ནི། ཇི་སྐད་དུ། ཆོས་རྣམས་ཐམས་ཅད་ནམ་མཁའི་རང་བཞིན་ཏེ། །ཡེ་ཤེས་རང་ བཞིན་མཁའ་ཁྱབ་མཐའ་དབུས་བྲལ། །རྣམ་འཕྲུལ་འཇུག་པའི་འགྲོ་ཕན་གཞལ་དུ་མེད། །བསམ་གྱིས་མི་ཁྱབ་ཡེ་ཤེས་གཅིག་ལ་འཇུག །འཁོར་འདས་ཆོས་རྣམས་རང་སེམས་གཉིས་ སུ་མེད། །བརྗོད་བྲལ་མ་འགགས་རྣམ་པ་གཟུགས་སུ་འཆར། །རང་བཞིན་སྣང་བ་ཆོས་ཉིད་ མངོན་གྱུར་པའི། །རྣམ་ཐར་སྨྲ་བསམ་བརྗོད་བྲལ་བསམ་ཡས་འདི། །སེམས་ཅན་རང་རང་ ཉེར་འཚོ་མ་འདྲེས་པས། །རྟོག་བྲལ་རྒྱལ་བའི་ཕྲིན་ལས་དེ་དང་མཚུངས། །དབྱིངས་དང་ རྣམ་འཕྲུལ་ཐུགས་རྗེ་ཐ་དད་ཀྱི། །འོད་སྟོང་སྣང་བའི་རྣམ་གྲངས་སྣ་ཚོགས་ཀྱིས། །སོ་སོར་ འཇུག་བྱ་སྨི ན་དང་བྱེད་ལས་ཤེས། །དེ་ལྟར་སྤྲོས་ཀྱང་རང་བཞིན་འདས་མོད་ཀྱང༌། །ཞེས་ དོན་གཤིས་ལུགས་ཀྱི་བླ་མའི་སྐུའི་རྣམ་ཐར་ནི་སྤྱིར་སྣང་གྲགས་ཀྱིས་བསྡུས་པའི་ཀུན་རྫོབ་ ཀྱི་ཆར་གཏོགས་ཐམས་ཅད་ནི་རང་བཞིན་སྟོང་པ་ནམ་མཁའ་ལྟར་གྱི་བརྫུན་པ་འབའ་ཞིག་ ལ་གཤིས་དེ་ཉིད་གདོད་ནས་རང་བྱུང་དུ་ཡོད་པའི་དོན་དམ་ཆོས་སྐུ་ཡེ་ཤེས་ཆེན་པོ་ཀུན་ཁྱབ་ མཐའ་བྲལ་གྱི་གཉུག་མ་ཆོས་ཉིད་བདེ་གཤེགས་སྙིང་པོ་ཡོན་ཏན་ལྷུན་རྫོགས་ཀྱི་བདག་ཉིད་ དེ་དོན་དམ་ཆོས་སྐུའི་ངེས་པ་དོན་གྱི་བླ་མ་ཡིན་ལ། དེ་ནི་དུས་གསུམ་རྒྱལ་ཀུན་གྱི་གསང་ བའི་སྤྱི་དཔལ་དུ་ཡེ་ནས་བཞུགས་ཕྱིར་གསང་བ་གསུམ་གྱི་མཛད་བཟང་ནམ་མཁའ་དང་ མཉམ་པ་སྤྲོ་ཞིང་སྡུད་པའི་གཞི་ཉིད་དུ་གྱུར་ཏེ་འཁོར་འདས་ཀྱི་རང་བཞིན་དྭངས་མ་མཐར་ ཐུག་དོན་དམ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པ་དེ་ཉིད་ཇི་བཞིན་མངོན་གྱུར་གྱི་གསང་ གསུམ་གཞི་འབྲས་དབྱེར་མེད་ཀྱི་ཆེ་བའི་རྣམ་ཐར་ནི་བརྗོད་བྲལ་བསམ་པའི་ཡུལ་ལས་ འདས་པར་མ་ཟད་དེ་ལ་བརྟེན་ནས་སེམས་ཅན་རང་རང་དང་འཚམ་པའི་ཉེར་འཚོའི་བདེ་ སྐྱིད་ནི་སེམས་ཅན་གང་དག་གི་ཁམས་དབང་དང་མཚུངས་པར་སྤྱོད་ཅིང་རྟོག་བྲལ་རྒྱལ་ 2-1-182 བའི་མཛད་ཕྲིན་ལ་རིས་སུ་ཆད་པ་མེད་པར་ཆོས་སྐུ་ཉག་གཅིག་གི་རྣམ་འཕྲུལ་ཐ་དད་པས་ གདུལ་བྱ་རྣམས་ཐུགས་རྗེས་འཛིན་པ་ལ་དུས་ལས་ནམ་ཡང་མི་ཡོལ་ཞིང་སྐྱེ་དགུ་སྨིན་གྲོལ་ ལ་བཀོད་པའི་གཞན་སྣང་མཛད་ཆེན་གྱི་རོལ་པའང་ཇི་བཞིན་བརྗོད་པར་བྱ་མི་ནུས་པར་ གསུངས་སོ། ། གཉིས་པ་གཞན་སྣང་ཐུན་མོང་གི་རྣམ་ཐར་ནི། ཇི་སྐད་དུ། སྣང་བ་གཅིག་ལས་འདི་ ཙམ་བརྗོད་པའི་ཡུལ། །ད་ནི་རྣམ་ཐར་བསྡུས་པའི་ཕུང་པོ་འདི། །གསང་གསུམ་རྣམ་ཐར་ བརྒྱད་ཅུ་རྩ་བཞིའི་བར། །སྣང་གཟུགས་མངོན་དུ་གྱུར་ཀྱང་བསྐལ་པའི་མཐའ། །གཞན་ཕན་ ཁོ་ན་སྔོ ན་སོང་མངོན་མཐོ་བས། །སླར་ཡང་བསོད་ནམས་ཟླ་བ་གསར་བར་བསྐྲུན། །ཞེས་ རང་སྣང་མ་ཟད་གཞན་སྣང་གི་སྤྱིའི་ཚུལ་ཡང་ཇི་བཞིན་བརྗོད་མི་ནུས་ཀྱང་འདིར་ཁོང་ཉིད་ ཀྱི་གནས་ཚུལ་རགས་བསྡུས་ཙམ་བརྗོད་པའི་ཡུལ་དུ་གྱུར་པ་སྟེ། འདི་རང་རང་ལའང་སྐུ་ གསུང་ཐུགས་ཀྱི་རྣམ་ཐར་རྒྱས་ན་བརྒྱད་ཅུ་རྩ་བཞིའི་བར་ཡོད་ཀྱང་དེ་དག་ཐམས་ཅད་ཀྱང་ རྣམ་དཀར་མཛད་བཟང་བསྟན་འགྲོའི་ཁེ་ཕན་རླབས་ཆེ་བ་ཤ་སྟག་གི་སྐྱོན་བྲལ་དྲི་མེད་ཟླ་ གཞོན་ལྟར་དཀར་བ་འདི་ག་ཉིད་ནི་སྔོན་བསགས་བསོད་ནམས་ཀྱི་སྟོབས་ལས་ད་ལྟའི་ཁོང་ ཉིད་ཀྱི་གསང་གསུམ་རྣམ་ཐར་མཆོག་ཏུ་སླར་ཡང་ཁམས་ཕྱོགས་འདིར་ལེགས་སྒོ་བྱུང་བའི་ ཚུལ་གྱི་རྣམ་པར་ཐར་པ་གསུང་གནང་མཛད་པ་སྟེ། དེ་ཡང་ཇི་བཞིན་རྒྱས་ཤོས་ཙམ་ནི་ཉིད་ ཀྱིས་མཛད་པའི་རྣམ་ཐར་བཀའ་ཡིག་ཆེན་མོ་ན་གསལ་ཡང་དེ་ནི་ད་ལྟ་དཔེ་རྒྱུན་ཆད་སོང་ ཞིང༌། དེ་ལས་དེང་སྐབས་སུ་ནི་ཉིད་ཀྱི་རྣམ་ཐར་མདོར་བསྡུས་རེ་མ་གཏོགས་ཕྱོགས་འདིར་ མི་བཞུགས་པས་དེ་ལུགས་ལྟར་གོང་སྨོས་བཞིན་གྱི་དོན་ཚན་བདུན་ཙམ་གྱི་ལོ་རྒྱུས་རགས་ བསྡུས་ནི་ཆོས་འབྱུང་དཀྱུས་སུ་སོང་ཟིན་ལས་ད་ལན་ཁ་སྐོང་དུ་ཐོག་མར་སྐུ་འཁྲུངས་ཚུལ་ ལ། ཆོས་རྗེ་འདིའི་སྐུ་རུས་ཡང་ལྷ་རིགས་མང་བཀུར་གྱི་གདུང་བརྒྱུད་རྒྱ་གར་རྒྱལ་པོ་ཤཱཀྱ་ 2-1-183 རི་བྲག་པའི་སྐུ་རིགས་ལས་བྱུང་བའི་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་ནས་རྒྱལ་རབས་ སུམ་བཅུ་སོ་གསུམ། མཆན། པ་སྲོ ང་བཙན་སྒམ་པོ། དེའི་སྲས་གུང་རི་གུང་བཙན། དེའི་སྲས་ མང་སྲོ ང་མང་བཙན། དེའི་སྲས་འདུས་སྲོ ང་མང་རྗེ་རླུང་ནམ་འཕྲུལ་གྱི་རྒྱལ་པོའམ་ལྕེ་ཞེས་ གྲགས་པ་དེའི་རིགས་ལས་ཆད་པ་ནི་མདོ་ཁམས་སྨད་ཀྱི་ཆར་གཏོགས་རྡོའི་ཤུག་ཆེན་གྱི་ ཕོ་བྲང་རྡོའི་སྟག་མོའི་ངུར་རྫོང་དུ་རྒྱལ་ཁབ་བྱ་མཁན་ལྷུ་བཞིར་མགོན་རྒྱལ་ནག་པོ་ཞེས་པ་ དེ་ཡིན་ཞིང༌། དེའི་བརྒྱུད་པ་སྟག་ཐོག་གོང་རྒྱལ་ནི་རྟ་ནག་གིས་བསྲུང་ཁྲ་བརྒྱན་པ་དང༌། གཟུགས་ཆོས་ཀྱི་གོས་བཀྲ་བའི་སྦྲ་ནག་དགུ་སྟོང་ཡན་གྱི་བདག་པོར་གྲགས་པ་དང༌། དེའི་ བརྒྱུད་པ་དཀོན་མཆོག་སྐྱབས་ནི་ཤར་ལུང་ཆེན་བཅོ་བརྒྱད་ཁྲི་སྐོར་བཅུ་གཉིས་ཀྱི་བདག་ པོར་གྱུར་ཏེ། རྡོའི་རྩང་ཆེན་མཆོད་རྟེན་སོགས་མཆོད་རྟེན་བཅུ་གསུམ། གསེར་འབུམ་དང་ དངུལ་འབུམ་བཅུ་གསུམ་རེ་བཞེངས་པ་སོགས་ཁམས་འདིར་དབང་ཆེར་གྱུར། འདི་དུས་ ཧོར་སེ་ཆེན་རྒྱལ་པོས་འཇང་གི་ཐོག་ཏུ་དམག་དྲངས་སྐབས་ཧོར་གྱི་ལས་ཀ་ལོན། ཕྱི་ལོར་ལོ་ བཅུ་དགུའི་དུས་དབུས་སུ་སོང་སྟེ་ལོ་བདུན་ཅུར་ཉེ་ཙམ་བསྡད་ནས་མདོ་སྨད་དུ་འོང་སྐབས་ སོག་དམག་གི་དུས་སུ་སོག་གི་ལས་ཀའང་ལོན། དེ་རྗེས་ཙམ་ནས་དེའི་གདུང་ལས་ཆད་པ་ ནི་ཡབ་སྐྱ་པི་ལེའམ་དཀོན་རྒྱལ་བ་འོད་ཟེར་ཡིན། དེ་དང་ཡུམ་དཔལ་སྐྱིད་སྒྲོལ་མ་གཉིས་ ཀྱི་སྲས་སུ་ཆོས་རྗེ་འདི་ཉིད་འཁྲུངས་པ་སྟེ། དེ་ཡང་རྗེ་འདི་འཁྲུངས་ལོ་ནི། པདྨའི་ལུང་བསྟན་ ལས་འབྲུག་སྦྲུལ་ལོ་གང་རུང་དང༌། དགུང་གྲངས་ཡང་མ་མཐའ་དོན་བཞི་དང་རིང་མཐའ་གྱ་ བཞིར་བཞུགས་པར་གསུངས་ལ། ཉིད་ཀྱི་སྐུ་དབོན་གྱིས་མཛད་པའི་རྗེ་འདིའི་རྣམ་ཐར་ན་ འདས་ལོ་འབྲུག་དང་དགུང་གྲངས་དོན་གཉིས་སུ་བྱས་འདུག་པས་དེ་ལྟར་ན་ཉིད་འཁྲུངས་ ལོ་སྦྲུལ་གྱི་ལོར་བྱས་ན་དགུང་གྲངས་དོན་གཉིས་འབྲུག་ལོར་འདས་པ་དང་འགྲིག་ཅིང་ཟླ་ བཤོལ་གྱིས་བགྲང་ན་དོན་བཞི་ཙམ་ཡང་གདགས་ཆོག་པའི་ལུང་བསྟན་དང་ཡང་མཐུན་ 2-1-184 ཕྱིར་ད་སྐབས་ཉིད་སྐུ་ཕྱི་ལོ་༡༥༠༩ རབ་ལོ་༤༨༣ མཆན། ས་མོ་སྦྲུལ་ལོ་ནས་འཁྲུངས་པའི་ཕྱོགས་ འདི་འཛིན་ཞིང༌། དེ་ཡང་ནག་ཟླའི་ཚེས་གསུམ་ལ་ལྷུམས་སུ་ཞུགས་ནས་མགོ་ཟླའི་ཚེས་ཉེར་ གཉིས་སུ་ལྟས་བཟང་བཅས་སྐུ་བལྟམས་པར་གྲགས་སོ། ། ཆོས་སྒོ ར་ཞུགས་ནས་དམ་པ་བསྟེན་ཚུལ་ལ། དེ་ཡང་སྐུ་ན་ཆུང་ངུའི་དུས་ནས་ཆོས་ ལ་དད་ཅིང་བླ་མ་དམ་པ་མང་དུ་མཇལ་བ་སྟེ། དེ་ཡང་དགུངས་གྲངས་གསུམ་སོན་སྐབས་ སྔགས་ཀྱི་ཆོས་སྒོར་ཞུགས་ནས་པད་འབྱུང་གིས་ཞལ་བསྟན་ཏེ་ཁམས་གསུམ་ཟིལ་གནོན་ དུ་བྱིན་རླབས་མཛད། དགུང་ལོ་ལྔ་ལ་རིགས་གསུམ་མགོན་པོའི་ཞལ་གཟིགས་ནས་མ་ འོངས་པ་ན་འགྲོ་དོན་འབྱུང་བར་ལུང་བསྟན། དགུང་ལོ་བརྒྱད་དུ་ཡི་གེ་འབྲི་ཀློ ག་སོགས་ ཐུན་མོང་རིག་གནས་ལ་མཁྱེན་པ་རྒྱས་ཤིང་པད་འབྱུང་གིས་པོད་དབང་བསྐུར་ནས་ཆོས་ལ་ བློ་མཐུ་རྒྱ་ཆེ་བར་བྱིན་གྱིས་རླབས། དགུང་ལོ་བཅུའི་སྐབས་སོ་ཐར་གྱི་གཞི་དགེ་བསྙེན་གྱི་ སྡཽམ་པ་མནོས་ལ། དགུང་ལོ་བཅུ་གསུམ་དུ་ཐོག་མར་ཚེས་བཅུའི་རཏྣ་ཀཱིརྟི་དང་མཇལ་ནས་ ཆོས་རྗེའི་སྐུ་སྐྱེས་སུ་ངོས་འཛིན་མཛད་པ་ནས་བཟུང་རིམ་པར་ཁྲི་སྟོན་ལེགས་བྱས་ཀྱི་སྒོ་ ནས་མཁན་ཆེན་དཀོན་མཆོག་རྒྱལ་མཚན་སོགས་དགེ་འདུན་གྲངས་ཚང་བའི་མདུན་ནས་ སོ་ཐར་རབ་བྱུང་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་ཐོབ་ཅིང༌། དགུང་ལོ་བཅོ་ལྔ་སྐོར་དུ་གྲུབ་ པའི་དབང་ཕྱུག་ལྕགས་མདུད་སོགས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དུ་མའི་དྲུང་ནས། མདོ་ཕྱོགས་བཀའ་པོད་རྣམས་དང་སྔགས་ཕྱོགས་རྒྱུད་སྡེ་གང་དག་གི་གཞུང་ལུགས་ལ་ སྦྱང་བརྩོན་ཆེས་རབ་མཛད་སྐབས་སྔགས་གཞུང་དུས་འཁོར་རྩ་འགྲེལ་བཅས་ལན་གཅིག་ གསན་པས་དགོངས་དོན་ཇི་བཞིན་ཐུགས་སུ་བྱང་ཆུབ། ནང་དོན་མདོ་སྔགས་ཀྱི་གཞུང་ ལུགས་ཕལ་ཆེ་བ་ཁོང་གིས་གཟིགས་པ་ཙམ་གྱིས་དོན་ཀུན་ཐུགས་ཉམས་སུ་འཁྲུངས། སྔར་ མ་སྦྱངས་པའི་ཐུན་མོང་རིག་གནས་འགའ་ཞིག་གཞན་ལ་དྲི་བ་ཙམ་བྱས་པས་ཀྱང་ཇི་བཞིན་ 2-1-185 རྟོགས་ནུས་པའོ། ། ཟབ་ཆོས་ཀྱི་སྒོ་ནོད་ནས་ཉམས་སུ་བླངས་པའི་ཚུལ་ཡང༌། འདི་སྐོར་དང་སྔ་ཕྱི་མང་ པོར་རྩེ་ཐོག་རྒྱལ་བའི་གཏེར་གནས་སོགས་སྒྲུབ་པའི་གནས་ཆེན་དུ་མར་སྒྲུབ་པ་ཉམས་ ལེན་ལ་གུས་རྟག་གི་བརྩོན་པ་ལྷོད་མེད་ཤུགས་དྲག་གིས་སྒོམ་སྒྲུབ་ཆེ་བར་བྱས་པས་གྲུབ་ འབྲས་དག་སྣང་གི་ངོར་སངས་རྒྱས་བྱང་སེམས་མཐའ་ཀླས་པའི་གཟིགས་མོར་རྟག་པར་ འདུ་འགོག་རེས་འཇོག་དང་བྲལ་བའི་དགེ་མཚན་ངོམ་པ་སོགས་ནང་རིམ་གཉིས་ཀྱི་རྟོགས་ པ་སྒོ་ཀུན་ནས་རྣམ་པར་འཕེལ་ཏེ་རྟོགས་ལྡན་གྲུབ་པ་ཆེན་པོ་རྣལ་འབྱོར་གྱི་དབང་ཕྱུག་ རྡོ་རྗེ་འཛིན་པ་མཆོག་གི་གོ་འཕང་བདག་གིར་བཞེས་པའི་ངང་ཚུལ་གྱིས་ཉེ་བར་བཞུགས་ ཤིང༌། གཞན་གདུལ་བྱ་རྗེས་སུ་བཟུང་བའི་ཚུལ་ནི། ཆེས་མཛད་པ་རླབས་ཆེ་བའི་སྒོ་ནས་ གཞན་ལས་ཁྱད་དུ་འཕགས་པ་སྟེ། དེ་ཡང་ཐོག་མར་དགུང་ལོ་བཅུ་བདུན་གྱི་སྟེང་ནས་དུས་ ཀྱི་འཁོར་ལོའི་རྒྱུད་རྒྱལ་རྩ་འགྲེལ་དང་བཅས་པའི་དགོངས་དོན་འདུས་པ་མང་ཙམ་ལ་ལུང་ རིགས་ཡང་དག་པའི་ལམ་ནས་ཞིབ་རྒྱས་སུ་ལེགས་པར་བསྩལ་ཅིང་དེ་མཚམས་དགུང་ལོ་ ཉེར་གསུམ་པར་མཁན་དཀོན་རྒྱལ་བ་སོགས་ཁ་སྐོང་དགེ་འདུན་གྲངས་ཚང་གི་དབུས་སུ་ ཚིགས་ཕྱི་མ་བསྙེན་རྫོགས་ཀྱི་སྡོམ་པ་ལེགས་པར་ནོད་དེ་འདུལ་འཛིན་དམ་པའི་མཆོག་ ཏུ་གྱུར་པ་ནས་བཟུང་རིམ་བཞིན་གདུལ་བྱ་རྗེས་སུ་བཟུང་བ་ལ་འཛམ་ཐང་དགོན་འདིར་ སྔོན་སློབ་དཔོན་པདྨས་ལུང་བསྟན་པ་བཞིན་ངུར་སྨྲིག་གི་རྒྱལ་མཚན་འཛིན་ཅིང་གྲུབ་པའི་ རྟགས་མངའ་བ་སྤྲུལ་པའི་སྐུ་ཆེན་པོ་བཅུ་གསུམ་གྱིས་གཙོས་དགེ་འདུན་འདུས་པ་དགེ་ ཚུལ་སློང་གི་སྡེ་སྟོང་ཕྲག་དུ་མ་རྗེས་སུ་བཟུང་སྟེ་རང་རང་དང་འཚམས་པའི་དབང་ལུང་མན་ ངག་མདོ་སྔགས་གཞུང་ལུགས་ཀྱི་རྣམ་པར་བཤད་པ་སོགས་སྒོ་གང་ཐད་ནས་ཁམས་དབང་ དང་མཐུན་པའི་ཆོས་ཆར་རྒྱ་ཆེར་ལེགས་འབེབས་མཛད་པ་རྒྱུན་མི་ཆད་བཞིན་ཁོང་གིས་ 2-1-186 ཉིན་རེ་ལ་དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ཚར་གཅིག་ཞལ་འདོན་ཆག་མེད་སྐུ་ཚེ་གང་ བོ་ལ་མཛད་པར་གྲགས་ཤིང༌། དེ་དག་གི་བར་བར་འཆད་ཉན་གྱི་གྲྭ་ཆེར་སྐྱོང་བ་བཞག་ སྟེ། རྡོའི་ཡོག་གི་གནམ་ལུང་རི་ཁྲོད། སྒྱེ་མའི་གནས་མདུན། བུད་ཁང་དགོན་ལུང༌། ཨ་ མགོན་བྲག་སྔོ ན་ཕུག ཕོ་དྲའི་དགོན་ལུང་གནས་སོགས་སུ་ཕེབས་ཏེ་སྒྲུབ་པ་གཙོ་བོར་བྱེད་ བཞིན་བཞུགས་ཤིང༌། དེ་དག་ཏུ་བཞུགས་སྐབས་ཡུལ་ལྷའི་རྒྱལ་པོ་རྩེ་ལྔ་སོགས་བཀའ་ སྲུང་ཅི་རིགས་ལ་ཐ་ཚིག་གཡེལ་མེད་ཀྱིས་དམ་བཞག་དང༌། ཁྱད་པར་བྲག་སྔོ ན་སྒྲུབ་ཕུག་ ཏུ་བཞུགས་དུས་ཁོང་གི་གསེར་ཞྭའི་ཏོག་གི་རྗེས་ཟབ་མོ་བྲག་གི་ངོས་སུ་དོད་པ་ད་ལྟའང་ མཇལ་དུ་ཡོད། དེ་ལས་གཞི་ཁྱོན་ཕལ་ཆེར་འཛམ་ཐང་དུ་བཞུགས་ཏེ་ཆོས་གྲྭ་སྐྱོང་བཞིན་ རྣམ་དཀར་གྱི་མཛད་བཟང་ཆེ་བ་དུ་མའང་མཛད་ཅིང༌། སྐབས་དེ་དག་ཏུ་གང་གི་ཐུགས་སྲས་ ཀྱི་གཙོ་བོར་རང་འདྲ་དཔལ་གྱི་མཚན་ཅན་བཅུ་གསུམ་ནི། ཆོས་རྗེ་གཞོན་ནུ་རྒྱལ་མཚན་གྱི་ སྐུ་སྐྱེས་སྨོ ན་ལམ་དབང་ཕྱུག་རྒྱལ་མཚན་དཔལ། ཚེས་བཅུ་རཏྣ་ཀཱིརྟིའི་ཡང་སྤྲུལ་གཉིས་ པ་རིན་ཆེན་དཔལ། ཡོངས་འཛིན་རྟོགས་ལྡན་གྲགས་པ་འབྱུང་གནས་དཔལ། རྒྱལ་རོང་བ་ ནམ་མཁའ་བཟང་པོ་དཔལ། དྲུང་དཀའ་བཞི་པའི་ཡང་སྤྲུལ་གཉིས་པ་རིན་ཆེན་བཟང་པོ་ དཔལ། ལྷ་སྒང་བ་ཤེས་རབ་རྒྱལ་མཚན་དཔལ། བཤུལ་ཡག་བསོད་ནམས་དཔལ། ཨརྒེའི་ ཡང་སྤྲུལ་གཉིས་པ་ཉི་མ་འོད་ཟེར་དཔལ། ཡོ་བེ་བསྟན་པའི་རྒྱལ་མཚན་དཔལ། རིག་ འཛིན་དགེ་འདུན་སེང་གེ་དཔལ། རག་ཁྲོམ་འོད་ཟེར་རྒྱལ་མཚན་དཔལ། མཁན་ཆེན་དོན་ ཡོད་རྒྱལ་མཚན་དཔལ། ཁ་སར་ནམ་མཁའ་རྒྱལ་མཚན་དཔལ་རྣམས་ཡིན་ཞིང༌། གཞན་ ཡང༌། བྱང་ཆུབ་རྒྱལ་མཚན་དཔལ། ཆོས་ཀྱི་རྒྱལ་མཚན་དཔལ། ཨ་ཏི་ནམ་མཁའ་དཔལ། སངས་རྒྱས་དཔལ་ལྡན། ལྷ་སྲས་གྲུབ་ཆེན་དཔལ་སོགས་རང་ལུགས་ངེས་དོན་སྒྲུབ་བརྒྱུད་ འཛིན་པའི་སྐྱེས་ཆེན་དམ་པ་ཆེས་མང་པོ་ཡོད་ལ། དེ་ལས་ཀྱང་གཞན་ཡང་གང་གི་ཆོས་ཀྱི་ 2-1-187 སློབ་མར་གྱུར་པ་བོད་ལྗོངས་ཀྱི་སྐད་གྲགས་ཆེ་བ་ཀརྨ་ཞྭ་དམར་ན་རིམ་ལྔ་པ་དཀོན་མཆོག་ འབངས་དང༌། འཛམ་གླིང་སྒར་བ་ཀརྨ་ཞྭ་ནག་དགུ་པ་དབང་ཕྱུག་རྡོ་རྗེ་དང༌། གུ་ཤྲི་བཞི་ པ་རྒྱལ་ཚབ་གྲགས་པ་དོན་གྲུབ་སོགས་དང༌། སོག་པོའི་ནང་སོ་ཀརྨ་བླ་མ། མི་ཉག་ཏུ་ བཞུགས་པ་ས་སྐྱའི་བླ་མ་ནམ་མཁའ་རྒྱལ་མཚན་སོགས་ཕྱོགས་ཀྱི་ཆོས་བརྒྱུད་གཞན་འཛིན་ པའི་སྐྱེས་ཆེན་ཡང་མང་ཚོད་དུ་འདུག་གོ ། ཆོས་རྗེ་འདིའི་གསུང་ཆོས་ཡང་ཞྭ་དམར་དཀོན་མཆོག་ཡན་ལག་གི་གཞན་སྟོང་དྲིས་ ལན་དོན་བསྡུས་རབ་གསལ་སོགས་མདོ་སྔགས་ཀྱི་རྣམ་བཤད་མང་པོ་དང༌། དུས་འཁོར་ རྙིང་པའི་བརྒྱུད་འདེབས་དཀྱིལ་ཆོག་བཅས་སོགས་རྒྱུད་སྡེའི་ཆོ་ག་མང་པོ་དང༌། ཆོས་སྐྱོང་ གི་བསྟོད་བསྐང་དུ་མ་དང་ཁྱད་པར་རོང་ཀཱིརྟིའི་མགོན་པོའི་ལྷ་དམག་གིས་ཁོང་གིས་རྗེས་ བསྙེགས་པ་དང་ནུས་མཐུ་འགྲན་སྐབས་སྨུག་སྐྱའི་ལུང་ཁོག་ནས་ཐོག་མར་ཁོང་གིས་རྫུ་ འཕྲུལ་རྟ་ལ་ཆིབས་ཏེ་པུ་ཊའི་བསྟོད་བསྐུལ་མྱུར་བའི་ལས་མཛད་མ་རྟ་ཕོའི་རྐང་འགྲོས་ དང་བསྟུན་ནས་མཛད་རྗེས་སྤྲུལ་པའི་རྣམ་བཀོད་ཀྱིས་གནས་གཞན་དུ་འགྱུར་ཏེ་རྩལ་ཆེན་ གདོང་ལྔའི་དབང་པོ་ལ་བཅིབས་ཏེ་བར་སྣང་དུ་སྨུག་ཆར་འཐིབ་པའི་གསེབ་ནས་རྗེས་སྙེག་ དག་གིས་མི་མཐོང་བར་བྱས་ཏེ་མཁའ་ལམ་དུ་བྱོན་བཞུད་མཛད་པས་རྒྱལ་བ་སེང་གེ་ཞེས་ གྲགས་ལ། ཡང་སྐོར་ཅིག་ཏུ་རྒྱ་ཁྲི་བཅུའི་དབུ་བླར་ཕེབས་སྐབས་ཆོ་འཕྲུལ་གྱིས་མཁའ་ལམ་ ནས་ཉི་མ་བཟུང་ཞིང་དེ་སྐབས་གསེར་ཞྭ་ངོགས་སའི་ནགས་དེ་ཉིད་ཀྱི་རྩེ་མོ་ཕྱིས་སུ་བཟང་ ཤིང་ཤུག་པར་གྱུར་པ་སོགས་ངོ་མཚར་བའི་ལོ་རྒྱུས་མང༌། བསྟན་པའི་སྦྱིན་བདག་དུ་མས་ ཞབས་འདེགས་བྱས་ཚུལ་ཡང་ཆེས་ཁྱད་མཚར་ཆེ་བ་སྟེ། དེ་ཡང་ཆོས་རྗེ་རྒྱལ་བ་སེང་གེ་ དཔལ་འབྱོར་བཟང་པོ་གང་གི་སྐུ་ཚེ་སྟོད་ཀྱི་དུས་ཙམ་ནས་མཛད་ཕྲིན་གྱི་སྒོ་ཕྱོགས་ཐམས་ ཅད་དུ་ཁྱབ་པའི་གྲགས་སྙན་ཕྱོགས་ཀྱི་ས་སྐྱོང་མིའི་དབང་པོ་དག་གིས་གསན་ནས་རྒྱ་ནག་ 2-1-188 གནམ་སྐོས་འཇམ་དབྱངས་གོང་མ་ཏཱ་མིང་རབ་ཁྲིན་ཧྭ་རྒྱལ་པོའི་ལུང་གིས་ཆོས་རྗེ་ཉིད་དབུ་ བླར་ཕེབས་དགོས་པའི་གསེར་ཡིག་ལ་བརྟེན་གོང་མའི་རྒྱལ་ས་པེ་ཅིན་གསེར་མཁར་དུ་གོང་ མ་ཁྲིན་ཧྭ་ཉིད་ཁྲིར་འཁོད་ནས་ལོ་བརྒྱད་དང་ཟླ་བ་བརྒྱད་པའི་ཡར་ཚེས་བརྒྱད་ཀྱི་ཉིན་ཆོས་ རྗེ་གང་ཉིད་དེར་ཕྱག་ཕེབས་ཏེ་གོང་མ་རྒྱལ་པོ་འཁོར་བཅས་ཀྱི་ཐུགས་བཞེད་ལྟར་གྱི་ཟབ་ བཀའ་རྒྱ་ཆེ་བས་དགྱེས་པ་བསྐྱེད་དེ་གོང་མའི་བཀའ་ལུང་གིས་ཏཱའི་ཧྲན་ཧཱ་ཝང་ཞེས་པའི་ མཚན་དང་བ་སོའི་ཐམ་ཀ་སྟག་ཉལ་འབྲོང་རྒུར་བཅས་དང་གཡང་ཊིའི་ཐམ་ག་རུས་སྦལ་ བཅས་དང་གསེར་ཤང་ཤང་དངུལ་གོར་གོར་སོགས་བཀའ་རྟགས་ཆོ་ལོ་ལས་ཞྭ་གོས་བཅས་ ལེགས་གནང་མཛད་དེ་གོང་མ་ཉིད་ཀྱི་ཕྱག་བྲི ས་བཀའ་ཡིག་ཆེན་མོའི་ནང་དུ། བདག་ གནམ་སྐོས་རྒྱལ་པོས་ཀྱང་ཆོས་རྗེ་རིན་པོ་ཆེ་འདི་ཉིད་རྩ་བའི་བླ་མ་ཆེས་མཆོག་ཏུ་འཛིན་པ་ ཡིན། ཞེས་སོགས་ཀྱིས་བསྔགས་བརྗོད་གུས་བཀུར་རྒྱ་ཆེ་བ་དང༌། གཞན་ཡང་གནང་སྦྱིན་ ལ། སྐུ་རྟེན་བདེ་གསང་འཇིགས་གསུམ་གཙོ་འཁོར་ལྷ་དགུ་པད་སྒྲོམ་ཅན་དང༌། ཐུགས་ རྟེན་རྣམ་རྒྱལ་མཆོད་རྟེན་ལྷ་དགུ་མ་དུས་འཁོར་ཐུགས་དཀྱིལ་ཟབ་གོས་འཐག་མ་བཅས་ དང༌། གོང་མའི་ནང་མཛོད་ནས་རོལ་ཆེན་དཀར་མོ་རྒྱང་གྲགས་དང་སིལ་སྙན་ཉི་མ་འབྲུག་ གྲགས་སོགས་དངོས་རྫས་ཁྱད་མཚར་བ་ཆོས་སྲིད་ལ་ཉེར་མཁོའི་རིགས་རྒྱ་ཆེ་བའི་ལེགས་ སྐྱེས་དང་བཅས་ཏེ་བོད་ཕྱོགས་མདོ་ཁམས་ཀྱི་ཐང་ཆེན་བརྒྱད་ལ་ཆོས་སྲིད་ཟུང་འབྲེལ་གྱིས་ མངའ་དབང་བསྒྱུར་བའི་བླ་མེད་ཆོས་ཀྱི་རྒྱལ་པོ་ཆེན་པོར་མངའ་གསོལ་ཞིང་མདོ་ཁམས་ ཐང་བརྒྱད་ཀྱི་མངའ་བདག་དང་ལྷ་སྲུང་རྩེ་བླ་ལྔ་ཡིས་བཀའ་ཇི་བཞིན་བསྒྲུབ་པའི་ཡོངས་ཀྱི་ བླ་མ་གཙུག་གི་ནོར་བུ་གཅིག་པུར་གྱུར་པ་སྟེ། དེ་ཡང་ཐང་ཆེན་བརྒྱད་ནི། རྔ་རུ་རུ་ཐང༌། སྐོང་ གསེར་ཞྭ་ཐང༌། འཛི་ཀའི་ལྷ་མོ་དར་ཐང༌། སྨྲ་སེ་ལེ་ཐང༌། མི་ཉག་གསེར་བྱེ་ཐང༌། གསེར་སྒོ་ རྒན་ཐང༌། ཕོ་དྲེའི་བྱེ་མའི་ཐང༌། པཱ་ལ་རྗེ་མོའི་ཐང་རྣམས་དང༌། རྩེ་བླ་ལྔ་ནི། ཤར་གྱི་གཉན་ 2-1-189 པོ་གཡུ་རྩེ། རྗོང་གི་ལྷ་རི་གཉན་རྩེ། རྡོ་རྒྱལ་སྐུ་བླ་ལྕགས་རྩེ། བཞག་ཤོད་བཞག་ར་སྨན་རྩེ། མི་ཉག་བཞག་བྲ་ལྷ་རྩེ་རྣམས་སོ། ། དེ་ལྟ་བུའི་ཆོས་རྗེ་འདིའི་སྐུ་ཚེའི་སྨད་ཙམ་ལ་གནམ་སྐོས་གོང་མ་ཝན་ལི་ནས་ཀྱང་ གསེར་ཡིག་པ་བཏང་སྟེ་ལེགས་སྐྱེས་འཇའ་ས་སོགས་ཀྱི་ལས་ཀ་གནང་སྦྱིན་དང་བཅས་ པས་བརྩི་བཀུར་ཆེ་བ་མཛད། གཞན་ཡང་ཆོས་རྗེ་འདི་ཉིད་སོག་པོའི་རྒྱལ་པོ་ཡོངས་ཤུའི་བུ་ དུས་བྱིང་གིས་གདན་འདྲེན་ཞུས་ཏེ་གུས་པས་བླ་མར་ལེགས་བཀུར་མཛད་ནས་རྒྱལ་བ་མི་ ཕམ་མགོན་པོ་ཞེས་པའི་མཚན་གསོལ་ཞིང་དངུལ་སྲང་ལྔ་བཅུས་ལེགས་བསྐྲུན་ཐམ་ཀ་དང་ བཀའ་ཡིག་སོགས་ཀྱི་གནང་སྦྱིན་མཛད། སོག་རྒྱལ་ཨ་སྦལ་དང༌། བེ་ཐུ་རྒྱལ་པོ་ཆིན་རྒྱལ་ སོགས་ཀྱིས་ཀྱང་གུས་བཀུར་བཅས་ཀྱིས་ཞབས་ཏོག་ལེགས་པོ་བྱས་ནས་ནང་སོ་ཀརྨ་ལྷ་ ཁང་གི་ཀརྨ་བླ་མ་སོགས་གྲྭ་སློབ་ཡོན་བདག་ཀྱང་ཆེར་མང༌། ཟི་ལིང་མཁར་བདག་སོགས་ རྒྱ་སོག་བོད་ཀྱི་ཆེ་དགུ་འབངས་སྡེ་མང་པོས་ཀྱང་གུས་འདུད་ཞུས་ཤིང་སྐྱེས་འབུལ་མཛད། བྱང་ཕྱོགས་ཧོར་གྱི་རྒྱལ་པོ་དང༌། ལྷོ་ཕྱོགས་ཡུན་ནན་འཇང་ས་དམ་རྒྱལ་པོ་དག་གིས་གདན་ འདྲེན་གྱི་སྒོ་ནས་དབུ་བླར་བཀུར་ཏེ་བཀའ་ཡིག་སོགས་ཀྱི་འཇའ་ས་གནང༌། བཙན་ལྷ་ རབ་བརྟན་རྒྱལ་པོ་སོགས་ཁོང་དང་སྐུ་ཐོག་མཉམ་པའི་ས་དབང་ཆེས་མང་པོས་བཀུར་སྟི་ ལེགས་སྐྱེས་དེ་ལུགས་བཞིན་མཛད་པར་གྲགས། ནང་གི་བསྟན་པའི་གཉེར་ཁ་པ་བོད་ཆོས་ རྒྱལ་གྱི་གདུང་བརྒྱུད་ཚ་བ་རྒྱལ་པོའི་རིགས་རུས་ལས་བྱུང་བ་རང་རེའི་ངེས་དོན་སྒྲུབ་བརྒྱུད་ ཀྱི་བསྟན་པ་ལ་ཞབས་འདེགས་བྱེད་པ་དེ་དུས་མང་ཙམ་བྱུང་བ་སོགས་ཕྱི་ནང་གང་ཐད་ལ་ ལུགས་གཉིས་ཀྱི་དབང་ཆ་ཆེས་ཀུན་ནས་མཐོ་བར་གྱུར་ཏོ། ། རྣམ་དཀར་མཛད་སྒོ་རྟེན་བཞེངས་དང་ཆོས་སྡེ་བཏབ་ཚུལ་ཁྱད་པར་བ་ཡང་འཛམ་ ཐང་དུ་ཁོང་ཉིད་ཀྱིས་བཞུགས་གནས་གཟིམས་ཁང་བདེ་ཆེན་བཤད་སྒྲུབ་དཔལ་གྱི་ཕོ་བྲང་ 2-1-190 གསར་བསྐྲུན་མཛད་དེ་དེར་གང་གི་ཞབས་པད་ཆོས་ཁྲིར་འཁོད་དེ། ཡོངས་ཀྱི་འདུས་སྡེ་ མང་ཚོགས་ཀྱི་བཞུགས་གནས་ལྷ་གསར་ངེས་དོན་བཤད་སྒྲུབ་གླིང་ཡང་གསར་བཞེངས་ དང༌། ཁྱད་པར་རྒྱལ་བའི་རྟེན་ཁང་ཆེན་མོ་ཡོངས་རྫོགས་བཞེངས་གྲུབ་པའི་ནང་རྟེན་གྱི་གཙོ་ བོ་སྟོན་པ་དགུང་གྲངས་བཅུ་དྲུག་པའི་ཚད་ཟངས་གསེར་ལས་བསྐྲུན་པ་རྒྱ་མཐོ་བཅུ་གཉིས་ ཡོད་པའི་སྐུའི་མགྲིན་པ་ཡན་ཆད་རང་བྱུང་ལེགས་འཁྲུངས་ཀྱི་ཁྱད་མཚར་ཅན་ནང་གཞུག་ བྱིན་ལྡན་བཅས་དང༌། རྒྱབ་ཕྱོགས་སུ་སྨན་འདམ་ལས་གྲུབ་པའི་དུས་གསུམ་སངས་རྒྱས་ ཐོག་ཚད་ཕྱེད་གཉིས་ཅན་དང༌། སྒོ འི་གཡས་གཡོན་དུ་ཕྱག་རྡོར་མི་གཡོ་བ་སྨན་འདམ་གྱིས་ བཞེངས་པ་ནང་གི་ལོག་བྲི ས་ཆ་ཚང་བཅས་ལེགས་པར་གྲུབ་པ་དང༌། རྟེན་ཁང་དེའི་གཡས་ སུ་བྱམས་ཁང་ནང༌། བྱམས་པ་གཙོར་གྱུར་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང༌། ཉེ་སྲས་ བརྒྱད། རྟ་མགྲིན་ལྕགས་རལ་ཅན་སོགས་ཐོག་ཚད་ཕྱེད་གཉིས་པ་ནང་གི་གྱང་རིས་བཅས་ དང༌། དེ་ནས་རིམ་པར་མགོན་ཁང་དུ། གུར་མགོན་ལྕམ་དྲལ་ཆ་ཚང༌། ཞལ་བཞི་པ། རྣམ་ སྲས། འཇིགས་མཛད། ཕྱག་དྲུག་པ་སོགས་གྱང་རིས་སྣ་ཚོགས་བཅས་པ་སྟེ་ལུགས་མ་དེ་ དག་འཇིམ་བཟོ་ལས་བསྐྲུན་པ་དང༌། རྟེན་ཁང་གཡོན་གྱི་ལྷ་ཁང་དུ། རྡོ་རྗེ་འཆང༌། ཀུན་ མཁྱེན་དོལ་པོ། དྲུང་དཀའ་བཞི་པ་སོགས་བླ་བརྒྱུད་འགའ་དང༌། ཕྱག་རྡོར། གུར་མགོན་ རྣམས་འཇིམ་སྐུ་ཐོག་ཚད་རེ་དང་ནང་ལོག་གི་གྱང་རིས་འདོད་ལྷ་སྣ་ཚོགས་བཅས་བཞུགས་ པ་དང༌། གཞན་ཡང་ཟབ་གོས་ཡུག་ཆེན་དུ་མ་དེ་མཚུངས་རྒྱབ་རས་བཅས་ཀྱིས་ལེགས་ བསྐྲུན་བྱམས་ཆེན་ལྷ་མགྲོན་འགའ་དང་བཅས་པའི་གོས་ཐང་རྒྱ་དཔངས་ཤིན་དུ་ཆེ་བ་ཐོག་ ཚད་མང་པོ་ཅན་དང༌། དམ་ཅན་ཆོས་རྒྱལ་གྱི་ཟབ་ཐང་ཁྱད་མཚར་ཕུལ་དུ་བྱུང་བ། དེའི་ སྦྲུལ་རྒྱན་བཞག་ར་སྨན་རྩེས་ཕུལ་བར་གྲགས་པའི་མིའི་ལག་བཟོ་ལས་འདས་པའི་བཟོ་ ཁྱད་ཅན། དེ་མིན་ཟབ་ཐང་དུ་མ་བཅས་སོགས་སྐུ་རྟེན་ལུགས་མ་བྲི ས་འབུར་ཁྱད་པར་དུ་ 2-1-191 འཕགས་པ་ཆེས་མང་པོ་དེ་དག་ལ་འདུས་པ་རྒྱ་མཚོ་ལྟ་བུས་རྒྱུད་སྡེ་དུ་མའི་སྒོ་ནས་ངོ་མཚར་ བའི་དགེ་བའི་ལེགས་ཚོགས་མཐའ་ཀླས་པའི་ལྟས་བཟང་དང་བཅས་རབ་གནས་དགའ་ སྟོན་རྒྱ་ཆེར་མཛད། དེ་མིན་རྒྱ་གར་ཤར་ནུབ་ཀྱི་གསེར་སྐུ་ལི་མ་མང་པོ་དང་བལ་བོ་རྒྱ་ནག་ མའི་སྐུ་བརྙན་རྡོར་འཆང༌། བྱམས་པ་སོགས་དང༌། དུས་འཁོར་འཇིགས་མཛད་སོགས་རྒྱུད་ སྡེའི་གསེར་སྐུ་མང་པོ་ཕྱོགས་ཕྱོགས་ནས་སྤྱན་དྲངས་ཏེ་མཆོད་ཁང་དུ་བཞུགས་སུ་གསོལ་བ་ དང་ཁྱད་པར་ནང་རྟེན་དུ་བྱང་སེམས་ཆོས་འཕགས་ཀྱི་ཚེམས་དང་དབུ་ཐོད་ཁྱད་མཚར་ཅན་ མང་པོ་དང༌། བླ་མ་ས་སྐྱ་བའི་ཐུགས་སྲས་རྒ་ཨ་གཉན་དམ་པས་རྒྱ་གར་དུར་ཁྲོད་བསིལ་ ཚལ་ནས་སྤྱན་དྲངས་པར་གྲགས་པའི་སྨུག་ལྡན་མ་ཧཱ་ཀ་ལ་གུར་མགོན་གྱི་སྐུ་བརྙན་ཆེས་ངོ་ མཚར་བ་ཞལ་མདོག་འགྱུར་ཞིང་ཞལ་ནས་ཁྲག་རླངས་འབབ་པའི་བྱིན་ཅན་ཁོང་དང་འབྲལ་ མེད་ཀྱི་ཐུགས་དམ་རྟེན་སོགས་མང་པོ་བཞུགས་ལ་མགོན་སྐུ་འདི་འདྲ་ནི་སྔོ ན་རྒྱ་ནག་གི་བྱང་ ཤར་གྲོང་ཧྲིན་ཡང་ཟེར་བ་ན་གཅིག་བཞུགས་ཞེས་ཐོས་པ་མ་གཏོགས་འཛམ་གླིང་ན་དེ་འདྲ་ དཀོན་པར་གྲགས་ཤིང༌། དེ་དག་ལ་མཆོད་པའི་དངོས་པོ་གསེར་དངུལ་གྱི་རྟགས་བརྒྱད་སྣ་ བདུན་སོགས་ཆེས་ངོ་མཚར་བ་དུ་མ་དང་ཡང་བཅས་སོ། །གསུང་རྟེན་ཡང་རྒྱལ་བའི་རྟེན་ ཁང་དུ་ཐུབ་པའི་སྐུ་བརྙན་གྱི་གཡས་གཡོན་དུ་བཀའ་དང་བསྟན་བཅོས་རྒྱ་གར་ནས་བོད་ དུ་གང་འགྱུར་ཚད་ཀྱི་གླེགས་བམ་གསེར་དང་དངུལ་གྱི་ཁུ་བས་ལེགས་བྲིས་བྱས་པ་གླེགས་ ཤིང་གླེགས་ཐག་ཞལ་ཁེབ་བཅས་སྒོ་ཀུན་ནས་ཞབས་ཏོག་ཆེས་བཟང་པོ་དང་བཅས་པའི་ བསོད་ནམས་ཀྱི་ཞིང་ཁྱད་པར་བ་དང༌། རྟེན་ཁང་མདུན་ཕྱོགས་ཐད་ཀྱི་སྐོར་ཁང་དུ་གསེར་ འཁོར་བྱིན་ཅན་མང་པོ་བཞེངས་པ་སོགས་དང༌། ཐུགས་རྟེན་ཡང་འཛམ་ཐང་དུ་མཆོད་རྟེན་ ཆེན་མོ་ཕྱོགས་རེ་འདོམ་པ་བརྒྱད་རེ་ཡོད་ཅིང་ལྷ་ཁང་གསུམ་རེ་དང་བཅས་སྟེང་འོག་ཏུ་སྒོ་ ཁང་དུ་མས་མཛེས་ཤིང་ཆེས་མཛེས་ཁྱད་ཡོངས་སུ་རྫོགས་པའི་ནང་དུ་སྨན་འདམ་གྱིས་ 2-1-192 བཞེངས་པའི་ཀུན་མཁྱེན་དོལ་པོ་ཡབ་སྲས། སེང་གེ་སྒྲ། གུར་མགོན། རྣམ་རྒྱལ་མ། འོད་ དཔག་མེད། སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང༌། དུས་འཁོར། རྒྱལ་བ་སེང་གེ་ཉིད་ཀྱི་ སྐུ་འདྲ་སོགས་ལུགས་མ་དང༌། སྟེང་འོག་ཀུན་ལ་ལོགས་བྲི ས་ཆེས་མང་བ་སོགས་དེ་ཀུན་ ལ་ཡོན་འབུལ་རབ་གནས་མཐའ་རྒྱས་དགེ་མཚན་དང་བཅས་སོ། །གཞན་ཡང་ས་སྐྱའི་བླ་ མ་ནམ་མཁའ་རྒྱལ་མཚན་གྱིས་ཆོས་རྗེ་ཉིད་འབའ་ལྷ་སྒང་དུ་གདན་འདྲེན་མཛད་སྐབས་ རྣམ་རྒྱལ་མཆོད་རྟེན་ཕྱི་ནང་གི་བཀོད་པ་ཡོངས་རྫོགས་བཞེངས་པར་བསྐུལ་ཏེ་ལེགས་གྲུབ་ ཀྱི་དུས་སུ་ཉིད་ཀྱིས་རབ་གནས་གནང་སྐབས་མཆོད་རྟེན་གྱི་དབུས་སུ་ཉི་མའི་འོད་ཟེར་ལྟ་ བུ་འཁྱུག་ཅིང་ནམ་མཁའ་ས་གཞི་རྒྱང་གྲགས་ཀྱི་ཚད་ཀུན་ནས་ཡོངས་སུ་ཁྱབ་ཏེ་འཁར་རྔ་ དང་དྲིལ་བུ་འཁྲོལ་བ་ལྟ་བུའི་སྒྲ་གདངས་སྙན་པ་དེར་གནས་སྐྱེ་བོ་དག་གི་མཐོང་ཐོས་སུ་ གྱུར་པ་སོགས་ངོ་མཚར་དགེ་མཚན་ཆེ་བ་དང༌། དེ་ལ་སོགས་པའི་གནས་སོ་སོར་མཆོད་ རྟེན་བརྒྱ་དང་བཅུ་གསུམ་བཞེངས་པར་གྲགས་སྐད། གཞན་ཡང་ཆེ་བ་དེ་ལྡན་གྱི་དཔལ་ འཛམ་ཐང་བསམ་འགྲུབ་ནོར་བུའི་གླིང་འདི་ཉིད་ན་དེ་དུས་སུ་ཁང་ཆུང་རྟེན་གསུམ་ལྡན་པ་ ལྔ་བརྒྱ་སོགས་རྟེན་ཁང་ཆེས་མང་ཞིང༌། ནང་ལུང་རྟོགས་ཀྱི་ཡོན་ཏན་མངའ་བའི་འདུས་པ་ ཁྲི་ཕྲག་ལས་བརྒལ་བ་གང་དག་གིས་ཆོས་འཚོགས་ཀྱི་གྲྭ་ཆེ་བ་རྒྱས་ངོས་ནས་བཤད་སྒྲུབ་ ཟུང་འབྲེལ་ལ་ཕན་ཚུན་འགྲན་པ་ལྟ་བུའི་སྒོ་ཀུན་ནས་ལེགས་དར་གྱི་མཛད་བཟང་བླ་ན་མེད་ པའི་ངང་ཐམས་ཅད་ཐུགས་མཐུན་ཁྲིམས་གཙང་ཡ་རབས་ཀྱི་སྤྱོད་རླབས་རྒྱ་ཆེ་བ་རབ་བྱུང་ གཙང་དག་གི་ཆོས་གཞི་འཁོར་ཡུག་ཏུ་ལྕགས་རི་རྒྱ་ཕིབས་བཅས་སོགས་ཁ་རྗེའི་དཔལ་ཆེས་ མཐོ་ཞིང་དར་བར་གྱུར་ཏོ། ། དེ་སྐབས་ཆོས་རྗེ་གང་གི་སྲིད་དབང་གི་ཆེ་བའང་རྭ་རྫོང་ཕོ་བྲང་དབང་སྡུད་རབ་བརྟན་ རྣམ་རྒྱལ་རྩེ་ཆེས་ཁྱད་ཡོངས་སུ་རྫོགས་པའི་ནང་ཁོང་ཉིད་ཀྱི་ནང་སྲིད་སྐུ་ཚབ་དབོན་བཀྲ་ 2-1-193 ཤིས་རྒྱ་མཚོ་དང་ཕྱག་མཛོད་རྒྱལ་བ་དཔལ་སོགས་ལུགས་གཉིས་ལ་རྣམ་དཔྱོད་ཀྱི་སྒོ་ ཡངས་པ་དུ་མས་གཙོས་ཆེ་དགུ་དྲུང་འཁོར་ཆེས་མང་གིས་མངའ་འོག་གི་འབངས་སྡེ་ཀུན་ ལ་ཆབ་སྲིད་ལྷག་པར་སྙོམས་པས་མཐོ་དམན་ཐམས་ཅད་ལ་ཕན་པའི་ལེགས་སྒོ་ཇི་བཞིན་ སྟེར་པའི་སྲིད་དབང་དང་བཅས་ཏེ་མདུན་ཐང་ཤོག་ཁང་ཟེར་བ་དེར་ཕྱོགས་ནས་འོང་བའི་ དཔྱ་ཁྲལ་བསྡུ་གནས་སུ་མཛད་ཅིང་མདོ་སྨད་ཐང་ཆེན་བརྒྱད་ལ་སྤྱི་རྫོང་བརྒྱད་དང་ས་མདོ་ རེ་ལ་རྫོང་ཕྲན་རེ་དང་བཅས་དེ་དག་ཀུན་ལ་རྫོང་བདག་ལས་ཚན་པ་བསྐོ་བཞག་མཛད་པ་ སོགས་སྲི ད་ཀྱི་དབང་ཆ་ཆེས་དར་བའི་ཁ་རྗེའི་དཔལ་ཁ་ཉེ་བར་ཐོབ་པ་སྟེ། འདིའི་སྐུ་དུས་ སུ་ཁོང་གིས་ཕྱག་འདེབས་མཛད་པའི་དགོན་ལག་ཡང༌། སྨ་ལྕགས་རི་འོད་འབར་དགོན། རྡོའི་ལྷ་ཁང་སུམ་མདོ། རྡོ་སྟོད་དགོན་གསར་བཀྲ་ཤིས་གླིང༌། རྡོ་སྨད་དར་རྒྱས་ཆོས་རྫོང་ དགོན། རག་ཁྲོམ་དགོན། ལྗགས་མདའ་དགོན། ཉིག་རྗེ་དགོན། འབའ་ལྷ་སྒང་དགོན། ལྷོ་ ཅོག་སྟེང་དགོན། འབོ་གངས་དཀར་དགོན། རྒྱ་ཁ་བཀྲ་ཤིས་གླིང་གི་ཐུབ་བསྟན་བཤད་སྒྲུབ་ གླིང༌། སོག་ཡུལ་ཀརྨ་ལྷ་ཁང་དགོན། སྨྲ་ལྷ་ཁང་སུམ་མདོ། འཛི་ཀའི་ལྷ་ཁང་ཐང་གི་དགོན་ པ་སོགས་དགོན་ལག་བརྒྱ་དང་བཅུ་གསུམ་བཏབ་པ་དེ་དག་ཏུ་རྟེན་གསུམ་ཁྱད་མཚར་ཅན་ དུ་མ་རེ་དང་བཅས་རླབས་པོ་ཆེའི་བྱས་རྗེས་རྒྱ་ཆེ་བ་དེ་འདྲའོ། ། དེ་ལྟ་བུའི་མཛད་པ་ཟླ་དང་བྲལ་བས་བསྟན་འགྲོ་ཡུན་རིང་བསྐྱངས་པའི་རེ་ཞིག་སྐུ་ཚེའི་ སྨད་གདུལ་ཞིང་ཡུལ་འདིར་སྐོར་ཅིག་ཏུ་རྫོགས་པ་ལ་ཉེ་བ་ཉིད་ཀྱི་དགུང་གྲངས་རེ་དགུའི་ དུས་མཚམས་ཕན་ཆད་དུ་ཁོང་གི་རང་སྣང་དག་པའི་ཚུལ་ཉིད་གསུང་རྣམ་ཐར་གྱི་སྡོམས་ ལས་གསུངས་པ། ཇི་སྐད་དུ། ལོ་གསུམ་འདས་ནས་ཡུལ་འདིའི་སྣང་བ་འགག །དོན་དམ་ནང་ གི་སྣང་ལམ་འགྲོ་བ་ཤར། །བདེ་ཆེན་པདྨ་འོད་དང་དགའ་ལྡན་ཞིང༌། །གར་འགྲོ་རང་དབང་ ཆེ་ཡང་སྲི ད་ཞིའི་ཁམས། །བདེ་བར་དབུགས་དབྱུང་འཁོར་བ་མྱང་འདས་ཀྱི། །སྒྲོལ་བའི་དེད་ 2-1-194 དཔོན་སྣང་གཟུགས་མ་འགགས་སྟོན། །སྤྲུལ་པའི་གང་འདུལ་ཉི་མ་འབུམ་གྱི་འོད། །མཐའ་ ཡས་འགྲོ་ལ་མ་ཁྱབ་གཅིག་ཀྱང་མེད། །བརྒྱད་ཁྲིར་བྱམས་པས་ཆོས་སྟོན་སྐལ་བཟང་ འགྱུར། །བདག་དང་འབྲེ ལ་བྱུང་མཐོང་ཐོས་དྲན་རེག་ཀུན། །ལྷག་བསམ་ལན་ཅིག་སྙིང་ ནས་དྲན་པས་ཀྱང༌། །ཐེག་ཆེན་དགའ་བའི་སར་བགྲོད་ལུང་བསྟན་ཡོད། །ཅེས་ད་ལན་ཁོང་ དགུང་ལོ་རེ་དགུའི་དུས་སུ་རང་སྣང་གི་ཚུལ་ནི་འདིའི་སྔ་མོ་ལོ་གསུམ་ཚུན་ནས་ཀུན་རྫོབ་ཐ་ མལ་གྱི་འདི་སྣང་མ་དག་རྫུན་རིས་ཀྱི་འཁྲུལ་བ་མཐའ་དག་རང་འགགས་སུ་སོང་ནས་དོན་ དམ་ནང་དབྱིངས་ཡེ་ཤེས་དག་ཆེན་མཆོག་གི་འགྲོ་ལམ་གྱི་སྣང་བ་དམ་པའི་གཟིགས་མོར་ ཉམས་བདེ་བ་འབའ་ཞིག་གི་ངང་དུས་འཁོར་མོ་ཡུག་མཉམ་རྗེས་ཆ་འབྱེད་དཀའ་བ་ཙམ་དུ་ རེད་སོང་ཞིང༌། འདིའི་ངང་ནས་སྐད་ཅིག་ལ་ལྷོ་ནུབ་པདྨ་འོད་དང་སྟེང་ཕྱོགས་དགའ་ལྡན་གྱི་ ཞིང་དུ་གར་འགྲོ་ཡང་རང་དབང་ཆེ་ཞིང་དཀའ་ངལ་ཅི་ཡང་མི་འདུག་ཀྱང་ད་དུང་སྲིད་ཞིའི་ སྡུག་བསྔལ་གྱིས་མནར་བའི་གདུལ་བྱ་གང་དག་གི་སྐྱོབ་པའི་མགོན་མཛད་ཅིང་དེ་དག་སྲིད་ ཞིའི་འཇིགས་པ་ལས་སྒྲོལ་བའི་དེད་དཔོན་དུ་རང་རང་དང་འཚམས་པའི་གང་འདུལ་ཐབས་ མཁས་མཆོག་གི་མཛད་བཟང་བསྟན་ཏེ་སྤྲུལ་བཀོད་ཉི་མའི་ཟེར་བཞིན་གདུལ་བྱ་གང་ལ་ མ་ཁྱབ་པ་མེད་པའི་ཚུལ་གྱིས་ནམ་ཞིག་མ་འོངས་པ་བསྐལ་པ་བཟང་པོ་འདི་ལ་ཚེ་ལོ་བརྒྱད་ ཁྲིའི་དུས་སུ་ཀུན་གཟིགས་སྟོན་པ་བྱམས་པའི་མཚན་ཅན་གྱིས་ཡང་དག་ཟབ་ཆོས་ཀྱི་སྒོ་ འཕར་ལེགས་ཕྱེ་མཛད་སྐབས་ད་ལན་ཉིད་མཐོང་ཐོས་དྲན་རེག་གི་འགྲོ་བ་ཀུན་གྱིས་ཁོང་ལ་ དད་མོས་ལན་གཅིག་ཙམ་བྱས་པས་ཀྱང་དེ་ཐམས་ཅད་ཐེག་པ་ཆེན་པོའི་ས་དང་པོ་མྱུར་ནས་ ཐོབ་པའི་ལུང་བསྟན་ཡོད་ཚུལ་ཞིབ་རྒྱས་སུ་གསུང་གནང་མཛད་མཐར་དེ་འདྲའི་ཁོང་ཉིད་ཀྱི་ གསང་གསུམ་ཆེ་བའི་རྣམ་ཐར་མདོ་ཙམ་བཀོད་པའི་དགོས་དོན་གསུངས་པ། ཇི་སྐད་དུ། དེ་ ལ་སོགས་པའི་དུས་གསུམ་རྣམ་ཐར་ཡང༌། །ཕལ་ཆེར་དག་དང་མཐུན་པའི་ངེས་ཤེས་དང༌། 2-1-195 །རྨི་ལམ་བག་ཆགས་ཚུལ་དང་མངོན་སུམ་དུ། །རབ་རིབ་ཙམ་དུ་བཤད་བྱ་མང་ཡོད་ཀྱང༌། །འདི་ཙམ་ཁོ་ནས་བསྐལ་བཟང་འདོད་དོན་འགྲུབ། །རྣམ་བཤད་སྙིང་པོ་འདི་ལ་གུས་པར་ གྱིས། །ཞེས་འདིར་དེ་ལུགས་ཀྱི་རྣམ་ཐར་བསྡུས་ཙམ་བརྗོད་པས་མཚོན་ད་དུང་གཞན་ཕལ་ ཆེ་བ་དག་དང་ལེགས་མཐུན་གྱི་ངེས་ཤེས་རྨི་ཉམས་མངོན་སུམ་ཅི་རིགས་པའི་སྣང་ཡུལ་འདྲ་ མིན་གྱི་སྒོ་སྣ་ཚོགས་པ་རེ་འཆད་དུ་ཡོད་ནའང་དེང་སྐབས་དུས་དབང་གིས་གསང་གསུམ་གྱི་ མཛད་སྒོ་ཉུང་བསྡུས་འདི་ཙམ་ལས་ཧ་ཅང་རྒྱ་བསྐྱེད་པའི་དགོས་པ་མེད་ཅིང༌། འདི་ཁོ་ནས་ ཀྱང་སྐལ་ལྡན་གྱི་གདུལ་བྱ་འགའ་ལ་བྱིན་རླབས་དང་ཕན་ཡོན་གྱི་སྒོ་རེ་ངེས་པར་འབྱུང་ཆོག་ པས་དེ་ལུགས་ལྟར་ན་རང་གི་རྣམ་ཐར་གྱི་ས་བོན་ཙམ་འདི་ལ་གུས་པར་བྱ་རིགས་སོ། །ཞེས་ ཁོང་གིས་རྗེས་འཇུག་གང་དག་ཚོར་བླ་མའི་རྣམ་ཐར་ལ་གུས་ཤིང་དད་པའི་སྒོ་ནས་ལེགས་ ཉན་བྱེད་དགོས་པར་བསྐུལ་བརྡ་མཛད་པའོ། ། དེ་ནས་བསྟན་འགྲོའི་བྱ་བ་རེ་ཞིག་མཐར་ཕྱིན་པའི་ཚུལ་ལ། ཆོས་རྗེ་ཁོང་ཉིད་འདི་ མཚམས་སྐོར་ནས་ས་སྐྱར་ཕེབས་ཏེ་ཡུན་ཅུང་རིང་ཙམ་བཞུགས་ནས་སླར་ཡང་རང་གི་ གདན་སར་ཕེབས་པ་ན་དགུང་ལོ་བདུན་ཅུ་ཙམ་ལ་སླེབས་མ་ཐག་ཙམ་སྟེ་ཁོང་གིས་ཐུགས་ སྲས་དག་ལ་ཟབ་བཀའ་རེ་གནང་རྗེས་ལོ་གཉིས་སུ་བྱང་ཕུག་རྡོ་རྗེ་གདན་དུ་སྒྲུབ་པ་ལ་ བཞུགས་ནས་ཉིད་དགུང་གྲངས་དོན་གཉིས་སུ་ཕྱི་ལོ་༡༥༨༠ རབ་ལོ་༥༥༤ མཆན། ལྕགས་ཕོ་འབྲུག་ ལོའི་ཟླ་བ་བཅུ་པའི་ཚེས་བརྒྱད་ཉིན་གཟུགས་སྐུ་ཆོས་དབྱིངས་སུ་བསྡུ་ཚུལ་མཛད་ཅིང༌། འདི་སྐབས་ཡང་དགོས་དབང་གིས་ཚུར་མཐོང་ངོར་སྐུ་མ་འདས་གོང་ཉིད་ཀྱི་སྐུ་ལ་ན་ཟུག་ གིས་བསྙུན་ཚུལ་བསྟན་ཀྱང་དོན་ལ་རྒྱལ་ཚབ་མི་ཕམ་མཆོག་གི་རྣམ་རོལ་ལ་སྔོན་རིང་མོའི་ དུས་ནས་ན་རྒ་འཆི་བ་ངེས་པར་བཅོམ་ནས་བགྲེས་རྒུད་དང་བྲལ་བའི་ཟག་མེད་ཡེ་ཤེས་ཀྱི་ རྡོ་རྗེའི་སྐུ་བདག་གིར་བཞེས་པ་ཉིད་ཀྱི་ཕྱིར་ན་མཛད་ཚུལ་གང་འདི་ནི་གདུལ་བྱ་འདུལ་བའི་ 2-1-196 ཐབས་མཁས་ཀྱི་བརྫུ་བག་ཙམ་དུ་ཟད་ལ། གང་ཐུགས་ཆོས་དབྱིངས་སུ་ཐིམ་སྐབས་མཁའ་ ལ་འཇའ་འོད་སྣ་ཚོགས་པས་གང་སྟེ། ས་རྣམ་པ་དྲུག་ཏུ་གཡོས་ཤིང་བར་སྣང་ནས་ལྷ་དང་ལྷ་ མོས་རོལ་མོའི་སྒྲ་འདྲ་མིན་བསྒྲག་ཅིང་ནམ་མཁའ་ལས་མེ་ཏོག་གི་ཆར་བསྙོན་མེད་བབས་ པ་དང་དུས་ཚིགས་ལེགས་པར་འཇམ་པ་སོགས་དགེ་མཚན་རྣམ་པར་བཀྲ་བའི་མཛད་སྒོ་རྒྱ་ ཆེར་གནང་ཞིང༌། སྐལ་ལྡན་གྱི་ཐུགས་སློབ་དག་གི་སྣང་ངོར། བླ་མ་ཆོས་རྗེ་གང་ཉིད་མཁའ་ འགྲོའི་ཚོགས་ཀྱིས་བསྐོར་ནས་ཨུ་རྒྱན་དུ་གཤེགས་པ་དང༌། གཞན་ཡང་ངུར་སྨྲིག་འཆང་བའི་ དགེ་སློང་གི་གཟུགས་དང༌། གྲུབ་པའི་དབང་ཕྱུག་གི་རྣམ་རོལ་ལ་སོགས་པ་དག་སྣང་ཐ་དད་ ཀྱི་སྒོ་སྣ་ཚོགས་པའི་གཟིགས་སྣང་དུ་མ་བྱུང་ལ། དེ་ནས་སྐུ་གདུང་རིན་ཆེན་གྱི་ཕུང་པོ་གང་དེ་ བསོད་ནམས་ཀྱི་བསགས་སྒོ་རྒྱ་ཆེན་ཟླ་དང་བྲལ་བས་ཞག་དུ་མར་གདུང་ཆོག་རྒྱ་ཀུན་ནས་ མཉམ་པ་མེད་པའི་ཚབས་ཆེན་འདུས་པ་སྟོང་ཕྲག་དུ་མས་ལེགས་བགྱིས་ཀྱི་སྒོ་ནས་རྣམ་པར་ དཀར་བའི་བསོད་ནམས་མཐའ་ཡས་པའི་ངང་གདུང་རྟེན་དེ་ཉིད་ཆས་བཟང་པོས་ཉེ་བར་ བཀླུབས་བཞིན་ནང་གཞུག་བྱིན་རྟེན་ཁྱད་འཕགས་བཅས་མཆོད་རྟེན་ཟངས་གསེར་ལས་ བསྐྲུན་པ་རིན་ཆེན་སྣ་ཚོགས་པས་ཕྲ་རྒྱན་གྱིས་ཉེ་བར་སྤྲས་པའི་མཐོ་ཁྱད་ཐོག་ཚད་མའི་ནང་ དུ་བཞུགས་སུ་གསོལ་ཏེ་རྒྱལ་བའི་རྟེན་ཁང་སྟེང་གི་གཙུག་ལག་ཁང་དུ་མཆོད་བཀོད་ཀྱིས་ བསོད་ནམས་ཞིང་དུ་ལེགས་བཞུགས་མཛད་དོ། །དེ་ལྟར་མདོ་ཁམས་དབང་བསྒྱུར་ཡོངས་ ཀྱི་འདྲེན་པ་ཆེན་པོ་ཆོས་རྗེ་རྒྱལ་བ་སེང་གེ་དཔལ་འབྱོར་བཟང་པོ་གང་གི་སྐུ་ཚེའི་སྟོད་ཙམ་ དང་ཐོག་མཉམ་པ་ནི་ཇོ་ནང་དཔལ་དུ་རྗེ་བཙུན་ཀུན་དགའ་གྲོལ་མཆོག་བཞུགས་སྐབས་ དང༌། ས་སྐྱའི་སྔགས་འཆང་ནམ་མཁའ་རྒྱལ་མཚན་དཔལ་བཟང༌། ནམ་མཁའ་བཀྲ་ཤིས་ རྒྱལ་མཚན། འཛམ་གླིང་སྒར་བ་རྒྱལ་དབང་ཀརྨ་ཞྭ་ནག་བརྒྱད་པ་མི་བསྐྱོད་རྡོ་རྗེ་དང༌། དེའི་ སྐུ་སྐྱེས་དགུ་པ་དབང་ཕྱུག་རྡོ་རྗེ་རིམ་པར་བྱོན་པ་གཉིས་དང༌། ཞྭ་དམར་དཀོན་མཆོག་ཡན་ 2-1-197 ལག་དང༌། སྟག་ལུང་ཐང་བ་བཀྲ་ཤིས་དཔལ་བཟང་གི་སྐུ་དུས་དང༌། སྔགས་རྙིང་ཕྱོགས་ ཀྱི་གཏེར་ཆེན་པདྨ་གླིང་པ། མངའ་རིས་རིག་འཛིན་ལེགས་ལྡན་རྗེ། ཐུགས་སྲས་བྱང་བདག་ བཀྲ་ཤིས་སྟོབས་རྒྱལ་སོགས་དང༌། དགེ་ལུགས་ཕྱོགས་ཀྱི་འབྲས་སྤུངས་སྤྲུལ་པའི་སྐུ་དགེ་ འདུན་རྒྱ་མཚོ། དེའི་ཡང་སྤྲུལ་བསོད་ནམས་རྒྱ་མཚོ་རིམ་བྱོན་དང་བསོད་ནམས་ཕྱོགས་ ཀྱི་གླང་པོ་དང༌། དབེན་ས་བློ་བཟང་དོན་གྲུབ་སོགས་ཀྱི་དུས་ཙམ་དང་སྔ་ཕྱི་ཅི་རིགས་དུས་ མཚུངས་ཤིང༌། བོད་ལྗོངས་སྲི ད་འཛིན་རིན་སྤུངས་ངག་དབང་རྣམ་རྒྱལ་སྐུ་མཆེད་ཀྱི་དུས་ ཙམ་དུ་གསལ། ཆོས་རྗེ་འདིའི་སྐུ་ཚེ་སྨད་ཀྱི་མཛད་པ་རྫོགས་པའི་དུས་མཚམས་སུ་རང་རེའི་ ཇོ་ནང་དུ་རྗེ་བཙུན་རིན་པོ་ཆེ་ཏཱ་ར་ནཱ་ཐ་ཉིད་སྐུ་སྐྱེས་ན་གཞོན་དགུང་གྲངས་དྲུག་ཙམ་གྱི་སྟེང་ དུ་སླེབས་པ་དང༌། གཙང་སྟོད་རྒྱལ་པོ་ཞིང་ཤག་པ་ཀརྨ་ཚེ་བརྟན་རྡོ་རྗེས་བོད་ཀྱི་སྲི ད་དབང་ བཟུང་ནས་ལོ་བཅུ་ལྷག་ཙམ་སོང་བར་མངོན་ནོ། ། ༼༣༽ དེ་ལྟར་སྐུ་ཕྲེང་ཐོག་མ་རྒྱལ་བ་བཟང་དང་སྐུ་ཕྲེང་གཉིས་པ་དཔལ་འབྱོར་བཟང་ པོ་གཉིས་ཀྱི་ལོ་རྒྱུས་མདོ་ཙམ་སོང་ཟིན་ནས་ད་སྐུ་ཕྲེང་གསུམ་པ་བོད་ལྗོངས་དབུས་གཙང་ ཕྱོགས་ཀྱི་བོན་རེ་ཤིང་གི་སྐུ་སྐྱེས་ཀྱི་ལོ་རྒྱུས་ནི། རྒྱལ་བ་སེང་གེ་འདས་ནས་ལོ་འགའ་ཤས་ སོང་རྗེས་སུ་སྤྲུལ་པའི་སྐུ་འདི་ཉིད་དང་པོ་འཁྲུངས་ཡུལ་སྟོད་དབུས་གཙང་གི་མངའ་རིས་ཀྱི་ ཆར་གཏོགས་པ་གཙང་བྱང་གི་མཚམས་བོན་རེ་ཤིང་ཞུ་ཚང་ཟེར་བའི་གནས་ཡུལ་དེ་ཡིན་ ཞིང༌། དེར་སྐུ་སྐྱེས་དེ་འཁྲུངས་ནས་ལོ་བཅུ་ལྷག་སྐོར་ཙམ་ན་གནས་ཚུལ་དེ་ལུགས་འཛམ་ ཐང་ཆོས་རྗེས་གསན་ནས་ཆེད་མངགས་གྲྭ་རིགས་ནང་སོ་ཀུན་དགའ་བཀྲ་ཤིས་སོགས་དང༌། མདོ་ཁམས་ཉིག་རྗེ་དགོན་གྱི་ཀ་བཞི་རྒྱལ་མཚན་སེང་གེའི་སྐུ་སྐྱེས་འཁོར་བཅས་དང༌། ཨ་ མདོ་པ་ཀུན་དགའ་ལྷུན་གྲུབ་སོགས་ཇོ་ནང་དཔལ་དུ་རྗེ་བཙུན་ཏཱ་ར་ནཱ་ཐ་བཞུགས་པའི་སྐུ་ དྲུང་དུ་ཕྱིན་ཏེ་བོན་རེ་ཤིང་གི་སྐུ་སྐྱེས་འཛམ་ཐང་ཆོས་རྗེའི་ཡང་སྤྲུལ་ཡིན་མིན་གྱི་ཐུགས་ 2-1-198 བརྟགས་ཞུས་ཚེ། རྗེ་བཙུན་གྱི་ཞལ་སྔ་ནས་དེ་རྒྱལ་བ་སེང་གེའི་ཡང་སྤྲུལ་ཡིན་རུང་ཡང་ འཛམ་ཐང་ཕྱོགས་ལ་ཕན་ཐོགས་མི་ཡོང་གསུངས་ནས་དེ་ལུགས་ལྟར་ཐུགས་ཐག་བཅད་ ནའང༌། ཕྱིས་སུ་འཛམ་ཐང་ནས་དེ་ལྟར་མ་བྱས་པར་ཨ་རྒེ་སྐུ་སྐྱེས་དང་ཁང་གཉེར་རྒྱལ་ བ་དཔལ་སོགས་རེ་ཤིང་སྐུ་སྐྱེས་གདན་འདྲེན་གྱི་ཆེད་དུ་དབུས་གཙང་ཕྱོགས་སུ་སླེབས་ཏེ་ ཇོ་ནང་རྗེ་བཙུན་ཀྱི་སྐུ་དྲུང་ནས་ཆོས་བཀའ་ཅི་རིགས་དང་ཡིན་ལུགས་ཀྱི་ཚུལ་ཞུས་སྐབས་ ཁོང་གིས་དེ་དག་ལ་ཟབ་ཆོས་ཀྱིས་རེ་འདོད་ཇི་བཞིན་བསྐངས་ནས། བཀའ་ལས། ད་ལན་ རེ་ཤིང་པ་འདི་རྒྱལ་བ་སེང་གེའི་སྐུ་སྐྱེས་ཡིན་ངེས་སུ་འདུག་ཀྱང་དགུང་ལོ་ཅུང་ཟད་ཆེ་ཞིང་ བོན་ཕྱོགས་ལ་བག་ཆགས་ཡོད་ཤས་ཆེ་བས་ཁམས་ཕྱོགས་སུ་འགྲོ་དོན་མི་འོང་པའི་ཚུལ་ གསལ་བོ་ཞིབ་རྒྱས་སུ་མཛད་ཀྱང༌། ཁམས་ཕྱོགས་ནས་འོང་བ་དེ་དག་གིས་སྐུ་སྐྱེས་ཡིན་ ངེས་ལ་བློ་གཏད་བྱས་ནས་རེ་ཤིང་སྐུ་སྐྱེས་ཉིད་བླུས་ནས་ཇོ་ནང་དུ་ཁྲི་སྟོན་མཛད་དེ་རྗེ་ བཙུན་ལས་ཤིས་བརྗོད་མེ་ཏོག་འཐོར་བ་བཅས་དང་སྐུ་སྐྱེས་གཞོན་ནུ་ཆོས་གྲྭ་ལ་ལེགས་ འཇུག་མཛད་པའི་བཀའ་དྲིན་ཀྱང་ཞུས། རྗེ་བཙུན་ཁོང་ནས་དེ་ལུགས་ལྟར་གྱི་སོ་ཐར་བསྙེན་ རྫོགས་བཅས་ཀྱི་སྡོམ་པ་དང་རང་ལུགས་ཀྱི་ཟབ་བཀའ་དུས་འཁོར་དབང་ཡོངས་རྫོགས་ སྦྱོར་དྲུག་མྱོང་ཁྲིད། ནཻ་གུའི་ཆོས་བཀའ་ཆ་ཚང༌། ཐམས་ཅད་རིག་པའི་དབང་ལུང༌། བློ་སྦྱོང་ ཁྲིད་ལུང་བཅས་སོགས་ཉེར་མཁོའི་ཟབ་བཀའ་དུ་མ་ལེགས་གནང་མཛད། བྱིན་རྟེན་ཁྱད་ འཕགས་སོགས་ལེགས་སྐྱེས་ཡང་གཟབ་ལྡན་བཅས་མཛད་སྒོ་རྒྱ་ཆེ་བས་སྐུ་སྐྱེས་དཔོན་ སློབ་ཁམས་ཕྱོགས་སུ་ངེས་དོན་བསྟན་པའི་བདག་པོར་མངའ་གསོལ་མཛད་དེ་ཁོ་ཚོའི་རེ་བ་ བསྐངས། འདི་དུས་སུ་རྟག་བརྟན་དམ་ཆོས་གླིང་གསར་འདེབས་ཀྱི་སྐབས་དང་རྗེ་བཙུན་ ཡང་དགུང་གྲངས་བཞི་བཅུ་ལྷག་ཙམ་ཡིན། དེ་ནས་རེ་ཤིང་སྐུ་སྐྱེས་འཁོར་བཅས་ཁམས་ ཕྱོགས་སུ་ཆིབས་ཁ་བསྒྱུར་ཏེ་ཆས་པ་ན་བོད་ཀྱི་སྲིད་གཙང་སྟོད་རྒྱལ་པོས་བཟུང་སྐབས་ཡིན་ 2-1-199 ཞིང༌། ཞིང་ཤག་པའི་སྤུན་སྡེ་པ་ཀུན་སྤངས་དྲུང་དང༌། ཞིང་ཤག་པ་རང་གི་བུ་ཆུང་བ་སྡེ་སྲི ད་ ཕུན་ཚོགས་རྣམ་རྒྱལ། འབྲི ང་བ་མཐུ་སྟོབས་རྣམ་རྒྱལ། ཆེ་བ་ཀརྨ་བསྟན་བསྲུང་རྣམས་ཡིན་ ཞིང༌། དེ་ལས་སྡེ་སྲི ད་ཕུན་ཚོགས་རྣམ་རྒྱལ་གྱིས་བོད་ལྗོངས་ཀྱི་ཆབ་སྲི ད་ཡོངས་རྫོགས་ལ་ མངའ་དབང་བསྒྱུར་ཏེ་རྗེ་བཙུན་རིན་པོ་ཆེའི་བསྟན་པའི་སྦྱིན་བདག་ཆེ་བ་མཛད་སྐབས་ཡིན་ པས་འདི་སྐབས་སྡེ་སྲིད་ཉིད་རྒྱལ་ས་ཕོ་བྲང་བསམ་འགྲུབ་རྩེར་བཞུགས་པའི་དུས་དེར་རྒྱལ་ བ་སེང་གེའི་སྐུ་སྐྱེས་དཔོན་སློབ་ཆིབས་བསུ་དང་གདན་འདྲེན་བཅས་ཀྱིས་ཆོས་བཀའ་ཅི་ རིགས་ཞུས་ཤིང་འབུལ་བ་གཟབ་ལྡན་དང་མདོ་ཁམས་ཆོས་ཀྱི་རྒྱལ་པོའི་འཇའ་ས་བཀའ་ ཡིག་སོགས་ཀྱི་གནང་སྦྱིན་ཡང་མཛད། དེ་ནས་དགུང་ལོ་ཉེར་བརྒྱད་སྟེང་རིམ་པར་གཙང་ བཀྲ་ཤིས་ལྷུན་པོ་དང༌། ཐུབ་བསྟན་གསེར་མདོག་ཅན་དང༌། ལྷ་ས་ར་མོ་ཆེ་སོགས་ལ་རིམ་ པས་མཇལ་བཞིན་ཁམས་ཕྱོགས་སུ་ཕེབས་ཆས་མཛད་པ་ན་འབྲི་གུང་དུ་ཐོན་ཙམ་ལ་སྐུ་ སྐྱེས་བསྙུང་བས་ཚུར་ལོག་སྟེ་སྐྱིད་ཤོད་བྲག་དཀར་དུ་གཟུགས་སྐུའི་མེ་ཏོག་འཕྲལ་དུ་ཡལ་ ལོ། །དེ་ནས་སྐུ་འཁོར་དག་གིས་དགོངས་རྫོགས་ཀྱང་ལེགས་བསྒྲུབས་མཛད་ཅིང༌། འདི་ དུས་ཙམ་ན་ས་སྐྱའི་སྔགས་འཆང་འཇམ་དབྱངས་ཚེ་བརྟན་བཀྲ་ཤིས། དེའི་སྲས་ཀུན་དགའ་ རིན་ཆེན་འཛམ་གླིང་སྒར་བ་རྒྱལ་དབང་ཀརྨ་ཞྭ་ནག་བཅུ་པ་ཆོས་དབྱིངས་རྡོ་རྗེའི་སྐུ་ཚེའི་ སྟོད་ཙམ་དང༌། ཞྭ་དམར་དྲུག་པ་ཆོས་ཀྱི་དབང་ཕྱུག་དང༌། དགེ་ལུགས་ཕྱོགས་པཎ་ཆེན་བློ་ བཟང་ཆོས་ཀྱི་རྒྱལ་མཚན་སོགས་ཀྱི་སྐུ་དུས་དང༌། འབྲས་སྤུངས་སྤྲུལ་སྐུ་ཡོན་ཏན་རྒྱ་མཚོ་ འདས་རྗེས་ཙམ་དང༌། ས་སྐྱའི་རྩེ་གདོང་བདག་ཆེན་དང༌། སྟག་ལུང་མ་ཧཱ་རིན་པོ་ཆེ་ངག་ དབང་རྣམ་རྒྱལ་སོགས་ཀྱི་དུས་དང༌། གནམ་སྐོས་གོང་མ་ཏཱ་མིང་ཝན་ལིས་སྲི ད་ཁྲི་བཟུང་ བའི་མཇུག་ཙམ་དུ་མངོན་ནོ། ། ༼༤༽ སྐུ་ཕྲེང་བཞི་པ་ལྷོ་ཁ་བ་གྲགས་པ་འོད་ཟེར་གྱི་ལོ་རྒྱུས་ནི། སྤྲུལ་སྐུ་འདི་ནི་མདོ་ 2-1-200 ཁམས་ལྷོ་ཕྱོགས་འབའ་ཁོག་སྟོད་སྡེ་དགེའི་ཡུལ་སྨད་ཚབ་ཚའི་བརྒྱུད་ལ་ཝ་ཤུལ་གྱི་རུས་སུ་ འཁྲུངས། སྐུ་བལྟམས་པའི་དེ་མ་ཐག་ནས་ཞལ་གསུང་ལས། ང་ནི་འཛམ་ཐང་རྒྱལ་བ་སེང་ གེའི་སྐུ་སྐྱེས་ཡིན་ཞེས་གསུང་བཞིན་ཞལ་འཛུམ་པའི་ངང་སྤྱན་ཧྲིག་ཧྲིག་གིས་བྱང་ཕྱོགས་ལ་ གཟིགས་པར་མཛད་ཅེས་གྲགས། དེ་ནས་ལོ་ཤས་སོང་མཚམས་སུ་དེ་ལུགས་ཀྱི་གྲགས་སྙན་ འཛམ་ཐང་ཆོས་རྗེ་སྒར་གྱིས་ལེགས་པར་གསན་ཏེ་དྲུང་དཀའ་བཞི་པའི་ཡང་སྤྲུལ་གཉིས་ པ་རིན་ཆེན་དཔལ་བཟང་སོགས་སྐུ་འཁོར་ཡོངས་རྒྱས་རགས་བསྡུས་བཅས་རྡོ་གསེར་ཤེལ་ གསུམ་བརྒྱུད་ནས་རིམ་པས་འབའ་ལི་ཐང་ཕྱོགས་སུ་མཆོག་གི་སྤྲུལ་སྐུ་བཞུགས་པའི་ཡུལ་ དུ་ཕེབས་ཏེ་དངོས་རྫས་འབུལ་བ་སོགས་དང་བཅས་ལྷན་རྒྱས་ཟླ་གཅིག་ཙམ་བཞུགས་ མཐར་སྤྲུལ་པའི་སྐུ་ཉིད་སྐུ་དབོན་རབ་དཀར་སོགས་ཀྱི་ཕེབས་སྐྱེལ་བཅས་རིམ་པས་ལེགས་ ཕེབས་མཛད་ནས་འཛི་ཀའི་ལྷ་མོ་དར་ཐང་དུ་སླེབས་སྐབས་བསུ་བཀོད་རྒྱ་ཆེ་བའི་སྒོ་ནས་ དཔལ་འཛམ་ཐང་ཆོས་རྗེའི་ཕོ་བྲང་དུ་ཁྲི་སྟོན་ལེགས་རྒྱས་མཛད། དེ་ནས་རིམ་པར་ཆོས་རྗེ་ གཞོན་ནུ་རྒྱལ་མཚན་གྱི་ཡང་སྤྲུལ་དམ་པའི་དྲུང་ནས་ཀློག་ཡིག་སོགས་རིག་གནས་འགའ་ ལ་བསླབ་སྦྱང་མཛད། དེ་རྗེས་ལོ་ཤས་ནས་དྲུང་དཀའ་བཞི་པའི་ཡང་སྤྲུལ་རིན་ཆེན་དཔལ་ བཟང་སོགས་ཀྱི་མདུན་ནས་སོ་ཐར་དགེ་བསྙེན་སྔོན་དུ་འགྲོ་བའི་རབ་བྱུང་དགེ་ཚུལ་གྱི་སྡོམ་ པ་ཞུས། མཚན་རྒྱལ་བ་སེང་གེ་གྲགས་པ་འོད་ཟེར་དུ་གསོལ། དེ་ནས་བཟུང་ཇོ་ནང་པའི་ རང་ལུགས་ཀྱི་ཟབ་བཀའ་དུས་འཁོར་གྱི་དབང་ལུང་མན་ངག་བསྐྱེད་རྫོགས་བཅས་དང་ གཞན་ཡང་རྒྱུད་སྡེ་དུ་མའི་ཟབ་ཆོས་ཡུན་རིང་བར་དུ་ནོད་ཅིང༌། ཨརྒེའི་སྐུ་སྐྱེས་ཉི་མ་འོད་ ཟེར་དཔལ་གྱི་དྲུང་ནས་ཀྱང་བློ་སྦྱོང༌། སྡོམ་གསུམ། སྤྱོད་འཇུག་སོགས་སྦྱང་བརྩོན་མི་དམན་ པ་བྱས། དེ་རྗེས་མི་རིང་བར་ཇོ་ནང་རྟག་བརྟན་ནས་རྗེ་བཙུན་ཀུན་དགའ་སྙིང་པོའི་དངོས་ སློབ་མཁས་གྲུབ་བློ་གྲོས་རྣམ་རྒྱལ་འཛམ་ཐང་འདིར་ཆགས་ཕེབས་མཛད་ནས་གང་དྲུང་དུ། 2-1-201 གྲགས་པ་འོད་ཟེར་ཁོང་གིས་གཙོས་ཨརྒེའི་སྐུ་སྐྱེས་དང༌། བླ་མ་དོན་ཡོད་དབོན་རབ་དཀར་ སོགས་ཀྱིས་ཞུས་ངོར། ཚེ་དབང༌། རྟ་མགྲིན་དབང༌། དུས་འཁོར་དབང་ཆེན་ཡོངས་རྫོགས། རྡོ་རྗེའི་རྣལ་འབྱོར་ཡན་ལག་དྲུག་གི་ཟབ་ཁྲིད་རྒྱས་པ་བཅས་སྔར་དམ་པོ་འདེབས་པའི་སྲོལ་ མི་འདུག་ཀྱང་འདི་དུས་ནས་དམ་པོའི་ལག་ལེན་ཞིབ་པར་གནང་སྟེ་ཚུལ་དེ་ཀ་ལྟར་ཕྱག་ བཞེས་གནད་དུ་ཁེལ་ངེས་མཛད། དེ་མིན་ཡང་བློ་གྲོས་རྣམ་རྒྱལ་གྱི་དྲུང་ནས་ཆོས་རྗེ་འདིས་ ཡི་དམ་ལྷའི་རྗེས་གནང་དང་རྡོར་ཕྲེང་སོགས་རྒྱུད་སྡེ་མང་པོའི་ཟབ་པའི་དབང་བཀའ་ཞུས་ ཤིང༌། བསྙེན་རྫོགས་ཡང་ཞུས་སམ་སྙམ། དེ་འདྲའི་ཚུལ་གྱིས་ལོ་བཅུ་གཉིས་བར་གཙང་བློ་ གྲོས་རྣམ་རྒྱལ་ཁམས་ཕྱོགས་སུ་བཞུགས་ནས་བསྟན་འགྲོའི་དོན་རྒྱ་ཆེར་མཛད་རྗེས་ཡར་ དབུས་གཙང་དུ་ཕེབས་སོ། ། དེ་ནས་ཆོས་རྗེ་འདིས་ཐུགས་དམ་མཐིལ་ཡན་ལག་དྲུག་གི་རྣལ་འབྱོར་ཉམས་བཞེས་ གཙོ་བོར་མཛད་ནས་མུན་ཁང་དུ་སྒྲུབ་པ་ཁོ་ན་ལ་གཞོལ་བས་ཡན་ལག་དྲུག་གི་རང་རང་ ལམ་རྟགས་ཁྱད་པར་ཅན་གྱི་དྲོད་ཚན་ལ་གདེང་ཚུད་ཅིང༌། རྨི་ལམ་འོད་གསལ་གྱི་སྣང་བར་ ཐུབ་པ་ཆེན་པོས་ཆོས་ཀུན་ཀྱི་བདག་པོར་བསྐོས་པ་དང༌། ཇོ་བོ་རྗེ། ཀུན་མཁྱེན་དོལ་པོ་ པ། དྲུང་དཀའ་བཞི་པ་སོགས་བརྒྱུད་ལྡན་བླ་མ་དག་གི་ཞལ་གཟིགས་ཀྱི་སྣང་བ་ཡང་ཡང་ བྱུང་ནས་ཐུགས་གནས་ལུགས་མཆོག་གི་དགོངས་ཀློང་གཤིས་སུ་རྡོལ་ཏེ་གཤིན་དོན་སོགས་ གཞན་དོན་ལ་བྱོན་བཞུད་མཛད་སྐབས་ཆིབས་ཀྱི་སྟེང་ནས་མཉམ་རྗེས་གཅིག་ཏུ་འདྲེས་ ཤིང་འདི་སྣང་འགགས་ཏེ་གར་ཐལ་མ་གོ་བའི་ངང་ནས་གནས་ཡུལ་ངེས་མེད་དུ་ཆིབས་ཁ་ རང་བསྐྱོད་ཀྱིས་ཉིན་ཞག་གཅིག་ཙམ་རེ་ལུས་སོང་བའི་ལོ་རྒྱུས་ཡོད། ཁོང་གིས་ཡིག་དྲུག་ དུང་ཕྱུར་གཅིག་དང་ཕྱེད་ལྗགས་བཟླས་མཛད་ཅིང༌། འགྲོ་དོན་ཡང་རྡོ་འཛི་སྨྲ་གསུམ། རྔ་ རོང་སྡེ་ལྔ། ལྷོ་རྭ་བཞི་བཅུ་གཉིས་ཀྱི་སྐྱེ་འགྲོ་གསོན་གཤིན་མཐའ་དག་ལ་རླབས་ཆེན་གྱི་ 2-1-202 ཕན་བདེ་སྤེལ་ཏེ་གསོན་གྱི་སྐྱབས་འཇུག་དང་གཤིན་ལ་གནས་འདྲེན་གྱི་མཛད་བཟང་གིས་ ཀུན་ལ་སྙོམས་པའི་བརྩེ་གཟིགས་ནམ་ཡང་རིས་སུ་མ་ཆད་པའི་འགྲོ་དོན་རྒྱ་ཆེན་མཛད་ སྐབས་སུ་གྲུབ་པའི་བརྟུལ་ཞུགས་ཀྱི་སྤྱོད་པ་རླབས་མཐོ་བས་མེ་ཆུ་གཡང་ས་སོགས་འབྱུང་ བའི་གནོད་པ་གང་གིས་གླགས་མི་རྙེད་ཅིང་འཁྲུལ་ཞིག་རྣལ་འབྱོར་ཆེན་པོས་འཇིགས་པ་ གང་ལའང་བག་ཚ་བ་མེད་པའི་མི་འཇིགས་པ་མཆོག་ལ་མངའ་བརྙེས་པ་ཞིག་སྟེ། གང་གིས་ རྣམ་དཀར་གྱི་མཛད་སྒོ་ཡང་རང་རེའི་བསྟན་དགོན་འཛམ་ཐང་གི་ལྷ་གསར་རྣམ་རྒྱལ་གླིང་ གི་འདུ་ཁང་སོགས་གཙུག་ལག་ཁང་ཉམས་པ་གང་དག་སླར་གསོ་དང༌། སྐུ་རྟེན་བྱམས་པའི་ ཟབ་ཐང་གསར་བཞེངས་མཛད་ཅིང༌། གསུང་རྟེན་ཡང་རིན་ཆེན་གསེར་དངུལ་གྱི་ཁུ་བས་ བཀའ་ཆོས་ཤ་ཆུང་མ་ཞེས་གྲགས་པ་སོགས་གསུང་རབ་དུ་མ་ལེགས་བཞེངས་དང༌། ཁྱད་ པར་ཐུགས་རྟེན་ངོ་མཚར་བ་རྒྱ་ཁ་བཀྲ་ཤིས་གླིང་གི་རྟག་བརྟན་མཆོད་རྟེན་ཟེར་བ་ཇོ་ནང་ སྐུ་འབུམ་ཆེན་མོའི་ཆགས་ཚུལ་དང་མཐུན་པ་ནང་དུ་ལྷ་ཁང་བརྒྱ་རྩ་ཅན་ཆེས་ཡ་མཚན་པ་ མདོ་སྨད་དུ་འགྲན་ཟླ་བྲལ་བའི་རྟེན་མཆོག་ཁྱད་པར་བ་གསར་བསྐྲུན་མཛད་པ་སོགས་དང༌། གཞན་ཡང་དེ་སྐབས་སུ་འཛམ་ཐང་འདིར་འདུས་པ་ཆེས་མང་པོས་དབང་ལུང་སོགས་འཆད་ ཉན་དང་རིམ་གཉིས་ཀྱི་ལམ་ཟབ་མོ་ཉམས་བཞེས་མཛད་པའི་སྒོ་གཙང་དག་ཁོ་ན་ཀུན་གྱིས་ ཡིད་སྨོན་བྱ་བའི་གནས་སུ་གྱུར་པའང་སྔོན་གཙང་བློ་གྲོས་རྣམ་རྒྱལ་ཕེབས་པ་དང་ཆོས་རྗེ་ གང་ཉིད་ཀྱིས་གཙོར་གྱུར་དེ་སྐབས་ཀྱི་བསྟན་འཛིན་སྐྱེས་ཆེན་དག་གི་དགོངས་སྤྱོད་མཆོག་ གི་གྲུབ་འབྲས་སུ་ངེས་ལ། ཁྱད་པར་ཆོས་རྗེ་ཁོང་ཉིད་བསྟན་དགྲ་ཚར་གཅོད་ཅིང་བསྟན་ འགྲོ་ལ་ཕན་པ་རླབས་ཆེན་མཛད་པའི་མཐུ་ནུས་ཆེས་རྒྱས་པ་ཡིན་ནའང་སྔོན་རོང་ཀིརྟིའི་ ལྷ་དམག་དང་མཐུ་འགྲན་བྱེད་པ་དེ་སྐུ་ཐོག་མའི་རྒྱལ་བ་སེང་གེ་ཉིད་ཡིན་ཕྱིར་ཆོས་རྗེ་འདི་ བ་མ་ཡིན་མོད། འོན་ཀྱང་འདི་སྐབས་སུའང་ཁོང་ཉིད་ཀྱིས་རོང་ཀིརྟིའི་བྱད་ཁ་ཕྱིར་བཟློ ག་ 2-1-203 མཛད་པ་སོགས་རྟག་མཚན་ཁྱད་པར་བ་ཆེས་ངོམ་པའི་ལོ་རྒྱུས་ནི་ཡོད་རིགས་སུ་གདའ། ཁོང་གི་མདུན་ནས་ཆོས་ཀྱི་འབྲེ ལ་བ་ཐོབ་པ་ཡང་ཆེས་མང་ཞིང༌། སྐབས་དེར་བསྟན་པའི་ སྦྱིན་བདག་ཡང་གནམ་སྐོས་འཇམ་དབྱངས་གོང་མ་ཏཱ་མིང་རབས་ཁྲིན་ཀྲུན་གྱིས་སྲིད་ཁྲི་ བཟུང་བའི་མཇུག་ཙམ་ལ་གོང་མ་ཉིད་ནས་ཆོས་རྗེ་འདིའི་དྲུང་དུ་གསེར་ཡིག་པ་སྔོན་བཞིན་ མངགས་ཏེ་བཀའ་ཡིག་དང་ཀྭན་ཏིང་གུ་ཤྲིའི་ལས་ཀ་ཆོ་ལོ་འཇའ་ས་སོགས་གནང་སྦྱིན་དང་ བཅས་གུས་བཀུར་ཆེ་བ་མཛད་ཅིང༌། བོད་ལྗོངས་ཡོངས་ཀྱི་མངའ་བདག་གཙང་སྟོད་རྒྱལ་ པོ་སྡེ་སྲིད་ཕུན་ཚོགས་རྣམ་རྒྱལ་གྱི་སྐུ་སྲས་ཀུན་དགའ་རབ་བརྟན་དབང་གི་རྒྱལ་པོའམ་ཀརྨ་ བསྟན་སྐྱོང་དབང་པོ་ཞེས་སུ་འབོད་པ་གང་གིས་ཡང་ཁོང་ལ་འཇའ་ས་སོགས་ཀྱི་ལེགས་ སྐྱེས་གནང༌། ཁམས་ཕྱོགས་འདིའི་མི་དབང་རྡོའི་ཝ་ཤུལ་དཔོན་ཡབ་སྲས་དང༌། བོད་ཆོས་ རྒྱལ་གྱི་གདུང་བརྒྱུད་ཚ་བ་རྒྱལ་པོ་སངས་རྒྱས་འབུམ་སོགས་སྐུ་ཐོག་དང་མཉམ་པའི་ས་ཆེན་ སྐྱོང་བ་གང་དག་གིས་བླ་མར་བཀུར་ཏེ་བསྟན་པའི་སྦྱིན་བདག་ཀྱང་མཛད། དེ་འདྲའི་བསྟན་ འགྲོ་ལ་སྨན་པའི་མཛད་སྒོ་ཆེ་བ་དང་བཅས་ཁོང་ཉིད་དགུང་གྲངས་ང་གཉིས་ཙམ་ནས་ངོ་ མཚར་བའི་ལྟས་བཅས་རེ་ཞིག་ལྗོངས་འདིར་གཟུགས་སྐུའི་བཀོད་པ་བསྡུས་ཏེ་གཤཻགས་ མཆོད་དགོངས་རྫོགས་གདུང་རྟེན་བཅས་ལེགས་གྲུབ་བགྱིས་སོ། ། འདིའི་སྐུ་ཚེའི་སྟོད་ཙམ་ན་ས་སྐྱའི་སྔགས་འཆང་གྲགས་པ་བློ་གྲོས་རྒྱལ་མཚན་དང༌། རྗེས་སོར་རིམ་པས་དེའི་སྲས་སྔགས་འཆང་ཀུན་དགའ་བསོད་ནམས་བྱོན་པ་དང༌། ཆོས་ རྗེའི་སྐུ་ཚེའི་སྟོད་དུ། འཛམ་གླིང་སྒར་བ་རྒྱལ་དབང་ཀརྨ་ཞྭ་ནག་བཅུ་པ་ཆོས་དབྱིངས་རྡོ་ རྗེ་དང༌། ཞྭ་དམར་དྲུག་པའི་སྐུ་ཚེའི་སྨད་ཙམ་དང༌། གོ་ཤྲི་ལྔ་པ་མི་ཕམ་གྲགས་པ་མཆོག་ དབྱངས། སྟག་ལུང་ཐང་བ་བཀྲ་ཤིས་དཔལ་གྲུབ། འབྲས་སྤུངས་སྤྲུལ་སྐུ་བློ་བཟང་རྒྱ་མཚོ་ སོགས་དང༌། བོད་ཀྱི་ཆབ་སྲི ད་དབང་འཛིན་གཙང་བ་རྒྱལ་པོ་ཀུན་དགའ་རབ་བརྟན་དབང་ 2-1-204 གི་རྒྱལ་པོ་དང༌། སྐུ་སྲས་རྒྱལ་བུ་དབང་ཆེན་དཔལ་འབར་སོགས་ཀྱི་དུས་ཡིན་ནའང་རབ་ བྱུང་བཅུ་གཅིག་པའི་ལྕགས་སྦྲུལ་ལོར་དུས་ཀྱི་འཕོ་འགྱུར་ཆེ་བ་བྱུང་བའི་དབང་གིས་ཆོས་རྗེ་ འདིའི་སྐུ་ཚེའི་སྨད་ཙམ་ལ་བོད་གཙང་བ་རྒྱལ་པོའི་སྲིད་དབང་ཉམས་པ་ནས་བཟུང་ཀརྨ་པ་ སོགས་རེ་ཞིག་བོད་ལྗོངས་ནས་གཞན་དུ་ཕེབས་སོང་ཞིང༌། འདི་དུས་བོད་ཀྱི་ཆོས་སྲི ད་ཟུང་ འབྲེལ་ལ་དབང་མཛད་པ་པོ་ནི་སྔར་འབྲས་སྤུངས་སྤྲུལ་སྐུ་བློ་བཟང་རྒྱ་མཚོ་གང་ལ་སོག་ གིས་ལས་ཀ་མཐོ་བའི་སྲིད་དབང་གི་གོ་ས་སྦྱིན་ནས་དེ་ཕན་དུ་རྒྱལ་དབང་གོང་ས་ལྔ་པ་ཆེན་ པོ་ཞེས་ཡོངས་ཀྱིས་བླ་མར་བཀུར་བ་དེ་ཉིད་ཡིན་ཞིང༌། འདི་ནས་བཟུང་བོད་ལྗོངས་སུ་སྤྱིར་ ན་བཀའ་བརྒྱུད་ཀརྨ་ཀཾ་ཚང་གི་བསྟན་པ་ཆ་ལག་བཅས་ལ་ཆག་འཇིག་ཆེ་བ་དང་དེའི་ཞོར་ བྱུང་དུ་རང་རེའི་བསྟན་པའི་ཆོས་གཞི་སོགས་ཀྱང་ཆག་གོད་ཀྱི་སྒོ་རིམ་པས་བྱུང་བར་བརྟེན་ ཆོས་སྲི ད་དེ་དག་ཀྱང་ད་བར་དུ་ཉམས་ཇེ་རྒུད་དུ་སོང་བ་འདི་ག་ལྟར་རོ། །དེ་དུས་སུ་པཎ་ ཆེན་ཡང་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་སྐུ་ཚེའི་སྨད་དང༌། བློ་བཟང་ཡེ་ཤེས་དཔལ་བཟང་ འཁྲུངས་ཙམ་དང༌། ཞྭ་དམར་བདུན་པའང་འཁྲུངས་ཙམ་དང༌། གོང་མ་ཆིན་རབས་ཧྲུན་ ཀྲུའུས་སྲི ད་ཁྲི་བཟུང་བའི་དུས་སུ་མངོན་ནོ། ། ༼༥༽ སྐུ་ཕྲེང་ལྔ་པ་ཆོས་རྗེ་གོ་རྒྱལ་རྒྱལ་བ་ལྷུན་གྲུབ་གྲགས་པའི་ལོ་རྒྱུས་ནི། ཆོས་རྗེ་འདི་ ནི་རྒྱལ་རོང་གོ་རྒྱལ་ཟེར་བའི་ཡུལ་དུ་ཤིང་སྟག་ལོར་བྱ་སྨད་ཅེས་པའི་རིགས་རུས་སུ་ཡུམ་གྱི་ མངལ་ནས་དར་དཀར་ལྟ་བུའི་ཕྲུ་མའི་སྦུབས་ནས་སྐུ་མངོན་པར་བལྟམས་མ་ཐག་ཞལ་ནས་ ཧྲཱི་ཥིའྟ ི་གསང་སྔགས་ཀྱི་སྒྲ་དག་གསལ་ཅན་ལན་འགའ་གསུངས། དེ་ནས་ཆེར་བསྐྱེད་ཏེ་ དགུང་ལོ་གསུམ་ཙམ་ན་རྡོ་ལ་ཞབས་རྗེས་གསལ་བོར་བཞག དེ་ནས་རིམ་པས་ཀློ ག་སོགས་ རིག་གནས་འགའ་ལ་སྦྱངས་བ་མཛད། དེ་ནས་དགུང་ལོ་དགུ་ལོན་དུས་སུ་འཕགས་པ་ རིགས་གསུམ་མགོན་པོས་ཞལ་བསྟན་ཏེ་སྐུ་ལས་འོད་ཟེར་སྤྲོས་པ་གཞོན་ནུ་ཁོང་ལ་ཐིམ་ 2-1-205 བཞིན་ཞལ་ནས། འགྲོ་བའི་དོན་མཛོད་ཅིག ཅེས་པའི་ལུང་བསྟན་གནང༌། དེ་མཚམས་ཤིག་ ནས་ཆོས་རྗེས་སྐུ་བདག་ཁྲི་སྟོན་དང་བཅས་དགུང་ལོ་བཅུ་གསུམ་གྱི་དུས་ནས་ཀྱང་ཡི་དམ་ ལྷག་པའི་ལྷ་རྡོ་རྗེ་འཇིགས་མཛད་ཀྱི་བསྙེན་སྒྲུབ་ཚད་ལྡན་བྱས་པས་ལྷའི་གསལ་སྣང་བརྟན་ པའི་དངོས་གྲུབ་ཀྱང་ཐོབ། དེ་ནས་ཆོས་རྗེའི་སྐུ་དབོན་དམ་པ་སོགས་ཀྱི་མདུན་ནས་ཐུན་ མོང་སོ་ཐར་གྱི་སྡོམ་པ་ཞུས་ཏེ། མཚན་རྒྱལ་བ་ལྷུན་གྲུབ་གྲགས་པ་ཞེས་གསོལ་ནས་ཀུན་ མཁྱེན་ཇོ་ནང་པའི་རང་ལུགས་དུས་འཁོར་གྱི་དབང་ལུང་མན་ངག་བཤད་ཁྲིད་མཐའ་དག་ གསན་ཏེ་རིམ་གཉིས་ལམ་གྱི་ཆོས་ཚུལ་ལ་སྦྱང་བརྩོན་གྱིས་ངེས་པ་ཇི་བཞིན་འདྲོང་བར་བྱས་ ནས་དགུང་ལོ་བཅུ་བདུན་སྐབས་ནས་བཟུང་དུས་ཀྱི་འཁོར་ལོའི་རིམ་པ་གཉིས་ཀྱི་རྣལ་ འབྱོར་གནད་ཁེལ་ཉམས་ལེན་གྱིས་རྟོགས་པ་ཀློང་དུ་གྱུར་ཏེ་རྣམ་པར་མི་རྟོག་པའི་དབྱིངས་ ནས་ཆོས་ཉིད་སྟོང་པའི་གཟུགས་ཀྱི་སྣང་ཆ་ཆེས་གསལ་བ་ལ་ནར་སོན་པར་བྱས་པས་མ་ དག་བེམ་པོ་གདོས་བཅས་ཀྱི་ཁམས་དག་པ་སྒྱུ་མའི་ལུས་ཀྱི་ལྷ་སྐུ་རགས་པ་དུས་འཁོར་ དཔའ་བོ་གཅིག་པའི་རྣམ་ཅན་དུ་གནས་འགྱུར་ཏེ་ལྕགས་ཁམས་ལ་གསེར་འགྱུར་གྱི་རྩིས་ གསེར་དུ་སྒྱུར་བ་བཞིན་མ་དག་བེམ་རྫས་དག་ཆེན་སྟོང་གཟུགས་ཀྱི་སྐུར་བར་བར་དུ་རང་ གཞན་ཐུན་མོང་གི་མཐུན་སྣང་ངོར་རང་སྣང་ལ་རྣམ་བཀོད་ཆེས་གསལ་ཞིང་གཞན་དག་ གིས་ཇི་བཞིན་བལྟ་བར་མི་ནུས་པའི་རང་བཞིན་དུ་འགྱུར་འགྲོ་བ་ཅན་ཞིག་སྟེ་འདི་སྐབས་ ནས་ཀྱང་རྟོགས་པ་ཕུལ་དུ་བྱུང་བ་མངའ་བརྙེས་ཤིང༌། དེ་མཚམས་སྐོར་རེ་ཞིག་ནས་ཁོང་ གིས་རང་རེའི་ངེས་དོན་སྒྲུབ་བརྒྱུད་ཀྱི་བསྟན་པ་སྒོ་ཀུན་ནས་ཆེས་སྤེལ་བ་ལ་དགོངས་བཞེད་ མཛད་ནས་གཙང་གྲུབ་ཆེན་ཆ་ལུང་བ་སྐུ་དབོན་གང་འཛོམ་ཞིག་ཁམས་ཕྱོགས་སུ་བསྟན་ དོན་ལ་ཕེབས་དགོས་ཚུལ་གྱི་སྙན་ཞུ་ལེགས་འབུལ་གྱི་ཆེད་ཕོ་ཉ་བཏང་བས་ཆ་ལུང་བ་ཁོང་ ཉིད་ཕེབས་ཀར་མ་འཛོམས་ཀྱང་སྐུ་དབོན་གཙང་ངག་དབང་རྣམ་རྒྱལ་ཁམས་འཛམ་ཐང་དུ་ 2-1-206 གདན་དྲངས་ནས་ཐོག་མར་ཆོས་རྗེ་གོ་རྒྱལ་བ་ཁོང་གིས་གཙང་བ་དཔོན་སློབ་ལ་ཚེ་དབང་ དང་སྦྱོང་རྒྱུད་བཅུ་གཉིས་ཀྱི་དབང་བཀའ་ཡོངས་རྫོགས་སོགས་ཟབ་ཆོས་དུ་མ་གནང་ནས་ ཆོས་ཀྱི་རྒྱལ་པོར་མངའ་གསོལ་ཏེ་ཉིད་ཀྱི་གཟིམས་ཁང་ཕོ་བྲང་དུ་བཞུགས་སུ་བཅུག་ནས་ ཁོང་གིས་བླ་མར་བཀུར་ཏེ་དུས་འཁོར་དབང་ཆེན། སྦྱོར་དྲུག་གི་ཟབ་ཁྲིད་ཆ་ཚང༌། རིན་ འབྱུང༌། རྡོར་ཕྲེང༌། མི་དྲ་བརྒྱ་རྩ། དེ་ཉིད་ལྔ་པ་སོགས་དབང་ལུང་མན་ངག་ཆེས་མང་པོ་ གསན། གོ་རྒྱལ་བ་ཁོང་ཉིད་ཀྱིས་བཞུགས་གནས་གསར་བ་ཟུར་དུ་བཞེངས་ནས་དེར་ བཞུགས་བཞིན་ཤོག་ཁང་ཆོས་གྲྭ་ནས་གཙང་བའི་མདུན་དུ་ཆོས་ཞུ་བ་དང༌། རང་གི་ གཟིམས་ཁང་དུ་མཚམས་སྒྲུབ་མཛད་པ་དུས་མཉམ་པའི་བཀོད་པ་ཅིག་ཆར་བ་ཉེ་གནས་ དག་གིས་བར་བར་མཐོང་ཆོས་སུ་གྱུར་པའི་རྣམ་པར་འཕྲུལ་བ་དུས་དུས་སུ་སྟོན་པ་སོགས་ མཛད་བཟང་དེ་འདྲའི་ངང་ནས་རེ་ཞིག་བར་གནས་མཐར་རྣལ་འབྱོར་གྱི་དབང་ཕྱུག་ མཚུངས་མེད་རིན་ཆེན་མཉམ་བཞག་གི་མདུན་དྲུང་ནས་རྡོ་རྗེ་འཇིགས་བྱེད་ཀྱི་ཆོས་སྐོར་ དབང་ལུང་མན་ངག་སྤྱི་དང་ཁྱད་པར་རྭ་བའི་སྙན་བརྒྱུད་དང་བསྙེན་ཆེན་གྱི་གདམས་པ་ སོགས་ལྷ་འདིའི་ཟབ་ཁྱད་དུ་མ་གོ་རྒྱལ་བ་རང་གིས་ཞུས་པ་བཞིན་གནང་སྟེ། ཆོས་རྗེ་ཁོང་ གིས་དེ་ལུགས་བཞིན་བསྙེན་སྒྲུབ་མཛད་སྐབས་བསྙེན་ཆེན་གྱི་རྫས་སྣ་བྱ་བཞད་ཀྱི་ཤ་མ་ རྙེད་པ་ལ་ཉིན་ཅིག་ཁོང་གི་སྒྲུབ་ཁང་གི་ཉེ་སྐོར་དུ་བྱ་བཞད་ཅིག་འོང་ནས་ཤི་བའི་རོ་རྙེད་ པས་རྫས་སྣ་ཁ་ཚང་བ་བྱུང་ཞིང༌། དེ་ལྟར་དཔལ་རྡོ་རྗེ་འཇིགས་མཛད་ཀྱི་བསྐྱེད་རིམ་སྒྲུབ་པ་ རྣམ་གསུམ་ལ་ལན་གསུམ་ཡང་བསྐྱར་མཛད་དེ་ནན་ཏན་ཆེན་པོའི་སྒོ་ནས་ཟླ་བ་བཅོ་བརྒྱད་ དུ་བསྙེན་སྒྲུབ་གཟབ་ལྡན་ཁ་སྐོང་ལས་བཞིའི་སྦྱིན་སྲེག་བཅས་མཐའ་རྒྱས་འགྲུབ་རྟགས་ ཁྱད་པར་བ་དང་བསྐྱེད་རིམ་ལ་ཆེས་གདེང་ཚད་བརྙེས་ཤིང་འཇམ་དཔལ་གཤིན་རྗེའི་ གཤེད་ཀྱི་རྫོགས་རིམ་སྤྲོས་བྲལ་རྣལ་འབྱོར་གསུམ་གྱི་རིམ་པས་རླུང་སེམས་ཀྱི་དྭངས་མ་ 2-1-207 གཉུག་མའི་ཡེ་ཤེས་ཀྱི་རང་མདངས་ལས་མཁའ་ལ་སྐར་ཚོགས་ལྟར་རྩོལ་མེད་རང་ཤར་གྱི་ དོན་དམ་ཟུང་འཇུག་ངེས་པ་དོན་གྱི་འཇམ་དཔལ་ཁྲོ་བོའི་སྟོང་གཟུགས་སྒྱུ་མའི་སྐུ་རིམ་པས་ ཇི་བཞིན་མངོན་དུ་བྱ་བའི་ཉེ་ལམ་ལ་དབང་འབྱོར་ཏེ་མངོན་རྟོགས་མཆོག་གི་རྩེར་སོན། འདི་ སྐབས་རྗེས་ཐོབ་ཐུན་མཚམས་ཀྱི་དུས་སུ་ཁོང་ཉིད་འཇིགས་བྱེད་རྭ་རྩེ་ལ་མེ་འབར་བའི་སྐུ་ དངོས་སུ་བར་བར་ཉེ་གནས་དག་གིས་མཐོང་ནས་འཇིགས་ཟིལ་བཟོད་དཀའ་བས་སྐྲག་ འཇིགས་ཀྱིས་སྐུ་མདུན་ནས་ཕྱིར་འབྲོ ས་པ་ཡང་མང་དུ་བྱུང་བར་གྲགས་སྐད། དེ་ནས་བཟུང་ འཛམ་ཐང་པ་ལ་རྡོ་རྗེ་འཇིགས་བྱེད་ཀྱི་བཀའ་བབས་པར་གྲགས་པ་ལྟར་དོན་ལའང་གནས་ ཤིང་ཉིད་ཀྱིས་ཧྲཱིཥི་ྟདུང་ཕྱུར་ལྗགས་བཟླས་མཛད་པ་དང་སྤྱིར་ནའང་མ་རུངས་འཚེ་བའི་ རིགས་ཀྱི་སྲོག་ལ་མངའ་དབང་བསྒྱུར་ཞིང་ཡང་སྒོས་སུ་ལྷོ་ཁའི་རྒྱལ་གདོན་གྱི་ཁ་གནོན་དུ་ བཞུགས་པའི་ལོ་རྒྱུས་ཡོད་པ་མ་ཟད་ཉིད་མཉམ་བཞག་ལས་ཐབས་མི་མཁས་པས་བསླངས་ ན་ཚེའི་གེགས་སུ་གྱུར་ཅིང༌། ཁོང་གི་སྒྲུབ་ཆས་ན་བཟའ་མཐོང་ཙམ་གྱིས་ཀྱང་རྒྱལ་གདོན་ འགོག་པར་བྱེད་ཐུབ་པའི་མཐུ་ནུས་ཆེ་ཞིང༌། ཉིད་ཀྱི་ཐུགས་སློབ་ཡང་བླ་མ་སེང་གེ་རྒྱལ་ མཚན། སྙིང་པོ་རབ་འབྱམས། ཀུན་དགའ་ཡེ་ཤེས་སོགས་གཤིན་རྗེའི་གཤེད་ཀྱི་རྣལ་འབྱོར་ པ་ནུས་མཐུ་མཆོག་མངའ་ཆེས་མང་པོ་བྱོན། གོ་རྒྱལ་བ་ཉིད་ཀྱིས་རྡོ་རྗེ་འཇིགས་མཛད་ཀྱི་ རྣལ་འབྱོར་མཆོག་ལ་མངའ་བརྙེས་པ་ནས་བཟུང་འཛམ་ཐང་སྒར་ཁག་རྣམས་སུ་ལྷ་འདིའི་ ཕྲིན་ལས་ཀྱི་སྒོ་ནས་དྲུག་ཅུ་རྩ་བཞི་པའི་གཏོ་སྒྲུབ་ཟོར་གྱི་ལས་མཐའ་བཅས་ཀྱིས་སྐུ་རིམ་ད་ ལྟའི་བར་བྱུང་ལ། ལོ་འདི་སྐོར་ཅི་རིགས་སུ་སོག་དམག་གི་དུས་ཟིང་བྱུང་སྐབས་ཁོང་ཉིད་ ཀྱིས་ཡི་དམ་རྡོ་རྗེ་འཇིགས་མཛད་ཀྱི་དྲུག་ཅུའི་ལྕགས་མཁར་བསྒྲུབས་པས་ཟོར་རྩེ་ལ་མེ་ འབར་བ་སོགས་ཚམས་རྔམ་འཇིགས་ཟིལ་ཆེ་བ་དང་བཅས་ཏེ་གཏོར་ཟོར་འཕངས་པས་ཕ་ རོལ་དགྲ་སྡེ་ལ་ལྟས་ངན་གྱི་མཚན་མ་དང་ནང་འཁོན་བྱུང་བས་དམག་ནང་འཐོར་དཀྲུགས་ 2-1-208 ཀྱིས་ཁ་བྲལ་ནས་དུས་ཀྱི་དམག་དཔུང་བཟློ ག་པར་མཛད་པ་དང༌། ཡང་ལན་གཅིག་ཁྲོ་ སྐྱབས་ཀྱི་མངའ་འོག་ཏུ་གཏོགས་པ་རྩང་རོང་ཕྱོགས་ན་སྔགས་རྒན་བུ་ར་ལེ་ཟེར་བའི་སྔགས་ འཆང་ཕུར་བའི་རྣལ་འབྱོར་ལ་མངའ་བརྙེས་པ་ཞིག་ཡོད་པ་དེ་དང་མཐུ་ནུས་འགྲན་ཚེ་ཁོ་ བས་མཚན་མ་རྫས་ཀྱི་རྟེན་ཕུར་དེ་ཡེ་ཤེས་ལྷའི་བྱིན་རླབས་ལ་བརྟེན་ནས་སྐད་ཅིག་གིས་ ནམ་མཁའི་དབྱིངས་ནས་མངགས་ཏེ་ཆོས་རྗེ་གོ་རྒྱལ་བའི་སྐུ་ཐོག་ཏུ་སླེབས་ཚེ་ཁོང་གིས་ འཇམ་དཔལ་ཁྲོས་པའི་སྐུར་བཞེངས་ཏེ་ཕུར་བུའི་མཐུ་སྟོབས་ཟིལ་གྱིས་མནན་བཞིན་ཕུར་ བུ་དེ་ཉིད་ཕྱག་ཏུ་བཞེས་ནས་རྟེན་ཕུར་དུ་བྱིན་གྱིས་བརླབས་པ་ད་ལྟ་རྟེན་ཁྲོད་དུ་ཡོད་པ་འདི་ ག་ལྟར་དང༌། དེ་མ་ཟད་སྔགས་འཆང་དང་ཆོས་རྗེ་གོ་རྒྱལ་བ་གཉིས་ཀྱི་མཐུ་ནུས་འགྲན་ བསྡུར་དེ་ལ་བརྟེན་ནས་མཐར་ཕ་རོལ་སྔགས་འཆང་ཁོང་ཉིད་དང་དེ་ཕྱོགས་ཀྱི་རྩ་ལག་ བཅས་ཀླུ་གདོན་མེ་མཚོན་གྱི་གནོད་པས་སྐྱེ་རྒྱུད་དྲུངས་ནས་བརླག་ཅེས་པའི་ལོ་རྒྱུས་ཀྱང་ ཡོད། དེ་སོགས་མཐུ་ནུས་ཆེས་ཁྱད་པར་བའི་མངའ་བདག་ཞིག་སྟེ་ཁོང་ལ་བསྟན་པའི་ ཞབས་འདེགས་ཞུ་བ་པོ་ཡང་གནམ་སྐོས་གོང་མ་ཆིན་རབས་ཁང་ཤིས་རྒྱལ་པོ་ཆིན་ཧྲི་ཙུའུས་ ཀྱང་བླ་མར་ཆེ་བཀུར་གྱི་སྒོ་ནས་བཀའ་ཡིག་དམ་ཁ་སོགས་ཀྱི་འཇའ་ས་གནང༌། ཁམས་ ཕྱོགས་འདིར་ཡང་རྡོའི་འབུམ་སྐྱབས་ཡག་གིས་བསྟན་བདག་བྱས་ཏེ་ཆོས་གཞི་ཕུལ་ཞིང༌། སོག་པོ་ཤོག་ཐའི་ཇི་རྒྱལ་པོའི་ལུང་གིས་མངོན་པར་མཐོ་བའི་འཇའ་ས་ཡང་གནང༌། ཨ་སྐྱོང་ མི་དབང་བསྟན་འཛིན་དྲུང་གིས་ཡང་བླ་མར་བཀུར་ནས་དེ་ཕྱོགས་སུ་ཇོ་ནང་པའི་ཆོས་ཚུལ་ རྒྱས་པར་བྱས། གཞན་ཡང་རྔ་རོང་སྡེ་ལྔ། རྡོ་འཛི་སྨྲ་གསུམ། རྒྱལ་རོང་རྒྱལ་ཁག་རྣམས་ནས་ ཀྱང་གུས་བཀུར་གྱི་སྒོ་ནས་བསྟན་པའི་སྦྱིན་བདག་ཆེ་བ་མཛད། ཁོང་ཉིད་སྐུ་ཚེ་སྨད་ཙམ་ལ་ རྡོ་སྟོད་དགོན་གསར་བཀྲ་ཤིས་གླིང་དུ་རྒྱུན་བཞུགས་ལྟ་བུར་མཛད་ནས་འདི་སྐབས་རྡོའི་ འབུམ་སྐྱབས་ཡག་ལ་ཟབ་བཀའ་དུ་མ་གནང་བཞིན་ཆོས་ཀྱི་སྦྱིན་བདག་དང་སློབ་མར་ཡང་ 2-1-209 ཝ་ཤུལ་དཔོན་དེ་ཉིད་གྱུར་ཏེ་ཆེས་དད་གུས་བླ་བླག་སྔར་ལས་འཕེལ་ཞིང༌། འདི་སྐོར་ཅི་ རིགས་སུ་ཁོང་ཉིད་རྡོའི་གནམ་ལུང་རི་ཁྲོད་དུའང་ཁོར་ཙམ་བཞུགས་ནས་མཚམས་སྒྲུབ་ མཛད་ལ། དེ་མཚམས་ཤིག་ནས་ཆོས་རྗེ་ཁོང་འཛི་ཀའི་སྨད་ཀྱི་ཆར་གཏོགས་སྒྱཻ་མའི་གནས་ ལུང་བྱང་ཆུབ་རྩེར་གཟིམས་ཁང་དང་བཅས་པར་ཡུན་རིང་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་ བའི་ཚུལ་གྱིས་རྒྱུན་བཞུགས་མཛད་སྐབས་གནས་དེར་རྡོ་ལ་ཞབས་རྗེས་གསལ་བོ་དང་ གདུགས་ཤིང་གི་རྗེས་དེ་ལུགས་ལྟར་གྱི་ཡ་མཚན་པ་རྡོ་ངོར་བཞག་པ་སོགས་གྲུབ་པའི་ རྟགས་ཀྱི་མཚན་མ་ཆེས་མང་པོ་མཐུན་སྣང་དུ་ད་དུང་མཇལ་དུ་ཡོད་ཅེས་གྲགས་སྐད། འདི་ སྐོར་ཅི་རིགས་སུ་འཛི་ཀའི་ནོར་བུ་ཐང་དུ་སོག་རྒྱལ་བྱ་སྣ་ཅན་གྱི་དམག་དཔུང་ལྷགས་ཏེ་ ཆོས་རྗེ་ལ་གཏུགས་འོང་དགོས་ཚུལ་གྱི་བཀའ་ཕེབས་དྲག་པོའི་སྒོ་ནས་ཆེད་དུ་ཆོས་རྗེ་དང་ སོག་རྒྱལ་མཇལ་འཕྲད་ཀྱི་སྐབས་ཆོས་རྗེ་ཉིད་རྡོ་རྗེ་འཇིགས་མཛད་ཀྱི་སྐུའི་རྣམ་པར་ བཞེངས་པའི་གཟི་བརྗིད་སོག་རྒྱལ་གྱིས་མ་བཟོད་ནས་ཁོ་ཉིད་ཁྲི་སྟེང་ནས་ལྷུང་སྟེ་ས་ལ་ འགྱེལ་ནས་བླ་སྲོ ག་ཕྲོགས་ཏེ་སྙིང་ལ་གཟེར་ནད་ཀྱིས་ཤི་ཡང་ཟེར། ལ་ལའི་སྣང་ངོར་དེ་ སྐབས་ཆོས་རྗེས་དྲག་ཤུལ་གྱི་མཛད་སྒོ་སྟག་ལྤགས་བསླངས་པའི་སྦྱོར་བ་ལ་བརྟེན་ནས་ གཅན་ཟན་དམར་ཡག་རྒྱ་སྟག་རྔམ་པ་ཆེས་སྟོབས་དང་རྩལ་འབར་བས་སོག་རྒྱལ་གདུག་ ཅན་གྱི་སྲོག་ལ་རྒོལ་ཏེ་སྒོ་གསུམ་གྱི་སྟོབས་ཀུན་ནས་ཉམས་པར་བྱས་བཞིན་བསྒྲལ་ཏེ་ཤ་ ཁྲག་གི་ཟས་དང་སྐོམ་ལ་ཅི་དགར་རོལ་ནས་ཕ་རོལ་གདུག་ཅན་བསད་པར་མཐོང་བ་ སོགས་ཐབས་ཚུལ་སྣ་ཚོགས་པའི་དྲག་པོའི་ཆོ་འཕྲུལ་གྱིས་བསྟན་ལ་སྡང་བ་ཚར་བཅད་དེ་ ཆག་སྒོ་ཆེ་བ་དང་བཅས་སོག་དམག་ཡང་ཕྱིར་ལ་ལོག དེ་རྗེས་སུ་ཆོས་རྗེ་ཁོང་གི་སྦྱིན་ བདག་མགོ་ལོག་ནག་ཐར་ཟེར་བ་སྔར་སོག་དམག་གིས་བསད་པའི་དགེ་རྫོངས་སུ་མཆོད་ རྟེན་ནག་རྒྱག་ཟེར་བ་བཞེངས་སྐབས་སུ་དེའི་འོག་ཏུ་སོག་རྒྱལ་གྱི་རོ་དུམ་མནན་པ་དང༌། 2-1-210 སོག་རྒྱལ་གདུག་པའི་གློ་སྙིང་ཕྱུང་སྟེ་འཛམ་ཐང་ཁང་དམར་མགོན་ཁང་དུ་པུ་ཊའི་ཕྱག་ཏུ་ བཞེས་ཡོད་པ་དང༌། དེ་མ་ཟད་སོག་རྒྱལ་གྱི་རྟ་ཡི་སྐེ་འཁོར་སོགས་ཆས་འགའ་རེ་ད་ལྟའི་ བར་དུའང་མགོན་ཁང་དེར་ཡོད་པ་མངོན་གསལ་ལྟར་རོ། །གཞན་ཡང་དེ་ཕྱོགས་སུ་འཛིའི་ སྒོམ་ཁང་ཟེར་བ་སོགས་ཆོས་རྗེ་འདིའི་བཞུགས་གནས་ཁ་ཤས་རེ་ཡང་ཡོད་ཚོད་དུ་འདུག འདིས་རྣམ་དཀར་གྱི་བྱ་བ་རྟེན་བཞེངས་ཡང་གོ་རྒྱལ་བཀའ་ཆོས་སུ་གྲགས་པ་གསེར་དངུལ་ གྱིས་བཞེངས་པ་སོགས་སྐུ་གསུང་ཐུགས་རྟེན་ཡང་མང་ཙམ་དུ་བཞུགས་ལ། འདི་ཡན་ལ་ འཛམ་ཐང་དགོན་ཡང་གྲོང་ནག་དང་མ་འདྲེས་པའི་གཙང་དག་གོ ། ཚུལ་དེ་ལྟ་བུའི་སྒོ་ནས་སྐུ་ཚེ་མཐར་ཕྱིན་གྱི་མཛད་ཕྲིན་འདིར་རེ་ཞིག་རྫོགས་མཐར་ དགུང་གྲངས་རེ་གསུམ་མེ་འབྲུག་ལོའི་དུས་སྐབས་ངོ་མཚར་བའི་དགེ་མཚན་དང་བཅས་ གཟུགས་སྐུ་ཆོས་དབྱིངས་སུ་ཐིམ་མོ། །འདིའི་གཤེགས་རྫོངས་གདུང་རྟེན་བཅས་ལེགས་ པར་བསྒྲུབས་ཤིང༌། འདི་དང་སྐུ་ཐོག་མཉམ་པ་ས་སྐྱའི་སྔགས་འཆང་བསོད་ནམས་དབང་ ཕྱུག དེའི་སྲས་ཀུན་དགའ་བཀྲ་ཤིས་གཉིས་ཀྱི་དུས་དང༌། དེའི་སྲས་བསོད་ནམས་རིན་ཆེན་ འཁྲུངས་ཙམ་དང༌། བོད་ལྗོངས་རྒྱལ་བ་ཚངས་དབྱངས་རྒྱ་མཚོ། སྐལ་བཟང་རྒྱ་མཚོ་གཉིས་ དང༌། པཎ་ཆེན་བློ་བཟང་ཡེ་ཤེས་དཔལ་བཟང་གི་སྐུ་ཚེ་སྨད་ཙམ་དང༌། ཀརྨ་ཞྭ་ནག་བཅུ་ གཅིག་པ་ཡེ་ཤེས་རྡོ་རྗེ་དང་བཅུ་གཉིས་པ་བྱང་ཆུབ་རྡོ་རྗེ་གཉིས་དང༌། ཞྭ་དམར་བདུན་པའི་ དུས་དང༌། གོང་མ་ཆིན་རབས་ཁང་ཤིས་སོགས་ཀྱི་དུས་ཙམ་དུ་མངོན་ནོ། ། ༼༦༽ སྐུ་ཕྲེང་དྲུག་པ་ངེས་དོན་བསྟན་པ་དར་རྒྱས་ཀྱི་ལོ་རྒྱུས་ནི། ཆོས་རྗེ་འདི་ནི་མགོ་ ལོག་སྨྲ་ཡུལ་ཡོ་སྟག་ཏུ་ཨ་ལྕགས་ཀྱི་རུས་སུ་འཁྲུངས། དེ་ནས་བསྐྱེད་བསྲི ངས་ལོ་ལྔའི་དུས་ ཙམ་ན་སྔོ ན་གྱི་ཆོས་རྗེའི་ཆས་འགའ་ངོས་འཛིན་དང་རྡོ་ལ་ཞབས་རྗེས་བཞག ཁོང་གིས་ ཁང་ཐོག་ནས་དཀར་ཡོལ་འོ་མས་བཀང་བཞིན་འཕངས་པ་གས་ཆག་མ་ཟད་འོ་མ་ཙམ་ཡང་ 2-1-211 ཕྱིར་མ་འབོ་བས་ཀུན་ངོ་མཚར་སྐྱེས། དེ་མཚམས་ཤིག་ནས་ཆོས་རྗེས་སྐུ་བདག་བྱས་ཏེ་ བསུ་བཀོད་ཀྱིས་གོང་མའི་གདན་སར་འཁོད། དགུང་ལོ་བརྒྱད་སྐོར་ལ་ཀློ ག་ཡིག་དང་རིག་ གནས་འགའ་ཞིག་ལ་སྦྱང་བརྩོན་མཛད། དེ་ནས་རིམ་བཞིན་དམ་པ་དུ་མ་བསྟེན་ནས་ཐུན་ མོང་སྡོམ་པ་སྔོན་སོང་གིས་མཚན་ངེས་དོན་བསྟན་པ་དར་རྒྱས་ཞེས་གསོལ་ནས་རང་ལུགས་ དུས་ཀྱི་འཁོར་ལོའི་རིམ་གཉིས་ཀྱི་ཟབ་བཀའ་མཐའ་དག་མནོས་ཏེ་ཇི་བཞིན་གོང་མའི་ཕྱག་ བཞེས་བཞིན་ཉམས་ལེན་མཛད། འདི་སྐོར་གོང་འོག་ཅི་རིགས་སུ་ངེས་དོན་གྱི་དགོངས་ འགྲེལ་བྱམས་ཆོས་སོགས་མཁོ་ཆེ་བའི་གཞུང་ལུགས་ལའང་ཐོས་བསམ་མི་དམན་པ་བགྱིས་ པ་སོགས་མདོ་སྔགས་ཀྱི་ཟབ་བཀའ་དེ་དུས་རང་རེའི་གོང་མའི་ཕྱག་སྲོལ་ཇི་ལྟར་ཡོད་པ་ བཞིན་གྱི་ཐོས་བསམ་འཆད་ཉན་སོགས་གང་ཅིའི་ཐད་ནས་དམ་པ་གོང་མའི་སྐུ་སྐྱེས་སུ་ཉེ་ བར་འོས་པའི་མཛད་བཟང་མཐའ་དག་ཚགས་སུ་ཚུད་ངེས་བྱས་ཤིང༌། དེ་མཚམས་སྐོར་ཞིག་ ནས་ཆོས་རྗེ་སྤྲུལ་པའི་སྐུ་ཁོང་གིས་བསྙེན་སྒྲུབ་སྤྱི་དང་ཁྱད་པར་རིགས་བརྒྱའི་རྣལ་འབྱོར་ མ་རྣམས་མཆོད་པའི་སྐབས་བར་བར་དུ་དཀྱིལ་འཁོར་ཕྱོགས་མཐའ་ལ་མཆོད་རྫས་རིགས་ འདྲ་མིན་སྣ་ཚོགས་པ་གང་ནས་བྱུང་ཆ་མེད་པར་རང་བྱུང་གི་ཚུལ་དུ་ཐུན་མོང་མཐུན་སྣང་ལ་ བྱུང་བ་དུས་དུས་སུ་ཡོད་པར་གྲགས་ལ། དེ་ནས་རེ་ཞིག་གི་ཚེ་ཁོང་ཉིད་རྒྱལ་རོང་ཐུགས་རྗེ་ ཆེན་པོའི་གནས་མཇལ་ལ་ཕེབས་སྐབས་ཇོ་བོའི་མདུན་ནས་ཕྱག་མཆོད་སོགས་ཀྱི་སྐབས། ཇོ་བོའི་ཞལ་ནས་གསུང་བྱོན་ཏེ། འཕགས་པའི་སྐུ་ཁྱེད་བདེ་བར་བྱོན་ནམ། ཞེས་པའི་གསུང་ གསལ་བོ་དེར་གནས་ཀུན་གྱི་རྣ་བའི་ལམ་དུ་མངོན་གསལ་གྱིས་ཐོས་པས་དེ་ཀུན་ངོ་མཚར་ དུ་གྱུར་ཏེ་ཧ་ལས་སོ། ། དེ་རྗེས་མི་རིང་པ་ཙམ་ནས་ཁོང་གིས་རྡོ་ལ་རྡོ་དཀར་ལས་གྲུབ་པའི་ཡི་གེ་དྲུག་མ་རང་ བྱོན་ཆེས་ཁྱད་མཚར་ཅན་དང༌། ཤིང་ལ་གྲུ་གསུམ་འབུར་དུ་དོད་པའི་ཆོས་འབྱུང་གི་གཟུགས་ 2-1-212 ཁྱད་ལེགས་སོགས་ངོ་མཚར་བའི་གཏེར་རྫས་དུ་མ་ཕྱག་ཏུ་སོན་ཞིང༌། དེ་ནས་རེ་ཞིག་ཏུ་ གཏེར་སྟོན་གྱི་རྣམ་པས་སྔགས་འཆང་གི་སྤྱོད་ཚུལ་མཛད་ནས་གླིང་བཟའ་ཡུམ་དུ་བཞེས་ཏེ་ ཁོང་གི་ཕོ་བྲང་ཁང་གསར་གྱི་ཟུར་དུ་གླིང་ཧྭ་ཚང་ཟེར་བའི་གཞིས་ཀ་བཟུང་བ་ན་དེར་བརྟེན་ རིམ་གྱིས་འཛམ་ཐང་གི་ཆོས་སྡེ་ཡང་སྔར་ཡོད་བཞིན་འགྲིག་ཁྲིམས་གྱི་སྒོ་དམ་པོ་ཀུན་ནས་ ལྷོད་པར་གྱུར་ཏེ་འདི་ཕན་ཆད་ནས་དགོན་དུད་ཚང་དང་འདྲེས་མ་ཅན་དུ་རིམ་པར་འགྱུར་ བའི་མགོ་བཟུང་བ་ཡིན་ལ། དེའི་ཕྱིར་ཆོས་རྗེ་འདི་ཉིད་ཁོང་གི་ངོས་ནས་རིགས་མཐོན་གྱི་ སྐྱེས་ཆེན་ཡིན་ཡང་དཔལ་འཛམ་ཐང་གི་ཆོས་གྲྭའི་མཛེས་རྒྱན་ལ་སྨ་འབེབས་སུ་སོང་ནས་ དགོན་ཁྲ་བོར་གྱུར་ཏེ་མཐའ་གྲོང་ནག་ཏུ་སོང་གཤིས་དེ་སྐབས་ཉིད་དུའང་ཆོས་རྗེ་འདིས་ ཁམས་ཕྱོགས་ཀྱི་རང་རེའི་དགོན་ལག་སྔོན་ནས་ཡོད་པ་གང་མང་ལ་འཛིན་བདག་ཡེ་ནས་མ་ བྱས་སྟབས་རང་ལུགས་ཀྱི་ཆོས་གཞི་གྲྭ་རྒྱུན་ཀུན་གཞན་དུ་ཤོར་ཏེ་ཉམས་ཇེ་དམའ་རུ་རིམ་ གྱིས་སོང་ཞིང་སྤྱོད་ཚུལ་གྱི་གནས་བབས་དེ་ལྟར་ཡིན་ནའང་ཁོང་གིས་རང་ངོས་ནས་ཕྱོགས་ རེར་འགྲོ་འདུལ་དུས་བབ་ཀྱི་གཏེར་སྟོན་མཁའ་འགྲོས་ལུང་བསྟན་ཐོབ་པའི་སྐྱེས་ཆེན་རེ་ ཡིན་གཤིས་རྗེས་སོར་མཁའ་འགྲོའི་ལུང་བསྟན་བཞིན་ཁོང་ཉིད་དབུས་གཙང་དུ་ཕེབས་ ཏེ་ཟབ་ཆོས་ཀྱི་གཏེར་ཁ་རེའི་སྒོ་ནས་འགྲོ་ཕན་རླབས་ཆེན་མཛད་ཅིང་ལེགས་ཉེས་འབྱུང་ འགྱུར་ལུང་བསྟན་ཐོག་ཏུ་ཁེལ་བ་སོགས་སྒོ་གང་ཐད་ནས་མཛད་པ་ཁྱད་དུ་འཕགས་པ་ཆེས་ མངོན་དུ་གྱུར་པའི་ཆ་ནས་བོད་ལྗོངས་སུ་མཚན་སྙན་གྱི་གྲགས་པས་ཀུན་ཏུ་ཁྱབ་ཅིང་རྒྱལ་ བ་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོས་དེ་ལུགས་ལྟར་གྱི་བཀའ་ཡིས་བསྔགས་བརྗོད་ དང་ལུང་བཟང་པོའི་བཀའ་ཡིག་སོགས་ཀྱི་གནང་སྦྱིན་མཛད། ཆོས་རྗེ་འདི་ལའང་ཆོས་ཀྱི་ འབྲེལ་ཟབ་སྒོ་ཀུན་ནས་མནོས་པའི་ཐུགས་སློབ་རང་ཡུལ་འཛི་ཀ་དང་ཕྱོགས་གཞན་ནས་ འོང་བ་མང་པོ་ཡོད་ཅིང༌། གནམ་སྐོས་གོང་མ་ཆན་ལུང་གིས་སྲི ད་ཁྲི་བཟུང་བའི་མཇུག་ཙམ་ 2-1-213 ལ་གོང་མའི་གསེར་ཡིག་པ་འདིར་འབྱོར་ནས་ཆོས་རྗེ་འདི་ལ་ལུང་གིས་བསྔགས་བརྗོད་དང་ བཀའ་ཡིག་སོགས་ཀྱི་འཇའ་ས་གནང༌། ཁམས་ཕྱོགས་ཀྱི་ཨ་སྐྱོང་དཔོན་དམག་ཟོར་མགོན་ པོ་དང་རྡོའི་ལྷུན་གྲུབ་སོགས་ཀྱིས་བསྟན་པའི་ཞབས་འདེགས་ཆེ་རབ་ཡང་བྱས། ཁོང་ཉིད་ ཀྱི་རྣམ་དཀར་གྱི་བྱ་བའང་སྐུ་རྟེན་བྱམས་པ་དང༌། ཐུབ་པ། དུས་འཁོར་སྤྱན་རས་གཟིགས་ རྣམས་ཀྱི་ཟབ་ཐང་གི་སྐུ་བརྙན་དུ་མ་དང༌། གསུང་རྟེན་གསེར་དངུལ་གྱི་ངེས་དོན་བཀའ་ ཆོས་སོགས་རྟེན་མཆོག་བཅུ་གསུམ་བཞེངས་པར་མཛད་པ་སོགས་བསྟན་པ་ལ་བྱས་རྗེས་ མི་དམན་ཙམ་དང་བཅས་འདིར་མཛད་པ་རྫོགས་མཐར་དགུང་ལོ་སོ་ལྔའི་སྟེང་སྐུ་གཤེགས་ ཏེ་དགོངས་མཆོད་གདུང་རྟེན་སོགས་ཀྱི་མཛད་སྲོལ་ཡང་དེ་འོས་ལྟར་གྱི་ལེགས་སྒོ་ཉེ་བར་ གྲུབ་ཟིན་བྱས། འདི་དང་ཐོག་མཉམ་པ་ས་སྐྱའི་སྔགས་འཆང་ངག་དབང་ཀུན་དགའ་བློ་གྲོས་ དང༌། དེའི་སྲས་ཀུན་དགའ་སངས་རྒྱས་བསྟན་པའི་དུས་དང༌། རྒྱལ་བ་སྐུ་ཕྲེང་བརྒྱད་པའི་ སྐུ་ཚེ་སྨད་དང༌། པཎ་ཆེན་སྐུ་ཕྲེང་དྲུག་པ་བློ་བཟང་དཔལ་ལྡན་ཡེ་ཤེས་དང༌། ཀརྨ་ཞྭ་ནག་ བཅུ་གཉིས་པ་བྱང་ཆུབ་རྡོ་རྗེའི་སྐུ་ཚེའི་མཇུག་དང༌། ཞྭ་དམར་སྐུ་ཕྲེང་བརྒྱད་པའི་དུས་དང༌། དེ་རྗེས་སུ་དགུ་པ་དང༌། བཅུ་པ་ཆོས་འགྲུབ་རྒྱ་མཚོ་བཅས་དང༌། གོང་མ་ཆན་ལུང་སོགས་ཀྱི་ དུས་ཙམ་དུ་མངོན་ཞིང༌། འཛམ་ཐང་འདིར་གཙང་བ་ངག་དབང་རྣམ་རྒྱལ་གྱི་ཡང་སྤྲུལ་ཀུན་ བཟང་ཕྲིན་ལས་རྣམ་རྒྱལ་དང་དུས་མཉམ་ལ། འདི་སྐོར་དང་ཧ་ལམ་མཉམ་པ་ཙམ་ལ་རྡོའི་ རྟག་བརྟན་དགོན་པ་དང༌། བཀྲ་ཤིས་ཆོས་གླིང་དགོན་སོགས་ཀྱང་རིམ་པས་གསར་འདེབས་ བྱས་སོ། ། ༼༧༽ སྐུ་ཕྲེང་བདུན་པ་འཇིགས་མེད་དཔལ་གྱི་སེང་གེའི་ལོ་རྒྱུས་ནི། སྤྱིར་རུས་ཆེན་ཨ་ ལྕགས་མགོ་ལོག་ལ་གངས་གཉན་བཅུ་དྲུག་ལས་གཉན་ཆེན་རྡོ་རྗེ་དགྲ་འཇོམས་རྩལ་གྱི་བུ་ རིགས་མགོ་ལོག་ཨ་འབུམ་དང༌། དེའི་བུ་གཉན་མོ་ཕག་ཐར་གྱི་རིགས་སུ་སྐྱེས་པ་ཨ་སྐྱོང་ 2-1-214 འབུམ་གྱི་བརྒྱུད་པ་ལ་ཨ་སྐྱོང་དབོན་ལོག་ཅེས་བྱ་བ་བྱུང་ཞིང༌། དེའི་བུ་ཚེ་རྒྱལ་འབུམ་གྱི་ ཆུང་མ་ཝ་ཤུལ་བཟའི་བུ་རིགས་རྡོ་རྗེ་འབུམ་ཞེས་བྱ་བ་དེ་སྨྲ་ཤོད་ཡོ་སྟག་ཏུ་འོང་ནས་གཞིས་ ཀ་བཟུང་བ་དེའི་རིགས་རུས་ལས་ཆད་པ་ཡབ་སྐལ་བཟང་འབུམ་དང༌། ཡུམ་མྱ་ངན་མེད་ ཅེས་བྱ་བའི་སྲས་སུ་ས་སྤྲཻལ་ལོར་ཆོས་རྗེ་འདི་ཉིད་ནམ་མཁའ་ནས་ལྷའི་སྒྲ་སོགས་ངོ་མཚར་ བའི་ལྟས་བཅས་ལེགས་འཁྲུངས་མཛད་པ་སྟེ། དེ་ཡང་འཁྲུངས་མ་ཐག་ཏུ་ཞལ་ནས། ང་ཉིད་ ཆོས་རྗེ་ཡིན། ཞེས་ཡང་ཡང་གསུངས་ལ། དེ་ནས་སྐུ་བསྐྱེད་བསྲི ངས་ནས་ལང་ཚོ་རིམ་གྱིས་ སྨིན་པར་བྱས་སྐབས་སུ་སྐུ་ན་ཤིན་ཏུ་ཕྲ་བའི་དུས་ན་མཚན་གྱི་སྙན་པ་ཕྱོགས་སུ་ཁྱབ་པས་ འཛམ་ཐང་ཆོས་རྗེ་སྒར་གྱིས་དེ་ལུགས་གསན་པ་ན་སྐུ་སྐྱེས་ལེགས་བརྟགས་ཀྱི་དགོངས་ གཏད་ཉེ་བར་ཞུ་སྐབས་སྤྲུལ་པའི་གཏེར་ཆེན་བདུད་འདུལ་གླིང་པ་གང་གི་ཞལ་སྔ་ནས། ཆོས་རྗེ་འདི་ཉིད་པད་འབྱུང་གི་རྣམ་འཕྲུལ་ཐབས་ཤེས་ཀྱི་མཛད་པ་འཆང་བ་སྔར་མེད་རྟེན་ མཆོག་བཞེངས་ནས་བསྟན་འགྲོ་ལ་ཕན་པ་རླབས་ཆེན་སྤྱོད་ཅིང་གཞི་དབྱིངས་དགོངས་ཆེན་ རྒྱལ་བ་མི་ཕམ་མཆོག་གི་ཆོས་སྐུ་དང་གཅིག་པས་ད་ལྟ་ཁོང་དང་འབྲེལ་ཚད་དགའ་ལྡན་དུ་ བྱམས་པའི་གདུལ་ཞིང་དུ་སྐྱེ་ངེས་ཀྱི་བཀའ་ལུང་རྡོ་རྗེའི་ཚིག་འགྱུར་བ་མེད་པས་ལུང་བསྟན་ ཆེ་བསྔགས་མཛད་པ་འདི་ལྟ་སྟེ། གང་གི་གཏེར་ལུང་ལས། མགོན་པད་འབྱུང་གི་སྤྲུལ་པ་ གདོང་ལྔའི་མཚན། །ཁོང་མུ་དྲ་ལ་སྤྱོད་ཅིང་བསྟན་འགྲོ་སྐྱོང༌། །མགོན་དེ་ཡིས་སྔར་མེད་ཀྱི་ ཐུགས་རྟེན་བཞེངས། །དེ་དང་འབྲེ ལ་ཚད་བྱམས་པའི་ཞབས་དྲུང་སྐྱེ། །ཞེས་ཆོས་རྗེ་འདིའི་ མཚན་དང་བཅས་མཛད་སྤྱོད་ཀྱི་ཚུལ་གསལ་བར་གསུངས་ཤིང༌། ཀརྨ་ཞྭ་ནག་སྐུ་ཕྲེང་བཅུ་ གསུམ་པ་བདུད་འདུལ་རྡོ་རྗེས་སྐུ་སྐྱེས་ངོས་འཛིན་བཀའ་ལུང་གསལ་བསྒྲགས་ལྟར་འདིར་ ཆོས་རྗེའི་སྐུ་སྐྱེས་འཛམ་ཐང་སྒར་ནས་སྐུ་བདག་མཛད་སྐབས་ངོ་མཚར་ཡིད་ཆེས་ཀྱི་རྟགས་ མཚན་དེ་ལུགས་ལྟར་ལེགས་པར་འཛོམས་ངོས་ནས་མཆོག་དམན་ཀུན་གྱིས་ཡིད་གཉིས་ 2-1-215 དང་བྲལ་བའི་ངང་དད་གུས་ཆེ་བས་བརྩི་བཀུར་ལེགས་ཞུ་མཛད། དེ་ནས་སྐུ་སྐྱེས་གཞོན་ནུ་ ཉིད་ཀྱང་སྐུ་ན་ཕྲ་བའི་དུས་ནས་དག་སྣང་གི་འཆར་སྒོ་ཆེ་ཞིང་སྔོན་གནས་འལ་འོལ་དྲན་ཞིང་ འཁོར་བ་ལ་སྐྱོ་ཤས་དང་ཚེ་མི་རྟག་པའི་ཚུལ་སོགས་ལ་ངེས་ཤེས་དང་གཞན་ཕན་གྱི་ལྷག་ བློ་ངང་གིས་རང་ཤུགས་ཀྱིས་བྱུང་བ་སེམས་དཔའ་ཆེན་པོའི་ཚུལ་འཆང་བའི་སྔོན་གོམས་ བཟང་པོའི་རྟགས་མཚན་ཉེ་བར་མངའ་བ་ཞིག་སྟེ་ཁོང་གི་དགུང་ལོ་བརྒྱད་སྟེང་ནས་རྡོ་ལ་ ཞབས་རྗེས་གསལ་བོ་ངོ་མཚར་བ་བཞག དེ་མཚམས་ཤིག་ནས་སྐུ་སྐྱེས་གཞོན་པ་དེ་ཉིད་ འཛམ་ཐང་ཆོས་རྗེ་སྒར་གྱིས་ཆེ་བའི་བཀོད་པ་དང་བཅས་གོང་མའི་གདན་སར་ཁྲི་སྟོན་རྒྱ་ ཆེར་མཛད་སྐབས་རྟོགས་ལྡན་གྱི་བླ་མ་འགའི་ཐུགས་སྣང་དག་པའི་ངོར་སྤྲུལ་པའི་སྐུ་སྐྱེས་ ཉིད་ཕེབས་དུས་སུ་ཨུ་རྒྱན་པད་འབྱུང་གི་སྐུའི་རྣམ་པ་སེང་གེ་དཀར་མོ་ལ་ཆིབས་པ་ནམ་ མཁའི་དབྱིངས་ནས་བྱོན་བཞུད་མཛད་པར་མཐོང་བ་སོགས་ཡ་མཚན་ལྟས་བཟང་ཡང་མང་ སྐད། དེ་ནས་དགུང་ལོ་བརྒྱད་སྟེང་སྐོར་ནས་ཡོངས་འཛིན་དམ་པའི་མདུན་ནས་ཀློ ག་སོགས་ རིག་གནས་སྦྱང་ཞིང་དེ་སྐབས་སུ་རྗེས་གནང་གི་བྱིན་རླབས་དུ་མ་ཞུས་ནས་བསྙེན་ཚད་ཀྱང་ བཏང༌། དགུང་གྲངས་བཅུ་བཞི་སོན་སྐབས་གོང་བླ་ཀུན་དགའ་རྣམ་རྒྱལ་གང་གིས་གཙོས་ འདུས་པ་གྲངས་ཚང་གི་མདུན་ནས་ཚངས་སྤྱོད་དགེ་བསྙེན་གྱི་སྡོམ་པ་ལེགས་མནོས་མཛད་ ནས་མཚན་ཀུན་དགའ་འཇིགས་མེད་དཔལ་གྱི་སེང་གེ་ཞེས་གསོལ། དེ་ནས་དམ་པ་གང་གི་ དྲུང་ནས་རང་ལུགས་དུས་ཀྱི་འཁོར་ལོའི་བསྐྱེད་རྫོགས་ཀྱི་ཟབ་བཀའ་དབང་ལུང་མན་ངག་ བཤད་ཁྲིད་ཡོངས་རྫོགས་གསན་ནས་ཇི་བཞིན་ཉམས་ལེན་གོང་མའི་ཕྱག་བཞེས་ལྟར་ལག་ བླང་དུ་ཐེབས་ངེས་མཛད་སྐབས་རྟོགས་པའི་དྲོད་ཚད་རྒྱས་ཤིང་ལྷག་པའི་ལྷ་མང་པོའི་ཞལ་ གཟིགས་ཀྱི་སྣང་བའི་དགེ་མཚན་ཡང་བྱུང༌། ཆོས་རྗེ་འདིས་གོང་བླའི་མདུན་དུ་སྔ་ཕྱི་གཉིས་ སུ་ཆོས་མང་གསན་ལ། དགུང་ལོ་བཅུ་བདུན་སྐོར་ཁམས་སྡེ་དགེའི་ཆོས་གྲྭར་ཕེབས་ཏེ་ཟུར་ 2-1-216 མང་ཚེ་དབང་ཀུན་ཁྱབ་ཀྱི་མདུན་ནས་མདོ་སྔགས་རིག་གནས་དུ་མ་ལ་གསན་སྦྱང་མཛད། དེ་ནས་དཔལ་སྤུངས་དགོན་དུ་ཏཱའི་སི་ཏུ་པདྨ་ཉིན་བྱེད་དབང་པོའི་སྐུ་དྲུང་དུ་རང་ལུགས་ཀྱི་ ཆོས་བཀའ་སྤྱི་དང་ཤངས་ཆོས་སོགས་བཀའ་བརྒྱུད་དང་རྙིང་མ་ས་སྐྱ་དགེ་ལུགས་བཅས་ ཀྱི་ཟབ་ཆོས་དུ་མ་ལེགས་གསན་མཛད་ནས་དེ་དུས་སུ་མཚན་ཀརྨ་ཤཱཀྱ་འོད་ཟེར་དུ་གསོལ་ ཞིང་བསྟན་པའི་རྒྱལ་མཚན་འཛིན་པར་རྒྱལ་ཚབ་མཆོག་ཏུ་མངའ་གསོལ་མཛད། དེ་ནས་ འཛི་སྒར་གཏེར་ཆེན་རྡོ་རྗེ་གྲགས་པའི་མདུན་ནས་ཉིད་ཀྱི་དགོངས་གཏེར་སྒྲོལ་མ་དམར་ མོའི་གསང་སྒྲུབ་ཀྱི་དབང་ལུང་མན་ངག་ཡོངས་རྫོགས་ཞུས་ཏེ་གཏེར་སྟོན་ཁོང་གིས་ཆོས་རྗེ་ ཉིད་དགོངས་གཏེར་སྒྲོལ་མའི་ཆོས་བདག་ཏུ་མངའ་གསོལ་ཡང་མཛད། གཞན་ཡང་སྔགས་ རྙིང་ཕྱོགས་ཀྱི་ཟབ་བཀའ་དུ་མའང་ལེགས་པར་གསན་ནས་རང་གནས་འཛམ་ཐང་དགོན་ དུ་སླར་ཕེབས་མཛད་དེ་གྲུབ་ཆེན་དུས་ཞབས་པའི་བྱིན་གྱིས་བརླབས་པའི་སྤྲུལ་པར་གྲགས་ པ་ལྷ་ཚེ་བླ་མ་རྒྱལ་མཚན་གྱི་དྲུང་དུ་སླར་ཡང་དུས་འཁོར་དབང་ཆེན་སྦྱོར་དྲུག་ཡོངས་རྫོགས་ ཀྱི་ཁྲིད་ལུང་མན་ངག་བཅས་སོགས་གསང་སྔགས་ཀྱི་ཟབ་བཀའ་དུ་མ་དང་ས་བཟང་གིས་ མཛད་པའི་བླང་དོར་རབ་གསལ་དང་རྗེ་བཙུན་རིན་པོ་ཆེས་མཛད་པའི་ལམ་རིམ་བདུད་རྩིའི་ སྙིང་ཁུ་བློ་སྦྱོང་དོན་བདུན་མའི་ཁྲིད་བཅས་མདོ་ཕྱོགས་བཤད་དམིགས་ཀྱི་ཁྲིད་ཅི་རིགས་པ་ དང༌། ཁྱད་པར་རིན་འབྱུང་དང་རྒྱུད་སྡེ་རབ་འབྱམས་ཀྱི་དབང་ཡོངས་སུ་རྫོགས་པས་ཐུགས་ རྒྱུད་དུལ་བའི་ཞིང་ས་ལྟར་གསང་ཆེན་མངོན་རྟོགས་གྱི་མྱུ་གུ་ཆེས་ཀུན་ནས་རྒྱས་ཤིང་སྤེལ་ ཐབས་ཀྱི་ལེགས་སྒོ་ཅིར་ཡང་བསྐྲུན་པར་མཛད་དོ། ། དེ་ནས་དགུང་ལོ་བཅོ་བརྒྱད་སྐབས་ཆོས་རྗེའི་ཕོ་བྲང་དུ་ལུགས་གཉིས་ཀྱི་མཛད་པའི་ལ་ རྒྱ་ལ་ཐུགས་ཁུར་ཉེ་བར་བཞེས་ཏེ་ཆོས་སྲིད་ཟུང་འབྲེལ་ལ་དབང་སྒྱུར་བ་པོ་མཆོག་གི་གོ་ས་ ན་ལེགས་བཞུགས་མཛད་ངོས་ནས་དེ་ལུགས་ལྟར་གྱི་མཛད་སྒོ་དང་ཉེ་བར་བསྟུན་ནས་སྐུ་ 2-1-217 དབོན་བསོད་ནམས་ཆོས་ཀྱི་གྲགས་པ་དང་མི་རྒྱབ་འཇིགས་མེད་སོགས་དྲུང་འཁོར་འགོ་ བློན་མཛོད་གཉེར་སོགས་རིམ་རྒྱས་ལྷན་འཛོམས་ཀྱིས་སྲིད་དབང་ཆེ་བའི་སྒོ་བསྐྱེད་ཅིང་ ཁྱད་པར་ཁོང་ཉིད་ཀྱང་ལུགས་གཉིས་གང་ཐད་ལ་སྐྱོང་མཁས་པའི་རྣམ་དཔྱོད་ཀྱི་རྩལ་ཉེ་ བར་བཀྲ་བ་ཞིག་སྟེ་འདི་སྐབས་ཆོས་སྲིད་ཀྱི་ལེགས་འབྱོར་ཆེས་ཀུན་ནས་དར་ཞིང་མངའ་ ཐང་ཆེ་ཙམ་དུ་གྱུར་ཏེ་རྡོ་འཛི་སྨྲ་གསུམ་རྔ་བ་རྒྱལ་རོང་ཁག་མགོ་ལོག་གསེར་རྟ་ཝ་ཤུལ་ཁྲོ་ཁོ་ བཅས་ཡོངས་ལ་ཆོས་སྲིད་ཀྱིས་དབང་བསྒྱུར་ཞིང་ཁོང་ཉིད་སྐུ་ཟིལ་ཆེ་སྟབས་མདུན་ནས་ དཔོན་གྲགས་པ་ཅན་ཚོས་ཅི་ཡང་སྨྲ་མི་སྤོབས་པ་ལྟ་བུ་དང་བར་སྐབས་རེར་སྐུ་མདུན་དུ་ ཕྱོགས་ནས་འོང་བ་རྣམས་འཕྲལ་དུ་ཆོས་རྗེ་ཉིད་ཀྱི་ཞལ་མཇལ་གསུང་ཐོས་ཀྱི་སྐལ་བ་མེད་ པར་ཕྱི་ནས་ཞུ་ཡིག་གིས་སྙན་འབུལ་བྱེད་དགོས་པ་ལྟ་བུའི་ཁྱད་དབང་ཆེས་མཐོ་བའི་ཚད་དུ་ རྫོགས་ཤིང༌། ཆོས་རྗེ་བར་སྐབས་རེར་གང་དུ་བྱོན་བཞུད་མཛད་སྐབས་གཙང་བའི་རྡོ་རྗེ་ སློབ་དཔོན་རྒྱལ་ཚབ་དགེ་སློང་ཞབས་པ་གང་གི་ཐུགས་དག་སྣང་ངོར་རྒྱལ་བ་སེང་གེ་ཉིད་ ཡར་མར་གང་དུ་ཕེབས་སྐབས་ཁང་གསར་ཕོ་བྲང་གི་སྒོ་ཆེན་མདུན་ནས་དཔའ་བོ་དུར་ཁྲོད་ བདག་པོ་ཟུང་གིས་རྒྱུན་དུ་སྐྱེལ་བསུ་བྱེད་པར་གཟིགས་ཤིང་དེ་འདྲའི་ཆོས་རྗེ་འདི་བ་ནི་སྤྱིར་ ན་ལྷག་པའི་ལྷ་དུ་མ་དང་ཁྱད་པར་རྗེ་བཙུན་སྒྲོལ་མའི་ཞལ་ཡང་ཡང་མཇལ་ཞིང་ཡང་སྒོས་ རིམ་གཉིས་ཀྱི་རྟོགས་པ་ཐུགས་ལ་འཁྲུངས་པ་ལས་རྫོགས་རིམ་རྩ་རླུང་ཐིག་ལེ་ལ་དབང་ ཐོབ་པ་སྟོབས་ཆེ་ཞིང་དེ་ལས་ཀྱང་ཐིག་ལེའི་དྭངས་མ་འཛག་མེད་དུ་སྡོམ་པའི་དགའ་བཞིའི་ མཐུ་རླབས་པོ་ཆེ་བརྙེས་པའི་དབང་གིས་ཕྱི་རྟགས་སུ་ཁོང་གི་སྐུའི་གསང་བ་ནོར་བུའི་བུ་ག་ ནས་དྲི་ཆུ་ཕྱིར་ལུད་པ་ཡར་དྲངས་པ་དང་འོ་ཆུ་བསྲེས་པ་ལས་འོ་མ་སོ་སོར་མ་འདྲེས་པར་ བསལ་ཏེ་དྲངས་ནུས་པའི་ཐིག་ལེ་དབབ་བཟློག་ལ་བརྟན་པ་ཐོབ་པའི་གྲུབ་པའི་དབང་ཕྱུག་ གི་ཆེ་བའི་ཡོན་ཏན་མཆོག་ལེགས་ངོམ་མཛད་པའི་གཞན་ལུས་ཐབས་ལྡན་གྱི་ལམ་རྒྱ་ཆེར་ 2-1-218 སྨིན་པའི་སྐྱེས་བུ་དམ་པ་ཡིན་ཕྱིར་འདི་འདྲའི་དུས་ལ་ནི་བུད་མེད་བསྟེན་ན་དགའ་བཞིའི་ བདེ་ཆེན་སྔགས་བླ་མེད་ཀྱི་རྟོགས་པ་སྤེལ་བའི་ལམ་གྲོགས་ཁོ་ན་མ་གཏོགས་ཉེས་དམིགས་ སུ་འགྱུར་བའི་སྐབས་མེད་ཅིང་ལས་རྒྱའི་རིག་མ་དང་སྦྱོར་བའི་ལམ་མངོན་བྱེད་ཀྱི་དུས་སུ་ བབ་པ་ཡིན་པས་ཆགས་སྲེད་ཀྱི་སྒྲོག་གིས་བཅིངས་པའི་སྐྱེ་བོ་ཕལ་བས་བརྒྱའི་ཆར་ཡང་ བསྐྲུན་པར་མི་ནུས་པའི་གྲུབ་པ་མཆོག་གི་བརྟུལ་ཞུགས་ཀྱི་མཛད་སྒོ་ལ་ཆོས་རྗེ་ཁོང་གིས་ དབང་བྱས་ཏེ་མཚམས་རེ་ཞིག་ནས་རིག་མའི་མཚན་ཉིད་ཚང་བ་འཇིག་རྟེན་པའི་མི་མོ་ཏོ་ཙ་ བཟའ་བྱམས་ལི་སྒྲོན་དང་ཙི་མོ་ལི་ཞེས་བྱ་བའི་བུད་མེད་མཚན་ལྡན་གཉིས་ཡུམ་དུ་བཞེས་ ནས་ཕྱིས་སུ་སྐུ་རིགས་ཀྱི་གདུང་བརྒྱུད་ཡང་ད་ལྟའི་བར་ཡོད་ཅིང་ཡུམ་གཉིས་ཀྱང་མཁའ་ འགྲོའི་རིགས་རྣམ་པར་དཀར་བའི་ཆོས་ལ་གཞོལ་ཞིང་རྟེན་གསུམ་ཡང་མང་དུ་བཞེངས་ སྐད། ཆོས་རྗེ་ཁོང་ནས་ཡུན་རིང་བར་དགོངས་གཏེར་སྒྲོལ་མའི་སྒོ་ནས་ལོ་དུས་བཞིན་སད་ བསྲུང་མཛད་དེ་སྐྱེ་དགུའི་འཚོ་བ་འབྲུ་རིགས་ལ་སད་ཀྱི་ཉེས་སྐྱོན་ཀུན་ནས་བཟློག་པར་བྱས་ པས་འཚོ་བའི་སྐྱིད་དགའ་ཡང་ལྗོངས་འདིའི་ལུས་ཅན་གང་དག་གིས་ཅི་དགར་སྤྱོད་དབང་ ཐོབ། དུས་བར་སྐབས་རེར་ཆོས་རྗེ་གང་ཉིད་དགོས་དབང་གིས་ཕྱོགས་སུ་གདུལ་བྱར་ ཕེབས་སྐབས་ཆེས་ཁ་རྗེ་དར་བའི་དཔལ་འབྱོར་གྱི་སྒོ་རྒྱ་བསྐྱེད་པའི་ཚུལ་གྱིས་ཁོང་གི་སྒར་ བྱོན་བཞུད་ཀྱི་དུས་སུ་ཆོས་རྗེ་ཉིད་ཀྱི་སྐུ་འཁོར་བླ་གྲྭ་དབོན་བསོད་ནམས་ཆོས་གྲགས་ སོགས་བརྒྱ་ཕྲག་ལྷག་ཙམ་རེ་ཡོད་ཅིང་དེ་དག་ལས་བྱིངས་འདྲེན་སྐད་གྲྭ་པ་ལྷ་རྗེ་རྡོ་རྗེ་ཡེ་ ཤེས་སོགས་བཅུ་ཕྲག་ཙམ་དང་ཆེས་ཁ་རྗེ་དར་བའི་ལྷ་ཆ་མཆོད་རྫས་ཁྱད་མཚར་བའི་བཀོད་ པ་རྒྱ་ཆེ་བ་དང་བཅས་སྒར་གཞི་ལེགས་བསྒྲིགས་ཀྱི་མཛད་སྒོ་སྐྱོང་བཞིན་པའི་ངང་ཁོང་ཉིད་ ཀྱི་ན་བཟའ་སྐུ་སྤྱོད་སོགས་སྒོ་གང་ཐད་ནས་ཆེ་བའི་ཁྱད་དབང་གི་མཛད་ཚུལ་གནང་ཞིང་ སྒར་ཐོག་གི་འགྲིག་ལམ་ཚུན་ཡང་མཆོག་དམན་ཡོངས་ནས་མིག་ལྟོས་ཡ་རབས་ཀྱི་སྤྱོད་ 2-1-219 བཟང་གཙང་དག་དམ་པའི་ངང་ཚུལ་དད་ལྡན་དང་བ་འདྲེན་བྱེད་འབའ་ཞིག་ཏུ་ངེས་པ་སྟེ། ཚུལ་དེ་ལྟ་བུའི་སྒོ་ནས་ཆོས་རྗེ་དཔོན་སློབ་བཅས་ཝ་ཤུལ་གསེར་རྟའི་མི་དབང་དཔོན་གྱིས་ གདན་འདྲེན་ལེགས་ཞུ་ཆེ་བའི་བསུ་བཀོད་དང་བཅས་ཏེ་འབྲོ ང་རི་སྨུག་པོའི་གནས་མདུན་དུ་ སྒར་བཏབ་སྟེ་རྗེ་འབངས་ཀུན་ལ་བསྲུང་རིམ་མཆོག་གིས་མགོན་སྐྱབས་གནང༌། དེ་ནས་ མགོ་ལོག་ཏུ་ཕེབས་ཏེ་དེ་ཕྱོགས་སུ་གདུལ་ཞིང་རྒྱ་ཆེར་མཛད་ཅིང་འདི་སྐབས་རྒྱའི་ཨ་ནེ་ཇོ་ དམར་མ་བཅོམ་སྐབས་དང་ཐུག་པས་དངོས་རྫས་ཁྱད་མཚར་ཅན་ཆེས་མང་གི་འབུལ་བ་ མཐའ་ཀླས་བྱུང་ལ། དེ་ནས་ཝ་ཤུལ་ཁྲོ་ཁོའི་ཚོ་དཔོན། ཝ་ཤུལ་བཀྲ་ལོ་དང་གདོང་ནོར་ཀོ་ ཟེར་བ་གཉིས་ཀྱིས་གདན་འདྲེན་ཞུས་ནས་དེ་ཕྱོགས་སུ་འགྲོ་དོན་ལ་ཕེབས་ཏེ་དངོས་རྫས་ ཀྱི་འབྱོར་བ་ཆེས་མང་དང་བཅས་འབྲོག་སྡེ་ཚོ་ཞིག་ལྷ་འབངས་སུ་དང་སྐོང་གསེར་ཞྭའི་ཁ་ མདོ་ཡན་གྱི་ས་རྒྱ་ཆེ་བ་ལེགས་འབུལ་བྱས། འདི་སྐོར་ཞིག་ཏུ་ཆོས་རྗེ་ཁོང་དང་བྱང་བླ་བྲང་ གི་རྒྱལ་མཁན་པོ་གྲགས་པ་རྒྱལ་མཚན་དང་ཞལ་འཛོམས་མཛད་དུས་སུ་ཕན་ཚུན་ཆོས་ བཀའ་གསན་རེས་ཀྱིས་ཐུགས་མཉེས་ཆེན་པོའི་ངང་ཆོས་རྗེས་རྒྱལ་མཁན་པོ་ལ་ཆོས་སྐྱོང་ རྒྱལ་པོ་སྐུ་ལྔའི་གསོལ་བསྡུས་རྩོམ་བསྐུལ་མཛད་གནང་ལྟར་མཁན་པོས་སྐུ་ལྔའི་གསོལ་ བསྡུས་བརྩམས་ཏེ་ཆོས་རྗེ་ལ་བཀའ་གཏད་བཅས་ཀྱིས་འབུལ་གནང་མཛད་པ་ནས་བཟུང་ ཆོས་རྗེ་སྒར་གྱི་སྲུང་མར་བསྐོས་ཏེ་ད་བར་མཆོད་གསོལ་གྱི་སྲོ ལ་ཡོད་པ་དེ་ཀ་ལྟར་དང༌། དེ་ ནས་ཆོས་རྗེ་དཔོན་སློབ་དེར་ལོ་གསུམ་གྱི་རིང་ཙམ་ལ་འགྲོ་དོན་འཕེལ་བ་བྱུང་ཞིང༌། དེ་ མཚམས་ནས་རྨེའུ་རྒྱལ་པོས་གདན་དྲངས་ནས་དེ་ཕྱོགས་སུ་བསྟན་འགྲོའི་དོན་རྒྱ་ཆེར་མཛད་ རྗེས་རང་གནས་འཛམ་ཐང་དུ་ཕེབས་པ་སོགས་དེ་འདྲའི་མཛད་སྒོ་རྒྱ་ཆེ་ཞིང༌། ཁོང་གི་ ཐུགས་སློབ་ཡང་དྲུང་དཀའ་བཞི་པའི་ཡང་སྤྲུལ་གསུམ་པ་བློ་གྲོས་རིན་ཆེན་དཔལ་གྱི་སྙིང་ པོ། གདོང་ཁང་དབོན་བསོད་ནམས་ཆོས་ཀྱི་གྲགས་པ་སོགས་བསྟན་འགྲོ་ལ་ཕན་ཐོགས་ 2-1-220 པའི་སྐྱེས་ཆེན་ཡང་མང་དུ་བྱོན། ཆོས་རྗེ་འདིའི་དུས་བསྟན་པ་ལ་ཞབས་འདེགས་མཛད་པ་ གནམ་སྐོས་གོང་མ་ཆིན་རབས་ཝན་ཧུའུའི་རྒྱལ་པོས་བཀའ་ཡིག་ཐམ་ག་སོགས་ཀྱི་ལུང་ བཟང་པོའི་འཇའ་ས་གནང༌། ཁོང་ཉིད་ཁྲིན་ཏུའི་ས་སྒོར་ཕེབས་ཏེ་ཟི་ཁྲོན་ཙུང་ཏུའུས་ཆོས་ སྲི ད་ཟུང་གི་ལུང་བཟང་པོའི་འཇའ་ས་གནང་ཞིང༌། ཀྱང་ལ་ཏཱ་ལོ་ཡེ་ནས་ཀྱང་བླ་མར་བཀུར་ ནས་འཇའ་ས་དང་ལྷ་འབངས་སུ་ཡུལ་བ་ཁག་གསུམ་རི་འཕོངས་ཤི་འགམ་སོགས་ཆོས་སྲིད་ ཟུང་གི་སྡེར་གཏོགས་མི་ཁྱིམ་བརྒྱ་དང་ལྔ་བཅུ་ཙམ་གནང་སྦྱིན་མཛད། འདི་སྐོར་ཆོས་རྗེའི་ ལྷ་འབངས་སུ་གཏོགས་པ་ཕྱི་ནང་ཐམས་ཅད་ལ་དུད་ཚང་བདུན་བརྒྱ་ལྷག་ཏུ་ལོངས། གཞན་ ཡང་ཁམས་ཕྱོགས་ཀྱི་མི་དབང་ཨ་སྐྱོང་དཔལ་ཆེན་མགོན་དང་དཔོན་ནོར་བུ་དགྲ་འདུལ་ སོགས་ཀྱིས་གུས་པས་བླ་མར་བཀུར་ཏེ་སྦྱིན་བདག་དང༌། རྨེའུ་རྒྱལ་པོ་ལྕགས་ཐར་འབུམ་ སོགས་ས་སྐྱོང་མི་དབང་ཆེ་བ་གང་དག་གིས་དད་གུས་རྒྱ་ཆེ་བས་ཆོས་ཀྱི་ཞབས་འདེགས་བླ་ བླག་པ་སྒོ་ཀུན་ནས་བགྱིས་ཤིང༌། ཆོས་རྗེ་ཁོང་ལ་གནམ་སྐོས་འཇམ་དབྱངས་གོང་མས་ གནང་བའི་ལས་ཞྭ་ཉིད་ཀྱི་དབུ་ལ་རྟག་པར་མནབས་པས་དེ་ཕྱོགས་ཡུལ་སྡེ་ཀུན་ཀྱིས་བླ་ དྭགས་སུ་ཆོས་རྗེ་པོག་ལི་ཅན། ཞེས་པའི་མཚན་གསོལ། ཁོང་གི་སྐུ་ཚེའི་ཐོག་ཅིག་ལ་མགོ་ ལོག་སྙིང་རྒྱ་འབུམ་དུས་ལས་འདས་པའི་གཤིན་པོ་རྗེས་འཛིན་དུ་ཆོས་རྗེ་ཁོང་ཉིད་ཕེབས་པ་ ལ་གཤིན་གྱི་དགོངས་རྫོགས་ཡོན་འབུལ་འགམ་སྟོད་སྲིབ་ལུང་བཅས་ཀྱི་ས་ཆ་ལེགས་པར་ ཕུལ་བས་སྲིབ་ལུང་གི་དབེན་གནས་དེར་ཆོས་རྗེ་ཉིད་ཀྱིས་བཞུགས་གནས་རི་ཁྲོད་མཛད་དེ་ ཡུན་རིང་བཞུགས་སྐབས་གནས་སྲུང་ཨ་མྱེ་ཁྱུང་མགོན་རྡོ་རྗེ་དྲག་རྩལ་བཀའ་ཐ་ཚིག་གིས་ དམ་ལ་བཞག་ནས་སྲུང་མར་བསྐོས། འདི་སྐབས་འཛམ་ཐང་དུ་ཆོས་གྲྭ་མང་འཚོགས་དུས་ འདུས་སྡེ་སྟོང་ཕྲག་ལྷག་ཙམ་དང་ཉུང་དུས་སུའང་བརྒྱ་ཕྲག་ལྔ་ཙམ་ལས་མི་ཉུང་བར་གྲགས་ ལ། ལོ་བསྟར་བཞིན་དུས་འཁོར་སོགས་རྒྱུད་སྡེ་མང་པོའི་ཆོས་གྲྭ་དུས་དུས་སུ་ཆག་མེད་དང་ 2-1-221 ལོ་མཇུག་ཀུན་ཏུ་དྲུག་ཅུ་རྐང་མདོས་རེས་མོས་ཀྱིས་གཏོ་སྒྲུབ་ཟོར་ཆེན་ལས་མཐའ་དྲག་པོའི་ འཆམ་སྣ་འདྲ་མིན་གྱི་སྒོ་ནས་ཚམ་རྔམ་གཟི་བརྗིད་ཆེ་བ་ལོ་དུས་སུ་ངོམ་པ་དང༌། གོང་མའི་ ལས་གོས་བཀའ་རྟགས་སོགས་ཀྱི་ཆས་དང་བཅས་མངོན་པར་མཐོ་བའི་ལུང་གི་དྲིལ་ བསྒྲགས་ཀྱི་སྒོ་ནས་ཟབ་སྐུ་ཆེན་མོའི་བཤམས་སྟོན་རྒྱས་སྤྲོས་དགའ་སྟོན་ངོ་མཚར་བས་དེར་ གནས་ལུས་ཅན་དག་གི་རེ་བ་ཇི་བཞིན་སྐོང་བའི་མཛད་སྒོ་བར་བར་དུས་སུ་ངོམ་ཞིང་རྒྱ་ འཆམ་དང་སེང་འཆམ་སོགས་རྩེ་རིགས་སྣ་ཚོགས་པའི་ཟློས་གར་འཁྲབ་པའི་ལྟད་མོ་ངོ་ མཚར་བའི་བཀོད་པ་དང་བཅས་སྐྱིད་དགའ་ཆེན་པོའི་ལས་ཀྱི་སྲོལ་ཀ་དེ་ལུགས་བཞིན་ གནས་ལ། ཆོས་རྗེ་འདིའི་རྣམ་དཀར་ལས་ཀྱི་འཁོར་ལོའི་བྱ་བ་ཡང༌། ཁང་གསར་ཕོ་བྲང་ གཞི་ནས་གསར་བཞེངས་ཀྱི་སྒོ་ནས་ནང་དུ་གསེར་ཁང༌། གདུང་མདུན་ཁང༌། རྒྱལ་ཁང༌། མཛོད་གཉེར་ཁང་སོགས་ཀྱི་ལེགས་བཀོད་འདྲ་མིན་དུ་མ་དང༌། ལྷ་གསར་འདུ་ཁང་ཞིག་ གསོས། དེ་དག་གི་གནས་བཞུགས་རྟེན་གསུམ་ཁྱད་འཕགས་དུ་མ་དང་མཆོད་ཆའི་རིགས་ རོལ་མོ་ཚངས་དབྱངས་དཔལ་འབར། འཛི་སྒར་གསེར་བུམ། གསེར་དངུལ་གྱི་མཎྜལ་རྒྱ་ ནག་མ་སོགས་སྤུས་ལེགས་ཁྱད་མཚར་ཅན་གྲངས་མང་བཅས་དང༌། ཁྱད་པར་སྐུ་རྟེན་དངུལ་ གྱི་སྒྲོལ་དཀར་ཁྲུ་གང་མ་དང་རྒྱ་གར་ནག་གི་གསེར་སྐུ་ལི་མ་མང་པོ་དང༌། ཡང་སྒོ ས་སུ་སྔོ ན་ ཨོ་རྒྱན་རིན་པོ་ཆེས་བོད་ལ་ཁོང་གི་སྐུ་ཚབ་ཉེར་ལྔ་བཞག་པ་ལས་སློབ་དཔོན་གྱི་སྐུ་བརྙན་ རིག་འཛིན་འཇའ་ཚོན་སྙིང་པོས་གཏེར་ནས་གདན་དྲངས་པ་བྱིན་རླབས་ཀྱི་གཟི་འོད་འབར་ བ་དེ་ཆོས་རྗེ་འདིའི་ཕྱག་ཏུ་འབྱོར་བ་དང༌། བྱམས་པའི་ཟབ་ཐང་ཆེན་མོ་ལྷ་འཁོར་ཀུན་ མཁྱེན་རྗེ་བཙུན་དང་སྒྲོལ་མ་དམར་མོ་དང་ལྗང་མོ་བཅས་ཟབ་ཐང་བྱམས་གསར་ཞེས་ གྲགས་པའི་གོས་སྐུ་ཐོག་ཚད་དགུ་མ་དང༌། སློབ་དཔོན་པདྨའི་ཟབ་སྐུ་སྙན་ཟུང་གི་རྒྱན་ གསེར་གུ་གཉིས་ཀྱིས་བྱས་པ་ལྷ་འཁོར་ཆོས་ལོངས་སྤྲུལ་གསུམ་བཅས་གོས་ཐང་ཐོག་ཚད་ 2-1-222 དྲུག་པ་ཅན་དང་གོས་ཐང་ཁྱད་མཚར་བ་སྔ་ཕྱི་གཉིས་ལེགས་བཞེངས་མཛད་དེ་རྒྱུད་སྡེ་དུ་ མའི་སྒོ་ནས་རབ་གནས་ཀྱི་ཆོ་ག་རྒྱ་ཆེར་སྒྲུབ་སྟེ་ངོ་མཚར་བའི་དགེ་མཚན་དང་བཅས་དགའ་ སྟོན་ཡོན་འབུལ་དཔེ་བྲལ་གྱི་མཛད་ཆེན་གནང་ཞིང༌། ཁྱད་པར་ཟབ་ཐང་ཕྱི་མ་ལ་རྡོའི་གྲུབ་ དབང་ཀུན་བཟང་གཞན་ཕན་གྱིས་རབ་གནས་མཛད་པས་དགེ་ལེགས་གྱི་མཚན་མ་མེ་ཏོག་ གི་ཆར་དང་གུ་རུའི་སྐུ་མདངས་ཤ་མདོག་ཏུ་གནས་འགྱུར་ཏེ་ཡོངས་ཀྱི་མཐུན་སྣང་དུ་ངོ་ མཚར་བའི་ལྟས་བཟང་གིས་ལྗོངས་འདིའི་སྐྱེ་དགུའི་ཡིད་ལ་དད་པའི་སྒོ་དབང་མེད་སྤེལ་ ནས་སྣང་བ་ཧ་ལས་པར་གྱུར་ཅིང༌། གསུང་གི་རྟེན་ཡང་རྒྱལ་བ་ཐུབ་པའི་དབང་པོའི་བཀའ་ བོད་དུ་འགྱུར་རོ་ཅོག་ཁམས་སྡེ་དགེའི་མཚལ་སྤར་མ་གླེགས་བམ་བརྒྱ་ཕྲག་ལྷག་གིས་ གཙོས་གསུང་རབ་མང་དག་བཞེངས་པ་དང༌། ཐུགས་རྟེན་ཡང་འཛམ་ཐང་ཆོས་སྡེའི་ནུབ་ཀྱི་ ཆར་དཔལ་གྱི་མཆོད་རྟེན་ཆེན་མོ་ཕྱོགས་རེར་འདོམ་པ་བརྒྱད་རེ་ཡོད་པ་ཆེས་མཐོ་ཁྱད་ ཡོངས་རྫོགས་མཚར་བཀོད་ཅན་གྱི་ནང་གི་རྟེན་ཡང་སེང་ཁྲིའི་ནང་ལྷོ་ནས་རིམ་བཞིན་ལྷ་ ཁང་བཅུ་གཉིས་སུ་འཇིམ་སྐུ་སྟོན་པ་གཙོ་འཁོར་གསུམ་རྒྱན་དྲུག་དང་བཅས་མཐོ་ཁྱད་ རྫོགས་པ། དེ་ནས་ལྷ་ཁང་རེ་རེ་བཞིན་རིམ་པས་ཉེ་བའི་སྲས་བརྒྱད་ཐོག་ཚད་རེ་དང༌། འོད་ དཔག་མེད་གཙོ་འཁོར་གསུམ་དང་སློབ་དཔོན་གཙོ་འཁོར་གསུམ་སོགས་ལུགས་མ་ལེགས་ མཛེས་ཀྱིས་གང་ཞིང༌། དེ་མཚུངས་གྱང་རིས་ཡང་སངས་རྒྱས་ཀྱི་སྐྱེས་རབས། སྒྲོལ་མ་སྤྱན་ རས་གཟིགས་ཀྱི་རིགས་སྣ་ཚོགས་པ། བསམ་ལྷུན་རྣམ་ཐར་སོགས་དང༌། བང་རིམ་དག་གི་ ནང་དུ་སྟོང་སྐུ་མང་པོ་དང་བུམ་པ་བྲེ་བཅས་ཀྱི་ནང་བླ་བརྒྱུད་དང་རྒྱུད་སྡེ་སྣ་ཚོགས་སོགས་ངོ་ མཚར་གྱང་རིས་ཆེས་མང་ཞིང་ཐ་ན་དགོན་འདིའི་ཆགས་ཚུལ་ཡོན་བདག་བཀོད་པ་ཚུན་ཆད་ ཀྱང་ལེགས་འཛོམས་རྒྱས་སྤྲོ་མཛད་པ་མ་ཟད་ནང་གཞུག་རྟེན་གསུམ་ཁྱད་འཕགས་དུ་མ་ གནོད་སྦྱིན་འཁོར་ལོ་བཅས་ཀྱི་སྲོག་ཤིང་ཁྱད་མཚར་ཅན་དང་དངོས་རྫས་ཀྱི་བྱེ་བྲག་སྣ་ 2-1-223 ཚོགས་པའི་མཛོད་དུ་མས་ཕྱུར་བུར་གཏམས་པ་སོགས་སྒོ་ཀུན་ནས་ལེགས་ཆ་རྒྱ་བསྐྱེད་པ་ དང་རབ་གནས་དགའ་སྟོན་ཡོན་འབུལ་སོགས་ཀྱང་གཞི་ཁྱོན་ལེགས་རྫོགས་མཛད་ནས་ འཕྲོས་ཅུང་ཙམ་ཕྱིས་སུ་དྲུང་བ་སྐུ་ཕྲེང་གསུམ་པ་དང་སྐུ་དབོན་སོགས་ཀྱིས་མཐར་རྒྱས་སུ་ གཙང་དག་བྱས་ཤིང་དེ་འདྲའི་རྣམ་དཀར་གྱི་ལེགས་སྒོ་ལ་གང་འབྲེལ་བདེ་བ་ཅན་དུ་སྐྱེ་བའི་ མཚན་མ་བྱུང་བ་སོགས་ཆེས་དགེ་བའི་ལྟས་བཟང་མང་པོ་ཡོད་ཅེས་གྲགས་སྐད། དེ་ལྟར་ མཛད་པ་རྒྱ་ཆེ་བའི་ཆོས་རྗེ་གང་ཉིད་ཀྱི་གདུལ་བྱ་ལྗོངས་འདིར་རེ་ཞིག་རྫོགས་པ་ལ་ཉེ་ སྐབས་ཉིད་དགུང་གྲངས་ཞེ་བརྒྱད་སྟེང་ཤིང་ལུག་ལོར་མགོ་ལོག་ཨ་སྐྱོང་དཔོན་དཔལ་ཆེན་ མགོན་རྔ་བས་སྐུ་བཀྲོངས་པར་བརྟེན་ཆོས་རྗེ་གཤིན་པོ་རྗེས་འཛིན་དུ་གདན་འདྲེན་འོང་ བས་སྔོ ན་ཐ་ཚིག་ཆེ་སྟབས་ཐུགས་མི་མོས་བཞིན་ཕེབས་དགོས་བྱུང༌། དེར་བླ་གྲྭ་འཁོར་ བཅས་བྱོན་ནས་དཔོན་ལ་གཤིན་ཆོག་གི་གནས་འདྲེན་རླབས་ཆེ་བའི་ཐུགས་རྗེས་ཁོ་ཉིད་ལྷ་ གཉན་གཡུ་རྩེའི་འཁོར་དུ་སྐྱེས་ཟིན་པ་སྐད་ཅིག་ལ་གནས་སྤར་བའི་འགྲོ་ཕན་ཆེ་བ་མཛད་ ཅིང་ཤུལ་འདུག་མི་དབང་འཁོར་བཅས་ལ་དབང་བཀའ་ཟབ་མོའི་བྱིན་རླབས་ཀྱི་སྲུང་སྐྱོབ་ དང་བཅས་ཏེ་ཚུར་རང་གནས་སུ་ཕེབས་སྐབས་ལྷ་གཉན་འཁོར་བཅས་ཀྱིས་སྔར་གྱི་མཛད་ པ་ལ་མ་དགའ་བས་འཁུ་ལྡོག་གིས་ཆོས་རྗེ་དཔོན་སློབ་ཚུར་ལམ་སྨྲ་ཆུ་ལ་བརྒལ་སྐབས་ཁོང་ གི་དབོན་ཡོན་ཏན་ཕུན་ཚོགས་ཆུ་སྐྱོན་ལ་ཐེབས་ནས་མཆོད་སྒམ་སོགས་བཅའ་ལག་འགའ་ རེ་ཆུས་ཁྱེར། དེ་རྗེས་ཆོས་རྗེ་འཁོར་བཅས་རྒྱལ་མཚན་ལུང་པར་ཐོན་ཚེ་ཁོང་ཉིད་གློ་བུར་སྐུ་ བསྙུང་ཚུལ་བསྟན་པ་ནས་བཟུང་རིམ་པས་རང་གནས་འཛམ་ཐང་དུ་སླེབས་རྗེས་བླ་གྲྭ་ ཡོངས་ཀྱིས་ཞབས་བརྟན་རྒྱ་ཆེར་ཕུལ་བའང་ཁོང་གིས་ད་ལན་ལས་ཉིད་སྐུ་མི་བཞུགས་པར་ མཁྱེན་ཏེ་ཞལ་ནས་དྲུང་འཁོར་དག་ལ། འབྲོ ང་དར་མའི་སྙིང་དེ་བྱེ་མས་བསྐམ་དུ་བཅུག་ནས་ མཆོད་རྟེན་གྱི་ནང་གཞུག་ཏུ་བཞག་ན་བསྟན་འགྲོའི་དོན་རྒྱ་ཆེར་འབྱུང་བ་རེད། །ཅེས་པའི་ 2-1-224 བརྡ་ཚིག་གིས་ཁོང་ཉིད་ཀྱི་སྐུ་དམར་གདུང་བྱས་ན་བསྟན་འགྲོར་ཕན་པའི་གསུང་ཟུར་དང་ དགོན་གྱི་འཛིན་བདག་སོགས་ཞལ་ཆེམས་འགའ་དང་བཅས་དགོངས་པ་རྫོགས་པའི་ཚུལ་ གྱིས་ཐུགས་དགོངས་ཆོས་ཀྱི་དབྱིངས་དང་དབྱེར་མེད་དུ་གྱུར་ཏེ་འཇའ་འོད་དང་ས་གཡོ་བ་ སོགས་ངོ་མཚར་ལེགས་དགེའི་མཚན་མ་དང་བཅས་སྐུ་མྱ་ངན་ལས་འདའ་ཚུལ་བསྟན་ནོ། །དེ་རྗེས་བླ་གྲྭ་འདུས་སྡེ་མང་པོས་དགོངས་མཆོད་གཟབ་ལྡན་གདུང་བཞུ་སྐབས་མེ་ཏོག་གི་ ཆར་དང་དྲི་བཟང་སོགས་ཀྱི་ལྟས་དང་གདུང་རྟེན་བཅས་རྒྱ་ཆེར་མཛད་ནས་དྲུང་བའི་ཡང་ སྤྲུལ་དང་སྐུ་དབོན་བསྟན་ནོར་སོགས་ཀྱིས་ཆོས་སྲིད་བཟུང་སྟེ་བྱ་བ་གང་དགོས་ལེགས་གྲུབ་ བགྱིས་ཤིང༌། ཆོས་རྗེ་འདི་དང་ཐོག་མཉམ་བོད་ལྗོངས་རྒྱལ་བའི་སྐུ་ཕྲེང་དགུ་བཅུ་གཉིས་ དང༌། བཅུ་གཅིག་པ་འཁྲུངས་ཙམ་དང༌། པཎ་ཆེན་སྐུ་ཕྲེང་བདུན་པ་དང༌། ཀརྨ་ཞྭ་ནག་སྐུ་ ཕྲེང་བཅུ་གསུམ་པ་བདུད་འདུལ་རྡོ་རྗེའི་སྐུ་དུས་དང༌། གོང་མ་ཆིན་ཧན་སོགས་དང༌། ཁམས་ འཛམ་ཐང་འདིར་གཙང་བའི་སྤྲུལ་སྐུ་ཕྲིན་ལས་རྣམ་རྒྱལ་གྱི་ཡང་སྤྲུལ་འཇིགས་མེད་རྣམ་ རྒྱལ་གྱི་སྐུ་ཚེའི་མཇུག་དང༌། དེའི་དངོས་སློབ་གཙང་བ་དགེ་སློང་གི་སྐུ་ཚེ་ཡང་དཀྱིལ་སྨད་ ཙམ་དུ་སླེབས་པ་ནས་བཟུང་རྗེས་སུ་བྱོན་པ་སྒྲུབ་བརྒྱུད་ཀྱི་རྡོ་རྗེ་སློབ་དཔོན་ངག་དབང་ཆོས་ འཕགས་ཞབས་ཀྱི་སྐུ་དུས་ཙམ་དུའང་མངོན་ནོ། ། ༼༨༽ སྐུ་ཕྲེང་བརྒྱད་པ་མི་ཕམ་ཆོས་ཀྱི་བྱམས་པའི་ལོ་རྒྱུས་ནི། དེ་ཡང་མགོ་ལོག་ཡོ་ སྟག་གི་རྨོག་གདོང་ཟེར་བའི་གྲོང་དེར་ཨ་ལྕགས་རིགས་རུས་ཀྱི་བརྒྱུད་པ་སྔགས་འཆང་ ནམ་མཁའ་རང་གྲོལ་ཡབ་ཡུམ་གྱི་སྲས་སུ་ས་ལུག་ལོར་ངོ་མཚར་ལྟས་བཅས་ཆོས་རྗེ་འདི་ སྐུ་འཁྲུངས་པ་ཡིན་ལ། དེ་ནས་རིམ་པས་སྐུ་ན་སོན་སྐབས་འཛམ་ཐང་ཆོས་རྗེའི་སྐུ་སྐྱེས་སུ་ ངོས་འཛིན་དང་བཅས་སྐུ་བདག་གིས་གོང་མའི་གདན་སར་ཆེ་བའི་ཁྲི་སྟོན་བྱས་ཤིང་རིམ་ གྱིས་དགུང་ལོ་བརྒྱད་སླེབ་སྐབས་ཡོངས་འཛིན་རྟོགས་ལྡན་མཁས་མཆོག་གི་དྲུང་ནས་ཀློག་ 2-1-225 ཡིག་སོགས་བསླབས་ཏེ་ཚེགས་མེད་དུ་མཁས་པར་མཁྱེན། དེ་ནས་རེ་ཞིག་གི་ཚེ་རྡོ་རྗེ་འཆང་ བསླབ་གསུམ་མཆོག་གི་དབང་ཕྱུག་སྐྱབས་རྗེ་ངག་དབང་བསམ་གཏན་ཞབས་པ་གང་དྲུང་ དུ་སྡོམ་པ་ཞུ་རུ་ཕེབས་སྐབས། ཁོང་གིས་ཐུགས་དགྱེས་སྤྲོ་ཤིན་ཏུ་རྒྱ་ཆེ་བའི་ངང་སྐུ་ཆས་ ལེགས་པའི་རྟེན་འབྲེ ལ་བཟང་སྒོ་ནས་དགེ་བསྙེན་དང་རབ་བྱུང་གི་སྡོམ་པ་གནང་སྟེ། མཚན་ ངག་དབང་ཆོས་ཀྱི་སེང་གེ་མདོ་རྒྱུད་བསྟན་སྐྱོང་ཞེས་གསོལ། དེ་ནས་བྱང་ཆུབ་སེམས་སྡོམ་ དང༌། གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་སོགས་ཟབ་བཀའ་དུ་མ་གསན། དགུང་ལོ་དགུ་ཙམ་གྱི་ སྟེང་ནས་སྐྱབས་རྗེ་རྡོ་རྗེ་འཆང་དེ་ཉིད་ཀྱི་མདུན་ནས་ཟབ་ལམ་ཡན་ལག་དྲུག་གི་དབང་ལུང་ མན་ངག་བཤད་ཁྲིད་ཡོངས་རྫོགས་དང༌། གཞན་ཡང་ཁོང་གི་ཞལ་ནས། ཁྱོད་བསྟན་པའི་ མངའ་བདག་ཡིན་པས་བཤད་སྒྲུབ་ཀྱི་བསྟན་པ་སྐྱོང་དགོས་ཤིང༌། དེ་ཡང་ཁོ་བོ་ལ་ཡོད་པའི་ དབང་ལུང་མན་ངག་ཁྲིད་རྒྱུན་སོགས་ལེགས་པར་ཉམས་བཞེས་མཛོད་ཅིག གསུངས་ནས་ ཟབ་བཀའ་རྒྱ་ཆེར་བསྩལ། དེ་ལུགས་བཞིན་གྱི་ཉམས་ལེན་གནད་སྨི ན་གྱིས་རྟོགས་པའང་ མཆོག་ཏུ་གྱུར་ཅིང༌། དེ་ནས་དགུང་ལོ་བཅུ་གཅིག་གི་དུས་ཙམ་ན་སྐྱབས་མགོན་རིན་པོ་ཆེས་ དག་ཞིང་གཟིགས་པས་ཆོས་རྗེ་འདིས་གདུང་མཆོད་ཕྱག་སྨོན་གཟབ་ལྡན་དང་གསེར་དངུལ་ གྱིས་གདུང་རྟེན་ཁྲུ་གང་ལེགས་བསྐྲུན་མཛད། དེ་སོགས་འདི་ཕྱོགས་ཀྱི་བཤེས་གཉེན་དུ་མ་ བསྟེན་ནས་ཟབ་བཀའ་མང་དུ་ཞུས། དགུང་ལོ་བཅུ་བཞིའི་སྐབས་དཔོན་སློབ་དང་བཅས་སྡེ་ དགེའི་དཔལ་སྤུངས་སུ་ཕེབས་ནས། འཇམ་མགོན་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་དྲུང་ནས། ཇོ་ནང་རང་ལུགས་ཀྱི་ཆོས་བཀའ་ཅི་རིགས་དང་ཤངས་ཆོས་སོགས་བཀའ་རྙིང་ས་དགེའི་ ཟབ་ཆོས་མང་དུ་ཞུས་ཏེ། མཚན་ཀུན་དགའ་མི་ཕམ་ཆོས་ཀྱི་བྱམས་པ་ཞེས་གསོལ་ནས་ཆོས་ བཀའ་དེ་དག་གི་མངའ་བདག་ཏུ་ལེགས་བསྐོས་མཛད། གཞན་ཡང་མདོ་སྔགས་ཀྱི་གཞུང་ ལུགས་དང་རིག་གནས་ཡང་མང་དུ་གསན་སྦྱང་བྱས་ཤིང༌། དེ་དུས་སུ་ཀུན་མཁྱེན་དོལ་པོ་ 2-1-226 པའི་སྐུ་བརྙན་རྒྱ་ནག་ང་འདྲ་མ་ཁྱད་ལེགས་ཅན་ཁོང་ལ་གནང་སྦྱིན་མཛད་པ་དེ་ད་ལྟ་རྟེན་ ཁྲོད་དུ་ཡོད་བཞིན་པ་དང༌། དེ་སྐབས་སྡེ་དགེ་ཕྱོགས་སུ་ལོ་མང་ཙམ་བཞུགས་ནས་ཞབས་ དྲུང་འཇམ་དབྱངས་མཁྱེན་བརྩེ་དབང་པོའི་སྐུ་མདུན་ནས་ཀྱང་ཆོས་བཀའ་ཟབ་དགུའི་ གདམས་པ་ཆེས་མང་གསན་ཏེ་ཕྱོགས་དེར་བཞུགས་རིང་དུ་དེ་དག་ལ་ཉམས་ལེན་གནད་ ཁེལ་ནན་ཏན་གྱི་སྒོ་ནས་ལེགས་སྒྲུབ་མཛད་རྗེས་འཛམ་ཐང་ཕྱོགས་ནས་དབུ་ཆོས་གཉེར་ བ་མི་རྒྱབ་སོགས་དྲག་བསྡུས་འགའ་ཞིག་ཁོང་བསུ་མར་ཆེད་ཀྱིས་འོང་པར་བརྟེན་རང་ཡུལ་ འཛམ་ཐང་དགོན་དུ་སླར་ལེགས་ཕེབས་མཛད་དེ་དགུང་ལོ་ཉི་ཤུའི་སྟེང་ཙམ་ལ་གོང་མའི་ གདན་ས་འཛིན་བདག་བྱས་ནས་ཆོས་སྲི ད་ཟུང་འབྲེ ལ་སྐྱོང་པའི་ཐུགས་ཁུར་བཞེས་ཏེ་བསྟན་ འགྲོའི་དོན་གྱི་བྱ་བ་རྒྱ་ཆེར་སྤེལ་བའི་སྒོར་ཞུགས་ནས་མཛད་བཟང་དེ་ལུགས་ལྟར་རེ་ཞིག་ ཇི་བཞིན་བསྐྱངས་སྐབས་ཆོས་སྲིད་ལ་ཞབས་འདེགས་མཛད་པ་གནམ་སྐོས་གོང་མ་ཆིན་ ཧྲི་ཀེང་ཤུའི་རྒྱལ་པོ་སྲིད་ཁྲིར་འཁོད་ནས་བགྲང་བྱ་ཉེར་དྲུག་ཙམ་སོང་བའི་དུས་སུ་འཇམ་ དབྱངས་གོང་མས་སྔོན་བཞིན་གྱི་བཀའ་ཡིག་འཇའ་ས་འབྱོར་གནང་གིས་ཆོས་རྗེ་འདི་བ་ལ་ ལེགས་སྐྱེས་འབུལ་སྒོ་མཛད་ཅིང༌། གཞན་ཡང་ཁམས་ཕྱོགས་ཀྱི་ཨ་སྐྱོང་ཁང་རྒན་དཔོན་ཨོ་ རྒྱན་པ་དང༌། གོང་མའི་དཔོན་ཀརྨ་མཐུ་སྟོབས་སོགས་མི་དབང་མང་དག་གིས་ཀྱང་བླ་མར་ བཀུར་ཏེ་བསྟན་པའི་སྦྱིན་བདག་མཛད་ལ། ཆོས་རྗེ་འདི་ཉིད་རིག་གནས་ལ་ཐུགས་དཔྱོད་ རྒྱས་པས་ཕྱག་བདེ་བའི་དབང་གིས་བཟོ་རས་ཁ་གང་ཙམ་གྱི་གཞི་ལ་དུས་ཀྱི་འཁོར་ལོའི་ ཐུགས་གསུང་སྐུ་ཡོངས་རྫོགས་ཀྱི་དཀྱིལ་འཁོར་ཐིག་ཚོན་ལེགས་མཛེས་ཀྱི་བཀོད་པ་ཀུན་ ངོ་མཚར་བའི་གནས་བཞེངས་གྲུབ་བགྱིས་ཤིང༌། དེ་སོགས་རིགས་གནས་བཟོ་ལས་སོགས་ ལ་མཁས་ཁྱད་ཐོན་པ་ཉིད་ཀྱི་གསུང་རྩོམ་ཡང་ཇོ་ནང་རང་ལུགས་ཀྱི་སྔོན་འགྲོ་ངག་འདོན་ གྱི་རིམ་པ་དང༌། གཏོར་མའི་ཆོ་ག་རྒྱུན་ཁྱེར་གྱི་ཚུལ་སོགས་བཀའ་དང་དགོངས་གཏེར་དུ་ 2-1-227 གཏོགས་པ་གླེགས་བམ་གཅིག་ལྷག་ཙམ་ཡོད་ཅིང་གསུང་ཆོས་དེ་དག་ལ་འཇམ་མགོན་ཀོང་ སྤྲུལ་རིན་པོ་ཆེས་ཀྱང་ཐུགས་དགྱེས་སྤྲོ་རྒྱ་ཆེ་བས་བསྔགས་བརྗོད་ལེགས་གནང་མཛད་པ་ སོགས་སྐྱེས་བུ་དམ་པའི་སྤྱོད་བཟང་གིས་བསྟན་འགྲོའི་དོན་རེ་ཞིག་བསྐྱངས་མཐར་ཁོང་ ཉིད་ཆུ་ལུག་དགུང་ལོ་ཉེར་ལྔའི་སྟོད་ཙམ་ན་རྔ་བ་ཕྱི་འབྲོག་སོགས་སུ་ཕེབས་ནས་དེ་ཕྱོགས་ ཀྱི་སེར་སྐྱ་ཡོངས་ལ་ཚེ་དབང་དང་མི་འཁྲུགས་པའི་དབང་སོགས་ཆོས་བཀའ་དུ་མས་འགྲོ་ དོན་མཛད་ཅིང༌། སྐབས་དེར་ཕ་མཐའ་རྡོ་རྗེ་འཆང་དང་ཞལ་འཛོམས་མཛད་ནས་སྐུ་ཕྱོགས་ ཕ་མཐའི་སྒར་དུ་ཆོས་རྗེ་འདི་གདན་འདྲེན་ཞུས་ཏེ་ཕན་ཚུན་ཆོས་ཀྱི་བཀའ་མོལ་ཟབ་ཁྱད་ ཅན་དང་བཅས་ཐུགས་མཉེས་ཆེན་པོའི་སྒོ་ནས་ཟངས་དཀར་བླ་བྲང་ལ་ཆོས་རྗེ་འདིའི་ཡང་ སྤྲུལ་རྗེས་སུ་འཁྲུངས་ངེས་ཀྱི་གནས་གཡར་དང་ཁོང་རྣམ་གཉིས་ད་ལོ་མཉམ་གཤེགས་ཀྱི་ དུས་བགོ་དང་གཞན་ཡང་མཛད་སྒོ་རྒྱ་ཆེ་བའི་ངང་ཞག་འགར་བཞུགས་རྗེས་ཚུར་རང་གནས་ འཛམ་ཐང་དུ་ཕེབས། དེ་ནས་མི་རིང་བར་ཁོང་གིས་ལྗོངས་འདིར་མཛད་པ་རྫོགས་པའི་དུས་ སུ་གཟིགས་ཏེ་སྐུ་དབོན་བསྟན་འཛིན་ནོར་བུ་ཆོས་སྲིད་ཟུང་གི་མངའ་བདག་ཉིད་ཀྱི་རྒྱལ་ ཚབ་ཏུ་བསྐོ་བཞག་མཛད་ནས་སྐུ་ཚེ་ཐ་མའི་བཀའ་འཕྲོས་ཀྱང་ཅི་རིགས་པ་གནང༌། དེ་ནས་ དགུང་ལོ་ཉེར་ལྔའི་སྨད་ཙམ་ན་སྐུ་དབོན་རིན་ཆེན་དཔལ་གྱིས་ཁོང་ལ་ད་ལོ་སྨྲ་རོང་དུ་ནས་ བསོད་ལ་ཕེབས་དགོས་ཚུལ་ཞུས་པ་ན། ཁོང་གི་ཞལ་ནས། ད་ལན་བྱོན་ན་ཚུར་རང་གནས་ སུ་སླེབས་དཀའ་ཚུལ་གྱི་ཡིན་ལུགས་ཡང་ཡང་གསུངས་ཀྱང་སྐུ་དབོན་ནས་བཀའ་ནན་མ་ ཆོག་སྟབས་མི་བྱོན་ཐབས་མེད་བྱུང་བས་དེ་ལྟར་སྨྲ་རོང་ལ་ཕེབས་དགོས་བྱུང་ནས་ཡུལ་དེ་ ཕྱོགས་སུ་ཐོན་ཙམ་ཉིད་ནས་གློ་བུར་དུ་སྐུ་བསྙུན་གྱིས་ཟིན་ཏེ་ཞག་ཤས་ལས་མ་འགོར་བར་ ཡ་མཚན་ལྟས་བཅས་གཟུགས་སྐུའི་མེ་ཏོག་གི་ལང་ཚོ་འཕྲལ་དུ་ཡལ་བར་གྱུར་ཏོ། ། དེ་རྗེས་འདུས་སྡེ་ཡོངས་ནས་དགོངས་མཆོད་གདུང་རྟེན་བཅས་སྒོ་ཀུན་ནས་མི་དམན་ 2-1-228 པའི་ཚོགས་བསགས་ཀྱང་ལེགས་བསྐྲུན་མཛད་ཅིང༌། འདི་དང་ཐོག་མཉམ་བོད་ལྗོངས་ རྒྱལ་བའི་སྐུ་ཕྲེང་བཅུ་གཅིག་པའི་སྨད་དང་བཅུ་གཉིས་པ་དང༌། པཎ་ཆེན་སྐུ་ཕྲེང་བདུན་ པའི་མཇུག་དང་བརྒྱད་པའི་སྐུ་ཚེའི་ཐོག་མ་ཙམ་དང༌། ཀརྨ་ཞྭ་ནག་བཅུ་བཞི་པ་ཐེག་མཆོག་ རྡོ་རྗེའི་སྐུ་དུས་དང༌། གོང་མ་ཆིན་རབས་ཀེང་ཤུའི་རྒྱལ་པོ་སོགས་དང༌། འཛམ་ཐང་འདིར་ གཙང་པའི་གདན་རབས་པ་འཇིགས་མེད་རྣམ་རྒྱལ་གྱི་ཡང་སྤྲུལ་ཚབ་འཇམ་དཔལ་མཐུ་ སྟོབས་རྣམ་རྒྱལ་དང༌། སྒྲུབ་བརྒྱུད་འཛིན་པའི་སློབ་དཔོན་ཀུན་དགའ་དཔལ་ལྡན་ཞབས་ཀྱི་ སྐུ་དུས་ཙམ་ཡིན་ནོ། ། ༼༩༽ སྐུ་ཕྲེང་དགུ་པ་འཇིགས་མེད་དབང་པོའམ་བསྟན་པའི་ཉི་མ་ཞེས་པའི་ལོ་རྒྱུས་ ནི། འདི་ཡང་མདོ་ཁམས་ཤར་ཕྱོགས་རྒྱལ་རོང་ཚ་བ་སོ་མང་རྒྱལ་པོའི་མངའ་ཞབས་ཟངས་ དཀར་བར་མའི་ས་ཆར་གོང་མའི་ལུང་གིས་མངོན་པར་མཐོ་བ་སྐུ་ཕྱོགས་ཕ་མཐའི་གདུང་ རུས་ལས་ཆད་པ་ཡབ་དམུ་དགེ་ནོར་བུ་དང་ཡུམ་བཀྲ་ཤིས་སྐྱིད་གཉིས་ལ་རིགས་སྲས་སྤྲུལ་ སྐུ་གསུམ་དང་ལྕམ་གཅིག་ཡོད་པ་ལས་ན་རིམ་གཉིས་པའི་ཚུལ་དུ་ཤིང་བྱའི་ལོར་ཡབ་ཡུམ་ གྱི་རྨི་ལྟས་ལེགས་པ་སོགས་དང་བཅས་སྐུ་བལྟམས། དེ་ཡང་སྐུ་ན་ཆུང་བའི་དུས་ནས་ཟིལ་ ཆེ་བ་སྨད་ལ་སྟག་ཤམ་གྱི་རི་མོའི་ཤ་མཚན་བཀྲ་བ་ཐུགས་རིག་ཕལ་བ་གཞན་ལས་ཆེས་ དྭངས་པ་ཞིག་སྟེ་ཆུང་མིང་བསྟན་པ་དར་རྒྱས་སུ་གསོལ། སྐུ་མ་བལྟམས་གོང་དུའང་ཕ་ མཐའ་རོལ་པའི་རྡོ་རྗེས་མ་འོངས་ལུང་བསྟན་གྱི་ཚུལ་དུ་སྐུ་སྐྱེས་རིགས་བཟང་དུ་ལུང་གསལ་ བོར་བསྟན། གཞོན་ནུ་བསྐྱེད་བསྲི ང་བའི་སྐབས་སྨྲ་ཤེས་ཙམ་ནས་ང་ཉིད་འཛམ་ཐང་རྨོག་ གདོང་ཆོས་རྗེ་ཡིན་ཚུལ་ཡང་ཡང་གསུངས། དེ་སྐབས་ཁོང་གི་ཐུགས་སྣང་ལ་འཛམ་ཐང་ དགོན་སྤྱི་དང་ཁྱད་པར་ཚེས་བཅུ་སྟོད་ཀྱི་ཕོ་བྲང་བཀྲ་ལམ་དུ་ཝལ་ཝལ་ཤར་བ་བྱུང༌། ཚུལ་ དེ་འཛམ་ཐང་ཆོས་རྗེས་གསན་པས་རྔ་སྟོད་དུ་བྱིས་པ་རིགས་ཅན་ཞིག་ཡོད་པ་དེ་དང་འདི་ 2-1-229 གཉིས་སྐུ་སྐྱེས་གང་ཡིན་གྱི་ཐུགས་བརྟག་རྒེས་གཏེར་ཁྲག་ཐུང་བདུད་འཇོམས་རྡོ་རྗེ་ལ་ཞུས་ ཚེ། གཏེར་སྟོན་ཁོང་གི་ཞལ་ནས། རྔ་སྟོད་ཀྱི་བྱིས་པ་དེ་ལུག་རྫི་ཞིག་འོང་ཤས་ཆེ། ཕ་མཐའི་ སྐུ་སྐྱེས་དེ། རྨ་བྱ་སྔོ ན་མོ་དུག་འཐུང་མ། །དུག་རེ་འཐུང་ན་མདངས་རེ་གསལ། །ཞེས་གཞན་ གྱིས་གནོད་པ་གང་གིས་མི་ཚུགས་པའི་ཆོས་རྗེའི་སྤྲུལ་པའི་སྐུ་སྐྱེས་སུ་ལུང་བསྟན་པ་ལྟར་ འཛམ་ཐང་ཆོས་རྗེ་སྒར་གྱི་སྤྲུལ་དབོན་འགའ་ཤས་སྐུ་བདག་ཏུ་ཐོན་སྐབས་ཆོས་རྗེ་གོང་མའི་ ཕྱག་དྲིལ་ཕྲེང་བ་སོགས་ཇི་བཞིན་ངོས་འཛིན་གསལ་བོས་ཀུན་གྱི་ཡིད་ཆེས་དད་གུས་ངང་སྐུ་ སྐྱེས་མཆོག་ལ་ན་བཟའ་གསོལ། དེ་ནས་རབ་བྱུང་བཅོ་ལྔ་པའི་ནང་ཚན་ལྕགས་ཡོས་ལོར་ དགུང་ལོ་བདུན་སོན་སྐབས་སྤྲུལ་པའི་སྐུ་ཉིད་བླུ་ཡོན་ཆེ་བསུའི་བཀོད་པ་དང་བཅས་ཁང་ དམར་དབོན་བསོད་ནམས་བསྟན་འཛིན་གྲྭ་འཁོར་ཕེབས་ནས་འཛམ་ཐང་ཆོས་རྗེའི་སྒར་དུ་ གདན་འདྲེན་ཞུས་ནས་ཁྲི་སྟོན་རྒྱ་ཆེར་མཛད་སྐབས་ལམ་བར་དུ་མཁར་དགུ་ང་རོ་ཡབ་སྲས། བཀྲ་ཤིས་སྒང་དགོན་གྱི་བླ་གྲྭ་ཡུལ་མི་བཅས་དང༌། རྫོང་འགགས་ས་སྟོད་ཀྱི་དཔོན་སྡེ། བཞག་ཤོད་དགོན་ལྔ་སོགས་ཀྱིས་ཞབས་འདེགས་ཆེ་བཀྱག་གི་བཀུར་སྟི་ལེགས་པའི་སྒོ་ ནས་དེ་ལུགས་ལྟར་གྱི་ཁྲི་འདོན་བྱས། དེ་ནས་དགུང་ལོ་བརྒྱད་སྟེང་ནས་མཁས་པའི་དབང་ པོ་འབྲས་རབ་འབྱམས་པ་དགེ་བཤེས་བློ་བཟང་མཆོག་གྲུབ་རྒྱ་མཚོ་དང༌། སྨན་པ་ཐོགས་ མེད་རྣམ་གཉིས་ཡོངས་འཛིན་དུ་བསྟེན་ཏེ་ཛ་འགོའི་རི་ཁྲོད་དུ་རྒྱུན་བཞུགས་མཛད་ནས་ ཐོག་མར་ཀློག་བྱང་བར་བསླབས་རྗེས་རིམ་པས་ཐོས་བསམ་གྱི་སྒོ་ལ་ཞུགས་ཏེ་སྤྱོད་འཇུག་ སོགས་གཞུང་ལུགས་འགའ་ལ་སྦྱང་བརྩོན་དང༌། རྟ་ཕྱག་ཁྱུང་གསུམ་སོགས་ཀྱི་བྱིན་རླབས་ ཀྱང་ཞུས། དེ་ནས་དགུང་ལོ་བཅུ་གཉིས་ལོར་སྐྱབས་མགོན་སྦྱངས་པ་རིན་པོ་ཆེ་ཀུན་དགའ་ ངེས་དོན་ཞབས་པའི་དྲུང་ནས། ཚངས་སྤྱོད་དགེ་བསྙེན་དང་རབ་བྱུང་གི་སྡོམ་པ་ལེགས་ མནོས་མཛད་ནས། མཚན་ཀུན་དགའ་འཇིགས་མེད་བཤད་སྒྲུབ་བསྟན་པའི་ཉི་མ་ཞེས་ 2-1-230 གསོལ། འདི་སྐབས་ཁྲོ་ཁོ་ལ་གདུལ་བྱ་རེ་ཡང་བྱོན་ནས་མཛད་ཕྲིན་ཆེ་རབ་བྱུང༌། དགུང་ལོ་ བཅུ་གསུམ་སྐབས་འཛོང་བོ་བླ་མ་དང་དྲུང་སྤྲུལ་གཉིས་ཀྱིས་ཞུས་ངོར་སྐྱབས་མགོན་སྦྱངས་ པའི་མདུན་ནས་འདུས་པ་བརྒྱ་ཕྲག་གསུམ་ལྷག་གི་གྲལ་དུ་སྒྲུབས་ཐབས་རིན་འབྱུང་གི་ དབང་བཀའ་ཡོངས་རྫོགས་གསན། དེ་ནས་བཟུང་སྒྲོལ་དཀར་ལ་ཡི་དམ་མཛད་ནས་བསྙེན་ པ་རྒྱུན་བཟླས་དང་ཕྱག་འཚལ་ཉེར་གཅིག་གི་རྒྱུད་ཞལ་འདོན་མཛད་པའི་དབུ་ཚུགས། དེ་ མཚམས་ཤིག་ནས་དགེ་བཤེས་རིན་པོ་ཆེའི་མདུན་ནས། མངོན་མཛོད་རྩ་འགྲེལ། སྡོམ་ གསུམ། རྒྱུ་འབྲས་དབུ་མའི་ཐིག་ལེ་རྩ་འགྲེལ། བླང་དོར་རབ་གསལ། བསེ་བསྡུས། ཕུང་ ལྔ་སོགས་མདོ་ཕྱོགས་སྐོར་འགའ་ཞིག་དང༌། ཁྱད་པར་ཕྱིའི་དུས་འཁོར་ལ་གལ་འགངས་ཆེ་ བ་དཀར་རྩིས་ཀྱི་རིགས། གཟའ་ལྔ། ཉི་ཟླ་གཟའ་འཛིན། གནམ་གྱི་གོ་ལ། རྒྱ་ནག་རྩིས་ཀྱི་ སྒོ་མོ། དབྱངས་འཆར་སོགས་དང༌། བཟོ་དང་སྨན་གྱི་རིགས་སྣ་ཚོགས་ལ་གསན་སྦྱང་མཁས་ པར་མཛད་ཅིང༌། གཞན་ཡང་ཡིག་རིགས་མཁས་པའི་སློབ་དཔོན་དུ་མའི་དྲུང་ནས། སྔ་ཕྱི་ཅི་ རིགས་སུ། ཡིག་རིགས། ལཉྫ། ཝརྟུ། བོད་ཀྱི་ཡིག་ཆེན། ཡིག་འབྲི ང༌། འཁྱུག་ཡིག་སོགས་ ལ་མཁས་པར་བྱས། ཡང་མཚམས་ཤིག་ཏུ་ཀིརྟིའི་ཡོངས་འཛིན་སངས་རྒྱས་ཞེས་པའི་དྲུང་ ནས་ཀྱང༌། རྒྱ་རྩིས། དམག་རྩིས། དབྱངས་འཆར་སོགས་ལ་ཞིབ་རྒྱས་སུ་ཐུགས་སློབ་བྱས་ པས་ཇི་བཞིན་ཁོང་དུ་ཆུད་དོ། །དེ་ནས་དགུང་ལོ་བཅུ་བདུན་གྱི་སྟེང་དུ་དགེ་བཤེས་རིན་པོ་ ཆེས་ཞུ་གྲོགས་མཛད་ནས་སྦྱངས་པ་སྐྱབས་མགོན་རྡོ་རྗེ་འཆང་གི་མདུན་དྲུང་དུ། དུས་ཀྱི་ འཁོར་ལོའི་རྫོགས་རིམ་ཡན་ལག་དྲུག་གི་ཟབ་བཀའ་སྨིན་བྱེད་སྔོན་དུ་འགྲོ་བའི་སྒོ་ནས་ ཁྲིད་མཐོང་བ་དོན་ལྡན། ལྷ་ཐབས་འོད་བརྒྱ་འབར་བ། རྣམ་བཤད་ཟུང་འཇུག་རབ་གསལ་ སོགས་ཀྱི་ཆོས་ཁྲིད་ཆེ་བ་དང་བཅས་རང་ལུགས་ཀྱི་ཟབ་ཆོས་ལེགས་ཞུ་མཛད་ནས་རི་ཁྲོད་ དུ་དགེ་བཤེས་རིན་པོ་ཆེ་དང་མཉམ་དུ་བཞུགས་ནས་གོང་མའི་ཕྱག་བཞེས་བཞིན་ཉམས་ 2-1-231 ལེན་མཛད་སྐབས་ཉམས་རྟོགས་ཀྱང་བཟང་རབ་བྱུང་བས་ཐུགས་མངོན་ཤེས་གསལ་སྣང་ གིས་འཛམ་ཐང་སྒར་ནས་གྲོ་སྐྱེལ་འོང་བ་དང༌། དགེ་བཤེས་ཁོང་ལ་བར་སྐབས་ཉེར་མཁོ་ དགོས་པ་རེ་ཡོད་པ་ཚུན་ཆད་སོགས་ལྐོག་གྱུར་འགའ་ཞིག་མངོན་མཁྱེན་གསལ་བོ་བྱུང་བའི་ ལོ་རྒྱུས་ཡོད། དེ་ལྟར་རྣལ་འབྱོར་ཡན་ལག་དྲུག་གི་ཉམས་བཞེས་མཛད་རྗེས་ནས་ཁོང་གི་ སྤྱན་ཅུང་ཙམ་བསྙུང་རྐྱེན་གྲྭ་འཁོར་དང་བཅས་རང་ཡུལ་ཟངས་དཀར་དུ་བྱོན་ནས་རེ་ཞིག་ ཙམ་བཞུགས། དེ་ནས་རྔ་ཡུལ་ཁ་ཤས་དགོན་དུ་ཕེབས་ནས་ཉིད་ཀྱི་སྐུ་ཞང་བླ་མ་དམ་པ་ཕ་ མཐའ་ཆོས་རྒྱན་གྱི་དྲུང་ནས་ཟབ་མོ་གཅོད་སྐོར་ཡོངས་རྫོགས་ཀྱི་ཆོས་བཀའ་ཞུས་ནས་དེར་ ཚོགས་བརྒྱ་ལ་ཉམས་ལེན་ཕྱག་སྲོལ་ཇི་བཞིན་ལེགས་གྲུབ་བགྱིས་ཏེ་གཉན་ས་ཆུ་མིག་ཀྱང་ མང་དུ་འགྲིམ་པར་མཛད་ནས་ལྷོ ང་ཚད་དུ་མ་བྱུང་བའི་ལོ་རྒྱུས་བཤད་སྲོ ལ་ཡང་གདའ། དེ་ནས་དགུང་ལོ་ཉེར་གཉིས་ཀྱི་དུས་ན་ཁོང་ཉིད་ཆོས་རྗེ་སྒར་གྱི་ཐོབ་དབང་གི་ཆོས་ སྲིད་ལ་ཇི་བཞིན་བདག་གིར་མཛད་པའི་མངའ་བདག་ཏུ་མི་ཕམ་འཇིགས་མེད་དབང་པོའི་ མཚན་གྱི་སྙན་པ་ཕྱོགས་སུ་རྒྱས་བཞིན་འདེམ་བསྐོས་བྱས་ནས་སྔོ ན་གྱི་གནམ་སྐོས་གོང་མའི་ བཀའ་ཐོབ་འཇའ་ས་སོགས་དང་བཅས་ཆབ་སྲིད་ཡོངས་རྫོགས་ལ་དབང་བསྒྱུར་བའི་འགོ་ ཚུགས་པ་སྟེ། འདི་ལོ་ནས་ཁང་གསར་མགོན་ཁང་དུ་གུར་མགོན་གྱི་འདྲ་སྐུ་ཐོག་ཚད་མ་ལྷ་ བཟོ་ལྷ་མཆོག་ལ་བཞེངས་སུ་བཅུག་ནས་རབ་གནས་དགའ་སྟོན་ཡོན་རྫོངས་ལེགས་བགྱིས་ མཛད། ལོ་འདིའི་ཟླ་བ་བདུན་པའི་ཉེར་བརྒྱད་ཉིན་སྦྱངས་པ་སྐྱབས་མགོན་གྱི་གཟུགས་སྐུ་ ཆོས་དབྱིངས་སུ་བསྡུས་པའི་དགོངས་མཆོད་གཟབ་ལྡན་འདྲ་སྐུ་གསེར་ཚོན་མ་དང་བཅས་ ལེགས་གྲུབ་མཛད་ཅིང་འདི་ལོར་སྨྲ་རོང་ཕྱོགས་ཀྱི་དཔོན་སྡེ་ལ་གདུལ་བྱར་བྱོན་ཏེ་འགྲོ་ཕན་ ཀྱང་ཆེ་བ་བྱུང༌། དགུང་ལོ་ཉེར་གསུམ་པར་སྦྱངས་པའི་དངུལ་གདུང་ཐོག་ཚད་དུ་ལོངས་པ་ བཞེངས་ཤིང་ལོ་ཕྱི་མར་རབ་གནས་དགའ་སྟོན་རྒྱ་ཆེ་བས་མཐའ་རྒྱས་བྱས་ཤིང་འདི་ལོར་མ་ 2-1-232 ཧཱ་ཙི་ནའི་རྩིས་ཀྱི་ཚུལ་ལ་འཇུག་པ་ཞེས་པའི་རྩིས་གཞུང་ཡང་བརྩམས། དགུང་ལོ་ཉེར་ལྔ་པ་ནས་ལོ་བསྟར་གྱི་སྐར་རྩིས་དང་རྩིས་མགོ་བསྐུང་ནས་རྩིས་ཁོག་ བརྩམ་པའི་དབུ་བཟུང་ཞིང་འདི་ལོར་ཁང་གསར་ར་ནང་དུ་ཕུར་བའི་དུང་འཁོར་ཁང་པ་ བཅས་བཞེངས་དགོས་པའི་བཀོད་འདོམས་མཛད། དགུང་ལོ་ཉེར་དྲུག་པར་དབྱངས་འཆར་ སོགས་རྩིས་སྐོར་ཁ་གསལ་ཅན་རེ་བསྒྲིགས་ཤིང་དེའི་ཕྱི་ལོར་ཆོས་རྗེའི་བླ་བྲང་ཞེས་པའི་ བྱམས་ཁང་ཞིག་གསོའི་མགོ་བཟུང་སྟེ་རིམ་གྱིས་ཕྱི་བཀོད་ལེགས་གྲུབ་བགྱིས་པའི་ནང་དུ་ དགུང་ལོ་ཉེར་དགུ་སྐོར་ནས་གྱང་རིས་བླ་རྒྱུད་དང༌། རྒྱུད་སྡེ་སྣ་ཚོགས་སྨན་བླའི་ཞིང་བཀོད། བདེ་ཆེན་ཞིང་བཀོད། རས་རིས་མཐོང་བ་དོན་ལྡན། སངས་རྒྱས་རབས་བདུན། ལྟུང་ བཤགས་ཀྱི་ལྷ་སོ་ལྔ། ཆོས་སྐྱོང་ཆ་ཚང་སོགས་དང༌། ལུགས་མ་འཇིམ་སྐུ་བྱམས་པ་ཐོག་ཚད་ གསུམ་མ་གསར་བཞེངས་དང༌། དུས་གསུམ་སངས་རྒྱས་ཞིག་གསོས་སོགས་ལྷ་ཁང་འདིའི་ ནང་དུ་སྔ་ཕྱི་ཅི་རིགས་སུ་རྟེན་བཞེངས་ཆེས་མང་མཛད་ཅིང་རབ་གནས་དགའ་སྟོན་སོགས་ དང་བཅས་ནས་སོ། ། དགུང་ལོ་སུམ་ཅུ་སྐོར་དགེ་བཤེས་རིན་པོ་ཆེ་དག་ཞིང་གཟིགས་ནས་ཕྱག་མཆོད་གཟབ་ སྨོན་དང་ཁོང་གྲྭ་འཁོར་ཐུགས་ཆེན་གནས་མཇལ་ལ་ཕྱིན་ནས་ཕྱག་མཆོད་སོགས་ཀྱང་ བགྱིས་ཤིང་དེའི་ཕྱི་ལོར་ཉིད་ཀྱི་སྐུ་བསྙུང་བས་དངོས་རྫས་ཡོད་ཚད་ཀྱིས་ཞབས་བརྟན་རྒྱ་ ཆེར་བསྒྲུབས། འདི་ལོར་སྒྲུབ་ཁང་གོང་དུ་སྤོས། དགུང་ལོ་སོ་གཉིས་སྐོར་གཙང་བ་གྲུབ་ཆེན་ བྱམས་པ་ཆོས་འཛིན་གྱི་མདུན་དུ་ཕེབས་ནས་ཟླ་ཤས་བཞུགས་སྐབས། གྲུབ་ཆེན་གྱི་ཞལ་ ནས། ཆོས་རྗེ་ལ། ཁྱེད་ཀྱི་ཕྲག་པ་གཡོན་སྟེང་དུ་ཛམ་ལྷ་ནག་པོའི་སྐུ་བཞུགས་པར་མཐོང་ བས་ཆེས་ངོ་མཚར་བ་ཅན་དང༌། རྒྱལ་བ་སེང་གེ་དང་ཁོང་གི་བླ་མ་ཕ་མཐའ་རོལ་པའི་རྡོ་རྗེ་ གཉིས་ཀའི་ངོ་བོ་ཁྱེད་ཡིན་པས་ཁོ་བོས་ཁྱེད་ཀྱི་སྐུ་བསྙུང་ལ་ཕན་ལོས་ཐོགས། གསུངས་ 2-1-233 ནས་དེར་བཞུགས་རིང་དུ་ལྗགས་སྔགས་འདེབས་བཞིན་མཚོན་བཅོས་རེ་ཡང་བྱས་པས་ ཉིན་ཅིག་ནད་མང་ཙམ་སྐྱུགས་པས་ཕན་པ་དགའ་རབ་བྱུང༌། དེ་ནས་ཚུར་རང་གནས་སུ་ ཕེབས་ནས་ཁང་གསར་དུ་བཞུགས་སྐབས་ཤིག་ལ་ནུབ་ཅིག་ཁོང་གི་རྨི་ལམ་དུ་བན་དེ་ཞིག་ གིས་ཁྱེད་བྱོན་རན་ཟེར་བས་ཁོང་ཉིད་ག་ཤེད་དུ་འགྲོ་སྣང་ཤར་བ་ན་རེ་ཞིག་ནས་བླ་མ་ཞིག་ གིས་བྱོན་རྒྱུ་མིན་ཟེར་བས་ཁོང་ཉིད་རང་གནས་ཁྲི་སྟེང་དུ་བཞུགས་སྐབས་བླ་མ་དེས་ཁྱོད་ ཀྱིས་འཇིགས་བྱེད་སྒོ མས་ལ་སྡོད་ཅིག ཟེར་ནས་ཉིད་ཀྱི་གཟིམས་ཆུང་སྒོ་ལྕགས་རྒྱབ་སོང་ བ་ཞིག་རྨིས་པའི་རྐྱེན་གྱིས་དབོན་དམ་པ་འགྱུར་མེད་ཀྱི་མདུན་ནས། འཇིགས་བྱེད་མངོན་ རྟོགས་འབྲུ་ནོན་དང་རྟ་མགྲིན་གྱི་ཁྲིད་གསན་ཏེ་དགེ་འཕེལ་རི་ཁྲོད་དུ་བསྙེན་ཚད་སྦྱིན་སྲེག་ ཁ་སྐོང་རྒྱས་པ་བཅས་ཀྱིས་ལེགས་གྲུབ་མཛད་པས་གནོད་བྱེད་ཐུལ་བའི་རྟགས་མཚན་བྱུང༌། དགུང་ལོ་སོ་གསུམ་སྐོར་སྐུ་དབོན་རིན་ཆེན་དཔལ་སྐུ་གྲོངས་པའི་རྗེས་སྒྲུབ་དགོངས་རྫོགས་ རྒྱ་ཆེར་མཛད་ཅིང་དེ་རྗེས་ལོ་དེར་བླ་བྲང་དུ་རྟ་མགྲིན་བསྙེན་ཚད་ཁ་སྐོང་སྦྱིན་སྲེག་བཅས་ གྲུབ་ཟིན་པ་ན་སླར་ཡང་དབོན་དམ་པའི་དྲུང་ནས་རྭ་བའི་མན་ངག་འཇིགས་བྱེད་སྙན་བརྒྱུད་ ཀྱི་ཁྲིད་ཞུས་ནས་མུ་རྡིའི་ལུང་འཁྱོགས་ནང་དུ་སྙན་བརྒྱུད་དམིགས་སྐོར་ཉེར་ལྔ་ཡན་ཚང་ བར་དུ་བཞུགས་ཤིང་ཁ་སྐོང་བཅས་ཀྱིས་མཐའ་རྒྱས་སུ་གྲུབ་ཅིང་དེའི་ཕྱི་ལོར་དབོན་དམ་ པའི་དྲུང་ནས་ཕུར་བ་འཁོན་ལུགས་སྟོད་ལས་ཀྱི་དབང་དང་བཅས་སྤྲོས་མེད་བསྙེན་རྐྱང་གི་ ཁྲིད་དང༌། འབྱུང་འདུལ་སོགས་ཀྱི་ཁྲིད་ལེགས་པར་མནོས་ཏེ་ལོ་དེར་དེ་དག་གི་བསྙེན་ཚད་ ཀྱང་ལེགས་པར་བཏང༌། འདི་སྐོར་ཞིག་ཏུ་བྲག་དཀར་སྐུ་ཕྱོགས་བྱོན་པའི་མདུན་ནས་དུས་ འཁོར་བསྡུས་རྒྱུད་ཀྱི་བཀླག་ལུང་གསན། ཁོང་ལ་བཀའ་འགྱུར་ཡི་གེ་བླུ་རྒྱུའི་ཐོ་ཐབས་བྱོལ་ བས་རྗེས་སོར་བཀའ་ཆོས་སྡེ་དགེའི་མཚལ་པར་ཆེས་ཁྱད་དུ་འཕགས་པ་དེ་གདན་འདྲེན་ ལེགས་བཞུགས་མཛད་པའི་སྐལ་བཟང་ཐོབ། དེ་རྗེས་ཤིག་ཏུ་སླར་ཡང་ཆོས་རྗེ་གྲྭ་འཁོར་ 2-1-234 བཅས་གཙང་གྲུབ་མདུན་དུ་བྱོན་སྐབས་གྲུབ་ཆེན་གྱི་ཞལ་ནས་ཁོང་གི་རྩ་བའི་བླ་མའི་སྐུ་ གེགས་སེལ་བས་སྐྱིད་དགའ་ཞེས་གསུངས་ནས་དགྱེས་སྤྲོ་ཆེན་པོ་མཛད་བཞིན་ཉིན་གཅིག་ ཁོང་དང་ཆོས་རྗེ་གཉིས་ཉེན་སྐོར་གྱི་རི་ལུང་ཞིག་ཏུ་ཕེབས་ཏེ་གྲུབ་ཆེན་གྱིས་ཆོས་རྗེ་ལ་ཁྱེད་ འདིར་སྡོད་ཅིག་གསུངས་ནས་ཁོང་ཉིད་བྱོན་སོང་འཕྲལ་བྲག་ཕ་བོང་ཞིག་རྦབ་ཀྱི་ཚུལ་དུ་ ཆོས་རྗེའི་དབུ་ཐད་ཙམ་ཐོན་བྱུང་བ་ན་ཆོས་རྗེ་ཉིད་ཀྱིས་ཐུགས་གཡོ་མེད་ཀྱིས་བག་ཚ་བ་ མེད་པར་སྐུ་གཟན་བརྡབ་པས་དེ་མ་ཐག་བྲག་རྡོ་ཆེན་པོ་དེ་སིལ་བུར་འཐོར་སོང་ཚེ་གྲུབ་ ཆེན་ཕེབས་ནས་ཆོས་རྗེ་ལ་ནུས་མཐུ་ཁོང་དང་འདྲ་ངེས་ཀྱི་ཆེ་བསྔགས་མཛད་པའི་ལོ་རྒྱུས་ ཡོད། དེ་ནས་ཆོས་རྗེ་འཁོར་བཅས་གྲུབ་ཆེན་གྱི་མདུན་ནས་ཚུར་བྱོན་ཁར་གྲུབ་ཆེན་མཆོག་ གི་སྙན་རྒྱན་དུང་གི་ཨ་ལུང་འཁོར་མོ་ངོ་མཚར་འཕྲུལ་ཆེན་བློར་ཤོང་དཀའ་བས་གནང་སྦྱིན་ དང་བཅས་རང་ཡུལ་འཛམ་ཐང་དུ་ཕེབས། དགུང་ལོ་སོ་ལྔ་པར་ཁོང་གིས་སྔར་གདན་དྲངས་ པའི་བཀའ་ཆོས་ཀྱི་ཡི་གེའི་ཞལ་ཁེབ་གླེགས་ཤིང་གདུང་དར་སོགས་ཀྱི་ཞབས་འདེགས་ ལེགས་བྱས་དང༌། དབོན་དམ་པ་འགྱུར་མེད་ཀྱི་མདུན་ནས་དགོངས་གཏེར་སྒྲོལ་མ་དམར་ མོའི་དབང་སོགས་ཞུས་ཤིང་དེའི་ཕྱི་ལོར་དགེ་འཕེལ་རི་ཁྲོད་དུ་བསྙེན་སྒྲུབ་ཚད་ལྡན་མཛད་ ཅིང་འདིའི་ཕྱི་ལོ་ཙམ་ན་རྩིས་སྐོར་ཟླ་ཉི་གཟའ་འཛིན་ས་གླང་བརྟག་ཚུལ་སོགས་པོ་ཏི་བཞིར་ ལོངས་པ་ཙམ་ལས་ཕལ་ཆེར་ལེགས་གྲུབ་ཟིན་པའི་དུས་དང༌། དགུང་ལོ་ཞེ་གཅིག་ཏུ་ཁང་ གསར་ཕོ་བྲང་ནུབ་ངོས་གསར་བཞེངས་ཀྱི་མགོ་བཟུང་བ་ནས་ལོ་དྲུག་གི་རིང་ཙམ་ལ་གསེར་ ཁང་ཁྱད་བཀོད་ཅན་ལེགས་བཞེངས་དང༌། ཁང་དམར་རྡོ་རྗེ་སློབ་དཔོན་ཀུན་དགའ་ཕུན་ ཚོགས་དང་བསོད་ནམས་ཞབས་པ་རིམ་པས་བརྗེ་བསྐོས་སོགས་ཆོས་ལྡན་གྱི་བྱ་བ་རྒྱ་ཆེར་ མཛད། དགུང་ལོ་ཞེ་བདུན་པར་ལྷ་སར་འདུ་ཁང་སྔར་ལས་གསར་བཞེངས་དང་སྦྱངས་པ་མ་ འདས་མཆོག་སྤྲུལ་གྱི་གཟིམ་ཁང་བཅས་ལ་ཞལ་བཀོད་མགོ་འཛིན་དང༌། དེའི་ཕྱི་ལོར་ཁང་ 2-1-235 གསར་གསེར་ཁང་བཟོ་བཀོད་ལེགས་གྲུབ་ཀྱི་དུས་གསེར་ཚོན་སྤུས་བཟང༌། ནང་གི་རྟེན་ གསུམ་ཁྱད་མཚར་ཅན་དུ་མ་ཡ་མཚན་པའི་མཆོད་བཀོད་བཅས་སོགས་རྣམ་དཀར་མཛད་སྒོ་ རྒྱ་ཆེ་ཞིང༌། དགུང་ལོ་ལྔ་བཅུའི་སྐོར་དུ་དུས་ཀྱི་དམར་དམག་རྒྱང་བསྐྱོད་སྐབས་ཆོས་རྗེ་འདི་ ཉིད་ལུགས་གཉིས་གང་ཐད་ལ་ཆེས་མཁས་པས་བསྲུང་རིམ་དང་འགྲོ་ལུགས་གང་གི་ཕྱོགས་ ནས་ཉེན་ཁ་ཆེར་མེད་ཅིང་ཝ་ཤུལ་ཁྲོ་ཁོ་ཕྱོགས་སུ་བྱོན་ནས་གདུལ་བྱའི་མཛད་སྒོ་ཡང་མི་ དམན་པ་བྱས་ཏེ་མཐར་རང་གནས་འཛམ་ཐང་དུ་བདེ་བར་བཞུགས་པའི་སྐལ་བ་བྱུང༌། དགུང་ལོ་ང་བཞི་པར་སྤྱན་གཟིགས་ཀྱི་རྣམ་འཕྲུལ་མ་ཎི་བླ་མ་པདྨ་སིདྡྷི་འཛམ་ཐང་དུ་ཕེབས་ པའི་ཆོས་འཚོགས་ཆེ་བར་ཆོས་རྗེ་འདི་ཉིད་ནས་དད་གུས་བཀུར་སྟི་རྒྱ་ཆེ་བ་དང་བཅས་ བླ་མར་བཀུར་བཞིན་ཟབ་ཆོས་མང་པོ་ལེགས་ཞུ་མཛད་པ་ནས་བཟུང་རྟག་པར་འདྲེན་པ་ མཆོག་ཏུ་ཁུར་ཞིང༌། དེའི་ཡང་ལོ་ཕྱི་མར་མ་ཎི་བླ་མ་ན་ཐང་དུ་ཕེབས་སྐབས་ཀྱང་ཆོས་རྗེ་གང་ གིས་ཆོས་མང་ཞུས་ནས་སླར་ཡང་འཛམ་ཐང་དུ་གདན་འདྲེན་མཛད་དེ་མ་ཎིའི་ཆོས་འཚོགས་ ཀྱང་མཛད། དགུང་ལོ་ང་བརྒྱད་སྐབས་སྦྱངས་པ་མཆོག་སྤྲུལ་གྱིས་དོལ་པོའི་འདྲ་སྐུ་ཟངས་ གསེར་ལས་བསྐྲུན་དུས་ཀྱི་གསེར་ཉོ་བ་ཆོམ་པོས་བཅོམ་པ་སོགས་ཀྱི་ཐད་ཆོས་རྗེ་རྔ་ཁོག་ཏུ་ བྱོན་ལམ་སྨྲ་ཆུའི་ཕར་འགྲམ་ཨརྒམ་ཞེས་པར་ཚ་གྲོ་འདེབས་སྐབས་གློ་བུར་སེར་སྤྲིན་ཆེར་ འཁྲིགས་ཀྱིས་སེར་བ་དྲག་པོ་འབེབས་པར་ཆས་ཚེ་ཁོང་ཉིད་གཟིམས་པའི་ཚུལ་གྱིས་ཐུགས་ དགོངས་གཏད་ཙམ་གྱིས་དེ་ཕྱོགས་རི་ལུང་ཀུན་ལ་སེར་བ་གངས་རིམ་ཆགས་པ་བཞིན་ཆེར་ བབས་ཀྱང་ཁོང་དཔོན་སློབ་ཀྱི་སྟེང་ཙམ་ཁོ་ནར་ཟིལ་ཆར་འཇམ་པོ་ལས་སེར་བ་ཤུགས་དྲག་ ཀུན་ནས་འཕྲལ་དུ་བཟློག་པར་མཛད་པས་སྐུ་འཁོར་དག་གིས་ངོ་མཚར་ཞིང་ཁོང་གི་ཐུགས་ སྣང་ངོར་སྔར་གསེར་ཉོ་མཁན་ཇག་པས་བསད་པ་མི་མིན་གཞི་བདག་གི་གཟུགས་སུ་དེར་ ཇི་བཞིན་གཟིགས་ཤིང་རྗེས་ནས་གཅོད་དང་འཕོ་དམིགས་ཀྱིས་གནས་འདྲེན་ཀྱང་མཛད་ 2-1-236 པ་སོགས་གཞན་ཕལ་བ་ལས་ཁྱད་པར་དུ་འཕགས་པའི་མཛད་པ་ཆེས་མང་ལ། དགུང་ལོ་ དྲུག་ཅུ་སྐོར་སླར་ཡང་གཙང་བ་གྲུབ་ཆེན་མཇལ་ཆེད་ཕེབས་སྐབས་གྲུབ་ཆེན་གྱིས་དེང་དུས་ སུ་སེར་སྐྱ་ཡོངས་ལ་གཉན་ནད་ཀྱི་ཁ་གནོན་སེང་གེ་སྒྲའི་དུང་འཁོར་དང་ནཱ་ག་རཀྴའི་བསྐྱེད་ བཟླས་གལ་ཆེ་ཚུལ་གསུངས་པ་ལྟར་ཆོས་རྗེ་ཁོང་གིས་འབངས་སྡེ་ཡོངས་ལ་དེ་ལུགས་ལྟར་ གྱི་དུང་འཁོར་གཉིས་སོགས་རྣམ་དཀར་བྱ་བ་བསྲུང་རིམ་གང་དགོས་ལེགས་སྒྲུབ་བྱེད་དུ་ བཅུག་པའི་འགྲོ་ཕན་སྤེལ་བར་མཛད་ཅིང༌། འདི་སྐོར་དུའང་བླ་མ་པདྨ་སིདྡྷིའི་འཛམ་ཐང་ དུ་མ་ཎིའི་འཚོགས་ཆོས་སྐབས་ཁོང་ནས་ལེགས་ཞུའི་བརྩི་བཀུར་བྱས། དགུང་ལོ་རེ་གཅིག་ སྐོར་ལའང་བླ་མ་འོད་ཟེར་ཁྲོ་ཁོ་བླ་ཚབ་ཏུ་མངགས་ཤིང་ལོ་རྗེས་མའི་ནང་ཙམ་དུ་ཁོང་ཉིད་ གཙང་གྲུབ་མདུན་དྲུང་དུའང་ཞལ་མཇལ་གསུང་ཐོས་ལ་དད་མོས་ཀྱིས་ཕེབས་ནས་རེ་ཞིག་ ཙམ་བཞུགས་ལ། འདི་ལོར་དྲུང་དཀའ་བཞི་པའི་ཡང་སྤྲུལ་ལྔ་པ་ཀུན་དགའ་རིན་ཆེན་དཔལ་ གྱི་སྙིང་པོ་ཁྲི་འདོན་དང་དེའི་ཡོངས་འཛིན་བསྐོ་བཞག་དང་གྲྭ་མང་གི་རྒྱལ་ཆེན་སྡེ་བཞིའི་ བྲི ས་ཐང་བཞེངས་པའི་ཞལ་བཀོད་སོགས་མཛད། དགུང་ལོ་རེ་གསུམ་སྐབས་ཁང་དམར་ དབོན་རྒན་གཤེགས་པའི་དགོངས་བཀྲོལ་ཁྲུས་ཆོག་མཛད་ཅིང་དེ་ལོའི་རྒྱ་ཁྲི་བཅུའི་དམག་ གི་དུས་ཟིང་བྱུང་བ་ན་ཆོས་རྗེ་ཉིད་ཀྱིས་མཛད་སྒོ་གང་ཐད་ནས་རང་གཞན་ལ་ཕན་བདེས་ཞི་ འཇགས་བྱས་ཤིང་ཁང་དམར་རྡོ་རྗེ་སློབ་དཔོན་སྐུ་གཤེགས་པས་དེའི་དགོངས་མཆོད་ཀྱང་ རྒྱ་ཆེར་བསྒྲུབས། དེའི་ཕྱི་ལོར་ཁང་དམར་རྡོ་རྗེ་སློབ་དཔོན་དབོན་ཡོན་ཏན་རྒྱ་མཚོ་དང་སྨན་ པ་བླ་མ་དཀོན་འཕེལ་གཉིས་རིམ་པས་ལོ་གསུམ་རེར་བསྐོ་བཞག་དང་འདུས་སྡེ་ཡོངས་ནས་ སྲུང་རིམ་རྒྱ་ཆེ་བའི་བཀོད་འདོམས་དང་ཆོས་སྐྱོང་རྒྱལ་ཆེན་སྐུ་ལྔའི་གཟབ་ཐང་གསེར་བྲིས་ མ་སྤུས་ལེགས་ཤིག་ཀྱང་བཞེངས་གྲུབ་མཛད་ཅིང་འདི་ལོར་དུང་དཀར་དགོན་ནས་མཆོག་ སྤྲུལ་ངེས་དོན་རྒྱ་མཚོ་དང་མ་ཎི་བླ་མ་པདྨ་བདེ་ཆེན་གྲྭ་འཁོར་བཅས་ལེགས་ཕེབས་མཛད་ 2-1-237 ནས་འཛམ་ཐང་དུ་མཆོག་སྤྲུལ་རིན་པོ་ཆེའི་གསུང་དབྱངས་དྲུག་འགྱུར་གྱི་མཛད་པ་རླབས་ ཆེ་བས་རྒྱལ་བའི་བཀའ་འགྱུར་རོ་ཅོག་གི་བཀླག་ལུང་ཡོངས་རྫོགས་བཀའ་དྲིན་དུ་མཛད་ སྐབས་ཆོས་རྗེ་འདི་ཉིད་ཀྱིས་དད་གུས་ཆེ་བས་བཀའ་ལུང་མཐའ་དག་ལེགས་གསན་བྱས་ཏེ་ འདི་སྐོར་ཞིག་ཏུ་རྔ་བའི་ཀིརྟིའི་ཆོས་སྐྱོང་རྒྱལ་པོས་མིའི་གཟུགས་བཟུང་ནས་དངོས་སུ་གོས་ ཆེན་གྱི་ན་བཟའ་ལེགས་པོ་བཟོས་ཏེ་ཆོས་རྗེ་ལ་ཕུལ་བར་གྲགས་སྐད། དགུང་ལོ་རེ་ལྔ་པའི་སྐབས་ཤིག་ལ་རྭ་རྫོང་སྟོབས་ལྡན་ཤི་བའི་ཁྲུས་ཆོག་མཛད་དུས་སུ་ ཆོས་རྗེ་ཉིད་ཀྱི་ཐུགས་དགོངས་སུ་ཉེ་འཁོར་ན་ཡོད་པའི་མི་ཞིག་གི་སོ་ན་བའི་རྐྱེན་གྱིས་ཁོང་ ལ་བྱིན་རླབས་ཞུ་སྙམ་ཡོད་ཚེ་དེ་མ་ཐག་ཇི་བཞིན་མཁྱེན་ཏེ་ཉིད་ཀྱིས་ལྗགས་སྔགས་བཏབ་ པ་ཙམ་གྱིས་སོ་ནད་འཕྲལ་དུ་སངས་ཁྱེར་བྱས་པ་སོགས་དེ་འདྲའི་ཁྱད་འཕགས་ཀྱི་མཛད་སྒོ་ ཡང་འགའ་རེའི་ལོ་རྒྱུས་ཡོད་ཅིང་ལོ་འདིར་མཆོག་སྤྲུལ་ངེས་དོན་རྒྱ་མཚོ་སླར་ཆོས་རྗེའི་སྐུ་ དྲུང་དུ་ཕེབས་སྐབས་ཉིད་ཀྱིས་མཛད་པའི་རྒྱལ་ཆེན་སྐུ་ལྔ་དང་དམ་ཅན་བསྟོད་གསོལ་སྐོར་ སོགས་མཆོག་སྤྲུལ་གྱིས་གཟིགས་པས་ཐུགས་ངོ་མཚར་བས་དགོངས་གཏེར་ཚད་ལྡན་གྱི་ ཆེ་བསྔགས་ཀྱང་མཛད་ལ། འདི་སྐོར་དབོན་བསོད་ནམས་གྲགས་པ་ཆེར་བསྙུང་ཚབས་ཆེ་ བ་ལ་ཆོས་རྗེ་ཁོང་གིས་ཐུགས་རྗེ་ཆེན་པོའི་རྗེས་གནང་མཛད་པས་ཟླ་གསུམ་ཙམ་ལ་བསྙུང་ ཟུག་ཞི་བའི་བདེ་སྐབས་སུ་གནས་ཤིང༌། འདིའི་ཕྱི་ལོར་དགོན་སྡེའི་ནུབ་ཕྱོགས་སུ་སྒྲིབ་ སེལ་མཆོད་རྟེན་ཕྱོགས་རེ་ལ་འདོམ་བཞི་རེ་ཡོད་པ་ཕྱི་ནང་ཡོངས་རྫོགས་ཀྱི་བཀོད་འདོམས་ བཅས་དེ་ལུགས་ཀྱི་སྲུང་རིམ་རྒྱ་ཆེ་བའི་སྒོ་ནས་ལེགས་གྲུབ་དང་དེ་སྐོར་ཅི་རིགས་སུ་འདུས་ སྡེ་ཡོངས་ཀྱི་འདུ་ཁང་ཆེན་མོར་གསེར་ཚོན་ཁྱད་མཚར་ཅན་བརྒྱབ་པའི་མགོ་མཐའ་སོགས་ བསྟན་འགྲོའི་དོན་གྱི་མཛད་བཟང་སྒོ་གང་ཐད་ནས་མི་དམན་པ་ཡང་བྱས་སོ། ། དགུང་ལོ་རེ་བརྒྱད་སྐོར་ནས་རྒྱལ་ཡོངས་ལ་དུས་ཀྱི་འཕོ་འགྱུར་ཆེ་བ་འབྱུང་བ་འདིར་ 2-1-238 ཉེ་བའི་མགོ་བརྩམས་ཏེ་དུས་ཀྱི་ཚུལ་དེ་ལུགས་ལ་ཆོས་རྗེ་ཁོང་ནས་ཐབས་མཁས་ཀྱི་མཛད་ པ་གང་དང་གང་གིས་བསྟན་འགྲོའི་དོན་ཐབས་ཅི་དྲག་ལ་རེམ་པ་ལྷུར་བླངས་པའི་སྒོ་ནས་ དུས་ཀྱི་བྱ་བའི་ལས་དོན་ལ་ཆོས་རྗེ་གྲྭ་འཁོར་བཅས་རྒྱ་ཡུལ་མོང་འུ་ཤན་སྐོར་ཡན་ལ་ཕེབས་ དགོས་བྱུང་བས་དེ་དུས་སུ་མཆོག་དམན་ཡོངས་ནས་ཞབས་འདེགས་རྒྱ་ཆེ་བ་དང་བཅས་ གཞན་ཕལ་ཆེར་ལས་ཁྱད་ཐང་གོ་གནས་མཐོ་བའི་ལས་ཀ་སི་ཁྲོན་ནུབ་བྱང་གི་བོད་རིགས་ རང་སྐྱོང་ཁུལ་ཀྱི་ཨུ་ཡོན་གཙོ་འཛིན་དུ་ཆོས་རྗེ་གང་ཉིད་འདེམ་བསྐོས་བྱས་ཤིང་དེ་སྐབས་ ལམ་བར་གྱི་རྒྱ་ཁ་བཀྲ་ཤིས་གླིང་གི་སྔར་ཆོས་རྗེ་ལྷོ་ཁ་པས་བཞེངས་པའི་མཆོད་རྟེན་མཐོང་ གྲོལ་ཆེན་མོ་ཞིག་གསོས་ཀྱི་ཆ་རྐྱེན་དངུལ་རྡོ་ཚད་བཅུ་ལྷག་གི་གནང་སྦྱིན་དང་བཅས་རྣམ་ དཀར་གྱི་མཛད་པའང་བྱས་ཤིང་འདིའི་ལོ་ཕྱི་མར་ཡང་རྔ་ཡུལ་སོགས་སུ་ཕེབས་ཏེ་བསྟན་ འགྲོ་ལ་ཕན་པའི་སྒོ་ཐབས་གང་དྲག་གིས་ལེགས་སྒྲུབ་མཛད། དགུང་ལོ་བདུན་ཅུ་སོན་ སྐབས་ཆོས་རྗེ་གང་ཉིད་ལ་པེ་ཅིན་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཙོ་འཛིན་ཀྲོའུ་ཨེན་ ལའེ་ཞེས་པས་སི་ཁྲོན་ཞིང་ཆེན་ནུབ་བྱང་གི་བོད་རིགས་རང་སྐྱོང་གི་ཨུ་ཡོན་གྱི་འཇའ་ས་ གནང་སྦྱིན་བཅས་ཀྱིས་ཆེ་བཀུར་ཁྱད་པར་བ་བྱས་ཤིང་མ་ཡིག་གི་མཆན། གཞན་ཆོས་རྗེ་འདི་བ་འཛམ་ ཐང་རྫོང་གི་ཀྲུའུ་རིན་ཨུ་ཡོན་དང་ཕོགས་ནི་དམངས་དངུལ་ཟླ་རེ་ལ་བརྒྱ་ཕྲག་གསུམ་རི་བ་ལྷག་རེ་གནང༌། ལོ་འདིར་ ཆོས་རྗེ་དཔོན་སློབ་མགོན་པོ་འབྲོང་རིའི་གནས་སྐོར་ལ་ཕེབས་དུས་སུ་ལམ་གྱི་འཕྲལ་རྐྱེན་ ཉི་ཚེ་བའི་གནས་ཚུལ་ལྐོག་གྱུར་བར་བར་ཐུགས་ཀྱིས་མངོན་སུམ་མཁྱེན་ཞིང་ཁྱད་པར་ཆོས་ རྗེ་ཁོང་གིས་སྐུ་ཚེ་གང་བོར་ཡི་དམ་སྒྲོལ་མའི་བསྙེན་སྔགས་དུང་ཕྱུར་གཅིག་དང་ཕྱེད་ཕྱག་ འཚལ་ཉེར་གཅིག་གི་བསྟོད་རྒྱུད་འབུམ་ཐེར་བདུན་ཅུར་ཉེ་བ་ཞལ་འདོན་མཛད་པ་སོགས་ ཀྱི་གྲུབ་འབྲས་དུས་སུ་ལེགས་པར་མངོན་པ་ཡང་ཁོང་དཔོན་སློབ་འབྲོང་རིའི་གནས་སུ་ཕྱིན་ སྐབས་གྲྭ་འཁོར་ཀུན་གྱི་མཐོང་སྣང་མཉམ་པོར་རྗེ་བཙུན་འཕགས་མའི་ཐུགས་རྗེའི་དགེ་ 2-1-239 ལེགས་ཀྱི་མཚན་མ་ལྗང་གསལ་འོད་བཟང་གི་ཕུང་པོས་ས་གཞི་དང་གྲྭ་འཁོར་ལ་ལྗང་ལམ་ མེར་ཁྱབ་ཅིང་དེ་སྐབས་སྐུ་འཁོར་རེའི་ལག་ཏུ་ལེགས་བྱས་རི་མོ་མང་དག་གིས་ཀུན་ནས་ མཛེས་པའི་གཡུ་རྡོ་སྔོ་མདངས་ཅན་དངོས་སུ་རྙེད་དེ་ཆོས་རྗེ་ལ་ཕུལ་བ་སོགས་ངོ་མཚར་བའི་ ལྟས་མངོན་གསལ་ཅན་དུ་མ་ཡོངས་ཀྱི་མཐུན་སྣང་དུ་གྱུར་ཏེ་གནས་དེར་བཞུགས་སྐབས་ གསོལ་མཆོད་ཀྱི་ཚེ་ཐང་རེར་ཆོས་རྗེའི་སྐུ་མདུན་དུ་མཚན་མོར་སྐྱ་མི་མང་པོ་སོགས་མི་མིན་ གྱི་མཇལ་ཕྲད་དུ་མ་དངོས་སུ་བྱུང་བ་དང༌། ལམ་བར་དུ་བྱོན་སྐབས་ཆོས་རྗེའི་དབུ་ཐོག་ཏུ་ འཇའ་ཟེར་ཟླུམ་པོ་ཀུན་ནས་འཁོར་བ་ལ་སོགས་པའི་ལེགས་མཚན་ལྟས་བཟང་ཁྱད་པར་ བ་བསྙོན་མེད་ཟོལ་བསྟོད་ཙམ་མ་ཡིན་པར་དེར་གནས་དག་གི་དབང་པོའི་སྤྱོད་ཡུལ་དུ་ཅི་ དགར་མངོན་དུ་གྱུར་པ་རྫུན་དང་བྲལ་ངེས་སུ་འདུག་ཅིང༌། གཞན་ཡང་གདོན་འདྲེ་ལ་འཕྲལ་ དུ་ཁྲུས་གཅོད་བཀའ་བསྒོ་ཙམ་བྱས་པས་འདྲེ་ངན་གཏན་བྲལ་བྱེད་པ་དང་འཚེ་བྱེད་འབྱུང་ པོའི་རང་གཟུགས་མངོན་སུམ་མཐོང་བ་དང་འབྱུང་འགྱུར་མ་འོངས་པའི་ཚུལ་དུ་མ་སྔོན་ནས་ ཐུགས་ལ་ཇི་བཞིན་གསལ་བས་མཚོན་དེ་རིགས་ཀྱི་གཞན་ཕལ་བ་ལས་ཆེས་འཕགས་པའི་ ཡོན་ཏན་གྱི་ཆ་མང་དག་རེ་སྐུ་འཁོར་ཉེ་གནས་རྒྱུན་སྡོད་དག་ལ་ཚད་མས་ངེས་སུ་ཡོད་པའི་ ལོ་རྒྱུས་ཀྱང་མང་ལ། ཆོས་རྗེ་འདིའི་སྐུ་ཚེ་གང་བོར་བཀའ་ཆོས་དག་ཚར་མང་པོ། སྒྲོལ་ མ་འབུམ་ཐེར། དུས་འཁོར་སྟོང་ཆོག གདུགས་རིང་ཁྲི། ཚེ་བསྙེན་དུང་ཕྱུར་སོགས་གསུང་ སྒྲོག་དུ་མའི་ཡོན་བཅོས་ཆེས་མང་པོ་བགྱིས་ཤིང་ཁོང་གི་སློབ་ཚོགས་ཀྱང་ཚེས་བཅུའི་སྐུ་ ཕྲེང་བརྒྱད་པ་ལ་དུས་འཁོར་བསྡུས་རྒྱུད་ཀྱི་བཀླག་ལུང་དང༌། བླ་མ་མཁྱེན་བརྩེ་སོགས་གྲྭ་ པ་མང་དག་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་དབང་ལུང་ཁྲིད་བཅས་ཕྱག་འཚལ་ཉེར་ གཅིག་གི་ལུང་སོགས་རིམ་པར་གནང་བས་སློབ་ཚོགས་དེ་དག་དང༌། ཉིད་ཀྱི་མདུན་ནས་ དཀར་རྩིས་ཀྱི་རིགས་སློབ་པ་བླ་མ་དགེ་མཆོག བླ་མ་བློ་ཆོས། བླ་མ་ཀུན་དགའ་སྙན་གྲགས། 2-1-240 མཚོ་སྐྱེས་སྤྲུལ་སྐུ། ཕུར་རྩ་བླ་མ་ཆོས་བློ། ཤེར་བློས་སོགས་མང་ཙམ་ཡོད་ཅིང༌། རྣམ་དཀར་ གྱི་མཛད་སྒོ་གཞན་ཡང་དགུང་ལོ་དོན་གཅིག་སྐོར་ནས་སྦྱངས་པ་མཆོག་སྤྲུལ་གྱིས་བཞེངས་ པའི་དོལ་པོའི་ཟབ་སྐུའི་ལྷ་མགྲོན་དུ་གཙང་བ་གྲུབ་ཆེན་སྒྲོལ་མ་དཀར་ལྗང་བཅས་ཀྱི་སྐུ་ བརྙན་མི་ཚད་རེ་རེ་ལེགས་བཞེངས་ཀྱི་ཆ་རྐྱེན་བསྐྲུན་པ་དང༌། ཡིག་བརྒྱ་དང་སྒྲོལ་མའི་དུང་ འཁོར་ཆེ་བ་བརྒྱད་ལྷག་འཁོར་ཁང་བཅས་དང་ཡིག་དྲུག་གི་དུང་འཁོར་དུ་མ་བཞེངས་པའི་ ཆ་རྐྱེན་ལེགས་བསྒྲིགས་སོགས་བྱས་ཤིང༌། ཉིད་ཀྱི་གསུང་ཆོས་ཡང་རྩིས་སྐོར་པོད་བཞི། འཇིགས་བྱེད་མངོན་རྟོག དུར་ཁྲོད་བདག་པོ། ཆོས་སྐྱོང་སྐུ་ལྔ། དམ་ཅན་མགར་ནག ཤ་ ཟ་ཧོར་མོ་སོགས་ཀྱི་བསྟོད་གསོལ་ལས་ཚོགས་བཅས་ཡོངས་བསྡོམས་གླེགས་བམ་ལྔ་ལྷག་ ཙམ་ཡོད་ལ། ཆོས་རྗེ་གང་ཉིད་ལུགས་གཉིས་ལ་མཁས་རྒྱ་ཆེ་བས་ཆོས་ཕྱོགས་མ་ཟད་སྲི ད་ ཕྱོགས་ཀྱང་ཕྱི་ནང་གི་དམེ་འཁོན་འཁྲུགས་ལོང་གི་སྒོ་ལེགས་བསྡུམ་མཛད་ནས་གྱོད་ཁ་ཆེ་ ཆུང་མང་པོ་ཆོད་ཁྲས་གཙང་དག་མཛད་ནས་ཡུལ་གྲུ་རྒྱ་ཆེ་བར་ཕན་བདེའི་སྒོ་ལེགས་སྤེལ་ མཛད་པ་སོགས་རླབས་པོ་ཆེའི་རྣམ་དཀར་བསོད་ནམས་ཀྱི་བྱས་རྗེས་སྒོ་གང་ཐད་ནས་མི་ དམན་པའོ། ། དེ་འདྲའི་སྒོ་ནས་ཉིད་དགུང་གྲངས་དོན་བཞི་ས་ཁྱིའི་ལོའི་བར་བསྟན་འགྲོའི་དོན་དུ་ འཚོ་བཞེས་སུ་ལེགས་བཞུགས་མཛད་ནས་སྐུ་ཚེའི་མཛད་པ་ཐ་མའི་ཚུལ་ལ་ཞུགས་ཏེ་ལོ་ དེའི་ཟླ་བ་གསུམ་བཞིའི་སྐོར་ནས་ཁོང་གི་སྐུ་ཅུང་ཟད་བསྙུང་བ་ནས་བཟུང་ཀུན་གྱིས་ཞབས་ བརྟན་འབུལ་བ་སོགས་བྱས་ཀྱང་ཉིད་ཀྱི་ཞལ་ནས། ད་ནི་རང་ཡང་ན་ཚོད་མཐོ་བས་ཅིར་ འགྱུར་མི་ཤེས་སྔོ ན་ཆད་ནས་དྲུང་བའི་ཡང་སྤྲུལ་རྒྱལ་ཚབ་ཏུ་བསྐོས་ཚུལ། དྲུང་འཁོར་ འབངས་སྡེ་སོགས་ཀྱི་འགྲོ་ལུགས་བཅས་ཀྱི་ཞལ་ཆེམས་ཞིབ་རྒྱས་ཀྱི་སྒོ་ནས་རིམ་པས་ལོ་དེ་ ཉིད་ཀྱི་ཟླ་བ་དགུ་པའི་ཡར་ཚེས་བཅུ་པའི་ནམ་ལངས་ཀྱི་དུས་ཙམ་ན་སྐུ་སེང་གེ་ཉལ་སྟབས་ 2-1-241 ཀྱི་སྟེང་ནས་ཞི་བར་གཤེགས་ཏེ་ཉིན་ཞག་ལྔའི་རིང་ཐུགས་དམ་དུ་བཞུགས་མཐར་དེ་ལས་ ལེགས་བཀྲོལ་གདུང་མཆོད་ཞུགས་འབུལ་སོགས་སྒོ་ཀུན་ནས་རྒྱ་ཆེར་བྱས་སྐབས་ཁ་བ་མེ་ ཏོག་གི་དབྱིབས་དང་འཇའ་སྤྲིན་སོགས་དགེ་མཚན་རེ་དང་བཅས་དགོངས་རྫོགས་མཐའ་ རྒྱས་སུ་གྲུབ་ལ། འདི་དང་ཐོག་མཉམ་བོད་ལྗོངས་ཏཱ་ལའི་བླ་མ་རྒྱལ་བ་སྐུ་ཕྲེང་བཅུ་གསུམ་ པ་ཐུབ་བསྟན་རྒྱ་མཚོའི་སྐུ་ཚེའི་སྨད་དང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོའི་སྐུ་དུས་དང༌། པཎ་ཆེན་ཨེར་ཏི་ནི་སྐུ་ཕྲེང་དགུ་པ་ཆོས་ཀྱི་ཉི་མ་དང་བཅུ་པ་ཆོས་ཀྱི་རྒྱལ་མཚན་གཉིས་ཀྱི་ དུས་དང༌། ཀརྨ་ཞྭ་ནག་སྐུ་ཕྲེང་བཅོ་ལྔ་པ་མཁའ་ཁྱབ་རྡོ་རྗེ་དང་བཅུ་དྲུག་པ་རིག་པའི་རྡོ་རྗེ་ གཉིས་ཀྱི་སྐུ་དུས་དང༌། ཆོས་རྗེ་འདིའི་དགུང་ལོ་ཉེར་བརྒྱད་སྐོར་ནས་གོང་མ་ཆིན་རབས་ཀྱི་ མཇུག་རྫོགས་ཤིང་མི་དམངས་རྒྱལ་ཁབ་སྔ་ཕྱི་རིམ་པས་ཚུགས་པ་ད་བར་ཡན་དང༌། འཛམ་ ཐང་འདིར་གཙང་བའི་གདན་རབས་སྐུ་ཆེན་འཇམ་དཔལ་མཐུ་སྟོབས་རྣམ་རྒྱལ། སྐུ་འབྲི ང་ འཇིགས་མེད་ཕྱོགས་ལས་རྣམ་རྒྱལ། སེ་སྤྲུལ་ཀུན་དགའ་ཕུན་ཚོགས་ཞབས་པ་སོགས་དང༌། སྒྲུབ་བརྒྱུད་སློབ་དཔོན་ངག་དབང་ཆོས་ཀྱི་དཔལ་འབྱོར། ཀུན་དགའ་མཁས་གྲུབ་དབང་ ཕྱུག ངག་དབང་བསྟན་པ་གསལ་བྱེད་སོགས་ཀྱི་སྐུ་དུས་ཙམ་མོ། །དེ་དག་གིས་འཛམ་ཐང་ ཆོས་རྗེའི་སྐུ་ཕྲེང་གྲགས་ཆེན་རེ་ཤིང་པ་མ་བགྲངས་ན་བརྒྱད་དང་བགྲངས་ཚེ་དགུའི་ཚུལ་ མདོར་བསྡུས་སུ་སོང་ཟིན་ཏོ།། །། ༼༡༽ ད་ནི་དྲུང་དཀའ་བཞི་པའི་དངོས་སློབ་ཚེས་བཅུ་རཏྣ་ཀཱིརྟིའི་སྐུ་ཕྲེང་གི་ཚུལ་ལ། ཐོག་མར་རཏྣ་ཀཱིརྟིའི་ལོ་རྒྱུས་ནི། སྤྱིར་འཛམ་ཐང་སྒར་ཁག་གསུམ་ལས་གྲགས་ཆེན་གྱི་མཐོ་ བ་ཆོས་རྗེ་ཡིན་ཀྱང་སྒར་ཁག་སྔ་ཤོས་ནི་ཚེས་བཅུའི་སྒར་ཡིན་ཏེ། དེ་ཡང་རྗེ་ཇོ་ནང་པ་ཆེན་ པོ་གང་ཉིད་ཀྱི་རྣམ་འཕྲུལ་དུ་གྲགས་པ་ཚེས་བཅུ་རིན་ཆེན་གྲགས་པ་འཁྲུངས་ཡུལ་རྡོའི་སྨད་ ཀྱི་ཆར་གཏོགས་དར་སྐུ་འབྱོར་འགོས་ཐང་སྟེ་དེར་གདུང་རུས་བསེ་ཁྱུང་གི་རྒྱུད་ལས་ཆད་ 2-1-242 པའི་མི་རིགས་སུ་སྐུ་བལྟམས་ཚེ་ནམ་མཁའ་ནས་ཡི་གེ་དྲུག་མའི་སྒྲ་དབྱངས་རང་གྲགས་སུ་ བྱུང་བ་སོགས་ངོ་མཚར་བའི་ལྟས་མང་ཞིང༌། དེ་ནས་བསྐྱེད་བསྲི ངས་ཏེ་སྐུ་ན་སོན་སྐབས་ ཀློག་ཡིག་སོགས་ཀྱི་སྦྱང་བ་བྱས་རྗེས་ཤིག་ནས་དཔལ་འཛམ་ཐང་བསམ་འགྲུབ་ནོར་བུའི་ གླིང་དུ་ཆེད་ཀྱིས་ཕེབས་ཏེ་རིགས་ལྡན་དྲག་པོའི་རྣམ་རོལ་དྲུང་དཀའ་བཞི་རིན་ཆེན་དཔལ་ ངེས་དོན་བསྟན་པའི་བདག་པོར་བཞུགས་པ་དེ་ཉིད་སྒོ་གསུམ་གུས་པས་བླ་མར་ལེགས་ བཀུར་མཛད་ནས་ཁོང་གི་མདུན་དྲུང་ནས་ཐུན་མོང་མདོ་ཕྱོགས་ཀྱི་སྡེ་སྣོད་ཅི་རིགས་དང་ ཐུན་མིན་སྔགས་ཕྱོགས་ཀྱི་ཟབ་བཀའ་དབང་ལུང་མན་ངག་བཤད་ཁྲིད་ཞིབ་རྒྱས་ལེགས་ གསན་མཛད་དེ་ཟབ་མོའི་དོན་གྱི་ཚུལ་ལ་ཐོས་བསམ་གྱིས་སྒྲོ་འདོགས་ཆོད་ངེས་བྱས་མཐར་ སྒོམ་སྒྲུབ་རྩེ་གཅིག་པས་སྐུ་ཚེ་གང་བོར་སྤོང་བ་བསམ་གཏན་གྱིས་དུས་འདའ་བཞིན་འཇིག་ རྟེན་ཆོས་བརྒྱད་ལ་ཞེན་པ་གཏིང་ནས་ཆོད་པའི་ཀུན་སྤངས་ཀྱི་ཚུལ་དུ་བཞུགས་པས་ཐུགས་ ལ་མདོ་སྔགས་ཀྱི་མངོན་པར་རྟོགས་པ་ཁྱད་པར་བ་འཁྲུངས་ཏེ་སྒོམ་པའི་ཀློང་དུ་གྱུར་ཞིང་ རིམ་གཉིས་ཀྱི་རྣལ་འབྱོར་མཆོག་གི་རྩེར་སོན་པའི་གོ་འཕང་ན་ལེགས་བཞུགས་མཛད་པའི་ རང་དོན་མཐར་ཕྱིན་གྱི་ཆོས་སྒོ་རྒྱ་མཚོའི་བདག་ཉིད་ཀྱི་སློབ་དཔོན་གདུལ་བྱ་འདུལ་བ་དུས་ སུ་བབས་ཀྱང་ད་དུང་རྣལ་འབྱོར་མཆོག་ལ་རེམ་ཚུལ་གྱིས་སྒྲུབ་ཁང་དུ་བསམ་གཏན་མཉམ་ བཞག་ལ་རྩེ་གཅིག་ལྷུར་ལེན་གྱི་མཛད་སྒོའི་ངང་བར་སྐབས་ཞར་བྱུང་ཙམ་ལ་གདུལ་བྱ་ མཆོག་རྗེས་སུ་བཟུང་རིམ་ཆོས་རྗེ་དཔལ་འབྱོར་བཟང་པོ་སོགས་ཐུགས་སྲས་སྐལ་བ་དང་ ལྡན་པ་འགྲོ་འདྲེན་གྱི་མཛད་བཟང་ཅན་ཆེས་མང་ཚོད་དུ་འདུག་པ་སོགས་འགྲོ་ཕན་ཡང་ བར་བར་མཛད་ལ། ཉིད་ཀྱིས་གསུང་རབ་ཀྱི་རྩོམ་ཆོས་ལེགས་གནང་མཛད་པའང་དྲུང་ དཀའ་བཞི་པའི་རྣམ་ཐར་དང༌། དུས་ཀྱི་འཁོར་ལོའི་ཆོ་ག་སོགས་གསང་ཆེན་ངེས་པའི་དོན་ ལ་ཉེར་མཁོའི་ཡིག་ཆའང་ཅི་རིགས་ལེགས་འཇོག་གི་བྱས་རྗེས་དང༌། རྣམ་པར་དཀར་བའི་ 2-1-243 མཛད་སྒོ་དཔལ་འཛམ་ཐང་གི་ཆོས་སྡེར་མཆོད་རྟེན་བཀྲ་ཤིས་སྒོ་མང་ཆེ་ཁྱད་རྫོགས་པའི་ ངོ་མཚར་བ་ཕྱི་བཀོད་མཛེས་ཆ་ཀུན་དང་ནང་རྟེན་ལུགས་མ་སྐུ་བརྙན་སྣ་ཚོགས་གྱང་རིས་ ལྷ་ཡི་བཀོད་རིམ་བཅས་གང་ཐད་ནས་ཁྱད་ཆོས་ཡོངས་སུ་རྫོགས་པའི་ཐུགས་རྟེན་ལེགས་ གྲུབ་རབ་གནས་དགའ་སྟོན་སོགས་ཀྱི་སྐབས་གྲུབ་པའི་དབང་ཕྱུག་རང་གི་ཆོས་ཀྱི་མཆེད་ གང་དག་གི་མཛད་བཟང་ཡ་མཚན་པའི་གྲུབ་རྟགས་མཆོད་རྟེན་གྱི་ལས་མཇུག་གྲུབ་ལ་ཉེ་ སྐབས་དང་དེའི་གྲུབ་ཟིན་པར་མཁའ་ལམ་ནས་ཉི་མ་བཟུང་ཞིང་རབ་གནས་མཆོད་པའི་ དུས་སུ་ཐག་རིང་ནས་བརྟན་བཞུགས་མཛད་པའི་ནས་འབྲུ་ཕུག་རོན་ཙམ་པ་ཆར་ལྟར་མཆོད་ རྟེན་གྱི་ཐོག་ཏུ་འབེབས་པ་དང༌། རྒྱང་རིང་ནས་ཆོས་གོས་ཀྱིས་གོས་འབུལ་ཕུལ་བས་མཆོད་ རྟེན་གྱི་ཆོས་འཁོར་སེར་་མེར་ཁེབས་པ་སོགས་དགེ་མཚན་ཁྱད་འཕགས་ཆེས་ཀུན་ནས་ འཛོམས་པའི་རྟེན་བཞེངས་ཟླ་དང་བྲལ་བ་འདི་སོགས་གཞན་ཡང་རྣམ་དཀར་གྱི་མཛད་སྒོ་ ཆེ་བ་དང༌། ཁོང་གི་སྐུ་དུས་སུ་བོད་ལྗོངས་འཛམ་གླིང་སྒར་བ་རྒྱལ་དབང་ཀརྨ་ཞྭ་ནག་སྐུ་ ཕྲེང་བརྒྱད་པ་མི་བསྐྱོད་རྡོ་རྗེ་འཛམ་ཐང་དུ་ཆགས་ཕེབས་མཛད་སྐབས་འདུས་སྡེ་སྟོང་ཕྲག་ ལྷག་གིས་ཆིབས་བསུ་ཆེ་བ་དང༌། ཁོང་ཉིད་ཚེ་མཚམས་ལས་བཞེངས་ཏེ་ཕན་ཚུན་ཆོས་ཀྱི་ བཀའ་མོལ་ཆེན་པོའི་སྒོ་ནས་ཐུགས་སྣང་གཅིག་འདྲེས་སུ་གྱུར་ཏེ་ཆོས་ཀྱི་ཞབས་འདེགས་ སྟོང་རྟ་སོགས་ཀྱི་དངོས་འབུལ་རྒྱ་ཆེར་དགོན་སྡེ་ཡོངས་ནས་མཛད་པ་སོགས་ཟླ་དང་བྲལ་ བའི་མཛད་བཟང་གི་སྒོ་ཀུན་ནས་ཡངས་ཤིང་རྒྱ་ཆེ་བ་མངའ་ཞིང༌། ཁོང་གིས་རྣམ་དཀར་ མཛད་ཆེན་ལེགས་བསྒྲུབས་སྐབས་སྔོན་ཆད་རང་ཡུལ་གྱི་སྤུན་གུར་མགོན་དང་ཞིང་སྐྱོང་ ཞེས་པ་གཉིས་ཀྱིས་ཆོས་སྟོན་གསོལ་ཆེད་འཛམ་ཐང་དུ་ལྷགས་པ་ཉིད་ཀྱི་བཀའ་ལུང་ལྟར་ རྗེས་སོར་འཛི་ཀའི་ལྷ་མོ་དར་ཐང་གི་ཉེན་སྐོར་ཀ་ཐོག་ཅེས་པར་སྤུན་དེ་གཉིས་ཀྱིས་གཞིས་ ཀ་སོ་སོར་བཟུང་ནས་གཅིག་གིས་འབོས་བཟའ་མ་དང་ཅིག་ཤོས་ཀྱིས་མཁར་བཟའ་མ་ 2-1-244 བག་མར་བླངས་པའི་རིགས་བརྒྱུད་ཀྱི་ཚོ་སྡེ་ད་ལྟ་ཡོད་པ་ལ་ཀ་ཐོག་འབོས་སྨན་དང་མཁར་ སྐོར་ཞེས་གྲགས་སྐད༌། གཞན་ཡང་གང་གི་ཐུགས་ཆོས་དབྱིངས་གཉུག་མ་ཆེན་པོའི་གཤིས་ ལུགས་རྗེན་ཆར་དུ་སོང་སྟབས་རྣམ་འཕྲུལ་མངོན་ཤེས་རྒྱ་ཆེ་བའི་མཐུུ་དང་སྣང་སྲིད་ལ་ དབང་བསྒྱུར་མཆོག་ཐོབ་པས་རང་སྣང་དག་པའི་སྣང་བ་མཐའ་ཀླས་ཤིང་གཞན་སྣང་ངོར་ དག་སྣང་སྒྱུ་མའི་མཚར་བཀོད་དང་ལྐོག་གྱུར་གྱི་དོན་ཇི་བཞིན་མཁྱེན་ཅིང་དྲེགས་ལྡན་མི་ མིན་གྱི་སྡེ་རིགས་ཅི་དགར་དབང་དུ་བསྡུས་ཏེ་བཀའ་དམ་ལ་བཞག་པ་སོགས་མཛད་པ་གང་ ཐད་ནས་ཟླ་དང་བྲལ་བ་ཞིག་སྟེ་དེ་འདྲའི་མཛད་པ་རེ་ཞིག་ལྗོངས་འདིར་མཐར་ཕྱིན་ཚུལ་ གྱིས་ངོ་མཚར་ལྟས་བཅས་དགོངས་པ་ཆོས་ཀྱི་དབྱིངས་སུ་ལེགས་པར་བསྡུས་ནས་དགོངས་ མཆོད་སོགས་རླབས་ཆེན་གྱི་མཛད་སྒོ་དང་བསྟུན་ཉིད་ཀྱི་གཟུགས་སྐུའི་གདུང་རྟེན་ད་བར་ བསོད་ནམས་ཞིང་གི་སྐལ་བར་བཞུགས་པ་འདི་ཀ་ལྟར་རོ། །དེང་སང་ཚེས་བཅུ་སྟོད་ཀྱི་ཕོ་ བྲང་གི་གཞི་མ་ནི་རཏྣ་ཀཱིརྟིས་བསྙེན་སྒྲུབ་མཛད་གནས་ཀྱི་སྒྲུབ་ཁང་དེ་ཡིན་ཞིང༌། དེར་ལོ་ བསྟར་གྱི་ཨུ་རྒྱན་རིན་པོ་ཆེ་དངོས་སུ་བྱོན་པའི་ཡར་ངོས་ཚེས་བཅུ་བྱུང་ངོ་ཅོག་ལ་དགེ་འདུན་ མང་འཚོགས་ཀྱི་དྲུང་དུ་སྤོས་དང་མར་མེ་ཚོགས་མཆོད་རྒྱུན་ཇ་ཞལ་འདེབས་ཀྱི་མཆོད་སྟོན་ བཙུགས་པའི་སྦྱིན་བདག་མཛད་པས་ཚེས་བཅུ་ཚང་ཞེས་མིང་དུ་ཆགས་སོ། ། ༼༢༽ སྐུ་འཕྲེང་གཉིས་པ་རྒྱལ་བ་རྡོ་རྗེ་བསྟན་འཛིན་ནི། མདོ་སྨད་བཞག་ཤོད་ཀྱི་བཞག་ ར་སྨན་རྩེས་ཞོལ་པཱ་ལ་རྗེ་མོའི་ཐང་དུ་སྐུ་འཁྲུངས། ཆེར་བསྐྱེད་སྐུ་ན་སོན་སྐབས། ཆོས་རྗེ་ དཔལ་འབྱོར་བཟང་པོས་ཚེས་བཅུ་རཏྣ་ཀཱིརྟིའི་ཡང་སྤྲུལ་གཉིས་པར་ངོས་འཛིན་མཛད་ནས་ སྐུ་བདག་དང་བཅས་ཚེས་བཅུའི་གདན་སར་མངའ་གསོལ་དེ་ནས་བཟུང་ཡི་གེ་སློབ་སྦྱོང་ སོགས་ཀྱི་མཐར་ཆོས་རྗེ་དཔལ་འབྱོར་བཟང་པོའི་མདུན་ནས་མདོ་སྔགས་ཀྱི་ཟབ་བཀའ་ བཤད་ཁྲིད་མན་ངག་ཡོངས་རྫོགས་གསན་ཏེ་ཐུགས་སྒོམ་སྒྲུབ་ལ་བརྩོན་པ་ལྷུར་ལེན་བཞིན་ 2-1-245 དུ་སྐབས་སྐབས་སུ་ཆོས་རྗེ་གཞོན་ནུ་རྒྱལ་མཚན་སོགས་གཞན་དམ་པ་མང་པོའི་དྲུང་ནས་ ཀྱང་ཟབ་མོ་ཆོས་ཀྱི་སྒོ་དུ་མ་ནོད་ནས་དེ་དོན་ཉམས་ལེན་གྱིས་གནད་ཁེལ་ཚགས་སུ་ཚུད་ ཅིང༌། སྤྲུལ་པའི་སྐུ་འདི་ཉིད་ཀྱིས་སྒྲུབ་གནས་འཛི་སྟོད་ཀྱི་རི་ཁྲོད་སོགས་དབེན་གནས་དུ་ མར་མཚམས་སྒྲུབ་ཐུགས་དམ་རྩེ་གཅིག་མཛད་པས་ཉམས་རྟོགས་ཕུལ་བྱུང་གྲུབ་པའི་ཡོན་ ཏན་ལ་མངའ་བརྙེས་ཏེ་ཡི་དམ་ལྷག་པའི་ལྷ་མང་པོའི་རྣལ་འབྱོར་དང༌། ཁྱད་པར་འཕགས་ པ་ཐུགས་རྗེ་ཆེན་པོའི་རྟོགས་པ་མངོན་དུ་མཛད་ནས་ཚེས་བཅུ་སྒར་གྱི་མངའ་བདག་ཏུ་ བཞུགས། ནུས་མཐུ་རླབས་ཆེ་བའི་ཆོས་སྐྱོང་གཞི་བདག་གི་སྡེ་རིགས་བྲན་དུ་བཀོལ་ཞིང་ མི་དང་མི་མིན་གྱི་འགྲོ་ཕན་རྒྱ་ཆེར་མཛད་ཅིང་འཛི་ཡུལ་མཆོག་དམན་ཡོངས་ཀྱིས་བླ་མར་ བཀུར་ཏེ་བསྟན་འགྲོ་ལ་སྨན་པའི་མཛད་སྒོ་ཀུན་ནས་རྒྱས་པ་སོགས་ཆོས་སྲིད་ཀྱི་མངའ་ཐང་ མི་དམན་པའི་ཚུལ་གྱིས་མཛད་ཕྲིན་མཐར་རྒྱས་བྱུང་རྗེས་འདིར་འགྲོ་དོན་རེ་ཞིག་རྫོགས་ པའི་བཀོད་པ་བསྟན་ནས་སྐུ་ཞི་བར་གཤེགས་ཏེ་དགོངས་མཆོད་སོགས་ཀྱིས་རྗེས་སྒྲུབ་ མཛད༌། འདི་ནས་ཡང་སྤྲུལ་གསུམ་ཙམ་གྱི་རིང་ལ་རྒྱལ་བ་རྡོ་རྗེ་བསྟན་འཛིན་གང་གི་སྐུ་ དབོན་པཱ་ལ་དབོན་རྒན་མཉམ་ཉིད་རྡོ་རྗེ་ཞེས་པ་སྔར་སྐུ་ཚེ་སྟོད་དུ་མུ་རྡིའི་སྟོད་ཕྱོགས་སུ་ དགོན་པ་བཏབ་ནས་བཞུགས་པ་ལ། བར་སྐབས་ཤིག་ནས་ཁུ་བོའི་གདན་ས་སྐྱོང་དགོས་ བྱུང་བས་འཛམ་ཐང་ཚེས་བཅུ་སྟོད་དུ་ཕེབས་ནས་རྒྱུན་བཞུགས་མཛད་དེ་ཚེས་བཅུ་སྒར་གྱི་ ལུགས་ཟུང་ལ་ཐུགས་རྟོག་དང་བཅས་གཙོ་བོར་ཉིད་ཀྱི་ཉམས་བཞེས་རྒྱལ་བ་མི་འཁྲུགས་ པའི་བསྙེན་སྒྲུབ་ལ་ཐུགས་བརྩོན་ལྷུར་ལེན་གྱི་སྒོ་ནས་བཞུགས་ཤིང༌། ཀཿཐོག་གཏེར་ཆེན་ གྱི་སློབ་བརྒྱུད་སྔགས་རྙིང་མའི་ནུས་ལྡན་སློབ་དཔོན་ལྷུན་གྲུབ་རྒྱ་མཚོ་ཞེས་པས་དབོན་ འདི་ཉིད་ལ་བཀའ་གཏད་བྱས་པའི་གཏེར་སྲུང་ཤ་ཟ་ཁ་མོ་ཆེ་བྲན་ལྟར་བཀོལ་ཞིང་རྟགས་ དང་ཆོ་འཕྲུལ་ནམ་དགོས་དུས་སུ་ངོམ་པར་མཛད་ཅིང༌། སྐུ་ཚེ་མཛད་པ་མཐར་ཕྱིན་གྱི་བར་ 2-1-246 བཞུགས་ནས་ཚེས་བཅུའི་གདན་ས་བསྐྱངས་རྗེས་ཞིང་གཞན་དུ་གཤེགས་སོ། ། ༼༣༽ དེ་ཡང་ཚེས་བཅུའི་སྐུ་ཕྲེང་གསུམ་པ་སྤྲུལ་སྐུ་ནུས་ལྡན་རྡོ་རྗེ་ནི། མཁའ་རས་ཞེས་ པའི་སྡེ་སྲི ད་དུ་སྐུ་འཁྲུངས་ཤིང༌། སྐུ་ན་ཆུང་ངུའི་དུས་ནས་ཐུགས་རིགས་གསལ་བ་དམ་པའི་ ཆོས་ལ་མོས་སྤྲོ་ཆེ་བ་སོགས་ཆེས་དབང་པོ་རབ་ཀྱི་ཡོན་ཏན་མངོན་པར་མཐོ་བའི་སྐུ་སྐྱེས་ རིགས་ཕུན་སུམ་ཚོགས་པ་ཡ་མཚན་བཀུར་བར་འོས་པ་ཞིག་སྟེ། ཚེས་བཅུ་སྒར་གྱི་སྐུ་བདག་ དང་བཅས་འཛམ་ཐང་དུ་ལེགས་ཕེབས་མཛད་ནས་རེ་ཞིག་བཞུགས་རྗེས་མི་རིང་བར་ཕ་ ཡུལ་དུ་སླེབས་པ་ལ་དམ་གྲིབ་སོགས་རྐྱེན་ཅི་རིགས་པའི་དབང་གིས་འཕྲལ་དུ་གཟུགས་སྐུ་ུ མ་འཚོ་བར་གྲོངས་སོང༌། ༼༤༽ སྐུ་ཕྲེང་བཞི་པ་མདོ་སྔགས་བསྟན་པའི་སྒྲོན་མེ་ནི། སྣར་འདུས་ཞེས་པའི་ས་ཆར་ སྐུ་འཁྲུངས། དེ་ཡང་རིགས་བཟང་པོའི་མཚན་མ་ཀུན་ནས་རྫོགས་པ་ཞིག་ཡིན་ནའང་སྐུ་ན་ གཞོན་དགུང་གྲངས་བཅུ་གསུམ་སྐོར་ཞིག་ནས་གཟུགས་སྐུའི་མེ་ཏོག་ཡལ་ལོ། ། ༼༥༽ སྐུ་ཕྲེང་ལྔ་པ་ཀརྨ་འོད་གསལ་ནི། རི་ཤུལ་སྤྲུལ་སྐུ་ཞེས་པ་སྐུ་སྐྱེས་སྔོ ན་གོམས་ བཟང་པོ་དུས་སུ་སྨིན་ལ་ཉེ་བའི་ཡ་མཚན་པ་ཞིག་ཡིན་ཡང་དེ་ཡང་དགུང་ལོ་བཅོ་ལྔ་སྐོར་ ཙམ་གཟུགས་སྐུ་ལང་ཚོ་ལྷག་པར་བདོ་བའི་དུས་ནས་འགྲོ་བའི་བསོད་ནམས་ཀྱི་ཞིང་དུ་མ་ བཞུགས་ལ། ༼༦༽ སྐུ་ཕྲེང་དྲུག་པ་ཀུན་དགའ་རབ་གསལ་རྒྱ་མཚོ་ནི། རྒྱལ་རོང་གོ་རྒྱལ་གྱི་གདུང་ རིགས་སུ་སྐུ་འཁྲུངས་ཚེ་ནམ་མཁར་འཇའ་སྤྲིན་ཟླུམ་པོའི་གུར་ཁྱིམ་ཕུབ་དབུས་ནས་ལྷ་ རྣམས་ཀྱིས་གླིང་བུའི་སྐད་སོགས་རོལ་མོ་སྣ་ཚོགས་པའི་སྒྲ་དབྱངས་སྒྲོག་པ་དེར་ཡོད་ཀུན་ གྱི་མཐོང་ཐོས་སུ་གྱུར་པ་སོགས་ངོ་མཚར་བའི་རྟགས་མཚན་ཆེ་ཞིང༌། དེ་ལུགས་ཀྱི་སྐུ་ན་ རིམ་པས་སོན་སྐབས་ཚེས་བཅུ་སྒར་གྱིས་སྐུ་བདག་སོགས་ཀྱི་སྒོ་ནས་རིག་གནས་ལ་སྦྱང་ 2-1-247 བརྩོན་དུས་བབ་དང་བསྟུན་རྗེས་དགེ་བའི་བཤེས་གཉེན་དམ་པ་སྐྱབས་མགོན་མཁར་བ་ རྡོ་རྗེ་འཆང་དང༌། སྦྱང་པ་ཀུན་དགའ་ངེས་དོན་ཞབས་པ་སོགས་དད་གུས་རྒྱ་ཆེ་བའི་གཙུག་ གིས་བླ་མར་བསྟེན་ཏེ་ཟབ་བཀའ་རྒྱ་མཚོ་ལྟ་བུས་ཐུགས་རྒྱུད་ལེགས་ཕྱུག་མཛད་ནས་ མཁས་གྲུབ་གཉིས་ལྡན་གྱི་གོ་གནས་ཐོབ་ཅིང་མཚན་སྙན་གྱི་གྲགས་པས་ཕྱོགས་ཕྱོགས་ ཀྱི་ཆེ་དགུ་གང་དག་གི་ཡིད་དབང་མེད་དུ་བསྐྱོད་དེ་དད་པས་སྤུ་ལོང་གཡོ་བཞིན་ལག་པད་ སྙིང་གར་ཟུམ་བཞིན་སྤྱི་བོའི་གཙུག་གིས་བླ་མར་བཀུར་ཏེ་བསྟན་པའི་སྦྱིན་བདག་མཛད་ པ་སོགས་ཚེས་བཅུའི་གདན་ས་ལེགས་སྐྱོང་གི་མཛད་ཆེན་དང་བཅས་དགུང་ལོ་ལྔ་བཅུ་ཙམ་ ནས་སྐུ་གཤེགས། ༼༧༽ སྐུ་ཕྲེང་བདུན་པ་ཀརྨ་ངེས་དོན་བསྟན་འཕེལ་ནི། དབང་མདའ་ནས་སྐུ་འཁྲུངས་ ཤིང༌། དེ་ནས་ཆོས་ལ་ཞུགས་པའི་སྐབས་སུ་སླེབས་པ་ན་ཀརྨ་ཨ་ལོ་སྤྲུལ་པའི་སྐུ་ནས་གཙུག་ ཕུད་བཞེས་ཏེ་སྡོམ་ལུང་སྩལ། དེ་ནས་ཚེས་བཅུ་སྒར་དུ་ཁྲི་འདོན་དང་བཅས་ཏེ་རིམ་པས་ སྦྱང་པ་རིན་པོ་ཆེ་སོགས་དགེ་བའི་བཤེས་གཉེན་དུ་མ་བསྟེན་ནས་ཟབ་དགུའི་གདམས་པ་རྒྱ་ ཆེར་མནོས་ཏེ་གདམས་དོན་ཇི་བཞིན་ཉམས་ལེན་ཀྱང་མཛད་པས་ཐུགས་ཀྱི་རྟོགས་པ་ཀློང་ དུ་གྱུར་ཅིང༌། སྤྲུལ་པའི་སྐུ་འདི་ཉིད་གཙང་བའི་རྡོ་རྗེ་སློབ་དཔོན་ཀུན་དགའ་དཔལ་ལྡན་ ཞབས་པ་སོགས་སྐྱེས་ཆེན་དུ་མའི་ཐུགས་དག་སྣང་ངོར་འཕགས་མཆོག་སྤྱན་རས་གཟིགས་ ཀྱི་ཡེ་ཤེས་སྒྱུ་མའི་སྐུ་རུ་མཐོང་ཞིང༌། ཁོང་དང་གང་འབྲེལ་བ་ཐོགས་ཚད་ཀྱི་ཚེ་འདས་ཕོ་མོ་ དག་ཞིང་དུ་འདྲེན་པའི་མཐུ་ནུས་ཀྱང་ལེགས་པར་གཟིགས་པས་དེ་ལུགས་ཀྱི་ཆེ་བསྔགས་ དམ་པ་དེ་དག་གིས་ཡང་ཡང་མཛད་པ་སོགས་ཟབ་ཆོས་ཀྱི་མངོན་པར་རྟོགས་པ་མཆོག་གིས་ ཐུགས་རྒྱུད་ལེགས་པར་གཏམས་པ་མ་ཟད་འཇིག་རྟེན་ལའང་མཁྱེན་རྒྱ་ཆེ་ཚུལ་གྱིས་མཆོག་ དམན་ཡོངས་ཀྱིས་བཀུར་འོས་ཆེ་དགུའི་གྲལ་དུ་ངེས་པར་བཞུགས་པ་སོགས་མཛད་སྒོ་ཆེ་བ་ 2-1-248 དང་བཅས་དགུང་ལོ་དྲུག་ཅུ་ཙམ་གྱི་སྐོར་དུ་ཉིད་ཀྱིས་དག་ཞིང་གཟིགས་སོ། ། ༼༨༽ སྐུ་ཕྲེང་བརྒྱད་པ་ཀུན་དགའ་རིན་ཆེན་གྲགས་པ་ནི། འཛི་རོང་པ་སིན་ཟེར་བའི་ ས་ཆ་ནས་འོང་བ་རྒྱལ་རོང་དམ་པ་ལེགས་གཏེར་རྒྱལ་པོའི་གདུང་བརྒྱུད་ལས་ཆད་པ་ སྐབས་དེར་མགོ་ལོག་ཕྱོགས་སུ་རེ་ཞིག་གནས་བྱ་བའི་ཡབ་དབང་པོ་རབ་བརྟན་དང་ཡུམ་ སྐལ་བཟང་དབང་སྐྱིད་གཉིས་ཀྱི་སྲས་སུ་མེ་རྟ་ལོར་ལེགས་དགེའི་མཚན་མ་དང་བཅས་སྐུ་ འཁྲུངས། སྐུ་སྐྱེས་འདི་ཡང་ན་ཤིན་ཏུ་ཕྲ་བ་བྱིས་པའི་སྐབས་ནས་ཀྱང་ཐུགས་རིག་གསལ་བ་ སོགས་གཞན་ཕལ་བ་ལས་ཁྱད་ཆོས་ཅན་ཞིག་སྟེ། སྐུ་ནར་སོན་དུས་ཤིག་ཏུ་སངས་རྒྱས་རིན་ ཆེན་གཙུག་ཏོར་གྱི་རྣམ་འཕྲུལ་དུ་གྲགས་པ་རྫ་མུ་ར་རིན་པོ་ཆེའི་སྐུ་དྲུང་དུ་སླེབས་སྐབས་ ཁོང་གིས་ཐུགས་དགྱེས་སྤྲོ་ཚད་མེད་པས་དཀོན་མཆོག་དཔལ་ལྡན་རྒྱ་མཚོ་ཞེས་པའི་མཚན་ གསོལ་ནས་འཛམ་ཐང་ཕྱོགས་ཀྱི་སྐུ་སྐྱེས་སུ་ངོས་འཛིན་མཛད་ཅིང༌། དེ་མཐུན་འཛམ་ཐང་ སྦྱངས་པ་སྐྱབས་མགོན་གྱིས་ཀྱང་ཚེས་བཅུའི་ཡང་སྤྲུལ་དུ་ངོས་འཛིན་གསལ་བོ་བཅས་རིམ་ པས་ཚེས་བཅུའི་སྒར་དུ་གདན་དྲངས་ནས་བླ་མ་ལྷག་བསམ་གྱིས་ཡོངས་འཛིན་བྱས་ཏེ་ཀློག་ ལེགས་སློབ་མཛད་རྗེས་མི་རིང་བར་ཚ་ཁ་བླ་མ་འཇིགས་མེད་ཆོས་ལྡན་གྱི་དྲུང་དུ་སྐྱབས་ འགྲོ་སོགས་ལ་སྦྱང་བརྩོན་སྔོན་དུ་བཏང་སྟེ་དབོན་དམ་པ་འགྱུར་མེད་རྒྱ་མཚོའི་སྐུ་དྲུང་ནས་ རང་ལུགས་དུས་ཀྱི་འཁོར་ལོའི་རྣལ་འབྱོར་ཡན་ལག་དྲུག་གི་ཟབ་བཀའ་སྨིན་བྱེད་དབང་ ལུང་མན་ངག་བཤད་ཁྲིད་ཡོངས་རྫོགས་གསན་ཏེ་ཉམས་ལེན་གོང་མའི་ཕྱག་སྲོལ་བཞིན་ མཛད་ཅིང་དེ་དུས་སུ་ཚེས་བཅུ་སྐུ་ཐོག་མའི་མཚན་ཡང་བསྐྱར་དུ་གསོལ། གཞན་ཡང་དུས་ འཁོར་དབང་ཆེན་སོགས་རྒྱུད་སྡེ་དུ་མའི་ཟབ་བཀའ་དང་སྤྱོད་འཇུག་སོགས་མདོ་ཕྱོགས་ཀྱི་ གཞུང་ལུགས་འགའ་དང་བཅས་གསན་སྦྱང་མཛད། དེ་ནས་རིམ་པར་བླ་མ་མཁས་དབང་ གི་མདུན་ནས་ཐེག་མཆོག་རྒྱས་པའི་རྣམ་བཤད་དང་བླ་མ་ཆོས་དབང་གི་དྲུང་ནས་ཕུང་ལྔ་ 2-1-249 སོགས་དང༌། དགེ་བཤེས་ཏིང་འཛིན་གྱི་མདུན་ནས་མངོན་མཛོད་སོགས་ལ་སྦྱང་བརྩོན་ལྷུར་ ལེན་སོགས་དམ་པའི་ཡོན་ཏན་མཁས་བཙུན་བཟང་གསུམ་གྱི་དཔལ་མངའ་ཞིང༌། གཞན་ དོན་ཕྲིན་ལས་ཀྱི་མཛད་སྒོ་ཡང་ཚེས་བཅུའི་ཡིག་བརྒྱའི་མཚམས་གྲྭ་བ་སོགས་གྲྭ་སློབ་དུ་མ་ ལ་རང་རང་དང་འཚམ་པའི་ཆོས་ཁྲིད་གནང་བ་དང༌། རང་ཡུལ་འཛི་གཞུང་དང་གཞན་མགོ་ ལོག་མཚོ་སྔོ ན་སོགས་སུ་བསྟན་འགྲོའི་དོན་རྒྱ་ཆེར་མཛད་ཅིང༌། རྣམ་དཀར་གྱི་བྱ་བ་ཚེས་ བཅུའི་ཕོ་བྲང་གསར་བཞེངས་ནང་བྱམས་ཆེན་གྱིས་གཙོས་ཉེ་སྲས་བརྒྱད་ཀྱི་ལུགས་མ་ཞིག་ གསོས་དང་གསེར་ཁང་རྟེན་གསུམ་བཅས་གསར་བསྐྲུན་སོགས་དང༌། མཆོད་རྟེན་བཀྲ་ཤིས་ སྒོ་མང་ཕྱི་ནང་ཡོངས་རྫོགས་ཞིག་གསོས་ལ་སོགས་པ་བསོད་ནམས་ཀྱི་བགྱི་བ་གཟབ་ལྡན་ གྱི་སྒོ་ཡངས་པ་དང་བཅས་ཉིད་ཀྱི་གསུང་རྩོམ་རྒྱལ་བསྟན་སྤྱིའི་ཆོས་འབྱུང༌། ཇོ་ནང་ཆོས་ འབྱུང་སོགས་ཡིག་ཆ་གསར་འཇོག་ཡང་འགའ་རེས་བསྟན་པའི་ཞབས་ཏོག་ལེགས་མཛད་ ཀྱི་ཆེ་བ་སོགས་སྒོ་ཀུན་ནས་དམ་པ་མཆོག་གི་མཛད་བཟང་ཇི་བཞིན་སྐྱོང་ངོས་ནས་ད་ལྟ་ བསྟན་འགྲོའི་དཔལ་དུ་སྐུ་འཚོ་གཞེས་སུ་འཇིག་མེད་རྡོ་རྗེའི་ཁྲི་ལ་བཞུགས་བཞིན་པ་འདི་ག་ ལྟར་ཏེ། དེ་དག་ནི་ཚེས་བཅུ་གོང་མའི་སྐུ་ཕྲེང་ངོ༌། ། ༼༡༽ ད་ནི་དྲུང་དཀའ་བཞི་བའི་དངོས་སློབ་ཨརྒེ་ཉི་མ་འོད་ཟེར་གྱི་སྐུ་ཕྲེང་ཡང༌། ཐོག་ མ་ཨརྒེ་ཉི་མ་འོད་ཟེར་གྱིས་དྲུང་རཏྣ་ཤྲི་དགེ་བའི་བཤེས་གཉེན་རྡོ་རྗེ་འཛིན་པ་བཀའ་དྲིན་ གསུམ་ལྡན་གྱི་བླ་མར་བསྟེན་ནས་མདོ་སྔགས་ཀྱི་གཞུང་ལུགས་ཟབ་བཀའ་དུ་མ་ལ་ཐོས་ བསམ་གྱིས་གསན་སྦྱང་ཉམས་ལེན་བཅས་ཀྱིས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དམ་ པར་གྱུར་ཅིང་ཚུལ་དེ་ལུགས་ལྟར་གྱིས་གདུལ་བྱ་རྗེས་སུ་བཟུང་སྟེ་གཞན་ལ་ཕན་པའང་ རྒྱ་ཆེར་མཛད་བཞིན་བཞུགས་ཤིང་ཁྱད་པར་ནང་རླུང་སེམས་ལ་དབང་ཐོབ་ནས་ཕྱི་ཡུལ་ སྣང་ཅི་དགར་བསྒྱུར་ནུས་པའི་མཐུ་དང་ལྡན་ཏེ་ཁོང་གི་ཆོས་ཀྱི་མཆེད་ཚེས་བཅུ་རཏྣ་ཀཱིརྟིས་ 2-1-250 མཆོད་རྟེན་བཀྲ་ཤིས་སྒོ་མང་བཞེངས་སྐབས་ལེགས་པར་གྲུབ་པ་ལ་ཉེ་བའི་དུས་ཤིག་གི་ ཚེ་དེའི་ཉིན་གྱི་ཉི་མ་དགོང་མོར་ནུབ་ལ་ཆས་ཚེ་ཨརྒེ་ཁོང་གིས་ཕྱག་གྲི་ཉི་གྲིབ་མཚམས་སུ་ འཛེར་ནས་ཉི་མ་རང་སར་སྡོད་དུ་བཅུག་ནས་ལས་ཀའི་མཇུག་མ་ཟིན་གྱི་བར་ནུབ་ཁའི་ཉི་ མ་ཕྱིར་ཡོལ་བར་བྱས་ཤིང་དེ་ནས་མཆོད་རྟེན་གྱི་ལས་མཇུག་གྲུབ་པ་ན་ཕྱག་གྲི་ཉི་གྲིབ་ མཚམས་ནས་ཕྱུང་ཚེ་མཚན་མོའི་ཕྱེད་ཙམ་སོང་ཞིང་ཕྱག་གྲི་ཕྱུང་ཤུལ་གྲུབ་ཆུ་བཏོན་པ་ ད་ལྟའི་བར་ཡོད་པ་སོགས་ཆེས་ངོ་མཚར་བའི་གྲུབ་རྟགས་ལ་ཐོགས་པ་མི་མངའ་བས་དེ་ ལུགས་ལྟར་གྱི་ཁོང་གི་མཚན་ལའང་ཉི་མ་འོད་ཟེར་ཞེས་གྲགས་སྐད། ༼༢༽ སྐུ་ཕྲེང་གཉིས་པ་ཉི་མ་འོད་ཟེར་དཔལ་ཞེས་བྱ་བ་ཡང་ཁོང་གིས་འཛམ་ཐང་དུ་ཆོས་ རྗེ་རྒྱལ་བ་སེང་གེ་དཔལ་འབྱོར་བཟང་པོ་བླ་མར་བསྟེན་ནས་མདོ་སྔགས་ཀྱི་ཟབ་བཀའ་རྒྱ་ ཆེར་མནོས་ཤིང་ཉམས་ལེན་ཀྱང་མཛད། དེ་ནས་དབུས་གཙང་དུ་ཕེབས་ཏེ་རྗེ་བཙུན་ཏཱ་ར་ ནཱ་ཐའི་ཞབས་དྲུང་དུ་མཇལ་ནས་ཟབ་མོའི་ཆོས་ཀྱི་སྒོ་འཕར་ཕྱེས་ཏེ་གདམས་ཟབ་རྒྱ་མཚོས་ ཐུགས་རྒྱུད་མངོན་པར་གཏམས་ཤིང༌། རང་གཞན་གྱི་དོན་སྒྲུབ་པ་ལ་སྒོ་གང་ཐད་ནས་ རླབས་ཆེན་གྱི་མཛད་པ་བཟང་པོ་ཅན་ཞིག་གོ ། ༼༣༽ སྐུ་ཕྲེང་གསུམ་པ་ཨརྒེ་ཀརྨ་དོན་དམ་ནི། བསྟན་འགྲོ་ལ་མཛད་ཕྲིན་གྱི་སྒོ་རབ་ཏུ་ ཡངས་པ་ཞིག་སྟེ་འདིའི་ལོ་རྒྱུས་ཀྱི་ཁུངས་མ་རྙེད་ལ། འདི་སྐོར་ཞིག་ཏུ་ཨརྒེ་གློ་མེད་ཟེར་བ་ ཞིག་ཀྱང་བྱུང་བས་དེ་ནི་དབུགས་ཐེངས་གཅིག་ལ་འཇམ་དཔལ་མཚན་བརྗོད་ཆ་ཚང་ཞིག་ ཤད་ཀྱིས་ཀློ ག་འདོན་བྱེད་ཐུབ་པས་མཚན་ལ་གློ་མེད་དུ་གྲགས་ཤིང༌། ཁོང་གི་ཕྱག་བཟོ་རྡོ་ མཉེན་ལག་མཐིལ་ཙམ་གྱི་ནང་ངོས་སུ་ལྟུང་བཤགས་ཀྱི་ལྷ་སོ་ལྔ་དང་ཕྱི་ངོས་སུ་གུ་རུ་རིན་ པོ་ཆེ་རྗེ་འབངས་ཉེར་ལྔའི་སྐུ་བརྙན་ལེགས་མཛེས་འབུར་དུ་དོད་པ་སོགས་ངོ་མཚར་འཕྲུལ་ གྱིས་ལེགས་བསྐྲུན་གྲུབ་རྟགས་ཀྱིས་བྱས་རྗེས་ཆེས་མང་བ་དང༌། ཚེ་ལྡན་གནས་སྤར་བ་ 2-1-251 སོགས་ཁྱད་མཚར་ཅན་ཞིག་ཀྱང་བྱོན་ཚོད་དུ་འདུག་པས་དེ་སྐུ་ཕྲེང་འདི་དང་གཅིག་ཡིན་ མིན་རྩར་མ་ཆོད། ༼༤༽ སྐུ་ཕྲེང་བཞི་པ་ཕྲིན་ལས་རབ་བརྟན་ནི། སྐྱབས་མགོན་མཁར་བ་རྡོ་རྗེ་འཆང་གི་ མདུན་ནས་ཟབ་དགུའི་གདམས་ངག་རྒྱ་ཆེ་བ་ཇི་བཞིན་ལེགས་ནོད་མཛད་ནས་ཉམས་ལེན་ རྟོགས་པ་མཆོག་ཏུ་རྒྱས་ཤིང་གཞན་གདུལ་བྱ་སློབ་ཚོགས་ཀྱང་མང་ཙམ་འདུས་པར་གྲགས་ ཀྱང་དེ་ཡང་དེ་ལས་ཁུངས་མ་རྙེད། ༼༥༽ སྐུ་ཕྲེང་ལྔ་པ་བསྟན་པའི་སྒྲོན་མེའམ་རབ་གསལ་རྒྱ་མཚོ་ནི། སྦྱངས་པ་སྐྱབས་ མགོན་གྱི་ཐུགས་སྲས་སུ་གྱུར་ཏེ་ཟབ་ཆོས་ཀྱི་བདུད་རྩིས་ཐུགས་རྒྱུད་ལེགས་ཕྱུག་མཛད་ ནས་ཉམས་ལེན་གྱིས་མངོན་རྟོགས་མཆོག་བརྙེས་ཤིང་གདུལ་བྱ་འདུལ་བའི་མཛད་བཟང་ གི་སྤྱོད་སྒོ་ཡང་ཆེས་ཁྱད་པར་བ་ཞིག་སྟེ་གང་གི་ཐུགས་དགོངས་སྣང་བ་དབང་བསྒྱུར་གྱི་ རྟོགས་པ་ཟབ་མོའི་ཀློང་དུ་གཤིས་ལྷུག་པར་འབྱོར་ཚབས་ཆེ་བས་ཡ་མཚན་གྲུབ་རྟགས་ཀྱི་ བཀོད་པ་རྡོ་ལ་ཕྱག་གྲིས་མར་བཅད་པ་ལྟར་བྱས་འཕྲལ་ཕྱག་མཛུབ་ཀྱིས་ཧྲཱིཿཡིག་གསེར་ གྱི་རང་བཞིན་སེར་ལམ་མེར་ལེགས་འབྲི་མཛད་ཅིང་སྐུའི་ཞབས་མཐིལ་དུ་དུང་དཀར་གྱི་ཤ་ མཚན་དང་སྐུ་ལ་དུག་གི་མེ་མདའ་དབལ་ཚ་བ་དུ་མས་བསྣུན་ཀྱང་འཇིག་བྲལ་རྡོ་རྗེ་ལྟ་བུའི་ ངང་ཚུལ་གྱིས་མཚོན་གྱི་གནོད་པ་མེད་པ་དང་འཚེ་བྱེད་ཀྱི་མི་སྟོབས་ཅན་དུ་མས་སྐུ་གཡོ་ འགུལ་ཙམ་ཡང་མི་ནུས་ཤིང་འབྱུང་བ་ཆུ་ལ་བསྐུར་ཀྱང་མ་ཁྱེར་བ་སོགས་མཐུ་ནུས་ཟླ་བྲལ་ གྱི་ལོ་རྒྱུས་བསྙོན་མེད་ཆེས་མངའ་བའི་སྤྲུལ་པའི་སྐུ་ཞིག་གོ །འདིའི་ཡང་སྤྲུལ་སྐུ་སྐྱེས་ཆུང་ བ་གཉིས་ད་ལྟ་མཚོ་སྔོ ན་དུ་འཁྲུངས་ཡོད་ཅིང༌། དེ་དག་ལ་དུས་ཕྱིས་སུ་ཚེས་བཅུ་སྨད་ཅེས་ པའི་མིང་ཆགས་སོ། ། དྲུང་དཀའ་བཞི་པའི་དངོས་སློབ་ཆོས་རྗེ་གཞོན་ནུ་རྒྱལ་མཚན་ནི། སྔོ ན་ཀུན་མཁྱེན་ཆེན་ 2-1-252 པོས། ཆུ་བོ་གྱེན་དུ་འཁྱིལ་བའི་ལྷོ་ཕྱོགས་སུ། །སོགས་ཀྱིས་ལུང་བསྟན་པ་ལྟར་འཛི་སྟོད་དུ་ ཆོས་རྗེ་རྒྱལ་བ་བཟང་གི་གཞུང་ལམ་གྱི་བ་གཡག་མཚོ་ཆུ་གྱེན་དུ་ཁྲིད་དེ་རྫ་ལུང་གི་སྟོད་དུ་ འཁྱིལ་བར་བྱས་ཡོད་པ་དེའི་ལྷོ་ཕྱོགས་ཀྱི་གདོང་བརྒྱུད་ཀི་མ་རི་ཟེར་བའི་རི་འབུར་གྱི་སྟེང་ དུ་ཆོས་རྗེ་གཞོན་ནུ་རྒྱལ་མཚན་གྱིས་སྐུ་ཚེ་སྨད་དུ་ཕོ་བྲང་བཏབ་ཅིང་བཞུགས་གནས་མཛད་ པ་གང་དེ་ནི་ཐོག་མར་སྐུ་ན་ཆུང་བའི་སྐབས་དྲུང་དཀའ་བཞི་པའི་མདུན་ནས་རང་ལུགས་ ངེས་དོན་གྱི་ཆོས་གཙོ་བོར་གྱུར་པའི་མདོ་སྔགས་ཡོངས་རྫོགས་རིག་གནས་བཅས་ལ་གསན་ སྦྱང་རྒྱ་ཆེར་མཛད་ཅིང་ཟབ་དོན་ཉམས་བཞེས་ཀྱིས་རྟོགས་པ་མཆོག་བརྙེས་པས་མཁས་ གྲུབ་གཉིས་ལྡན་བསྟན་འགྲོའི་རྩ་ལག་ཆེ་བར་གྱུར་ཏེ་དོན་གཉིས་སྒྲུབ་པའི་མཐུ་ཕུལ་དུ་ བྱུང་བའི་སྐབས་ཤིག་ནས་འཛི་སྟོད་དུ་གོང་སྨོས་བཞིན་བཞུགས་གནས་ཀྱི་ཕོ་བྲང་དང་དེའི་ ཐད་ཀྱི་ཕ་ཀིའི་གདན་སྟེང་ལ་བཤད་སྒྲུབ་ཟུང་འབྲེལ་གྱི་ཆོས་སྡེ་ཆེ་བ་བཏབ་ཅིང་དེར་དོལ་ པོ་པའི་བཀའ་པོད་དྲུག་གི་འཆད་ཉན་གྱིས་རྫོགས་ལྡན་ཆོས་མཆོག་གི་ངེས་དོན་བསྟན་པའི་ རྒྱལ་མཚན་རྨང་ནས་ལེགས་འདེགས་མཛད་དེ་ལུང་དང་རྟོགས་པའི་ཆོས་ཚུལ་ཆེས་འཕེལ་ བཞིན་པའི་དགོན་སྡེའི་ཆོས་གྲྭ་དར་རྒྱས་ཆེ་བ་ཡོད་ཅིང་མངའ་ཐང་གི་སྟོབས་འབྱོར་སྒོ་ཀུན་ ནས་རྒྱ་བསྐྱེད་དེ་ཆོས་གྲྭ་དང་ཁོང་གི་ཕོ་བྲང་བར་ཕན་ཚུན་དྲིལ་གཡེར་གྱི་ཕྲེང་བས་སྦྲེལ་ཞིང་ ངོ་མཚར་བའི་དར་བོ་ཆེ་སོགས་རྒྱས་སྤྲོས་བཀོད་པ་དང་ཁོང་གི་སྐུ་ཕྲེང་རིམ་བྱོན་སོགས་རེ་ ཞིག་གི་བར་མཛད་སྒོ་མཚར་ཆེ་བ་ཡོད་ནའང་ད་ལྟ་དུས་དབང་གིས་ཤུལ་ཙམ་དུ་གྱུར་ཅིང་ ཁྱད་པར་ཆོས་གྲྭའི་ཤུལ་དུ་དེའི་ཕྱིས་སུ་ཨ་སྐྱོང་བླ་མས་དགོན་པ་ལ་ཁ་གསར་འདེབས་བྱས་ པ་ད་བར་དུ་ཡོད་པ་འདི་ཀ་ལྟར་ཡིན་ཞིང༌། འདིའི་སྐུ་ཕྲེང་གཉིས་པ་སྐུ་སྐྱེས་སྨོ ན་ལམ་དབང་ ཕྱུག་རྒྱལ་མཚན་དཔལ་ནི་ཆོས་རྗེ་དཔལ་འབྱོར་བཟང་པོའི་ཐུགས་སྲས་བུ་ཆེན་བཅུ་གསུམ་ གྱི་ཡ་གྱལ་མདོ་དང་སྔགས་ཀྱི་ཆོས་ཚུལ་རྒྱ་ཆེ་བས་ཐུགས་རྒྱུད་མངོན་པར་གཏམས་ཤིང་ནང་ 2-1-253 རྟོགས་ཡོན་ཏན་གྱི་སྒོ་རབ་ཏུ་ཡངས་པའི་མཁས་བཙུན་བཟང་པོའི་ཕུལ་དུ་བྱུང་བ་བསྟན་ འགྲོ་ལའང་ཕན་པ་བྱེད་ནུས་པ་ཞིག་དང་རྫ་དཔལ་སྤྲུལ་རིན་པོ་ཆེ་གཞོན་ནུ་རྒྱལ་མཚན་གྱི་ ཡང་སྤྲུལ་ཡིན་ཚུལ་ཉིད་ཀྱིས་ཞལ་བཞེས་བཞིན་ཇོ་ལུགས་ལ་ཕན་པ་རྒྱ་ཆེར་མཛད་པ་སྟེ་དེ་ སོགས་འགྲོ་ཕན་སྤེལ་བའི་སྐུ་སྐྱེས་འགའ་རེ་བྱུང་རིགས་སུ་འདུག་ཀྱང་ལོ་རྒྱུས་ཀྱི་ཁུངས་མ་ རྙེད་ལ་དེ་ལྟ་བུའི་དྲུང་དཀའ་བཞི་པའི་ཐུགས་སྲས་བུ་ཆེན་དག་གི་བསྟན་འགྲོ་ལ་ཕན་པའི་ མཛད་སྒོ་ཆེས་ངོ་མཚར་བའི་སྤྲུལ་བཀོད་སྐུ་ཕྲེང་གི་རིམ་པ་མདོ་ཙམ་སོང་ནས། དྲུང་པ་གང་ཉིད་ཀྱི་སྐུ་ཕྲེང་རགས་བསྡུས་ས་བོན་ཙམ་འདི་ན་འགོད་པར་བྱ་བ་ལ། ༼༡༽ དྲུང་བ་སྐུ་ཕྲེང་དང་པོ་རཏྣ་ཤྲཱིའམ་རིན་ཆེན་དཔལ།གོང་དུ་སོང་ཟིན། མཆན། ༼༢༽ རིགས་ལྡན་གྱི་རྣམ་པར་འཕྲུལ་བ་དྲུང་དཀའ་བཞི་པའི་སྐུ་ཕྲེང་གཉིས་པར་གྲགས་ པ་རིན་ཆེན་བཟང་པོ་དཔལ་ནི། ཆོས་རྗེ་རྒྱལ་བ་སེང་གེ་དཔལ་འབྱོར་བཟང་པོའི་ཞལ་སྔ་ ནས་རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་འབྲས་བུ་སྔགས་ཀྱི་ཐེག་པ་མཆོག་གི་ཟབ་བཀའ་ ཆེས་མང་གསན་ཏེ་དེ་དག་གི་དོན་ལ་ཐོས་བསམ་གྱིས་སྒྲོ་འདོགས་ཆོད་དེ་སྒོམ་པས་ནང་གི་ མངོན་པར་རྟོགས་པ་རྒྱ་ཆེ་བས་ཐུགས་མཛོད་ཕྱུར་བུར་གཏམས་པས་ཕྱི་རབ་བྱུང་ངུར་སྨྲིག་ གི་བསྟན་པའི་རྒྱལ་མཚན་འཛིན་ཅིང་ནང་སྨིན་གྲོལ་གྱི་ཆུ་ཚད་མཐོན་པོར་སླེབས་ཏེ་གྲུབ་ རྟགས་མངོན་གྱུར་ལ་ཐོགས་པ་མི་མངའ་བའི་རྟོགས་པའི་གདེང་ཚད་ཆེར་བརྙེས་པའི་འགྲོ་ འདྲེན་གྱི་མཛད་པ་བཟང་པོ་ཅན་རང་ལུགས་ཀྱི་བསྟན་པ་དང་འགྲོ་བའི་བདེ་སྐྱིད་སྤེལ་ཕྱིར་ ཆོས་རྗེ་དཔལ་འབྱོར་བཟང་པོ་སྐུ་ཞིང་དུ་གཤེགས་རྗེས་ཁོང་ཉིད་ཀྱིས་ཆོས་རྗེའི་གདན་ས་པ་ རྒྱལ་ཚབ་ཀྱི་ཚུལ་ཡང་ལོ་འགར་མཛད་ནས་རྗེས་སུ་ཆོས་རྗེ་རྒྱལ་བ་སེང་གེའི་ཡང་སྤྲུལ་སྐུ་ བདག་ཁྲི་འདོན་རྒྱལ་ཚབ་ཏུ་བསྐོ་བཞག་སོགས་སྒོ་གང་ཐད་ནས་འཛམ་ཐང་ཆོས་རྗེའི་ཆོས་ སྲི ད་ཟུང་འབྲེ ལ་ལ་ཕན་པའི་བྱ་བ་རླབས་ཆེ་བའང་མཛད་མཁན་ཞིག་གོ ། 2-1-254 ༼༣༽ སྐུ་ཕྲེང་གསུམ་པ་བློ་གྲོས་རིན་ཆེན་དཔལ་གྱི་སྙིང་པོ་ནི། སྐུ་ཚ་རོང་དུ་འཁྲུངས། ཆོས་རྗེས་སྐུ་བདག་བྱས་ཏེ་རིམ་པས་དབོན་བསོད་ནམས་ཆོས་འཕགས་ཀྱི་དྲུང་དུ་ཀློག་ སོགས་སློབ་སྦྱངས་ནས་བཟུང་ཆོས་སྒོར་ཞུགས་ཏེ་སྐུ་དབོན་ཆོས་གྲགས་རྒྱ་མཚོའི་མདུན་ ནས་མི་འཁྲུགས་པ་དུས་འཁོར་སོགས་ཀྱི་ཟབ་དབང་མང་པོ་དང་ཆོས་རྗེ་འཇིགས་མེད་ དཔལ་གྱི་སེང་གེའི་སྐུ་དྲུང་ནས་དགོངས་གཏེར་སྒྲོལ་མ་དམར་མོའི་དབང་ལུང་མན་ངག་ ལེགས་པར་གསན་པ་སོགས་ཆོས་ལ་སྦྱང་བ་དང་བསམ་སྒོམ་རེབ་ཙམ་བྱས་རྗེས་སུ་ཁོང་ ཉིད་ཆོས་རྗེའི་གདན་རབས་ཀྱི་རྒྱལ་ཚབ་ཏུ་བཞུགས་ཏེ་བསྟན་འགྲོ་སྐྱོང་བཞིན་ཁང་དམར་ རྟེན་ཁང་དུ་ཡུན་རིང་མཚམས་སྒྲུབ་དམ་པོ་མཛད་ཅིང་བར་སྐབས་ལོ་ཤས་རེར་སད་བསྲུང་ གིས་འགྲོ་ཕན་ཡང་སྤེལ་བ་དང༌། དཔལ་སྤྲུལ་རིན་པོ་ཆེ་འཛམ་ཐང་དུ་ཕེབས་སྐབས་སྤྱོད་ འཇུག་རྒྱུད་བླ་སོགས་ལ་གསན་སྦྱང་བྱས་ཤིང༌། དཔལ་སྤྲུལ་གྱིས་གསུང་བཀོད་ལྟར་དེ་རྗེས་ མི་རིང་བར་མཁར་པ་རྡོ་རྗེ་འཆང་གི་མདུན་ནས་དུས་ཀྱི་འཁོར་ལོའི་རྣལ་འབྱོར་ཡན་ལག་ དྲུག་གི་ཟབ་ཁྲིད་རྣམས་ལེགས་པར་ཞུས་ནས་ལོ་འགར་ཉམས་ལེན་གནད་ཁེལ་བགྱིས་ པས་རྟོགས་པ་མཆོག་ཏུ་གྱུར་པའི་རེ་ཞིག་ན་གློ་བུར་དུ་ཁོང་གི་སྐུ་བསྙུང་བའི་ཚེ་སྐྱབས་ མགོན་མཁར་བ་གདན་དྲངས་ནས་རྣལ་འབྱོར་འཆི་ཁའི་གདམས་ངག་ཡང་དག་གི་སྒོ་ནས་ མཚམས་སྦྱོར་བཟང་པོ་བཅས་གཟུགས་སྐུའི་མེ་ཏོག་འཕྲལ་དུ་འཐོར། ༼༤༽ སྐུ་ཕྲེང་བཞི་པ་ཡང་ཚ་རོང་ཕྱོགས་སུ་འཁྲུངས་ཤིང་དྲུང་པའི་ཡང་སྤྲུལ་དུ་ངོས་ འཛིན་དང་བཅས་འཛམ་ཐང་སྦྱངས་པ་སྐྱབས་མགོན་གྱི་སློབ་མར་གྱུར་ཏེ་ཟབ་དགུའི་ གདམས་པས་ཐུགས་རྒྱུད་ལ་ལེགས་སྨིན་མཛད་ཅིང་ཁོང་གི་སྐུའི་སྟེང་དུ་འཇའ་གུར་འཁྱིལ་ བ་ཉེ་འཁོར་གཞན་དག་གིས་མཐོང་བ་སོགས་ཁྱད་འཕགས་ཀྱི་མཛད་སྒོ་ཅན་ཡིན་ནའང་ ཉིད་ཀྱི་སྐུ་སྤྱོད་ཀུན་ནས་མཛེས་པར་མ་གྱུར་པ་སོགས་ཀྱིས་ཆོས་སྡེས་གནས་དབྱུང་མཛད་དེ་ 2-1-255 རྔ་ཡུལ་ཕྱོགས་སུ་བྱོན་དགོས་བྱུང་ནས་དེ་ཕྱོགས་སུ་སྐུ་ཚེ་སྨད་ལ་བཞུགས་དུས་སུ་ཁོང་གི་སྐུ་ ལ་གྲི་སོགས་མཚོན་གྱི་གནོད་པས་མི་ཚུགས་ཤིང་གསོལ་ཆང་ཞལ་ཕོར་གང་གི་ནང་དུ་རྟེན་ ཕུར་འཛེར་བ་སོགས་གྲུབ་རྟགས་ཀྱི་མཛད་སྤྱོད་ཡང་དུས་དུས་སུ་ངོམ་པ་ཞིག་གོ ། ༼༥༽ སྐུ་ཕྲེང་ལྔ་པ་ཀུན་དགའ་རིན་ཆེན་དཔལ་གྱི་སྙིང་པོ་ནི། སྦུགས་ཤུལ་དམེ་སྐོར་དུ་སྐུ་ འཁྲུངས་གཙང་བ་གྲུབ་ཆེན་གྱིས་དྲུང་པའི་ཡང་སྤྲུལ་དུ་ངོས་འཛིན་མཛད་ནས་ཆོས་རྗེའི་སྒར་ གྱིས་ཁྲི་འདོན་དང་བཅས་རིམ་པས་ཆོས་ལ་སྦྱང་པ་སོགས་དམ་པའི་ཀུན་སྤྱོད་གོང་མའི་ཕྱག་ བཞེས་བཞིན་ཁང་དམར་བླ་མ་ཀུན་དགའ་བསོད་ནམས་ཞབས་པ་དང༌། སྦྱངས་པ་མ་འདས་ མཆོག་སྤྲུལ་སོགས་དགེ་བའི་བཤེས་སུ་བསྟེན་ནས་དུས་ཀྱི་འཁོར་ལོའི་ཟབ་བཀའ་སོགས་ ཇི་བཞིན་ནོད་དེ་ཉམས་ལེན་གོང་མའི་རྗེས་ཞུགས་ཀྱི་ཚུལ་མི་དམན་པ་བྱས་ནས་ཆོས་རྗེའི་ རྒྱལ་ཚབ་ཏུ་མངའ་གསོལ་མཛད་ནའང་སྤྱོད་ཚུལ་དང་དུས་སོགས་ཀྱི་དབང་གིས་མཛད་ པ་ཇི་བཞིན་མ་བྱུང་ནས་ན་ཚོད་ལང་ཚོ་མ་ཡོལ་བའི་སྐབས་འཕྲལ་དུ་འགལ་རྐྱེན་གྱིས་སྐུ་ གཤེགས་སོ། །དེ་ཡན་ཆད་ཀྱིས་འཛམ་ཐང་གི་སྒར་ཁག་གསུམ་ལས་ཆོས་རྗེ་དང་ཚེས་བཅུའི་ གདན་རབས་སྐུ་ཕྲེང་གི་ལོ་རྒྱུས་མདོ་ཙམ་སོང་ངོ༌། ། ཕྱིས་བྱོན་ཆོས་རྗེའི་སྒྲུབ་བརྒྱུད་ཀྱི་སློབ་དཔོན་རིམ་པར་བྱུང་བ་གང་དག་ནི་གཙང་བའི་ སློབ་བརྒྱུད་དུ་གཏོགས་ཕྱིར་དེ་ལུགས་ལྟར་རྗེས་ནས་སྒྲུབ་བརྒྱུད་སློབ་དཔོན་ཅི་རིགས་པའི་ ལོ་རྒྱུས་འཆད་པར་འགྱུར་རོ། །ད་ནི་རྗེས་ནས་ཁམས་སུ་རང་ལུགས་ཀྱི་བསྟན་པ་སྤེལ་ཚུལ་ ལ། ༼༡༽ ཐོག་མར་འཛམ་ཐང་དུ་ཆོས་རྗེ་ལྷོ་ཁ་བའི་སྐུ་རིང་ལ་ཇོ་ནང་རྗེ་བཙུན་རིན་པོ་ཆེའི་ དངོས་སློབ་མཁས་གྲུབ་བློ་གྲོས་རྣམ་རྒྱལ་ཕྱགས་ཕེབས་མཛད་ནས་ཁམས་ཕྱོགས་སུ་ལོ་ངོ་ བཅུ་གཉིས་ཙམ་ལ་རང་ལུགས་ཀྱི་ཆོས་བཀའ་རྒྱ་ཆེར་སྤེལ། དེ་རྗེས་ཆོས་རྗེ་གོ་རྒྱལ་གྱིས་ 2-1-256 བློ་གྲོས་རྣམ་རྒྱལ་གྱི་ཡང་སྤྲུལ་གཙང་བ་ངག་དབང་བསྟན་འཛིན་རྣམ་རྒྱལ་གདན་འདྲེན་ ཞུས་ནས་ཁོང་གིས་རང་ཉིད་ཀྱི་ཕོ་བྲང་བཞུགས་གནས་སུ་ཕུལ་ཏེ་འཛམ་ཐང་བསམ་འགྲུབ་ ནོར་བུའི་གླིང་དུ་འཇིག་མེད་རྡོ་རྗེའི་ཆོས་ཀྱི་ཁྲི་ལ་རྟག་བཞུགས་སུ་གསོལ་ནས་རང་ལུགས་ ངེས་དོན་སྒྲུབ་བརྒྱུད་ཀྱི་བསྟན་པའི་དབུ་འཕང་དགུང་དུ་འདེགས་པར་མཛད་པ་ནས་བཟུང་ འཛམ་ཐང་གི་སྒར་ཁག་གསུམ་པ་གཙང་བ་ཞེས་གྲགས་པ་དེ་ཉིད་བྱུང་ཞིང༌། གཙང་བའི་ གདན་རབས་ཐོག་མ་ངག་དབང་རྣམ་རྒྱལ་གང་གི་སྐུ་གོང་མ་མཁས་གྲུབ་བློ་གྲོས་རྣམ་རྒྱལ་ དང་ཉིད་ཀྱི་ཁུ་བོ་ཆ་ལུང་གྲུབ་ཆེན་ངག་དབང་ཕྲིན་ལས་དང༌། གཙང་བ་ཁོང་ཉིད་དང་ གསུམ་གྱི་ལོ་རྒྱུས་ཆོས་འབྱུང་གཞུང་དུ་ཆ་ཚང་ཉུང་ཙམ་རེ་བརྗོད་ཟིན་ཅིང་དེ་ལྷག་གི་གཙང་ བའི་སྐུ་ཕྲེང་དང་སྒྲུབ་བརྒྱུད་འཛིན་པའི་རྡོ་རྗེ་སློབ་དཔོན་གང་དག་གི་ལོ་རྒྱུས་མདོ་ཙམ་རེ་ འདིར་འཆད་པར་བྱ་བ་ལ། ཐོག་མར་སྔོ ན་གྱི་དུས་ན་རྒྱ་གར་འཕགས་པའི་ཡུལ་དུ་རྒྱལ་བ་ ཤཱཀྱ་སེང་གེས་འབྲས་སྤུངས་མཆོད་རྟེན་ཆེན་མོར་དུས་ཀྱི་འཁོར་ལོའི་རྒྱུད་སོགས་གསུངས་ སྐབས་ཀྱི་གསང་ཆེན་རྒྱུད་སྡེ་མཐའ་དག་ཞུ་བ་པོ་གསང་བདག་རྡོ་རྗེ་འཛིན་པའི་རྣམ་འཕྲུལ་ ཆོས་རྒྱལ་ཟླ་བ་བཟང་པོ། བཅོམ་ལྡན་འདས་ཉིད་ཀྱི་ཉེ་གནས་ཉན་ཐོས་ཆེན་པོ་ཀུན་དགའ་ བོ། གངས་ལྗོངས་སུ་སློབ་དཔོན་པདྨ་འབྱུང་གནས་ཀྱི་སྐུ་དུས་ལོ་ཙཱ་བཻ་རོ་ཙ་ན། རྗེ་ཇོ་ནང་ པ་ཆེན་པོའི་བུ་ཆེན་ཞང་སྟོན་བསོད་ནམས་གྲགས་པ། འཇམ་མགོན་ཀུན་དགའ་སྙིང་པོའི་ དངོས་སློབ་མཁས་གྲུབ་བློ་གྲོས་རྣམ་རྒྱལ་རྣམས་ཀྱི་སྐུའི་རྣམ་པར་རོལ་པ་རིམ་པས་ལེགས་ པར་བཟུང་སྟེ་བསྟན་པ་དང་འགྲོ་བའི་དོན་རྒྱ་ཆེར་མཛད་རྗེས་སུ་སླར་ཡང་སྤྲུལ་པའི་སྐུའི་ རྣམ་པར་དུས་མཐར་སྙིགས་འགྲོའི་བསོད་ནམས་ཀྱི་ཞིང་དུ་ལེགས་པར་བྱོན་ཏེ་རང་རེའི་ ངེས་དོན་སྒྲུབ་བརྒྱུད་ཀྱི་བསྟན་པ་མདོ་སྨད་དུ་སླར་ཆེར་སྤེལ་དར་རྒྱས་མཛད་པ་ནི་གཙང་ བ་ངག་དབང་བསྟན་འཛིན་རྣམ་རྒྱལ་ཏེ། གང་ཉིད་ཁམས་འཛམ་ཐང་དུ་གདན་འདྲེན་ 2-1-257 སྐབས་ལམ་བར་དུ་ཨ་སྐྱོང་དཔོན་ཁག་གིས་ཆེ་བཀུར་དང་བཅས་དཔལ་གྱི་འཛམ་ཐང་དུ་ ཕེབས་ཏེ་གྱང་ར་ཁར་ཆོས་གཞི་རྒྱ་ཆེར་བཙུགས་ནས་ཆོས་རྗེའི་སྤྲུལ་དབོན་སོགས་འདུས་ སྡེ་ཆེས་མང་ལ་རང་ལུགས་ཀྱི་ཆོས་བཀའ་ཟབ་མོའི་སྒོ་འཕར་ཕྱེས་ནས་སྨིན་གྲོལ་ལ་བཀོད་ པ་ནས་བཟུང་ཚ་རོང་རྔ་ཡུལ་བསེར་ཁོག་སོགས་ཡུལ་གྲུ་རྒྱ་ཆེ་བ་དུ་མ་ངེས་དོན་ཟབ་མོའི་ ཆོས་མཆོག་གིས་ཆེས་སྐལ་བ་བཟང་པོ་ལེགས་མཛད་ཀྱི་མཚན་སྙན་ཀུན་མཁྱེན་ཇོ་ནང་པ་ ཆེན་པོ་སླར་ཡང་བྱོན་པ་ལྟ་བུའི་བྱིན་རླབས་ཀྱི་ཟིལ་ཆེ་བ་སོགས་སྒོ་གང་ཐད་ནས་ཡ་མཚན་ བསྔགས་པར་འོས་པ་མང་པོའི་གྲགས་པ་མདོ་ཁམས་སུ་ཁྱབ་པར་མཛད་བཞིན་ཁོང་ཉིད་ ཀྱིས་བསྟན་འགྲོའི་ལེགས་སྒོ་རྒྱ་ཆེར་སྤེལ་ཏེ་དགུང་གྲངས་ཞེ་བརྒྱད་ཙམ་དུ་སླེབས་སྐབས་ ལྗོངས་འདིའི་གདུལ་བྱ་རེ་ཞིག་རྫོགས་པའི་ཚུལ་གྱིས་ཐུགས་དགོངས་འོད་གསལ་གནས་ ལུགས་ཀྱི་དབྱིངས་སུ་རོ་གཅིག་པར་གྱུར་ཏེ་གཟུགས་སྐུའི་བཀོད་པ་ཉེར་བསྡུ་བྱས་ཤིང་ཉིད་ ཀྱི་སློབ་ཚོགས་མཁས་བཙུན་དར་རྒྱས་ཆོས་འཕེལ་ཟུང་གིས་གཙོས་སྐྱེས་ཆེན་དུ་མ་བྱོན་པ་ སོགས་ཇི་བཞིན་ཆོས་འབྱུང་གཞུང་གི་ཉིད་ཀྱི་རྣམ་ཐར་ལས་ཇི་སྐད་བྱུང་བ་ལྟར་རོ། ། ༼༢༽ གཙང་བའི་སྐུ་ཐོག་མ་གང་གི་ཡང་སྤྲུལ་སྐུ་ཕྲེང་གཉིས་པའི་ཚུལ་ནི་སྤྲུལ་སྐུ་ཀུན་ བཟང་ཕྲིན་ལས་རྣམ་རྒྱལ་ཏེ་རང་གི་སྐུ་གོང་མའི་རྩ་བའི་བླ་མ་ཀུན་བཟང་དབང་པོ་དང་ཁུ་ བོ་ངག་དབང་འཕྲིན་ལས་དང་གོང་མ་ངག་དབང་རྣམ་རྒྱལ་གསུམ་གྱི་མཚན་གྲས་ནས་མིང་ གསོལ་བ་ཡིན་ཞིང༌། དེ་ཡང་རྒྱལ་རོང་བག་ཀོ་ཞེས་པར་ཡབ་ཟ་ལ་བོན་སྐྱབས་དང་ཡུམ་ལུ་ གུ་ཐར་གཉིས་ཀྱི་སྲས་སུ་ཕྱི་ལོ་༡༧༤༠ རབ་ལོ་༧༡༤ མཆན། ལྕགས་སྤྲེལ་ལོར་ཁང་སྟེང་དུ་ཁ་བ་མི་ འཇོག་པ་སོགས་ཀྱི་ལྟས་དང་བཅས་སྐུ་བལྟམས་ཤིང་ཞག་འགར་སོང་རྗེས་སྐུ་སྐྱེས་ན་ཕྲ་དེ་ ཞག་གསུམ་བོར་ནས་མི་མཐོང་བར་གྱུར་སླར་མལ་དུ་བཞུགས་ནས་ཉིད་ཀྱི་ཕྱག་ཏུ་རྒྱ་གར་ འབྲས་ཀྱི་སྙེ་མ་གསར་བ་ཞིག་བཟུང་བཞིན་ཞལ་ནས་ང་ནི་གཙང་བ་ཡིན་ཞེས་ཟེར། དེ་ནས་ 2-1-258 དགུང་ལོ་གསུམ་ཙམ་ལ་འཛམ་ཐང་སྒར་གོང་འོག་གིས་རང་རང་གི་སྤྲུལ་པའི་སྐུ་སྐྱེས་སུ་ཁ་ མ་འཆམས་པ་ལ་རྟེན་དཔང་དུ་བྱས་ཏེ་བདེན་བརྗོད་བཅས་རྫོང་འགག་རྒྱལ་པོས་སྐུ་སྐྱེས་ ལ་རང་གི་གསོལ་ཀར་རྡོ་བཅལ་སྟེང་ལ་འཕང་དུ་བཅུག་སྟེ་ཀར་ཡོལ་བཅག་ན་འཛམ་ཐང་ སྒར་འོག་མ་དང་མ་བཅག་ན་གོང་མའི་སྐུ་སྐྱེས་སུ་ཐག་བཅད་དེ་ཚུལ་དེ་ལྟར་བྱས་ཚེ་གསོལ་ ཀར་ཆག་སེལ་མེད་པར་ཁ་གྱེན་ལ་བསྟན་པ་དང་གཙང་བ་སྐུ་གོང་མའི་རྟེན་ལྷ་ཆ་སོགས་ ཇི་བཞིན་ངོས་འཛིན་བྱས་པས་ཀུན་གྱི་དེ་ལུགས་ལྟར་ཐག་ཆོད་བྱུང་ནས་འཛམ་ཐང་གཙང་ བའི་སྐུ་སྐྱེས་སུ་ཁྲི་འདོན་བྱས་ཏེ་རིམ་པས་སློབ་དཔོན་ཀུན་དགའ་དར་རྒྱས་ཀྱི་དྲུང་ནས་ཀློ ག་ སོགས་བསླབ་སྦྱང་གིས་ཚེགས་མེད་མཁྱེན་ཞིང༌། སྐུ་དབོན་དོན་གྲུབ་རྒྱ་མཚོ་དགེ་སློང་ཆོས་ འཕེལ་སོགས་དགེ་བའི་བཤེས་གཉེན་དུ་མའི་མདུན་ནས་རྡོ་རྗེ་འཇིགས་བྱེད་ཀྱི་དབང་དང་ སྦྱོར་དྲུག་གི་ཆོས་སྐོར་མཚན་གསོལ་གོང་སྨོས་བཞིན་དང་སློབ་དཔོན་ཀུན་དགའ་དར་རྒྱས་ ཀྱི་དྲུང་ནས་རིན་འབྱུང་གི་དབང་བཀའ་རྣམས་ལེགས་གསན་མཛད། དགུང་ལོ་བཅུ་སྐོར་དུ་ ཚ་ཁོ་ནས་ཆ་ལུང་པའི་ཡང་སྤྲུལ་ཕེབས་པ་འདས་པའི་གཤེགས་མཆོད་དང་ཁོང་གིས་རབ་ ཀའི་ཐང་དུ་དུས་འཁོར་གྱི་དབང་སོགས་ཟབ་བཀའ་དུ་མ་འདུས་སྡེ་ཆེ་བ་ལ་གསུངས་པས་ འཇའ་སྤྲིན་སོགས་ཀྱི་ལྟས་བཟང་བཅས་གཞན་ཡང་ཆོས་བཀའ་ཅི་རིགས་འཛམ་ཐང་དུའང་ གསུངས། དགུང་ལོ་ཉེར་གསུམ་སྐོར་ནས་ཡར་ཐང་ནས་བརྒྱུད་རྔ་ཡུལ་ཕྱོགས་སུ་ཕེབས་ ལམ་ཀུན་ཏུ་རང་རང་གི་མོས་འདུན་བཞིན་གྱི་ཟབ་ཆོས་ལེགས་ཕྱེ་མཛད་སྐབས་མཁའ་ལམ་ ནས་འཇའ་སྤྲིན་དང་ཆོས་ཉན་མིག་ཧར་ལོང་སོང་བ་འགའ་ཞིག་གི་མིག་ཐོན་པ་སོགས་ངོ་ མཚར་བའི་དགེ་མཚན་བྱུང༌། དེ་ནས་འབྲོ ག་དགེ་དབོན་ཀུན་དགའ་ལྷུན་གྲུབ་པའི་མདུན་ ནས་སྦྱོང་རྒྱུད་ཀྱི་དབང་དང་ཀུན་དགའ་བཀྲ་ཤིས་ཀྱི་དྲུང་ནས་རྡོར་ཕྲེང་གི་དབང་རེས་མོས་ མཉམ་ཞུ་དང་གཞན་ཡང་དུས་ཀྱི་འཁོར་ལོའི་བདག་པོ་བདག་ཆེན་གྱི་དབང་དང་དྲུག་ཅུ་ 2-1-259 དམར་ཆེན་རྩང་མདོས་ལས་ཚོགས་བཅས་དང་སྒྲ་མཚམས་སྦྱོར་ལྔ་པའི་ས་རིས་སོགས་ ལའང་གསན་སྦྱང་མཛད་བཞིན་དེ་ཕྱོགས་སུ་འགྲོ་དོན་ཅི་རིགས་ཀྱི་མཐར་སླར་འཛམ་ཐང་ དུ་ཕེབས་ནས་དགུན་མཚམས་དང་གཟིམས་ཁང་ཞིག་གསོས་མཛད། དེ་ནས་རི་ཁྲོད་དུ་སྦྱོར་ དྲུག་ལ་ལོ་མཚམས་སུ་བཞུགས་སྐབས་རྟོགས་པའི་ཀློང་རྡོལ་ཏེ་རྣལ་འབྱོར་ཡན་ལག་དྲུག་ སྲོག་འཛིན་མན་ཆད་ཀྱི་ཉམས་མྱོང་མཚན་ཉིད་པ་སྐྱེས་ཤིང་རང་སྣང་སྟོང་པའི་གཟུགས་ཀྱི་ འཆར་སྒོ་ཆེས་ཆེར་མཆེད་དེ་དག་མ་དག་གི་སྣང་བ་རབ་འབྱམས་དང་རྨི་ལམ་འོད་གསལ་ གྱི་འཆར་ཚུལ་མཐའ་ཀླས་པ་དང་དུས་དུས་སུ་དག་སྣང་གི་ངོར་རྡོ་རྗེ་འཆང༌། དུས་ཀྱི་འཁོར་ ལོ། སྒྲོལ་མ་དཀར་ལྗང༌། ཐུགས་རྗེ་ཆེན་པོ། ཐུབ་དབང༌། གནས་བཅུ། ཀུན་མཁྱེན། རྗེ་ བཙུན། ས་པཎ། གུ་རུ་མཚན་བརྒྱད། ལྟུང་བཤགས་ཀྱི་ལྷ། སངས་རྒྱས་རབས་བདུན། སྨན་ བླ་བདེ་གཤེགས་བརྒྱད་སོགས་ལྷ་ཚོགས་ཀྱི་སྣང་བ་རབ་འབྱམས་དང༌། ཧ་ཀྵ། ཡིག་དྲུག་ སོགས་ཡི་གེའི་གཟུགས་སྣང་དུ་མ་དང༌། ཤམྦྷ་ལ་སོགས་ཞིང་ཁམས་ཀྱི་བཀོད་པ་དུ་མ་དང༌། གུར། ཞལ། རྣམ་སྲས་སོགས་ཆོས་སྐྱོང་གི་རིགས་དུ་མ་དང༌། ཕ་ཅིག་དམ་པ། མ་ཅིག་ལབ་ སྒྲོན། བཀའ་བརྒྱད། ཆེ་མཆོག གཤིན་རྗེ་ཀེང་ཀ པདྨ་དབང་ཆེན། སེང་གདོང་དམར་མོ། ལྷ་ མགོན་ཚོགས་བདག སངས་རྒྱས་སྟོང་རྩ་སོགས་ཁྲ་ལམ་མེར་མཐོང་བའི་དག་སྣང་རྒྱན་གྱི་ འཁོར་ལོ་ལ་མངའ་དབང་འབྱོར་ཞིང༌། འདི་སྐོར་ཁོང་ཉིད་བྱམས་པ་འབུམ་གླིང་དུ་བྱོན་ལམ་ རྔ་ཡུལ་སྟོད་སྨད་སོགས་སུ་འགྲོ་དོན་རྒྱ་ཆེར་བཅས་བྱང་མཇལ་དུ་བྱོན་སྐབས་ཀཱིརྟི་ཐོགས་ མེད་ཞབས་གྱིས་ཆེ་བཀུར་རྟ་དང་དར་གོས་ཕྱག་རྡོར་གྱི་གསེར་སྐུ་ཁྱད་མཚར་བ་སོགས་ ཀྱི་གནང་སྦྱིན་དང༌། དེ་ཕྱོགས་ཀྱི་གོང་གྲས་རྒྱ་རིགས་མི་སྣ་དག་གིས་བཀའ་ཡིག་ལེགས་ པ་སོགས་དང་བཅས་དེ་ཕན་བྱང་མཇལ་གནས་ལམ་ཕྱེ་བའི་སྒོ་ནས་སྐབས་དོན་ལེགས་ གྲུབ་དང་ཁྱད་པར་དེ་དུས་སུ་ཕ་མཐའ་རིན་པོ་ཆེས་གཙང་སྤྲུལ་འདི་ཉིད་གསང་བདག་རྡོ་རྗེ་ 2-1-260 འཛིན་པས་བྱིན་གྱིས་རླབས་ཤིང་བསྟན་འགྲོའི་དོན་ཆེན་འོང་བའི་སྐྱེས་ཆེན་དུ་ལུང་བསྟན་ ཡང་ཡང་མཛད། དེ་ནས་སླར་རྔ་ཡུལ་དུ་ཕེབས་ཏེ་སྐོར་མདའ་ཐང་དུ་འདུས་པ་ཆེས་མང་པོ་ ལ་དུས་འཁོར་གྱི་དབང་བསྐུར་མཛད་སྐབས་ཁྱབ་འཇུག་ཆེན་པོ་རཱ་ཧུ་ལ་བཀའ་ཡི་ཐ་ཚིག་ གིས་དམ་ལ་བཞག་ནས་ཆོས་སྐྱོང་དུ་བཀོལ། དེ་ཕན་ཆད་ནས་གཙང་བའི་བརྒྱུད་འཛིན་ དག་གིས་དྲང་སྲོང་གཟའ་མཆོག་ཆེན་པོ་སྒྲུབ་པའི་ཆོས་སྐྱོང་གི་གཙོ་བོ་ཉིད་དུ་ད་ལྟའི་བར་ གསོལ་མཆོད་བྱེད་པ་ཡིན་ཞིང༌། དེ་ནས་ཚུར་རང་གནས་སུ་ཕེབས་ནས་དངོས་རྫས་གང་ དག་གིས་རྣམ་དཀར་བགྱི་བ་དོན་ལྡན་ཁོ་ནར་བཅས་ཐུགས་དམ་ལ་གཙོ་བོར་མཛད། འདི་ སྐོར་ཞིག་ཏུ་ཀརྨ་ཞྭ་ནག་བདུད་འདུལ་རྡོ་རྗེ་ཚབ་ཚར་བྱོན་སྐབས་དེར་གཙང་བ་ཕེབས་ནས་ འཁར་རྔ་རྒོད་མ་བརྒྱ་རིན་སོགས་སྣེ་གྲངས་བརྒྱ་འབུལ་དང་བཅས་རྟོགས་འབུལ་བཀྱགས་ ཚེ་ཀརྨ་པའི་ཞལ་ནས། ཆེ་བསྔགས་ཀྱིས་མདོ་སྨད་བླ་སྒར་སྟོང་ཕྲག་གི་གཙུག་གི་ནོར་བུ་ མཆོག་ཏུ་མངའ་གསོལ་མཛད་ཅིང་ཀརྨ་ང་འདྲ་མའི་སྐུ་བརྙན། ཕྱག་དྲིལ་སོགས་གནང་སྦྱིན་ རྒྱ་ཆེ་བས་བརྩི་བཀུར་བླ་མེད་བྱས་པ་སོགས་ཀྱིས་རང་གནས་སུ་ཕེབས། དགུང་ལོ་སོ་ལྔ་ སྐོར་རྡོ་རྗེ་གཡུ་བྲག་ཏུ་གནས་མཇལ་ལ་ཕེབས་སྐབས་ལམ་ནས་འབྲི་ཆུ་སོགས་རྫ་དཀར་ ནག་གི་ཆུ་རྣམས་ལ་དར་གང་ནས་མེད་པ་འཕྲལ་དུ་དར་ཆགས་པའི་སྟེང་ནས་ཕེབས་ལམ་ མཛད་རྗེས་སླར་ཡང་ཆད་པའི་སྒོ་ནས་འབྲི་གུང་ཡེར་བ། ལྷ་ས་སོགས་ལ་རིམ་པས་མཇལ་ ནས་མཚུར་ཕུར་ཀརྨ་པ་བཞུགས་པའི་དྲུང་དུ་སྔར་གྱི་རྟོགས་འབུལ་གྱི་འཕྲོ་ལེགས་ཞུ་མཛད་ པས་ཀརྨ་པ་ཉིད་ཀྱི་ཞལ་སྔ་ནས། ཆེད་བརྗོད་གནང་བ། བླ་མའི་ཐུགས་སུ་རྟགས་བཅུའི་ ཡོན་ཏན་སོགས། །གསར་བར་འཆར་འདི་ཤིན་ཏུ་ལེགས་ཚོགས་ཆེ། །སླད་མའང་རྣམ་ཀུན་ མཆོག་ལྡན་གོང་འཕེལ་ཆེར། །གེགས་མེད་ཡོངས་སུ་སྤྱོད་པས་སྨི ན་གྱུར་ཅིག །ཅེས་སོགས་ གཟེངས་བསྟོད་རྒྱ་ཆེ་བ་མཛད་ཅིང༌། བཀྲ་ཤིས་ལྷུན་པོ། ཇོ་ནང་སྐུ་འབུམ་སོགས་ལ་མཇལ་ 2-1-261 མཆོད་དང༌། རྟག་བརྟན་ནས་པར་ཡིག་རྒྱབ་ཁལ་བླུས་ནས་སླར་རིམ་པས་ལྷ་སའི་བར་ ཕེབས་ཏེ་ཇོ་བོ་ཤཱཀྱ་མུ་ནེ་སོགས་ལ་གསེར་ཆབ་ཕུལ་ནས་ཁོང་གིས་ཙན་དན་གྱི་བཅུ་གཅིག་ ཞལ། པད་བྱུང་གཙོ་འཁོར། ཁ་སར་པ་ཎི། རྣམ་སྲས་སོགས་ཀྱི་འདྲ་སྐུ་བླུས་ཏེ་སྔ་ཕྱི་ཅི་ རིགས་སུ་འབྲི་གུང་སྤྲུལ་སྐུ། རྒྱལ་བ་རིན་པོ་ཆེ། ཞྭ་དམར་བཅུ་པ་ཆོས་གྲུབ་རྒྱ་མཚོ་སོགས་ ལ་ལེགས་མཇལ་གྱི་སྒོ་ནས་མར་ཕེབས་ལམ་ངམ་ཆུ་ཁར་གཏེར་སྟོན་མི་འགྱུར་རྡོ་རྗེ་དང་ རྟོགས་འབུལ་ཡི་གེ་བསྐུར་རེས་ཀྱིས་ཕན་ཚུན་ཐུགས་ནང་གཅིག་འདྲེས་སུ་གྱུར། སྡེ་དགེ་ ནས་རྒྱལ་བའི་བཀའ་ཆོས་ཆེན་མོའི་གསུང་རབ་ཀྱི་ཡི་གེ་ལེགས་བླུ་བཅས་རང་གནས་འཛམ་ ཐང་དུ་འབྱོར་ཞིང་རབ་གནས་དགའ་སྟོན་རྒྱ་ཆེ་བ་དང་འགྲོ་ཕན་གཞན་ཡང་མང་དག་མཛད། གཙང་བ་སྤྲུལ་པའི་སྐུ་འདི་ཉིད་ཀྱི་ཕྱག་ཏུ་དཔལ་ལྡན་ལྷ་མོའི་རལ་གྲི་བདུད་སྡེ་མ་རུངས་ པ་ཚར་གཅོད་བྱེད་ཀྱི་ཕྱག་མཚན་དེ་ཡང་ལེགས་འབྱོར་གྱི་ཚུལ་དུ་རྟེན་གྱི་སྐལ་བ་མཆོག་ཏུ་ ཐོབ་བམ་སྙམ་ལ། དགུང་ལོ་ཞེ་གསུམ་སྐབས་ཆུ་ཆེན་མཁན་པོས་གོང་མའི་གསེར་ཡིག་གིས་ འཛམ་ཐང་ཆོས་ལུགས་བརྗེ་དགོས་པའི་བཀའ་ནན་བྱུང་བ་ན་གཙང་བ་ཁོང་དང་ཕུན་ཚོགས་ རྫོང་རྒྱལ་གཉིས་ཆུ་ཆེན་དུ་བྱོན་ཏེ་ཡིན་ལུགས་ལེགས་ཞུས་ཀྱིས་ཇི་བཞིན་གོ་བརྡ་འཕྲོད་ ནས་ཞྭ་སེར་ཁ་བསྒྱུར་ཙམ་ལས་ཆོས་ལུགས་སྔར་བཞིན་ཆོག་པའི་བཀའ་གནང་དང་བཀའ་ རྟགས་བཟང་པོའི་སྐྱེས་བཅས་རང་རེའི་བསྟན་ལ་ཕན་ཐོགས་བྱུང༌། དགུང་ལོ་ཞེ་དྲུག་ཏུ་མ་ ཡུམ་འདས་པའི་དགོངས་རྫོགས་སུ་འཁོར་ལོ་དྲུག་ཅུ་ལྷག་སོགས་རྣམ་དཀར་བསགས་སྒོ་ རྒྱ་ཆེར་མཛད། དེ་ནས་ཉིད་ཀྱི་དགུང་གྲངས་ཞེ་བདུན་ནས་ཞེ་དགུའི་བར་ལོ་གསུམ་གྱི་རིང་ ལ་སྐུ་མཚམས་དམ་པོ་མཛད་ནས་བཞུགས་ཤིང་དགུང་ལོ་ལྔ་བཅུར་སླེབས་པ་ཙམ་ན་ཁོང་ ཉིད་ཚ་ཁའི་འབྲོག་སྡེ་ལ་དཀར་བསོད་དུ་ཕེབས་སྐབས་མི་ནག་གི་སེར་སྡེས་ཞུས་ངོར་གྲུབ་ ཆེན་བརྒྱད་ཅུའི་རྗེས་གནང་གསུངས་པའི་ཚེ་འཕྲལ་དུ་ས་དྲོད་དང་མཁའ་ལམ་ནས་འཇའ་ 2-1-262 སྤྲིན་དང་མཚན་མོ་སྤྲིན་མེད་པར་ཆར་ཟིལ་དང་ཉིན་མོ་ཁ་བ་མེ་ཏོག་ལྟར་འབབ་པ་སོགས་ ཀྱི་ལྟས་བྱུང་ཚེ་ཁོང་གི་ཞལ་ནས། ད་ནི་ང་རང་ལ་སྐུ་གོང་མའི་ཚེ་གེགས་ལས་ལྷག་ལོ་གཉིས་ ཙམ་སོང་བས་གང་གིས་ཕན་པ་མེད་པར་འཆི་བའི་དུས་ལ་བབ་པ་ཡིན། ཞེས་གསུངས་ནས་ ཕྱི་ལོ་༡༧༨༩ རབ་ལོ་༧༦༣ མཆན། ས་མོ་བྱ་ལོ་དེའི་ཐ་སྐར་ཟླ་བའི་བཅོ་ལྔར་ཟླ་བ་སྒྲ་གཅན་གྱིས་ སྒྲིབ་ཅིང་ཚེས་དེའི་ཉེར་བརྒྱད་ནམ་གུང་དུ་གཟུགས་སྐུའི་བཀོད་པ་འཕྲལ་དུ་བསྡུས་ནུབ་རྭ་ རྫོང་དུ་གདུང་ཤུལ་ས་མཐོ་གང་ཙམ་སྐྱ་མོར་སོང་བའི་ཤུལ་དོད་ཅིང་དེའི་ནུབ་གདར་ཚང་དུ་ རོལ་མོའི་སྒྲ་ལྡིར་བ་དང་དེའི་ཟླ་བ་ཕྱི་མའི་ཚེས་གཅིག་ཏུ་ཉི་མ་ཡང་བཟུང་བའི་སྒོ་ནས་ཚེས་ བཞིའི་ནམ་གུང་ས་གཡོ་བ་དང་བཅས་སྐུ་གདུང་བཞུ་སྐབས་བུད་ཤིང་ཆེར་མེད་པར་རང་ འབར་དུ་སོང་ཞིང་ཞེ་དགུའི་རིང་འཇའ་སྤྲིན་རྒྱུན་མ་ཆད་པ་དང་གདུང་རུས་ལ་ཚེ་དཔག་མེད་ ཀྱི་སྐུ་སོགས་དང་རིང་བསྲེལ་ཆེ་ཆུང་དུ་མ་སྐུ་ཤ་ཚིག་པའི་ཐལ་བ་འགར་ཁུང་ཚྭ་ལ་ལྟ་བུའི་སྲ་ མཁྲེགས་དང་ལྡན་པ་སོགས་ངོ་མཚར་བའི་རྟགས་མང་པོ་བཅས་དགོངས་མཆོད་གདུང་རྟེན་ སོགས་རྒྱས་པར་རྣམ་ཐར་ལོགས་ན་ཡོད་པ་ལྟར་རོ། ། གང་གི་ཐུགས་སློབ་གྲུབ་ཆེན་དུས་ཞབས་པའི་བྱིན་གྱིས་རླབས་པའི་སྤྲུལ་སྐུར་གྲགས་ པ་ནང་ཉམས་རྟོགས་ཀྱི་ཀློང་རྡོལ་ཞིང་གཏུམ་མོའི་བདེ་དྲོད་ཀྱིས་དགུན་ཁར་གཟིམ་ཁང་ སྟེང་ལ་ཁ་བ་འཇོག་མི་ཐུབ་པ་སོགས་གྲུབ་པའི་རྟགས་དང་མངོན་མཁྱེན་ཐོགས་མེད་མངའ་ བ་ལྷ་ཚེ་བླ་མ་ངག་དབང་རྒྱལ་མཚན་ཞབས་པ་དང༌། ཉིད་ཀྱི་སྐུ་དབོན་ལྷུན་གྲུབ་རྒྱ་མཚོ་སྟེ། དེ་ཡང་མཐུ་ནུས་ཀྱིས་བསྟན་སྲུང་བྲན་དུ་བཀོལ་ཞིང་དྲག་པོ་མངོན་སྤྱོད་གྱི་ལས་ཚབས་ཆེན་ གྲུབ་པས་སྡང་དགྲ་གདུག་ཅན་ཆམ་ལ་འབེབས་ནུས་པའི་སྔགས་རིག་འཛིན་པ་ཆེན་པོ་ཞིག་ ཡིན་ཕྱིར་སྐབས་ཤིག་ཏུ་ཁོང་ཉིད་སྨྲ་ཡུལ་ཕྱོགས་ཀྱི་འབྲོག་སྡེར་བཞུགས་སྐབས་ཉིན་ཞིག་ རི་ངོས་ནས་འབྲོང་གཡག་རྒོད་པོ་ཆེས་སྟོབས་དང་ལྡན་པ་ཞིག་ངར་ཤེད་ཀྱིས་འབྲོག་པའི་རི་ 2-1-263 ཐོག་ཏུ་རྒྱུག་བྱུང་བ་ན་དེར་གནས་མི་ཐམས་ཅད་ཀྱིས་ཅི་བྱ་གཏོལ་མེད་འཇིགས་སྐྲག་གིས་ བྱ་ཐབས་ཟད་ཚེ། དབོན་ཉིད་ཀྱིས་སྐད་གཅིག་ལ། ཆོས་སྐྱོང་བསྐུལ་རྦད་ཀྱིས་དམོད་བཅོལ་ དང་བཅས་སྐུ་གཟན་ས་ལ་བརྡབས་པས་དེ་མ་ཐག་འབྲོང་རྒོད་ངར་བ་དེ་འཕྲལ་དུ་སྐེད་པ་ དྲལ་ནས་ཁ་སྦུབ་ཏུ་ཤི་སོང་བས་ཀུན་ཧ་ལས་པར་གྱུར་པ་སོགས་ནུས་མཐུ་ཆེ་བའི་ལོ་རྒྱུས་ མང་པོ་ཅན་ཞིག་གོ །དེ་ལ་སོགས་པའི་ཐུགས་སྲས་བུ་ཆེན་སྐྱེས་བུ་དམ་པའང་མང་ཙམ་ཡོད་ ཚོད་དུ་གདའ། ༼༣༽ གཙང་བའི་སྐུ་ཕྲེང་གསུམ་པ་དཀོན་མཆོག་འཇིགས་མེད་རྣམ་རྒྱལ་ནི། ཡོ་སྟག་ཏུ་ ཡབ་མགོ་ལོག་སྙིང་རྒྱ་འབུམ་དང་ཡུམ་སྡོང་བཟའ་ལུག་མཚོ་གཉིས་ཀྱི་སྲས་རིགས་སུ་ ལྷུམས་ན་བཞུགས་སྐབས་ཡུམ་གྱི་རྨི་ལམ་དུ་ཟླ་བ་ཁང་སྟེང་དུ་བབས་པ་དང༌། འཛམ་ཐང་ ནས་འོང་ཟེར་བའི་བླ་སྒར་སྒོ་དྲུང་དུ་སླེབས་པ་དང༌། ནམ་མཁའ་ནས་གསེར་གྱི་རྡོ་རྗེ་སྙན་ པའི་སྒྲ་ལྡན་ཞིག་རང་གི་པང་དུ་ལྷུང་བ་སོགས་རྨིས་ཤིང༌། ཡབ་ཀྱིའང་མནལ་ལམ་དུ་དུང་ དཀར་འབུད་པའི་སྒྲ་གདངས་ཀྱིས་ཡུལ་གྲུ་ཆེན་པོ་ཀུན་ཡོམ་ཡོམ་བྱེད་པའི་སྣང་བ་སོགས་ དང༌། ཁྱད་པར་ཁྱིམ་གྱི་དུ་བ་གནམ་དུ་སོང་བའི་དབུས་སུ་ལྷ་སྐུ་དཀར་པོ་རྒྱན་ལྡན་བཞུགས་ པ་དང༌། བླ་མ་དཔོན་གཡོག་དྲུག་རེ་གཙང་བ་ཡིན་ཟེར་བཞིན་ཁང་ཐོག་ཏུ་ཐོན་པ་དང༌། ཞིང་ ར་རྣམས་སུ་མེ་ཏོག་སྣ་ཚོགས་འོད་འབར་བས་ཁྲིག་མེར་གང་བ་དང༌། གྲོང་ཁྱེར་ཀུན་ཏུ་དྲི་ བཟང་གིས་ཁྱབ་པ་དང༌། ཁང་སྟེང་དུ་གུར་གྱི་ཤུལ་ཙམ་ལ་དགུན་ཁར་ཁ་བ་མི་འཇོག་པ་ དང༌། སྐུ་གོང་མ་རྔ་ཁོག་ཏུ་ཕེབས་དུས་མཆོད་སྐོང་ཞིག་སྟོར་སོང་བ་བྱ་རོག་གིས་ཁྱེར་ནས་ འདིར་ཁང་ཐོག་ཏུ་བཞག་པ་དང༌། ཆོས་སྐྱོང་ཁྱབ་འཇུག་ཆེན་པོས་གཟུགས་ཆེ་ཆུང་སྣ་ཚོགས་ པའི་སྒོ་ནས་དུས་དང་དུས་སུ་མེལ་ཚེ་བྱེད་པ་སོགས་ངོ་མཚར་བའི་རྟགས་མཚན་ཆེས་མང་ ཞིང༌། དེ་ནས་སྐུ་སྔ་མ་གཤེགས་ནས་ཟླ་བ་དྲུག་དང་ཞག་བཅུ་དགུ་སོང་མཚམས་ཕྱི་ལོ་༡༧༩༠རབ་ 2-1-264 ལོ་༧༦༤ མཆན། ལྕགས་ཁྱིའི་ལོའི་ཟླ་བ་བཞི་པའི་ཚེས་བཅུ་བདུན་གྱི་ཉིན་སྐུ་ལྷུམས་ནས་ བལྟམས་མ་ཐག་ཞལ་ནས། ཧཱུཾ་ཧཱུཾ་ཞེས་པའི་སྒྲ་གསལ་བོ་སྒྲོགས་ཅིང་མཁའ་ལམ་ནས་རྔ་སྒྲ་ ལྟ་བུ་བྱུང་བའི་རྐྱེན་གྱིས་འཛུམ་མཛད་དང་བཅས་པའི་རྒོད་བག་ངོམ་པ་ཞིག་སྟེ་སྔོན་སྐུ་གོང་ མའི་པུས་མོའི་མཚམས་སུ་སེང་གེའི་གཟུགས་འདྲའི་རི་མོ་སྔོ་བཀྲའི་ཤ་མཚན་ཡོད་ཅིང་དེ་ འདྲའི་ཤ་མཚན་དེ་སྐུ་བར་བའི་དཔྱི་མིག་མཚམས་དང་སྤྲུལ་སྐུ་འདི་ཉིད་ཀྱི་མཁལ་ཁུང་ གཡས་པར་ཡོད་པའི་ལེགས་མཚན་གྱི་རྟེན་འབྲེ ལ་ཇི་བཞིན་མངོན་ལ། དགུང་གྲངས་བཞིར་ སོན་ཚེ་འཛམ་ཐང་གཙང་བ་སྒར་གྱིས་ཁྲི་འདོན་དང་བཅས་རིམ་པས་ཀློག་སོགས་བསླབ་ སྦྱང་དང་དགུང་ལོ་བཅུ་སྐོར་ནས་བཟུང་དབོན་ལྷུན་གྲུབ་རྒྱ་མཚོའི་དྲུང་ནས་དགེ་བསྙེན་སྡོམ་ པ་ཞུས་ནས་མཚན་དཀོན་མཆོག་འཇིགས་མེད་རྣམ་རྒྱལ་དུ་གསོལ་ཞིང་གཞན་ཡང་དུས་ འཁོར་དབང་སོགས་ཟབ་བཀའ་ཅི་རིགས་དང༌། སློབ་དཔོན་ཆོས་འབྱོར་ཞབས་པའི་མདུན་ ནས་སྦྱོར་དྲུག་གི་ཟབ་བཀའ་ཞུས་ནས་ཉམས་ལེན་གྱིས་རྟོགས་པའི་རྩལ་ཡང་རབ་ཏུ་གྱུར་ ཅིང༌། འདི་སྐོར་གཞན་ལའང་དབང་བསྐུར་མཛད་ཐུབ་ཅིང༌། དགུང་ལོ་བཅུ་བཞི་པར་སི་ཏུ་ པདྨ་ཉིན་བྱེད་དབང་པོའི་དྲུང་ནས་རབ་བྱུང་བསྒྲུབས་ཏེ། མཚན་ཀརྨ་ཆོས་མཆོག་བསྟན་ གསལ་ཞེས་གསོལ་ཞིང༌། དེ་སྐབས་སུ་སྐུ་དབོན་སངས་རྒྱས་རྒྱ་མཚོའི་དྲུང་ནས་ཀྱང་རིན་ འབྱུང་སོགས་དང༌། ཀུན་དགའ་ཆོས་དབྱིངས་ཀྱི་མདུན་ནས། ཀུན་མཁྱེན་གསུང་འབུམ། བླང་དོར་ཁྲིད་ལུང༌། རྩིས་དཀར་ནག་སོགས་ཕྱི་ནང་གི་རིག་གནས་དུ་མ་ལ་གསན་སྦྱང་ཕུལ་ ཕྱིན་མཛད། སྐུ་དབོན་ལྷུན་གྲུབ་པའི་དྲུང་ནས་སྦྱོང་རྒྱུད་ཀྱི་དབང་ཁྲིད་ཞུས་ཏེ་ཟླ་བ་བཅུ་ བཞིའི་བར་ཉམས་ལེན་གནད་ཁེལ་བཅས་ཀྱིས་མཚམས་སྒྲུབ་དང༌། ལྷར་ཡག་བློ་གྲོས་རྒྱ་ མཚོ་སོགས་ལ་མི་འཁྲུགས་པ་དང་དུས་འཁོར་སོགས་ཀྱི་དབང་བསྐུར་ཀྱང་མཛད། དགུང་ ལོ་ཉེར་བདུན་སྟེང་ཁོང་ཉིད་འཁོར་ཚོགས་རྒྱ་ཆེར་བཅས་དབུས་གཙང་དུ་ཕེབས་ཏེ། གཞུང་ 2-1-265 དགའ་ལྡན་པ་སོགས་ལ་འབུལ་རྐྱེན། ཇོ་བོ་སོགས་རྟེན་ཁྱད་འཕགས་ལ་གསེར་ཆབ་བཅས་ པཎ་ཆེན་རིན་པོ་ཆེའི་མདུན་དུ་དངོས་འབུལ་གཟབ་ལྡན་གྱི་སྒོས་བསྙེན་རྫོགས་ཀྱི་སྡོམ་པ་ ཞུས་ཤིང༌། ཁོང་གིས་གཙང་བ་ལ་གནང་སྦྱིན། རྗེའི་གསུང་འབུམ། བྱམས་མགོན་སྐུ་བརྙན། པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་གསུང་འབུམ། ན་བཟའ་ཆ་ཚང་སོགས་དང༌། ཁྱད་པར་རྗེ་ བཙུན་ང་འདྲ་མའི་གསེར་སྐུ། རྗེ་བཙུན་གྱི་དབུ་ཞྭ། རྗེ་བཙུན་ཉིད་ཀྱི་སྐུ་འདྲའི་པར་ཤིང་ཕྱག་ བཟོ་མ་སོགས་ལེགས་སྐྱེས་ཀྱི་མཛད་སྒོ་རྒྱ་ཆེར་བྱས་ཤིང་ཇོ་ནང་རྟག་བརྟན་གྱི་སློབ་དཔོན་ སྐུ་ཕྱོགས་སྤོ་ར་བ་བློ་བཟང་མཐུ་སྟོབས་ཀྱི་དྲུང་ནས་ཟབ་ལམ་ནཻ་གུའི་ཆོས་བཀའ་ཡོངས་ རྫོགས་ཞུས་ནས་ཡོན་འབུལ། དགོན་ལ་སྤྱི་ཐེབས་གྱ་ནོམ་དང་ས་སྐྱ་སོགས་སྒྲུབ་སྡེ་སོ་སོར་ མཆོད་འབུལ་མི་དམན་པའི་སྒོ་ནས་རང་གནས་སུ་འབྱོར་ཞིང་མཚོ་སྔོན་ཕྱོགས་ཀྱི་གཙང་ སྒར་དུའང་ཕེབས་ནས་ཆོས་བཀས་འགྲོ་དོན་ཅི་རིགས་མཛད། དགུང་ལོ་སུམ་བཅུ་སྐོར་ལ་ ཐུགས་ཆེན་དུ་གནས་མཇལ་དང་ནཻ་གུའི་ཟབ་ཆོས་ལ་ཉམས་ལེན་ཟླ་བ་ཉེར་དྲུག་བར་མཛད་ པས་སྔར་ལས་ཉམས་དང་རྟོགས་པའི་རྩལ་འབར་ཏེ་ཕྱག་རྒྱ་ཆེན་པོའི་དོན་ལ་དབང་འབྱོར། འདི་སྐོར་དུ་གསེར་གནུབ་ཟུར་དགོན་ལ་རྒྱལ་གདོན་གྱི་གནོད་པ་ཆེ་སྟབས་གཙང་བ་སྲུང་ རིམ་དུ་བྱོན་དགོས་བྱུང་བས་ལམ་བར་དུ་སེ་དམར་ཞེས་པའི་གཞི་བདག་གདུག་ཅན་ཁོང་ ཉིད་གཤིན་རྗེའི་གཤེད་ཀྱི་རྣམ་པར་བཞེངས་ཏེ་སྟོབས་ནུས་ཀྱིས་ཅི་དགར་ལས་ལ་བཀོལ་ ནས་བཀའ་དམ་དུ་ལེགས་བཞག་མཛད་ཅིང་གནོད་པ་ཅན་གྱི་དགོན་དེར་ཁམས་གསུམ་ ཟིལ་གནོན་གྱི་གཏོར་སྒྲུབ་ཟབ་མོའི་སྲུང་རིམ་སྐབས་དཀྱིལ་འཁོར་དུ་མཚོན་ཆའི་ཕུར་བུ་ འཁྲབ་པ་དང་ཟོར་ཆ་ཕལ་ཆེར་དགུང་རྩེད་བྱེད་པ་སོགས་ཆེས་རྔམ་ཞིང་འཇིགས་པའི་ཟིལ་ བཟོད་དཀའ་བའི་རྟགས་མཚན་དུས་སུ་ངོམ་བཞིན་དགོན་དེ་ལ་འཚེ་བའི་རྒྱལ་གདོན་ཚར་ བཅད་ནས་ཞི་འཇགས་བདེ་སྐབས་སུ་བཏང་ཞིང༌། རྣམ་པར་དཀར་བའི་བྱ་བ་ཁོང་གིས་ 2-1-266 དངུལ་རྡོ་ཚད་བཅུ་གཅིག་གིས་ཡོན་སྦྱིན་མཛད་དེ་སོ་མང་རྒྱལ་ཁབ་ནས་འཁོར་ལོ་བརྒྱ་ཕྲག་ ལྷག་དང༌། ཡང་དངུལ་རྡོ་ཚད་བཅུ་གཉིས་ལྷག་ཙམ་གྱིས་ར་རྒྱ་ཤིང་ཟའི་སྒར་ནས་རྒྱལ་བའི་ བཀའ་འགྱུར་རོ་ཅོག་གི་ཡི་གེ་ཡོངས་རྫོགས་གདན་འདྲེན་ལེགས་བླུས་མཛད་སྒོ་དང༌། འདི་ སྐོར་བྱམས་གླིང་དུ་ཕེབས་ཏེ་སྒོ་མང་འཇམ་དབྱངས་བཞད་པ་དང་མཇལ་འཕྲད་བཅས་ འབུལ་བ་གཟབ་ལྡན་གྲྭ་ཚང་ལ་མང་ཇ་སོགས་དང་འཇིགས་མེད་དབང་པོའི་གསུང་འབུམ་ ཞིག་ཀྱང་བླུས། སྤྱིར་གཙང་བ་འདི་ཉིད་ཀྱིས་འཛི་ཀ་སྟོད་སྨད་ཀྱི་འདུས་སྡེ་ཡོངས་ལ་ཟབ་ མོའི་ཆོས་ཆར་ཕབ་པ་སོགས་མགོ་ལོག རྔ་བ། ཝ་ཤུལ། ཚ་ཁོའི་ཕྱོགས་ཁག་སོ་སོར་ཟབ་ ཆོས་ཀྱིས་རྗེས་སུ་བཟུང་བའི་སློབ་མ་ཆེས་མང་ཞིང་ཁྱད་པར་གང་ཉིད་ཀྱི་ཐུགས་སྲས་བུ་ཆེན་ དུ་གྱུར་པ་རྡོ་རྗེ་སློབ་དཔོན་གྱི་གནས་སུ་འོས་པ་བརྒྱ་ཕྲག་དུ་མ་ཡོད་ལ། བསྟན་པའི་སྦྱིན་ བདག་ཡང་གོང་སྨོ ས་ཀྱི་ཡུལ་གྲུ་སོ་སོར་སྐྱོང་བའི་མི་དབང་སྡེ་བཅས་གང་དག་དང་གདུལ་བྱ་ བསྟན་འགྲོའི་དོན་དེ་ཕྱོགས་ཀུན་དུ་སྔ་ཕྱི་ཅི་རིགས་མང་པོར་བྱོན་ཞིང༌། ཁོང་ཉིད་རི་ཁྲོད་ གདར་ཚང་དུ་འཇིགས་བྱེད་བསྙེན་མཚམས་ལ་བཞུགས་སྐབས་རྟགས་མཚན་ཁྱད་པར་བའི་ ལོ་རྒྱུས་ཀྱང་མང༌། འདི་སྐབས་ཅི་རིགས་ལ་བྱ་བྲལ་ཀླུ་སྒྲུབ་རྒྱ་མཚོའི་མདུན་ནས་རྗེ་བཙུན་ ཏཱ་ར་ནཱ་ཐའི་གསུང་འབུམ་ཡོངས་རྫོགས་ཀྱི་བཀླག་ལུང་གསན། དགུང་ལོ་བཞི་བཅུ་སྐོར་རྗེ་ ཀླུ་སྒྲུབ་ཞབས་པ་དེ་ཉིད་ཀྱི་དྲུང་ནས་འཛི་སྒར་དགོངས་གཏེར་སྒྲོལ་མའི་གསང་སྒྲུབ་ཀྱི་ཟབ་ བཀའ་ཞུས་ཏེ་ཟླ་བ་བདུན་གྱི་བར་བསྙེན་མཚམས་ཁ་སྐོང་བཅས་གྲུབ་ཅིང༌། དེ་རྗེས་སུ་ འཇིགས་མཛད་སྙན་བརྒྱུད་ཀྱི་རིམ་པའང་མཐའ་རྒྱས་མཛད་ནས་དེ་མཚམས་ཤིག་ཏུ་མ་བླ་ མ་ཆོས་མཆོག་གིས་ཞུས་ངོར་འདུས་པ་མང་པོ་ལ་འཇིགས་བྱེད་རོ་ལངས་བརྒྱད་བསྐོར་གྱི་ དབང་དང་ཆོས་སྐྱོང་འགའི་རྗེས་གནང་བཅས་གསུངས་ཤིང༌། ཁྱད་པར་དྲཀྴད་གཉོས་ ལུགས་ཀྱི་རྗེས་གནང་བཀའ་གཏད་བཅས་ནང་སློབ་དམ་ཚིག་དག་པ་འགའ་ལ་གནང་ 2-1-267 སྐབས་གློག་འོད་འཁྱུག་ཅིང་འབྲུག་སྐད་དྲག་པོ་ལྡིར་བཞིན་ལྕེ་འབབ་དབལ་ངར་མོས་ འཇིགས་སྣང་བསྐུལ་བ་སོགས་གཉན་ཆ་ཆེ་བའི་རྟགས་མཚན་བྱུང་ལ། སྐུ་འདི་དང་གོང་མ་ ཅི་རིགས་ཀྱིས་དཀོར་བདག་རྣམ་སྲས་མཆོད་སྒྲུབ་དང་གཞན་རྒྱལ་པོའི་རིགས་བཀོལ་ བའང་མཛད། དེ་ནས་བླ་མ་དྲི་མེད་ཀྱི་མདུན་ནས་མགོན་པོ་བྲག་རྫོང་མའི་དབང་ཁྲིད་གསན་ ནས་བསྙེན་མཚམས་དམ་རྒྱ་བཅས་ཀྱིས་འགྲུབ་རྟགས་ཐོན་ངེས་དང་ཡག་མདོའི་གཟིམས་ ཁང་གོང་མའང་བཞེངས། མཆོག་རྩེ་དང་རྫོང་འགག་གི་རྒྱལ་པོ་གཉིས་ཀྱིས་གཙང་བ་གདན་ འདྲེན་ཞུས་སྐབས་རིམ་པས་བཀྲ་ཤིས་སྒང༌། རྒྱལ་ས་སྣ་དག ལྷར་ཡག་དགོན་སོགས་ལ་ བརྒྱུད་ནས་རྒྱལ་ས་རྣམ་གཉིས་སུ་ཕེབས་ལམ་ཐམས་ཅད་དུ་ཆིབས་བསུ་རྒྱ་ཆེ་བས་འཁར་ རྔ་སྒྲ་ལྡན་སོགས་དངོས་རྫས་ཀྱི་འབྱོར་བ་གྱ་ནོམ་པས་ཆེ་འབུལ་བཅས་དེ་ཕྱོགས་དཔོན་སྡེ་ མཐའ་དག་གི་དད་གུས་བླ་ལྷག་པས་བླ་མར་ལེགས་བཀུར་བྱེད་སྐབས་སུ་ཁོང་གིས་གསོན་ པོ་ལ་ཕོ་ལུང་གིས་རྣམ་ཤེས་དབྱིངས་སུ་སྤར་བ་དང་འཇམ་དཔལ་ཁྲོས་པའི་ང་རྒྱལ་ངང་མེ་ ཞགས་ཀྱིས་གདོན་བགེགས་རིང་དུ་བསྐྲད་ཚུལ་འདྲེ་ཁོག་ཞུགས་དག་གིས་ལབ་པ་སོགས་ ཡོན་ཏན་མཐུ་ནུས་ཀྱི་སྙན་པ་ཀུན་ནས་ལྡིར་བཞིན་སྲུང་རིམ་དབང་བཀའ་རྒྱ་ཆེ་བས་འགྲོ་ དོན་དང་དེ་ཕྱོགས་དགོན་སྡེ་ལ་ཟབ་ཆོས་རེ་འདོད་བཞིན་གྱིས་ཡིད་ཚིམ་མཛད་པས་དངོས་ འབུལ་ཀྱང་དེ་ལུགས་ལྟར་སྒོ་ཀུན་ནས་སྤྲིན་དཔུང་བཞིན་གང་འདུས་ཚད་རྣམ་དཀར་ཆོས་ ལྡན་གྱི་བགྱི་བ་འབའ་ཞིག་ཏུ་གཙང་དག་མཛད། དགུང་ལོ་ཞེ་བཞིའི་སྐོར་ཡག་མདོར་གྲྭ་ ཚང་གི་འདུ་ཁང་ཆེན་མོའི་རྨང་གཞི་གདིང་བ་ནས་བཟུང་རིམ་པས་ཕྱི་བཀོད་ཡོངས་རྫོགས་ དང་ནང་དུའང་སྟོན་པའི་སྐྱེས་རབས་དཔག་བསམ་ཁྲི་ཤིང་ཆོ་འཕྲུལ་ཆེན་པོའི་བཀོད་པ། རྒྱུད་སྡེའི་བླ་བརྒྱུད་སྣ་ཚོགས་གྲངས་བརྒྱ་ཕྲག་གཅིག་དང་བདུན་བཅུ་རྩ་གསུམ། རྒྱུད་སྡེ་ ལྔའི་ལྷ་གྲངས་བརྒྱ་ཕྲག་གཅིག་དང་ཉེར་གསུམ་ལྷག ཆོས་སྐྱོང་སྐོར་ཆ་ཚང༌། བདེ་ཆེན། 2-1-268 མངོན་དགའ། སྨན་བླའི་ཞིང་རྣམས་ཀྱི་བཀོད་པ། སྒོ་དྲུང་དུ་རྒྱལ་ཆེན་སྡེ་བཞིའི་བྲི ས་ཐང༌། ཀ་ཚོན་ཤིང་ཚོན་སོགས་རྣམ་པ་ཀུན་ནས་ཁྱད་མཚར་པའི་ལེགས་བཀོད་མཐའ་དག་ཇི་ བཞིན་གྲུབ་པའི་ཡོན་ཐང་དངུལ་སྲང་བརྒྱ་ཕྲག་དྲུག་ལྷག་གི་དངོས་རྫས་གྱ་ནོམ་པས་འགྲོ་སྒཽ་ གཏོང་ཕོད་དང༌། འདུ་ཁང་གྲུབ་ཟིན་ལོའི་ཟླ་བ་བཞི་པའི་ཚེས་གཅིག་ནས་གནམ་གང་བར་ ཟླ་འཚོགས་དང༌། དེ་ཕྱིན་ལོ་བསྟར་གྱི་ས་ག་ཟླ་བའི་ཚེས་བརྒྱད་ནས་ཉེར་གཅིག་བར་དུས་ འཁོར་རྡུལ་ཚོན་སྟེང་ནས་སྒྲུབ་མཆོད་དང༌། ཆོ་འཕྲུལ་ཟླ་བའི་ཚེས་བརྒྱད་ནས་བཅོ་བརྒྱད་ བར་སྨོ ན་ལམ་ཆེན་མོ་སྟེ་དེ་དག་ཏུ་ཚོགས་གྲྭ་བརྒྱ་ཕྲག་ལས་མི་ཉུང་བ་ཙམ་ཡོད་ཅིང༌། དེ་ མཚམས་དགུང་གྲངས་ཞེ་དྲུག་སྐོར་ཞིག་ནས་ཉིད་སྐུ་བསྙུང་བའི་ཚུལ་བསྟན་པ་ནས་བཟུང་ གང་གི་ཞབས་བརྟན་དུ་བཀའ་ཆོས་ཀློ ག་འདོན་ཚར་གསུམ། དུས་འཁོར་ཆོ་ག་སྟོང་ཕྲག་ གསུམ། ཀུན་རིག་ཆོ་ག་སྟོང་ཕྲག་བཞི་ལྷག བསྙེན་པའི་རིགས་སྣ་ཚོགས་དུང་ཕྱུར་ལྔ་ཙམ་ དང༌། གསུང་རབ་ལེགས་བླུས་ཀྱི་མཛད་སྒོ ། རྒྱལ་བའི་ཡུམ་བཀའ་ཡོངས་རྫོགས། སྐལ་ བཟང་མདོ་སྡེ་དང༌། རྒྱལ་ཁབ་ཅོ་ནེ་ནས་བཀའ་ཆོས་ཆེན་མོ་གདན་འདྲེན་སོགས་རྣམ་དཀར་ གྱི་བསོད་ནམས་རླབས་པོ་ཆེ་ཡུན་རིང་བར་བསགས་སྒོ་ཀུན་ནས་རྒྱ་བསྐྱེད་ནའང་གཙང་བ་ ཁོང་ཉིད་དགུང་ལོ་ཞེ་བརྒྱད་ཕྱི་ལོ་༡༨༣༧ རབ་ལོ་༨༡༡ མཆན། མེ་བྱའི་ལོའི་ཟླ་བ་བཅུ་གཅིག་པའི་ ཚེས་བཅུ་དགུའི་ཉིན་སྔ་དྲོར་ཉིད་མདུན་དུ་ཐུགས་སྲས་བུ་ཆེན་ངག་དབང་ཆོས་འཕེལ། སྐུ་ དབོན་བདེ་གཤེགས། མཛོད་པ་དཔལ་འབྱོར་སོགས་བོས་ཏེ། ཁོང་གི་ཞལ་སྔ་ནས། ཉིད་ཀྱི་ རྒྱལ་ཚབ་ཏུ་ངག་དབང་ཆོས་འཕེལ་བསྐོ་བཞག་དང་ཁྱེད་རྣམས་ནས་ད་ཕན་བསྟན་པ་ ལེགས་སྐྱོང་དང་དགོན་གཞིའི་སྒྲུབ་མཆོད་རྣམས་མ་ཆག་པར་མཛད་ཐབས་དང་རྟེན་གསུམ་ འཕྲོ་འོས་ཅི་རིགས་སུ་སྒྲུབ་པ་ལ་རེམ་མཛོད། ཁོང་གི་སྣང་ངོར་ད་ནངས་ཐོ་རེངས་ཁར་སློབ་ དཔོན་ཆོས་འབྱོར་ཡིན་ཟེར་བ་ཞིག་གིས་བུམ་ཆུ་དཀར་པོའི་རྒྱུན་བླུགས་པས་མཚོ་ཆེན་ཞིག་ 2-1-269 ཏུ་གྱུར་ནས་དེའི་ཁར་ཁོ་བོ་བདེ་སྟོང་གི་ཉམས་ཆེས་འཐུག་པོ་རང་བཞིན་བརྗོད་མི་ཤེས་པ་ དག་སྣང་འབའ་ཞིག་གིས་དུས་འདའ་བཞིན་དགའ་བདེ་ཟླ་དང་བྲལ་བས་ཀུན་ནས་མྱོས་ཏེ་ ཆུ་བྱ་ལྟར་རོལ་པར་གནས་པ་སོགས་ལྟས་མང་པོ་རྨི་ཉམས་ལྟ་བུ་ཞིག་མ་ཡིན་པར་དངོས་ གནས་ཀྱི་སྣང་བ་ཆེས་གསལ་པོ་བྱུང་འདུག་པས་ད་ལྟ་རང་ཉིད་དབྱིངས་ཀྱི་སྣང་བ་དེ་དག་ དང་དབྱེར་མེད་རོ་མཉམ་དུ་འགྲོ་བར་ཆས་ཕྱིར་ཁྱོད་ཅག་གིས་མྱ་ངན་མ་བྱེད་དང་རྗེས་སོར་ ལོ་གཅིག་ཙམ་ལས་མི་འགྱངས་པར་སློབ་འབངས་ཀྱི་གྲྭ་ངོ་ཤེས་པའི་བསྟན་པ་ལ་སྒོ་ཀུན་ ནས་ཕན་འདོགས་ནུས་པ་ཞིག་ཏུ་རྟེན་འབྲེ ལ་ལེགས་པར་སྨོ ན་འདུན་བྱེད་པ་ཡིན། ཞེས་ གསུངས་ནས་ཚེས་དེའི་ཉི་ནུབ་ཀྱི་དུས་ཚོད་ཙམ་ན་གཟུགས་སྐུ་ཆོས་ཀྱི་དབྱིངས་སུ་ཟུམ་པར་ མཛད་པའི་མོད་མཁའ་དབྱིངས་ཀུན་ཏུ་འཇའ་སྤྲིན་གྱིས་གོ་མཚམས་མེད་པར་གང་ཞིང་དེ་ དག་ཀྱང་གླེགས་བམ་བརྩེགས་པ་དང་ཡིག་གཟུགས་བྲིས་མ་ལྟ་བུ་སོགས་སྣ་ཚོགས་པའི་ ཁྱད་བཀོད་འདྲ་མིན་མང་པོ་དང༌། བྱ་རྒོད་དུ་མ་འཕུར་ལྡི ང་བྱེད་ཅིང་དུས་ཚིགས་ཤིན་ཏུ་ལྷོ ད་ པ་སོགས་ཀྱི་ལྟས་དང༌། གདུང་ལ་ཞུགས་མཆོད་ཀྱི་སྐབས་སུ་མེ་ལྕེ་འོད་ལྔའི་མདངས་ཅན་ གྱི་དབུས་སུ་ལྷ་སྔགས་ཀྱི་རྣམ་པ་འཁྱུག་འཁྱུག་བྱེད་པ་ཐུགས་ཀའི་ཐད་དུ་རྩ་གསུམ་གྱི་རྩེ་མོ་ པི་ཝང་གི་རྒྱུད་ལྟར་དྲང་ཤད་དུ་ཇ་སྦྱོར་ཕྱེད་ཙམ་མེས་མ་ཚིག་ཅིང་དབུ་ཐོད་ཡར་བའི་ནང་ ལོགས་སུ་ཧཱུཾ་ཡིག་ལྗང་སྔོན་དང་ཕྱི་ངོས་སུ་ཐིག་ལེ་ལྔ་ལྡན་རེ་ཁ་ཟླུམ་པོའི་གཟུགས་སོགས་ བྱུང་ཞིང་དེ་འདྲའི་ངོ་མཚར་བའི་ལྟས་བཅས་དགོངས་མཆོད་ལེགས་སྒྲུབ་དང་གདུང་རྟེན་ སོགས་ཀྱི་ཚུལ་ཉིད་ཀྱི་རྣམ་ཐར་ལོ་རྒྱུས་ལོགས་སུ་ཡོད་པ་ལས་ཇི་སྐད་བྱུང་བ་ལྟར་ཏེ། གཙང་ཆེན་སྤྲུལ་པའི་སྐུ་འདི་ཉིད་ཀྱི་ཐུགས་སློབ་སྐྱེས་ཆེན་དམ་པ་སྤྱིར་ན་མང་ཞིང་ཁྱད་པར་ སྐུ་འཁོར་དགེ་སློང་ཆོས་འཕེལ་སོགས་ཉེ་གནས་རྣམས་ཀྱང་འགྲན་ཟླ་དང་བྲལ་བའི་བཤེས་ གཉེན་རྡོ་རྗེ་འཛིན་པ་དུ་མ་དང་ཡང་སྒོས་ཁོང་གི་སྐུ་དབོན་བསོད་རྒྱམ་ཞེས་པ་ཚུར་མཐོང་ 2-1-270 འདྲིས་འགྲོགས་པ་དག་གིས་གླེན་བླུན་ཐ་ཤལ་པ་ཞིག་ཏུ་བརྩི་བ་ལས་ཅི་ཡང་གུས་བཀུར་མི་ བྱེད་ཀྱང་དབོན་ཉིད་ནི་དོན་གྱི་ཡིན་ལུགས་ལ་གཙང་བའི་ཐུགས་སྲས་མཆོག་གྱུར་སྦས་པའི་ རྣལ་འབྱོར་རྟོགས་པའི་ཉམས་མྱོང་ནང་ནས་ཆེར་རྡོལ་བས་སྐྱེ་འཆི་ལ་རང་དབང་ཐོབ་པ་ ཞིག་སྟེ། དེ་ཡང་གཙང་ཆེན་མཆོག་གིས་དག་ཞིང་གཟིགས་པས་སློབ་འབངས་རྣམས་མྱ་ངན་ གྱིས་གདུང་སྐབས། སྐུ་དབོན་ཉིད་ནས། ཁྱེད་རྣམས་མྱ་ངན་མ་བྱེད། ཁོ་བོ་ཤུལ་དུ་ལུས་པས་ མི་ཆོག་གམ། ཞེས་སྨྲས་པ་ན། དེ་ལ་ཀུན་གྱིས་རྩིས་མེད་བྱས་ནས་གཤེ་ཞིང༌། ཁྱེད་ཀྱིས་ཅི་ ཞིག་འོང༌། ཁྱོད་གར་འགྲོ་ན་སོང་ཞིག ཅེས་སྨྲས་ཚེ། དབོན་ཉིད་ཀྱི་ཞལ་ནས། འོ་ན་ང་རང་ ཡང་ནམ་འགྲོ་བསམ་ན་རང་དབང་ཡོད་ཅིང༌། ཡི་དམ་རྡོ་རྗེ་འཇིགས་མཛད་དང༌། ཕུ་བོ་ གཙང་ཆེན་བླ་མ་ཡང་ལྷན་དུ་ུའགྲོ་གསུངས་པས་ད་ནི་འགྲོ་བ་ཡིན། ཞེས་གསུངས་ཚེ། ཉེ་ འཁོར་བ་དག་གིས་དེ་ལ་ཡིད་ཆེས་མ་ཟད་སྤྱི་བརྟོལ་ངེས་མེད་ཀྱི་གཏམ་ལབ་ཏུ་བརྩིས་ནས་ ཅི་ཡང་ཡིད་འཇོག་མ་བྱས་སྟབས་སང་ནངས་སྔ་མོ་ཙམ་ན་གཙང་བ་སྐུ་ཐུགས་དམ་དུ་ བཞུགས་པའི་ཟུར་དུ་སྐུ་དབོན་བསོད་རྒྱམ་ཉིད་ཀྱང་སྐུ་རྣམ་སྣང་ཆོས་བདུན་གྱི་ངང་ནས་ མཉམ་བཞག་ཟབ་མོའི་རྣལ་འབྱོར་གྱི་དབྱིངས་སུ་སྐད་ཅིག་ལ་འཕོས་ཏེ་དག་ཞིང་བརྗེས་ སོང་བ་སོགས་ངོ་མཚར་བའི་རྟགས་མཚན་སྟོན་ནུས་པའང་ཡོད་སྐད་དོ། །དེ་འདྲའི་མཛད་སྒོ་ ཁྱད་མཚར་ཅན་གཙང་བ་སྐུ་འཕྲེང་གསུམ་པོ་འདི་དག་ནི་གདན་རབས་དང་སྒྲུབ་བརྒྱུད་ འཛིན་པའི་རྡོ་རྗེ་སློབ་དཔོན་གཉིས་ཀ་ཡིན་ཞིང༌། སྤྱིར་ན་ཁམས་ཕྱོགས་སུ་རང་རེའི་བསྟན་ པ་སྔར་དར་བ་ཉམས་དམའ་བའི་དུས་སུ་ངེས་དོན་ཟབ་མོའི་རང་ལུགས་སླར་ཡང་ཆེར་སྤེལ་ གྱིས་བསྟན་འགྲོ་ལ་ཕན་པ་རླབས་ཆེན་མཛད་པ་ལས་ད་ལྟ་ཡན་དུ་མདོ་སྨད་འདི་ཕྱོགས་སུ་ ཇོ་ནང་པའི་ཆོས་བརྒྱུད་འཛིན་སྐྱོང་སྤེལ་མཛད་ཀྱི་སྐྱེས་ཆེན་ཕལ་མོ་ཆེ་གང་དག་བྱོན་པ་ནི་ གཙང་བ་སྐུ་གོང་འོག་གསུམ་པོའི་དངོས་བརྒྱུད་ཅི་རིགས་ཀྱི་སློབ་བརྒྱུད་ལས་བྱུང་བ་ཤ་སྟག་ 2-1-271 ཏུ་ངེས་ལ། ཚུལ་དེ་ལུགས་ལྟར་གྱི་བཀའ་དྲིན་ཆེ་ཞིང་མཛད་སྒོ་རབ་ཏུ་ཡངས་པ་ཡིན་ནའང་ འདི་ནས་སྐུ་ཕྲེང་རྗེས་བྱོན་འགའ་རེ་ཡོད་པ་དག་ནི་དུས་ཀྱི་དབང་གིས་མཛད་ཚུལ་རྒྱ་དེ་འདྲ་ མི་ཆེ་བས་དེ་རྣམས་ཀྱི་ལོ་རྒྱུས་ཉུང་ཤས་རེ་རྗེས་ནས་འཆད་པར་འགྱུར་རོ། ། འདི་ན་སྐབས་སུ་བབ་པ་ནི་གཙང་བ་སྐུ་འབྲིང་གོང་མ་གསུམ་གྱི་སློབ་བརྒྱུད་ཀྱི་རིམ་ པས་གདན་ས་འདི་མ་ཟད་ཁམས་ཕྱོགས་སྟོད་སྨད་ཐམས་ཅད་ལ་ཆོས་ཀྱིས་ཕན་པ་རྒྱ་ཆེ་ བས་དེ་ལུགས་ལྟར་ངེས་དོན་སྒྲུབ་བརྒྱུད་འཛིན་པའི་སློབ་དཔོན་སྐྱེས་ཆེན་གང་དག་གི་ལོ་ རྒྱུས་བསྡུས་ཙམ་རེ་འཆད་པར་བྱ་བ་སྟེ། དེ་ལ་གཙང་ཆེན་སྐུ་ཕྲེང་གསུམ་པ་ཉིད་ཀྱི་དངོས་ སློབ་རྒྱལ་ཚབ་ངག་དབང་ཆོས་འཕེལ་ནས་བཟུང་གཟིམ་ཁང་ཕོ་བྲང་དུ་རིམ་བྱོན་གྱི་རྡོ་རྗེ་ སློབ་དཔོན་རྣམས་དང༌། སྐྱབས་རྗེ་ངག་དབང་བསམ་གཏན་སོགས་འཛི་སྟོད་སྨད་ཀྱི་དགོན་ གནས་སོ་སོའི་གདན་ས་བ་སྐྱེས་ཆེན་རིམ་པར་བྱོན་པ་གང་དག་ནི་གཙང་བ་གང་ཉིད་ཀྱི་ དངོས་དང་བརྒྱུད་པ་གང་ཡང་རུང་བའི་སློབ་ཚོགས་སུ་གྱུར་པའི་རང་རེའི་ཆོས་བརྒྱུད་འཛིན་ པ་འབའ་ཞིག་ཏུ་གཏོགས་སོ། ། ༼༡༽ དེ་དག་ལས་ཐོག་མར་གཙང་བ་ཉིད་ཀྱི་རྒྱལ་ཚབ་ཏུ་མངའ་གསོལ་བའི་རྡོ་རྗེ་སློབ་ དཔོན་བྱིན་རླབས་དོན་བརྒྱུད་ཀྱི་ཆོས་མཛོད་འཛིན་པ་ཆེན་པོ་ནི་གཙང་བ་དགེ་སློང་ངག་ དབང་ཆོས་འཕེལ་ཞབས་པ་སྟེ་འདིའི་ལོ་རྒྱུས་ཡང་འཛི་ཡུལ་རབ་ཁ་ཞེས་པར་ཡབ་མགོ་ ལོག་རྡོ་རྗེ་འབུམ་དང་ཡུམ་ལྕགས་བཟའི་ཀླུ་མོ་རྒྱལ་གཉིས་ཀྱི་སྲས་སུ་ཕྱི་ལོ་༡༧༨༨ རབ་ལོ་༧༦༢ མཆན། ས་སྤྲེལ་ལོར་སྐུ་འཁྲུངས། ཆུང་མིང་ཚེ་དབང་སྐྱབས་དང་དགུང་ལོ་བདུན་ལོན་དུས་ ཀློག་ལེགས་བསླབ་ཀྱིས་མཁས་པར་གྱུར་ཏེ་རིམ་པས་ལོ་གྲངས་དགུའི་སྟེང་ཙམ་ན་རྒྱལ་ བའི་ཡུམ་ཀློག་འདོན་གྱི་གྲོང་ཆོག་སྐབས་ཀ་རྟགས་ཐོག་མ་ཨ་ཡིག་ལ་ངོས་འཛིན་མཛད་ཚེ་ རྟོགས་པའི་དབང་ཕྱུག་བླ་མ་ཆོས་འབྱོར་གྱིས་བུ་ཆུང་གང་དེ་མ་འོངས་པ་ན་ཨ་དོན་གནས་ 2-1-272 ལུགས་རྟོགས་པའི་སྐྱེས་ཆེན་དུ་མངོན་མཁྱེན་གྱིས་གཟིགས་ནས་དེ་ལུགས་རྟེན་འབྲེལ་ལུང་ བསྟན་མཛད་ཅིང༌། སྐུ་ན་ཕྲ་བའི་སྐབས་སུའང་ཆོས་སྒྲུབ་འདོད་ཆེ་ཞིང་སྒྲུབ་གནས་ཀྱང་ འཛམ་ཐང་ཆོས་སྡེའི་ཕྱོགས་སུ་ཐུགས་དབང་མེད་འཁོར་བ་སོགས་ཀྱིས་སྔོན་གནས་བཟང་ པོ་སད་ལ་ཉེ་བ་ཞིག་སྟེ་དེ་མཚམས་དགུང་ལོ་བཅུ་གསུམ་ཐོག་ཏུ་ལྐོག་བྲོས་ཀྱི་ཚུལ་བྱས་ཏེ་ འཛམ་ཐང་གཙང་ཆེན་སྤྲུལ་པའི་སྐུ་དཀོན་མཆོག་འཇིགས་མེད་རྣམ་རྒྱལ་གྱི་དྲུང་དུ་སླེབས་ ནས་སྐྱབས་འགྲོ་དང་ཚངས་སྤྱོད་དགེ་བསྙེན་གྱི་སྡོམ་པ་ཞུས་ཏེ་མཚན་ངག་དབང་ཆོས་ འཕེལ་རྒྱ་མཚོ་ཞེས་གསོལ། དེ་ནས་བཟུང་གཙང་བ་ཉིད་བླ་མར་བསྟེན་ནས་སྐུའི་རྗེས་སུ་ རྒྱུན་འབྲང་བཅས་བཀའ་བཞིན་བསྒྲུབ་པས་མཉེས་པར་མཛད། དགུང་ལོ་བཅུ་བདུན་པར་ བྱང་སེམས་ཀྱི་སྡོམ་པས་ཐུགས་རྒྱུད་བསྡམས་བཞིན་རིམ་པས་སྐུ་དབོན་ལྷུན་གྲུབ་རྒྱ་མཚོའི་ དྲུང་ནས། སྦྱོང་རྒྱུད། རྒྱུད་སྡེ་ལྔ་པ། དུས་འཁོར་སོགས་ཀྱི་དབང་དང་མགོན་པོའི་རྗེས་གནང་ དེའི་མན་ངག་པོ་ཏི་མེ་འབར་གྱི་ལུང་བཅས་གསན། གཙང་ཆེན་སྤྲུལ་པའི་སྐུའི་ཞལ་སྔ་ནས། དུས་འཁོར་དབང་མོ་ཆེ་ཡོངས་རྫོགས། རྒྱུད་སྡེའི་བཤད་ཁྲིད་ཟབ་ཁྱད་ཅན་དུ་མ་ཐོབ་ ཅིང༌། འདི་སྐབས་གཟིམ་ཁང་དུ་སངས་རྒྱས་ཀྱི་སྐྱེས་རབས་རི་མོར་བཞེངས་དུས་སྒོ་ཀུན་ ནས་ཞབས་ཕྱི་དང་དངོས་རྫས་རེ་ཡང་ཕུལ། དེ་ནས་དགུང་ལོ་ཉེར་གཉིས་སྐོར་ལྷ་ཚེ་བླ་མ་ ངག་དབང་རྒྱལ་མཚན་གྱི་མདུན་ནས་སྦྱོར་དྲུག་གི་ཟབ་ཁྲིད་ཞུས་ཏེ། རི་ཁྲོད་དགེ་འཕེལ་དུ་ སྔོན་འགྲོ་སྐྱབས་སེམས་ནས་བཟུང་སོར་བསམ་ཡན་ལ་ཉམས་ལེན་ལོ་གསུམ་ཙམ་མཛད་ པས་མྱོང་བ་བཟང་རབ་ཐོན། དབོན་སངས་རྒྱས་རྒྱ་མཚོ། ཡོངས་འཛིན་དྲི་མེད་ཟུང་གི་མདུན་ ནས་ཟབ་བཀའ་མང་པོ་དང༌། རྫོགས་ཆེན་པདྨ་ཀློ ང་གྲོལ་གྱི་དྲུང་ནས། བརྒྱད་སྟོང་པ། མ་ཎི་ བཀའ་འབུམ། སྙིང་ཐིག་པོད་ཚན་གཉིས། བཀའ་ཐང་སོགས་དང༌། ཁྱུང་ལུང་རས་པ་དམ་ ཚིག་རྡོ་རྗེའི་མདུན་ནས། ཚེ་རིང་མཆེད་ལྔ་སོགས་མ་གཟའ་དམ་གསུམ་སྐོར་དང༌། བོ་ཆུང་ 2-1-273 མཚན་བཟང་དྲུང༌། སྔགས་རྙིང་མའི་ཆོས་སྐོར་བཙན་གཤིན་གཟའ་གསུམ་གྱི་ལས་ཚོགས། མཐུ་སྒྲུབ་སྲི ད་པའི་གཏེར་ཁྱིམ་སྐོར་ཆ་ཚང༌། ཆགས་མེད་ཆོས་སྐོར་སོགས་ཟླ་དྲུག་བར་ གསན། གཞན་ཡང་ཀླུ་སྒྲུབ་པའི་མདུན་ནས། དོལ་པོའི་གསུང་འབུམ་ཆ་ཚང་གསུང་འཐོར་ བཅས་གྲོལ་མཆོག་ཁྲིད་བརྒྱ་སོགས་བཀའ་ལུང་མང་པོ་དང༌། ཀརྨ་དྲི་མེད་ཀྱི་མདུན་དུ། བཀའ་བབས་དྲུག་ལྡན་ཁྲིད། དུས་འཁོར་རྒྱས་འགྲེལ། གུར་དང་ཕྱག་དྲུག་པའི་ཆོས་སྐོར་ སོགས་ཀྱང་ཞུས། དེ་ནས་གཙང་བའི་སྐུ་རྗེས་སུ་འབྲངས་ཏེ་དབུས་གཙང་དུ་གནས་མཇལ་ ལ་ཕེབས་ནས་ར་སྦྲེང་ནས་བཟུང་བཀྲ་ཤིས་ལྷུན་པོའི་བར་དང་ཇོ་ནང་རི་ཁྲོད་རྟག་བརྟན་ སོགས་སུ་རིམ་གྱིས་མཇལ་ཏེ་སྐུ་ཞབས་སྤོ་ར་བའི་མདུན་ནས་ནཻ་གུའི་ཆོས་སྐོར་ཡོངས་ རྫོགས་ཉམས་ལེན་ཤར་རྒྱུག་བཅས་དང༌། སྦྱོར་དྲུག་སྐོར་སོགས་རྗེ་བཙུན་གྱི་གསུང་གལ་ ཆེན་མང་པོ་ཞུས་ཤིང་གནས་འབྲེལ་ཉམས་ལེན་གྱིས་སྔོན་གནས་དྲན་པ་སོགས་ཀྱང་བྱུང༌། པཎ་ཆེན་མདུན་ནས་བསྙེན་རྫོགས་ཀྱང་ཞུས། དགུང་ལོ་ཉེར་དགུ་ནས་སོ་གསུམ་བར་གཙང་ ཆེན་སྤྲུལ་པའི་སྐུ་དང༌། དབོན་སངས་རྒྱས་རྒྱ་མཚོ། ཀརྨ་དྲི་མེད་རྣམས་ཀྱི་མདུན་ནས་སྦྱོར་ དྲུག་ཡོངས་རྫོགས་གསན་ནས་ཉམས་ལེན་གནད་ཁེལ་མཛད་པས་ཉམས་དང་རྟོགས་པ་ ཀློང་དུ་གྱུར་ཅིང་འདི་སྐབས་སུ་གསང་བའི་མངོན་རྟོགས་ཐུན་མིན་འཁྲུངས་ཚུལ་ཉིད་ཀྱི་ ཞལ་ནས་རྡོ་རྗེའི་གླུ་དབྱངས་ཉམས་མགུར་གྱི་ཚུལ་དུ་གསུངས་ལ། དེ་ནས་རྒྱ་ནག་གླང་ཆེན་ སོགས་དང་བྱང་མཇལ་ལ་ཕེབས་སྐབས་རྒྱལ་ཐང་བའི་གཅོད་སྐོར་རྒྱལ་མཁན་པོ་ནས་ གསན། དགུང་ལོ་སོ་དྲུག་སྐོར་ནས་ཡི་དམ་གྱི་བསྙེན་སྒྲུབ་རིགས། འབྱུང་འདུལ། འཇིགས་ བྱེད་འབྲུ་གནོན། སྙན་བརྒྱུད། རྡོར་ཤུགས། མགོན་པོ་བྲག་རྫོང་མ་བཅས་ཀྱི་བསྙེན་ཚད་ཁ་ སྐོང་མཐའ་རྒྱས་བཅས་རིམ་པས་གྲུབ་ཅིང༌། གཞན་ཡང་ཆོས་རྒྱལ་སྒོ ས་སྒྲུབ། ཞི་ཁྲོ་སྦྲགས་ སྒྲུབ་བཅས་ཀྱི་བསྙེན་པ་དང༌། སྒྲོལ་དཀར། ཚེ་སྒྲུབ། འཇམ་དབྱངས་དཀར་སེར། སྨེ་ 2-1-274 བརྩེགས་སོགས་ཀྱི་བསྙེན་ཚད་ཀྱང་བྱས་ལ། སློབ་དཔོན་ཀླུ་སྒྲུབ་པའི་དྲུང་ནས་རྗེ་བཙུན་ རིན་པོ་ཆེའི་གསུང་འབུམ་པོ་ཏི་བཅུ་བདུན་གསུང་འཐོར་བཅས་དང་སློབ་བརྒྱུད་བླ་མ་གོང་ མ་དག་གི་གསུང་ཆོས་དུ་མའི་བཀླག་ལུང་དང༌། བླ་མ་དྲི་མེད་མདུན། རྗེས་གནང་བརྒྱ་རྩ། གྲུབ་ཐོབ་བརྒྱད་ཅུ། ཡི་དམ་ཆོས་སྐྱོང་སྐོར་མང་པོ་ཐོབ་ཅིང༌། དགུང་ལོ་ཞེ་གསུམ་སྐོར་ནས་ མི་འཁྲུགས་པའི་བསྙེན་མཚམས་ཟླ་བ་དྲུག་ཏུ་བཞུགས་ཤིང་ལྕགས་མདུད་སྤྲུལ་སྐུ་ཐུགས་ མཆོག་རྡོ་རྗེ་སོགས་འདུས་སྡེ་མང་པོ་ལ་རྗེ་བཙུན་གྱི་གསུང་འབུམ་ཆ་ཚང་གི་ལུང་གསུངས། འདི་སྐོར་གྱི་ལིང་ཐུགས་མཆོག་རྡོ་རྗེའི་དྲུང་ནས། སུམ་རྟགས། བླང་དོར་རབ་གསལ་སོགས་ གཞན་སྟོང་གི་སྐོར་ལ་གསན་སྦྱང་ཡང་མཛད། གཙང་བ་དང་མཉམ་དུ་མཆོག་རྩེར་བྱོན་ སྐབས་ལྷར་ཡག་རི་ཁྲོད་པ་རྣམས་དང་འབྲོག་དགེ་སྤྲུལ་སྐུ་ལ་སྦྱོར་དྲུག་གི་ཁྲིད་གསུངས་ ཤིང་ཁོང་གིས་ཀྱང་རྩང་མདོས་ཀྱི་ལུང་སོགས་ཞུས། གཞན་ཡང་འདུས་པ་འགའ་ལ་དོལ་ པོའི་བཀའ་འབུམ་སོགས་ཟབ་ཆོས་ཅི་རིགས་པ་རེ་གསུངས་པ་སོགས་འདི་ཡན་ལ་སྐབས་ འགར་མ་གཏོགས་རྒྱུན་དུ་གཙང་བའི་སྐུ་ཞོགས་སུ་ཞབས་ཕྱི་ལྟ་བུ་མཛད། དགུང་ལོ་ཞེ་ བདུན་སྐོར་རི་ཁྲོད་དུ་སྒྲོལ་མ་དམར་མོའི་བསྙེན་སྒྲུབ་མཛད་པས་ཞལ་མཐོང་ཞིང་ལུང་ བསྟན་ཀྱང་གསལ་བོ་བྱུང་ལ། འདི་ནས་ཨ་སྐྱོང་གོང་མ་སང་ལ་གཙང་བའི་བླ་ཚབ་ཏུ་བྱོན། དེ་དུས་ཡག་མདོའི་སྐུ་དབོན་དོན་གྲུབ་པའི་མདུན་ནས། ཀར་གླིང་གི་ཞི་ཁྲོའི་དབང་ཁྲིད་ཆ་ ཚང་གསན་ཞིང་འགྲོ་དོན་གྱི་སྐབས་ལྐོག་གྱུར་ཇི་བཞིན་མཁྱེན་པ་སོགས་ཀྱིས་མཚན་སྙན་ རྒྱས་བཞིན་ལོ་གསུམ་བཞུགས་པའི་དངོས་རྫས་གང་རྙེད་ཀྱིས་ནག་ཟླར་དུས་འཁོར་རྡུལ་ ཚོན་སྟེང་ནས་སྒྲུབ་མཆོད་མཛད་པ་ལ་ཐེབས་བཞག་བྱས། དགུང་ལོ་ལྔ་བཅུའི་སྟེང་ཙམ་ན་ གཙང་ཆེན་བླ་མས་ཉིད་ཀྱི་རྒྱལ་ཚབ་ཏུ་མངའ་གསོལ་མཛད་ནས་ཁོང་ཉིད་དགོངས་པ་ རྫོགས་རྗེས་ལོ་གསུམ་ལ་ནཻ་གུའི་ཟབ་ལམ་ཉམས་བཞེས་དང་བཅས་དེ་ནས་རིམ་པར་ 2-1-275 གཙང་བའི་གདན་ས་མཛད་པ་སྟེ། གང་འདུལ་གྱིས་གདུལ་བྱ་རྗེས་སུ་བཟུང་ཚུལ་ཡང་ཐོག་ མར་བླ་མཆན་ངག་དབང་རྒྱ་མཚོ་སོགས་འདུས་སྡེ་ལ་ཀུན་མཁྱེན་དོལ་བོའི་བཀའ་འབུམ་ སོགས་ཀྱི་བཀླག་ལུང་དང༌། དེ་ནས་འདུས་པ་ལྔ་བརྒྱ་ལྷག་ཙམ་ལ་རྒྱུད་སྡེ་དེ་ཉིད་ལྔ་པའི་ དབང་བཀའ་ཡོངས་རྫོགས་གནང་ཞིང༌། དགུང་ལོ་ང་ལྔ་སྐོར་འཇིགས་བྱེད་ཀྱི་བསྙེན་ཚད་ སྙན་བརྒྱུད་ལྟར་དང༌། ལྡེ འུ་ཐུང་ལྷ་གསུམ། ཨུཥྞི་ཥའི་བསྙེན་ཚད་ཀྱང་མཛད་པས་དག་སྣང་ ཡེ་ཤེས་མཆོག་གི་གཟིགས་ངོར་ས་ཆ་སྨྲ་སྟོད་ན་ཡོད་པའི་སློབ་བུ་རོང་པ་དགེ་འདུན་རྒྱལ་ སོགས་ཀྱི་བྱ་སྤྱོད་གནས་ཚུལ་ཇི་བཞིན་མངོན་སུམ་དུ་གཟིགས་པའི་ཟག་མེད་ཡེ་ཤེས་ཀྱི་ སྤྱན་མངའ་བའི་ལོ་རྒྱུས་ཡོད་ཅིང༌། དེ་ནས་ཚ་ཁོའི་ཏ་རོ་བླ་མ་བསྟན་འཛིན་སོགས་འདུས་པ་ ཉིས་བརྒྱ་ལྷག་ཙམ་ལ། དུས་འཁོར་དབང་ཆེན། རྡོ་རྗེ་འཆང་དབང༌། རྡོར་སེམས་བཟླས་ ལུང༌། ལྷན་སྐྱེས་བཟླས་ལུང་སོགས་དང༌། སྦྱོར་དྲུག་དབེན་གསུམ་ནས་སྲོ ག་འཛིན་ཡན་གྱི་ ཁྲིད་བཏབ་པས་དེ་དག་གི་ཉམས་ལེན་གྱིས་རྟོགས་པ་བཟང་ངེས་འབའ་ཞིག་བྱུང་ཞིང༌། རབ་འབྱམས་པ་ངག་དབང་མཁས་བཙུན་སོགས་འདུས་པ་སུམ་བརྒྱ་ལྷག་ལ་ནཻ་གུའི་དབང་ བཀའ་ཆ་ཚང་ཡང་སྩལ། དགུང་ལོ་ང་བརྒྱད་སྐོར་ཀརྨ་འོད་གསལ་འགྱུར་མེད་ཀྱི་མདུན་ནས་ རྗེ་བཙུན་གྱི་གསུང་འབུམ་སྒྲུབ་ཐབས་རིན་འབྱུང་ཆ་ཚང་ནས་བཟུང་རྒྱུད་སྡེ་རབ་འབྱམས་ཀྱི་ དབང་བཀའ་ཕལ་མོ་ཆེ་དང༌། སྨན་གྱི་རྒྱུད་བཞི། སྒྲ་མདོ་རྩ་འགྲེལ་བཅས་ལེགས་པར་ གསན་ཞིང༌། བླ་མ་ནོར་བཟང་དྲུང༌། དཔལ་སྡོམ་པ་ཆེན་པོ་རྡོ་རྗེ་གདན་བཞི་སོགས། བདེ་ མཆོག་འཇིགས་བྱེད་རྣལ་འབྱོར་མའི་སྐོར་མང་པོ་དང༌། གཟུངས་གྲྭ་ལྔ། ཕུར་བ་རྡོ་རྗེ་ཕྲེང་ བའི་དབང་ཡོངས་རྫོགས། ས་ལུགས་མགོན་པོའི་སྐོར་དང་བཅས་ལེགས་གསན་མཛད་ལ། དེ་ནས་ཡག་མདོའི་དུས་འཁོར་རྡུལ་ཚོན་གྱི་ཁར་དུས་འཁོར་དབང་ཆེན་དང༌། འཇིགས་བྱེད། ཐམས་ཅད་རིག་པ་སོགས་ཀྱི་ཟབ་བཀའ་ཡང་མང་པོ་གསུངས་ཤིང༌། དེ་རྗེས་གཟིམས་ཁང་ 2-1-276 དུ་དབོན་ཀརྨ་དམ་ཆོས་སོགས་གྲྭ་ཚང་བརྒྱ་ལྷག་ཙམ་ལ། དུས་འཁོར་དང༌། སྡོམ་པ་ཆེན་ པོའི་དབང༌། ཀུན་རིག་གི་དབང་སོགས་ཀྱང་མཛད་ལ། དགུང་ལོ་དྲུག་ཅུ་སྐོར་ནས་ཀ་ཐོག་ བླ་མ་སྨོ ན་ལམ་སོགས་དང༌། ངང་བ་བླ་མ་མཆོག་ལྡན་སོགས་སྔ་ཕྱི་དུ་མ་ལ་དགེ་བསྙེན་ ནས་བཟུང་སོ་ཐར་ཡོངས་རྫོགས་ཀྱི་སྡོམ་པ་དང་གསང་ཆེན་ཟབ་མོའི་དབང་བཀའ་མང་པོ་ གནང༌། ཀོང་སྤྲུལ་རིན་པོ་ཆེ་འཛམ་ཐང་དུ་ཕེབས་སྐབས་ཁོང་གིས་གསང་འདུས་ཀྱི་དབང༌། གཞན་སྟོང་ལྟ་ཁྲིད། གཅོད་སྐོར་རྣམས་གསན་ཞིང་ཁྲིད་ཡིག་མཐོང་དོན་སྟེང་ནས་སྦྱོར་དྲུག་ ཆ་ཚང་ཕར་ལ་ཕུལ་བས་ཀོང་སྤྲུལ་ཉིད་ནས་ཐུགས་དགྱེས་སྤྲོའི་ངང་རྗེ་བླ་མ་ལ་ཞབས་ བརྟན་སྨོ ན་ཚིག་ཀྱང་ལེགས་འབུལ་མཛད། འདི་སྐོར་རྔ་བའི་འབྲོ ག་དགེའི་སྐུ་དབོན་ཡོན་ ཏན་རྒྱ་མཚོས་ཁོང་ཉིད་ཚེས་ཁ་དགོན་དུ་གདན་དྲངས་ནས་སྤྲུལ་དབོན་དུ་མས་གཙོས་འདུས་ སྡེ་མང་པོ་ལ། དུས་འཁོར་དབང་ཆེན། གཤིན་རྗེ་དང༌། བདེ་མཆོག་རབ་འབྱམས་ཡོངས་ རྫོགས་སོགས་རྒྱུད་སྡེའི་དཀྱིལ་འཁོར་ལྔ་བཅུ་རྩ་བདུན་གྱི་ཞལ་ཕྱེས་ནས་རྗེ་བཙུན་གྱི་ གསུང་འབུམ་ལས་བྱུང་བའི་དབང་བཀའ་ཁྲིད་ལུང་བཅས་བུམ་པ་གང་བྱོའི་ཚུལ་དུ་ལེགས་ པར་བཀའ་དྲིན་མཆོག་ཏུ་མཛད་ཅིང་བར་སྐབས་འདུས་པ་ཆེས་མང་པོ་ལ་མི་འཁྲུགས་པ་ སོགས་ཀྱི་ཁྲོམ་དབང་མཛད་སྐབས་དབང་ཉན་པ་ཞ་ལོང་སྒུར་བོ་གདོན་ནད་ཅན་སོགས་ རང་རང་ཉེར་འཚེ་མི་འདོད་པ་ལས་ཐར་བ་བསྙོན་མེད་བྱུང་བས་ཀུན་ཡ་མཚན་སྐྱེས་ཏེ་རྗེ་བླ་ མ་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་འཇོག་པ་དང༌། དེ་སོགས་རྔ་ཡུལ་ཕྱོགས་ཀྱི་ཇོ་ནང་ས་ སྐྱ་དགེ་ལུགས་སོགས་མ་ཟད་བོན་པོ་ཚུན་གྱི་ཆོས་སྡེ་ནས་འོང་བའི་འདུས་པ་སྟོང་ཕྲག་བདུན་ ལྷག་ཙམ་ལ་ཐམས་ཅད་རིག་པ། ཚེ་ཆོག་སོགས་ཀྱི་དབང་བཀའ་བསྐུར་བས་ཀུན་གྱི་རེ་ འདོད་སྐོང་བར་མཛད་པ་སོགས་ཀྱིས་དེ་ཕྱོགས་ཀྱི་རྨེའུ་རྒྱལ་པོ་དཔོན་སྡེ་སོགས་ཡུལ་གྲུ་ ཡོངས་ཀྱི་མཆོག་དམན་ཐམས་ཅད་ཀྱིས་གུས་བཀུར་བླ་མེད་ཀྱི་སྒོ་ནས་དངོས་འབུལ་རྒྱ་ཆེར་ 2-1-277 བྱས་ཚད་ཐམས་ཅད་ཀྱིས་དགོན་ཁག་སོ་སོ་ལ་ཡོན་བཅོས་སྤྱི་ཐེབས་རྟེན་བཞེངས་སོགས་ རྣམ་པར་དཀར་བ་འབའ་ཞིག་ཏུ་སྦྱར་ཞིང༌། དེའི་ཕྱི་ལོར་ཡང་ཁོང་ཉིད་དེ་ཕྱོགས་སུ་ཕེབས་ དགོས་པའི་ནན་བསྐུལ་ལྟར་ལེགས་ཕེབས་མཛད་དེ་ཚེས་ཁ་དགོན། རྩི་ནང་དགོན་སོགས་ སུ་སྒྲུབ་སྡེའི་རྟོགས་ལྡན་དག་ལ་རང་རང་དང་འཚམས་པའི་ཟབ་ཁྲིད་ཀྱི་སྒོ་སྣ་ཚོགས་དབང་ ལུང་དུ་མ་བཅས་སྤྱི་སྒོས་ཐམས་ཅད་ལ་ཆོས་ཆར་དབང་བཀའ་བསྐྱེད་རྫོགས་གང་དགོས་ དང་རྟོགས་ཞུ་མཁན་རྣམས་ལ་ངོ་སྤྲོད་གེགས་སེལ་གང་འཚམ་གྱིས་རེ་འདོད་ཇི་བཞིན་ བསྐངས་པ་མ་ཟད་གཡུང་དྲུང་བོན་ལུགས་ཀྱི་རྟོགས་ལྡན་འགའ་ལ་གྲོལ་མཆོག་ཁྲིད་བརྒྱ་ སོགས་ཀྱི་ཟབ་བཀའ་དང་ལྟ་གྲུབ་ཐད་ཕན་ཚུན་གླེང་མོ་བྱས་པས་དེ་ཀུན་ཡིད་ཚིམ་ཞིང་དད་ པར་གྱུར། དེ་ནས་ཁོང་ཉིད་རང་ཡུལ་དུ་ཕེབས་ཏེ་རྡོ་རྗེ་འཇིགས་མཛད་ཀྱི་བསྙེན་མཚམས་ ངང་སློབ་བུ་གང་དག་ཆོས་ཀྱིས་སྐྱོང་བཞིན་བཞུགས་ཚེ་ཡུལ་དེའི་འདྲེ་ངན་ཚོས་བཟོད་དཀའི་ མེ་དཔུང་དུ་མཐོང་ནས་གླགས་ལྟ་བ་ལྟ་ཅི་སྨོས་ཁོ་རང་ཚོ་ཁྲོ་རྒྱལ་གཤིན་རྗེ་གཤེད་ཀྱི་རྭ་སྔོ་ སངས་མེ་ལྕེ་འབར་བས་བརྡུང་སྟངས་ཀྱིས་རྒྱ་མཚོའི་ཕ་མཐར་བསྐྲད་པས་གདོན་འདྲེ་གང་ དག་གིས་འཚེ་བའི་གོ་སྐབས་བྲལ་བ་སོགས་ཀྱི་ལོ་རྒྱུས་འདྲེ་ཁོག་ཞུགས་དག་གི་ཁ་ནས་ ལབ་པ་དང༌། དེ་མཚམས་ནས་རྨ་སྲི བ་ལྕམ་ནང་དུ་ཕེབས་ཏེ་གཅོད་པ་བླ་མ་ཚུལ་ཁྲིམས་རྒྱ་ མཚོ་སོགས་ལ་མི་འཁྲུགས་པ་སོགས་ཀྱི་དབང་བཀའ་དང༌། ཨ་སྐྱོང་གོང་མས་གདན་དྲངས་ ཏེ་དོམ་ཚ་བླ་མ་རིག་འཛིན་སོགས་འདུས་སྡེ་མང་པོ་ལ་དུས་འཁོར་དབང་ཆེན་སོགས་ཟབ་ བཀའ་རེ་འདོད་བཞིན་གྱིས་ཚིམ་པར་མཛད། དགུང་ལོ་རེ་དྲུག་སྐོར་འཛམ་ཐང་སྤྲུལ་དབོན་ སོགས་འདུས་པ་ཆེས་མང་ལ་སྒྲུབ་ཐབས་རིན་འབྱུང་རྗེས་གནང་བརྒྱ་རྩ་སོགས་དང༌། ཨ་ སྐྱོང་རྒྱ་བླ་མ་དང་ལྷ་བཟོ་བླ་མ་སོགས་ལ་བསྙེན་རྫོགས་གྱི་སྡོམ་པ་གནང༌། འདི་སྐོར་དབང་ ཆེན་གྱི་མཚམས་སྒྲུབ་མཛད་པས་རྒྱལ་འགོང་ཐུལ་བའི་ལྟས་མཚན་བྱུང༌། རྫོགས་ཆེན་ 2-1-278 དཔལ་སྤྲུལ་འཛམ་ཐང་དུ་བྱོན་ནས་དེ་ལ་ཁོང་གིས་སྤྱོད་འཇུག་རྒྱུད་བླ་སོགས་ཞུས་ཤིང་ཕར་ ལའང་དུས་འཁོར་དབང་བཀའ་སྦྱོར་དྲུག་ཆ་ཚང་སོགས་ཟབ་བཀའ་དུ་མ་ལེགས་གནང་ མཛད། གཞན་ཡང་སྔ་ཕྱི་ཅི་རིགས་སུ་སྒར་ཁག་གསུམ་གྱི་གྲྭ་ཚང་རིས་མེད་ཆེས་མང་པོ་དང་ སྒྲུབ་པོ་རྣལ་འབྱོར་པ་དུ་མ་བཅས་ལ་རང་རང་གི་རེ་འདོད་ཇི་བཞིན་སྐོང་བའི་ཟབ་ཆོས་སྣ་ ཚོགས་ཀྱི་དགའ་སྟོན་འགྱེད་ཅིང༌། འདི་སྐོར་ཚེ་སྒྲུབ་ཏུ་ཟླ་བ་བཅུ་གསུམ་བར་བཞུགས་ཚེ་ པདྨ་མཁའ་འགྲོས་ཚེའི་སྲད་བུ་གནང་བའི་དངོས་གྲུབ་ཐོབ་བོ། །དགུང་ལོ་བདུན་ཅུ་སྐོར་དུ་ སྐུ་ཞབས་ཨརྒེ་སོགས་འདུས་སྡེ་བརྒྱ་ཕྲག་བཞི་ལྷག་ཙམ་ལ་རྗེ་བཙུན་གསུང་འབུམ་ལས་ གཤིན་རྗེའི་རབ་འབྱམས་དང༌། བདེ་མཆོག་རབ་འབྱམས་ཆ་ལག་བཅས་དང༌། གཞན་ཡང་ གསང་འདུས། སྒྱུ་དྲྭ། རྣལ་འབྱོར་མ་སོགས་རྒྱུད་སྡེ་རབ་འབྱམས་སུ་གྲགས་པའི་དབང་ བཀའ་མཐའ་དག་གནང་སྐབས་སྒོམ་ཆེན་དག་ལ་ཡེ་ཤེས་ཕེབས་ཏེ་ལུས་ཤིང་བལ་ལྟར་ གཡོ་བ་ངག་ཏུ་ལེགས་སྦྱར་སྐད་དང་མཁའ་འགྲོའི་བརྡ་གླུ་རང་ཤུགས་སུ་བྱུང་བ་ཡིད་ལ་བདེ་ གསལ་མི་རྟོག་པའི་ཏིང་ངེ་འཛིན་དང་སྟོང་གཟུགས་ཀྱི་དག་སྣང་རབ་འབྱམས་འཆར་བས་ སྒྲུབ་གནས་གང་འདི་ཀ་ལཱ་པའི་གྲོང་ཁྱེར་གཉིས་པ་ལྟ་བུར་གྱུར་ཅིང༌། དེ་ནས་རིམ་པར་སྒྲུབ་ པོ་དུ་མ་ལ་གསང་འདུས། དུས་འཁོར་སྡོམ་ཆེན། མགོན་པོ་ཁྲོ་བཅུའི་རྗེས་གནང༌། གཅོད་ དབང་སོགས་ཀྱི་མཛད་སྒོ་བཅས་ཉིད་ཀྱིས་བླ་མ་ཀརྨ་བསྟན་འཕེལ་གྱི་དྲུང་ནས་ཕུར་བའི་ དབང་ཡོངས་རྫོགས་ཀྱང་ཞུས། དཔལ་སྤྲུལ་བྱོན་ནས་ཞུས་ངོར་ནཻ་གུའི་ཟབ་བཀའ་ཆ་ཚང་ གསུངས་པས་དཔལ་སྤྲུལ་ཉིད་ནས་ཐུགས་མགུ་ཆེར་གནང་བའི་སྒོ་ནས་རྗེ་བླ་མ་ཁོང་ལ་ བཀའ་དྲིན་གཏང་རག་ཏུ་གསོལ་འདེབས་ཞབས་བསྟན་ཀྱང་ཕུལ། དེ་རྗེས་གཞི་ཆེན་བཻ་རོ་ཙ་ ན་བྱོན་ནས་དེ་ལ་སྦྱོར་དྲུག་གི་ཟབ་ཁྲིད་ཆ་ཚང་གནང་བས་བཻ་རོའི་ཀྱང་ཐུགས་ངོ་མཚར་བས་ རྗེ་ཉིད་འཕགས་ཡུལ་གྱི་པཎ་གྲུབ་དུ་མ་དང་གངས་རིའི་ལྗོངས་ཀྱི་ཀུན་མཁྱེན་ཇོ་ནང་པ་ཆེན་ 2-1-279 པོའི་རྣམ་འཕྲུལ་དུ་ཆེ་བསྔགས་ཀྱི་བསྟོད་ཚན་ཟུང་ཅིག་ཀྱང་ལེགས་སྐྱེས་སུ་འབུལ་བར་ མཛད། མཁར་དབོན་སོགས་ལ་བསྙེན་རྫོགས་སོགས་གསུངས་རྗེས་སུ་ཁོང་ཉིད་ཕུར་བ་ ཚོམ་བུ་འབུམ་སྒྲུབ་ཏུ་བཞུགས། དེ་ནས་བླ་མ་ཚུལ་ཁྲིམས་རྒྱ་མཚོ་སོགས་ལ་ཕུར་བའི་ དབང༌། ལྷར་ཡག་རི་ཁྲོད་པ་བསམ་འགྲུབ་སོགས་ལ་བསྙེན་རྫོགས་དང༌། འཛམ་ཐང་དབོན་ ཀརྨ་དམ་ཆོས་སོགས་ལ་དུས་འཁོར་དབང་སོགས་ཆོས་བཀའ་དུ་མ་བཅས་འདིའི་སྔར་ལོ་ལ་ སད་བསྲུང་ཡང་མཛད། དེ་ནས་ཨ་སྐྱོང་རྒྱ་བླ་མས་ཞུས་ངོར་དུས་འཁོར་དབང་ཆེན་ཕུར་བ་ སོགས་དང། རྩང་སྨད་གུ་རུ་རྡོ་རྗེ་སོགས་ལ་མི་འཁྲུགས་པའི་དབང་སོགས་དང༌། གཡུ་ཐོག་ གི་གྲྭ་པ་འགའ་ལ་སོ་ཐར་སྡོམ་པ་ཚིག་གསུམ་རིམ་ནོད་ཀྱི་ཚུལ་སོགས་ཆོས་བཀའ་ཆེར་ གནང་ཞིང་རྣམ་དཀར་བསགས་སྒོ་ཡང་ཀུན་ནས་ལེགས་རྒྱས་གཞན་ཡང་མང་ངོ༌། །དགུང་ ལོ་དོན་ལྔའི་སྐོར་གཡུ་ཐོག་མུ་ར་བླ་མ་སངས་རྒྱས་སོགས་ལ་བསྙེན་རྫོགས་དང་སློབ་མ་ འགའ་ལ་རང་རང་གི་འདོད་མོས་ལྟར་གྱི་ཆོས་བཀའ་དང་ལམ་ཀོའི་བླ་མ་རབ་རྒྱས་སོགས་ ལ་ནཻ་གུའི་ཟབ་བཀའ་ཆ་ཚང་སོགས་གནང་ཞིང་ཨ་སྐྱོང་གོང་མའི་དཔོན་ལྷ་ཆེན་འདས་པའི་ དགོངས་རྫོགས་དང་དགེ་བཤེས་མཁས་བཙུན་པ་ཞི་བར་གཤེགས་པའི་ཐུགས་དམ་བཀྲོལ་ བ་བཅས་གཙང་སྤྲུལ་རིག་མཆོག་སོགས་ལ་དུས་འཁོར་གྱི་དབང་སོགས་ཀྱང་མཛད་དེ་ བསྟན་འགྲོ་ལ་སྒོ་གང་ཐད་ནས་ཕན་པ་རྒྱ་ཆེར་སྤེལ། རིམ་པ་དེ་ལྟར་གྱིས་ཉིད་དགུང་གྲངས་ དོན་བརྒྱད་དུ་སོན་སྐབས་གཙང་བའི་སྤྲུལ་སྐུ་རིག་མཆོག་གམ་མཐུ་སྟོབས་རྣམ་རྒྱལ་དང༌། སྦྱངས་དབོན་ངེས་དོན་སོགས་འདུས་སྡེ་བརྒྱ་ལྷག་ཙམ་དང༌། གཞན་ཡང་ཁྲོམ་ཚོགས་ཆེས་ མང་ལ་མི་འཁྲུགས་པའི་དབང་སོགས་དང༌། དེ་རྣམས་ལས་གཙང་སྤྲུལ་སོགས་སློབ་བུ་ འགའ་ལ་རྡོ་རྗེ་འཆང་དབང་སོགས་བཟླས་ལུང་དུ་མ་དང་གཅོད་སྐོར་གྱི་ལུང་ཁྲིད་རྣམས་ དང༌། དགེ་ཚུལ་རབ་བྱུང་གི་སྡོམ་པ་ཞང་སྟོན་པའི་ལུགས་ལྟར་གནང་ཞིང༌། རྫོགས་ཆེན་པ་ 2-1-280 དཔལ་ཆེན་རྡོ་རྗེ་ལ་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་ནཻ་གུའི་ཟབ་ཁྲིད་ཆ་ཚང་ལེགས་གནང་གི་ སྒོ་ནས་སྨོན་ལམ་གཏད་རྒྱ་སོགས་ཀྱང་མཛད་ནས་ཚེ་གེགས་དང་བྲལ་ཞིང་དག་སྣང་ཡ་ མཚན་པ་དང་བཅས་པས་རྐྱེན་སེལ་ཆེ་བར་གྱུར། དེ་ནས་ལོ་དེའི་ཟླ་བ་ལྔ་པའི་ནང་ནས་རྗེ་ བླ་མ་གང་ཉིད་ཀྱི་སྐུ་ཁམས་ཅུང་ཟད་མ་སྙོམས་པ་ནས་བཟུང་སློབ་བུ་དག་གི་རེ་འདོད་གང་ དགོས་ལ་དེ་དེ་བཞིན་གྱི་ཆོས་བཀའ་བར་བར་རྒྱུན་མ་ཆད་བཞིན་བཞུགས་པ་ལ་སློབ་བུ་ ཡོངས་ནས་ཞབས་བརྟན་རླབས་ཆེ་བ་སྒོ་ཀུན་ནས་འབད་བཞིན་མྱ་ངན་གྱི་གདུང་བ་དང་ བཅས་བཞུགས་ཞུས་ཕུལ་ཡང༌། ཁོང་གི་ཞལ་ནས། སློབ་བུ་གང་དག་མྱ་ངན་བྱ་མི་དགོས། བྱང་སེམས་ཀྱི་བསམ་མི་ཁྱབ་པའི་འཆི་འཕོ་ནི་འཇིག་རྟེན་ཕལ་བ་དང་མི་འདྲ། ད་ལན་རང་ གི་ཚེ་མཐར་ཕྱིན་ཅིང་འགྲོ་བའི་དུས་སུ་བབ་པ་ཡིན། ཁྱེད་རྣམས་སློབ་བུ་སྤྱི་དང་ཁྱད་པར་ ངག་དབང་ཆོས་འཕགས་པ་གང་ཁྱེད་ཀྱི་དོན་གཉིས་སྒྲུབ་པའི་བསམ་སྦྱོར་གྱི་བསྟན་པ་དམ་ པའི་ཆོས་ངེས་དོན་སྙིང་པོའི་རིང་ལུགས་དེ་ཉིད་འཛིན་སྐྱོང་སྤེལ་གསུམ་གྱི་ཐབས་ལ་སྒོ་ ཐམས་ཅད་ནས་འབད་པ་ལྷུར་ལེན་གྱི་དོན་གཉེར་མ་འཆུགས། བླ་རྒན་རང་གིས་ཡང་སྐྱེ་ འདི་བླངས་པ་ནས་བཟུང་རྒྱལ་བསྟན་སྙིང་པོ་འདི་འདྲ་བླ་མ་དམ་པའི་དྲིན་ལས་མཇལ་བ་ འདི་ག་ཉིད་སྐྱེས་རྩལ་ཅི་ཡོད་ཀྱིས་དོན་མེད་དུ་མ་བཏང་ཁུལ་རེ་ནི་སྒོ་གང་ཐད་ནས་འབད་ འབུང་བྱས་རྩིས་ཡིན། ད་ནི་གདོས་བཅས་སྒྱུ་ལུས་འདི་ལ་ཟུག་མི་བདེ་བ་རེ་འོང་བ་ཡང་སྔོ ན་ གྱི་ལས་མཐུར་བལྟ་བཞིན་ཡིད་བདེ་འབའ་ཞིག་གི་ངང་དཀའ་ཚེགས་ཅི་ཡང་མི་འདུག ཁོ་ བོས་ཁྱེད་སློབ་བུ་གང་དག་ལ་སྨིན་གྲོལ་གྱི་ལམ་ཟབ་མོ་མཐའ་དག་ལེགས་པར་བསྟན་ནས་ དགེ་བའི་བཤེས་གཉེན་གྱི་བྱ་བ་ནི་བྱས་ཟིན་པས་ཁྱེད་ཅག་གིས་དེ་དག་ལག་ལེན་ཅི་ཐེབས་ ལ་རེམ་པ་གལ་ཆེ། ད་ནི་རང་གི་ཞེ་བློ་བདེ་ཞིང་འཆི་ཁ་འགྱོད་པ་དང་སྐྲག་འཇིགས་ཅི་ཡང་ མེད། ཚེ་འདས་ལྡན་དག་གི་རྒྱུ་རྫས་ཡང་དོན་མེད་ཆུད་ཟོས་སུ་མ་བཏང་བར་འབྲེ ལ་ཚད་ 2-1-281 དོན་ལྡན་རེ་སྒོ་ཀུན་ནས་ཨེ་ཡོང་ལྟ་རྩིས་བྱས་ཡོད། ཅེས་སོགས་ཞལ་ཏ་བཀའ་ཕེབས་དུ་མ་ མཛད་མཐར་ཐུགས་སྨོན་ལེགས་གནང་གི་ཚུལ་ཁོང་ད་གཟོད་མ་འོངས་པ་ན་རྒྱལ་བསྟན་སྤྱི་ དང་ཡང་སྒོས་ངེས་དོན་སྙིང་པོའི་ཆོས་ཚུལ་སླར་ཡང་སྤེལ་ཆེད་འདིར་སྔོན་བཞིན་རང་རེ་ ལྷན་དུ་འཕྲད་པའི་སྨོ ན་འདུན་དང་མཐར་ཐུག་ཁོང་གིས་སྐུ་བཞིའི་གོ་འཕང་གི་མཛད་སྒོ་སྐྱོང་ བའི་སྐབས་ན་མཁའ་མཉམ་གྱི་འགྲོ་ཀུན་ཟུང་འཇུག་མཆོག་ལ་ལེགས་འགོད་ཀྱི་སྨོ ན་པ་ཁྱད་ པར་བ་དང་བཅས་ཐུགས་སྨོན་རྣམ་དག་མང་པོ་མཛད་རྗེས་ནངས་སྔ་མོ་ཞིག་ཏུ་སྐུ་གཉེར་ དར་རྒྱས་ལ་ད་ལན་འབྲེལ་ཐོགས་ཕོ་མོ་ཡོད་ཚད་མི་བསྐྱོད་རྒྱལ་བའི་ཞིང་ཁམས་སུ་ངེས་ པར་གནས་འདྲེན་མཛད་ཚུལ་དང༌། ཁོང་ཉིད་ལ་སྣང་བཞི་ཐིམ་རིམ་གྱི་རྟགས་མཚན་ཟླ་ཉི་ འབྱུང་ལྡོག་གི་སྣང་བ་གསལ་བོ་དང་སྣང་མཆེད་ཐོབ་པ་གཞིའི་འོད་གསལ་དང་བཅས་པའི་ ཡིན་ལུགས་ཤར་ཚུལ། དེ་ལས་ལོངས་སྤྲུལ་གྱི་མཛད་པས་འགྲོ་ཁམས་རྗེས་སུ་བཟུང་ཚུལ་ སོགས་ཞིབ་རྒྱས་ཀྱི་སྒོ་ནས་གསུང་གནང་མཛད་རྗེས་ཕྱིར་ཉིན་ཙམ་ན་སློབ་བུ་ཆོས་འཕགས་ ལ་ཡུལ་ཕྱོགས་འདིའི་ལོ་ཐོག་ད་སྐབས་བཅད་ཚར་རམ་གསུངས། ཚར་ཞུས་ཚེ། འོ་ན་སངས་ ཉིན་ཙམ་ན་འཆི་དང་དགའ། ཞེས་སོགས་གསུངས་ནས་ཕྱིར་ཉིན་ཁོ་བོ་ཁ་ཤར་དུ་སྟོན་ཅིག གསུངས་པ་ལྟར་བྱས་ཚེ་ཁོང་གི་ཞལ་སྔ་ནས། རང་སྣང་དག་པའི་ཡེ་ཤེས་ཀྱི་གཟིགས་ངོར་ ཁམས་དྲུག་དག་པའི་ཐིག་ལེ་ལྷ་ཚོགས་རབ་འབྱམས་ཀྱི་སྣང་བ་དང༌། གཞན་ཡང་དུས་ཀྱི་ འཁོར་ལོ་བདེ་གསང་འཇིགས་གསུམ་སོགས་ཡི་དམ་རྒྱུད་སྡེ་མཐའ་ཀླས་པའི་རྟེན་དང་ བརྟེན་པའི་ཁྱད་བཀོད་ཆེས་ངོ་མཚར་བས་ཐ་མལ་འདི་སྣང་མ་དག་པའི་གྲྭ་ཟུར་དབྱིངས་སུ་ ཡལ་ཏེ་དག་སྣང་སྒྱུ་འཕྲུལ་གྱི་བཀོད་ཆེན་སྣ་ཚོགས་པ་རིས་སུ་ཆད་མེད་དུ་རྟག་པར་འཁོར་ མོ་ཡུག་ཏུ་སོང་བའི་འཆར་སྒོ་མཉམ་རྗེས་ཆ་མི་ཕྱེད་པ་ཅན་དུ་གྱུར་པའི་ཞལ་གསུང་ཡང་ཡང་ དང་བཅས་ཕྱི་ལོ་༡༨༦༥ རབ་ལོ༨༣༩། མཆན། ཤིང་མོ་གླང་གི་ལོ་དེའི་ཟླ་བ་བདུན་པའི་ཚེས་གཉིས་ 2-1-282 ཀྱི་ཉིན་ཕྱེད་ཡོལ་ལུག་གི་དུས་ཚོད་ཙམ་ན་གཤིས་འོད་གསལ་གཉུག་མ་ཆེན་པོའི་རང་ཞལ་ གྱི་ངང་དང་གང་ཐུགས་གཉིས་མེད་རོ་མཉམ་ཆེན་པོའི་ཚུལ་དུ་དགོངས་པ་ལེགས་མཐར་ ཕྱིན་པའི་མཛད་ཚུལ་གནང་སྟེ་ཉིད་ཀྱི་ཐུགས་ཆོས་དབྱིངས་ཡེ་ཤེས་དམ་རྒྱ་མཆོག་གིས་རྒྱས་ བཏབ་ནས་བསོད་ནམས་ཞིང་དུ་རེ་ཞིག་བར་བཞུགས་མཐར་རྣལ་འབྱོར་དམ་པའི་དཀར་ དམར་གྱི་ཆ་བགྲོད་པ་ཡང་དག་པའི་སྒོ་ལ་དཔག་སྟེ་སློབ་བུ་རྟོགས་པའི་དབང་ཕྱུག་གང་དག་ གིས་ཐུགས་དམ་ལེགས་བཀྲོལ་གྱི་མཛད་སྒོ་ལ་བརྟེན་ནས་སྐུ་གདུང་རིན་པོ་ཆེའི་ཕུང་པོ་ཉིད་ ལ་ལོངས་སྤྱོད་རྫོགས་པའི་ཆས་ཉེ་བར་གསོལ་ཏེ་རླབས་ཆེན་གྱི་མཛད་སྒོས་མཆོད་སྨོན་ སོགས་གཟབ་ལྡན་བགྱིད་སྐབས་ཉིན་བདུན་པའི་མཚན་མོ་ལ་ས་གཞི་རི་ཀླུང་ཀུན་ལ་ཁྱབ་ པའི་འུར་སྒྲ་དང་བཅས་ས་ཆེན་པོ་ལན་གསུམ་དུ་གཡོས་ཤིང་དེ་དག་གི་བར་བར་དུ་རེས་ འགའ་ནམ་མཁའ་གཡའ་དག་པ་དང་རེས་འགའ་མཁའ་དབྱིངས་ཐམས་ཅད་འཇའ་འོད་ ཀྱིས་ཁེབས་བཞིན་མེ་ཏོག་སིལ་མའི་ཆར་ཟིམ་བུར་འབེབས་ཤིང་དེ་སྐབས་སུ་སློབ་བུ་ རྟོགས་ལྡན་དག་གི་དག་སྣང་གི་ལྟད་མོ་མཚར་དགུ་སྣ་ཚོགས་ངོམ་པ་དང་སྐུ་གདུང་ཞུགས་ ཕྲེང་གིས་ལེགས་བཞུ་མཛད་སྐབས་མེ་རང་ལེན་བྱས་ཏེ་ཡེ་ཤེས་ཀྱི་མེ་དཔུང་ཁ་དོག་སྣ་ ཚོགས་པས་ངོ་མཚར་བའི་བཀོད་པ་འདྲ་མིན་གྱི་སྒོ་ནས་རྟེན་དང་བརྟེན་པའི་དཀྱིལ་འཁོར་ གྱི་སྣང་ཆ་ཡང་ཐུགས་སྲས་དག་གི་རང་བློ་དང་འཚམས་པར་མཐོང་བས་དད་གུས་དཔག་ མེད་འདྲེན་བཞིན་ཀུན་གྱི་མཐོང་སྣང་མཉམ་པོར་མཁའ་ལམ་ནས་འཇའ་སྤྲིན་མེ་ཏོག་གི་ ཆར་བསྙོན་མེད་བཅས་ཀྱིས་དགེ་མཚན་ཁྱད་པར་བ་ཆེས་མང་པོ་དང་ལྡན་པའི་གཤེགས་ མཆོད་གདུང་རྟེན་ཡོངས་རྫོགས་ཀྱི་བར་ལེགས་གྲུབ་མཛད་ཚུལ་ཉིད་ཀྱི་རྣམ་ཐར་རྒྱས་པ་ གསང་རྣམ་བཅས་ལས་ཕྱི་ནང་གི་མཛད་སྒོ་བཟང་པོ་ཇི་སྐད་བྱུང་བ་ལྟར་ལགས་ཤིང༌། ཁོང་ གི་ཐུགས་སློབ་ཀྱི་གཙོ་བོ་རྣལ་འབྱོར་གྱི་དབང་ཕྱུག་མཆོག་གི་གོ་འཕང་ན་བཞུགས་པ་ཝ་ 2-1-283 འབྲོ་མགོའི་བླ་མ་ངག་དབང་ཆོས་འཕགས་རྒྱ་མཚོ། ལྷ་བ་བླ་མ་ཀུན་དགའ་དཔལ་ལྡན། ལྷ་ བཟོ་བླ་མ་ངག་དབང་ཆོས་འཛིན། ཁྱི་ལོ་མའི་བླ་མ་ངག་དབང་ཆོས་འབྱོར། ཨ་སྐྱོང་རྒྱ་བླ་མ་ ངག་དབང་དཀོན་མཆོག་སོགས་རང་ལུགས་ཀྱི་གསང་ཆེན་རྡོ་རྗེ་འཛིན་པ་དུ་མ་དང༌། རྫོགས་ ཆེན་དཔལ་སྤྲུལ། གཞི་ཆེན་བཻ་རོ། གུ་རུ་རྡོ་རྗེ། དཔལ་ཆེན་རྡོ་རྗེ་སོགས་སྔགས་རྙིང་ཕྱོགས་ ཀྱི་སྐྱེས་ཆེན་མང་པོ་དང༌། འཇམ་མགོན་ཀོང་སྤྲུལ། བླ་མ་དམ་པ་ནོར་བཟང་སོགས་རིས་ མེད་བསྟན་པའི་མངའ་བདག་ཕྱོགས་ནས་ཕེབས་པ་གང་དག་གིས་གཙོས་སློབ་ཆེན་ཐུགས་ སྲས་མཁས་གྲུབ་གཉིས་ལྡན་མང་པོ་བྱོན་ཅིང་དེ་དག་ནི་གཙང་བ་དགེ་སློང་གི་ཕྱིའི་རྣམ་ཐར་ མདོར་བསྡུས་ཙམ་སྟེ་གསང་བའི་རྣམ་ཐར་ནི་འདིར་མ་སྨོས་པས་ལོགས་སུ་ཡོད་པ་ལྟར་རོ། ། ༼༢༽ དེ་ནས་རིམ་པར་གཙང་ཆེན་ཕོ་བྲང་དུ་སྒྲུབ་བརྒྱུད་འཛིན་པའི་རྡོ་རྗེ་སློབ་དཔོན་ གཉིས་པ་ངག་དབང་ཆོས་ཀྱི་འཕགས་པའི་ལོ་རྒྱུས་ནི། འདིའི་འཁྲུངས་ཡུལ་འཛི་སྲི བ་ཝ་ འབྲོ་མགོ་སྟེ་ཡབ་དགྲ་བླའམ་རུས་ཨ་སྐྱབས་ལུག་འུ་དང་ཡུམ་སྨོན་ཟ་ཀླུ་སྐྱིད་གཉིས་ཀྱི་སྲས་ སུ་ཕྱི་ལོ་༡༨༠༨ རབ་ལོ་༧༨༢ མཆན། ས་འབྲུག་ལོར་སྐུ་བལྟམས། ཆུང་དུས་ནས་གཞན་ལས་ཁྱད་ པར་འཕགས་ཤིང་ན་ཚོད་དགུང་ལོ་དྲུག་བདུན་ནས་དགེ་རྒན་ངག་དབང་ཚུལ་ཁྲིམས་གྱི་ མདུན་ནས་ཀློག་བསླབ་པ་སོགས་རིག་པའི་གནས་དུ་མར་ཐུགས་བློ་རྒྱས་ཏེ་དགུང་གྲངས་ བཅུ་བདུན་པར་གཙང་ཆེན་སྤྲུལ་པའི་སྐུ་དཀོན་མཆོག་འཇིགས་མེད་རྣམ་རྒྱལ་གྱི་དྲུང་དུ་རྟེན་ འབྲེལ་ལེགས་སྒོས་བསུ་མ་དང་བཅས་ཉེ་བར་སླེབས་ཏེ་གང་གི་མདུན་ནས་རབ་ཏུ་བྱུང་བའི་ སྡོམ་པ་ལེགས་མནོས་མཛད་དེ་མཚན་ངག་དབང་ཆོས་འཕགས་རྒྱ་མཚོ་ཞེས་གསོལ། དེ་ ནས་བཟུང་ཤ་ཆང་སྐུ་ཚེ་གང་བོར་སྤངས་ཤིང་གཙང་ཆེན་མཆོག་གི་དྲུང་ནས་སླར་ཡང་ཟབ་ ཆོས་ཀྱི་སྒོ་དུས་འཁོར་དབང་ཆེན། ནཻ་གུའི་ཟབ་བཀའ་ཡོངས་རྫོགས་སོགས་དང༌། ཁྱད་པར་ ཟབ་ལམ་སྦྱོར་དྲུག་སྔོན་འགྲོ་ནས་བཟུང་རྫོགས་རིམ་ཡན་ལག་དྲུག་པ་ཏིང་ངེ་འཛིན་གྱི་བར་ 2-1-284 ལེགས་པར་གསན་ནས་ཉམས་ལེན་སྐབས་རྟོགས་འབུལ་སོགས་ཀྱི་སློབ་དཔོན་རྟོགས་ལྡན་ དྲི་མེད། སངས་རྒྱས་རྒྱ་མཚོ། རྡོ་རྗེ་འཆང་ངག་དབང་ཆོས་འཕེལ་རྒྱ་མཚོ་ཞབས་པ་སྟེ་དེ་ འདྲའི་སྒོ་ནས་ཉམས་ལེན་མཐའ་རྒྱས་མཛད་པས་ལམ་རང་རང་གི་རྟགས་མཚན་ཁྱད་པར་ བ་དང་སྣོད་བཅུད་སྟོང་གཟུགས་ཀྱི་ལྷའི་རྣམ་རོལ་དུ་ཤར་ཞིང་ལས་རླུང་དབུ་མར་ཐིམ་ རྟགས་དུ་མ་དང༌། བདེ་སྟོང་གི་ཡེ་ཤེས་ལ་སེམས་ཤིན་ཏུ་གནས་པས་མཉམ་བཞག་ལས་ ལྡང་དཀའ་བ་སོགས་ཉམས་དང་རྟོགས་པའི་སྒོ་རབ་ཏུ་ཡངས་པ་བྱུང་ཞིང་ཆོས་བརྒྱད་ལ་ ཞེན་པ་གཏིང་ནས་ཆོད་པར་གྱུར་ཏེ། དགུང་ལོ་ཉེར་ལྔ་སོགས་སུ་པཎྜི་ཏ་ཆོས་དབྱིངས་རྡོ་ རྗེའི་དྲུང་ནས་རྒྱུད་སྡེའི་དཀྱིལ་འཁོར་བརྒྱ་ལྷག་ཙམ་གྱི་བྲི་ཐིག་དང་བློས་བསླངས་སོགས་ བསླབས། གཙང་བའི་ཞལ་སྔ་ནས་དུས་འཁོར་སྒྲུབ་མཆོད་བཙུགས་པ་ལ་ཐིག་འདེབས་ སློབ་དཔོན་སོགས་འཕྲལ་གྱི་བྱ་བ་གང་དགོས་དང་ཁྱད་པར་རྗེ་སྒྲོལ་མགོན་ཞབས་གྱི་ཕྱག་ བཞེས་ཇི་བཞིན་ཚེ་དབང་མཆོག་གྲུབ་ནས་གོས་པཎྜི་ཏ་ལ་གསུངས་པའི་ཞལ་རྒྱུན་མ་ཉམས་ པ་ཐུགས་ལ་བཟུང་ནས་ཡི་གེར་བཀོད་དེ་འཚོགས་ཀྱི་ཀུན་སྤྱོད་ཆེས་གཙང་ལེགས་དང་ བཅས་སྒྲུབ་མཆོད་རྒྱུན་འཛུགས་ཀྱི་ཆེད་བླ་མ་མཆོག་སྒྲུབ་ཨ་སྐྱོང་གོང་མར་བླ་ཚབ་ཏུ་ཞལ་ བཀོད་མཛད་པ་སོགས་སྒོ་ཀུན་ནས་འཚོགས་རྒྱུན་ད་བར་མི་ཆད་པ་ནི་དམ་པ་འདིའི་བཀའ་ དྲིན་ཡིན་ཞིང༌། སྔར་སྦྱོར་དྲུག་སྐབས་ཀྱི་བླ་མ་བཞི་པོའི་མདུན་ནས་ཡན་ལག་དྲུག་གི་ཉམས་ ཁྲིད་ཡོངས་རྫོགས་རེ་རེ་ཐོབ་ལ། དེ་ལས་བླ་མ་དྲི་མེད་ཀྱི་མདུན་ནས་སྒྲུབ་ཐབས་བརྒྱ་རྩ། གྲུབ་ཆེན་བརྒྱད་ཅུ། གུར་མགོན་དབང་བཀའ་སོགས་ཟབ་ཆོས་ལྷག་པོ་མང་པོ་གསན། དགུང་ལོ་སུམ་ཅུ་སྐོར་གཙང་བས་དག་ཞིང་གཟིགས་པས་དགོངས་མཆོད་གཟབ་ལྡན་གྱིས་ བྱིན་རླབས་ཀྱི་མཚན་མ་རྙེད། དེ་ནས་གཙང་བ་དགེ་སློང་ཆོས་འཕེལ་གྱིས་རྒྱལ་ཚབ་མཛད་ ནས་གདུལ་བྱ་རྗེས་བཟུང་སྐབས་དམ་པ་འདི་ཉིད་ཀྱིས་ཟབ་ཁྲིད་གསལ་འདེབས་སོགས་ཀྱི་ 2-1-285 མཛད་སྒོ་ལ་ཐུགས་ཁུར་བཞེས། ལོ་འདི་སྐོར་ཙམ་ན་མཁན་ངག་དབང་ཆོས་འཕེལ་རྒྱ་མཚོ། སློབ་དཔོན་རྟོགས་ལྡན། ཕྱག་མཛོད་ཆོས་འགྲུབ། གསང་སྟོན་པ་བླ་མ་ནོར་བཟང་སོགས་ མཁན་སློབ་གྲངས་ཚང་གི་མདུན་ནས་བསྙེན་རྫོགས་ཀྱང་ཞུས། དེ་ནས་སྐབས་ཤིག་ཏུ་དོམ་ ཚ་མཁན་པོ་སོགས་འདུས་པ་མང་པོ་ལ་བསྐྱེད་རྫོགས་སྤྱི་དང་དུས་འཁོར་གྱི་ཕྱི་ནང་གཞན་ གསུམ་རྒྱུད་དང་མཐུན་པར་ཞིབ་བཤད་བྱས་པས་དོམ་ཚ་མཁན་པོ་སོགས་ངོ་མཚར་ནས་རྗེ་ བཙུན་ཏཱ་ར་ནཱ་ཐ་དུས་འཁོར་གྱི་བསྟན་པ་སྤེལ་བ་ལ་སླར་བྱོན་པ་ལྟ་བུ་ཞིག་རེད། ཅེས་ སོགས་ཆེ་བསྔགས་མཛད། གཙང་བ་དགེ་སློང་གི་མདུན་ནས་ཀོང་སྤྲུལ་གྱིས་སྦྱོར་དྲུག་ཞུ་ སྐབས་ཉམས་ཁྲིད་ཀྱི་རིགས་འགའ་ཞིག་དང་འཁྲུལ་འཁོར་སོགས་སླར་ཡང་དམ་པ་འདིའི་ མདུན་ནས་ཞིབ་ཏིག་གིས་ལེགས་ཞུ་མཛད་ཚེ་ཁོང་གིས་གོང་མའི་གསུང་དང་རང་གི་ཉམས་ མྱོང་བཞིན་གཏན་འབེབས་མཛད་པས་ཀོང་སྤྲུལ་རིན་པོ་ཆེས་ཐུགས་མགུས་ཆེར་བསྔགས་ རྒྱ་ཆེ་བ་མཛད་ཅིང༌། ཀོང་སྤྲུལ་གྱི་མདུན་ནས་ཀྱང་གསང་འདུས་ཀྱི་དབང༌། དབུ་མའི་ལྟ་ ཁྲིད་སོགས་ཟབ་བཀའ་མང་པོ་ཞུས། གཡུ་ཐོག་ཏུ་ཀརྨ་འོད་གསལ་གྱི་དྲུང་ནས། རྡོར་ཕྲེང་ དབང་ཡོངས་རྫོགས། བདེ་མཆོག་དྲིལ་ལུགས་ཕག་མོའི་སྐོར། འཇིགས་བྱེད་རྭ་པོད་སོགས་ དང༌། རྟོགས་ལྡན་ངག་དབང་བསྟན་གསལ་གྱི་མདུན་དུ། རིན་འབྱུང་ཆ་ཚང༌། དུས་འཁོར་ འགྲེལ་ཆེན་གྱི་བཀླག་ལུང་སོགས་དང༌། རྡོ་རྗེ་འཆང་ངག་དབང་ཆོས་འཕེལ་གང་དྲུང་ནས། ཀུན་མཁྱེན་ཡབ་སྲས་ཀྱི་གསུང་འབུམ། གྲོལ་མཆོག་ཁྲིད་བརྒྱ། མགོན་པོའི་པོ་ཏི་མེ་འབར། དུས་འཁོར་དང༌། ནཻ་གུའི་དབང་ཆ་ཚང༌། གཤིན་རྗེ་དང༌། བདེ་མཆོག་རབ་འབྱམས་སོགས་ རྗེ་བཙུན་གྱི་བཀའ་འབུམ་ལས་བྱུང་བའི་རྒྱུད་སྡེའི་ཟབ་དབང་ཡོངས་རྫོགས་དང༌། མཆོག་ སྤྲུལ་མི་ཕམ་ཕྲིན་ལས་རབ་བརྟན་གྱི་མདུན། རྗེ་བཙུན་གསུང་འབུམ་ཡོངས་རྫོགས་ཀྱི་ བཀླག་ལུང་ལེགས་གསན་མཛད། དགུང་ལོ་ཞེ་བདུན་སྐོར་དཔལ་སྤྲུལ་འཛམ་ཐང་དུ་ཕེབས་ 2-1-286 པའི་དྲུང་ནས། སྤྱོད་འཇུག་དང་རྒྱུད་བླའི་བཤད་ཁྲིད་ཞུས་ཤིང༌། གཙང་བ་དགེ་སློང་གི་ མདུན་དུ་དཔལ་སྤྲུལ་གྱིས་སྦྱོར་དྲུག་སོགས་ཞུ་སྐབས་དམ་པ་འདིས་ཉམས་རྟོགས་ངོ་སྤྲོད་ ཚུལ། འཁྲུལ་འཁོར་ལག་ལེན་སོགས་ཞལ་རྒྱུན་ཉམས་མྱོང་གི་སྒོ་ནས་དཔལ་སྤྲུལ་སང་ལ་ ཞིབ་རྒྱས་སུ་ཕུལ་བས་དགྱེས་སྤྲོ་ཆེ་རབ་མཛད། ཁྱད་པར་ཁོང་གིས་དུས་འཁོར་ཡོངས་ རྫོགས་ཀྱི་བསྙེན་སྒྲུབ་མཛད་པས་དུས་ཀྱི་འཁོར་ལོ་དང་རིགས་ལྡན་པད་དཀར། ཀུན་ མཁྱེན་དོལ་པོ་སོགས་བླ་མ་ཡི་དམ་དུ་མའི་ཞལ་མཐོང༌། ཁྲོ་རྒྱལ་རྟ་མཆོག་ཧེ་རུ་ཀ་ཡི་དམ་དུ་ མཛད་པས་དངོས་དང་རྨི་ཉམས་སུ་བདེ་བ་ཅན་གྱི་ཞིང་དུ་ཡང་ཡང་བགྲོད་པ་དང༌། གཟའ་ དང་རྒྱལ་པོ་སོགས་དྲེགས་ཅན་དུ་མས་ཁོང་གིས་བསྲུང་བྱར་གྱུར་པ་ལ་གནོད་མི་བྱེད་པའི་ དམ་བཅའ་ཕུལ་བ་དང༌། ཐུགས་སྣང་དུ་ཆོས་ཀུན་སྒྱུ་མའི་རྣམ་རོལ་དུ་འཆར་ཞིང༌། རྨི་ལམ་ སྐབས་ཤམྦྷ་ལ་སོགས་དག་མ་དག་གི་ཞིང་ཁམས་གང་དུ་ཕྱིན་ཀྱང་ཆོག་པ་དང༌། སྤྲུལ་ བསྒྱུར་གང་འདོད་ལ་ཐོགས་པ་མི་མངའ་ཞིང་ལྐོག་གྱུར་གྱི་དོན་ལ་བརྟག་ཚེ་རྨི་ལམ་དུ་དགེ་ སློང་དང༌། མི་དཀར་པོ་ལྭ་ཐོད་ཅན་གྱི་གཟུགས་སོགས་འོང་ནས་ལྐོག་གྱུར་ཇི་བཞིན་སྟོན་ པར་བྱེད་པ་སོགས་ཆེ་བའི་ཡོན་ཏན་མང་པོ་མངའ་ལ། དགུང་ལོ་ང་གཅིག་སོགས་སུ་རྟོགས་ ལྡན་ངག་དབང་བསྟན་གསལ་སོགས་སྐྱེས་བུ་དམ་པ་དུ་མས་གཙོས་གྲྭ་ཚང་མང་པོ་ལ། ཀུན་ མཁྱེན་དང་རྗེ་བཙུན་གྱི་བཀའ་འབུམ་ཆ་ཚང་གི་བཀླག་ལུང་གསུངས་ཤིང༌། བླ་མེད་ཀྱི་རྒྱུད་ སྡེ་དུ་མའི་བྲི ས་ཐང་གསར་བཞེངས་དང༌། སློབ་བུ་འགའ་ལ་ཟབ་མོ་སྔགས་ཀྱི་ལམ་རིམ་རྒྱུན་ མི་ཆད་པར་གསུངས་པ་དང༌། ཨརྒེ་མཆོག་སྤྲུལ་སོགས་འདུས་པ་མང་པོ་ལ་རྡོར་ཕྲེང་དབང་ ཡོངས་རྫོགས། སྒྲུབ་ཐབས་བརྒྱ་རྩའི་རྗེས་གནང་སོགས་ཆོས་བཀའ་དུ་མ་གསུངས་སྐབས་ གཙང་བ་དགེ་སློང་ཉིད་ཀྱང་དབང་གསན་པ་ལ་ཕེབས་པར་མཛད། གཞན་ཡང་ས་དམར་ དགེ་བཤེས་སོགས་ལ་དུས་འཁོར་སྒྲུབ་དཀྱིལ་རྩ་འགྲེལ་དང་བཅས་པའི་རྒྱས་བཤད་དང༌། 2-1-287 གཙང་སྤྲུལ་རིག་མཆོག་རྣམ་རྒྱལ་སོགས་ལ་ཀུན་མཁྱེན་རྗེ་བཙུན་གྱི་གསུང་འབུམ་ཆ་ཚང་གི་ བཀླག་ལུང་སོགས་ཟབ་ཆོས་དུ་མ་བར་བར་གསུངས། དགུང་ལོ་ང་བརྒྱད་སྐབས་གཙང་བ་ དགེ་སློང་དག་ཞིང་དུ་གཤེགས་པའི་དགོངས་མཆོད་རྒྱ་ཆེར་བྱས་ནས་བླ་མ་ལ་རྒྱུན་དུ་གསོལ་ བ་བཏབ་པས་ནུབ་ཅིག་རྨི་ལམ་འོད་གསལ་གྱི་ངང་དུ་མཁའ་ལམ་གཡའ་དག་པ་ནས་རྡོ་རྗེ་ འཆང་ངག་དབང་ཆོས་འཕེལ་དེ་ཉིད་ཀྱི་གཟུགས་སྐུ་མཚན་དཔེས་ལེགས་པར་མཛེས་བཞིན་ འོད་ཟེར་གྱི་ཕུང་པོ་ཅན་སྐད་ཅིག་གིས་གསལ་བར་མཇལ་བས་ཡིད་དད་གུས་དབང་མེད་ཀྱི་ ངང་ནས་སྐད་གསང་མཐོན་པོས། དབྱིངས་མཁའ་ན་བཞུགས་པའི་བླ་མ་རྗེ། །མགོན་མེད་ པའི་མར་གྱུར་འགྲོ་རྣམས་ཀྱིས། །བཟོད་དཀའ་བའི་སྡུག་བསྔལ་དཔག་མེད་མྱོང༌། །ཕ་ཁྱེད་ ཀྱིས་ཐུགས་རྗེས་མི་གཟིགས་སམ། །ཞེས་པའི་གསོལ་བ་བཏབ་པས། བླ་མའི་ཞལ་ནས། རིགས་ཀྱི་བུ་ཁྱོད་ནི་བླ་མ་ལ་མོས་གུས་ཀྱི་འདུན་པའི་རྩེར་ཕྱིན་པ་ཡིན། ཞེས་གསུངས་པ་ སོགས་དག་སྣང་ངོ་མཚར་བའི་ལོ་རྒྱུས་མང་པོ་ཡོད། འདི་སྐོར་ནས་བཟུང་གཙང་བ་དགེ་ སློང་གི་གདན་ཚབ་བྱས་ཏེ་ཟབ་ཆོས་ཀྱིས་སློབ་ཚོགས་རྗེས་སུ་བཟུང་བ་ཟབ་ལམ་སྒོམ་པ་ལྔ་ བཅུ་རེ་ལས་མི་ཉུང་བ་སོགས་དང༌། ཕྱོགས་ནས་འོང་བའི་མདོ་སྨད་ཀྱི་ཆོས་ལུགས་སོ་སོའི་ གྲྭ་སྡེ་བརྒྱ་སྟོང་མང་པོ་སོགས་ལ་རང་རང་དང་འཚམས་པའི་ཟབ་བཀའ་རྒྱ་ཆེ་བས་སློབ་མ་ གང་དག་གི་རྒྱུད་ལ་གནད་ཁེལ་གྱི་མཛད་སྒོ་གནང༌། དགུང་ལོ་དྲུག་ཅུ་སྐོར་དུ་དག་སྣང་གི་ ཞལ་གཟིགས་སྔར་གྱི་མི་དཀར་པོ་ལྭ་ཐོད་ཅན་དེ་དངོས་སུ་བྱོན་ནས་ད་དུང་ཁྱེད་ཀྱིས་གདུལ་ བྱའི་རྒྱུད་ལ་བཤད་སྒྲུབ་ཀྱི་ལག་རྗེས་མ་ཞོག་གསུངས་པ་ལ་བརྟེན་ཁོང་གིས་དེ་ཕན་ཆད་དུ་ གདུལ་བྱ་ཕལ་མོ་ཆེ་ལ་སྒོ་གང་ཐད་ནས་མ་བསྐུལ་དང་བླང་གིས་ཆོས་ལ་ལེགས་བསྐུལ་ མཛད་དེ་སྔར་ལས་ལྷག་པར་འགྲོ་དོན་ཆེ་བ་མཛད། ཁྱད་པར་རྗེ་བླ་མའི་གདུང་རྟེན་ཀུན་ མཁྱེན་ཇོ་ནང་པའི་དགོངས་བཞེད་དང་མཐུན་པར་དུས་འཁོར་བློས་བསླངས་བཞེངས་ 2-1-288 སྐབས་ལས་བྱེད་པ་དག་གིས་བྱེད་ཐབས་འགའ་རེ་ལེགས་པོ་མ་དཔྱོད་ཚེ་ཁོང་ཉིད་འོད་ གསལ་དུ་བཞུགས་པས་སྔར་གྱི་རིགས་ལྡན་སྤྲུལ་པ་ལྭ་ཐོད་ཅན་དེ་བྱུང་ནས་ལས་ཀ་ཅི་ དགོས་ཀྱི་ཐབས་ལེགས་བསླབས་མཛད་པས་དེ་ལུགས་ལྟར་བགྱིས་པས་ལེགས་པར་གྲུབ་ པ་སོགས་ཀྱི་སྒོ་ནས་ནང་རྟེན་རབ་གནས་མཐའ་རྒྱས་ཟིན་སྐབས། ཁོང་གི་ཞལ་ནས། ད་ ལན་གཞལ་ཡས་ཁང་འདི་ལ་ཡེ་ཤེས་པ་བསྟིམས་ནས་ངེས་པར་བཞུགས་པ་ལ་ཐེ་ཚོམ་མི་ དགོས་པ་མ་ཟད་རབ་གནས་མ་བྱས་གོང་བཞེངས་པའི་དུས་ནས་ཀྱང་དམ་ཚིག་དང་མོས་ དབང་གིས་ཡེ་ཤེས་པ་ཐིམ་གྱིན་འདུག་ཅིང་ཐ་ན་སློབ་བུ་དག་ལ་དཀྱིལ་འཁོར་གྱི་བྲི་ཐིག་ བསླབ་དུས་སུའང་ལྷ་གནས་རྣམས་སུ་ལྷ་རྣམས་བྱོན་ནས་བཀྲ་ལམ་མེར་མཐོང་འདུག་ན་ འདིར་རྟེན་བཞེངས་ཆེ་བའི་དུས་ན་ལྟ་ཅི་སྨོ ས། དེ་ཕྱིར་བྲི་ཐིག་གི་དུས་ན་འགོམ་དུ་མི་རུང་བ་ སོགས་གསུངས་ཤིང༌། དེ་འདྲའི་བློས་བསླངས་ལེགས་གྲུབ་མཛད་པ་ནས་བཟུང་དེའི་མདུན་ ནས་ལོ་བསྟར་གྱི་ནག་ཟླར་དུས་འཁོར་སྒྲུབ་མཆོད་རྒྱུན་འཛུགས་ཀྱང་བྱས། བླ་མ་ལུང་ རྟོགས་སོགས་སྒྲུབ་སྡེ་བ་མང་པོ་དུས་འཁོར་ཟབ་ཁྲིད་གྱིས་ལེགས་བསྐྱངས་མཛད་ནས་དེ་ སྐབས་ཀུན་ཏུ་ཆོས་བཀའ་དུ་མ་གསུངས་ཤིང༌། ཆོས་གསུང་སྐབས་ཉིད་ཀྱི་ཞལ་ནས། ཆོས་ གང་བྱས་ཉོན་མོངས་བདག་འཛིན་གྱི་གཉེན་པོ་འགྲོ་དགོས་ཚུལ། ཁོང་གི་ཆོས་ཀྱི་བཀའ་ དྲིན་སློབ་བུ་དག་གིས་ཐོས་བསམ་སྒོམ་གསུམ་གྱིས་ལེགས་འཇལ་བྱེད་དགོས་ཤིང་ཉིད་ཀྱི་ སྐུ་ཚེ་ཡང་ཀུན་མཁྱེན་རིན་པོ་ཆེའི་དགུང་གྲངས་བདུན་ཅུ་ལས་མི་བརྒལ་ཚུལ་སོགས་ གསུངས་ལ། གཞན་ཡང་སྒྲུབ་སྡེ་བ་གཙང་དབོན་རིག་རྩལ་སོགས་དང༌། གཙང་བ་འགབ་ མའི་སྤྲུལ་སྐུ་ཀརྨ་བསྟན་པའི་ཉི་མ་སོགས་སྔ་ཕྱིའི་སྒྲུབ་སྡེ་བརྒྱ་ལྷག་ལ་རང་རང་དང་ འཚམས་པའི་ཟབ་ཆོས་དང༌། མགར་བླ་ཆོས་དབྱིངས་རང་གྲོལ་དཔོན་སློབ་ལ་བསྙེན་རྫོགས་ ཀྱང་གནང༌། ཡར་ཐང་དགོན་དུ་རྒྱ་བླ་མས་གདན་དྲངས་ནས་འདུས་སྡེ་སུམ་སྟོང་ལྷག་ལ་ 2-1-289 རིན་འབྱུང་སོགས་ཆོས་བཀའ་མང་པོ་གསུང་སྐབས་བུམ་ཆུ་ས་སྟོང་དུ་འགྲིམ་པའི་དགོས་པ་ དབང་ཉན་མི་མ་ཡིན་མང་པོ་ལ་བུམ་ཆུ་སྦྱིན་པར་གསུངས་ཤིང༌། ཡག་མདོའི་འདུ་ཁང་དུ་ ཨརྒེ་མཆོག་སྤྲུལ། རྫོགས་ཆེན་པ་དཔལ་ཆེན་རྡོ་རྗེ་སོགས་གྲྭ་ཚང་ལྔ་བརྒྱ་ལྷག་ལ་དུས་ འཁོར་དབང་ཆེན་བསྐུར་བས་སློབ་བུ་དུ་མ་ལ་ཡེ་ཤེས་ཕེབས་ཅིང་དབང་དོན་ངོ་འཕྲོད་དེ་ བདེ་སྟོང་གི་ཉམས་ཆེར་རྒྱས་པ་སོགས་བྱིན་རླབས་ཟིལ་ཆེ་བའི་རྟགས་མཚན་བྱུང༌། ལྕགས་ མདུད་སྤྲུལ་སྐུ་སོགས་ལ་རིན་འབྱུང་སོགས་དང༌། ཚེས་བཅུའི་མཆོག་སྤྲུལ་ཀུན་དགའ་བསྟན་ འཕེལ་སོགས་འདུས་སྡེ་ཆེས་མང་ལ་དུས་འཁོར་དབང་ཆེན། བདེ་གསང་འཇིགས་གསུམ་ སོགས་རྗེ་བཙུན་གྱི་བཀའ་འབུམ་ལས་བྱུང་བའི་རྒྱུད་སྡེ་བཞིའི་དབང་ཡོངས་རྫོགས་དང༌། འདི་སྐབས་ལྕགས་མདུད་སྤྲུལ་སྐུ་ཐུགས་མཆོག་རྡོ་རྗེས་སྟོན་པའི་ཟབ་ཐང་བཞེངས་པའི་ ཞལ་བཀོད་བཅས་དང༌། ལྷ་ཚེ་སྐྱབས་མགོན་ཀརྨ་ཆོས་གྲགས་དང་ལྷ་བཟོ་བླ་མ་ངག་དབང་ ཆོས་འཛིན་སོགས་གྲྭ་ཚང་མང་པོ་ལ་དུས་འཁོར་དབང་ཆེན་དང༌། ཁྱད་པར་ལྷ་ཚེ་སྐྱབས་ མགོན་ཁོང་ཉིད་ལ་སྦྱོར་དྲུག་ཡོངས་རྫོགས་ཉམས་ཁྲིད་ཞིབ་རྒྱས་ཀྱང་མཛད། ས་དམར་ དགོན་དུ་གྲྭ་ཚང་ལ་སྦྱོང་རྒྱུད་སོགས་གསུངས་སྐབས་ཡུལ་གྱི་གཞི་བདག་ནག་ཕྱོགས་པ་དམ་ བཞག་གིས་དཀར་ཕྱོགས་སྐྱོང་བར་བསྐོས། ལྷ་བཟོ་བླ་མས་རི་ཁྲོད་དུ་གདན་དྲངས་པས་ བསྐྱེད་རྫོགས་ཀྱི་ཟབ་ཁྲིད་མང་པོ་དང༌། ལྷ་རྩེ་སྐྱབས་མགོན་གྱིས་སྨྲ་རོང་དུ་གདན་དྲངས་ཏེ་ ཡུལ་དེའི་འདུས་སྡེ་སྤྱི་ལ་སྦྱོང་རྒྱུད་སོགས་དབང་བཀའ་དང་ཆོས་ཁྲིད་མང་པོ་ཞུས་སྐབས་ ཆོས་ཉན་པ་མགར་བླ་ཐག་རིང་ནས་འོང་བ་ཐུགས་ཀྱིས་མཁྱེན་ནས་ཆོས་མཚམས་བསྒུགས་ པ་མཛད་ནས་སླར་ཡང་གསུངས། དགུང་ལོ་རེ་ལྔ་སོགས་སུ་ཨ་སྐྱོང་རྒྱ་བླ་མས་བཞེངས་པའི་ སྒྲོལ་མའི་མཆོད་རྟེན་ལ་ཐིག་རྩ་བ་མཛད། སླར་རྒྱ་བླ་མས་གདན་འདྲེན་ལྟར་བྱོན་ཏེ་འདུས་ པ་མང་པོ་ལ་རྡོ་རྗེ་ཕྲེང་བའི་དབང་ཡོངས་རྫོགས་གསུངས་ཤིང་ཡར་ཐང་དུ་བཟང་སྤྱོད་ཀྱི་ 2-1-290 ཚོགས་ཐེབས་སུ་དངོས་རྫས་དུ་མ་བཞག འཛམ་ཐང་དུ་འདུ་ཁང་ཆེན་མོའི་ས་འདུལ་མཛད་ དེ་བཞེངས་པའི་ཆ་རྐྱེན་བསྩལ་ནས་བཞེངས་ཚུལ་གྱི་ཞལ་བཀོད་ཀྱང་མཛད། འདི་སྐོར་ འཛི་ཉིན་གྱི་གྲྭ་སྡེ་མང་པོ་དང་ཕྱོགས་ནས་འོང་བའི་གསར་རྙིང་གི་ཆོས་ལུགས་འཛིན་པ་རྫ་ ཁྲ་མ་བླ་མའི་ཡང་སྤྲུལ་དང༌། གསར་མའི་དགེ་བཤེས་ཆེ་བ་སོགས་སྐྱེས་ཆེན་དམ་པ་ཕྱོགས་ རིས་མེད་པ་དུ་མ་དང་རང་ཡུལ་འཛི་ཀའི་དགོན་སྡེ་སྟོད་སྨད་ནས་བྱོན་པའི་གྲྭ་སྡེ་མང་པོ་ལ་ རང་རང་དང་འཚམས་པའི་ཟབ་མོའི་ཆོས་ཀྱི་བཀའ་ཕེབས་རྒྱ་ཆེ་བས་དེ་དག་གི་ཐུགས་ཀྱི་རེ་ འདོད་ཇི་བཞིན་བསྐངས་ནས་ཐམས་ཅད་ལ་དད་གུས་རྒྱ་ཆེར་འཁྲུངས། གསར་རྙིང་རིས་ མེད་པའི་སྐྱེས་ཆེན་དཔའ་རི་བ་ཨོ་རྒྱན་རབ་བརྟན་གྱིས་དམ་པ་འདིའི་དྲུང་ནས་ཟབ་ལམ་ སྔགས་ཀྱི་གནད་དོན་མང་པོ་ཞུས་པས་རང་གི་ཐུགས་ཉམས་སུ་འཁྲུངས་ཚུལ་ལས་བརྩམས་ ཏེ་ཇི་བཞིན་ལེགས་གསུངས་མཛད་པས་བླ་མ་དཔའ་རི་བས་དམ་པ་འདི་ཉིད་ལམ་སྤྱི་དང་ ཁྱད་པར་སྔགས་ཀྱི་ལམ་གནད་ལ་འདི་ལྟར་མཁས་པ་ནི་སྔོན་ཇོ་ནང་པ་ཡབ་སྲས་ཀྱི་སྤྲུལ་པ་ ཞིག་ཏུ་ངེས་ཐག་ཆོད་ཅིང༌། རང་ལའང་འདིའི་སྐུ་མཐོང་ཙམ་གྱིས་བདེ་སྟོང་གི་ཉམས་སྔར་ སྐྱེ་མ་མྱོང་བ་སྐྱེས་ཚུལ་སོགས་ཀྱི་ཆེ་བསྔགས་རྒྱ་ཆེར་མཛད། དགུང་ལོ་རེ་བརྒྱད་སྐོར་ རྟོགས་པ་གོང་འཕེལ་གྱི་ངང་ནས་ཁོང་གི་སྐུ་ཚ་འབའ་མདའ་བླ་མ་ཐུབ་བསྟན་དགེ་ལེགས་རྒྱ་ མཚོ་དང༌། གཙང་བ་ཆ་ལུང་བའི་ཡང་སྤྲུལ་སོགས་འདུས་སྡེ་དུ་མ་ལ། སྦྱོར་དྲུག་ཟབ་ཁྲིད་ མཐོང་བ་དོན་ལྡན་རྩ་བ་དང་ལྷན་ཐབས་ཟུང་འཇུག་གཉིས་འགྲེལ་བཤད་དུ་སྦྱར་ཏེ་བཤད་ ཁྲིད་རྒྱ་ཆེ་བ་ཁོང་གི་ཉམས་རྟོགས་ཀྱིས་ལེགས་པར་བརྒྱན་ནས་རྒྱུད་དོན་དང་མཐུན་པར་ ཞིབ་བཤད་མཛད་ཅིང༌། གཞན་ཡང་ཕྱོགས་རྒྱལ་སྦྱོར་དྲུག ལོ་ཆེན་སྦྱོར་དྲུག འཁྲུལ་འཁོར་ ཆ་ལག་བཅས་དང༌། བདེ་མཆོག་ལྷ་ལྔའི་བསྐྱེད་རིམ། དེའི་རྫོགས་རིམ་ནཻ་གུ་ཆོས་དྲུག་ ཡོངས་རྫོགས་ཀྱི་བཤད་ཁྲིད་དང༌། འཇིགས་བྱེད་བསྙེན་སྒྲུབ་ཀྱི་ཁྲིད་རྫོགས་རིམ་བཅས་ 2-1-291 དང༌། བདེ་གསང་རྒྱུད་སྡེ་ལྔའི་གཙོ་འདུས་ཀྱི་དབང་སོགས་ཁྲིད་བཤད་མན་ངག་ཞལ་རྒྱུན་ དང་བཅས་གསང་ཆེན་ཐེག་པའི་ཆོས་སྒོ་མང་པོ་དང་སྐྱེས་བུ་གསུམ་གྱི་ལམ་རིམ་དང་བློ་སྦྱོང་ དོན་བདུན་མ་སོགས་མདོ་ཕྱོགས་ཀྱི་ཆོས་བཀའ་དུ་མ་བཅས་ཐུགས་དགྱེས་སྤྲོས་ངང་ཆོས་ཀྱི་ སྒོ་འཕར་ལེགས་ཕྱེ་མཛད་ཅིང༌། དེ་དག་གི་སྐབས་ཁོང་གི་ཞལ་ནས། སྤྱིར་ཆོས་པ་ཡིན་ཕྱིན་ ཆོས་རྣམ་དག་ཅིག་དགོས། དེ་ཡང་ལམ་གྱི་རྩ་བ་འཁོར་བ་སྡུག་བསྔལ་དུ་ཤེས་དགོས་ཤིང༌། འཁོར་བ་ཞེས་པ་ད་ལྟའི་ལུས་སེམས་འདི་ག་ཡིན་ཚུལ་ཁོང་ལ་དེ་སྡུག་བསྔལ་དུ་ལེགས་པར་ ཤར་ཚུལ། འཁོར་བ་ལ་ཞེན་ཅིང་བདག་འཛིན་གྱི་རྩ་བ་མ་ཆོད་ན་ཐར་པ་མི་ཐོབ་ཚུལ། ཐེག་ ཆེན་ལམ་གྱི་གཞི་རྩ་བྱང་ཆུབ་ཀྱི་སེམས་དེ་དགོས་གལ་ཆེ་ཚུལ། དེ་ཡང་ཡིད་གཏིང་ནས་ འགྱུར་ཏེ་རྒྱུན་ལྡན་དུ་བསྐྱེད་དགོས་ཚུལ། གསང་ཆེན་སྔགས་ཀྱི་སྐབས་བསྐྱེད་རིམ་ལྷའི་ གསལ་སྣང་གི་ཡིན་ལུགས་རྫོགས་རིམ་བདེ་སྟོང་གི་ཡེ་ཤེས་ཇི་བཞིན་སྐྱེ་ཚུལ་སོགས་ཟབ་ གནད་ཀྱི་སྒོ་རྒྱ་ཆེ་བ་དང་སློབ་བུ་དག་གི་ཀུན་སྤྱོད་ཀྱི་བྱ་ཐབས་ཞལ་ཏའི་ཚུལ་དང་བཅས་ མཁོ་ཆེ་བ་མང་པོ་བར་བར་དུ་གསུངས། དེ་ནས་རེ་ཞིག་ཏུ་སྔར་གྱི་ཞལ་གཟིགས་དགེ་སློང་ གི་གཟུགས་སྐུ་མདོག་སྨུག་གེ་བ་མཚན་དཔེ་རྫོགས་ཤིང་ཆོས་གོས་རྣམ་གསུམ་གསོལ་བ་དེ་ བྱོན་ནས། ད་དུང་ཡང་ཁྱེད་ཀྱིས་གཞན་རྒྱུད་ལ་སྒྲུབ་པའི་ལག་རྗེས་ཀྱི་ཆ་ཞིག་མ་ཞོག་གསུང་ བའི་བསྐུལ་བརྡ་ལ་བརྟེན། དགུང་ལོ་རེ་དགུའི་དུས་ཙམ་ན་རྒྱ་བླ་མ་དང་ལྷ་རྩེ་སྐྱབས་མགོན་ གཉིས་ཀྱིས་མཐུན་རྐྱེན་ལེགས་སྦྱར་གྱི་སྒོ་ནས་སྦྱོར་དྲུག་གི་སྒྲུབ་གྲྭ་བཙུགས་ཏེ་གཙང་བ་སྐུ་ ཆེན། ཁྱི་ལོ་མའི་བླ་མ་སོགས་སྒྲུབ་པོ་བཅུ་གསུམ་ཙམ་གྱིས་ཐོག་མ་བྱས་ནས་དེ་དག་ཟབ་ ཁྲིད་ཀྱིས་ལེགས་བསྐྱངས་མཛད་པ་ནས་བཟུང་ད་བར་དུ་སྒྲུབ་གྲྭ་ཡོད་པ་འདི་ག་ལྟར་ལས་ ཐོག་མ་ཁོང་གིས་སྒྲུབ་གྲྭ་འཛུགས་སྐབས་ལོ་རེ་བྱས་ན་བར་ཆད་མེད་ཅིང་དེ་མིན་དཀའ་ཚུལ་ གསུངས་ན་གཞན་དབང་གིས་ལོ་གསུམ་རེ་དགོས་ཁུལ་བགྱིས་ན་ཡང་རྗེས་སོར་ཡུན་མི་ 2-1-292 རྟག་པར་ཁོང་གིས་ཇི་སྐད་གསུངས་པ་ལྟར་དུ་གྱུར་ཅིང༌། མཛད་ཚུལ་དེ་འདྲའི་སྒོ་ནས་གཙང་ ཆེན་ཕོ་བྲང་དུ་བཞུགས་ནས་སྒྲུབ་ཁང་གི་སྒྲུབ་པོ་གང་དག་ལ་རང་རང་དང་འཚམས་པའི་ ཟབ་ཁྲིད་རིམ་པར་རྒྱུན་མ་ཆད་པར་གནང་ཞིང༌། སྦྱངས་པ་བླ་མ་ངེས་དོན་སོགས་ལ་དུས་ འཁོར་འབྲེ ལ་ཆེན་གྱི་བཀླག་ལུང་སོགས་ཀྱང་མཛད། འདིའི་དགུན་སྨད་དུ་རྡོ་ཡུལ་ཕྱོགས་ ཀྱི་གྲྭ་བ་ཁ་ཤས་བསྙེན་རྫོགས་ཞུར་འོང་བ་ལ་ཁོང་གི་ཞལ་ནས། ད་ནི་ཁོ་བོ་ལ་སྡུད་རིམ་གྱི་ མགོ་བརྩམས་ཏེ་གཞིའི་འདི་སྣང་ཚོགས་དྲུག་གི་ཤེས་པའི་ཡུལ་དུ་གང་གྱུར་སྟོང་གཟུགས་ཀྱི་ བྱེ་བྲག་སྣ་ཚོགས་ཁོ་ན་ལས་ཐ་མལ་གྱི་སྣང་བ་ཡེ་མི་འདུག་པས་འདུལ་བའི་ལས་ཆོག་གི་ཡི་ གེའང་མཐོང་དཀའ་བས་ད་ལན་བསྙེན་རྫོགས་སྒྲུབ་ག་ལ་ཐུབ་ཚེ་ཕྱི་མ་ཟེར་བ་ལ་ཟླ་ཤས་ ནས་འགྲོ་རན་པས་ཚེ་འདིའི་སོ་ཚིས་ཐམས་ཅད་བསྐྱུར་ཡོད། ད་སྔ་ཡན་བསྟན་པ་ལ་ཕན་དུ་ རེ་ནས་ཆོས་རེ་བཤད་ཁུལ་བགྱིས་ཀྱང་རང་གཞན་གང་ཐད་ནས་སྐྱོན་མེད་ཡོང་བ་དཀའ་ མོར་འདུག་པས་དེ་དག་ལ་ཉེས་བཤགས་རེ་ཡང་བྱེད་ཀྱིན་ཡོད། ལུས་འདི་འདོར་བ་ལ་ ཕངས་རྒྱུ་ཅི་ཡང་མེད་གྲྭ་པ་ཞིག་བྱས་ཕྱིན་འཆི་ཁར་སེམས་ལ་འཆང་རྒྱུ་ཞིག་གལ་ཆེ། ད་ཙམ་ ཁོ་བོ་ལ་འདི་སྣང་ལས་གཞན་ཞིག་འཆར་ཡོད་པར་འདུག ཅེས་གསུངས་ཏེ་དེ་དག་ལ་ཆོས་ འབྲེལ་ཙམ་གནང་བས་ཤིན་ཏུ་དད་གུས་ཆེན་པོས་སྨོན་ལམ་དང་བཅས་གྲྭ་པ་དེ་ཀུན་རང་ ཡུལ་དུ་ལོག དགུང་ལོ་བདུན་ཅུར་སླེབས་ཚེ་སློབ་བུ་གང་དག་ལ་ཉིད་ཀྱི་ཞལ་ནས། ད་ལོ་ ངེས་པར་འཆི་རྒྱུ་ཡིན། ཁྱེད་ཅག་ཚོས་ཚུལ་ཁྲིམས་གཙང་མས་གཞི་བཟུང་སྟེ་ལམ་བསྐྱེད་ རྫོགས་ལ་ཉམས་སུ་ཅི་ལོན་གྱིས། ཁྱིམ་པའི་ཁ་འཛིན་སྤངས་ནས་ལས་འབྲས་ལ་བླང་དོར་ ཇི་བཞིན་རེ་ཨེ་ཡོང་ལྟོ ས། དཔལ་ཇོ་ནང་པའི་རིང་ལུགས་ལ་སྒོ་གང་ཐད་ནས་རང་བཟོས་ སླད་མེད་ཀྱིས་འཛིན་སྐྱོང་སྤེལ་ཐབས་ཤིག་མ་འཆུགས། ད་ལན་རང་ནི་གནའ་སྔ་མོ་ནས་ འདི་སྣང་ལ་ཆགས་ཞེན་སྤང་ཅི་ཐུབ་དང༌། ཆོས་ལ་བརྩོན་པ་མི་ལྷོ ད་ཙམ་གྱིས་སྡོམ་གསུམ་ 2-1-293 ཁས་གང་བླངས་ལ་འགལ་ཚབས་ཆེ་བ་ནི་མ་བྱུང་རྩིས་ཡིན། ད་ལོ་ཁ་ཤས་ཤིག་ནས་ཉིན་ མཚན་གྱི་སྣང་བའང་ཇི་བཞིན་མེད་པར་ཆེད་དུ་མ་བསྒོམས་ཀྱང་འོད་གསལ་འཁོར་ཡུག་ཏུ་ སོང་གཤིས་ཚེ་ཕྱི་མར་ཆས་ཚེའང་སེམས་ཁུར་མེད་ཅིང་འཆི་བ་ལ་དགའ་བྲོད་ཅིག་ཀྱང་ཡོད་ པར་འདུག ཅེས་སོགས་ཀྱི་གསུང་འཕྲོས་ཞལ་ཏ་ཞིབ་རྒྱས་སུ་གནང་རྗེས་ཕྱི་ལོ་༡༨༧༧ རབ་ལོ་༨༥༡ མཆན། མེ་ཕོ་གླང་ལོ་དེའི་ནག་ཟླའི་སྒྲུབ་མཆོད་ཀྱི་ཚོགས་དཔོན་ཞག་གསུམ་མཛད་ནས་ཁོང་ གིས་ཉིད་ཀྱི་རྒྱལ་ཚབ་ཏུ་ཀུན་དགའ་དཔལ་ལྡན་ཞབས་པ་བསྐོ་བཞག་དང་བཅས་ད་ནི་ཁོ་ བོ་སྒྲུབ་གྲྭར་འཆི་འགྲོ་བ་ཡིན། ཞེས་གསུངས་ཏེ། ཚེས་བཅུ་བདུན་ཉིན་ཕེབས་ལམ་དུ་ གདུང་བཞུ་བྱེད་ས་ཚུན་ལེགས་གཟིགས་མཛད་དེ་སྒྲུབ་གྲྭར་ཞག་འགར་བཞུགས་སྐབས་ ཉིན་ཞིག་སྒྲུབ་སྡེ་བ་དག་ལ་ཁོང་གནང་ཉིན་འགྲོ་རྒྱུ་ཡིན། ཞེས་གསུངས་པ་ལྟར་ཕྱིར་ཉིན་དུ་ སྒྲུབ་སྡེ་བ་གང་དག་ལ་ཆོས་དང་མཐུན་པའི་གཏམ་སྐྱེས་བུ་གསུམ་གྱི་ལམ་ཆ་ཚང་གི་བཀའ་ མོལ་ལེགས་གནང་དང་བཅས་དེའི་ཕྱི་ཉིན་མོ་ནག་ཟླའི་ཚེས་བཅུ་དགུ་ལ་ཁོང་ཉིད་ཀྱི་སྐུ་ལ་ བསྙུང་ཟུག་གང་ཡང་མེད་པར་རྣམ་སྣང་ཆོས་བདུན་གྱི་སྟེང་ནས་སྤྱན་འབྲས་གྱེན་ལ་བཟློག་ སྟེ་དོན་དམ་ཆོས་དབྱིངས་ཀྱི་ངང་དུ་ཀུན་རྫོབ་གཟུགས་སྐུ་ལེགས་བསྡུས་ཀྱི་ཚུལ་དུ་འོད་ གསལ་མ་བུ་འདྲེས་པའི་ཐུགས་དམ་མཆོག་ཏུ་བཞུགས་སོ། །དེ་ནས་ཞག་གསུམ་ཙམ་ནས་ ཐུགས་དམ་ལེགས་བཀྲོལ་གྱིས་དཀར་ཆ་སྟེང་དང་དམར་ཆ་འོག་ནས་བྱུང་བའི་རྟགས་ མཚན་དང་ནམ་མཁའ་ནས་མེ་ཏོག་གི་ཆར་འཇའ་སྤྲིན་སོགས་དང་བཅས་ཕྱི་ནང་གི་ངོ་ མཚར་བའི་དགེ་མཚན་ཀུན་ནས་ཡངས་པ་རྒྱ་ཆེ་བའི་སྒོ་ནས་གདུང་མཆོད་ལེགས་སྒྲུབ་ གདུང་རྟེན་དགོངས་རྫོགས་གཟབ་ལྡན་གྱི་ལེགས་བྱས་མི་དམན་པ་སོགས་ཀྱི་ཚུལ་རྒྱས་པར་ ཉིད་ཀྱི་རྣམ་ཐར་ལོགས་སུ་ཡོད་པ་ལས་བྱུང་བ་ལྟར་རོ། །གང་གི་ཐུགས་སློབ་ཡང་ས་དམར་ བླ་མ་ལུང་རྟོགས་སོགས་རང་རེའི་སྒྲུབ་བརྒྱུད་ཀྱི་རྡོ་རྗེ་འཛིན་པ་དུ་མ་དང༌། གཞན་ཕྱོགས་ 2-1-294 མེད་ཀྱི་ས་དགེ་རྙིང་གསུམ་སོགས་ཀྱི་སྐྱེས་ཆེན་དུ་མ་བྱོན་ནས་ཁོང་ལ་ཆོས་ཞུས་པའི་སློབ་ ཚོགས་ཆེས་མང་བའི་ཚུལ་ནི་གོང་བཤད་དག་གིས་ཅུང་ཟད་ཤེས་ནུས་སོ། ། ༼༣༽ གཙང་ཆེན་ཕོ་བྲང་དུ་སྒྲུབ་བརྒྱུད་འཛིན་པའི་རྡོ་རྗེ་སློབ་དཔོན་གསུམ་པ་ཀུན་ དགའ་དཔལ་ལྡན་གྱི་ལོ་རྒྱུས་ནི། འདིའི་འཁྲུངས་ཡུལ་སྨྲ་རོང་ཕྱོགས་ཀྱི་གྲོང་ཁེབ་ལེབ་ཅེས་ པ་དེར་ཡབ་ཕུར་རྩ་ཚེ་འབུམ་དང་ཡུམ་མགོ་ལོག་བཟའ་བོ་ཅོག་གཉིས་ཀྱི་སྲས་བདུན་ཡོད་ པའི་ཐོག་མ་དེ་དམ་པ་འདི་ཉིད་ཡིན་ཞིང་ཕྱི་ལོ་༡༨༢༩ རབ་ལོ་༨༠༣ མཆན། ས་གླང་ལོར་སྐུ་བལྟམས་ ཏེ་ཆུང་མིང་སྐལ་ཀོ་ཞེས་འབོད་པ་སྟེ། ཆུང་ནས་ཆོས་ལྡན་གྱི་རྩེད་མོ་སོགས་དམ་པའི་རིགས་ ཅན་དུ་མངོན་པ་དགུང་གྲངས་ཉི་ཤུའི་བར་ཕ་མ་བརྩེ་བས་གཡོག་བཞིན་ཁུ་བོ་ཀུན་བཟང་ ནོར་བུའི་ཟུར་དུ་ཀློག་སོགས་བསླབས་པས་ཡུལ་སྲོལ་དང་བསྟུན་པའི་རིག་གནས་ཇི་བཞིན་ མཁྱེན་ཅིང་བྱང་ཆུབ། དེ་ནས་དགུང་ལོ་ཉེར་གཉིས་པར་འཛམ་ཐང་ཁང་དམར་དུ་སྐུ་དབོན་ ཀུན་དགའ་ཆོས་གྲགས་རྒྱ་མཚོའི་དྲུང་དུ་ཡོངས་རྫོགས་དགེ་བསྙེན་དང་བར་མ་རབ་བྱུང་གི་ སྡོམ་པ་བཅས་ཞུས་ཏེ། མཚན་ཀུན་དགའ་བསོད་ནམས་དཔལ་ལྡན་ཞེས་གསོལ། དེ་ནས་ བཟུང་སྐུ་དབོན་གང་ཉིད་ཀྱི་མདུན་ནས་རྡོ་རྗེའི་རྣལ་འབྱོར་གྱི་སྔོན་འགྲོའི་ཆོས་སྐོར་ཡོངས་ རྫོགས་གསན་ནས་ཉམས་ལེན་མཛད། དེ་རྗེས་སུ་འབྱུང་འདུལ་གྱི་ཁྲིད་ཞུས་ཏེ་བསྙེན་སྒྲུབ་ མཛད་པས་ཁྱབ་འཇུག་ཆེན་པོ་དབང་དུ་འདུ་བ་སོགས་གྲུབ་པའི་རྟགས་མཚན་ཆེ་ཞིང༌། སྐབས་སྐབས་སུ་མི་ནག་འཇིགས་སུ་རུང་བའི་གཟུགས་ཀྱིས་ཆོ་འཕྲུལ་སྟོན་པའང་བྱུང༌། དེར་བརྟེན་བླ་མའི་བཀའ་བཞིན་མགོན་པོའི་ཁྲིད་འདུས་གསལ་ཚང་བའི་སྟེང་ནས་ཟབ་ཁྲིད་ གདམས་པ་ལྟར་བསྙེན་མཚམས་ཁ་སྐོང་བཅས་མཐའ་རྒྱས་གྲུབ་པས་ཆོས་སྐྱོང་གིས་ལས་ སྒྲུབ་པའི་རྟགས་མཚན་ཀྱང་ཅི་རིགས་བྱུང༌། དེ་ནས་མུ་མཐུད་དུ་རྡོ་རྗེ་འཇིགས་མཛད་ཆེན་ པོའི་འབྲུ་གནོན་དང་སྙན་བརྒྱུད་ཀྱི་ཟབ་ཁྲིད་རིམ་པས་ཞུས་ནས་དེ་གཉིས་བསྙེན་སྒྲུབ་ཚད་ 2-1-295 ལྡན་རེ་རེར་མཚམས་སྒྲུབ་དང་དེའི་ཡན་ལག་ཨུཥྞི་ཥ་རྭ་ལུགས་སོགས་བསྐྱེད་རིམ་ཕལ་ཆེ་བ་ ཉམས་ལེན་མཛད་པས་དྲོད་རྟགས་ཅི་རིགས་པ་མངོན་དུ་གྱུར། དེ་མཚམས་ནས་བླ་མའི་ བཀའ་བཞིན་རྟེན་གཙོ་ཐུབ་པ་ལ་ཕྱག་སྨོན་ལེགས་མཚན་དང་བཅས་གཙང་ཆེན་ཕོ་བྲང་གི་ རྒྱལ་ཚབ་ངག་དབང་ཆོས་འཕེལ་རྒྱ་མཚོའི་སྐུ་དྲུང་དུ་གུས་པས་ཕྱིན་ཏེ། དུས་འཁོར་དབང་ ཆེན་སྔོན་དུ་འགྲོ་བའི་སྒོ་ནས་ཡན་ལག་དྲུག་གི་ཉམས་ཁྲིད་གོང་མའི་ཕྱག་བཞེས་ལྟར་ རྫོགས་པར་ཞུས་ཏེ་དབང་ཆེན་གྱི་མིང་དབང་སྐབས་གསང་མཚན་མི་བསྐྱོད་ཆོས་ཀྱི་སེང་གེ་ ཞེས་གསོལ་ཞིང་དེ་དག་ཇི་བཞིན་ཉམས་ལེན་གྱི་དུས་སུ་དམ་པ་འདིའི་ཐུགས་ཉམས་སུ་བླ་ མ་སངས་རྒྱས་ཀུན་འདུས་སུ་ཐག་ཆོད་དེ་འཁོར་བ་ལ་སྐྱོ་ཤས་དུང་ངེ་བ་དང་སེམས་ཅན་ལ་ ཕྱོགས་རིས་མེད་པའི་སྙིང་རྗེ། འདི་སྣང་གི་ཆོས་ཀུན་སྒྱུ་མར་ཤར་ཞིང་ཞི་ལྷག་ཟུང་འབྲེ ལ་ ཁྱད་པར་བ་ངང་གིས་སྐྱེས་ཏེ་སྟོང་གཟུགས་ཀྱི་རྟགས་མཚན་མང་དུ་མཐོང་བ་དང༌། བླ་མས་ རྡོ་རྗེའི་བྱིན་རླབས་འབེབས་པའི་ཐབས་ཀྱིས་ཡེ་ཤེས་ཕེབས་ཏེ་ཉམས་འུར་ལང་ནས་ལུས་ཀྱི་ རྩ་མདུད་གྲོལ་ནས་རྩའི་གནས་ཚུལ་ཇི་བཞིན་མཐོང་སྟེ་དེ་ལ་གནད་དུ་བསྣུན་ཚུལ་རང་ སྟོབས་ཀྱིས་ཤེས་ཤིང་ལས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་གྱིས་སྣང་བཞིའི་ཡེ་ ཤེས་སྟོང་གཟུགས་ཀྱི་སྣང་བ་རབ་འབྱམས་བཅས་དང་ཁྱད་པར་བླ་མ་ཡི་དམ་སངས་རྒྱས་ བྱང་སེམས་མཐའ་ཡས་པ་དང་མངོན་དགའ་བདེ་བ་ཅན་སོགས་དག་ཞིང་དུ་མ་གཞན་ཡང་ རིགས་དྲུག་གི་གནས་རིས་སྣ་ཚོགས་རང་གི་སྐུ་ཚེ་སྔ་ཕྱིའི་སྐྱེས་རབས་བདུན་སོགས་སྒྲིབ་ མེད་གསལ་བར་གཟིགས་པས་འདི་སྐབས་སྐྱེས་རབས་བདུན་པའི་གསོལ་འདེབས་ཀྱང་ གསུངས་པ་སོགས་རིམ་གཉིས་ཀྱི་མངོན་པར་རྟོགས་པ་སྒོ་ཀུན་ནས་དབྱར་གྱི་ཆུ་གཏེར་ བཞིན་གཤིས་རང་བཞིན་ལྷུག་པར་རྡོལ་བས་རྟོགས་ལྡན་གྱི་སྐྱེས་བུ་མཆོག་ཏུ་གྱུར་ཏོ། །དེ་ ནས་ཤངས་ཆོས་ནཻ་གུ་ཆོས་དྲུག་གི་ཟབ་ཁྲིད་ཞུས་ནས་བསྒོམ་པའི་ཉམས་ལེན་གྱིས་སྔར་ 2-1-296 ལས་རྟོགས་པ་མཆོག་གི་རྩེར་སོན་ཅིང་འདི་སྐོར་དུ་བླ་མ་མཆོག་གི་དྲུང་ནས་སྒྲུབ་ཐབས་ རིན་འབྱུང་ཟབ་དབང་སུམ་བརྒྱ་དང་གསུམ། རྗེས་གནང་བརྒྱད་ཅུ་རྩ་གཅིག གྲུབ་ཐོབ་ བརྒྱད་ཅུ་རྩ་བཞིའི་རྗེས་གནང་སོགས་སྨི ན་བྱེད་ཀྱི་སྒོ་མང་པོ་ནོད་ཅིང༌། དགུང་ལོ་ཉེར་ དགུའི་དུས་སོགས་སུའང་དུས་འཁོར་དབང་ཆེན། གཤིན་རྗེའི་རབ་འབྱམས་གཤེད་དམར་ བཅུ་གསུམ་མ་ནས། འཇིགས་བྱེད་ལྷ་བཅུ་གསུམ་བར་དགུ་དང༌། འཇིགས་བྱེད་འདོན་པ་ བསྒྱུར་ལུགས་སོགས་དབང་གཞན་བཞི། བདེ་མཆོག་རབ་འབྱམས་རྩ་བའི་སྒྲུབ་ཐབས་ནས་ ཞི་བ་རྡོར་སེམས་ཡན་བཅུ་དགུ་དང༌། ལུ་དྲིལ་ནག་གསུམ། མཁའ་འགྲོ་རྒྱ་མཚོ་རྣམས་དང༌། གསང་འདུས་ཡེ་ཤེས་ཞབས་དང་འཕགས་ལུགས་གཉིས། སངས་རྒྱས་ཐོད་པ། སངས་རྒྱས་ མཉམ་སྦྱོར། རྡོ་རྗེ་གདན་བཞི། དེ་ཉིད་ལྔ་པ། དགྱེས་རྡོར། མ་ཧཱ་མ་ཡ། རྡོ་རྗེ་གཞོན་ནུ། གཏུམ་པོ་ཁྲོ་ཆེན། རྣལ་འབྱོར་མའི་སྐོར་གཟུངས་གྲྭ་ལྔའི་བྱབ་ཆོག་བར་དབང་བདུན། རྡོར་ འཆང༌། རྡོར་སེམས། དུས་འཁོར་ལྷན་སྐྱེས་རྣམས་ཀྱི་བཟླས་ལུང་སོགས་རྒྱུད་སྡེ་རབ་ འབྱམས་སུ་གྲགས་པའི་དབང་བཀའ་ཡོངས་རྫོགས་གསན། དགུང་གྲངས་སུམ་ཅུ་ཉིད་ཀྱི་ དུས་གཙང་བ་དགེ་སློང་གིས་མཁན་སློབ་ཟུང་འབྲེལ་དང་བླ་མ་ཆོས་འཕགས་ཀྱིས་གསང་ སྟོན་དང་དུས་གོ་བ་མཛད་ནས་དགེ་འདུན་གྲངས་ཚང་གི་མདུན་ནས་བསྙེན་པར་རྫོགས་པ་ དགེ་སློང་གི་དངོས་པོ་ཐོབ། དེནས་བཟུང་སྐྱེས་བུ་གསུམ་གྱི་ཆོས་ཚུལ་སོགས་མདོ་དང༌། གསང་ཆེན་སྔགས་ཀྱི་གཞུང་ལུགས་ལ་གནད་དོན་ལྷུར་ལེན་གྱིས་བརྩོན་སྦྱང་ཅི་རིགས་ཀྱང་ མཛད་རྗེས་ཤིང་གླང་ལོར་གཙང་བ་དགེ་སློང་གང་ཉིད་གཟུགས་སྐུ་ཆོས་དབྱིངས་སུ་བསྡུས་ རྐྱེན་ངག་དབང་ཆོས་འཕགས་རྒྱ་མཚོས་རྒྱལ་ཚབ་མཛད་པ་ནས་བཟུང་དེ་ཡང་སྤྱི་བོས་བླ་ མར་བཀུར་ཏེ་ཉིད་དྲུང་ནས་རྡོར་ཕྲེང་དཀྱིལ་འཁོར་ཞེ་བརྒྱད་ཀྱི་དབང་ཡོངས་རྫོགས་དང༌། བཱ་རིའི་ལུགས་ཀྱི་རྗེས་གནང་བརྒྱ་རྩ། ས་ལུགས་སྦྱོང་རྒྱུད་བཅུ་གཉིས་སོགས་དང༌། ཤངས་ 2-1-297 ཆོས་སྐོར་ཆ་ཚང་གི་དབང་བཀའ་རྣམས་དང༌། ཀུན་མཁྱེན་དོལ་བོའི་བཀའ་འབུམ་རྣམ་ཐར་ བཅས་པོད་བདུན། ཐུགས་སྲས་དག་གི་གསུང་ཆོས། རྗེ་བཙུན་ཆེན་པོའི་གསུང་འབུམ་པོད་ ཆེན་བཅུ་དགུ་ཙམ་དང༌། གཞན་ཡང་གསུང་འཐོར་ཅི་ཡོད་རྭ་ལོའི་མན་ངག་གཤིན་རྗེའི་ གཤེད་ཀྱི་རྟོག་བདུན་སྐོར་དུ་མ་དང༌། ས་སྐྱའི་མན་ངག་སྐོར་གྱི་བཀླག་ལུང་སོགས་ཟབ་ བཀའ་ཆེས་མང་གསན་ཞིང་མདོ་སྔགས་ཀྱི་བཤད་པ་ཆོ་ག་ལ་ཉེར་མཁོའི་རིགས་ཇི་ལྟར་ འོས་པ་རེ་ཡང་གསན་སྦྱང་མཛད། དགུང་ལོ་སོ་དགུ་སྐོར་ཨ་སྐྱོང་མི་དབང་ཚེ་རིང་དབང་ ཕྱུག་གིས་གདན་དྲངས་ཏེ་ལུགས་གཉིས་ལས་བརྩམས་པའི་དྲི་བ་གང་ཞུས་ཐམས་ཅད་ཐད་ ཀར་འཛེམ་བག་མེད་པར་དྲང་པོར་གསུངས་ཤིང་ཆོས་དང་མཐུན་པའི་གཏམ་གྱིས་མགུ་བར་ བྱས་པས་མི་དབང་འཁོར་བཅས་ནས་དངོས་རྫས་གྱ་ནོམ་པས་ལེགས་འབུལ་དང་གོང་མའི་ དཔོན་བསོད་ནམས་ཆོས་རྒྱལ་གྱིས་གདན་ཞུས་ལྟར་ཕེབས་ཏེ་འདོད་ཆོས་གང་དགོས་དང་ འབྱུང་འགྱུར་ལུང་བསྟན་སྒྲིབ་མེད་ཇི་བཞིན་ཐོག་ཏུ་ཁེལ་བ་སོགས་ཀྱིས་དཔོན་སྡེ་ཀུན་ཆེས་ ངོ་མཚར་ཞིང་གུས་པས་ལེགས་བཀུར་མཛད་ཅིང༌། དེ་ནས་གཙང་སྐོར་ཕྱོགས་ནས་བརྒྱུད་རྨ་ རྒྱལ་གངས་རིའི་གནས་སུ་ཕེབས་དུས་དབུས་སུ་རྣམ་སྣང་གི་དཀྱིལ་འཁོར་དང་གཡས་ གཡོན་དུ་རིགས་གསུམ་མགོན་པོ་ཚེ་ལྷ་རྣམ་གསུམ་སོགས་ཀྱི་དག་སྣང་གཟིགས་ཤིང་དེ་ ཕྱོགས་ཀྱི་གདུལ་བྱ་གང་དག་ལ་ཕན་བདེ་རྒྱ་ཆེར་སྤེལ་ནས་ཕྱོགས་དེའི་དངོས་རྫས་གང་རྙེད་ དག་གིས་ཡིག་དྲུག་གི་ཆོས་འཁོར་བདུན་ཚོན་རྩི་དང་བཅས་འཁོར་ཁང་ཚུན་ཆད་ལེགས་ བཞེངས་མཛད། དགུང་ལོ་བཞི་བཅུ་སོགས་སུ་བླ་མ་མཆོག་གི་དྲུང་ནས་ནཻ་གུ་སོགས་ཀྱི་ དབང་བཀའ་དང་འགྲེལ་ཆེན་གྱི་བཀླག་ལུང་རིམ་གཉིས་ཀྱི་བཤད་པ་སོགས་ཟབ་ཆོས་དུ་མ་ རིམ་པར་གསན། ཐུགས་དམ་ཉམས་ལེན་རྒྱུན་ལྡན་ཆག་མེད་དང་བཅས་རྣམ་དཀར་གྱིས་ དུས་འདའ་བར་བྱས་སོ། །དགུང་ལོ་ཞེ་དགུ་ནས་བཟུང་ལོ་འགའ་ཞིག་གི་བར་འདི་ནས་བླ་ 2-1-298 མ་རིན་པོ་ཆེ་དག་ཞིང་དུ་ཕེབས་རྐྱེན་གཙང་ཆེན་ཕོ་བྲང་གི་སྒྲུབ་པའི་སློབ་དཔོན་ཁོང་ཉིད་ ཀྱིས་མཛད་དགོས་བྱུང་ནས་ཐུགས་ཉམས་ལེན་སྙིང་པོ་གཅིག་དྲིལ་གྱི་ངང་ཞར་བྱུང་སློབ་ ཚོགས་སྐྱོང་བའི་དབུ་ཚུགས་ཏེ་སློབ་མ་ལམ་དུ་ཁྲིད་ཚུལ་ཡང་གོང་མའི་ཕྱག་བཞེས་ལྟར་ཐོག་ མར་བཟླས་ལུང་ཙམ་གྱིས་ཉམས་ལེན་བྱེད་རུང་བྱས་ནས་སྔོན་འགྲོའི་རིམ་པས་རྒྱུད་སྦྱངས་ རྗེས་དུས་འཁོར་ལྷ་དགུའི་མཆོད་ཆོག་ལ་བརྟེན་ནས་དབང་གོང་མ་བཞིས་སློབ་རྒྱུད་ལེགས་ སྨིན་བྱས་ཏེ་ཡན་ལག་དྲུག་གི་ཟབ་ཁྲིད་རིམ་པས་འབོགས་པ་ལོ་བསྟར་བཞིན་དང་དུས་ མཚུངས་བསྐྱེད་རིམ་ཆེ་ཆུང་ནཻ་གུ་ཆོས་དྲུག་སོགས་ཀྱི་ཟབ་ཁྲིད་ཀྱང་རྒྱུན་ལྡན་ཆག་མེད་ མཛད་ཀྱིན་བཞུགས་པ་སྟེ། དེ་ཡང་སློབ་མ་རྗེས་སུ་བཟུང་ནས་དེ་དག་ལ་ཞལ་ཏ་སོགས་ གསུང་གི་ཕེབས་ཚོགས་དང་ཐུགས་མངོན་ཤེས་ཀྱིས་སློབ་རྒྱུད་ཇི་བཞིན་གཟིགས་པས་བྱ་ སྤྱོད་མངོན་ལྐོག་མི་ཕེར་བས་སློབ་བུ་དག་དབང་པོའི་སྒོ་ཀུན་ནས་ལེགས་བསྡམས་བྱེད་པ་ སོགས་དང༌། སློབ་འགའ་གཉིད་འཐུག་གིས་ནོན་ཏེ་གདོན་གྱིས་གླགས་ལྟ་བར་ཆས་ཚེ་ཁོང་ གིས་སེང་གེ་སྤྲུལ་ནས་འཇིགས་གཟུགས་གད་རྒྱངས་ཀྱིས་གཉིད་སངས་པར་བྱས་ཏེ་གདོན་ འདྲེས་འཚེ་མ་ནུས་པ་དང༌། ཡང་སློབ་འགར་འཕོ་གེགས་བྱུང་བ་ཁོང་གིས་རྣམ་ཤེས་འབེབས་ པའི་དམིགས་གཏད་ཀྱིས་སླར་གསོ་བ་སོགས་ཁྱད་མཚར་གྱི་སྤྱོད་པས་སློབ་བུ་གང་དག་གི་ རྒྱུད་ལེགས་བཅོས་མཛད་པ་དང༌། གཞན་ཡང་འདྲེ་གདོན་རིང་དུ་བསྐྲད་པ། ལུང་བསྟན་ ཐོག་ཏུ་ཁེལ་བ། འབྲེ ལ་ཐོགས་ཚེ་འདས་ཕོ་མོ་ལ་ཕན་ཐོགས་ཇི་ལྟར་བྱུང་ཚུལ་མངོན་སུམ་ གཟིགས་པ་སོགས་ཀྱི་ལོ་རྒྱུས་ངོ་མཚར་བ་མང༌། དེ་སྐབས་ཤིག་ཏུ་རྔ་ཡུལ་སེ་དགོན་གྱིས་ གདན་འདྲེན་ཞུས་ཏེ་སྤྲུལ་དབོན་འདུས་སྡེ་ཀུན་ལ་ཆོས་ཀྱིས་ཚིམ་པར་བྱས་ཤིང་རྨེའུ་རྒྱལ་ བློན་སོགས་ལ་ཚེ་དབང་སོགས་སྐུ་ཚེའི་བར་ཆད་སེལ་ཐབས་དང་ཆབ་སྲིད་རྒྱས་མི་རྒྱས་སྔ་ ཕྱིའི་དུས་འགྱུར་སོགས་ལྐོག་གྱུར་གང་ཞུས་མཐའ་དག་སྒྲིབ་མེད་ལུང་དུ་བསྟན་པས་ཀུན་ཧ་ 2-1-299 ལས་པར་གྱུར་ཏེ་དད་གུས་དཔག་མེད་འཕེལ་ཞིང་གཞན་ཡང་ཆོས་གཏམ་གྱིས་མགུ་བར་ བྱས་ནས་རྒྱལ་བློན་འཁོར་བཅས་ཀྱིས་དངོས་རྫས་འབྱོར་འབུལ་རྒྱ་ཆེར་བསྟབས་པ་གང་ དག་གིས་ཕྱིས་སུ་བླ་བརྒྱུད་དང་རྒྱུད་སྡེ་སྣ་ཚོགས་སངས་རྒྱས་ཀྱི་མཛད་པ་ཆོས་སྐྱོང་གི་སྐོར་ སོགས་ཀྱི་ཐང་སྐུ་གསེར་བྲིས་མ་ཆེས་ཁྱད་མཚར་ཅན་ཟབ་གོས་ཀྱི་མཐའ་ཤན་སོགས་ ཞབས་ཕྱི་ལེགས་འཛོམས་ཀྱི་རྟེན་ཐང་གྲངས་མང་ལེགས་བཞེངས་མཛད་དེ་རབ་གནས་ དགའ་སྟོན་སོགས་ཀྱིས་མཐའ་རྒྱས་མཛད། གཞན་ཡང་འབྲེ ལ་ཐོགས་དག་གི་དངོས་རྫས་ ཀྱིས་ཐུབ་སྐུ་གསེར་ཟངས་ལས་བསྐྲུན་པ་ཁྲུ་ཚད་མ། ཀུན་མཁྱེན་དོལ་པོའི་ལྡེ ར་སྐུ་ཆེ་ཚད། ཁུངས་བཙུན་གསེར་སྐུ་ལི་མ་ཅི་རིགས་བཞེངས་བླུ་སོགས་འབྱོར་རྫས་ཡོད་ཚད་རྣམ་དཀར་ འབའ་ཞིག་ལ་འགྲོ་ངེས་ཀྱིས་སྤོང་དག་བྱས། དགུང་ལོ་དྲུག་ཅུར་ཉེ་བ་ཙམ་ན། ཁོང་གི་ཞལ་ ནས། ད་ནི་ན་སོ་ཡང་རྒས་སོང༌། སྟོང་གཟུགས་ཀྱི་སྣང་བ་སྔར་ལས་ལྷག་པར་གསལ་འཚེར་ ཆེ། རྣམ་སྨི ན་གྱི་ལུས་འདིའི་སྣང་བའང་ནུབ་ནས་དཀྱིལ་འཁོར་འབའ་ཞིག་ཏུ་མཐོང་སྟེ་ རྒྱུད་སྡེའི་ལྷ་སྣ་ཚོགས་སུ་ཤར་ནས་དེ་དག་གི་འོད་ཀྱིས་ཐ་མལ་འདི་སྣང་མཐའ་དག་གི་གྲྭ་ ཟུམ་པར་བྱེད་ཅིང༌། ཀུན་ད་བྱང་སེམས་ཡང་ཉམས་སྣང་ཙམ་དུ་མ་ཟད་དངོས་གནས་སུ་ ནོར་བུའི་རྩེ་ནས་སྙིང་ག་མན་ཆད་གང་ནས་བརྟན་ཟིན། ཉམས་སྣང་གི་འཆར་སྒོ་སྐུ་དང་ ཐིག་ལེ་སྣ་ཚོགས་པའི་རང་བཞིན་དེ་ཡང་གསང་གནས་ནས་ཡར་དཔྲལ་བའི་ཐད་ཙམ་ལ་ སླེབས་ཡོད། དེ་དག་གི་ནང་ཀུན་ཏུ་གློག་འོད་ཀྱི་རྣམ་པ་ལྟ་བུའི་འོད་ཁྱུག་ཁྱུག་ཅིག་གིས་རྒྱུན་ དུ་གཡོ་ཞིང་འདུག་སྟཻ་ཡར་སྤྱི་བོར་ནམ་སླེབས་ཙ་ན་འཆི་རན་པ་ཡིན། ད་ལན་ང་རང་ལ་ཐ་ མལ་པ་ལྟར་འཆི་ལྟས་ཐིམ་རིམ་སོགས་ཡོངས་རྒྱུ་མེད་གསུངས། ཡང་བར་སྐབས་སུ་ཞལ་ ནས། རྩ་འཁོར་དྲུག་པོ་རིམ་གྱིས་གང་བ་ན་སྔར་མེད་བདེ་སྟོང་གི་ཡེ་ཤེས་ཆེར་རྒྱས་ཏེ་སྣང་ བ་ཐམས་ཅད་ཤེལ་ལྟར་དྭངས་པས་རྣམ་བརྟགས་མི་དགོས་པའི་མངོན་ཤེས་སོགས་འབྱུང་ 2-1-300 བ་ཡོད་དོ་གསུངས། ཡང་ཞལ་ནས། ལར་ཁོ་བོས་ཆོས་ཆེན་པོ་རང་མི་ཤེས་ཀྱང་སྔོ ན་སྦྱང་གི་ འཕྲོ་ཞིག་སད་ནས་བླ་མར་མཇལ་ཏེ་ཁམས་འཛག་མེད་ཀྱི་ཚུལ་ཁྲིམས་ཙམ་ནི་ཡོད། གཏུམ་ མོའི་འབར་སྣང་ལ་ཅི་དགར་ལོངས་སྤྱོད་ཆོག་ཅིང་བྱང་སེམས་དབབ་བཟློག་བགྲམ་གསུམ་ གྱིས་རླུང་ཐིག་ཅི་རིགས་དབུ་མའི་ཐིག་ལེར་བཅིང་སྟོབས་ཀྱིས་གནས་སྐབས་བཞིའི་འཁྲུལ་ སྣང་གི་བག་ཆགས་ཅུང་ཟད་རེ་བཅོམ་པས་དགའ་བཞིའི་ཡེ་ཤེས་བདེ་སྟོང་འགྱུར་མེད་ཀྱི་ ཏིང་ངེ་འཛིན་ཁྱད་པར་ཅན་སྐྱེ་བ་སོགས་གསང་ཆེན་བླ་མེད་ལམ་གྱི་རྣོ་ཁྱད་ལས་བྱུང་བའི་ མྱོང་རྟགས་སྐྱེས་ཚུལ་ཡོད་ན་དེང་དུས་ཀྱི་མྱོང་བ་ལ་རྒྱུས་མེད་ཀྱི་མཁས་པ་དག་གིས་ཇི་ བཞིན་དཔག་དཀའ་བས་སྒྲོ་སྐུར་ཕྱོགས་ལྷུང་གིས་རང་གཞན་ཕུང་བ་ལ་སྦྱོར་ཉེན་ཡོད་པས་ རེ་ཞིག་བཞག་གོ །ཞེས་སོགས་སོ་སྐྱེས་རང་གི་བློར་ཤོང་དཀའ་བའི་གསུང་གནང་ཡང་ཡང་ མཛད། ཁོང་ཉིད་ཐུགས་སྲས་བུ་ཆེན་དག་གིས་ཉམས་སྣང་ལ་ཀུན་མཁྱེན་བུ་སྟོན་པའི་སྐྱེ་ བར་མཐོང་བ་ལྟར་དོན་ལ་ཡིན་ཚུལ་གྱི་ཞལ་བཞེས་དང༌། གཞན་ཡང་སློབ་ཆེན་འགའི་དག་ སྣང་ངོར་གང་ཉིད་དུས་འཁོར་དང་སྐུའི་མགྲིན་པ་མན་ཆད་འོད་ཕུང་གི་རྣམ་པ་དང་རྡོ་རྗེ་ འཆང་དང་འོད་དཔག་མེད་ཅི་རིགས་རང་འདྲའི་སྤྲུལ་པ་སྤྲོ་བསྡུ་ཅན་སོགས་ཡ་མཚན་གྱི་ བཀོད་པ་དུ་མར་སྣང་ཞིང༌། ཁོང་གཙང་བའི་སྐུ་རིམ་གྱི་སྒྲུབ་དཔོན་དུ་བཞུགས་སྐབས་རྡོ་རྗེ་ འཇིགས་མཛད་ཆེན་པོའི་གསལ་སྣང་ངང་དབུ་མ་ཡེ་ཤེས་ཀྱི་དབྱིངས་སུ་མཉམ་པར་བཞག་ པས་སྟོང་གསུམ་གསལ་བར་གཟིགས་སྐབས་རྒྱལ་གདོན་གྱིས་གླགས་ལྟ་བར་ཆེས་པ་གང་ དག་སྐད་ཅིག་ལ་དམ་འོག་ཏུ་ཚུད་ནས་གུས་མཆོད་འབུལ་བ་སོགས་གྱི་སྒོ་ནས་བསྟན་འགྲོ་ ལ་ཕན་པ་རླབས་ཆེན་མཛད། དགུང་ལོ་རེ་གཉིས་སྐབས་སློབ་བུ་གང་དག་དང་ཕྱོགས་ནས་ འོང་བ་རྣམས་ལ་རང་རང་དང་འཚམས་པའི་ཟབ་ཆོས་ཅི་རིགས་གནང་བཞིན་ཉིད་སྐུ་ཅུང་ ཟད་བསྙུང་བ་རིམ་གྲོས་རེ་ཞིག་བར་ཡར་དྭངས་སུ་སོང༌། ཁོང་གིས་སྤྱིར་ན་དམ་པ་མང་པོ་ 2-1-301 བསྟེན་ཅིང་སྤོང་བ་བསམ་གཏན་གྱི་དུས་འདའ་བཞིན་ཧ་ཀྵ་དུང་ཕྱུར་ལྔ། ཧྲཱིཿཥྚིཿདུང་ཕྱུར་ གསུམ། ཀཱི་ལ་དུང་ཕྱེད་སོགས་བསྙེན་སྒྲུབ་ཀྱང་ཆེས་མང་མཛད། འདི་སྐོར་དུའང༌། ཁོང་གི་ ཞལ་ནས། ད་ནི་གང་དུ་བསྡད་ཀྱང་བླ་མ་དཀོན་མཆོག་གི་ཐུགས་རྗེས་བདེ་སྟོང་གི་ཡེ་ཤེས་ ཆེན་པོ་རྒྱུན་དུ་ངམ་ངམ་ཤུགས་ཀྱིས་སྐྱེ་བ་ཡིན། ཞེས་གསུངས་ལ། ཁོང་གི་ཐུགས་སློབ་ རྟོགས་ལྡན་གྱི་རྣལ་འབྱོར་པ་ཆེས་མང་ཞིང་བསྟན་པའི་སྦྱིན་བདག་ཡང་ཨ་སྐྱོང་དཔོན་དང༌། ཚ་ཀོའི་བཀའ་བློན། ཁྲི་བཅུ་ཏ་རོ། རྨེའུ་རྒྱལ་བློན་སོགས་ས་ཆེན་སྐྱོང་བ་གང་དག་གིས་ཡང་ གུས་པས་བླ་མར་བཀུར་ཞིང་ཞབས་ཕྱི་སྒོ་ཀུན་ནས་མཛད། དགུང་ལོ་རེ་གསུམ་ཕྱི་ལོ་༡༨༩༡རབ་ ལོ་༨༦༥ མཆན། ལྕགས་ཡོས་ལོར་ནི་འདིའི་སྔ་མོ་དགུང་གྲངས་རེ་གཉིས་སྐོར་ནས་ཀྱང་སྙིགས་ དུས་སུ་ཆོས་ལ་ཞུགས་ལོ་མང་ཡང་སྤྱོད་ཚུལ་སྣ་ཚོགས་སྟོན་མཁན་དུ་མ་ལ་ཐུགས་སྐྱོ་བའི་ ཚུལ་གྱིས་ཐུགས་དམ་འབྲལ་མེད་ལས་རེ་ཞིག་གཞན་དོན་གྱི་མཛད་སྒོ་བཞག་པའི་ཚུལ་དུ་ བཞུགས་ལ་འདི་ལོ་ཡང་ཁོང་གི་ཉེ་འཁོར་རྣམས་དབང་བཙན་པས་ཡུལ་གཞན་ཞིག་ཏུ་ ཆིབས་ཁ་བསྒྱུར་རྐྱེན་ཟས་ངན་བཞེས་པས་སྐུ་མཁྲིས་རྒྱས་ཚུལ་གྱིས་སྐུ་ཅུང་ཟད་བསྙེལ་བའི་ ཚུལ་བསྟན་པ་ན་སློབ་ཚོགས་དག་གིས་ཞབས་བརྟན་ཡོན་བཅོས་སོགས་སྒོ་གང་ཐད་ནས་རྒྱ་ ཆེར་བསྒྲུབས་ཏེ་ཁོང་ལ་བཞུགས་ཞུས་ཕུལ་ཚེ། ཉིད་ཀྱི་ཞལ་ནས། ཁྱེད་གྲྭ་སློབ་ཐམས་ཅད་ བཀའ་དྲིན་ཆེ། ད་ལན་མྱ་ངན་མ་བྱེད་ང་རང་འཆི་བ་ལས་བཤོལ་ཐབས་མེད། ཁྱེད་ཅག་ གིས་ཀྱང་ཚུལ་ཁྲིམས་དག་པའི་སྒོ་ནས་ཐུགས་མཐུན་གྱིས་ཐུན་བཞིའི་རྣལ་འབྱོར་ཆག་མེད་ མཛད་པའི་ངང་ནས་ཐུགས་དམ་འཕེལ་བོ་རེ་མཛོད་ཅིག ཅེས་སོགས་བཀའ་འཕྲོས་ཞིབ་ རྒྱས་བཅས་ལོ་དེའི་ཚེས་དྲུག་གི་དགོང་མོར་སྐུ་རྣམ་སྣང་ཆོས་བདུན་དུ་བཞུགས་ཏེ་ཐུགས་ དགོངས་གཞི་འབྲས་དབྱེར་མེད་ཀྱི་ཆོས་སྐུའི་དབྱིངས་སུ་མནལ་བའི་ཚུལ་གྱིས་དགོངས་པ་ རྫོགས་པའི་ཚེ་སྐུ་ལུས་སྔར་དང་མི་འདྲ་བའི་འོད་ལུས་སུ་གྱུར་ཏེ་དྲི་བཟང་གི་ངད་ཕྱོགས་ཀུན་ 2-1-302 ལ་ཁྱབ་ཅིང་ཞག་འགའ་ནས་ལྷ་བཟོ་བླ་མ་ངག་དབང་ཆོས་འཛིན་ཕེབས་ཏེ་ཐུགས་དམ་ ལེགས་བཀྲོལ་སྐབས་སྟེང་འོག་ནས་དཀར་དམར་ཚུལ་བཞིན་བབས་པ་སོགས་ཀྱི་རྟགས་ དང་དགོངས་མཆོད་དང་གདུང་བཞུ་སོགས་ཀྱི་དུས་སུའང་མཁའ་ལ་འཇའ་སྤྲིན་དང་ཟླ་བ་ གཟས་བཟུང་ཞིང་ས་ཆེན་པོ་གཡོ་བཞིན་ཆར་ཟིལ་བུར་འབབ་པ་སོགས་ངོ་མཚར་བའི་དགེ་ མཚན་དུ་མ་མཐུན་སྣང་དུ་གྱུར་ཅིང་སློབ་བུ་སྐྱེས་ཆེན་དག་གི་ཐུན་མིན་གྱི་ངོར་ནི་དག་སྣང་ མཐའ་ཀླས་པའི་འཆར་སྒོ་དང་བཅས་མཐར་གདུང་རུས་དག་གིས་སྐུ་གསུང་ཐུགས་རྟེན་ ལེགས་བཞེངས་མཛད་དེ་དུས་འཁོར་རྩ་རྒྱུད་ནས་བསྟན་པའི་ཆོས་སྐུའི་མཆོད་རྟེན་ཐིག་ཚད་ དང་ལྡན་པ་མདའ་ཚད་མ་གསེར་དངུལ་ལས་ཉེ་བར་བསྐྲུན་པའི་ནང་དུ་རྟེན་དེ་དག་ནང་ གཞུག་ཏུ་བཞུགས་སུ་གསོལ་བ་སོགས་རྒྱས་པར་ཉིད་ཀྱི་རྣམ་ཐར་ལོགས་ན་ཡོད་པ་ལྟར་རོ། །གང་གི་ཐུགས་སློབ་བྱང་ཕྱོགས་བསྟན་འགྲོའི་སྤྱིའི་དཔལ་གཙང་བ་སྐུ་ཆེན། རྟོགས་ལྡན་ ངག་དབང་ཚུལ་ཁྲིམས་བཟང་པོ། ཆ་ལུང་པའི་ཡང་སྤྲུལ་ཀརྨ་བསྟན་པའི་ཉི་མ། གཙང་ཆེན་ གྱི་ཡང་སྤྲུལ་ངག་དབང་ཕྱོགས་ལས་རྣམ་རྒྱལ། རྒྱལ་ཚབ་ངག་དབང་བསྟན་འཛིན་གྲགས་ པ། དགེ་སློང་ངག་དབང་སྙན་གྲགས་སོགས་བླ་སྤྲུལ་སྐྱེས་ཆེན་མང་པོ་བྱོན་ནོ། ། ༼༤༽ གཙང་ཆེན་ཕོ་བྲང་དུ་སྒྲུབ་བརྒྱུད་འཛིན་པའི་རྡོ་རྗེ་སློབ་དཔོན་བཞི་པ་ངག་དབང་ ཆོས་འབྱོར་རྒྱ་མཚོའི་ལོ་རྒྱུས་ནི། འཁྲུངས་ཡུལ་འཛི་སྲིབ་ཁྱི་ལོ་མ་ཞེས་པར་ཡབ་ཡག་སྨོ ན་ གྱི་རིགས་རུས་སྤུ་སི་ལོ་དང་ཡུམ་ཀ་ཐོག་བཟའི་རྡོ་རྗེ་སྨན་གཉིས་ཀྱི་སྲས་སུ་ཕྱི་ལོ་༡༨༤༦ རབ་ལོ་ ༨༢༠ མཆན། མེ་རྟ་ལོར་སྐུ་འཁྲུངས། དེ་ནས་རིམ་པས་དགུང་ལོ་བརྒྱད་ལོན་སྐབས་ཁུ་བོ་བླ་མ་ དར་རྒྱས་ཀྱི་དྲུང་ནས་ཀློ ག་བསླབས་པས་མཁས་པར་གྱུར། དགུང་ལོ་བཅུ་གཅིག་པར་གཙང་ བ་དགེ་སློང་གི་མདུན་དུ་སླེབས་སྐབས་ཁོང་གི་རྨི་ལམ་བཟང་བའི་རྟེན་འབྲེལ་བཅས་བཀྲ་ ཤིས་པའི་རྫས་ཞོ་ཞལ་ཕོར་གང་གནང་སྟེ་ཆོས་མཐུན་གཏམ་གྱིས་རྗེས་སུ་བཟུང༌། དེ་ནས་ 2-1-303 དེའི་ཕྱི་ལོ་ཙམ་ན་རྗེ་བླ་མ་གང་ཉིད་ཀྱི་དྲུང་དུ་སྦྱོར་དྲུག་གི་ཟབ་ཆོས་ཞུ་ཕྱིར་སླར་འོང་སྐབས་ དེའི་ནུབ་མོར་རྨི་ལམ་དུ་སྤང་ལྗོངས་མེ་ཏོག་གིས་ཁྲིགས་མེར་གྱིས་གང་བའི་དབུས་ནས་མེ་ ཏོག་ཆེ་བ་གཅིག་མི་དཀར་ལྭ་ཐོད་ཅན་ཞིག་གིས་ཁོང་ལ་ཉིད་ཀྱི་ཡིན་ཚུལ་ངོ་སྤྲད་པ་ལ་ བརྟེན་དེར་རང་ཉིད་འདུག་པར་རྨིས་པ་སོགས་མ་འོངས་པ་ན་ཁྲི་འཛིན་རྡོ་རྗེ་སློབ་དཔོན་དུ་ འགྱུར་བའི་དགེ་མཚན་བཅས་བླ་མ་མཆོག་གི་དྲུང་ནས་ཐོག་མར་སྔོན་འགྲོའི་ཆོས་སྐོར་ཞུས་ ནས་ཉམས་ལེན་སྐབས་བླ་མ་ལ་སངས་རྒྱས་དངོས་མཐོང་གི་དད་པ་སྒྲིབ་དག་ཚོགས་ རྫོགས་ཀྱི་རྨི་ལྟས་སོགས་ཀྱང་བཟང་རབ་བྱུང༌། དེ་ནས་བཟླས་ལུང་དང་སྡོམ་པ་གནང་ སྐབས་མཚན་ངག་དབང་ཆོས་འབྱོར་རྒྱ་མཚོ། ཞེས་གསོལ། དེ་ནས་མཆོག་དབང་བཅས་ དབེན་གསུམ་གྱི་ཟབ་ཁྲིད་གསན་ནས་ཉམས་ལེན་དུས་སུ་འོད་གསལ་རྟགས་བཅུ་རྫོགས་ པའི་མཐར་ཐིག་ལེ་སྔོ་སེར་གཉིས་ཀྱང་ཤར་ཞིང་བླ་མས་བྱིན་རླབས་འབེབས་སྐབས་ཁོང་ ཉིད་ཀུན་མཁྱེན་ཆེན་པོའི་སྐུ་དངོས་སུ་མཐོང་ནས་བཟོད་མེད་ཀྱི་དད་གུས་ངང་འཕར་གཡོ་ ཉིན་དེར་མུ་མཐུད་དུ་བྱུང༌། སོར་སྡུད་ཟབ་ཁྲིད་གསན་ནས་ཉམས་བཞེས་ཀྱི་དུས་སུ་སྔར་གྱི་ རྟགས་བཅུའི་སྣང་བ་ཇེ་རྒྱས་སུ་གོ་རིམ་མ་འཆོལ་བར་ཤར་མཐར་རེ་ཁའི་ཐིག་ལེ་ཕྲ་བའི་ ནང་སྲི ད་གསུམ་གྱི་གཟུགས་བརྙན་ཀྱང་མཐོང༌། བསམ་གཏན་སྐབས་སྟོང་གཟུགས་རབ་ འབྱམས་ཤར་ནས་དེའི་ནང་ཀུན་ཏུ་ལྷ་སྐུ་ཞལ་སྦྱོར་ཅན་ཤ་སྟག་གིས་གང་བའི་དབྱིངས་དེའི་ ངང་དུ་ཉིན་ཞག་བཅོ་བརྒྱད་ལ་བཞུགས། སྲོ ག་རྩོལ་སྐབས་ལུས་འདར་རླུང་འགགས་རྨི་ ཉམས་སོགས་རླུང་དབུ་མར་ཞུགས་པའི་རྟགས་མང་བྱུང་ཞིང་ལུས་སྨད་ནས་འོད་ཀོར་འཁོར་ བ་མགྲིན་པའི་ཐད་དུ་སླེབས་པས་བརྒྱལ་བ་སྲོ ག་གི་འཕོ་གེགས་ཀྱང་ཇི་བཞིན་བྱུང༌། འདི་ སྐབས་ལུས་ནང་གི་རྩ་དབུ་མ་ཐིག་ལེ་དཀར་དམར་གྱི་བགྲོད་པ་དང་བཅས་ཉམས་ཀྱི་ཚུལ་ དུ་སྣང་བརྙན་ཅི་རིགས་གཟིགས། བླ་མས་སྲོ ག་རྩོལ་རྗེས་མཐུན་དུ་ངོ་སྤྲད། འཛིན་པའི་ 2-1-304 སྐབས་རྒྱུད་སྡེའི་ལྷ་སྐུ་དཀར་སེར་དམར་ནག་ཡབ་ཡུམ་ཐབས་ཤེས་ཀྱི་ཚུལ་དཔག་མེད་ཀྱི་ གཟིགས་སྣང་རྒྱུན་དུ་བྱུང་ལ། རྗེས་དྲན་སྐབས་ཐབས་ཤེས་ཀྱི་ལྷ་སྐུ་མང་པོ་མཐོང་བཞིན་ བདེ་ཉམས་ཤིན་ཏུ་རྒྱས་པའི་ངང་ནས་ཐིག་ལེ་དབབ་བཟློག་བགྲམ་གསུམ་དངོས་སུ་བྱེད་ ནུས་པ་བྱུང༌། ཏིང་ངེ་འཛིན་གྱི་སྐབས་ཉམས་སྣང་སྔར་ལས་གོང་འཕེལ་དང་འཕོ་བའི་དུས་ སུ་རྣམ་ཤེས་གསལ་སྣང་དང་བཅས་བླ་མའི་ཐུགས་ཀར་དངོས་སུ་སྤར་བས་ཉིན་ཞག་གཅིག་ ཙམ་ལ་སྐུ་ཤི་བ་ལྟ་བུར་གྱུར་ནས་བླ་མས་བཀའ་ཕེབས་མ་བྱུང་བར་བརྒྱལ་མ་སངས་པ་ སོགས་དེ་འདྲའི་སྒོ་ནས་སྦྱོར་དྲུག་ལོ་བཞིའི་བར་ཉམས་ལེན་མཛད། དེ་རྗེས་ནཻ་གུའི་ཟབ་ ཁྲིད་ཞུས་ནས་ཉམས་ལེན་ལོ་གཅིག་ཏུ་མཛད་པས་སྒྱུ་ལུས་གསལ་སྟོང་དང་རྨི་ལམ་སྤྲུལ་ བསྒྱུར་སོགས་ལ་དབང་ཐོབ། དེ་ནས་བླ་མ་ཀུན་དགའ་སེང་གེའི་དྲུང་ནས་སུམ་རྟགས་དང༌། བླ་མ་ལྷ་མཆོག་གི་མདུན་རྩིས་དཀར་ནག་དང༌། གཞན་ཡང་དཀྱིལ་འཁོར་བྲི་ཐིག བློས་ བསླངས། ཡིག་གཟུགས། གཏོར་བཟོ། ཆོ་གའི་ལག་ལེན་སོགས་རིག་པའི་གནས་རང་རེའི་ ཡུལ་སྲོ ལ་དང་བསྟུན་པའི་ཉེར་མཁོའི་རིགས་གང་དགོས་བྱང་ཆུབ་པར་བྱས། དེ་ནས་རྗེ་བླ་ མའི་མདུན་ནས། ཡི་དམ་གྱི་རིགས་མང་པོའི་ཟབ་ཁྲིད་སོགས་ཞུས་ནས་འབྱུང་འདུལ་དང་རྟ་ མགྲིན་གྱི་བསྙེན་མཚམས་དང༌། འཇིགས་བྱེད་འབྲུ་ནོན། གྲུབ་རྒྱལ་ལུགས་ཀྱི་ཚེ་སྒྲུབ་ལ་ བཞུགས། ཀུན་རིག་མི་འཁྲུགས་པ་སོགས་དབང་བཀའ་དུ་མ་ཞུས་ཤིང༌། བླ་མ་ཆོས་ འཕགས་ཀྱི་མདུན་ནས་རྡོ་རྗེ་ཕྲེང་བའི་དབང་ཡོངས་རྫོགས་ཀྱང་གསན། དགུང་ལོ་ཉི་ཤུའི་ སྐོར་དུ་བླ་མ་ཀུན་དགའ་སེང་གེའི་མདུན་ནས་ལམ་རིམ། སྤྱོད་འཇུག རྒྱུད་བླ་སོགས་དང༌། བླ་མ་དཔལ་ཆེན་རྡོ་རྗེའི་དྲུང་དུ་བླང་དོར་རབ་གསལ་སོགས་ལ་གསན་སྦྱང་དང༌། བླ་མ་ཆོས་ འཕགས་ཀྱི་མདུན་ནས། རྟ་མགྲིན་རྗེས་གནང༌། སྦྱོང་རྒྱུད་བཅུ་གཉིས་སོགས་འཛམ་ཐང་ ཡར་ཐང་ཚུན་ལ་སྔ་ཕྱི་ཅི་རིགས་སུ་ཟབ་ཆོས་མང་པོ་གསན། འདི་སྐོར་ཉིད་ཀྱིས་ཨ་སྐྱོང་གོང་ 2-1-305 མའི་བླ་མ་རྔ་འགུར་སོགས་ལ་སྤྱོད་འཇུག་རྒྱུད་བླ་སོགས་ཕར་ལ་བསླབ། དཔལ་སྤུངས་བླ་ མ་གསལ་བྱེད་ཀྱི་མདུན་ནས། ཀར་གླིང་ཞི་ཁྲོའི་དབང་སོགས་རྙིང་ཕྱོགས་ཀྱི་ཆོས་བཀའ་དུ་ མ་དང༌། བླ་མ་ཆོས་འཕགས་ཀྱི་མདུན་དུ། དུས་འཁོར་དབང་ཆེན་སོགས་ཞུས་ཏེ་འཇིགས་ བྱེད་སྙན་བརྒྱུད་སོགས་ཀྱི་བསྙེན་སྒྲུབ་ཀྱང་མཛད། དགུང་ལོ་ཉེར་ལྔའི་སྐོར་ལ་རྨ་ཐོག་རིན་ ཆེན་གྱི་སྐྱེ་བར་གྲགས་པ་ཚ་ཁའི་དགེ་སློང་གི་དྲུང་དུ་རྒྱལ་བའི་བཀའ་འགྱུར་ཡོངས་རྫོགས་ ཀྱི་བཀླག་ལུང་ཟབ་མོ་གསན་པ་དང༌། ཐུབ་བསྟན་དགེ་ལེགས་རྒྱ་མཚོའི་མདུན་ནས་ཕུང་ལྔ་ སོགས་རིག་གཞུང་འགའ་ལ་གསན་སྦྱང་དང༌། བླ་མ་ཆོས་འཕགས་ཡར་ཐང་དུ་ཕེབས་ སྐབས་ཉིད་ཀྱིས་ལས་སློབ་ཀྱི་སྒོ་ནས་རྡོ་རྗེ་ཕྲེང་བའི་དབང་ཆ་ཚང་དང༌། འཛི་ཡུལ་གྱི་དགོན་ པ་འགའ་ལ་བླ་མ་ཆོས་འཕགས་ཕེབས་སྐབས་སུའང་ཟབ་བཀའ་དུ་མ་གསན། དགུང་ལོ་ སུམ་ཅུ་སོགས་སུ་ཡར་ཐང་དུ་རྒྱ་བླ་མས་མཆོད་རྟེན་བཞེངས་པ་ཐིག་འདེབས་མཁན་དང་བླ་ མ་ཆོས་འཕགས་དེར་བྱོན་ནས་སྦྱོང་རྒྱུད་སོགས་ཆོས་བཀའ་མང་དུའང་གསན། དེ་ནས་རྨི་ ལམ་དུ་མི་དཀར་ལྭ་ཐོད་ཅན་གྱིས་རྣམ་བཅུ་དབང་ལྡན་གྱི་བ་དན་ཁྲ་བོ་གཙང་བའི་སྒྲུབ་ཁང་ ཐོག་ཏུ་བཙུགས་པར་རྨིས་པའི་དགེ་མཚན་ལྟར་གཙང་བའི་སྦྱོར་དྲུག་སྒྲུབ་གྲྭ་གསར་ འཛུགས་སུ་བཞུགས་ཏེ་ཀུན་མཁྱེན་ཆེན་པོའི་སྐུ་སྒྲུབ་ཁང་ལ་ཐིམ་པའི་གཟིགས་སྣང་བྱུང་ ཞིང༌། མི་ནག་པོ་ཞིག་གིས་ཐོད་ཁྲག་གི་བདུད་རྩི་ལན་བཅུ་གཉིས་བསྟབས་པའི་དངོས་གྲུབ་ ཐོབ་པ་སོགས་དང་བཅས་བླ་མ་ཆོས་འཕགས་སྒྲུབ་ཁང་དུ་བྱོན་ནས་སྦྱོར་དྲུག་ཡོངས་རྫོགས་ ཀྱི་ཟབ་ཁྲིད་གནང་བ་ལེགས་མནོས་མཛད་ཅིང༌། གཞན་ཡང་སྒྲུབ་ཁང་དེར་ལྷ་བ་བླ་མ། ལྷ་ རྩེ་སྐྱབས་མགོན། རྒྱ་བླ་མ། སྦྱངས་པ་བླ་མ་རྣམས་རིམ་པས་ཕེབས་ཏེ་རང་རང་གི་མདུན་ ནས་ཟབ་ཆོས་དུ་མ་གསན། དེ་སྐབས་སུ་སྦྱོར་དྲུག་ཉམས་བཞེས་གཟབ་ལྡན་གྱི་སྒོ་ནས་ སྦྱངས་པ་བླ་མས་ཁོང་ལ་ཇོ་ནང་ཉམས་ལེན་རང་རྐང་ཚུགས་ཞེས་བསྔགས་བརྗོད་མཛད་ 2-1-306 ཅིང༌། ལྷ་བཟོ་བླ་མའི་མདུན་ནས་ཀྱང་ཉམས་ལེན་ལ་རྩར་གཅོད་ཆེ་བས་ཞིབ་ཏིག་ཡང་ཡང་ བྱས་ཤིང་ཟབ་ཆོས་ཀྱང་མང་དུ་ཞུས། འདི་སྐོར་གཙང་སྐུ་ཆེན་མདུན་དུས་འཁོར་དབང་ཆེན་ སོགས་ཆོས་བཀའ་ཅི་རིགས་གསན། དགུང་ལོ་སོ་ལྔ་སྐོར་ཉིད་ཀྱིས་བཀའ་འགྱུར་དག་ཚར་ ཞལ་འདོན་དང་དགེ་སྐོར་བླ་མ་བསྟན་འཛིན་གྲགས་པ་སོགས་ལ་ཀུན་མཁྱེན་རྗེ་བཙུན་གྱི་ བཀའ་འབུམ་ཡོངས་སུ་རྫོགས་པའི་བཀླག་ལུང་གསུངས། དེ་ནས་འཛི་སྲི བ་དགོན་དུ་མི་ འཁྲུགས་པའི་བསྙེན་མཚམས་བཅས་བྲི ས་ཐང་རྟེན་བཞེངས་མང་པོ་ཡང་མཛད། དེ་རྗེས་ ཡར་ཐང་དུ་རྒྱ་བླ་མས་སྒྲོལ་མའི་མཆོད་རྟེན་བཞེངས་པ་ལ་ཐིག་རྩ་བ་དང༌། གྲྭ་སློབ་འགའ་ ལ་སྦྱོར་དྲུག་ནཻ་གུའི་ཟབ་ཁྲིད་རེ་ཡང་བྱས། བླ་མ་ལྷ་བཟོ་རྡོ་རྗེ་འཆང་གི་མདུན་ནས་ནཻ་གུ་ སོགས་ཟབ་དབང་དུ་མ་གསན་བཞིན་ཀུན་མཁྱེན་ཡབ་སྲས་བཅོ་ལྔའི་གཟབ་ཐང་སོགས་ བྲི ས་སྐུ་མང་པོའི་རྟེན་བཞེངས་དང༌། ཡང་ལྷ་བཟོ་བླ་མའི་དྲུང་ནས་རྒྱུད་སྡེ་རབ་འབྱམས་ ཡོངས་རྫོགས་དང༌། སྡེ་དགེར་ཕེབས་ནས་ཀོང་སྤྲུལ། ཞབས་དྲུང༌། དཔལ་སྤྲུལ། མི་ཕམ། མཁན་བཀྲ་ཤིས་འོད་ཟེར། བླ་མ་དོན་གྲུབ། མཁན་ཨ་དཀོན། ངུར་བ་སློབ་དཔོན། སྐུ་ ཕྱོགས་སི་ཏུ་སོགས་སྐྱེས་ཆེན་དམ་པ་དུ་མའི་མདུན་ནས་ཟབ་ཆོས་ཀྱི་སྒོ་དུ་མའི་ཆོས་འབྲེལ་ སྣ་ཚོགས་ལེགས་གསན་མཛད། དགུང་ལོ་ཞེ་གཉིས་སྐོར་ནས་ཡར་ཐང་དུ་བདུད་འདུལ་ མཆོད་རྟེན་གྱི་ཐིག་རྩ་དང༌། ལྷ་བཟོ་བླ་མའི་དྲུང་ནས་བདེ་མཆོག་རབ་འབྱམས་དང་གཤིན་ རྗེ་རབ་འབྱམས་གྱི་དབང་བཀའ་ཆ་ཚང་དང༌། སྒྲུབ་ཐབས་རིན་འབྱུང༌། རྗེས་གནང་བརྒྱ་རྩ་ སོགས་སྔ་ཕྱི་རིམ་པས་ཟབ་བཀའ་ཆེས་མང་ཞུས་ཏེ་ལོ་དེར་མགོན་པོའི་བསྙེན་མཚམས་ཀྱང་ མཛད། གཞན་ཡང་སྐུ་ཕྱོགས་ཨརྒེའི་མདུན་ནས་རིན་འབྱུང༌། སྦྱངས་པ་བླ་མའི་དྲུང་ནས་ དམར་ཁྲིད་ཚོམ་ལུགས་མ་སོགས་ཀྱང་གསན་ཞིང༌། ཁོང་གིས་སྐུ་ངག་སོགས་ལ་རྗེ་བཙུན་ གསུང་འབུམ་གྱི་ལུང་གསུངས། དགུང་ལོ་ཞེ་ལྔའི་སྐབས་ནུབ་གཅིག་གཟིམས་མལ་དུ་གཙང་ 2-1-307 ཆེན་ཕོ་བྲང་དུ་ཁྲི་ཆེན་གཉིས་ལེགས་བཤམས་བྱེད་པར་གཅིག་ཏུ་གཙང་སྤྲུལ་འཇིགས་མེད་ རྣམ་རྒྱལ་ཕྱག་གིས་རྡོར་དྲིལ་འཛིན་བཞིན་བཞུགས་ཤིང་ཅིག་ཤོས་སུ་ཁོང་ཉིད་བཞུགས་ དགོས་བྱུང་བ་ལ་གཙང་སྤྲུལ་ཉིད་ཀྱིས་ཕྱག་གི་རྡོར་དྲིལ་ཁོང་ལ་གཏད་པའི་རྨི་ལམ་གྱི་ ལེགས་མཚན་ལྟར་ཉིད་དགུང་གྲངས་ཞེ་དྲུག་པར་གཙང་ཆེན་ཕོ་བྲང་དུ་རྡོ་རྗེ་སློབ་དཔོན་ ཆེན་པོར་མངའ་གསོལ་ནས་གདུལ་བྱ་རྗེས་བཟུང་གི་ཚུལ་ལ་ཕོ་བྲང་འདི་དང་སྒྲུབ་གྲྭ་ཚུན་གྱི་ མཚམས་གྲྭ་པ་གང་ཡོད་ལ་རང་རང་དང་འཚམས་པའི་ཟབ་ཆོས་ཀྱི་སྒོ་ཅི་དགོས་འདི་ནས་ མཛད་པ་སྟེ། དེ་ཡང་ཐོག་མའི་རྟེན་འབྲེ ལ་ཁོང་ཉིད་ཆོས་ཁྲིར་ཕེབས་ལ་ཆས་པའི་ནུབ་ཉིད་ ཀྱི་རྨི་ལམ་དུ་དུས་འཁོར་བློས་བསླངས་གཞལ་ཡས་ཁང་གི་ཕྱོགས་བཞིར་མར་མེ་མནལ་ལ་ ཁད་པ་བཞི་ཡོད་པ་ཁོང་གིས་ཆེར་གསལ་དུ་སྦར་བར་བྱས་པའི་དགེ་མཚན་ཤར་བ་ལྟར་ དམ་པ་ཉིད་ཀྱིས་ངེས་གསང་གི་བསྟན་པ་ཆེར་སྤེལ་མཛད་རིམ་དགུང་ལོ་ཞེ་དྲུག་ནས་ལྔ་ བཅུའི་བར་ལ་ཐོག་མར་མཚམས་གྲྭ་བའི་ཆོས་ཚན་སློབ་བུ་དམ་པ་དཀོན་བཟང་སོགས་ལ་ སྦྱོར་དྲུག་གི་ཟབ་ཁྲིད་གནང་ཞིང༌། གཙང་བའི་སྐུ་རིམ་དུས་ཆོས་སྐྱོང་ཁྱབ་འཇུག་ཆེན་པོས་ རང་གཟུགས་བསྟན་ནས་སྒོས་མཆོད་གཏོར་གྲལ་བར་བ་ལ་འཇོག་རྒྱུའི་ཆད་ཐོ་བྱས་ཏེ་ཁོང་ གི་བཀའ་ཡི་སྲུང་མ་ངེས་དོན་བསྟན་པ་ཆེར་སྐྱོང་གི་གཡར་དམ་ལྷོ ད་མེད་ཀྱང་བྱས། དེ་ནས་ རིམ་པར་ཤི་ནང་བླ་མ་བསྟན་དར་སོགས་ཀྱི་ཆོས་ཚན་དང༌། དེ་བཞིན་ཡལ་འགོའི་བླ་མ་ངག་ བཟང་སོགས་དང༌། ཨ་མགོན་བླ་མ་ངག་གསལ་སོགས་དང༌། འབའ་མདའི་བླ་མ་འཇིགས་ སྨོ ན་དང༌། ཡལ་འགོའི་རྟོགས་ལྡན་རྒྱལ་མཚན་སོགས་ལ་རིམ་པར་སྦྱོར་དྲུག་གི་ཁྲིད་སོགས་ ཅི་དགོས་གསུངས་ཤིང༌། དེ་ནས་དགུང་ལོ་ང་གཅིག་ནས་ང་ལྔའི་བར་ལ་རིམ་པར་མཁར་ བར་བླ་མ་བློ་ལྡན་སོགས་ཀྱི་ཆོས་ཚན་ལ་སྦྱོར་དྲུག་ཟབ་ཁྲིད་དང༌། གཞན་སློབ་འགའ་ལ་ དབང་བཀའ་བསྐྱེད་རྫོགས་སྣ་ཚོགས་པའི་ཁྲིད་མང་པོ་དང༌། རབ་ཁའི་བླ་མ་མཁས་དབང་ 2-1-308 གིས་ཞུས་ངོར་ཁོང་གིས་སློབ་བུ་བཞི་བཅུ་ལྷག་ལ་རྒྱལ་བའི་བཀའ་ཆོས་ཆེན་པོའི་བཀླག་ ལུང་ཆ་ཚང་ལོ་གསུམ་བར་ལ་མཇུག་ལེགས་ཟིན་དུ་མཛད་པ་དང༌། གཙང་སྐོར་བླ་མ་བཤད་ སྒྲུབ་སོགས་ཀྱི་ཆོས་ཚན་ལ་སྦྱོར་དྲུག་གི་ཁྲིད་དང༌། སློབ་གཞན་དུ་མ་ལ་བསྐྱེད་རྫོགས་ཀྱི་ ཁྲིད་མང་པོ་དང༌། བར་བར་ཞལ་ནས། དལ་འབྱོར་རྙེད་དཀའ། ལས་འབྲས་ཀྱི་བླང་དོར། འཇིག་རྟེན་ཆོས་བརྒྱད་དང་མ་འདྲེས་པའི་སྤྱོད་ཚུལ། དཀོར་རྫས་སྤངས་དགོས་ཚུལ། སྟོན་ པའི་ན་བཟའ་དང་མི་འབྲལ་བཞིན་ཟབ་ལམ་ཉམས་ལེན་ལ་རེམ་དགོས་ཚུལ་སོགས་ཀྱང་ ཡང་ཡང་གསུངས་ཤིང༌། འདི་སྐབས་སུ་གྲྭ་སྡེ་ལ་རྗེས་གནང་བརྒྱ་རྩ། རིན་འབྱུང་ཆ་ཚང་ཡང་ གནང་བ་དང༌། ཚེ་རྒེད་བླ་མ་ངག་བཟང་སོགས་ཀྱི་ཆོས་ཚན་ལ་སྦྱོར་དྲུག་དང༌། གཞན་སློབ་ བུ་མང་དག་ལ་བསྐྱེད་རྫོགས་སྣ་ཚོགས་ཀྱི་ཁྲིད་དང༌། རྡོ་རྗེ་ཕྲེང་བའི་དབང་བཀའ་ཡོངས་ རྫོགས་གསུངས་པ་དང༌། གཙང་སྤྲུལ་ངག་དབང་བློ་བཟང་སོགས་ཀྱི་ཆོས་ཚན་ལ་སྦྱོར་དྲུག་ དང༌། གཞན་འདུས་པ་ཆེས་མང་ལ་བདེ་མཆོག་རབ་འབྱམས་དཀྱིལ་འཁོར་བཅོ་བརྒྱད་ཀྱི་ དབང་དང༌། ལཱུ་དྲིལ་ནག་གསུམ། མཁའ་འགྲོ་རྒྱ་མཚོ་རྣམས་དང༌། གསང་འདུས། སངས་ རྒྱས་ཐོད་པ། དེ་ཉིད་ལྔ་པ། མཉམ་སྦྱོར། གདན་བཞི། དགྱེས་རྡོར་མ་ཧཱ་མ་ཡ། ཕུར་བ། གཏུམ་པོ་ཁྲོ་ཆེན། རྣལ་འབྱོར་མ། དོན་གྲུབ་མ། བདེན་གཉིས་ཞལ་མ། དབུ་བཅད་མ། རྔོན་ ལུགས་རྡོ་རྗེ་ཕག་མོ། སྒྲོལ་མ་རྣལ་འབྱོར་མའི་དབང་སོགས་གསུངས་པ་དང༌། ལྕགས་མདུད་ སྤྲུལ་སྐུ་སོགས་ཀྱི་ཆོས་ཚན་ལ་སྦྱོར་དྲུག་དང༌། འདུས་པ་མང་པོ་ལ་སྒྲུབ་ཐབས་རིན་འབྱུང༌། གཅོད་དབང་སོགས་དང༌། གཤིན་རྗེའི་རབ་འབྱམས་དཀྱིལ་འཁོར་བདུན་གྱི་དབང་དང༌། འཇིགས་བྱེད་འདོན་པ་བསྒྱུར་ལུགས། གཤེད་ནག་བཅུ་གསུམ་མ། འཇམ་དཔལ་གསང་ ལྡན། གཟུངས་གྲྭ་ལྔའི་དབང་སོགས་གསུངས་ཤིང༌། འདི་ལོར་ཁོང་གིས་ནཻ་གུའི་སྒྲུབ་གྲྭ་ གསར་བཙུགས་བྱས་ནས་དེར་བླ་མ་ངག་དར་སོགས་སྒྲུབ་པོ་བདུན་ཙམ་ལ་ཤངས་ཆོས་སྐོར་ 2-1-309 གྱི་ཟབ་བཀའ་ཆ་ཚང་ཡང་གསུངས་ལ། དགུང་ལོ་ང་དྲུག་ནས་དྲུག་ཅུའི་བར་དུ་ཡང་དབོན་ ཀུན་དགའ་བཟང་པོ་སོགས་ཀྱི་ཆོས་ཚན་ལ་སྦྱོར་དྲུག་དང༌། གཞན་སྒྲུབ་སྡེ་སོགས་ལ་ནཻ་གུའི་ ཆོས་སྐོར་དང༌། སྦྱོང་རྒྱུད། རྗེས་གནང་བརྒྱ་རྩ་སོགས་དང༌། བླ་མ་ངག་གསལ་ལ་མི་འཁྲུགས་ པ་དང༌། དེ་སོགས་ཆོས་བཀའ་ཅི་རིགས་གནང་བ་དང༌། ཕུར་བ་ཚོམ་བུ་འབུམ་སྒྲུབ་ཀྱི་ དབང་ལུང་སོགས་དང་བཅས་དེ་ལའང་ཁོང་ཡང་བཞུགས་པ་དང༌། ལྷ་དབོན་ངག་དབང་ བསྟན་འཛིན་སོགས་ཀྱི་ཆོས་ཚན་ལ་སྦྱོར་དྲུག་དང༌། གཞན་ལ་བསྐྱེད་རྫོགས་ཅི་རིགས་ བཅས་དང༌། བླ་མ་འཇིགས་སྨོ ན་སོགས་ལ་བསྙེན་རྫོགས་དང་བྱང་སྡོམ་ཡང་གནང་བ་དང༌། རྒྱ་དབོན་བསྟན་འཛིན་སོགས་ཀྱི་ཆོས་ཚན་ལ་སྦྱོར་དྲུག་དང༌། གྲྭ་མང་ལ་རྡོར་ཕྲེང་དབང་ ཡོངས་རྫོགས། དུས་འཁོར་དབང་ཆེན། རིན་འབྱུང་སོགས་ཆོས་བཀའ་རྒྱ་ཆེར་མཛད་ཅིང༌། ཨ་སྐྱོང་གོང་མ་སང་ལ་དུས་འཁོར་ལྷ་དགུའི་འཚོགས་ཀྱང་བཙུགས་པ་དང༌། ཀ་ཐོག་བླ་མ་ ངག་མཆོག་སོགས་ཀྱི་ཆོས་ཚན་ལ་སྦྱོར་དྲུག་དང༌། འདི་སྐོར་ཁོང་ཆུ་ཚན་སྨན་བསྟེན་ཆེད་ ཕེབས་སྐབས་རྗེ་བཙུན་སྒྲོལ་མའི་ཞལ་མངོན་སུམ་གཟིགས་པ་དང༌། ཀ་ཐོག་མཐོང་གྲོལ་ སོགས་ཀྱི་ཆོས་ཚན་ལ་སྦྱོར་དྲུག་དང༌། གཞན་དུ་མ་ལ་ཆོས་བཀའ་རྒྱ་ཆེར་གནང་བར་མཛད། དགུང་ལོ་རེ་གཅིག་སྐབས་བླ་མ་དཀོན་དཔལ་སོགས་ཀྱི་ཆོས་ཚན་ལ་སྦྱོར་དྲུག་དང་ཟབ་ ཆོས་གཞན་ཡང་མང་པོ་གསུངས་ཤིང༌། དགུང་ལོ་རེ་གཉིས་སུ་གདུང་ཡངས་བླ་མ་སྨོ ན་ལམ་ སོགས་ཀྱི་ཆོས་ཚན་ལ་སྦྱོར་དྲུག་དང༌། འཛོང་བོ་བླ་མ་སོགས་གྲྭ་ཚང་མང་པོ་ལ་དུས་འཁོར་ དབང་ཆེན་སོགས་རྒྱུད་སྡེ་དུ་མའི་ཟབ་དབང་དང༌། གཞན་ཡང་ཆོས་བཀའ་ཅི་རིགས་པ་ གསུངས་སྐབས་ཞལ་ནས། ཉམས་ལེན་ལ་དྲན་ཤེས་ཡེང་མེད་ཀྱི་སྒོ་ནས་འབད་དགོས་ཚུལ། བླ་མ་ཉིད་སྒོ་ཐམས་ཅད་ནས་མཉེས་པར་བྱེད་དགོས་ཚུལ། བྱ་སྤྱོད་ཐམས་ཅད་བྱང་སེམས་ ཀྱི་མཛད་སྒོ་ལྟར་ལམ་དང་སྦྱར་དགོས་ཚུལ། འཇིག་རྟེན་གྱི་སྤྱོད་པ་ཀུན་ནས་སྤངས་དགོས་ 2-1-310 ཚུལ། ཁྱད་པར་བྱང་ཆུབ་ཀྱི་སེམས་འདི་མདོ་སྔགས་གང་གི་སྐབས་སུ་གལ་ཆེ་ཚུལ་སོགས་ ཀྱི་ཞལ་གདམས་སྔ་ཕྱི་ཀུན་ཏུ་བར་བར་ཡང་ཡང་གསུངས། དགུང་ལོ་རེ་གསུམ་དུ་ཨ་སྐྱོང་ སྤྲུལ་སྐུ་བསྟན་གྲགས། རྒྱ་སྤྲུལ། སེ་སྤྲུལ་སོགས་ཀྱི་ཆོས་ཚན་ལ་སྦྱོར་དྲུག་དང༌། ཡང་སྒོ ས་ སྤྲུལ་སྐུ་གསུམ་སོགས་ལ་བསྙེན་རྫོགས། འདུས་སྡེ་སྤྱི་ལ་རིན་འབྱུང་གསུངས་སྐབས་ཚེ་མི་ རྟག་པའི་གནས་ཚུལ་འཚོགས་བཤད་དང་ཁྱད་པར་སློབ་བུ་འགའ་ལ་ཞལ་གསུང༌། ད་ནི་ རང་ཡང་ཚེ་ཡུན་རིང་ཅི་ཙམ་ཡོད་མི་ཤེས་པས་ཁོ་བོའི་གོས་བཟང་པོ་རེ་ཡོད་པ་ཚོ་རྣམ་ དཀར་རྟེན་བཞེངས་ཀྱི་ཡོན་ལ་ཕུལ་ནས་གཙང་དག་བྱས་ན་དགའམ་སྙམ་ཚུལ་གྱི་གསུང་ གླེང་ཞིབ་རྒྱས་དང༌། ཁོང་གི་སྐུ་ཚེ་གང་བོའི་ཀུན་སྤྱོད་ཀྱི་ཚུལ་དང༌། སློབ་བུ་རྗེས་འཇུག་དག་ གིས་དམ་པའི་རྣམ་ཐར་ལ་མིག་ལྟོ ས་བྱེད་དགོས་ཚུལ། བླ་མ་ལ་སྒྲུབ་པའི་མཆོད་པ་འདི་ཆེས་ ཁྱད་པར་དུ་འཕགས་ཚུལ། ཚུལ་ཁྲིམས་སྤྱི་དང་ཁྱད་པར་རྫོགས་རིམ་བདེ་སྟོང་གི་གཞི་རྟེན་ ལུས་བཅུད་དྭངས་མ་ལྷག་པར་བསྲུང་དགོས་ཚུལ། ཁོང་གིས་བཤེས་གཉེན་གྱི་བྱ་བ་བྱས་ ཟིན་ཚུལ། སློབ་བུ་རྣམས་ཀྱི་ཚེ་གང་གི་འགྲོ་ཚུལ་སོགས་ཞལ་ཏ་སྙིང་གི་བདུད་རྩི་དུས་དུས་ སུ་བརྩེ་བས་ལེགས་གནང་མཛད་ལ། དགུང་ལོ་རེ་བཞི་པར་ཁྲ་བླ་མ་མཆོག་སྒྲུབ་སོགས་ཀྱི་ ཆོས་ཚན་ལ་སྦྱོར་དྲུག་དང༌། གཞན་སློབ་འགའ་ལ་ནཻ་གུ་སོགས་ཀྱི་དབང་ཁྲིད་དང༌། འདིའི་ སྔར་ལོ་ཙམ་ན་བླ་མ་ཚོགས་གཉིས་རྒྱ་མཚོ་སོགས་ལ་སྒྲོལ་མ་རྣལ་འབྱོར་མའི་རྒྱུད་འགྲེལ་ གྱི་བཀླག་ལུང་སོགས་སྔ་ཕྱི་ཅི་རིགས་པར་ཆོས་བཀའ་རྒྱ་ཆེར་གནང་བ་དང༌། དམ་པ་འདིའི་ སྐུ་རིང་ལ་སྐུ་གསུང་ཐུགས་རྟེན་ལེགས་བཞེངས་ཀྱི་རྣམ་པར་དཀར་བའི་མཛད་སྒོ་ཡང་མི་ དམན་ཙམ་ཡོད་ཅིང༌། འདི་ལོར་ཁོང་ལ་ཞབས་བརྟན་རིམ་གྲོ་ཡང་བཟང་རབ་མཛད། དགུང་ ལོ་རེ་ལྔ་སོན་སྐབས་སུ་སྤྱིར་ནི་ཁོང་གིས་ལོ་བསྟར་གྱི་ཆོས་བཀའ་རྒྱ་ཆེར་གསུངས་དུས་སུ་ ཆོས་མཚམས་ལ་སླེབས་པ་ན་ལོ་ཕྱི་མར་ཆོས་མཇུག་ལུས་པའི་ཚུལ་དུ་གསུང་གནང་མཛད་ 2-1-311 སྲོལ་ཡིན་ནའང་འདིའི་སྔར་ལོར་ཆོས་མཚམས་འཇོག་པའི་སྐབས་ལ་ནི་ཆོས་མཇུག་ཡོངས་ སུ་རྫོགས་པའི་ཞལ་གསུང་གིས་དེར་གནས་ཀུན་ལ་ཐེ་ཚོམ་བསྐྱེད་ཅིང༌། འདི་ལོར་ཡང་ གཙང་ཆེན་ཕོ་བྲང་དུ་ཨ་སྐྱོང་སྤྲུལ་སྐུ་སོགས་སྐུ་སྐྱེས་གསུམ་ལ་སྦྱོར་དྲུག་གི་ཟབ་ཁྲིད་ཀྱི་ མཇུག་རྗེས་ཁྲིད་ཡན་རྫོགས་པར་བྱས་ཏེ་རང་རང་དང་འཚམས་པའི་ལུང་བསྟན་ཞལ་ཏ་ བཅས་ཀྱི་དེ་དག་གི་ཐུགས་འདོད་ཇི་བཞིན་སྐོང་བར་མཛད་བཞིན་རྟེན་བཞེངས་གང་དག་གི་ འཕྲོ་ཡང་གཙང་གྲུབ་ཏུ་ཟིན་པར་བྱས་ཏེ་ཁོང་གི་ཞལ་ནས། སློབ་བུ་དག་ལ། ད་ནི་བསམ་པ་ འགྲུབ་ཅིང་ཤི་སོང་ནའང་བསམ་རྒྱུ་མེད། ཁོ་བོའི་སྣང་ངོར་ཉམས་རྟོགས་རྣམས་ཀྱང་ཇེ་རྒྱས་ སུ་སོང་སྟེ་ཆོས་འབྱུང་བསྣོལ་མ་འབའ་ཞིག་ཏུ་ཐབས་ཤེས་ཀྱི་ལྷ་སྐུ་བསམ་མི་ཁྱབ་པས་གོ་ མཚམས་མེད་པར་གང་ནས་ཉིན་མཚན་འཁོར་མོ་ཡུག་ཏུ་སོང་འདུག་གསུངས། དེ་མཚམས་ ནས་སྐུ་བསྙུང་ཚུལ་བསྟན་ཏེ་སྒྲུབ་གྲྭར་ཕེབས་ནས་སྒྲུབ་སྡེ་བ་ཀུན་ལ་ཟབ་ཁྲིད་ཅི་དགོས་ གནང་ནས་སྒྲུབ་ཁང་གོང་དུ་བཞུགས་སྐབས་ཞབས་བརྟན་བསྲུང་རིམ་རྒྱ་ཆེར་བསྒྲུབས་པས་ རེ་ཞིག་ཁམས་དྭངས་ཚུལ་མཛད་རྗེས་ཕྱི་ལོ་༡༩༡༠རབ་ལོ་༨༨༤ མཆན། ལྕགས་ཕོ་ཁྱི་ལོ་དེའི་ཟླ་བ་ བཅུ་པའི་ཚེས་བཅུ་དགུའི་ཉིན། ཞལ་ནས། དེ་རིང་འུ་ཅག་སྒྲུབ་སྡེ་པ་ཀུན་གྱིས་བག་ཡངས་ སྐྱིད་པོའི་སྒོ་ནས་བཟའ་བཏུང་ལྷན་དུ་བྱ་ཞེས་གསུངས་པ་ལྟར་དཔོན་སློབ་ལྷན་རྒྱས་ནས་ ཞལ་སྟོན་བཀའ་མོལ་ཞིབ་རྒྱས་ཀྱི་མཐར་ཉིན་དེའི་དགོང་མོར་སླེབས་ཙམ་ན་སྔར་སྐུ་ཆིངས་ བཀྲོལ་མི་སྲིད་ཀྱང་དེ་ནུབ་བཀྲོལ་ནས་སྐུ་སེང་གེ་ཉལ་སྟབས་ཀྱིས་བཞུགས་ཏེ་རླུང་བུམ་ ཅན་གྱི་སྦྱོར་བའི་ངང་ཧིག་ཅེས་བརྗོད་པ་དང་མཉམ་དུ་སྤྱན་འབྲས་གྱེན་དུ་བཟློག་ནས་ ཐུགས་འོད་གསལ་དབྱིངས་སུ་གཡོ་མེད་དུ་སྙོམས་པར་ཞུགས་ཏེ་སྐུ་ལ་སྔར་ལས་བཀྲག་ མདངས་ཆེར་རྒྱས་བཞིན་ཞག་བདུན་ཐུགས་དམ་དུ་བཞུགས། དེ་ནས་ཐུགས་དམ་ལེགས་ བཀྲོལ་སྐབས་སྟེང་དང་འོག་ནས་དཀར་ཆ་དང་དམར་ཆ་རིམ་པས་བྱུང་ཞིང་མཁའ་ལ་འཇའ་ 2-1-312 སྤྲིན་གྱིས་གང་བ་སོགས་ཀྱི་རྟགས་མཚན་དང་བཅས་སྐུ་གདུང་གཟིམ་ཁང་དུ་སྤྱན་དྲངས་ ནས་གཤེགས་མཆོད་ཞུགས་འབུལ་གདུང་རྟེན་ལ་སོགས་པ་སྒོ་གང་ཐད་ནས་མཛད་པ་རྒྱ་ཆེ་ བའི་ཚུལ་སོགས་ཇི་བཞིན་རྣམ་ཐར་ལོགས་ན་ཡོད་པ་ལས་བྱུང་བ་ལྟར་དང༌། གང་གི་སློབ་ ཚོགས་ཀྱང་སྐྱེས་བུ་དམ་པར་གྱུར་པ་ཨ་མགོན་བླ་མ་ངག་དབང་བསྟན་པ་གསལ་བྱེད། གདུང་ཡངས་བླ་མ་སྨོ ན་ལམ། ཀ་ཐོག་བླ་མ་ངག་མཆོག གཙང་བ་སེ་སྤྲུལ་སོགས་བསྟན་ པའི་རྩ་ལག་བླ་སྤྲུལ་མང་པོ་བྱོན་ནོ། ། ༼༥༽ གཙང་ཆེན་ཕོ་བྲང་དུ་སྒྲུབ་བརྒྱུད་འཛིན་པའི་རྡོ་རྗེ་སློབ་དཔོན་ལྔ་པ་ཀུན་དགའ་ མཁས་གྲུབ་དབང་ཕྱུག་གམ་མཚན་གཞན་ངག་དབང་དོན་ལྡན་དཔལ་བཟང་པོའི་ལོ་རྒྱུས་ ནི། འཁྲུངས་ཡུལ་འཛི་གཞུང་གི་ཆར་གཏོགས་རབ་ཁ་ཞེས་པར་ཡབ་ཞི་ཁྲོ་སྐྱབས་དང་ཡུམ་ བཀྲ་ཤིས་སྐྱིད་གཉིས་ཀྱི་སྲས་སུ་ཕྱི་ལོ་༡༨༦༢ རབ་ལོ་༨༣༦ མཆན། ཆུ་ཁྱིའི་ལོར་སྐུ་བལྟམས། སྐུ་ན་ ཕྲ་བའི་དུས་ནས་རིགས་ཕུན་སུམ་ཚོགས་པ་སད་ལ་ཉེ་བའི་དབང་གིས་ནུབ་རེ་བཞིན་རྨི་ ལམ་དུ་ནམ་མཁའ་ནས་རྫུ་འཕྲུལ་མངའ་བའི་མི་ལྭ་དཀར་ཅན་ཞིག་འོང་ནས་དེས་ཐག་པ་ དཀར་པོ་བརྐྱངས་པ་ལ་འཇུས་ནས་མཁའ་དབྱིངས་མཐོན་པོར་སོང་སྟེ་དག་མ་དག་གི་ཞིང་ སྣ་ཚོགས་སུ་འགྲོ་ནུས་པ་ལ་ནུབ་གཅིག་རྨི་ལམ་དུ་རང་ཁྱིམ་གྱི་ཉེ་འདབས་ཐང་དུ་རང་གི་མ་ སོགས་དང་ལྷན་དུ་ཡོད་པ་སྔར་གྱི་མི་དེས་རང་ཡར་འཐེན་པ་དང་མས་མར་འཐེན་པ་རེས་ མོས་ལན་འགའི་མཐར་ཐག་པ་ཆད་ནས་རང་ཉིད་མའི་པང་དུ་ལྷུང་བ་རྨིས་ཕྱིན་དེ་འདྲ་དུ་མ་ བྱུང་བ་སོགས་བྱིས་པ་ཕལ་དང་རིགས་མི་འདྲ་བའི་ཁྱད་མཚར་ཆེ་བ་ཞིག་སྟེ་སྐུ་ན་སོན་ སྐབས་ཤིག་ལ་གསེར་བ་བླ་མ་ལྷ་མཆོག་དང་རང་གི་ཁུ་བོ་མཆོག་ལྡན་སོགས་ལས་ཀློག་ སློབ་སྐབས་ལན་གཅིག་ནམ་མཁར་བལྟས་ཚེ་སྤྲིན་གསེབ་ནས་བླ་མ་སྐུ་མཛེས་ཤིང་བརྗིད་ པ་སེང་གེ་ལ་ཆིབས་པ་ཞིག་ནམ་མཁའི་མཐོངས་གཞན་ཞིག་ཏུ་བྱོན་སོང་བ་མཐོང་བས་དད་ 2-1-313 གུས་རང་ཤུགས་ཀྱིས་ལྷག་པར་འཕེལ་བ་སོགས་ཚུལ་དེ་འདྲའི་སྒོ་ནས་ཀློག་འདོན་མཆོག་ཏུ་ གྱུར་ཅིང༌། དེ་ནས་མི་རིང་བར་རབ་ཁའི་སྤང་ཐང་དུ་བླ་མ་ཆོས་འཕགས་བྱོན་ནས་དེའི་དྲུང་ དུ་དུས་འཁོར་དབང་ཡོངས་རྫོགས་དང༌། སྦྱོང་རྒྱུད་བཅུ་གཉིས་ཀྱི་དབང་བཀའ་ཆ་ཚང་ཐོབ་ སྐབས་དེ་ལས་དུས་འཁོར་སྟ་གོན་གྱི་དུས་སུ་རྨི་ལམ་དུ་ཁོང་ཉིད་སེང་གེ་དཀར་པོ་རྩལ་ལྡན་ ལ་ཆིབས་ཏེ་གྱེན་དུ་ཤར་ཕྱོགས་སུ་འགྲོ་བར་རྨིས་པའི་དགེ་མཚན་བྱུང༌། དགུང་ལོ་བཅོ་ལྔ་ པར་འཛམ་ཐང་གཙང་ཆེན་ཕོ་བྲང་དུ་རྡོ་རྗེ་འཆང་ངག་དབང་ཆོས་འཕགས་རྒྱ་མཚོའི་མདུན་ ནས་ཐོག་མར་སོ་ཐར་ཚངས་སྤྱོད་དགེ་བསྙེན་གྱི་སྡོམ་པ་མནོས་ནས་མཚན་ངག་དབང་དོན་ ལྡན་དཔལ་བཟང་པོ་ཞེས་གསོལ། དེ་ནས་ཟབ་ལམ་སྦྱོར་དྲུག་གི་སྔོ ན་འགྲོ་ཆོས་བདུན་གྱི་ ཁྲིད་ཞུས་ཏེ་ཉམས་ལེན་མྱོང་རྟགས་ཁྱད་པར་ཅན་དང་བཅས་གནད་ཁེལ་མཛད་རྗེས་ཙམ་ ན་ངག་དབང་ཆོས་ཀྱི་འཕགས་པའི་གཟུགས་སྐུ་ཆོས་དབྱིངས་སུ་ཐིམ་ཞིང་ལོ་དེར་འབྲུམ་ ནད་འཕྱུར་བའི་རྐྱེན་གྱིས་འཛི་སྨད་རི་ཁྲོད་བཀྲ་ཤིས་ལྷ་རི་རྩེའི་དབེན་གནས་སུ་རྡོ་རྗེ་འཆང་ ངག་དབང་ཆོས་འཛིན་ཞབས་པ་བཞུགས་དྲུང་དུ་ཕྱིན་ནས་སྦྱོར་དྲུག་ཡོངས་རྫོགས་ཞུས་ཏེ་ ཉམས་ལེན་མཛད་པས་འོད་གསལ་རྟགས་བཅུ་སོགས་ཟབ་ལམ་ཡན་ལག་དྲུག་གི་ལམ་ རྟགས་ཁྱད་པར་བ་ལམ་རང་རང་གི་དུས་སུ་ཆེས་ཁྱད་དུ་འཕགས་པ་བྱུང་ལ། དེ་ནས་ཐུབ་ བསྟན་དགེ་ལེགས་རྒྱ་མཚོའི་མདུན་ནས་ལམ་རིམ་ལ་གསན་སྦྱང་མཐར་ཕྱིན་མཛད། དེ་ མཚམས་སྐོར་ཞིག་ནས་མགོ་ལོག་ཏུ་ཕེབས་ནས་ཡུམ་རྒྱས་པ་ཀློག་འདོན་མཛད་སྐབས་ཁོང་ གི་ཐུགས་ལ་ཆོས་ཀུན་བདེན་མེད་ཀྱི་ཚུལ་ལ་ངེས་པ་ཆེན་པོ་འཁྲུངས་ཤིང་ཞིང་ཁམས་གྲངས་ མེད་པ་ན་དེ་བཞིན་གཤེགས་པའི་སྐུ་དེ་སྙེད་པ་འཁོར་ཚོགས་རྒྱ་མཚོས་བསྐོར་བ་བཅས་ཀུན་ ནས་མངོན་སུམ་སྒྲིབ་མེད་དུ་མཐོང་བའི་ཚུལ་གྱིས་དུས་འདའ་ཞིང་དད་གུས་ཡང་དེ་ལྟར་ དཔག་མེད་འཕེལ་བར་གྱུར་ཏོ། །བར་སྐབས་རྨི་ལམ་དུ་མཁའ་དབྱིངས་དག་པ་ན་རྗེ་བཙུན་ 2-1-314 སྒྲོལ་མ་ལྗང་མོ་དང༌། འཇམ་དབྱངས་དམར་སེར་གྱི་སྐུ་ཆེས་གསལ་བའི་ཞལ་གཟིགས་ཏེ་ མཐར་རང་གི་སྙིང་དཀྱིལ་དུ་ཐིམ་པར་རྨིས་པས་ཁོང་གིས་ཕྱག་འཚལ་ཉེར་གཅིག་འབུམ་ ཕྲག་དང་འཇམ་དབྱངས་ཀྱི་བསྙེན་ཚད་ལེགས་གྲུབ་ཀྱི་ལྟས་སུ་གོ་ཞིང༌། ཕྱིས་སུ་རྡོ་རྗེ་འཆང་ ངག་དབང་ཆོས་འཛིན་གྱི་མདུན་དུ་ཞུས་པས་ཁོང་གིས། མ་འོངས་འབྱུང་འགྱུར་གྱི་མཚན་ ལྟས་སུ་ལུང་བསྟན། དེ་སོགས་ལེགས་སྒོ་རྒྱ་ཆེར་མཛད། དེ་རྗེས་ཤིག་ན་ཁྱི་ལོ་མའི་བླ་མ་ དང་མཉམ་དུ་སྡེ་དགེ་ཕྱོགས་སུ་ཕེབས་ཏེ། ཨ་བོའི་བླ་མ་བསྟན་འཛིན་དར་རྒྱས་ཀྱི་དྲུང་ནས་ གཅོད་དབང་དང༌། ཀོང་སྤྲུལ་གྱི་མདུན་ནས་སྦྱོར་དྲུག་གི་ཟབ་ཁྲིད་ཡོངས་རྫོགས་དང༌། མཁན་ཨ་དཀོན་གྱི་དྲུང་ནས་བློ་སྦྱོང་དོན་བདུན་ཁྲིད་དང༌། ཞབས་དྲུང་རིན་པོ་ཆེ་མཇལ་ཁ་ འོང་ཙམ་དང༌། ངུར་བ་སློབ་དཔོན་མདུན་བདེ་མཆོག་རབ་འབྱམས་ཉིད་ཀྱིས་བཀྲལ་བའི་ བཀླག་ལུང་དང༌། མི་ཕམ་རྒྱ་མཚོའི་དྲུང་ནས། འཇམ་དཔལ་བསྟོད་ཁྲིད་ལན་གསུམ་སོགས་ ལེགས་གསན་མཛད་ཅིང་དེ་ཕྱོགས་ཀྱི་རྟེན་གསུམ་དག་ལ་མཇལ་ཕྱག་སྨོ ན་ལམ་གཟབ་ལྡན་ དང༌། འདི་སྐབས་རྫོགས་ཆེན་དཔལ་སྤྲུལ་གྱི་མདུན་དུ་མཇལ་སྨོ ན་ཁྱད་པར་བའང་བྱུང༌། དགུང་ལོ་ཉེར་གསུམ་པར་རྡོ་རྗེ་འཆང་ངག་དབང་ཆོས་འཛིན་གྱི་མདུན་ནས་དཔལ་འཁོར་ལོ་ སྡོམ་པའི་དཀྱིལ་འཁོར་རབ་འབྱམས་ཀྱི་དབང་བཀའ་ཆ་ཚང་གསན་ཞིང༌། དགུང་ལོ་ཉེར་ བཞིའི་དུས་གཤིན་རྗེ་རབ་འབྱམས་སོགས་རྗེ་བཙུན་གྱི་བཀའ་འབུམ་ལས་བྱུང་བའི་རྒྱུད་སྡེ་ རབ་འབྱམས་སུ་གྲགས་པའི་ནང་ནས་སྡོམ་འབྱུང་ལྷ་བཅུ་གསུམ་མ་གཏོགས་ལྷག་མ་ཡོངས་ རྫོགས་མནོས་པ་སོགས་ལོ་འགར་ཆོས་ཀྱིས་དུས་འདའ་བར་མཛད། དགུང་ལོ་ཉེར་དགུ་ པར་འཛམ་ཐང་གཙང་བའི་སྒྲུབ་ཁང་དུ་བཞུགས་སྐབས་ཀུན་དགའ་ངག་དབང་དཔལ་ལྡན་ ཕེབས་ནས་དུས་འཁོར་རྫོགས་རིམ་གྱི་ཁྲིད་གནང་ནས་དགོང་ཐུན་དུ་བཞུགས་ཙམ་ན་ཁོང་ གི་དགོངས་ཉམས་སུ་ལྟེ་བའི་རྩ་འཁོར་གྱི་དབུ་མའི་ནང་དུ་ཐིག་ལེ་ལྷུང་བཟེད་ཀྱི་རྣམ་པ་ལྟ་ 2-1-315 བུའི་ནང་ཐིག་ལེ་དཀར་ཞིང་བསིལ་བའི་རང་བཞིན་གྱིས་གང་སྟེ་བདེ་བའི་ཤུགས་ཀྱིས་ཁོང་ ནས་འདར་ཞིང་བསྐྱོད་པའི་བདག་ཉིད་དུ་སྣང་བའི་རེ་ཞིག་ན་ལྷ་སྐུ་འོད་དཔག་མེད་ཀྱི་རྣམ་ པ་ཞིག་གིས་ཕྱག་ཏུ་འོད་སྔོན་པོ་དབྱུག་གུ་འདྲ་བ་ཐོགས་ནས་དེས་དཀྲུགས་རྐྱེན་གྱིས་ཐིག་ ལེ་དཀར་པོའི་ཆ་དེ་ཀ་ལྟེ་བའི་དབུ་མ་ནས་བརྩམས་ཏེ་རྩ་གནས་ཐམས་ཅད་དུ་ཁྱབ་པས་ བདེ་བ་ཆེན་པོའི་ཡེ་ཤེས་ཀྱིས་ཐུགས་རྒྱུད་ཆེས་མྱོས་པ་ལྟ་བུར་གྱུར་ནས་བདེ་སྟོང་གི་སྣང་ བས་ཚོགས་དྲུག་གི་ཡུལ་སྣང་འཕྲོག་སྟེ་བར་གསེང་རེ་མ་གཏོགས་ཞག་བདུན་ཕྲག་དུ་མར་ བདེ་ཆེན་ཉག་གཅིག་གི་ངང་ནས་འཕར་གཡོས་དུས་འདའ་ཞིང༌། དེ་སྐབས་དངོས་ཉམས་སུ་ ཀུན་མཁྱེན་ཆེན་པོའི་ཐུགས་སྲས་གྲུབ་ཐོབ་རྟ་ར་བ་ཡིན་ཟེར་བ་ཞིག་གི་སྐུ་མི་མངོན་པར་ སེམས་སྣང་གི་དབྱིངས་སུ་གསུང་བྲག་ཆ་ལྟར་གསལ་བས་གདམས་པ་ངོ་སྤྲོད་སྣ་ཚོགས་ མཛད་ཅིང༌། བར་སྐབས་སུ་སྤྲུལ་པའི་གྲུབ་ཆེན་གྱི་གསུང་སྣང་ལས། དེ་རིང་ཀླུ་སྒྲུབ་ཡབ་ སྲས་བྱོན་ནས་བྱིན་རླབས་མཛད་པ་ཡིན། ཞེས་གསུངས་པའི་ལུང་བསྟན་ལྟར་སློབ་དཔོན་ཀླུ་ སྒྲུབ་འཁོར་བཅས་དགེ་སློང་གི་རྣམ་པར་བྱོན་ཏེ་གདམས་པ་བྱིན་རླབས་ཀྱི་སྣང་བ་གསལ་བོ་ བྱུང་ཞིང༌། བར་འགའ་རྩ་བའི་བླ་མ་ཆོས་འཕགས་བྱོན་པར་དེ་ལུགས་ལྟར་ལུང་བསྟན་པ་ བཞིན་བླ་མ་ཁོང་གི་ཞལ་གཟིགས་ཀྱི་སྣང་བ་ངེས་པར་བྱུང་བ་དང༌། གཞན་ཡང་ཚེ་རབས་ སྔོན་གྱི་གནས་ཚུལ་སྣ་ཚོགས་དང་ཁྱད་པར་སྤྲུལ་པའི་གྲུབ་ཆེན་ཁོང་གིས་ཉིད་རྗེས་སུ་བཟུང་ རྐྱེན་སྔོན་ཀུན་མཁྱེན་ཆེན་པོའི་སྐུ་འབུམ་གྱི་ཟར་ཚགས་སྟེང་ནས་གྲུབ་ཆེན་རང་གི་རྫུ་འཕྲུལ་ ལ་དད་དེ་དངོས་རྫས་ཕུལ་བའི་མཐུ་ཡིན་ཚུལ་དང་ད་ལྟ་ཁོང་གི་སྐུ་མི་མངོན་པ་ཐེ་ཚོམ་གྱི་ དབང་གིས་ཡིན་ཀྱང་ནམ་ཞིག་སངས་རྒྱས་མ་ཐོབ་ཀྱི་བར་ཁྱོད་ཉིད་རྗེས་སུ་འཛིན་པ་ཡིན་ ཚུལ་དང༌། ཀུན་དགའ་དཔལ་ལྡན་ཞབས་འདི་སྔོ ན་ཀུན་མཁྱེན་བུ་སྟོན་ཡིན་སྐབས་ཁྱོད་ ཀྱིས་རྫས་འབྲེལ་བཞག་པས་ད་ལན་ཉམས་ལེན་གནད་ལ་ཐེབས་པ་སོགས་ལྐོག་གྱུར་གྱི་ 2-1-316 དོན་མང་པོ་ཇི་བཞིན་འདོམས་པར་མཛད་བཞིན་ཞག་རིང་པོའི་བར་འཕར་གཡོ་རྒྱུན་མ་ཆད་ པར་འོང་སྐབས་ལུས་ཀྱི་ཕྱི་རོལ་ནས་འོད་ཀོར་འཁོར་བ་ཐག་ཉེ་བའི་ཤུགས་ཀྱིས་སྡུད་རིམ་ འཆི་བ་དང་ཤེད་མཚུངས་བྱུང་ཞིང་བར་སྐབས་ལུས་ནང་དུ་འཁོར་ཞིང་སྙིང་ཐད་ཙམ་དུ་ཐོན་ པ་ན་ལྕགས་དབྱུག་ལྟར་འོད་སྔོ་ཧྲིལ་བ་ཞིག་ཏུ་གྱུར་ཏེ་མྱུར་དུ་མི་མངོན་པར་འཁོར་བའི་ སྟོབས་ཀྱིས་གདོང་ལ་ཁྲག་ཤུགས་མཆེད་ཅིང༌། ནང་དུ་སྟོང་བཞིའི་ཚུལ་གྱིས་སྣ་བུག་གི་རྒྱུ་བ་ ཆད་ནས་རིག་པ་གཞིའི་འོད་གསལ་ལ་ཐིམ་པར་ཕྱོགས་ཚེ་རྣལ་འབྱོར་མའི་སྐུའི་སྣང་ཆ་གློག་ འགྱུ་བ་ལྟར་བྱུང་བས་རིག་པ་འོད་གསལ་མ་བུའི་དབྱིངས་ལས་སླར་ལུགས་ལྡོག་གི་ཚུལ་ ཤར་བར་བྱས་ཏེ་སྣ་བུག་གི་རྒྱུ་བ་ཤད་ཀྱིས་བྱུང་ཞིང་སྣ་ཁྲག་ཀྱང་འོང༌། དེ་སྐབས་ཉམས་ སྣང་སྤྲུལ་པའི་གྲུབ་ཆེན་ཞལ་གཟིགས་ཀྱིས། དབུ་མའི་རླུང་གྱེན་དུ་བསྐྱོད་ཤུགས་ཀྱིས་སྟེང་ གི་རྩ་ཁ་གཡེལ་བ་ཙམ་ལས་སྐྱོན་མེད་ཚུལ་གསུངས་ལ། དེ་ལུགས་ལྟར་བླ་མ་ངག་དབང་ ཆོས་འཛིན་ཕེབས་ནས་འཕོ་གེགས་ལེགས་བསལ་མཛད་ཅིང་འདི་སྐབས་མཉམ་བཞག་གི་ དུས་སུ་སྔོན་དང་ཕྱི་མའི་མཐའ་དང་ད་ལྟ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མང་པོའི་ཚུལ་ སོགས་ལྐོག་གྱུར་གྲངས་མེད་ཅིག་ཐུགས་སྣང་ལ་ཤར་ཡང་རྗེས་ཐོབ་སྐབས་སོ་སོར་མ་ངེས་ ལ། འགའ་རེ་ཕྱིས་མངོན་གསལ་གྱི་དུས་སུ་ངེས་པ་ནི་གངས་སྐོར་སྐབས་ཀྱི་སྒྲུབ་གནས་ཀྱི་ ཚུལ་སོགས་དང་གསེར་བ་ཐུགས་མཆོག་ནད་ཀྱིས་ཐེབས་སྐབས་སོགས་ཀྱིས་མཚོན་དེ་འདྲ་ ཅི་རིགས་ཡོད། དེ་ནས་རྡོ་རྗེ་འཆང་ཀུན་དགའ་དཔལ་ལྡན་ཞབས་པ་སྐུ་བསྙུང་གཞིས་ཟིན་ པའི་རེ་ཞིག་ན་སྤྲུལ་པའི་གྲུབ་ཐོབ་རྟ་ར་པས་སང་ཐོ་རེངས་སུ་བླ་མ་གཤེགས་པའི་ལུང་ བསྟན་གསུངས་པ་ལྟར་སྐུ་དག་ཞིང་དུ་གཤེགས་སྐབས་ཐུགས་ཡིད་གཉིས་མེད་ཀྱི་ངང་ནས་ མཉམ་བཞག་གི་དུས་སུ་རྒྱལ་བ་འོད་དཔག་མེད་སྐུ་མཚན་དཔེས་སྤྲས་ཤིང་ལྷུན་པོ་ལྟར་ བརྗིད་པ་ནམ་མཁའི་དབྱིངས་ཀུན་ཁེབས་ཤིང་སྐུ་ལས་རང་འདྲ་མཆོག་སྤྲུལ་འབྱམས་ཀླས་ 2-1-317 པ་ཕྱོགས་བཅུའི་ཞིང་རྣམས་སུ་སྤྲོ་བ་རྒྱུན་མི་ཆད་པའི་སྣང་བ་སྐུ་གདུང་ཞུགས་ལ་མ་སྦྱངས་ བར་བྱུང་ཞིང་འདི་ལ་བརྟེན་ནས་བསོད་ནམས་ཀྱི་བསགས་སྒོ་ཡང་རྒྱ་ཆེར་ལེགས་སྒྲུབ་ མཛད། དེ་འདྲའི་ཚུལ་གྱིས་སྒྲུབ་གྲྭར་ལོ་གཉིས་སུ་བཞུགས་ཤིང་དགུང་ལོ་སོ་གཅིག་ཏུ་མགོ་ ལོག་ཕྱོགས་སུ་ཕེབས་ནས་ཀློག་འདོན་མཛད་རྗེས་དེའི་ལོ་ཕྱི་མ་དགུང་གྲངས་སོ་གཉིས་ པར་དགེ་སྐོར་བླ་མ་བསྟན་གྲགས་བླ་ཚབ་ཡིན་སྐབས་དུས་འཁོར་སྒྲུབ་མཆོག་ཀྱི་དབུ་བླར་ ལྷ་བཟོ་བླ་མ་ངག་དབང་ཆོས་འཛིན་ཞབས་ཕེབས་དགོས་ཚུལ་གྱི་སྙན་ཞུ་དམ་པ་འདི་ཉིད་ ཀྱིས་བྱེད་པར་ཆས་ནུབ་རྨི་ལམ་དུ་ལྷ་བཟོ་རྡོ་རྗེ་འཆང་གི་མདུན་དུ་རང་གིས་སྔ་ཕྱི་ལན་ གཉིས་སུ་གོང་བུ་འོད་འཚེར་བ་དཀར་སྔོ་གཉིས་རིམ་པས་ཕུལ་བས་ཕྱི་མའི་དུས་ཐུགས་ དགྱེས་སྤྲོ་ཆེ་བའི་ངང༌། ཞལ་ནས། ངོ་སྤྲོད་ལྟ་བུ་ཞིག་གསུང་བཞིན་ཕྱག་གིས་རང་ཉིད་ཀྱི་ གོས་མཐའ་ཡར་རིམ་པར་བསྡུས་ཏེ་རྣ་བའི་ཐད་ཙམ་དུ་ཐོན་ཚེ་རི་ཆུའི་ནང་དུ་འབྲོ་སྐབས་ འཛེམ་དགོས་ཚུལ་གཉིས་གསུངས་ན་སྔ་མའི་དུས་མཆོད་ཆའི་རིགས་སུ་ངེས་ཀྱང་ཕྱི་མའི་ སྐབས་ཅི་ཡིན་མ་ངེས་བཞིན་གོས་མཐའ་སྤྱི་གཙུག་ཏུ་ཕྱིན་པ་ན་ས་དང་པོ་ཐོབ་ཚེ་འདི་ལྟ་བུ་ ཞིག་གོ་ཞེས་གསུངས་སྐབས་རང་སྣང་སྟོན་གནམ་གཡའ་དག་གི་རྣམ་པར་ཤར་ཏེ་འདི་དུས་ ཁྱོད་ཀྱིས་དགེ་འདུན་སྟོང་ཕྲག་གི་བླ་མར་བྱེད་འོས་སོ། །ཞེས་བསྔགས་བརྗོད་གནང་བ་རྨིས་ པ་ཕྱི་ཉིན་ཇི་བཞིན་ཁོང་ལ་ཞུས་ཚེ་མ་འོངས་འབྱུང་འགྱུར་དུ་ལུང་བསྟན། དེ་ནས་འཚོགས་ པའི་ཁྲི་འཛིན་ཏུ་ལྷ་བཟོ་བླ་མ་བཞུགས་སྐབས་དམ་པ་འདིའི་ཉམས་སྣང་ལ་མཆོད་རོལ་གྱི་ དུས་སུ་བླ་མའི་ཕྱག་གི་ཌཱ་རུའི་སྒྲ་ལས་མཆོད་པའི་ལྷ་མོ་སྣ་ཚོགས་ཆེས་ངོ་མཚར་བ་སའི་རྡུལ་ སྙེད་ཀྱི་གྲངས་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་ཐིམ་འགྲོ་བ་དང༌། ལྷོ་སྒོ འི་འགུགས་པའི་ སྐབས་ཚེ་འདས་དག་གི་རྣམ་ཤེས་རིགས་དྲུག་སོ་སོ་ནས་བཀུག་སྟེ་མིང་བྱང་ལ་བསྟིམས་པ་ དང༌། འཕོ་བའི་དུས་ཁྲི་ཆེན་གང་ཉིད་ཀྱི་དབུ་གཙུག་ཏུ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་སྐུ་ 2-1-318 མདོག་དམར་མོ་མཛེས་ཤིང་ལང་ཚོ་དར་ལ་བབས་པ་དམར་ཧྲིག་གེ་བའི་སྤྱན་གསུམ་གཡོ་ བ་སོགས་རྣམ་འགྱུར་སྣ་ཚོགས་བཀྲ་བ་ལས་འོད་དམར་གྱི་ཚོགས་མཁའ་དབྱིངས་ཀུན་ཏུ་ ཁྱབ་ཅིང་སྐུའི་གསང་བའི་ཆུ་སྐྱེས་སྟོང་པ་ཆོས་སྐུའི་དབྱིངས་སུ་གཤིན་པོ་གང་དག་གི་རྣམ་ ཤེས་ཐིག་ལེ་སྣ་ཚོགས་སུ་གྱུར་པ་རྣམས་སྐད་གཅིག་ལ་རིམ་པས་ཐིམ་མཐར་ཁྲི་ཆེན་ཉིད་ ཀྱང་གསང་བ་སྟོང་ཆེན་གྱི་དབྱིངས་སུ་ཉེར་ཐིམ་མཛད་པའི་སྣང་བ་དང༌། དཀྱིལ་འཁོར་གྱི་ ལྷ་ཚོགས་བྱོན་གཤེགས་སྐབས་རྣམ་རྟོག་གིས་བཟོ་མི་དགོས་པར་ཡེ་ཤེས་ཀྱི་ལྷ་ཚོགས་ དངོས་གནས་གྱི་སྣང་བ་དག་ཆེན་སྒྱུ་མའི་ལྟད་མོ་འབྱམས་ཀླས་པའི་འདུ་སྤྲོ་ཀུན་ནས་བྱེད་པ་ སོགས་ངོ་མཚར་བའི་ཆོ་འཕྲུལ་རིས་སུ་མ་ཆད་པའི་འཆར་སྒོ ས་དུས་འདའ་ཞིང༌། ཕྱི་རྟགས་ གཏོར་རྫས་སོགས་ལ་ཁ་དོག་སྣ་ཚོགས་བཀྲ་བའི་མཛེས་ཁྱད་ཅན་འདབ་ལྡན་མེ་ཏོག་ཆེས་ ཡ་མཚན་པ་མང་པོས་ལེགས་པའི་རྟེན་འབྲེལ་དུས་སུ་སྨིན་པ་སོགས་ནང་དང་ཕྱིའི་དགེ་ མཚན་ཟླ་དང་བྲལ་བས་འགྲོ་ཕན་ཀུན་ནས་སྤེལ་ཞིང༌། དམ་པ་འདི་ཉིད་ལ་སྐབས་ཤིག་ཏུ་ འབྲོག་ཁྱིམ་ཞིག་གི་ཁྱི་རྒྱུག་པའི་རྐྱེན་གྱིས་གློ་བུར་ཐུགས་སྣང་འགྱུར་ཏེ་སྔར་ཤེར་ཕྱིན་ བཀླག་དུས་ཀྱི་ཐུགས་ཉམས་ལ་འཁྲུངས་པའི་ཟབ་མོ་དབུ་མའི་ལྟ་བ་ཆོས་ཀུན་བདེན་སྟོང་དུ་ ངེས་པ་དེ་ཉིད་ཆེས་གཏིང་ཟབ་ཏུ་ཁྱད་པར་འཕགས་ཤིང་གོ་བ་དཔྱིས་ཕྱིན་པའི་སྟོང་ཉིད་ ངེས་ཚབས་ལྷག་པར་ཆེ་བས་ཤེར་ཕྱིན་ཟབ་མོ་ལ་རྣལ་དུ་འབྱོར་པའི་ངང་དུ་ལུས་སོང་བ་ལྟ་ བུ་ཞིག་འོང་ཕྱིན་དུས་དང་རྣམ་པ་ཀུན་ཏུ་ཞེ་ཕུགས་ལ་བདེན་མེད་ཀྱི་ངེས་ཆ་བརྗེད་དུ་མེད་པ་ ཀུན་རྫོབ་ཀྱི་ཡུལ་སྣང་མཐའ་དག་སྒྱུ་མ་དང་རྨི་ལམ་ལྟར་མི་བདེན་བསླུ་བའི་ཚུལ་ལ་ཐུགས་ ངེས་ཆེན་པོ་སྔར་ལས་ཆེས་ཟབ་ཏུ་གྱུར། འདི་སྐོར་ཞིག་ལ་གཙང་བའི་མགོན་ཁང་དུ་དམ་པ་ འདིས་བསྐང་གསོལ་གསུང་སྐབས་སྤྱན་འདྲེན་གྱི་དུས་ཐུགས་སྣང་ལ་མཁའ་མཐའ་རིང་མོ་ ནས་འཇིགས་པའི་སྒྲ་ཆེན་གྱི་གདངས་དང་བཅས་བསྟན་སྲུང་དཔལ་ལྡན་ནག་པོ་ཆེན་པོ་ 2-1-319 གཏུམ་རྔམ་བཟོད་དཀའ་བའི་སྐུ་རི་རབ་ཆད་པ་ལྟ་བུ་ཞིག་མདུན་དུ་མངོན་སུམ་བྱོན་ནས་ ཞལ་གཟིགས་ཤིང༌། གཞན་ཡང་ཆོས་སྐྱོང་དཀོར་བདག་མདུང་དམར་ཅན་དང་ལྷ་ཆེན་ཁྱབ་ འཇུག་རཱ་ཧུ་ལ་སོགས་ཀྱིས་ཀྱང་གུས་འདུད་ལེགས་བྱེད་ཀྱི་མཚན་མ་ཡང་ཡང་མཐོང་བར་ འདུག དགུང་ལོ་སོ་གསུམ་པར་དགེ་སྐོར་བླ་མ་བསྟན་གྲགས་དང་འཛོང་བོ་བླ་མ་མཚན་ བཟང་སོགས་དང་ལྷན་ཅིག་ཏུ་རྨ་ཆེན་གངས་སྐོར་དུ་བྱོན་སྐབས་གངས་རིའི་ནང་ནས་འཇའ་ ལམ་གྱི་སྟེང་ལ་བརྒྱུད་དེ་སྤྲུལ་བའི་ལྷ་མོ་ལག་ན་སྤྲིན་དཀར་ཐོགས་པ་དུ་མ་དང་དགེ་འདུན་ གྱི་ཚོགས་ཆེན་པོའི་བསུ་བཀོད་བཅས་ལྷ་མོ་སྔོན་མའི་ལག་གི་སྤྲིན་དཀར་གྱིས་དམ་པ་ཁོང་ གི་སྐུ་ལུས་ལ་སིམ་པ་སྟེར་ཞིང་དེ་ལུགས་ལྟར་གྱི་ངོ་མཚར་དག་སྣང་གི་འཆར་སྒོ་མི་ལས་ འདས་པ་གངས་རིའི་དབུས་ཤར་ལ་ཉེ་བར་བདེ་མཆོག་གཞལ་ཡས་ཁང་རྟེན་བརྟེན་པའི་ བཀོད་པ་སྟེང་གི་ནམ་མཁར་འཇའ་འོད་སྣ་ལྔའི་ནང་དེ་བཞིན་གཤེགས་པ་དང་གཤེགས་མ་ མང་པོའི་མཆོད་རྫས་ཐོགས་པ་འཁྱམས་ཀྱི་ཟུར་བཞིར་ལྷ་མོ་བཞིས་ཕྱག་ནས་སྤོས་དུད་སྤྲོས་ པ་ནི་ཕྱི་སྣང་ངོར་གངས་རྒྱུར་འདུག་པ། གངས་རིའི་ཤར་སྟོད་མདུན་ཕྱོགས་སུ་གནས་བསྲུང་ རྨ་རྒྱལ་གྱི་ཕོ་བྲང་པདྨ་རཱ་ག་ལ་གསེར་གྱི་གཡུང་དྲུང་རིས་ཀུན་ནས་བཀྲ་བའི་མཛེས་ཁྱད་ ཅན་གཞི་དཀྱིལ་གྱི་མདུན་སྒོ་གོས་སྐུ་ཆེན་མོ་ཞེས་པའི་ས་བཀྲ་དེའི་ཐད་ན་ཡོད་པ། ཕོ་བྲང་ གཞིའི་གཡོན་ངོས་ན་རྨ་ཆེན་ཉིད་ཀྱི་བཞུགས་གནས་ཁང་བཟང་གི་མདུན་སྒོ་ཟླུམ་པོ་འབྲས་ སྡེ་ཕྱེད་སྡེ་ཞེས་པའི་ཐད་ན་ཡོད་པ། གཞི་དཀྱིལ་ཕོ་བྲང་གི་མདུན་སྒོ་དར་སྣ་ལྔའི་ཡོལ་བ་ བྲེ ས་པ་ཕྱི་ངོར་གོས་སྐུ་ཞེས་པའི་ས་བཀྲར་སྣང་བ། རྨ་ཆེན་ཉིད་ཀྱི་ཕོ་བྲང་གི་ནང་གཞིར་ བཻཌཱུརྱ་དང་མར་གད་ལས་གྲུབ་པའི་སྔོ་ལྗང་འཐབ་པ་ལྟ་བུའི་ནང་དབུས་སུ་ཞོ་གསར་སྤུངས་ འདྲའི་སྤྲིན་དཀར་གྱི་སྦུབས་སུ་རྨ་རྒྱལ་ཉིད་བཙུན་མོ་རེས་ཆིབས་སྣ་བརྟེན་པའི་ཆིབས་ཀྱི་ རྐང་ལག་ཙམ་ལས་སྐུ་ཡོངས་རྫོགས་དམ་པ་འདི་སྔ་མོ་བྱོན་དུས་མི་གསལ་ཡང་རྗེས་ནས་ 2-1-320 གཙོ་འཁོར་གྱི་རྣམ་པ་ཇི་བཞིན་སྒྲིབ་མེད་དུ་མཐོང་ནས་གཙོ་བོ་རྨ་རྒྱལ་རྒྱལ་པོ་རོལ་སྟབས་ ཀྱིས་ཞལ་བྱང་དུ་གཟིགས་ཏེ་བཞུགས་པ་སོགས་ཡིན་ལུགས་དངོས་གནས་དེ་ཀ་བཞིན་ མངོན་ཞིང༌། ཕོ་བྲང་གཞིའི་མདུན་སྒོ འི་ནང་རོལ་ཏུ་དགེ་འདུན་གྲངས་མེད་བཞུགས་པ་ གངས་རིའི་ཕྱོགས་བཞིར་དར་བོ་ཆཻ་གནམ་ལ་ཟུག་པ་བཞི་དང༌། གཡས་ལུང་གི་སྟོད་དུ་ མགོན་པོ་ཕྱག་དྲུག་པ་དེའི་དྲང་ཐད་ན་དམ་ཅན་རྡོར་ལེགས་འཁོར་བཅས་དང༌། མོ་བ་གཏོ་ བ་ཞེས་པའི་ཐད་དུ་འཕགས་པ་སྤྱན་རས་གཟིགས་འཁོར་བཅས་རི་བོ་ཏ་ལའི་བཀོད་པ་ བཅས་དང༌། དེའི་གཡས་ཟུར་རི་གདོང་ཟེར་བའི་ནང་གསང་བདག་འཁོར་བཅས་ལྕང་ལོ་ ཅན་གྱི་བཀོད་པ་དང༌། ཡང་དེའི་གཡས་ངོས་གངས་དབུས་ན་འཇམ་དབྱངས་འཁོར་བཅས་ རང་སྣང་གི་ཞིང་བཀོད་དང༌། དེའི་གཡས་ངོས་གངས་མཚམས་སུ་འཕགས་མ་སྒྲོལ་མ་འཁོར་ བཅས་གཡུ་ལོ་བཀོད་པའི་ཞིང་གི་རྣམ་པ་དང༌། གོ་མཚོན་ཞེས་པའི་ནང་གོ་མཚོན་སྣ་ཚོགས་ པའི་མཛོད་དང༌། ལུས་དམར་བའི་བུད་མེད་སྨན་མོའི་ཚོགས་ཤེལ་གྱི་མཆོད་རྟེན་བཅས་ཀྱི་ སྣང་བ་དང༌། ཨ་འབུར་སྦར་ལུང་ཞེས་པའི་རི་དབུས་ན་གནས་བདག་ཚེ་རིང་མ་ལྷ་སྨན་ འབུམ་གྱི་འཁོར་ཚོགས་བཅས་མེ་ཏོག་གི་གུར་ཁང་རྒྱ་ཆེ་བར་གསེར་གྱི་ཁང་པ་གྲུ་བཞི་པའི་ ནང་དུ་ཡོད་ཅིང༌། ངང་པའི་གཤོག་ལྡེ བ་ཐད་ཀྱི་གངས་རི་ཞིག་ཏུ་ལྷ་མིའི་ལོངས་སྤྱོད་གང་ དགོས་ཀྱི་གཏེར་ཆེན་པོ་དང༌། རྡོ་རྗེ་དྲག་རྒྱལ་ནང་འཕགས་པའི་གནས་བརྟན་མི་ཕྱེད་པ་ ཞལ་ཤར་དུ་ཕྱོགས་པས་འཁོར་དགྲ་བཅོམ་ཚོགས་ལ་ཆོས་སྟོན་པ་འདིའི་གནས་བདག་དྲག་ རྒྱལ་མ་ནི་རྨ་ཆེན་གྱི་བཙུན་མོ་ཞིག་གི་ཚུལ་དང༌། གཞན་ཡང་གནས་དེར་རི་འགའ་ཞིག་ཏུ་གོ་ མཚོན་ཐོགས་པའི་དམག་སྡེ་དང་འགའ་ཞིག་ཏུ་ལུག་ཁྱུ་དཀར་བུང་ངེར་ཡོད་པ་སོགས་སྣ་ ཚོགས་པའི་འཆར་སྒོ་འདི་དག་ཉམས་སྣང་ཡལ་ཡུལ་ཙམ་དུ་མ་ཟད་པར་གནས་ཚུལ་དངོས་ གནས་ཀྱི་བཀོད་པ་ཇི་བཞིན་གཟིགས་པ་དེར་བཞུགས་ཞག་བདུན་རིང་རྒྱུན་དུ་སྣང་བ་མ་ 2-1-321 ནུབ་པར་བྱུང༌། དགུང་ལོ་སོ་བཞིའི་དུས་གཙང་བའི་སྒྲུབ་ཁང་དུ་ལོ་གཅིག་ལ་སྦྱོར་དྲུག་ ཉམས་ལེན་མཛད། དགུང་ལོ་སོ་ལྔའི་སྐབས་འཕགས་མཆོག་ཨཱརྱ་པཱ་ལོའི་རྣམ་འཕྲུལ་ བརྟན་མཁས་གྱི་ཡོན་ཏན་མངའ་བ་ཤཱཀྱའི་དགེ་སློང་ཀརྨ་ངེས་དོན་རྒྱ་མཚོའི་མདུན་ནས། རབ་བྱུང་དང་དགེ་ཚུལ་སློང་གི་སྡོམ་པ་ལེགས་མནོས་མཛད་དེ། མཚན་ཀུན་དགའ་མཁས་ གྲུབ་དབང་ཕྱུག་ཏུ་གསོལ། དེ་རྗེས་དམ་པ་གང་ཉིད་ཀྱི་དྲུང་དུ་བྱང་ཆུབ་སེམས་སྡོམ་ཡང་ ཞུས་ཤིང༌། དེ་ནས་བཟུང་ཐུན་མོང་སོ་ཐར་སྡོམ་པའི་བཅས་མཚམས་ལེགས་དག་བྱས་པར་ མ་ཟད་ཐུན་མིན་སྔགས་ཀྱི་ཐིག་ལེ་འཛག་མེད་ལ་བརྟན་པ་ཐོབ་པའི་ཚུལ་ཁྲིམས་ཁྱད་པར་ བ་ཆེས་དག་པས་སྐུ་ཤ་གཞོན་ཉམས་རྒྱས་ཤིང་བ་སྤུའི་རྩ་བར་འོད་མདངས་ཕྱུང་བ་དང་ཤའི་ དྲོད་རླངས་སོགས་ལ་དྲི་བཟང་པོའི་ངད་འཐུལ་བ། བུད་མེད་ལ་འཁྲིག་པའི་མི་གཞན་ཉེ་ འཁོར་དུ་འོང་བ་ལ་དྲི་ངན་གཞན་ལས་ལྷག་པས་ཐུགས་ཞེན་ལོག་པ་སོགས་སྒོ་གང་ཐད་ ནས་ཁྱད་དུ་འཕགས་ཤིང་གཞན་ཕན་གྱི་ཐུགས་རྒྱ་ཆེས་རླབས་ཆེ་བ་ཞིག་གོ །དགུང་ལོ་སོ་ དྲུག་ཏུ་བཀྲ་ཤིས་ལྷ་རིའི་དབེན་གནས་སུ་རྡོ་རྗེ་འཆང་ངག་དབང་ཆོས་འཛིན་ཞབས་པའི་དྲུང་ ནས་ནཻ་གུ་ཆོས་དྲུག་གི་ཟབ་ལམ་ཉམས་ལེན་མཛད་སྐབས་ཀུན་རྫོབ་རྣམ་ཤེས་ཀྱིས་བསྡུས་ པ་མཐའ་དག་མིང་རྐྱང་བཏགས་ཡོད་ཙམ་དང་རང་བཞིན་གཉུག་མ་ཡེ་ཤེས་ཀྱི་སྣང་ཆ་གང་ དག་དོན་དམ་མཉམ་པ་ཆེན་པོའི་ཚུལ་རང་ལུགས་ཀྱི་ངེས་གསང་རྙེད། དགུང་ལོ་སོ་བདུན་ སྐབས་དབེན་གནས་དེ་ཉིད་དུ་ཁོང་གིས་དོལ་པོའི་བཀའ་འབུམ་གྱི་བཀླག་ལུང་གནང་ སྐབས་ཉེ་གནས་སང་རིན་ལ་གདམས་སྐོར་དུ་སླེབས་ཚེ་སྔོན་སྐུ་འབུམ་ནང་དུ་ཀུན་མཁྱེན་ ཆེན་པོས་ཞལ་གདམས་དེ་ལུགས་ལྟར་གནང་ཚུལ་ཐུགས་ལ་ཝལ་གྱིས་ཤར་ཏེ་དད་གུས་རྒྱ་ ཆེ་བས་དབང་མེད་དུ་བསྐྱོད་དེ་ཀློག་གསུང་མ་ནུས་པར་རེབ་ཙམ་ལ་དཔོན་སློབ་ཐམས་ཅད་ ཐུགས་གཏིང་ནས་འགྱུར་ཏེ་དད་པའི་ཤུགས་ཀུན་ནས་འཕེལ་ཞིང་ཡིད་དག་སྣང་གིས་དུས་ 2-1-322 འདའ་བ་བྱུང༌། འདི་སྐོར་གོང་འོག་ཅི་རིགས་སུ་ཁོང་ཉིད་དབེན་གནས་དེར་བཞུགས་ནས་ མཚམས་སྒྲུབ་ལ་གཞོལ་སྐབས་ཉམས་རྟོགས་ཀློང་རྡོལ་ཏེ་གཏུམ་མོའི་བདེ་དྲོད་ཀྱིས་ཐིག་ལེ་ དབབ་བཟློག་གི་བདེ་བ་དང་སྟོང་གཟུགས་མཐའ་མེད་དུ་འཕེལ་ཞིང་མཉམ་བཞག་དུས་ སྟོང་ཉམས་ཀྱི་ཚབས་ཆེ་བས་རེ་ཞིག་བར་སྟོང་ཞེན་ཆ་ཕྲ་བ་རེ་ཡོད་ཀྱང་དེ་མཚམས་ཤིག་ ནས་སྤྲོས་བྲལ་གཤིས་ལུགས་ཇི་བཞིན་པའི་ངང་དེ་ཀ་ལ་གནས་ནུས་པ་བྱུང་ཞིང་དམ་པ་ འདིའི་ཐུགས་སྣང་ལ་སྲིད་པ་བར་མ་དོའི་སེམས་ཅན་སོགས་ལྐོག་གྱུར་ཆེས་མང་པོ་ལ་མངོན་ མཁྱེན་དུས་སུ་མི་ཡོལ་བའི་ལོ་རྒྱུས་མང་པོ་ཡོད། འདི་སྐོར་དུ་གཙང་ཆེན་ཕོ་བྲང་དུ་རྒྱལ་བའི་ གསུང་རབ་བོད་དུ་འགྱུར་རོ་ཅོག་ཞལ་འདོན་མཛད་པ་སོགས་སྐུ་ཚེ་གང་བོར་བཀའ་ཆོས་ ཚར་དྲུག་ཞལ་ཀློ ག་དག་མོ་བྱས། དགུང་ལོ་སོ་བརྒྱད་དུ་ངག་དབང་ཆོས་འབྱོར་རྒྱ་མཚོའི་ དྲུང་ནས་སྒྲུབ་ཐབས་རིན་འབྱུང་ཆ་ཚང་དང༌། སྦྱོང་རྒྱུད་བཅུ་གཉིས། རྗེས་གནང་བརྒྱ་རྩ་ སོགས་ཀྱང་གསན། འདི་ལོར་རྡོ་རྗེ་འཆང་ངག་དབང་ཆོས་འཛིན་དཔལ་བཟང་པོའི་ གཟུགས་སྐུ་ཆོས་དབྱིངས་སུ་བསྡུ་སྐབས་དམ་པ་འདི་ཉིད་ཀྱི་ཐུགས་དག་སྣང་ངོར་བླ་མ་ མཆོག་གི་གཟིམ་ཁང་ནས་ཡེ་ཤེས་ཀྱི་མེ་དང་འཇའ་འོད་སྣ་ལྔ་དབྱིངས་སུ་ཟུག་པ་དང་ཐབས་ ཤེས་ཀྱི་ལྷ་དཔག་མེད་ནམ་མཁར་གཤེགས་པ་སོགས་ཀྱི་དགེ་མཚན་རླབས་ཆེ་བ་དང་ བཅས་གང་ཉིད་ཀྱིས་མཆོད་སྨོ ན་གཟབ་ལྡན་གྱི་རྣམ་དཀར་བསགས་སྒོ་མཛད། དེ་མཚམས་ དགུང་ལོ་ཞེ་གཉིས་སྐོར་ཐུབ་བསྟན་དགེ་ལེགས་རྒྱ་མཚོའི་དྲུང་དུ། རྣལ་འབྱོར་ཡན་ལག་ དྲུག་གི་རྣམ་བཤད་ཀྱི་སྤྱི་དོན་རྩོམ་པར་བསྐུལ་ཏེ་ལེགས་གྲུབ་སྐབས་རྩོམ་པ་པོ་ཁོང་ལ་འདུ་ ཁང་ཆེན་མོར་འདུས་སྡེ་མང་པོའི་ཆེད་འཚོགས་ཆོས་ཀྱི་བཤད་ཁྲིད་ལེགས་ཞུ་མཛད། དགུང་ ལོ་ཞེ་བཞི་པར་འཁོར་ལོ་སྡོམ་པ་ནག་པོའི་ཞབས་ལུགས་ཀྱི་བློས་བསླངས་བཞེངས་གྲུབ་ རབ་གནས་དགའ་སྟོན་གྱི་སྐབས་དགེ་ལེགས་ཀྱི་ལྟས་མཚན་ཁྱད་པར་བ་ལྔ་བྱུང་ཞིང༌། འདི་ 2-1-323 ནས་བཟུང་ཁོང་གི་ཐུགས་ཀྱི་ཉམས་ལེན་སྔར་ལས་ན་འཕར་ཏེ་སྟོང་གཟུགས་རབ་འབྱམས་ ཡུལ་གྱི་སྣང་བ་གང་དག་རང་ཉིད་དང་གཉིས་མེད་དུ་མཐོང་ཞིང་དེ་ཡང་སྔར་ལྟར་གསར་ བྱུང་གཟུགས་ཀྱི་མཚན་མ་ཡ་མ་བརླ་ལྟ་བུ་ཞིག་མ་ཡིན་པར་ཡེ་ནས་རང་བྱུང་དུ་ཡོད་པ་དེ་ ཉིད་ཐོགས་བཅས་མཚན་མའི་གཟུགས་དང་བྲལ་ཡང་རང་བཞིན་དྭངས་པའི་གཟུགས་སྣང་ རབ་འབྱམས་ཀྱི་བཀོད་པ་རྣམ་པའི་ཆ་གཅིག་གིས་ཀུན་ལ་ཁྱབ་པའི་བདག་ཉིད་ཅན་དེ་རང་ གི་སེམས་འོད་གསལ་བའི་དབྱིངས་གཅིག་པུར་ངེས་ཤིང་དེ་ཉིད་རྒྱལ་བ་ཐམས་ཅད་ཀྱི་ ཐུགས་ཆོས་སྐུའི་དབྱིངས་དེ་ཡང་གཤིས་ནས་དེ་ལས་ལོགས་པ་མེད་པར་གཉིས་མེད་དུ་ཐག་ ཆོད་ཅིང་དེ་ནི་ཕྱོགས་དང་དུས་ཀུན་ན་རིས་སུ་མ་ཆད་པར་གདོད་ནས་གཉུག་མ་ཆེན་པོའི་ རང་བཞིན་གློ་བུར་དྲི་མས་གཤིས་སུ་གོས་པ་མིན་ཡང་དེ་དག་གི་གཤིས་ལུགས་དོན་དམ་པ་ ཉིད་དུ་ཐུགས་ངེས་ཟབ་མོ་འཁྲུངས་ཤིང་འདི་ནི་རང་ལུགས་རྫོགས་ལྡན་ཆོས་མཆོག་གི་ངེས་ པ་དོན་གྱི་དབུ་མའི་ལྟ་གྲུབ་ཐུགས་ཀྱིས་མྱོང་སྟོབས་ལས་ཇི་བཞིན་གཞན་དྲིང་མི་འཇོག་པར་ གཏིང་དཔོགས་པའི་ཚུལ་ཆེས་ངོ་མཚར་རྣམ་ཐར་ལགས་ཤིང་དེ་ནས་ཀྱང་གཤིས་ཇེ་དྭངས་ སུ་རིམ་པས་མངོན་ཏེ་རང་བཞིན་རྡུལ་དང་བྲལ་ཞིང་གཡའ་དག་པའི་ནམ་མཁའ་ལས་ཀྱང་ བརྒྱ་འགྱུར་གྱིས་འོད་གསལ་ཞིང་དྭངས་པའི་རང་བཞིན་སྔོ་སང་ངེར་གྱུར་ཅིང་རང་ལུས་འོད་ ཀྱི་གོང་བུར་མཐོང་སྟེ་དབུ་མ་ཡེ་ཤེས་ཀྱི་དབྱིངས་སུ་ཀུན་རྟོག་སྤྲོས་ཚོགས་མཐའ་དག་བཅོམ་ པའི་ཉམས་ཀྱི་འཆར་སྒོ་འདྲ་མིན་མང་པོ་དང་ཁྱད་པར་ཞུ་བདེ་ཁྱད་པར་བའི་དགའ་ཆེན་ ཤུགས་ངར་བ་ཟུག་ངུ་ཟུག་པ་བཞིན་མྱོང་བའི་སྒོ་སྣ་ཚོགས་སོགས་རང་ལུས་སྟོང་གཟུགས་ཀྱི་ འཇའ་ལུས་སུ་རེད་ལ་ཉེ་བའི་ལམ་རྟགས་ཆེས་འགངས་ཆེ་བ་དུས་སུ་ཡང་ཡང་མངོན་དུ་གྱུར་ ལ། དགུང་ལོ་ཞེ་ལྔ་པར་ངག་དབང་ཆོས་འབྱོར་ཞབས་པའི་མདུན་ནས། རྗེ་བཙུན་རིན་པོ་ ཆེའི་བཀའ་འབུམ་ལས་བྱུང་བའི་རྒྱུད་སྡེ་རབ་འབྱམས་ཀྱི་དབང་བཀའ་ཡོངས་སུ་རྫོགས་པ་ 2-1-324 གསན་པར་མཛད་པ་སོགས་ནས་དགུང་ལོ་ཞེ་དགུའི་དུས་སྐུ་ཅུང་ཟད་བསྙུང་རྐྱེན་སླར་རྨ་ ཆེན་གངས་གནས་སུ་བྱོན་ནས་ཟླ་བ་དྲུག་ཏུ་སྐུ་མཚམས་མཛད་པ་ན་སྔོན་ལྷ་བཟོ་རྡོ་རྗེ་འཆང་ གི་ལུང་བསྟན་བཞིན་གཞིའི་འོད་གསལ་སྔར་ལས་ཆེས་གསལ་བའི་སྒོ་ནས་སྤྲོས་ཚོགས་ ཀྱང་སྔར་ལྟར་ཕྲ་བ་གང་དག་ལས་མཚན་མའི་ཆར་གཏོགས་ཆེས་མང་པོ་ཞིག་གཞི་ནས་ སངས་ཏེ་ཤིན་ཏུ་མཚོན་པར་དཀའ་བའི་གཞི་དབྱིངས་མཆོག་གི་སྲིད་གསུམ་དྭངས་པའི་རིག་ པ་དག་ཆེན་སྔོ་སང་འཇིག་སྟེན་ན་དཔེ་ཟླ་ཀུན་དང་བྲལ་བའི་རྣམ་པར་ཤེས་པའི་རྒྱལ་ཁམས་ ལས་བརྒལ་བའི་ཆེས་ཤིན་ཏུའང་འོད་གསལ་ཞིང་དྭངས་པ་རང་བྱུང་འདུས་མ་བྱས་པའི་ཡེ་ ཤེས་ཀྱི་རྒྱལ་ཁམས་ཆེན་པོའི་གཞི་ཚུགས་པའི་མགོ་བཟུང་སྟེ་དབྱིངས་སྣང་གང་དེ་འཁོར་ བའི་བློ་དང་རིགས་ཡེ་མི་མཐུན་པའི་མཐོང་ཚུལ་འདི་འདྲ་ད་སྔ་ཡན་རང་གི་ཡིད་ལ་ཤར་ཙམ་ ཡང་མ་མྱོང་བ་འདི་ཅི་སྙམ་པ་བྱུང་ཞིང༌། དེ་ཀའི་ངང་དུ་ཞག་འགར་མཉམ་པར་བཞག་པ་ན་ སྟོང་གཟུགས་ཀྱི་སྣང་བ་རབ་འབྱམས་ཆེས་དྭངས་ཤིང་ཕྲ་བའི་དབང་གིས་རེ་ཞིག་ཡོད་པ་ ངེས་མི་ནུས་པ་ཙམ་དུ་གྱུར་ཅིང་དེ་མཚམས་ཤིག་ནས་གཉུག་མ་གཤིས་ནས་ཤར་བའི་རང་ བྱུང་དོན་དམ་པའི་དང་པོའི་སངས་རྒྱས་བདེ་གསང་འཇིགས་གསུམ་སོགས་ཡི་དམ་རྒྱུད་སྡེ་ རྒྱ་མཚོའི་རྣམ་བཀོད་མཐའ་ཀླས་པ་ཆོས་དབྱིངས་འོད་གསལ་རང་གི་སྡོད་ལུགས་ཀྱིས་ དངོས་གནས་ཇི་བཞིན་པ་ཤར་བས་རང་ལུགས་ཀྱི་ལྟ་བ་ལ་ཡིད་ཆེས་གཏིང་ཟུག་ཏུ་སོང་ཞིང་ དེ་སྐབས་སྔར་ལྷ་བཟོ་རྡོ་རྗེ་འཆང་གིས་མ་འོངས་གནས་ལུགས་མངོན་གྱུར་ལུང་བསྟན་གྱིས་ ངོ་སྤྲོད་ཚུལ་དང་རིའི་ནང་དུ་མཆོད་ཆའི་རིགས་ལ་འཛེམ་པར་གསུངས་པ་འདིར་དུས་སུ་ བབ་ནས་ལྟ་བ་ལམ་དུ་སློང་ཞིང་འཛེམ་ཆ་ཇི་བཞིན་མ་བྱུང་བས་ཁོང་གི་སྐུ་ཚ་གྲོང་བའི་རྐྱེན་ དུ་སོང༌། དགུང་ལོ་ཞེ་དགུར་སླེབས་དུས་རང་ཡུལ་འཛམ་ཐང་དུ་ཕེབས་ནས་བཞུགས་སྐབས་ གཙང་བའི་རྡོ་རྗེ་སློབ་དཔོན་ངག་དབང་ཆོས་འབྱོར་ཞབས་པ་སྐུ་དག་ཞིང་དུ་གཤེགས་པ་ 2-1-325 ནས་བཟུང་ཁོང་གིས་གཙང་བའི་རྡོ་རྗེ་སློབ་དཔོན་གྱི་རྒྱལ་ཚབ་དམ་པར་མཛད་ནས་དུས་ཀྱི་ འཁོར་ལོའི་དབང་བཀའ་བསྐྱེད་རྫོགས་སོགས་གསང་ཆེན་ཆོས་ཀྱི་མཛོད་སྒོ་ལེགས་ཕྱེ་ མཛད་དེ་སྒྲུབ་སྡེ་བ་ཕན་ཚུན་སོགས་རྡོ་རྗེ་སློབ་མ་གང་དག་ལ་རང་རང་དང་འཚམ་པའི་ཟབ་ ཆོས་ཀྱིས་རེ་འདོད་རིམ་པས་སྐོང་བར་བྱེད་པ་སྟེ་དེ་ལ་ཐོག་མར་དགུང་ལོ་ལྔ་བཅུའི་སྟེང་ འདུས་པ་བརྒྱ་ཕྲག་ཙམ་ལ་སྦྱོང་རྒྱུད་ཀྱི་དབང་ཆ་ཚང་གསུངས་ཤིང་འདི་ལོར་གསང་འདུས་ འཇིགས་བྱེད་ཀྱི་བློས་བསླངས་བཞེངས། དགུང་ལོ་ང་གཅིག་ཏུ་དུས་འཁོར་དབང་ཆེན་ སོགས་དང་རྗེ་བཙུན་གྱི་གསུང་འབུམ་ཡོངས་རྫོགས་ཀྱི་བཀླག་ལུང་དང༌། དེའི་སྟོན་ཁར་ ཡར་ཐང་དུ་ཕེབས་ནས་གྲྭ་ཚང་མང་པོ་ལ་རྡོ་རྗེ་ཕྲེང་བའི་དབང་བཀའ་ཆ་ཚང་གསུངས། དགུང་ལོ་ང་གཉིས་པར་འཛམ་ངོས་བླ་མ་ངག་དབང་སོགས་འདུས་པ་བརྒྱ་ཕྲག་ལྷག་ལ་ གཤིན་རྗེ་རབ་འབྱམས་ཡོངས་རྫོགས་དང༌། འཇིགས་བྱེད་རོ་ལངས་བརྒྱད་བསྐོར། ཞང་ ལུགས་གཤེད་ནག་བཅུ་གསུམ་མ། བི་རུས་པའི་ལུགས་ཀྱི་གཤེད་དམར་ལྷ་ལྔའི་དབང་ རྣམས་གསུངས། དགུང་ལོ་ང་གསུམ་སོན་སྐབས་ཕྱི་ལོ་༡༩༡༤ རབ་ལོ་༨༨༨ མཆན། ཤིང་སྟག་གི་ལོ་སྟེ་དེའི་ལོར་ འདུས་པ་བརྒྱ་ཕྲག་ལྷག་ལ་བདེ་མཆོག་རབ་འབྱམས་ཆ་ཚང་དང༌། ལཱུ་དྲིལ་ནག་གསུམ་ སོགས་ཟབ་དབང་ནཻ་གུའི་སྐོར་དང་རྣལ་འབྱོར་མའི་སྐོར་སོགས་མ་གཏོགས་ཆོས་བཀའ་རྒྱ་ ཆེར་གསུངས་ཤིང༌། ལོ་དེར་རྒྱལ་བའི་བཀའ་ཆོས་གླེགས་བམ་བརྒྱ་རྩ་བདུན་དངུལ་སྲང་ སྟོང་དང་བརྒྱ་ཕྲག་གཅིག་གི་ཡོན་གྱིས་བླུས་ཏེ་ཆོས་སྟོན་ཞབས་འདེགས་གང་དགོས་གྲུབ་ ཅིང༌། དེ་མིན་རྟེན་བཞེངས་ཡང་དུས་འཁོར་སོགས་རྒྱུད་སྡེ་དུ་མའི་བྲི ས་ཐང༌། ཡིག་དྲུག་ དུང་འཁོར་དང་ཇོ་དར་སྟོང་ཕྲག རྒྱ་བླ་མའི་སྒྲོལ་མའི་མཆོད་རྟེན་བྲེ་ཡན་ཆད་ཞིག་གསོས་ སོགས་དང༌། ཉིད་ཀྱིས་ཡི་དམ་མང་པོའི་བསྙེན་བཟླས། གཤིན་པོའི་རྫས་འབྲེ ལ་དག་ཆུད་ 2-1-326 ཟོས་སུ་མི་བཏང་བ་སོགས་རྣམ་དཀར་དོན་ལྡན་གྱི་བགྱི་བ་འབའ་ཞིག་གི་མཐར་ཁོང་གིས་ བཞེངས་པའི་བཀའ་ཆོས་ཀྱི་སྟེང་ནས་དམ་པའི་སྐྱེས་བུ་དུ་མ་ལ་བཀླག་ལུང་གནང་ནས་མདོ་ འདུལ་བ་གཉིས་རྫོགས་མཚམས་ཤིག་ནས་ཞག་ཤས་ལ་སྐུ་འཆམ་ལྟ་བུའི་ཁམས་ཅུང་མི་ བདེ་བ་ཙམ་ཞིག་ཡིན་པ་ལ་ལོ་དེའི་དྲུག་པ་ཆུ་སྟོད་ཟླ་བའི་ཉེར་བཞིའི་ནངས་མོར་ཇེ་ཐུར་ སོང་ཞིང་སྔ་དྲོ་ཙམ་ནས་ལྟ་སྟངས་གཡོ་མེད་ཀྱི་ངང་ནས་གཞིའི་དོན་དམ་འོད་གསལ་གྱི་ དབྱིངས་སུ་གང་ཐུགས་གཉིས་མེད་རོ་མཉམ་དུ་གྱུར་ཏེ་འཕྲལ་དུ་གཟུགས་སྐུའི་བཀོད་པ་ ལེགས་བསྡུ་མཛད་ནས་ཞག་འགར་ཐུགས་དམ་དུ་བཞུགས་ཤིང་དེ་ལས་བཞེངས་པའི་རྟག་ མཚན་ལེགས་བསྐུལ་དགོངས་མཆོད་རྒྱ་ཆེ་བ་དང་བཅས་གདུང་ལ་ཞུགས་འབུལ་ལེགས་ ལྟས་གདུང་རྟེན་སོགས་རྣམ་དཀར་བསོད་ནམས་གཟབ་ལྡན་གྱི་བགྱི་བ་གང་བྱས་ཚུལ་རྒྱས་ པ་ཉིད་ཀྱི་རྣམ་ཐར་ལོགས་སུ་ཡོད་པ་ལྟར་དང༌། གང་གི་ཐུགས་སློབ་ཡང་སྐྱེས་བུ་དམ་པ་ ངག་དབང་དཀོན་མཆོག་བསྟན་པ་དར་རྒྱས། ངག་དབང་བློ་བཟང་ཆོས་འཕེལ། མགར་བླ་ སྨོ ན་རབ་སོགས་བསྟན་པ་ལ་ཕན་ཐོགས་པ་མང་དུ་བྱོན་ནོ། །བར་འདིར་ལོ་འགའ་ཞིག་གི་ རིང་གཟིམ་ཁང་དུ་རྡོ་རྗེ་སློབ་དཔོན་ཇི་བཞིན་བསྐོ་བཞག་མ་བྱུང་བས་དེ་བར་ལ་དགེ་སྐོར་ བླ་མ་ངག་དབང་བསྟན་འཛིན་གྲགས་པ་དང་འཛམ་ངོས་བླ་མ་ཀུན་དགའ་ངག་གི་དབང་པོ་ རྣམ་གཉིས་ཀྱིས་གཟིམས་ཁང་སྒྲུབ་གྲྭ་ཚུན་གྱི་སྒྲུབ་པོ་གང་དག་ལ་རང་རང་དང་འཚམས་ པའི་ཟབ་ཆོས་ཅི་དགོས་ཀྱིས་ལེགས་བསྐྱངས་མཛད་དེ་ལོ་འགར་རྡོ་རྗེ་སློབ་དཔོན་གྱི་བྱ་བ་ བྱས་ནའང་དེ་གཉིས་ཀྱི་སྐུ་ཚེ་ཕལ་ཆེ་བར་རང་གནས་ཆོས་སྡེ་དགོན་པ་དང་རི་ཁྲོད་སོ་སོ་ ལ་རྒྱུན་བཞུགས་ཀྱིས་རང་རང་གི་སློབ་ཚོགས་རྗེས་སུ་བཟུང་བ་ལས་གཙང་ཆེན་ཕོ་བྲང་དུ་ བསྐོ་བཞག་གི་སྒོ་ནས་རྟག་པར་བཞུགས་ཏེ་སྒྲུབ་བརྒྱུད་ཀྱི་གདན་རབས་ཁོང་གཉིས་ཀས་མ་ བཟུང་བས་འདིར་དམ་པ་དེ་གཉིས་ཀྱི་ལོ་རྒྱུས་རེ་ཞིག་བཞག་ནས་འོག་རང་རེའི་ཆོས་སྡེའི་ 2-1-327 གདན་ས་བ་སོ་སོའི་སྐབས་སུ་ཉུང་ཙམ་འཆད་པར་འགྱུར་ལ། ༼༦༽ ད་ལན་སྐབས་སུ་བབ་པ་གཙང་ཆེན་ཕོ་བྲང་དུ་སྒྲུབ་བརྒྱུད་འཛིན་པའི་རྡོ་རྗེ་སློབ་ དཔོན་དྲུག་པ་ནི་ངག་དབང་བསྟན་པ་གསལ་བྱེད་ཅེས་བྱ་བ་སྟེ་དེའི་ལོ་རྒྱུས་ཡང་འདི་ཉིད་ འཁྲུངས་ཡུལ་འཛི་སྟོད་ཀྱི་ཕྱོགས་ཆར་ཨ་མགོན་ཞེས་པར་ཕྱི་ལོ་༡༨༧༨ རབ་ལོ་༨༥༢ མཆན། ས་སྟག་ གི་ལོར་དམ་པ་འདི་ཉིད་སྐུ་འཁྲུངས་ཤིང་དེ་ནས་ན་ཚོད་ཆེར་སྨིན་གྱི་དུས་སུ་ཀློག་ཡིག་རང་ ཡུལ་གྱི་སྲོལ་བཞིན་ལེགས་པར་བསླབས་པས་ཀློག་འདོན་ལ་མཁས་པར་གྱུར་ནས་དགུང་ ལོ་བཅུ་བདུན་གྱི་སྟེང་འཛམ་ཐང་གཙང་ཆེན་གཟིམ་ཁང་ཕོ་བྲང་དུ་རྡོ་རྗེ་སློབ་དཔོན་ཆེན་པོ་ ངག་དབང་ཆོས་འབྱོར་དཔལ་བཟང་པོ་ལེགས་བཞུགས་ཀྱི་དྲུང་དུ་ཕྱིན་ཏེ་རྡོ་རྗེ་འཛིན་པ་ མཆོག་དེ་ཉིད་དམ་པ་འདིས་བླ་མ་རྡོ་རྗེ་འཆང་དུ་གུས་པས་བསྟེན་ནས་ཟབ་ལམ་རྡོ་རྗེ་རྣལ་ འབྱོར་གྱི་ཐུན་མོང་གི་སྔོན་འགྲོ་སྐྱབས་འགྲོ་ནས་བཟུང་བླ་མའི་རྣལ་འབྱོར་བར་སྔོན་འགྲོ་ འབུམ་ལྔ་ཞེས་གྲགས་པའི་ཁྲིད་ལུང་མཐའ་དག་ལེགས་གསན་གྱིས་ཉམས་ལེན་མཛད་ཅིང༌། དེ་ནས་ཐུན་མིན་གྱི་སྔོན་འགྲོ་དུས་འཁོར་ལྷན་སྐྱེས་ཀྱི་བསྙེན་བཟླས་དང་མཆོག་དབང་སྡོམ་ པ་འབོགས་པའི་སྐབས་ཀྱི་མཚན་ངག་དབང་བསྟན་པ་གསལ་བྱེད་ཡིན་ལ། དེ་ནས་དབེན་ གསུམ་སྔོན་དུ་འགྲོ་བའི་སྒོ་ནས་དངོས་གཞི་སྦྱོར་བ་ཡན་ལག་དྲུག་དམ་པ་གོང་མའི་ཕྱག་ བཞེས་བཞིན་ལོ་གསུམ་གྱི་རིང་དམ་པ་འདིས་བླ་མ་དེ་ཉིད་ལས་ལེགས་གསན་གྱི་སྒོ་ནས་ཇི་ བཞིན་ཉམས་སུ་ལེན་པའི་སྐབས་སུ་ཉམས་མྱོང་ཡང་བཟང་རབ་ཏུ་གྱུར་ཅིང་དེ་དག་གི་ སྐབས་སུ་རྗེ་དཔལ་ལྡན་བླ་མ་དེ་ཉིད་ཀྱི་མདུན་ནས་དམ་པ་འདི་ལ་ཆོས་བཀའ་ཐོབ་རིམ་ སྦྱོར་དྲུག་གི་ཉེར་མཁོའི་དབང་ལུང་མན་ངག་ཆ་ཚང་དང་གཞན་ཡང་མཚམས་མཚམས་སུ་ཁྲོ་ རྒྱལ་རྡོ་རྗེ་ཤུགས་ཀྱི་རྗེས་གནང༌། ཆོས་སྐྱོང་གུར། མགོན་པོ་ཕྱག་དྲུག་པ་གཉིས་ཀྱི་རྗེས་ གནང༌། ཡི་དམ་འབྱུང་འདུལ། རྟ་མགྲིན་གྱི་རྗེས་གནང༌། འཇིགས་བྱེད་རོ་ལངས་བརྒྱད་ 2-1-328 བསྐོར་གྱི་དབང་དང༌། ནཻ་གུའི་དབང་བཀའ་ཡོངས་རྫོགས་སོགས་ཆོས་བཀའ་མང་པོ་ཞིག་ ཡོད་ལ། དེ་ནས་བཟུང་ལོ་དུས་བཞིན་དཔལ་ལྡན་བླ་མ་དེ་ཉིད་ཀྱི་དྲུང་དུ། དམ་པ་འདིས་ བསྐྱེད་རིམ་གྱི་རིགས་འབྱུང་འདུལ་ནས་མགོན་པོ་བྲག་རྫོང་མའི་བར་གྱི་དབང་ལུང་མན་ ངག་ཟབ་ཁྲིད་མཐའ་དག་ལེགས་མནོས་ཀྱི་སྒོ་ནས་བསྙེན་སྒྲུབ་ཚད་ལྡན་རེ་རེ་མཛད་ཅིང་ བར་བར་རྣམས་སུ་བླ་མ་མཆོག་གི་མདུན་ནས། དམ་པ་ཁོང་གིས་རྗེས་གནང་བརྒྱ་རྩ། སྒྲུབ་ ཐབས་རིན་འབྱུང་གི་དབང་བཀའ་སུམ་བརྒྱ་དང་གཅིག རྡོ་རྗེ་ཕྲེང་བའི་དཀྱིལ་འཁོར་ཞེ་ བརྒྱད་ཀྱི་ཟབ་དབང་རྣམས་དང༌། རྒྱུད་སྡེ་རབ་འབྱམས། ཡང་བདེ་མཆོག་རབ་འབྱམས་ དཀྱིལ་འཁོར་བཅོ་བརྒྱད་ལུ་དྲིལ་ནག་གསུམ་མཁའ་འགྲོ་རྒྱ་མཚོ་བཅས་དང༌། གསང་ འདུས། སངས་རྒྱས་ཐོད་པ། དེ་ཉིད་ལྔ་པ། མཉམ་སྦྱོར། རྡོ་རྗེ་གདན་བཞི། དགྱེས་རྡོར། མ་ ཧཱ་མ་ཡ། ཕུར་བ། གཏུམ་ཁྲོ་རྣམས་དང༌། རྣལ་འབྱོར་མ་སོགས་མ་རྒྱུད་ཀྱི་དཀྱིལ་འཁོར་དྲུག་ དང༌། སྦྱོང་རྒྱུད་བཅུ་གཉིས། གྲུབ་ཐོབ་བརྒྱད་ཅུ་རྣམས་དང༌། གཤིན་རྗེའི་རབ་འབྱམས་ཀྱི་ དཀྱིལ་འཁོར་བདུན། འཇིགས་བྱེད་བཅུ་གསུམ་མ། གཤེད་ནག་བཅུ་གསུམ་མ། མཐའ་རྟེན་ དྲག་པོའི་སྒྲོལ་དབང་བཅས་དང༌། འཇམ་དཔལ་གསང་ལྡན། གཟུངས་གྲྭ་ལྔའི་བར་གྱི་ དབང་བཀའ་རང་རེའི་དམ་པ་གོང་མའི་ཐུགས་སུ་བཞུགས་པའི་རྒྱུད་སྡེའི་རིགས་ཆེས་མང་ པོའི་དབང་བསྐུར་སྔ་ཕྱི་ཅི་རིགས་སུ་མ་གསན་པ་མེད་པ་ལྟ་བུ་ཡིན་ཞིང༌། ཤངས་ཆོས་སྐོར་ ཡང་བླ་མ་མཆོག་གི་དྲུང་དུ་དབང་ཁྲིད་ཡོངས་རྫོགས་དམ་པ་འདི་ལ་ཐོབ་པ་བཞིན་ཉིད་ཀྱིས་ ཉམས་ལེན་གནད་སྨི ན་ཀྱང་མཛད། དགུང་ལོ་ཉེར་བཞི་སོགས་སུ་རྗེ་དཔལ་ལྡན་བླ་མའི་ ཞལ་སྔ་ནས། ཉིད་ཀྱིས་མི་འཁྲུགས་པའི་དབང་ལུང་ཁྲིད་དམིགས་ཀྱི་རིམ་པ་ལེགས་ཞུ་ མཛད་དེ་བསྙེན་མཚམས་ཚད་ལྡན་བཅས་ལེགས་གྲུབ་མཛད་ཅིང་འདི་སྐོར་གོང་འོག་ཅི་ རིགས་སུ་རབ་ཁའི་བླ་མ་རྟོགས་པའི་དབང་ཕྱུག་ཀུན་དགའ་མཁས་གྲུབ་དབང་པོའི་དྲུང་དུ་ 2-1-329 དམ་པ་འདིས་ཉམས་ལེན་རྟོགས་འབུལ་བྱས་པས་བླ་མ་གང་གི་ཐུགས་དགྱེས་ཚོར་ཆེན་པོ་ དང་བཅས་པས་མགུ་བ་རྒྱ་ཆེར་མཛད། རྗེ་བླ་མ་ཆོས་འབྱོར་རྒྱ་མཚོའི་མདུན་ནས་གོང་སྨོ ས་ བཞིན་གྱི་དབང་བསྐུར་ཅི་རིགས་རེའི་སྐབས་ཤིག་དམ་པ་འདིས་རང་ལ་འཕར་གཡོ་འོང་ སྐབས་ཞལ་ནས། ཁོང་ཉིད་རྔོག་སྟོན་པ་ཆོས་སྐུ་རྡོ་རྗེ་ཡིན་ཚུལ་གྱི་གསུང་གླེང་རང་ཤུགས་ ཀྱིས་བྱུང་ལ། དེ་ལྟར་ཁོང་གིས་སྦྱོར་དྲུག་འཁྲུལ་འཁོར་སྐབས་ནས་ཀྱང་འཕར་གཡོ་འོང་ དུས་བར་བར་རྔོག་སྟོན་ཡིན་པའི་ཞལ་གསུང་ཡང་ཡང་བྱུང་ཞེས་གྲགས། དམ་པ་འདི་སྦྱོར་ དྲུག་ཏུ་བཞུགས་སྐབས་སུ་ལན་ཅིག་ལྷ་བཟོ་བླ་མ་རིན་པོ་ཆེ་ཕེབས་པའི་དྲུང་དུ་ཉིད་ཀྱིས་ རྟོགས་འབུལ་ཉམས་ལེན་ཞུ་གཏུགས་ཀྱི་དུས་སུ་བླ་མ་དེ་ཉིད་ཀྱི་ཞལ་སྔ་ནས། དམ་པ་འདི་ ལ་ཁྱོད་ཀྱིས་ཉིན་རེ་བཞིན་མགོན་པོའི་བསྐང་བསྡུས་གཏུམ་ཆེན་མ་བརྒྱ་ཕྲག་རེ་ཆག་མེད་ མཛད་ན་ནམ་ཞིག་དོན་ཆེན་པོ་ཞིག་འོང་ཚུལ་གྱི་བཀའ་ལུང་བྱུང་བ་ལྟར་རྗེས་སོར་དམ་པ་ འདི་ཉིད་རྡོ་རྗེ་སློབ་དཔོན་མཆོག་ཏུ་གྱུར་ཅིང༌། དེ་ནས་བར་སྐབས་ཤིག་ཏུ་ཁོང་གིས་བསྐྱེད་ རིམ་བསྙེན་བཟླས་མཛད་དུས་འཛི་ཉིན་ཏོ་ཚེའི་རྒྱལ་ངན་བནྡྷེའི་གཟུགས་སུ་འོང་ནས་ཉིད་ ཀྱི་སྒོ་རྩར་ཐོན་པ་ན་གླང་མགོ་ཅན་དུ་གྱུར་ཏེ་རྭ་ཡིས་སྒོ་བརྡུང་སྟངས་བྱེད་སྐབས་དམ་པ་ ཁོང་གིས་སྐད་ཅིག་ལ་རྡོ་རྗེ་འཇིགས་མཛད་ཆེན་པོའི་སྐུར་ལེགས་བཞེངས་ཀྱིས་འཇིགས་ གཟུགས་ཆེར་ངོམ་བཞིན་འཕར་གཡོ་དང་བཅས་ཀྱིས་གནོད་བྱེད་རྒྱང་རིང་དུ་བསྐྲད་པས་ འཚེ་བ་སྤུ་ཙམ་མ་ནུས་པ་དང༌། གཞན་ཡང་གནོད་བྱེད་ལ་དམིགས་མེད་ལྟ་བས་རྒྱས་གདབ་ བྱས་ཏེ་རང་གྲོལ་དུ་སོང་བ་སོགས་དེ་འདྲ་འགའི་ལོ་རྒྱུས་ཡོད་ལ། དམ་པ་འདི་ཉིད་ཀྱིས་བར་ སྐབས་སུ་བཀའ་ཆོས་ཀྱི་ཞལ་འདོན་མཛད་པ་སོགས་ལ་དཔགས་ན་རྗེ་བླ་མ་ཆོས་འབྱོར་ ཞབས་པའི་དྲུང་དུ་བཀའ་འགྱུར་གྱི་བཀླག་ལུང་དེ་ཡང་ཁོང་གིས་གསན་ནམ་སྙམ། དགུང་ ལོ་ཉེར་ལྔ་དང་ཉེར་བདུན་གཉིས་སུ་རྗེ་བླ་མ་དེ་ཉིད་ཀྱི་མདུན་ནས་སྔ་ཕྱིར་དགེ་ཚུལ་དང་ 2-1-330 བྱང་སྡོམ་དགེ་སློང་བཅས་རིམ་པར་དམ་པ་འདི་ལ་ཐོབ་ཆོག་གམ་སྙམ་པ་ལས་ཇི་བཞིན་གྱི་ གསལ་ཁ་མ་རྙེད། རབ་ཁ་བླ་མའི་མདུན་ནས་སྔ་ཕྱི་ཅི་རིགས་པར་དམ་པ་འདིས་ཀུན་མཁྱེན་ དང་རྗེ་བཙུན་གཉིས་ཀྱི་བཀའ་འབུམ་ཆ་ཚང་གི་བཀླག་ལུང་གསན་ནའང་ཆོག་པ་དང་འདྲ་ ཞིང༌། དགུང་ལོ་སུམ་ཅུ་སོ་གསུམ་དུ་ཉིད་ཀྱི་རྩ་བའི་བླ་མ་ངག་དབང་ཆོས་འབྱོར་གྱི་དགོངས་ པ་ཆོས་དབྱིངས་སུ་ཐིམ་སྐབས་དམ་པ་འདི་མི་ཁྱིམ་ཞིག་ཏུ་གྲོང་ཆོག་ལ་བཞུགས་དུས་ ཐུགས་སྣང་དུ་རྗེ་རྩ་བའི་བླ་མ་དེ་ཉིད་སྐུ་མདོག་རབ་ཏུ་དཀར་བའི་རྣམ་པ་ཅན་ཞལ་རས་ ཤིན་ཏུ་དགྱེས་པ་གཟིགས་སྣང་གིས་ཞལ་མཇལ་ཉེ་བར་བྱུང་བ་དང་དུས་མཐུན་པར་རྩ་བའི་ བླ་མ་མཆོག་ཉིད་སྒྲུབ་གྲྭར་སྐུ་གཤེགས་པ་དང་དུས་མཚུངས་སུ་སོང༌། དེ་ནས་མི་རིང་བར་ འཛམ་ཐང་དུ་རྗེ་ངག་དབང་ཚོགས་གཉིས་རྒྱ་མཚོའི་མདུན་དུ། དམ་པ་འདིས་བསྡུས་གྲྭ། ཚད་མ་རྣམ་འགྲེལ། ཕར་ཕྱིན་སོགས་གཞུང་ལུགས་དུ་མ་ལ་གསན་སྦྱང་རྒྱ་ཆེར་མཛད་ཅིང་ འདི་སྐོར་ནས་ཀྱང་ཁོང་ཉིད་ནུས་པ་ཆེ་བ་ཞིག་སྟེ་ཡུལ་སྡེ་སྤྱི་ལ་ཐན་པ་བྱུང་བ་ན་ཉིད་ཀྱིས་ ཐབས་སླ་བས་ཆར་སློང་ལེགས་པོ་ཐུབ་པ་དང༌། ནམ་མཁའ་ནས་སེར་བ་འཕྲལ་ཏུ་དྲག་ འབེབས་ཀྱི་སྐབས་ཁོང་གིས་བརྡབ་ཆོག་གིས་སྐད་ཅིག་ལ་གཅོད་པར་མཛད་པ་དང༌། མི་ ནད་ཚབས་ཆེ་བ་འགའ་ལ་ཉིད་ནས་བྱིན་རླབས་ཙམ་གྱིས་ཟུག་གཟེར་ཞི་ནུས་པ་སོགས་མཐུ་ ནུས་གཞན་ལས་ཆེར་འཕགས་པའི་ཕྱིར་རོ། །དེ་ལྟ་བུའི་ཚུལ་གྱིས་རང་དོན་མཛད་མཆོག་ ལེགས་པར་མངའ་བའི་བླ་མ་དམ་པའི་གོ་ས་ན། རིང་ཞིག་བར་བཞུགས་རྗེས་སུ་གཙང་བའི་ རྡོ་རྗེ་སློབ་དཔོན་དགེ་སྐོར་བླ་མ་དག་ཞིང་དུ་གཟིགས་ནས་སྒྲུབ་པའི་ཆོས་བརྒྱུད་ཉག་ཕྲ་བའི་ སྐབས་སུ་སླར་ཡང་རྒྱས་སྤེལ་གྱི་ཆེད་དུ་གཙང་བ་གྲྭ་ཚང་བཅས་ཀྱི་བཀའ་ནན་ལྟར་དམ་པ་ འདི་ཉིད་ཀྱིས་གཙང་བའི་གཟིམས་ཁང་གི་རྡོ་རྗེ་སློབ་དཔོན་གྱི་ཐུགས་ཁུར་བཞེས་དགོས་ བྱུང་བས་དགུང་ལོ་བཞི་བཅུ་ཞེ་དྲུག་ལ་ཉེ་བའི་སྐབས་སོགས་སུ་བླ་གྲྭ་ཡོངས་ནས་དམ་པ་ 2-1-331 མཆོག་ཉིད་རྡོ་རྗེའི་ཁྲི་ལ་རྟག་བཞུགས་སུ་གསོལ་བ་ནས་བཟུང་ཁོང་གིས་གཟིམས་ཁང་སྒྲུབ་ གྲྭ་བཅས་ཀྱི་མཚམས་གྲྭ་པ་སྦྱོར་དྲུག་ཕན་ཚུན་དང༌། ནཻ་གུ། བསྐྱེད་རིམ་སྣ་ཚོགས་པ་ལ་ ཉམས་ལེན་བྱེད་མཁན་གང་ཡོད་ཀྱི་སྒྲུབ་པོ་མཐའ་དག་ཐུགས་སློབ་ཏུ་རྗེས་བཟུང་ལེགས་ པར་མཛད་ངོས་ནས་གཟིམ་ཁང་དུ་སྦྱོར་དྲུག་ཆོས་ཚན་གསུམ་རེ་རིམ་བཞིན་དང༌། སྒྲུབ་གྲྭ་ གོང་མར་སྦྱོར་དྲུག་ལོ་གཅིག་མ་ཆད་མེད་དང༌། སྒྲུབ་གྲྭ་འགབ་མར་ནཻ་གུའི་བསྐྱེད་རྫོགས། བསྐྱེད་རིམ་སྣ་ཚོགས་བཅས་ལོ་རེ་བཞིན་རྒྱུན་འཛུགས་ཡོད་པ་དེ་ཐམས་ཅད་ལ་བླ་མ་དམ་ པ་གང་ཉིད་ཀྱིས་ཆོས་བཀའ་ལོ་རེ་བཞིན་སྔ་ཕྱི་རིམ་ཅན་དུ་དུས་འཁོར་དབང་ཆེན་བར་ འགའ་རེ་དང༌། མཆོག་དབང་ཆད་མེད་ཀྱིས་སྦྱོར་དྲུག་གི་ཆོས་ཁྲིད་དུས་སུ་གང་བབ་དང༌། ནཻ་གུའི་ཆོས་བཀའ་དབང་ལུང་ཁྲིད་གསུམ་ཅི་དགོས་དང༌། གཞན་བསྐྱེད་རིམ་འབྱུང་འདུལ། རྟ་མགྲིན། འཇིགས་བྱེད། མགོན་པོ་བྲག་རྫོང་མ་སོགས་ཀྱི་དམིགས་ཁྲིད་ཟབ་དབང་བཅས་ ལོ་བསྟར་བཞིན་ཆད་མེད་ལྟ་བུ་དང༌། ལོ་དུས་སུ་བར་བར་རྣམས་ལ། སྦྱོང་རྒྱུད་བཅུ་གཉིས་ ཀྱིས་ཐོག་མ་བྱས་ཏེ། རྒྱུད་སྡེ་རབ་འབྱམས་ཡན་ལག་བཅས་ཆ་ཚང་དང༌། རྡོ་རྗེ་ཕྲེང་བ་ ཡོངས་རྫོགས། རྗེས་གནང་བརྒྱ་རྩ། གྲུབ་ཆེན་བརྒྱད་ཅུ་སོགས་རང་རེའི་ཆོས་བརྒྱུད་ན་ ལེགས་བཞུགས་ཀྱི་རྒྱུད་སྡེའི་དབང་བསྐུར་ཟབ་ཁྱད་ཅན་རྣམས་ཀྱི་དབང་གི་ཆུ་བོ་ཆེན་པོ་ གདུལ་བྱ་ལ་སྒོ་ཀུན་ནས་ལྷུག་པར་སྩོལ་བའི་མཛད་བཟང་དུས་དུས་སུ་གནང་བ་ལས་དབང་ ཚན་ཕལ་ཆེ་བ་ལན་དུ་མར་བསྐྱར་བའང་མཛད་ལ། བར་བར་ཁོང་གིས་འདུས་པ་མང་པོ་ལ་ ཀུན་མཁྱེན་རིན་པོའི་ཆེའི་བཀའ་པོད་དྲུག་རྣམ་ཐར་བཅས་དང༌། རྗེ་བཙུན་ཏཱ་ར་ནཱ་ཐའི་ གསུང་འབུམ་ཡོངས་རྫོགས་ཁ་འཐོར་བཅས་ཀྱི་བཀླག་ལུང་ཡང་སྔ་ཕྱི་ལན་གཉིས་སོགས་ གསུངས་ཤིང༌། དེ་མཚམས་ཤིག་ནས་ཁོང་ཉིད་རྔ་བའི་སེ་དགོན་དུ་ཕེབས་ཏེ་ཁྱི་དགེ་སློང་གི་ དྲུང་ནས་མུ་དྲ་བརྒྱ་རྩའི་དབང་བཀའ་ཡོངས་རྫོགས་གསན་ནས་རྗེས་སོར་གཟིམ་ཁང་དུ་ 2-1-332 ཉིད་ཀྱིས་བླ་གྲྭ་ཆེས་མང་པོ་ལ་མུ་དྲའི་དབང་བསྐུར་རྒྱ་ཆེ་བའང་མཛད། གཞན་ཡང་རིན་ འབྱུང་སོགས་དབང་བཀའ་སྔ་ཕྱི་ཐམས་ཅད་ལ་ལན་དུ་མར་ལེགས་བསྩལ་མཛད་པ་ཆེས་ མང་ལ། དགུང་ལོ་ལྔ་བཅུ་ུང་བཞིའི་སྟེང་ས་དམར་བླ་མ་སྙན་གྲགས་གཟིམས་ཁང་དུ་ཕེབས་ ནས་དེའི་མདུན་དུ་ཁོང་གིས་ནཻ་གུའི་བཀའ་ཕྱི་ནང་གི་ཟབ་དབང་དང༌། གྲུབ་ཆེན་བརྒྱད་ཅུའི་ བསྡུས་དབང༌། མཐོང་བ་དོན་ལྡན་གྱི་ལུང་ཁྲིད་ཀྱང་གསན། འདི་སྐོར་ཞིག་ཏུ་དམ་པ་གང་ གིས་རང་ཡུལ་གྱི་སྡེ་དང་འཁྲུགས་པའི་ཕ་རོལ་གྱི་དགྲ་བོའི་སྟེང་དུ་ཆོས་སྐྱོང་ཁྱབ་འཇུག་ཆེན་ པོ་ནན་བསྐུལ་མཛད་པས་ཕ་རོལ་དགྲ་སྡེ་དེ་དག་ལ་དུས་ཀྱི་གཡུལ་ཉེས་ཆེན་པོ་བྱུང་ཞིང་ དེའི་ནུབ་གཟའ་བདུད་རཱ་ཧུ་ལ་ཟླ་བའི་ཚད་ཙམ་མཐུན་སྣང་དགྲ་ཡུལ་དུ་མངོན་ཚན་སྟོབས་ ཆེ་བ་ཀུན་ནས་བརྒྱུགས་པས་ཕ་རོལ་གྱི་དཔའ་ཞུམ་པར་བྱེད་པའི་རྟགས་མཚན་ཉེ་བར་ བསྟན་ལ། ཡང་སྐབས་ཤིག་ཏུ་ཡུལ་བའི་འཚོགས་ཁང་དུ་ཁོང་ཉིད་ཀྱིས་སེར་སྐྱ་མང་ཚོགས་ ལ་དཔལ་སྤྲུལ་སྔོ ན་འགྲོ་ཀུན་བཟང་བླ་མའི་ཞལ་ལུང་གི་བཤད་ཁྲིད་དང༌། ཐར་མདོའི་ བཀླག་ལུང་གསུངས་ཤིང༌། དེའི་སྔ་ཕྱི་ཅི་རིགས་པར་འདུ་ཁང་དེའི་ནང་དུ་ཁོང་གིས། རང་ སོགས་འདུས་པ་མང་ཙམ་ལ་རྙིང་མའི་གཏོ་པོད་མང་པོ་དང་རང་ལུགས་ཀྱི་འདོན་ཆ་དུ་མའི་ བཀླག་ལུང་དང༌། སྔ་ཕྱི་གང་རུང་དུ་གཏད་སྤྲུགས་གཏོ་པོད་ཀྱི་ལུང་སོགས་ཀྱང་གནང༌། སྤྱིར་ དམ་པ་འདིས་རིན་འབྱུང་སོགས་དབང་ཆེ་བ་རེ་གསུངས་དུས་སུ་དབང་ཉན་དུ་ཡོད་པའི་ སློབ་འགའི་དག་སྣང་ངོར་དམ་པ་གང་ཉིད་དུས་འཁོར་བདེ་གསང་སོགས་ཡི་དམ་མང་པོ་ དང༌། གུར་མགོན་སོགས་ཡེ་ཤེས་ཀྱི་ཆོས་སྐྱོང་གི་རྣམ་པ་འདྲ་མིན་རེས་མོས་སུ་མཐོང་བ་ ཡོད་ལ། སྐབས་ཤིག་ཁོང་ཉིད་སྒྲུབ་གྲྭ་གོང་མར་སློབ་ཚོགས་ལ་ཆོས་བཀའ་གནང་བར་བྱོན་ ཉིན་གྱི་སྔ་མོའི་སྒྲུབ་སྡེ་པ་རྟོགས་པ་ཅན་ཞིག་གི་ནངས་ཐུན་གྱི་ཉམས་སྣང་ངོར་རྡོ་རྗེ་ འཇིགས་མཛད་ཡོངས་རྫོགས་ཀྱི་དཀྱིལ་འཁོར་བཀྲ་ལམ་མེ་རེ་ཞིག་གི་བར་ཤར་ནས་དེ་ 2-1-333 དག་གི་སྤྲུལ་བཀོད་བསྡུ་རྗེས་སུ་འཇིགས་བྱེད་དཔའ་བོ་གཅིག་པ་ཞིག་དར་གཅིག་ལ་མཐོང་ བ་དེ་ཡང་བསྡུ་བའི་ཤུལ་ན་རྗེ་བླ་མ་འདི་ཉིད་སྐུ་དངོས་ཇི་བཞིན་པ་དེ་ཀ་ཉིད་དུ་ཆེས་གསལ་ བར་མངོན་པ་སོགས་ཀྱིས་མཚོན་ནོ། །ཡང་དུས་ཕྱིས་སུ་ཁོང་ཉིད་སྒྲུབ་ཁང་དུ་བཞུགས་ སྐབས་སློབ་བུ་ཞིག་གི་ནུབ་ཐུན་ནང་རླུང་གི་སྣང་བ་བུང་བའི་གཤོག་སྒྲ་ལྟ་བུ་ཞིག་གིས་ འཇིགས་སྐྲག་གི་ཡིད་ཟིང་ངེ་བར་གྱུར་པ་དེ་ཀ་ཉིད་ཇི་བཞིན་ལེགས་པར་མཁྱེན་ཏེ་ཕྱིར་ཉིན་ ཁོང་གིས་སློབ་བུ་དེ་ལ་སྣང་བ་འཆར་ཚུལ་དངོས་གནས་བཞིན་དང་འཇིགས་སྣང་གི་རྐྱེན་སྣ་ བུག་གི་རླུང་རྒྱུ་ལུགས་དང་མགོའི་ཉི་ཞུ་སོགས་ཀྱི་བྱེད་པས་ཡིན་ཚུལ་བཅས་ཇི་བཞིན་ གསལ་བོར་གསུངས་པ་སོགས་དེ་འདྲའི་ལྐོག་གྱུར་ཕྲན་བུ་མངོན་དུ་གཟིགས་ཚུལ་ཀྱང་དུ་མ་ ཞིག་ཡོད་ཀྱང་མཁོ་ཆུང་བས་མ་སྤྲོས་ལ། དམ་པ་གང་གིས་སྔོ ན་ཡུལ་བའི་སེར་སྡེ་དག་གི་ འདུ་ཁང་དཔག་བསམ་འཁྲི་ཤིང་ལེགས་བཞེངས་ཀྱི་མགོ་མཐའ་དང་ཕྱིས་སུ་གཙང་བའི་ སྒྲུབ་གྲྭ་བར་མ་གསར་བཞེངས་ཀྱི་ནང་དུ་ལོ་བསྟར་གྱི་ལམ་རིམ་སྒྲུབ་སྡེའི་འཛུགས་བསྐྲུན་ སོགས་དང་དེ་རྗེས་སུ་རང་ཡུལ་ཨ་མགོན་དུ་མཆོད་རྟེན་ཁང་བརྩེགས་ཕྱི་ནང་ཡོངས་རྫོགས་ ནང་གཞུག་ལྷ་རིས་སོགས་ཀྱི་བཀོད་པ་ཆ་ཚང་ལེགས་བཞེངས་དང༌། དུས་ཕྱིས་སུ་ངག་ དབང་ཚོགས་གཉིས་རྒྱ་མཚོའི་སྐུ་གདུང་དངུལ་གྱི་མཆོད་རྟེན་ཆ་བརྒྱད་བཞེངས་སྐབས་རྒྱུ་ རྐྱེན་གཙོ་ཆེ་བས་ཞབས་འདེགས་ལེགས་ཞུ་སྒོ་ཀུན་ནས་བྱེད་པ་སོགས་བྱ་བ་ལས་ཀྱི་འཁོར་ ལོ་ཡང་མི་དམན་ཞིང༌། སྤྱིར་རྗེ་བླ་མ་འདིས་ཐུགས་ཁུར་སྒོ ས་བཞེས་ཀྱིས་འཛམ་ཐང་གཙང་ བའི་སྒྲུབ་བརྒྱུད་ངེས་དོན་བསྟན་པ་ལོ་བཅོ་ལྔ་ལྷག་ལ་ཉེ་བ་ཙམ་རང་གིས་སྒོས་སུ་ལེགས་ བསྐྱངས་མཛད་ནས་དེ་བར་གྱི་ཆོས་གྲྭ་སྒྲུབ་སྡེ་ཕན་ཚུན་ཀུན་ཀྱང་ལོ་རེ་རེར་བཞིན་གྱི་རྒྱུན་ མ་ཆད་པར་མང་ཉུང་ཅི་རིགས་ཀྱི་ཆོས་ཚན་སོ་སོའང་དེ་ལུགས་ལྟར་ལེགས་པར་བྱུང་བས་ སློབ་ཚོགས་ཀྱི་གྲངས་ཆེས་མང་ཚོད་དུ་འདུག་ལ། དེ་མཚམས་ཤིག་ནས་གདུང་ཡངས་བླ་མ་ 2-1-334 སྨོན་ལམ་བཟང་པོ་གང་ཉིད་ཀྱིས་ཀྱང་རྗེ་དམ་པ་ཁོང་ལ་ལོ་ཁ་ཤས་ཀྱི་བར་ཆོས་གྲྭ་པ་གང་ དག་ལེགས་སྐྱོང་གི་ཞབས་འདེགས་ཞུ་རོགས་རེ་ཡང་མཛད་པ་མ་གཏོགས་མ་གཞི་རྗེ་ཁོང་ གིས་སྒོ་གང་ཐད་ནས་མཛད་སྒོ་ཐམས་ཅད་གནང་བ་ཡིན་ལ། དེ་འདྲའི་ཚུལ་གྱིས་ཉིད་དགུང་ ལོ་ང་དགུར་སོན་ཙམ་ལ་རྗེ་ཉིད་ཀྱི་བཀས་བསྐུལ་ལྟར་ཁོང་གི་ཀླད་ནས་ཆོས་ཁྲིད་ཙམ་ གནང་ན་འོག་གི་ཐུགས་ཁུར་བཞེས་མཁན་རྡོ་རྗེ་སློབ་དཔོན་གཉིས་པ་ཉིད་དུ་ངག་དབང་རྡོ་ རྗེ་བཟང་པོ་བླ་གྲྭ་ཀུན་མཐུན་གྱི་སྒོ་ནས་བསྐོ་བཞག་བྱས་ཀྱང་རྡོ་རྗེ་སློབ་དཔོན་དེའི་སྐུ་རིང་ ཁ་ཚང་དང་རྡོ་རྗེ་སློབ་དཔོན་གསུམ་པ་ངག་དབང་དཀོན་མཆོག་དར་རྒྱས་ཀྱི་སྐུ་དུས་ཕྱེད་ ཡན་ལ་རྗེ་བླ་མ་གང་གིས་ཆོས་སྡེ་མཐའ་དག་ལ་ཀླད་ནས་ཐུགས་རྗེས་ལེགས་བསྐྱང་གི་སྒོ་ ནས་ཆོས་བཀའ་གང་དགོས་མ་ལུས་པ་དུས་དུས་སུ་ཇི་བཞིན་ཉེ་བར་གནང་བའི་བཀའ་དྲིན་ དང་བཅས་པས་བཞུགས་པ་སྟེ། དེ་ཡང་དུས་ཀྱི་དམར་དམག་རྒྱང་བསྐྱོད་ཀྱིས་ཟིང་ཆ་ཆེ་ སྐབས་ཀྱང་ཁོང་དང་མཉམ་དུ་སོང་བའི་ཚོ་སྡེ་གང་དག་ལ་ཉེས་པ་མ་བྱུང་ཞིང༌། སྡེ་དེ་དག་གི་ ཕྱིས་འབྱུང་ལྐོག་གྱུར་གྱི་ཚུལ་ཁོང་གི་ཐུགས་མངོན་ཤེས་ཀྱིས་གཟིགས་ནས་དེ་ལུགས་ལྟར་ ཉིད་ཀྱིས་མཛད་སྒོ་ཡང་གནང་བས་ཇི་བཞིན་ལམ་དུ་སོང་ཞིང་དེ་ནས་དུས་བདེའི་སྐབས་ཀྱི་ སླད་མར་ཡང་རྗེ་ཁོང་ཉིད་ཀྱིས་སྔར་བཞིན་གཙང་བའི་གཟིམས་ཁང་སྒྲུབ་གྲྭ་ཚུན་གྱི་ཆོས་གྲྭ་ པ་གང་དག་ལ་བརྩེ་གཟིགས་མི་ལྷོད་པའི་ངང་ནས་ཆོས་བཀའ་ཅི་དགོས་ཉེ་བར་བསྩལ་ བཞིན་བཞུགས་ལ། རྗེ་ཁོང་གིས་སྔོ ན་ཞིག་ཏུ་གཙང་སྡེའི་ཏ་ཚེའི་ཆུང་མ་ཤི་བ་གཤེད་དང་ བྲལ་དཀའ་བའི་དུས་སུ་བཀའ་བརྒྱད་གཏོ་སྒྲུབ་ཀྱི་འདུལ་མཛད་པས་གཤིན་པོ་གཤེད་དང་ བྲལ་ནས་བདེ་གནས་སུ་ཕྱིན་པར་བྱས་པའི་ལོ་རྒྱུས་སོགས་དེ་འདྲ་ཡང་འགའ་རེ་ཡོད། དེ་ལྟ་ བུའི་སྒོ་ནས་ཁོང་དགུང་ལོ་དྲུག་ཅུའི་ནང་སྐོར་སོགས་ནས་ཉིད་ཀྱིས་སྒྲུབ་པ་ཐུགས་དམ་ གཙོར་མཛད་ཀྱི་ངང་བར་བར་ཆོས་བཀའ་ཅི་རིགས་པ་ཡུལ་བའི་འདུ་ཁང་དུ་རྗེ་མཆོག་གིས་ 2-1-335 སློབ་བུ་བློ་གྲོས་རྒྱ་མཚོས་ཞུ་སྣ་དྲངས་ཏེ་རང་སོགས་འདུས་པ་ཅུང་མང་ལ། འཇིགས་བྱེད་རོ་ ལངས་བརྒྱད་བསྐོར་གྱི་དབང་དང༌། ནཻ་གུ་བཀའ་ཕྱི་ནང་ཡོངས་རྫོགས། ཕུར་བ། རྣམ་ འཇོམས་ཁྲོ་ནག ཚེ་དཔག་མེད་ལྷ་དགུ མགོན་པོ་ཁྲོ་བཅུའི་དབང་སོགས་དང༌། དེ་སྐབས་ཅི་ རིགས་སུ་འཇིགས་བྱེད་བསྙེན་ཆེན་མན་ངག་རྟ་ཁལ་མ་ལག་ལེན་བཅས་སོགས་ཆོས་བཀའ་ མང་ཙམ་གསུངས། ཡང་སྐབས་ཤིག་ཏུ་གཟིམས་ཁང་དུ་ཁོང་གིས་བླ་གྲྭ་འགའ་ལ་གྲོལ་ མཆོག་ཁྲིད་བརྒྱ། འཇིགས་བྱེད་རྭ་པོད། མགོན་པོའི་པོ་ཏི་མེ་འབར། ཀུན་མཁྱེན་ཡབ་སྲས་ བཅོ་ལྔའི་རྣམ་ཐར། གཙང་བ་དགེ་སློང་གི་རྣམ་ཐར་སོགས་ལུང་རྒྱུན་དཀོན་པའི་ཆོས་བཀའ་ དུ་མ་ཞིག་ཀྱང་གནང༌། དགུང་ལོ་རེ་བརྒྱད་སྐོར་དུ་ཁོང་གི་རྨི་ཉམས་སུ་ངག་དབང་ཚོགས་ གཉིས་རྒྱ་མཚོ་བྱོན་ནས་དྲིལ་བུ་ཞིག་གནང་བ་རྗེ་ཉིད་ཀྱིས་དཀྲོལ་ཚེ་སྒྲ་སྐད་སྙན་ཆ་དང་ ལྡན་པའི་ཐུགས་སྣང་བྱུང་བའི་རྟེན་འབྲེལ་ལ་བརྟེན་ནས་ཉིད་ཀྱིས་གཙང་བའི་གཟིམ་ཁང་ དུ་ལོ་འགའ་ཞིག་གི་རིང་ལ་བསླབ་པ་ཡོངས་སུ་སྦྱོང་བའི་དགེ་འདུན་གྱི་དབྱར་གནས་ བཙུགས་ཏེ་དེ་དག་གི་སྐབས་བར་བར་ཁ་ཕུད་མཆོད་པ་སོགས་ལ་ལྕགས་སྤུ་སྐྱེས་པའི་ ལེགས་མཚན་བྱུང་ཞིང༌། སྔོ ན་ཡང་སྐབས་རེ་རེར་རྗེ་གང་ཉིད་གྲྭ་ཚང་འཚོགས་པའི་ཁྲི་བ་ དང་དུས་དམག་བཟློག་པའི་གཏོ་སྒྲུབ་ཀྱི་དབུ་བླར་མཛད་པ་སོགས་སྒོ་གང་ཐད་ནས་བསྟན་ པ་ལ་ཕན་ཐོགས་ཆེ་བ་ཅན་ཏེ། ཁོང་གི་ཞལ་སྔ་ནས། ནམ་ཞིག་ཁོ་བོའི་རོ་དུད་གནམ་ལ་མ་ འཕྱུར་བར་དུས་གྱི་དམར་དམག་ཕྱི་མས་བསྟན་འགྲོ་ལ་གནོད་པ་མི་འོང་བའི་བཀའ་ལུང་ བྱུང་བ་ལྟར་རྗེས་སོར་དེ་ལུགས་ཇི་བཞིན་ཐོག་ཏུ་ཁེལ་ལོ། །དེ་ལྟར་བསྟན་འགྲོའི་དཔལ་ གྱུར་རྗེ་གང་ཉིད་ནི་སྐུ་ཚེ་སྟོད་དུ་སྐུ་བཙུན་ཞིང་ཐུགས་སྒམ་པ་གསུང་བཙན་དྲག་དང་ལྡན་ པས་བླ་གྲྭ་གཞན་སྐུ་འཁོར་དུ་གང་ཡོད་ཚད་ཟིལ་གྱིས་གནོན་ནུས་པའི་སྐྱེས་བུ་དམ་པ་མིའི་ སེང་གེ་ལྟ་བུ་ཞིག་གི་མཛད་ཚུལ་གང་ཉིད་ཀྱིས་གནང་ཞིང་སྐུ་ཚེ་སྨད་དགུང་ལོ་བདུན་ཅུའི་ 2-1-336 ནང་སྐོར་ཞིག་ནས་རྗེ་ཉིད་གྲུབ་ཐོབ་འཁྲུལ་ཞིག་གི་སྤྱོད་པས་བཞུགས་ཏེ་ཐུགས་ལ་གང་ ཤར་ལྷུག་པ་བཅོས་མ་སྤངས་པའི་སྒོ་ནས་ཞལ་ནས་རང་དགར་ཤུགས་འབྱུང་དུ་གསུང་ཞིང་ ཐུགས་ཉིད་མཚན་མར་འཛིན་པའི་རྟོག་པ་མཆོག་དམན་བཟང་ངན་གཙང་རྩོག་སོགས་ཀྱི་ ཞེན་སྒོ་ཨ་འཐས་མཐའ་དག་རང་གཤིས་ནས་རང་དྭངས་སུ་སོང་སྟེ་སྐུ་སྔར་དང་ཡེ་མི་འདྲ་ བའི་ངང་ཚུལ་གྱི་སྤྱོད་ལམ་ཉིད་ཀྱིས་གནང་བའི་སྐབས་དང་སྐུ་ཚེ་སྟོད་སྨད་ཀྱི་ཚུལ་གཉིས་ བྱུང་ལ་དེ་ཡང་སྤྱོད་ཚུལ་སྔ་མའི་མཐའ་ལ་ཉིད་དགུང་ལོ་དོན་གཉིས་ཀྱི་སྟེང་དུ་རྡོ་རྗེ་སློབ་ དཔོན་གཉིས་པ་རྡོ་རྗེ་བཟང་པོ་སྐུ་གཤེགས་ནས་རྡོར་སློབ་གསུམ་པ་དཀོན་མཆོག་དར་རྒྱས་ ཁྲི་ལ་འཁོད་ལོ་དེར་རྗེ་བླ་མ་མཆོག་གིས་གཟིམས་ཁང་དུ་བླ་གྲྭ་ཆེས་མང་རང་སོགས་བཅས་ ལ་དུས་འཁོར་དབང་ཆེན་དང༌། བཟླས་ལུང་སྣ་ཚོགས་པ་རེ་སོགས་ཆོས་བཀའ་ཟབ་མོའི་ བཀའ་དྲིན་ཆེ་བ་མཛད། སྔོ ན་ཁོང་གི་སྐུ་ཚེ་སྟོད་ཅིག་ཏུ་ཐུགས་སྣང་ལ་བླ་མ་ཞྭ་སེར་ཅན་གྱི་ རྣམ་པས་ཞལ་གཟིགས་ཀྱིས་སྨན་བླ་མདོ་ཆོག་རྒྱུན་ཁྱེར་དགོས་པའི་བསྐུལ་བརྡ་མཛད་པ་ ནས་བཟུང་རྗེ་འདི་ཉིད་ཀྱིས་མདོ་ཆོག་ཞལ་འདོན་ཆག་མེད་རྒྱུན་ལྡན་དུ་མཛད་པ་ཡིན་ལ། སྔོན་མགོ་ལོག་ཕྱོགས་སུ་དུས་ཟིང་ཆེ་སྐབས་འཛི་ཡུལ་འདི་ཕྱོགས་ཀུན་ཀྱང་འཇིགས་སྣང་ གིས་འུར་ཟིང་ཆེར་བསྐྱོད་པས་གཙང་བའི་སྒྲུབ་སྡེ་པ་ཀུན་གྱིས་ཐུན་འཇོག་མཚམས་བྱེད་ པར་ཆས་ཚེའང་རྗེ་ཉིད་ཀྱིས་ད་ལན་འདི་ཕྱོགས་ལ་འཚེ་བ་མེད་ངེས་ཀྱི་བཀའ་ལུང་གིས་དེ་ དག་ཀུན་གྱི་འཇིགས་སྣང་ལེགས་བསལ་བྱས་ཏེ་སྒྲུབ་གྲྭ་པ་སོགས་བག་ཕབ་ནས་རང་རང་ གིས་མཚམས་སྒྲུབ་ལ་རྒྱུན་ལྡན་དུ་འཇུག་པར་བྱེད་པ་སོགས་མཛད་པ་བཟང་པོ་སྔ་ཕྱི་གང་དུ་ མང་མོད་ཀྱང་དེ་ཙམ་ལས་ཁུངས་མ་རྙེད། དེ་ནས་སྐུ་ཚེ་སྨད་ཀྱི་མཛད་པ་གོང་སྨོ ས་བཞིན་ ལ་རིམ་པས་གནས་དེ་ཉིད་ཀྱི་སྐུ་གསུང་ཐུགས་ཀྱི་རྣམ་པ་སྔར་དང་མི་འདྲ་བའི་གནས་ སྐབས་ཐ་དད་པར་གྱུར་པ་ནས་བཟུང་ཁོང་ཉིད་གཙོ་བོར་རྒྱུན་བཞུགས་ཀྱི་གནས་རང་ཡུལ་ 2-1-337 གྱི་སེར་སྡེའི་འདུ་ཁང་དུ་མཛད་ནས་དེར་ལོ་འགའ་བཞུགས་པའི་རིང་ཉིད་ཀྱིས་སྐུའི་སྤྱོད་ ལམ་ཕྱི་ནང་ཀུན་ཏུ་ངེས་མེད་དུ་བྱོན་ཞིང་གསུང་གིས་བརྗོད་སྒོ་ཡང་བར་བར་དག་སྣང་གི་ ཚུལ་དུ་མ་དང༌། བར་འགར་ལྐོག་གྱུར་གྱི་གནས་འགའ་ཞིག་དང༌། ལ་ལར་ངེས་མེད་ཀྱི་ གསུང་སྒོ་སྣ་ཚོགས་སོགས་མཚན་འཛིན་སྤངས་པའི་འཁྲུལ་ཞིག་གི་མཛད་སྒོ་དེ་ལུགས་ལྟར་ ཏེ། དེ་ཡང་སྤྱོད་པ་དེ་འདྲའི་མཛད་པ་ལ་ཁོང་ཉིད་ལེགས་གནས་ཀྱི་སྒོ་དོད་པ་ནས་ཐུགས་ཀྱི་ འཛིན་པ་ཆེས་ལྷོད་པའི་རྣམ་པ་ཅན་གྱིས་གང་ལའང་ཞེན་པ་མེད་པར་རྒྱུ་རྫས་བཟའ་བཅའ་ གང་ཡོད་ཐམས་ཅད་ཕངས་པ་མེད་པར་ཁོང་གིས་གང་དགོས་གཞན་ལ་སྦྱིན་འདོད་ཤུགས་ ཆེ་བ་དང་བཟའ་བཅའ་གང་ཡོད་བྱ་ཁྱི་སོགས་ཉིད་མདུན་དུ་གང་འོང་བའི་ཉམ་ཐག་རྣམས་ ལ་ཅི་དགར་འགྱེད་པ་དང༌། བར་བར་ཞལ་ནས། ཐུབ་བསྟན་དགེ་ལེགས་རྒྱ་མཚོ། ངག་ དབང་ཆོས་འབྱོར། ཚོགས་གཉིས་རྒྱ་མཚོ་སོགས་སྐྱེས་ཆེན་མང་པོ་དངོས་སུ་བྱོན་ཡོད་ཚུལ་ ཡང་ཡང་གསུངས་ཤིང༌། བར་འགའ་རེར། ཞལ་གསུང་ལས། འོ་ད་ཚོད་འདི་ན་འདྲེ་མོ་རྫ་ མདོས་མ་ཐོན་ཡོད། ཁོང་གིས་བདེ་ཆེན་ཞིང་དུ་འཕེན་པར་བྱའོ། །ཞེས་གསུངས་ནས་ཕཊ་སྒྲ་ མཛད་པ་ལྟར་དོན་ཇི་བཞིན་གྱི་ཤི་བའི་རྒན་མོ་གཤེད་ཅན་གྱི་རོ་ཁོང་གི་ཉེ་འཁོར་དུ་ཐོན་པ་ དང༌། འཛམ་ཐང་གི་རྟེན་ཁང་དམར་གསེར་སྐུའི་ལོ་རྒྱུས་དང༌། ཏ་ཙེའི་བྲག་འཕྲང་ཞིག་ཚུལ་ ཡང་ཡང་གསུངས་པ་ཡང་རྗེས་སོར་དེ་དག་དུས་ཀྱིས་གནས་འགྱུར་ཆེན་པོ་བྱུང་བ་དང༌། བར་སྐབས་སུ་བཀའ་ལས། དབྱར་དགུན་དང་གྲང་དྲོ་ཆ་མི་ཕྱེད་པའི་གསུང་ཚིག་ཡང་ཡང་སྨྲ་ བ་སོགས་ཚུལ་དེ་འདྲའི་སྒོ་ནས་དག་སྣང་གི་བླ་མ་དུ་མའི་ཞལ་གཟིགས་དང་ལྐོག་གྱུར་གྱི་ ཚུལ་གཤིན་པོའི་རྣམ་ཤེས་ཀྱི་ཡིན་ལུགས་ལེགས་ཉེས་ཕྱིས་འབྱུང་ཇི་ལྟར་འོང་བ་སོགས་ དང༌། ངེས་མེད་ཀུན་རྫོབ་འདི་སྣང་འགགས་པའི་གཏམ་སྣ་ཚོགས་དུས་དུས་སུའང་དེ་ལྟར་ གང་ཉིད་ཀྱིས་གསུང་བར་མཛད་ཀྱིན་འདུག སྐབས་ཅི་རིགས་ཤིག་ན་ཁོང་གིས་ཐུགས་སློབ་ 2-1-338 རེ་ལ་ནམ་ཞིག་མངོན་དགའི་ཞིང་དུ་ཉིད་འགྲོ་བའི་གསུང་ཟུར་ཙམ་རེ་ཀྱལ་ཀའི་ཚུལ་དུ་ གནང་ཞིང་དེ་མཚམས་ཤིག་ན་ཁོང་ཉིད་ཀྱི་ཉེ་འཁོར་ཐམས་ཅད་དུ་ལྷ་ཀླུ་སོགས་མི་མ་ཡིན་ གྱི་རྒྱུ་འགྲུལ་ཆེས་མང་པོས་གང་བ་དང་ཉིད་སྐུ་ཤིན་ཏུ་ཆེ་བ་དུས་དུས་སུ་མེ་ཏོག་གི་ཆར་ འབེབས་པའི་ཐུགས་སྣང་ཡང་བར་བར་རྣམས་སུ་བྱུང་ལ། ཡང་ཉིན་ཞིག་ཏུ་ཁོང་གི་སྐུ་མདུན་ དུ་ཇོ་མོ་གཉིས་མཇལ་བའི་ཆེད་དུ་ཕྱིན་ནས་དེ་གཉིས་ཀྱིས་རྗེ་དེ་ཉིད་ལ་ནམ་ཡང་ཐུགས་ རྗེས་མི་གཏོང་བའི་ཞུ་བ་ཕུལ་སྐབས་ཁོང་གི་ཞལ་ནས། ཁྱོད་གཉིས་ཀྱིས་འཆི་ཁར་ཁོ་བོ་མ་ བརྗེད་དང་ཁོང་གིས་ཁྱོད་གཉིས་བདེ་བ་ཅན་དུ་འཕེན་ངེས་ཀྱི་ཞལ་གསུང་ཡང་དེ་ལུགས་ ལྟར་བྱུང་བ་སོགས་ཚུལ་དེ་ཀས་ལོ་གཅིག་ལྷག་ཙམ་ལ་བཞུགས་རྗེས་དགུང་ལོ་དོན་དྲུག་གི་ སྟེང་དུ་ཕྱི་ལོ་༡༩༥༣ རབ་ལོ་༩༢༧ མཆན། ཆུ་མོ་སྦྲུལ་ལ་སླེབས་སྐབས་སྤྱོད་པ་དེ་འདྲས་བཞུགས་པའི་ རེ་ཞིག་གི་ཚེ་ཁོང་ཉིད་ཀྱིས་ངག་བཅད་བཞིན་ཞག་འགའ་སོང་མཚམས་ཀྱི་མཚན་མོ་ཞིག་ཏུ་ ཉིད་སྐུ་སེང་གེ་ཉལ་སྟབས་ཀྱི་ངང་ནས་གཤེགས་པར་མཛད་དེ་ཐུགས་དམ་གསང་རྒྱ་བཅས་ ཞག་བརྒྱད་དང༌། སྤྱིར་ནི་ཐུགས་དམ་མ་གྲོལ་བའི་ཚུལ་གྱིས་ཞག་མང་ཞིག་ལ་བཞུགས་ཚོད་ དུ་འདུག་ལ། དེ་ནས་ཐུགས་དམ་ལེགས་བཀྲོལ་སོགས་ཀྱི་ཚེ་སྐུའི་གསང་བ་སྦུབས་སུ་ནུབ་ ཅིང་སྐུ་ལ་དྲི་ང་མེད་པ་སྐུ་ཚེ་གང་བོར་མཚམས་སྒྲུབ་ལ་སྐུ་དྲང་པོར་བསྲངས་ཏེ་བཞུགས་རྐྱེན་ སྐུ་འཕོངས་ལ་སྒལ་བ་གཉིས་ཡོད་པ་སོགས་མངོན་གསལ་དུ་གྱུར་ཏེ་ཚུལ་དེ་ལྟ་བུའི་སྔ་ཕྱི་ ཞག་བདུན་ཕྲག་གསུམ་ལྷག་ཙམ་སོང་བའི་བར་སློབ་ཚོགས་གང་དག་གིས་གདུང་ཆས་ཡང་ དག་གི་སྒོ་ནས་ཕྱག་མཆོད་རྒྱ་ཆེ་བ་སྒོ་ཀུན་ནས་ལེགས་སྒྲུབ་ཀྱི་ངང་ནས་རྣམ་པར་དཀར་ བའི་བསགས་པ་མི་དམན་ཞིང་བགྱི་བ་དོན་དང་ལྡན་ངོས་ནས་རིམ་པས་གདུང་ཞུགས་ལ་ བཞུ་སྐབས་གདུང་དུད་ཐོག་མ་བྱང་ཕྱོགས་སུ་ལེགས་པར་མཆེད་ནས་དེ་ཕྱོགས་སུ་འཕྱུར་ བར་གྱུར་ལ་དེའི་སྐབས་སུའང་ནམ་མཁའ་ལ་འཇའ་སྤྲིན་ཆེས་ངོ་མཚར་བ་མང་པོས་གང་བ་ 2-1-339 སོགས་ཀྱི་རྟགས་མཚན་བྱུང་ཞིང་གདུང་ཁང་གསང་རྒྱ་དགོངས་མཆོད་ལེགས་གྲུབ་དང་ཕྱིས་ སུ་གདུང་རྟེན་དངུལ་གྱི་མཆོད་རྟེན་དང་འཇིགས་བྱེད་གསང་འདུས་ཀྱི་བློས་བསླང་ནང་རྟེན་ རབ་གནས་དགའ་སྟོན་མཐའ་རྒྱས་སུ་རྫོགས་པར་བྱས་ཏེ། གང་གི་ཐུགས་སློབ་ཆེ་བ་བསྟན་ འགྲོ་ལ་ཕན་ཐོགས་པ་མགོ་ལོག་ཕྱོགས་སུ་རླབས་ཆེན་གྱི་མཛད་པ་ཅན་མགར་བ་བླ་མ་ འཇམ་དབྱངས། སྦྱོར་དྲུག་ཆོས་ཁྲིད་པ་བླ་མ་མཁྱེན་ལྡན། བྱ་བྲལ་རྟོགས་པ་ཅན་འཇིགས་ མེད་འབྱུང་གནས་སོགས་དང༌། འཛི་ཡུལ་ཕྱོགས་ཀྱི་ཆོས་སྨྲ་བ་དགེ་སློང་བློ་གྲོས་རྒྱ་མཚོ། མཁས་བཙུན་བཟང་གསུམ་གྱིས་མཛེས་པ་ཀ་ཐོག་ཐེག་མཆོག་སོགས་གཞན་ཕན་གྱི་མཐུ་ ཡོད་པའི་བླ་སྤྲུལ་མང་པོ་ལེགས་པར་བྱོན་ནོ། ། ༼༧༽ གཙང་ཆེན་ཕོ་བྲང་དུ་སྒྲུབ་བརྒྱུད་འཛིན་པའི་རྡོ་རྗེ་སློབ་དཔོན་ངག་དབང་རྡོ་རྗེ་ བཟང་པོ་གོང་མ་ལ་ལྟོས་ན་གཉིས་པ་ཡིན་ཡང་སྤྱིར་གྱི་གཙང་བ་དགེ་སློང་ནས་གོང་སྨོས་ བཞིན་བགྲང་བས་དམ་པ་འདི་སྒྲུབ་པའི་བརྒྱུད་འཛིན་སློབ་དཔོན་བདུན་པ་ཉིད་དུ་གྱུར་པས་ ན་གཙང་བའི་གཟིམ་ཁང་རྡོར་སློབ་འདི་དང་འོག་མ་གཉིས་ཀྱི་ལོ་རྒྱུས་དེ་ལུགས་ལྟར་འདིར་ འཆད་པར་བྱས་ཏེ། དེ་ཡང་ངག་དབང་རྡོ་རྗེ་བཟང་པོ་གང་ཉིད་ཀྱི་ལོ་རྒྱུས་ནི་འཛི་ཡུལ་ཉིན་ ཕྱོགས་ཀྱི་ས་ཡི་ཐིག་ལེའི་ཆར་གྱུར་པ་གྲོང་སྡེ་རབ་ཁ་ཞེས་པར་ཡབ་རབ་ཁ་བླ་མའི་སྐུ་ཚ་ བདེ་གསལ་དང་ཡུམ་བོ་ཟི་གཉིས་ཀྱི་སྲས་སུ་ཕྱི་ལོ་༡༨༩༣ རབ་ལོ་༨༦༧ མཆན། ཆུ་མོ་སྦྲུལ་གྱི་ལོར་ གྲོད་པུ་ལྟ་བུའི་ནང་དུ་སྐུ་ལེགས་པར་འཁྲུངས་ཤིང༌། དེ་ནས་སྐུའི་ལང་ཚོ་རིམ་གྱིས་སྨི ན་པའི་ ཚེ་ཆུང་མིང་ལ་འཕན་དར་ཞེས་ཟེར་ཞིང་སྐུ་ན་གཞོན་སྐབས་རྩལ་ལྡན་མ་དུལ་བ་རྒོད་ཉམས་ ཅན་སྐྱ་ཆས་བྱེད་པ་ཞིག་སྟེ་རེ་ཞིག་གི་ཚེ་ར་འོབས་བླ་མ་ཚོགས་འཕེལ་ཞེས་པའི་མགོན་བླ་ ཞིག་ཡོད་པ་དེས་ཀ་མད་ཀྱི་ཡི་གེ་གནང་སྦྱིན་བཅས་ཀྱིས་ཀློག་སློབ་པའི་བསྐུལ་སློང་ཉེ་བར་ མཛད་པ་ལྟར་དམ་པ་ཆུང་སྐྱེས་འདིས་ཀྱང་ཡི་གེ་ལེགས་བསླབས་ཀྱི་མགོ་ཚུགས་ནས་རིམ་ 2-1-340 པས་ཀློ ག་འདོན་གྱི་རིགས་རང་ཡུལ་གྱི་ཉེར་མཁོ་མཐའ་དག་ཇི་བཞིན་ཤེས་པ་བྱུང༌། ཀློ ག་ སློབ་པའི་ཕྱི་རྐྱེན་དེ་ལྟར་ལ་ནང་གི་རྐྱེན་ནི་སྐུ་ཆུང་སྐྱེས་ན་གཞོན་སྐབས་རང་སྣང་ལ་བར་ བར་དུ་མཁའ་དབྱིངས་ནས་གྲུབ་ཐོབ་སྟེང་ན་གདུགས་འཁོར་བ་ཕྱོགས་ཀུན་ཌཱ་མ་རུ་རང་སྒྲ་ གྲགས་པས་གང་བ་ཞིག་བྱོན་ནས་ཕྱག་གིས་གླེགས་བམ་ཐུམ་ཅན་ཉིད་ལ་གཏད་ནས། ཞལ་ གསུང་ལས། ཁྱོད་ཀྱིས་སྐྱ་ཆས་མ་བྱེད་པར་སེར་ཆས་གྱིས་ཤིག ཅེས་པ་ཡང་ཡང་གསུངས་ པས་ཐུགས་སྣང་བསྐུལ་ཏེ་གོང་ལྟར་གྱི་ཀློ ག་ལེགས་བསླབས་མཛད་པ་ཡིན་སྐད། འདི་ སྐབས་ནས་ཀྱང་རང་སྣང་ལ་སྔོན་གོམས་ཀྱི་སྟོབས་ལས་འོད་གསལ་རྟགས་བཅུའི་སྣང་བ་ བར་བར་འཆར་བ་ཡོད་ལ། དེ་ནས་དགུང་ལོ་བཅུ་བདུན་གྱི་སྟེང་དུ་བཀྲ་ཤིས་ལྷ་རིའི་སྒྲུབ་ གནས་སུ་རྡོ་རྗེ་འཆང་ཀུན་དགའ་མཉམ་ཉིད་དཔལ་བཟང་པོ་བཞུགས་པའི་དྲུང་དུ་ཕྱིན་ནས་ རྗེ་དེ་ཉིད་དམ་པ་གང་གིས་དགེ་བའི་བཤེས་གཉེན་མཆོག་ཏུ་སྒོ་ཀུན་ནས་ལེགས་བཀུར་ གྱིས་དཔལ་ལྡན་རྩ་བའི་བླ་མར་བསྟེན་ནས་ཟབ་ལམ་སྦྱོར་བ་ཡན་ལག་དྲུག་གི་སྔོན་འགྲོ་ འབུམ་ལྔའི་ཆོས་སྐོར་རྣམས་ཉིད་ཀྱིས་ལེགས་པར་གསན་པའི་སྒོ་ནས་ཐུགས་ཉམས་སུ་ བཞེས་སྐབས་ཚོགས་ཞིང་སྐྱབས་ཡུལ་གྱི་གསལ་སྣང་ཆེ་བ་སེམས་བསྐྱེད་ལ་ཡིད་འགྱུར་གྱི་ མྱོང་བ་ཐོན་པ་སོགས་ལམ་རང་རང་གི་སྐབས་སུ་མྱོང་རྟགས་ཁྱད་པར་བ་དུ་མ་ཐུགས་ཉམས་ སུ་འཁྲུངས་ཤིང༌། དེ་ནས་ལྷན་སྐྱེས་བསྙེན་བཟླས་ཀྱི་དུས་ལྷའི་གསལ་སྣང་རབ་ཏུ་བརྟན་ པའི་ཉམས་དང་རྗེ་བླ་མ་གང་གིས་མཆོག་དབང་སྡོམ་ལུང་སྔོན་དུ་འགྲོ་བ་བཅས་ཀྱི་ཆོས་ བཀའ་ལེགས་གནང་གི་དུས་སུ་དམ་པ་འདིའི་མཚན་ལ་ངག་དབང་རྡོ་རྗེ་བཟང་པོ་ཞེས་ གསོལ་ཞིང༌། དེ་རྗེས་དབེན་གསུམ་གྱི་ཁྲིད་བླ་མས་འབོགས་ཤིང་བྱིན་རླབས་འབེབས་པ་ དང་བཅས་ཁོང་གིས་ལུས་གནད་མཉམ་བཞག་བྱས་མ་ཐག་ནས་སེམས་ངོ་གནས་འགྱུ་རིག་ གསུམ་ངོས་ཟིན་ཙམ་གྱིས་མ་ཚད་པར་སྔོན་གོམས་ཤུགས་བཙན་པོའི་དབང་གིས་འོད་ 2-1-341 གསལ་གཉུག་མ་སེམས་ཀྱི་གཤིས་ཆེས་རབ་ཏུ་གསལ་བའི་ངང་ནས་རིག་པ་རྗེན་ཆར་བ་ དངོས་གནས་ལ་མཉམ་པར་འཇོག་ཐུབ་པའི་སྒོ་ནས་འོད་གསལ་རྟགས་བཅུའི་སྣང་བ་ཆེས་ ཀུན་ནས་མཆེད་བཞིན་གྲུབ་ཆེན་སྤྱོད་འཆང་དབང་པོའི་ཞལ་གཟིགས་ཀྱི་རྣམ་པ་སྟོང་ གཟུགས་སྒྱུ་མའི་རང་བཞིན་དུ་མཐོང་བ་སོགས་ཀྱི་ཉམས་ལེན་གྱི་འཆར་སྒོ་ཧ་ཅང་རྒྱས་པ་ ནས་བཟུང་དངོས་གཞི་སོར་བསམ་གཉིས་དེ་འདྲའི་ཉམས་སྣང་གོང་འཕེལ་གྱི་ངང་ནས་བླ་ མས་ཇི་སྐད་གདམས་པ་ལྟར་ཉམས་བཞེས་གནད་ཁེལ་གྱི་སྐབས་ཉིན་ཅིག་ཏུ་ཁོང་གི་ཐུགས་ སྣང་ངོར་སྟོན་གནམ་གཡའ་དག་གི་སྣང་བ་སྤྲོས་པ་རང་དག་གི་ངང་དུ་དར་ཅིག་ལུས་པ་ན་ དབྱིངས་དེའི་རང་གཤིས་མ་ཉམས་པ་དེ་ཀའི་ངོར་མཁའ་དབྱིངས་ཀྱི་དཀྱིལ་ནས་ཚེ་སྔོན་གྱི་ བླ་མ་ཀུན་དགའ་ངེས་དོན་དཔལ་བཟང་པོའི་གཟུགས་སྐུ་སྟོང་གཟུགས་ཀྱི་རྣམ་པར་མཇལ་ ནས་དེ་ཕན་ཆད་དུ་བར་བར་མཉམ་བཞག་གི་སྐབས་ནམ་མཁར་སེར་ཕྲེང་ཤར་ནུབ་ནས་ བསྒྲིགས་པའི་དབུས་སུ་འོད་སྣང་གློག་འཁྱུག་པ་ལྟ་བུའི་རྗེས་སུ་དག་སྣང་སྤྲུལ་པའི་བཤེས་ གཉེན་ཀུན་དགའ་ངེས་དོན་གྱི་གཟུགས་སྐུ་སེང་ཁྲི་པད་ཟླའི་གདན་ལ་ཆོས་གོས་དང་མཁན་ ཞྭ་སྐུ་ལ་གསོལ་ཏེ་ཕྱག་གཉིས་ཀྱི་རྡོར་དྲིལ་དར་སྣ་ལྔས་ཉེ་བར་མཛེས་པ་བཟུང་བཞིན་ གཡས་གཡོན་སེར་ཕྲེང་གིས་བསྐོར་ཏེ་མདུན་མཁར་བཞུགས་ཤིང་དུས་ཀྱི་འཁོར་ལོའི་ མཆོག་གི་དབང་གོང་མ་བཞི་ལེགས་བསྐུར་མཛད་སྐབས་སློབ་བུ་ཁོང་ཉིད་ཀྱི་སྣང་བར་རང་ ཉིད་སྟོང་གཟུགས་དུས་ཀྱི་འཁོར་ལོའི་སྐུ་རི་རབ་ཙམ་པྲ་ཕབ་པའི་རང་བཞིན་ལྟར་སྣང་བ་ལ་ ཐོགས་རྡུག་སོགས་བེམ་ཆོས་ལས་འདས་པའི་བདག་ཉིད་བློས་བྱས་ལ་མ་ལྟོས་པའི་རང་ གསལ་སྟོང་པའི་གཟུགས་ཀྱི་རྣམ་པར་བཀྲ་བ་སོགས་ཀྱི་འཆར་སྒོ་བྱུང་ཞིང༌། དེ་མཚམས་ བར་བར་རྣམས་སུ་ཁོང་གི་མཉམ་བཞག་སྐབས་རྗེ་སྤྲུལ་བའི་བཤེས་གཉེན་གང་ཉིད་གངས་ རི་དང་རྫ་རི་སོགས་ནས་བྱོན་སྣང་ཤར་ལ་དེ་ཡང་རྣམ་པར་འཕྲུལ་བ་ཆེན་པོས་སེང་གེ་རྟ་ 2-1-342 སོགས་ལ་ཆིབས་པ་དང་ཉི་ཟེར་དང་ཟླ་བའི་ཟེར་ལ་ཆིབས་པའི་རྣམ་པ་སོགས་སྐུའི་སྤྲུལ་ བཀོད་བར་བར་འདྲ་མིན་གྱི་ཆོ་འཕྲུལ་འགྱེད་པ་ཡང་ཡང་བྱུང་བའི་རྐྱེན་གྱི་སྔོན་གནས་ གངས་དང་རྫ་ཁྲོད་སོགས་སྒྲུབ་གནས་སྣ་ཚོགས་སེམས་ལ་ཝལ་ཝལ་ཤར་བས་སྐྱོ་ཤས་མིག་ ཆུ་ཁོལ་བའང་བྱུང༌། ཡང་བར་མཚམས་རེར་རྗེ་དག་སྣང་ལས་ཤར་བའི་བཤེས་གཉེན་རྡོ་རྗེ་ འཆང་དེ་ཉིད་སློབ་བུ་ཁོང་ཉིད་ཀྱི་སྤྱི་བོར་ཞུགས་ཏེ་ལུས་ཀྱི་རྩ་འཁོར་ལ་བརྒྱུད་ནས་སྙིང་ གའི་རྩ་འཁོར་ནང་དུ་བཞུགས་ཏེ་གསུངས་མགུར་ལེགས་བཞེངས་ཀྱི་ཐུགས་སྣང་དང༌། ཡང་ རྗེ་བླ་མའི་ཞལ་གཟིགས་ཀྱི་སྣང་བའི་བཀའ་ལས། ཁོང་གི་ཐུགས་ཀར་སེམས་གཏོད་ཅིག ཅེས་པ་ལྟར་བྱས་པས་སྐད་ཅིག་དེ་ཉིད་ལ་བླ་མ་རྗེས་ཐུགས་དགོངས་གཏད་པའི་སྟོབས་ ཀྱིས་མཁའ་དབྱིངས་སུ་དུས་ཀྱི་འཁོར་ལོ་དྲུག་བརྒྱ་སོ་དྲུག་གི་རྟེན་དང་བརྟེན་པའི་དཀྱིལ་ འཁོར་ཡོངས་སུ་རྫོགས་པ་བཀྲ་ལམ་མེར་བསྟན་ནས་ཁོང་གི་ཕྱག་གིས་བསྣམས་པའི་རྡོ་རྗེ་ དར་སྣ་ལྔས་བརྒྱན་པ་དེ་ཉིད་ཀྱིས་སློབ་བུ་ཁོང་ཉིད་ཁྲིད་དེ་དཀྱིལ་འཁོར་དེའི་བྱང་སྒོ་ནས་ རིམ་པས་ནང་དུ་འཇུག་པར་མཛད་དེ་ལྷ་ཚོགས་མ་ལུས་པའི་ལྷ་ངོ་ལེགས་པར་བསྟན་ཚེ་ལྷ་ དེ་དག་གི་ཞལ་ནས་དབྱངས་གསལ་གྱི་སྒྲ་གདངས་དང་བཅས་ཡི་གེ་དེ་འདྲ་དཔག་མེད་སྤྲོ་བ་ རྡོ་རྗེ་སློབ་མ་གང་ཉིད་ཀྱི་ལུས་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་ཏེ་དཀྱིལ་འཁོར་གྱི་གཙོ་ བོའི་བཀའ་ལུང་ལས། སྐལ་ལྡན་རྡོ་རྗེའི་སློབ་བུ་དེ་ཉིད་ཀྱིས་མ་འོངས་པ་ན་རིང་མིན་དུ་དུས་ ཀྱི་འཁོར་ལོ་ཆོས་དབྱིངས་གསུང་གི་དབང་ཕྱུག་རིགས་ཀུན་གྱི་ཁྱབ་བདག་དེ་ཇི་བཞིན་ མངོན་དུ་འགྱུར་ངེས་ཀྱི་ལུང་བསྟན་དབུགས་དབྱུང་དུས་སུ་ཐོབ་པའི་དགེ་མཚན་དག་སྣང་ཡ་ མཚན་པའི་ཐུགས་སྣང་ཉེ་བར་བྱུང་བ་དང༌། ཡང་བར་འགའ་ཐུགས་མཉམ་བཞག་ངོར་ནམ་ མཁའི་ཁམས་ཀྱི་ཐིག་ལེ་ལྗང་གསལ་རྔ་བོ་ཆེའི་ཚད་ཙམ་པའི་ནང་དུ་རྒྱལ་བ་མི་བསྐྱོད་པའི་ སྐུ་བརྗིད་ཆེ་བ་ངེས་པ་གསུམ་ལྡན་གྱི་ལོངས་སྐུའི་རྣམ་པར་མཐོང་བ་དང༌། སྐབས་རེ་ཐིག་ལེ་ 2-1-343 གསལ་འཚེར་ཡུངས་འབྲུ་ཙམ་པའི་ནང་དུ་ཞིང་ཁམས་རབ་འབྱམས་ཀྱི་སྣང་བརྙན་གསལ་ བོར་ངོམས་པ་སོགས་ཀྱི་ཉམས་སྣང་འཕེལ་ཞིང༌། སྲོ ག་འཛིན་སྐབས་ཐུགས་སྣང་ངོར་རང་ ལུས་ཀྱི་ནང་དུ་རྩ་དབུ་མ་སྦྲུལ་ཆེན་ལྟ་བུའི་རྣམ་པར་ཤར་བའི་ནང་དུ་སྟོང་གཟུགས་རབ་ འབྱམས་ཁ་བ་བུ་ཡུག་ལྟར་འཚུབས་ཤིང་དབུ་མའི་དབྱིངས་དེ་ཉིད་དུ་ཐིམ་འགྲོ་བའི་གསལ་ སྣང་ཆེ་བ་བྱུང་ཞིང་སྟོང་གཟུགས་ལྷ་སྐུའི་སྣང་བ་འབྱམས་ཀླས་དང་གྲུབ་ཐོབ་རིག་པ་འཛིན་ པའི་ཚོགས་གྲངས་མེད་བཅས་སྐད་གཅིག་ལ་རང་ལུས་ཀྱི་ནང་དུ་གསལ་བར་འཆར་བ་ཡང་ ཡང་བྱུང་ལ། རྨི་ལམ་འོད་གསལ་ལ་བརྟེན་ནས་ཞིང་ཁམས་གང་འདོད་དུ་ཕྱིན་ནུས་པ་ སོགས་དང༌། འཁྲུལ་འཁོར་གོང་འགབ་དང་དྲན་ཏིང་གཉིས་ཀྱི་དུས་ཐུགས་སྣང་དུ་གྲུབ་ཆེན་ དུ་མས་ལུས་སྦྱོང་དང་ཐིག་ལེའི་འཁྲུལ་འཁོར་གྱི་ཕྱག་རྒྱ་མཛད་པ་ལ་གཟིགས་བཞིན་ཁོང་ གིས་འཁྲུལ་འཁོར་འཁྱེར་ཞིང༌། དེ་སྐབས་རྒྱུན་དུ་ཐུགས་སྣང་ལ་ཡེ་ཤེས་ཁམས་ཀྱི་འོད་སྔོ ན་ པོ་འབའ་ཞིག་པས་དུས་འདའ་བ་དང་བཅས་ལན་ཅིག་ཡན་ལག་ལྔ་སྦྱོང་ཆ་ཚང་རིགས་དྲུག་ བཅས་རླུང་ཁུག་གཅིག་གི་རིང་དུ་མཛད་ནུས་པ་སོགས་ཚུལ་དེ་འདྲའི་སྒོ་ནས་ལོ་གསུམ་གྱི་ རིང་དུ་དམ་པ་འདིས་སྦྱོར་དྲུག་ཉམས་ལེན་གནད་དུ་ཁེལ་ཞིང་ཕུལ་དུ་བྱུང་བ་ཇི་བཞིན་གྱིས་ ཐུགས་དམ་ཟླ་དང་བྲལ་བ་སྒོ་ཀུན་ནས་ལེགས་པར་མཛད་པ་སྟེ་དེ་དག་གི་རིང་དུ་དབང་དང་ ཟབ་ཁྲིད་གཙོ་བོ་རྗེ་སྔགས་པ་རྡོ་རྗེ་འཆང་གིས་མཛད་ཅིང་དུས་འཁོར་དབང་ཆེན་གྱི་དུས་སུ་ རྗེ་ཉིད་གོང་དུ་བཞུགས་ནས་དབང་སྐུར་བ་པོ་ངག་དབང་ཚོགས་གཉིས་རྒྱ་མཚོ་ཡིན་ཞིང༌། དེ་སྐབས་སུ་སློབ་བུ་དམ་པ་འདིའི་ཐུགས་ཉམས་སུ་རྗེ་སྔགས་པ་རྡོ་རྗེ་འཆང་ཉིད་ཀུན་མཁྱེན་ ཇོ་ནང་པ་ཆེན་པོའི་སྐུ་དངོས་སུ་མཐོང་ཞིང༌། འདི་སྐོར་ཐུགས་སློབ་མཆོག་དེ་ལ་ཆོས་ཁྲིད་ཀྱི་ གསལ་གདབ་ཅི་དགོས་རྗེ་ཚོགས་གཉིས་རྒྱ་མཚོས་མཛད་ལ་དབང་ལུང་འགངས་ཆེ་བ་ རྣམས་བླ་མ་བསོད་ནམས་བཟང་པོས་གསུངས་པའི་སྒོ་ནས་སྦྱོར་དྲུག་ཆོས་སྐོར་ཡོངས་ 2-1-344 རྫོགས་དང་དེ་མིན་གྱི་ཉེར་མཁོའི་ཆོས་བཀའ་ཡང་མང་ཙམ་ནོད་པ་ཡིན། དགུང་ལོ་ཉི་ཤུའི་ སྟེང་དུ་རྗེ་སྔགས་པ་མཁན་པོ་གོང་བཞུགས་ཀྱི་སྒོས་བརྟན་མཁས་མཆོག་དགེ་སློང་བསོད་ ནམས་བཟང་པོས་ཞང་སྟོན་འདུལ་ཆོག་གི་ལག་ལེན་ལ་བརྟེན་ནས་མཁན་སློབ་གང་འོས་ དང༌། དེ་ལུགས་བཞིན་གྱི་དགེ་འདུན་གྲངས་ཚང་གི་མདུན་དུ། དམ་པ་འདི་ལ་རབ་བྱུང་སོ་ ཐར་གྱི་དགེ་ཚུལ་སློང་གི་སྡོམ་པ་རིམ་གྱིས་ལེགས་པར་ཐོབ་ལ། དགོངས་ཉམས་སུ་རྗེ་སྔོ ན་ འབྲེལ་ཟབ་མོའི་སྤྲུལ་པའི་བཤེས་གཉེན་གང་གིས་སློབ་བུ་འདི་ལ་དཔལ་གསང་བ་འདུས་ པའི་ཡེ་ཤེས་ཆེན་པོའི་ཟབ་དབང་ལེགས་བསྐུར་གྱི་ངང་ནས་མ་འོངས་པ་ན་འཇམ་པའི་རྡོ་རྗེ་ མངོན་དུ་འགྱུར་བའི་དབུགས་དབྱུང་གཟེངས་བསྟོད་ཀྱང་ཐོབ། དགུང་ལོ་ཉེར་གཅིག་གི་ དུས་སུ་འཛམ་ཐང་གཙང་བའི་སྒྲུབ་གྲྭ་གོང་མར་རབ་ཁ་བླ་མ་ཀུན་དགའ་མཁས་གྲུབ་དབང་ པོ་རྡོ་རྗེ་སློབ་དཔོན་དུ་དམ་པ་འདིས་བསྟེན་ནས་ལོ་གཅིག་ལ་སྦྱོར་དྲུག་ཉམས་ལེན་མཛད་ པས་ཐུགས་ཀྱི་མངོན་རྟོགས་སྔར་ལས་ཆེས་ཆེར་འཕེལ་བ་བྱུང༌། འདི་སྐོར་ཁོང་གི་ཐུགས་ སྣང་ངོར་སྤྲུལ་པའི་བཤེས་གཉེན་མཆོག་ཉིད་ཀྱི་ཐུགས་ཆོས་སྐུ་ཀུན་ཁྱབ་ཀྱི་རང་བཞིན་དུ་ ངེས་པ་ལ་རྣམ་པ་ཙམ་སྐུའི་བཀོད་པ་སངས་རྒྱས་སྨན་བླའི་ཞིང་དང་གསུང་གི་བཀོད་པ་ མཁའ་སྤྱོད་དག་པའི་ཞིང་དང༌། ཐུགས་ཀྱི་བཀོད་པ་བདེ་བ་ཅན་གྱི་ཞིང་རྣམས་སུ་ནམ་ཡང་ རིས་བྲལ་སྤྲུལ་བཀོད་ཀྱི་རྣམ་པར་ཐུགས་ཐག་ཆོད་ངེས་སུ་ཡང་ཡང་བྱུང་བ་ཡོད་ལ། དགུང་ ལོ་ཉེར་གཉིས་པ་རྗེ་བླ་མའི་ཞབས་དྲུང་སྒྲུབ་གནས་དེ་ཉིད་དུ་དམ་པ་འདི་ཉིད་སླར་ཡང་སྦྱོར་ དྲུག་ཏུ་ལོ་གསུམ་བཞུགས་སྐབས་ཀླད་རྗེ་རིན་པོ་ཆེ་སྔགས་པ་རྡོ་རྗེ་འཆང་གིས་བྱིན་རླབས་ ཀྱི་དབང་ཁྲིད་གལ་ཆེ་བ་རྣམས་མཛད་པ་ཙམ་ལས་གཞན་དབང་བཀའ་ཆོས་ཁྲིད་ཅི་དགོས་ ཐམས་ཅད་རྡོ་རྗེ་འཆང་གཉིས་པ་ངག་དབང་ཚོགས་གཉིས་རྒྱ་མཚོ་དང་དགེ་སློང་རྡོ་རྗེ་འཛིན་ པ་ངག་དབང་བསོད་ནམས་བཟང་པོ་གཉིས་ཀྱིས་ལེགས་པར་མཛད་པ་སྟེ་འདི་སྐོར་སྔ་ཕྱི་ཅི་ 2-1-345 རིགས་སུ་རྗེ་བླ་མ་རྣམ་གཉིས་ཀྱི་དྲུང་ནས་དམ་པ་འདི་ལ་ཆོས་བཀའ་ཆེས་མང་ཞིག་ཐོབ་པ་ ཡིན་ལ། དེ་ལྟར་དགུང་ལོ་ཉེར་གཉིས་ནས་ཉེར་བཞི་ཡན་ལ་ཉིད་ཀྱིས་སྦྱོར་དྲུག་ཉམས་ལེན་ སྐབས་རྩ་རླུང་གི་ནུས་པ་ཆེར་སྨིན་པས་ཐིག་ལེ་དཀར་དམར་ལ་གནད་དུ་ཐེབས་ཚབས་ཆེ་ བས་ཐུགས་སྣང་ངོར་རང་གི་འོག་ཕྱོགས་ནས་ཉི་མ་འཆར་ཞིང་སྟེང་ཕྱོགས་ནས་ཟླ་བ་ཤར་ བཞིན་པའི་བར་ན་འབྲུ་དྲུག་ཤིང་ལྗོན་སྣ་ཚོགས་པས་གང་འདུག་པའི་གཏུམ་མོ་དང་བྱང་ སེམས་འབར་འཛག་གི་སྣང་བ་དང་དབུ་མ་ཡེ་ཤེས་ཀྱི་རྩ་ནང་དུ་མཁའ་རླུང་རོ་མཉམ་གྱི་ དག་སྣང་ཁྱད་པར་བ་དེ་ལྟ་བུའི་ཚུལ་ཡང་ཡང་བྱུང་བའི་མགོ་བཟུང་བ་ནས་དག་སྣང་མཆོག་ གི་ཀློང་རྡོལ་ཞིང་གནས་ལུགས་འོད་གསལ་གྱི་རིག་གདངས་སུ་ཇི་བཞིན་བརྗོད་མི་ནུས་པའི་ དག་པའི་ཞིང་ཁམས་བྱེ་བ་རབ་འབྱམས་ཀྱི་བཀོད་པ་དེར་བཞུགས་རྒྱལ་བའི་མཛད་ཆེན་གྱི་ མཚར་བཀོད་དང་བཅས་མ་འདྲེས་པ་ལེགས་པར་གཟིགས་པའི་ཡེ་ཤེས་དམ་པའི་མཁྱེན་ སྤྱན་མངའ་བར་གྱུར་ཏོ། །ཕྱི་མའི་ལོ་དེར་ས་དམར་བླ་མ་སྙན་གྲགས་ཀྱི་མདུན་ནས་ཁོང་ གིས་དུས་འཁོར་དབང་ཆེན་དང༌། ནཻ་གུ་བཀའ་ཕྱི་ནང་ཡོངས་རྫོགས་སོགས་ཆོས་བཀའ་དུ་ མ་ཞིག་གསན། དགུང་ལོ་ཉེར་ལྔ་ལ་རྗེ་སྔགས་པ་གཙོ་བོར་གྱུར་པའི་རྡོ་རྗེ་འཆང་རྣམ་གསུམ་ གྱི་དྲུང་ནས་ཟབ་མོ་ཤངས་ཆོས་ཀྱི་དབང་ཁྲིད་དམ་པ་འདིས་ལེགས་གསན་གྱི་སྒོ་ནས་ནཻ་ གུའི་བསྐྱེད་རིམ་སྔོན་སོང་གི་རྫོགས་རིམ་ཆོས་དྲུག་ཉམས་བཞེས་མཛད་སྐབས་ལམ་རང་ རང་ལ་མྱོང་རྟགས་ཁྱད་པར་བ་རེ་ཡོད་པ་མ་ཟད་བར་བར་མཁའ་སྤྱོད་དཀར་དམར་གྲི་གུག་ ཐོགས་པ་བྱུང་སྟེ་དེ་གཉིས་ཀའི་ཕྱག་མཚན་གྱིས་ཁོང་གི་རྣམ་སྨིན་གྱི་བེམ་ལུས་དུམ་བུར་ གཏུབས་པ་དང་རྨི་ལམ་འོད་གསལ་གྱི་ངང་ནས་དག་མ་དག་གི་ཞིང་མང་པོ་ལ་སྔར་ལས་ ལྷག་པར་བགྲོད་ནུས་པའི་ཆོས་སྦྱིན་དམ་པའི་ཏིང་ངེ་འཛིན་ཕུལ་བྱུང་ཐུགས་ལ་འཁྲུངས་པ་ སོགས་ཀྱང་བྱུང༌། དགུང་ལོ་ཉེར་དྲུག་ཏུ་ཉིད་ཀྱིས་སླར་ཡང་ནཻ་གུ་ཆོས་དྲུག་ལ་བླ་མ་རྣམ་ 2-1-346 གསུམ་གྱི་ཞལ་ལུང་ལས་མཉམ་བཞེས་ཀྱི་སྐབས་སྔགས་པ་རྡོ་རྗེ་འཆང་དེ་མཚམས་ཤིག་ ནས་གཟུགས་སྐུ་ཆོས་དབྱིངས་སུ་བསྡུ་བ་ལ་ཆས་ཚེ་རྗེ་གང་གིས་ཐུགས་སྲས་མཆོག་གྱུར་ འདི་ཉིད་ཁོང་དང་འགྲོ་དོན་མཉམ་ཚུལ་དང་ནང་ཉམས་དང་རྟོགས་པའི་འཆར་སྒོ་ཁོང་དང་ ཁྱད་མེད་ཡིན་ཚུལ་སོགས་ཆེ་བསྔགས་རྒྱ་ཆེ་བ་མཛད་བཞིན་རྗེ་ཉིད་དག་ཞིང་དུ་གཟིགས་ སྐབས་སློབ་བུ་མཆོག་ལ་རྗེ་རྩ་བའི་བླ་མ་བཀའ་དྲིན་ཅན་གང་གི་གསང་བ་གསུམ་གྱི་མཛད་ བཟང་གི་གཟིགས་སྣང་ཡང་ཡང་བྱུང་ཞིང་མཐར་འོད་ཟེར་དམར་པོའི་དྲ་བའི་སྦུབས་ནས་ ཞལ་བཟང་ཆེས་གསལ་གྱི་ངང་དུ་ནམ་ཞིག་རྡོ་རྗེའི་སློབ་ཆེན་ཉིད་འགྲོ་འདྲེན་གྱི་དེད་དཔོན་ མཆོག་ཏུ་བཀའ་ལུང་གསལ་བས་དབུགས་དབྱུང་ངེས་པར་ཐོབ་པ་ཡིན་ལ། བར་འགའ་ ཐུགས་སྣང་དུ་རང་དགོན་ཐོག་གི་ལམ་ནས་བུད་མེད་མཛེས་མའི་རྣམ་པ་ཞིག་གིས་ངག་སྙན་ པོའི་སྒོ་ནས་དམ་པ་ཉིད་ཀྱི་མཚན་འབོད་བཞིན་བྱང་ཆུབ་ཐང་དུ་རྩྭ་ཐུན་ལ་འགྲོ། ཞེས་ གསུངས་པ་ལ་བརྟེན་ཁོང་གི་ཐུགས་སྣང་ཟག་མེད་བདེ་བས་ཉིན་མཚན་འཁོར་མོ་ཡུག་ཏུ་ འདའ་བ་རེབ་ཙམ་ལ་བྱུང་ཞིང་དེ་མཚམས་ཤིག་ནས་རང་སྣང་དུ་དཔལ་འཁོར་ལོ་བདེ་ མཆོག་གི་རྟེན་དང་བརྟེན་པའི་དཀྱིལ་འཁོར་མཐའ་དག་ཆེས་རང་གསལ་དུ་མངོན་པ་རྒྱུན་ ལྡན་ལྟ་བུར་ཡོད་ལ་བར་བར་མཚན་མོར་རྨི་ལམ་འོད་གསལ་གྱི་སྣང་བར་དཔའ་བོ་དང་རྣལ་ འབྱོར་མ་བགྲང་ཡས་དང་ལྷན་གཅིག་ཏུ་དགའ་སྟོན་ཚོགས་ཀྱི་འཁོར་ལོ་ལ་རོལ་པའི་དག་ སྣང་གསལ་བོ་ངེས་པར་བྱུང་བས་ཐུགས་སྣང་འོད་གསལ་གནས་ལུགས་ལ་རེག་ཚབས་ཆེ་ བ་དང༌། རྡོ་རྗེ་རྣལ་འབྱོར་མའི་ཞལ་གཟིགས་ཀྱི་སྣང་བའི་བཀའ་ལུང་ལས། དམ་པ་ཉིད་ལ་ ཁྱོད་ཀྱི་ཡི་དམ་གྱི་རྩ་བ་བདེ་མཆོག་ཉིད་ཡིན་ནོ། །ཞེས་པའི་གསུང་གནང་གི་མཐར་ཁོང་རང་ ལ་འོད་ཟེར་སྔོན་པོས་ཁེབས་སོང་ནས་རང་ལུས་དྭངས་མ་འོད་སྔོན་གསལ་བའི་རྣམ་པར་ མཐོང་ཞིང་འདི་སྐབས་སུ་ཉིད་ཐུགས་ངོར་རྡོ་རྗེ་རྣམ་བཞིའི་ཟབ་གཏེར་གྱི་སྒོ་དོད་དེ་འགྲོ་ 2-1-347 ཕན་ལེགས་དགེ་ཟླ་དང་བྲལ་བ་ཞིག་འབྱུང་ཉེ་ཡང་དུས་དབང་གི་ཉམས་སྣང་ཙམ་ལས་ལག་ ཏུ་མ་ལོང༌། དགུང་ལོ་ཉེར་བདུན་དུ་རྟ་མདོར་བྲག་དཀར་སྤྲུལ་པའི་སྐུ་བློ་བཟང་དཔལ་ལྡན་ བསྟན་འཛིན་སྙན་གྲགས་ཕྱགས་ཕེབས་པའི་མདུན་ནས་འདུས་པ་ཆེས་མང་དང་ལྷན་ཅིག་ཏུ་ དམ་པ་འདིས་རྒྱལ་བའི་བཀའ་ཆོས་ཆེན་མོ་མདོ་མང༌། རྒྱུད་འབུམ། ཤེར་ཕྱིན་རྒྱས་འབྲི ང་ བསྡུས་གསུམ། དམ་ཆོས་དཀོན་མཆོག་བརྩེགས་པ། འཕགས་པ་ཕལ་བོ་ཆེ་སོགས་བཀའ་ འགྱུར་རོ་ཅོག་གི་བཀླག་ལུང་ཡོངས་རྫོགས་དང༌། གཞན་ཡང་ཀློ ང་ཆེན་མཛོད་བདུན་སོགས་ ཆོས་བཀའ་མང་པོ་ལེགས་གསན་མཛད། འདི་སྐོར་འཛམ་ཐང་གཙང་བའི་གཟིམས་ཁང་དུ་ ཉག་བླ་གཏེར་ཆེན་བྱོན་ནས་གུ་དྲག་ཡེ་ཤེས་རབ་འབར་གྱི་དབང་དང་སྒྲུབ་པ་སོགས་ཀྱི་ སྐབས་སུ་དམ་པ་ཁོང་དེར་ཡོད་པའི་ཐུགས་སྣང་ངོར་ཐིག་ལེ་ལྗང་སྔོན་ཟུར་གསུམ་གྱི་དབུས་ སུ་རྡོ་རྗེ་གཞོན་ནུ་ཁྲོ་བཅུ་ཁྲ་ཐབས་སོགས་ཕུར་བ་སྲས་ཀྱི་ལྷ་ཚོགས་ཡོངས་རྫོགས་འོད་ གསལ་སྟོང་གཟུགས་ཀྱི་རྣམ་པ་མ་བཅོས་རང་ཤར་གྱི་ཚུལ་དུ་གཟིགས་པ་སོགས་ཀྱི་དགེ་ མཚན་བྱུང༌། དགུང་ལོ་ཉེར་བརྒྱད་པར་ས་དམར་བླ་མ་སྙན་གྲགས་ཀྱི་དྲུང་དུ། དམ་པ་འདིས་ སྒྲུབ་ཐབས་རིན་འབྱུང་ཆ་ཚང་གི་དབང་བཀའ་དང༌། གཅོད་དབང་ནམ་མཁའ་སྒོ་འབྱེད་ སོགས་ཀྱང་མནོས་ཤིང༌། དགུང་ལོ་ཉེར་དགུའི་དུས་སུ་ལྷ་ཚེ་གཅོད་པ་རིན་པོ་ཆེའི་སྐུ་མདུན་ དུ། ཉིད་ཀྱིས་གཅོད་ཚོགས་བརྒྱ་དང༌། རཏྣའི་ཕུར་བའི་དབང་སོགས་ཆོས་བཀའ་དུ་མ་ཞུས་ ཏེ་འདི་དང་དེའི་ལོ་ཕྱི་མ་གཉིས་སུ་གང་ཉིད་ཀྱིས་གཅོད་དང་བསྙེན་མཚམས་གནད་ཁེལ་ མཛད་དེ་ཕན་ཆད་ཁོང་གིས་ལུས་སྦྱིན་རྒྱུན་ཁྱེར་མཛད་སྐབས་རྣམས་སུ་གཅོད་ཉམས་ལ་ མཁའ་དབྱིངས་ནས་ཁ་དོག་སྣ་ལྔ་ཚང་བའི་བྱ་རྒོད་མཐའ་ཡས་པ་ཕྱོགས་མཚམས་ཐམས་ ཅད་ནས་བྱུང་སྟེ་ཤ་ལ་རོལ་པ་སོགས་ཀྱི་ཉམས་སྣང་རྒྱུན་མར་བྱུང་ལ། དགུང་ལོ་སོ་གཅིག་ སོ་གཉིས་སྐོར་དུ་ཉིད་ཀྱིས་བླ་མ་རྣམ་གཉིས་སོགས་ཀྱི་ཞལ་ལུང་ལས་བསྐྱེད་རིམ་གྱི་ 2-1-348 དམིགས་ཁྲིད། འབྱུང་འདུལ། རྟ་མགྲིན་གྱི་བསྙེན་ཁྲིད་རྣམས་གསན་ནས་བསྙེན་སྒྲུབ་ཚད་ ལྡན་གནད་འཁྱོལ་ཀྱང་མཛད། དགུང་ལོ་སོ་གསུམ་དུ་འཛམ་ཐང་གཙང་བའི་སྒྲུབ་གྲྭ་བར་ མར་རྗེ་ཚོགས་གཉིས་རྒྱ་མཚོ་དང་ཨ་མགོན་བླ་མ་ངག་དབང་བསྟན་པ་གསལ་བྱེད་ཟུང་གི་ མདུན་ནས་ཁོང་གིས་ལམ་རིམ་རྒྱས་འགྲེལ་ཆེན་མོའི་བཤད་ཁྲིད་ཞུས་ཏེ་ཉམས་ལེན་ལོ་ གཅིག་ཏུ་མཛད། དགུང་ལོ་སོ་བཞི་སྐོར་ན་རྩ་བའི་བླ་མའི་གདན་ས་སྒྲུབ་གནས་སུ་བླ་མ་རྣམ་ གཉིས་ལས་ཉིད་ཀྱིས་ཟབ་ཁྲིད་སོགས་ཞལ་ལུང་ལེགས་མནོས་ཀྱི་སྒོ་ནས་འཇིགས་བྱེད་ འབྲུ་ནོན། སྙན་བརྒྱུད། མགོན་པོ་བྲག་རྫོང་མ་སོགས་ཀྱི་བསྙེན་སྒྲུབ་ཚད་ལྡན་མཛད་དུས། འཇིགས་བྱེད་སྐབས་ཕྱིས་སུ་ཁོང་གིས་གཙང་བའི་སྒྲུབ་བླར་བྱས་ཏེ་རྭ་ཟོར་འཕེན་དགོས་ བྱུང་བའི་ཚུལ་ཇི་བཞིན་སྔོན་དུས་འདི་ནས་གཟིགས་པ་དང་སྒྲུབ་གཏོར་དང་ནང་མཆོད་ སོགས་ལ་དྲི་བཟང་པོའི་ངད་འཐུལ་བ་དང་རིལ་བུ་དཀར་པོ་གྲངས་མང་མངོན་གསལ་ མཐུན་སྣང་དུ་ཡོད་པ་སོགས་ཀྱི་རྟགས་མཚན་བྱུང༌། དགུང་ལོ་སོ་བདུན་སྐོར་སོགས་སུ་ཁོང་ ཉིད་འདུ་ཁང་ཇ་ཁང་དུ་བཞུགས་ནས་གང་གིས་རྒྱལ་བའི་བཀའ་འགྱུར་ཆ་ཚང་ཞལ་འདོན་ མཛད་ཅིང་འདི་དག་གི་སྐབས་སུ་དགོངས་ཉམས་ལ་རྡོ་རྗེ་རྣལ་འབྱོར་མའི་མཛེས་སྐུ་སྟོང་ གཟུགས་སྒྱུ་མའི་ཚུལ་གྱིས་མཇལ་ཏེ་ལེགས་ཉེས་ལྐོག་གྱུར་གྱི་གནས་འགའ་རེ་ཇི་བཞིན་ གསུང་འདོམས་མཛད་ཅིང་འདི་སྐོར་ཅི་རིགས་པར་རྗེ་བླ་མ་ངག་དབང་བསོད་ནམས་བཟང་ པོ་གང་གི་མདུན་ནས་ཉིད་ཀྱིས་སྒྲུབ་ཐབས་རིན་འབྱུང་གི་ཟབ་དབང་ཡོངས་རྫོགས་ཀྱང་ ལེགས་ནོད་ཀྱིས་ཐོབ་ལ། སྐབས་ཤིག་ཏུ་ཁོང་གི་ཐུགས་སྣང་དུ་ལྟེ་བའི་རྩ་འཁོར་དུ་རྣལ་ འབྱོར་མའི་སྐུ་ཕྲ་མོ་ཞིག་འཁོར་ལོ་ལྟར་འཁོར་མོ་ཡུག་ཏུ་མྱུར་བར་འཁོར་བས་ལུས་ལ་བདེ་ ཉམས་འབར་བ་ཡང་ཡང་བྱུང་ཞིང་རྐྱེན་དེས་ཉམས་འུར་ནས་ལུས་འཁོར་བ་དང་བསྐྱོད་པ་ སོགས་དབང་མེད་ཤུགས་འབྱུང་གིས་བྱེད་པ་དང་ཉམས་ལེན་གྱི་རྟོགས་པ་ལའང་ཕན་ཚུན་ 2-1-349 འགྲན་པ་ལྟ་བུའི་ངང་ཚུལ་གྱིས་སྒོ་ཀུན་ནས་ཆེར་འཕེལ་བའི་ཚོད་དུ་འདུག་ཅིང༌། ཁོང་གི་ཉེ་ འཁོར་ན་ཡོད་པའི་ནད་པ་འཚོ་འཆི་ཇི་ལྟར་འགྱུར་གྱི་གནས་ཚུལ་ཐུགས་ཀྱིས་སྔ་མོར་ཇི་ བཞིན་མཁྱེན་པ་ཕྱིས་ཐོག་ཁེལ་དུ་སོང་བ་དང་ཁོང་དང་ཐག་རིང་གི་ཡུལ་ན་ཡོད་པའི་ནད་པ་ ཞིག་གཞན་དག་གིས་འཆི་ངེས་པ་རེད་ཟེར་སྐབས་ནད་པ་ཁོ་རང་གི་སྣང་ངོར་རྗེ་དམ་པ་འདི་ ཉིད་ཞལ་མཇལ་བའི་ཚུལ་གྱིས་བཀའ་ལུང་ལས། ཁྱོད་ཀྱིས་བསྙེན་ཁ་མ་གང་བར་མི་འཆི་ བའི་ཞལ་གསུང་གསལ་བོ་བྱུང་བ་ལྟར་ཕྱིས་སུ་དེ་ལུགས་ལྟར་གྱུར་པ་སོགས་ཀྱིས་མཚོན་དེ་ འདྲའི་ལོ་རྒྱུས་དུ་མ་ཡོད་དོ། །དགུང་ལོ་བཞི་བཅུའི་སྐོར་ཞིག་ནས་བར་བར་དུ་ཉིད་ཀྱི་ཐུགས་ སྣང་ལ་དུས་འཁོར་རྫོགས་རིམ་སྦྱོར་དྲུག་གི་རྗེས་དྲན་དང་བདེ་མཆོག་རིམ་ལྔ་སོགས་ཀྱི་སྒྱུ་ ལུས་ཀྱི་ཉམས་ཁོང་གི་རང་ལུས་གདོས་བཅས་བེམ་པོའི་སྣང་ཆ་དབྱིངས་སུ་ཡལ་ནས་དཔལ་ ལྡན་བདེ་བ་མཆོག་གི་སྒྱུ་མའི་སྐུ་དབུ་འབུམ་ཕྱག་འབུམ་གྱི་རྣམ་པ་ཕྱི་ནང་རིམ་པ་ལྔ་ལས་ ནང་མ་ཆེས་གསལ་ཞིང་དྭངས་པའི་བདག་ཉིད་དང་ཕྱི་མ་རྣམས་རིམ་པས་ཇེ་མི་གསལ་དུ་ སོང་བ་ཞིག་ཏུ་གྱུར་ཏེ་བར་བར་རྣམས་སུ་སྐུ་ལུས་སྟོང་གཟུགས་ཀྱི་རྣམ་པ་མོས་བཏགས་ལ་ ལྟོས་པ་མེད་པར་རང་གཤིས་གཉུག་མའི་ཚུལ་དུ་རང་གསལ་དུ་ཤར་བའི་སྐུ་དེ་ཉིད་ལས་ རྒྱུད་སྡེའི་ལྷ་དཔག་མེད་ཕྱོགས་མཚམས་ཀུན་ཏུ་ཕར་སྤྲོ་ཞིང་ཚུར་བསྡུ་བའི་རྣམ་པ་རེས་མོས་ ཀྱི་སྣང་ཚུལ་ཡ་མཚན་པ་ཡང་ཡང་བྱུང་བས་ཐ་མལ་གྱི་སྣང་བ་དག་སྣང་རྒྱན་གྱི་འཁོར་ལོ་ མཆོག་ཏུ་ཤར་བའི་དབུ་ཚུགས་པ་ནས་བཟུང་སྔགས་ཀྱི་རྡོ་རྗེ་འཛིན་པ་ངེས་པ་དོན་གྱི་བཤེས་ གཉེན་དེང་དུས་སུ་ཟླ་བྲལ་གྱི་གོ་འཕང་ལ་ཉེ་བར་སོན་ཞིང༌། འདི་སྐོར་ཁོང་ཉིད་འཛམ་ངོས་ རྡོ་རྗེ་འཆང་གི་སྐུ་མདུན་དུ་བར་བར་ཕེབས་ཏེ་ཉམས་ལེན་ལ་འདྲི་གཏུགས་ཆེན་པོ་ཡང་ཡང་ བྱེད་པ་དང་སྔར་སྒྲུབ་གྲྭར་བཞུགས་པ་ནས་རྗེ་དེ་ཉིད་ཀྱི་དྲུང་དུ་ཆོས་བཀའ་ཅི་དགོས་ཉིད་ ནས་གསན་ཅིང་རྟོགས་འབུལ་ཀྱང་ཡང་ཡང་ཞུ་བ་ཕུལ་བས་ཐུགས་ཡིད་གཅིག་འདྲེས་སུ་ 2-1-350 གྱུར་ཏེ་རྗེ་དམ་པའི་ཐུགས་སྲས་ཆེ་བསྔགས་ཀྱི་མཛད་སྒོ་ཅན་དུ་དམ་པ་འདི་ཉིད་ལེགས་ གྱུར་གྱི་ངོས་ནས་སྔོན་བྱོན་ཀུན་མཁྱེན་ཇོ་ནང་པ་ཆེན་པོའི་ཐུགས་སྲས་མཆོག་གྱུར་ཇོ་ནང་ལོ་ ཙྭ་བ་ཞེས་གྲགས་པ་སྟེ་མཚན་དངོས་སྐད་གཉིས་ལེགས་སྨྲ་རྗེ་བློ་གྲོས་དཔལ་དང༌། རྫོགས་ ཆེན་སྙིང་ཐིག་གི་གྲུབ་ཐོབ་ཆེན་པོ་རྡོ་བླ་ཀུན་བཟང་གཞན་ཕན་གྱི་རྡོ་རྗེའི་མཚན་ཅན་སློབ་ ཆེན་རྣམ་བཞིའི་ཡ་གྱལ་རས་པ་དམ་ཚིག་རྡོ་རྗེ་དང༌། འཛམ་ཐང་སྦྱངས་པ་སྐྱབས་མགོན་གྱི་ དངོས་སློབ་ན་ནོབ་རྟོགས་པའི་དབང་ཕྱུག་རྗེ་དམ་པ་དག་གི་རྣམ་པར་རོལ་པའི་ཐུགས་རྗེ་ ལས་དམ་པ་མཆོག་གང་དེ་ཉིད་སྙིགས་མའི་དུས་སུ་གསང་སྔགས་བསྟན་པ་ཡོངས་སྤེལ་གྱི་ འགྲོ་བའི་མགོན་དུ་སླར་ཉེ་བར་བྱོན་པ་སྟེ་འདི་ཉིད་ཀྱི་དགུང་ལོ་ཞེ་གཉིས་སྐོར་དུ་ལྷ་རྩེ་སྤྲུལ་ པའི་སྐུ་མཆོག་གི་དྲུང་དུ་ཁོང་གིས་དཀོན་མཆོག་སྤྱི་འདུས་ཀོང་སྤྲུལ་གྱིས་མཛད་པའི་སྟེང་ ནས་ཟབ་དབང་ལེགས་ནོད་ཀྱི་སྒོ་ནས་ལོ་དེར་མཚམས་བསྙེན་གནད་ཁེལ་གྱིས་རྟགས་ མཚན་ཀྱང་ཁྱད་པར་བ་བྱུང་ལ། འདི་སྐོར་གོང་འོག་ཅི་རིགས་རྣམས་སུ་ཉིད་ཀྱི་ཐུགས་སྣང་ དུ་བར་བར་ལ་ཁོང་ཉིད་སྔོན་རས་པ་དམ་ཚིག་རྡོ་རྗེ་ཡིན་དུས་གྱི་སྐུ་སྒྱུ་འཕྲུལ་ལ་དབང་ཐོབ་ ཚུལ་ཝལ་ཝལ་ཆེས་གསལ་བོར་ཤར་བ་ཡང་ཡང་བྱུང་ཞིང་འདི་སྐབས་ཤིག་ཏུ་ཉིན་གཅིག་ ལ་ཁོང་གི་ཐུགས་རྨི་ལམ་འོད་གསལ་ངོར་རི་བོ་མཐོན་པོའི་ཐོག་ཏུ་ཁྲི་ཞིག་གི་སྟེང་ན་ གདུགས་ཕུབ་པའི་འོག་ཏུ་ཁོང་ཉིད་བཞུགས་པ་དེའི་མདུན་མཚོ་ཆེ་བ་ཞིག་ཡོད་པ་ནས་བུད་ མེད་མཛེས་མ་ལྷ་མོའི་རྣམ་པ་ཞིག་ཐོན་ཏེ་ཕྱག་གཉིས་ཀྱིས་དུང་དཀར་ཞིག་ཕུལ་ཏེ་ཁོང་ གིས་དེ་ལེགས་འབུད་བྱས་པས་དུང་སྒྲས་ཕྱོགས་ཀུན་ཁྱབ་པའི་གསལ་སྣང་བྱུང་བ་ལྟར་རྗེས་ སོར་ཆོས་ཀྱི་ཁྲི་ལ་རྡོ་རྗེ་སློབ་དཔོན་དུ་བཞུགས་དགོས་བྱུང་ལ། དམ་པ་མཆོག་གི་ཐུགས་ ཉམས་སུ་རྗེ་བཙུན་སྒྲོལ་མ་ཉེར་གཅིག་གི་གཟིགས་སྣང་དང༌། རྡོ་རྗེ་འཆང་སྤྲུལ་པའི་བཤེས་ གཉེན་གོང་སྨོ ས་བཞིན་དང༌། རྗེ་ངག་དབང་ཆོས་འཛིན་ཞབས་དང༌། རྩ་བའི་བླ་མ་ཀུན་ 2-1-351 དགའ་མཉམ་ཉིད་དཔལ་བཟང་པོ་སོགས་རྡོ་རྗེ་འཛིན་པ་བཀའ་དྲིན་ཅན་མང་པོའི་ཞལ་སྟོང་ གཟུགས་སྒྱུ་མའི་རྣམ་པར་ཡང་ཡང་མཇལ་བ་ལགས་ཏེ། ཚུལ་དེ་ལུགས་ཀྱིས་རང་གནས་བླ་ མའི་གདན་སར་ཐུགས་སྒྲུབ་པ་ལ་གཙོ་བོར་གཞོལ་བས་མཉམ་བཞག་དམ་པའི་སྤྱོད་པ་ལ་ རྒྱུན་གནས་ཀྱིས་བཞུགས་ཤིང་དགུང་ལོ་ཞེ་གསུམ་གྱི་སྟེང་དུ་སྔར་ཁོང་ཉིད་ཀྱི་རྨི་ལྟས་ གསལ་བའི་ལེགས་མཚན་ལྟར་དང་འདིར་ཡང་ཁོང་གི་ཆོས་མཆེད་དམ་པ་ཞིག་གི་མནལ་ ལམ་དུའང་སྒྲུབ་གནས་རི་ཁྲོད་དུ་སྒྲོན་མེ་གསལ་བོ་ཟུང་ཅིག་ཡོད་པ་དེ་མི་ནག་པོ་ཞིག་གིས་ གཞན་དུ་གདན་འདྲེན་མཛད་པར་རྨི་ཉམས་བྱུང་བ་དེ་ལྟར་དུ་རྗེ་དམ་པ་གང་ཉིད་ཀྱི་བསྟན་ འགྲོ་ལ་ཕན་པའི་ལེགས་སྒོ་དུས་སུ་བབ་པ་ལ་ཉེ་བའི་སྐབས་སུ་ལོ་འདིའི་མཇུག་ཙམ་ལ་ འཛམ་ཐང་གཙང་ཆེན་གོང་མའི་སྐུ་ངོ་སོགས་ཀྱི་བཀའ་བཀོད་ལ་བརྟེན་ནས་དགུང་ལོ་ཞེ་ བཞིའི་སྟེང་ཙམ་ན་རྗེ་དམ་པ་མཆོག་དེ་ཉིད་གཙང་བའི་གཟིམས་ཁང་དུ་རྡོ་རྗེ་སློབ་དཔོན་ གོང་མའི་རྒྱལ་ཚབ་གཉིས་པ་ལྟ་བུའི་ཚུལ་དུ་མངའ་གསོལ་མཛད་དེ་གཞན་ཕན་གྱི་མཛད་སྒོ་ ཚུགས་པ་ནས་བཟུང་རིམ་པས་ཁོང་ཉིད་ཀྱིས་ཆོས་གྲྭ་ཁ་ཚང་ལ་ཐུགས་ཁུར་བཞེས་དགོས་ བྱུང་སྟེ་ལོ་བསྟར་བཞིན་གྱི་གཟིམས་ཁང་དང་སྒྲུབ་གྲྭ་བཅས་ཕན་ཚུན་སྒྲུབ་པའི་སྡེ་གང་དག་ ཡོད་པ་རྣམས་ལ་རང་རང་དང་འཚམས་པའི་དབང་ལུང་ཁྲིད་ཀྱི་ཆོས་བཀའ་གང་དགོས་ ཐམས་ཅད་རིམ་པ་བཞིན་དམ་པ་འདི་ཉིད་ཀྱིས་མཛད་དགོས་བྱུང་བའི་ངོས་ནས་གཟིམ་ཁང་ དུ་སྦྱོར་དྲུག་པའི་ཆོས་ཚན་དང་པོ་འོད་ལྡན་སོགས་ཀྱི་སྐོར་ལ་ཁོང་གིས་སྦྱོར་དྲུག་གི་ཆོས་ སྐོར་ཉེར་མཁོ་མཐའ་དག་ལེགས་བསྩལ་དང་ཆབས་ཅིག་སྒྲུབ་གྲྭ་གོང་མར་སྦྱོར་དྲུག་དང་ འགབ་མར་ནཻ་གུ་དང་བསྐྱེད་རིམ་སྣ་ཚོགས་ཅི་དགོས་ཐམས་ཅད་ཀྱི་དབང་ལུང་དམིགས་ ཁྲིད་རྣམས་ལོ་རེ་བཞིན་དུ་རིམ་པར་མཛད་དེ་འདི་སྐོར་ཁོང་གིས་དུས་འགྱུར་གྱི་ཚུལ་ཡང་ གསལ་བོར་སྔ་མོ་ནས་ཇི་བཞིན་མཁྱེན་ལ། ལོ་དེའི་མཇུག་ཅིག་ནས་དམར་དམག་རྒྱང་རིང་ 2-1-352 རྒྱ་ཡུལ་ནས་ཆེར་བསྐྱོད་པའི་དུས་ཟིང་གི་ཡུལ་སྡེ་མ་བདེ་སྟབས་རྗེ་ཉིད་ཀྱང་མགོ་ལོག་ ཕྱོགས་སུ་རེ་ཞིག་ཕེབས་དགོས་བྱུང་བ་ན་དེར་ཁྲ་དགེ་སློང་གི་དྲུང་དུ་ཁོང་གིས་རྗེ་བཙུན་ མཁའ་སྤྱོད་མའི་ཟབ་དབང་ཞུས་ཚེ། རྗེ་དགེ་སློང་ཁོང་ཉིད་ཀྱི་ཐུགས་ལེགས་དགྱེས་ངང་ ཞལ་གསུང་ལས་ད་ལན་ཁོ་བོས་རྡོ་རྗེའི་མཚན་ཅན་བཞི་ལ་དབང་བསྐུར་བྱེད་རྒྱུའི་ལུང་ བསྟན་ཡོད་མོད་ཀྱང་ད་ལྟ་ཁྱེད་ཕེབས་པས་རྡོ་རྗེའི་མཚན་ཅན་བཞི་ལེགས་པར་ཚང་སོང་ བས་རྟེན་འབྲེ ལ་གྱི་སྒོ་དེ་རིང་ལེགས་བྱུང༌། ཞེས་སོགས་ཀྱིས་ཐུགས་བརྩེ་བའི་བཀའ་མོལ་ ཞིབ་རྒྱས་ཀྱི་སྒོ་ནས་མཁའ་སྤྱོད་མའི་དབང་ཕྱི་ནང་ཡོངས་སུ་རྫོགས་པ་ཇི་ལྟ་བ་བཞིན་ ལེགས་གནང་ལྟར་ཁོང་གིས་གུས་པར་མནོས་ཤིང༌། རྗེ་བླ་མ་དགེ་སློང་གིས་དེ་མ་ཟད་དངོས་ རྫས་ཀྱི་གནང་སྦྱིན་དང་བཅས་རང་ཡུལ་ཨ་བློ་སྐོར་གྱིས་གྲྭ་འབུལ་ཡང་མཛད། དེ་ནས་རང་ གནས་སུ་འཁོད་དེ། དགུང་ལོ་ཞེ་ལྔ་པ་ལ་འཛམ་ཐང་གཙང་བའི་གཟིམ་ཁང་དུ་སྦྱོར་དྲུག་པ་ བླ་མ་ཕུན་ཚོགས་དཔལ་སོགས་དང་སྒྲུབ་གྲྭ་བའང་མང་ཉུང་ཅི་རིགས་པའི་སྒོ་ནས་ལོ་རེ་ བཞིན་དུ་རྒྱུན་མ་ཆད་བཞིན་གང་གིས་སྔོན་ལྟར་གྱི་ཆོས་བཀའ་གང་དགོས་ཀྱི་བཀའ་དྲིན་ མཛད་པ་སྟེ། དེ་ཡང་དགུང་ལོ་ཞེ་དྲུག་ཏུ་སྦྱོར་དྲུག་པ་ངག་བཞིན་སོགས་དང༌། ཞེ་བདུན་པར་ གཙང་བ་འགབ་མའི་སྐུ་སྐྱེས་སྐུ་ངག་སོགས་ཏེ། འདི་སྐོར་ཅི་རིགས་ཤིག་ཏུ་གཙང་བའི་སྐུ་ རིམ་གྱི་དུས་སུ་ཉིན་གཅིག་ཁོང་གི་རྨི་ལམ་འོད་གསལ་གྱི་ངང་དུ་རི་ནག་པོ་ནམ་མཁར་ གཟེངས་པ་ཞིག་གི་སྟེང་ན་ཀི་སྒྲ་བཅས་ལེགས་ལྡན་མ་ཧཱ་ཀ་ལ་སྐུ་འཇིགས་རྔམ་ནག་བརྗིད་ ཅན་གཟུགས་ཐུང་ལ་གཟི་བརྗིད་འབར་བ་ཕྱག་གཉིས་གྲི་ཐོད་འཛིན་པ་ཞིག་སྐད་གཅིག་ གིས་མཇལ་ཏེ་ཁོང་གིས་དེ་ལ་ཁྱེད་སྒྲུབ་གནས་མགོན་ཁང་དུ་བཞུགས་སམ་གང་དུ་བཞུགས་ ཞེས་བརྗོད་པ་ན། མགོན་པོའི་ཞལ་ནས། ཁོ་བོ་བསྟན་པ་གང་གནས་ཕྱོགས་སུ་ཡོད་ཀྱི་ མགོན་ཁང་ཁོ་ནར་ངེས་པ་མེད་ཅེས་གསུངས་ལ། དམ་པ་གང་གིས་འོ་ན་ཁྱོད་ཀྱིས་བསྟན་ 2-1-353 པ་བསྲུང་དགོས་ཚུལ་བརྗོད་པའི་ཚེ། ལྷ་ཆེན་ནག་པོ་ཆེན་པོས། སྔོ ན་རྒྱལ་བའི་མདུན་ནས་ བསྟན་པ་བསྲུང་བར་ཁོ་བོས་ཁས་བླངས་ཀྱང་འདིར་ཁྱེད་ཀྱིས་སློབ་ཚོགས་ལས་དམ་ཚིག་ ལེགས་བསྲུང་མི་བྱེད་པ་འདི་དང་འདི་ལྟ་བུ་ཡོད་ཅེས་ཞིབ་གླེང་གི་སྒོ་ནས་དེ་འདྲ་བྱེད་ན་ཁོ་ བོས་ཇི་ལྟར་སྐྱོང་ཞེས་མི་དགྱེས་ཚུལ་དང་ཁོ་བོ་ཁྱེད་དང་རྣམ་པ་ཀུན་ནས་གཡེལ་བ་མེད་ ཚུལ་གྱིས་དགྱེས་ཉམས་ཤིག་ཀྱང་བསྟན་ཏེ་མཐར་སྤྲུལ་པའི་ཡེ་ཤེས་ཀྱི་ཆོས་སྐྱོང་དེ་ཉིད་ ཐིག་ལེ་སྔོ ན་པོའི་རྣམ་པར་གྱུར་ནས་མི་སྣང་བར་སོང་སྐད། དགུང་ལོ་ཞེ་བརྒྱད་དུ་སྦྱོར་དྲུག་ པ་ཁྲོ་དབོན་སོགས་དང་ཞེ་དགུའི་དུས་སུ་བླ་མ་རིན་དཔལ་སོགས་ཏེ་ལོ་དེར་རྗེ་བླ་མ་མཆོག་ གིས་གཙང་བའི་གྲྭ་ཚང་གི་འདུ་ཁང་དུ་འཛི་སྲིབ་བླ་མ་རིན་བཟང་སོགས་བླ་ཆེན་མང་པོས་ གཙོའི་འདུས་པ་བརྒྱ་དང་ལྔ་བཅུ་ཙམ་རང་བཅས་ལ་སྒྲུབ་ཐབས་རིན་འབྱུང་དབང་བཀའ་ ཡོངས་སུ་རྫོགས་པ་ཟླ་བ་གཅིག་ཙམ་གྱི་རིང་ལ་བརྩེ་བའི་ཐུགས་ཀྱིས་ལེགས་པར་གསུངས་ ཤིང༌། དགུང་ལོ་ལྔ་བཅུ་པར་སྦྱོར་དྲུག་པ་བོད་ལྗོངས་གྲྭ་སར་འགྲོ་ཐུབ་བློ་གྲོས་བཟང་སོགས་ ཏེ་འདི་སྐོར་ཞིག་ནས་སྔ་ཕྱི་ཅི་རིགས་པར་རྗེ་བླ་མ་གང་ཉིད་ཀྱིས་སྔོན་བླ་མ་ཆོས་འཕགས་ ཀྱིས་བཞེངས་པའི་དུས་འཁོར་བློས་བསླངས་དང་རབ་ཁ་བླ་མས་བཞེངས་པའི་བདེ་མཆོག་ ནག་པོའི་ཞབས་ལུགས་ཀྱི་བློས་བསླངས་གཉིས་ཞིག་གསོས་ལེགས་ངེས་ཀྱང་མཛད་ལ། འདི་དག་ཏུ་ཁོང་ཉིད་ཀྱིས་རེ་ཞིག་རི་ཁྲོད་ངེས་མེད་དུ་ཕེབས་སྙམ་ཡོད་ཚེ་མནལ་ལམ་འོད་ གསལ་འདྲེས་མའི་ངང་ནས་གསལ་སྣང་ལ་དཔའ་བོ་དུར་ཁྲོད་བདག་པོ་ཀེང་རུས་གཟུགས་ ཀྱི་རྣམ་པ་ཟུང་གི་ཚུལ་དུ་བྱོན་པ་དེ་གཉིས་ཀྱིས་དར་དཀར་ཐགས་བཟང་བ་རེ་རེ་ཕུལ་ བཞིན་ཞལ་ནས་ཁོང་གཉིས་སྒྲུབ་གནས་འདིའི་མགོན་ཁང་དུ་རྒྱུན་སྡོད་ཡིན་པས་ཁྱེད་ཀྱང་ གནས་འདི་ལས་གཞན་དུ་མ་བྱོན་ཅིག ཅེས་ཟེར་ནས་མི་སྣང་བར་སོང་རྗེས་ཕྱི་ཉིན་ནངས་ སྔ་མོར་དར་དེ་གཉིས་སྐུ་མདུན་དུ་དངོས་སུ་ཡོད་སྐད། ལོ་དེར་རྗེ་ཁོང་གིས་འདུས་པ་མང་ 2-1-354 ཙམ་ལ་དུས་འཁོར་དབང་མོ་ཆེ་དང༌། གཅོད་དབང་ནམ་མཁའ་སྒོ་འབྱེད། གཞན་འདོན་ཆ་ མང་པོའི་བཀླག་ལུང་རྣམས་ལེགས་གནང་མཛད། དགུང་ལོ་ང་གཅིག་ཏུ་སྦྱོར་དྲུག་པ་གཡུ་ ཐོག་མགོ་ལོག་སྤྲུལ་སྐུ་སོགས་ཡིན་ཞིང་འདི་ལོར་རྗེ་དམ་པས་སྒྲུབ་གནས་མགོན་ཁང་ཞིག་ གསོས་ཁྱད་མཚར་བ་མཛད་པས་སྤྱིར་སྔར་དུས་ཡིན་ན་ལོ་བསྟར་གྱི་ཆོས་ཐུན་པ་རེ་ཤི་བ་མི་ ཆད་པ་ལྟ་བུ་ཡིན་ཀྱང་ལོ་འདི་ཕན་ཆད་ནས་མཚམས་གྲྭ་པ་ཤི་རྒྱུན་ཆད་དེ་ཀུན་བདེ་འབའ་ ཞིག་འོང་བ་བྱུང་ལ། ལོ་འདི་མཚམས་ཤིག་ནས་ཁོང་ཉིད་དར་ལྔའི་རི་ཁྲོད་དུ་ཕེབས་ཆས་ཀྱི་ སྐབས་སུ་རྨི་ལམ་འོད་གསལ་ངང་ཉིད་གཟིམ་ཁང་སྒོ་ནས་ཕྱིར་བྱོན་པ་ལ་རྗེས་བསྙེགས་ཀྱི་ ཚུལ་དུ་ཁྱི་ནག་དང་དཀར་དོམ་ལྟར་འཕྱོ་བ་དྲིལ་གཡེར་སོགས་ཀྱི་རྒྱན་ལྡན་ང་རོ་མི་བཟད་ པའི་སྐད་དང་བཅས་སྡེར་བགྲད་མཆེ་གཙིགས་ཀྱི་འཇིགས་རྔམ་དང་བཅས་དམ་པ་གང་དེ་ གཞན་དུ་ཕེབས་པའི་བཀག་འགོག་གིས་ཁོང་ཉིད་བྱོན་པ་བཤོལ་ཐུབ་པ་ན་ཁྱི་དེས་དགའ་ བའི་རྣམ་འགྱུར་དུ་མ་བསྟན་ཅིང་དེ་མཚམས་ནས་སྐད་ཅིག་ལ་ཁོང་ཉིད་གཙང་བའི་འཚོགས་ ཁང་ལྟ་བུའི་འདུ་ཁང་ཆེ་བ་ཞིག་ཏུ་རྔ་སྒྲ་གསལ་བོར་བཅས་ཕེབས་ཚེ་དེ་ན་ཁྲི་གཉིས་ཡོད་པ་ ལས་གཅིག་གི་སྟེང་ན་རྗེ་སྔགས་པ་རྡོ་རྗེ་འཆང་བཞུགས་འདུག་པའི་དྲུང་དུ་དམ་པ་ཁོང་ཉིད་ སླེབས་ཏེ་རྗེ་བླ་མ་ལ་ཉིད་ཀྱིས་ད་ལན་ཁོང་འདིར་སྡོད་མི་དགོས་པའི་གནང་བ་ཞུས་ཚེ་རྗེ་ ཉིད་ཀྱིས་མདུན་དེར་དུས་ཀྱི་འཁོར་ལོའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་དངོས་སུ་བསྟན་ ནས་ཞལ་གསུང་ལས་འདི་ཁྱོད་ལ་གཏད་པ་ཡིན་པས་རེ་ཞིག་བར་ཁྲི་འདིའི་སྟེང་དུ་ཁྱོད་རང་ སྡོད་ལ་སྒྲུབ་བརྒྱུད་སྤེལ་ཅིག ཅེས་པའི་བཀའ་ལེགས་བསྩལ་མཛད་པའི་ཐུགས་སྣང་བྱུང་བ་ ལྟར་ཁོང་ཉིད་དེ་ལོར་གཞན་དུ་ཕེབས་ཀར་མ་འཛོམས། དགུང་ལོ་ང་གཉིས་སུ་སྦྱོར་དྲུག་པ་ བྱ་བྲལ་སྤྲུལ་སྐུ་མཉམ་ཉིད་སོགས་ཏེ་འདི་དུས་སུའང་ནུབ་གཅིག་ཁོང་གི་རྨི་ཉམས་སུ་ལུང་ ཆེན་ཞིག་གི་ཁར་ཐང་ཆེན་གྱི་དཀྱིལ་དུ་མེ་ཏོག་སྣ་ཚོགས་འབྱམས་ཀླས་པས་གང་བ་ལས་མེ་ 2-1-355 ཏོག་ཆེ་བ་ཞིག་གི་ཟེའུ་འབྲུའི་རྩེར་རྗེ་བླ་མ་སྔགས་པ་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་སྐུ་གཅེར་ བུའི་རྣམ་པར་བཞུགས་པ་དང་མཇལ་བའི་མོད་སྐད་ཅིག་དེ་ཉིད་ལ་རྗེ་བླ་མ་ཉིད་ནམ་མཁའ་ གཡའ་དག་པའི་ངང་དུ་ཐིམ་སོང་བའི་དར་ཅིག་ན་སླར་སྐུ་སྟོད་བླ་མའི་རྣམ་པ་ལ་སྐུ་སྨད་སྤྲིན་ དཀར་གྱི་ཚུལ་དུ་ཞལ་གསལ་བར་གཟིགས་ཚེ་སློབ་བུ་ཁོང་གིས་སྔར་ལྟར་གྱི་རང་གཟིམས་ ཁང་དུ་སྡོད་མི་ཐུབ་པར་ཁྱེད་ཀྱི་རྗེས་སུ་འོང་ངེས་ཀྱི་བཀའ་གནང་ཞུས་སྐབས་ཞལ་ནས་ད་ དུང་ཁྱོད་འོང་མ་རན་ཞེས་གསུངས་ནས་བཀས་གནང་བ་མ་བསྩལ་བའི་གསལ་ཉམས་བྱུང་ བ་ལྟར་རྗེ་དམ་པ་འདི་ཉིད་དགུང་གྲངས་ང་གཉིས་ལས་དུ་དུང་ལོ་འགར་གཙང་བའི་གཟིམ་ ཁང་དུ་བཞུགས་རྒྱུའི་སྐལ་བ་བཟང་པོ་རྒྱ་མཐོངས་ཀྱི་གྲིབ་སོ་ཙམ་བྱུང་ལ། དགུང་ལོ་ང་ གསུམ་པར་སྦྱོར་དྲུག་པ་བྱང་ཆུབ་རྡོ་རྗེ་ངག་དབང་ཡོན་ཏན་བཟང་པོ་སོགས་ཡིན་ཞིང་ཁོང་ གིས་ལོ་དེར་འདུས་པ་མང་ཙམ་ངོས་བཅས་ལ་དུས་འཁོར་དབང་ཆེན་དང༌། གཞན་ཡང་རྒྱུན་ ཆོས་ཉེར་མཁོ་དུ་མའི་བཀླག་ལུང་སོགས་སློབ་ཚོགས་རང་འཚམས་ཀྱི་ཆོས་བཀའ་མང་པོ་ ཞིག་གསུངས། འདི་སྐོར་རྣམས་སུ་ཁོང་ཉིད་སློབ་བུ་ཆོས་ཚན་སོ་སོའི་འདུ་ཁང་དུ་བར་བར་ ཉིད་སྐུ་དྲི་བཟང་དང་བཅས་ཟང་ཐལ་གྱི་ཚུལ་དུ་ཡང་ཡང་བྱོན་ཅིང་རྗེ་ཁོང་གི་ཐུགས་མངོན་ ཤེས་ཀྱིས་སློབ་ཚོགས་དག་གི་སེམས་ཀྱི་འགྱུ་སྒོ་དང་སྤྱོད་པ་ལྐོག་ཏུ་གྱུར་པ་རྣམས་ཀྱང་ཇི་ བཞིན་མངོན་གསལ་དུ་མཁྱེན་པ་བར་བར་དུ་བྱུང་ལ། ཉིད་ཀྱི་སྐུ་ལ་ཚུལ་ཁྲིམས་ཀྱི་དྲི་ངད་ཉེ་ བར་འཕྲོ་ཞིང་བརྗིད་ཆགས་པ་མིག་སྔར་མཛེས་ལ་དད་པའི་དམིགས་རྐྱེན་བྱེད་པའི་གསུང་ སྙན་པ་སྐུ་གསུང་གི་སྤྱོད་པས་གདུལ་བྱའི་ཉོན་མོངས་མངོན་གྱུར་འགོག་པ་སོགས་གཞན་ ལས་འཕགས་པའི་ཡོན་ཏན་མངའ་བ་གང་གིས་གཞན་ལ་དབང་བསྐུར་དང་བྱིན་རླབས་ མཛད་པས་ནད་སོགས་ཉེར་འཚེ་སྐད་ཅིག་དེ་ལ་གཞོམ་པར་བྱེད་པའི་ནུས་མཐུ་མཆོག་དང་ ལྡན་པ་ཞིག་གོ །དགུང་ལོ་ང་བཞིའི་དུས་སུ་སྦྱོར་དྲུག་པ་ཆོས་བསམ་སོགས་ཏེ་ཁོང་གིས་སྔ་ 2-1-356 ཕྱི་ཀུན་ལ་སྤྱིར་དུས་འཁོར་དབང་ཆེན། ནཻ་གུ་བཀའ་ནང་མ། ཕུར་བ་སྟོད་ལས་དང་སྨད་ལས་ ཀྱི་དབང་སོགས་ཡང་ཡང་གཟིམས་ཁང་དང་སྒྲུབ་གྲྭ་ཚུན་ལ་གསུངས་པ་ཡིན་ལ། ཉིད་ཀྱིས་ བྱ་བ་ལས་ཀྱི་འཁོར་ལོ་ཡང༌། ཀུན་མཁྱེན་ཡབ་སྲས་བཅོ་ལྔ། རྗེ་བཙུན་སྐུ་སྐྱེས་བཅུ་བཞི་ སྒྲོལ་མ་ཉེར་གཅིག་སོགས་ཀྱི་བྲི ས་ཐང་དང༌། གཞན་ཡང་གོང་སྨོ ས་དག་གིས་མཚོན་སྐུ་ གསུང་ཐུགས་རྟེན་འགའ་རེ་བཅས་བླུས་བཞེངས་ཅི་རིགས་མཛད་ཅིང་སྐབས་ཤིག་ཏུ་ཁོང་ གི་སྐུ་མདུན་པའི་སློབ་བུ་ཞིག་གི་ཕ་རྒན་ལ་གློ་བུར་དུ་ཕ་རོལ་དགྲ་བོས་མེ་མདའ་ངར་མས་ བསྣུན་ཀྱང་ཕ་རྒན་ཁོས་དེ་མ་ཐག་རྗེ་བླ་མ་ཉིད་དྲན་ཏེ་གསོལ་འདེབས་བྱས་པས་རང་གི་ ལུས་ཀྱི་གནད་ལ་ཕོག་ཀྱང་ཅུང་ཟད་ཙམ་ཡང་གནོད་མ་ནུས་པ་སོགས་དེ་འདྲའི་འཇིགས་ སྐྱོབ་འགའ་ཡང་མཛད་པའི་ལོ་རྒྱུས་ཡོད། དགུང་ལོ་ང་ལྔའི་དུས་སུ་སྦྱོར་དྲུག་པ་ཆོས་ཉིད་ འོད་ཟེར་སོགས་ཡིན་ལ་འདི་ལོའི་མཚམས་ཤིག་ནས་རྗེ་བླ་མ་དམ་པ་གང་ཉིད་ཀྱི་ཐུགས་ སྣང་ངོར་རིག་པ་བརྟུལ་ཞུགས་ཀྱི་དགེ་མཚན་ལེགས་པའི་སྒོ་དོད་དེ་ཉམས་སྣང་གི་འཆར་ ཚུལ་ཡི་དམ་གྱི་ལྷ་སྣ་ཚོགས་པའི་གཟུགས་སྐུའི་སྣང་བ་དང་སྣོ ད་བཅུད་འདྲ་མིན་ཀྱི་བཀོད་པ་ དང་གཟུགས་ཁ་དོག་སྣ་ཚོགས་པ་ཆེས་གསལ་བ་དང་བཀའ་སྲུང་དྲེགས་པའི་སྡེ་དག་གིས་ འཇིགས་གཟུགས་ངོམ་པ་སོགས་སྔར་དང་ཡེ་མི་འདྲ་བའི་ཐུགས་སྣང་མང་པོ་བྱུང་བ་དང་ ཆབས་ཅིག་ནང་ཡེ་ཤེས་ཀྱི་གཤིས་སུ་ཞུ་བདེ་ཤུགས་བཙན་པོ་བཟོད་དཀའ་དར་ལ་བདོ་བའི་ འཕེལ་བསྐྱོད་ཆེ་ཞིང་ཚུལ་དེ་དང་མཉམ་དུ་གནས་དང་ཁང་པ་འཇིགས་སུ་རུང་བ་མ་ངེས་པ་ སྒྲ་ཤུགས་ཆེ་བའི་ང་རོ་ཀུན་ནས་སྒྲོགས་པ་ཐབས་ཤེས་ཀྱི་རྟགས་མཚན་གསལ་པོའི་སྣང་བ་ ཆེས་བཀྲ་ཞིང་རིག་མ་ལྷ་མོའི་ཚུལ་དུ་མས་ཆགས་བསྐུལ་སོགས་ཆེས་ཁྱད་པར་དུ་འཕགས་ པའི་མཛད་སྒོ་དཔའ་བོ་དང་དཔའ་མོའི་སྟོན་མོ་མཆོག་ལ་རོལ་པའི་ཕྱག་རྒྱའི་རྟགས་མཚན་ འབྱམས་ཀླས་པས་དུས་འདའ་བ་ཞིག་བར་སྐབས་རེ་ཞིག་གི་དུས་ཙམ་བྱུང་མོད་ཀྱང་དེང་ 2-1-357 དུས་སུ་ཇི་བཞིན་ལག་ལེན་དུ་འགྲིག་དཀའ་བས་མཛད་མཆོག་དེ་འདྲ་བྱུང་བ་གདུལ་བྱ་གང་ དག་གི་བསོད་ནམས་སྐལ་བས་དབེན་ཕྱིར་ཚུལ་དེ་ལུགས་ཀྱི་སྤྲོས་པ་སྐྱུངས་པའི་ངང་ཚུལ་ གྱིས་བཞུགས་ལ། དེ་ནས་མཚམས་ཤིག་ཏུ་ཉིད་ཀྱི་ཐུགས་སྣང་རང་ལུས་སྒྱུ་མའི་ལྷ་སྐུ་འབའ་ ཞིག་ལས་ལྷ་ཚོགས་རབ་འབྱམས་ཀྱི་སྤྲོ་བསྡུ་ནམ་ཡང་རིས་སུ་མ་ཆད་པ་སོགས་ཀྱིས་ཐ་ མལ་འདི་སྣང་དག་མཉམ་སྟོང་པའི་འདོད་ཡོན་སྣ་ཚོགས་ལ་ཞེན་བྲལ་གྱི་སྤྱོད་པ་ཁོ་ནར་ གྱུར་པའི་དུས་ན་བར་བར་དག་པ་མཁའ་སྤྱོད་ཀྱི་ཞིང་ནས་མ་མཁའ་འགྲོས་དར་དཀར་ལམ་ བཟང་གི་ལེགས་སྣང་ཉེ་བར་སྟོན་པ་སོགས་འདི་འདྲ་དུ་མ་ཞིག་གི་ཚེ་ཐུགས་སློབ་འགས་ ཞབས་བརྟན་ཚོགས་འབུལ་སོགས་ཀྱི་བགྱི་བ་ལ་བརྟེན་ནས་ཁོང་ཉིད་ཀྱི་གསལ་སྣང་དག་ པ་ལ་རང་ལུས་སྒྱུ་མའི་སྐུ་ལས་འོད་ཕུང་མཆོད་སྤྲིན་གྱི་ཚོགས་སྤྲོས་པས་དབྱིངས་དག་པ་ན་ བཞུགས་པའི་རྒྱལ་བ་སྲས་བཅས་དགྱེས་བསྐྱེད་དང་ཆབས་ཅིག་རྗེ་ཁོང་ཉིད་ལའང་འོད་ སྣང་དྲ་བའི་རང་བཞིན་མཆོད་ལྷ་དཔག་ཡས་ཀྱིས་ཐུགས་སིམ་པ་སོགས་ཤིན་ཏུ་ངོ་མཚར་ བའི་དགེ་ལེགས་ཀྱི་མཚན་མ་ཆེ་བ་དུས་དུས་སུ་བྱུང་ངོ༌། །དགུང་ལོ་ང་དྲུག་ཕྱི་ལོ་༡༩༤༨ རབ་ལོ་ ༩༢༢ མཆན། ས་ཕོ་བྱི་བའི་ལོར་སླེབས་པའི་ཐོག་ཏུ་གཟིམས་ཁང་སྦྱོར་དྲུག་པ་ཉིད་ཀྱི་སྐུ་ཚ་ཀུན་ བརྩོན་སོགས་དང་དེ་མཚུངས་སྒྲུབ་གྲྭ་གོང་འགབ་བཅས་ཀྱི་སྒྲུབ་སྡེ་པ་འདི་ཡན་ཆད་ལ་རྒྱུན་ ལྡན་དུ་མང་ཉུང་ཅི་རིགས་པ་ལེགས་པ་བྱུང་བ་སྟེ། དེ་ཡང་ལོ་དེར་རྗེ་ཉིད་ཀྱི་ཐུགས་དག་ མཉམ་ཡེ་ཤེས་ཀྱི་ངང་ནས་སྐུ་ཚེ་འདིའི་མཛད་པ་རེ་ཞིག་ཉེ་བར་བསྡུ་བ་ལ་ཆས་ཚེ་ལོ་དེའི་ མགོ་ཞིག་ནས་ཉིད་ཁམས་ཅུང་མི་སྙོམས་པ་རེ་བྱུང་ཞིང་འདི་སྐབས་སུ་ཁོང་གིས་སྐུ་ཚ་དང་ཉེ་ འཁོར་བ་དག་ལ་ཉིད་ད་ལོ་ལས་མི་བཞུགས་ཚུལ་སོགས་ཀྱི་གསུང་གླེང་ཞིབ་རྒྱས་སུ་བསྩལ་ ཏེ། ཁོང་གིས། ཉིད་ཀྱི་རྒྱལ་ཚབ་ཏུ་ངག་དབང་དཀོན་མཆོག་དར་རྒྱས་བསྐོ་བཞག་གི་བཀའ་ ཕེབས་དང་བཅས་ལོ་དེའི་ཟླ་བ་གཉིས་པའི་ནང་ཙམ་ནས་འཕྲལ་དུ་ཆེར་བསྙུང་ཚུལ་བསྟན་ 2-1-358 པས་སྒོ་གང་ཐད་ནས་སློབ་གྲྭ་མང་པོས་ཞབས་བརྟན་རིམ་གྲོ་རྒྱ་ཆེར་མཛད་ཅིང་དེ་མཚམས་ སྨད་ཕྱོགས་ལུང་ལོགས་ཤིག་ཏུ་ཉིད་དཔོན་སློབ་ཕེབས་ནས་ཁོང་དང་སྐུ་འཁོར་ཉུང་ཤས་ ཞག་འགའ་ཞིག་ཏུ་བཞུགས་མཐར་ཉིན་ཞིག་ཞལ་གསུང་ལས། སྐུ་འཁོར་དག་ལ་ད་ནི་རང་ གི་སྣང་བ་ལ་རྗེ་ལྷ་བཟོ་རིན་པོ་ཆེ་དང༌། སྔགས་པ་རྡོ་རྗེ་འཆང་དང༌། ངག་དབང་ཚོགས་ གཉིས་རྒྱ་མཚོ་སོགས་འདིར་ཕེབས་ཏེ་བཞུགས་ཡོད། དེ་ལས་རྗེ་སྔགས་པ་ནི་མཚོ་ཆེན་པོ་ ཞིག་གི་ཁར་སྐུ་བསྙེལ་ཚུལ་གྱིས་བཞུགས་འདུག ཁོ་བོ་ལ་འདི་སྣང་འགགས་ཤིང་སྣ་བུག་གི་ རྒྱུ་བ་ཉམས་ནས་ཞག་མང་ཚོད་ཙམ་སོང༌། རང་སེམས་ལ་བལྟས་ན་ཁོ་ལ་ནད་གཏད་ནས་ མེད་ཆོག་ཙམ་འདྲ་ཡང་གདོས་བཅས་བེམ་ལུས་མ་བོར་ཕྱིན་ཅི་ཆ་ཡོད། ཁྱེད་སློབ་ཚོགས་ ཀྱིས་ཁོ་བོ་མ་བརྗེད་པར་ཆོས་ལམ་ལ་ཇི་བཞིན་གནས་ནས་ཚེ་ནམ་ཞིག་འཆི་ཁར་རང་བསུ་ མ་ལ་ཐོན་ངེས་ཡིན། ཁོ་བོ་ནི་བེམ་རིག་བྲལ་མ་ཐག་སྐད་ཅིག་ལ་སྟོང་གཟུགས་འོད་གསལ་ གྱི་དབྱིངས་སུ་ངེས་པར་འཕོ་ཐུབ་པ་ཡིན་པས་ལུས་ཁོག་ཏུ་ཐུགས་དམ་རིང་འདུག་མེད་ཚུལ་ མཐོང་དོན་འཕོ་ཁྲིད་སྐབས་ཀྱི་སྲོག་རྩོལ་གྲུབ་པའི་རྣལ་འབྱོར་པ་རབ་ལྟར་ཡིན་པས་དེ་ ལུགས་སེམས་འཇགས་མཛོད། རང་འདི་ནས་སྐྱེ་བ་གཞན་དུ་བྱང་ཕྱོགས་ཀ་ལཱ་པའི་ཕོ་བྲང་ དུ་རིགས་ལྡན་མ་འགགས་པ་བཞུགས་པའི་སྐུ་དྲུང་དུ་ཐུགས་སྲས་སྔགས་རིགས་འཛིན་པའི་ གྲལ་དུ་འགྲོ་བ་ཡིན་པས་ད་ལན་རང་དང་ཆོས་འབྲེལ་ཟབ་མོའི་དམ་ཚིག་མ་ཉམས་པ་ཚོ་ ནམ་ཞིག་སྔགས་ཀྱི་ཞིང་མཆོག་དེར་དཔོན་སློབ་ཏུ་འགྱུར་ངེས་སུ་འདུག ཅེས་སོགས་ཞལ་ཏ་ བཀའ་མོལ་ཞིབ་རྒྱས་ཀྱི་མཐར་ལོ་དེའི་ཟླ་བ་གསུམ་པ་ནག་ཟླའི་ཡར་ཚེས་བརྒྱད་ཀྱི་ཉིན་ གཟུགས་སྐུ་སེང་གེ་ཉལ་སྟབས་ཀྱི་ངང་ནས་ཕྱག་སྡིགས་མཛུབ་ཀྱིས་ཕྱོགས་མཚམས་སྲུང་ བའི་རྣམ་པ་ཞིག་མཛད་རྗེས་ཧིག་སྒྲ་དང་བཅས་ཐུགས་དགོངས་འོད་གསལ་སྟོང་གཟུགས་ དང་རོ་མཉམ་དུ་གྱུར་པའི་ཕྱི་ཉིན་ཙམ་ན་སྐུ་གདུང་རིན་པོ་ཆེ་ལ་ལོངས་སྐུའི་ཆས་ཉེ་བར་ 2-1-359 གསོལ་ནས་འཛམ་ཐང་གཙང་བའི་གྲྭ་ཚང་གི་འདུ་ཁང་ཆེན་མོར་སློབ་གྲྭ་འདུས་པ་མང་དག་ གིས་སྤྱན་དྲངས་ནས་ཞག་བདུན་གྱི་བར་དགོངས་མཆོད་གཟབ་རྒྱས་ཕུལ་མཐར་གཙང་བའི་ གཟིམ་ཁང་ཐོག་ཏུ་སེར་ཕྲེང་སོགས་མཆོད་བཀོད་རྒྱ་ཆེ་བ་དང་བླ་གྲྭ་ཚན་མང་པོས་རྒྱུད་སྡེ་སྣ་ ཚོགས་པའི་སྒོ་ནས་བསྲེག་བླུགས་དུ་མ་བཅས་ཀྱིས་གདུང་ལ་ཞུགས་འབུལ་ལེགས་མཛད་ དང་གདུང་ཁང་དམ་རྒྱ་མཆོད་འབུལ་ཞེ་དགུའི་རིང་དུ་བྱས་ཤིང༌། གདུང་མཆོད་སོགས་ཀྱི་ཚེ་ འཛི་སྟོད་སྨད་དུ་ཡོད་པའི་ཐུགས་སློབ་འགའ་ལ་དྲི་བཟང་པོའི་ངད་ཤུགས་དང་ནམ་མཁའི་ དབྱིངས་ནས་ཞལ་གཟིགས་ཀྱི་སྣང་བ་སོགས་བྱུང་ཞིང་གདུང་བཞུ་བའི་མེ་སྒྲའི་གདངས་ལ་ ཝཾ་ཡིག་གི་སྒྲ་གྲགས་པ་དང་ཕྱིས་ཀྱི་གདུང་རུས་སོར་ཚིགས་ཤིག་གི་ངོས་སུ་ལྷ་སྐུ་མཉམ་ བཞག་གི་རྣམ་པ་དཀར་སང་ངེ་བ་འོད་རིས་ལྗང་ཁུ་ཡོད་པ་ཅུང་མི་གསལ་བའི་རྣམ་པར་དོད་ པ་དང་སོར་ཚིགས་ལ་ལར་རིང་བསྲེལ་ཡུངས་འབྲུ་ཙམ་པ་འགའ་རེ་འབུར་དུ་བྱུང་བ་དང༌། སྔར་གདུང་བཞུ་སྐབས་ཀྱི་དུད་པ་ལ་དྲི་བསུར་མེད་པ་སོགས་ཀྱི་རྟགས་མཚན་བཅས་གདུང་ ཚ་ལེགས་བསྒྲུབ་གདུང་རྟེན་དངུལ་གྱི་མཆོད་རྟེན་ཆེ་འབྲིང་ཆུང་གསུམ་དང་ས་རྡོའི་ཁང་ བརྩེགས་ཉིད་ཀྱི་སྐུ་འདྲ་ལུགས་མ་ལེགས་མཛེས་ཚད་ལྡན་དེ་དག་ལ་ནང་གཞུག་གཟུངས་ སྒྲུབ་རབ་གནས་དགའ་སྟོན་མཐའ་རྒྱས་ལེགས་གྲུབ་དང༌། ལོ་དུས་བཞིན་གདུང་མཆོད་ནག་ ཟླ་རྒྱུན་འཛུགས་སོགས་ཀྱིས་མཛད་པ་ཡོངས་སུ་རྫོགས་པ་སྟེ། གང་གི་ཐུགས་སློབ་གཙང་བ་ འགབ་མའི་སྤྲུལ་སྐུ་དང༌། སྐུ་ཚ་ཉམས་རྟོགས་ལྡན་ཞིང་གཞན་ཕན་ནུས་པ་ཅན་བླ་མ་ཀུན་ སྣང༌། ཁྲི་བཅུ་དབོན་པོ་ཆུང་བ། ཆོས་གྲྭ་ཆེར་ཕྱིན་བློ་གྲོས་བཟང་སོགས་བསླབ་གཙང་གཞན་ ཕན་པའང་དུ་མ་ཡོད་དོ། ། ༼༨༽ དེ་ལུགས་ལྟར་གྱི་རིམ་པ་བཞིན་ལེགས་བྱོན་རྗེས་མ་གཙང་ཆེན་ཕོ་བྲང་དུ་སྒྲུབ་ བརྒྱུད་འཛིན་པའི་རྡོ་རྗེ་སློབ་དཔོན་བརྒྱད་པ་ངག་དབང་དཀོན་མཆོག་བསྟན་པ་དར་རྒྱས་ཏེ་ 2-1-360 འདིའི་ལོ་རྒྱུས་ཀྱི་རྣམ་པར་ཐར་པ་ས་བོན་ཙམ་དུས་སུ་བབ་པ་ཡང་འཛི་ཡུལ་ཉིན་གྱི་ཆར་ གཏོགས་པ་སྨད་ཕྱོགས་སུ་ཡབ་མ་ཚོགས་མཆོག་དང་ཡུམ་གསེར་བཟའ་དཔའ་སྐྱིད་གཉིས་ ཀྱི་སྲས་སུ་ཕྱི་ལོ་༡༩༠༠ རབ་ལོ་༨༧༤ མཆན། ལྕགས་ཕོ་བྱི་བའི་ལོར་སྐུ་འཁྲུངས་པ་སྟེ། དེ་ཡང་སྐུ་ན་ རིམ་གྱིས་ཉེ་བར་བསྐྱེད་སྐབས་ཕྱོགས་ནས་གདུལ་བྱར་བྱོན་པའི་བླ་མ་ཞིག་གིས་ཆུང་མིང་ ལ་བསྟན་པ་དར་རྒྱས་ཞེས་བཏགས་ཤིང་དེ་ནས་དགུང་ལོ་ལྔ་ལྷག་གི་སྟེང་ཙམ་ནས་ཉིད་ ཀྱིས་ཞང་པོ་རྒྱལ་མཚན་ཟེར་བ་ཞིག་གི་དྲུང་ནས་ཀློག་བསླབས་པས་ཇི་བཞིན་རིང་པོར་མ་ ཐོགས་པར་ལེགས་ཤེས་བྱུང་ལ། དེ་རྗེས་དགུང་ལོ་བཅུ་གསུམ་གྱི་ཐོག་ཏུ་འཛམ་ཐང་གཙང་ བའི་རྡོ་རྗེ་སློབ་དཔོན་ཆེན་པོ་རྟོགས་པའི་དབང་ཕྱུག་ངག་དབང་དོན་ལྡན་ཞབས་པ་གཟིམ་ ཁང་དུ་བཞུགས་པའི་དྲུང་དུ་སྒྲུབ་སྡེའི་ཆོས་ཚན་དུ་མ་དང་བཅས་ཉིད་ན་གཞོན་ཆུང་སྐྱེས་ཀྱི་ དུས་སུ་ཆོས་གྲྭར་ལེགས་ཞུགས་ཀྱི་སྒོ་ནས་རྗེ་རབ་ཁ་བླ་མ་དོན་ལྡན་ཞབས་པ་དེ་ཉིད་དམ་པ་ ན་གཞོན་དེས་ཀྱང་རྩ་བའི་བླ་མ་རྡོ་རྗེ་འཆང་དུ་གུས་པས་ལེགས་བསྟེན་གྱི་ཟབ་ལམ་རྡོ་རྗེའི་ རྣལ་འབྱོར་སྦྱོར་བ་ཡན་ལག་དྲུག་གི་སྔོན་འགྲོ་ཆོས་ཁྲིད་ལེགས་ཞུས་མཛད་དེ་གོང་མའི་ ཕྱག་སྲོལ་བཞིན་ཉམས་ལེན་གནད་སྨིན་བགྱིས་ཤིང་དེ་ནས་རྗེ་བླ་མ་རྡོ་རྗེ་འཆང་དེ་ཉིད་ ཀྱིས་སྡོམ་ལུང་སྔོན་དུ་འགྲོ་བའི་སྒོ་ནས་དུས་ཀྱི་འཁོར་ལོའི་མཆོག་གི་དབང་གོང་མ་བཞི་ ལེགས་བསྐུར་གྱིས་བྱིན་རླབས་ཕབ་ནས་དམ་པ་འདི་ལ་ངག་དབང་དཀོན་མཆོག་བསྟན་པ་ དར་རྒྱས་ཞེས་པའི་མཚན་སྣོན་མཛད་སྐབས་སྔ་ཕྱི་ཅི་རིགས་ཤིག་ཏུ་གཙང་བའི་མགོན་ཁང་ དུ་རྗེ་རབ་ཁ་བླ་མ་གང་གིས་ཆོས་ཁྲིད་མཛད་དུས་ཤིག་སྐབས་དེའི་ཁྲིད་གསུངས་རྗེས་སུ་ ཕྱག་གིས་མཐོང་བ་དོན་ལྡན་གྱི་ཁྲིད་ཡིག་སློབ་བུ་འདིའི་སྤྱི་བོར་བཞག་སྟེ་ཞལ་ནས། ཁྱོད་ མ་འོངས་པ་ན་གྲྭ་ཚང་སྤྱིས་རེ་ཉིན་རེ་ཡོད་ཐང༌། ཞེས་གསུངས་ནས་རྟེན་འབྲེ ལ་མཚོན་བྱེད་ ཁྲིད་ཡིག་དེ་སློབ་བུ་དམ་པ་ཉིད་ལ་གཏད་པའི་ཚུལ་གྱི་བཟུང་དུ་བཅུག་གོ །དེ་འདྲའི་ཚུལ་ 2-1-361 གྱིས་དབེན་གསུམ་སྔོན་དུ་འགྲོ་བའི་སྒོ་ནས་དངོས་གཞི་སོར་སྡུད་ཀྱི་སྐབས་མཚམས་ནས་རྗེ་ བླ་མ་འཕྲལ་དུ་དག་ཞིང་ལ་ཕེབས་རྗེས་འཛམ་ངོས་རྡོ་རྗེ་འཆང་ཀུན་དགའ་ངག་གི་དབང་པོ་ དང་བར་བར་དུ་དགེ་སྐོར་བླ་མ་བསྟན་འཛིན་གྲགས་པ་དགོན་ལེབ་ནས་བྱོན་ཏེ་ཁོང་རྣམ་ གཉིས་ཀྱིས་ཟབ་ཁྲིད་གང་དགོས་དང་དབང་བཀའ་ཆེས་མང་ལེགས་བསྐུར་གྱི་སྒོས་རྣལ་ འབྱོར་ཡན་ལག་ཕྱི་མ་བསམ་གཏན་ནས་བཟུང་ཏིང་ངེ་འཛིན་གྱི་བར་ཡན་ལག་དྲུག་པོ་ཆ་ ལག་བཅས་ཡོངས་རྫོགས་ཉིད་ཀྱིས་གསན་སྒོམ་མཛད་པས་མཆེད་གྲོགས་རྡོ་རྗེའི་སྤུན་ རྣམས་ལས་རྩ་ཁམས་དྭངས་ཤིང་ཉམས་མྱོང་གི་འཆར་སྒོ་མང་བ་འོད་གསལ་རྟགས་བཅུ་ དང་མྱོང་རྟོགས་དེ་རིགས་སྣ་ཚོགས་པ་མོད་ཅིང་གསལ་སྣང་སེམས་ཀྱི་གནས་ཆ་ཧ་ཅང་ བརྟན་པ་དང་རྗེ་བླ་མ་མཆོག་དག་ཞིང་དུ་མ་ཕེབས་གོང་དུ་སློབ་བུ་འདི་ཉིད་ཀྱི་མཉམ་བཞག་ ངོར་གཙང་བའི་གསེར་ཁང་དུ་བླ་མ་མཆོག་གི་སྐུ་དེ་ཉིད་དར་དུ་མས་ཉེ་བར་ཀླུབ་བཞིན་ གདུང་ཆོས་ལྟ་བུའི་ཚུལ་གྱིས་མཆོད་གནས་སུ་བཞུགས་པའི་གསལ་ཉམས་བྱུང་བ་ལྟར་ཞག་ མང་པོ་མ་ལོན་པར་རྗེ་ཉིད་འཕྲལ་དུ་གཤེགས་ཏེ་ཚུལ་དེ་ལུགས་བཞིན་གྱི་གདུང་ཆོས་ སོགས་དང་བཅས་གསེར་ཁང་དུ་མཆོད་ཡུལ་བསོད་ནམས་བསགས་པའི་སྒོར་གྱུར་པ་ཐོག་ ཁེལ་དུ་སོང་བ་སོགས་དུས་གསུམ་དང་འབྲེལ་བའི་ལྐོག་གྱུར་གྱི་ཚུལ་དུ་མ་གསལ་ཉམས་ཀྱི་ རྣམ་པར་ཡང་ཡང་འཆར་བ་ཕལ་ཆེར་དོན་དངོས་དང་མཐུན་པར་བྱུང་བ་ལ་སོགས་པ་ཕྱི་ནང་ གི་མཛད་པ་གང་ཐད་ནས་ཁྱད་པར་བ་ཞིག་སྟེ། འདི་སྐོར་རྣམས་སུ་གཟིམ་ཁང་དུ་འཛམ་ ངོས་བླ་མ་རིན་པོ་ཆེའི་མདུན་ནས། དུས་འཁོར་དབང་ཆེན་སོགས་དབང་བཀའ་ཅི་རིགས་ དང༌། དགེ་སྐོར་བླ་མའི་ཞལ་སྔ་ནས། རྣལ་འབྱོར་མའི་སྐོར་མ་གཏོགས་རྒྱུད་སྡེ་རབ་ འབྱམས་ཆ་ཚང་གི་དབང་བསྐུར་རྒྱས་པ་དང༌། གཞན་ཡང་དབང་བཀའ་དུ་ུམ་དང་བཀླག་ ལུང་ཟབ་ཁྲིད་སྣ་ཚོགས་མང་ཙམ་ཞིག་སློབ་བུ་དམ་པ་འདིས་ལེགས་པར་མནོས་ཤིང༌། དེ་ལྟ་ 2-1-362 བུའི་ཚུལ་གྱིས་གོང་མའི་ཕྱག་བཞེས་བཞིན་སྤྱིར་ན་སྦྱོར་དྲུག་ལོ་གསུམ་དུ་འདིས་ཉམས་ལེན་ གནད་ཁེལ་མཛད། དེ་ནས་དགུང་ལོ་བཅུ་དྲུག་སྐོར་ནས་བཟུང་རིམ་པས་དགོན་ལེབ་ཏུ་ དགེ་སྐོར་བླ་མ་རིན་པོ་ཆེའི་མདུན་ནས། བསྐྱེད་རིམ་གྱི་རིགས། འབྱུང་འདུལ། རྟ་མགྲིན། འཇིགས་བྱེད་འབྲུ་ནོན། སྙན་བརྒྱུད། མགོན་པོ་སོགས་ཀྱི་དབང་ཁྲིད་ཉིད་ཀྱིས་ལེགས་ མནོས་ཀྱི་སྒོ་ནས་ལྷའི་རྣལ་འབྱོར་མང་པོ་ལ་བསྙེན་སྒྲུབ་ཚད་ལྡན་མཛད་སྐབས་ལྷ་སྐུ་ཡོངས་ རྫོགས་གང་ཡིན་ཡང་ཡིད་ངོར་གསལ་སྣང་བཀྲ་ལམ་མེར་ཐེབས་ཤིང་རྨི་ཉམས་སུ་ཕྱག་ མཚན་སྣ་ཚོགས་རྙེད་པའི་སྣང་བ་སོགས་དང་སྒྲུབ་པའི་དཀྱིལ་འཁོར་དུ་གཏོར་སྤུ་དང་ནང་ མཆོད་ལ་འཇའ་གཟུགས་ཁ་དོག་སྣ་ཚོགས་བཀྲ་བ་ལ་སོགས་པའི་ཕྱི་ནང་གི་རྟགས་མཚན་ ཅི་རིགས་པ་རེ་བྱུང་ཞིང༌། དེ་འདྲའི་དགུན་མཚམས་རེ་ལོ་བསྟར་བཞིན་ཆག་མེད་ཀྱི་ངང་ ནས་དགུང་ལོ་ཉེར་གཅིག་ཏུ་སླེབས་སྐབས་རྩ་བའི་བླ་མ་དགེ་སྐོར་གང་ཉིད་ཀྱིས་དག་ཞིང་ གཟིགས་པས་སློབ་བུ་རང་གིས་དགོངས་མཆོད་རྒྱ་ཆེར་ལེགས་སྒྲུབ་ཀྱང་མཛད། དེ་རྗེས་ འཛམ་ཐང་སོགས་སུ་འཛམ་ངོས་རྡོ་རྗེ་འཆང་གི་སྐུ་དྲུང་དུ་ཕལ་ཆེར་སློབ་བུ་དམ་པ་འདི་ཉིད་ རྒྱུན་སྡོད་ཀྱི་སྒོ་ནས་རང་གིས་གནས་ལུགས་སེམས་ལ་མཉམ་པར་འཇོག་པ་གཙོར་བྱེད་ཀྱི་ ངང་ནས་ལོ་ཁ་ཤས་ཀྱི་རིང་དུ་གནས་ཏེ་རྗེ་བླ་མ་རིན་པོ་ཆེའི་དྲུང་ནས་བར་བར་ཉིད་ཀྱིས་ ཉམས་ལེན་འདྲི་གཏུགས་ཡང་ཡང་བྱེད་བཞིན་བསྡད་དུས་སུ་བླ་མ་མཆོག་གི་ཞལ་གསུང་ ལས། སློབ་བུ་དམ་པ་འདི་ལ་ནམ་ཞིག་ཏུ་ཁོ་བོ་ལྟར་ཁྱོད་ཀྱིས་གཟིམ་ཁང་ཐུན་པ་ཚོ་ལ་བལྟ་ རྟོག་རེ་བྱེད་དགོས་ཐང༌། ཞེས་པའི་བཀའ་ལུང་གི་གསུང་ཟུར་སྔ་ཕྱི་ཅི་རིགས་པར་ཡང་ཡང་ གསུང་གནང་བྱུང་ཞིང་ཉིན་གཅིག་རྗེ་བཀའ་དྲིན་ཅན་གྱིས་སློབ་བུ་ཉིད་ལ་སེམས་ཁྲིད་ཅིག་ མཛད་སྐབས་སྐད་ཅིག་དེ་ཉིད་ལ་སློབ་བུ་རང་གི་སེམས་གཤིས་སྔར་དང་མི་འདྲ་བར་སེམས་ རང་གསལ་གྱིས་བདེ་གསལ་མི་རྟོག་པའི་བརྟན་ཆ་དེ་ཀ་ཉིད་རྣམ་ཤེས་ཀྱི་ཤིན་སྦུབས་ 2-1-363 གསར་བ་ལས་གྲོལ་ཏེ་རང་དྭངས་གཤིས་བཅོས་གཞིག་དང་བྲལ་བ་གཡའ་དག་ནམ་མཁའ་ ཆེས་གསལ་གྱི་མདངས་ལྟར་ཀུན་ནས་གསལ་བའི་རང་བཞིན་སྔར་མཐོང་མ་མྱོང་བ་ཞིག་ རྗེན་གྱིས་ཤར་ནས་ངང་དེ་ཀ་ལ་རེབ་ཙམ་གནས་པ་ཞིག་བྱུང༌། དེ་ཕན་ཆད་ནས་གཉུག་ སེམས་ཀྱི་རང་ངོ་ལེགས་པར་ཟིན་ཏེ་མཉམ་བཞག་སྐབས་སུ་བར་བར་དེའི་ངང་དུ་སྡོད་ཐུབ་ པ་བྱུང་ཞིང་ཚུལ་དེ་བླ་མ་མཆོག་ལ་ཉིད་ཀྱིས་ཞུས་པ་ན་རྗེ་གཅིག་ཆོག་རྒྱལ་པོའི་བཀའ་ལུང་ གིས། དམ་པ་འདི་ལ་གཉུག་སེམས་འོད་གསལ་གསང་སྔགས་ཀྱི་རྟོགས་པ་སླད་མེད་ཅིག་གི་ ཆ་ཤས་ཙམ་མངོན་པ་ཡིན་པས་རང་ས་འདིའི་སྟེང་ནས་ཟིན་པ་གལ་ཆེ་ཕར་ཕར་གནས་ ལུགས་ཀྱི་མཉམ་བཞག་ཇེ་འཐུག་ཏུ་འགྲོ་བ་ཡིན་ནོ། །ཞེས་གསུངས་པ་བཞིན་སློབ་བུ་དམ་ པས་ཉམས་ལེན་མཛད་པས་བར་སྐབས་རེར་མཉམ་བཞག་དུས་སུ་རྗེ་འཛམ་ངོས་རྡོ་རྗེ་ འཆང་སྟོང་གཟུགས་སྒྱུ་མའི་རྣམ་པར་ཤར་ཏེ་ཞལ་ནས་གསུང་མགུར་གྱིས་སེམས་གནས་ ལུགས་ཀྱི་རང་ངོ་སྤྲད་པ་དང་དུས་བར་ཀུན་དུ་རྡོ་རྗེ་འཆང་དེ་ཉིད་འཇའ་ཟེར་གྱི་རྣམ་པའི་ སྦུབས་སུ་སྟོང་གཟུགས་ཀྱི་ཚུལ་དུ་ཡང་ཡང་མཐོང་ཞིང་མཉམ་བཞག་གཤིས་ཀྱི་ཡིན་ལུགས་ ཇི་བཞིན་སྟོན་པ་དང་བར་སྐབས་མཉམ་བཞག་དེ་ལས་ལྡང་བསྐུལ་སོགས་དག་སྣང་སྒྱུ་མའི་ ངོ་བོར་ངེས་པ་དོན་གྱི་དགེ་བའི་བཤེས་གཉེན་གྱི་མཛད་ཆེན་ཟླ་དང་བྲལ་བ་ལེགས་གནང་ གིས་སྐལ་ལྡན་སློབ་བུའི་རྒྱུད་ཉེ་བར་སྨིན་མཛད་ཀྱི་བཀའ་དྲིན་གསུམ་ལྡན་རྗེ་གཅིག་ཆོག་ རྒྱལ་པོ་ནི་མཚུངས་ཟླ་དང་བྲལ་བའི་སྐྱབས་མཆོག་ངག་གི་དབང་པོ་ཁོ་ན་སྟེ། རྗེ་གང་འདི་ དམ་པ་ཐུགས་སློབ་ཉིད་ལ་གཞན་སུ་ལས་བཀའ་དྲིན་གཞལ་དུ་མེད་ཅིང༌། དེའི་བྱིན་རླབས་ ཀྱིས་མཚམས་འདི་ཞིག་ནས་སློབ་བུ་འདིའི་ཉམས་སྣང་ངོར་དུས་ཀྱི་འཁོར་ལོ་ལྷན་སྐྱེས་ཀྱི་ གཟིགས་སྣང་དང༌། ཀུན་མཁྱེན་ཇོ་ནང་པ་ཆེན་པོ་དང༌། སྐྱབས་རྗེ་མཁར་བ་རྣམས་ཀྱི་ཞལ་ གཟིགས་སྟོང་གཟུགས་ཀྱི་རྣམ་པར་ཤར་བ་ཡང་ཡང་བྱུང༌། བར་སྐབས་རེར་དེ་འདྲའི་ཚུལ་ 2-1-364 གྱིས་རྗེ་འཛམ་ངོས་རིན་པོ་ཆེ་ཉིད་བྱོན་ཏེ་ཉམས་ལེན་འདྲི་གཏུགས་ཡང་ཡང་གི་སྐལ་བ་ འགྲིག་སྟབས་ཐ་མལ་འདི་སྣང་ཞལ་མཇལ་གྱིས་ཉམས་ལེན་རྩར་གཅོད་ཀྱི་ངལ་བ་མི་ དགོས་པའི་ཚོད་ཙམ་དུ་འདུག འདི་སྐོར་རྗེ་བླ་མ་སྐུ་དངོས་ཞལ་བཞུགས་ཀྱི་སྐབས་སུ་ཁོང་ གི་དྲུང་དུ་ཡོད་པའི་སློབ་ཚོགས་གང་དག་ལས་རྡོ་རྗེའི་སློབ་མ་འདི་ཉིད་རྗེ་རང་གིས་ཁོང་ལ་ ཉེར་མཁོའི་རིམ་གྲོ་བྱེད་མཁན་མཆོག་དང་ཁོང་ཉིད་གནས་སྐབས་འཕྲལ་བདེའི་རྐྱེན་དུ་ གྱུར་པ་སོགས་ཀྱི་ཆེ་བསྔགས་རྒྱ་ཆེ་བ་ཡང་ཡང་མཛད་ལ། སློབ་བུ་དམ་པ་ན་ཆུང་གི་སྐབས་ ནས་ཀྱང་སྔོན་གནས་འབྲིམ་ཤར་རི་ཁྲོད་དུ་སྒྲུབ་ཚུགས་བཟུང་མྱོང་བའི་སྣང་བ་ཝལ་ཝལ་ འཆར་བ་ཡོད་ཅིང༌། དེ་ལུགས་ལྟར་རྗེ་འཛམ་ངོས་སྐྱབས་མགོན་གྱིས་ཀྱང་ཁོང་གི་རྩ་བའི་བླ་ མ་སོག་པོ་ཀུན་གྲོལ་ཞབས་པའི་སྐུ་སྐྱེས་སུ་དམ་པ་འདི་ཉིད་ཞལ་བཞེས་ཡང་ཡང་གི་བཀའ་ གནང་ངེས་པར་བྱུང་ཞིང་དེ་འདྲའི་ཚུལ་གྱིས་དགུང་ལོ་ཉེར་ལྔ་ཡན་དུ་རྗེ་བླ་མ་ངག་གི་དབང་ པོ་དམ་པ་འདིས་རྩ་བའི་བླ་མ་གཅིག་ཆོག་ཏུ་གུས་བསྟེན་གྱི་སྒོ་ནས་སྒྲུབ་པ་ལྷུར་ལེན་མཛད་ པས་ཉམས་རྟོགས་ཀྱི་རྐང་ཚུགས་པ་བྱུང་ལ། རྒྱུ་མཚན་དེའི་ཕྱིར་ན་དམ་པ་འདིའི་ཐུགས་ལ་ ཉམས་རྟོགས་ཀྱི་འཆར་གཞིའི་སྒོ་ལེགས་པར་བཏོད་བྱེད་ཀྱི་བཀའ་དྲིན་ངེས་པར་ཆེ་བ་ འཛམ་ངོས་རྡོ་རྗེ་འཆང་ཉིད་ཡིན་པས་དེའི་མདུན་དུ་རང་གིས་ཉམས་ལེན་ལ་གཞི་ཞིག་མ་ ཞོག་བར་དུ་གཙོ་ཆེར་དམ་པ་འདིས་བཅར་སྡོད་བྱས་ཤིང་དེ་མཚམས་དགུང་ལོ་ཉེར་དྲུག་ སྐོར་ཞིག་ནས་རང་ཡུལ་ཤོས་མདའ་དང་ཧ་ཅང་མི་རིང་བའི་ཚེ་འཕུས་ཞེས་པའི་ལུང་ཁར་མི་ མེད་དབེན་པའི་གནས་དེ་ཀར་འདུ་འཛི་སྤངས་པའི་སྒོས་རང་གཅིག་པུ་ལེགས་བཞུགས་ཀྱི་ སྒོ་ནས་ཉིད་ཀྱིས་ཐུན་བཞི་ལས་བཞི་བཅད་དེ་མཉམ་བཞག་སྒྲུབ་པ་ལྷུར་ལེན་ཀྱང་མཛད་ པས་ཐུགས་དམ་སྔར་ལས་འཕེལ་བ་བྱུང༌། དགུང་ལོ་ཉེར་དགུའི་སྐོར་དམ་པ་འདི་ཉིད་ འགམ་གྱི་ནགས་ཁྲོད་དུ་གཅིག་པུར་རྒྱུན་སྡོད་ཀྱིས་སྔར་གྱི་ཉམས་ལེན་འཕྲོ་མཐུད་དམ་ཟབ་ 2-1-365 ཀྱིས་རེམ་པ་གནད་སྨི ན་པར་འགའ་རེ་ལ་མཛད། འདི་སྐོར་དུ་རང་ཡུལ་ཤོས་མདའི་སྡེ་ རིགས་ན་འདྲེ་ཁོག་ཞུགས་པ་འགས་ངེད་རྣམས་གནོན་གཟིར་བྱེད་པའི་ངག་དཀོན་ཐོན་བྱུང་ ཞེས་འཇིགས་སྐྲག་གི་སྣང་བ་བཟོད་མི་ཚུགས་པར་བྱ་ཀྱིན་འདུག་པ་སོགས་དམ་པ་འདིའི་ གཟི་བརྗིད་གནོད་འདྲེ་གང་དག་གིས་མ་བཟོད་པས་ངན་སྐད་ཤོར་བའི་ལོ་རྒྱུས་ཡང་འགའ་ རེ་ཡོད། དགུང་ལོ་སུམ་ཅུའི་སྐོར་འཛི་ཡུལ་གྱི་ཕར་ནང་ཐང་མོས་ནགས་ཆེན་ཁྲོད་དུ་ཁོང་ ཉིད་གཅིག་པུར་བཞུགས་པའི་ཉིན་གཅིག་ཐུགས་སྣང་ངོར་རྟ་བྲ་ནག་ཅན་ཞིག་སྐད་ཅིག་ལ་ ཐོན་བྱུང་བས་དེས་ཁྱོད་འདིར་ཞག་བདུན་ལས་མ་འདུག་དེ་མཚམས་ནས་དགྲའི་མེ་ཤོར་ངོ་ ཡོད་ཅེས་ཟེར་བའི་ཉམས་བྱུང་བ་ལྟར་ཁོང་གིས་དེ་ལུགས་ལྟར་དོགས་ཟོན་བྱས་ནས་ཞག་ བདུན་འདས་རྗེས་དགྲ་དམག་བྱུང་ཡང་ཁོང་ལ་ཉེས་སྐྱོན་དུ་མ་གྱུར་སྐད། དགུང་ལོ་སོ་ གཅིག་སྐོར་རང་ཡུལ་ཤོས་མདའི་ཕར་ངོས་ཀླུ་ཚང་ནགས་ཁྲོད་དུ་མཚམས་བསྙེན་ཟླ་བ་དུ་ མའི་རིང་དུ་མཛད་པས་ཕྱི་ནང་གི་རྟགས་མཚན་ཅི་རིགས་པ་རེ་ཡང་བྱུང་ཞིང༌། དགུང་ལོ་སོ་ གཉིས་སྐོར་དར་ལྔའི་རི་ཁྲོད་དུ་རྩ་བའི་བླ་མ་རྗེ་འཛམ་ངོས་རྡོ་རྗེ་འཆང་གང་སྐུ་དངོས་ བཞུགས་ཀྱིས་སློབ་ཚོགས་དུ་མ་ལ་བཤད་སྒྲུབ་ཟུང་གིས་ལེགས་བསྐྱངས་མཛད་པའི་སྐབས་ སུ་སློབ་བུ་དམ་པ་འདི་ཡང་དེར་སོང་ནས་རྗེ་བླ་མ་མཆོག་གི་ཞལ་ལུང་ལས་རྗེ་བཙུན་རིན་པོ་ ཆེའི་ལམ་རིམ་གྱི་རྒྱས་འགྲེལ་ཡིད་ཀྱི་མུན་སེལ་ཐུབ་བསྟན་དགེ་ལེགས་རྒྱ་མཚོས་མཛད་ པའི་ཡིག་ཆའི་སྟེང་ནས་རྣམ་པར་བཤད་པ་ཞིབ་རྒྱས་སུ་ཉིད་ཀྱིས་ལེགས་པར་གསན་པའི་སྒོ་ ནས་སྦྱང་བརྩོན་ལ་ནན་ཏན་ཆེན་པོ་མཛད། དགུང་ལོ་སོ་གསུམ་དུ་རི་ཁྲོད་དེ་ཉིད་དུ་རྗེ་བླ་ མའི་མདུན་ནས་དམ་པ་འདིས་སྔ་ལོར་གསན་པའི་ལམ་རིམ་ཆེན་མོའི་སྒོམ་དོན་སྐྱེས་བུ་ཆུང་ འབྲིང་ཆེན་པོའི་ལམ་རྣམས་མཐར་ཆགས་སུ་དམིགས་སྐོར་རེ་རེ་བཞིན་ཞག་ཚན་སོ་སོར་ བཅད་ནས་ལོ་གཅིག་གི་རིང་ལ་ཉམས་ལེན་གནད་འཁྱོལ་ཉེ་བར་བྱས་པས་ཐུགས་ལ་ཐུན་ 2-1-366 མོང་གི་ལམ་འཁོར་བ་ལས་ཐར་འདོད་ཀྱི་ངེས་འབྱུང་གི་བསམ་པ་དང་གཞན་དོན་དུ་རྫོགས་ བྱང་ཐོབ་འདོད་ཀྱི་བྱང་ཆུབ་ཀྱི་སེམས་དང་ཀུན་རྫོབ་ཆོས་ཀུན་བདེན་པས་སྟོང་པའི་གནས་ ལུགས་ལ་ངེས་པ་ཚབས་ཆེ་བ་འཁྲུངས་པ་དེ་ཕན་གྲོང་ཆོག་ཚུན་ལ་བྱང་ཆུབ་ཀྱི་སེམས་མི་ བརྗེད་པའི་དྲན་འདུན་ཡོད་ཙམ་བྱུང༌། དགུང་ལོ་སོ་བཞིའི་སྐོར་རི་ཁྲོད་དེར་བླ་མ་མཆོག་གི་ ཞལ་ནས། སློབ་བུ་ཉིད་ལ་ད་ལན་ཁྱོད་ཀྱི་དུས་འཁོར་ཡོངས་རྫོགས་ཀྱི་ཁྲིད་སློབ་སྦྱོང་ ལེགས་ངེས་ཤིག་དང་བཅས་རང་གིས་ཉམས་ལེགས་ཀྱང་གཟབ་ལྡན་ཞིག་གལ་ཆེ་ཞིང་དེ་ མ་ཟད་ནམ་ཞིག་ཁྱོད་ཀྱིས་གཞན་ལ་ཇི་བཞིན་འཁྲིད་ནུས་པ་ཞིག་མཛད་དགོས་ཚུལ་ གསུངས་ཏེ། གང་གི་སྐུ་མདུན་དུ་དགྱེས་པའི་ཐུགས་ཀྱིས་རྡོ་རྗེ་སློབ་མ་མཆོག་ལ་དུས་འཁོར་ བསྐྱེད་རིམ་རྒྱས་པའི་ཟབ་ཁྲིད་ལེགས་གནང་གི་དབུ་ཉེ་བར་ཚུགས་ན་ངན་མིས་བར་ཆད་ བྱས་རྐྱེན་ཇི་བཞིན་མཐར་ཕྱིན་སྐབས་མ་བྱུང་ངོ༌། །དགུང་ལོ་སོ་ལྔའི་དུས་སུ་རྐྱེན་དེས་བླ་ མའི་དགྱེས་ཞལ་གྱི་དྲུང་དུ་རིང་སྡོད་བྱུང་བའི་གོ་སྐབས་བྲལ་ཏེ་འཛི་ཡུལ་སྟོད་ཚ་ཁའི་བྲག་ དམར་ཕྱོགས་སུ་དབེན་གནས་ཤིག་ལ་གཅིག་པུར་བཞུགས་དགོས་བྱུང་ནས་དེ་སྐབས་སུ་ ཉིད་ཀྱིས་རྩ་བའི་བླ་མ་དགེ་སྐོར་རིན་པོ་ཆེའི་གསོལ་འདེབས་གྲངས་མང་གི་སྒོ་ནས་སྒྲུབ་པ་ ལྷུར་ལེན་གྱི་དུས་སུ་རྗེ་རྩ་བའི་བླ་མ་དེ་ཉིད་སྟོང་གཟུགས་ཀྱི་རྣམ་པར་ཡང་ཡང་མཇལ་ཞིང༌། བར་སྐབས་ཤིག་ཏུ་ཐུགས་ཉམས་སུ་གནས་བདག་རི་བཙུན་མ་བུད་མེད་མཛེས་མ་རྒྱན་ལྡན་ ཞིག་གི་རྣམ་པར་འོང་ནས་ཉིད་ལ་ཕྱག་ལན་གསུམ་བྱས་ནས་སོང་རྗེས་ཕྱི་ཉིན་དུ་ཡུལ་སྡེ་དེ་ ཕྱོགས་དག་གིས་མར་ཆུར་སོགས་དཀར་ཟས་རྒྱ་ཆེ་བའི་འབུལ་བ་མོད་པོ་བྱུང་ལ། དགུང་ལོ་ སོ་དྲུག་སྐོར་དམ་པ་འདིས་ཡུལ་སྡེའི་གྲོང་ཆོག་གཏོ་དབང་གི་དབུ་བླར་མཛད་དགོས་བྱུང་བ་ སོགས་ཀྱི་ཚེ་རང་གི་ཐུགས་སྣང་དུ་ལྷག་བསམ་བྱང་སེམས་ཀྱི་རྣམ་པའི་ཤུགས་འབྲལ་མེད་ ཀྱི་ངང་ནས་གཏོ་དབང་གང་གི་སྐབས་སུ་ལྷའི་གསལ་སྣང་ཆེ་རབ་ཀྱི་དག་མཉམ་སྒྱུ་མའི་ 2-1-367 ཡིན་ལུགས་ལ་རང་གཤིས་ངོ་བོ་མི་འགྱུར་བར་དེ་ཀའི་ངང་ལྷག་པར་སྐྱོང་ནུས་པའི་ཉམས་ ལེན་ལ་རང་ཚོད་ཙམ་ལ་ལྟོས་ནས་དབང་འབྱོར་བའི་བོགས་བསྐྱེད་སྔར་ལས་ཆེ་བར་གྱུར་ཏེ་ འདི་སྐོར་ཞིག་ཏུ་རྗེ་འཛམ་ངོས་སྐྱབས་མགོན་རྡོ་རྗེ་འཆང་ཡུལ་འདིར་དུས་ཟིང་ཆེ་བས་མགོ་ ལོག་ཕྱོགས་སུ་ཕེབས་ཀར་འཛམ་ཐང་གཙང་བའི་སྒྲུབ་གྲྭ་གོང་དུ་རྗེ་ཉིད་དང་སློབ་བུ་དམ་པ་ གཉིས་མཇལ་ཕྲད་ཀྱི་སྐལ་བ་བྱུང་ཚེ་རྗེ་དཔལ་ལྡན་བླ་མ་མཆོག་གི་ཞལ་སྔ་ནས། ཐུགས་ སློབ་ཉིད་ལ་འུ་ཅག་འདི་དང་ཚེ་རབས་ཀུན་ཏུ་ནམ་ཡང་འབྲལ་བ་མེད་ཚུལ་དང༌། ཁོང་གི་ ཐུགས་རྗེས་རྡོ་རྗེའི་སློབ་མ་སྙིང་དང་འདྲ་བ་ཁྱོད་ལ་ནམ་དགོས་དུས་སུ་བརྩེ་གཟིགས་རྒྱུན་ ཆད་མེད་ངེས་ཀྱི་ཐད་སོགས་སྐབས་ཀྱི་བཀའ་འཕྲོས་གང་དགོས་ཞིབ་རྒྱས་སུ་ལེགས་གནང་ གིས་དཔོན་སློབ་འབྲལ་མི་ཕོད་པའི་ངང་ནས་རེ་ཞིག་སོ་སོར་གྱེས་དགོས་བྱུང་ལ། དེ་ནས་ དགུང་ལོ་སོ་བདུན་སྟེང་ཙམ་ན་རིང་པོར་མ་ལོན་པར་རྗེ་གཅིག་ཆོག་རྒྱལ་པོ་འཛམ་ངོས་རྡོ་རྗེ་ འཆང་གང་ཉིད་མགོ་ལོག་ཕྱོགས་སུ་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་ཐིམ་པའི་ གནས་ཚུལ་ཐོས་འཕྲལ་ཡིད་ལ་གདུང་བ་ཆེ་ཡང་ཉིད་ཀྱི་ཉམས་རྨི་གང་ཡང་རུང་བར་ཞལ་ མཇལ་གསུང་ཐོས་ཀྱི་དག་སྣང་རེ་ནི་བར་བར་བྱུང་བས་ནང་ཡིད་ཀྱི་དད་པའི་དམིགས་རྐྱེན་ ཆེ་རབ་ཏུ་གྱུར་ཅིང་འདི་ལོར་དམར་དམག་དུས་ཀྱི་ཟིང་ཆ་འདི་ཕྱོགས་སུ་ཆེ་བ་ཞི་འཇགས་ སྐབས་དམ་པ་ཉིད་ཀྱི་མ་ཡུམ་ནད་ཀྱིས་ཐེབས་པ་གསོན་གཤིན་གཉིས་ཀྱི་དུས་སུ་སྨན་བླ་ མདོ་ཆོག་སྟོང་ཕྲག་གིས་རིམ་གྲོ་དང་དགེ་རྫོགས་རིམ་པས་དམ་པ་ཁོང་དང་ངོས་གཉིས་ནས་ ལེགས་སྒྲུབ་མཐར་ཕྱིན་པ་ཉེ་བར་བྱས་ལ། དགུང་ལོ་སོ་བརྒྱད་དུ་ཁོང་གིས་རང་གི་མའི་ དགོངས་རྫོགས་སུ་འཛི་ཀའི་སྟོད་ཕྱོགས་བྲག་དམར་དགོན་གྱི་ཉེ་འདབས་སུ་རྡོ་རྗེ་མི་ འཁྲུགས་པའི་རུས་ཆོག་ཆ་ཚང་གི་བསྙེན་བཟླས་མཛད་སྐབས་སུ་རྗེས་སོར་ལེགས་གྲུབ་གྱི་ དུས་དཀྱིལ་འཁོར་དུ་བུམ་པ་རྫས་ལྡན་སྟོང་པར་བཤམས་པ་ལ་བུམ་ཆུ་བསྙོན་མེད་དུ་ཐོན་ 2-1-368 པའི་འགྲུབ་རྟགས་མཐུན་སྣང་དུ་གསལ་བོར་བྱུང་ཞིང༌། དགུང་ལོ་སོ་དགུའི་སྐོར་འཛི་ཉིན་ར་ ཤུག་ཁྲོད་དུ་རྗེ་ངག་དབང་ཚོགས་གཉིས་རྒྱ་མཚོ་བཞུགས་དྲུང་དུ༌། དམ་པ་འདི་ཉིད་འོང་ནས་ ཉིད་ཀྱིས་རྟོགས་འབུལ་རང་སེམས་གཉུག་མའི་ཡེ་ཤེས་རྗེན་ཆར་གྱི་ཚུལ་ལེགས་ཞུས་ཀྱི་ དུས་སུ་རྗེ་བླ་མ་མཆོག་གིས་ཁྱོད་ལ་སྔགས་ཀྱི་གཉུག་སེམས་ཀྱི་འཆར་སྒོ་ལེགས་པོ་ཞིག་ བྱུང་འདུག་པས་དེ་ལུགས་ཀྱི་ངང་དེ་ཀར་སྐྱོང་ཤེས་མཛོད་དང་དེ་ལས་ལོགས་ཀྱི་ཉམས་ལེན་ གཞན་ཅི་ཡང་མི་དགོས་ཚུལ་ཞིབ་རྒྱས་སུ་ལེགས་གསུང་གིས་ཐུགས་ཐག་གཏིང་ནས་ཆོད་ ངེས་སུ་གྱུར། དགུང་ལོ་བཞི་བཅུའི་སྟེང་ཙམ་ན་རྗེ་འཛམ་ངོས་རྡོ་རྗེ་འཆང་གི་གདུང་རྟེན་རིན་ ཆེན་གཉིས་པ་ལས་ལེགས་བསྐྲུན་གྱི་བྱང་ཆུབ་མཆོད་རྟེན་ཁྱད་མཚར་བ་རྣམ་པར་དཀར་ བའི་བསོད་ནམས་ཀྱི་ཞིང་མཆོག་ཏུ་དམ་པ་གང་དང་མ་བླ་མ་ཀུན་མཆོག་ཟུང་གིས་ལེགས་ བཞེངས་མཐར་ཕྱིན་མཛད། དགུང་ལོ་ཞེ་གཅིག་ཏུ་འཛི་སྟོད་ཚ་ཁ་ཕྱོགས་ཀྱི་དབེན་གནས་ ཤིག་ཏུ་དམ་པ་འདིས་རྗེ་འཛམ་ངོས་རྡོ་རྗེ་འཆང་གི་གསོལ་འདེབས་གྲངས་ཆེས་མང་གི་སྒོ་ ནས་གང་ཐུགས་རང་སེམས་དང་གཉིས་མེད་རོ་མཉམ་འབའ་ཞིག་གི་རྒྱུན་བསྲིངས་ཏེ་སྒྲུབ་ པ་ཟབ་མོ་ལྷུར་ལེན་མཛད་སྐབས་ཉིན་པར་མཉམ་བཞག་དང་མཚན་མོ་རྨི་ལམ་གྱི་སྐབས་ དག་ཏུ་སྔར་བས་ཆེས་གསལ་གྱི་རྗེ་བླ་མ་སྟོང་གཟུགས་ཀྱི་རྣམ་པ་དང་སྐུ་དངོས་བྱོན་རྨི་ལམ་ གསལ་སྣང་གི་རྣམ་པ་ཆེས་གསལ་བོ་དང་གསུང་བགྲོ་གླེང་ཆོས་ཚུལ་ཟབ་མོ་དུས་སུ་ལེགས་ འདོམས་ཀྱིས་ནང་རྟོགས་གཉུག་མའི་ཡེ་ཤེས་སྔར་ལས་རང་མདངས་མངོན་ཚབས་ཆེ་བ་ དང་ཆབས་ཅིག་ཏུ་དད་པ་ཤུགས་དྲག་པོའི་དབང་གིས་ལུས་ཀྱི་སྤུ་ལོང་གཡོ་ཞིང་མིག་ནས་ མཆི་མ་རྒྱུན་རིང་ཆེར་འཁྲུགས་བཞིན་ལག་ཟུང་གི་པདྨོ་དབང་མེད་སྙིང་ཁར་ཟུམ་པ་ཡང་ ཡང་བཅས་ཀྱི་ངང་རྗེ་བླ་མའི་བཀའ་དྲིན་ལ་ཡིད་གཏིང་ནས་ཕྱོགས་པར་གྱུར་ཏོ། །དགུང་ལོ་ ཞེ་གཉིས་སུ་ཁོང་གི་ཉིན་གཅིག་རྨི་ལམ་གྱི་སྣང་བར་རང་ཉིད་ནམ་མཁར་འཕགས་ཏེ་འཛམ་ 2-1-369 ཐང་གཙང་བའི་གཟིམ་ཁང་ཕོ་བྲང་གི་རྩེ་མོའི་སྤེན་རྒྱན་གྱི་ཐད་དུ་དུང་ཕྲེང་ངང་གོ་རེ་བ་ཟླུམ་ པོ་ཕྱོགས་མཚམས་ཐམས་ཅད་དུ་ཁོང་གིས་ལེགས་བསྒྲིག་བྱེད་བཞིན་ཕོ་བྲང་ཐོག་ཏུ་དར་བོ་ ཆེ་ཞིག་ལེགས་འཛུགས་བྱས་པར་རྨིས་པ་བཞིན་ཕྱིས་སུ་དམ་པ་ཉིད་ཕོ་བྲང་དེའི་འཛིན་ བདག་མཆོག་ཏུ་གྱུར་སྐད། དགུང་ལོ་ཞེ་གསུམ་པར་རང་གནས་དགོན་ལེབ་ཏུ་རང་གི་གཟིམ་ སྤྱིལ་གྱི་ནང་ལ་ཁོང་གིས་ལོ་མཚམས་དམ་པོ་མཛད། དགུང་ལོ་ཞེ་བཞིར་རང་དགོན་དུ་ གཙང་བའི་རྡོ་རྗེ་སློབ་དཔོན་ངག་དབང་རྡོ་རྗེ་བཟང་པོ་ཕེབས་ངོས་ནས་དམ་པ་འདི་དང་ ཉམས་ལེན་འདྲི་གཏུགས་ཀྱི་བཀའ་མོལ་ཕན་ཚུན་མཛད་པས་ཐུགས་ནང་ཆེས་མཐུན་གྱི་སྒོ་ ནས་རྗེ་བླ་མ་ཉིད་ཀྱིས་དམ་པ་འདིའི་ཐུགས་རྒྱུད་ལ་དཔག་ན་དེང་དུས་ལ་ལྟོས་པའི་གསང་ ཆེན་སྔགས་ཀྱི་ཉམས་ལེན་མཆོག་རྡོ་རྗེ་སློབ་དཔོན་དུ་འོས་ཤིང་དེ་འདྲ་ཆོག་ངེས་སུ་ཐུགས་ ཐག་ཆོད་དེ་རྗེ་གང་གིས་དམ་པ་འདི་གཞན་སུ་ལས་ཆེ་བཀུར་དང་བསྔགས་བརྗོད་བཅས་ ཀྱིས་རྗེས་སོར་གཙང་བའི་རྡོ་རྗེ་སློབ་དཔོན་དུ་འདེམས་བསྐོ་མཛད་པ་སོགས་ཀྱིས་རང་རེའི་ བསྟན་པ་ལ་ཕན་ཐོགས་ཀྱང་བྱུང་བ་མཐུན་སྣང་མངོན་གསལ་ལྟར་རོ། །དགུང་ལོ་ཞེ་ལྔའི་ དུས་སུ་དམ་པ་འདིས་རང་དགོན་དུ་དགུན་ངོ་སོགས་སུ་ཐུགས་དམ་བཅད་རྒྱ་མཛད་ཅིང་སྟོན་ དུས་སོགས་སུ་གདུལ་བྱ་གྲོང་ཆོག་རེའི་འགྲོ་དོན་ལེགས་བྱེད་ཀྱི་སྐབས་ཐུགས་ངོར་སྦྱིན་ བདག་སོགས་མཁའ་ཁྱབ་ཀྱི་འགྲོ་བ་ཀུན་ལ་ཕན་སེམས་རླབས་ཆེ་བ་དང་ཐ་མལ་སྣང་ཞེན་ གྱི་རྩེ་བཅིལ་བཞིན་དག་སྣང་ལྷའི་འཁོར་ལོ་ལ་གསལ་སྣང་ཆེ་ཞིང་རང་གཤིས་གཉུག་མ་ དེའི་ངང་ནས་སྐྱོང་ཐབས་མཁས་པ་སོགས་ཀྱིས་གཞན་ཕན་བླ་ལྷག་ཏུ་འཕེལ་བའོ། །དགུང་ ལོ་ཞེ་དྲུག་ཏུ་ཁོང་གི་ཐུགས་སྣང་ངོར་རྨི་ལམ་འོད་གསལ་དང་འདྲེས་པ་ལྟ་བུའི་གནས་སྐབས་ ཤིག་ན་འཇམ་པའི་དབྱངས་དངོས་ཐུབ་བསྟན་དགེ་ལེགས་རྒྱ་མཚོའི་སྐུའི་རྣམ་པ་ཞིག་གིས་ ཉིད་ལ་སྦྱོར་དྲུག་སྒོམ་རིམ་ཡོངས་རྫོགས་ཀྱི་ལུང་ཁྲིད་རྗེས་བསྔོ་བ་བཅས་ལེགས་པར་ 2-1-370 མཐར་ཆགས་སུ་གསུངས་པའི་འཕྲོ་ཙམ་ན་སྣང་གནས་ཀྱི་ཉམས་དེ་ལས་འཕྲལ་དུ་སད་དོ། །དགུང་ལོ་ཞེ་བདུན་གྱི་སྐབས་གཙང་གྲྭའི་བསྲུང་རིམ་ཆེ་བར་དམ་པ་འདི་ཉིད་ཕེབས་དུས་སུ་ ཉིན་ཅིག་མཉམ་བཞག་གི་སྣང་བར་ནམ་མཁའ་གཡའ་དག་གི་དབྱིངས་སུ་ཉིན་བྱེད་འོད་ ཟེར་ཆེས་འབར་བ་ཞིག་ཤར་ནས་འོང་བ་དེ་ཉིད་མཐར་རང་དང་གཉིས་མེད་དུ་གྱུར་པའི་ ཐུགས་ཉམས་བྱུང་རྗེས་ཡུན་ཞིག་ནས་གཙང་བའི་གཟིམ་ཁང་བླ་མ་རྡོ་རྗེ་བཟང་པོས་ཉིད་ འབོད་མི་མངག་པ་ལྟར་སྐུ་མདུན་དུ་སོང་བ་ལ་གཟིམ་ཁང་བླ་མ་དེ་ཉིད་ཀྱིས། དམ་པ་འདི་ ལ་ཆེ་བས་གུས་བཀུར་དང་བཅས་པས་གཙང་བ་གྲྭ་ཚང་ཡོངས་ཀྱི་མངའ་བདག་ངེས་དོན་ སྒྲུབ་བརྒྱུད་ཀྱི་བསྟན་པ་སྤེལ་བའི་རྡོ་རྗེ་སློབ་དཔོན་མཆོག་ཏུ་མངའ་གསོལ་གྱི་བཀའ་ནམ་ ཡང་ལྡོག་ཏུ་མེད་པ་ལེགས་སྩལ་གྱི་སྒོ་ནས་རང་གི་རྒྱལ་ཚབ་ཏུ་བཀའ་དབང་ཇི་བཞིན་ བསྐུར་བར་མཛད། དགུང་ལོ་ཞེ་བརྒྱད་པར་འགྲོ་འདུལ་དུས་སུ་བབ་པའི་པདྨའི་རྒྱལ་ཚབ་ ཀྱི་སྤྲུལ་པའི་གཏེར་ཆེན་ཀུན་བཟང་ཆོས་ཀྱི་ཉི་མའི་བཀའ་ལུང་ལས། ཤར་ཛམྦྷ་ལ་ཡི་ཅོད་ པན་དུ། །རྗེ་ནག་པོ་སྤྱོད་པ་ཝཀྐི་མིང༌། །དེའི་མཛད་ཕྲིན་སྨོ ན་ལོག་རྭ་ཛའི་འཕྲུལ། །མི་ བསོད་ནམས་ཀྱི་མིང་གིས་མ་བཀག་ན། །ཆོས་རང་གི་བསྟན་པ་ཡང་དག་སྤེལ། །ཞེས་ སོགས་ཀྱི་འགྱུར་མེད་རྡོ་རྗེའི་གཏེར་ལུང་ཟབ་མོས་དུས་སུ་བསྔགས་པ་དཔལ་འཛམ་ཐང་ གཙང་ཆེན་ཕོ་བྲང་དུ་གྲྭ་སྡེ་ཆེ་བའི་གཙུག་ནོར་དུ་གྱུར་པ་གྲུབ་ཆེན་ནག་པོ་སྤྱོད་པའི་བྱིན་ གྱིས་བརླབས་ཤིང་དེའི་སྐུ་བརྒྱུད་ཀྱི་བསྟན་པ་སྤེལ་མཛད་ཀྱི་བཤེས་གཉེན་ངག་གི་མཚན་ ལེགས་པར་འཆང་བ་གང་དེ་ཉིད་ཀྱིས་ངེས་དོན་ཆོས་ཚུལ་འཛིན་སྐྱོང་སྤེལ་བའི་མཛད་ཕྲིན་ ལ་བར་སྐབས་ཀྱི་འགལ་རྐྱེན་སྨོན་ལམ་ལོག་པའི་རྒྱལ་གདོན་གྱི་རང་གཟུགས་སྡིག་སྤྱོད་ བཙན་ཤེད་ཅན་ལ་སོགས་པའི་བཙན་དབང་གིས་བཀག་འགོག་མ་བྱས་ན་རང་རེ་རྒྱལ་བ་ཇོ་ ནང་པའི་བསྟན་པ་ཇི་བཞིན་ལེགས་སྤེལ་གྱི་མཛད་སྒོ་རྒྱ་ཆེ་ཚུལ་གྱི་ལུང་བསྟན་ཅི་རིགས་ 2-1-371 དུས་སུ་བབ་སྟཻ་འདིར་དེ་ལུགས་ཀྱི་ཁོང་གིས་བསྟན་འགྲོ་ལ་ཕན་ཐོགས་ལོ་བཅུ་ལྷག་ཏུ་ མཛད་པ་འདི་ནས་བཟུང་དབུ་བརྙེས་པའི་སྒོ་དོད་པ་ཡིན་ཞིང༌། དེ་མ་ཟད་འདི་སྐོར་ཅི་རིགས་ སུ་ཁོང་ཉིད་ཀྱི་རྨི་ཉམས་སུ་གཙང་བའི་རྡོ་རྗེ་སློབ་དཔོན་ངག་དབང་རྡོ་རྗེ་བཟང་པོའི་སྐུའི་ རྣམ་པ་གསལ་བར་ཤར་ནས་དེས་དམ་པ་འདི་ཉིད་གཙང་བའི་མགོན་ཁང་དུ་ཁྲིད་དེ་མགོན་ པོའི་མདུན་ནས་དར་དཀར་འཕེན་གནང་གི་མཛད་སྒོ་ལེགས་ངེས་ཀྱི་དགེ་མཚན་གསལ་ པོའི་ཐུགས་སྣང་བྱུང་ལ། དགུང་ལོ་ཞེ་དགུའི་དུས་སུ་གཙང་བའི་རྡོར་སློབ་ངག་དབང་རྡོ་རྗེ་ བཟང་པོ་གང་ཉིད་སྐུ་བསྙུང་སྐབས་ཞབས་བརྟན་དུ་དམ་པ་འདི་ཕེབས་སྐབས་ཐུག་ངོར་རྨི་ ཉམས་སུ་རྭ་སྐོར་ཞིག་གི་ནང་དུ་དུས་ཀྱི་འཁོར་ལོའི་རྡུལ་ཚོན་ཡོངས་སུ་རྫོགས་པ་བཀྲ་ལམ་ མེར་ཡོད་ཀྱང་འཕྲལ་དུ་རླུང་འཚུབས་ཀྱིས་ཕྱག་ལ་ཁད་དུ་ཡོད་པ་ཞིག་གི་སྣང་བ་ཤར་འདུག་ པས་རྗེ་བླ་མའི་དྲུང་དུ་དམ་པ་ཉིད་ཕེབས་ནས་ཁོང་གིས་དེ་ལུགས་ཀྱི་ཞུ་ུབ་ཕུལ་བཞིན་ད་ རེབ་ལས་མི་བཞུགས་པའི་ཐག་བཅད་པ་ལྟར་ཕྱིས་སུ་ཇི་སྐད་ཐོག་ཏུ་ཁེལ་ཞིང་ལོ་དེའི་ཟླ་བ་ གསུམ་པའི་ནང་དུ་རྗེ་བླ་མ་ཉིད་སྐུ་གཤེགས། དེ་ནས་དམ་པ་གང་འདི་རང་དགོན་དུ་ བཞུགས་ཤིང་དེའི་ཟླ་བ་བདུན་པར་སླེབ་ལ་ཉེ་སྐབས་ཤིག་ཏུ་ནུབ་ཅིག་ཁོང་གི་རྨི་ཉམས་ལ་ རྗེ་འཛམ་ངོས་རྡོ་རྗེ་འཆང་དང་ངག་དབང་རྡོ་རྗེ་བཟང་པོ་ཟུང་གི་ཐུགས་དགྱེས་པའི་རྣམ་པར་ གཟུགས་སྐུའི་ཞལ་རས་ལེགས་མཇལ་དང་གསུང་གི་གདམས་པ་ཐོབ་པའི་སྣང་བ་ཆེས་ གསལ་པོས་མཚན་མོའི་དུས་འདའ་བ་ཙམ་བྱུང་རྗེས་ཕྱི་ཉིན་གྱི་ནངས་སྔ་མོར་གཙང་བ་གྲྭ་ ཚང་གི་དབུ་ཆོས་དྲག་བསྡུས་དག་སླེབས་ནས་དེ་རྣམས་ཀྱིས་གོས་དར་ཡུག་ཆེན་གྱིས་ཞུ་སྣ་ དྲངས་ཏེ་དམ་པ་འདི་ཉིད་འཛམ་ཐང་གཙང་བའི་ཕོ་བྲང་དུ་གདན་འདྲེན་མཛད་ནས་འཇིག་ མེད་རྡོ་རྗེའི་ཁྲི་ལ་གསང་ཆེན་བསྟན་པའི་སྔགས་ཀྱི་སློབ་དཔོན་མཆོག་ཏུ་མངའ་གསོལ་གྱིས་ བསྐོ་བཞག་དགའ་སྟོན་དང་བཅས་དགུང་ལོ་ལྔ་བཅུའི་དུས་ཙམ་ན་དམ་པ་གང་གིས་སློབ་ 2-1-372 ཚོགས་རྗེས་བཟུང་དང་ཆོས་གྲྭ་ལེགས་སྐྱོང་གི་དབུ་ཚུགས་ཏེ་གཟིམས་ཁང་ཕོ་བྲང་གི་ མཚམས་གྲྭ་བ་དང་འདུས་སྡེའི་འཚོགས་ཁང་སྟེང་གི་སྒྲུབ་གྲྭ་གོང་འགབ་སོགས་ཆོས་ཐུན་པ་ ཕན་ཚུན་གང་ཡོད་ཐམས་ཅད་ལ་སྦྱོར་དྲུག་གཙོ་བོར་གྱུར་པའི་བསྐྱེད་རྫོགས་ཀྱི་དབང་ལུང་ ཟབ་ཁྲིད་རང་རང་དང་འཚམས་པ་མཐའ་དག་དགེ་བའི་བཤེས་གཉེན་གྱི་བྱ་བ་དུས་སུ་ ལེགས་མཛད་ཀྱི་སྒོ་ནས་ཐམས་ཅད་ལ་ཐུགས་ཁུར་གྱི་འགན་ལེགས་བཞེས་མཛད་དེ་ལོ་ དེའི་གཟིམ་ཁང་སྦྱོར་དྲུག་པའི་ཆོས་ཚན་བསྟན་གསལ། སངས་རྒྱས་འོད་ཟེར། ངག་ཕྲིན། བྱང་ཆུབ་རྡོ་རྗེ་སོགས་ཉི་ཤུར་ལོངས་བ་ཡིན་ཞིང་དེ་དང་དུས་མཉམ་འདུ་ཁང་སྟེང་གི་སྒྲུབ་སྡེ་ བ་གོང་འགབ་ཀྱི་ཆོས་ཚན་མང་ཉུང་ཅི་རིགས་རེ་ལོ་བསྟར་བཞིན་དང་དེ་ཀུན་ལོ་རེ་རེ་ཇི་ལྟ་ བ་བཞིན་ཆོས་ཚན་གསར་འདུག་གི་རིམ་པས་རྒྱུན་མ་ཆད་པ་ནི་རྗེས་སོར་དམ་པ་མཆོག་གི་ དགུང་གྲངས་ང་དགུ་ལ་སོན་པའི་བར་དུ་སྟེ། དེ་ཡང་དགུང་ལོ་ང་གཅིག་པའི་སྟེང་དུ་གཟིམ་ ཁང་སྦྱོར་དྲུག་པ་སྤྲུལ་སྐུ་མཉམ་ཉིད་སོགས་སློབ་བུ་བཅོ་ལྔ་ཡིན་ལ། དེའི་ལོར་དམ་པ་གང་ གིས་སློབ་ཚོགས་རང་བཅས་ལ་དུས་ཀྱི་འཁོར་ལོའི་དབང་མོ་ཆེ་ཡོངས་སུ་རྫོགས་པ་རྗེ་ བཙུན་རིན་པོ་ཆེའི་དགོངས་པ་ཐུབ་བསྟན་དགེ་ལེགས་རྒྱ་མཚོས་ཇི་བཞིན་བཀྲལ་བའི་ དབང་ཆོག་གི་སྟེང་ནས་ཐོག་མར་གསུངས་ཤིང༌། དགུང་ལོ་ང་གཉིས་པར་སྦྱོར་དྲུག་པ་བླ་མ་ གྲགས་པ། སྤྲུལ་སྐུ་ཀུན་དགའ་འོད་ཟེར་སོགས་བཅུ་དགུ་དང་ལོ་དེར་ཁོང་གིས་འདུས་པ་ མང་པོ་རང་བཅས་ལ་སྦྱོང་རྒྱུད་བཅུ་གཉིས་ཆ་ཚང་གི་དབང་བསྐུར་དང༌། ཐམས་ཅད་རིག་ པ། མི་འཁྲུགས་པ་སོགས་ཀྱི་ཟབ་དབང་རྒྱས་པ་མཛད། དགུང་ལོ་ང་གསུམ་པར་སྦྱོར་དྲུག་ པ་མཁས་དབང༌། རྣམ་སྣང་སོགས་བཅུ་བཞི་དང་ལོ་དེའི་སྐབས་སུ་རྗེ་དམ་པས་ཕྱི་ནང་གི་ འདུས་སྡེ་བརྒྱ་ཕྲག་ལ་ཉེ་བ་ཙམ་རང་བཅས་ལ་དཀྱིལ་ཆོག་རྡོ་རྗེ་ཕྲེང་བའི་དབང་བསྐུར་ཀུན་ མཁྱེན་ཆེན་པོའི་བཞེད་དགོངས་ལྟར་འབའ་མདའ་བླ་མས་བཀྲལ་བའི་དབང་ཆོག་ལ་བརྟེན་ 2-1-373 ནས་དེའི་དཀྱིལ་འཁོར་ཆ་ཚང་གི་དབང་བསྐུར་ཞིབ་རྒྱས་སུ་མཛད་ལ། དགུང་ལོ་ང་བཞིའི་ དུས་སུ་སྦྱོར་དྲུག་པ་གཙང་སྤྲུལ་འཇིགས་མེད་རྡོ་རྗེ། བླ་མ་རིག་གྲོལ་སོགས་ཉི་ཤུ་དང་ལོ་ འདི་ལ་ཉིད་ཀྱིས་དབང་ཉན་འདུས་སྡེ་ཆེས་མང་རང་བཅས་ལ་དཔལ་འཁོར་ལོ་སྡོམ་པ་རབ་ འབྱམས་ཀྱི་དབང་རྗེ་བཙུན་དགོངས་པ་འབའ་མདའ་བླ་མས་ལེགས་བཀྲལ་གྱི་དབང་ཆོག་ གི་སྟེང་ནས་ཇི་བཞིན་ཡོངས་རྫོགས་དང༌། བདེ་མཆོག་མཁའ་འགྲོ་རྒྱ་མཚོ་དང་ལཱུ་དྲིལ་ནག་ གསུམ་ལུགས་ཀྱི་དབང་དང་བཅས་ལེགས་པར་གསུངས་ཤིང༌། དགུང་ལོ་ང་ལྔའི་ཐོག་ཏུ་ སྦྱོར་དྲུག་པ་བསྟན་དར། སངས་རིན་སོགས་ཉེར་གཉིས་དང་ལོ་འདིར་ཨ་ཡུ་རྒན་མོ་ཤི་བས་ དེའི་དགེ་རྫོགས་ཅི་དགོས་ཉིད་ཀྱིས་མཛད་པ་ཡིན་ལ་སྤྱིར་དམ་པ་གང་ཉིད་ཀྱིས་ཐུགས་ སློབ་མཆོག་དམན་ཡོངས་ལ་ཆོས་བཀའ་ཅི་དགོས་གནང་བ་མ་ཟད་ལྟོ་གོས་ཇི་ལྟར་དགོས་ ཀྱང་དེ་ལུགས་ལྟར་ཐམས་ཅད་མཛད་ཅིང་ཐུགས་བརྩེ་ཕ་མ་ལྟ་བུའི་སྒོ་ནས་སློབ་ཚོགས་ལ་ ཐུན་བཞི་ལས་བཞི་སོགས་བྱ་སྤྱོད་ཀུན་ལ་ཐུགས་བརྟག་ཞིབ་གཟིགས་ཀྱིས་ཐུགས་འགན་ཧ་ ཅང་ཆེ་བས་བཤེས་གཉེན་གཞན་དག་ལས་ཆེས་མཆོག་ཏུ་གྱུར་པའི་མཛད་སྒོ་རྟག་པར་ གནང་སྟེ་ཀུན་ལ་རྒྱུད་དུལ་བ་རྣམས་ལ་ཁ་ཏ་དང་མ་དུལ་བ་དག་ལ་བཀའ་བཀྱོན་སོགས་ ཐབས་ཞི་དྲག་ཅི་དགོས་ཀྱང་སློབ་མའི་དོན་ཡོང་ན་རང་གིས་སྐུ་ངལ་ལ་མི་འཛེམ་པ་སོགས་ གཞན་ཕན་གྱི་བྱ་བ་རླབས་ངེས་པར་ཆེ་ཞིང་བར་བར་རྣམས་སུ་ཉིད་ཀྱི་ཞལ་ནས། སློབ་ ཚོགས་ལ་ནད་སོགས་ཀྱིས་མི་བདེ་བ་བྱུང་དོགས་པ་རྣམས་དང་ཕྱིས་སུ་སྡོམ་མགོ་མི་ཐོན་ པའི་དམ་ལོག་སོགས་ལ་ཕྱིས་འབྱུང་དེ་ལུགས་མཁྱེན་ཚུལ་གྱིས་ངོ་ཐད་དོན་མེད་ལྟ་བུ་ལ་ བཀའ་བཀྱོན་དང་ཕྱག་འབེབས་ཡང་ཡང་གནང་བའི་མཛད་སྒོ་དུས་སུ་བྱུང་ལ། སྐབས་ འགར་ཆོས་ཐུན་པ་འགའི་ཁྱིམ་ཚང་བདེ་མི་བདེ་སོགས་ཀྱི་ལེགས་ཉེས་ལྐོག་ཏུ་གྱུར་པ་དག་ ཀྱང་ཞལ་གསུང་ལས་ཤུགས་འབྱུང་དུ་འགའ་རེ་ཐོན་པ་སོགས་དེང་དུས་ལ་ལྟོས་ན་ཁྱད་ 2-1-374 མཚར་བའི་དགེ་བའི་བཤེས་གཉེན་མཆོག་ཅིག་ཏུ་བསྙོན་མེད་ཀྱི་གནས་སོ། །དགུང་ལོ་ང་ དྲུག་ཏུ་སྦྱོར་དྲུག་པ་ཤ་སྤྲུལ། ཆོས་རིན་སོགས་ཉི་ཤུ་དང་ལོ་འདིའི་དུས་སུ་རྗེ་བླ་མ་མཆོག་ གིས་འདུས་པ་མང་ཙམ་རང་བཅས་ལ་གཤིན་རྗེའི་གཤེད་རབ་འབྱམས་ཀྱི་དབང་བསྐུར་ རྒྱས་པ་རྗེ་བཙུན་རིན་པོ་ཆེའི་བཞེད་དགོངས་ཇི་ལྟ་བ་བཞིན་དུ་རྗེ་བླ་མ་ཚོགས་གཉིས་རྒྱ་ མཚོས་བཀྲལ་བའི་དབང་ཆོག་གི་ཡི་གེའི་ཐོག་ནས་ཞིབ་རྒྱས་ཆ་ཚང་ལེགས་གནང་མཛད་ ཅིང་འདི་ལོར་ཁོང་གིས་ཨ་ཡུ་རྒན་མོའི་རུས་ཆོག་ཏུ་ཐམས་ཅད་རིག་པ་འཁོར་བ་ཀུན་གྲོལ་ གྱི་བདག་བསྐྱེད་བསྙེན་བཟླས་ཚད་ལྡན་སྒོས་རུས་སྦྱོང་ཡང་དག་གི་མཚམས་སྒྲུབ་ཅི་རིགས་ མཛད་པ་དང་འདི་སྐོར་གང་ཡང་རུང་བར་ཚ་ཁའི་བྲག་དམར་དགོན་དུ་ཚེས་བཅུའི་མཆོག་ སྤྲུལ་སྐུ་འཕྲེང་བརྒྱད་པ་ཀུན་དགའ་རིན་ཆེན་གྲགས་པ་བཞུགས་པའི་དྲུང་དུ་དམ་པ་གང་ དཔོན་སློབ་བཅས་ཕེབས་ཏེ་ཁོང་རྣམས་ཀྱིས་དུས་འཁོར་དབང་ཆེན་ལེགས་མནོས་ཀྱི་སྒོ་ ནས་གསན་ལ་རྗེ་དམ་པ་ཉིད་ཀྱིས་སྔ་ཕྱི་ཅི་རིགས་སུ་གཙང་ཆེན་གཟིམས་ཁང་ཕོ་བྲང་དུ་ ཐུབ་བསྟན་དགེ་ལེགས་རྒྱ་མཚོས་མཛད་པའི་སྦྱོར་དྲུག་སྤྱི་དོན་རྡོ་རྗེའི་བདུད་རྩིའི་ཆུ་གཏེར་ ཞེས་བྱ་བའི་ལེགས་བཤད་ཡོངས་རྫོགས་ཀྱི་པར་བརྐོ་སྔར་མེད་གསར་བཞེངས་དང་དུས་ འཁོར་བློས་བསླང་ཆེན་མོའི་ཞབས་འདེགས་ཞིག་གསོས་ཁྱད་མཚར་བ་དང༌། སྐྱབས་ཡུལ་ ཚོགས་ཞིང་དང་སེང་གདོང་བདུད་འདུལ་དྲག་མོའི་བྲི ས་ཐང་གསར་བཞེངས་དང༌། གཏོ་པོད་ དུ་མ་དང༌། གསེར་སྐུ་གསར་བླུས་སོགས་རྣམ་དཀར་བསོད་ནམས་ཀྱི་བགྱི་བ་དོན་དང་ལྡན་ པ་མང་ཙམ་གྱིས་ཕྱག་རྗེས་ཀྱང་མི་དམན་པ་ཙམ་ཡོད། དགུང་ལོ་ང་བདུན་དུ་སྦྱོར་དྲུག་པ་ གཙང་སྤྲུལ་བསོད་ནམས་དཔལ་ལྡན་ཕྱོགས་ལས་རྣམ་རྒྱལ་དང༌། ངག་དབང་ཚུལ་ཁྲིམས་ རྣམ་རྒྱལ། འཇིགས་མེད་འོད་ཟེར་སོགས་ཉི་ཤུ་སྟེ་འདིའི་ལོ་ལ་རྗེ་བླ་མ་གང་གིས་ཕྱི་ནང་གི་ འདུས་པ་མང་པོ་དང་རང་སོགས་བཅས་ལ་དུས་འཁོར་དབང་ཆེན། ནཻ་གུ་བཀའ་ཕྱི་ནང་ 2-1-375 ཡོངས་རྫོགས། ཕུར་པ་འཁོན་ལུགས་རྗེ་བཙུན་རིན་པོ་ཆེའི་བཞེད་དགོངས་ལྟར་གྱི་དབང་ ཆོག་འཇམ་མགོན་ཀོང་སྤྲུལ་གྱིས་མཛད་པའི་སྟེང་ནས་སྟོད་ལས་དང༌། སྨད་ལས་དཀར་ བདུད་རྗེས་གནང་སོགས་དང་བཅས་པའི་དབང་བཀའ་ལེགས་པར་བསྩལ་ཅིང༌། ལོ་དེར་ ཁོང་གིས་དུས་འཁོར་ལྷ་དགུའི་བསྙེན་མཚམས་ཀྱང་མཛད་ལ། སྤྱིར་ན་བར་བར་དུ་ཉིད་ཀྱི་ ཞལ་གསུང་ལས་མ་འོངས་དུས་ཕྱིས་སུ་གཟིམས་ཁང་ཕོ་བྲང་འདི་མཐོ་དམན་གང་ཐད་ནས་ ཆག་སྒོ་ཆེ་ཚུལ་གྱི་གསུང་ཟུར་སློབ་ཚོགས་ལ་ཡང་ཡང་གསུངས་པ་དང་དམ་པ་འདིས་གཙང་ བའི་གཟིམ་ཁང་གི་ཆོས་སྲིད་ལ་ཐུགས་ཁུར་བཞེས་པ་ནས་བཟུང་མགོ་ནས་མཇུག་གི་བར་ ལོ་བསྟར་བཞིན་གཟིམ་ཁང་ཐུན་པ་ཆོས་ཚན་གང་དག་ལ་ཆོས་མཐུན་གྱི་འགྲིག་ལམ་གཙང་ དག་འཆོལ་ཉོག་གི་སྤྱོད་པ་དང་མ་འདྲེས་ཤིང་ཀུན་སྤྱོད་མཛེས་ཁྲིགས་སུ་གནས་བཞིན་ཐུན་ བཞི་ལས་བཞིའི་རྒྱུན་སྤྱོད་ནར་མ་ལ་དུས་སྙོམས་པ་ཐུན་བཞི་གཙོ་ཆེར་སྤྱོད་པ་སོགས་སྒོ་ གང་ཐད་ནས་ལམ་ལུགས་ལྷོད་མེད་ཀྱིས་མཆོག་དམན་ཀུན་གནོན་ཞིང་ལོ་རེ་བཞིན་དགུན་ ཁར་ཕོ་བྲང་དུ་འགྲུལ་རྒྱ་བསྡམས་པས་མཚམས་གྲྭ་པ་སྤྱི་ལ་གཡེང་རྐྱེན་ཉུང་བས་བསམ་ གཏན་གྱི་འཕེལ་སྟོབས་ཆེ་བ་དང་དེ་དག་ཀུན་བདེ་ཆེད་ལོ་དུས་བཞིན་བསྲུང་རིམ་དགུན་ དུས་སུ་མང་འཚོགས་ཀྱིས་སྒྲོལ་མ་འབུམ་ཐེར་གདུགས་རིང་ཁྲི་རྫོགས་གང་རུང་རེ་དང༌། དཔྱིད་ཀར་རྟ་མགྲིན་དང་ཕུར་བའི་སྒྲུབ་ཆེན་གང་རུང་རེ་དང༌། དབྱར་དུས་སུ་ནངས་ནུབ་ལ་ མདོ་གདུགས་སྒྲོལ་གསུམ་སོགས་གསུང་སྒྲོག་ཅི་ལྕོ གས་དང༌། སྟོན་ཁར་སེང་གདོང་བདུད་ འདུལ་དྲག་མོའི་གཏོ་སྒྲུབ་རྣམས་ལོ་རེ་བཞིན་གྱི་ནམ་ཡང་ཆག་མེད་ཀྱི་སེར་འཚོགས་རྒྱུན་ ལྡན་གྱིས་བསྲུང་རིམ་ཆེ་བ་ལོ་དུས་བཞིན་ཡོད་པ་སོགས་གཙང་ཆེན་ཕོ་བྲང་དུ་བར་སྐབས་ ཙམ་ལ་མཛད་སྒོ་འདི་འདྲ་དཀའ་བའི་ཚོད་དུ་འདུག ཅེས་ཀུན་གྱིས་གླེང་མོ་བྱེད་པ་ལྟ་བུའི་ གནས་སྐབས་སུ་གྱུར་སྐད། དགུང་ལོ་ང་བརྒྱད་དུ་སྦྱོར་དྲུག་པ་བླ་མ་ཀུན་ལྡན། བསོད་ནམས་ 2-1-376 རྒྱལ་མཚན་སོགས་ཉེར་བརྒྱད་དང་ལོ་དེར་ཁོང་ཉིད་ཀྱིས་སློབ་ཚོགས་རང་བཅས་ལ་ཆོས་ བཀའ་དུས་འཁོར་མཆོག་དབང་དང་ལོ་དུས་ཀྱི་ཁྲིད་ལུང་གང་དགོས་ཙམ་ལས་གཞན་ཆེ་བ་ མ་གསུངས་ལ། སྤྱིར་དམ་པ་གང་ཉིད་ཀྱིས་མགོ་འཛིན་མཛད་དེ་གཙང་ཆེན་ཕོ་བྲང་དུ་སྒྲུབ་ སྡེ་པ་གང་དག་གཞིར་གནས་ཀྱི་སྟེང་དུ་རང་ཅག་སོགས་ཆོས་འཆད་ཉན་གྱི་སྡེ་ཡང་བཙུགས་ ཏེ་དེ་ལུགས་བཤད་སྒྲུབ་ཟུང་གི་བསྟན་པ་སྔར་ལས་ཕྱི་ན་མངོན་ཚན་ཆེ་བ་ཙམ་བྱུང་ཞིང་རྗེ་ གང་གི་ཞབས་ཕྱིར་དམིགས་ཏེ་ངོས་ནས་ཀྱང་བཤད་སྒྲུབ་སྐབས་གང་བབ་ཀྱི་དུས་སུ་དེ་ ལུགས་ལྟར་ཞིབ་དཔྱོད་རྟོག་གཟིགས་ཀྱི་རོགས་རམ་གང་དགོས་དང་དབང་དང་བསྲུང་རིམ་ ཅི་དགོས་སོགས་ཀྱི་ཚེ་འདོན་ཆ་ཕྱག་ལེན་གྲ་བསྒྲིག་ཉེར་མཁོ་དུས་སུ་གང་འོས་རྣམས་དང་ ཆོས་གྲྭ་དེར་ལུང་རྟོགས་ཟུང་གི་ཆོས་རྒྱུན་མི་ཆད་པའི་རྐྱེན་ཙམ་གྱི་འགན་དབང་བློས་མ་ལོང་ བའི་འདུག་ཚུལ་བཟུང་ཁུལ་གྱིས་སྐབས་ཅི་རིགས་ཀྱི་རིང་ལེགས་བགྱིས་མཐར་འཁྱོལ་གྱི་ དུས་ཚོད་ཀྱང་ཟིན་སོང་བ་ལགས་པས་དེ་ཡན་དུ་གོང་སྨོས་ལྟར་གྱི་ཆོས་བཀའ་ཡོངས་ རྫོགས་རྗེ་ཉིད་ཀྱི་ཞལ་སྔ་ནས་རང་ལའང་མཐའ་དག་མ་ཚང་བ་མེད་པར་ཐོབ་ངེས་སུ་གྱུར་ ཏོ། །དགུང་ལོ་ང་དགུའི་དུས་ལ་སླེབས་ཚེ་གཙང་ཆེན་གཟིམ་ཁང་སྦྱོར་དྲུག་པ་དཔལ་བཟང༌། བསྟན་འཛིན་གྲགས་པ་སོགས་ཐུགས་སློབ་དྲུག་སྟེ་དེ་དག་ཡན་དང་མཉམ་དུ་འདུ་ཁང་སྟེང་ གི་སྒྲུབ་གྲྭ་པ་གོང་འགབ་མང་ཉུང་ཅི་རིགས་རེ་མ་ཆད་པའི་རྒྱུན་མར་དུ་བྱུང་བ་རྣམས་དང་ གཞན་ཡང་གཟིམ་ཁང་དུ་བསྐྱེད་རིམ་པའང་འགའ་རེ་བར་བར་ཡོད་པ་སོགས་དེ་ཐམས་ ཅད་ལ་ཆོས་བཀའ་དབང་ལུང་ཟབ་ཁྲིད་ཅི་དགོས་མཐའ་དག་རྗེ་བླ་མ་འདི་ཉིད་ཀྱིས་ལེགས་ པར་མཛད་པས་བཀའ་དྲིན་ཤིན་ཏུ་ཆེ་བ་ཡིན་ཞིང༌། དེ་དག་གི་སྐབས་བར་བར་དུ་རྗེ་ཉིད་ སྔ་སོར་དབེན་གནས་ཁོ་ན་ལ་ཐུགས་ཆེས་གཞོལ་བའི་སྟབས་ཀྱིས་འདིར་ཡང་འཛི་སྟོད་སྨད་ ཀྱི་རི་ལུང་མི་མེད་དབེན་པའི་གནས་འགའ་ཞིག་ལ་ཕེབས་ནས་དེ་དག་ཏུ་ཁོང་གིས་སྒྲུབ་པ་ 2-1-377 ལྷུར་ལེན་མཛད་བཞིན་ལོ་ངོ་ཕྱེད་ལྷག་ཙམ་ལ་ཡང་ཡང་བཞུགས་ཏེ་སློབ་ཚོགས་ལ་ཕན་ པའི་ཞལ་གདམས་རེ་གསུང་རྩོམ་གནང་བ་སོགས་དོན་གཉིས་ལེགས་སྒྲུབ་ཀྱི་མཛད་སྒོ་རྒྱ་ ཆེ་བའི་ངང་ནས་ཁྱོན་སྡོམ་གཙང་ཆེན་གཟིམ་ཁང་དུ་གཙོ་ཆེར་བཞུགས་པ་ལོ་ངོ་བཅུ་གཅིག་ ཙམ་སོང་ཞིང་དེ་བར་གྱི་རྗེ་བླ་མ་གང་གི་སྤྱིར་སློབ་ཚོགས་མཆོག་དམན་ཡོངས་ཀྱི་གྲངས་ བརྒྱ་ཕྲག་གསུམ་ལྷག་བྱུང་བ་སོགས་ཉིད་ཀྱི་མཛད་སྒོ་བསྟན་འགྲོ་ལ་ཕན་ཐོགས་ཆེ་རབ་ ཙམ་རྒྱས་ནའང་དེ་མཚམས་ལོ་འདིའི་ནང་ཞིག་ནས་སྔར་དུས་ཀྱི་དམར་དམག་རྒྱང་བསྐྱོད་ ཀྱི་རིམ་པ་གང་དག་ཡངས་པའི་རྒྱལ་ཁམས་འདིར་ད་ལྟ་ཆེས་ཀུན་ནས་འཕེལ་བར་གྱུར་ཏེ་ དུས་འགྱུར་ཆེ་བས་བསྟན་འགྲོའི་ལེགས་ཚོགས་ཉག་ཤིན་ཏུ་ཕྲ་བའི་ངང་ཚུལ་དང་མཉམ་དུ་ ཆོས་མ་ཡིན་གྱི་སྤྱོད་རླབས་ཕྱོགས་མཐའ་ནས་འཕྱུར་དྲག་པས་སྐྱེ་དགུ་མཆོག་དམན་ཐམས་ ཅད་མཉམ་པོར་ལྕི་བའི་ཁུར་བཟོད་དཀས་ནོན་པར་ཆས་ཏེ་རང་རང་ཡུལ་གྱི་སྡེ་གང་དག་ འཇིགས་སྐྲག་གིས་ཕྱོགས་མཐར་སོ་སོར་བྱེར་བར་གྱུར་སྐབས་སུ་འཛམ་ཐང་གཙང་ཆེན་ཕོ་ བྲང་གི་རྡོ་རྗེ་སློབ་དཔོན་གང་ཉིད་ཀྱང་ལོ་དེའི་མཚམས་ཤིག་ནས་རང་གི་ཆོས་གྲྭ་འདིར་རྒྱུན་ བཞུགས་བག་ཕེབ་ཅིག་མ་བྱུང་བར་ཐང་སྐབས་རེ་མ་གཏོགས་ངེས་མེད་རི་ཁུལ་རྣམས་སུ་ བྱོན་དགོས་བྱུང་ལ་དེ་ནས་དགུང་ལོ་དྲུག་ཅུའི་དུས་ལོ་དེའི་ཟླ་བ་གསུམ་པའི་ཚེས་བཅོ་ལྔར་ འཛི་ཡུལ་སྟོད་སྨད་དུ་ཤུགས་ཆེན་དམག་དཔུང་ཕྱོགས་མཐའ་ཀུན་ནས་འཕྱུར་ཞིང་གཡུལ་ ཆེན་གྱི་བཙན་དཔུང་སྟོབས་ལྷག་པར་དར་བས་ཐམས་ཅད་ཀྱི་དཔའ་ཞུམ་པར་བྱས་རྗེས་ ཁོང་དཔོན་སློབ་རི་མགོར་བཞུགས་པ་བཙན་དམག་གིས་ཕབ་ནས་ན་མདའི་རྒྱ་སྒར་དུ་རྒྱུན་ བཞུགས་མཛད་དགོས་བྱུང་སྐབས་ཕྱི་ཚུལ་དུས་ཀྱི་ལམ་ལུགས་ཀྱིས་ཀུན་ནས་བསྡམས་པ་ ལྟ་བུའི་ཚོད་དུ་འདུག་ཀྱང་ནང་ཐུགས་ཉམས་ལེན་གྱི་མཉམ་བཞག་དང་ཞལ་འདོན་རྒྱུན་ གསུང་སོགས་ལུང་དང་རྟོགས་པའི་འཕེལ་ཁ་རང་ངོས་ནས་ཅུང་ཟད་ཉམས་པར་མ་སོང་ལ། 2-1-378 སྤྱིར་དམ་པ་འདིའི་སྐུ་ལས་དྲི་བཟང་པོའི་ངད་བྱུང་བས་ཉིད་ཀྱི་མནབ་ཆས་སོགས་ཤུལ་དུ་ ལུས་པ་ཡུན་རིང་པོར་སོང་ཡང་དྲི་བཟང་མི་ཡལ་བ་སོགས་ཚུལ་ཁྲིམས་རྣམ་པར་དག་པའི་ ཡོན་ཏན་གྱི་ཚུལ་ཕྱི་ནང་མངོན་གསལ་མཐུན་སྣང་དུ་བྱུང་བའོ། །དགུང་ལོ་རེ་གཅིག་གི་ སྐབས་དུས་ཀྱི་སྤྱོད་པ་རྩུབ་པས་ཁོང་ཉིད་ལ་གྲིབ་རྐྱེན་ལྟ་བུས་ཁམས་མི་བདེ་ཞིང་ཐ་མལ་ འདུ་རྟོག་རེ་ཞིག་གི་བར་འགག་པ་སོགས་བྱུང་ཡང་དེ་མཚམས་ཤིག་ནས་སླར་སོར་ཆུད་པ་ ནས་ལོ་འགར་ཁམས་བདེའི་ཚུལ་དུ་བཞུགས་པ་ལ་ལོ་དེའི་ནང་ཙམ་ནས་རང་ཡུལ་འདི་ནས་ སྨད་ཚ་རོང་ཕྱོགས་མཆོག་རྩེའི་རྒྱལ་སར་བྱོན་དགོས་བྱུང་ཞིང༌། དགུང་ལོ་རེ་གཉིས་པར་ རྒྱལ་ས་དེ་ཉིད་དུ་བླ་སྤྲུལ་མང་པོ་དང་ལྷན་ཅིག་དམ་པ་འདི་ཉིད་བཞུགས་སྐབས་ཚེས་བཅུའི་ མཆོག་སྤྲུལ་རིན་པོ་ཆེའི་སྐུ་དྲུང་ནས་ཉིད་ཀྱིས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ལུང་ཁྲིད་ ལེགས་པར་ཞུས་ཤིང་མཆོག་སྤྲུལ་གང་ཉིད་ཀྱིས་སྒྲོལ་མའི་སྐུ་བརྙན་ཁྱད་མཚར་ཅན་གྱི་ གནང་སྦྱིན་གྱི་དགྱེས་སྤྲོ་རྒྱ་ཆེ་བའི་ལེགས་སྒོ་དུས་སུ་ཐོབ་ལ་དེ་ལུགས་ལྟར་ཁོང་གི་ཐུགས་ ཉམས་སུའང་རྗེ་རྩ་བའི་བླ་མ་མཆོག་གི་བཀའ་ལུང་ལས། རྟེན་གྱི་གནང་སྦྱིན་ཐོབ་པ་དང་ སྒྲོལ་དཀར་བསྙེན་བཟླས་དགོས་ཚུལ་སོགས་ཀྱི་སྔ་ལྟས་གསལ་བོའི་དབུགས་དབྱུང་དུས་སུ་ བྱུང་ངོ༌། །དགུང་ལོ་རེ་གསུམ་དུ་ཁོང་གིས་སྒྲོལ་དཀར་གྱི་བསྙེན་སྒྲུབ་ཚད་ལྡན་དུས་སུ་ འཁྱོལ་ངེས་བྱས་ཤིང་ལྷ་དེའི་ཐུགས་རྗེས་གཟིགས་པའི་ལེགས་མཚན་ཅི་རིགས་པའང་ མངའ་ཚོད་དུ་འདུག དགུང་ལོ་རེ་བཞི་པར་ཁོང་གིས་ཐུགས་སྣང་དུ་བར་བར་བཅོམ་ལྡན་ འདས་མ་རྡོ་རྗེ་ཕག་མོའི་སྐུའི་རྣམ་པ་ངོ་མཚར་འོད་དམར་ཕུང་པོ་འབུམ་དུ་བརྡལ་བའི་ གཟིགས་སྣང་ཝལ་ཝལ་བྱུང་ལ། འདི་སྐོར་གོང་འོག་ཅི་རིགས་པར་གང་ཉིད་བཞུགས་པའི་ སྐུ་མདུན་དུ་ཐུགས་སློབ་འགའ་མཇལ་བའི་ཆེད་འོང་བ་དག་ལ་རྗེ་ཉིད་ཀྱི་ཞལ་སྔ་ནས། ད་ སྐབས་རང་གིས་བསྟན་པ་ལ་ཕན་ཅུང་ཙམ་ཐོགས་པ་སྔོན་རྗེ་འཛམ་ངོས་རྡོ་རྗེ་འཆང་གི་ 2-1-379 བཀའ་ལུང་ལས་ཡང་ཡང་བྱུང་བ་དུས་སུ་བབ་ཅིང༌། ད་ལན་ཡང་རྗེ་གང་གི་སྐུ་དང་གསུང་གི་ སྣང་བ་བར་བར་བྱུང་བ་སོགས་ཀྱི་སྒོ་ནས་རྗེ་འདི་གཞན་སུ་ལས་བཀའ་དྲིན་གཞལ་དུ་མེད་ པ་ཞིག་ཡིན་ཚུལ་དང༌། ཁོང་ཉིད་སློབ་ཚོགས་ཀྱིས་སྒོ་གསུམ་སྤྱོད་པ་ཞན་དུ་མ་བཅུག་པའི་ ངང་ནས་མ་བརྗེད་ན་ཐུགས་ཆོས་སྐུ་ཀུན་ཁྱབ་ཀྱི་བྱེད་པས་ཕན་ཐོགས་ཆེ་ཚུལ་དང༌། རང་ བསམ་ཚོད་ཀྱི་སློབ་བུ་གང་དག་གིས་ཐོག་མར་སྡོམ་གསུམ་གྱི་རྣམ་གཞག་རེ་དང༌། ལམ་ རིམ་སོགས་གནད་ཆེ་བའི་ཆོས་དོན་ལ་སློབ་སྦྱོང་རེ་བྱས་ནས་བསླབ་སྡོམ་སྐྱོན་མེད་ཀྱིས་ཚེ་ མཐའ་འཁྱོལ་ངེས་རེ་ཨེ་ཡོང་བལྟས་ཏེ་ཐོས་བསམ་ལ་འབད་ཅི་ཐུབ་རེ་མ་འཆུགས་ན་ གནས་སྐབས་ཀྱི་ཕྱི་ཚུལ་ཙམ་ཅི་འདྲ་དགོས་ཀྱང་སྐྱོན་མེད་པའི་ཚུལ་ཞིབ་རྒྱས་ཀྱི་ཞལ་ཏ་སྣ་ ཚོགས་དང༌། གཞན་ཡང་སློབ་བུ་འགའ་ལ་ཉེས་པའི་འབྱུང་སྒོ་རྗེས་སོར་ཇི་ལྟར་ཡོང་ཚུལ་གྱི་ གསུང་ཟུར་ཤས་ཙམ་རེ་ཡང་ཡང་གནང་བཞིན་བཞུགས་པ་དང༌། འདིའི་ལོ་སྨད་དུ་ཁོང་ རྣམས་མཆོག་རྩེའི་རྒྱལ་ས་ནས་འབར་ཁམས་འདུ་ཁང་སྟེང་དུ་བཞུགས་གནས་སྤོ་བར་བྱེད་ དགོས་བྱུང༌། དགུང་ལོ་རེ་ལྔའི་དུས་གནས་དེ་ཉིད་དུ་བླ་སྤྲུལ་དུ་མ་དང་བཅས་ཁོང་ཉིད་ བཞུགས་སྐབས་ཕྱིའི་ནན་ཏུར་ཅི་ཙམ་ཆེ་ཡང་ནང་ལུང་རྟོགས་འཕེལ་རྒྱས་ཀྱི་ངང་ནས་ སྐབས་རེ་ཞིག་བར་བདེ་མོར་གནས་ཀྱང་ལོ་དེའི་ཟླ་བ་བཅུ་གཅིག་པའི་ཚེས་གཉིས་ཀྱི་ཉིན་ ཉི་དྲོས་ཙམ་ལ་གློ་བུར་དུ་ཁོང་ལ་གྲིབ་རྐྱེན་ལྟ་བུའི་བསྙུང་ནད་ཅིག་གིས་ཐེབས་ཤིང་སྒོ་ གསུམ་གྱི་སྤྱོད་པ་རང་འགག་ཏུ་སོང་ནས་ཐམས་ཅད་ལྷུག་པར་འཇོག་པ་ཞིག་ཏུ་གྱུར་ཏེ་སྨན་ ཁང་དུ་ཞག་བཅུ་སྐོར་ཙམ་ལ་བཞུགས་དགོས་བྱུང༌། དེ་མཚམས་ཤིག་ནས་བསྙུང་གཞི་ཡར་ དྭངས་ཀྱི་ཚུལ་དུ་སོང་ནས། དགུང་ལོ་རེ་དྲུག་གི་སྐབས་ལོ་ཧྲིལ་བོར་སྔར་ལྟར་རྣམ་པར་ དཀར་བ་ལུང་དང་རྟོགས་པའི་ཆོས་ཚུལ་ཐུགས་ཉམས་སུ་ལེགས་བསྟར་གྱིས་ཅི་བདེར་ བཞུགས་ཤིང་འདི་སྐོར་སྔ་ཕྱི་ཀུན་ཏུ་བགྱི་བ་དོན་ལྡན་གྱིས་རང་གཞན་གྱི་དོན་ཅི་འགྲུབ་ལ་ 2-1-380 ལྷུར་བཞེས་མི་དམན་པའི་མཛད་སྒོ་ལ་གནས་བཞིན་པ་ཡིན་ནའང་ལོ་དེའི་ཟླ་བ་བཅུ་གཉིས་ པའི་ཚེས་ཉི་ཤུའི་སྐོར་ནས་གང་གི་ཞལ་གསུང་ལས། ཞལ་འདོན་རྒྱུན་ཁྱེར་ཚར་གཅིག་ གསུངས་རྗེས་སུ་འཕགས་པ་བཟང་པོ་སྤྱོད་པ་དང་སྨོན་ལམ་རྒྱལ་བ་རྒྱ་མཚོ་གཉིས་ཞིབ་ རྒྱས་སུ་ལན་གཅིག་མཛད་ནས་ད་ནི་དགེ་བསྔོས་བྱས་ཟིན་གསུངས་ནས་དེ་ཕན་ཞལ་འདོན་ བཞག་ནས་རང་དགར་མཉམ་བཞག་ལ་གནས་བཞིན་བཞུགས་འདུག དེ་ནས་དགུང་ལོ་རེ་ བདུན་ལ་སླེབས་སྐབས་སུ་ཕྱི་ལོ་༡༩༦༦ རབ་ལོ།༩༤༠ མཆན། མེ་ཕོ་རྟ་ལོ་དེའི་ཟླ་བ་དང་པོའི་ཚེས་ཉི་ ཤུའི་ཉིན། ཞལ་ནས་གུ་རུའི་ཚིག་བདུན་སྤྱན་འདྲེན་དང༌། རྩ་བའི་བླ་མའི་གསོལ་འདེབས་ གང་ཞིག་དྲན་པས་སོགས་དང༌། གསོལ་འདེབས་གཞན་མང་པོ་ཞིག་གསུངས་རྗེས། ཞལ་ གསུང་ལས། ད་ཚོད་སངས་རྒྱས་སྨན་བླའི་ཞིང་ཁམས་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་ ནས་དེ་ཐམས་ཅད་ང་རང་ལ་ཐིམ་འགྲོ་གྱིན་འདུག་ཅིང༌། ནད་ཟུག་སོགས་མི་བདེ་བ་ཅི་ཡང་ མེད་ངེས་རེད། ཅེས་སོགས་ཞལ་བརྡ་འགའ་རེ་ཡང་མཛད་པར་འདུག་ལ། ལོ་དེའི་ཉི་ཤུ་ གཉིས་ཀྱི་ནངས་སྔ་མོའི་དུས་སུ་ཁོང་གི་སྐུ་སེང་གེ་ཉལ་སྟབས་ཀྱིས་ཧིག་སྒྲ་ལན་གསུམ་ མཛད་ནས་དགོངས་པ་ཆོས་དབྱིངས་སུ་ལེགས་བསྡུས་ཀྱི་རྗེས་མི་རིང་བར་གདུང་མཆོད་བླ་ སྤྲུལ་མང་པོས་ཞག་གསུམ་ལ་མཛད་ནས་སྐུ་གདུང་ལ་ཞུགས་འབུལ་གྱི་སྐབས་སུ་དབུ་ཐོད་ ཡར་བ་དང་དྲི་བཟང་པོ་རང་ཡུལ་དུ་ཀུན་ནས་མཆེད་པ་སོགས་ཀྱི་རྟགས་མཚན་ཀྱང་བྱུང་ ཞིང་རང་ཡུལ་གྱི་ཐུགས་སློབ་འགའ་འཆི་བ་ལ་ཉེ་སྐབས་རྗེ་དམ་པ་ཉིད་དངོས་བྱོན་གྱི་སྣང་ བས་འཆི་ངེས་སོགས་ཀྱི་གསུང་བརྡ་ལེགས་བྱུང་གིས་ཡིད་ལ་དད་གུས་འཕེལ་བར་བྱེད་པའི་ མཛད་སྒོ་ལེགས་པ་ཁྱད་དུ་འཕགས་པའི་ཕྲིན་ལས་མངའ་ལ། དེ་རྗེས་རང་ཡུལ་དུ་གདུང་ རུས་སྤྱན་དྲངས་ཏེ་སློབ་ཚོགས་གང་དག་གིས་གདུང་ཚ་སོགས་དགོངས་མཆོད་དུས་བསྟུན་རེ་ ལེགས་གྲུབ་ཀྱི་སྒོ་ནས་དུས་མཐའ་འདིར་མཛད་པ་དེ་ལུགས་ཀྱིས་མཐར་ཕྱིན་པ་སྟེ། རྗེ་དམ་ 2-1-381 པ་མཆོག་གི་ཐུགས་སློབ་ཆེ་རིམ་ཡང་གཙང་ཆེན་སྤྲུལ་པའི་སྐུ་སྐྱེས་རྣམ་གཉིས་དང༌། འགྲོ་ ཕན་ཆེ་བ་གྱང་སྒང་བླ་མ་གྲགས་པ། བསྙུང་གནས་ཀྱིས་འགྲོ་འདུལ་བ་བླ་མ་ཀུན་ལྡན་ སོགས་གཞན་ཕན་སྤྱོད་ནུས་པའི་ཐུགས་སློབ་ཡང་དུ་མ་བྱུང་བ་སོགས་གཙང་ཆེན་རྡོ་རྗེ་སློབ་ དཔོན་རྗེས་མ་འདི་ཉིད་ཀྱང་དུས་ཀྱི་དབང་འདི་ལྟར་མ་བཙན་ན་དེང་དུས་ལ་ལྟོས་ན་མཛད་ པའི་སྒོ་རྒྱ་ཆེ་བ་ཞིག་ཏུ་གོར་མ་ཆག་གོ ། དེ་ཡན་ཆད་ཀྱིས་གཙང་བའི་སྒྲུབ་བརྒྱུད་འཛིན་པའི་སློབ་དཔོན་དག་གི་རྣམ་ཐར་མདོ་ ཙམ་སོང་ཟིན་ནས་ད་ནི་གཙང་ཆེན་སྤྲུལ་པའི་སྐུ་ཕྲེང་རིམ་གསུམ་གོང་སྨོས་དག་ནི་གཙང་ བའི་གདན་ས་དང་སྒྲུབ་བརྒྱུད་གཉིས་ཀར་བཞུགས་པ་ཡིན་ལ་དེ་མན་ཆད་ཀྱི་སྐུ་ཕྲེང་རིམ་ བྱོན་རྣམས་གདན་ས་ཙམ་མཛད་པ་ལས་སྒྲུབ་བརྒྱུད་ཀྱི་སློབ་དཔོན་བྱེད་ནུས་པ་མ་བྱུང་ཞིང་ དེ་ལུགས་ལྟར་གྱི་སྐུ་ཕྲེང་རྗེས་མ་རྣམས་ཀྱི་ལོ་རྒྱུས་ཅུང་ཙམ་བསྙད་པ་སྐབས་སུ་བབ་པ་ སྟེ། དེ་ཡང་གོང་དུ་དཀྱུས་སུ་བཀོད་པ་ལྟར་གཙང་ཆེན་སྤྲུལ་པའི་སྐུ་ན་རིམ་གསུམ་པ་དཀོན་ མཆོག་འཇིགས་མེད་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ་གང་ཉིད་དགུང་གྲངས་ཞེ་བརྒྱད་དུ་ སོན་སྐབས་རབ་བྱུང་བཅུ་བཞི་པའི་ནང་ཚན་མེ་བྱའི་ལོའི་ཧོར་ཟླ་བཅུ་གཅིག་པའི་ཚེས་བཅུ་ དགུའི་ཉིན་གཟུགས་སྐུ་ཆོས་དབྱིངས་སུ་བསྡུ་བ་ལ་ཆས་ཚེ་རྗེ་སྤྲུལ་པའི་སྐུ་མཆོག་རང་ཉིད་ ཀྱི་ཞལ་སྔ་ནས། སྐུ་འཁོར་དག་ལ་བཀའ་བསྩལ་པ། ད་ནངས་ཐོ་རེངས་སུ་རྗེ་རྩ་བའི་བླ་མས་ བུམ་ཆུ་འོ་མའི་རྒྱུན་ལྟ་བུ་ལེགས་པར་ཕབ་པས་དེ་བདུད་རྩིའི་རྫིང་བུར་གྱུར་པ་དེའི་ཁར་ཁོང་ ཉིད་བདེ་སྟོང་གི་ཉམས་བཟང་པོས་ཀུན་ནས་མྱོས་བཞིན་ཆུ་བྱ་མཚོ་ཆེན་དུ་ཅི་བདེར་རོལ་ བ་ལྟར་དངོས་གསལ་གྱི་བདེ་བའི་གནས་སྐབས་མཆོག་ཅིག་གིས་དུས་འདའ་བ་རེབ་ཙམ་ བྱུང་བ་དེའི་ངང་ནས་ད་ལན་གང་བྱ་རང་དབང་ཡོད་པས་ཁྱེད་རྣམས་མྱ་ངན་མ་བྱེད་དང་ཁོ་ བོའི་ལུས་འདིའི་ཕྱིས་སུ་སླར་བསྟན་འགྲོ་ལ་ཕན་ཐོགས་པའི་བྱམས་སྙིང་རྗེ་རྒྱུད་ལ་མངའ་ 2-1-382 ཞིང་ཆོས་འཆད་རྩོད་རྩོམ་གསུམ་ལ་དབང་འབྱོར་བ་ཁྱེད་སློབ་འབངས་ཀྱི་གྲྭ་ངོ་ཤེས་མཁན་ ཞིག་ཏུ་ལོ་གཅིག་ཙམ་ལས་མི་འགྱངས་པར་སྐྱེ་བའི་རྟེན་འབྲེ ལ་དུ་ལེགས་སྨོ ན་བྱའོ། །ཞེས་ གསུངས་ནས་གཟུགས་སྐུ་དབྱིངས་སུ་ཐིམ་མོ། ། ༼༡༽ དེ་ནས་ལོ་ཤས་ཙམ་ན་རྗེ་གཙང་ཆེན་རང་གི་སྒར་གྱི་མངའ་འོག་གི་ཆབ་འབངས་ སུ་གྱུར་པ་གཙང་སྡེའི་ཏ་ཤུལ་སང་གི་མི་ཁྱིམ་ཅིག་ལ་རྗེ་སྤྲུལ་སྐུ་མཆོག་གིས་ཡང་སྲིད་ཉེ་ བར་བཟུང་བ་སྟེ། དེ་ཡང་གཙང་བའི་ལྷ་སྡེ་གང་དག་གི་འབྲོ ག་པའི་ས་ཁུལ་ན་མོ་ཆེ་ཟེར་ བ་ན་ཏ་ཤུལ་ཁྱི་ལོ་ཞེས་པས་ཁྱིམ་ཐབ་མོ་ཆེན་མ་དང་ཆུང་མ་གཉིས་བླངས་པ་ལས་ཕྱི་མའི་ སྲས་སུ་གཟུགས་སྐུ་ན་ཕྲ་བའི་མེ་ཏོག་གསར་བ་དུས་སུ་མངོན་པར་བཞད་པའི་ཚེ་དང་པཽ་ མའི་ལྷུམས་ནས་གྲོད་པུ་ལྟ་བུའི་ནང་དུ་སྐུ་བཙས་སྐབས་དེ་མ་ཐག་ཞལ་ནས། མ་ཡུམ་ལ་ བོས་ཏེ། ཡི་གེ་དྲུག་མ་དང་རྣམ་བཅུ་དབང་ལྡན་གྱི་སྙིང་པོ་སྒྲ་ཚིག་དག་གསལ་དུ་ཡང་ཡང་ གསུངས། ཞེས་གྲགས་ལ། དེ་སྐབས་སྐུ་ན་ཕྲ་ཁོང་རང་གི་སྟེང་དུ་འོད་དཀར་གྱིས་ཡི་གེ་དྲུག་ མའི་གཟུགས་གསལ་བོ་མཁའ་དབྱིངས་སུ་མངོན་གསལ་མཐུན་སྣང་དུ་ཉེ་བར་དོད་པ་དུས་ རྟག་པར་སྤྲུལ་པའི་སྐུ་སྐྱེས་ན་ཆུང་དེ་ལ་འོད་དཀར་པོ་མེ་ལོང་ཙམ་པ་ཞིག་རྒྱུན་པར་ཀུན་ཀྱི་ མཐོང་སྣང་དུ་བྱུང་བ་སོགས་ངོ་མཚར་བའི་ལེགས་མཚན་ཆེས་མང་པོ་ཀུན་ནས་མངའ་བ་ ཞིག་སྟེ་བར་བར་རྣམས་སུ་རང་ཁྱིམ་སྦྲའི་ཁ་ཚབ་ཀྱི་སྟེང་དུ་སྤྲུལ་པའི་སྐུ་སྐྱེས་ན་ཤིན་ཏུ་ཕྲ་བ་ ཉིད་ནམ་མཁར་འཕགས་ཏེ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ་དེར་གནས་གཞན་དག་གི་ མིག་སྔར་ཡང་ཡང་མཐོང་བ་ལ་སོགས་པ་ཁྱད་འཕགས་ཀྱི་རྟགས་མཚན་ལྷག་པར་ཆེ་ནའང་ དེ་ལ་ཆེན་མས་སྡང་སེམས་ཕྲག་དོག་གིས་མནོལ་བཙོག་དམའ་འབེབས་ཆེ་བས་མ་རུང་བར་ བྱས་རྐྱེན་སྤྲུལ་པའི་སྐུ་སྐྱེས་ཉིད་ལ་གློ་བུར་སྐུ་གྲིབ་ཕོག་པས་དེ་འཕྲལ་མི་ཁྱིམ་དེས་མངོན་ ཤེས་རྟོགས་པ་མཆོག་མངའ་རྗེ་ལྷ་བ་བླ་མ་ཀུན་དགའ་དཔལ་ལྡན་ཞབས་པ་གདན་འདྲེན་ 2-1-383 བྱས་ནས་སྐུ་སྐྱེས་ལ་གྲིབ་སེལ་ཞུས་སྐབས་གཟུངས་ཆུའི་སྣོད་རྫ་མ་མཆུ་ལོ་ཞིག་གིས་བྱས་ པ་ན། རྗེ་བླ་མ་གང་ཉིད་ཀྱི་ཞལ་ནས། ད་ལན་སྐུ་སྐྱེས་ཀྱི་མཚན་ཅི་ཞེས་དྲིས་པའི་ཚེ། ཁྱིམ་ བདག་དེས། འདིའི་མིང་ལ་ངག་ལོ་ཟེར། ཞུས་པས། བླ་མས་འོ་ན་འདི་ཉིད་ཁོང་གི་རྩ་བའི་ བླ་མའི་བླ་མར་གྱུར་པ་གཙང་ཆེན་སྐུ་ཕྲེང་གསུམ་པའི་ཡང་སྤྲུལ་དུ་ངེས་ཀྱང་ཕ་ཁྱི་ལོ་བུ་ངག་ ལོ་ཁྲུས་ཆུའི་སྣོད་རྫ་མ་མཆུ་ལོ་རྣམས་འཛོམས་པ་དང་ད་ལྟ་བདག་དང་ཉི་ནུབ་ཏུ་འཕྲད་ པ་སོགས་གང་ཐད་ནས་རྟེན་འབྲེལ་ལེགས་པོ་མ་བྱུང་བས་སྐུ་སྐྱེས་ཉིད་ཀྱིས་འདིར་བསྟན་ འགྲོའི་དོན་རེ་ཞིག་མི་འོང་བར་ཞིང་གཞན་དུ་མྱུར་ནས་འབྱོན་ངེས་སུ་འདུག་གོ །ཞེས་པའི་ བཀའ་ལུང་ལེགས་བསྩལ་གྱི་སྒོ་ནས་སྐུ་སྐྱེས་ལ་ཁྲུས་བྱབ་བསྲུང་བ་རེ་མཛད་ཀྱང་ཕན་པ་ གང་ཡང་མ་བྱུང་བར་བསྙུན་ནད་དེ་ལ་བརྟེན་ནས་མི་རིང་བར་འཕྲལ་དུ་གཟུགས་སྐུའི་མེ་ ཏོག་ཡལ་སོང་བས་རྗེ་གཙང་ཆེན་གསུམ་པའི་ཡང་སྲིད་འདིའི་གདུལ་ཞིང་གི་སྐལ་བ་རེ་ ཞིག་མ་ཡོད་དོ། །དེ་ནས་བཟུང་ལོ་འགའ་ཞིག་གི་རིང་ལ་གཙང་བའི་སྐུ་སྐྱེས་སླར་མ་བྱོན་ པ་ལ་རྗེ་གཙང་བ་སྐུ་ཆེན་དུ་གྲགས་པ་མཚན་དངོས་ངག་དབང་རིག་པ་མཆོག་གི་རྣམ་པར་ རྒྱལ་བའི་སྡེའམ་ངག་དབང་འཇམ་དཔལ་མཐུ་སྟོབས་རྣམ་རྒྱལ་ཞེས་འབོད་པ་གང་དེ་ནི་ རྒྱལ་དབང་ལྔ་པ་བློ་བཟང་རྒྱ་མཚོའི་སྤྲུལ་པར་དོན་ལ་གྲགས་མོད་ཀྱང་འདིར་ཕྱི་ཚུལ་ཙམ་ དུ་གཙང་ཆེན་སྐུ་ཕྲེང་ལྔ་པར་མཚན་གསོལ་བ་ཙམ་སྟེ། དེ་ཡང་གཙང་བའི་ལྷ་འབངས་གང་ དག་གི་འབྲོག་སྡེའི་དགུན་ས་སྐུ་ནང་དུ་ཡབ་ཨ་རིགས་ལྷ་སྐྱབས་དང་ཡུམ་རི་བཟའ་གཉིས་ ཀྱི་སྲས་སུ་ཉིད་སྐུ་ལེགས་འཁྲུངས་ཀྱི་སྐབས་ཐོག་མར་མའི་ལྷུམས་སུ་བཞུགས་དུས་ན་མ་ ཡུམ་གྱི་སྣང་ངོར་པོ་ལའི་ནགས་སུ་མི་རྒན་དུང་གི་འཕྲེང་བ་ཅན་མཐོང་བ་སོགས་སྔར་ལས་ གནས་འགྱུར་གྱི་སྣང་བ་བྱུང་བ་ལ་སོགས་པ་གཞན་ཕལ་ལས་ཕྱི་ནང་གི་རྟགས་མཚན་ཁྱད་ པར་བ་མང་པོ་ཡོད་པ་ཡིན་ལ། དེ་ནས་སྐུ་བསྐྱེད་བསྲིངས་ཏེ་རིམ་པས་ཆེར་སྐྱེས་སྐབས་སྐུ་ 2-1-384 ཞང་རི་འཕོང་དགེ་འཕེལ་སོགས་ཀྱི་དྲུང་དུ་ཀློག་ཡིག་སློབ་པས་ཡིག་འདོན་ཇི་བཞིན་ཤེས་ པ་དང་གཞན་ཕལ་བ་རྣམས་ལས་འཕགས་པའི་མཐོང་སྣང་སྣ་ཚོགས་པ་ཐུགས་ལ་ཤར་བ་ དང་ཆོས་སྐྱོང་ཁྱབ་འཇུག་ཆེན་པོས་སྐུ་བདག་བར་བར་བྱེད་པ་སོགས་མཛད་སྒོ་ཁྱད་པར་ བའི་སྐུ་སྐྱེས་རིགས་བཟང་ཕུན་སུམ་ཚོགས་པ་ཞིག་ཡིན་སྟབས་འདི་སྐོར་གཙང་བའི་ཐོབ་ བདག་མེད་པས་གྲྭ་ཚང་གི་དབུ་ཆོས་དྲག་བསྡུས་དག་གིས་གཙང་བ་དངོས་ཀྱི་སྐུ་སྐྱེས་མ་བྱོན་ བར་དུ་ཨ་རིགས་སྐུ་སྐྱེས་གཞོན་ནུ་ལ་གཙང་བའི་མཚན་གསོལ་ནས་རེ་ཞིག་བར་གཙང་བ་ སྒར་དུ་འཛིན་བདག་བྱེད་པོ་ཉིད་དུ་བསྐོ་བཞག་བྱས་པ་ནས་བཟུང་གཙང་ཆེན་སྤྲུལ་པའི་ སྐུ་རུ་མཚན་སྙན་ཀྱི་གྲགས་པ་ཇེ་རྒྱས་སུ་རིམ་པས་སོང་བ་ཡིན། དེ་མཚམས་རེ་ཞིག་ཏུ་ གཙང་བ་དགེ་སློང་རྡོ་རྗེ་འཛིན་པ་ཆེན་པོ་ངག་དབང་ཆོས་འཕེལ་རྒྱ་མཚོ་གང་དྲུང་དུ་སྤྲུལ་ པའི་སྐུ་སྐྱེས་གཞོན་པ་དེས་འདུས་པ་བརྒྱ་ཕྲག་ལྷག་ཙམ་དང་མཉམ་དུ་ཐོག་མར་ཆོས་ཀྱི་སྒོ་ མི་འཁྲུགས་པའི་དབང་བསྐུར་སྟ་གོན་དངོས་གཞི་གཉིས་དང༌། སྤྱན་རས་གཟིགས་འཇིག་ རྟེན་དབང་ཕྱུག་གི་རྗེས་གནང་རྣམས་ལེགས་པར་གསན་ཞིང༌། དེ་རྗེས་མི་རིང་བ་ན་རྗེ་བླ་ མ་དེ་ཉིད་ཀྱི་དྲུང་དུ་སྐུ་སྐྱེས་ཁོང་གིས་འདུས་པ་ལྔ་བཅུ་ཙམ་དང་ལྷན་དུ། རྡོ་རྗེ་འཆང༌། རྡོར་ སེམས། འཇམ་དབྱངས་དམར་སེར་རྣམས་ཀྱི་བཟླས་ལུང་དང༌། གཅོད་ཀྱི་དབང་སྡུད་ཟིལ་ གནོན། ཀོང་སྤྲུལ་གཅོད་ཁྲིད། པཎ་ཆེན་གཅོད་ཀྱི་ལུང་ཁྲིད་རྣམས་ལེགས་མནོས་མཛད། ཁྱད་པར་བླ་མ་གང་གི་མདུན་ནས། སྐུ་སྐྱེས་ཉིད་ཀྱིས་གྲྭ་གསར་འགའ་དང་ཆབས་ཅིག་ཞང་ སྟོན་འདུལ་ཆོག་གི་སྟེང་ནས་དགེ་བསྙེན་རབ་བྱུང་དགེ་ཚུལ་སོགས་ཀྱི་སྡོམ་ལུང་ནོད་སྐབས་ མཚན་ངག་དབང་རིག་པ་མཆོག་གི་རྣམ་པར་རྒྱལ་བའི་སྡེ་ཞེས་གསོལ། འདི་སྐོར་ཞིག་ནས་ རྗེ་དགེ་སློང་རིན་པོ་ཆེ་ཉིད་ཀྱིས་དག་ཞིང་གཟིགས་རྗེས་ཙམ་ན་འཛི་སྟོད་འབྲིམ་ཤར་རི་ཁྲོད་ དུ་སྐྱབས་རྗེ་མཁར་བ་རྡོ་རྗེ་འཆང་ངག་དབང་བསམ་གཏན་དཔལ་བཟང་པོ་བཞུགས་པའི་ 2-1-385 སྐུ་ཚེ་སྨད་ཀྱི་ཆ་དགུང་གྲངས་གྱ་ལྔ་བཞེས་སྐབས་སུ་རྗེ་གང་གི་མདུན་དུ། སྤྲུལ་པའི་སྐུ་སྐྱེས་ གྲྭ་འཁོར་འགའ་བཅས་ཕེབས་ནས་ཉིད་ཀྱིས་སྦྱོར་བ་ཡན་ལག་དྲུག་གི་ཟབ་ཁྲིད་དབང་ལུང་ བཅས་ཡོངས་སུ་རྫོགས་པ་རིམ་པས་ཞུས་ཏེ་ཉམས་ལེན་གནད་ཁེལ་གྱིས་རྟོགས་པ་བོགས་ བསྐྱེད་ཐོན་པ་བྱུང་ཞིང༌། གཞན་ཡང་ཆོས་བཀའ་མང་ཙམ་ལེགས་གསན་མཛད། སྦྱོར་དྲུག་ ཁོང་གིས་ཞུ་དུས་སུ་བླ་མས་བཏགས་པའི་མཚན་ངག་དབང་འཇམ་དཔལ་མཐུ་སྟོབས་རྣམ་ རྒྱལ་ཡིན་ནམ་སྙམ། དེ་རྗེས་ལོ་གཉིས་ཙམ་ནས་སྐྱབས་རྗེ་མཁར་བ་རིན་པོ་ཆེའི་གཟུགས་ སྐུ་ཆོས་དབྱིངས་སུ་བསྡུས་རྗེས་སུ་གཙང་བའི་རྡོ་རྗེ་སློབ་དཔོན་ངག་དབང་ཆོས་ཀྱི་འཕགས་ པའི་སྐུ་མདུན་དུ། སྤྲུལ་པའི་སྐུ་ཉིད་ཀྱིས་འདུས་པ་མང་ཙམ་དང་མཉམ་དུ་ཀུན་མཁྱེན་དོལ་ པོའི་བཀའ་པོད་དྲུག་རྣམ་ཐར་བཅས་དང་རྗེ་བཙུན་ཏཱ་ར་ནཱ་ཐའི་གསུང་འབུམ་ཡོངས་སུ་ རྫོགས་པའི་བཀླག་ལུང་མ་ལུས་པ་གསན་ལ། ཡང་དེ་ཕྱིས་ཙམ་ན་རྗེ་བླ་མ་ཆོས་འཕགས་ པའི་སྐུ་དྲུང་ནས། ཉིད་ཀྱིས་གྲྭ་སྡེ་ཤིན་ཏུ་མང་པོ་དང་ལྷན་ཅིག་དཔལ་དུས་ཀྱི་འཁོར་ལོའི་ དབང་མོ་ཆེ། བདེ་གསང་འཇིགས་གསུམ་སོགས་རྗེ་བཙུན་གྱི་བཀའ་འབུམ་ལས་བྱུང་བའི་ རྒྱུད་སྡེ་བཞིའི་དཀྱིལ་འཁོར་རྣམས་ཀྱི་དབང་བཀའ་ཡོངས་རྫོགས། ཕུར་བ་ས་ལུགས་ཀྱི་ དབང་བསྐུར་ཆ་ལག་བཅས་སོགས་ཆོས་བཀའ་མང་པོ་ཞིག་ལེགས་ནོད་མཛད། དེ་ནས་ ཡང་མི་རིང་བ་ན་རྗེ་བླ་མ་མཆོག་དེ་ཉིད་གཙང་བའི་རྡོ་རྗེ་སློབ་དཔོན་ཡིན་སྐབས་ཡར་ཐང་ རྒྱ་བླ་མ་དང་ལྷ་ཚེ་གཅོད་པ་གཉིས་ཀྱིས་རྐྱེན་སྦྱར་ལ་བརྟེན་ནས་གཙང་བའི་གྲྭ་ཚང་འདུ་ ཁང་སྟེང་དུ་སྦྱོར་དྲུག་སྒྲུབ་གྲྭ་ལེགས་འཛུགས་སྐབས་ཀྱི་སྒྲུབ་སྡེ་བ་ཐོག་མའི་གྲལ་དུ་སྤྲུལ་སྐུ་ འདི་ཉིད་ཀྱིས་རྣལ་འབྱོར་ཡན་ལག་དྲུག་ཉམས་བཞེས་སྐབས་རྗེ་ཆོས་ཀྱི་འཕགས་པ་གཙོར་ གྱུར་སྐྱེས་ཆེན་དུ་མའི་དྲུང་ནས་ཆོས་བཀའ་ཅི་དགོས་ཞུས་ནས་སྒྲུབ་པ་ལྷུར་བཞེས་ལ་ནན་ ཏན་དང་རྗེ་དམ་པ་གང་དག་ལ་ཉམས་ལེན་འདྲི་གཏུགས་ཞིབ་ཏིག་སོགས་ཀྱིས་ཟབ་ཆོས་ 2-1-386 སྒོམ་སྒྲུབ་ལོ་གསུམ་དུ་བྱས་པས་ནང་རྟོགས་ཀྱི་འཕེལ་ཁ་སྔར་ལས་ཆེས་ཆེར་འཕེལ་བ་བྱུང་ ཞིང༌། དེ་མཚམས་རེ་ཞིག་ནས་རྗེ་ཆོས་འཕགས་སྐུ་གཤེགས་ཏེ་རྒྱལ་ཚབ་ལྷ་བ་བླ་མ་ཀུན་ དགའ་དཔལ་ལྡན་ཞབས་པས་གཙང་བའི་གཟིམ་ཁང་དུ་རྡོ་རྗེ་སློབ་དཔོན་མཛད་སྐབས་སུ་ སློབ་དཔོན་དེ་ཉིད་ཀྱི་དྲུང་ནས་ཀྱང་སྤྲུལ་པའི་སྐུ་གང་གིས་གསང་ཆེན་རྡོ་རྗེ་ཐེག་པའི་ཆོས་སྒོ་ གཙོ་བོར་གྱུར་པའི་ཟབ་མོའི་ཆོས་ཀྱི་བཀའ་རྒྱ་ཆེ་བ་ཡང་ཡང་ཞུས་ནས་དེ་ལུགས་ཀྱི་ཉམས་ བཞེས་གནད་སྨི ན་ཅི་རིགས་པ་རེའང་མཛད་པའོ། ། དེ་ལྟ་བུའི་ཟབ་ཆོས་ཉན་བསམ་གྱི་མཛད་པ་སྒོ་གང་ཐད་ལ་མི་དམན་པའི་ངང་ནས་ སྤྲུལ་པའི་སྐུ་ཉིད་གཙང་ཆེན་སྒར་གྱི་དབང་ཆ་འཛིན་བདག་ཏུ་གྱུར་ཏེ་སྐུ་ཞང་དགེ་འཕེལ་ དང་སྐུ་དབོན་ལུང་རིགས་སོགས་གྲྭ་འཁོར་དྲག་བསྡུས་མང་ཞིང་རླབས་ཆེ་བ་འཛི་ཀའི་གྲྭ་ ཚང་མང་ཕྱོགས་ཀྱི་ཀླད་ཀུན་གྱི་གཙུག་ནོར་དུ་གྱུར་པ་སྤྲུལ་པའི་སྐུ་གང་ཉིད་ལ་སྔོན་གྱི་ལས་ ཤུགས་བཀའ་ཐ་ཚིག་དམ་པོའི་དབང་གིས་ཆེད་དུ་མ་བསྒྲུབས་ཀྱང་ཁྱབ་འཇུག་རཱ་ཧུ་ལ་ བཀའ་ཡི་སྲུང་མའི་ཚུལ་དུ་བྲན་བཞིན་བཀོལ་བ་ཁོང་ཉིད་ཡི་དམ་ལ་མངའ་བརྙེས་ཤིང་ རྟོགས་པའི་ནང་བཅུད་རྒྱས་པས་ནམ་མཁོ་བའི་ཚེ་ཕྲིན་ལས་ཉེར་བསྐུལ་བཀའ་ཐ་ཚིག་ བསྒྲག་ཙམ་གྱིས་ཕ་རོལ་གང་ལའང་རྟགས་མཚན་རྣོ་མྱུར་དུས་སུ་ཐོན་ནུས་ཕྱིར་མགོ་ལོག་ ཨ་སྐྱོང་དཔོན་སོགས་ཕྱོགས་ཀྱི་སྡེ་དཔོན་དབང་ཆེ་བ་དུ་མས་རྗེ་གཙང་བ་ལ་གུས་འདུད་ཆེ་ བ་བཅས་ཀྱིས་བར་བར་སྐྱེས་འབུལ་དང་བསྟན་པའི་སྦྱིན་བདག་ཞབས་འདེགས་ཅི་དགོས་ ཐམས་ཅད་ངེས་པར་སྒྲུབ་པ་སོགས་མཛད་སྒོ་གང་ཐད་ནས་ཟླ་དང་བྲལ་ཞིང་ཁོང་ཉིད་ ལུགས་གཉིས་གང་ཐད་ལ་ཐུགས་དཔྱོད་རབ་ཏུ་ཡངས་པ་འདུས་པ་གྲྭ་ཚང་སྤྱི་དང་ལྷ་ འབངས་མི་སྡེ་བཅས་ཀུན་ལ་སྐྱོང་ལུགས་ཀྱི་ཐབས་ཉེ་བར་མཁས་པ་ཞིག་སྟེ། མཚམས་ཤིག་ ནས་ཁོང་དཔོན་སློབ་སྒར་གཞི་ཆ་ཚང་གིས་བོད་ལྗོངས་ཆོས་ཀྱི་གནས་ཡུལ་ལྷ་ལྡན་སྤྲུལ་ 2-1-387 པའི་གཙུག་ལག་ཁང་ཇོ་ཤཱཀ་རྣམ་གསུམ་སོགས་དང་རང་གི་མ་དགོན་ཇོ་ནང་རྟག་བརྟན་ རྣམས་སུ་ལེགས་ཕེབས་ཀྱིས་གནས་མཇལ་ཕྱག་མཆོད་ཐུགས་སྨོན་གཟབ་ལྡན་བཅས་ཀྱིས་ རང་ཡུལ་དུ་ཕེབས་ཁར་ཇོ་ནང་ནས་རྗེ་བཙུན་རིན་པོ་ཆེའི་གསུང་འབུམ་ཆ་ཚང་གི་གླེགས་ བམ་གང་དག་བླུས་ཏེ་སྤྲུལ་སྐུ་འདིས་རང་ཡུལ་གཙང་ཆེན་ཕོ་བྲང་དུ་སྤྱན་དྲངས་པར་མཛད་ ལ། འདི་སྐོར་ཅི་རིགས་སུ་རྗེ་སྤྲུལ་པའི་སྐུ་གང་གིས་ཕྱིས་སུ་རྡོར་སློབ་ཀྱི་གོ་སར་བཞུགས་པ་ ཁྱི་ལོ་མའི་བླ་མ་ངག་དབང་ཆོས་འབྱོར་ཞབས་པ་སོགས་བླ་གྲྭ་འདུས་པ་ཆེས་མང་པོ་ལ་ དཔལ་དུས་ཀྱི་འཁོར་ལོའི་དབང་མོ་ཆེ་སྟ་གོན། བྱིས་འཇུག མཆོག་དབང༌། མཆོག་དབང་ ཁྱད་པར་ཅན། བདག་པོ་བདག་ཆེན་བཅས་དང༌། ཐམས་ཅད་རིགས་པའི་དབང་སྟ་གོན་དང་ དངོས་གཞི་གཉིས། བདེ་མཆོག་ལྷ་ལྔ། མི་འཁྲུགས་པ། འཇིགས་བྱེད་རོ་ལངས་བརྒྱད་ བསྐོར་གསུམ་ལ་སྟ་གོན་དང་དངོས་གཞི་གཉིས་རེ། གཞན་ཡང་རྗེས་གནང་སྣ་ཚོགས་པ་ འགའ་རེ་བཅས་ལེགས་པར་གསུངས་ཤིང༌། དེ་རྗེས་གནས་སྐབས་ཅི་རིགས་སུ་སྤྲུལ་སྐུ་ཉིད་ ཀྱིས་འདུས་པ་མང་ཚོགས་ལ་ངན་སོང་སྦྱོང་བའི་རྒྱུད་ལས་བསྟན་པའི་དཀྱིལ་འཁོར་བཅུ་ གཉིས་ཀྱི་དབང་བསྐུར་རྒྱས་པ་ཆ་ཚང་གནང་བ་དང༌། གཙང་གྲྭའི་ལོ་བསྟར་གྱི་ས་ཟླའི་དུས་ འཁོར་སྒྲུབ་མཆོད་ཀྱི་ཇ་སྐབས་རྣམས་སུ་དགེ་འདུན་མང་དུ་འཕེལ་བའི་རྟེན་འབྲེལ་དུ་ དགོངས་ཏེ་སླར་ནང་དུ་འདུས་ནས་གསུང་བསྒྲག་བྱེད་སྲོལ་དེ་དམ་པ་འདིས་མཛད་པར་ གྲགས་པ་སོགས་གདུལ་བྱ་རྗེས་འཛིན་གྱི་མཛད་སྒོ་དེ་འདྲ་མང་ཚོད་དུ་འདུག་ཀྱང་ཇི་བཞིན་ གྱི་ཁུངས་མ་རྙེད་ལ། སྤྱིར་ནི་ལྷ་ལུགས་དང་མི་ལུགས་གཉིས་ཐད་ལ་ཐམས་ཅད་ཀྱི་ཡིད་ ཀུན་མཐུན་ཞིག་གང་ནས་འོང་ཐབས་དཀའ་བས་དུས་སྐབས་འདིར་ཡང་སྤྲུལ་པའི་སྐུ་འདི་ ཉིད་ཀྱིས་སྒྲུབ་གྲྭར་མཚམས་སྒྲུབ་མཛད་རྗེས་ཙམ་ན་གཙང་བ་འགབ་མའི་དབོན་རིག་རྩལ་ གྱིས་འཁུ་ལྡོག་གིས་ཁོང་ཉིད་གཙང་པཎྜི་ཏའི་ཕྱོགས་སུ་འཕྲལ་ཕེབས་མཛད་དགོས་རེ་བྱུང་ 2-1-388 ཡང་སླར་ཡང་རང་རེའི་བསྟན་པའི་འཛིན་བདག་ཏུ་མི་རིང་བར་བྱོན་སྐབས་འགྲིགས་པས་རྗེ་ མཆོག་སྤྲུལ་ཉིད་རང་ཅག་ལ་སྒོ་ཀུན་ནས་བཀའ་དྲིན་ལྷག་པར་ཆེ་བ་ཞིག་སྟེ། དེ་ཡང་སྐབས་ གོང་འོག་ཅི་རིགས་པར་གཙང་བའི་དགོན་ལག་རྔ་ཡུལ་གྱི་རྩི་ནང་དགོན་པའི་དོན་ལ་གཙང་ བ་དང་བྱང་བླ་བྲང་གཉིས་འཁོན་པ་བྱུང་བ་སླར་སྡུམ་གྱི་དུས་སུ་གཙང་ཆེན་སྤྲུལ་པའི་སྐུ་འདི་ ཉིད་ཀྱིས་ཆོས་སྐྱོང་ཁྱབ་འཇུག་ཆེན་པོ་དངོས་བསྐུལ་མཛད་པས་སྐད་ཅིག་དེ་ཉིད་ལ་ཆོས་ སྐྱོང་དེའི་རང་གཟུགས་མེ་སྟག་འཚུབ་མ་ཆེར་འཁྲུགས་ཀྱི་ངོས་ནས་མུ་ཟིའི་གཡའ་དུག་མི་ བཟད་པ་ཀུན་ནས་འཁྱུག་པས་ཁག་ཕན་ཚུན་བར་གྱི་གཟུ་བཞག་མི་དྲང་བ་རྣམས་དང་ཕ་ རོལ་དགྲ་ཟླ་གནག་སེམས་ཅན་གང་དག་དེ་འཕྲལ་དུག་གྲིབ་ཀྱིས་ཟིན་པས་སྒོ་གསུམ་མྱོས་ ཤིང་བརྒྱལ་བ་དང་ཕ་རོལ་དཔུང་ཁག་གི་སྒར་གྱི་སྟེང་དུ་གློ་བུར་གནམ་ལྕགས་ངར་མའི་མེ་ ཆར་དང་སེར་དྲག་བཟོད་པར་དཀའ་བའི་འཇིགས་རྔམ་ཟིལ་ཆེན་པོས་ཕ་རོལ་གྱི་དྲེགས་པ་ གཞི་ནས་ངེས་པར་བཅོམ་སྟེ་རང་ཕྱོགས་ཀྱི་རྒྱལ་ཁ་ཆེན་པོའི་ངང་ནས་མཚན་སྙན་ཡོངས་ལ་ ཁྱབ་པ་བྱུང་ཞིང་དེ་འདྲའི་ཚུལ་གཞན་དུ་མས་ཀྱང་རང་རེའི་གཙང་བ་སྒར་གྱི་བསྟན་པའི་སྒོ་ ཀུན་ནས་རྒྱས་བྱེད་ཀྱི་ལྷ་བླ་མ་མཆོག་གྱུར་ཆེ་བའི་མཛད་སྒོ་ལེགས་པར་མངའ་བ་ཞིག་ཡིན་ ལ། མཚམས་རེ་ཞིག་ནས་སྨད་ཚ་རོང་ཕྱོགས་སུ་གཙང་ཆེན་སྐུ་ཕྲེང་ལྔ་པའི་སྐུ་སྐྱེས་རྟགས་ མཚན་ཅན་ཞིག་ལེགས་པར་འཁྲུངས་བ་གདན་འདྲེན་གྱི་དུས་སུ་བབ་ན་གཙང་གྲྭ་ཡོངས་ཀྱི་ རྗེ་མཆོག་སྤྲུལ་འདི་ཕྲིན་ལས་དང་མཚན་སྙན་ཀུན་ནས་རྒྱས་སྟབས་ཁོང་ཉིད་གཙང་བའི་སྐུ་ ཕྲེང་ལྔ་པར་གཞིར་བཞག་གི་སྟེང་ནས་ཚ་ཡུལ་དུ་འཁྲུངས་པའི་སྐུ་སྐྱེས་ཉིད་དོན་ལ་གཙང་ བའི་ཐུགས་སྤྲུལ་དུ་རེ་ཡུལ་བྱས་ཏེ་ཕྱི་ངོར་ཙམ་ལ་གཙང་བ་དགེ་སློང་གི་ཡང་སྤྲུལ་གྱི་མཚན་ ཉེ་བར་གསོལ་བཞིན་དུས་མི་རིང་བར་འཛམ་ཐང་གཙང་ཆེན་ཕོ་བྲང་དུ་ཁྲི་འདོན་སོགས་ཀྱི་ ལེགས་སྒོ་བྱས་ཤིང༌། དེ་སྐབས་སུ་ཁོང་གིས་ཐུགས་ལེགས་དགྱེས་ཀྱི་ངང་སྐུ་སྐྱེས་གཞོན་པ་ 2-1-389 བླུ་ཡོན་གྱི་དངོས་རྫས་གང་དགོས་སོགས་ཐམས་ཅད་ཐུགས་ཁུར་བཞེས་ཏེ་མཛད་སྒོ་ཀུན་ མཐུན་གྱི་སྤྱོད་པ་རླབས་ཆེ་བ་ཉེ་བར་གནང་ལ། དེ་ནས་བཟུང་རིམ་པས་རྗེ་མཆོག་སྤྲུལ་གོང་ མ་ཉིད་ལ་གཙང་སྐུ་ཆེན་ཞེས་པའི་མཚན་ཆགས། འདི་སྐོར་ཁོང་ཉིད་ནང་ཐུགས་ཀྱི་མངོན་ པར་རྟོགས་པ་ཆེ་རབ་བྱུང་ཞིང་རྩ་རླུང་ཐིག་ལེ་ལ་དབང་ཆེར་སོན་པ་ཐུགས་དམིགས་ལ་ནུས་ པ་ཉེ་བར་ཆེ་བ་ཞིག་ཏུ་གྱུར་ཏེ་ཉིན་ཞིག་རྗེ་མཆོག་གི་སྤྲུལ་པའི་སྐུ་གང་གི་དྲུང་དུ་ཨ་སྐྱོང་ དཔོན་རིན་ཆེན་བྱམས་ཀྱི་མ་རྒན་ལོ་ལོན་ནད་ཀྱིས་གཟིར་བ་འཕོ་ལུང་ཞུ་བར་འོང་བ་ལ་རྗེ་ ཉིད་ཀྱིས་འཕོ་བ་བཏབ་པས་གསོན་པོའི་རྣམ་པར་ཤེས་པ་སྐད་ཅིག་དེ་ཉིད་ལ་གནས་དངོས་ སུ་སྤར་བར་མཛད་པ་སོགས་རླབས་ཆེ་བའི་ནུས་མཐུ་མངའ་ཞིང་གཟིམ་ཁང་དུ་ཕུར་བའི་ དུང་འཁོར་སོགས་དུང་འཁོར་འགའ་རེ་ཉིད་ཀྱིས་ལེགས་བཞེངས་མཛད་ཅིང༌། དེ་ཕྱིས་བར་ བར་རྣམས་སུ་སྡེ་དགོན་རྟེན་གསུམ་ཆེ་བ་གང་དག་ལ་ཕྱག་མཆོད་རེ་དང་བསྟན་འགྲོའི་དོན་ ལ་མགོ་ལོག་སོགས་ཕྱོགས་ཕྱོགས་རྣམས་ལ་ཁོང་གྲྭ་འཁོར་བཅས་གདུལ་བྱར་ཕེབས་ཏེ་ སྐབས་ཤིག་ཏུ་ལྷ་སྤྲུལ་གྱིས་དགོན་གསར་འདེབས་སྐབས་མི་དཔོན་འགའི་གེགས་བྱས་ སྐབས་གཙང་སྐུ་ཆེན་ལ་ཁྱེད་ཀྱིས་བདག་ལ་དགོན་འདེབས་ཀྱི་མཐུན་རྐྱེན་སྦྱར་ན་དགོན་གྱི་ བདག་པོ་གཙང་བ་ལས་གཞན་མེད་ཚུལ་གྱི་ཆད་མདོ་བྱས་ནས་དེ་ལུགས་ལྟར་ཨ་སྐྱོང་དཔོན་ ཁག་རྣམས་ལ་དགོངས་ཞུ་བྱས་ཏེ། པེ་ཡུལ་དགོན་གསར་འདེབས་བྱུང་བ་ནི་དམ་པ་འདི་ཁོ་ ནའི་དྲིན་དང་དབང་ཆེན་སྟོད་པའི་ཡུལ་སྡེ་ལ་ཁོང་གི་མགོན་པོ་ཚོགས་བདག་གི་སྒོ་ནས་ དམག་མདོས་མཛད་སྐབས་ལས་མཐའ་གཏོར་ཟོར་གྱི་དུས་སུ་མདོས་གཏོར་ལ་མེ་དཔུང་ རང་འབར་བྱུང་བ་དང༌། ཡང་བར་འགར་སྐུ་ཚེ་སྨད་ལ་ཉེ་སྐབས་རྣམས་སུ་རྗེ་སྤྲུལ་སྐུ་འདི་ ཉིད་ཀྱིས་གྲུབ་དབང་དཔའ་བོའི་བརྟུལ་ཞུགས་བཟུང་སྟེ་ཁོང་གིས་མེ་མདས་ནད་གཞི་ཆེ་ བའི་མི་འགའ་ཞིག་དང་སྨྱོ་ནད་ཀྱིས་བཏབ་པ་གང་དག་ལ་དངོས་སུ་ལེགས་བསྣུན་གྱིས་ནད་ 2-1-390 དང་སྨྱོ་བ་སངས་དྲག་ཏུ་བྱེད་པ་དང༌། ཉིན་ཞིག་མགོ་ལོག་ཕྱོགས་ཀྱི་ཨ་བོ་ཚང་ཟེར་བའི་མི་ ཁྱིམ་ཞིག་ལ་ཕྱུགས་ལ་གོད་ནད་བྱུང་སྐབས་ཁོང་གིས་རྒྱང་རིང་པོ་ནས་མེ་མདའ་འཕངས་ པས་ཁྱིམ་ཚང་དེའི་ནོར་ཕྱུགས་ཡོད་སར་མེ་མདའ་སྒྲ་དང་བཅས་ཐོན་ནས་བགེགས་བསལ་ གྱི་མཛད་སྒོས་ནོར་ནད་དེ་མཚམས་ནས་རྒྱུན་བཅད་པ་སོགས་དེ་འདྲའི་མཛད་པ་ཅི་རིགས་ པ་བར་བར་གནང་ཞིང༌། ཡང་ཨ་སྐྱོང་དཔོན་ལྷ་སར་གནས་བསྐོར་གྱི་ཆེད་ཕེབས་པའི་དུས་ སུ་རང་ཡུལ་གྱི་སྡེ་དག་གིས་རིང་ཞིག་འགྱངས་པ་སོགས་ལ་དཔག་ནས་དཔོན་སྐུ་དངོས་ཕྱིར་ ཐོན་མེད་ངེས་ཀྱི་གླེང་མོ་དིར་དིར་སྒྲོག་སྐབས་རྗེ་སྐུ་ཆེན་འདི་ཉིད་ཀྱིས་ཐུགས་བརྟག་གསལ་ བོས་དཔོན་འཁོར་བཅས་ད་ལན་མྱུར་ནས་རང་ཡུལ་དུ་ཇི་ལྟར་འབྱོར་ཚུལ་ཞིབ་རྒྱས་གསུང་ གླེང་གིས་བཀའ་ཕེབས་གང་བྱུང་ལྟར་རྗེས་སོར་ཇི་བཞིན་ཐོག་ཁེལ་བྱུང་ལ། འདི་སྐོར་གོང་ འོག་ཅི་རིགས་པར་རྗེ་ཉིད་སྐུ་འཁོར་ཉུང་ཤས་བཅས་རྫོགས་ཆེན་གངས་ཁྲོད་དུ་ཕེབས་ནས་ ཁོང་གིས་དེར་ཟླ་བ་གསུམ་ཙམ་གྱི་རིང་ལ་སྒྲུབ་པ་ཉམས་ལེན་ལྷུར་བཞེས་ཀྱིས་སྔགས་ཀྱི་ རྟོགས་པ་ན་འཕར་ཏེ་རྩ་རླུང་ཐིག་ལེ་ལ་དབང་ཐོབ་པའི་ཚད་དུ་སླེབས་སྐབས་ནས་རྫ་ར་ ཉག་སྐུ་རྒོད་ཀྱི་སྲས་མོ་བུད་མེད་མཚན་ལྡན་ཆོས་སྨན་ཟེར་བ་རིག་མར་བསྟེན་པའི་སྔགས་ འཆང་གི་མཛད་སྒོ་གནང་ཞིང་དེ་སྐོར་སྔ་ཕྱི་གང་ཡང་རུང་བར་དཔལ་བཀའ་བརྒྱུད་ཕྱག་ཆེན་ ཕྱོགས་ནས་སྐྱེས་ཆེན་འགའི་དྲུང་ནས་གསང་ཆེན་གྱི་ཆོས་བཀའ་ཅི་རིགས་སྤྲུལ་སྐུ་ཉིད་ཀྱིས་ ལེགས་གསན་མཛད་དུས་ཤིག་ན་ཁོང་ལ་ཀརྨ་ཞེས་པའི་མཚན་བསྣོན་གྱི་སྐལ་བ་ཐོབ་བམ་ སྙམ་མོ། །གཙང་སྤྲུལ་འདིས་སྐུ་ཚེ་སྨད་ཕྱོགས་ལ་ཉེ་བ་ཙམ་ནས་བཟུང་རིམ་པས་འཛམ་ཐང་ གཙང་ཆེན་ཕོ་བྲང་གི་ཐུགས་འགན་དེ་ཙམ་དུ་བཞག་པའི་ཚུལ་གྱིས་ཕྱོགས་ངེས་མེད་རྣམས་ སུ་ཕེབས་པ་མཛད་ཅིང་ཁྱད་པར་སྐུ་ཚེ་སྨད་ཀྱི་དུས་མགོ་ལོག་ཕྱོགས་ལ་བཞུགས་སྐབས་ཨ་ སྐྱོང་གོང་མའི་དཔོན་གྲོངས་རྗེས་སུ་ཁོང་གིས་ཨ་སྐྱོང་དཔོན་སྲས་ཁྲི་སྟོན་བྱས་སྐབས་ཉིད་ཀྱི་ 2-1-391 མཚན་ལ་གྲས་ཏེ་ཀརྨ་མཐུ་སྟོབས་རྣམ་རྒྱལ་ཞེས་པའི་མཚན་གསོལ་བ་དང༌། སྤྲུལ་སྐུ་གང་ གིས་ད་ལན་མགོ་ལོག་ཡུལ་སྡེ་དང་ཟི་ལིང་གི་རྒྱ་གཉིས་བར་འཁོན་ལེགས་བསྡུམ་མ་བྱས་ན་ རྗེས་སོར་མི་རིང་བར་དུས་འཁྲུགས་ཀྱིས་མགོ་ལོག་ཕྱོགས་ལ་ཆག་གོད་ཆེ་ཚུལ་ཞིབ་རྒྱས་ཀྱི་ བཀའ་ལུང་ཡང་ཡང་བྱུང་ནའང་དེ་ལུགས་གང་ཐད་ནས་མ་འཛོམས་སྟབས་ཕྱིས་སུ་དེ་ཇི་ལྟ་ བ་བཞིན་གྱི་དུས་ཟིང་མངོན་གསལ་དུས་སུ་བྱུང་ལ། དེ་ནས་རེ་ཞིག་གི་ཚེ་ཁོང་ཉིད་དག་པ་ མཁའ་སྤྱོད་དུ་ཕེབས་ལ་ཉེ་བའི་སྐབས་ཀྱི་ཐུགས་སྣང་སྔར་དང་ཡེ་མི་འདྲ་བ་བྱུང་བར་བརྟེན་ དེ་མཚམས་ཞིག་ནས་ཁོང་གིས་འཛི་ཡུལ་ཡན་གྱི་སེར་སྐྱ་ཕོ་མོ་མང་ཙམ་ཁྲིད་ནས་གནས་ ཆེན་པདྨ་བཀོད་དུ་ལེགས་ཕེབས་ཀྱི་ཚུལ་མཛད་དེ་སྟོད་རྫ་ར་ཉག་ཕྱོགས་སུ་ཐོན་ཙམ་ན་ ཡིན་ལུགས་དེ་ཀ་ལས་སྐབས་མ་བྱུང་བར་དེ་ཕྱོགས་སུ་རེ་ཞིག་བར་བཞུགས་དགོས་བྱུང་ཞིང་ དེ་རྗེས་ཚོད་ཅིག་ནས་ཁོང་ཉིད་ཀྱིས་ཡུམ་ཡང་རང་ཁྱིམ་དུ་གཏད་ཅིང་ཉིན་གཅིག་ཏུ་ཞལ་ གསུང་ལས། ཉེ་འཁོར་དག་ལ། ད་ནི་རང་ཡང་འཆི་བའི་དུས་སུ་བབ་འདུག རང་གི་ཤུལ་དུ་ ཡོད་པའི་དངོས་རྫས་དག་གིས་ཀུན་མཁྱེན་ཇོ་ནང་པ་ཆེན་པོའི་སྐུ་བརྙན་ལེགས་པ་ཞིག་ཁྱེད་ ཅག་གིས་ངེས་པར་བཞེངས་དགོས། ནམ་ཞིག་དེའི་བདག་པོ་བྱེད་མཁན་ཞིག་ཐོན་འོང་བས་ དེ་དུས་སུ་དེའི་ལག་ཏུ་སྤྲོད་ཅིག ཅེས་གསུངས་ནས་ཁོང་ཉིད་གཟིམ་གུར་ལོགས་པ་ཞིག་གི་ ནང་དུ་གཅིག་པུར་བཞུགས་ཏེ་སྐུ་བཞུགས་སྟངས་ཁྱད་པར་བའི་སྒོ་ནས་ངོ་མཚར་བའི་ མཛད་པ་ཡ་མཚན་པ་དང་བཅས་དགོངས་པ་དབྱིངས་སུ་ཐིམ་ཞིང་དེ་ནས་གྲྭ་འཁོར་གང་དག་ གིས་གདུང་མཆོད་ལེགས་སྒྲུབ་བཅས་ཀྱིས་གང་གི་ཞལ་བཀོད་ལྟར་དངུལ་ལས་དོལ་པོའི་ འདྲ་སྐུ་ཡང་ཁྱད་མཚར་ཅན་ཞིག་བཞེངས་གྲུབ་ཀྱི་མཇུག་མི་རིང་བ་ན་འཛམ་ཐང་ཕྱོགས་ ནས་སྐུ་བརྙན་གདན་འདྲེན་ལ་ཐོན་ཏེ་རིམ་པས་དེ་དག་གིས་གདན་དྲངས་ནས་གཙང་ཆེན་ཕོ་ བྲང་གི་གསེར་ཁང་དུ་མཆོད་གནས་སུ་བཞུགས་སུ་གསོལ་བ་སོགས་ཀྱིས་གཙང་སྤྲུལ་འདི་ 2-1-392 ཉིད་ཀྱི་མཛད་པ་ཡོངས་སུ་རྫོགས་པའོ། ། ༼༢༽ ད་ནི་གཙང་ཆེན་སྐུ་ཕྲེང་ལྔ་པར་དངོས་སུ་གྲགས་པ་གཙང་བ་སྐུ་འབྲི ང་ངམ་ འཇིགས་མེད་ཕྱོགས་ལས་རྣམ་རྒྱལ་ཀྱི་ལོ་རྒྱུས་དུས་སུ་བབ་པ་སྟེ། དེ་ལའང་སྔོ ན་གཙང་བ་ གོང་མའི་ཡང་སྤྲུལ་ཕྲིན་ལས་རྣམ་རྒྱལ་དང་གཙང་བ་འགབ་མའི་ལྕགས་མདུད་སྤྲུལ་པའི་སྐུ་ ཟུང་གི་འཁྲུངས་ཡུལ་དུ་གྱུར་པ་རྒྱལ་རོང་ཕྱོགས་ཀྱི་ཆར་གཏོགས་ཡུལ་བག་ཀོས་ཤོག་ཅེས་ པར་ཡབ་ཡོན་ཏན་དང་ཡུམ་སྙི་འབུ་ཐར་གཉིས་ཀྱི་སྲས་སུ་ཤིང་ཁྱིའི་ལོར་ཡང་སྤྲུལ་འདི་ཉིད་ ཐོག་མར་མའི་ལྷུམས་སུ་ཡོད་སྐབས་མ་ཡུམ་གྱི་སྣང་བ་སྔར་དང་འདྲ་མིན་གྱི་འཆར་སྒོ་དང་ བར་སྣང་ནས་ཌཱ་དྲིལ་གྱི་སྒྲ་ཐོས་པ་རང་ཁྱིམ་ཐོག་ཏུ་འཇའ་འོད་ཟུག་པ་སོགས་ཀྱི་ལེགས་ མཚན་མཐུན་སྣང་དུ་བྱུང་ཞིང་སྐུ་བལྟམས་པའི་དུས་སུ་གྲོད་པུ་ལྟ་བུའི་ནང་ནས་ལྟེ་གཟན་ དང་བཅས་མགོ་མཇུག་མ་ལོག་པར་ཞབས་སེམས་སྐྱིལ་ཕྱག་གཉིས་རྡོར་བསྡམས་དང་ བཅས་ཇི་བཞིན་ལེགས་བཞུགས་མཛད་ཅེས་གྲགས་སྐད། དེ་ནས་རིམ་པས་སྐུ་ན་བསྐྱེད་ སྐབས་སྐུ་ལུས་ངོས་སུ་སྔོན་གྱི་གཙང་བ་གོང་མ་དག་གི་ཤ་མཚན་གསལ་བོ་དོད་ཅིང་སྐུ་སྐྱེས་ ན་ཕྲའི་དུས་སུ་སྟེང་ལ་འོད་དཀར་པོ་རྒྱུན་པར་འཁོར་ཞིང་ལྷ་ཆེན་ཁྱབ་འཇུག་གིས་སྐུ་བདག་ ཡང་ཡང་བྱེད་པ་མངོན་གསལ་དུ་ཡོད་ལ། ཆུང་ངུ་སྨྲ་ཤེས་ཙམ་ན་ཞལ་གསུང་ལས། ཡི་གེ་ དྲུག་མ་ཡོངས་རྫོགས་གསལ་བོར་གསུངས་ཤིང་བར་བར་དུ། ང་ནི་བླ་མ་གཙང་བ་ཡིན། ཞེས་པའང་རང་ཤུགས་ཀྱིས་ཡང་ཡང་སྨྲ་བ་བྱུང་ཞིང་ཚུལ་དེ་ལུགས་ཀྱིས་ཡུལ་ཕྱོགས་དེའི་ དཔོན་སྡེ་མཐའ་དག་གིས་བརྩི་བཀུར་གྱི་སྙན་པ་ཕྱོགས་སུ་ཁྱབ་པ་འཛམ་ཐང་གཙང་བའི་ སྒར་གྱིས་ལེགས་གསན་མཛད་པས་སྐུ་བདག་ཀྱང་བྱས། དེ་སྔོ ན་སྐུ་སྐྱེས་འདི་དེ་འདྲའི་ རྟགས་མཚན་ཆེ་བ་བསྙོན་དུ་མེད་པ་ཡིན་ཡང་བཙོག་མནོལ་སོགས་རྐྱེན་ཞིག་གི་བྱེད་པས་ ཀློག་སློབ་པ་སོགས་ཀྱི་ཚེ་མཛད་ཁྱད་དེ་འདྲ་དངོས་ཙམ་མ་བྱུང་ཡང་གང་ཐད་ནས་རིགས་ 2-1-393 ཁྱད་དུ་འཕགས་པ་ཞིག་ནི་ངེས་པར་ཡིན་ལ། དེ་ནས་དགུང་ལོ་བཅུ་ལ་སླེབས་སྐོར་སོགས་ སུ་འཛམ་ཐང་གཙང་བའི་དབུ་ཆོས་རྒན་པ་གསེར་བ་ཆོས་དབྱིངས་སོགས་དྲག་བསྡུས་འགའ་ ཞིག་གིས་སྐུ་ཡོན་རྒྱ་ཆེ་བ་དང་བཅས་སྤྲུལ་པའི་སྐུ་སྐྱེས་ལེགས་བླུས་ཀྱི་བྱ་བ་ལ་འོང་སྐབས་ སང་ཐོན་པའི་སྔ་ནུབ་ནས་སྐུ་སྐྱེས་རང་གིས་ཇི་བཞིན་མཁྱེན་ཏེ་མ་ལ་སྨྲས་པ། དེ་རིང་ཁྱོད་ ཀྱིས་སྔ་མོ་ནས་ཁྱིམ་ཕྱག་བདར་དང་ཟས་གཡོས་སོགས་ལེགས་པར་མཛོད་ཅིག ང་རང་གི་ བདག་པོ་ཐོན་ལ་ཁད་དུ་ཡོད། ཅེས་གསུངས་པ་ལྟར་འཛམ་ཐང་ནས་གཙང་བའི་སྐུ་བདག་ དེའི་ཉིན་ལེགས་པར་བྱུང་ནས་སྐུ་སྐྱེས་དང་ཕན་ཚུན་བཀའ་མོལ་ཀྱི་སྐབས་གཙང་ཆེན་གོང་ མ་འཇིགས་མེད་རྣམ་རྒྱལ་གྱི་བཞུགས་གདན་དང་རྡོར་དྲིལ་སྐུ་སྐྱེས་ཉིད་ནས་ངོས་འཛིན་ མཛད་པས་ཀུན་ཡིད་ལྷག་པར་ཆེས་ཏེ་དགའ་སྤྲོའི་ངང་སྐུ་བདག་གང་དག་གིས་བླུ་ཡོན་གྱི་ ཡབ་ཡུམ་མགུ་བར་བྱས་ནས་སྤྲུལ་པའི་སྐུ་སྐྱེས་གང་ཉིད་འཛམ་ཐང་དུ་གདན་འདྲེན་མཛད་ སྐབས་རིམ་པས་དགོན་དེའི་ཉེ་འདབས་ལ་སླེབས་དུས་སྦྱངས་པ་བླ་མ་ཀུན་དགའ་ངེས་དོན་ ཞབས་པ་འཛམ་ཐང་ཕ་རིའི་སྒྲུབ་ཁང་དུ་བཞུགས་པའི་གཟིགས་ངོར་སྤྲུལ་པའི་སྐུ་སྐྱེས་ གདན་དྲངས་པ་འཕགས་མཆོག་འཇིག་རྟེན་དབང་ཕྱུག་གི་རྣམ་པ་འོད་ཟེར་གྱི་ལྗོངས་འདིར་ ཁྱབ་པ་ལེགས་གཟིགས་མཛད་ཅིང་སྐུ་སྐྱེས་འཁོར་བཅས་འཛམ་ཐང་དུ་སླེབས་པ་དང་གྲོང་ སྡེ་དག་གིས་གནག་ཕྱུགས་ཀྱི་ཁྱུ་ཆེན་པོ་མདུན་དུ་དེད་འོང་བ་དང་འཕྲད་དེ་གདུལ་བྱ་དར་ ཞིང་རྒྱས་པའི་རྟེན་འབྲེལ་གྱི་ལེགས་སྒོ་དང་བཅས་གཙང་ཆེན་ཕོ་བྲང་དུ་འཇིག་མེད་རྡོ་རྗེའི་ ཁྲི་ལ་མངའ་གསོལ་གྱིས་ཁྲི་འདོན་དགའ་སྟོན་རྒྱ་ཆེར་བྱས་ཤིང་དེ་སྐབས་མཁའ་འགྲོ་ཐུགས་ མངོན་རྟོགས་ཉེ་བར་མཐོ་བ་ཞིག་གིས་སྐུ་སྐྱེས་འདི་ཉིད་གཙང་ཆེན་གོང་མའི་སྤྲུལ་སྐུ་དངོས་ གནས་སུ་བཀའ་ལུང་གསལ་བོས་ལུང་བསྟན་དང༌། རྗེ་རྡོ་རྗེ་འཆང་ངག་དབང་ཆོས་འཛིན་ ཞབས་པས་གཟིམས་ཁང་ཕོ་བྲང་དུ་རྒྱུད་སྡེ་རབ་འབྱམས་ཀྱི་དབང་བསྐུར་རྒྱས་པ་མཛད་ 2-1-394 པའི་དུས་དང་ཐུག་ཕྱིར་རྗེ་གང་ཉིད་ཀྱིས་སྐུ་སྐྱེས་མཆོག་ལ་མངའ་གསོལ་སོགས་ཀྱི་མཛད་ སྒོ་གནང་བ་དང༌། དེ་དག་གི་སྐབས་དགེ་ལྟས་ཁྱད་པར་བ་སྤྲུལ་སྐུ་ཉིད་ཀྱི་བཞུགས་ཁྲིའི་ འོག་ཏུ་མེ་ཏོག་མདོག་སྣ་མི་འདྲ་བ་གསུམ་ཀུན་གྱི་མཐུན་སྣང་དུ་བྱུང་ཞིང༌། གཞན་ཡང་བླ་ ཆེན་དུ་མའི་གཟིགས་སྣང་དུ་སྐུ་སྐྱེས་ཉིད་སངས་རྒྱས་བྱང་སེམས་ཀྱི་རྣམ་པར་མཐོང་སྣང་ འདྲ་མིན་སྣ་ཚོགས་ཀྱི་ཚུལ་ཀྱང་ཅི་རིགས་པའི་ལོ་རྒྱུས་དང༌། གཙང་བ་གོང་མའི་ཡང་སྤྲུལ་ ཡིན་ཚུལ་གྱི་གསུང་སྒོ་ཡང་འགའ་རེ་ཡོད་ལ། དེ་ནས་རིམ་པ་བཞིན་དུ་སྐུ་སྐྱེས་ཉིད་ལ་ གསེར་བ་ཆོས་དབྱིངས་དང་ཁྱི་ལོ་མའི་བླ་མ་སོགས་ཀྱིས་ཀློག་ཡིག་ཀྱང་ལེགས་བསླབས་ མཛད་རྗེས་དེ་མཚམས་ཤིག་ན་གཙང་པའི་རྡོ་རྗེ་སློབ་དཔོན་ཀུན་དགའ་དཔལ་ལྡན་ཞབས་ པས་བླ་མཆན་གྱི་མཛད་སྒོ་དང་བཅས་སྤྲུལ་སྐུ་གཞོན་པ་ཉིད་གཙག་སྡེའི་དགེ་སྐོར་ཟོན་ཐར་ ཤི་བའི་གཤིན་ཆོག་ཏུ་ཕེབས་དགོས་བྱུང་སྐབས་བླ་མ་དེ་ཉིད་ཀྱི་བྱིན་རླབས་དང་སྐུ་སྐྱེས་རང་ གི་སྔོན་ལས་ཟབ་མོའི་བྱེད་པས་ལས་དང་པོ་པའི་དུས་སུ་མི་འཁྲུགས་པའི་དབང་ཆོག་ལྷོ་ སྒོའི་སྐབས་སུ་སྐུ་སྐྱེས་དམ་པའི་ཐུགས་ཉམས་སུ་གཤིན་པོ་ལྭ་བ་དཀར་པོ་གྱོན་པའི་རྣམ་ པར་གསལ་བོར་མཐོང་ནུས་པའི་བར་སྲི ད་གཟིགས་པའི་མཁྱེན་པ་མངའ་ཞིང༌། དེ་དུས་ནས་ མཚན་སྙན་ཀྱང་ཡོངས་ལ་རྒྱས་པ་ཞིག་སྟེ་དེ་ནས་མི་རིང་བར་གཙང་ཆེན་ཕོ་བྲང་དེ་ཉིད་དུ་རྗེ་ བླ་མ་རྡོ་རྗེ་འཆང་ཀུན་དགའ་དཔལ་ལྡན་གྱི་མདུན་ནས་སྤྲུལ་སྐུ་ཉིད་ཀྱིས་ཆོས་གྲོགས་རྡོ་ རྗེའི་སྤུན་བླ་མ་བསྟན་དར། བླ་མ་མཆོག་འཕེལ་སོགས་དོན་གཉིས་མཆོག་མངའ་དུ་མ་དང་ ལྷན་ཅིག་ཟབ་ལམ་སྦྱོར་བ་ཡན་ལག་དྲུག་གི་སྔོན་འགྲོ་ནས་བཟུང་དངོས་གཞི་ཡན་ལག་ གསུམ་པ་སྲོག་རྩོལ་ཡན་ཆད་ཀྱི་དབང་ཁྲིད་མཐའ་དག་ཞུས་ཏེ་ཉམས་ལེན་མཛད་སྐབས་རྗེ་ བླ་མས་སྐུ་སྐྱེས་ཁོང་ལ་མཚན་ངག་དབང་འཇིགས་མེད་ཕྱོགས་ལས་རྣམ་རྒྱལ་ཞེས་གསོལ་ ཞིང༌། ཁོང་གིས་དངོས་གཞི་ཉམས་ལེན་སྐབས་ནང་རྟོགས་ཀྱི་འཆར་སྒོ་ཡང་བཟང་ཞིང་ 2-1-395 འཁྲུལ་འཁོར་དུས་མཉམ་བཞག་ངོར་ལྐོག་གྱུར་གྱི་གནས་འགའ་ཞིག་ཇི་བཞིན་མངོན་ གསལ་གྱི་མངོན་ཤེས་བྱུང་བ་སོགས་སྒོ་གང་ཐད་དུ་ཡོན་ཏན་གྱི་ཆ་ཀུན་ནས་འཕེལ་བའི་ངང་ ཚུལ་གྱི་ལོ་གཉིས་རིང་ཙམ་ལ་སྦྱོར་དྲུག་ཡན་ལག་གསུམ་ཡན་ཉམས་སུ་བླངས་པས་ལམ་ རྟགས་རང་རང་གི་ཐད་དུ་མྱོང་བ་དུས་སུ་ཐོན་ལ། དེ་ནས་བཟུང་བདག་བསྐྱེད་གཏོར་ཆོག་ གང་འོས་རྒྱུན་ཁྱེར་གྱི་ཞལ་འདོན་སོགས་དང་བཅས་མཚམས་དེ་སྐོར་དུ་གཙང་བའི་ཡུལ་ལྷ་ སྟོང་དཔོན་གསོལ་མཆོད་གྱི་ཆེད་སྤྲུལ་སྐུ་གྲྭ་འཁོར་བཅས་ཕེབས་དུས་སུ་ཁོང་ཉིད་ཆིབས་རྟ་ ལ་བཅིབས་བཞིན་ཡོབ་གཡས་པ་ནས་འཇའ་འོད་དེར་གནས་ཀུན་གྱི་མཐུན་སྣང་དུ་བྱུང་བ་ ཡུལ་ལྷའི་དཔའ་མཁར་དུ་གསོལ་མཆོད་མ་ཟིན་པར་ཟུག་བཞིན་གནས་ཤིང་དེ་ནས་ཕྱིར་ལ་ ཕེབས་ཏེ་ལྷ་འབངས་ཀྱི་འབྲོག་སྡེ་དག་ལ་ཁོང་གིས་དཀར་བསོད་མཛད་སྐབས་འོད་ཟེར་ སྔར་ལྟར་གྱིས་མི་ཁྱིམ་འགའ་ལ་ཟུག་པ་སོགས་ཀྱི་ལེགས་མཚན་བྱུང་ཞིང་འདི་སྐོར་ཞིག་ལ་ མགོ་ལོག་ཏུ་ཨ་སྐྱོང་རྗེ་རྒན་མ་དུས་ལས་འདས་པའི་གཤིན་པོ་རྗེས་འཛིན་གྱི་ཆེད་དུ་ུརྗེ་རྡོ་རྗེ་ འཆང་གིས་བླ་མཆན་མཛད་བཞིན་སྤྲུལ་སྐུ་འཁོར་བཅས་ཕེབས་དགོས་བྱུང་ཞིང་དེ་ལུགས་ ཀྱིས་འགྲོ་དོན་ཡང་མཛད། དེ་རྗེས་ཙམ་ན་སྤྲུལ་པའི་སྐུ་ཉིད་མཆེད་གྲོགས་འགའ་བཅས་ ཀྱིས་སྔར་སྦྱོར་དྲུག་གི་མཇུག་ཡན་ལག་ལྷག་མ་རྣམས་ཇི་བཞིན་ཉམས་ལེན་གྱི་ཆེད་གཙང་ བའི་སྒྲུབ་གྲྭ་གོང་དུ་ལོ་གཅིག་རྡོ་རྗེའི་རྣལ་འབྱོར་ལེགས་བསྒོམ་མཛད་ཅིང་དེ་དུས་སུ་མཆོག་ སྤྲུལ་ཉིད་ལ་ཐུགས་ཉམས་སྔར་ལས་རྒྱས་ཤིང་བླ་མ་དང་ཡི་དམ་གྱི་ཞལ་གཟིགས་ཀྱི་སྣང་བ་ ཅི་རིགས་ཀྱང་བྱུང་ལ། སྤྱིར་ན་སྤྲུལ་སྐུ་འདི་ཉིད་ཀྱིས་ཡི་དམ་གཙོ་བོ་ཐུགས་རྗེ་ཆེན་པོ་ལ་སྐུ་ ཚེ་གང་བོར་མཛད་ནས་ཡི་གེ་དྲུག་མའི་གཟུངས་སྔགས་དུང་ཕྱུར་དུ་མ་ཞིག་སྔ་ཕྱི་ཅི་རིགས་ ལ་ལྗགས་བཟླས་ཀྱི་སྒོ་ནས་འཕགས་པ་མཆོག་གི་ཞལ་རས་ལན་ཡང་ཡང་མཇལ་ཞེས་ གྲགས་ཤིང་དེ་མཚམས་ཤིག་ཏུ་སྤྲུལ་སྐུ་ཁོང་གིས་སྤྲོས་མེད་ཀྱི་སྤྱོད་པས་རྒྱ་ནག་གླང་ཆེན་ 2-1-396 དང་ལྷ་ས་སོགས་གནས་ཆེན་དུ་མ་ལ་བྱོན་ནས་མཇལ་ཕྱག་ཐུགས་སྨོན་གཟབ་རྒྱས་ཇི་ལྟར་ འཚམས་པ་རེ་ཡང་མཛད། དེ་ནས་བར་སྐབས་ཤིག་ཏུ་མཁས་པའི་དབང་ཕྱུག་ཐུབ་བསྟན་ དགེ་ལེགས་རྒྱ་མཚོ་གང་ལ་ཆོས་སྐྱོང་ཁྱབ་འཇུག་ཆེན་པོའི་ལས་ཚོགས་བྱང་གཏེར་མན་ངག་ འབོད་རྦད་བསད་པའི་སྲོག་སྒྲུབ་ཆོག་བསྒྲིག་གི་རྩོམ་བསྐུལ་ཀྱང་སྤྲུལ་པའི་སྐུ་འདི་ཉིད་ཀྱིས་ ཆེད་གཉེར་བཅས་ཀྱིས་ལེགས་པར་མཛད་ལ། ཡང་ཁོང་ཉིད་ཀྱི་བླ་མཆན་འཛོང་པོ་སྐྱབས་ མགོན་གྱིས་མཛད་བཞིན་མགོ་ལོག་ཏུ་ཨ་སྐྱོང་དཔོན་ནོར་དགྲ་སྐུ་གཤེགས་པའི་དགོངས་ ཆོག་ཏུ་ཕེབས་སྐབས་ཁྲུས་ཆོག་གི་འཕོ་བའི་དུས་སུ་སྤྲུལ་སྐུ་འདི་ཉིད་སྐད་ཅིག་ལ་ནམ་ མཁར་འཕགས་ཏེ་བར་སྣང་དུ་མི་གཡོ་སྐྱིལ་མོ་ཀྲུང་གིས་བཞུགས་བཞིན་འཕོ་ལུང་ཆོས་སྐུ་ སྣང་མཐའ་མ་ཚར་གསུམ་གྱི་རིང་དུ་དེར་གནས་ཀུན་གྱི་མཐུན་སྣང་དུ་ཡ་མཚན་ཆེ་བའི་ རྟགས་མཚན་དེ་ཉིད་ཀྱིས་དུས་འདའ་བ་བྱུང་ཞེས་གྲགས་སྐད། དེ་སྐབས་སུ་ཁོང་གིས་དཔོན་ འདས་པ་ལ་ཕན་ཇི་ལྟར་ཐོགས་ཚུལ་ནམ་ཞིག་རང་སྐད་འདོན་པ་སོགས་ཀྱི་ཡིན་ལུགས་གང་ གསུངས་མཐའ་དག་རྗེས་སོར་དེ་ལུགས་བཞིན་བྲོས་ལྷ་ཞེས་པ་ལ་ལྷ་འབེབས་པའི་སྒོ་ནས་ སྔོན་གཙང་བས་གསུང་མཛད་ཇི་བཞིན་ཐོག་ཏུ་ཁེལ་བས་ཡུལ་སྡེ་དེ་ཕྱོགས་སུ་སྤྲུལ་སྐུ་འདི་ ཉིད་མཚན་སྙན་གྱི་གྲགས་པ་རྒྱ་ཤིན་ཏུ་ཆེ་ཞིང་དཔོན་སྡེ་ཀུན་གྱིས་གཞན་སུ་ལས་དབུ་བླ་ མཆོག་ཏུ་གཙུག་གིས་གུས་བཀུར་བྱེད་པ་ཡིན་ལ་ཡང་སྤྲུལ་སྐུ་འདི་ཉིད་ཀྱིས་གཙང་ཆེན་ཕོ་ བྲང་དུ་ལྷ་ཁང་ཀ་དགུ་མ་ཞིག་གསོས་ལེགས་པ་མཛད་ནས་ཉིད་རྒྱལ་རོང་ཐུགས་རྗེ་ཆེན་ པོའི་གནས་མཇལ་ལ་ཕེབས་སྐབས་དེ་ཕྱོགས་ཀྱི་ཡུལ་མི་ཞིག་ཤི་བའི་གཤིན་ཆོག་ལ་བྱོན་ དུས་སུ་མི་རོ་དེ་བམ་ཆེན་ལང་ལ་ཁད་དུ་སོང་ནས་འཇིགས་ཟིལ་བཟོད་དཀའ་བའི་གནས་ སུ་རེད་ཚེ་སྤྲུལ་སྐུ་མཆོག་གིས་གཅོད་དང་བཀའ་བསྒོ་འཕོ་ལུང་མཛད་པས་མི་རོ་དེ་ཉིད་རང་ ཞིར་སོང་བས་དེར་གནས་ཀུན་ཆེས་དད་པར་གྱུར་ནས་གདུལ་བྱ་དར་རྒྱས་ཆེ་བ་བྱུང་ལ་དེ་ 2-1-397 ཕྱོགས་སུ་ཡིག་དྲུག་གཙོ་བོར་གྱུར་པའི་རྡོ་འབུམ་བཅུ་གསུམ་རྐོ་བཞེངས་ཀྱི་བདག་རྐྱེན་ཁོང་ ནས་ལེགས་གནང་མཛད་པ་སོགས་བསྟན་འགྲོ་ལ་མཛད་སྒོ་མི་དམན་པ་བྱས་མཚམས་ཤིག་ ནས་ཁོང་གིས་གཙང་ཆེན་ཕོ་བྲང་གི་བདག་བྱེད་མཁན་རྔ་བའི་སེ་བླ་བྱང་ཆུབ་ཀྱི་ཡང་སྤྲུལ་དུ་ གྲགས་པའི་སྐུ་སྐྱེས་དེ་བྱེད་དུ་བཅུག་ནས་སྤྲུལ་སྐུ་རང་གི་སྒར་འཛི་སྟོད་དར་ལྔའི་རི་ཁྲོད་དུ་ རྒྱུན་བཞུགས་ཀྱི་ཚུལ་དུ་བར་བར་ཉིད་ཀྱིས་གདུལ་བྱ་ཕྱོགས་མེད་བསྐྱང་བཞིན་བཞུགས་ སྐབས་སུ་སྔ་ཕྱི་ཅི་རིགས་པར་ཡིག་དྲུག་བརྐོས་མའི་རྡོ་འབུམ་དུ་མ་ཡོན་བཅོལ་གྱི་མཛད་སྒོ་ དང་འཛམ་ཐང་དུ་འཁོར་ཁང་ལེགས་མཛེས་ཀྱི་ནང་དུ་དུང་འཁོར་བྱིན་ལྡན་ཟུང་དང༌། གྱང་ རིས་ཀྱི་ལྷ་སྣ་ཚོགས་གསེར་ཚོན་གྱིས་མཛེས་ཆ་རྫོགས་པར་བསྐྲུན་ཏེ། འོག་ཏུ་རྡོ་བཅལ་དང་ སྟེང་དུ་ཟབ་གོས་སྣ་ཚོགས་ཀྱིས་མཆོད་རྫས་བྱས་པ་དྲིལ་སྙན་གྱིས་སྒྲ་མཆོད་རྒྱུན་མར་ གྲགས་པ་ཅན་དེ་རྗེས་སུ་དུང་འཁོར་ལས་རིང་བསྲེལ་རྒྱུན་མར་བྱུང་བ་འགྲོ་ཀུན་གྱི་བསོད་ ནམས་ཞིང་མཆོག་ཏུ་ཐུགས་བསྐྱེད་གནང་ནས་བསྐྲུན་པ་དང༌། བར་བར་རྣམས་སུ་ཚ་རོང་ དང་མགོ་ལོག་སོགས་ཡུལ་ཕྱོགས་སོ་སོར་ཁོང་གྲྭ་འཁོར་བཅས་གདུལ་བྱར་ཡང་ཡང་ཕེབས་ པ་དང་འཛི་ཡུལ་འདི་ཕྱོགས་སུ་སྒར་ཁག་སུ་ལས་མང་ཕྱོགས་ལ་དད་མོས་ཆེ་ཞིང་ཁོང་གིས་ དུས་དུས་སུ་གཤིན་པོའི་རྣམ་ཤེས་ཀྱི་འགྲོ་ལུགས་གསོན་པོ་དག་ལ་ལེགས་ཉེས་ཇི་ལྟར་ཡོང་ དང་བླ་འབོད་ཀྱི་སྔ་རྟགས་སོགས་ལྐོག་གྱུར་གྱི་གནས་མང་པོ་ཇི་བཞིན་ཐུགས་ཀྱིས་མཁྱེན་ ནས་དེ་ལུགས་ཀྱི་ཞལ་གསུང་ཡང་ཡང་མཛད་པའི་ལོ་རྒྱུས་ཀྱང་མང༌། གོང་འོག་ཅི་རིགས་སུ་ འཛམ་ཐང་དུ་ཡུལ་སྡེ་ཕན་ཚུན་དམེ་འཁོན་གྱིས་ན་གྲོལ་ཞེས་པའི་མི་ཞིག་གྲི་རུ་ཤི་བ་ལ་ སྤྲུལ་སྐུ་འདི་ཉིད་ཀྱིས་གཤིན་ཆོག་མཛད་སྐབས་རོ་དེ་ཉིད་ལ་གདོན་ཞུགས་ཏེ་ཆུ་སེར་གྱིས་ ཧ་ཅང་གང་བས་བམ་རོས་ཡན་ལག་ལྔ་ཀུན་ནས་བསྐྱོད་དེ་རོ་ལངས་ཀྱིས་འཇིགས་གཟུགས་ ཆེར་ངོམ་པའི་དུས་སུ་ཁོང་གིས་ཟབ་མོ་གཅོད་ཀྱི་དབང་སྡུད་སྟོབས་དང་ལྡན་པས་སྐད་ཅིག་ 2-1-398 ལ་ཟིལ་གྱིས་མནན་ནས་རོའི་ཕུང་པོ་ལས་ཆུ་སེར་ཀུན་ནས་རྡོལ་ཏེ་དབུགས་ཞི་བ་ལྟ་བུའི་ བརྗིད་ཆུང་བར་གྱུར་ནས་དེར་གནས་ཕལ་བ་དག་ལ་འཇིགས་སྐྲག་གི་སྣང་བ་ལེགས་ བསལ་མཛད། སྤྲུལ་སྐུ་གང་གིས་ཨ་སྐྱོང་གོང་མའི་དཔོན་སོགས་དད་ཅན་འགའ་ལ་བསྲུང་ མདུད་གནང་བ་གང་དག་ཀྱང་ཕྱག་མདུད་དེ་སེམས་ཅན་གང་གི་ལུས་ལ་ཡོད་པ་དེ་ཚོར་མེ་ མདའ་ངར་མས་ཁ་གཏད་ཀྱིས་བརྒྱབ་ཀྱང་ཅུང་ཙམ་མ་བསྣད་པའི་ལོ་རྒྱུས་དུ་མ་ཡོད་པ་དང་ ཁོང་གིས་ན་བཟའ་གཞན་ལ་གནང་བ་དག་ཀྱང་འགོ་བའི་ཡམས་ནད་ཀྱིས་མི་ཚུགས་པ་ སོགས་ཀྱི་བྱིན་ཆེ་ཞིང༌། ཉིན་ཞིག་རོང་ཕྱོགས་སུ་ཉིད་གདུལ་བྱ་ལ་ཕེབས་དུས་ཤིག་ཏུ་ཁོང་ ཆིབས་རྟ་ལས་གཡང་ས་ཆེས་མཐོ་བར་ལྷུང་ཡང་ཐུགས་མཉམ་བཞག་གི་ངང་དུ་ཅི་དགར་ བཞུགས་པ་ལས་སྐུ་གྲོངས་རྐྱེན་དུ་མ་སོང་བས་ཀུན་སྣང་བ་ཧ་ལས་པའི་ངོ་མཚར་སྐྱེས་ཤིང་ ཁོང་གྲྭ་འཁོར་བཅས་དུས་ལན་ཅིག་མགོ་ལོག་ཕྱོགས་སུ་གདུལ་བྱར་བྱོན་ལམ་དབུ་རྒྱན་ ཡར་གསང་ལ་སྒར་བཏབ་ནས་བཞུགས་སྐབས་ནག་ཕྱོགས་མི་མིན་གྱིས་འཚེ་བས་གནམ་ ལྕགས་ཕབ་ཀྱང་ཉིད་སྐུ་ལ་གནོད་པ་སྤུ་ཙམ་མ་བྱུང་བ་མ་ཟད་གནམ་ལྕགས་མེ་ཞགས་ཟིལ་ ཤུགས་ཆེ་བ་དེ་ཉིད་སྐུ་གཟན་གྱིས་བཏུམས་ནས་བཟུང་སྟེ་ཅི་དགར་རང་དབང་གིས་བཀོལ་ བ་བྱས་པ་སོགས་ཀྱི་མཛད་སྒོ་ཁྱད་མཚར་ཅན་དུ་མ་སྤྲུལ་སྐུ་འདི་ཉིད་ཀྱིས་ཡང་ཡང་གནང་ བའི་ལོ་རྒྱུས་བཤད་དུ་ཡོད་ལ། སྤྱིར་སྤྲུལ་སྐུ་འདི་ཉིད་སྔོ ན་རིགས་ཕུན་སུམ་ཚོགས་པའི་ དབང་གིས་སྐུ་ན་ཆུང་བྱིས་པའི་དུས་ནས་ཀྱང་ལྷ་མོ་སྐུ་མདོག་སྔོ་སངས་མ་ཟུང་གིས་དུས་ དུས་སུ་ཐུགས་འདོད་ཉེ་བར་སྒྲུབ་ཅིང་ལེགས་ཉེས་གང་བྱུང་གི་བསྐུལ་བརྡ་བར་བར་མཛད་ པ་ཡོད་ཅིང་ཕྱིས་ཁྲོ་སྐྱབས་ཐུགས་རྗེ་ཆེན་པོའི་གནས་ན་གང་ཉིད་བཞུགས་སྐབས་སྔོན་གྱི་ དུས་ནས་ཡང་ཡང་བརྩེ་གཟིགས་མཛད་པའི་ལྷ་མོ་གང་ཉིད་ཞིག་གིས་ཁོང་ལ་དགུང་གྲངས་ ཀྱི་ཚེ་ཚད་གསལ་བོར་ལུང་བསྟན་པ་དང༌། འདི་སྐབས་གོང་འོག་ཅི་རིགས་པར་ཉིད་ཀྱི་ 2-1-399 ཐུགས་སྣང་ངོར་ཕྱོགས་གཞན་གྱི་གནས་ཆེན་རྣམས་དང་རང་ཡུལ་ཕྱོགས་ཀྱི་གནས་སོ་སོར་ མི་མ་ཡིན་གྱི་བཀོད་པ་སྣ་ཚོགས་ཀྱི་ཚུལ་དང་བྱམས་སྐུ་གསེར་གྱི་རྡོ་རྗེ་ངོ་མཚར་བ་སོགས་ མི་ལས་འདས་པའི་གཏེར་རྫས་ཁྱད་པར་ཅན་དུ་མ་བར་བར་སྒྲིབ་མེད་དུ་གཟིགས་ཤིང་སྤྲུལ་ སྐུ་ཉིད་ཀྱིས་སྔ་ཕྱི་ཅི་རིགས་པར་འཛི་སྟོད་དགོན་ལེབ་ཏུ་གཙང་བའི་དགོན་ལག་འཛིན་ བདག་བྱེད་པའི་རྡོ་རྗེ་སློབ་དཔོན་བསྐོ་བཞག་དང་བཅས་དེར་རྡོར་སློབ་བཞུགས་གནས་ཀྱི་ མཚམས་ཁང་གསར་བཞེངས་དང་ཐུགས་ཆེན་ལམ་གྱི་ཆུ་བོ་ཆེན་པོའི་ལྕགས་ཟམ་ཞིག་ གསོས་སོགས་ཀྱི་མཛད་སྒོ་གནང་ལ། སྔོ ན་གཙང་ཆེན་ཕོ་བྲང་འཛིན་བདག་གཙང་བ་སྐུ་ཆེན་ གྱི་རྗེས་ནས་སྤྲུལ་སྐུ་ཁོང་ནས་ཐུགས་འགན་རེབ་ཙམ་གྱི་རིང་ཉེ་བར་མཛད་ཅིང་དེ་ནས་སེ་ སྤྲུལ་གདན་སར་བསྐོ་བཞག་གི་མཚམས་ནས་སྤྲུལ་པའི་སྐུ་ཉིད་ལ་གཙང་བ་སྐུ་འབྲིང་ཞེས་ པའི་མཚན་ཡོངས་ལ་གྲགས་པ་ནས་བཟུང་ད་བར་མཛད་སྒོ་གོང་སྨོས་བཞིན་གྱི་ངང་སྐུ་ཚེའི་ སྨད་ཙམ་ན་རི་ཁྲོད་དར་ལྔའི་རི་བརྒྱུད་དུ་གཏོགས་པའི་འཛི་ཆུ་དང་ཉེ་བའི་ཉིན་ངོས་ཕྱོགས་ ཀྱི་རི་ངོར་ཁོང་ཉིད་ཀྱིས་གཟིམ་སྤྱིལ་འོག་མ་ཞིག་གསར་བསྐྲུན་མཛད་ནས་དེར་སྐུ་ཚེ་སྨད་ དུ་གཙོ་བོར་རྒྱུན་བཞུགས་ཀྱི་གནས་མཛད་བཞིན་སྔར་ཁོང་གིས་ཨ་སྐྱོང་གོང་མའི་ནང་དུ་ གཙང་བའི་བླ་ཚབ་ཀྱི་སྒར་གཞིའི་ཆ་རྐྱེན་གསར་བསྒྲིག་ཀྱང་བྱས་ཤིང་འདི་སྐོར་ཅི་རིགས་སུ་ རྨཻ་བའི་འབྲོག་སྡེའི་ཕྱོགས་སུ་ཁོང་གྲྭ་འཁོར་གདུལ་བྱ་ལ་ཕེབས་སྐབས་མི་ཁྱིམ་ཞིག་གི་བྱིས་ པ་བོར་སོང་བ་གར་སོང་ཆ་མ་ཕྱེད་པའི་དུས་སུ་གཙང་བ་འདི་ཉིད་ཀྱི་ཐུགས་སྣང་ངོར་བྱིས་པ་ དེ་ཉིད་ཆུས་ཁྱེར་བ་ཇི་བཞིན་གཟིགས་པ་མ་ཟད་དེའི་རྐེ་རྒྱན་ཆུ་ཁར་ལྷག་ཡོད་ཚུལ་ཚུན་གྱི་ ཐུགས་ལ་གསལ་སྣང་བྱུང་ཞིང་རང་ཡུལ་འཛི་སྨད་རབ་ཁ་ནས་མི་ཞིག་ཆུ་བོར་ནུབ་ནས་ཞག་ རིང་ཞིག་ཏུ་རོ་མ་རྙེད་སྐབས་གཙང་སྤྲུལ་འདི་ཉིད་དེར་ཕེབས་ཏེ་ཁོང་གིས་གཅོད་དང་འཕོ་ ལུང་མཛད་ཙམ་གྱིས་སྐད་ཅིག་ལ་མི་རོ་དེ་ཉིད་ཆུ་ཁར་ཐོན་ནས་རྙེད་པས་དེར་གནས་དག་ 2-1-400 གིས་ཡིད་ངོ་མཚར་དང་བཅས་བསྟོད་བསྔགས་སྒྲོག་པར་བྱེད་བཞིན་སྔར་ལས་དད་གུས་ ཀྱང་ཆེ་རབ་འཕེལ་གྱིན་འདུག སྔོ ན་ཞིག་ཏུ་གཙང་བ་གང་འདི་ཉིད་ཀྱིས་འབྲོ ག་སྡེའི་མི་ཁྱིམ་ ཞིག་ཏུ་གཤིན་ཆོག་སོགས་འགྲོ་ཕན་གང་ཡང་རུང་བ་མཛད་སྐབས་ཤིག་ལ་སྐྱེས་ཆེན་རྟོགས་ པ་ཅན་གཞན་འགའི་ཐུགས་སྣང་ངོར་རྒྱ་གར་གྱི་གྲུབ་ཆེན་མཆོག་གི་སྐུའི་རྣམ་པར་བར་བར་ གཟིགས་སྣང་བྱུང་བའི་ལོ་རྒྱུས་ཀྱང་ཡོད། གཞན་ཡང་ཁོང་དཔོན་སློབ་མགོ་ལོག་ཏུ་ཨ་སྐྱོང་ གོང་མའི་དཔོན་ཀར་མཐུ་འདས་པའི་དགོངས་རྫོགས་གནས་འདྲེན་གྱི་ཆེད་དུ་ཉེ་བར་ཕེབས་ པ་སོགས་གདུལ་བྱ་ཕྱོགས་མེད་ཀྱི་མཛད་པ་རྒྱ་ངེས་པར་ཆེ་ཞིང་འཛམ་ངོས་བླ་མ་ཀུན་ དགའ་ངག་གི་དབང་པོའི་མ་ཡུམ་གྱི་དགོངས་རྫོགས་སུ་གཙང་བ་འདི་ཉིད་བྱོན་ནས་ཁོང་ གིས་དེར་དགོངས་ཆོག་མཛད་སྐབས་གཤིན་པོའི་རྣམ་ཤེས་བདེ་བ་ཅན་དུ་སྐྱེ་བའི་མཚན་མ་ གསལ་བོར་གཟིགས་པ་སོགས་ཉིད་གཤིན་ཆོག་གར་ཕེབས་རྣམས་སུ་ཚེ་འདས་ཀྱི་རྣམ་ ཤེས་བཟང་ངན་ཅིར་འགྱུར་གྱི་ལྐོག་གྱུར་དག་ཀྱང་གཞན་དག་ལས་མཁྱེན་རྒྱ་ངེས་པར་ཆེ་བ་ ཙམ་དུ་འདུག་ཅིང་ཁོང་ཉིད་སྐུ་ཚེ་སྨད་དུ་ཕྱི་ཚུལ་ངོར་ཐུགས་དམ་ཞག་འགའ་ལས་མི་མཛད་ པར་རྒྱུན་དུ་གདུལ་བྱ་གཙོ་བོར་སྐྱོང་བ་ལྟ་བུ་ཞིག་ཡིན་ཡང་ནང་ཐུགས་རྟོགས་ཀྱི་རིམ་པ་ནི་ སྒོ་ཀུན་ནས་མངོན་པར་མཐོ་བ་ལ་ཚེགས་མི་དགོས་པའི་རིགས་མཐོན་ཞིག་ཡིན་ནམ་སྙམ་ མོ། །དེ་ནས་ཁོང་ཉིད་ཀྱིས་མཚམས་ཤིག་ཏུ་གཙང་སྡེའི་ན་མོ་ཆེའི་ཉེ་འདབས་སུ་མཆོད་རྟེན་ བཞེངས་སྐབས་ཆ་རྐྱེན་ཅི་དགོས་ཉིད་ནས་ཐུགས་འགན་བཅས་ཀྱིས་ཡུལ་ཕྱོགས་དེར་རྡོ་ དཀོན་པ་ལ་རྡོ་གཏེར་བླངས་ཏེ་མཆོད་རྟེན་ཆ་ཚང་གི་ཞབས་ཕྱི་ལེགས་སྒྲུབ་ཀྱི་བགྱི་བ་ཟླ་ བྲལ་གྱི་མཛད་སྒོ་ཁྱད་འཕགས་གནང་ཞིང་གཙང་སྤྲུལ་ཉིད་དགུང་གྲངས་དྲུག་ཅུ་རེ་གསུམ་ དུ་སླེབས་སྐབས་དམར་དམག་དུས་འཁྲུགས་ཀྱི་ཟིང་ཆ་ཕྱོགས་འདིར་ཆེ་བའི་དུས་ནའང་ཁོང་ དང་མཉམ་དུ་ཡོད་པའི་ཡུལ་སྡེ་གང་དག་ལ་ཉེ་ཞོས་གོས་པ་མེད་པར་བདེ་སྐབས་འབའ་ 2-1-401 ཞིག་ཏུ་གནས་ལ་འདི་སྐོར་སྔ་ཕྱི་གང་རུང་ཁོང་གི་མདུན་དུ་ཨ་གཏེར་དཔའ་བོ་ཆོས་དབྱིངས་ རྡོ་རྗེ་ཕེབས་ནས་ཚེ་སྒྲུབ་དབང་བཀའ་བཅས་ཀྱིས་ཞབས་བརྟན་ལེགས་འབུལ་གྱི་སྒོ་ནས་ གཏེར་སྟོན་མཆོག་གིས་ཚེ་མདའ་འཕེལ་བསྐྱེད་དང་མཁའ་དབྱིངས་ནས་གཏེར་སྒྲོམ་ནོར་ བུའི་རིགས་བླངས་ཏེ་གཙང་བ་ཁོང་ལ་ལེགས་གནང་མཛད་པ་དང་སྔ་ཕྱི་ཅི་རིགས་ལ་ཁོང་གི་ སྐུ་མདུན་དུ་གཙང་བའི་རྡོ་རྗེ་སློབ་དཔོན་ཨ་མགོན་བླ་མ་ངག་དབང་བསྟན་པ་གསལ་བྱེད་ དང་ངག་དབང་རྡོ་རྗེ་བཟང་པོ་རྣམ་གཉིས་སོགས་སྐྱེས་ཆེན་དུ་མ་བྱོན་བཞུད་ཀྱིས་ཕན་ཚུན་ ཐུགས་མཉེས་བཀའ་མོལ་གཟབ་རྒྱས་བཅས་ཐུགས་ཀྱི་ཉམས་ལེན་ལ་འདྲི་གཏུགས་བགྲོ་ གླེང་དུས་དུས་སུ་མཛད་པ་དང༌། སྔར་རི་ཁྲོད་གོང་མར་ཁོང་ཉིད་བཞུགས་དུས་ཕྱག་ན་རྡོ་ རྗེའི་གྱང་རིས་སྒོ་ཕྱོགས་མཇུག་ཏུ་ཡོད་པ་དབུ་སྔས་ཕྱོགས་སུ་ཐུགས་འདུན་ཙམ་གྱིས་གདན་ འདྲེན་མཛད་ཅེས་གྲགས་སྐད། སྐབས་འགར་འདི་སྐོར་དུ་ཁོང་ཉིད་སྒྲོལ་དཀར་ཡིད་བཞིན་ འཁོར་ལོའི་བསྙེན་མཚམས་ལའང་བཞུགས་ཤིང་དགུང་ལོ་རེ་བརྒྱད་སྐོར་ཞིག་ནས་གཙང་ བ་ཁོང་གི་སྐུ་མདུན་དུ་ཡར་ཐང་རྒྱ་སྤྲུལ་སྐུ་སྐྱབས་ཞུ་བ་ལ་ཕེབས་ནས་ཁོང་ཉིད་ཀྱིས་དེ་ལ་ རྐྱེན་སེལ་བསྲུང་རིམ་གང་དགོས་མཛད་པའི་རེ་ཞིག་ན་རྐྱེན་དེས་ཁོང་ལ་སྐུ་བསྙུན་ཐེབས་ ནས་རང་གི་བཞུགས་ཡུལ་རི་ཁྲོད་འོག་མའི་གཟིམ་སྤྱིལ་དུ་རྒྱུན་བཞུགས་ཀྱི་ཚུལ་མཛད་དེ་ དགུང་ལོ་རེ་དགུ་ཆུ་ཕོ་རྟ་ལ་སླེབས་དུས་སུ་སྐུ་འཁོར་དག་གིས་ཞབས་བརྟན་ལ་གསུང་སྒྲོག་ སྨན་སྒྲུབ་ཅི་རིགས་རེ་བྱས་ཀྱང་ཕན་པ་མ་བྱུང་བར་ཁོང་གི་ཞལ་ནས། སྐུ་འཁོར་བ་གྲྭ་བཙུན་ དག་ལ་རང་རང་དང་འཚམས་པའི་ཞལ་ཏ་སྣ་ཚོགས་ཀྱི་བཀའ་འཕྲོས་དང༌། རང་དང་གཙང་ བ་སྒར་ཁག་གི་བཅའ་ལག་དབྱེ་བསལ་དང༌། འཛམ་ཐང་གཙང་ཆེན་ཕོ་བྲང་གི་མགོན་པོ་ སོགས་ཆོས་སྐྱོང་ལ་སྙན་དར་ལེགས་བསྐུར་གྱིས་འདོད་དོན་གསོལ་བ་སོགས་བགྱི་བ་གང་ དགོས་མཐའ་དག་མཛད་ནས་ལོ་དེའི་དབྱར་ཟླའི་ནང་སྐོར་ཙམ་ན་སྐུ་གཤེགས་པར་མཛད་ 2-1-402 དོ། །དེ་ནས་ཤུལ་འདུག་སྐུ་འཁོར་གང་དག་གིས་དགོངས་མཆོད་གཟབ་ལྡན་གྱིས་གདུང་ བཞུ་ལེགས་བྱེད་དང༌། རྗེས་སོར་གདུང་རྟེན་དངུལ་གྱི་བྱང་ཆུབ་མཆོད་རྟེན་བཞེངས་པ་ སོགས་དེ་ལུགས་ཀྱིས་གཙང་སྤྲུལ་འདིའི་མཛད་པ་གྲུབ་ལ། དེ་རྗེས་མི་རིང་བར་ཁོང་གི་ཡང་ སྲིད་སྐུ་སྐྱེས་སུ་སླར་བྱོན་ལ་མཚན་གསོལ་བ་གཙང་སེ་སྤྲུལ་གྱི་སྐུ་ཚ་ངག་དབང་འཇིགས་ མེད་རྡོ་རྗེ་དང༌། འཛི་རོང་སྐུ་སྐྱེས་ངག་དབང་བསོད་ནམས་དཔལ་ལྡན་ཕྱོགས་ལས་རྣམ་ རྒྱལ་གཉིས་ད་ལྟ་བཞུགས་བཞིན་པ་འདི་ཀ་ལྟར་རོ། ། ༼༣༽ དེ་རྗེས་གཙང་ཆེན་ཕོ་བྲང་གི་གདན་ས་མཛད་པ་གཙང་བ་སེ་སྤྲུལ་པའི་སྐུ་ངག་ དབང་ཀུན་དགའ་ཕུན་ཚོགས་སམ་མཚན་གཞན་སྔགས་འཆང་པདྨ་དབང་དྲག་རྩལ་གྱི་ལོ་ རྒྱུས་མདོ་ཙམ་འདིར་དུས་སུ་བབ་པ་སྟེ་དེ་འཆད་པ་ལ་འདིའི་འཁྲུངས་གནས་རྔ་ཡུལ་ཕྱོགས་ ཡིན་ཞིང་དེ་ཡང་ཐོག་མར་ཝ་ཤུལ་རིགས་ལ་མེ་སྦྲུལ་ལོར་སྐུ་འཁྲུངས་པ་ནས་བཟུང་བྱིས་པ་ ཕལ་དང་མི་འདྲ་བའི་རིགས་ཁྱད་པར་ཅན་རྟགས་མཚན་ཅི་རིགས་དང་བཅས་པ་ཞིག་སྟེ་སྐུ་ ཆུང་ངུ་ན་བསྐྱེད་དེ་རང་མགོ་ཐོན་ཙམ་ཉིད་ནས་སྤྱིར་ཆོས་ལ་ཐུགས་མོས་ཆེ་བ་ཁྱད་པར་རྔ་ བའི་སེ་དགོན་གྱི་བླ་གྲྭ་རྣམས་ལ་ཐུགས་བློ་ལྷག་པར་སྤྲོ་བ་སོགས་ཚུལ་དེ་འདྲ་དུ་མའི་རྐྱེན་ གྱིས་བྱིས་པ་ཆུང་སྐྱེས་འདི་ཉིད་སེ་བླ་བྱང་ཆུབ་ཟེར་བའི་མཁས་བཙུན་བཟང་པོའི་མངའ་ བདག་ཅིག་ཡོད་པ་དེའི་ཡང་སྤྲུལ་དུ་གྲགས་སོ། །དེ་ནས་མི་རིང་བར་ཉིན་ཞིག་ཆོས་སྐྱོང་ཁྱི་ གཟུགས་ཀྱི་རྣམ་པས་བྱིས་པ་དེ་ཉིད་ཁྲིད་དེ་སེ་དགོན་གྱི་མགོན་ཁང་སྒོར་ཐོན་སོང་བ་ལ་ བརྟེན་སེ་དགོན་བླ་གྲྭ་ཡོངས་ཀྱིས་སྐུ་བདག་བྱས་ཤིང་དེ་ནས་བཟུང་དགོན་དེར་ཆོས་གྲྭར་ ལེགས་ཞུགས་ཀྱིས་ཀློག་ཡིག་སོགས་སློབ་པའི་སྒོ་ནས་རེ་ཞིག་གི་བར་བསྡད་མཐར་སྐུ་སྐྱེས་ འདིའི་ཁུ་བོས་ཁོང་ཉིད་ཁྲིད་དེ་པད་ནག་དགོན་དུ་མགར་ཀློང་གཏེར་ཆེན་བཞུགས་པའི་ མདུན་དུ་ཕྱིན་ཏེ་ཐུགས་བརྟག་ལུང་བསྟན་ཞུས་པ་ན་གཏེར་སྟོན་ཉིད་ཀྱི་ཞལ་སྔ་ནས། སྐུ་ 2-1-403 སྐྱེས་འདི་འཛམ་ཐང་གཙང་བའི་སྒར་དུ་ཐོན་ཐབས་མཛད་ན་ནམ་ཞིག་འགྲོ་དོན་འོང་ངོ༌། །ཞེས་གསུངས་པ་ལྟར་ཁུ་བོ་དེ་ཉིད་ཀྱིས་རང་གི་ཚ་བོ་སྐུ་སྐྱེས་འདི་ཁྲིད་ནས་འཛམ་ཐང་ ཕྱོགས་སུ་འོང་སྐབས་འཛི་སྲིབ་ལ་ཐོན་པ་ན་སྐུ་སྐྱེས་རང་གི་སྣང་ངོར་དྲེའུ་དཀར་པོ་ཞིག་ གིས་ལམ་སྣ་བྱེད་པར་མཐོང་ཞིང་དེ་ནས་རིམ་པས་གཙང་བའི་གཟིམ་ཁང་དུ་སླེབས་ཚེ་ གཙང་བའི་རྡོ་རྗེ་སློབ་དཔོན་ངག་དབང་ཆོས་འབྱོར་ཞབས་པ་བཞུགས་བཞིན་གྱི་སྐབས་ཡིན་ པས་དེར་བླ་མ་ཁོང་དང་ཐུགས་སློབ་རྟོགས་པ་ཅན་འགའི་སྣང་རོང་རང་རེའི་རྗེ་བླ་མ་གོང་མ་ སྐྱབས་རྗེ་མཁར་བའི་ཡང་སྤྲུལ་ཡིན་ཆོག་པ་ཞིག་སང་ནངས་མོར་གཟིམ་ཁང་འདིར་བྱོན་ འོང་བའི་ཐུགས་ཉམས་བྱུང་བ་ལྟར་ཕྱི་ཉིན་མོ་སྐུ་སྐྱེས་འདི་དང་ཁུ་བོ་བཅས་དེར་སླེབས་བྱུང་ བ་རྗེ་བླ་མ་ངག་དབང་ཆོས་འབྱོར་ཞབས་པ་གང་ཉིད་ཀྱིས་ཐུགས་བརྩེ་བའི་སྒོ་ནས་སྐུ་སྐྱེས་ འདི་དགུང་ལོ་བཅུ་གསུམ་གྱི་སྟེང་ཙམ་ན་རྡོ་རྗེའི་སློབ་མ་མཆོག་ཏུ་རྗེས་སུ་བཟུང་སྟེ་སྦྱོར་ དྲུག་གི་སྔོན་འགྲོའི་ཟབ་ཁྲིད་ལེགས་པར་གདམས་ཤིང་ལྟོ་གོས་ཆོས་གསུམ་གང་ཐད་ནས་ རྗེ་བླ་མ་གང་ཉིད་ཀྱིས་ཐུགས་འགན་བཞེས་ཏེ་མཚམས་གྲྭ་པ་གང་དག་དང་མཉམ་དུ་སྐུ་ སྐྱེས་ཉིད་ཆོས་སྒོར་ལེགས་ཞུགས་བྱེད་དུ་བཅུག་ནས་རིམ་པ་བཞིན་དུ་སྦྱོར་བ་ཡན་ལག་ དྲུག་གི་སྔོན་འགྲོ་ནས་བཟུང་ཟབ་ཆོས་སྐབས་ཀྱི་ཉེ་བར་མཁོ་བ་མཐའ་དག་སྐུ་སྐྱེས་ཉིད་ ཀྱིས་ཞུས་ཏེ་ཉམས་ལེན་དམ་པ་གོང་མའི་ཕྱག་སྲོལ་ཇི་བཞིན་གྱི་རྗེས་སུ་ཞུགས་ནས་ཆོས་ གསན་སྒོམ་གནད་སྨིན་མཛད་སྐབས་སྡོམ་པ་དང་དབང་ཐོབ་པའི་དུས་ཀྱི་མཚན་ནི་ངག་ དབང་ཀུན་དགའ་ཕུན་ཚོགས་ཞེས་བྱ་བ་ཡིན་ལ། དེ་ལྟར་བླ་མས་ཇི་སྐད་གདམས་པ་བཞིན་ སྐུ་སྐྱེས་རང་གིས་སྔོ ན་འགྲོ་འབུམ་ལྔ་ཆ་ཚང༌། བར་གྱི་སྔོ ན་འགྲོ་རྣམ་གཉིས། དངོས་གཞི་ སྦྱོར་བ་ཡན་ལག་དྲུག་པོ་རྣམས་ལོ་གསུམ་གྱི་རིང་ཉམས་བཞེས་མཛད་པའི་སྐབས་སུ་ལམ་ རང་རང་གི་དུས་རྣམས་སུ་སྐུ་སྐྱེས་འདི་རྩ་ཁམས་ཤིན་ཏུ་དྭངས་ཤིང་ལམ་རྟགས་རྨི་ཉམས་སྣ་ 2-1-404 ཚོགས་དང་མཐོང་ཉམས་སྟོང་གཟུགས་ཀྱི་སྣང་བ་མཐའ་ཀླས་པ་ཆེས་མཆེད་པ་ཞུ་བདེ་ཁྱད་ པར་བ་དུས་དུས་སུ་མྱོང་བའི་སྒོ་ནས་སྔོན་གོམས་ཕུན་སུམ་ཚོགས་པའི་ཤུགས་ཉེ་བར་མངོན་ པ་ཁྱད་པར་འཕོ་བ་སྦྱང་སྐབས་སུ་སྐུ་སྐྱེས་རང་གི་ཐུགས་སྣང་ནམ་མཁའི་དབྱིངས་ནས་ཐིག་ ལེ་དཀར་པོ་འོད་ཀོ་རེ་བ་ཤར་བ་དེའི་དབྱིངས་སུ་ཐུགས་རོ་མཉམ་དུ་ཞུགས་ཏེ་དབྱེར་མེད་དུ་ ཐིམ་སོང་སྟེ་དབྱིངས་རིག་འདྲེས་པའི་ངང་དེ་ཀ་ནས་ཐུགས་དབྱིངས་སུ་འཕོ་ཚད་པ་ཡང་ཡང་ བྱུང་རྐྱེན་འཕོ་བ་སྦྱང་བའི་མཚམས་རེ་ཞིག་བཞག་དགོས་བྱུང་ལ་འདི་སྐོར་ཁོང་ལ་འཕོ་ ཉམས་ཐོན་ཚབས་ཆེ་བས་རང་གིས་འཕོ་བ་སྦྱང་བ་བཞག་ཀྱང་གཞན་དག་གིས་འཕོ་བའི་ ངག་འདོན་སྒྲ་དང་ཕཊ་སྒྲ་རྣ་ལམ་དུ་ཐོས་པ་ཙམ་གྱིས་སྐུ་སྐྱེས་ཁོང་རང་དབྱིངས་རིག་གཉིས་ མེད་དུ་ཐིམ་ལ་ཁད་དུ་འགྲོ་བ་སོགས་ཐུགས་ཀྱི་ཉམས་མྱོང་སྒོ་གང་ཐད་ནས་རང་དང་ན་ མཉམ་དག་ལས་ཟླ་དང་བྲལ་བའི་མཚན་སྙན་ཅིར་ཡང་བྱུང་ལ། དེ་སྐོར་རྣམས་སུ་རྗེ་བླ་མ་རྡོ་ རྗེ་འཆང་མཆོག་གི་དྲུང་ནས་སྐུ་སྐྱེས་ཉིད་ལ་སྦྱོར་དྲུག་ཁོག་གི་ཆོས་བཀའ་གང་དགོས་ཐམས་ ཅད་གཞིར་བཞག་གི་སྟེང་དུ་རྗེ་བཙུན་ཏཱ་ར་ནཱ་ཐའི་བཀའ་འབུམ་ལས་བྱུང་བའི་སྒྲུབ་ཐབས་ རིན་ཆེན་འབྱུང་གནས་ཡོངས་རྫོགས་ཀྱི་དབང་བཀའ་མཐའ་དག་ལེགས་པར་ཐོབ་ཅིང༌། གཞན་ཡང་དེ་དུས་སུ་རྟོགས་པའི་དབང་ཕྱུག་རབ་ཁ་བླ་མ་དོན་ལྡན་ཞབས་པ་དང་ཡལ་ འགོའི་བླ་མ་རིན་ཆེན་བཟང་རྣམ་གཉིས་ཀྱི་མདུན་ནས་ཡང་སྐུ་སྐྱེས་འདི་ཉིད་ཀྱིས་ཉམས་ ལེན་འདྲི་གཏུགས་ཞིབ་ཏིག་ལེགས་མཛད་ཀྱིས་ཉིད་ལ་ནང་གི་ཉམས་རྟོགས་ན་ཆེར་འཕར་ ཏེ་བོགས་བསྐྱེད་ཧ་ཅང་ཐོན་པའི་རྐྱེན་ཆེ་བར་གྱུར་ཏོ། །དེ་དག་ལས་སྐུ་སྐྱེས་འདིས་སྦྱོར་དྲུག་ ཉམས་ལེན་གྱི་མཇུག་མ་རྫོགས་པའི་མཚམས་ཤིག་ནས་རྗེ་བླ་མ་ངག་དབང་ཆོས་འབྱོར་ ཞབས་པ་སྐུ་དག་ཞིང་དུ་ཕེབས་པར་ཆས་ཚེ་ཁོང་གིས་ཆོས་ཁྲིད་ཀྱི་མཇུག་རྫོགས་པར་བྱས་ ཏེ་སྐུ་སྐྱེས་འདི་ལ་ནམ་ཞིག་གཙང་བའི་ཕོ་བྲང་དུ་ཁྱོད་ཡུན་རིང་དུ་འདུག་ནས་བསྟན་འགྲོ་ལ་ 2-1-405 ཕན་པ་འོང་ཚུལ་གྱི་བཀའ་ལུང་གསལ་བོ་བཅས་མནབ་འགག་སོགས་ཀྱི་གནང་སྦྱིན་ཡང་ མཛད་ནས་དེ་རྗེས་བླ་མ་རྡོ་རྗེ་འཆང་ཉིད་སྒྲུབ་གྲྭར་ཕེབས་ཏེ་མི་རིང་བར་དགོངས་པ་ཆོས་ དབྱིངས་སུ་ཐིམ་པའི་མོད་སྐུ་སྐྱེས་ཉིད་ལ་འཕར་གཡོ་རྒྱུན་དུ་ཐུན་མཚམས་མེད་པར་འོང་ ཞིང་ཐུགས་སྣང་ལ་བླ་མ་རྡོ་རྗེ་འཆང་དེ་ཉིད་ཤར་ཕྱོགས་མངོན་དགའི་ཞིང་དུ་བྱོན་བཞུགས་ ཀྱི་སྣང་བ་གསལ་བོ་དང་ཞིང་དེའི་གཙོ་བོ་རྒྱལ་བ་མི་འཁྲུགས་པའི་སྐུའི་སྣང་ཆ་ཆེས་གསལ་ བའི་ངང་ནས་མི་བསྐྱོད་པའི་སྐུ་མདོག་ཕྱག་མཚན་སོགས་ཀྱི་དག་པ་རྡོ་རྗེའི་གླུའི་ཚུལ་དུ་རང་ ཤུགས་སུ་ངག་ནས་ཉམས་མགུར་སྣ་ཚོགས་པ་དབྱངས་སུ་འཐེན་པ་དང་ཞིང་ཁམས་དེར་ དངོས་སུ་སོང་ནས་བླ་མ་མཆོག་གི་ཞལ་ནས་གདམས་ངག་གི་གསུང་ཚིག་མང་པོ་ཐོས་ཤིང་ དེ་དོན་ཐུགས་ཉམས་སུ་བསྟར་བ་སོགས་རྗེ་བླ་མ་གང་གི་བྱིན་རླབས་ཞུགས་པའི་ཉམས་མྱོང་ གི་རྟགས་མཚན་ཆེས་མཐའ་ཀླས་པ་ཞིག་ངེས་པར་བྱུང་བའོ། །དེ་ནས་དགུང་ལོ་བཅུ་དྲུག་ སྐོར་སོགས་སུ་གཙང་བའི་སྒྲུབ་གྲྭར་སྐུ་སྐྱེས་ཉིད་བཞུགས་སྐབས་རྗེ་བླ་མ་དོན་ལྡན་ཞབས་ པས་རྡོ་རྗེ་སློབ་དཔོན་མཛད་པའི་སྐབས་ཡིན་ཞིང་འདི་སྐོར་ཐུགས་སྣང་དུ་མཁའ་འགྲོའི་རྣམ་ པའི་ལྷ་མོ་གཉིས་མཁའ་དབྱིངས་ནས་འོང་བ་དེ་གཉིས་ཀྱིས་འབྱུང་འགྱུར་སོགས་ལྐོག་གྱུར་ གྱི་གནས་མང་པོ་ཇི་སྐད་ལུང་བསྟན་པ་རྣམས་དོན་ལ་ཐོག་ཁེལ་དུ་སོང་བ་མང་རབ་ཅིག་ རྒྱུན་པར་བྱུང་བ་ཡོད་ཀྱང་བར་མཚམས་ཤིག་ནས་ཅུང་མི་ལེགས་པའི་བར་ཆད་ཀྱི་རྣམ་པ་རེ་ ཡང་འོང་གིན་འདུག་ཅིང་ཉིན་ཞིག་ཏུ་མཉམ་བཞག་ལ་ཁོང་ཉིད་བཞུགས་སྐབས་ཁོང་གི་ ངག་ནས་མ་བཅོས་གཞི་དབྱིངས་སྟོང་ཆེན་དབུ་མའི་སྦུབས། ཞེས་སོགས་ལྟ་བའི་ཚིགས་ བཅད་འགའ་རང་ཤུགས་ཀྱིས་མགུར་དབྱངས་ཀྱི་ཚུལ་དུ་བརྗོད་རྗེས་ཙམ་ན་རང་སྣང་གནས་ འགྱུར་ཏེ་གཡའ་དག་ནམ་མཁའི་མདངས་ཀུན་ནས་གསལ་བ་ལྟ་བུའི་རང་བཞིན་དེ་ཉིད་ཀྱི་ གཤིས་ཤིག་མངོན་དུ་གྱུར་ནས་དེའི་ངང་དུ་སྤྲོས་མེད་མཉམ་བཞག་གཅིག་གིས་ཞག་བདུན་ 2-1-406 ཕྲག་གཅིག་ཙམ་འདའ་བར་གྱུར་པ་ན་རྗེ་རྡོ་རྗེ་འཆང་གཉིས་པ་དོན་ལྡན་ཞབས་པ་ཕེབས་ ནས་ཁོང་གིས་གསུང་མགུར་གྱིས་སྐུ་སྐྱེས་མཉམ་བཞག་ལས་བཞེངས་བསྐུལ་མཛད་པས་རེ་ ཞིག་གི་ཚེ་སྐུ་སྐྱེས་སློབ་བུ་དེ་ཉིད་འཕར་གཡོ་དང་བཅས་པའི་ངང་ནས་སླར་མཉམ་བཞག་ ཟབ་མོ་ལས་ཉེ་བར་ལྡང་བ་དང༌། ཡང་ཉིན་ཞིག་ཐུན་བར་དུ་སྐུ་སྐྱེས་ཉིད་ཀྱིས་སྣོད་སྤྱད་ནུ་ མ་ཅན་ཞིག་གི་ནུ་མ་འཕྲལ་དུ་ཆད་པ་སྐད་ཅིག་ལ་སླར་འབྱོར་བར་མཛད་པའི་ལོ་རྒྱུས་ གསལ་བོ་བཤད་དུ་ཡོད་ལ། རབ་ཁ་བླ་མའི་དྲུང་དུ་སྔ་ཕྱི་ཅི་རིགས་སུ་སྐུ་སྐྱེས་ཉིད་ཀྱིས་རྒྱུད་ སྡེའི་ཟབ་དབང་སོགས་ཆོས་བཀའ་དུ་མ་གསན། དེ་སྐབས་ཅི་རིགས་པར་ཉིད་ཀྱིས་རྟ་ མགྲིན་བསྙེན་མཚམས་མཛད་སྐབས་སུ་ཐུགས་སྣང་ངོར་ཕྱོགས་ཤིག་ནས་རྒྱལ་གདོན་ཆེ་ བས་ཆོ་འཕྲུལ་འགྱེད་དེ་སྒར་ཆེན་གྱི་གཙོ་བོ་གསེར་ཞྭ་བེར་གོས་རྟ་དྲེལ་ཁྲོལ་རྡང་སོགས་ཀྱི་ ཆས་དང་བཅས་པ་ཅན་ཆེས་བཟོད་དཀའི་འཇིགས་གཟུགས་ངོམ་བཞིན་པའི་ཚེ་འཚེ་བྱེད་ དེའི་ལག་པ་ཡ་གཅིག་གི་མགོ་སྤྲུལ་སྐུ་ཁོང་ཉིད་ཀྱི་ཁར་བཅུག་པའི་མོད་དེ་མ་ཐག་ཡི་དམ་ དབང་ཆེན་གྱི་སྐུ་རི་རབ་ཙམ་གྱི་ང་རྒྱལ་ལ་གནས་ཏེ་ཞལ་གྱི་སོ་དག་གིས་ཕ་རོལ་གནོད་བྱེད་ ཀྱི་ལག་པ་ཆེས་བསྡམས་པས་དེ་ཉིད་དུ་ལག་མགོ་ཆད་ནས་ལུས་ནང་དུ་སོང་བའི་ཉམས་ སྣང་ཤར་བ་བཞིན་དེ་མཚམས་ནས་བཟུང་ཞག་ཤས་ལ་སྐུ་སྐྱེས་རང་ཉིད་ཁམས་ཅུང་མི་བདེ་ བ་ཙམ་བྱུང་ཡང་ཉིན་ཞིག་ཁ་ནས་ཁྲག་ཤ་དུམ་བུ་ཞིག་སྐྱུགས་ཕན་ཆད་ནས་ཁམས་ཡར་ དྭངས་སུ་སོང་བས་བར་ཆད་བྱེད་མཁན་དེས་གླགས་མ་རྙེད་པ་སོགས་དེ་ལྟར་གྱི་རྟགས་ མཚན་ཁྱད་པར་བ་ཕྱི་ནང་གང་ཐད་ལ་རང་དང་མཉམ་པའི་མཆེད་གྲོགས་གང་དག་གི་ མཐུན་སྣང་དུ་མངོན་པའི་ཆོས་སུ་གྱུར་པ་ཅི་རིགས་སྔ་ཕྱི་དུ་མར་ཡང་ཡང་བསྙོན་དུ་མེད་པ་ སྟེ། འདི་སྐོར་ནས་བཟུང་དཔལ་རྟ་མཆོག་རོལ་པ་ཉིད་ཀྱིས་ཡི་དམ་གྱི་མཐིལ་དུ་མཛད་དེ་སྐུ་ ཚེ་གང་བོར་བསྙེན་བཟླས་མཛད་པས་ཁྱོན་ཡོངས་སྡོམ་ལྷ་འདིའི་བསྙེན་པ་དུང་ཕྱུར་དུ་མ་ 2-1-407 ཞིག་སོང་ཞིང་འདིའི་སྒོ་ནས་མཐུ་ནུས་མཆོག་བརྙེས་ལ་ཁོང་ཉིད་སྐུ་ན་གཞོན་སྐབས་དགུང་ ལོ་ཉི་ཤུ་སྐོར་མན་ཆད་དང་འདི་ཡན་དུ་ལོ་འགའ་ཞིག་གི་རིང་སྒྲུབ་པ་ཉམས་ལེན་ལ་རྩེ་ གཅིག་ཏུ་ནན་ཏན་སྙིང་པོ་བྱེད་པའི་སྐལ་བ་འགྲིག་ན་དེང་དུས་ལ་ལྟོས་ནས་རྟོགས་པ་མཐར་ ཕྱིན་ཞིག་འོང་ཐང་བ་ལ་འདི་སྐོར་མཚམས་ཅི་རིགས་ནས་ཁོང་གིས་གཙང་བའི་སྒར་བདག་ བཟུང་གིས་གཡེང་རྐྱེན་མང་བས་དེ་འདྲ་ཇི་བཞིན་ཞིག་མ་བྱུང་ཞིང༌། དགུང་ལོ་ཉེར་གསུམ་ སྐོར་ཞིག་ནས་ཉིད་ཀྱི་ཐུགས་སྣང་དུ་བར་བར་རྣམས་སུ་གུ་རུ་པདྨ་འབྱུང་གནས་ཀྱི་ཞལ་ གཟིགས་ཀྱི་སྣང་བ་གསལ་བོ་དང༌། མ་མོ་ཨེ་ཀ་ཛ་ཏིའི་དངོས་ཞལ་གྱི་སྣང་བ་དེ་ལུགས་ བཞིན་གྱིས་སྐུ་སྐྱེས་ཉིད་ལ་ཚེ་སྔོན་རྡོའི་སྐུ་བར་གྱི་སྐྱེ་བ་ཡིན་ཚུལ་གྱི་བཀའ་ལུང་རེ་ཡང་དུས་ དུས་སུ་བྱུང་བ་ཡོད་ལ། དེ་ནས་དགུང་ལོ་ཉེར་ལྔ་སོགས་ནས་སྐུ་སྐྱེས་གང་ཉིད་ཀྱིས་གཙང་ བའི་འགན་ཁུར་ལེགས་བཞེས་ཀྱི་ཕྱོགས་ཕྱོགས་སུ་གདུལ་བྱ་ལའང་ཕེབས་ཅིང་རང་ཡུལ་ སྟོད་སྨད་ཀུན་ཏུ་གཤིན་ཆོག་སོགས་མཛད་སྒོ་གང་ཐད་ལ་རེམ་པ་ལྷུར་ལེན་པའི་སྐབས་ ཐམས་ཅད་དུ་གཙོ་བོར་ཀླུ་དུང་སྐྱོང་དང་ཡུལ་ལྷ་སྟོང་དཔོན་གཉིས་ཀྱིས་སྡོང་གྲོགས་མཛད་ པ་ལ་བརྟེན་ནས་གང་གིས་ཐོག་མར་གཙང་བའི་ཕོ་བྲང་དུ་རྟེན་གསུམ་བཞུགས་པའི་གནས་ ཀྱི་གསེར་ཁང་ཕྱིའི་བཀོད་པ་ནང་གི་ཀ་ཅ་ལ་གསེར་ཚོན་དང་ནང་རྟེན་སྐུ་གསུང་ཐུགས་རྟེན་ སྔར་མེད་གསར་བ་གྲངས་མང་ཞིག་བཞེངས་བླུས་ཅི་རིགས་ཀྱི་སྒོ་ནས་བསོད་ནམས་ བསགས་སྒོ་རྒྱ་ཆེར་ལོ་སྔ་ཕྱི་དུ་མའི་རིང་དུ་ཉེར་བསྐྲུན་ཀྱང་མཛད། འདི་སྐོར་དུ་ས་དམར་བླ་ མ་སྙན་གྲགས་ཀྱི་དྲུང་དུ་སྤྲུལ་པའི་སྐུ་ཉིད་ཀྱིས་རང་གི་ཉམས་རྟོགས་བསམ་གཏན་གཟུགས་ སེམས་དབྱེར་མེད་རང་མདངས་སྟོང་གཟུགས་རང་ཤར་དགའ་བ་དང་གཡོ་མེད་བདེ་བ་ཁྱད་ པར་བའི་ཚུལ་དང་རྩ་རླུང་ཐིག་ལེ་ལ་གནད་དུ་ཐེབས་པའི་སྟོབས་ཀྱིས་འབར་འཛག་གི་ དགའ་བཞི་ཡང་ཡང་འདྲེན་པ་སོགས་ཞིབ་རྒྱས་རྟོགས་འབུལ་བྱས་པས་བླ་མ་དེ་ཉིད་ཀྱིས་ 2-1-408 ཐུགས་མགུ་རྒྱ་ཆེ་བས་བསྔགས་བརྗོད་ཀྱི་མེ་ཏོག་དུས་སུ་འཐོར་བར་མཛད་ལ། སྔ་ཕྱིར་ཨ་ མགོན་བླ་མའི་མདུན་ནས། ཉིད་ཀྱིས་ཀུན་མཁྱེན་དོལ་པོའི་བཀའ་འབུམ་གྱི་ལུང་སོགས་ ཟབ་ཆོས་ཅི་རིགས་མནོས། དགུང་ལོ་ཉི་ཤུའི་སྟོད་སྐོར་ནས་བཟུང་དེ་མཚམས་སྔ་ཕྱི་ཅི་ རིགས་པར་གཙང་བའི་གྲྭ་ཚང་ཡོངས་ཀྱི་འདུ་ཁང་ཆེན་མོ་ཡང་སྔར་འདུ་ཁང་དམན་ཙམ་ཡིན་ ན་གཙང་བ་སེ་སྤྲུལ་འདིས་འདུ་ཁང་མ་གཞི་ཡོངས་རྫོགས་ནས་གསར་བཞེངས་ཀྱི་སྒོ་ནས་ ཕྱི་ནང་ཡོངས་སུ་རྫོགས་པའི་བཀོད་པ་མཐའ་དག་ཤིང་ཚོན་དང་བཅས་ལེགས་གྲུབ་ཀྱི་ བཀའ་དྲིན་མཛད་ལ། དགུང་ལོ་སུམ་ཅུ་ལ་ཉེ་སྐབས་སོགས་སུ་མགར་ཀློ ང་གཏེར་ཆེན་དང༌། ཨ་གཏེར་སོགས་འགྲོ་འདུལ་དུས་བབ་ཀྱི་སྐྱེས་ཆེན་དུ་མས་སྔ་ཕྱི་ཅི་རིགས་པར་སྤྲུལ་སྐུ་འདི་ ཉིད་ལ་དབང་ཆེན་ཧེ་རུ་ཀས་བྱིན་གྱིས་བརླབས་པ་གླིང་གི་རྗེ་བོ་ཁྲོ་ཐུང་དང་རྡོ་བླའི་སྐུ་ཕྲེང་ དུ་བྱོན་པ་སྐུ་བར་ཕུན་ཚོགས་འབྱུང་གནས་སོགས་སྔོན་བྱོན་སྐྱེས་ཆེན་མང་དག་གི་སྐུ་ཕྲེང་ རིམ་པ་དུ་མའི་ཆེ་བསྔགས་མཛད་པ་དང་དཔའ་བོ་ཆེན་པོའི་སྔགས་རིག་འཆང་བ་གང་དག་ གི་དྲུང་ནས་ཟབ་མོའི་གསང་བཀའ་ཅི་རིགས་པའང་སྤྲུལ་སྐུ་འདིས་ལེགས་གསན་མཛད་ པའི་ཚེ་གསང་མཚན་ལ་པདྨ་དབང་དྲག་རྩལ་ཏུ་མེ་ཏོག་ཉེ་བར་ཕོག་པ་ཡིན་ལ། འདི་སྐོར་སྔ་ ཕྱི་ཅི་རིགས་ཤིག་ནས་ནང་རྩ་ཐིག་གི་མཐུ་ཤུགས་སྔར་ལས་རྒྱས་ཤིང་ཐིག་ལེ་ཡར་འདྲེན་ དང་གསང་བ་སྦུབས་སུ་ནུབ་པ་སོགས་བར་བར་བྱུང་བར་བརྟེན་ལས་རྒྱའི་ཀུན་སྤྱོད་རེ་ཡང་ ཉིད་ནས་མཛད་པས་སྤྱོད་པ་མི་མཛེས་པ་སོགས་ཀྱིས་གཞན་དག་གིས་རྨ་འབེབས་པའང་ བྱུང་བས་དེ་ལུགས་ཀྱི་ཕྱི་ནང་གི་ཀུན་སྤྱོད་ཡིན་ལུགས་མཐའ་དག་སྦ་གསང་མེད་པར་རྗེ་ ལུང་རྟོགས་བསྟན་པའི་མངའ་བདག་རྡོ་རྗེ་འཆང་ངག་དབང་ཚོགས་གཉིས་རྒྱ་མཚོའི་སྐུ་ མདུན་དུ་སྤྲུལ་སྐུ་ཉིད་ཀྱིས་ཇི་བཞིན་དྲང་པོར་ལེགས་ཞུ་མཛད་བཞིན་རང་གིས་བྱ་བ་ག་འདྲ་ དགོས་ཚུལ་བཀའ་ཕེབས་དགོས་པར་ནན་ཞུ་དང་བཅས་རྗེ་ཉིད་སྤྲུལ་སྐུ་རང་གིས་སྤྱི་བོའི་ 2-1-409 གཙུག་ཏུ་ལེགས་བཀུར་གྱི་སྒོ་ནས་གསོལ་བ་བཏབ་ཚེ་རྗེ་བླ་མ་མཆོག་གིས། ད་ལན་ཁྱོད་ཀྱི་ རྟོགས་པའི་ཚད་འདི་ལ་སྤྱོད་པ་རང་སར་སྐྱོང་བ་ལས་བཀག་འགོག་མི་བྱེད་ཅེས་གསུངས་པ་ ལྟར་རེ་ཞིག་དེ་ལྟར་བསྐྱང་བཞིན་གཙང་བ་སེ་སྤྲུལ་གང་ཉིད་གཟིམས་ཁང་དུ་བཞུགས་པའི་ དྲུང་དུ་རྔ་ཡུལ་ནས་གོས་བླ་མ་འོད་ཟེར་ཕེབས་པ་ལ་སྤྲུལ་སྐུ་ཁོང་གིས་ཆོས་སྐྱོང་ཁྱབ་འཇུག་ ཆེན་པོའི་གཟུགས་མངོན་སུམ་དུ་གསལ་བར་བསྟན་ཞིང༌། འདི་སྐོར་འཛི་སྟོད་ཕྱོགས་ཀྱི་བ་ གཡག་མཚོ་ནང་དུ་དུས་ཀྱི་འཁོར་ལོའི་ཆོས་སྐོར་ཡོད་པའི་གཏེར་སྒྲོམ་ཞིག་དང་རྗེ་བཙུན་ སྒྲོལ་མའི་སྐུ་བརྙན་ཁྱད་མཚར་ཅན་གྱི་གཏེར་ཁ་ཡོད་པའི་ཁ་བྱང་སྤྲུལ་སྐུ་ཉིད་ལ་བབས་ ནས་དེ་ལུགས་ཀྱི་བསྟན་འགྲོའི་དོན་ཞིག་འོང་ཉེ་ཡང་དགུན་དུས་སུ་ཁོང་མཚོ་ཁར་ཕེབས་ ནས་བུམ་གཏེར་ཞིག་འཇོག་པའི་ཚེ་མཚོ་དར་རང་ཞོགས་ལ་སོང་ཞིང་བུམ་གཏེར་བཞག་ ཟིན་རྗེས་ནས་སླར་མཚོ་དར་རང་ཞབས་དེ་གར་བསྡད་པ་སོགས་ཀྱི་ལེགས་མཚན་རེ་བྱུང་བ་ མ་གཏོགས་དེ་ཕན་བྱ་བ་གང་ཡང་མ་འགྲིགས་པས་འགྲོ་དོན་དེ་ལུགས་བཞིན་གྱི་མཛད་སྒོ་ མ་བྱུང་ཞིང་འདི་སྐབས་དགུང་ལོ་སུམ་ཅུའི་ནང་སྐོར་ཞིག་ནས་གདུང་ཡངས་བླ་མ་སྨོན་ལམ་ བཟང་པོས་སྤྲུལ་སྐུ་ཉིད་ལ་རྟེན་དགེ་སློང་དགོས་པའི་བཀའ་ཕེབས་བྱུང་བར་བརྟེན་ཚུལ་དེ་ མཐུན་གྱི་བཀའ་ཉིད་ཀྱིས་ལེགས་སྒྲུབ་བཅས་བསྙེན་རྫོགས་ཀྱི་སྡོམ་པ་ཞུས་ཏེ་ལོ་འགའ་ ཞིག་གི་རིང་རྟེན་དགེ་སློང་ཁོ་ནའི་སྤྱོད་པ་ལ་གནས་བཞིན་བར་བར་གདུལ་བྱ་རེ་མཛད་པ་ མ་གཏོགས་གཙོ་བོར་རང་གནས་གཟིམས་ཁང་དང་གཙང་བ་སྐུ་འབྲིང་གི་རི་ཁྲོད་འོག་མ་ སོགས་སུ་རྒྱུན་བཞུགས་ལྟ་བུ་མཛད་ནས་སྒྲུབ་པ་ལ་རྩེ་གཅིག་ལྷུར་ལེན་གྱིས་བཞུགས་དུས་ སུ་བར་བར་མཉམ་བཞག་ལ་ཡུན་རིང་འབྱམས་ནས་སྐུ་ལུས་གཡོ་འགུལ་དང་བྲལ་བར་རིང་ དུ་སོན་པ་སོགས་ལ་སྐུ་མདུན་པས་བསྐུལ་བརྡ་བྱེད་དགོས་ཡང་ཡང་བྱུང་ཞིང་འདི་སྐབས་ རྣམས་སུ་བར་བར་རང་གིས་ཉམས་རྟོགས་འདྲི་གཏུགས་ཀྱི་ཆེད་རི་ཁྲོད་གོང་མར་རྗེ་རྡོ་རྗེ་ 2-1-410 འཆང་འཛམ་ངོས་བླ་མ་ཀུན་དགའ་ངག་གི་དབང་པོ་བཞུགས་པའི་མདུན་དུ་གཙང་བ་སྤྲུལ་ པའི་སྐུ་འདི་ཉིད་ཡང་ཡང་ཕེབས་པའི་སྒོ་ནས་ཕན་ཚུན་བཀའ་མོལ་མཛད་དེ་ཐུགས་ཀྱི་ ཉམས་ལེན་ལ་རྩལ་སྦྱང་དུས་དུས་སུ་ཞིབ་པར་ཐུགས་ཉམས་ལེགས་སྤེལ་དང་གོལ་ས་ གཅོད་པ་སོགས་མཛད་སྒོ་མཐའ་དག་ལ་ཁོང་གིས་འདྲིས་ཡུན་བཏང་བས་རྟོགས་པ་སྔར་ ལས་འཕེལ་ངོས་ནས་རྩ་རླུང་ཐིག་ལེ་ལའང་བརྟན་པ་དེ་ཙམ་ཞིག་བྱུང་བ་དང༌། འདི་སྐོར་ ནམ་ཡིན་རུང་བྱོན་འདུག་གང་གི་སྐབས་ཐམས་ཅད་ཉིད་ཀྱིས་དུས་བབ་ཀྱི་ལས་དོན་ཅི་ དགོས་མཛད་པ་མ་གཏོགས་རང་དགར་ལོང་སྐབས་གང་ཡོད་དུས་ཐུན་བཞིའི་མཚམས་ བསྙེན་མི་བཅད་པར་སྒྲུབ་པ་ལ་རྒྱུན་དུ་བརྩོན་པ་ནམ་ཡང་མི་ལྷོད་པའི་ངང་ནས་ལེགས་ བཞུགས་མཛད་ཅིང་བར་སྐབས་ཁོང་གྲྭ་སློབ་བཅས་མགོ་ལོག་ཕྱོགས་སུ་གདུལ་བྱར་ཕེབས་ པའི་དུས་སུ་ཉིན་ཞིག་ཁོང་རྣམས་ཀྱི་སྟེང་དུ་ཕ་བོང་ཞིག་འགྲིལ་འོང་བ་སྤྲུལ་སྐུས་ཕྱག་གཏོད་ ཙམ་གྱིས་རྦབ་རྡོའི་གནོད་པ་བཟློག་པར་མཛད་པ་སོགས་ཀྱི་མཐུ་ནུས་བཅས་དགུང་ལོ་སོ་ སྟོད་སྐོར་ཙམ་ན་རང་གནས་སུ་བཞུགས་སྐབས་ས་དམར་དགོན་གྱི་རྡོ་རྗེ་སློབ་དཔོན་ཀུན་ དགའ་སྙན་གྲགས་དག་ཞིང་དུ་ཕེབས་སྐབས་ཁོང་གྲྭ་འཁོར་བཅས་དེར་བྱོན་ནས་དགོངས་ མཆོད་ཀྱི་དུས་སུ་ཁོང་གིས་ཐུགས་སྣང་ངང་བླ་མའི་བྱིན་རླབས་འབེབས་པའི་མཚན་མ་དང་ བཅས་དེ་འཕྲལ་དུ་འཛི་ཉིན་ཕྱོགས་ཀྱི་རྒྱལ་གདོན་མ་དགའ་བས་འཚེ་ངོ་ཤར་བ་དབང་ཆེན་ ཧེ་རུ་ཀའི་ང་རྒྱལ་གྱིས་ཚར་བཅད་ནས་རིང་དུ་བསྐྲད་དེ་ཐུགས་སྨོན་རྣམ་དག་གི་མཐར་ཉིད་ གྲྭ་འཁོར་བཅས་ཚུར་རང་གནས་འཛམ་ཐང་དུ་ཕེབས་ལམ་རྒྱལ་གདོན་དེས་འཁུ་ལྡོག་གིས་ ཁོང་ཉིད་ཆིབས་རྟ་ལས་འཕྲལ་དུ་ལྷུང་བར་བྱས་སྐབས་སུ་སྐད་ཅིག་ལ་སྔོན་གླིང་རྗེ་ཁྲོ་ཐུང་ གིས་ཨ་བྲའི་རིལ་མར་སྤྲུལ་ནས་གནོད་བྱེད་ཀྱི་འཚེ་བ་ལས་ཐར་བ་ལྟར་འདིར་ཡང་ཉིད་ ཀྱིས་སྤྲུལ་བསྒྱུར་དེ་ལྟར་མཛད་པས་གནོད་པར་རྩོམ་པའི་འདྲེ་བགེགས་ཀྱིས་གླགས་མ་རྙེད་ 2-1-411 ཅིང་འཚེ་བས་བར་ཆད་ལས་ལེགས་རྒྱལ་ཐོབ་ལ། འདི་ཡན་ཞིག་ལ་ཁོང་དཔོན་སློབ་རྡོའི་ གྲུབ་ཆེན་དགོན་ལ་ཕེབས་ཏེ་སྐྱེ་སྒང་རྟ་མགྲིན་གྱི་སྒྲུབ་པ་དང༌། སྤྲུལ་སྐུ་པདྨ་རྡོ་རྗེ་དང་བླ་ སྤྲུལ་ཡོངས་རྫོགས་ལ་སྐྱེ་སྒང་རྟ་མགྲིན་གྱི་དབང་ལུང་བཅས་གནང་བའི་བཀའ་དྲིན་མཛད། དགུང་ལོ་བཞི་བཅུ་སྐོར་ཁོང་གི་ཐུགས་སྣང་ངོར་འཛམ་ཐང་གི་ཕ་ཀི་རི་ངོར་གློ་བུར་དུ་ཤོ་ རྒལ་རྒྱུག་པས་ཡུལ་ཁམས་འདིར་སྐད་ཅིག་ལ་གང་སོང་ཡང་དེ་འཕྲལ་ཡུན་མི་རིང་བར་ཞི་ འཇགས་བདེ་སྐབས་སུ་གྱུར་ཏེ་གཞི་དེར་མེ་ཏོག་གིས་ཁྱབ་པའི་མཚན་མ་བྱུང་བ་སོགས་དེ་ འདྲ་འགའ་རེའི་སྔོན་རྟགས་དུས་སུ་བྱུང་བ་རྣམས་རང་གཞན་གང་ཐད་ནས་ཇི་བཞིན་མ་ དཔྱོད་པས་དུས་ཀྱི་དམར་དམག་རྒྱང་བསྐྱོད་ཀྱིས་འཚེ་བ་ལ་གཙང་བ་སེ་སྤྲུལ་གྱི་ཐུགས་ བརྟག་ཇི་བཞིན་མ་ཁེལ་བའི་སྨ་འབེབས་ཀྱི་གླེང་མོ་ཕལ་འགས་དེ་དུས་སུ་ཆེར་སྒྲོག་བྱེད་པ་ བྱུང་ཞིང༌། མེ་བྱའི་ལོར་དུས་ཀྱི་དམར་དམག་རྒྱང་བསྐྱོད་ཀྱིས་ཟིང་ཆ་བྱུང་བས་ངག་དབང་ ཚོགས་གཉིས་རྒྱ་མཚོ་དང་མཉམ་དུ་མགོ་ལོག་ཏུ་ཕེབས་ཏེ་གཙང་པཎ་ཆེན་སྐུ་ཕྲེང་དགུ་པ་ དང་མཇལ་ཏེ་ཐོ་ཡིག་གི་བཀའ་ཤོག་ཀྱང་གནང༌། དགུང་ལོ་ཞེ་གཉིས་སོགས་སྐོར་ནས་ གསང་སྔགས་བརྟུལ་ཞུགས་མཆོག་གྲུབ་པའི་མཉམ་མེད་གུ་རུ་པད་འབྱུང་གིས་ནང་གསང་ ཆེན་བདེ་བའི་ཡེ་ཤེས་ཆེར་སྤེལ་གྱི་རྐྱེན་མཁའ་འགྲོའི་ལས་རྒྱ་གཟུངས་མ་ཉེར་བསྟེན་གྱི་ ངང་ནས་ཕྱི་ཚུལ་ངུར་སྨྲིག་རྟགས་མཚན་ཉེ་བར་འཆང་བའི་མཛད་སྒོ་གནང་བ་ལྟར་དེང་དུས་ ལ་ལྟོས་ན་ནང་རྟོགས་རྩ་ཐིག་རླུང་གསུམ་ལ་དབང་ཐོབ་ཅིང་ཕྱི་ཡུལ་འདྲེ་སོགས་ཀྱི་གནོད་ སེམས་དབང་བསྒྱུར་ཏེ་ཤ་ཟའི་རིགས་ཀྱི་གཙོ་མོ་ལ་ལས་རྒྱའི་གདུལ་ཞིང་དུ་གཟིགས་པ་ལ་ སོགས་པའི་རྐྱེན་ལ་ཉེ་བར་བརྟེན་ནས་སེ་སྤྲུལ་ཞེས་པའི་མཚན་འཆང་བ་གང་གིས་ཕྱི་ངུར་ སྨྲིག་གི་རྟགས་དང་བཅས་ནང་གསང་ཆེན་བདེ་བའི་ཡེ་ཤེས་ཆེར་སྤེལ་གྱི་བྱེད་རྐྱེན་རང་གི་ལྷ་ འབངས་ཉེ་བ་ན་གཏོགས་པའི་མི་མོ་ཡུལ་སྡེ་གང་དག་གིས་ཆེས་འདྲེ་བསེན་ཤ་ཟ་མོའི་ 2-1-412 རིགས་ངན་པར་བརྩི་བའི་བུད་མེད་རིག་སྐྱིད་ཅེས་པ་སྔ་ཕྱི་ཀུན་ལ་ཡུམ་དུ་བཞེས་ཤིང་ཕྱི་སོ་ ཐར་གྱི་སྡོམ་པ་ཉམས་མེད་ཟིལ་གྱིས་གནོན་བཞིན་ནང་གསང་ཆེན་དགའ་བཞིའི་བདེ་བ་ལ་ རིག་མ་མཚན་ལྡན་དང་སྙོམས་པར་འཇུག་པའི་སྒོ་ནས་བླ་མེད་སྔགས་ཀྱི་དམ་ཚིག་ལས་མི་ འདའ་བའི་གསང་ལམ་ཉེར་བགྲོད་གྲུབ་དབང་གོང་མ་དག་གི་རྗེས་སུ་བསྙེགས་ཚུལ་དང༌། ད་ལན་མཚོ་གཏེར་སོགས་གཏེར་ཁ་འགའ་འདིར་ལས་འཕྲོ་མེད་ཀྱང་ནམ་ཞིག་སྐྱེ་བ་གསུམ་ ནས་སྐལ་བ་ཡོད་ཚུལ་སོགས་ཀྱི་གསང་བའི་རྣམ་པར་ཐར་པ་ཉུང་གསལ་སྔགས་འཆང་སྤྲུལ་ སྐུ་ཉིད་ཀྱིས་གསུང་རྩོམ་གནང་བ་དུས་བར་ཙམ་ན་ཆ་ཚང་བཞུགས་མོད་རེ་ཞིག་ནས་དཔེ་ རྒྱུན་ཆད་སོང་བ་སོགས་ཚུལ་དེ་འདྲའི་སྒོ་ནས་དགུང་ལོ་བཞི་བཅུའི་སྐོར་ཁ་ཚང་གི་རིང་ལ་ ཁོང་གིས་གཙང་བའི་གདན་ས་ལེགས་པར་སྐྱོང་བཞིན་སྔ་ཕྱི་ཅི་རིགས་པར་གཙང་བའི་ གཟིམ་ཁང་ཕོ་བྲང་གི་ཕྱོགས་གཅིག་གཞི་ནས་གསར་བཞེངས་དང་དགེ་འདུན་འདུ་གནས་ ལྷ་ཁང་ཀ་དགུ་མའི་ནང་རིས་ཤིང་ཚོན་སོགས་མཁོ་འོས་དུས་སུ་གང་བབ་དག་བྱ་བ་ལས་ཀྱི་ བགྱི་བ་སྒོ་ཀུན་ནས་མི་དམན་པ་དང་བཅས་ལེགས་བཞུགས་མཛད་སྐབས་སྔར་ཡུམ་དེ་ཉིད་ ཀུན་ལ་གནོད་པའི་མོ་འདྲེ་ཆེར་གྲགས་ཀྱང་རྗེས་འདི་སྐོར་ནས་བཟུང་མཁའ་འགྲོའི་རིགས་ ཙམ་ལས་མི་སྙན་པའི་གྲགས་པ་ཞི་བ་ལ་སོགས་པའི་མཛད་སྒོའི་དགོས་པ་འགའ་རེ་ཡང་ བསྙོན་མེད་དུ་ཀུན་ལ་མཐོང་ཆོས་སུ་གྱུར་ཅིང་གཙང་སྤྲུལ་འདི་ཉིད་ལ་སྔོན་སྐྱེས་རབས་ཁྲོ་ ཐུང་གི་ལོ་རྒྱུས་ལྟར་འདིར་ཡང་བར་འགའ་མཐོ་ཞིང་བར་འགའ་དམའ་བ་སོགས་ཕྱི་ནང་ ཐམས་ཅད་ཀྱིས་བསྟོད་སྨད་རེས་མོས་ཀྱི་གནས་སུ་ཡང་ཡང་གྱུར་པ་ལགས་ཀྱང་དོན་གྱི་ གནས་ཚོད་དུ་སྐྱེ་བ་དང་ནང་རྟོགས་གཞན་རང་ག་སུ་ལས་མངོན་པར་མཐོ་ཚུལ་ཁོང་གི་རྩ་ བའི་བླ་མ་རྣམ་གཉིས་དང་རྗེ་ངག་དབང་ཚོགས་གཉིས་རྒྱ་མཚོ་སོགས་རང་རེའི་དམ་པ་མང་ པོ་དང་མགར་ཀློང་གཏེར་སྟོན་དང་ཨ་གཏེར་དཔའ་བོ་ཆོས་དབྱིངས་རྡོ་རྗེ་སོགས་གཞན་རྙིང་ 2-1-413 ཕྱོགས་ཀྱི་སྐྱེས་ཆེན་རྡོ་རྗེའི་མངོན་ཤེས་མངའ་བ་དུ་མས་མགྲིན་གཅིག་ཏུ་ཞལ་མཐུན་སྒོ་ནས་ ཡང་ཡང་གསུངས་པ་མ་ཟད་རྗེ་སྤྲུལ་པའི་སྐུ་རང་གི་ཉེ་འཁོར་དུ་བཅར་སྡོད་དག་གིས་ཡང་ མྱོང་བས་གྲུབ་ནུས་ཀྱི་ཡིད་ཆེས་ཕེར་བའི་ཡོན་ཏན་གྱི་མཛད་སྒོ་མང་ཙམ་ཞིག་ཀྱང་ངེས་པར་ མངའ་བའོ། །དེ་ནས་དགུང་ལོ་ལྔ་བཅུ་སྐོར་དུ་སྤྱིར་ན་གཙང་སྤྲུལ་འདིའི་སྐུ་ཆས་གཟིམ་ གནས་སོགས་ལ་ཆོས་སྐྱོང་གཟའ་རྒོད་མེ་སྟག་གི་རྣམ་པ་དུས་དུས་སུ་རང་གཞན་རྣམས་ཀྱི་ མཐུན་སྣང་དུ་རྒྱུན་མི་ཆད་པ་ངེས་པར་བྱུང་བ་སོགས་ཀྱི་མཛད་སྒོ་གཞིར་བཞག་གི་སྟེང་ནས་ ཕྲིན་ལས་ཀྱི་མཛད་ཚུལ་གཞན་མ་ཡང་འདི་ལྟ་སྟེ། ཉིན་གཅིག་འཛི་ཀའི་སྟོད་ཕྱོགས་ཚ་ཁའི་ བྲག་དམར་དགོན་ནས་བླ་མ་ནུས་ལྡན་ཞིག་གློ་བུར་བོར་སོང་བའི་དོན་ལ་གཞན་བླ་སྤྲུལ་དུ་ མ་གདན་འདྲེན་དེའི་ཁྱིམ་ཚང་གིས་བྱས་ནས་ཐུགས་བརྟག་ཞུས་ན་ཐམས་ཅད་ཀྱིས་བླ་རྒན་ བོར་བ་དེ་ཉིད་གསོན་པོ་ཡིན་ཆོག་ཚུལ་ཙམ་ལས་གསལ་བར་ཐུགས་ཐག་གང་ཡང་མ་ཆོད་ པའི་སྐབས་སུ་གཙང་སྤྲུལ་འདི་ཉིད་དྲངས་ནས་ཁོང་གིས་དེ་ལུགས་ཀྱི་ཐུགས་བརྟག་མཛད་ པ་ན་བྱ་སྤུ་འགེབས་ཅིག་གི་འོག་ན་བླ་རྒན་དཔྱང་ཡོད་ཚུལ་གསལ་བོས་ཤི་ཐག་བཅད་ནས་ དེ་ལུགས་གཤིན་ཆོག་མཛད་ཅིང་ཡོན་འབུལ་བག་ཚ་བ་མེད་པར་བླངས་ནས་དེ་ལྟར་ཐུགས་ ཐག་བཅད་པ་ཇི་བཞིན་རྗེས་སོར་ཐོག་ཏུ་ཁེལ་ཏེ་ནགས་ཤིག་གི་འོག་ནས་བླ་རྒན་གྱི་རོ་རང་ གིས་སྐེ་འགེགས་བཞིན་པ་མངོན་གསལ་དུ་རྙེད་པ་དང༌། ཡང་བར་སྐབས་ཤིག་ཏུ་གཙང་བ་ འདི་གྲྭ་འཁོར་བཅས་ལི་ལྔ་བའི་ཚོ་སྡེའི་འབྲོག་རུ་ཞིག་ཏུ་གདུལ་བྱར་ཕེབས་སྐབས་དེར་མི་ ཁྱིམ་ཞིག་གི་བཟའ་མི་ཨ་ལྕོ་ཟེར་བ་ཁོ་རང་ཡུལ་དུ་སོང་ནས་རིང་ཞིག་འགོར་སོང་བ་ཅི་ཡིན་ ཆ་མ་ཕྱེད་པའི་སྐབས་གཙང་བ་གྲྭ་འཁོར་མི་ཁྱིམ་དེས་གདན་འདྲེན་བྱས་ཏེ་ཐུགས་བརྟག་ ཞུས་ཚེ་ཁོང་གིས་ཤོག་འགུགས་མཛད་སྐབས་གྱི་ཐུགས་སྣང་ངོར་ལུང་པ་ཞིག་གི་ནང་དུ་ཨ་ ལྕོ་དེ་ཉིད་ཁ་ཁྱིམ་ཕྱོགས་སུ་འཁོར་ནས་ལྭ་བ་དཀར་པོ་ཞིག་གོན་གཞིན་ཉལ་བའི་ངང་ནས་ 2-1-414 ཤི་སོང་བ་ཞག་མང་ལོན་ཏེ་ད་ལན་རོ་དེ་བྱ་ཁྱིས་མ་ཟོས་ཀྱང་འབུ་མང་པོ་ལུས་ལ་ཞུགས་ ནས་ནང་ཁོང་སྟོང་བ་ཙམ་དུ་སོང་ཡོད་པ་སོགས་དེའི་གནས་ཚུལ་ཇི་བཞིན་པ་ཐུགས་ཉམས་ གསལ་སྣང་དུ་མངོན་སུམ་མཐོང་བ་བཞིན་བྱུང་བ་དེ་ལུགས་ལྟར་ཉིད་ཀྱིས་མི་ཁྱིམ་དེ་ལ་ ཞིབ་རྒྱས་སུ་གསུང་བའི་སྒོ་ནས་སླར་ཡང་གཤིན་ཆོག་ཀྱང་གཟབ་ལྡན་མཛད་དེ་ཡོན་འབུལ་ དོགས་པ་མེད་པར་ལེགས་བཞེས་བྱེད་པ་དེ་ཇི་ལྟ་བ་བཞིན་ཕྱིས་སུ་མི་རོ་ལེགས་པར་རྙེད་ བྱུང་བས་ཡུལ་སྡེ་དེ་ཕྱོགས་སུ་མཚན་སྙན་སྔར་ལས་ཆེར་རྒྱས་སུ་སོང༌། གཞན་ཡང་བུད་མེད་ ཁོག་ཏུ་བྱིས་པ་ཡོད་བཞིན་ཤི་སོང་བ་འགའི་སྔས་མགོར་གཙང་བ་འདི་ཕེབས་སྐབས་རྣམས་ སུའང་རྣམ་ཤེས་མ་བུ་གཉིས་ཀྱི་རྣམ་པ་གསལ་བོར་ཐུགས་སྣང་དུ་བྱུང་བས་མི་ཁྱིམ་སྦྱིན་ བདག་གིས་གནས་ཚུལ་གསང་བར་བྱས་ཀྱང་སྤྲུལ་སྐུ་ཁོང་གིས་ཇི་བཞིན་མངོན་ཤེས་ཀྱིས་ གཟིགས་པས་གསང་ཐབས་མེད་པ་ཡང་ཡང་བྱུང་བ་སོགས་དེ་འདྲ་ཆེས་མང་གི་ལོ་རྒྱུས་ ཡོད། འདི་སྐོར་ནས་བཟུང་ཁོང་གིས་སྔགས་འཆང་མཆོག་གི་བརྟུལ་ཞུགས་སྤྱོད་བཞིན་ དབང་ཆེན་ཧེ་རུ་ཀ་དང་གཉིས་སུ་མེད་པའི་ཚུལ་གྱིས་འགྲོ་ཕན་སྤྱི་དང་ཁྱད་པར་ས་བདག་ གཏད་དཀྲུགས་གི་གཏོ་སྒྲུབ་སོགས་ཀྱི་སྒོ་ནས་དྲག་པོ་མངོན་སྤྱོད་ཀྱི་རྣམ་པ་གཙོ་བོ་དང་ གཤིན་པོ་རྗེས་འཛིན་གྱི་མཛད་སྒོ་སོགས་གང་ལ་གང་འདུལ་གྱི་བསྟན་འགྲོའི་དོན་གྱི་ཕན་ པ་རླབས་པོ་ཆེ་སྒོ་ཀུན་ནས་རྒྱ་ཆེ་བ་མཛད་པ་ལས་རང་རེའི་དགོན་ལག་རྔ་ཡུལ་གྱི་སེ་དགོན་ པའི་ཆོས་སྡེ་ལ་སྲུང་རིམ་ཆེད་གཙང་བ་ཁོང་གྲྭ་འཁོར་བཅས་ལེགས་ཕེབས་མཛད་དེ་དགོན་ དེར་གཙང་བ་འཁོར་བཅས་ཀྱིས་ས་བདག་གཏད་དཀྲུགས་གི་གཏོ་སྒྲུབ་ཞག་བདུན་ཕྲག་ཏུ་ མཛད་སྐབས་ཉིན་གསུམ་པའི་དུས་ན་སྤྱིར་དེ་སྐབས་ཆར་ཆུ་དཀོན་ཞིང་གནམ་ཐང་གི་དུས་ ཡིན་ན་གློ་བུར་དུ་དགོང་མོ་ཙམ་ནས་ནམ་མཁར་སྐད་ཅིག་ལ་སྤྲིན་ནག་ཆེས་རྔམ་ཞིང་ཟིལ་ ཆེ་བ་འབྲུག་སྒྲ་གློག་ཞགས་ཀྱི་སྣང་བས་ཡིད་གཟེང་པར་བྱེད་བཞིན་པའི་ངང་ནས་དྲག་པོའི་ 2-1-415 སེར་རྒོད་རྦ་ཀླུང་གི་རྣམ་པས་ས་གཞི་རི་ལུང་ཀུན་ཤུགས་ཆེན་པོས་མཉམ་པར་བརྡལ་བ་དང་ ཆབས་གཅིག་གནམ་ལྕགས་ཞུན་མའི་མེ་ཆར་དབལ་ཟུར་རྣོ་བ་མི་བཟད་པ་བདུན་ཕྲག་ཙམ་ སྐད་ཅིག་ལ་ལྷུང་བས་སེ་དགོན་ཕ་རོལ་ཀྱིས་གཏད་དུ་བཅུག་པའི་ས་གནད་རྟེན་སོགས་ གཏིང་ནས་དཀྲུགས་ཤིང་བརླག་པར་མཛད་པའི་མཚན་རྟགས་གྲགས་ཆེ་བ་དེར་གནས་ཀུན་ གྱི་མཐུན་སྣང་དུ་བསྙོན་མེད་བྱུང་ལ། དེ་འདྲའི་ཚུལ་གྱིས་ཉིད་དགུང་གྲངས་ང་གསུམ་སྐོར་ ནས་བཟུང་ལོ་དུ་མ་ཞིག་གི་རིང་གཙང་བ་འདི་ཉིད་ཀྱིས་ཕྱོགས་རྣམས་སུ་ཕེབས་བཞུད་ཀྱི་ སྒོ་ནས་མཛད་ཆེན་གཞན་གྱི་གནང་སྒོ་ཡང་སྐབས་ཤིག་ཏུ་གཙང་བ་དཔོན་སློབ་རྔ་ཡུལ་ འབྲོག་དགེ་དགོན་དུ་ཕེབས་ནས་དེར་འབྲོག་སྤྲུལ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོའི་ ཞབས་བརྟན་ལ་ཁོང་གིས་ཡི་དམ་རྟ་མགྲིན་གྱི་གཏོ་ཞག་གསུམ་མར་མཛད་པས་ཕ་རོལ་ བོན་ཕྱོགས་ཀྱི་གཞི་བདག་གི་འོག་ན་མནན་གཏད་ཡོད་པ་མེ་དཔུང་ཆེན་པོས་གཞི་བདག་དེ་ ཉིད་གཞོབ་ཏུ་བཏང་བའི་སྒོ་ནས་མནན་གཏད་དེ་ཉིད་གཏིང་ནས་དཀྲུགས་བཞིན་མཐིལ་ འདོན་དུ་མཛད། དེ་ནས་རྔ་བའི་རྩི་ནང་དགོན་དུ་གཙང་བ་དཔོན་སློབ་ཀྱིས་གཏད་དཀྲུགས་ མཛད་པས་དགོན་དེ་ལ་གནོད་པའི་ཀླུ་གཏད་ཅིག་ལེགས་པར་ལོན་ངེས་ཀྱི་དགེ་མཚན་བྱུང་ ཞིང་དེ་རྗེས་ཨ་དཔའ་དགོན་གྱི་བསྲུང་རིམ་ལ་གཙང་བ་གྲྭ་འཁོར་གྱིས་ཡི་དམ་རྟ་མགྲིན་གྱི་ སྒོ་ནས་ལེགས་ཕན་མཛད་སྐབས་ཉིན་ཞིག་ཁོང་གི་ཞལ་སྔ་ནས། རང་གི་སྔོ ན་གྱི་སྐྱེས་རབས་ ཁ་བ་ཅན་དུ་བོད་རྒྱལ་གྱི་ཐོག་མ་གཉའ་ཁྲི་བཙན་པོ། གུ་རུ་པདྨའི་ཞལ་ཟིན་ལྷ་སྲས་མི་ཁྲི་ བཙན་པོ། ཁྲ་མོ་གླིང་དུ་སྟག་རོང་ཁྲོ་ཐུང་རྒྱལ་པོ་སྟེ་བསྟན་ལ་ཕན་པའི་རྒྱལ་པོ་གསུམ་དང༌། རྒྱ་ནག་ཡུལ་དུ་སྡིག་གཟུགས་ཏ་སི། སྐོང་ཡུལ་སྟོད་དུ་ཤན་པ་བཟང་ལྡན། ལྷ་ལྡན་ཕྱོགས་སུ་ ཤན་པ་ཀུན་རྒྱལ་ཏེ་བསད་པ་འདྲེན་ནུས་གསུམ་དང༌། རྒྱལ་རོང་དཔོན་བླ་སྙིང་པོ་སྣང་ མཛད། རྡོ་ཡུལ་གྱི་གྲུབ་ཆེན་ཀུན་བཟང་གཞན་ཕན། སྙིང་ཐིག་གི་བསྟན་པའི་སྲོ ག་འཛིན་ 2-1-416 ཕུན་ཚོགས་འབྱུང་གནས་ཏེ་བསྟན་འཛིན་སྐྱེས་བུ་གསུམ་སོགས་སྔོན་བྱུང་སྐུ་ཕྲེང་བཞི་བཅུ་ ཙམ་དྲན་ཚུལ་དང་དེ་ལུགས་ལྟར་ལས་རགས་རིམ་ཙམ་གྱི་སྐུ་ཕྲེང་གསོལ་འདེབས་རེ་ཡང་ གསུང་རྩོམ་ཡང་མཛད། དེ་སྐབས་རྟ་མགྲིན་སྦྱིན་སྲེ ག་གི་ལས་སྦྱོར་གྱི་དུས་ན་དེར་གནས་ དག་གི་མཐུན་སྣང་དུ་ཧོམ་ལ་མེ་དཔུང་རང་འབར་མངོན་གསལ་གྱིས་བྱུང་བས་ཀུན་སྣང་བ་ ཧ་ལས་པའི་ངོ་མཚར་སྐྱེས་ཤིང་ཡུལ་དེ་ཕྱོགས་ཀྱི་གཙང་བ་ལ་མཚན་སྙན་སྔར་ལས་ལྡིར་ བཞིན་དགེ་མཚན་གྱི་གྲགས་པ་རྒྱ་ཆེར་སོང༌། དེ་ནས་ཕྱིས་ཤིག་ཏུ་ཡལ་འགོའི་སང་ལ་གཙང་ བ་འཁོར་བཅས་ཀྱིས་གཏད་དཀྲུགས་མཛད་པས་དེ་དག་ལ་ཕ་རོལ་གྱིས་མནན་གཏད་བྱས་ པའི་མགོན་ཁང་གཉན་ཆ་ཅན་ཞིག་མེ་དཔུང་གིས་གཞོབ་ཏུ་བཏང༌། ཡང་དེའི་ཕྱིས་སུ་རྔ་ ཡུལ་གྱི་འབྲོག་དགེ་གོང་མ་ལ་བསྲུང་རིམ་དུ་གཙང་བས་གཏད་དཀྲུགས་མཛད་པས་གཞན་ གང་དག་གིས་མནན་གཏད་ཀྱི་གཞིའི་ས་ཁྱོན་ཞིག་འཕྲལ་དུ་ཆུ་ལོག་རྦ་ཀླུང་གི་ཤུགས་ཆེ་བ་ བྱུང་བས་ས་ཁྱོན་དེ་ཉིད་ཕྱགས་ཤིང་མནན་གཏད་གཏིང་ནས་དཀྲུགས་པར་མཛད་ལ། དེ་ རྗེས་ཙམ་ན་གཙང་བ་འཁོར་བཅས་ཨ་བསེ་བ་སོགས་ཀྱི་འབྲོག་སྡེར་བྱོན་སྐབས་རྒད་པོ་ ཞིག་ཤི་བའི་སྔས་མགོར་ཁོང་རྣམས་ཀྱིས་འཕོ་ལུང་མཛད་པས་རོ་མགོའི་སྐྲ་རྣམས་ཕཊ་སྒྲ་ དང་མཉམ་དུ་དངོས་སུ་ཕྱོགས་ལ་འཐོར་ཞིང་ནག་ཚུབ་ཀྱིས་འཕེན་འགྲོ་བ་དེར་གནས་དག་ གི་མཐོང་ཆོས་སུ་གྱུར་ཅིང་ཨ་བསེ་པ་ལ་ཁོང་དག་གིས་གཏད་དཀྲུགས་མཛད་པས་མནན་ གཏད་ཡོད་པའི་ས་ཕྱོགས་རྟེན་བཅས་འཕྲལ་དུ་གནམ་ལྕགས་མེ་ཆར་གྱིས་བསྲེག་བསྣུན་ དང༌། ཆུ་ལོག་ཤུགས་བཙན་པོའི་ཀླུང་རྦབ་ཀྱིས་གཏན་བཤིག་གི་སྒོ་ནས་དེ་དག་ལ་གནོད་ པའི་མནན་གཏད་གཞི་ནས་དཀྲུགས་པ་དང༌། བར་མཚམས་ཞིག་ཏུ་གཙང་བ་གྲྭ་འཁོར་ བཅས་ཤུགས་ཆུང་མཁའ་འགྲོ་ཀུན་བཟང་ཆོས་ཀྱི་སྒྲོལ་མའི་སྐུ་མདུན་དུ་ཕེབས་ལམ་ནུབ་ ཅིག་ཏུ་གཙང་ཆེན་སྔགས་འཆང་ཉིད་ཀྱི་ཐུགས་སྣང་དུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་བུད་མེད་ 2-1-417 རྒྱན་ལྡན་ཞིག་གི་རྣམ་པར་བྱུང་བ་དེའི་ཕྱག་ནས་མཆོང་གི་སྒྲོམ་བུ་མཛེས་པ་ནོར་བུའི་ དབྱིབས་ཆེ་ཆུང་མཐེ་བོང་ཙམ་པའི་ནང་དུ་དབང་ཆེན་གྱི་ལས་ཚོགས་ཡོད་པ་དེའི་མིང་ལ་ དཀར་ཁྲ་མིན་ནོར་གྱི་བང་མཛོད་ཅེས་ཟེར་བའི་གཏེར་རྫས་ཁྱད་མཚར་ཅན་ཞིག་གཙང་བ་ ཉིད་ལ་དངོས་སུ་འབུལ་བ་བྱུང་ཞིང་དེ་རྗེས་ཤུག་ཆུང་མཁའ་འགྲོ་དང་མཇལ་ཕྲད་ཀྱི་སྐབས་ རྣལ་འབྱོར་མ་དེ་ཉིད་ཀྱིས་ཐུགས་ལེགས་དགྱེས་ཀྱི་ངང་ནས་ཞལ་གསུང་མགུར་མ་རང་ ཤུགས་ཀྱིས་བྱུང་བ་ལས་གཙང་བ་འདི་ཉིད་ཀྱིས་སྔོན་དང་ཕྱི་མཐའ་ཀུན་ཏུ་རླབས་ཆེན་འགྲོ་ བ་འདྲེན་པའི་ཚུལ་ལས་བརྩམས་ཏེ་སྔོན་རབས་ཁྱད་འཕགས་ཀྱི་སྐུ་ཕྲེང་དུ་མ་བཅས་ཀྱི་ བཀའ་ལུང་གསལ་བོར་ཡང་ཡང་བསྩལ་ཅིང་དེ་ནས་རིམ་པར་ཁོང་དཔོན་སློབ་ཀྱིས་མཛོ་ མོའི་གནས་ཆེན་དུ་དཔའ་བོའི་དགའ་སྟོན་ཚོགས་ཀྱིས་འཁོར་ལོ་རྒྱ་ཆེ་བ་ཞིག་ལེགས་པར་ འཛོམས་ན་དེ་དུས་སུ་སྔར་གྱི་གཏེར་སྒྲོམ་ལས་ཧེ་རུ་ཀའི་ཆོས་སྐོར་གྱི་ལས་ཚོགས་མང་པོ་ བཏོན་ཆོག་པ་ཞིག་གིས་དེང་དུས་སུ་བསྟན་འགྲོ་ལ་ལེགས་སྒོ་འབྱུང་བའི་རྟེན་འབྲེལ་ཞིག་ ཡོད་ནའང་དུས་ངན་གྱི་རང་མཚང་ངར་བའི་རང་རྟགས་དར་ལ་བདོ་དྲག་པ་དང་དེང་དུས་ཀྱི་ སེམས་ཅན་ཚོའི་ལས་བཟང་པོའི་ལྷག་མ་ཙམ་ཡང་བགོ་སྐལ་དུ་མེད་པའི་རྐྱེན་གྱིས་གང་ཐད་ ནས་སྟབས་ལེགས་ཀྱི་གོ་སྐབས་ཀུན་ནས་མ་འགྲིག་ལ། དེ་མ་ཟད་སྔོ ན་གཙང་བ་འཁོར་ བཅས་མགོ་ལོག་གཙང་སྐོར་ཕྱོགས་སུ་གདུལ་བྱར་ཕེབས་དུས་ཤིག་ནས་ཀྱང་ལྡིར་གནས་ ཞེས་པའི་བྲག་དཀར་ངོས་སུ་གཏེར་སྒྲོམ་སྡེར་གང་ཟབ་ཆོས་ཀྱི་སྒོ་སྣ་ཚོགས་པའི་ཕུང་པཽ་ ཞིག་གི་སྐལ་བ་དུས་སུ་བབ་ཀྱང་དེ་ཡང་སྐུ་གཉེར་སོགས་ཀྱི་དབང་གིས་དུས་སུ་ལག་ཏུ་མ་ ལོང་བ་སོགས་མཛད་སྒོ་དེ་འདྲའི་གནས་འགའ་རེ་མཆིས་མོད་སྙིགས་དུས་ལ་ཕན་པའི་བྱ་ ཐབས་གང་ནས་བྲལ་སོང་བའོ། །ཡང་དུས་སྐབས་སྔ་ཕྱི་ཅི་རིགས་པར་གཙང་བ་དཔོན་སློབ་ མགོ་ལོག་ཕྱོགས་སུ་ཨ་མཆོད་སང་ལ་སྲུང་རིམ་གཏད་དཀྲུགས་གི་ཆེད་དུ་ལེགས་ཕེབས་ཀྱི་ 2-1-418 དུས་སུ་ཚོ་སྡེ་དེ་དག་ལ་གནོད་པའི་མནན་གཏད་དེ་ཕྱོགས་ཀྱི་དགོན་པ་ཞིག་གི་འདུ་ཁང་སྒོ་ འབྱོར་འོག་ཏུ་ཡོད་པ་འཕྲལ་དུ་གནམ་ལྕགས་ལྷུང་བས་གཏིང་ལེན་བྱས་ཤིང་ཨ་སྐྱོང་གོང་མ་ སང་ལ་གཏད་དཀྲུགས་གཏོ་སྒྲུབ་དཔོན་སྡེ་དག་ལ་ཕན་ཐོགས་བྱུང་ངེས་ཀྱི་སྲུང་རིམ་ཡང་དེ་ དུས་སུ་མཛད། མགོ་ལོག་ཕྱོགས་ན་ཡོད་པའི་ཏོ་ཙའི་བདེན་སྟོབས་ཀྱི་མ་རྒན་ཤི་གསོན་ཆ་ མ་ཕྱེད་པའི་སྐབས་ཉིད་ལ་ཐུགས་བརྟག་ཞུས་ཚེ་ཁོང་གིས་ཤོག་འགུགས་མཛད་སྐབས་ཀྱི་ ཐུགས་སྣང་ངོར་མ་རྒན་ཤི་བའི་གཤིན་ཆོག་ཏུ་སྤྱན་གཟིགས་ཀྱི་སྤྲུལ་པས་རྣམ་ཤེས་ཐིག་ལེ་ དཀར་པོའི་རྣམ་པར་བཀུགས་པ་ཇི་བཞིན་ཐུགས་ཉམས་གསལ་སྣང་དུ་མངོན་སུམ་མཐོང་ བ་བཞིན་དེ་ལུགས་བུ་ལ་ཞིབ་རྒྱས་སུ་གསུངས་པའི་སྒོ་ནས་སླར་གཤིན་ཆོག་གཟབ་ལྡན་ མཛད་པས་ཡོན་འབུལ་ཡང་བཞེས་པའི་ཕྱིའི་དེ་ལུགས་ཐོག་ཁེལ་དུ་སོང་བས་སྔར་གྱི་རྒན་ མོའི་སྔས་པ་དེ་ཚེས་བཅུའི་སྐུ་རིན་ཆེན་གྲགས་པ་ཡིན་ནོ། །དེ་དག་གི་རྗེས་གཙང་བ་དཔོན་ གཡོག་རང་ཡུལ་དུ་བྱོན་པའི་དུས་རྨ་ཆུ་ལ་དར་ཆགས་མེད་ཀྱང་ཁོང་རྣམས་ཀྱིས་བསང་ གསོལ་ཞིག་བྱས་པའི་མོད་ཕྱི་ཉིན་དར་འགྲོ་ལམ་ཙམ་ཆགས་སོང་བ་དེའི་སྟེང་ནས་ཁོང་ དཔོན་སློབ་བྱོན་རྗེས་ཙམ་ནས་སླར་དར་ཟམ་དེ་ཉིད་རང་ཆད་ལ་སོང་སྐད། དེ་རྗེས་ཕྱིས་ ཤིག་ན་རྔ་ཡུལ་སེ་དགོན་པའི་ཆོས་སྡེ་ལ་མཛེ་ནད་བྱུང་བ་མང་རྐྱེན་དེ་དག་གི་ཆེད་དུ་དགོན་ དེས་གཙང་བ་གྲྭ་འཁོར་གདན་འདྲེན་ཞུས་སྐབས་སུ་ཁོང་དཔོན་སློབ་ཀྱིས་གཏད་དཀྲུགས་ གཏོ་ཆོག་བསྡུས་པ་ཙམ་མཛད་པས་ས་གཡོ་བ་སོགས་ས་བདག་དགའ་བས་དང་བླང་གིས་ ཀླུ་གཏད་ལེགས་སྦྱིན་གྱི་རྟགས་མཚན་ཆེར་བྱུང་ཞིང་གཏེར་སྒྲུབ་དང་རྟ་མགྲིན་སྒྲུབ་ཆེན་ ལེགས་མཛད་ཀྱི་དུས་སུ་སྦྱིན་སྲེག་སྐབས་ཀྱི་འགུགས་པའི་དུས་རླུང་འཚུབས་འཇིགས་སུ་ རུང་བ་མེ་ཧོམ་ལ་ཡང་ཡང་ཐིམ་པ་དེར་གནས་དག་གི་མཐུན་སྣང་དུ་བྱུང་ཞིང་གཏོར་ཟོར་ སྐབས་སེ་དགོན་ལ་ངོ་ལོག་པའི་མི་བློན་ཞིག་གི་བུ་ལ་མེ་མདས་ཕོག་པས་ཤི་ལ་ཁད་དུ་གྱུར་ 2-1-419 པ་གཙང་བ་ལ་སྐྱབས་པས་སླར་སྲོག་རྙེད་ཀྱི་བདེ་སྐབས་ཐོབ་པས་བློན་དེ་ཉིད་ཀྱིས་སེ་ དགོན་ལ་དེ་ཕན་གཙུག་གིས་བཀུར་བར་བྱས་ཤིང༌། དེ་ཕྱོགས་སུ་མི་ཁྱིམ་ཞིག་གི་བུ་རྗེས་ སོར་གཉན་ནད་ཀྱིས་ཐེབས་པར་འགྱུར་བ་སྔོ ན་ནས་མཁྱེན་པའི་གསུང་ཟུར་དང༌། སེ་དགོན་ ལ་ད་ཕན་རིམ་གྲོ་རྟ་ཕྱག་ཁྱུང་གསུམ་གྱི་དུང་འཁོར་དང༌། རྟ་མགྲིན་སྐུ་བརྙན་ལུགས་མ་ གསར་བཞེངས་སོགས་ཀྱི་རྐྱེན་སེལ་སྒྲུབ་ན་མཛེ་ནད་རྒྱུན་ཆད་པའི་བཀའ་ལུང་གསལ་བོར་ བྱུང་བ་ལྟར་རྗེས་སོར་དེ་ཁོ་ན་བཞིན་ཐོག་ཁེལ་དུ་སོང་བ་སོགས་མཛད་སྒོ་དེ་འདྲ་གཞན་ཡང་ མང་ཙམ་བདོག་པ་ལ་སོགས་པས་མཚོན་གཙང་སྤྲུལ་འདི་ཉིད་ལ་རླབས་ཆེན་གྱི་མཛད་པ་ ཕྲིན་ལས་ཆེས་ཁྱད་འཕགས་ཤིན་ཏུ་མང་བའོ། །དེ་རྗེས་མི་རིང་བ་ན་རང་གནས་སུ་བཞུགས་ སྐབས་ཤིག་ལ་ཉིན་གཅིག་ཁོང་གྲྭ་སློབ་འབྲོག་རི་འགའ་ཞིག་ཏུ་ཕེབས་དུས་དགེ་སློང་བཙུན་ པ་ལྔའི་གཟུགས་འཛིན་པ་གསེར་ཞྭ་ཆོས་གོས་སོགས་ཀྱི་ཆས་ལྡན་དེ་དག་གིས་ཕན་ཚུན་ གནས་གཞི་ཞིག་ལ་སྐོར་བ་བྱེད་པ་ཁོང་ལ་མཐོང་སྣང་བྱུང་བས་དེ་དག་ལ་ཐུགས་ཅུང་ཙམ་ གཡེང་རྐྱེན་གྱིས་གླགས་རྙེད་དེ་མཚམས་དེ་རྗེས་སུ་ཁོང་གྲྭ་འཁོར་འཛི་རོང་ལ་ཕེབས་སྐབས་ ཆིབས་རྟས་འཕངས་རྐྱེན་དེ་མ་ཐག་གསོལ་ཆང་བཞེས་པས་ཅི་ཡང་མ་ཉེས་པ་ལྟ་བུ་ཡིན་ཡང་ དེ་ནས་རང་གནས་གཟིམ་ཁང་དུ་སླེབས་ཟིན་ནས་བཟུང་རྐྱེན་དེ་ཉིད་ལ་བརྟེན་སྐུ་ཧ་ཅང་ བསྙུང་དྲག་པས་ཐུགས་འཆི་བ་འོད་གསལ་གཉུག་མའི་དབྱིངས་སུ་རང་གཤིས་བདེ་ཆེན་དང་ རོ་མཉམ་དུ་ཞུགས་ཏེ་ཐུགས་དགོངས་དེའི་དབྱིངས་སུ་གཤེགས་ལ་ཁད་དུ་གྱུར་པ་ན་ཡུམ་ གྱིས་བསྐུལ་མ་དྲག་པོས་སླར་འོད་གསལ་དེ་ཉིད་ལས་བཞེངས་པར་མཛད་ལ། དེ་ནས་ཁོང་ གིས་སྐུ་ལུས་བཀོད་པ་གསུམ་སྤྲུལ་ཏེ་ངེས་མེད་ཀྱི་གནས་རྣམས་སུ་གབ་ཚུལ་གྱིས་བཞུགས་ པ་ལས་སྤྲུལ་གཞི་དངོས་དེ་རོང་ཡུལ་ཕྱོགས་ཀྱི་སྒྲོལ་མའི་གནས་བྲག་ཅིག་ཡོད་པ་དེ་དང་ཧ་ ཅང་མི་རིང་བར་ཕ་བོང་ཞིག་གི་ཁར་བཞུགས་ཏེ་ཁོང་གིས་སྒྲོལ་མའི་མཎྜལ་བཞི་པའི་མཆོད་ 2-1-420 ཆོག་གསུངས་པ་ལས་འཕགས་མའི་མཎྜལ་ཐ་མའི་དུས་ཀྱི། སྐུ་ལས་བདུད་རྩིའི་ཆུ་རྒྱུན་ བབས། ཞེས་པའི་སྐབས་སུ་གནས་བྲག་གི་གྲུབ་ཆུ་རྒྱང་རིང་པོ་ནས་ཁོང་ཉིད་ཀྱི་ཐོག་ཏུ་ལུད་ པས་སྐུ་ལུས་བཀྲུས་པས་དེ་མ་ཐག་སྔར་གྱི་མི་བདེ་བའི་བསྙུང་ནད་ཀྱི་རྣམ་པ་གང་ཡོད་ ཐམས་ཅད་གཞི་ནས་སངས་དྲག་ཏུ་སོང་སྟེ་དེ་ཕན་ལོ་ཁ་ཤས་ཀྱི་རིང་དུ་སྤྲུལ་པའི་སྐུ་ཉིད་ མགོན་མེད་པའི་འགྲོ་བ་སྙིགས་དུས་ཀྱིས་མནར་བ་རྣམས་གྱི་མགོན་དུ་ལེགས་བཞུགས་ མཛད་ངོས་ནས་བསྟན་དང་འགྲོ་བ་གང་དག་ལ་ལེགས་ཚོགས་ཀྱི་སྒོ་ཅིར་ཡང་སྤེལ་བཞིན་ བཞུགས་ལ། དེ་ནས་སྐབས་ཅི་རིགས་པར་གཙང་བའི་གྲྭ་ཚང་གི་འདུ་ཁང་ཡང་བཞེངས་ཀྱི་ སྐབས་སུ་དེའི་ཆ་རྐྱེན་ཐད་ལ་རྗེ་གཙང་སྤྲུལ་གང་ཉིད་ཀྱིས་ཐུགས་འགན་གནང་སྟེ་ཁོང་ དཔོན་སློབ་སྒར་གྱི་རྣམ་པ་ཆེ་བ་དང་བཅས་མགོ་ལོག་ཕྱོགས་སུ་གདུལ་བྱ་ལ་ཕེབས་དགོས་ བྱུང་བས་དེ་དུས་སུ་ཐོག་མར་རྨ་ཉིན་ལ་ཞབས་ཀྱིས་བཅགས་སྐབས་ཀ་བཞི་ཚང་མི་ཁྱིམ་ ཞིག་གི་རྒན་མོ་ཁྱི་སྨྱོན་གྱིས་རྨུགས་པས་སྨྱོ་ནད་ཀྱི་གཞི་བཞག་པ་ལ་ཆེས་འཇིགས་པའི་སྒོ་ ནས་རྒན་མོ་དེ་ཉིད་ཀྱིས་གཙང་བ་ལ་སྐྱབས་ཞུས་པས་ཁོང་གིས་སྔོན་དགུང་ལོ་བཞི་བཅུའི་ སྟོད་ཅིག་ནས་རྒྱུན་ལྡན་དུ་སྦྱིན་སྲེག་ཚོགས་འཁོར་གྱི་ཚུལ་དུད་ཆང་གསོལ་བཞེས་མཛད་པ་ ལགས་ན་འདིར་དེ་ལུགས་ལྟར་ཁོང་གིས་རྒན་མོ་དེ་ལ་གསོལ་དུད་ཀྱི་ཚག་རོ་གནང་སྟེ་ཟར་ བཅུག་པས་དེ་མ་ཐག་ཁ་ནས་ཁྱིའུའི་གཟུགས་སྐྱུག་ནས་སྨྱོ་ནད་གཏིང་སྤྲུགས་བྱས་པས་དེར་ གནས་རྣམས་ཧ་ལས་པའི་ངོ་མཚར་སྐྱེས་སྐད། དེ་རྗེས་སུ་ཆོས་སྐོར་ཚོ་སྡེ་ལ་འགོ་བའི་ཡམས་ ནད་ཆེ་བ་བྱུང་བས་མི་མང་ཙམ་ཁ་བཏགས་སོང་བའི་ཚེ་གཙང་བ་དཔོན་སློབ་དེར་ཚོ་སྡེ་གང་ དག་གིས་གདན་འདྲེན་མཛད་ནས་ཁོང་རྣམས་ཀྱིས་གསོན་པོ་དག་ལ་ཁྲོ་རྒྱལ་སྨཻ་བརྩེགས་ཀྱི་ རྗེས་གནང་དང་གཤིན་པོ་རྣམས་ལ་ཁྲུས་ཆོག་འཕོ་ལུང་མཛད་པས་དེ་ཕན་ཡམས་ནད་ གཏན་ཆད་དུ་སོང༌། ཡང་རི་མང་ཚང་ནས་སྨན་པ་བློས་ཕུན་ཟེར་བ་ཚོང་ལ་སོང་ལམ་ཇག་ 2-1-421 པས་བསད་པ་ལ་གཙང་བས་རྟེན་འགུགས་བསུར་འཕོ་མཛད་པས་གཤིན་པོ་དེ་ཉིད་ཡི་ དྭགས་འདྲེ་རིགས་སུ་སྐྱེས་པ་མི་ལོ་གསུམ་ཙམ་ལས་འདུག་མི་དགོས་པའི་ཕན་ཐོགས་ངེས་ པར་བྱུང་ལ། ཡང་ཨ་མཆོད་སང་ལ་ཤར་བ་ཟེར་བའི་དུད་ཚང་ཞིག་ཡོད་པའི་རྒད་པོ་ཁྱི་སྨྱོན་ གྱིས་བཟུང་བ་སྔགས་དང་ལྷ་བ་སོགས་ཀྱིས་རིམ་གྲོ་རྒྱ་ཆེར་མཛད་རྗེས་གཙང་བའི་མདུན་ ནས་ཐུགས་བརྟག་ཞུས་ཚེ་ཁོང་གིས་དེ་མི་འཚོ་བའི་ཐུགས་ཐག་བཅད་པ་ལྟར་ཕྱིས་སུ་རྒད་ པོ་དེ་ཉིད་སྨྱོས་ཏེ་རང་ཁྱིམ་གྱིས་གཟའ་མི་དག་ལ་རྨུགས་པ་སོགས་དང་བཅས་ཤི་སོང་རྗེས་ སུ་གཙང་བ་འཁོར་བཅས་མི་ཁྱིམ་དེས་གདན་འདྲེན་བྱས་ནས་ཁོང་དག་གིས་གསོན་ལ་ སྐྱབས་འཇུག་དང་གཤིན་ལ་ཁྲུས་ཆོག་མཛད་ནས་ད་ཕན་ཤུལ་འདུག་བཟའ་མི་དག་ལ་སྨྱོ་ ནད་ཀྱི་དོགས་མི་དགོས་པའི་ཐག་བཅད་པ་ཇི་ལྟ་བ་བཞིན་རྗེས་སོར་དེ་ལུགས་བཞིན་དུ་ གྱུར་པ་སོགས་དེ་འདྲའི་མཛད་ཁྱད་འདྲ་མིན་གྱི་སྒོ་ནས་མགོ་ལོག་དེ་ཕྱོགས་ཀྱིས་དངོས་རྫས་ ཀྱི་འབྱོར་བ་ཆེས་མང་བདོག་པ་ཐམས་ཅད་གྲྭ་ཚང་འདུ་ཁང་བཞེངས་པའི་ཆ་རྐྱེན་དུ་ཁོང་ གིས་ལེགས་འབུལ་མཛད་ཅིང་སྤྱིར་ན་ཡམས་ནད་ངན་པ་དང་གདོན་གྱི་འཚེ་བ་གང་ཆེ་ལ་ བག་ཚ་བ་དང་ཉམས་ང་གང་ཡང་མེད་པ་མ་ཟད་གནད་དེ་འདྲ་ལ་གཙང་བ་འདི་ཉིད་ནམ་ ཐུག་ཚེ་སྐུ་གཟི་བརྗིད་དང་བཀྲག་མདངས་སྔར་ལས་བཟོད་པར་དཀའ་བའི་གནས་སུ་ངེས་ པར་འགྱུར་འགྲོ་བ་བསྙོན་དུ་མེད་པ་སོགས་ཀྱི་ཆེ་བའི་མཛད་ཁྱད་དུས་དུས་སུ་ངོམ་པ་དང༌། གཞན་སྐྱེས་ཆེན་རིགས་མཐོན་དང་དམ་པ་ཉེར་ཞིར་གཟིགས་པ་སོགས་ཀྱི་ཚེ་གཙང་བ་ཁོང་ ལ་ཐུགས་སྣང་དག་པ་ངེས་པར་བྱུང་བའི་ལོ་རྒྱུས་མང་ཙམ་བཤད་དུ་ཡོད་ཅིང་གཙང་བ་གང་ ཉིད་ཀྱིས་གཞན་ཡང་གཙང་གྲྭའི་འཚོགས་ཟངས་ཆེ་བ་གཉིས་ལེགས་བླུས་དང་གཙང་བ་ སྒར་ཁོག་གི་ནང་རྟེན་གྱི་རིང་བསྲེལ་ཁྱད་འཕགས་རྣམས་དང་གསེར་ཁང་དུ་སྐུ་གསུང་ ཐུགས་རྟེན་སྔར་མེད་ཆེས་མང་པོ་བཞེངས་བླུས་ཅི་རིགས་དང་གོང་མའི་གདུང་རྟེན་རྣམས་ལ་ 2-1-422 ཞིག་གསོས་དང་སིལ་སྙན་དང་གྱང་སྒང་རོལ་ཆ་སྐད་གྲགས་ཅན་དང་གཏོར་འཆམ་གྱི་འདྲ་ འབག་གོས་ལྭ་སོགས་སྒོ་གང་ཐད་ནས་གཙང་བ་གྲྭ་ཚང་བཅས་ལ་མཛད་སྒོ་དེ་འདྲ་ཆེ་བའི་ ཕན་པ་རླབས་ཆེན་སྒྲུབ་པའི་བཀའ་དྲིན་ངེས་པར་ཆེ་བ་ནི་ཆེས་དཀོན་པ་ལྟ་བུ་ཞིག་ཡིན་ལ། ཁོང་ཉིད་དགུང་ལོ་དྲུག་ཅུ་ལ་ཉེ་སྐོར་ཙམ་ན་གཙང་བ་ཁོང་ཉིད་ཀྱིས་དབུར་བཞུགས་མཛད་ ནས་གྲྭ་ཚང་ཡོངས་ཀྱི་བླ་ཆེན་མང་འདུས་བཅས་ཀྱིས་སྲུང་རིམ་སྤྱིའི་དབང་དུ་བྱས་ཏེ་ས་ བདག་གཏད་དཀྲུགས་གི་གཏོ་སྒྲུབ་ཆེ་བ་ཞག་བདུན་ཕྲག་ཙམ་ལ་ལེགས་མཛད་ཀྱི་དུས་སུ་ གཙང་བ་བླ་འཁོར་བཅས་ཀྱི་ཐུགས་སྣང་དུ་མཚོ་གཏད་སོགས་མནན་གཏད་ཆེར་དཀྲུག་གི་ ནང་རྟགས་མཚན་མ་ཆེས་མང་པོ་བྱུང་མོད་ཕྱི་རྟགས་མཐུན་སྣང་དུ་གསལ་བོ་འདི་ཡིན་གྱི་ ངོས་འཛིན་ཆེར་མ་བྱུང་ལ། གཙང་བ་འདི་ཉིད་ཕྱོགས་སུ་བྱོན་སྐབས་རྣམས་ལ་མཚན་མོར་ སྐུ་གཟིམས་པའི་དུས་སུའང་བར་བར་སྐུ་འཁོར་དག་གིས་བྱ་བ་གང་བྱས་གསལ་བོར་ གཟིགས་ཤིང་སྤྱིར་ན་ཁོང་གི་སྐུ་ཚེ་སྨད་ཀྱི་དུས་སུ་བར་བར་ལ་ཉིད་ཀྱིས་མྱོས་བྱེད་བཅུད་ ལྡན་རྭ་སྣོད་གང་བ་དུ་མ་དུས་གཅིག་ལ་ཚོགས་འབུམ་གྱི་ཚུལ་ལྷག་མེད་དུ་གསོལ་ཡང་མྱོས་ ཆ་ཅུང་ཙམ་གྱིས་མ་གོས་པ་དང་མི་བདེ་བ་གང་ཡང་མེད་པར་སྐུ་བདེ་བའི་ངང་ཐུགས་མཁྱེན་ པའི་ཀློ ང་རྡོལ་བ་དང༌། གསོལ་དུད་ཀྱང་ཆེས་མང་པོ་དུས་སྐབས་རེ་ལ་སྦྱིན་སྲེ ག་གི་ཚུལ་ ལེགས་བཞེས་ཚབས་ཆེན་རང་ག་ཕལ་ལས་འདས་པ་ཇི་ལྟར་མཛད་ཀྱང་སྐུ་ལ་མི་བདེ་བ་སྤུ་ ཙམ་མེད་པ་དང༌། ཁོང་ལ་བརྟེན་ནས་གཞན་དག་གིས་སྲོ ག་བཅད་བྱས་ཀྱང་ཉིད་ལ་དེ་དག་ འདྲེན་པའི་དཔའ་གདེང་ཡོད་ཡོད་ཀྱིས་བཞུགས་པ་ལ་ཉམ་མི་ང་བ་དང༌། གཞན་ཡང་སྐུའི་ སྤྱོད་ཚུལ་ཀྱང་བར་བར་སྐུ་ལྭ་ཕུ་དུང་ཅན་གྱོན་པ་དང་ཕྱག་གཡོན་ལ་གདུབ་གོར་གྱིས་བརྒྱན་ ཅིང་དབུ་རལ་བའི་སྐྲ་ཕུད་ཀྱིས་མཛེས་པ་སོགས་གྲུབ་པའི་བརྟུལ་ཞུགས་དཔའ་བོའི་ཆས་ དང་བཅས་ཁོང་གིས་བར་བར་མེ་མདས་མི་ཕྱུགས་སོགས་ལ་གདོན་ནད་གཅོད་པར་མཛད་ 2-1-423 པ་ལ་སོགས་པ་སྣ་ཚོགས་པའི་མཛད་སྒོ་དུ་མ་ཞིག་ཕྲིན་ལས་མ་ངེས་པར་བྱུང་བ་སྟེ་གཙང་ སྤྲུལ་འདི་ཉིད་ཀྱིས་གསུང་རྩོམ་གནང་རིམ་ཡང་རང་གི་ཡི་དམ་རྟ་མགྲིན་གྱི་སྒོ་ནས་དབལ་ ཆུ་སྒྲུབ་ཚུལ་དང༌། ཆོས་སྐྱོང་གཟའི་སྒྲུབ་ཐབས། མངའ་གསོལ། རླུང་རྟ་ཀ་འཛུགས། དགྲ་ མནན་བཅས་དང༌། གཞན་ཡང་གསོལ་འདེབས། གཡང་འབོད་སོགས་ཅི་རིགས་རེ་ཡང་ ཡོད་པ་སོགས་མཛད་སྒོ་དེ་འདྲའི་ཚུལ་གྱིས་བཞུགས་པ་ལ་ལ་ལས་བསྟོད་བསྔགས་དང་ལ་ ལས་སྨད་ར་དམའ་འབེབས་ཇི་ལྟར་བྱས་ཀྱང་དོན་རང་གི་སྡོད་ལུགས་ནི་གསང་ཆེན་སྦྱོར་ སྒྲོལ་གྱི་རྟོགས་ཚད་མཆོག་མངའ་བའི་བརྟུལ་ཞུགས་གྲུབ་པ་མཆོག་གི་མཛད་ཁྱད་ལེགས་ པར་ངོམ་པ་ཞིག་གོ །དེ་ནས་དགུང་ལོ་དྲུག་ཅུ་རྩ་གཅིག་སྐོར་ནས་གཟིམས་ཁང་དུ་ཁོང་ཉིད་ ཆེར་མ་བཞུགས་པར་འཛི་ཉིན་ཕྱོགས་སུ་འབྲོག་སྒར་དང་ས་དམར་དགོན་གྱི་ཡང་དབེན་ སོགས་སུ་མཚམས་སྒྲུབ་གདུལ་བྱ་སྤེལ་མའི་ངང་རྒྱུན་བཞུགས་ལྟ་བུ་ཉིད་ཀྱིས་མཛད་ངོས་ ནས་དགུང་ལོ་རེ་གཉིས་མེ་མོ་བྱའི་ལོར་ཁོང་ཉིད་གཟིམས་ཁང་དུ་ཕེབས་ཏེ་ཞལ་ནས། ད་ ནི་རང་ལ་ཚེ་ཇི་ལྟར་ཡོད་མི་ཤེས་པས་རང་དང་སྐུ་ཚ་བཅས་ཀྱི་རྒྱུ་རྫས་སོ་སོར་དབྱེ་བསལ་ བྱ་དགོས། གསུངས་པ་ལྟར་བྱས་ཤིང་དེ་རྗེས་ཅི་རིགས་པར་བར་བར་རྣམས་སུ་ཁོང་གིས། ནམ་ཞིག་ཞིང་ཁམས་གང་དུ་འགྲོ་ཚུལ་དང་བསྟན་འགྲོའི་དོན་ལ་སྐུ་སྤྲུལ་ཇི་ལྟར་འོང་སོགས་ ཀྱི་བཀའ་འཕྲོས་སྣ་ཚོགས་པ་རེ་ཡང་ཡང་བྱུང་ལ། དེ་ནས་ལོ་དེའི་ཟླ་བ་ལྔ་པའི་ནང་དུ་ཁོང་ གྲྭ་འཁོར་བཅས་འཛི་སྟོད་དུ་ཕུར་དགྲ་ཤི་བའི་གཤིན་ཆོག་ཏུ་ཕེབས་སྐབས་རང་དང་འཕྲད་ དེ་ཁོང་གིས་ཐུགས་དགྱེས་པའི་སྒོ་ནས་ཕྱིས་འབྱུང་གི་ཚུལ་འགའ་རེའི་ལོ་རྒྱུས་དང་ཁོང་མི་ རིང་བར་གཙང་ཆེན་ཕོ་བྲང་དུ་འོང་ངེས་ཀྱི་བཀའ་མོལ་ཞིག་གི་རྟེན་འབྲེལ་རེ་ཡང་ལེགས་ གནང་མཛད། ལོ་དེའི་ཧོར་ཟླ་དྲུག་པའི་ནང་ཙམ་ན་རྡོའི་གྲུབ་ཆེན་དགོན་དུ་ཁོང་དཔོན་སློབ་ སྲུང་རིམ་གཏད་དཀྲུགས་གི་དབུ་བླར་ཕེབས་དགོས་བྱུང་ནས་དེའི་ཚུར་ལམ་མི་ཁྱིམ་ཞིག་ 2-1-424 གིས་ཇ་གདན་བྱས་པས་དེ་ནས་ཁོང་ལ་ཁམས་མི་སྙོམས་པ་འཕྲལ་དུ་བྱུང་བ་ན་ཁོང་དཔོན་ སློབ་གཙང་བ་རང་གི་འབྲོག་སྒར་འཛི་ཉིན་ཕྱོགས་ཀྱི་ལུང་ལག་ཉུག་ལོ་ཟེར་བ་ན་ཡོད་པ་ དེར་ཕེབས་ནས་བཞུགས་སྐབས་སྐུ་བསྙུན་སྔར་ལྟར་གྱིས་ཉིན་ཞག་བཞི་བཅུ་ཙམ་སོང་རྗེས་ སུ་ཁོང་གི་ཞལ་ནས། རང་གི་ཚེ་འདིར་འབྲེ ལ་བ་ཐོགས་ཚད་དུང་ཕྱུར་ལ་ལོང་ཙམ་དུ་འདུག དེ་དག་ལས་ད་ལན་ཕན་མ་ཐོགས་པ་རྒན་མོ་གཉིས་ཙམ་ལས་མེད་པས་དེ་གཉིས་ཀྱི་ཆེད་དུ་ འདོད་ཡོན་བསུར་བསྔོ་རྒྱས་པ་ཞིག་བྱེད་དགོས་གསུངས་པ་ལྟར་ལེགས་པར་བྱས་ཤིང༌། རང་ཤི་དུས་དབང་ཡོད་ན་འབྱུང་བ་ཁད་འཇམ་པོ་ཞིག་ཕབ་འདོད་ཡོད་ཚུལ་དང༌། ཤི་ཟིན་ ནས་དེ་མ་ཐག་རིམ་པས་སེམས་གཞི་དབྱིངས་དང་རོ་མཉམ་ཡིན་པས་ཐུགས་དམ་ལོགས་ཀྱི་ འདུག་རྒྱུ་མེད་ཚུལ་ཀྱང་གསུངས། དེ་ནས་ཁོང་གིས་ཆོས་སྐྱོང་ལ་གཏང་རག་གི་ཚུལ་དུ་ གསོལ་ཁ་རྒྱས་པ་ཞིག་མཛད་ནས་ཡེ་ཤེས་ཀྱི་ཆོས་སྐྱོང་གང་དག་དང་དགོངས་ཀློང་དབྱེར་ མེད་ཀྱི་མཛད་སྒོ་དང་འཇིག་རྟེན་པའི་སྡེ་རིགས་གང་དག་གཤེགས་གསོལ་མཐའ་རྒྱས་ཀྱང་ མཛད། དེ་སྐབས་སུ་གཙོ་ཆེར་སྐུ་དྲང་པོར་བསྲང་ནས་ཐུགས་མཉམ་བཞག་གི་རྣམ་པར་གཡོ་ མེད་དུ་བཞུགས་ཤིང་བར་འགའ་རེར་ཞལ་ནས། ཕྱིས་འབྱུང་གི་གསུང་གླེང་ཕྲན་བུ་རེ་གསུང་ བཞིན་དེ་ལུགས་ཀྱི་ཕྱག་ཡིག་རེ་ཡང་བཞག་མཚམས་ནས་ཁོང་ཉིད་ཀྱིས་གསུང་ངག་བཅད་ དེ་གང་ཞུས་ཀྱི་ལན་དུ་བརྡ་ཙམ་རེ་མཛད་ཀྱིན་བཞུགས། དེ་འདྲའི་ཚུལ་གྱིས་ཉིན་ཞག་ལྔ་པ་ ཟླ་བ་དེའི་ཚེས་ཉེར་གཉིས་ཀྱི་མུན་རུབ་ཙམ་ན་སྐུ་རྣམ་སྣང་ཆོས་བདུན་གྱིས་བཞུགས་བཞིན་ གསུང་གིས་ཕཊ་སྒྲ་ཞིག་མཛད་པ་དང་ཆབས་ཅིག་དགོངས་པ་དབྱིངས་སུ་ཐིམ། དེའི་ཕྱི་ཉིན་ ནས་གདུང་ཆོས་སྲོལ་བསྟུན་གྱི་སྒོ་ནས་བླ་གྲྭ་མང་འཚོགས་ཀྱིས་དགོངས་མཆོད་ཞག་བདུན་ ཕྲག་ཏུ་བསྒྲུབས་ནས་དེ་དག་གི་སྐབས་རྣམས་སུ་འབྱུང་བ་ཁད་སྙོམས་ཤིང་མཁའ་ལ་འཇའ་ སྤྲིན་སྣ་ཚོགས་བར་བར་བྱུང་ཞིང༌། སྐུ་གདུང་ལ་དྲི་བཟང་གི་ངད་ཀྱང་ཡང་ཡང་བྱུང་ལ། དེ་ 2-1-425 ནས་གདུང་ལ་ཞུགས་འབུལ་གྱི་སྐབས་ནུབ་ཕྱོགས་ནས་སྤྲིན་དཀར་པོ་དར་དཀར་བརྐྱང་ འདྲ་ཞིག་དང་བྱ་རྒོད་ཅིག་འཕྲལ་དུ་ཐོན་ནས་སྤྲིན་དཀར་དེ་ཉིད་མར་བབས་པའི་ཚུལ་གྱིས་ གདུང་དུད་དང་འདྲེས་ཙམ་ཉིད་ནས་ཡར་ནམ་མཁའ་ལ་འཕགས་ཏེ་གཡས་བསྐོར་གྱི་རྣམ་ པས་འཛམ་ཐང་ཕྱོགས་ཀྱི་སྟེང་གི་ནམ་མཁར་ཤད་ཀྱིས་བསྡད་ཅིང་དེ་དང་མཉམ་དུ་ནམ་ མཁའ་གཡའ་དག་ལ་འཇའ་ཟེར་སྣ་ཚོགས་པས་གང་བ་ཙམ་བྱུང་ཞིང་འབྱུང་བའི་ཁད་ཀྱང་ ཆེས་ལེགས་པ་སོགས་ཀྱི་རྟགས་མཚན་དང་གདུང་ཁང་ཞག་བདུན་ཕྲག་གསུམ་དུ་བླ་གྲྭ་མང་ དག་གིས་ཕྱག་མཆོད་ཀྱི་མཐར་གདུང་རུས་བསྡུ་སྐབས་ཐུགས་ལྗགས་སྤྱན་གསུམ་མ་ཚིག་པ་ དང་དྲི་བཟང་བྱུང་བ་སོགས་ཀྱི་ལེགས་མཚན་དུས་སུ་བྱུང་སྟེ་ཤུལ་འདུག་དག་གིས་ཚུལ་དེ་ ལུགས་ཀྱིས་དགོངས་མཆོད་གཞན་ཡང་ལེགས་བགྱིས་དང་གདུང་རྟེན་དངུལ་ལས་བྱང་ཆུབ་ མཆོད་རྟེན་ཉེ་བར་བསྐྲུན་པ་རབ་གནས་དགའ་སྟོན་གཙང་གྲྭ་ཡོངས་ཀྱིས་ལེགས་མཛད་ཀྱི་ སྒོ་ནས་གདུང་རྟེན་དེ་ཉིད་གཙང་ཆེན་ཕོ་བྲང་དུ་བཞུགས་སུ་གསོལ་ཏེ་མཛད་པ་ལེགས་པར་ རྫོགས་སོ། །དེ་ཡན་ཆད་ཀྱིས་འཛམ་ཐང་གཙང་ཆེན་གོང་མའི་ཕོ་བྲང་གི་གདན་ས་པ་དང་ སྒྲུབ་བརྒྱུད་འཛིན་པའི་སློབ་དཔོན་ཇི་ལྟར་བྱུང་རིམ་དག་ལེགས་པར་བཤད་ཟིན་ཏོ། །ད་ནི་ འཛམ་ཐང་གི་ཉེ་འདབས་ཀྱི་ཆར་གྱུར་པ་གཙང་བ་འགབ་མ་ཡག་མདོའི་སྒར་གྱི་སྐུ་འཕྲེང་གི་ ལོ་རྒྱུས་ཉུང་ཤས་ཙམ་འདི་ན་འགོད་པ་ལ། ༼༡༽ དང་པོ་ནི་དབུས་གཙང་ཇོ་ནང་རྟག་བརྟན་དང་ཆ་ལུང་དགོན་ཟུང་གི་འཛིན་བདག་ བྱེད་མཁན་གྲུབ་ཆེན་ངག་དབང་ཕྲིན་ལས་ཏེ། དེ་ཡང་རྗེ་བཙུན་ཏཱ་ར་ནཱ་ཐའི་དངོས་སློབ་དང༌། སྐུ་ཚ་གཉིས་ཀ་ཡིན་པ་མཁས་གྲུབ་བློ་གྲོས་རྣམ་རྒྱལ་གང་ཉིད་ཀྱི་སྐུ་ཚ་ཐུགས་སློབ་གཉིས་ ཀ་ཡིན་ཞིང་དེ་འདྲའི་རྗེ་གྲུབ་པའི་དབང་ཕྱུག་ཆ་ལུང་པ་ནི་རང་རེའི་ངེས་དོན་སྒྲུབ་བརྒྱུད་ཀྱི་ བསྟན་པ་ལ་བཤད་སྒྲུབ་ཟུང་གི་རྒྱལ་མཚན་གཞི་ནས་སློང་བཞིན་མཁས་པ་དང་གྲུབ་པའི་གོ་ 2-1-426 འཕང་གཉིས་ལྡན་གྱི་སྐྱེས་ཆེན་ཕུལ་དུ་གྱུར་པ་མཚན་སྙན་གྱི་གྲགས་པ་བོད་ལྗོངས་ཡོངས་ དང་སོག་ཡུལ་སོགས་ས་ཆེན་པོ་ལ་ཁྱབ་རྒྱ་ངེས་པར་ཆེ་ཞིང་དེ་འདྲའི་རྗེ་ཉིད་མདོ་ཁམས་ སྨད་ཕྱོགས་འདིར་ཡང་ཆིབས་ཁ་ལེགས་བསྐྱོད་ཀྱིས་ཕེབས་ཆས་ཡང་ཡང་མཛད་ཀྱང་བོད་ འབངས་ཆོས་སྡེ་གང་དག་གིས་བཤོལ་འདེབས་ནན་མོས་འདི་ཕྱོགས་ཀྱི་ཡུལ་སྡེ་དག་གིས་ སྐུ་དངོས་ཀྱི་ཞལ་བཟང་ཉེ་བར་མཇལ་བའི་སྐལ་བ་རེ་ཞིག་མ་ཡོད་ཀྱང་ཁོང་ཉིད་ཀྱི་ཚབ་ སྐུ་ཚ་ངག་དབང་རྣམ་རྒྱལ་རྗེ་མཆོག་གིས་ཁམས་འདི་ཕྱོགས་སུ་བསྟན་འགྲོའི་དོན་ལ་ཆེད་ མངགས་ཀྱི་བཀའ་དྲིན་གྱི་མཛད་སྒོ་དང་རྗེ་གྲུབ་ཆེན་རང་ཉིད་གཟུགས་སྐུ་ཆོས་དབྱིངས་སུ་ ཟུམ་པའི་རྗེས་ནས་ཡང་སྤྲུལ་མཆོག་གིས་ཁམས་ཕྱོགས་ལ་ཕན་པའི་བརྩེ་གཟིགས་རྒྱ་ཆེ་བ་ ནམ་ཡང་འདོར་མེད་ཀྱི་ངང་ནས་ཁོང་གི་སྐུ་དངོས་བཞུགས་ཀྱི་སྐབས་མཛད་སྒོ་ཇི་ལྟར་བྱུང་ ཚུལ་འདིའི་ཆོས་འབྱུང་གཞུང་དུ་ཅུང་རྒྱས་ཙམ་བརྗོད་ཟིན་ལ། ༼༢༽ རྗེ་གང་ལས་སྐུ་ཕྲེང་གཉིས་པ་ནི། སྤྲུལ་སྐུ་ངག་དབང་ཕྲིན་ལས་རྒྱ་མཚོ་ཞེས་བྱ་བ་ སྟེ། དེ་ཡང་ཐོག་མར་དབུས་གཙང་ཕྱོགས་སུ་སྐུ་འཁྲུངས། དེ་དུས་སུ་སྐུ་ཆུང་ངུའི་དུས་ནས་ ཀྱང་རྟགས་མཚན་གང་ཐད་ནས་ཆེས་ཁྱད་དུ་འཕགས་པའི་སྒོ་ནས་རྗེ་གཙང་བ་ཆ་ལུང་པའི་ ཡང་སྤྲུལ་འཁྲུལ་མེད་ཀྱི་གྲགས་པ་ཕྱོགས་ཀུན་ལ་ལེགས་ཁྱབ་མཛད་པས་མདོ་སྨད་ཁམས་ ཚ་རོང་ཡན་ཆད་ལ་སྙན་པ་ལྡིར་བ་བྱུང་ཞིང་སྐུ་སྐྱེས་གང་ཉིད་ཀྱིས་ན་གཞོན་གྱི་སྐབས་ནས་ ཀློག་ཡིག་ལེགས་བསླབས་བཅས་ཀྱིས་ཆོས་གྲྭར་ཞུགས་ཏེ་རྗེ་གོང་བླ་ཀུན་དགའ་རྣམ་རྒྱལ་ སོགས་བཤེས་གཉེན་དུ་མའི་ཞལ་ལུང་ལས་གསུང་གི་བདུད་རྩི་དུས་སུ་ཐོབ་ཅིང་ལུང་དང་ རྟོགས་པ་གང་ཐད་ནས་སྔོན་སོང་རིགས་ཕུན་སུམ་ཚོགས་པའི་མཐུ་ཤུགས་ཉེ་བར་ཆེ་བ་ སོགས་མཛད་སྒོ་ཁྱད་པར་དུ་འཕགས་པ་མངོན་གསལ་ལྷང་ངེར་གྱུར་པའི་དུས་སྐབས་ན་ ཁམས་ཚ་རོང་གི་ས་ཆེན་སྐྱོང་བའི་མི་དབང་ལུགས་གཉིས་སྲིད་དབང་ངེས་པར་ཆེ་བ་ང་ཤུ་ཙ་ 2-1-427 ཚེ་དབང་དྲག་རྒྱལ་ཞེས་གནམ་སྐོས་གོང་མ་ཆེན་པོའི་ས་ཆེན་གྱི་སྒོ་ལེགས་སྐྱོང་མཛད་མཁན་ གང་གིས་དབུས་གཙང་དུ་འཁྲུངས་པའི་གཙང་བ་ཆ་ལུང་གྲུབ་ཆེན་མཆོག་གི་ཡང་སྤྲུལ་གྱི་ སྙན་པ་གསན་ཏེ་ས་དབང་གང་ཉིད་ཀྱིས་དབུས་གཙང་གི་ཆ་ལུང་པའི་ཡང་སྤྲུལ་དེ་ཉིད་རང་ གནས་ཚ་རོང་ཕྱོགས་སུ་གདན་འདྲེན་གྱི་བཀོད་འདོམས་མཛད་དེ་དབུས་གཙང་དུ་བསུ་མ་ ཆེད་མངགས་གྱི་སྒོ་ནས་ཐབས་གང་དྲག་བཅས་ཀྱིས་སྐུ་སྐྱེས་གང་དང་ཉིད་ཀྱི་སློབ་དཔོན་ ཡོངས་འཛིན་གོང་བླ་ཀུན་དགའ་རྣམ་རྒྱལ་བཅས་གདན་ལེགས་དྲངས་ཀྱི་སྐལ་བ་ཡོད་པར་ བརྟེན་རྗེ་གྲུབ་ཆེན་གྱི་ཡང་སྤྲུལ་མཆོག་གི་ཆིབས་ཁ་ཁམས་རྒྱལ་མོ་ཚ་བ་རོང་དུ་བསྒྱུར་ཏེ་ས་ དབང་གང་ཉིད་ཀྱི་དབུ་བླར་ལེགས་ཕེབས་དང་སྐུ་བདག་ཀྱང་མི་དབང་རང་གིས་མཛད་དེ་ རྒྱལ་ས་ཕུན་ཚོགས་རྫོང་དང་དེ་ཕྱོགས་ཀྱི་ཡུལ་དགོན་ཅི་རིགས་པར་རྗེ་གོང་བླ་དང་གཙང་ བ་ཆ་ལུང་བའི་ཡང་སྤྲུལ་དང་བཅས་ལོ་འགའ་ཞིག་གི་རིང་དུ་བཞུགས་ཏེ་ཁོང་རྣམས་ཀྱིས་ བསྟན་འགྲོའི་དོན་གྱི་བྱ་བ་ཆེ་རབ་མཛད་བཞིན་པ་ལས་དུས་རེ་ཞིག་གི་ཚེ་གོང་བླ་ཉིད་སྐུ་ཧ་ ཅང་བགྲེས་སྟབས་དགོངས་པ་དབྱིངས་སུ་ཐིམ་པར་མངོན་ལ་དེ་རྗེས་ཤིག་ནས་རྫོང་རྒྱལ་ གང་ལ་དུས་ཉེས་ཆེ་བ་བྱུང་རྐྱེན་གོང་མས་ཆད་ལས་ཀྱིས་སྐུ་མ་འཚོ་སྟབས་གཙང་བ་སྤྲུལ་སྐུ་ དྲུང་འཁོར་བཅས་ཡར་འཛམ་ཐང་དུ་ཕེབས་དགོས་བྱུང་སྟེ་དེར་ཡང་གཙང་ཆ་ལུང་པའི་སྤྲུལ་ སྐུ་གང་ཉིད་ཀྱིས་འཛམ་ཐང་གཙང་སྤྲུལ་སྐུ་ཕྲེང་གཉིས་པ་ཕྲིན་ལས་རྣམ་རྒྱལ་གྱིས་གཙོས་ དམ་པ་འགའ་ལ་ཆོས་བཀའ་ཅི་རིགས་པ་ལེགས་པར་གསུངས་ཤིང༌། དེ་མཚམས་ཤིག་ནས་ རྗེ་ཆ་ལུང་སྤྲུལ་པའི་སྐུའི་གཟུགས་སྐུ་མེ་ཏོག་འཕྲལ་དུ་འཐོར་བར་མཛད་པས་དེར་གནས་ ཐུགས་སློབ་གང་དག་ཡིད་མྱ་ངན་གྱི་ཁང་བུར་ཆུད་པ་ན་དུས་ཕྱིས་འཛི་སྟོད་འབྲིམ་ཤར་རི་ ཁྲོད་ན་བཞུགས་པའི་ལྷ་ཚེ་བླ་མ་རྟོགས་པའི་དབང་ཕྱུག་ཐུགས་རྡོ་རྗེའི་མངོན་ཤེས་མཆོག་ མངའ་ངག་དབང་རྒྱལ་མཚན་ཞབས་པ་སྐུ་ན་གཞོན་གྱི་སྐབས་ཙམ་སྟེ་ཁོང་གི་ཐུགས་སྣང་ 2-1-428 ངོར་རྗེ་སྤྲུལ་སྐུ་དེ་ཉིད་ཀྱིས་ཁོང་གསེར་རི་ལ་བྱོན་རྒྱུ་ཡིན་པས་མྱུར་དུ་མཇལ་ལོ་གསུངས་ པའི་ཐུགས་ཉམས་བྱུང་བ་ལྟར་ལྷ་ཚེ་བླ་མ་གང་གིས་ཐུགས་སློབ་གང་དག་ལ་ཁྱེད་ཅག་གིས་ མྱ་ངན་མ་བྱེད་པར་གསེར་རི་ཞེས་པའི་ས་ཕྱོགས་དེ་རྩར་ཆོད་མཛོད་དང་དེར་སྤྲུལ་སྐུ་ཁོང་ ཉིད་སླར་འཁྲུངས་ངེས་སུ་འདུག་གོ་ཞེས་པའི་བཀའ་ལུང་གསལ་བོ་ལེགས་པར་བསྟན་ནོ། ། (༣) དེ་ལྟར་གྱི་ལུང་བསྟན་དང་མཐུན་པར་ཕྱིས་མི་རིང་བ་ན་རྨ་ཆུའི་འགྲམ་དང་ཉེ་བ་ ལ་བྲག་གསེར་ཉ་འདྲ་བ་ཞིག་ཡོད་པས་དེ་ལ་གསེར་རི་ཞེས་ཟེར་ཞིང་དུས་ཕྱིས་སུ་དེའི་ མིང་ཟུར་ཆག་ཏུ་གྱུར་ནས་བསེའི་རི་ཞེས་པའི་མིང་ཆགས་པ་དེ་ན་རིགས་རུས་ཝ་ཤུལ་གྱི་ མི་ཁྱིམ་ཞིག་ཏུ་གཙང་བ་ཆ་ལུང་བའི་སྐུ་ཕྲེང་གསུམ་པ་སྤྲུལ་སྐུ་ངག་དབང་སྦྱིན་པ་རྒྱ་མཚོ་ ཞེས་བྱ་བ་ངོ་མཚར་རྟགས་བཅས་ལེགས་པར་འཁྲུངས་པ་ཡིན་ལ། དེ་ཡང་སྐུ་ན་ཆུང་བྱིས་ པའི་དུས་ནས་ཉི་ཟེར་ལ་གོས་དང་སྐ་རགས་འཕང་ན་དེ་ཀ་ལྟར་སྡོད་ཐུབ་པའི་རྟགས་མཚན་ སོགས་ཆེས་མཚར་ཁྱད་ཅན་ཞིག་སྟེ་སྐུ་ཆུང་ངུའི་དུས་སུ་གཙང་བ་གོང་མའི་དབོན་ལྷུན་གྲུབ་ རྒྱ་མཚོས་སྐུ་བདག་བྱས་ཏེ་རང་གནས་ཡག་མདོའི་སྒར་དུ་ཁྲི་འདོན་དགའ་སྟོན་དང་བཅས་ སྐུ་སྐྱེས་གཞོན་ནུ་ཁྲི་ཁར་ལེགས་འཁོད་མཛད་པ་ནས་བཟུང་རིམ་པས་ཀློག་སོགས་ལེགས་ བསླབས་ཀྱི་སྒོ་ནས་ཁོང་ཉིད་ཆོས་གྲྭར་ཞུགས་སྐབས་དབོན་ལྷུན་གྲུབ་རྒྱ་མཚོ་གང་དང་ གཙང་བ་གོང་མའི་སྐུ་ཕྲེང་གསུམ་པ་སོགས་སྐྱེས་ཆེན་དུ་མ་སྔ་ཕྱི་ཅི་རིགས་སུ་སྐུ་སྐྱེས་འདི་ ཉིད་ཀྱིས་གུས་པས་བླ་མར་ལེགས་བཀུར་མཛད་ནས་རང་ལུགས་ཀྱི་ཆོས་བཀའ་དབང་ལུང་ མན་ངག་ཟབ་ཁྲིད་ཅི་དགོས་མཐའ་དག་གསན་སྒོམ་ཁྱད་པར་བ་མཛད་ནས་ཆོས་སྲིད་གང་ ཐད་ནས་ཆ་ལུང་སྐུ་ཕྲེང་གསུམ་པ་འདི་ཉིད་མཛད་ཕྲིན་རྒྱ་ངེས་པར་ཆེ་ཞིང་དུས་བར་སྐབས་ སུ་གཙང་སྤྲུལ་གང་ཉིད་ཀྱི་བསྟན་པའི་སྦྱིན་བདག་ཨ་སྐྱོང་དཔོན་ངག་དབང་ཞེས་པས་དད་ གུས་མཆོག་གིས་དབུ་བླར་བཀུར་ནས་མཆོད་ཡོན་ཟུང་འབྲེལ་གྱིས་སྐུ་ཚེ་གང་བོར་བཞུགས་ 2-1-429 ནས་ཕྱིས་ཨ་སྐྱོང་མི་དབང་གང་གིས་རྩེ་བ་རྒྱལ་པོ་འབངས་སྡེ་ཡོངས་སུ་རྫོགས་པ་དྲག་པོའི་ གཡུལ་ཆེན་གྱིས་དབང་བསྒྱུར་ཏེ་ཐམས་ཅད་ཆམ་ལ་འབེབས་སྐབས་ཀྱི་ཀླད་དབུ་བླ་སྲུང་ སྐྱོབ་པ་གཅིག་ཆོག་ཀྱང་གཙང་བ་འདི་ཉིད་ཡིན་པས་མཛད་ཕྲིན་གྱི་སྒོ་ཕྱོགས་སུ་གྲགས་ སྙན་རབ་ཏུ་རྒྱས་པའི་རླབས་ཆེན་སྤྱོད་པ་རྒྱ་ཆེར་མངའ་ལ། གཙང་བ་སྤྲུལ་སྐུ་འདིའི་སྐུ་རིང་ ཕྲིན་ལས་ཀྱི་མཛད་སྒོ་རྒྱས་ཤིང་དེ་བར་ཞིག་ཏུ་ཁོང་གཙང་བ་གྲྭ་འཁོར་བཅས་དབུས་གཙང་ དུ་རྟེན་གསུམ་ཁྱད་འཕགས་གང་དག་ལ་མཇལ་ཕྱག་མཆོད་འབུལ་སོགས་བསགས་སྦྱངས་ ཁྱད་པར་ཅན་གྱི་ཆེད་དུ་ཉེ་བར་ཕེབས་སྐབས་སུ་གཙང་པཎ་ཆེན་རིན་པོ་ཆེ་དང་མཇལ་ཕྲད་ བྱུང་ཞིང་ཕན་ཚུན་ཐུགས་མཉེས་དགྱེས་ཚོར་བཅས་ཀྱིས་ཆོས་དང་མཐུན་པའི་བཀའ་མོལ་ ཡང་དག་གི་སྐལ་བ་ལྡན་ཏེ། པཎ་ཆེན་མཆོག་གི་ཞལ་ནས། གཙང་སྤྲུལ་འདི་ཉིད་རྒྱལ་ བ་ཇོ་ནང་པའི་ངེས་དོན་བསྟན་པའི་མངའ་བདག་ཏུ་ཆེ་གསོལ་ཀྱང་མཛད། གཙང་བ་ཉིད་ དབུས་གཙང་ཕྱོགས་སུ་བཞུགས་སྐབས་འགྲིག་ན་ཇོ་ནང་རྟག་བརྟན་དགོན་སོགས་ཀྱི་ཆོས་ གཞི་ཁོང་ལ་ཡོངས་གཏད་ཀྱི་བཀའ་ཕེབས་འགྱུར་མེད་ཉེ་བར་བསྩལ་ནས་དེ་སྐབས་གཙང་ བ་མ་བཞུགས་ཀྱང་སླད་ནས་ངེས་པར་དབུས་གཙང་དུ་རང་རེའི་ཆོས་གཞིའི་མངའ་བདག་ ཏུ་ཕེབས་ངེས་ཀྱི་ཞལ་བཞེས་དང༌། དེ་མཐུན་པཎ་ཆེན་ཁོང་ནས་བཀའ་ལུང་གསལ་བོའི་ ཐོབ་ཡིག་གི་སྐྱེས་བཟང་འཇའ་ས་ལེགས་གནང་གི་བཀའ་དྲིན་གྱི་སྒོ་ནས་གཙང་བ་འཁོར་ བཅས་མར་རང་ཡུལ་དུ་རེ་ཞིག་ལོག་པའི་ཚུལ་གྱིས་རང་གནས་སྒར་དུ་བཞུགས་སྐབས་ཀྱང་ གཙང་སྤྲུལ་གང་ཉིད་ཀྱིས་བསྟན་པའི་བྱ་བ་ལས་ཀྱི་འཁོར་ལོ་ཡང་ཡག་མདོར་རྒྱལ་བའི་ ཐུགས་རྟེན་ཁྱད་མཚར་བ་ཕྱི་ནང་གི་བཀོད་པ་ཡོངས་རྫོགས་ནང་གཞུག་རབ་གནས་དགའ་ སྟོན་བཅས་ལེགས་མཛད་ཀྱི་སྒོ་ནས་བསྟན་འགྲོ་ལ་ཕན་པའི་བྱ་བ་བྱས་པ་སོགས་དེ་འདྲའི་ མཛད་པ་གཞན་ཡང་མང་ཚོད་དུ་འདུག་ཀྱང་ཇི་བཞིན་གྱི་ཁུངས་མ་རྙེད། དེ་ལྟ་བུའི་མཛད་པ་ 2-1-430 རླབས་པོ་ཆེ་ཉེ་བར་ཁོང་ནས་བསྐྱང་སྐབས་སྔར་དབུས་གཙང་དུ་པཎ་ཆེན་མདུན་ནས་ཞལ་ བཞེས་ཇི་སྐད་མཛད་པ་བཞིན་གྱི་དོན་རྗེས་སོར་དེ་ལུགས་ལྟར་མ་བྱུང་ལ། གཙང་སྤྲུལ་གང་ སྐུ་ཚེ་རིལ་བོར་མཛད་པ་མཐར་ཕྱིན་པར་རང་གནས་སུ་བཞུགས་དགོས་བྱུང་ཞིང་ཉིན་ཅིག་ ལྷ་བཟོ་བླ་མའི་མདུན་དུ་ཁོང་ཕེབས་ནས་རང་གི་ཡང་སྲི ད་ཕྱི་མ་ཁྱེད་ཀྱིས་ཐུགས་སློབ་མཛད་ དགོས་ཚུལ་ཞིབ་རྒྱས་སུ་བཀའ་མོལ་གནང་བའི་རེ་ཞིག་གི་མཐར་ཉིད་སྐུ་དབྱིངས་སུ་ཐིམ་ ལ་ཉེ་བའི་དུས་ཁོང་གིས་སྔར་གྱི་དམ་བཅའ་ཞལ་བཞེས་ལྟར་ཇི་བཞིན་མ་འཛོམས་པས་ད་ ལན་ནམ་ཞིག་སྨོན་ལམ་རེའི་ཆེད་འཕྲལ་དུ་ཆིབས་རྟ་ལ་སྒ་ཆས་བྱས་བཞིན་ཁོང་ཉིད་ཆིབས་ ཏེ་དབུས་གཙང་ཕྱོགས་སུ་ཕེབས་ཆས་ཤིག་ཀྱང་མཛད་ནས་དེ་མཚམས་གློ་བུར་གཟིམ་ ཁང་དུ་ཉེར་ཕེབས་ཀྱི་ངང་ནས་སྐུ་བཞུགས་སྟངས་ཁྱད་པར་བའི་སྒོ་ནས་དགོངས་པ་ཆོས་ དབྱིངས་སུ་ཉེར་བསྡུས་མཛད་དོ། ། ༼༤༽ དེ་རྗེས་མི་རིང་བར་སྐུ་ཕྲེང་བཞི་པ་སྐུ་ངག་ཀརྨ་བསྟན་པའི་ཉི་མ་ཕྱོགས་ལས་ རྣམ་པར་རྒྱལ་བའི་སྡེ་ཞེས་བྱ་བ་ཁོང་ཉིད་གཙང་བ་གོང་མའི་ལྷ་འབངས་སུ་གཏོགས་པ་ཏ་ ཤུལ་གྱི་མི་ཁྱིམ་ཞིག་ཏུ་རྟགས་མཚན་བཅས་སྐུ་ལེགས་འཁྲུངས་མཛད་ནས་དེ་ཆེར་ན་ཚོད་ བསྐྱེད་བསྲིང་གི་གནས་སྐབས་ཤིག་ནས་ཡི་གེ་སློབ་པ་སོགས་རིམ་པས་བྱས་ཤིང་དེ་སྐོར་ ཅི་རིགས་སུ་སྐུ་སྐྱེས་ན་ཕྲ་བ་གང་གི་སྙན་པ་ཡག་མདོའི་གཙང་བ་སྒར་གྱིས་གསན་ཏེ་སྐུ་ བདག་ཁྲི་འདོན་སོགས་མཛད་སྒོ་གང་འོས་དག་སྒར་དེ་ཉིད་ཀྱིས་མཛད་ཅིང་དེ་ནས་མི་རིང་ བར་འཛི་ཉིན་ཕྱོགས་ཀྱི་རི་ཁྲོད་བཀྲ་ཤིས་ལྷ་རིའི་གནས་སུ་ལྷ་བཟོ་རྡོ་རྗེ་འཆང་བཞུགས་ པའི་དྲུང་དུ། སྐུ་སྐྱེས་འདི་ཉིད་ཀྱིས་རང་ལུགས་ཀྱི་ཟབ་ཆོས་རྣལ་འབྱོར་ཡན་ལག་དྲུག་གི་ ཆོས་བཀའ་མཐའ་དག་ཞུས་ནས་སྒོམ་སྒྲུབ་གོང་མའི་ཕྱག་བཞེས་བཞིན་ལེགས་པར་ཐུགས་ ཉམས་སུ་ལྷུར་བཞེས་མཛད་པས་ཉམས་རྟོགས་ཕུལ་དུ་བྱུང་བ་ཐུགས་ལ་འཁྲུངས་ཤིང་དེ་ 2-1-431 ནས་རིམ་པར་གཙང་བ་སྤྲུལ་སྐུ་འདི་ཉིད་ཀྱིས་ཡག་མདོའི་གཙང་སྒར་འགབ་མ་སྔར་སྐུ་གོང་ མ་གང་དག་གིས་ཇི་ལྟར་ལེགས་བསྐྱངས་མཛད་པའི་སྲོལ་ཉེ་བར་བཟུང་སྟེ་ལུགས་གཉིས་ གང་ཐད་ལ་ཐུགས་ཁུར་བཞེས་ནས་ལོ་བསྟར་གྱི་སྐུ་རིམ་སོགས་མཛད་སྒོ་ཅི་དགོས་ཐམས་ ཅད་དུས་སུ་མཛད་བཞིན་བར་བར་རྣམས་སུ་ཁོང་གིས་མཚམས་སྒྲུབ་བསྙེན་བཟླས་རེ་ཡང་ མི་འཆག་པར་བྱེད་པ་དང་ཁྱད་པར་ཡི་དམ་གཙོ་བོ་འཕགས་པ་སྤྱན་རས་གཟིགས་དབང་ ཕྱུག་གི་སྒོ་ནས་གསུང་མཆོག་གཟུངས་སྔགས་ཀྱི་རྒྱལ་པོ་ཡི་གེ་དྲུག་མ་དུང་ཕྱུར་དུ་མ་ཞིག་ ལྗགས་བཟླས་མཛད། སྤྲུལ་སྐུ་འདིས་བྱ་བ་ལས་ཀྱི་འཁོར་ལོའི་རིམ་པ་ལྟུང་བཤགས་ཀྱི་ སངས་རྒྱས་སོ་ལྔའི་གསེར་སྐུ་རྒྱ་ནག་མ་ཁྲུ་གང་རེ་ཡོད་པ་མཛེས་ཁྱད་ཕུལ་དུ་བྱུང་བའི་སྐུ་ གཟུགས་སུམ་ཅུ་སོ་ལྔ་རྒྱ་དངུལ་རྡོ་ཚད་རེ་རེས་བླུ་ཡོན་དང་བཅས་གཙང་བ་རང་གི་ཕོ་བྲང་ དུ་ཁོང་ནས་གདན་དྲངས་ཏེ་མཆོད་ཁང་དུ་བཞུགས་སུ་གསོལ་བ་སོགས་ཀྱི་མཛད་སྒོ་གནང་ ཞིང༌། ཡང་ཉིད་ཀྱིས་གསེར་ཁང་ཕྱི་ནང་གི་ཁྱད་བཀོད། དཔག་བསམ་འཁྲི་ཤིང་གི་བྲི ས་ ཐང་བཅས་དང༌། རྒྱལ་བའི་བཀའ་འགྱུར་གྱི་གླེགས་བམ་ཡོངས་རྫོགས་བཞེངས་བླུས་ཅི་ རིགས་མཛད་ཅིང་ཡར་ཐང་དགོན་དུ་བཀའ་འགྱུར་ཡི་གེ་བླུས་ནས་བཞག ཁོང་ཉིད་ཀྱིས་ ལོ་བསྟར་བཞིན་འདུས་པ་མང་ཚོགས་ཕོ་བྲང་དུ་སྤྱན་དྲངས་ནས་དེ་དག་ལ་བར་འགའ་རྒྱལ་ བའི་བཀའ་ཆོས་ཆེན་མོ་དང་བར་འགའ་འཕགས་ཡུལ་ནས་བསྟན་བཅོས་འགྱུར་རོ་ཅོག་གི་ གསུང་བསྒྲག་དུས་དུས་སུ་ཀློག་འདོན་ཟབ་མོས་ཆོས་ཞལ་ཕྱེ་བར་འཇུག་པའི་བདག་རྐྱེན་ ཡོན་འབུལ་གྱི་བསོད་ནམས་ལེགས་སྒོ་བགྱི་བ་དོན་དང་ལྡན་པ་ཡང་ཡང་མཛད་པ་སོགས་ སྐུ་ཚེ་གང་བོར་ཆོས་སྲིད་ཟུང་དུ་འབྲེལ་བའི་སྤྱོད་ཁྱད་བཟང་རབ་ཀྱིས་དུས་འདའ་བའི་སྒོ་ ནས་མཛད་པ་ལེགས་མཐར་ཕྱིན་པ་ལ་ཉེ་སྐབས་ཤིག་ན་ཉིན་གཅིག་ཁོང་གི་ཞལ་ནས། ད་ རྗེས་སོར་རང་གི་སྐྱེ་སྲིད་གཅིག་སླར་འོང་སྐབས་མི་ཁྱིམ་དབུལ་པོ་ཞིག་གི་ཁྱིམ་དུ་སྐྱེ་བ་ 2-1-432 བླང་རྒྱུ་ཡིན་ཚུལ་དང༌། གཞན་ཡང་ཞལ་ཆེམས་སྣ་ཚོགས་པ་རེ་མཛད་ཀྱིན་བཞུགས་ཤིང་ དེ་མཚམས་སྐུ་བསྙུང་བཞེས་པའི་སྐབས་ཞབས་བརྟན་རིམ་གྲོ་ཅི་རིགས་དང་བཅས་རེ་ཞིག་ ན་དེ་འཕྲལ་དུ་ཉིད་སྐུ་གློ་བུར་གཟིམས་ནས་ཐུགས་དགོངས་དབྱིངས་སུ་འཕོ་ཚད་པ་ན་ཉེ་ གནས་ཀྱིས་བཞེངས་བསྐུལ་དྲག་པོས་སླར་སངས་པའི་ཚུལ་མཛད་པའི་རེ་ཞིག་གི་དུས་ཀྱི་ཚེ་ སྐུ་གཤེགས་པའི་མཛད་སྒོ་ཁོང་ནས་ཉེ་བར་གནང་སྟེ་ཤུལ་འདུག་གང་དག་གིས་ཐུགས་དམ་ དགོངས་བཀྲོལ་གཤེགས་མཆོད་བྱེད་སྐབས་སུ་ཉིན་གཅིག་གཙང་བ་གོང་མའི་ལྷ་སྡེ་ལས་མི་ ཁྱིམ་དགེ་སྐོར་ཚང་ཞེས་པ་དབུལ་པོར་ཡོད་པ་ཞིག་གི་ཆུང་མ་གཙང་བའི་སྐུ་གདུང་ལ་མཇལ་ ཕྱག་གི་ཆེད་འོང་བ་ལ་སྐུ་གདུང་དེ་ཉིད་ལས་འོད་ཟེར་ཞིག་ལམ་གྱིས་བྱུང་ཆུང་མ་བུད་མེད་ དེ་ཉིད་ལ་ཐིམ་སོང་བའི་སྣང་བ་མི་མོ་རང་ལ་བྱུང་ཞེས་གྲགས་སྐད། ༼༥༽ དེ་ནས་མི་རིང་བར་སྐུ་ཕྲེང་ལྔ་པ་ངག་དབང་འཇིགས་མེད་ཕྱོགས་ལས་རྣམ་རྒྱལ་ ཞེས་པ་དེ་ཉིད་དུ་དགེ་སྐོར་གྱི་མི་ཁྱིམ་དེའི་ཆུང་མ་ལ་མངལ་ཆགས་ཏེ་མའི་ལུས་ལ་རིམ་ པས་ནར་སོན་སྐབས་དུད་ཚང་དེའི་ཁྱིམ་ཐབ་ཏུ་གྱུར་པ་དེས་འཕྲལ་དུ་ཐང་ཞིག་ལ་གདན་ ལེགས་པ་དཀར་ཡོལ་རྟགས་བརྒྱད་བྲིས་སྙུག་བཅས་ལེགས་པར་རྙེད་པའི་ལེགས་མཚན་ དང་བཅས་ཟླ་ཞག་རྫོགས་ཚེ་ཆུང་མ་དེའི་བུ་ཆུང་འབྲུག་ལོའི་དགུན་གྱི་དུས་བལྟམས་པའི་ སྐབས་གྲོད་པུ་ལྟ་བུའི་ནང་དུ་ཡོད་ཅིང་མཁའ་ལ་འཇའ་ཟེར་གྱི་སྣང་བ་དང་ཆར་བབས་པ་ སོགས་ཀྱི་དགེ་ལྟས་ཀྱང་བྱུང་ཞིང༌། དེ་ནས་བུ་ཆུང་དེ་ཆོས་སྐྱོང་ཁྱབ་འཇུག་གིས་སྐུ་བདག་ ཡང་ཡང་བྱེད་པ་དང་བར་སྐབས་ཤིག་ཏུ་ནམ་མཁའ་ནས་དར་དཀར་ཞིག་ལྷུང་ནས་མི་ཁྱིམ་ དེའི་མདའ་དར་ངོས་སུ་བསྐོན་པ་སོགས་ལེགས་མཚན་ཅི་རིགས་པ་རེ་མངོན་པ་བྱུང་བའི་ སྒོ་ནས་བུ་ཆུང་སྐུ་ན་བསྐྱེད་དེ་གཙང་སྒར་འགབ་མས་སྐུ་བདག་བཅས་ཀློག་ཡིག་ཇི་བཞིན་ བསླབ་རྗེས་འཛམ་ཐང་གཙང་ཆེན་ཕོ་བྲང་དུ་རྡོ་རྗེ་འཆང་ངག་དབང་བསྟན་པ་གསལ་བྱེད་ 2-1-433 དང༌། ངག་དབང་རྡོ་རྗེ་བཟང་པོ་ཟུང་གི་མདུན་དྲུང་ནས་སྐུ་སྐྱེས་དེ་ཉིད་ཀྱིས་གོང་མའི་ ཕྱག་སྲོལ་བཞིན་སྦྱོར་དྲུག་གི་ཟབ་ཆོས་གསན་སྒོམ་ཡང་མཛད་སྐབས་ཉིད་ལ་ངག་དབང་ འཇིགས་མེད་ཕྱོགས་ལས་རྣམ་རྒྱལ་ཞེས་པའི་མཚན་གསོལ་བ་ནས་བཟུང་རིམ་པས་རང་ སྒར་གཙང་བ་འགབ་མའི་མངའ་ཐང་སྐུ་སྐྱེས་གང་གིས་ཇི་བཞིན་བདག་བཟུང་མཛད་ནས་ ལས་ཤུགས་རླུང་རྟ་མཛད་ཕྲིན་ཡང་ཆེ་རབ་ཙམ་དར་བཞིན་ད་ལྟའི་བར་བཞུགས་པ་འདི་ཀ་ ལྟར་རོ། །གཞན་ཡང་གཙང་བ་འགབ་མའི་སྒར་དུ་བར་བར་རྣམས་སུ་དབོན་རིག་རྩལ་གྱི་ སྐུ་སྐྱེས་རྒྱ་སྤྲུལ་དང༌། བླ་དཔོན་འགའ་རེ་སོགས་མཛད་སྒོ་སྐྱོང་མཁན་ཅི་རིགས་པ་བྱུང་ཞིང༌། སྒར་འདི་ལ་བར་སྐབས་སུ་སྔོན་བྱུང་གུ་རུའི་རྗེ་འབངས་ཀྱི་གྲབ་ཚན་གྲུབ་དབང་དྲན་པ་ནམ་ མཁའ་ཞེས་བྱ་བའི་རྣམ་འཕྲུལ་དུ་གྲགས་པ་གཙང་བའི་སྐུ་སྐྱེས་གནས་ཡུལ་རྟ་ཤུལ་ཟེར་ བར་སྐུ་མཚན་རྟགས་ཁྱད་པར་བ་དང་བཅས་ལེགས་འཁྲུངས་ཀྱི་སྒོ་ནས་གཙང་སྒར་འགབ་ མས་སྐུ་བདག་ཆེ་འདོན་སོགས་དང་བཅས་རིམ་པས་ཆོས་ལ་གསན་སྒོམ་ཁྱད་པར་བས་ གྲུབ་རྟགས་དུས་དུས་སུ་སྟོན་པར་མཛད་ནུས་པའི་སྐུ་སྐྱེས་གྲུབ་རིགས་མཆོག་ཅིག་ཏུ་གྱུར་ཏེ་ ཉིན་གཅིག་སྤྲུལ་སྐུ་ཁོང་གིས་རལ་ཤང་སོགས་ལྕགས་འགའ་རེ་བལ་ཐག་ལྟར་ཕྱག་མདུད་ མཛད་པས་མཚན་ལའང་ལྕགས་མདུད་དུ་གྲགས་ཤིང་དེ་འདྲའི་མཆོག་སྤྲུལ་གང་ཉིད་རིམ་ པས་གསང་བ་གསུམ་གྱི་མཛད་པ་རྒྱ་ཇེ་ཆེར་སོང་གཤིས་དུས་སྐབས་ཤིག་ནས་ཁོང་གིས་སྐུ་ རྟེན་ཐུབ་དབང་གི་ཟབ་ཐང་ཆེན་མོ་དང༌། ཐུགས་རྟེན་བདུད་འདུལ་མཆོད་རྟེན་དང༌། གསུང་ རྟེན་འཕགས་ཡུལ་ནས་བཀའ་དང་བསྟན་བཅོས་བོད་གངས་རིའི་ལྗོངས་སུ་འགྱུར་རོ་ཅོག་ གི་གླེགས་བམ་ཡོངས་སུ་རྫོགས་པ་དངོས་རྫས་འབྱོར་བ་གྱ་ནོམ་པའི་ཡོན་ཐང་ཆེན་པོའི་སྒོ་ ནས་ལེགས་བླུས་བྱས་ཏེ་གཙང་བ་འགབ་མའི་ཕོ་བྲང་དུ་སྤྱན་དྲངས་ནས་བཞུགས་སུ་གསོལ་ བ་སོགས་ཀྱི་མཛད་སྒོ་ཆེ་རབ་ངང་ནས་སྐུ་ཚེའི་མཛད་པ་མཐར་ཕྱིན་ཏོ། །དེ་ནས་གཙང་བ་ 2-1-434 ལྕགས་མདུད་དེའི་སྐུ་ཕྲེང་གཉིས་པ་ནི་ཚ་རོང་ཕྱོགས་ཀྱི་རྒྱལ་གཙོས་ཞེས་པར་སྐུ་འཁྲུངས་ ཏེ་དེ་ལ་ངོ་མཚར་རྟགས་བཅས་ཀྱིས་གཙང་ལྕགས་མདུད་ཀྱི་ཡང་སྤྲུལ་དུ་གྲགས་ནས་གཙང་ སྒར་འགབ་མས་དེ་ལུགས་ཀྱི་སྐུ་བདག་མཛད་བཞིན་གཙང་སྒར་དེ་ཉིད་དུ་གདན་འདྲེན་ གྱི་སྐབས་ནམ་མཁའ་ནས་རྔ་དང་རོལ་མོའི་སྒྲ་ཆེས་སྙན་པ་དེར་གནས་གང་དག་གི་རྣ་བའི་ ལམ་དུ་མཐུན་སྣང་མངོན་གསལ་དུ་གྱུར་པ་སོགས་རྟགས་མཚན་ཆེ་རབ་ཏུ་གྲགས་ཤིང༌། དེ་ ནས་སྐུ་སྐྱེས་དེ་ཉིད་བསྟན་པའི་ཆོས་སྒོར་ལེགས་ཞུགས་ཀྱི་སྒོ་ནས་ཉིད་ཀྱིས་དམ་པ་དུ་མའི་ ཞབས་རྡུལ་སྤྱི་བོའི་རྒྱན་དུ་ལྷུར་ལེན་གྱིས་རང་ལུགས་ཀྱི་ཟབ་ཆོས་གསན་སྒོམ་ཆེར་མཛད་ ཅིང་སྐུའི་སྤྱོད་པ་རྗེས་སོར་ཙམ་ནས་ཧ་ཅང་མི་མཛེས་ཀྱང་རྟོགས་མཐོན་བརྟུལ་ཞུགས་ མཆོག་གི་མཛད་འཆང་གང་གིས་བར་བར་གཞན་ལ་མེ་མདའ་སོགས་མཚོན་གྱིས་བགེགས་ བསལ་མཛད་པས་གཞན་དེ་དག་གནོད་འགལ་ཆེ་བ་ལས་ལེགས་སྐྱོབས་ཀྱི་མཐུ་ཉེ་བར་ མངའ་བ་སོགས་མཛད་ཚུལ་ཁྱད་འཕགས་དེ་འདྲའི་ངང་ནས་ཁོང་ཉིད་བཞུགས་ཤིང༌། སྤྱིར་ གཙང་ལྕགས་མདུད་སྤྲུལ་སྐུ་འདི་ཉིད་ཡོངས་ཀྱི་ངོར་ལྕགས་མདུད་ཡང་སྤྲུལ་དུ་དེ་ལྟར་ གྲགས་ཀྱང་དོན་ལ་རྡོ་བླའི་དངོས་སློབ་སྐུ་ཕྱོགས་མཁྱེན་སྤྲུལ་གྱི་སྐུ་སྲས་རལ་གྲིའི་ཡང་སྲིད་ དུ་ངེས་པས་ན་ད་ལྟའི་ལྕགས་མདུད་སྐུ་སྤྲུལ་ཞེས་པ་དེ་གྲུབ་པའི་བརྟུལ་ཞུགས་ཀྱི་སྤྱོད་པ་ཡ་ མཚན་ངོ་མཚར་བ་བར་བར་རྣམས་སུ་གཞན་ངོར་མཐོང་ཆོས་སུ་ཉེ་བར་སྟོན་ནུས་པའི་འགྲོ་ འདུལ་དུས་སུ་བབ་པའི་ཟླ་བྲལ་ཞིག་ཁོང་ཉིད་ཡིན་མོད་ཀྱང་ཕྱི་ངོར་ཙམ་ན་སྤྱོད་ཚུལ་གཙང་ དག་ཅིག་གི་རྣམ་པ་མ་ཡིན་གཤིས་གཞན་དག་གིས་བསྟོད་སྨད་ཀྱི་གནས་སྣ་ཚོགས་སུ་ཅི་ རིགས་པར་གྱུར་ནའང་ཁོང་ཉིད་ཇི་ལྟར་ཡང་ཐུགས་ཀྱིས་ལྐོག་གྱུར་དུ་མ་ཇི་བཞིན་གཟིགས་ པ་དང་སྐུ་ལུས་ཀྱིས་བར་བར་མཚར་ཁྱད་ཉེ་བར་སྟོན་པ་ལ་སོགས་པའི་མཛད་སྒོ་གང་ཐད་ ནས་ཆེས་འཕགས་ཤིང་ཁོང་གིས་སྐུ་རྟེན་ཚེ་ལྷ་རྣམ་གསུམ་གྱི་གསེར་སྐུ་ཁྲུ་གང་བ་རེ་རེ་དང་ 2-1-435 གསུང་རྟེན་གླེགས་བམ་ཅི་རིགས་ཐུགས་རྟེན་མཆོད་རྟེན་ཆུང་བ་རེ་སོགས་བསོད་ནམས་ ཞིང་གི་བསགས་སྒོ་རེ་ཡང་ཡོད་པ་སྟེ་ཉིད་ཀྱི་སྐུ་ཚེ་ཐ་མའི་མཛད་པ་ལ་གནས་སྐབས་སུ་ཁོང་ སྐུ་མི་གཡོ་སྐྱིལ་མོ་ཀྲུང་གིས་བཞུགས་བཞིན་ཞལ་ནས་ཕཊ་སྒྲ་དང་དང་བཅས་དགོངས་པ་ དབྱིངས་སུ་ཐིམ་པར་མཛད་དེ་ཐུགས་འོད་གསལ་མཆོག་གི་ངང་དུ་གཡོ་བ་མེད་པར་ཐུགས་ དམ་ལ་ཉིན་ཞག་འགའ་ཞིག་ཏུ་བཞུགས་མཐར་ཐུགས་དམ་དེ་ལས་གྲོལ་ཚེ་སྐུ་གདུང་ལས་ སྒྲ་ཆེན་པོ་ཞིག་བྱུང་བ་དེ་ཕྱོགས་ཀྱི་ཡུལ་མི་ཀུན་གྱི་རྣ་བར་གོ་ནུས་པ་ལྟ་བུའི་ངང་ནས་རྗེ་ཁོང་ ཉིད་ལྕང་ལོ་ཅན་གྱི་ཞིང་དུ་ཕེབས་ཞེས་གྲགས་སྐད། དེ་རྗེས་སུ་ལྕགས་མདུད་སྐུ་ཕྲེང་གསུམ་ པ་དུས་ཕྱིས་སུ་རྔ་ཡུལ་རྒྱ་སྟོད་སང་ལ་འཁྲུངས་ཞེས་གྲགས་པ་སྟེ་དེ་ལུགས་ལྟར་གྱི་གཙང་ བ་སྐུ་ངག་ཕྱི་མས་སྐུ་བདག་ཆེ་འདོན་རེ་ཡང་མཛད་དེ་སྐུ་སྐྱེས་གཞོན་དུས་སུ་ཆོས་གྲྭར་ ཞུགས་པ་སོགས་ཀྱིས་རིམ་པས་ལེགས་སྤྱོད་ལ་ཕྱོགས་ཁུལ་བགྱིས་ཀྱང་དུས་དབང་གིས་ དེ་མཚམས་ནས་ཕྱི་ཚུལ་ཙམ་ལ་བསྟན་འགྲོའི་དོན་ཇི་བཞིན་འགྲུབ་པ་མ་བྱུང་བ་དེང་དུས་ སུ་དངོས་གསལ་དེ་ཀ་ལྟར་ལགས། དེ་དག་གིས་འཛམ་ཐང་གཙང་བ་གོང་འགབ་བཅས་ ཀྱི་གདན་རབས་སོགས་མཛད་སྒོ་ལེགས་སྐྱོང་གི་བླ་སྤྲུལ་བསྟན་པའི་རྩ་ལག་རགས་བསྡུས་ ཙམ་ཀྱི་ལོ་རྒྱུས་ས་བོན་གྱི་ཆར་གྱུར་པ་རེ་ལེགས་པར་སོང་ཟིན་ཏོ། ། གཙང་ཆེན་སྤྲུལ་པའི་སྐུ་དཀོན་མཆོག་འཇིགས་མེད་རྣམ་རྒྱལ་གང་ཉིད་ཀྱི་དངོས་སློབ་ སྐྱབས་རྗེ་ངག་དབང་བསམ་གཏན་ཞབས་པའི་ཐུགས་སྲས་སློབ་བརྒྱུད་ལས་སྒྲུབ་བརྒྱུད་ འཛིན་པའི་སྡེ་གང་དག་ཡོངས་སྤེལ་དུ་གྱུར་ཏེ་ད་ལྟའི་བར་དར་ཞིང་རྒྱས་པ་ནི་འཛམ་ཐང་གི་ དེང་དུས་ཀྱི་སྒར་གོང་མ་ཆོས་རྗེའི་མཚམས་གྲྭ་པ་རིམ་པར་བྱུང་བ་རྣམས་གཙོ་བོ་སྟེ་གཞན་ འཛི་སྟོད་སྨད་དུའང་མཚམས་གྲྭ་ཕྲན་བུ་ཅི་རིགས་བར་བར་བྱུང་བའང་ཡིན་ལ། དེ་འདྲའི་ ཆོས་བརྒྱུད་ཟབ་མོའི་ཕུག་ཏུ་ངེས་པར་གྱུར་པའི་སྐྱབས་རྗེ་འགྲོ་འདྲེན་ངེས་པ་དོན་གྱི་རྡོ་རྗེ་ 2-1-436 འཛིན་པ་མཆོག་དེ་ཉིད་ཀྱི་ལོ་རྒྱུས་མཚོན་ཙམ་སྐབས་སུ་ཉེ་བར་བབས་པ་སྟེ། དེ་ཡང་འཛི་ ཡུལ་གྱི་སྟོད་གྲོང་ཤོས་མདའ་ཞེས་པར་ཡབ་མང་དགེ་རྡོ་རྗེ་བཀྲ་ཤིས་དང་ཡུམ་ཕུར་རྩ་ བཟའ་ལོད་མོ་གཉིས་ཀྱི་སྲས་སུ་ཆུ་ཡོས་ལོར་ཡབ་ཡུམ་གྱི་རྨི་ལྟས་བཟང་པོའི་དགེ་མཚན་ བཅས་དམ་པ་འདི་ཉིད་ཀྱི་གཟུགས་སྐུ་ལེགས་བལྟམས་མཛད། དེ་ནས་རིམ་པར་སྐུ་ན་ཕྲ་ བའི་དུས་ནས་ཀྱང་དབང་པོ་གསལ་ཞིང་སྙིང་རྗེ་ཆེ་བ་སོགས་བྱང་ཆུབ་སེམས་དཔའི་རིགས་ ཁྱད་པར་ཅན་མངའ་བ་ཞིག་སྟེ། དགུང་ལོ་གསུམ་ཙམ་ན་མནལ་ལམ་དུ་མཁའ་འགྲོ་མ་རྔ་ ཟླུམ་ཐོགས་པ་ཞིག་གིས་ཕྱག་ནས་རྔ་བརྡུངས་བཞིན་བཛྲ་ཡཀྴ་བེ་ཏ་ལིའི་རིགས་སྔགས་ཀྱི་ ཞལ་གསུང་སྒྲོག་པ་དེས་ཁོང་ཉིད་བྱིས་པའི་གནས་སྐབས་དེ་ཉིད་ལ་བར་དོ་རིགས་དྲུག་གི་ གནས་སོ་སོར་ཁྲིད་ཅིང་སྡུག་བསྔལ་གྱི་ཚུལ་གསལ་བར་གཟིགས་སྐབས་མཁའ་ལམ་འཇའ་ སྤྲིན་གྱི་དབུས་ནས་ཤེལ་སྦུག་ལྟ་བུ་ལས་འོ་ཆུའི་རྣམ་པའི་བདུད་རྩི་འབབ་པ་མཁའ་འགྲོས་ བརྡས་བསྐུལ་ལྟར་ཁོང་དུ་བཏུང་བས་དེ་ཕན་ཐུགས་དག་སྣང་དུ་རིགས་དྲུག་སོ་སོའི་གནས་ ལ་ཐོགས་མེད་དུ་འགྲོ་ནུས་བྱུང༌། དེའི་རྐྱེན་གྱིས་སྙིང་རྗེ་ཤུགས་ཀྱིས་སྐྱེ་ཞིང༌། སངས་རྒྱས་ བྱང་སེམས་ཀྱི་དག་སྣང་ཡང་མང་པོ་གཟིགས་ཤིང་སྐབས་འགར་མཚན་མོ་སྨག་རུམ་ནང་ལ་ འགྲོ་དུས་འོད་གསལ་གྱི་སྣང་བས་མུན་པ་མེད་པ་ཡང་ཡང་བྱུང་བཞིན་ཚུལ་དེ་ཀས་དགུང་ལོ་ བཅུ་བདུན་ཚུན་ལ་ཕ་མའི་ཞབས་ཕྱི་ཅི་དགོས་བསྒྲུབ། དེ་ནས་དགུང་ལོ་བཅུ་དགུ་སོན་ སྐབས་ཉིན་གཅིག་འཕྲལ་རྐྱེན་ཕྲན་བུ་ལ་བརྟེན་ཏེ་འཁོར་བ་ལ་སྐྱོ་ཤས་གཏིང་ནས་ཐུགས་ ཉམས་སུ་འཁྲུངས་པས་དགེ་རྒན་བཀྲ་ཤིས་རྒྱ་མཚོའི་དྲུང་ནས་ཀློག་བསླབས་པས་ལེགས་ ངེས་སུ་ཇི་བཞིན་ཤེས་པ་བྱུང༌། འདི་དུས་ནས་ལྐོག་གྱུར་གྱི་དོན་མངོན་སུམ་དུ་མཁྱེན་པ་དང་ ངག་གི་བདེན་མཐུས་ཀླུ་ནད་སོས་ཐུབ་པ་སོགས་གཞན་ཕལ་ལས་ཁྱད་པར་དུ་འཕགས་ ཤིང༌། གསུང་རབ་ལས་གནས་ལུགས་སྒོ མ་པའི་ཚིགས་བཅད་གཟིགས་པའི་རྐྱེན་གྱིས་ཆོས་ 2-1-437 ལ་དོན་གཉེར་ཤུགས་བཟོད་མི་ཐུབ་པ་བྱུང་བ་ལ་བརྟེན་དགུང་ལོ་ཉེར་གཅིག་སྐབས་འཛམ་ ཐང་གཙང་ཆེན་དཀོན་མཆོག་འཇིགས་མེད་རྣམ་རྒྱལ་གྱི་ཞབས་དྲུང་ནས། དགེ་བསྙེན་གྱི་ སྡོམ་པ་ལེགས་མནོས་ཀྱིས་ཆོས་སྒོར་ཞུགས་ཏེ་མཚན་ངག་དབང་བསམ་གཏན་ཞེས་གསོལ་ བ་ནས་བཟུང་ཚུལ་ཁྲིམས་དག་ཅིང་མཚན་མོ་ཉལ་བ་སྤངས་ནས་བསད་ཤ་སོགས་ལོག་འཚོ་ ནམ་དུའང་བསྲུངས་པ་ཡིན། དེ་ནས་བཟུང་དགུང་ལོ་ཉེར་བདུན་བར་འབྲི མ་ཤར་རི་ཁྲོད་དུ་ ལྷ་ཚེ་བླ་མ་ངག་དབང་རྒྱལ་མཚན་གང་དྲུང་ནས་ཀྱང་ཁྲིད་ཡིག་མཐོང་དོན་སྟེང་ནས་སྔོན་ འགྲོའི་ཆོས་ཁྲིད་ཉམས་ལེན་མཐར་ཆགས་གནད་སྨི ན་གྱིས་ཞུས་ཤིང༌། སྦྱོར་དྲུག་དངོས་ གཞིའི་ཁྲིད་རྣམས་མགྱོགས་ཁྲིད་ཙམ་ཞུས་ནས་བླ་མའི་བཀའ་བཞིན་གཙང་ཆེན་སྤྲུལ་པའི་ སྐུ་འཇིགས་མེད་རྣམ་རྒྱལ་གྱི་ཞབས་པད་གུས་བསྟེན་བྱས་ཏེ། ཆོས་བཀའ་བླང་དོར་རབ་ གསལ་སྣང་བ། ལམ་རིམ་སོགས་ལ་སློབ་གཉེར་ནན་ཏན་དང༌། ཀུན་རིག མི་འཁྲུགས་པ། དུས་འཁོར་སོགས་ཀྱི་ལྷའི་རྣལ་འབྱོར་སྒོ མ་དོན་རྣམས་ཀྱང་ལེགས་པར་བསླབས། དེ་ནས་ གཙང་ཆེན་བླ་མའི་ཞལ་སྔ་ནས་དུས་འཁོར་དབང་ཆེན། དེ་ཉིད་ལྔ་པ། འཇིགས་བྱེད་རོ་ ལངས་བརྒྱད་སྐོར། སྦྱོང་རྒྱུད་བཅུ་གཉིས་སོགས་ཀྱི་ཟབ་དབང་རྒྱ་ཆེ་བ་དང༌། འཇིགས་བྱེད་ ཁྲིད་སྙན་བརྒྱུད་དང་བཅས་པ། རྡོར་ཤུགས། དུས་འཁོར་ལྷ་དགུའི་ཁྲིད་སོགས་ཆོས་བཀའ་ ཆེས་མང་པོ་ལེགས་གསན་མཛད་ནས་དགུང་ལོ་སོ་གཅིག་པ་ལ་འཛམ་ཐང་གཙང་བའི་ གཟིམས་ཁང་ཕོ་བྲང་དུ་སླར་ཡང་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་སྔོན་འགྲོའི་རིམ་པ་རྣམས་ ཉམས་བཞེས་མཛད་སྐབས་ས་སྟེང་མེ་ཏོག་གིས་ཁྱབ་ཅིང་དེ་དག་ལ་བུང་བ་མང་པོ་འཕུར་ ལྡིང་གིས་ཁྱབ་མཐར་ཡི་གེ་དྲུག་མའི་སྒྲ་དབྱངས་སྒྲོག་བཞིན་གཞན་དུ་འགྲོ་སྣང་སོགས་ ཐུགས་ཉམས་སྒྲིབ་པ་དག་པའི་ལེགས་མཚན་མང་པོ་བྱུང༌། དབེན་གསུམ་སྐབས་ཉིན་དང་ པོའི་ཐུན་མཚམས་སྔ་མ་ནས་གཟུང་འཛིན་དངོས་སྣང་ཐམས་ཅད་འགགས་ཤིང༌། རིག་པ་ 2-1-438 མཐའ་དབུས་དང་བྲལ་བའི་གནས་ལུགས་ལ་ངེས་པ་རྙེད། དེ་ནས་རིམ་པར་འོད་གསལ་ རྟགས་བཅུ་རྫོགས་པར་ཤར་ཏེ་སྟོང་པའི་རང་བཞིན་བདེ་བ་ཉིད་དུ་ཐུགས་ངེས་འཁྲུངས་པས་ འཕར་གཡོ་དང༌། དཔའ་བོ་མཁའ་འགྲོའི་བརྡ་སྐད་སྣ་ཚོགས་ཤེས་པ་དང་ཞིང་ཁམས་སོགས་ མཐོང་སྣང་འབྱམས་ཀླས་པའི་ངང་ནས་རྡོ་རྗེའི་གླུ་རང་ཤུགས་ཀྱིས་བྱུང་བ་འདི་སྐད། སེམས་ མ་བཅོས་ཀུན་གཞིའི་གཉུག་མ་དེ། །རྟོགས་ནའང་མ་བཅོས་དེ་ཀའི་ཀློ ང་ན་བདེ། །བདེ་བ་ལ་ མ་ཞེན་འཛིན་པས་མ་བསླད་ན། །དུས་གསུམ་རྒྱལ་བའི་དགོངས་པ་གཅིག་དེ་ན་གདའ། །ཞེས་སོགས་མང་པོ་གསུངས་ཤིང༌། ཀུན་རྫོབ་འདི་སྣང་བརྫུན་པར་ཤར་བ་དང༌། འཁོར་བ་ ལ་ཞེན་ལོག་འཁྲུལ་པའི་སེམས་ཅན་ལ་སྙིང་རྗེ་ཇེ་ཆེར་སོང༌། བསམ་གཏན་སྐབས་རླུང་བཅུ་ དབུ་མར་ཐིམ་རྟགས་དང༌། མཉམ་རྗེས་ཀུན་ཏུ་སྟོང་གཟུགས་ཀྱི་སྣང་བས་འདི་སྣང་འགོག་ ནུས་པ། དེ་ཐམས་ཅད་སྣང་སྟོང་ཟུང་འཇུག་གི་ངང་ནས་སྔར་མེད་པའི་མངོན་ཤེས་མང་པོ་ བྱུང༌། སྲོ ག་རྩོལ་རྡོར་བཟླས་ཟླ་བ་ཞེ་བདུན་བར་བསྒོ མས་པས་རླུང་ཁུག་རེ་དང་རང་བཞིན་ པའི་དབུགས་སུམ་བརྒྱ་དྲུག་ཅུ་རེ་དང་མཉམ་པ་བྱུང་བ་ནུས་པ་རིམ་པས་ཇེ་འཕེལ་དུ་སོང༌། སྲོག་ཐུར་འདྲེས་པས་ལྟོ་བ་ལྡིར་ཞིང་སྟོང་གཟུགས་འཛིན་མེད་ཀྱི་རྣལ་འབྱོར་བརྟན་པ་སྟོང་ གཟུགས་རླུང་སེམས་རོ་གཅིག་ཏུ་ཤར་ཏེ་རྩ་མཉེན་རླུང་ལས་རུང་དུ་གྱུར་ཅིང་དྷུ་ཏིར་རླུང་ ཚུད་པས་བདེ་བའི་རང་མདངས་ཀྱི་ཉམས་སྣང་མཐའ་ཡས་པ་ཤར། རྗེས་དྲན་སྐབས་དངོས་ སྣང་ཡལ་བའི་སྟོང་པའི་རང་མདངས་བདེ་བར་ཤར་བ་དེ་ཉིད་ལྷའི་རང་བཞིན་དུ་མཐོང་ཞིང་ ལུས་ཀྱི་རྩ་འཁོར་སོ་སོའི་མདོག་དང་དེ་དག་གི་དབུས་ནས་ལྷ་སྐུ་ཞལ་སྦྱོར་རྣམ་ཅན་མཐའ་ ཀླས་པའི་འདུ་འཕྲོའི་སྣང་བ་དང༌། སྔགས་ཀྱི་རླུང་སེམས་ཀྱི་ལྷ་སྐུར་ལྡང་འཇུག་རྩོལ་མེད་ བྱེད་ནུས་པ་སོགས་ཉམས་དང་རྟོགས་པའི་ཡོན་ཏན་མཐའ་ཡས་པ་བྱུང་བ་རྣམས་གཙང་ཆེན་ མཆོག་སྤྲུལ་དང་ལྷ་ཚེ་བླ་མ་རྣམ་གཉིས་ལ་ཇི་བཞིན་ཞུས་པས་ཁོང་རྣམ་གཉིས་ཐུགས་ 2-1-439 དགྱེས་ཚོར་ཆེན་པོའི་ངང་ནས་ཆེ་བའི་བསྔགས་བརྗོད་བཅས་གསང་ཆེན་བསྟན་པའི་བཀའ་ གཏད་ཀྱང་མཛད། དེ་འདྲའི་ཚུལ་གྱིས་རེ་ཞིག་སྒྲུབ་ལ་བརྩོན་མཐར་སྔར་འབྲི མ་ཤར་རི་ ཁྲོད་དུ་འགྲོ་སྐབས་ཤིག་ལ་བྱ་རོག་གིས་ཕུད་ཀོང་མར་ཁུས་གང་བ་ཞིག་ལེགས་སྟེར་མཛད་ པའི་རྟེན་འབྲེལ་ལྟར་ཁོང་ཉིད་ཀྱིས་མཚམས་འདི་སྐོར་དགུང་ལོ་སོ་ལྔའི་མཇུག་ཙམ་ན་རི་ ཁྲོད་དེར་རྒྱུན་བཞུགས་ཀྱི་མགོ་བཙུགས་ནས་ལྷ་ཚེ་བླ་མ་མཆོག་གི་དྲུང་ནས་བཀའ་བབས་ དྲུག་ལྡན་གྱི་ཁྲིད་ཞུ་སྐབས་རྨི་ལྟས་སུ་འཛམ་དཀར་གྱིས་གླེགས་བམ་གནང་བའི་ཐུག་ཉམས་ བྱུང་བ་ལྟར་དོན་དངོས་སུ་ཁྲིད་ཡིག་ལེགས་འཛོམས་ཀྱི་རྟེན་འབྲེལ་བཅས་ཀྱི་སྒོ་ནས་ཟབ་ ཁྲིད་ཡོངས་རྫོགས་ཞུས་ནས་ཉམས་ལེན་གནད་ཁེལ་གྱིས་བླ་མས་ཐུགས་མགུ་གནང་སྟེ་ཁོང་ རྣམ་གཉིས་རྟོགས་པ་མཐོ་དམན་ཁྱད་མེད་ལྟ་བུར་སོང༌། སྦྱོར་དྲུག་གི་ཁྲིད་འཁྲུལ་འཁོར་ བཅས་ལ་དོགས་གཅོད་ཞིབ་མོར་བྱས། བཀའ་བབས་དྲུག་གི་ལམ་རྣམས་ལ་མྱོང་བ་རེ་མ་ ཐོན་བར་ལེགས་བསྒོམ་མཛད་སྐབས་སུ་གསུང་འཕོའི་དུས་སུ་ཐུགས་ཉམས་ལ་ཨཱཿཡིག་ དམར་པོ་ཞིག་མགྲིན་པ་ནས་འཕྲོས་ཏེ་མཁའ་འགྲོ་མ་སྐུ་མདོག་སྔོན་པོ་ཅན་ཞིག་སྤྱན་དྲངས་ པའི་ཚུལ་གྱིས་སྐད་ཅིག་ལ་ཐོན་པ་དེའི་ཞལ་ནས། ཁྱོད་སྐྱེ་བ་རྗེས་མར་རྔ་ཡབ་གླིང་དུ་རྒྱལ་ སྲས་ཀྱི་ཚུལ་བཟུང་སྟེ་འགྲོ་དོན་མཛད་དགོས། ཞེས་པའི་བཀའ་ལུང་ཡང་བསྩལ། འདི་སྐོར་ དུ་ལྷ་ཚེ་བླ་མ་གང་ཉིད་སྐུ་ཞིང་དུ་གཤེགས་པས་ཕྱག་མཆོད་གཟབ་ལྡན་གྱི་ཚོགས་བསགས་ ཆེ་རབ་བྱས། དེ་ནས་ལྷར་ཡག་དགོན་གྱི་བླ་མ་ཀུན་དགའ་བློ་བཟང་གི་མདུན་ནས་མགོན་པོ་ བྲག་རྫོང་མའི་ཁྲིད་ཞུས་ཏེ་རང་གནས་རི་ཁྲོད་དུ་བསྙེན་བསྒྲུབ་ཀྱི་དུས་སུ་མི་ནག་པོ་ འཇིགས་གཟུགས་ཅན་གྱིས་ཧཱུཾ་ཡིག་མཐིང་ནག་འོད་འབར་བ་བྱིན་པའི་ཉམས་སྣང་དང༌། དེ་ རྗེས་སུའང་མི་ནག་འཇིགས་གཟུགས་ཅན་དངོས་སུ་འོང་སྟེ་ཁྱོད་ཀྱི་བཀའ་བཞིན་བསྒྲུབ་བཽ་ ཞེས་པའི་གཡར་དམ་ཡང་ལེགས་འབུལ་མཛད། དགུང་ལོ་བཞི་བཅུའི་སྟེང་གཙང་ཆེན་བླ་མ་ 2-1-440 མཆོག་གིས་མཁན་པོ། དགེ་སློང་ཆོས་འཕེལ་གྱིས་ལས་སློབ། སེ་དབོན་འཇམ་དཔལ་བས་ གསང་སྟོན། དབོན་སྨི ན་གྲོལ་གྱིས་དུས་གོ ངག་དབང་བསྟན་གསལ་ནས་གྲོགས་དན་བྱས་ པ་སོགས་མཁན་སློབ་གྲངས་ཚང་གི་དྲུང་ནས་ཚིགས་གསུམ་རིམ་ནོད་ཀྱིས་བསྙེན་པར་ རྫོགས་ཏེ་མཚན་ངག་དབང་བསམ་གཏན་སྙིང་པོ་ཞེས་པའང་བྱས། གཞན་ཡང་དུས་འཁོར་ བསྐྱེད་རིམ། འབྱུང་འདུལ། འཇིགས་བྱེད་སོགས་ཡི་དམ་མང་པོའི་བསྙེན་སྒྲུབ་ཀྱི་སྐབས་ ཞལ་གཟིགས་ཀྱང་མང་རབ་བྱུང་ཞིང་ཁྱད་པར་ཚེ་སྒྲུབ་དུས་མ་ཅིག་གྲུབ་རྒྱལ་བུད་མེད་རིན་ ཆེན་རྒྱན་ལྡན་སྐུ་མདོག་སྔོན་མོའི་རྣམ་པར་བྱོན་ནས་ཕྱག་གིས་བུམ་པ་ནས་བདུད་རྩིའི་ དངོས་གྲུབ་སྩོལ་སྐབས་མ་ཅིག་གི་ཞལ་ནས། བུམ་པ་འདིའི་ཁ་རྒྱན་ངོས་ལ་ཡོད་པའི་ཚེ་ དཔག་མེད་ཀྱི་སྐུའི་གྲངས་སྙེད་ཁྱེད་ཀྱི་ཚེ་ཚད་དོ། །ཞེས་བཀའ་ལུང་གནང་བས་དེའི་ངོས་ལ་ ཚེ་དཔག་མེད་ཀྱི་སྐུ་ཤིན་ཏུ་ཕྲ་བ་གྱ་བདུན་ཡོད་ཕྱིར་དེ་ལུགས་ལྟར་ཕྱིས་སུ་སྐུ་ཚེའི་ཚད་ཀྱང་ ཐོག་ཏུ་ཁེལ། འདི་སྐོར་འཁྲུལ་ཞིག་གི་སྤྱོད་པས་ཞལ་ནས་རྡོ་རྗེའི་གླུ་སྣ་ཚོགས་དབྱངས་སུ་ འཐེན་ཅིང་དགའ་བའི་གར་ཀྱང་ཅི་རིགས་པ་མཛད་པའི་གྲུབ་པའི་དབང་ཕྱུག་གི་མཛད་ བཟང་ཉེ་བར་སྐྱོང་བཞིན་བཞུགས་སྐབས་མགོན་པོའི་རྣམ་འཁྲུལ་མི་ནག་སྲིན་པོའི་ གཟུགས་འཆང་གིས། འདི་འདྲའི་ཆ་ལུགས་ཅན་ཁྱོད་ཀྱི་གདུལ་ཞིང་དུ་ཤེས་དགོས་ཚུལ་དང་ ཁོ་བོས་སྡོང་གྲོགས་བྱེད་ངེས་ཀྱི་ཐ་ཚིག་ལན་གསུམ་ཉེར་བསྒྲག་བྱས་ཤིང༌། ལྷ་མོ་རབ་ བརྟན་མ་ཡང་སྔོན་འབྲེལ་ཟབ་པའི་སྟོབས་ཀྱིས་རང་གཟུགས་སྦྲུལ་ནག་དཀར་གྱི་རྣམ་པར་ དངོས་སུ་གཏོར་ཁང་དུ་འོངས་ནས་བཀའ་ཡི་སྲུང་མ་མཛད་ནས་དམ་ཅན་དུ་བཀོལ། ཁོང་ ཉིད་ཀྱི་ཐུགས་མངོན་ཤེས་མཆོག་གིས་སྔོན་ཀུན་མཁྱེན་ཆེན་པོའི་ཐུགས་སློབ་མཐོང་གྲོལ་ མཆོད་རྟེན་བཞེངས་དུས་སུ་ཤར་གྱི་ཐིག་འཛིན་པ་དང༌། གཙང་རོང་ཕྱོགས་སུ་གསར་མའི་ ལུགས་འཛིན་བློ་བཟང་བསྟན་འཛིན་ཟེར་བའི་དགེ་སློང་ཞིག་དང༌། ལྷོ་ཕྱོགས་མོན་ཁའི་ 2-1-441 ཡུལ་དུ་སྔགས་རྙིང་ཕྱོགས་ཀྱི་ཆོས་ལུགས་འཛིན་པ་གུ་རུ་བསྟན་འཛིན་ཟེར་བ་དང༌། དེ་ནས་ མི་རིང་བར་ཚུལ་ཁྲིམས་རྒྱ་མཚོ་ཟེར་བ་སོགས་སྔོན་གནས་ཀྱི་སྐྱེ་སྲིད་སྣ་ཚོགས་ཇི་བཞིན་ གསལ་བར་སྒྲིབ་མེད་དུ་གཟིགས། འདི་སྐོར་ཁོང་ལ་ནམ་མཁའ་ནས་གདུགས་དམར་པོ་ འཁོར་བའི་རྨི་ལྟས་བྱུང་བ་བཞིན་རྒྱལ་སྲས་གཞན་ཕན་མཐའ་ཡས་ཕེབས་བྱུང་བ་དང་ མཇལ་ཕྲད་ཀྱིས་ཕན་ཚུན་ཐུགས་མཉེས་ཆེན་པོའི་སྒོ་ནས་སེམས་ཀྱི་གནས་ལུགས་རྟོགས་ པའི་ཚུལ་ལ་དོགས་གཅོད་ཞིབ་ཏིག་བྱས་པས་རྒྱས་སྲས་ཉིད་ཀྱང་ཐུགས་མགུ་ཆེན་པོས་ཧ་ ལས་ཏེ་ཆེས་ངོ་མཚར་དུ་གྱུར། དགུང་ལོ་ང་ལྔའི་དུས་ཐུགས་དག་སྣང་ངོར་གཙང་ཆེན་བླ་མ་ རྡོ་རྗེ་འཆང་དེ་ཉིད་དག་པ་མཁའ་སྤྱོད་དུ་ཕེབས་པའི་ཉམས་སྣང་ལྟར་གཙང་བ་སྐུ་དག་ཞིང་ དུ་ཕེབས་པས་ཕྱག་མཆོད་ཀྱི་ཚོགས་བསགས་རྒྱ་ཆེ་བ་དང་བཅས་གསོལ་བ་དྲག་ཏུ་བཏབ་ པས་རླབས་ཆེན་བྱིན་རླབས་ཀྱི་དགེ་མཚན་ཅིར་ཡང་འཕེལ་བ་བྱུང་སྟེ་ཁོང་ཉིད་དེ་ཕན་ཆད་ ཐུགས་དམ་ལ་གཙོ་བོར་མཛད་ཅིང་མཉམ་བཞག་ཟབ་མོ་ལ་རྩེ་གཅིག་གི་ངང་ནས་འབྲལ་ མེད་རྒྱུན་བཞུགས་ཀྱང་མཛད། དགུང་ལོ་ང་བདུན་སྐོར་ནས་གཞན་ཕན་རླབས་པོ་ཆེའི་དབུ་ ཚུགས་ཏེ་ཐོག་མར་དར་ལྔའི་རི་ཁྲོད་དུ་སྐུ་དབོན་བསྟན་ནོར་དང༌། ཡོངས་འཛིན་བླ་མ་ མཁས་མཆོག འཛམ་ངོས་རྟོགས་ལྡན་བླ་མ་འཇམ་དབྱངས་སོགས་ལ་དུས་ཀྱི་འཁོར་ལོའི་ དབང་བཀའ་ཟབ་ཁྲིད་ལག་ལེན་བཅས་ཀྱི་ཆོས་སྒོ་ལེགས་ཕྱེ་མཛད་དེ་གསང་ཆེན་སྒྲུབ་ བརྒྱུད་སྤེལ་ཞིང་རི་ཁྲོད་དེའི་གནས་བདག་དཀར་ཕྱོགས་པས་ཁོང་གི་སྐུ་ཆོས་ཉིན་ཅིག་ལུས་ སོང་བ་དངོས་སུ་ཕུལ། འདི་སྐབས་སློབ་ཚོགས་ལ་འཚོ་བ་གང་ཡོད་ཐུགས་དམིགས་ཙམ་ གྱིས་སེལ་ཞིང་ཁོང་ཉིད་མཉམ་བཞག་སྐབས་སྲོག་ཐུར་གྱི་རྒྱུ་བ་འགགས་ཤིང་འཁོར་ལོ་ དྲུག་གི་འབར་འཛག་གི་སྣང་བ་ལས་དཀྱིལ་འཁོར་རབ་འབྱམས་སྤྲོ་བསྡུ་བྱེད་བཞིན་སྐུ་དང་ གསུང་གི་རྣམ་ཆ་ངེས་མེད་ཀྱི་སྤྱོད་པ་སྣ་ཚོགས་པའི་བརྟུལ་ཞུགས་བར་འགའ་མཛད་ཅིང༌། 2-1-442 བར་སྐབས་ཆོས་དབྱིངས་གནས་ལུགས་ཀྱི་དབྱིངས་སུ་ཐུགས་རོ་མཉམ་དུ་ཞུགས་ཏེ་ཕྱིའི་ གནས་ཚུལ་ཤི་བ་ལྟ་བུའི་རྣམ་འགྱུར་ངོམ་པ་སོགས་མཛད་སྒོ་དཔག་པར་དཀའ་བའི་ཚུལ་དུ་ བཞུགས་ཤིང་སློབ་བུ་གང་དག་ལ་ཉམས་དང་འཕར་གཡོའི་ཡིན་ལུགས་འདྲ་མིན་ཀྱི་ཁྱད་ པར་དང་ཞལ་ཏ་སྣ་ཚོགས་པའང་བར་བར་གསུངས་ལ། དགུང་ལོ་དྲུག་ཅུ་སྐོར་ལ་རྒྱལ་སྲས་ གཞན་ཕན་པ་སླར་ཡང་མདུན་དུ་ཕེབས་ཏེ་སྔགས་ཀྱི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ ཁྱད་པར་ལ་ཕན་ཚུན་སྒོ་ཀུན་ནས་ཞིབ་རྒྱས་སུ་ཆོས་ཀྱི་བགྲོ་གླེང་བྱས་ཏེ། ཁོང་ལ་རྐྱེན་དེས་ གསང་ཆེན་མངོན་རྟོགས་མྱོང་བ་ཡོད་པ་གང་དག་ལ་ངེས་ཤེས་དང་མེད་པ་རྣམས་ངོས་ཟིན་ ལྷག་པར་བྱུང་ཞིང་ཐུགས་ཉམས་ཀྱི་རྟོགས་པ་གང་དག་སྔར་ལས་ཆེས་ཆེར་འཕེལ། ཁོང་གི་ མདུན་དུ་གཞན་ཕན་པས་སྦྱོར་དྲུག་ཆ་ཚང་ཞུས་སྐབས་དོན་འགའི་དོགས་གཅོད་ལ་མྱོང་བའི་ སྒོ་ནས་དོགས་སེལ་མཛད་པས་རྒྱལ་སྲས་ཀྱི་ཐུགས་ལ་ངོ་མཚར་ལྷག་པར་སྐྱེས། འདི་སྐོར་ ཕུར་རྩ་བླ་མ་མཐར་ཕྱིན་སོགས་ལ་སྦྱོར་དྲུག་གི་ཟབ་ཁྲིད་གནང་ཞིང་དགུང་ལོ་རེ་ལྔ་སོགས་ སུ་མ་བླ་མ་མཆོག་སྒྲུབ། ལྷ་བཟོ་བླ་མ་ཐབས་མཁས། དམར་རྩ་བླ་མ་དོན་བཟང་སོགས་ ལའང་སྦྱོར་དྲུག་གི་ཁྲིད་ཡོངས་རྫོགས་རིམ་པས་གསུངས་ཏེ་ལེགས་སྐྱོང་མཛད་ཅིང་ཁོང་ གིས་སློབ་ཚོགས་ལ་ཆོས་དང་མཐུན་པའི་གཏམ་འབའ་ཞིག་ལས་དོན་མེད་ཀྱི་ཀྱལ་ཀ་ངག་ འཁྱལ་གང་ཡང་མི་གསུང་བར་སྐུ་བཙུན་ཞིང་ཐུགས་སྒམ་པའི་རང་བཞིན་དུ་བཞུགས་པས་ ཉེ་འཁོར་བ་དག་གིས་ཡང་ལྐོག་གཡོས་ཉེས་པ་བྱེད་མི་སྤོབས་ལ་བྱས་ན་ཐུགས་མངོན་ཤེས་ ཀྱིས་ཇི་བཞིན་གཟིགས་པས་མཚང་ནས་རྒོལ་ཞིང་དེ་ཀུན་ཟིལ་གྱིས་གནོན་པའི་དགེ་བའི་ བཤེས་གཉེན་ཁྱད་འཕགས་སྔགས་ཀྱི་རྡོ་རྗེ་འཛིན་པ་ཆེན་པོ་སྟེ། ཁོང་གི་ཐུགས་རྒྱུད་དུ་ལམ་ རིམ་གཉིས་ཀྱི་རྟོགས་པ་གང་འཁྲུངས་དག་ནི་དེ་དུས་སུ་སྒོ་ཀུན་ནས་ལམ་རྟོགས་པ་ནར་ སོན་ཞིང་རྒྱུད་ལས་བསྟན་པའི་ལམ་དངོས་དང་ཆེས་ཉེ་བའི་དབང་གིས་དེང་དུས་སུ་བྱོན་ 2-1-443 པའི་དམ་པ་དག་གི་ཐུགས་ཉམས་དང་ལྟོས་ན་རྣམ་པ་ཕྱོགས་རེ་ཙམ་འདྲ་བ་མང་ན་དོན་གྱི་ གནས་ཚོད་རྟོགས་པ་དངོས་དང་རྗེས་མཐུན་པའི་ཁྱད་ཆོས་ཡོད་པར་མངོན་ནོ། །དགུང་ལོ་ དོན་གཅིག་པར་དགེ་བཤེས་མཁས་བཙུན་ཞེས་པ་དགུན་ཁར་མགོན་པོའི་དབང་ཁྲིད་ཞུ་ བར་ཕེབས་སྐབས་དབང་ཁྲིད་གསུང་དུས་སུ་ནམ་མཁར་སྤྲིན་ནག་རྦ་ཀློང་འཁྲིགས་ཤིང་ གློག་དང་འབྲུག་སྒྲ་ཆར་དྲག་སོགས་ཚམ་རྔམ་ཆེ་བར་བྱུང་ཞིང་དགེ་བཤེས་ཀྱིས་དེར་བསྙེན་ སྒྲུབ་མཛད་པས་ནད་གདོན་གྱི་ཉེར་འཚེ་ཆེ་བ་རང་ཞིར་སོང༌། རྡོ་ལུང་བླ་མ་རབ་རྒྱས། རི་ འཕོངས་བླ་མ་ཆོས་རབ་སོགས་ལ་སྦྱོར་དྲུག་གི་ཁྲིད་གསུངས་ཤིང་སྐབས་འགར་ཚོགས་ཆོས་ བདེན་བཞི་གསལ་བ་དང༌། ལམ་རིམ་སོགས་ཀྱི་བཤད་ཁྲིད་ཀྱང་གནང༌། གཞན་ཡང་ཆོས་ གཏམ་ཁོ་ནས་སློབ་ཚོགས་ཀྱི་སེམས་རྒྱུད་ལེགས་བཅོས་ཡང་ཡང་མཛད་ཅིང་འདི་དུས་སུ་ ཁོང་ལ་བསེར་གྱི་རྒྱལ་གདོན་འཁུ་བས་གནོད་འཚེ་རྩོམ་ཡང་ཐུགས་དགོངས་བདག་འཛིན་ མེད་པའི་དབྱིངས་སུ་མཉམ་པར་བཞག་པས་གནོད་པ་སྤུ་ཙམ་མ་ནུས། བཀའ་བརྒྱུད་པའི་ བསྟན་བདག་མཆོག་སྤྲུལ་ངེས་དོན་ཆོས་ཀྱི་ཉི་མ་ཡང་འདི་སྐོར་ནས་ཕེབས་ཏེ་དམ་པ་གང་ ཉིད་གཙུག་གིས་བླ་མར་བཀུར་ནས་ཆོས་བཀའ་ཞུ་བ་དང་རྟོགས་འབུལ་ལ་དེ་ལུགས་ཀྱི་ ཆོས་དང་ངོ་སྤྲོད་ཟབ་མོ་མཛད། རྫོགས་ཆེན་དཔལ་སྤྲུལ་ཡང་ལན་སྔ་ཕྱི་གཉིས་ཁོང་གི་ མདུན་དུ་བྱོན་པའི་རྟིང་མར་སྦྱོར་དྲུག་གི་ཁྲིད་ཆ་ལག་བཅས་ཡོངས་རྫོགས་ཞུས་ཏེ་ཐུགས་ ཡིད་ལྷག་པར་ཆེས་པ་བྱུང༌། དགུང་ལོ་དོན་གསུམ་སྐོར་སྦྱངས་པ་བླ་མ་ངེས་དོན། བླ་མ་ཀར་ དབང༌། སྨན་པ་བླ་མ་དཔལ་མཆོག་སོགས་ལ་སྦྱོར་དྲུག་གནང༌། ཡང་བར་སྐབས་སུ་ཁོང་ གིས་ཀུན་མཁྱེན་རིན་པོ་ཆེས་ཉེ་གནས་སངས་རིན་ལ་གདམས་པའི་གསུང་མགུར་དབྱངས་ སུ་འཐེན་ཅིང༌། བར་འགའ་རེར་ཞལ་ནས་འདི་སྐད། ཕ་རྡོ་རྗེ་འཆང་གི་བཀའ་དྲིན་གྱིས། །དུས་འདིར་ཡང་ཉམས་རྟོགས་ལ་བོགས་རེ་བྱུང༌། །སེམས་འཛིན་མེད་བདེ་བ་ཆེན་པོ་ལ། 2-1-444 །དུས་འགོག་མེད་དུ་གནས་པའི་རྣལ་འབྱོར་བདེ། །ཞེས་གསུངས་ནས་བཞུགས་འདུག དགུང་ལོ་དོན་བཞི་ནས་ལོ་འགའ་ཞིག་བར་འཛམ་ཐང་ཆོས་རྗེའི་ཁང་དམར་དུ་བཞུགས་ ནས་དྲུང་བའི་སྐུ་ཕྲེང་གཉིས་པ་བློ་གྲོས་རིན་ཆེན་དཔལ་དང༌། བོ་བ་བླ་མ་ངེས་དོན། གཏུག་ རྒྱ་བླ་མ་སེང་གེ་སོགས་ལ་སྦྱོར་དྲུག་གི་ཟབ་ཁྲིད་ལེགས་གནང་མཛད། གཙང་བའི་རྡོ་རྗེ་སློབ་ དཔོན་ངག་དབང་ཆོས་ཀྱི་འཕགས་པ་དང༌། རྒྱ་བླ་མ་ངག་དབང་དཀོན་མཆོག་གཉིས་ལའང་ སྔ་ཕྱི་རིམ་པས་སྦྱོར་དྲུག་གི་ཁྲིད་རྫོགས་པར་གནང་ཞིང་རྟོགས་འབུལ་ངོ་སྤྲོད་བཅས་ཀྱིས་ ཐུགས་མགུ་རྒྱ་ཆེར་བྱས། དེ་རྗེས་སུ་ཨརྒེ་སྐུ་ཕྲེང་གསུམ་པ་མི་ཕམ་ཕྲིན་ལས་རབ་བརྟན་ དང༌། དྲུང་དབོན་བསྟན་སྐྱོང་སོགས་ལ་སྦྱོར་དྲུག་གནང༌། དགུང་ལོ་དོན་དྲུག་པ་ལ་ཁོང་གི་ ཐུགས་སྲས་མཆོག་གྱུར་དྲུང་བ་སྐུ་ཕྱོགས་གཟུགས་སྐུའི་མེ་ཏོག་འཕྲལ་དུ་འཐོར་བར་ཆས་ཚེ་ ཉིད་དེར་བྱོན་ཏེ་ཁོང་ནས་འཆི་ཁའི་གདམས་ངག་ཟབ་མོ་ལེགས་གནང་དང་གཟུགས་སྐུའི་ མེ་ཏོག་ཡལ་རྗེས་སྦྱངས་ཆོག་གནད་སྨི ན་ཀྱང་མཛད། འདི་སྐོར་ཕྱོགས་སོ་སོའི་ས་རྙིང་ སོགས་ཀྱི་དགོན་སྡེ་མང་པོ་ནས་ཆོས་དང་རྟོགས་ཞུ་བྱེད་པ་མང་པོ་བྱུང་བ་ལ་དེ་དག་གི་ སེམས་རྒྱུད་དང་ལེགས་མཐུན་གྱི་ཆོས་བཀའ་ཅི་རིགས་གནང་ཞིང་ལ་ལའི་སེམས་རྒྱུད་ བཟང་ངན་ཇི་བཞིན་མཁྱེན་པས་ཁོང་གིས་ཐུགས་མཉམ་བཞག་ངང་ནས་ཐམས་ཅད་ཕར་ གསུངས་པ་ལས་ཚུར་རྟོགས་ཞུ་བྱེད་མི་དགོས་པའང་དུ་མ་བྱུང༌། དགུང་ལོ་དོན་བརྒྱད་སྐོར་ ཡན་ལ་ཚེས་བཅུའི་སྐུ་ཕྲེང་བདུན་པ་ངེས་དོན་བསྟན་འཕེལ་ཞབས་དང༌། དབོན་དཀོན་ མཆོག་བསྟན་འཛིན། ཁང་རྒན་བླ་མ་ཐུབ་བསྟན། སོག་པོ་བླ་མ་ཀུན་གྲོལ་སོགས་དང༌། རོང་ ཕྱོགས་ཀྱི་གྲྭ་བ་འགའ་བཅས་ལ་སྦྱོར་དྲུག ཟབ་ཁྲིད་ཡོངས་རྫོགས་དང༌། འཇིགས་བྱེད་ཁྲིད། ལྡེ་ཐུང་རབ་གནས་ཀྱི་ཁྲིད་སོགས་ཆོས་བཀའ་མང་དུ་གསུངས། གཞན་ཡང་ཚུལ་ཁྲིམས་ བསྲུང་ཚུལ། བླང་དོར་བྱེད་ཚུལ། ཤ་ཆང་སྤང་དགོས་ཚུལ། བླ་མ་ལ་དད་གུས་དང་གསོལ་བ་ 2-1-445 འདེབས་ལུགས་དུ་མ་ཞིག་ཀྱང་གསུངས་ལ། འདི་སྐོར་ཉག་རོང་དམག་འཁྲུགས་དུས་ཟིང་ གི་དོགས་གནས་ཆེ་སྐབས་ཁོང་གིས་ད་ལན་མི་རིང་བར་ཉག་དམག་ནང་ཁ་མི་འདུམ་པ་ལྟ་ བུའི་རྐྱེན་གྱིས་ཁོ་རང་ཚོ་གཞན་གྱིས་བཅོམ་འོང་བས་སྐྱོན་མེད་ཚུལ་གསུངས་པ་དེ་ལུགས་ བཞིན་ཕྱིས་སུ་ཐོག་ཁེལ་དུ་སོང༌། དེ་དུས་སུ་བླ་མ་ཆོས་དབང་ལྷུན་གྲུབ་པ་སྦྱོར་དྲུག་ཞུ་བ་ལ་ བྱོན་ནས་ཆོས་ཁྲིད་དེ་ལུགས་གནང་ཞིང༌། སེམས་ཁྲིད་ཀྱི་ཚུལ་ཡང་རང་གི་རང་ངོ་ཤེས་དུས་ ན། །རྟོག་པའི་ཆོ་འཕྲུལ་ཅི་ཆེ་ཡང༌། །བདེ་སྡུག་གི་འཆར་སྒོ་གང་མང་ཡང༌། །ཐམས་ཅད་ ཆོས་སྐུའི་ཡོ་ལང་ཡིན། །ཞེས་དང༌། ཡ་གི་སངས་རྒྱས་ཀྱི་སྐུ་གསུམ་ནས། །མ་གི་དམྱལ་ ཁམས་ཡན་ཆད་ཀུན། །ཐམས་ཅད་མི་འཆར་བྱ་བ་མེད། །ཇི་ལྟར་ཤར་ཡང་སྤྲོས་དང་བྲལ། །ཞེས་དང༌། རླུང་དང་རྣམ་རྟོག་སེམས་གསུམ་པོ། །དབྱིངས་སུ་སྡོམ་པ་ཉམས་ལེན་གྱི་གནད། །འཁྲུལ་འཁོར་གྱིས་ཁ་བསྒྱུར་ཉམས་ལེན་གྱི་རྩལ། །ཞེས་སོགས་མང་པོ་དང༌། འགྲོ་དྲུག་ དྲིན་ཅན་གྱི་ཕ་མ་རྣམས། །རང་ངོ་མ་ཤེས་པས་འཁོར་བར་འཁྱམས། །རང་སེམས་ཀྱིས་རང་ ཉིད་བཅིང་ཚུལ་ལ། །བསམ་བཞིན་དུ་སྙིང་རྗེ་འབད་མེད་འཆར། །ཞེས་སོགས་ལམ་གྲོགས་ སྙིང་རྗེ་འདི་གལ་ཤིན་ཏུ་ཆེ་ཚུལ་ལ་སོགས་པ་ཞལ་གདམས་སྙིང་ལ་ཆེས་འབབ་པ་དུ་མའང་ གསུང་གནང་མཛད། དགུང་ལོ་བརྒྱད་ཅུའི་དུས་སུ་ངེས་དོན་ཆོས་ཀྱི་ཉི་མ་དབུས་གཙང་དུ་ ཕེབས་ཁར་མཇལ་ཕྲད་དུ་འོང་སྟེ་བཀའ་མཆིད་ལེགས་བགྱིས་ཀྱི་རྗེས་སུ་ཁོང་ནས་ད་ཕན་ ལུས་དངོས་འདི་ལ་མི་འཕྲད་ཚུལ་གྱི་བཀའ་ལུང་གནང་པ་ལྟར་ཕྱིས་སུ་དོན་ཐོག་ལ་སོང༌། དེ་ ནས་རྟོགས་ལྡན་ངག་དབང་དཔལ་ལྡན་དང༌། ཀ་ཐོག་བླ་མ་སྨོ ན་ལམ། ལྷ་བཟོ་བླ་མ་ཆོས་ འཛིན་སོགས་སྐྱེས་ཆེན་མང་པོ་བྱོན་ནས་སྦྱོར་དྲུག་དང་བསྐྱེད་རྫོགས་ཀྱི་ཁྲིད་མང་པོ་ཞུས་ ཤིང་རང་རང་གིས་རྟོགས་འབུལ་ཀྱང་མཛད། འདི་སྐོར་ཆོས་རྗེ་རྒྱལ་བ་བཟང་གི་སྐུ་ཕྲེང་ བདུན་པའི་སྐུ་སྐྱེས་སྡོམ་པ་ཞུ་རུ་ཕེབས། ཁོང་ནས་ཐུགས་དགྱེས་པའི་མཛད་སྒོ་དུ་མ་གནང་ 2-1-446 བའི་སྒོ་ནས་དགེ་བསྙེན་དང་རབ་བྱུང་གི་སྡོམ་པ་རིམ་གྱིས་ལེགས་བསྩལ་མཛད་ནས་མཚན་ ངག་དབང་ཆོས་ཀྱི་སེང་གེ་མདོ་རྒྱུད་བསྟན་སྐྱོང་ཞེས་གསོལ་ཞིང༌། བྱང་སྡོམ། གྲུབ་རྒྱལ་ མའི་རྗེས་གནང༌། ཁྲིད་ཡིག་མཐོང་དོན་སྟེང་སྔོ ན་འགྲོ་ནས་བཟུང་སྦྱོར་དྲུག་ཡོངས་རྫོགས་ ཀྱང་གནང་སྟེ་རྗེ་ཉིད་སྐུ་སྐྱེས་དེས་སྤྱི་བོའི་གཙུག་གིས་བླ་མར་བཀུར། ཆོས་རྗེའི་སྐུ་དབོན་ ཀརྨ་དམ་ཆོས་བྱིན་རླབས་ཉམས་ཁྲིད་ཞུ་ཕྱིར་ཕེབས་པ་ལ་དེ་ལུགས་ཀྱི་ཆོས་བཀའ་དང་ ཉམས་ཁྲིད་ཀྱི་དོགས་གནས་ལ་དོགས་སེལ་མཛད། གཙང་བ་འགབ་མའི་སྐུ་དབོན་གསང་ སྔགས་དང༌། ངེས་དོན་གཉིས་བྱོན་པ་ལ་སྦྱོར་དྲུག་དང༌། ཕྱོགས་ནས་འོང་བ་མགོ་ལོག་པ་ མང་པོ་དང༌། ཤ་ར་ཝོར་དགེ་བཤེས། རྫོགས་ཆེན་ཆོས་དབྱིངས་རང་གྲོལ། སྔགས་འཆང་ ནམ་མཁའ་རང་གྲོལ། གཙང་མཁའ་འགྲོ་མ་སོགས་རྟོགས་ལྡན་རྣལ་འབྱོར་ཕོ་མོ་གྲགས་ ཆེན་མང་པོ་ལ་སྦྱོར་དྲུག་ཟབ་ཁྲིད་དང༌། གང་འཚམས་ཀྱི་ཆོས་བཀའ་རྒྱ་ཆེར་གསུངས་ཤིང༌། ཁྱད་པར་ཆོས་རྗེ་རྒྱལ་བ་བཟང་གི་སྐུ་སྐྱེས་ཉིད་ཀྱང་འདིར་སྦྱོར་དྲུག་ཞུ་ུརུ་ཕེབས་ཏེ་ཟབ་ ཁྲིད་མཐའ་དག་མ་སྦས་ཤིང་གསལ་བར་དགྱེས་བཞིན་གནང་སྟེ་བསྟན་པ་ལ་ཕན་ཐོགས་ དགོས་ཚུལ་གྱི་ཞལ་ཏ་བཀའ་མོལ་དུ་མའང་མཛད། སྐུ་སྐྱེས་ཉིད་ནས་ཀྱང་ཉམས་ལེན་ གནད་ཁེལ་དེ་ལུགས་བཞིན་ཡང་བྱས། འདི་སྐོར་རྗེ་བཙུན་རིན་པོ་ཆེའི་གསུང་མགུར་ཅི་ རིགས་ལ་བརྟེན་ནས་ཞལ་ཏ་ཆེས་མང་མཛད། དགུང་ལོ་གྱ་ལྔ་པར་གཙང་བ་གོང་མའི་སྐུ་ ཕྲེང་ལྔ་པའི་ཚབ་མཆོག་སྤྲུལ་ངག་དབང་རིག་མཆོག་གམ་གཙང་སྐུ་ཆེན་དུ་གྲགས་པ་དང༌། དགེ་སྐོར་བླ་མ་ཀུན་བཟང་སོགས་སློབ་བུ་མང་པོ་བྱོན་པ་ལ་སྦྱོར་དྲུག་གི་ཟབ་ཁྲིད་ལེགས་ གནང་མཛད་དོ། །དེ་རྗེས་དགུང་ལོ་གྱ་བདུན་པའི་དུས་ན་ཐུགས་སློབ་ཚོགས་ལ་ཟབ་ཆོས་ གནང་སྐབས་ཁོང་གི་ཞལ་ནས། རང་ད་ལོ་ལས་མི་བཞུགས་པས་ཆོས་ལ་རེམ་དགོས་ཚུལ་ གྱི་གསུང་ཟུར་བཅས་ཀྱིས་ཐུགས་དམ་གཡོལ་མེད་མཛད། དེ་ནས་རེ་ཞིག་ན་སྐུ་ཅུང་ཟད་ 2-1-447 བསྙུང་སྐབས་སློབ་བུ་གང་དག་གིས་ད་ལན་ལས་མི་བཞུགས་པར་ཐག་ཆོད་ནས་འདི་ཕྱིའི་ སྐྱབས་འཇུག་ཞུས་ཚེ། ཞལ་ནས། ངས་མཁའ་ཁྱབ་ཀྱི་འགྲོ་བ་སྒྲོལ་བར་དམ་བཅས་ན་ཁྱེད་ ཅག་ལྟ་ཅི་སྨོ ས། ཞེས་སོགས་ཀྱིས་ཞལ་བཞེས་དང༌། ད་ནི་རང་འཆི་ཁར་མ་འགྲུབ་བསམ་ པ་ཅི་ཡང་མེད་པར་དགའ་ལྷང་ངེ་བའི་ངང་ནས་འགྲོ་ཆོག་ཚུལ་སོགས་ཀྱང་ཞིབ་རྒྱས་སུ་ གསུངས། དེ་ནས་ཞག་འགའ་སོང་བ་ན་ཁོང་གི་ཞལ་ནས། ད་ནི་རང་སྣང་ལ་མངོན་དགའི་ ཞིང་ཁམས་སོགས་ཀྱང་རྒྱུན་མི་ཆད་པར་མཐོང་གིན་འདུག མཁའ་དབྱིངས་སུ་དཔའ་བོ་ མཁའ་འགྲོ་མང་པོས་གང་འདུག་པས་ཁོ་བོས་ཆོས་སྐྱོང་རྣམས་བརྟན་བཞུགས་གཤེགས་ གསོལ་གང་བྱེད་གསུངས། སློབ་ཚོགས་ཀྱིས་རི་ཁྲོད་འདིར་ནི་གཤེགས་གསོལ་བྱས་ན་ དགའམ་ཞུས། དེ་ལུགས་ལྟར་ཁོང་ནས་གཏང་རག་གསོལ་མཆོད་ཕྲིན་ལས་བཅོལ་ཏེ་ གཤེགས་སུ་གསོལ་བར་མཛད། དེའི་གྲགས་པ་ཕྱོགས་སུ་ཁྱབ་པས་ཉིན་རེ་བཞིན་མཇལ་ མ་བརྒྱ་ཕྲག་མང་པོ་སླེབས་པ་དག་ལ་གང་འཚམ་གྱི་ཆོས་སྦྱིན་ཟབ་མོས་རང་རང་གི་རེ་ འདོད་ལེགས་སྐོང་མཛད། དེ་ནས་ལོ་དེའི་ཟླ་བ་བདུན་པའི་ཡར་ཚེས་བཅོ་ལྔའི་ཉི་ཤར་ལ་ ཆོས་གོས་ཀྱིས་སྐུ་ལུས་དཀྲིས་ཏེ་དབུ་བྱང་དུ་ཕྱོགས་ནས་སེང་གེའི་ཉལ་སྟབས་སུ་བཞུགས་ བུམ་ཅན་གྱི་རླུང་ཁུག་བཟུང་སྟེ་ལན་གསུམ་བུས་མཐར་ཐུགས་དགོངས་ཆོས་དབྱིངས་སུ་ ཐིམ། ཞག་བདུན་ཐུགས་དམ་ལ་བཞུགས་རིང་སྐུ་བཀྲག་མདངས་རྒྱས་ཤིང་ནམ་མཁའ་ གཡའ་དག་མེ་ཏོག་གི་ཆར་བསྙོན་མེད་དུ་བབས་་ཤིང་དེའི་མཐར་ཀུན་ད་སྣ་སྒོར་འོ་མ་ལུད་ པ་བཞིན་ཐོན་ནས་བླ་མ་འཇམ་དབྱངས་ཀྱིས་ཐུགས་དམ་བཀྲོལ་སྐབས་མཚན་མོ་ཉི་མའི་ དཀྱིལ་འཁོར་ལྟ་བུའི་གསལ་འཚེར་བའི་འོད་སྣང་མཁའ་ལམ་ནས་ཤར་ཏེ་ནམ་ལངས་པ་ ལྟར་རེ་ཞིག་གི་བར་དུ་གྱུར་པ་ཀུན་གྱིས་མཐོང་ལམ་དུ་ཆེས་མངོན་པ་སོགས་ངོ་མཚར་བའི་ ལེགས་མཚན་དུ་མ་བྱུང༌། དེ་ནས་སློབ་བུ་གང་དག་གིས་སྐུ་གདུང་ལ་ལོངས་སྐུའི་ཆས་གསོལ་ 2-1-448 ཏེ་མཆོད་སྨོན་རྒྱ་ཆེར་བསྒྲུབས་རྗེས་ཟླ་བ་བརྒྱད་པའི་ཚེས་གསུམ་ཉིན་གདུང་ལ་ཞུགས་ མཆོད་ཕུལ་བས་མྱུར་དུ་ཞི་ཞིང་ཐུགས་དང་དབུ་ཀླད་མ་ཚིག་པར་ལུས། དེ་ནས་ཆོས་རྗེ་ མཆོག་སྤྲུལ་གྱིས་གདུང་རྟེན་བྱང་ཆུབ་མཆོད་རྟེན་དངུལ་ཟངས་ལས་ལེགས་བསྐྲུན་མཛད་པ་ སོགས་བསོད་ནམས་ཞིང་མཆོག་ཁྱད་པར་བའི་བགྱི་བ་དོན་ལྡན་ལེགས་ངེས་ཀྱིས་མཛད་སྒོ་ ཉེ་བར་མཐར་ཕྱིན་པར་གྱུར་ཏོ། །དམ་པ་གང་དེའི་བརྒྱུད་འཛིན་ཐུགས་སྲས་ཆེ་བའི་རིམ་པ་ ཡང་གོང་སྨོས་དག་གིས་ཕྱོགས་ཙམ་གོ་ནུས་ལ་རྒྱས་པའི་རྣམ་ཐར་ནི་ལོགས་ན་ཡོད་པ་ལྟར་ ལས་འདིར་མདོ་ཙམ་བརྗོད་པ་ཡིན་ལ། དམ་པ་འདི་ཉིད་གཙང་བའི་དངོས་སློབ་དེ་ལྟར་ཡིན་ ཞིང་ཁོང་གིས་ཟབ་ཆོས་ཞུ་ཡུལ་གཉིས་པ་པཎ་ཆེན་དུས་ཞབས་པའི་བྱིན་གྱིས་བརླབས་པའི་ རྣམ་འཕྲུལ་དུ་གྲགས་པ་གཞན་སེམས་ཐོགས་མེད་དུ་མཁྱེན་ཞིང་རླུང་ལ་རང་དབང་ཐོབ་སྟེ་ འབྱུང་འཇུག་སོར་རྩེ་སོགས་གང་འདོད་བྱེད་ནུས་པ་སྟོང་ཉིད་ཀྱི་ལྟ་བ་རྟོགས་ཤིང་འཁྲུལ་ འཛིན་གྱི་མདུད་པ་ལྷོད་པ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ལྷ་ཚེ་བླ་མ་རྒྱལ་མཚན་གང་དེ་ ནི་རབ་བྱུང་བཅུ་གཉིས་པ་ལ་ལོ་ང་གཉིས་སོང་བའི་ས་ལུགས་ལ་འཁྲུངས། ཉིད་དགུང་ལོ་ བཅུ་གཉིས་ལོན་ཚེ་ཚ་ཁོའི་ཕུན་ཚོགས་རྫོང་རྒྱལ་ཁབ་ཏུ་གཙང་ཇོ་ནང་རྟག་བརྟན་དགོན་གྱི་ བླ་མ་གོང་བླ་ཀུན་དགའ་རྣམ་རྒྱལ་ཞབས་པ་སྐུ་ན་ཚོད་བགྲེས་པོར་སོང་ཡོད་པ་དེ་ཉིད་རྒྱལ་ པོ་ཚེ་དབང་དྲག་རྒྱལ་གྱི་མཆོད་གནས་སུ་ཕེབས་ཡོད་པའི་དྲུང་དུ་སྦྱོར་དྲུག་ཞུ་རུ་ཕྱིན་པ་ཡིན་ ལ། དེ་ཡང་སྔོ ན་རྗེ་བཙུན་ཏཱ་ར་ནཱ་ཐའི་དངོས་སློབ་མཁས་གྲུབ་བློ་གྲོས་རྣམ་རྒྱལ། དེའི་དངོས་ སློབ་གྲུབ་ཆེན་ངག་དབང་འཕྲིན་ལས། དེའི་དངོས་སློབ་ཆོས་རྗེ་ཀུན་བཟང་དབང་པོ། དེའི་ དངོས་སློབ་གོང་བླ་ཁོང་ཉིད་ཡིན་ཞིང་དེའི་མདུན་ནས་ལྷ་ཚེ་བླ་མས་སྐུ་ན་ཆུང་དུས་སུ་སྦྱོར་ དྲུག་ལེགས་གསན་མཛད་ལ། དེའི་ཕྱིས་སུ་གཙང་བ་ཀུན་བཟང་ཕྲིན་ལས་རྣམ་རྒྱལ་གྱི་དྲུང་ ནས་ཀྱང་ཟབ་ཆོས་འདིའི་ཆོས་བཀའ་མ་ལུས་པ་ཇི་བཞིན་མནོས་ཏེ་སྒྲུབ་པ་ལྷུར་ལེན་གྱིས་ 2-1-449 བསམ་སྒོ མ་བྱས་པར་མངོན་ནོ། །