1-1-1 ཇོ་ནང་ཆོས་མཛོད་ཆེན་མོ་ལས། ངག་དབང་བློ་གྲོས་གྲགས་པའི་་གསུང་འབུམ། ༼པོད་དང་པོ།༽ 1-1-2 དཀར་ཆག ཐོག་མའི་གླེང་བརྗོད།.........................................................................................(1) ཤར་འཛམ་ཐང་པ་ངག་དབང་བློ་གྲོས་གྲགས་པའི་རྣམ་ཐར་ཉུང་བསྡུས།.......................................(1) བར་ཆད་མཐའ་དག་གི་དུག་ནད་སེལ་བའི་འཆི་མེད་བདུད་རྩི་ཞེས་བྱ་བ་བཞུགས།..........................(1) བར་ཆད་ལམ་སེལ་ཉུང་བསྡུས།...............................................................................(4) ཀུན་མཁྱེན་ཡབ་སྲས་རྗེ་བཙུན་བཅས་ལ་མཆོད་ཐབས་རྒྱུན་ཁྱེར་ཉུང་བསྡུས་ བྱིན་རླབས་སྒོ་འབྱེད་ཅེས་བྱ་བ་བཞུགས།..............................................................(6) ཀུན་མཁྱེན་ཡབ་སྲས་བརྒྱུད་རིམ་བཅས་ཀྱི་མཆོད་ཐབས་ལ་སྦྱར་འོས་པའི་ ལྷན་ཐབས་བྱིན་རླབས་དཔལ་སྟེར་ཞེས་བྱ་བ་བཞུགས་སོ།།...........................................(11) ཀུན་མཁྱེན་ཡབ་སྲས་བརྒྱུད་པར་བཅས་ལ་ཚོགས་མཆོད་འབུལ་ཐབས་ ཉེར་བསྡུས་ཆོས་རྗེ་དགྱེས་པའི་མཆོད་སྤྲིན་བཞུགས་སོ།།..............................................(22) ཀུན་མཁྱེན་ཇོ་ནང་བ་ཆེན་པོའི་བླ་མ་རྒྱང་འབོད་ངེས་དོན་བྱིན་རླབས་ མྱུར་འཇུག་ཅེས་བྱ་བ་བཞུགས་སོ།།...............................................................(26) ཚེ་འགུགས་རྡོ་རྗེའི་ཚེ་མཆོག་རབ་འགུགས་ཞེས་བྱ་བ་བཞུགས་སོ།།.........................................(28) ཀུན་མཁྱེན་ཡབ་སྲས་མཆོད་ཆོག་ལྷན་ཐབས་ཀྱི་ཟུར་འདེབས་ལག་ལེན་ ཉེར་མཁོ་ཞེས་བྱ་བ་བཞུགས་སོ།།........................................................................(32) ཀུན་མཁྱེན་ཡབ་སྲས་མཆོད་ཆོག་ཟུར་བཀོལ་ཉེར་མཁོ་བསྟན་འགྲོར་ ཕན་བྱེད་ཅེས་བྱ་བ་བཞུགས་སོ།།.........................................................................(50) ཀུན་མཁྱེན་རྟོན་པ་བཞི་ལྡན་གྱི་སྐྱེས་རབས་རྣམ་ཐར་ཚིགས་བཅད་མ་ཀུན་ཉོན་ཚ་གདུང་འཕྲོག་པའི་ ཆོས་སྣང་འོད་དཀར་ཟླ་བའི་བསིལ་ཟེར་ཞེས་བྱ་བ་བཞུགས་སོ།།................................(63) ལེའུ་སོ་གསུམ་པ། དྷརྨ་ཨ་ཤྭ་ཀར་སྐྱེས་པའི་རབས།......................................................(191) ཀུན་མཁྱེན་ཡབ་སྲས་བརྒྱུད་རིམ་བཅས་ཀྱི་མཆོད་ཐབས་ལ་སྦྱར་འོས་པའི་ལྷན་ཐབས་ 1-1-3 བྱིན་རླབས་དཔལ་སྟེར་ཞེས་བྱ་བ་བཞུགས་སོ།།...................................................(291) ཀུན་མཁྱེན་ཡབ་སྲས་བརྒྱུད་རིམ་བཅས་ཀྱི་ལྷན་ཐབས་དང་ཚོགས་མཆོད་སོགས་ལ་ མཁོ་བའི་ལག་ལེན་གྱི་རིམ་པ་འདོད་དགུ་འཇོ་བའི་བུམ་བཟང་ཞེས་བྱ་བ་བཞུགས་སོ།།.........(321) ཀུན་མཁྱེན་ཡབ་སྲས་མཆོད་ཆོག་ལྷན་ཐབས་ཀྱི་ཟུར་འདེབས་ལག་ལེན་ ཉེར་མཁོ་ཞེས་བྱ་བ་བ་ཞུགས་སོ།།..................................................................(371) ཐུན་མོང་མ་ཡིན་པའི་སྨོན་ལམ་རྒྱལ་བ་རྒྱ་མཚོ་བཞུགས་སོ།།............................................(391) སྨོན་ལམ་གལ་བོ་ཆེ་བཞུགས་སོ།།............................................................................(3 རིམ་གཉིས་ཟབ་མོ་ལམ་གྱི་སྨོན་ལམ་ཁྱད་པར་དུ་འཕགས་པ་ཞེས་བྱ་བ་བཞུགས་སོ།།...................(398) ཤམྦྷ་ལའི་ཞིང་བཀོད་ཀྱི་བསྟོད་སྨོན།.....................................................................(402) དཔལ་ཇོ་ནང་པ་ཆེན་པོའི་བསྟན་འབར་མ།..............................................................(403) པར་བྱང་སྨོན་ཚིག........................................................................................(406) 1-1-4 ༄༅། །བར་ཆད་མཐའ་དག་གི་དུག་ནད་སེལ་བའི་ འཆི་མེད་བདུད་རྩི་ཞེས་བྱ་བ་ བཞུགས་སོ།། ༄༅། །ཆོས་སྐུ་དོན་དམ་དབྱིངས་ཡེ་ཟུང་འཇུག་བདག །གཟུང་འཛིན་ཀུན་བྲལ་བདེ་ ཆེན་བྱང་ཆུབ་གླིང༌། །སྐུ་དང་ཞིང་ཁམས་རབ་འབྱམས་རྒྱ་མཚོའི་མགོན། །འབད་མེད་ངང་ ལས་འགྲོ་རྒྱུད་རྟག་འཆར་བ། །གདུལ་བྱ་རབ་འབྲི ང་ཐ་མར་གང་གྱུར་ཚད། །ངོ་མཚར་སྒྱུ་ མའི་བཀོད་བཟང་འཛད་མེད་པ། །དུས་ལས་ཡོལ་མིན་ཐུགས་རྗེ་ཇི་འོས་འཇུག །དེང་སྐབས་ དེ་ལུགས་དང་མཐུན་མཛད་བཟང་སྩོལ། །དམ་པ་དང་པོའི་སངས་རྒྱས་རིགས་ཀུན་བདག །རྒྱལ་ཀུན་སྤྲུལ་གཞི་ཁྱབ་བདག་རྡོ་རྗེ་འཆང༌། །གང་རྣམ་གཉིས་ལ་གུས་པས་སྐྱབས་གསོལ་ ན། །བར་ཆད་ཀུན་སོལ་ཆོས་མཐུན་འགྲུབ་བྱིན་རློབས། །དང་པོའི་སངས་རྒྱས་དཔལ་ མཆོག་དུས་འཁོར་ལོ། །བསྟན་པའི་བདག་པོ་ཤཱཀྱ་ཐུབ་དབང་ཞབས། །གང་རྣམ་གཉིས་ ལ༴ སོགས་འགྲེས། བདེ་ཆེན་ཞིང་གཙོ་འོད་དཔག་མེད་མགོན་དང༌། །རྒྱལ་ཀུན་བརྩེ་གཟིགས་ བཅུ་གཅིག་ཞལ་བཟང་ལྡན། །གང་རྣམ་གཉིས་ལ༴ བརྩེ་ཆེན་སྤྱན་རས་གཟིགས་དབང་ཕྱག་ བཞི་པ། །ཁ་སར་པ་ཎི་སྙིང་རྗེའི་གཏེར་གྱི་བདག །གང་རྣམ་གཉིས་ལ༴ དྲང་སྲོང་ཆེན་པོ་ པདྨའི་ཕྲེང་བ་དང༌། །བདེ་གཤེགས་སངས་རྒྱས་ཆོས་ཀྱི་སྣང་བའི་མཚན། །གང་རྣམ་གཉིས་ ལ༴ རྒྱལ་བུ་རིན་ཆེན་འབྱུང་གནས་མཛད་རབ་ཆེ། །བདེ་བར་གཤེགས་པ་རྣམ་འདྲེན་མངོན་ འཕགས་རྒྱལ། །གང་རྣམ་གཉིས་ལ༴ བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་རྗེ། 1-1-5 །ཆོས་ཀྱི་རྒྱལ་པོ་བརྩོན་འགྲུས་ཆེན་པོ་ཀླུ། །གང་རྣམ་གཉིས་ལ༴ གླིང་བཞི་ལ་དབང་འཁོར་ ལོས་སྒྱུར་རྒྱལ་མཆོག །ལི་ཙ་གཞོན་ནུ་ཀུན་གྱི་མཐོང་ན་དགའ། །གང་རྣམ་གཉིས་ལ༴ ཉན་ ཐོས་ཚུལ་འཛིན་བྱང་སེམས་བློ་འཆང་མཚན། །སྤྲུལ་པའི་ཅང་ཤེས་རྟ་རྒྱལ་བྷ་ལ་ཧ། །གང་ རྣམ་གཉིས་ལ༴ འཕགས་རིགས་རི་དྭགས་རུ་རུ་ཞེས་པའི་གཟུགས། །དགྲ་བཅོམ་འཕགས་ པ་རྒྱལ་བུ་པར་ཙི་ཀ །གང་རྣམ་གཉིས་ལ༴ རྒྱལ་སྲས་འཇིག་རྟེན་དབང་ཕྱུག་མཚན་མཆོག་ ལྡན། །བསོད་ནམས་རབ་ལྡན་མི་རྗེ་དབང་ཕྱུག་ཚུལ། །གང་རྣམ་གཉིས་ལ༴ འོད་ཟེར་ བཟང་པོ་ཆོས་རྒྱལ་རྗེ་དབང་མཆོག །རྨ་བྱ་མཛེས་ལྡན་རོལ་པའི་གར་བསྒྱུར་བ། །གང་རྣམ་ གཉིས་ལ༴ འཕགས་པ་མཛེས་པའི་བློ་གྲོས་སྲུང་སྡོམ་ཆེ། །རྒྱལ་སྲས་སེམས་དཔའ་མཛེས་ པའི་གཟུགས་རབ་ལྡན། །གང་རྣམ་གཉིས་ལ༴ གླང་ཆེན་ཕྲུ་གུ་སྟོབས་རྒྱན་ཆོས་སྨྲ་མཁན། །ཆོས་སྟོན་བྱ་མཆོག་ངང་པའི་གཟུགས་ལྡན་པ། །གང་རྣམ་གཉིས་ལ༴ རྒྱལ་བུ་ཆེན་པོ་སྤོས་ ཀྱི་གླང་པོའི་མཚན། །ཉན་ཐོས་ཚུལ་འཆང་མཛེས་པའི་གཟུགས་བཟང་བ། །གང་རྣམ་གཉིས་ ལ༴ དགེ་སློང་ཟླ་བའི་བློ་གྲོས་བསླབ་གསུམ་མཆོག །རྒྱལ་སྲས་སེམས་དཔའ་ཆེན་པོ་མྱ་ངན་ མེད། །གང་རྣམ་གཉིས་ལ༴ ཟླ་བའི་རྒྱལ་མཚན་དེ་བཞིན་གཤེགས་སངས་རྒྱས། །འཁོར་ ལོས་སྒྱུར་རྒྱལ་ནོར་བུའི་ཕྲེང་བ་བསྣམས། །གང་རྣམ་གཉིས་ལ༴ འཛམ་གླིང་མཛེས་རྒྱན་ འཕགས་པ་ཀླུ་སྒྲུབ་ཞབས། །རིགས་ལྡན་པད་དཀར་འཛིན་པ་ཆོས་ཀྱི་རྒྱལ། །གང་རྣམ༴ བྱང་ཆུབ་སེམས་དཔའ་ཆེན་པོ་ཆོས་ཀྱི་འཕགས། །གངས་ལྗོངས་ཆོས་རྒྱལ་སྲོང་བཙན་སྒམ་ པོའི་ཞབས། །གང་རྣམ་གཉིས་ལ༴ གསང་སྔགས་སློབ་དཔོན་པདྨ་འབྱུང་གནས་རྗེ། །འབྲི ་ གུང་སྐྱོབ་པ་འཇིག་རྟེན་གསུམ་གྱི་མགོན། །གང་རྣམ་གཉིས་ལ༴ བྱང་སེམས་ཡོན་ཏན་ མཐའ་ཡས་ཀླུ་རྒྱལ་རྗེ། །འཛམ་གླིང་འཁོར་ལོས་སྒྱུར་རྒྱལ་ས་ཐུལ་ཆེ། །གང་རྣམ་གཉིས་ ལ༴ འཁོར་ལོས་སྒྱུར་བ་དྷརྨ་ཨ་ཤྭ་ཀ །རྒྱལ་བུ་མུ་ཏིག་གི་ནི་སྙིང་པོའི་མཚན། །གང་རྣམ་ 1-1-6 གཉིས་ལ༴ འཛམ་གླིང་འཁོར་ལོས་སྒྱུར་རྒྱལ་སྙིང་རྗེའི་སྤྲིན། །བསིལ་ལྗོངས་ཀུན་མཁྱེན་ རྟོན་པ་བཞི་ལྡན་ཆེ། །གང་རྣམ་གཉིས་ལ༴ སངས་རྒྱས་ཡེ་ཤེས་འབྱུང་གནས་འོད་ཟེར་ དཔལ། །དགའ་ལྡན་བཞུགས་པ་ལྷ་བརྒྱའི་གཙུག་གིས་མཆོད། །གང་རྣམ་གཉིས་ལ༴ ལྷག་ པའི་ལྷ་མཆོག་ཟུར་ཕུད་ལྔ་པའི་སྐུ། །གངས་ཅན་ལྷར་གྱུར་གྲུ་འཛིན་རི་ལ་དགྱེས། །གང་རྣམ་ གཉིས་ལ༴ སངས་རྒྱས་ཀུན་དངོས་ཀུན་མཁྱེན་ཆོས་ཀྱི་རྗེ། །ཐུགས་སྲས་ཀུན་སྤངས་ཆེན་ པོ་ཆོས་གྲགས་དཔལ། །གང་རྣམ་གཉིས་ལ༴ ཇོ་ནང་ལོ་ཙཱ་ཆེན་པོ་བློ་གྲོས་དཔལ། །ཀུན་ མཁྱེན་གཉིས་པ་ཕྱོགས་ལས་རྣམ་རྒྱལ་བ། །གང་རྣམ་གཉིས་ལ༴ ས་བཟང་མ་ཏི་པཎ་ཆེན་ དཔལ་བཟང་མཚན། །འབྲི ་གུང་གནས་བཞུགས་ལོ་ཙཱ་མ་ཎི་ཀ །གང་རྣམ་གཉིས་ལ༴ ཞང་ སྟོན་རྒྱ་བོ་བསོད་ནམས་གྲགས་པའི་མགོན། །སྨན་ཆུ་ཁ་བ་བློ་གྲོས་རྒྱལ་མཚན་མཆོག །གང་ རྣམ་གཉིས་ལ༴ རྒྱལ་བའི་སྲས་པོ་རིན་ཚུལ་ཟླ་བྲལ་བ། །ཀུན་མཁྱེན་གསུམ་པ་ཉ་དབོན་ དཔལ་བཟང་རྗེ། །གང་རྣམ་གཉིས་ལ༴ གྷ་རུང་ལྷ་ཡི་རྒྱལ་མཚན་མཁས་པའི་དཔལ། །འགྲོ་ འདྲེན་ཕུན་ཚོགས་དཔལ་བཟང་ཐུགས་ཀྱི་སྲས། །གང་རྣམ་གཉིས་ལ༴ ཐང་བོ་ཆེ་པ་ཀུན་ དགའ་འབུམ་ཞེས་གྲགས། །ཐང་ཆུང་བློ་གྲོས་དཔལ་གྱི་མཚན་སྙན་རྒྱས། །གང་རྣམ་གཉིས་ ལ༴ མཚལ་མིན་བསོད་ནམས་བཟང་པོ་ཞེས་བྱར་གྲགས། །ཀུན་མཁྱེན་སླར་བྱོན་རྗེ་ བཙུན་སྒྲོལ་བའི་མགོན། །གང་རྣམ་གཉིས་ལ༴ གཞན་ཡང་བརྒྱུད་འཛིན་དཔལ་ལྡན་བླ་ མའི་ཚོགས། །ཡི་དམ་རབ་འབྱམས་སྐྱབས་མཆོག་རིན་ཆེན་གསུམ། །དེ་རྣམས་ལའང་གུས་ པས་སྐྱབས་གསོལ་ན། །བར་ཆད་ཀུན་སོལ་ཆོས་མཐུན་འགྲུབ་བྱིན་རློབས། །མཁའ་འགྲོ་ ཆོས་སྐྱོང་བསྟན་སྲུང་རྒྱ་མཚོ་རྣམས། །དེ་དག་གནས་ལུགས་གཤིས་སུ་གདོད་ནས་བཞུགས། །དེ་རྣམས་ལའང་གུས་པས༴ སྤྲོས་བྲལ་མི་རྟོག་བསམ་མེད་རང་གསལ་གྱིས། །མན་ངག་ ཟབ་མོས་རང་སེམས་གནད་དུ་འབྱོར། །མཐའ་བྲལ་དབུ་མ་ཆེན་པོའི་རང་ལུགས་འདི། །ཇི་ 1-1-7 བཞིན་དགོངས་ཆུབ་ངེས་གསང་རྗེན་འཆར་ཤོག །དེ་བར་གནས་སྐབས་ཀུན་ཏུ་མཐུན་པའི་ རྐྱེན། །འབད་མེད་ངང་འགྲིག་ཕྱི་ནང་གསང་བ་ཡི། །བར་ཆད་མཐའ་དག་སྐུ་གསུམ་ལྷུན་ གྲུབ་ཀྱིས། །གང་ལ་གེགས་བྲལ་ཕ་མཐར་ཕྱིན་གྱུར་ཅིག །ཅེས་པའི་བར་ཆད་མཐའ་དག་གི་དུག་ ནད་སེལ་བའི་འཆི་མེད་བདུད་རྩི་ཞེས་བྱ་འདི་ཚེ་རིང་རྡོ་རྗེ་དང༌། དགེ་མ་སངས་རྒྱས་མཚོ། དགེ་ཚུལ་མ་ཚུལ་ཁྲིམས་ ལྷ་མོ་སོགས་ཀྱིས་བསྐུལ་མ་ཡང་ཡང་བྱས་པའི་ཁར་ཆོས་གྲོགས་གུ་ཎ་བྷ་དྲས་རྟེན་འབྲེལ་ལེགས་མཚོན་དུ་སེངྒེའི་ གཟུགས་མཛེས་ལྡན་གཉིས་ཀྱིས་ཞུ་རྟེན་བྱས་ཏེ་མ་ཏི་ཀིརྟིས་སྨྲས་པ་ལྟར་ཡི་གེ་པའང་ཆོས་གྲོགས་ཉིད་ཀྱིས་བགྱིས་ པ་སྟེ། བསྟན་འགྲོ་ཡོངས་ལ་བར་ཆད་མཐའ་དག་སེལ་བའི་རྐྱེན་མཆོག་ཏུ་གྱུར་ཅིག། །། 1-1-8 ༄༅། །བར་ཆད་ལམ་སེལ་ཉུང་བསྡུས། ༄༅། །ཆོས་སྐུ་དོན་དམ་དབྱིངས་ལས་ཉེར་བཞེངས་པ། །ཀུན་རྫོབ་གཞན་ངོར་རླབས་ ཆེན་འགྲོ་མགོན་རྗེ། །རིགས་ལྡན་སྤྲུལ་སྐུ་ཡབ་སྲས་བརྒྱུད་འཛིན་ཚོགས། །དགོངས་ཆེན་ ཀློང་ནས་གཟིགས་རྒྱ་བསྐྱེད་དུ་གསོལ། །དུས་གསུམ་སངས་རྒྱས་རྟོན་པ་བཞི་ལྡན་ཆེ། །ཐུགས་སྲས་ཀུན་སྤངས་ཆེན་པོ་ཆོས་གྲགས་དཔལ། །གང་རྣམ་གཉིས་ལ་གུས་པས་སྐྱབས་ གསོལ་ན། །བར་ཆད་ཀུན་སོལ་ཆོས་མཐུན་འགྲུབ་བྱིན་རློབས། །ཇོ་ནང་ལོ་ཙཱ་བློ་གྲོས་ དཔལ་གྱི་མཚན། །མ་ཏི་པཎ་ཆེན་རྒྱལ་མཚན་དཔལ་བཟང་པོ། །གང་རྣམ་གཉིས་ལ༴ སོགས་ འགྲེས། ཀུན་མཁྱེན་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ། །འབྲི ་གུང་ལོ་ཙཱ་མ་ཎི་ཀ་ཤྲཱི་མཚན། །གང་རྣམ༴ སྨན་ཆུ་ཁ་བ་བློ་གྲོས་རྒྱལ་མཚན་ཆེ། །རྒྱལ་སྲས་རིན་ཚུལ་མཛད་པ་ཟླ་བྲལ་ བ། །གང་རྣམ༴ ཞང་སྟོན་རྒྱ་བོ་བསོད་ནམས་གྲགས་པའི་མཚན། །གྷ་རུང་ལྷ་ཡི་རྒྱལ་མཚན་ མཁས་པའི་ཕུལ། །གང་རྣམ༴ ཉ་དབོན་ཀུན་དགའ་དཔལ་བཟང་རིགས་པའི་གཏེར། །ཕུན་ ཚོགས་དཔལ་བཟང་འགྲོ་བའི་འདྲེན་པ་རྗེ། །གང་རྣམ༴ ཐང་བོ་ཆེ་པ་ཀུན་དགའ་འབུམ་ ཞེས་མཚན། །ཐང་ཆུང་བློ་གྲོས་དཔལ་གྱི་གྲགས་སྙན་ཅན། །གང་རྣམ༴ ཡབ་སྲས་དེ་དག་ རྣམས་ཀྱི་ཐུགས་སློབ་མཆོག །མཚལ་མིན་བསོད་ནམས་བཟང་པོ་སྐྱེ་དགུའི་མགོན། །གང་ ཉིད་ལའང་གུས་པས་སྐྱབས་གསོལ་ན། །བར་ཆད་ཀུན་སོལ་ཆོས་མཐུན་འགྲུབ་བྱིན་རློབས། །ངེས་དོན་བསྟན་པའི་རྩ་ལག་གང་དག་གི །བརྒྱུད་འཛིན་ཆེན་པོ་རྗེ་བཙུན་སྒྲོལ་བའི་མགོན། །གང་ཉིད་ལའང༴ གཞན་ཡང་ངེས་དོན་སྒྲུབ་བརྒྱུད་འཛིན་པའི་བཤེས། །ཇོ་ནང་རང་ལུགས་ 1-1-9 འཛིན་པའི་སྐྱེས་ཆེན་ཚོགས། །དེ་དག་ཀུན་ལ་གུས་པས་སྐྱབས་གསོལ་ན། །བར་ཆད་ཀུན་ སོལ་ཆོས་མཐུན་འགྲུབ་བྱིན་རློབས། །ངེས་དོན་ལུགས་བཟང་འཛིན་སྐྱོང་སྤེལ་བ་ཡི། །ཇོ་ ནང་ཡབ་སྲས་བརྒྱུད་འཛིན་དང་བཅས་པའི། །རྣམ་པར་འཕྲུལ་ཆེན་ཡི་དམ་རབ་འབྱམས་ དང༌། །མཆོག་གསུམ་མཁའ་འགྲོ་ཆོས་སྐྱོང་མ་ལུས་པ། །གང་འདུལ་མཛད་བཟང་བསམ་མི་ ཁྱབ་པ་ཅན། །དེ་རྣམས་ཀུན་ལ་སྙིང་ནས་རེ་ལྟོ ས་འཆའ། །སྐྱབས་འོག་སྒྲུབ་པོའི་རེ་འབྲས་ ཡོད་དོ་ཅོག །གང་ལ་གེགས་བྲལ་ཕ་མཐར་ཕྱིན་གྱུར་ཅིག །ཅེས་པའི་བར་ཆད་ལམ་སེལ་ཉུང་བསྡུས་ འདི་ཡང་བླ་མ་ཐུགས་རྗེ་དཔལ་གྱི་དགོངས་བཞེད་བཞིན། མ་ཏིས་སྦྱར་བ་དགེ། །། 1-1-10 ༄༅། །ཀུན་མཁྱེན་ཡབ་སྲས་རྗེ་བཙུན་བཅས་ལ་མཆོད་ཐབས་ རྒྱུན་ཁྱེར་ཉུང་བསྡུས་བྱིན་རླབས་སྒོ་འབྱེད་ ཅེས་བྱ་བ་བཞུགས་སོ། ། ༄༅། །འདིར་ཀུན་མཁྱེན་ཡབ་སྲས་རྗེ་བཙུན་བཅས་ལ་མཆོད་ཐབས་མདོར་བསྡུས་པ་སྟེ། འདི་སྐད། ཀུན་ཁྱབ་རང་གསལ་ནང་རིག་འགྱུར་མེད་དབྱིངས། །དོན་དམ་གཉུག་མ་གཞི་འབྲས་དབྱེར་ མེད་བདག །ཟག་བྲལ་ཆོས་སྐུ་རིན་ཆེན་གསུམ་གྱི་བདག །ངེས་དོན་རང་གསལ་ཆེན་པོས་ སྐྱབས་སུ་བསྟེན། །ལན་གསུམ། ཡེ་ཤེས་རང་བཞིན་གདོད་མ་མཆོག་གི་ཁམས། །ཇི་བཞིན་མ་རྟོགས་རྣམ་ཤེས་རང་ སྣང་ལ། །ཀུན་རྫོབ་ཨ་འཐས་བརྟན་པོས་འཁྲུལ་བའི་འགྲོ། །གནས་ལུགས་ས་ལ་མྱུར་རེག་ སེམས་བསྐྱེད་དོ། །ལན་གསུམ། དེ་ནས་མཆོད་ཡུལ་བསྐྱེད་པ་ནི། སྐད་ཅིག་རང་མདུན་མཁའ་དབྱིངས་ཀུན་བཟང་མཆོད་སྤྲིན་ འཁྲིགས་པའི་སྦུབས། །རྣམ་རྒྱས་མཛེས་སྡུག་འཇའ་ཟེར་སྣང་བའི་དགེ་མཚན་འབར་བའི་ ཀློང༌། །རབ་མཛེས་གདོང་ལྔས་ལེགས་བཏེགས་རིན་ཆེན་ཁྲི་བཟང་རྒྱས་པའི་སྟེང༌། །སྐྱོན་ བྲལ་ཆུ་སྐྱེས་འདབ་མ་བརྒྱད་ལྡན་གེ་སར་ཟེའུ་འབྲུའི་རྩེར། །ཉ་གང་རི་བོང་འཛིན་པ་དཀར་ གསལ་དྭངས་པའི་དཀྱིལ་འཁོར་རྫོགས། །དེ་དབུས་གཟུགས་སྐུའི་སྒྱུ་འཕྲུལ་འཛིན་མཛད་ རྒྱལ་ཀུན་སྙིང་རྗེའི་བདག །འཕགས་མཆོག་འཇིག་རྟེན་དབང་ཕྱུག་ཆོས་སྐུ་འཁོར་འདས་ ཡོངས་ཁྱབ་ལས། །གང་འདུལ་འགྲོ་ལ་དེར་སྣང་ཚུལ་གྱིས་སྒྱུ་འཕྲུལ་གར་བསྒྱུར་བ། །རིགས་ 1-1-11 ལྡན་པད་དཀར་མི་ཡི་བླ་མར་བཞེངས་པ་ཆོས་ཀྱི་རྗེ། །ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཀུན་ མཁྱེན་ཤེས་རབ་རྒྱལ་མཚན་དཔལ། །ཡེ་ཤེས་སྐུ་མཆོག་སྒྱུ་མའི་རོལ་གར་དཀར་ལ་དམར་ བའི་མདངས། །ཟག་མེད་ཏིང་འཛིན་འབུམ་གྱི་ཉམས་ལྡན་སྤྱན་ཟུང་ཧྲིག་གེར་གཟིགས། །ཞལ་རས་དགྱེས་པའི་བརྗིད་ཉམས་ངོ་མཚར་གཟུགས་སྐུ་་མེ་བ། །ལེགས་མཛེས་མནབ་ འགག་རྣམ་གསུམ་ཆོས་གོས་གསར་བས་ཉེ་བར་བཀླུབས། །དབུ་ལ་མཁན་ཞྭ་སྙན་ཤལ་དང་ ལྡན་གྲྭ་སྡུད་ལེགས་མཛེས་པ། །བེར་ཐབས་གོས་ཀྱིས་ཟླུམ་པོར་བཀླུབས་བཞིན་ཞབས་ཟུང་ སྐྱིལ་ཀྲུང་བཞུགས། །ཕྱག་གཉིས་ས་གནོན་ཕྱག་རྒྱས་གཡས་གཡོན་ཆུ་སྐྱེས་སྡོང་བུ་འཛིན། །ཟེའུ་འབྲུ་ཟུང་རྩེར་གྲུ་འཛིན་བདག་པོ་པདྨ་དཀར་པོས་མཚན། །གཟུགས་སྐུའི་རྣམ་འཕྲུལ་ མོས་ངོར་སྟོན་ལས་མཁའ་དབྱིངས་ཆོ་འཕྲུལ་གར། །སྟེང་ཕྱོགས་རྡོ་རྗེ་འཆང་དང་ཆོས་རྒྱལ་ རིགས་ལྡན་བརྒྱུད་རིམ་བཅས། །དུས་འཁོར་བདེ་དགྱེས་ལ་སོགས་རྒྱུད་སྡེ་བཞི་ཡི་ལྷ་ཚོགས་ དང༌། །སངས་རྒྱས་བྱང་སེམས་ཉན་རང་འཕགས་ཚོགས་མཁའ་འགྲོ་ཆོས་སྐྱོང་ཚོགས། །ནམ་ མཁའ་བར་སྣང་ས་གཞིར་ཡོངས་འགེངས་མ་ལུས་རིགས་བདག་ཚུལ། །ཆོས་རྗེ་མཆོག་གི་བླ་ མའི་རྣམ་པར་མོས་བློ་དང་འཚམས་བཞུགས། །གང་གི་སྐུ་ཡི་མཐའ་བསྐོར་གཡས་གཡོན་ རིམ་པར་པད་ཟླའི་གདན། །བདུན་ཕྲག་གཉིས་ཀྱི་ཕྲེང་བ་ལེགས་པར་བསྒྲིགས་སྟེང་ཐུགས་ སྲས་ཚོགས། །གཡས་གཡོན་རིམ་སྤེལ་ནམ་སྙིང་སྤྲུལ་པ་བྱང་སེམས་ཆོས་གྲགས་དཔལ། །སྒྲིབ་སེལ་རྣམ་རོལ་སྐད་གཉིས་སྨྲ་མཁས་ལོ་ཙཱ་བློ་གྲོས་དཔལ། །མི་ཕམ་དངོས་བྱོན་མ་ཏི་ པཎ་ཆེན་ས་སྙིང་ཕྱོགས་རྒྱལ་རྗེ། །ཀུན་ཏུ་བཟང་པོ་མ་ཎི་ཀ་ཤྲཱི་གསང་བདག་བསོད་ནམས་ གྲགས། །འཇམ་དབྱངས་ཀུན་དགའ་དཔལ་དང་ལོ་ཆེན་རྣམ་འཕྲུལ་ཐང་བོ་ཆེ། །མཁྱེན་ གཏེར་སྨན་ཆུ་བློ་གྲོས་རྒྱལ་མཚན་ཐོགས་མེད་རིན་ཚུལ་པ། །འཕགས་ལྷའི་རྣམ་རོལ་གྷ་རུང་ ཤཱཀྱ་བཤེས་གཉེན་ཕུན་ཚོགས་དཔལ། །ཡུ་མོའི་རྣམ་འཕྲུལ་ཐང་ཆུང་བྷ་ཀུ་ལ་དངོས་བསོད་ 1-1-12 ནམས་བཟང༌། །བཞི་ཡིས་ལྷག་པའི་བཅུ་ཕྲག་གཅིག་གི་ཐུགས་སྲས་འཕགས་ཆེན་ཚོགས། །ཆ་ལུགས་སྐུ་ཆས་ཆོས་རྗེ་མཆོག་ལྟར་རྣམ་གསུམ་ན་བཟའ་གསོལ། །བཞུགས་སྟངས་ཕྱག་ གི་རྣམ་འགྱུར་སྣ་ཚོགས་བརྩེ་ཆེན་མཛད་སྒོ་དང༌། །རླབས་ཆེན་སྤྱོད་པ་རྒྱ་མཚོ་སྐྱོང་བཞིན་ རང་ལ་དགྱེས་བཞིན་བཞུགས། །གཞན་ཡང་དེ་དག་མདུན་ཕྱོགས་ཐད་ཀྱི་པདྨ་ཟླ་གདན་ལ། །སྤྱོད་འཆང་དབང་པོ་བླ་མའི་ཚུལ་འཛིན་གསང་བདག་སྒྲོལ་བའི་མགོན། །རྣམ་གསུམ་གོས་ སོགས་བླ་ཆས་ཡོངས་རྫོགས་བརྩེ་བའི་གཟི་འབར་བ། །ཐུགས་སློབ་སྲས་མཆོག་རྒྱ་མཚོའི་ མཚན་ཅན་རྣམ་གཉིས་སོགས་དང་བཅས། །མ་ལུས་དག་སྣང་གུས་པའི་ཡུལ་དུ་མངོན་སུམ་ ཇི་བཞིན་གསལ། ། དེ་ནས་ཡན་ལག་བདུན་པ་ནི། ཆོས་ཀུན་སྲོག་གི་དྭངས་མ་སྙིང་པོའི་མགོན། །རྒྱལ་ཀུན་ཆོས་ སྐུ་ཉག་གཅིག་སྒྱུ་འཕྲུལ་གར། །ཆོས་རྗེ་བླ་མའི་ཚོགས་ཀྱི་རྣམ་པར་འཕོས། །གཞི་དབྱིངས་ དགོངས་པ་གཅིག་ལ་མགོས་ཕྱག་འཚལ། །བདག་པོས་མ་བཟུང་ལྷ་མིའི་དཔལ་འབྱོར་དང༌། །རྣལ་འབྱོར་སྔགས་དང་ཏིང་འཛིན་གྱིས་སྤེལ་བའི། །ཕྱི་མཆོད་མེ་ཏོག་ལ་སོགས་ཉེར་སྤྱོད་ དང༌། །བཀྲ་ཤིས་རྫས་རྟགས་བརྒྱད་དང་རིན་ཆེན་བདུན། །ཉེར་མཁོའི་རིགས་ཀྱིས་མཆོད་ པ་དཔག་མེད་དང༌། །བླ་མེད་གསང་བའི་དམ་རྫས་རྒྱ་ཆེན་པོ། །སྦྱང་སྤེལ་སྦར་བའི་བཅུད་ བཟང་ཁྱད་པར་ཅན། །ཟག་མེད་བདེ་བ་ཆེན་པོའི་ཡེ་ཤེས་དང༌། །རྣམ་ཀུན་མཆོག་ལྡན་ སྟོང་ཆེན་དམིགས་བྲལ་བ། །ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི། །རྒྱ་ཆེན་མཆོད་སྤྲིན་འཁོར་ གསུམ་དམིགས་མེད་ངང༌། །གུས་པས་འབུལ་ལོ་བརྩེ་བས་ལེགས་བཞེས་མཛོད། །བདག་ སོགས་འཁོར་བར་བཅིངས་པའི་འགྲོ་ཀུན་གྱིས། །ཐོག་མེད་དུས་ནས་བསགས་སྡིག་ཉེས་ ལྟུང་ཚོགས། །དེ་དག་ཀུན་ལའང་འགྱོད་ཅིང་ཕྱིན་ཆད་བསྡོམ། །དེང་ནས་མ་ལུས་བྱང་ཞིང་ དག་མཛད་གསོལ། །ཆོས་སྐུའི་དབྱིངས་ལས་བླ་མར་ལེགས་བཞེངས་པ། །ཀུན་ཀྱིས་ལེགས་ 1-1-13 ཚོགས་མཛད་པ་རྒྱ་ཆེན་གྱིས། །རྣམ་དཀར་བསོད་ནམས་དཔག་ཡས་ཉེར་བསྐྲུན་ལ། །ཡིད་ རབ་དྭངས་པས་རྗེས་སུ་ཡི་རང་ངོ༌། །རྟག་བརྟན་ཆོས་དབྱིངས་ཡེ་ཤེས་ཆེན་པོའི་ཁམས། །ཐེར་ཟུག་འགྱུར་མེད་དོན་དམ་གཟུགས་སྐུའི་གཤིས། །ནམ་ཡང་འཕོ་འགྱུར་མེད་པའི་དབུ་ མ་ཆེ། །ངེས་པ་དོན་གྱི་ཆོས་འཁོར་བསྐོར་དུ་གསོལ། །གཞོམ་བྲལ་ཆོས་སྐུ་འོད་གསལ་ འདུས་མ་བྱས། །འཇིག་མེད་རྡོ་རྗེའི་ཁམས་སུ་རྟག་བརྟན་ཀྱང༌། །གཟུགས་སྐུ་གང་འདུལ་ མོས་ངོར་འཚམས་པའི་འཕྲུལ། །ཀུན་རྫོབ་ཡིད་དགའ་སྣང་བས་འགྲོ་ཀུན་སྐྱོངས། །རབ་ དཀར་དགེ་བ་དྲི་མེད་ཤེལ་ལྟར་དཀར། །ཆོས་རྗེ་དག་གིས་བྱིན་རླབས་ཚོན་གྱིས་བསྒྱུར། །རང་གདངས་དྲི་བྲལ་ནང་རིག་འགྱུར་མེད་དབྱིངས། །རང་གསལ་གདོད་མའི་བཙན་ས་ཟིན་ གྱུར་ཅིག ། དེ་ནས་གསོལ་བ་འདེབས་པ་ནི། མི་གནས་མྱང་འདས་འོད་གསལ་བདེ་བ་ཆེ། །གང་འདུལ་ འགྲོ་ལ་རང་རང་དང་འཚམས་པར། །མཛད་ཕྲིན་དུས་སུ་མི་ཡོལ་མཐུ་ནུས་ཅན། །ཆོས་རྗེ་བླ་ མའི་ཚོགས་ལ་གསོལ་བ་འདེབས། །རླབས་ཆེན་ཟབ་མོའི་བྱིན་རླབས་སྒོ་ཕྱེས་ཏེ། །བདག་ ཅག་སེམས་རྒྱུད་གློ་བུར་དྲི་མའི་ཁམས། །རང་གསལ་རང་དྭངས་ཐབས་མཆོག་ཁྱད་པར་ གྱིས། །མིག་འཕྲུལ་བཞིན་དུ་ནང་དབྱིངས་མྱུར་མངོན་ཤོག ། དེ་ནས་དབང་བཞི་བླང་བ་ནི། ཆོས་རྗེ་བླ་མའི་ཚོགས་ཀྱི་གནས་བཞི་ལས། །འོད་ཟེར་དཀར་ དམར་མཐིང་སེར་བཞི་འཕྲོས་ཏེ། །རང་ཅག་དག་གི་སྒོ་བཞི་ལ་ཐིམ་པས། །སྒྲིབ་པ་བཞི་ དག་དབང་བཞི་ཡོངས་རྫོགས་གྱུར། །ཆོས་རྗེ་མཆོག་གིས་ཆོ་འཕྲུལ་ཀུན་ཀྱང་བསྡུས། །བླ་ མ་གཙོ་འཁོར་ཐམས་ཅད་འོད་ཕུང་ཞུ། །རང་གི་སྤྱི་བོར་ཞུགས་ནས་གསང་གསུམ་དང༌། །སྒོ་ གསུམ་དབྱེར་མེད་ཆོས་སྐུ་ཉག་གཅིག་ངང༌། །དགེ་འདིས་ཀུན་རྫོབ་འཁྲུལ་སྣང་ལ་ཞེན་པའི། །འགྲོ་ཁམས་སྙིང་གི་རྨོངས་པ་མྱུར་བསལ་ཏེ། །གཉུག་མ་རང་བྱུང་ཡེ་ཤེས་མངོན་བྱས་ནས། 1-1-14 །གཞན་མཆོག་གཤེགས་སྙིང་དགོངས་པར་གྲོལ་གྱུར་ཅིག །ཅེས་ཀུན་མཁྱེན་ཡབ་སྲས་རྗེ་བཙུན་ བཅས་ལ་མཆོད་ཐབས་རྒྱུན་ཁྱེར་ཉུང་བསྡུས་བྱིན་རླབས་སྒོ་འབྱེད་ཅེས་བྱ་བ་འདི་ཡང་རྔ་ཡུལ་ཕྱོགས་ཀྱི་རང་རེའི་ བསྟན་པ་ལ་བརྩི་བཀུར་སྙིང་ནས་ལྷོད་མེད་མངའ་བ་ཐུགས་རྗེ་དཔལ་དང་སྐལ་ལྡན་ཟུང་གིས་རིང་མོ་ནས་བསྐུལ་ མ་ཆེད་གཉེར་དང་བཅས་པའི་ཐུགས་ཀྱི་མོས་འདུན་བཞིན་མ་ཏིའི་མིང་གིས་སྨྲས་པ་བཞིན་སླད་ནས་ཆོས་མཆེད་ ཀྱིས་ཡི་གེར་ལན་མང་ཕབ་པ་དགེ་བར་གྱུར་ཅིག ༈ གྲངས་མང་འདོན་ཚེ་རྣམ་ཐར་ལས། ཀུན་མཁྱེན་ཆོས་གྲགས་ལོ་ཙཱ་པཎྜི་ཏ། །ཕྱོགས་རྒྱལ་ འབྲི ་གུང་ཞང་སྟོན་ཉ་དབོན་པ། །ཐང་ཟུང་སྨན་ཆུ་རིན་ཚུལ་གྷ་རུང་པ། །ཕུན་ཚོགས་བསོད་ ནམས་རྣམས་ལ་གསོལ་བ་འདེབས། ། 1-1-15 ༄༅། །ཀུན་མཁྱེན་ཡབ་སྲས་བརྒྱུད་རིམ་བཅས་ཀྱི་མཆོད་ཐབས་ལ་ སྦྱར་འོས་པའི་ལྷན་ཐབས་བྱིན་རླབས་དཔལ་སྟེར་ ཞེས་བྱ་བ་བཞུགས་སོ།། ༄༅། །ཀུན་མཁྱེན་ཇོ་ནང་པ་ཆེན་པོ་ཆོས་རྗེ་ཡབ་སྲས་བརྒྱུད་རིམ་བཅས་ལ་གུས་པས་ཕྱག་འཚལ་ནས། འདིར་དེ་དག་གི་སྒོ་ནས་ཚོགས་བསགས་མཆོད་འབུལ་གྱི་ཐབས་ལ། སྤྲོས་བཅས་དུས་མཆོད་དང༌། སྤྲོས་མེད་རྒྱུན་ ཁྱེར་གྱི་ཚུལ་གཉིས་ལས། དང་པོ་ལ་ཉེ་སྦྱོར་གནས་ཁང་ག་དར་བྱ་ཞིང་སྐུ་རྟེན་བཀྲམ་པའི་མདུན་ཆུ་གཉིས་ཉེར་ སྤྱོད་སོགས་དངོས་སུ་ཅི་འབྱོར་བའི་མཆོད་བཀོད་རྣམས་ལེགས་འདུ་བྱས་ལ་འདི་སྐད། ཨེ་མ་ཧོ། དག་སྣང་ སྒྱུ་མའི་རོལ་པ་ལས་ཤར་བའི། །ངོ་མཚར་ཆོ་འཕྲུལ་ནམ་མཁའི་མཐའ་དང་མཉམ། །གང་ སྣང་རྟེན་འབྲིལ་མ་འགགས་བསླུ་མེད་དང༌། །རང་བཞིན་གནས་ལུགས་ཆོས་དབྱིངས་འགྱུར་ མེད་མཐུས། །ལེགས་བྱས་སྒྱུ་མའི་འཕྲུལ་བཞིན་རང་སྣང་གི །དངོས་པོ་འབད་མེད་དུས་ སུ་ལེགས་འབྱུང་བའི། །སྣང་བ་མ་འགགས་སྣ་ཚོགས་ཅི་ཤར་བ། །དེ་དེ་བཞིན་དུ་རང་རང་ ཡིད་འཐད་བཞིན། །སྣང་སྟོང་ཟུང་འཇུག་འགག་མེད་རོལ་པ་འདི། །ཀུན་ནས་ཟད་མེད་གང་ མཁོ་དུས་སུ་སྨིན། །དེ་ཕྱིར་ཡིད་སྨོན་དོན་ལ་བསླུ་མི་སྲི ད། །ཚུལ་དེས་བསམ་དོན་ལྷུན་གྲུབ་ དཔལ་ལ་སྤྱོད། ། དེ་ནས་ཇོ་ནང་ཡབ་སྲས་བརྒྱུད་འཛིན་བཅས་ཀྱི་བར་ཆད་ལམ་སེལ་འདོན་པར་བྱ་སྟེ། དེ་ཡང་ཐོག་མར། ཆོས་སྐུ་དོན་དམ་དབྱིངས་ལས་ཉེར་བཞེངས་པ། །སོགས་ནས། གང་ལ་གེགས་བྲལ་ཕ་མཐར་ 1-1-16 ཕྱིན་གྱུར་ཅིག །ཅེས་པའི་བར་བྱ། ན་མོ་རང་བཞིན་དག་མཉམ་རོལ་པའི་ཞིང་མཆོག་ན། །དང་ པོའི་སངས་རྒྱས་སྒྱུ་འཕྲུལ་ལས་ཤར་བའི། །གང་འདུལ་རྩ་བརྒྱུད་བླ་མའི་ཚོགས་དང་བཅས། །མ་འགགས་ཆུ་ཟླ་ལྟ་བུའི་ཚུལ་དུ་གསལ། །དཔལ་ལྡན་དང་པོའི་སངས་རྒྱས་ཀུན་ཁྱབ་ བདག །གནས་ལུགས་སྙིང་པོའི་དོན་ལ་དབང་འབྱོར་བའི། །རྩ་བརྒྱུད་བླ་མ་དོན་གཉིས་ དཔལ་དབང་ཕྱུག །ཁྱད་པར་ངེས་དོན་སྒྲུབ་བརྒྱུད་ལེགས་འཛིན་པ། །ཀུན་མཁྱེན་ཆེན་པོ་ ཤེས་རབ་རྒྱལ་མཚན་རྗེ། །ཀུན་སྤངས་ཆོས་གྲགས་ལོ་ཙཱ་བློ་གྲོས་དཔལ། །མ་ཏི་པཎ་ཆེན་ ཕྱོགས་ལས་རྣམ་པར་རྒྱལ། །གུས་པས་གསོལ་འདེབས་བདག་རྒྱུད་བྱིན་གྱིས་རློབས། །མ་ ཎི་ཀ་ཤྲཱི་སྨན་ཆུ་ཁ་པ་རྗེ། །རྒྱལ་སྲས་རིན་ཚུལ་ཞང་སྟོན་བསོད་ནམས་གྲགས། །གྷ་རུང་པ་ དང་ཉ་དབོན་ཀུན་དགའ་དཔལ། །གུས་པས་གསོལ་འདེབས༴ ཕུན་ཚོགས་དཔལ་བཟང་ ཐང་པོ་ཆེ་པ་རྗེ། །ཐང་ཆུང་བློ་གྲོས་དཔལ་དང་བསོད་ནམས་བཟང༌། །བརྒྱུད་འཛིན་ཆེན་པོ་ སྒྲོལ་བའི་མགོན་པོའི་ཞབས། །གུས་པས་གསོལ༴ གཞན་ཡང་ངེས་དོན་ཆོས་བརྒྱུད་ལེགས་ འཛིན་པ། །མཁས་གྲུབ་གཉིས་ལྡན་སྐྱེས་ཆེན་རིམ་བྱོན་ལ། །སྙིང་ནས་རེ་བས་གསོལ་བ་ འདེབས་ལགས་ན། །གང་འཚམས་བྱིན་རླབས་སྣང་བ་དུས་སུ་སྩོལ། ། དེ་ནས་མཆོད་རྫས་བྱིན་རླབས་ནི། ༀ་བཛྲ་སྥ་རཏྣ་ཁཾ། སྔགས་རྒྱས་རབ་སྤེལ་ཕྱི་ནང་གསང་བ་ ཡི། །མཆོད་སྤྲིན་ནམ་མཁའ་མཛོད་ཀྱི་ལོངས་སྤྱོད་ལྟར། །ཀུན་ནས་མ་ཚང་མེད་པའི་དཔལ་ མངའ་བ། །ཟག་མེད་དགྱེས་བསྐྱེད་ཕུན་སུམ་ཚོགས་པར་གྱུར། །ལན་གསུམ་བྱ། དེ་ནས་ཀུན་མཁྱེན་ཡབ་སྲས་རྗེ་བཙུན་བཅས་ཀྱི་མཆོད་ཐབས་དང་ཚོགས་མཆོད་འབུལ་ཐབས་གཉིས་ཀྱིས་ ཁོག་ཕུབ་ཆ་ལག་ཅི་རིགས་པས་མཐའ་བརྒྱན་ཚུལ་ལ། ཐོག་མར་ཡབ་སྲས་མཆོད་ཐབས་ལས་སྐྱབས་སེམས་ ནི། ཀུན་ཁྱབ་རང་གསལ་ནང་རིག་འགྱུར་མེད་དབྱིངས། །ཞེས་སོགས་ནས། མྱུར་རེག་སེམས་ བསྐྱེད་དོའི་བར་ལན་གསུམ་རེ་སོགས་ཇི་ལྟར་འོས་པ་བྱ། དེ་ནས་མཆོད་ཡུལ་བསྐྱེད་པ་ནི། སྐད་ཅིག་རང་ 1-1-17 མདུན་མཁའ་དབྱིངས༴ སོགས་ནས། མངོན་སུམ་ཇི་བཞིན་གསལ། ། དེ་ནས་ཚོགས་མཆོད་ལས་སྤྱན་འདྲེན། ཡེ་གཞི་བདེ་གཤེགས་ཀྱི་སྙིང་པོ༴ ནས། ཀུན་བཟང་ མཆོད་ཚོགས་ཀྱི་དགའ་སྟོན་མགྲོན་གྱི་ཚུལ། །མདུན་མཁར་ཡིད་འོང་གི་གདན་ལ་དགྱེས་ བཞིན་བཞུགས། །དག་སྣང་མོས་བློ་ཡིས་བསྐྱེད་པའི་དམ་ཚིག་པ། །ཆོས་རྗེ་ཡབ་སྲས་དང་ བརྒྱུད་འཛིན་སློབ་ཚོགས་ཀྱི། །གཟུགས་སྐུ་མོས་སྣང་ལ་གང་བཞུགས་དེ་དག་དང༌། །རྒྱལ་ ཀུན་ཡེ་ཤེས་དང་མཉམ་དུ་རོ་གཅིག་གྱུར། །མཆོད་འབུལ་དངོས་ནི། ཡབ་སྲས་མཆོད་ཐབས་ལས་ཡན་ ལག་བདུན་པ། ཆོས་ཀུན་སྲོག་གི་དྭངས་མ་སྙིང་པོའི་མགོན། །སོགས། རང་གསལ་གདོད་མའི་ བཙན་ས་ཟིན་གྱུར་ཅིག །ལན་གསུམ། གོང་གི་མཆོད་རྫས་བྱིན་རླབས་བྱ། རྨད་བྱུང་ཀུན་བཟང་མཆོད་ སྤྲིན་རྒྱ་ཆེ་བ། །ནམ་མཁའི་མཐའ་ཀླས་གྱུར་པ་གང་འདི་དག །ཆོས་རྗེ་བླ་མ་མཆོད་ཡུལ་ཞིང་ གི་མཆོག །ཡབ་སྲས་བརྒྱུད་པར་བཅས་པའི་སྤྱན་ལམ་དུ། །དཔག་ཡས་འཇིག་རྟེན་ཁམས་ ཀྱི་མཆོད་ཡོན་རྒྱུན། །རབ་དྭངས་ཡན་ལག་བརྒྱད་ལྡན་དྲི་མ་མེད། །གང་དག་མཆིས་ཀུན་ འཁོར་གསུམ་དམིགས་མེད་ངང༌། །མཆོད་ཡུལ་ཚོགས་ལ་གུས་འབུལ་ལེགས་བཞེས་མཛོད། །ༀ་ཨཱཿཨརྒྷཾ་པཱུ་ཛི་ཏེ་ཧཱུཾ། མཆོད་སྤྲིན་རྒྱ་མཚོ་ལེགས་པར་བཞེས་ནས་ཀྱང༌། །གང་འདུལ་སྒྱུ་ མའི་མཛད་ཆེན་སྣ་ཚོགས་ཀྱིས། །ངེས་དོན་རྫོགས་ལྡན་ཆོས་ཆར་ལེགས་ཕོབ་ལ། །མ་ལུས་ འགྲོ་འདུལ་སྐལ་བཟང་དམ་པ་སྩོལ། །ཆོས་སྐུ་ཀུན་ཁྱབ་དབྱིངས་ནས་ལེགས་བཞེངས་པ། །ཀུན་མཁྱེན་ཡབ་སྲས་རྗེ་བཙུན་སྒྲོལ་བའི་མགོན། །བརྒྱུད་པར་བཅས་པའི་དགོངས་ཆེན་ ཡེ་ཤེས་མཐུས། །ངེས་དོན་ལུགས་བཟང་ཕྱོགས་མཐར་ཡོངས་རྒྱས་ཤོག །དེ་ལྟར་མཆོད་རྫས་ བྱིན་རླབས་ནས་བཟུང་འདི་བར་མཆོད་ཡོན་འབུལ་བ་ལན་གྲངས་གང་སྤྲོ་བྱ། ཚུལ་དེས་འགྲེས་ཏེ་འོག་མ་རྣམས་ ལ་ཚིགས་བཅད་དང་པོ་གསུམ་པ་བཞི་པ་རྣམས་གོང་དཀྱུས་བཞིན་ལས་ཚིགས་བཅད་གཉིས་པའི་སྐབས་ཉེར་སྤྱོད་ ལྷག་མ་དྲུག་རིམ་པར། དཔག་ཡས་འཇིག་རྟེན་ཁམས་ཀྱི་མེ་ཏོག་ཚོགས། །སྣ་ཚོགས་འདབ་ 1-1-18 བརྒྱ་ཅིར་ཡང་རྒོད་པ་ཅན། །མཚར་སྡུག་གང་ཡོད་རང་གསལ་སྤྲོས་བྲལ་ངང༌། །མཆོད་ཡུལ་ ཚོགས་ལ༴ ༀ་ཨཱཿཔུཥྤེ་པཱུ་ཛི་ཏེ་ཧཱུཾ། དཔག་ཡས་འཇིག་རྟེན་ཁམས་ཀྱི་བདུག་སྤོས་ཚོགས། །ངོ་ མཚར་དུད་སྤྲིན་མཁའ་དབྱིངས་ཡོངས་ཁྱབ་པ། །ཕུན་སུམ་ཚོགས་ཀུན་འཛིན་མེད་རང་ཤར་ ངང༌། །མཆོད་ཡུལ༴ ༀ་ཨཱཿདྷུ་པེ་པཱུ་ཛི་ཏེ་ཧཱུཾ། དཔག་ཡས་འཇིག་རྟེན་ཁམས་ཀྱི་སྣང་གསལ་ ཚོགས། །འོད་འབར་རྒྱ་ཆེན་འཁོར་ཡུག་རབ་བཀྲ་ཞིང༌། །ཆེས་མཛེས་མཐའ་དག་ལྷུན་གྲུབ་ རང་གསལ་ངང༌། །མཆོད་ཡུལ་ཚོགས་ལ༴ ༀ་ཨཱཿཨ་ལོ་ཀེ་པཱུ་ཛི་ཏེ་ཧཱུཾ། དཔག་ཡས་འཇིག་ རྟེན་ཁམས་ཀྱི་དྲི་ཆབ་རྒྱུན། །ཡོན་ཆབ་དྲི་ཡི་ངད་བཟང་རབ་འཐུལ་བ། །ཆུ་གཙང་མ་ལུས་ ཆེས་གསལ་རང་དྭངས་ངང༌། །མཆོད་ཡུལ༴ ༀ་ཨཱཿགནྡྷེ་པཱུ་ཛི་ཏེ་ཧཱུཾ། དཔག་ཡས་འཇིག་རྟེན་ ཁམས་ཀྱི་ཞལ་ཟས་ཚོགས། །རོ་བཅུད་ཕུན་ཚོགས་ལེགས་སྦྱར་ཁྱད་པར་བ། །བཅུད་མཆོག་ ཡོད་ཚད་རྟོག་བྲལ་ཞེན་མེད་ངང༌། །མཆོད་ཡུལ་ཚོགས༴ ༀ་ཨཱཿནཻ་ཝི་ཏྱ་པཱུ་ཛི་ཏེ་ཧཱུཾ། དཔག་ ཡས་འཇིག་རྟེན་ཁམས་ཀྱི་རོལ་མོའི་ཚོགས། །ཆེས་སྙན་ཡིད་འཕྲོག་སྒྲ་འཛིན་ཚིམ་བྱེད་ པ། །སྒྲ་སྙན་དེ་ཀུན་འོད་གསལ་རང་གྲོལ་ངང༌། །མཆོད་ཡུལ་ཚོགས༴ ༀ་ཨཱཿཤབྟ་པཱུ་ཛི་ཏེ་ ཧཱུཾ། ཞེས་པ་དེ་རྣམས་འབུལ་ཚན་རེ་རེ་བཞིན་སྦྱར་ནས་བརྒྱ་སྟོང་སོགས་ཀྱི་གྲངས་གང་དགོས་ཀྱི་མཐར་བསྟོད་ པ་ནི། རྒྱལ་ཀུན་ཆོས་སྐུ་ཉག་གཅིག་རྣམ་རོལ་ལས། །མཁའ་མཉམ་གང་འདུལ་སྤྲུལ་བསྒྱུར་ སྒྱུ་མའི་གར། །མཐའ་ཡས་གདུལ་བྱའི་ཁམས་མཐུན་ཉེར་སྤྲོ་བ། །འཇིག་རྟེན་དབང་ཕྱུག་ བླ་མར་བྱོན་ལ་འདུད། །གསང་གསུམ་ཡེ་ཤེས་རོལ་པ་འཛད་མེད་གཏེར། །གང་ལས་དུས་ མཐར་ཐུབ་དབང་དགོངས་བཅུད་ཕུལ། །ངེས་དོན་ཆོས་མཆོག་སེང་གེའི་སྒྲ་ཆེན་གྱིས། །སྐལ་ བཟང་རིགས་ཁམས་སད་མཛད་ཆོས་རྗེ་རྒྱལ། །གང་གིས་རྨད་བྱུང་འཁོར་ལོ་ཐ་མའི་དོན། །ཇི་བཞིན་གངས་རིའི་ལྗོངས་འདིར་ལེགས་ཕྱེ་བས། །གདུལ་བྱ་མཆོག་ལ་རྣམ་གྲོལ་སྦྱིན་ མཛད་གཉེན། །ཀུན་མཁྱེན་ཇོ་ནང་པ་ལ་གུས་པས་བསྟོད། །མགོན་ཁྱོད་ཐུགས་སྲས་བུ་ཆེན་ 1-1-19 ཆོས་གྲགས་དཔལ། །རིག་གནས་མཐར་ཕྱིན་གོ་འཕང་མཆོག་སོན་སྐབས། །ཆོས་རྗེས་རྗེས་ བཟུང་དང་པོའི་སངས་རྒྱས་རྒྱུད། །ལ་སོགས་རབ་འབྱམས་ཆོས་ཀྱིས་བསྐྱངས་ལ་བསྟོད། །སྒྲ་བསྒྱུར་ལོ་ཙཱ་མང་ཐོས་རྒྱ་ཆེན་མཛད། །མཚམས་དེར་ཆོས་རྗེའི་དྲུང་དུ་མདོ་སྔགས་ཀྱི། །གཞུང་ལུགས་རབ་འབྱམས་དགོངས་ཆུབ་ནང་རྟོགས་རྒྱས། །གདན་སའི་མངའ་བདག་ ཐུགས་སྲས་མཆོག་ལ་བསྟོད། །མ་ཏི་པཎ་ཆེན་ན་གཞོན་དགོངས་ཆེན་བརྙེས། །མཁས་གནས་ ཐོབ་སྐབས་ཆོས་རྗེ་མཆོག་གི་དྲུང༌། །དུས་འཁོར་ལ་སོགས་གསང་ཆེན་ཐེག་པ་དང༌། །མདོ་ སྔགས་དགོངས་དོན་ཕ་མཐར་ཕྱིན་ལ་བསྟོད། །ཕྱོགས་ལས་རྣམ་རྒྱལ་རབ་འབྱམས་མཁས་ ཁྱད་ཐོན། །ཆོས་རྗེ་མཆོག་དང་ཐུགས་ཡིད་གཅིག་ཏུ་འདྲེས། །རླབས་ཆེན་དོན་གཉིས་དཔལ་ གྱི་མཐུ་མངའ་ཞིང༌། །ཇོ་ནང་གདན་རབས་ལེགས་བསྐྱངས་མཛད་ལ་བསྟོད། །འབྲི ་གུང་ལོ་ ཙཱ་སྐད་གཉིས་སྨྲ་བའི་ཕུལ། །བཤད་སྒྲུབ་ཕུལ་ཕྱིན་ཆོས་རྗེས་རྗེས་བཟུང་བས། །རབ་ཡངས་ ཐུགས་མཛོད་ངེས་དོན་ནོར་བུས་གཏམས། །བསྟན་འགྲོ་ཕྱོགས་མཐར་སྐྱོང་མཛད་མཆོག་ ལ་བསྟོད། །ཞང་སྟོན་རྒྱ་བོ་སྡེ་སྣོ ད་ཆོས་ལ་མཁས། །རང་བྱུང་རྡོ་རྗེའི་ལུང་ལྟར་ཀུན་མཁྱེན་ མཇལ། །མདོ་སྔགས་རྒྱ་མཚོའི་དོན་ལ་མཁྱེན་རབ་རྒྱས། །དཔག་ཡས་དོན་གཉིས་ཆེས་རབ་ འཕེལ་ལ་བསྟོད། །ཉ་དབོན་ཆོས་རྗེ་སྐུ་ན་གཞོན་པའི་དུས། །ཀུན་མཁྱེན་མཆོག་གིས་ཐུགས་ སྲས་དམ་པར་དགོངས། །རྗེས་བཟུང་ལུང་དང་རིགས་པའི་གཏེར་གྱུར་པ། །ངེས་དོན་ཆོས་ ཀྱི་སྐྱེས་ཆེན་དེ་ལ་བསྟོད། །ཐང་བོ་ཆེ་པ་ཆུང་ནས་ཆོས་དོན་རྟོགས། །ལུང་རིགས་རྣོ་བས་ རྩོད་རྒྱལ་ཞེས་གྲགས་སྐབས། །ཆོས་རྗེ་མཆོག་གི་ཞལ་ལུང་ཐོབ་པ་ཡིས། །མདོ་སྔགས་ཆོས་ མཛོད་ལེགས་པར་བརྙེས་ལ་བསྟོད། །སྨན་ཆུང་ཁ་པ་རིག་གནས་ཆེས་མཐོའི་སྐབས། །རྡོ་རྗེ་ ཕག་མོའི་ཆོ་འཕྲུལ་ལུང་བསྟན་ལྟར། །ཀུན་མཁྱེན་རྗེ་ལས་ཟབ་རྒྱས་གདམས་བཤད་ཐོབ། །དོན་གཉིས་རྒྱ་མཚོའི་དཔལ་མངའ་དེ་ལ་བསྟོད། །རྒྱལ་སྲས་རིན་ཚུལ་ཆུང་ནས་མཁས་ 1-1-20 གྲགས་བརྙེས། །ཆོས་རྗེ་བླ་མར་ལེགས་བསྟེན་སེམས་འགྲེལ་སོགས། །གསང་ཆེན་ཆོས་དང་ དཀའ་པོད་གཞུང་ལུགས་ལ། །མཁྱེན་རབ་རྩལ་འབར་བསྟན་འགྲོའི་གཉེན་ལ་བསྟོད། །གྷ་ རུང་པ་ནི་སྐུ་ན་གཞོན་པའི་སྐབས། །རིག་གནས་མཐར་སོན་མཁས་པའི་གྲགས་སྙན་ཐོབ། །ཀུན་མཁྱེན་ཆེན་པོར་དད་དེ་ཟབ་རྒྱས་གསན། །སྤངས་དང་རྟོགས་པའི་ལུས་རྩལ་རྫོགས་ ལ་བསྟོད། །ཕུན་ཚོགས་དཔལ་བཟང་ཆུང་ནས་གཞུང་ལུགས་མཁྱེན། །ཆོས་རྗེའི་གསུང་རབ་ ངེས་དོན་དབུ་མ་ལ། །གསན་སྒོམ་སྟོབས་ཀྱིས་དགོངས་དོན་ཐུགས་ལ་འཁྲུངས། །ཟབ་མོ་ལྟ་ བའི་སྲོལ་འཛིན་མཆོག་ལ་བསྟོད། །ཐང་ཆུང་ཡ་མཚན་རྟགས་ཀྱི་ཆེ་བ་ཅན། །གཞོན་དུས་ མདོ་སྔགས་ཆོས་ལ་སྦྱངས་སྟོབས་ཆེ། །ཀུན་མཁྱེན་ཆེན་པོས་དགྱེས་བཞིན་རྗེས་བཟུང་སྟེ། །ཐུགས་སྲས་དོན་གཉིས་མཛད་ཕྲིན་ཅན་ལ་བསྟོད། །མཚལ་མིན་པ་ནི་གཞོན་དུས་ཐོག་མ་ ནས། །ཆོས་རྗེ་ཐུགས་སློབ་གང་དག་བླ་མར་བསྟེན། །རྗེས་ནས་བསྟན་འགྲོའི་མཛད་རླབས་ རྒྱ་ཆེ་བ། །ཕུན་སུམ་ཚོགས་པའི་ཡོན་ཏན་མངའ་ལ་བསྟོད། །གཞན་ཡང་ཆོས་རྗེ་ཡབ་སྲས་ དེ་དག་གི །ངེས་དོན་ཕྱིར་མི་ལྡོ ག་པ་རྫོགས་ལྡན་ལུགས། །ཇི་བཞིན་གསལ་བྱེད་བསྟན་པའི་ རྒྱན་གཅིག་པུ། །གསང་བདག་སྒྲོལ་མགོན་རྗེ་ལ་གུས་པས་བསྟོད། །གང་གི་ཐུགས་སྲས་རྒྱ་ མཚོའི་མཚན་ཅན་ཟུང༌། །རྫོགས་ལྡན་རིང་ལུགས་འཛིན་པའི་སྐྱེས་ཆེན་ཚོགས། །མ་ལུས་ གང་དག་བཅས་ལ་ལེགས་བསྟོད་ན། །ཡ་མཚན་བྱིན་རླབས་ཇི་ལྟར་འཚམས་པ་སྩོལ། ། བླ་མ་རྒྱང་འབོད་བྱེད་པར་སྤྲོ་ན་འདིར་བྱ་སྟེ། ཆོས་རྗེ་བླ་མ་བྱིན་རླབས་དོན་བརྒྱུད་ཚོགས། །རང་ སྣང་དག་པའི་ཞིང་མཆོག་གང་བཞུགས་ཀྱང༌། །གདུང་བའི་དབྱངས་ཀྱིས་འབོད་དོ་ཐུགས་ རྗེས་གཟིགས། །བྱིན་རླབས་གསང་བའི་ཚན་ཁ་དབབ་ཏུ་གསོལ། ། རྒྱང་འབོད་ནི། ན་མོ་གུ་རུ་པྲ་ཛྙཱ་དྷྭ་ཛ་བྷྱཿ ཆོས་དབྱིངས་འོད་གསལ་འཁོར་འདས་ཀུན་ ཁྱབ། །སོགས་ནས། སྐལ་བཟང་མཉམ་དུ་ལེགས་སྤྱོད་གྱུར་ཅིག །ཀུན་མཁྱེན་མཆོག་གི་སྤྲུལ་ 1-1-21 པའི་རོལ་གར། །ཐུགས་སྲས་ཆོས་གྲགས་དཔལ་གྱི་དབང་ཕྱུག །སྐད་གཉིས་ལེགས་སྨྲ་ལོ་ ཙཱ་ཆེན་པོ། །མ་ཏི་པཎ་ཆེན་ཆོས་ཀྱི་སྐྱེས་བུ། །མི་མངོན་དབྱིངས་ནས་ཐུགས་རྗེས་གཟིགས་ ལ། །རླབས་ཆེན་བྱིན་རླབས་སྣང་བ་དང་བཅས། །གནས་ལུགས་དོན་ལ་མྱོང་བ་སྐྱེས་ཏེ། །འོད་གསལ་འཆར་སྒོ་དུས་སུ་མངོན་མཛོད། །ཕྱོགས་ལས་རྣམ་རྒྱལ་ཀུན་མཁྱེན་གཉིས་པ། །འཇིག་རྟེན་མིག་མཆོག་འབྲི ་གུང་ལོ་ཙཱ། །སྨན་ཆུ་ཁ་པ་བློ་གྲོས་རྒྱལ་མཚན། །རྒྱལ་སྲས་ རིན་ཚུལ་ཐུགས་རྗེའི་མངའ་བདག །མི་མངོན་དབྱིངས་ནས༴ བསོད་ནམས་གྲགས་པ་ཞང་ སྟོན་ཆོས་རྗེ། །ལྷ་ཡི་རྒྱལ་མཚན་གྷ་རུང་ཞབས་པ། །ཀུན་མཁྱེན་གསུམ་པ་ཉ་དབོན་ཆོས་རྗེ། །ཕུན་ཚོགས་མཚན་ཅན་འགྲོ་བའི་འདྲེན་པ། །མི་མངོན་དབྱིངས་ནས༴ ཐང་ཆེན་ཀུན་དགའ་ འབུམ་པའི་ཞབས་དང༌། །ཐང་ཆུང་བློ་གྲོས་མཚན་མངའ་རྣམ་གཉིས། །དེ་དག་ཐུགས་སྲས་ བསོད་ནམས་བཟང་པོ། །ཆོས་ཀྱི་བརྒྱུད་འཛིན་སྒྲོལ་མགོན་ཡབ་སྲས། །མི་མངོན་དབྱིངས་ ནས༴ གང་དག་རྣམས་ལས་རྣམ་པར་འཕྲུལ་ཆེན། །ཡི་དམ་རྒྱ་མཚོ་རིན་ཆེན་རྣམ་གསུམ། །མཁའ་འགྲོ་ཆོས་སྐྱོང་བཀའ་སྡོད་སྲུང་མ། །སྣ་ཚོགས་མཛད་བཟང་བསམ་མི་ཁྱབ་པ། །མི་ མངོན་དབྱིངས་ནས༴ གསོལ་བ་འདེབས་པ་ནི། སྐྱབས་མཆོག་ཆོས་རྗེ་བརྒྱུད་རིམ་དང་བཅས་ལ། །མོས་གུས་གདུང་ཤུགས་དད་པས་གསོལ་བ་འདེབས། །བདག་རྒྱུད་དྲི་མ་ལེགས་སྦྱང་ནང་ དབྱིངས་ཀྱི། །ཆོས་སྐུ་བདེ་གཤེགས་སྙིང་པོ་མྱུར་མངོན་མཛོད། །མཆོད་ཐབས་ལས། མི་གནས་ མྱང་འདས་འོད་གསལ་བདེ་བ་ཆེ། །ནས། ནང་དབྱིངས་མྱུར་མངོན་ཤོག །ཅེས་པའི་མཆོད་ཐབས་ གསོལ་འདེབས་ལན་བརྒྱ་རྩ་ཙམ་བྱ། དེ་ནས་ཚོགས་རྫས་ཡོ་བྱད་ཅི་འབྱོར་འདུ་བྱས་ལ་བྱིན་རླབས་ནི། ཚོགས་འབུལ་ལས། ༀ་ཨཱཿཧཱུཾ་ཧོཿ ལན་ གསུམ་སོགས་བྱ། རང་བཞིན་དག་མཉམ་གྱི་རྡོ་རྗེ་རྣམ་བཞི་ཡིས། །ནས། རྒྱ་ཆེན་གྱུར། །ཀྱི་བར་ ཡང་ཅི་རིགས་དང༌། སྤྱན་འདྲེན་གོང་དུ་སོང་བས་འདིར་མི་དགོས་ལ་ཚོགས་མཆོད་དངོས་ནི། ཆོས་སྐུ་ཀུན་ཁྱབ་ 1-1-22 ཀྱི་རང་བཞིན་འགྲོ་འདྲེན་གཙོ། །སོགས་ནས། དགྱེས་སྐོང་དམ་པ་ཡིས་མཆོད་མགྲོན་མཉེས་ གྱུར་ཅིག །ཅེས་པའི་ཚོགས་མཆོད་གྲངས་བསོགས་པ་ཡིན། ཚོགས་འབུམ་དགོས་ན། ༀ་ཨཱཿཧཱུཾ། ཀུན་ བཟང་ཟག་མེད་ཚོགས་འཁོར་འདི། །ཆོས་རྗེ་ཡབ་སྲས་བརྒྱུད་འཛིན་དང༌། །རྣམ་འཕྲུལ་ བཅས་ལ་གུས་པས་འབུལ། །དགྱེས་བསྐང་དངོས་གྲུབ་མ་ལུས་སྩོལ། །ག་ན་ཙཀྲ་ལ་ཁ་ཧཱི། ཞེས་པ་ཁོ་ནས་ཕུལ་ཀྱང་ཆོག མཐར་དྲངས་པ་ནི། གསང་སྔགས་རིག་འཛིན་གྱི༴ ནས། མྱོས་འདི་ཨ་ ལ་ཧོའི་བར་དྲངས་པ་ལན་བདུན་བྱས་ཏེ་ཚོགས་ལ་རོལ་མཐར་ལྷག་མ་ནི། ༀ་ཨཱཿཧཱུཾ་ལྷག་མའི༴ ནས། ཀུན་ སྐོ ང་མཛོད། །ཅེས་པའང་ལན་བཅུ་གསུམ་ཙམ་བྱ། དབང་བཞི་བླངས་པ་ནི། མ་ལུས་རྒྱལ་བའི་སྤྱི་གཟུགས་བླ་མའི་ཚོགས། །དཔལ་ལྡན་རྡོ་རྗེ་ རྣམ་བཞིའི་ངོ་བོ་ཉིད། །བདག་ལ་དབང་མཆོག་བསྐུར་བར་གསོལ་བ་འདེབས། །ད་ལྟ་ཉིད་ དུ་བྱིན་གྱིས་བརླབ་ཏུ་གསོལ། །ལན་གསུམ་དང༌། མཆོད་ཐབས་ལས། ཆོས་རྗེ་བླ་མའི་ཚོགས་ཀྱི་ གནས་བཞི་ལས། །ནས། ཡོངས་རྫོགས་གྱུར། །དེ་ཡང་སྐུ་ཡི་རྡོ་རྗེའི་རྣམ་འཕྲུལ་གྱིས། །དུང་ མདོག་འོད་ཟེར་ཆེན་པོས་དབང་སྐུར་བས། །བུམ་དབང་ཐོབ་ཅིང་སད་སྒྲིབ་ལེགས་སྦྱངས་ ཏེ། །དོན་དམ་སྐུ་ཡི་རྡོ་རྗེ་མྱུར་མངོན་གྱུར། །ཀ་ཡ་ཨ་བྷི ་ཥིཉྩ་ༀ། དཔལ་ལྡན་གསུང་གི་རྡོ་ རྗེའི་རྣམ་འཕྲུལ་གྱིས། །རཱ་གའི་མདངས་འཛིན་འོད་ཀྱིས་དབང་བསྐུར་བས། །གསང་དབང་ ཐོབ་ཅིང་རྨི་ལམ་སྒྲིབ་པ་སྦྱངས། །དོན་དམ་གསུང་གི་རྡོ་རྗེ་མྱུར་མངོན་གྱུར། །ཝཀ་ཨ་བྷི ་ ཥིཉྩ་ཨཱཿ དཔལ་ལྡན་ཐུགས་ཀྱི་རྡོ་རྗེའི་རྣམ་འཕྲུལ་གྱིས། །དབང་སྔོན་མདོག་ཅན་འོད་ཀྱིས་ དབང་བསྐུར་བས། །ཤེར་དབང་ཐོབ་ཅིང་གཉིད་འཐུག་སྒྲིབ་པ་སྦྱངས། །དོན་དམ་ཐུགས་ ཀྱི་རྡོ་རྗེ་མྱུར་མངོན་གྱུར། །ཙིཏྟ་ཨ་བྷི ་ཥིཉྩ་ཧཱུཾ། དཔལ་ལྡན་ཡེ་ཤེས་རྡོ་རྗེའི་རྣམ་འཕྲུལ་གྱིས། །གསེར་བཟང་མདངས་ལྡན་འོད་ཀྱིས་དབང་བསྐུར་བས། །བཞི་པའི་དབང་ཐོབ་ཆགས་རྟོག་ སྒྲིབ་པ་སྦྱངས། །དོན་དམ་ཡེ་ཤེས་རྡོ་རྗེ་མྱུར་མངོན་གྱུར། །ཛྙཱ་ན་ཨ་བྷི ་ཥིཉྩ་ཧོཿ 1-1-23 འདིར་གཞན་གཤིན་པོ་རྗེས་འཛིན་བྱེད་པར་སྤྲོ་ན། གཟུངས་ཆུ། རྟེན་བྱང༌། བྲབ་རྗས། འདོད་ཡོན་སོགས་ འདུ་བྱས་ལ། ཐོག་མར་མ་དག་སྦྱང་བ་ནི། ཆོས་རྗེ་བླ་མས་དགོངས་གཏད་ལས། །དུས་འཁོར་ཐུགས་ སྲོག་ཧཱུཾ་ཡིག་སྤྲོས། །རང་ལ་ཕོག་པས་གདོས་བཅས་སྦྱངས། །སྐད་ཅིག་དུས་འཁོར་དཔའ་ གཅིག་གསལ། ། གཟུངས་ཆུ་སྒྲུབ་པ་ནི། དཔལ་ལྡན་རྗེ་ཡི་ཐུགས་ཀ་ནས། །ཐུགས་སྲོག་སྔགས་ཕྲེང་ཟེར་ བཅས་འཕྲོས། །གཟུངས་ཆུ་ལ་བསྟིམས་དྲི་མེད་ཀྱི། །སྡིག་སྒྲིབ་འཁྲུད་པའི་ནུས་ལྡན་གྱུར། ༀ་ཨཱཿགུ་རུ་པྲཛྙཱ་དྷྭ་ཛ་ཀ་ལ་ཙཀྲ་ཧཱུཾ། །ཞེས་པ་ཅི་ནུས་བཟླ། འགུགས་པ་ནི། ན་མོ་རླབས་ཆེན་ཆོས་ རྗེ་བརྒྱུད་རིམ་ཚོགས། །རྣམ་འཕྲུལ་དང་བཅས་མཐུ་སྟོབས་ཀྱིས། །གཤིན་གྱི་རྣམ་ཤེས་སྐད་ ཅིག་ལ། །མིང་བྱང་རྟེན་དང་དབྱེར་མེད་མཛོད། །ཧཱུཾ་ཛཿ ལན་གསུམ། བགེགས་བསལ་ནི། ཆོས་ རྗེ་བླ་མའི་གསང་གསུམ་འཕྲུལ། །ཡེ་ཤེས་ཁྲོ་ཆེན་མེ་དཔུང་ཚོགས། །རབ་འཕྲོས་གཤིན་ལ་ ཐར་ལམ་གྱི། །བར་གཅོད་མཐའ་དག་རིང་དུ་བསྐྲད། །སུམྦྷ་ནིའི་སྔགས་བརྗོད། བྲབ་པ་ནི། གོང་ གི་མཚན་སྔགས་ཤམ་དུ། སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་སྭཱཧཱ། བཏགས་པ་བདུན་གྱིས་བྲབ་རྫས་བསྔགས་ནས་ རྟེན་ལ་བྲབ། ཁྲུས་ནི། བླ་མ་ལྷ་ཡིས་བྱིན་བརླབས་པ། །ཡེ་ཤེས་རང་བཞིན་འཁྲུད་བྱེད་ཆུ། །གང་ འདིས་ལས་ངན་སྡིག་སྒྲིབ་སྦྱང༌། །འཁོར་བར་སྐྱེ་གནས་ཀུན་ཆོད་ཤོག །མཚན་སྔགས་བརྗོད་ལ་ ཁྲུས་བྱ། བཤགས་སྦྱང་ནི། ཆོས་རྗེ་བླ་མ་བརྒྱུད་རིམ་བཅས། །རྣམ་པར་སྤྲུལ་བཀོད་གསང་གསུམ་ གྱིས། །གཤིན་པོའི་ལས་སྒྲིབ་མ་ལུས་སྦྱང༌། །མྱུར་དུ་བྱང་ཆུབ་མཆོག་ཐོབ་ཤོག །འདོད་ཡོན། སམྦྷ་ར་བདུན་གྱིས་བསྔོ ས་ལ། བླ་མ་ལྷར་བཅས་བྱིན་རླབས་ཀྱིས། །གཤིན་ལ་གང་འདོད་རྫས་ སུ་གྱུར། །རང་རང་འདོད་པ་རབ་ཚིམ་ནས། །རིང་མིན་སྡུག་བསྔལ་ཀུན་གྲོལ་གྱུར། །འཕོ་ བ་ནི། བླ་མའི་ཆོས་སྐུ་ཡེ་ཤེས་དབྱིངས། །དབྱེར་མེད་རོ་མཉམ་གཉུག་མའི་གཤིས། །ཐུགས་ ཡིད་རིས་སུ་ཆད་མེད་པར། །དགོངས་ཀློང་གཅིག་ཏུ་ཕཊ་ཀྱིས་སྤར། །ལམ་སྦྱང་ནི། ཆོས་རྗེ་ 1-1-24 བརྒྱུད་རིམ་སྤྲུལ་པའི་གར། །རླབས་ཆེན་མཛད་སྒོ་ཡོངས་རྒྱས་པས། །གཤིན་པོ་སྒྲིབ་སྦྱང་ ལམ་སྣ་ཁྲིད། །དག་པའི་ཞིང་དུ་འཕོ་བར་ཤོག །ལམ་བསྟན་ནི། གནས་ཆེན་ཤམྦྷ་ལ་ཡི་ཞིང༌། །རིགས་ལྡན་རྒྱལ་པོ་གང་བཞུགས་མདུན། །དྲུག་ལྡན་རྡོ་རྗེའི་ལུས་སུ་འཕོས། །ཚེ་དེར་ གསང་ཆེན་མཐར་ཕྱིན་གྱུར། །བྱང་བུ་སྲིག་པ་ནི། བླ་མ་རྣམས་ཀྱི་ཐུགས་ཀ་ནས། །ཡེ་ཤེས་མེ་ དཔུང་ཚོགས་སྤྲོས་པས། །རྣམ་སྨིན་ཕུང་པོ་དབྱིངས་སུ་སྦྱང༌། །ལས་ངན་སྒྲིབ་ཀུན་བྱང་གྱུར་ ཅིག །ཛྭ་ལ་རཾ་སརྦ་པཱ་པཾ་ཤནྟ ་ཀུ་རུ་སྭཱཧཱ། ལན་ཅི་རིགས་བརྗོད། བསྔོ་བ་ནི། ཆོས་རྗེ་བླ་མའི་མཐུ་ བྱིན་གྱིས། །གདུལ་ཞིང་ཡོངས་ལ་ཕན་ཐོགས་ཤིང༌། །འཁོར་བ་སྡུག་བསྔལ་མཚོ་ཆེན་ལས། །ལེགས་གྲོལ་སྐལ་བཟང་མཆོག་སྤྱོད་ཤོག །ཚེ་འགུགས་བྱ་བ་ནི། ཆོས་རྗེ་བླ་མའི་གསང་གསུམ་ བྱིན་རླབས་ཀྱིས། །བསྒྲུབ་བྱའི་བླ་ཚེ་ཉམས་པ་སླར་བསྡུས་ལ། །མི་འཇིགས་ཚེ་མཆོག་ ལེགས་པར་བརྟན་བྱས་ཏེ། །བསྐལ་པར་རྐྱེན་གྱིས་ནམ་ཡང་གཞིག་བྲལ་གྱུར། །ཚེ་འགུགས་ དངོས་ནི། ཧྲཱིཿ རང་བྱུང་ནང་རིག་འོད་གསལ་བདེ་གཤེགས་དབྱིངས། །སོགས་ནས། གཞོམ་བྲལ་ ཚེ་མཆོག་ཀུན་ནས་ཐོབ་པར་ཤོག །སྤྲོ་ན་རྟེན་སྙིང་བརྗོད། ཀྱེ་ཧོ། ཆོས་རྗེ་བླ་མའི་ཚོགས་རྣམས་ བརྩེ་བས་དགོངས། །བདག་ཅག་རྨོངས་ཤིང་ལེ་ལོའི་དབང་ཉིད་ཀྱིས། །གསོལ་འདེབས་སྒྲུབ་ མཆོད་དུས་སུ་མ་འཛོམས་སོགས། །ཉེས་ནོངས་གང་མཆིས་བཟོད་པར་མཛད་དུ་གསོལ། །ཡིག་བརྒྱ་ལན་གསུམ། བསྡུ་རིམ་ནི་མཆོད་ཐབས་ལས། ཆོས་རྗེ་མཆོག་གིས་ཆོ་འཕྲུལ༴ ནས། ཆོས་སྐུ་ ཉག་གཅིག་ངང༌། །བསྔོ་སྨོན་ནི། དེ་ལྟར་རྣམ་དཀར་ལེགས་བྱས་འདིས་མཚོན་པའི། །མཐའ་ ཡས་དུས་གསུམ་དང་འབྲིལ་དགེ་ཆེན་ཚོགས། །བསྟན་འགྲོར་ལེགས་ཕན་ཀུན་ནས་འཕྱུར་ བའི་རྐྱེན། །མཚན་འཛིན་དམིགས་བྲལ་ངང་ནས་ཟབ་བསྔོ་བགྱིད། །མཆོད་ཐབས་ལས། དགེ་ འདིས་ཀུན་རྫོབ་འཁྲུལ་སྣང༴ ནས། དགོངས་པར་གྲོལ་གྱུར་ཅིག །ཚོགས་འབུལ་ལས། མཆོད་ ཚོགས་ཀྱི་རྣམ་པར་དཀར་བའི་ལེགས་བྱས་དེས། །ཞེས་པ་ནས། མཐའ་དག་གཞོལ་གྱུར་ཅིག ། 1-1-25 དེ་ནས་བཀྲ་ཤིས་ནི། དཔལ་ལྡན་བླ་མ་ཆོས་རྗེ་ཡབ་སྲས་དང༌། །བརྒྱུད་འཛིན་རྣམ་འཕྲུལ་ བསམ་མི་ཁྱབ་པ་བཅས། །གཞི་དབྱིངས་ཆོས་སྐུའི་གཤིས་སུ་འདུ་འབྲལ་མེད། །བདེན་པ་ མཆོག་གིས་དགེ་མཚན་ཡོངས་འབར་མཛོད། །ཚོགས་འབུལ་མཇུག་གི ༀ་སྭཱ་སྟི། བཀྲ་ཤིས་གང་ ཞིག་གཞི་དབྱིངས་ཆོས་ཉིད་འགྱུར་བ་མེད། །ནས། རང་བཞིན་བདེན་ངེས་སྐྱེ་དགུ་ཡོངས་ ཀྱིས་མྱུར་མངོན་ཤོག །ཅེས་པའི་བཀྲ་ཤིས་ཀྱིས་མཐའ་བརྒྱན་པས་སྤྲོས་བཅས་དུས་མཆོད་ལེགས་པར་གྲུབ་ བོ། ། གཉིས་པ་སྤྲོས་མེད་རྒྱུན་ཁྱེར་གྱི་ཚུལ་ནི། གོང་དུ་བཤད་པ་བཞིན་གྱི་བར་ཆད་ལམ་སེལ་ཐོག་མར་འདོན། གསོལ་འདེབས་ཀྱང་དེ་ལྟར་བཏང་མཐར། མཆོད་རྫས་བྱིན་རླབས་དོར་ནས་མཆོད་ཐབས་རང་རྐྱང་དེད་དེ། སྐྱབས་ སེམས་བསྐྱེད་པ་རྣམས་བཏང༌། དེ་ནས་སྤྱན་འདྲེན་དོར། ཡན་ལག་བདུན་པ་ཚར་གྲངས་ཅི་འགྲུབ་ལ་འབད། དེ་ ནས་སྤྲོ་ན་རྒྱང་འབོད་དང་མིན་ན་གསོལ་འདེབས་ཅི་ནུས་བྱ། ཚོགས་མཆོད་དོར་ལ་དབང་བླངས་ཚེ་འགུགས་བསྡུ་ བསྔོ ས་མཐར་དབྱུང་བར་བྱའོ། །དེ་འདྲའི་འདོན་ལུགས་གོང་མ་སྤྲོས་བཅས་དུས་མཆོད་སྐབས་ཡིན་གྱི། སྤྱིར་ནི་ མཆོད་ཐབས་ཚོགས་འབུལ་སོགས་རང་དཀྱུས་མགོ་ཐུབ་བྱས་ཀྱང་ཆོག ཅེས་ཀུན་མཁྱེན་ཡབ་སྲས་བརྒྱུད་རིམ་ བཅས་ཀྱི་མཆོད་ཐབས་ལ་སྦྱར་འོས་པའི་ལྷན་ཐབས་བྱིན་རླབས་དཔལ་སྟེར་ཞེས་བྱ་བ་འདི་ཡང་སྔ་སོར་རིང་མོ་ ནས་འདི་ཕྱོགས་ཀ་ཐོག་བླ་མ་ཡེ་ཤེས་ཕུན་ཚོགས་ཀྱིས་མཆོད་ཆོག་ཕྱོགས་ཧ་ལམ་འདི་འདྲའི་གསུང་བསྐུལ་མཛད་ ཡོད་པའི་ཁར་ཕྱིས་སུ་རྔ་ཡུལ་ཕྱོགས་ཀྱི་རབ་བྱུང་གཙང་མར་བརྩོན་པ་བཙུན་ཆུང་ཀུན་དགའ་ཡོན་ཏན་གྱིས་ཆེད་ བསྐུལ་ལྟར། མ་ཏིས་སྤེལ་བཞིན་ཆོས་མཆེད་དམ་པས་ཡི་གེ་པ་ལེགས་བགྱིས་མཛད་པ་འདིས་བསྟན་འགྲོ་ལ་ཕན་ ཐོགས་འབྱུང་བར་ཤོག་ཅིག། །། 1-1-26 ༄༅། །ཀུན་མཁྱེན་ཡབ་སྲས་བརྒྱུད་པར་བཅས་ལ་ཚོགས་མཆོད་ འབུལ་ཐབས་ཉེར་བསྡུས་ཆོས་རྗེ་དགྱེས་པའི་ མཆོད་སྤྲིན་བཞུགས་སོ། ། ༄༅། །དཔལ་ལྡན་བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ནས། འདིར་ཚོགས་རྫས་ཡོ་བྱད་འདུ་བྱས་ཏེ་ བྱིན་གྱིས་བརླབ་པ་ནི། ༀ་ཨཱཿཧཱུཾ་ཧོཿ ལན་གསུམ། རང་བཞིན་དག་མཉམ་གྱི་རྡོ་རྗེ་རྣམ་བཞི་ཡིས། །དཀར་དམར་ནག་སེར་གྱི་ཡི་གེ་འབྲུ་བཞིའི་རྐྱེན། །དེར་བརྟེན་སྦྱངས་སྤེལ་གྱི་བཅུད་ཆེན་ ཟག་མེད་མཆོག །དམ་རྫས་ཚོགས་འཁོར་གྱི་ལོངས་སྤྱོད་རྒྱ་ཆེན་གྱུར། ། སྤྱན་འདྲེན་པ་ནི། ཡེ་གཞི་བདེ་གཤེགས་ཀྱི་སྙིང་པོ་རྟག་པའི་ཁམས། །ཆོས་སྐུ་འོད་གསལ་ གྱི་དབྱིངས་ལས་གཡོ་མེད་པར། །གང་འདུལ་སྒྱུ་མ་བཞིན་སྤྲུལ་བཀོད་བླ་མའི་ཚོགས། །གནས་ལུགས་དོན་ལ་བཞེངས་བཞུད་ཀྱིས་དབེན་མོད་ཀྱང༌། །ཀུན་རྫོབ་མོས་སྣང་ངོར་དག་ པའི་ཆོ་འཕྲུལ་བཅས། །རིགས་ལྡན་བླ་མའི་ཚོགས་དབྱིངས་ནས་ལེགས་བཞེངས་ཏེ། །ཀུན་ བཟང་ཚོགས་འཁོར་གྱི་དགའ་སྟོན་མགྲོན་གྱི་ཚུལ། །མདུན་མཁར་ཡིད་འོང་གི་གདན་ལ་ དགྱེས་བཞིན་བཞུགས། ། ཚོགས་མཆོད་འབུལ་བ་ནི། ཆོས་སྐུ་ཀུན་ཁྱབ་ཀྱི་རང་བཞིན་འགྲོ་འདྲེན་གཙོ། །འཇིག་རྟེན་ དབང་ཕྱུག་གི་རོལ་གར་སྒྱུ་མའི་སྐུ། །ཕ་མཆོག་དུས་གསུམ་གྱི་སངས་རྒྱས་ཀུན་འདུས་ དངོས། །ཆོས་ཀྱི་རྗེ་ཀུན་མཁྱེན་ཤེས་རབ་རྒྱལ་མཚན་ལ། །ༀ་ཨཱཿཧཱུཾ་སྦྱངས་སྤེལ་ཡེ་ཤེས་ཀྱི་ 1-1-27 རྫས་མཆོག །ཨེ་མ་ཧོ་ཡ་མཚན་ཕུལ་བྱུང་གི་མཆོད་སྤྲིན། །ག་ན་ཙཀྲ་ཧོ་བདེ་ཆེན་གྱི་ཚོགས་ འཁོར། །ཨ་ལ་ལ་ལེགས་འབུལ་དགྱེས་པ་ཡིས་བཞེས་མཛོད། །ཆོས་རྗེའི་ཐུགས་སྲས་ཀྱི་ ཕུལ་གྱུར་ཆོས་གྲགས་དཔལ། །སྒྲ་བསྒྱུར་གྱི་རྒྱལ་པོ་མཁས་མཆོག་བློ་གྲོས་མཚན། །མ་ཏི་ པཎ་ཆེན་རྗེ་ས་བཟང་ཆོས་ཀྱི་རྒྱལ། །དཔལ་ཕྱོགས་ལས་རྣམ་པར་རྒྱལ་བའི་མཚན་རྣམས་ ལ། །ༀ་ཨཱཿཧཱུཾ་སྦྱངས་སྤེལ༴ སོགས་ཚིགས་རྐང་བཞི་འགྲེས། སྐད་གཉིས་སྨྲ་མཁས་ཀྱི་ལོ་ཙཱ་འབྲི ་ གུང་པ། །སྨན་ཆུ་ཁ་བ་རྗེ་བློ་གྲོས་རྒྱལ་མཚན་མཆོག །རྒྱལ་བའི་སྲས་རིན་ཚུལ་ངེས་དོན་ ཆོས་མཛོད་འཛིན། །ཞང་སྟོན་པ་མཁས་དབང་བསོད་གྲགས་མཚན་རྣམས་ལ། །ༀ་ཨཱཿཧཱུཾ་ སྦྱངས་སྤེལ༴ གྷ་རུང་པ་ལྷ་ཡི་རྒྱལ་མཚན་འགྲོ་འདྲེན་ཕུལ། །ཉ་དབོན་རྗེ་མཁས་མཆོག་ལུང་ དང་རིགས་པའི་གཏེར། །རྗེ་ཕུན་ཚོགས་དཔལ་བཟང་རྣམ་མང་སྐྱེ་དགུའི་མགོན། །ཐང་བོ་ཆེ་ ཀུན་དགའ་འབུམ་གྱི་མཚན་རྣམས་ལ། །ༀ་ཨཱཿཧཱུཾ་སྦྱངས་སྤེལ༴ ཐང་ཆུང་པ་བློ་གྲོས་དཔལ་ གྱི་མཚན་སྙན་ཅན། །མཚལ་མིན་པ་བསོད་ནམས་བཟང་པོ་འགྲོ་འདྲེན་གཙོ། །ཡབ་སྲས་ དེ་དག་གི་བརྒྱུད་འཛིན་སྒྲོལ་མགོན་རྗེ། །ཐུགས་སྲས་མཆོག་གང་དག་མ་ལུས་པ་རྣམས་ལ། །ༀ་ཨཱཿཧཱུཾ་སྦྱངས་སྤེལ༴ དཔལ་ལྡན་རྩ་བརྒྱུད་ཀྱི་བླ་མ་དེ་རྣམས་ཀྱིས། །དུས་ཀྱི་འཁོར་ལོ་ སོགས་ཡི་དམ་རབ་འབྱམས་དང༌། །ཌཱ་ཀི་ཡེ་ཤེས་ཀྱི་སྤྱན་ལྡན་ཆོས་སྐྱོང་ཚོགས། །མ་ལུས་ རྣམ་འཕྲུལ་དུ་རོལ་གར་མཛད་རྣམས་ལ། །ༀ་ཨཱཿཧཱུཾ་སྦྱངས་སྤེལ༴ སྐྱབས་མཆོག་མཆོད་ཡུལ་ གྱི་བསོད་ནམས་ཞིང་གི་གཙོ། །མ་ལུས་གང་དག་གི་ཐུགས་རྒྱུད་རབ་མཉེས་ཤིང༌། །སྒྲུབ་པོ་ བདག་ཅག་གི་ཉམས་ཆགས་མཐའ་དག་སྦྱངས། །མཆོག་ཐུན་དངོས་གྲུབ་ཀྱི་དཔལ་ཁ་དེང་ འདིར་སྩོལ། ། བར་བཤགས་ནི། བདག་ཅག་རྨོངས་དབང་གིས་ནོངས་པ་གང་མཆིས་པ། །དེ་ཀུན་མཆོད་ ཡུལ་གྱི་དྲུང་དུ་འཆགས་ཤིང་སྡོམ། །མ་ལུས་བྱང་དག་གི་དངོས་གྲུབ་རབ་ཐོབ་ནས། །དགྱེས་ 1-1-28 སྐོ ང་དམ་པ་ཡིས་མཆོད་མགྲོན་མཉེས་གྱུར་ཅིག ། དྲངས་པ་ནི། གསང་སྔགས་རིག་འཛིན་གྱི་རྣལ་འབྱོར་ཕོ་མོ་ཚོས། །དཔའ་བོའི་དགའ་སྟོན་ གྱི་བདེ་ཆེན་སྤེལ་བའི་རྫས། །དག་སྣང་འཛིན་མེད་ཀྱིས་ཅི་དགར་རོལ་བ་ལས། །བདེ་སྟོང་ ཡེ་ཤེས་ཀྱིས་མྱོས་འདི་ཨ་ལ་ཧོ། ། རོལ་མཐར་ལྷག་མ་ནི། ༀཨཱཿཧཱུཾ། ལྷག་མའི་དམ་རྫས་རྒྱ་ཆེ་བ། །དམ་ཅན་གྱི་སྡེ་རིགས་ལྷག་ ལ་དབང་བ་རྣམས། །རང་རང་གི་གནས་ནས་འདིར་སྤྱོན་དགྱེས་པར་རོལ། །མཉེས་ཚིམ་ གྱིས་འདོད་པའི་རེ་བ་ཀུན་སྐོ ང་མཛོད། ། སྨོན་ལམ་ནི། ཚོགས་འཁོར་གྱི་རྣམ་པར་དཀར་བའི་ལེགས་བྱས་དེས། །མཁའ་ཁྱབ་ཀྱི་ འགྲོ་བའི་སྒྲིབ་པ་རིམ་བྱང་ནས། །གསང་ཆེན་གྱི་ལམ་བཟང་སྐལ་བར་ལེགས་འགྲིགས་ ཏེ། །ཟུང་འཇུག་ལ་རིང་མིན་ཉེ་བར་ཉིད་གྱུར་ཅིག །སླར་བཅས་ཀྱི་འགྲོ་བའི་སྐྱབས་ གཅིག་ཐུབ་པའི་བསྟན། །སྐྱེ་དགུ་ཀུན་ཕན་དང་བདེ་ལ་བཀྲི ་བའི་སྒོ། །ལུང་རྟོགས་ཀྱི་བྱ་བ་ དབྱར་མཚོ་ལྟར་རྒྱས་ཤིང༌། །བདེ་སྐྱིད་ཀྱི་འཕེལ་ཁ་ནམ་ཡང་ཉམས་མེད་ཤོག །ཡང་སྒོས་ སུ་རྫོགས་ལྡན་ཆོས་མཆོག་གསར་བའི་དཔལ། །དུས་མཐའ་རུ་འགྲོ་ལ་ཆོས་ཀྱི་དགའ་སྟོན་ ཤར། །གནས་ལུགས་ཀྱི་གསང་ཆེན་ཟབ་མོའི་དེ་ཉིད་ལ། །མཆོག་དམན་གྱི་སྐྱེ་འགྲོ་མཐའ་ དག་གཞོལ་གྱུར་ཅིག ། བཀྲ་ཤིས་ནི། ༀ་སྭཱ་སྟི། བཀྲ་ཤིས་གང་ཞིག་གཞི་དབྱིངས་ཆོས་ཉིད་འགྱུར་བ་མེད། །འོད་ གསལ་ཀུན་ཁྱབ་འདུས་མ་བྱས་ཤིང་རྟག་བདེའི་སྐུ། །བདེ་གཤེགས་སྙིང་པོ་ཆོས་སྐུ་ཡོན་ ཏན་ལྷུན་གྲུབ་པ། །བདེན་པ་གང་དེས་འགྲོ་ལ་ལེགས་སྒོའི་བཀྲ་ཤིས་སྩོལ། །བཀྲ་ཤིས་གང་ ཞིག་བདུད་བཞིའི་གཡུལ་ལས་ལེགས་རྒྱལ་བ། །ཟླ་བྲལ་ཀུན་གཟིགས་མཆོག་གིས་དཔལ་ གྱི་མགུར་བཟང་ལས། །གནས་ལུགས་དེ་ཉིད་ངེས་དོན་ཕྱིར་མི་ལྡོ ག་པར་བསྩལ། །བདེན་ 1-1-29 པ་གང་དེས༴ བཀྲ་ཤིས་གང་ཞིག་རྒྱལ་བའི་དགོངས་ཆེན་ལེགས་འབྱེད་པ། །གངས་རིའི་ ལྗོངས་འདིར་ངེས་དོན་བསྟན་པའི་མངའ་བདག་རྗེ། །ཀུན་མཁྱེན་རྒྱལ་བ་གཉིས་པ་ཆེན་ པོར་གཅིག་ཏུ་ངེས། །བདེན་པ་གང་དེས༴ བཀྲ་ཤིས་གང་ཞིག་ཆོས་རྗེ་མཆོག་གི་དགོངས་ ཆེན་ཕུལ། །འཛིན་སྐྱོང་སྤེལ་མཁས་རང་འདྲའི་ཐུགས་སྲས་བུ་ཆེན་ཚོགས། །ལུང་རྟོགས་ རྒྱ་མཚོའི་གཏེར་གྱུར་གསེར་རིའི་ཕྲེང་བཞིན་བསྟར། །བདེན་པ་གང་དེས༴ བཀྲ་ཤིས་གང་ ཞིག་ངེས་དོན་རྫོགས་ལྡན་ཆོས་ཀྱི་མཆོག །ཀུན་མཁྱེན་ཡབ་སྲས་བཞེད་དགོངས་ཇི་བཞིན་ ཆེས་གསལ་མཁན། །ཀུན་དགའ་སྙིང་པོ་སྲས་བཅས་གང་ལས་གཞན་པ་སུ། །བདེན་པ་གང་ དེས༴ བཀྲ་ཤིས་གང་ཞིག་ཆོས་རྗེ་བླ་མའི་རྣམ་པར་འཕྲུལ། །ཡི་དམ་མཆོག་གསུམ་མཁའ་ འགྲོ་ཆོས་སྐྱོང་གང་ཚོགས་བཅས། །གང་འདུལ་མཛད་བཟང་རིས་སུ་ནམ་ཡང་ཆད་མིན་པ། །བདེན་པ་གང༴ བཀྲ་ཤིས་གང་ཞིག་ཕུན་ཚོགས་ལེགས་སྒོ་ཀུན་གྱི་གཞི། །རྒྱལ་བ་རྒྱ་མཚོའི་ ཆོས་སྐུ་གཞི་འབྲས་དབྱེར་མེད་བདག །མ་ལུས་འགྲོ་ལ་སྙིང་གི་ཁམས་སུ་རྟག་བཞུགས་པ། །རང་བཞིན་བདེན་ངེས་སྐྱེ་དགུ་ཡོངས་ཀྱིས་མྱུར་མངོན་ཤོག །ཅེས་ཀུན་མཁྱེན་ཡབ་སྲས་བརྒྱུད་ པར་བཅས་ལ་ཚོགས་མཆོད་འབུལ་ཐབས་ཉེར་བསྡུས་ཆོས་རྗེ་དགྱེས་པའི་མཆོད་སྤྲིན་ཞེས་བྱ་བ་འདི་ཡང་རྔ་ཡུལ་ ན་བཞུགས་པའི་ཇོ་ནང་པའི་བརྒྱུད་འཛིན་བླ་མ་བསྟན་ཆོས་གང་ཉིད་ནས་བཀའ་བསྩལ་ཕེབས་པ་བཞིན། མ་ཏིས་ ཤར་མར་སྤེལ་བ་ཛ་ཡནྟུ། ཕྱིས་སུ་མཆེད་ཀྱིས་ཡང་ཡང་ཡིག་རིས་སུ་སྤེལ་བའོ།། །། 1-1-30 ༄༅། །ཀུན་མཁྱེན་ཇོ་ནང་པ་ཆེན་པོའི་བླ་མ་རྒྱང་འབོད་ངེས་ དོན་བྱིན་རླབས་མྱུར་འཇུག་ཅེས་བྱ་བ་ བཞུགས་སོ། ། ༄༅། །ན་མོ་གུ་རུ་པྲ་ཛྙཱ་དྷྭ་ཛ་བྷྱཿ ཆོས་དབྱིངས་འོད་གསལ་འཁོར་འདས་ཀུན་ཁྱབ། །རང་བཞིན་ལྷུན་གྲུབ་བདེ་བ་ཆེན་པོ། །ངེས་པ་དོན་གྱི་བདེ་གཤེགས་སྙིང་པོ། །གཤིས་ ལུགས་མངོན་གྱུར་ཀུན་མཁྱེན་ཆོས་རྗེ། །རྣམ་ཀུན་མཆོག་ལྡན་ཆོས་སྐུའི་དབྱིངས་ནས། །ཟུང་ འཇུག་འཕོ་བྲལ་སྒྱུ་འཕྲུལ་དྲ་བ། །གང་འདུལ་སྤྲུལ་པའི་རོལ་གར་དམ་པ། །གང་གི་དགོངས་ ཆེན་མངོན་དུ་གྱུར་མཛོད། །རང་སྣང་དག་པའི་སྟོན་འཁོར་ཕུན་ཚོགས། །ནམ་མཁའ་རབ་ འབྱམས་ཀུན་ཏུ་ཡོངས་བརྡལ། །དག་ཆེན་ཡེ་ཤེས་གསང་གསུམ་འཁོར་ལོ། །རྒྱལ་ཀུན་སྤྱི་ གཟུགས་ཀུན་མཁྱེན་ཆོས་རྗེ། །རྣམ་ཀུན་མཆོག་ལྡན༴ སོགས་ཚིག་རྐང་བཞི་འགྲེས། དག་དང་མ་ དག་ཞིང་ཁམས་ཀུན་ཏུ། །ངོ་མཚར་སྒྱུ་མའི་སྤྲུལ་བཀོད་མཐའ་ཡས། །གདུལ་བྱའི་ཁམས་ དབང་འཚམ་པའི་མཆོག་སྤྲུལ། །དུས་གསུམ་སངས་རྒྱས་ཀུན་མཁྱེན་ཆོས་རྗེ། །རྣམ་ཀུན་ མཆོག་ལྡན༴ སོགས། དཔལ་ལྡན་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག །བདེ་ཆེན་ཡེ་ཤེས་གར་ གྱི་རང་གཟུགས། །རྡོ་རྗེ་སེམས་དཔའ་རིགས་འདུས་གཙོ་བོ། །གང་གི་རྣམ་རོལ་ཀུན་མཁྱེན་ ཆོས་རྗེ། །རྣམ་ཀུན་མཆོག་ལྡན༴ སོགས། མཁའ་ཁྱབ་མཁའ་ཡི་རྡོ་རྗེའི་བདག་ཉིད། །སྟོང་ ཆེན་འོད་གསལ་རང་བཞིན་དམ་པ། །མི་བསྐྱོད་རྒྱལ་པོ་ནམ་མཁའི་གཤིས་ལུགས། །རང་ 1-1-31 མདངས་ཟློ ས་གར་ཀུན་མཁྱེན་ཆོས་རྗེ། །རྣམ་ཀུན་མཆོག་ལྡན༴ སོགས། རླུང་ཁམས་གཞན་ མཆོག་དོན་དམ་ཆོས་དབྱིངས། །ཡེ་བཞུགས་སྤྲོས་བྲལ་ཐུགས་ཀྱི་རྡོ་རྗེ། །དོན་ཡོད་གྲུབ་པ་ རིགས་ཀྱི་ཁྱབ་བདག །ཐུགས་མཆོག་མངོན་གྱུར་ཀུན་མཁྱེན་ཆོས་རྗེ། །རྣམ་ཀུན་མཆོག་ ལྡན༴ སོགས། མེ་ཁམས་ཆོས་ཉིད་དག་པའི་ཡེ་ཤེས། །ཡེ་བཞུགས་འགག་མེད་གསུང་གི་རྡོ་ རྗེ། །རིན་ཆེན་འབྱུང་ལྡན་རིགས་ཀྱི་སྤྱི་དཔལ། །གསུང་མཆོག་མངོན་གྱུར་ཀུན་མཁྱེན་ཆོས་ རྗེ། །རྣམ་ཀུན་མཆོག་ལྡན༴ སོགས། ཆུ་ཁམས་རང་གཤིས་དག་པའི་གནས་ལུགས། །ཡེ་ བཞུགས་འགྱུར་མེད་སྐུ་ཡི་རྡོ་རྗེ། །སྣང་བ་མཐའ་ཡས་རིགས་རྣམས་ཀུན་འདུས། །སྐུ་མཆོག་ མངོན་གྱུར་ཀུན་མཁྱེན་ཆོས་རྗེ། །རྣམ་ཀུན་མཆོག་ལྡན༴ སོགས། ས་ཁམས་རང་བཞིན་ཆོས་ དབྱིངས་དག་ཆེན། །ཡེ་བཞུགས་ཟག་མེད་ཡེ་ཤེས་རྡོ་རྗེ། །རྣམ་པར་སྣང་མཛད་རིགས་ བརྒྱའི་འཁོར་ལོ། །དགའ་ཆེན་མངོན་གྱུར་ཀུན་མཁྱེན་ཆོས་རྗེ། །རྣམ་ཀུན་མཆོག་ལྡན༴ སོགས། ནང་དབྱིངས་དྲི་བྲལ་ཆོས་སྐུའི་རྣམ་རོལ། །དཀྱིལ་འཁོར་རྒྱ་མཚོའི་རིགས་ཀྱི་ཁྱབ་ བདག །དོན་དམ་རྣམ་གསུམ་སྐྱབས་ཀྱི་ངོ་བོ། །མཛད་ཕྲིན་ཡོངས་འདུས་ཀུན་མཁྱེན་ཆོས་ རྗེ། །རྣམ་ཀུན་མཆོག་ལྡན༴ སོགས། འཁོར་འདས་རང་བཞིན་ཆོས་སྐུའི་བདག་ཉིད། །གནས་ ལུགས་དམ་པ་དང་པོའི་སངས་རྒྱས། །ཡེ་ཤེས་དགོངས་ཆེན་སྤྲུལ་པའི་རོལ་གར། །ངེས་དོན་ ཆོས་མཆོག་ཡོངས་ཀྱི་མངའ་བདག །རྣམ་ཀུན་མཆོག་ལྡན༴ སོགས། རབ་འབྱམས་སྤྲུལ་པའི་ རྣམ་རོལ་ཆེ་བ། །ནམ་མཁའི་མཐའ་མཉམ་ཀུན་བཟང་སྤྱོད་མཆོག །དུས་ཀུན་ནམ་ཡང་ འཛད་མེད་དཔལ་གྱུར། །རིགས་ལྡན་གངས་ལྗོངས་བླ་མར་བཞེངས་པ། །ཀྱེ་ཧོ་སྒྱུ་འཕྲུལ་ གར་གྱི་རྣམ་རོལ། །སླར་ཡང་རྫོགས་ལྡན་ཆོས་འཁོར་བསྐོར་སླད། །དུས་མཐར་སྒྱུ་མའི་ཆོ་ འཕྲུལ་གང་འཚམས། །ལེགས་སྟོན་ངེས་དོན་ཆོས་ཆར་ཕོབ་ཤོག །མཐུ་དེས་ས་འདི་མ་ལུས་ དབང་བསྒྱུར། །ངོ་མཚར་དགེ་མཚན་ཀུན་ནས་འཕྱུར་ཏེ། །ཡིད་ཅན་མཐའ་དག་སྙིང་པོའི་ 1-1-32 དོན་ལ། །སྐལ་བཟང་མཉམ་དུ་ལེགས་སྤྱོད་གྱུར་ཅིག །ཅེས་པ་ཀུན་མཁྱེན་ཇོ་ནང་པ་ཆེན་པོའི་བླ་མ་ རྒྱང་འབོད་ངེས་དོན་བྱིན་རླབས་མྱུར་འཇུག་འདི་ཡང༌། ཆོས་ལ་རྣམ་དཔྱོད་རབ་ཡངས་ཚོགས་གཉིས་ཀྱི་ཐུགས་མོས་ བཞིན། མ་ཏིས་སྦྱར་བ་ལྟར་མཆེད་ཀྱིས་ཤར་མར་ཕབས་པའོ།། །། 1-1-33 ༄༅། །ཀུན་མཁྱེན་ཡབ་སྲས་མཆོད་ཆོག་ལྷན་ཐབས་ཀྱི་ ཟུར་འདེབས་ལག་ལེན་ཉེར་མཁོ་ ཞེས་བྱ་བ་བཞུགས་སོ། ། ༄༅། །བླ་མ་དང་དབྱེར་མེད་པ་ཆོས་ཀྱི་རྗེ་ཀུན་མཁྱེན་ཆེན་པོ་ལ་ཕྱག་འཚལ་ནས། འདིར་ཆོས་རྗེ་ཡབ་ སྲས་དེ་དག་གི་སྒོ་ནས་ཚོགས་བསགས་མཆོད་འབུལ་ལྷན་ཐབས་ལ་ཉེར་མཁོའི་རིམ་པ་ཟུར་འདེབས་སུ་ལེགས་ བསྒྲིགས་ལ། སྤྲོས་བཅས་དུས་མཆོད་དང་བསྟུན་ཏེ། མཆོད་ཐབས་དཀྱུས་སུ་ཉེར་མཁོ་དང༌། རྣམ་ཐར་བཀླག་ཆོག་ ཟུར་གསལ་གཉིས་ལས། དང་པོ་ལ། མཆོད་རྫས་བྱིན་རླབས་ཀྱི་མཐར། དེ་ལས་བྱུང་བའི་ལྷ་རྫས་མཆོད་ པའི་ཚོགས། །མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་མཆོག །སྣང་གསལ་དྲི་ཆབ་ ཞལ་ཟས་རོལ་མོ་དང༌། །གཞན་ཡང་རྒྱལ་སྲི ད་སྣ་བདུན་བཀྲ་ཤིས་རྫས། །རྟགས་བརྒྱད་ རིག་མ་བཅུ་དྲུག་འཁོར་འདས་ཀྱི། །སྣོ ད་བཅུད་བཀོད་པ་ཕུན་ཚོགས་ཇི་སྙེད་པ། །མཆོད་ རྫས་བཟང་ཞིང་དགེ་བ་ལེགས་བྱུང་ཕུལ། །ངོ་མཚར་ཟད་མེད་གང་འཚམས་མཆོག་ཏུ་ཤོག །ཅེས་བརྗོད། མཆོད་ཡུལ་བསྐྱེད་སྐབས། དགེ་མཚན་འབར་བའི་ཀློང༌། །དཔལ་ལྡན་ཆོས་སྐུའི་རང་ མདངས་ལས་འཕྲུལ་ངོ་མཚར་སྒྱུ་མའི་གར། །ཐར་པ་ཆེན་པོའི་གཞལ་མེད་ཁང་བཟང་རྒྱན་ བཀོད་བསམ་མི་ཁྱབ། །རྒྱ་ཚད་ཡོངས་སུ་ཆད་པ་མི་མངའ་ཆོས་དབྱིངས་འཕྲུལ་དུ་ཤར། །ཕུན་ཚོགས་གཞལ་ཡས་མཚན་ཉིད་ཀུན་ཚང་ཆོས་ཀྱི་ཕོ་བྲང་དུ། །རབ་མཛེས་གདོང་ལྔས་ ལེགས་བཏེགས༴ ཞེས་པ་ནས། པདྨ་དཀར་པོས་མཚན། །ཡེ་ཤེས་སྐུ་མཆོག་གང་དེའི་ཐུགས་ 1-1-34 ཀར་དང་པོའི་སངས་རྒྱས་བཞུགས། །གནས་དྲུག་འཁོར་ལོ་རྒྱལ་བ་རིག་དྲུག་ཡེ་ནས་དོན་ དམ་གཤིས། །གཙུག་ཏུ་མི་བསྐྱོད་དུས་ཀྱི་འཁོར་ལོའི་མཁའ་ཁམས་ལྷར་བཞུགས་ཤིང༌། །གསང་བར་རྡོར་སེམས་ཡེ་ཤེས་ལྷ་ཚོགས་ཕན་ཚུན་ཐབས་ཤེས་ཚུལ། །དཔྲལ་བར་སྣང་ མཐའ་ཆུ་ཁམས་ལྷ་ཚོགས་མགྲིན་པར་རིན་འབྱུང་རིགས། །མེ་ཁམས་ལྷ་རྣམས་དེ་དག་ཟུང་ འཇུག་ཐུགས་ཀར་དོན་ཡོད་གྲུབ། །རླུང་ཁམས་ལྷ་ཡི་ཚོགས་དང་ལྟེ་བར་རྣམ་སྣང་ས་ཁམས་ ལྷ། །ཕན་ཚུན་ཡབ་ཡུམ་དྲུག་བརྒྱ་སོ་དྲུག་ལྷ་དང་ལྷ་མོའི་ཚུལ། །ཆོས་རྗེ་བླ་མའི་སྐུ་ཡི་ཆ་ལ་ པྲ་ཕབ་ཇི་བཞིན་ཤར། །མཚན་དང་དཔེ་བྱད་ཡོངས་རྫོགས་འོད་ཟེར་མཁའ་མཐར་ལེགས་ སྤྲོ་བ། །གཟུགས་སྐུའི་རྣམ་འཕྲུལ་མོས་ངོར༴ སོགས་ནས། ཐུགས་སྲས་འཕགས་ཆེན་ཚོགས། །རང་འདྲའི་བུ་ཆེན་ཆོས་ཀྱི་མཁན་པོ་པཎྜི་ཏའི་ཞྭས་མཛེས། །ཆ་ལུགས་སྐུ་ཆས་ཆོས་རྗེ༴ ནས། རྣམ་གཉིས་སོགས་དང་བཅས། །གདོད་ནས་དམ་ཚིག་ཡེ་ཤེས་རང་བཞིན་ཀུན་ཁྱབ་ཆོས་ དབྱིངས་འཕྲུལ། །རྡོ་རྗེའི་དབང་བསྐུར་གཤིས་ནས་ཡོངས་རྫོགས་སྐྱབས་ཀུན་འདུས་པའི་ བདག །མ་ལུས་དག་སྣང་གུས་པའི༴ ཞེས་པ་ནས་ལྷན་ཐབས་ལྟར་ཡན་ལག་བདུན་པ་ཡན་གྲུབ་པ་ན་ཕྱག་ འཚལ་བ་ནི། ན་མོ་གུ་རུ་བྷྱཿ བརྟན་གཡོའི་དཔལ་གྱུར་ཆོས་དབྱིངས་རང་གཟུགས་ཆེ། །ཀུན་ རྫོབ་དང་བྲལ་དོན་དམ་གནས་ལུགས་སྐུ། །ཆོས་རྗེ་བླ་མ་ཡབ་སྲས་བརྒྱུད་འཛིན་ཚོགས། །རང་གསལ་གདོད་མའི་ངང་དུ་གུས་ཕྱག་འཚལ། །གཞན་སྣང་གང་འདུལ་མཛད་ཆེན་རོལ་ པ་ཡིས། །མཆོད་ཡུལ་ཚུལ་བཞུགས་ཀུན་རྫོབ་ཟློ ས་གར་སྟོན། །དག་སྣང་ཞིང་གཙོ་བསོད་ ནམས་བསགས་ཡུལ་མཆོག །དཔལ་ལྡན་ཆོས་རྗེའི་ཚོགས་ལ་ཕྱག་འཚལ་ལོ། །ཡོན་ཏན་ གཏེར་གྱུར་གང་མཚན་དྲན་པས་ཀྱང༌། །རྒུད་པ་ཞི་མཛད་ལེགས་ཚོགས་སྤེལ་བའི་གཉེན། །འགྲོ་ཀུན་གཙུག་རྒྱན་འདོད་འབྱུང་ནོར་བུ་ཆེ། །དངོས་གྲུབ་ཀུན་སྩོལ་བླ་མར་ཕྱག་འཚལ་ ལོ། །བླང་དོར་ཆོས་ཀྱིས་གདུལ་བྱའི་རྨོངས་མུན་སེལ། །ཐུགས་རྗེ་མཆོག་གིས་ཕན་བདེ་ཉེར་ 1-1-35 དྲངས་མཁན། །ཟབ་ཆོས་སྨན་གྱིས་ཀུན་ཉོན་ནད་སེལ་མཁན། །བརྩེ་གཟིགས་ཆེ་མངའ་ རྣམས་ལ་ཕྱག་འཚལ་ལོ། །མཐུ་ཆེན་གྲུ་ཡིས་སྲི ད་ཞིའི་མཚོར་སྒྲོལ་མཁན། །འགྲོ་བའི་དེད་ དཔོན་གནོད་སྐྱོབ་ཕན་སྤེལ་བ། །བྱམས་མགོན་ཟླ་བྲལ་སྐྱབས་གནས་མཆོག་གི་ཕུལ། །མ་ འདྲེས་གཉེན་བཟང་ཡོངས་ལ་ཕྱག་འཚལ་ལོ། །དུས་གསུམ་སངས་རྒྱས་ཐབས་མཁས་ལ་ བརྟེན་ནས། །གང་འདུལ་འདྲེན་པ་བླ་མར་སྤྲུལ་པ་ཡིས། །དུས་འགྲོ་གདུལ་བྱར་གྱུར་ལ་ཕན་ ཐོགས་མཛད། །འདྲེན་མཆོག་ཆོས་རྗེ་རྣམས་ལ་ཕྱག་འཚལ་ལོ། །ཀུན་གཟིགས་མཁྱེན་པས་ གང་འདུལ་སྐུར་སྟོན་ཅིང༌། །ཁམས་དབང་འཚམས་པའི་ཆོས་སྒོའི་དཔལ་གྱུར་པ། །སྤྱན་དང་ མངོན་ཤེས་གཟུངས་སྤོབས་རྣམ་བྱང་ཕྱོགས། །ཡོན་ཏན་རྒྱ་མཚོའི་ཐུགས་ལ་ཕྱག་འཚལ་ ལོ། །ཡོན་ཏན་དབང་ཕྱུག་མཐོང་ཐོས་དྲན་རེག་བདག །མཛད་པ་ལྷུན་གྲུབ་ཕྲིན་ལས་མངའ་ བའི་མགོན། །དམ་ཆོས་འབྱུང་གནས་སྒྲིབ་བྲལ་ཡེ་ཤེས་བརྙེས། །འོད་གསལ་མཆོག་མངའ་ རྣམས་ལ་ཕྱག་འཚལ་ལོ། །འདི་ཕྱིའི་ཕན་བདེ་ཀུན་གྱི་རྩ་བ་ཡང༌། །རྣམ་གྲོལ་འཇུག་ངོགས་ དམ་ཆོས་ཟབ་མོ་སྦྱིན། །མཛའ་བཤེས་ཕལ་དང་མཚུངས་མེད་གཉེན་གྱི་མཆོག །བཀའ་དྲིན་ འཁོར་མེད་རྣམས་ལ་ཕྱག་འཚལ་ལོ། །འདོད་སྤངས་བསླབ་ལྡན་སྡོམ་བརྩོན་ཆེ་མངའི་གཙོ། །སྟོང་ཉིད་སྙིང་རྗེའི་སེམས་དཔའ་རྒྱལ་བའི་སྲས། །རིམ་གཉིས་རྣལ་འབྱོར་དབང་ཕྱུག་རིག་ པ་འཛིན། །སྡོམ་གསུམ་མཐར་སོན་རྣམས་ལ་ཕྱག་འཚལ་ལོ། །ཕ་རོལ་ཕྱིན་རྫོགས་ཉེར་ བཞིའི་རྩ་རླུང་དབང༌། །བཅུ་གཉིས་ས་ཐོབ་སྤང་བྱ་མཐའ་དག་འགགས། །མཐའ་བྲལ་ཟག་ མེད་ཆོས་དབྱིངས་མངོན་བྱང་ཆུབ། །ཆོས་སྐུའི་དགོངས་པ་མཆོག་ལ་ཕྱག་འཚལ་ལོ། །དེ་ ཉིད་རང་གཤིས་བརྗོད་བྲལ་ཟུང་འཇུག་ཆེ། །འཁོར་འདས་ཀུན་ཁྱབ་གཤེགས་སྙིང་འོད་ གསལ་དབྱིངས། །མ་ལུས་རྒྱལ་བའི་སྤྱི་དཔལ་ཉག་གཅིག་པུ། །ངོ་བོ་ཉིད་ཀྱི་སྐུ་ལ་ཕྱག་ འཚལ་ལོ། །ཆོས་ཉིད་གཤིས་ཀྱི་མདངས་ལས་སྣ་ཚོགས་འཕྲུལ། །གདུལ་བྱའི་དབང་གིས་ 1-1-36 ལོངས་སྤྲུལ་རོལ་པ་ཡིས། །སྔོན་འབྲིལ་གང་ཟབ་དེ་ལུགས་རྣམ་གྲོལ་ལ། །ལེགས་འགོད་ བྱེད་པོ་རྣམས་ལ་ཕྱག་འཚལ་ལོ། །སོ་སོར་རིགས་བཞི་ཡེ་ཤེས་རྣམ་ལྔའི་བདག །སྟོབས་ བཅུ་མི་འཇིགས་མ་འདྲེས་ཆོས་བཅོ་བརྒྱད། །ས་ལམ་སྤངས་རྟོགས་ཡོངས་རྫོགས་དེ་བཞིན་ གཤེགས། །མཐར་ཐུག་གོ་འཕང་བཞུགས་ལ་ཕྱག་འཚལ་ལོ། །བདེ་སྟོང་དབྱེར་མེད་ཟུང་ འཇུག་རྡོ་རྗེ་འཆང༌། །ཕུང་པོ་རིགས་ལྔ་འབྱུང་བ་ཡུམ་མཆོག་ལྔ། །དབང་པོ་སེམས་དཔའ་ ཡུལ་རྣམས་སེམས་མའི་ཚོགས། །བྱ་བྱེད་ཁྲོ་ཆེན་ངོ་བོར་ཕྱག་འཚལ་ལོ། །དཔལ་ལྡན་རྣམ་ བྱང་འཁོར་ལོའི་མཛད་ཆེན་སྒོ། །མཁའ་ལ་འཇའ་ཚོན་ཇི་བཞིན་སྣང་སྟོང་འཕྲུལ། །ཆུ་ཟླའི་ རྗེས་འགྲོ་སྒྱུ་མའི་རོལ་པ་འཛིན། །གསང་གསུམ་བསམ་མི་ཁྱབ་ལ་ཕྱག་འཚལ་ལོ། །རབ་ ཏུ་ཞི་བའི་དགོངས་ཆེན་ཉག་གཅིག་ལས། །སྤྲོས་མཚན་དམིགས་བྲལ་ལྷུན་གྲུབ་འབད་མེད་ དུ། །གང་འདུལ་ཡིད་བཞིན་མི་ཟད་འཁོར་ལོའི་རྒྱན། །རྟག་པར་བཀྱེ་བ་ཡོངས་ལ་ཕྱག་ འཚལ་ལོ། །དེ་ལྟར་བདེན་གཉིས་ཀྱིས་བསྡུས་བླ་མའི་ཚོགས། །མཐའ་དག་ལ་ཡང་གུས་ པས་ཕྱག་འཚལ་མཐུས། །སྒྲིབ་སྦྱངས་བསོད་ནམས་ཚོགས་ཆེན་རབ་རྫོགས་ཏེ། །ཀུན་གྱི་ དགོངས་ཟབ་ཆོས་སྐུ་གཅིག་མངོན་ཤོག །དེ་ནས་ལྷན་ཐབས་འདོན་ཁོག་ལྟར་མཆོད་རྫས་བྱིན་རླབས་ ནས་བཟུང་ཉེར་སྤྱོད་མཆོད་པ་ཆ་ཚང་ཇི་འོས་སུ་འབུལ་མཐར་གཞན་ཡང་ཕྱི་མཆོད་ནི། སངས་རྒྱས་བྱང་ སེམས་རང་སྣང་དག་པའི་ཞིང༌། །ཀུན་ནས་ངོ་མཚར་ཡ་མཚན་ཆེས་མང་པ། །མ་དག་མཐོ་ རིས་བརྟན་གཡོའི་ཡིད་འོང་གི །ལེགས་འབྱོར་གང་ཡོད་མཆོད་གནས་རྣམས་ལ་འབུལ། །མདངས་གསལ་མཁའ་ལ་ཉི་ཟླའི་གཟི་འོད་འབར། །རྒྱུ་སྐར་རབ་བཀྲ་འཇའ་སྤྲིན་གྱིས་ མཛེས་ཤིང༌། །རིན་ཆེན་ལྷུན་སྡུག་ནགས་གངས་རི་བོ་སོགས། །དབྱིབས་ལེགས་ས་འཛིན་ མཆོག་ཀུན་མཆོད་པར་འབུལ། །ཆུ་ཀླུང་ཡན་ལག་བརྒྱད་ལྡན་མཚོ་རྫིང་སོགས། །ཡིད་འོང་ དྲི་བྲལ་རྙོག་མེད་གདུང་སེལ་བ། །མ་སྨད་ནགས་ཚལ་ལྗོན་ཐང་གིས་བསྐོར་ཞིང༌། །བདེ་ 1-1-37 དགའི་ཕུན་ཚོགས་བསྟི་གནས་རྣམས་ཀྱང་མཆོད། །མུ་ཏིག་མན་ཤེལ་གསེར་དངུལ་སོགས་ རིན་ཆེན། །གུར་གུམ་གི་ཧཾ་ལ་སོགས་སྨན་སྣའི་རིགས། །རོ་ལྡན་འཚོ་རྐྱེན་འབྲུ་བཅུད་རྩི་ ཐོག་སོགས། །སྣོ ད་ཀྱི་འབྱོར་བ་མཆོད་འོས་ཐམས་ཅད་འབུལ། །བསོད་ནམས་མངའ་ཐང་ རབ་དར་ཚངས་ཆེན་དཔལ། །བརྒྱ་བྱིན་མི་དབང་འཁོར་སྒྱུར་ཀླུ་རྒྱལ་སོགས། །ཁྱད་པར་མི་ རིགས་འབྱོར་ལྡན་ཡིད་འོང་གི །གཟུགས་བཟང་ངག་སྙན་རྒྱན་ལྡན་དག་ཀྱང་མཆོད། །རྩལ་ ཆེན་གངས་སེང་ཁྱུ་མཆོག་སོགས་རི་དྭགས། ཁུ་བྱུག་རྨ་བྱ་ལ་སོགས་ཡིད་འོང་བྱ། །མདོར་ན་ བཅུད་ཀྱི་མཆོད་འོས་གང་ཡོད་ཚད། །ཐུགས་རྗེ་ཆེ་མངའ་ཞིང་མཆོག་རྣམས་ལ་འབུལ། །བཻ་ ཌཱུར་གཞི་ལ་གསེར་དངུལ་བརྩེགས་མ་ཅན། །གཡུ་ཡི་བ་གམ་རིན་ཆེན་ཀ་བས་བཏེགས། །ཡིད་འོང་ཕོ་བྲང་བླ་བྲེ་གདུགས་ཡོལ་བ། །ཁྲི་གདན་ལ་སོགས་ཉེར་མཁོ་ཀུན་གྱིས་མཆོད། །ངུར་སྨྲིག་གོས་བཟང་སྲབ་འཇམ་པཉྩ་ལི། །ཀ་ཤིའི་རས་སོགས་ཆགས་བྲལ་ན་བཟའ་དང༌། །དབུ་རྒྱན་མུ་ཏིག་དོ་ཤལ་གསེར་གདུབ་སོགས། །ཕུན་ཚོགས་ཆགས་བཅས་རྒྱན་མཆོག་རྣམ་ ཀྱང་འབུལ། །འཁོར་སྒྱུར་མངའ་ཐང་འཁོར་ལོ་ནོར་བུ་མཆོག །བཙུན་མོ་བློན་པོ་གླང་ཆེན་ ཅང་ཤེས་ཕུལ། །དམག་དཔོན་རིན་ཆེན་རྒྱལ་སྲི ད་ཉེར་མཁོའི་དཔལ། །གང་བསམ་ལེགས་ བསྒྲུབ་སྣ་བདུན་མཆོད་པར་བསྟར། །བདེར་གནས་ཡོ་བྱད་ནགས་ཚལ་ཁང་བཟང་དང༌། །རལ་གྲི་མལ་སྟན་ལྷ་གོས་ཁྱད་པར་བ། །སྦྲུལ་གྱི་པགས་པ་མཆིལ་ལྷྭམ་རིན་པོ་ཆེ། །ཉེ་བའི་ སྣ་བདུན་གུས་པས་ལེགས་མཆོད་བགྱི། །རྒྱལ་བས་དགེ་མཚན་བྱིན་རླབས་དཔལ་བེ་འུ། །འཁོར་ལོ་རྒྱལ་མཚན་པདྨ་གདུགས་བུམ་བཟང༌། །དུང་དཀར་གསེར་ཉ་བཀྲ་ཤིས་རྟགས་ ཀྱི་མཆོག །མཆོད་གནས་རྣམས་ལ་བསོད་ནམས་བསགས་ཆེད་འབུལ། །གང་འདོད་ལེགས་ འཇོའི་བ་མོ་དཔག་བསམ་ཤིང༌། །མ་རྨོས་ལོ་ཐོག་འཆི་མེད་བདུད་རྩིའི་ཟས། །ལོངས་སྤྱོད་ ཕུན་སུམ་ཚོགས་པའི་འབྱོར་གཞན་ཀུན། །བློ་ཡིས་བླངས་ནས་ཡིད་ཆེས་དད་པས་མཆོད། 1-1-38 །ཁྱད་པར་བདག་གི་ལུས་དང་ལོངས་སྤྱོད་ཚོགས། །དུས་གསུམ་བསགས་དགེ་ཅི་མཆིས་ ལྟོ ས་མེད་དུ། །དེང་ནས་བསོད་ནམས་ཞིང་བཟང་ཁྱེད་དག་ལ། །ཞེན་མེད་གུས་པ་ཆེན་པོས་ ལེགས་འབུལ་ལོ། །ཞིང་མཆོག་དག་གིས་དགྱེས་བཞེས་བདག་སོགས་ཀྱང༌། །རྣམ་གཉིས་ བྱང་ཆུབ་སེམས་དང་ཕྱིན་དྲུག་གྲོགས། །ཕན་ཚུན་འགྲན་པ་ལྟ་བུའི་ཡོངས་འཕེལ་སྒོས། །ཟབ་དང་རྒྱ་ཆེའི་མངོན་རྟོགས་མྱུར་འཁྲུངས་ཤོག ། ནང་གི་མཆོད་པ་ནི། ཕུན་ཚོགས་ངོ་མཚར་མཛེས་པའི་གཟུགས་བཀོད་ཀུན། །ཡོངས་ བསྒྱུར་མཚར་སྡུག་ལང་ཚོ་སྒེག་པ་མོ། །གཟུགས་མཆོག་ལེགས་བསྣམས་ལྷ་ཡི་ན་ཆུང་མ། །དཔག་ཡས་སྤྲུལ་ཏེ་རྡོ་རྗེའི་སྤྱན་ལ་འབུལ། །ༀ་ཨཱཿརུ་པ་པཱུ་ཛི་ཏེ་ཧཱུཾ། སྣ་ཚོགས་རོལ་མོ་སྙན་ པའི་སྒྲ་དབྱངས་ཀུན། །རྟག་པར་རབ་སྒྲོག་སྐིད་མེད་སྒྱུ་རྩལ་འཆང༌། །ཆེས་མཛེས་ལྷ་མོ་ དབྱངས་ལྡན་ངག་གི་དཔལ། །མཁའ་ཁྱབ་ཡོངས་སྤྲུལ་རྡོ་རྗེའི་སྙན་ལ་འབུལ། །ཤཔྟ༴ ལྷན་ ཅིག་སྐྱེས་སྦྱར་དྲི་ཆབ་རྒྱུན་བཟང་སྣོ ད། །ཉེར་འཛིན་སྒེག་སྡུག་ཡིད་ལ་མཚར་བའི་སྒོ། །ཅི་ ཡང་སྟེར་བའི་ན་ཆུང་མཛེས་སྡུག་འབར། །མཐའ་ཀླས་ཉེར་བསྐྲུན་རྡོ་རྗེའི་ཤངས་ལ་འབུལ། །གནྡྷེ༴ རོ་མཆོག་བརྒྱ་ལྡན་བཟའ་བཏུང་ཡོངས་སྤེལ་བ། །མཛེས་འཛུམ་ཀུན་ལ་དགའ་བདེ་ སྩོལ་བའི་གཉེན། །རབ་དགྱེས་སྙིང་སྡུག་ལྷ་མོ་དགའ་རྩལ་འདྲེན། །རབ་འབྱམས་རོལ་འདི་ རྡོ་རྗེའི་ལྗགས་ལ་འབུལ། །ར་ས༴ ལྷ་དང་མི་ཡི་རེག་འཇམ་ན་བཟའི་རིགས། །ཀུན་ནས་ འགྱེད་མཁས་ངོ་མཚར་སྙིང་སྡུག་མ། །རེག་བདེའི་དགའ་བ་རྒྱ་མཚོ་ཅི་ཡང་སྤེལ། །མཛེས་མ་ དཔག་མེད་རྡོ་རྗེ་སྐུ་ལ་འབུལ། །སྤརྴེ༴ བདེ་ཆེན་གསང་བ་དམ་པའི་རྫས་ཀྱི་མཆོག །སྤྱངས་ སྤེལ་སྦར་བའི་ཤ་ལྔ་བདུད་རྩི་ལྔ། །བཅུད་ལྡན་མྱོས་བྱེད་འབུལ་མཁན་མཛའ་ན་མོ། །ཀུན་ གསལ་སྒེག་མོར་ཡོངས་ཁྱབ་དེ་རྣམས་མཆོད། །གུཧྱ༴ མཆོད་ཡུལ་རྒྱ་མཚོའི་བདེ་ཆེན་རབ་ རྒྱས་དང༌། །གང་འདི་བཞེས་ལ་གསང་ཐེག་ཟབ་གསལ་ཟུང༌། །གཉིས་མེད་མཚན་བཅས་ 1-1-39 མཚན་མེད་རྣལ་འབྱོར་ཆེ། །སེམས་ཅན་རང་རང་ལ་འཚམས་དེར་སྤྱོད་ཤོག ། གསང་བའི་མཆོད་པ་ནི། དགའ་ཆེན་ཡོངས་སྤེལ་ལས་རྒྱའི་མཛེས་སྡུག་འབར། །ངོ་མཚར་ དག་སྣང་ཡེ་རྒྱའི་འཛུམ་རྒོད་ཅིང༌། །ཕྱག་ཆེན་སྒྱུ་མའི་རོལ་པ་ཅི་ཡང་རྩེན། །དམ་ཚིག་ཕྱག་ ཆེན་གསང་མཆོག་འདི་འབུལ་བཞེས། །ༀ་ཨཱཿཨ་ནུ་རཀྟོ་པཱུ་ཛི་ཏེ་ཧཱུཾ། ཀུན་གསལ་དབང་སྔོན་ དྭངས་པའི་མདངས་བར་འབྱིན། །རབ་སྙན་རྒྱུད་མང་སོར་རྩེའི་འཕྲུལ་གྱིས་སྒྲོག །དགའ་ བའི་དགའ་ཆེན་རབ་སྤེལ་མཛེས་མའི་ཚོགས། །དཔག་ཡས་རང་རིགས་མཆོད་པས་དགྱེས་ བསྐྱེད་མཛོད། །ༀ་ཨཱཿ་ཝཱི་ནི་བཛྲ་ནི་པཱུ་ཛི་ཏེ་ཧཱུཾ། འཛམ་བུའི་ཆུ་བོའི་གསེར་བཟང་གསར་ བའི་མདོག །གླིང་བུའི་སྒྲ་སྙན་མཁའ་དབྱིངས་སུ་བརྡལ་བ། །དགའ་བའི་མཆོག་དགའ་སྟེར་ བའི་ལྷ་མོའི་ཚོགས། །དཔག་ཡས་རང་རིགས་མཆོད་པས་དགྱེས་བསྐྱེད་མཛོད། །ཝཾ་སྱ་བཛྲ་ ནི༴ ཆེས་གསལ་བཻ་ཌཱུར་ཞུན་མའི་དཔལ་ཡོན་ཅན། །རྫ་རྔའི་སྒྲ་དབྱངས་ཀུན་ནས་ལྡི ར་བའི་ གཉེན། །དགའ་བའི་ཁྱད་དགའ་ཆེར་སྤེལ་མཛའ་མོའི་ཚོགས། །དཔག་ཡས༴ མུརྫི་བཛྲ་ནི༴ པདྨ་རཱ་གའི་མདངས་གསལ་ཆེས་མཛེས་པ། །རྔ་ཟླུམ་གདངས་སྒྲའི་རོལ་རྩེད་ཅི་ཡང་འགྱེད། །དགའ་བའི་ལྷན་སྐྱེས་བདེ་སྦྱིན་མོ་ཡི་ཚོགས། །དཔག་ཡས༴ ༀ་ཨཱཿ་མྲ ་ཏཾ་གི་བཛྲ་ནི་པཱུ་ཛི་ཏེ་ ཧཱུཾ། མཛེས་སྡུག་བྱུ་རུའི་མདངས་འོད་འབུམ་སྤྲོ་ཞིང༌། །དགྱེས་བཞད་ཕྱག་རྒྱ་ཅི་ཡང་ལེགས་ བསྒྱུར་བའི། །མཆོག་དགའི་དགའ་བ་ཆེར་རྒྱས་མཛད་མའི་ཚོགས། །དཔག་ཡས༴ ཧ་སྱ་ བཛྲ་ནི༴ ཨིནྡྲ་ནཱི་ལའི་དཔལ་རབ་ཀུན་དགའི་དཔྱིད། །འགྱིང་སྒེག་མཛེས་པའི་རྣམ་འགྱུར་ འབུམ་ལྡན་ཞིང༌། །མཆོག་དགའི་དགའ་བཟང་འཆར་བྱེད་གཉེན་མོའི་ཚོགས། །དཔག་ཡས༴ ལ་སྱ་བཛྲ་ནི༴ རབ་གསལ་མརྒད་མདངས་བཟང་གཤིས་ནས་ངོམས། །འགྱུར་ཁུགས་གླུ་ རྟ་སྟོང་གི་གདངས་སྙན་འཇེབས། །མཆོག་དགའི་ཁྱད་པར་དགའ་སྤེལ་བྱེད་མའི་ཚོགས། །དཔག་ཡས༴ གིརྟི་བཛྲ་ནི༴ ཀརྐེ་ཏ་འདྲའི་དཔལ་འཛིན་མཛེས་སྒེག་ཅན། །སྣ་ཚོགས་སྒྱུ་ 1-1-40 མའི་གར་གྱི་རྣམ་རོལ་པ། །མཆོག་དགའི་ལྷན་ཅིག་སྐྱེས་དགའ་མ་ཡི་ཚོགས། །དཔག་ཡས༴ ནྲ ་ཏེ་བཛྲ༴ འོད་དཀར་ཟླ་གཞོན་གསར་བའི་མདངས་འོད་འབར། །མཛེས་སྡུག་མེ་ཏོག་ སྣ་ཚོགས་ཀུན་ནས་འཐོར། །ཁྱད་དགའི་དགའ་བ་འཕེལ་བྱེད་དགའ་མའི་ཚོགས། དཔག་ ཡས༴ པུཥྤེ་བཛྲ་ནི༴ མཁའ་མདོག་འོད་སྣང་མཛེས་པ་ཉེར་འཆར་ཞིང༌། །བདུག་པའི་སྤྲིན་ གྱིས་མཁའ་དབྱིངས་ཡོངས་འགེངས་བྱེད། །ཁྱད་དགའི་མཆོག་དགའ་འདྲེན་མཛད་བསྐྱེད་ མའི་ཚོགས། །དཔག་ཡས༴ དྷུ་པེ་བཛྲ་ནི༴ ཉི་གཞོན་འཆར་ཁའི་མདངས་རབ་གསལ་བའི་ གཉེན། །སྣང་གསལ་འོད་ཟེར་འབུམ་ལྡན་་མེ་བ། །ཁྱད་དགའི་ཁྱད་པར་ཆེས་དགའ་སྤེལ་ མའི་ཚོགས། །དཔག་ཡས༴ ཨ་ལོ་ཀེ་བཛྲ་ནི༴ གཡུ་ལྗོན་ལྡིམ་བག་ལང་ཚོ་ཅི་ཡང་ངོམ། །དྲི་ ཡི་ངད་བཟང་རབ་འཐུལ་ཡོན་ཆབ་སྒྲེང༌། །ཁྱད་དགའི་ལྷན་སྐྱེས་ཡོངས་སྤེལ་བདེ་མའི་ ཚོགས། །དཔག་ཡས༴ གནྡྷེ་བཛྲ་ནི༴ ཀུ་མུད་ཚལ་མདངས་སྣང་འོད་རབ་གསལ་བ། །ངོ་ མཚར་གཟུགས་བཟང་འབུམ་འགྱེད་སྤྲུལ་པའི་གར། །ལྷན་སྐྱེས་དགའ་བ་བསྐྲུན་བྱེད་ ཡུམ་ཆེན་ཚོགས། །དཔག་ཡས༴ རུ་པ་བཛྲ་ནི༴ ཤིང་འབྲས་བིམ་པ་ལེགས་སྨིན་རྒྱས་པའི་ མདངས། །ཟག་མེད་རོ་མཆོག་ཅི་ཡང་སྤེལ་བའི་གཉེན། །ལྷན་སྐྱེས་མཆོག་དགའི་ཀློང་ ཆེན་གྲོགས་མོའི་ཚོགས། །དཔག་ཡས༴ ར་ས་བཛྲ་ནི༴ ལྗོན་བཟང་མཛེས་པའི་དཔལ་ཡོན་ ལེགས་འབར་བ། །རྨད་བྱུང་རེག་བདེ་ཡོངས་སུ་དར་བའི་དཔྱིད། །ལྷན་སྐྱེས་ཁྱད་སྤེལ་ཐིག་ ལེ་མཆོག་མའི་ཚོགས། །དཔག་ཡས༴ སྤརྴེ་བཛྲ་ནི༴ མུ་ཏིག་མཛེས་འབར་འོད་བཟང་དྲ་བ་ ཅན། །ཆོས་ཀྱི་འབྱུང་གནས་ཕྱག་ཆེན་རབ་རྒྱས་དཔལ། །ལྷན་སྐྱེས་ཟུང་འཇུག་སྤེལ་བྱེད་ བདག་མོའི་ཚོགས། །དཔག་ཡས་རང་རིགས་མཆོད་པས་དགྱེས་བསྐྱེད་མཛོད། །ༀ་ཨཱཿདྷརྨ་ དྷཱ་ཏུ་བཛྲ་ནི་པཱུ་ཛི་ཏེ་ཧཱུཾ། གཞན་ཡང་གཤེགས་སྙིང་གཞི་ལ་བྱང་སེམས་ཟུང༌། །ཡོན་ཆབ་དགེ་བཅུའི་མེ་ཏོག་སྡོམ་ 1-1-41 གསུམ་སྤོས། །སྤྱན་མངོན་སྒྲོན་མེ་ཚངས་གནས་དྲི་སྙོམས་འཇུག །ཞལ་ཟས་མཁས་གསུམ་ རོལ་མོ་ཀུན་ཀྱང་མཆོད། །རིམ་གཉིས་འབྱུང་བཞིར་བྱང་ཆོས་རི་གླིང་མཛེས། །ཟུང་འཇུག་ ཉི་ཟླ་ཚོགས་གཉིས་འཁོར་ཡུག་ཅན། །དབང་བཅུའི་གཏེར་ཆེན་ས་ལམ་མ་རྨོས་འབྲས། །ཕར་ཕྱིན་སྡོང་པོ་བསྡུ་བཞིའི་བ་རྣམས་འབུལ། །གཟུངས་སྤོབས་མཚན་དཔེའི་གོས་རྒྱན་ ཟག་བྲལ་གྱི། །ཕུང་བོའི་འདོད་ལྔ་འཕགས་ནོར་རྒྱལ་སྲི ད་བདུན། །རྣམ་ཐར་རྫས་བརྒྱད་ སྐུ་བཞི་སྟོབས་བཅུ་ཡི། །རྒྱལ་མཚན་མི་འཇིགས་རྣམ་བཞིའི་གདུགས་རྣམས་མཆོད། །མ་ འདྲེས་བ་དན་ཟིལ་གནོན་རྔ་ཡབ་གཡོ། །སྟོང་ཉིད་བཅུ་དྲུག་རིག་མ་གྲུབ་ཆེན་བརྒྱད། །དེ་ བཞིན་དབང་ཕྱུག་ཕྲིན་ལས་བཞིས་མཛེས་པའི། །མཆོག་གི་དངོས་གྲུབ་འཁོར་སྒྱུར་དམ་པ་ འབུལ། །གཞི་དབྱིངས་རྣམ་ཀུན་མཆོག་ལྡན་ཡེ་བཞུགས་པ། །བདེན་གཉིས་ལམ་བཟང་ ཟག་བྲལ་ཡེ་ཤེས་སྒོ། །གཞི་ཉིད་དགོངས་ཆུབ་འབྲས་མཆོག་མངོན་གྱུར་པ། །རྣམ་གསུམ་ རྫོགས་ལྡན་ཕུལ་བྱུང་ཀུན་ནས་མཆོད། །ངེས་དོན་ཞིང་གིས་མཆོད་སྤྲིན་ལེགས་བཞེས་ཀྱིས། །སྐལ་བཟང་རིམ་གཉིས་དཔལ་སྒོ་ཡོངས་རྒྱས་ཏེ། །བདེ་སྟོང་ཟུང་འཇུག་དབྱར་གྱི་ཆུ་གཏེར་ བཞིན། །ཀུན་ནས་འཕེལ་ཁ་ནམ་ཡང་ཉམས་མེད་ཤོག ། དེ་ཁོ་ན་ཉིད་མཆོད་ནི། གང་ཞིག་ཀུན་རྫོབ་ཀྱིས་བསྡུས་འགྲོ་བ་ཀུན། །ཆུ་ཟླ་ཇི་བཞིན་ཐོས་ པ་བྲག་ཆར་མཚུངས། །མྱ་ངན་སེམས་བཅས་སྨིག་རྒྱུ་བཟའ་བཏུང་མཁའ། །དྲི་རྣམས་ནམ་ མཁའི་མེ་ཏོག་འདྲ་བས་མཆོད། །རང་བཞིན་གཤིས་ལུགས་རྣམ་བཀོད་གཞོན་ནུ་མའི། །པྲ་ ཕབ་ཇི་བཞིན་ལྷན་སྐྱེས་བདེ་སྟོང་གཟུགས། །སྲི ད་བྲལ་བསམ་མི་ཁྱབ་པར་རྟག་འཆར་བ། །དོན་དམ་རྣམ་ཀུན་རང་གསལ་བདེན་ངེས་འདི། །ཆོས་སྐུའི་དགོང་ཀློང་རོ་མཉམ་དུ་འབུལ་ ན། །སྤྲོས་བྲལ་ཞི་བའི་དེ་ཉིད་རང་མདངས་སུ། །འགག་མེད་འཁོར་འདས་སྲོག་ཆེན་དྭངས་ མར་ཤར། །གནས་ལུགས་རབ་དགྱེས་ཡེ་ཤེས་མཆོག་མངོན་མཛོད། །ཡང་དག་ངེས་པ་ལ་ 1-1-42 བརྟེན་རང་སྣང་ཞིང༌། །སྐུ་གསུམ་གདོད་མའི་ངོ་བོར་གཤིས་བཞུགས་པ། །འོད་གསལ་འཕོ་ མེད་དབྱིངས་སུ་གློ་བུར་ཆོས། །ཀུན་ཟད་ཆོས་ཉིད་གཉུག་མ་གཅིག་འཆར་ཤོག །དེ་ལྟ་བུའི་ མཆོད་པ་རྒྱས་པའི་མཐར་བསྟོད་པ་ཟུར་བ་ནི། དཔལ་ལྡན་ཡེ་ཤེས་འཁོར་ལོ་མི་ཟད་གཏེར། །རང་བྱུང་གདོད་མ་དང་པོའི་སངས་རྒྱས་ ཉིད། །རྟག་བརྟན་ཐེར་ཟུག་ཀུན་ཁྱབ་རྣམ་ཀུན་བདག །ཡེ་བཞུགས་ཐོག་མའི་མགོན་ལ་ གུས་པས་བསྟོད། །བདེ་སྟོང་ཟུང་འཇུག་རིགས་ཀུན་འདུས་པའི་དཔལ། །ཆོས་དབྱིངས་ གསུང་གི་དབང་ཕྱུག་གང་འདུལ་གར། །ངོ་མཚར་སྒྱུ་མའི་རོལ་ཆེན་དུས་འཁོར་ལོ། །གསང་ གསུམ་དཀྱིལ་འཁོར་གཙོ་ལ༴ ཆུ་ཁམས་གཞན་མཆོག་བདེ་གཤེགས་སྣང་མཐའ་ཡས། །གོས་དཀར་ལྷ་མོ་ཟུང་འཇུག་དགའ་ཆེན་འཕྲུལ། །དཀར་དམར་འོད་བཟང་དང་འདྲེས་རྩེད་ འཇོ་ངོམས། །རྒྱལ་བ་ཡབ་ཡུམ་ཟུང་ལ༴ ཐབས་ཤེས་གང་སྤྲུལ་སེམས་དཔའ་འཇིག་རྟེན་ དབང༌། །རོ་མཆོག་རྡོ་རྗེ་མ་ཡིས་དགྱེས་བསྐྱེད་པ། །རྒྱལ་སྲས་དཔའ་བོ་དཔའ་མོའི་མཛེས་ གཟུགས་འཛིན། །གང་འདུལ་མཛད་བཟང་འཆང་ལ༴ སེམས་དཔའ་ཡབ་ཡུམ་སྤྲུལ་པའི་ རོལ་གར་མཆོག །པདྨ་དཀར་པོ་ལྷ་མོ་སྒྲོལ་མ་ཟུང༌། །སྔགས་རིགས་ཞིང་གི་རྒྱལ་པོ་ཡབ་ ཡུམ་ཚུལ། །རྒྱུད་དགོངས་ལེགས་བཀྲལ་མཛད་ལ༴ །རིགས་ལྡན་ཆོས་ཀྱི་དབང་ཕྱུག་ཐུགས་ རྗེའི་འཕྲུལ། །སྙིགས་འགྲོ་མགོན་མེད་རྫོགས་ལྡན་ཟབ་ཆོས་ཀྱིས། །ལེགས་འདུལ་བྱེད་ པོ་རྟོན་པ་བཞི་ལྡན་དུ། །སྤྲུལ་པའི་སྐུ་མཆོག་རྗེ་ལ་གུས༴ གང་ཉིད་སྔོན་ནས་མངོན་རྫོགས་ བྱང་ཆུབ་པས། །རང་དོན་མཛད་མཐར་ཕྱིན་ཀྱང་གང་འདུལ་གྱིས། །གཞན་ཕན་སྤྲུལ་པའི་ ཟློ ས་གར་མཐའ་ཡས་པ། །སྣ་ཚོགས་མཛད་བཟང་མངའ་བར་གུས་པས་བསྟོད། །འདིར་སྤྲོ་ ན་ཀུན་མཁྱེན་སྐྱེས་རབས་རྣམ་ཐར་ཡོངས་རྫོགས་འདོན་ཆོག དེ་མིན་སྣེ་མཐུད་དུ་ལྷན་ཐབས་དཀྱུས་བསྟོད་མགོ་ ནས་བཟུང་མཇུག་བར་རྫོགས་པར་བྱ། དེ་འདྲའི་མཆོད་པ་དཀྱུས་མ་ཉེར་སྤྱོད་གྲངས་མང་གསོག་པའི་སྐབས་ཟུར་ 1-1-43 འདེབས་མཆོད་པ་ཅི་འོས་སྐབས་དང་སྦྱར་ཉེར་སྤྱོད་ཤད་རྒྱུག་དུས་ཐམས་ཅད་ཚང་བར་བྱ་ཞིང༌། གང་ལྟར་གོང་ སྨོས་ཕྱི་མཆོད་རྣམས་མཆོད་ཡུལ་དག་གི་གཟུགས་སྐུའི་ཉེར་སྤྱད་དང་བདག་བཟུང་གི་ཆེད་དང༌། དེ་བཞིན་ནང་ མཆོད་དབང་པོ་སྒོ་ལྔའི་མཁྱེན་པ་དང་ཐུགས་དགྱེས་ཙམ་གྱི་ཕྱིར་དང༌། གསང་མཆོད་མི་འགྱུར་བདེ་བ་སྤྱི་དང་ཁྱད་ པར་དགའ་བ་བཅུ་དྲུག་རྒྱས་བྱེད་དང༌། དེ་ཁོ་ནའི་མཆོད་པ་གནས་ལུགས་ཆོས་སྐུ་ཆེས་གསལ་གྱི་དོན་དུ་གཙོ་བོར་ འབུལ་དགོས་ཤིང༌། དེ་ནས་རིམ་པར་བླ་མ་རྒྱང་འབོད་གསོལ་འདེབས་རྣམས་ཀྱང་ཅི་རིགས་དང༌། ཚོགས་མཆོད་ རྒྱས་བསྡུས་གང་འཚམས་སོགས་སྐབས་སུ་གང་བབ་མཆོད་ཐབས་ལྷན་དཀྱུས་ལྟར་མཐར་དབྱུང་བས་འཐུས་སོ། ། གཉིས་པ་རྣམ་ཐར་བཀླག་ཆོག་ཟུར་གསལ་ནི། རྟེན་དང་མཆོད་པ་ཅི་འབྱོར་བཤམ་ལ་ཐོག་མར་སྤྲོ་ན་ལྷན་ ཐབས་ལྟར་མགོ་ནས་བཟུང་མཆོད་རྫས་བྱིན་རླབས་ཡན་དང་ཡང་ན་མཆོད་རྫས་བྱིན་རླབས་ཙམ་བཏང་བའི་མཐར་ སྐྱབས་སེམས་ནི། དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །རིགས་ལྡན་སྤྲུལ་པའི་སྐུ་ལ་ སྐྱབས་སུ་མཆི། །འགྲོ་ཀུན་རྫོགས་ལྡན་ལམ་ལ་ཉེར་འགོད་ཕྱིར། །ཆོས་རྗེའི་བླ་མའི་རྣམ་ ཐར་གསུང་བསྒྲག་བགྱི། །ལན་གསུམ་སོགས་བྱ། དེ་ནས་དག་སྣང་གི་ཡུལ་བསྐྱེད་ནི། ཨེ་མ་ཧོ། ངོ་མཚར་དག་སྣང་བཀོད་ཆེན་རོལ་བའི་རྒྱན། །ཆོས་སྐུ་བདེ་གཤེགས་སྙིང་པོའི་ཆོ་འཕྲུལ་ལས། །མཁའ་དབྱིངས་རྨད་བྱུང་འཇའ་ཟེར་ འཁྲིགས་པའི་ཀློང༌། །སྐད་ཅིག་རང་གསལ་པད་ཟླའི་གདན་གྱི་སྟེང༌། །ཀུན་མཁྱེན་ཆོས་རྗེ་ དཀར་ལ་དམར་བའི་མདངས། །རིགས་ལྡན་བླ་མ་བླ་ཆས་ཡོངས་སུ་རྫོགས། །འོད་བཟང་ ཕུང་པོའི་དབུས་ན་དགྱེས་བཞུགས་པ། །འདས་དང་མ་འོངས་ད་ལྟ་དུས་གསུམ་དུ། །སངས་ རྒྱས་སློབ་པ་སེམས་ཅན་ཕལ་བ་དང༌། །བརྟན་གཡོའི་རིགས་གྱུར་སྣ་ཚོགས་སྤྲུལ་གར་གྱིས། །གང་འདུལ་སྣང་ངོར་མཛད་བཟང་བསམ་མི་ཁྱབ། །གསང་གསུམ་ཡོན་ཏན་རྣམ་པར་ཐར་ པའི་ཚུལ། །རྡོ་རྗེའི་ཚིག་གི་སྒྲ་དབྱངས་མཁའ་ཁྱབ་ཏུ། །ཆོས་རྗེ་མཆོག་གི་དགོངས་ཆེན་བྱིན་ སྟོབས་ཀྱིས། །ལེགས་པར་ཡོངས་གྲགས་མཐུ་ཡིས་འགྲོ་ཀུན་ལ། །གནས་སྐབས་མཐར་ 1-1-44 ཐུག་དཔལ་ཡོན་རྒྱས་པར་གྱུར། ། ཕྱག་འཚལ་བ་ནི། དེ་བཞིན་གཤེགས་ཀུན་དོན་དམ་གཟུགས་སྐུའི་འཕྲུལ། །ཆོས་རྗེ་བླ་མའི་ སྐུ་ཡི་རྣམ་པར་ཤར། །ནམ་མཁའ་རབ་འབྱམས་ཀུན་ཏུ་རྣམ་སྤྲུལ་འགྱེད། །གཤེགས་སྙིང་སྐུ་ མཆོག་རྡོ་རྗེ་ལ་ཕྱག་འཚལ། །མ་ལུས་རྒྱལ་བའི་གསུང་གི་དབང་ཕྱུག་ཆེ། །རིགས་ལྡན་སྤྲུལ་ བའི་ངག་གི་རྣམ་པར་ཤར། །གང་འདུལ་གཞོམ་མེད་ནཱ་དའི་དབྱངས་ཁྱབ་པ། །གཤེགས་ སྙིང་གསུང་མཆོག་རྡོ་རྗེ་ལ་ཕྱག་འཚལ། །སངས་རྒྱས་ཐམས་ཅད་ཆོས་སྐུའི་གཤིས་ལུགས་ ལས། །ཀུན་མཁྱེན་ཡེ་ཤེས་ཐུགས་བཟང་དམ་པར་སྤྲུལ། །གདུལ་བར་བྱ་བའི་ཁམས་དབང་ ཀུན་གཟིགས་ཤིང༌། །གཤེགས་སྙིང་ཐུགས་མཆོག་རྡོ་རྗེ་ལ་ཕྱག་འཚལ། ། མཆོད་པ་འབུལ་བ་ནི། རྙོག་བྲལ་གཙང་མའི་ཡོན་ཆབ་མཐའ་དག་དང༌། །ཨུཏྤལ་ཀུ་མུད་ ལ་སོགས་མེ་ཏོག་ཕྲེང༌། །ཨ་གར་ཙན་དན་རིགས་སོགས་བདུག་སྤོས་ཀུན། །ཆོས་རྗེ་བླ་མ་ ལ་འབུལ་ཐུགས་རྗེས་བཞེས། །ཉི་ཟླ་ནོར་བུ་ལ་སོགས་མུན་སེལ་ཚོགས། །ག་བུར་གླ་རྩི་ལ་ སོགས་དྲི་བཟང་ཆུ། །འབྲས་ཆན་ཀ་ར་སོགས་ཀྱི་ཞལ་ཟས་བཅུད། །རོལ་མོ་སྒྲ་སྙན་ཚོགས་ ཀུན་ཆོས་རྗེར་མཆོད། ༀ་ཨརྒྷཾ་པུཥྤེ་ནས་ཤསྟ་ཨཱཿཧཱུཾ། མཚར་སྡུག་ཡིད་འོང་ལྷ་མིའི་སྣོ ད་ཀྱི་ མཆོག །ནང་བཅུད་སྐྱེ་འགྲོའི་ཁ་རྗེ་དར་བའི་དཔལ། །ཕྱི་ཡི་མཎྜལ་སྤྲུལ་སྐུའི་བླ་མར་འབུལ། །གསང་ཆེན་རིམ་པ་དང་པོ་མྱུར་སྐྱེ་མཛོད། །རྡོ་རྗེའི་ལུས་བཟང་རྩ་ཁམས་དྭངས་མའི་ གཞིར། །རླུང་ཐིག་རྩལ་རབ་འབར་བའི་མཛེས་བཀོད་ཆེ། །ནང་གི་མཎྜལ་ལོངས་སྐུའི་བླ་ མར་འབུལ། །རིམ་པ་གཉིས་པ་རྫོགས་རིམ་ལེགས་འཁྲུང་མཛོད། །ཀུན་རྫོབ་ཆོས་ཀྱི་གཞི་ ལ་དོན་དམ་ཁམས། །གཞི་འབྲས་དབྱེར་མེད་ཡོན་ཏན་ཡེ་བཞུགས་པ། །གསང་ཆེན་མཎྜལ་ ཆོས་སྐུའི་བླ་མར་འབུལ། །དགོངས་ཆེན་དེ་ཉིད་ཇི་བཞིན་མྱུར་མངོན་མཛོད། །ཏྲཾཿགུ་རུ་རཏྣ་ མཎྜལ་ཀཾ་ནིརྱཱ་ཏ་ཡ་མི། 1-1-45 སྡིག་པ་བཤགས་པ་ནི། བདག་གིས་མི་ཤེས་མ་གུས་ཉོན་མོངས་དབང༌། །ཐོག་མ་མེད་ནས་ ལུས་ངག་ཡིད་གསུམ་སྒོས། །མི་དགེ་བཅུ་ཡི་སྡིག་ལས་གང་བགྱིས་པ། །ཆོས་རྗེ་བླ་མའི་ དྲུང་དུ་སྙིང་ནས་བཤགས། །སྡིག་པ་ཚབས་ཆེན་མཚམས་མེད་ཉེ་བ་ལྔ། །ལས་ངན་དེ་དག་ གང་དང་གང་འབྲིལ་བ། །རྣམ་དཀར་དགེ་འཇོམས་འབག་ཚད་དེ་རིང་ནས། །ཞེ་གནོང་ དང་བཅས་བཤགས་ལ་སླར་སྡོམ་བགྱིད། །སོར་ཐར་འདུལ་ཁྲིམས་ཕམ་ལྷག་ལྟུང་སོགས་ སྒོ། །བྱང་སེམས་རྩ་ལྟུང་ཉེས་བྱས་སྡེར་གཏོགས་པ། །གསང་ཆེན་རྩ་བའི་ལྟུང་བ་སྦོ མ་ཉེས་ སོགས། །བསླབ་གང་འགལ་རྣམས་འཆགས་ཤིང་དག་མཛད་གསོལ། ། རྗེས་སུ་ཡི་རང་བ་ནི། ཆོས་སྐུ་དོན་དམ་སངས་རྒྱས་དགོངས་ཆེན་དང༌། །རང་སྣང་ཡེ་ཤེས་ རོལ་པ་ཟད་མེད་དཔལ། །རབ་དཀར་ཆེས་མཆོག་དགེ་བ་དྲི་བྲལ་ཚོགས། །ཀུན་ནས་དགའ་ བའི་འཁོར་ལོ་རྗེས་ཡི་རང༌། །ལོངས་སྤྱོད་རྫོགས་སྐུའི་བཀོད་ཆེན་ངོ་མཚར་བ། །ས་བཅུའི་ སེམས་དཔའི་འཁོར་ལ་ཟབ་གསང་འགྱེད། །རྟག་པར་བསོད་ནམས་བསགས་སྒོ་མཆོག་གི་ ཕུལ། །ཁྱད་པར་འཕགས་པའི་མཛད་ཆེན་ལ་ཡི་རང༌། །གང་འདུལ་ཡིད་ཀྱི་རྗེས་འགྲོ་སྤྲུལ་ པའི་གར། །རང་རང་དང་འཚམས་རྣམ་དཀར་ལམ་དུ་བཀྲི ། །ཚུལ་དེས་རིགས་ཅན་གསུམ་ ལ་ཉེར་འགོད་པ། །རྨད་བྱུང་ལེགས་དགེར་རྗེས་སུ་ཡི་རང་ངོ༌། ། ཆོས་འཁོར་བསྐོར་བསྐུལ་ནི། སྟོན་འཁོར་གཉིས་མེད་ཡང་དག་ཆོས་ཟབ་རྒྱུན། །ཀུན་ནས་ ཆད་མེད་འཁོར་བ་ཇི་སྲི ད་དུ། །བསམ་མི་ཁྱབ་པའི་དགེ་མཚན་རྟག་འབར་བ། །ནམ་ཡང་ རིས་སུ་བྲལ་བར་གཤིས་ལུགས་སྐྱོང༌། །ལོངས་སྐུས་འཁོར་ལ་ཐེག་ཆེན་ཆོས་ཀྱི་སྒྲ། །རྒྱུན་ སྒྲོག་ཐབས་ཤེས་ལམ་ཆེན་ཡོངས་འཕེལ་བ། །བྱང་ཆུབ་སྙིང་པོའི་བར་དུ་ཟད་མེད་རྒྱན། །ཡིད་སྨོན་གུས་པས་ལེགས་པར་གསོ་བ་ལགས། །སྤྲུལ་སྐུས་རིགས་ཅན་ཁམས་དབང་ མཐུན་པའི་ཆོས། །རང་རང་ལ་ཡང་དེར་འཚམས་རེ་སྐོ ང་གིས། །སྲི ད་མཐའི་བར་དུ་གདུལ་ 1-1-46 བྱ་རྗེས་བཟུང་ལ། །གང་འོས་ཆོས་འཁོར་ཆད་མེད་སྐོར་བར་བསྐུལ། ། མི་འདར་གསོལ་འདེབས་ནི། ཡེ་བཞུགས་ཆོས་སྐུས་རང་སྣང་མཛད་བཟང་སྒོ། །རྟག་པར་མི་ བསྡུ་འབད་མེད་རོལ་པའི་རྒྱན། །ཟབ་ཀློང་ཉག་གཅིག་ཀུན་ཁྱབ་ཏུ་བརྡལ་ཏེ། །ཕྱོགས་རེས་ འདའ་ཚུལ་མི་མཛད་རིང་བཞུགས་གསོལ། །ལོངས་སྤྱོད་རྫོགས་སྐུས་སྐལ་བཟང་དགོངས་ འཚམས་སུ། །ཡེ་ཤེས་རོལ་ཆེན་བསམ་ཁྱབ་དཀའ་བའི་ཚུལ། །རིས་མེད་ཀུན་ལ་སྙོམས་ པའི་ལེགས་བརྡལ་དཔྱིད། །རྟག་པར་རྒྱན་གྱི་འཁོར་ལོར་འཆར་བར་མཛོད། །དག་དང་མ་ དག་ཞིང་གཙོ་སྤྲུལ་པའི་སྐུས། །སྣ་ཚོགས་འཁོར་ལ་དེར་སྣང་སྒྱུ་མའི་གར། །ཕུན་ཚོགས་སྣང་ བ་ཀུན་ནས་ནུབ་མེད་པར། །དཔལ་ཡོན་སྲི ད་མཐར་བཞད་པའི་མཛད་ཆེན་སྐྱོངས། །དཔལ་ ལྡན་བླ་མ་ཆོས་རྗེའི་མཐུ་བྱིན་གྱིས། །གང་གིས་གསང་གསུམ་རྣམ་ཐར་སྒྲ་དབྱངས་ཟིལ། །རབ་བསྒྲག་མཐུ་ཡིས་རླབས་ཆེན་བྱིན་རླབས་སྒོ། །སྒྲུབ་མཆོག་ཡོངས་ལ་འཕྲལ་དུ་གཡེལ་ མེད་མཛོད། །འདིར་ཀུན་མཁྱེན་རྣམ་ཐར་སྐྱེས་རབས་རྒྱས་པ་དབུ་ནས་མཇུག་བར་ཡོངས་རྫོགས་བཏང་ཞིང་ གྲངས་བསོག་དགོས་ནའང་བྱ། མཐར་བསྔོ་བ་ནི། ཕུན་ཚོགས་དག་སྣང་ཡུལ་བཞུགས་ཆོས་རྗེའི་ཚོགས། །ལེགས་དགོངས་ སྨོན་ལམ་འགྲུབ་པའི་དཔང་པོ་མཛོད། །རབ་དཀར་གསང་གསུམ་རྣམ་ཐར་གསུང་བསྒྲགས་ མཐུས། །ཡོངས་བསྔོ་དགེ་བའི་ལེགས་མཚན་དུས་སྨིན་ཤོག །སྟོན་བཞི་ལྡན་པའི་རིང་ ལུགས་དྲི་མ་མེད། །ཀུན་རྫོབ་མཐའ་དག་རང་ངོས་ནས་སྟོང་ཞིང༌། །དོན་དམ་གཤིས་ལུགས་ གདོད་ནས་ཐེར་ཟུག་པ། །གློ་བུར་ཆོས་གཞན་སྟོང་ཚུལ་ལེགས་རྟོགས་ཤོག །ཀུན་རྫོབ་ བདེན་པ་རྣམ་ཤེས་འཁྲུལ་ངོའི་ཡུལ། །དོན་དམ་ཡེ་ཤེས་མཆོག་གི་གཟིགས་ངོར་བདེན། །ཆོས་ཀྱི་གནས་ཚུལ་བདེན་པ་ཟུང་གི་ལུགས། །འཇོག་མཚམས་ཇི་བཞིན་ལོག་རྟོགས་མ་ གྱུར་ཅིག །རང་བཞིན་གཤེགས་སྙིང་གཞི་རུ་ཡེ་བཞུགས་པ། །གདོད་ནས་དག་ཆེན་འཁོར་ 1-1-47 འདས་སྲོག་གི་བཅུད། །དོན་དམ་རྣམ་པ་ཀུན་གྱི་མཆོག་ལྡན་ཁམས། །རྒྱལ་ཀུན་ཆོས་སྐུ་ ཉག་གཅིག་མྱུར་མངོན་ཤོག །དེ་ཉིད་རང་གསལ་རྗེན་པར་འཆར་བའི་ཐབས། །མི་རྟོག་ཡེ་ ཤེས་གཙོར་གྱུར་ཚོགས་གཉིས་ལམ། །སློབ་པར་སྒོ་རྒྱ་ཀུན་ནས་བསྐྱེད་པའི་འཕྲུལ། །གཉུག་ མ་དཔྱིས་ཕྱིན་རྟོགས་བྱེད་མཆོག་གྱུར་ཅིག །ལྷུན་གྲུབ་ཡེ་གཞི་འབྲས་བུར་ལེགས་མངོན་ སྐབས། །དོན་ཀྱི་དམ་པ་འགལ་འདུ་ཀུན་ཟད་དབྱིངས། །སྤྲོས་མཐའ་བྲལ་བ་སྐུ་གསུམ་ཡེ་ ཤེས་ཀློང༌། །འབད་མེད་དོན་གཉིས་མཁའ་དང་ཡོངས་མཉམ་ཤོག །རྟོན་པ་བཞི་ལྡན་བཞེད་ དགོངས་མཐར་ཐུག་པ། །སྟོང་པ་བདེན་གཉིས་གཞི་ལམ་འབྲུས་བུའི་ཚུལ། །སུམ་ལྡན་མར་ བཅད་རྫོགས་ལྡན་ལུགས་བཟང་ཉིད། །འདིར་བརྟེན་བསམ་སྒོམ་ཕ་མཐར་ཕྱིན་གྱུར་ཅིག །ཚུལ་དེས་དུས་ཀྱི་རྒུད་པ་ཀུན་བསལ་ཏེ། །འཛམ་གླིང་བྱེ་བ་ཕྲག་བརྒྱར་དགེ་མཚན་འབར། །ནང་དབྱིངས་དང་པོའི་སངས་རྒྱས་ལེགས་མངོན་སྒོ། །ཀུན་གྱིས་ཕན་ཚུན་སྐལ་མཉམ་མྱུར་ སྤྱོད་ཤོག །ཐམས་ཅད་གསང་ཆེན་སྔགས་རིག་ཞིང་དུ་གྱུར། །འོད་གསལ་རྣལ་མའི་དགོངས་ དོན་བྱང་ཆུབ་སྟེ། །དཔལ་ལྡན་གཞི་རྒྱུད་དོན་ལ་དབང་འབྱོར་ཞིང༌། །མ་ལུས་མཐར་ཐུག་ གནས་ལུགས་སྤྱོད་གྱུར་ཅིག །ལེགས་དགེ་ཀུན་འབྱུང་དོན་དམ་སྐྱབས་ཀྱི་ཕུལ། །རང་བཞིན་ གཤིས་ལུགས་རིན་ཆེན་རྣམ་གསུམ་མཐུས། །གང་སྨོན་དཔལ་ཡོན་དེ་ལུགས་བཞིན་གྱུར་ཏེ། །ཕུན་ཚོགས་སྒོ་ལ་གེགས་ཀུན་བྲལ་བར་ཤོག །ཅེས་པས་བསྔོ་སྨོན་བྱ་ཞིང༌། མཇུག་ཏུ་བསྟན་འབར་མ་ བྱེད་པར་སྤྲོ་ན། སྟོབས་བཅུའི་དབང་ཕྱུག་བདུད་བཞིའི་གཡུལ་རྒྱལ་བ། །ཤཱཀྱ་སེང་གེའི་དགོངས་པ་ མཐར་ཐུག་མཆོག །ཇི་བཞིན་ལེགས་པར་བཀྲོལ་བའི་ཤིང་རྟ་ཆེ། །རིགས་ལྡན་སྤྲུལ་སྐུའི་ རང་ལུགས་འབར་གྱུར་ཅིག །ཆོས་ཀྱི་གནས་ལུགས་བདག་མེད་རགས་པའི་སྒོ། །བདེན་ བཞིའི་རྣམ་པས་ཇི་བཞིན་གཏན་ལ་ཕབ། །ཡང་དག་ཞི་འགོག་འདུས་མ་བྱས་པའི་དབྱིངས། 1-1-48 །ཐར་པ་མངོན་བྱེད་ཚུལ་དེ་རྒྱས་གྱུར་ཅིག །ཟབ་མོའི་གནས་ལུགས་སྤྲོས་བྲལ་དེ་བཞིན་ཉིད། །མཁྱེན་གསུམ་སྦྱོར་བཞིའི་ཚུལ་གྱིས་ཉེར་མངོན་ཏེ། །ཟབ་དང་རྒྱ་ཆེའི་མངོན་རྟོགས་རོལ་པ་ ཡིས། །ཤེར་ཕྱིན་མཆོག་གི་ལུགས་བཟང་འབར་གྱུར་ཅིག །དོན་དམ་སྤྲོས་མེད་དབྱིངས་ནས་ ཆེས་གསལ་བའི། །སྣང་ཆ་རྣམ་པ་ཀུན་ཏུ་དར་པའི་དཔྱིད། །རང་གཤིས་འཛིན་བྲལ་ཉིད་དུ་ མངོན་པའི་ལམ། །ཡང་ཟབ་དགོངས་ཆེན་སྲོལ་བཟང་རྒྱས་གྱུར་ཅིག །རྒྱུ་དང་འབྲས་བུའི་ མཐར་ཐུག་གནས་ལུགས་ཉིད། །སྟོང་པ་བདེ་ཆེན་རྣམ་ཀུན་འཁོར་ལོའི་བདག །དེ་མངོན་ བྱེད་པའི་ལམ་ལ་བུལ་མྱུར་ཁྱད། །མདོ་སྔགས་ཆོས་ཚུལ་དེ་ལུགས་འབར་གྱུར་ཅིག །གང་ ལྟར་གཞི་འབྲས་དབྱེར་མེད་ཉག་གཅིག་པུ། །རྒྱུ་འབྲས་ལམ་གྱིས་རང་འཚམས་མངོན་བྱས་ ནས། །གཤེགས་སྙིང་ཁམས་ལ་རིམ་པ་དེ་ཇི་བཞིན། །ཉེ་བའི་ཚུལ་གྱི་ཆོས་ལུགས་རྒྱས་གྱུར་ ཅིག །ཕར་ཕྱིན་ཐེག་པའི་གཞི་ལམ་འབྲས་བུའི་ཚུལ། །རྒྱལ་ཚབ་མི་ཕམ་དགོངས་འགྲེལ་ལ་ བརྟེན་ནས། །ཆོས་རྗེ་མཆོག་གིས་ལེགས་བཀྲལ་རྫོགས་ལྡན་ལུགས། །ལུང་རིགས་འོད་སྟོང་ གཟི་བརྒྱ་འབར་གྱུར་ཅིག །གསང་ཆེན་ཐེག་མཆོག་རྣམ་གསུམ་ཆོས་ཀྱི་ལུགས། །སེམས་ དཔའི་དགོངས་འགྲེལ་ཟབ་དོན་ལེགས་ཆུབ་སྟེ། །ཀུན་མཁྱེན་ཆེན་པོས་གསང་སྔགས་ རྫོགས་ལྡན་ཕྱེ། །ཁྱད་འཕགས་ལུགས་བཟང་ཀུན་ནས་རྒྱས་གྱུར་ཅིག །རྟོན་བཞི་ལྡན་ པའི་རང་ལུགས་ཕུལ་བྱུང་དོན། །རྗེ་དངོས་དང་འདྲའི་བུ་ཆེན་གང་དག་གིས། །དྲི་བྲལ་ལུང་ རིགས་ལམ་ནས་ཆེར་སྤེལ་བ། །ནམ་ཡང་མཉམ་མེད་སྲིད་མཐར་འབར་གྱུར་ཅིག །ངེས་དོན་ ཟབ་མོའི་བརྒྱུད་འཛིན་སྤྱི་དང་ནི། །ཁྱད་པར་ཐེག་ཆེན་རྫོགས་ལྡན་སྒོ་ཕྱེ་བ། །གསང་བདག་ སྒྲོལ་མགོན་ཐུགས་སྲས་དང་བཅས་པས། །ཡོངས་སུ་སྤེལ་བའི་ལུགས་དེ་རྒྱས་གྱུར་ཅིག །གང་དེ་མདོ་སྔགས་ཟབ་བཀའི་ལུང་མང་དང༌། །གནས་ལུགས་ཡོངས་རྟོགས་མཉམ་བཞག་ གཟིགས་ངོ་ལྟར། །ཇི་བཞིན་ལེགས་འཐད་རིགས་ལམ་ཡང་དག་གིས། །གྲུབ་པའི་ངེས་དོན་ 1-1-49 རང་ལུགས་འབར་གྱུར་ཅིག །དེ་དོན་ཇི་བཞིན་གོང་མའི་བརྒྱུད་རིམ་ལས། །རྣལ་འབྱོར་སྒྲུབ་ པ་གཙོ་བོས་ལྷུར་བཞེས་མཛད། །དངོས་རྒྱུན་མ་ཆད་རྩ་བའི་བླ་མའི་བར། །ཉམས་མྱོང་བསླུ་ མེད་ཚུལ་དེ་རྒྱས་གྱུར་ཅིག །གཞི་འབྲས་དབྱེར་མེད་དོན་དམ་ཆོས་སྐུའི་མཐུས། །རྒྱལ་བའི་ དགོངས་བཅུད་ངེས་གསང་བསྟན་པ་ཉིད། །མ་ལུས་འགྲོ་ལ་ཉེར་འཚོའི་གཞི་གཅིག་པུར། །དགེ་མཚན་ལེགས་སྣང་རྟག་པར་འབར་གྱུར་ཅིག །ཅེས་བརྗོད་ཅིང་སྤྲོ་ན་བསྟན་འབར་མའི་མགོར་ སྨོན་ལམ་རྒྱལ་བ་རྒྱ་མཚོ་ཡང་འདོན། མཆོད་ཐབས་བཀླག་ཆོག་གང་ལྟར་གྱི་མཐར། བསྡུ་རིམ་འདོད་ན། ངེས་དོན་བསྟན་པ་ཡོངས་ཀྱི་ མངའ་བདག་མཆོག །ཆོས་རྗེ་བླ་མ་འོད་ཕུང་ཚུལ་དུ་བསྡུ། །རང་ལ་ཐིམ་པས་གསང་གསུམ་ སྒོ་གསུམ་དང༌། །དབྱེར་མེད་བྱིན་རླབས་རབ་ཏུ་བརྟན་པར་གྱུར། །ཞེས་པ་མཐར་དབྱུང་ངོ༌། །དེ་ ལྟར་ཆོས་རྗེ་ཀུན་མཁྱེན་ལ་མཆོད་པ་དང་རྣམ་ཐར་གྱི་ཡོན་ཏན་དྲན་པ་སོགས་རང་རེའི་མེ་ཏོག་ལྷ་བབས་ཀྱི་བསོད་ ནམས་བསག་སྒོ་ལ་འབད་ན་རིང་མིན་རྫོགས་ལྡན་བསྟན་ལ་འཇལ་བའི་དགོས་པ་མཐོང་ནས་དེ་ལུགས་ལེགས་ པར་བགྱིས་པའོ། །ཞེས་ཀུན་མཁྱེན་ཡབ་སྲས་མཆོད་ཆོག་ལྷན་ཐབས་ཀྱི་ཟུར་འདེབས་ལག་ལེན་ཉེར་མཁོ་འདི་ ཡང་རང་ལུགས་བསྟན་ལ་གཞོལ་བ་ཚོགས་གཉིས་དཔལ་གྱིས་རིན་ཆེན་གཉིས་པའི་སྐྱེས་བཅས་ལེགས་བསྐུལ་ དང༌། ཆོས་མཆེད་མཆོག་གིས་གངས་སེང་རི་མོ་ཅན་གྱི་ཞལ་ཕོར་སྤུས་བཟང་གིས་གནང་སྦྱིན་སྒོས་ཡི་གེ་པ་མཛད་ ངོས་ནས་དགེ་མཚན་འཇའ་འོད་ཀྱི་བྱིན་རླབས་སྣང་བའི་ངང་མ་ཏིས་ཤར་མར་བཀོད་པ་ཀུན་མཁྱེན་ཡབ་སྲས་ དགྱེས་མཆོད་མཆོག་ཏུ་གྱུར་ཅིག་གུ། སརྦ་མངྒ་ལཾ། 1-1-50 ༄༅། །ཀུན་མཁྱེན་ཡབ་སྲས་མཆོད་ཆོག་ཟུར་བཀོལ་ཉེར་མཁོ་ བསྟན་འགྲོར་ཕན་བྱེད་ཅེས་བྱ་བ་ བཞུགས་སོ། ། ༄༅། །སངས་རྒྱས་ཀུན་དངོས་ཀུན་མཁྱེན་ཆོས་ཀྱི་རྗེ་ལ་གུས་པས་ཕྱག་འཚལ་ཏེ། འདིར་གང་དེའི་མཆོད་ ཆོག་ཟུར་བཀོལ་ཉེར་མཁོ་འགའ་ཕྱོགས་གཅིག་བསྒྲིག་པ་ལ། བྱིན་རླབས་འབེབས་ཚུལ་དང༌། ཉེར་མཁོའི་ཕྱོགས་ གཉིས་ལས། དང་པོ་ལ། སྦྱོར་དངོས་རྗེས་གསུམ་ལས། དང་པོ་ནི། སྟེགས་ཁར་མཎྜལ་སྟེང་རེ་ཁ་གྲུ་བཞིའི་དབུས་ དང་ཕྱོགས་མཚམས་སུ་ཆོས་རྗེ་ཡབ་སྲས་གྲངས་ཀྱི་ཚོམ་བུ་བཀོད་ལ་མདུན་དུ་ཉེར་སྤྱོད་བཤམ། གཉིས་པ་དངོས་ གཞི་ལ། བྱིན་རླབས་སྒྲུབ་དང༌། རྗེས་སུ་གནང་བ་གཉིས་ལས། དང་པོ་ནི། ཆོས་རྗེ་བླ་མའི་ཚོགས་ཀུན་ལ། །སྙིང་ནས་གུས་པས་སྐྱབས་སུ་མཆི། །བསྒྲུབ་བྱར་བྱིན་རླབས་ལེགས་འབེབས་ཆེད། །ཡིད་ དམ་བླ་མ་བསྐྱེད་བསྒོམ་བྱ། །ལན་གསུམ། སྐད་ཅིག་རང་ཉིད་དུས་འཁོར་ལོ། །ཞལ་གཅིག་ ཕྱག་གཉིས་རྡོར་དྲིལ་བསྣོལ། །རྒྱན་ཆས་ཡོངས་རྫོགས་བཞེངས་སྟབས་སུ། །བཞུགས་པའི་ ཐུགས་ཀར་རྣམ་བཅུ་གསལ། །ཧ་ཀྵ་བཟླ། རང་གི་ཐུགས་ལས་འོད་ཟེར་འཕྲོས། །ཆོས་རྗེ་ཡབ་ སྲས་གང་བཞུགས་ཞིང༌། །དེ་ནས་བླ་མའི་ལྷ་ཚོགས་བསྐུལ། །ཐམས་ཅད་གཙོ་འཁོར་ཚུལ་ གྱིས་ནི། །སྤྱན་དྲངས་དམིགས་རྟེན་དབྱེར་མེད་པ། །དབུས་སུ་ཀུན་མཁྱེན་ཆོས་ཀྱི་རྗེ། །བླ་ ཆས་ཡོངས་རྫོགས་འོད་ཟེར་འཕྲོ། །དེ་བཞིན་མཐའ་སྐོར་ཕྱོགས་མཚམས་སུ། །ཐུགས་སྲས་ བུ་ཆེན་རྣམས་ཀྱིས་བསྐོར། །ཀུན་ཀྱང་བཀྲག་མདངས་གཟི་བརྗིད་འབར། །རླབས་ཆེན་བྱིན་ 1-1-51 རླབས་འཛད་མེད་མངའ། །དོན་ལ་དགོངས་ཆེན་ཆོས་སྐུ་གཅིག །ཐབས་ཚུལ་རྣམ་པ་སོ་ སོ་ཙམ། །གཙོ་བོའི་གནས་བཞིར་ཡིག་བཞིས་མཚན། །ཉེར་སྤྱོད་བསམ་མི་ཁྱབ་པར་གྱུར། །མཆོད་པའི་དངོས་པོ་མཐའ་དག་འབུལ། །ཆོས་རྗེ་བླ་མའི་གསང་གསུམ་གྱི། །ཡོན་ཏན་ལ་ དད་གུས་པས་བསྟོད། །ཐུགས་དམ་བསྐུལ་བྱེད་སྙིང་པོའི་སྔགས། །དོན་དམ་བླ་མའི་དེ་ཉིད་ དབྱིངས། །རང་གཤིས་གཅིག་པར་ངོ་ཟིན་ནས། །དེ་ཡང་རང་གི་སེམས་ཀྱི་མདངས། །རང་ ཤར་སོ་མ་དེ་གའི་ངང༌། །ཆད་མེད་ཆུ་བོའི་རྒྱུན་བཞིན་བཟླ། །སྔགས་ནི། ༀ་ཨཱཿཀ་ལ་ཙཀྲ་པྲ་ ཛྙཱ་དྷྭ་ཛ་ས་པ་རི་ཝཱ་ར་ཀ་ཡ་ༀ་ཝཱཀ་ཨཱཿཙིཏྟ་ཧཱུཾ་གུ་ཧྱ་ཧོཿསྭཱཧཱ། ཅི་ནུས་མཐར། ཆོས་རྗེ་བླ་མ་གཙོ་ འཁོར་གྱི། །གསང་གསུམ་བྱིན་རླབས་སྟོབས་རྒྱས་ཏེ། །སློབ་མ་སྨིན་བྱེད་ཁྱད་པར་བ། །གང་ ལ་ཐོགས་མེད་འཇུག་གྱུར་ཅིག ། གཉིས་པ་རྗེས་སུ་གནང་བ་ནི་སློབ་མ་རྣམས་ལ་བྱིན་རླབས་འབེབས་པའི་ཚུལ་ཏེ། འོ་ནམ་མཁའ་དང་ མཉམ་པའི་སེམས་ཅན་གྱི་དནོ་བསྒྲུབ་ཕྱིར་ཆོས་རྗེ་བླ་མ་ཡབ་སྲས་ཀྱི་བྱིན་རླབས་ ལེགས་པར་ཞུ་སྙམ་པའི་བསམ་པ་དང་བཅས་ཏེ་རྩེ་གཅིག་ཏུ་ཉནོ་ཅིག དེ་ལ་ཡང་ དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོའི་མཁའ་ཁྱབ་མཁའ་ཡི་རྡོ་རྗེ་བདེ་སངྟོ་དབྱེར་ མེད་ཡེ་གཞི་ཆོས་དབྱིངས་སྤསྲོ་བྲལ་རྣམ་པ་ཀུན་ལྡན་དནོ་དམ་རང་སྣང་ལས་ཀུན་ རབྫོ་གཞན་ངོར་གང་འདུལ་སྤྲུལ་པའི་ཟློས་གར་སྙིགས་དུས་འགྲོ་ བའི་མགནོ་དུ་ ཕེབས་པ་ཀུན་མཁྱེན་རནྟོ་པ་བཞི་ལྡན་ཆོས་རྗེས་ཡབ་སྲས་རྣམས་ལ་བརྟེན་ནས་ཟབ་ མོ་བྱིན་རླབས་ཀྱི་སྒོ་འབེབས་ཤིང་གསང་ཆེན་ཉམས་མངྱོ་འདིར་རྗེས་སུ་གནང་བར་ བགྱིད་པ་ལ་ཐོག་མར་སབློ་དཔནོ་གྱིས་བགྱི་བར་འསོ་པ་དག་སྔོན་དུ་སངོ་ཟིན། ད་ སབློ་མ་རྣམས་ཀྱི་བྱ་བ་ལ་ཐོག་མར་རྗེས་གནང་ཟབ་མོ་ཞུ་བའི་ཡནོ་དུ་མཎྜལ་ཞིག་ ཕུལ་མཛོད། དེ་ནས་དང་པོའི་སངས་རྒྱས་ཐུགས་མངའ་ཆོས་རྗེ་ཡབ་སྲས་རྣམས་དང་ 1-1-52 མི་གཉིས་པའི་དག་སྣང་སབློ་དཔནོ་ལ་བཞག་བཞིན་པའི་ངང་ནས་གསལོ་བ་འདི་ ལྟར་ལན་གསུམ་འདེབས་པར་མཛོད་ཅིག སློབ་དཔོན་ཆེན་པོ་དགོངས་སུ་གསོལ། །ཆོས་རྗེ་ཡབ་སྲས་གསང་གསུམ་གྱི། །རླབས་ཆེན་བྱིན་རླབས་བདག་ལ་ཕོབ། །སེམས་ རྒྱུད་མྱུར་ནས་གྲོལ་བར་མཛོད། །འོ་ན་ཁྱེད་རང་རྣམས་ཀྱི་སྡིག་པ་བཤགས་ཤིང་བསོད་ ནམས་བསྐྱེད་པའི་སྒོ་ནས་རྒྱུད་ལས་རུང་དུ་བྱ་བའི་ཆེད་མདུན་མཁར་བླ་མ་ཆོས་རྗེ་ ཡབ་སྲས་དངོས་བཞུགས་ཀྱི་དྲུང་དུ་སྐྱབས་འགྲོ་སྡིག་བཤགས་སེམས་བསྐྱེད་འཛིན་ པར་དམ་བཅའ་བ་འདི་ཡང་རྗེས་ཟློས་ལན་གསུམ་མཛོད། བླ་མའི་ཚོགས་ལ་སྐྱབས་སུ་ མཆི། །རང་གཞན་སྡིག་ལྟུང་གང་བསགས་བཤགས། །བྱང་ཆུབ་སེམས་མཆོག་བརྟན་པོར་ བཟུང༌། །སྐུ་གསུམ་བླ་མའི་དགོངས་སྤྱོད་ཤོག །དེ་ནས་སློབ་དཔོན་དུས་འཁོར་དུ་མོས་པའི་ཐུགས་ཀའི་ འོད་ཟེར་གྱིས་མཚན་མ་རྫས་ཀྱི་དཀྱིལ་འཁོར་དུ་ཆོས་རྗེ་ཡབ་སྲས་དངོས་བཞུགས་ཀྱི་ཚུལ་སྒྲིབ་མེད་མངོན་སུམ་ བཞིན་གསལ་བར་བྱས་པ་འདི་ལྟ་སྟེ། མདུན་གྱི་དཀྱིལ་འཁོར་ཡེ་ཤེས་རང་སྣང་ལས་གྲུབ་པའི་ ཁང་བཟང་མཛེས་ཁྱད་ཕུན་སུམ་ཚོགས་པའི་དབུས་སུ་སངས་རྒྱས་ཀུན་དངོས་རིགས་ ལྡན་སྤྲུལ་པའི་སྐུ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཀུན་མཁྱེན་ཤེས་རབ་རྒྱལ་མཚན་ དཔལ་བཟང་པོ་ཡེ་ཤེས་སྐུ་མཆོག་དཀར་ལ་དམར་མདངས་ཅན་ཟག་མེད་ཏིང་འཛིན་ འབུམ་གྱི་ཉམས་ལྡན་སྤྱན་ཟུང་ཧྲིག་གེས་མཛེས་པའི་དགྱེས་ཞལ་ངོ་མཚར་བ་དབུ་ ལ་དལོ་ཞྭ་དང་སྐུ་ལ་མནབ་འགག་རྣམ་གསུམ་ཆོས་གསོ་གྲྭ་སྡུད་གསོ་ཟླུམ་གྱིས་ མཛེས་པ་ཞབས་གཉིས་སྐྱིལ་ཀྲུང་གིས་པད་ཟླའི་གདན་ལ་བཞུགས་ཤིང༌། ཕྱག་ཟུང་ ས་གནནོ་གྱིས་འདབ་ལྡན་པདྨའི་ཡུ་བ་ནས་འཛིན་པའི་ཟེའུ་འབྲུ་གཡས་གཡནོ་ཕྲག་ ཐད་དུ་སནོ་པའི་རྩེར་སྤྱན་རས་གཟིགས་དང་རིགས་ལྡན་པད་དཀར་ཟུང་གིས་མཚན་ པའི་ཚུལ་སྐུའི་ནང་དང་པོའི་སངས་རྒྱས་རྒྱལ་བ་རིགས་དྲུག་གིས་རྣམ་འཕྲུལ་བཀོད་ 1-1-53 ཆེན་ངམོ་པ་ཕགྱོ ས་མཚམས་སུ་ཐུགས་སྲས་བུ་ཆེན། ཆོས་གྲགས་དཔལ། བློ་གསྲོ་ དཔལ། མ་ཏི་པཎ་ཆེན། ཕགྱོ ས་ལས་རྣམ་རྒྱལ། མ་ཎི་ཀ་ཤྲཱི། བསོད་ནམས་གྲགས་ པ། ཀུན་དགའ་དཔལ་བཟང༌། ཐང་བོ་ཆེ་པ། སྨན་ཆུ་ཁ་བ། རིན་ཚུལ་བ། གྷ་རུང་ བ། ཕུན་ཚོགས་དཔལ། ཐང་ཆུང་བ། བསོད་ནམས་བཟང་པོ་རྣམས་ཀྱང་སྐུ་ལ་མནབ་ འགག་ཆོས་གསོ་སགོ ས་སྤྱིར་བཏང་ཆོས་རྗེའི་སྐུ་ཆས་ལྟར་ལས་དབུ་མནབ་བཞུགས་ སྟངས་ཕྱག་གི་རྣམ་འགྱུར་ཐསོ་བསམ་སམྒོ་གསུམ་འཆད་རདྩོ་རམྩོ་གསུམ་སགོ ས་ མཁས་བཙུན་བཟང་པོའི་བྱ་བ་ཁྱད་མཚར་ཅན་མཚནོ་བྱེད་འདྲ་མིན་སྣ་ཚོགས་པའི་ མཛད་སྒོ་གནང་བཞིན་རང་འཚམས་ཀྱི་གདན་ལ་བཞུགས་པ་མཁའ་དབྱིངས་སུ་བླ་ མ་ཡི་དམ་སངས་རྒྱས་བྱང་སེམས་མཁའ་འགྲོ་ཆོས་སྐངྱོ་གི་སྤྲུལ་བཀོད་དང་བཅས་ གཙོ་འཁོར་ཐམས་ཅད་སྐུ་བཀྲག་མདངས་འོད་ཟེར་གྱི་སྣང་བ་ཆེར་འབར་ཞིང་གསུང་ ཚངས་དབྱངས་ཀྱི་ཆོས་སྒྲ་ནམ་མཁའ་ཁྱབ་པ་ཐུགས་ཟག་མེད་ཏིང་འཛིན་འབུམ་ གྱི་ཉམས་བཟང་ཕྱིར་མངོན་ཏེ་མཁྱེན་བརྩེ་ནུས་པ་རྒྱ་མཚོའི་མངའ་བདག་རྡོ་རྗེ་རྣམ་ བཞིའི་དཔལ་ཡནོ་ལས་ཆོས་རྗེ་བླ་མའི་ཚོགས་རྣམ་འཕྲུལ་བཀོད་པ་ཡོངས་རྫོགས་ ཤར་བ་ཡིན་ཕྱིར། ཐམས་ཅད་ཀྱི་སྤྱི་དཔལ་ཆོས་ཀྱི་རྗེ་ཀུན་མཁྱེན་ཆེན་པོའི་སྐུའི་ དཔྲལ་བར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་ནག་པོ། ལྟེ་བར་ ཧཿོསེར་པོ་གསལ་ཐབོ་ཅིག ད་ཁྱེད་རྣམས་ཀྱིས་བླ་མ་སྐྱབས་གནས་ཀུན་འདུས་ཆོས་ རྗེ་རིན་པོ་ཆེ་ལ་སྐུ་རྡོ་རྗེ་ཡོངས་རྫོགས་ཀྱི་བྱིན་རླབས་འབེབས་པའི་དནོ་དུ་གསལོ་ འདེབས་ལན་གསུམ་རྗེས་ཟློས་མཛོད། བླ་མ་སྐྱབས་གནས་ཀུན་འདུས་རྗེས། །སྐུ་ཡི་རྡོ་ རྗེ་ཡོངས་རྫོགས་ཀྱི། །བྱིན་རླབས་དེང་འདིར་བདག་ལ་སྩོལ། །སད་པའི་དྲི་མ་ལེགས་སྦྱང་ གསོལ། །ཞེས་གསལོ་བ་བཏབ་པ་ལ་བརྟེན་ནས་སྐྱབས་གནས་རྒྱ་མཚོའི་སྤྱི་དཔལ་ 1-1-54 ཆོས་ཀྱི་རྗེའི་དཔྲལ་བའི་ༀ་ཡིག་ལས་སྐུ་རྡོ་རྗེ་ཡོངས་རྫོགས་ཀྱི་བྱིན་རླབས་འོད་ཟེར་ དཀར་པོའི་རྣམ་པར་བྱུང་ཁྱེད་རང་རྣམས་ཀྱི་དཔྲལ་བར་ཐིམ་པས་ལུས་དང་སད་ པའི་སྒྲིབ་པ་དག་རུང་དང་མཐར་ཐུག་སྐུ་རྡོ་རྗེ་མངོན་དུ་འགྱུར་རུང་གི་ནུས་པ་ཁྱད་ པར་ཅན་བཞག་པའི་མོས་པ་གྱིས་ལ་སྔགས་འདི་རྗེས་ཟློས་ལན་གཅིག་མཛོད། ༀ་ ཨཱཿཀ་ལ་ཙཀྲ་པྲ་ཛྙཱ་དྷྭ་ཛ་ས་པ་རི་ཝཱ་ར་ཀ་ཡ་ༀ་ཧཱུཾ་སྭཱཧཱ། དེ་ནི་སྐུའི་རྗེས་གནང་ང༌ོ། ། ཡང་ཁྱེད་རྣམས་ཀྱིས་བླ་མ་སྐྱབས་གནས་ཀུན་འདུས་ཆོས་རྗེ་རིན་པོ་ཆེ་ལ་ གསུང་རྡོ་རྗེ་ཡོངས་རྫོགས་ཀྱི་བྱིན་རླབས་འབེབས་པའི་དནོ་དུ་གསལོ་འདེབས་ལན་ གསུམ་རྗེས་ཟློས་མཛོད། བླ་མ་སྐྱབས་གནས་ཀུན་འདུས་རྗེས། །གསུང་གི་རྡོ་རྗེ་ཡོངས་ རྫོགས་ཀྱི། །བྱིན་རླབས་དེང་འདིར་བདག་ལ་སྩོལ། །རྨི་ལམ་དྲི་མ་ལེགས་སྦྱང་གསོལ། །ཞེས་གསལོ་བ་བཏབ་པ་ལ་བརྟེན་ནས་སྐྱབས་གནས་རྒྱ་མཚོའི་སྤྱི་དཔལ་ཆོས་ཀྱི་ རྗེའི་མགྲིན་པའི་ཨཱཿཡིག་ལས་གསུང་རྡོ་རྗེ་ཡོངས་རྫོགས་ཀྱི་བྱིན་རླབས་འོད་ཟེར་ དམར་པོའི་རྣམ་པར་བྱུང་ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ་པས་ངག་དང་རྨི་ལམ་ གྱི་སྒྲིབ་པ་དག་རུང་དང་མཐར་ཐུག་གསུང་རྡོ་རྗེ་མངོན་དུ་འགྱུར་རུང་གི་ནུས་པ་ཁྱད་ པར་ཅན་བཞག་པའི་མོས་པ་གྱིས་ལ་སྔགས་འདི་རྗེས་ཟློས་ལན་གཅིག་མཛོད། ༀ་ ཨཱཿཀ་ལ་ཙཀྲ་པྲ་ཛྙཱ་དྷྭ་ཛ་ས་པ་རི་ཝཱ་ར་ཝཀ་ཨཱཿཧཱུཾ་སྭཱཧཱ། དེ་ནི་གསུང་གི་རྗེས་གནང་ང༌ོ། ། ཡང་ཁྱེད་རྣམས་ཀྱིས་བླ་མ་སྐྱབས་གནས་ཀུན་འདུས་ཆོས་རྗེ་རིན་པོ་ཆེ་ལ་ ཐུགས་རྡོ་རྗེ་ཡོངས་རྫོགས་ཀྱི་བྱིན་རླབས་འབེབས་པའི་དནོ་དུ་གསལོ་འདེབས་ལན་ གསུམ་རྗེས་ཟློས་མཛོད། བླ་མ་སྐྱབས་གནས་ཀུན་འདུས་རྗེས། །ཐུགས་ཀྱི་རྡོ་རྗེ་ཡོངས་ རྫོགས་ཀྱི། །བྱིན་རླབས་དེང་འདིར་བདག་ལ་སྩོལ། །གཉིད་འཐུག་དྲི་མ་ལེགས་སྦྱངས་ གསོལ། །ཞེས་གསལོ་བ་བཏབ་པ་ལ་བརྟེན་ནས་སྐྱབས་གནས་རྒྱ་མཚོའི་སྤྱི་དཔལ་ 1-1-55 ཆོས་ཀྱི་རྗེའི་ཐུགས་ཀའི་ཧཱུཾ་ཡིག་ལས་ཐུགས་རྡོ་རྗེ་ཡོངས་རྫོགས་ཀྱི་བྱིན་རླབས་འོད་ ཟེར་ནག་པོའི་རྣམ་པར་བྱུང་ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པས་ཡིད་དང་གཉིད་ འཐུག་གི་སྒྲིབ་པ་དག་རུང་དང་མཐར་ཐུག་ཐུགས་རྡོ་རྗེ་མངོན་དུ་འགྱུར་རུང་གི་ནུས་ པ་ཁྱད་པར་ཅན་བཞག་པའི་མོས་པ་གྱིས་ལ་སྔགས་འདི་རྗེས་ཟློས་ལན་གཅིག་མཛོད། ༀ་ཨཱཿཀ་ལ་ཙཀྲ་པྲ་ཛྙཱ་དྷྭ་ཛ་ས་པ་རི་ཝཱ་ར་ཙིཏྟ་ཧཱུཾ་ཧཱུཾ་སྭཱཧཱ། དེ་ནི་ཐུགས་ཀྱི་རྗེས་གནང་ང༌ོ། ། ཡང་ཁྱེད་རྣམས་ཀྱིས་བླ་མ་སྐྱབས་གནས་ཀུན་འདུས་ཆོས་རྗེ་རིན་པོ་ཆེ་ལ་ཡེ་ ཤེས་རྡོ་རྗེ་ཡོངས་རྫོགས་ཀྱི་བྱིན་རླབས་འབེབས་པའི་དནོ་དུ་གསལོ་འདེབས་ལན་ གསུམ་རྗེས་ཟློས་མཛོད། བླ་མ་སྐྱབས་གནས་ཀུན་འདུས་རྗེས། །ཡེ་ཤེས་རྡོ་རྗེ་ཡོངས་རྫོགས་ ཀྱི། །བྱིན་རླབས་དེང་འདིར་བདག་ལ་སྩོལ། །ཆགས་རྟོག་དྲི་མ་ལེགས་སྦྱང་གསོལ། །ཞེས་ གསལོ་བ་བཏབ་པ་ལ་བརྟེན་ནས་སྐྱབས་གནས་རྒྱ་མཚོའི་སྤྱི་དཔལ་ཆོས་ཀྱི་རྗེའི་ལྟེ་ བའི་ཧཿོ ཡིག་ལས་ཡེ་ཤེས་རྡོ་རྗེ་ཡོངས་རྫོགས་ཀྱི་བྱིན་རླབས་འོད་ཟེར་སེར་པོའི་རྣམ་ པར་བྱུང་ཁྱེད་རང་རྣམས་ཀྱི་ལྟེ་བར་ཐིམ་པས་བག་ཆགས་དང་ཆགས་རགྟོ་གི་སྒྲིབ་ པ་དག་རུང་དང་མཐར་ཐུག་ཡེ་ཤེས་རྡོ་རྗེ་མངོན་དུ་འགྱུར་རུང་གི་ནུས་པ་ཁྱད་པར་ ཅན་བཞག་པའི་མོས་པ་གྱིས་ལ་སྔགས་འདི་རྗེས་ཟློས་ལན་གཅིག་མཛོད། ༀ་ཨཱཿཀ་ལ་ ཙཀྲ་པྲ་ཛྙཱ་དྷྭ་ཛ་ས་པ་རི་ཝཱ་ར་གུ་ཧྱ་ཧོཿཧཱུཾ་སྭཱཧཱ། དེ་ནི་ཡེ་ཤེས་ཀྱི་རྗེས་གནང་ང༌ོ། ། དེ་ནས་སབློ་མ་རྣམས་ཀྱི་རྒྱུད་ལ་བྱིན་རླབས་ལེགས་པར་འཇུག་ཆེད་ཐོག་མར་ རྗེས་ཟློས་ལན་གཅིག་མཛོད། བླ་མས་བདག་ལ་བྱིན་རླབས་གནང༌། །དེ་ལུགས་འགོ་བར་ མཛད་དུ་གསོལ། །ཞེས་པའི་རེ་འདུན་ལ་བརྟེན་ཆོས་རྗེ་ཡབ་སྲས་སབློ་དཔནོ་དང་ བཅས་པས་བདེན་ཚིག་བརདྗོ་པ་ནི། བླ་མས་བྱིན་རླབས་སློབ་མར་གནང༌། །ཇི་བཞིན་ རྒྱུད་ལ་ལེགས་ཞུགས་ཏེ། །ཟབ་ལམ་ཡང་དག་སྐྱེ་མ་རག །ད་ལྟར་འགྲུབ་པར་མཛད་དུ་ 1-1-56 གསོལ། །ཆོས་ཀྱི་རྗེ་རིགས་ལྡན་སྤྲུལ་པའི་སྐུ་ཡབ་སྲས་ཀྱི་སྐུ་གསུང་ཐུགས་གསང་བ་ མི་ཟད་རྒྱན་གྱི་འཁོར་ལོའི་མཐུ་རླབས་པོ་ཆེས་སབློ་མ་གང་དག་གི་ལུས་ངག་ཡིད་ གསུམ་ལ་ད་ལྟ་ཉིད་དུ་བྱིན་གྱིས་རློབས་ཤིག མྱུར་བ་ཉིད་དུ་བྱིན་གྱིས་རློབས་ཤིག འདུག་ས་འདི་ཉིད་དུ་བྱིན་གྱིས་རློབས་ཤིག རིགས་ལྡན་བླ་མ་ཡབ་སྲས་ཀྱི་བྱིན་རླབས་ འདི་ལ་བརྟེན་ནས་སབློ་མ་རྣམས་མི་རིང་བར་སྨིན་གལྲོ་ཆེས་ཁྱད་པར་བའི་ཀངློ་ རལྡོ་བར་ཤགོ་ཅིག དེ་དག་གིས་ཆོས་རྗེ་ཡབ་སྲས་ལ་བརྟེན་པའི་རྗེས་སུ་གནང་བ་ ལེགས་པར་གྲུབ་པའོ། །སྐབས་འདིའི་བསྲུང་སམྡོ་མཐའ་དག་འཛིན་པར་ཁས་བླངས་ པ་རྗེས་ཟློས་ལན་གསུམ་མཛོད། བླ་མ་སློབ་དཔོན་གང་བསྒོ་བ། །ཐམས་ཅད་བདག་གིས་ བསྒྲུབ་པར་བགྱི། །རྗེས་སུ་གནང་བ་ལེགས་པར་ཐབོ་པའི་གཏང་རག་ཏུ་མཎྜལ་ཕུལ། བླ་མ་སབློ་དཔནོ་ལ་རང་ལུས་བྲན་དུ་འབུལ་བ་འདིའི་རྗེས་ཟློས་ལན་གསུམ་མཛོད། ཆོས་རྗེ་བླ་མ་སློབ་དཔོན་ལ། །དེང་ནས་བདག་ལུས་བྲན་དུ་འབུལ། །ཁྱེད་ཀྱིས་བྱ་བ་གང་ དགོས་དག །ལེགས་པར་མཛོད་ལ་རྗེས་སུ་ཟུང༌། །དེ་ལྟར་ཟབ་ཆོས་འཆད་ཉན་ལས་བྱུང་ བའི་རབ་དཀར་དགེ་བའི་ཕུང་པོ་དེ་ཀུན་གཞན་ཕྱིར་སངས་རྒྱས་ཐབོ་པའི་རྒྱུར་བས་ྔོ བས་རྒྱས་གདབ་པར་གྱིས་ཤིག བསོད་ནམས་གང་དེས་གཞན་ཕྱིར་དུ། །རིང་མིན་བྱང་ ཆུབ་མངོན་བྱས་ཤིང༌། །རྣམ་མང་འགྲོ་ལ་རང་འཚམས་དང༌། །མཐུན་པར་ཆོས་སྟོན་འགྱེད་ གྱུར་ཅིག །ཅེས་སོགས་བསྔོ་བ་བྱའོ། ། གསུམ་པ་རྗེས་ལ་བྱ་བ་ནི། ཆོས་རྗེ་བླ་མར་མཆོད་ཅིང་བསྟོད། །ཉེས་འགལ་གང་མཆིས་ བཟོད་པར་གསོལ། །ཁོང་རྣམས་རང་སྣང་ཞིང་དུ་བཞུགས། །དགེ་བས་འགྲོ་ལ་ཕན་ཐོགས་ ཤོག ། གཉིས་པ་ཉེར་མཁོའི་ཕྱོགས་ལ། དངོས་དང་ཟུར་བདོགས་གཉིས་ལས། དང་པོ་ལ། གཟུངས་འབུལ་རབ་ 1-1-57 གནས་བརྟན་བཞུགས་བསུ་བཟློག ཁྲུས་དང་ཐུགས་བཀྲོལ་ཚུལ། གསུམ་ལས། དང་པོ་ནི་གཟུངས་འབུལ་རིགས་ གང་ཡོད་དང་རབ་ཏུ་གནས་བྱ་རྣམས་བཤམས་པའི་མདུན་དུ་ཉེར་སྤྱོད་བསྒྲིགས་ལ་འདི་སྐད། རང་ཉིད་དུས་ འཁོར་གསལ་བ་ཡི། །ཐུགས་ཀའི་ཧཱུཾ་ལས་མེ་དཔུང་སྤྲོས། །གཟུངས་འབུལ་རིགས་ལ་འཁྲི་ བའི་བགེགས། །ཞེས་པའམ། རབ་ཏུ་གནས་བྱར་འཁྲི་བའི་བགེགས། །ཞེས་དེ་གཉིས་གང་དགོས་ བརྗོད། གནས་འདིར་མ་འཁོར་གཞན་དུ་སོང༌། །ༀ་ཨཱཿཧཱུཾ་ཧྲཱཿཕཊ། ལན་ཅི་རིགས་བརྗོད་ལ་ནས་ གཏོར། དེ་ནས་གཟུངས་འབུལ་ལ། རང་གི་ཐུགས་ཀའི་འོད་ཟེར་གྱིས། །ཆོས་རྗེ་བླ་མ་ཡབ་སྲས་ རྣམས། །སྤྱན་དྲངས་མདུན་མཁར་བཞུགས་ནས་ཀྱང༌། །དེ་རྣམས་ཐུགས་ཀ་ནས་སྤྲོས་པའི། །འོད་ཀྱིས་དག་མཉམ་གཞི་དབྱིངས་ནས། །རྩ་བརྒྱུད་བླ་མ་ཐམས་ཅད་དང༌། །ཡི་དམ་རྒྱུད་ སྡེ་རྣམ་བཞིའི་ཚོགས། །དཀོན་མཆོག་གསུམ་དང་མཁའ་འགྲོའི་རིགས། །ཆོས་སྐྱོང་སྲུང་མར་ བཅས་པ་ཀུན། །སྤྱན་དྲངས་རྟེན་ལ་བཞུགས་ནས་ཀྱང༌། །ཉེར་སྤྱོད་བདུན་གྱིས་ལེགས་པར་ མཆོད། །གསང་གསུམ་ཡོན་ཏན་ལ་བསྟོད་དོ། །དེ་ནས་ལྷ་རྣམས་འོད་ཞུའི་ཚུལ། །གཟུངས་ འབུལ་རིགས་གྱུར་གང་དག་ལ། །ཐིམ་པས་རང་རང་རྣམ་པར་གྱུར། །ཡེ་ཤེས་ལྷ་ཡི་ངོ་བོར་ བསམ། །རྟེན་སྙིང་མང་དུ་བརྗོད་ལ་ནས་འཐོར། བྱིན་ལྡན་གཟུངས་སུ་འབུལ་རྒྱུའི་རིགས། །རྟེན་ མཆོག་དམ་པའི་སྙིང་པོ་རུ། །ཇི་བཞིན་གཞུག་པས་བཀྲ་ཤིས་ཤིང༌། །ཡུལ་ཁམས་གནས་ བདེ་དབང་ཐང་རྒྱས། །འདོད་འབྱུང་ནོར་བུ་ཇི་བཞིན་དུ། །འབད་མེད་བསོད་ནམས་ཞིང་གི་ ཕུལ། །སྣོ ད་བཅུད་དེའི་ཕྱོགས་ལེགས་དགེ་ཞིང༌། །ཕུན་ཚོགས་དཔལ་ཡོན་རིང་གནས་ཤོག །འདིས་འགྲེས་ཏེ་རབ་གནས་ལ་ཡང་གོང་གི་བགེགས་བསྐྲད་ནས་བཟུང་རིམ་པ་དེ་ལུགས་ལྟར་ལས། གཟུངས་ འབུལ་རིགས་གྱུར། ཞེས་པ་ལ། སྐུ་གསུང་ཐུགས་རྟེན། ཞེས་དང༌། བྱིན་ལྡན་གཟུངས་སུ་འབུལ་ རྒྱུའི་རིགས། །ཞེས་པ་ནས། གཞུག་པས་བཀྲ་ཤིས་ཤིང་གི་བར་ལ། བྱིན་ལྡན་སྐུ་གསུང་ཐུགས་གསུམ་ གྱི། །རྟེན་མཆོག་བསོད་ནམས་ཞིང་གི་ཕུལ། །ལེགས་པར་བཞེངས་པས་བཀྲ་ཤིས་ཤིང༌། 1-1-58 །ཞེས་ཁ་བསྒྱུར་བྱས་པས་འཐུས་སོ། ། གཉིས་པ་བརྟན་བཞུགས་བསུ་བཟློག་ལ་གཉིས་ལས། དང་པོ་ནི་བརྟན་བཞུགས་འབུལ་ཡུལ་བླ་མ་དེ་ཉིད་ ཁྲི་ལ་བཞུགས་སུ་གསོལ་ནས་འདི་སྐད། ཧྲཱིཿ སྤྱན་རས་གཟིགས་དབང་སྤྲུལ་པའི་གར། །པདྨ་ དཀར་པོའི་རྣམ་རོལ་པ། །གངས་ལྗོངས་རྫོགས་ལྡན་བསྟན་པའི་བདག །ཀུན་མཁྱེན་ཆེན་ པོའི་གསང་གསུམ་མཐུས། །དཔལ་ལྡན་བླ་མའི་སྐུ་ཚེ་འཕེལ། །མཛད་པ་ཕྲིན་ལས་རབ་ རྒྱས་ཤིང༌། །བསྟན་འགྲོའི་དོན་ཆེན་ཡོངས་འགྲུབ་སྟེ། །ཡུན་རིང་ཞབས་པད་བརྟན་གྱུར་ ཅིག །ནམ་མཁའི་སྙིང་པོའི་རྣམ་པར་འཕྲུལ། །ལུང་རིགས་དབང་ཕྱུག་ཆོས་གྲགས་དཔལ། །སྒྲིབ་སེལ་ངུར་སྨྲིག་གར་བསྒྱུར་བ། །བློ་གྲོས་དཔལ་གྱི་གསང་གསུམ་མཐུས། །དཔལ་ལྡན་ བླ་མའི༴ སོགས་རྐང་པ་བཞི་འགྲེས། མི་ཕམ་མཆོག་གི་རོལ་པ་ཉིད། །ལྔ་རིག་པཎ་ཆེན་བློ་གྲོས་ མཚན། །ས་སྙིང་སྤྲུལ་པ་ཀུན་མཁྱེན་གྲགས། །ཕྱོགས་ལས་རྣམ་རྒྱལ་གསང་གསུམ་མཐུས། །དཔལ་ལྡན་བླ་མའི༴ སོགས། ཀུན་ཏུ་བཟང་པོས་གར་བསྒྱུར་བ། །ལོ་ཙཱ་ནོར་བུ་དཔལ་གྱི་ མཚན། །གསང་བདག་སྒྱུ་མའི་གར་གྱི་འཕྲུལ། །བསོད་ནམས་གྲགས་པའི་གསང་གསུམ་ མཐུས། །དཔལ་ལྡན་བླ་མའི༴ སོགས། འཇམ་དཔལ་རྣམ་པར་རོལ་པ་ཆེ། །ཀུན་མཁྱེན་ཀུན་ དགའ་དཔལ་གྱི་མཚན། །ལོ་ཆེན་རིན་བཟང་སྤྲུལ་པའི་སྐུ། །ཀུན་དགའ་འབུམ་གྱི་གསང་ གསུམ་མཐུས། །དཔལ་ལྡན་བླ་མའི༴ སོགས། འཇམ་དབྱངས་རྣམ་རོལ་སྐྱེས་ཆེན་མཆོག །བློ་ གྲོས་རྒྱལ་མཚན་མཚན་འཆང་བ། །འཕགས་པ་ཐོགས་མེད་རྣམ་པར་འཕྲུལ། །རྒྱལ་སྲས་ རིན་ཚུལ་གསང་གསུམ་མཐུས། །དཔལ་ལྡན་བླ་མའི༴ སོགས། འཕགས་པ་ལྷ་ཡི་སྤྲུལ་པ་ སྟེ། །ལྷ་ཡི་རྒྱལ་མཚན་བསྟན་པའི་གཉེན། །ཤཱཀྱ་བཤེས་གཉེན་སྒྱུ་མའི་གར། །ཕུན་ཚོགས་ དཔལ་བཟང་གསང་གསུམ་མཐུས། །དཔལ་ལྡན་བླ་མའི༴ སོགས། གྲུབ་ཆེན་ཡུ་མོ་སླར་བྱོན་ པ། །བློ་གྲོས་དཔལ་གྱི་མཚན་མཆོག་ལྡན། །གནས་བརྟན་བ་ཀུ་ལ་ཡི་གར། །བསོད་ནམས་ 1-1-59 བཟང་པོའི་གསང་གསུམ་མཐུས། །དཔལ་ལྡན་བླ་མའི༴ སོགས། ཡབ་སྲས་བསྟན་པའི་མངའ་ བདག་ཆེ། །འཇམ་མགོན་བླ་མ་སྒྲོལ་བའི་མགོན། །དེ་ཡི་ཐུགས་སྲས་བརྒྱུད་འཛིན་ཚོགས། །གསང་གསུམ་མཛད་ཆེན་ཟླ་བྲལ་བས། །དཔལ་ལྡན་བླ་མའི་༴ སོགས། དེ་རྣམས་སྤྲུལ་ བཀོད་ཡི་དམ་ཚོགས། །སྐྱབས་མཆོག་རིན་ཆེན་རྣམ་གསུམ་དང༌། །གནས་གསུམ་ཡེ་ཤེས་ མཁའ་འགྲོའི་རིགས། །ཆོས་སྐྱོང་སྲུང་མའི་མཐུ་སྟོབས་ཀྱིས། །དཔལ་ལྡན་བླ་མའི༴ སོགས། དེ་ལྟར་ཞབས་བརྟན་ལེགས་ཕུལ་བས། །བླ་མ་མཆོག་ཉིད་རྡོ་རྗེའི་ཁྲིར། །བསྐལ་བརྒྱར་ཡུན་ རིང་རྟག་བཞུགས་ཤིང༌། །མཛད་པ་ཕྲིན་ལས་ཡོངས་རྒྱས་ཤོག །ༀ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱཧཱ། ཞེས་པའི་མཐར་རྟེན་སྙིང་བཏགས་ལ་བརྒྱ་ཕྲག་བཟླས་ཏེ་ནས་བསྔགས་ནས་འཐོར་བར་བྱ། ༀ་ཕུན་ཚོགས་ ལེགས་དགེ་ཀུན་གྱི་དཔྱིད། །བརྟན་གཡོའི་རང་གཤིས་ཆོས་དབྱིངས་ཁམས། །དོན་དམ་རྣམ་ ཀུན་ཡེ་རྫོགས་མཐུས། །བསྟན་རྩ་རིང་བཞུགས་རྟེན་འབྲེལ་རྩོལ། ། གཉིས་པ་བསུ་བཟློག་ནི་བསྒྲུབ་བྱ་བླ་མ་གང་བཞུགས་ལ་དམིགས་ཏེ། འདི་སྐད། དཔལ་ལྡན་འཆི་མེད་ དབང་མོའི་བརྩེ་ཆེན་གཟུགས། །ལག་ན་པད་དཀར་ཅན་དུ་ཉེར་བཞེངས་པ། །གང་དེ་རིགས་ ལྡན་བླ་མའི་གར་བསྒྱུར་ཞིང༌། །ཟླ་བྲལ་ཆོས་རྗེའི་གསང་གསུམ་བྱིན་རླབས་ཀྱིས། །དེང་ སྐབས་འདི་ན་བདེ་བར་ལེགས་འཚོ་བ། །སྐྱེས་ཆེན་མཆོག་དེ་རང་གི་བཞུགས་གནས་ནས། །ཞིང་གཞན་ཕེབས་བསུའི་མ་ཚོགས་མཁའ་འགྲོའི་རིགས། །རང་གནས་སུ་བཞུད་མཛད་ སྒོ་ལེགས་པར་བསྡུས། །ཆོས་གྲགས་དཔལ་བཟང་དགོངས་ཆེན་ཟབ་མོ་བརྙེས། །བློ་གྲོས་ དཔལ་ལྡན་ཤེས་རབ་ཕུན་སུམ་ཚོགས། །མ་ཏི་པཎ་ཆེན་རིག་པའི་གནས་ལ་མཁས། །ཕུལ་ བྱུང་ཐུགས་སྲས་རྣམ་གསུམ་བྱིན་རླབས་ཀྱིས། །དེང་སྐབས་འདི་ན༴ སོགས་ཚིག་རྐང་བཞི་འགྲེས། ཕས་རྒོལ་ཕྱོགས་ལས་རྣམ་པར་རྒྱལ་བའི་མགོན། །མ་ཎི་ཀ་ཤྲི་སྐད་གཉིས་སྨྲ་བའི་ཕུལ། །སྨན་ཆུ་ཁ་བ་བློ་གྲོས་མཁའ་དང་མཉམ། །ངོ་མཚར་མཁས་མཆོག་རྣམ་གསུམ་བྱིན་རླབས་ 1-1-60 ཀྱིས། །དེང་སྐབས་འདི་ན༴ སོགས། རྒྱལ་སྲས་རིན་ཚུལ་བྱང་སེམས་མཛད་བཟང་ཅན། །ཞང་ སྟོན་རྒྱ་བོ་སྡེ་སྣོ ད་འཛིན་པའི་ཕུལ། །གྷ་རུང་ངེས་དོན་ལུང་རྟོགས་ཆེར་འཛིན་པ། །མཚུངས་ མེད་འགྲོ་མགོན་རྣམ་གསུམ་བྱིན་རླབས་ཀྱིས། །དེང་སྐབས་འདི་ན༴ སོགས། ཉ་དབོན་ ལུང་རིགས་མན་ངག་ཟབ་མོའི་མཛོད། །ཕུན་ཚོགས་དཔལ་བཟང་མཁས་བཙུན་བཟང་པོའི་ ཕུལ། །ཐང་བོ་ཆེ་བ་ངེས་དོན་རང་ལུགས་སྐྱོང༌། །ཟླ་བྲལ་བླ་མ་རྣམ་གསུམ་བྱིན་རླབས་ཀྱིས། །དེང་སྐབས་འདི་ན༴ སོགས། ཐང་ཆུང་ཟབ་དགོངས་མངོན་བྱང་ཆུབ་པའི་བཤེས། །མཚལ་ མིན་ཡབ་སྲས་དག་གི་ཐུགས་སློབ་མཆོག །གཞན་ཡང་རྗེ་བཙུན་སྒྲོལ་མགོན་བརྒྱུད་འཛིན་ བཅས། །བསྟན་རྩ་མཆོག་གྱུར་རྣམ་གསུམ་བྱིན་རླབས་ཀྱིས། །དེང་སྐབས་འདི་ན༴ སོགས། རྣམ་འཕྲུལ་ཡི་དམ་རྒྱུད་སྡེ་རབ་འབྱམས་དང༌། །བསླུ་མེད་སྐྱབས་གནས་དཀོན་མཆོག་རྣམ་ པ་གསུམ། །མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས། །དེ་ཀུན་གསང་གསུམ་ནུས་ མཐུ་རླབས་ཆེན་གྱིས། །བསྟན་པའི་རྩ་ལག་ཆོས་ཁྲི་འདི་ཉིད་ལས། །གཞན་དུ་མ་བསྐྱོད་ གདུལ་བྱར་རྗེས་བཟུང་སྟེ། །འདིར་ནི་གང་འཚམས་ཆོས་སྒོ་ལེགས་ཕྱེས་ནས། །འགྲོ་དོན་ མཛད་བཟང་ནམ་ཡང་ཉམས་མེད་མཛོད། །ཤར་ཕྱོགས་རྡོ་རྗེ་རིགས་ཀྱི་མཁའ་འགྲོ་འབུམ། །རང་རིགས་ལ་འོས་དར་སྔོན་ལམ་བསྡུས་ལ། །བསྟན་རྩ་མཆོག་གི་སྐུ་ཚེ་རབ་སྤེལ་ཞིང༌། །མཛད་པ་ཕྲིན་ལས་ཕྱོགས་འདིར་ཡོངས་རྒྱས་མཛོད། །ལྷོ་ཕྱོགས་རིན་ཆེན་རིགས་ཀྱི་མཁའ་ འགྲོ་འབུམ། །རང་རིགས་ལ་འོས་དར་སེར་ལམ་བསྡུས་ལ། །བསྟན་རྩ་མཆོག་གི་སྐུ་ཚེ་ རབ་སྤེལ་ཞིང༌། །མཛད་པ་ཕྲིན་ལས་ཕྱོགས་འདིར་ཡོངས་རྒྱས་མཛོད། །ནུབ་ཕྱོགས་པདྨ་ རིགས་ཀྱི་མཁའ་འགྲོ་འབུམ། །རང་རིགས་ལ་འོས་དར་དམར་ལམ་བསྡུས་ལ། །བསྟན་རྩ་ མཆོག་གི་སྐུ་ཚེ་རབ་སྤེལ་ཞིང༌། །མཛད་པ་ཕྲིན་ལས་ཕྱོགས་འདིར་ཡོངས་རྒྱས་མཛོད། །བྱང་ ཕྱོགས་ལས་ཀྱི་རིགས་ཀྱི་མཁའ་འགྲོ་འབུམ། །རང་རིགས་ལ་འོས་དར་ལྗང་ལམ་བསྡུས་ལ། 1-1-61 །བསྟན་རྩ་མཆོག་གི་སྐུ་ཚེ་རབ་སྤེལ་ཞིང༌། །མཛད་པ་ཕྲིན་ལས་ཕྱོགས་འདིར་ཡོངས་རྒྱས་ མཛོད། །དེ་ལྟར་གང་བཅོལ་དོན་ཀུན་ལྷུན་གྲུབ་ཅིང༌། །ལེགས་སྒོ་ཕུན་ཚོགས་ནམ་ཡང་ཆད་ མེད་པར། །བསྟན་དང་འགྲོ་ལ་རླབས་ཆེན་ཕན་ཐོགས་ཀྱིས། །འཁོར་བ་ཇི་སྲི ད་དགེ་མཚན་ རྟག་འབར་ཤོག །ཅེས་པ་ཀུན་མཁྱེན་ཚོགས་འབུམ་དང་སྦྲེལ་ནས་ཚོགས་མཆོད་འབུལ་བའི་མཇུག་ཏུ་སྤྲད་དེ་ ལན་གྲངས་དེ་སྙེད་བསོག་པར་བྱའོ། ། གསུམ་པ་ཁྲུས་དང་ཐུགས་བཀྲོལ་ཚུལ་ལ། གཉིས་ལས། དང་པོ་ལ། ལྷ་ཡུལ་ཁྲུས་དང་གདུང་ཁྲུས་གཉིས་ ལས། དང་པོ་ནི་ཁྲུས་བུམ་བཤམས་ལ་འདི་སྐད། རང་མདུན་མཁའ་ལ་འཇའ་ཟེར་དབུས། །ཆོས་རྗེ་བླ་ མ་ཡབ་སྲས་བཞུགས། །དེ་དག་སྐུ་ལས་འོད་ཟེར་གྱིས། །རང་བཞིན་དབྱིངས་ནས་བདུད་རྩི་ ཉིད། །དྲི་མ་འཁྲུད་བྱེད་ཁྱད་པར་བ། །ཡོན་ཆབ་དྭངས་མའི་རྣམ་པ་རུ། །བུམ་པར་བཀུགས་ ལ་བཅུད་དུ་བསྐྱིལ། །ཡེ་ཤེས་རང་བཞིན་དག་བྱེད་གྱུར། །ༀ་ཨཱཿཔྲ་ཛྙཱ་དྷྭ་ཛ་སརྦ་ཏ་ཐཱ་ག་ ཏ་ཨ་བྷི ་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། ཞེས་པ་ཅི་ནུས་བཟླ། ཆོས་རྗེ་བླ་མའི་བྱིན་རླབས་ལས། །ཆུ་ མཆོག་ནུས་པ་རབ་བརྟན་ཅིང༌། །ཁྲུས་གསོལ་གང་ལ་བྱས་ཚད་ཀུན། །དྲི་མ་ཡོངས་དག་ ལེགས་ངེས་ཤོག །དེ་ནས་མེ་ལོང་ངོར་ལྷ་རི་ཡུལ་སོགས་ཀྱི་གཟུགས་བརྙན་འཆར་བར་བྱས་ནས་དེ་ལ་ཁྲུས་ གསོལ་བཞིན། འདི་སྐད། ཡེ་ཤེས་དག་བྱེད་ཆུ་རྒྱུན་གྱིས། །ལྷ་སྲུང་རྣམས་ལ་ཁྲུས་གསོལ་བས། །སྐུ་ལ་གནོད་རྐྱེན་གང་ཕོག་པའི། །དྲི་མ་མཐའ་དག་སྦྱང་དུ་གསོལ། །ཁྲུས་སྔགས་ཨ་བྷི ་ཥེ་ཀ་སྤྱི་ ལྟར་བརྗོད། དེ་བཞིན་དུ་ཚིག་རྐང་གོང་འོག་རྣམས་འདྲ་བ་ལས་གསུམ་པའི་ཚབ། གསུང་ལ་གནོད་རྐྱེན་གང་ ཕོག་པའི། །ཞེས་དང༌། ཐུགས་ལ་གནོད་རྐྱེན་གང་ཕོག་པའི། །ཞེས་དང༌། འཁོར་ལ་གནོད་རྐྱེན་ གང་ཕོག་པའི། །ཞེས་དང༌། གནས་ཁང་དག་ལ་གནོད་རྐྱེན་གྱི། །ཞེས་དང༌། ལོངས་སྤྱོད་རྣམས་ ལ་གནོད་རྐྱེན་གྱི། །ཞེས་དང༌། མངའ་རིས་གང་གཏོགས་ལ་གནོད་པའི། །ཞེས་པ་རྣམས་ཀྱི་འདོན་ པ་སྤོ་བཞིན་ཁྲུས་སྔགས་བཅས་ཁྲུས་བྱ། 1-1-62 གཉིས་པ་གདུང་ཁྲུས་ནི། ཁྲུས་བུམ་གོང་བཞིན་བསྒྲུབས་ནས་གདུང་རྟེན་ལ་ཁྲུས་གསོལ་བཞིན་འདི་སྐད། ཡེ་ཤེས་རང་བཞིན་དག་བྱེད་ཀྱིས། །གདུང་རྟེན་དམ་པར་ཁྲུས་གསོལ་བས། །སློབ་ཚོགས་ འབྲིལ་ཐོགས་ཡོད་ཚད་ཀྱི། །འདོད་ཆགས་ཉེས་སྒྲིབ་དྲི་མ་སྦྱོངས། །ཁྲུས་སྔགས་སྤྱི་ལྟར། དེ་བཞིན་ རྐང་པ་ཕྱི་མ་ལ། ཞེ་སྡང༌། གཏི་མུག ང་རྒྱལ། ཕྲག་དོག རྣམས་ཀྱིས་ཁ་བསྒྱུར་བྱས་ཏེ་ཁྲུས་གསོལ་བྱ་ཞིང་ དེ་འདྲའི་ཁྲུས་གོང་འོག་གང་ཡིན་གྲངས་བསོགས་ནའང་ཆོག གཉིས་པ་ཐུགས་དམ་བཀྲོལ་ཚུལ་ནི། ཐུགས་དམ་གང་བཞུགས་ཀྱི་དྲུང་དུ་སོང་སྟེ་དར་གཅིག་ལ་སེམས་ ཀྱི་གནས་ལུགས་མཉམ་འཇོག་བྱས་ནས་ཏིང་ཤག་ལྟ་བུའི་སྒྲ་ཆུང་འབྲི ང་ཆེ་གསུམ་གྱི་མཐར་འདི་སྐད། སྐྱེས་ བུ་མཆོག་ཁྱོད་ལེགས་པར་དགོངས། །མདུན་འདིར་རྩ་བའི་བླ་མ་དང༌། །གཉིས་མེད་ཀུན་ མཁྱེན་ཆོས་ཀྱི་རྗེ། །མངོན་སུམ་བཞིན་དུ་ལེགས་བྱོན་ཏེ། །གང་གི་ཐུགས་སྤྲོས་འོད་ཟེར་ གྱིས། །ཁྱོད་ཀྱི་དགོངས་པ་ཉེར་བསླངས་པས། །རིག་པ་སྒྱུ་ལུས་གསེབ་འདི་ནས། །ཀུན་ མཁྱེན་ཆོས་རྗེའི་ཐུགས་ཀར་འཕོས། །དེ་རྗེས་གང་འདོད་ཞིང་དུ་གཤེགས། །ཞེས་པ་ལན་གསུམ་ སོགས་ཅི་རིགས་བརྗོད་པར་བྱའོ། ། གཉིས་པ་ཟུར་འདོགས་ནི་ཚོགས་མཆོད་སྤྱན་འདྲེན་མགོར་སྦྱར་འོས་ཁ་བསྐང་བ་སྟེ། གདོད་མ་ཆོས་ དབྱིངས་ཀྱི་འཕྲུལ་ཆེན་བླ་མའི་རྗེ། །ཀུན་མཁྱེན་དུས་གསུམ་གྱི་སངས་རྒྱས་སྤྱི་གཟུགས་ མཆོག །རྣམ་འཕྲུལ་འཛད་མེད་ཀྱི་བཀོད་མཚར་བསམ་མི་ཁྱབ། །གདུལ་བྱའི་དད་མོས་ཀྱི་ དག་སྣང་མཆོད་ཡུལ་ཚུལ། །ངོ་མཚར་མཛད་ཆེན་གྱི་བཀོད་པ་ཁམས་དབང་བཞིན། །གང་ ལ་གང་འདུལ་གྱི་མཛད་སྒོ་ཕུན་སུམ་ཚོགས། །གཅིག་དང་དུ་མ་ཡི་རྣམ་རོལ་བསམ་མི་ཁྱབ། །ཆེ་བའི་རྫུ་འཕྲུལ་དང་བཅས་ཏེ་འདིར་བྱོན་ཅིག །འཕགས་མཆོག་ནམ་སྙིང་གི་སྤྲུལ་པ་ཆོས་ གྲགས་དཔལ། །སྒྲིབ་པ་རྣམ་སེལ་གྱི་རྣམ་རོལ་ལོ་ཙཱ་བ། །མི་ཕམ་བྱམས་མགོན་གྱི་ཟློ ས་ གར་ས་བཟང་རྗེ། །ས་སྙིང་སེམས་དཔའ་ཡི་རྣམ་འཕྲུལ་ཕྱོགས་ལས་རྒྱལ། །ངོ་མཚར་མཛད་ 1-1-63 ཆེན་གྱི་བཀོད་པ༴ སོགས་ཚིག་རྐང་བཞི་འགྲེས། ཀུན་བཟང་སྒྱུ་འཕྲུལ་གྱི་བཤེས་གཉེན་མ་ཎི་ ཀ །གསང་བདག་ཕྱག་རྡོར་གྱི་འཕྲུལ་བཟང་བསོད་ནམས་གྲགས། །འཇམ་དཔལ་ཡེ་ཤེས་ ཀྱི་རོལ་གར་ཀུན་དགའ་དཔལ། །ལོ་ཆེན་སྒྲ་བསྒྱུར་གྱི་མཚར་བཀོད་ཐང་བོ་ཆེ། །ངོ་མཚར་ མཛད་ཆེན༴ སོགས། འཇམ་མགོན་བཤེས་གཉེན་ཚུལ་སྨན་ཆུ་ཁ་པ་རྗེ། །འཕགས་པ་ཐོགས་ མེད་ཀྱི་མཛད་བཟང་རིན་ཚུལ་པ། །ཨཱརྱ་དེ་བ་ཡི་སྤྲུལ་བསྒྱུར་གྷ་རུང་མཚན། །ཤཱཀྱ་བཤེས་ གཉེན་གྱི་རྣམ་བཀོད་ཕུན་ཚོགས་དཔལ། །ངོ་མཚར་མཛད་ཆེན༴ སོགས། ཡུ་མོ་གྲུབ་ཆེན་གྱི་ བརྫུ་བག་ཐང་ཆུང་པ། །གནས་བརྟན་བ་ཀུ་ལའི་སྤྲུལ་པ་བསོད་ནམས་བཟང༌། །དེ་དག་ཆོས་ ལུགས་ཀྱི་མངའ་བདག་སྒྲོལ་བའི་མགོན། །ཡབ་སྲས་ཐུགས་སློབ་དང་བཅས་པའི་བརྒྱུད་ འཛིན་ཚོགས། །ངོ་མཚར་མཛད་ཆེན༴ སོགས། དུས་ཀྱི་འཁོར་ལོ་སོགས་ཡི་དམ་རྒྱ་མཚོའི་ ཚོགས། །བདེ་ཆེན་ཞིང་སྔགས་ཀྱི་ཌཱ་ཀི་ཡེ་ཤེས་འཕྲུལ། །དཔལ་མགོན་ནོར་ལྷ་སོགས་ཆོས་ སྐྱོང་དམ་ཅན་སྡེ། །མ་ལུས་ཡང་སྤྲུལ་ཚོགས་སྟོབས་ཆེན་མཐུ་ལྡན་པ། །ངོ་མཚར་མཛད་ཆེན༴ སོགས། ཡེ་གཞི་བདེ་གཤེགས་ཀྱི་སྙིང་པོ་རྟག་པའི་ཁམས། །སོགས་སུ་འགྲོ། དེ་དག་གིས་རེ་ཞིག་ དགོས་དོན་གྲུབ་ཟིན་གྱི་དབང་དུ་བྱས་པ་ལགས། ཞེས་ཀུན་མཁྱེན་ཡབ་སྲས་མཆོད་ཆོག་ཟུར་བཀོལ་ཉེར་མཁོ་ བསྟན་འགྲོར་ཕན་བྱེད་ཅེས་བྱ་བ་འདི་ཡང་རང་རེའི་བསྟན་པའི་རྩ་ལག་ཆེ་བ་དམ་པ་བསྟན་འཛིན་ཆོས་འཕེལ་གང་ དང་ཀུན་དགའ་ཐུགས་རྗེ་དཔལ་གྱི་དབང་ཕྱུག་བཀྲ་ཤིས་འབྱུང་གནས་སྡེ་ཟུང་གིས་རིང་ནས་བཀས་བསྐུལ་ལྟར། མ་ཏིས་སྤེལ་བ་སྟེ་ཡི་གེ་པའང་ཆོས་མཆེད་དམ་པས་ཐུགས་དགའ་སྤྲོ་ཆེར་བཞེས་ངང་ཆེད་གཉེར་ལེགས་བགྱིས་ མཛད་པ་ཛ་ཡནྟུ།། །། 1-1-64 ༄༅། །ཀུན་མཁྱེན་རྟོན་པ་བཞི་ལྡན་གྱི་སྐྱེས་རབས་རྣམ་ཐར་ཚིགས་ བཅད་མ་ཀུན་ཉོན་ཚ་གདུང་འཕྲོག་པའི་ཆོས་སྣང་འོད་དཀར་ ཟླ་བའི་བསིལ་ཟེར་ཞེས་བྱ་བ་ བཞུགས་སོ། ། ༄༅། །ཨེ་མ་ཧོ་ལོ་ཀེ་ཤྭ་ར་པྲ་ཛྙཱ་དྷྭ་ཛ་སྭ་སྟི་སིདྡྷི་ཕ་ལ། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ རིགས་ལྡན་སྤྲུལ་པའི་སྐུ་ཆེན་པོ་ཀུན་མཁྱེན་རྟོན་པ་བཞི་ལྡན་གྱི་སྐྱེས་རབས་རྟོགས་བརྗོད་ རྒྱས་པར་བཀོད་པ་ཇོ་ནང་པ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོའི་ཞབས་ཀྱི་པདྨོ་ལ་གུས་ པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། དཔལ་ལྡན་ཆོས་སྐུ་བདེ་གཤེགས་སྙིང་པོའི་དབྱིངས། །གདོད་ནས་སྐུ་གསུམ་ལྷུན་གྲུབ་ ཕྲིན་ལས་བདག །ནམ་ཡང་རིས་བྲལ་བདེ་ཆེན་རྡོ་རྗེའི་ཁམས། །དམ་པ་དང་པོའི་སངས་ རྒྱས་མཆོག་དེར་འདུད། །གང་གི་མཛད་ཆེན་ཀུན་གསལ་འཁོར་ལོའི་རྒྱན། །ངོ་མཚར་སྒྱུ་ མའི་གར་གྱི་རོལ་པ་ཅན། །གང་འདུལ་མོས་ངོར་རང་རང་འཚམས་པའི་འཕྲུལ། །ཅི་དགར་ དབང་བསྒྱུར་མགོན་ལ་གུས་ཕྱག་འཚལ། །དཔག་ཡས་སྣ་ཚོགས་ཐབས་མཁས་མཛད་ བཟང་གིས། །རྒྱལ་དང་རྒྱལ་སྲས་སློབ་མ་ཉན་ཐོས་ཚོགས། །ལྷ་མིའི་དབང་ཕྱུག་འཁོར་ལོས་ སྒྱུར་རྒྱལ་སོགས། །ལེགས་དགེ་ཕུན་ཚོགས་འབྱུང་གནས་རྣམས་ལ་མཆོད། །རྣམ་འཕྲུལ་ 1-1-65 གང་ལས་འགྲོ་ཀུན་སྐྱོབ་པའི་གཉེན། །ཁྱད་པར་གངས་ཅན་མགོན་པོ་བརྩེ་ཆེན་གཏེར། །འཕགས་མཆོག་ལག་ན་པད་དཀར་འཛིན་པའི་ལྷ། །དེང་ནས་བྱང་ཆུབ་བར་དུ་གཙུག་གིས་ བསྟེན། །འཇིག་རྟེན་དབང་ཕྱུག་གང་གི་ཕྲིན་ལས་གར། །སྙིགས་དུས་བསིལ་ལྗོངས་ཁྲོད་ དུ་འགྲོ་འདྲེན་ཕུལ། །རྒྱལ་བ་གཉིས་པའི་མཛད་རླབས་འཆང་བའི་རྗེ། །ངེས་དོན་ཆོས་ཀྱི་ མངའ་བདག་གང་དེ་རྒྱལ། །རྨད་བྱུང་ལུང་རིགས་འབུམ་གྱི་གཡུ་རལ་རྫོགས། །དགག་སྒྲུབ་ སྦར་ཕྲེང་གཡོ་བའི་གདོང་ལྔ་པ། །ལྟ་ངན་ཝ་སྐྱེས་ཚོགས་ཀུན་ཟིལ་གནོན་བཞིན། །ངེས་དོན་ གངས་རི་སྐྱོངས་འདི་བཀའ་དྲིན་གནས། །ཡང་དག་ཆོས་ཉིད་ཀུན་ནས་མཁྱེན་པའི་སྤྱན། །ཤེས་རབ་ཟབ་མོས་རྒྱལ་དགོངས་མཐར་ཐུག་གཟིགས། །བཀའ་བསྡུ་བཞི་པའི་རྒྱལ་མཚན་ ལེགས་སྒྲེང་མཁན། །རྫོགས་ལྡན་ཆོས་དཔལ་བཟང་པོ་དེང་འདིར་སྩོལ། །གང་གི་སྐྱེས་ རབས་དང་འབྲིལ་རྣམ་པར་ཐར། །ཆ་ཙམ་སྐལ་བཟང་དད་པའི་གསོས་ཉིད་དུ། །ལེགས་ པར་སྤེལ་ལ་དོན་དམ་སྐྱབས་གསུམ་གྱིས། །ཕྲིན་ལས་དགེ་ལེགས་གཡེལ་བ་མེད་གྱུར་ཅིག ། ༈ དེ་ཡང་ངོ་མཚར་ཚུལ་སྟོན་ཕུལ་བྱུང་བ། །བྲམ་ཟེ་པད་ཕྲེང་སངས་རྒྱས་ཆོས་ཀྱི་སྣང༌། །རྒྱལ་བུ་རིན་འབྱུང་བདེ་གཤེགས་མངོན་འཕགས་རྒྱལ། །སྤྱན་གཟིགས་བརྩོན་ཀླུ་འཁོར་ བསྒྱུར་ལི་ཙ་བཱི། །བློ་འཆང་རྟ་རྒྱལ་རུ་རུ་པར་ཙི་ཀ །འཇིགས་དབང་བསོད་ལྡན་འོད་བཟང་ རྨ་བྱ་ཆེ། །མཛེས་བློ་མཛེས་ལྡན་གླང་ཆེན་ངང་བ་དང༌། །སྤོས་གླང་མཛེས་བཟང་བློ་གྲོས་མྱ་ ངན་མེད། །སངས་རྒྱས་ཟླ་རྒྱལ་ནོར་ཕྲེང་ཀླུ་སྒྲུབ་ཆེ། །པད་དཀར་སྲོང་བཙན་འབྲི ་གུང་ལ་ སོགས་པ། །རིགས་ལྡན་བླ་མའི་སྔོན་བྱོན་སྐྱེས་རབས་ཕྲེང༌། །ད་ལྟ་ཞིང་འདིའི་གང་འདུལ་ མཛད་པའི་ཚུལ། །དོན་གཉིས་རབ་རྫོགས་མཛད་ཆེན་གནང་བ་ཡིས། །དུས་མཐར་བསྟན་ འགྲོའི་དཔལ་དུ་ལེགས་བྱོན་ཞིང༌། །མ་འོངས་མངོན་བྱང་ཆུབ་པའི་ཚུལ་དང་བཅས། །རིམ་ 1-1-66 པར་བརྗོད་ལ་མཆོག་གསུམ་ཤིས་པ་སྩོལ། །སྤྱིར་ནི་སྤྱན་རས་གཟིགས་དང་མི་གཉིས་པའི། །རིགས་ལྡན་བླ་མ་ཆོས་རྗེ་གང་དེ་ཉིད། །དོན་ལ་སྔོན་ནས་མངོན་པར་སངས་རྒྱས་ཀྱང༌། །ཐུགས་རྗེའི་དབང་གིས་ས་བཅུའི་སེམས་དཔའི་ཚུལ། །ཐབས་ཚུལ་དཔག་མེད་མཛད་པར་ ལུང་གིས་བསྔགས། །དེ་ཕྱིར་འདི་ན་གདུལ་བྱ་ཕྱོགས་རེའི་ངོར། །ངོ་མཚར་སྒྱུ་མའི་རོལ་ གར་མཚོན་ཙམ་པ། །གོང་མའི་གསུང་རབ་ལས་བསྡུས་གང་ཐོས་ཚད། །གནས་སྐབས་ མཐར་ཐུག་དོན་ཆེན་བསླུ་མི་སྲི ད། །ཕྱག་སྤྱན་སྟོང་གི་མདོ་ལས་གསུངས་པ་ལྟར། །བསྐལ་ པ་གྲངས་མེད་འདས་པའི་སྔོན་རོལ་ན། །དེ་བཞིན་གཤེགས་པ་ཡང་དག་རྫོགས་སངས་ རྒྱས། །པདྨ་བརྒྱའི་སྤྱན་དུག་འཇོམས་འོད་ཟེར་རྒྱལ། །ཞེས་བྱ་འཇིག་རྟེན་སྒྲོན་མེར་ལེགས་ བྱོན་སྐབས། །སངས་རྒྱས་དེའི་དྲུང་དྲང་སྲོང་པདྨའི་ཕྲེང༌། །ཞེས་པས་རླབས་ཆེན་སྨོན་ལམ་ དཔག་མེད་བཏབ། །རབ་ཏུ་བྱུང་སྟེ་རྣམ་འདྲེན་དེས་རྗེས་བཟུང༌། །བཀའ་ལུང་གསལ་བོས་ ཆེ་བསྔགས་འདི་ལྟར་མཛད། །རིགས་ཀྱི་བུ་ཁྱོད་སྨོན་ལམ་བཏབ་སྟོབས་ཀྱིས། །ང་འདས་ འོག་ཏུ་ལོ་གྲངས་ཉེར་ལྔ་ནས། །མངོན་སངས་རྒྱས་ཏེ་སེམས་ཅན་དཔག་མེད་སྒྲོལ། །ཞེས་ པའི་ལུང་བསྟན་འགྱུར་མེད་དུས་སུ་གནང༌། །དེ་ནས་དྲང་སྲོང་པདྨའི་ཕྲེང་བ་ཡིས། །བཅོམ་ ལྡན་འདས་ལ་ཕྱག་བསྐོར་མང་པོ་བྱས། །འདི་སྐད་གསོལ་ཏེ་བདག་ནི་སངས་རྒྱས་རྗེས། །མྱང་འདས་སླར་ཡང་ས་བཅུའི་སེམས་དཔའི་ཚུལ། །འགྲོ་ཀུན་ལ་ཡང་རྟག་ཏུ་ཕན་བགྱིད་ སྨོན། །ཞེས་གསོལ་ཚེ་ན་བཅོམ་ལྡན་བཀའ་བསྩལ་པ། །ལེགས་སོ་གཉིས་བརྗོད་བུ་ཁྱོད་མི་ རིང་བར། །བྱང་སེམས་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག །ཅེས་བྱར་གྱུར་ནས་འགྲོ་ཀུན་ དོན་བྱེད་འགྱུར། །ཞེས་པའི་ལུང་བསྟན་དུས་ན་དྲང་སྲོང་ཉིད། །མི་སྐྱེ་བ་ཡི་ཆོས་ལ་བཟོད་པ་ ཐོབ། །དེ་མ་ཐག་ཏུ་ཕྱོགས་བཅུའི་བདེ་བཤེགས་ཀུན། །མངོན་དུ་གྱུར་ནས་སྙིང་རྗེ་དགའ་བ་ ཡི། །ཏིང་ངེ་འཛིན་མཆོག་བརྟན་པ་རབ་ཐོབ་གྱུར། །དེ་ལྟར་སྔོན་དུས་བྲམ་ཟེ་པདྨའི་ཕྲེང༌། 1-1-67 །གང་དུ་སྐྱེས་པའི་ཟློ ས་གར་ཅི་ཡང་རྩེན། །དེ་ནི་ཀུན་མཁྱེན་ཆོས་རྗེས་འགྲོ་དོན་དུ། །ཐབས་ མཁས་སྒྱུ་མའི་རོལ་རྩེད་བསྟན་པའོ། ། རིགས་ལྡན་སྤྲུལ་སྐུ་ཀུན་མཁྱེན་རྟོན་པ་བཞི་ལྡན་གྱི་སྐྱེས་རབས་རྟོགས་བརྗོད་རྒྱས་པ་ ལས་དྲང་སྲོང་པད་ཕྲེང་དུ་སྐྱེས་པའི་རབས་ཏེ་ལེའུ་དང་པོའོ། ། །། ༈ དེ་ནས་སྤྱན་སྟོང་མདོ་ལས་འདི་ལྟར་གསུངས། །སྔོན་བྱུང་བསྐལ་པ་ཆུ་བོ་གང་ གཱའི་ཀླུང། །བྱེ་མ་བཅུ་སྙེད་འདས་པའི་སྔོན་རོལ་ཏུ། །འཕགས་ཡུལ་གྲོང་ཁྱེར་ཝཱ་རཱ་ཎ་སཱི་ ན། །རྒྱལ་པོ་མནྡྷཱ་ར་བ་ཞེས་བྱ་བྱུང༌། །རེ་ཞིག་ཚེ་ན་དེ་ཡི་བཙུན་མོ་མཆོག །ལྷུམས་སུ་ཆོས་ ཀྱི་སྒྲ་སྣང་དུས་སུ་བྱུང༌། །ཕྱི་དུས་ལྷུམས་ཐད་ཆེས་མཛེས་བུ་གཅིག་བལྟམས། །རྨ་སྲོལ་ མེད་པར་ཕྱིར་ཐོན་ལུས་ཚུགས་རྫོགས། །དེ་མཉམ་ཆོས་ཀྱི་སྒྲ་ཆེན་སྣང་བ་བྱུང༌། །ཚུལ་དེས་ མིང་ཡང་ཆོས་སྒྲ་སྣང་བར་བཏགས། །གང་དེ་བྱང་སེམས་སྲི ད་པ་ཐ་མའི་ཚུལ། །ཐོག་མར་ ལྷུམས་སུ་ཞུགས་དང་མཛེས་སྐུ་བལྟམས། །བཙུན་མོའི་འཁོར་གྱི་དགྱེས་རོལ་མངོན་པར་ བྱུང༌། །དམ་པའི་ཆོས་སྒྲ་བྱུང་ཞིང་བྱང་ཆུབ་ཀྱི། །ཤིང་མཆོག་དྲུང་དུ་གཤེགས་ཤིང་བདུད་སྡེ་ བཏུལ། །དམ་པའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་བསྐོར། །དེ་བཞིན་གཤེགས་པ་ཆོས་ཀྱི་སྣང་བ་ དེའི། །སྐུ་ཚེའི་ཚད་ཀྱང་ལོ་ནི་འབུམ་ཕྲག་དང༌། །བརྒྱད་ཁྲིའི་བར་དུ་བཞུགས་ནས་གདུལ་བྱ་ བསྐྱངས། །སྐུ་ཡི་འོད་ཟེར་དཔག་ཚད་དྲུག་བརྒྱར་འཕྲོ། །འཁོར་གྱི་ཉན་ཐོས་འདུས་པའི་སྡེ་ གང་དག །བྱེ་བ་དུང་ཕྱུར་གྲངས་སུ་སླེབས་པའོ། །དེ་བཞིན་གཤེགས་དེ་མྱ་ངན་ལས་འདས་ ནས། །དམ་པའི་ཆོས་ལོ་འབུམ་ཕྲག་བཅུ་དྲུག་གནས། །རིང་བསྲིལ་ཡུངས་ཀར་འབྲུ་ཙམ་ ཕུང་པོ་ལས། །ཡང་དག་དམ་པའི་ཆོས་སྒྲའི་སྣང་བ་བྱུང༌། །གང་དེ་རིགས་ལྡན་བླ་མའི་མཛད་ ཚུལ་ལགས། ། རིགས་ལྡན་སྤྲུལ་སྐུ་ཀུན་མཁྱེན་རྟོན་པ་བཞི་ལྡན་གྱི་སྐྱེས་རབས་རྟོགས་བརྗོད་རྒྱས་པ་ 1-1-68 ལས་བདེ་གཤེགས་ཆོས་སྣང་དུ་སྐྱེས་པའི་རབས་ཏེ་ལེའུ་གཉིས་པའོ།། །། ༈ དེ་ནས་ཆོས་དོན་རྣམ་པར་འབྱེད་པའི་མདོར། །འདི་ལྟར་གསུངས་ཏེ་སྔོན་བྱུང་འདས་ པའི་དུས། །བསྐལ་པ་གྲངས་མེད་ཆེས་གྲངས་ཚད་མེད་པར། །འཇིག་རྟེན་ཁམས་ནི་མེ་ཏོག་ འབྱུང་གནས་ཞེས། །འབྱོར་རྒྱས་བདེ་བ་ལོ་ལེགས་ཉམས་དགའ་བ། །སྐྱེ་བོ་མི་རྣམས་ཀྱིས་ ནི་ཡོངས་གང་ཞིང༌། །ས་གཞི་ལག་མཐིལ་ལྟར་མཉམ་གནས་དེ་ན། །དེ་བཞིན་གཤེགས་པ་ རྫོགས་པའི་སངས་རྒྱས་ནི། །མེ་ཏོག་ལས་བྱུང་པ་ཞེས་བྱ་བ་བཞུགས། །འཚོ་ཞིང་གཞེས་ལ་ འཁོར་བཞི་ལྷ་ཀླུ་དང༌། །གནོད་སྦྱིན་དྲི་ཟ་ལྷ་མིན་ནམ་མཁའ་ལྡི ང༌། །མི་འམ་ཅི་དང་ལྟོ་འཕྱེ་ མི་མི་མིན། །དེ་དག་རྣམས་ལ་གང་གིས་ཆོས་འཁོར་བསྐོར། །སངས་རྒྱས་བཞུགས་པའི་ འཇིག་རྟེན་ཁམས་དེར་ནི། །སྟོང་གསུམ་ཆེན་པོར་དབང་བའི་འཁོར་བསྒྱུར་ཆེ། །རྒྱལ་པོ་ རྒྱལ་བ་ཐོབ་པ་ཞེས་བྱ་ཡོད། །དེའི་ཚེ་དེར་གནས་སེམས་ཅན་ཐམས་ཅད་ཀྱང༌། །དགའ་ཞིང་ ཡིད་བདེ་དགེ་བཅུའི་ལས་ལམ་ལྡན། །ཐེག་གཅིག་ལ་ཞུགས་ཡང་དག་མཆོག་གཙོ་བོ། །དམ་ པ་ཁྱད་འཕགས་རབ་ཕུལ་བླ་མའི་བླ། །བླ་མེད་མི་མཉམ་མཉམ་པ་བསམ་མི་ཁྱབ། །ཡང་ དག་ལ་ཞུགས་གཞལ་མེད་ཤ་སྟག་གོ །རྒྱལ་པོ་དེ་ཡི་རིང་ལ་དམ་པའི་ཆོས། །ཐེག་ཆེན་མ་ གཏོགས་གཞན་གྱི་མིང་ཡང་མེད། །རྒྱལ་བ་ཐོབ་པའི་བཙུན་མོ་མཆོག་གི་འཁོར། །བཙུན་མོ་ ཕལ་བ་དགུ་ཁྲི་དགུ་སྟོང་ཡོད། །དེ་དག་ཀུན་ཀྱང་ཐེག་ཆེན་ལ་ཞུགས་པ། །ཡང་དག་སྐལ་པ་ བཟང་པོའི་གདུལ་བྱ་སྟེ། །ཉིན་མཚན་ཀུན་ཏུ་ཆོས་འདོད་ཆོས་ལ་དགའ། །དེ་རྣམས་ལས་ནི་ བཙུན་མོ་དམ་པ་ཉིད། །རིན་པོ་ཆེ་ཡི་དཔལ་ཞེས་བྱ་བ་གང༌། །བྱང་ཆུབ་སེམས་ལྡན་མཆོག་ གསུམ་ལ་གུས་ཤིང༌། །ཐེག་ཆེན་སྤྱོད་ལ་རབ་ཞུགས་ཆོས་འདོད་དེ། །ཆོས་ཀྱི་ཀུན་དགའ་ར་ བ་ལ་བཞུགས་པ། །བཙུན་མོ་ཕུལ་དུ་བྱུང་ལ་འོས་པ་ཡི། །སེང་གེའི་ཁྲི་ལ་ལེགས་འདུག་དེའི་ བང་ན། །རྒྱལ་བུ་རིན་ཆེན་འབྱུང་གནས་ཞེས་བྱ་བ། །ལྷའི་རྒྱན་གྱིས་མཛེས་ལྷ་གོས་བགོས་ 1-1-69 ནས་སུ། །ལུས་ལ་མཚན་དཔེས་བཟང་པོའི་ལེགས་མཚན་མངའ། །སྐྱིལ་མོ་ཀྲུང་བཅས་ སྐད་ཅིག་བྱུང་ནས་ཀྱང༌། །གཞོན་ནུས་མ་ལ་དེ་མ་ཐག་སྨྲས་པ། །ཡུམ་ལགས་བདེ་གཤེགས་ མེ་ཏོག་ལས་བྱུང་བ། །ད་ལྟ་འཚོ་ཞིང་བདེ་བར་བཞུགས་ལགས་སམ། །བཙུན་མོ་མ་ཡིས་ གཞོན་ནུ་ལ་སྨྲས་པ། །བུ་གཅིག་ཀུན་མཁྱེན་འཇིག་རྟེན་མགོན་མཛད་ཅིང༌། །བླ་མེད་དགའ་ མཛད་ལྷ་མི་དང་བཅས་པའི། །སྐྱབས་གནས་སངས་རྒྱས་མཆོག་དེ་བདེ་བར་བཞུགས། །དེ་ ནས་རྒྱལ་བུས་ཕ་མར་འདི་སྐད་སྨྲས། །ཡབ་ཡུམ་ཚུར་གཤེགས་འུ་ཅག་ལྷན་ཅིག་ཏུ། །དེ་ བཞིན་གཤེགས་པ་མེ་ཏོག་ལས་བྱུང་བར། །བལྟ་ཕྱག་བསྙེན་བཀུར་དམ་ཆོས་མཉན་པའི་ སླད། །སངས་རྒྱས་དེ་ཉིད་དྲུང་དུ་མྱུར་འགྲོ་རིགས། །ཅི་ཕྱིར་ཞེ་ན་དེ་བཞིན་གཤེགས་དེ་ ནི། །འཇིག་རྟེན་དག་ན་གང་མ་གྲོལ་རྣམས་སྒྲོལ། །ལོང་བའི་མིག་སྨན་ཆོས་དབང་ལྷུན་ པོ་ལྟར། །སེམས་ཅན་ཡོངས་ཕན་བྱེད་ཕྱིར་ཞེས་ཀྱང་སྨྲས། །དེ་ནས་རྒྱལ་པོ་ཡབ་ཡུམ་ངོ་ མཚར་ཏེ། །རྒྱལ་བུ་པང་དུ་བླངས་བཞིན་བཙུན་མོའི་འཁོར། །གཡོག་དང་བཅས་པ་བཅོམ་ ལྡན་དེའི་དྲུང་ཕྱིན། །ལན་གསུམ་བསྐོར་བྱས་བརྒྱ་སྟོང་རི་བ་ཡི། །མུ་ཏིག་སེ་མོ་དོ་ཡང་ཕུལ་ ནས་ཀྱང༌། །འཁོར་དེ་ཉིད་ལ་འཁོད་བཞིན་རྒྱལ་བུ་དེ། །རྫུ་འཕྲུལ་སྟོབས་བསྐྱེད་ཏིང་འཛིན་ ལ་བཞུགས་ནས། །ཏ་ལ་བདུན་སྲི ད་ཙམ་གྱི་བར་སྣང་གི །ནམ་མཁར་འཕགས་ཏེ་བཅོམ་ ལྡན་དེ་ཉིད་ལ། །རིན་ཆེན་མེ་ཏོག་སྤོས་ཀྱི་ཆར་བ་ཕབ། །འདི་སྐད་གསོལ་ཏེ་སྟོན་པ་འགྲོ་ སྒྲོལ་མཁན། །ཐམས་ཅད་མཁྱེན་ཁྱོད་བལྟ་སླད་བདག་ཅག་མཆིས། །འཇིག་རྟེན་མགོན་པོ་ བླ་མེད་ཟླ་བྲལ་བ། །སེམས་ཅན་དམན་རྣམས་ཐབས་མཁས་ལམ་བཟང་གིས། །ཐེག་ཆེན་ ལམ་ལ་རང་རང་ཁམས་བཞིན་ཁྲིད། །ཐུགས་རྗེས་གཞན་དབང་ཡོན་ཏན་འབྱུང་གནས་ ལགས། །གང་གིས་ཆོས་ཅན་སྙིང་པོ་མེད་པར་མཁྱེན། །ཆོས་ཉིད་སྙིང་པོ་ཡོད་པའི་མཐར་ གཟིགས་ཤིང༌། །སྟོན་པ་མཁྱེན་བཟང་མཆོག་ཁྱོད་ངོ་མཚར་བསྟོད། །ཅེས་པའི་མཆོད་ 1-1-70 བསྔགས་དང་བཅས་སླར་བསྐོར་བ། །གུས་པས་འདུད་ཅིང་བཅོམ་ལྡན་དྲུང་དུ་འཁོད། །དེ་ ནས་སངས་རྒྱས་པདྨ་རྒྱས་འདྲའི་སྤྱན། །རབ་ཏུ་ཡངས་པས་ཕྱོགས་ཀུན་ལེགས་གཟིགས་ཏེ། །འཁོར་བཞི་དག་གི་ཁམས་དབང་མཁྱེན་བཞིན་དུ། །སྟོན་པས་རྒྱལ་བ་ཐོབ་ལ་བཀའ་སྩལ་ པ། །རྒྱལ་པོ་ཆེན་པོ་རྣམ་སྨིན་ཕུང་པོ་ལྔ། །སྙིང་པོ་མེད་ཅིང་ངན་པ་མི་གཙང་བ། །རབ་ཏུ་ གཡོ་བ་མི་དགེ་ཉོན་མོངས་གནས། །མི་སྡུག་བརྫུན་པ་བསླུ་བའི་ཆོས་གང་དག །རྟེན་འབྲིལ་ ལས་ཀྱི་འཆར་སྒོ་མ་འགགས་པ། །བྱིས་པ་སོ་སྐྱེས་དག་གིས་དེ་དོན་རྨོངས། །ཡིན་ལུགས་ ཇི་བཞིན་མ་ཤེས་འཁོར་བར་འཁྱམས། །དེ་ནས་འཁོར་གྱི་ནང་ནས་སེམས་དཔའ་ཆེ། །མི་ ཕམ་དབང་ཕྱུག་ཅེས་བྱ་སྟན་ལས་ལངས། །བཅོམ་ལྡན་དེ་ལ་བསྐོར་བ་མང་བྱས་ཏེ། །བླ་ གོས་ཕྲག་གཟར་པུས་མོ་ས་ལ་བཙུགས། །ལུས་བཏུད་ཐལ་མོ་སྦྱར་ནས་འདི་སྐད་གསོལ། །བཅོམ་ལྡན་མཆོག་ཀྱེ་རྣམ་སྨིན་ཉེར་ཕུང་ལྔ། །སྙིང་པོ་མེད་པ་ལོག་པའི་གནས་ཚུལ་དག །ནམ་མཁའ་ལྟར་ཟབ་བྱིས་རྣམས་རྟོགས་པར་དཀའ། །དེ་སྐད་གསོལ་ནས་སྟོན་པས་བཀའ་ བསྩལ་པ། །རིགས་ཀྱི་བུ་དག་སེམས་དཔའ་ཆེན་པོ་གང༌། །འབྱུང་བ་སེམས་ཅན་དྲི་མ་སྦྱོང་ ཕྱིར་ཏེ། །མོས་པ་ཇི་ལྟ་བ་བཞིན་ཆོས་སྟོན་ཅིང༌། །སྲི ད་པས་ཉམས་རྣམས་སྲི ད་པ་གཅོད་ པར་བྱེད། །སྡུག་བསྔལ་ཉམ་ཐག་རྣམས་ཀྱི་མྱ་ངན་སེལ། །ཆོས་ཅན་ཐམས་ཅད་སྙིང་པོ་མེད་ པ་སྟེ། །ནམ་མཁའ་དང་མཚུངས་སྤྲོས་བྲལ་ཉིད་དུ་སྟོན། །ཆོས་ཉིད་རང་མདངས་དགོངས་ པར་སེམས་ཅན་འགོད། །དེ་དག་དོན་གནད་གནས་ལུགས་གཙོར་སྐྱོང་གསུངས། །དེ་ནས་ རྒྱལ་པོ་འཁོར་བཅས་ཆེར་དད་དེ། །སྐྲ་དང་ཁ་སྤུ་བྲིག་ནས་རབ་ཏུ་བྱུང༌། །བཅོམ་ལྡན་གང་ དེས་འཁོར་ལ་བཀའ་བསྩལ་པ། །རིགས་ཀྱི་བུ་རྣམས་གཞོན་ནུ་འདི་ལ་ལྟོས། །འདིས་ནི་ སྔོན་དུ་སངས་རྒྱས་བྱེ་བ་ཕྲག །ཁྲག་ཁྲིག་བརྒྱ་སྟོང་དགུ་བཅུའི་དྲུང་ནས་ཀྱང༌། །རླབས་ཆེན་ དགེ་བའི་རྩ་བ་ཆེར་བསྐྱེད་དེ། །ཐམས་ཅད་དུ་ནི་ཆོས་སྨྲ་མཆོག་དུ་གྱུར། །རྒྱལ་པོ་འདི་ཡང་ 1-1-71 དེ་དག་གནས་སྐབས་ཀུན། །རྒྱལ་བུ་གཞོན་ནུ་འདི་ཡི་ཕར་གྱུར་ཏོ། །རྒྱལ་བུ་འདི་ཡིས་དེ་ བཞིན་སྔོན་གྱི་དུས། །ཡང་དག་རྫོགས་པའི་བྱང་ཆུབ་ཡོངས་སྨིན་བྱས། །འདི་ཉིད་ང་ཡང་མྱ་ ངན་འདས་རྗེས་ནས། །རིན་ཆེན་དུ་མ་བཀོད་པའི་བྱང་ཆུབ་ཤིང༌། །དྲུང་འདུག་བླ་མེད་གོ་ འཕང་བརྙེས་པའི་ཚེ། །དེ་བཞིན་གཤེགས་པ་རིག་དང་ཞབས་ལྡན་པ། །འཇིག་རྟེན་མཁྱེན་ པ་སྐྱེས་འདུལ་ཁ་ལོ་བསྒྱུར། །བླ་མེད་ལྷ་མི་རྣམས་ཀྱི་སྟོན་པ་མཆོག །སངས་རྒྱས་འོད་ཟེར་ ཀུན་ནས་མངོན་འཕགས་པ། །དཔལ་བརྩེགས་རྒྱལ་པོ་ཞེས་བྱར་ལེགས་གྱུར་ཏེ། །མཐའ་ ཡས་འགྲོ་བ་འདྲེན་ལ་ཐོགས་པ་མེད། །ཅེས་པའི་བཀའ་ལུང་གསལ་བོ་ལེགས་བསྟན་པས། །དེར་གནས་སྲོག་ཆགས་བརྒྱད་ཁྲི་བཞི་སྟོང་གིས། །མི་སྐྱེའི་ཆོས་ལ་བཟོད་པ་ལེགས་པར་ ཐོབ། །སྐབས་དེའི་དེ་བཞིན་གཤེགས་དེ་འོད་དཔག་མེད། །རྒྱལ་བུ་རིན་ཆེན་འབྱུང་གནས་ སྤྱན་རས་གཟིགས། །རྗེས་སུ་ཐབས་ཚུལ་གང་འདུལ་འགྲོ་ངོར་བྱུང༌། །དེ་ཕྱིར་དངོས་བརྒྱུད་ ཅི་རིགས་རྣམ་པར་འཕྲུལ། །དུས་མཐར་རིགས་ལྡན་ཆོས་རྗེ་བླ་མའི་ཚུལ། །གང་གི་རྣམ་པར་ རོལ་པ་འདི་ངོ་མཚར། ། རིགས་ལྡན་སྤྲུལ་སྐུ་ཀུན་མཁྱེན་རྟོན་པ་བཞི་ལྡན་གྱི་སྐྱེས་རབས་རྟོགས་བརྗོད་རྒྱས་པ་ ལས་རྒྱལ་བུ་རིན་འབྱུང་དུ་སྐྱེས་པའི་རབས་ཏེ་ལེའུ་གསུམ་པའོ།། །། ༈ དེ་ནས་སྤྱན་གཟིགས་སེང་གེ་རོལ་པའི་མདོར། །ལེགས་གསུངས་སྔོན་བསྐལ་ བརྗོད་དུ་མེད་པའི་སྔོན། །འཇིག་རྟེན་ཁམས་མིང་རིན་པོ་ཆེ་བཀོད་པ། །ཞེས་བྱར་རིན་ཆེན་ སྣ་ཚོགས་གྲམ་བུར་བརྡལ། །ཡན་ལག་བརྒྱད་ལྡན་མཚོ་རྫིང་ལྟིང་ཀས་བརྒྱན། །ལྷ་ཤིང་ སྣ་ཚོགས་ཨུཏྤལ་ཨུ་དམ་ཝཱར། །མ་ལི་ཀ་དང་གུར་ཀུམ་ཨ་ས་ན། །ཀ་རི་ཀ་ཡི་མེ་ཏོག་ལ་ སོགས་པ། །སྣ་ཚོགས་ཁ་འབུས་བྱ་ཚོགས་ངང་ངུར་དང༌། །ཀ་རནྚ་ཀ་རྨ་བྱ་ནེ་ཙོ་སོགས། །བྱ་ སྣ་ཚོགས་པས་ཆོས་ཀྱི་སྡོམ་བཞི་སྒྲོག །བདེ་ཆེན་ཞིང་དང་ཁྱད་མེད་གནས་དེ་ན། །དེ་བཞིན་ 1-1-72 གཤེགས་པ་བདུད་བཞིའི་དགྲ་བཅོམ་པ། །སངས་རྒྱས་འོད་ཟེར་ཀུན་ནས་མངོན་འཕགས་ ཤིང༌། །དཔལ་བརྩེགས་རྒྱལ་པོ་ཞེས་བྱ་འཚོ་ཞིང་བཞུགས། །གདུལ་བྱ་རྣམས་ལ་གང་འདུལ་ ཆོས་སྟོན་ཅིང༌། །དེ་ཡང་སངས་རྒྱས་མཛད་ཆེན་ཐུན་མོང་བ། །ལྷུམས་སུ་ཞུགས་དང་སྐུ་ བལྟམས་ཁབ་ན་བཞུགས། །བཙུན་མོའི་འཁོར་ལ་རོལ་དང་མངོན་བྱུང་བ། །རིན་ཆེན་ལས་ གྲུབ་བྱང་ཆུབ་ཤིང་དྲུང་བཞུགས། །བདུད་སྡེ་བཏུལ་ཞིང་འགོག་ཕྱིར་ཆོས་འཁོར་བསྐོར། །མྱ་ ངན་ལས་འདས་རིང་བསྲིལ་དེ་དག་ལས། །འོད་ཟེར་སྣ་ཚོགས་མངོན་པར་བྱུང་བ་སྟེ། །འོད་ དེས་ཤར་ལྷོ་ནུབ་བྱང་མཚམས་དང་འོག །ཀུན་ནས་རྟག་ཏུ་ཁྱབ་པ་དེའི་ཕྱིར་ན། །འོད་ཟེར་ མངོན་འཕགས་དཔལ་བརྩེགས་རྒྱལ་ཞེས་བརྗོད། །དྲི་མེད་འོད་བཟང་ཕུང་པོ་གང་དག་ གིས། །སངས་རྒྱས་ཆོས་དང་དགེ་འདུན་སྒྲ་སྒྲོག་ཅིང༌། །དེ་བཞིན་གཤེགས་དེའི་སྐུ་ཚེའི་ཚད་ ཀྱི་གྲངས། །བསྐལ་པ་བྱེ་བ་ཁྲག་ཁྲིག་དགུ་བཅུ་དང༌། །རྩ་དྲུག་བར་དུ་འཚོ་ཞིང་གཞེས་ཚུལ་ སྟོན། །སངས་རྒྱས་དེ་ཡི་དམ་པའི་ཆོས་ཀྱི་རྒྱུན། །གཟུགས་བརྙན་ཙམ་ནི་ལོ་གྲངས་འབུམ་ ཕྲག་རིམ། །བདུན་ཅུ་རྩ་ལྔའི་བར་དུ་གནས་པ་བྱུང༌། དེ་ཡི་ཉན་ཐོས་དགེ་འདུན་ཚད་མེད་ ཅིང༌། །གྲངས་མེད་དཔག་ཏུ་མེད་པའི་ཕ་མཐར་བརྒལ། །དེ་འདྲའི་སངས་རྒྱས་མཆོག་གི་ རྣམ་པར་འཕྲུལ། །སྙིང་རྗེ་ཆེ་ཞིང་བསམ་གཏན་ཞི་ལྷག་དང༌། །སྟོབས་བཅུ་མི་འཇིགས་ཡོན་ ཏན་ལྡན་པའི་ཕུལ། །སྐལ་བཟང་འདི་ཡི་བདག་ཅག་སྟོན་པའི་དྲུང༌། །ངེས་དོན་ཆོས་མཆོག་ ལེགས་སྐྱོང་འཁོར་གྱི་ཚུལ། །རིགས་གཟུགས་ལང་ཚོས་རབ་སྒེག་གཞོན་ནུའི་གཟུགས། །ལི་ ཙ་བཱིའི་རིགས་འཇིག་རྟེན་ཐམས་ཅད་ཀྱིས། །མཐོང་ན་དགའ་བའི་རྒྱལ་སྲས་དམ་པ་མཆོག །ངོ་མཚར་སྒྱུ་མའི་རོལ་པ་གང་འདུལ་དུ། །འགྲོ་འདྲེན་ཉན་ཐོས་བརྫུ་བག་ངོམས་པ་ཡིས། །གནས་ལུགས་མཐར་ཐུག་རྒྱལ་སྲས་ལམ་བཟང་ཆེར། །སྐལ་ལྡན་གདུལ་བྱ་མཆོག་རྣམས་ ལེགས་བཀྲི ་བ། །མཛད་བཟང་འདིས་ནི་དུས་མཐར་བསྟན་འགྲོའི་དོན། །སྟོན་བཞི་ལྡན་པ་ 1-1-73 རིགས་ལྡན་ཆོས་ཀྱི་རྗེ། །ཐུབ་དབང་ངེས་དོན་བསྟན་པ་གསལ་མཛད་དུ། །ལེགས་བྱོན་དོན་ ལ་སངས་རྒྱས་དངོས་ཀྱི་འཕྲུལ། ། རིགས་ལྡན་སྤྲུལ་སྐུ་ཀུན་མཁྱེན་རྟོན་པ་བཞི་ལྡན་གྱི་སྐྱེས་རབས་རྟོགས་བརྗོད་རྒྱས་པ་ ལས་འོད་ཟེར་མངོན་འཕགས་སུ་སྐྱེས་པའི་རབས་ཏེ་ལེའུ་བཞི་པའོ།། །། ༈ དེ་ནས་པུཎྜ་རི་ཀའི་མདོར་གསུངས་བཞིན། །མི་མཇེད་འཇིག་རྟེན་ཁམས་འདིའི་ ནུབ་ཕྱོགས་སུ། །འཇིགས་རྟེན་ཁམས་མང་གང་གཱའི་བྱེ་མ་སྙེད། །ཁྲག་ཁྲིག་བརྒྱ་ཕྲག་འདས་ པའི་ཕ་རོལ་ཏུ། །སྟེང་གི་ཆ་ལ་བདེ་ཆེན་ཞིང་ཁམས་ཡོད། །དེ་ན་བདེ་གཤེགས་འོད་དཔག་ མེད་པ་བཞུགས། །གང་གི་ཕྱག་གཡས་མཐིལ་ནས་ལེགས་བྱུང་བ། །འོད་ཟེར་དང་བཅས་ པདྨ་དཀར་པོའི་འཕྲུལ། །སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་སུ་བཞེངས། །ཕྱག་གཡོན་ མཐིལ་བྱུང་མེ་ཏོག་སེར་པོ་ལས། །བྱང་ཆུབ་སེམས་དཔའ་མཐུ་ཆེན་ཐོབ་པར་སྤྲུལ། །རྒྱལ་ སྲས་མཐུ་ཆེན་བསྟན་རྒྱས་ཕྲིན་ལས་བྱེད། །སྤྱན་རས་གཟིགས་དབང་བྱམས་དང་སྙིང་རྗེའི་ བདག །འགྲོ་བ་ཀུན་ལ་རྟག་པར་གཟིགས་ལགས་ཏེ། །འདི་ནི་མཛད་ཆེན་ཕྱོགས་རེའི་སྣང་ ཚུལ་ཙམ། །སྒོས་སུ་འཛམ་གླིང་འདི་ན་བདག་ཅག་གི །སྟོན་པ་ཤཱཀྱ་ཐུབ་པ་བྱོན་བཞུགས་ སྐབས། །དགོངས་པ་རེ་ཞིག་རྫོགས་ཚུལ་ལ་ཉེ་ཞིང༌། །རྒྱལ་བྱེད་ཚལ་དུ་བཞུགས་ཚེ་ཉིད་ ཞལ་ལས། །འོད་ཟེར་སྣ་ཚོགས་ཕྱོགས་བཅུར་རབ་འཕྲོས་པ། །སླར་མ་ལོག་སྟེ་ཉེ་གནས་ ཀུན་དགའ་བོས། །སྔར་ནི་གང་བཏང་འོད་ཟེར་སླར་ལོག་ན། །དེ་རིང་མ་ལོག་རྒྱུ་རྐྱེན་གང་ཅི་ ཞུས། །སྐབས་དེར་འཁོར་དུ་རྒྱལ་ཚབ་བྱམས་པ་བཞུགས། །བཅོམ་ལྡན་ཞལ་ནས་དེ་ལ་ཞུས་ ཤིག་གསུངས། །དགའ་བོས་བྱམས་པ་ལ་ཞུས་ལན་གསོལ་བ། །རིང་པོར་མི་ཐོགས་བཅོམ་ ལྡན་མྱ་ངན་འདའ། །དེ་ཡི་ལྟས་ཡིན་ཕྱིར་འགྱོད་མི་བསྐྱེད་སླད། །ད་ལན་དྲི་བར་འོས་པ་གང་ ཡོད་ཞུས། །དེ་སྐད་གསུངས་ནས་སྐབས་དེར་འཁོར་བཞི་དང༌། །ལྷ་ཀླུ་དྲི་ཟ་རྣམས་ཀྱང་མྱ་ 1-1-74 ངན་གྱིས། །ཟིན་ནས་ཆོ་ངེ་འདེབས་པའི་གནས་སྐབས་སུ། །ཚུལ་དེ་བདེ་བ་ཅན་དུ་ལེགས་ བཞུགས་པའི། །འོད་དཔག་མེད་པ་འཁོར་བཅས་ཀྱིས་མཁྱེན་ནས། །བདེ་ཆེན་ཞིང་གཙོས་ སྤྱན་རས་གཟིགས་དབང་ལ། །འདི་སྐད་བཀའ་སྩལ་རིགས་ཀྱི་བུ་འདི་ནས། །ཤར་ཕྱོགས་ སྟོང་གསུམ་མི་མཇེད་འཇིག་རྟེན་ཁམས། །དེ་ན་སངས་རྒྱས་ཤཱཀྱ་ཐུབ་པ་བཞུགས། །ད་ལྟ་མྱ་ ངན་འདའ་བར་བཞེད་པ་ལ། །མྱ་ངན་མི་འདར་གསོལ་བ་འདེབས་ཆེད་དུ། །ཁྱོད་ཉིད་སོང་ ཞེས་བསྒོ་བ་ཇི་བཞིན་དུ། །དེ་མ་ཐག་ནས་སེམས་དཔའ་སྤྱན་རས་གཟིགས། །རྒྱལ་བྱེད་ ཚལ་ལྷགས་བཅོམ་ལྡན་ཞབས་པད་ལ། །མགོ་བས་གཏུགས་ནས་ཕྱག་འཚལ་འདི་སྐད་ གསོལ། །སངས་རྒྱས་དགོངས་པ་རྫོགས་ཚུལ་མི་མཛད་པར། །བདེ་གཤེགས་ཞལ་མ་མཐོང་ ཞིང་གསུང་མ་ཐོས། །ཞབས་ཀྱིས་མ་བཅགས་ཁ་བ་ཅན་གྱི་གནས། །དེ་ན་ཡོད་པའི་སེམས་ ཅན་ལས་ངན་པ། །ད་དུང་མང་ཕྱིར་དེ་དག་བསྒྲལ་བའི་ཆེད། །སྟོན་པའི་ཐུགས་རྗེས་དེ་བར་ བཞུགས་པར་འཚལ། །ཞེས་གསོལ་ལན་དུ་སྟོན་པས་བཀའ་བསྩལ་པ། །ཁ་བ་ཅན་ཚོ་སངས་ རྒྱས་སྐུ་དངོས་ཀྱིས། །གདུལ་ཞིང་མ་ཡིན་བྱང་ཆུབ་སེམས་དཔས་འདུལ། །དེ་ཕྱིར་མ་འོངས་ པ་ན་རིགས་ཀྱི་བུ། །ཁྱོད་ཉིད་ཀྱིས་ནི་ཐབས་མཁས་སྣ་ཚོགས་པས། །དེ་དག་སྨིན་གྲོལ་ལ་ འགོད་འགྲོ་དོན་མཛོད། །ཅེས་གསུངས་སྤྱན་རས་གཟིགས་དེ་སླར་རང་གནས། །བདེ་ཆེན་ ཞིང་དུ་བྱོན་ནས་ཞིང་གཙོ་ལ། །རྒྱལ་སྲས་ཐུ་བོ་གཉིས་ཀྱིས་བསྙེན་བཀུར་བྱེད། །དེ་ནས་ དཔག་མེད་འོད་མངའ་སངས་རྒྱས་དེས། །སྤྱན་རས་གཟིགས་ལ་བཀའ་བསྩལ་རིགས་ཀྱི་བུ། །ཁ་བ་ཅན་གྱི་སེམས་ཅན་མ་ལུས་པ། །ཐབས་སྣ་ཚོགས་ཀྱི་སྒོ་ནས་ཐུལ་མཛོད་ལ། །མཐར་ ནི་དེ་ཀུན་ང་ཡི་དྲུང་དུ་ཁྲིད། །ཅེས་གསུངས་ལྟར་གྱི་སྤྱན་རས་གཟིགས་དབང་ཉིད། །པདྨ་ ཅན་གྱི་རྒྱ་མཚོ་དྭངས་པའི་ནང༌། །མེ་ཏོག་ཁ་མ་ཕྱེ་བ་སྡོང་བུ་ནི། །དར་ཤིང་དང་མཚུངས་ ཡལ་ག་རྒོད་གཤོག་ཙམ། །དེ་དབུས་བྱོན་ནས་དུས་རྟག་འཇའ་གུར་དང༌། །ལྷ་ཕྲན་མང་པོས་ 1-1-75 ཕྱག་བསྐོར་བྱེད་པ་བྱུང༌། །དེ་ནས་རྒྱལ་པོ་ཨིནྡྲ་བོ་དྷི་ཡིས། །གནས་དེར་སྤྲུལ་པའི་སྐུ་ཞིག་ བཞུགས་ངེས་སྙམ། །རྒྱལ་པོ་འཁོར་བཅས་རྒྱ་མཚོ་དེའི་འགྲམ་ཕྱིན། །གསོལ་བ་བཏབ་པས་ མེ་ཏོག་ཁ་ཕྱེ་ནས། །ནང་ན་ཁྱེའུ་དུང་ལྟར་རབ་དཀར་བ། །ཕྱག་མཚན་ཕྲེང་བ་པད་དཀར་ ལེགས་འཛིན་ཅིང༌། །དབུ་སྐྲ་ལྕང་ལོ་སོག་འདབས་སུ་སླེབས་པ། །དར་དཀར་སྨད་དཀྲི ས་ མཚན་དཔེའི་གཟི་འབར་ཞིང༌། །གཟུགས་མཛེས་བལྟ་ན་སྡུག་པའི་ངང་ཚུལ་ཅན། །སེམས་ ཅན་ཀུན་ལ་སྙིང་རྗེའི་སྒྲ་སྒྲོག་བཞིན། །སྤྱན་ཆབ་ཤོར་བས་ཆབ་དེ་གཉིས་དཀྱིལ་དུ། །རྗེ་ བཙུན་སྒྲོལ་མ་ལྷ་མོ་ཁྲོ་གཉེར་ཅན། །དེ་གཉིས་བྱོན་ནས་འདི་སྐད་རིགས་ཀྱི་བུ། །ཐུགས་ སུན་མ་མཛད་འགྲོ་དོན་རྟག་སྐྱོང་དང༌། །ཁོ་མོ་གཉིས་ཀྱིས་དུས་རྒྱུན་གྲོགས་བགྱིད་ཅེས། །བཀའ་གཟེངས་བསྟོད་ཅིང་རྒྱལ་པོ་འཁོར་བཅས་དད། །དེ་ནས་སྤྱན་གཟིགས་ཁྱེའུ་གང་དེ་ ཉིད། །རི་བོ་པོ་ཏ་ལ་ཡི་རྩེ་མོར་བྱོན། །པདྨ་འདབ་རྒྱས་སྤྱན་ཕྱེ་ཕྱོགས་བཅུར་གཟིགས། །ཁམས་གསུམ་སྤྱི་དང་ངན་སོང་སྒོས་བསྡུས་པའི། །སེམས་ཅན་ཀུན་གྱི་སྡུག་བསྔལ་ཇི་ བཞིན་མཐོང༌། །དེ་གཟིགས་ཐུགས་ཀྱིས་མ་བཟོད་དམ་བཅའ་བ། །ངས་ནི་འདྲེན་པ་འོད་ དཔག་མེད་ཀྱི་དྲུང༌། །སེམས་ཅན་བདེ་ཆེན་ཞིང་དུ་འདྲེན་ཁས་བླངས། །དེ་ཕྱིར་འདི་འདྲའི་ སེམས་ཅན་མ་ལུས་པ། །ཐར་པའི་གནས་སུ་འདྲེན་པར་དམ་བཅའོ། །འདི་ལས་འདའ་ན་ མགོ་བོ་དུམ་བུ་བཅུ། །ལག་གཉིས་ཚལ་བ་སྟོང་དང་མིག་དེ་བཞིན། །གྱུར་ཅིག་ཅེས་པའི་ སྨོན་ལམ་བཏབ་བྱས་ནས། །མནར་མེད་དམྱལ་བར་བྱོན་ནས་ཡུན་རིང་དུ། །བཞུགས་ཏེ་ སེམས་ཅན་དཔག་མེད་བསྒྲལ་པར་མཛད། །ད་ནི་ཐམས་ཅད་འདྲེན་ཟིན་སྙམ་ནས་སླར། །རི་བོ་ཏ་ལར་བྱོན་ནས་གཟིགས་པའི་ཚེ། །སྔར་བས་མང་ལ་སྡུག་བསྔལ་གྱིས་གདུང་མཐོང༌། །སླར་བྱོན་དེ་དག་ཐམས་ཅད་བསྒྲལ་བྱས་ཏེ། །ཡང་གཟིགས་སྔར་བཞིན་དེ་འདྲ་ལན་མང་ མཛད། །འོན་ཀྱང་སེམས་ཅན་ཚུར་ཚུར་མང་མཐོང་ནས། །ཐུགས་སྐྱོའི་ངང་ཚུལ་འདི་སྐད་ཆོ་ 1-1-76 ངེ་འདེབས། །ཀྱེ་ཧུད་རྒྱལ་བ་འོད་མཛད་བདག་གིས་ནི། །མཐའ་མེད་འཁོར་མཚོར་འགྲོ་ ཀུན་སྒྲོལ་ཐབས་ཀྱང༌། །རིང་མིན་བདག་མགོ་ཡན་ལག་ད་ལྟར་ཁོས། །ཅེས་གསུངས་དེ་མ་ ཐག་ཏུ་དབུ་ཚལ་བཅུ། །ཕྱག་སྤྱན་ཚལ་བ་སྟོང་དུ་སོང་བ་ན། །འོད་དཔག་མེད་མགོན་པོ་ཏ་ ལར་བྱོན་ཏེ། །རིགས་ཀྱི་བུ་ཁྱོད་དེ་ལྟར་མ་མཛད་ཅིག །ངས་ཀྱང་ཁྱོད་གྲོགས་བྱེད་ཅིང་ཇི་ སྲི ད་དུ། །འཁོར་བ་མ་སྟོང་བར་དུ་འགྲོ་དོན་གྱིས། །ཅེས་གསུངས་དབུ་ཚལ་བསྡུས་ཏེ་ཕར་ ཕྱིན་བཅུར། །བྱིན་གྱིས་བརླབས་ནས་འོད་དཔག་མེད་ཉིད་ཀྱང༌། །སྤྱི་བོའི་གཙུག་གི་རྒྱན་དུ་ ལེགས་པར་བཞུགས། །ཕྱག་དུམ་རྣམས་བསྡུས་འཁོར་ལོས་སྒྱུར་རྒྱལ་དང༌། །སྤྱན་རྣམས་ ཕྱག་མཐིལ་དུ་བཞག་སངས་རྒྱས་སྟོང༌། །དེ་ལྟར་བྱིན་རླབས་མཛད་ནས་སངས་རྒྱས་ཀྱིས། །རྒྱུན་ཆད་མེད་པར་འགྲོ་དོན་མཛད་དབང་བསྐུར། །དགོས་དབང་མཛད་ཚུལ་དེ་འདྲ་རབ་ གནང་ཞིང༌། །སངས་རྒྱས་སེམས་དཔའི་ཚུལ་འཆང་སྤྱན་རས་གཟིགས། །གང་གིས་མནར་ མེད་འགྲོ་དོན་མཛད་པའི་ཚེ། །ཐུགས་རྗེའི་སྟོབས་ཀྱིས་མནར་མེད་དམྱལ་བ་རྣམས། །ཚ་ བའི་སྡུག་བསྔལ་རབ་ཞི་བསིལ་བར་གྱུར། །མེ་ཏོག་ཤིང་རྟའི་འཕང་ལོ་ཙམ་བྱུང་སྟེ། །མེ་ཡི་ འོབས་ཀུན་རྫིང་བུར་གྱུར་པ་དང༌། །རལ་གྲི་གཏུན་ཤིང་ལ་སོགས་མཚོན་ཆའི་ཚོགས། །རབ་ མཛེས་མེ་ཏོག་ཆར་དུ་ལེགས་གྱུར་ཏེ། །དམྱལ་བའི་གཤིན་རྗེ་རྣམས་ཀྱང་གནས་ཚུལ་དེར། །ངོ་མཚར་སྐྱེས་ནས་ལྷ་གང་མཐུ་ཡིན་སྙམ། །ལྷ་མིག་དག་པས་ཕྱོགས་བཅུར་བལྟས་པ་ན། །གནས་དེར་སྤྱན་རས་གཟིགས་དབང་བཞུགས་པ་མཐོང༌། །གཤིན་རྗེ་རྒྱལ་པོ་གང་གི་དྲུང་ དུ་ཕྱིན། །སེམས་དཔའི་ཞབས་ལ་སྤྱི་བོས་ཕྱག་འཚལ་ནས། །འགྲོ་ཕན་རླབས་ཆེན་ཚུལ་ལ་ ཆེ་བསྔགས་བརྗོད། །དེ་ནས་བྱང་ཆུབ་སེམས་དཔའི་ཚུལ་འཆང་བ། །སྤྱན་རས་གཟིགས་ དབང་ཡི་དྭགས་ཡུལ་དུ་བྱོན། །འགལ་དུམ་ཀེང་རུས་ལྟ་བུའི་གཟུགས་ངན་པ། །ལྟོ་བ་རི་ཙམ་ ཁ་ནི་ཁབ་མིག་བཞིན། །སྐེ་ཉག་ཕྲ་ཞིང་རྟ་རྔ་ཙམ་པ་ཡི། །ཡི་དྭགས་བརྒྱ་སྟོང་བྱང་སེམས་ 1-1-77 མདུན་དྲུང་རྒྱུག །དེ་དག་ནང་ནས་མིག་དམར་སྐྲ་དཀར་བ། །ལུས་རིད་ལག་ན་འཁར་བ་ ཐོགས་པ་ཡིས། །སེམས་དཔའ་ཆེན་པོར་ཕྱག་ཕུལ་སྐད་འདར་བཞིན། །འདི་སྐད་ཉམ་ཐག་ ངེད་ཅག་གནས་ཚུལ་ནི། །བསྐལ་པ་དུ་མར་ཆུ་སྒྲ་ཙམ་མ་ཐོས། །དངོས་སུ་འཐུང་བ་ལྟ་ཅི་ སྐོ མ་པས་གདུང༌། །ཤི་ལ་ཁད་དུ་ཐུག་ཕྱིར་ལྷ་ཁྱོད་ཀྱིས། །སྐོ མ་སེལ་ཆུ་ཞིག་སྩོལ་བར་ཐུགས་ རྗེ་ཆེ། །ཞེས་པའི་རེ་འདུན་ཞུ་གསོལ་གུས་ཕུལ་ཚེ། །འཕགས་པ་མཆོག་གིས་ཕྱག་སོར་བཅུ་ བརྐྱངས་ནས། །ཆུ་བོ་ཆེན་པོ་བཅུ་བྱུང་དེ་བཞིན་དུ། །ཞབས་སོར་བཅུ་ལས་ཆུ་བྱུང་བ་སྤུ་ཡི། །བུ་ག་ཐམས་ཅད་ནས་ནི་ཆུ་རེ་བྱུང༌། །ཆུ་བོ་དེ་དག་གིས་ནི་ཡི་དྭགས་ཀུན། །རབ་ཏུ་ཚིམས་ ཤིང་སྐེ་ཡངས་ལུས་རྫོགས་གྱུར། །བྱང་ཆུབ་སེམས་བསྐྱེད་རིང་མིན་སངས་རྒྱས་སོ། །དེ་ནས་ སྐལ་བཟང་རྣམ་འདྲེན་བཞི་པའི་དྲུང༌། །སྤྱན་རས་གཟིགས་དབང་པད་དཀར་འདབ་སྟོང་ ལྡན། །གསེར་གྱི་སྡོང་བུ་ཅན་ཞིག་ཐོགས་ནས་སུ། །བཅོམ་ལྡན་དེ་ཡི་ཞབས་ལ་ཕྱག་འཚལ་ ཏེ། །སྣང་མཐས་སྐྱེས་བསྐུར་ཚུལ་དུ་མེ་ཏོག་ཕུལ། །ཤཱཀྱ་ཐུབ་པས་བཀའ་སྩལ་བསྙུན་འདྲིའི་ ཚུལ། །གསུངས་ནས་ལེགས་བཞེས་མེ་ཏོག་གཡོན་དུ་བཞག །དེ་ནས་སེམས་དཔའ་ཆེན་པོ་ སྤྱན་གཟིགས་ཉིད། །ཆོ་འཕྲུལ་འོད་འབར་མཁའ་ལ་མི་སྣང་བཞུད། །སྐད་ཅིག་དེ་ལ་འཁོར་ མོ་འཇུག་གི་ཡུལ། །དེར་གནས་བཤང་གཅིའི་ནང་དུ་སྲིན་བུའི་རིགས། །བྱོལ་སོང་རྣམས་ཀྱི་ གསེབ་ཏུ་སྦྲང་མའི་གཟུགས། །སྤྲུལ་ནས་གཤོག་སྒྲས་སངས་རྒྱས་མཚན་སྒྲ་སྒྲོག །དེ་ཐོས་ སྲོག་ཆགས་ཀུན་ལ་ཁམས་དབང་བཞིན། །རིམ་པར་འཇིག་ཚོག་ལྟ་བ་ཉི་ཤུ་རྣམས། །ཡེ་ ཤེས་རྡོ་རྗེས་བཅོམ་ནས་དེ་དག་ཀུན། །སེམས་དཔའ་སྤོས་ཀྱི་དྲི་ཞེས་བྱར་གྱུར་ཏེ། །བདེ་བ་ ཅན་གྱི་ཞིང་དུ་ལེགས་པར་སྐྱེས། །དེ་ནས་སྤྱན་རས་གཟིགས་དབང་མ་ག་དྷཱར། །བྱོན་ནས་ ལོ་གྲངས་ཉི་ཤུའི་བར་དག་ཏུ། །བཞུགས་ཏེ་དེར་གནས་སེམས་ཅན་གང་དག་ལ། །སེམས་ དཔའ་ཆེན་པོའི་བརྩེ་བས་རྗེས་བཟུང་སྟེ། །ཐོག་མར་ཆུ་ཆར་ཕབ་ནས་སྐོ མ་གདུང་སེལ། །དེ་ 1-1-78 ནས་ཟས་ཀྱི་ཆར་ཕབ་བཀྲིས་པ་བསལ། །དེ་ཡང་འབྲས་ཀྱི་རིགས་གྱུར་སྣ་ཚོགས་དང༌། །ཏིལ་ལ་སོགས་པས་རང་འཚམས་ཚིམ་པར་མཛད། །སེམས་ཅན་དེར་གནས་བདེ་བར་ ལེགས་བཀོད་ཚེ། །གཅིག་གིས་གཅིག་ལ་གནས་སྐབས་འདི་འདྲ་བ། །ལྷ་གང་མཐུ་ཡིན་ གཏམ་དུ་གླེང་བར་བྱེད། །དེ་ཚེ་དེ་དག་ནང་ནས་རྒས་འཁོགས་པ། །ལོ་བརྒྱ་ལོན་པ་ཞིག་ གིས་ཚུལ་སྨྲས་པ། །ཀ་ཡེ་ཉོན་དང་གནས་ཚུལ་བཟང་པོ་གང༌། །སེམས་དཔའ་སྤྱན་རས་ གཟིགས་དབང་མ་གཏོགས་པ། །ལྷ་གཞན་གང་གི་མཐུ་ལས་བྱུང་བ་མིན། །དེ་ཕྱིར་འཕགས་ མཆོག་ཉིད་ལ་གུས་གསོལ་ཐོབ། །མ་རིག་མུན་སེལ་སྡུག་བསྔལ་གདུང་བ་འཕྲོག །འཇིགས་ སྐྲག་མཐའ་དག་ལས་སྐྱོབས་འགྲོ་བའི་གཉེན། །སྐྱབས་མཆོག་ལྷ་ཡི་ཆེ་བསྔགས་རྒྱས་པར་ བརྗོད། །རྐྱེན་དེས་སྐལ་བཟང་ལུས་ཅན་མང་པོ་དག །བྱང་ཆུབ་སེམས་དཔའི་ལམ་ལ་ཉེར་ གཞོལ་གྱུར། །དེ་ནས་འཕགས་མཆོག་སྤྱན་རས་གཟིགས་དབང་ཉིད། །རྡོ་རྗེའི་མངལ་ཞེས་ བྱ་བར་བྱོན་ནས་སུ། །ལྷ་མིན་རྒྱལ་པོ་གཏོར་མས་རྒྱང་ནས་མཐོང༌། །སྒུར་བོ་ལ་སོགས་ལྷ་ མིན་གྲོགས་དག་ལ། །བདག་གི་ཚེ་འདིའི་འབྲས་བུ་ལེགས་ཐོབ་ཅེས། །སྨྲས་ནས་རིན་ཆེན་ ཁྲི་ཕུལ་ཕྱག་འཚལ་ཏེ། །འཕགས་པ་དགོངས་ཤིག་བདག་ཅག་སྡིག་སྤྱོད་ལ། །དགའ་ཞིང་ བརྩོན་པ་རྣམས་ལ་ཐུགས་རྗེས་གཟིགས། །འཁོར་བའི་འཇིགས་ལས་སྐྱོབས་ལ་ཆོས་ཤིག་ གསུངས། །སླར་ཞུས་ཚེ་ན་འཕགས་པས་ལན་གསོལ་བ། །རིགས་ཀྱི་བུ་ཁྱོད་བསོད་ནམས་ བྱ་བའི་ཚུལ། །དེང་སྐབས་ཡོན་གནས་ཞིང་མཆོག་དམ་པ་ལ། །གུས་པས་བཀུར་སྟི་ལེགས་ བྱས་བསོད་སྙོམས་ཕུལ། །འདི་ནི་དུས་ཀྱི་དབང་གིས་གྲངས་མེད་པའི། །བསོད་ནམས་ ཚོགས་ཆེན་འཕེལ་བར་འགྱུར་རོ་ཞེས། །ཡང་དག་ཆོས་གཏམ་བཟང་པོས་མགུ་བར་བྱས། །དེ་ནས་ལྷ་མིན་རྒྱལ་པོ་སྡུག་མ་ཡིས། །འཁར་བ་ལ་བརྟེན་ཕྱག་འཚལ་ཆེ་བསྔགས་པ། །ཕྱག་ ན་པདྨ་པདྨའི་དཔལ་གྱིས་བརྒྱན། །ཐམས་ཅད་མཁྱེན་བཞུགས་དྲི་མེད་གཟུགས་བཟང་བས། 1-1-79 །བདག་ལ་སྐྱོབས་ཞེས་བསྟོད་ནས་སེམས་དཔའ་ཡིས། །དེ་ལ་ཁྱོད་ནི་མ་འོངས་ཕྱི་མའི་དུས། །སངས་རྒྱས་ཡིད་དཔལ་ཞེས་བྱར་ལུང་དུ་བསྟན། །སླར་ཡང་ལྷ་མིན་རྒྱལ་པོས་མུ་ཏིག་གི །སེ་མོ་དོ་དང་རིན་ཆེན་ཅོད་པན་ཕུལ། །སེམས་དཔས་འཁོར་དུ་གཏོགས་པ་གང་དག་ཀྱང༌། །ཟག་བཅས་མི་རྟག་སྡུག་བསྔལ་རང་བཞིན་སོགས། །ཆོས་གཏམ་བཟང་པོས་ཡང་དག་ལམ་ ལ་བསྒྱུར། །དེ་ནས་འཇིག་རྟེན་མགོན་པོས་བྲམ་ཟེའི་གཟུགས། །སྤྲུལ་ནས་གནས་གཙང་ལྷ་ ཡུལ་དེར་ཕྱིན་ཏེ། །ལྷའི་བུ་རྣ་ཆ་མཆོག་ལ་ཆོ་འཕྲུལ་བསྟན། །བདེ་གཤེགས་ཐམས་ཅད་སྐྱོབ་ ཀྱི་ཆེ་བ་བརྗོད། །ཚུལ་དེས་གནས་གཙང་ལྷ་མགུ་འཕགས་མཆོག་གིས། །རང་ཚུལ་ལེགས་ བརྗོད་གུས་མཆོད་ཡོན་ཏན་ཐོབ། །དེ་ནས་སེམས་དཔའ་ཆེན་པོ་སིང་གཱ་ལའི། །གླིང་ཕྱིན་ འདོད་པའི་གཟུགས་སྤྲུལ་སྲི ན་མོ་རྣམས། །དེ་མཐོང་འདོད་སེམས་སྐྱེས་ནས་འདི་སྐད་དུ། །ཁོ་མོ་ཅག་གི་ཁྱིམ་ཐབ་དགོས་ཚུལ་ཞུས། །དེ་དག་ཀྱང་ནི་འཕགས་པ་མཆོག་ཉིད་ཀྱིས། །ཐབས་མཁས་སྤྱོད་པས་འཕགས་ལམ་བརྒྱད་ལ་བཀོད། །འབྲས་བུ་བཞི་པོ་ཅི་རིགས་མངོན་ བྱས་ཏེ། །ཐམས་ཅད་ཆོས་ལ་གཞོལ་བར་གྱུར་སྐད་དོ། །སེམས་དཔའ་སྤྱན་རས་གཟིགས་ དབང་སྤྲུལ་པའི་གར། །ནམ་མཁའ་རབ་འབྱམས་ཀུན་ཏུ་ཆད་མིན་པར། །ཡོངས་སུ་བརྡལ་ བ་ལས་ནི་བསིལ་ལྗོངས་འདིར། །ངེས་དོན་རྫོགས་ལྡན་ལེགས་འབྱེད་ཆོས་ཀྱི་རྗེ། ། རིགས་ལྡན་སྤྲུལ་སྐུ་ཀུན་མཁྱེན་རྟོན་པ་བཞི་ལྡན་གྱི་སྐྱེས་རབས་རྟོགས་བརྗོད་རྒྱས་པ་ ལས་སྤྱན་རས་གཟིགས་དབང་དུ་སྐྱེས་པའི་རབས་ཏེ་ལེའུ་ལྔ་པའོ།། །། ༈ དེ་ནས་སྤྲིན་ཆེན་མདོ་ལས་གསུངས་པ་ལྟར། །སྔོན་བྱུང་འདས་པའི་དུས་ན་བསྐལ་ པ་ནི། །གྲངས་མེད་ཆེས་གྲངས་མེད་པ་མང་བ་ཡང༌། །ཆེས་མང་འདས་པ་དག་གི་དུས་ཀྱི་ ཚེ། །དེ་བཞིན་གཤེགས་པ་རྫོགས་པའི་སངས་རྒྱས་ནི། །རིག་དང་ཞབས་ལྡན་སྐྱེས་འདུལ་ ཁ་ལོ་བ། །ལྷ་མིའི་སྟོན་པ་ཀླུ་རིག་སྒྲོན་མ་མཆོག །འཇིག་རྟེན་དུ་བྱུང་དེའི་ཚེ་འཛམ་གླིང་ 1-1-80 འདི། །འབྱོར་བ་རྒྱས་ཤིང་ལོ་ལེགས་ཉམས་དགའ་བ། །སྐྱེ་བོ་མི་མང་གིས་གང་བདེ་ཞིང་ སྐྱིད། །ལོངས་སྤྱོད་རབ་ལྡན་ཐ་གྲུ་ཡངས་ཤིང་ཆེ། །ངོས་ཅིག་ལ་ཡང་དཔག་ཚད་འབུམ་ཕྲག་ ནི། །དྲུག་ཅུ་རྩ་བརྒྱད་ཡོད་ཅིང་འཛམ་གླིང་དེར། གྲོང་ཁྱེར་རེ་ལ་དཔག་ཚད་བཅུ་གཉིས་ དང༌། །དེར་གནས་མི་གྲངས་བྱེ་བ་དགུ་བཅུ་དང༌། །རྩ་དགུ་གླང་ཆེན་བདུན་ཁྲི་བརྒྱད་སྟོང་ ཡོད། །དེ་འདྲའི་གྲོང་ཁྱེར་ཀུན་ཏུ་ཡོངས་བརྡལ་ཞིང༌། །ཐམས་ཅད་རིན་ཆེན་སྣ་བདུན་ལས་ གྲུབ་པ། །རྒྱལ་ཁབ་གྲོང་ཁྱེར་རིན་ཆེན་འབྱུང་གནས་ཞེས། །དེ་ན་མི་ནི་བྱེ་བ་ཕྲག་སྟོང་དང༌། །བརྒྱད་ཅུ་ཡོད་ཅིང་ཐམས་ཅད་ཐེག་ཆེན་ལ། །གཞོལ་ཞིང་བྱང་ཆུབ་སེམས་དཔའ་ཤ་སྟག་གོ །གྲོང་ཁྱེར་ནང་གནས་བྱང་སེམས་རིགས་ཅན་ལ། །སངས་རྒྱས་ཀླུ་རིག་སྒྲོན་མས་གང་འདུལ་ གྱི། །ཆོས་འཁོར་བསྐོར་ལ་སྐལ་བཟང་མཉམ་དུ་སྤྱོད། །སྐབས་དེའི་རྒྱལ་ཁབ་མངའ་བདག་ ཆོས་ཀྱི་རྒྱལ། །བརྩོན་འགྲུས་ཆེན་པོའི་ཀླུ་ཞེས་བྱ་བ་ཡོད། །རྒྱལ་པོ་དེ་ཡི་བཙུན་མོ་སྟོང་ཕྲག་ ནང༌། །ཐེག་ཆེན་ལ་མོས་བཙུན་མོ་པདྨའི་སྤྱན། །ལེགས་མངའ་བྱང་ཆུབ་སེམས་མའི་ངང་ ཚུལ་མཆོག །རྒྱལ་པོའི་བློན་ཆེན་བཀའ་ཡི་མདུན་ན་འདོན། །ཆོས་ཀྱི་དཀྱིལ་འཁོར་མཛོད་ ཅེས་བྱ་བ་ཡོད། །དེ་ནས་རྒྱལ་བློན་དང་བཅས་བཙུན་མོའི་འཁོར། །དེ་ཀུན་བཅོམ་ལྡན་ཀླུ་ རིག་སྒྲོན་མའི་དྲུང༌། །ག་ལ་བ་དེར་ལྷགས་ནས་མཆོད་པ་ཡིས། །ལེགས་མཆོད་ཐལ་མོ་ སྦྱར་བཏུད་ཕྱོགས་གཅིག་འདུག །དེ་ནས་དེ་བཞིན་གཤེགས་པས་རྒྱལ་པོ་དེའི། །ལྷག་པའི་ བསམ་པ་ཐུགས་སུ་ཆུད་གྱུར་ནས། །མི་འཇིགས་འཇིགས་མེད་ཅེས་བྱའི་འོད་ཟེར་བཏང༌། །སངས་རྒྱས་ཀྱི་མཐུས་བློན་ཆེན་ཆོས་མཛོད་ཀྱིས། །དེ་བཞིན་གཤེགས་པས་རིང་བསྲིལ་ འབྱུང་ཚུལ་ལས། །བརྩམས་ཏེ་ཡང་དག་ཆོས་ཀྱི་དྲི་བ་བྱས། །ལན་དེ་རྒྱལ་པོ་བརྩོན་འགྲུས་ ཀླུས་སྨྲས་པ། །ཐབས་ཀྱིས་སྤྲུལ་པའི་རིང་བསྲིལ་ལ་སོགས་པ། །ཀུན་རྫོབ་ཀྱིས་བསྡུས་ ཆོས་ཀུན་སྟོང་པ་ཉིད། །རང་གཤིས་དོན་དམ་ཆོས་སྐུ་ཀུན་ཁྱབ་པ། །དེ་ཁོ་ན་ཉིད་གཅིག་ཏུ་ 1-1-81 རོ་མཉམ་པ། །ཡིན་ལུགས་དེའི་ཚུལ་དྲིས་ལན་ཞིབ་སྨྲས་ཤིང༌། །ཕན་ཚུན་ཆོས་ཀྱི་འབེལ་ གཏམ་ཡང་དག་སྒྲ། །སྐབས་དེའི་འཁོར་གནས་ཉན་ཐོས་མིང་ཆེན་གྱིས། །རྣ་བར་ཐོས་པས་ ངོ་མཚར་སེམས་འདི་བསྐྱེད། །ཀྱེ་མ་རྒྱལ་པོ་བརྩོན་འགྲུས་ཆེན་པོའི་ཀླུ། །ཆོས་ཅན་ཆོས་ཀྱི་ རྒྱལ་པོ་མཁས་པ་སྟེ། །གནས་ལུགས་དེ་བཞིན་གཤེགས་པའི་ཡོན་ཏན་ཤེས། །ངོ་མཚར་ ཆེའོ་སྙམ་ནས་གནས་ཚུལ་དེ། །སྟོན་པ་ཀླུ་རིག་སྒྲོན་མར་ཡོངས་ཞུས་པས། །སངས་རྒྱས་དེ་ ཡིས་འཁོར་གྱི་འདུས་པ་ལ། །རྒྱལ་པོ་གང་དེའི་ཆེ་བསྔགས་རྒྱས་པར་བརྗོད། །འཁོར་རྣམས་ དེ་ཐོས་ཡ་མཚན་དགའ་བ་སྐྱེས། །ཚུལ་དེ་རྒྱལ་པོ་རང་གིས་ཐོས་ནས་སུ། །བློན་ཆེན་རྣམས་ དང་བཙུན་མོའི་འཁོར་བཅས་པས། །དེ་བཞིན་གཤེགས་དེའི་ཞབས་ལ་ལན་བརྒྱར་བསྟོད། །ཕྱག་བཅས་རིན་ཆེན་སྤར་གང་མངོན་པར་གཏོར། །རྒྱལ་པོས་འདི་སྙམ་སེམས་ནི་ལེགས་ བསྐྱེད་དེ། །བདག་ནི་མ་འོངས་ཕྱི་མའི་དུས་ཀྱི་ཚེ། །རྣམ་འདྲེན་ཤཱཀྱ་ཐུབ་པའི་བསྟན་པ་ཉིད། །ནུབ་ལ་ཆས་ཚེ་རབ་བྱུང་ལུས་ཐོབ་སྟེ། །ཆོས་གོས་ཙམ་འཆང་བསྟན་པ་དེ་ཡི་མཇུག །ཐེག་ ཆེན་ཆོས་སྒྲ་བསྒྲགས་ནས་ལྟ་ངན་བསྐྲད། །ཆོས་ཀྱི་རྒྱལ་མཚན་ལེགས་བསྒྲེང་ཆོས་ཕྱིར་དུ། །བདག་སྲོག་འདོར་བའི་སྤོབས་པ་མཆོག་ཏུ་སྨོན། །དེ་ཚེ་ཆོས་བློན་དམ་པས་སེམས་བསྐྱེད་ པ། །བདག་ཀྱང་མ་འོངས་དུས་སུ་ཐུབ་པ་དེའི། །བསྟན་ལ་ཁུར་ཆེན་ཁུར་ཞིང་བཅོམ་ལྡན་དེ། །མྱ་ངན་འདའ་བའི་རྗེས་སུ་རྒྱལ་པོ་འདིས། །ཆོས་ཀྱི་རྒྱལ་མཚན་ཇི་ལྟར་ཕྱར་བ་ལྟར། །དམ་ པའི་ཆོས་ཀྱི་དུང་ཆེན་འབུད་པར་སྨོན། །དེ་སྐབས་བཙུན་མོ་པདྨའི་སྤྱན་ལྡན་གྱིས། །སེམས་ བསྐྱེད་འདི་ལྟར་བདག་ཀྱང་མ་འོངས་དུས། །ཤཱཀྱའི་བསྟན་ལ་ལོག་སྨྲ་མུ་སྟེགས་ཚོགས། །འདུལ་བྱེད་བུད་མེད་གཟུགས་བསྒྱུར་རྒྱལ་པོ་ཡིས། །ཇི་སྐད་ཆོས་དོན་བསྟན་བཞིན་ཆོས་ མཆོག་གི །རྔ་བོ་ཆེའི་སྒྲ་དུས་སུ་སྒྲོག་པར་སྨོན། །སྐབས་དེའི་མིང་ཆེན་སེམས་བསྐྱེད་མ་ འོངས་དུས། །བདག་ཀྱང་བཅོམ་ལྡན་ཤཱཀ་ཐུབ་བསྟན་པ་ལ། །ཉན་ཐོས་མཆོག་གྱུར་སེང་ 1-1-82 གེའི་སྒྲ་ཆེན་གྱིས། །གཞི་འབྲས་ཟབ་མོའི་གནས་ལུགས་སྟོན་པར་སྨོན། །སྔོན་བྱོན་སངས་ རྒྱས་ཀྱི་དྲུང་དེ་ལུགས་ལྟར། །སེམས་བསྐྱེད་སྨོན་པ་གང་བྱས་བསླུ་མེད་དུ། །བདག་ཅག་སྟོན་ པའི་དུས་ཀྱི་བསྟན་པ་ལ། །རྒྱལ་པོ་གང་ཉིད་ལི་ཙཱ་མཐོང་ན་དགའ། །དེ་ཕྱིས་བསྟན་པའི་ མཇུག་ཏུ་བསིལ་ལྗོངས་སུ། །རྫོགས་ལྡན་ངེས་དོན་མངའ་བདག་ཆོས་རྗེར་སྤྲུལ། །དེ་བཞིན་ སྟོན་པའི་དུས་སུ་ཆོས་བློན་ཡང༌། །བྲམ་ཟེ་ཀོའུ་དི་ཎྱ་དང་པདྨའི་སྤྱན། །ལྷ་མོ་དྲི་མེད་འོད་དང་ མིང་ཆེན་ཉིད། །སྟོན་པའི་ཉན་ཐོས་ཆེན་པོ་འོད་སྲུང་ངོ༌། །གཞན་ཡང་དེ་དག་སྐྱེ་བའི་ཟློ ས་ གར་ཀྱང༌། །གང་འདུལ་དབང་གིས་སྣ་ཚོགས་བསམ་མི་ཁྱབ། །ཐམས་ཅད་ཆོས་རྗེའི་མཛད་ ཕྲིན་རྒྱས་བྱེད་དོ། ། རིགས་ལྡན་སྤྲུལ་སྐུ་ཀུན་མཁྱེན་རྟོན་པ་བཞི་ལྡན་གྱི་སྐྱེས་རབས་རྟོགས་བརྗོད་རྒྱས་པ་ ལས་རྒྱལ་པོ་བརྩོན་འགྲུས་ཀླུར་སྐྱེས་པའི་རབས་ཏེ་ལེའུ་དྲུག་པའོ།། །། ༈ དེ་ནས་རྔ་བོ་ཆེ་མདོར་ལེགས་བྱུང་བཞིན། །སྔོན་ཚེ་བསྐལ་པ་གྲངས་མེད་ཆེས་གྲངས་ མེད། །ཡངས་ཤིང་ཆེས་ཡངས་ཤིག་གི་དུས་སྐབས་ན། །འཇིག་རྟེན་དེར་ནི་ཡང་དག་རྫོགས་ སངས་རྒྱས། །སྒྲ་གཅན་དཔལ་ཞེས་བྱ་བ་ཞིག་བྱུང་སྟེ། །དེ་ཚེ་གླིང་བཞི་ལ་དབང་རྒྱལ་པོ་ཆེ། །ཆོས་ཅན་ཆོས་དང་ལྡན་པ་འཁོར་ལོས་བསྒྱུར། །དེ་བཞིན་གཤེགས་པ་དེ་ཡི་དྲུང་དུ་ཕྱིན། །རྒྱལ་པོ་དེ་ནི་བཙུན་མོའི་འཁོར་དང་བཅས། །འབྱོར་བ་ཆེ་ཞིང་གླུ་གར་རབ་མཛེས་པས། །བཅོམ་ལྡན་དེ་ལ་མཆོད་ཅིང་འདི་སྐད་གསོལ། །སངས་རྒྱས་དགོངས་མཁྱེན་བདག་ནི་ནམ་ ཞིག་ཏུ། །བྱང་ཆུབ་སེམས་དཔར་འགྱུར་བ་ལུང་དུ་སྟོན། །དེ་སྐད་གསོལ་བས་སྟོན་པ་དེས་ བཀའ་བསྩལ། །ཁྱོད་ཉིད་བྱང་ཆུབ་སེམས་དཔའ་ལས་གཞན་དུ། །མི་འགྱུར་དབང་པོ་ཚངས་ པ་གང་ལས་འཕགས། །ཅི་སླད་ཅེ་ན་དབང་པོ་ཚངས་པ་ཉིད། །བསྐལ་པ་གང་གཱའི་ཀླུང་གི་ བྱེ་སྙེད་དང༌། །མཉམ་པར་བྱས་ནས་དེའི་འོག་ད་གཟོད་དུ། །ཁྱོད་ཀྱིས་འཁོར་སྒྱུར་རྒྱལ་པོ་ 1-1-83 འདི་ཉིད་ཐོབ། །ཅེས་གསུངས་དེ་ནས་རྒྱལ་པོས་ཞུས་པའི་ངོར། །སྟོན་པ་མཆོག་དེས་ཆོས་ རྒྱལ་འཁོར་བསྒྱུར་དང༌། །དབང་པོ་ཚངས་པ་ཁྱད་ཐང་ཆེ་བའི་ཚུལ། །རྫོགས་སངས་རྒྱས་ དང་རྒྱལ་སྲས་ཉན་རང་ཚོགས། །དཔེར་མཛད་ནས་ནི་ཆེས་ཆེར་བཀའ་སྩལ་ཏོ། །དེ་ནས་ བཅོམ་ལྡན་དེ་ལ་འཁོར་བསྒྱུར་གྱིས། །ཞུ་ཕུལ་བདག་ཀྱང་ནམ་ཞིག་སངས་རྒྱས་སུ། །འཇིག་ རྟེན་གང་དུ་འགྱུར་བ་ལུང་བསྟན་གསོལ། །དེའི་ཚེ་བཀའ་བསྩལ་རྒྱལ་པོ་ཆེན་པོ་ཁྱོད། །ནམ་ ཞིག་རིང་མོའི་དུས་སུ་མངོན་སངས་རྒྱས། །དེ་ཡང་ཚོགས་ཆེན་པོ་དེ་རྒྱུན་བསྐྱངས་ན། །དེ་ མཚམས་ཤིག་ཏུ་འཇིག་རྟེན་རྣམ་འདྲེན་ནི། །སངས་རྒྱས་མར་མེ་མཛད་ཅེས་བྱ་བ་བྱུང༌། །དེ་ ཚེ་ཁྱོད་ཉིད་ས་ཡི་དབང་ཕྱུག་ཅེས། །ཡོངས་གྲགས་རྒྱལ་པོར་གྱུར་ཚེ་སངས་རྒྱས་དེས། །མ་ འོངས་དུས་སུ་གོའུ་ཏམ་ཞེས་བྱ་བའི། །སངས་རྒྱས་སུ་ནི་ལུང་སྟོན་མཛད་པ་ནས། །བར་ བསྐལ་སྟོང་ཕྲག་མང་པོ་འདས་པ་ལ། །དེ་བཞིན་གཤེགས་རྣམས་གང་བྱུང་མཉེས་བྱས་ཤིང༌། །དེ་རྣམས་མྱ་ངན་འདས་རྗེས་བརྒྱ་ལམ་ན། །ཤཱཀྱ་ཐུབ་པ་གོའུ་ཏམ་སངས་རྒྱས་སུ། །ལེགས་ འགྱུར་མཉམ་སྤྲུལ་དེ་སྲས་ལི་ཙཱ་བི། །མཐོང་ན་དགའ་ཞེས་བྱར་གྱུར་ངེས་དོན་སྟོན། །སྟོན་ པ་དེ་ཡང་མྱ་ངན་འདས་འོག་ནས། །བསྟན་པ་ནུབ་ཉེ་ལོ་ནི་བརྒྱད་ཅུའི་སྐབས། །དགེ་སློང་བློ་ འཆང་ཞེས་བྱར་གྱུར་ནས་ཀྱང༌། །རང་གི་སྲོག་ལ་མི་ལྟ་སྤོབས་བསྐྱེད་དེ། །ངེས་དོན་མདོ་སྡེའི་ དགོངས་དོན་རྒྱ་ཆེར་འཆད། །དེ་ལོ་བརྒྱ་ལོན་ས་བརྒྱད་རྫུ་འཕྲུལ་སྟོན། །ཤི་འཕོས་ནས་ཀྱང་ སྤྲུལ་གཞིའི་ལུས་གཅིག་ནི། །བདེ་བ་ཅན་འགྲོ་སྤྲུལ་པའི་ལུས་གཞན་གཅིག །དགའ་ལྡན་དུ་ བཞག་མི་ཕམ་མགོན་དྲུང་ནས། །ངེས་དོན་ཟབ་མོའི་ཆོས་དོན་རྒྱ་ཆེར་སྤྱོད། །དེ་སྐད་ལུང་དུ་ བསྟན་པས་འཁོར་བསྒྱུར་ཉིད། །རབ་ཚིམ་ལྷག་པར་ཆོས་འབའ་ཞིག་ལ་གཞོལ། །ཤི་དུས་ ངོ་མཚར་ལྟས་བཅས་ལྷག་མེད་གཤེགས། །དེ་དག་སྤྲུལ་པའི་རོལ་གར་སྣ་ཚོགས་པ། །སྔ་ཕྱི་ ཅིག་ཆར་མཛད་སྒོ་ཐ་དད་ཅིང༌། །ཇི་ལྟར་སྣང་ཡང་རིགས་ལྡན་བླ་མའི་འཕྲུལ། །གདུལ་བྱའི་ 1-1-84 ཁམས་དབང་དེར་མཐུན་རྫུ་བག་ངོམས། ། རིགས་ལྡན་སྤྲུལ་སྐུ་ཀུན་མཁྱེན་རྟོན་པ་བཞི་ལྡན་གྱི་སྐྱེས་རབས་རྟོགས་བརྗོད་རྒྱས་པ་ ལས་གླིང་བཞིའི་འཁོར་སྒྱུར་དུ་སྐྱེས་པའི་རབས་ཏེ་ལེའུ་བདུན་པའོ།། །། ༈ དེ་ནས་འདི་ནི་བདག་ཅག་སྟོན་པའི་མདུན། །ལི་ཙ་བཱིའི་རིགས་གྱུར་ཚུལ་ཕྱོགས་རེའི་ དོན། །མདོ་སོགས་ལས་གསུངས་ལྟར་ན་འཛམ་གླིང་འདིར། །ཐོག་མར་རྒྱ་གར་དབུས་སུ་ མང་བཀུར་གྱི། །རྒྱལ་པོ་བྱུང་བ་ནས་བཟུང་དཔོན་སྡེ་དར། །དེ་ནས་རྒྱལ་པོའི་གདུང་བརྒྱུད་ འཁོར་སྒྱུར་ལྔ། །དེའི་བརྒྱུད་ལྷ་རིགས་རྒྱལ་པོ་བརྒྱད་ཁྲི་དང༌། །བཞི་སྟོང་བྱུང་རྗེས་གང་གཱའི་ རྒྱལ་པོ་སྟོང༌། །འདས་རྗེས་ཨརྐའི་རྒྱལ་པོ་བདུན་སྟོང་བྱུང༌། །དེའི་རིགས་སྒྲ་རྙན་རྒྱལ་པོ་ བརྒྱད་སྟོང་འདས། །རིགས་བརྒྱུད་དེ་ལས་ཐོད་ཅན་རྒྱལ་པོ་ནི། །དགུ་སྟོང་བྱུང་རྗེས་གླུ་ དབྱངས་རྒྱལ་པོ་ཁྲི། །འདས་ནས་མ་ག་དྷཱ་ཡི་རྒྱལ་པོ་ནི། །དྲུག་ཁྲི་བྱུང་རྗེས་ཏ་མ་ལི་ཏའི་ རྒྱལ། །ཁྲི་དང་ལྔ་སྟོང་འདས་པའི་གདུང་བརྒྱུད་དུ། །ཆོས་རྒྱལ་བུ་རམ་ཤིང་པ་སྟོང་བརྒྱ་ཕྲག །དེ་རྗེས་འཕགས་སྐྱེས་པོའི་བརྒྱུད་བུ་གསུམ་ནི། །ཤཱཀྱ་ཆེན་པོ་ལི་ཙཱ་རི་བྲག་སྟེ། །དེ་ལས་ དང་པོའི་བརྒྱུད་པ་གནས་འཇོག་བུ། །གཞུ་བརྟན་དེའི་བུ་བ་གླང་གནས་ཀྱི་བུ། །སེང་གེ་སྒྲ་ དང་དེའི་བུ་སེང་གེ་འགྲམ། །དེ་ལ་བུ་བཞི་ཡོད་པ་ཟས་གཙང་དང༌། །ཟས་དཀར་བྲེ་བོ་ཟས་ དང་བདུད་རྩི་ཟས། །དེ་ལས་ཟས་གཙང་སྲས་ནི་བཅོམ་ལྡན་དང༌། །མཛེས་དགའ་གཉིས་སོ་ ཟས་དཀར་ལ་སྲས་གཉིས། །རྒྱལ་བ་བཟང་ལྡན་བྲེ་བོ་ཟས་ལ་སྲས། །གཉིས་ནི་མིང་ཆེན་མ་ འགགས་པ་དང་ནི། །བདུད་རྩི་ཟས་ཀྱི་སྲས་གཉིས་ཀུན་དགའ་བོ། །ལྷ་སྦྱིན་དང་ནི་སངས་ རྒྱས་མཆོག་གི་སྲས། །སྒྲ་གཅན་འཛིན་ཏེ་ཤཱཀྱ་ཆེན་པོ་རྣམས། །ཕ་ཁྱིམ་ལྔ་ཁྲི་ལྔ་སྟོང་སེར་ སྐྱར་བྱུང༌། །ལི་ཙ་བཱིའི་རིགས་རྒྱལ་པོའི་ཁབ་དང་ནི། །ཡངས་པ་ཅན་གནས་རི་བྲག་པ་ཡི་ བརྒྱུད། །འཕགས་རྒྱལ་དུ་གནས་དེ་ཡི་བརྒྱུད་པ་ལ། །མཐའ་ཡས་གཏུམ་པོ་རབ་སྣང་རིམ་ 1-1-85 པར་བྱུང༌། །བར་གྱི་རིགས་ལས་སྐྱ་བསེང་འཕགས་རྒྱལ་གཉིས། །སྐྱ་བསེང་བརྒྱུད་ལས་ལི་ ཙ་བཱི་དང་ནི། །རྡོ་རྗེའི་རོལ་པ་མེ་ཏོག་དཔལ་གྱི་མིང༌། །དཔའ་བོའི་རྡོ་རྗེ་འོད་ཟེར་མཐའ་ ཡས་དང༌། །རྒྱལ་བའི་ཟླ་བ་འཇམ་དཔལ་སྙིང་པོ་སྟེ། །དེ་དག་རིམ་བྱུང་ཕྱི་མའི་རིགས་སྲས་ ནི། །ལི་ཙ་བཱིའི་རིགས་གཞོན་ནུ་མཐོང་ན་དགའ། །དེ་ཡི་སྐུ་མཆེད་དཔའ་བོ་རོལ་པ་དང༌། །མཛེས་པ་མཐའ་ཡས་ཞེས་བྱུང་ཚུལ་དེ་ཡང༌། །རྒྱ་གར་ཡངས་པ་ཅན་གྱི་ཡུལ་གྲུ་ན། །རྒྱལ་ པོ་འཇམ་དཔལ་སྙིང་པོའི་ཕོ་བྲང་ནི། །མེ་ཏོག་མཛེས་ལྡན་ཞེས་བྱ་རིན་པོ་ཆེ། །ཨནྡྷ་རྙིལ་ དང་ཀེ་ཀེ་རུ་མུ་ཏིག །དམར་པོ་ལས་བྱས་ཁྱམས་རིམ་དགུ་པ་ལ། །ཡང་ཐོག་དྲུག་ལྡན་མན་ ཤེལ་བྱུ་རུ་ཡི། །ཀ་བ་བརྒྱད་བརྒྱད་སྟེང་ཁང་གསེར་རང་བཞིན། །ཡང་ཐོག་གཞན་རྣམས་ དངུལ་ལས་ལེགས་གྲུབ་པ། །ཟངས་དང་གཡུ་ཡི་བྱ་འདབ་རྒྱས་པ་ཅན། །དེ་མཐར་ཏ་ལའི་ ལྗོན་ཕྲེང་བདུན་བདུན་གྱིས། །ཕྱོགས་མཚམས་ཀུན་ཏུ་ཡོངས་བསྐོར་གླང་པོ་ཆེ། །བདུན་ཁྲི་ ཉིས་སྟོང་ལོངས་སྤྱོད་ཆེས་འཕེལ་བ། །བཙུན་མོ་སོ་གཉིས་བློན་པོ་ཁྲི་ཕྲག་གཅིག །མངའ་ ཐང་དེ་ལྡན་རྒྱལ་པོའི་བཙུན་མོ་མཆོག །ལྷ་མོ་པདྨའི་བློ་གྲོས་ཞེས་བྱ་བའི། །སྲས་སུ་རྒྱལ་བུ་ མཐོང་ན་དགའ་བ་འཁྲུངས། །དེ་ཡང་ཁྱེའུ་དཀར་ལ་ཤིན་ཏུ་མཛེས། །བལྟ་ན་སྡུག་པ་ལག་ པའི་མཐིལ་གཉིས་སུ། །པད་དཀར་འདབ་མ་བརྒྱད་པ་རེ་རེས་མཚན། །དར་དཀར་ཨང་ རག་ཅན་དེ་དྲི་བཟང་རིགས། །སྣ་ཚོགས་འཕྲོ་བཞིན་ལྷུམས་ནས་བལྟམས་མ་ཐག །ཐལ་མོ་ སྦྱར་ནས་ཡུམ་ལ་འདི་སྐད་གསོལ། །པདྨའི་བློ་གྲོས་ཁྱེད་ལུས་ངལ་ཆད་དམ། །འོ་བརྒྱལ་ ཆེའམ་དེ་དག་བཟོད་པར་གསོལ། །འཇིག་རྟེན་ཁམས་འདིར་སངས་རྒྱས་ཤཱཀྱ་ཐུབ། །ད་དུང་ མྱ་ངན་མ་འདས་བཞུགས་ལགས་སམ། །དེ་དག་ཇི་བཞིན་མ་ཡིས་བཤད་དུ་གསོལ། །ཞེས་ པའི་ལན་དུ་མས་སྨྲས་བུ་ལེགས་སོ། །བདག་ལ་ངལ་དུབ་ཅུང་ཟད་མ་མཆིས་ཤིང༌། །ལུས་ སེམས་ཤིན་ཏུ་བདེ་ལ་འཇིག་རྟེན་འདིར། །ལྷ་མིའི་སྟོན་པ་སངས་རྒྱས་ད་དུང་བཞུགས། 1-1-86 །དགུང་ལོ་ལྔ་བཅུ་ལས་ནི་མ་རྫོགས་ཏེ། །ཆོས་ཀྱི་འཁོར་ལོ་ལེགས་བསྐོར་བྱེད་བཞིན་ ལགས། །དེ་སྐད་བརྗོད་ལ་བུ་ཡིས་སླར་སྨྲས་པ། །བདག་ནི་ཟླ་བ་གསུམ་ཙམ་རྫོགས་པའི་ རྗེས། །རྫོགས་པའི་སངས་རྒྱས་དེ་ལ་མཇལ་བར་འགྲོ །རབ་ཏུ་བྱུང་ཞིང་ཚེ་འདི་འབྲས་ཡོད་ བྱ། །ཁྱིམ་པའི་ལས་མཐའ་དག་ཀྱང་སྤང་བགྱིད་དོ། །ཅེས་པའི་དམ་བཅའ་བརྟན་པོ་ལེགས་ པར་མཛད། །དེ་སྐབས་རྒྱལ་པོའི་ཁང་པ་འོད་ཀྱིས་ཁྱབ། །མེ་ཏོག་ཆར་དང་རོལ་མོ་སྣ་ཚོགས་ གྲགས། །རྒྱལ་འབངས་ཐམས་ཅད་ཤིན་ཏུ་ངོ་མཚར་སྐྱེས། །ཁྱིམ་ཚེས་གང་དག་རྒྱལ་བུ་ནམ་ མཐོང་སྙམ། །དེ་ནས་རྒྱལ་བུ་མཐོང་ཚེ་ཐམས་ཅད་ཀྱང༌། །ཡིད་ནི་ཤིན་ཏུ་དགའ་ཕྱིར་གཞོན་ ནུ་དེ། །མཐོང་ན་དགའ་བ་ཞེས་པའི་མཚན་ཡང་གསོལ། །དེ་ནས་ཟླ་བ་གསུམ་ཙམ་སོང་བའི་ རྗེས། །གཞོན་ནུ་དེ་ནི་ལོ་བརྒྱད་ལོན་ཙམ་གྱུར། །སྐབས་དེར་གཞོན་ནུ་དེས་སྨྲས་སྔོན་གྱི་ དུས། །བདེ་གཤེགས་ཀླུ་རིག་སྒྲོན་མའི་དྲུང་ནས་ཀྱང༌། །བདག་གིས་ཤཱཀྱ་ཐུབ་པའི་བསྟན་པ་ ལ། །རབ་ཏུ་བྱུང་བའི་སྨོན་ལམ་བཏབ་པ་བཞིན། །སྐྱེ་རྒ་ན་འཆིའི་སྡུག་བསྔལ་ལས་ཐར་ ཕྱིར། །སངས་རྒྱས་དེ་ཡི་དྲུང་དུ་ཉེ་བར་འགྲོ །རབ་བྱུང་ལམ་ཞུགས་གནང་བ་ལེགས་པར་ སྩོལ། །དེ་སྐད་གསོལ་བས་ཡབ་རྒྱལ་གནད་ལ་ཕོག །ཁོ་ཡིས་བུ་སྡུག་འདི་ལྟར་ཅི་ཕྱིར་དུ། །བདག་ཅག་འདོར་བློ་སྐྱེ་བ་ག་ལ་རིགས། །ཕོངས་བྱེད་བློ་ངན་ཕྱུང་བ་དེ་སུ་ཞིག །ཅེས་སྨྲས་ ལན་དུ་གཞོན་ནུས་སླར་གསོལ་བ། །རྒྱལ་པོ་ཡབ་ཡུམ་བདག་ལ་དགོངས་ཤིག་ཀྱེ། །འཇིག་ རྟེན་འདིར་གནས་མཐུ་ཆེན་དམག་དཔུང་དང༌། །གླང་ཆེན་སྨྱོན་པ་སེང་གེ་རྩལ་ཆེན་ལྡན། །སྦྲུལ་གདུག་ཁྲོས་པ་འདབ་བཟང་ཁྱུང་གཤོག་ཅན། །རྒྱ་སྟག་ངར་མ་ལ་སོགས་དཔའ་གཏུམ་ བདག །ཆེ་བ་གང་གིས་གཞོམ་པར་མི་ནུས་ཤིང༌། སྒྱུ་མ་མཁན་པོས་རྫས་སྔགས་ནུས་པས་ ཀྱང༌། །ནམ་ཡང་བསླུ་མི་ནུས་པ་འཆི་བདག་གི །གཤིན་རྗེའི་ཁྲིམས་ལས་ཐར་ཕྱིར་སྐྱབས་ ཀྱི་མཆོག །མཇལ་དཀའ་སངས་རྒྱས་དྲུང་དུ་བདག་འགྲོ་འདོད། །བྱང་ཆུབ་འབྲས་ཐོབ་མི་ 1-1-87 བསླུ་ངེས་རྙེད་དེ། །གཞན་གང་གིས་ཀྱང་བློ་ངན་ཇི་ལྟར་ཕྱུང༌། །བྱང་ཆུབ་ལེགས་ཐོབ་ཐབས་ ལ་གེགས་མེད་སྩོལ། །ཅེས་གསོལ་དེ་ནས་རྒྱལ་འབངས་ཐམས་ཅད་ཀྱང༌། །བཅོམ་ལྡན་ ཤཱཀྱ་ཐུབ་པའི་དྲུང་དེར་ཕྱིན། །མཆོད་པས་རྒྱ་ཆེར་མཆོད་ནས་གཞོན་ནུ་དེ། །སྟོན་པ་དེ་ཡི་ མདུན་ལ་རབ་ཏུ་བྱུང༌། །སངས་རྒྱས་ཉིད་དང་ལོ་ནི་སུམ་ཅུའི་བར། །འགྲོགས་ཤིང་དེ་ཡི་ འཁོར་གྱི་ཚུལ་དུ་བཞུགས། །མཚམས་དེར་སྟོན་པ་མྱ་ངན་འདས་རྗེས་སུ། །ཉན་ཐོས་ཚུལ་ འཛིན་སེམས་དཔའ་མཐོང་ན་དགའ། །ཝཱ་རཱ་ཎ་སཱིའི་མཐའ་ལོག་བྲག་གི་ཕུག །བུདྡྷ་ཧ་རིའི་ གནས་སུ་རྩེ་གཅིག་པར། །བསམ་གཏན་བསྒྲུབ་ཕྱིར་བྱོན་ཏེ་བཞུགས་པ་ལ། །དེར་ནི་ འཕགས་པ་མ་འགགས་པ་དང་འཕྲད། །འཕགས་པས་གཞོན་ནུ་ལ་སྨྲས་གར་བྱོན་དྲིས། །གཞོན་ནུས་ཆོས་བསྟན་ཚེ་ལ་ལོང་མེད་པས། །ཁོ་བོ་དབེན་པར་སྒོམ་འགྲོ་ཞེས་སྨྲས་ཚེ། །འཕགས་པ་ན་རེ་རྒྱལ་བའི་དྲིན་ལན་དུ། །བསྟན་ལ་ཕན་ཕྱིར་ཁྱོད་ཀྱིས་ཆོས་བསྟན་རིགས། །ཞུས་ལན་གཞོན་ནུས་སངས་རྒྱས་འདས་ཕྱི་ནས། །སེམས་ཅན་ཀུན་ལ་གཤེགས་སྙིང་ཡོད་ པའི་ཚུལ། །སྟོན་ཅིང་མོས་པ་རྣམ་དག་བྱེད་ནུས་ན། །རྒྱལ་བའི་བཀའ་དྲིན་འཚོབ་ཕྱིར་ བདག་སྒོམ་འགྲོ། །གསུངས་ནས་ཧ་རིའི་གནས་ཕྱིན་ལོ་བདུན་དུ། །བསམ་གཏན་སྒྲུབ་པ་རྩེ་ གཅིག་ཏུ་བྱས་ནས། །དགྲ་བཅོམ་གོ་འཕང་ཐོབ་པའི་ཚུལ་མཛད་དེ། །ཏིང་ངེ་འཛིན་ལས་ ལེགས་བཞེངས་ཡེ་ཤེས་སྤྱན། །ཕྱེ་ནས་ཕྱོགས་བཅུ་ཀུན་ཏུ་ཉེ་བར་གཟིགས། །དེ་ནས་མ་ག་ དྷ་ཡི་གྲོང་ཁྱེར་དུ། །རྒྱལ་པོ་ཤཏྐ་ར་ཡི་བུ་མོ་ནི། །པདྨའི་ཟླ་མཛེས་མ་ཞེས་བྱ་བ་ཡོད། །ཆགས་ ལྡན་མཛེས་མ་དེ་ཉིད་འདུལ་བའི་ཕྱིར། །མཐོང་ན་དགའ་བ་གནས་དེར་གཤེགས་དང་ འཕྲད། །གཞོན་ནུ་དགའ་བས་བུ་མོར་སྐོ མ་སེལ་ཆུ། །སློང་ནས་བུ་མོས་བསྙེན་བཀུར་ཕུན་ ཚོགས་བྱས། །དེ་སྐབས་གཞོན་ནུས་བུ་མོ་ལ་དྲིས་པ། །ཡབ་མིང་རྩ་ལག་ནོར་སོགས་ཅི་ཞིག་ མཆིས། །དྲིས་ལན་ནོར་ལྡན་ཡབ་སོགས་ཕྱོགས་གཞན་སོང༌། །གཅིག་པུར་ཁྱེད་དང་མཉམ་ 1-1-88 དགའ་བྱེད་འདོད་ཞུས། །དེ་སྐབས་མཐོང་ན་དགའ་བས་བུ་མོ་ལ། །དགེ་སྦྱོང་ཆོས་དང་ འགལ་ན་མི་རུང་ཚུལ། །གསུངས་ཚེ་བུ་མོས་ཆེས་གསང་བསྡམས་ཆོག་ཟེར། །དེ་ལ་མཐོང་ན་ དགའ་བས་གནས་ངན་ལེན། །སངས་རྒྱས་བྱང་སེམས་མཁྱེན་སྤྱན་ལྡན་རྣམས་ནི། །གཟིགས་ པ་གང་ལ་ཐོགས་མེད་ཇི་ལྟར་གསང༌། །སྤྱན་སྔར་ཚུལ་འཆལ་ག་ལ་རུང་ཞེས་སྨྲས། །བུ་མོས་ བདག་ཀྱང་ཆགས་པས་ནད་ཀྱིས་གཟིར། །རེ་འདོད་ཅེས་ཀྱང་སྐོ ང་བར་ནན་ཞུ་བྱས། །དེ་ལ་ གཞོན་ནུས་སྡོམ་གསུམ་ཁས་བླངས་པ། །གང་དང་འགལ་བགྱིད་མི་རུང་ཞེས་བརྗོད་ཚེ། །མཛེས་མས་བསླབ་པ་འཆལ་ཡང་སླར་གསོ་བའི། །ཡོ་བྱད་བུ་མོ་ང་ཡིས་ཕུལ་ན་ཆོག །ཅེས་ གསོལ་སྐབས་སུ་མཐོང་ན་དགའ་བ་ཡིས། །ཚུལ་ཁྲིམས་ནོར་འཕྲོག་ངན་སོང་རྩ་བ་ནི། །བུད་ མེད་ངན་མ་ཡིན་ཕྱིར་དེར་ཆགས་པས། །ཕྱི་མར་དམྱལ་བར་དབང་མེད་ཉིང་མཚམས་སྦྱོར། །དེ་སླད་བུད་མེད་དག་ལ་སུ་ཞིག་ཆགས། །གསུངས་ནས་སྐད་ཅིག་དེ་ལ་རྫུ་འཕྲུལ་གྱིས། །ངང་པའི་རྒྱལ་པོ་ཇི་བཞིན་ཏ་ལ་ཡི། །ཤིང་ནི་བདུན་སྲིད་ཙམ་དུ་བར་སྣང་འཕགས། །དེ་ཚེ་ འདོད་ལྡན་མ་དེ་གནོངས་འགྱོད་སྐྱེས། །ཡང་སྨྲས་ཕུང་བྱེད་མ་བདག་ངན་སྤྱོད་ལས། །གང་ བགྱིས་ཐུགས་འགལ་གྱུར་ཚད་མཐོལ་ལོ་བཤགས། །ཕྱི་མར་རྣམ་སྨིན་ལྕི ་བར་མ་གྱུར་ཅིག །ཅེས་གསོལ་ལན་དུ་གཞོན་ནུས་ཆོས་གསུངས་པ། །གཟུགས་ནི་དབུ་བ་ཚོར་བ་ཆུ་བུར་ བཞིན། །འདུ་ཤེས་སྨིག་རྒྱུ་འདུ་བྱེད་ཆུ་ཤིང་ལྟར། །རྣམ་ཤེས་སྒྱུ་མར་ཆོས་མཚུངས་ཁྱད་པར་ དུ། །གདོས་བཅས་བེམ་ལུས་ཡིད་མི་འོང་གི་གནས། ཕྱི་རོལ་པགས་པས་གཡོགས་ཀྱང་ནང་ ཁྲོལ་དུ། །ཁུ་ཁྲག་བཤང་གཅི་ལ་སོགས་མི་གཙང་བས། །ཡོངས་གང་འདི་ལ་ཆགས་པ་སྤོང་ ཞིག་ཅེས། །གདམས་པས་བུ་མོའི་སེམས་རྒྱུད་ལེགས་འགྱུར་ཏེ། །འདི་སྣང་མི་རྟག་ཚུལ་ལ་ ངེས་ཤེས་སྐྱེས། །རང་གིས་མགུལ་རྒྱན་མུ་ཏིག་ཕྲེང་བ་ཕུལ། །གུས་པས་ལེགས་སྨྲས་ཁྱེད་ ཀྱིས་འདི་བཞེས་ལ། །བདག་ནི་སྐྱེ་ཀུན་ཉོན་མོངས་ནད་མེད་ཅིང༌། །བསོད་ནམས་དཔག་ 1-1-89 མེད་ལྡན་པར་སྨོན་ལམ་བཏབ། །དེ་ནས་གཞོན་ནུ་མཐོང་དགས་ཐུགས་དགྱེས་ངང༌། །བུ་མོ་ ཁྱོད་ཀྱིས་དད་པས་ལེགས་འབུལ་འདིས། །སྤྱིར་ནི་དགེ་འདུན་ཚོགས་ལ་ཟས་ཕུལ་ན། །མུ་ གེ་ལས་ཐར་རོ་མཆོག་ཕུན་ཚོགས་ཐོབ། །ཐ་ན་ཆུ་གྲང་ཕོར་གང་ཕུལ་ཙམ་གྱིས། །བསོད་ ནམས་ཚོགས་ཆེན་ཐོབ་ན་དེང་སྐབས་སུ། །རླབས་ཆེན་རྣམ་དཀར་བསགས་སྒོ་སྨོས་ཅི་ དགོས། །ཞེས་གསུངས་བུ་མོ་དེ་ཉིད་ཆེས་དད་ནས། །གུས་པས་ཕྱི་མར་ཁྱེད་ལྟར་རབ་བྱུང་དུ། །བདག་ཀྱང་སྐྱེ་བའི་ཐབས་ཤིག་སྙིང་ནས་ཞུས། །དེ་ནས་གཞོན་ནུ་མཆོག་གིས་འདི་སྐད་ གསུང༌། །དད་ལྡན་མ་ཁྱོད་ཐོག་མར་ཆོས་ཀྱི་སྒོ། །དལ་འབྱོར་རིན་ཆེན་ཐོབ་ཅིང་སངས་རྒྱས་ དང༌། །དེའི་ཆོས་འཕགས་ཚོགས་དང་འཕྲད་ཤིན་ཏུ་དཀའ། །འདུས་བྱས་མི་རྟག་ནམ་འཆི་ཆ་ མེད་སོགས། །སོམས་ལ་དམ་པའི་ཆོས་དེར་གཅིག་ཏུ་དྲིལ། །དེ་སྐད་གསུངས་ལ་བུ་མོས་ཞུ་ ཕུལ་བ། །ཁྱེད་ཀྱིས་བདག་གིས་དམ་ཆོས་བྱེད་ཚུལ་དང༌། །ཁྱད་པར་གནས་ལུགས་དེ་ཉིད་ ལེགས་སྒོམ་ཚུལ། །ཇི་བཞིན་གསུངས་པར་ཞུས་ལན་འདི་ལྟ་སྟེ། །ཁྱོད་ཀྱིས་མི་དགེ་བཅུ་ སྤོང་ཕར་ཕྱིན་བཅུ། །ལེགས་སྤྱོད་དགེ་བ་ཀུན་གྱི་མཐར་ཐུག་པ། །ཀུན་ཁྱབ་ཆོས་ཉིད་རྣམ་ དག་རང་གནས་ལས། །གཞན་དུ་མི་འཚོལ་ཡིད་ཆེས་དགའ་སྤྲོའི་ངང༌། །ཆོས་ཀྱི་དབྱིངས་དེ་ མི་རྟོག་ཡེ་ཤེས་ཀྱིས། །ཇི་བཞིན་མངོན་དུ་བྱ་བའི་ཐབས་ལ་འབོད། །དེ་ཡང་ཐོག་མར་འདུ་ འཛི་ཀུན་སྤངས་ཏེ། །དབེན་པའི་གནས་སུ་བསེ་རུ་ལྟ་བུར་བྱོས། །རྩེ་གཅིག་བསྒོམ་པས་ཏིང་ འཛིན་མཆོག་མྱུར་ཐོབ། །ཅེས་པའི་གདམས་པ་ལེགས་མནོས་ལ་བརྟེན་ནས། །བུ་མོ་པདྨའི་ ཟླ་མཛེས་ཆོས་ཉིད་ལ། །ཡིད་ཆེས་འཁོར་བར་སྐྱོ་ནས་ཡང་སྨྲས་པ། །ལེགས་སོ་དཀོན་ མཆོག་དྲིན་གྱིས་དེ་རིང་ནི། །བདག་གིས་ཐར་པའི་སྐལ་རྙེད་དོན་ཆེན་འགྲུབ། །རྣམ་རྟོག་ ལས་ཀྱིས་འགྲོ་དྲུག་འཁོར་བར་འཁྱམས། །དེ་ཕྱིར་བདག་ནི་ཏིང་འཛིན་བསྒོམ་དུ་འགྲོ། །ཞེས་སྨྲས་དེ་མ་ཐག་ཏུ་ནམ་མཁའ་ལ། །སངས་རྒྱས་སྣང་བ་མཐའ་ཡས་འཁོར་གྱི་ཚོགས། 1-1-90 །དགེ་སློང་སྟོང་ཕྲག་མང་པོས་བསྐོར་ནས་སུ། །མདུན་དེར་ལྷགས་ནས་གཞོན་ནུ་ལི་ཙ་བཱི། །བདེ་བ་ཅན་དུ་སྤྱན་དྲངས་ཕྱི་བཞིན་ལ། །བུ་མོ་སྒྲིབ་པ་མེད་ཅིང་ཞིང་དེར་བཞུད། །དེ་སྐབས་ མཁའ་ལས་རང་སྒྲ་འདི་ལྟར་དུ། །ལེགས་མཐོང་གཞོན་ནུ་ལྷ་མོ་ལྷན་ཅིག་པར། །ཡེ་ཤེས་ ཟག་མེད་བརྙེས་ཏེ་ཆོས་དབྱིངས་སུ། །རོལ་པའི་ཚུལ་དང་མི་རྟག་སྡུག་བསྔལ་དང༌། །བདག་ མེད་ཞི་བའི་སྡོམ་བཞི་གཙང་རྟག་གི །ལོག་ཞེན་སྤོང་ཚུལ་ཚིགས་བཅད་དབྱངས་སུ་སྒྲོག །ས་ གཡོ་སྒྲ་དང་འཇའ་ཟེར་གྱིས་ཁྱབ་ཅིང༌། །དེ་འདྲའི་ངོ་མཚར་དཔལ་མངའ་ལི་ཙ་བཱི། །དུས་ མཐར་རྟོན་པ་བཞི་ལྡན་སྤྲུལ་སྐུར་བཞེངས། ། རིགས་ལྡན་སྤྲུལ་སྐུ་ཀུན་མཁྱེན་རྟོན་པ་བཞི་ལྡན་གྱི་སྐྱེས་རབས་རྟོགས་བརྗོད་རྒྱས་པ་ ལས་ལི་ཙ་བཱིའིརིགས་སུ་སྐྱེས་པའི་རབས་ཏེ་ལེའུ་བརྒྱད་པའོ།། །། ༈ དེ་ནས་འཕགས་པ་བདེ་སྟོང་རོལ་མདོ་ལས། །གསུངས་ལྟར་སྔོན་བྱུང་འདས་པའི་སྔ་ རོལ་ཏུ། །འཇིག་རྟེན་འདི་ན་ཡང་དག་རྫོགས་སངས་རྒྱས། །འོད་སྲུང་ཞེས་བྱ་འཚོ་བཞུགས་ མཛད་པའི་སྐབས། །ཉེ་བའི་འཁོར་གྱུར་ཉན་ཐོས་བློ་འཆང་ཞེས། །དགྲ་བཅོམ་ཁུར་བོར་ ཟག་ཟད་རང་དོན་ཐོབ། །ཉོན་མོངས་མེད་པ་དེ་བཞིན་གཤེགས་དེ་ཡི། །ཉེ་གནས་མཆོག་ ཏུ་བྱེད་པ་ཞིག་ཡོད་ཅིང༌། །དེ་ནི་སངས་རྒྱས་ཀྱི་མཐུས་ཉིན་ཅིག་ཏུ། །སྔ་དྲོའི་ཆ་ལ་ཆོས་ གོས་ལྷུང་བཟེད་བཅས། །བསོད་སྙོམས་ལ་ཕྱིན་མ་ག་དྷར་ཕྱོགས་ནས། །ཡུལ་གྲུ་འཛིན་གྱི་ ཤོད་དུ་འབབ་པའི་ཚེ། །དེ་ནས་མུ་སྟེགས་རྒྱལ་པོ་དུག་མདའ་ཅན། །ཞེས་བྱ་ཞིག་གནས་དེ་ ཡིས་ངན་ཁྲིམས་ལ། །བརྟེན་ནས་ལམ་སྣ་ཐམས་ཅད་རྒྱ་སྒོ་བཙུགས། །རྒྱལ་པོས་མི་དྲུག་ ལག་ཏུ་མཚོན་ཆ་གཏད། །གནས་འདིར་གང་དུ་ཁྱོད་དྲུག་མ་གཏོགས་པའི། །སུ་འོང་ཐམས་ ཅད་གསོད་པའི་གཤེད་མར་བསྐོ ས། །མུ་སྟེགས་རྒྱལ་པོས་བསྒོས་ལྟར་གཤེད་མ་དྲུག །དེར་ འོང་སེམས་ཅན་གཞན་མཐོང་ཐམས་ཅད་བསད། །ཁྲིམས་ལས་ངན་པས་ས་ཕྱོགས་དེ་དག་ 1-1-91 ཏུ། །མི་དང་རྟ་གླང་བྱ་རིགས་སོགས་བསད་པས། །ཤ་ཚལ་ཁྲག་འཁྱིལ་རྒྱུ་མ་དམ་དུམ་ དང༌། །རུས་པ་ཁྲལ་ཁྲོལ་གྱིས་གང་ཡིད་གཟེང་གནས། །དེ་རུ་སེམས་དཔའ་ཉན་ཐོས་ཚུལ་ འཛིན་པ། །དགེ་སློང་བློ་འཆང་འཕྲལ་སླེབས་དེ་མ་ཐག །གཤེད་མ་དྲུག་པོ་དགེ་སློང་དྲུང་དུ་ བརྒྱུགས། །དེ་དག་གིས་ནི་ཧ་ཧའི་སྒྲ་སྒྲོག་ཅིང༌། །རྣོ་བའི་མཚོན་ཆ་ཕྱར་ནས་གསོད་པར་ཆས། །དེ་ཚེ་དགེ་སློང་སེམས་དཔའི་རྫུ་འཕྲུལ་གྱིས། །རང་ཉིད་ནམ་མཁའི་དབྱིངས་སུ་འཕུར་ནས་ བཞུགས། །སྐབས་དེར་གཤེད་མ་དྲུག་གིས་ཧ་ལས་ཏེ། །ཆོ་འཕྲུལ་དེ་ལ་བལྟ་བཞིན་ཅ་ཅོ་ འདོན། །དེ་དག་ནང་ནས་ཆེ་ཤོས་ཀྱིས་སྨྲས་པ། །ཀྱེ་མ་ལྷ་ཀླུ་ཚངས་བདུད་གང་ཡིན་རུང༌། །འདིར་བྱོན་ཁྱོད་ཉིད་རབ་བྱུང་ཆས་ཀྱིས་མཛེས། །དབུ་ཟླུམ་ཞབས་རྗེན་པད་སྤྱན་དྲི་མཆོག་ རྒྱས། །ལྷུང་བཟེད་འཁར་སིལ་ལེགས་བསྣམས་ཞི་ཞིང་འཛུམ། །གཉའ་ཤིང་གང་གཟིགས་ སྨིན་མཚམས་སྤུ་དཀར་འཁྱིལ། །གསེར་མདོག་བཞི་བཅུའི་ཚེམས་དཀར་ཕྱག་ཟུང་མཐིལ། །ཆུ་སྐྱེས་འདབ་སྟོང་གིས་མཚན་ཞབས་གཉིས་སུ། །འཁོར་ལོ་རྩིབ་སྟོང་དང་ལྡན་ཕྱག་ཞབས་ སོར། །རྡོ་རྗེའི་དྲ་བས་རབ་མཛེས་ལྗགས་ཡངས་སྲབ། །ཚངས་གསུང་སྙན་རྒྱས་ལོང་བུ་ གཞོལ་ཞིང་མཛེས། །བྱིན་པ་རི་དྭགས་ཨེ་ནྱའི་མཛེས་ཆ་རྫོགས། །གཞན་དང་མཚུངས་མེད་ ཁྱོད་ནི་སུ་ཞིག་ཡིན། །དེང་སྐབས་རྒྱལ་ཁྲིམས་མ་བཤིགས་ཤོ་གམ་སྩོལ། །གལ་ཏེ་ཁྲིམས་ འདས་བདག་ཅག་ས་བདག་གི །རྒྱལ་པོས་ཆད་པས་གཅོད་ཕྱིར་བརྩེ་གཟིགས་ཞུ། །དེ་སྐད་ སྨྲས་པས་དགེ་སློང་བྱང་སེམས་དེ། །སྙིང་རྗེས་ཐུགས་གཡོས་ཞལ་ནས་འདི་སྐད་གསུངས། །ང་ནི་ལྷ་སོགས་གང་མིན་འཕགས་པ་སྟེ། །དགེ་སློང་བློ་འཆང་ཞེས་བྱ་ཁྱེད་རྣམས་ལ། །རང་ གི་སེར་སྣ་དང་བྲལ་སྦྱིན་པ་དང༌། །ཉེས་འཇོམས་ཚུལ་ཁྲིམས་སྡང་མེད་བཟོད་པ་མཆོག །ལེ་ བཅོམ་བརྩོན་འགྲུས་གཡེང་ཞི་བསམ་གཏན་སེམས། །ལོག་བྲལ་ཤེས་རབ་ཕར་ཕྱིན་ཆོས་ ཆར་གྱིས། །ཤོ་གམ་ལེག་སྦྱིན་ཁྱེད་རྣམས་གང་མོས་མཛོད། །ཅེས་གསུངས་མཁའ་ལས་ས་ 1-1-92 ལ་བབས་མ་ཐག །གཤེད་མ་དེ་དྲུག་གིས་ནི་མཚོན་ཆའི་ཚོགས། །རལ་གྲི་སྟ་བོ་ཆེ་དང་སྤུ་གྲི་ རྣོ། །སོག་ལེ་མདའ་མདུང་སོགས་ཀྱིས་བརྡེགས་བརྡུངས་བྱས། །དེ་སྐབས་མཚོན་ཆ་རྣམས་ ཀྱང་དུམ་བུར་ཆག །ཅི་བྱས་བསད་ཐབས་གང་ནས་བྲལ་གྱུར་ཅིང༌། །དགེ་སློང་སེམས་དཔའི་ གཟི་བརྗིད་ལྷག་པར་འབར། །དེ་ནས་གཤེད་མ་རྣམས་ཀྱིས་དེའི་གནས་ཚུལ། །རྒྱལ་པོ་ལ་ ཞུས་ས་བདག་ཐེ་ཚོམ་སྐྱེས། །དེར་བལྟར་ཕྱིན་ཏེ་ཙན་དན་མེ་དཔུང་དུ། །དགེ་སློང་བཅུག་ ནས་བསྲིག་ཚེ་མེ་འུར་སྒྲས། སུམ་ཅུ་རྩ་གསུམ་ལྷ་རྣམས་སྐྲག་པར་བྱེད། །དུ་བ་ཆེར་འཁྲིགས་ གྲུ་འཛིན་གནས་ཡུལ་དུ། །ཚངས་པའི་རྟེན་དང་རིག་བྱེད་གླེགས་བམ་སོགས། །གང་ཡོད་མུ་ སྟེགས་གཙུག་ལག་ཁང་ཀུན་བསྲིགས། །མེ་ལྕེ་སེམས་དཔའི་སྐུ་ལ་ཞག་གཅིག་འབར། །དེ་ ནས་མེ་དཔུང་ཞི་སྙམ་རྒྱལ་པོ་དང༌། །གཤེད་མ་རྣམས་ཀྱང་རུས་བུ་ཚོལ་དུ་སོང༌། །སྐབས་ དེར་མེ་ལྕེ་འཁྱིལ་བའི་དཀྱིལ་དབུས་སུ། །སེམས་དཔའི་སྐུ་སྨད་ནུབ་སྟེ་སྐུ་སྟོད་ནི། །ཆེས་ གསལ་ཟིལ་བ་ཁྲོམ་མེར་ན་བཟའ་གསོལ། །གནོད་མ་ཐུབ་པར་མཐོང་ནས་དེར་གནས་ ཀུན། །སེམས་ཞུམ་ནང་མི་མཐུན་པ་དེའི་རྐྱེན་ལས། །གཤེད་མ་རྣམས་ཀྱིས་རྒྱལ་པོ་ཉིད་ བཟུང་ནས། །གསོད་པ་རྩོམ་སྐབས་རྒྱལ་པོས་ཅི་བྱེད་ཟེར། །གཤེད་མ་རྣམས་ཀྱིས་ངེད་དྲུག་ མ་གཏོགས་པར། །འདི་ན་གང་འོང་གསོད་པའི་ཁྲིམས་ཡོད་ན། །དེ་རིང་ཁྱོད་རེས་ལ་བབ་ གསད་དོ་ཟེར། །རྒྱལ་པོ་ཤིན་ཏུ་སྐྲག་ནས་ཆོ་ངེ་འདེབས། །སྐད་འདར་བཞིན་པར་ཕྱོགས་ ཀུན་སྐྱབས་ཚོལ་བྱེད། །དེ་སྐབས་སེམས་དཔའ་ཆེན་པོ་དེའི་རྩར་བྱོན། །རྒྱལ་པོ་ལ་གསོལ་ ཀྱེ་མ་ཁྱོད་ཉོན་ཅིག །རང་སྲོག་གཅོད་བྱེད་ལས་ངན་རང་གིས་བྱས། །ཉེས་མེད་སེམས་ཅན་ མང་བསད་ཤ་ཁྲག་རུས། །སྣ་ཚོགས་ཀྱིས་གང་དུར་ཁྲོད་འཇིགས་རུང་འདིར། །ཁྱོད་ཉིད་ལ་ བབ་འདི་ཕྱིའི་སྡུག་བསྔལ་ཆེ། །ད་ཕན་གཞན་གནོད་སྤང་ན་ངས་བསྐྱབ་གསུངས། །རྒྱལ་ པོས་འཇིགས་སྐྲག་ངང་ནས་སྐད་འདར་བཞིན། །ཀྱེ་ཧུད་གཏི་མུག་དབང་གིས་ལས་ངན་ 1-1-93 བསགས། །རྣམ་སྨིན་རང་ལ་ཐོག་བབ་སྡུག་བསྔལ་ལས། །ཐུགས་རྗེས་སྐྱོབ་ན་ཁྱེད་གསུང་ ཅིས་མི་བསྒྲུབ། །སྨྲས་ཚེ་སེམས་དཔའ་ཆེན་པོའི་མཐུ་ནུས་ཀྱིས། །མུ་སྟེགས་རྒྱལ་པོ་སྡུག་ བསྔལ་དབུགས་ལས་དབྱུང༌། །དགའ་མགུ་ཐོབ་ནས་བདེ་བའི་དཔལ་ལ་རོལ། །དེ་སྐད་སྒྱུ་ མའི་ཆོ་འཕྲུལ་གང་འདི་ཡང༌། །རིགས་ལྡན་བླ་མ་ཆོས་རྗེའི་སྐྱེས་རབས་ཡིན། ། རིགས་ལྡན་སྤྲུལ་སྐུ་ཀུན་མཁྱེན་རྟོན་པ་བཞི་ལྡན་གྱི་སྐྱེས་རབས་རྟོགས་བརྗོད་རྒྱས་པ་ ལས་སེམས་དཔའ་བློ་འཆང་དུ་སྐྱེས་པའི་རབས་ཏེ་ལེའུ་དགུ་པའོ།། །། ༈ དེ་ནས་ས་ཡི་དབང་ཕྱུག་གིས་ཞུས་པའི། །མདོ་དང་ཟ་མ་ཏོག་བཀོད་སྡེ་སྣོད་ལས། །ཇི་སྐད་བྱུང་བཞིན་སྔོན་དུས་ཤིག་གི་ཚེ། །དེད་དཔོན་ཚོང་པ་ལྔ་བརྒྱ་དང་བཅས་པ། །རྒྱ་ མཚོར་ནོར་བུ་ལེན་དུ་ཕྱིན་པ་ལ། །རླུང་གི་འཇིགས་པས་གྲུ་གཏོར་ཚོང་པ་རྣམས། །གྲུ་དུམ་ ལ་བརྟེན་མཚོ་མཐར་འཕྱན་པ་ལས། །སྲི ན་ཡུལ་སིང་ག་གླིང་གི་ཉེ་འདབས་ཕྱིན། །སྲི ན་མོ་ ལྔ་བརྒྱས་གཞོན་ནུ་མའི་གཟུགས་བཟུང༌། །ཚོང་དཔོན་ཚོང་པ་བཅས་ལ་རང་འཚམས་དང༌། །མཐུན་པའི་བསྙེན་བཀུར་ཟོལ་གྱིས་བསླུ་བར་བྱས། །དེ་ནས་སྲི ན་མོ་དག་གིས་ཚོང་པ་ རྣམས། །རེ་རེ་བཞིན་དུ་རང་ཁྱིམ་ལ་ཁྲིད་དེ། །ཚོང་དཔོན་ཉིད་ནི་རྒན་པོ་ཞིག་ཁྱིམ་གནས། །དེ་རྣམས་རོ་མཆོག་གིས་ཚིམ་རྩེ་དགར་རོལ། །དེ་ལྟར་ཞག་འགའ་སོང་རྗེས་ནུབ་ཅིག་ཏུ། །དེད་དཔོན་གནས་སར་གཉིད་ཀྱིས་ལོག་པའི་ཚེ། །གནས་བདག་མོ་ཡིས་གློ་བུར་གད་མོ་ དགོད། །དེད་དཔོན་གྱིས་དྲིས་མོ་ཡིས་ལན་སྨྲས་པ། །སིང་ག་ལ་གནས་བུད་མེད་གང་ཡོད་ ཚད། །སྲི ན་མོ་ལགས་ཏེ་ཁྱོད་སོགས་ཚོང་པ་རྣམས། །རིམ་པས་སྲོག་གི་འཚོ་བ་མེད་པར་ བྱེད། །ཅེས་ཟེར་དེད་དཔོན་གྱིས་སྨྲས་གནས་ཚུལ་དེ། །ཇི་ལྟར་ཐབས་གང་གིས་ཤེས་ཟེར་ བ་ན། །མོས་སྨྲས་འདི་ནས་ལམ་སྲང་དུ་སོང་ལ། །ཕ་རོལ་ལྕགས་ཀྱི་ཁང་པ་སྐར་ཁུང་དང༌། །རྟ་བབས་མེད་པ་ཞིག་ཡོད་དེའི་ནང་དུ། །ཚོང་པ་ལྔ་བརྒྱ་གསོན་འགུམ་འདྲེས་མར་གནས། 1-1-94 །ཁྱོད་བཞུད་ལྟོ ས་དང་ཚུལ་དེར་ཡིད་ཆེས་འགྱུར། །དེ་སྐད་ཟེར་བཞིན་མཚན་མོ་དེ་ཉིད་ལ། །གཞན་ཀུན་མནལ་དུ་སོང་སྐབས་དེད་དཔོན་རང༌། །རལ་གྲི་ཟླ་བ་ལྟར་སྣང་ཐོགས་ནས་ སུ། །ལྕགས་ཀྱི་གྲོང་ཁྱེར་གང་དུ་ཡོད་སར་ཕྱིན། །ཁོར་ཡུག་ཀུན་ཏུ་བསྐོར་ཀྱང་སྒོ་མ་རྙེད། །མཚམས་དེར་ཙམ་པ་ཀ་ཡི་ཤིང་ལ་བརྟེན། །ལྕགས་ཁང་སྟེང་ནས་ཚོང་པའི་གནས་ཚུལ་ ཤེས། །ཚུར་འོང་གནས་བདག་མོ་ལ་ཐབས་དྲིས་པས། །སེམས་དཔའི་སྤྲུལ་པ་རྟ་རྒྱལ་བྷ་ ལ་ཧ། །གསེར་བྱེའི་ཐང་ལ་འགྲེ་ལྡོ ག་ལེགས་བྱེད་སྐབས། །དེ་ལ་མངོན་ཕྱོགས་སྲོག་གེགས་ ལས་ཐར་ཐབས། །ཇི་བཞིན་ཤེས་ནས་ཕྱི་ཉིན་དེད་དཔོན་གྱིས། །ཚོང་པ་ཀུན་བསྡུས་གནས་ ཚུལ་ཞིབ་དྲིས་ཚེ། །དེ་དག་གིས་ནི་རང་རང་ལ་འོས་པའི། །བསླུ་ཚུལ་སྣ་ཚོགས་ཟེར་ཞིང་དེ་ དག་ལ། །ཚོང་དཔོན་གྱིས་སྨྲས་ཀ་ཡེ་ཁྱོད་རྣམས་ཉོན། །ཞག་གསུམ་ནས་ནི་གསེར་གྱི་བྱེ་ ཐང་དུ། །སེམས་ཅན་དམན་ཕོངས་ལ་བརྩེ་སེམས་དཔའ་ཡིས། །སྤྲུལ་པའི་ཅང་ཤེས་རྒྱལ་ པོ་བྷ་ལ་ཧ། །ཕར་ཚུར་འགྲེ་ལྡོ ག་བྱེད་ཅིང་ལུས་སྤྲུག་སྟེ། །རྒྱ་མཚོའི་ཕ་རོལ་ཏུ་ནི་སུ་འགྲོ་ ཞེས། །གསུངས་ནས་བདག་ཅག་བརྩེ་བས་རྗེས་འཛིན་འགྱུར། །དེ་ཚེ་ཁྱོད་ཚོ་བུད་མེད་ལ་ མ་ཆགས། །རྗེས་བསྙེགས་གང་ལ་ཕྱི་མིག་མི་ལྟ་བར། །བློ་རྩེ་གཅིག་པས་རྟ་མཆོག་རྒྱབ་ཏུ་ ཞོན། །དེ་འདྲ་ནུས་ན་རང་ཅག་གེགས་ལས་ཐར། །དེ་སྐད་སྨྲས་པས་ཚོང་པ་དེ་རྣམས་ཀྱིས། །གྲ་སྒྲིག་ལེགས་བྱས་ཉིན་གསུམ་ནང་མོ་ནས། །གསེར་བྱེ་ཐང་དུ་ཐམས་ཅད་འདུ་འཚོགས་ བྱས། །ཉི་ཤར་ཚེ་ན་རྟ་རྒྱལ་ཅང་ཤེས་ཏེ། །ཐང་དཀྱིལ་དེར་ནི་འགྲེ་ལྡོ ག་སྤུ་སྤྲུག་ཅིང༌། །སྨན་ སྤང་ཟ་བཞིན་ཀུན་ལ་འདི་སྐད་སྒྲོག །ཁྱེད་རྣམས་ཕ་རོལ་སུ་འགྲོ་འདོད་པ་དག །ང་ཡི་རྒྱབ་ ཏུ་ཞོན་ལ་ཕྱིར་མ་ཆགས། །ཕྱི་མིག་མི་ལྟ་བློ་རྩེ་ང་ལ་གཏོད། །དེ་ལྟར་མཛོད་དང་ཁྱེད་ཅག་ གླིང་འདི་ནས། །རྒྱ་མཚོའི་ཕ་རོལ་རང་ཁྱིམ་བདེ་བར་སླེབས། །ཅེས་བསྒྲགས་སྤྲུལ་པའི་ཅང་ ཤེས་འགྲོར་ཆས་ཚེ། །ཚོང་དཔོན་ཚོང་པ་ཐམས་ཅད་དེའི་རྒྱབ་ཞོན། །སྐབས་དེར་སྲི ན་མོ་ 1-1-95 གང་དག་རྗེས་བསྙེགས་ནས། །ངུ་སྒྲ་ཅ་ཅོ་ཟེར་ཞིང་རང་རང་གིས། །བསླུ་ཚིག་སྣ་ཚོགས་དིར་ དིར་སྒྲོག་པའི་ཚེ། །དེད་དཔོན་གཙོར་བྱས་ཚོང་བ་འགའ་མ་གཏོགས། །ཕལ་ཆེར་ཕྱི་མིག་ བལྟས་པས་ཁ་སྦུབས་ལྷུང༌། །དེ་དག་ཆུ་ཡི་ནང་དུ་འགྱེལ་བ་ན། །སྲི ན་མོ་རྣམས་ཀྱིས་སྐད་ ཅིག་དྲངས་ཤིང་ཟོས། །ཚོང་དཔོན་འཁོར་བཅས་རྒྱ་མཚོའི་ཕར་འགྲམ་དུ། །བཞག་ནས་སྐུ་ དྲིན་གསོ་ཕྱིར་ཕྱག་སྐོར་བྱས། །སྤྲུལ་པའི་རྟ་རྒྱལ་རང་གནས་གང་དེར་བཞུད། །ཚོང་དཔོན་ གྲོགས་བཅས་རང་རང་ཁྱིམ་དུ་འབྱོར། །ཕ་མ་ཉེ་དུ་རྣམས་ཀྱང་ཆེས་དགའ་སྟེ། །དགའ་སྟོན་ དང་བཅས་བདེ་སྐྱིད་རྟག་པར་བྱུང༌། །ཕྲིན་ལས་འགྲོ་འདུལ་མཛད་ཆེན་ཡ་མཚན་པ། །ཀུན་ མཁྱེན་རྟོན་བཞི་ལྡན་པའི་སྔོན་རབས་འཕྲུལ། །གང་ལ་གང་འདུལ་དེ་བཞིན་ཐོགས་པ་མེད། ། རིགས་ལྡན་སྤྲུལ་སྐུ་ཀུན་མཁྱེན་རྟོན་པ་བཞི་ལྡན་གྱི་སྐྱེས་རབས་རྟོགས་བརྗོད་རྒྱས་པ་ ལས་རྟ་རྒྱལ་མཆོག་གྱུར་དུ་སྐྱེས་པའི་རབས་ཏེ་ལེའུ་བཅུ་པའོ།། །། ༈ དེ་ནས་འཕགས་པ་ཡོངས་གྲུབ་གསལ་བའི་མདོར། །ལེགས་གསུང་ཇི་བཞིན་སྔོན་ བསྐལ་འབུམ་ཕྲག་ནི། །བཅུ་དྲུག་དག་གི་གོང་རོལ་འཇིག་རྟེན་དུ། །བཅོམ་ལྡན་མ་ཆགས་ པདྨའི་སྤྱན་ཞེས་པ། །བྱོན་དུས་ཡངས་པ་ཅན་གྱི་མཐའ་ལོགས་སུ། །ཤིང་ནི་ཨ་མྲའི་ནགས་ ཚལ་ནང་གནས་པ། །རིག་བྱེད་སྟོན་པ་བྷ་ར་ཧཱ་ཞེས་བྱ། །དེས་ནི་དབང་ཕྱུག་ཆེན་པོའི་མཆོད་ སྟོན་བཙུགས། །རྒྱལ་པོ་ཤང་ཀ་རས་ནི་མཆོད་སྟོན་དེར། །མངའ་ཞབས་ཐམས་ཅད་བསྡུས་ ནས་དེ་དག་གིས། །ཕྱུགས་ཀྱི་མཆོད་སྦྱིན་སྒོ་ནས་བཀུར་དུ་བཅུག །ཤིང་དང་ནགས་ཚལ་ལ་ ཡང་དུས་རྒྱུན་མཆོད། །དེ་ནས་རེ་ཞིག་ཚེ་ན་ཤིང་གསེབ་ཏུ། །རིག་བྱེད་སྟོན་པ་འདུག་པའི་ དྲུང་གི་ཤིང༌། །ཨ་ཀར་ཡལ་ག་ཞིག་གི་སྟེང་ཤེད་ན། །བྱང་སེམས་རིགས་ཅན་རི་དྭགས་རུ་ རུ་ཞིག །ཕྱིན་ནས་དེ་ཚེ་སྟོན་པ་ལ་སྨྲས་པ། །ཀྱེ་མ་མི་ལུས་ཐོབ་དུས་ལམ་ངན་སྤྱོད། །ཚེ་མི་ 1-1-96 རྟག་ཅིང་ཐར་རྒྱུ་ལོག་པ་སྒྲུབ། །ཅེས་ཟེར་ལན་དུ་མུ་སྟེག་སྟོན་པས་སྨྲས། །རི་དྭགས་མི་སྐད་ འདོན་པ་ལྟས་ངན་ཡིན། །དབང་ཕྱུག་རིག་བྱེད་མཐུ་ཡིས་མྱུར་བཟློག་མཛོད། །ཅེས་སྨྲས་ ལན་དུ་རི་དྭགས་ཀྱིས་བརྗོད་པ། །སྲོག་འཚོའི་ཟས་གདུག་འཆི་ལྟར་ཐར་འདོད་ཀྱིས། །ཤིང་ ཚལ་ཤ་ཁྲག་མཆོད་པ་ངན་འགྲོའི་རྒྱུ། །སྲི ན་བུ་ཀ་རའི་བུ་རྣམས་མ་གསོད་ལྟར། །དབང་ཕྱུག་ ཤ་ཁྲག་མཆོད་རྣམས་རང་ཕུང་འགྱུར། །ཕྱེ་ལེབ་མར་མེའི་འོད་རྒྱུག་འཆི་བ་ལྟར། །ཐར་རློམ་ འཚེ་བ་བྱེད་རྣམས་ངན་འགྲོར་ལྷུང༌། །དེ་སླད་ཐབས་ཚུལ་ལོགས་པ་ལྟས་ངན་ཡིན། །དེ་སྐད་ བརྗོད་ཚེ་རིག་བྱེད་པ་ན་རེ། །དབང་མཉེས་སྲོག་གི་མཆོད་སྦྱིན་ཐར་པའི་རྒྱུ། །རིག་བྱེད་ལས་ གསུངས་ཕྱིར་ན་མདོར་མི་རིགས། །ཞེས་ལན་རུ་རུས་ལེགས་སྨྲས་བདག་གི་ཚིག །བརྫུན་ པར་གྱུར་ན་རང་མགོ་ལྕེ་ཡན་ལག །ཚལ་བ་བརྒྱར་ཁོས་གལ་ཏེ་བདེན་གྱུར་ན། །དབང་ཕྱུག་ ལྷ་རྟེན་འགྱེལ་བའི་བདེན་ཚིག་བརྗོད། །དེ་མ་ཐག་ཏུ་དབང་ཕྱུག་སྐུ་རྟེན་ཀྱང༌། །དུམ་བུ་ཚལ་ བར་འགྱེལ་སྐབས་དེར་ཡིད་ཆེས། །མུ་སྟེགས་སྟོན་པས་གུས་ཤིང་ལན་སྨྲས་པ། །ལེགས་སོ་ གཡུ་མདོག་གསེར་རྭ་དུང་གི་ཞལ། །བྱི་རུའི་རྨིག་ཅན་རི་དྭགས་ཁྱོད་སྨྲས་བདེན། །དབང་ ཕྱུག་ཆོས་ལ་ཐང་ཆད་ཡང་དག་གི །དམ་པའི་ཆོས་གཞན་གནང་བར་ཞུས་པ་ན། །བྱང་ སེམས་རི་དྭགས་གཟུགས་ཀྱིས་དེར་གསོལ་བ། །འོ་ན་ད་ལྟར་ལེགས་བཞུགས་རྫོགས་ སངས་རྒྱས། །སྟོན་པ་འཇིག་རྟེན་མཁྱེན་མངའ་བཅོམ་ལྡན་འདས། །མ་ཆགས་པདྨའི་སྤྱན་ ཅན་ཞེས་བྱ་བས། །ཝཱ་རཱ་ཎ་སཱིར་ཆོས་ཀྱི་འཁོར་ལོ་བསྐོར། །ཐར་པ་དོན་དུ་གཉེར་ན་དེར་ སོང་དང༌། །གནས་སྐབས་མཐར་ཐུག་དགོས་ཆེན་ལེགས་འགྲུབ་ངེས། །ཞེས་པའི་ལེགས་ བསྒོ་ལྟར་དུ་སྟོན་པ་ཉིད། །གཞན་ཡང་ཆོས་ལ་རྒོལ་བའི་མུ་སྟེགས་རིགས། །སྟོང་ཕྲག་དུ་མ་ དང་བཅས་དེ་ཐམས་ཅད། །རིག་བྱེད་ཆོས་ལུགས་དོར་ནས་བཅོམ་ལྡན་དེའི། །དྲུང་དུ་ཉེར་ ལྷགས་ཞབས་ལ་གུས་ཕྱག་དང༌། །མཆོད་པ་ཕུལ་ནས་སངས་རྒྱས་མཆོག་ཉིད་ཀྱི། །བསྟན་ 1-1-97 པ་ལ་ཞུགས་འཕགས་པའི་བདེན་བཞི་ཐོབ། །དེ་ལྟར་ཕན་མཛད་རི་དྭགས་ལི་ཙ་བཱི། །སྙིགས་ མའི་དུས་འདིར་ཀུན་མཁྱེན་སྤྲུལ་པ་འགྱེད། ། རིགས་ལྡན་སྤྲུལ་སྐུ་ཀུན་མཁྱེན་རྟོན་པ་བཞི་ལྡན་གྱི་སྐྱེས་རབས་རྟོགས་བརྗོད་རྒྱས་པ་ ལས་རི་དྭགས་རུ་རུ་དེར་སྐྱེས་པའི་རབས་ཏེ་ལེའུ་བཅུ་གཅིག་པའོ།། །། ༈ དེ་ནས་ཆོ་འཕྲུལ་ཆེན་པོ་ལེགས་བསྟན་པའི། །མདོ་སྡེ་ལས་ནི་ཇི་སྐད་གསུངས་ བཞིན་ཏེ། །སྔོན་བྱུང་བསྐལ་པ་བརྒྱ་ཕྲག་འདས་པའི་གོང༌། །བཅོམ་ལྡན་གདུགས་དམ་པ་ཡི་ དཔལ་ཞེས་པ། །སངས་རྒྱས་གང་དེའི་བསྟན་ལ་རྒྱལ་པོ་ནི། །ཨ་འཛིན་ཞེས་བྱ་གྲོང་ཁྱེར་མ་ ག་དྷར། །འབྱོར་པ་ཆེ་ཞིང་དབང་སྟོབས་རབ་དར་བ། །རིག་པ་དྭངས་ཤིང་ཆོས་ལ་དགའ་བ་ ཡིས། །དཀོན་མཆོག་གསུམ་ལ་བཀུར་སྟི་བྱེད་པ་བྱུང༌། །དེ་ཡི་རྒྱལ་བུ་པར་ཙི་ཀ་ཞེས་པ། །ཁ་ བ་ལྟར་དཀར་མཛེས་ཤིང་བལྟ་ན་སྡུག །མི་ཡི་མཚན་ཉིད་ཡ་མཚན་ཅན་ཞིག་ཡོད། །རྒྱལ་བུ་ དེ་ནི་རིང་པོར་མ་ཐོགས་པར། །རྫོགས་སངས་རྒྱས་དེའི་བསྟན་ལ་རབ་ཏུ་བྱུང༌། །འབད་སྒོམ་ སྟོབས་ཀྱིས་དགྲ་བཅོམ་མྱུར་དུ་ཐོབ། །རྫུ་འཕྲུལ་སྟོབས་དང་མངོན་ཤེས་ལྔ་ལ་གནས། །དེ་ ནས་སངས་རྒྱས་ཀྱི་མཐུས་རེ་ཞིག་ཚེ། །སྔ་དྲོའི་ཆ་ལ་ཤམ་ཐབས་ཆོས་གོས་བགོས། །ལྷུང་ བཟེད་འཁར་གསིལ་ཐོགས་ནས་ནམ་མཁར་གཤེགས། །ཡུལ་ནི་ཤིང་ཐག་མཁན་དུ་བབས་ པའི་ཚེ། །དེ་ན་རྒྱལ་པོ་ལྷའི་བློ་གྲོས་ཞེས་པས། །མུ་སྟེགས་སྟོང་ཕྲག་དུ་མར་བསྙེན་བཀུར་བ། །མཆོད་གནས་དེ་དག་འདུ་བའི་གྲལ་གསེབ་ཏུ། །བྱང་སེམས་དགྲ་བཅོམ་ཚུལ་འཛིན་གང་ དེ་འདུག །མུ་སྟེགས་དེ་དག་དེ་ལ་ཕྲག་དོག་སྐྱེས། །དེ་རྣམས་གཙོར་གྱུར་ཉི་མ་བཟང་ཞེས་ པས། །སེམས་དཔའ་ལ་སྨྲས་ཁྱོད་ཉིད་རིག་བྱེད་ལ། །ད་ལྟར་འཇུག་གམ་དྲིས་ཚེ་དེའི་ལན་ དུ། །སེམས་དཔའ་མཆོག་དེས་བདག་གི་ལྷུང་བཟེད་འདི། །བསྒུལ་གྱུར་ཚེ་ན་ད་གཟོད་རང་ ཉིད་ཀྱང༌། །ནང་པའི་ཆོས་འདོར་རིག་བྱེད་ལ་ཡང་འཇུག །གལ་ཏེ་བསྒུལ་མ་ཐུབ་ཚེ་ཁྱོད་ 1-1-98 རྣམས་ཀྱང༌། །སངས་རྒྱས་ཆོས་ལ་ཡང་དག་འཇུག་དགོས་ཞེས། །ལྷུང་བཟེད་སྟན་ལ་བཞག་ པ་དེ་དག་གིས། །ཡང་ཡང་བཀྱགས་ཀྱང་ལྷུན་པོ་ལྟར་མི་གཡོ། །དེ་ལ་མུ་སྟེགས་ཉི་མ་བཟང་ པོ་ཡིས། །དགེ་སློང་ཁྱོད་ཀྱིས་རྫུ་འཕྲུལ་བསྟན་མོད་ཀྱང༌། །ད་ནི་བདག་གིས་རྫུ་འཕྲུལ་སྟོན་ རེས་བབས། །རྫུ་འཕྲུལ་དེ་བཤིག་ཐུབ་ན་བདག་ཅག་ཀུན། །ནང་པར་འཇུག་ལ་མ་ཐུབ་ཁྱོད་ ཉིད་ཀྱང༌། །རིག་བྱེད་ལུགས་ལ་འཇུག་དགོས་ཞེས་སྨྲས་ནས། །ནམ་མཁར་སོང་ནས་ཚངས་ པ་གདོང་བཞིར་སྤྲུལ། །གདོང་རེ་ལས་ནི་རིག་བྱེད་སྣ་ཚོགས་སྟོན། །དེས་སྨྲས་ང་ཡིས་སྤྲུལ་ པ་སྒྱུ་མའི་འཕྲུལ། །དགེ་སློང་ཚུལ་འཛིན་ཁྱོད་ལ་སྟོབས་ཡོད་ན། །མྱུར་དུ་ས་ལ་འགྱེལ་བར་ གྱིས་ཤིག་ཟེར། །དེ་སྐབས་སེམས་དཔའི་འཕྲུལ་གྱིས་སྟེང་དུ་གཤེགས། །ལྷུང་བཟེད་འཁར་ གསིལ་ཐོགས་ནས་ཚངས་སྤྲུལ་མནན། །འོག་གཞི་ས་ཡི་བར་དུ་བཙིར་ཅིང་གཟིར། །སེམས་ དཔའི་ཞལ་ནས་འདུལ་དཀའ་ང་རྒྱལ་དག །འདུལ་མཛད་བཅོམ་ལྡན་པར་ཙི་ཀ་ང་ཡིན། །ནང་གི་ཉོན་མོངས་བདུད་དང་ལྷན་ཅིག་པར། །ཕྱི་རོལ་ལྟ་ངན་ཉི་མ་ཟིལ་གྱིས་གནོན། །དེ་ སྐད་གསུང་ཚེ་ཉི་མའི་རྫུ་འཕྲུལ་ཉམས། །ང་རྒྱལ་ཆག་སྟེ་གུས་པས་ཞུ་གསོལ་བ། །འཇིག་ རྟེན་མཁྱེན་མངའ་འཕགས་པ་པར་ཙི་ཀ །འགྲན་སེམས་ངན་བསྐྱེད་འདིས་གནོང་བདག་ འཁོར་བཅས། །ཁྱེད་ལ་གཏད་བགྱི་ཐུགས་རྗེས་བཀྱགས་པར་ཞུས། །འཕགས་པའི་ཞལ་ གསུང་ཡང་དག་ཆོས་སྒྲིབ་བྱེད། །ལྟ་ངན་རིགས་དོར་བསྟན་ལ་འཇུག་ན་གཏོང༌། །ཞེས་པའི་ བཀའ་བྱུང་ཚེ་ན་ཉི་མ་ཡིས། །འཕགས་མཆོག་བཀའ་བཞིན་ལེགས་བགྱིད་ཆོས་ཀྱི་རྒྱལ། །ལྷུན་པོས་ཉམ་ཆུང་གྲོག་མ་མནན་པ་ལྟར། །ཆེས་གཟིར་སྡུག་བསྔལ་དབུགས་དབྱུང་ཐུགས་ རྗེའི་གཏེར། །དེ་སྐད་གསོལ་ཚེ་སེམས་དཔས་འདི་སྐད་གསུང༌། །ཉོན་ཅིག་ལྟ་ངན་སྨྲ་ཁྱོད་ བདག་ལས་ནི། །ཁ་སྤུ་བྲིག་གམ་གཙོ་འཁོར་ཆོས་ལུགས་ལ། །ལེགས་འཇུག་བྱེད་དམ་རིག་ བྱེད་ཆོས་ངན་རིགས། །མཐའ་དག་འདོར་རམ་མི་འདོར་སྨོས་ཤིག་ཀྱེ། །ཞེས་གསུངས་ལན་ 1-1-99 དུ་སྙིང་ནས་གུས་ཞུ་བ། །མཁྱེན་པར་མཛོད་ཅིག་འཕགས་པ་ཁྱོད་ལས་ནི། །བདག་ཅག་ཁ་ སྤུ་ལེགས་བྲིག་ཐམས་ཅད་ཀྱང༌། །སངས་རྒྱས་ཆོས་ལ་ངེས་འཇུག་རིག་བྱེད་ལུང༌། །བརྫུན་ པར་ཐག་ཆོད་དེང་ནས་དགོས་མེད་དོར། །བློ་རྩེ་གཅིག་པས་ཁྱེད་ཀྱི་རྗེས་སུ་འབྲང༌། །དེ་ ལྟར་དམ་བཅའ་ཕུལ་ནས་མི་སྟེགས་ཚོགས། །གཙོ་འཁོར་བཅས་པ་ཆོས་ལ་ཞུགས་ནས་ སུ། །ཇི་བཞིན་སྒོམ་པས་ཐར་པ་མཆོག་ཐོབ་གྱུར། །འགྲོ་མགོན་དུས་ཕྱིའི་ལི་ཙ་བཱིར་གྱུར་ཏེ། །གངས་ལྗོངས་འདིར་ནི་རིགས་ལྡན་བླ་མར་ཕེབས། ། རིགས་ལྡན་སྤྲུལ་སྐུ་ཀུན་མཁྱེན་རྟོན་པ་བཞི་ལྡན་གྱི་སྐྱེས་རབས་རྟོགས་བརྗོད་རྒྱས་པ་ ལས་སེམས་དཔའ་པར་ཙི་ཀར་སྐྱེས་པའི་རབས་ཏེ་ལེའུ་བཅུ་གཉིས་པའོ།། །། ༈ དེ་ནས་ཚུལ་ཁྲིམས་དག་པའི་མདོར་གསུངས་བཞིན། །སྔོན་བསྐལ་དགུ་བཅུ་རྩ་དྲུག་ འདས་པ་ཡི། །སྔ་རོལ་ཏུ་ནི་སངས་རྒྱས་ཡེ་ཤེས་ཏོག །ཅེས་བྱ་འཇིག་རྟེན་དེར་ནི་ལེགས་བྱོན་ སྐབས། །གྲོང་ཁྱེར་ཆེན་པོ་སྒྲ་གཅན་འཛིན་ཞེས་པར། །རྒྱལ་པོ་རྔ་སྒྲ་ཅན་ཞེས་བྱ་བ་ཡོད། །དེ་ ནི་དཔལ་དང་སྙན་གྲགས་འཛམ་གླིང་ཁྱབ། །བཙུན་མོ་མཆོག་གྱུར་དྲི་མ་མེད་པ་ལ། །རིགས་ སྲས་རྒྱལ་བུ་འཇིག་རྟེན་དབང་ཕྱུག་འཁྲུངས། །ཤིན་ཏུ་གཟུགས་བཟང་ལྟ་ན་སྡུག་པར་ཡོད། །རྒྱལ་བུ་གཞོན་ནུ་བཅུ་དྲུག་ལོ་ལོན་ཚེ། །འཇིག་རྟེན་དེར་བཞུགས་སངས་རྒྱས་ཡེ་ཤེས་ཏོག །ག་ལ་བ་དེར་འབྱོར་བའི་མཆོད་པ་ཁྱེར། །ལམ་བར་དེ་ན་བུ་མོ་མཛེས་ལྡན་གཉིས། །བྱུང་ བ་དེར་འཕྲད་རྒྱལ་སྲས་མཛེས་པ་ལ། །གཞོན་ནུ་མ་གཉིས་རབ་ལྟ་ཚིག་སྨྲས་པ། །ཁོ་མོ་ཟུང་ ཡང་སྐྱེ་ཀུན་ཁྱོད་བཙུན་མོར། །ལུས་དང་གྲིབ་བཞིན་རྒྱུན་འགྲོགས་བྱེད་པར་སྨོན། །ཞེས་ པར་རྒྱལ་བུས་ལན་གསོལ་རབ་མཛེས་ཀྱི། །བུ་མོ་རྒྱན་བཟང་གཉིས་པོ་ཕ་ཡུལ་སོགས། །ག་ འདྲ་ཡོད་དང་མིང་ལ་ཅི་བགྱི་ཟེར། །དེ་ནས་བུ་མོ་གཅིག་གིས་རྒྱལ་སྲས་ལ། །མེ་ཏོག་ཨུ་དུམ་ ཝཱ་ར་བདུན་གཏོར་ནས། །ལན་སྨྲས་རྒྱལ་བུ་རིན་ཆེན་བདག་ལ་དགོངས། །ཁོ་མོའི་ཡུལ་ནི་ 1-1-100 བདེ་ལྡན་གྲགས་པའི་གྲོང༌། །ཡབ་མིང་གྲགས་འབྱུང་སྲས་མོ་ཉི་སྒྲོན་ལགས། །ཞེས་ཟེར་ཡང་ ཅིག་བུ་མོ་མཛེས་གཞན་མས། །མེ་ཏོག་ལྔ་གཏོར་འདི་སྐད་བདག་ཡུལ་ནི། །པདྨོ་སྤུངས་ཡིན་ ཡབ་མིང་དྲི་མ་མེད། །དེ་ཡི་སྲས་མོ་ནམ་མཁའི་སྒྲོན་མར་གྲགས། །ཞེས་སྨྲས་རྒྱལ་བུ་བཙུན་ མོ་གཉིས་བཅས་པ། །སངས་རྒྱས་ཡེ་ཤེས་ཏོག་བཞུགས་དྲུང་དུ་ཕྱིན། །གུས་ཕྱག་དང་བཅས་ གསེར་གྱི་དུང་ཙེ་དང༌། །ཨུ་དུམ་ཝཱ་ར་པདྨོ་དཀར་ལ་སོགས། །ལེགས་ཕུལ་བྱང་ཆུབ་མཆོག་ ཏུ་སེམས་བསྐྱེད་དེ། །རྒྱལ་བུས་འདི་སྨྲས་ཁོ་བོ་ཕྱི་མའི་དུས། །ཅི་འདྲར་འགྱུར་བ་ཁྱེད་ཀྱིས་ ལུང་བསྟན་གསོལ། །ཞུས་ཚེ་བཅོམ་ལྡན་དེ་ཡིས་བཀའ་བསྩལ་པ། །ཁྱོད་ཉིད་སྐལ་བཟང་ དུས་མཐར་ལི་ཙ་བཱི། །དེ་འདྲའི་ཚུལ་འགའ་འབྱུང་རྗེས་ཡང་དུས་མཐར། །སངས་རྒྱས་ཡེ་ ཤེས་འབྱུང་གནས་ཞེས་བྱར་འགྱུར། །ཞེས་ལུང་བསྟན་མཐར་དེ་དག་རང་ཡུལ་དུ། །ལེགས་ པར་ཕྱིན་ནས་རྒྱལ་སྲས་དམ་པ་དེས། །རྒྱལ་པོ་གྲགས་པ་འབྱུང་ལ་བུ་མོ་ཉིད། །བཙུན་མོར་ སློང་ཕྱིར་ཕོ་ཉ་རྟ་པ་སྟོང། །ལེགས་པར་བཏང་ནས་རྒྱལ་པོར་ཚུལ་དེ་སྨྲས། །ས་དབང་གིས་ ནི་བུ་མོར་ཞིབ་ཏུ་བསྙད། །བུ་མོ་དེས་ཀྱང་ཇི་བཞིན་འགྲོ་ཁས་བླངས། །དེ་ནས་གླང་ཆེན་སྟོང་ ཕྲག་རྟ་མཆོག་བརྒྱ། །གསེར་དངུལ་མུ་ཏིག་བྱི་རུ་དར་ཟབ་སོགས། །ཁྱད་འཕགས་ནོར་སྣ་ མང་པོས་རྫོངས་བྱས་ཏེ། །བུ་མོ་ཉི་མའི་སྒྲོན་མ་བག་མར་ཆས། །དེ་ཚེ་ཡབ་ཀྱིས་བསླབ་བྱ་ འདི་ལྟར་གནང༌། །བཀྲ་ཤིས་ལྷ་མོ་མཛེས་ཁྱོད་ལེགས་ཉོན་ཅིག །ཐག་རིང་སྒྲ་གཅན་གྲོང་ དུ་ཁྱོད་འགྲོ་ན། །བྱ་བ་ཐམས་ཅད་ཆོས་དང་མཐུན་པ་དགོས། །ཆོས་ཀྱི་སྙིང་པོ་ངེས་དོན་ གཤེགས་སྙིང་སྟེ། །དེ་ཡང་བུམ་ནང་མར་མེ་སོགས་བཞིན་ཏེ། །རང་གཞན་ཐམས་ཅད་ལ་ ནི་གདོད་ནས་བཞུགས། །དེ་ཕྱིར་སངས་རྒྱས་གཞན་ནས་མི་འཚོལ་བར། །རང་བྱུང་དེ་ཉིད་ རྟོགས་ཐབས་ཀུན་ནས་འབོད། །སྙིང་པོ་མ་མཐོང་སེམས་ཅན་སྡུག་བསྔལ་ཞིང༌། །དེ་དག་ ཐམས་ཅད་རང་གི་ཕ་མ་ཡིན། །སྦྱིན་པ་རྣམ་བཞིས་ཅི་ནུས་སྐྱོང་བར་རིགས། །སྡིག་ལྡན་སྐྱེ་ 1-1-101 བོ་རིམ་བཞིན་ཆོས་ལ་སྦྱོར། །ཚེ་འདི་མི་རྟག་ཡུད་ཙམ་གནས་པའི་རིང༌། །དོན་ཆེན་དགེ་བ་ འགྲུབ་ཐབས་གང་ཡོང་ལྟོ ས། །བྱ་བ་ཐམས་ཅད་སྔོན་བསམ་བཏང་ནས་ཀྱང༌། །ཀུན་མཐུན་ ཡོངས་ཐབས་འབད་ཅིང་ལྐོག་ཟས་དང༌། །ཤོ་གླུ་ཆང་སྤྱོད་འཚང་འབྲུ་འཐབ་མོའི་རིགས། །ཡོངས་སྤང་གཡོག་འཁོར་བློན་འབངས་ཟས་གོས་གཏོང༌། །ཁྱིམ་ཚེས་དག་ལ་གཡར་བོ་ ཅི་དགོས་དང༌། །གནོད་བྱེད་ཕལ་ལ་སྙིང་རྗེས་བློ་རྒྱ་བསྐྱེད། །རྙེད་བཀུར་རོ་ལ་མ་ཆགས་ གཡོ་སྒྱུ་སྤོང༌། །དམུ་རྒོད་སྐྱེ་བོའི་རིགས་ལ་མཛའ་མི་སྔ། །བྲན་གཡོག་སོགས་མི་མནར་ཞིང་ ཁྱིམ་གཙང་བྱ། །དམ་པའི་དྲུང་དུ་ངོ་ཚ་བག་ཡོད་ཀྱིས། །གུས་བཀུར་བློ་གཏོད་དགེ་ལས་ འབྲལ་མེད་མཛོད། །ཆོས་ལ་ལེགས་གཞོལ་སྒྲིབ་གཉིས་སྦུབས་གྲོལ་ཚེ། །ཆུ་གསེར་མཁའ་ བཞིན་ཆོས་སྐུ་གཤེགས་སྙིང་ཉིད། །གློ་བུར་དྲི་མ་དག་པའི་གཤིས་སུ་མངོན། །རང་གཞན་ དོན་གཉིས་ལྷུན་གྲུབ་དཔལ་དུ་སྤྱོད། །དེར་བརྟེན་ཀུན་ལ་དགེ་མཚན་ལེགས་སྒོ་འཕེལ། །ཞེས་སོགས་ཞིབ་མོའི་བཀའ་མོལ་ལེགས་གནང་སྐབས། །བུ་མོས་ཡབ་ཡུམ་ལ་ནི་ཕྱི་ཕྱག་ བཅས། །གསུང་ལན་ཀྱེ་མ་ཡབ་མཆོག་གང་གསུངས་ཀུན། །ཞྭ་བཞིན་སྤྱི་བོས་བཀུར་ངེས་ ཆོས་ཀྱི་རྒྱལ། །གཟི་ཕྲེང་བཞིན་དུ་མགུལ་བཏགས་གདུབ་ཀོར་བཞིན། །ལག་ཏུ་འཆང་ལ་ གྲི་བཞིན་རྐིད་དུ་བཏགས། །ཆོས་དོན་གཉེར་བགྱིད་འགྲོ་ལ་སྙིང་རྗེས་བསྐྱེད། །མགྲོན་ལ་ ཞབས་ཏོག་ངོ་ཚ་ཁྲེལ་བག་བསྡམས། །ཀུན་མཐུན་ཆོས་ལ་གུས་ཤིང་དེ་དོན་བསམ། །འཁོར་ བར་ཡིད་སྐྱོ་བྲན་གཡོག་ལེགས་སྐྱོང་དང༌། །གཤེ་སྤང་བྱམས་ཚིག་སྨྲ་སོགས་གང་བསླབ་ དོན། །བདག་གིས་ནན་ཏན་དུ་ནི་རེམ་པར་བགྱི། །ཤར་ལྷོ་ནུབ་བྱང་ལ་གནས་རིན་ཆེན་ བྲག །དཀར་ནག་དམར་སྔོན་མདོག་ལས་གྲུབ་པ་ཡི། །གླང་པོ་ཁྱུ་མཆོག་རྟ་སེང་འདྲ་བའི་ ཁར། །ཀུན་ནས་ཡོངས་འབབ་ཆུ་བོ་གང་གཱ་དང༌། །སི་ཏ་པཀྵུ་ནཻ་ར་ཛ་ན་བཞི། །ཆུ་རྒྱུན་ཆད་ མེད་དུས་སུ་ལེགས་བྱུང་བཞིན། །རྒྱལ་བློན་འབངས་དཔལ་རྟག་ཏུ་རྒྱས་པར་སྨོན། །ཞེས་ 1-1-102 སོགས་ལེགས་དགེའི་ཤིས་བརྗོད་དང་བཅས་ཏེ། །རང་ཡུལ་པདྨའི་གྲོང་ཁྱེར་ནས་བཏེག་ ཅིང༌། །སྒྲ་གཅན་རྒྱལ་པོའི་ཁབ་ཏུ་མངོན་པར་ཕྱོགས། །ལྷ་མོ་ཉི་སྒྲོན་རྫོང་ནོར་དང་བཅས་ སོང༌། །དེ་ཚེ་མཁའ་ལས་འཇའ་འོད་རབ་བཀྲ་ཞིང༌། །མེ་ཏོག་སྣ་ཚོགས་ཆར་བ་དངོས་སུ་ འཐོར། །དེ་འདྲའི་བཙུན་མོ་ཐོག་མར་ཁབ་ཏུ་བཞེས། །གཞན་ཡང་སྒྲ་གཅན་རྒྱལ་པོས་རྟ་ བ་བརྒྱ། །ཕོ་ཉར་མངགས་ཏེ་རིན་ཆེན་བཻཌཱུརྱ། །པདྨ་རཱ་ག་ཨསྨ་གར་བྷ་མཆོག །དངུལ་གྱི་ དུང་ཙེ་བརྒྱ་ཕྲག་བསྐུར་ནས་སུ། །རྒྱལ་པོ་དྲི་མེད་འོད་ཀྱི་བུ་མོ་བསླངས༌། །ས་དབང་གང་ དེས་བུ་མོར་ཇི་བཞིན་སྨྲས། །བུ་མོ་དེས་ཀྱང་དགའ་ཞིང་འོས་ཚུལ་བརྗོད། །དེ་ནས་གཉེན་ སྒྲིག་ཆས་བཟང་གསེར་དངུལ་དང༌། །དར་ཟབ་སྣ་ཚོགས་དངོས་རྫས་གྱ་ནོམ་པར། །རྫོང་ བསྐྱེལ་དུས་སུ་བབ་ཚེ་ཡབ་རྒྱལ་པོས། །བུ་མོ་ལ་སྨྲས་ལྟ་སྡུག་ཞི་དུལ་ཅན། །ལོངས་སྤྱོད་ ཕུན་ཚོགས་འབྱོར་མ་ཁྱོད་ཀྱིས་ཉོན། །སྔོན་བསགས་ཀྱིས་འཕངས་རྒྱལ་པོའི་བུ་མོར་སྐྱེས། །ད་ནི་ཐག་རིང་མི་ཁྱིམ་དུ་འགྲོ་ན། །ཁྱོད་ནི་ལྷ་རིགས་ཡིན་པས་ཉམས་གྲིབ་ལ། །བག་ཟོན་ དང་བཅས་མི་ཡི་སྤྱོད་ངན་རིགས། །འཁོན་འགྲས་འཐབ་མོ་སྤང་ཞིང་དཀོན་མཆོག་ལ། །བློ་ གཏད་ཡིད་ཆེས་གྱིས་ལ་མ་དད་བོར། །དགེ་བསྙེན་སྡོམ་སྲུང་ཁྲིམས་ཉམས་ང་རྒྱལ་སྤོངས། །བླ་མར་ཆོས་ཞུས་རྩེ་གཅིག་དད་མོས་ཀྱིས། །མཆེད་གྲོགས་དག་སྣང་ཆོས་ལ་བློ་ཕུགས་ གཏོད། །ལོག་འཚོ་སྡིག་ལས་ཆེ་ཆུང་ལ་འཛེམ་དགོས། །སྐུ་གསུང་ཐུགས་རྟེན་འབྲི ་བཞེངས་ གང་འཚམས་དང༌། །གསུང་རབ་འཆད་ཉན་ཁ་འདོན་ཕྱག་མཆོད་བསྐོར། །ཡོན་འབུལ་ལ་ སོགས་ཆོས་སྤྱོད་སྤྱི་ལ་འབོད། །དལ་རྟེན་ཐོབ་ཀྱང་ཁོམ་ལོང་ཆེར་མེད་པས། །གང་བྱས་ གཙོ་བོ་ཆོས་མཐུན་འོང་ཐབས་རེམ། །འཇིག་རྟེན་ཁྱིམ་ཐབ་བྱ་བ་ཡུལ་དང་བསྟུན། །ཁྱོད་ རང་བྱ་ཐབས་མཁས་ཀྱང་གཞན་དག་ལ། །ཁྱད་གསོད་བརྙས་པར་མ་བྱེད་ཚིག་གིས་བསྟོད། །ངོ་མཛུམ་མདངས་དཀར་ངང་རྒྱུད་འཇམ་དལ་སྒོས། །མཛངས་གཏམ་ཚོད་དང་ལྡན་པས་ 1-1-103 འཁོར་འབངས་སྐྱོང༌། །བསམ་བློ་སྔོན་བཏང་ལས་བྱ་ཀུན་སྙོམས་ཀྱིས། །ཕན་པ་ཕྱོགས་རེས་ མེད་པའི་མཛའ་སེམས་བསྐྱེད། །འདི་ཕྱིར་ཡང་ཡང་མཇལ་སྨོན་དེ་སོགས་གཞན། །གང་ འོས་བསླབ་བྱ་མཛད་སྐབས་བུ་མོས་ཀྱང༌། །གུས་ཞུ་ལན་གསོལ་མངའ་བདག་འབྱོར་སྟོབས་ རྒྱས། །བདག་བསྐྱེད་དྲིན་ཅན་ཡབ་རྗེ་ལེགས་དགོངས་མཛོད། །རང་ལུས་མྱུ་གུའི་དུས་ནས་ མ་སྨིན་པར། །ཡབ་ཡུམ་བརྩེ་བསྐྱངས་ན་ཚོད་རྫོགས་པའི་ཚེ། །ཕ་མ་ཉེ་འཁོར་ཀུན་བསྐྱུར་ རྒྱུས་མེད་ཡུལ། །ལས་དབང་མཐུ་ཡིས་བདག་བཟུང་དེ་རུ་འགྲོ། །དོན་མེད་མི་ལ་ཚེ་གཡོག་ བྱེད་དགོས་ཚུལ། །བསམ་ན་མི་དགའ་སྙིང་གི་ཟེའུ་འབྲུ་སྐྱོ། །བུ་མོ་ཟེར་བ་སྐྱེ་དམན་ལས་ འཕྲོ་ངན། །བག་མར་ཆེ་བརྗོད་ཇི་ལྟར་བྱས་གྱུར་ཀྱང༌། །དོན་ལ་ཐ་ཆད་ཁོལ་བོས་ཚེ་གང་ སྡུག །འདི་ཕྱིར་སྡུག་བསྔལ་རྒྱུ་བསགས་ཕན་པ་མེད། །བདེ་སྐྱིད་ཡུད་ཙམ་སྣང་ཡང་མི་རྟག་ འགྱུར། །འོན་ཀྱང་ཡབ་ཀྱི་བཀའ་ལྟར་གང་བཏང་གི །གནས་སུ་བུ་མོ་རང་འགྲོ་བཞག་སར་ འདུག །དྲིན་ཅན་ཡབ་རྗེས་ཕན་པར་གང་གསུང་དོན། །ཆོས་དང་འཇིག་རྟེན་ལུགས་སྲོལ་ དེ་དག་ཀྱང༌། །རང་གི་སྙིང་ལ་ལེགས་བཅངས་སྐུ་དྲིན་ཆེ། །ཡབ་ཁྱེད་འབྱུང་འདུས་སྐུ་ལུས་ གནོད་རྐྱེན་གྱིས། །ཡུན་རིང་བར་དུ་འཚེ་བྲལ་རྡོ་རྗེ་ལྟར། །སྐུ་ཚེ་རབ་བརྟན་ཡང་ཡང་མཇལ་ ནས་ཀྱང༌། །ཆོས་མཐུན་གསུང་གླེང་མྱུར་བགྱིད་རེ་སྨོན་སོགས། །ཞུས་ནས་བུ་མོ་དེ་ཡང་ བག་རྫོང་གི །འབྱོར་བ་རྒྱ་ཆེན་དང་བཅས་ཁབ་ཏུ་བསུས། །དེ་འདྲའི་སྒོ་ནས་རྒྱལ་སྲས་ འཇིག་རྟེན་དབང༌། །ས་བདག་འབངས་རྗེ་རྒྱལ་པོར་དབང་བསྐུར་ཏེ། །རྒྱལ་ཁམས་བདེ་ འབྱོར་རབ་དར་མངའ་འོག་ཏུ། །གང་ཚུད་ཉམ་ཐག་དབུལ་བ་འོན་ལྐུག་དང༌། །ཞ་ལོང་ནད་ པ་ལ་སོགས་མཐུ་དམན་ཀུན། །ཡོངས་སུ་བསྡུས་ནས་མི་ལོ་དྲུག་གི་རིང༌། །རླབས་ཆེན་སྦྱིན་ པ་རྣམ་བཞི་ལ་བརྟེན་ནས། །ས་སྐྱོང་རྒྱལ་སྲས་སྦྱིན་བདག་དམ་པ་ཡིས། །རྣམ་མང་འཁོར་ འབངས་ལེགས་སྐྱོང་ཆོས་མཆོག་གི །རྫོགས་ལྡན་གསར་བའི་དཔལ་གཡང་ཅི་དགར་སྤྱོད། 1-1-104 །དེ་ཚེ་མཆོག་དམན་ཐམས་ཅད་སྐལ་བཟང་གྱུར། །རྒྱལ་སྲས་གང་དེའི་རབ་ཡངས་གྲགས་ སྙན་གྱིས། །གཟུགས་ཁམས་ལྷ་གནས་མན་ཆད་ཀུན་ཏུ་ཁྱབ། །མཛད་ཆེན་དེ་འདྲ་གནང་ བའི་མངའ་བདག་ཀྱང༌། །ཁམས་གསུམ་ཆོས་ཀྱི་རྒྱལ་པོའི་སྔོན་རབས་ཕུལ། ། རིགས་ལྡན་སྤྲུལ་སྐུ་ཀུན་མཁྱེན་རྟོན་པ་བཞི་ལྡན་གྱི་སྐྱེས་རབས་རྟོགས་བརྗོད་རྒྱས་པ་ ལས་རྒྱལ་བུ་འཇིག་དབང་དུ་སྐྱེས་པའི་རབས་ཏེ་ལེའུ་བཅུ་གསུམ་པའོ།། །། ༈ དེ་ནས་ས་ལུ་རོལ་པའི་མདོར་བྱུང་ལྟར། །སྔོན་བསྐལ་དྲུག་ཅུ་རྩ་དགུ་འདས་པ་ན། །བཅོམ་ལྡན་སྨན་པའི་རྒྱལ་པོ་ཞེས་བྱ་བ། །ལེགས་པར་བྱོན་པ་གང་དེའི་སྐུ་ཚེའི་ཚད། །ལོ་ནི་ བདུན་ཁྲི་སྙེད་བཞུགས་འཁོར་གྱི་གྲངས། །ཉན་ཐོས་འདུས་པ་དང་པོ་ཁྲི་ཕྲག་ནི། །ཉི་ཤུ་ཡོད་ ཅིང་འདུས་པ་གཉིས་པའི་ཚོགས། །ཁྲི་ཕྲག་བཞི་བཅུ་འདུས་པ་གསུམ་པའི་གྲངས། །ཁྲི་ཕྲག་ དྲུག་ཅུ་དེ་དག་དགྲ་བཅོམ་གྱུར། །དེ་ཚེ་འཛམ་གླིང་དེ་ནི་རྒྱ་ཆེ་ཞིང༌། །ཡངས་པ་དཔག་ཚད་ དགུ་ཁྲི་དེའི་ཁོངས་སུ། །གྲོང་ཁྱེར་བརྒྱད་ཁྲི་བཞི་སྟོང་ཡོད་པ་སྟེ། །གྲོང་དེ་དག་གི་བར་བར་ རྣམས་སུ་ཡང༌། །ཡོན་ཏན་བརྒྱད་ལྡན་མཚོ་རྫིང་དུ་མ་དང༌། །སྐྱེད་མོས་ཚལ་བཟང་ཙན་དན་ ཨ་ག་རུ། །ཀ་ར་ན་དང་ཀླག་ཤ་སྤོས་ཤིང་རིགས། །སྨན་ཤིང་སྣ་ཚོགས་ཕལ་ཆེར་རྩ་བ་ནི། །གསེར་དང་སྡོང་བུ་བཻ་ཌཱུརྱའི་རང་བཞིན། །ཡལ་ག་དངུལ་དང་མེ་ཏོག་ཨསྨ་གར། །འབྲས་ བུ་ཤེལ་རང་བཞིན་སོགས་འདྲ་མིན་མང༌། །མེ་ཏོག་རིགས་ཀྱང་ཨུཏྤལ་ཀུ་མུད་དང༌། །ཙམ་ པ་པུ་ཊ་པར་ཤ་ཀ་དང་ནི། །མན་དྷ་ར་བ་ཏ་ལ་ཧ་རི་སོགས། །མཛེས་སྡུག་སྣ་ཚོགས་པ་ཡིས་ ཡོངས་སུ་གང༌། །ཕྱོགས་རྣམས་སུ་ནི་རིན་ཆེན་སྣ་བདུན་གྱིས། །གྲམ་བུར་བརྡལ་ཞིང་བྱ་ ཚོགས་ངང་ངུར་དང༌། །ཀུ་ན་ལ་མཛེས་ནེ་ཙོ་རི་སྐིགས་དང༌། །རྨ་བྱ་ཤང་ཤང་ལ་སོགས་སྙན་ སྒྲ་སྒྲོག །ཕོ་བྲང་འཁོར་ཡུག་ཕྱོགས་མཚམས་ཀུན་ཏུ་ཡང༌། །དཔག་ཚད་བཅུ་སྙེད་ཡོད་ཅིང་ རྒྱལ་ཁབ་དེའི། །མངའ་བདག་རྒྱལ་པོ་ཡོན་ཏན་རྒྱ་མཚོ་ཡི། །བཙུན་མོའི་མཆོག་གྱུར་མཛེས་ 1-1-105 ལྡན་མ་ཞེས་པར། །རྒྱལ་བུ་གཅིག་བཙས་དེ་ནི་སྔོན་དུས་སུ། །སངས་རྒྱས་མང་ལ་བསྙེན་ བཀུར་བྱས་མཐུ་ལས། །གཟུགས་རབ་མཛེས་ཤིང་གཟི་བརྗིད་མཚན་མཆོག་ལྡན། །བསོད་ ནམས་ཡོན་ཏན་དཔག་མེད་བལྟ་ན་སྡུག །ཀུན་གྱི་ཡིད་དུ་འོང་ཞིང་རྒྱལ་བུ་དེ། །འཁྲུངས་མ་ ཐག་ཏུ་གྲོང་ཁྱེར་གནས་དེ་དག །རིན་ཆེན་སྣ་ཚོགས་གཏེར་མང་ཀུན་ནས་བརྡོལ། །ལྷ་རྣམས་ རབ་དགས་རོལ་མོ་སྣ་ཚོགས་དཀྲོལ། །མེ་ཏོག་སྣ་ཚོགས་ཆར་ཆེན་རབ་ཏུ་འབེབས། །དེ་ ཕྱིར་ཡོངས་ཀྱི་རྒྱལ་བུར་མཚན་བཏགས་པ། །བསོད་ནམས་ལྡན་པ་འཇིག་རྟེན་དུ་བྱུང་ཞེས། །གླེང་མོ་བྱེད་པས་མཚན་ལ་དེ་སྐད་གྲགས། །རྒྱལ་བུ་ན་ཚོད་ཆེར་སྐྱེས་རྩེ་གྲོགས་དང༌། །ལྷན་ ཅིག་སྐྱེད་མོས་ཚལ་དུ་གནས་པའི་ཚེ། །དེ་དག་རྣམས་ཀྱང་དགའ་སྐྱིད་བྱ་བའི་ཆེད། །ཙན་ དན་ཀོར་ཤའི་ནགས་ཚལ་ནང་དག་ཏུ། །ཕན་ཚུན་རྩེ་ཞིང་རྒྱུ་བའི་དུས་སྐབས་ཤིག །ནམ་ མཁའི་ལམ་ལ་འཇའ་ཟེར་འོད་ཕུང་ཀློང༌། །སངས་རྒྱས་སྨན་པའི་རྒྱལ་པོ་རབ་མཛེས་པ། །ཨུཏྤལ་ལྟ་བུ་ཉི་ཟླའི་འོད་ལས་ལྷག །གསེར་གྱི་རི་བོའི་འོད་དཔལ་དང་ལྡན་ཞིང༌། །མཚན་ དང་དཔེ་བྱད་ཀྱིས་བརྒྱན་འཁོར་དུ་མར། །ལེགས་གསུང་ཆོས་སྒོ་སྟོན་པ་མཐོང་བའི་མོད། །རྒྱལ་བུས་འདི་སྙམ་ཨེ་མ་བདག་གིས་ཀྱང༌། །མཚན་དཔེ་ལྡན་པའི་ལུས་མཆོག་ཅི་ཕྱིར་དུ། །མ་ཐོབ་སྙམ་པའི་སེམས་ནི་བསྐྱེད་མ་ཐག །མཁའ་དབྱིངས་སངས་རྒྱས་སྐུ་ཚོགས་མི་སྣང་ གྱུར། །དེ་ཚེ་རྒྱལ་བུ་མྱ་ངན་གྱིས་ནོན་ཅིང༌། །རྩེ་དགའི་གྲོགས་དག་སུ་ཡང་མི་འདོད་པར། །ཙན་དན་ཚལ་ནས་ཕྱིར་ཕྱུང་རང་ཁྱིམ་དུ། །འོང་ནས་སྒོ་བཅད་སེམས་རྟོག་འདི་ལྟར་འཆར། །སེམས་ཅན་རྣམས་ནི་འདོད་ཆགས་ཀྱིས་གདུངས་ཤིང༌། །བདག་ནི་ཡེ་ཤེས་དམ་པའི་ལུས་ མཆོག་འདོད། །ཀུན་ཉོན་འདོད་ཆགས་ཞེ་སྡང་གཏི་མུག་དང༌། །ང་རྒྱལ་ལ་སོགས་ཉེས་སྒྲིབ་ མ་སྤངས་ན། །ཡང་དག་ལུས་མཆོག་གང་ནས་རིགས་མིན་ཕྱིར། །དེ་ཐབས་ལམ་བཙལ་ཆེད་ དུ་རབ་བྱུང་སྙམ། །སྐབས་དེར་ཡབ་ཡུམ་གཉིས་ཀའི་བསམ་པ་ལ། །རྒྱལ་བུ་འདོད་ཡོན་ལ་ 1-1-106 མི་དགའ་བ་འདི། །གཞན་སུ་ཞིག་གིས་གནོད་བྱས་དོགས་པ་སྐྱེས། །ཚུལ་དེ་སྨྲས་པ་གནས་ འདིར་ཁང་བཟང་དང༌། །སྣ་ཚོགས་ཤིང་མཛེས་མེ་ཏོག་ཁ་འབུས་ཤིང༌། །བྱ་ཚོགས་སྙན་སྒྲོག་ བུད་མེད་མཛེས་མའི་འཁོར། །ལོངས་སྤྱོད་མི་ཟད་བདེ་སྐྱིད་ཡུལ་འདི་རུ། །ཁྱོད་མི་དགའ་བ་ གཞན་གྱིས་གནོད་བྱས་སམ། །དྲང་པོར་སྨྲས་ཤིག་ཟེར་ལན་བུས་འདི་སྐད། །ང་ལ་སུས་ཀྱང་ གནོད་བགྱིས་མ་ལགས་ཏེ། །ཙན་དན་ཚལ་དུ་འདུག་སྐབས་མཁའ་དབྱིངས་སུ། །འཇའ་ ཟེར་དབུས་ན་སངས་རྒྱས་མཚན་བཟང་སྐུ། །མཐིང་མདོག་འོད་ལྡན་ཉི་ཟླ་ཟིལ་གྱིས་གནོན། །ཆེས་མཛེས་གསེར་མདོག་ལྟ་བུ་སྣུམ་ཞིང་འབར། །ངོ་མཚར་དཔེ་ཟླ་མེད་པ་ལེགས་མཐོང་ སྐབས། །བདག་ཡིད་དབང་མེད་འཁོར་བར་སྐྱོ་བ་སྐྱེས། །སེམས་ཅན་སྡུག་བསྔལ་སྒྲོལ་ནུས་ མཐུ་ཁྱད་ཅན། །ཡེ་ཤེས་སྐུ་མཆོག་ནམ་ཐོབ་སྙམ་པ་བྱུང༌། །དེ་སླད་འདོད་ཡོན་ལེགས་སྤར་ རབ་བྱུང་སྟེ། །རྣལ་འབྱོར་སྒོམ་ལ་སྤྲོའམ་ཡབ་ཡུམ་གཉིས། །རང་དང་མཉམ་དུ་དེ་ལྟ་མཛད་ ན་སྙམ། །བདག་གིས་མཐོང་བའི་སངས་རྒྱས་གང་བཞུགས་དྲུང༌། །ད་ལྟ་ཉིད་ནས་ཡབ་ཡུམ་ སྲས་འཁོར་བཅས། །རབ་བྱུང་ངུར་སྨྲིག་ཉེར་འཆང་ལེགས་སྒོའི་ཆེད། །འགྲོ་འདོད་ཤུགས་ དྲག་འདི་ལ་བཟློག་ཐབས་བྲལ། །ཞེས་སྨྲས་དེ་ནས་རྒྱལ་པོ་འཁོར་དང་བཅས། །འཇིག་ རྟེན་དེར་བཞུགས་སངས་རྒྱས་སྨན་པའི་རྒྱལ། །གང་དྲུང་ལེགས་ཕྱིན་ཞབས་ལ་ཕྱག་འཚལ་ ཏེ། །གུས་པས་ཞུ་གསོལ་བཅོམ་ལྡན་བདག་ཅག་རྣམས། །འདོད་ལ་སྤྱོད་ཅིང་བག་མེད་སྡུག་ བསྔལ་རྒྱུ། །ཉེར་སྤང་སླད་དུ་རབ་བྱུང་གནང་བར་མཛོད། །དེ་སྐད་གསོལ་ལན་སངས་རྒྱས་ བཀའ་བསྩལ་པ། །རྒྱལ་པོ་འཁོར་བཅས་རབ་ཏུ་བྱུང་བ་ལེགས། །འདོད་ཡོན་སྤོང་ལ་བདེན་ བཞིའི་ཆོས་ཚུལ་སྒོམས། །ཞེས་གསུང་ཇི་བཞིན་བསྙེན་པར་རྫོགས་ནས་ཀྱང༌། །རྒྱལ་པོ་ འཁོར་ནི་བརྒྱད་ཁྲི་བཞི་སྟོང་དང༌། །དེ་མིན་བུད་མེད་སྟོང་ཕྲག་མང་པོ་རྣམས། །རབ་ཏུ་བྱུང་ སྟེ་རིམ་པས་བྱང་ཆུབ་ཀྱི། །སྙིང་པོ་ལ་གཤེགས་དོན་གཉིས་ཕུན་སུམ་ཚོགས། །བསོད་ནམས་ 1-1-107 ལྡན་པའི་རྒྱལ་སྲས་མཆོག་གི་ཚུལ། །སྐལ་བཟང་ཤཱཀྱའི་དྲུང་དུ་ལི་ཙ་བཱི། །སངས་རྒྱས་དེ་ཡི་ བསྟན་པ་ཐ་མའི་དུས། །ངེས་དོན་གསལ་བྱེད་རྟོན་པ་བཞི་ལྡན་རྗེ། ། རིགས་ལྡན་སྤྲུལ་སྐུ་ཀུན་མཁྱེན་རྟོན་པ་བཞི་ལྡན་གྱི་སྐྱེས་རབས་རྟོགས་བརྗོད་རྒྱས་པ་ ལས་རྒྱལ་སྲས་བསོད་ལྡན་དུ་སྐྱེས་པའི་རབས་ཏེ་ལེའུ་བཅུ་བཞི་པའོ།། །། ༈ དེ་ནས་འཕགས་པ་ཨུཏྤལ་བཀོད་པའི་མདོར། །ཇི་སྐད་གསུངས་པ་ལྟར་ཏེ་སྔོན་ བྱུང་དུས། །དེ་བཞིན་གཤེགས་པ་ཡེ་ཤེས་ཕུང་པོ་ཞེས། །འཇིག་རྟེན་དེར་བྱོན་སངས་རྒྱས་ དེའི་བསྟན་ལ། །རྒྱལ་པོ་འོད་ཟེར་བཟང་པོ་ཞེས་བྱ་བྱུང༌། །དེ་ནི་གཟུགས་བཟང་བལྟ་ན་ སྡུག་ཅིང་མཛེས། །རྒྱས་པ་མཆོག་ལྡན་དེ་ཡི་གྲོང་ཁྱེར་རྒྱར། །དཔག་ཚད་ཤར་ནུབ་བར་དུ་ བཅུ་གཉིས་དང༌། །ལྷོ་དང་བྱང་བར་དཔག་ཚད་བདུན་ཁྲི་གཉིས། །ལོངས་སྤྱོད་རབ་རྒྱས་ བདེ་བ་ལོ་ལེགས་ཤིང༌། །ཉམས་དགའ་སྐྱེ་བོ་མང་བོས་ཡོངས་གང་བ། །དེ་ཡི་ཉེ་འདབས་ གྲོང་ཁྱེར་བརྒྱད་ཁྲི་དང༌། །ཉིས་སྟོང་མང་པོས་བསྐོར་ཞིང་ཕལ་བའི་གྲོང༌། །ས་ཡ་ཕྲག་ལྔ་ བདུན་འབུམ་རི་བོ་མཆོག །དྲུག་ཁྲི་བློན་པོ་སུམ་ཁྲི་བརྒྱད་སྟོང་དང༌། །བཙུན་མོ་དྲུག་སྟོང་ སྲས་ནི་ཉི་ཁྲི་ཡོད། །དེ་དག་གཏོང་ལ་དགའ་བ་ཤ་སྟག་སྟེ། །ཚེ་ཚད་བརྒྱད་ཁྲི་བཞི་སྟོང་ལོར་ ཐུབ་ཅིང༌། །དུས་གཞན་ཞིག་ན་རྒྱལ་པོ་འོད་བཟང་ཉིད། །དབེན་པར་ཡང་དག་འཇོག་ལ་ བཞུགས་པའི་སྐབས། །རྒྱུ་སྐར་ངན་བྱུང་གཟའ་རྒོད་དུ་མཇུག་རིང༌། །ལྷོ་ནས་བྱང་དུ་འཆར་ ཞིང་བཅུ་གཉིས་ལོར། །ཆར་བ་མ་བབས་ཐན་པ་བྱུང་བའི་ཚེ། །བློན་པོ་གང་དག་རྒྱལ་པོའི་ དྲུང་དུ་ཕྱིན། །དེ་དག་གིས་སྨྲས་ལྷ་མཆོག་མཁྱེན་པར་མཛོད། །དེང་ཆར་རྒྱུ་སྐར་ངན་པ་རབ་ འཁྲུགས་ཤིང༌། །ལོ་ནི་བཅུ་གཉིས་བར་དུ་ཐན་པ་བྱུང༌། །འཛམ་གླིང་མི་ཀུན་ད་ལྟ་འགྱེལ་ལ་ ཐུག །དེ་སྐད་རྒྱལ་པོས་ཐོས་ནས་ཏིང་འཛིན་ལས། །ལངས་ཏེ་རབ་ངུ་མཆི་མ་ཕྱུང་བཞིན་དུ། །གུས་གསོལ་མཁྱེན་སྤྱན་གང་མངའ་འཛམ་གླིང་གི །མི་ཀུན་སྐྱོབ་སླད་འདིར་བྱོན་དུས་སུ་ 1-1-108 བབ། །ཞེས་པའི་རེ་འདུན་གསོལ་བས་ཡུད་ཙམ་ནས། །སངས་རྒྱས་ཡེ་ཤེས་ཕུང་པོའི་མཁྱེན་ སྤྱན་གྱིས། །མི་ལས་འདས་པར་རབ་གཟིགས་མཐུ་ལ་བརྟེན། །གྲོང་ཁྱེར་གསེར་ཅན་སྟེང་ གི་ནམ་མཁའ་ལ། །ངོ་མཚར་ཆོ་འཕྲུལ་དང་བཅས་རབ་གཤེགས་པ། །སྣང་ལྡན་ལ་སོགས་ བློན་པོ་ལྔ་སྟོང་གིས། །ཕོ་བྲང་ཁང་བཟང་སྟེང་འཁོད་ལེགས་པར་མཐོང༌། །དེ་ཚེ་རྒྱང་རིང་ ནས་བྱོན་སྐབས་ཀྱི་ཚུལ། །བློན་པོ་རྣམས་ཀྱིས་རྒྱལ་པོ་ལ་སྨྲས་པ། །ལྷ་ཅིག་རྒྱང་རིང་འཁའ་ ལ་བྱ་དམར་ཁྱུ། །ཐན་རྟགས་སྲི ན་པོ་མདངས་འཕྲོག་འོང་ངམ་ཟེར། །རྒྱལ་པོས་ཇི་བཞིན་ངོ་ ཤེས་འཛུམ་དཀར་བཅས། །འདི་སྐད་མཁའ་ལ་བྱ་དམར་འཕུར་སྣང་བ། །སྲི ན་པོ་མ་ལགས་ འཇིག་རྟེན་མཁྱེན་སྤྱན་ཅན། །སངས་རྒྱས་འཁོར་བཅས་སེམས་ཅན་ལ་བརྩེ་ཕྱིར། །དད་པས་ འབོད་ལ་གནས་འདིར་བྱོན་པ་ཡིན། །ཞེས་སྨྲས་སྐབས་སུ་བཅོམ་ལྡན་འཁོར་དང་བཅས། །རྒྱལ་པོའི་ཁང་སྟེང་ལེགས་པར་ཕེབས་ནས་ཀྱང༌། །དེར་གནས་ས་དབང་འཁོར་བཅས་ཆེས་ དགའ་བས། །བསུས་ནས་སེང་གེའི་ཁྲི་ལ་བཞུགས་སུ་གསོལ། །དེ་ནས་ཕྱག་འཚལ་རྒྱལ་ པོས་ཞུ་གསོལ་པ། །སྟོན་པས་འཛམ་གླིང་སེམས་ཅན་སྡིག་པ་ཅན། །ཐུགས་བརྩེ་ཆེན་པོས་ རྗེས་སུ་བཟུང་བར་ཞུས། །སྐབས་དེར་སངས་རྒྱས་མཆོག་གིས་བཀའ་བསྩལ་པ། །རྒྱལ་པོ་ ཉེར་ལེན་ཕུང་པོ་ལྔ་གང་དག །སྐྱེ་འཆི་མི་རྟག་རང་བཞིན་ལ་ཆགས་ན། །སྡུག་བསྔལ་ཀུན་ འབྱུང་དེ་བས་ཆགས་པ་སྤོང༌། །བསེ་རུ་ལྟ་བུས་ཡང་དག་ལམ་སྒོམས་ཤིག །ཅེས་གསུངས་དེ་ མ་ཐག་པར་མཁའ་དབྱིངས་ནས། །ཕྱོགས་བཞི་ཀུན་ཏུ་ཆུ་འཛིན་ཕུང་པོ་འཁྲིགས། །དེ་ལས་ དུས་ཆར་མུ་ཏིག་མཐིང་མདོག་འབེབས། །བསོད་ནམས་དབང་ཐང་དར་བའི་དཔལ་ཡོན་ མཆོག །བདུད་རྩིའི་ཆར་དང་ལྷན་དུ་ཞག་དང་པོར། །ནས་ཏིལ་སྲན་མ་ལོ་མ་མེ་ཏོག་དང༌། །ཏིལ་མར་བུ་རམ་ཀ་ར་ལ་སོགས་པའི། །འབྲུ་རིགས་བཟའ་བཏུང་འོས་པའི་ཆར་འབེབས་ ཤིང༌། །ཞག་གཉིས་གསུམ་ལ་ནོར་དང་རིན་ཆེན་ཆར། །གང་འདོད་དེ་འབབ་དཔལ་འབྱོར་ 1-1-109 ཀུན་ནས་རྒྱས། །མངའ་ཐང་དེ་དག་རྒྱལ་བོ་ཉིད་ཀྱི་མཐུ། །སྐབས་དེའི་སེམས་ཅན་ཡོངས་ལ་ ཆེས་ཕན་བྱུང༌། །དེ་བཞིན་གཤེགས་ཉིད་དཔག་མེད་འོད་མངའ་དང༌། །རྒྱལ་པོ་འོད་བཟང་ དུས་ཕྱིའི་ལི་ཙ་བཱི། །ཡང་སྤྲུལ་སྒྱུ་མའི་རོལ་པ་སྤྱིར་ན་མང༌། །ཁྱད་པར་གངས་ལྗོངས་ངེས་ དོན་བསྟན་པའི་བདག ། རིགས་ལྡན་སྤྲུལ་སྐུ་ཀུན་མཁྱེན་རྟོན་པ་བཞི་ལྡན་གྱི་སྐྱེས་རབས་རྟོགས་བརྗོད་རྒྱས་པ་ ལས་རྒྱལ་པོ་འོད་བཟང་དུ་སྐྱེས་པའི་རབས་ཏེ་ལེའུ་བཅོ་ལྔ་པའོ།། །། ༈ དེ་ནས་པདྨ་སྤུངས་པའི་མདོར་གསུངས་བཞིན། །སྔོན་བྱུང་བསྐལ་པ་གོ་དྲུག་འདས་ པའི་སྔོན། །བདེ་གཤེགས་སེང་གེའི་ང་རོའི་བསྟན་པ་ལ། །ཡུལ་ནི་ཝཱ་རཱ་ན་སཱིའི་མཐའ་ ལོགས་སུ། །ཧ་ཅང་མི་རིང་བ་ན་དགའ་བ་ཡི། །རོལ་མཚོ་ཞེས་པ་ཞེང་ཁྱོན་དཔག་ཚད་དྲུག །ཁ་དོག་རིན་ཆེན་ཨནྡ་རྙིལ་ལྟ་བུ། །ཁོ་ར་ཁོར་ཡུག་ཏུ་ཡང་མེ་ཏོག་རིགས། །མནྡྷ་ར་བ་པ་ར་ ཤ་ཀ་དང༌། །ཨུ་དུམ་ཝ་ར་པདྨ་དཀར་པོས་གང༌། །ཤིང་རིགས་སྣ་ཚོགས་ཨརྫུ་ན་དྷ་བ། །བེ་ དུལ་ཀུ་ཊ་ཛ་ན་ལ་སོགས་པར། །རྒྱུ་བའི་རི་དྭགས་རུ་རུ་བྷ་ཤ་ར། །ཀྲ ཥྞ་སཱ་ར་ཨ་ཛི་ན་གླང་ པོ། །སེང་གེ་བ་མེན་སྟག་གཟིག་གཅན་གཟན་དང༌། །བྱ་རིགས་བྱ་རྒོད་ཀ་རན་ཏ་ཀ་མཛེས། །ཀི་ལི་ཀ་དང་ཤང་ཤང་ངང་པ་སོགས། །ཀུན་ནས་དགའ་བདེ་རོལ་པ་ཅིར་ཡང་ངོམ། །ཀེ་ ཊ་ཀ་ཡི་དྲི་སྤོས་ཀྱིས་བསྐོར་བའི། །དབུས་སུ་སེར་བུ་བསིལ་ལྡང་བུང་བའི་ཚོགས། །གླུ་སྒྲ་ སྒྲོག་ཅིང་ཆེས་མཛེས་ཚལ་དབུས་དེར། །བྱང་ཆུབ་སེམས་དཔའི་རྣམ་འཕྲུལ་དུ་གནས་པའི། །རྨ་བྱ་མཛེས་ལྡན་རོལ་པ་ཞེས་བྱ་དེ། །མར་གད་ལྟ་ལྗང་ཤིན་ཏུ་མཛེས་པའི་ལུས། །ཨིནྡྲ་ནཱི་ ལའི་མདངས་འབར་སྒྲོ་གཤོག་ཟུང༌། །རྐང་གཉིས་པདྨ་རཱ་ག་ལྟར་དམར་ཞིང༌། །མཇུག་སྒྲོ་ མུ་ཏིག་མཆུ་ནི་གསེར་གྱི་མདོག །སྤྱན་དཀྱུས་ཟླུམ་འཁྱིལ་ཞི་དུལ་མཛད་སྒོ་ཅན། །འཁོར་ནི་ རྨ་བྱ་འབུམ་ཕྲག་དང་ལྷན་ཅིག །སངས་རྒྱས་སེང་གེའི་ང་རོའི་དྲུང་དུ་ཕྱིན། །དམ་པའི་ཆོས་ 1-1-110 ལ་གུས་པས་ལེགས་ཉན་ཚེ། །སྡིག་ཅན་ཞིག་གིས་མཐོང་སྐབས་འདི་སྙམ་སྟེ། །རྨ་བྱའི་གཙོ་ བོ་བསད་ནས་སྤུ་སྡུག་འདི། །རྒྱལ་པོ་ཛ་ཀ་ཏ་ལའི་རྩར་ཁྱེར་ན། །བྱ་དགའ་སྟེར་རོ་བསམ་ ནས་དེ་བསད་ཐབས། །གཡོ་སྒྱུས་ངུར་སྨྲིག་གྱོན་ནས་མདའ་གཞུ་ཐོགས། །དེ་ནས་རྨ་བྱ་མེ་ ཏོག་ནེའུ་གསིང་ཚལ། །ལྟིང་ཀ་སྐྱེད་ཚལ་ལྗོན་བཟང་འབྲས་བུ་ལྡན། །བར་དྭངས་མཚོ་ལ་ཝུ་ ཕྲེང་ཡིད་འོང་གི །བྱ་ཚོགས་རྣམས་ཀྱིས་སྐད་སྙན་གླུ་དབྱངས་ལེན། །ཉམ་དགའི་གནས་དེར་ བྱ་ཚོགས་ཆོས་མཐུན་བསྒྲུབ། །རྔོན་པ་གདོལ་རིགས་ངུར་སྨྲིག་གྱོན་བཞིན་སོང༌། །རྒྱང་རིང་ ནས་ནི་རྨ་བྱའི་ཁྱུ་ཚོགས་མཐོང༌། །གནག་བསམ་སྦྱོར་བས་མདའ་ལ་བཙན་དུག་བྱུགས། །དེ་ ཉིད་འཕངས་ནས་རྨ་བྱའི་གཙོ་ལ་ཕོག སྐད་ཅིག་ལ་ནི་གཙོ་འཁོར་ནམ་མཁར་འཕུར། །ཕར་ ཕྱོགས་རྒྱང་དུ་ཡུལ་གཞན་ཞིག་ལ་བབས། །རྨ་བྱ་མཆོག་ལ་བྱ་ཚོགས་འཁོར་གྱིས་བསྐོར། །དེ་ཚེ་འཁོར་གྱི་རྨ་བྱ་འོད་མཛེས་ཀྱིས། །གདུང་བས་ངུ་བཞིན་འདི་སྐད་ཀྱེ་མ་ཧུད། །སྙིགས་ དུས་སུ་ནི་སེར་གྱོན་ཆོས་སྤྱོད་དཀོན། །བདག་ཅག་ཆོས་ལ་སྤྱོད་ཀྱང་ཉེས་མེད་པར། །གཙོ་ མཆོག་ཁྱོད་ལ་དུག་མདས་འཆི་རྐྱེན་ཕོག །ཅེས་ཟེར་སྐབས་སུ་རྨ་བྱ་མཛེས་ལྡན་མཆོག །གང་ གིས་འདི་སྐད་ལས་དབང་སྐྱེ་བླངས་ཚད། །མི་འཆི་འོས་མིན་སྡུག་བསྔལ་ལུས་འདིས་བསྐྱེད། །དེ་ཕྱིར་ལུས་ལ་ཞེན་ཆགས་སྤོང་ཞེས་གསུངས། །དེའི་ལན་འོད་མཛེས་ཀྱིས་སྨྲས་དུས་ངན་ འདིར། །བན་གཟུགས་གཏུམ་སེམས་སྙིགས་སྤྱོད་ངན་པས་སྡུག །ཅེས་ཟེར་བ་ལ་མཛེས་ ལྡན་མཆོག་ཉིད་ཀྱིས། །འདི་སྐད་བདག་སྲོག་འདི་ནས་ཡལ་བླ་ཡི། །ངུར་སྨྲིག་གྱོན་ལ་གནོད་ སེམས་གཏན་མི་བྱ། །ཞེས་གསུངས་འོད་མཛེས་ཀྱིས་ནི་སླར་གསོལ་བ། །ལུས་མཛེས་ཀ་ལ་ པིང་ཀའི་སྒྲ་དབྱངས་ཅན། །ཆོས་ཚུལ་སྨྲ་མཁས་བྱམས་བརྩེའི་ཐུགས་མངའ་བ། །ཁྱེད་དང་ བྲལ་ན་ངེད་ཚོ་རྨ་བྱའི་ཚོགས། །ཤུལ་དུ་ཅི་བགྱི་ཡིན་ལུགས་དེ་ཚུལ་སྟོན། །གུས་པས་ཞུས་ ཚེ་མཛེས་ལྡན་བྱ་མཆོག་གིས། །ཉོན་ཅིག་འཁོར་གྱི་བྱ་ཚོགས་གང་བྱེད་ཚུལ། །གཏམ་ངན་ 1-1-111 གྲགས་ཀྱང་ཁ་རོག་དབེན་པར་སྡོད། །དུས་ངན་མཛའ་བོར་མི་འཁོན་ཁོག་ཡངས་བསྐྱེད། །རང་ལ་བློ་གཏད་བྱེད་རྣམས་གཞུང་བཟང་མཛོད། །དཀར་པོ་དགེ་ལ་མི་བཤོལ་མྱུར་ནས་ རེམ། །མ་རིག་རྣམ་རྟོག་གཉེན་པོ་མི་རྟོག་སྒོམ། །ནམ་འཆི་མི་ཤེས་བརྩོན་འགྲུས་ད་ལྟར་ བསྐྱེད། །འཁོར་བར་ཡུན་རིང་ཐར་དཀའི་སྡུག་སྔལ་མྱོང༌། །དམ་ཆོས་ལེགས་མཇལ་རྟེན་ འབྲིལ་འཛོམས་དུས་འདིར། །ཚུལ་ཁྲིམས་རྣམ་པར་དག་པས་ཐེག་ཆེན་ལ། །མཉམ་རྗེས་ ཡེ་ཤེས་བསོད་ནམས་ཚོགས་བསགས་ཏེ། །ཐོས་བསམ་སྒོམ་པས་བླང་དོར་ཇི་བཞིན་དུ། །གཏན་གྱི་མདུན་མ་བསྒྲུབ་ན་ཆོས་སྐུའི་གཤིས། །མངོན་གྱུར་དོན་གཉིས་དཔལ་ལ་མངའ་ དབང་བསྒྱུར། །ཕྲིན་ལས་ལྷུན་གྲུབ་གང་འདུལ་སྣང་ངོར་འབྱུང༌། །ཞེས་པའི་བསླབ་བྱ་གནང་ ནས་འདས་ཚུལ་བསྟན། །དེ་ཚེ་ས་ཡང་རྣམ་པ་དྲུག་ཏུ་གཡོས། །མཁའ་ལས་མེ་ཏོག་ཆར་བ་ ཆེན་པོ་འབེབས། །དེ་ནས་རྔོན་པས་རྨ་བྱའི་རོ་ཁུར་ཏེ། །རྒྱལ་པོའི་ཕོ་བྲང་དུ་ཁྱེར་ལོ་རྒྱུས་ བསྙད། །རྒྱལ་པོ་རྨ་བྱའི་གནས་ཚུལ་ལ་གཞིག་ནས། །ངོ་མཚར་སྐྱེས་ཏེ་རྔོན་པ་ལ་སྨྲས་པ། །ཉེས་མེད་འདི་ནི་རྨ་བྱ་ཕལ་བ་མིན། །བྱང་སེམས་རིགས་ངེས་ཕྱིར་ན་ཁྱོད་ཉིད་ཀྱིས། །ལོག་ སྤྱོད་སྡིག་ལས་ཧ་ཅང་ཅང་སྲི ད་དམ། །འདི་ཡི་སྤུར་ལ་མཆོད་ཕྱག་སུས་ཕུལ་བ། །བླ་མེད་ བྱང་ཆུབ་ཐོབ་ལ་རིང་མི་འགོར། །ཞེས་ཟེར་རྒྱལ་པོ་འཁོར་དང་བཅས་པ་ཡིས། །བྱང་སེམས་ རྨ་བྱའི་རོ་ཉིད་ཁྲི་ལ་བཞག །གུས་པས་མཆོད་པ་ཆེན་པོས་ལེགས་མཆོད་དེ། །རིན་ཆེན་ མཆོད་རྟེན་ནང་གཞག་མཛད་ནས་སུ། །ཕྱག་དང་བསྐོར་བ་རྒྱུན་སྲོལ་དུས་མཆོད་བཙུགས། །བསོད་ནམས་དེ་ལ་བརྟེན་ནས་ཡུལ་ཕྱོགས་དེར། །གནས་སྐབས་བཀྲ་ཤིས་བདེ་སྐྱིད་ཕུན་ སུམ་ཚོགས། །ནམ་ཞིག་རྒྱལ་པོ་འཁོར་བཅས་འཆི་བའི་དུས། །ངོ་མཚར་ལྟས་བཅས་བདེ་ བ་ཅན་དུ་བཞུད། །སྐབས་ཀྱི་རྨ་བྱ་གཞོན་ནུ་ལི་ཙ་བཱི། །དེ་འདྲའི་ངོ་མཚར་སྤྲུལ་པ་ལ་བརྒྱུད་ ནས། །དུས་མཐར་གང་འདུལ་མཛད་ཆེན་བར་གནང་བ། །དོལ་པོ་པ་ཡིས་ངེས་གསང་ཆོས་ 1-1-112 མཛོད་ཕྱེ། ། རིགས་ལྡན་སྤྲུལ་སྐུ་ཀུན་མཁྱེན་རྟོན་པ་བཞི་ལྡན་གྱི་སྐྱེས་རབས་རྟོགས་བརྗོད་རྒྱས་པ་ ལས་རྨ་བྱ་མཛེས་ལྡན་དུ་སྐྱེས་པའི་རབས་ཏེ་ལེའུ་བཅུ་དྲུག་པའོ།། །། ༈ དེ་ནས་ཚུལ་ཁྲིམས་དྲི་མེད་རྒྱས་མདོ་ལྟར། །སྔོན་བྱུང་འདས་པའི་དུས་ན་འཇིག་ རྟེན་དུ། །དེ་བཞིན་གཤེགས་པ་རྒྱལ་པའི་དབང་པོ་ཞེས། །བྱ་བ་བྱུང་བ་དེ་ཡི་ཉེ་འཁོར་དུ། །འཕགས་པ་མཛེས་པའི་བློ་གྲོས་ཞེས་བྱ་བྱུང༌། །དེ་ནི་ཉོན་མོངས་མེད་ཅིང་ཁུར་བོར་བ། །ཟག་ཟད་དགྲ་བཅོམ་འབྲས་བུ་ཐོབ་པའི་ཚུལ། །དེ་བཞིན་གཤེགས་པ་རྫོགས་སངས་རྒྱས་ དེའི་མཐུས། །སྔ་དྲོ་ཞིག་ལ་གྲོང་ཁྱེར་པཱེ་ཏ་ལ། །ཞེས་བྱར་དགྲ་བཅོམ་དེ་ཉིད་བསོད་སྙོམས་ གཤེགས། །དབང་པོ་རབ་དུལ་ཐུགས་ཞི་ཆེས་མཛེས་གཟུགས། །ལམ་དེར་བུད་མེད་ཅིག་ དང་ཁོང་པར་འཕྲད། །རྒྱན་བཟང་བུ་མོ་དེས་ཀྱང་དེ་མཐོང་སྐབས། །འདོད་པས་གཟིར་ནས་ བསླུ་བའི་ཚིག་སྨྲས་པ། །རབ་མཛེས་གཟུགས་བཟང་རབ་བྱུང་ཆས་འཛིན་ཁྱོད། །དེང་སྐབས་ འཕྲད་དཀའ་དང་འཛོམས་བདག་འདོད་སྤྱོད། །ཅེས་ཟེར་ལན་དུ་འཕགས་པ་དེས་འདི་སྐད། །འདོད་ཆགས་མེ་ལྕིས་ཚུལ་ཁྲིམས་ཚིག་པར་བྱེད། །ཕན་བྱེད་སྤངས་ནས་ཕུང་བྱེད་ལེན་འོས་ སམ། །ཞེས་གསུངས་དེ་ལ་བུ་མོས་སླར་སྨྲས་པ། །བདག་གིས་ཉིན་མཚན་ཁྱོད་དྲན་དེ་རིང་ ལས། །སྐབས་མི་རྙེད་པས་འདིར་བདག་ཅིས་ཀྱང་མཛོད། །དེ་ལ་དགེ་སློང་འཕགས་པས་ སླར་གསོལ་བ། །ཁྲིམས་འཆལ་མནར་མེད་ལྷུང་ཚེ་ཆགས་གྲོགས་མོས། །མདུན་འབོད་སྤུ་ གྲིའི་ལམ་ལ་སླེབས་པའི་སྐབས། །རྐང་ལག་སོགས་གཏུབ་ས་ལ་ངེས་པར་འགྱེལ། །ཚེ་ འདིར་སྐྱེ་བོས་སྨད་ཅིང་ཉེ་དུའི་བྲན། །དེ་ཕྱིར་ལུས་སྲོག་འདོར་སླ་ཁྲིམས་འཆལ་མིན། །ཞེས་ གསུངས་དགེ་སློང་ཐུགས་ལ་འདི་ལྟར་སྙམ། །བདག་བྲོས་གསང་གཏམ་བསྒྲགས་ན་བུ་ མོ་འདིས། །ངོ་ཚས་རང་སྲོག་གཅོད་ཉེན་ཡོད་པས་ན། །དེ་བས་ང་ཉིད་འདིར་ཚེ་འཕོས་ན་ 1-1-113 ལེགས། །སྙམ་ནས་འཕགས་པས་བུ་མོ་ལ་སྨྲས་པ། །ཁྱོད་སོང་གནས་ཁང་སྒོ་རྣམས་དམ་དུ་ ཆོད། །བདག་གིས་བྱ་བ་ཀུན་རྫོགས་སླར་ཤོག་དང༌། །ཆགས་སྤྱོད་བྱ་ཞེས་ཐབས་ཀྱིས་བསླུ་ བྲི ད་བྱས། །དེ་བཞིན་བུ་མོ་ཕྱི་སྒོ་གཅོད་སོང་སྐབས། །དགེ་སློང་རང་གིས་སྤུ་གྲི་ལག་ཏུ་རྙེད། །ལུས་གྱོན་གོས་རྣམས་ཕུད་དེ་གདང་ལ་གཟར། །ཐལ་སྦྱར་ཀུ་ཤའི་སྟན་ལ་འདུག་ནས་སུ། །དེས་སྨྲས་བདག་ནི་མཆོག་གསུམ་མཁན་སློབ་རྣམས། །སྤངས་པ་མ་ལགས་ཚུལ་ཁྲིམས་ ལེགས་བསྲུང་སྙམ། །དེ་སླད་མི་གཙང་ལུས་སྤངས་སྐྱེ་གཞན་དུ། །སངས་རྒྱས་བྱང་སེམས་ མྱུར་མཇལ་ཚངས་སྤྱོད་ལྡན། །ཟག་ཟད་རྣམ་མཁྱེན་ཐོབ་པར་སྨོན་ལམ་བཏབ། །དེ་ནས་ རང་གི་མགུལ་བཅད་ཚེ་འཕོས་སྐབས། །ས་དག་རྣམ་པ་དྲུག་ཏུ་གཡོས་སྐད་དོ། །འཕྲལ་དེར་ བུ་མོ་ནང་འོང་དགེ་སློང་གི །སྤུར་ལ་ཙན་དན་དམར་མདོག་ཁྲག་གིས་གཡོགས། །གནས་ ཚུལ་དེ་མཐོང་སྐྲག་སྟེ་རང་སྐྲ་འབལ། །འགྲེ་བཞིན་ངུ་སྐབས་ཕ་མ་རྣམས་འོང་ནས། །སྒོ་ བརྡུང་བོས་ཀྱང་ཅང་མི་སྨྲ་བར་འདུག །དེ་ཚེ་མི་ཞིག་ནང་བཏང་སྒོ་ཕྱེས་དུས། །དགེ་སློང་ སྤུར་མཐོང་ཚུལ་དེ་བུ་མོར་དྲིས། །བུ་མོ་དེས་ཀྱང་ངོ་ཚས་ལོག་སྨྲས་ན། །འཕགས་པར་བསྐུར་ བ་བཏབ་པས་དམྱལ་བར་འགྲོ། །དེ་བས་ཚུལ་བཞིན་སྨྲ་དགོས་སྙམ་ནས་སྨྲས། །གནས་ཚུལ་ ཡུལ་དེའི་རྒྱལ་པོས་ཐོས་ནས་ཀྱང༌། །རྔ་བརྡུང་འཁོར་འབངས་ཐམས་ཅད་ལེགས་བསྡུས་ཏེ། །བྱང་སེམས་ཉན་ཐོས་དགེ་སློང་ཚུལ་འཆང་བའི། །སྐུ་སྤུར་ཙན་དན་ཀོར་ཤི་ཤ་ལ་སོགས། །སྤོས་ཤིང་སྣ་ཚོགས་དུ་མས་ལེགས་བསྲིགས་ནས། །སྐབས་དེའི་རིང་བསྲིལ་ཆོས་གོས་གང་ ལྷག་རྣམས། །སངས་རྒྱས་རྒྱལ་བའི་དབང་པོའི་དྲུང་དུ་ཕུལ། །བཅོམ་ལྡན་དེས་ཀྱང་དགེ་ སློང་ཚུལ་ཁྲིམས་ཆེད། །སྲོག་འདོར་ནུས་པའི་སྙིང་སྟོབས་ཆེར་རབ་བསྔགས། །གཞན་ཡང་ སྲུང་སྡོམ་སླད་དུ་སྲོག་མང་བཏང༌། །ཚུལ་ཁྲིམས་ཕར་ཕྱིན་རྫོགས་ཕྱིར་མཛད་རབ་གང༌། །རྒྱལ་སྲས་ལི་ཙ་གཞོན་ནུའི་སྙིང་སྟོབས་དཔལ། །ཀུན་ནས་སྒོ་བསྐྱེད་མཛད་པ་ཡ་མཚན་ 1-1-114 གནང༌། །འདུལ་ཁྲིམས་གཙང་མ་ཕུན་ཚོགས་ཀྱིས་བརྒྱན་པ། །གངས་རིའི་ལྗོངས་སུ་ཆོས་རྗེ་ ཆེས་ཁྱད་འཕགས། ། རིགས་ལྡན་སྤྲུལ་སྐུ་ཀུན་མཁྱེན་རྟོན་པ་བཞི་ལྡན་གྱི་སྐྱེས་རབས་རྟོགས་བརྗོད་རྒྱས་པ་ ལས་དགེ་སློང་མཛེས་བློ་རུ་སྐྱེས་པའི་རབས་ཏེ་ལེའུ་བཅུ་བདུན་པའོ།། །། ༈ དེ་ནས་དོན་ཡོད་སྤུངས་མདོར་བྱུང་ཇི་བཞིན། །སྔོན་བྱོན་དེ་བཞིན་གཤེགས་པ་མི་ འཁྲུགས་པའི། །བསྟན་ལ་ཝཱ་རཱ་ཎ་སཱིའི་རྒྱལ་པོ་ནི། །གསེར་སྒྲ་རོལ་པ་ཞེས་བྱ་དེའི་སྟོབས་ ཀྱང༌། །གླིང་བཞི་ལ་དབང་རྒྱལ་ཕྲན་ཁམས་སྟོང་ཕྲག །བཅུ་གཉིས་བཙུན་མོ་བཞི་བརྒྱ་བུ་ བཅོ་བརྒྱད། །བུ་མོ་ཉི་ཤུའི་གྲངས་ཡོད་བུ་རྣམས་ལས། །རྒྱལ་བུ་ཆེས་མཆོག་མཛེས་ལྡན་ ཞེས་བྱ་བ། །མཚན་དང་དཔེ་བྱད་ཀྱིས་བརྒྱན་གཟུགས་བཟང་ཞིང༌། །ཡིད་གཞུང་མཁས་པ་ ཤེས་རབ་ཆེ་བ་ཅན། །སངས་རྒྱས་མཐུ་ཡིས་རེ་ཞིག་ཕོ་བྲང་གི ། སྒོ་བཞིར་རྒྱལ་མཚན་བ་ དན་ལེགས་བསྒྲེངས་ཤིང༌། །མེ་ཏོག་གཏོར་ཞིང་བདུག་སྤོས་ཀྱིས་བདུག་པ། །རྒྱལ་བུ་གཞོན་ ནུ་གླང་པོ་ཆེ་ལ་བསྐྱོན། །དྲིལ་བསིལ་རྔ་དང་འཁར་རྔའི་སྒྲ་སྒྲོག་ཅིང༌། །སྐྱ་པ་སྟོང་ཕྲག་གིས་ བསྐོར་གྲོང་ཁྱེར་གྱི། །ཕྱི་རོལ་ཏུ་ཕྱིན་ཡུལ་མི་ཐམས་ཅད་ཀྱང༌། །གཡས་གཡོན་ཁོར་ཡུག་ ཕན་ཚུན་ལྟ་ཞིང་རྒྱུག །རྒྱལ་བུའི་གཟི་བརྗིད་འོད་ཀྱིས་སྟེང་ཕྱོགས་སུ། །དགའ་ལྡན་ལྷ་ གནས་མན་ཆད་སྣང་བར་བྱས། །རྒྱལ་བུ་འཁོར་བཅས་ཤར་ཕྱོགས་ལ་ཕྱིན་སྐབས། །ཞ་ལོང་ མང་པོས་གོས་ཧྲུལ་གྱོན་ནས་ཀྱང༌། །སློང་མོར་རྒྱུ་བའི་ཚུལ་མཐོང་རྒྱལ་སྲས་དེས། །མཁྱེན་ བཞིན་ཁ་ལོ་སྒྱུར་བ་ལ་དྲིས་པ། །ཕ་ཀི་ཡིད་མི་འོང་གི་གནས་ཚུལ་ཅི། །ཞེས་གསུངས་ལན་ དུ་འདི་རྣམས་ཉམ་ཐག་པ། །དབུལ་ཕོངས་སྡུག་བསྔལ་ཅན་དག་ཡིན་ནོ་ཟེར། །དེ་ཐོས་རྒྱལ་ བུ་སེམས་དཔའི་སྤྱན་ཆབ་ཤོར། །སྙིང་རྗེ་ཆེར་བསྐྱེད་དེ་ནས་ལྷོ་སྒོར་ཕྱིན། །ཤན་པ་མང་པོ་ སེམས་ཅན་པགས་པ་བཤུས། །ཤ་ཁྲག་དྲོན་མོས་ཁ་ཟས་བྱེད་པ་མཐོང༌། །ཚུལ་དེ་དྲི་བ་དྲི་ 1-1-115 ལན་སྔར་ལྟར་གྱིས། །དེ་དག་ཤན་པའི་རིགས་ཅན་སྡིག་ལས་མཁན། །ཡིན་པར་རྒྱལ་བུས་ མཐོང་ཚེ་སྙིང་རྗེ་སྐྱེས། །དེ་བཞིན་ནུབ་སྒོར་ཕྱིན་ཚེ་རྔོན་པ་དག །བྱ་དང་རི་དྭགས་མང་པོ་རྙི་ རྒྱས་གསོད། །སྔར་ལྟར་དྲིས་ལན་གྱིས་ནི་རྒྱལ་སྲས་དེས། །སྲོག་གཅོད་མི་དགེ་བྱེད་པ་ཁོ་ ནར་ངེས། །སྙིང་རྗེ་ཆེར་བསྐྱེད་བྱང་སྒོར་ཕྱིན་པ་ན། །ཉ་པ་མང་པོས་ཉ་རྒྱ་བཏང་ནས་སུ། །ཉ་ མང་གསོན་བཟུང་སྐམ་ཐང་ལ་བསྐྱུར་མཐོང༌། །གནས་ཚུལ་སྔར་བཞིན་ལེགས་དྲིས་དེ་དག་ ཀྱང༌། །ཉ་གཤོར་སྲོག་གཅོད་སྡིག་འཚོ་འབའ་ཞིག་མཐོང༌། །རྒྱལ་བུ་སེམས་དཔས་ཚུལ་དེ་ ཁོང་དུ་ཆུབ། །སྙིང་རྗེས་ཐུགས་བསྐྱོད་འདི་སྙམ་སེམས་ཅན་དག །དབུལ་བའི་དབང་གིས་ སྡིག་ལས་སྣ་ཚོགས་བྱེད། །འདི་རྣམས་ཚེ་འཕོས་ངན་སོང་གསུམ་དུ་ལྷུང༌། །སྡུག་བསྔལ་དེ་ ལས་ཐར་ཐབས་དཀའ་བས་ན། །ད་སྐབས་ཅི་བགྱི་སྙམ་པ་ཐུགས་ལ་ཤར། །ཤ་ཚ་བཟོད་ མེད་དབང་གིས་སྤྱན་ཆབ་འབབ། །དེ་ནས་རྒྱལ་བུ་ཡབ་རྗེའི་དྲུང་དུ་སོང༌། །གུས་པས་འདི་ སྐད་ཡབ་མཆོག་ལེགས་པར་དགོངས། །མངའ་འབངས་སེམས་ཅན་གང་དག་རབ་དབུལ་ བས། །ཐབས་ཟད་སྡིག་ལས་སྣ་ཚོགས་བྱེད་བཞིན་དུ། །ཕྱི་མར་ངན་འགྲོའི་རྒྱུ་རྐྱེན་ཤ་སྟག་ བསྒྲུབས། །དེ་དག་སྡུག་བསྔལ་ལས་ཐར་བྱེད་པའི་ཐབས། །ཡབ་ཀྱི་དཀོར་མཛོད་བདག་ ལ་གནང་བར་ཞུས། །ཡབ་རྗེ་མཆོག་གི་དེ་བཞིན་ལེགས་གནང་མཛད། །དེ་ནས་རྒྱལ་སྲས་ སེམས་དཔའ་དམ་པ་ཡིས། །རབ་དགའི་ཤུགས་ཀྱིས་སྦྱིན་གཏོང་སྒོ་ཆེན་ཕྱེས། །ཟླ་བ་ གསུམ་རིང་སློང་བ་གང་ཡོད་བསྡུས། །ཡབ་ཀྱི་དཀོར་མཛོད་མ་ཟད་བར་དག་ཏུ། །སློང་མོ་ བ་ལ་གང་མཁོའི་ལོང་སྤྱོད་འགྱེད། །སྦྱིན་པ་ཆེན་པོ་རབ་ཚིམ་བྱས་པའི་མཐར། །རྒྱལ་པོའི་ ཕོ་བྲང་ལྷ་ཞིག་གིས་སྨྲས་པ། །འཇིག་རྟེན་འདི་ན་ནོར་བུ་གང་རྙེད་ཚད། །སྦྱིན་པ་བྱིན་ཀྱང་ ལོངས་སྤྱོད་ཟད་མི་འགྱུར། །ཞེས་ཟེར་རྒྱལ་བུས་ཐོས་ཚེ་ལན་དྲིས་པ། །ནོར་བུ་རིན་ཆེན་དེ་ འདྲ་སུ་ལ་ཡོད། །ཅེས་པར་ལྷ་དེས་ཡིན་ལུགས་འདི་ལྟར་སྟོན། །འཇིག་རྟེན་འདིར་བཞུགས་ 1-1-116 སངས་རྒྱས་མི་འཁྲུགས་པ། །གང་དྲུང་དུ་ཕྱིན་ནོར་བུ་ལེགས་པར་སློང༌། །དེ་ལ་དགོས་འདོད་ ཀུན་འབྱུང་ནོར་མཆོག་མངའ། །ཞེས་པའི་གནས་ཚུལ་སྟོན་པ་ཇི་བཞིན་དུ། །རྒྱལ་བུ་མཆོག་ དེ་དེ་བཞིན་གཤེགས་དྲུང་ཕྱིན། །ཕྱག་དང་བསྐོར་བ་བྱས་ནས་ལེགས་གསོལ་བ། །ཨུཏྤལ་ མཐིང་འོད་ལེགས་མངའ་བཅོམ་ལྡན་གྱིས། །འཇིག་རྟེན་དབུལ་སྡུག་སྐྱོབ་ཕྱིར་ནོར་བུ་སྩོལ། །དེ་སྐད་གསོལ་ཚེ་སངས་རྒྱས་སྟོན་པ་དེས། །ལྷ་ཡི་ནོར་བུ་བླངས་ནས་རྒྱལ་སྲས་ཀྱི། །ཕྱག་ ཏུ་ལེགས་གཏད་ཕོ་བྲང་ནང་སྤྱན་དྲངས། །ཁྲིར་བཞུགས་ནོར་བུ་དེ་ལ་གསོལ་བཏབ་མཐུས། །ཟད་མེད་ལོངས་སྤྱོད་གཏེར་གྱི་ཆར་ཆེན་ཕབ། །གང་འདོད་འབྱོར་བས་དེར་གནས་སེམས་ ཅན་ཀུན། །ཅི་དགར་རབ་ཚིམ་མཛད་ཅིང་སྐྱིད་དགའ་ཐོབ། །དབུལ་སྡུག་ལེགས་བསལ་ ལོངས་སྤྱོད་ཁ་རྗེ་རྒྱས། །དེར་བརྟེན་ཀུན་གྱིས་བསོད་ནམས་ཆོས་ལ་འབད། །རྣམ་དཀར་ དགེ་ཚོགས་ཡར་ངོའི་ཟླ་བཞིན་འཕེལ། །བསོད་ནམས་རབ་ལྡན་རྒྱལ་སྲས་དམ་པ་གང༌། །སྐལ་བ་བཟང་པོ་འདི་ཉིད་ལེགས་ཤར་སྐབས། །རྣམ་འདྲེན་བཞི་པའི་འཁོར་ཚུལ་ལི་ཙ་བཱི། །བསིལ་ལྗོངས་འཛིན་མར་ཀུན་མཁྱེན་ཆེན་པོར་སྤྲུལ། ། རིགས་ལྡན་སྤྲུལ་སྐུ་ཀུན་མཁྱེན་རྟོན་པ་བཞི་ལྡན་གྱི་སྐྱེས་རབས་རྟོགས་བརྗོད་རྒྱས་པ་ ལས་རྒྱལ་བུ་མཛེས་ལྡན་དུ་སྐྱེས་པའི་རབས་ཏེ་ལེའུ་བཅོ་བརྒྱད་པའོ།། །། ༈ དེ་ནས་འཁོར་ལོ་རོལ་བའི་མདོ་ལྟར་ན། །སྔོན་བྱུང་འདས་པའི་དུས་སུ་དེ་བཞིན་ གཤེགས། །ཟླ་བའི་དབང་པོ་ཞེས་བྱའི་བསྟན་པ་ལ། །མ་ག་ངྷཱ་ཡི་ཡུལ་ན་བྱང་ཆུབ་ཤིང༌། །ཡོད་པ་དེའི་དྲུང་དགེ་སློང་སྤོང་བ་པ། །ཞིག་ནི་སྒོམ་པའི་ཕྱིར་དུ་སོང་བ་ལས། །ཉལ་གཉིད་ བྱ་བས་དུས་འདའ་དགེ་སྦྱོར་ལྷོད། །བསམ་གཏན་བརྩོན་བྲལ་གཡེང་བར་གྱུར་པའི་ཚེ། །སངས་རྒྱས་དེའི་མཐུས་གླང་ཆེན་ཕྲུ་གུ་ཞིག །དགེ་སློང་དེའི་རྩར་ཕྱིན་ནས་ཚུལ་སྨྲས་པ། །འཆད་རྩོད་རྩོམ་པས་རྒྱལ་བསྟན་སྤེལ་འདོད་ཁྱོད། །གཉིད་འཕྲོ་ཆོད་ལ་མི་ལུས་དོན་ལྡན་ 1-1-117 མཛོད། །ཅེས་སྨྲས་ལན་དུ་དགེ་སློང་གིས་སྨྲས་པ། །གླང་ཆེན་མི་སྐད་འདོན་པའི་ལྟས་ངན་ འདི། །དཀོན་མཆོག་ཚུལ་ཁྲིམས་རྣམ་དག་སྟོབས་ཀྱིས་བཟློག །གླང་ཕྲུག་གིས་སྨྲས་དབེན་ པར་བསམ་གཏན་པ། །གཏི་མུག་རོ་ཉལ་བྱེད་འདི་ལྟས་ངན་ཡིན། །དེ་ལ་དགེ་སློང་ངོ་མཚར་ སྐྱེས་ནས་སྨྲས། །མདོག་རྒྱན་མཛེས་ཁྱོད་བདག་ནི་ད་ལྟའི་བར། །སྒོ་གསུམ་དགེ་ལ་བརྩོན་ པས་བྱང་ཆུབ་ཐོབ། །གླང་སྨྲས་ཁྱོད་ཉིད་བྱིས་དུས་མི་དགེ་སྤྱོད། །རབ་བྱུང་དབེན་པར་ལྟུང་ བསོག་འདིས་ཐོབ་བམ། །དགེ་སྨྲས་གླང་པོའི་གསུང་རབ་ལེགས་བཤད་དེས། །བདག་ རྨོངས་བསལ་ཞིང་བྱང་ཆུབ་ཐོབ་ཐབས་གསུངས། །གླང་སྨྲས་དགེ་སྦྱོང་ཆོས་ལམ་བཤད་པ་ བས། །སྒྲུབ་པ་གཙོར་འབོད་བྱང་ཆུབ་ལམ་ལེགས་ཚོལ། །དགེ་སློང་དེས་ཀྱང་གླང་ཆེན་དྲན་ བསྐུལ་ལ། །བརྟེན་ནས་དབེན་པར་གཡེང་རྐྱེན་གཉིད་རྨུགས་དང༌། །ཕལ་བའི་བསམ་པ་ ཐེག་དམན་འཇིག་རྟེན་སྤྱོད། །ཡོངས་སུ་བཏང་ནས་བག་མེད་དགེ་སློང་དེ། །བདེ་གཤེགས་ ཟླ་བའི་དབང་པོའི་དྲུང་དུ་སོང༌། །རྒྱལ་བ་གང་དེའི་བཀའ་བཞིན་ཆོས་ཀྱི་དོན། །ཐེག་པ་ཆེན་ པོའི་སྒོར་ནི་ལེགས་ཞུགས་ནས། །བག་ཡོད་བསླབ་ཁྲིམས་ཀྱིས་བསྡམ་བསམ་གཏན་མཆོག །ཤེར་ཕྱིན་ནམ་མཁའི་རྣལ་འབྱོར་ཟབ་མོའི་ཕུལ། །དེ་ཉིད་མཉམ་པར་འཇོག་ལ་ལེགས་ གནས་པས། །རིང་མིན་བྱང་ཆུབ་སྙིང་པོ་མཐར་ཐུག་ལ། །གཤེགས་ཤིང་དོན་གཉིས་ཕུན་ ཚོགས་ལྷུན་གྲུབ་ཅིང༌། །དེ་ལྟའི་བག་མེད་དགེ་སློང་ལ་ཕན་མཛད། །གླང་ཆེན་སྟོབས་ཀྱི་རྒྱན་ ཅན་དམ་པའི་མཐུ། །ཀུན་ནས་རབ་རྒྱས་དོན་ལ་སེམས་དཔའི་འཕྲུལ། །སྐལ་བཟང་ཤཱཀྱའི་ སྲས་མཆོག་ལི་ཙ་བཱི། །སྔོན་དང་ཕྱི་མའི་མཛད་ཆེན་སྣ་ཚོགས་པ། །གང་ལས་རང་ཅག་བླ་ མའི་སྐལ་བར་ཐོབ། ། རིགས་ལྡན་སྤྲུལ་སྐུ་ཀུན་མཁྱེན་རྟོན་པ་བཞི་ལྡན་གྱི་སྐྱེས་རབས་རྟོགས་བརྗོད་རྒྱས་པ་ ལས་གླང་ཆེན་སྟོབས་རྒྱན་དུ་སྐྱེས་པའི་རབས་ཏེ་ལེའུ་བཅུ་དགུ་པའོ།། །། 1-1-118 ༈ དེ་ནས་ཁྱིམ་བདག་ཟླ་འོད་ཀྱིས་ཞུས་པའི། །མདོ་སྡེ་ལས་བྱུང་སྔོན་དུས་རྫོགས་ སངས་རྒྱས། །དེ་བཞིན་གཤེགས་པ་གསེར་ཐུབ་བཞུགས་པའི་དུས། །ཆུ་བོ་གང་གཱའི་འགྲམ་ ལ་སྒྲུབ་གནས་སུ། །དྲང་སྲོང་ཞིག་ནི་སྒོམ་དུ་སོང་བ་ལ། །ཇི་བཞིན་ཆོས་མགོ་མ་ཐོན་ལྐོག་ ཐབས་སུ། །བུད་མེད་དང་འཕྲད་ཉལ་བོ་བྱེད་པའི་སྐབས། །གནས་གཞིའི་ར་བའི་ཁར་བབ་ བྱ་ངང་པས། །འདི་སྐད་དལ་འབྱོར་རྙེད་དཀའ་ཚེ་མི་རྟག །ཁྲིམས་འཆལ་དམྱལ་བའི་བུད་ ཤིང་མ་ཡིན་ནམ། །ཞེས་ཟེར་ཚེ་ན་དྲང་སྲོང་གིས་སྨྲས་པ། །བྱ་ཁྱོད་ལྷའམ་བདུད་ཡིན་གང་ ལྟར་ཡང༌། །ཕར་སོང་རང་གིས་འདོད་པ་སྤྱོད་དུ་ཆུག །དེ་ལ་ངང་པས་ཁྱོད་ཉིད་སངས་རྒྱས་ ཀྱི། །རྗེས་འཇུག་བསླབ་པ་ཁས་བླངས་འདོད་ལོག་བདུད། །དྲང་སྲོང་གིས་སྨྲས་བྱ་གཟུགས་ སེམས་དཔའ་ཆེ། །འདོད་སྤྱོད་ལོག་པ་སྤོང་ཐབས་གསུང་དུ་གསོལ། །ངང་པས་སྨྲས་པ་ངན་ སྐྱུགས་བུམ་པ་བཞིན། །བཤང་གཅིའི་ཕུང་པོར་སོམས་ལ་ཆགས་པ་སྤོངས། །དྲང་སྲོང་འདི་ སྐད་ངང་པ་ཆོས་ཀྱི་རྒྱལ། །ཚེ་འདིར་ཉེས་བྲལ་བྱང་ཆུབ་ཐོབ་ཐབས་ཞུ། །བྱ་མཆོག་ངང་པས་ ཆོས་ཚུལ་སླར་སྨྲས་པ། །དྲི་མེད་ཆོས་དབྱིངས་དག་པའི་རང་བཞིན་ལ། །དྲི་བཅས་ཆོས་ཀྱི་ རྣམ་པ་དང་བསྟུན་ཏེ། །སྐྱོ་མེད་ཁམས་མཐུན་ཟབ་ལམ་སྤྱོད་ནུས་ན། །ཚེ་འདིར་བྱང་ཆུབ་ མཆོག་ལ་རེག་ཚུལ་གསུངས། །དེ་ལྟར་དགེ་བའི་ལམ་སྟོན་འདབ་བཟང་གིས། །ཇི་བཞིན་ གདམས་དོན་དྲང་སྲོང་གིས་བསྒྲུབས་པས། །རིང་མིན་བྱང་ཆུབ་སྙིང་པོ་ཐོབ་ཚུལ་བསྟན། །གསེར་མདོག་སྤྱན་བཟང་དུང་མགོ་གཤོག་ཟུང་ཅན། །བྱང་སེམས་འདབ་ཆགས་ཚུལ་འཛིན་ བདག་ཅག་གི །བསྟན་པའི་བདག་པོའི་ཐུགས་སྲས་ཐུ་བོ་མཆོག །སླར་ཡང་ཆེས་སྙིགས་སྨག་ རུམ་ཆོས་སྣང་གིས། །ལེགས་བསལ་རྫོགས་ལྡན་ཕྱི་མ་འདྲེན་པའི་ཕུལ། །ཤེས་རབ་རྒྱལ་ མཚན་དཔལ་གྱི་གྲགས་སྙན་འབར། །ངེས་དོན་ཆོས་རྗེའི་འཕྲུལ་འདི་ཡ་མཚན་མཆོག ། རིགས་ལྡན་སྤྲུལ་སྐུ་ཀུན་མཁྱེན་རྟོན་པ་བཞི་ལྡན་གྱི་སྐྱེས་རབས་རྟོགས་བརྗོད་རྒྱས་པ་ 1-1-119 ལས་བྱ་མཆོག་ངང་མཛེས་སུ་སྐྱེས་པའི་རབས་ཏེ་ལེའུ་ཉི་ཤུ་པའོ།། །། ༈ དེ་ནས་འཇམ་དཔལ་རོལ་མདོ་ལས་གསུངས་ལྟར། །སྔོན་བྱུང་འདས་པའི་དུས་སུ་དེ་ བཞིན་གཤེགས། །སངས་རྒྱས་རྣམ་པར་གཟིགས་ཀྱི་བསྟན་པ་ལ། །འཁོར་ལོས་སྒྱུར་བའི་ རྒྱལ་པོ་མེ་ཏོག་འཕགས། །ཞེས་བྱ་བཀའ་ཡི་བློན་དང་རྒྱལ་ཕྲན་དག །ལྔ་སྟོང་རེ་ཡོད་བཙུན་ མོ་ལྔ་བརྒྱ་ཙམ། །ཡོད་ཀྱང་སྲས་ནི་གཅིག་མེད་རེ་ཞིག་དུས། །སངས་རྒྱས་མཆོག་ལ་བསྙེན་ བཀུར་ལེགས་བགྱིས་མཐུས། །མཁའ་ལས་རྒྱལ་བུ་ཉེར་གཉིས་ཁབ་འབྱུང་ཞེས། །རང་སྒྲ་ གྲགས་པས་ཟླ་བ་དགུ་སོང་མཚམས། །བཙུན་མོ་ཉེར་གཉིས་ལ་ནི་བུ་རེ་བཙས། །དེ་རྣམས་ ལས་ནི་བཙུན་མོ་མེ་ཏོག་མཛེས། །གང་ཉིད་ལ་ནི་པདྨོ་ཞིག་བཙས་པས། །རྒྱལ་པོས་གདུང་ ཚབ་རེ་ཡང་ཨ་ཐང་ཆད། །ཡིད་མ་རང་ནས་བུ་ཚབ་པད་ངན་བཙས། །ད་ཉིད་ཕྱུང་ལ་བོར་དུ་ ཆུག་ཅིག་ཟེར། །ཞེས་བསྒོ་བཞིན་དུ་པདྨོ་ཚལ་ནང་བོར། །དེ་ནས་ཞག་གསུམ་ལོན་ཚེ་བློན་ པོ་རྣམས། །སྐྱེད་མོས་ཚལ་དུ་སོང་ཚེ་སྔར་བོར་བའི། །པདྨོ་དེ་ཉིད་རྫིང་བུ་ལ་གནས་པའི། །མེ་ཏོག་ལེབ་རྒན་དུ་འདུག་འོད་འཚེར་བ། །ཁ་ཕྱེའི་དཀྱིལ་དུ་ཁྱེའུ་དཀར་གསལ་མདོག །བྱད་གཟུགས་ཤིན་ཏུ་མཛེས་པ་ཞིག་སྣང་ཚེ། །མེ་ཏོག་མཛེས་ལ་བཙས་པར་ཤེས་ནས་ ཀྱང༌། །དེར་གནས་ཐམས་ཅད་རྒྱལ་མཚན་བ་དན་ཕྱར། །འཇའ་འོད་འཁྱིལ་ཞིང་དུང་དང་ རྔ་ཡི་སྒྲ། །རབ་ལྡི ར་མེ་ཏོག་སྤོས་མཆོག་ས་གཞིར་ཁྱབ། །ཆེ་བསུའི་སྒོ་ནས་རྒྱལ་པོའི་ཕོ་བྲང་ དུ། །རྒྱལ་བུ་སྤྱན་དྲངས་དེ་ཡི་མཚན་ལ་ནི། །སྤོས་ཀྱི་གླང་པོ་ཞེས་བྱར་བཏགས་ནས་ཀྱང༌། །མཚན་མཁན་ལ་བསྟན་དེ་དག་གིས་སྨྲས་པ། །མཚན་དཔེས་རྒྱན་ལྡན་འདི་ནི་ཁྱིམ་གནས་ ན། །མཐའ་བཞི་ལ་དབང་རབ་བྱུང་སྐྱེ་འཆི་གཅོད། །བྱང་ཆུབ་མཆོག་སངས་རྒྱས་ཞེས་ལུང་ བསྟན་ནས། །དེ་འདྲའི་རྒྱལ་བུ་ན་ཚོད་སྨིན་པའི་སྐབས། །རབ་མཛེས་པདྨའི་རྫིང་བུར་རྒྱལ་ སྲས་མཆོག །གང་གིས་གཙོར་གྱུར་རྒྱལ་བུ་སྤུན་གཞན་རྣམས། །ལྷན་ཅིག་ལེགས་ཕྱིན་སོ་ 1-1-120 སོའི་གཟུགས་བརྙན་དག །རྫིང་བུའི་ཆུ་ལ་འཆར་སྐབས་སྲས་ཀྱི་མཆོག །སྤོས་ཀྱི་གླང་པོས་ སྨྲས་པ་ཆོས་ཐམས་ཅད། །སྒྱུ་མ་རྨི་ལམ་ཆུ་ཟླ་དང་འདྲ་བས། །བདག་ཅག་རྣམས་ཀྱང་མི་ རྟག་ཚུལ་རང་བཞིན། །ལང་ཚོ་མི་བརྟན་ལོ་བརྒྱར་ལོན་ཡང་འཆི། །ཞེས་སོགས་འདུས་བྱས་ མི་རྟག་ཚུལ་གསུངས་པས། །རྒྱལ་བུ་སྤུན་གཞན་རྣམས་ཀྱང་མྱ་ངན་སྐྱེས། །ཕོ་བྲང་དུ་ཕྱིན་ ཡབ་ཡུམ་ལ་སྨྲས་པ། །འཇིག་རྟེན་སྡུག་བསྔལ་གཞི་མ་ཁྱིམ་གནས་དག །སྐྱེ་འཆིའི་ཁར་ བརྒྱུད་དལ་ཐོབ་བསྟན་འཇལ་ཚེ། །བདག་ཅག་རབ་ཏུ་བྱུང་བར་གནང་བ་ཞུས། །དེ་ཚེ་རྒྱལ་ པོ་ཡབ་ཡུམ་གྱིས་གནང་ཞིང༌། །རྒྱལ་སྲས་གཙོ་དང་རྒྱལ་བུ་གཞན་གང་དག །ལྷན་ཅིག་ བཅོམ་ལྡན་རྣམ་གཟིགས་སྤྱན་སྔར་དྲུང༌། །ལེགས་ཕྱིན་ཁྱིམ་སྤངས་རབ་ཏུ་བྱུང་ནས་ཀྱང༌། །སྟོན་པ་གང་དེའི་བསྟན་པ་ལ་ཞུགས་ཤིང༌། །རིམ་པས་བྱང་ཆུབ་སྤྱོད་ལ་ལེགས་བསླབས་ ཏེ། །མྱུར་དུ་སངས་རྒྱས་བྱང་ཆུབ་མཆོག་ཐོབ་གྱུར། །དེ་དག་གདུལ་བྱ་འདུལ་ཕྱིར་ཚུལ་སྟོན་ ཙམ། །སླར་ཡང་སྒྱུ་མའི་རོལ་པ་བསམ་མི་ཁྱབ། །གང་ལས་འཕགས་པའི་ཡུལ་དུ་ལི་ཙ་བཱི། །བསིལ་ལྗོངས་ངེས་དོན་སྲོལ་འབྱེད་ཤིང་རྟ་ཆེ། ། རིགས་ལྡན་སྤྲུལ་སྐུ་ཀུན་མཁྱེན་རྟོན་པ་བཞི་ལྡན་གྱི་སྐྱེས་རབས་རྟོགས་བརྗོད་རྒྱས་པ་ ལས་འཕགས་པ་སྤོས་གླང་དུ་སྐྱེས་པའི་རབས་ཏེ་ལེའུ་ཉེར་གཅིག་པའོ།། །། ༈ དེ་ནས་ཀུན་ཏུ་རྒྱས་མདོར་ལེགས་བྱུང་བཞིན། །སྔོན་གྱི་དེ་བཞིན་གཤེགས་པ་ རྫོགས་སངས་རྒྱས། །སེང་གེ་རྣམ་པར་རོལ་པ་ཞེས་བྱ་བའི། །བསྟན་པ་དེ་ལ་སངས་རྒྱས་ དེའི་ཉེ་འཁོར། །རྫུ་འཕྲུལ་ཆེ་བའི་མཆོག་ལྡན་མཛེས་བཟང་ཞེས། །ཉན་ཐོས་འཕགས་པའི་ ཚུལ་འཛིན་ཞིག་ཡོད་པ། །རེ་ཞིག་ཚེ་ན་དེ་བཞིན་གཤེགས་དེའི་མཐུས། །འཕགས་པ་དེ་ ཉིད་ཉན་ཐོས་བཞི་དང་བཅས། །སྔ་དྲོ་ཆོས་གོས་ཤམ་ཐབས་ལེགས་བགོས་ཤིང༌། །ལྷུང་ བཟེད་འཁར་གསིལ་ཐོགས་ནས་བསོད་སྙོམས་སུ། །གཤེགས་པས་གྲུ་འཛིན་ཡུལ་དུ་ཕྱིན་ 1-1-121 པ་ན། །མུ་སྟེགས་སྟོན་པ་ཞིག་གིས་ཕྲག་དོག་སྐྱེས། །གླང་ཆེན་བཅོ་ལྔ་ཆང་གིས་མྱོས་པར་ བྱས། །ཉན་ཐོས་དེ་དག་རྣམས་ཀྱི་སྟེང་དུ་བཏང༌། །དེ་སྐབས་འཕགས་པ་ཉན་ཐོས་མཛེས་ བཟང་གིས། །ན་བཟའི་མཐའ་ནས་འཁར་གསིལ་བཏེག་བྱས་ཤིང༌། །སེང་གེ་ཁ་གདངས་མི་ འཇིགས་བཞི་སྒྲ་སྒྲོག །རབ་འཇིགས་སྤྲུལ་པས་གླང་ཆེན་ཐམས་ཅད་ཀྱི། །ལུས་འདར་རབ་ ཏུ་སྐྲག་ནས་སླར་ལོག་སྟེ། །མུ་སྟེགས་སྟོན་པ་འཚེ་གཏོང་རིགས་རྣམས་བསད། །དེ་ནས་མུ་ སྟེགས་རྒྱལ་པོ་ཞིག་ཡོད་པ། །ཁོ་ཉིད་འཇིགས་ཞུམ་སྐྲག་ནས་གུས་འདུད་ཀྱིས། །འཕགས་ པ་ཉན་ཐོས་རྣམས་བསུས་སྟན་བཏིང་ཞིང༌། །བསྙེན་བཀུར་རྒྱ་ཆེན་དང་བཅས་འགྱོད་ཚངས་ བྱས། །རྒྱལ་པོ་དེས་སྨྲས་འཕགས་སྤྲུལ་གདོང་ལྔ་པ། །རབ་འཇིགས་སྟོབས་ཀྱིས་མུ་སྟེགས་ གླང་པོ་བསྒྱེལ། །ཉེས་བྱས་བཤགས་ལ་བསླབ་ཆོས་བཤད་མཛད་གསོལ། །དེ་སྐད་ཞུས་ཚེ་ མཛེས་བཟང་གིས་གསོལ་པ། །དལ་འབྱོར་དོན་ཆེན་སངས་རྒྱས་དང་འཕྲད་དཀའ། །ལོག་ ཆོས་སྤོངས་ལ་སངས་རྒྱས་ཆོས་བཞིན་སྤྱོད། །ཅེས་གསུངས་ལྟར་དུ་མུ་སྟེགས་རྒྱལ་འཁོར་ བཅས། །རང་རང་ཆོས་ལུགས་ལོག་པ་ཀུན་བསྐྱུར་ཏེ། །ནང་པ་སངས་རྒྱས་པ་ཡི་བསྟན་པ་ ལ། །ལེགས་ཞུགས་ཆོས་མཐུན་བསླབ་པ་ལ་བརྟེན་ནས། །ཁམས་དབང་དང་མཐུན་དགེ་ སྦྱོང་འབྲས་བུ་ཐོབ། །སེམས་ཅན་མང་ལ་ཕན་ཐོགས་རྒྱ་ཆེར་བྱུང༌། །སྐལ་བཟང་དེ་འདྲ་ ལེགས་མཛད་འཕགས་པ་མཆོག །མཛེས་ལྡན་དོན་གཉིས་བཟང་བོའི་དཔལ་མངའ་བ། །རྒྱལ་སྲས་ལི་ཙ་བཱི་དང་སྙིགས་དུས་ཀྱི། །འགྲོ་མགོན་ཆོས་ཀྱི་རྒྱལ་པོར་ཅིར་ཡང་འཕྲུལ། ། རིགས་ལྡན་སྤྲུལ་སྐུ་ཀུན་མཁྱེན་རྟོན་པ་བཞི་ལྡན་གྱི་སྐྱེས་རབས་རྟོགས་བརྗོད་རྒྱས་པ་ ལས་ཉན་ཐོས་མཛེས་བཟང་དུ་སྐྱེས་པའི་རབས་ཏེ་ལེའུ་ཉེར་གཉིས་པའོ།། །། ༈ དེ་ནས་སངས་རྒྱས་ཡོན་ཏན་བཀོད་པའི་མདོ། །གང་ལས་ཇི་སྐད་གསུངས་བཞིན་ སྔོན་བྱུང་གི །བསྐལ་པ་དྲུག་འདས་ཕ་རོལ་འཇིག་རྟེན་དུ། །དེ་བཞིན་གཤེགས་པ་སེང་ 1-1-122 གེའི་རྒྱལ་མཚན་དཔལ། །ཞེས་བྱ་བྱུང་ནས་དེ་ཡི་སྐུ་ཚེའི་ཚད། །བར་བསྐལ་ཉི་ཤུ་དག་ཏུ་ རབ་གནས་ཤིང༌། །དེ་བཞིན་གཤེགས་དེའི་ཉན་ཐོས་རྫུ་འཕྲུལ་ཅན། །མཆོག་གྱུར་ཟླ་བའི་ བློ་གྲོས་ཞེས་བྱ་ཡོད། །དེ་ནི་བསླབ་གསུམ་མངོན་པར་ཤེས་པ་དྲུག །རྣམ་ཐར་བརྒྱད་ལྡན་ སངས་རྒྱས་གང་གི་མཐུས། །སྔ་དྲོར་ཡངས་པ་ཅན་གྱི་གྲོང་ཁྱེར་དུ། །བསོད་སྙོམས་བྱ་བའི་ ཕྱིར་ལ་གཤེགས་པ་ན། །འདི་ནི་ཉན་ཐོས་ཚུལ་འཆང་སེམས་དཔའ་སྟེ། །དེ་སྔོན་ཡངས་པ་ ཅན་དུ་ས་ཆེར་གཡོས། །སྤྲིན་ནག་འཁྲིགས་ཤིང་དུས་མིན་རླུང་ལྡང་བ། །འབྲུག་སྒྲ་གློག་ འཁྱུག་ཡུལ་དེར་འབྱུང་པོས་བཏབ། །རླུང་མཁྲིས་བད་ཀན་ལ་སོགས་ནད་སྣ་མང༌། །ཡུལ་ དེར་གནས་པའི་སྐྱེ་བོ་ཀུན་འཇིགས་ཤིང༌། །རང་རང་གང་ལ་མོས་པའི་སྐྱབས་དག་འཚོལ། །ཅི་བྱེད་བྱ་ཐབས་བྲལ་བའི་དུས་སུ་སླེབས། །ཚུལ་དེ་སེམས་དཔའ་ཆེན་པོས་ཇི་བཞིན་ གཟིགས། །སྡུག་བསྔལ་གྱིས་གདུང་རྣམས་ལ་ཐུགས་བརྩེའི་སླད། །ངུར་སྨྲིག་ཆོས་གོས་ཕྲག་ པར་གཟར་ནས་ཀྱང༌། །སེམས་དཔའི་མཛེས་སྐུ་དབང་དུལ་ཐུགས་ཞི་བ། །ཞི་གནས་དམ་ པའི་ཕ་རོལ་ཏུ་ཕྱིན་ཅིང༌། །གླང་ཆེན་ལྟར་དུལ་མཚོ་ལྟར་རྙོག་པ་མེད། །ཤིན་ཏུ་དད་འོས་ མཚན་དཔེའི་དཔལ་འབར་བ། །སཱ་ལའི་ཤིང་ལྟར་རྒྱས་པ་མཆོག་དང་ལྷན། །ཉི་མའི་འོད་ ཟེར་ཇི་བཞིན་་མེ་བ། །ཡངས་པ་ཅན་དུ་ལེགས་བྱོན་དེར་གནས་ཀྱི། །ལི་ཙ་བཱི་རྣམས་ཀུན་ གྱིས་མཐོང་བའི་མོད། །མེ་ཏོག་འཐོར་ཞིང་དར་གྱི་ལྡ་ལྡི་ཕྱར། །རྒྱལ་མཚན་ལེགས་བསྒྲེངས་ གདུགས་བསྐོར་རོལ་མོ་དཀྲོལ། །སྤོས་བདུག་སེམས་དཔའི་དྲུང་དུ་ཐམས་ཅད་ལྷགས། །གང་གིས་ཕྱག་མཐིལ་མཚན་བཟང་རི་མོ་ཅན། །ལེགས་བརྐྱང་ལི་ཙ་བཱི་རྣམས་མགོ་ལ་ བཞག །ཡེ་ཤེས་སྤྱན་ཕྱེ་ནས་ནི་འདི་སྐད་གསུངས། །སྐུ་ཡི་རྒྱལ་མཚན་གསུང་གི་དུང་གཡས་ འཁྱིལ། །ཐུགས་ཀྱི་དཔལ་བེའུ་སྤྱན་བཟང་གསེར་གྱི་ཉ། །ལྗགས་པད་མགུར་བུམ་ཕྱག་ནོར་ ཞབས་འཁོར་ལོ། །རྣམ་ཐར་བརྒྱད་ལྡན་བཀྲ་ཤིས་གང་དག་གིས། །དུག་གསུམ་ལས་བསྐྱེད་ 1-1-123 རླུང་མཁྲིས་བད་ཀན་སོལ། །སྦྱིན་ཚུལ་བཟོད་བརྩོན་བསམ་ཤེས་ཕར་ཕྱིན་གྱིས། །དྲི་མ་ དྲུག་འཇོམས་མཛད་བཟང་དགེ་བས་སྐྱོང༌། །སྙིང་རྗེའི་སེམས་བསྐྱེད་ཡེ་ཤེས་རྡོ་རྗེ་བསྒོམ། །ཤེས་རབ་མེ་ལྕེ་འོད་གསལ་སྣང་བ་འཚོལ། །ཞེས་སོགས་གསུངས་པའི་དེ་མ་ཐག་ཉིད་དུ། །ཡངས་པ་ཅན་གྱི་ནད་སྤྲིན་ཐམས་ཅད་སངས། །དེར་གནས་སེམས་ཅན་གང་དག་རང་རང་ དང༌། །འཚམས་པའི་ཐེག་ཆེན་འཕགས་ས་ཐེག་དམན་གྱི། །དགྲ་བཅོམ་ཕྱིར་མི་འོང་དང་ ཕྱིར་འོང་འབྲས། །རྒྱུན་དུ་ཞུགས་པ་རྣམས་ཀྱང་ལེགས་པར་ཐོབ། །དེ་ནས་ལི་ཙ་བཱི་རྣམས་ གཙོར་གྱུར་པའི། །སྐབས་དེར་གནས་པ་ཐམས་ཅད་ཡི་རང་སྟེ། །སེམས་དཔའ་ཟླ་བའི་བློ་ གྲོས་ལ་གུས་པས། །ཕྱག་འཚལ་ཆེ་བསྔགས་བསྟོད་ཚིག་འདི་སྐད་སྨྲས། །དྲི་མེད་ཞལ་བཟང་ སྙན་མཆོག་ཤལ་རྒྱས་པ། །དབུ་སྐྲ་འཇམ་མཛེས་སྣུམ་བཟང་གཙུག་ཏོར་འཕགས། །མཛོད་ སྤུ་རྣམ་དཀར་གཡས་འཁྱིལ་སྨིན་ཚིགས་གཞུ། །སྤྱན་བཟང་ཨུཏྤལ་ལྗགས་ཡང་སྲབ་ལེ་ བརྒན། །མདངས་ལྡན་ཞལ་ཁེབས་འཇམ་སྣུམ་གསུང་རབ་ལྡན། །ཚེམས་དཀར་བཞི་བཅུ་ ཐགས་བཟང་ཕྱག་ཟུང་མཐིལ། །པད་རྒྱས་རུས་སྦལ་ཞབས་ལ་འཁོར་ལོས་མཚན། །ཕྱག་ སོར་དྲྭ་འབྲིལ་འོད་འབར་ཨེ་ནྱའི་བྱིན། །གླང་ངང་རྨ་སེང་སྟབས་གཤེགས་སྤུ་གཡས་འཁྱིལ། །ས་དང་རི་གཡོ་གསུང་ནི་ཚངས་དབྱངས་དང༌། །ཀ་ལ་པིང་ཀའི་སྐད་མཚུངས་སེང་གེའི་སྒྲ། །ཁྱེད་སྐུ་མཚན་བཟང་ལེགས་མངའ་འགྲོ་འདྲེན་གཙོ། །མ་རིག་དུག་འཇོམས་སྨན་རྒྱལ་བདེ་ སྦྱོར་མཁན། །མཆོག་ཏུ་དགའ་མཛད་ཐུགས་རྗེས་འགྲོ་ལ་གཟིགས། །གུས་ཕྱག་འཚལ་ཞིང་ དད་པའི་བསོད་ནམས་ཀྱིས། །གླིང་བཞིའི་འཁོར་སྒྱུར་ཚངས་པ་བརྒྱ་བྱིན་དང༌། །མི་བདག་ དགའ་ལྡན་གཞན་འཕྲུལ་དབང་པོར་འགྱུར། །གཞན་ཡང་ལོངས་སྤྱོད་ཟད་མེད་མངའ་ ཐང་རྒྱས། །བསོད་ནམས་ཚེ་རིང་བྱང་ཆུབ་མཆོག་ཐོབ་ཅིང༌། །ཁྱོད་ཀྱི་བསྔགས་པ་ཕྱོགས་ བཅུའི་ཞིང་དུ་གྲགས། །བདེ་གཤེགས་སྲས་བཅས་གླེང་ཞིང་བདག་ཅག་གིས། །དེ་མཐུན་ 1-1-124 བསྟོད་པས་བདེ་བར་གཤེགས་པ་ཡི། །གོ་འཕང་མྱུར་ཐོབ་འགྲོ་ལ་ཆོས་ཆར་གྱིས། །འཁོར་ བ་སྲི ད་དུ་གཞན་དོན་ལྷུན་གྲུབ་ཅིང༌། །གདུལ་བྱ་དེ་ཀུན་མཐར་ནི་སངས་རྒྱས་ཤོག །ཅེས་ པའི་བསྟོད་སྨོན་དང་བཅས་ཕན་ཆེར་བྱུང༌། །དེ་ནས་ཟླ་བའི་བློ་གྲོས་གང་དེ་ཉིད། །ཡུལ་ནི་ ཤིང་ཐག་མཁན་དུ་གཤེགས་ནས་ཀྱང༌། །གང་དུ་བྱོན་པའི་ཞབས་རྗེས་ཐམས་ཅད་དུ། །མེ་ ཏོག་པར་ཤ་ཀ་ནི་རེ་རེ་སྐྱེས། །ཚུལ་དེས་བདེ་གཤེགས་སེང་གེའི་རྒྱལ་མཚན་དྲུང༌། །ལེགས་ ཕྱིན་དེ་བཞིན་གཤེགས་དེས་བཀའ་བསྩལ་པ། །རིགས་ཀྱི་བུ་ཞེས་ལེགས་བརྗོད་བསྙུན་འདྲི་ མཛད། །ཟླ་བས་ཕྱག་བསྐོར་དང་བཅས་ཕྱོགས་གཅིག་འདུག །དེར་གནས་བྱང་སེམས་ནོར་ བུའི་སྙིང་པོ་ཡིས། །བཅོམ་ལྡན་དེ་ལ་ཟླ་བའི་བློ་གྲོས་འདིས། །སེམས་ཅན་མང་ཕན་བྱེད་ ཚུལ་ལ་བསྔགས་ཤིང༌། །ཕྱི་མའི་དུས་སུ་བྱང་ཆུབ་ལུང་བསྟན་ཞུས། །དེ་བཞིན་གཤེགས་ དེས་བཀའ་བསྩལ་སེམས་དཔའ་ཉིད། །མ་འོངས་དུས་ཀྱི་ཐ་མར་གཤང་གཤོང་གི །ཚེར་མ་ ཅན་གྱི་ཡུལ་དེར་ཚེ་ལོ་ནི། །བརྒྱ་པའི་དུས་སུ་ཤཱཀྱའི་བསྟན་པ་ལ། །ལི་ཙ་གཞོན་ནུ་མཐོང་ དགར་གྱུར་ནས་ཀྱང༌། །རྒྱལ་བ་དེ་ལ་ཐུགས་མཉེས་རྒྱ་ཆེན་མཛད། །དེ་ནས་མཐར་གྱིས་ རིམ་པར་དེ་བཞིན་གཤེགས། །དགྲ་བཅོམ་ཡང་དག་རྫོགས་པའི་སངས་རྒྱས་མཆོག །ཡེ་ ཤེས་འབྱུང་གནས་ཞེས་བྱར་མངོན་བྱང་ཆུབ། །དེ་སྐད་ཆེ་བའི་ཡོན་ཏན་རྒྱས་བརྗོད་ཀྱིས། །ཟླ་བའི་བློ་གྲོས་བྱང་ཆུབ་མཆོག་ལུང་བསྟན། །སྐབས་དེའི་སེམས་ཅད་སྟོང་ཕྲག་མང་པོ་དག །ཕྱིར་མི་ལྡོ ག་ཅིང་ལ་ལ་ཆོས་བཟོད་ཐོབ། །ཕུན་ཚོགས་ངོ་མཚར་རོལ་པའི་མཛད་བཟང་ འཕེལ། །གང་འདུལ་དབང་གིས་ཐབས་ཚུལ་ཅི་མཛད་ཀྱང༌། །རྒྱལ་སྲས་ཚུལ་འཆང་མཐོང་ ན་དགའ་བའི་འཕྲུལ། །སྙིགས་མའི་དུས་སུ་ཀ་ཡོ་རི་ཞེས་པར། །ངེས་དོན་རྫོགས་ལྡན་མངའ་ བདག་ཀུན་མཁྱེན་མཚན། ། རིགས་ལྡན་སྤྲུལ་སྐུ་ཀུན་མཁྱེན་རྟོན་པ་བཞི་ལྡན་གྱི་སྐྱེས་རབས་རྟོགས་བརྗོད་རྒྱས་པ་ 1-1-125 ལས་ཟླ་བའི་བློ་གྲོས་སུ་སྐྱེས་པའི་རབས་ཏེ་ལེའུ་ཉེར་གསུམ་པའོ།། །། ༈ དེ་ནས་འཕགས་པ་མེ་ཏོག་རྒྱས་པའི་མདོར། །ཇི་སྐད་བཀའ་བསྩལ་སྔོན་བྱུང་བསྐལ་ པ་ནི། །ཚད་གྲངས་དཔག་ཏུ་མེད་པའི་སྔ་རོལ་ཏུ། །དེ་བཞིན་གཤེགས་པ་སངས་རྒྱས་སྟོན་ པ་མཆོག །བདེ་བའི་རྒྱལ་པོ་ཞེས་བྱ་འཇིག་རྟེན་བྱུང༌། །སྐུ་ཚེའི་ཚད་ལོ་བརྒྱད་ཁྲི་བཞི་སྟོང་ བཞུགས། །ལན་གསུམ་འདུས་པ་ཆེན་པོའི་ཆོས་འཁོར་བསྐོར། །ཐོག་མའི་དུས་སུ་དགྲ་ བཅོམ་ཁྲི་ཕྲག་ནི། །བདུན་ཅུ་ཐོབ་ཅིང་བར་ལ་ཁྲི་ཕྲག་ལྔ། །ཐ་མར་ཁྲི་ཕྲག་བཅུ་ཐོབ་དེ་དག་ ཀྱང༌། །དགྲ་བཅོམ་ཟག་ཟད་བྱ་བ་ལེགས་བྱས་ཤིང༌། །ཁུར་བོར་རང་དོན་རབ་རྙེད་ཉོན་ མོངས་མེད། །ཤེས་རབ་རྣམ་པར་གྲོལ་བ་ཤ་སྟག་གོ །ཡུལ་དེར་རྒྱལ་པོར་དབང་བསྐུར་ མངའ་བདག་རྗེ། །ཡོན་ཏན་སེང་གེ་ཞེས་བྱའི་རྒྱལ་ཁབ་ནི། །ཕོ་བྲང་རིན་ཆེན་སྣ་ཚོགས་ ལས་བྱས་ཤིང༌། །ཡང་ཐོག་དགུ་རིམ་ཁྱམས་ཆེན་རིམ་ལྔ་རེ། །རྣམ་པ་ཀུན་ཏུ་གླང་ཆེན་རྟ་ དྲེལ་དང༌། །མ་ཧེ་རྔ་མོ་ལ་སོགས་ཀྱིས་གང་བ། །འཁོར་ཡུག་མི་ཁྱིམ་འབུམ་ཕྲག་བརྒྱད་ ཀྱིས་བསྐོར། །བློན་མང་དམག་མི་དཔག་ཏུ་མེད་པ་ཡོད། །རྒྱལ་པོའི་བཙུན་མོ་ཟླ་བའི་སྒྲོན་ མ་ལ། །མཚན་དཔེས་བརྒྱན་པའི་སྲས་མཆོག་གཉིས་བཙས་པ། །ཆེ་བའི་མིང་ལ་མྱ་ངན་ མེད་པ་དང༌། །ཆུང་ངུ་ལ་ནི་མྱ་ངན་བྲལ་ཞེས་བཏགས། །རྒྱལ་བུ་དེ་གཉིས་ཡང་ཐོག་སྟེང་ ན་རྩེ། །སྐབས་དེར་བཅོམ་ལྡན་བདེ་བའི་རྒྱལ་པོ་ཡང༌། །འཁོར་ནི་དགྲ་བཅོམ་མང་པོས་ ལེགས་བསྐོར་བཞིན། །གྲོང་ཁྱེར་མཐོང་ན་དགའ་བར་གཤེགས་པ་མཐོང༌། །ཆེ་བ་མྱ་ངན་ མེད་ཀྱིས་ཆུང་བ་ལ། །སྨྲས་པ་སངས་རྒྱས་འཁོར་བཅས་གཤེགས་མཐོང་ངམ། །མྱ་ངན་བྲལ་ བས་ལེགས་པར་མཐོང་ཞེས་བརྗོད། །དེ་ཚེ་མྱ་ངན་མེད་ཀྱི་སླར་སྨྲས་པ། །ལྟོས་ཤིག་སངས་ རྒྱས་བདེ་བའི་རྒྱལ་པོ་ལ། །འཁོར་མང་གུས་བསྟོད་མཛེས་པར་གཤེགས་པའི་ཚུལ། །མཐོང་ ནས་དེ་འདྲ་བདག་ཐོབ་སེམས་བསྐྱེད་དེ། །བླ་མེད་ལམ་བཙལ་ཉོན་མོངས་ལས་དབང་གིས། 1-1-126 །བཟོད་དཀའི་སྡུག་བསྔལ་གྱིས་མནར་འགྲོ་འདི་ཀུན། །མྱུར་དུ་བསྒྲལ་ཆེད་དེ་དག་ལེགས་ ལམ་དུ། །བདག་གིས་རབ་བསྐུལ་ཁྱོད་ཀྱང་དེ་བཞིན་དུ། །བླ་མེད་སེམས་བསྐྱེད་སངས་ རྒྱས་འཕྲད་པར་དཀའ། །ཞེས་ཟེར་བ་ལ་མྱ་ངན་བྲལ་བས་སྨྲས། །ཚིག་ཙམ་བརྗོད་པས་དོན་ འགྲུབ་ག་ལ་འགྱུར། །བདག་ཚིག་མི་བརྗོད་སེམས་ཀྱིས་བྱང་ཆུབ་འཛིན། །ཚིག་རྫུན་འབྲས་ སྨིན་བདེན་པར་མེད་པས་ན། །བརྗོད་པར་སྤྲོ་ལ་སྙིང་པོ་རིགས་སམ་ཅི། །དེ་ལ་མྱ་ངན་མེད་ སྨྲས་ཁྱོད་ལྟར་ན། །སེམས་བསྐྱེད་དེ་ནི་འདོད་པས་འཆིང་བ་ཡིན། །ཆོས་གཏམ་གཞན་ལ་ སྨྲས་ན་སྦྱིན་པ་མཆོག །དེར་བརྟེན་སེམས་ཅན་མང་པོས་བྱང་ཆུབ་བསྒྲུབ། །སྨྲ་མེད་སེམས་ བསྐྱེད་ཁོ་ནས་གཞན་དོན་ལ། །ཐོག་མར་མཐུ་ཆུང་དེ་བས་ཆོས་སྦྱིན་འཐད། །དེ་ལ་མྱ་ངན་ བྲལ་སྨྲས་ཆོས་དོན་འདིའི། །ཁྱད་པར་གནས་ཚུལ་གང་ཡིན་སངས་རྒྱས་དྲུང༌། །སོང་ནས་ ཇི་བཞིན་གསོལ་ལ་ཐག་གཅོད་ཟེར། །དེ་མ་ཐག་ཏུ་ཡང་ཐོག་འདུག་གནས་ནས། །མུ་ཏིག་ སྐས་ལ་བབས་ཏེ་སྐད་ཅིག་སོང༌། །སྐབས་དེར་མྱ་ངན་མེད་པར་ལྷག་པར་དད། །ཡང་ཐོག་ ནས་མཆོངས་ལུས་ནི་མ་སྣད་པར། །བཅོམ་ལྡན་དྲུང་དུ་ནུ་བོ་ལས་སྔར་ཐོན། །རིན་ཆེན་གོས་ ཕུད་གཙུག་གི་ཐོར་ཅོག་བཀྲོལ། །ནོར་བུ་དང་བཅས་སངས་རྒྱས་དེ་ལ་ཕུལ། །དེ་མ་ཐག་ ཏུ་མྱ་ངན་བྲལ་བ་སླེབས། །རང་གི་སྤུན་མཐོང་ཡིད་ལ་ངོ་མཚར་སྐྱེས། །སྨྲས་པ་མྱ་ངན་མེད་ ཁྱོད་ཡང་ཐོག་ནས། །ད་ལྟ་འདིར་ཕྱིན་ལམ་ནི་གང་ནས་འོང༌། །ཟེར་ཚེ་མྱ་ངན་མེད་པས་ལན་ སྨྲས་པ། །ལྷག་བསམ་ཡང་ཐོག་ནས་མཆོངས་བཅོམ་ལྡན་གྱི། །ཐུགས་རྗེས་ལེགས་བཟུང་ བསྣད་མེད་སྔ་འདིར་ཕྱིན། །དེ་སོགས་ཕན་ཚུན་དགའ་གཏམ་གླེང་བཞིན་འདུག །དེ་ནས་ མྱ་ངན་བྲལ་བས་རིན་ཆེན་གོས། །མུ་ཏིག་ལྷྭམ་ཟུང་སངས་རྒྱས་ལ་ཕུལ་ཏེ། །སྨྲས་པ་བཅོམ་ ལྡན་གཤེགས་མཐོང་སྔོན་ཆད་ནི། །ལམ་མིན་བདག་སྤྱོད་ད་ཕན་ཡང་དག་སྤྱོད། །དེ་ལ་མྱ་ ངན་མེད་སྨྲས་གང་ཞིག་གིས། །བདག་དོན་ཆེད་གཉེར་གཞན་ཕན་ཆེར་མི་འོང༌། །དེ་བས་ 1-1-127 རང་གིས་སྡུག་བསྔལ་མྱོང་ཡང་བླ། །སེམས་ཅན་ཕན་བདེ་དཀའ་སྤྱད་བཟོད་ནས་བསྒྲུབ། །ལོག་ཞེན་ཅན་ཚོས་ཡང་དག་ལམ་གནས་པ། །ལོག་པར་མཐོང་ཞིང་བདུད་ཀྱིས་བཅིངས་ལ་ ཆགས། །དེ་འདྲ་ལེགས་མིན་བཅོམ་ལྡན་བཞུགས་དྲུང་ནས། །རབ་བྱུང་ཚངས་སྤྱོད་སེམས་ ཅན་མང་རབ་སྒྲོལ། །རྟག་ཏུ་ཆོས་གནས་སྡེ་སྣོ ད་མཆོག་འཛིན་ཅིང༌། །ནམ་ཞིག་དུས་ན་ངེས་ དོན་ཆོས་དུང་འབུད། །དར་ཕྱར་རྔ་བརྡུངས་འགྲོ་ཕན་རྫོགས་ལྡན་སྤྱོད། །ཆོས་དོན་རབ་ཤེས་ ཏིང་འཛིན་མཆོག་ལ་གནས། །གདུལ་བྱ་མཐའ་དག་བྱང་ཆུབ་མཆོག་ཏུ་སྨོན། །ཞེས་སྨྲས་ སངས་རྒྱས་ལེགས་དགྱེས་སྤུན་གཉིས་པོ། །ཁྱིམ་སྤངས་རབ་བྱུང་ཡངས་པ་ཅན་གྱི་ཤིང༌། །ཨ་མྲའི་ཚལ་དུ་རྣལ་འབྱོར་མཆོག་སྤྱོད་ནས། །ཕན་ཚུན་བརྩེ་བའི་སྒོ་ནས་ལེགས་པར་ བསྒོམ། །རེ་ཞིག་ཚེ་ན་མྱ་ངན་མེད་ཀྱིས་སྨྲས། །ཁྱོད་ཉིད་སྤྱོད་མཆོག་གང་སྤྱོད་པ་ཡི་སྒོས། །སྔ་ནས་མྱུར་འཚང་རྒྱ་བར་འདོད་དམ་ཞེས། །ལེགས་པར་དྲིས་ཚེ་མྱ་ངན་བྲལ་བས་སྨྲས། །བདག་གིས་སེམས་བསྐྱེད་སེམས་ཅན་རེ་རེའི་ཕྱིར། །བསྐལ་བ་ཁྲི་ཕྲག་སྡུག་བསྔལ་མྱོང་ དགོས་ཀྱང༌། །འགྱོད་སེམས་མེད་ཅིང་རྫོགས་བྱང་ཆུབ་བར་དུ། །དེ་འདྲ་རབ་བསྒོམ་གཞན་ ཡང་བཟོད་པ་ཡང༌། །དཔེར་ན་མི་ཞིག་མི་གཙང་ངན་སྐྱུག་གིས། །གང་བའི་བུམ་ཐོགས་ བདག་མགོར་ཁྲུས་བྱས་ཀྱང༌། །དེ་ལ་ཞེ་སྡང་མི་བསྐྱེད་བཟོད་བསྒོམ་སྟེ། །སངས་རྒྱས་བཙལ་ ཞིང་ཡེ་ཤེས་བསྐྱེད་སྙམ་བགྱིད། །ཅེས་ཟེར་ལན་དུ་མྱ་ངན་མེད་པར་སྨྲས། །དེ་ལྟའི་སེམས་ བསྐྱེད་བཟོད་སྒོམ་སྤྲོས་བཅས་དེ། །རྒྱ་མི་ཆེ་ཞིང་ངོ་མཚར་ཅི་ཡང་མེད། །དམིགས་མཚན་ ཡུལ་གྱི་བསྐྱེད་བཟོད་མཐའ་དག་ཀྱང༌། །སྟོང་བ་ཉིད་དེ་སྒྱུ་མ་དང་འདྲ་ཞིང༌། །མཚན་ཉིད་ ཅང་མེད་མཐའ་ཀུན་བྲལ་བའི་དབྱིངས། །ཡོད་མེད་དུ་ཞེན་ལོག་པར་ལྟ་བ་སྟེ། །དེ་འདྲ་བྱང་ ཆུབ་སེམས་དཔས་བསྟེན་བྱ་མིན། །རྟག་ཆད་མཐའ་བྲལ་དབུ་མ་བསྟེན་པར་གྱིས། །ཞེས་ གསུངས་ལན་དུ་མྱ་ངན་བྲལ་བས་སྨྲས། །ཁྱོད་ཀྱིས་ལམ་དང་བྱང་ཆུབ་རྒྱུ་འབྲས་ཀུན། །ཅི་ 1-1-128 ཡང་བརྗོད་དུ་མེད་སྨྲས་དགོས་དོན་ཅི། །ཞེས་ཟེར་ལན་དུ་མྱ་ངན་མེད་ཀྱིས་གསུངས། །རྒྱུ་ འབྲས་ཀྱིས་བསྡུས་ཀུན་རྫོབ་ཆོས་ཐམས་ཅད། །རང་བཞིན་སྤྲོས་བྲལ་ནམ་མཁའ་ལྟ་བུ་སྟེ། །གཤིས་ལ་དོན་དམ་བླ་མེད་བྱང་ཆུབ་བཞུགས། །འདི་ནི་ཟབ་ཅིང་རྒྱ་ཆེ་དོན་རྟོགས་དཀའ། །ཞེས་གསུངས་ཚེ་ན་ཟབ་མོའི་དོན་གནད་ལ། །རྒྱལ་བུ་སྤུན་གཉིས་གོ་བ་མ་འཆམས་པར། །ཐེ་ཚོམ་གཅོད་ཕྱིར་ངང་པའི་རྒྱལ་པོ་ལྟར། །ནམ་མཁར་འཕགས་ནས་ལྷན་ཅིག་ཏུ་སོང་ སྟེ། །བཅོམ་ལྡན་བདེ་བའི་རྒྱལ་པོའི་དྲུང་དུ་ཕྱིན། །དགེ་སློང་དངོས་པོས་ཕྱག་བཅས་ཕྱོགས་ གཅིག་འཁོད། །དེ་ནས་དགེ་སློང་མྱ་ངན་བྲལ་བ་ཡིས། །ཆོས་དོན་ཟབ་མོ་སྔར་སྨྲས་ཐམས་ ཅད་གསོལ། །སངས་རྒྱས་མཆོག་གིས་དེའི་ལན་བཀའ་བསྩལ་པ། །དགེ་སློང་མྱ་ངན་མེད་ ལ་ལེགས་བརྗོད་ཚིག །ལན་གཉིས་གསུངས་ཤིང་འདིས་སྨྲས་ཇི་བཞིན་ཏེ། །ཕུང་པོ་ལྔས་ བསྡུས་ཆོས་རྣམས་སྤྱི་དང་ནི། །ཁྱད་པར་སྦྱངས་པའི་ཡོན་ཏན་བཅུ་གཉིས་དང༌། །དཀའ་ ཐུབ་ཆོག་ཤེས་མཐར་གནས་ལ་སོགས་ལམ། །འཁོར་བར་གཏོགས་པ་གང་དག་འབྱུང་བའི་ རྒྱུ། །རྣམ་པར་རྟོག་པའི་སེམས་བྱུང་དེ་ཐམས་ཅད། །སྤྲོས་པ་ལགས་ཏེ་རང་བཞིན་སྟོང་པ་ ཉིད། །དོན་དམ་བསླབ་གསུམ་རྣམ་ཀུན་ཡོངས་རྫོགས་པ། །གདོད་ནས་བཞུགས་པའི་བྱང་ ཆུབ་ཆེན་པོ་ཉིད། །རང་གཤིས་གནས་ལུགས་འགྱུར་མེད་ཆོས་ཀྱི་སྐུ། །ཡང་དག་བདེན་ དོན་བསླུ་མེད་དེ་མངོན་ཐབས། །རྣམ་པར་མི་རྟོག་ཡེ་ཤེས་བསྐྱེད་པའི་ཚུལ། །ཞིབ་པར་ དེ་སྐད་ཇི་བཞིན་བཀའ་བསྩལ་པས། །དགེ་སློང་མྱ་ངན་བྲལ་བས་དེ་ཐོས་སྐབས། །བྱང་ ཆུབ་སྙིང་པོ་རབ་ཏུ་རྟོགས་ནས་ཀྱང༌། །དགེ་སློང་དེ་གཉིས་ལོ་ནི་བརྒྱད་ཁྲིའི་བར། །རྣལ་ འབྱོར་མཆོག་བསྒོམས་ལོ་གྲངས་དེའི་བར་དུ། །ཀུན་ཉོན་དུག་གསུམ་རྟོག་ཚོགས་གཏན་མ་ སྐྱེས། །དེ་ནས་བྱང་སེམས་དགེ་སློང་དེ་གཉིས་པོ། །ཚེ་འཕོས་འོག་མིན་འཇིག་རྟེན་ཁམས་ སུ་སྐྱེས། །སངས་རྒྱས་ཁྲི་ཕྲག་བརྒྱ་སྟོང་དྲུག་བརྒྱ་དང༌། །ལེགས་འཕྲད་བསྟན་ལ་རབ་བྱུང་ 1-1-129 སྔོན་བཞིན་དུ། །རྣལ་འབྱོར་མཆོག་ལ་རྟག་པར་བརྩོན་བྱས་པས། །མྱ་ངན་མེད་པ་ཐོག་མར་ སངས་རྒྱས་ཏེ། །མཚན་ནི་དེ་བཞིན་གཤེགས་པ་ཟླ་བ་ཡི། །རྒྱལ་མཚན་དཔལ་ཞེས་བྱ་ཞིང་ དེ་རྗེས་སུ། །ཅུང་འཕྱི་ཙམ་ན་མྱ་ངན་བྲལ་བ་ཉིད། །སངས་རྒྱས་ཞིང་ཁམས་མུ་ཏིག་འོད་ཅེས་ པར། །བདེ་གཤེགས་བླ་མའི་འཁོར་ལོ་ཞེས་བྱར་གྱུར། །རྒྱལ་སྲས་སློབ་པའི་ཚུལ་འཛིན་དེ་ གཉིས་ཀྱང༌། །གདུལ་བྱའི་དབང་གིས་སློབ་དང་མི་སློབ་པའི། །རྣམ་པ་སྣ་ཚོགས་རོལ་གར་ ཅིར་ཡང་བསྒྱུར། །གང་ལས་མྱ་ངན་མེད་པ་སྐལ་བཟང་གི །རྣམ་འདྲེན་བཞི་པའི་འཁོར་ གནས་ལི་ཙ་བཱི། །འཇིག་རྟེན་མཐོང་ན་དགའ་དང་མྱ་ངན་བྲལ། །དེའི་འཁོར་ལག་ན་པདྨོའི་ རྣམ་པར་འཕྲུལ། །སེམས་དཔའ་མྱ་ངན་མེད་མཆོག་དུས་ཀྱི་མཐར། །གངས་ཅན་འགྲོ་བའི་ མགོན་གྱུར་ཆོས་ཀྱི་རྗེ། ། རིགས་ལྡན་སྤྲུལ་སྐུ་ཀུན་མཁྱེན་རྟོན་པ་བཞི་ལྡན་གྱི་སྐྱེས་རབས་རྟོགས་བརྗོད་རྒྱས་པ་ ལས་མྱ་ངན་མེད་པ་རུ་སྐྱེས་པའི་རབས་ཏེ་ལེའུ་ཉེར་བཞི་པའོ།། །། ༈ དེ་ནས་གསེར་བྱེ་བརྡལ་བའི་མདོར་གསུངས་ལྟར། །སྔོན་གྱི་བསྐལ་པ་གཅིག་གི་ གོང་རོལ་ཏུ། །མི་མཇེད་ཞིང་འདིའི་ལྷོ་ཕྱོགས་སྟེང་གི་ཆར། །ཞིང་ཁམས་པདྨ་དཀར་ཞེས་ བྱ་བ་ཡོད། །དེ་ནི་འོག་གཞི་གསེར་བྱེ་གྲམ་བུར་བརྡལ། །བཻཌཱུར་མིག་མང་རིས་སུ་རབ་བཀྲ་ ཞིང༌། །དེར་ནི་རི་ནག་མེད་ཅིང་རིན་པོ་ཆེ། །སྣ་ཚོགས་ལས་གྲུབ་རི་བོ་ཤ་སྟག་དང༌། །གཞི་ ཐང་ལག་མཐིལ་ལྟར་མཉམ་རིན་ཆེན་རིགས། །དུ་མའི་སྐུད་པའི་དྲ་བས་ཡོངས་སྦྲེལ་བ། །ཞིང་དེར་ཆུ་ཀླུང་ཡན་ལག་བརྒྱད་ལྡན་མཚོ། །ཕལ་ཆེར་ཁ་ཚོན་དཔག་ཚད་བཅུ་དང་ནི། །ཉི་ ཤུ་ལྔ་བཅུ་ལ་སོགས་འདྲ་མིན་མང༌། །ཟབས་སུ་དཔག་ཚད་དྲུག་དང་བཅུ་གཉིས་སོགས། །ཆུ་ ཀླུང་དེ་དག་ལ་ནི་སྤོས་མཆོག་དང༌། །མེ་ཏོག་སིལ་མ་སྣ་ཚོགས་རོལ་མོའི་སྒྲ། །དུ་མ་ལེགས་ བྱུང་དཔག་བསམ་ཤིང་གི་ཚོགས། །ཕལ་ཆེར་རྩ་བ་གསེར་དང་སྡོང་བུ་དངུལ། །ཡལ་ག་བཻ་ 1-1-130 ཌཱུར་ལོ་མ་ཤེལ་རང་བཞིན། །འདབ་མ་པད་རག་མེ་ཏོག་མུ་ཏིག་དམར། །འབྲས་བུ་རྡོ་ཡི་ སྙིང་པོ་དག་དང་ནི། །གཞན་ཡང་མེ་ཏོག་ལ་ལ་རྩ་བ་ནི། །དངུལ་དང་སྡོང་བུ་རྣམས་ཀྱང་བཻ་ ཌཱུརྱ། །ཡལ་ག་གསེར་དང་ལོ་མ་རྣམས་ནི་གཡུ། །འདབ་མ་མུ་ཏིག་དམར་པོ་མེ་ཏོག་རྣམས། །མར་གད་འབྲས་བུ་རྣམས་ཀྱང་ཨནྡ་རྙིལ། །དེ་འདྲའི་ལྗོན་ཤིང་ཐམས་ཅད་རིན་པོ་ཆེ། །སྣ་ བདུན་རང་བཞིན་མཐའ་བསྐོར་ཐམས་ཅད་དུ། །རིན་ཆེན་ལྗོན་བཟང་ཏཱ་ལ་གང་གཱ་ལའི། །ཆེས་མཛེས་ཕྲེང་བས་ཡོངས་བསྐོར་ཤིང་དེ་དག །བདེ་བའི་རླུང་གིས་བསྐྱོད་ཅིང་སྒྲ་སྙན་ སྒྲོགས། །ཤིང་རྩེ་ཕྱོགས་རྣམས་སུ་ནི་སྤྲུལ་བའི་བྱ། །ངང་ངུར་རྨ་བྱ་ནེ་ཙོ་ཁྲུང་ཁྲུང་དང༌། །ཀ་ ཀོ་ལི་བཞད་ཀ་རནྟ་ཀའི་ཚོགས། །རི་སྐིགས་ཁུ་བྱུག་ཀ་ལ་པིང་ཀ་སོགས། །སྣ་ཚོགས་གར་ བསྒྱུར་མཆོག་གསུམ་ཕྱིན་དྲུག་སྒྲ། །རབ་སྒྲོག་མཚོ་རྫིང་འགྲམ་ལོག་ཐམས་ཅད་དུ། །མེ་ཏོག་ ཨུཏྤལ་ཙམ་པ་ཀ་དང་ནི། །ཨུ་དུམ་ཝཱ་ར་ཀུ་མུ་ཏ་ཡི་རིགས། །པད་དཀར་མ་ལི་ཀ་དང་གུར་ ཀུམ་སོགས། །སྣ་ཚོགས་མཛེས་པས་ཁེབས་ཤིང་ཞིང་ཁམས་དེར། །སྐྱེ་རྒ་ན་འཆིའི་སྒྲ་ཡང་ མི་གྲགས་པར། །ཉིན་མཚན་དུས་བྲལ་གཞན་ཡང་འདི་ལྟ་སྟེ། །དབུ་རྒྱན་མགུལ་རྒྱན་རྣ་རྒྱན་ གདུ་བུ་དང༌། །དཔུང་རྒྱན་དོ་ཤལ་སེ་མོ་དོ་སོར་གདུབ། །སྐ་རགས་གསེར་གྱི་ཙོང་ཙོང་མུ་ཏིག་ ཕྲེང༌། །དྲིལ་གཡེར་དྲ་བ་རྣམས་ཀྱང་ལྗོན་ཤིང་གི །ཡལ་ག་དག་ལས་ལྷག་པར་འཕྱང་གྱུར་ ཏེ། །གང་འདོད་རེ་སྐོ ང་ཞིང་དབུས་ཐར་པའི་གྲོང༌། །མཆོག་གྱུར་ཆོས་ཀྱི་རྒྱལ་མཚན་ཞེས་བྱ་ ཡོད། །རྒྱར་ནི་དཔག་ཚད་བཅུ་གཉིས་དཔང་དུ་ཡང༌། །དཔག་ཚད་དྲུག་དང་ཕྱེད་ཡོད་རིན་པོ་ ཆེ། །ཨནྡ་རྙིལ་དང་ཨསྨ་གར་བྷ་དང༌། །བཻ་ཌཱུརྱ་དང་མུ་ཏིག་ཀེ་ཀེ་རུ། །ཀར་ཀེ་ཏ་དང་པདྨ་རཱ་ ག་གསེར། །དངུལ་སོགས་སྣ་ཚོགས་ལས་གྲུབ་ཁང་པའི་ཏོག །བ་གམ་སྣ་ཚོགས་གདུགས་ དང་རྒྱལ་མཚན་མཆོག །བ་དན་ལྡ་ལྡི ་སྣ་ཚོགས་མུ་ཏིག་ནི། །དམར་པོའི་ཕྲེང་བ་ལ་བརྒྱུས་ དྲིལ་གཡེར་ཕྲེང༌། །རབ་འཁྲོལ་ཤེལ་གཡུ་རྡོ་ཡི་སྙིང་པོ་ལས། །ལེགས་གྲུབ་ཐེམ་སྐས་དུ་མས་ 1-1-131 ཡོངས་བརྒྱན་པར། །བྱང་ཆུབ་སེམས་དཔའི་དགེ་སློང་འབུམ་ཕྲག་གིས། །མཆོད་པའི་སྤྲིན་ གྱིས་དུས་ཀུན་འདའ་བར་བྱེད། །ཞིང་དེའི་གཙོ་བཞུགས་སྟོན་པ་དེ་བཞིན་གཤེགས། །དགྲ་ བཅོམ་ཡང་དག་རྫོགས་པའི་སངས་རྒྱས་ནི། །ཟླ་བའི་རྒྱལ་མཚན་ཞེས་བྱ་འཚོ་ཞིང་བཞུགས། །ཆོས་སྟོན་སྐུའི་འོད་མཐའ་ཡས་མུ་མེད་པར། །ཁྱབ་ཅིང་སངས་རྒྱས་དེ་ཡིས་གཟི་བརྗིད་ ཀྱིས། །ཕྱོགས་བཅུའི་ཞིང་ཁམས་དཔག་ཏུ་མེད་བཞུགས་པའི། །སངས་རྒྱས་རྣམས་ཀྱིས་ བདེ་གཤེགས་ཟླ་བ་ཡི། །རྒྱལ་མཚན་དཔལ་གྱི་ཡོན་ཏན་བསྔགས་པ་བརྗོད། །ཞིང་གཞན་ སངས་རྒྱས་རྣམ་འཁོར་དེ་དག་ཀྱང༌། །དེ་བཞིན་གཤེགས་པ་ཟླ་བའི་རྒྱལ་མཚན་ལ། །ཕྱག་ དང་བསྙེན་བཀུར་བྱ་ཕྱིར་དུས་དྲུག་ཏུ། །རབ་ལྷགས་མེ་ཏོག་སྣ་ཚོགས་སྤོས་མཆོག་རིགས། །མར་མེ་ཐོགས་ནས་ཕྱག་འཚལ་བསྐོར་བྱས་ཏེ། །འདི་སྐད་རྒྱལ་བའི་ཞིང་མཆོག་ངོ་མཚར་ མཛེས། །དགའ་བྱེད་ཐར་པའི་གཞལ་ཡས་ཁང་བཟང་ནང༌། །ལེགས་བཞུགས་ཟླ་བའི་རྒྱལ་ མཚན་གང་གི་མཚན། །སུ་ཐོས་སེམས་ཅན་རྙེད་མཆོག་དམ་པ་ཐོབ། །ཞིང་འདིར་བདག་ ཅག་ལྷགས་ནས་ཕུལ་བྱུང་རྙེད། །ཅེས་ཟེར་འཁོར་ཚོགས་སེམས་དཔའ་དེ་ཐམས་ཅད། །རང་ རང་གནས་པའི་ཞིང་དུ་སླར་ཡང་བཞུད། །སངས་རྒྱས་ཟླ་བའི་རྒྱལ་མཚན་གཡས་གཡོན་ དུ། །རབ་བཞུགས་སེམས་དཔའ་ཟླ་བའི་བློ་གྲོས་དང༌། །ཉི་མའི་བློ་གྲོས་ཞེས་བྱ་རྒྱལ་བའི་ སྲས། །ཐུ་བོ་ཟུང་གི་ཚུལ་འཆང་སངས་རྒྱས་ལ། །བར་བསྐལ་ཕྱེད་ཡིན་རྒྱལ་དེའི་དམ་ཆོས་ ནི། །བར་བསྐལ་གཅིག་གི་ཚད་དུ་ལེགས་གནས་ཤིང༌། །སངས་རྒྱས་ཟླ་བའི་རྒྱལ་མཚན་གྱི་ སྤྲུལ་པ། །ལི་ཙ་བཱི་རིགས་གཞོན་ནུ་མཐོང་ན་དགའ། །དུས་མཐར་བསིལ་ལྗོངས་ཐུབ་བསྟན་ སྙིགས་མའི་སྐབས། །ངེས་དོན་རྫོགས་ལྡན་བསྟན་པའི་དཔལ་གྱུར་པ། །སྤྱན་རས་གཟིགས་ དབང་པྲ་ཛྙཱ་དྷྭ་ཛ་རྗེ། ། རིགས་ལྡན་སྤྲུལ་སྐུ་ཀུན་མཁྱེན་རྟོན་པ་བཞི་ལྡན་གྱི་སྐྱེས་རབས་རྟོགས་བརྗོད་རྒྱས་པ་ 1-1-132 ལས་ཟླ་བའི་རྒྱལ་མཚན་དུ་སྐྱེས་པའི་རབས་ཏེ་ལེའུ་ཉེར་ལྔ་པའོ།། །། ༈ དེ་ནས་འཕགས་པ་ལྷ་མོ་དྲི་མ་མེད། །ཉིད་ཀྱིས་ཞུས་པའི་མདོ་ལས་འདི་སྐད་བྱུང༌། །སྔོན་ཚེ་འདས་པའི་ཕ་རོལ་ཞིག་གི་དུས། །དེ་བཞིན་གཤེགས་པ་ལེགས་མཐོང་ཞེས་བྱ་བ། །དགྲ་བཅོམ་ཡང་དག་རྫོགས་པའི་སངས་རྒྱས་མཆོག །རིག་དང་ཞབས་ལྡན་བདེ་གཤེགས་ འཇིག་རྟེན་མཁྱེན། །སྐྱེས་འདུལ་ཁ་ལོ་སྒྱུར་བ་བླ་མེད་པ། །ལྷ་མིའི་སྟོན་པ་བཅོམ་ལྡན་ འཇིག་རྟེན་བྱོན། །དེའི་རིགས་གླིང་བཞི་ལ་དབང་འཁོར་ལོས་སྒྱུར། །རྒྱལ་པོ་ནོར་བུའི་ཕྲེང་ བ་ཞེས་བྱ་ཡོད། །གྲོང་ཁྱེར་ཆེན་པོ་ཝཱ་ར་ཎ་སཱི་ཞེས། །འབྱོར་བ་རབ་རྒྱས་ལོ་ལེགས་སྐྱེ་བོའི་ ཚོགས། །རྟ་གླང་དམག་དཔུང་ཤིང་རྟའི་ཚོགས་ཀྱིས་གང༌། །རབ་མཛེས་བཙུན་མོ་དྲུག་བརྒྱ་ སྲས་ཀྱི་རིགས། །རྡོ་རྗེ་རོལ་པ་དཔའ་བོ་རོལ་པ་དང༌། །པདྨའི་དབང་པོ་ལ་སོགས་དགུ་བརྒྱ་ ཡོད། །གཏུམ་པོ་རྡོ་རྗེ་ལ་སོགས་བློན་པོ་ནི། །ཁྲི་ཕྲག་གཅིག་སྟེ་དེ་དག་ཐམས་ཅད་ཀྱིས། །དཀོན་མཆོག་ལ་ནི་རྟག་ཏུ་བཀུར་སྟི་མཛད། །ཉམ་ཆུང་དབུལ་རིགས་སྦྱིན་པས་ཚིམ་པ་ སྟེར། །མཚན་སྙན་གྲགས་པ་འཛམ་གླིང་ཀུན་ཏུ་ཁྱབ། །དེ་ལྟར་བདེ་བར་ལེགས་གནས་རེ་ ཞིག་ཚེ། །ཕ་རོལ་ཅིག་ན་མུ་སྟེགས་དུ་རུཥྐའི། །རྒྱལ་པོ་ཤང་ཀ་ར་ཞེས་བྱ་བ་ཡོད། །དེ་ཡིས་ ཕྲག་དོག་ཆེར་བསྐྱེད་དེའི་དབང་གིས། །ལན་གྲངས་དུ་མར་ཝཱ་རཱ་ཎ་སཱི་རུ། །དམག་གི་གཡུལ་ ཆེན་མང་པོ་བཤམས་གྱུར་ཀྱང༌། །རྒྱལ་པོ་ནོར་ཕྲེང་ཞེ་སྡང་མ་སྐྱེས་སོ། །དུས་ལན་གཅིག་ན་ དུ་རུའི་དམག་བཤམས་ཏེ། །སངས་རྒྱས་པ་ཡི་གཙུག་ལག་ཁང་མང་བཤིག །པཎྜི་ཏ་སོགས་ དགེ་འདུན་མང་ཁྱེར་སྐབས། །བློན་ཆེན་དཔའ་བོ་རྡོ་རྗེས་འདི་སྐད་སྨྲས། །ནོར་ཕྲེང་གཡུལ་ ལས་རྣམ་རྒྱལ་ད་བཞེངས་གསོལ། །སངས་རྒྱས་བསྟན་པ་ཆམ་ལ་ཕབ་ཏུ་ཉེ། །ཞེས་སྨྲས་ཚེ་ ན་རྒྱལ་པོ་ནོར་ཕྲེང་གིས། །སྨྲས་པ་རྒྱལ་བསྟན་འཇིག་བྱེད་རྒོལ་ངན་རིགས། །མཐའ་དག་ ད་ནི་ཁོ་བོས་ཕམ་པར་བགྱི། །ཞེས་བརྗོད་གྲོང་ཁྱེར་དེ་ཡི་ཤར་སྒོ་ནས། །རྔ་བརྡུང་དུང་འབུད་ 1-1-133 དར་ཕྱར་དམག་ཆེན་དཔུང༌། །ཡན་ལག་བཞི་ཡི་ཚོགས་བཅས་ཆོས་རྒྱལ་ཉིད། །རྟ་མཆོག་ཕ་ རོལ་ལྡི ང་འགྲོ་ཞེས་བྱ་ཞོན། །མུ་སྟེགས་རྒོལ་ངན་སྟེང་དུ་ཆས་པའི་ཚེ། །མི་མིན་ལྷ་ཀླུ་དྲི་ཟ་མི་ འམ་ཅི། །གཡུལ་ཆེན་དམག་དཔུང་གྲོགས་སུ་ཀུན་ནས་ལྷགས། །དཔའ་བོ་རྡོ་རྗེས་དམག་གི་ སྣ་འདྲེན་མཛད། །དུ་རུཥྐ་ཡི་གྲོང་དུ་ཉེར་ཕྱིན་སྐབས། །མཁའ་ལས་མེ་ཏོག་མནྡྷ་ར་བའི་ཆར། །འབེབས་བཞིན་ས་ཡང་རྣམ་པ་དྲུག་ཏུ་གཡོས། །རྐྱེན་དེས་མུ་སྟེགས་གྲོང་ཁྱེར་ཐམས་ཅད་ ཀྱང༌། །ཤིང་རྩ་ནས་ཐོན་ལྟར་གྱི་གཏིང་བུད་བྱུང༌། །དེ་ཚེ་རྒྱལ་པོའི་སྐུ་ལས་སྤྲུལ་པའི་དམག །དཔྲལ་བ་ནས་ནི་གླང་ཆེན་ཞོན་དམག་སྟོང༌། །དེ་བཞིན་མགྲིན་པ་ནས་བྱུང་རྟ་པ་ཁྲི། །སྙིང་ ག་ལྟེ་བ་གཉིས་ནས་རིམ་པ་བཞིན། །ཤིང་རྟ་མཁན་སྟོང་མེ་སྒྱོགས་ཐོགས་བྱེད་པ། །བྱེ་བ་ ཕྱེད་དང་གསང་བ་ནས་སྤྲུལ་བའི། །ཆུ་ཡི་སྒྱོགས་ཆེན་འཕེན་པ་ས་ཡ་གཉིས། །སྤྱན་གཉིས་ ལས་ནི་མདའ་ཡི་འཁྲུལ་འཁོར་མཁན། །སྟོང་ཕྲག་གསུམ་དང་རྣ་བ་ལས་རལ་གྲིའི། །འཕྲུལ་ འཁོར་མཁན་འབུམ་ལག་གཉིས་ལས་རྡོ་སྒྱོགས། །འཕེན་པ་ཁྲི་ཕྲག་གཅིག་དང་རྐང་གཉིས་ ལས། །ཞགས་འཕེན་དུང་ཕྱུར་སྤྲུལ་ཏེ་དུ་རུཥྐའི། །ཡུལ་དང་ཉེ་འཁོར་ཐམས་ཅད་གཤིག་ ཅིང་བརླག །རྒྱལ་པོ་ཤང་ཀ་ར་སོགས་གཙོ་འབངས་ཀུན། །ལག་ཏུ་བཟུང་སྟེ་བཅིངས་ནས་ དབང་དུ་བསྡུས། །ལྷ་ཅིག་ཆོས་རྒྱལ་སྤྲུལ་པ་ཁོ་ན་ཡིས། །མུ་རྟེགས་རྒོལ་ངན་དཔུང་ཚོགས་ ཕམ་པར་བྱས། །དེ་ནས་དུ་རུཥྐ་ཡི་རྒྱལ་པོ་དེས། །ཕྱག་བཅས་སྨྲས་པ་ཆོས་རྒྱལ་ནོར་བུའི་ ཕྲེང༌། །བདག་ཅག་སྐྱབས་མཆི་སྤྲུལ་དམག་བཀོད་བསྡུ་གསོལ། །རྒྱལ་པོ་མཆོག་གིས་འདི་ སྐད་རྒོལ་ངན་ཁྱོད། །ཆོས་ལོག་ནམ་སྤྱོད་ང་སྤྲུལ་ཟད་དུས་མེད། །ཅེས་གསུང་སྐབས་སུ་ མུ་སྟེགས་རྒྱལ་པོས་སྨྲས། །བདག་གིས་འཁོར་འབངས་ཁྱེད་འབུལ་མུ་སྟེགས་ཕྱོགས། །ཨ་ ཐང་ཆད་དེ་དཀོན་མཆོག་བསྟན་ལ་འཇུག །ཅེས་གསོལ་ལན་དུ་ཆོས་རྒྱལ་སླར་གསུངས་ པ། །སངས་རྒྱས་ཆོས་དཀོན་ཁྱོད་ཀྱི་བྱ་བ་ལེགས། །ཡང་དག་ལམ་ཞུགས་བདག་གིས་སྤྲུལ་ 1-1-134 དམག་བསྡུ། །ཞེས་གསུངས་སྒོ་ནས་སྤྲུལ་པའི་བཀོད་ཆེན་བསྡུས། །ཤང་ཀ་ར་ཡི་མངའ་འོག་ རྒྱལ་དབང་བསྐུར། །དེ་ནས་ཆོས་རྒྱལ་འཁོར་བཅས་སླར་ལོག་སྟེ། །ཡངས་པ་ཅན་གྱི་ཨ་ མྲའི་ནགས་ཚལ་དུ། །དེ་བཞིན་གཤེགས་པ་ལེགས་མཐོང་བཞུགས་པའི་དྲུང༌། །དེར་ཕྱིན་ སྟོན་པས་འཁོར་ལ་ཆོས་སྟོན་སྐབས། །སངས་རྒྱས་དེ་ཡིས་ཞལ་འཛུམ་མཛད་བཞིན་དུ། །འདི་སྐད་བཀའ་བསྩལ་ཆོས་རྒྱལ་བྱོན་ལགས་སམ། །བསྟན་སྲུང་དགྲ་འཇོམས་སངས་རྒྱས་ ཆོས་སྤེལ་ལམ། །ཞེས་གསུངས་ཚེ་ན་ཆོས་རྒྱལ་འཁོར་བཅས་ཀྱིས། །ཕྱག་བསྐོར་མང་བྱས་ ཕྱོགས་གཅིག་འཁོད་ནས་ཀྱང༌། །རྒྱལ་པོ་ཉིད་ནི་སྟན་ལས་སླར་ལངས་ཏེ། །སྟོན་པ་མཆོག་ ལ་ལྷ་ཡི་རིན་པོ་ཆེ། །སྣ་ཚོགས་ལས་བྱས་རྒྱལ་མཚན་མུ་ཏིག་གི །ཕྲེང་བ་དུ་མས་སྤྲས་པ་ ཕྱག་ཏུ་ཕུལ། །འདི་སྐད་གསོལ་ཏེ་འདྲེན་པ་མི་ཡི་མཆོག །བདག་གིས་ཕ་རོལ་བསྟན་དགྲ་ བཅོམ་ལགས་ཀྱང༌། །མགོན་པོ་ཁྱེད་ཀྱི་ཕྲིན་ལས་དཔལ་འབྱོར་མཐུས། །མུ་སྟེགས་རིགས་ ཚོགས་བདག་གིས་བསྒྲལ་བྱས་ཤིང༌། །བསོད་ནམས་གང་དེས་ཐམས་ཅད་གཟིགས་ཐོབ་སྟེ། །མ་ལུས་འགྲོ་བ་མྱུར་ནས་སྒྲོལ་བར་ཤོག །ཅེས་སྨྲས་ཡང་དག་སེམས་མཆོག་བསྐྱེད་ནས་ ཀྱང༌། །སྐབས་དེར་རྒྱལ་པོ་འཁོར་བཅས་དུས་གཅིག་ཏུ། །ཁྱིམ་ནས་ཁྱིམ་མེད་པར་ནི་རབ་ཏུ་ བྱུང༌། །དེ་མ་ཐག་ཏུ་མངོན་ཤེས་ལྔ་དང་ལྡན། །ཕྱིར་མི་ལྡོ ག་པའི་དགྲ་བཅོམ་གོ་འཕང་ཐོབ། །ཆོས་རྒྱལ་ཤཱཀྱའི་དྲུང་དུ་མཐོང་ན་དགའ། །རྣམ་འདྲེན་དེ་འདས་ལོ་ནི་བཞི་བརྒྱ་ན། །དགེ་ སློང་ཀླུའི་མིང་བསྟན་པ་ཐ་མའི་དུས། །རིགས་ལྡན་སྤྲུལ་བའི་ཟློ ས་གར་ཆོས་རྗེར་བྱོན། ། རིགས་ལྡན་སྤྲུལ་སྐུ་ཀུན་མཁྱེན་རྟོན་པ་བཞི་ལྡན་གྱི་སྐྱེས་རབས་རྟོགས་བརྗོད་རྒྱས་པ་ ལས་རྒྱལ་པོ་ནོར་ཕྲེང་དུ་སྐྱེས་པའི་རབས་ཏེ་ལེའུ་ཉེར་དྲུག་པའོ།། །། ༈ དེ་ལྟར་སངས་རྒྱས་བྱང་སེམས་ཉན་ཐོས་ཚུལ། །རྒྱལ་པོ་རི་དྭགས་ལ་སོགས་སྐྱེས་ པའི་རབས། །བདག་ཅག་སྟོན་པའི་དྲུང་བཞུགས་ལི་ཙ་བཱི། །འཇིག་རྟེན་ཀུན་གྱིས་མཐོང་ན་ 1-1-135 དགའ་བ་ཡིས། །སྔོན་བྱུང་གང་འདུལ་མཛད་ཆེན་གནང་བའི་འཕྲུལ། །ཐུབ་པའི་དབང་པོའི་ མཁྱེན་སྤྱན་སྒྲིབ་མེད་པས། །ཇི་བཞིན་མངོན་གཟིགས་སྐལ་བཟང་འདི་དང་ནི། །སྔོན་བསྐལ་ མང་པོའི་སྐབས་ཀྱི་མཚར་བཀོད་ཆེ། །ཤིན་ཏུ་གསང་བའི་འགྲོ་འདུལ་ཐབས་མཁས་ཚུལ། །གོ་རིམ་ཇི་བཞིན་དཀའ་ཕྱིར་ངེས་མེད་བཀོད། །དེ་ནས་སྐལ་བཟང་སྒྲོན་མེ་སྟོང་ཕྲག་ལས། །རྣམ་འདྲེན་བཞི་པ་ཤཱཀྱ་ཐུབ་པའི་དྲུང༌། །རྒྱལ་སྲས་ལི་ཙ་བཱི་ནས་གོ་རིམ་ཡང༌། །སྤྲུལ་པ་ ཕྱོགས་རེའི་འཆར་ཚུལ་གོང་འོག་བསྒྲིགས། །དེ་ཡང་སྤྲིན་ཆེན་མདོ་དང་འཇམ་དཔལ་གྱི། །རྩ་བའི་རྒྱུད་སོགས་མདོ་རྒྱུད་དུ་མ་ནས། །ཐུབ་པ་མྱ་ངན་འདས་ནས་ལོ་བཞི་བརྒྱར། །དགེ་ སློང་ཀླུ་མང་རབ་དགའི་ས་ཐོབ་པ། །རྒྱ་གར་ལྷོ་ཕྱོགས་བེ་ཏའི་ཡུལ་དུ་བྱུང༌། །དེས་ནི་མཐའ་ བྲལ་དབུ་མ་ཐེག་ཆེན་སྟོན། །འཛམ་གླིང་མཛེས་པའི་རྒྱན་མཆོག་ལེགས་གྱུར་ཚུལ། །རྒྱལ་ བའི་བཀའ་ལུང་གིས་ནི་ཡང་ཡང་བསྔགས། །སྤྱི་ཕྱོགས་དེ་འདྲའི་ཚུལ་གྱིས་མཛད་སྒོ་ཡང༌། །གདུལ་བྱའི་དབང་གིས་སྣང་ལུགས་སྣ་ཚོགས་ཡོད། །འོན་ཀྱང་འདིར་ནི་ཕྱོགས་རེའི་སྣང་ ཚུལ་ཙམ། །རང་རེའི་གོང་མ་མཆོག་གི་གསུང་རྗེས་འབྲང༌། །མཛད་ཚུལ་ཇི་ལྟར་སྣང་ཡང་ དོན་ལ་ནི། །སངས་རྒྱས་དངོས་ཀྱི་གང་འདུལ་འཕྲུལ་བཀོད་ལགས། །དེ་འདྲའི་དཔལ་ མགོན་འཕགས་པ་ཀླུ་སྒྲུབ་ཆེ། །ཐོག་མར་འཁྲུངས་ཡུལ་རྒྱ་གར་ཡུལ་དབུས་ཀྱི། །རྡོ་རྗེ་གདན་ གྱི་ལྷོ་ཕྱོགས་རྒྱུད་ན་གནས། །གྲོང་ཁྱེར་ཆེན་པོ་བེ་ཏ་ལ་ཞེས་པ། །མི་ཁྱིམ་འབུམ་ཕྲག་དྲུག་ གིས་ཡོངས་བསྐོར་དབུས། །རྒྱལ་པོའི་ཕོ་བྲང་རྡོ་རྗེའི་ཁང་བཟང་ཞེས། །བྱ་བ་རིན་ཆེན་སྣ་ ཚོགས་ལས་གྲུབ་པའི། །ཁྱིམ་རིམ་དགུ་པ་ཡང་ཐོག་ལྔ་ལྡན་ཞིང༌། །རབ་མཛེས་བྲེ་ཕུལ་མུ་ ཏིག་དམར་པོ་ཅན། །གསེར་གྱི་ཀ་བ་སྟོང་སྟོང་གིས་བཏེགས་ཤིང༌། །དངུལ་གྱི་བྱ་འདབ་ མཛེས་པས་ཡོངས་བསྐོར་བ། །བཀྲ་ཤིས་ཉམས་དགའ་རིན་ཆེན་འོད་འཚེར་ཞིང༌། །འབྱོར་ རྒྱས་ལོ་ལེགས་གླང་ཆེན་རྟ་མཆོག་དང༌། །བ་ལང་རིན་ཆེན་གཏེར་དང་དམག་ཤིང་རྟ། 1-1-136 །འབྲས་བུ་སྣ་ཚོགས་ལོངས་སྤྱོད་མཁོ་དགུ་ཚང༌། །མངའ་བདག་རྒྱལ་པོ་བྲམ་ཟེ་རྣམ་རྒྱལ་བ། །གང་དེའི་བཙུན་མོ་ཕྱོགས་གནས་རྒྱལ་ཆེན་ཚོགས། །ཤིང་རྟ་དུང་སྒྲ་རྔ་སྒྲ་གླང་པོའི་རྩལ། །འོད་ཟེར་ཅན་དང་སེང་གེ་སྟོབས་རྣམས་ཀྱི། །བུ་མོ་ལ་སོགས་བཙུན་མོ་ཉི་ཤུ་དྲུག །རྒྱལ་བུ་ བཅུ་བཞི་སྲས་མོ་ཞེ་བརྒྱད་དང༌། །བློན་ཆེན་སོ་བདུན་བར་བློན་ལྔ་བཅུའི་གྲངས། །ཕྱི་བློན་ སུམ་བརྒྱ་ཡོད་ཅིང་བཙུན་མོ་མཆོག །རྒྱལ་པོ་འཁོར་ལོ་ཅན་གྱི་བུ་མོ་ནི། །པདྨའི་འོད་ཟེར་ ཞེས་བྱ་གཟུགས་བཟང་བ། །མཛེས་ཤིང་བལྟ་ན་སྡུག་པ་ཆོས་ལ་དད། །དཀོན་མཆོག་གསུམ་ ལ་བཀུར་སྟི་ལེགས་བྱེད་པའི། །བཙུན་མོ་དམ་པའི་ལྷུམས་སུ་འཕགས་པ་མཆོག །ཞུགས་ པར་མཛད་པའི་ཚེ་ན་རྒྱལ་པོ་དེའི། །བང་མཛོད་རྣམས་སུ་མེ་ཏོག་རེ་རེ་སྐྱེས། །བེ་ཏ་ལ་ཡི་ གྲོང་དུ་འཇའ་འོད་འཁྲིགས། །མཁའ་ལས་རོལ་མོ་སྣ་ཚོགས་ལེགས་སྒྲོག་ཅིང༌། །བལྟམས་ ཚེ་ཡུལ་ཁམས་སུ་ནི་འོད་ཀྱིས་ཁྱབ། །རྒྱལ་བོའི་ཁྱིམ་དང་གྲོང་ཁྱེར་དེ་དག་ཏུ། །རིན་ཆེན་སྣ་ བདུན་གཏེར་ཆེན་རྡོལ་བ་སོགས། །ངོ་མཚར་ལྟས་བཅས་ལེགས་འཁྲུངས་རྒྱལ་བུ་སྟེ། །སྐུ་ མདོག་གུར་ཀུམ་དང་མཚུངས་མཚན་བཟང་ཅན། །གཟུགས་ལེགས་མཛེས་ཤིང་བལྟ་ན་སྡུག་ པས་ན། །བསོད་ནམས་ཟླ་བ་ཞེས་བྱའི་མཚན་ཡང་བཏགས། །རྒྱལ་པོས་རྩ་མཁན་བྲམ་ཟེ་ བོས་ནས་ཀྱང༌། །རྒྱལ་སྲས་མཆོག་དེའི་གནས་ཚུལ་བཟང་ངན་དྲིས། །རྩ་མཁན་གྱིས་སྨྲས་ རྒྱལ་བུ་འདི་ཉིད་ཀྱང༌། །བསོད་ནམས་ཁྱད་འཕགས་ཞག་བདུན་ལས་འཚོ་དཀའ། །དེ་ལས་ ཐར་ན་འཕགས་མཆོག་དམ་པར་འགྱུར། །ཞེས་སྨྲས་ཚེ་ན་རྒྱལ་པོས་འདི་སྐད་ཅེས། །རྒྱལ་ སྲས་བསོད་ནམས་ཟླ་བ་ཞག་བདུན་ལས། །རིང་དུ་འཚོ་བའི་ཐབས་ནི་ཡོད་དམ་མེད། །དྲིས་ ཚེ་རྩ་མཁན་བྲམ་ཟེས་ལན་གསོལ་བ། །འདི་ཉིད་འཚོ་ཐབས་མུ་སྟེགས་ཀུན་ཏུ་རྒྱུ། །ལྔ་བརྒྱ་ དག་ལ་སྦྱིན་པ་བྱ་ནུས་ན། །ཟླ་བ་དྲུག་གི་རིང་དུ་འཚོ་ཐུབ་འགྱུར། །ཞེས་བསྒོ་ལྟར་དུ་སྦྱིན་ གཏོང་ལེགས་པར་བྱས། །སྟོབས་དེས་རྒྱལ་བུ་ཟླ་དྲུག་སོན་པ་ན། །རྒྱལ་པོས་རྩ་མཁན་ལ་ནི་ 1-1-137 སྔར་བཞིན་དྲིས། །དེས་ཀྱང་ནང་པའི་དགེ་སློང་ལྔ་བརྒྱ་ལ། །བསོད་སྙོམས་ཚོགས་བསགས་ བགྱིས་ན་ལོ་དྲུག་ཐུབ། །ཅེས་ཟེར་བཞིན་དུ་ནང་པའི་པཎྜི་ཏ། །ཆོས་ཀྱི་བློ་གྲོས་ལ་སོགས་ལྔ་ བརྒྱ་ལ། །ལྷུང་བཟེད་ག་བུར་གྱིས་བཀང་རེ་རེ་དང༌། །ཆོས་གོས་བསིལ་ཡབ་རེ་རེ་ཕུལ་ནས་ སུ། །དེ་སོགས་བསོད་ནམས་བསགས་སྒོ་རྒྱ་ཆེན་གྱིས། །རྒྱལ་བུའི་སྐུ་ཚེ་རིང་བའི་སྨོན་འདུན་ བཞིན། །ཞིང་མཆོག་དེ་དག་གིས་ནི་ཐུགས་སྨོན་མཛད། །དེ་ནས་རྒྱལ་བུ་ལོ་དྲུག་སོན་པའི་ མཐར། །ད་ཕན་འཚོ་ཐབས་གང་ནས་མ་རྙེད་སྐབས། །མྱ་ངན་དང་བཅས་ཡབ་རྗེ་རྒྱལ་པོ་ ཡིས། །བྲན་ཕོ་ངྷ་ར་ལ་སྨྲས་རྒྱལ་བུ་དེ། །རང་གི་མིག་སྔར་འཆི་ན་མི་བཟོད་པས། །ཕར་རྒྱབ་ ཀ་ཏ་ཨ་མྲའི་ཚལ་དུ་སྐྱོལ། །ཇི་སྲི ད་འཚོ་བར་ཁྱེད་ཀྱིས་འདུག་གྲོགས་མཛོད། །ནམ་འཆིའི་ ཚེ་ན་གནས་ཚུལ་འདིར་སྨོས་ཤོག །ཅེས་བསྒོ་བཞིན་དུ་བྲན་ཕོས་རྒྱལ་བུ་ཉིད། །ཤིང་རྟ་ལ་ བསྐྱོད་ཡོ་བྱད་གང་དགོས་བཅས། །ཡུལ་གཞན་ཆས་ཚེ་མ་ཡུམ་མི་གཅིག་པའི། །སྤུན་ཟླ་བཅུ་ གསུམ་སྲི ང་གསུམ་བློན་འབངས་རྣམས། །འབྲལ་མི་ཕོད་པས་རྒྱལ་བུ་སྐྱེལ་ཐུང་མཛད། །རྒྱལ་སྲས་བྲན་གཡོག་སྐྱེལ་མ་དང་བཅས་པ། །ཡུལ་གཞན་དུ་ནི་ཕེབས་པར་ཆས་པའི་ཚེ། །རྒྱལ་བུས་སྨོན་ལམ་བཏབ་ཅིང་ས་ཡང་གཡོས། །དེ་ནས་འཁོར་བཅས་ལེགས་ཕེབས་ འབྲས་སྤུངས་ཀྱི། །མཆོད་རྟེན་ལ་མཇལ་ཕྱག་བསྐོར་མང་མཛད་དེ། །བུམ་པའི་ནང་བཞུགས་ རྒྱུ་སྐར་དཀྱིལ་འཁོར་ལ། །རྒྱལ་བུ་ཟླ་བས་མེ་ཏོག་ཕྲེང་བ་དང༌། །མུ་ཏིག་དམར་པོའི་སེ་མོ་དོ་ མཛེས་པ། །དངུལ་དཀར་མཎྜལ་ལེགས་ཕུལ་སྨོན་ཚིག་སྨྲས། །བདག་ནི་དང་པོའི་སངས་ རྒྱས་ཆོས་མཆོག་དང༌། །ལེགས་འཕྲད་མ་འོངས་སྙིགས་མའི་སེམས་ཅན་ལ། །རྫོགས་ལྡན་ ཆོས་ཀྱིས་ཕན་པ་ལེགས་བྱེད་ཤོག །ཅེས་སྨོན་བཞིན་དུ་སྤུན་སྲི ང་བློན་འབངས་ཀྱིས། །དེ་ མཐུན་སྨོན་ལམ་གང་བཏབ་མཐུན་གྱུར་མཛད། །དེ་ནས་མཆོད་རྟེན་དཔལ་ཡོན་ཅན་དྲུང་ ཕྱིན། །མཆོད་ཕྱག་བསྐོར་ཕུལ་རྒྱལ་བུས་སྨོན་ཚིག་བརྗོད། །བདག་གིས་མ་འོངས་དུས་ན་ 1-1-138 མཐའ་འཁོབ་ཀྱི། །གནས་སུ་རྟེན་མཆོག་འདིའམ་དེ་ལྷག་གི །བསོད་ནམས་ཞིང་བཟང་ ལེགས་བསྐྲུན་བྱེད་གྱུར་ཅིག །ཅེས་སྨོན་མཛད་པ་དེ་བཞིན་འཁོར་ཚོགས་ཀྱིས། །རེ་སྨོན་ གང་བགྱིས་རྒྱལ་བུས་མཐུན་གྱུར་གནང༌། །མཚམས་དེར་སྐྱེལ་མ་ཐམས་ཅད་ཕྱིར་ལྡོ ག་ བཅུག །རྒྱལ་བུ་བསོད་ནམས་ཟླ་བ་བྲན་ཕོ་བཅས། །ཨ་མྲའི་ཚལ་སོགས་ཕྱོགས་གཞན་ངེས་ མེད་དུ། །འཁྱམས་ནས་རེ་ཞིག་ཚེ་ན་ཕུག་ཅིག་ཏུ། །དཔལ་ལྡན་ས་ར་ཧཱ་བཞུགས་དྲུང་དེར་ ཕྱིན། །དྲི་བ་དྲིས་ལན་གྱི་སྒོས་ལོ་རྒྱུས་བསྙད། །ས་ར་ཧཱ་ཡིས་རྒྱལ་བུ་ལ་གསུངས་པ། །ད་ ཁྱོད་ཞག་བདུན་བར་དུ་གཉིད་སྤོང་སྟེ། །ཚེ་ཡི་སྒྲུབ་པ་མཛོད་དང་འཚོ་ཐབས་ཡོད། །ཅེས་ གསུངས་ཚེ་དཔག་མེད་ཀྱི་དཀྱིལ་འཁོར་དུ། །དབང་བསྐུར་ཚེ་སྒྲུབ་དེ་བཞིན་མཛད་ནས་སུ། །ཚེ་ལོ་དྲུག་བརྒྱར་བསྲི ངས་པའི་ལེགས་མཚན་ཐོབ། །དེ་ནས་ས་ར་ཧཱ་ཡི་བཀའ་ལུང་བཞིན། །རང་ཁྱིམ་དུ་ལོག་རྒྱལ་པོ་ཡབ་ཡུམ་ལ། །རབ་ཏུ་བྱུང་བར་གནང་བ་ལེགས་ཞུས་ཏེ། །ནཱ་ ལེནྡྲར་སོང་སྒྲ་གཅན་འཛིན་བཟང་པོར། །དུང་དཀར་གསེར་གྱི་མཎྜལ་མུ་ཏིག་ཕྲེང༌། །ལེགས་ ཕུལ་སྒྲ་གཅན་འཛིན་གྱིས་མཁན་པོ་དང༌། །ཞི་བའི་བློ་གྲོས་ཀྱིས་ནི་ལས་སློབ་མཛད། །ཚུལ་ དེས་རྒྱལ་བུ་ཟླ་བ་རབ་ཏུ་བྱུང༌། །དེ་ནས་རིག་པའི་གནས་ལྔ་ལ་སྦྱངས་པས། །མཐའ་དག་ ཁོང་ཆུད་འཛམ་གླིང་མཛེས་རྒྱན་གྱུར། །དེ་མཚམས་ནཱ་ལེནྡྲར་བཞུགས་དགེ་འདུན་པ། །མང་ པོའི་ཞལ་ཏ་བར་མཛད་མུ་གེའི་དུས། །གསེར་འགྱུར་གྱིས་ནི་དགེ་འདུན་འཚོ་བ་སྦྱོར། །རིག་ གནས་ལ་མཁས་མཐུ་ནུས་ཕུལ་བྱུང་གིས། །སྙེམས་པ་བསལ་ཕྱིར་ས་ར་ཧཱ་བྱོན་ཏེ། །ནམ་ མཁར་བཞུགས་ནས་ཞལ་གསུང་བུ་ཁྱོད་ཀྱིས། །གསེར་འགྱུར་བཟོ་གནས་ཙམ་གྱིས་ཁེངས་ མ་བྱེད། །ཅེས་བཀའ་བྱུང་ཞིང་རྩིག་ལྡིབས་ངོས་ཤིག་ལ། །མ་ཧེའི་གཟུགས་ཤིག་མཛུབ་རིས་ སུ་བྲི ས་ནས། །དེ་ནས་འོ་བཞོས་དགེ་འདུན་མང་ཚིམས་མཛད། །རྐྱེན་དེས་བཟོ་ལ་མཁས་ སྙམ་ང་རྒྱལ་ཞི། །ནོངས་བཤགས་ཚུལ་དུ་གསེར་འགྱུར་ལྷག་མ་ཡིས། །མཆོད་རྟེན་བྱེ་བ་ 1-1-139 གཙུག་ལག་ཁང་མང་བཞེངས། །རྒྱལ་སྲས་གཞོན་ནུ་གང་ཉིད་དོན་ལ་ནི། །སངས་རྒྱས་ ལགས་ཀྱང་སློབ་འཕགས་ངང་ཚུལ་བཟུང༌། །མཛད་པ་བསམ་མི་ཁྱབ་ཕྱིར་ས་ར་ཧཱའི། །ཞལ་ མཇལ་གསུང་ཐོས་ཙམ་གྱིས་གྲོལ་བ་ཐོབ། །གནས་བརྟན་སྒྲ་གཅན་འཛིན་ལས་རབ་བྱུང་ སྒོས། །བསྙེན་རྫོགས་སློབ་དཔོན་རྣམས་ལས་རིག་གནས་ཀུན། །ཚེགས་མེད་སྐད་ཅིག་ མཁྱེན་སོགས་མཛད་ཆེན་གནང༌། །དེ་ནས་རྒྱལ་བུ་སློབ་དཔོན་ཚུལ་འཆང་བ། །ཨོ་ཏན་པུ་ རིའི་དགོན་པར་ལེགས་བྱོན་ཏེ། །ཁོང་གིས་དགེ་འདུན་སྟོང་ཕྲག་བཅུ་གཉིས་ལ། །ཟབ་རྒྱས་ ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས། ཁྱེའུ་དཀར་གཟུགས་བཟང་གཉིས་ནི་ཉིན་རེ་བཞིན། །དེར་འོང་ཆོས་ལ་ཉན་ནས་འགྲོ་བའི་སྐབས། །རྒྱང་གྲགས་གཅིག་ཙམ་དུ་ནས་ས་འོག་འགྲོ། །ཉིན་ཅིག་ཚུལ་དེ་སློབ་དཔོན་འཕགས་པ་ཡིས། །དེ་གཉིས་ལ་དྲིས་ལན་སྨྲས་ཁོ་བོ་གཉིས། །ཀླུ་རྒྱལ་ནོར་རྒྱས་བུ་ལགས་ཞེས་ཟེར་རོ། །དེ་ལ་འཕགས་པས་ཁྱོད་གཉིས་ཡུལ་ཕྱོགས་སུ། །གནོད་སྦྱིན་འདམ་ཡོད་དམ་ཞེས་དྲིས་པའི་ཚེ། །ཡོད་བྱས་འཕགས་པས་དེ་ཉིད་ཁྱེར་ཤོག་ གསུང༌། །དེ་གཉིས་རང་ཡུལ་ལ་ཕྱིན་ཕ་ལ་སྨྲས། །ཀླུ་རྒྱལ་ཕ་ཡིས་འདི་སྐད་སློབ་དཔོན་ཉིད། །འདིར་སྤྱན་དྲངས་ལ་དེ་དུས་འབུལ་ཟེར་ནས། །ཁྱེའུ་དེ་གཉིས་ཀླུ་ཡི་པདྨ་དང༌། །གསེར་གྱི་ རྡོ་རྗེ་ཕྱག་རྟེན་དུ་བཟུང་སྟེ། །སླར་ཡང་སློབ་དཔོན་འཕགས་པའི་མདུན་དུ་ལྷགས། །པདྨ་རྡོ་ རྗེ་ཕུལ་ནས་འདི་སྐད་སྨྲས། །འཕགས་པ་ཆོས་དབུལ་བསལ་ཕྱིར་ཕ་རྒན་གྱིས། །བདག་ གཉིས་ཁྱེད་ཉིད་སྤྱན་འདྲེན་སླད་དུ་བཏང༌། །ཞེས་གསོལ་འཕགས་པ་ཀླུ་ཡུལ་སྤྱན་དྲངས་ སྐབས། །བདག་བས་ཚེ་རིང་འཛམ་གླིང་འདི་ན་དཀོན། །སྙམ་བཞིན་བྱོན་པའི་ལམ་ཀར་ དགེ་སློང་ཞིག །ཤིན་ཏུ་རྒས་འཁོགས་པ་དང་འཕྲད་པའི་ཚེ། །འཕགས་པས་དགེ་སློང་དེ་ལ་ ལོ་གྲངས་དྲིས། །དེས་སྨྲས་བདག་ནི་ལོ་ཚད་ཅི་ཆ་ཡོད། །སངས་རྒྱས་འོད་སྲུང་སྐུ་རིང་ནས་ ཡོད་ཟེར། །དེ་གསན་སྐུ་ཚེ་རིང་སྙམ་ང་རྒྱལ་ཞི། །ཡང་བྱོན་རྫུ་འཕྲུལ་ང་ལྟར་དཀོན་སྙམ་ 1-1-140 སྐབས། །ལམ་དུ་ཞ་ཉེའི་འདམ་ལས་ཁོང་མ་ཐར། །ཁྱེ་འུ་གཉིས་པོ་ཐོགས་མེད་འགྲོ་བ་ན། །སྒྲོལ་མ་མཁའ་ལམ་ནས་བྱོན་བཞད་བཞིན་དུ། །འདམ་རྫབ་ཉི་ཚེར་ཐར་དཀའ་ཅང་མ་ ལགས། །འཁོར་བའི་འདམ་ཆེན་ལས་ནི་ཆེས་བརྒལ་དཀའ། །ཞེས་སོགས་གསུངས་ཞིང་ མཐུ་དེས་རེ་ཞིག་བྱོན། །སྐབས་དེར་སྙེམས་ཁེངས་རབ་ཞི་ཀླུ་ཡུལ་དུ། །ལེགས་བྱོན་ཆོས་ཀྱི་ འཁོར་ལོ་ལན་གསུམ་བསྐོར། །ཀླུ་རིགས་མང་པོ་དམ་པའི་ཆོས་ལ་བཀོད། །གཟིགས་རྒྱ་ རབ་ཡངས་རང་ལྟར་གཞན་དཀའ་སྙམ། །ཉིན་ཅིག་འཕགས་པའི་སྐུ་རིམ་བྱ་བའི་ཆེད། །དེར་ གནས་དག་གིས་གླེག་བམ་མང་གདན་དྲངས། །གཟིགས་རྟོག་མཛད་ཚེ་མིང་ཙམ་མ་ཐོས་ པའི། །གསུང་རབ་མང་དུ་སྣང་བས་ཐོས་རློམ་ཞི། །དེ་ལས་ཡུམ་རྒྱས་གླེགས་བམ་བཅུ་གཉིས་ པ། །ཐུགས་སུ་མི་བརྗེད་གཟུངས་ཀྱིས་ལེགས་བཟུང་སྟེ། །སླར་ཡང་རྒྱ་གར་རྡོ་རྗེ་གདན་དུ་ བྱོན། །ཨ་སུ་ར་ཡི་གནས་ལ་ཡི་གེར་བཏབ། །དེ་ནས་ནཱ་ལེནྡྲར་བྱོན་སྒྲོལ་མ་ཡི། །གཙུག་ ལག་ཁང་སོགས་རྟེན་མཆོག་ཆེས་མང་བཞེངས། །སློབ་དཔོན་ཀླུ་སྒྲུབ་སྙིང་པོ་ཞེས་སུ་གྲགས། །མཚམས་ཤིག་ཨོ་རྒྱན་ཡུལ་དུ་ཁོང་ཕེབས་སྐབས། །ས་གཞི་དམར་པོ་པདྨ་རཱ་ག་ལྟར། །ས་རྡོ་ ཐམས་ཅད་རྡོ་རྗེ་བསྣོལ་མར་མཚུངས། །མཚོ་རྫིང་དར་དཀར་འཕྱར་འདྲ་ཤིང་རྣམས་ལས། །འོད་འཆར་དཔའ་བོ་དཔའ་མོ་འདུས་པའི་གླིང༌། །དེ་ཡི་ཤར་དུ་ཕྱིན་སྐབས་བྲག་དཀར་ཐོག །བུད་མེད་དཀར་མོ་ཞིག་སླེབས་ཕྱག་ཕུལ་སྨྲས། །མིང་པོ་ཁྱེད་བྱོན་ལེགས་ཤིང་མ་ངལ་ལམ། །འདིར་བཞུགས་ཨ་ལ་ཡེ་ཤེས་ཆོས་སྒོ་ཕྱེ། །ཞེས་པའི་ལན་དུ་ཀླུ་སྒྲུབ་ཀྱིས་གསོལ་བ། །བདག་སྲི ང་གླིང་འདིར་རྒྱུད་སྡེ་མང་བཞུགས་པས། །དེ་གདན་འདྲེན་ཕྱིར་འོང་ལ་ལམ་སྣ་ དྲོངས། །དེ་སྐད་གསོལ་ཚེ་བུད་མེད་ཕག་མོ་ཡིས། །ཧེ་རུ་ཀ་དང་མཁའ་འགྲོའི་བརྡ་བཅས་ ཁྲིད། །པདྨའི་གྲོང་ཁྱེར་དུ་ནི་ལེགས་པར་ཕྱིན། །མཁའ་འགྲོ་གཙོ་འཁོར་དྲུང་དུ་གསང་ཆེན་ གྱི། །ཆོས་མཛོད་ལེགས་མཇལ་གུར་དང་སཾ་བྷུ་ཊ། །རྡོ་རྗེ་སྙིང་འགྲེལ་མཁའ་འགྲོ་ཀུན་སྤྱོད་ 1-1-141 སོགས། །གསང་ཆེན་སྔགས་རྒྱུད་མང་པོ་གདན་དྲངས་ནས། །ནཱ་ལེནྡྲ་རུ་འཛིན་སྐྱོང་ཆོས་ སྤེལ་མཛད། །དེར་བརྟེན་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ཐོབ། །ཚུལ་དེས་ཨོ་རྒྱན་གླིང་པ་ ཞེས་སུ་གྲགས། །སྟོན་པའི་བཀའ་འཁོར་གསུམ་གྱི་དགོངས་འགྲེལ་དུ། །ཚོགས་གསུམ་ལ་ སོགས་བསྟན་བཅོས་མང་དུ་མཛད། །སློབ་དཔོན་ཆུ་བོ་གང་གཱའི་འགྲམ་དུ་བྱོན། །དེར་ནི་རྡོ་ སྐུ་བྱིན་རླབས་ཅན་ཞིག་གཟིགས། །གཏོར་མ་ཕུལ་ནས་ཁོང་གིས་བཀའ་བྱུང་བ། །ལྷ་ཁྱོད་མུ་ སྟེགས་ཕྱོགས་ལ་མངོན་དགའ་ན། །རང་སར་སྡོད་ཅིག་འོན་ཀྱང་སངས་རྒྱས་པའི། །བསྟན་ སྐྱོང་ཡིན་ན་ཆོས་གཞི་ནཱ་ལེནྡྲར། །བསྟན་པ་ལེགས་སྐྱོང་ཕྱིར་དུ་མྱུར་ནས་བྱོན། །དེ་སྐད་ གསུངས་རྗེས་ནངས་པར་ནཱ་ལེནྡྲའི། །ལྕགས་རིའི་ནང་དུ་དངོས་སུ་བྱོན་པར་འདུག །དེ་ མཐོང་འཕགས་པས་སངས་རྒྱས་ཆོས་སྲུང་དུ། །དགོངས་ནས་དགོན་གཉེར་དགེ་འདུན་ལ་ གསུངས་པ། །དེང་ནས་ཁྱེད་རྣམས་འདི་ལ་གཏོར་མཆོད་རྒྱུན། །མ་ཆད་པར་གྱིས་ཕྲིན་ལས་ ཉེར་བཅོལ་མཛོད། །སྡོང་གྲོགས་དུས་སུ་མཛད་ཚུལ་ཞིབ་རྒྱས་གསུངས། །དེ་ནས་དུར་ཁྲོད་ བསིལ་བའི་ཚལ་དུ་བྱོན། །དཔལ་མགོན་བྱ་རོག་གདོང་ཅན་ཞལ་གཟིགས་སྐབས། །ནཱ་ལེནྡྲ་ ཡི་ཆོས་སྐྱོང་དུ་བསྐོ ས་ཏེ། །དགོན་དེར་ཙན་དན་རིན་ཆེན་སྣ་ཚོགས་པས། །བྱ་རོག་གདོང་ ཅན་སྐུ་གཟུགས་ཁྱད་ཅན་བཞེངས། །རྟེན་ལ་ཆོས་སྐྱོང་བསྟིམས་ནས་ལས་གཉེར་གཏད། །དེ་མཚམས་སློབ་དཔོན་ཀླུ་སྒྲུབ་དཔལ་གྱི་རིར། །ལེགས་ཕེབས་གནས་དེར་སྒྲུབ་པ་གཙོར་ མཛད་སྐབས། །གདུལ་བྱ་ཕྱོགས་རེའི་སྣང་བའི་ཚུལ་ལྟར་ན། །ཉིན་ཅིག་བསིལ་ཆབ་འདོར་ སར་པདྨ་ཞིག །ལེགས་སྐྱེས་དེ་ལས་ཁྱེའུ་ཞིག་འཁྲུངས་པ། །ཨཱརྱ་དེ་ཝ་ཞེས་གྲགས་ཐུགས་ སློབ་གྱུར། །དཔོན་སློབ་གཉིས་ཀས་ཏིང་འཛིན་མཆོག་བསྒྲུབས་པས། །དོན་གཉིས་རླབས་ ཆེན་མངའ་བའི་དུས་སྐབས་སུ། །རེ་ཞིག་ཚེ་ན་འཕགས་ཡུལ་ནཱ་ལེནྡྲར། །མུ་སྟེགས་དུ་རུཥྐ་ཡི་ དམག་ཁ་ཟུག །ཕྱི་རོལ་སྟོན་པ་མ་གོལ་ཞེས་བྱ་བས། །ཆོས་གཞི་དེར་བཞུགས་པཎྜི་ཏ་རྣམས་ 1-1-142 དང༌། །ཕྱི་ནང་གྲུབ་མཐའ་བརྩད་པས་ནང་པ་ཕམ། །ནཱ་ལེནྡྲ་ཕྱེད་མུ་སྟེགས་ཕྱོགས་ལ་ཐོབ། །མ་གོལ་དེ་རྣམས་སྟོན་པའི་ཚུལ་དུ་བསྡད། །སའི་སྙིང་ལ་སོགས་པཎྜི་ཏ་མང་པོས། །ཐུགས་ མ་བདེ་ཞིང་ཆོས་སྐྱོང་བྱ་རོག་གདོང༌། །སྐུ་རྟེན་ལ་ནི་ཀླུ་སྒྲུབ་བཀའ་དམ་བསྒྲགས། །བསྟན་ པ་འདི་འདྲར་གྱུར་ཞེས་ཐུགས་བསྐུལ་བས། །སྐུ་གཟུགས་དེའི་གསུང་འབྱོན་ཞིང་ནངས་པར་ ཡང༌། །ང་ཡི་སྤྲུལ་པ་ཞིག་འོང་དཔལ་གྱི་རིར། །སློབ་དཔོན་བཞུགས་དྲུང་བརྡ་སྐད་ཅི་དགོས་ འཁྱེར། །ཞེས་ཟེར་ཕྱི་ཉིན་ནངས་མོར་པཎྜི་ཏ། །དེར་གནས་དག་གིས་ཆོས་སྐྱོང་སྐུ་རྟེན་དྲུང༌། །གཏོར་མ་ཕུལ་ཞིང་ཕྲིན་ལས་བཅོལ་བ་ཡིས། །དེ་མ་ཐག་ཏུ་བྱ་རོག་ཅིག་བྱུང་བས། །སྒྲ་སྐད་ གཏོང་བཞིན་དེ་ཡི་སྐེ་མགུལ་དུ། །ཤོག་དྲིལ་ངོགས་སུ་ནང་བསྟན་མ་གོལ་གྱིས། །བཤིགས་ ལ་ཉེ་ཕྱིར་རེ་བྲལ་ཁྱེད་ཉིད་མཁྱེན། །ཞེས་པའི་ཡིག་བྲིས་བཏགས་པ་བཏང་ནས་སུ། །ཀླུ་ སྒྲུབ་དཔལ་གྱི་རིར་བཞུགས་སྒོ་དྲུང་དུ། །གཏོར་སྟེགས་ཁར་བབས་བྱ་རོག་སྐད་འབྱིན་པ། །ཉེ་གནས་ཀྱིས་གསན་སློབ་དཔོན་ལ་ཞུས་པས། །སློབ་དཔོན་གྱིས་ནི་བྱ་རོག་སྐེ་བྱང་བཀྲོལ། །གནས་ཚུལ་གཟིགས་ཏེ་དཔལ་གྱི་རིར་གནས་པའི། །པཎྜི་ཏ་སྟོང་ཕྲག་དྲུག་ལ་བཀའ་ བསྒྲགས། །ནཱ་ལེནྡྲ་སོགས་ནང་པའི་ཆོས་གཞི་དག །མུ་སྟེགས་པས་བཟུང་ནངས་སྔར་འགྲོ་ དགོས་གསུང༌། །དེའི་ནུབ་མུ་སྟེགས་ཕལ་ཆེར་རྨི་ལམ་དུ། །དཀོན་མཆོག་རྟེན་ལ་གུས་ཕྱག་ བྱེད་པ་དང༌། །ལ་ལར་ཉི་མ་ནུབ་དང་ཀླུ་སྒྲུབ་ལས། །སྐྲ་དང་ཁ་སྤུ་བྲིག་རྨིས་ལ་ལའི་ངོར། །མ་གོལ་རིག་བྱེད་གླེགས་བམ་བསྲིག་པ་སོགས། །རྨི་ལམ་མཚན་མ་ངན་པས་བཟློག་ཐབས་ བྱེད། །དེ་ནས་ཕྱི་ཉིན་མོ་ནས་འབྱོན་ཆས་བསྒྲིག །སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཤིང་རྟར་ བཞུགས། །འཁོར་ཚོགས་པཎྜི་ཏ་ཡིས་ལེགས་བསྐོར་བ། །ཨཱརྱ་དེ་བ་འབུམ་ཕྲག་གསུམ་པ་ དང༌། །ཞི་བའི་རྒྱལ་མཚན་གུ་ཎ་མ་ཏི་སོགས། །པཎྜི་ཏ་ནི་འབུམ་ཕྲག་སེར་ཕྲེང་མཛད། །རྒྱང་ གྲགས་གསུམ་ཁྱབ་དམར་སེར་གུར་ཀུམ་མདོག །ཆོས་གོས་ལེགས་གྱོན་ལྷུང་བཟེད་འཁར་ 1-1-143 གསིལ་དང༌། །རྔ་ཡབ་རེ་རེ་ཐོགས་ཤིང་པཎྜི་ཏའི། །ཞྭ་རེ་གསོལ་བཞིན་ཐམས་ཅད་སྐུ་སྤྱོད་ ཀྱང༌། །གཉའ་ཤིང་གང་ཙམ་ལྟ་ཞིང་ང་རྒྱལ་མེད། །ཞི་དུལ་ངང་ཚུལ་ཆེས་བཟང་འཁོར་ ཚོགས་དང༌། །བཅས་ཏེ་ལེགས་ཕེབས་ནཱ་ལེནྡྲར་ཉེ་སྐབས། །ཚུལ་དེ་མུ་སྟེགས་ཕལ་ཆེར་ ཐོས་ནས་བྲོས། །དེ་མིན་ཐམས་ཅད་ཟང་ཟིང་དུ་འདུག་སྟེ། །རིམ་པར་ནཱ་ལེནྡྲར་ཕེབས་ འཇའ་འོད་འཁྲིགས། །མེ་ཏོག་ཆར་འབེབས་ཡ་མཚན་ཆོ་འཕྲུལ་གྱིས། །མུ་སྟེགས་མང་ ཕྱོགས་རང་བཞིན་གྱིས་དད་གྱུར། །དེ་ནས་རྩོད་པའི་སྒྲ་བསྒྲགས་ཕྱི་ནང་གི །པཎྜི་ཏ་རྣམས་ ཐམས་ཅད་ཕྱོགས་གཅིག་འཚོགས། །སློབ་དཔོན་དང་ནི་མ་གོལ་གཉིས་རྩོད་སྐབས། །མུ་ སྟེགས་སྟོན་པའི་ཁ་འཐམས་ལན་མ་ནུས། །དེ་ཕྱོགས་ནེ་ཙོས་མཆོག་གསུམ་མི་བདེན་པར། །སྨྲས་ཚེ་སློབ་དཔོན་གྱིས་ནི་ཐལ་སྐད་དང༌། །ཐལ་མོ་བརྡབ་པར་བྱ་རོག་ཅིག་བྱུང་བས། །ནེ་ ཙོ་བསད་སྐབས་མ་གོལ་གྱིས་རྡོ་ལེབ། །བསྒུལ་སྩོལ་འོག་ནས་ལོག་སྨྲའི་སྒྲ་བྱུང་བ། །སློབ་ དཔོན་བྱིན་རླབས་རྡོ་འགུལ་ནུས་པ་བྲལ། །དེ་སོགས་ལུང་རིགས་མཐུ་འཕྲུལ་གང་ཐད་ནས། །འགྲན་ཡང་མ་གོལ་སྟོབས་ཀྱིས་མ་ཐུབ་སྟེ། །མུ་སྟེགས་ཕམ་ཞིང་ཀླུ་སྒྲུབ་ཆོས་ལུགས་རྒྱལ། །དེ་ནས་སློབ་དཔོན་གྱིས་གསུང་རྒོལ་ངན་རྣམས། །ང་ཡི་བསྟན་ལ་འཇུག་གམ་མི་འཇུག་ སྨོས། །བསྟན་ལ་གང་འཇུག་ཆོས་སྐྱོང་ཆེར་གཏད་དགོས། །གསུངས་ཚེ་མུ་སྟེགས་འཁོར་ ཀུན་ནང་པར་ཞུགས། །མ་གོལ་རང་ཉིད་ནམ་མཁར་འཕུར་གྲབ་བྱས། །དེ་ཡང་མ་ནུས་བྱ་ གཤོག་བྲལ་བཞིན་གྱུར། །མྱ་ངན་དང་བཅས་གཙུག་ལགས་ཁང་ཞིག་ཏུ། །སོང་ནས་ད་ནི་ འགག་གྲིར་འཆི་བྱ་སྙམ། །གླེགས་ཐག་བཀྲོལ་སྐབས་ཡིག་ལྡིབ་ཅིག་ཐོན་ངོར༌། །རང་སྲོག་ རང་བཅད་ངན་སོང་ལས་མི་ཐར། །ཅེས་བྱུང་རྐྱེན་དེས་མ་གོལ་རང་ཉིད་ཀྱང༌། །འཕགས་པ་ བཞུགས་པའི་དྲུང་དུ་ལེགས་སོང་ཞིང༌། །སྐྲ་དང་ཁ་སྤུ་བྲིག་ནས་རབ་ཏུ་བྱུང༌། །པཎྜི་ཏ་ནི་ དཔའ་བོ་ཞེས་གྲགས་ཏེ། །སངས་རྒྱས་བསྟན་པ་ཤིན་ཏུ་དར་བར་མཛད། །སྤྱོད་མཆོག་ 1-1-144 མཛད་བཟང་དེ་སོགས་བསམ་མི་ཁྱབ། །དེ་སྐབས་ཤིག་ནས་རིང་པོར་མ་ལོན་པར། །སློབ་ དཔོན་ཀླུ་སྒྲུབ་དཔལ་གྱི་རིར་བཞུགས་པ། །རྒྱལ་པོ་བདེ་སྤྱོད་བཟང་པོས་སྤྱན་དྲངས་ཏེ། །རྒྱལ་ཁབ་ཕོ་བྲང་དུ་ནི་ལེགས་བཞུགས་སྐབས། །འཕགས་པ་སྐུ་གཟུགས་བཟང་ཞིང་མཛེས་ འབར་བས། །བུད་མེད་སྤྱི་དང་བཙུན་མོ་དེར་ཆགས་ཤིང༌། །རེ་ཞིག་དུས་ན་རྒྱལ་པོ་འཁོར་ དང་བཅས། །ཤ་ཏ་ཀ་རའི་ཡུལ་དུ་སོང་བའི་ཤུལ། །བཙུན་མོས་སློབ་དཔོན་འཕགས་པ་ལ་ སྨྲས་པ། །གཟུགས་བཟང་སྙིང་རྗེའི་ཐུགས་ལྡན་བདག་གི་ཚུལ། །ཆགས་པས་རབ་གདུངས་ སྡུག་བསྔལ་དེ་ལས་སྐྱོབས། །ཞེས་སྨྲས་སློབ་དཔོན་གྱིས་ནི་ལན་གསུངས་པ། །བདག་གིས་ སྡོམ་གསུམ་བདུད་རྩིའི་བཅུད་བླངས་པས། །བག་མེད་ཚུལ་འཆལ་བྱེད་པ་ག་ལ་རུང༌། །ཞེས་ གསུངས་སྒོ་གོང་ཡི་གེ་འདི་ལྟར་བྲི ས། །བུད་མེད་རྩར་འདུག་བག་མེད་འཚོལ་མི་དགོས། །ཡོངས་མི་མཛའ་བའི་ཚུལ་དེ་ཤེས་ན་ལེགས། །ཞེས་སོགས་ཡིག་བཞག་སྐད་ཅིག་དཔལ་རི་ ལ། །གཤེགས་པའི་ལམ་དུ་མགར་བ་ཞིག་དང་འཕྲད། །དེ་ལ་ཚོགས་བསླང་ཚེ་ན་ཁོའི་ གསེར་སྟོར། །འཕགས་པ་ལ་བཙུགས་ཞལ་གསུང་འདི་སྐད་བྱུང༌། །གསེར་མ་བསྐུས་ཤིང་ བཙུན་མོར་མ་ཆགས་ན། །འོག་རྡོ་གསེར་དུ་འགྱུར་བའི་བདེན་ཚིག་བརྗོད། །སློབ་དཔོན་ ཁོང་གིས་འཁར་གསིལ་རྟིང་པ་ཡིས། །རྡོ་ལ་བསྣུན་མ་ཐག་ནས་གསེར་དུ་གྱུར། །དེ་སྐབས་ མགར་བས་ཡིད་དགའ་རྡོ་བསྒྱུར་འོག །སྟོར་བའི་གསེར་ནི་དེར་སྣང་ཆེས་ངོ་མཚར། །སློབ་ དཔོན་ལ་དད་གསེར་ཕུལ་ཕྱག་བསྐོར་བྱས། །སྨྲས་པ་མ་རིག་དབང་གིས་འཕགས་ཁྱོད་ལ། །སྐུར་བཏབ་བཤགས་ཆེད་གསེར་བཞེས་ཉེས་མེད་གསོལ། །འཕགས་གསུང་ཁྱོད་ལ་ཉེས་ མེད་གསེར་མི་འདོད། །དེ་བས་རང་གི་རྗེས་བསྙེགས་གང་བྱུང་ལ། །རང་ཚུལ་ཞིབ་རྒྱས་ དཔལ་རིར་སོང་ཞེས་སྨྲོས། །དེ་སྐད་གསུངས་ནས་སྐད་ཅིག་ལ་བཞུད་དོ། །དེ་ནས་རྒྱལ་ཁབ་ ཤུལ་འདུག་བཙུན་མོ་ཡིས། །རང་གནོང་གིས་བསླད་སྐྲ་འབལ་གདོང་བྲད་ཅིང༌། །མགུལ་ 1-1-145 རྒྱན་གཏུབས་ནས་སྡུག་བསྔལ་ཚུལ་འདུག་སྐབས། །རྒྱལ་པོ་འཁོར་བཅས་ཕྱིར་སླེབས་ཚུལ་ མཐོང་སྨྲས། །ཁྱོད་རང་དགྲ་ཡིས་བཅོམ་མམ་ཅི་ཉེས་པ། །དྲང་པོར་ཤོད་ཅེས་ལན་དུ་རྫུན་ སྨྲས་ཚིག །དགྲས་བཅོམ་མ་ལགས་འཕགས་པས་ཆགས་སྤྱོད་ཆེད། །བདག་ལ་འདི་བྱས་ངོ་ ཚའི་གནོང་གིས་ཐལ། །ཞེས་ཟེར་རྒྱལ་པོས་བདེན་བཟུང་འཁོར་རྣམས་ལ། །རྟ་པ་ལྔ་བཅུས་ སློབ་དཔོན་རྗེས་བདའ་བཅུག །བདའ་མཁན་ཕོ་ཉ་དེ་རྣམས་མགར་བའི་རྩར། །ཐོན་ནས་ དྲིས་པས་ལོ་རྒྱུས་ཞིབ་པར་རྟོགས། །ཕོ་ཉ་རྣམས་ཀྱང་ཆེར་དད་སླར་ལོག་སྟེ། །རྒྱལ་པོ་ལ་ གསོལ་གང་གིས་བཙུན་མོར་སྨྲས། །བཙུན་མོ་དེས་ཀྱང་གདོང་ཕབ་ལན་མ་ནུས། །རྒྱལ་པོས་ དེ་ནི་ཁྱིམ་དམན་ཞིག་ལ་སྤྱུགས། །གུས་པས་འཕགས་པ་སླར་ཡང་སྤྱན་འདྲེན་བཏང༌། །བྱོན་ པར་མ་གནང་དེ་རྗེས་རིང་ཙམ་ན། །བཙུན་མོས་སྔར་གྱི་འཁུ་ལྡོ ག་ལ་བརྟེན་ནས། །རྒྱལ་པོ་ བླ་མཆོད་མེད་ཐབས་ནམ་ལྡན་སྙམ། །སློབ་དཔོན་སྔར་བྱོན་བཙུན་མོས་གནོད་འགལ་ལ། །བརྟེན་ནས་སླར་གཤེགས་ཚེ་ན་ཁ་ཆབ་ཆེད། །རྩྭ་རྩེའི་ཟིལ་བ་ལེན་སྐབས་སྲི ན་བུ་ཞིག །བསད་པའི་རྣམ་ཤེས་བཙུན་མོའི་མངལ་དུ་བཅུག །དེ་བུར་གྱུར་ནས་ཆེར་སྐྱེས་སྐབས་ཤིག་ ན། །བཙུན་མོས་བུ་ལ་གསེར་གྱི་གོས་ཤིག་བྱིན། །བུས་སྨྲས་གོས་འདི་རེ་ཞིག་ཁྱོད་ཀྱིས་ ཟུངས། །རང་གིས་རྒྱལ་ས་འཛིན་པའི་ཚེ་ན་དགོས། །ཅེས་ཟེར་མ་ཡིས་བུ་ལ་སླར་སྨྲས་པ། །བུ་ཁྱོད་རྒྱལ་སྲི ད་འཛིན་པ་ད་མི་འོང༌། །རྒྱལ་པོར་ཀླུ་སྒྲུབ་ལས་ནི་དབང་བསྐུར་ཐོབ། །རྒ་ ཤི་མེད་ཅིང་སྔར་ནས་བཙུན་མོ་དང༌། །བུ་མང་ཤི་ཟིན་འུ་ཅག་སྔོན་དུ་འཆི། །ཞེས་ཟེར་བ་ལ་ བུ་ཡིས་ཐབས་དྲིས་པས། །མ་ཡིས་འདི་སྐད་དཔལ་རིར་ཀླུ་སྒྲུབ་གནས། །དེ་ཡིས་རྒྱལ་པོའི་ ཚེ་བསྲི ངས་འཆི་མེད་བྱས། །དེ་ཕྱིར་སློབ་དཔོན་དེ་བཀུམ་རྒྱལ་པོ་འཆི། །ཞེས་ཟེར་བཞིན་དུ་ བུ་ཉིད་རང་ཡུལ་ནས། །སོང་སྟེ་དམུ་ཤའི་རལ་གྲི་ཐོགས་བཞིན་པར། །འཕགས་པའི་སྐུ་ མདུན་དུ་ཕྱིན་མཚོན་ཆ་དེས། །ཇི་ལྟར་བརྒྱབ་ཀྱང་ཕ་བོང་ལ་ཕོག་ལྟར། །རལ་གྲི་དུམ་བུར་ 1-1-146 ཆག་ནས་ཆོ་ངེ་འདེབས། །དེ་ནས་འཕགས་པས་སྔོན་ལས་ཚུལ་མཁྱེན་ནས། །བུ་ཁྱོད་མ་ངུ་ བདག་ལ་རྩྭ་འཇག་མས། །རྒྱོབ་དང་དོན་འགྲུབ་སྔོན་ལས་ཤུགས་ཀྱིས་འོང༌། །དེ་སྐད་ གསུངས་ལྟར་བྱས་པས་སྐུའི་ཆ་ལས། །འོ་མའི་རྒྱུན་བབས་སྐད་ཅིག་དེ་ཉིད་དུ། །སྐུ་སྤུར་ གསེར་གྱི་བྱང་ཆུབ་མཆོད་རྟེན་གྱུར། །ནམ་མཁར་འཕགས་པ་དྲིལ་བུ་བརྒྱ་སྟོང་གིས། །ཆོས་ སྒྲ་སྒྲོག་པ་ཞིག་ཏུ་རེད་སོང་སྟེ། །དེ་མཐར་རིམ་པས་དངོས་མེད་སྟོང་པར་ཡལ། །སྣང་ཚུལ་ འགའི་ངོར་དེ་ལུགས་ལྟར་གྱུར་ཀྱང༌། །གདུལ་བྱའི་དབང་གིས་གང་འདུལ་སྤྲུལ་བཀོད་ལ། །རྣམ་པ་ཕྱོགས་གཅིག་རིས་སུ་མ་ཆད་པར། །དབུ་བསླང་སྐུ་གདུང་ཤུལ་བཞག་མཛད་སྒོ་ སོགས། །ངོ་མཚར་རོལ་པ་གདུལ་བྱའི་ཁམས་བཞིན་འཆར། །དེ་ནས་རྒྱལ་བུ་སྡིག་ཅན་ཕྱིར་ ལོག་སྐབས། །ཡབ་རྒྱལ་ཤི་ཡང་བསམ་པ་མ་འགྲུབ་སྟེ། །རྒྱལ་གཞན་ཨུ་དུ་ཀ་ཞེས་བྱ་བ་ ཡིས། །དྲག་པོའི་དམག་གི་གཡུལ་ཆེན་བཤམས་དང་ཐུག །རྒྱལ་བུའི་ཡུལ་བཅོམ་ཁོ་རང་ མཐའ་འཁོབ་བསྐྲད། །དེ་འདྲའི་འཛམ་གླིང་མཛེས་རྒྱན་འཕགས་པ་ཀླུ། །དུས་མཐར་གངས་ རིའི་ལྗོངས་སུ་ངེས་དོན་གྱི། །ཆོས་མཛད་རྒྱལ་བ་གཉིས་པས་ཕྱེ་འདི་མཚར། ། རིགས་ལྡན་སྤྲུལ་སྐུ་ཀུན་མཁྱེན་རྟོན་པ་བཞི་ལྡན་གྱི་སྐྱེས་རབས་རྟོགས་བརྗོད་རྒྱས་པ་ ལས་འཕགས་པ་ཀླུ་སྒྲུབ་ཏུ་སྐྱེས་པའི་རབས་ཏེ་ལེའུ་ཉེར་བདུན་པའོ།། །། ༈ དེ་ནས་རྡོ་རྗེ་སྙིང་པོའི་སྔགས་རྒྱུད་ལས། །སངས་རྒྱས་མྱ་ངན་འདས་ནས་ལོ་བཞི་ བརྒྱར། །པད་དཀར་ཤམྦྷ་ལར་འབྱུང་སོགས་ཀྱིས་མཚོན། །གང་འདུལ་དབང་གིས་མཛད་སྒོ་ འདྲ་མིན་མང༌། །འོན་ཀྱང་འདིར་ནི་དུས་འཁོར་རྩ་རྒྱུད་ལྟར། །རྒྱུད་རྒྱལ་དེ་གསུངས་ལོ་ནས་ དྲུག་བརྒྱའི་ལོར། །མི་བདག་གྲགས་པ་ཤམྦྷ་ལར་བྱུང་རྗེས། །དེ་སྲས་པད་འཛིན་འཇིག་རྟེན་ དབང་ཕྱུག་འཁྲུངས། །ཚུལ་དེའི་ཕྱོགས་བཟུང་རེ་ཞིག་ལོ་གྲངས་དེར། །སྨོན་ལམ་ལས་གྲུབ་ ཞིང་མཆོག་ཤམྦྷ་ལ། །ཞེས་བྱ་གང་དེ་ས་གཞི་དྲི་མ་མེད། །རྣམ་པར་དག་པའི་རང་བཞིན་ 1-1-147 ལས་ཤར་བའི། །གནས་ཀྱི་དབྱིབས་ནི་འདབ་བརྒྱད་པདྨ་ལྟར། །ཀུན་ནས་ཟླུམ་པོ་དེ་ཡང་ དགེ་སྡིག་གི །ལས་སྟོབས་ལྡན་པའི་འཛམ་གླིང་ལས་ཀྱི་ས། །ཆུང་ངུའི་ཕྱེད་དུ་ཕྱི་རོལ་གངས་ ཀྱི་རི། །རབ་དཀར་ཕྲེང་བས་ཕྱོགས་ཀུན་ལེགས་བསྐོར་ནང༌། །འདབ་བརྒྱད་དཔག་ཚད་བྱེ་ བ་བཅུ་གཉིས་པར། །དབུས་ཀྱི་སུམ་ཆ་ཀེ་ལ་ཤའི་རི་བོ། །དཔངས་ལ་དཔག་ཚད་སྟོང་ཕྲག་ ཕྱེད་བཅུ་གསུམ། །དེའི་སྟེང་གངས་རི་ཙན་དན་གོ་ཤིར་ཥ། །སྦྲུལ་སྙིང་ཨ་ཀ་རུ་དང་ཏུ་རུ་ཀ །མ་ལ་ཡ་དང་གང་གཱ་ལ་སོགས་པའི། །ལྗོན་ཤིང་སྣ་ཚོགས་དག་གིས་ཕྱོགས་མཚམས་བརྒྱན། །མེ་ཏོག་ཧ་ལོ་ཨུཏྤལ་ཙམ་པ་ཀ །ཨུ་དུམ་ཝཱ་ར་ཀུ་མུ་ཏ་ལ་སོགས། །པདྨ་སྣ་ཚོགས་དྲ་བས་ ཡོངས་ཁེབས་པ། །སྨན་ཤིང་འདྲ་མིན་ཀུན་ནས་རབ་རྒྱས་ཤིང༌། །ཡན་ལག་བརྒྱད་ལྡན་མཚོ་ རྫིང་དུ་མས་བརྒྱན། །རབ་མཛེས་ཟླུམ་ཞིང་མཐོ་བ་ལྟེ་དབུས་སུ། །གྲོང་ཁྱེར་ཐམས་ཅད་ཀྱི་ ནི་གཙོར་གྱུར་པ། །དཔལ་ལྡན་ཀ་ལཱ་པ་ཞེས་བྱ་བ་གང༌། །ཆུ་ཞེང་ཐ་གྲུ་དཔག་ཚད་བཅུ་ གཉིས་པ། །ཐར་པའི་ཕོ་བྲང་རྒྱུ་ནི་རིན་པོ་ཆེ། །ཨནྡ་རྙིལ་དང་མུ་ཏིག་དམར་པོ་མཆོག །མ་ར་ ཏ་ཀ་རྡོ་ཡི་སྙིང་པོ་དང༌། །པདྨ་རཱ་ག་ཨིནྡྲ་ནཱི་ལ་གསེར། །དངུལ་ལས་གྲུབ་པའི་མཛེས་ཁྱད་ ཕུན་སུམ་ཚོགས། །ཐེག་ཆེན་ཆོས་ཀྱི་དགའ་བདེའི་སྒྲ་རང་གྲགས། །དཔལ་ལྡན་གྲོང་མཆོག་ དེ་ཡི་ལྷོ་ཕྱོགས་སུ། །མ་ལ་ཡ་ཡི་སྐྱེད་ཚལ་ཉམས་དགའ་བ། །དཔག་ཚད་བཅུ་གཉིས་ཚད་ ཅན་དེ་དབུས་སུ། །ཆོས་རྒྱལ་ཟླ་བ་བཟང་པོས་ལེགས་བཞེངས་པ། །བཅོམ་ལྡན་དུས་ཀྱི་ འཁོར་ལོའི་གཞལ་ཡས་ཁང༌། །རིན་ཆེན་སྣ་ཚོགས་ལས་གྲུབ་ཆེས་མཛེས་པ། །རྒྱ་ཚད་ཁྲུ་ནི་ བརྒྱ་ཕྲག་བཞི་པ་ཅན། །ཕྱི་རོལ་རྡོར་ཕྲེང་རྒྱར་ཁྲུ་བརྒྱ་ཕྲག་ནི། །བཅུ་གཉིས་དང་ལྡན་དྲི་མེད་ འོད་ཟེར་ལྔ། །རྟག་པར་ཕྱོགས་མཚམས་ཀུན་ཏུ་ཡོངས་འཕྲོ་ཞིང༌། །དེ་ཡི་ཤར་དུ་ཉེ་བའི་ཡིད་ ཀྱི་མཚོ། །ནུབ་ཕྱོགས་པདྨ་དཀར་པོའི་མཚོ་ཟུང་མཛེས། །དཔག་ཚད་བཅུ་གཉིས་ཚད་ལྡན་ རེ་རེ་ཡོད། །དེ་གཉིས་དྲི་ཞིམ་བསིལ་ཆུ་སྣ་ཚོགས་པས། །ཡོངས་གང་འགྲམ་གཉིས་སུ་ནི་དྲི་ 1-1-148 བཟང་དང༌། །ལྡན་པའི་མེ་ཏོག་དུ་མས་རབ་དཀྲི གས་པ། །མཛེས་སྡུག་ཀུ་ན་ལ་དང་ངང་ངུར་ ཚོགས། །རྨ་བྱ་ལ་སོགས་སྤྲུལ་པའི་བྱ་སྣ་ཚོགས། །ཆེས་མང་དག་གིས་ཆོས་ཉིད་འགྱུར་མེད་ པ། །རྟག་བརྟན་ཐེར་ཟུག་གཡུང་དྲུང་ཀུན་ཁྱབ་དབྱིངས། །གནས་ལུགས་རང་བྱུང་དོན་དམ་ ཡེ་བཞུགས་ཉིད། །ཀུན་རྫོབ་གཞན་གྱིས་སྟོང་ཚུལ་ཆོས་ཟབ་སྒྲོག །ཨ་ཀ་རུ་དང་སི་ཧལ་ཙན་ དན་སོགས། །སྤོས་མཆོག་དྲི་བསུང་ངད་བཟང་ཕྱོགས་ཀུན་ལྡང༌། །ཕྱི་རོལ་དཔག་ཚད་ལྔ་ བརྒྱའི་ཞིང་ལྡན་པའི། །གངས་རིའི་ཕྲེང་བས་བསྐོར་ནང་འདབ་བརྒྱད་ལ། །གྲོང་ཁྱེར་བྱེ་བ་ དགུ་བཅུ་རྩ་དྲུག་པོ། །སོ་སོར་ཀུན་ནས་མཉམ་པར་ལེགས་བཀོད་ཅིང༌། །དཔལ་ལྡན་སྔགས་ ཞིང་མཆོག་དེའི་མངའ་བདག་ཆེ། །ཁྲོ་ཆེན་བགེགས་མཐར་བྱེད་ཀྱི་རྣམ་པར་འཕྲུལ། །ཆོས་ ཀྱི་རྒྱལ་པོ་ཉི་མའི་འོད་ཟེར་མཚན། །དེ་སྲས་ཕྱག་ན་རྡོ་རྗེའི་སྤྲུལ་པའི་གར། །ཆོས་རྒྱལ་ཟླ་བ་ བཟང་པོ་ཞེས་བྱ་བ། །དེ་ཡང་རྒྱ་གར་ལྷོ་ཡི་ཕྱོགས་ཀྱི་ཆར། །དཔལ་ལྡན་འབྲས་སྤུངས་ མཆོད་རྟེན་ཆེན་པོ་ནི། །སྟེང་འོག་དཔག་ཚད་དྲུག་དང་རྒྱང་གྲགས་གཅིག །ཡོད་པ་དེའི་ནང་ འོག་གི་ཕྱོགས་སུ་ཡང༌། །ཆོས་དབྱིངས་གསུང་གི་དབང་ཕྱུག་དཀྱིལ་འཁོར་དང༌། །སྟེང་ ཕྱོགས་དཔལ་ལྡན་རྒྱུ་སྐར་དཀྱིལ་འཁོར་ཆེ། །ཀུན་ནས་སྤྲོ་ཞིང་ངོ་མཚར་རོལ་པའི་ཆེད། །སྟོན་པ་ཤཱཀྱ་ཐུབ་པ་སེང་གེའི་ཁྲིར། །ལེགས་བཞུགས་བདེ་སྟོང་ཟུང་འཇུག་དུས་འཁོར་ ལོའི། །ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་མ་ཐག །དཀྱིལ་འཁོར་ཆེན་པོ་དེ་དག་བཞེངས་ པའི་ཚེ། །འཁོར་དུ་སངས་རྒྱས་བྱང་སེམས་ཁྲོ་བོ་དང༌། །ལྷ་ཀླུ་ལྷ་མོའི་ཚོགས་ཀྱིས་ཡོངས་ བསྐོར་ཞིང༌། །དེ་སྐབས་ཤམྦྷ་ལ་ནས་རྫུ་འཕྲུལ་གྱིས། །རྒྱལ་པོ་ཟླ་བ་བཟང་པོ་འཁོར་བཅས་ བྱོན། །གསང་ཆེན་ཐེག་པའི་སྔགས་རྒྱུད་ཞུ་ངོར་མཛད། །ཟླ་བཟང་ཉིད་ཀྱིས་དེ་བཞིན་ གསོལ་བཏབ་པས། །འཇིག་རྟེན་འཇིག་རྟེན་འདས་པའི་དབང་བསྐུར་གནང༌། །རྩ་རྒྱུད་དང་ པོའི་སངས་རྒྱས་རྒྱུད་རྒྱལ་ཆེ། །རྗེས་བསྔགས་སྡེབ་སྦྱོར་ཤོ་ལོ་ཀ་སྟོང་ཕྲག །བཅུ་གཉིས་ལ་ 1-1-149 སོགས་སྔགས་ཀྱི་ཐེག་པ་སྤྱི། །ཁྱད་པར་གསང་ཆེན་གནས་ལུགས་དེ་ཁོ་ན། །མི་འགྱུར་བདེ་ ཆེན་རྣམ་ཀུན་སྟོང་པའི་དབྱིངས། །དོན་དམ་སྐུ་དང་ཡེ་ཤེས་རྒྱ་མཚོའི་བདག །གཞི་འབྲས་ དབྱེར་མེད་གདོད་མ་ཆོས་སྐུ་ཆེ། །རང་བཞིན་འོད་གསལ་དེ་ཉིད་མངོན་བྱེད་ཐབས། །འབྲས་ བུའི་ཐེག་མཆོག་གསང་ཆེན་མངོན་རྟོགས་ལམ། །འབྱམས་ཀླས་ཆོས་མཛོད་ལེགས་ཕྱེ་ སྐབས་དེའི་འཁོར། །དབང་རབ་རྫོགས་ལྡན་ལམ་འབྲས་མངོན་བྱང་ཆུབ། །སྟོན་པའི་གསུང་ རབ་རྩ་བའི་རྒྱུད་རྒྱལ་ཉིད། །ཡེ་ཤེས་ལྔ་ཡི་ངོ་བོའི་ལེའུ་ཅན། །མཚན་བཟང་མདོར་བསྡུས་ དཔེ་བྱད་གྲངས་གནས་པས། །ལེགས་འཆད་རྡོ་རྗེའི་སྔགས་རྒྱུད་བླ་ན་མེད། །དེ་ལྟར་སྟོན་ པས་སྔགས་ཀྱི་ཐེག་པ་མཆོག །མཐའ་དག་གསུངས་རྗེས་ལོ་ནི་གཉིས་པ་ན། །ཟླ་བ་བཟང་ པོས་རྩ་རྒྱུད་འགྲེལ་བ་ཆེ། །ཤོ་ལོ་ཀ་ནི་སྟོང་ཕྲག་དྲུག་ཅུ་པ། །མཛད་ཅིང་གླེགས་བམ་ལ་ བྲི ས་ཤམྦྷ་ལར། །རྒྱ་ཆེར་སྤེལ་བཅས་མ་ལ་ཡ་ཡི་ཚལ། །དེ་དབུས་དུས་ཀྱི་འཁོར་ལོའི་ཁང་ བཟང་ཆེ། །རིན་ཆེན་སྣ་ཚོགས་ལས་གྲུབ་མཚར་བཀོད་ཅན། །ལེགས་བཞེངས་རྫུ་འཕྲུལ་ དང་བཅས་ཞི་དབྱིངས་གཤེགས། །དེ་སྲས་ས་སྙིང་སྤྲུལ་པ་ལྷ་དབང་ནས། །སྐུ་སྲས་རྒྱལ་ རབས་རིམ་བཞིན་འདི་ལྟར་བྱུང༌། །གཤིན་རྗེ་མཐར་བྱེད་ཆོས་རྒྱལ་གཟི་བརྗིད་ཅན། །སྒྲིབ་ པ་རྣམ་སེལ་མི་དབང་ཟླ་བས་བྱིན། །ཤེས་རབ་མཐར་བྱེད་ལྷ་ཡི་དབང་ཕྱུག་རྗེ། །པདྨ་མཐར་ བྱེད་སྣ་ཚོགས་གཟུགས་ལྡན་པ། །ནམ་མཁའི་སྙིང་པོ་ལྷ་ཡི་དབང་ལྡན་ཏེ། །ཟླ་བཟང་རྗེས་ བྱུང་ཆོས་རྒྱལ་ཆེན་པོ་དྲུག །ཆོས་ཀྱི་ཁྲི་ལ་ལོ་བརྒྱ་རེ་བཞུགས་ནས། །རྩ་བའི་རྒྱུད་སོགས་ ཆོས་སྒོ་རྒྱ་མཚོ་སྟོན། །དེ་ནས་འཇམ་དབྱངས་སྤྲུལ་པ་འཇམ་དཔལ་གྲགས། །ཆོས་ཁྲིར་ འཁོད་ནས་ཉི་མའི་ཤིང་རྟ་སོགས། །དྲང་སྲོང་བྱེ་བ་ཕྲག་ཕྱེད་བཞི་བཏུལ་ནས། །ཐུན་མོང་ ཐུན་མོང་མིན་པའི་དབང་བསྐུར་ཞིང༌། །རྩ་རྒྱུད་ལས་བསྡུས་ཕྲེང་འཛིན་ཚིགས་བཅད་ནི། །སུམ་ཅུས་ལྷག་པའི་ཕྱོགས་བརྒྱའི་ལེའུ་ཚན་ལྔས། །བསྡུས་རྒྱུད་དྲང་སྲོང་རྣམས་ནི་སྨིན་གྲོལ་ 1-1-150 ཆེད། །ལེགས་པར་མཛད་པས་ཀླ་ཀློ་མཐར་བྱེད་ཅིང༌། །རྡོ་རྗེ་ཐེག་པར་རིགས་ཀུན་གཅིག་ བསྡུས་ཏེ། །སྐབས་དེའི་གདུལ་བྱར་གང་གྱུར་ཟླ་གཅིག་ལས། །མི་འགྱང་ཕྱག་རྒྱ་ཆེན་པོར་ གྲོལ་བ་ལ། །ཉེ་བར་སྦྱོར་ཕྱིར་རིགས་ལྡན་རྒྱལ་ཞེས་གྲགས། །དེ་འདྲའི་རིགས་ལྡན་འཇམ་ པའི་རྡོ་རྗེ་དང༌། །ལྷ་མོ་སྒྲོལ་མ་ཟུང་གི་སྲས་རྣམས་ལས། །ཆེས་མཆོག་དམ་པར་གྱུར་པ་གང་ དེ་ཡང༌། །རིགས་ལྡན་སྲས་མཆོག་པདྨ་དཀར་པོ་འམ། །མེ་ཏོག་ཕྲེང་འཛིན་འཇིག་རྟེན་ དབང་ཕྱུག་ཅེས། །མཚན་སྙན་གྲགས་འབར་རྒྱལ་སྲས་མཆོག་དེ་ཉིད། །སྤྱན་རས་གཟིགས་ དབང་སྒྱུ་མའི་རོལ་གར་ལས། །ཀ་ལཱ་པ་ཞེས་ཆོས་ཀྱི་ཕོ་བྲང་དུ། །རྒྱལ་བུའི་མཛེས་སྐུ་ཐོག་ མར་བལྟམས་པའི་ཚེ། །རིན་ཆེན་སྣ་ཚོགས་ཆར་བ་ཞག་བདུན་བབས། །རབ་སྙན་རོལ་མོ་དུ་ མ་རང་སྒྲ་གྲགས། །ས་ཆེན་གཡོ་ཞིང་འཇའ་སྤྲིན་སྣ་ཚོགས་འཁྲིགས། །མེ་ཏོག་ཆར་འབེབས་ དགེ་མཚན་ལྟས་བཟང་འཆར། །རྒྱལ་བུ་ན་གཞོན་མཛེས་སྐུ་དཀར་གསལ་མདོག །འོད་ བཟང་སྣང་བ་རབ་འབར་ཕྱག་མཐིལ་ཟུང༌། །དྲི་མེད་པད་དཀར་འདབ་བརྒྱད་རི་མོ་བཀྲ། །ཞབས་མཐིལ་གཉིས་ལ་འཁོར་ལོས་ལེགས་པར་མཚན། །སྤྱི་བོར་རལ་པའི་ཐོར་ཚུག་ མཛེས་པའི་ནང༌། །འདོད་འབྱུང་ལྷ་ཡི་ནོར་བུའི་ཅོད་པན་ཅན། །སེམས་ཅན་ཀུན་ལ་སྙིང་ རྗེའི་སྒྲ་ལྡན་པས། །སྔགས་ཞིང་དེར་ནི་ཡི་གེ་དྲུག་མའི་སྒྲ། །དབྱངས་སྙན་ཀུན་གྱིས་དུས་ གཅིག་ཐོས་པ་དང༌། །འོད་དཀར་སྣང་བས་ཁྱབ་ཅིང་ཚིག་འདི་སྐད། །འཁོར་མུན་སེལ་ཞིང་ ཐར་སྒྲོན་ལེགས་འཛིན་ཁྱོད། །ཤིན་ཏུ་འཕྲད་དཀའི་མི་ལུས་དོན་ལྡན་མཛོད། །ཅེས་སོགས་ གླུས་བསྐུལ་དབྱངས་སྙན་ཀུན་ཏུ་ཐོས། །དེ་ནས་སྐུ་ན་སོན་ཅིང་རེ་ཞིག་ཚེ། །ཡབ་རྗེ་དགོངས་ པ་རྫོགས་ལ་ཉེ་བའི་སྐབས། །རྒྱལ་སྲས་མཆོག་གི་རྨི་ལམ་འོད་གསལ་རིས། །དགོས་འདོད་ ཀུན་འབྱུང་སྨན་ཤིང་རྩ་བ་གསེར། །སྡོང་བུ་དངུལ་ལ་ཡལ་ག་ཨ་རུ་ར། །མེ་ཏོག་ཛ་ཏི་འབྲས་ བུ་ཀ་ཀོ་ལ། །འདབ་མ་ལི་ཤིའི་རང་བཞིན་ཞིག་སྐྱེས་པར། །སེམས་ཅན་མང་པོས་སྨན་སྣ་ 1-1-151 ཐམས་ཅད་སྤུངས། །ད་ལྟ་རླུང་གིས་བསྒྱེལ་བས་ཐམས་ཅད་སྐྲག །ཤིན་ཏུ་མྱ་ངན་བྱ་རྨིས་ སླར་སད་ནས། །རྒྱལ་བུས་ཡིད་གདུངས་ཡབ་རྗེ་ལ་གསོལ་བ། །རང་སྣང་སྨན་ཤིང་འདོད་ འཇོ་རླུང་བསྒྱེལ་རྨིས། །ཀྱེ་མ་རིགས་ལྡན་མཆོག་དངོས་མི་བཞུགས་ལྟས། །ཡིན་སྙམ་སྐུ་ཚེ་ རྡོ་རྗེའི་ཁམས་སུ་སྨོན། །ཞེས་གསོལ་ཚེ་ན་ཡབ་རྗེས་བཀའ་བསྩལ་པ། །འཁོར་བ་སྐྱེ་རྒ་ན་ འཆིའི་འདམ་གནས་ལ། །ཅང་ཐར་ཡོད་དམ་རྒྱལ་བུའི་ཡིད་ལ་ཞོག །རྩ་བསྡུས་འདི་ལ་ཁྱོད་ ཀྱིས་རྒྱས་འགྲེལ་དང༌། །ལོ་བརྒྱར་རྒྱལ་སར་བཞུགས་ལ་བཤད་སྒྲུབ་ཀྱིས། །གཞན་དོན་རྒྱ་ ཆེར་མཛད་ཅེས་བཀའ་ཆེམས་གནང༌། །དེ་རྗེས་ངོ་མཚར་ལྟས་བཅས་དགོངས་ཆེན་རྫོགས། །དུས་འཁོར་རྩ་རྒྱུད་འགྲེལ་ཆེན་ཟླ་བཟང་གིས། །སྔོན་དུ་ལེགས་མཛད་ད་སྐབས་རིགས་ ལྡན་མཆོག །ཆོས་རྒྱལ་པད་དཀར་འཛིན་པས་བསྡུས་རྒྱུད་ཀྱི། །རྒྱས་འགྲེལ་དཔལ་ལྡན་དྲི་ མེད་འོད་ཅེས་པ། །འཇམ་དཔལ་གྱིས་བསྐུལ་བརྩེ་ཆེན་ཐུགས་རྗེ་ཡིས། །རྒྱུད་དགོངས་ གསང་བ་ཆེས་གསལ་བྱེད་པ་དང༌། །རྡོ་རྗེ་སེམས་དཔའི་ལམ་མཆོག་རྣལ་འབྱོར་པས། །ཇི་ ལྟར་རིག་པའི་ཐབས་ཚུལ་ལེགས་བཤད་གཞུང༌། །དགོངས་འགྲེལ་གང་དེ་ཡི་གེར་བྲི ས་ བཞིན་བརྩམས། །གཞན་ཡང་དོན་དམ་བསྙེན་པ་ལ་སོགས་པས། །དམ་པ་དང་པོའི་སངས་ རྒྱས་རྒྱུད་ཆེན་གྱི། །དགོངས་པ་ལེགས་བཀྲལ་ངེས་གསང་རྫོགས་ལྡན་ཆོས། །སྦྱང་གཞི་དོན་ དམ་དང་པོའི་སངས་རྒྱས་ཆེ། །སྦྱང་བྱ་ཀུན་རྫོབ་གློ་བུར་དྲི་མའི་ཁམས། །སྦྱོང་བྱེད་རྣམ་པར་ མི་རྟོག་ཡེ་ཤེས་ལམ། །སྦྱངས་འབྲས་གཞི་འབྲས་དབྱེར་མེད་དེ་ཁོ་ན། །ཇི་བཞིན་ཆོས་སྐུ་ མངོན་བྱེད་གསང་ཆེན་གྱི། །ཆོས་སྒོ་རྒྱ་མཚོས་དོན་གཉིས་དཔལ་ལ་སྤྱོད། །དཔལ་ལྡན་ འཇིག་རྟེན་དབང་ཕྱུག་པདྨ་དཀར། །ཤམ་བྷ་ལ་ཡི་སྔགས་ཞིང་གཙོ་མཆོག་ཏུ། །གདོང་ལྔའི་ ཁྲི་ལ་བརྒྱ་ཕྲག་ལོ་ཡི་བར། །གཞོམ་བྲལ་རྡོ་རྗེའི་ཁམས་སུ་ལེགས་བཞུགས་ཏེ། །སྐལ་བ་ག་ འཚམས་གདུལ་བྱར་གྱུར་པ་རྣམས། །ཟབ་དགུའི་སྨིན་གྲོལ་ཆོས་ཀྱི་སྐལ་བཟང་ཐོབ། 1-1-152 །གདུལ་ཞིང་རབ་རྫོགས་ཚེ་ན་འོད་སྐུར་གྲོལ། །རིགས་ལྡན་གང་ཉིད་མཛད་དགོངས་རེ་ཞིག་ བསྡུས། །དེ་ནས་སྔགས་ཞིང་མཆོག་དེར་ཁྲོ་རྒྱལ་དང༌། །སེམས་དཔའ་དམ་པའི་ཚོགས་ནི་ འདི་ལྟར་བྱུང༌། །གཤིན་རྗེའི་གཤེད་དང་ས་སྙིང་བགེགས་ཀྱི་དགྲ། །ཕྱག་རྡོར་ས་སྙིང་གཤིན་ མཐར་སྒྲིབ་སེལ་བ། །རྨུགས་བྱེད་ཁེངས་བྱེད་ནམ་སྙིང་འཇམ་དཔལ་དབྱངས། །འཇིག་ མགོན་གཤིན་མཐར་ས་སྙིང་བགེགས་ཀྱི་དགྲ། །ཕྱག་རྡོར་ས་སྙིང་གཤིན་མཐར་སྒྲིབ་རྣམས་ སེལ། །རྨུགས་ཁེངས་བྱེད་དང་ནམ་སྙིང་འཇམ་པའི་དཔལ། །དེ་དག་རིམ་བཞིན་སྤྲུལ་པས་ རྒྱལ་ས་བཟུང༌། །དེ་ཡང་བཟང་པོ་རྣམ་རྒྱལ་བཤེས་བཟང་བ། །རིན་ཆེན་ཁྱབ་འཇུག་ཉི་ གྲགས་ཤིན་ཏུ་བཟང༌། །དེ་རྣམས་ལོ་བརྒྱ་རེར་ནི་ཆོས་ཁྲིར་བཞུགས། །རྒྱ་མཚོ་རྣམ་རྒྱལ་ལོ་ བརྒྱ་གྱ་གཉིས་དང༌། །རྒྱལ་དཀའ་ཉིས་བརྒྱ་ཉེར་གཅིག་ཆོས་ཁྲི་ལ། །ལེགས་བཞུགས་རང་ འཚམས་གསང་ཆེན་ཐེག་མཆོག་སྤེལ། །ཉི་མ་སྣ་གཟུགས་ཟླ་འོད་མཐའ་ཡས་ཆེ། །ས་དཔལ་ སྐྱོང་མཛད་སེང་གེ་རྣམ་གནོན་པ། །སྟོབས་ཆེན་མ་འགགས་མི་སེང་དབང་ཕྱུག་ཆེ། །མཐའ་ རྒྱལ་རིགས་ལྡན་དྲག་པོའི་བར་དག་ནི། །ལོ་བརྒྱ་རེ་ལ་ཆོས་ཁྲིར་བཞུགས་མཛད་ནས། །གང་ འདུལ་འཁོར་ལ་གསང་ཆེན་ཆོས་མཛོད་ཕྱེ། །གཞན་ཡང་ཁྲོ་བོ་སེམས་དཔའི་རྣམ་འཕྲུལ་དུ། །འཇམ་དབྱངས་སྤྱན་གཟིགས་ཚངས་པ་ལྷ་དབང་དང༌། །འོད་སྲུང་ལ་སོགས་སྤྲུལ་བའི་མི་ བདག་བརྒྱད། །འཁོར་ཕྱེད་དུམ་བུ་ཅན་ཚུལ་རིམ་འབྱུང་བ། །དེ་དག་སྐུ་ཚེ་ལོ་གྲངས་ཅི་ རིགས་སུ། །ཆོས་ཁྲིར་ཞབས་སེན་འགོད་མཛད་གང་རྣམས་ཀྱིས། །སྔགས་རིག་ཞིང་དུ་ གསང་ཆེན་བསྟན་པ་སྤེལ། །དེ་དག་གང་ལས་རིགས་ལྡན་པདྨ་དཀར། །སྙིགས་མར་འཇིག་ རྟེན་མགོན་དུ་ལེགས་ཕེབས་པ། །རིགས་ལྡན་ངེས་དོན་ཆོས་རྗེ་ཁོང་དུ་ངེས།། རིགས་ལྡན་སྤྲུལ་སྐུ་ཀུན་མཁྱེན་རྟོན་པ་བཞི་ལྡན་གྱི་སྐྱེས་རབས་རྟོགས་བརྗོད་རྒྱས་པ་ ལས་རིགས་ལྡན་པད་དཀར་དུ་སྐྱེས་པའི་རབས་ཏེ་ལེའུ་ཉེར་བརྒྱད་པའོ།། །། 1-1-153 ༈ དེ་ནས་སྤྱིར་ན་སྔོན་དུས་སྤོས་ངད་ལྡན། །གང་དེར་སེམས་དཔའ་ཆེན་པོ་ཆོས་ཀྱི་ འཕགས། །ལེགས་བྱོན་རྟག་ངུ་ལ་སོགས་སེམས་དཔའི་འཁོར། །ཤེས་རབ་ཕ་རོལ་ཕྱིན་པའི་ ཆོས་ཚུལ་གྱིས། །རྗེས་བཟུང་ས་ལམ་སྤངས་རྟོགས་ཆེར་སྤེལ་ཞིང༌། །ཕུལ་བྱུང་གཟུངས་དང་ ཏིང་ངེ་འཛིན་གྱི་སྒོ། །མཐའ་ཀླས་ངོ་མཚར་དཔལ་ལ་སྤྱོད་མཛད་པའི། །ཡ་མཚན་མཛད་སྒོ་ ཆེས་མང་རེ་ཞིག་བཞག །འོན་ཀྱང་འདིར་ནི་མདོ་སྡེ་མཛངས་བླུན་དུ། །སྔོན་ཆད་སྟོན་པ་ བསོད་སྙོམས་ལ་གཤེགས་སྐབས། །ཁྱེའུ་ཆུང་ཅིག་གིས་ས་སྙིམ་གང་ཕུལ་བའི། །དགེ་རྩའི་ གླེང་གཞི་ལ་བརྟེན་མ་འོངས་པར། །བརྒྱ་ལམ་ཞིག་ན་མཐའ་འཁོབ་རྒྱལ་པོར་འགྱུར། །དེས་ ཀྱང་དཀོན་མཆོག་ཡོན་ཏན་རབ་བསྒྲགས་ཤིང༌། །མཆོད་པ་རྒྱས་བྱེད་གནས་དེར་གཙུག་ ལག་ཁང༌། །བརྒྱད་ཁྲི་བཞི་སྟོང་བྱེད་འགྱུར་ལུང་བསྟན་དང༌། །བུ་མོ་དྲི་མེད་བྱིན་ལུང་བསྟན་ པའི་མདོར། །སངས་རྒྱས་མྱ་ངན་ལས་འདས་དེ་འོག་ཏུ། །ལོ་ནི་ཉིས་སྟོང་ལྔ་བརྒྱ་འདས་པ་ ན། །གདོང་དམར་ཡུལ་དུ་རྒྱལ་བསྟན་འབྱུང་ཞེས་པའི། །ལུང་བསྟན་དུས་སུ་ལེགས་བྱུང་དེ་ ལྟར་ན། །ཕྱོགས་མཚུངས་གོང་མ་ཆེན་པོའི་བཞེད་པ་བཞིན། །ཆ་ཙམ་འདིར་བརྗོད་དེ་ཡང་ སྟོན་པ་ཉིད། །མྱ་ངན་ལས་འདས་མི་ལོ་ཉིས་སྟོང་དང༌། །ལྔ་བརྒྱ་ལོ་གསུམ་ལྷག་པའི་དུས་ སྐབས་སུ། །བོད་ཡུལ་དུ་ནི་གཉའ་ཁྲི་བཙན་པོ་བྱུང༌། །རྒྱལ་པོའི་ཐོག་མ་དེའི་རབས་ཉེར་ དྲུག་ན། །རྒྱལ་པོ་ཐོ་ཐོ་རི་བྱུང་དེ་བཞུགས་གནས། །ཕོ་བྲང་ཡུམ་བུ་བླ་མཁར་ཐོག་སྟེང་དུ། །དཀོན་མཆོག་ཟ་མ་ཏོག་གི་མདོ་སྡེ་དང༌། །བྱང་ཆུབ་ཤེལ་གྱི་མཆོད་རྟེན་ཁྱད་མཚར་ཅན། །ཕྱག་རྒྱའི་དམ་ཁ་གསུམ་པོ་ནམ་མཁའ་ནས། །རང་བྱོན་ཚུལ་དུ་ལེགས་བབས་ངོ་མ་ཤེས། །དུས་ཕྱིས་ཁ་ཆེའི་ཡུལ་ནས་ཉེར་བྱོན་པ། །པཎྜི་ཏ་ནི་ལེགས་སྦྱིན་ཞེས་བྱ་བར། །རྒྱལ་པོས་ ཚུལ་དེ་དྲིས་ཀྱང་བརྡ་མ་འཕྲོད། །གང་ལྟར་མཐར་ནི་པཎྜི་ལེགས་སྦྱིན་གྱིས། །ཐུགས་ཀར་ ཐལ་མོ་སྦྱར་ནས་ལེགས་བརྡ་བྱས། །རྒྱལ་པོས་མཆོད་འོས་སུ་གོ་རྟེན་དེ་རྣམས། །གཉན་པོ་ 1-1-154 གསང་བ་ཞེས་བྱའི་མཚན་གསོལ་ནས། །གསེར་གཡུའི་ཁྲི་ལ་བཞུགས་གསོལ་མཆོད་བྱས་ པས། །རྒྱལ་རབས་བཅས་ལ་ལེགས་དགེའི་བཀྲ་ཤིས་བྱུང༌། །ཆོས་ཀྱི་དབུ་བརྙེས་རྒྱལ་པོ་ ནས་བཟུང་སྟེ། །རྒྱལ་རབས་ལྔ་སོང་མཚམས་སུ་གངས་ལྗོངས་ཀྱི། །མངའ་བདག་སྤྲུལ་རྒྱལ་ སྲོང་བཙན་སྒམ་པོ་བྱོན། །དེ་ཡང་ཕོ་བྲང་བྱམས་སྟེང་ཡབ་རྒྱལ་པོ། །གནམ་རི་སྲོང་བཙན་ ཡུམ་ནི་ཆེན་ཡུང་བཟའ། །འབྲི ་མ་ཐོད་དཀར་གཉིས་ཀྱི་སྲས་སུ་བལྟམས། །དེ་ཚེ་སྒྲ་དང་ འཇའ་འོད་མེ་ཏོག་ཆར། །ཡ་མཚན་ལྟས་བཟང་དང་བཅས་རྒྱལ་བུ་ཡང༌། །ཁྱེའུ་དཀར་རལ་ པའི་ཐོར་ཅོག་དང་ལྡན་པ། །བལྟམས་མ་ཐག་ནས་རྒྱལ་བུས་ཚིག་འདི་སྨྲས། །ཁ་བ་ཅན་ འདིར་ཆོས་མེད་སྙིང་རེ་རྗེ། །བདག་གི་ཕྲིན་ལས་རྒྱ་མཚོས་ཆོས་འདྲེན་བྱ། །ཞེས་གསུང་རྒྱལ་ འབངས་ཐམས་ཅད་ངོ་མཚར་སྐྱེས། །དེ་ནས་བློན་པོ་ཨ་ནུ་ར་མི་ཆུང༌། །ཡབ་ཡུམ་གཉིས་ལ་ སོགས་པས་མཐུན་སྣང་དུ། །རྒྱལ་བུའི་དབུ་ཐོག་ལྷ་ཞལ་དམར་ལམ་པ། །ཡང་ཡང་མཐོང་ ཞིང་དེ་ནས་རེ་ཞིག་ཚེ། །རྒྱལ་བུ་བསམ་གཏན་ལ་གནས་དུས་སྐབས་སུ། །སྟེང་དུ་སྣང་བ་ མཐའ་ཡས་ཕྱག་རྐྱོང་བཞིན། །བྱིན་རླབས་ལེགས་མཛད་གཡས་གཡོན་སྟེང་ཕྱོགས་སུ། །འཇམ་དཔལ་ཀུན་ཏུ་བཟང་པོས་བུམ་ཁྲུས་གསོལ། །ན་ཚོད་ཉུང་ཡང་ཐུགས་སྒམ་ཕྲིན་ལས་ རྒྱས། །ཤིན་ཏུ་གཞོན་སྐབས་རྒྱལ་པོར་དབང་བསྐུར་ཏེ། །ཕྱོགས་ཀྱི་རྒྱལ་མང་དག་གིས་ བཀུར་སྟི་བྱས། །མཚམས་ཤིག་ཐུགས་དགོངས་དམ་ཆོས་སྤེལ་སྙམ་སྟེ། །བློན་འབངས་ཡི་ གེའི་གྲལ་དུ་ལེགས་འཇུག་མཛད། །དེ་སྐབས་ཆོས་བློན་ཐོན་མི་སཾ་བྷོ་ཊས། །བོད་ཡིག་ བཟོས་ཤིང་སྒྲ་བསྒྱུར་ལ་མཁས་པས། །དེ་ཉིད་རྒྱ་གར་དུ་བཏང་དམ་པའི་ཆོས། །སྙིང་རྗེ་པད་ དཀར་ཟུང་དང་ཟ་མ་ཏོག །བཀོད་པ་ལ་སོགས་སྤྱན་གཟིགས་མདོ་རྒྱུད་སྐོར། །མང་བསྒྱུར་ བོད་ལ་ཆོས་ཀྱི་སྲོལ་བཟང་བཏོད། །དེ་ནས་རྣལ་འབྱོར་པ་དག་ལྷ་སྒོམ་ཚུལ། །ལེགས་ཤེས་ ཆེད་དུ་ཡི་དམ་སྐུ་གཟུགས་ཤིག །བཞེངས་དགོངས་དེ་ཡང་ས་རྡོས་བསོད་ནམས་ཆུང༌། །རིན་ 1-1-155 ཆེན་གྱིས་བྱས་མཐའ་མིས་རྩོད་པའི་གཞི། །དེ་བས་གང་ལེགས་སྙམ་ཚེ་ས་གའི་ཚེས། །བརྒྱད་ དུ་སངས་རྒྱས་སྨན་པའི་རྒྱལ་པོ་ཉིད། །ལྷའི་བུ་མང་པོས་བསྐོར་ནས་བྱོན་གསོལ་བ། །རྒྱ་ གར་ཤར་ཕྱོགས་སིང་གྷ་ལ་མཚོའི་འགྲམ། །བྱེ་མའི་གླིང་དུ་སོང་དང་དོན་མཆོག་འགྲུབ། །ཅེས་པའི་བཀའ་ལུང་ཇི་བཞིན་རྒྱལ་ཉིད་ཀྱིས། །སྨིན་མཚམས་ལས་ནི་ཆེད་དུ་སྤྲུལ་པ་ཡི། །དགེ་སློང་ཨ་ཀར་མ་ཏི་ཞེས་བྱ་བ། །སྤྲོས་ནས་རྒྱ་གར་མུ་སྟེགས་རྒྱལ་པོ་བཏུལ། །དེ་ནས་ སིང་གྷ་ལར་བྱོན་ས་བརྐོ ས་པས། །ཙན་དན་སྡོང་བོ་འདོམ་གསུམ་ཕྱུང་བ་གཤགས། །དེའི་ ནང་རང་བྱུང་བཅུ་གཅིག་ཞལ་གྱི་སྐུ། །རབ་དཀར་དྲི་བསུང་དཔག་ཚད་གསུམ་ཁྱབ་པ། །བྱོན་ པ་བཟུང་སྟེ་དེ་ནས་ལེགས་ཕེབས་པས། །མཆོད་རྟེན་པདྨའི་འཁོར་ལོ་ཅན་དུ་ཕྱིན། །དེར་ནི་ བྱིན་རྟེན་ཁྱད་པར་འཕགས་བཞུགས་པ། །འཁོར་བ་འཇིགས་དང་གསེར་ཐུབ་འོད་སྲུང་ཆེ། །ཤཱཀྱ་ཐུབ་པ་སངས་རྒྱས་རྣམ་བཞི་ཡི། །རིང་བསྲིལ་རྣམས་དང་ནཻ་རཉྫ་ཀླུང་གི །བྱེ་མ་རྒྱ་ མཚོའི་གླིང་འཇག་མ་ག་དྷའི། །བྱང་ཆུབ་ཤིང་མཆོག་ཀླུ་སྒྲུབ་ཕྱག་མཁར་དང༌། །རིན་ཆེན་ སྤྱན་འབྲས་རྟ་རྒྱལ་ངང་བ་ཡི། །མཆེ་བ་རྣམས་བླངས་སྤྱན་དྲངས་རྒྱལ་ལ་ཕུལ། །སེམས་ དཔའ་སྤྱན་རས་གཟིགས་དབང་ཆོས་རྒྱལ་དེས། །སྤྲུལ་བའི་དགེ་སློང་ཐུགས་ཀར་བསྡུས་ ནས་ཀྱང༌། །ཡི་དམ་འཕགས་པ་ཐུགས་རྗེ་ཆེན་པོའི་སྐུ། །བཅུ་གཅིག་ཞལ་ཅན་བཞེངས་པའི་ ཆ་རྐྱེན་བསྒྲིགས། །དེ་ནས་རྒྱལ་པོ་བློན་ཆེན་གཉིས་དང་བཅས། །སྐྱིད་ཤོད་ལ་ཕེབས་དུས་ སུ་ཀྱི་ར་ཡི། །ཡང་འཕྲང་དུ་ནི་མ་ཎི་རང་བྱོན་གཟིགས། རྒྱལ་པོས་ཙན་དན་རང་བྱུང་ འཕགས་སྐུ་ལ། །གསོལ་བ་བཏབ་པས་ལྷ་དེའི་སྨིན་མཚམས་ནས། །ལེགས་འཕྲོས་འོད་ཟེར་ པད་དཀར་ཕྲེང་ལྟ་བུ། །གཅིག་ནི་ནུབ་དང་ཨུཏྤལ་མཐིང་ཀ་ལྟར། །གཅིག་ནི་ཤར་གྱི་ཕྱོགས་ སོང་འོད་བསྐུལ་དེས། །བལ་ཡུལ་རྒྱ་ནག་རྒྱལ་པོ་རྣམ་གཉིས་ཀྱི། །སྲས་མོ་ཟུང་ནི་སྤྲུལ་པའི་ རྒྱལ་ཁབ་ཏུ། །ཁྲོ་གཉེར་སྒྲོལ་མ་དེ་གཉིས་བཙུན་མོའི་ཚུལ། །སེམས་དཔའ་སེམས་མ་ཟུང་ 1-1-156 འཇུག་འགྲོ་དོན་ཆེད། །གདུལ་བྱའི་བསོད་ནམས་ཞིང་དུ་ལེགས་འཛོམ་རྟགས། །ཐོག་མར་ དགོངས་པས་གཟིགས་ཤིང་རྒྱལ་པོ་ཡིས། །ཆོས་བློན་མགར་དང་ཐོན་མི་རྣམ་གཉིས་ལ། །འདི་སྐད་བལ་ཡུལ་ཡམ་བྷུ་གྲོང་ཁྱེར་དུ། །རྒྱལ་པོ་འོད་ཟེར་གོ་ཆའི་བུ་མོ་ནི། །ཁྲི་བཙུན་ ཞེས་བྱ་སྐུ་མདོག་དཀར་གསལ་མདངས། །ཁ་ནས་ཨུཏྤལ་དྲི་བྲོ་ལོ་ཚད་ཀྱང༌། །བཅུ་དྲུག་ ལོན་ཅིང་རིན་ཆེན་མཛོད་བརྙེས་ཤིང༌། །ཁྲོ་གཉེར་འོད་ཟེར་ཅན་གྱི་སྤྲུལ་པ་དང༌། །རྒྱ་ནག་ ཡུལ་གྱི་ཀེང་ཤའི་གྲོང་ཁྱེར་དུ། །རྒྱལ་པོ་ཀོང་ཙེའི་བུ་མོ་ཨོ་ཅུང་ངམ། །ཀོང་ཇོ་ཞེས་བྱ་སྐུ་ མདོག་སྔོ་མདངས་ལ། །བཅུ་དྲུག་ལོ་ལོན་རིག་གནས་ཆོས་ལ་དབང༌། །སྒྲོལ་མ་ལྷ་མོའི་རྣམ་ འཕྲུལ་དུ་བཞུགས་པ། །བུ་མོ་དེ་གཉིས་བཙུན་མོར་སྤྱན་དྲངས་ཐབས། །མཛོད་ཅེས་བསྒོ་བ་ ཇི་བཞིན་ཆོས་བློན་ཆེ། །ཐོན་མིས་གཙོ་མཛད་ཕོ་ཉ་རྟ་པ་བརྒྱ། །ཆེད་མངགས་གསེར་གྱི་དུང་ ཙེ་བརྒྱ་དང་ནི། །གསེར་ཁྲབ་གཅིག་བཅས་འབུལ་བ་དང་བཅས་ཏེ། །བལ་བོའི་ཡུལ་ཕྱིན་ གཞི་མགྲོན་ཕན་ཚུན་གྱིས། །ཞུ་བ་ཞུས་ལན་མང་མཛད་དེ་ལུགས་ལྟར། །བུ་མོ་བསླངས་སྦྱིན་ ལེགས་གྲུབ་ཚུར་འོང་ཁར། །ཡབ་རྗེ་རྒྱལ་པོས་བུ་མོ་ལ་གནང་སྦྱིན། །མཆོད་གནས་མི་ བསྐྱོད་རྡོ་རྗེ་བྱམས་པ་དང༌། །སྒྲོལ་མ་ལ་སོགས་མཁོ་དགུའི་ལོངས་སྤྱོད་ཀྱིས། །རྫོངས་ བཅས་ལྷ་མོ་བཞོན་པ་ལ་བསྐྱོན་ནས། །གླང་པོ་རྟ་སོགས་ལ་ནི་རྟེན་རྣམས་བཀལ། །ཁྱད་ པར་རིན་ཆེན་གླང་ཁལ་བདུན་དང་བཅས། །བོད་ཀྱི་ས་མཚམས་སུ་ནི་ལེགས་པར་བསྐྱལ། །དེ་ནས་མགར་གྱིས་དབུ་མཛད་རྟ་པ་བརྒྱ། །མངགས་པས་གསེར་གྱི་དུང་ཙེ་བརྒྱ་ཕྲག་དང༌། །ལྔ་བཅུས་ལྷག་པ་བང་མི་བདུན་དང་བཅས། །བཻ་ཌཱུར་རྨོག་རྣམས་འབུལ་ཡོན་ལེགས་བཟུང་ སྟེ། །རྒྱ་ཡུལ་དུ་ཕྱིན་ཞུ་བ་ཞུ་ལན་གྱིས། །བུ་མོ་སློང་བའི་བསམ་དོན་གྲུབ་པ་ན། །རྒྱ་རྗེ་ཡབ་ གྱིས་གནང་སྦྱིན་ཆོས་སྲི ད་ལ། །ཉེར་མཁོ་རྟེན་སྐལ་ཤཱཀྱ་མུ་ནེས་གཙོས། །རྒྱ་ཆོས་གཙུག་ ལག་གང་མང་གོས་དར་དང༌། །རིན་ཆེན་སྣ་ཚོགས་གླང་ཁལ་ཆེས་མང་པོ། །བཅས་ཏེ་བཙུན་ 1-1-157 མོར་རྫོང་སྐབས་རྟེན་སྐལ་མཆོག །གང་དང་རྒྱལ་པོའི་སྲས་མོ་དེ་གཉིས་ཀྱང༌། །ཤིང་རྟ་སོ་ སོས་དྲངས་ཏེ་ལྷ་ཀླུ་དགའ། །བཙུན་མོའི་གཡོག་མོ་དམ་པ་ཆེ་བཞི་དང༌། །བུ་མོ་ཉེར་གཅིག་ ལོ་ལོན་ལྔ་བརྒྱ་དང༌། །བཅུ་དྲུག་ན་ཚོད་དང་ལྡན་ལྔ་བཅུའི་གྲངས། །ཁལ་རྟ་མང་བཅས་རིམ་ གྱིས་ལེགས་པར་བྱོན། །དེ་ལྟར་བལ་བཟའ་བཙུན་མོ་སྔ་མའི་ཚུལ། །སྟོབས་འབྱོར་མངའ་ ཐང་ཆེ་བས་དགའ་བསུ་བྱས། །དེ་རྗེས་བཙུན་མོ་ཕྱི་མ་ཕོ་བྲང་དུ། །ཕྱིན་སྐབས་རྒྱལ་པོས་ སྤྲུལ་པར་རབ་བཀྱེ་སྟེ། །རྔ་བརྡུངས་བ་དན་ཐོགས་ཤིང་དུང་འབུད་པ། །སྤོས་ཐོགས་འཁར་ རྔ་རྡུང་བ་སྟོང་ཕྲག་རེ། །སྤྲུལ་ནས་ཆེ་བསུའི་སྐབས་སུ་ཕོ་བྲང་གི །སྒོ་བཞིར་དུས་གཅིག་ཀོང་ ཇོ་བཞི་བྱོན་མཐོང༌། །སྤྲུལ་པའི་རྒྱལ་པོ་གང་གི་མཛད་སྒོ་ལས། །ཁ་བ་ཅན་དུ་ཆོས་སྣ་འདྲེན་ པའི་སླད། །ས་ལ་བྱིན་འབེབས་མཐའ་འདུལ་ཡང་འདུལ་གྱི། །ངོ་མཚར་གཙུག་ལག་ཁང་ནི་ མང་བཞེངས་ཤིང༌། །ཡང་སྒོས་སུ་ནི་བལ་བཟའ་ཁྲི་བཙུན་གྱིས། །གཙུག་ལག་ཁང་བཞེངས་ རྩོམ་ཕྱིར་ཀོང་ཇོ་ལ། །གསེར་ཕྱེ་བྲེ་གང་ཕུལ་ནས་ས་དཔྱད་ཞུས། །དེ་ལ་རྒྱ་བཟའ་ཀོང་ཇོའི་ ཕྱག་གཡོན་པས། །ཁྲི་བཙུན་ལག་འཇུས་གཡས་པས་དངུལ་དཀར་གྱི། །རྟ་ལྕགས་ཚིགས་ གསུམ་འོ་ཐང་མཚོ་ལ་གཏད། །ཞལ་གསུང་ས་དཔྱད་ལྷ་སའི་ཕྱོགས་བཞི་ནི། །ཤར་ཕྱོགས་ ལྷུང་བཟེད་མཛེས་འཕྲུལ་ལྷོ་ཕྱོགས་སུ། །གསེར་གྱི་མཆོད་རྟེན་དང་འདྲ་ནུབ་ཀྱི་ཕྱོགས། །མན་འཇིལ་དུང་ཕོར་མཚུངས་ཤིང་བྱང་ཕྱོགས་སུ། །པདྨ་ཁ་ཕྱེའི་རིགས་འདྲ་འོ་ཐང་མཚོ། །གཞི་རྟེན་གྱིས་དང་དགེ་འདུན་རྒྱ་མཚོ་འདུ། །སྟེང་འོག་འཁོར་རྩིབས་པད་འདབ་རྒྱས་འདྲ་ བས། །ཕྱི་རབས་ཡོན་ཏན་ཆེས་མང་འབྱུང་བའི་རྟགས། །གཞན་ཡང་ས་རྡོའི་སློང་མང་དེ་དག་ ཀྱང༌། །ང་ཡི་རྟེན་མཆོག་བྱིན་གྱིས་ཉམ་ང་མེད། །ཅེས་གསུངས་རྣམས་ཀྱང་བལ་མོ་ཁྲི་བཙུན་ གྱིས། །མངའ་བདག་རྗེ་ལ་སྨྲས་པས་རྒྱལ་བོ་ཡིས། །ཙན་དན་ཐུགས་རྗེ་ཆེན་པོར་གུས་ གསོལ་བཏབ། །ལྷ་སྐུའི་ཐུགས་ལས་འོད་ཟེར་གསེར་བཟང་མདོག །རྡོ་རྗེ་ལྟ་བུ་འོ་ཐང་མཚོ་ 1-1-158 སྟེང་འཕྲོས། །དྲ་བ་དྲྭ་ཕྱེད་དུ་ཁྱབ་འོད་ཟེར་རེའི། །སྟེང་ལ་ཤིང་ལེབ་རེ་རྐྱང་གདུང་སྣ་གཏད། །དེ་སྟེང་ཁྲོ་ཆུའི་གཡའ་བཀྲམ་སོ་ཕག་དང༌། །སྤང་ལེབ་རྡོ་གཅལ་བསྒྲིགས་ནས་དེ་སྟེང་དུ། །ས་བཟང་ར་ལ་བཀལ་ནས་རིམ་པར་བརྫང༌། །སྟེང་དེར་ལྷ་ཁང་རྒྱ་གར་ལོགས་ཚད་བཏིང༌། །དེ་ནས་རྒྱལ་པོས་སྤྲུལ་བཀོད་ལས་བྱེད་པ། །ས་རྡོ་གཅོག་ཅིང་ཤིང་གཏུབ་ཆུ་ལེན་པ། །རྡོ་ བླང་འདམ་བསྒྱུར་ལས་བྱེད་ལྔ་སྟོང་གིས། །ར་ས་འཕྲུལ་སྣང་གཙུག་ལག་ཁང་བརྩིགས་ཚེ། །སྤྲུལ་བའི་བཟོ་བོ་བརྒྱ་ཕྲག་ཅིག་ཆར་དུ། །བཟོ་ལས་བྱེད་སྐབས་གཡོག་མོ་འཇང་བཟའ་ལ། །རྒྱལ་པོར་གསོལ་བ་བསྐུར་ནས་བཟོ་གྲལ་སོང༌། །བཟོ་སྤྲུལ་རྒྱལ་པོ་གང་ཡིན་ངོ་མ་ཤེས། །དབུས་སུ་དར་དམར་སྐྲ་ཆིངས་ཅན་ཡོད་པ། །དེས་སྨྲས་གསོལ་འདྲེན་མ་ནུས་བཞག་ཆོག་ གསུངས། །གཡོག་མོས་དེ་བཞིན་བྱས་ནས་སོང་རྗེས་སུ། །སྤྲུལ་གཞིའི་བཟོ་རྒྱལ་སྤྱན་ཟུར་ དེ་ལ་གཟིགས། །སྟེལ་གྱི་ཁ་འཕྱར་སེང་གེའི་སྣ་གཞོག་སྐབས། །བཟོ་གཞན་ཐམས་ཅད་དེ་ མཐུན་སྣ་ལྷན་བཅད། །དེ་འདྲའི་སྤྲུལ་བཟོའི་བཀོད་ཆེན་མང་མཛད་ནས། །ཉི་མ་གཅིག་ཏུ་ བཟོ་ལས་ཐམས་ཅད་ཚར། །ཚུལ་དེས་ར་སའི་གཙུག་ལག་ཁང་རྫོགས་གྲུབ། །དེ་ནས་རྒྱལ་ པོ་ཡི་དམ་སྐུ་གཟུགས་མཆོག །བཞེངས་འདོད་སྔར་ནས་ཡོད་པ་དེར་བསྟུན་སྒོས། །བལ་ བོའི་ལྷ་བཟོ་བོས་ནས་སྔར་སྙེད་ཀྱི། །སྐུ་གཟུགས་བཞེངས་རྒྱུ་ཀུན་བསགས་གླང་པོ་ཆེའི། །འོ་མས་སྤོས་ཀྱི་ལྡེ་གུ་ལེགས་བྱས་ཏེ། །སྟ་གོན་དུ་བཞག་ནམ་གྱི་ཐོ་རེངས་སུ། །རྒྱལ་པོའི་ ཐུགས་སྣང་ལ་ནི་སངས་རྒྱས་ཀུན། །སྐུ་ལས་འོད་ཟེར་བཏང་སྟེ་ལྡེ་གུར་ཐིམ། །གཟིགས་ སྣང་དེ་འདྲས་ནངས་པར་ནམ་ལངས་སྐབས། །རྒྱལ་པོ་ལྷ་བཟོ་དང་བཅས་དེར་བྱོན་ཚེ། །སྐུ་ གཟུགས་རྒྱུ་རྣམས་བཅུ་གཅིག་ཞལ་དུ་གྱུར། །དེ་ཡང་ཕྱག་བརྒྱད་རྩ་ཞལ་དཀར་པོ་གསུམ། །སྟེང་ཐོག་རིམ་བརྩེགས་ཞལ་སེར་གསུམ་སྟེང་དུ། །ཞལ་དམར་གཉིས་སྟེང་ཁྲོ་ཞལ་ནག་པོ་ གཉིས། །དེ་སྟེང་འོད་དཔག་མེད་ཀྱི་ཞལ་གཅིག་པ། །སྐུ་མདོག་པུཎྜ་རི་ཀའི་མདོག་ལྟར་ 1-1-159 གྲུབ། །དེ་སྐབས་རྒྱལ་པོས་ལྷ་བཟོ་ལ་སྨྲས་པ། །སྐུ་གཟུགས་ལེགས་གྲུབ་བཟང་ཡང་ཙན་སྐུ་ དང༌། །རིང་བསྲིལ་རྟེན་མཆོག་སྙིང་པོར་མ་བཅུག་འགྱོད། །ཅེས་གསུངས་ཚེ་ན་ལྷ་བཟོས་ ལན་གསོལ་བ། །འཕགས་པའི་སྐུ་གཟུགས་ངས་བཟོས་མ་ལགས་ཏེ། །རང་བྱུང་དྲི་མེད་འགྲོ་ བའི་མགོན་དུ་གྱུར། །ཞེས་གསོལ་དེ་མ་ཐག་ཏུ་ཙན་སྐུ་སོགས། །ནང་རྟེན་ཐམས་ཅད་ལྷ་སྐུའི་ ཐུགས་ཀར་ཐིམ། །དེ་ནས་རྒྱལ་པོའི་ཐུགས་དགྱེས་ནངས་པར་དུ། །ལྷ་ཁང་རྣམས་སུ་བྱོན་ སྐབས་དབུས་ཁང་དུ། །སངས་རྒྱས་མི་འཁྲུགས་ཞལ་གཟིགས་ཆོས་མང་གསན། །དེ་བཞིན་ གཡས་སུ་སྣང་མཐའ་གཡོན་བྱམས་པ། །ཞལ་གཟིགས་ཆོས་ཞུས་ལྷ་ཁང་ལྷོ་ཕྱོགས་སུ། །བྱོན་སྐབས་མི་བསྐྱོད་གནོད་སྦྱིན་ཕོ་མོར་གཟིགས། །སང་ཉིན་སྐུ་འདྲ་འདིར་སྤྱན་དྲངས་ དགོངས་ནས། །སྒོ་བྱོན་ཚེ་ན་ཀླུ་རྒྱལ་ཨུཏྤ་ལ། །དེ་འཕྲད་ཀླུས་སྨྲས་ཁྱོད་ཀྱི་གནས་འདི་གང༌། །ལོ་སྟོང་བར་དུ་ངས་སྐྱོབས་ཞེས་ཟེར་ཅིང༌། །གནོད་སྦྱིན་ནཱ་ག་ཀུ་བེ་ར་སླེབས་ནས། །དེས་ ཀྱང་མེ་ཡི་འཇིགས་ལས་ངས་སྐྱོབས་ཟེར། །གནས་དེར་མགོན་པོ་ལྕམ་དྲལ་གཉིས་མཇལ་ སྐབས། །ཁོང་གཉིས་ཆུ་འཇིགས་ལས་སྐྱོབས་དམ་བཅའ་ཕུལ། །དེ་ལྟར་རྒྱལ་པོས་མཇལ་ བའི་ལྷ་དེ་དག །བྲི ས་སྐུ་རི་མོའི་ལམ་དུ་ལེགས་བཞེངས་ཤིང༌། །ར་སའི་གཙུག་ལག་ཁང་དུ་ ཡི་དམ་གྱི། །སྐུ་གཟུགས་སྤྱན་དྲངས་མཆོད་གནས་མཆོག་བཞུགས་གསོལ། །མ་འོངས་དགེ་ འདུན་སྐྱེ་བོ་མང་འཚོགས་བརྡ། །དེ་ནས་སྤྲུལ་པའི་ཆོས་རྒྱལ་གང་དེ་ཉིད། །རྒྱ་སོག་འདུལ་ ཕྱིར་བྱོན་ཤུལ་ཁྲི་བཙུན་གྱིས། །ཕ་ཡུལ་ཕྱོགས་བོས་གཙུག་ལག་འོག་ཁང་ལ། །དཔེ་བླངས་ སྟེང་ཁང་བཟོ་ཁྱད་ཆེས་འཕགས་པ། །ཀུན་ནས་རབ་བསྐྲུན་བཅུ་གསུམ་ལོ་བར་མཛད། །མཚམས་དེར་རྒྱལ་པོ་བྱོན་ནས་སྟེང་ཁང་གཟིགས། །ཞལ་ནས་འདི་ཡང་འཕྲུལ་དུ་སྣང་ཞེས་ གསུང༌། །དེ་ཕྱིར་གཙུག་ལག་ཁང་བཟང་ཡ་མཚན་པ། །ཀུན་ནས་ངོ་མཚར་འཕྲུལ་གྱི་སྣང་བ་ ཅན། །མིང་དོན་མཚུངས་པའི་སྙན་པ་ཕྱོགས་སུ་ཁྱབ། །མཚམས་ཤིག་ལི་ཡུལ་ཕྱོགས་ཀྱི་དགེ་ 1-1-160 སློང་གཉིས། །ལོ་ནི་བཅུ་གཉིས་བར་དུ་འཇམ་དཔལ་བསྒྲུབ། །གང་མ་འགྲུབ་པས་ཡིད་ཆད་ བྱུང་བ་ན། །ནུབ་ཅིག་རྨི་ལམ་ངང་ནས་ཞལ་གསུང་བྱུང༌། །ང་དང་ལས་འབྲིལ་འདིར་མེད་ བོད་ཕྱོགས་སུ། །སོང་དང་དེ་ན་སྤྱན་གཟིགས་སྤྲུལ་པ་ཡི། །ཆོས་རྒྱལ་སྲོང་བཙན་སྒམ་པོ་ བཞུགས་ཡོད་པས། །གདུལ་བྱར་དེར་གྱུར་ན་ནི་ལེགས་དོན་འབྱུང༌། །ཞེས་པའི་ལུང་བསྟན་ བྱུང་ལྟར་བོད་དུ་ཕྱིན། །རྒྱལ་ཁབ་ལྕགས་རིའི་གད་ཁ་ལ་ཐོན་ཚེ། །སེམས་ཅན་མང་ལ་ཆད་ གཅོད་བྱེད་པ་མཐོང༌། །དེར་བརྟེན་དེ་གཉིས་དད་ལོག་ཕྱིར་ལ་སོང༌། །ཚུལ་དེ་རྒྱལ་པོས་ མཁྱེན་ནས་བཀའ་བྱུང་བ། །བློན་པོ་བསེ་རུ་གུང་སྟོན་རྟ་ལ་བསྐྱོན། །དགེ་སློང་གཉིས་ནི་ང་ ལ་དད་ལོག་བྱས། །སྟོད་ལུང་ཕྱོགས་སུ་འབྲོས་པ་མྱུར་ནས་ཁུག །ཅེས་བསྒོ་བཞིན་དུ་བློན་ གྱིས་དེ་བྱས་ནས། །དགེ་སློང་གཉིས་པོ་རྒྱལ་པོའི་དྲུང་དུ་གཏད། །སྤྲུལ་རྒྱལ་གང་དེས་དེ་ གཉིས་ལ་སྨྲས་པ། །ཁྱོད་གཉིས་སྐྲག་འཇིགས་མ་བྱེད་ང་རང་ནི། །སྤྱན་གཟིགས་སྤྲུལ་པ་ རྒྱལ་པོའི་ཚུལ་དུ་འདུག །ཟག་མེད་དངོས་གྲུབ་ཅི་འདོད་སྨོས་དང་འགྲུབ། །ཅེས་གསུངས་ཚེ་ ན་དགེ་སློང་དེ་གཉིས་ཀྱིས། །སྐད་འདར་སྐྲག་སྔངས་དང་བཅས་འདི་ལྟར་ཟེར། །ཁོ་གཉིས་ མགོན་མེད་གླིང་འཁྱམས་དངོས་གྲུབ་གཞན། །ཅི་ཡང་མི་འདོད་རང་ཡུལ་ཁོ་ནར་སེམས། །ཅེས་ཟེར་སྐབས་སུ་རྒྱལ་པོས་དགེ་སློང་གཉིས། །འཕྲུལ་སྣང་བྱང་ཕྱོགས་ཕག་ཅིག་ཏུ་ཁྲིད་ ནས། །རང་གིས་དབུ་ཡི་དར་ཐོག་བཀྲོལ་བྱས་ཏེ། །འོད་དཔག་མེད་ཀྱི་ཞལ་བཟང་ལེགས་ བསྟན་ཀྱང༌། །དེ་གཉིས་མ་དད་བྱ་ཐབས་བྲལ་བ་ན། །རྒྱལ་པོས་དེ་གཉིས་འཕྲུལ་སྣང་ནུབ་ སྒོར་ཁྲིད། །ཞལ་ནས་ད་ནི་ང་ཡི་རྐང་པ་ལ། །ཁྱོད་གཉིས་འཇུས་ཏེ་རང་ཡུལ་ཡིད་ལ་གྱིས། །ཞེས་གསུངས་དེ་མ་ཐག་ནས་རྣལ་དུ་སོང༌། །སད་ཙམ་ཉིད་དུ་རང་ཡུལ་སྒོ་གར་ཐོན། །སྐབས་དེར་སྔར་གྱི་ཚུལ་ལ་འགྱོད་སྐྱེད་སྐད། །གཞན་ཡང་ཁྲ་འབྲུག་མཆོད་རྟེན་དབུ་ལྔ་ པར། །དགེ་སློང་ཞིག་གིས་རྫུ་འཕྲུལ་བཀོད་བསྟན་ཏེ། །མཆོད་རྟེན་དེའི་སྟོང་ནམ་མཁར་ 1-1-161 དགེ་སློང་འཕགས། །བསྐོར་བ་དང་བཅས་མཆོད་རྟེན་ཕྱག་གིས་བླངས། །རྒྱལ་པོར་བྱིན་ རླབས་མཛད་པའི་ཆེ་བ་བསྟན། །དེ་སྐབས་རྒྱལ་པོས་དབུ་ཡི་ལྭ་ཐོད་ནས། །འོད་དཔག་མེད་ ཞལ་བསྟན་ཚེ་དགེ་སློང་དེས། །བྲང་ཁ་ཕྱེས་ནས་གསང་བ་འདུས་པ་ཡི། །ལྷ་ཚོགས་བཞི་ བཅུ་རྩ་གཉིས་ལེགས་བསྟན་སྐབས། །རྒྱལ་པོ་སྤྱན་རས་གཟིགས་དབང་བཅུ་གཅིག་ཞལ། །ཕྱག་སྟོང་སྤྱན་སྟོང་དངོས་སུ་བཞེངས་མཛད་ནས། །སྐུ་ལས་འོད་ཟེར་ཕྱོགས་ཀུན་ཁྱབ་པ་ འཕྲོས། །ངོ་མཚར་ཆོ་འཕྲུལ་རོལ་གར་ཅིར་ཡང་མཛད། །དེ་སོགས་གསང་གསུམ་མཛད་ བཟང་བསམ་མི་ཁྱབ། །ཡ་མཚན་སྤྲུལ་པས་གངས་ལྗོངས་འདི་ཉིད་དུ། །གདུལ་བྱ་རྫོགས་ པར་དེར་གནས་འགྲོ་མང་བསྐྱངས། །མཐར་ནི་དཔྱིད་ཟླ་ར་བའི་ཚེས་བཅུ་ལ། །ར་སའི་གློ་ འབུར་བྱང་གི་འཕགས་པའི་དྲུང༌། །རྒྱལ་པོ་ཡབ་ཡུམ་གསུམ་བྱོན་ཞལ་གསུངས་ལས། །དེ་ རིང་ལྷ་རྟེན་རྣམས་ལ་རབ་གནས་བྱེད། །སྣ་ཆེན་བློན་རྣམས་ཡོ་བྱད་སྟ་གོན་མཛོད། །ང་ཡི་སྐུ་ སྲུང་ལེགས་པར་གྱིས་ཤིག་གསུངས། །དེ་སྐབས་རྒྱལ་པོའི་སྐུ་ཡི་གཡས་གཡོན་དུ། །ཁྲི་ བཙུན་ཀོང་ཇོ་བཞེངས་བཞུགས་མཛད་པའི་ཚེ། །ཁྲི་ལྕམ་སྒོ་ཐེམ་ཁར་བཞེངས་བློན་རྣམས་ ཀྱང༌། །ཐེམ་པའི་ཕྱིར་འགྲེང་དེ་དག་གིས་སྨྲས་པ། །རང་རང་ཉེ་བ་རྣམས་མཇལ་འདོད་ཚུལ་ བརྗོད། །ཐམས་ཅད་ལ་ནི་རྒྱལ་པོས་ཞལ་བཀའ་གནང༌། །ང་ཡི་ཡི་དམ་ཐུགས་རྗེ་ཆེན་པོ་ལ། །ཀུན་གྱིས་བྱིན་རླབས་ཞུས་ཤིང་གསོལ་བ་ཐོབ། །མཆོད་པ་དུས་སུ་མ་ཆག་ཕྱི་མའི་དུས། །ཁ་ བ་ཅན་འདིར་གདུང་རབས་ལྔ་ཉིད་ན། །ལྷའི་མིང་རྒྱལ་པོ་འབྱུང་བས་ཆོས་རྒྱས་བྱེད། །དེ་ ནས་གདུང་རབས་གཉིས་ན་དུད་འགྲོའི་མིང༌། །རྒྱལ་པོ་འབྱུང་བས་དམ་ཆོས་སྣུབ་པར་བྱེད། །དེ་ནི་གྲིར་འཆི་ཕྱི་མར་དམྱལ་བར་འགྲོ། །བོད་འདིར་དམ་ཆོས་མེ་སྟག་ཙམ་གྱུར་སྐབས། །སླར་གསལ་དད་ཅན་མང་འབྱུང་རྟེན་ལ་མཆོད། །ད་ནི་ང་ཡི་དམ་ཆོས་ཟླ་སྒྲོན་མེ། །དཀོན་ མཆོག་སྤྲིན་དང་པད་དཀར་མྱང་འདས་མདོ། །ལས་རྣམ་འབྱེད་དང་ལྔ་པོ་བློན་རྣམས་ལ། 1-1-162 །ལེགས་པར་གཏད་ཀྱི་མ་འོངས་ཕྱི་མའི་དུས། །ཆོས་ཀྱི་རྒྱལ་པོ་གང་བྱུང་དག་ལ་གཏོད། །ཅེས་གསུངས་ཡབ་ཡུམ་རྣམ་གསུམ་ཞལ་ཕྱིར་ལོག །རྒྱལ་པོས་ཕྱག་ནི་གཡས་གཡོན་ ལེགས་བརྐྱངས་ཏེ། །བཙུན་མོ་གཉིས་ཀྱི་དབུ་ལ་བཞག་མ་ཐག །ཁྲི་བཙུན་ཀོང་ཇོ་ཟུང་ཡང་ གནས་གྱུར་ཏེ། །པདྨ་དཀར་དང་ཨུཏྤལ་མཐིང་གར་གྱུར། །དེ་ནས་རྒྱལ་པོ་གང་ཉིད་དགུངས་ གྲངས་ནི། །བརྒྱད་ཅུ་རྩ་བཞི་ལ་སླེབས་ཤིང་སྟག་ལོའི། །རྟ་ཟླའི་ཚེས་བཅུའི་སྔ་དྲོ་དེ་ཉིད་དུ། །རང་བྱུང་བཅུ་གཅིག་ཞལ་གྱི་ཐུགས་ཀར་ཐིམ། །དེ་དང་ལྷན་ཅིག་བཙུན་མོ་རྣམ་གཉིས་ ཀྱང༌། །རང་བྱུང་རྟེན་གྱི་ནུ་མ་གཡས་གཡོན་དུ། །ཐིམ་པས་ཤུལ་འདུག་བློན་རྣམས་མྱ་ངན་ གྱིས། །ནོན་བཞིན་ལུས་ནི་འགྲེ་ལྡོ ག་སྨྲེ་སྔགས་འདོན། །དེ་ཚེ་རང་བྱུང་རྟེན་གྱི་ཐུགས་ཀ་ ནས། །རྒྱལ་པོས་སླར་ཞལ་བསྟན་ཅིང་གསུང་འབྱོན་ཏེ། །འདུས་བྱས་མི་རྟག་ལུས་ལ་སྙིང་པོ་ མེད། །ནམ་འཆི་ཆ་མེད་གཟུགས་ཕུང་གཟུགས་བརྙན་ལྟར། །རྟོགས་པར་གྱིས་ལ་མྱ་ངན་མ་ བྱེད་གསུང༌། །དེ་ནས་རྟེན་གྱི་ནུ་གཡས་ཁྲི་བཙུན་གྱིས། །ཞལ་བསྟན་འདི་སྐད་ཚེ་ལ་ངེས་པ་ མེད། །འཆི་རྐྱེན་མང་ཞིང་རིང་གནས་ག་ལ་རུང༌། །གཟུགས་ཕུང་སྒྲ་བརྙན་ལྟ་བུར་རྟོགས་ དགོས་གསུང༌། །དེ་ནས་རྟེན་གྱི་ནུ་གཡོན་ཀོང་ཇོ་ཡིས། །ཞལ་བསྟན་འདི་སྨྲས་ལས་དབང་ འཆི་བའི་ཚེ། །ནོར་དང་གཉེན་འབྲིལ་སྟོབས་ཤེད་གང་གིས་ཀྱང༌། །བསླུ་བར་མི་ནུས་ གཟུགས་ཕུང་སྒྱུ་མ་ལྟར། །རྟོགས་པར་མཛོད་ལ་ཅི་བདེར་གནས་དགོས་གསུང༌། །གང་ གསུང་འབྱོན་རྗེས་རྒྱལ་པོ་ཡབ་ཡུམ་རྣམས། །རིམ་པར་སླར་ཡང་སོ་སོར་མི་སྣང་གྱུར། །དེ་ ནས་རེ་ཞིག་ཕྱོགས་གཞན་ནས་འོང་བའི། །ཆོས་བློན་ཐོན་མིས་རྟེན་དྲུང་སྨྲེ་སྔགས་ཞུས། །འདི་སྐད་སྤྲུལ་པའི་རྒྱལ་པོའི་ཐུགས་ཀྱིས་དགོངས། །ད་ལྟ་ཁྱོད་མི་བཞུགས་ཤིང་བདག་ ཅག་བསྐྱུར། །སྔོན་ཆད་བལ་པོར་ཁྲི་བཙུན་བསླངས་བའི་སྐབས། །བདག་གིས་སྡུག་བསྔལ་ ཁུར་ཅིང་ལྷ་ཁྱོད་ཞལ། །གཏུམ་ལྡན་གཞན་མཐོང་ཙམ་གྱིས་བྱམས་སེམས་ལྡན། །ཁྱེད་འདྲ་ 1-1-163 རབ་དཀོན་དེང་ཆར་ཡབ་ཡུམ་གཤེགས། །བདག་ཅག་སྟོང་པར་ལུས་ཤིང་ད་ཕན་ཆད། །མ་ འོངས་གནས་འདིར་རྒྱལ་པོ་བསྟན་འཛིན་ཚོགས། །གཙུག་ལག་ཁང་དང་དམ་ཆོས་དར་ནུབ་ སོགས། །ཇི་ལྟར་འབྱུང་ཚུལ་སྒྲིབ་མེད་ལུང་བསྟན་མཛོད། །ཅེས་སོགས་དེ་སྐད་གསོལ་ཚེ་ རྒྱལ་པོའི་སྐུ། །མི་སྣང་འཕགས་སྐུའི་སྟོད་ནས་གསུང་བྱུང་སྟེ། །འདི་སྐད་ཆོས་ལོངས་སྐུ་ལས་ འབད་མེད་པར། །གསུང་སྒྲ་ལེགས་འཆར་ཀུན་གྱིས་གསོལ་བ་ཐོབ། །ཁ་བ་ཅན་འདིར་ འཕགས་པས་རབ་བསྔགས་ཤིང༌། །ཁྱད་པར་འཕྲུལ་སྣང་དུ་ནི་སེམས་དཔའི་ཚོགས། །མང་ འབྱུང་ང་ནས་གདུང་རབས་ལྔ་པ་ན། །བྱངས་སེམས་རྒྱལ་པོ་ཁྲི་སྲོང་མཚན་ཅན་འབྱུང༌། །དེས་ནི་མཐའ་འཁོབ་རྒྱལ་མང་དབང་དུ་བསྡུས། །ཆོས་གཞི་མང་བརྩིགས་ལོ་པཎ་སྤྱན་ དྲངས་ནས། །དམ་ཆོས་མང་བསྒྱུར་སྦྱངས་བརྩོན་ཅན་ཡང་མང༌། །བསྟན་པ་མཐའ་རྒྱས་བོད་ འབངས་བདེ་ཞིང་སྐྱིད། །དེའི་སྲས་མུ་ནེ་བཙད་པོ་སེམས་དཔའི་རིགས། །ལེགས་འབྱུང་དེས་ ཀྱང་རྒྱལ་ཁྲིམས་ཡང་དག་སྐྱོང༌། །དེ་ནས་རལ་མིང་ཅན་གྱིས་ཆོས་རྒྱས་བྱེད། །མཚམས་ ཤིག་ནས་ནི་བདུད་སྤྲུལ་རྒྱལ་པོ་ཡིས། །གཙུག་ལག་ཁང་དང་གསུང་རབ་བཤིག་གཏོར་ སོགས། །སངས་རྒྱས་བསྟན་པ་བསྣུབ་ཚེ་རྡོ་རྗེའི་མཚན། །གང་གིས་དེ་འདུལ་རྗེས་སུ་སླར་ ཆོས་དར། །དེ་སྐབས་ཆོས་ཀྱི་མེ་རོ་སྨད་ནས་སློང༌། །དགེ་འདུན་སྡེ་འཕེལ་རྟེན་ལ་ཞབས་ ཏོག་འོང༌། །མཚན་ཤིག་བདུད་སྤྲུལ་འབྱུང་ཞིང་སྡེ་རྩོད་བྱེད། །ཁྲིམས་ཉམས་འཐབ་འཁྲུགས་ གཙུག་ལག་ཁང་མང་བཅོམ། །དབང་ཕྱུག་མིང་ཅན་ལོག་སྟོན་སྔགས་སུན་འབྱིན། །ནུབ་ འཁྲུངས་དགེ་སློང་བྱ་གདོང་གཟུགས་བཟང་བ། །རརྣ་བྷ་དྲའི་མཚན་གྲགས་སེམས་དཔའི་ འཕྲུལ། །རྒྱལ་པོ་འོད་མིང་ཅན་གྱིས་ལོ་པཎ་དྲངས། །སངས་རྒྱས་བསྟན་པ་གསལ་ཞིང་རྒྱས་ པར་བྱེད། །བྱང་སེམས་འཛམ་གླིང་མཚན་མངའ་འཁོར་མང་འབྱུང༌། །དེ་མཚམས་ནས་ནི་ ནག་པོའི་ཕྱོགས་རྒྱས་པས། །མེད་ལྟའི་ཕྱོགས་བཟུང་ཆོས་ཉིད་ཁྱད་ཆོས་བརྗོད། །དགེ་སློང་ 1-1-164 གཟུགས་འཆང་རྟེན་ཡང་ལོངས་སྐུར་བསྒྱུར། །འདི་སྐབས་བོད་ལ་བཀྲ་ཤིས་དགེ་མཚན་ བྱུང༌། །བསོད་སྙོམས་པ་ཞེས་གྲུབ་ཐོབ་ཆ་འཛིན་སྐབས། །བྱང་ཆུབ་སེམས་ལྡན་སྐྱེས་ཆེན་དུ་ མ་དང༌། །ཁྱད་པར་ཤར་ཕྱོགས་སྐུ་བལྟམས་གསང་སྔགས་འཛིན། །གྲགས་པའི་མཚན་ འཆང་སྙིང་པོའི་མཐའ་སྟོན་པའི། །སྐྱེས་བུ་དམ་པ་ཞལ་བསྒྱུར་བསྙེན་བཀུར་མཛད། །བསྟན་ འཛིན་མང་འབྱུང་ལ་སོགས་གསུངས་པའི་མཐར། །འཕགས་པའི་སྐུ་སྟོད་ཕྱོགས་སུ་གསུང་ སྒྲ་འགགས། །སྐབས་དེའི་རེ་ཞིག་རྒྱ་ནག་ནས་ཐོན་པའི། །བློན་པོ་མགར་གྱིས་རྟེན་དྲུང་དུ་ ཕྱིན་ཏེ། །སྨྲེ་སྔགས་འདི་སྐད་རྗེ་རྒྱལ་སྲོང་བཙན་ཁྱེད། །མི་མངོན་དབྱིངས་ནས་སྙན་གསོན་ འཛམ་གླིང་དང༌། །བོད་དབུས་ལྷ་སར་རྗེ་རྒྱལ་དངོས་བཞུགས་པས། །མཚན་སྙན་རྒྱ་གར་ ཡུལ་གྲགས་བྷ་ར་ཏའི། །རྒྱལ་པོ་ཤིང་རྟ་ཅན་གྱིས་དད་གུས་ངང༌། །སེམས་དཔའ་ཆེན་པོའི་ བསྔགས་བརྗོད་ཆེ་རབ་ཕུལ། །དེ་བཞིན་རྒྱ་ནག་ཁྲིམས་སྒོའི་རྒྱལ་པོ་དག །རྗེས་བཟུང་སླར་ དུ་ཞལ་གཟིགས་ཆོས་ལ་བཀོད། །མི་ཉག་ཙ་མའི་རྒྱལ་པོས་ཁྱེད་མཚན་ཙམ། །བརྗོད་ལ་བྱ་ དགའ་སྟེར་ཞིང་གེ་སར་དམག །དེ་ཡི་རྒྱལ་པོས་ཞབས་དྲུང་སྐྱེ་སྨོན་འདེབས། །དེ་འདྲའི་ཆོས་ རྒྱལ་བོད་དུ་འཁྲུངས་ནས་ཡང༌། །ད་ལྟར་མྱ་ངན་འདས་ཚུལ་འཕྲལ་གནང་ཞིང༌། །བདག་ གིས་སྔོན་ཆད་རྒྱ་ནག་ཡུལ་ཁམས་སུ། །ཀོང་ཇོའི་ཐད་ལ་དཀའ་ངལ་ཅི་བྱས་ཀྱང༌། །དེང་ སྐབས་བདག་མ་བསྒུགས་ཤིང་ཡབ་ཡུམ་ཕེབས། །ཟ་བེར་ན་བཟའ་པོང་ངེར་ཇི་ལྟར་འཇོག །ཆིབས་རྟ་གྱི་ལིང་ཤུལ་བཞག་སྐུ་རྐྱང་ཕེབས། །བདག་ནི་རྒྱ་ནག་ཡུལ་དུ་རྨི་ལམ་ངན། །ཁྱེད་ དྲན་མཐོང་འདོད་ཆེ་བས་ཡར་མྱུར་འོང༌། །དགྲ་ཡུལ་ས་མཚམས་ཁོང་ཁྲག་སྐམ་ལ་ཐུག །ལམ་ཞུགས་རང་ཡུལ་ཉེ་སྐབས་ཁྱེད་གཤེགས་ཐོས། །དེ་ནས་ཤུལ་གྱི་རྒྱལ་ཁབ་མཐོང་བའི་ ཚེ། །བདག་ནི་གློ་སྙིང་འདར་ཞིང་རབ་ཏུ་བརྒྱལ། །ད་ནི་མཐའ་ཁོབ་བོད་ཀྱི་རྒྱལ་ཁམས་སུ། །གནམ་སའི་ཀ་འགྱེལ་མུན་སེལ་སྒྲོན་མེ་མནལ། །འཇིགས་སྐྱོབ་དང་བྲལ་སངས་རྒྱས་ 1-1-165 གདུང་རབས་ཆད། །ཇི་ལྟར་བསམ་ཚེ་མྱ་ངན་བཟོད་ཐབས་མེད། །སྔོན་ནི་བདག་ལ་ཁྱེད་ཀྱི་ ཐུགས་བརྩེ་ཆེ། །དེ་རིང་དུས་ན་བརྩེ་བས་མི་གཟིགས་སམ། །སྐུ་ཞལ་དངོས་དང་གསུང་གི་ བརྗོད་སྒོ་ཡང༌། །ལན་ཅིག་སླར་ཡང་མཐོང་ཐོས་སྐལ་པ་རྩོལ། །དེ་ཡང་ཁྱེད་རྣམས་མྱ་ངན་ འདས་པའི་འོག །ཁ་བ་ཅན་དུ་ཡབ་ཡུམ་ཇི་ལྟར་འབྱོན། །མཚན་དང་ས་ཕྱོགས་གནས་ཚུལ་ ག་འདྲ་དང༌། །དེ་དུས་ནང་བློན་བཅུ་གསུམ་གང་ཡིན་ཚུལ། །ཇི་བཞིན་སྒྲིབ་མེད་གསལ་བར་ ལུང་བསྟན་གསོལ། །དེ་ལྟར་ཞུས་པའི་ཚེ་ན་ཆོས་རྒྱལ་གྱིས། །འཕགས་པའི་ཐུགས་ཀར་ ཞལ་བསྟན་འདི་སྐད་གསུངས། །ང་ནི་ཀུན་གཤེགས་མ་ཡིན་འཕགས་སྐུ་ཡི། །སྙིང་པོར་ འདུག་པས་མ་སྡུག་གསོལ་བ་ཐོབ། །བདག་ཅག་དུས་གསུམ་གང་དུ་མཉམ་སྐྱེའི་ཚུལ། །འདས་སྔོན་པདྨའི་གླིང་དང་རྡོ་རྗེ་གདན། །ཟ་ཧོར་ཁ་ཆེ་རྔ་ཡབ་གླིང་སོགས་སུ། །འགྲོ་མང་ མཉམ་འདྲེན་ད་ལྟར་དེ་དང་མཚུངས། །མ་འོངས་བོད་ཁམས་རྩོད་དུས་ཐ་མ་ལ། །མ་བང་ མཚོས་བསྐོར་མངའ་རིས་གངས་དཀར་རྩར། །རི་བོས་བསྐོར་དབུས་ཤིང་བྱ་རི་དྭགས་ གནས། །ཀ་ཡོ་རི་ཞེས་གྲོང་བཞིའི་དབུས་གནས་པའི། །པན་ཚང་དམག་གིས་མི་ཚུགས་གྲོང་ ཁྱེར་དུ། །ཛྙཱ་ན་ཤྭ་རའི་སྲས་གྱུར་ནོར་བུ་སྙིང༌། །ཆུ་ཕོ་འབྲུག་ལ་འཁྲུངས་ཤིང་ཀུན་མཁྱེན་ མཚན། །ཁྱད་འཕགས་བསྟན་འཛིན་མཆོག་ཏུ་ཁོ་བོ་འོང༌། །དེ་ཚེ་བཙུན་མོ་རྣམས་ཀྱང་སྲི ང་ མོར་འགྱུར། །ཁྲིམས་ལྡན་དགེ་སློང་མར་བཀོད་དེ་སྐབས་སུ། །ང་ཡིས་བཀྲ་ཤིས་སྒོ་མང་ལ་ སོགས་པའི། །རྒྱལ་བའི་ཐུགས་རྟེན་སྐུ་གསུང་རྟེན་མང་པོ། །རྡོ་རྗེ་དྲག་མོ་རྒྱལ་གྱི་གནས་སུ་ བཞེངས། །ཐེག་ཆེན་ཆོས་དུང་ལེགས་འབུད་དར་ཆེན་ཕྱར། །འཆད་རྩོད་རྩོམ་པའི་རྔ་ བརྡུངས་མཐོང་ཐོས་ཀྱི། །འགྲོ་བ་དེ་དག་བྱང་ཆུབ་ལ་མྱུར་རེག །དེ་ཚེ་བློན་རྣམས་ཡོན་ཏན་ ང་མཉམ་འབྱུང༌། །བོད་མུན་སེལ་ཞིང་ཕལ་རྣམས་དེར་སྐྱེ་སྨོན། །ནམ་འཆི་ངེས་མེད་ཆོས་ བརྩོན་མི་དགེ་སྤོང༌། །ད་སྐབས་བོད་དབུས་ར་ས་འཕྲུལ་སྣང་འདིར། །ལྷ་ཡི་ནོར་བུ་ཐུགས་ 1-1-166 ཀར་བཞུགས་པའི་རྟེན། །སྟོན་པ་དགུང་གྲངས་བཅུ་གཉིས་སྐུ་ཚད་དེ། །བྱམས་པས་རྒྱུ་སྦྱོར་ ཀརྨ་བི་ཤྭས་བཞེངས། །ལྷ་ཡུལ་སྲི ན་པོ་ཨོ་རྒྱན་གནས་རྣམས་སུ། །མི་ལོ་ལྔ་བརྒྱ་རེ་རེར་འགྲོ་ དོན་མཛད། །རྒྱ་གར་གསལ་རྒྱལ་ཁབ་ནས་རྒྱ་ནག་ཏུ། །སྤྱན་དྲངས་དུས་ཕྱིའི་བོད་དུ་མཆོད་ ཡུལ་ཕེབས། །སྟོན་པ་སོ་ལྔའི་སྐུ་ཚད་ཀླུ་ནོར་ལས། །ཙཀྲ་ས་མིས་ལེགས་བཞེངས་རྣམ་རྒྱལ་ ཁབ། །སྤྱན་དྲངས་དེ་ནས་རེ་ཞིག་ཟ་ཧོར་དུ། །མི་ལོ་ལྔ་བརྒྱ་བཞུགས་ནས་བལ་པོར་ཕེབས། །དེ་རྗེས་བོད་བྱོན་མི་བསྐྱོད་རྡོ་རྗེ་གྲགས། །འདི་གཉིས་སངས་རྒྱས་ཉིད་དང་ཐ་དད་མེད། །རྒྱལ་པོ་ང་ཉིད་ལོ་གྲངས་སོ་བཞིའི་ཚད། །རང་བྱུང་འཕགས་པའི་སྐུ་ཡི་ཐུགས་ཀ་རུ། །འདོད་ འབྱུང་མི་ཡི་ནོར་བུ་ཁྱད་ཅན་བཞུགས། །དེ་ཕྱིར་རྟེན་མཆོག་ཁྱད་འཕགས་ཇོ་བོ་འདི། །འཕགས་པ་སྤྱན་རས་གཟིགས་དང་ཁྱད་མེད་ཡིན། །སྟོན་པ་མཁའ་འགྲོས་སེམས་དཔས་ ལུང་བསྟན་པ། །དེ་ལྟར་ཇོ་བོ་རྣམ་གསུམ་གཙོར་གྱུར་པའི། །ར་ས་འཕྲུལ་སྣང་རྟེན་གང་ བཞུགས་རྣམས་ལ། །དད་གུས་དག་པས་ཕྱག་བསྐོར་མཆོད་སྟོན་གསོལ། །བསོད་ནམས་ བསགས་སྒོ་ལ་འབོད་བློན་འབངས་རྣམས། །ཁྱད་པར་འཕགས་སྐུ་བློན་པོ་མགར་ལ་གཏད། །མ་འོངས་ལྷ་སར་ཆུ་འཇིགས་འབྱུང་བའི་ཚེ། །བསོད་ནམས་ཞིང་གི་རྟེན་མཆོག་དེ་དག་ རྣམས། །ཀླུ་ཡི་དོན་དུ་རྒྱ་མཚོར་འབྱོན་གྱི་བར། །དེ་སྲི ད་དུ་ནི་གུས་བཀུར་ལེགས་པ་མཛོད། །ཅེས་སོགས་བཀའ་ལུང་རྫོགས་པའི་དེ་མ་ཐག །བྱང་ཁང་དེར་བཞུགས་སྤྱན་གཟིགས་ འཕགས་སྐུ་དང༌། །བར་ཁང་རྟ་མགྲིན་བྱང་ངོས་སྒྲོལ་མའི་སྐུ། །འོག་ཁང་བྱམས་པ་རྡོར་ སེམས་སྨེ་བ་བརྩེགས། །སྣང་མཐའ་མི་འཁྲུགས་སྨན་བླ་དེ་རྣམས་ཀྱི། །སྐུ་ལས་འོད་ཟེར་ཟླ་ བ་དུང་གི་ཕྲེང༌། །ལྕགས་སྒྲོག་གུར་ཀུམ་རྡོ་རྗེ་རལ་གྲི་དང༌། །འཇའ་ཚོན་གསེར་བཟང་བཻ་ ཌཱུརྱ་ལྟ་བུ། །ལེགས་པར་བྱུང་ནས་འོད་ཟེར་དེ་དག་གིས། །ར་ས་འཕྲུལ་གྱི་གཙུག་ལག་ཁང་ བཟང་གི །ཕྱི་ནང་མེད་ཁྱབ་འཇའ་ཟེར་སྣ་ཚོགས་ཀྱི། །དྲ་བ་དྲྭ་ཕྱེད་མཛེས་པས་མཁའ་ 1-1-167 དབྱིངས་འགེངས། །དྲ་མིག་དུ་མ་ནས་ནི་མཁའ་འགྲོ་མ། །མང་པོས་གར་དང་རོལ་མོ་སྣ་ ཚོགས་བྱེད། །འཇའ་འོད་འཁྲིགས་ཤིང་མེ་ཏོག་ཆར་བ་འབེབས། །ས་ཆེན་རབ་གཡོས་དགེ་ མཚན་སྣང་བ་བཅས། །འཕགས་པའི་ཐུགས་ཀར་རྒྱལ་པོ་སླར་ཞིར་གཤེགས། །ཆོས་རྒྱལ་ སྲོང་བཙན་བཀའ་ལུང་གསལ་བོ་ལྟར། །སྙིགས་མར་ཆོས་རྗེ་ཡབ་སྲས་སླར་ཕེབས་པ། །འགྱུར་མེད་ལུང་གི་དོན་གྲུབ་རྡོ་རྗེའི་ཚིག ། རིགས་ལྡན་སྤྲུལ་སྐུ་ཀུན་མཁྱེན་རྟོན་པ་བཞི་ལྡན་གྱི་སྐྱེས་རབས་རྟོགས་བརྗོད་རྒྱས་པ་ ལས་མཐའ་འཁོབ་ཀྱི་རྒྱལ་པོར་སྐྱེས་པའི་རབས་ཏེ་ལེའུ་ཉེར་དགུ་པའོ།། །། ༈ དེ་ནས་སྟོན་པའི་བསྟན་པ་འདི་ཉིད་ལ། །ཨོ་རྒྱན་ཡུལ་དུ་སློབ་དཔོན་པད་འབྱུང་བྱོན། །གསང་སྔགས་བརྟུལ་ཞུགས་མཆོག་གྲུབ་བསྟན་འགྲོའི་དོན། །ཆེར་མཛད་འཕགས་བོད་ རྔ་ཡབ་གླིང་ལ་སོགས། །འཛམ་གླིང་ཡུལ་གྲུ་མང་དུ་ལེགས་ཕེབས་པས། །ངོ་མཚར་མཛད་ བཟང་སྣ་ཚོགས་སྟོན་པའི་ཚུལ། །སྔོན་བྱུང་སྐྱེས་པའི་རོལ་པ་མང་ན་ཡང༌། །རེ་ཞིག་བཞག་ ལ་འདིར་གང་བརྗོད་པའི་དོན། །འཕགས་པ་གཞོན་ནུ་ལུང་བསྟན་མདོ་ལས་ཀྱང༌། །ལི་ཙ་ བཱི་ནི་སྔོན་བྱུང་རྫོགས་སངས་རྒྱས། །མང་པོས་བྱང་ཆུབ་མཆོག་ཏུ་ལུང་བསྟན་ཅིང༌། །ད་ལྟར་ བདག་ཅག་སྟོན་པའི་བཀའ་ལུང་ལས། །ནམ་ཞིག་དུས་སུ་མཐའ་འཁོབ་གླིང་ཡུལ་དུ། །ང་ཡི་ བསྟན་པའི་ཁུར་ཁྱེར་འཇིག་རྟེན་མགོན། །ཞེས་པའི་དགེ་སློང་དུ་འགྱུར་དེ་ལ་བརྟེན། །སེམས་ ཅན་ཡོངས་དག་བྱེད་ཅེས་ལུང་བསྟན་ལྟར། །གངས་ལྗོངས་བོད་ཡུལ་འབྲུག་སྒྲ་ཞེས་བྱ་བར། །ཡབ་ནི་འཇམ་པའི་རྡོ་རྗེ་ཞེས་བྱ་དང༌། །ཡུམ་ཡང་ལྷ་བཟའ་བཞིན་བཟང་མ་ཉིས་ཀྱི། །སྲས་ སུ་ལྷུམས་ན་བཞུགས་པའི་དུས་སྐབས་ན། །མ་ཡུམ་མནལ་ལམ་སེང་ཕྲུག་རུམ་ཞུགས་རྨིས། །ལུས་ནི་བདེ་ཞིང་འཇམ་སྐྱིད་ན་ཟུག་བྲལ། །སྐུ་བལྟམས་ཚེ་ན་ཡབ་ཀྱི་རྨི་ལམ་དུ། །རིན་ ཆེན་གཏེར་ཆེན་རྡོལ་བའི་སྣང་བ་དང༌། །ཡུམ་གྱི་སྨི་ལམ་མར་མེ་གཅིག་སྦར་བས། །འཛམ་ 1-1-168 གླིང་ཐམས་ཅད་གསལ་བར་བྱེད་སྨིས་སོ། །དེ་ནས་བལྟམས་པའི་ཁྱེའུ་ཆུང་གང་དེ་ནི། །ཀ་ ཤི་ཀ་ཡི་མེ་ཏོག་རྒྱས་པ་ལྟར། །མཛེས་སྡུག་བཙས་ལ་ཡབ་ཡུམ་གྱིས་ངོ་མཚར། །གཞན་ཡང་ མཁའ་ལ་འཇའ་འོད་འཁྲིགས་པ་དང༌། །མེ་ཏོག་ཆར་ཆེན་ཞག་ནི་དུ་མར་བབས། །སྙན་པའི་ སྒྲ་བྱུང་ཁྱིམ་དུ་དྲི་བཟང་འཐུལ། །ཡུལ་མི་ཀུན་གྱིས་ཚུལ་དེ་ཧ་ལས་ཤིང༌། །ཁྱེའུ་ཆུང་དེ་ཉིད་ ལོ་བཞི་ལོན་པའི་ཚེ། །ཤེར་ཕྱིན་རྡོར་གཅོད་བཟང་པོ་སྤྱོད་པ་དང༌། །ལྔ་དྲུག་ལོ་ལོན་ཀློག་ ཀུན་མཁས་པར་གྱུར། །དངོས་སྣང་འཇམ་དཔལ་དམར་པོའི་ཞལ་གཟིགས་དང༌། །རྨི་ལམ་ སྣང་བར་མི་གཡོ་སྒྲོལ་མ་མཐོང༌། །དེ་སྐབས་མིང་ཡང་ཉི་མའི་འོད་ཟེར་བཏགས། །དགུང་ གྲངས་བརྒྱད་ཀྱི་དུས་སུ་སླེབས་པ་ན། །མཁས་གྲུབ་ཁྱུང་པོ་དཔལ་ལས་རབ་ཏུ་བྱུང༌། །ཀ་རི་ ཀ་དང་འདུལ་བ་ཕྲན་ཚེག་བཅས། །སྤྱོད་འཇུག་ལ་སོགས་ཆོས་མང་གསན་སྦྱང་མཛད། །དེ་ ནས་ཕག་མོ་གྲུབ་པའི་དྲུང་དུ་ཕྱིན། །ཕྱག་རྟེན་རྟ་མཆོག་གྲོ་དམར་དངུལ་བུམ་དང༌། །རལ་གྲི་ ཕུལ་བས་རྗེ་བཙུན་ཕག་གྲུབ་པས། །འདི་སྐད་རྟ་འདི་རྫུ་འཕྲུལ་རྐང་ཐོབ་རྟགས། །བུམ་པ་ དམ་ཆོས་རྒྱ་མཚོ་འཁྱིལ་བའི་རྟགས། །རལ་གྲི་ཉོན་མོངས་གཟུང་འཛིན་གཅོད་པའི་རྟགས། །དེ་ཕྱིར་རྟེན་འབྲིལ་བཟང་ཞེས་མཁན་པོ་མཛད། །སྤྱང་ར་བ་ཡིས་ལས་སློབ་མཛད་ནས་སུ། །བསྙེན་པར་རྫོགས་པའི་སྡོམ་པ་ལེགས་པར་ཕོག །མཚན་ནི་འཇིག་རྟེན་མགོན་པོ་ཞེས་བྱར་ བཏགས། །སློབ་དཔོན་དེ་ལ་མངའ་བའི་ཆོས་ཐམས་ཅད། །ལེགས་པར་ཞུས་ཤིང་དོན་ཀུན་ ཐུགས་སུ་ཆུད། །ཆོས་གྲྭ་གསང་ཕུ་གདན་མཐིལ་རྩེ་ཆེན་སོགས། །དེ་དག་ལ་བྱོན་གྲྭ་སྐོར་ མང་དུ་མཛད། །དེ་མཚམས་ནས་ནི་མཛད་པ་ཕྲིན་ལས་རྒྱས། །རེ་ཞིག་ཚེ་ན་གློ་བུར་རྒྱལ་པོ་ ཡིས། །གདན་དྲངས་འབུལ་བ་ཞབས་ཏོག་ཕུན་ཚོགས་བྱས། །རྒྱལ་པོ་ཐལ་སྦྱར་རེ་འདོད་ ཞུ་བ་ཡང༌། །བདག་སྒོར་ཆུ་འཁྱོགས་རླབས་ཆེན་དབྱར་དགུན་དུ། །ལམ་བཅད་འཇིགས་པ་ ཆེ་བས་དེ་བཟློག་ཞུས། །སྐབས་དེར་ཐུགས་སློབ་འཁོར་དུ་ལེགས་གཏོགས་པའི། །བློ་གྲོས་ 1-1-169 རྡོ་རྗེ་ལ་སོགས་མང་མཆིས་པ། །ཀུན་ཀྱང་ཡིད་ཞུམ་ཚེ་ན་ཆོས་རྗེ་ཡིས། །བཅོམ་ལྡན་འདབ་ ཆགས་མགོན་པོའི་ཏིང་འཛིན་ལ། །ལེགས་བཞུགས་ཆུ་ལ་གཟིགས་ཤིང་བྱ་ཁྱུང་གི །ཕྱག་རྒྱ་ བསྟན་མ་ཐག་ཏུ་ཆུ་བོའི་འཁྱོགས། །ཕར་དྲངས་ཤུལ་གནས་སྲོག་ཆགས་ཆེ་ཕྲ་ཀུན། །ལྷ་བྲན་ དུ་བསྒྱུར་བརྒྱ་བྱིན་གནས་སུ་འཕངས། །ལྷ་དེ་དག་གིས་མེ་ཏོག་ཆར་བ་ཕབ། །དེར་གནས་ ཀུན་གྱི་ཡིད་ལ་ངོ་མཚར་སྐྱེས། །དེ་ནས་འབྲི ་གུང་གནས་སུ་ལེགས་ཕེབས་ཏེ། །དཔལ་གྱི་ མཆོད་རྟེན་བཀྲ་ཤིས་སྒོ་མང་བཞེངས། །དེ་དུས་སུ་དང་རབ་གནས་ལེགས་མཛད་སྐབས། །ས་གཡོས་འཇའ་འོད་འཁྲིགས་ཤིང་མེ་ཏོག་ཆར། །སྤོས་དྲི་སྣ་ཚོགས་རོལ་མོའི་སྒྲ་སྙན་ སོགས། །ངོ་མཚར་དགེ་བའི་ལྟས་བཟང་མང་པོ་བྱུང༌། །རེ་ཞིག་རྗེ་ཉིད་རང་གནས་གཟིམས་ ཁང་དུ། །ཐུགས་དམ་ལེགས་བཞུགས་མཚམས་ཁང་སྒོ་བཅད་སྐབས། །སྟག་ལུང་རྒྱལ་པོས་ དགེ་འདུན་མང་འགྱེད་བྱས། །འཚོགས་པ་མང་བས་འདུ་ཁང་དུ་མ་ཤོང༌། །རྗེ་ཡི་མཚམས་ ཁང་ཕྱི་རོལ་འཁོར་ཡུག་ལ། །མང་ཚོགས་ཆེས་མང་འདུས་པའི་ནང་གསེབ་ཏུ། །ཁོང་ཉིད་ ཟང་ཐལ་ཚུལ་གྱིས་ཕྱོགས་ཀུན་བྱོན། །དེར་གནས་ཀུན་གྱིས་བྱིན་རླབས་ཞུ་བའི་ཆེད། །འུར་ ལངས་མདུན་དུ་ཕྱོགས་ཚེ་ནམ་མཁར་འཕགས། །འདུ་ཁང་སྟེང་ཕྱོགས་བར་སྣང་ལམ་ནས་ བཞུད། །ཐམས་ཅད་མི་ཕྱེད་དད་པས་ཕྱག་མང་ཕུལ། །དེ་ནས་འདུ་ཁང་སྒོ་འགྲམ་ཕ་བོང་ རྡོ། །ཤིན་ཏུ་སྲ་བ་སྟེང་ཕྱོགས་སྔོ་ཡུག་ཐོག །ཞབས་རྐང་ཡ་གཅིག་བཞག་ནས་འདི་སྐད་ གསུངས། །རྡོ་ལ་ཞབས་རྗེས་མང་ཡང་རྡོ་སྔོན་སྟེང། །དཀར་གསལ་རྗེས་བཞག་ཨ་མི་ཁོ་བོ་ ཙམ། །ཞེས་གསུངས་རྡོ་སྔོན་སྟེང་ན་ཞབས་མཐིལ་རྗེས། །ཆེས་དཀར་ལྟེ་བར་པདྨའི་རི་མོ་ བྱུང༌། །གཞན་ཡང་ལྷ་སར་བྱོན་སྐབས་ཕྱག་འཁར་གྱིས། །རྡོ་གཅལ་གང་དུ་བཙུགས་སར་ རྗེས་སྲོལ་རེ། །བྱུང་ཞིང་དེ་སྐབས་ཟླ་བ་གསུམ་ཙམ་དུ། །དྲན་པ་ཉེར་བཞག་མདོ་དང་རྒྱུད་ འབུམ་གསུངས། །དེ་དུས་མཁའ་ལ་སྒྲ་འོད་རབ་གསལ་ཞིང༌། །མེ་ཏོག་ཆར་འབེབས་ངོ་ 1-1-170 མཚར་དགེ་ལེགས་བྱུང༌། །དེ་རྗེས་ཙམ་ན་འབྲི ་གུང་དཔལ་གནས་སུ། །ཕེབས་ཏེ་མདོ་མང་ ལུང་གསུངས་དུས་སྐབས་ན། །འཇའ་འོད་སྒྲ་སོགས་ངོ་མཚར་རྟགས་མཚན་མང༌། །གཞན་ ཡང་མཛད་ཆེན་དེ་འདྲ་ཆེར་གནང་ནས། །རེ་ཞིག་ཚེ་ན་ཁོང་གི་ཐུགས་སློབ་ཅིག །ཉེ་གནས་ ལོ་མང་བྱས་ནས་རང་ཡུལ་ལོག །རྗེ་ཉིད་མཚམས་ཁང་ནང་བཞུགས་སློབ་བུ་དེ། །ལམ་དུ་ ཅུང་སོང་ཙམ་ན་མཁའ་དབྱིངས་སུ། །སྡོང་བུ་དང་བཅས་པདྨའི་ལྟེ་བ་ན། །ཆོས་རྗེ་སྐྱོབ་པ་ འཇིག་རྟེན་མགོན་བཞུགས་མཐོང༌། །ཞལ་ནས་འདི་སྐད་འཁོར་བའི་བྱ་བ་དང༌། །ཁྱད་པར་ ལོང་གཏམ་ཕ་ཡུལ་ཉེ་དུར་ཆགས། །སེར་སྣ་ཆེ་ཞིང་ཆོས་ལ་ཞུགས་རློམ་ཡང༌། །ཡོན་ཏན་ མོས་གུས་མེད་ཅིང་གཤེ་འཕྱ་ཅན། །བླ་སློབ་གྲོགས་པོ་དེ་འདྲ་བསྟེན་པ་དང༌། །བདག་འཛིན་ དགོན་བཟུང་ཁ་ཕོའི་ཚོགས་བསགས་ཁུལ། །དོན་མེད་ཕྱོགས་འཁྱམས་གནོད་ཅན་མཛའ་ རིགས་འགྲོགས། །དེ་རྣམས་ཆོས་དང་འགལ་བ་ཤ་སྟག་ཡིན། །ཁོ་བོས་དེ་དག་སྤངས་བས་ ལེགས་དོན་གྲུབ། །སློབ་བུ་ཁྱོད་ཀྱིས་ཀྱང་ནི་དེ་བཞིན་སྤོངས། །ཞེས་སོགས་ཞལ་གདམས་ བསླབ་སྟོན་གནང་བའི་མོད། །ཐུགས་སློབ་དེས་ཀྱང་ཕ་ཡུལ་ཞེན་ཆགས་བཟློག །སླར་ཡང་ སྐྱོབ་པ་མཆོག་གི་དྲུང་དུ་ཕྱིན། །ཡུན་རིང་བླ་མར་འབྲལ་མེད་ཆོས་ལ་གཞོལ། །སྤྱིར་ན་ཆོས་ རྗེ་འདི་ཡིས་གདུལ་བྱ་ལ། །གང་འདུལ་རླབས་ཆེན་ཆོས་སྒོ་གནང་བ་དང༌། །རང་བྱུང་ཐུགས་ ཀྱི་དགོངས་ཀློང་ལས་རྡོལ་བ། །གསོལ་འདེབས་ཁྱད་འཕགས་བདེ་དྲུག་མགུར་དབྱངས་ སོགས། །ངོ་མཚར་རྨད་དུ་བྱུང་བའི་གསུང་རབ་མང༌། །སྐབས་ཤིག་ལོ་ཙཱ་ཅོག་རོ་ཀླུའི་རྒྱལ་ མཚན། །རྒྱ་གར་དུ་ཕྱིན་པཎ་ཆེན་ཞི་བ་བཟང༌། །ལོ་གསུམ་ལ་བསྟེན་སྒྲ་ཡི་རིག་གནས་ བསླབས། །དེ་ནས་སློབ་དཔོན་བི་མ་ལ་ཡི་དྲུང༌། །མདོ་ཆོས་མང་པོ་ཞུས་ཏེ་སླར་བོད་དུ། །འོང་བར་ཆས་ཚེ་སློབ་དཔོན་དེ་ཉིད་ལ། །བཀའ་དྲིན་གཟོ་ཐབས་དཀའ་བར་ཞུས་པའི་ལན། །སློབ་དཔོན་བི་མས་མེ་ཏོག་དཀར་ཟླུམ་ཞིག །བསྐུར་ནས་འདི་སྐད་ཁྱོད་ཉིད་བོད་ཕྱོགས་ 1-1-171 སུ། །འགྲོ་ན་ཡུལ་དེར་ད་ལྟ་སེམས་ཅན་དོན། །སྤྱན་རས་གཟིགས་བཞུགས་དེ་ལ་འདི་ཕུལ་ ན། །དྲིན་གཟོ་འོང་ཚུལ་གསུངས་ཚེ་ལོ་ཙཱ་བ། །ཅོག་རོས་བོད་དུ་འཕགས་པ་བཞུགས་གྱུར་ ཀྱང༌། །ཇི་བཞིན་ངོས་ཟིན་དཀའ་ཚུལ་ཞུས་པ་ན། །བི་མས་སླར་གསུངས་མེ་ཏོག་ནམ་ཁ་ཕྱེ། །དེ་ཚེ་ཡུལ་དེར་འབུལ་ཡུལ་ངོ་ཤེས་འབྱུང༌། །ཞེས་པའི་བཀའ་བཞིན་ལོ་ཙཱ་བ་དེ་ཉིད། །རང་ ཡུལ་བོད་དུ་འོང་ནས་གདན་ས་མཐིལ། །ཞེས་པར་ཐོན་ཚེ་མེ་ཏོག་ཁ་ཕྱེ་ཞིང༌། །ཡུལ་དེའི་ཆུ་ སྒྲར་ན་ག་རྫུ་ན་ཞེས། །ལྷང་ལྷང་སྒྲ་སྙན་བྱུང་བའི་རྐྱེན་བསྐུལ་བྱས། །དེ་ན་རྫི་བོ་ཞིག་འདུག་ གནས་ཚུལ་དྲིས། །དེས་ཀྱང་གནས་དེར་འཇིག་རྟེན་མགོན་བཞུགས་ཚུལ། །ལེགས་པར་ སྨྲས་པས་ངོ་ཤེས་མཇལ་སྐབས་བྱུང༌། །འགྲོ་མགོན་རྗེ་དང་ལོ་ཙཱ་བ་གཉིས་འཕྲད། །ལོ་ཙཱའི་ ཐུགས་སྣང་སྤྱན་རས་གཟིགས་དངོས་མཐོང༌། །གུས་པས་མེ་ཏོག་ཕུལ་ནས་ཟབ་ཆོས་ཀྱི། །བགྲོ་གླེང་ཕན་ཚུན་ཐུགས་མཉེས་ཆེ་རབ་མཛད། །གཞན་ཡང་སྐྱོབ་པ་དམ་པས་གདུལ་བྱ་ ལ། །རང་རང་ཁམས་མཐུན་ཆོས་སྒོར་སྣ་ཚོགས་དང༌། །ཁྱད་པར་རང་གཞན་གྱིས་ཕྱེ་བདེན་ གཉིས་གཏམ། །སོགས་ཀྱིས་བསྟན་འགྲོར་ཕན་པ་རྒྱ་ཆེར་མཛད། །དེ་འདྲའི་མཛད་བཟང་ གདུལ་བྱ་ལྗོངས་འདི་ནས། །རེ་ཞིག་རྫོགས་ཚེ་དགོངས་པ་མཐར་ཕྱིན་ཚུལ། །ལེགས་བསྟན་ སླར་ཡང་སྒྱུ་མའི་རོལ་གར་ལས། །སྙིགས་མར་ངེས་དོན་སྟོན་པ་མཆོག་ཏུ་སྤུལ། ། རིགས་ལྡན་སྤྲུལ་སྐུ་ཀུན་མཁྱེན་རྟོན་པ་བཞི་ལྡན་གྱི་སྐྱེས་རབས་རྟོགས་བརྗོད་རྒྱས་པ་ ལས་འཇིག་རྟེན་གྱི་མགོན་པོར་སྐྱེས་པའི་རབས་ཏེ་ལེའུ་སུམ་ཅུ་པའོ།། །། ༈ དེ་ནས་གོང་དུ་བསྟན་པའི་སྔོན་བྱུང་བ། །སྐྱེས་རབས་སུམ་ཅུའི་གཞུང་གི་ཁ་སྐོ ང་ ཚུལ། །སྤྲུལ་བའི་རྣམ་རོལ་གཞན་ལྔ་འདིར་བསྡུས་པ། །སངས་རྒྱས་ཡོན་ཏན་བཀོད་པའི་ མདོ་སྡེ་ལས། །གཞན་ཡང་ཇི་སྐད་བྱུང་ལྟར་སྔོན་འདས་དུས། །བསྐལ་པ་གྲངས་ཚད་མེད་ པའི་ཡང་རོལ་ན། །དེ་བཞིན་གཤེགས་པ་ཀླུ་དབང་རྒྱལ་པོ་ཡི། །བསྟན་ལ་ཝཱའ་རཱ་ཎ་སཱའི་ 1-1-172 མངའ་བདག་རྗེ། །རྒྱལ་པོ་མ་ཧཱ་དེ་བ་ཞེས་བྱ་བྱུང༌། །རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་ལ་དབང་ བསྒྱུར། །དེ་སྲས་རྒྱལ་བུ་སྦྱིན་པ་ཆེན་པོ་ཞེས། །གསེར་མདོག་མཚན་དཔེ་ལྡན་པའི་གཟུགས་ བཟང་བ། །གཏོང་ལ་དགའ་བས་ཡབ་རྗེས་བཀའ་གནང་བཞིན། །བང་མཛོད་ཆེན་པོ་ཐམས་ ཅད་སྦྱིན་པ་བཏང༌། །དེ་དག་ཟད་པས་བྱ་ཐབས་བྲལ་བ་ན། །རྒྱལ་སྲས་སྦྱིན་པ་ཆེན་པོའི་ ཐུགས་དགོངས་སུ། །འགྲོ་དབུལ་སེལ་ཆེད་ལོངས་སྤྱོད་ཟད་མེད་ཐབས། །ཡིད་བཞིན་འདོད་ འཇོའི་ནོར་བུ་དགོས་ཐག་ཆོད། །དེ་ལེན་ཕྱིར་དུ་རྒྱ་མཚོར་འགྲོ་ཆས་བསྒྲིགས། །དེར་སོང་ གྲོང་ཁྱེར་ཀེ་རུ་ཞེས་བྱར་ཕྱིན། །ཡུལ་དེའི་རྒྱལ་པོ་རཏྣ་ཙཀྲས་ཀྱང༌། །ཆེ་བསུས་གསེར་སྲང་ སྟོང་དང་བུ་མོ་ཉིད། །བཙུན་མོར་ལེགས་ཕུལ་རྒྱ་མཚོར་ཕྱིན་ནས་སུ། །རིན་ཆེན་སྣ་ཚོགས་བྱེ་ མའི་ཐང་ལ་ཕྱིན། །མཚམས་དེར་རིན་ཆེན་ཙམ་ལས་མི་འདོད་པ། །ཀུན་ཀྱང་སླར་ལོག་རྒྱལ་ བུ་འཁོར་བཅས་ཙམ། །ཟླ་གཅིག་ལམ་སོང་ཀླུ་རྒྱལ་མཆོག་གི་གནས། །ལག་མཐིལ་ལྟར་ མཉམ་རིན་ཆེན་གཞི་ཡངས་པར། །ཕྱོགས་མཚམས་ཐམས་ཅད་ཙན་དན་ནགས་ཚལ་དང༌། །གསེར་གྱི་པདྨ་སྨན་སྡོང་དགའ་བྱེད་ཚལ། །པད་དཀར་ཨུཏྤལ་ཀུ་མུད་ཨུ་དུམ་ཝར། །བྱ་ ངང་ཀ་ར་དྷ་ཀ་རྨ་བྱ་མཛེས། །ཤང་ཤང་སེང་གེ་བ་མེན་ཕག་རྒོད་སོགས། །ལེགས་རྒྱུ་གསེར་ དངུལ་བྱི་རུ་བཻ་ཌཱུརྱའི། །བྱེ་མ་རབ་བརྡལ་ཤར་མཐའི་དབུས་གྲོང་བར། །ཟླ་ལམ་ཡོད་ཅིང་ རྒྱལ་ཁབ་དེའི་མངའ་བདག །ཀླུ་རྒྱལ་ཡོན་ཏན་མཐའ་ཡས་ཞེས་བྱ་ཡོད། །དེ་ནི་ཆོས་ཀྱི་སྤྱན་ ཅན་མངོན་ཤེས་ལྡན། །ཐག་རིང་ནས་ནི་རྒྱལ་བུ་བསུ་བ་བཏང༌། །དེ་ཕན་ཞག་བདུན་ཕོ་བྲང་ དུ་ཕྱིན་ཏེ། །རིན་ཆེན་ཁང་པར་སེང་གེའི་ཁྲི་ལ་བཞག །ཀླུ་རྒྱལ་དེས་ཀྱང་འོང་དོན་ལེགས་ པར་དྲིས། །རྒྱལ་བུས་འགྲོ་དབུལ་སེལ་ཕྱིར་འོང་ཚུལ་གསུང༌། །ཀླུ་རྒྱལ་མཆོག་གིས་དགའ་ བའི་འཛུམ་ཕྱུང་སྟེ། །འདི་སྐད་ནོར་བུའི་རིགས་མང་དབུལ་སེལ་མཆོག །བསམ་འཕེལ་ནོར་ བུ་ཤིན་ཏུ་རྙེད་པར་དཀའ། །དེང་འདིར་ཆོས་བསྟན་ཡོན་འབུལ་སྤྲོ་བ་ཡོད། །ཅེས་སྨྲས་ལན་ 1-1-173 དུ་རྒྱལ་བུས་ཆོས་གསུངས་པ། །ཀུན་རྫོབ་མ་རྟོགས་དོན་དམ་རྟོགས་མི་འགྱུར། །དོན་དམ་མ་ རྟོགས་བྱང་ཆུབ་ཐོབ་ཚུལ་མེད། །དེ་བཞིན་ཆོས་ཅན་ཆོས་ཉིད་རྣམ་ཤེས་དང༌། །ཡེ་ཤེས་ཚུལ་ མཚུངས་གཞན་ཡང་ལོག་པ་དང༌། །ཡང་དག་ཐེག་དམན་ཐེག་ཆེན་དེ་ལུགས་ལྟར། །ཁོང་ ཆུབ་མཛོད་སོགས་གསུངས་པས་ཀླུ་རྒྱལ་དང༌། །སྐལ་ལྡན་འཁོར་རྣམས་རྒྱུན་ཞུགས་འབྲས་ བུ་ཐོབ། །དེ་བཞིན་ཕྱིར་འོང་མི་འོང་དགྲ་བཅོམ་འབྲས། །རང་རང་འཚམས་པར་ལེགས་ཐོབ་ ཀླུ་རྒྱལ་དེས། །སྤྱི་བོའི་གཙུག་གི་ཐོར་ཅོག་ལེགས་བཀྲོལ་ནས། །ལྷ་ཡི་ནོར་བུ་བླངས་ཏེ་རྒྱལ་ བུར་ཕུལ། །སྨོན་ཚིག་འདི་སྐད་འཇིག་རྟེན་གང་དག་ན། །དཀོན་མཆོག་ལྷ་ཡི་ནོར་བུ་བསམ་ འཕེལ་འདི། །སེམས་ཅན་རེ་འདོད་སྐོ ང་ཕྱིར་ཁྱེད་ལ་འབུལ། །ཁྱོད་ཀྱི་འདིར་བརྟེན་བསོད་ ནམས་ལེགས་བསགས་ཏེ། །ནམ་ཞིག་མངོན་པར་རྫོགས་སངས་རྒྱས་པའི་ཚེ། །བདག་ ཀྱང་ཉེ་གནས་མཆོག་སྨོན་བསམ་འཕེལ་གྱི། །ནོར་བུའི་ཡོན་ཏན་དཔག་ཚད་བརྒྱད་ཁྲི་དང༌། །བཞི་སྟོང་རིན་ཆེན་ནོར་རྫས་ཆར་དུ་འབེབས། །མཐུ་དེས་འཛམ་གླིང་སེམས་ཅན་དོན་བྱེད་ ཅིང༌། །བདག་གིས་ནོར་བུ་གུས་འབུལ་བསོད་ནམས་ཀྱིས། །སྐལ་ངན་མུན་སེལ་སྒྲོན་མེ་ མཆོག་གྱུར་ནས། །བསྟན་ལ་ཞབས་ཏོག་ལེགས་བྱེད་སྨོན་ཚིག་བརྗོད། །དེ་ཚེ་ཀླུ་བློན་བཅུ་ གསུམ་རྣམས་ཀྱིས་ཀྱང༌། །ཨུ་དུམ་ཝ་རའི་མེ་ཏོག་བདུན་བདུན་རེ། །ལེགས་པར་གཏོར་ནས་ སྨོན་ལམ་འདི་སྐད་བཏབ། །སེམས་དཔའ་རྒྱལ་སྲས་ནམ་ཞིག་སངས་རྒྱས་སྐབས། །བདག་ ཅག་གཙོ་བོ་ཉེ་གནས་མཆོག་གྱུར་དུས། །དེའི་འཁོར་བློན་རྣམས་འབྲལ་མེད་རྒྱུན་འགྲོགས་ ཤིང༌། །ཆོས་སྤྱན་ཐོབ་ནས་གཞན་དོན་མཉམ་སྤྱོད་ཤོག །དེ་བཞིན་ཀླུ་རྒྱལ་ཕྱི་འཁོར་སྡེ་ རིགས་ཀྱིས། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་རླབས་ཆེན་བགྱིས། །དེ་ནས་སེམས་དཔས་ ཀླུ་རྒྱལ་ལ་གསོལ་བ། །ཀྱེ་མ་བསོད་ནམས་མངའ་བདག་ཁྱེད་ཉིད་ཀྱིས། །ངེད་ཅག་འཛམ་ གླིང་རང་ཡུལ་ལེགས་ཕྱིན་ཆེད། །བསམ་འཕེལ་ནོར་བུར་གསོལ་བ་འདེབས་པར་བསྐུལ། 1-1-174 །ཀླུ་རྒྱལ་མཆོག་གིས་ནོར་བུ་རྒྱལ་མཚན་གྱི། །རྩེ་མོར་བཏགས་ནས་སེམས་དཔའ་ལ་གཏད་ བཞིན། །འདི་སྐད་ནོར་བུ་བསམ་འཕེལ་བདེན་ངེས་ན། །ནོར་བདག་རྒྱལ་སྲས་འཁོར་བཅས་ རང་ཡུལ་དུ། །བདེར་སླེབས་གཞན་ཕན་འབྱུང་བར་གསོལ་སྨོན་མཛད། །སྨོན་དོན་ཇི་བཞིན་ རྒྱལ་བུ་གཙོ་འཁོར་ཀུན། །རང་གནས་སུ་ནི་བདེར་ཕྱིན་ནོར་བུ་ལས། །དགོས་འདོད་བཏུང་ བཟའ་གོས་དང་རིན་ཆེན་རིགས། །སྣ་ཚོགས་ཆར་བ་ཞག་གྲངས་དུ་མར་ཕབས། །འཛམ་ གླིང་འགྲོ་མང་དབུལ་བསལ་ཆོས་ལ་བཀོད། །དེ་འདྲའི་རླབས་ཆེན་ལྷག་བསམ་རབ་དཀར་ ཅན། །ཀླུ་རྒྱལ་བྱང་སེམས་ཡོན་ཏན་མཐའ་ཡས་ཆེ། །སྟོན་པའི་སྔོན་རབས་སེམས་དཔར་ ནོར་མཆོག་ཕུལ། །བསྟན་འདིར་ཐུབ་དབང་ཉེ་གནས་ལི་ཙ་བཱི། །སླར་ཡང་ངེས་དོན་གསལ་ བྱེད་སྙིགས་འགྲོའི་མགོན། །ཆོས་རྗེ་བླ་མར་རང་ཅག་འགྲོ་བའི་སྐྱབས། ། རིགས་ལྡན་སྤྲུལ་སྐུ་ཀུན་མཁྱེན་རྟོན་པ་བཞི་ལྡན་གྱི་སྐྱེས་རབས་རྟོགས་བརྗོད་རྒྱས་པ་ ལས་ཡོན་ཏན་མཐའ་ཡས་སུ་སྐྱེས་པའི་རབས་ཏེ་ལེའུ་སོ་གཅིག་པའོ།། །། ༈ དེ་ནས་མདོ་སྡེ་མཛངས་བླུན་ལས་གསུངས་ལྟར། །སྔོན་བྱུང་འདས་པའི་དུས་ན་ བསྐལ་པ་ནི། །གྲངས་མེད་པ་ཞིག་སོང་བའི་སྔོན་རོལ་ཏུ། །དེ་བཞིན་གཤེགས་པ་ཡང་དག་ རྫོགས་སངས་རྒྱས། །བུ་ར་ཤ་ཞེས་བྱུང་བའི་བསྟན་པ་ལ། །འཛམ་གླིང་འཁོར་ལོས་དབང་ སྒྱུར་རྒྱལ་པོ་ནི། །ས་ཐུལ་ཞེས་བྱ་རྒྱལ་ཕྲན་བརྒྱད་ཁྲི་དང༌། །བཞི་སྟོང་ལ་དབང་རྒྱལ་བློན་ དང་བཅས་པས། །ཡོ་བྱད་རྣམ་བཞི་སྦྱར་ནས་སངས་རྒྱས་དང༌། །ཆོས་དང་དགེ་འདུན་བསོད་ ནམས་ཞིང་ལ་ཕུལ། །དེ་ལྟར་རྒྱལ་འབངས་ཐམས་ཅད་དུས་རྟག་པར། །རྫོགས་པའི་སངས་ རྒྱས་ལ་ནི་ཕྱག་འཚལ་ཞིང༌། །བསྙེན་བཀུར་ཕུན་སུམ་ཚོགས་པར་ལེགས་བགྱིད་ཅིང༌། །བདེ་ གཤེགས་དངོས་ཞལ་མཇལ་སྐབས་མེད་པ་ཡི། །མཐའ་འཁོབ་རྒྱལ་ཕྲན་ཡུལ་མི་ཐམས་ ཅད་ཀྱིས། །བསོད་ནམས་ཡོངས་སུ་གསོག་ཕྱིར་ཞིང་མཆོག་ཏུ། །དེ་བཞིན་གཤེགས་པའི་ 1-1-175 སྐུ་གཟུགས་ཆེས་མཛེས་ཤིང༌། །ཁྱད་མཚར་འཛམ་བུའི་ཆུ་བོའི་གསེར་བཟང་གིས། །ཉེར་ བསྐྲུན་བརྒྱད་ཁྲི་བཞི་སྟོང་ལེགས་བཞེངས་པ། །དེ་ཡང་རི་མོ་མཁན་བསགས་སངས་རྒྱས་ཀྱི། །མཚན་ལ་བལྟས་ནས་འབྲི ་བར་བརྩམས་པ་ན། །གཟུགས་སྐུའི་རྣམ་དབྱིབས་ཁ་དོག་གང་ གི་ཆ། །ཇི་བཞིན་འབྲི ་བར་མ་ནུས་ཨ་ཐང་ཆད། །དེ་སྐབས་སངས་རྒྱས་ཉིད་ཀྱིས་ཚོན་རྩི་ སྦྱར། །སྐུ་བརྙན་ཇི་བཞིན་རི་མོའི་ལམ་དུ་བཞེངས། །རི་མོའི་སྐུ་གཟུགས་གཅིག་བཞེངས་དེ་ ཉིད་ལ། །རིས་མཁན་ཚོགས་ཀྱིས་བལྟས་ནས་བདེ་གཤེགས་སྐུ། །མཚན་ལྡན་བརྒྱད་ཁྲི་བཞི་ སྟོང་ལེགས་བྲི ས་ཤིང༌། །མཐའ་འཁོབ་རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་ལ། །རང་རང་བསོད་ ནམས་དད་པའི་རྟེན་ཉིད་དུ། །ལེགས་བསྐུར་ཁམས་ཀྱི་རྒྱལ་ཕྲན་དེ་དག་གིས། །རྟེན་མཆོག་ རྣམས་ལ་བསོད་ནམས་བསགས་སྒོ་བྱས། །རྒྱལ་ཕྲན་རྣམས་ཀྱི་མངའ་འོག་གང་གནས་པ། །ཚོགས་ཆེན་དེར་འབྲིལ་ཀུན་ཀྱང་རང་རང་གི །སྐྱེ་བ་བརྒྱད་ཁྲི་བཞི་སྟོང་བར་དག་ཏུ། །མཐོ་ རིས་བརྒྱ་བྱིན་ལྷ་ཡི་དབང་པོར་སྐྱེས། །བྱད་གཟུགས་བཟང་ཞིང་མཚན་དཔེའི་ལུས་ཐོབ་སྟེ། །རིམ་གྱིས་མངོན་པར་སངས་རྒྱས་སུ་གྱུར་ནས། །མྱ་ངན་ལས་འདས་རིང་བསྲིལ་མཆོད་རྟེན་ ཡང༌། །བརྒྱད་ཁྲི་བཞི་སྟོང་དེ་སྙེད་བྱས་པར་གྱུར། །དེ་འདྲའི་འཁོར་ལོས་སྒྱུར་བའི་རོལ་པ་ གང༌། །གདུལ་བྱ་དེ་ངོར་ཙམ་གྱིས་སྤྲུལ་བཀོད་ལགས། །གཞན་དུ་སློབ་དང་མི་སློབ་མཛད་ སྒོ་མང༌། །རྫོགས་ལྡན་ཆོས་ཀྱི་འདྲེན་མཆོག་དུས་མཐར་བྱོན། ། རིགས་ལྡན་སྤྲུལ་སྐུ་ཀུན་མཁྱེན་རྟོན་པ་བཞི་ལྡན་གྱི་སྐྱེས་རབས་རྟོགས་བརྗོད་རྒྱས་པ་ ལས་རྒྱལ་པོ་ས་ཐུལ་དུ་སྐྱེས་པའི་རབས་ཏེ་ལེའུ་སོ་གཉིས་པའོ།། །། ༈ དེ་ནས་འཕགས་པ་རིན་ཆེན་དྲྭ་བརྩེགས་མདོར། །ལེགས་པར་བྱུང་ལྟར་སྔོན་བསྐལ་ ཚད་མེད་པ། །འདས་པའི་ཕ་རོལ་ཏུ་ན་དེ་བཞིན་གཤེགས། །འོད་སྲུང་ཞེས་བྱ་འཇིག་རྟེན་ ཁམས་སུ་བྱོན། །མི་ལོ་སྟོང་ཕྲག་ཉི་ཤུར་ལེགས་གནས་ཚེ། །ཡངས་པ་ཅན་གྱི་གྲོང་དུ་འཁོར་ 1-1-176 སྒྱུར་ནི། །རྒྱལ་པོ་དྷརྨ་ཨ་ཤྭ་ཀ་ཞེས་པ། །གཟུགས་བཟང་ཤེས་རབ་ཆེ་བ་མཚན་དཔེས་ བརྒྱན། །དམ་པའི་ཆོས་ལ་ཤིན་ཏུ་དགའ་བ་ཅན། །དེ་ལ་བཙུན་མོ་བརྒྱ་ཕྲག་ཡོད་པ་རྣམས། །རིགས་གཟུགས་ལང་ཚོ་ཕུན་ཚོགས་རྒྱལ་བུ་ཡང༌། །སྙིང་རྗེ་དང་ལྡན་བྱང་སེམས་རིགས་ ཅན་མང༌། །རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་མངའ་དབང་བསྒྱུར། །དེ་འདྲའི་ཆོས་ཀྱི་རྒྱལ་པོ་ ཨ་ཤྭ་ཀས། །སངས་རྒྱས་འོད་སྲུང་འཁོར་བཅས་སྤྱན་དྲངས་ཏེ། །ཟླ་བ་བཅུ་གསུམ་བར་དུ་ བསྙེན་བཀུར་ཕུལ། །དེ་སྐབས་བདེ་གཤེགས་དེ་ཡིས་རྒྱལ་པོ་ལ། །འདི་སྐད་བཀའ་བསྩལ་ རྗེས་དབང་ཆེན་པོ་ཀྱི།ལོངས་སྤྱོད་ཐམས་ཅད་སྙིང་པོ་མེད་ཅིང་ཟད། །དེ་བས་ལོངས་སྤྱོད་ སྙིང་པོ་འབྱུང་བའི་ཕྱིར། །དེ་བཞིན་གཤེགས་པའི་རིང་བསྲིལ་སྙིང་པོ་ཅན། །མཆོད་པའི་རྟེན་ ཞིག་བྱས་ན་མི་ལེགས་སམ། །ཞེས་གསུངས་རྒྱལ་པོས་ཐོས་པས་ཡིད་རབ་དགའ། །མགུ་ཞིང་ བདེ་བ་སྐྱེས་ནས་བཅོམ་ལྡན་ལ། །ཨུ་དུམ་ཝ་རའི་མེ་ཏོག་སྟོང་གཏོར་ནས། །འདི་སྐད་བདག་ གིས་ལོངས་སྤྱོད་སྙིང་པོའི་ཕྱིར། །དེ་བཞིན་གཤེགས་པའི་མཆོད་རྟེན་ངེས་པར་བཞེངས། །འགྲོ་བ་ལྷ་མི་བཅས་པའི་དོན་མཆིས་བགྱི། །ཞེས་དམ་བཅའ་ནས་གསེར་གྱི་རྔ་བརྡུངས་ ཏེ། །མངའ་འོག་ཐམས་ཅད་བཀའ་བཏང་རྒྱུ་རྐྱེན་བསྒྲུབས། །དཔག་ཚད་གསུམ་གྱི་རྒྱ་ཅན་ འགྲམ་བཏང་བས། །བློན་པོ་རྣམས་ཀྱི་ཡིད་ལ་མ་ཤོང་སྟེ། །ཧ་ཅང་ཆེ་བས་འགྲུབ་དཀར་ སྨྲས་པ་ན། །རྒྱལ་པོས་ཐུགས་སྟོབས་བསྐྱེད་དེ་ཕྱོགས་རེ་ལ། །སྔར་བས་རྒྱང་གྲགས་རེ་ བསྐྱེད་ལེགས་བཞེངས་པ། །མཆོད་རྟེན་ཆེན་པོ་རིན་ཆེན་སྣ་ཚོགས་ལས། །གྲུབ་ཅིང་དྲིལ་བུ་ སྟོང་ཕྲག་དང་ལྡན་པ། །གདུགས་དང་རྒྱལ་མཚན་བ་དན་དག་གིས་སྤྲས། །དེའི་འོད་སུམ་ཅུ་ རྩ་གསུམ་བར་དུ་འཕྲོ། །ཡ་མཚན་རྟེན་མཆོག་སྨོན་ལམ་སྟོབས་ལས་གྲུབ། །དེ་ལ་དེ་བཞིན་ གཤེགས་པ་འོད་སྲུང་གིས། །རབ་གནས་མཛད་ཚེ་རྒྱལ་པོས་སེམས་བསྐྱེད་པ། །བདག་གིས་ མ་འོངས་ལྔ་བརྒྱའི་ཐ་མ་ལ། །ཤཱཀྱ་ཐུབ་པའི་བསྟན་ལ་འདི་འདྲ་བའི། །བདེ་གཤེགས་མཆོད་ 1-1-177 རྟེན་ཁྱད་མཚར་ཕུལ་བྱུང་བ། །ལྷ་མི་སྐྱེ་བོའི་དོན་དུ་བྱེད་པར་སྨོན། །དེ་སྐབས་རྒྱལ་བུ་རྣམས་ ཀྱིས་ཚིག་མཐུན་པར། །འདི་སྐད་ཡབ་རྗེས་མ་འོངས་ཐ་མའི་དུས། །ཤཱཀྱའི་བསྟན་ལ་དེ་ བཞིན་གཤེགས་པ་ཡི། །མཆོད་རྟེན་ལེགས་བཞེངས་སྐབས་སུ་བདག་ཅག་ཀྱང༌། །དེ་ཡི་སྤུན་ གྱུར་ཆོས་ཀྱི་གྲོགས་བྱེད་ཅིང༌། །ཆོས་སྤྱན་རྡུལ་དང་བྲལ་བ་ཐོབ་ནས་སུ། །ཡབ་རྗེའི་མཛད་ ཆེན་ཉི་ཟླ་བཞིན་གསལ་ཤོག །དེ་སྐད་སྨོན་དོན་ཇི་བཞིན་ལེགས་འགྲུབ་སྟེ། །བདག་ཅག་ སྟོན་པའི་དྲུང་དུ་ལི་ཙ་བཱིས། །རིན་ཆེན་དྲ་བས་གཡོགས་པའི་མཆོད་རྟེན་བཞེངས། །སྟོན་པ་ མྱ་ངན་ལས་འདས་འོག་ཏུ་ནི། །སྟོང་ཕྲག་ལོ་འདས་དུས་སུ་གདོང་དམར་གྱི། །ཡུལ་གཤོང་ ཚེར་མ་ཅན་དུ་ཆུ་བོའི་འགྲམ། །བདེ་གཤེགས་མཆོད་རྟེན་སླར་བསྐྲུན་ཐེག་ཆེན་གྱི། །ཆོས་ དུང་འབུད་ཅིང་དར་ཕྱར་རྔ་བརྡུངས་ཏེ། །ལྟ་ངན་ཡུལ་བསྐྲད་དེ་བཞིན་གཤེགས་པ་ཡི། །ལྟ་ མཆོག་འབྱུང་བར་བྱེད་ཅིང་མཐའ་འཁོབ་ཏུ། །ཆོས་ཀྱི་སྒྲོན་མེ་སྦར་ཞིང་སྨན་སྡོང་གྱུར། ། རིགས་ལྡན་སྤྲུལ་སྐུ་ཀུན་མཁྱེན་རྟོན་པ་བཞི་ལྡན་གྱི་སྐྱེས་རབས་རྟོགས་བརྗོད་རྒྱས་པ་ ལས་དྷརྨ་ཨ་ཤྭ་ཀར་སྐྱེས་པའི་རབས་ཏེ་ལེའུ་སོ་གསུམ་པའོ།། །། ༈ དེ་ནས་ས་བཅུ་བཀོད་པའི་མདོར་གསུངས་ལྟར། །སྔོན་བསྐལ་དགུ་བཅུ་རྩ་གཉིས་ འདས་པ་ན། །དེ་བཞིན་གཤེགས་པ་གསེར་ཐུབ་འཇིག་རྟེན་དུ། །ལེགས་པར་བྱོན་དུས་ནོར་ བུའི་གྲོང་ཁྱེར་ཆེར། །རྒྱལ་པོ་ལྷ་ཡི་འོད་ཟེར་ཞེས་བྱ་བ། །ཆོས་ཀྱི་རྒྱལ་སྲི ད་སྐྱོང་བ་ཞིག་ བྱུང་སྟེ། །དེ་སྐབས་སུ་ནི་བློན་འབངས་ཐམས་ཅད་ཀྱིས། །དེ་བཞིན་གཤེགས་ལ་བཀུར་སྟི་ ལེགས་བྱེད་དུས། །བཙུན་མོ་མཆོག་ལ་རྒྱལ་བུ་ཞིག་བཙས་པ། །མཚན་དང་དཔེ་བྱད་ཀྱིས་ བརྒྱན་ལག་གཉིས་ཀྱིས། །ཁུ་ཚུར་བསྡམས་པར་གྱུར་པ་ནམ་བཀྲོལ་སྐབས། །མུ་ཏིག་དུང་ ཙེ་རེ་རེ་རྒྱུན་དུ་བྱུང༌། །དེ་བླངས་སླར་ཡང་དུང་ཙེ་ཟད་མེད་པས། །རྒྱལ་པོའི་བང་མཛོད་ ཐམས་ཅད་གང་ནས་ཀྱང༌། །མུ་ཏིག་ནམ་ཡང་ཟད་པར་མ་གྱུར་པས། །རྒྱལ་བུ་གཞོན་ནུ་ 1-1-178 དེ་ཡི་མིང་ལ་ཡང༌། །མུ་ཏིག་གི་ནི་སྙིང་པོ་ཞེས་བྱར་བཏགས། །ལེགས་བྱུང་མུ་ཏིག་དེ་དག་ གིས་བསྐྲུན་པའི། །དེ་བཞིན་གཤེགས་པའི་མཆོད་རྟེན་ཁྱད་མཚར་ཅན། །འཕང་དུ་དཔག་ ཚད་གཅིག་དང་རྒྱ་ཁྱོན་ལ། །རྒྱང་གྲགས་གཉིས་ཡོད་པ་ཞིག་ལེགས་བཞེངས་ཏེ། །གསེར་ གྱི་དྲིལ་བུ་བརྒྱ་སྟོང་གིས་བརྒྱན་ཅིང༌། །རླུང་རས་འབུམ་ཕྲག་པད་དཀར་གུར་ཀུམ་གྱིས། །མཆོད་བཞིན་ཕྱག་དང་བསྐོར་བ་རྒྱུན་བྱས་མཐུས། །རྒྱལ་པོ་འབངས་དང་བཅས་པ་ཐམས་ ཅད་ཀྱང༌། །བཀྲ་ཤིས་དགེ་ལེགས་མཚན་མ་ལྷག་པར་རྒྱས། །རྒྱལ་སྲས་ཕྱག་གི་དབྱིག་ མཆོག་མུ་ཏིག་དེས། །རྒྱལ་པོའི་བང་མཛོད་བཀང་ཞིང་དེ་ལྷག་གིས། །དེ་བཞིན་གཤེགས་ པ་གསེར་ཐུབ་འཁོར་དང་བཅས། །ལེགས་པར་སྤྱན་དྲངས་གང་དགོས་མཆོད་འབུལ་མཛད། །མུ་ཏིག་གཞན་ལྷག་དམན་དབུལ་སེམས་ཅན་ལ། །གང་འདོད་སྦྱིན་པས་ལེགས་པར་ཚིམ་ བྱས་ཤིང༌། །སྦྱིན་ཡུལ་སྐལ་བཟང་སེམས་ཅན་དེ་དག་གིས། །མུ་ཏིག་ལ་ནི་རེག་མ་ཐག་ཉིད་ དུ། །ལུས་གཟུགས་གསེར་གྱི་ཁ་དོག་ཏུ་གྱུར་ཏེ། །ལ་ལ་རྒྱུན་དུ་བཞུགས་པའི་འབྲས་བུ་དང༌། །དེ་བཞིན་རང་རང་ཁམས་དབང་དང་མཐུན་པར། །ཕྱིར་འོང་ཕྱིར་མི་འོང་གི་འབྲས་བུ་མཆོག །དགྲ་བཅོམ་གོ་འཕང་དམ་པའི་ལེགས་འབྲས་བཅས། །གང་འོས་སྐད་ཅིག་དེ་ལ་ཡོངས་ཐོབ་ གྱུར། །དེ་འདྲའི་རྒྱལ་བུ་མུ་ཏིག་སྙིང་པོ་ནི། །སྟོན་པའི་སྐུ་དྲུང་གཞོན་ནུ་ལི་ཙ་བཱི། །འཁྲུངས་ མ་ཐག་ནས་ཁྱིམ་དུ་མུ་ཏིག་སོགས། །རིན་ཆེན་གཏེར་གྱི་ཁ་ནི་ལེགས་ཕྱེ་ཞིང༌། །དུས་མཐར་ གངས་རིའི་ལྗོངས་སུ་ཆོས་རྗེ་བལྟམས། །དེ་མ་ཐག་ཏུ་ཡིག་དྲུག་སྒྲ་དབྱངས་བཅས། །ལེགས་ མཚན་དེ་མཐུན་ནོར་བུའི་སྙིང་པོར་བཏགས། །སྔོན་བྱུང་རྟེན་འབྲིལ་རྒྱུ་མཐུན་འབྲས་འདི་ མཚར། ། རིགས་ལྡན་སྤྲུལ་སྐུ་ཀུན་མཁྱེན་རྟོན་པ་བཞི་ལྡན་གྱི་སྐྱེས་རབས་རྟོགས་བརྗོད་རྒྱས་པ་ ལས་མུ་ཏིག་གི་སྙིང་པོར་སྐྱེས་པའི་རབས་ཏེ་ལེའུ་སོ་བཞི་པའོ།། །། 1-1-179 ༈ དེ་ནས་མེ་ཏོག་སྤྲིན་བཀོད་མདོ་སྡེ་ལས། །ཇི་སྐད་ལེགས་གསུངས་ལྟར་དུ་སྔོན་ བྱུང་བ། །འདས་པའི་སྔ་རོལ་དེ་བཞིན་གཤེགས་པ་ནི། །དགྲ་བཅོམ་ཡང་དག་རྫོགས་པའི་ སངས་རྒྱས་མཆོག །རིག་དང་ཞབས་ལྡན་བདེ་གཤེགས་མཁྱེན་བཟང་ཅན། །སྐྱེས་འདུལ་ ཁ་ལོ་བསྒྱུར་བ་བླ་མེད་པ། །ལྷ་དང་མི་རྣམས་ཀྱི་ནི་སྟོན་པ་ཆེ། །སྤྲིན་གྱི་སྒྲོན་མེ་རྒྱལ་པོ་ ཞེས་བྱ་བྱུང༌། །དེ་སྐབས་རིན་ཆེན་གྲོང་ཁྱེར་ཆེན་པོ་ནི། །འཁོར་ལོས་སྒྱུར་རྒྱལ་སྙིང་རྗེའི་ སྤྲིན་ཞེས་པ། །ཞིག་ཡོད་དེ་ནི་བཙུན་མོ་སྟོང་ལ་དབང། །རྒྱལ་བུ་བཅུ་གསུམ་དཔའ་བརྟུལ་ སྙིང་རྗེ་ཅན། །མི་ཁྱིམ་འབུམ་ཕྲག་སྟོང་གི་མངའ་བདག་སྟེ། །རྒྱལ་ཁབ་ཆེན་པོ་དེ་ཡི་ཕྱོགས་ མཚམས་སུ། །ཙན་དན་སྦྲུལ་སྙིང་ཨ་ཀར་གོ་ཤིར་ཥ། །སེང་ལྡིང་གང་གཱ་ཨ་ཤྭ་ཐ་ལ་སོགས། །མེ་ཏོག་སྣ་ཚོགས་ཚལ་གྱིས་ལེགས་བརྒྱན་ཅིང༌། །རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་མངའ་འོག་ འདུ། །མངའ་བདག་རྒྱལ་པོས་གྲོང་ཁྱེར་དེ་དག་ཏུ། །གཙུག་ལག་ཁང་ནི་བརྒྱད་ཁྲི་བཞི་ སྟོང་བརྩིགས། །དེ་བཞིན་གཤེགས་པའི་སྐུ་གཟུགས་དེ་སྙེད་བཞེངས། །རང་གིས་མངའ་ འོག་པ་ནི་ཐམས་ཅད་ལ། །སྤོས་དང་མར་མེ་མེ་ཏོག་ལ་སོགས་པས། །རྒྱུན་མཆོད་ཚོགས་ གསོག་བྱེད་པར་བཀའ་བཏང་ཞིང༌། །འཛམ་གླིང་སེམས་ཅན་ལ་བརྩེ་མགོན་སྐྱབས་གྱུར། །དེ་སྐབས་ཤིག་ཏུ་ཆོས་ལ་སྡང་སེམས་ཅན། །ཕ་རོལ་རྒྱལ་པོ་སྡིག་ལ་དགའ་བ་ཡིས། །ཕྲག་ དོག་སྐྱེས་ནས་དམག་དཔུང་གཡུལ་བཤམས་པ། །ཆོས་རྒྱལ་མཐའ་སྲུང་དམག་གིས་ཚར་ བཅད་ནས། །ཕ་རོལ་འཚེ་བྱེད་དེ་དག་བཙོན་དུ་བཅུག །ལྕགས་སྒྲོག་སོགས་ཀྱིས་བཅིངས་ ནས་མུན་ནག་ཏུ། །ཉམ་ཐག་སྡུག་བསྔལ་གྱིས་མནར་སྨྲེ་སྔགས་འདོན། །གནས་ཚུལ་རྒྱལ་ པོ་སྙིང་རྗེའི་སྤྲིན་གྱིས་གསན། །དེ་མ་ཐག་ཏུ་ཁོང་ཉིད་བཙོན་རར་ཕེབས། །འོད་ཀྱིས་ཁྱབ་ ཅིང་མེ་ཏོག་ཆར་བ་འབེབས། །རོལ་མོ་སྣ་ཚོགས་མཁའ་ལ་རང་གྲགས་བྱུང༌། །བཙོན་ཁང་ དུ་གནས་སྡུག་བསྔལ་མྱོང་རྣམས་ལ། །ཡིན་ལུགས་ལེགས་དྲིས་གསུང་གིས་དབུགས་དབྱུང་ 1-1-180 གནང༌། །མཚན་དཔེ་ལེགས་མངའ་སྐུ་མཐོང་གསུང་ཐོས་པས། །བཙོན་གྱིས་མནར་རྣམས་ ཡིད་ལ་དགའ་མགུ་སྐྱེས། །རང་ཚུལ་ཇི་བཞིན་དྲང་པོར་ལེགས་སྨྲས་ཚེ། །རྒྱལ་པོ་ཕོ་བྲང་དུ་ ཕྱིན་གསེར་རྔ་བརྡུངས། །བློན་པོའི་ཚོགས་ཀུན་བསྡུས་ཏེ་འདི་སྐད་སྨྲས། །ཀྱེ་མ་བཙོན་རར་ ཚུད་པའི་ཉམ་ཐག་རྣམས། །ང་ཡིས་མི་འཇིགས་སྦྱིན་གྱི་ད་ཉིད་ཐོངས། །ཞེས་བཀའ་བསྒོ་ ཚེ་བློན་དག་གིས་སྨྲས་པ། །འདི་རྣམས་བདག་ཅག་ལ་རྒོལ་དཀོར་མཛོད་འཕྲོག །རྒྱལ་པོའི་ སྐུ་ལ་བསྡོ་མཁན་ཉེས་ཅན་ཡིན། །དེ་ཕྱིར་ཐར་པར་བྱེད་མི་རུང་ཚུལ་བརྗོད། །རྒྱལ་པོས་ སླར་གསུང་བདག་གིས་ཁམས་གསུམ་གྱི། །བཙོན་རར་གང་འཁོད་སེམས་ཅན་སྒྲོལ་འདོད་ ན། །འདི་རྣམས་ལྟ་ཅི་བླུ་ཡོན་དངོས་རྫས་རིགས། །རིན་ཆེན་སྣ་ཚོགས་གོས་བརྒྱན་ཡོ་བྱད་ རྣམས། །ཅི་དགོས་ང་ཡི་ལེགས་སྦྱིན་ད་ལྟར་ཐོངས། །ཞེས་གསུངས་བཞིན་བྱས་བཙོན་ བཀྲོལ་ཟས་གོས་དང༌། །ཡོ་བྱད་ཀྱིས་ཚིམ་མཛད་ནས་རང་གནས་བཏང༌། །དེ་ནས་སངས་ རྒྱས་སྤྲིན་གྱི་སྒྲོན་མ་ཡི། །རྒྱལ་པོ་འཁོར་ནི་བྱང་སེམས་དགུ་སྟོང་བཅས། །ཆོས་རྒྱལ་མཆོག་ གིས་ཁབ་ཏུ་སྤྱན་དྲངས་ཏེ། །རིན་ཆེན་དུ་མ་བཀོད་པའི་ཁྲི་གདན་སྟེང༌། །སྤོས་མཆོག་དཔལ་ སྣང་པདྨའི་སྙིང་པོ་ཅན། །བཤམས་ནས་འབྱོར་བ་ཆེན་པོའི་ཚོགས་ཀྱིས་མཆོད། །དགའ་མགུ་ རངས་པས་འདི་ལྟར་སེམས་བསྐྱེད་དེ། །བཅོམ་ལྡན་དཔང་མཛད་བདག་གིས་བཙོན་བཀྲོལ་ འདིས། །སྐྱེ་ཀུན་འཁོར་བའི་བཙོན་རར་གནས་པའི་འགྲོ། །ལས་ཉོན་འཆིང་ལས་དཀྲོལ་ ཞིང་ནམ་ཞིག་ཏུ། །ཤཱཀྱ་ཐུབ་པའི་བསྟན་ལ་དགེ་སློང་གི །དངོས་པོར་གྱུར་ནས་ངུར་སྨྲིག་ རྒྱལ་མཚན་འཛིན། །དེ་བཞིན་གཤེགས་དེས་བྱང་ཆུབ་སེམས་དཔའ་ཡི། །སྙིང་པོར་ལུང་ བསྟན་ཆོས་སྤྱན་རྣམ་དག་ཐོབ། །མཐའ་འཁོབ་གནས་སུ་ཟབ་ཆོས་དུང་འབུད་ཅིང༌། །ཆོས་ རྔ་བརྡུང་སྟེ་ལྟ་ངན་ཡུལ་ནས་བསྐྲད། །དེ་སོགས་ཐུགས་སྨོན་ཆེན་པོ་ལྔ་མཛད་ཅིང༌། །རྒྱལ་བུ་ རྣམས་ཀྱང་སེམས་བསྐྱེད་བདག་ཅག་གིས། །ཡབ་རྗེས་བཙོན་བཀྲོལ་གྲོགས་བྱས་ནམ་ཞིག་ 1-1-181 ཏུ། །ཉིད་ཀྱིས་བྱང་ཆུབ་སྒྲུབ་གྲོགས་བྱེད་པར་སྨོན། །གཞན་ཡང་བློན་འབངས་རྣམས་ཀྱིས་ ལྷག་བསམ་བསྐྱེད། །དེ་མ་ཐག་ཏུ་ས་གཡོས་ཕྱོགས་བཅུའི་ཞིང༌། །རབ་འགུལ་དེར་བཞུགས་ སངས་རྒྱས་ཐམས་ཅད་ཀྱང༌། །རྒྱལ་ཁབ་དེར་ལྷགས་ཞལ་བསྟན་ལེགས་སོ་གནང༌། །མ་ འོངས་ལུང་བསྟན་རང་རང་ཁམས་བཞིན་མཛད། །དེ་རྣམས་རང་གནས་སུ་ནི་བྱོན་རྗེས་སུ། །གཞིར་བཞུགས་བདེ་གཤེགས་སྤྲིན་སྒྲོན་རྒྱལ་མཆོག་གིས། །སྙིང་རྗེ་ཆེན་པོའི་རྒྱལ་པོ་ལ་ གསོལ་བ། །ཁྱོད་ཀྱིས་འདས་དུས་སངས་རྒྱས་ཆེས་མང་མདུན། །ཕྱག་འཚལ་སེམས་བསྐྱེད་ ད་ལྟར་སངས་རྒྱས་འབུམ། །དུ་མ་ལ་ཡང་སེམས་བསྐྱེད་བཙོན་བཀྲོལ་བྱས། །བསོད་ནམས་ འདིས་ནི་སྐྱེ་བ་གྲངས་མང་པོར། །ཁྱོད་ཉིད་སྟོང་གསུམ་འཁོར་སྒྱུར་དུ་སྐྱེས་ནས། །ཁམས་ གསུམ་སེམས་ཅན་འཁོར་བ་ལས་བཏོན་འགྱུར། །བྱང་སེམས་དགེ་སློང་གཟུགས་སོགས་ གང་འདུལ་གྱིས། །མཐའ་མེད་འགྲོ་དོན་འབྱུང་ཞིང་ནམ་ཞིག་མཐར། །ལྔ་བརྒྱའི་ཐ་མར་ ཤཱཀྱའི་བསྟན་པ་ལ། །སེམས་དཔའ་གཞོན་ནུ་ལི་ཙའི་རིགས་འབྱུང་སྟེ། །བདེ་གཤེགས་ ཉེ་གནས་སུ་གྱུར་ཐེག་མཆོག་གི །བཀའ་ལུང་ལེགས་འཐོབ་འགྱུར་ཞེས་གཟེངས་བསྟོད་ གནང༌། །དེ་ནས་རྒྱལ་པོས་གོས་དང་རིན་ཆེན་རིགས། །སྣ་ཚོགས་པས་ནི་བདེ་གཤེགས་ལ་ མཆོད་དེ། །རང་ཡུལ་དུ་བསྐྱལ་སྔར་འཁོན་ཕ་རོལ་དགྲ། །གདུག་པའི་རྒྱལ་པོ་འཁོར་བཅས་ གུས་པས་འདུད། །ཆོས་རྒྱལ་བཀའ་ཉན་ཆོས་ལ་ལེགས་འཇུག་གྱུར། །དེ་འདྲའི་འཁོར་སྒྱུར་ སྙིང་རྗེའི་སྤྲིན་ཞེས་པ། །ཐུབ་དབང་རྒྱལ་བའི་ཉེ་གནས་ལི་ཙ་བཱི། །དུས་མཐར་གདོང་དམར་ ཡུལ་དུ་ཀུན་མཁྱེན་མཚན། །ཡེ་ཤེས་དབང་ཕྱུག་ངེས་དོན་ཆོས་མཛོད་ཕྱེ། །གང་མཚན་འཛིན་ ཅིང་དད་པའི་སེམས་ཙམ་གྱིས། །ནད་མེད་བཀྲ་ཤིས་རྡོ་རྗེའི་ཚེ་ཐོབ་ཅིང༌། །སྐྱེ་ཀུན་དེ་བཞིན་ གཤེགས་དང་འཕྲད་པར་འགྱུར། །གཞན་ཡང་སེམས་དཔའ་ཆེ་དེ་མཐོང་ཐོས་ཀྱི། །ཕན་ཡོན་ ལྷ་ཡི་མིག་རྣའི་མངོན་ཤེས་ཐོབ། །ཡང་དག་ལྟ་བ་དང་འཕྲད་ཆོས་ཟབ་མཇལ། །དེ་དག་བདེ་ 1-1-182 གཤེགས་སྲས་ཀྱི་ཐུ་བོར་ངེས། ། རིགས་ལྡན་སྤྲུལ་སྐུ་ཀུན་མཁྱེན་རྟོན་པ་བཞི་ལྡན་གྱི་སྐྱེས་རབས་རྟོགས་བརྗོད་རྒྱས་པ་ ལས་སྙིང་རྗེའི་སྤྲིན་ཆེན་དུ་སྐྱེས་པའི་རབས་ཏེ་ལེའུ་སོ་ལྔ་པའོ།། །། ༈ དེ་བཞིན་གོང་བཤད་དཀྱུས་ཀྱི་སྔོན་བྱུང་རབས། །ལྔ་ཕྲག་ལྷག་པས་སོ་ལྔ་ཡོངས་ རྫོགས་པ། །དེ་དག་སློབ་དང་མི་སློབ་རྣམ་པར་འཕྲུལ། །གདུལ་བྱའི་དབང་གིས་གང་བྱུང་ ཆེས་གསང་ཡུལ། །ལྐོག་ཏུ་གྱུར་ལ་གོ་རིམ་དཀའ་མོད་ཀྱང༌། །གོང་མ་ཆེན་པོ་དག་གིས་ ལེགས་བསྒྲིགས་ལྟར། །ཕྱོགས་བསྡུས་འདིར་བཀོད་ཟིན་ནས་ད་ལྟར་གྱི། །ཆོས་རྗེ་མཆོག་གི་ སྐྱེས་རབས་ངོ་མཚར་བ། །གངས་རིའི་ལྗོངས་སུ་འཕགས་པའི་སྒྱུ་འཕྲུལ་གར། །སྙིགས་དུས་ མགོན་མེད་སེམས་ཅན་འདུལ་བའི་སླད། །རྟོན་བཞི་ལྡན་པ་རིགས་ལྡན་སྤྲུལ་པའི་སྐུ། །དོན་ ལ་རྫོགས་སངས་རྒྱས་ཀྱང་སེམས་དཔའི་ཚུལ། །འཁོར་ལོ་ཕྱིར་མི་ལྡོ ག་པ་སྙིང་པོའི་གཏམ། །རྫོགས་ལྡན་སྐལ་བཟང་ལེགས་འདྲེན་ཆོས་ཀྱི་རྒྱལ། །ཁ་བ་ཅན་དུ་ངེས་དོན་ཆོས་སྣང་གིས། །ལྟ་ངན་རྨོངས་མུན་སེལ་མཛད་ཀུན་མཁྱེན་རྗེ། །གང་ཉིད་སྔོན་ཆད་ཀུན་གཟིགས་ཐུབ་ དབང་གིས། །འཕགས་པ་དཀོན་མཆོག་སྤྲིན་མདོར་བཀའ་བསྩལ་པ། །ང་ནི་མྱ་ངན་འདས་ ནས་རིང་ཞིག་མཐར། །ཆོས་ལ་ཡིད་མི་ཆེས་པ་མང་འབྱུང་སྐབས། །ང་ཡི་གཞོན་ནུ་ལི་ཙ་བཱི་ འདི་ཉིད། །འོད་སྲུང་ཆེན་པོ་དང་འདྲའི་དགེ་སློང་ཞིག །དེ་བཞིན་གཤེགས་དང་མིང་མཐུན་ ལེགས་འབྱུང་སྟེ། །དེ་ཡང་ལྷོ་ཕྱོགས་རྒྱུད་དུ་དོལ་པོ་ཞེས། །བྱ་བའི་ཡུལ་འཁོར་དེ་ན་ཀ་ཡོ་རི། །བསོད་ནམས་ལྡན་པའི་གྲོང་ཁྱེར་བྱེ་ཆེན་པོ། །འབབ་ཆུ་མཛེས་སྦྱོར་བྱང་གི་ཕྱོགས་གནས་ པར། །དེ་བཞིན་གཤེགས་རིགས་སྐྱེས་བུ་གང་འཁྲུངས་དེས། །དམ་པའི་ཆོས་ཕྱིར་རང་སྲོག་ གཏོང་ཐུབ་ཅིང༌། །བྱ་དཀའི་གནས་ལ་འཇུག་པ་མི་ལྷོད་པར། །རྒྱ་ཆེན་ཡོན་ཏན་མཆོག་གི་ དཔལ་གྱུར་ཏེ། །བདུད་ཀྱི་སྟོབས་འཇོམས་དམ་ཆོས་མཐུ་བསྐྱེད་བྱེད། །འདི་ལ་མོས་རྣམས་ 1-1-183 ལེགས་དགེ་འབྱུང་བ་དང༌། །དད་གུས་མི་བྱེད་པ་ཀུན་གནས་ངན་དུ། །ལྷུང་ཚུལ་ཞིབ་རྒྱས་ དང་བཅས་ལུང་གིས་བསྔགས། །དེ་བཞིན་རྔ་བོ་ཆེ་མདོར་གང་གི་ཚེ། །བརྒྱད་ཅུའི་ལོ་ལ་ བསྟན་པ་ཉམས་པའི་དུས། །ལྷོ་ཕྱོགས་མུ་རྒྱུན་ཆུ་འགྲམ་ལ་བརྟེན་པའི། །གྲོང་ཁྱེར་དམག་ གིས་མི་ཚུགས་ཞེས་བྱ་བར། །ཀ་ཡོ་རི་ལ་ངའི་མིང་ཉེར་འཆང་བའི། །དགེ་སློང་ཞིག་འབྱུང་ ཐབས་མཁས་རབ་ཏུ་བྱུང༌། །བསྡུ་བའི་དངོས་པོས་བསྡུས་ཏེ་གཞན་དག་བྱེད། །ཡང་དག་ ཆོས་སྒྲོན་སྟོང་ཉིད་གཏམ་སྨྲ་ཞིང༌། །སེམས་ཅན་རིགས་ཁམས་གཤེགས་སྙིང་རྟག་པའི་ གཏམ། །རྒྱ་ཆེར་སྨྲ་བའི་ཆོས་རྔ་ཆེ་བརྡུངས་ནས། །དེ་བཞིན་ཆོས་ཀྱི་དུང་འབུད་རྒྱལ་མཚན་ འཛུགས། །མངོན་སུམ་གོ་གྱོན་ལ་སོགས་རྒྱ་ཆེར་གསུངས། །མྱང་འདས་སིལ་བུར་རྒྱལ་བ་ འདས་འོག་ནས། །བདུན་བརྒྱའི་ལོ་མཚམས་ཆུ་བོ་གཡས་འཁྱིལ་གྱི། །ལྷོ་ཕྱོགས་ངའི་མིང་ ཅན་གྱི་དགེ་སློང་འབྱུང༌། །ལོ་བརྒྱར་ཆོས་སྦྱིན་མཛད་ཚུལ་གསུངས་པ་དང༌། །གསང་བ་ལུང་ བསྟན་ལས་ཀྱང་རྒྱུ་ཡི་ཆོས། །བྱུང་རྗེས་རྡོ་རྗེ་ཐེག་པའི་ཉེ་ལམ་ཞིག །སྟོན་མཛད་མ་འོངས་ སྐྱེས་ཆེན་འབྱུང་ཞེས་དང༌། །གཙུག་ཏོར་རྣམ་པར་རྒྱལ་མའི་རྒྱུད་སྡེ་ལས། །བདེ་གཤེགས་མྱ་ ངན་འདས་འོག་ལོ་སྟོང་ཕྲག །ཕྱེད་དང་གཉིས་སོང་གདོང་དམར་ཡུལ་དུ་ནི། །ང་འདྲའི་ བསྟན་འཛིན་དགེ་སློང་ཞིག་འབྱུང་བ། །ཆུ་བོ་ལྗོན་ཤིང་ཕྲེང་མཛེས་ཀ་ཡོ་རིའི། །གྲོང་དུ་ཡབ་ ནི་ཡེ་ཤེས་དབང་ཕྱུག་དང༌། །ཡུམ་ནི་ཚུལ་ཁྲིམས་རྒྱན་ཞེས་གྲགས་པའི་སྲས། །སངས་རྒྱས་ མིང་ཅན་ངའི་བསྟན་རྒྱལ་མཚན་འཛུགས། །ཆོས་ཀྱི་དུང་འབུད་དར་ཕྱར་འགྱུར་བ་སོགས། །མདོ་རྒྱུད་མང་པོའི་བཀའ་ལུང་ཆེས་མང་ཡང༌། །རེ་ཞིག་དེ་ཙམ་དུ་བཞག་དེ་དག་ཀྱང༌། །ལུང་བསྟན་ངེས་དང་མ་ངེས་ཅི་རིགས་ཡོད། །དེ་འདྲའི་ཚད་མའི་སྐྱེས་ཆེན་ཟླ་བྲལ་བ། །ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཇོ་ནང་པ། །རྒྱལ་བ་གཉིས་པ་ཆེན་པོའི་མཛད་བཟང་གི །ད་ ལྟའི་སྐྱེས་རབས་ཐུན་མོང་མཚོན་ཙམ་པ། །ངོ་མཚར་དད་པའི་དམིགས་རྐྱེན་དུ་བརྗོད་པ། 1-1-184 །ཐོག་མར་སྤྲུལ་པའི་སྐུ་ཉིད་ལེགས་བལྟམས་ཚུལ། །བར་དུ་རང་གཞན་དོན་གཉིས་མཆོག་ མཛད་ཚུལ། །ཁྱད་པར་རྣམ་དཀར་ལས་ཀྱི་འཁོར་ལོའི་ཚུལ། །ཐ་མར་ལྗོངས་འདིའི་གདུལ་ བྱ་རྫོགས་ཚུལ་ལོ། །དེ་ལྔ་རྒྱལ་བའི་ཡེ་ཤེས་ལྔ་མཚོན་བྱེད། །ས་བཅད་སྡོམ་གྱི་ཚུལ་དུ་ ལེགས་བཀོད་པ། །དེ་ལས་དང་པོ་སྐུ་ཉིད་ལེགས་བལྟམས་ཚུལ། །བསིལ་ལྗོངས་ནོར་འཛིན་ ཡོངས་རྒྱས་དབུས་ཀྱི་ཆར། །འཕགས་མཆོག་འཇིག་རྟེན་དབང་ཕྱུག་བྱིན་རླབས་གནས། །ཡུལ་ནི་མངའ་རིས་ས་ཆ་དོལ་པོའི་གླིང༌། །འོག་གཞི་ཟླུམ་འཁྱིལ་སྟེང་གྲོང་རྟ་ནག་དང༌། །ནང་ཁུང་ཕུལ་ཆུ་བེ་ཆེར་གྲོང་ཁྱེར་བཞིའི། །དབུས་སུ་པན་ཚང་ནང་ཚུད་སུམ་མདོའི་གཞིར། །ཀ་ཡོ་རི་ཞེས་ཀེ་ལ་ཤ་ལྟར་དཀར། །གསལ་འཚེར་མཐོ་བའི་སྟེང་གནས་ཁང་བཟང་ཆེ། །རྣམ་དཀར་རོལ་པ་ཞེས་བྱ་མཛེས་ཁྱད་རྫོགས། །མཐའ་སྐོར་ཆུ་ར་ལྗོན་ཤིང་སྣ་ཚོགས་ འཛོམས། །མཛེས་པའི་བྱ་ཚོགས་སྐད་སྙན་སྒྲ་སྒྲོགས་པ། །བདེ་བ་ལོ་ལེགས་མངའ་ཐང་ འབྱོར་བ་རྒྱས། །གཞི་དེར་མི་རིགས་མཐོ་བའི་གདུང་རྒྱུད་མཆོག །ངམ་རིངས་གྲགས་པའི་ རྒྱལ་པོ་སྔགས་འཆང་གི །སྐུ་སྲས་ཆེ་བ་ཨ་དཔལ་ཞེས་བྱ་དང༌། །ཆུང་བ་བདེ་མཆོག་སྒྱུ་མའི་ རོལ་གར་མཁན། །ཡེ་ཤེས་དབང་ཕྱུག་ཅེས་བྱ་གཟུགས་བཟང་བ། །ཤེས་རབ་ཆེ་ཞིང་རིག་ པ་ཆོས་ལ་བསྒྱུར། །ཡུལ་མིས་བཀུར་འོས་གང་དེ་ཡབ་ཡིན་ཞིང༌། །ཡུམ་ནི་སྐྱིད་སྟེང་རྒྱལ་ པོའི་རིགས་སྲས་མོ། །རྡོ་རྗེ་ཕག་མོའི་རྣམ་འཕྲུལ་ཚུལ་ཁྲིམས་རྒྱན། །མདོག་སྔོ་མཛེས་ཤིང་ རིག་གསལ་སྙིང་རྗེ་ཆེ། །དེ་གཉིས་སྲས་སུ་དུས་མཐར་འགྲོ་མགོན་དུ། །སྨོན་ལམ་དབང་ གིས་བསམ་བཞིན་སྐྱེས་བཞེས་ཚུལ། །ཡུམ་ཉིད་དགུན་ཟླ་འབྲི ང་པོའི་བཅོ་ལྔ་ལ། །རྒྱལ་ ཕུར་འཛོམས་ཉིན་གསོ་སྦྱོང་མཛད་པའི་ཕྱིར། །ཁང་བཟང་ཡང་ཐོག་སྤོས་ཆུས་ཁྲུས་བྱས་ཚེ། །དེ་མ་ཐག་ཏུ་མཁའ་དབྱིངས་དག་པ་ལ། །འཇའ་གུར་འཁྱིལ་ནང་པདྨ་དཀར་པོའི་དབུས། །དཀར་གསལ་དྲི་མེད་ཧྲཱིཿཡིག་གིས་མཚན་པ། །མངོན་སུམ་ཐོན་ནས་ཡུམ་གྱི་སྤྱི་བོར་ཐིམ། 1-1-185 །དེ་མཚུངས་མཁའ་ལ་འཇའ་འོད་རབ་འཁྲིགས་ཤིང༌། །མེ་ཏོག་ཆར་འབེབས་རོལ་མོའི་སྒྲ་ རང་གྲགས། །ཁྱད་པར་ནམ་མཁའ་ལས་ཀྱང་ཆོས་ཉིད་སྒྲ། །ཨེཿཝཾ་ཐིག་དྲུག་སྟོང་ཆེན་ འགྱུར་མེད་ལྔ། །ཨ་ཧྂ་ཐབས་ཤེས་འོད་གསལ་ཡིག་ཚོགས་དག །ཆོས་དབྱིངས་རྡོ་རྗེའི་མུན་ སེལ་སྒྲོན་མེ་ཤར། །ཞེས་སོགས་ངོ་མཚར་ཆོས་སྒྲ་ལེགས་སྒྲོགས་པ། །ཀུན་གྱིས་རྩོད་མེད་ དབང་པོའི་སྤྱོད་ཡུལ་གྱུར། །གཞན་ཡང་དེ་སྐབས་ས་ཆེན་རབ་གཡོས་ཤིང༌། །འོད་གསལ་སྣ་ ཚོགས་ཕྲེང་བ་མཁའ་ལ་བཀྲ། །ལྷ་ཡི་སྒྲ་དབྱངས་དུ་མས་ཁྱབ་པ་བྱུང༌། །མངའ་རིས་ཡུལ་ ཀུན་སྔོན་བསགས་བཀྲ་ཤིས་ཤིང༌། །སྲི ད་པའི་དཔལ་འབྱོར་མ་ལུས་མཆོག་ཏུ་རྒྱས། །ཡིད་ འཕྲོག་ལྟས་བཟང་ངོ་མཚར་ལེགས་མཚན་འབར། །མ་ཡི་ལྷུམས་སུ་རྒྱལ་སྲས་སེམས་དཔའི་ ཚུལ། །ཤེལ་གྱི་ཁང་པར་མར་མེ་བཅུག་པ་ལྟར། །ཕྱི་གསལ་ལྷང་ངེར་མཐོང་ཞིང་མ་ཡུམ་ ལུས། །ནད་མེད་བདེ་བ་ཆེན་པོའི་ཉམས་དང་ལྡན། །དུས་འཁོར་ལ་སོགས་རྒྱུ་སྐར་ལྷ་ཡི་ ཚོགས། །ནམ་མཁའི་དབྱིངས་སུ་ཡུམ་གྱིས་མངོན་སུམ་མཐོང༌། །མངོན་ཤེས་དྲུག་གི་གསལ་ སྣང་རང་ཤུགས་མངོན། །ལྷུམས་སུ་བཞུགས་སྐབས་ཆོས་ཀྱི་སྒྲ་བྱུང་ཞིང༌། །ཡི་གེ་དྲུག་མའི་ འོད་འཆར་ཡུམ་རང་གི། །རྨི་ལམ་གསལ་བར་རང་ལུས་གཞལ་ཡས་ཁང༌། །དེ་ལ་སྤྱན་རས་ གཟིགས་དབང་བཞུགས་པ་དང༌། །རུམ་དུ་མར་མེ་ཆེས་འོད་གསལ་བ་ལས། །འོད་ཟེར་སྣ་ ཚོགས་ཕྱོགས་ཀུན་ལེགས་འཕྲོ་བ། །ལྷ་མོ་ཉིད་ལ་ལྷ་མང་བསྐོར་བྱེད་རྨིས། །ལུས་ནད་མེད་ ཅིང་བདེ་ངང་སྨྱོ་ནད་ཅན། །ལ་སོགས་ནད་པ་གཞན་ལ་ཡུམ་ཉིད་ཀྱིས། །ས་ཉོག་ཙམ་བྱིན་ ནད་རིགས་ཀུན་ལས་གྲོལ། །དེ་སོགས་སེམས་དཔའ་གཞོན་ནུ་ལྷུམས་བཞུགས་སྐབས། །བྱིན་རླབས་སྣང་བ་རང་གཞན་མང་པོ་ལ། །སྣ་ཚོགས་བྱུང་ཞིང་ངོ་མཚར་གླེང་མོ་བྱེད། །དེ་ ནས་ཟླ་བརྒྱད་སོན་ཚེ་ཆུ་ཕོ་འབྲུག །གནམ་ལོ་གསར་ཚེས་བརྒྱད་ལ་འོད་སྣ་ཚོགས། །འཇིག་ རྟེན་ཁམས་ཀུན་ཁྱབ་པ་ལམ་ལམ་བྱུང༌། །སྔ་ནུབ་ཡུམ་གྱི་རྨི་ལམ་བྱང་ཆུབ་ཆེའི། །མཆོད་ 1-1-186 རྟེན་གཅིག་བཞེངས་དེ་ཉིད་ནམ་འཁར་སླེབས། །འོད་ཟེར་སྣ་ཚོགས་སྤྲོས་པས་འཛམ་གླིང་ ཁྱབ། །མུན་སེལ་དྲིལ་བུ་བརྒྱ་སྟོང་ཆོས་སྒྲ་སྒྲོགས། །སེམས་ཅན་མཐའ་དག་དགའ་བྱེད་ མཆོད་རྫས་ཀྱང༌། །མང་ཐོགས་དེ་ལ་ཕྱག་བསྐོར་བྱེད་པ་དང༌། །ཁྱིམ་དུ་གཏེར་རྡོལ་འགྲོ་ མང་ཚིམ་པ་རྨིས། །སྐུ་སྲི ང་དག་གི་རྨི་ལམ་སྣང་བ་ལ། །མར་མེ་གཅིག་བལྟམས་འོད་ཀྱིས་ བོད་ཀུན་གསལ། །ཉི་ཤར་བསྟན་པའི་བ་དན་ལེགས་ཕྱར་བས། །སངས་རྒྱས་བྱང་སེམས་ ཐུགས་དགྱེས་ཆེར་མཛད་རྨིས། །གཅེན་གྱི་མནལ་ལམ་དུང་དཀར་གཅིག་འབུད་སྒྲས། །སུམ་ ལྡན་མར་བཅད་རྫོགས་ལྡན་ཆོས་ལ་འགོད། །དེ་སོགས་ངོ་མཚར་དཔག་མེད་ལེགས་སྣང་ བྱུང༌། །དེ་ནས་ཚེས་དེའི་ཉིན་མོར་གཟུགས་སྐུ་བལྟམས། །ཁྱེའུ་དཀར་མདངས་རབ་གསལ་ མཛེས་ཁྱད་ཅན། །ཕྱག་མཐིལ་ཟུང་ལ་པད་དཀར་རི་མོ་བཀྲ །ཨུཏྤལ་སྤྱན་འབྲས་རྣ་བ་སྲབ་ ལ་འཇམ། །ཐུགས་ཀར་དཔལ་གྱི་བེའུའི་མཚན་མངའ་བ། །བལྟམས་མ་ཐག་ཏུ་བར་སྣང་ རང་བྱུང་སྒྲ། །ཡི་གེ་དྲུག་མའི་དབྱངས་ཀྱིས་འཛམ་གླིང་ཁྱབ། །ཆུ་འཛིན་ཀློང་ནས་ཀླུ་རྒྱལ་མི་ མགོན་གྱིས། །བདུད་རྩིས་སེམས་དཔའི་སྐུ་ལ་མངོན་ཁྲུས་མཛད། །མཁའ་འགྲོའི་ཚོགས་ ཀྱིས་རྡོ་རྗེའི་གླུ་ལེན་ཞིང༌། །གུས་པ་ཆེན་པོས་ཞབས་ལ་ཕྱག་འཚལ་ཏེ། །ཉི་ཤུ་རྩ་བཞིའི་ དཔའ་བོ་དཔའ་མོས་བསྐོར། །འདོད་གཟུགས་ལྷ་ཡིས་ན་བཟའ་སྐུ་ལ་གསོལ། །མེ་ཏོག་ཆར་ འབེབས་ས་ཆེན་རབ་གཡོས་པས། །ལྷ་གནས་འཐབ་བྲལ་མན་ཆད་འགུལ་ལྡིག་བྱེད། །འཇའ་འོད་རོལ་མོའི་སྒྲ་ཡང་རྒྱུན་མ་ཆད། །ནོར་བུ་སྙིང་པོ་ཞེས་པའི་མཚན་སྒྲ་བྱུང༌། །སེམས་ དཔའ་གཞོན་ནུའི་སྐུ་ལས་དྲི་བཟང་འཕྱུར། །དག་སྣང་ཅན་ངོར་མཚན་དཔེ་གསལ་བར་ མཐོང༌། །ན་ཚོད་བསྐྱེད་དེ་དགུང་གྲངས་གསུམ་པའི་སྟེང༌། །སྐྱིད་སྟེང་བླ་མ་ཆེན་པོས་མཚན་ གསོལ་བ། །ཤེས་རབ་མགོན་པོ་ཞེས་བཏགས་གཞོན་ནུ་སྟེ། །སྐུ་ལ་རེག་པས་ཡིད་བདེ་ མཆོག་དང་ལྡན། །པང་དུ་བླངས་པས་ཉོན་མོངས་ཞི་བ་མཛད། །མཐོང་བས་མྱ་ངན་ནད་ཞི་ 1-1-187 ཐོས་ཙམ་གྱིས། །དབུལ་ཕོངས་ཉམ་ཐག་ལས་གྲོལ་སེམས་དཔའི་ཆོས། །རྒྱལ་སྲས་ངང་ཚུལ་ བཟང་པོའི་མཚན་རྟགས་ཚང༌། །ན་ཚོད་མ་སྨིན་ཟླ་གཉིས་ལོན་ཙམ་དུ། །ཡི་གེ་དྲུག་མ་ གཟུངས་སྔགས་ཆེས་མང་འདོན། །ཡུལ་མི་རྣམས་ཀྱང་ངོ་མཚར་ཧ་ལས་གྱུར། །སྐུ་སྲི ང་ཁྲི་ བཙུན་སྤྲུལ་པ་རིན་ཆེན་དབྱངས། །ལྷ་མོ་སྒྲོལ་མའི་སྤྲུལ་པ་བསོད་ནམས་དབྱངས། །ཁྲོ་ གཉེར་ཅན་མའི་རོལ་བ་བསོད་ནམས་ལྕམ། །ཡུམ་མི་གཅིག་པའི་སྔོན་རིགས་བཟང་པོ་ཅན། །གཅེན་པོ་རྡོ་རྗེ་རྒྱལ་མཚན་ཞེས་བྱ་བ། །དེ་དག་སེམས་དཔའི་ཡ་མཚན་རོལ་པའོ། །འཕགས་ མཆོག་གྲུ་འཛིན་བདག་པོ་ཐུགས་རྗེའི་གཏེར། །ཐབས་མཁས་སྒྱུ་མའི་འཕྲུལ་བཟང་ཅི་ཡང་ ངོམས། །གངས་ལྗོངས་གདུལ་བྱར་གཟིགས་པའི་ལེགས་མཚན་ཆ། །རང་ཅག་འདྲེན་པ་ན་ གཞོན་ཚུལ་དུ་བསྐྲུན། །གཉིས་པ་བར་དུ་རང་དོན་མཆོག་གི་ཚུལ། །སྐུ་ནི་ཤིན་ཏུ་ཆུང་བའི་ དུས་སྐབས་ནས། །རིག་གནས་ཡི་གེ་ཀློག་བྲི ས་ལྷ་རིས་དང༌། །མངོན་པ་དུས་འཁོར་ལས་ བྱུང་གོ་ལའི་ཁྱིམ། །ཇི་ལྟར་འཁོར་ཚུལ་ས་དཀྱིལ་རི་གླིང་ཚད། །ཚངས་པའི་ཡི་གེ་རྩིས་བཟོ་ གསོ་རིག་དང༌། །སྙན་ངག་སྡེབ་སྦྱོར་སྒྱུ་རྩལ་ཆེས་མང་བསླབས། །དེ་ཀུན་མཐར་སོན་མཁས་ པའི་ཕུལ་དུ་གྱུར། །གང་ཉིད་དགུང་གྲངས་ལྔ་དྲུག་སྐོར་ཙམ་ན། །བླ་མ་སྐྱི་སྟེང་བ་ཡི་ཞལ་སྔ་ ནས། །འཇམ་དཔལ་དམར་པོའི་དབང་ཞུས་སྒྲུབ་པ་མཛད། །འཇའ་འོད་དྲྭ་འཁྱིལ་དབུས་སུ་ འཇམ་དཔལ་དབྱངས། །དམར་པོའི་ཞལ་མཐོང་པོ་ཏིའི་ཆར་འབབ་སྣང༌། །སྒྲུབ་རྫས་རིལ་ བུ་ཐམས་ཅད་དབྱངས་ཅན་མར། །གཟིགས་ནས་བསྟན་འགྲོར་ཕན་པའི་བཀའ་ལུང་ནོད། །དེ་ནས་བཟུང་སྟེ་ཤེས་རབ་རྩལ་འབར་ཞིང༌། །ཆོས་སྐད་ཟུར་ཙམ་གང་ཐོས་ཐམས་ཅད་ མཁྱེན། །དགུང་ལོ་བཅུ་སླེབས་དུས་སུ་སྔགས་རྙིང་མའི། །རིག་འཛིན་ཚུལ་བཟང་བྱང་ཆུབ་ སེང་གེ་སོགས། །དམ་པ་འགའ་ལས་མ་ཧཱ་ཡོ་ག་དང༌། །ཡང་དག་ཐུགས་སྒྲུབ་ལ་སོགས་རྙིང་ ཕྱོགས་ཀྱི། །ཆོས་མང་ཞུས་ནས་དོན་ཀུན་ཐུགས་སུ་ཆུད། །སེམས་ཅན་ལ་བརྩེས་འདི་ 1-1-188 མཚམས་ཤིག་ནས་ཀྱང༌། །བསད་ཤའི་ཉེས་དམིགས་གསུང་རབ་དཔང་མཛད་ནས། །གཏོར་ རྫས་བསད་ཤ་བཀག་ཅིང་དེ་ཕན་ཆད། །སྐུ་ཚེ་གང་པོར་བསད་ཤའི་ཞལ་ཟས་སྤངས། །དེ་ ནས་དགུང་གྲངས་བཅུ་གཅིག་སོན་པའི་སྐབས། །མཁན་ཆེན་བརྟན་མཁས་ཡོན་ཏན་མཆོག་ མངའ་བ། །སྐྱི་སྟོན་ཚུལ་ཁྲིམས་དཔལ་གྱི་སྙིང་པོ་སོགས། །དགེ་འདུན་གྲངས་ཚང་མདུན་ ནས་རབ་བྱུང་སྟེ། །གཙུག་ཕུད་བྲིག་ཅིང་དབུ་སྐྲ་གཏོར་བའི་ཕྱོགས། །ངོ་མཚར་འཇའ་འོད་ འཁྱིལ་བའི་ལེགས་མཚན་བྱུང༌། །དགེ་བསྙེན་སྡོམ་མིང་ཤེས་རབ་འབུམ་ཞེས་བཏགས། །དགེ་ཚུལ་སྡོམ་པ་ལེགས་པར་ཐོབ་པའི་སྐབས། །ཤེས་རབ་རྒྱལ་མཚན་དཔལ་བཟང་ཞེས་ བྱ་བའི། །མཚན་གསོལ་ཀ་རི་ཀ་སོགས་རྒྱས་པར་གསན། དོན་ཀུན་ཐུགས་ཆུད་དེ་ནས་རིམ་ པ་བཞིན། །འདི་སྐོར་བོ་དོང་ས་ཆར་རྗེ་བཙུན་མ། །སྒྲོལ་མ་དཀར་ལྗང་གཉིས་ཀྱི་བཀའ་ལུང་ གིས། །ཇོ་ནང་དཔལ་དུ་འབྱོན་པར་ཡང་ཡང་བསྐུལ། །སྐྱི་སྟོན་འཇམ་པའི་དབྱངས་དང་ ལེགས་པར་མཇལ། །ནང་རིག་མདོ་ཕྱོགས་ཕར་ཚད་མངོན་གསུམ་སྟེང༌། །མངོན་པ་ཀུན་ བཏུས་བསྣན་ཏེ་གཞུང་བཞི་ཆར། །སློབ་གཉེར་དུས་གཅིག་མཛད་ནས་ཁོང་དུ་ཆུད། །དགུང་ ལོ་ཉི་ཤུར་དཔལ་ལྡན་ས་སྐྱར་བྱོན། །མཁས་མཆོག་སྐྱི་སྟོན་གྲགས་པ་རྒྱལ་མཚན་གྱིས། །དྲི་ གཞུང་གང་ཟིན་དགའ་སྟོན་ནས་ཁལ་བཅུ། །གནང་གསུང་བློ་གྲོས་རྩལ་འགྲན་བྱེད་བཅུག་ སྐབས། །ཆོས་རྗེ་སྐུ་ན་གཞོན་པའི་བློ་འཛིན་གྱིས། །ཕར་ཚད་མངོན་གསུམ་དུས་གཅིག་ བཟུང་བ་ན། །ཆོས་གྲོགས་གཞན་གྱིས་དེ་སློབ་དཀའ་ཚུལ་ལབ། །མ་གསན་བཞིན་དུ་གཞུང་ ཆེན་དེ་གསུམ་སྟེང༌། །བྱང་སེམས་སྤྱོད་འཇུག་གསང་ཆེན་སྔགས་ཕྱོགས་ཀྱི། །སངས་རྒྱས་ ཐོད་པ་རྡོ་རྗེ་ཕྲེང་བའི་རྒྱུད། །བསྣན་ནས་སློབ་གཉེར་ཐུགས་འཛིན་ལེགས་པར་མཛད། །དགའ་སྟོན་བྱ་དགའ་ཆེར་ཐོབ་བླ་མ་དགྱེས། །གཞན་ཡང་སྟོན་པ་ཤཱཀྱ་འབུམ་དང་ནི། །བླ་ མ་བདག་ཆེན་རྣམས་གཉིས་སྐུ་དྲུང་ནས། །རྒྱུད་སྡེ་སྤྱི་ཡི་རྣམ་གཞག་ཕལ་ཆེར་དང༌། །བརྟག་ 1-1-189 གཉིས་རྒྱུད་འགྲེལ་ཚད་མ་རིག་པའི་གཏེར། །ཕར་ཚད་མངོན་གསུམ་གཞུང་འགྲེལ་གཞན་ སྣ་ཚོགས། །ཆེས་མང་གསན་ཞིང་ཚིག་དོན་ཀུན་ཁོང་ཆུབ། །འདི་སྐོར་བླ་མ་མཆེད་གྲོགས་ ཐམས་ཅད་ཀྱིས། །གཞན་ལ་ཆོས་འཆད་སྐབས་སུ་བབ་ཚུལ་གླེང༌། །ཚུལ་དེར་རང་ཡུལ་ནས་ ཚོར་བཤད་སྲོལ་གྱི། །ཆས་བསྐུར་ལུང་རིག་བགྲོ་གླེང་སྐབས་སུ་བབ། །ཤར་བའི་བླ་མ་སེང་ གེ་དཔལ་ལ་སོགས། །ས་སྐྱའི་མཚན་ཉིད་པ་རྣམས་ཀྱིས་གདན་དྲངས། །དུང་དཀར་ཆ་ལྔ་ འཁར་རྔ་གསུམ་དང་ནི། །ཆོས་གོས་གཅིག་དང་རྨ་བྱའི་གདུགས་བཟང་གསུམ། །མཎྜལ་དང་ བཅས་བཤད་སྟོན་མཆོད་པ་ཆེ། །ལེགས་བཤམས་ཕར་ཚད་མངོན་འདུལ་ཕྲན་ཚེགས་ རྣམས། །ས་སྐྱའི་ཆོས་ཁྲི་ཆེན་པོའི་གདན་གྱི་ཁར། །ལེགས་བཞུགས་དུས་གཅིག་བརྗོད་བྱེད་ དུ་མས་གསུངས། །དེ་ཚེ་མཁའ་ལ་སྒྲ་འོད་མེ་ཏོག་ཆར། །ལ་སོགས་དགེ་ལེགས་མཚན་མ་ཅི་ ཡང་ངོམས། །ཚུལ་དེ་བློར་མ་ཤོང་བས་སྐུར་འདེབས་དང༌། །ཕལ་མོ་ཆེ་བས་ངོ་མཚར་བསྟོད་ བསྔགས་བརྗོད། །དགུན་ཆོས་ཚར་རྗེས་འཚོགས་ཁང་ཤར་སྒོ་ཡི། །བྱང་མའི་ཆོས་ཁྲིར་ དབྱར་ཆོས་སྔ་དྲོ་ལ། །མངོན་པ་ཕར་ཕྱིན་ཇ་གྲོལ་མ་ཐག་ཏུ། །རྣམ་ངེས་འདུལ་བ་གཉིས་ཀྱང་ ལེགས་པར་བཤད། །དེར་གནས་ཆེ་དགུ་ཐམས་ཅད་མི་ཕྱེད་པའི། །དད་པ་བརྟན་པོས་ འབུལ་བ་མང་དུ་བྱུང༌། །དེ་སྐོར་སྔ་རྗེས་གྲྭ་སྐོར་ལ་བྱོན་པས། །གླིང་སྟོན་ཤཱཀྱ་གུང་ཐང་དོན་ གྲུབ་དང༌། །རྒྱ་སྟོན་བསོད་རིན་གནས་སྙིང་དཀའ་བཞི་པ། །ཞ་ལུ་བྱང་སྟོན་ཁྲོ་ཕུ་རིན་ཐིག་ སོགས། །མཁས་པ་བརྒྱ་ཕྲག་མང་པོ་ཟིལ་གྱིས་མནན། །བྱ་རྒོད་གཤོང་བུར་ཇོ་བོར་གསོལ་ བཏབ་པས། །བསྟན་འགྲོར་ཕན་པའི་ལེགས་ལྟས་ཁྱད་ཅན་བྱུང༌། །ཁྲོ་ཕུར་བྱམས་ཆེན་སྐུ་ དང་མཆོད་རྟེན་ལ། །དར་གྱི་ཅོད་པན་དུང་དཀར་ལ་སོགས་པ། །འབུལ་ཞིང་གསོལ་བཏབ་ བདག་ཀྱང་མ་འོངས་དུས། །མཆོད་རྟེན་འདི་ལས་ཁྱད་འཕགས་བཞེངས་པར་སྨོན། །དགུང་ གྲངས་ཉེར་གཉིས་ཞ་ལུར་བྱོན་ནས་སུ། །མཁན་ཆེན་བསོད་ནམས་གྲགས་པས་དབུ་མཛད་ 1-1-190 ཅིང༌། །ཇོ་གདན་འཚོགས་པའི་དྲུང་དུ་བསྙེན་རྫོགས་མཛད། །མཁན་དེའི་མདུན་ནས་འདུལ་ བ་མདོ་རྩ་སོགས། །འདུལ་སྐོར་མཐའ་དག་གསན་ཅིང་དོན་ཀུན་རྟོགས། །སློབ་དཔོན་སྟོན་ མཆོག་དཔལ་ལས་བྱམས་ཆོས་ལྔ། །སྡོམ་ཚིག་ཏུ་གསན་དེ་དག་རྣམ་བཞག་མཛད། །དེ་ནས་ ས་སྐྱར་ཀུན་སྤངས་གྲགས་རྒྱལ་མདུན། །ཕར་ཚད་འདུལ་གསུམ་དུས་འཁོར་རྒྱུད་འགྲེལ་ སོགས། །སླར་ཡང་མང་གསན་སྐྱི་སྟོན་དྲུང་ནས་ཀྱང། །མངོན་མཛོད་རྩ་འགྲེལ་འདུལ་མདོ་ ཕྲན་སྐོར་དང༌། །དབང་གི་སྒྲུབ་སྐོར་རྒྱུད་འགྲེལ་ཆེས་མང་ནོད། །རང་བྱུང་རྡོ་རྗེར་གསུང་ གླེང་ལེགས་མཛད་སྐབས། །ལྟ་གྲུབ་ཆེས་བཟང་འབྱུང་བར་ལུང་དུ་བསྟན། །རྒྱ་མ་འཕན་ ཡུལ་བསམ་ཡས་གསང་ཕུ་དང༌། །འབྲི ་གུང་དགའ་ལྡན་ཆོས་ལུང་བདེ་ཅན་སོགས། །དབུས་ གཙང་དགོན་སྡེར་གྲྭ་སྐོར་ལེགས་མཛད་པས། །ལུང་རིགས་གང་ཐད་ཟླ་བྲལ་ཤེས་བྱའི་ གནས། །ཐོགས་མེད་ལེགས་གཟིགས་ཀུན་མཁྱེན་མཚན་སྙན་ལྡི ར། །བླ་མ་རྡོ་རྗེ་རྒྱལ་མཚན་ མཆོག་གི་དྲུང༌། །ཕྱག་རྒྱ་གའུ་མ་ལ་སོགས་པ་ཡི། །ཕྱག་ཆེན་ཆོས་སྐོར་ཀུན་དང་ཐེག་ཆེན་གྱི། །བློ་སྦྱོང་ཁྲིད་རིགས་ཞི་བྱེད་སྐོར་གསུམ་དང༌། །གཅོད་ཀྱི་སྐོར་སོགས་གསན་པ་རྒྱ་ཆེར་ མཛད། །སྤྱིར་ནི་ཐུན་མོང་སྣང་ངོར་ཆོས་གསན་ཡུལ། །ཡོངས་འཛིན་སུམ་ཅུ་ལྷག་བཞུགས་ དེ་དག་ལས། །མཆོག་གྱུར་སྐྱི་སྟོན་འཇམ་དབྱངས་མཚན་ཅན་ལས། །མདོ་སྔགས་གཞུང་ ལུགས་དཔག་མེད་དབང་བསྐུར་ཡང༌། །ཟུར་བཀའ་བདུན་ཅུ་ལྷག་དང་དུས་འཁོར་ཕྱོགས། །དང་པོ་དབང་རྒྱུད་མན་ངག་ཐམས་ཅད་ཞུས། །དེ་ནི་མཚོན་ཙམ་ལགས་ཏེ་ཐུན་མོང་དང༌། །ཐུན་མིན་ཆོས་གསན་མཛད་ཚུལ་བསམ་མི་ཁྱབ། །གདུལ་བྱའི་ཁམས་དབང་ངོར་ནི་ཆ་ཙམ་ མོ། །རྫོགས་སངས་རྒྱས་པའི་ཐབས་མཁས་མཛད་བཟང་འཕྲུལ། །གང་འདུལ་དབང་གིས་ དེར་འཚམས་སྤྲུལ་བཀོད་འགྱེད། །སྙིགས་འགྲོ་འདུལ་ཕྱིར་དམན་སྤྱོད་ཚུལ་བརྫུ་བར། །ཐུགས་རྗེ་ཆེ་ཁྱོད་སྙིང་ནས་ངེས་ཤེས་རྙེད། །གསུམ་པ་གཞན་དོན་མཛད་ཚུལ་འདིར་འོས་ 1-1-191 པ། །དེ་ནས་ས་སྐྱར་ཕེབས་ནས་མང་ཚོགས་ལ། །རྒྱལ་བའི་བཀའ་འབུམ་མདོ་མང་བཤད་ ལུང་མཛད། །འདི་སྐབས་མཁའ་ལས་མེ་ཏོག་ཆར་འབེབས་ཤིང༌། །སྒྲ་དང་འོད་གསལ་སྣང་ བས་ལེགས་པར་ཁྱབ། །དེ་སྐོར་ཁོང་གིས་བཀའ་དང་བསྟན་བཅོས་རིགས། །གངས་རིའི་ ལྗོངས་སུ་འགྱུར་རོ་ཅོག་ཀུན་ཀྱང༌། །རྫོགས་པར་ནན་ཏན་བཅས་ཀྱིས་ཚར་གཅིག་གཟིགས། །དེ་གས་དོན་ཀུན་ཐུགས་སུ་ལེགས་ཆུད་གྱུར། །གདུལ་བྱར་གང་འོས་དབང་ཁྲིད་སྐོར་ལ་ སོགས། །ཆོས་མང་འཆད་པས་གཞན་ཕན་རྒྱ་ཆེར་མཛད། །དགའ་ལྡན་གནས་བཞུགས་ཀྱེ་ རྡོར་ལེགས་བསྒྲུབས་པས། །དཀྱིལ་འཁོར་དུ་བཀོད་ཚོམ་བུ་ཐམས་ཅད་ཀྱང༌། །མེ་ཏོག་ཆུ་ ཤོག་ཙམ་པ་ཆ་དགུར་གྱུར། །དགྱེས་པ་རྡོ་རྗེ་ལྷ་དགུའི་དངོས་ཞལ་མཇལ། །བུམ་ཆུ་ཁོལ་ བས་འཆི་མེད་བདུད་རྩིར་གྲུབ། །ས་སྐྱར་བླ་མ་ཤཱཀ་འབུམ་བྱ་བ་ལ། །རྫོགས་ཆེན་གཅོད་ སྐོར་མང་ཞུས་དགོངས་ཆེན་བརྙེས། །སྤྱིར་ན་དགུང་ལོ་སུམ་ཅུ་བར་དག་ཏུ། །བླ་མ་ཡོངས་ འཛིན་མང་བསྟེན་ཐོས་བསམ་ལ། །རང་དོན་གཙོ་བོ་གཞན་ཕན་ཕལ་བའི་ཚུལ། །དེ་ཕན་ གཞན་དོན་གཙོ་ཆེར་སྤྱོད་བཞིན་དུ། །དོན་གཉིས་དེ་འདྲའི་མཛད་སྒོ་ཉེ་བར་བསྐྱང༌། །དེ་ ནས་དགུང་གྲངས་སོ་གཅིག་ཆུ་ཁྱིའི་ལོར། །ཇོ་ནང་དཔལ་དུ་ཁོང་ཉིད་འབྱོན་ཆས་ནུབ། །ས་ སྐྱར་གྲགས་པ་རྒྱལ་མཚན་རྨི་ལམ་དུ། །སྤྱན་རས་གཟིགས་ལ་དགེ་སློང་མང་བསྐོར་བ། །ཇོ་ ནང་དུ་ཕེབས་ཆོས་འཁོར་བསྐོར་བ་རྨིས། །དེ་སྐབས་ཇོ་ནང་ཆོས་ཀྱི་མངའ་བདག་རྗེ། །བླ་མ་ ཡོན་ཏན་རྒྱ་མཚོའི་གཟིམ་ལམ་དུ། །ཆོས་རྒྱལ་རིགས་ལྡན་པདྨ་དཀར་པོ་ལ། །འཛམ་གླིང་ རྒྱན་དྲུག་མཆོག་གཉིས་ཀྱིས་བསྐོར་བ། །གནས་དེར་ལེགས་ཕེབས་ཆོས་ཀྱི་རྒྱལ་མཚན་ ཕྱར། །བསྟན་འགྲོར་ཕན་པའི་དགེ་མཚན་ཤར་བ་བཞིན། །ཆོས་རྗེ་ཁོང་ཉིད་རིན་དཔལ་བློ་ དཔལ་སོགས། །དགེ་སློང་བརྒྱད་དང་བཅས་བྱོན་རྗེ་བླ་མ། །ཡོན་ཏན་རྒྱ་མཚོའི་དྲུང་ཕྱིན་ ཕྱག་རྟེན་སླད། །དུང་དཀར་ཆ་གསུམ་གསེར་སྲང་དགུ་དང་ནི། །བེར་གཉིས་ཆོས་གོས་ 1-1-192 གཅིག་དང་གསེར་སྐུ་རྣམས། །ལེགས་ཕུལ་དུས་འཁོར་དབང་མོ་ཆེ་ཞུ་སྐབས། །འཇའ་གུར་ མེ་ཏོག་ལ་སོགས་ངོ་མཚར་བའི། །ལྟས་བཟང་སྣ་ཚོགས་བྱུང་ཞིང་དགེ་ལེགས་རྒྱས། །དེ་ ནས་རྒྱུད་འགྲེལ་ཟབ་ཁྲིད་ཞུས་ནས་སུ། །གཟིམས་ཁང་བདེ་བ་ཅན་དུ་ཐུགས་དམ་བཞུགས། །ཚེ་དཔག་མེད་མགོན་ཞལ་མཇལ་ལྷ་རྣམས་ཀྱིས། །སྐུ་ཁྲུས་གསོལ་ཞིང་ནང་རྟོགས་ཡོན་ ཏན་སྒོ། །རྡོ་རྗེ་རྣལ་འབྱོར་སོར་བསམ་རྟོགས་པ་དང༌། །སྲོག་རྩོལ་རྒྱུད་ལས་དངོས་བསྟན་ཇི་ བཞིན་པ། །མངོན་དུ་གྱུར་པའི་ཚུལ་གྱིས་སྒྲུབ་པ་མཛད། །དེ་སྐབས་ཡོན་ཏན་རྒྱ་མཚོའི་དྲུང་ ནས་ཀྱང༌། །སེམས་འགྲེལ་སྐོར་གསུམ་ཆ་ལག་དང་བཅས་པ། །ཁ་ཆེ་པཎ་ཆེན་སློབ་དཔོན་ ཨ་བྷ་ཡ། །ཤ་བ་རི་པ་རྒ་ལོ་བསོད་སྙོམས་པའི། །རང་ལུགས་སྦྱོར་དྲུག་རྣམས་དང་གཞན་ ཡང་ནི། །གསང་འདུས་ཀྱེ་རྡོར་གཉོས་ཞང་སྦྱོར་དྲུག་སོགས། །རྒྱ་གཞུང་སྦྱོར་དྲུག་མང་པོ་ ལེགས་ཞུས་ཤིང༌། །ཉམས་རྟོགས་རང་རང་ཐད་ཀར་མངོན་དུ་གྱུར། །ཚིག་དོན་མ་ལུས་ ཐུགས་སུ་ལེགས་ཆུད་དེ། །གཞན་ཡང་ཙ་མི་གྱི་ཇོ་འབྲོ་རྭ་བ། །འཇམ་གསར་སྦྱོར་དྲུག་ལ་ སོགས་ཆོས་མང་གསན། །ཉམས་རྟོགས་ཐུགས་ལ་མངའ་ཞིང་དགོངས་དོན་རྟོགས། །དེ་བར་ ལྷ་སར་མཆོད་སྨོན་ལེགས་མཛད་ཅིང༌། །སེ་རར་ཐོག་གཅིག་ཐུགས་དམ་ལ་བཞུགས་མཛད། །དེ་མཚམས་ཤིག་ཏུ་འཛུམ་གྱི་ཆོས་ལུང་དུ། །ལེགས་བྱོན་གནས་དེའི་ཆོས་རྗེ་མཆོག་གི་དྲུང༌། །རྫོགས་པ་ཆེན་པོའི་ཆོས་སྐོར་མང་པོ་དང༌། །ནཱ་རོའི་ཆོས་དྲུག་རྣམས་ཞུས་དེ་དུས་སུ། །འཛུམ་ལུང་ཆོས་རྗེའི་ཐུགས་སྣང་དག་པའི་ངོར། །རྗེ་ཉིད་ལས་ནི་འོད་ཟེར་དུ་མ་འཕྲོས། །འོད་ཟེར་རེ་རེའི་རྩེ་ལ་པདྨ་དང༌། །དེ་དག་རྣམས་སུ་སྤྱན་རས་གཟིགས་དབང་རེ། །ལེགས་ བཞུགས་ཕྱོགས་ཀུན་ཏུ་ནི་སྤྲོ་མཛད་པ། །གསལ་བར་མཐོང་ནས་དད་གུས་དཔག་མེད་ མཛད། །དེ་སྐབས་ཆོས་རྗེ་མཆོག་དང་ཆོས་གྲགས་དཔལ། །བླ་སློབ་ཏུ་འཕྲད་སྐྱིད་ཕུག་བདེ་ ལྡན་གནས། །དེར་ནི་དཔོན་སློབ་སྟབས་གཅིག་ལེགས་བཞུགས་སྐབས། །ཆོས་རྗེ་ཉིད་ལ་ 1-1-193 སློབ་མ་ཆོས་གྲགས་ཀྱིས། །དུང་དཀར་འཁར་རྔ་གསེར་གྱི་མཎྜལ་རྣམས། །ལེགས་ཕུལ་ཡང་ ཡང་གསོལ་བ་བཏབ་པའི་ངོར། །དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་ཚར་གཅིག་གསུངས། །གཞན་ཡང་རྡོ་རྗེ་ཕྲེང་བ་བྱམས་ཆོས་སོགས། །ལོ་གཅིག་བར་དུ་ཆོས་ཀྱི་ཆར་བ་ཕབ། །དེ་ ནས་དཔྱིད་ཀར་ཡོན་ཏན་རྒྱ་མཚོའི་དྲུང༌། །དུས་འཁོར་དབང་ཞུས་ཆོས་རྗེ་གང་ཉིད་ལ། །བླ་ མ་ཡོན་ཏན་རྒྱ་མཚོ་ཤིན་ཏུ་མཉེས། །གནང་སྦྱིན་ན་བཟའ་བེར་ཐུལ་ཞྭ་སེར་དང༌། །འཁར་རྔ་ ལ་སོགས་ཆེ་བ་མཛད་ནས་སུ། །བླ་མའི་བཀའ་ཡིས་ཆོས་རྗེ་ལ་གསོལ་བ། །ཁྱེད་ཀྱིས་དགོན་ གནས་འདིར་འཚོགས་ཐམས་ཅད་ལ། །ཆོས་ཀྱི་རྗེས་བཟུང་དགོས་ཚུལ་ཞིབ་རྒྱས་གསུངས། །དེ་ལ་བཀའ་ནན་གང་ལྟར་མ་བཟློག་པས། །ཇི་བཞིན་ཞལ་བཞེས་དེར་གནས་འཚོགས་ ཆོས་སུ། །སྐྱེས་རབས་སྤྱོད་འཇུག་བསླབ་བཏུས་དཀོན་བརྩེགས་སོགས། །མང་གསུངས་ མཁའ་ལ་སྒྲ་འོད་མེ་ཏོག་སོགས། །ངོ་མཚར་ཁྱད་ཅན་བྱུང་བས་ཆོས་ཉན་རྣམས། །མི་ཕྱེད་ དད་པ་བརྟན་པོས་ཡི་རང་གྱུར། །འདི་ནས་བཟུང་སྟེ་ཆོས་ཀྱི་རྗེ་བོ་མཆོག །བླ་མ་ཡོན་ཏན་རྒྱ་ མཚོའི་ཞལ་སྔ་ནས། །ཆོས་ཀྱི་ལྷག་མ་གཅིག་ཀྱང་མ་ལུས་པ། །བརྩེ་བས་ལམ་འབྲས་ཆ་ ལག་དང་བཅས་པ། །གསང་འདུས་བདེ་མཆོག་རིམ་ལྔ་གཉིས་ལ་སོགས། །ཟབ་ཆོས་ཁྲིད་ རིགས་སྤྱི་དང་ཁྱད་པར་དུ། །ཞི་བྱེད་གཅོད་སྐོར་དུས་འཁོར་སྦྱོར་དྲུག་སོགས། །ཆོས་མང་ གང་གསུངས་ཐམས་ཅད་ཆོས་རྗེས་གསན། །དེ་ནས་མི་རིང་བ་ན་ཆོས་རྗེ་ཉིད། །ཏི་ཤྲི་ཀུན་ དགའ་རྒྱལ་མཚན་གྱིས་གདན་དྲངས། །ས་སྐྱར་དུས་འཁོར་དབང་ཆེན་ལེགས་ཞུས་སྐབས། །མེ་ཏོག་ཆར་སོགས་ངོ་མཚར་ལྟས་མང་ཡོད། །སླར་ཡང་ཇོ་ནང་དུ་ཕེབས་རོག་ཚང་པས། །རྡོར་ཕྲེང་དཀྱིལ་འཁོར་ཞེ་བཞིའི་དབང་བསྐུར་དང༌། །དཔལ་ལྡན་རྒྱུ་སྐར་བཅུ་གཅིག་ དབང་ཞུས་ཚེ། །མཁའ་ལས་སྒྲ་འོད་མེ་ཏོག་ཆར་སོགས་བྱུང༌། །གཟིམས་ཁང་མཁའ་སྤྱོད་ བདེ་ལྡན་དུ་བཞུགས་ནས། །ལོ་གཅིག་ཐུགས་དམ་རྩེ་གཅིག་མཛད་པའི་རིང༌། །རྡོ་རྗེའི་རྣལ་ 1-1-194 འབྱོར་སོར་བསམ་ཡན་ལག་གཉིས། །རྟོགས་པ་ཀློང་དུ་གྱུར་ཅིང་དེར་བརྟེན་ནས། །སངས་ རྒྱས་སྐུ་དང་ཞིང་ཁམས་དཔག་མེད་གཟིགས། །སྲོག་རྩོལ་འཛིན་པའི་ཡན་ལག་གཉིས་པོ་ ཡང༌། །རྩེར་སོན་རྩ་རླུང་ཐིག་ལེར་རང་དབང་ཐོབ། །བདེ་དྲོད་རབ་འབར་ཉམས་རྟོགས་ ཁྱད་ཅན་འཁྲུངས། །དང་པོའི་ལས་ཅན་འཆར་སྒོས་དཔེ་མཚོན་ཙམ། །མི་ནུས་སྒྲུབ་པ་འབྲས་ བུའི་མངོན་རྟོགས་ཕུལ། །ཡང་དག་ཟུང་འཇུག་མཆོག་བརྙེས་མཛད་ཆེན་ཚུལ། །མི་སློབ་ སེམས་དཔས་དུས་བསྟུན་སློབ་པར་སྤྲུལ། །དེ་ནས་རེ་ཞིག་མཚམས་སུ་ཆོས་རྗེ་ལ། །ཇོ་ནང་ སློབ་དཔོན་ཡོན་ཏན་རྒྱ་མཚོ་སོགས། །རགས་བསྡུས་དག་གིས་རྒྱལ་ཚབ་མཛད་དགོས་ཚུལ། །ནན་ཞུ་ཕུལ་ཚེ་ཆོས་རྗེ་ཁོང་ཉིད་ཀྱིས། །ད་དུང་རྟེན་འབྲིལ་ལེགས་བརྟག་བྱེད་དགོས་ གསུངས། །ལོ་དེའི་དཔྱིད་ཀར་ཁོང་ལ་ཞབས་ཏོག་ཏུ། །སློབ་དཔོན་ཟླ་བ་མཁས་མཆོག་ཚུལ་ འོད་གཉིས། །བྱོན་ཏེ་ལྷ་སར་ཇོ་ཤཱཀ་རྣམ་གཉིས་ལ། །གསོལ་བ་ཁྱད་ཅན་ལེགས་བཏབ་ ཡང་སྒོས་སུ། །བཅུ་གཅིག་ཞལ་དྲུང་མཆོད་པ་རྒྱ་ཆེན་དང༌། །དར་གྱི་ཅོད་པན་དཀར་མེ་སྤོས་ རིང་རྣམས། །ཕུལ་ཏེ་ཁོ་བོས་ཇོ་ནང་གདན་ས་པར། །མཛད་དམ་སྒྲུབ་པ་ཁོ་ནར་གཞོལ་བ་ གང༌། །བསྟན་ལ་ཕན་པ་ཆེ་འབྱུང་ཐུགས་བརྟག་མཛད། །གསོལ་བ་དེ་ལྟར་བཏབ་པས་ལྷ་ ལྡན་དུ། །མེ་ཏོག་ཆར་བབས་སྤྱན་གཟིགས་ཐུགས་ཀ་ནས། །འོད་ཟེར་པདྨའི་ཕྲེང་བ་ལྟ་བུ་ འཕྲོས། །དེ་ལས་སྒྲ་གདངས་འདི་ལྟར་ཆོས་རྗེ་ཡིས། །རྒྱལ་ཚབ་འཛིན་པས་བསྟན་འགྲོར་ ལེགས་དགེའི་ཚུལ། །ངོ་མཚར་ཚིགས་བཅད་སྒྲ་དབྱངས་དངོས་གསལ་བྱུང༌། །དེར་གནས་ དག་གིས་རྨད་བྱུང་ལྟས་བཟང་དུ། །སེམས་ཐག་ཆོད་དེ་ཡིད་དགའ་ཅི་ཡང་འཕེལ། །དེའི་ དབྱར་ལྕགས་པོ་རིར་བྱོན་ཆོས་ཀྱི་རྗེས། །མདོ་སྡེ་དྲན་པ་ཉེ་བར་བཞག་པ་དང༌། །ཁང་བུ་ བརྩེགས་པའི་བཤད་ལུང་གསུངས་པའི་སྐབས། །མཁའ་ལ་འཇའ་ཚོན་སྣ་ཚོགས་ལེགས་ འཆར་ཞིང༌། །ས་གཡོ་རོལ་མོའི་རང་སྒྲ་ཉེ་བར་གྲགས། །དེའི་སྟོན་ཇོ་ནང་དཔལ་དུ་ཕེབས་ 1-1-195 པའི་ཚེ། །འཇའ་འོད་རོལ་སྒྲ་སྤོས་དྲི་སྣ་ཚོགས་དང༌། །མེ་ཏོག་སིལ་མ་མངོན་གསལ་འབབ་ པ་བཅས། །ཡོན་ཏན་རྒྱ་མཚོའི་དྲུང་དུ་གདན་དྲངས་ནས། །མཇལ་མ་ཐག་ཏུ་དད་པའི་བྱིན་ རླབས་འཕོས། །ཐོས་བསམ་སྒོམ་པའི་ཆོས་སྤྱོད་ཆེར་རྒྱས་དུས། །སྔོན་ཆད་ཇོ་ནང་ཐོག་མའི་ བླ་མ་རྗེ། །ཀུན་སྤངས་ཀུན་ཏུ་བཟང་པོའི་བཀའ་ལུང་ལས། །མ་འོངས་དུས་ན་ང་ཡི་རི་ཁྲོད་ འདིར། །བུ་བས་ཚ་བོ་དེ་བས་ཡང་ཚ་ཉིད། །རིམ་བཟང་བཟང་ལྡན་གོང་མར་ཆོས་འཆད་ ཅིང༌། །འོག་མར་མཆོད་རྟེན་ཆེ་བཞེངས་ལུང་བསྟན་ལྟར། །དེང་སྐབས་སློབ་དཔོན་ཡོན་ཏན་ མཚན་ཅན་གྱིས། །ཆོས་རྗེ་ཀུན་མཁྱེན་ཆེན་པོ་གང་དེ་ཉིད། །ཇོ་ནང་བླ་བྲང་དུ་ནི་གདན་ དྲངས་ཏེ། །ཡོན་ཏན་དཔོན་སློབ་ཆེ་རིམ་དང་བཅས་པས། །གནང་སྦྱིན་མཛད་ཅིང་བཀའ་ ནན་ལྡོ ག་མེད་སྒོས། །གདན་སར་རྒྱལ་ཚབ་མཆོག་ཏུ་མངའ་གསོལ་སྐབས། །དཀར་པོའི་ ཕྱོགས་རྣམས་རབ་དགའི་ངད་ཤུགས་ཀྱིས། །མེ་ཏོག་སིལ་མའི་ཆར་ཕབ་ས་གཡོ་ཞིང༌། །སྒྲ་ འོད་གསལ་བས་ས་སྟེང་ལེགས་པར་ཁྱབ། །དགུང་ལོ་སོ་གསུམ་མེ་སྟག་ལོ་དེ་ལ། །ཀུན་ སྤངས་པ་ནས་བླ་རབས་གསུམ་ཡན་གྱི། །ལྷ་རྟེན་མཆོད་ཆ་ཕྱག་དཔེ་རྡོར་དྲིལ་ཟུང༌། །རུས་ རྒྱན་ཀ་པཱ་ལ་དང་དར་གདུགས་སོགས། །ཆོས་གཞིའི་ཆས་ཀུན་ལེགས་ཕུལ་རྒྱལ་ཚབ་ བཞུགས། །ལོ་དེའི་དབྱར་དགུན་ཐུགས་དམ་རྩེ་གཅིག་མཛད། །སྟོན་དཔྱིད་གཉིས་སུ་ཆོས་ རྗེ་བླ་མ་ཡིས། །འདུས་པ་མང་ལ་ངེས་དོན་མདོ་སྡེ་བཅུ། །བྱམས་ཆོས་དང་འབྲིལ་ཆོས་སྡེ་ཉི་ ཤུ་དང༌། །འཕགས་པ་ཀླུ་སྒྲུབ་གཏམ་རིགས་བསྟོད་པའི་ཚོགས། །རྒྱུད་འགྲེལ་དང་མཐུན་ གཞི་འབྲས་དབྱེར་མེད་དུ། །རྒྱལ་བའི་དགོངས་པ་མཐར་ཐུག་ཉག་གཅིག་གསུངས། །གཞན་ ཡང་དཔྱིད་ཀར་དབང་དང་སྒྲུབ་ཁྲིད་བཀའ། །སྣ་ཚོགས་གསུངས་ཤིང་ངོ་མཚར་ལྟས་མང་ བྱུང༌། །ཐུགས་དམ་ངང་ནས་ཕྱོགས་རིས་བྲལ་བ་ཡི། །གདུལ་བྱ་དཔག་མེད་ཆོས་ཀྱིས་ ལེགས་པར་བསྐྱངས། །ཡེ་ཤེས་སྒྱུ་འཕྲུལ་ཉིན་མོར་སྤྱན་གཟིགས་ཀྱིས། །འདོད་གཟུགས་ལྷ་ 1-1-196 དང་མི་མཆོག་འགའ་ཞིག་ལ། །ངེས་དོན་ཟབ་མོའི་ཆོས་འཆད་རང་གཟུགས་ཀྱིས། །སྐྱེ་བོ་ ཕལ་ལ་རང་འཚམས་དམ་ཆོས་སྟོན། །མཚན་མོར་ཀླུ་སྒྲུབ་ཏུ་སྤྲུལ་ཀླུ་རྣམས་དང༌། །ནམ་གུང་ ཕྱག་སྤྱན་སྟོང་པས་མི་མ་ཡིན། །ཐོ་རེངས་ཤཱཀྱ་ཐུབ་པས་བར་དོ་པ། །དེ་སོགས་གང་འདུལ་ མཛད་ཆེན་ཆོ་འཕྲུལ་འགྱེད། །སྣ་ཚོགས་སྒྱུ་མའི་འཕྲུལ་བཟང་ཡ་མཚན་པས། །གདུལ་བྱ་ འདུལ་ལ་ཐོག་པ་མི་མངའ་ཡང༌། །ཆོས་སྣོ ད་རུང་མིན་ལས་ཟད་གང་དག་ལ། །མགོན་ཁྱོད་ མཐུ་ནུས་ཆེ་རུང་བྱ་ཐབས་ཅི། །བཞི་པ་ཁྱད་པར་རྣམ་དཀར་བྱ་བའི་ལས། །ངོ་མཚར་འཁོར་ ལོའི་རོལ་པ་རྟེན་མཆོག་བཞེངས། །དེ་མཚུངས་ཕན་ཚུན་འགྲན་པ་ལྟ་བུ་དང༌། །རྗེས་སུ་ ལྗོངས་འདིར་གདུལ་བྱ་རྫོགས་ཀྱི་བར། །རླབས་ཆེན་བསྟན་འགྲོའི་དོན་རབ་གནང་བའི་ ཚུལ། །སྐལ་བཟང་དད་པའི་གསོས་སུ་ཅུང་རྒྱས་བརྗོད། །དེ་ཡང་ཆོས་ཀྱི་སློབ་དཔོན་ཆེ་བ་ ཉིད། །ཡོན་ཏན་རྒྱ་མཚོ་ཞི་བར་གཤེགས་པ་ཡི། །ཐུགས་རྗེའི་མཐུས་བསྐུལ་སྦྲུལ་ལོའི་དཔྱིད་ ཀྱི་དུས། །སྔོན་བྱུང་རབས་མང་སྨོན་ལམ་སྟོབས་བཙན་པས། །བདེ་གཤེགས་ཐུགས་རྟེན་ངོ་ མཚར་དཔལ་འབར་བ། །བཀྲ་ཤིས་ལེགས་དགེ་བསོད་ནམས་འབྱུང་གནས་ཞིང༌། །གང་དེ་ ཉེར་བསྐྲུན་ཐབས་ཀྱི་ཆས་བསྒྲིགས་པ། །མཆོད་རྟེན་སྲོག་ཤིང་ལ་ནི་གཟུངས་སྔགས་དང༌། །སྨན་འབྲུ་མར་སྦྲང་ལེགས་བྱུག་ས་རྡོ་བསགས། །དེའི་དབྱར་ཁྲིད་བཙུགས་ཐམས་ཅད་ ཐུགས་དམ་བཞུགས། །དེ་དུས་ཨོ་རྒྱན་པདྨ་དངོས་བྱོན་ཞིང༌། །ཐུགས་ཀ་ནས་བྱུང་འོད་ཟེར་ ཟླ་ལྟར་གྱིས། །ཇོ་ནང་གནས་ཡུལ་ཐམས་ཅད་སྣང་བར་བྱས། །དེ་དང་ལྷན་ཅིག་གསུང་ དབྱངས་རང་བྱུང་གིས། །སྔོན་བསགས་མཐུ་ཡིས་བཟང་ལྡན་འོག་མའི་གཞི། །པདྨ་རྒྱས་ འདྲའི་ལྷ་མིའི་བསོད་ནམས་ཞིང༌། །རྟེན་མཆོག་ནོར་བུ་འགྲུབ་ཚུལ་ཚིགས་བཅད་གསུངས། །དེ་འདྲའི་ཡ་མཚན་བྱིན་རླབས་ལེགས་སྣང་བྱུང༌། །བཟང་ལྡན་གོང་མར་རྒྱལ་ཆེན་སྡེ་བཞི་ ཡིས། །སྲོག་ཤིང་བཙུགས་པ་མཁའ་ལ་མདའ་འཕངས་བཞིན། །སྒྲ་བཅས་ཐོན་ནས་བཟང་ 1-1-197 ལྡན་འོག་མ་ཡི། །བྱེ་ཐང་དུ་ནི་སྐད་ཅིག་ཉིད་ལ་བཙུགས། །དེ་ནི་ཀུན་མཐུན་སྣང་ངོར་ལེགས་ མཚན་ཏེ། །སྲོག་ཤིང་གང་བཙུགས་ས་དེར་བཞེངས་གཞི་བྱས། །ལོ་དེའི་སྟོན་ཀར་དབང་ ཁྲིད་དུ་མ་གསུངས། །དེའི་དགུན་ཐུགས་དམ་ལ་བཞུགས་སོ་ཀའི་དུས། །རྟ་ལོ་ཟླ་བ་གསུམ་ པའི་ཚེས་གསུམ་ལ། །བཟང་ལྡན་འོག་མར་སྔར་གྱི་ལེགས་མཚན་གནས། །དེ་ལ་སྲོག་ཤིང་ འཛུགས་གཞི་བྱ་བའི་སླད། །ཐོག་མར་རྟེན་འབྲིལ་ལེགས་སྣང་མཁའ་ལམ་དུ། །རྡོ་རྗེ་འཆང་ ལ་དཔའ་བོ་མཁའ་འགྲོས་བསྐོར། །ཞལ་ནས་ཐུགས་རྟེན་བཞེངས་བསྐུལ་ལུང་བསྟན་ཐོབ། །དེ་ནས་ཆོས་རྗེས་ཐུགས་སློབ་མཆོག་རྣམས་བསྡུས། །དུས་འཁོར་བདག་ཆེན་དབང་གནང་ སྒྲ་འོད་སོགས། །ལེགས་མཚན་བྱུང་སྟེ་རྟེན་བཞེངས་ཞལ་བཞེས་སྐབས། །མཁའ་ལས་ལྷ་ རྣམས་ལེགས་སོའི་སྒྲ་སྙན་སྒྲོག །ས་ཆོག་ཆེད་དུ་གདན་ལས་ཉིད་བཞེངས་ཚེ། །ས་ཆེན་རབ་ གཡོ་ཤིང་རྟར་བཞུགས་ནས་སུ། །བྱོན་སྐབས་ཀཱ་ལ་ཙཀྲ་སོགས་སྔགས་དབྱངས། །སྒྲ་བྱུང་ སྐད་ཅིག་དུས་འཁོར་དཔའ་གཅིག་ཏུ། །གྱུར་ཏེ་རྡོར་དྲིལ་དང་བཅས་ས་གནོན་མཛད། །རྡོ་ རྗེའི་རྒྱན་ལྡན་ཞབས་ཟུང་བདུད་མནན་པ། །དེར་གནས་མཐུན་སྣང་དུ་གྱུར་མཁའ་དབྱིངས་ སུ། །འཇའ་འོད་འཁྱིལ་དབུས་རྟ་མགྲིན་ཡང་གསང་ཁྲོས། །གསལ་བར་ཞལ་གཟིགས་གཙོ་ འཁོར་གཞི་དེར་ཕེབས། །ཞབས་ཀྱིས་བཅགས་ནས་ས་ཆོག་ལེགས་མཛད་སྐབས། །གནས་ དེའི་ས་ཡི་འོག་ནས་སྐུ་ཕྱེད་ཙམ། །ཡར་ཐོན་ས་ལྷ་མཛེས་མ་ཀ་ཤི་ཀའི། །མེ་ཏོག་མདོག་ཅན་ དྷ་ནུ་སྐ་རའི་ཕྲེང། །ཉེར་འཆང་གསེར་བུམ་ཐོགས་པས་ཚིག་སྨྲས་པ། །འདབ་རྒྱས་ས་འདི་ འགྲོ་ཀུན་ཐར་པའི་སླད། །རྟེན་མཆོག་ཆ་རྐྱེན་ཁོ་མོས་འབུལ་འདི་བཞེས། །ཞེས་པས་ས་གཞི་ ལེགས་པར་ཕུལ་རྗེས་ནས། །ཅན་ལུང་བྲག་དཀར་ལས་རྡོལ་གྲུབ་ཆུའི་དཀྱིལ། །ཀླུ་ཡི་རྒྱལ་ པོ་བཅོམ་ལྡན་བྱི་རུའི་མདོག །པར་ཤའི་མེ་ཏོག་གསེར་འཁོར་འཛིན་པ་བྱུང༌། །དེས་སྨྲས་དྲི་ མེད་བསིལ་ཆུ་བདུད་རྩིའི་མཆོག །ཆ་རྐྱེན་བདག་ཕུལ་རྡོ་རྗེའི་སྐུ་ཐོབ་ཤོག །ཅེས་པས་ཆུ་ 1-1-198 ཕུལ་ཐུགས་དམ་བུམ་གོང་ནས། །སྤྲིན་དཀར་ལང་གསེབ་ཞིང་སྐྱོང་དངོས་བྱོན་པ། །ཀྵེ་ཊ་པ་ ལ་པདྨ་དཀར་པོའི་མདོག །དུང་གི་གཙུག་ཅན་སུམ་ཀའི་ལྷུང་བཟེད་དང༌། །བ་དན་ལྕེ་བརྒྱད་ ཐོགས་ནས་དེས་སྨྲས་པ། །རྡོ་བཟང་སྐུ་འབུམ་ཆ་རྐྱེན་རྫོགས་བསྐྲུན་བྱེད། །ཕུལ་འདིས་འགྲོ་ ཀུན་རྣམ་གྲོལ་མཆོག་ཐོབ་སྨོན། །ཞེས་པས་རྡོ་གཏེར་ལེགས་ཕུལ་རོ་སྐམ་མདར། །ཤིང་གི་ ལྷ་མོ་འོད་འཆང་མར་གད་མདོག །སྐུ་སྨད་ཤིང་གོས་ལེགས་གྱོན་ལག་ཟུང་གིས། །ཀ་རའི་ མེ་ཏོག་རིལ་བ་ཐོགས་ནས་སུ། །ལེགས་སྨྲས་དྲི་བཟང་མཆོག་ལྡན་ཤིང་གི་གཏེར། །གུས་ ཕུལ་བདེ་ཆེན་ཡེ་ཤེས་སྐུ་ཐོབ་ཤོག །ཅེས་པའི་སྨོན་ཚིག་དང་བཅས་ཤིང་ཤུག་པ། །དྲི་བཟང་ ངད་ཅན་ཙན་དན་ཤིང་གཏེར་ཕུལ། །རྫ་མཆོག་གོང་དུ་སྤྲིན་འཇའ་འོད་འཁྱིལ་གསེབ། །ཇོ་ མོ་ནགས་རྒྱལ་ལུས་ལྗང་ལུག་ནག་ཞོན། །སྣ་ཚོགས་དར་གོས་མུ་ཏིག་དམར་ཕྲེང་འཕྱང༌། །གསེར་དྲིལ་དུང་དཀར་འཛིན་བཞིན་འདི་སྐད་གསོལ། །བསོད་ནམས་འབྱུང་གནས་དྲིལ་ སྙན་སྒྲོག་པའི་རྟེན། །ཆ་རྐྱེན་མཆོད་རྫས་ཁོ་མོས་འབུལ་འདི་ལོངས། །ཞེས་བརྗོད་གསེར་ སོགས་རིན་ཆེན་གཏེར་ཡང་ཕུལ། །གཞན་ཡང་མཁའ་ལས་ལྷ་བྲན་མང་པོ་ཡིས། །མེ་ཏོག་ ཆར་ཕབ་ལྷ་ཀླུས་མཐུན་རྐྱེན་སྦྱར། །མཆོད་རྟེན་ཐིག་ཚད་བརྐྱངས་པས་གཞི་ཁྱོན་རྒྱ། །ཤིན་ ཏུ་ཆེ་ཕྱིར་ཉེ་འཁོར་བ་དག་གིས། །བློ་ངོར་མ་ཤོང་འདི་འདྲ་འགྲུབ་དཀའ་ཚུལ། །སྣ་ཚོགས་ གླེང་ཡང་ཆོས་རྗེ་མཆོག་ཉིད་ཀྱིས། །འདི་སྐད་ངས་ནི་དཀོན་མཆོག་རིན་ཆེན་ལ། །གསོལ་བ་ བཏབ་པས་གང་འདོད་འགྲུབ་ངེས་སུ། །སེམས་ཐག་ཆོད་ཡོད་ཁྱེད་རྣམས་འཇིགས་མི་ དགོས། །རྒྱལ་བའི་གསུང་རབ་རྣམས་ལས་ཐུགས་རྟེན་མཆོག །ལེགས་བཞེངས་ཕན་ཡོན་རྒྱ་ ཆེར་གསུངས་པ་ལ། །ཀུན་གྱིས་སོམས་མཛོད་ཅེས་གསུངས་སྔར་ཐིག་གི །ཚད་ལས་ཕྱོགས་ རྣམས་སུ་ནི་འདོམ་རེ་རེ། །བསྐྱེད་ནས་ཞལ་གསུང་སྔོན་གྱི་སྨོན་ལམ་སྟོབས། །དེང་དུས་སུ་ སྨིན་སྒྲིབ་སྦྱངས་ཚོགས་རྫོགས་ཐབས། །སྙིགས་མའི་འགྲོ་ལ་འདི་ཉིད་ཆེས་བཟང་བས། 1-1-199 །དུས་མཐུན་བསགས་སྒོ་འགྲོ་ཕན་བླ་མེད་འགྱུར། །ཞེས་སོགས་བཀའ་མོལ་ཞིབ་རྒྱས་ ལེགས་གནང་བཞིན། །ཀུན་གྱིས་སྙིང་སྟོབས་བསྐྱེད་དེ་ལས་ཀ་བརྩམས། །དེ་ཡང་སེང་ཁྲིའི་ ཕྱོགས་རེར་ཁྲུ་ཉིས་བརྒྱ། །བཅོ་ལྔའི་རྩིག་བཏང་ཡོངས་ཀྱིས་མཐོང་སྣང་དུ། །ཆོས་རྗེས་དུས་ གཅིག་སྤྲུལ་པ་འབུམ་ཕྲག་བཀྱེ། །ལས་ཀ་བཙུགས་ཏེ་ལ་ལས་རྡོ་བླང་ཞིང༌། །ལ་ལས་ཆུ་ ལེན་ལ་ལས་འདམ་བསྒྱུར་སོགས། །ངོ་མཚར་སྤྲུལ་བཀོད་ལ་ནི་དེར་གནས་ཀྱི། །བུ་སློབ་ ཡོན་བདག་ཐམས་ཅད་ཡིད་ཆེས་ཏེ། །ཀུན་གྱིས་བརྩིག་རོགས་ངང་ནས་འུར་ལས་སུ། །སེང་ ཁྲི་ལེགས་གྲུབ་ཕྱོགས་འདུས་རྡོ་ཤིང་གི །བཟོ་མཁན་མང་པོ་ལ་བརྟེན་དེའི་སྟེང་དུ། །ཁྲི་ འཕང་ཕྱོགས་རེ་ལ་ནི་ཁྲུ་བརྒྱ་དང༌། །བརྒྱད་ཅུ་རྩ་གཉིས་དེའི་སྟེང་ཉི་གདན་ཟླུམ། །མཐའ་ སྐོར་ཁྲུ་བརྒྱད་དགུ་བཅུ་རྩ་གཉིས་ཚད། །དེ་ཡི་སྟེང་དུ་ཟླ་གདན་མཐའ་སྐོར་ཚད། །ཁྲུ་ལྔ་བརྒྱ་ དང་ཉི་ཤུ་རྩ་གཉིས་ཡོད། །རྨང་ནས་གསེར་ཏོག་བར་གྱི་དཔངས་ལ་ནི། །ཁྲུ་ཉིས་བརྒྱ་དང་ བཅོ་ལྔའི་ཚད་དུ་བརྩིགས། །དེ་སྐོར་ཆོས་རྗེས་འཁོར་ལ་སྤྲོ་བསྐྱེད་སླད། །རྒྱལ་བའི་ཐུགས་ རྟེན་ལེགས་བཞེངས་དགེ་འདུན་ལ། །ཡོན་ཕུལ་ལ་སོགས་བསགས་སྒོ་གཞན་དག་ལས། །ཉེ་བར་འཕགས་ཚུལ་རྨད་དུ་བྱུང་མདོ་དང༌། །དགྲ་བཅོམ་ཐེག་མདོ་དམ་ཆོས་སྙིང་རྗེ་ཡི། །པད་དཀར་རྣམ་གཉིས་ལས་རྣམ་འབྱེད་པའི་མདོ། །རྒྱ་རོལ་ཁང་བརྩེགས་གསལ་རྒྱལ་གྱིས་ ཞུས་མདོ། །དགེ་རྩ་ཡོངས་འཛིན་དཀོན་མཆོག་ཏ་ལ་ལ། །རྣམ་སྣང་རྒྱལ་གཟུངས་ལས་སྒྲིབ་ རྒྱུད་གཅོད་གཟུངས། །གཙུག་ཏོར་དྲི་མེད་རྣམ་པར་རྒྱལ་མ་དང༌། །འཇམ་དཔལ་རྩ་རྒྱུད་ གསང་འདུས་བདེ་མཆོག་སྡོམ། །དུས་འཁོར་ལ་སོགས་མདོ་རྒྱུད་ལུང་མང་དང༌། །སྦྱར་ནས་ ཐུགས་བརྩེས་ཞལ་གསུང་ལེགས་པར་མཛད། །གཞན་ཡང་ང་ཡིས་ཁྲོ་ཕུ་ལོ་ཙཱ་བའི། །མཆོད་ རྟེན་དྲུང་དུ་སྨོན་ལམ་མང་བཏབ་ཅིང༌། །མདོ་རྒྱུད་དག་ལས་སྐུ་ཐུགས་རྟེན་བཞེངས་ཀྱིས། །ཚོགས་རྫོགས་ཏིང་འཛིན་དགེ་རྩ་ལེགས་འཕེལ་ཚུལ། །མཐོང་ཐོས་རེག་ཙམ་གྱིས་གྲོལ་ 1-1-200 ཐར་པ་ཡི། །ས་བོན་མཆོག་ཐེབ་གཞན་དོན་ཆེར་འབྱུང་སོགས། །བསླུ་མེད་གསུང་བཀའ་ མང་པོ་ཉེ་བར་གནང༌། །དེར་བརྟེན་ཀུན་གྱིས་བློ་སྟོབས་ཆེར་བསྐྱེད་དེ། །གསེར་དངུལ་ ཟངས་ལྕགས་ལ་སོགས་དངོས་རྫས་བསྡུས། །སྒོ་གང་འབད་པ་ལྷུར་ལེན་བྱེད་ལ་གཞོལ། །རྟེན་བཞེངས་དུས་སུ་ཆོས་རྗེས་ཆོས་ཁྲིའི་ཁར། །ཆོས་གསུངས་བཟོ་བོ་རྣམས་ལ་ཞལ་ བཀོད་དང༌། །གཟིམས་ཆུང་ནང་བཞུགས་ཐུགས་དམ་མཛད་ཚུལ་སོགས། །དུས་གཅིག་སྐུ་ བཀོད་གསུམ་བརྒྱད་མཐོང་ཚུལ་མང༌། །དེ་འདྲའི་ཚུལ་གྱིས་མཆོད་རྟེན་བཞེངས་པའི་སྐབས། །ཉིན་མོར་ལྷ་མི་མཚན་དུ་ཀླུ་རྣམས་ཀྱིས། །ལེགས་བརྩིག་ལས་མི་ཕལ་ལ་སྒོམ་ཉམས་ འཕེལ། །པེ་ཧར་ལ་སོགས་ནག་ཕྱོགས་བྱེད་ལས་སུ། །གྲོག་སྦུར་མང་སྤྲུལ་ལས་ཀར་གེགས་ བྱུང་སྐབས། །ཆོས་རྗེས་ལྗགས་མཆིལ་བཏབ་ཅིང་སེ་གོལ་མཛད། །དེ་མ་ཐག་ཞི་རླུང་ཆེན་ ཆར་ཞོད་སོགས། །བར་ཆད་རྩོམ་པ་གང་བྱུང་ཐམས་ཅད་ལ། །བདེན་སྟོབས་བརྗོད་པས་ འཕྲལ་ཞི་ཁོ་ན་བྱུང༌། །སྐབས་ཤིག་གླང་མཚོར་གནས་པའི་ཀླུ་རྒྱལ་ཆེ། །ནོར་རྒྱས་ཞེས་བྱས་ བན་དྷུ་ཛི་ཀ་ཡི། །མེ་ཏོག་རྒྱལ་མཚན་ཐོགས་ནས་ཆོས་རྗེའི་དྲུང༌། །ལེགས་ཕྱིན་འདི་སྐབས་ བདག་གནས་གསེར་ཕྱེའི་གཏེར། །སྐྱོགས་གང་ཙམ་ཕུལ་འབྱུང་བཞིའི་འཇིགས་སྐྱོབས་ཞུས། །དེ་སྐབས་ཆོས་རྗེས་ཀླུ་ལ་སྤྲིན་ཆེན་མདོ། །ཚར་གཅིག་གསུངས་པས་ཀླུ་ཉིད་ཡི་རང་སྟེ། །རང་གིས་ཉེར་སྤྱད་དངུལ་སྐྱོགས་ཉ་རྔ་མ། །ལེགས་ཕུལ་ཀླུ་ཡང་རང་གནས་སུ་སོང་བའི། །ཕྱི་ཉིན་སྔ་དྲོའི་ཆ་ལ་དངོས་གྲུབ་དཔལ། །ཀླུ་སྐྱོགས་བཟུང་བཅུག་གླང་མཚོར་ཆེད་དུ་ མངགས། །མཚོ་འགྲམ་འཛམ་བུའི་ཆུ་གསེར་ཕྱེ་བརྡལ་བར། །སྐྱོགས་ཀྱིས་ཕྱུར་བུར་སྤུངས་ ཏེ་བཅུས་པ་ལ། །སྦྲུལ་དཀར་ཞིག་འོང་ཁ་ད་ཆད་དུ་ཕབ། །དེ་འདྲའི་གསེར་ཕུལ་བ་ཡིས་ཆ་ རྐྱེན་བྱས། །འདི་སྐོར་ཇོ་གདན་རྒྱལ་བ་བྱང་སེམས་ཀྱིས། །ཏིང་འཛིན་མངོན་ཤེས་མིག་ལ་ བརྟེན་ནས་སུ། །ཆོས་རྗེ་རྩིག་ཤིང་ལྕགས་ཟངས་བླུག་ལྷ་བཟོ། །ལ་སོགས་བཟོ་མཁན་རེ་ 1-1-201 རེའི་དྲུང་ན་སྣང༌། །དེ་དང་དུས་མཚུངས་འཚོགས་ཁང་ཆོས་ཁྲིའི་ཁར། །ཆོས་འཁོར་བསྐོར་ དང་སྤོང་བ་བསམ་གཏན་ཁང༌། །དེར་ནི་དེ་ཁོ་ན་ཉིད་ལ་གཞོལ་ཚུལ། །ཇི་བཞིན་གསལ་ བར་གཟིགས་སོགས་དེ་འདྲ་མང༌། །མཆོད་རྟེན་ནང་བཞུགས་ཨ་དཀར་ནག་པོ་དང༌། །ཙན་ དན་དཀར་དམར་གྱིས་བྱས་སྲོག་ཤིང་གྲངས། །སུམ་ཅུ་རྩ་བདུན་ནང་དུ་འོད་སྲུང་དང༌། །ཤཱཀྱ་ཐུབ་སོགས་སངས་རྒྱས་མང་དག་གི། །རིང་བསྲིལ་བརྒྱ་དང་དྲུག་ལྷག་ལེགས་པར་ བཅུག །ཕྱོགས་ནས་འོང་བའི་རྟེན་བཟང་བྱིན་རླབས་ཅན། །ཆེས་མང་ངོ་མཚར་གཏེར་ཆེན་ ཡ་མཚན་སོགས། །བཀྲ་ཤིས་མཆོད་རྫས་མང་པོས་ཉེ་བར་སྤྲས། །དགེ་སློང་ཟླ་བ་སོགས་ ཀྱིས་རྒྱལ་ཆེན་བཞིས། །སྲོག་ཤིང་འཛུགས་གཟིགས་ཉ་དབོན་སོགས་ཀྱི་ངོར། །སློབ་དཔོན་ པདྨས་ལེགས་འཛུགས་མཛད་པར་སྣང༌། །དེ་འདྲའི་སྲོག་ཤིང་བཙུགས་མ་ཐག་ཉིད་དུ། །ཤིང་ལས་འོད་ཟེར་སྣ་ཚོགས་འཕྲོས་པ་ཡིས། །འཛམ་གླིང་དུ་ཁྱབ་མཁའ་ལས་སྒྲ་འདི་ལྟར། །དགེ་བ་བསྟན་པ་ཆོས་དང་ཐར་པ་ཡི། །སྲོག་ཤིང་བཙུགས་སོ་ཨཱ་ལའི་སྒྲ་བཞི་བརྗོད། །དེ་ སོགས་ལྷ་རྣམས་རབ་དགས་སྒྲ་མང་སྒྲོགས། །སྐབས་འདིར་ཆོས་རྗེ་མིང་འཚོགས་འདུས་པ་ ལ། །སྤྱི་ཆོས་ཕན་ཡོན་ཁང་བརྩེགས་མདོ་གསུངས་ཤིང༌། །ཁྱད་པར་བོ་དོང་ནམ་གྲགས་ཆོས་ གྲགས་དང༌། །ཐང་བོ་ཆེ་སོགས་ནང་སློབ་འབུམ་ཙམ་ལ། །སེམས་འགྲེལ་སྐོར་གསུམ་ཆ་ ལག་བཅས་པ་གསུངས། །གཞན་ཡང་ཆོས་རྗེས་ཐུགས་དགྱེས་ཆེར་སྤྲོའི་ངང༌། །ཀུན་རྫོབ་ རང་སྟོང་དོན་དམ་གཞན་སྟོང་ཚུལ། །ལེགས་པར་ཕྱེ་བའི་ངེས་དོན་ཆོས་སྒྲ་བསྒྲགས། །བདེན་ གཉིས་གཤག་རལ་མཛད་པའི་དབུ་བཙུགས་ཏེ། །དེ་དུས་བང་རིམ་ལྷ་ཁང་བྱེད་པ་ལ། །དད་ ལྡན་མང་པོས་སུ་ཐོབ་ཞལ་བ་བྱེད། །དེའི་དགུན་ཁྲིད་བཙུགས་ཐུགས་དམ་ལེགས་མཛད་ ཅིང༌། །ལོ་དེ་སོང་བའི་ལུག་ལོའི་ཟླ་གསུམ་བར། །ལས་འཕྲོ་བཙུགས་ནས་བྲེ་རྩིག་ཐོག་ཕུབ་ དང༌། །གདུགས་འདེགས་པདྨ་བཅས་ཀྱང་ལེགས་གྲུབ་མཛད། །ན་བཟའ་ས་རྩི་སྣ་ཚོགས་པ་ 1-1-202 ཡང་གསོལ། །ཆོས་རྗེས་སྔར་ནི་སྙིང་པོའི་མདོ་བཤད་སྐབས། །རང་བཞེད་རྩལ་བཏོན་ གཞན་སྟོང་མཛད་དཔེ་དང༌། །ཆོས་སྐད་ཕྱོགས་ཡོངས་སུ་ནི་ལེགས་ཁྱབ་པས། །མཁས་པ་ ཕལ་མང་ཐུགས་ལ་མ་ཤོང་བར། །དངོས་སུ་འབེལ་གཏམ་རྩོད་པ་གང་ཞུས་རྣམས། །རྒྱ་ མཚོར་ཁ་བ་འབབ་བཞིན་ཟབ་དགོངས་གཅིག །རོ་མཉམ་དུ་སོང་གྲུབ་མཐར་ངེས་ཤེས་ དང༌། །བླ་མར་དད་པ་ཐོབ་མི་ཤ་སྟག་བྱུང༌། །རིང་ནས་དྲི་བ་རྩོད་ཡིག་གང་བསྐུར་རྣམས། །ཆོས་མཐུན་ལན་གྱིས་ངེས་པ་གཏིང་ནས་རྙེད། །དེ་ནས་ཆོས་རྗེས་རྒྱུད་འགྲེལ་གསུངས་མགོ་ བཙུགས། །དེའི་ཞོར་སློབ་དཔོན་ཟླ་བ་ལ་སོགས་པའི། །ཁྲིད་པ་ཉིས་བརྒྱ་ཙམ་ལ་ཟབ་ཁྲིད་ གནང༌། །ནུབ་ཅིག་གཟིམས་ཁང་ནང་ལ་མཆོད་མཛད་སྐབས། །ཆར་ཆུ་ཆེ་བས་ཆོས་རྗེའི་ མངོན་མཁྱེན་གྱིས། །མཆོད་རྟེན་བུམ་ནང་ཆུས་གང་མངོན་གཟིགས་ལྟར། །བཀའ་བྱུང་ཁོང་ དང་སྟོན་པ་ཚུལ་སེང་གིས། །མར་མེ་བཟུང་བཞིན་ཐང་བོས་ཞབས་ཏོག་བཅས། །མཚན་ དེར་གཙོ་འཁོར་མཆོད་རྟེན་བུམ་ནང་བྱོན། །གང་བའི་ཆུ་རྣམས་ལྷ་བྲན་དུ་མས་འདོར། །དྲི་ བཟང་ཁྱད་འཕགས་མར་མེ་དཔག་མེད་བྱུང༌། །ཚུལ་དེ་ཆོས་རྗེས་སྐུ་འབུམ་རྟེན་འདི་ལ། །ལྷ་ རྣམས་ནུབ་བཞིན་མཆོད་འབུལ་བྱེད་ཡིན་གསུངས། །བང་རིམ་ལེགས་གཟིགས་མཛད་ སྐབས་མུན་ཆར་འདྲེས། །ཞལ་ནས་འོད་གསལ་སྣང་བར་མུན་པ་མེད། །མཆོད་རྟེན་ཡོངས་ རྫོགས་ལེགས་ཟིན་མ་བྱུང་བར། །ཁོ་བོ་འཆི་བར་འགྱུར་བ་གནས་མེད་གསུངས། །དེ་ནས་ དགེ་འདུན་དཔལ་སོགས་ལ་ཁྲིད་གནང༌། །དབྱར་མཚམས་ངང་དུ་དགོངས་ཆེན་ཡེ་ཤེས་ ཀྱིས། །གཤེགས་སྙིང་ཆོས་ཉིད་གཤིས་བཞུགས་མངོན་གྱུར་དོན། །མཁའ་མཉམ་ཏིང་འཛིན་ རང་གསལ་ཐུགས་དམ་མཛད། །ཁྲིད་རྫོགས་སྐུ་མཚམས་བཀྲོལ་ནས་ཆོས་རྗེ་ཡིས། །འདུས་ པ་མང་ལ་རྡོར་ཕྲེང་དུས་འཁོར་དབང༌། །མཛད་ཚེ་མེ་ཏོག་ཆར་བ་བསྙོན་མེད་པར། །ལག་ པས་བཟུང་ནས་འདབ་བརྒྱད་བཅུ་དྲུག་སོགས། །ཁ་དོག་སྣ་ཚོགས་ལེགས་བྱུང་ཀུན་ངོ་ 1-1-203 མཚར། །འདི་སྐབས་སྐུ་འབུམ་ལས་འཕྲོ་འཛུགས་ཞོར་དུ། རྒྱུད་འགྲེལ་ཆེན་མོ་བར་བར་ རྒྱུན་གསུངས་མཛད། །སྐབས་ཤིག་ངམ་རིངས་དཔོན་གྱི་ལྕགས་ཟམ་ཉིད། །ཁྱུད་མོ་རེ་ལ་ གསེར་ཞོ་ཕྱེད་རི་བ། །བཞི་བརྒྱ་ལྔ་བཅུ་ཡོད་པ་ལྷ་འདྲེས་བཟུང༌། །སུས་ཀྱང་རེག་མི་ནུས་པ་ ཆོས་རྗེར་ཕུལ། །འདྲེན་ཐག་བཏང་མཚམས་ལྕགས་ཀྱི་ཚུར་ཁ་ནས། །ཆོས་རྗེའི་བཀའ་ཤོག་ བསྒྲག་པ་ཙམ་གྱིས་ཀྱང༌། །ཕར་ཕྱོགས་ལྕགས་ཐག་རང་ཆད་ལ་སོང་སྟེ། །ཚུར་ཕྱོགས་ ལྕགས་ཟམ་སིལ་ཁྲོལ་ཕུང་གིས་བྱུང༌། །དེ་འདྲའི་ལྕགས་ཟམ་ཁྱུད་མོ་གང་དག་གིས། །སྐུ་ འབུམ་སྒོ་ལྕགས་ལ་སོགས་ཉེར་མཁོ་བགྱིས། །མཆོད་སྟེན་ཆོས་འཁོར་སུམ་ཆ་མན་ཟིན་གྱི། །དུས་འཁོར་བློས་བླང་ལ་སོགས་ནང་རྟེན་རིགས། །ལུགས་མ་རི་མོའི་ངོ་བོར་གང་བཞེངས་ མཁན། །རི་མོ་ལེགས་བརྐོ་ལྡེ་བླུག་རྫ་སྐུ་བཟོ། །ཡི་གེ་ལ་སོགས་བཟོ་རིག་སྣ་ཚོགས་པ། །ཆེས་མཁས་བཟོ་མཁན་བལ་བོ་ཕྱོགས་ནས་དྲངས། །བྱ་ལོའི་ཟླ་བ་དགུ་པའི་བར་དུ་ བསྒྲུབས། །གཞལ་ཡས་ཁང་དང་གདུགས་ཐོག་སྔ་ཕྱི་ཀུན། །ཉི་མ་རེ་རེ་ཁེལ་ཞིང་ཚེས་བཅུའི་ ཉིན། །ནག་ཕྱོགས་མི་མིན་མཐུ་ཡིས་གློ་བུར་དུ། །རླུང་ཆེན་རབ་གཡོས་བུ་ཡུག་ཆེར་འཚུབ་ སྐབས། །ཆོས་རྗེ་རྡོར་ཤུགས་ཏིང་འཛིན་ལ་བཞུགས་པས། །དེ་འཕྲལ་ནས་ཞི་ཐོག་ཕིབས་ མྱུར་དུ་ཁེལ། །དེ་འདྲའི་སྐུ་འབུམ་མཐོང་གྲོལ་ཐུགས་ཀྱི་རྟེན། །རྒྱལ་བའི་ཆོས་སྐུའི་ཡོན་ཏན་ ཡོངས་རྫོགས་མཚོན། །དེ་ཡང་སྐྱབས་གསུམ་མཚོན་བྱེད་ཐེམ་སྐས་གསུམ། །དེ་སྟེང་མི་ འཇིགས་བཞི་ལྡན་སེང་གེའི་ཁྲི། །ཕྱོགས་ངོར་རེ་ལ་སྒོ་ལྔས་ཉེར་མཛེས་ཤིང༌། །དེ་ནང་ཀླུ་ རྒྱལ་ཁང་དུ་ཆོས་སྐྱོང་གི །གཞལ་ཡས་ཁང་ནས་ཁྲོ་རྒྱལ་ལྷ་ཚོགས་ནི། །བརྒྱ་ཕྲག་གཉིས་ བཞུགས་ལྷ་ཀླུས་མཆོད་སྤྲིན་སྤྲོ། །དེ་སྟེང་གདོང་དང་གདོང་ཆེན་ཐབས་ཤེས་རྟགས། །རྨང་ དགེ་སྟོབས་བཅུ་ལེགས་མཚོན་དེ་ཡི་སྟེང༌། །བང་རིམ་རྣམ་པ་བཞི་ལས་དང་པོ་ནི། །དྲན་པ་ ཉེར་བཞག་བཞི་མཚོན་དེ་ལ་ཡང༌། །ལྷ་ཁང་ཆེན་པོ་བཅུ་གཉིས་ཡོད་པའི་ནང༌། །འོད་གསལ་ 1-1-204 ཆོས་སྐུའི་ལྷ་ཚོགས་ཉིས་སྟོང་དང༌། །སུམ་བརྒྱ་དགུ་བཅུ་ལེགས་བཞུགས་གཉིས་པ་ནི། །ཡང་ དག་སྤོང་བཞི་མཚོན་བྱེད་དེའི་ནང་དུ། །ལྷ་ཁང་བཅུ་གཉིས་ལ་ནི་ལོངས་སྐུ་ཡི། །ལྷ་ཚོགས་ ཉིས་སྟོང་བརྒྱད་བརྒྱ་ཉི་ཤུ་བཞུགས། །གསུམ་པ་རྫུ་འཕྲུལ་རྐང་བཞི་མཚོན་བྱེད་དུ། །ལྷ་ཁང་ བཅུ་གཉིས་ནང་དེར་སྤྲུལ་པའི་སྐུའི། །ལྷ་ཚོགས་ཉིས་སྟོང་ལྔ་བརྒྱ་གོ་གསུམ་བཞུགས། །བཞི་ པ་དབང་ལྔ་མཚོན་བྱེད་བང་རིམ་ནང༌། །ལྷ་ཁང་བཅུ་གཉིས་སུ་ནི་ལྷན་སྐྱེས་སྐུའི། །ལྷ་ཚོགས་ སྟོང་ཕྲག་བཞི་དང་བརྒྱད་བརྒྱ་བཞུགས། །བུམ་པ་བྱང་ཆུབ་ཡན་ལག་བདུན་མཚོན་བྱེད། །དེ་ནང་ལྷ་ཁང་ཆེན་པོ་བཞི་ཡོད་པར། །གཟུགས་སྐུ་སྣ་ཚོགས་ཉི་ཁྲི་ཉིས་སྟོང་བཞུགས། །བྲེ་ ནི་འཕགས་ལམ་བརྒྱད་མཚོན་དེ་ཡི་ནང༌། །ལྷ་ཁང་བདུན་དུ་བདུད་ལས་རྣམ་རྒྱལ་བའི། །ལྷ་ ཚོགས་དྲུག་བརྒྱ་གཞན་ཡང་བདེ་མཆོག་དང༌། །ཀྱཻ་རྡོར་དུས་འཁོར་རྟ་མགྲིན་ལ་སོགས་ བཞུགས། །གདུགས་འདེགས་པད་སྟེང་ཆོས་འཁོར་བཅུ་གསུམ་ཡང༌། །ས་བཅུ་སྐུ་གསུམ་ མཚོན་བྱེད་དེའི་ནང་དུ། །དུས་འཁོར་རྟེན་དང་བརྟེན་པའི་དཀྱིལ་འཁོར་ལ། །ལྷ་ཚོགས་སྟོང་ བཅུ་གསེར་རིས་རྒྱུད་འགྲེལ་བཅས། །རྒྱལ་སྲས་བཅུ་དྲུག་ལ་སོགས་མང་པོ་བཞུགས། །ཐུགས་རྗེ་མདོ་གཟུངས་སྤྱན་རས་གཟིགས་མཚོན་བྱེད། །ཆར་ཁེབ་ཡེ་ཤེས་ལྔ་ཡི་བརྡ་ རྟགས་ལྡན། །དེ་སྟེང་གཉྫིར་ཏོག་མཛེས་ཁྱོན་བསྡོམས་པར། །རྟེན་མཆོག་ནང་བཞུགས་ གཟུགས་སྐུ་འབུམ་ལྷག་དང༌། །གསུང་ཐུགས་བྱིན་རྟེན་བསམ་མི་ཁྱབ་པ་བཞུགས། །བུམ་ བཟང་གསེར་འཕྲུལ་རིན་ཆེན་དོ་ཤལ་དང༌། །མུ་ཏིག་རྒྱན་ཕྲེང་སོགས་ཀྱིས་ཉེར་མཛེས་པ། །མཐོང་བ་ཙམ་གྱིས་རྣམ་གྲོལ་སྟེར་བའི་རྟེན། །ཁྱད་འཕགས་ལྷ་མིའི་བསོད་ནམས་ཞིང་དུ་ བསྐྲུན། །དེ་ནས་བྱ་ལོའི་ཟླ་བཞིའི་ཚེས་བཅུ་ལ། །ཆོས་རྗེ་ཡབ་སྲས་འཁོར་ཚོགས་རྒྱ་ཆེར་ བཅས། །ཕེབས་ནས་སྐུ་འབུམ་མདུན་དུ་ཆོ་གའི་གྲྭ། །མང་པོ་བཙུགས་ཏེ་སྟ་གོན་མཛད་པའི་ ནུབ། །རང་བྱུང་སྒྲ་དང་ས་ཆེན་རབ་གཡོ་ཞིང༌། །མེ་ཏོག་ཆར་བ་ལག་མཐིལ་ཚད་ཙམ་པ། 1-1-205 །འདབ་མ་ཡུ་བ་དང་བཅས་སྣ་ཚོགས་མདོག །འོད་ལྷག་ཆེ་བས་བར་སྣང་གང་འདུག་པ། །ལག་པས་བླང་ཚེ་ཡལ་ནས་འགྲོ་བ་བྱུང༌། །ཉི་ཤར་མཁའ་དབྱིངས་དྭངས་པར་འཇའ་འོད་ འཁྲིགས། །སྤོས་དྲི་བཟང་པོས་ཁྱབ་ཅིང་ཡུལ་ཡང་འཇམ། །དེ་དུས་སྒྲུབ་པ་ཕོ་མོའི་མཐོང་ སྣང་དུ། །ངོ་མཚར་དག་སྣང་སྒྱུ་མ་གཟིགས་པའི་ཚུལ། །ལ་ལའི་སྣང་བར་ཕྱོགས་བཅུའི་ སངས་རྒྱས་ཀུན། །བྱོན་ནས་བསྐོར་མཛད་རྟེན་ལ་ཐིམ་པ་དང༌། །ལ་ལར་ཁྲོ་བོ་མང་འདུས་ བགེགས་བསྐྲད་མཛད། །དེ་བཞིན་རང་རང་ཁམས་དབང་སྣང་བ་ལ། །ཞི་ཁྲོའི་ལྷ་ཚོགས་ བྱོན་ཐིམ་སྣང་བ་དང༌། །མཆོད་རྟེན་ལས་འཕྲོས་འོད་ཟེར་འཛམ་གླིང་ཁྱབ། །རྒྱ་གར་གྲུབ་ ཐོབ་མང་བྱོན་ནམ་མཁར་བཞུགས། །སྐུ་འབུམ་ལ་ནི་རབ་གནས་མཛད་སྣང་དང། །ཆོས་ རྗེའི་གདན་ས་ཨོ་རྒྱན་པདྨ་ཉིད། །ཨ་ཙརྱཱ་ཡི་ཆ་བྱད་དུ་བཞུགས་ཏེ། །རབ་གནས་སློབ་དཔོན་ མཛད་པ་དངོས་གསལ་བྱུང༌། །ལྷ་ཡུལ་དགའ་ལྡན་ནས་བྱུང་འོད་ཟེར་ཚོགས། །ཁ་དོག་ གསེར་ལྟར་བྱུང་བ་རྟེན་ལ་ཐིམ། །ཤར་ཕྱོགས་ནས་ནི་དེ་བཞིན་གཤེགས་བརྒྱད་དང༌། །གཙུག་ཏོར་དྲི་མེད་ཆོས་ཀྱི་རྔ་བོ་ཆེ། །མི་འཁྲུགས་འཁོར་བཅས་བྱོན་ཐིམ་མཛད་པ་དང༌། །ལྷོ་ཕྱོགས་གསེར་གྱི་སངས་རྒྱས་དྲུག་སྟོང་བཅས། །གསེར་གྱི་མཆོད་རྟེན་དྲུག་སྟོང་སངས་ རྒྱས་ཀྱི། །རིང་བསྲིལ་ཆེས་མང་གསེར་གྱི་ཟ་མ་ཏོག །དངུལ་གྱི་ག་འུ་ཆོས་དུང་ལ་སོགས་པ། །ངོ་མཚར་མང་བྱོན་ཐིམ་སྣང་གཟིགས་པ་དང༌། །ནུབ་ཕྱོགས་བྱང་ཆུབ་ལྗོན་ཤིང་སངས་རྒྱས་ ཀྱིས། །རིང་བསྲིལ་མང་པོ་ཀུན་སྤངས་ཆེན་པོ་དང༌། །གྲུབ་ཐོབ་རྨོག་ཅོག་སྤྲུལ་སྐུ་དམར་པོ་ སོགས། །ཡ་མཚན་མང་བྱོན་ཐིམ་གཟིགས་བྱང་ཕྱོགས་ནས། །རང་བྱུང་ཤེལ་གྱི་མཆོད་རྟེན་ རྡོའི་སྙིང་པོ། །དགའ་འཁྱིལ་བྱང་ཆུབ་སེམས་ཀྱི་སྐུད་པ་དང༌། །ཁ་ཆེ་ཟླ་མགོན་རྒྱུད་འགྲེལ་ ཕར་ཕྱིན་གྱི། །གླེགས་བམ་གསེར་གྱི་མཆོད་རྫས་ལ་སོགས་པ། །མཐའ་ཡས་ལེགས་བྱུང་ རྟེན་ལ་ཐིམ་སྣང་ཤར། །ཀླུ་ཁང་བཞེངས་ནང་ཡི་གེ་དྲུག་མ་དང༌། །ཡིག་བརྒྱ་མཚན་བརྗོད་ 1-1-206 སྒྲོལ་མ་ཚེ་དཔག་མེད། །ལ་སོགས་ལྷ་ཡི་གཟུངས་སྔགས་ཆེས་མང་བྲི ས། །ཆོས་རྗེ་མཆོག་ གིས་སྔ་ཕྱི་ཇོ་ནང་དང༌། །ཕུག་མོ་ཆོས་རྫོང་སྤྱི་བར་བྲག་གི་ངོས། །མི་ཡེ་མི་ཐར་གནས་སུ་ ཡུད་ཀྱིས་ཕེབས། །མཆོད་རྟེན་མང་བཞེངས་ལ་ལ་ད་ལྟར་སྣང༌། །ཁོང་ཉིད་ཐོག་མར་ཇོ་ནང་ ཕེབས་སྐབས་ནས། །དུས་འཁོར་ཞལ་གཟིགས་དེ་ཕན་དུས་རྒྱུན་དུ། །ཡི་དམ་ཞལ་གཟིགས་ ཆད་མེད་ལྟ་བུ་དང༌། །སྤྱན་རས་གཟིགས་དང་མི་ལ་ལབ་པ་བཞིན། །གུར་མགོན་རྣམ་སྲས་ བྲན་ལྟར་རྒྱུན་བཀོལ་བྱེད། །རིག་གསུམ་མགོན་དང་སྒྲོལ་མ་སྨན་གྱི་བླ། །བྱམས་པ་ལ་ སོགས་སངས་རྒྱས་བྱང་སེམས་དང༌། །མཁའ་འགྲོ་རྒྱ་མཚོ་སྒྱུ་དྲྭ་སྡོམ་ཆེ་ཆུང༌། །རྡོ་རྗེ་ཕག་མོ་ རྡོར་དབྱིངས་ལ་སོགས་པའི། །དཀྱིལ་འཁོར་རབ་འབྱམས་མངོན་གཟིགས་བགྲང་ལས་ འདས། །ས་གའི་ཉ་ལ་འཇའ་འོད་འཁྱིལ་གུར་དུ། །པདྨ་ཐོད་ཕྲེང་མཁའ་འགྲོའི་ཚོགས་ བཅས་ལས། །སེམས་འགྲེལ་སྐོར་གསུམ་སྒྲིབ་མེད་གསལ་བར་གསན། །དགའ་ལྡན་གནས་ ལུང་དེར་བཞུགས་དུས་འཁོར་གྱི། །སྒྲུབ་ལེ་གསུངས་སྐབས་སྤྲུལ་སྐུ་ཉེ་སྲས་དང༌། །ལོངས་ སྐུ་རིགས་ལྔ་དུས་འཁོར་དོན་ཞགས་ཚོགས། །རྡོར་ཤུགས་ལ་སོགས་ཁྲོ་རྒྱལ་དཔག་མེད་ བཅས། །གསལ་བར་གཟིགས་ཤིང་བྱང་ཆུབ་ལུང་བསྟན་ཐོབ། །མཆོད་རྟེན་ལས་ཞུགས་ ཀུན་ཀྱང་བདེ་ཆེན་དུ། །འགྲོ་བའི་ལེགས་མཚན་མཐོང་ཞིང་སྤུན་གསུམ་གྱི། །ཇོ་བོ་རབ་ གནས་མཛད་ཚེ་མཁའ་ལམ་དུ། །འཇའ་འོད་ལ་ནི་བཀྲ་ཤིས་རྟགས་བརྒྱད་གཟུགས། །ཤིན་ ཏུ་གསལ་བ་ནུབ་ཕྱོགས་ནས་བྱུང་ཞིང༌། །མེ་ཏོག་སྣ་ཚོགས་ཆར་བ་བསྙོན་མེད་བབས། །འདི་ སྐོར་དེ་མཚམས་ཤིག་ནས་ཆོས་རྗེ་ཉིད། །གཟིམས་ཁང་བདེ་བ་ཅན་དུ་ལེགས་བཞུགས་ སྐབས། །ཁྱི་ལོར་ཐུགས་སྲས་ལོ་ཙཱ་བློ་གྲོས་མཚན། །རྣམ་གཉིས་ལ་ནི་ཁོང་གིས་བཀའ་བྱུང་ བ། །དུས་འཁོར་རྒྱུད་ཀྱི་འགྱུར་ལ་དག་བཅོས་ཚུལ། །ཆོས་རྗེ་ཉིད་དང་ཀུན་སྤངས་ཆོས་ གྲགས་དཔལ། །རྣམ་གཉིས་དཔང་པོ་བཞག་ནས་ལེགས་འགྱུར་མཛད། །དེ་ནས་ཆོས་རྗེ་ 1-1-207 ཐམས་ཅད་མཁྱེན་པ་ཡིས། །ཆོས་གྲགས་དཔལ་གྱིས་བསྐུལ་ངོར་རྒྱུད་འགྲེལ་ལ། །རྡོ་རྗེའི་ ས་བཅད་ངེས་དོན་ཟབ་བཀྲོལ་བའི། །ཡང་དག་གསལ་བྱེད་མཆན་འགྲེལ་ཁྱད་འཕགས་ མཛད། །དེ་རྗེས་ཁོང་ཉིད་སྐུ་སྲི ང་རྣམ་གཉིས་དང༌། །གཅེན་དང་བཅས་པ་རང་ཡུལ་དུ་ ཕེབས་པ། །དེ་ཡང་སྔོན་ཆད་ཆོས་རྒྱལ་སྲོང་བཙན་རྗེ། །ཡབ་ཡུམ་རྣམས་གསུམ་ཇོ་བོའི་ ཐུགས་ཀར་ཐིམ། །དེ་རྗེས་སྣ་ཆེན་པོ་ཡིས་ལུང་བསྟན་ཞུས། །སླར་ཡང་ཇོ་བོའི་སྐུ་སྟོད་ནས་ གསུང་འབྱོན། །དུས་ཀྱི་ཐ་མར་ཀ་ཡོ་རིའི་གདུང་རྒྱུད། །དགེ་སློང་ཀུན་མཁྱེན་ཞེས་པའི་ མཚན་གྲགས་འབྱུང༌། །ད་ལྟའི་ཁྲི་བཙུན་ཨོ་ཅུང་དེ་དུས་སུ༌། །བསོད་ནམས་ལྕམ་དང་རིན་ ཆེན་དབྱངས་ཞེས་པའི། །སྲི ང་མོར་འགྱུར་ཏེ་ལྟ་ངན་འཇོམས་པ་དང༌། །བཀྲ་ཤིས་སྒོ་མང་ལ་ སོགས་རྟེན་བཞེངས་དང༌། །རྫོགས་ལྡན་ཆོས་དང་གསང་སྔགས་བླ་མེད་ཀྱི། །བསྟན་པ་རྒྱས་ པར་མཛད་ཚུལ་ཞིབ་རྒྱས་ཀྱིས། །བཀའ་ལུང་གསལ་བོ་ཇི་སྐད་བསྟན་པ་བཞིན། །དུས་ མཐར་ཀུན་མཁྱེན་སྐུ་སྲི ང་ཟུང་བཅས་ཚུལ། །དེ་ལུགས་བསྟན་འགྲོར་ཕན་མཛད་འགྱུར་བ་ མེད། །དེ་ནས་ཆོས་རྗེས་ཐུགས་དམ་ལེགས་བཞུགས་ངང༌། །ཤམྦྷ་ལ་ཡི་ལྟེ་བ་ཕྱི་རོལ་བཅས། །སྣོ ད་བཅུད་ལེགས་འབྱོར་སྤྲུལ་པའི་རྒྱལ་པོ་རྣམས། །ཇི་བཞིན་གསལ་བར་གཟིགས་ནས་ བསྟོད་བསྔགས་མཛད། །རྗེས་དེར་དགེ་འདུན་སྟོང་ཕྲག་གཉིས་ལྷག་གིས། །སེར་ཕྲེང་བྱས་ ཏེ་མཆོད་བཀོད་སྣ་ཚོགས་པས། །ཆོས་རྗེ་གང་ཉིད་མདུན་བསུས་གདན་དྲངས་ནས། །རྔོག་ ལོའི་གཟིམས་ཁང་ནང་དེར་བཞུགས་པའི་སྐབས། །ཉིད་ཀྱིས་ཤེར་ཕྱིན་ཡུམ་མདོ་ཉི་ཁྲི་དང༌། །ཤེས་རབ་ཁྲི་པ་མདོ་སྡེ་ཕལ་བོ་ཆེའི། །བཤད་སྟོན་ལེགས་མཛད་གཏན་ལ་ཉེར་ཕབས་པ། །བར་ཐའི་དགོངས་དོན་མཐར་ཐུག་གཅིག་པའི་ཚུལ། །རང་བཞིན་ཤེར་ཕྱིན་སངས་རྒྱས་ ཐམས་ཅད་ཀྱི། །དོན་དམ་ཆོས་སྐུ་ཡེ་ཤེས་ཆེན་པོར་གསུངས། །དེ་ཚེ་ས་གའི་ཡར་ཚེས་བཅོ་ ལྔ་ཡི། །སྔ་དྲོར་ཞིང་ཁམས་བདེ་བ་ཅན་གཟིགས་ནས། །དག་ཞིང་སྣོ ད་བཅུད་སངས་རྒྱས་ 1-1-208 རང་སྣང་ལས། །ཉེ་བར་འཕྲུལ་བའི་ཡ་མཚན་དཔལ་གྱི་ཆ། །མཐའ་དག་སྒྲིབ་མེད་གསལ་ བར་ལེགས་སྣང་སྟེ། །ཞིང་མཆོག་དེ་ལ་གུས་བསྟོད་ཆེ་བ་མཛད། །དེ་ནས་སླར་ཡང་ཇོ་ནང་ དཔལ་དུ་བྱོན། །སྐྱིད་ཕུག་ཏུ་བཞུགས་ཁོང་གིས་གསུང་རྩོམ་རིགས། །དུས་འཁོར་དབང་ ཆོག་ཡེ་ཤེས་རྒྱ་མཚོ་དང༌། །དབང་གི་ལེགས་བཤད་ལུང་སྦྱོར་ཁྱད་མཚར་ཅན། །དབང་ཆོག་ བསྡུས་པ་རྡོ་རྗེ་ཕྲེང་བ་དང༌། །གར་གྱི་བརྗེད་བྱང་དབང་མདོར་ས་བཅད་སྡོམ། །རྡོ་རྗེ་ འཇིགས་བྱེད་མཁའ་འགྲོ་རྒྱ་མཚོ་དང༌། །བདེ་མཆོག་ལ་སོགས་ཡི་དམ་མང་པོའི་ཞལ། །ལེགས་གཟིགས་རེ་རེར་བསྟོད་བསྔགས་མཚར་ཅན་མཛད། །གཞན་ཡང་རྩིས་ཀྱི་རྒྱུ་མཚན་ གཟའ་ལྔ་དང༌། །གཟའ་འཛིན་ལ་སོགས་རྩིས་རིགས་མང་པོ་བཅས། །གཤག་འབྱེད་ཆེ་ཆུང་ ཐིག་རྩ་ཆེས་མང་མཛད། །མང་ཚོགས་འདུས་པར་སྦྱོང་རྒྱུད་དབང་བསྐུར་དང༌། །རྒྱ་ཆེར་ རོལ་པ་མཛངས་བླུན་སཱ་ལུ་ལྗང༌། །གསེར་འོད་ས་བཅུ་རྔ་སྒྲ་མ་དང་བཅས། །གསང་ཆེན་རྒྱུད་ འབུམ་བཤད་ལུང་ལེགས་པར་བསྩལ། །དེ་ནས་ཁོང་ཉིད་གཟིམས་ཁང་བདེ་ཅན་དུ། །ལེགས་ཕེབས་ཐུགས་དམ་ལ་བཞུགས་ཏིང་འཛིན་ངང༌། །ཤར་ཕྱོགས་སུ་བྱོན་ས་གཞི་དཀར་ ཉམས་དགར། །གྲོང་ཁྱེར་སྤོས་ལྡན་ཞེས་བྱ་དེ་དབུས་སུ། །ཕོ་བྲང་རིན་ཆེན་ཁང་བཟང་འོད་ གསལ་བར། །བྱང་ཆུབ་སེམས་དཔའ་ཆོས་འཕགས་ཞེས་བྱ་བཞུགས། །སེམས་དཔའ་མང་ པོའི་འཁོར་བཅས་མཐོང་ནས་ཀྱང༌། །ཕྱག་བསྐོར་ལེགས་མཛད་དེ་སྐབས་ཆོས་འཕགས་ཀྱི། །ཞལ་ནས་བུ་ཉིད་འོང་བ་ལེགས་སོའི་ཚིག །ལན་གཉིས་སེམས་ཅན་ལ་ཕན་འདོགས་འདི་ མཚར། །སླར་ཡང་སྐྱོ་ངལ་མེད་པར་གྱིས་ཤིག་གསུངས། །དེ་བཞིན་ལྷོ་ཕྱོགས་སུ་བྱོན་ས་ གཞི་སྔོ ། །དྲི་ཞིམ་ལྡན་དབུས་ལྷ་ཁང་ཆེན་པོ་ལ། །ཕྱོགས་ཀུན་ཏུ་ཡང་གསེར་དངུལ་མུ་ཏིག་ ཤེལ། །ཡར་གྱི་ཐེམ་སྐས་རེ་རེར་དགེ་སློང་ཚུལ། །མང་པོ་གདུགས་དང་རྒྱལ་མཚན་བ་དན་ སྤོས། །མར་མེ་མེ་ཏོག་རྔ་ཡབ་དུང་གླིང་བུ། །ལ་སོགས་ཐོགས་ནས་ཡར་ལ་འགྲོ་ཞིང་འདུག 1-1-209 །དེའི་ནང་དགེ་སློང་སེར་པོ་ཞིག་ན་རེ། །རིགས་ཀྱི་བུ་ཁྱོད་སྐས་ལ་ཡར་ཤོག་གསུང༌། །འགྲོ་ སྙམ་སྐས་ལ་རྐང་པ་བཞག་མ་བཏུབ། །ལག་གཉིས་གཤོག་པའི་ཚུལ་མཛད་ཡར་འཕུར་ཏེ། །བྱང་ཆུབ་སེམས་དཔའ་རྟག་ཏུ་ངུ་དང་མཇལ། །དེ་ཡི་ཞལ་ནས་བུ་ཉིད་འོང་བ་ལེགས། །སེམས་ཅན་ཀུན་ཕན་སྐྱོ་ངལ་མེད་པའི་སྒོས། །ཆོས་ཀྱི་འཁོར་ལོ་བསྐོར་བར་གྱིས་ཤིག་ གསུངས། །ནུབ་ཕྱོགས་སུ་བྱོན་ས་གཞི་སེར་ལ་མཉམ། །ལོ་རྒྱས་ལྗོན་ཤིང་སྣ་ཚོགས་ཀྱིས་ ཁེབས་པ། །བྱ་རིགས་རི་དྭགས་སྣ་ཚོགས་ལེགས་པར་རྒྱུ། །མཚོ་རྫིང་དུ་མས་རབ་བརྒྱན་སྣ་ ཚོགས་ཀྱི། །མེ་ཏོག་སིལ་མ་བཀོད་ཅིང་གསེར་དངུལ་ཤེལ། །གྲམ་བརྡལ་དབུས་སུ་རིན་ ཆེན་སྣ་ཚོགས་ལས། །གྲུབ་པའི་ཁང་བཟང་མདའ་ཡབ་རྒྱལ་མཚན་དང༌། །བ་དན་དར་ དཔྱངས་རླུང་གིས་བསྐྱོད་བཞིན་པ། །གསེར་གྱི་དྲིལ་གཡེར་འཁྲོལ་བར་བྱང་སེམས་ཚོགས། །མང་པོས་བཀུར་སྟི་མཛད་པ་དེའི་ནང་དུ། །སེམས་དཔའ་མཐུ་ཆེན་ཐོབ་ཡོད་ཉིད་ཞལ་ནས། །བུ་ཡར་ཤོག་གསུང་ཐར་པའི་གྲོང་དེར་ཕྱིན། །དེ་བཞིན་གཤེགས་པ་ཚེ་དཔག་མེད་དང་ མཇལ། །ཕྱག་བསྐོར་མང་བྱས་སངས་རྒྱས་དེའི་བཀའ་ལས། །བུ་ཉིད་འོང་བ་ལེགས་སོ་ཁྱོད་ ཉིད་ཀྱིས། །སེམས་ཅན་ཐམས་ཅད་ལ་ཕན་བཏགས་ནས་སུ། །ཐེག་ཆེན་དུང་བུས་ཆོས་རྔ་ ལེགས་བརྡུང་སྟེ། །བསྟན་པའི་དར་ཆེན་ཕྱར་བར་གྱིས་ཞེས་གསུངས། །བྱང་ཕྱོགས་སུ་བྱོན་ ཤི་ཤའི་ཚལ་གནས་སུ། །དུར་ཁྲོད་ཀེང་རུས་གཅལ་བཀྲམ་ཤ་ཁྲག་འཐོར། །དེ་དབུས་ཙན་ དན་དཀར་པོའི་སྡོང་པོ་ཞིག །ཡོད་པ་དེའི་རྩར་མྱུར་མཛད་ཡེ་ཤེས་མགོན། །ཕྱག་དྲུག་བཀའ་ སྡོད་དང་བཅས་བཞུགས་དང་མཇལ། །མགོན་པོའི་ཞལ་ནས་བུ་འོང་ལེགས་བརྗོད་ཅིང༌། །སེམས་ཅན་ཀུན་ལ་ཕན་ཐོགས་སྐྱོ་མེད་པར། །ཟབ་མོའི་ཆོས་སྒྲོགས་བསྟན་པ་ང་ཡིས་སྐྱོང༌། །ཞེས་གསུངས་ཁོང་གི་སྐུ་ཚེ་དེ་ཉིད་དུ། །བསྟན་འགྲོར་རླབས་ཆེན་ཕན་ཐོགས་འབྱུང་བ་དང༌། །གདུལ་བྱ་འདིར་རྫོགས་ཞིང་གཞན་རྣམ་འཕྲུལ་ཆེས། །རང་རང་དང་འཚམས་ཕྲིན་ལས་ 1-1-210 ཆད་མེད་པར། །ཡོངས་རྒྱས་བཀའ་ལུང་ལེགས་ཐོབ་ཐུགས་སྣང་ངོར། །ཆོས་གོས་གཤོག་ པའི་ཚུལ་མཛད་གཟིམས་ཁང་དུ། །ཕེབས་སྙམ་ངང་ནས་ཐུགས་དམ་བཞེངས་ཚུལ་མཛད། །བར་སྐབས་ཤིག་ཏུ་ཆོས་རྗེའི་ཞལ་གསུངས་ལས། །སློབ་ཚོགས་རྣམས་ལ་བློ་སྦྱོང་བཀའ་ མོལ་གནང༌། །བཟོད་པའི་ཆེ་བསྔགས་འབའ་ཞིག་གསུངས་པའི་དུས། །ཆོས་རར་བོད་ དམག་བརྒྱ་ཕྲག་ཙམ་སླེབས་ནས། །སྐུ་ལ་མདའ་རྡོ་མཚོན་ཆ་མང་འཕངས་ཀྱང༌། །ཅུང་ཟད་ སྐྱོན་མེད་གཡོ་བྲལ་ངང་བཞུགས་པས། །དེར་གནས་ཀུན་དད་ཉེས་བཤགས་སྙིང་ནས་ཕུལ། །ཁོང་གིས་ས་སྐྱའི་སྒོ་རར་དབང་བསྐུར་སྐབས། །ཡེ་ཤེས་དབབ་པའི་རོལ་མོ་ཕྱི་རོལ་ཏུ། །གང་ཡོད་མི་སོགས་ཀྱིས་ཚོར་ཡེ་ཤེས་ཕེབས། །འདི་མཚམས་ཆོས་རྗེ་བླ་བྲང་ཀ་བཞི་མར། །བྱོན་ནས་ཉིད་ཀྱིས་མང་འཚོགས་སློབ་བུ་ལ། །རྒྱུད་འགྲེལ་ཚར་གཅིག་གསང་བ་འདུས་པའི་ རྒྱུད། །འབྱུང་པོ་འདུལ་བྱེད་རྒྱུད་རྣམས་ཟབ་བཤད་གནང༌། །དེ་ནས་ཕག་མོའི་རི་ཁྲོད་དེར་ ཕེབས་ཤིང༌། །རྟ་མགྲིན་ཡང་གསང་ཁྲོས་པ་ལེགས་བསྒྲུབས་པས། །རྟ་སྐད་ལན་གསུམ་ འཚེར་བ་འོན་ལོང་དང༌། །དགའ་ལྡན་གཉིས་མ་གཏོགས་པའི་དབུས་གཙང་ལ། །མ་ཚོར་བ་ ནི་གཅིག་ཀྱང་མེད་ཅེས་གྲགས། །བྲག་དཀར་ཀླུ་ཕུག་ཏུ་བྱོན་དེར་བཞུགས་སྐབས། །བདག་ མེད་ལྷ་མོ་བཅོ་ལྔའི་ཞལ་གཟིགས་ཤིང༌། །གུར་བརྟག་སཾ་གསུམ་ལེགས་པར་གསན་ནས་ ཀྱང༌། །བདེ་བ་ཅན་དང་མངོན་པར་དགའ་བའི་ཞིང༌། །དག་སྣང་ངང་ནས་སྒྲིབ་མེད་གསལ་ བར་གཟིགས། །ཇོ་ནང་དཔལ་དུ་ཕེབས་སྐབས་ཕྱོགས་གཞན་ནས། །བྱོན་པའི་བླ་ཆེན་ཀུན་ དགའ་རྒྱལ་མཚན་གྱིས། །གསེར་ཕྱེ་བྲེ་གཅིག་ཕུལ་ནས་སྨོན་ལམ་བཏབ། །དེ་བཞིན་གངས་ ལྗོངས་འཛམ་གླིང་སྒར་བ་ཆེ། །ཀརྨ་རང་བྱུང་རྡོ་རྗེ་དད་གུས་ངང༌། །གསེར་གྱི་མཎྜལ་དུང་ དང་འཁར་རྔ་སོགས། །རྒྱ་ཆེར་འབུལ་བཅས་ཐུགས་སྨོན་ཟབ་མོ་གནང༌། །གཞན་ཡང་ཉ་ དབོན་སྟོན་པ་ནམ་སེང་སོགས། །ཆོས་ཀྱི་སློབ་མར་གྱུར་པ་ཆེས་མང་དང༌། །གོང་མ་ཡོན་ 1-1-211 མཆོད་སྡེ་བ་ཐ་དད་པས། །ཕྱག་རྟེན་བཟང་པོ་ཕུལ་ནས་རང་རང་དང༌། །འཚམས་པའི་འདི་ ཕྱི་རྟག་མཇལ་སྨོན་ལམ་བཏབ། །འདི་སྐབས་སྔ་རྗེས་ཅི་རིགས་ཧོར་གོང་མས། །ཆོས་རྗེ་ སྤྱན་འདྲེན་འབྱུང་བ་ཁོང་ཉིད་ཀྱིས། །སྔ་མོ་ནས་མཁྱེན་དེ་ལུགས་མཆོད་ཡོན་དང༌། །འབྲིལ་ ཡང་བསྟན་འགྲོར་ཆེར་ཕན་མི་གདའ་བས། །རེ་ཞིག་དགོས་པ་མེད་དགོངས་ཉིང་རོ་དང༌། །བར་ཕུག་ན་དུམ་ལ་སོགས་དབེན་གནས་སུ། །ལོ་ངོ་བཞི་ཙམ་སྦས་པས་རྣལ་འབྱོར་མཛད། །དེ་མཚམས་ཧོར་གྱི་རྒྱལ་པོ་ལུང་བཟང་གནང༌། །ཕེབས་མི་དགོས་པས་ཐུགས་དགྱེས་དགོན་ པར་བྱོན། །རྩེའི་དཔོན་རྡོ་རྗེ་དཔལ་སོགས་སྐུ་མཆེད་དང༌། །ཤངས་དཔོན་ཆོས་གྲགས་ལ་ སོགས་སློབ་ཚོགས་ཀྱིས། །གསེར་དངུལ་གོས་དར་ཁྱད་ཅན་མང་པོ་ཕུལ། །འདི་ཕྱིར་ལེགས་ དགེའི་སྨོན་ལམ་ཡང་ཡང་བཏབ། །དེ་ནས་བཟོ་བོ་རྣམས་ལ་ཟང་ཟིང་དང༌། །ཡང་དག་ཆོས་ ཀྱིས་མགུ་བྱས་གཏང་རག་མཛད། །གཟིམས་ཁང་བདེ་བ་ཅན་དུ་ཐུགས་དམ་ལ། །རྩེ་གཅིག་ བཞུགས་ཚེ་ཉིན་ཅིག་ནངས་སྔ་མོར། །ཐུན་གྲོལ་དུས་སུ་ཞལ་ནས་ཁྲི་གཉེར་ལ། །ང་ནི་ད་ ནངས་ཤམྦྷ་ལར་ཕྱིན་གསུང༌། །གཉེར་བས་ཐེ་ཚོམ་སྐྱེས་པ་ཆོས་རྗེས་རིག །དེ་མ་ཐག་ཏུ་ ཁོང་གིས་མ་ལཱ་ཡའི། །ལོ་མ་རློན་པ་ཞིག་བསྟན་རྐྱེན་དེས་བསྐུལ། །སྔགས་རིག་ཞིང་གི་ གནས་ཚུལ་ཞུས་པ་ན། །ཤམྦྷ་ལ་ཡི་ཆགས་ཚུལ་རི་མོར་བཀོད། །དུས་འཁོར་ལུགས་ཀྱི་ འཇིག་རྟེན་བཀོད་ལུགས་ཀྱང༌། །འབྱུང་བཞི་འཛམ་གླིང་དུམ་བུ་བཅུ་གཉིས་ཚུལ། །རི་མཚོ་ གླིང་རྣམས་དྲུག་ཚན་ཡོད་ཚུལ་དང༌། །དབུས་སུ་ལྷུན་པོའི་རྒྱ་དཔངས་ནམ་མཁའ་ལ། །ཁྱིམ་ གྱི་གོ་ལ་འཁོར་བས་དུས་ཚིགས་རྣམས། །ཇི་བཞིན་འཆར་ཚུལ་ནང་དུ་རྡོ་རྗེའི་ལུས། །དེ་ལ་ རྩ་རླུང་ཐིག་ལེ་ཆགས་ཚུལ་དང༌། །མཐར་ནི་ཇི་ལྟར་འདོར་ཚུལ་ལ་སོགས་པ། །གཞན་ཡང་ སྒྲ་སྒྲུབ་རྩིས་རིགས་རྒྱུ་མཚན་དང༌། །བྲི ་ཐིག་གཤེད་སྐོར་འཁྲུལ་འཁོར་སོགས་དང་བཅས། །ཆོས་རྗེས་ལེགས་མཛད་སློབ་ཚོགས་སྐྱིད་ཕུག་པ། །ལ་སོགས་བརྒྱ་ཕྲག་གཉིས་ལ་བཤད་ 1-1-212 ལུང་དང༌། །ལག་ལེན་དང་བཅས་ཞིབ་རྒྱས་ཡོངས་སུ་གནང༌། །དེ་ནས་བྱི་བ་ལོ་ཡི་སྟོན་གྱི་ དུས། །ཆོས་རྗེ་ཆེན་པོ་ས་སྐྱར་གདན་དྲངས་ཏེ། །མཁན་ཆེན་གཏོར་རྒྱལ་གནས་དྲུག་པ་དང་ ནི། །འཇམ་སྟོན་འཇམ་སྒེག་ལ་སོགས་ས་སྐྱ་པ། །བརྒྱ་སྟོང་དུ་མ་ལ་ཡང་ཁྲིད་བཙུགས་ཏེ། །ལེགས་བཤད་ཆོས་ཀྱི་སྲོལ་བཟང་ལེགས་ཕྱེ་ཞིང༌། །མཐར་ཐུག་གྲུབ་མཐའི་རྩོད་པ་ཆེར་ མཛད་དེ། །རྒྱལ་བའི་གསུང་རབ་ཆེས་མང་དཔང་པོར་བཞག །བདེན་གཉིས་རང་སྟོང་ གཞན་སྟོང་གཤག་རལ་གནང༌། །དེ་ཡང་ཁྲི་བརྒྱད་ཡུམ་ལས་ཆོས་ཉིད་དང༌། །ཆོས་དབྱིངས་ ཆོས་སྐྱོན་མེད་པ་དེ་བཞིན་ཉིད། །མ་ནོར་ཡང་དག་མཐའ་རྣམས་གཞན་གྱིས་སྟོང༌། །གང་ ཡིན་དེ་གསུངས་ཐད་ནས་ཆོས་ཉིད་ལ། །ཆོས་ཅན་གློ་བུར་དྲི་མས་སྟོང་པར་བཞག །དེ་ཕྱིར་ ཆོས་ཉིད་རང་གིས་མི་སྟོང་པར། །ཀུན་རྫོབ་གཞན་གྱིས་སྟོང་པ་རང་བཞིན་གཤིས། །ས་ལུ་ ལྗང་མདོར་དེ་བཞིན་ཉིད་དེ་ཡང༌། །མ་ནོར་གཞན་མིན་ཡང་དག་བདེན་པ་ཉིད། །ཅེས་ གསུངས་དེ་བཞིན་ཡུམ་བར་མ་ལས་ཀྱང༌། །དེ་ཉིད་ཡང་དག་མཐའ་དང་བསམ་འདས་ དབྱིངས། །ཤེར་ཕྱིན་གཉིས་མེད་ཚུལ་གསུངས་གང་ཐད་ནས། །རང་བཞིན་ཤེར་ཕྱིན་བདེན་ གྲུབ་ཉིད་དུ་བཞེད། །རབ་རྩལ་ཞུས་མདོར་ཕུང་ཁམས་སྐྱེ་མཆེད་ཀྱིས། །བསྡུས་པ་ཐམས་ ཅད་རྟེན་འབྲིལ་རྣམ་འགྱུར་ཙམ། །གཤིས་ཀྱི་གནས་ལུགས་མིན་པར་གསུངས་པའི་ཐད། །ཀུན་རྫོབ་ཀྱིས་བསྡུས་ཐམས་ཅད་རྫུན་པར་བཞག །རྒྱ་ཆེར་རོལ་མདོར་དེ་བཞིན་ཉིད་ཀྱི་ དབྱིངས། །ནམ་མཁའ་དང་མཉམ་རྣམ་ཤེས་ཡུལ་མིན་པར། །གསུངས་པའི་ཐད་ནས་བདེན་ གཉིས་ཡེ་ཤེས་དང༌། །རྣམ་ཤེས་ཡུལ་གྱིས་ཁྱད་པར་འབྱེད་པ་བྱུང༌། །དེ་སོགས་མདོ་རྒྱུད་ ཁྱད་འཕགས་ལས་གསུངས་པ། །ཆེས་མང་ངེས་དོན་རྫོགས་ལྡན་ཆོས་ཁོངས་མཛད། །ཁྱད་ པར་སྔགས་རྒྱུད་ཡུམ་སྐོར་དཔང་བྱས་ནས། །ལུང་རིགས་དྲི་མེད་ལམ་ནས་རྒྱ་ཆེར་གསུངས། །དེར་བརྟེན་ཐམས་ཅད་ཤིན་ཏུ་དད་པར་གྱུར། །དེ་རྗེས་ཇོ་ནང་དུ་ནི་གདན་ཕེབས་ཏེ། །རིན་ 1-1-213 ཆེན་དཔལ་སོགས་སློབ་ཚོགས་བརྒྱ་ཙམ་ལ། །དུས་འཁོར་དབང་ཆེན་གསུངས་པའི་དུས་ སྐབས་སུ། །ཕྱོགས་གཞན་ཞིག་ན་བང་འཇིའི་གྲགས་པ་ཞེས། །ཚ་ནད་ཀྱིས་བཏབ་སེམས་ ལ་འདི་སྙམ་སྟེ། །ད་ལན་ཆོས་རྗེའི་དྲུང་དུ་འཆི་ཁ་དང༌། །བར་དོའི་གདམས་སོགས་ཞུ་དགོས་ བསམ་མ་ཐག །བེམ་རིག་བྲལ་ནས་རིག་པ་ཇོ་ནང་དུ། །དབང་གྲལ་ལ་ཕྱིན་ཆོས་རྗེས་ཇི་ བཞིན་གཟིགས། །འཆི་བ་བར་དོའི་གདམས་ངག་དབང་བསྐུར་བཅས། །ལེགས་གསུངས་ སླར་ཡང་རིག་པ་ལུས་ལ་ཞུགས། །གོས་ཚགས་བསྡམས་ཏེ་ལང་པས་མགྱོགས་འགྲོས་ཀྱིས། །ཇོ་ནང་ལ་ནི་ཉི་མ་ཤར་རྟིང་སླེབས། །མཆོད་གཡོག་པ་ལ་ངས་དབང་འཕྲོ་ཞུ་བྱས། །ཕན་ ཚུན་ཅི་ཡིན་ཞིབ་གསལ་ལབ་རེས་མཐར། །དབང་གཡོག་གིས་ནི་ཆོས་རྗེ་ལ་ཞུས་པས། །ཇི་ བཞིན་མཁྱེན་ནས་ཆོས་འཕྲོ་རྫོགས་པར་གནང༌། །འཆི་ལ་ཐུག་པའི་མི་དེ་སླར་གསོས་ཚུལ། །ལོ་ནི་བཅུ་གསུམ་བར་དུ་ཚེ་བསྲི ང་ངོ༌། །གཞན་ཡང་བར་དོའི་སེམས་ཅན་མང་པོ་དག །མངོན་སུམ་ཇི་བཞིན་གཟིགས་ནས་དེ་རྣམས་ལ། །རང་རང་དང་འཚམས་ཟབ་ཆོས་བསྟན་ ནས་སུ། །གྲོལ་བ་མཆོག་ལ་བཀོད་ནས་འགྲོ་དོན་མཛད། །འདི་ནས་ཟླ་བ་བཞི་ལ་སྐུ་འབུམ་ དུ། །གསེར་གདུགས་ཆེན་པོ་ལེགས་གྲུབ་གསེར་སྲང་བརྒྱ། །སོ་བཞི་ལྷག་བཅས་བྱུགས་ནས་ ཆེས་མཛེས་རྨད། །གཉྫི་རའི་ནང་སངས་རྒྱས་རིང་བསྲིལ་སོགས། །བྱིན་རྟེན་ཁྱད་འཕགས་ མང་པོ་བཞུགས་སུ་གསོལ། །དེ་དག་གནས་སྐབས་ཐམས་ཅད་ཐུགས་སྣང་ངོར། །ཆོས་ཉིད་ འོད་གསལ་སྣང་བ་འབའ་ཞིག་ལས། །སངས་རྒྱས་སྐུ་དང་ཞིང་ཁམས་དཔག་མེད་གཟིགས། །ཁྱད་པར་སྤྱན་རས་གཟིགས་དང་ཉེ་སྲས་བརྒྱད། །ཨོ་རྒྱན་པདྨ་རྣམས་ཀྱང་ཡང་ཡང་ གཟིགས། །དེ་དག་གིས་ནི་ལུང་བསྟན་བྱིན་རླབས་མཛད། །དེ་ཚེ་རྟེན་བཞེངས་སྤྱན་གཟིགས་ སྐུ་མང་བསྐྲུན། །མ་ཎིའི་རླུང་ཆུའི་འཁོར་ལོ་གྲངས་མང་བཙུགས། །ཆོས་རྗེ་མཆོག་དྲུང་ཆོས་ གྲགས་དཔལ་ལ་སོགས། །བུ་ཆེན་རྣམས་ཀྱིས་ཞུ་བ་ཕུལ་ནས་སུ། །ཁོང་གིས་དབུ་མ་ངེས་ 1-1-214 དོན་རྒྱ་མཚོ་སོགས། །མདོ་རྒྱུད་འགྲེལ་པ་ཆེས་མང་ལེགས་མཛད་ཅིང༌། །བདེན་གཉིས་རྣམ་ དབྱེའི་བསྟན་བཅོས་བཀའ་འབུམ་གསུངས། །དེ་སྐོར་དུ་ནི་ས་སྐྱ་ནས་བྱོན་པའི། །བླ་མ་གཞི་ ཐོག་པ་དང་ཀུན་སྤངས་མཚན། །དཔོན་ཆེན་རྒྱལ་བཟང་བྱང་བ་སི་ཏུ་དང༌། །གཡག་སྡེ་པཎ་ ཆེན་ལ་སོགས་དབུས་གཙང་གི །མཁས་མཆོག་མང་པོ་ལ་ནི་ཟབ་ཁྲིད་གསུངས། །དེ་དག་ ལེགས་གུས་ངང་ནས་ཐུགས་སྨོན་མཛད། །དེ་ནས་ཆོས་རྗེ་སྣར་ཐང་དུ་གདན་དྲངས། །གང་ གི་དེར་བཞུགས་མཚན་ཉིད་པ་རྣམས་ལ། །བདེན་གཉིས་རྣམ་དབྱེའི་བཤད་པ་རྒྱས་གནང་ སྟེ། །ཡབ་སྲས་མཇལ་མདོར་ཤེས་བྱའི་ཆོས་ཀུན་ལ། །བདེན་པ་གཉིས་སུ་ཁ་ཚོན་ཆོད་ གསུངས་ལྟར། །དེ་གཉིས་ལ་ནི་ལྟ་ཚུལ་ཡང་དག་པ། །དགོས་ཕྱིར་ཀུན་རྫོབ་མེད་ལ་ཡོད་ འཛིན་དང༌། །དོན་དམ་ཡོད་ལ་མེད་པར་འཛིན་པ་གཉིས། །རྟག་ཆད་མཐའ་ཡིན་དོན་གྱི་ གཤིས་ལུགས་ལ། །ཀུན་རྫོབ་ཅིང་མེད་དོན་དམ་བདེན་ངེས་སུ། །རྟོགས་པ་མཐའ་བྲལ་དབུ་ མ་ཀླུ་སྒྲུབ་ཀྱི། །རྩ་ཤེས་དགོངས་བཞེད་ལྟར་དང་ཁང་བརྩེགས་མདོར། །དེ་ཉིད་དེ་བཞིན་ གཤེགས་པའི་ཆོས་སྐུར་གསུངས། །ཆོས་ཡང་དག་མདོར་ཆོས་ཉིད་མ་གཏོགས་པར། །ཆོས་ ཅན་ཐམས་ཅད་བརྫུན་པར་གསུངས་ལྟར་རོ། །ཞེས་སོགས་གཤག་རལ་རྒྱས་མཛད་ཆོས་ཀྱི་ བཀའ། །རྒྱ་ཆེར་ལུང་རིགས་ཡང་དག་གིས་གསུངས་པས། །འཁོར་དེར་གནས་པ་ཐམས་ ཅད་གཏིང་ནས་དད། །དེ་ནས་ལྷ་རྩེར་བྱོན་ཞིང་ཁོང་ཉིད་ཀྱིས། །རྩ་བའི་བླ་མ་ཡོན་ཏན་རྒྱ་ མཚོ་ཡི། །ཐུན་མོང་སྣང་ཚུལ་རྣམ་པར་ཐར་པ་དང༌། །ཤེར་ཕྱིན་རྒྱས་པ་འབུམ་དང་འབྲི ང་ཉི་ ཁྲི། །བསྡུས་པ་ཁྲི་པ་གསུམ་གྱི་མཆན་འགྲེལ་མཛད། །དེའི་ཚེ་མཁའ་ལ་སྤྲིན་ནག་གློ་བུར་ ལང༌། །རྡོ་རྗེའི་མེ་དང་འབྲུག་སྒྲ་གློག་འོད་འཁྱུགས། །ཕྱོགས་རྣམས་ཀུན་ནས་སེར་བའི་སྒྲ་ སྒྲོགས་སྐབས། །ཆོས་རྗེ་ཉིད་ཀྱིས་དཔལ་ཆེན་རྟ་མགྲིན་གྱི། །ཏིང་ངེ་འཛིན་ལ་བཞུགས་ནས་ སྤྲུལ་པའི་འོད། །ལྕགས་ཀྱི་རྡོ་རྗེ་ལྟ་བུ་དཔག་མེད་སྤྲོས། །དེ་མ་ཐག་ཏུ་སེར་སྤྲིན་གློག་ཞགས་ 1-1-215 ཞི། །སྡེ་བརྒྱད་ཆེ་ཕྲ་ཐམས་ཅད་དབང་དུ་བསྡུས། །ས་ལམ་ཡོན་ཏན་རབ་རྫོགས་ཆོས་ཀུན་ གཟིགས། །ས་བཅུ་ལ་ནི་ཕར་ཕྱིན་བཅུ་རྫོགས་ཤིང༌། །ཡོན་ཏན་སྤྲུལ་བཀོད་གོང་འཕེལ་ མཛད་ཆེན་དཔལ། །མཐའ་མེད་ཉེར་སྤྲིན་ས་བཅུའི་སྨོན་ལམ་མཛད། །དེ་ནས་ཆོས་རྗེ་ལོ་ཙཱ་ བྱང་རྩེ་སོགས། །མཁས་པ་བརྒྱ་ཕྲག་ཙམ་ལ་སྨན་བླ་ཡི། །རྗེས་གནང་མཛད་ཚེ་ནམ་མཁར་ བདེ་གཤེགས་བརྒྱད། །མངོན་གསལ་བྱོན་ནས་མེ་ཏོག་ཆར་ཆེན་ཕབ། །དེ་སྐབས་ཁོང་གིས་ སངས་རྒྱས་དེ་བརྒྱད་ལ། །ཆེ་བསྔགས་བསྟོད་པས་སྐྱབས་གསོལ་ལེགས་མཛད་ཚེ། །མཁའ་ བཞུགས་བདེ་གཤེགས་བརྒྱད་པོ་སློབ་ཚོགས་ཀྱིས། །མངོན་སུམ་སྤྱོད་ཡུལ་དུ་གྱུར་མོས་གུས་ སྐྱེས། །འདི་སྐོར་ཅི་རིགས་གཙང་འགྲམ་གོང་འོག་ཏུ། །ཞིང་ལ་གནོད་པའི་ཤུ་ཙ་ཀ་ཞུགས་ ནས། །ཐམས་ཅད་བརླག་ཏུ་ཆས་ལ་ཨ་ཙ་རས། །རྫས་སྔགས་ཆེར་བསྐྱེད་བླ་མ་མང་པོས་ ཀྱང༌། །མན་ངག་སྣ་ཚོགས་བྱས་ཀྱང་ཕན་མ་བཏུབ། །ཆོས་རྗེ་ལ་ཞུས་བཀའ་ཤོག་འདི་ལྟར་ གནང༌། །དཔལ་ལྡན་དུས་ཀྱི་འཁོར་ལོའི་བཀའ་ལུང་གིས། །ཤེས་རབ་རྒྱལ་མཚན་དཔལ་ བཟང་ང་ཡིས་ཀྱང༌། །སྡེ་བརྒྱད་ཁྱོད་རྣམས་ལ་བཟློ་གཙང་ཆུ་འདིའི། །གོང་འོག་ཐམས་ཅད་ ང་ལ་སྐྱབས་སོང་ཕྱིར། །ཕྱིན་ཆད་འཚེ་བ་མ་བྱེད་དམ་འདས་ན། །ཁྱོད་རྣམས་འགྱོད་པའི་ གནས་སུ་གྱུར་ཏ་རེ། །ཞེས་བཀླགས་ཙམ་གྱིས་ཞིང་སྐྱོན་ཐམས་ཅད་ཞི། །གཞན་ཡང་རྒྱལ་ འགོང་ཁ་ཟུག་དཀོན་མཆོག་དཔལ། །ཆོས་ཀྱི་རྒྱལ་མཚན་ལ་སོགས་ཉིན་རེ་བཞིན། །སྐྱབས་ འོག་པ་ནི་ཉི་ཤུ་སུམ་ཅུ་རེ། །འོང་ནས་འདི་སྐད་སྔོན་ཆད་ནུས་མཐུ་ཅན། །གང་མང་གིས་མ་ ཐུལ་ཟེར་དེ་དག་ལ། །བཀའ་ཤོག་བསྐུར་ཙམ་གྱིས་ནི་བར་ཆད་ལས། །ངེས་པར་གྲོལ་བ་ཤ་ སྟག་བྱུང་བས་ན། །ཡུལ་ཕྱོགས་ཀུན་ཏུ་ཆོས་རྗེའི་བཀའ་ཤོག་ལ། །འབྱུང་པོ་གདུག་ཅན་ འདའ་བར་མི་ནུས་པའི། །སྙན་གྲགས་ཆེར་རྒྱས་ཇོ་ནང་གདན་རབས་པ། །ད་སྔོན་རླབས་ ཆེན་འདི་འདྲ་མ་བྱུང་བས། །ཇོ་ནང་ཆེན་པོའི་མཚན་སྙན་ཕྱོགས་བཅུར་ཁྱབ། །ཆོས་རྗེར་ལོ་ 1-1-216 ཙཱ་ཤེས་རབ་རིན་ཆེན་གྱིས། །དར་ཡུག་ལྔ་བཅུ་ཙམ་ཕུལ་ཐུགས་སྨོན་བཅས། །དམར་ཁྲིད་ ཟབ་ཞུས་བྲག་རམ་དཀོན་བཟང་གིས། །དུས་འཁོར་དབང་ཞུས་སྐབས་སུ་ཆོས་རྗེ་ཉིད། །སྤྱན་རས་གཟིགས་དབང་བཅུ་གཅིག་ཞལ་ལྡན་པ། །ཕྱག་སྟོང་སྐུ་ལས་འོད་ཟེར་འཕྲོ་བར་ གཟིགས། །ཞབས་ལ་ཕྱག་འཚལ་དག་སྣང་མང་དུ་འཆར། །ཉེ་གནས་དད་པ་སེང་གེས་ཆོས་ རྗེའི་མདུན། །གཟིམས་ཁང་སྒོ་དྲུང་དུ་ཕྱིན་ནང་ཕྱོགས་སུ། །སྣ་ཚོགས་སྒྲ་མང་ཐོས་ཕྱིར་སྒོ་ གསེང་ནས། །བལྟས་པས་ཆོས་རྗེ་གནས་འགྱུར་སྤྱན་རས་གཟིགས། །བཅུ་གཅིག་ཞལ་ཅན་ ཕྱག་སྟོང་དང་བཅས་པའི། །མཛེས་སྐུ་འོད་བཟང་ཕུང་པོ་་མེའི་དྲུང༌། །ལྷ་བྲན་མང་པོ་ཀླུ་རྒྱལ་ འཁོར་བཅས་དང༌། །མིའམ་ཅི་ལྗོན་རྟ་ཡི་མགོ་བོ་ཅན། །དྲི་ཟ་ཟུར་ཕུད་ལྔ་པ་ནམ་མཁའ་ ལྡི ང༌། །འདབ་བཟང་ལ་སོགས་ཆོས་ཉན་མང་བསྐོར་མཐོང༌། །མོས་གུས་དང་བཅས་སྐུ་དྲུང་ དུ་ཐོན་ཚེ། །ཆོས་རྗེས་ཐ་མལ་རང་གི་གཟུགས་སུ་བསྒྱུར། །བླ་མ་མཚོ་སྐྱེས་ཞེས་བྱ་ལྷ་སར་ དུ། །མཚམས་བསྡམ་རྨི་ལམ་ནང་གསལ་བྱ་གཤོང་གི །ཁང་པར་སྤྱན་གཟིགས་དབང་ཕྱུག་ འོད་འབར་བས། །ཁྲོ་ཆེན་མི་གཡོ་འདོད་རྒྱལ་དབྱུག་སྔོན་ཅན། །སྟོབས་ཆེན་བཞི་ལ་དམ་ ཆོས་པད་དཀར་གསུངས། །དེ་རྨིས་སད་མཚམས་བཀྲོལ་ནས་ཕྱིར་ཐོན་པས། །བྲང་ཁང་ནང་ དུ་ཆོས་རྗེ་ཀུན་མཁྱེན་བཞུགས། །དེའི་དྲུང་ཐུགས་སློབ་འབྲི ་གུང་ལོ་ཙཱ་དང༌། །གཅུང་པོ་རྡོར་ རྒྱལ་སློབ་དཔོན་ཟླ་བ་ཆེ། །འོད་ཟེར་རྒྱལ་མཚན་བཞི་ལ་པད་དཀར་གསུངས། །ཚུལ་དེ་ ལེགས་མཐོང་ཆོས་རྗེ་ཡབ་སྲས་ཚོགས། །སངས་རྒྱས་བྱང་སེམས་དངོས་སྤྲུལ་སེམས་ཐག་ ཆོད། །མི་ཕྱེད་དད་པས་ཉམས་རྟོགས་འཕེལ་རྐྱེན་བྱུང༌། །གཞན་ཡང་གྲགས་སེང་ལ་སོགས་ སྐྱེས་ཆེན་གྱིས། །སྐྱེས་བུ་དམ་པ་དུ་མའི་ཞལ་མཐུན་པར། །རིགས་ལྡན་པད་དཀར་སྤྲུལ་པར་ དངོས་ལུང་བསྟན། །མཆིམས་བློས་སྤྱན་གཟིགས་སྐུ་དངོས་སུ་མཐོང་ཞིང༌། །ཉེ་གནས་ནམ་ མཁས་འཇམ་དབྱངས་དངོས་བྱོན་མཐོང༌། །བཅོམ་ལྡན་རྡོར་སྙིང་ལ་སོགས་དག་སྣང་ཅན། 1-1-217 །སྒྲུབ་པ་ཕོ་མོས་སྐུ་ལ་མཚན་དཔེར་སྣང༌། །དེ་སོགས་ངོ་མཚར་མཐོང་ཚུལ་བསམ་མི་ཁྱབ། །ནུབ་ཅིག་ཆོས་རྗེ་གཟིམས་ཁང་དུ་བཞུགས་སྐབས། །དཀོར་གཉེར་བ་ཡིས་མར་མེ་བཟུང་ ནས་སུ། །སྐུ་དྲུང་དེར་ཕྱིན་ཆོས་རྗེས་སྐུ་དེ་ཉིད། །སྟོང་གཟུགས་སྒྱུ་མའི་ལུས་སུ་མངོན་ བཞེངས་ནས། །བ་སྦུའི་ཁུང་བུ་རྣམས་ལས་འོད་ཟེར་ཚོགས། །རྣམ་པ་དུ་མ་ཕྱོགས་བཅུར་ རབ་འཕྲོས་པས། །སེམས་ཅན་ཐམས་ཅད་ལ་ཕོག་སླར་འོད་ཟེར། །སྤྱན་རས་གཟིགས་སུ་ གྱུར་ནས་ཁོང་ཉིད་ཀྱི། །བ་སྤུའི་ཁུང་བུར་ཐིམ་པ་དངོས་གསལ་གྱུར། །རྗེས་དྲན་སྒྱུ་ལུས་ མངོན་པའི་མཛད་ཚུལ་གནང༌། །ཆོས་རྗེ་ལྷ་སར་བཞུགས་དུས་གནས་པོ་བ། །མགོན་རྒྱལ་ ཞེས་བྱའི་རྨི་ལམ་གསལ་སྣང་དུ། །སེང་ལྡིང་སྒྲོལ་མའི་སྒོ་ཁར་ཆོས་ཁྲིའི་སྟེང༌། །རྒྱལ་པོ་སྲོང་ བཙན་སྒམ་པོ་ཡིན་ཟེར་བའི། །སྐུ་སྦོ མ་ཐུང་ཅན་པ་ཞིག་ཆོས་གསུངས་པ། །དགེ་བཤེས་མང་ པོས་ལེགས་ཉན་བྱེད་པ་རྨིས། །ནངས་པར་སེང་ལྡིང་སྒྲོལ་མའི་ཆོས་ཁྲི་ལ། །ཀུན་མཁྱེན་ཆེན་ པོ་བཞུགས་ནས་ཆོས་གསུངས་མཐོང༌། །རྨི་ལམ་ལེགས་མཚན་ཇི་བཞིན་མངོན་གྱུར་པས། །སྙིང་ནས་ཡིད་ཆེས་མོས་གུས་དཔག་མེད་སྐྱེས། །མཚུར་ཕུའི་གནས་ནང་གྲགས་སེང་མངོན་ ཤེས་ཅན། །བཞུགས་པའི་སློབ་ཅིག་ཆོས་རྗེར་མ་དད་པས། །ཁོང་དང་མཇལ་ཡང་ཆོས་ཞུར་ མ་འདོད་པར། །ཕྱིར་ལོག་གྲགས་སེང་མངོན་ཤེས་ཀྱིས་མཁྱེན་ནས། །ཉིད་ཀྱི་ཞལ་ནས་འདི་ སྐད་ཇོ་ནང་པ། །ཆོས་རྗེ་གང་ཉིད་རིགས་ལྡན་སྤྱན་གཟིགས་ཀྱི། །སྤྲུལ་པར་ངེས་པའི་ཁྱོད་ ཉིད་མ་དད་པས། །སྡིག་བསགས་དམྱལ་བར་འགྲོ་དགོས་དེ་བས་ན། །ད་ཕན་དད་པ་གྱིས་ ལ་གསོལ་བ་ཐོབ། །ཅེས་གསུང་ཇི་བཞིན་སློབ་བུས་བྱས་ནས་གྲོལ། །དེ་ནས་ཐུགས་སློབ་ རྒྱལ་སྲས་རིན་ཚུལ་བས། །ཆོས་རྗེ་གདན་དྲངས་ཞོར་ལ་ཆོས་ལུང་དུ། །བླ་མ་བསོད་ནམས་ རྒྱལ་མཚན་གྱིས་གདན་དྲངས། །དེའི་ཚེ་ཀུན་མཁྱེན་ཆོས་རྗེས་ཐུགས་སློབ་ཚོགས། །བཤེས་ གཉེན་ཉིས་བརྒྱ་ལྷག་ལ་ཟབ་ཁྲིད་གནང༌། །དེ་རྣམས་ཀྱིས་བསྐུལ་བཀའ་བསྡུ་བཞི་པ་ཞེས། 1-1-218 །ཡོངས་གྲགས་ངེས་དོན་ཟབ་མོའི་རྩ་འགྲེལ་སོགས། །རྫོགས་ལྡན་ལེགས་བཤད་གསར་བ་ ཆེས་མང་བརྩམས། །ཐང་བོ་ཆེ་བས་གདན་འདྲེན་མཛད་པའི་སྐབས། །དབང་མདོར་རྒྱུད་ བཤད་ཚར་གཅིག་མཛད་ནས་སུ། །དབུས་ཕྱོགས་སུ་ཕེབས་རིན་ཚུལ་བས་ཞབས་ཏོག །རྒྱ་ ཆེར་བཀྱགས་ཏེ་དེ་སྐབས་ཆོས་རྗེ་ཡིས། །དབང་རིགས་ཁྲིད་ཚོགས་ཟབ་ཆོས་མང་པོ་ གསུངས། །སྐྱོར་མོ་ལུང་ཐད་ཕེབས་སྐབས་ཁོང་དཔོན་སློབ། །རྣམས་ཀྱིས་ཇོ་ཤཱཀ་གཉིས་ལ་ མཆོད་འབུལ་མཛད། །དེ་དུས་ལྷ་སའི་བར་འཁྱམས་ར་ས་ཡི། །གཙུག་ལག་ཁང་དུ་མེ་ཏོག་ སིལ་མའི་ཆར། །མི་རྣམས་མཐུན་སྣང་དུ་བབས་ནམ་མཁའ་ལས། །སངས་རྒྱས་བྱང་སེམས་ ཞལ་གཟིགས་གསལ་བར་ཤར། །འདི་དུས་ཕྱག་ཆེན་དངོས་གྲུབ་ཐོབ་ཚུལ་བསྟན། །དེ་ནས་ ལྷ་སར་ཆག་ཕེབས་ཇོ་ཤཱཀ་ལ། །གསེར་ཆབ་དཀར་མེ་བདུག་སྤོས་སོགས་ཕུལ་ནས། །ཆོས་ རྗེས་དེར་བཞུགས་དགེ་བཤེས་བཞི་བརྒྱ་ལ། །དུས་འཁོར་དབང་དང་ཁྲིད་ཟབ་ཆོས་མང་ གནང༌། །མཚམས་དེར་ལྷ་ཀླུའི་ཕུག་ཏུ་ལེགས་བྱོན་ཏེ། །ཁོང་གིས་ཤེར་ཕྱིན་འབུམ་པ་དུས་ འཁོར་ལྟར། །གནས་ལུགས་ཡོངས་གྲུབ་མཐར་ཐུག་གཅིག་པའི་ཚུལ། །དགོངས་ཆེན་མངོན་ མཛད་ལུང་རིགས་ལམ་ནས་བཤད། །དགུན་ཁྲིད་རྫོགས་མཐར་ཟླ་བ་གསུམ་ནས་བཀྱག །འབྲི ་གུང་སྟག་ལུང་གདན་མཐིལ་གསང་ཕུ་སོགས། །དེ་རྣམས་རིམ་པར་གདན་འདྲེན་ངང་ ནས་ཕེབས། །ཟབ་དབང་ཆེས་མང་ཕལ་ཆེར་བཤད་ལུང་སོགས། །རྒྱ་ཆེན་ཆོས་འཁོར་ ལེགས་བསྐོར་བསྟན་འགྲོའི་དོན། །ལེགས་མཛད་སྐབས་སུ་ཀུན་མཁྱེན་བུ་སྟོན་པ། །རིན་ ཆེན་དོན་གྲུབ་ཅེས་པས་ཆོས་རྗེ་ལ། །བསྟན་པ་ག་དར་བྱེད་དགོས་ཚུལ་གསུངས་པས། །རྗེ་ ཉིད་རབ་དགྱེས་ཚུལ་གྱིས་དེར་ཕེབས་ནས། །དེ་ལུགས་གསུང་གླེང་བྱེད་པར་ཞལ་བཞེས་ སྐབས། །བུ་སྟོན་པས་ནི་ཚུལ་དེར་བཀའ་མོ་ཕབ། །རྔ་བོ་ཆེ་མདོར་ལོ་ནི་བརྒྱད་ཅུ་ན། །མཐོང་ ན་དགའ་བས་བདུད་རིགས་ཕམ་བྱེད་ཚུལ། །རྒྱས་པར་བྱུང་བ་དང་འཕྲད་བུ་སྟོན་གྱིས། །ད་ 1-1-219 ལྟ་རྟེན་འབྲིལ་མ་ལེགས་ཞེས་གསུངས་ཏེ། །ཇོ་ནང་ཀུན་མཁྱེན་དང་ནི་མཇལ་མ་སྤོབས། །ཁམས་བསྙུང་ཚུལ་གྱི་རྫུན་གཏམ་ལབ་པ་ན། །ཇོ་ནང་ཆེན་པོས་ཐལ་སྐད་གཅིག་འཕངས་ པས། །བུ་སྟོན་བཞུགས་གནས་ཁང་པ་རལ་པར་མཛད། །དེ་སོགས་རྫུ་འཕྲུལ་མང་བསྟན་ ཀུན་དད་གྱུར། །དེ་ནས་བྱ་ལོའི་ཟླ་བ་ལྔ་པའི་ཚེས། །བཅུ་དྲུག་ལ་ནི་ཇོ་ནང་དུ་ཕེབས་ཏེ། །ཆོས་རྗེ་མཆོག་གིས་ཐུགས་སྲས་བུ་ཆེན་ཚོགས། །སྒྲུབ་པ་ཕོ་མོ་དག་ལ་ཟབ་ཆོས་དང༌། །དངོས་རྫས་གནང་སྦྱིན་རྒྱ་ཆེར་མཛད་ནས་སུ། །ཟངས་གསེར་མཛེས་ལེགས་མང་པོས་སྐུ་ འབུམ་གྱི། །ཕྱི་ནང་ཉེར་མཁོ་གང་འོས་མཛེས་པར་བྱས། །ལྷ་ཁང་རྣམས་ཀྱང་ཡོངས་སུ་ རྫོགས་པར་གྲུབ། །གཟིམས་ཁང་བདེ་བ་ཅན་དུ་ཐུགས་དམ་ལ། །བཞུགས་སྐབས་ཟླ་བ་ གསུམ་དུ་ཆར་མ་བབས། །བླ་མ་ཨ་ཙ་ར་སོགས་མང་པོ་ཡིས། །ཆར་སློང་སྣ་ཚོགས་ཇི་ལྟར་ བྱས་གྱུར་ཀྱང༌། །མཁའ་ལ་སྤྲིན་ནི་ཅུང་ཟད་མ་ཐོན་སྐབས། །མཚོ་ཆུ་རྣམས་ཀྱང་ཉམ་ཆུང་ ཐག་ལ་ཁད། །དེ་སྐབས་ཕྱོགས་ནས་བྱོན་པའི་བླ་མ་དང༌། །རྒྱལ་མཁར་རྩེ་བ་ལ་སོགས་ དཔོན་རྣམས་ཀྱིས། །ཆོས་རྗེའི་དྲུང་ཕྱིན་འབུལ་བ་ཆེར་བཀྱག་ནས། །ཆར་སློང་དགོས་ཚུལ་ ཞུ་བ་ཕུལ་བའི་མོད། །གཟིམས་ཁང་སྟེང་བྱོན་ཁོང་གིས་ཀླུ་བསྐུལ་བའི། །ཏིང་ངེ་འཛིན་ལ་ བཞུགས་ནས་བཀའ་བསྒོ་མཛད། །དེ་མ་ཐག་ཏུ་ས་གཡོ་སྒྲ་དང་བཅས། །ཀླུ་རྒྱལ་པདྨ་དཀར་ པོ་མགོ་ལྔ་པ། །སྐྱ་རེངས་སེར་པོ་ནོར་བུ་ལེགས་འཛིན་ཅིང༌། །ཡོན་ཏན་གཙུག་ཕུད་དཀར་ པོ་པདྨ་ཐོགས། །པནྚ་ཀ་ལྗང་དུང་སྒྲ་ནག་པོ་དང༌། །གསེར་འོད་སེར་པོ་ཆར་འཛིན་མཐིང་ ཀའི་མདོག །བཀྲ་ཤིས་སྔོན་པོ་ཨེ་ལའི་འདབ་དམར་སྨུག །ལ་སོགས་ཀླུ་རྒྱལ་རང་རང་ འཁོར་ཚོགས་བཅས། །ཕྱོགས་མཚམས་ཀུན་ཏུ་སྤྲིན་དང་ན་བུན་གྱི། །གསེབ་ཏུ་ལང་ལང་ གར་བསྒྱུར་ལ་ལས་ནི། །ཆུ་འཛིན་གཟར་བུ་ཕུལ་ཞིང་ལ་ལས་དུང༌། །རབ་འབུད་ལ་ལས་གླུ་ ལེན་ལ་ལ་ཡིས། །སྤྲིན་གྱི་འཁོར་ལོ་ལེགས་བསྐོར་ཉི་འོད་བཅིང༌། །ཟླ་བའི་ལམ་བཅད་སྐར་ 1-1-220 མའི་དཔུང་བཤིག་ཅིང༌། །འབྲུག་སྒྲ་གློག་འོད་རབ་འཁྱིལ་ཞག་གསུམ་དུ། །ཆར་བས་ལོ་ ཏོག་རྩི་ཤིང་ཐམས་ཅད་བསྐྱེད། །དེ་ནས་བུ་སློབ་ཆར་སློང་ཞུ་བ་པོ། །ཀླུ་རྣམས་དང་བཅས་ ལ་ནི་གཏང་རག་ཏུ། །ཆོས་རྗེས་རྡོ་རྗེའི་ལྗགས་མདོ་རྐན་གྱི་མདོ། །མཆུ་ཡི་མདོ་རྣམས་གསུང་ བསྒྲག་བཀླག་ལུང་མཛད། །སྐྱིད་ཕུག་གནས་སུ་ལེགས་བཞུགས་ཁོང་ཉིད་ཀྱིས། །ཨེ་ཝཾ་སྒྲ་ སྒྲུབ་རི་མོའི་ལག་ལེན་བཅས། །ཚར་གཅིག་གསུངས་དུས་ཐ་སྐར་ཟླ་བའི་ཚེས། །བཅོ་ལྔའི་ སྔ་དྲོར་ནམ་མཁའ་དྭངས་དཀྱིལ་དུ། །འཇའ་འོད་སྣ་ཚོགས་གུར་ཁྱིམ་ལེགས་ཕུབ་དབུས། །རྡོ་རྗེ་འཆང་དང་གྲུབ་ཆེན་བརྒྱད་བྱོན་ནས། །བྱིན་རླབས་ལུང་བསྟན་ལེགས་མཛད་ཁྱད་ པར་དུ། །ཨིནྡྲ་བོ་དྷིའི་དངོས་ཞལ་མཇལ་བ་ལས། །སེམས་འགྲེལ་སྐོར་གསུམ་ལེགས་ གསན་དགོངས་དོན་རྟོགས། །དེ་སྐབས་རྡོར་འཆང་གྲུབ་ཆེན་བརྒྱད་བཅས་ལ། །གསོལ་ འདེབས་ལེགས་པར་མཛད་ཅིང་དབུས་གཙང་དུ། །ནད་སྣ་བདུན་དྲུག་གིས་བཏབ་མི་ཀུན་ ཀྱང༌། །ཁ་བཏགས་བྱ་ཐབས་ཟད་སྐབས་ཆོས་རྗེ་ལ། །ཞུ་བ་ཕུལ་བས་ཁོང་གིས་བདེན་ སྟོབས་བརྗོད། །ཆོས་སྐྱོང་རྣམས་ལ་གཏོར་མ་བཏང་ཙམ་གྱིས། །བར་སྣང་ལ་ནི་མེ་ལྕེ་དམར་ ནག་འཁྱུགས། །འུར་སྒྲ་དང་བཅས་དབུས་སུ་ནག་པོ་ཆེ། །ཆོས་སྐྱོང་གུར་མགོན་ཟླུམ་པོའི་ སྟངས་སྟབས་ཅན། །ཕྱག་གཉིས་གྲི་ཐོད་དང་བཅས་འཇིགས་རུང་བ། །ལྷ་མོ་རེ་མ་ཏི་ཡིས་ རལ་གྲི་དང༌། །བདུད་རྩིའི་བུམ་པ་ཐོགས་བཞིན་ཆོ་འཕྲུལ་འགྱེད། །གནོད་སྦྱིན་ཡབ་ཡུམ་པུ་ ཊ་མིང་སྲི ང་བཅས། །སྐད་ཅིག་མྱུར་བྱོན་ནད་སྣའི་ར་མདར་མཛད། །མཐུ་ཆེན་སྟོབས་ཀྱིས་ ཕྱིར་བཟློག་བཀའ་སྲུང་གི། །ཚུལ་གྱིས་ལེགས་བཞུགས་འཇིགས་པ་ཆེ་ལས་བསྐྱབ། །དེ་ ནས་འཛུམ་གྱི་ཆོས་ལུང་དུ་བྱོན་ཅིང༌། །རྣམ་རྒྱལ་མཆོད་རྟེན་ཆེན་མོ་ལེགས་བཞེངས་སྐབས། །ཆོས་རྗེ་གཟིམས་ཁང་ནང་དུ་ཐུགས་དམ་ལ། །ལེགས་བཞུགས་མཛད་དུས་དག་པའི་སྣང་ བའི་ངོར། །དཔལ་ལྡན་རི་ཁྲོད་དབང་ཕྱུག་ཤ་བ་རི། །གསང་བའི་ཡུམ་ཆེན་པདྨ་ཝ་ཏི་དང༌། 1-1-221 །ཛྙཱ་ན་ཝ་ཏི་ལ་སོགས་མཁའ་འགྲོའི་ཚོགས། །མང་པོས་ལེགས་བསྐོར་ནམ་མཁར་དངོས་སུ་ བྱོན། །རི་ཁྲོད་མགོན་པོས་ཕྱག་གཉིས་གླང་པོ་ཆེའི། །སྣ་ལྟར་བརྐྱང་ནས་ཡེ་ཤེས་ཟབ་ཀློང་ གིས། །དེ་བཞིན་གཤེགས་པ་དཔག་མེད་དགོངས་གཅིག་ཏུ། །བསྡུས་པའི་བྱིན་རླབས་ཆོས་ རྗེ་ལ་སྤྲོས་པས། །རྡོ་རྗེ་རྣམ་བཞིའི་རྣལ་འབྱོར་ཡན་ལག་དྲུག །ཡོངས་སུ་རྫོགས་པའི་མན་ ངག་ཟབ་མོ་གསན། །དེར་བརྟེན་ཁོང་གིས་དགོངས་ཆེན་ཡེ་ཤེས་བརྙེས། །ངེས་དོན་གཞི་ ལམ་འབྲས་བུའི་གསང་ཆེན་གཟིགས། །དེ་ཡང་གཞི་ཡི་ཆོས་ཉིད་བཞུགས་པའི་ཚུལ། །ཡེ་ གཞི་ཀུན་ཁྱབ་བདེ་གཤེགས་སྙིང་པོ་སྟེ། །གདོད་ནས་བཞུགས་པ་གཞི་འབྲས་དབྱེར་མེད་ བདག །ཡུམ་བར་མ་ལས་ཆོས་ཉིད་ཡོན་ཏན་ནི། །ཚད་མ་མཆིས་པ་དོན་དམ་བདེན་པའི་ ཁམས། །སེམས་ཅན་ཐམས་ཅད་ལ་ནི་ཡོད་པར་གསུངས། །ཕལ་བོ་ཆེ་མདོར་དེ་བཞིན་ གཤེགས་ཡེ་ཤེས། །མཐའ་དག་རྗེས་སུ་མ་ཞུགས་སེམས་ཅན་ནི། །འགའ་ཙམ་མེད་གསུངས་ སྙིང་པོའི་མདོ་མཆོག་ལས། །དེ་བཞིན་གཤེགས་རྣམས་བྱུང་ཡང་མ་བྱུང་ཡང༌། །སེམས་ཅན་ ཀུན་ནི་རྟག་ཏུ་སྙིང་པོ་ཅན། །ཞེས་གསུངས་རྔ་བོ་ཆེ་མདོར་སེམས་ཅན་ཁམས། །གཤེགས་ སྙིང་རྟག་པ་ཡོད་གསུངས་སོར་ཕྲེང་མདོར། །དེ་ཉིད་ཉོན་མོངས་ཀྱིས་གཡོགས་བུམ་ནང་གི །མར་མེ་བཞིན་གསུངས་ཞལ་མཐུན་དེ་འདྲ་བ། །མདོ་མཆོག་ཆེས་མང་རྒྱུད་སྡེ་རྣམས་སུ་ ཡང༌། །དུས་ཀྱི་འཁོར་ལོར་སེམས་ཅན་རྣམས་སངས་རྒྱས། །གཞན་དུ་བཙལ་མེད་རང་རང་ གཤིས་བཞུགས་ཚུལ། །ལེགས་གསུངས་བརྟག་གཉིས་ལས་ཀྱང་དེ་བཞིན་དུ། །སེམས་ཉིད་ རང་གཤིས་རྫོགས་པའི་སངས་རྒྱས་སུ། །ཐག་བཅད་སཾ་བུ་ཊ་ལས་སེམས་ཅན་རྣམས། །རང་ རང་ལུས་ནང་སངས་རྒྱས་དངོས་བཞུགས་པ། །ཐམས་ཅད་བདེ་གཤེགས་སྙིང་པོ་ཅན་དུ་ གསུངས། །དེ་འདྲ་ཆེས་མང་མདོ་རྒྱུད་དེ་དག་ལས། །གཞི་ཡི་གནས་ལུགས་གང་གསུངས་ ཐམས་ཅད་ཀྱང༌། །དོན་དམ་རྫོགས་སངས་རྒྱས་ཏེ་ཀུན་རྫོབ་མིན། །དེ་ཕྱིར་རྣམ་ཤེས་ལས་ 1-1-222 འདས་ཡེ་ཤེས་ཁམས། །གཞི་རུ་ལེགས་བཞུགས་དེ་མངོན་བྱེད་པའི་ཐབས། །ཡུམ་མདོ་ གསང་དུས་རྒྱུད་སོགས་ཞལ་མཐུན་པར། །རྣམ་པར་མི་རྟོག་ཏིང་འཛིན་གཙོར་གྱུར་པའི། །ཚོགས་གཉིས་ལམ་བསྐྱེད་དགོས་གསུངས་དེའི་ཕན་ཡོན། །བསོད་ནམས་ཚོགས་ཆེན་ རྫོགས་བྱེད་ཁྱད་པར་བ། །ཐ་ན་ཐོས་པ་ཙམ་གྱི་ཕན་ཡོན་ཡང༌། །གཞལ་བར་དཀའ་ཚུལ་ མདོ་རྒྱུད་མང་པོར་གསུངས། །དེ་འདྲའི་གཞིར་བཞུགས་དོན་དམ་སངས་རྒྱས་ཉིད༌། །ལམ་ སྒོམ་ལ་བརྟེན་ཇི་བཞིན་མངོན་གྱུར་དུས། །འབྲས་ཐོབ་ཐ་སྙད་ཙམ་ལས་གཞི་འབྲས་གཅིག །ཐུགས་ཀློང་ཟབ་མོར་ལེགས་པར་དེ་མངོན་གཟིགས། །ཆོས་རྗེས་དེ་འདྲའི་དགོངས་ཆེན་ རབ་བརྙེས་ནས། །དགའ་སྟོན་གཏང་རག་ཚུལ་དུ་ཤ་བ་རི། །ཡབ་ཡུམ་ཞལ་གཟིགས་རྣམས་ ལ་གུས་བསྟོད་ཕུལ། །དེ་ནས་ཟླ་བ་དྲུག་པར་ཇོ་ནང་དུ། །ལེགས་བྱོན་ས་ཆོག་མཛད་ཚེ་སྐུ་ འབུམ་གྱི། །བྲེ་ནང་ཐ་སྐར་ཚེས་ཀྱི་བཅོ་ལྔ་ལ། །ཨོ་རྒྱན་པདྨ་ཨིནྡྲ་བོ་དྷི་དང༌། །ཀུ་ཀུ་རི་པ་ཉ་ ལྟོ་བིར་བ་པ། །ལུ་ཡཱི་པ་དང་དྲིལ་བུ་ས་ར་ཧཱ། །དེ་བརྒྱད་འཇའ་འོད་གསེབ་ནས་འཕྲལ་དུ་ བྱོན། །ལ་ལས་མེ་ཏོག་འཐོར་ཞིང་ལ་ལས་སྤོས། །རབ་སྤྲོ་ལ་ལས་རོལ་མོ་སྣ་ཚོགས་དཀྲོལ། །གསུང་གླེང་མང་མཛད་གྲུབ་ཆེན་དེ་དག་ལས། །ཆོས་རྗེ་མཆོག་གིས་སེམས་འགྲེལ་སྐོར་ གསུམ་གསན། །ཆོས་སྒྲ་ཉེ་གནས་ཀྱིས་ཚོར་ནང་ཕྱིན་སྐབས། །དེ་མ་ཐག་ཏུ་འཇའ་འོད་ལམ་ ལམ་ཡལ། །དེ་ནས་ཆོས་རྗེ་གློ་འབུར་སྟེང་དུ་བྱོན། །འོད་ཟེར་སྣ་ཚོགས་དྲ་བ་དྲྭ་ཕྱེད་ནང༌། །སངས་རྒྱས་སྨན་རྒྱལ་འཁོར་བཅས་ལེགས་བྱོན་ཏེ། །དྲྭ་མིག་རེ་ལ་སངས་རྒྱས་རེ་བཞུགས་ པས། །ཆོས་ཀྱི་གསུང་གླེང་མང་མཛད་ཁྱད་པར་དུ། །མདོ་སྡེ་དྲན་པ་ཉེར་བཞག་ཚར་གཅིག་ གསན། །འདི་སྐོར་ཁམས་པ་ལས་སད་ཁ་བོ་ཆེ། །སྐུ་འབུམ་ལ་ནི་བསྐོར་བ་བྱེད་པའི་དུས། །འོད་ཟེར་ཆེན་པོའི་ནང་དུ་ཆོས་རྗེ་བཞུགས། །སྣ་ཚོགས་ཙནྡན་དྲི་བསུང་ཕྱོགས་ཀུན་ལྡི ང༌། །དེ་མཇལ་མོད་ལ་མི་ཕྱེད་དད་མོས་སྐྱེས། །ཉེ་གནས་ལ་ཞུས་མཇལ་རྟེན་དར་ཡུག་གཅིག 1-1-223 །གསེར་སྲང་གཉིས་དང་ཆོས་གོས་གཅིག་ཕུལ་བས། །ཞལ་མཇལ་ཆོས་ཀྱི་དྲི་རྨེད་མང་དུ་ བྱས། །མཐར་ནི་ཆོས་རྗེ་ལ་ཞུས་ཁྱེད་ཉིད་ཀྱང༌། །སྔོན་བྱོན་ལི་ཙཱ་བི་དང་ཀླུ་ཡི་མཚན། །སྲོང་ བཙན་འབྲི ་གུང་རྣམ་འཕྲུལ་ཡིན་ནམ་ཞུས། །ཁོང་གིས་ཇི་བཞིན་ཡིན་ངེས་ཞལ་བཞེས་ མཛད། །དེ་མིན་མང་པོ་ཡོད་ཀྱང་བཀའ་རྒྱས་བཏབ། །ཁམས་པ་ཁ་བོ་ཆེ་འམ་བློ་གྲོས་ གྲགས། །ལོ་འགའ་ཆོས་རྗེའི་དྲུང་དུ་སྡེ་སྣོ ད་ལ། །གསན་བསམ་རྒྱ་ཆེར་མཛད་མཐར་དེ་ཉིད་ ཀྱིས། །ལེགས་བསྐུལ་རྣམ་ཤེས་ཡེ་ཤེས་ཁྱད་པར་དང༌། །ཡེ་ཤེས་གཞི་ལ་དོན་དམ་རྒྱུད་སྡེའི་ ལྷ། །གཞི་འབྲས་དབྱེར་མེད་ཚུལ་དུ་ལེགས་བཞུགས་ཚུལ། །དཔེ་ཉུང་དོན་གསལ་གོ་བདེའི་ ཞལ་གདམས་ཞུས། །ཆོས་རྗེ་མཆོག་གིས་དེ་ལུགས་གདམས་བཟང་གི །སྤྲིང་ཡིག་ཚུལ་དུ་ སྐྱེས་གནང་དང་བཅས་པས། །ཐུགས་སྲས་ཁ་བོ་ཆེ་དེ་ལེགས་མགུ་མཛད། །མཐར་ནི་ཆོས་ རྗེས་བཀའ་ལུང་རྒྱ་ཆེར་བཅས། །སློབ་བུ་གང་དེ་མདོ་ཁམས་སྨད་ཀྱི་ཕྱོགས། །རྡོ་རྗེ་མཆེད་ དྲུག་གནས་སུ་བསྟན་འགྲོ་ལ། །ལེགས་ཕན་རྒྱ་ཆེར་སྤེལ་སླད་བརྫངས་པའོ། །ཡང་ཅིག་ཆོས་ རྗེའི་ཐུགས་སློབ་སྡེ་སྣོ ད་ལ། །རབ་སྦྱང་བསླབ་ལྡན་ཞིག་ཡོད་རྐྱེན་དབང་གིས། །ནུབ་ཅིག་ བུད་མེད་ལ་ནི་མི་ཚངས་སྤྱོད། །བྱས་ཚེ་མཚན་མོར་མུན་ཁང་དེ་ཉིད་དུ། །ཆོས་རྗེ་སྐད་ཅིག་ ལ་ཕེབས་བར་སྣང་དཀྱིལ། །སྐུ་མཆོག་འོད་ཟེར་ལྷང་ངེས་མུན་པ་བསལ། །དེ་ཚེ་བུད་མེད་ངོ་ ཚས་རབ་ཁྲོས་ནས། །ཐལ་བ་སྤར་གང་ནམ་མཁར་གཏོར་བ་ན། །ཕྲ་མོའི་རྡུལ་གྲངས་དེ་ སྙེད་མེ་ཏོག་གྱུར། །དེ་སྐབས་བར་སྣང་ལམ་ནས་ཆོས་རྗེ་ཡིས། །བསླབ་རལ་ཉེས་དམིགས་ ཁྱིམ་ཐབ་ཀུན་སྤྱོད་སོགས། །ལེགས་པར་གསུངས་ནས་སྐད་ཅིག་མི་སྣང་སོང༌། །དེ་ཚེ་སློབ་ བུ་དེ་ལ་ཡིད་གཏིང་ནས། །ཉེས་སྤྱོད་སླར་བསྡོམ་འདོད་པ་ལེགས་སྐྱེས་ཏེ། །ཕྱི་ཉིན་དེ་མ་ ཐག་ནས་སླར་ཞུ་ཕུལ། །དེ་ཕན་ཡང་དག་ཆོས་ལ་ལེགས་འཇུག་གིས། །ཚེ་མཐར་འཁྱོལ་ ནས་བསླབ་གསུམ་ལྡན་གྱུར་སྐད། །མཚམས་ཤིག་བྲག་རམ་དུ་ནི་ཐོགས་སེར་གྱི། །འཇིགས་ 1-1-224 པ་རྒྱུན་བྱུང་སྐབས་སུ་གཞན་སུས་ཀྱང༌། །ཕན་ཐབས་བྲལ་སྐབས་ཆོས་རྗེ་ལ་ཞུསུ་པས། །ཁོང་གིས་རྟ་མགྲིན་ཡང་གསང་ཁྲོས་པའི་སྒོས། །གདོང་བཟློག་མཛད་པས་སྐབས་དོན་ ལེགས་གྲུབ་ཅིང༌། །དེ་ཕན་ཐོག་སེར་འཇིགས་པ་མཐའ་དག་ཞི། །འདི་སྐོར་ཆོས་རྗེའི་ཐུགས་ སྣང་མངོན་མཁྱེན་གྱིས། །ས་སྐྱའི་ཞལ་ལྟ་བ་ཞིག་ཤི་འཕོས་ནས། །སེང་ཆེན་བྲག་གི་ནང་དུ་ སྐྱེ་བར་གཟིགས། །དེའི་རྩར་བྱོན་ནས་དེ་ཉིད་བདེ་བར་བཀོད། །དེ་ཚེ་དངོས་གྲུབ་དཔལ་ གྱིས་ཞུས་པའི་ངོར། །སྤྱན་གཟིགས་ལ་བརྟེན་དཀོར་སྦྱོང་ཆོ་ག་མཛད། །དེ་ནས་མངའ་རིས་ པ་ཡི་སློབ་ཚོགས་འགས། །ཕ་ཡུལ་ལ་འགྲོའི་སྐབས་སུ་ཆོས་རྗེ་ལ། །འདི་སྐད་ཞུ་གསོལ་ ཆོས་པ་རབ་སྤྱི་དང༌། །ཁྱད་པར་རི་ཁྲོད་པ་ལ་ཉེར་མཁོའི་རྐྱེན། །བདུད་རིགས་སོག་དམར་ ཉམས་ཕྱིར་མོ་བྱ་ཐབས། །ལེགས་ཞུས་དུས་སུ་ཆོས་རྗེས་དེ་ལུགས་ལྟར། །སོག་དམར་ཁ་ ཆིངས་བསམ་རྩིས་བརྒྱད་ཀྱི་མོ། །མཛད་པས་ཀུན་ལ་རྣོ་མཐོང་གསལ་བྱེད་གྱུར། །མོ་ཐབས་ འདི་ལ་ས་བཟང་མ་ཏི་ཡིས། །དོན་འགྲེལ་རབ་གསལ་མཛད་ནས་ལག་ལེན་བཏབ། །དེ་ སྐོར་ཞིག་ནས་ཆོས་རྗེ་མཆོག་ཉིད་ཀྱང༌། །གཟིམས་ཁང་བདེ་བ་ཅན་དུ་བྱོན་ནས་བཞུགས། །དེ་ཚེ་དཔའ་བོ་རྡོ་རྗེ་འཇིགས་བྱེད་དང༌། །རྟ་མགྲིན་ཡང་གསང་ཁྲོས་དང་དབྱུག་གུ་མ། །སྤུན་ གསུམ་ཞལ་གཟིགས་སྐབས་སུ་དེ་རྣམས་ལ། །རེ་རེ་བཞིན་དུ་གཏོར་བསྐང་ཆོ་ག་མཛད། །ཙནྡན་ཤིང་མདུད་ལ་སོགས་ངོ་མཚར་བའི། །རྫུ་འཕྲུལ་བཀོད་པའི་རྩེད་འཇོ་ཅི་ཡང་འགྱེད། །ཆོས་རྗེ་ཀུན་མཁྱེན་ཆེན་པོས་སྤྱིར་ན་ཡང༌། །ཇོ་ནང་གདན་ས་ལོ་ནི་བཅུ་བདུན་མཛད། །དེ་ སྔོན་ཞིག་ན་མུ་གེ་བྱུང་བའི་སྐབས། །ཁོང་གིས་སློབ་མ་ཀུན་ལ་དཀའ་ཐུབ་རིགས། །མང་ གནང་དཔོན་སློབ་ཀུན་གྱིས་མི་ཟས་སྤངས། །གསོལ་ཆས་ཐམས་ཅད་ཕོངས་པ་རྣམས་ལ་ སྦྱིན། །དགོན་སྡེ་སྐྱོང་སྐབས་ཆོས་འཚོགས་གྲངས་མང་ཉུང༌། །སྒྲུབ་པ་སྙིང་པོར་བྱེད་པ་ཉུང་ མཐའ་ཡང༌། །སྟོང་ཙམ་རེ་དང་མང་ལ་ཚད་བཟུང་མེད། །ཆོས་རྗེས་ངེས་དོན་ཟབ་ལམ་རྒྱུན་ 1-1-225 གསུངས་དང༌། །གཞན་ཡང་ལྷ་ཁང་མང་པོ་ཞིག་གསོས་མཛད། །ངམ་རིང་ཆོས་སྡེ་བཏབ་ ནས་འཆད་ཉན་བཙུགས། །ཆོས་ཀྱི་བཤད་པ་དཀའ་པོད་རྣམ་བཞི་དང༌། །རིག་ཚོགས་དབུ་ མ་འཇུག་པ་བྱམས་ཆོས་ལས། །ཕྱི་མ་བཞི་རྣམས་གཙོ་བོར་ལན་མང་གསུངས། །བཀའ་རྩོམ་ གཙོ་བོ་ཕྱོགས་བསྡུས་རིམ་པ་ཡང༌། །ངེས་དོན་རྒྱ་མཚོ་ལ་སོགས་གྲུབ་མཐའི་ཆོས། །བཅུ་ དྲུག་དང་ནི་དུས་འཁོར་ས་བཅད་སོགས། །དུས་འཁོར་ཆ་ལག་བཅོ་བརྒྱད་ཡུམ་མཆན་ འགྲེལ། །གསོལ་འདེབས་ཉེར་ལྔ་སྤྱན་གཟིགས་ཆོས་སྐོར་ཡང༌། །ཉེར་གསུམ་བསྟོད་སྐོར་ བཅུ་བཞི་སྐུ་འབུམ་གྱི། །ཆོས་སྐོར་ལྔ་དང་རྡོར་ཕྲེང་དབང་སྐོར་གསུམ། །སྤྲིང་ཡིག་བརྒྱད་ དང་སྨོན་གསུམ་བཀྲ་ཤིས་བཞི། །དེ་སོགས་ཀྱིས་ནི་ངེས་དོན་གསང་ཆེན་བཅུད། །ལེགས་ བཀྲོལ་རྨད་བྱུང་ཟླ་དང་བྲལ་བའི་ཆོས། །གཞན་ཡང་གང་གིས་འཁོར་ལོ་རིམ་གསུམ་ལས། །དང་པོ་བདེན་བཞི་མདོ་སོགས་ཀླུ་སྒྲུབ་ཀྱི། །གཏམ་ཚོགས་དང་ནི་དབྱིག་གཉེན་མངོན་རྩ་ འགྲེལ། །ལ་སོགས་དང་བསྟུན་གཉིས་པ་ཤེར་ཕྱིན་སྐོར། །རྒྱན་རྣམ་གཉིས་དང་དབུ་མ་རིག་ ཚོགས་སྦྱར། །ཐ་མ་སྙིང་མདོ་བསྟོད་ཚོགས་རྒྱུད་བླས་འགྲེལ། །ཀྱེ་རྡོར་རྒྱུད་གསུམ་རྡོ་རྗེ་སྙིང་ འགྲེལ་དང༌། །མཁའ་འགྲོ་རྒྱ་མཚོ་ལ་སོགས་བདེ་མཆོག་རིགས། །ཕྱག་རྡོར་བསྟོད་འགྲེལ་ སོགས་དང་རྩ་འགྲེལ་མཛད། །དུས་འཁོར་རྩ་བསྡུས་རྒྱུད་འགྲེལ་ཆེན་མོ་དང༌། །ལེགས་སྦྱར་ མདོ་སྔགས་ཟབ་གནད་ཉེ་བར་བཀྲོལ། །དེ་ཀུན་ཐུགས་དམ་ངང་ནས་རྩོལ་མེད་འཆད། །སྨིན་བྱེད་བདེ་དགྱེས་གསང་གསུམ་གཤེད་སྐོར་དང༌། །རྡོར་དབྱིངས་རྟ་མགྲིན་ཕུར་བ་ལ་ སོགས་པ། །གསར་སྙིང་སྤྱི་དང་ཁྱད་པར་དུས་འཁོར་གྱི། །དབང་རྒྱུད་མན་ངག་རྫོགས་པ་ ཆེས་མང་གསུངས། །དེ་ཕྱིར་ཁོང་ལས་དུས་འཁོར་ཆོས་ཡོངས་རྫོགས། །གསན་པ་སྟོང་ཕྲག་ མང་པོ་དབང་ཁྲིད་ཙམ། །ཆ་ཚང་ཐོབ་པ་ཁྲི་ཕྲག་ལས་བརྒལ་བ། །མཆོག་དབང་སོར་སྡུད་ ཁྲིད་ཕོག་ཉམས་མྱོང་སྒོ། །སྐྱེས་པ་བགྲང་བར་མི་དཔོག་ཙམ་ཡོད་གྲགས། །དེ་བརྟེན་བསྟན་ 1-1-226 པ་སྒོ་ཀུན་ནས་རྒྱས་མཛད། །ཡང་སྒོས་བོད་ཀྱི་རི་སུལ་ཐམས་ཅད་དུ། །རྡོ་རྗེ་རྣལ་འབྱོར་ སྒྲུབ་པ་ཕོ་མོས་ཁྱབ། །འཆད་ཉན་གཙོ་བོ་སྙིང་པོའི་མདོ་དང་ནི། །རྒྱུད་བླའི་བསྟན་བཅོས་ ལས་བརྩམས་བཀའ་ཐ་མ། །འཁོར་ལོ་ཕྱིར་མི་ལྡོ ག་པའི་སྲོལ་བཟང་ཕྱེས། །བསམ་སྒོམ་ སྙིང་པོའི་དོན་ལ་གནད་འབྱོར་བས། །རིགས་ལྡན་རྟོན་པ་བཞི་མངའི་མཚན་སྙན་འབར། །དེ་ ལྟར་མཛད་རྒྱས་དགུང་གྲངས་ང་གསུམ་སྐབས། །རྒྱ་ནག་ཡུལ་ནས་བྱུང་བའི་མཁས་པ་ གཅིག །ཛྭ་ལ་ཀ་ར་ཞེས་བྱ་དབུས་གཙང་དུ། །གནས་བསྐོར་ལ་ཕྱིན་ཆོས་རྗེའི་མཚན་སྙན་ ཐོས། །དེ་ཕྱིར་ཇོ་ནང་ལ་འོང་མཇལ་རྟེན་དུ། །འཁར་རྔ་འཇམ་དཔལ་སྐུ་གཟུགས་གསེར་ དངུལ་ཕུལ། །དེ་ཚེ་ཆོས་རྗེ་མཆོག་གིས་རྒྱ་སྐད་ཀྱིས། །སྔོན་ཆད་སྲོང་བཙན་སྐྱེས་དུས་རྒྱ་ ནག་ཏུ། །བྱོན་ཚུལ་ལ་སོགས་བཀའ་མོལ་ཞིབ་རྒྱས་གནང༌། །རྒྱ་ནག་མཁས་པས་རྗེ་ཉིད་ སྤྱན་གཟིགས་སུ། །མཐོང་ནས་མི་ཕྱེད་དད་པ་ཐོབ་ནས་སླར། །རྒྱ་ནག་ལ་བཞུད་མཉྫུའི་གྲོང་ ཁྱེར་དུ། །ཕོ་བྲང་ཀེ་ཤཾ་ཀ་རར་ལེགས་ཕྱིན་སྐབས། །རྒྱ་རྗེ་དབང་པོར་མཇལ་ནས་དེ་ལུགས་ གླེང༌། །ས་དབང་དེ་ལ་ཆོས་རྗེར་དད་པ་ཐོབ། །རྒྱ་ནག་རྒྱལ་ཁབ་ལ་གདན་དྲངས་པའི་ ཐབས། །ཞག་ལྔར་བཀའ་གྲོས་བྱས་པས་ལྐོག་ཚུལ་དུ། །གདན་འདྲེན་ལ་འཆམས་ཆེད་ མངགས་མི་སྣ་ཡང༌། །ཛྭ་ལ་ཀ་ར་ཙ་ཀ་ར་ལ་སོགས། །བློན་དྲུག་གླང་ཆེན་པདྨ་སོགས་གྱད་ བཞི། །ཛ་ཀ་ཏ་སོགས་འབངས་མི་ལྔ་བཅུ་ལ། །དུས་འཁོར་ལ་སོགས་གསེར་སྐུ་བཅུ་གཉིས་ དང༌། །མཆོད་རྟེན་གསུམ་བཅས་ཟབ་གོས་སེར་པོ་ལ། །མེ་ཏོག་དཀར་པོའི་མདངས་རིས་ དམར་གོས་ངོར། །ལྗང་རིས་ཟ་འོག་འབོལ་གསུམ་གསེར་བཟང་གི །བདུན་ཚར་ཆ་གཅིག་ ལ་སོགས་ཕྱག་རྟེན་བཅས། །གསང་ཐབས་བསུ་མངགས་དེ་རྣམས་བོད་ཕྱོགས་སྐྱོད། །ཇོ་ ནང་དུ་ཕྱིན་ཛྭ་ལ་ཀ་ར་ཡིས། །གྲོགས་རྣམས་སྦས་ནས་ཉེ་གནས་ལ་ཞུ་ཕུལ། །ཀུན་མཁྱེན་ ཆེན་པོའི་གཟིམས་ཁང་དུ་ཕྱིན་ཏེ། །ཡོལ་བའི་ཕྱི་རོལ་ནས་ནི་གུས་ཕྱག་དང༌། །བཅས་པས་ 1-1-227 མེ་ཏོག་སིལ་མ་མངོན་འཐོར་བཞིན། །སྤོས་དྲི་བཟང་པོ་བདུག་ཅིང་རྒྱ་སྐད་དུ། །རྒྱལ་པོས་ བསྒོ་བ་ཆོས་རྗེ་ལ་ཞུས་སྐབས། །ཁོང་གིས་རྒྱ་ནག་སྐད་ཀྱིས་ལན་འདེབས་མཛད། །དེ་ནུབ་ མཚན་ཕྱེད་ཙམ་ན་རྒྱ་མི་གཞན། །གྲོགས་པོ་རྣམས་ཀྱང་ཆོས་རྗེའི་དྲུང་དུ་ལྷགས། །ཕྱག་ བཅས་ཐམས་ཅད་ལ་ཡང་བྱིན་རླབས་གནང༌། །དགའ་གུས་ངང་ནས་ཕྱག་རྟེན་ཐམས་ཅད་ ཕུལ། །ཆོས་རྗེས་ད་ལན་རྟེན་འབྲིལ་མ་འགྲིགས་གསུང༌། །ཛྭ་ལ་ཀ་རས་རྒྱུ་མཚན་ཞུས་པ་ན། །ཉིད་ཀྱིས་རྒྱ་ནག་སྐད་ཀྱིས་ལན་གསུངས་པ། །ཕྱག་རྟེན་གསེར་མཆོད་འགྲོ་འོང་བྲལ་བའི་ བརྡ། །དེ་བཞིན་གོས་འབོལ་བསམ་གཏན་སྒོམ་པའི་རྟགས། །གང་ཐད་འགྲོ་བཤོལ་རྟགས་ ཡིན་གསུང་མ་ཐག །གདན་འདྲེན་པ་རྣམས་མྱ་ངན་གྱིས་ནོན་པ། །ཆོས་རྗེའི་ཐུགས་ཀྱིས་མ་ བཟོད་འབྱོན་ཞལ་བཞེས། །དཔོན་སློབ་ནང་གྲོས་ཟླ་གསུམ་ནས་མཚམས་སུ། །ལྷ་སར་ལྷན་ འདུ་ཆད་བྱས་མཚན་མོ་དེར། །གསང་ཐབས་སུས་མ་ཚོར་བར་རང་རང་གྱེས། །དེ་ནས་ཆོས་ རྗེས་བུ་ཆེན་རྣམས་བསྡུས་ཏེ། །གནང་སྦྱིན་དང་བཅས་ཐུགས་སྨོན་མཛད་ནས་སུ། །ཐབས་ ཀྱིས་ཞལ་གསུང་ང་རང་ད་ལྟའི་སྐབས། །ཐེབ་ཅིག་ཇོ་ཤཱཀ་གཉིས་ལ་མཇལ་དུ་འགྲོ། །ལོ་ཙཱ་ བློ་གྲོས་དཔལ་ཁྱོད་གདན་ས་འདིར། །ལེགས་ཕེབས་གྱིས་ལ་ངེས་དོན་བསྟན་པ་སྐྱོངས། །ཞེས་གསུང་ཐུགས་སྲས་ཆོས་གྲགས་དཔལ་ལ་སོགས། །དགེ་སློང་ཉི་ཤུ་བློ་གྲོས་རྡོ་རྗེ་ སོགས། །དགེ་ཚུལ་བརྒྱད་བཅས་སྤྲེལ་ལོའི་དབོ་ཟླར་བཀྱག །ཆོས་རྗེ་ཙནྡན་གོ་ཤིའི་ཤིང་རྟ་ ལ། །ལེགས་བཞུགས་གདན་དྲངས་ལམ་དུ་ཤེར་སེང་སོགས། །བླ་ཆེན་རྣམས་དང་བྱ་རྒོད་ སོགས་སྡེ་བ། །མང་པོས་ཆེ་བསུས་ཆོས་ཞུར་གསོལ་བཏབ་ཀྱང༌། །ཡར་སླེབས་སྐབས་བྱ་ གསུངས་ནས་མ་གནང་བར། །ལྷ་སར་ཕྱིན་ནས་མཁའ་ལ་སྒྲ་འོད་དང༌། །འཇའ་གསལ་མེ་ ཏོག་ཆར་བབས་ལྟས་བཟང་གིས། །ཀུན་ལ་ཡིད་རབ་དགའ་བའི་སྣང་བ་སྟེར། །ཆོས་རྗེ་ཇོ་ ཤཱཀ་ལ་མཆོད་བདེན་གསོལ་དུས། །ཤཱཀྱ་མུ་ནེའི་ཐུགས་ཀའི་འོད་ཟེར་ཚོགས། །ནག་པོ་ལྷུང་ 1-1-228 བཟེད་ལྟ་བུ་ལེགས་བྱུང་སྟེ། །ཇོ་བོ་སྤྱན་རས་གཟིགས་ཀྱི་ཐུགས་ཀར་ཐིམ། །སྤྱན་གཟིགས་ ཐུགས་ནས་འོད་ཟེར་ལྕགས་རྡོལ་ལྟར། །འཕྲོས་པས་ར་སའི་གཙུག་ལག་ཁང་དུ་ཁྱབ། །སྒྲ་ གདངས་རྒྱ་ཡི་སྐད་ཀྱིས་འདི་ལྟར་གྲགས། །རྒྱ་དང་སྔོན་འབྲིལ་མ་མཆིས་ཁྱོད་མ་བཞུད། །བྱོན་པས་རྒྱལ་འཁྲུགས་ཆོས་ཉམས་ལ་སོགས་འབྱུང༌། །ཞེས་སོགས་རྟེན་འབྲིལ་མི་འགྲིག་ ལུང་བསྟན་བྱུང༌། །རྒྱ་མི་གདན་འདྲེན་རྣམས་ཀྱང་ཆེས་གདུང་གྱུར། །དེ་སྐབས་ཆོས་རྗེས་ བརྩེ་ཆེན་རབ་བསྐྱོད་དེ། །བྱོན་པར་ཞལ་བཞེས་རྒྱུན་བསྐྱངས་རྒྱ་མི་དགའ། །དེ་ནས་ཆོས་ རྗེས་རྒྱལ་སྲས་རིན་ཚུལ་བར། །ལོ་གཅིག་ལས་ནི་མི་འགྱངས་ཡར་འབྱོན་ཐད། །བཀའ་ མནའ་ལེགས་བཞེས་རིན་ཚུལ་པ་ན་རེ། །བདག་གིས་ཁྱེད་ཀྱི་སྐུ་འདྲ་ཞིག་བཞེངས་ན། །ཡར་ བྱོན་དུས་སུ་རབ་གནས་མཛད་པར་ཞུས། །དེ་ལུགས་ཞལ་བཞེས་ངང་ནས་དཔོན་སློབ་ རྣམས། །རིམ་ཕེབས་ཀོང་ཡུལ་དུ་སླེབས་དེ་སྐབས་སུ། །ཁོང་གིས་ཨོ་རྒྱན་པདྨའི་སྒྲུབ་ཕུག་ ཏུ། །མཇལ་འགྲོ་གསུང་ནས་ཆོས་རྗེ་དཔོན་སློབ་ཀྱིས། །འགྲོ་རོགས་ལ་མཁོའི་ཚུལ་བྱས་རྒྱ་ མི་རྣམས། །ལེགས་ཁྲིད་ལྷན་བྱོན་ར་བསྒྲེང་དུ་ཐོན་ཚེ། །ཆོས་རྗེའི་ཞལ་ནས་འདི་ཕྱོགས་བོད་ འགྱུར་ཚད། །བཀའ་བསྟན་ཆོས་བཞུགས་དེ་མཇལ་ཕྱིར་དུ་ཡང༌། །ཐོག་མར་དེར་འགྲོ་ གསུངས་ནས་བྱང་ལམ་བགྲོད། །ལམ་དུ་བླ་མ་གྲགས་ཅན་མང་པོ་དང༌། །བྱང་བ་ཁྲི་དཔོན་ ལ་སོགས་ཀྱིས་གདན་དྲངས། །ཆོས་ཞུ་ཡར་འོང་སྐབས་ལས་མ་གནང་ངོ༌། །དེ་ནས་ལྷོ་ལམ་ ཀོང་སྨད་ནས་བརྒྱུད་སྐབས། །བུ་སློབ་རྣམས་ཀྱིས་རྒྱ་ཡུལ་དུ་ཕེབས་རྟོགས། །མྱ་ངན་བཤོལ་ བཏབ་ངོར་ལ་ལོ་གཅིག་ལས། །མི་འགྱངས་ཐད་ནས་དཀོན་མཆོག་དཔང་པོ་བཞག །དེ་ ལྟར་མཛད་ནས་འདམ་གཞུང་བར་དུ་བྱོན། །དེར་བཞུགས་སྐབས་སུ་བོད་ལྗོངས་གནས་ཚུལ་ གསང༌། །བརྡོལ་ནས་དེར་བརྟེན་སྡེ་བ་རྩེ་གཉིས་ཀྱིས། །བྱང་བའི་རྒྱལ་པོར་ཡིག་བསྐུར་ དམག་ཆེན་བསྡུས། །ཆོས་རྗེ་དཔོན་སློབ་རྗེས་འདེད་ལ་ཆས་ཚེ། །གནས་ཚུལ་ཇི་བཞིན་ཁོང་ 1-1-229 གི་ཐུགས་ལ་གསལ། །ཉིད་ཀྱིས་བུ་སློབ་རྣམས་ལ་དེ་ལུགས་ཚུལ། །ལེགས་གསུངས་ཁོང་ ཉིད་ཟད་པར་ས་ཁམས་ཀྱི། །ཏིང་ངེ་འཛིན་ལ་ལེགས་བཞུགས་དེ་སྐབས་སུ། །གདན་འདྲེན་ རྒྱ་མི་རྣམས་ཀྱི་ཤིང་རྟ་ཡང༌། །ཐབས་གང་གིས་ནི་བསྒུལ་ཙམ་མ་ནུས་ཚེ། །གྱད་སོགས་ དམག་གིས་ལྕགས་ཐག་གསེར་སྒྲོག་སོགས། །དུ་མས་འཐེན་ཀྱང་ཐམས་ཅད་རང་ཆད་སོང༌། །ས་བརྐོ ས་ཞབས་བཏེགས་སྣ་དྲངས་རྒྱབ་ནོན་སོགས། །ཇི་ལྟར་བྱས་ཀྱང་མ་ཕན་རྗེ་ཉིད་ ཀྱང༌། །དམག་མིས་སྒོས་ཁུར་ལ་སོགས་ཆེས་རེམ་ཡང༌། །གང་ཐད་ཐབས་ཟད་གྱུར་སྐབས་ ཆོས་རྗེ་ཡིས། །རྒྱ་སྐད་དུ་གསུངས་རྒྱལ་པོའི་ཕོ་ཉ་རྣམས། །དམག་དཔུང་རྗེས་འདེད་སླེབས་ ལ་ཁད་དུ་འདུག །ཁྱེད་རྣམས་ལ་ཆད་གཅོད་ངེས་རང་གནས་སོང༌། །ཞེས་གསུངས་སྐབས་ སུ་རྒྱ་མིའི་ནང་གནས་པ། །མ་ར་ཙི་ཏ་ཟེར་བས་ཆོས་རྗེ་ལ། །རལ་གྲིས་བརྒྱབས་པས་དྲི་དེ་ དུམ་བུར་ཆག །དེ་མ་ཐག་ཏུ་ནང་ཆད་གྱིས་བསྡིགས་སྐབས། །ཆོས་རྗེའི་ཞལ་ནས་གསུང་ མཛད་ཁྱེད་རྣམས་ཀྱིས། །མི་འདི་བདེ་བར་ཐོང་ཞིག་སྔོན་ལས་ཀྱི། །ལེ་ལན་འཁོར་ཚུལ་ང་ སྔོན་རྒྱ་གར་དུ། །ས་ར་ཧ་ཡི་སློབ་མར་གྱུར་པའི་དུས། །རྒྱལ་པོ་བདེ་སྤྱོད་བཟང་པོས་དབུ་ བླར་དྲངས། །རེ་ཞིག་དུས་སྐབས་འགོལ་བར་བདག་གཟུགས་ལ། །བཙུན་མོ་ལྷག་པར་ ཆགས་པའི་རྐྱེན་དབང་གིས། །མོ་དེས་བདག་དང་འདོད་པ་སྤྱོད་དགོས་ཚུལ། །ཆེས་ནན་བྱེད་ ཀྱང་བདག་གིས་ཚུལ་མཐུན་གཏམ། །ཡང་ཡང་སྨྲས་ཀྱང་དང་ལེན་གཏན་མེད་སྐབས། །བདག་བརྟེན་བུད་མེད་སྲོག་དང་འབྲལ་ཉེན་ཡོད། །དེ་སླད་རྫུ་འཕྲུལ་བསྟན་ནས་ག་ཤེད་ འགྲོ །སྙམ་ནས་ཡར་ལང་ཚེ་ན་ཆབ་མ་རྙེད། །རྩྭ་སྔོན་ཟིལ་ཅན་མཐོང་ནས་དེ་གཅོད་ཞོར། །སྲི ན་བུ་གཅིག་བསད་འགྱོད་ནས་ཕུས་བཏབ་སྟེ། །བུད་མེད་དེ་ཡི་མངལ་དུ་ཞུགས་པར་ བྱས། །དེ་ནས་བདག་གིས་རྫུ་འཕྲུལ་ལ་བརྟེན་ནས། །གསལ་ཁུང་དུ་ཐོན་མཆོད་གྲལ་གླིང་ བུའི་ནང༌། །ལེགས་འཛུལ་སྐྱིལ་ཀྲུང་ཁར་འདུག་བུད་མེད་དང༌། །ཕན་ཚུན་གཏམ་སྨྲས་གླིང་ 1-1-230 བུའི་ཁ་ཡར་ནས། །བུད་དེ་བར་སྣང་ལ་བསྡད་ཁོ་མོ་ལ། །ཆོས་མཐུན་གཏམ་སྨྲས་བདག་ནི་ མཁའ་ལམ་དུ། །ཉེར་འཕགས་སྒོ་ནས་རང་གནས་དཔལ་རིར་སོང༌། །དེ་རྗེས་བཙུན་མོས་ གཡོ་ཐབས་སྡུག་ཉམས་བཏོད། །མང་ལབ་བྱས་ཀྱང་རྒྱལ་པོའི་དཀོར་བདག་སོགས། །དཀར་ཕྱོགས་ལྷ་ཡི་སྟོབས་ཀྱིས་ཇི་བཞིན་གསལ། །རྐྱེན་དེས་བཙུན་མོ་རྒྱལ་ཁབ་ནས་སྤྱུག་ ཅིང༌། །ང་རང་ཕྱིར་གདན་དྲངས་ཀྱང་སླར་མ་སོང༌། །ཕྱིས་སུ་སྲི ན་བུ་བཙུན་མོའི་མངལ་ གནས་དེ། །བུར་སྐྱེས་ཁོ་མོས་སྔར་འཁོན་གདུག་སེམས་ཀྱིས། །རྫུན་སྨྲས་བུ་དེས་བདག་ལ་ རལ་གྲིས་བརྒྱབ། །དེ་འཐོར་བསད་སྐབས་མ་རྙེད་ཀུ་བེ་རས། །དབྱུག་ཏོས་གསོད་བྱེད་ འཇོམས་ལ་ཆས་པའི་ཚེ། །བདག་གིས་དེ་བཀག་མཐའ་མ་སྔོན་ལས་ལྟར། །འཇག་མས་སྐུ་ བཤིག་སྐབས་ཀྱི་བདེ་སྤྱོད་བཟང༌། །ད་ལྟ་རྒྱ་ནག་རྒྱལ་པོ་དེ་ཡིན་ཞིང༌། །སྔོན་གྱི་སྲི ན་བུ་ རྒྱལ་བུར་གྱུར་པ་དེ། །ད་ལྟའི་མ་ར་ཙི་ཏ་འདི་ག་ཉིད། །སྔོན་བཞིན་དེང་སྐབས་རྟེན་འབྲིལ་ མི་འགྲིགས་གསུངས། །ཐམས་ཅད་དེར་ཡིད་ཆེས་ཤིང་ལྷག་པར་དད། །དེ་ནས་བློན་པོ་ཀརྨ་ ཀྲ ་ཏ་ཡིས། །དུང་གི་གའུ་གོས་བཟང་ཕུལ་ནས་སྨྲས། །ཁྱེད་ཀྱིས་རྒྱལ་པོའི་རྟོགས་པ་འཕེལ་ བའི་སླད། །ཕྱི་ནང་གྲུབ་མཐའི་བྱེ་བྲག་ཚིག་ཉུང་བ། །དོན་གསལ་ལེགས་ཞུས་ཚེ་ན་ཆོས་རྗེ་ ཡིས། །ཕྱི་ནང་གྲུབ་མཐའ་སྤྱི་དང་ཁྱད་པར་དུ། །ངེས་དོན་སྙིང་པོའི་རང་ལུགས་ཟབ་གནད་ བཅས། །ལེགས་པར་གསུངས་པས་དེར་གནས་ཀུན་ཀྱང་མགུ །དེ་བར་དྭ་ཧུ་ལ་ཞེས་བྱ་བ་ ཡིས། །རང་གི་ལུས་ལས་དར་ནག་ཕུ་དུང་ཕུད། །ཆོས་རྗེ་ལ་ཕུལ་ཉིད་ཀྱི་སྐུ་བསྟོད་ཞུས། །ཆོས་རྗེ་མཆོག་གིས་ད་ལན་བདག་འོང་བ། །བླ་མ་མཁའ་འགྲོ་ཆོས་སྐྱོང་དང་བཅས་པས། །གཏན་བཤོལ་འདེབས་ཤིང་རྒྱལ་སྲས་རིག་གསུམ་མགོན། །གང་ལས་རྒྱ་གར་འདུལ་མཛད་ ཕྱག་རྡོར་རྗེ། །རྒྱ་ནག་འདུལ་མཁན་འཇམ་དབྱངས་བོད་འདུལ་བྱེད། །སྤྱན་གཟིགས་ཡིན་ པས་ད་ལན་ཕན་ཐོགས་ཆུང༌། །དེ་ལུགས་ཁྱོད་ཅག་ལ་ཡང་ཉེར་མཁོ་བ། །འཇམ་དཔལ་ 1-1-231 གཙོ་འཁོར་བཅས་ལ་བསྟོད་པ་གལ། །དེ་ཕྱིར་ཁོང་གིས་གཙོ་འཁོར་བཅས་བསྟོད་གསུངས། །ད་ནི་ཁྱེད་རྣམས་འགྲོ་རན་བཀའ་བསྩལ་སྐབས། །བློན་པོ་ཙ་ཀུ་ར་ཡི་གསེར་ཤང་ལང༌། །དུང་ལག་ཅན་ཕུལ་སླར་ཡང་ཉིད་བསྟོད་ཞུས། །དེ་ལྟར་ཆོས་རྗེས་ཉིད་བསྟོད་ལེགས་པར་ མཛད། །དེ་ནས་གདན་འདྲེན་པ་རྣམས་རྒྱ་ནག་བཞུད། །རྗེས་དེར་ཆོས་རྗེ་ཟད་པར་རླུང་ ཁམས་ཀྱི། །ཏིང་ངེ་འཛིན་ལ་ལེགས་བཞུགས་སྐུ་མཆེད་རྣམས། །སླར་ལོག་ར་སྒྲེང་གནས་སུ་ དམག་མིར་འཕྲད། །དེ་རྣམས་ལ་ཡང་ཆོས་རྗེ་ཁོང་ཉིད་ཀྱིས། །ས་ལུ་ལྗང་མདོ་རྒྱུད་འབུམ་ ཚར་གཅིག་གསུངས། །ཁོང་ཉིད་ཡར་འབྱོན་ཆས་སྐབས་ཇོ་ནང་གི །རྫ་རྩེར་འཁར་རྔའི་སྒྲ་ སྙན་ལན་གསུམ་གྲགས། །ར་ཟམ་ཆུ་འགྲམ་མི་དཀར་ལོངས་སྐུའི་ཆས། །ཅན་གྱིས་དུང་ འབུད་ཆག་ཕེབས་ལེགས་ཞེས་ཟེར། །ཆུ་བརྒལ་སྤྲུལ་སྐུའི་ཆོས་ལྡན་གསེར་མདོག་གིས། །གཎྜི་བརྡུང་བཞིན་ཐུགས་ལས་འོད་ཟེར་ཚོགས། །ནོར་བུ་ལྟར་འཕྲོས་ཆོས་རྗེ་ལ་ཐིམ་པས། །ཉིད་ལས་སྣང་འོད་པད་ལྟར་འཕྲོས་སླར་ཐིམ། །རིམ་བཞིན་ལྷ་སར་ནས་བརྒྱུད་རིན་ཚུལ་ བས། །སྐུ་འདྲ་བཞེངས་པར་རབ་གནས་མཛད་པའི་ཚེ། །འདི་སྐད་གདན་ཆུང་རྒན་གཟུགས་ བོང་ཆུང་བ། །དབུས་ཕྱོགས་ང་ཡི་བསྟན་པ་མི་རྒྱས་རྟགས། །མ་འོངས་མཆོད་རྫས་རྣམས་ལ་ ཧབ་ཐོབ་བྱེད། །འོན་ཀྱང་མཚན་བཟང་གསུམ་སྣང་སྒོར་ཉེ་བ། །ས་གནོན་མཛད་དང་ང་ ཡིས་རབ་གནས་ཀྱང༌། །བྱས་པས་ཐར་པར་ལེགས་ཉེ་ལོག་སྨྲ་འདུལ། །ཆོས་ཀྱི་རྒྱལ་པོར་ མངའ་གསོལ་ལེགས་མཚན་ཐོབ། །དད་པ་གང་བྱས་ཚོགས་ཆེན་རབ་རྫོགས་འགྱུར། །ཞེས་ གསུངས་ཇོ་ནང་དུ་ཕེབས་དེར་བཞུགས་སྐབས། །གཡའ་བཟང་རིན་པོ་ཆེ་ནས་ཉེར་བསྐུལ་ བས། །ཁོང་གིས་དུས་འཁོར་སྒྲུབ་དཀྱིལ་ལ་སོགས་དང༌། །ཕུན་ཚོགས་དཔལ་ངོར་རྒྱུད་བླའི་ འགྲེལ་བ་སོགས། །བསྟན་བཅོས་མང་མཛད་དེ་སྐོར་རྒྱ་ནག་ཏུ། །མཉམ་བཞག་ངང་ནས་རྫུ་ འཕྲུལ་གྱིས་བྱོན་ཞིང༌། །རྒྱལ་པོར་ཆོས་གསུང་ཀར་ཤ་པ་ཎི་གཉིས། །ཕུལ་བ་ཐུགས་དམ་ 1-1-232 བཀྲོལ་ནས་ཉེ་གནས་ལ། །ཇི་བཞིན་དངོས་སུ་བསྟན་པས་ཡིད་ངོ་མཚར། །དེ་སོགས་སྤྱན་ དང་མངོན་ཤེས་མཆོག་ལ་དབང༌། །ཆོས་རྗེ་ཁོང་གིས་དག་སྣང་དཔག་མེད་གཟིགས། །སྐུ་ ཐོག་མཉམ་གཞན་ལས་འཕགས་ལོ་ཙཱ་གཤེགས། །དགུང་གྲངས་རེ་གསུམ་ཕྱོགས་རྒྱལ་ གདན་ས་བར། །ལེགས་བསྐོ ས་ཁོང་ཉིད་ངེས་མེད་དབེན་རིར་ཕེབས། །དེ་མཉམ་འགྲོ་དོན་ སྣ་ཚོགས་ཅི་རིགས་མཛད། །དེ་ཡང་སྐུ་ཚེ་སྨད་དུ་ནུབ་ཆོས་ལུང༌། །འུ་ཡུག་སྙེ་མོ་སྟོད་ལུང་ལ་ སོགས་པར། །རིམ་ཕེབས་སྐྱེ་བོ་མང་ལ་སེམས་བསྐྱེད་དང༌། །ཡིག་དྲུག་རྡོ་རྗེ་རྣལ་འབྱོར་ དབང་ཁྲིད་གསུངས། །ལྷ་སར་བཞུགས་རིང་གདོན་ཞུགས་སྲུང་སྐྱོབ་ཆེད། །བཀའ་ཤོག་ཞུ་ མི་ཆེས་མང་བར་མཚམས་མེད། །སྐབས་ཤིག་ཏུ་ནི་ཁོང་གིས་སྐུ་ཚབ་ལ། །སྲས་ཀྱི་ཐུ་བོ་ཀུན་ སྤངས་ཆོས་གྲགས་དཔལ། །རྒྱ་ནག་ཡུལ་དུ་ཆེད་མངགས་འགྲོ་དོན་མཛད། །སྤྱིར་ན་ཆོས་རྗེ་ གང་གིས་ཟབ་ལམ་གྱི། །ཆོས་ཁྲིད་ཆེ་བ་ལན་བདུན་གནང་བ་ལས། །འཁྲིད་གྲྭ་སྔ་མ་རྣམས་ ལ་ལྔ་བཅུ་དང༌། །བརྒྱ་ཕྲག་ཉིས་བརྒྱ་ལ་སོགས་ཅི་རིགས་དང༌། །འཁྲིད་མོ་ཆེར་གྲགས་རྟིང་ མར་ཆེས་མང་ཞིང༌། །དམ་པོ་འདེབས་པ་སྟོང་དང་བརྒྱད་བརྒྱ་ལྷག །གྲངས་སུ་མ་བཅད་ སྒོམ་མཁན་དཔག་ཏུ་མེད། །སྤྲང་པོ་ཚུན་ཆད་ཆོས་ལ་དད་པ་སྐྱེས། །ལམ་སྲང་རྣམས་སུ་ དབེན་གསུམ་སྒོམ་པ་དང༌། །རྗེ་ཡིས་སྐྱེ་བོ་སྟོང་ཕྲག་མང་པོ་ལ། །མཆོག་དབང་གོང་མ་ གནང་བས་མི་རྣམས་ལ། །ལྟ་ཅི་སྨོས་ཏེ་སྲང་ཁའི་ཁྱི་ཚུན་ཆད། །ལ་ཡང་ཡེ་ཤེས་ཕེབས་པའི་ རྣམ་འགྱུར་བྱུང༌། །གཞན་ཡང་ཤེར་ཕྱིན་འབུམ་དང་དུས་འཁོར་གྱི། །རྒྱུད་འགྲེལ་དབང་ མདོར་ནཱ་རོའི་འགྲེལ་ཆེན་དང༌། །སེམས་འགྲེལ་ཆུང་བ་སྙིང་པོའི་མདོ་བཅུ་ཚན། །དབུ་མ་ བསྟོད་ཚོགས་ངེས་དོན་རྒྱ་མཚོ་སོགས། །ཟབ་ཆོས་བཤད་པ་མང་པོ་གསུངས་ནས་སུ། །འདི་ བར་སྲོག་རྩོལ་གནང་བས་ཉམས་རྟོགས་རབ། །ཚད་དུ་ཕྱིན་པ་བརྒྱ་ཕྲག་གཉིས་ལྷག་བྱུང༌། །ཕྱིར་ཕེབས་ཕྱག་འབུལ་ཁྲོམ་ཚོགས་ཆེས་མང་བ། །རྐྱང་ཐང་སྒང་ལ་མི་ཤོང་ཙམ་པ་ཡོད། 1-1-233 །ཡར་འབྲོ ག་སོགས་སུ་ཟབ་ཁྲིད་གསུངས་པའི་སྐབས། །ཤམ་པོ་རྩེ་ལྔར་གཤེགས་སྙིང་དོན་ རྟོགས་པ། །མང་དུ་བྱུང་བར་ལུང་བསྟན་གང་ཕེབས་ཀུན། །དགེ་བསྙེན་རབ་བྱུང་བསྙེན་ རྫོགས་རྒྱུན་ལྟར་གསུངས། །སྐུ་ཉིད་མི་འདའི་སྔོན་ལོ་ལྔ་ཙམ་ནས། །བཤང་གཅིའི་རྒྱུན་ཆད་ གཏུམ་མོའི་བདེ་དྲོད་ཀྱིས། །དུས་ཀུན་ངོམས་ཤིང་གསོལ་ཟས་མ་བཞེས་ཀྱང༌། །བཀྲིས་མེད་ ཆེས་མང་གསོལ་ཡང་མི་འཇུ་མེད། །དེ་སོགས་ངོ་མཚར་ཡེ་ཤེས་རོལ་པའི་རྒྱན། །གདོས་ བཅས་སྟོང་པའི་གཟུགས་སུ་ཟུམ་ལ་ཉེ། །ཆོས་སྐུའི་འཕྲུལ་ཆེན་ཀུན་མཁྱེན་སྤྲུལ་པའི་གར། །དུས་མཐའི་འགྲོ་ངོར་རང་འཚམས་བརྫུ་བག་གིས། །གང་འདུལ་ཉེར་ཕན་བླ་མེད་སྩོལ་བའི་ གཉེན། །ཕ་ཅིག་བླ་མའི་བཀའ་དྲིན་འཁོར་མཐའ་བྲལ། །ལྔ་པ་ཐ་མར་གདུལ་བྱ་རྫོགས་པའི་ ཚུལ། །ཀུན་མཁྱེན་རྫོགས་སངས་རྒྱས་ཀྱི་སྐུ་ལ་ནི། །དོན་ལ་འདས་འཁྲུངས་མི་མངའ་གང་ འདུལ་ངོར། །གཟུགས་སྐུ་མི་རྟག་སྒྱུ་མའི་ཚུལ་བསྟན་པ། །ཆོས་རྗེ་གང་ཉིད་དགུང་གྲངས་ བདུན་ཅུ་པ། །ལྕགས་མོ་གླང་ལ་ཞི་བར་གཤེགས་བཞེད་ནས། །ཉིད་ཀྱི་གཟུགས་སྐུ་སྔར་ བས་གཟི་བརྗིད་འབར། །ཀུན་གྱི་མཐོང་སྣང་ཟབ་ཁྲིད་སྣ་ཚོགས་པས། །བུ་ཆེན་རྣམས་ལ་ ཆོས་སྐལ་སོ་སོར་གསུངས། །ཞལ་ནས་ད་ལོ་དྲོས་ས་ཞིག་སྙོག་དགོས། །བོད་འདིར་གྲང་ འཁྱག་མི་སྙོམས་བག་མི་དྲོ། །གསུང་ལན་ཉེ་གནས་དངོས་གྲུབ་དཔལ་གྱིས་ཞུས། །དྲོས་ས་ གང་དུ་གཤེགས་ཞེས་གསོལ་བའི་ལན། །ཁོང་གིས་བདེ་བ་ཅན་དུ་འགྲོ་གསུང་སྐབས། །དེར་ གནས་ལ་ལས་གཟིམས་ཁང་དུ་གོ་ཞིང༌། །ལ་ལས་ཞིང་ཁམས་གཞན་ཡིན་སྙམ་ནས་དོགས། །དེ་ནས་ལོ་དེའི་ཟླ་བ་བཅུ་གཅིག་པའི། །ཚེས་བཞིར་འཚོགས་པ་མང་བསྡུས་རྗེ་མཆོག་གིས། །ངེས་དོན་རྒྱ་མཚོ་ཁྱེད་རྣམས་ཆོས་སྐལ་ཡིན། །གསུང་ནས་ཞག་གསུམ་བར་ལ་བརྩེ་ཆེན་གྱི། །ཞིབ་རྒྱས་ལེགས་གནང་ཚེ་ན་ཉིད་ཀྱི་སྐུ། །སྔར་བས་གཟི་མདངས་ཆེ་ཞིང་ནམ་མཁའ་ལས། །སྒྲ་དང་འཇའ་འོད་ཆེར་གསལ་མེ་ཏོག་ཆར། །ས་གཡོ་ལ་སོགས་རྟགས་མཚན་ཆེར་མངོན་ 1-1-234 བྱུང༌། །ཚེས་དྲུག་ཉིན་པར་ཆོས་གསུངས་དུས་སྐབས་ན། །སྔར་བས་ཕྱོགས་ཕྱོགས་རོལ་མོ་ སྣ་ཚོགས་ལྡི ར། །མེ་ཏོག་འཇའ་ཚོན་མང་པོས་བར་སྣང་ཁེངས། །རྗེ་ཉིད་སྤྱན་གྱིས་ནམ་ མཁར་ཡང་ཡང་གཟིགས། །གཟིམས་གཡོག་དངོས་གྲུབ་བཟང་པོས་རྒྱུ་མཚན་ཞུས། །དེ་ སྐབས་ཆོས་རྗེ་མཆོག་གིས་བཀའ་སྩལ་པ། །ཉོན་ཅིག་ཨུཏྤལ་མདོག་ཅན་མི་འཁྲུགས་པ། །བྱང་སེམས་འཁོར་བཅས་བྱོན་ནས་ཕྱག་སྒང་སྟེང༌། །ལག་ཡུག་མཛད་མཐོང་ལྗང་གསལ་རྗེ་ བཙུན་མ། །འཛུམ་ཞལ་གཙོ་འཁོར་བཅས་པས་ཕྱག་ཡུག་མཛད། །ཉི་འོད་དམར་ཐག་ མདངས་ལྡན་འོད་དཔག་མེད། །དགེ་སློང་བརྒྱ་སྟོང་དང་བཅས་ཕྱག་ཡུག་དང༌། །དམར་སྨུག་ མདོག་ཅན་གྲུབ་ཆེན་ཤ་བ་རི། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་དང་བཅས་བྱོན། །བཟང་ ལྡན་གོང་མར་ཕྱག་ཡུག་ཀ་ཤི་ཀའི། །མེ་ཏོག་ལྟ་བུའི་བཅོམ་ལྡན་སངས་རྒྱས་དང༌། །བྱང་ སེམས་དཔག་མེད་ར་ཙའི་གདོང་ནས་བྱོན། །ཕྱག་ཡུག་ལེགས་མཛད་དེ་སོགས་རྒྱལ་སྲས་ ཚོགས། །ཆེས་མང་བསུ་བའི་ཚུལ་བྱོན་དེ་དག་མཐོང༌། །བདག་གིས་དེ་ཕྱིར་ནམ་མཁར་ བལྟས་པ་ལགས། །ཞེས་སོགས་མང་གསུངས་སྐབས་སུ་ཆོས་ཁྲི་ལས། །བླ་བྲང་ཀ་བཞི་མར་ གདན་དྲངས་པ་ཡིས། །བརྩེགས་གདན་སྟེང་བཞུགས་སྐུ་ལ་བརྗིད་རྒྱས་ཤིང༌། །བསྙུང་བའི་ རྣམ་པ་ཅུང་ཙམ་མེད་བཞིན་བཞུགས། །དེ་སྐབས་ཆེ་བགྲེས་རྣམ་བོས་གསང་གྲོས་ཚུལ། །བཀའ་མོལ་དང་བཅས་རྣམ་བཅུ་དབང་ལྡན་གྱི། །བཤད་པ་ཞིབ་མཛད་ཕྱི་རོལ་ཆོས་ མཚམས་བཞག །ཁོང་གིས་སྐྱེ་འདིས་ཆོས་འཕྲོ་དེ་ཙམ་གསུངས། །དེ་སྐོར་ཐུགས་སྲས་ཉ་ དབོན་པས་ཞུ་བ། །མགོན་པོས་མཁའ་ལ་གཟིགས་པའི་རྒྱུ་མཚན་དྲིས། །ཞལ་ནས་མཁའ་ དབྱིངས་སངས་རྒྱས་བྱང་སེམས་དང༌། །ཉན་ཐོས་དགྲ་བཅོམ་བཅས་པས་བདེ་ཅན་དུ། །བསུ་ བ་མཛད་མཐོང་ད་ལོ་རྣམ་གྲོལ་ཞིང༌། །དེར་འགྲོ་ཞེས་གསུངས་ཐུགས་སློབ་ཆོས་དཔལ་ བས། །ཆོ་འཕྲུལ་གནས་ཚུལ་འདི་རྒྱུ་ཅི་ཞུས་པ། །ཆོས་རྗེས་ལན་གསུང་བསམ་མི་ཁྱབ་པའི་ 1-1-235 སྐུ། །ཐར་ལམ་སྔོན་ཤར་མཁའ་སྤྱོད་དུ་འགྲོར་ཆས། །ཞེས་ལན་ཆོས་དཔལ་བུ་ཡིས་བཞུགས་ ཞུ་ཕུལ། །སྐུ་ཚེ་རིང་བརྟན་དགོངས་པ་ནན་གསོལ་ཡང༌། །ཁོང་གིས་ལུས་ཅན་ཤི་བའི་ཚུལ་ སོམས་ལ། །བྱར་མེད་བུ་ཁྱེད་མ་འོངས་ཐ་མའི་དུས། །མདོ་སྨད་བཤད་ལུང་འཛིན་ཅིང་ང་ སྤྲུལ་འཕྲད། །ནམ་ཞིག་རྟག་པར་རབ་དགའི་ཞིང་ཁམས་སུ། །དགའ་བའི་སྙིང་པོ་ཞེས་བྱར་ སངས་རྒྱས་འགྱུར། །ཞེས་པས་བྱང་ཆུབ་ལུང་བསྟན་མཛད་ནས་ཀྱང༌། །ཆོས་རྗེ་མཆོག་གིས་ ཐུགས་སློབ་མང་འཚོགས་དཀྱིལ། །ཞལ་འཛུམ་མཛད་ཅིང་ལྗགས་ལས་འོད་ཟེར་འཕྲོས། །ཕྱོགས་ཀུན་ཏུ་ཁྱབ་རབ་སྣང་ཆེན་པོའི་འཕྲུལ། །སླར་བསྡུས་ཚུལ་གྱིས་ཞལ་སྒོར་ཞུགས་མ་ ཐག །ཚངས་དབྱངས་སྙན་པས་འདི་སྐད་ཐར་འདོད་ཚོ། །ཁམས་གསུམ་སེམས་ཅན་འདོད་ དབང་ཉེར་ཕུག་རྡོལ། །དར་སྲི ན་ལྟ་བུའི་ལྟ་ངན་གཟུང་འཛིན་གྱིས། །རང་བཅིངས་ཐར་ དཀའ་འདོད་པའི་མེ་ཡིས་གདུངས། །སྡུག་བསྔལ་ཆུ་བོས་རབ་བདས་བུམ་ཆུད་ཀྱི། །སྦྲང་མ་ ཇི་བཞིན་མི་ཐར་ཤིང་རྟ་ཡི། །འཁོར་ལོ་བཞིན་དུ་ཟད་མེད་ཡང་ཡང་འཁོར། །ད་སྐབས་རྒྱལ་ བསྟན་མཇལ་ཡང་རྩོད་དུས་ཀྱི། །ཆོས་གཟུགས་འགའ་ཡིས་ཆོས་མཐའ་རྟག་མི་ཐུབ། །ལོག་ པའི་རྙེད་འཚོལ་གྲོང་ཆོག་ཤ་ཆང་སྤྱོད། །ང་རྒྱལ་ཟ་རློམ་ཉེ་འབྲིལ་དཀོར་གྱིས་གསོ། །འདི་ ཕྱིར་ཕན་མེད་རྣམ་སྨིན་རང་ལ་ལྕི ། །ཆོས་གཟུགས་བརྫུས་ཏེ་ཉོ་ཚོང་བུན་སྐྱེད་སོགས། །ཁྱིམ་ ལས་ལ་རེམ་སྡེ་འཁྲུགས་རྩ་བ་བྱེད། །དེ་སོགས་ཚེ་འདིར་ཤི་སྤར་གང་འཐམ་པ། །ཐར་པར་ རེ་མེད་ཆོས་དང་འཕྲད་ན་ཡང༌། །ཉམས་ལེན་མ་བྱས་ཁ་བཤད་དོན་མེད་དུ། །ལུས་པ་མང་ བའི་ལག་ལེན་གང་ཐེབས་གལ། །རྫོགས་ལྡན་བསྟན་ལ་རྩོད་མེད་རྩོད་ལྡན་འདིར། །གྲུབ་ མཐའི་དབང་གིས་མཐོ་དམན་སྣ་ཚོགས་བྱུང༌། །མོས་པ་དེ་རིགས་ལ་ནི་ཕན་ཐོགས་དཀའ། །ཆོས་ཉིད་ཟབ་མོར་ཁྱད་གསོད་ལས་ངན་བསགས། །ལྟ་སྤྱོད་སྒོམ་གསུམ་ཡང་དག་འདི་ གལ་གནད། །སྤྲང་བན་ཁོ་བོ་དམན་ཚུལ་འདི་འདྲ་ཡང༌། །འཆི་དུས་ཞིང་ཁམས་གང་འདོད་ 1-1-236 རང་དབང་ཐོབ། །ནང་རིག་ཆོས་སྐུ་ཆེར་མངོན་གསང་གསུམ་གྱིས། །ལོངས་སྤྲུལ་མཛད་ བཟང་རང་འཚམས་ཕ་ཁྱིམ་དུ། །བུ་བཞིན་བདེ་བར་རྒྱལ་བའི་ཞིང་དུ་འགྲོ །ཞེས་སོགས་ ཞལ་ཆེམས་མང་མཛད་དེ་སྐབས་སུ། །ཉེ་གནས་ནམ་མཁའ་བྱང་ཆུབ་གདུང་ཡུས་ཀྱིས། །སྐྱབས་མགོན་ལོ་བརྒྱར་བཞུགས་པའི་རེ་འདུན་བཏོན། །མགོན་པོས་ཕྱག་གཡས་གླང་པོའི་ སྣ་ལྟར་བརྐྱངས། །ཉེ་གནས་ལ་གསོལ་དེང་སང་སྙིགས་མའི་དུས། །ཚེ་འགྲིབ་འགྱོད་ཀྱང་མི་ ཕན་འགྲོ་དགོས་བྱུང༌། །རྗེས་སོར་འཛམ་བུའི་ཐང་དུ་བསྟན་ཉག་རེ། །ཁྱོད་ཀྱིས་འཛིན་ཅིང་ ཕྱི་མའི་དུས་ཀྱི་ཚེ། །ཙནྡན་མེ་ཏོག་རྒྱས་ཤིང་རྒྱལ་བའི་མཚན། །མེ་ཏོག་ཅེས་བྱར་འགྱུར་ ཞེས་བཀའ་ལུང་བསྟན། །དེ་བཞིན་ཉེ་གནས་དད་པ་སེང་གེས་ཀྱང༌། །མགོན་པོས་དེ་སྐད་ གསུངས་པ་སླར་ལྡོ ག་ཞུས། །ཞལ་ནས་མི་རྟག་སྒྱུ་མའི་ཚུལ་གསུངས་ཤིང༌། །ཆོས་ལ་ཉེར་ བསྐུལ་དང་བཅས་མ་འོངས་དུས། །མ་ཀིར་བུ་ཡིས་རྡོ་རྗེ་ཐེག་པ་འཆད། །ཐ་མ་ཆོས་རྔ་སྒྲ་ ལྡན་ཞིང་ཁམས་སུ། །སངས་རྒྱས་རྔ་དབྱངས་ཞེས་པར་འགྱུར་ཞེས་བསྟན། །བསོད་ནམས་ བཟང་པོས་ཐུགས་རྗེས་གཟིགས་བསྐུལ་དུས། །ཁོང་གིས་ཐུགས་རྗེས་ནམ་ཡང་མི་འབོར་ ཞིང༌། །འདི་འོག་ཁྱོད་ཀྱིས་སྨད་དུ་བཙུན་ཕལ་གཟུགས། །འགའ་བཟུང་མཚམས་ནས་མ་ འོངས་ཞིང་མཆོག་ཏུ། །སངས་རྒྱས་ཀུ་མུད་ཅེས་བྱར་འགྱུར་རོ་གསུངས། །ཞང་སྟོན་རྗེ་ཡིས་ སྐུ་ཚེ་བརྟན་ཞུས་ལན། །མགོན་པོས་ངས་ནི་ལེ་ལོ་ཅན་བསྐུལ་ཆེད། །འདའ་ཚུལ་སྐབས་བབ་ ཁྱོད་ཀྱིས་ཁམས་ཕྱོགས་སུ། །ནོར་འཛིན་ཁང་དུ་སྤྲུལ་པས་ཆོས་འདི་འཆད། །དེ་རྗེས་ཕྱི་མར་ ནོར་བུ་འོད་ཞིང་དུ། །བདེ་གཤེགས་ནོར་བསིལ་མཚན་ཅན་འགྱུར་ཞེས་བསྔགས། །ཐང་ སྟོན་ཀུན་དགས་ཞིང་གཞན་གར་ཕེབས་དྲིས། །རྗེས་གསུང་ང་ནི་མཁའ་སྤྱོད་ཞིང་དུ་འགྲོ །བུ་ ཁྱོད་མ་འོངས་ཨུཏྤལ་ཞིང་ཁམས་སུ། །སངས་རྒྱས་དེའི་མཚན་འཛིན་པར་འགྱུར་ལུང་བསྟན། །རྒྱལ་སྲས་རིན་ཚུལ་བས་གསོལ་མགོན་ཁྱེད་ཉིད། །མཁའ་སྤྱོད་ལས་གཞན་འབྱོན་ནམ་མི་ 1-1-237 འབྱོན་ཞུས། །ཆོས་རྗེས་ལན་གསོལ་བདག་གི་མཁའ་སྤྱོད་དུ། །ཐོག་མར་ལེགས་འགྲོ་དེ་ རྗེས་རླབས་ཆེན་གྱི། །བླ་མ་གྲུབ་མཆོག་དཔག་མེད་ཀྱིས་བསུས་ནས། །བདེ་བ་ཅན་དུ་ འགྲོའོ་བུ་ཁྱོད་ཀྱང༌། །མ་འོངས་ཀོ་ཀའི་ཞིང་དུ་འཚང་རྒྱ་ཞིང༌། །བཀྲ་ཤིས་རྒྱལ་པོའི་མཚན་ འཆང་དེར་འགྱུར་རོ། །ཞེས་གསུངས་དེ་མཚམས་མགོན་པོ་མཆོག་ཉིད་ཀྱི། །དཔལ་གྱི་ མགུར་ནས་དེར་འཚོགས་དད་ཅན་ལ། །མ་འོངས་མངོན་གཟིགས་ཇི་བཞིན་ལུང་བསྟན་ གནང༌། །དེ་ཡང་ཞལ་གསུངས་བཀའ་ལས་བདག་རྒས་ཤིང༌། །ད་ལོ་འདི་ནས་འགྲོ་ཞིང་ རྗེས་ཤུལ་གྱི། །ཆོས་གནས་སྤྲེའུ་འདྲ་ཉ་འདྲ་རྨ་བྱ་འདྲ། །སྤྲེའུ་འདྲའི་དུས་སུ་བུ་ཆེན་ཁྱེད་ རྣམས་ཀྱིས། །ང་ལྟར་ལྟ་སྒོམ་སྤྱོད་འབྲས་ཡང་དག་གིས། །དམ་ཆོས་རྒྱས་བྱེད་གདུང་རབས་ གཅིག་སོང་བ། །རྒྱལ་འགོང་སྙིང་ཞུགས་བདུད་རིགས་རྒྱལ་པོ་དེས། །སྐྱེས་མཆོག་ཆོས་ གྲགས་དཔལ་སོགས་ཁྱད་འཕགས་ཀྱི། །སྐྱེས་ཆེན་མང་བཀྲོ ང་མཚམས་མེད་སྡིག་བསགས་ ཏེ། །ཐ་མ་ཁོ་ཉིད་གྲི་རུ་འཆི་བར་འགྱུར། །དེ་ནས་ཇོ་ནང་གདན་རབས་ཀུན་བཟང་སྤྲུལ། །མཁས་བཙུན་སངས་རྒྱས་ཞེས་བྱ་འཛམ་གླིང་རྒྱན། །དགུང་ལོ་བརྒྱད་ཅུ་རྩ་ལྔར་བོད་ཁམས་ སྐྱོང༌། །དེ་ཚེ་བྱང་ཕྱོགས་རྒྱལ་པོས་དུས་འཁོར་གྱི། །ཆོས་ལུགས་རབ་སྤེལ་ང་ཡི་བསྟན་ལ་ ཕན། །གདན་རབས་གང་དེ་ཞིང་མཆོག་ཙམ་པ་ཀར། །བྱོན་རྗེས་བསམ་ཡས་ཆོས་འབར་ སྙིང་ཞུགས་པ། །མེད་ལྟའི་རིགས་ཅན་དགེ་སློང་གཟུགས་འཛིན་མཁན། །མདའ་མིང་ཅན་ འབྱུང་དེ་ཡིས་གཞི་ལམ་འབྲས། །མཐར་ཐུག་ཚུལ་ལ་བཀག་སྨོད་མེད་པར་སྒྲོག །དུས་ འཁོར་རྩ་བསྡུས་འགྲེལ་པར་གཤེ་བསྐུར་འདེབས། །དེ་ཤི་རྒྱུད་སྡེའི་སྙིང་པོ་གསལ་བྱེད་པ། །གདན་རབས་འཇམ་དབྱངས་རྣམ་འཕྲུལ་བྱང་ཆུབ་སེང༌། །ཞེས་འབྱུང་ཉི་ཤར་ལྟ་བུའི་རྒྱལ་ ཚབ་འཛིན། །དགུང་ལོ་དགུ་བཅུ་རྩ་གསུམ་བསྟན་པ་སྐྱོང༌། །དེའི་གྲོགས་ཆོས་རྒྱལ་འཕགས་ པའི་མིང་ཅན་གྱིས། །དཔལ་འཁོར་གནས་སུ་རྟེན་བཞེངས་དགེ་འདུན་མཆོད། །བསྟན་ 1-1-238 འཛིན་གང་དེ་མཁའ་སྤྱོད་ཞིང་བཞུད་རྗེས། །མདའ་ལྔའི་ཆོས་ལོག་སྨད་དར་བོད་མི་བདེ། །དེ་ཚེ་སྒྲིབ་སེལ་སྤྲུལ་པ་ཇོ་བཟང་མཚན། །འབྱུང་ཞིང་ཆོས་ཀྱི་དཔལ་འབྱོར་རྒྱས་བྱེད་དེས། །དགུང་ལོ་བདུན་ཅུ་རྩ་བརྒྱད་ངའི་བསྟན་སྐྱོང༌། །དེ་ཡི་ཆོས་གྲོགས་དོལ་མིང་རྒྱལ་པོ་དེས། །རྟེན་བཞེངས་ཆོས་སྤེལ་གནས་འདིར་བཀུར་སྟི་མཛད། །གདན་རབས་དེ་གཤེགས་ཕྱག་ རྡོར་རྣམ་པར་འཕྲུལ། །ཆོས་ཀྱི་མགོན་པོ་སྐྱིད་ཤོད་ལུང་བར་འབྱུང༌། །རྒྱལ་ཚབ་འཛིན་པས་ མཐའ་གཉིས་ལྟ་ངན་སེལ། །དགུང་ལོ་དྲུག་ཅུ་རྩ་ལྔར་ཆོས་བསྐྱངས་མཐར། །གཤེགས་ནས་ ཐུགས་སྲས་གནས་བརྟན་སྤྲུལ་པའི་སྐུ། །བསོད་ནམས་བཟང་པོ་སྐྱིར་ཕུའི་ལུང་པར་འབྱུང༌། །དགུང་ལོ་དགུ་བཅུ་རྩ་གསུམ་བསྟན་འགྲོ་སྐྱོང༌། །དེ་བཞུད་བྱམས་པའི་རྣམ་འཕྲུལ་ཤེས་ རབ་བཟང༌། །མངའ་རིས་ཕྱོགས་འབྱུང་རྒྱལ་ཚབ་དམ་པ་དེས། །དགོན་སྡེ་བཏབ་ཅིང་བཤད་ སྒྲུབ་རྒྱས་པར་མཛད། །ཆོས་ལུགས་ཉམས་བྱེད་སྣང་ཞིག་བོན་རྒྱུད་སྤེལ། །ལྟ་ངན་མཐར་ མཛད་རིགས་ལྡན་དྲག་པོའི་འཕྲུལ། །རཏྣའི་མཚན་གྲགས་མདོ་ཁམས་ཚ་རོང་འབྱུང༌། །དེ་ ཡིས་ཡང་དག་ལྟ་བས་ལོག་སྨྲ་བཏུལ། །ཁམས་སུ་ང་ཡི་བསྟན་པ་སྤེལ་བར་བྱེད། །དེ་སྲས་ ཡོངས་འཛིན་དཔག་མེད་ཕྱོགས་དེར་དགི།དེ་སྐབས་གནས་འདིར་རྒྱལ་ཚབ་འཇམ་ དབྱངས་ཀྱི། །རྣམ་འཕྲུལ་དཀོན་བཟང་ཞེས་འབྱུང་ཚུལ་ཁྲིམས་དྲི། །རྒྱང་གྲགས་སུ་ཁྱབ་ང་ ཡི་བསྟན་པ་སྤེལ། །ཁམས་ཀྱི་ཆུ་བོ་གྱེན་འཁྱིལ་ལྷོ་ཕྱོགས་སུ། །ཀུ་མ་ར་ཡིས་ཁོ་བོའི་གསུང་ སྤེལ་ཚེ། །གནས་འདིའི་རྒྱལ་ཚབ་འཇིག་རྟེན་དབང་ཕྱུག་འཕྲུལ། །དཀོན་མཆོག་རྒྱལ་མཚན་ ཞེས་འབྱུང་མཁས་གྲགས་ཆེ། །བདུན་ཅུ་རྩ་ལྔའི་ལོ་བར་ཆོས་བསྟན་སྐྱོང༌། །དེ་ཉིད་མངོན་ དགར་བྱོན་རྗེས་བདག་གི་ཡབ། །བདེ་མཆོག་སྤྲུལ་པ་ཆོས་དཔལ་བཟང་པོའི་མཚན། །ཁྱུང་ པོའི་ཕྱོགས་འབྱུང་གནས་འདིར་རྒྱལ་ཚབ་འཛིན། །བསྟན་རྒྱས་སྐལ་ལྡན་མང་ཕན་དེ་རྗེས་ སུ། །ཕག་མོའི་རྣམ་འཕྲུལ་བདག་གི་མ་དེ་ཉིད། །འོད་གསལ་སྐྱིད་ཅེས་འབྱུང་བས་རྒྱལ་ཚབ་ 1-1-239 འཛིན། །སྐྱེ་དེ་ཉིད་དུ་སྐྱེས་པའི་མཚན་དང་ལྡན། །དེས་ཆོས་བསྟན་ཞིང་བདག་གི་སྲི ང་མོ་ གསུམ། །ཏཱ་རེ་དཀར་ལྗང་བདག་མེད་མའི་སྤྲུལ་པ། །ཡེ་ཤེས་རྒྱན་དང་ཏིང་སྒྲོན་དོན་གྲུབ་མ། །ཞེས་བྱ་མངོན་ཤེས་བརྟན་ཐོབ་སྒྲུབ་པ་མོས། །གནས་འདིར་བསྟན་པ་སྐྱོང་ཞིང་དེ་དག་ མཐར། །མཁའ་སྤྱོད་དུ་གཤེགས་འཇའ་འོད་མེ་ཏོག་ཆར། །ལ་སོགས་ངོ་མཚར་ལྟས་མཚན་ ལེགས་པ་ཡིས། །མ་དད་ལོག་ཚོགས་དད་པའི་ལམ་ལ་བཙུད། །དེ་བར་རེ་ཞིག་ཆོས་ལོག་ འབྱུང་བ་ཡང༌། །བལ་བོའི་ཀ་རོ་འཛིན་གྱིས་པདྨའི་ཆས། །བཟུང་ནས་ཆོས་ལོག་བསྟན་པས་ བོད་ཁམས་བསླུས། །དེ་བཞིན་གླིང་གཏེར་མོ་མཁྱེན་འགའ་འབྱུང་བས། །ལམ་ངན་འཁྲུལ་ སྣང་ཆོས་ལོག་སྟོན་ཚུལ་དང༌། །ཆོས་མིན་ལྟ་བ་རྒྱས་ཚེ་པར་སི་ཀའི། །དམག་གིས་བོད་ བསྐོར་འཇིགས་སྐྲག་ཆེ་སྟེར་ཞིང༌། །གསེར་ཡུལ་ཀླ་ཀློ་རུག་ཡུལ་ནད་སྐལ་འབྱུང༌། །བོད་ འདིར་མེད་ལྟ་དར་སྐབས་མཐུ་ཆེན་ཐོབ། །སྤྲུལ་པ་བདག་གཅེན་བློ་རྒྱས་རིགས་གཟུགས་ འབྱོར། །འདར་ཕྱར་ལུང་འབྱུང་གྲུབ་ཆེན་རབ་འབྱམས་འཛིན། །འཁོར་ནི་དགེ་སློང་འབུམ་ ཕྲག་སྟོང་བཅས་པ། །གནས་འདིར་ཆོས་ལུགས་ལེགས་སྐྱོང་རྒྱལ་ཚབ་འཛིན། །ཁྱད་པར་ དུས་འཁོར་ལོ་གསུམ་ཆེས་ཆེར་སྤེལ། །དེ་ཉིད་སྐུ་གཞོན་དུས་ནས་སྨན་རྒྱལ་ཞིང༌། །དེར་ འགྲོ་སླར་ཡང་ནུབ་ཀྱི་ཕྱོགས་སུ་བཞུད། །ཉ་འདྲའི་དུས་སུ་ཇོ་ནང་རི་ཁྲོད་འདིར། །ཉམས་ མངའ་སྡུག་བསྔལ་འབྱུང་ཚེ་སྙུག་ཅེས་པའི། །ནག་ཕྱོགས་རྒྱལ་པོའི་རྐྱེན་གྱིས་འཇིགས་པ་ སྟེར། །བསམ་གཏན་ཁང་བོར་མཆོད་རྟེན་འཐབ་ར་བསྐོར། །ལྷ་ས་བདུད་རིགས་རྒྱལ་དབང་ ཇོ་བོ་ཡི། །སྐུ་ཤ་ཟ་ཞིང་རྩོད་ངན་ལོག་མགོ་འཛུགས། །དེའི་རྟགས་སྡེ་འཁྲུགས་ནད་མུག་ ལྟས་ངན་མང༌། །དེ་ཚེ་ཇོ་ནང་འདིར་ནི་ཁོ་བོ་འོང༌། །མིང་ནི་བསོད་ནམས་རྒྱས་མཚན་ནུབ་ ཕྱོགས་སྐྱེ། །བསྙེན་བཀུར་བྱེད་དང་ང་ཡི་རྟེན་མཆོག་ལ། །གསེར་གྱི་ཅོད་པན་རབ་གསོལ་ དགེ་སློང་སྡེ། །མང་འབྱུང་གཙང་གི་དགོན་གནས་ཀུན་བདག་འགྱུར། །མཐའ་འཁོབ་རྒྱལ་ 1-1-240 མང་དབང་བསྡུས་བཤད་སྒྲུབ་རྒྱས། །སྙིང་པོའི་མཐའ་སྟོན་མཆོག་གིས་ལོ་བརྒྱད་ཅུར། །བསྟན་པའི་རྒྱལ་མཚན་བཙུགས་ནས་དེ་རྗེས་སུ། །རྒོལ་ངན་དུར་ཞེས་བྱ་འབྱུང་དེ་ཡིས་ནི། །ང་ཡི་རྟེན་ལ་སྐུར་འདེབས་མདོ་རྒྱུད་ཀྱི། །ནང་འགལ་རྩོམ་ངན་དུ་མས་དུག་མདའ་བྱེད། །ངེས་དོན་ཆོས་ལ་མི་དགའ་ཚིག་དགག་འདེབས། །དེ་ལ་ར་ཧུ་ལ་ཡི་སྡོང་གྲོགས་ཀྱིས། །མཐུ་ རྩལ་གྲགས་པ་ཆེ་བས་མི་མང་དད། །བསྙེན་བཀུར་ཆེ་ཞིང་ཆོས་ངན་སྤྱོད་པ་ཡིས། །གནས་ འདི་ཉམ་ཆུང་དགེ་སློང་མ་ཡིས་འཛིན། །དེ་ཚེ་ནམ་སྙིང་སྤྲུལ་པ་ཆོས་སྐྱོང་མཚན། །འདར་ ཕྱོགས་སུ་འབྱུང་གནས་འདིའི་རྒྱལ་ཚབ་འཛིན། །གང་དེས་རྒྱུད་སྡེའི་སྙིང་པོ་ཐེག་ཀུན་རྩེ། །གཞན་སྟོང་ཟབ་མོ་གསལ་བྱེད་ངའི་རྟེན་ལ། །རིམ་གྲོ་ལྷག་བྱེད་ལོ་མང་བསྟན་འགྲོ་སྐྱོང༌། །རྨ་བྱ་འདྲ་དུས་བཤད་སྒྲུབ་ཆེས་ཉམས་ཤིང༌། །དགེ་སློང་འབྱོར་གཡེང་མཆོད་རྫས་ཧབ་ཤ་ བྱེད། །རྟེན་གྱིས་མི་མགོ་བསྐོར་ཞིང་ཨ་བྷི ་ར། །རྒྱལ་ཁམས་ཀུན་རྒྱུག་གནས་འདི་རབ་ ཉམས་ཚེ། །རིན་ཞེས་རྒྱལ་པོ་སྟོབས་ཅན་འབྱུང་བ་དེ། །དབུས་གཙང་གཉིས་ལ་མངའ་ཐང་ རྒྱས་པའི་སྐབས། །སྡེ་བ་རྩེ་གཉིས་དེར་མགོ་བཅོལ་བའི་རྐྱེན། །བདག་གནས་ཅུང་བཀུར་དེ་ ཚེ་ས་སྙིང་སྤྲུལ། །དཔལ་ལྡན་མཚན་གྲགས་འབྱུང་ཞིང་དེ་བཞིན་དུ། །མཁས་གྲུབ་ཨོ་རྒྱན་ མཚན་ཅན་ལ་སོགས་པ། །རྒྱལ་ཚབ་མང་འབྱུང་ལྟ་སྒོམ་ཡང་དག་སྤྱོད། །གནས་བདག་རྡོ་རྗེ་ དྲག་མོ་རྒྱལ་གྱིས་བྱེད། །སྐྱེས་མཆོག་དེ་ཀུན་གྱིས་ནི་བསྟན་རྒྱས་མཛད། །ཅེས་སོགས་ལུང་ བསྟན་མང་གསུངས་ཀུན་ཡིད་ཆེས། །དེ་ནས་ཐུགས་སྲས་ཆོས་རྗེ་ས་བཟང་པས། །ལེགས་ཞུ་ ཀྱེ་ཧུད་མཚུངས་མེད་ཐུགས་རྗེ་ཅན། །མགོན་ཁྱེད་བོད་ཡུལ་འདིར་ཕེབས་བཀའ་དྲིན་གྱིས། །དམ་ཆོས་རྒྱལ་བསྟན་དེ་འཛིན་སྡེ་རྒྱས་ཀྱང༌། །སྙིང་འདྲ་ལོ་ཙཱ་སྔོན་གཤེགས་ད་སྐབས་སུ། །མགོན་ཁྱེད་ཞིང་གཞན་འབྱོན་ཆས་ཡིད་མི་བདེ། །ཇི་ལྟར་བཤོལ་ཡང་མི་གནང་གཤེགས་ འགྱུར་ན། །བདག་ཅག་སྤྱི་ཡི་ཉམས་ལེན་ཞིག་གསུངས་ཞུ། །དེ་སྐབས་མགོན་པོ་མཆོག་གི་ 1-1-241 ཞལ་སྔ་ནས། །འདི་སྐད་ཉོན་ཅིག་སློབ་ཚོགས་སྙིང་གཏམ་ཚིག །མེ་ཏོག་མཆོད་སྤྲིན་ཐར་ འདོད་ཡོངས་ལ་འབུལ། །དལ་འབྱོར་རྙེད་དཀའ་འཇིགས་སླ་ལས་འབྲས་སོགས། །ཇི་ བཞིན་སོམས་ལ་ཞིང་མཆོག་བླ་མ་དང༌། །དཀོན་མཆོག་ཕ་མ་སོགས་དེ་སྤྱི་བོས་འཁུར། །ཉམ་ཐག་སེམས་ཅན་སྤྱི་དང་ཁྱད་པར་དུ། །ཚོང་བསྒོས་བུ་དང་བུ་མོ་དགྲས་དེད་པའི། །སྲོག་ ཆགས་བཀོལ་བསད་གང་ཁྱེར་བརྩེ་སེམས་ཀྱིས། །དངོས་རྫས་ཀྱིས་ཉོས་རང་དབང་བདེ་ སྦྱིན་མཛོད། །དེ་བཞིན་རི་དྭགས་རྔོན་ཁྱི་ཕན་ཚུན་དབྱེ། །སྤྱིན་པ་རྣམ་བཞིས་ཉམ་ཐག་སྐྱོང་ བ་རེམ། །མཐར་ཐུག་ཆོས་ཉིད་མངོན་ཐབ་རོ་རྐྱང་གི །རྒྱུ་བ་དབུ་མར་བཅོམ་པའི་གནད་ལ་ འབོད། །དཀོན་བརྩེགས་མདོ་ལས་གང་གིས་བསྐལ་པ་བཅུར། །མཉན་ཏེ་གཞན་ལ་བཤད་ པས་སྐད་ཅིག་ཙམ། །བསྒོམས་ན་བསོད་ནམས་དེ་ལྷག་ཚུལ་གསུངས་པ། །ལ་སོགས་མདོ་ རྒྱུད་མན་ངག་ཆེས་མང་མཐུན། །དེ་ཕྱིར་སྒོམ་པ་གལ་ཆེ་ཉམས་ལེན་ཚུལ། །མི་རྟོག་ཡེ་ཤེས་ གཙོ་བོར་བསྒོམས་པ་ཡིས། །ལྟ་བའི་མཐར་ཐུག་མཐའ་བྲལ་དབུ་མ་མངོན། །དེ་ཐབས་ ཆགས་མེད་གཞན་ཕན་སྒོ་ཀུན་སྤྱོད། །དྲི་བཅས་གནས་ལུགས་རྣལ་འབྱོར་ཡན་ལག་དྲུག །རང་གཤིས་འབྲས་མངོན་ཚུལ་དེ་ངེས་དོན་གྱི། །གཞི་ལམ་འབྲས་གསུམ་མཆོག་ཏུ་ཤེས་ མཛོད་ལ། །མི་རྟོག་ཡེ་ཤེས་གང་སྣང་སྒྱུ་མར་ཤེས། །ཆོག་ཤེས་ཟུང་འཇུག་ཏིང་འཛིན་ཟབ་ སྒོམ་པ། །གཉེན་བཤེས་ནོར་ཟས་མཆོག་ཏུ་ལེགས་པར་ཟུང༌། །ཁྱད་པར་རྫོགས་རིམ་ལྟོས་ མེད་བཞི་ལྡན་པ། །དབེན་པར་བསྒོམས་ཏེ་དོན་གཉིས་བག་ཡོད་སྐྱོང༌། །ཆོས་བརྒྱད་དང་ བྲལ་ལེགས་འདུག་སུ་ལས་འཕགས། །ཡང་སྒོས་བུ་ཁྱོད་སྐྱེ་བ་གཅིག་གི་མཐར། །བུདྡྷ་རི་ ཀའི་ཞིང་དུ་རྒྱལ་བའི་མིང༌། །མི་ཕམ་ཞེས་བྱར་འགྱུར་ཞེས་ལུང་ཡང་བསྟན། །དེ་ནས་ལོ་ཙཱ་ ནོར་བུ་དཔལ་གྱིས་ཞུས། །མཚུངས་མེད་ཁྱོད་དྲིན་བོད་ཡུལ་སྔགས་ཞིང་བྱས། །ད་ནི་ཞིང་ གཤེགས་འགྲོ་འདིའི་སྐལ་བ་ཟད། །འདི་ནས་བདེ་ཅན་བྱོན་རྗེས་གང་མཛད་གསུངས། 1-1-242 །མགོན་པོ་མཆོག་གི་ཞལ་ནས་བུ་ཁྱོད་ཉོན། །ང་ནི་གང་དུ་སྡོད་ཀྱང་ཁྱད་པར་མེད། །རེ་ཞིག་ འདི་ནས་བདེ་ཅན་དུ་འགྲོ་རྗེས། །སླར་ཡང་སེམས་ཅན་ཀུན་དོན་རྒྱུན་ཆད་མེད། །དེ་ཕྱིར་ཁོ་ བོ་རྒྱ་གར་ཡུལ་བེ་ཏན། །ཞེས་བྱར་གདུལ་བྱ་དེར་སྣང་ཙམ་དུ་འགྲོ། །དེ་རྗེས་ཕྱི་མའི་དུས་ན་ བུ་ཁྱོད་ཀྱང༌། །པད་དཀར་སྤུངས་ཞིང་སངས་རྒྱས་པདྨ་དཀར། །ཞེས་འགྱུར་ལུང་བསྟན་ལོ་ ཙཱ་ཐུགས་ཀྱི་སྲས། །པྲཛྙཱ་རཏྣས་ཞུ་གསོལ་ཁྱེད་བྱོན་རྗེས། །ཡུལ་ཕྱོགས་བདག་བཅས་ལ་ནི་ གཟིགས་མི་གཟིགས། །ཇི་ལྟར་བཀའ་གནང་ལེགས་སྩོལ་ཞུས་པའི་ལན། །འདི་སྐད་རྒྱལ་ བའི་གསང་གསུམ་མཁའ་དང་མཉམ། །དད་ལྡན་མཆོད་ཅིང་ང་ནི་རྟག་པར་གནས། །ཡེ་ ཤེས་སྤྱན་གྱིས་སྐལ་ལྡན་རྒྱུན་དུ་སྐྱོང༌། །ནམ་ཞིག་ཁྱོད་ཀྱང་ས་ཧ་ཀ་རའི་ཞིང༌། །དེར་ནི་མེ་ ཏོག་ཀླུང་ཞེས་རྒྱལ་བར་འགྱུར། །ཞེས་པའི་བཀའ་ལུང་གནང་མཐར་ཁོང་ཉིད་ཀྱིས། །སྐུ་ ཚེའི་ཐ་མར་ཡན་ལག་དྲུག་པ་མཆོག །ཏིང་འཛིན་ཡེ་ཤེས་རྡོ་རྗེ་མངོན་བྱེད་ཚུལ། །གཞན་ སྣང་ངོར་མཛད་བེམ་པོ་སྟོང་གཟུགས་སུ། །རབ་དྭངས་འཕོ་བྲལ་འཇའ་ལུས་རྡོ་རྗེའི་སྐུར། །མི་སྣང་ཞི་བར་གཟིམ་པའི་བཞེད་དགོངས་ཀྱིས། །ཞལ་ནས་འདི་སྐད་འོད་གསལ་ཆོས་སྐུ་ ལ། །སྐྱེ་འཆིའི་སྤྲོས་མེད་ཉེར་ཕུང་དྲི་མ་ཡིས། །མ་བཅིངས་དོལ་པོ་པ་ནི་ལོངས་སྐུའི་མདངས། །སྲི ད་འཁྲུལ་ཡོངས་དག་སྤྲུལ་སྐུ་སྒྱུ་མའི་ཚུལ། །མཁའ་ལ་འཇའ་ཚོན་ཇི་བཞིན་སྣང་གྱུར་ ཀྱང༌། །འགྲོ་ཚེ་ལྷག་མེད་འོད་གསལ་ཆེན་པོར་འཕོ། །ཞེས་གསུངས་ཟླ་བཞིན་ཡར་འགྲིབ་ སྐུ་རྐིད་མན། །རིམ་པས་མི་སྣང་གདན་ཁར་ཡར་འཕགས་སྐབས། །གྷ་རུང་བས་ཞུས་མགོན་ ཁྱེད་ཆོས་སྐུ་ལས། །གཟུགས་སྐུ་རྡོ་རྗེར་བཞེངས་པ་མི་བཞུགས་ཀྱང༌། །དད་ལྡན་ཚོགས་ བསགས་མཆོད་ཅིང་སྤུར་བཞག་འཚལ། །ཞེས་པ་གསོལ་མ་ཐག་ནས་སྐུ་མར་བབས། །གདན་ཐོག་ཐ་མལ་གཟུགས་སྐུ་གསལ་བར་འཁོད། །ཞལ་གསུང་ལེགས་སོ་དཔལ་ཕྲེང་ མདོར་གསུངས་ལྟར། །དད་བསྐྱེད་བསོད་ནམས་ཞིང་དུ་རིང་བསྲིལ་འཇོག །ང་དང་ཁྱད་ 1-1-243 མེད་ཐབས་ཚུལ་དེ་ལུགས་བགྱི། །ཁྱོད་རང་ཕྱི་མར་ཀུ་མུད་ཞིང་ཁམས་སུ། །སངས་རྒྱས་ཀུ་ མུད་སྙིང་པོར་འགྱུར་ལུང་བསྟན། །སྨན་ཆུ་ཁ་པས་ཁྱེད་ཀྱི་སྐུ་སྤུར་ཉིད། །མཆོད་རྟེན་སྙིང་ པོར་བཞག་ན་ལེགས་མི་ལེགས། །ཞུས་ལན་དཔེར་ན་ག་བུར་སྣོད་གང་རུང༌། །ནང་བཞག་ མི་གནས་བསེ་དང་འཕྲད་འདུག་ལྟར། །ང་ཡི་སྤུར་འཇོག་སྣོ ད་ཀྱང་དེང་འགྲུབ་དཀའ། །ཁྱོད་ ཀྱང་མ་འོངས་ཀ་སི་མོས་ཞིང་དུ། །སངས་རྒྱས་ནོར་བུ་བརྩེགས་ཞེས་བྱར་འགྱུར་ཞེས། །བཀའ་ལུང་གནང་རྗེས་ཕུན་ཚོགས་དཔལ་གྱིས་ཞུས། །སྐུ་སྤུར་ཉར་ཚགས་བྱ་ཐབས་ཞིབ་ གསོལ་ལན། །གླ་བ་གླང་པོ་ཤི་བའི་རྩི་གི་བཞིན། །བདག་ཀྱང་འཆི་སྐབས་སྔོན་ཚོགས་ བསགས་མཐུ་ལས། །བསོད་ནམས་ཞིང་འོས་སྤུར་འབྱུང་དོ་དམ་གལ། །སྐྱེ་མང་འབྲིལ་ སྟོབས་ད་ལན་ཆོས་སློབ་བུ། །འདི་ནས་ཤམྦྷ་ལར་འགྲོ་དེ་འོག་ཏུ། །ཁམས་ཀྱི་གཙང་གྲགས་ དགོན་པར་དྷརྨའི་མཚན། །རྒྱུད་འགྲེལ་དོན་འཆད་དེ་མཐར་འཕན་ལུང་དུ། །བསྟན་པ་རྒྱས་ མཛད་ཡང་མཐར་མུན་སེལ་ཞིང༌། །དེར་ནི་བདེ་གཤེགས་མུན་སེལ་སྒྲོན་མེར་འགྱུར། །ཞེས་ ལུང་བསྟན་ཅིང་དཀོན་མཆོག་རྒྱལ་མཚན་གྱིས། །སྤུར་བཞུ་ཇི་ལྟར་བྱ་བའི་རྟགས་ཞུས་ཚེ། །རྒྱུད་དོན་དང་མཐུན་ཐིག་ལེ་དཀར་དམར་ཆ། །སྣ་རྩེ་གསང་བར་ཇི་བཞིན་ལེགས་ཐོན་ སྐབས། །དེ་མ་ཐག་ཏུ་སྤུར་བཞུ་མ་བྱས་ན། །དཔའ་བོ་མཁའ་འགྲོའི་ཚོགས་ཀྱིས་འཁྱེར་བར་ ངེས། །བུ་ཁྱོད་ནམ་ཞིག་སྤོས་ཀྱི་ཞིང་ཁམས་སུ། །རྒྱལ་བ་སྤོས་གླང་དུ་འགྱུར་དེ་སྐད་ གསུངས། །དེ་ནས་ཆོས་གྲགས་དཔལ་གྱིས་གུས་གསོལ་བ། །རྒྱལ་ཀུན་ངོ་བོ་རྡོར་འཆང་མི་ གཟུགས་ཅན། །ཞི་བར་གཤེགས་ལ་ཉེ་སྐབས་སྙུང་མི་མངའ། །སྔོན་བས་སྐུ་མདངས་ཆེས་ གསལ་ངོ་རེ་མཚར། །ཞུས་ཚེ་ཆོས་ཀྱི་རྒྱལ་པོའི་བཀའ་གནང་ལ། །བདག་ལ་འདི་ཙམ་བྱུང་ བས་ངོ་མི་མཚར། །ཕུང་པོའི་དྲི་མ་གདོད་ནས་བྲལ་བ་ལ། །མར་མེ་འཆི་ཀར་གསལ་བཞིན་ གང་འདུལ་ངོར། །རང་འཚམས་ལེགས་སྣང་འབྱུང་ཞིང་མཁའ་ཁྱབ་ཏུ། །རྣམ་འཕྲུལ་ཅིག་ 1-1-244 ཆར་ཟད་མེད་ཕྲིན་ལས་འཆར། །ཁྱོད་ཉིད་མ་འོངས་མེ་ཏོག་ཆུའི་ཞིང་དུ། །དྲི་མེད་ཆུ་ཡི་རྒྱལ་ པོ་ཞེས་བྱར་འགྱུར། །དེ་སྐད་བཀའ་ལུང་ལེགས་བསྟན་མཛད་པའི་སྐབས། །ཁྲོ་ཕུར་ བཞུགས་པའི་སྒྲུབ་པོ་རྣལ་འབྱོར་མ། །དྷརྨ་ཤྲི་ཞེས་ཆོས་རྗེའི་དྲུང་དུ་སླེབས། །འདི་སྐད་རྒྱལ་ བ་གཉིས་པ་སྤྲུལ་པའི་སྐུ། །ཞིང་འདིར་ལེགས་བྱོན་གནས་གསུམ་མཁའ་འགྲོ་ཡིས། །གློ་ བུར་ཞིང་གཞན་གདན་འདྲེན་ཇི་ལྟར་རིགས། །མཁའ་འགྲོའི་ཚོགས་ཀྱང་རང་གནས་ཕར་ལ་ སོང༌། །ཞེས་གསོལ་ཚེ་ན་ཆོས་རྗེའི་ཞལ་སྔ་ནས། །དཔལ་ལྡན་ཆེ་ཞེ་ལེགས་དགོངས་དེང་ སྐབས་སུ། །འདུལ་བ་ལུང་ལས་གསུངས་ལྟར་བསགས་པ་རྣམས། །མཐར་ཟད་མཐོན་པོ་ རྣམས་ནི་མཐར་ལྟུང་འགྱུར། །འདུས་མཐའ་འབྲལ་ཞིང་གསོན་མཐའ་འཆི་ངེས་ཤིང༌། །ཚེ་ འདི་རི་གཟར་འབབ་ཆུ་བཞིན་མི་སྡོད། །འཆི་བའི་གནས་སུ་འགྲོ་ལ་བཤོལ་ཐབས་ཅི། །རྣལ་ འབྱོར་མ་ཁྱོད་ཕྱི་མར་ཤར་ཕྱོགས་ཀྱི། །པདྨའི་ཚལ་དུ་ཛེ་ཏ་རི་ཞེས་པའི། །སངས་རྒྱས་མཁའ་ འགྲོར་འགྱུར་ཞེས་ལུང་དུ་བསྟན། །རྒྱལ་ཚབ་མངའ་བདག་ཕྱོགས་ལས་རྣམ་རྒྱལ་གྱིས། །མགོན་པོའི་སྟན་ལ་དབུ་གཏུགས་ཞུ་གསོལ་བ། །ཀྱེ་མ་ལྷ་མིའི་གཙུག་རྒྱན་ཆོས་རྗེ་ཡི། །གདུལ་བྱ་སློབ་གྱུར་བརྩེ་གཟིགས་མི་མཛད་པར། །ཞལ་ཆེམས་གནང་འདི་ཆེས་སྡུག་ཡིད་ མི་མགུ། །ཚེས་དྲུག་སྔ་དྲོར་ནམ་མཁར་ལྷ་རྣམས་ཀྱིས། །དགའ་འགྱེད་འཛམ་གླིང་མུན་སེལ་ འཕྲོག་ལ་ཆས། །བདག་ཐོག་འདི་འདྲ་བྱུང་ཚེ་ལུས་སེམས་འདར། །མིག་ལ་འཆི་མས་གང་ ཞིང་ལམ་མི་མཐོང༌། །མགོན་མེད་འདིར་འཚོགས་རྣམས་ལ་དེ་རིང་དུ། །ནོར་བུ་འདམ་དུ་ ཤོར་ཞིང་ཆོས་ཀ་འགྱེལ། །བསྟན་པའི་རྒྱལ་མཚན་རྟིང་ཆག་ཐར་གྲུ་ཞིག །ཕ་མཆོག་གནས་ ཚུལ་དགོངས་སམ་འཇིག་རྟེན་འདི། །སྟོང་པར་གྱུར་ཅིང་མགོན་པོ་མཁྱེན་རབ་གཏེར། །བདེ་ བ་ཅན་དུ་བྱོན་རྗེས་མཐའ་འཁོབ་འདིར། །བདག་གིས་བསྟན་འགྲོའི་དོན་གང་ཅི་བགྱིར་ གསུངས། །དེ་སོགས་ཞུ་ནན་མང་གསོལ་དུས་སུ་ཡང༌། །ཆོས་རྗེ་ཐམས་ཅད་མཁྱེན་པས་དབུ་ 1-1-245 ཞྭ་ཕུད། །ཕྱོགས་རྒྱལ་དབུར་བཞུགས་ཞལ་འཛུམ་མདངས་ཕྱུང་སྟེ། །འཁོར་རྣམས་ལ་ཡང་ ཕྱག་འཁར་བསྟན་ནས་སུ། །ཉིད་ཀྱི་ཐུགས་ཀ་ནས་འཕྲོས་འོད་ཟེར་ཚོགས། །རྡོ་རྗེའི་ཕྲེང་བ་ ལྟ་བུས་འཁོར་ཀུན་ལ། །ལེགས་ཕོག་དག་སྣང་བསྐྱེད་ཅིང་འོད་གཙོ་ཆེར། །ཕྱོགས་རྒྱལ་དབུ་ ལ་ནུབ་བཞིན་འོད་ཟེར་གཞན། །མངའ་རིས་དབུས་གཙང་ལྷ་ས་ཀུན་ཏུ་ཁྱབ། །ཡ་མཚན་ དེའི་ངང་ཉིད་གསུངས་སྙན་པའི་སྒྲས། །འདི་སྐད་ཉོན་ཅིག་ཕྱོགས་ལས་རྣམ་པར་རྒྱལ། །རྒས་ཚེ་ཟད་ཅིང་དུས་ཀྱི་བསུ་མ་སླེབས། །སྐྱེས་རབས་ལས་ཀྱང་མངལ་ཞུགས་ནུབ་མོ་ནས། །གཞན་དུ་གོལ་མིན་འཆི་བདག་དྲུང་ཉེར་གསུངས། །མྱ་ངན་བསལ་མདོར་མཚན་དཔེས་ ལེགས་བརྒྱན་པ། །རྡོ་རྗེའི་སྐུ་མི་རྟག་ན་ཆུ་ཤིང་ལྟར། །སྙིང་པོ་མེད་ལུས་རྣམས་ལ་སྨོས་ཅི་ དགོས། །ཞེས་གསུངས་བཞིན་དུ་དུས་གསུམ་སངས་རྒྱས་ཀྱང༌། །མྱ་ངན་མི་འདའ་སྔར་ཡང་ མ་བྱོན་ཞིང༌། །ད་ལྟ་མི་བྱོན་རྗེས་སོར་འབྱོན་མི་འགྱུར། །དེ་ཕྱིར་ཕལ་བ་རྣམས་ལ་སྨོས་ཅི་ འཚལ། །ཆེད་བརྗོད་ཚོམ་ལས་གང་དུ་ཡང་ཕྱིན་ཀྱང༌། །འཆི་བས་མི་ཚུགས་གནས་ཡོད་མ་ ཡིན་གསུངས། །དེ་སླད་སྐྱེ་འཆིའི་དབང་སོང་རང་སྐལ་ཐོབ། །དེ་ལ་མྱ་ངན་བྱ་འོས་མ་ལགས་ ཤིང༌། །དགའ་བའི་ཡིད་ཀྱིས་ཚིག་འདི་ལེགས་པར་ཉོན། །མཐའ་འཁོབ་བསྟན་འགྲོའི་ཆེད་ ལ་ཐུགས་མ་ཆུང༌། །ང་འགྲོ་ཞག་འགར་ཕྲིན་ལས་རྣམ་བཞི་ཅན། །འཇམ་དབྱངས་དཔའ་ འཕྲུལ་ལྟ་ངན་མུན་སེལ་མཁན། །ཤི་ལིའི་གོས་ཅན་དཔའ་ཐུང་ཁ་སྤུ་ལྡན། །རཏྣ་ཤྲཱི་ཞེས་ འདིར་འོང་ཁྱོད་རྗེས་འཇུག །ཆོས་ཀྱིས་རབ་ཚིམ་མ་ཀི་འཛི་ཀའི་ཕྱོགས། །ཆུ་འགྲམ་ལུང་དུ་ དམུ་རྒོད་སྐྱེ་བོའི་ཡུལ། །དེར་སོང་ཨ་མི་སྐུ་མཆེད་བསྟན་པ་རྒྱས། །ནོར་བདག་མིང་ཅན་ དགོན་པར་དུས་འཁོར་གྱི། །ཟབ་ཆོས་ལེགས་སྤེལ་རྡོ་རྗེ་ཐེག་པ་རྒྱས། །ཀུན་གྱིས་མཆོད་ བཀུར་གསུམ་ལྡན་མར་བཅད་ནས། །ལྟ་ངན་རིམ་ཉམས་བོད་ཀྱི་སྟོད་སྨད་དུ། །རང་རེའི་ ཆོས་བརྒྱུད་དུས་དང་འཚམས་པར་དར། །བུ་ཆེན་ཁྱོད་ལ་བདག་གིས་བསྟན་པ་གཏད། 1-1-246 །རྒྱལ་ཚབ་ལེགས་མཛོད་མ་འོངས་སྐྱེ་བ་ན། །མེ་ཏོག་ཙམ་པ་ཀ་ཞེས་བྱ་བ་ཡིས། །ཞིང་དུ་ སངས་རྒྱས་སེང་གེའི་རྣམ་རོལ་མཚན། །དེར་འགྱུར་གཞན་ཡང་འདིར་འཚོགས་ཆོས་འཛིན་ མཁན། །ལུང་རྟོགས་མཆོག་མངའ་གང་ཡོད་ཐམས་ཅད་ཀྱང༌། །ནམ་ཞིག་ཕྱིར་ལྡོ ག་མེད་ ཞིང་ཐེག་ཆེན་གྱི། །ཆོས་ཉིད་མངོན་གཟིགས་འཕགས་པར་འགྱུར་བ་དང༌། །ཁྱད་པར་ཡབ་ སྲས་མང་པོའི་རྣམ་པར་འཕྲུལ། །ཁམས་སུ་རྨད་བྱུང་བསྟན་པ་སྤེལ་ཆེད་དུ། །ཡང་ཡང་འོང་ ཞིང་དེ་རྣམས་དང་འབྲིལ་མང༌། །ཚུལ་དེས་གདུལ་བྱ་གང་འདུལ་ཕན་རབ་སྤྱོད། །ཅེས་ སོགས་བཀའ་ལུང་བྱུང་མ་ཐག་ཉིད་དུ། །མཁའ་ལས་སྒྲ་འོད་ཆེར་གསལ་མཐུན་སྣང་བྱུང༌། །དེ་སྐབས་གཅེན་པོ་རྡོ་རྗེ་རྒྱལ་མཚན་གྱིས། །ཆོས་རྗེ་སྐུ་གསུང་བརྗིད་ལྡན་འདས་ལ་ཉེ། །དེ་ རྗེས་བསྟན་པ་སུས་འཛིན་མཆོད་ཞིང་གང༌། །ཞེས་སོགས་གསོལ་ཚེ་མགོན་པོ་གང་ཉིད་ ཀྱིས། །གའུ་རྟེན་བཅས་གཅེན་ལ་གནང་ནས་ཀྱང༌། །བཀའ་ལས་ང་འདས་འོག་ན་རང་འདྲ་ བའི། །སློབ་མ་བཅུ་གསུམ་གྱིས་ནི་བསྟན་པ་འཛིན། །དེ་ཀུན་མ་འོངས་སངས་རྒྱས་སུ་འགྱུར་ ཞིང༌། །མཆོད་ཞིང་དམ་པ་ལགས་ཏེ་གཞན་མ་ཡང༌། །ང་ཡི་རྟེན་མཆོག་མཐོང་གྲོལ་དངོས་ བཞུགས་དང༌། །བདག་ལུས་མེར་བསྲིགས་གདུང་རུས་དད་པའི་རྟེན། །སྐུ་གསུང་ཐུགས་རྟེན་ རིང་བསྲིལ་ཕུང་པོ་བཅས། །བསོད་ནམས་ཞིང་དུ་མཆོད་པའི་ཡུལ་གྱིས་ཤིག །ཅེས་གསུངས་ དངོས་གྲུབ་བཟང་ལ་བཀའ་བསྩལ་པ། །མཆོད་པ་ལེགས་པར་ཤོམས་གསུང་ཁོང་ཉིད་ཀྱིས། །སྙིང་པོའི་མཆོད་ཡོན་སོར་སྡུད་ཞབས་བསིལ་འཁྱིལ། །བསམ་གཏན་མེ་ཏོག་སྲོག་རྩོལ་ སྤོས་ཀྱི་མཆོག །འཛིན་པ་སྣང་གསལ་རྗེས་དྲན་དྲི་བཟང་ཆབ། །ཏིང་འཛིན་རོ་བརྒྱའི་ཞལ་ ཟས་རྡོ་རྗེ་གླུའི། །རོལ་མོ་མཚན་དཔེའི་གོས་རྒྱན་ལྷབ་ལྷུབ་དང༌། །སྟོབས་བཅུའི་རྒྱལ་མཚན་ མི་འཇིགས་འོད་གདུགས་འཁྱིལ། །མ་འདྲེས་བཅོ་བརྒྱད་བ་དན་གྱིས་མཆོད་ཅིང༌། །འོད་ གསལ་ཐུགས་ཀྱི་རྡོ་རྗེ་ཀུན་ཁྱབ་ངང༌། །ཞེས་གསུངས་ཐུགས་དམ་ལ་བཞུགས་ཕྱོགས་བཅུའི་ 1-1-247 ཞིང༌། །རབ་གཡོས་འོད་ཟེར་དྲ་བའི་བཀོད་ཆེན་བཅས། །བདེ་གཤེགས་སྲས་བཅས་ཕྱོགས་ མཚམས་སྟེང་འོག་ནས། །བཞོན་པ་གདན་བཟང་ངོ་མཚར་འཕྲུལ་ཆེན་གྱིས། །ལེགས་བྱོན་ ཞུ་གསོལ་དང་བཅས་བསུ་བར་བཞེངས། །གཞན་ཡང་མཁའ་སྤྱོད་ཞིང་ནས་མཁའ་འགྲོ་ ཀུན། །ལེགས་འདུ་ཆོ་འཕྲུལ་རོལ་པ་ཅི་ཡང་འགྱེད། །དེ་ལྟར་སྐུ་བསྙུང་རྣམ་པ་ཅུང་ཟད་ཀྱང༌། །མེད་པར་ཏིང་ངེ་འཛིན་ལ་སྙོམས་ཞུགས་ཚུལ། །ཚེས་དྲུག་དེ་ཡི་དགོང་མོར་ཞི་བར་ གཤེགས། །དེ་སྐབས་ཕྱི་ངོར་སྐུ་མདངས་བཀྲག་འབར་ཞིང༌། །མཉམ་བཞག་བདེ་ཆེན་ ཉམས་བཟང་ལྷག་པར་རྒྱས། །སྤྱན་གྱིས་ལྟ་སྟངས་ལུས་གནད་དྲག་བསྡམས་མཛད། །ཞལ་ ནས་འོད་ཟེར་སྣ་ཚོགས་མཁའ་ལ་འཕྲོ། །རྩེ་གཅིག་གཡོ་མེད་བཞུགས་མཐོང་ཡོལ་བས་ བསྐོར། །མཁན་ཆེན་དགེ་དཔལ་སློབ་དཔོན་ལྷ་རྗེ་སོགས། །བུ་ཆེན་དག་གིས་མཆོད་པ་ མདུན་བཤམས་ཚེ། །སྐུ་ལས་དྲི་བཟང་ཕྱོགས་མཚམས་སུ་ཁྱབ་ཅིང༌། །མཁའ་ལས་རོལ་མོ་ སྣ་ཚོགས་རང་སྒྲ་བྱུང༌། །ནང་དུ་ཆོས་དབྱིངས་འོད་གསལ་མངོན་མཛད་སྐབས། །ཕྱི་རོལ་ མཁའ་ལ་འོད་གསལ་དཀར་དམར་ཕྲེང༌། །རྔ་བོ་ཆེ་དང་རྫ་མ་བསྒྲིག་ལྟར་གསལ། །ངོ་མཚར་ ཐུགས་དམ་ཞག་གཅིག་བཞུགས་པའི་མཐར། །ས་ཆེན་རབ་གཡོ་བྱང་སེམས་ཤངས་རྩེར་ ལུད། །ཡར་ཆབ་གཙང་པོ་གྱེན་ལོག་གཏིང་རྡོ་མཐོང༌། །དམར་ཆ་ནོར་བུར་བྱོན་ཚེ་ནུབ་རི་ལ། །ཉེ་བའི་ཉི་མ་ཤར་གྱི་ཕྱོགས་སུ་བཟློག །ཚེས་བརྒྱད་ཉིན་པར་སྐུ་གདུང་རིན་པོ་ཆེ། །ཨ་གར་ ཙན་དན་དཀར་དམར་ཤིང་སྒྲོམ་དུ། །གདན་དྲངས་དྲི་བཟང་ཕྱོགས་ཁྱབ་མི་ཀུན་ལ། །མཇལ་ ཁ་གནང་ཞིང་ནམ་མཁའ་རབ་དྭངས་པར། །འཇའ་ཚོན་སྣ་ལྔ་འཁོར་ལོའི་མཚན་མས་སྤྲས། །ཕྱོགས་འཚམས་འཁོར་ཡུག་ཏུ་ནི་ཆེས་གསལ་ཞིང༌། །གདུང་ལས་འོད་ཟེར་སྣ་ཚོགས་ ཕྱོགས་བཅུར་འཕྲོ། །བར་སྣང་འོད་ཀྱི་ཤེལ་ཀ་ལེགས་བསྒྲིག་ལྟར། །བར་བར་དམར་འོད་ སྐུད་པ་སྣ་ཚོགས་མདངས། །དྲིལ་ཕྲེང་ལེགས་པས་མཛེས་བཞིན་མཚར་འོད་འཁྲིགས། །མེ་ 1-1-248 ཏོག་ཆར་དང་རི་བོ་ཐམས་ཅད་ལས། །འུར་སྒྲ་སྒྲོག་ཅིང་རོལ་དབྱངས་སྙན་པ་ལྡི ར། །མཆོད་ སྤྲིན་ཆེར་འབུལ་དེར་མཚམས་བྱས་ནས་སུ། །གདུང་ལ་ཞུགས་འབུལ་མཛད་པར་ཆས་པའི་ ཚེ། །ཡེ་ཤེས་མེ་འོད་རབ་གསལ་རང་འབར་ཚུལ། །དེ་སྐབས་སྒྲིབ་གསུམ་ཡེ་ཤེས་ཀྱིས་ བཅོམ་ཞིང༌། །ཆོས་སྐུ་སྐྱེ་མེད་མི་རྟག་ཟློ ས་གར་མཚོན། །འདིར་དགོངས་རྫོགས་ཀྱང་གཙང་ བདེ་རྟག་བདག་གི །རང་བཞིན་དམ་པའི་ཆོས་ཉིད་མངོན་ཚུལ་གྱི། །ཤོ་ལོ་ཀ་གསུམ་མཐུན་ སྣང་མངོན་སུམ་ཐོས། །མཁའ་ལ་འཇའ་འོད་ཟླུམ་འཁྱིལ་ཉི་ཟླ་ཡི། །ཁྱིམ་ལྟར་ལེགས་མཛེས་ དྲ་བ་དྲྭ་ཕྱེད་རིས། །བར་བར་མེ་ཏོག་མཚན་མའི་རི་མོ་ཤར། །སྣ་ཚོགས་མདོག་འཆང་མེ་ ཏོག་ཆར་བ་དངོས། །ཆུ་ཤོག་འདྲ་བ་ཕུབ་དང་འཁར་རྔ་དང༌། །ལི་སྡེར་ལག་མཐིལ་ཙམ་ སོགས་ཆེ་ཆུང་ཚད། །མ་ངེས་གེ་སར་འདབ་ལྡན་སྡོང་བུ་བཅས། །ནམ་མཁའ་བར་སྣང་ལ་ ཁྱབ་རེག་ཟིན་དུ། །མེད་ཀྱང་ཀུན་མཐུན་སྣང་ངོར་མངོན་གསལ་བྱུང༌། །མཁའ་ལས་རོལ་ མོའི་སྒྲ་སྙན་རྒྱུད་མི་ཆད། །འོད་གསལ་རྫ་མའི་ཕྲེང་བ་སྲོ ད་ཀྱི་ཆར། །རབ་གསལ་མཚན་ མུན་སེལ་ཞིང་སློབ་ཚོགས་ལ། །རང་རང་ལ་འཚམས་ཆོས་རྗེའི་སྐུའི་སྣང་བ། །མཁན་ཆེན་པ་ ལ་སྐུ་དཀར་ངུར་སྨིག་ཅན། །ཆོས་གསུང་མཁའ་ལ་གཤེགས་པའི་རྣམ་པ་དང༌། །བཟང་ལྡན་ པ་དག་ཆོས་རྗེ་སྐུ་མདོག་སེར། །ཕྱག་ཟུང་རྡོར་དྲིལ་ཐུགས་ཀར་བསྣོལ་བ་ཅན། །ཐང་བོ་ཆེ་ སོགས་སེང་གེས་བཏེགས་པའི་ཁྲིར། །ཆོས་རྗེ་དམར་གསལ་འཛུམ་ཞལ་འཁོར་ཚོགས་ བཅས། །མ་ཎི་པ་སོགས་འཇའ་ཀློང་མཁའ་མདོག་ཅན། །ལོངས་སྤྱོད་རྫོགས་ཆས་ཐབས་ ཤེས་རྟགས་ལྡན་པ། །གྲུབ་ཆེན་བརྒྱད་ཅུས་ལེགས་བསྐོར་ལྷ་མང་ལ། །ཆོས་གསུངས་རྣམས་ ཅན་རྩེ་དཔོན་སོགས་ཀྱི་ངོར། །ཆོས་རྗེ་ཉེ་སྲས་བརྒྱད་ལ་རྫོགས་ལྡན་ཆོས། །ངེས་དོན་རྒྱ་ མཚོ་འཕོ་བ་ཁྱད་འཕགས་གསུངས། །དེ་ལ་སོགས་དང་གསུང་གི་མཛད་སྒོ་ཡང༌། །ཁམས་ དབང་མཐུན་པ་དངོས་དང་རྨི་ཉམས་སུ། །བསམ་མི་ཁྱབ་པའི་མཚར་ཆེན་བཀོད་པ་ངོམས། 1-1-249 །གདུང་མེ་མཆེད་སྒྲས་ཆོས་སྒྲ་སྣ་ཚོགས་དང༌། །དུ་བ་སྔོ་ལྗང་དར་ཡུག་བརྐྱང་འདྲའི་རྩེར། །འཇའ་གུར་ཀློང་དུ་ཆོས་རྗེ་དངོས་བཞུགས་པ། །མཁར་འཕགས་སླར་ཡང་སྐུ་འབུམ་སྨད་ རིམ་ནས། །གཡས་བསྐོར་ཚུལ་གྱིས་དབུ་རྩེའི་ནུབ་ཕྱོགས་སུ། །སོང་བ་དེར་གནས་ཀུན་ གྱིས་མངོན་སུམ་མཐོང༌། །གདུང་ཁང་སྟེང་མཁར་དག་སྣང་འཆར་སྒོ་ལ། །ཐུགས་སྲས་ རྣམས་ལས་ས་བཟང་ལོ་ཙཱའི་ངོར། །བཅུ་གཅིག་ཞལ་ལྡན་འཕགས་པ་ཕྱག་སྟོང་ཅན། །འོད་ འཕྲོ་མཁའ་འགྲོས་གླུ་ལེན་བཅས་བསྐོར་མཐོང༌། །དད་པ་སེང་གེས་དུས་འཁོར་གཞལ་ཡས་ ཁང༌། །གཙོ་བོ་ཡབ་ཡུམ་ལྷ་ཚོགས་མ་ལུས་གཟིགས། །སངས་རྒྱས་རིན་ཆེན་པད་བཞུགས་ དགྱེས་རྡོར་སྐུ། །མཁའ་འགྲོ་བརྒྱད་བཅས་བརྟག་གཉིས་རྒྱུད་འཆད་སྣང༌། །བྱང་འོད་མེ་ དཀྱིལ་འཇིགས་བྱེད་མ་ཧེའི་ཞལ། །རོ་ལངས་བརྒྱད་བསྐོར་གཤིན་རྗེ་ཟིལ་གནོན་དུ། །ལེགས་འཆར་དེ་བཞིན་སྲས་གཞན་ཚུལ་འོད་ཀྱིས། །སེང་ཁྲིར་ཆོས་རྗེ་བཞུགས་ནས་རྒྱུད་ འཆད་པ། །གྷ་རུང་པདྨོ་འདབ་སྟོང་སྟོན་པས་གཙོས། །སངས་རྒྱས་སྟོང་བཞུགས་ཤེར་རྒྱམ་ མཆོད་ལྷ་བཅས། །ཀླུ་སྒྲུབ་རྒྱན་དྲུག་མཆོག་གཉིས་དང་བཅས་པ། །ཉ་དབོན་གླང་ཆེན་ཐལ་ དཀར་སྟེང་བཞུགས་པའི། །ཆོས་རྗེ་རྒྱལ་ཆེན་བཞིས་བཏེགས་ཞང་སྟོན་པས། །སོར་འབྲང་ ལྷ་ལྔ་མཁའ་འགྲོས་ལེགས་བསྐོར་བ། །ཕུན་དཔལ་ཆོས་རྗེ་ངང་པའི་སྟེང་བཞུགས་ནས། །སེམས་འགྲེལ་འཆད་ཅིང་འོད་ཟེར་སྣ་ཚོགས་འཕྲོ། །རིན་ཆེན་དཔལ་མིང་རིགས་ལྡན་པདྨ་ དཀར། །ཁྲོ་ཆུང་དུ་མས་བསྐོར་བ་ཆོས་གྲགས་ཀྱིས། །མཆོད་རྟེན་ནང་བཞུགས་རྣམ་རྒྱལ་ལྷ་ དགུ་ལ། །ལྷ་མོ་བྱེ་བས་ཕྱག་བསྐོར་བྱེད་པ་དང༌། །བསོད་ནམས་དཔལ་བས་སེང་སྔོན་སྟེང་ བཞུགས་པ། །འཇམ་དཀར་སྨྲ་སེང་ལྷ་བྲན་མང་འཁོར་བཅས། །སྨན་ཆུ་ཁ་བས་འཇའ་རྩེར་ ཆོས་རྗེ་ཉིད། །གླེགས་བསྣམས་ཉེ་བའི་སྲས་བརྒྱད་དག་གིས་བསྐོར། །བྱང་རྩེས་རྨ་བྱས་ བཏེགས་ཁྲིར་འོད་དཔག་མེད། །དགེ་སློང་བརྒྱ་ཕྲག་དག་གིས་ལེགས་བསྐོར་བ། །ཟླ་བཟང་ 1-1-250 གཞལ་ཡས་ཁང་དུ་བདེ་མཆོག་ལ། །ཕག་མོས་འཁྱུད་པ་མཁའ་འགྲོ་སོ་གཉིས་བཅས། །རིན་ རྡོར་དམར་སེར་བྱམས་པ་གནས་བརྟན་གྱིས། །ཡོངས་བསྐོར་བྱམས་ཆོས་ལེགས་གསུང་ ཀུན་གྲགས་སོགས། །སྐུ་གདུང་ལས་ཟེར་འཕྲོ་ཞིང་འཇའ་རིས་སུ། །ལྷ་གཞོན་ཕོ་མོས་རོལ་ དབྱངས་སྣ་ཚོགས་སྒྲོག །ནམ་མཁའི་མིང་སོགས་རབ་མཛེས་ཁང་བརྩེགས་ནང༌། །རྡོ་རྗེ་ ཤུགས་འཁོར་སྲུང་མ་དྲུག་ཅུ་བཅས། །སངས་རིན་དུར་ཁྲོད་གནས་སུ་ཡེ་ཤེས་མགོན། །ཕྱག་ དྲུག་ཕྱོགས་སྐྱོང་བཅུ་དང་གཙང་རིས་སྡེ། །དངོས་དཔལ་རྣལ་འབྱོར་མ་མཆོག་རུས་རྒྱན་ཅན། །མཁའ་འགྲོ་དཔག་མེད་ཀྱིས་བསྐོར་ཕྱོགས་རྒྱལ་པས། །མཚོར་གནས་ཆུ་སྐྱེས་སྟེང་ན་སྒྲོལ་ མ་འཛུམ། །བརྐྱང་བསྐུམ་ཚུལ་བཞུགས་འཇིགས་སྐྱོབས་བརྒྱད་ཀྱིས་བསྐོར། །རིན་ཚུལ་ ཐུགས་རྗེ་ཆེན་པོ་གཙོ་འཁོར་གསུམ། །མ་ཎིའི་སྒྲ་དབྱངས་འཛམ་གླིང་ཀུན་ཏུ་ཁྱབ། །བརྩོན་ སེང་ལ་སོགས་སེང་ཁྲིར་ནམ་མཁའི་མདོག །སྨན་རྒྱལ་བདེ་གཤེགས་བྱང་སེམས་མཆོད་ བཀོད་བཅས། །ཇོ་མདོ་བ་སོགས་པད་འདབ་སྟོང་ལྡན་སྟེང༌། །བདེ་གཤེགས་མི་འཁྲུགས་ ཕྱོགས་བཅུར་སངས་རྒྱས་ཚོགས། །མང་པོས་བསྐོར་བ་དོན་ཡོད་རྡོ་རྗེ་ཡིས། །ཤེལ་གྱི་མཆོད་ རྟེན་དྲིལ་བུ་བརྒྱ་སྟོང་ཅན། །ནང་དུ་སངས་རྒྱས་སྟོང་བཞུགས་བྱང་སེམས་བཅས། །གཡོ་ བས་སྡོང་བུ་དང་བཅས་པདྨ་གཉིས། །འཕྲལ་དུ་མཁར་འཕགས་དབུས་ཟུང་འཇམ་མགོན་རེ། །ལེགས་བཞུགས་ཆོས་རྩོད་ཚུལ་གྱིས་དགོངས་དོན་སྡུད། །བསོད་རྒྱལ་སོགས་ངོར་རྨ་བྱའི་ མདོངས་བཀྲ་ལྟར། །འོད་ཟེར་ཕྲེང་བས་རྒྱན་ནང་མི་གཡོ་མགོན། །གངས་རིའི་མདོག་ཅན་ རལ་གྲི་ཀླད་ལ་བསྐོར། །རྟ་ར་པ་སོགས་དུ་ཕྲེང་དུང་དཀར་དང༌། །པདྨ་བུམ་པ་དཔལ་བེའུ་ གསེར་གྱི་ཉ། །རྒྱལ་མཚན་གདུགས་འཁོར་ལ་སོགས་མཆོད་རྫས་ཚོགས། །འཇའ་འོད་ལས་ བསྐྲུན་བ་དན་བླ་བྲིའི་གཟུགས། །ཆེས་གསལ་མེ་ཏོག་འདབ་བཞི་བཅུ་དྲུག་སྟོང༌། །ས་ཡ་ འབུམ་སོགས་ཁ་དོག་སྣ་ཚོགས་ཆར། །ཀུན་གྱིས་མཐོང་སྣང་དངོས་གསལ་བསྙོན་མེད་ 1-1-251 འབབ། །སྐབས་འགར་ཨ་གར་ཙན་དན་ག་པུར་སོགས། །དྲི་བཟང་སྣ་ཚོགས་མཁའ་ཁྱབ་ འཁར་རྔ་དང༌། །གླིང་བུ་དུང་དཀར་ཟངས་དུང་རྔ་དྲིལ་བུ། །ཌཱ་རི་རྫ་ལྔ་ལ་སོགས་སྣ་ཚོགས་ པའི། །སྒྲ་སྙན་མཁའ་དབྱིངས་གང་ལས་ཆོས་ཀྱི་ཚིག །སྙིང་པོ་རྟག་པ་བརྟན་པ་ཞེས་པའི་སྒྲ། །ཆེས་མངོན་གནས་ལུགས་ཟབ་མོའི་ཆོས་སྒྲ་སྒྲོག །འཇའ་ཟེར་ལས་ཐོན་མཆོད་བཀོད་སྣ་ ཚོགས་པ། །མ་ངེས་བསམ་མི་ཁྱབ་པའི་ལེགས་མཚན་བྱུང༌། །དེ་སྐབས་དེར་གནས་ཀུན་གྱི་ མཐུན་སྣང་དུ། །སྤུར་ཁང་ནང་དུ་མགོན་པོ་ཆོས་རྗེ་ཉིད། །སྐུ་དངོས་ལེགས་བྱོན་ཞལ་ཏ་མང་ གསུངས་བཞིན། །རླབས་ཆེན་བྱིན་འོད་སྣང་བས་ཀུན་ཡིད་ཚིམས། །གདུང་ཁང་སྒོ་འབྱེད་ལ་ ཆས་ནམ་མཁའ་ནས། །སྒྲ་བོ་ཆེ་བྱུང་གདུང་རུས་ཤེལ་དཀར་གཟུགས། །ལེགས་འཇལ་ཚེ་ན་ སྒལ་ཚིགས་རང་བྱོན་དུ། །དུས་ཀྱི་འཁོར་ལོ་ཕྱག་མང་ཆ་ཡོངས་རྫོགས། །སྣ་ཚོགས་མདོག་ ལྡན་ངོ་མཚར་ཁྱད་ཅན་བྱུང༌། །དེ་བཞིན་དཔྲལ་བར་རྟ་མགྲིན་ཡང་གསང་ཁྲོས། །ཞལ་ གསུམ་ཕྱག་དྲུག་རྡོ་རྗེའི་གཤོག་དང་བཅས། །དཔུང་གཡས་ཁྲོ་རྒྱལ་མི་གཡོ་དཀར་མདོག་ ཅན། །མཐེབ་སོར་ཙམ་པ་ཕྱག་གཡས་རལ་གྲི་ཐོགས། །ལྟག་པའི་ནང་ངོས་སངས་རྒྱས་ཐོད་ པ་ཡང༌། །ཡབ་ཡུམ་སོར་ཚིགས་ཙམ་བྱོན་སྤྱི་གཙུག་ཏུ། །ཚངས་བུག་གནས་དེར་ཤཱཀྱ་ཐུབ་ པའི་སྐུ། །ཕྱག་གཡས་སོར་ཚིགས་ཁ་སར་པ་ཎིའི་གཟུགས། །སྐུ་བོང་ནས་འབྲུ་ཙམ་པ་ཆེས་ གསལ་བྱོན། །རྣ་ལྟག་གཡས་གཡོན་སེང་ལྡིང་ནགས་སྒྲོལ་དང༌། །འཇམ་དམར་ཤེས་རབ་བློ་ འཕེལ་འབུར་དུ་དོད། །སྐྱེ་མཆེད་ཀུན་ཚང་རབ་གསལ་ངོ་མཚར་བ། །སྙན་ཟུང་མགྲིན་པའི་ ཆ་ལ་དུང་དཀར་རེ། །གཡས་འཁྱིལ་ཆེ་ཆུང་ནས་འབྲུ་ཙམ་པ་རྣམས། །དངུལ་དཀར་མདོག་ ལ་འོད་མདངས་ཆགས་པ་ཅན། །འཁྲིག་མ་གཡས་གཡོན་བཻ་ཌཱུར་མེ་ཏོག་ལྟར། །སྔོ་གསལ་ རྡོ་རྗེ་རྩེ་ལྔ་རེ་རེ་བྱོན། །ཞབས་ཀྱི་རྗེ་ངར་དག་ལ་ཤེལ་དཀར་མདངས། །ཡི་གེ་དྲུག་མར་རང་ བྱོན་འགྲམ་རུས་ལ། །འཛམ་བུའི་གསེར་མདོག་སྟོང་ཆེན་ཡི་གེ་ལྔ། །རྩིབ་རུས་གཡས་གཡོན་ 1-1-252 བཀྲ་ཤིས་རྟགས་བརྒྱད་གསལ། །གཞན་ཡང་གདུང་རུས་ཆ་ཤས་དུ་མ་ལ། །རྣམ་བཅུའི་སྙིང་ བོ་ཧ་ཀྵ་བརྩེགས་འབུར་བ། །ཆེས་གསལ་ཁ་དོག་སྣ་ཚོགས་མང་པོ་བྱུང༌། །དེ་མིན་གསུང་ རྟེན་མ་ངེས་འདྲ་མིན་དང༌། །ཕྱག་མཚན་ལ་སོགས་ཐུགས་རྟེན་མཚར་ཁྱད་ཅན། །ཆེས་མང་ བྱུང་ཞིང་རིང་བསྲིལ་ཤ་རི་རམ། །ཆུ་ཤེལ་ཞུན་ལྡོ ག་གསལ་འཚེར་འོད་འབར་ལྟར། །དཔག་ མེད་མདངས་ལྡན་ལེགས་སྤུངས་དཀར་འཚེར་བ། །མང་བྱོན་སླར་ཡང་ཆེར་འཕེལ་ཟད་མེད་ གཏེར། །འདི་དག་མ་ཟད་ཆོས་རྗེ་གཤེགས་གདན་དང༌། །སྐུ་འབུམ་ཆེན་པོའི་བང་རིམ་ཐོག་ རྣམས་བཅས། །གཞན་ཡང་ས་བཟང་རིན་ཆེན་དཔལ་ལ་སོགས། །ཐུགས་སློབ་དག་གི་ གཟིམས་སྤྱིལ་ནང་དག་ཏུ། །རིང་བསྲིལ་ཚོམ་བུ་མང་པོ་དུས་དུས་འཐོར། །གདུང་ཐལ་སྤུར་ ཁང་ངོས་སུ་འགོས་པ་ལ། །ཡི་གེ་ཨཱཿཧྲཱིཿཕྱག་མཚན་དུང་དཀར་དང༌། །རྗེ་བཙུན་ལྷ་མོ་རྣམ་ སྲས་གུར་མགོན་སྐུ། །རིང་བསྲིལ་དཀར་གསལ་ཆེས་མང་བྱུང་བས་མཚོན། །ངོ་མཚར་ ལེགས་མཚན་མཐའ་ཡས་སྐབས་འགར་དུ། །སྣར་ཐང་པ་སོགས་སློབ་ཚོགས་གདུང་ཡུས་ ཀྱིས། །སྨྲེ་སྔགས་གསོལ་འདེབས་རྐྱེན་གྱིས་ཆོས་རྗེ་དངོས། །བུ་ཆེན་དེ་དག་གཟིམས་ཁང་དུ་ སླར་བྱོན། །རང་འཚམས་ཆོས་གསུངས་བྱིན་རླབས་སྣང་བ་བསྩལ། །དེ་བཟུང་ལོ་ཟླའི་དུས་ མཆོད་ནམ་གྱི་དུས། །མཁའ་ལ་འཇའ་འོད་མེ་ཏོག་ཆར་བ་དང༌། །བར་སྣང་དྲི་བཟང་གིས་ ཁྱབ་འཇའ་ཟེར་རིགས། །རྣམ་པ་སྣ་ཚོགས་རོལ་མོའི་རང་སྒྲ་བྱུང༌། །གདུང་ཐལ་ལྷག་བསྡུས་ སྐུ་འབུམ་ཆེན་པོའི་ནང༌། །ཆོས་རྗེའི་སྐུ་འདྲ་ལེགས་བཞེངས་ནང་གཞུག་ཏུ། །སངས་རྒྱས་ རིང་བསྲིལ་གསུམ་དང་ཤཱ་རིའི་བུ། །རྟ་རྒྱལ་ངང་པ་ཟུང་གི་རིང་བསྲིལ་རེ། །ཇོ་ནང་གདན་ རབས་གོང་མ་རྣམ་གསུམ་གྱི། །རིང་བསྲིལ་རེ་རེ་བཅས་དང་གནས་བརྒྱད་ཀྱི། །ས་འདམ་ཀླུ་ སྒྲུབ་ཕྱག་འཁར་དུམ་བུ་དང༌། །འབྲི ་གུང་འཇིག་རྟེན་མགོན་གྱི་རིང་བསྲིལ་གཅིག །རྒྱ་མཚོའི་ གླིང་འཇག་གང་གཱའི་བྱེ་མ་དང༌། །མ་ག་དྷཱ་ཡི་བྱང་ཆུབ་ཤིང་སྣའི་རིགས། །ཆོས་རྗེ་ཉིད་ཀྱི་ 1-1-253 ཆོས་དུང་དཀར་འཁྱིལ་གཅིག །གཞན་ཡང་འཇམ་དཔལ་བྱམས་པ་སྒྲོལ་མ་དང༌། །སངས་ རྒྱས་ཐོད་པ་རྣམ་བཅུ་དབང་ལྡན་སྔགས། །བཀྲ་ཤིས་རྫས་དང་རིང་བསྲིལ་ཁྱད་འཕགས་ བརྒྱད། །སྤོས་ཤིང་སྣ་ཚོགས་རིན་ཆེན་དུ་མ་བཅས། །གཟུངས་སྔགས་མང་པོ་ལེགས་ བསྒྲུབས་བྱས་ནས་བཞག །རྟེན་དེ་ལ་ནི་གསེར་དངུལ་ལ་སོགས་པའི། །ཚོན་རྩི་ལེགས་བྱུག་ ཐུགས་སློབ་སྦྱིན་བདག་གིས། །ཡོན་སྦྱར་ལོ་ཟླའི་དུས་མཆོད་རྒྱ་ཆེར་བཙུགས། །དེ་ནས་ འཚོགས་ཁང་ནང་དུ་སྐུ་འདྲ་དང༌། །བྱང་ཆུབ་ཆེན་པོའི་མཆོད་རྟེན་ལེགས་པར་བཞེངས། །ཙ་ མི་རྒྱལ་པོའི་ཕུལ་བའི་དོམ་ལྤགས་དང༌། །རྒྱའི་རྒྱལ་གྱིས་ཕུལ་གོས་འབོལ་བྷར་རྒྱལ་གྱིས། །ཕུལ་བའི་སྐུ་ཆིངས་བྱང་རྒྱལ་ཕུལ་བཞུགས་ཁྲི། །ཤིང་རྒྱལ་གྱིས་ཕུལ་ཞབས་་ཟུང་དང་ བཅས། །ཡོན་ཏན་རྒྱ་མཚོ་ལེགས་གནང་སྐུ་ཆོས་དང༌། །ཚུལ་དཔལ་བས་ཕུལ་ཕྱག་ཕྲེང་ ལེགས་མཛེས་དག །མཐོང་གྲོལ་ཆེན་པོའི་ནང་དུ་བཞུགས་པར་གསོལ། །ཐམས་ཅད་ཉེར་ འཛོམས་རབ་གནས་མཛད་པའི་ཚེ། །ཆོས་རྗེས་ས་བཟང་ལ་སོགས་སློབ་ཆེན་ཚོགས། །ཆེས་ མང་དག་གིས་དུས་འཁོར་ཀྱཻ་རྡོར་དང༌། །འཇིགས་བྱེད་བདེ་མཆོག་ལ་སོགས་ཆོ་གའི་གྲྭ། །བརྒྱ་ཕྲག་བཙུགས་ཏེ་རབ་གནས་དངོས་གཞིའི་སྐབས། །ངོ་མཚར་ལྟས་བཟང་ས་གཡོ་རོལ་ མོའི་སྒྲ། །ལེགས་བྱུང་འཇའ་ཚོན་རི་མོ་འདྲ་མིན་མདངས། །ཀུན་ནས་རབ་འཕྲོ་མེ་ཏོག་སྣ་ ཚོགས་ཆར། །ལག་མཐིལ་ཙམ་འབབ་མཁའ་ལ་ལྡི ང་སྐོར་བྱེད། །ཀུན་མཐོང་རྩོད་མེད་ འཇའ་གསེབ་ལྷ་མོ་ཐོན། །བར་སྣང་ཕྱོགས་འགེངས་རྣམ་འགྱུར་སྣ་ཚོགས་སྟོན། །དེ་སྐབས་ ཐུགས་སྲས་སོ་སོའི་དག་སྣང་ལས། །ས་བཟང་སོགས་ངོར་ཆོས་རྗེ་སྣམ་སྦྱར་ཅན། །རྡོར་དྲིལ་ བསིལ་ཞིང་འཛུམ་ཞལ་བྱང་སེམས་འཁོར། །དེ་ཀུན་རྟེན་མཆོག་ལ་ནི་ཐིམ་པར་གཟིགས། །དེ་བཞིན་འབྲི ་གུང་ལོ་ཙཱའི་ཐུགས་སྣང་ངོར། །སྐུ་གཟུགས་དེ་ཉིད་ཆོས་རྗེ་དངོས་སུ་མཐོང༌། །ཐུགས་ཀར་པད་དམར་འདབ་བརྒྱད་ལ་བཞུགས་པའི། །དགྱེས་མཛད་རྡོ་རྗེ་འཁོར་ཚོགས་ 1-1-254 དང་བཅས་པ། །ཆེས་གསལ་ཞལ་ངོའི་དག་སྣང་སྐུ་འདྲ་ཉིད། །གཞལ་ཡས་ཁང་ནང་སྨན་ བླའི་ལྷ་ཚོགས་བཞུགས། །སྒོ་བཞི་རྒྱལ་ཆེན་བཞི་ཡིས་སྲུང་ཆོས་སྒྲོག །ཕྱོགས་རྒྱལ་གཟིགས་ སྣང་སྐུ་གཟུགས་གང་ཉིད་ཀྱང༌། །རྡོ་རྗེ་ཕག་མོ་གཅེར་བུ་རུས་རྒྱན་ཅན། །ཐོད་ཁྲག་འཛིན་པ་ མཁའ་འགྲོ་ཀེང་ཆེན་ཚོགས། །མང་བསྐོར་ཞང་སྟོན་སྐུ་འདྲ་སྤྱན་རས་གཟིགས། །ཕྱག་སྟོང་ སྤྱན་སྟོང་བཅུ་གཅིག་ཞལ་མཛེས་པ། །ལྷ་བྲན་ཚོགས་ཀྱིས་ཡོངས་བསྐོར་ཐང་བོ་ཆེ། །སོགས་ ངོར་སྐུ་འདྲ་རྡོ་རྗེ་འཆང་དངོས་གྱུར། །དེ་ལ་གྲུབ་ཆེན་བརྒྱད་ཅུས་གུས་ཕྱག་འཚལ། །སྨན་ཆུ་ ཁ་སོགས་གཟིགས་ངོར་སེང་དཀར་སྟེང༌། །ཆོས་རྗེ་བཞུགས་པ་ཡུམ་བཞིས་ཡོངས་བསྐོར་བ། །དབྱིངས་ནས་བྱོན་ཏེ་རྟེན་ལ་ཉེར་ཐིམ་པ། །གྷ་རུང་བ་སོགས་སྐུ་འདྲ་འདབ་སྟོང་ཅན། །པདྨའི་ལྟེ་བར་དུས་འཁོར་ཕྱག་མང་སྐུ། །དྲུག་བརྒྱ་སོ་དྲུག་ཡོངས་རྫོགས་ཀྱིས་མཐའ་ བསྐོར། །རིན་ཚུལ་བ་སོགས་གཟུགས་སྐུ་གནས་འགྱུར་ཏེ། །སེང་གེ་བརྒྱད་བཏེགས་གསེར་ ཁྲིར་ཆོས་རྗེ་བཞུགས། །རྒྱུད་འགྲེལ་ཟབ་ཆོས་ལེགས་འཆད་ཕུན་ཚོགས་དཔལ། །བར་སྣང་ འཇའ་རིས་དྲ་བར་ལྷ་མང་པོས། །སྤོས་མེ་མེ་ཏོག་ཆར་བ་ཅི་ཡང་འཐོར། །ཉ་དབོན་རྟེན་ཉིད་ པད་དཀར་སྟེང་བཞུགས་པ། །གསེར་མདོག་ཡུམ་ཆེན་ཞལ་གཅིག་ཕྱག་བཞི་མ། །མཁའ་ འགྲོ་དཔག་མེད་ཀྱིས་བསྐོར་སངས་རྒྱས་བཟང༌། །སྐུ་འདྲ་ཆོས་རྗེ་དངོས་བཞུགས་ཞལ་ འཛུམ་པ། །དེ་ལས་འོད་འཕྲོས་ངེས་དོན་རྒྱ་མཚོ་འཆད། །བློ་གྲོས་རྡོ་རྗེས་སྐུ་གཟུགས་མཆོག་ གི་མཐར། །འཇའ་འོད་གུར་ཁྱིམ་དབུས་བཞུགས་སྨན་པའི་རྒྱལ། །མདོག་སྔོན་སངས་རྒྱས་ བྱང་སེམས་མང་འདུད་བཅས། །དོན་ཡོད་བཟང་སོགས་ཁྲོ་རྒྱལ་མི་གཡོ་བ། །དཀར་པོ་ཁྲོ་ ཆུང་མང་བསྐོར་མཆོད་སྤྲིན་སྤྲོ། །མཁའ་ལས་ཐོན་ཏེ་རྟེན་ཉིད་ལ་ཡང་ཐིམ། །དེ་མཐུན་ ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱང༌། །བྱང་སེམས་དཔག་མེད་ཀྱིས་བསྐོར་མེ་ཏོག་ ཆར། །སིལ་མ་དང་བཅས་རྟེན་ལ་ཐིམ་པ་དང༌། །སྣར་ཐང་པ་སོགས་སྐུ་རྟེན་དེ་ཉིད་ཀྱང༌། 1-1-255 །མེ་ཏོག་དཀར་དམར་དུ་གྱུར་རེ་རེ་ལ། །སྒྲོལ་མ་དཀར་ལྗང་རེ་བཞུགས་འཛུམ་རེས་མཛད། །འདུལ་བ་ཕྲན་ཚེགས་གསུངས་ཤིང་བསོད་གྲགས་སོགས། །ཆོས་འབྱུང་གཡུང་དྲུང་དགའ་ འཁྱིལ་སྟེང་བཞུགས་པ། །ཉི་མདོག་རྡོ་རྗེ་རྣལ་འབྱོར་མ་གཅེར་བུ། །གྲི་ཐོད་ཁ་ཊཾ་རུས་རྒྱན་ སྒེག་པའི་གཟུགས། །མཁའ་འགྲོ་མང་བཅས་སིལ་སྙན་རོལ་མོ་དཀྲོལ། །སྐུ་འདྲའི་ཐུགས་ ཀར་གླེགས་བམ་ཆར་འབབ་ཅིང༌། །འཛམ་གླིང་ཆོས་སྒྲས་རྫོགས་ལྡན་ལེགས་ཁྱབ་མཛད། །སུམ་ལྡན་མར་བཅད་ཆོ་འཕྲུལ་རྟེན་ལ་བསྡུ། །འཇམ་དཔལ་གྲགས་སོགས་སྐུ་འདྲ་དེ་ཉིད་ ཀྱང༌། །དག་སྣང་རྒྱལ་ཆེན་རྣམ་སྲས་ཕྱག་དྲུག་མགོན། །གདོང་བཞི་ཡབ་ཡུམ་འཁོར་བཅས་ དམ་ཅན་སྡེ། །སྣ་ཚོགས་རོལ་པའི་མཐོང་སྣང་ངོ་མཚར་བ། །རྟེན་མཆོག་དེར་ལྟོས་ཡོན་ཏན་ བསམ་མི་ཁྱབ། །གཤེགས་རྫོངས་ལེགས་ཟིན་བསྟན་འཛིན་བུ་སློབ་ཀྱིས། །ཆོས་རྗེའི་བུ་ཆེན་ འདུལ་བའི་བཀའ་བབས་པ། །དཀོན་མཆོག་རྣམ་རྒྱལ་མཚན་ཅན་གདན་སར་བསྐོ ས། །དེ་ རྗེས་རིམ་པས་ཚད་མའི་བཀའ་བབས་པའི། །ས་བཟང་ལོ་ཙཱ་བ་ལ་གདན་ས་གཏད། །དེ་ ནས་མངོན་པའི་བཀའ་བབས་ཕྱོགས་རྒྱལ་བར། །གདན་ས་ལེགས་གཏད་རྗེས་སུ་ཕར་ཕྱིན་ བཀའ། །ལེགས་བབས་ཆོས་རྗེ་ནམ་ཡེ་སོགས་ལ་གཏད། །དེ་ལྟར་རིམ་པས་ངེས་དོན་བསྟན་ པ་ཉིད། །ད་ལྟའི་བར་དུ་ཇི་བཞིན་འཕེལ་བ་ལགས། །རྟོན་པ་བཞི་ལྡན་སྤྲུལ་པའི་སྐུ་དེ་ཉིད། །གང་གི་དགོངས་པར་གཞི་ཡི་ཆོས་ཉིད་ཀྱང༌། །གཞི་འབྲས་དབྱེར་མེད་ལམ་ཡང་མི་རྟོག་པ། །འབྲས་བུ་གཞི་ཉིད་མངོན་ཙམ་ལས་མེད་པར། །དགོངས་ཆུབ་གཞན་ལ་དེ་ལུགས་ལྟར་སྟོན་ པ། །དེ་ཡང་སྔོན་དུ་སྤྲུལ་རྒྱལ་སྲོང་བཙན་སྒམ། །གང་གིས་བལ་བཟའ་ལ་གདམས་བློས་ བྱས་ཀྱིས། །འཚང་མི་རྒྱ་ཞིང་བཅོས་མེད་གནད་དུ་ཆེ། །ཆོས་ཉིད་འདུས་མ་བྱས་པ་ལྷུན་གྱིས་ གྲུབ། །རང་བྱུང་སངས་རྒྱས་གདོད་ནས་རང་ལ་བཞུགས། །དེ་སྒྲིབ་གློ་བུར་དྲི་མ་བསལ་བའི་ ཐབས། །ལྟ་བ་མཐའ་བྲལ་སྒོམ་པ་བསམ་མེད་གཅེས། །སྤྱོད་པ་བྱར་མེད་འབྲས་བུ་དྲི་བྲལ་ 1-1-256 ཉིད། །ཅེས་གསུང་དེ་བཞིན་རྒྱ་བཟའ་ཉིད་ལ་གདམས། །ལྟ་བ་ཨུ་པ་བྱ་རྒྱུད་ལྟར་བྱས་ནས། །སྤྱོད་པ་ཀྲི ་ཡ་སྤྱོད་རྒྱུད་བཞིན་བྱས་ཤིང༌། །སྒོམ་པ་ཡོ་ག་རྣལ་འབྱོར་རྒྱུད་ལྟར་བྱ། །དེ་འདྲའི་ ཚུལ་གྱིས་བྱང་ཆུབ་མངོན་ཚུལ་གསུངས། །ཞང་ཞུང་བཟའ་ལ་ཆོས་ཉིད་མངོན་ཐབས་ཀྱི། །གདམས་ངག་མི་རྟོག་ཏིང་འཛིན་ཡེ་ཤེས་ཀྱིས། །གློ་བུར་སྒྲིབ་བསལ་གནས་ལུགས་མར་མེ་ ལྟར། །རང་གསལ་ཡེ་བཞུགས་གདོད་མའི་སངས་རྒྱས་ཉིད། །མངོན་དུ་གྱུར་ཚུལ་གྱིས་ གསུངས་རུ་ཡོང་བཟའ། །ཉིད་ལ་ཆོས་སྐུ་སྐྱེ་མེད་མ་མངོན་ན། །གཞན་གང་གིས་ནི་མཐར་མི་ སླེབ་ཚུལ་གསུངས། །དེ་བཞིན་ཇོ་མོ་ཁྲི་ལྕམ་ཉིད་ལ་ཡང༌། །ཆོས་ཉིད་མཐོང་བ་སྒྲིབ་བྱེད་ བདག་འཛིན་ཉིད། །ཁྱོད་རང་འཛིན་པའི་མདུད་པ་ཆོད་པ་གལ། །ཚུལ་དེ་ཞིབ་གསུངས་ དགོངས་པ་དེ་ལྟར་ན། །སྤྲུལ་པའི་རྒྱལ་པོ་ད་ལྟར་སླར་བྱོན་པ། །རང་ཅག་སྐྱབས་མགོན་ངེས་ དོན་ཆོས་རྗེ་ཉིད། །སྔོན་དང་ད་ལྟ་ལ་སོགས་དུས་ཀུན་ཏུ། །ཕྱིར་ལྡོ ག་མི་མངའི་གཏམ་གྱིས་ འགྲོ་ཁམས་འདུལ། །ཆོས་རྗེ་བླ་མ་དངོས་ཞལ་ལེགས་བཞུགས་སྐབས། །རང་འདྲའི་ཐུགས་ སྲས་བཅུ་གསུམ་འཕགས་ཆེན་གྱི། །རྣམ་འཕྲུལ་ཉིད་དུ་བཀའ་ལུང་གསལ་བོས་བསྔགས། །དེ་དག་གིས་ནི་བསྟན་འགྲོར་ཕན་ཆེར་སྤྱོད། །ཆོས་སྐུའི་དགོངས་ཀློང་ཡངས་ལས་སྒྱུ་མའི་ འཕྲུལ། །ངོ་མཚར་མཁའ་མཐར་བརྒལ་ལས་གང་འདུལ་གྱིས། །བཀོད་ཆེན་སྤྲུལ་པའི་སྐུ་ མཆོག་ཀུན་མཁྱེན་རྗེ། །སྙིགས་དུས་རྫོགས་ལྡན་བསྟན་བདག་ཁྱོད་མིན་སུ། ། རིགས་ལྡན་སྤྲུལ་སྐུ་ཀུན་མཁྱེན་རྟོན་པ་བཞི་ལྡན་གྱི་སྐྱེས་རབས་རྟོགས་བརྗོད་རྒྱས་པ་ ལས་ཀུན་མཁྱེན་དོལ་པོ་པར་སྐྱེས་པའི་རབས་ཏེ་ལེའུ་སོ་དྲུག་པའོ།། །། ༈ དེ་འདྲའི་ངེས་དོན་བླ་མ་ཆོས་ཀྱི་རྗེ། །ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཇོ་ནང་པ། །གངས་ལྗོངས་རྫོགས་ལྡན་བསྟན་པའི་མངའ་བདག་ཆེ། །སྙིགས་དུས་མགོན་མེད་དཔལ་དུ་ ཐབས་ཀྱིས་བྱོན། །དོན་ལ་སྔོན་ནས་བྱང་ཆུབ་མཆོག་བརྙེས་ཀྱང༌། །གདུལ་བྱའི་དབང་གིས་ 1-1-257 ཚུལ་སྟོན་དུས་མཐར་གྱི། །འགྲོ་བ་ཉམ་ཐག་རྣམས་ལ་མགོན་མཛད་སླད། །བསིལ་བའི་ ལྗོངས་སུ་རང་ཅག་བླ་མར་སྤྲུལ། །འདི་ནས་ཐབས་མཁས་དེ་ལུགས་ལ་བརྟེན་ནས། །གང་ འདུལ་ངོར་ཙམ་མ་འོངས་ཕྱི་མའི་དུས། །འཕགས་པ་སྤྲིན་ཆེན་མདོ་སོགས་ལས་གསུངས་ ལྟར། །ཆོས་རྗེ་གང་ཉིད་མངོན་སངས་རྒྱས་པའི་ཚུལ། །བསྐལ་པ་འདི་འདས་སངས་རྒྱས་ སྟོང་ཕྲག་གཅིག །རིམ་བྱོན་མྱ་ངན་འདས་པའི་འོག་རོལ་ཏུ། །དྲུག་ཅུ་རྩ་གཉིས་བསྐལ་པ་ དེ་སྙེད་ལ། །སངས་རྒྱས་འབྱུང་མེད་མུན་པའི་བསྐལ་པ་ཉིད། །དེ་དག་ལ་ཡང་ཆོས་སྣང་སྤྲོ་ བའི་གཉེན། །རང་སངས་རྒྱས་ནི་བྱེ་བ་ཕྲག་གཅིག་འབྱུང༌། །དྲུག་ཅུ་རྩ་གཉིས་བསྐལ་འདས་ རྫོགས་སངས་རྒྱས། །བདུན་འབྱུང་དེ་དག་མྱ་ངན་འདས་པའི་མཐར། །འཇིག་རྟེན་ཁམས་ ནི་མངོན་པར་དང་བ་ཞེས། །འབྱུང་བ་དེ་ན་ཡུལ་གྱི་གྲོང་ཆེན་པོ། །བསོད་ནམས་འབྱོར་བ་ དང་ལྡན་བྱ་བ་ན། །རྒྱལ་པོ་མྱ་ངན་མེད་པའི་རྒྱ་མཚོ་ཡབ། །དགའ་བའི་རྒྱ་མཚོ་ཞེས་བྱ་ཡུམ་ གཉིས་ཀྱི། །སྲས་སུ་སངས་རྒྱས་ཡེ་ཤེས་འབྱུང་གནས་འཁྲུངས། །རྒྱལ་བུའི་སྐབས་ཀྱི་རིམ་ གྲོ་ལེགས་བགྱིད་མཁན། །འཕགས་པ་ལེགས་པར་སྦྱིན་པ་ཞེས་བྱ་དང༌། །རྒྱལ་སྲས་དེ་ཡིས་ རྒྱལ་སྲི ད་དབང་བསྒྱུར་དུས། །རིགས་སྲས་རྒྱལ་བུ་ཡིད་གཞུང་ལ་མཁས་པ། །དེ་སོགས་ཐོག་ མར་རྒྱལ་སྲི ད་བསྐྱང་ཚུལ་དང༌། །དེ་ནས་མངོན་པར་བྱང་ཆུབ་མཛད་གནང་བ། །ཤིང་མཆོག་ དྲུང་དུ་རྫོགས་སངས་རྒྱས་པའི་ཚུལ། །བཅོམ་ལྡན་དེ་བཞིན་གཤེགས་པ་དགྲ་བཅོམ་རྫོགས། །བདེ་གཤེགས་ཡེ་ཤེས་འབྱུང་གནས་འོད་ཅེས་པ། །དེར་འགྱུར་སངས་རྒྱས་དེ་ཡི་ཞིང་ཁམས་ ན། །ངན་སོང་གསུམ་གྱི་སྒྲ་ཡང་མི་གྲགས་ཤིང༌། །ཉོན་མོངས་བག་ལ་ཉལ་ཀུན་ལྡང་མེད་ གནས། །དེར་བཞུགས་རིག་དང་ཞབས་ལྡན་འཇིག་རྟེན་མཁྱེན། །སྐྱེས་འདུལ་ཁ་ལོ་བསྒྱུར་ བ་བླ་མེད་པ། །ལྷ་མིའི་སྟོན་པ་དེ་ཡི་འོད་ཀྱི་ཚད། །དཔག་ཚད་བཅུ་དགུ་རབ་གསལ་སྣང་བ་ འགྱེད། །དེའི་འཁོར་ཤེས་རབ་ཅན་གྱི་མཆོག་གྱུར་པ། །ཡེ་ཤེས་ཡང་དག་འཕགས་པ་ཞེས་ 1-1-258 བྱ་དང༌། །དེ་བཞིན་རྫུ་འཕྲུལ་ཅན་མཆོག་ལྡན་པ་ནི། །བསོད་ནམས་དགའ་བ་ཞེས་བྱ་སངས་ རྒྱས་དེའི། །ཐེག་དམན་ཐུན་མོང་འདུས་པ་དང་པོ་ལ། །ཉན་ཐོས་བྱེ་བ་ཕྲག་སྟོང་གཅིག་ ཡོད་ཅིང༌། །འདུས་པ་གཉིས་པར་ཉན་ཐོས་བྱེ་བ་ཕྲག །བརྒྱ་ཡོད་འདུས་གསུམ་ལ་ནི་ཉན་ ཐོས་གྲངས། །བྱེ་བ་ཕྲག་བདུན་ལྷག་ཡོད་དེ་དག་ཀྱང༌། །རིམ་པས་ཟག་ཟད་རྣམ་གྲོལ་དམ་ པར་གནས། །ཞིང་དེར་མི་ཁོམ་བརྒྱད་མེད་རྟག་དལ་བ། །བདུད་དང་ཕྱིར་རྒོལ་ལྟ་ངན་ཀུན་ ཚར་གཅོད། །གདུལ་བྱ་ཐེག་དམན་ལམ་ཞུགས་དེ་དག་ཀྱང༌། །མཐར་ཐུག་བྱང་ཆུབ་ཡོངས་ འགྱུར་ཤ་སྟག་སྟེ། །ཐེག་གསུམ་རྟོགས་རིགས་སྤྱོད་པ་དེ་འདྲའི་སྒོས། །ཐེག་གཅིག་གྲོལ་བ་ མཆོག་ལ་མཐར་ཀུན་སླེབས། །དེ་ཕྱིར་སངས་རྒྱས་དེ་ཡི་གདུལ་བྱ་ལ། །སྤྱིར་ན་ཐེག་གསུམ་ རིགས་ཅན་དེ་ཐམས་ཅད། །མཐར་ཐུག་བྱང་ཆུབ་མཆོག་ལ་ཉེར་གཞོལ་ཞིང༌། །གནས་ སྐབས་ལྟ་བ་ཡང་དག་འབའ་ཞིག་ལ། །རིམ་བརྟེན་དང་པོའི་སངས་རྒྱས་དགོངས་ཆེན་ སྤྱོད། །རྣམ་གྲོལ་ཕྲན་བུའི་ས་ལས་ཡང་དག་འདས། །ཞིང་གཙོ་ཡེ་ཤེས་འབྱུང་གནས་གང་དེ་ ཡི། །སྐུ་ཚེའི་ཚད་ནི་བར་བསྐལ་བཅོ་བརྒྱད་ཐུབ། །བྱང་ཆུབ་སེམས་དཔའི་འཁོར་ཡང་ཚད་ གྲངས་མེད། །དེ་འདྲའི་སྟོན་པ་མཆོག་དེ་མྱ་ངན་ལས། །འདས་པའི་རྗེས་སུ་གསུང་རབ་དམ་ པའི་ཆོས། །ལོ་གྲངས་བྱེ་བ་སྟོང་ཕྲག་ཏུ་གནས་ཤིང༌། །རྒྱལ་བ་དེ་ཡི་སྐུ་གདུང་མཆོད་རྟེན་ རྒྱས། །མར་མེ་བྱེ་བ་ཕྲག་ནི་ཉིན་མཚན་འབར། །དཔག་མེད་ཡོན་ཏན་མཆོག་མངའ་རྫོགས་ སངས་རྒྱས། །ཡེ་ཤེས་འབྱུང་གནས་གང་མཚན་ཐོས་ཙམ་ཀྱིས། །བསྐལ་པ་སྟོང་གི་འཁོར་བ་ བསྙིལ་ནས་ཀྱང༌། །བསོད་ནམས་ཚད་གྲངས་མེད་པ་ཆེས་འཕེལ་ཏེ། །བྱང་ཆུབ་མཐར་ཐུག་ ལ་ནི་མྱུར་རེག་ནས། །རང་གཞན་དོན་གཉིས་རྒྱ་མཚོའི་དཔལ་དང་ལྡན། །དེ་སླད་གསང་ གསུམ་རྣམ་རོལ་བསམ་མི་ཁྱབ། །ཐབས་ཚུལ་རྒྱལ་བའི་བཀོད་ཆེན་ཨེ་མ་ཧོ། ། རིགས་ལྡན་སྤྲུལ་སྐུ་ཀུན་མཁྱེན་རྟོན་པ་བཞི་ལྡན་གྱི་སྐྱེས་རབས་རྟོགས་བརྗོད་རྒྱས་པ་ 1-1-259 ལས་ཡེ་ཤེས་འབྱུང་གནས་སུ་འཕྲུལ་བའི་རབས་ཏེ་ལེའུ་སོ་བདུན་པའོ།། །། ༈ དེ་ལྟར་ཆོས་རྗེ་བླ་མ་ཇོ་ནང་པ། །སྤྱན་རས་གཟིགས་དབང་སྒྱུ་འཕྲུལ་རོལ་པའི་གར། །པདྨ་དཀར་པོའི་རྣམ་འཕྲུལ་ཆོས་ཀྱི་མགོན། །དུས་མཐར་འགྲོ་ཀུན་སྐྱོབ་པའི་མཛད་བཟང་ ཅན། །གང་ཉིད་དགོངས་ཀློང་འཁོར་འདས་དབྱེར་མེད་པ། །འོད་གསལ་ཆོས་སྐུ་ཀུན་ཁྱབ་ གཞི་དབྱིངས་ལས། །ལོངས་སྤྲུལ་བཀོད་ཆེན་མཁའ་མཉམ་ཞིང་དུ་བརྡལ། །རྣམ་ཀུན་ཅིག་ ཆར་རིམ་བྱུང་ཟད་མེད་འཕྲུལ། །སེམས་ཅན་ཁམས་དབང་བཞིན་དུ་དེར་འཇུག་པ། །སྤྱི་ དང་ཁྱད་པར་སྐྱོབ་པ་འཇིག་རྟེན་དབང༌། །བརྩེ་ཆེན་གཏེར་གྱུར་གང་འདུལ་སྒྱུ་མའི་གར། །དམ་ཆོས་པདྨ་དཀར་པོའི་མདོ་སྡེ་ལས། །སྤྱན་རས་གཟིགས་ཀྱི་ཐབས་མཁས་མཛད་བཟང་ ཆེ། །གདུལ་བྱའི་དབང་གིས་ལ་ལར་སངས་རྒྱས་གཟུགས། །དེ་བཞིན་བྱང་སེམས་ཉན་ཐོས་ ཚུལ་དང་ནི། །ཚངས་པ་བརྒྱ་བྱིན་དབང་ཕྱུག་འཁོར་ལོས་བསྒྱུར། །མི་འམ་ཅི་དང་ཤ་ཟའི་ གཟུགས་ལ་སོགས། །མཛད་ཚུལ་གང་སྟོན་དེར་ངེས་མ་ལགས་ཤིང༌། །གང་འདུལ་འགྲོ་ངོར་ ཐབས་མཁས་གར་བསྒྱུར་ཙམ། །ལེགས་གསུངས་ཟ་མ་ཏོག་བཀོད་དུ་ཡང་ནི། །ཇི་སྐད་དེ་ བཞིན་གཤེགས་དང་རང་སངས་རྒྱས། །དགྲ་བཅོམ་སེམས་དཔའ་དབང་ཕྱུག་མཐུ་ཆེན་དང༌། །ཚངས་དབང་ཉི་མའི་གཟུགས་སོགས་སྣ་ཚོགས་པ། །མང་གསུངས་དེ་བཞིན་མི་གཡོ་གཏུམ་ རྒྱུད་ལས། །གང་གང་གཟུགས་ཀྱིས་གདུལ་བྱ་འདུལ་བའི་ཚུལ། །སངས་རྒྱས་གྲུབ་ཐོབ་ཆོས་ དང་དགེ་འདུན་གཟུགས། །ཡི་དྭགས་ཕྱུགས་དང་དམྱལ་བ་ལྷ་ལྷ་མིན། །མི་རིགས་སྣ་ཚོགས་ བརྟན་པ་སྣོ ད་ཀྱི་ཚུལ། །ཉེར་སྤྱད་གང་འོས་སོགས་ཀྱིས་འགྲོ་ཁམས་འདུལ། །དེ་སོགས་ ཐབས་མཁས་མཛད་པ་མང་གསུངས་ཤིང༌། །དུས་ཀྱི་འཁོར་ལོའི་རྒྱུད་ལས་སེམས་ཅན་ རྣམས། །སྨིན་པའི་དོན་དུ་སངས་རྒྱས་སྤྲུལ་པའི་སྐུ། །སྣ་ཚོགས་མཛད་ཆེན་ཚུལ་གསུངས་ལ་ སོགས་པ། །མདོ་རྒྱུད་རྒྱ་མཚོ་དེ་སྐད་ཞལ་མཐུན་ཕྱིར། །སེམས་དཔའ་སྤྱན་གཟིགས་སྤྲུལ་ 1-1-260 པའི་རྣམ་རོལ་ཀྱང༌། །གོང་སྨོས་ཇི་བཞིན་སློབ་དང་མི་སློབ་ཚུལ། །ཐེག་ཆེན་ཐེག་དམན་རྒྱལ་ པོ་བཤེས་གཉེན་གཟུགས། །སྣ་ཚོགས་མཛད་ཆེན་རྒྱལ་བའི་མཁྱེན་གཟིགས་ལྟར། །བཀའ་ བསྟན་གསུང་རབ་གང་ལས་བྱུང་བཞིན་པ། །མ་ཟད་དུས་མཐར་རིགས་ལྡན་སྤྲུལ་པའི་སྐུ། །ཆོས་རྗེའི་སློབ་བརྒྱུད་སྤྱི་དང་ཡང་སྒོས་སུ། །ཁམས་པ་མི་ཉག་བྱམས་པར་རྗེ་ཉིད་ཀྱིས། །འདས་རྗེས་དངོས་ཞལ་ལེགས་མཇལ་ཚུལ་མདོ་གསུངས། །དེ་སོགས་སློབ་བརྒྱུད་རིམ་བྱུང་ གང་མང་ལ། །ཆོས་རྗེས་གསང་གསུམ་མཛད་བཟང་དེར་འཚམས་ཀྱི། །ལེགས་སྣང་མཛད་ སྒོ་ད་ཡན་རྒྱུན་མ་ཆད། །དེ་ཕྱིར་ཆོས་རྗེའི་རྣམ་ཐར་མཛད་བཟང་གང༌། །གདུལ་བྱས་ཁམས་ དབང་ཇི་བཞིན་དེར་སྣང་བ། །སྣ་ཚོགས་བསམ་གྱིས་མི་ཁྱབ་འགལ་མིན་ལ། །འགལ་བརྫུའི་ རྩེད་མོ་གསང་བའི་ཡུལ་ལགས་པས། །རྟོག་གེར་འགལ་འདུར་བསྒྲིགས་ན་རྣམ་སྨིན་ལྕི ། །དེ་ སླད་བླ་མའི་རྣམ་ཐར་ལ་དད་རིགས། །གང་ཞིག་དཔལ་ལྡན་ཆོས་ཀྱི་དབང་ཕྱུག་རྗེའི། །རྣམ་ པར་ཐར་པ་གུས་པས་ལེགས་བརྗོད་འདི། །ཕུན་ཚོགས་བསོད་ནམས་བསགས་སྒོ་ཆེར་ འཕེལ་བ། །དྲི་མེད་གྲགས་ཞུས་མདོ་ལས་གང་སུ་ཞིག །སྟོང་གསུམ་འཇིག་རྟེན་ཁམས་ འདིར་རིན་པོ་ཆེ། །སྣ་བདུན་གྱིས་བཀང་སྦྱིན་པ་བྱིན་པ་བས། །བླ་མའི་རྣམ་ཐར་ཚིག་བཞིའི་ ཕྱེད་ཙམ་པ། །སྟོན་ན་བསོད་ནམས་ཆེས་མང་བསྐྱེད་པར་གསུངས། །དེ་མཐུན་འཕགས་པ་ གཎྜིའི་མདོ་ལས་ཀྱང༌། །སློབ་དཔོན་མཚན་ཉིད་གཞན་གང་སུས་བཤད་པ། །བསོད་ནམས་ མཐའ་ཡས་དཔག་མེད་རབ་ཐོབ་ཅིང༌། །དེ་ལ་ལྷ་ཡིས་སྲུང་ལ་བར་ཆད་མེད། །ཅེས་གསུངས་ སངས་རྒྱས་ཕལ་བོ་ཆེ་བ་ལས། །ཆོས་སྨྲ་སློབ་དཔོན་རྣམ་ཐར་འཇིག་རྟེན་དུ། །སུ་ཞིག་གིས་ སྒྲོག་དེ་ནི་ངོ་མཚར་བ། །ཤིན་ཏུ་རྨད་བྱུང་ཆོས་ཀུན་ལྡན་པར་གསུངས། །དེ་བཞིན་དྲི་མེད་ འོད་ཟེར་རྒྱས་རྒྱུད་ལས། །རྡོ་རྗེ་སློབ་དཔོན་ཐམས་ཅད་མཁྱེན་ཡེ་ཤེས། །ཡིད་བཞིན་ནོར་ བུར་མོས་གུས་ལེགས་འབྱུང་གཞི། །བླ་མའི་རྣམ་ཐར་རྒྱས་བསྡུས་བལྟ་བརྩོན་པ། །དེ་དག་ 1-1-261 རྣམས་ལ་ཐུན་མོང་མཆོག་ཟུང་གི །དངོས་གྲུབ་རང་རང་ལ་ནི་ཇི་འོས་སུ། །ལེགས་པར་ཐོབ་ ལ་བསླུ་མེད་ཚུལ་གསུངས་པ། །ལ་སོགས་མདོ་རྒྱུད་ཆེས་མང་ཞལ་མཐུན་པར། །ཡང་ཡང་ བཀའ་བྱུང་བ་ལ་ཞིབ་རྟོག་སྟེ། །མདོ་སྔགས་ལམ་མཐའ་དག་གི་རྩ་བ་ནི། །བླ་མ་དགེ་བའི་ བཤེས་བསྟེན་ལ་རག་ལས། །མགོན་དེར་དད་པ་ཆེས་འཕེལ་བྱེད་པའི་རྐྱེན། །བླ་མའི་རྣམ་ ཐར་རྒྱ་མཚོ་ལྟ་བུ་ལས། །དུས་མཐར་རང་རང་སྤྱོད་ཡུལ་མཚོན་ཙམ་པ། །དངོས་གྲུབ་ཀུན་ འབྱུང་གཞི་མ་འདིར་འབད་བྱས། །དེ་ཕྱིར་ཆོས་རྗེའི་རྣམ་ཐར་ནམ་མཁའི་མཐར། །ཡོངས་ བརྒལ་གསང་གསུམ་ཕྲིན་ལས་མཛད་བཟང་ཆེ། །བསམ་མི་ཁྱབ་པའི་ཡུལ་ལས་ཕྱོགས་ རིས་ངོར། །ལེགས་སྣང་སྣ་ཚོགས་སྒྱུ་འཕྲུལ་སྐྱེས་པའི་རབས། །ཆེས་ཉུང་དང་འབྲིལ་གངས་ ལྗོངས་འགྲོ་མགོན་རྗེ། །རྟོན་པ་བཞི་ལྡན་སྤྲུལ་སྐུའི་དུས་བསྟུན་གྱི། །གདུལ་བྱའི་ཁམས་ དབང་ལ་འཚམས་མཛད་བཟང་ཆ། །རང་ཅག་སྤྱོད་ཡུལ་གྱུར་ལས་རགས་ཙམ་བསྡུས། །དེ་ ཡང་སྐྱེས་རབས་མཛད་ཆེན་སོ་བདུན་པ། །བྱང་ཆུབ་ཕྱོགས་ཆོས་རྩ་བདུན་ལེགས་མཚོན་ ཕྱིར། །འདིར་བཀོད་ཚུལ་ལ་དཀྱུས་དང་ཁ་སྐོ ང་གི །སྐྱེས་པའི་རབས་རྣམས་ལས་ནི་སོ་ གཉིས་གྲངས། །མདོ་སྡེ་སྣ་ཚོགས་བཀའ་རུ་མཛད་ལྟར་དང༌། །སྐྱེས་རབས་གཅིག་ཉིད་རྒྱུད་ འགྲེལ་ལས་བྱུང་བ། །དེ་ལྷག་སྐྱེས་པའི་རབས་བཞི་སྔོན་བྱོན་གྱི། །གོང་མའི་གསུང་རབ་ བསྟན་བཅོས་རྣམ་དག་ལས། །ལེགས་པར་བསྡུས་ཏེ་ཆོས་རྗེ་མཆོག་ཉིད་ཀྱི། །ཐུགས་སྲས་ ཐུ་བོ་ཆོས་གྲགས་དཔལ་བཟང་གིས། །ལེགས་མཛད་སྐྱེས་རབས་ཁྱད་འཕགས་རྣམ་ཐར་ དང༌། །དེའི་མཆན་བྱམས་པ་ཁ་བོ་ཆེས་མཛད་པ། །གཞན་ཡང་ལོ་ཙཱ་ནོར་བུའི་གསལ་སྒྲོན་ དང༌། །ཆོས་མགོན་དེའི་མཆན་དགེ་ལེགས་ནོར་བུའི་ཕྲེང༌། །ཇོ་བཟང་རབ་གསལ་རྗེ་བཙུན་ རིན་པོ་ཆེས། །མཛད་པའི་དུས་འཁོར་ཆོས་འབྱུང་དཀྱུས་བཀོད་པའི། །ཀུན་མཁྱེན་ཆོས་རྗེའི་ རྣམ་ཐར་དེ་དག་དང༌། །མཐུན་པར་བྱས་ཏེ་བསོད་ནམས་དད་པའི་ཞིང༌། །ངེས་དོན་བླ་མའི་ 1-1-262 རྣམ་ཐར་རབ་དཀར་གྱི། །ཕུང་པོ་སྟོན་ཟླ་འབུམ་ལྟར་ཆེས་གསལ་བ། །རྫོགས་ལྡན་རང་ ལུགས་སླར་ཡང་རྒྱས་སྤེལ་སླད། །དུས་གསུམ་སངས་རྒྱས་ཀུན་དངོས་ཐུགས་རྗེའི་གཏེར། །རིགས་ལྡན་སྤྲུལ་པའི་སྐུ་ཁྱེད་དགྱེས་བསྐྱེད་དུ། །ཀུན་བཟང་མཆོད་པའི་སྤྲིན་ཆེན་ལེགས་ བསྐྲུན་གང༌། །སྙིང་ནས་དད་གུས་དང་བཅས་ཕུལ་བ་ལགས། །གཞི་དབྱིངས་ཆོས་སྐུ་རྣམ་ ཀུན་འགྱུར་མེད་བདེ། །འོད་གསལ་རང་བྱུང་སྟོང་གཟུགས་ཕྱག་ཆེན་སྐུ། །ངོ་མཚར་སྤྲོས་ བྲལ་རང་མདངས་ཆེར་མངོན་པ། །རྟོན་པ་བཞི་ལྡན་དགོངས་ཆེན་དམ་པའི་ཕུལ། །གནས་ ལུགས་མཐར་ཐུག་གཤིས་ཀྱི་བདེན་མཐུ་ལས། །དེང་སྐབས་བླ་མའི་རྣམ་ཐར་ལེགས་བརྗོད་ ཀྱི། །རྣམ་དཀར་བསོད་ནམས་རླབས་ཆེན་ཡོངས་འཕྱུར་ཏེ། །བསྟན་འགྲོའི་ལེགས་མཚན་ མཆོག་ལ་མྱུར་སླེབ་ཤོག །དེ་ཡང་རྫོགས་ལྡན་སྙིང་པོའི་ཆོས་ཉིད་གཤིས། །སྤྲོས་བྲལ་ མི་རྟོག་བསམ་མེད་རང་གསལ་གྱིས། །མན་ངག་ཟབ་མོས་རང་འཚམས་གནད་དུ་ཁེལ། །ཁམས་དབང་མཐུན་པའི་གཤིས་དོན་རྟོགས་གྱུར་ཅིག །དེར་བརྟེན་གཞི་ལ་བཞུགས་པའི་ དོན་དམ་ཁམས། །སྐུ་གསུམ་ལྷུན་གྲུབ་ཡེ་ནས་རབ་རྫོགས་པ། །རང་སྣང་སྒྲིབ་མེད་ངང་དུ་ འཚང་རྒྱ་བའི། །དེ་ཚུལ་དགོངས་ཆུབ་ངེས་གསང་རྗེན་ཆར་ཤོག །གནས་ལུགས་གསང་ཆེན་ མྱུར་མངོན་མཛད་ཕྲིན་ཆེ། །ཀུན་ནས་ཡོངས་རྒྱས་མཐུ་ཆེན་རླབས་བཟང་གིས། །འཛམ་གླིང་ མཐའ་དག་ཆོས་ཀྱིས་དབང་བསྒྱུར་ཞིང༌། །རྫོགས་ལྡན་དཔལ་ཡོན་གསར་བ་སྤེལ་གྱུར་ཅིག །དེ་ཚེ་ཡུད་ཅན་མ་ལུས་རྨད་བྱུང་གིས། །གདུལ་ཞིང་མཆོག་གྱུར་ཀུན་བཟང་སྤྱོད་ཆེན་གྱིས། །ཐེག་པ་མཐར་ཐུག་མངོན་རྟོགས་རྒྱ་མཚོའི་དཔལ། །རང་འཚམས་ལོངས་སྤྱོད་ཚེ་གཅིག་ སངས་རྒྱས་ཤོག །རྐྱེན་དེས་མཁའ་དང་མཉམ་པའི་སེམས་ཅན་ཚོགས། །རང་རང་ལ་འོས་ གནས་སྐབས་མཐར་ཐུག་གི །ཕན་བདེ་ནམ་ཡང་སྐལ་བཟང་གང་འབབ་པར། །དོན་ཆེན་ གོ་འཕང་གཡེལ་མེད་ཉིད་དུ་སྨོན། །དགེ་ལེགས་འདོད་འཇོ་ཡ་མཚན་ཀུན་ཀྱི་དཔྱིད། །དོན་ 1-1-263 དམ་སྐྱབས་གསུམ་གནས་ལུགས་གཤིས་སུ་བདེན། །མཛད་པ་ཕྲིན་ལས་དུས་སུ་ཡོལ་མེད་ བདག །ངོ་མཚར་བསམ་དོན་འགྲུབ་བྱེད་མཆོག་གྱུར་ཅིག །ཅེས་ཀུན་མཁྱེན་རྟོན་པ་བཞི་ལྡན་གྱི་ སྐྱེས་རབས་རྣམ་ཐར་ཚིགས་བཅད་མ་ཀུན་ཉོན་ཚ་གདུང་འཕྲོག་པའི་ཆོས་སྣང་འོད་དཀར་ཟླ་བའི་བསིལ་ཟེར་ཞེས་ བྱ་བ་འདི་ཡང་སྔ་སོར་རྔ་ཡུལ་གྱི་ངེས་དོན་བསྟན་རྩ་ཆེ་བ་ཐུགས་རྗེ་དཔལ་གྱི་དབང་ཕྱུག་གང་གིས་ཐུགས་བསྐྱེད་ རླབས་ཆེན་གྱིས་དྲི་བྲལ་ཤེལ་ཕྲེང་བརྒྱ་རྩའི་གནང་སྦྱིན་བཅས་བཀས་བསྐུལ་ཡོད་ཁར། དེ་ཕྱོགས་གྲྭ་བཙུན་བདེ་ ལེགས་དང་འདིར་ཀ་ཐོག་ཚོགས་གཉིས་དཔལ་ཟུང་རེ་འདུན་དགའ་སྤྲོ་ཚད་བྲལ་གྱིས་བསྐུལ་མ་དང༌། ཁྱད་པར་ ཆོས་མཆེད་དམ་པས་ལེགས་སྐྱེས་ཀུན་མཁྱེན་ཆེན་པོའི་སྐུ་བརྙན་དར་གོས་རྒྱལ་མཚན་ཆ་དང་ཆོས་དུང་ཟུང་སོགས་ རྟེན་འབྲེལ་ལེགས་དགེ་མཚན་མ་ཆེད་བསྒྲིགས་བཅས་ཁོང་ཉིད་ཀྱིས་ཡིག་རིས་པའི་ཐུགས་འགན་ཆེར་བཞེས་དང༌། ཆོས་ལ་ལྷག་བསམ་ཆེར་དགེ་བརྩོན་འགྲུས་དཔལ་མིང་གིས་ཆ་རྐྱེན་གང་དགོས་དོ་དམ་ལྷོད་མེད་དང་ཕྱི་ནང་གསང་ བའི་བྱིན་འོད་ཀྱི་ལེགས་ལྟས་སྒོ་གང་ནས་མི་དམན་ཡོངས་འཕེལ་དང་བཅས། གཟའ་སྐར་བཟང་པོའི་ཡར་ཚེས་ བཅོ་ལྔ་ལ་མ་ཏིའི་མིང་གིས་ཉེ་བར་སྤེལ་བས་རིགས་ལྡན་བླ་མའི་བྱིན་རླབས་ཡོངས་ལ་མྱུར་ཞུགས་ཀྱིས་ངེས་དོན་ ལུགས་བཟང་ཕྱོགས་ཀུན་ཏུ་རྒྱས་པར་གྱུར་ཅིག། །། སརྦ་མངྒ་ལཾ། 1-1-264 ༄༅། །ཨདྷིཥྞཎཤྲཱིདཱནནཱམསརྦཛྙཱབིདྲ སུདྲསབྲབཱནུཀྲམཔཱུཛོཔཱཡཾསུཊཀལྤ སྶཀཾབིཧརཏིསྨ། ༄༅། །ཀུན་མཁྱེན་ཡབ་སྲས་བརྒྱུད་རིམ་བཅས་ཀྱི་མཆོད་ཐབས་ལ་ སྦྱར་འོས་པའི་ལྷན་ཐབས་བྱིན་རླབས་དཔལ་སྟེར་ ཞེས་བྱ་བ་བཞུགས་སོ།། ༄༅། །ཀུན་མཁྱེན་ཇོ་ནང་པ་ཆེན་པོ་ཆོས་རྗེ་ཡབ་སྲས་བརྒྱུད་རིམ་བཅས་ལ་གུས་པས་ཕྱག་འཚལ་ནས། འདིར་དེ་དག་གི་སྒོ་ནས་ཚོགས་བསག་མཆོད་འབུལ་གྱི་ཐབས་ལ། སྤྲོས་བཅས་དུས་མཆོད་དང་སྤྲོས་མེད་རྒྱུན་ ཁྱེར་གྱི་ཚུལ་གཉིས་ལས། དང་པོ་ལ་ཉེ་སྦྱོར་གནས་ཁང་ག་དར་བྱ་ཞིང་སྐུ་རྟེན་བཀྲམ་པའི་མདུན་ཆུ་གཉིས་ཉེར་ སྤྱོད་སོགས་དངོས་སུ་ཅི་འབྱོར་བའི་མཆོད་བཀོད་རྣམས་ལེགས་འདུ་བྱས་ལ་འདི་སྐད། ཨེ་མ་ཧོ། དག་སྣང་ སྒྱུ་མའི་རོལ་བ་ལས་ཤར་བའི། །ངོ་མཚར་ཆོ་འཕྲུལ་ནམ་མཁའི་མཐའ་དང་མཉམ། །གང་ སྣང་རྟེན་འབྲིལ་མ་འགགས་བསླུ་མེད་དང༌། །རང་བཞིན་གནས་ལུགས་ཆོས་དབྱིངས་འགྱུར་ མེད་མཐུས། །ལེགས་བྱས་སྒྱུ་མའི་འཕྲུལ་བཞིན་རང་སྣང་གི །དངོས་པོ་འབད་མེད་དུས་ སུ་ལེགས་འབྱུང་བའི། །སྣང་བ་མ་འགགས་སྣ་ཚོགས་ཅི་ཤར་བ། །དེ་དེ་བཞིན་དུ་རང་རང་ ཡིད་འཐད་བཞིན། །སྣང་སྟོང་ཟུང་འཇུག་འགག་མེད་རོལ་བ་འདི། །ཀུན་ནས་ཟད་མེད་གང་ མཁོ་དུས་སུ་སྨིན། །དེ་ཕྱིར་ཡིད་སྨོན་དོན་ལ་བསླུ་མི་སྲི ད། །ཚུལ་དེས་བསམ་དོན་ལྷུན་གྲུབ་ དཔལ་ལ་སྤྱོད། ། 1-1-265 དེ་ནས་ཇོ་ནང་ཡབ་སྲས་བརྒྱུད་འཛིན་སྐྱེ་ཕྲེང་བཅས་ཀྱི་བར་ཆད་ལམ་སེལ་ཟུང་ལས་གང་སྤྲོ་འདོན་པར་བྱ་ སྟེ། དེ་ཡང་ཐོག་མར། ཆོས་སྐུ་དོན་དམ་དབྱིངས་ལས་ཉེར་བཞེངས་པ། །ཀུན་རྫོབ་གཞན་ངོར་ རླབས་ཆེན་འགྲོ་མགོན་རྗེ། །རིགས་ལྡན་སྤྲུལ་སྐུ་ཡབ་སྲས་བརྒྱུད་འཛིན་ཚོགས། །དགོངས་ ཆེན་ཀློང་ནས་གཟིགས་རྒྱ་བསྐྱེད་དུ་གསོལ། །དུས་གསུམ་སངས་རྒྱས་རྟོན་པ་བཞི་ལྡན་ ཆེ། །ཐུགས་སྲས་ཀུན་སྤངས་ཆེན་པོ་ཆོས་གྲགས་དཔལ། །གང་རྣམ་གཉིས་ལ་གུས་པས་ སྐྱབས་གསོལ་ན། །བར་ཆད་ཀུན་སོལ་ཆོས་མཐུན་འགྲུབ་བྱིན་རློབས། །ཇོ་ནང་ལོ་ཙཱ་བློ་ གྲོས་དཔལ་གྱི་མཚན། །མ་ཏི་པཎ་ཆེན་རྒྱལ་མཚན་དཔལ་བཟང་པོ། །གང་རྣམ་གཉིས་ལ༴ སོགས་འགྲེས། ཀུན་མཁྱེན་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ། །འབྲི ་གུང་ལོ་ཙཱ་མ་ཎི་ཀ་ཤྲཱི་ མཚན། །གང་རྣམ༴ སྨན་ཆུ་ཁ་བ་བློ་གྲོས་རྒྱལ་མཚན་ཆེ། །རྒྱལ་སྲས་རིན་ཚུལ་མཛད་པ་ཟླ་ བྲལ་བ། །གང་རྣམ༴ ཞང་སྟོན་རྒྱ་བོ་བསོད་ནམས་གྲགས་པའི་མཚན། །གྷ་རུང་ལྷ་ཡི་རྒྱལ་ མཚན་མཁས་པའི་ཕུལ། །གང་རྣམ༴ ཉ་དབོན་ཀུན་དགའ་དཔལ་བཟང་རིགས་པའི་གཏེར། །ཕུན་ཚོགས་དཔལ་བཟང་འགྲོ་བའི་འདྲེན་པ་རྗེ། །གང་རྣམ༴ ཐང་བོ་ཆེ་བ་ཀུན་དགའ་འབུམ་ ཞེས་མཚན། །ཐང་ཆུང་བློ་གྲོས་དཔལ་གྱི་གྲགས་སྙན་ཅན། །གང་རྣམ༴ ཡབ་སྲས་དེ་དག་ རྣམས་ཀྱི་ཐུགས་སློབ་མཆོག །མཚལ་མིན་བསོད་ནམས་བཟང་པོ་སྐྱེ་དགུའི་མགོན། །གང་ ཉིད་ལའང་གུས་པས་སྐྱབས་གསོལ་ན། །བར་ཆད་ཀུན་སོལ་ཆོས་མཐུན་འགྲུབ་བྱིན་རློབས། །ངེས་དོན་བསྟན་པའི་རྩ་ལག་གང་དག་གི །བརྒྱུད་འཛིན་ཆེན་པོ་རྗེ་བཙུན་སྒྲོལ་བའི་མགོན། །གང་ཉིད་ལའང༴ གཞན་ཡང་ངེས་དོན་སྒྲུབ་བརྒྱུད་འཛིན་པའི་བཤེས། །ཇོ་ནང་རང་ལུགས་ འཛིན་པའི་སྐྱེས་ཆེན་ཚོགས། །དེ་དག་ཀུན་ལ་གུས་པས་སྐྱབས་གསོལ་ན། །བར་ཆད་ཀུན་ སོལ་ཆོས་མཐུན་འགྲུབ་བྱིན་རློབས། །ངེས་དོན་ལུགས་བཟང་འཛིན་སྐྱོང་སྤེལ་བ་ཡི། །ཇོ་ ནང་ཡབ་སྲས་བརྒྱུད་འཛིན་དང་བཅས་པའི། །རྣམ་པར་འཕྲུལ་ཆེན་ཡི་དམ་རབ་འབྱམས་ 1-1-266 དང༌། །མཆོག་གསུམ་མཁའ་འགྲོ་ཆོས་སྐྱོང་མ་ལུས་པ། །གང་འདུལ་མཛད་བཟང་བསམ་མི་ ཁྱབ་པ་ཅན། །དེ་རྣམས་ཀུན་ལ་སྙིང་ནས་རེ་ལྟོ ས་འཆའ། །སྐྱབས་འོག་སྒྲུབ་པོའི་རེ་འབྲས་ ཡོད་དོ་ཅོག །གང་ལ་གེགས་བྲལ་ཕ་མཐར་ཕྱིན་གྱུར་ཅིག །ཅེས་པའམ། ཆོས་སྐུ་དོན་དམ་དབྱིངས་ཡེ་ཟུང་འཇུག་བདག །གཟུང་འཛིན་ཀུན་བྲལ་བདེ་ཆེན་བྱང་ ཆུབ་གླིང༌། །སྐུ་དང་ཞིང་ཁམས་རབ་འབྱམས་རྒྱ་མཚོའི་མགོན། །འབད་མེད་ངང་ལས་འགྲོ་ རྒྱུད་རྟག་འཆར་བ། །གདུལ་བྱ་རབ་འབྲི ང་ཐ་མར་གང་གྱུར་ཚད། །ངོ་མཚར་སྒྱུ་མའི་བཀོད་ བཟང་འཛད་མེད་པ། །དུས་ལས་ཡོལ་མིན་ཐུགས་རྗེ་ཇི་འོས་འཇུག །དེང་སྐབས་དེ་ལུགས་ དང་མཐུན་མཛད་བཟང་སྩོལ། །དམ་པ་དང་པོའི་སངས་རྒྱས་རིགས་ཀུན་བདག །རྒྱལ་ཀུན་ སྤྲུལ་གཞི་ཁྱབ་བདག་རྡོ་རྗེ་འཆང༌། །གང་རྣམ་གཉིས་ལ་གུས་པས་སྐྱབས་གསོལ་ན། །བར་ ཆད་ཀུན་སོལ་ཆོས་མཐུན་འགྲུབ་བྱིན་རློབས། །དང་པོའི་སངས་རྒྱས་དཔལ་མཆོག་དུས་ འཁོར་ལོ། །བསྟན་པའི་བདག་པོ་ཤཱཀྱ་ཐུབ་དབང་ཞབས། །གང་རྣམ་གཉིས་ལ༴ སོགས་འགྲེས། བདེ་ཆེན་ཞིང་གཙོ་འོད་དཔག་མེད་མགོན་དང༌། །རྒྱལ་ཀུན་བརྩེ་གཟིགས་བཅུ་གཅིག་ཞལ་ བཟང་ལྡན། །གང་རྣམ་གཉིས་ལ༴ བརྩེ་ཆེན་སྤྱན་རས་གཟིགས་དབང་ཕྱག་བཞི་པ། །ཁ་ སར་པ་ཎི་སྙིང་རྗེའི་གཏེར་གྱི་བདག །གང་རྣམ་གཉིས་ལ༴ དྲང་སྲོང་ཆེན་པོ་པདྨའི་ཕྲེང་བ་ དང༌། །བདེ་གཤེགས་སངས་རྒྱས་ཆོས་ཀྱི་སྣང་བའི་མཚན། །གང་རྣམ་གཉིས་ལ༴ རྒྱལ་བུ་ རིན་ཆེན་འབྱུང་གནས་མཛད་རབ་ཆེ། །བདེ་བར་གཤེགས་པ་རྣམ་འདྲེན་མངོན་འཕགས་ རྒྱལ། །གང་རྣམ་གཉིས་ལ༴ བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་རྗེ། །ཆོས་ཀྱི་ རྒྱལ་པོ་བརྩོན་འགྲུས་ཆེན་པོའི་ཀླུ། །གང་རྣམ་གཉིས་ལ༴ གླིང་བཞི་ལ་དབང་འཁོར་ལོས་ སྒྱུར་རྒྱལ་མཆོག །ལི་ཙཱ་གཞོན་ནུ་ཀུན་གྱི་མཐོང་ན་དགའ། །གང་རྣམ་གཉིས་ལ༴ ཉན་ཐོས་ ཚུལ་འཛིན་བྱང་སེམས་བློ་འཆང་མཚན། །སྤྲུལ་པའི་ཅང་ཤེས་རྟ་རྒྱལ་བྷ་ལ་ཧ། །གང་རྣམ་ 1-1-267 གཉིས་ལ༴ འཕགས་རིགས་རི་དྭགས་རུ་རུ་ཞེས་པའི་གཟུགས། །དགྲ་བཅོམ་འཕགས་པ་ རྒྱལ་བུ་པར་ཙི་ཀ ། གང་རྣམ་གཉིས་ལ༴ རྒྱལ་སྲས་འཇིག་རྟེན་དབང་ཕྱུག་མཚན་མཆོག་ ལྡན། །བསོད་ནམས་རབ་ལྡན་མི་རྗེ་དབང་ཕྱུག་ཚུལ། །གང་རྣམ་གཉིས་ལ༴ འོད་ཟེར་ བཟང་པོ་ཆོས་རྒྱལ་རྗེ་དབང་མཆོག །རྨ་བྱ་མཛེས་ལྡན་རོལ་པའི་གར་བསྒྱུར་བ། །གང་རྣམ་ གཉིས་ལ༴ འཕགས་པ་མཛེས་པའི་བློ་གྲོས་སྲུང་སྡོམ་ཆེ། །རྒྱལ་སྲས་སེམས་དཔའ་མཛེས་ པའི་གཟུགས་རབ་ལྡན། །གང་རྣམ་གཉིས་ལ༴ གླང་ཆེན་ཕྲུ་གུ་སྟོབས་རྒྱན་ཆོས་སྨྲར་མཁན། །ཆོས་སྟོན་བྱ་མཆོག་ངང་པའི་གཟུགས་ལྡན་པ། །གང་རྣམ་གཉིས་ལ༴ རྒྱལ་བུ་ཆེན་པོ་སྤོས་ ཀྱི་གླང་པོའི་མཚན། །ཉན་ཐོས་ཚུལ་འཆང་མཛེས་པའི་གཟུགས་བཟང་བ། །གང་རྣམ་གཉིས་ ལ༴ དགེ་སློང་ཟླ་བའི་བློ་གྲོས་བསླབ་གསུམ་མཆོག །རྒྱལ་སྲས་སེམས་དཔའ་ཆེན་པོ་མྱ་ངན་ མེད། །གང་རྣམ་གཉིས་ལ༴ ཟླ་བའི་རྒྱལ་མཚན་དེ་བཞིན་གཤེགས་སངས་རྒྱས། །འཁོར་ ལོས་སྒྱུར་རྒྱལ་ནོར་བུའི་ཕྲེང་བ་བསྣམས། །གང་རྣམ་གཉིས་ལ༴ འཛམ་གླིང་མཛེས་རྒྱན་ འཕགས་པ་ཀླུ་སྒྲུབ་ཞབས། །རིགས་ལྡན་པད་དཀར་འཛིན་པ་ཆོས་ཀྱི་རྒྱལ། །གང་རྣམ་ གཉིས་ལ༴ བྱང་ཆུབ་སེམས་དཔའ་ཆེན་པོ་ཆོས་ཀྱི་འཕགས། །གངས་ལྗོངས་ཆོས་རྒྱལ་སྲོང་ བཙན་སྒམ་པོའི་ཞབས། །གང་རྣམ་གཉིས་ལ༴ གསང་སྔགས་སློབ་དཔོན་པདྨ་འབྱུང་གནས་ རྗེ། །འབྲི ་གུང་སྐྱོབ་པ་འཇིག་རྟེན་གསུམ་གྱི་མགོན། །གང་རྣམ་གཉིས་ལ༴ བྱང་སེམས་ཡོན་ ཏན་མཐའ་ཡས་ཀླུ་རྒྱལ་རྗེ། །འཛམ་གླིང་འཁོར་ལོས་སྒྱུར་རྒྱལ་ས་ཐུལ་རྗེ། །གང་རྣམ་གཉིས་ ལ༴ འཁོར་ལོས་སྒྱུར་བ་དྷརྨ་ཨ་ཤྭ་ཀ །རྒྱལ་བུ་མུ་ཏིག་གི་ནི་སྙིང་པོའི་མཚན། །གང་རྣམ་ གཉིས་ལ༴ འཛམ་གླིང་འཁོར་ལོས་སྒྱུར་རྒྱལ་སྙིང་རྗེས་སྤྲིན། །བསིལ་ལྗོངས་ཀུན་མཁྱེན་ རྟོན་པ་བཞི་ལྡན་ཆེ། །གང་རྣམ་གཉིས་ལ༴ སངས་རྒྱས་ཡེ་ཤེས་འབྱུང་གནས་འོད་ཟེར་ དཔལ། །དགའ་ལྡན་བཞུགས་པ་ལྷ་བརྒྱའི་གཙུག་གིས་མཆོད། །གང་རྣམ་གཉིས་ལ༴ ལྷག་ 1-1-268 པའི་ལྷ་མཆོག་ཟུར་ཕུད་ལྔ་པའི་སྐུ། །གངས་ཅན་ལྷར་གྱུར་གྲུ་འཛིན་རི་ལ་དགྱེས། །གང་རྣམ་ གཉིས་ལ༴ སངས་རྒྱས་ཀུན་དངོས་ཀུན་མཁྱེན་ཆོས་ཀྱི་རྗེ། །ཐུགས་སྲས་ཀུན་སྤངས་ཆེན་ པོ་ཆོས་གྲགས་དཔལ། །གང་རྣམ་གཉིས་ལ༴ ཇོ་ནང་ལོ་ཙཱ་ཆེན་པོ་བློ་གྲོས་དཔལ། །ཀུན་ མཁྱེན་གཉིས་པ་ཕྱོགས་ལས་རྣམ་རྒྱལ་བ། །གང་རྣམ་གཉིས་ལ༴ ས་བཟང་མ་ཏི་པཎ་ཆེན་ དཔལ་བཟང་མཚན། །འབྲི ་གུང་གནས་བཞུགས་ལོ་ཙཱ་མ་ཎི་ཀ །གང་རྣམ་གཉིས་ལ༴ ཞང་ སྟོན་རྒྱལ་པོ་བསོད་ནམས་གྲགས་པའི་མགོན། །སྨན་ཆུ་ཁ་བ་བློ་གྲོས་རྒྱལ་མཚན་མཆོག །གང་རྣམ་གཉིས་ལ༴ རྒྱལ་བའི་སྲས་པོ་རིན་ཚུལ་ཟླ་བྲལ་བ། །ཀུན་མཁྱེན་གསུམ་པ་ཉ་ དབོན་དཔལ་བཟང་རྗེ། །གང་རྣམ་གཉིས་ལ༴ གྷ་རུང་ལྷ་ཡི་རྒྱལ་མཚན་མཁས་པའི་དཔལ། །འགྲོ་འདྲེན་ཕུན་ཚོགས་དཔལ་བཟང་ཐུགས་ཀྱི་སྲས། །གང་རྣམ་གཉིས་ལ༴ ཐང་བོ་ཆེ་པ་ ཀུན་དགའ་འབུམ་ཞེས་གྲགས། །ཐང་ཆུང་བློ་གྲོས་དཔལ་གྱི་མཚན་སྙན་རྒྱས། །གང་རྣམ་ གཉིས་ལ༴ མཚལ་མིན་བསོད་ནམས་བཟང་པོ་ཞེས་བྱར་གྲགས། །ཀུན་མཁྱེན་སླར་བྱོན་རྗེ་ བཙུན་སྒྲོལ་བའི་མགོན། །གང་རྣམ་གཉིས་ལ༴ གཞན་ཡང་བརྒྱུད་འཛིན་དཔལ་ལྡན་བླ་ མའི་ཚོགས། །ཡི་དམ་རབ་འབྱམས་སྐྱབས་མཆོག་རིན་ཆེན་གསུམ། །དེ་རྣམས་ལའང་གུས་ པས་སྐྱབས་གསོལ་ན། །བར་ཆད་ཀུན་སོལ་ཆོས་མཐུན་འགྲུབ་བྱིན་རློབས། །མཁའ་འགྲོ་ ཆོས་སྐྱོང་བསྟན་སྲུང་རྒྱ་མཚོ་རྣམས། །དེ་དག་གནས་ལུགས་གཤིས་སུ་གདོད་ནས་བཞུགས། །དེ་རྣམས་ལའང་གུས་པས༴ སྤྲོས་བྲལ་མི་རྟོག་བསམ་མེད་རང་གསལ་གྱིས། །མན་ངག་ ཟབ་མོས་རང་སེམས་གནད་དུ་འབྱོར། །མཐའ་བྲལ་དབུ་མ་ཆེན་པོའི་རང་ལུགས་འདི། །ཇི་ བཞིན་དགོངས་ཆུབ་ངེས་གསང་རྗེན་འཆར་ཤོག །དེ་བར་གནས་སྐབས་ཀུན་ཏུ་མཐུན་པའི་ རྐྱེན། །འབད་མེད་ངང་འགྲིག་ཕྱི་ནང་གསང་བ་ཡི། །བར་ཆད་མཐའ་དག་སྐུ་གསུམ་ལྷུན་ གྲུབ་ཀྱིས། །གང་ལ་གེགས་བྲལ་ཕ་མཐར་ཕྱིན་གྱུར་ཅིག །ཅེས་པའི་བར་བྱ། 1-1-269 བརྒྱུད་འདེབས་ནི། ན་མོ་རང་བཞིན་དག་མཉམ་རོལ་པའི་ཞིང་མཆོག་ན། །དང་བོའི་ སངས་རྒྱས་སྒྱུ་འཕྲུལ་ལས་ཤར་བའི། །གང་འདུལ་རྩ་བརྒྱུད་བླ་མའི་ཚོགས་དང་བཅས། །མ་ འགགས་ཆུ་ཟླ་ལྟ་བུའི་ཚུལ་དུ་གསལ། །དཔལ་ལྡན་དང་པོའི་སངས་རྒྱས་ཀུན་ཁྱབ་བདག །གནས་ལུགས་སྙིང་པོའི་དོན་ལ་དབང་འབྱོར་བའི། །རྩ་བརྒྱུད་བླ་མ་དོན་གཉིས་དཔལ་ དབང་ཕྱུག །ཁྱད་པར་ངེས་དོན་སྒྲུབ་བརྒྱུད་ལེགས་འཛིན་པ། །ཀུན་མཁྱེན་ཆེན་པོ་ཤེས་རབ་ རྒྱལ་མཚན་རྗེ། །ཀུན་སྤངས་ཆོས་གྲགས་ལོ་ཙཱ་བློ་གྲོས་དཔལ། །མ་ཏི་པཎ་ཆེན་ཕྱོགས་ལས་ རྣམ་པར་རྒྱལ། །གུས་པས་གསོལ་འདེབས་བདག་རྒྱུད་བྱིན་གྱིས་རློབས། །མ་ཎི་ཀ་ཤྲཱི་སྨན་ ཆུ་ཁ་བ་རྗེ། །རྒྱལ་སྲས་རིན་ཚུལ་ཞང་སྟོན་བསོད་ནམས་གྲགས། །གྷ་རུང་པ་དང་ཉ་དབོན་ ཀུན་དགའ་དཔལ། །གུས་པས་གསོལ་འདེབས༴ ཕུན་ཚོགས་དཔལ་བཟང་ཐང་བོ་ཆེ་བ་ རྗེ། །ཐང་ཆུང་བློ་གྲོས་དཔལ་དང་བསོད་ནམས་བཟང༌། །བརྒྱུད་འཛིན་ཆེན་པོ་སྒྲོལ་བའི་ མགོན་པོའི་ཞབས། །གུས་པས་གསོལ༴ གཞན་ཡང་ངེས་དོན་ཆོས་བརྒྱུད་ལེགས་འཛིན་ པ། །མཁས་གྲུབ་གཉིས་ལྡན་སྐྱེས་ཆེན་རིམ་བྱོན་ལ། །སྙིང་ནས་རེ་བས་གསོལ་བ་འདེབས་ ལགས་ན། །གང་འཚམས་བྱིན་བརླབ་སྣང་བ་དུས་སུ་སྩོལ། ། ལག་ལེན་འདོད་འཇོའི་བུམ་བཟང་ལས། ཕྱག་འཚལ་བསྟན་པ་སྤྱི་འགྲེལ་ནི། ན་མོ་གུ་རུ་བྷྱཿ ཕྱོགས་ དུས་ཀུན་ཁྱབ་སྐྱབས་གསུམ་བཀའ་སྡོད་བཅས། །སོགས་ནས། རྒྱལ་བའི་བསྟན་སྲུང་རྣམས་ ལ་གསོལ་བ་འདེབས། །ཞེས་པའི་བར་བྱ། དེ་ནས་མཆོད་རྫས་བྱིན་བརླབ་ནི། ༀ་བཛྲ་སྥ་རཏྣ་ཁཾ། སྔགས་རྒྱས་རབ་སྤེལ་ཕྱི་ནང་གསང་བ་ ཡི། །མཆོད་སྤྲིན་ནམ་མཁའ་མཛོད་ཀྱི་ལོངས་སྤྱོད་ལྟར། །ཀུན་ནས་མ་ཚང་མེད་པའི་དཔལ་ མངའ་བ། །ཟག་མེད་དགྱེས་བསྐྱེད་ཕུན་སུམ་ཚོགས་པར་གྱུར། །ལན་གསུམ་བྱ། ཟུར་འདེབས་ལེགས་བསྒྲིགས་ལས། མཆོད་རྫས་བྱིན་རླབས་ནི། དེ་ལས་བྱུང་བའི་ལྷ་རྫས་མཆོད་ 1-1-270 པའི་ཚོགས། །ཞེས་པ་ནས། ངོ་མཚར་ཟག་མེད་གང་འཚམས་མཆོག་ཏུ་ཤོག །ཅེས་པའི་བར་ བརྗོད། སྐྱབས་སེམས་ནི། ཀུན་ཁྱབ་རང་གསལ་ནང་རིག་འགྱུར་མེད་དབྱིངས། །དོན་དམ་གཉུག་ མ་གཞི་འབྲས་དབྱེར་མེད་བདག །ཟག་བྲལ་ཆོས་སྐུ་རིན་ཆེན་གསུམ་གྱི་བདག །ངེས་དོན་ རང་གསལ་ཆེན་པོས་སྐྱབས་སུ་བསྟེན། །ལན་གསུམ། ཡེ་ཤེས་རང་བཞིན་གདོད་མ་མཆོག་གི་ཁམས། །ཇི་བཞིན་མ་རྟོགས་རྣམ་ཤེས་རང་ སྣང་ལ། །ཀུན་རྫོབ་ཨ་འཐས་བརྟན་པོས་འཁྲུལ་བའི་འགྲོ། །གནས་ལུགས་ས་ལ་མྱུར་རེག་ སེམས་བསྐྱེད་དོའི་བར་ལན་གསུམ་རེ་སོགས་ཇི་ལྟར་འོས་པ་བྱ། ལག་ལེན་འདོད་འཇོའི་བུམ་བཟང་ལས། བདག་བསྐྱེད་ནི། སྭ་བྷཱ་ཝས་སྟོང་པར་སྦྱང༌། སྟོང་པའི་ངང་ ལས་སོགས་ནས། བསྟོད་པའི་བར་འདོན། དེ་ནས་མཆོད་ཡུལ་བསྐྱེད་པ་ནི། ཟུར་འདེབས་ལེགས་བསྒྲིགས་ལས། སྐད་ཅིག་རང་མདུན་མཁའ་དབྱིངས༴ སོགས་ནས། ཡུལ་དུ་མངོན་སུམ་ཇི་བཞིན་གསལ་གྱི་ བར་བརྗོད། དེ་ནས་སྤྱན་འདྲེན་ནི། གདོད་མ་ཆོས་དབྱིངས་ཀྱི་འཕྲུལ་ཆེན་བླ་མ་རྗེ། །ཀུན་མཁྱེན་ དུས་གསུམ་གྱི་སངས་རྒྱས་སྤྱི་གཟུགས་མཆོག །རྣམ་འཕྲུལ་འཛད་མེད་ཀྱི་བཀོད་མཚར་ བསམ་མི་ཁྱབ། །གདུལ་བྱའི་དད་མོས་ཀྱི་དག་སྣང་མཆོད་ཡུལ་ཚུལ། །ངོ་མཚར་མཛད་ ཆེན་གྱི་བཀོད་པ་ཁམས་དབང་བཞིན། །གང་ལ་གང་འདུལ་གྱི་མཛད་སྒོ་ཕུན་སུམ་ཚོགས། །གཅིག་དང་དུ་མ་ཡི་རྣམ་རོལ་བསམ་མི་ཁྱབ། །ཆེ་བའི་རྫུ་འཕྲུལ་དང་བཅས་ཏེ་འདིར་བྱོན་ ཅིག །འཕགས་མཆོག་ནམ་སྙིང་གི་སྤྲུལ་པ་ཆོས་གྲགས་དཔལ། །སྒྲིབ་པ་རྣམ་སེལ་གྱི་རྣམ་ རོལ་ལོ་ཙཱ་བ། །མི་ཕམ་བྱམས་མགོན་གྱི་ཟློ ས་གར་ས་བཟང་རྗེ། །ས་སྙིང་སེམས་དཔའ་ཡི་ རྣམ་འཕྲུལ་ཕྱོགས་ལས་རྒྱལ། །ངོ་མཚར་མཛད་ཆེན་གྱི་བཀོད་པ༴ སོགས་ཚིག་རྐང་བཞི་འགྲེས། ཀུན་བཟང་སྒྱུ་འཕྲུལ་གྱི་བཤེས་གཉེན་མ་ཎི་ཀ །གསང་བདག་ཕྱག་རྡོར་གྱི་འཕྲུལ་བཟང་ 1-1-271 བསོད་ནམས་གྲགས། །འཇམ་དཔལ་ཡེ་ཤེས་ཀྱི་རོལ་གར་ཀུན་དགའ་དཔལ། །ལོ་ཆེན་སྒྲ་ བསྒྱུར་གྱི་མཚར་བཀོད་ཐང་བོ་ཆེ། །ངོ་མཚར་མཛད་ཆེན༴ སོགས། འཇམ་མགོན་བཤེས་ གཉེན་ཚུལ་སྨན་ཆུ་ཁ་པ་རྗེ། །འཕགས་པ་ཐོགས་མེད་ཀྱི་མཛད་བཟང་རིན་ཚུལ་པ། །ཨཱརྱ་ དེ་བ་ཡི་སྤྲུལ་བསྒྱུར་གྷ་རུང་མཚན། །ཤཱཀྱ་བཤེས་གཉེན་གྱི་རྣམ་བཀོད་ཕུན་ཚོགས་དཔལ། །ངོ་མཚར་མཛད་ཆེན༴ སོགས། ཡུ་མོ་གྲུབ་ཆེན་གྱི་བརྫུ་བག་ཐང་ཆུང་པ། །གནས་བརྟན་བ་ཀུ་ ལའི་སྤྲུལ་པ་བསོད་ནམས་བཟང༌། །དེ་དག་ཆོས་ལུགས་ཀྱི་མངའ་བདག་སྒྲོལ་བའི་མགོན། །ཡབ་སྲས་ཐུགས་སློབ་དང་བཅས་པའི་བརྒྱུད་འཛིན་ཚོགས། །ངོ་མཚར་མཛད་ཆེན༴ དུས་ ཀྱི་འཁོར་ལོ་སོགས་ཡི་དམ་རྒྱ་མཚོའི་ཚོགས། །བདེ་ཆེན་ཞིང་སྔགས་ཀྱི་ཌཱ་ཀི་ཡེ་ཤེས་འཕྲུལ། །དཔལ་མགོན་ནོར་ལྷ་སོགས་ཆོས་སྐྱོང་དམ་ཅན་སྡེ། །མ་ལུས་ཡང་སྤྲུལ་ཚོགས་སྟོབས་ཆེན་ མཐུ་ལྡན་པ། །ངོ་མཚར་མཛད་ཆེན༴ སོགས། གཞན་ཡང༌། ཡེ་གཞི་བདེ་གཤེགས་ཀྱི་སྙིང་པོ་རྟག་པའི་ཁམས། །ཆོས་སྐུ་འོད་གསལ་གྱི་ དབྱིངས་ལས་གཡོ་མེད་པར། །གང་འདུལ་སྒྱུ་མ་བཞིན་སྤྲུལ་བཀོད་བླ་མའི་ཚོགས། །གནས་ ལུགས་དོན་ལ་བཞེངས་བཞུད་ཀྱིས་དབེན་མོད་ཀྱང༌། །ཀུན་རྫོབ་མོས་སྣང་ངོར་དག་པའི་ཆོ་ འཕྲུལ་བཅས། །རིགས་ལྡན་བླ་མའི་ཚོགས་དབྱིངས་ནས་ལེགས་བཞེངས་ཏེ། །ཀུན་བཟང་ མཆོད་ཚོགས་ཀྱི་དགའ་སྟོན་མགྲོན་གྱི་ཚུལ། །མདུན་མཁར་ཡིད་འོང་གི་གདན་ལ་དགྱེས་ བཞིན་བཞུགས། །དག་སྣང་མོས་བློ་ཡིས་བསྐྱེད་པའི་དམ་ཚིག་པ། །ཆོས་རྗེ་ཡབ་སྲས་དང་ བརྒྱུད་འཛིན་སློབ་ཚོགས་ཀྱི། །གཟུགས་སྐུ་མོས་སྣང་ལ་གང་བཞུགས་དེ་དག་དང༌། །རྒྱལ་ ཀུན་ཡེ་ཤེས་དང་མཉམ་དུ་རོ་གཅིག་གྱུར། ། མཆོད་འབུལ་དངོས་ནི། ལག་ལེན་འདོད་འཇོའི་བུམ་བཟང་ལས། མཆོད་ཡོན་ཞབས་བསིལ་མེ་ཏོག་ བདུག་སྤོས་དང༌། །ནས། སྲི ད་པའི་མཚོ་ལས་འགྲོ་བ་འདོན་པར་ཤོག །གི་བར་བྱ། ཆོས་ཀུན་ 1-1-272 སྲོག་གི་དྭངས་མ་སྙིང་པོའི་མགོན། །རྒྱལ་ཀུན་ཆོས་སྐུ་ཉག་གཅིག་སྒྱུ་འཕྲུལ་གར། །ཆོས་རྗེ་ བླ་མའི་ཚོགས་ཀྱི་རྣམ་པར་འཕོས། །གཞི་དབྱིངས་དགོངས་པ་གཅིག་ལ་མགོས་ཕྱག་འཚལ། །བདག་པོའི་མ་བཟུང་ལྷ་མིའི་དཔལ་འབྱོར་དང༌། །རྣལ་འབྱོར་སྔགས་དང་ཏིང་འཛིན་གྱིས་ སྤེལ་བའི། །ཕྱི་མཆོད་མེ་ཏོག་ལ་སོགས་ཉེར་སྤྱོད་དང༌། །བཀྲ་ཤིས་རྫས་རྟགས་བརྒྱད་དང་ རིན་ཆེན་བདུན། །ཉེར་མཁོའི་རིགས་ཀྱིས་མཆོད་པ་དཔག་མེད་དང༌། །བླ་མེད་གསང་བའི་ དམ་རྫས་རྒྱ་ཆེན་པོ། །སྦྱང་སྤེལ་སྦར་བའི་བཅུད་བཟང་ཁྱད་པར་ཅན། །ཟག་མེད་བདེ་བ་ ཆེན་པོའི་ཡེ་ཤེས་དང༌། །རྣམ་ཀུན་མཆོག་ལྡན་སྟོང་ཆེན་དམིགས་བྲལ་བ། །ཕྱི་ནང་གསང་ བ་དེ་ཁོ་ན་ཉིད་ཀྱི། །རྒྱ་ཆེན་མཆོད་སྤྲིན་འཁོར་གསུམ་དམིགས་མེད་ངང༌། །གུས་པས་ འབུལ་ལོ་བརྩེ་བས་ལེགས་བཞེས་མཛོད། །བདག་སོགས་འཁོར་བར་བཅིང་བའི་འགྲོ་ཀུན་ གྱིས། །ཐོག་མེད་དུས་ནས་བསགས་སྡིག་ཉེས་ལྟུང་ཚོགས། །དེ་དག་ཀུན་ལའང་འགྱོད་ཅིང་ ཕྱིན་ཆད་སྡོམ། །དེང་ནས་མ་ལུས་བྱང་ཞིང་དག་མཛད་གསོལ། །ཆོས་སྐུའི་དབྱིངས་ལས་ བླ་མར་ལེགས་བཞེངས་པ། །ཀུན་གྱིས་ལེགས་ཚོགས་མཛད་པ་རྒྱ་ཆེན་གྱིས། །རྣམ་དཀར་ བསོད་ནམས་དཔག་ཡས་ཉེར་བསྐྲུན་ལ། །ཡིད་རབ་དྭངས་པས་རྗེས་སུ་ཡི་རང་ངོ༌། །རྟག་ བརྟན་ཆོས་དབྱིངས་ཡེ་ཤེས་ཆེན་པོའི་ཁམས། །ཐེར་ཟུག་འགྱུར་མེད་དོན་དམ་གཟུགས་ སྐུའི་གཤིས། །ནམ་ཡང་འཕོ་འགྱུར་མེད་པའི་དབུ་མ་ཆེ། །ངེས་པ་དོན་གྱི་ཆོས་འཁོར་བསྐོར་ དུ་གསོལ། །གཞོམ་བྲལ་ཆོས་སྐུ་འོད་གསལ་འདུས་མ་བྱས། །འཇིག་མེད་རྡོ་རྗེའི་ཁམས་སུ་ རྟག་བརྟན་ཀྱང༌། །གཟུགས་སྐུ་གང་འདུལ་མོས་ངོར་འཚམས་པའི་འཕྲུལ། །ཀུན་རྫོབ་ཡིད་ དགའ་སྣང་བས་འགྲོ་ཀུན་སྐྱོངས། །རབ་དཀར་དགེ་བ་དྲི་མེད་ཤེལ་ལྟར་དཀར། །ཆོས་རྗེ་ དག་གིས་བྱིན་རླབས་ཚོན་གྱིས་བསྒྱུར། །རང་གདངས་དྲི་བྲལ་ནང་རིག་འགྱུར་མེད་དབྱིངས། །རང་གསལ་གདོད་མའི་བཙན་ས་ཟིན་གྱུར་ཅིག །ལན་གསུམ། 1-1-273 ཟུར་འདེབས་ལེགས་བསྒྲིགས་ལས། ན་མོ་གུ་རུ་བྷྱཿ བརྟན་གཡོའི་དཔལ་གྱུར་ཆོས་དབྱིངས་ རང་གཟུགས་ཆེ། །ནས། ཀུན་གྱི་དགོངས་ཟབ་ཆོས་སྐུ་གཅིག་མངོན་ཤོག །གི་བར་དང༌། ལག་ལེན་འདོད་འཇོའི་བུམ་བཟང་ལས། མ་དག་སྦྱང་བ་ནི། ཆོས་རྗེ་བླ་མས་དགོངས་གཏད་ལས། །སོགས་ནས། བསོད་ནམས་ཚོགས་ཆེན་རྫོགས་གྱུར་ཅིག །གི་བར་བརྗོད། གོང་གི་མཆོད་རྫས་བྱིན་ རླབས་བྱ། རྨད་བྱུང་ཀུན་བཟང་མཆོད་སྤྲིན་རྒྱ་ཆེ་བ། །ནམ་མཁའི་མཐའ་ཀླས་གྱུར་པ་གང་འདི་ དག །ཆོས་རྗེ་བླ་མ་མཆོད་ཡུལ་ཞིང་གི་མཆོག །ཡབ་སྲས་བརྒྱུད་པར་བཅས་པའི་སྤྱན་ལམ་ དུ། །དཔག་ཡས་འཇིག་རྟེན་ཁམས་ཀྱི་མཆོད་ཡོན་རྒྱུན། །རབ་དྭངས་ཡན་ལག་བརྒྱད་ལྡན་ དྲི་མ་མེད། །གང་དག་མཆིས་ཀུན་འཁོར་གསུམ་དམིགས་མེད་ངང༌། །མཆོད་ཡུལ་ཚོགས་ ལ་གུས་འབུལ་ལེགས་བཞེས་མཛོད། །ༀ་ཨཱཿཨརྒྷཾ་པཱུ་ཛི་ཏེ་ཧཱུཾ། མཆོད་སྤྲིན་རྒྱ་མཚོ་ལེགས་ པར་བཞེས་ནས་ཀྱང༌། །གང་འདུལ་སྒྱུ་མའི་མཛད་ཆེན་སྣ་ཚོགས་ཀྱིས། །ངེས་དོན་རྫོགས་ ལྡན་ཆོས་ཆར་ལེགས་ཕོབ་ལ། །མ་ལུས་འགྲོ་འདུལ་སྐལ་བཟང་དམ་པ་སྩོལ། །ཆོས་སྐུ་ཀུན་ ཁྱབ་དབྱིངས་ནས་ལེགས་བཞེངས་པ། །ཀུན་མཁྱེན་ཡབ་སྲས་རྗེ་བཙུན་སྒྲོལ་བའི་མགོན། །བརྒྱུད་པར་བཅས་པའི་དགོངས་ཆེན་ཡེ་ཤེས་མཐུས། །ངེས་དོན་ལུགས་བཟང་ཕྱོགས་ མཐར་ཡོངས་རྒྱས་ཤོག ། ལག་ལེན་འདོད་འཇོའི་བུམ་བཟང་ལས། ཐུགས་ཀྱི་དགོངས་དོན་འབད་མེད༴ སོགས་ནས། མཆོག་ ལ་སླེབ་གྱུར་ཅིག །གི་བར་བརྗོད། དེ་ལྟར་མཆོད་རྫས་བྱིན་བརླབས་ནས་བཟུང་འདི་བར་མཆོད་ཡོན་འབུལ་ བ་ལན་གྲངས་གང་སྤྲོ་བྱ། ཚུལ་དེས་འགྲེས་ཏེ་འོག་མ་རྣམས་ལ་ཚིགས་བཅད་དང་པོ་གསུམ་པ་བཞི་པ་རྣམས་གོང་ དཀྱུས་བཞིན་ལས་ཚིག་བཅད་གཉིས་པའི་སྐབས་ཉེར་སྤྱོད་ལྷག་མ་དྲུག་རིམ་པར། དཔག་ཡས་འཇིག་རྟེན་ ཁམས་ཀྱི་མེ་ཏོག་ཚོགས། །སྣ་ཚོགས་འདབ་བརྒྱ་ཅིར་ཡང་དགོད་པ་ཅན། །མཚར་སྡུག་གང་ ཡོད་རང་གསལ་སྤྲོས་བྲལ་ངང༌། །མཆོད་ཡུལ་ཚོགས་ལ༴ ༀ་ཨཱཿ་པུཥྤེ་པཱུ་ཛི་ཏེ་ཧཱུཾ། དཔག་ 1-1-274 ཡས་འཇིག་རྟེན་ཁམས་ཀྱི་བདུག་སྤོས་ཚོགས། །ངོ་མཚར་དུད་སྤྲིན་མཁའ་དབྱིངས་ཡོངས་ ཁྱབ་པ། །ཕུན་སུམ་ཚོགས་ཀུན་འཛིན་མེད་རང་ཤར་ངང༌། །མཆོད་ཡུལ་ཚོགས་ལ༴ ༀ་ཨཱཿདྷུ་ པེ་པཱུ་ཛི་ཏེ་ཧཱུཾ། དཔག་ཡས་འཇིག་རྟེན་ཁམས་ཀྱི་སྣང་གསལ་ཚོགས། །འོད་འབར་རྒྱ་ཆེན་ འཁོར་ཡུག་རབ་བཀྲ་ཞིང༌། །ཆེས་མཛེས་མཐའ་དག་ལྷུན་གྲུབ་རང་གསལ་ངང༌། །མཆོད་ ཡུལ་ཚོགས་ལ༴ ༀ་ཨཱཿཨ་ལོ་ཀེ་པཱུ་ཛི་ཏེ་ཧཱུཾ། དཔག་ཡས་འཇིག་རྟེན་ཁམས་ཀྱི་དྲི་ཆབ་རྒྱུན། །ཡོན་ཆབ་དྲི་ཡི་ངད་བཟང་རབ་འཐུལ་བ། །ཆུ་གཙང་མ་ལུས་ཆེས་གསལ་རང་དྭངས་ངང༌། །མཆོད་ཡུལ་ཚོགས་ལ༴ ༀ་ཨཱཿགནྡྷེ་པཱུ་ཛི་ཏེ་ཧཱུཾ། དཔག་ཡས་འཇིག་རྟེན་ཁམས་ཀྱི་ཞལ་ ཟས་ཚོགས། །རོ་བཅུད་ཕུན་ཚོགས་ལེགས་སྦྱར་ཁྱད་པར་བ། །བཅུད་མཆོག་ཡོད་ཚད་རྟོག་ བྲལ་ཞེན་མེད་ངང༌། །མཆོད་ཡུལ་ཚོགས་ལ༴ ༀ་ཨཱཿནཻ་ཝི་ཏྱ་པཱུ་ཛི་ཏེ་ཧཱུཾ། དཔག་ཡས་འཇིག་ རྟེན་ཁམས་ཀྱི་རོལ་མོའི་ཚོགས། །ཆེས་སྙན་ཡིད་འཕྲོག་སྒྲ་འཛིན་ཚིམ་བྱེད་པ། །སྒྲ་སྙན་དེ་ ཀུན་འོད་གསལ་རང་གྲོལ་ངང༌། །མཆོད་ཡུལ་ཚོགས་ལ༴ ༀ་ཨཱཿཤབྟ་པཱུ་ཛི་ཏེ་ཧཱུཾ། ཞེས་པ་དེ་ རྣམས་འབུལ་ཚན་རེ་རེ་བཞིན་སྦྱར་ནས་བརྒྱ་སྟོང་སོགས་ཀྱི་གྲངས་གང་དགོས་ཀྱི་མཐར། ཟུར་འདེབས་ལེགས་བསྒྲིགས་ལས། ཕྱི་མཆོད་ནི། སངས་རྒྱས་བྱང་སེམས་རང་སྣང་དག་པའི་ ཞིང༌། །སོགས་ནས། སྣ་ཚོགས་མཛད་བཟང་མངའ་བར་གུས་པས་བསྟོད། །ཀྱི་བར་དང༌། ལག་ལེན་འདོད་འཇོའི་བུམ་བཟང་ལས། རྣམ་ཐར་བསྟོད་པ་བྱེད་པར་སྤྲོ་ན། རྒྱལ་བའི་མདུན་ན་ལི་ཙཱ་ མཐོང་ན་དགའ། །ཞེས་པ་ནས། གདུལ་བྱའི་དོན་དུ་སྟོན་ལ་གུས་པས་བསྟོད། །ཀྱི་བར་དང༌། སླར་ཡང་བསྟོད་པ་ནི། རྒྱལ་ཀུན་ཆོས་སྐུ་ཉག་གཅིག་རྣམ་རོལ་ལས། །མཁའ་མཉམ་གང་ འདུལ་སྤྲུལ་བསྒྱུར་སྒྱུ་མའི་གར། །མཐའ་ཡས་གདུལ་བྱའི་ཁམས་མཐུན་ཉེར་སྤྲོ་བ། །འཇིག་ རྟེན་དབང་ཕྱུག་བླ་མར་བྱོན་ལ་འདུད། །གསང་གསུམ་ཡེ་ཤེས་རོལ་པ་འཛད་མེད་གཏེར། །གང་ལས་དུས་མཐར་ཐུབ་དབང་དགོངས་བཅུད་ཕུལ། །ངེས་དོན་ཆོས་མཆོག་སེང་གེའི་སྒྲ་ 1-1-275 ཆེན་གྱིས། །སྐལ་བཟང་རིགས་ཁམས་སད་མཛད་ཆོས་རྗེ་རྒྱལ། །གང་གིས་རྨད་བྱུང་འཁོར་ ལོ་ཐ་མའི་དོན། །ཇི་བཞིན་གངས་རིའི་ལྗོངས་འདིར་ལེགས་ཕྱེ་བས། །གདུལ་བྱ་མཆོག་ ལ་རྣམ་གྲོལ་སྦྱིན་མཛད་གཉེན། །ཀུན་མཁྱེན་ཇོ་ནང་པ་ལ་གུས་པས་བསྟོད། །མགོན་ཁྱོད་ ཐུགས་སྲས་བུ་ཆེན་ཆོས་གྲགས་དཔལ། །རིག་གནས་མཐར་ཕྱིན་གོ་འཕང་མཆོག་སོན་ སྐབས། །ཆོས་རྗེས་རྗེས་བཟུང་དང་པོའི་སངས་རྒྱས་རྒྱུད། །ལ་སོགས་རབ་འབྱམས་ཆོས་ ཀྱི་བསྐྱངས་ལ་བསྟོད། །སྒྲ་བསྒྱུར་ལོ་ཙཱ་མང་ཐོས་རྒྱ་ཆེན་མཛད། །མཚམས་དེར་ཆོས་རྗེའི་ དྲུང་དུ་མདོ་སྔགས་ཀྱི། །གཞུང་ལུགས་རབ་འབྱམས་དགོངས་ཆུབ་ནང་རྟོགས་རྒྱས། །གདན་ སའི་མངའ་བདག་ཐུགས་སྲས་མཆོག་ལ་བསྟོད། །མ་ཏི་པཎ་ཆེན་ན་གཞོན་དགོངས་ཆེན་ བརྙེས། །མཁས་གནས་ཐོབ་སྐབས་ཆོས་རྗེ་མཆོག་གི་དྲུང༌། །དུས་འཁོར་ལ་སོགས་གསང་ ཆེན་ཐེག་པ་དང༌། །མདོ་སྔགས་དགོངས་དོན་ཕ་མཐར་ཕྱིན་ལ་བསྟོད། །ཕྱོགས་ལས་རྣམ་ རྒྱལ་རབ་འབྱམས་མཁས་ཁྱད་ཐོན། །ཆོས་རྗེ་མཆོག་དང་ཐུགས་ཡིད་གཅིག་ཏུ་འདྲེས། །རླབས་ཆེན་དོན་གཉིས་དཔལ་གྱི་མཐུ་མངའ་ཞིང༌། །ཇོ་ནང་གདན་རབས་ལེགས་བསྐྱངས་ མཛད་ལ་བསྟོད། །འབྲི ་གུང་ལོ་ཙཱ་སྐད་གཉིས་སྨྲ་བའི་ཕུལ། །བཤད་སྒྲུབ་ཕུལ་ཕྱིན་ཆོས་ རྗེས་རྗེས་བཟུང་བས། །རབ་ཡངས་ཐུགས་མཛོད་ངེས་དོན་ནོར་བུའི་གཏམས། །བསྟན་ འགྲོ་ཕྱོགས་མཐར་བསྐྱངས་མཛད་མཆོག་ལ་བསྟོད། །ཞང་སྟོན་རྒྱ་བོ་སྡེ་སྣོ ད་ཆོས་ལ་མཁས། །རང་བྱུང་རྡོ་རྗེའི་ལུང་ལྟར་ཀུན་མཁྱེན་མཇལ། །མདོ་སྔགས་རྒྱ་མཚོའི་དོན་ལ་མཁྱེན་རབ་ རྒྱས། །དཔག་ཡས་དོན་གཉིས་ཆེས་རབ་འཕེལ་ལ་བསྟོད། །ཉ་དབོན་ཆོས་རྗེ་སྐུ་ན་གཞོན་ པའི་དུས། །ཀུན་མཁྱེན་མཆོག་གིས་ཐུགས་སྲས་དམ་པར་དགོངས། །རྗེས་བཟུང་ལུང་དང་ རིགས་པའི་གཏེར་གྱུར་པ། །ངེས་དོན་ཆོས་ཀྱི་སྐྱེས་ཆེན་དེ་ལ་བསྟོད། །ཐང་བོ་ཆེ་པ་ཆུང་ནས་ ཆོས་དོན་རྟོགས། །ལུང་རིགས་རྣོ་བས་རྩོད་རྒྱལ་ཞེས་གྲགས་སྐབས། །ཆོས་རྗེ་མཆོག་གི་ 1-1-276 ཞལ་ལུང་ཐོབ་པ་ཡིས། །མདོ་སྔགས་ཆོས་མཛོད་ལེགས་པར་བརྙེས་ལ་བསྟོད། །སྨན་ཆུ་ཁ་ བ་རིག་གནས་ཆེས་མཐོའི་སྐབས། །རྡོ་རྗེ་ཕག་མོའི་ཆོ་འཕྲུལ་ལུང་བསྟན་ལྟར། །ཀུན་མཁྱེན་ རྗེ་ལས་ཟབ་རྒྱས་གདམས་བཤད་ཐོབ། །དོན་གཉིས་རྒྱ་མཚོའི་དཔལ་མངའ་དེ་ལ་བསྟོད། །རྒྱལ་སྲས་རིན་ཚུལ་ཆུང་ནས་མཁས་གྲགས་བརྙེས། །ཆོས་རྗེ་བླ་མར་ལེགས་བསྟེན་སེམས་ འགྲེལ་སོགས། །གསང་ཆེན་ཆོས་དང་དཀའ་པོད་གཞུང་ལུགས་ལ། །མཁྱེན་རབ་རྩལ་ འབར་བསྟན་འགྲོའི་གཉེན་ལ་བསྟོད། །གྷ་རུང་པ་ནི་སྐུ་ན་གཞོན་པའི་སྐབས། །རིག་གནས་ མཐར་སོན་མཁས་པའི་གྲགས་སྙན་ཐོབ། །ཀུན་མཁྱེན་ཆེན་པོར་དད་དེ་ཟབ་རྒྱས་གསན། །སྤངས་དང་རྟོགས་པའི་ལུས་རྩལ་རྫོགས་ལ་བསྟོད། །ཕུན་ཚོགས་དཔལ་བཟང་ཆུང་ནས་ གཞུང་ལུགས་མཁྱེན། །ཆོས་རྗེའི་གསུང་རབ་ངེས་དོན་དབུ་མ་ལ། །གསན་སྒོམ་སྟོབས་ཀྱིས་ དགོངས་དོན་ཐུགས་ལ་འཁྲུངས། །ཟབ་མོ་ལྟ་བའི་སྲོལ་འཛིན་མཆོག་ལ་བསྟོད། །ཐང་ཆུང་ ཡ་མཚན་རྟགས་ཀྱི་ཆེ་བ་ཅན། །གཞོན་དུས་མདོ་སྔགས་ཆོས་ལ་སྦྱངས་སྟོབས་ཆེ། །ཀུན་ མཁྱེན་ཆེན་པོས་དགྱེས་བཞིན་རྗེས་བཟུང་སྟེ། །ཐུགས་སྲས་དོན་གཉིས་མཛད་ཕྲིན་ཅན་ལ་ བསྟོད། །མཚལ་མིན་པ་ནི་གཞོན་དུས་ཐོག་མ་ནས། །ཆོས་རྗེ་ཐུགས་སློབ་གང་དག་བླ་མར་ བསྟེན། །རྗེས་ནས་བསྟན་འགྲོའི་མཛད་རླབས་རྒྱ་ཆེ་བ། །ཕུན་སུམ་ཚོགས་པའི་ཡོན་ཏན་ མངའ་ལ་བསྟོད། །གཞན་ཡང་ཆོས་རྗེ་ཡབ་སྲས་དེ་དག་གི །ངེས་དོན་ཕྱིར་མི་ལྡོ ག་པ་རྫོགས་ ལྡན་ལུགས། །ཇི་བཞིན་གསལ་བྱེད་བསྟན་པའི་རྒྱན་གཅིག་པུ། །གསང་བདག་སྒྲོལ་མགོན་ རྗེ་ལ་གུས་པས་བསྟོད། །གང་གི་ཐུགས་སྲས་རྒྱ་མཚོའི་མཚན་ཅན་ཟུང༌། །རྫོགས་ལྡན་རང་ ལུགས་འཛིན་པའི་སྐྱེས་ཆེན་ཚོགས། །མ་ལུས་གང་དག་བཅས་ལ་ལེགས་བསྟོད་ན། །ཡ་ མཚན་བྱིན་རླབས་ཇི་ལྟར་འཚམས་པ་སྩོལ། ། བླ་མ་རྒྱང་འབོད་བྱེད་པར་སྤྲོ་ན་འདིར་བྱ་སྟེ། ཆོས་རྗེ་བླ་མ་བྱིན་རླབས་དོན་བརྒྱུད་ཚོགས། །རང་ 1-1-277 སྣང་དག་པའི་ཞིང་མཆོག་གང་བཞུགས་ཀྱང༌། །གདུང་བའི་དབྱངས་ཀྱིས་འབོད་དོ་ཐུགས་ རྗེས་གཟིགས། །བྱིན་རླབས་གསང་བའི་ཚན་ཁ་དབབ་ཏུ་གསོལ། ། རྒྱང་འབོད་ནི། ནམོ་གུ་རུ་པྲ་ཛྙཱ་དྷྭ་ཛ་བྷྱཿ ཆོས་དབྱིངས་འོད་གསལ་འཁོར་འདས་ཀུན་ ཁྱབ། །རང་བཞིན་ལྷུན་གྲུབ་བདེ་བ་ཆེན་པོ། །ངེས་པ་དོན་གྱི་བདེ་གཤེགས་སྙིང་པོ། །གཤིས་ ལུགས་མངོན་གྱུར་ཀུན་མཁྱེན་ཆོས་རྗེ། །རྣམ་ཀུན་མཆོག་ལྡན་ཆོས་སྐུའི་དབྱིངས་ནས། །ཟུང་ འཇུག་འཕོ་བྲལ་སྒྱུ་འཕྲུལ་དྲ་བ། །གང་འདུལ་སྤྲུལ་པའི་རོལ་གར་དམ་པ། །གང་གི་དགོངས་ ཆེན་མངོན་དུ་གྱུར་མཛོད། །རང་སྣང་དག་པའི་སྟོན་འཁོར་ཕུན་ཚོགས། །ནམ་མཁའ་རབ་ འབྱམས་ཀུན་ཏུ་ཡོངས་བརྡལ། །དག་ཆེན་ཡེ་ཤེས་གསང་གསུམ་འཁོར་ལོ། །རྒྱལ་ཀུན་སྤྱི་ གཟུགས་ཀུན་མཁྱེན་ཆོས་རྗེ། །རྣམ་ཀུན་མཆོག་ལྡན༴ སོགས་ཚིགས་རྐང་བཞི་འགྲེས། དག་དང་ མ་དག་ཞིང་ཁམས་ཀུན་ཏུ། །ངོ་མཚར་སྒྱུ་མའི་སྤྲུལ་བཀོད་མཐའ་ཡས། །གདུལ་བྱའི་ཁམས་ དབང་འཚམས་པའི་མཆོག་སྤྲུལ། །དུས་གསུམ་སངས་རྒྱས་ཀུན་མཁྱེན་ཆོས་རྗེ། །རྣམ་ཀུན་ མཆོག་ལྡན༴ སོགས། དཔལ་ལྡན་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག །བདེ་ཆེན་ཡེ་ཤེས་ གར་གྱི་རང་གཟུགས། །རྡོ་རྗེ་སེམས་དཔའ་རིགས་འདུས་གཙོ་བོ། །གང་གི་རྣམ་རོལ་ཀུན་ མཁྱེན་ཆོས་རྗེ། །རྣམ་ཀུན་མཆོག་ལྡན༴ སོགས། མཁའ་ཁྱབ་མཁའ་ཡི་རྡོ་རྗེའི་བདག་ཉིད། །སྟོང་ཆེན་འོད་གསལ་རང་བཞིན་དམ་པ། །མི་བསྐྱོད་རྒྱལ་པོ་ནམ་མཁའི་གཤིས་ལུགས། །རང་མདངས་ཟློ ས་གར་ཀུན་མཁྱེན་ཆོས་རྗེ། །རྣམ་ཀུན་མཆོག་ལྡན༴ སོགས། རླུང་ཁམས་ གཞན་མཆོག་དོན་དམ་ཆོས་དབྱིངས། །ཡེ་བཞུགས་སྤྲོས་བྲལ་ཐུགས་ཀྱི་རྡོ་རྗེ། །དོན་ཡོད་ གྲུབ་པ་རིགས་ཀྱི་ཁྱབ་བདག །ཐུགས་མཆོག་མངོན་གྱུར་ཀུན་མཁྱེན་ཆོས་རྗེ། །རྣམ་ཀུན་ མཆོག་ལྡན༴ སོགས། མེ་ཁམས་ཆོས་ཉིད་དག་པའི་ཡེ་ཤེས། །ཡེ་བཞུགས་འགག་མེད་གསུང་ གི་རྡོ་རྗེ། །རིན་ཆེན་འབྱུང་ལྡན་རིགས་ཀྱི་སྤྱི་དཔལ། །གསུང་མཆོག་མངོན་གྱུར་ཀུན་མཁྱེན་ 1-1-278 ཆོས་རྗེ། །རྣམ་ཀུན་མཆོག་ལྡན༴ སོགས། ཆུ་ཁམས་རང་གཤིས་དག་པའི་གནས་ལུགས། །ཡེ་ བཞུགས་འགྱུར་མེད་སྐུ་ཡི་རྡོ་རྗེ། །སྣང་བ་མཐའ་ཡས་རིགས་རྣམས་ཀུན་འདུས། །སྐུ་མཆོག་ མངོན་གྱུར་ཀུན་མཁྱེན་ཆོས་རྗེ། །རྣམ་ཀུན་མཆོག་ལྡན༴ སོགས། ས་ཁམས་རང་བཞིན་ཆོས་ དབྱིངས་དག་ཆེན། །ཡེ་བཞུགས་ཟག་མེད་ཡེ་ཤེས་རྡོ་རྗེ། །རྣམ་པར་སྣང་མཛད་རིགས་ བརྒྱའི་འཁོར་ལོ། །དགའ་ཆེན་མངོན་གྱུར་ཀུན་མཁྱེན་ཆོས་རྗེ། །རྣམ་ཀུན་མཆོག་ལྡན༴ སོགས། ནང་དབྱིངས་དྲི་བྲལ་ཆོས་སྐུའི་རྣམ་རོལ། །དཀྱིལ་འཁོར་རྒྱ་མཚོའི་རིགས་ཀྱི་ཁྱབ་ བདག །དོན་དམ་རྣམ་གསུམ་སྐྱབས་ཀྱི་ངོ་བོ། །མཛད་ཕྲིན་ཡོངས་འདུས་ཀུན་མཁྱེན་ཆོས་ རྗེ། །རྣམ་ཀུན་མཆོག་ལྡན༴ སོགས། འཁོར་འདས་རང་བཞིན་ཆོས་སྐུའི་བདག་ཉིད། །གནས་ ལུགས་དམ་པ་དང་པོའི་སངས་རྒྱས། །ཡེ་ཤེས་དགོངས་ཆེན་སྤྲུལ་པའི་རོལ་གར། །ངེས་དོན་ ཆོས་མཆོག་ཡོངས་ཀྱི་མངའ་བདག །རྣམ་ཀུན་མཆོག་ལྡན༴ སོགས། རབ་འབྱམས་སྤྲུལ་པའི་ རྣམ་རོལ་ཆེ་བ། །ནམ་མཁའི་མཐའ་མཉམ་ཀུན་བཟང་སྤྱོད་མཆོག །དུས་ཀུན་ནམ་ཡང་ འཛད་མེད་དཔལ་གྱུར། །རིགས་ལྡན་གངས་ལྗོངས་བླ་མར་བཞེངས་བ། །ཀྱེ་ཧོ་སྒྱུ་འཕྲུལ་ གར་གྱི་རྣམ་རོལ། །སླར་ཡང་རྫོགས་ལྡན་ཆོས་འཁོར་བསྐོར་སླད། །དུས་མཐར་སྒྱུ་མའི་ཆོ་ འཕྲུལ་གང་འཚམས། །ལེགས་སྟོན་ངེས་དོན་ཆོས་ཆར་ཕོབ་ཤོག །མཐུ་དེས་ས་འདི་མ་ལུས་ དབང་བསྒྱུར། །ངོ་མཚར་དགེ་མཚན་ཀུན་ནས་འཕྱུར་ཏེ། །ཡིད་ཅན་མཐའ་དག་སྙིང་པོའི་ དོན་ལ། །སྐལ་བཟང་མཉམ་དུ་ལེགས་སྤྱོད་གྱུར་ཅིག །ཀུན་མཁྱེན་མཆོག་གི་སྤྲུལ་པའི་རོལ་ གར། །ཐུགས་སྲས་ཆོས་གྲགས་དཔལ་གྱི་དབང་ཕྱུག །སྐད་གཉིས་ལེགས་སྨྲ་ལོ་ཙཱ་ཆེན་པོ། །མ་ཏི་པཎ་ཆེན་ཆོས་ཀྱི་སྐྱེས་བུ། །མི་མངོན་དབྱིངས་ནས་ཐུགས་རྗེས་གཟིགས་ལ། །རླབས་ ཆེན་བྱིན་རླབས་སྣང་བ་དང་བཅས། །གནས་ལུགས་དོན་ལ་མྱོང་བ་སྐྱེས་ཏེ། །འོད་གསལ་ འཆར་སྒོ་དུས་སུ་མངོན་མཛོད། །ཕྱོགས་ལས་རྣམ་རྒྱལ་ཀུན་མཁྱེན་གཉིས་པ། །འཇིག་རྟེན་ 1-1-279 མིག་མཆོག་འབྲི ་གུང་ལོ་ཙཱ། །སྨན་ཆུ་ཁ་བ་བློ་གྲོས་རྒྱལ་མཚན། །རྒྱལ་སྲས་རིན་ཚུལ་ཐུགས་ རྗེའི་མངའ་བདག །མི་མངོན་དབྱིངས་ནས༴ བསོད་ནམས་གྲགས་པ་ཞང་སྟོན་ཆོས་རྗེ། །ལྷ་ ཡི་རྒྱལ་མཚན་གྷ་རུང་ཞབས་པ། །ཀུན་མཁྱེན་གསུམ་པ་ཉ་དབོན་ཆོས་རྗེ། །ཕུན་ཚོགས་ མཚན་ཅན་འགྲོ་བའི་འདྲེན་པ། །མི་མངོན་དབྱིངས་ནས༴ ཐང་ཆེན་ཀུན་དགའ་འབུམ་ པའི་ཞབས་དང༌། །ཐང་ཆུང་བློ་གྲོས་མཚན་མངའ་རྣམ་གཉིས། །དེ་དག་ཐུགས་སྲས་བསོད་ ནམས་བཟང་པོ། །ཆོས་ཀྱི་བརྒྱུད་འཛིན་སྒྲོལ་མགོན་ཡབ་སྲས། །མི་མངོན་དབྱིངས་ནས༴ གང་དག་རྣམས་ལས་རྣམ་པར་འཕྲུལ་ཆེན། །ཡི་དམ་རྒྱ་མཚོ་རིན་ཆེན་རྣམ་གསུམ། །མཁའ་ འགྲོ་ཆོས་སྐྱོང་བཀའ་སྡོད་སྲུང་མ། །སྣ་ཚོགས་མཛད་བཟང་བསམ་མི་ཁྱབ་པ། །མི་མངོན་ དབྱིངས་ནས༴ གསོལ་བ་འདེབས་པ་ནི། སྐྱབས་མཆོག་ཆོས་རྗེ་བརྒྱུད་རིམ་དང་བཅས་ལ། །མོས་གུས་ གདུང་ཤུགས་དད་པས་གསོལ་བ་འདེབས། །བདག་རྒྱུད་དྲི་མ་ལེགས་སྦྱང་ནང་དབྱིངས་ཀྱི། །ཆོས་སྐུ་བདེ་གཤེགས་སྙིང་པོ་མྱུར་མངོན་མཛོད། །ཅེས་དང༌། གཞན་ཡང༌། མི་གནས་མྱང་འདས་འོད་གསལ་བདེ་བ་ཆེ། །གང་འདུལ་འགྲོ་ལ་རང་རང་ དང་འཚམས་པར། །མཛད་ཕྲིན་དུས་སུ་མི་ཡོལ་མཐུ་ནུས་ཅན། །ཆོས་རྗེ་བླ་མའི་ཚོགས་ལ་ གསོལ་བ་འདེབས། །རླབས་ཆེན་ཟབ་མོའི་བྱིན་བརླབས་སྒོ་ཕྱེས་ཏེ། །བདག་ཅག་སེམས་ རྒྱུད་གློ་བུར་དྲི་མའི་ཁམས། །རང་གསལ་རང་དྭངས་ཐབས་མཆོག་ཁྱད་པར་གྱིས། །མིག་ འཕྲུལ་བཞིན་དུ་ནང་དབྱིངས་མྱུར་མངོན་ཤོག །ཅེས་པའི་གསོལ་འདེབས་ལན་བརྒྱ་རྩ་ཙམ་བྱ་བ་དང༌། ལག་ལེན་འདོད་འཇོའི་བུམ་བཟང་ལས། ཡང་དག་ཆོས་ཉིད༴ སོགས། རྣམས་ལ་གསོལ་བ་ འདེབས། །ཞེས་པའི་བར་བརྗོད། བར་འདིར་སྤྲོ་ན། གཏོར་ཆོག་རང་ཁོག་ལྟར་རྗེས་མཆོད་པར་བྱ། དེ་ནས་ཚོགས་རྫས་ཡོ་བྱད་ཅི་འབྱོར་འདུ་བྱས་ལ་བྱིན་རླབས་ནི། ༀ་ཨཱཿཧཱུཾ་ཧོཿ ལན་གསུམ། རང་བཞིན་ 1-1-280 དག་མཉམ་གྱི་རྡོ་རྗེ་རྣམ་བཞི་ཡིས། །དཀར་དམར་ནག་སེར་གྱི་ཡི་གེ་འབྲུ་བཞིའི་རྐྱེན། །དེར་ བརྟེན་སྦྱངས་སྤེལ་གྱི་བཅུད་ཆེན་ཟག་མེད་མཆོག །དམ་རྫས་ཚོགས་འཁོར་གྱི་ལོངས་སྤྱོད་ རྒྱ་ཆེན་གྱུར། །གྱིས་བྱིན་གྱིས་བརླབ། སྤྱན་འདྲེན་གོང་དུ་སོང་བས་འདིར་མི་དགོས་ལ་ཚོགས་མཆོད་དངོས་ནི། ཆོས་སྐུ་ཀུན་ཁྱབ་ཀྱི་རང་བཞིན་འགྲོ་འདྲེན་གཙོ། །འཇིག་རྟེན་དབང་ཕྱུག་གི་རོལ་གར་སྒྱུ་ མའི་སྐུ། །ཕ་མཆོག་དུས་གསུམ་གྱི་སངས་རྒྱས་ཀུན་འདུས་དངོས། །ཆོས་ཀྱི་རྗེ་ཀུན་མཁྱེན་ ཤེས་རབ་རྒྱལ་མཚན་ལ། །ༀ་ཨཱཿཧཱུཾ་སྦྱངས་སྤེལ་ཡེ་ཤེས་ཀྱི་རྫས་མཆོག །ཨེ་མ་ཧོ་ཡ་མཚན་ ཕུལ་བྱུང་གི་མཆོད་སྤྲིན། །ག་ན་ཙཀྲ་ཧོ་བདེ་ཆེན་གྱི་ཚོགས་འཁོར། །ཨ་ལ་ལ་ལེགས་འབུལ་ དགྱེས་པ་ཡིས་བཞེས་མཛོད། །ཆོས་རྗེའི་ཐུགས་སྲས་ཀྱི་ཕུལ་གྱུར་ཆོས་གྲགས་དཔལ། །སྒྲ་ བསྒྱུར་གྱི་རྒྱལ་པོ་མཁས་མཆོག་བློ་གྲོས་མཚན། །མ་ཏི་པཎ་ཆེན་རྗེ་ས་བཟང་ཆོས་ཀྱི་རྒྱལ། །དཔལ་ཕྱོགས་ལས་རྣམ་པར་རྒྱལ་བའི་མཚན་རྣམས་ལ། །ༀ་ཨཱཿཧཱུཾ་སྦྱངས་སྤེལ༴ སོགས་ཚིགས་ རྐང་བཞི་འགྲེས། སྐད་གཉིས་སྨྲ་མཁས་ཀྱི་ལོ་ཙཱ་འབྲི ་གུང་པ། །སྨན་ཆུ་ཁ་བ་རྗེ་བློ་གྲོས་རྒྱལ་ མཚན་མཆོག །རྒྱལ་བའི་སྲས་རིན་ཚུལ་ངེས་དོན་ཆོས་མཛོད་འཛིན། །ཞང་སྟོན་པ་མཁས་ དབང་བསོད་གྲགས་མཚན་རྣམས་ལ། །ༀ་ཨཱཿཧཱུཾ་སྦྱངས་སྤེལ༴ གྷ་རུང་པ་ལྷ་ཡི་རྒྱལ་མཚན་ འགྲོ་འདྲེན་ཕུལ། །ཉ་དབོན་རྗེ་མཁས་མཆོག་ལུང་དང་རིགས་པའི་གཏེར། །རྗེ་ཕུན་ཚོགས་ དཔལ་བཟང་རྣམ་མང་སྐྱེ་དགུའི་མགོན། །ཐང་བོ་ཆེ་ཀུན་དགའ་འབུམ་གྱི་མཚན་རྣམས་ ལ། །ༀ་ཨཱཿཧཱུཾ་སྦྱངས་སྤེལ༴ ཐང་ཆུང་པ་བློ་གྲོས་དཔལ་གྱི་མཚན་སྙན་ཅན། །མཚལ་མིན་ པ་བསོད་ནམས་བཟང་པོ་འགྲོ་འདྲེན་གཙོ། །ཡབ་སྲས་དེ་དག་གི་བརྒྱུད་འཛིན་སྒྲོལ་མགོན་ རྗེ། །ཐུགས་སྲས་མཆོག་གང་དག་མ་ལུས་པ་རྣམས་ལ། །ༀ་ཨཱཿཧཱུཾ་སྦྱངས་སྤེལ༴ དཔལ་ལྡན་ རྩ་བརྒྱུད་ཀྱི་བླ་མ་དེ་རྣམས་ཀྱིས། །དུས་ཀྱི་འཁོར་ལོ་སོགས་ཡི་དམ་རབ་འབྱམས་དང༌། །ཌཱ་ ཀི་ཡེ་ཤེས་ཀྱི་སྤྱན་ལྡན་ཆོས་སྐྱོང་ཚོགས། །མ་ལུས་རྣམ་འཕྲུལ་དུ་རོལ་གར་མཛད་རྣམས་ལ། 1-1-281 །ༀ་ཨཱཿཧཱུཾ་སྦྱངས་སྤེལ༴ སྐྱབས་མཆོག་མཆོད་ཡུལ་གྱི་བསོད་ནམས་ཞིང་གི་གཙོ། །མ་ལུས་ གང་དག་གི་ཐུགས་རྒྱུད་རབ་མཉེས་ཤིང༌། །སྒྲུབ་པོ་བདག་ཅག་གི་ཉམས་ཆགས་མཐའ་དག་ སྦྱངས། །མཆོག་ཐུན་དངོས་གྲུབ་ཀྱི་དཔལ་ཁ་དེང་འདིར་སྩོལ། ། བར་བཤགས་ནི། བདག་ཅག་རྨོངས་དབང་གིས་ནོངས་པ་གང་མཆིས་པ། །དེ་ཀུན་མཆོད་ ཡུལ་གྱི་དྲུང་དུ་འཆགས་ཤིང་སྡོམ། །མ་ལུས་བྱང་དག་གི་དངོས་གྲུབ་རབ་ཐོབ་ནས། །དགྱེས་ སྐོ ང་དམ་པ་ཡིས་མཆོད་མགྲོན་མཉེས་གྱུར་ཅིག །ཅེས་པའི་ཚོགས་མཆོད་གྲངས་བསོགས་ པ་ཡིན། ཚོགས་འབུམ་དགོས་ན། ༀ་ཨཱཿཧཱུཾ། ཀུན་བཟང་ཟག་མེད་ཚོགས་འཁོར་འདི། །ཆོས་ རྗེ་ཡབ་སྲས་བརྒྱུད་འཛིན་དང༌། །རྣམ་འཕྲུལ་བཅས་ལ་གུས་པས་འབུལ། །དགྱེས་བསྐང་ དངོས་གྲུབ་མ་ལུས་སྩོལ། །ག་ན་ཙཀྲ་ལ་ཁ་ཧཱི། ཞེས་པ་ཁོ་ནས་ཕུལ་ཀྱང་ཆོག མཐར་དྲངས་པ་ནི། གསང་སྔགས་རིག་འཛིན་གྱི་རྣལ་འབྱོར་ཕོ་མོ་ཚོས། །དཔའ་བོའི་དགའ་ སྟོན་གྱི་བདེ་ཆེན་སྤེལ་བའི་རྫས། །དག་སྣང་འཛིན་མེད་ཀྱིས་ཅི་དགར་རོལ་པ་ལས། །བདེ་ སྟོང་ཡེ་ཤེས་ཀྱིས་མྱོས་འདི་ཨ་ལ་ཧོ། །ཞེས་དྲངས་པ་ལན་བདུན་བྱས་ཏེ་ཚོགས་ལ་རོལ་བཞིན། ལག་ལེན་འདོད་འཇོའི་བུམ་བཟང་ལས། རྡོ་རྗེའི་གླུ་ནི། ཨེ་མ་ཨ་ལ་ལ་ག་ན༴ སོགས་ནས། ཨེ་མ་ཡ་ མཚན་ཆེ་བའི་རྟེན་འབྲིལ་ཞིག་ཞུའོ། །ཞེས་པའི་བར་བརྗོད་མཐར། ལྷག་མ་ནི། ༀ་ཨཱཿཧཱུཾ་ལྷག་མའི་དམ་རྫས་རྒྱ་ཆེ་བ། །དམ་ཅན་གྱི་སྡེ་རིགས་ལྷག་ལ་དབང་ བ་རྣམས། །རང་རང་གི་གནས་ནས་འདིར་སྤྱོན་དགྱེས་པར་རོལ། །མཉེས་ཚིམ་གྱིས་འདོད་ པའི་རེ་བ་ཀུན་སྐོ ང་མཛོད། །ཅེས་པའང་ལན་བཅུ་གསུམ་ཙམ་བྱ། དབང་བཞི་བླང་བ་ནི། མ་ལུས་རྒྱལ་བའི་སྤྱི་གཟུགས་བླ་མའི་ཚོགས། །དཔལ་ལྡན་རྡོ་རྗེ་ རྣམ་བཞིའི་ངོ་བོ་ཉིད། །བདག་ལ་དབང་མཆོག་བསྐུར་བར་གསོལ་བ་འདེབས། །ད་ལྟ་ཉིད་ དུ་བྱིན་གྱིས་བརླབ་ཏུ་གསོལ། །ལན་གསུམ་དང༌། སླར་ཡང་དབང་བཞི་བླང་བ་ནི། ཆོས་རྗེ་བླ་མའི་ 1-1-282 ཚོགས་ཀྱི་གནས་བཞི་ལས། །འོད་ཟེར་དཀར་དམར་མཐིང་སེར་བཞི་འཕྲོས་ཏེ། །རང་ཅག་ དག་གི་སྒོ་བཞི་ལ་ཐིམ་པས། །སྒྲིབ་པ་བཞི་དག་དབང་བཞི་ཡོངས་རྫོགས་གྱུར། །དེ་ཡང་སྐུ་ ཡི་རྡོ་རྗེའི་རྣམ་འཕྲུལ་གྱིས། །དུང་མདོག་འོད་ཟེར་ཆེན་པོས་དབང་སྐུར་བས། །བུམ་དབང་ ཐོབ་ཅིང་སད་སྒྲིབ་ལེགས་སྦྱངས་ཏེ། །དོན་དམ་སྐུ་ཡི་རྡོ་རྗེ་མྱུར་མངོན་གྱུར། །ཀ་ཡ་ཨ་བྷི ་ ཥིཉྩ་ༀ། དཔལ་ལྡན་གསུང་གི་རྡོ་རྗེའི་རྣམ་འཕྲུལ་གྱིས། །རཱ་གའི་མདངས་འཛིན་འོད་ཀྱིས་ དབང་བསྐུར་བས། །གསང་དབང་ཐོབ་ཅིང་རྨི་ལམ་སྒྲིབ་པ་སྦྱངས། །དོན་དམ་གསུང་གི་རྡོ་ རྗེ་མྱུར་མངོན་གྱུར། །ཝཀ་ཨ་བྷི ་ཥིཉྩ་ཨཱཿ དཔལ་ལྡན་ཐུགས་ཀྱི་རྡོ་རྗེའི་རྣམ་འཕྲུལ་གྱིས། །དབང་སྔོན་མདོག་ཅན་འོད་ཀྱིས་དབང་བསྐུར་བས། །ཤེར་དབང་ཐོབ་ཅིང་གཉིད་འཐུག་ སྒྲིབ་པ་སྦྱངས། །དོན་དམ་ཐུགས་ཀྱི་རྡོ་རྗེ་མྱུར་མངོན་གྱུར། །ཙིཏྟ་ཨ་བྷི ་ཥིཉྩ་ཧཱུཾ། དཔལ་ལྡན་ ཡེ་ཤེས་རྡོ་རྗེའི་རྣམ་འཕྲུལ་གྱིས། །གསེར་བཟང་མདངས་ལྡན་འོད་ཀྱིས་དབང་བསྐུར་བས། །བཞི་པའི་དབང་ཐོབ་ཆགས་རྟོག་སྒྲིབ་པ་སྦྱངས། །དོན་དམ་ཡེ་ཤེས་རྡོ་རྗེ་མྱུར་མངོན་གྱུར། །ཛྙཱ་ན་ཨ་བྷི ་ཥིཉྩ་ཧོཿ འདིར་གཞན་གཤིན་པོ་རྗེས་འཛིན་བྱེད་པར་སྤྲོ་ན། གཟུངས་ཆུ། རྟེན་བྱང༌། བྲབ་རྫས། འདོད་ཡོན་སོགས་ འདུ་བྱས་ལ། ཐོག་མར་མ་དག་སྦྱང་བ་ནི། ཆོས་རྗེ་བླ་མས་དགོངས་གཏད་ལས། །དུས་འཁོར་ཐུགས་ སྲོག་ཧཱུཾ་ཡིག་སྤྲོས། །རང་ལ་ཕོག་པས་གདོས་བཅས་སྦྱངས། །སྐད་ཅིག་དུས་འཁོར་དཔའ་ གཅིག་གསལ། ། གཟུངས་ཆུ་སྒྲུབ་པ་ནི། དཔལ་ལྡན་རྗེ་ཡི་ཐུགས་ཀ་ནས། །ཐུགས་སྲོག་སྔགས་ཕྲེང་ཟེར་ བཅས་འཕྲོས། །གཟུངས་ཆུ་ལ་བསྟིམས་དྲི་མེད་ཀྱི། །སྡིག་སྒྲིབ་འཁྲུད་པའི་ནུས་ལྡན་གྱུར། ༀ་ཨཱཿ་གུ་རུ་པྲཛྙཱ་དྷྭ་ཛ་ཀཱ་ལ་ཙཀྲ་ཧཱུཾ། ཞེས་པ་ཅི་ནུས་བཟླ། ལག་ལེན་འདོད་འཇོའི་བུམ་བཟང་ལས། རྟེན་བྱང་བསྐྱེད་པ་ནི། དམིགས་བརྟེན་མིང་བྱང༴ སོགས་ 1-1-283 ནས། གུས་འདུད་གྱུར། །ཅེས་པའི་མཐར་འགུགས་པ་ནི། ན་མོ། རླབས་ཆེན་ཆོས་རྗེ་བརྒྱུད་རིམ་ ཚོགས། །རྣམ་འཕྲུལ་དང་བཅས་མཐུ་སྟོབས་ཀྱིས། །གཤིན་གྱི་རྣམ་ཤེས་སྐད་ཅིག་ལ། །མིང་ བྱང་རྟེན་དང་དབྱེར་མེད་མཛོད། །ཧཱུཾ་ཛཿ ལན་གསུམ། ལག་ལེན་འདོད་འཇོའི་བུམ་བཟང་ལས། བགེགས་ཚོགས་ལ་གཏོར་མ་སྦྱིན་ཚུལ་སོགས་སུ་འགྲོ་བར་བྱ། བགེགས་བསལ་ནི། ཆོས་རྗེ་བླ་མའི་གསང་གསུམ་འཕྲུལ། །ཡེ་ཤེས་ཁྲོ་ཆེན་མེ་དཔུང་ཚོགས། །རབ་འཕྲོས་གཤིན་ལ་ཐར་ལམ་གྱི། །བར་གཅོད་མཐའ་དག་རིང་དུ་བསྐྲད། །སུམྦྷ་ནིའི་ སྔགས་བརྗོད། ལག་ལེན་འདོད་འཇོའི་བུམ་བཟང་ལས། ཏིལ་སྦྱང་ཡོད་པ་ཇི་ལྟ་བ་བཞིན་བརྗོད་པར་བྱ། བྲབ་པ་ནི། གོང་ གི་མཚན་སྔགས་ཤམ་དུ། སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་སྭཱཧཱ། བཏགས་པ་བདུན་གྱིས་བྲབ་རྫས་བསྔགས་ནས་ རྟེན་ལ་བྲབ། ཁྲུས་ནི། བླ་མ་ལྷ་ཡིས་བྱིན་བརླབས་པ། །ཡེ་ཤེས་རང་བཞིན་འཁྲུད་བྱེད་ཆུ། །གང་འདིས་ ལས་ངན་སྡིག་སྒྲིབ་སྦྱངས། །འཁོར་བར་སྐྱེ་གནས་ཀུན་ཆོད་ཤོག །མཚན་སྔགས་བརྗོད་ལ་ཁྲུས་བྱ། བཤགས་སྦྱང་ནི། ཆོས་རྗེ་བླ་མ་བརྒྱུད་རིམ་བཅས། །རྣམ་པར་སྤྲུལ་བཀོད་གསང་གསུམ་ གྱིས། །གཤིན་པོའི་ལས་སྒྲིབ་མ་ལུས་སྦྱངས། །མྱུར་དུ་བྱང་ཆུབ་མཆོག་ཐོབ་ཤོག ། འདོད་ཡོན། ལག་ལེན་འདོད་འཇོའི་བུམ་བཟང་ལས། བསུར་བསྔོ་ཡོད་པ་ལྟར་བརྗོད་པར་བྱ་བའམ། ཡང་ ན་སམྦྷ་ར་བདུན་གྱིས་སྔོ ས་ལ། བླ་མ་ལྷར་བཅས་བྱིན་རླབས་ཀྱིས། །གཤིན་ལ་གང་འདོད་རྫས་སུ་ གྱུར། །རང་རང་འདོད་པ་རབ་ཚིམས་ནས། །རིང་མིན་སྡུག་བསྔལ་ཀུན་གྲོལ་གྱུར། ། ལག་ལེན་འདོད་འཇོའི་བུམ་བཟང་ལས། སྤྲོ་ན་ངོ་སྤྲོད་དང་འཕོ་བ་ཡོད་པ་ལྟར་འདོན་པར་བྱ་བའམ། གཞན་ ཡང་འཕོ་བ་ནི། བླ་མའི་ཆོས་སྐུ་ཡེ་ཤེས་དབྱིངས། །དབྱེར་མེད་རོ་མཉམ་གཉུག་མའི་གཤིས། །ཐུགས་ཡིད་རིས་སུ་ཆད་མེད་པར། །དགོངས་ཀློང་གཅིག་ཏུ་ཕཊ་ཀྱིས་སྤར། ། 1-1-284 ལམ་སྦྱང་ནི། ཆོས་རྗེ་བརྒྱུད་རིམ་སྤྲུལ་པའི་གར། །རླབས་ཆེན་མཛད་སྒོ་ཡོངས་རྒྱས་པས། །གཤིན་པོ་སྒྲིབ་སྦྱང་ལམ་སྣ་ཁྲིད། །དག་པའི་ཞིང་དུ་འཕོ་བར་ཤོག ། ལམ་བསྟན་ནི། གནས་ཆེན་ཤམྦྷ་ལ་ཡི་ཞིང༌། །རིགས་ལྡན་རྒྱལ་པོ་གང་བཞུགས་མདུན། ། དྲུག་ལྡན་རྡོ་རྗེའི་ལུས་སུ་འཕོས། །ཚེ་དེར་གསང་ཆེན་མཐར་ཕྱིན་གྱུར། ། བྱང་བུ་སྲིག་པ་ནི། བླ་མ་རྣམས་ཀྱི་ཐུགས་ཀ་ནས། །ཡེ་ཤེས་མེ་དཔུང་ཚོགས་སྤྲོས་པས། །རྣམ་སྨིན་ཕུང་པོ་དབྱིངས་སུ་སྦྱངས། །ལས་ངན་སྒྲིབ་ཀུན་བྱང་གྱུར་ཅིག །ཛྭ་ལ་རཾ་སརྦ་པཱ་པཾ་ ཤནྟ ་ཀུ་རུ་སྭཱཧཱ། ལན་ཅི་རིགས་བརྗོད། བསྔོ་བ་ནི། ཆོས་རྗེ་བླ་མའི་མཐུ་བྱིན་གྱིས། །གདུལ་ཞིང་ཡོངས་ལ་ཕན་ཐོགས་ཤིང༌། །འཁོར་བ་སྡུག་བསྔལ་མཚོ་ཆེན་ལས། །ལེགས་གྲོལ་སྐལ་བཟང་མཆོག་སྤྱོད་ཤོག ། ལག་ལེན་འདོད་འཇོའི་བུམ་བཟང་ལས། ཚེ་རྫས་བྱིན་རླབས་ནི། ཆོས་རྗེ་ཐུགས་ལས་རཾ་ཡཾ་ཁཾ་ གསུམ་སྤྲོས། །སོགས་ནས། མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱཧཱའི་བར་བརྗོད། ཚེ་འགུགས་བྱ་བ་ནི། ཆོས་རྗེ་བླ་ མའི་གསང་གསུམ་བྱིན་རླབས་ཀྱིས། །སྒྲུབ་བྱའི་བླ་ཚེ་ཉམས་པ་སླར་བསྡུས་ལ། །མི་འཇིག་ ཚེ་མཆོག་ལེགས་པར་བརྟན་བྱས་ཏེ། བསྐལ་པར་རྐྱེན་གྱིས་ནམ་ཡང་གཞིག་བྲལ་གྱུར། ། ཚེ་འགུགས་དངོས་ནི། ཧྲཱིཿ རང་བྱུང་ནང་རིག་འོད་གསལ་བདེ་གཤེགས་དབྱིངས། །འཇིག་ མེད་གཞོམ་བྲལ་ཐེར་ཟུག་རྟག་པའི་སྐུ། །གསང་གསུམ་ལྷ་ཚོགས་རབ་འབྱམས་རོལ་པའི་ ཀློང༌། །གདོད་མའི་གནས་ལུགས་མཆོག་གིས་དགེ་མཚན་ཕོབ། །གཉུག་མ་ཆོས་སྐུའི་གཤིས་ ལས་ཤར་བའི་འཕྲུལ། །སེམས་དཔའ་ཆེན་པོ་སྙིང་རྗེའི་རང་གཟུགས་སྐུ། །གང་དང་གཉིས་ མེད་རིགས་ལྡན་པད་དཀར་འཆང༌། །གང་འདུལ་སྤྲུལ་བསྒྱུར་ཀུན་མཁྱེན་ཇོ་ནང་པ། །ཁྱེད་ ལ་རྩེ་གཅིག་གུས་པས་གསོལ་བ་འདེབས། །མགོན་པོ་གང་གི་གསང་གསུམ་མཐུ་ནུས་ ཀྱིས། །བསྒྲུབ་བྱའི་བླ་ཚེ་ཉམས་པ་ཀུན་བསྡུས་ནས། །ཚེ་སྲོག་རྡོ་རྗེའི་ཁམས་སུ་བརྟན་གྱུར་ 1-1-285 ཅིག །དཔལ་ལྡན་བགྲེས་རྒུད་བྲལ་བ་རྡོ་རྗེའི་སྐུ། །ཟག་མེད་སྟོང་གཟུགས་འཇའ་ལུས་འཕོ་ བྲལ་མཆོག །སྐུ་ཡི་སྤྲུལ་བཀོད་ནམ་མཁའི་མཐར་ཁྱབ་པ། །ཀུན་མཁྱེན་ཆེན་པོ་རྒྱལ་ཀུན་ སྤྱི་གཟུགས་རྗེ། །ཁྱེད་ལ་རྩེ་གཅིག༴ སོགས་ཚིགས་རྐང་བཞི་འགྲེས། གངས་རིའི་ལྗོངས་འདིར་ ངེས་དོན་ཟབ་མོའི་སྲོལ། །ཇི་བཞིན་འབྱེད་ལ་ཟླ་དང་བྲལ་བའི་གསུང༌། །ལུང་དང་རིགས་ པས་ཕུལ་བྱུང་གཏམས་པའི་མཛོད། །ལེགས་བཤད་ངེས་དོན་རྒྱ་མཚོའི་དཔལ་མངའ་བ། །ཁྱེད་ལ༴ གནས་ལུགས་མཐར་ཐུག་བདེ་གཤེགས་སྙིང་པོའི་ཚུལ། །རྒྱལ་བའི་དགོངས་པ་ ཇི་བཞིན་ཐུགས་ཆུད་ཅིང༌། །མདོ་དང་སྔགས་ཀྱི་དེ་ཉིད་གཏིང་དཔོགས་ཏེ། །བདེན་གཉིས་ ཡང་དག་གཟིགས་པའི་མཁྱེན་སྤྱན་ལྡན། །ཁྱེད་ལ༴ གང་གི་ཐུགས་སྲས་འཕགས་ཆེན་ མཛད་བཟང་ཅན། །ནམ་མཁའི་སྙིང་པོའི་འཕྲུལ་ཆེན་སྒྱུ་མའི་གར། །ལུང་རིགས་སྨྲ་བའི་ དབང་ཕྱུག་ཆོས་གྲགས་དཔལ། །མཁས་མཆོག་ཆོས་ཀྱི་སྤྱན་ལྡན་ཐུགས་རྗེ་ཅན། །ཁྱེད་ལ༴ འཕགས་མཆོག་གནས་ལུགས་མཁྱེན་པའི་ཡེ་ཤེས་བརྙེས། །སྐད་གཉིས་ལེགས་སྨྲ་སྒྲ་བསྒྱུར་ ཆོས་ཀྱི་རྒྱལ། །གངས་ལྗོངས་གསུང་རབ་གསལ་བྱེད་འཇིག་རྟེན་མིག །སྒྲིབ་སེལ་ངུར་སྨྲིག་ གར་བསྒྱུར་བློ་གྲོས་དཔལ། །ཁྱེད་ལ༴ མདོ་སྔགས་དོན་ལ་མཁྱེན་སྤྱན་རབ་ཡངས་པ། །རྒྱལ་ ཚབ་མི་ཕམ་མཆོག་གི་རོལ་གར་ལས། །གནས་ལྔ་རིག་པའི་པཎ་ཆེན་ཆོས་ཀྱི་མཛོད། །བློ་ གྲོས་རྒྱལ་མཚན་དཔལ་གྱི་མཚན་བཟང་ཅན། །ཁྱེད་ལ༴ ལུང་དང་རིགས་པའི་གྲགས་སྙན་ ཆེར་རྒྱས་པ། །སེམས་དཔའ་ས་ཡི་སྙིང་པོའི་སྒྱུ་མའི་འཕྲུལ། །ཕས་རྒོལ་སྨྲ་ངན་ཚར་གཅོད་ མཁས་པའི་དབང༌། །ཕྱོགས་ལས་རྣམ་པར་རྒྱལ་བའི་ཀུན་མཁྱེན་མཚན། །ཁྱེད་ལ༴ གསུང་ རབ་དམ་པའི་དགོངས་དོན་ཐུགས་སུ་ཆུད། །ཀུན་ཏུ་བཟང་པོའི་མཛད་ཕྲིན་འགྲོ་འདྲེན་གཙོ། །རླབས་ཆེན་བསྟན་འགྲོའི་དཔལ་གྱུར་ལོ་ཙཱ་རྗེ། །ནོར་བུ་དཔལ་གྱི་ཡེ་ཤེས་ཞེས་གྲགས་པ། །ཁྱེད་ལ༴ གསང་བ་རིག་སྔགས་ཀུན་གྱི་མངའ་བདག་རྗེ། །མཐུ་སྟོབས་རབ་འབར་ཁྲོ་བོའི་ 1-1-286 རོལ་གར་མཁན། །ངེས་དོན་སྙིང་པོ་ཐུགས་ཀྱི་བཅུད་དུ་བལྟམས། །བསོད་ནམས་གྲགས་པ་ ཞང་སྟོན་ཆོས་ཀྱི་རྗེ། །ཁྱེད་ལ༴ ཡེ་ཤེས་སེམས་དཔའ་འཇམ་དཔལ་རོལ་པའི་གར། །གཞུང་ ལུགས་རབ་འབྱམས་མཁྱེན་པའི་བློ་གཏེར་ཅན། །ཀུན་མཁྱེན་གསུམ་པར་གྲགས་པའི་ མཚན་སྙན་རྒྱས། །ཀུན་དགའ་དཔལ་བཟང་སྐྱེ་དགུའི་རེ་སྐོ ང་བ། །ཁྱེད་ལ༴ འཇིག་རྟེན་མིག་ གྱུར་སྐད་གཉིས་སྨྲ་བའི་ཕུལ། །ལོ་ཆེན་རིན་ཆེན་བཟང་པོའི་སྤྲུལ་པའི་སྐུ། །ངེས་དོན་བསྟན་ ལ་སྨན་པའི་རྩ་ལག་རྗེ། །མཁས་མཆོག་ཀུན་དགའ་འབུམ་གྱི་མཚན་འཆང་བ། །ཁྱེད་ལ༴ འཇམ་དཔལ་རྣམ་པར་རོལ་པའི་འཕྲུལ་ཆེན་གར། །མདོ་སྔགས་དོན་ལ་མཁྱེན་པ་མཆོག་ རྒྱས་ཤིང༌། །སྙིགས་དུས་ངེས་པ་དོན་གྱི་འགྲོ་འདྲེན་དཔལ། །བློ་གྲོས་རྒྱལ་མཚན་མཛད་ཕྲིན་ ཡ་མཚན་ཅན། །ཁྱེད་ལ༴ རྒྱལ་བའི་དགོངས་དོན་དྲང་ངེས་འབྱེད་པའི་ཕུལ། །འཕགས་པའི་ ས་བརྙེས་ཐོགས་མེད་སླར་བྱོན་པ། །ཟབ་དགོངས་ཇི་བཞིན་འཆད་པའི་རླབས་ཆེ་བ། །རིན་ ཆེན་ཚུལ་ཁྲིམས་དཔལ་བཟང་འགྲོ་བའི་མགོན། །ཁྱེད་ལ༴ ཟབ་མོ་སྟོང་པ་ཉིད་ཀྱི་སྲོལ་ ཆེན་མཛད། །འཕགས་པ་ལྷ་ཡི་དབང་ཕྱུག་བསྟན་པའི་གཉེན། །སྙིགས་མར་བསྟན་འགྲོའི་ དཔལ་དུ་ལེགས་བཞེངས་པ། །ལྷ་ཡི་རྒྱལ་མཚན་བསྟན་པའི་རྩ་ལག་ཆེ། །ཁྱེད་ལ༴ རླབས་ ཆེན་མདོ་སྔགས་མཆོག་གི་ཟབ་དགོངས་རྟོགས། །ཤཱཀྱ་བཤེས་གཉེན་སྙན་པའི་གྲགས་ དཀར་ཅན། །བསྟན་འགྲོའི་མགོན་དུ་སླར་ཡང་ཕེབས་པའི་མགོན། །ཕུན་ཚོགས་དཔལ་ བཟང་རྗེ་བཙུན་བླ་མ་མཆོག །ཁྱེད་ལ༴ ཡེ་གཞི་སྔགས་ཀྱི་གཞན་སྟོང་དགོངས་ཆེན་བརྙེས། །གྲུབ་པའི་དབང་ཕྱུག་ཡུ་མོ་སླར་བྱོན་པ། །ཇོ་ནང་ཆེན་པོའི་ཐུགས་སྲས་བུ་ཆེན་རྗེ། །བློ་གྲོས་ དཔལ་གྱི་མཚན་མཆོག་དོན་ལྡན་པ། །ཁྱེད་ལ༴ རྒྱལ་བའི་ཞལ་མཐོང་འཕགས་ལམ་མངོན་ བྱང་ཆུབ། །གནས་བརྟན་ཆེན་པོ་བ་ཀུ་ལ་ཡི་མཚན། །སྙིགས་མའི་འགྲོ་ལ་བྱམས་བརྩེའི་ མཐུ་སྨིན་པ། །བསོད་ནམས་བཟང་པོ་ངེས་དོན་བརྒྱུད་འཛིན་ཆེ། །ཁྱེད་ལ༴ ཆོས་རྗེ་བླ་མ་ 1-1-287 ཡབ་སྲས་གང་དག་གི །ངེས་དོན་བསྟན་པ་ཡོངས་ཀྱི་མངའ་བདག་རྗེ། །འཇམ་མགོན་ཀུན་ དགའ་སྙིང་པོ་བསྟན་པའི་གཉེན། །ཡབ་སྲས་བརྒྱུད་འཛིན་རིམ་པར་བྱོན་གང་དག །ཁྱེད་ ལ༴ ཆོས་ཀྱི་རྗེ་བོ་འགྲོ་མགོན་མཆོག་རྣམས་ཀྱིས། །ཡི་དམ་རྒྱ་མཚོ་བསླུ་མེད་མཆོག་གསུམ་ དང༌། །མཁའ་འགྲོ་ཆོས་སྐྱོང་ཡོངས་ཀྱི་སྐུར་བཞེངས་ཏེ། །མཐུ་ཆེན་སྟོབས་ཀྱིས་བསྒྲུབ་བྱའི་ ཚེ་སྲོག་ཁུག །དེ་ལྟར་ཇོ་ནང་ཆེན་པོ་ཡབ་སྲས་དང༌། །རྗེ་བཙུན་སྒྲོལ་མགོན་བརྒྱུད་འཛིན་ དང་བཅས་ལ། །དད་གུས་སྙིང་ནས་གསོལ་བ་འདེབས་པའི་སྒོས། །རྡོ་རྗེའི་ཚེ་མཆོག་ལེགས་ འགུགས་བྱས་མཐུ་ལས། །བསྒྲུབ་བྱ་གང་དེའི་ཚེ་སྲོག་སླར་གསོས་པ། །ནམ་ཡང་ཉམས་པ་ མེད་པ་བསྲུང་བའི་རྒྱ། །ཆོས་རྗེ་བླ་མ་བརྒྱུད་འཛིན་བཅས་པ་ཡི། །རླབས་ཆེན་ཟླ་དང་བྲལ་ བའི་དགེ་མཚན་ཅན། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ལྔ། །དཔག་ཡས་མཐུ་ནུས་ བྱིན་ཆེན་གསར་བའི་དཔལ། །བསླུ་བ་མེད་པས་འགྱུར་མེད་རྒྱ་གཅིག་འདེབས། །ནམ་ཡང་ མི་ཉམས་རྡོ་རྗེའི་སྲོག་ཏུ་གྱུར། །གང་དེས་སྒྲུབ་པོའི་ཚེ་སྲོག་རབ་ཏུ་བརྟན། །འཇིག་པ་མེད་ པའི་རྡོ་རྗེའི་སྲོག་ཆེན་པོ། །སྲི ད་གསུམ་དཔུང་གིས་རྒོལ་ཀྱང་མི་ཚུགས་པའི། །གཞོམ་བྲལ་ ཚེ་མཆོག་ཀུན་ནས་ཐོབ་པར་ཤོག །སྤྲོ་ན་རྟེན་སྙིང་བརྗོད། ལག་ལེན་འདོད་འཇོའི་བུམ་བཟང་ལས། ཉིན་ཐ་མར་དངོས་གྲུབ་བླང་བ་ནི། དམིགས་མེད་སྟོང་ གསལ་བདེ་བའི་རང་མདངས་རྒྱས། །སོགས་ནས། སྙིང་པོ་ཉེ་སྙིང་གཟུངས་རིང་བརྗོད་པའི་བར་རོ། །ཀྱེ་ཧོ། ཆོས་རྗེ་བླ་མའི་ཚོགས་རྣམས་བརྩེ་བས་དགོངས། །བདག་ཅག་རྨོངས་ཤིང་ལེ་ལོའི་ འདི་ཉིད་ཀྱིས། །གསོལ་འདེབས་སྒྲུབ་མཆོད་དུས་སུ་མ་འཛོམས་སོགས། །ཉེས་ནོངས་གང་ མཆིས་བཟོད་པར་མཛད་དུ་གསོལ། །གཏོར་ཆོག་ལྟར། མགོན་པོ་ཐུགས་རྗེ་ཆེན་པོ༴ སོགས་ བརྗོད། ཡིག་བརྒྱ་ལན་གསུམ། མ་འབྱོར་པ་དང༴ སོགས་བརྗོད། བསྡུ་རིམ་ནི། ཆོས་རྗེ་མཆོག་གིས་ཆོ་ འཕྲུལ་ཀུན་ཀྱང་བསྡུས། །བླ་མ་གཙོ་འཁོར་ཐམས་ཅད་འོད་ཕུང་ཞུ། །རང་གི་སྤྱི་བོར་ཞུགས་ 1-1-288 ནས་གསང་གསུམ་དང༌། །སྒོ་གསུམ་དབྱེར་མེད་ཆོས་སྐུ་ཉག་གཅིག་ངང༌། ། ཟུར་འདེབས་ལེགས་བསྒྲིགས་ལས། ངེས་དོན་བསྟན་པ༴ སོགས་ནས། རབ་ཏུ་བརྟན་པར་གྱུར། །པའི་བར་རོ། ། བསྔོ་སྨོན་ནི། དེ་ལྟར་རྣམ་དཀར་ལེགས་བྱས་འདིས་མཚོན་པའི། །མཐའ་ཡས་དུས་གསུམ་ དང་འབྲིལ་དགེ་ཆེན་ཚོགས། །བསྟན་འགྲོར་ལེགས་ཕན་ཀུན་ནས་འཕྱུར་བའི་རྐྱེན། །མཚན་ འཛིན་དམིགས་བྲལ་ངང་ནས་ཟབ་སྔོ་བགྱིད། །དགེ་འདིས་ཀུན་རྫོབ་འཁྲུལ་སྣང་ལ་ཞེན་ པའི། །འགྲོ་ཁམས་སྙིང་གི་རྨོངས་པ་མྱུར་བསལ་ཏེ། །གཉུག་མ་རང་བྱུང་ཡེ་ཤེས་མངོན་བྱས་ ནས། །གཞན་མཆོག་གཤེགས་སྙིང་དགོངས་པར་གྲོལ་གྱུར་ཅིག ། མཆོད་ཚོགས་ཀྱི་རྣམ་པར་དཀར་བའི་ལེགས་བྱས་དེས། །མཁའ་ཁྱབ་ཀྱི་འགྲོ་བའི་སྒྲིབ་ པ་རིམ་བྱང་ནས། །གསང་ཆེན་གྱི་ལམ་བཟང་སྐལ་བར་ལེགས་འགྲིག་སྟེ། །ཟུང་འཇུག་ལ་ རིང་མིན་ཉེ་བར་ཉིད་གྱུར་ཅིག །སླར་བཅས་ཀྱི་འགྲོ་བའི་སྐྱབས་གཅིག་ཐུབ་པའི་བསྟན། །སྐྱེ་དགུ་ཀུན་ཕན་དང་བདེ་ལ་བཀྲི ་བའི་སྒོ། །ལུང་རྟོགས་ཀྱི་བྱ་བ་དབྱར་མཚོ་ལྟར་རྒྱས་ ཤིང༌། །བདེ་སྐྱིད་ཀྱི་འཕེལ་ཁ་ནམ་ཡང་ཉམས་མེད་ཤོག །ཡང་སྒོས་སུ་རྫོགས་ལྡན་ཆོས་ མཆོག་གསར་བའི་དཔལ། །དུས་མཐའ་རུ་འགྲོ་ལ་ཆོས་ཀྱི་དགའ་སྟོན་ཤར། །གནས་ལུགས་ ཀྱི་གསང་ཆེན་ཟབ་མོའི་དེ་ཉིད་ལ། །མཆོག་དམན་གྱི་སྐྱེ་འགྲོ་མཐའ་དག་གཞོལ་གྱུར་ཅིག །གཏོར་ཆོག་ལྟར། བསོད་ནམས་འདི་ཡིས༴ ནས། འཛིན་པའི་རྒྱུར་གྱུར་ཅིག །གི་བར་བྱ། གཞན་ ཡང་སྤྲོ་ན། ཤམ་སྨོན་སོགས་སྨོན་ལམ་སྣ་ཚོགས་ཀྱིས་མཐའ་བརྒྱན་པར་བྱའོ། ། དེ་ནས་བཀྲ་ཤིས་ནི། དཔལ་ལྡན་བླ་མ་ཆོས་རྗེ་ཡབ་སྲས་དང༌། །བརྒྱུད་འཛིན་རྣམ་འཕྲུལ་ བསམ་མི་ཁྱབ་པ་བཅས། །གཞི་དབྱིངས་ཆོས་སྐུའི་གཤིས་སུ་འདུ་འབྲལ་མེད། །བདེན་པ་ མཆོག་གིས་དགེ་མཚན་ཡོངས་འབར་མཛོད། ། 1-1-289 ལག་ལེན་འདོད་འཇོའི་བུམ་བཟང་ལས། སྤྲོ་ན་བཀྲ་ཤིས་མཚམས་སྦྱར་བཅས་ནི། ༀ་སྭཱ་སྟི། བཀྲ་ཤིས་ གང་ཞིག་གཞི་དབྱིངས་ཆོས་ཉིད་འགྱུར་བ་མེད། །འོད་གསལ་ཀུན་ཁྱབ་འདུས་མ་བྱས་ཤིང་ རྟག་བདེའི་སྐུ། །བདེ་གཤེགས་སྙིང་པོ་ཆོས་སྐུ་ཡོན་ཏན་ལྷུན་གྲུབ་པ། །བདེན་པ་གང་དེས་ འགྲོ་ལ་ལེགས་སྒོའི་བཀྲ་ཤིས་སྩོལ། །བཀྲ་ཤིས་གང་ཞིག་བདུད་བཞིའི་གཡུལ་ལས་ལེགས་ རྒྱལ་བ། །ཟླ་བྲལ་ཀུན་གཟིགས་མཆོག་གིས་དཔལ་གྱི་མགུར་བཟང་ལས། །གནས་ལུགས་ དེ་ཉིད་ངེས་དོན་ཕྱིར་མི་ལྡོ ག་པར་བསྩལ། །བདེན་པ་གང་དེས༴ བཀྲ་ཤིས་གང་ཞིག་རྒྱལ་ བའི་དགོངས་ཆེན་ལེགས་འབྱེད་པ། །གངས་རིའི་ལྗོངས་འདིར་ངེས་དོན་བསྟན་པའི་མངའ་ བདག་རྗེ། །ཀུན་མཁྱེན་རྒྱལ་བ་གཉིས་པ་ཆེན་པོར་གཅིག་ཏུ་ངེས། །བདེན་པ་གང་དེས༴ བཀྲ་ཤིས་གང་ཞིག་ཆོས་རྗེ་མཆོག་གི་དགོངས་ཆེན་ཕུལ། །འཛིན་སྐྱོང་སྤེལ་མཁས་རང་ འདྲའི་ཐུགས་སྲས་བུ་ཆེན་ཚོགས། །ལུང་རྟོགས་རྒྱ་མཚོའི་གཏེར་གྱུར་གསེར་རིའི་ཕྲེང་བཞིན་ བསྟར། །བདེན་པ་གང་དེས༴ བཀྲ་ཤིས་གང་ཞིག་ངེས་དོན་རྫོགས་ལྡན་ཆོས་ཀྱི་མཆོག །ཀུན་ མཁྱེན་ཡབ་སྲས་བཞེད་དགོངས་ཇི་བཞིན་ཆེས་གསལ་མཁན། །ཀུན་དགའ་སྙིང་པོ་སྲས་ བཅས་གང་ལས་གཞན་པ་སུ། །བདེན་པ་གང་དེས༴ བཀྲ་ཤིས་གང་ཞིག་ཆོས་རྗེ་བླ་མའི་རྣམ་ པར་འཕྲུལ། །ཡི་དམ་མཆོག་གསུམ་མཁའ་འགྲོ་ཆོས་སྐྱོང་གང་ཚོགས་བཅས། །གང་འདུལ་ མཛད་བཟང་རིས་སུ་ནམ་ཡང་ཆད་མིན་པ། །བདེན་པ་གང་དེས་འགྲོ་ལ་ལེགས་སྒོའི་བཀྲ་ ཤིས་སྩོལ། །བཀྲ་ཤིས་གང་ཞིག་ཕུན་ཚོགས་ལེགས་སྒོ་ཀུན་གྱི་གཞི། །རྒྱལ་བ་རྒྱ་མཚོའི་ ཆོས་སྐུ་གཞི་འབྲས་དབྱེར་མེད་བདག །མ་ལུས་འགྲོ་ལ་སྙིང་གི་ཁམས་སུ་རྟག་བཞུགས་པ། །རང་བཞིན་བདེན་ངེས་སྐྱེ་དགུ་ཡོངས་ཀྱིས་མྱུར་མངོན་ཤོག ། ངེས་དོན་བསྟན་པ་རྒྱས་སྨོན་རྒྱལ་བ་རྒྱ་མཚོ་དང༌། ཟུར་འདེབས་ལེགས་བསྒྲིགས་ལས། བསྟན་འབར་མ་ནི། སྟོབས་བཅུའི་དབང་ཕྱུག་བདུད་བཞིའི༴སོགས་ནས། རྟག་པར་འབར་གྱུར་ཅིག །ཅེས་བརྗོད་པར་ 1-1-290 བྱའོ། །ཞེས་པའི་བཀྲ་ཤིས་ཀྱིས་མཐའ་བརྒྱན་པས་སྤྲོས་བཅས་དུས་མཆོད་ལེགས་པར་གྲུབ་བོ། ། གཉིས་པ་སྤྲོས་མེད་རྒྱུན་ཁྱེར་གྱི་ཚུལ་ནི། གོང་དུ་བཤད་པ་བཞིན་གྱི་བར་ཆད་ལམ་སེལ་ཐོག་མར་འདོན། གསོལ་འདེབས་ཀྱང་དེ་ལྟར་བཏང་མཐར། མཆོད་རྫས་བྱིན་བརླབས་དོར་ནས་ལོགས་སུ་ཡོད་པའི་མཆོད་ཐབས་ རང་རྐྱང་ངམ། གོང་གི་སྐྱབས་སེམས་དང༌། ཟུར་འདེབས་ལེགས་བསྒྲིགས་ལས། བསྐྱེད་པ་རྣམས་བཏང༌། གཞུང་ འདིར་བསྡུས་ཡོད་པའི་ཡན་ལག་བདུན་པ་ཚར་གྲངས་ཅི་འགྲུབ་ལ་འབད། དེ་ནས་སྤྲོ་ན་རྒྱང་འབོད་དང་མིན་ན་ གསོལ་འདེབས་ཅི་ནུས་བྱ། ཚོགས་མཆོད་དོར་ལ་དབང་བླངས་ཚེ་འགུགས་བསྡུ་བསྔོ ས་མཐར་དབྱུང་བར་བྱའོ། ། དེ་འདྲའི་འདོན་ལུགས་གོང་མ་སྤྲོས་བཅས་དུས་མཆོད་སྐབས་ཡིན་གྱི། སྤྱིར་ནི་ལོགས་སུ་ཡོད་པའི་མཆོད་ ཐབས་ཚོགས་འབུལ་སོགས་རང་དཀྱུས་མགོ་ཐུབ་བྱས་ཀྱང་ཆོག ཅེས་ཀུན་མཁྱེན་ཡབ་སྲས་བརྒྱུད་རིམ་བཅས་ཀྱི་ མཆོད་ཐབས་ལ་སྦྱར་འོས་པའི་ལྷན་ཐབས་བྱིན་རླབས་དཔལ་སྟེར་ཞེས་བྱ་བ་འདི་ཡང་སྔ་སོར་རིང་མོ་ནས་འདི་ ཕྱོགས་ཀ་ཐོག་བླ་མ་ཡེ་ཤེས་ཕུན་ཚོགས་ཀྱིས་མཆོད་ཆོག་ཕྱོགས་ཧ་ལམ་འདི་འདྲའི་གསུང་བསྐུལ་མཛད་ཡོད་པའི་ ཁར་ཕྱིས་སུ་རྔ་ཡུལ་ཕྱོགས་ཀྱི་རབ་བྱུང་གཙང་མར་བརྩོན་པ་བཙུན་ཆུང་ཀུན་དགའ་ཡོན་ཏན་གྱི་ཆེད་བསྐུལ་ལྟར། མ་ཏིས་སྤེལ་བཞིན་ཆོས་མཆེད་དམ་པས་ཡི་གེ་པ་ལེགས་བགྱིས་མཛད་པ་འདིས་བསྟན་འགྲོ་ལ་ཕན་ཐོགས་འབྱུང་ བར་ཤོག་ཅིག །སླར་ཡང་མཇུག་གི་བརྗོད་བྱ་ཡང་སྐྱབས་མགོན་མ་ཏི་ཀིརྟི་རིན་པོ་ཆེའི་གསུང་རབ་རྣམས་གདུལ་བྱ་ སོ་སོའི་ཁམས་དབང་དང་མཐུན་པར་རང་གཞུང་མགོ་ཐུབ་སོ་སོ་བ་དུ་མ་རྣམས་སུ་འདུག་ཀྱང་དེ་དག་སྟབས་བདེ་བ་ ལ་དགོངས་ནས་ལྷན་ཐབས་དང་ཟུར་འདེབས་ལེགས་བསྒྲིགས་གཉིས་ཁོང་གིས་བྱས་ཡོད་པའི་དགོངས་དོན་ཇི་ལྟ་ བ་བཞིན་ཡང་སྡེབ་བྱས་ནས་ངག་འདོན་ལ་འཇུག་སླ་བར་བྱས་པ་འདི་མདོ་ཁམས་སྨད་ཀྱི་ས་ཡིའི་ཐིག་ལེར་རྔ་ཡུལ་ གྱི་བྱེ་བྲག་ངེས་དོན་དགའ་བའི་ཚལ་གྱི་རྒྱལ་བསྟན་ངེས་གསང་གི་ཁུར་ཆེན་ལེགས་བཞེས་མཛད་པའི་སྐྱེས་མཆོག་ དམ་པ་བླ་མ་ཐུགས་རྗེ་དཔལ་གྱི་དབང་ཕྱུག་གིས་ཞལ་བཀོད་ལྟར་བསྒྲིགས་ཁུལ་བགྱིས་པ་འདི་བླ་མ་རྣམ་གཉིས་ ཀྱི་བཀའ་དྲིན་གསོ་བའི་ཕྱིར་དང༌། དཔལ་རྒྱལ་བ་གཉིས་པ་ཀུན་མཁྱེན་ཇོ་ནང་པ་ཆེན་པོའི་བསྟན་པ་ཕྱོགས་ཐམས་ ཅད་དུ་དར་བའི་ཆ་རྐྱེན་དུ་དམིགས་ཏེ། བློ་བཟང་ཆོས་འཕེལ་པས་སྨྲས་པ་ལྟར་ཡི་གེ་པ་ནི་ཤཱཀྱའི་དགེ་སློང་གྲགས་ 1-1-291 པ་རྒྱལ་མཚན་ནོ། །རབ་དཀར་འདི་བསྐྲུན་པས། །མ་ལུས་འགྲོ་ཚོགས་ཀྱི། །གནས་སྐབས་མཐར་ཐུག་གི ། དཔལ་ ཡོན་མཐའ་མེད་ཤོག །མ་ཏིས་སོ།། 1-1-292 ༄༅། །ཀུན་མཁྱེན་ཡབ་སྲས་བརྒྱུད་རིམ་བཅས་ཀྱི་ལྷན་ཐབས་དང་ ཚོགས་མཆོད་སོགས་ལ་མཁོ་བའི་ལག་ལེན་གྱི་རིམ་པ་ འདོད་དགུ་འཇོ་བའི་བུམ་བཟང་ ཞེས་བྱ་བ་བཞུགས་སོ། ། ༄༅། །དུས་གསུམ་སངས་རྒྱས་ཀུན་གྱི་མཛད་པ་དང་ཕྲིན་ལས་ཐམས་ཅད་གཅིག་ཏུ་འདུས་པའི་བདག་ཉིད་ བསིལ་ལྗོངས་ནོར་འཛིན་ཡངས་པའི་ཐིག་ལེར་རྒྱལ་བསྟན་གངས་རི་སྐྱོང་བའི་སེང་གེ་རྫོགས་ལྡན་གཡུ་རལ་རིང་དུ་ རྒྱས་པ་ཀུན་མཁྱེན་ཇོ་ནང་པ་ཆེན་པོ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོ་ཡབ་སྲས་བརྒྱུད་འཛིན་རྣམས་དང་ དབྱེར་མེད་པ་སླར་ཡང་ངེས་དོན་རྫོགས་ལྡན་བསྟན་པའི་རྒྱལ་མཚན་ལྷ་ལམ་ཡངས་པ་ཀུན་ཏུ་བསྒྲེངས་པ་སྐྱབས་ མགོན་མ་ཏི་ཀིརྟི་རིན་པོ་ཆེ་ལ་སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །བློ༵་གྲོ༵ས་རབ་ཡངས་སྔོ་བསངས་མ་རུ་མཁྱེན་ པའི་ཡེ་ཤེས་ནམ་མཁའི་ནོར་བུ་ཉུལ་བཞིན་འགྲོ་ཀུན་དྲོད་ཀྱིས་སྐྱོང༌། །རྫོགས་ལྡན་ལེགས་བཤད་འོད་དཀར་ཕྲེང་ བས་ས་གསུམ་འགྲོ་རྨོངས་ཅིག་ཅར་བཅོམ་བཞིན་སྐལ་བཟང་ལེགས་སྩོལ་མཛད། །གྲ༵གས་པ༵འི་དགེ་ཚོགས་སྦྲང་ རྩིའི་རྒྱལ་མཚན་ནོར་འཛིན་བུ་མོའི་མགྲིན་པར་འཁྱུད་བཞིན་བདུད་རྩིས་དགའ་སྟོན་ངོམ། །ར་ཡིག་གཉིས་པའི་ཁྱུ་ ཚོགས་འཚོ་མཛད་བླ་མའི་ཞབས་ཀྱི་པདྨོར་གུས་བཞིན་དེ་ལ་ཡང་ཡང་འདུད། །གློ་བུར་དྲི་མ་གདོད་ནས་བྲལ་ཞིང་ བདེན་གཉིས་ཆོས་ཚུལ་རྣམ་ཀུ༵ན་མཁྱེ༵ན་པའི་ནོར་བུའི་མེ་ལོང་ངོར། །མདོ་སྔགས་རྒྱ་མཚོའི་བཅུད་བསྡུས་སྔར་མེད་ རྫོགས་ལྡན་རང་ལུགས་གཞུང་ཀུན་ཤེ༵ས་ར༵བ་གསེར་ཞུན་པིར་གྱིས་བྲི ས། །ལེགས་བཤད་ཟླ་བྲལ་ངེས་དོན་རྒྱ་ མཚོའི་ཟབ་རིས་ཀྱིས་མཛེས་ནམ་མཁའི་རྒྱ༵ལ་མཚ༵ན་ལྷབ་ལྷུབ་གཡོ་ཞིང་འཁྱིལ། །འགྲོ་བ་ཀུན་ལ་འདོད་དགུའི་ 1-1-293 ཆར་དང་ཁྱད་པར་ངེས་དོན་ཆོས་དཔ༵ལ་བཟ༵ང་པོ༵ས་རེ་སྐོ ང་ཞབས་ལ་འདུད། །མདོ་སྔགས་རྒྱ་མཚོའི་བཅུད་ཀུན་ རྣམ་དཔྱོད་ཧུབ་ཀྱིས་དྲངས་ཏེ་ལེགས་བཤད་པད་དཀར་གསེར་ལྡན་གནས་ཀུ༵ན་ཁྱ༵བ། །རྫོགས་ལྡན་གཞན་སྟོང་གེ་ སར་ཕྲེང་བསྟར་ཟབ་གནད་བདུད་རྩིའི་ལྕི ་བཞིན་ཉམས་མྱོང་དྲི་ངད་ཕྱོགས་ཀུ༵ན་ཁྱ༵བ། །ཟླ་བྲལ་བསྟན་འཛིན་ དཔྱིད་ཀྱི་རྒྱལ་མོས་རྫོགས་ལྡན་མགྲིན་སྙན་བསིལ་ལྗོངས་སྟོད་སྨད་མ་ལུས་པ་ཀུ༵ན་ཁྱ༵བ། །འགྲོ་བ་ཡོངས་ཀྱི་འདྲེན་ པ་གཅིག་གྱུར་ཐུ༵གས་སྲ༵ས་བུ༵་ཆེ༵ན་ཚོགས་ཀྱི་ཐུགས་རྗེ་ལྕགས་ཀྱུས་ཞིང་ཀུ༵ན་ཁྱ༵བ། །མདོ་རྒྱུད་རྒྱ་མཚོའི་བཅུད་ བཟང་མ་ལུས་སྙིང་གི་བུམ་པར་གཏམས། །མན་ངག་འདོད་དགུའི་བདུད་རྩི་འགྲོ་བ་ཀུན་ལ་ཉེར་སྩོལ་མཁན། །ཀུ༵ན་ དག༵འ་སྙི༵ང་པོ༵་སྲས་བཅས་རྒྱུད་འཛིན་ཚོགས་ཀྱི་ཞབས་རྡུལ་ལ། །སྐྱེ་དང་སྐྱེ་བའི་ཕྲེང་བ་རྣམས་སུ་གུས་པས་ཕྱག་ བགྱིད་དོ། །ཀུན་མཁྱེན་ཡབ་སྲས་རྗེ་བཙུན་གཙོ་འཁོར་རྣམས། །མཆོད་ཐབས་བྱིན་རླབས་དཔལ་སྟེར་ཞེས་བྱ་དང༌། །ཚོགས་མཆོད་དེ་ཀུན་དགྱེས་པའི་མཆོད་སྤྲིན་ལ། །མཁོ་བའི་ལག་ལེན་འདོད་འཇོའི་བུམ་བཟང་འབྲི ། །འདིར་ཀུན་ མཁྱེན་ཡབ་སྲས་བརྒྱུད་རིམ་བཅས་ཀྱི་མཆོད་ཐབས་ཀྱི་ལྷན་ཐབས་དང་ཚོགས་མཆོད་འབུལ་ཐབས་ཉེར་བསྡུས་ཀྱི་ སྒོ་ནས་བསོད་ནམས་བསགས་པའི་སྐབས་སུ་མཁོ་བའི་ལག་ལེན་གྱི་རིམ་པ་ལ། ཉེ་སྦྱོར་དང༌། དངོས་གཉིས་ལས། དང་པོ་ཉེ་སྦྱོར་ལ། མཆོད་པའི་རྫས་སྦྱར་ཚུལ་དང༌། བཅའ་བཤམ་ལག་ལེན་གྱི་རིམ་པ་གཉིས་ལས། དང་པོ་མཆོད་ པའི་རྫས་སྦྱར་ཚུལ་ལ་ཕྱི་ནང་གསང་བ་གསུམ་ལས། དང་པོ་ཕྱིའི་མཆོད་རྫས་དངོས་བཤམ་ཆུ་གཉིས་ཉེར་སྤྱོད་ཡིད་ སྤྲུལ་རྫས་རྟགས་རྒྱལ་སྲི ད་སོགས་བཤད་པ་ལས། སྐབས་འདིར་སྔ་མ་སྟེ། འདི་ལ་མཆོད་ཡུལ་ལྷའི་དབྱེ་བས་ཞི་ དྲག་གཉིས་ལས། ཞི་བ་ནི་རྒྱུད་སྡེ་འོག་མ་རྣམས་ཀྱི་ལུགས་དང་ཐུན་མོང་དུ་བྱ་དགོས་པས། མཆོད་ཡོན་ནི། མདུན་ བརྡར་བའི་བསིལ་སྐྱེམས་ཡིན་པས། དྭངས་བསིལ་མངར་འཇམ་སོགས་ཡན་ལག་བརྒྱད་དང་ལྡན་པའི་ཆུ་གཙང་ སོགས་སྲོག་ཆགས་མེད་པའི་རིན་པོ་ཆེའི་བྱ་མ་བུམ་ནས་བསྒྲེངས་པའམ་རིན་པོ་ཆེའི་སྣོ ད་དུ་བཤམས་པ་སྟེ། དེའང་ ཞི་བའི་ལས་ལ། ནས། འོ་མ། མེ་ཏོག་དཀར་པོ། ཀུ་ཤ ཏིལ་དཀར། འབྲས་ཡོས།༼བརྔོས་པའི་འབྲས་དཀར། མཆན།༽ བདུད་རྩིར་བཅས་པའི་དྲི་དང་ཁ་དོག་དཀར་པོའི་ཆུ་སྟེ་རྫས་བདུན་དུ་གྲགས་པ་དང༌། རྒྱས་པ་ལ། ཏིལ། ཀུ་ཤ མེ་ཏོག་སེར་པོ་དྲི་དང་ཁ་དོག་སེར་པོའི་ཆུ་རྣམས་སྦྱར་བའོ། །དགོངས་འདུས་ལས། ཁ་དོག་ལས་བཞི་སོ་སོར་ 1-1-294 ལྟར་བསྒྱུར་བའང་གསུངས་སོ། །ཞབས་བསིལ་ནི། ཕྱག་ཞབས་བཀྲུ་བའི་ཆུ་གཙང་མ་འདམ་དང་སྲོག་ཆགས་མེད་ པ་ལ་ཤིང་ཤུན་ལྔའི་ཕྱེ་མ་བཏབ་པ་དགོས་ཏེ། དེའང་བོད་དུ་ཡོད་པའི་འོ་མ་དང་བདུད་རྩི་ཅན་དུ་གྲགས་པ། བ་ ལུ།༼འམ་ད་ལི་ཞེས་ཤིང་སྡོང་ལོ་མ་ལ་བ་ལུ་ཟེར་མེ་ཏོག་ལ་ད་ལི་དང་མིང་གཞན་ལ་སུ་རུ་དཀར་པོ་ཟེར། མཆན།༽ འོམ་བུ། ལྕང་དཀར། ཤུག་པ༼འམ་མིང་གཞན་ལ་ནགས་མའི་ཐང་ཆུ་ཡང་ཟེར། མཆན།༽ ཙན་དན་དཀར་པོ། ཁམ་ བུ་རྣམས་ཀྱི་ཤུན་པ་ལ་བྱ་བར་བཞེད། མེ་ཏོག་དངོས་ནི། ཐང་དང་ཆུ་ལས་སྐྱེས་ཤིང་དུག་རིགས་མ་ཡིན་པའི་ཁ་དོག་ དང་དྲི་ཕུན་སུམ་ཚོགས་པ་དང༌། གཟུགས་བརྙན་གསེར་དངུལ་སོགས་རིན་པོ་ཆེ་དང་དར་གོས་སྣ་ཚོགས་ལས་སྡོང་ པོ་ལོ་མ་ཟེའུ་འབྲུ་རྣམས་ཚང་བར་ཆེད་དུ་བཟོས་པའམ་ཐ་ན་གྲོ་ཤོག་ཚོན་གྱིས་བསྒྱུར་བ་ལས་དབྱིབས་ལེགས་ མདངས་མཛེས་སུ་བཅོས་པ་སྟེ། འདིའང་གཏེར་རྙིང་གཞུང་ཆེན་རྣམས་ལས་བཤད་པས་གསར་མའི་ཕྱག་ལེན་དུ་ འབྲུ་བཤམ་པ་ལས་མེད་ཀྱང་དམིགས་པའི་རྟེན་ཙམ་ལ་ནི་མཚུངས་ཕྱིར་བསམ་པ་དག་པས་ལེགས་པར་བསྒྲུབ་ན་ དེ་ཙམ་གྱིས་ཆོག་པར་འགྱུར་རོ། །བདུག་སྤོས་ལྷན་སྐྱེས། ཙན་དན་དང་ཨ་ག་རུ་སོགས་དྲི་ངད་བཟང་པོ་དང་ལྡན་པ་ སྟེ་བོད་དུའང་ཤུག་པ། ཨར་ནག མཁན་དཀར་སོགས་དྲི་བཟང་ཅན་རྣམས་དང༌། སྦྱར་སྤོས་ཆོས་སྡེ་ཆེན་པོ་རྣམས་ ཀྱི་བཟོ་ཁྱད་ལག་ལེན་མང་ཡང་ཕལ་བས་མི་འབྱོར་ཞིང༌། ཡི་གེར་འཇིགས་པས་མ་སྤྲོས་ལ། གཏེར་ཆེན་ཆོས་རྗེ་ གླིང་པས་གུ་རུ་སྤྱན་འདྲེན་གྱི་སྤོས་སྦྱར་བ་ལ་བསྔགས་པའི་དྲི་བཟང་ཕུལ་དུ་བྱུང་བ་ནི། ན་གི་དུག་བྲལ་དུལ་མ་དང༌། ཁ་ཆེ་གུར་ཀུམ་གཉིས་ཆ་མཉམ། དེའི་ཕྱེད་ཆ་གུ་གུལ་གླ་རྩི་རུ་རྟ་གསུམ་ཆ་མཉམ། དེ་གསུམ་གྱི་ཕྱེད་ཆ་ཙན་དན་ དཀར་པོ། ཛ་ཏི། ཨ་ག་རུ་ནག་པོ་འབའ་ཞིག་ཆ་མཉམ། དེ་གསུམ་པོའི་ཕྱེད་ཆ་སྤོས་དཀར།༼ལྕ་རྒོད་ཟེར་བའི་རྩྭ་ སྨན་ཞིག་གི་མིང༌། ཏང་ཀུ་ནག་པོ་ཟེར་རྩྭ་སྨན་ཏེ། རིགས་གཉིས་ཡོད། མཆན།༽ ཏང་ཀུ་དྲི་ལྡན་བཅས་ཞིབ་པར་ འདམ་འཐག་ཡུན་རིང་དུ་བྱས་ནས་གོང་བུར་བསྒྲིལ་བའམ། སྤོས་ཀྱི་རེང་བུའམ། ཕྱེ་མ་བྱས་ནས་བྱིན་འབེབས་ སོགས་ཀྱི་སྐབས་སུ་བདུག་པས་དྲི་ཞིམ་ཕུན་སུམ་ཚོགས་པ་འབྱུང་བར་གསུངས་སོ། །བླ་མ་དགོངས་འདུས་ལས་ གསུངས་པའི་ཚུལ་བཞིའི་སྦྱར་སྤོས་ནི། ཤིང་ཚ་ཆུའི་ཚུལ། སྤོས་དཀར་ཟས་ཀྱི་ཚུལ། ལི་ཤི་རྡོར་གྱི་ཚུལ། སྤང་སྤོས་ ཚྭའི་ཚུལ། ཞེས་སྦྱོར་ཚད་དང་ལྡན་པ་ལ། སྦྲང་བུར་གྱི་ཁ་ཚར་དང་ཁུ་བ་ཆང་ལས་བྱས། སུག་སྨེལ་གྱི་ཕབས་བཏབ་ 1-1-295 པས་དྲི་ཞིམ་ལ་དགོས་པ་དང་ལྡན་པའི་སྤོས་བཟང་འཕྲལ་དུ་འགྲུབ། ཡང་སྤོས་སྦྱོར་བཀའ་རྒྱ་མར་གྲགས་པ། ཀླུ་མོ་ སྲངཿ༡ མཛེས་འཛོམས་རྒྱ་གར་མཿ༥ སྤོས་དཀརཿ༤ འདྲེ་འཇིགསཿ༤ཀུ་སུ་མཿ༤ མ་གི་ཏཿ༥ ཙན་དན་དཀར་པོཿ༢ བཅས་རེང་བུ་བྱ་སྲོལ་མེད་པས་ལེགས་པར་བཏུལ་ལ་སྤོས་འཁོར་བྱ། དུས་འཁོར་ལུགས་སུ་གྲགས་པ་ནི། གླ་རྩི། ག་པུར། སིཧླ། ཙན་དན། ཨར་ནག་བཅས་སོ། །ཁ་ཆེ་པཎ་ཆེན་ལུགས་ནི། ན་གི་ཙན་དན་ཨ་ག་རུ། །ཀ་ར་གླ་རྩི་ལྔ་ སྦྱོར་བྱ། །སྔོ་སྨན་གྱི་སྤོས་སྦྱོར་ནི། གླ་རྩི་རྡོ་དྲེག ཏང་ཀུ། བ་ལུ་བཅས་སྦྱོར། འདི་རྣམས་ལས་རྒྱུད་སྡེ་འོག་མ་དང༌། ཀླུ་ཆོག་དངོས་སམ་དེ་དང་འབྲེལ་བའི་རིགས་ལ་གླ་རྩི་དང་གུ་གུལ་ནག་པོ་མ་འདྲེས་པ་གོང་མ་ཆེན་པོ་རྣམས་ཀྱིས་ གསུངས་སོ། །ཆོས་སྐྱོང་འབོད་ཅིང་སྐོ ང་བསྐུལ་གྱི་སྤོས་སྦྱོར་ཡང་དཀྱུས་ཀྱིས་འགྲེས་མི་ཆོག་སྟེ། མགོན་པོ་རྣམས་ ལ་གྲི་ཤ ལྷ་མོ་ལ་ནལ་བུའི་ཤ རྣམ་སྲས་སོགས་ལ་སྤོས་དཀར། དམ་ཅན་ལ་ར་གསུར་སོགས་གཙོ་བོར་བྱ་ཞིང་ གཟའ་ལ་སྤང་སྤོས་འཛེམས་དགོས་པས་མཚོན་སྤང་བླང་གི་དབྱེ་བ་མང་བས། འཛོམས་ན་སོ་སོའི་གཞུང་ནས་ བཤད་པ་ལྟར་བྱ་བ་གལ་ཆེ་ལ་མ་འཛོམས་ན་སྤོས་རིང་དཀྱུས་མའི་རིགས་དང་ཤིང་སྤོས་དྲི་ལྡན་སིཧླ་སོགས་བདུག་ པ་ལེགས་སོ། །མར་མེ་ནི། ཕྱུགས་ལས་བྱུང་བའི་རྩི་མར། འབྲུ་རིགས་ལས་བྱུང་བའི་འབྲུ་མར་རམ་ཏིལ་བཙིར་བའི་ མར་ཁུ་རྣམས་རབ་རིན་པོ་ཆེའི་སྣོ ད། ཐ་ན་ཟངས་རག་རྫ་སའི་ཀོང་བུ་ཡན་གཙང་ཞིང་དག་པར་སྦྱར། ནག་ནོག་མ་ ཡིན་པར་མུན་པ་འཇོམས་ནུས་པའི་གསལ་མདངས་ཅན་བྱ། མ་འབྱོར་ན་སྒྲོན་ཤིང་སྦར་བས་ཀྱང་རུང་བར་ གསུངས། དྲི་ཆབ་ནི། ཚད་པ་ཆེ་བའི་སར་ལུས་བསིལ་ཞིང་དྲི་ང་བ་སེལ་བ་སྟེ། དུས་འཁོར་ལས་བསྒྲུབ་པར་བྱ་ གསུངས་པའང༌། སྒྲུབ་ཚུལ་བུ་སྟོན་གྱིས་བཀྲལ་བ་ལྟར། གསེར། དངུལ། དུང་དང༌། ཉ་ཕྱིས་ཀྱི་སྣོ ད་གང་ཡང་རུང་ བར། སུག་སྨེལ། ཤིང་ཚ། སྤང་སྤོས། བ་ལེ་ཀ ཙནྡན་རྣམས་ཞོ་གཉིས་རེ་ཐུམ་བུར་བཅིངས་ནས། ཆུ་གཙང་བྲེ་ བརྒྱད་ལ་བཅུག་སྟེ་བཞི་གསུམ་སྐམ་གྱི་བར་བསྐོལ་བས་ལྷག་མ་དྲིའི་ཆུར་འགྱུར་བར་གསུངས་པ་ལྟར་རམ། མི་ འགྲུབ་ན་བུམ་རྫས་སྐབས་ཀྱི་དྲི་ལྔའམ། ག་བུར། ཙན་དན། ཛ་ཏི། གུར་ཀུམ། སིཧླ་སོགས་དྲི་ཞིམ་པོའི་སྨན་དང་ཆུ་ གཙང་སྦྱར་བའོ། །ཞལ་ཟས་ཀྱི་རྒྱུ་ནི། དགོངས་འདུས་ལས། ཕྱི་ཡི་དཀར་གསུམ་མར་ཁུ་འོ་མ་ཞོ། །དེ་བཞིན་མངར་ གསུམ་སྦྲང་རྩི་ཀ་ར་དང༌། །མེ་ཏོག་སྣ་ཚོགས་བུ་རམ་བཅས་པའོ། །ཞེས་དང༌། གཏོར་མའི་རྒྱུ་དངོས་པོ་རྣམ་པར་ 1-1-296 དག་པའི་ཕུད་མ་ཉམས་པར་རོ་བཅུད་ནུས་པ་དང་ལྡན་ཞིང༌། སེར་སྣ་འཇུར་གེགས་མི་གཙང་བ་སོགས་ཀྱིས་མ་ བཅིངས་པར་ཕངས་མེད་ཆགས་པ་མེད་པར་བཏང་བའོ། །ཞེས་དང༌། འབྲས་ཟན་ལ་སོགས་པ་གཙང་མའི་བཤོས་ སམ། ཤ་ཆང་སྒོག་པ་ལྒ་གཡེར་ལ་སོགས་པའི་ཚུལ་མིན་མ་འདྲེས་པའི་སྣ་ཚོགས་གཡོས་ཀྱིས་སྦྱར་བའི་ཞལ་ཟས། ཞེས་གསུངས་པ་ལྟར་འབྱོར་བ་དང་དཔག་པའི་ཕྱེ་གཙང་མ་ལ་དཀར་མངར་བསྲེས་པ་རང་གི་བཟའ་ན་ཅི་ཙམ་ཡིད་ དུ་འོང་བ་དེ་ཙམ་དུ་གཙང་ཞིང་དག་པར་སྦྱར་བའོ། །རྙིང་མ་པ་འགའ་ཞིག་གིས་ཞལ་ཟས་ཟླུམ་པོ་ལ་འབྲི ་མོག་ བྱུགས་པ་སོགས་ལག་ལེན་མ་དག་པའི་རྒྱུན་ནམ་ཡང་མི་བྱ། རོལ་མོ་ནི་འབུད་བརྡུང་དཀྲོལ་བའི་རིགས་རྣམས་ཏེ་ འདི་ཡང་ཁམས་ཕྱོགས་སྔགས་པ་འགའ་རེས་མཆོད་པའི་གྲལ་དུ་རོལ་མོ་ཏིང་ཤགས་སོགས་བཤམས་པར་སྣང་བ་ ནི་བླུན་པོའི་ལག་རྒྱུན་ཏེ་འབུད་དཀྲོལ་མ་བྱས་ན་རོལ་མོའི་མཆོད་པའི་གོ་མི་ཆོད་པས་ཌཱ་དྲིལ་ཙམ་ནི་སུས་ཀྱང་ དཀྲོལ་བ་དེ་ཀ་ཡིན་པས་རོལ་མོའི་སྒྲ་བྱེད་ཚེ་བཤམ་པ་ལ་དོན་མེད་པའོ། །མཆོད་པའི་ཡུལ་ཡེ་ཤེས་ཀྱི་ལྷ་ལ་བཟང་ ངན་གྱི་རྟོག་པ་དང་འདོད་ཡོན་ལ་ཆགས་ཞེན་མེད་ཀྱང་རང་ཉིད་ཚོགས་བསགས་པའི་ཕྱིར་ཡིན་པས། གཞན་ལས་ དངོས་སུ་ཕྲོགས་ཤིང་ལྐོག་ཏུ་བརྐུས་པ་སོགས་རྒྱུ་མ་དག་པ་དང༌། རྙིང་ཞིང་འབག་བཙོག་གིས་གོས་པ་སོགས་ དངོས་པོ་མ་དག་པ་དང༌། བརྒྱ་མཆོད་ལྟ་བུ་ལ་ཆེས་མང་ངོ་སྙམ་པའི་སེར་སྣ་དང༌། གཞན་ལ་ཁྱད་གསོད་དང་འགྲན་ སེམས་ཀྱིས་བྱས་པ་ལྟ་བུ་བསམ་པ་མ་དག་པ་མ་ཡིན་པར་རང་གི་འབྱོར་བ་གང་ཡོད་དཔུང་བསྐྱེད་ཅིང༌། སྔ་མ་ཕུལ་ ཟིན་ནས་རྙིང་པ་བརྗེ་ཞིང་གསར་བ་བཤམ་དགོས་ཏེ། དགོངས་འདུས་ལས། བསོད་ནམས་ཚོགས་ཆེན་སྤེལ་བའི་ ཕྱིར༔ ཅི་འབྱོར་གཏོར་དཔུང་ཆེ་བར་བསྐྱེད༔ མ་འབྱོར་གང་ཙམ་དམིགས་པ་བྱ༔ ཡོད་ནས་མ་བཤམས་ལྷ་ཡིས་ ཁྲེལ༔ མེད་ན་ཆེད་དུ་གཉེར་ནས་ཀྱང༔ སེར་སྣ་མ་ཤོར་སྤེལ་བའི་གནད༔ མགྲོན་དགྱེས་བདག་ལ་དངོས་གྲུབ་བྱུང༔ ཡེ་ཤེས་ལྷ་ལ་ཆེ་ཆུང་མེད༔ རང་གི་བསོད་ནམས་གསོག་པའི་ཕྱིར༔ ཞེས་གསུངས་པ་ལྟར་རོ། །དེས་ན་མེ་ཏོག་ཧ་ ཅང་རྙིང་པ་དང༌། ཞལ་ཟས་རྙིང་པ་མང་དུ་བཀོད་པ་སོགས་ལྷ་ལྟ་ཅི་སྨོས། མི་ཡི་ག་ལོག་པའི་ལག་ལེན་ངན་པ་ནམ་ ཡང་མི་བྱའོ། ། གཉིས་པ་ནང་གི་མཆོད་རྫས་ནི། ཡིད་སྤྲུལ་གཙོ་བོ་ཡིན་ཡང་དམ་པ་འགའ་ཞིག་གིས་གཟུགས་ལ་མེ་ལོང༌། 1-1-297 སྒྲ་ལ་ཏིང་ཤགས་སོགས། དྲི་ལ་སྤོས་དང་དྲི་བཟང་སྦྱར་བའི་ལྡེ་གུ། རོ་ལ་བཟའ་བཏུང་གཙང་མ་ཅི་རིགས་སམ་ ཞལ་ཟས། རེག་བྱ་ལ་དར་རས་སྣ་ཚོགས་བཀོད་པས་བསོད་ནམས་བསགས་ཐབས་ལག་ལེན་དུ་གང་ཐེབས་བྱ། གསུམ་པ་གསང་མཆོད་ལ་ཡིད་སྤྲུལ་རིག་མ་བཅུ་དྲུག་དང༌། རིག་མ་དང་དངོས་སུ་སྦྱོར་བས་མི་འགྱུར་བའི་བདེ་བ་ སྤྱི་དང་ཁྱད་པར་དགའ་བ་བཅུ་དྲུག་རྒྱས་བྱེད་ཀྱི་གསང་མཆོད་དངོས་ལ་དེ་ལྟར་ཡིན་ཡང་བོད་ཀྱི་ཕྲིན་ལས་དཀྱུས་ མ་ལ་ཐམས་ཅད་ཀྱང་ཡིད་སྤྲུལ་ལས་འོས་མ་མཆིས་ཤིང་མཚོན་བྱེད་ཀྱི་རྫས་ལ་གཟུགས་ཀྱི་དཔེ་རིས་ཙམ་བཤམ་ པའང་ཡོད་པས་ལག་རྒྱུན་དེ་རྣམས་ལ་བསླབ་པར་བྱའོ། ། གཉིས་པ་བཅའ་བཤམ་ལག་ལེན་གྱི་རིམ་པ་ནི། འདུ་ཁང་ག་དར་བྱ་ཞིང་སྐུ་གསུང་ཐུགས་རྟེན་རྣམས་བཀྲམ་ པའི་མདུན་དུ་མཆོད་སྟེགས་སྟེང་འོག་ཏུ་བང་རིམ་བདུན་པ་ཅན་བྱས་ལ། བང་རིམ་དང་པོ་གཏོར་གྲལ་ཆ་ཚང༌། གཉིས་པར་མཆོད་ཡོན། གསུམ་པར་མེ་ཏོག བཞི་པར་བདུག་སྤོས། ལྔ་པར་སྣང་གསལ། དྲུག་པར་དྲི་ཆབ། བདུན་ པར་ཞལ་ཟས་ཀྱི་ཚོགས་རྣམས་ཁྲི་མཆོད་སྐབས་རྒྱས་པ་ལ་མཆོད་ཚིག་འབུལ་ཚན་རེ་རེ་བཞིན་མཆོད་གྲངས་ལྟར་ བཤམས། འབྲི ང་པོ་ལ་མཆོད་པ་དྲུག་པོ་རེ་རེ་ཡང་སྟོང་ཕྲག་གམ་བརྒྱ་ཕྲག་དང༌། བསྡུས་པ་ལ་རེ་རེ་ལའང་ལྔ་ བཅུའམ་ཉེར་ལྔ་ཙམ་ལས་མི་ཉུང་བར་བཤམས། དེ་ལས་རོལ་མོའི་ཚོགས་ནི་བཤམ་པ་ལས་སྒྲ་སྣ་ཚོགས་པའི་སྒོ་ ནས་མཆོད་དགོས་པས་ལག་ལེན་དུ་འབུད་རྡུང་དཀྲོལ་བར་བྱ་བའི་སྒོ་ནས་མཆོད་པར་བྱའོ། །ཤིན་ཏུ་བསྡུས་པའི་ ལག་ལེན་དུ་སྦྱིན་བདག་འབྱོར་བ་ཐ་མ་རྣམས་ཀྱིས་མཆོད་པ་སྤྱི་རྣམས་ཅི་འབྱོར་དང་མཆོད་ཡོན་དང་དྲི་ཆབ་གཉིས་ མཆོད་ཚིག་འབུལ་གྲངས་མང་ཆེ་བའི་སྒོ་ནས་ཆུ་མཆོད་ཀྱི་གྲངས་དེ་ལྟར་འགྲོ་ངེས་དང༌། དབྱར་དུས་མེ་ཏོག་སྣ་ ཚོགས་རྒྱས་སྐབས་སུ་སྲོག་ཆགས་མེད་པའི་མེ་ཏོག་གི་རིགས་བསྡུས་ཏེ་མཆོད་ཚིག་འབུལ་གྲངས་མེ་ཏོག་མང་ཆེ་ བའི་སྒོ་ནས་འབུལ་བ་གཞན་བདུག་སྤོས་སྣང་གསལ་ཞལ་ཟས་རོལ་མོ་སྣ་ཚོགས་འབུལ་བ་ཡང་འབྱོར་བ་རབ་ འབྲི ང་ཐ་མ་གསུམ་གྱི་ལག་ལེན་གྱི་རིམ་པ་ལྟར་གང་མང་གི་སྒོ་ནས་འབུལ་བ་ནི་བསོད་ནམས་བསགས་པའི་ཐབས་ ལ་གནད་ཆེ་བས་འབྱོར་བ་ཡོད་བཞིན་མ་ཕུལ་ན་ཚེ་རབས་རྣམས་སུ་དབུལ་བོར་ཡང་འགྱུར་ངེས་པའོ། །མཆོད་ ཚན་དྲུག་པོ་རང་རང་གི་རྒྱུ་གོང་དུ་བཀོད་པ་ལྟར་དོན་གཉེར་དང་ལྡན་པའི་སྒོ་ནས་རང་གིས་སྦྱར་བ་དང་གཞན་ནས་ 1-1-298 བཙལ་ཏེ་བཅའ་བཤམ་སོགས་བྱེད་པ་ནི་མཁོ་བའི་ལག་ལེན་ནོ། །སྤྱིར་མཆོད་རྫས་སྣ་ཚོགས་པས་གནས་ཁང་ བརྒྱན་པར་བྱའོ། ། གཉིས་པ་དངོས་ནི། ལྷན་ཐབས་སུ་མཁོ་བ་དང་ཚོགས་མཆོད་སྐབས་མཁོ་བ་རྣམས་རིམ་པ་བཞིན་འཆད་ པར་འགྱུར་བ་ལས་ལྷན་ཐབས་སྐབས་མཁོ་བ་ནི། གསོལ་འདེབས་མཇུག་གི སྣང་བ་དུས་སུ་སྩོལ། ཞེས་ པའི་མཚམས་སུ་ཕྱག་འཚལ་བསྟན་པ་སྤྱི་འགྲེལ་གསོལ་འདེབས་སུ་བསྒྱུར་ནས་འདོན་པ་ནི། ན་མོ་གུ་རུ་བྷྱཿ ཕྱོགས་དུས་ཀུན་ཁྱབ་སྐྱབས་གསུམ་བཀའ་སྡོད་བཅས། །ཉོན་མོངས་འགྲོ་ལ་མཁྱེན་བརྩེས་ རབ་དགོངས་ནས། །དཔག་མེད་ཞིང་ནས་ཐོགས་མེད་རྫུ་འཕྲུལ་གྱིས། །འདིར་གཤེགས་ མཆོད་སྤྲིན་རྒྱ་མཚོའི་དབུས་བཞུགས་གསོལ། །གང་ཞིག་དྲན་པས་སྡུག་བསྔལ་ཀུན་སེལ་ ཞིང༌། །གུས་པས་བསྟེན་ན་བླ་མེད་མཆོག་སྩོལ་བ། །དབང་རྒྱུད་མན་ངག་དོན་སྟོན་ལ་སོགས་ པའི། །རྩ་བའི་བླ་མ་རྣམས་ལ་གསོལ་བ་འདེབས། །སྐྱེ་དགུའི་བསམ་འཕེལ་ཡིད་བཞིན་ནོར་ བུའི་སྐུ། །སྡུག་བསྔལ་ཞི་བྱེད་སྨན་ཆེན་བདུད་རྩིའི་གསུང༌། །ཡེ་ཤེས་ཐུགས་རྗེ་མཁའ་ལྟར་ ཁྱབ་པའི་ཐུགས། །བརྒྱུད་པའི་བླ་མ་རྣམས་ལ་གསོལ་བ་འདེབས། །མི་གཡོ་གསུམ་ལྡན་རྡོ་ རྗེ་རྣལ་འབྱོར་གྱིས། །རླུང་སེམས་དག་པས་རྟགས་བཅུ་མངོན་དུ་གྱུར། །དྷཱུ་ཏིའི་ལམ་སྦྱངས་ འོད་གསལ་ངང་ལ་བཞུགས། །སྦྱོར་དྲུག་བརྒྱུད་པ་རྣམས་ལ་གསོལ་བ་འདེབས། །རང་ བཞིན་ལྷུན་གྲུབ་འོད་གསལ་འདུས་མ་བྱས། །མ་བཅོས་ཀ་དག་ཟུང་འཇུག་རོལ་བའི་ངང༌། །དགོངས་བརྒྱུད་བརྡ་བརྒྱུད་སྙན་བརྒྱུད་ལ་སོགས་པའི། །རྫོགས་ཆེན་བརྒྱུད་པ་རྣམས་ལ་ གསོལ་བ་འདེབས། །ཡིད་ལ་མི་བྱེད་དོན་ལས་རྒྱུད་སྦྱངས་ནས། །རེ་དོགས་རྩོད་བྲལ་གང་ ཡང་བློ་ལས་འདས། །ཏེ་ལོ་ནཱ་རོ་མར་པ་མི་ལ་སོགས། །ཕྱག་ཆེན་བརྒྱུད་པ་རྣམས་ལ་གསོལ་ བ་འདེབས། །སྣང་བ་རྒྱུད་གསུམ་སྙན་བརྒྱུད་མན་ངག་གིས། །དབུ་མར་འགྲོས་བཞིས་ཐིམ་ ནས་མཆོག་བརྙེས་པ། །དབང་ཕྱུག་བིར་ཝ་པ་ལ་སོགས་པ་ཡི། །ལམ་འབྲས་བརྒྱུད་པ་རྣམས་ 1-1-299 ལ་གསོལ་བ་འདེབས། །ལྷག་བསམ་རྣམ་དག་ཐབས་ཀྱིས་རྒྱུད་སྦྱང་ནས། །ཕྱི་ནང་འགལ་ རྐྱེན་ཆོས་སྐུ་ཆེན་པོར་རྟོགས། །རྗེ་བཙུན་དམ་པ་རྒྱ་གར་ལ་སོགས་པའི། །ཞི་བྱེད་བརྒྱུད་པ་ རྣམས་ལ་གསོལ་བ་འདེབས། །བྱམས་དང་སྙིང་རྗེ་ཆེན་པོས་རྒྱུད་སྦྱངས་ནས། །མཐའ་ཡས་ སེམས་ཅན་བདེ་ལ་འགོད་མཛད་པའི། །དཔལ་ལྡན་ཇོ་བོ་ཆེན་པོ་ལ་སོགས་པའི། །བློ་སྦྱོངས་ བརྒྱུད་པ་རྣམས་ལ་གསོལ་བ་འདེབས། །སྤྱད་བྱ་མེད་པའི་དོན་ལས་རྒྱུད་སྦྱངས་ནས། །རོ་ སྙོམས་སྤྱོད་པས་གང་བྱུང་ཐད་ཀར་གཅོད། །མ་ཅིག་ལབ་ཀྱི་སྒྲོན་མ་ལ་སོགས་པའི། །གཅོད་ ཡུལ་བརྒྱུད་པ་རྣམས་ལ་གསོལ་བ་འདེབས། །རྡོ་རྗེའི་ལུས་ལ་རླུང་སེམས་རྟེན་འབྲིལ་ འགྲིགས། །དགའ་བཞི་ཡེ་ཤེས་བདེ་སྟོང་གར་གྱིས་རོལ། །འོད་གསལ་ཟུང་འཇུག་འགྲོ་ འོང་མེད་པར་རྟོགས། །ཆོས་དྲུག་བརྒྱུད་པ་རྣམས་ལ་གསོལ་བ་འདེབས། །སྒྱུ་ལུས་རྨི་ལམ་ ཟབ་མོས་རྒྱུད་སྦྱངས་ནས། །ཟུང་འཇུག་ཕྱག་རྒྱ་ཆེ་ལ་མངའ་བརྙེས་པའི། །གྲུབ་ཐོབ་ཁྱུང་པོ་ རྣལ་འབྱོར་ལ་སོགས་པའི། །ཤངས་པ་བཀའ་བརྒྱུད་རྣམས་ལ་གསོལ་བ་འདེབས། །བསྐྱེད་ རྫོགས་རིམ་གཉིས་ཟབ་མོས་རྒྱུད་སྦྱངས་ནས། །ཁྱེར་སོ་གསུམ་གྱིས་དོན་ལ་བརྟན་པ་ ཐོབ། །འཕགས་པ་སྤྱན་རས་གཟིགས་དབང་ལ་སོགས་པའི། །དམར་ཁྲིད་བརྒྱུད་པ་རྣམས་ ལ་གསོལ་བ་འདེབས། །བཅིངས་གྲོལ་མེད་པའི་དོན་ལས་རྒྱུད་སྦྱངས་ནས། །འོད་གསལ་ གཉུག་མ་འགྲོ་འོང་མེད་པར་རྟོགས། །རྣལ་འབྱོར་དབང་ཕྱུག་མུ་ཏྲ་ལ་སོགས་པའི། །ངལ་ བསོའི་བརྒྱུད་པ་རྣམས་ལ་གསོལ་བ་འདེབས། །མཐའ་བརྒྱད་སྤྲོས་པའི་སྐྱོན་ལས་ངེས་གྲོལ་ ཞིང༌། །མཐའ་བྲལ་སྙིང་པོའི་དོན་ལ་མངའ་བརྙེས་པའི། །སློབ་དཔོན་འཕགས་པ་ཀླུ་སྒྲུབ་ལ་ སོགས་པའི། །དབུ་མའི་བརྒྱུད་པ་རྣམས་ལ་གསོལ་བ་འདེབས། །ཟབ་ལམ་སྟོང་ཉིད་སྙིང་ རྗེས་རྒྱུད་སྦྱངས་ནས། །ཐུགས་རྗེའི་ཕྲིན་ལས་འཕགས་ལམ་ས་བཅུ་བགྲོད། །སྒྲུབ་མཆོག་ དགེ་སློང་དཔལ་མོ་ལ་སོགས་པའི། །བསྙུང་གནས་བརྒྱུད་པ་རྣམས་ལ་གསོལ་བ་འདེབས། 1-1-300 །བསྙུང་གནས་གཟུངས་སྔགས་ཟབ་མོས་རྒྱུད་སྦྱངས་ནས། །བདེ་ཆེན་ཐར་པ་འཕགས་པའི་ གོ་འཕང་བརྙེས། །དགེ་བསྙེན་ཞི་བའི་གོ་ཆ་ལ་སོགས་པའི། །དོན་ཞགས་བརྒྱུད་པ་རྣམས་ ལ་གསོལ་བ་འདེབས། །སྦྱོར་དངོས་རྗེས་གསུམ་སྐྱོན་ལས་ངེས་གྲོལ་ཞིང༌། །ལུས་ངག་ཡིད་ གསུམ་དགེ་བའི་ལས་ལ་སྦྱོར། །མཁན་པོ་བོ་དྷི་ས་ཏྭ་ལ་སོགས་པའི། །སྡོམ་མཆོག་བརྒྱུད་པ་ རྣམས་ལ་གསོལ་བ་འདེབས། །སྨིན་གྲོལ་ལམ་སོགས་རྣམས་ཀྱིས་རྒྱུད་སྦྱངས་ནས། །གཟུང་ འཛིན་ཀུན་གྲོལ་མཉམ་ཉིད་ཆེན་པོར་རྟོགས། །རྒྱལ་བ་བྱམས་པ་མགོན་པོ་ལ་སོགས་པའི། །རྟེན་འབྲིལ་སྙིང་བརྒྱུད་རྣམས་ལ་གསོལ་བ་འདེབས། །གྲོལ་ལམ་བསྐྱེད་རྫོགས་ཟབ་མོས་ རྒྱུད་སྦྱངས་ནས། །གཟུང་འཛིན་ཀུན་གྲོལ་ཁྱབ་བདག་བདེ་ཆེན་བརྙེས། །འདྲེན་མཆོག་རྡོ་རྗེ་ འཆང་ཆེན་ལ་སོགས་པའི། །གསང་སྔགས་སྤྱི་བརྒྱུད་རྣམས་ལ་གསོལ་བ་འདེབས། །མཁྱེན་ གསུམ་གཞི་ལམ་སྦྱོར་བཞིས་རྒྱུད་སྦྱངས་ནས། །སྐུ་བཞི་ཕྲིན་ལས་མཛད་པ་མཐའ་རུ་ཕྱིན། །རྒྱལ་བ་ཤཱཀྱ་ཐུབ་པ་ལ་སོགས་པའི། །མདོ་ཡི་བརྒྱུད་པ་རྣམས་ལ་གསོལ་བ་འདེབས། །རིག་པའི་གནས་ལྔ་དག་ལས་རྒྱུད་སྦྱངས་ནས། །འདུལ་བ་མདོ་སྡེ་མངོན་པའི་དགོངས་པ་ བརྙེས། །རྒྱན་དྲུག་མཆོག་གཉིས་སེང་བཟང་ལ་སོགས་པའི། །མཚན་ཉིད་བརྒྱུད་པ་རྣམས་ ལ་གསོལ་བ་འདེབས། །གང་གིས་རང་བཞིན་སྐྱོན་ལས་ངེས་གྲོལ་ཞིང༌། །གདུལ་བྱའི་དོན་ ལ་སྣ་ཚོགས་ཐབས་ཚུལ་སྟོན། །མདོ་རྒྱུད་བསྟན་བཅོས་གསང་སྔགས་ཕྱི་ནང་གི །བརྒྱུད་ པའི་བླ་མ་རྣམས་ལ་གསོལ་བ་འདེབས། །དུས་ཀྱི་འཁོར་ལོ་དགྱེས་པ་རྡོ་རྗེ་དང༌། །འཁོར་ ལོ་སྡོམ་པ་གསང་བ་འདུས་པ་དང༌། །དགྲ་ནག་གདོང་དྲུག་གཤིན་རྗེ་གཤེད་ལ་སོགས། །བླ་ མེད་ལྷ་ཚོགས་རྣམས་ལ་གསོལ་བ་འདེབས། །དབང་རྒྱུད་མན་ངག་དོན་སྟོན་བླ་མ་དང༌། །དངོས་གྲུབ་རྣམ་གཉིས་སྩོལ་མཛད་ཡི་དམ་ལྷ། །འགྲོ་བའི་སྐྱབས་གྱུར་སྐྱབས་གནས་དཀོན་ མཆོག་གསུམ། །ཀུན་ཀྱིས་བཀུར་འོས་རྣམས་ལ་གསོལ་བ་འདེབས། །ཤཱཀ་ཐུབ་རྡོར་སྙིང་ 1-1-301 རིན་ཆེན་འོད་འཕྲོ་དང༌། །ཀླུ་དབང་དཔའ་བོའི་སྡེ་དང་དཔལ་དགྱེས་དང༌། །རིན་ཆེན་མེ་ དང་ཟླ་འོད་དོན་ཡོད་དང༌། །རིན་ཆེན་ཟླ་བ་རྣམས་ལ་གསོལ་བ་འདེབས། །དྲི་མེད་དཔལ་ སྦྱིན་ཚངས་པ་ཚངས་བྱིན་དང༌། །ཆུ་ལྷ་ཆུ་ལྷའི་ལྷ་དང་དཔལ་བཟང་དང༌། །ཙན་དན་དཔལ་ དང་གཟི་མཐའ་འོད་དཔལ་དང༌། །མྱ་ངན་མེད་དཔལ་རྣམས་ལ་གསོལ་བ་འདེབས། །སྲིད་ མེད་མེ་ཏོག་དཔལ་དང་ཚངས་པའི་འོད། །པདྨའི་འོད་ཟེར་ནོར་དཔལ་དྲན་པའི་དཔལ། །མཚན་དཔལ་ཏོག་གི་རྒྱལ་མཚན་ཤིན་ཏུ་གནོན། །གཡུལ་ལས་རྒྱལ་བ་རྣམས་ལ་གསོལ་བ་ འདེབས། །གཤེགས་དཔལ་སྣང་བ་བཀོད་དང་རིན་ཆེན་གནོན། །དེ་བཞིན་གཤེགས་པ་རི་ དབང་རྒྱལ་པོ་སྟེ། །འགྲོ་དྲུག་སྒྲིབ་སྦྱོང་བྱང་ཆུབ་ལམ་སྟོན་པའི། །སངས་རྒྱས་སུམ་ཅུ་རྩ་ལྔར་ གསོལ་བ་འདེབས། །མཚན་ལེགས་རིན་ཆེན་ཟླ་དང་གསེར་བཟང་དང༌། །མྱ་ངན་མེད་དང་ ཆོས་བསྒྲགས་མངོན་མཁྱེན་རྒྱལ། །སྨན་གྱི་བླ་དང་ཤཱཀྱའི་རྒྱལ་པོ་སྟེ། །བདེ་བར་གཤེགས་ པ་བརྒྱད་ལ་གསོལ་བ་འདེབས། །དགའ་བའི་དཔལ་དང་རིན་འབྱུང་མྱ་ངན་མེད། །འོད་འཕྲོ་ རྒྱལ་དབང་ཏིང་འཛིན་གླང་པོ་དང༌། །པདྨོ་དམ་པ་ཉི་སྣང་གདུགས་དམ་པ། །པདྨོའི་དཔལ་ སོགས་རྣམས་ལ་གསོལ་བ་འདེབས། །རྣམ་སྣང་མི་བསྐྱོད་པ་དང་རིན་ཆེན་འབྱུང༌། །སྣང་ བ་མཐའ་ཡས་དོན་ཡོད་གྲུབ་པ་དང༌། །བདེ་གཤེགས་དཔའ་བོ་བདུན་དང་སངས་རྒྱས་སྟོང༌། །དུས་གསུམ་སངས་རྒྱས་རྣམས་ལ་གསོལ་བ་འདེབས། །འདོད་ལ་ཆགས་བྲལ་དོན་དམ་ འགོག་པ་དང༌། །ཀུན་རྫོབ་ལམ་གྱིས་བསྡུས་པའི་རྟོགས་པ་དང༌། །ཡན་ལག་བཅུ་གཉིས་ལ་ སོགས་གསུང་རབ་སྟེ། །སྐྱབས་མཆོག་དམ་པའི་ཆོས་ལ་གསོལ་བ་འདེབས། །པདྨ་བརྩེགས་ པ་བྱང་ཆུབ་ཆེན་པོ་དང༌། །བཀྲ་ཤིས་སྒོ་མང་ཆོ་འཕྲུལ་ཆེན་པོ་དང༌། །ལྷ་ལས་བབས་དང་ བྱམས་མགོན་མཆོད་རྟེན་ཏེ། །བྱིན་རླབས་མཆོད་རྟེན་རྣམས་ལ་གསོལ་བ་འདེབས། །ལྷུང་ བཟེད་ཁ་སྦུབ་ཁང་བུ་བརྒྱ་ཡིས་བརྩེགས། །གསུམ་དང་བརྒྱ་དང་བྱེ་བ་ལ་སོགས་པ། 1-1-302 །མཉམ་མེད་ཆོས་ཀྱི་སྐུ་ཡི་རང་བཞིན་མཆོག །བདེ་གཤེགས་མཆོད་རྟེན་རྣམས་ལ་གསོལ་བ་ འདེབས། །ས་ཡི་སྙིང་པོ་ནམ་སྙིང་སྤྱན་རས་གཟིགས། །ཕྱག་རྡོར་བྱམས་པ་སྒྲིབ་སེལ་ཀུན་ བཟང་དང༌། །འཇམ་དབྱངས་ཆོས་འཕགས་ནོར་བཟང་རྟག་ཏུ་ངུ༌། །རྒྱལ་བའི་སྲས་མཆོག་ རྣམས་ལ་གསོལ་བ་འདེབས། །སྤྱན་མ་མཱ་མ་ཀཱི ་དང་ན་བཟའ་དཀར། །སྒྲོལ་མ་དབྱིངས་ཕྱུག་ མ་དང་རིག་བྱེད་མ། །ཡུམ་ཆེན་ཕ་རོལ་ཕྱིན་མ་དུག་སེལ་མ། །རྒྱལ་བའི་ཡུམ་ཆེན་རྣམས་ལ་ གསོལ་བ་འདེབས། །རྣམ་རྒྱལ་འོད་ཟེར་ཅན་དང་གདུགས་དཀར་མོ། །སྟོང་ཆེན་རྨ་བྱ་ཆེན་ མོ་སོ་སོར་འབྲང༌། །བསིལ་བའི་ཚལ་དང་གསང་སྔགས་རྗེས་འཛིན་སོགས། །རིག་པའི་ལྷ་ མོ་རྣམས་ལ་གསོལ་བ་འདེབས། །བྷ་ར་དྷྭ་ཛ་གསེར་ཅན་བ་ཀུ་ལ། །ལམ་བརྟན་སྦིད་བྱེད་ རྡོ་རྗེ་མོ་ཡི་བུ། །སྒྲ་གཅན་འཛིན་དང་ཀླུ་སྡེ་ཡན་ལག་འབྱུང༌། །ནགས་གནས་མི་ཕམ་ལམ་ ཕྲན་གསེར་བེའུ། །མི་ཕྱེད་པ་དང་དུས་ལྡན་བཟང་པོ་དང༌། །ཉེ་གནས་དྷརྨཱ་ཏ་ལ་ཤཱ་རིའི་བུ། །རབ་འབྱོར་མོའུ་འགལ་འོད་སྲུང་ཀུན་དགའ་བོ། །རྒྱལ་བའི་ཉན་ཐོས་རྣམས་ལ་གསོལ་བ་ འདེབས། །རང་ཉིད་བྱང་ཆུབ་གདུང་བ་སེལ་བ་དང༌། །སྣང་བ་བརྩེགས་དང་འཇིགས་པ་ མེད་པ་དང༌། །དཔའ་བོ་འདུལ་དང་ཤེས་རབ་མགྱོགས་ཆེན་དང༌། །རི་བོ་རྒྱལ་དང་སྨྲ་བའི་ སྒྲ་ཆེན་དང༌། །བསེ་རུའི་ཚུལ་དང་དུག་སེལ་འཇོམས་པ་དང༌། །རྫུ་འཕྲུལ་ཆེར་སྟོན་སེང་གེའི་ སྒྲ་དང་ནི། །ཡིད་མྱུར་ལ་སོགས་རང་རྒྱལ་འཕགས་པའི་ཚོགས། །དགེ་འདུན་དཀོན་མཆོག་ རྣམས་ལ་གསོལ་བ་འདེབས། །ཐོགས་མེད་དབྱིག་གཉེན་འཕགས་པ་ཀླུ་སྒྲུབ་དང༌། །ཨཱརྱ་ དེ་བ་ཕྱོགས་གླང་ཆོས་གྲགས་དང༌། །བྲམ་ཟེ་ཡོན་ཏན་འོད་དང་ཤཱཀྱ་འོད། །འཛམ་གླིང་རྒྱན་ མཆོག་རྣམས་ལ་གསོལ་བ་འདེབས། །ས་ར་ཧ་དང་ལུ་ཡཱི་བི་རཱུ་པ། །དྲིལ་བུ་པ་དང་ཌོམྦི་ཀུ་ ཀུ་རུ། །ཉི་མ་སྦས་པ་པད་འབྱུང་མི་ཕམ་མགོན། །གྲུབ་ཐོབ་རིག་འཛིན་རྣམས་ལ་གསོལ་ བ་འདེབས། །སངས་རྒྱས་གསང་བ་དྲི་མེད་བཤེས་གཉེན་དང༌། །སྒེག་པའི་རྡོ་རྗེ་བོ་དྷི་ས་ 1-1-303 ཏྭ་དང༌། །དི་པཾ་ཀ་ར་ག་ཡ་དྷ་ར་སོགས། །ལྔ་རིག་པཎ་ཆེན་རྣམས་ལ་གསོལ་བ་འདེབས། །སྐ་ཅོག་ཞང་གསུམ་རིན་ཆེན་བཟང་པོ་དང༌། །ཆགས་རྔོག་འབྲོ ག་ནག་རྭ་འབྲོ་གཉན་དང་ དམར། །པ་ཁྲོ་དཔྱལ་རྒྱ་འགོས་ཁུག་ཤོང་ལོ་སོགས། །སྒྲ་བསྒྱུར་ལོ་ཙཱ་རྣམས་ལ་གསོལ་བ་ འདེབས། །འཁོར་ལོས་སྒྱུར་དང་གཤིན་རྗེ་མི་གཡོ་མགོན། །རྟ་མགྲིན་གཞན་གྱིས་མི་ཐུབ་ བདུད་རྩི་འཁྱིལ། །འཇིག་རྟེན་གསུམ་རྒྱལ་ཁྲོ་རྒྱལ་སྟོབས་པོ་ཆེ། །ཡེ་ཤེས་ཁྲོ་རྒྱལ་རྣམས་ལ་ གསོལ་བ་འདེབས། །ཕྱོགས་སྐྱོང་བཅུ་དང་མགོན་པོ་ལྕམ་དྲལ་དང༌། །རྒྱལ་ཆེན་བཞི་སོགས་ དཔལ་མགོན་བདུན་ཅུ་སོགས། །གནོད་སྦྱིན་སྡེ་དཔོན་ཇི་འཇིགས་ལ་སོགས་པའི། །རྒྱལ་ བའི་བསྟན་སྲུང་རྣམས་ལ་གསོལ་བ་འདེབས། །དེ་ནས་མཆོད་རྫས་བྱིན་རླབས་སོགས་སུ་འགྲོ། བདག་བསྐྱེད་ནི། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་སེང་གེའི་ཁྲི་པདྨ་དང་ཟླ་བའི་ གདན་གྱི་སྟེང་དུ། བདག་ཉིད་དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ། ཆོས་ རྗེ་ཀུན་མཁྱེན་ཆེན་པོ་དོལ་པོ་པ། སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ་ཞལ་ གཅིག་ཕྱག་གཉིས་ལས་རླུང་འགགས་པའི་ཕྱག་རྒྱ་པུས་མོའི་སྟེང་དུ་བཀབ་པ། སྤྱན་གཉིས་ ཁྲོ་བོའི་ལྟ་སྟངས། སྡང་མིག་འབྲུ་ཚུགས་སུ་ནམ་མཁའི་དབྱིངས་སུ་གཟིགས་པ། དབུ་ལ་ དོལ་ཞྭ་གསོལ་བ། ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་ཤིང༌། སྐུ་ལ་མཚན་བཟང་པོ་ སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ། འོད་དང་འོད་ཟེར་དཔག་ ཏུ་མེད་པ་འཕྲོ་བ། རྩུབ་རླུང་བུམ་པ་ཅན་གྱི་སྦྱོར་བ་དང་ལྡན་པའི་ལྟོ་བ་ཤིན་ཏུ་རྒྱས་པ། སྐུ་ ལ་ཆོས་གོས་རྣམ་གསུམ་གསོལ་ཞིང༌། གཟི་བརྗིད་དང་ལྡན་པའི་མཁའ་དབྱིངས་ཐམས་ཅད་ ཁྱབ་པ་གསལ་བཏབ་ལ། གཙུག་ཏོར་གྱི་འཁོར་ལོ་ནམ་མཁའི་ཁམས་ཀྱི་དཀྱིལ་འཁོར་གྱི་ དབུས་སུ། ཡེ་ཤེས་ཀྱི་ཁམས་ཀྱི་དྭངས་མའི་ཐིག་ལེ་སྐྱེ་མེད་ཆོས་སྐུའི་ཀུན་མཁྱེན་དང་པོའི་ སངས་རྒྱས་ལ། ཆོས་སྐུའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་ 1-1-304 སྐྱོང་སྲུང་མའི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བར་བསམ། དཔྲལ་བར་ཆུ་ཁམས་ཀྱི་ དཀྱིལ་འཁོར་ཀྱི་དབུས་སུ། མེ་ཁམས་ཀྱི་དྭངས་མའི་ཐིག་ལེ་འགག་མེད་ལོངས་སྐུའི་ཀུན་ མཁྱེན་རྡོ་རྗེ་འཆང་ལ། ལོངས་སྐུའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་ འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བར་བསམ། མགྲིན་པར་ མེ་ཁམས་ཀྱི་དཀྱིལ་འཁོར་གྱི་དབུས་སུ། ཆུ་ཁམས་ཀྱི་དྭངས་མའི་ཐིག་ལེ་འཁྲུལ་མེད་སྤྲུལ་ སྐུ་ཀུན་མཁྱེན་ཤཱཀྱའི་རྒྱལ་པོ་ལ། སྤྲུལ་སྐུའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་ མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བར་བསམ། སྙིང་ ག་རླུང་ཁམས་ཀྱི་དཀྱིལ་འཁོར་གྱི་དབུས་སུ། ས་ཁམས་ཀྱི་དྭངས་མའི་ཐིག་ལེ་དབྱེར་མེད་ སྐུ་བཞིའི་ཀུན་མཁྱེན་དུས་ཀྱི་འཁོར་ལོ་ལ། སྐུ་བཞིའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བར་བསམ། ལྟེ་བར་ས་ཁམས་ཀྱི་དཀྱིལ་འཁོར་གྱི་དབུས་སུ། རླུང་ཁམས་ཀྱི་དྭངས་མའི་ཐིག་ལེ་ངེས་མེད་ ཡང་སྤྲུལ་ཀུན་མཁྱེན་ཁྲོ་རྒྱལ་རྡོ་རྗེ་ཤུགས་ལ། ཡང་སྤྲུལ་གྱི་བླ་མ་ཡི་དམ་སངས་རྒྱས་བྱང་ སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བར་ བསམ། གསང་གནས་ཡེ་ཤེས་ཀྱི་ཁམས་ཀྱི་དཀྱིལ་འཁོར་གྱི་དབུས་སུ། མཁའ་ཁམས་ཀྱིས་ དྭངས་མའི་ཐིག་ལེ་ཟད་མེད་སྙིང་སྤྲུལ་ཀུན་མཁྱེན་མ་ཧཱ་ཀ་ལ་ལ། སྙིང་སྤྲུལ་གྱི་བླ་མ་ཡི་དམ་ སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་བསམ་གྱིས་མི་ཁྱབ་ པས་བསྐོར་བར་བསམ། སྐུ་ལུས་ཀྱི་བ་སྤུའི་བུ་ག་ཐམས་ཅད་ནས། ཐིག་ལེ་ཐིག་ཕྲན་རྣམས་ ཀྱི་དབུས་སུ་སྐུ་དང་ཞིང་ཁམས་དཔག་ཏུ་མེད་པས་གང་བ་རྣམས་ནི། དམ་ཡེ་དབྱེར་མེད་ གདོད་མ་ཆོས་སྐུའི་རང་བཞིན་དུ་གྱུར་པར་བསམ་ལ། ལྷ་ཚོགས་དེ་ཐམས་ཅད་ཀྱི་དཔྲལ་ བར་ༀ། མགྲིན་པར་ཨཿ ཐུགས་ཀར་ཧཱུཾ། ལྟེ་བར་ཧོཿ གསང་གནས་སུ་ཀྵཿ གཙུག་ཏོར་ཏུ་ཧཾ་ 1-1-305 རྣམས་གསལ་བཏབ་ལ། སྙིང་གའི་དུས་ཀྱི་འཁོར་ལོའི་ཧཱུཾ་ཡིག་གི་མཐར། ༀ་ཨཱཿགུ་རུ་པྲཛྷཱ་ དྷྭ་ཛ་ས་པ་རི་ཝཱ་ར་ཧཱུཾ་སྭཱཧཱ། ཞེས་པས་བསྐོར་བ་ལས་འོད་ཟེར་དཔག་ཏུ་མེད་པ། སྟེང་འོག་ ཕྱོགས་བཅུར་འཕྲོས་པས་ཕྱི་སྣོ ད་ཐམས་ཅད་གཞལ་ཡས་ཁང་དང༌། ནང་བཅུད་སེམས་ཅན་ ཐམས་ཅད་ཆོས་རྗེ་ཀུན་མཁྱེན་ཆེན་པོའི་ལྷ་ཚོགས་སུ་གྱུར་ཏེ། སྔགས་སྒྲ་འབྲུག་སྟོང་ལྡི ར་བ་ བཞིན་དི་རི་རི་གྲགས་པར་བསམ་ལ། བཟླས་པ་ཅི་འགྲུབ་ཀྱི་མཐར། ༀ་ཨཱཿགུ་རུ་པྲཛྙཱ་དྷྭ་ཛ་ས་པ་ རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། པདྱཾ། ནས། ཤཔྟའི་བར་གྱིས་མཆོད། བསྟོད་པ་ནི། ཆོས་སྐུ་ཡེ་ཤེས་འོད་ གསལ་གཤེགས་སྙིང་བདག །བརྟན་གཡོ་ཀུན་ཁྱབ་རྣམ་པ་ཐམས་ཅད་པ། །གང་འདུལ་སྒྱུ་ འཕྲུལ་བཀོད་བཟང་འཛད་མེད་པ། །དོན་དམ་རང་གསལ་ཆེན་པོར་གུས་པས་བསྟོད། །དེ་ ཡི་རོལ་པ་སྣ་ཚོགས་ཅིག་ཅར་ལས། །འཇིག་རྟེན་དབང་ཕྱུག་མི་ཡི་བླ་མར་བཞེངས། །ཕ་ མཆོག་དུས་གསུམ་སངས་རྒྱས་ཀུན་འདུས་དངོས། །ཡེ་བཞུགས་དོལ་པོ་པ་ལ་གུས་པས་ བསྟོད། །བརྒྱུད་ལྡན་བླ་མ་དམ་པ་ཐམས་ཅད་དང༌། །དུས་འཁོར་བདེ་གསང་ཡི་དམ་རབ་ འབྱམས་བཅས། །ཌཱ་ཀི་ཡེ་ཤེས་སྤྱན་ལྡན་བསྟན་སྲུང་ཚོགས། །མ་ལུས་འདུས་པ་ཀུན་མཁྱེན་ རྗེ་ལ་བསྟོད། །གདོད་ནས་བཞུགས་པ་ཤེས་རབ་རྒྱལ་མཚན་ལ། །གུས་པ་ཆེན་པོས་སྒོ་ནས་ བསྟོད་པ་འདིས། །བདག་གཞན་འགྲོ་ཀུན་སྒྲིབ་གཉིས་ལས་གྲོལ་ཏེ། །ཀུན་མཁྱེན་རྒྱལ་བའི་ གོ་འཕང་མྱུར་ཐོབ་ཤོག ། སྤྱན་འདྲེན་མཇུག་གི རྒྱལ་ཀུན་ཡེ་ཤེས་དང་མཉམ་དུ་རོ་གཅིག་གྱུར། །ཞེས་པའི་མཚམས་སུ། མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་དང༌། །སྣང་གསལ་དྲི་མཆོག་ཞལ་ཟས་རོལ་ མོ་དང༌། །གཟུགས་སོགས་འདོད་ཡོན་ལྔ་པོ་རྣམས་ཀྱིས་མཆོད། །འཁོར་ལོ་ནོར་བུ་བཙུན་མོ་ བློན་པོ་དང༌། །གླང་པོ་རྟ་མཆོག་དམག་དཔོན་གཏེར་བུམ་དང༌། །གདུགས་དང་དུང་དཀར་ གསེར་ཉ་པདྨ་དང༌། །བུམ་པ་དཔལ་བེའུ་རྒྱལ་མཚན་འཁོར་ལོ་སོགས། །བདག་པོ་གཞན་ 1-1-306 གྱིས་མ་བཟུང་ཐམས་ཅད་དབུལ། །པི་ཝཾ་གླིང་བུ་རྔ་ཟླུམ་རྫ་རྔ་ཆེ། །འཁར་རྔ་ཅང་ཏེའུ་རྔེའུ་ ཆུང་ཏིང་ཏིང་ཤགས། །བཞད་མ་སྒེག་མོ་གླུ་མ་གར་མ་དང༌། །གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ ཀྱིས་མཆོད། །ཙན་དན་ཁང་བཟང་མལ་ཆ་རིན་ཆེན་ཁྲི། །ལྷ་ཡི་ན་བཟའ་ཀླུ་ཡི་པགས་པ་ དང༌། །མཆིལ་ལྷྭམ་རལ་གྲི་ཉེ་བའི་རིན་ཆེན་སོགས། །བླ་མ་ཡི་དམ་དཀོན་མཆོག་ཚོགས་ལ་ འབུལ། །ཐུགས་རྗེས་འགྲོ་བའི་དོན་ཕྱིར་བཞེས་སུ་གསོལ། །སྡོམ་གསུམ་དང་འགལ་ཉེས་ པའི་ཚོགས་རྣམས་བཤགས། །སྐྱེ་འཕགས་ཀུན་གྱི་དགེ་ལ་རྗེས་ཡི་རང༌། །བློ་དང་མཐུན་པའི་ ཆོས་འཁོར་བསྐོར་དུ་གསོལ། །མྱ་ངན་མི་འདའ་བརྩེ་བས་བཞུགས་སུ་གསོལ། །དེང་ནས་ བྱང་ཆུབ་བར་དུ་བདག་སྐྱབས་མཆི། །བླ་མེད་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །བདག་ ལུས་ཁྱེད་ཀྱི་བྲན་དུ་དབུལ་བར་བགྱི། །དགེ་བ་གཞན་ཕྱིར་བྱང་ཆུབ་ཆེན་པོར་བསྔོ ། །ཡན་ ལག་བཅུ་པོའི་བསྟོད་དབྱངས་རྒྱ་མཚོའི་དབྱངས། །མཐོང་ངམ་ཐོས་སམ་རྗེས་སུ་དྲན་ཀྱང་ རུང༌། །ཚེ་རབས་ཀུན་ཏུ་སྒྲིབ་གཉིས་གཏན་སྤངས་ནས། །རྣམ་མཁྱེན་རྫོགས་པའི་སངས་ རྒྱས་མྱུར་འཐོབ་ཤོག །བླ་མ་རྣམས་ཀྱི་ཐུགས་དགོངས་རྫོགས་པ་དང༌། །བསྟན་འཛིན་སྐྱེས་ བུའི་སྐུ་ཚེ་རིང་བ་དང༌། །དགེ་འདུན་ཆོས་སྤྱོད་སྒྲུབ་པ་འཕེལ་བར་ཤོག །རྒྱུ་སྦྱོར་ཕྱི་ནང་བར་ ཆད་ཞི་བ་དང༌། །ཚེ་དང་དཔལ་དང་འབྱོར་བ་རྒྱས་པ་དང༌། །ཅི་བསམ་དོན་ཀུན་ཆོས་བཞིན་ འགྲུབ་པར་ཤོག །འདས་དུས་གནད་གཅོད་སྡུག་བསྔལ་མེད་པ་དང༌། །བར་དོར་འཁྲུལ་བའི་ སྣང་ལོག་མི་འབྱུང་ཞིང༌། །འཇིགས་སྐྲག་ཡ་ངའི་གནས་དང་བྲལ་བར་ཤོག །བདེན་ཞེན་ སྲིད་ལེན་གནས་པ་རབ་ཞི་ནས། །བར་དོར་སྐུ་གསུམ་དོན་མཆོག་འཐོབ་པར་ཤོག །གྲུབ་ ཆེན་བརྒྱད་དང་ལས་བཞི་ལྷུན་གྲུབ་ནས། །ལམ་ལྔ་ཁྱད་པར་ཅན་རྣམས་ལེགས་བགྲོད་ དེ། །སྐུ་ལྔ་ཡེ་ཤེས་ལྔ་ཡི་མཆོག་འཐོབ་ཤོག །བླ་མ་ཡི་དམ་དཀོན་མཆོག་གསུམ་པོ་དང༌། །མཁའ་འགྲོ་ཆོས་སྐྱོང་རིག་འཛིན་རྩལ་བཟང་དང༌། །མཆེད་ལྕམ་ཕོ་མོ་ཉན་རང་དགྲ་བཅོམ་ 1-1-307 གྱིས། །ཇི་ལྟར་བསྔོ ས་པ་བཞིན་དུ་འགྲུབ་པར་ཤོག །དགེ་བ་འདི་ཡིས་ཐམས་ཅད་མཁྱེན་པ་ ཡི། །གོ་འཕང་ཐོབ་ནས་སྐྱོན་གྱི་དགྲ་བཏུལ་ཏེ། །འཆི་དང་ན་དང་རྒ་བའི་རླབས་འཁྲིགས་ པའི། །སྲི ད་པའི་མཚོ་ལས་འགྲོ་བ་གདོན་པར་ཤོག ། དེ་ནས་ཡབ་སྲས་མཆོད་ཐབས་ཀྱི་ཡན་ལག་བདུན་པ་དང༌། །ཟུར་འདེབས་ཀྱི་ཕྱག་འཚལ་བ་སོང་མཚམས་ སུ། མ་དག་སྦྱངས་བ་ནི། ཆོས་རྗེ་བླ་མས་དགོངས་གཏད་ལས། །དུས་འཁོར་ཐུགས་སྲོག་ཧཱུཾ་ཡིག་ སྤྲོས། །རང་ལ་ཕོག་པས་གདོས་བཅས་སྦྱང༌། །སྐད་ཅིག་དུས་འཁོར་དཔའ་གཅིག་གསལ། །གཟུངས་ཆུ་བསྒྲུབ་པ་ཡང༌། དཔལ་ལྡན་རྗེ་ཡི་ཐུགས་ཀ་ནས། །ཐུགས་སྲོག་སྔགས་ཕྲེང་ཟེར་ བཅས་འཕྲོས། །གཟུངས་ཆུ་ལ་བསྟིམས་དྲི་མེད་ཀྱི། །བདུད་རྩིའི་རང་བཞིན་ནུས་ལྡན་གྱུར། །ༀ་ཨཱཿགུ་རུ་པྲཛྙཱ་དྷྭ་ཛ་ཀཱ་ལ་ཙཀྲ་ཧཱུཾ། ཞེས་པ་ཅི་ནུས་བཟླ། དེ་ནས་ཁྲུས་གསོལ་ནི། ཆོས་རྗེ་བླ་མའི་ ལྷ་ཚོགས་ལ། །བྱིན་གྱིས་བརླབས་པའི་ཆུ་མཆོག་གིས། །སྐུ་ཁྲུས་ལེགས་པར་གསོལ་བ་ནི། །དེང་འདིར་སྒྲུབ་ལ་བརྩེ་གཟིགས་ཞུ། །༼གང་འདིར་བཅོམ་ལྡན་འདས༴ ཁྲུས་ཀྱི་ཁང་པ་ཤིན་ཏུ༴ ཇི་ ལྟར་བལྟམས་པ༴ འདི་ནི་ཁྲུས་མཆོག༴ དེ་བཞིན་གཤེགས༴ ནམ་མཁའི་མདོག་ཅན༴ རྒྱལ་བའི་རྣམ་འཕྲུལ་ཆོས་ རྒྱལ༴ མཆན།༽ དཔལ་ལྡན་སྤྱན་རས་གཟིགས་དབང་ཕྱུག །སྙིགས་མར་གང་འདུལ་སྤྲུལ་པའི་ སྐུ། །ངེས་དོན་ཆོས་རྗེ་ཇོ་ནང་པར། །གུས་པས་སྐུ་ལ་ཁྲུས་གསོལ་ལོ། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་ བྷི ་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། དེ་བཞིན། ཐུགས་སྲས་འཕགས་ཆེན་རྣམ་འཕྲུལ་ཚོགས། །ཆོས་ གྲགས་ལོ་ཙཱ་བློ་གྲོས་མཚན། །མ་ཏི་ཕྱོགས་ལས་རྣམ་རྒྱལ་རྗེ། །གང་རྣམས་ལ་ཡང་སྐུ་ཁྲུས་ གསོལ། །ཁྲུས་སྔགས་གོང་གི་འགྲེས། མ་ཎི་ཀ་ཤྲཱི་བསོད་ནམས་གྲགས། །ཉ་དབོན་ཐང་སྟོན་ཆེ་ ཆུང་ཞབས། །སྨན་ཆུ་རིན་ཚུལ་གྷ་རུང་བར། །གང་རྣམས་ལ་ཡང་སྐུ་ཁྲུས་གསོལ། །ཁྲུས་སྔགས། ཕུན་ཚོགས་དཔལ་དང་བསོད་ནམས་བཟང༌། །ཆོས་རྗེའི་རང་འདྲའི་བུ་ཆེན་ཚོགས། །བཞི་ ལྷག་བཅུ་ཡི་གྲངས་ལྡན་པ། །གང་རྣམས་ལ་ཡང་སྐུ་ཁྲུས་གསོལ། །ཁྲུས་སྔགས། ངེས་དོན་ 1-1-308 བསྟན་པའི་མངའ་བདག་རྗེ། །གསང་སྔགས་ཆོས་མཛོད་སྒྲོལ་བའི་མགོན། །ཐུགས་སློབ་རྒྱ་ མཚོའི་མཚན་ཅན་ཟུང༌། །གང་རྣམས་ལ་ཡང་སྐུ་ཁྲུས་གསོལ། །ཁྲུས་སྔགས། བྱིན་བརླབས་ བརྒྱུད་རིམ་བླ་མའི་ཚོགས། །རྣམ་འཕྲུལ་ཡི་དམ་རབ་འབྱམས་དང༌། །མཆོག་གསུམ་མཁའ་ འགྲོ་ཆོས་སྲུང་བཅས། །གང་རྣམས་ལ་ཡང་སྐུ་ཁྲུས་གསོལ། །ཁྲུས་སྔགས། ༼མི་གཡོ་གསུམ་ལྡན༴ གང་ཞིག་དྲན་པས༴ དུས་ཀྱི་འཁོར་ལོའི་དཀྱིལ་འཁོར༴ དུས་ཀྱི་འཁོར་ལོ་དགྱེས་པ༴ ཐབས་མཁས་ཐུགས་རྗེ༴ འདོད་ལ་ཆགས་བྲལ༴ འཇམ་དབྱངས་ཕྱག་ན༴ པདྨ་བརྩེགས་པ༴ རྡོ་རྗེའི་རང་བཞིན༴ སྔོན་ཚེ་བཅོམ་ལྡན་འདས་ ཀྱི༴ ཚངས་པ་བརྒྱ་བྱིན༴ རྒྱལ་བའི་སྐུ་གསུང་ཐུགས༴ དེ་དག་སྐུ་ལ༴ དེ་ནས་དེ་ལ༴ མཆན།༽ མཆོད་ཡུལ་རྒྱ་ མཚོར་ཁྲུས་གསོལ་བས། །བདག་གཞན་སྒོ་གསུམ་སྒྲིབ་པ་སྦྱངས། །གསང་ཆེན་ངེས་པའི་ དོན་རྟོགས་ནས། །བསྟན་འགྲོར་རླབས་ཆེན་ཕན་ཐོགས་ཤོག །ཡོན་གནས་མཆོག་ལ་སྐུ་ཕྱི་ གསོལ། །གང་འཚམ་མཛེས་སྡུག་ན་བཟའ་དང༌། །ངོ་མཚར་རྒྱན་བཟང་འོས་ཚད་འབུལ། །བསོད་ནམས་ཚོགས་ཆེན་རྫོགས་གྱུར་ཅིག །དེ་ནས་ལྷན་ཐབས་སྐབས་ལྟར་སླར་ཡང་མཆོད་པ་བྱིན་ རླབས་སོགས་སུ་འགྲོ། ཡང་ལྷན་ཐབས་མཆོད་པའི་སྐབས་སུ་མཁོ་བ་ནི། མཆོད་པའི་མཇུག་གི ཕྱོགས་མཐར་ ཡོངས་རྒྱས་ཤོག །ཅེས་པའི་མཚམས་རྣམས་སུ་དམིགས་བསལ་སོ་སོའི་འདོད་གསོལ་མཆོད་གྲངས་ལྟར་སྦྱར་ བར་སྤྲོ་ན། དེ་ལུགས་རིམ་པར་བླ་མའི་ཞབས་བརྟན་སྐབས་སུ། ཐུགས་ཀྱི་དགོངས་དོན་འབད་མེད་གོང་ དུ་འཕེལ། །དོན་གཉིས་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ། །ཡུན་རིང་དར་ཞིང་སྐུ་ཚེ་ མཛད་ཕྲིན་ལ། །བར་དུ་གཅོད་པ་ཉེ་བར་ཞི་གྱུར་ཅིག །ཅེས་པའམ། བསྡུ་བཞིའི་སྒོ་ནས་འགྲོ་ ཀུན་དགེ་ལ་བཀོད། །བཤད་སྒྲུབ་རྫོགས་ལྡན་རྒྱལ་མཚན་མཁའ་ལ་བསྒྲེངས། །མཐུན་ངོར་ དུས་ཀྱིས་འཇིགས་པ་དང་བྲལ་ངང༌། །ཞབས་བརྟན་གཉིས་འཐུང་ཁྲི་ལ་ལེགས་འཁོད་ཤོག །ཅེས་པའམ། འཁྲུལ་སྣང་མ་ལུས་དྭངས་པའི་རང་བཞིན་དབྱིངས། །གསལ་སྟོང་འགག་མེད་ རྟག་ཆད་མཐའ་དབུས་བྲལ། །བློ་འདས་ཡེ་ཤེས་གཤེགས་སྙིང་ལྟ་བ་མཆོག །རྒྱལ་ཀུན་ཆོས་ 1-1-309 སྐུ་རོ་གཅིག་རྟོགས་གྱུར་ཅིག །དེ་དག་གང་སྤྲོ་སྦྱར། མཐར། དེ་ལྟར་མཆོད་པའི་བྱིན་རླབས་ཀྱིས། །ངེས་དོན་བསྟན་པ་འཛིན་པའི་སྡེ། །རྩ་ ལག་ཕུལ་བྱུང་གང་བཞུགས་དག །ཡུན་རིང་འཚོ་ཞིང་རྟག་བརྟན་ཤོག །དེ་རྣམས་མཛད་པ་ ཕྲིན་ལས་རྒྱས། །རླབས་ཆེན་དོན་གཉིས་ལྷུན་གྲུབ་ཅིང༌། །གང་འདུལ་སྙིང་པོའི་རང་ལུགས་ ཀྱིས། །འགྲོ་ཕན་གཡེལ་བ་མེད་གྱུར་ཅིག །དེར་བརྟེན་མཐའ་ཡས་སེམས་ཅན་ཁམས། །རྫོགས་ལྡན་ཆོས་ལ་སྤྱོད་སྐལ་ཐོབ། །མིག་འཕྲུལ་ཇི་བཞིན་འབད་མེད་གྲོལ། །གདོད་ མའི་གཏན་སྲི ད་མྱུར་ཟིན་ཤོག །ཁྱད་པར་བསྟན་ལ་གུས་ལྡན་པ། །སྦྱིན་བདག་དད་འབྱོར་ ལེགས་མངའ་བའི། །སྐལ་བཟང་བསོད་ནམས་དབང་ཕྱུག་ཆེ། །སྒོ་གང་ཐད་ནས་འཕེལ་ གྱུར་ཅིག །དེ་ཀུན་གནས་སྐབས་ཚེ་འདི་ཉིད། །ནད་གདོན་རྐྱེན་ངན་རབ་ཞི་སྟེ། །ཚེ་རིང་ནོར་ འཕེལ་ཁ་རྗེ་དར། །ཆོས་སྲི ད་ལེགས་དོན་ཡོངས་འབྱོར་ཤོག །ཕྱི་ནང་ཉེར་འཚེ་མཐའ་དག་ བྲལ། །མི་ནོར་རིགས་བརྒྱུད་མངའ་ཐང་འཕེལ། །འདི་ཕྱིར་ལེགས་དགེའི་དགའ་སྟོན་ཤར། །རྨད་བྱུང་ལུགས་གཉིས་སྤྱོད་གྱུར་ཅིག །ཕུན་སུམ་ཚོགས་པའི་བདེ་འབྱོར་དུ། །ཀུན་ཀྱང་ཚེ་ འདིར་མཐའ་འཁྱོལ་ཏེ། །རིམ་གྱིས་ཕྱི་མར་མངོན་མཐོའི་རྟེན། །ཆོས་ལྡན་འབའ་ཞིག་ལ་ དབང་ཤོག །དག་པའི་སྐྱེ་བ་ཁོ་ནའི་སྟེང༌། །ཡང་དག་ཟབ་ཆོས་ལ་སྤྱོད་དེ། །འཁོར་བར་རྒྱབ་ ཕྱོགས་གཏན་བདེ་ཡི། །གོ་འཕང་མཆོག་ལ་སླེབ་གྱུར་ཅིག །ལྷན་ཐབས་སྐབས་བཞིན་སླར་ཡང་གོང་ གི་མཆོད་རྫས་བྱིན་རླབས་སོགས་སུ་འགྲོ། འདིས་འོག་མ་རྣམས་ལ་འགྲེས་སྦྱར་རོ། ། དགེ་འདུན་སྡེ་འཕེལ་ཆེད་དུ། ཐུགས་མཐུན་ཁྲིམས་གཙང་འཁོར་ལོ་གསུམ་ལ་བརྩོན། །ལྟ་ གྲུབ་ཐ་དད་མི་མཐུན་ཀུན་སྤངས་ཏེ། །ལྟ་བ་ཡང་དག་ལ་གནས་ཡོན་སྦྱོང་མཆོག །ཕྱོགས་ དུས་ཀུན་ཏུ་འཕེལ་ཞིང་རྒྱས་གྱུར་ཅིག །ཅེས་པའམ། ཡི་གེ་འབྲི ་མཆོད་སྦྱིན་གཏོང་ཁ་ཏོན་དང༌། །བསླབ་གསུམ་ཐོས་བསམ་སྒོམ་སོགས་རབ་དཀར་མཛོད། །དམར་སེར་ལི་ཁྲིའི་མདོག་ 1-1-310 མཚུངས་དགེ་འདུན་སྡེས། །རྒྱ་མཚོའི་གོས་ཅན་ཐམས་ཅད་ཁྱབ་པར་ཤོག །ཅེས་པའམ། ཀུན་ རྟོག་སྤྲོས་མཚན་མཐའ་དག་དྭངས་བའི་དབྱིངས། །རྟོག་མེད་ནམ་མཁའི་རྡོ་རྗེའི་རང་བཞིན་ ནི། །འོད་གསལ་སྟོང་པའི་གཟུགས་སྣང་འབྱམས་ཀླས་ཤིང༌། །རབ་འབྱམས་སྐུ་ཞིང་བཀོད་ བཟང་ལྷུན་གྲུབ་གྱུར། །ཅེས་དེ་དག་གང་སྤྲོ་སྦྱར། གྲྭ་ཚང་སྤྱིའི་ཞབས་བརྟན་དུས་སུ། འདུལ་མངོན་ཕར་ཚད་དབུ་མ་རྒྱུད་སྡེ་བཞི། །མང་ཐོས་ ངེས་འབྱུང་བྱང་སེམས་ཡང་དག་ལྟ། །ཕྱིན་དྲུག་བསྐྱེད་རྫོགས་ལྡན་པའི་དགེ་འདུན་སྡེ། །ཆོས་རྐྱེན་ཀུན་འགྲིགས་བར་ཆད་རབ་ཞི་ཤོག །ཅེས་པའམ། རྒྱལ་བསྟན་འཛིན་མར་འདུས་ སྡེའི་པད་དཀར་བཞད། །སྡོམ་གསུམ་ཟིལ་མངར་གཞན་ཕན་དྲི་ངད་རྒྱས། །གསང་གསུམ་ བར་ཆད་མ་ལུས་དབྱིངས་སུ་ཞི། །དགེ་འདུན་སྡེ་ཚོགས་སྲ་ཞིང་བརྟན་གྱུར་ཅིག །ཅེས་པའམ། སེམས་ཀྱི་རང་བཞིན་དྭངས་གསལ་རྟོག་མེད་འདི། །སྒྲོ་བསྐུར་ཀུན་བྲལ་བརྗོད་འདས་ བསམ་མེད་ངང༌། །ཡེ་བཞུགས་ཆོས་ཉིད་གཤེགས་སྙིང་སྐུ་བཞིའི་བདག །ཞིང་ཀུན་རྫོགས་ པ་ཆོས་དབྱིངས་ཀློང་དུ་གྱུར། །ཅེས་དེ་དག་གང་སྤྲོ་སྦྱར། ཉམས་ཆག་བཤགས་སྐབས། ཐོག་མེད་ནས་བསགས་དུག་གསུམ་མི་དགེ་བཅུ། །སྡོམ་ གསུམ་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས། །མདོར་ན་ཉེས་ལྟུང་མཐའ་དག་དྲུངས་ཕྱུང་སྟེ། །བཀའ་བསྡུ་བཞི་པའི་དགོངས་དོན་རྟོགས་གྱུར་ཅིག །ཅེས་པའམ། འགྲོ་ཀུན་བསགས་སྡིག་ མ་ལུས་བདག་ལ་སྨིན། །དེ་དག་སྡུག་བསྔལ་རྒྱུ་བཅས་དང་བྲལ་ཞིང༌། །བསོད་ནམས་གང་ བསགས་ཐམས་ཅད་འགྲོ་ལ་སྦྱིན། །དེ་ཀུན་སྒྲིབ་གཉིས་མ་ལུས་ཡོངས་བྱང་ཤོག །ཅེས་པའམ། ཀུན་རྫོབ་ཆོས་ཀུན་བདེན་པས་སྟོང་པར་རྟོགས། །དོན་དམ་སྟོང་ཉིད་གནས་ལུགས་རྣམ་ ཀུན་བདག །མི་འགྱུར་བདེ་ཆེན་རང་མདངས་སྟོང་གཟུགས་རྒྱས། །ཟུང་འཇུག་ལྷན་སྐྱེས་ སྒྲིབ་གཡོགས་དང་བྲལ་ཤོག །ཅེས་དེ་དག་གང་སྤྲོ་སྦྱར། 1-1-311 རྒྱལ་བློན་སྐུ་རིམ་སྐབས། མཐའ་བཞི་ལས་རྒྱལ་ཁྲིམས་ཀྱི་རྔ་ཆེན་བརྡུང༌། །ཆོས་སྲི ད་གསེར་ གྱི་འཁོར་ལོས་འབངས་དཔལ་སྐྱོང། །བསོད་ནམས་དགེ་བཅུའི་ལས་ལ་རྟག་པར་གཞོལ། །ས་སྐྱོང་བློན་འབངས་བསམ་དོན་ལྷུན་གྲུབ་ཤོག །ཅེས་པའམ། འབངས་དཔལ་ཐམས་ཅད་ དགེ་ཚོགས་ལམ་དུ་བསྒྱུར། །སྐྱེ་འགྲོ་ཡོངས་ཀྱི་ཐར་པའི་སྲོག་རྩ་བཟུང༌། །ཕན་ཚུན་བྱམས་ སེམས་སྤྱོད་བཟང་ཉམས་མེད་པར། །འབངས་ཀུན་ཉོན་མོངས་གཡུལ་ལས་རྒྱལ་བར་ཤོག །ཅེས་པའམ། ཡང་དགོས་དུས་འཁོར་ཟབ་ཆོས་མཐའ་དག་དང༌། །མཐའ་བྲལ་རྫོགས་ལྡན་ ལམ་མཆོག་དབུ་མའི་སྲོལ། །ཐོས་བསམ་དབང་ལུང་ཉམས་ལེན་སྨོན་ལམ་སོགས། །ལྷོད་ མེད་བརྩོན་ཀུན་རྟག་ཏུ་བརྟེན་པར་ཤོག །ཅེས་དེ་དག་གང་སྤྲོ་སྦྱར། ཡུལ་གྱི་འཁྲུག་རྩོད་ཞི་ཐབས། ལས་ངན་སེམས་ཅན་ཤེས་རྒྱུད་དུག་ལྔས་དཀྲུགས། །ཡུལ་ གྲུ་ཐམས་ཅད་གནོད་འཚེའི་སྦྱོར་བས་གང༌། །ཕན་ཚུན་འཁྲུག་རྩོད་ཞེ་སྡང་མེ་ལྟར་མཆེད། །རྫོགས་ལྡན་ཆོས་ཆར་ཆེན་པོས་ཞི་གྱུར་ཅིག །ཅེས་པའམ། ལས་ཀྱིས་བདས་ཤིང་དུག་གསུམ་ ཉིན་མཚན་འབར། །རིགས་མཐུན་ཕན་ཚུན་ཞེ་སྡང་མཚོན་བརྡར་བས། །བདེ་སྐྱིད་འཇོམས་ ཤིང་སྡུག་བསྔལ་རང་ཕུང་རྒྱུ། །ཕྱི་ནང་འཐབ་འཁྲུག་མ་ལུས་ཞི་བར་ཤོག །ཅེས་པའམ། ད་ ཡན་གཞན་སེམས་མ་ལུས་དཀྲུགས་པ་ཡིས། །ལས་ངན་མཚོན་ཆས་མཐའ་མེད་བར་དུ་ གཏུབ། །ད་ནི་གཞན་ཕན་སྤྱོད་ལ་ཞུགས་པ་ཡིས། །འབད་མེད་ངང་ནས་འགྲོ་བའི་དོན་བྱེད་ ཤོག །ཅེས་དེ་དག་གང་སྤྲོ་སྦྱར། ཚོ་བའི་རིམ་གྲོའི་སྐབས་སུ། བློ་རིག་སྟོབས་རྩལ་དཔའ་མཛངས་གཟི་བརྗིད་རྒྱས། །ཚེ་རིང་ ནད་མེད་ལོངས་སྤྱོད་གྲོགས་བཟང་ལྡན། །བགེགས་རིགས་བྱད་ཁ་མནན་གཏད་འཇིགས་ བརྒྱད་སོགས། །ཞི་ཞིང་སྡེ་ཆེན་ཡོངས་རྒྱས་རབ་བརྟན་ཤོག །ཅེས་པའམ། ཕན་ཚུན་ཆགས་ སྡང་ཤེས་རྒྱུད་རྩུབ་ཅིང་གྱོང༌། །ཞེ་འདོད་ཐམས་ཅད་རང་གི་ཕུགས་སུ་བཅུག །གྱོང་སྐོར་ 1-1-312 ཐམས་ཅད་དོན་མེད་གཞན་མགོར་བཞག །ཕུང་བྱེད་རྟོག་ངན་དེ་ལས་ལྡོ ག་པར་ཤོག །ཅེས་ པའམ། ནང་མིར་གྱུར་སྐབས་སྙིང་གཏམ་དགྲ་ལ་བཤད། །ཀོ་ལོང་ཆེ་ལ་གདུག་རྩུབ་བཙན་ དང་མཚུངས། །ཡུན་རིང་འགྲོགས་ན་གཤིས་ངན་རྒྱུན་དུ་སློང༌། །དེ་དག་གཞན་ཕན་སྤྱོད་ལ་ འཇུག་གྱུར་ཅིག །ཅེས་དེ་དག་གང་སྤྲོ་སྦྱར། སྦྱིན་བདག་གང་ཡིན་ལ། ཉམ་ཆུང་དབུལ་ཕོངས་ཚེ་ཐུང་ནད་མང་སོགས། །སྡུག་བསྔལ་ ཀུན་ཞི་བདེ་འབྱོར་ཡོངས་རྒྱས་ཏེ། །ཡིད་མཐུན་གྲོགས་ལྡན་ཀུན་ཀྱང་དགེ་ལ་གཞོལ། །སྦྱིན་ བདག་རེ་འདོད་མ་ལུས་ཀུན་འགྲུབ་ཤོག །ཅེས་པའམ། ཕན་བདེ་འབྱུང་གཞི་རྒྱལ་བསྟན་སྤྱི་ བོར་བཀུར། །འབྱོར་བ་གང་ཡོད་བསྟན་པའི་ཞབས་ཏོག་འབུལ། །ལུས་ངག་ཡིད་གསུམ་ ཆོས་ཀྱི་བྲན་དུ་བཀོལ། །ཚེ་རབས་ཀུན་ཏུ་དེ་ལྟར་སྤྱོད་པར་ཤོག །ཅེས་པའམ། མཆོག་གསུམ་ དམ་པ་སྤྱི་བོའི་ཐོད་བཞིན་བཀུར། །སྐྱིད་པའི་དུས་ན་བསྙེན་བཀུར་མཆོག་གི་གནས། །སྡིག་ ན་རེ་ཆེན་རྒྱང་ནས་འབོད་པའི་ཡུལ། །ཚེ་འདིའི་རེ་ས་སྐྱེ་གཞན་སྐྱབས་གཅིག་གྱུར། །ཅེས་དེ་ དག་གང་སྤྲོ་སྦྱར། ཆོས་སྲི ད་གཉིས་ཀ་འཕེལ་ཐབས། འབྲུ་རིགས་དཀར་དམར་བཟའ་བཏུང་གོས་ཀྱི་རིགས། །ནོར་ཕྱུགས་རྟ་དྲེལ་ར་ལུག་མཁོ་དགུའི་དཔལ། །འཇིག་རྟེན་འདས་དང་མ་འདས་ལེགས་ ཚོགས་གཡང༌། །དབྱར་གྱི་ཆུ་གཏེར་བཞིན་དུ་རྒྱས་གྱུར་ཅིག །ཅེས་པའམ། ལེགས་ཚོགས་ མཐའ་མེད་མ་ལུས་འཕེལ་བའི་གཞི། །བསོད་ནམས་ཚོགས་བསགས་ལས་ལ་རྒྱུན་དུ་འབད། །རང་གཞན་ཐམས་ཅད་དེ་ཡི་ལས་ལ་བསྒྱུར། །དོན་གཉིས་རྒྱ་མཚོའི་དཔལ་ཡོན་མྱུར་སྤྱོད་ ཤོག །ཅེས་པའམ། གང་སྣང་ཐམས་ཅད་རྟེན་ཅིང་འབྲིལ་བར་འབྱུང༌། །རང་ཚུགས་མེད་པ་ ཕན་ཚུན་ལྟོ ས་པར་གནས། །ཆུ་ཟླ་བཞིན་དུ་སྣང་བའི་གཟུགས་སུ་གྲུབ། །རྟེན་འབྲིལ་ཚོགས་ པའི་སྣང་བརྙན་རྟོགས་པར་ཤོག །ཅེས་དེ་དག་གང་སྤྲོ་སྦྱར། 1-1-313 ལོ་ཏོག་གི་རིམ་གྲོའི་སྐབས། ཡུལ་ཁམས་ཀུན་ཏུ་དུས་བབ་ཆར་སྤྲིན་འཁྲིགས། །དྲོད་བཟང་ འབྱུང་བཞིའི་ཁམས་སྙོམས་རྩི་ཤིང་རིགས། །སྨན་འབྲུ་མེ་ཏོག་འབྲུ་རིགས་རབ་ཏུ་རྒྱས། །བཙའ་སད་སེར་སོགས་རྐྱེན་ངན་ཞི་གྱུར་ཅིག །ཅེས་པའམ། སད་སེར་ལ་སོགས་མི་འདོད་ འབྱུང་བ་ཡང༌། །ལས་འབྲས་ཚུལ་ཁྲིམས་མ་བསྲུང་ལས་ཀྱིས་འབྱུང༌། །རྒྱུ་འབྲས་ཕྲ་ཞིབ་ མིག་འབྲས་ལྟ་བུར་བསྲུང༌། །ཚུལ་ཁྲིམས་ཕ་རོལ་ཕྱིན་པ་ཡོངས་རྫོགས་ཤོག །ཅེས་པའམ། ཞིང་ས་གཤིན་པོར་ལོ་ཏོག་ལྷོ་སྤྲིན་བཞིན། །འཛིན་མར་སྨན་འབྲུ་མེ་ཏོག་སྣ་ཚོགས་བཀྲ། །རྐང་འཐུང་ལྗོན་བཟང་ལ་སོགས་རབ་རྒྱས་ལ། །གནོད་རྐྱེན་མ་ལུས་རབ་ཏུ་ཞི་གྱུར་ཅིག །ཅེས་དེ་དག་གང་སྤྲོ་སྦྱར། སྦྲུམ་མ་དང་བྱིས་པ་འཚོ་ཐབས། བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དང༌། །མཁའ་འགྲོ་ཆོས་ སྐྱོང་དམ་ཅན་ནོར་ལྷ་སོགས། །ཀུན་འདུས་ཀུན་མཁྱེན་ཡབ་སྲས་བརྒྱུད་འཛིན་ལ། །མཆོད་ པས་མ་བུའི་༼བྱིས་པའི། མཆན།༽གནོད་པ་ཀུན་བྲལ་ཤོག །ཅེས་པའམ། རང་སྣང་དག་པ་འོག་ མིན་ཞིང་གི་དབུས། །ཡེ་བཞུགས་ཀུན་མཁྱེན་ཡབ་སྲས་སྒྲོལ་མགོན་དང༌། །རིམ་བརྒྱུད་རྩ་ བའི་བླ་མ་ཐམས་ཅད་ལ། །མཆོད་པས་མ་བུའི་༼བྱིས་པའི། མཆན།༽གནོད་པ་ཀུན་ཞི་ཤོག །ཅེས་ པའམ། སྦྲུམ་མའི་༼བྱིས་པའི། མཆན།༽ལུས་ལ་ནད་མང་བྱུང་བ་འདི། །སྔོན་བསགས་ལས་ངན་ རང་ལ་འཁོར་བ་ཡིན། །སྒྲིབ་སྦྱངས་ཚོགས་བསགས་ལས་ལ་ཆེར་འབད་པས། །རྐྱེན་ངན་མ་ ལུས་དབྱིངས་སུ་ཞི་གྱུར་ཅིག །ཅེས་དེ་དག་གང་སྤྲོ་སྦྱར། ཚེ་འདིར་ལས་ངན་དང་མི་འཕྲད་ཐབས། སྔོན་བསགས་ངན་པས་རྣམ་སྨིན་མཐུ་བཙན་པས། །དུག་གསུམ་ལས་བསྐྱེད་མི་དགེ་བཅུ་པོ་དང༌། །མཚམས་མེད་ཉེ་བ་ལོག་ལྟ་ཆོས་སྤོང་སོགས། །བསགས་སྡིག་ལས་ཉོན་འདི་ལས་ལྡོ ག་གྱུར་ཅིག །ཅེས་པའམ། བདག་གཞན་སེམས་ཅན་ མ་ལུས་ཐམས་ཅད་ཀྱིས། །ཐོག་མེད་བསགས་པའི་ལས་ངན་ཉེས་ལྟུང་དང༌། །ད་སྐབས་སྒོ་ 1-1-314 གསུམ་བསགས་སྡིག་ཡོད་དོ་ཅོག །མཆོད་བསགས་སྟོབས་ཀྱིས་བྱང་དག་དངོས་གྲུབ་སྩོལ། །ཅེས་པའམ། ནམ་ཞིག་འཆི་བ་ཐོག་ཏུ་བབ་པའི་ཚེ། །མནར་གཅོད་འཁྲུལ་བའི་སྣང་ལོག་མི་ འབྱུང་ཞིང༌། །ཀུན་མཁྱེན་ཡབ་སྲས་བརྒྱུད་རིམ་བླ་མའི་ཚོགས། །བྱོན་ཏེ་དག་པའི་ཞིང་དུ་ འཁྲིད་པར་ཤོག །དེ་དག་གང་སྤྲོ་སྦྱར། བར་ཆད་ཞི་ཕྱིར། དུག་ལྔའི་རང་བཞིན་རྒྱལ་བསེན་དམ་སྲི ་དང༌། །ས་བདག་ཀླུ་གཉན་ འབྱུང་པོའི་རིགས་ཀྱིས་འཚེ། །ལུས་ཀྱི་ན་ཚ་ཆོས་འགལ་རྟོག་ངན་སོགས། །ཚེ་དང་ཆོས་ཀྱི་ བར་ཆད་ཀུན་བྲལ་ཤོག །ཅེས་པའམ། ཐོས་བསམ་སྒོམ་དང་འཆད་རྩོད་རྩོམ་གསུམ་དང༌། །དབང་ལུང་མན་ངག་ཡི་གེ་འབྲི ་མཆོད་དང༌། །ཁ་ཏོན་སྦྱིན་གཏོང་སོགས་ལ་གནོད་པའི་ གེགས། །འཇིག་རྟེན་ཆོས་བརྒྱད་གཡུལ་ལས་ལྡོ ག་པར་ཤོག །ཅེས་པའམ། གང་འཕྲད་ཐམས་ ཅད་དུག་གསུམ་བསྐྱེད་པའི་རྒྱུ། །ཐོས་བསམ་སྒོམ་པའི་བྱ་བ་ཀུན་ཉམས་བྱེད། །བྱམས་དང་ སྙིང་རྗེ་བྱང་ཆུབ་སེམས་སོགས་འཇོམས། །གྲོགས་རྐྱེན་ངན་པའི་བར་ཆད་ཞི་གྱུར་ཅིག །ཅེས་ དེ་དག་གང་སྤྲོ་སྦྱར། འཁོན་པ་ཞི་ཕྱིར། གཅིག་གིས་གཅིག་ལ་གནོད་འཚེའི་སྦྱོར་བ་བརྩམས། །ཤེས་རྒྱུད་ དཀྲུགས་པས་ཚིག་རྩུབ་རྒྱུན་དུ་སྨྲ། །རྣམ་དཀར་འཇོམས་བྱེད་སེམས་ཁོང་གཏིང་ནས་ འཁྲུགས། །ཕྲག་དོག་ང་རྒྱལ་འཁོན་ཀུན་ཞི་བར་ཤོག །ཅེས་པའམ། ཚེ་སྔོན་གཞན་གནོད་ བསམ་སྦྱོར་རང་གིས་བསགས། །ད་དུང་དེ་རྗེའི་མུ་མཐུད་ཡང་ཡང་བསགས། །དེ་འདྲའི་ བདག་འབྲས་རང་ལ་འཁོར་བ་ན། །མཆོད་སྒྲུབ་སྟོབས་འདིས་རྐྱེན་ངན་ཞི་གྱུར་ཅིག །ཅེས་ པའམ། ཡུལ་མི་མ་ལུས་དགྲ་བོར་ལངས་པའི་ཚེ། །བསམ་སྦྱོར་ངན་པས་མཚང་བརྡོལ་སྣ་ ཚོགས་འབྱུང༌། །སེམས་མི་མཐུན་ཞིང་ཕན་ཚུན་འཐབ་ཅིང་འཁྲུག །དེ་དག་མཆོད་བསགས་ སྟོབས་ཀྱིས་ཞི་གྱུར་ཅིག །ཅེས་དེ་དག་གང་སྤྲོ་སྦྱར། 1-1-315 རང་རང་གི་རྒྱུད་འདུལ་ཐབས། བསྟན་པའི་འཇུག་སྒོ་དང་བྲལ་རྟོག་གེ་མཁན། །ཨུ་ཚུགས་ བླུན་སྒོམ་ཤེས་རྒྱུད་དུག་ལྔའི་གང༌། །ཕྲག་དོག་ང་རྒྱལ་ཁེངས་སེམས་རྒྱུན་ཆད་མེད། །ཆོས་ བརྒྱད་དོན་དུ་གཉེར་སེམས་ཀུན་ཞི་ཤོག །ཅེས་པའམ། ངེས་འབྱུང་བྱང་སེམས་ཡང་དག་ལྟ་ བ་དང༌། །བླ་མ་མཉེས་པའི་ཐབས་ཀྱིས་མ་ཟིན་ན། །ཆོས་གང་བསྒྲུབ་ཀྱང་འཁོར་བའི་རྒྱུ་རུ་ འགྱུར། །མཆོད་སྒྲུབ་ཟབ་མོས་ཐར་ལམ་ཟིན་གྱུར་ཅིག །ཅེས་པའམ། རང་སེམས་འཁྲུལ་སྣང་ རང་གིས་མ་བརྟག་ན། །ཆོས་གཟུགས་འཛིན་ཀྱང་ཆོས་མིན་བྱེད་སྲི ད་པས། །དེ་ཕྱིར་རྒྱུན་དུ་ རང་གི་འཁྲུལ་བ་ལ། །བརྟག་དཔྱད་བྱས་ནས་དབྱེ་བསལ་ལེགས་ཞིབ་གྱུར། །ཅེས་དེ་དག་གང་ སྤྲོ་སྦྱར། བྱད་མ་མཐུ་གཏད་བཟློག་ཐབས། ཕ་རོལ་བན་བོན་བསམ་སྦྱོར་གནག་སེམས་ཀྱིས། །མཐུ་ གཏད་དམོད་སྒྲུབ་བྱད་མ་རླུང་འཁོར་ཧོམ། །བསྲིག་མནན་ཟོར་ཕུར་བསྐྲད་བཤིག་དབྱེ་ རེངས་སོགས། །མཆོད་བསགས་སྟོབས་ཀྱིས་དེ་ཀུན་ཞི་བར་མཛོད། །ཅེས་པའམ། གནག་ སེམས་ངན་པས་སྦྱོར་རྩུབ་མཐུ་གཏད་སོགས། །མཆོད་བསགས་སྟོབས་ཆེན་ལེགས་བགྱིས་ བསོད་ནམས་ཀྱིས། །བྱད་ཁ་ཐམས་ཅད་རྒྱ་མཚོར་ཁ་བབས་བཞིན། །ཁ་རྗེ་དབང་ཐང་ཚེ་ བསོད་རྒྱས་བྱེད་གྱུར། །ཅེས་པའམ། བསྒྲལ་ལས་ལ་དབང་སྐྱེས་ཆེན་མ་གཏོགས་གང༌། །འཁྲུལ་སྣང་ལ་ཞེན་ཆགས་སྡང་ཆེར་མཆེད་པས། །དམོད་སྒྲུབ་མནན་གཏད་ལ་སོགས་ངན་ སོང་རྒྱུ། །བྱམས་སེམས་དམིགས་མེད་དབྱིངས་སུ་ཞི་གྱུར་ཅིག །ཅེས་དེ་དག་གང་སྤྲོ་སྦྱར། ཡམས་ནད་འབྱུང་སྐབས། ཉིན་མཚན་ཀུན་ཏུ་ཉོན་མོངས་དུག་ལྔ་རྒྱས། །ལས་ངན་བག་ ཆགས་གངས་ཀྱི་རྡུལ་ལྟར་བརྩེགས། །སྤྱི་མཐུན་བདག་འབྲས་ཡུལ་གྲུར་༼ཕྱུགས་ནད་འབྱུང༌། མཆན།༽ཡམས་ཀྱིས་ཁྱབ། །བསོད་ནམས་ཆོས་ཆར་ཆེན་པོས་ཞི་བར་ཤོག །ཅེས་པའམ། སྤྱི་ མཐུན་ལས་ངན་མཐའ་མེད་བསགས་ཟིན་དང༌། །རྐྱེན་ངན་སྣ་ཚོགས་ལྷན་ཅིག་འཚོགས་པ་ 1-1-316 ཡིས། །མི་འདོད་ཡམས་ཀྱིས་སྐྱེ་འགྲོའི་༼ཕྱུགས་རིགས། མཆན།༽ཚེ་སྲོག་འཕྲོག །མཆོད་འབུལ་ སྟོབས་ཀྱིས་དེ་ཀུན་བྱང་དག་གྱུར། །ཅེས་པའམ། སྣང་སྲི ད་དག་པའི་ཆོས་དབྱིངས་ཕོ་བྲང་ དབུས། །དོན་དམ་བླ་མའི་ཚོགས་ཀུན་འབྱམས་ཀླས་ཤིང༌། །དངོས་འབྱོར་ཡིད་སྤྲུལ་མཆོད་ འབུལ་དམིགས་མེད་བཞེས། །ཡམས་ནད་མ་ལུས་ཆོས་དབྱིངས་ངང་དུ་ཞི། །ཞེས་དེ་དག་གང་སྤྲོ་ སྦྱར། བྱེ་བྲག་གི་ནད་རིགས་ལ། དུག་གསུམ་ལས་བསྐྱེད་རླུང་མཁྲིས་བད་ཀན་ཡང༌། །འབྱུང་བ་ མ་སྙོམས་སྣ་ཚོགས་རྐྱེན་གྱིས་གཙེས། །ཟུག་རྔུ་གང་བྱུང་ཟབ་ཆོས་སྨན་མཆོག་གིས། །རྟག་ ཏུ་ནད་མེད་རྫོགས་ལྡན་ཆོས་སྤྱོད་གྱུར། །ཅེས་པའམ། ཚེ་སྔོན་ལས་ངན་བསགས་པས་བདག་ འབྲས་སུ། །བད་གཅོང་ཚ་སྐྲན་སྙིང་ནད་སྣ་ཚོགས་དང༌། །གློ་བུར་ནད་སོགས་མཆོད་ བསགས་ལ་བརྩོན་པས། །བྱང་ཞིང་དག་པས་ཚེ་ཆོས་ཀུན་འཕེལ་ཤོག །ཅེས་པའམ། བྱེད་ བཅིང་དང་བཅས་སོར་བཅུའི་ནམ་མཁར་བལྟ། །གསལ་སྟོང་འགག་མེད་དབྱིངས་ནས་ བླ་མའི་ཚོགས། །ཡི་དམ་རྒྱལ་སྲས་ཆོས་སྐྱོང་ཡེ་བཞུགས་མངོན། །དེ་ཡི་སྟོབས་ཀྱིས་ནད་ རིགས་ཞི་གྱུར་ཅིག །ཅེས་དེ་དག་གང་སྤྲོ་སྦྱར། འཁོར་བའི་བྱ་བ་ཀུན་ལ་ཞེན་པ་ལྡོ ག་ཐབས། སྔོན་བསགས་ལས་ཀྱིས་རྙེད་དཀའི་དལ་འབྱོར་ ཐོབ། །བསྟན་དང་བླ་མའི་དྲིན་གྱིས་རབ་བྱུང་གཟུགས། །ཐོབ་ཀྱང་ཁ་གསག་གཞོགས་སློང་ ཐོབ་འཇལ་དང༌། །རྙེད་འཚོལ་ལ་བརྟེན་རྒྱུ་ནོར་བསྡུ་ལེན་དོན། །ཉིན་མཚན་ལས་སྲོག་ འབེན་བྱས་གསོག་སྐྲུན་རྫས། །སེར་སྣའི་བཅིངས་ཤིང་འཛིན་པའི་མདུད་རྒྱས་བསྡམས། །ཡུན་རིང་ཐར་མེད་ཡི་དྭགས་དབུལ་སྤྲང་རྒྱུ། །ནོར་རྫས་འདི་ལ་ཞེན་པ་ཆོད་པར་ཤོག །ཅེས་ པའམ། སྐྱིད་འདོད་ཆེ་ཡང་དེ་རྒྱུ་ཚོགས་མི་བསོག །སྡུག་སྲན་ཆུང་ཡང་འདོད་ནག་རྔམ་སེམས་ ཆེ། །གསར་འགྲོགས་ཆེ་བས་ཀུན་ལ་ཕྱི་ཐག་ཐུང༌། །ཟ་ལྟོ་ཆེ་བས་རྐུ་འཕྲོག་འཚལ་འགྲོས་ 1-1-317 རེམ། །གསོན་གཤིན་རྫས་ལ་ཉིན་མཚན་ཧབ་ཐོབ་བྱེད། །སྙན་གྲགས་ལ་སོགས་འཇིག་རྟེན་ ཆོས་བརྒྱད་སོགས། །དམིགས་མཐིལ་བྱས་ཏེ་གཞན་ཀུན་ཁྱད་དུ་གསོད། །བསམ་སྤྱོད་ཀུན་ ངན་དེ་ལས་ལྡོ ག་གྱུར་ཅིག །ཅེས་པའམ། གོ་ས་ཆེ་ཡང་ཡོན་ཏན་འདྲེ་ལས་ཆུང༌། །བླ་མ་ཆེ་ཡང་ ཆགས་སྡང་བདུད་ལས་རྩུབ། །ལྟ་སྐད་མཐོ་ཡང་སྤྱོད་པ་ཁྱི་ལས་ངན། །དམ་སྡོམ་ཞུས་ཀྱང་ དུག་གསུམ་ཁོལ་ལས་བྱེད། །ཚུལ་ཁྲིམས་འགལ་ཟླ་ཚོང་ཁེས་ནོར་ཟས་བསྒྲུབས། །གཏན་ བདེའི་བྱ་སྤངས་སྡིག་ལས་རེམ་པར་སྤྲོ། །ལམ་སྣེ་མ་ཟིན་དོན་མེད་ངལ་བས་ཟད། །དེ་དག་ ལ་ཡང་གཏིང་ནས་ཞེན་ལོག་གྱུར། །ཅེས་དེ་དག་གང་སྤྲོ་སྦྱར། བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེ་བའི་ཐབས། ཕྱོགས་བཅུའི་ནམ་མཁའི་མཐར་ཐུག་གྱུར་པ་ཡི། །མ་ལུས་འགྲོ་བའི་དོན་ཀུན་བྱ་བའི་ཕྱིར། །ཐུབ་དབང་མཛད་སྤྱོད་ཇི་ལྟ་བ་བཞིན་དུ། །བདག་ གི་བསམ་སྤྱོད་མ་ལུས་དེ་ལྟར་གྱུར། །བདག་ལུས་ལོངས་སྤྱོད་དུས་གསུམ་དགེ་ཚོགས་ བཅས། །ཐམས་ཅད་འགྲོ་བ་ཀུན་ལ་སྨིན་གྱུར་ནས། །བར་ཆད་བྲལ་ཞིང་ཡུན་བདེ་ལམ་དུ་ ཞུགས། །ས་ལམ་མཐར་ཕྱིན་གཤེགས་སྙིང་མྱུར་མངོན་ཤོག །ཅེས་པའམ། གང་གིས་བདག་ མཐོང་རླུང་ཕོག་དྲི་ཚོར་དང༌། །མིང་ཐོས་དྲན་བརྗོད་དད་དང་དགའ་བྱེད་དང༌། །ཆོས་དང་རྒྱུ་ རྫས་འབྲིལ་བ་ཡོད་པ་ཀུན། །ཚེ་འདིར་རྡོ་རྗེ་འཆང་དབང་ཐོབ་པར་ཤོག །བདག་སྨོད་གཤེ་ བ་རྡེག་རྡུང་མཚོན་བསྣུན་དང༌། །དུག་བླུད་བཙོན་འཇུག་ཕྲག་དོག་ངན་སེམས་འཆང༌། །ཕྲ་ དབྱེན་འགྲན་སེམས་འཆང་བ་ལ་སོགས་པ། །དེ་དག་ཚེ་འདིར་སངས་རྒྱས་མྱུར་ཐོབ་ཤོག །ཅེས་པའམ། སྐྱེ་དང་སྐྱེ་བའི་ཕྲེང་བ་ཐམས་ཅད་དུ། །ལུས་ངག་ཡིད་གསུམ་བྱ་བ་གང་བརྩམ་ ཀུན། །ཕན་པ་ཁོ་ན་མ་གཏོགས་གནོད་ལས་ཀྱི། །བྱ་བ་གང་གིས་ནམ་ཡང་གོས་མེད་ཤོག །གཞན་ལ་ཕན་པ་གང་བྱས་ཐམས་ཅད་ཀྱང༌། །རང་གི་དོན་ལའང་ཅུང་ཟད་མི་ལྟོས་ཤིང༌། །ནོར་བུ་བུམ་བཟང་དཔག་བསམ་ཤིང་ལྟ་བུར། །སེམས་ཅན་གང་འདོད་འབད་མེད་འབྱུང་ 1-1-318 བར་ཤོག །དེ་དག་གང་སྤྲོ་སྦྱར། ལྟ་བ་ཡང་དག་རྒྱུད་ལ་སྐྱེ་བའི་ཐབས། མདོ་རྒྱུད་མན་ངག་རྒྱ་ཆེར་ཆོས་ཀྱི་སྒོ། །བརྒྱད་ཁྲི་བཞི་ སྟོང་གསུངས་ཀྱང་མདོར་བསྡུས་ན། །ཀུན་གྱི་རྩ་བ་རང་སེམས་འདུལ་ཐབས་དང༌། །ཁྲིད་ རིམ་མན་ངག་ཟབ་ཟབ་མང་ན་ཡང༌། །ཀུན་རྫོབ་ཆོས་ཀུན་བདེན་མེད་སྟོང་པའི་དབྱིངས། །སྟོང་ཉིད་དོན་དམ་རྣམ་པ་ཐམས་ཅད་པ། །བདེ་གསལ་མི་རྟོག་མཁའ་ལྟར་རབ་ཡངས་ ནས། །འགྱུར་མེད་བདེ་ཆེན་སྟོང་གཟུགས་འབྱམས་ཀླས་གྱུར། །ཅེས་པའམ། དུག་གསུམ་ལ་ སོགས་རྟོག་ཚོགས་འདི་སྣང་ཀུན། །ཆུ་ལ་རི་མོ་བྲི ས་པ་ཇི་བཞིན་ལྟར། །རང་བཞིན་སྤྲོས་ བྲལ་རྟོག་མེད་བདེ་ཆེན་རྒྱས། །རིག་སྟོང་འགག་མེད་ཡེ་ཤེས་རྗེན་ནེ་བ། །རེ་དོགས་ཀུན་ཞི་ སྟོང་གཟུགས་རབ་འབྱམས་ཤར། །མཐོང་བྱ་མཐོང་བྱེད་གཟུང་འཛིན་ཀུན་ལས་གྲོལ། །མི་ རྟོགས་ཆོས་དབྱིངས་ཀུན་ཁྱབ་རང་གཤིས་མཆོག །དུས་གསུམ་རྒྱལ་ཀུན་ཆོས་སྐུ་གཅིག་ མངོན་ཤོག །ཅེས་པའམ། སྤྲོས་ཀུན་ཞི་བའི་དབྱིངས་སུ་བདེ་ཆེན་འབར། །རིག་སྟོང་འགག་ མེད་ཀུན་ཁྱབ་ཆེན་པོའི་ཀློང༌། །རབ་འབྱམས་སྐུ་དང་ཞིང་ཀུན་མདངས་འབར་ཞིང༌། །ཀུན་ མཁྱེན་ཡབ་སྲས་རྗེ་བཙུན་སྒྲོལ་མགོན་དང༌། །རྩ་བརྒྱུད་དཔལ་ལྡན་བླ་མའི་ཚོགས་ཐམས་ ཅད། །ཡི་དམ་རྒྱུད་སྡེ་སངས་རྒྱས་བྱང་སེམས་བཅས། །མཁའ་འགྲོ་ཆོས་སྐྱོང་དམ་ཅན་རྒྱ་ མཚོའི་ཚོགས། །མ་བཅོས་སོ་མ་རང་ཤར་ལྷན་ནེར་མངོན། །དེ་དག་གང་སྤྲོ་སྦྱར་བར་བྱའོ། ། དེ་ནས་ཟུར་འདེབས་ལེགས་བསྒྲིགས་ཀྱི་མཆོད་བསྟོད་རྣམས་འདོན་པའི་མཐར་རྣམ་ཐར་བསྟོད་པ་ནི། རྒྱལ་ བའི་མདུན་ན་ལི་ཙཱ་མཐོང་ན་དགའ། །ཤམྦྷ་ལ་རུ་རིགས་ལྡན་པདྨ་དཀར། །དཔལ་གྱི་རི་ལ་ འཕགས་པ་ཀླུ་སྒྲུབ་མཚན། །སྤོས་ངད་ལྡན་དུ་ཆོས་འཕགས་སྤྲུལ་ལ་བསྟོད། ༡ །གངས་ ལྗོངས་ཆོས་རྒྱལ་སྲོང་བཙན་སྒམ་པོའི་ཞབས། །རྔ་ཡབ་གླིང་དུ་པདྨ་འབྱུང་གནས་སྤྲུལ། །འབྲི ་གུང་གནས་སུ་དཔལ་ལྡན་འཇིག་རྟེན་མགོན། །ཇོ་ནང་དཔལ་དུ་ཀུན་མཁྱེན་རྗེ་ལ་ 1-1-319 བསྟོད། ༢ །བོད་ལྗོངས་འཛིན་མར་ཀ་ཡོ་རིའི་གྲོང་དབུས། །ཆུ་ཕོ་འབྲུག་ལ་བལྟམས་པ་ནས་ བཟུང་སྟེ། །ལྕགས་མོ་གླང་ལ་ཞི་བར་གཤེགས་ཀྱི་བར། །ངོ་མཚར་རྟོགས་བརྗོད་མདོར་ བསྡུས་འཆད་བཞིན་བསྟོད། ༣ །འོད་གསལ་ཆོས་སྐུའི་ངང་ལས་མ་གཡོས་བཞིན། །བདེ་ མཆོག་སྤྲུལ་པ་ཡེ་ཤེས་དབང་ཕྱུག་ཡབ། །ཕག་མོའི་རྣམ་འཕྲུལ་ཚུལ་ཁྲིམས་རྒྱན་ཞེས་ཡུམ། །དེ་གཉིས་སྲས་སུ་སྐྱེ་བ་བཞེས་ཚུལ་བསྟོད། ༤ །ཡུམ་ཉིད་དགུན་ཟླ་འབྲི ང་པོའི་བཅོ་ལྔའི་ དུས། །རྒྱལ་ཕུར་འཛོམས་ཉིན་གསོ་སྦྱོང་བྱ་བའི་ཆེད། །ཁང་བཟང་ཡང་ཐོག་སྤོས་ཆུས་ཁྲུས་ བྱས་ཚེ། །མཁའ་དབྱིངས་འཇའ་གུར་འཁྱིལ་ནང་པད་དཀར་དབུས། ༥ །ཧྲཱིཿཡིག་དཀར་ གསལ་བྱོན་ཅིང་སྤྱི་བོར་ཐིམ། །དེ་མཚུངས་འཇའ་འོད་འཁྲིགས་ཤིང་མེ་ཏོག་ཆར། །འབབ་ བཞིན་རོལ་མོ་སྣ་ཚོགས་ཆོས་ཉིད་སྒྲ། །ཨེ་ཝཾ་ཐིག་དྲུག་ཨ་ཧཾ་ཚོགས་ལ་བསྟོད། ༦ །ལྷུམས་ བཞུགས་ཤེལ་ཁང་མར་མེ་བཅུག་པ་ལྟར། །ཕྱི་ནས་མཐོང་ཞིང་རང་ལུས་གཞལ་ཡས་ཁང༌། །སྤྱན་གཟིགས་མར་མེ་ཆེས་འོད་གསལ་བ་ལས། །འོད་ཟེར་ཕྱོགས་ཀུན་འཕྲོ་བཞིན་ བཞུགས་ལ་བསྟོད། ༧།ཡུམ་གྱི་རྨི་ལམ་བྱང་ཆུབ་མཆོད་རྟེན་བཞེངས། །འོད་ཀྱིས་འཛམ་ གླིང་ཁྱབ་ཅིང་དྲིལ་ཕྲེང་ལས། །ཆོས་སྒྲས་འགྲོ་མང་ཐར་པའི་ལམ་དུ་བཀོད། །ཁྱིམ་ནས་ གཏེར་རྡོལ་འགྲོ་ཀུན་ཚིམས་ལ་བསྟོད། ༨ །བལྟམས་སྐབས་ཡིག་དྲུག་དབྱངས་ཀྱིས་སྲི ད་ གསུམ་གང༌། །ཀླུ་རྒྱལ་མི་མགོན་བདུད་རྩིས་སྐུ་ཁྲུས་གསོལ། །མཁའ་འགྲོས་གླུ་ལེན་དཔའ་ བོས་བསྐོར་བཞིན་མཆོད། །ལྷ་ཡིས་ན་བཟའ་ཕུལ་ལ་གུས་པས་བསྟོད། ༩ །ས་ཆེན་དྲུག་ གཡོས་མེ་ཏོག་ཆར་བ་བབས། །འཇའ་འོད་རོལ་ཆས་སྒྲ་ཡང་རྒྱུན་མ་ཆད། །ནོར་བུ་སྙིང་པོ་ ཞེས་པའི་མཚན་སྒྲ་བྱུང༌། །གཞོན་ནུའི་སྐུ་ལས་དྲི་ངད་ལྡང་ལ་བསྟོད། ༡༠ །ན་ཚོད་ལེགས་ རྫོགས་དགུང་གྲངས་གསུམ་པའི་སྟེང༌། །སྐྱི་སྟེངས་བླ་མ་ཆེན་པོས་མཚན་གསོལ་བ། །ཤེས་ རབ་མགོན་པོ་ཞེས་པའི་གཞོན་ནུ་ཡང༌། །རྒྱལ་སྲས་སེམས་དཔའི་མཚན་རྟགས་ལྡན་ལ་ 1-1-320 བསྟོད། ༡༡ །དེ་ནས་ཡིག་རིགས་ཀློག་བྲི ས་ལྷ་རིས་དང༌། །གོ་ལའི་འཁོར་ཚུལ་ས་དཀྱིལ་རི་ གླིང་ཚད། །རྩིས་བཟོ་གསོ་རིག་སྙན་ངག་སྡེབ་སྦྱོར་དང༌། །སྒྱུ་རྩལ་ཆེས་མང་བསླབ་ལ་གུས་ པས་བསྟོད། ༡༢ །དགུང་ལོ་བཅུ་གཅིག་སོན་སྐབས་དགེ་འདུན་གྲངས། །ལེགས་ཚང་མདུན་ ནས་རབ་བྱུང་གཙུག་ཕུད་བྲིག །དབུ་སྐྲ་གཏོར་ཕྱོགས་འཇའ་འོད་དྲ་བས་ཁྱབ། །དགེ་བསྙེན་ སྡོམ་མིང་ཤེས་རབ་འབུམ་ལ་བསྟོད། ༡༣ །དེ་ནས་དགེ་ཚུལ་སྡོམ་པ་ལེགས་ཐོབ་སྐབས། །ཤེས་རབ་རྒྱལ་མཚན་དཔལ་བཟང་ཞེས་མཚན་གསོལ། །འདུལ་གཞུང་སྣ་ཚོགས་ཁྲིད་ལུང་ རྒྱས་པར་གསན། །དོན་ཀུན་ཐུགས་སུ་ཆུད་པ་ཉིད་ལ་བསྟོད། ༡༤ །སྐྱི་སྟོན་འཇམ་པའི་ དབྱངས་ཀྱི་མདུན་དྲུང་ནས། །མདོ་ཕྱོགས་ཕར་ཚད་མངོན་པ་གསུམ་གྱི་སྟེང༌། །ཀུན་བཏུས་ བསྣན་ཏེ་གཞུང་བཞི་སློབ་གཉེར་མཛད། །དུས་གཅིག་ཁོང་དུ་ཆུད་ལ་གུས་པས་བསྟོད། ༡༥ །སྤྱོད་འཇུག་སྔགས་ཕྱོགས་སངས་རྒྱས་ཐོད་པ་དང༌། །རྡོར་ཕྲེང་རྒྱུད་སྡེ་སྤྱི་ཡི་རྣམ་བཞག་ སོགས། །བརྟག་གཉིས་རྒྱུད་འགྲེལ་ཚད་མ་རིགས་གཏེར་སོགས། །གསན་བཞིན་དོན་ཀུན་ ཐུགས་སུ་ཆུད་ལ་བསྟོད། ༡༦ །དུང་དཀར་འཁར་རྔ་ཆོས་གོས་རྨ་བྱའི་གདུགས། །མཎྜལ་ ཕུལ་ཏེ་ཕར་ཚད་མངོན་འདུལ་རྣམས། །ས་སྐྱའི་ཆོས་ཁྲིའི་སྟེང་དུ་ལེགས་བཞུགས་ཏེ། །དུས་ གཅིག་བརྗོད་བྱེད་དུ་མས་གསུངས་ལ་བསྟོད། ༡༧ །དེ་ཚེ་མཁའ་ལ་སྒྲ་འོད་མེ་ཏོག་ཆར། །དྲི་ ངད་ལྡང་ཞིང་ལེགས་མཚན་ཅིར་ཡང་ངོམས། །དེར་གནས་ཐམས་ཅད་ཆོས་དང་བླ་མ་ལ། །མི་ཕྱེད་དད་པ་བརྟན་པོས་བསྟེན་ལ་བསྟོད། ༡༨ །དགུང་གྲངས་ཉེར་གཉིས་ཞ་ལུར་ལེགས་ བྱོན་ནས། །མཁན་ཆེན་བསོད་ནམས་གྲགས་པས་དབུ་མཛད་ཅིང༌། །ཇོ་གདན་འཚོགས་པའི་ དྲུང་དུ་བསྙེན་རྫོགས་མཛད། །འདུལ་བ་མདོ་རྩ་འགྲེལ་གཞུང་གསན་ལ་བསྟོད།༡༩ །གྲྭ་ སྐོར་བྱོན་ཏེ་གླིང་སྟོན་ཤཱཀྱ་དང༌། །གུང་ཐང་དོན་གྲུབ་རྒྱ་སྟོན་བསོད་རིན་དང༌། །གནས་རྙིང་ དཀའ་བཞི་ཞ་ལུ་བྱང་སྟོན་སོགས། །མཁས་པ་དུ་མ་ཟིལ་གྱིས་མནན་ལ་བསྟོད། ༢༠ །རྒྱ་མ་ 1-1-321 འཕན་ཡུལ་བསམ་ཡས་གསང་ཕུ་དང༌། །འབྲི ་གུང་དགའ་ལྡན་ཆོས་ལུང་བདེ་ཅན་སོགས། །དབུས་གཙང་དགོན་སྡེར་གྲྭ་སྐོར་ལེགས་མཛད་པས། །ཟླ་བྲལ་ཀུན་མཁྱེན་མཚན་སྙན་ལྡི ར་ ལ་བསྟོད། ༢༡ །དེ་སྐོར་ཁོང་གིས་བཀའ་དང་བསྟན་བཅོས་རིགས། །གངས་རིའི་ལྗོངས་སུ་ འགྱུར་རོ་ཅོག་ཀུན་ཀྱང༌། །རྫོགས་པར་ནན་ཏན་བཅས་ཀྱིས་ཚར་གཅིག་གཟིགས། །དེ་གའི་ དོན་ཀུན་ཐུགས་སུ་ཆུད་ལ་བསྟོད། ༢༢ །རྒྱ་ཆེན་ཤེས་བྱའི་གནས་རྣམས་མ་ལུས་པ། །གཞོན་ ནུའི་དུས་ནས་འབད་མེད་ཐུགས་ཆུད་ནས། །འཆད་རྩོད་རྩོམ་པས་རྫོགས་ལྡན་རྒྱལ་བསྟན་ སྤེལ། །འཛམ་གླིང་མཁས་པར་གྲགས་ལ་གུས་པས་བསྟོད། ༢༣ །ཇོ་ནང་བྱོན་ཏེ་ཡོན་ཏན་ རྒྱ་མཚོའི་དྲུང༌། །དུང་དཀར་བེར་གཉིས་ཆོས་གོས་གསེར་སྐུ་དང༌། །གསེར་སོགས་ཕུལ་བས་ དུས་འཁོར་དབང་བསྐུར་ཞུས། །འཇའ་གུར་མེ་ཏོག་ཆར་བ་འབེབས་ལ་བསྟོད། ༢༤ །རྡོ་ རྗེའི་རྣལ་འབྱོར་སོར་བསམ་སྲོག་འཛིན་སོགས། །པཎ་ཆེན་ཨ་བྷ་ཡ་དང་ཤ་བཱ་རི། །རྒ་ལོ་ བསོད་སྙོམས་ལུགས་མང་སྦྱོར་དྲུག་སོགས། །རྒྱ་གཞུང་སྦྱོར་དྲུག་ཉམས་རྟོགས་རྫོགས་ལ་ བསྟོད། ༢༥ །དཀྱིལ་འཁོར་ཞལ་ཕྱེས་སྒྲུབ་ཅིང་མཆོད་པའི་ཚེ། །དགྱེས་རྡོར་དུས་འཁོར་བདེ་ མཆོག་གསང་འདུས་སོགས། །ཁྱད་པར་རྟ་སྐད་གསུམ་གྱིས་ཁམས་གསུམ་མནན། །མཁའ་ ཁྱབ་ཡི་དམ་གཟིགས་ལ་གུས་པས་བསྟོད། ༢༦ །དགུང་ལོ་སོ་གསུམ་མེ་སྟག་ལོ་དེ་ལ། །ཇོ་ ནང་བླ་བྲང་གདན་དྲངས་ཀུན་སྤངས་ནས། །བླ་རབས་གསུམ་གྱི་ལྷ་རྟེན་མཆོད་ཆ་དང༌། །ཕྱག་དཔེ་རྡོར་དྲིལ་རུས་རྒྱན་ཀ་པཱ་ལ། ༢༧ །དར་གདུགས་ཆོས་གཞིས་ཆས་ཀུན་ལེགས་ ཕུལ་ནས། །རྒྱལ་ཚབ་དམ་པར་མངའ་གསོལ་སྐལ་ལྡན་རྣམས། །སྨིན་གྲོལ་ཟབ་མོའི་ལམ་ ལ་ལེགས་འགོད་བཞིན། །ངེས་དོན་རྒྱལ་བསྟན་སྐྱོང་ལ་གུས་པས་བསྟོད། ༢༨ །འདུས་པ་ མང་ལ་ངེས་དོན་མདོ་བཅུ་དང༌། །བྱམས་ཆོས་ཀླུ་སྒྲུབ་གཏམ་རིགས་བསྟོད་ཚོགས་སོགས། །རྩ་རྒྱུད་འགྲེལ་བཅས་སེམས་འགྲེལ་དགོངས་དོན་ཀུན། །གཞི་འབྲས་དབྱེར་མེད་ཉག་ 1-1-322 གཅིག་གསུངས་ལ་བསྟོད། ༢༩ །ཉིན་མོར་སྤྱན་རས་གཟིགས་སྤྲུལ་འདོད་ལྷ་དང༌། །མི་ མཆོག་འགའ་ལ་ངེས་དོན་ཟབ་ཆོས་འཆད། །སྐྱེ་བོ་ཕལ་ལ་རང་འཚམས་དམ་ཆོས་སྟོན། །མཚན་མོར་ཀླུ་སྒྲུབ་སྤྲུལ་ཏེ་ཀླུ་རྣམས་དང༌། ༣༠ །ནམ་གུང་ཕྱག་སྤྱན་སྟོང་གིས་མི་མ་ཡིན། །ཐོ་རངས་ཤཱཀྱ་ཐུབ་པས་བར་དོ་བར། །ཁམས་དབང་དང་མཐུན་ཟབ་ཆོས་ཆད་མེད་འཆད། །གང་འདུལ་ཆོ་འཕྲུལ་འགྱེད་ལ་གུས་པས་བསྟོད། ༣༡ །རྡོར་འཆང་དཔའ་བོ་མཁའ་འགྲོས་ ལུང་བསྟན་དང༌། །སྔོན་དུས་སྨོན་ལམ་སྣ་ཚོགས་མཐུ་བཙན་པས། །མཐོང་གྲོལ་འཛམ་གླིང་ རྒྱན་གཅིག་བཞེངས་བཞེད་སྐབས། །འགྲུབ་ཚུལ་ཚིགས་བཅད་རང་སྒྲ་གྲགས་ལ་བསྟོད། ༣༢ །ས་ཆོག་མཛད་ཚེ་ཁོང་ཉིད་དུས་འཁོར་གྱུར། །འཇའ་གུར་དབུས་སུ་ཨོ་རྒྱན་པདྨ་ལ། །གྲུབ་ཆེན་དུ་མས་བསྐོར་ཞིང་སངས་རྒྱས་སྲས། །དཔའ་བོ་མཁའ་འགྲོས་མེ་ཏོག་འབེབས་ ལ་བསྟོད། ༣༣ །ས་ལྷས་གསེར་བུམ་ཐོགས་བཞིན་ས་གཏེར་དང༌། །ཀླུ་རྒྱལ་མེ་ཏོག་གསེར་ འཁོར་དང་བཅས་ཆུ། །ཀྵེ་ཊས་ལྷུང་བཟེད་བ་དན་ཐོགས་ཏེ་རྡོ། །ལྷ་མོ་འོད་འཆང་ཤིང་ གཏེར་སོགས་ཕུལ་བསྟོད། ༣༤ །ནགས་སྨན་གསེར་དྲིལ་དུང་དཀར་མཆོད་རྫས་འབུལ། །ལྷ་བྲན་མང་པོས་མེ་ཏོག་ཆར་ཆེན་ཕབ། །གླིང་མཚོར་གནས་པའི་ཀླུ་རྒྱལ་ནོར་རྒྱས་ཀྱིས། །གསེར་ཕྱེ་ཕུལ་ལ་ལྷ་མིའི་བླ་མར་བསྟོད། ༣༥ །མཆོད་རྟེན་བཞེངས་སྐབས་ཉིན་མོར་ལྷ་མི་ དང༌། །མཚན་དུ་ཀླུ་དང་གནོད་སྦྱིན་མི་མིན་སོགས། །ལེགས་བརྩིགས་ལས་མི་ཕལ་ལ་སྒོམ་ ཉམས་འཕེལ། །གང་འབྲིལ་བདེ་བ་ཅན་དུ་སྐྱེ་བར་བསྟོད། ༣༦ །དགེ་བ་བསྟན་པ་ཆོས་དང་ ཐར་བ་ཡི། །རྒྱལ་ཆེན་གྱིས་ཕུལ་སྲོག་ཤིང་བཙུགས་སོ་ཞེས། །ཨཱ་ལའི་སྒྲ་བཞི་མཁའ་ དབྱིངས་ཁྱབ་པར་ལྡི ར། །ལྷ་མང་རབ་དགས་སྒྲ་དབྱངས་སྒྲོགས་ལ་བསྟོད། ༣༧ །ལ་ལའི་ སྣང་ངོར་བརྗོད་བྲལ་མཉམ་བཞག་མཛད། །འགའ་ཞིག་གནས་སུ་རྫོགས་ལྡན་ཆོས་འཁོར་ བསྐོར། །རྩིག་ཤིང་ལྕགས་ཟངས་བླུག་པ་ལྷ་བཟོར་སྤྲུལ། །རྫུ་འཕྲུལ་ཅིག་ཅར་བསྟན་ལ་ 1-1-323 གུས་པས་བསྟོད། ༣༨ །ཉིད་སྐུ་སྟོང་གཟུགས་སྒྱུ་མའི་རྣམ་པར་བཞེངས། །བ་སྤུའི་རྩེ་ལས་ འོད་ཟེར་ཕྱོགས་བཅུར་འཕྲོས། །འགྲོ་ཀུན་ལ་ཕོག་སླར་བསྡུས་རྗེས་དྲན་རྟགས། །རྒྱུད་ལས་ བསྟན་པ་ཇི་བཞིན་མངོན་ལ་བསྟོད། ༣༩ །ཤེས་བྱའི་ཆོས་ཀུན་བདེན་པ་གཉིས་སུ་འདུ། །དེ་ གཉིས་ལྟ་ཚུལ་མ་ནོར་བ་ཞིག་དགོས། །ཀུན་རྫོབ་མེད་ལ་ཡོད་པར་འཛིན་པ་དང༌། །དོན་ དམ་ཡོད་ལ་མེད་པར་འཛིན་པ་གཉིས། ༤༠ །རྟག་ཆད་མཐའ་ཡིན་དོན་གྱི་གཤིས་ལུགས་ ལ། །ཀུན་རྫོབ་ཅང་མེད་དོན་དམ་བདེན་ངེས་སུ། །རྟོགས་པ་མཐའ་བྲལ་དབུ་མའི་ལྟ་བ་ ཡང༌། །སྐལ་ལྡན་དོན་དུ་སྟོན་ལ་གུས་པས་བསྟོད། ༤༡ །དེ་ཡང་གཞི་ཡི་གཤེགས་སྙིང་ བཞུགས་པའི་ཚུལ། །གཞི་འབྲས་དབྱེར་མེད་རྣམ་པ་ཐམས་ཅད་པ། །འགྲོ་ཀུན་ལ་ཡོད་རྣམ་ ཤེས་ཡུལ་ལས་འདས། །རྫོགས་པའི་སངས་རྒྱས་དངོས་བཞུགས་བསྒྲུབས་ལ་བསྟོད། ༤༢ །ཕལ་ཆེར་གཤེགས་སྙིང་རྔ་བོ་ཆེ་ཡི་མདོ། །སོར་ཕྲེང་ངེས་དོན་མདོ་བཅུ་དགོངས་འགྲེལ་ བཅས། །སྔགས་རྒྱུད་སེམས་འགྲེལ་ལ་སོགས་རྒྱ་གཞུང་རྣམས། །ལུང་ཁུངས་ལ་བརྟེན་ རིགས་པས་བསྒྲུབས་ལ་བསྟོད། ༤༣ །མདོ་རྒྱུད་བསྟན་བཅོས་མན་ངག་དུ་མ་ལས། །རྒྱལ་ དང་དེ་སྲས་རྣམས་ཀྱི་དགོངས་པ་བཞིན། །ཇི་ལྟ་ཇི་སྙེད་གཟིགས་པའི་སྤྱན་ཡངས་པ། །ཐམས་ཅད་མཁྱེན་པ་ཉིད་ལ་གུས་པས་བསྟོད། ༤༤ །རྩོད་དུས་མ་རུངས་སེམས་ཅན་དོན་ ཕྱིར་དུ། །གངས་ཅན་ཁྲོད་འདིར་བསམ་བཞིན་སྐྱེ་བ་བཞེས། །གསུམ་ལྡན་མར་བཅད་ལྟ་ ངན་གཡུལ་ལས་རྒྱལ། །རྫོགས་ལྡན་རྒྱལ་བསྟན་དར་ཆེན་བསྒྲེངས་ལ་བསྟོད། ༤༥ །རྟེན་ མཆོག་ལེགས་གྲུབ་རབ་གནས་ཆོ་གའི་དུས། །ཉི་ཤར་མཁའ་དབྱིངས་འཇའ་འོད་སྣ་ཚོགས་ དབུས། །སངས་རྒྱས་བྱང་སེམས་ཡི་དམ་རབ་འབྱམས་དང༌། །དཔའ་བོ་མཁའ་འགྲོ་ཆོས་ སྐྱོང་རྒྱ་མཚོའི་སྡེ། ༤༦ །ཁྲོ་ཆེན་འབར་བས་བགེགས་རྣམས་མཐར་སྤྲད་དེ། །མེ་ཏོག་ཆར་ འབེབས་སྤོས་དྲིས་མཁའ་དབྱིངས་ཁྱབ། །བཀྲ་ཤིས་རྟགས་བརྒྱད་མཆོད་རྫས་དཔག་མེད་ 1-1-324 བྱོན། །དེ་ཀུན་རྟེན་མཆོག་ལ་ཐིམ་གུས་པས་བསྟོད། ༤༧ །གཞན་ཡང་རྒྱལ་འགོང་དམ་སྲི ས་ ཁ་ཟུག་སྐབས། །བཀའ་ཤོག་བསྐུར་བ་ཙམ་གྱིས་བར་ཆད་ཞི། །དབང་བསྐུར་དུས་སུ་དཀྱིལ་ འཁོར་གཙོ་བོར་བཞེངས། །སྐུ་གསུང་ཐུགས་ཀྱིས་བྱིན་རླབས་འབེབས་ལ་བསྟོད། ༤༨ །འབད་མེད་ངང་ནས་ཅིག་ཅར་སྤྲུལ་གར་འགྱེད། །འགྲོ་ཀུན་བསོད་ནམས་དཔལ་དུ་ཤར་ན་ ཡང༌། །སྐལ་མེད་གླིང་འཁྱམས་རྣམས་ལ་ཕྲིན་ལས་དབེན། །བསྟན་འགྲོའི་མགོན་གཅིག་ ཁྱེད་ལ་གུས་པས་བསྟོད། ༤༩ །རྒྱ་དང་ཧོར་སོག་རྒྱལ་ཁབ་མང་པོས་ཀྱང༌། །གདན་འདྲེན་ ཡང་ཡང་ཞུས་ཀྱང་སྐུ་དངོས་ཡང༌། །མ་བྱོན་ན་ཡང་སྤྲུལ་པ་སྣ་ཚོགས་ཀྱིས། །ཐབས་མཁས་ རོལ་བས་མཛད་བཟང་བསྟན་ལ་བསྟོད། ༥༠ །དགུང་ལོ་བདུན་ཅུ་ལྕགས་མོ་གླང་གི་དུས། །ཉིད་སྐུ་སྔར་བས་གཟི་མདངས་རབ་རྒྱས་ཏེ། །ད་ལོ་བདག་ནི་བདེ་ཆེན་ཞིང་དུ་འགྲོ། །གསུངས་ཚེ་ས་གཡོ་འཇའ་འོད་འཁྲིགས་ལ་བསྟོད། ༥༡ །སངས་རྒྱས་བྱང་སེམས་དཔའ་བོ་ མཁའ་འགྲོའི་ཚོགས། །བསུ་བའི་ཚུལ་བྱོན་ཐུགས་སློབ་རྣམས་ལ་ཡང༌། །ལུང་བསྟན་རེ་རེ་ གནང་ཞིང་སྤྱན་ཟུང་གིས། །ལྟ་སྟངས་མཉམ་བཞག་བདེ་ཆེན་བཞུགས་ལ་བསྟོད། ༥༢ །ཞལ་ ནས་འོད་འགྱེད་གཡོ་མེད་ཞིང་གཞན་གཤེགས། །ཡོལ་བས་བསྐོར་ཞིང་དྲི་ངད་སྣ་ཚོགས་ ལྡང༌། །ལྷ་དང་ལྷ་མོས་མཆོད་རྫས་མེ་ཏོག་འཐོར། །རོལ་ཆ་དཀྲོལ་ཞིང་མཆོད་བསྟོད་ངོམ་ ལ་བསྟོད། ༥༣ །ས་ཆེན་རབ་གཡོ་བྱང་སེམས་ཤངས་རྩེར་ལུད། །ཡར་ཆབ་གཙང་པོ་ཆད་ ཅིང་འགྲོ་འོངས་བྱུང༌། །དམར་ཆ་ནོར་བུར་བྱོན་ཚེ་ནུབ་རི་ལ། །ཉེ་བའི་ཉི་མ་ཤར་ཕྱོགས་ བཟློག་ལ་བསྟོད། ༥༤ །ཚེས་བརྒྱད་ཉིན་པར་སྐུ་གདུང་སྤྱན་དྲངས་ཚེ། །དྲི་བཟང་སྣ་ཚོགས་ རབ་འཐུལ་མི་མང་ལ། །མཇལ་ཁ་གནང་ཞིང་མཁའ་དབྱིངས་རབ་དྭངས་ངོར། །འཇའ་ཚོན་ སྣ་ལྔར་མཆོད་རྫས་མངོན་ལ་བསྟོད། ༥༥ །གདུང་ལས་འོད་ཟེར་སྣ་ཚོགས་ཕྱོགས་བཅུར་ ཁྱབ། །འོད་དཀར་ཤེལ་ཀ་བསྒྲིག་ལྟར་བར་བར་དུ། །དམར་འོད་སྐུད་པར་དྲིལ་ཕྲེང་བགྱིས་ 1-1-325 པ་ལྟར། །ཡེ་ཤེས་མེ་འོད་རང་འབར་མཛད་ལ་བསྟོད། ༥༦ །ཆོས་སྐུ་སྐྱེ་མེད་མི་རྟག་ཟློ ས་ གར་མཚོན། །འདིར་དགོངས་རྫོགས་ཀྱང་གཙང་བདེ་རྟག་བདག་གི །རང་བཞིན་དམ་པའི་ ཆོས་ཉིད་མངོན་ཚུལ་གྱི། །ཤོ་ལོ་ཀ་གསུམ་རང་སྒྲ་གྲགས་ལ་བསྟོད། ༥༧ །མཁའ་ལ་འཇའ་ ཚོན་དྲ་བ་དྲྭ་ཕྱེད་དོད། །བར་བར་མེ་ཏོག་སྣ་ཚོགས་རི་མོའི་དབུས། །ཡི་དམ་མཆོག་གསུམ་ མཁའ་འགྲོ་ཆོས་སྐྱོང་བྱོན། །སྣ་ཚོགས་མེ་ཏོག་ཆར་བ་འབེབས་ལ་བསྟོད། ༥༨ །གདུང་མེ་ མཆེད་སྒྲས་ཆོས་སྒྲ་སྣ་ཚོགས་དང༌། །དུ་བ་སྔོ་ལྗང་དར་ཡུག་བརྐྱངས་འདྲའི་རྩེར། །འཇའ་ གུར་ཀློང་དུ་ཆོས་རྗེ་དངོས་བཞུགས་པས། །སློབ་ཚོགས་རང་སྣང་དང་མཐུན་སྤྲུལ་ལ་བསྟོད། ༥༩ །ཨ་གར་ཙན་དན་ག་བུར་ལ་སོགས་དྲི། །སྣ་ཚོགས་མཁར་ཁྱབ་འཁར་རྔ་གླིང་བུ་དང༌། །དུང་དཀར་ཟངས་དུང་རྔ་དྲིལ་རྫ་རྔ་དང༌། །ཌ་རུ་ལ་སོགས་སྒྲ་སྙན་གྲགས་ལ་བསྟོད། ༦༠ །གདུང་ཁང་སྒོ་འབྱེད་ལ་ཆས་མཁའ་དབྱིངས་ལས། །སྒྲ་བོ་ཆེ་བྱུང་གདུང་རུས་ཤེལ་དཀར་ གཟུགས། །ལེགས་མཇལ་ཚེ་ན་སྒལ་ཚིགས་ཡོངས་རྫོགས་སྐུ། །དཔྲལ་བར་རྟ་མགྲིན་ཡང་ གསང་བྱོན་ལ་བསྟོད། ༦༡ །དཔུང་གཡས་མི་གཡོ་ལྟག་པའི་ནང་ངོས་སུ། །སངས་རྒྱས་ཐོད་ པ་ཚངས་བུག་ཤཱཀ་ཐུབ་སྐུ། །སོར་ཚིགས་ཁ་སར་པ་ཎི་རྣ་ལྟག་གཡས། །སེང་ལྡིང་ནགས་ སྒྲོལ་ལྷ་མོར་གྲུབ་ལ་བསྟོད། ༦༢ །གཡོན་དུ་འཇམ་དམར་སྙན་ཟུང་མགྲིན་པའི་ཆར། །དུང་ དཀར་གཡས་འཁྱིལ་མཁྲིག་མ་གཡས་གཡོན་དུ། །སྔོ་གསལ་རྡོ་རྗེ་རྩེ་ལྔ་རེ་རེ་བྱོན། །རྗེ་ངར་ ཡིག་དྲུག་རང་བྱོན་ཚོགས་ལ་བསྟོད། ༦༣ །འགྲམ་རུས་སྟོང་ཆེན་ཡིག་ལྔ་རྩིབ་རུས་ལ། །བཀྲ་ཤིས་རྟགས་བརྒྱད་རུས་པའི་ཆ་ཤས་ལ། །ཧ་ཀྵ་བརྩེགས་འབུར་གསུང་རྟེན་སྣ་ཚོགས་ དང༌། །ཕྱག་མཚན་ལ་སོགས་ཐུགས་རྟེན་བྱོན་ལ་བསྟོད། ༦༤ །རིང་བསྲིལ་ལེགས་སྤུངས་ གདུང་ཐལ་གང་བགོས་སུ། །ཡི་གེ་ཨཱཿཧྲཱིཿཕྱག་མཚན་དུང་དཀར་དང༌། །རྗེ་བཙུན་ལྷ་མོ་རྣམ་ སྲས་གུར་མགོན་སྐུ། །ཡ་མཚན་རང་བྱུང་མཐའ་མེད་བྱུང་ལ་བསྟོད། ༦༥ །དེ་དག་རྣམས་ཀྱང་ 1-1-326 གླང་ཆེན་རུས་པ་ལ། །མཁས་པའི་བཟོ་བོས་ལག་རྩལ་འགྲན་པ་ལྟར། །འབུར་དུ་དོད་ཅིང་ ཤིན་ཏུ་གསལ་བ་ནི། །གདུལ་བྱའི་དོན་དུ་སྟོན་ལ་གུས་པས་བསྟོད། ༦༦ །གདོད་ནས་སྤངས་ རྟོགས་མཐར་ཕྱིན་ཡེ་ཤེས་དབྱིངས། །སྐུ་དང་ཞིང་ཁམས་ཡི་དམ་མཆོག་གསུམ་བདག །འགྲོ་ ཁམས་མ་ལུས་འདྲེན་པའི་དེད་དཔོན་མཆོག །སླར་ཡང་ཐུགས་རྗེས་གཟིགས་ལ་གུས་པས་ བསྟོད། ༦༧ །བདག་དང་བདག་ལ་ལྟོ ས་པའི་འགྲོ་བ་ཀུན། །ཆོས་སྲི ད་མཐོ་བའི་ཁང་བཟང་ ཀ་ལཱ་པར། །ཀུན་མཁྱེན་བླ་མས་དབང་ལུང་མན་ངག་གི །ཟབ་ཆོས་མ་ལུས་ཇི་བཞིན་གནང་ ལ་བསྟོད། ༦༨ །རྒྱུ་འབྲས་ཚོགས་གཉིས་རིན་ཆེན་ཤིང་རྟ་ཡིས། །རྣམ་མང་འགྲོ་ཀུན་འཁོར་ བའི་མཚོ་ཆེན་ལས། །རྣམ་གྲོལ་ཐར་པའི་ལམ་བཟང་ལ་བཀོད་ནས། །དོན་གཉིས་རྒྱ་མཚོའི་ ཕ་རོལ་ཕྱིན་ལ་བསྟོད། ༦༩ །ཡེ་གཞི་ཆོས་དབྱིངས་ཀུན་ཁྱབ་ཕོ་བྲང་ནས། །སྐུ་གསུང་ཐུགས་ ཀྱི་མཛད་པ་ཅིག་ཅར་ལས། །ཐབས་མཁས་སྨོན་ལམ་རབ་འབྱམས་སྣ་ཚོགས་སྒོ། །གདུལ་ བྱའི་དོན་དུ་སྟོན་ལ་གུས་པས་བསྟོད། ༧༠ །ལྷན་ཐབས་བསྟོད་པ་སོགས་སུ་འགྲོ། དེ་ནས་ལྷན་ཐབས་ གསོལ་འདེབས་མཇུག་གི མིག་འཕྲུལ་བཞིན་དུ་ནང་དབྱིངས་མྱུར་མངོན་ཤོག །ཅེས་པའི་གསོལ་ འདེབས་ལན་བརྒྱ་རྩའི་མཚམས་སུ། ཡང་དག་ཆོས་ཉིད་ཀུན་ནས་མཁྱེན་པའི་སྤྱན། །ཤེས་རབ་ ཟབ་མོས་རྒྱལ་དགོངས་མཐར་ཐུག་གཟིགས། །བཀའ་བསྡུ་བཞི་པའི་རྒྱལ་མཚན་ལེགས་ བསྒྲེངས་མཁན། །རྫོགས་ལྡན་ཆོས་དཔལ་བཟང་པོར་གསོལ་བ་འདེབས། །ཞེས་དང༌། ཀུན་ མཁྱེན་ཆོས་གྲགས་ལོ་ཙཱ་པཎྜི་ཏ། །ཕྱོགས་རྒྱལ་འབྲི ་གུང་ཞང་སྟོན་ཉ་དབོན་པ། །ཐང་ཟུང་ སྨན་ཆུ་རིན་ཚུལ་གྷ་རུང་པ། །ཕུན་ཚོགས་བསོད་ནམས་རྣམས་ལ་གསོལ་བ་འདེབས། །ཞེས་ གང་སྤྲོ་བརྗོད། ཚོགས་མཆོད་སྐབས་མཁོ་བའི་རྡོར་གླུ་ནི། ཚོགས་རྫས་རོལ་བཞིན། ཨེ་མ་ཨ་ལ་ལ་ག་ན་ཙཀྲ་ཧོ། སྤྲོས་ཀུན་ཞི་བའི་ཆོས་དབྱིངས་ཀུན་ཁྱབ་ཀྱི་བདག་ཉིད། །འོད་གསལ་རིག་སྟོང་རྗེན་འཆར་ 1-1-327 འགྱུར་མེད་ཀྱི་བདེ་ཆེན། །རབ་འབྱམས་དག་ཞིང་སྐུ་དང་གཟུགས་སྣང་གི་ལྟད་མོ། །ཐབས་ ཤེས་གཉིས་མེད་དགའ་སྟོན་ཚོགས་འཁོར་གྱི་དུས་སུ། ༡ །འདིར་འཚོགས་རྣལ་འབྱོར་ ཕོ་མོའི་དག་སྣང་གི་གཟིགས་མོར། །གཟུང་འཛིན་ཀུན་བྲལ་བདེ་ཆེན་སྟོང་གཟུགས་ཀྱི་ དབྱིངས་ནས། །དོན་དམ་ཆོས་རྗེ་ཀུན་མཁྱེན་རྣམ་འཕྲུལ་དང་བཅས་པ། །བརྒྱུད་ལྡན་བླ་མ་ ཐམས་ཅད་སློབ་ཚོགས་ཀྱིས་བསྐོར་ནས། ༢ །ཡི་དམ་རྒྱུད་སྡེ་རབ་འབྱམས་དགའ་བདེ་ཡིས་ མྱོས་བཞིན། །སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཡི་འདུ་ཚོགས། །བསྟན་སྲུང་ ཆོས་སྐྱོང་དམ་ཅན་ཡང་འཁོར་གྱི་རྣམ་རོལ། །འོད་གསལ་གཟུགས་སྣང་རྣམ་ཀུན་པྲ་ཕབ་ དང་མཚུངས་པ། ༣ །ཨ་ཧོ་ག་ན་ཙཀྲའི་དགའ་ཆེན་གྱི་སྟོན་མོ། །གཙང་རྨེའི་སྤྲོས་ཚོགས་ཡེ་ དག་ཀུན་ཁྱབ་ཀྱི་རང་རིག །བདེ་ཆེན་སྟོང་གཟུགས་སྣང་བརྙན་འབད་མེད་དུ་ངོམ་བཞིན། །རང་སྣང་མཆོད་སྤྲིན་འཛད་མེད་བྱུང་རྒྱལ་དུ་སྤྲོས་ཏེ། ༤ །དམིགས་མེད་དོན་དམ་བསོད་ ནམས་ཚོགས་རྫས་ལ་རོལ་བཞིན། །དག་སྣང་མཐའ་མེད་འཕེལ་བའི་མཛད་ཆེན་ལ་བརྟེན་ ཏེ། །དཔའ་བོ་དཔའ་མོའི་བརྟུལ་ཞུགས་ཟླ་བྲལ་དུ་གྱུར་འདི། །ཐབས་ཤེས་ཟུང་འཇུག་ཞེན་ བྲལ་ཡེ་བཞུགས་འདི་ངོམས་ཤིང༌། ༥ །འབད་རྩོལ་ཀུན་བྲལ་བསམ་མེད་རང་གསལ་གྱི་ རྣལ་འབྱོར། །མཚན་འཛིན་སྤྲོས་པ་མ་ལུས་རང་དྭངས་ཀྱི་ངང་ནས། །འོད་གསལ་རྒྱ་ཡན་ གཟུགས་སྣང་འཆར་ནུབ་དང་བྲལ་ཞིང༌། །གཟུང་འཛིན་དྲི་མས་མ་སྦགས་གཤེགས་སྙིང་གི་ ཡིན་ལུགས། ༦ །ཐ་སྙད་དགག་སྒྲུབ་ཀུན་བྲལ་སྒྲ་རྟོག་གིས་དབེན་ནས། །དོན་དམ་གནས་ ལུགས་ཡེ་ཤེས་མཉམ་བཞག་གི་སྤྱོད་ཡུལ། །བླ་མ་དམ་པའི་མན་ངག་ཁོ་ན་ལ་བརྟེན་ཏེ། །ཇི་བཞིན་ཉམས་ལེན་བྱེད་འདི་གསང་ཆེན་གྱི་གལ་གནད། ༧ །ཚུལ་འདི་ཀུན་མཁྱེན་བླ་ མའི་རང་ལུགས་ཀྱི་གདམས་ངག །མ་ཆད་བྱིན་རླབས་དོན་བརྒྱུད་ད་བར་དུ་བཞུགས་པས། །རང་རང་ཁམས་དབང་དང་འཚམས་མན་ངག་འདི་སྟེར་ནས། །ཚེ་གཅིག་སངས་རྒྱས་ཐོབ་ 1-1-328 པའི་ཁྱད་ཆོས་འདི་ཨ་ཧོ། ༨ །ངེས་དོན་རྫོགས་ལྡན་གཞན་སྟོང་དབུ་མ་ཡི་ལྟ་བ། །རྟག་ཆད་ མཐའ་བྲལ་དོན་དམ་ཡེ་བཞུགས་ཀྱི་གཤེགས་སྙིང༌། །དམ་པ་དང་པོའི་སྔགས་རྒྱུད་འབུམ་ ཕྲག་ལས་གང་བསྟན། །དུས་ཀྱི་འཁོར་ལོའི་གསང་ཆེན་རྒྱུད་སྡེ་ལས་བསྟན་ཚོད། ༩ །བྱང་ ཆུབ་སེམས་དཔའི་སེམས་འགྲེལ་སྐོར་གསུམ་གྱིས་བཀྲལ་ཏེ། །ཡེ་གཞི་སྔགས་ཀྱི་གཞན་ སྟོང་དབུ་མ་ཡི་གནད་དང༌། །ངེས་དོན་མདོ་བཅུ་བྱམས་ཆོས་བསྟོད་ཚོགས་ཀྱི་དགོངས་པ། །གཅིག་ཏུ་བཀྲོལ་མཛད་བསིལ་ལྗོངས་འཛིན་མ་ཡི་ཐིག་ལེར། ༡༠ །རྒྱལ་བསྟན་གངས་ རིར་ངེས་དོན་འཇིགས་བྲལ་གྱིས་སྒྲ་བསྒྲགས། །ཟླ་བྲལ་ལྟ་བ་མཚོན་ཕྱིར་སྤྱན་འབྲས་ཀྱིས་ མཁར་གཟིགས། །སློབ་ཚོགས་གདམས་པས་སྐྱོང་ཕྱིར་གཡུ་རལ་གྱི་མཐའ་རྒྱས། །ངེས་ དོན་སྲོལ་འབྱེད་གཅིག་གྱུར་ཟུར་ཕུད་ལྔས་བརྒྱན་ཏེ། ༡༡ །ཀུན་མཁྱེན་སེང་དཀར་འགྱིང་ འདྲའི་མཚན་སྙན་གྱི་གྲགས་པ། །འགྲོ་ཀུན་རྣ་བར་ལྷུང་བས་ངན་འགྲོ་ཡི་སྡུག་འཕྲོག །ཐར་ པའི་འཇུག་ངོགས་སྟེར་བའི་འགྲོ་འདྲེན་གྱི་བླ་མ། །ཟླ་བྲལ་ཐེག་མཆོག་རི་ཆོས་ངེས་དོན་ གྱི་རྒྱ་མཚོ། ༡༢ །འདི་ཕྱིའི་ཕན་བདེ་སྟེར་བའི་འཛམ་གླིང་གི་ནོར་བུ། །ད་དུང་རྣམ་འཕྲུལ་ བཀོད་བཟང་རབ་འབྱམས་ཀྱི་རོལ་གར། །རང་ཅག་འགྲོ་བའི་འདྲེན་བྱེད་བགོ་སྐལ་དུ་ཐོབ་ པ། །ངེས་དོན་སླར་གསལ་གཅིག་གྱུར་བློ་གྲོས་ཀྱི་གྲགས་པ། ༡༣ །ཁོང་ཉིད་མྱུར་མ་དཔའ་ མོ་བདེ་ཆེན་གྱི་དབང་ཕྱུག །རྣམ་འཕྲུལ་དཀྱིལ་འཁོར་བཀོད་པ་རབ་འབྱམས་ཀྱི་ལྟད་མོ། །དགའ་ཆེན་ཚོགས་ཀྱི་འཁོར་ལོའི་དགྱེས་སྐོ ང་གི་རོལ་བས། །སྒྲུབ་ལ་རྣམ་གཉིས་དངོས་ གྲུབ་ཆར་བཞིན་དུ་སྙིལ་མཛོད། ༡༤ །མཐུ་དང་བྱིན་རླབས་ཆེར་འབར་འདིར་བཞུགས་ཀྱི་ ཕོ་མོ། །མི་འགྱུར་བདེ་བས་རབ་མྱོས་རང་བྱུང་གི་རྡོར་གླུ། །རྩོལ་བྲལ་བཅོས་མེད་འགྱུར་ ཁུག་རྒྱུད་མངས་ཀྱི་རོལ་མོ། །ཨ་ཧོ་ཉམས་དང་རྟོགས་པའི་ཆ་རྐྱེན་དུ་གྱུར་མཛོད། ༡༥ །ཡང་ གསང་བདེ་སྟོང་ཟབ་གསལ་རང་སྣང་ལས་ཤར་བའི། །ཐབས་ཤེས་དཔའ་བོའི་ཚོགས་ 1-1-329 འཁོར་མཆོད་མགྲོན་གྱི་དུས་འདིར། །ཀུན་མཁྱེན་ཡབ་སྲས་བརྒྱུད་རིམ་བྱིན་ཆེན་གྱི་མཐུ་ ལས། །ཨེ་མ་ཡ་མཚན་ཆེ་བའི་རྟེན་འབྲིལ་ཞིག་ཞུའོ། ༡༦ །ཞེས་དགའ་སྟོན་ཚོགས་ཀྱི་གླུ་བླང་ངོ༌། །དེ་ནས་ལྷག་མ་ནི། ༀ་ཨཱཿཧཱུཾ་ལྷག་མའི་དམ་རྫས༴ སོགས་སུ་འགྲོའོ། ། ལྷན་ཐབས་སྐབས་མཁོ་བའི་དཀྱིལ་འཁོར་ལྷོ འི་རྟེན་བྱང་བསྐྱེད་པ་ནི། དམིགས་རྟེན་མིང་བྱང་སྟོང་ པར་སྦྱང༌། །སྦྱོང་སྟེགས་པད་ཟླར་ནྲ ཿཡིག་ལས། །ཚེ་འདས་གསོན་པོའི་གཟུགས་ཇི་བཞིན། །སྐད་ཅིག་གསལ་ཏེ་གུས་འདུད་གྱུར། །ཅེས་པའི་མཐར་འགུགས་པ་ནི། ན་མོ་རླབས་ཆེན་ཆོས་རྗེ༴ སོགས་སུ་འགྲོ། འགུགས་པའི་མཇུག་གི དབྱེར་མེད་མཛོད། །ཧཱུཾ་ཛཿ ལན་གསུམ་མཐར། དེ་ནས་བགེགས་ གཏོར་རྣམས་བཤམ། ༀ་ཨཱཿཧཱུཾ་ཧྲཿཕཊ། ཀྱིས་བསངས། སྭ་བྷཱ་ཝས་སྦྱངས། འབྲུ་གསུམ་གྱིས་བྱིན་གྱིས་ བརླབས། གཏོར་མའམ་མཐེབ་སྐྱུ་གསུམ་པོ་རིམ་གྱིས་བསྐོར་བཞིན། ༀ་སརྦ་བིགྷྣན་བྷྱཿ ན་མཿསརྦ་ཏ་ཐཱ་ ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ཎ་ཁཾ་གྲིཧྞ་དཾ་བ་ལ ་ཏེ་སྭཱཧཱ། ཞེས་ ལན་གསུམ། རྡོ་རྗེ་གསོར་ཞིང་ཏིང་ལོ་དང་ཆང་བུ་བསྐོར་བཞིན། ༀ་སུམྦྷ་ནི་སུམྦྷ་ཧཱུཾ་ཧཱུཾ་ཕཊ། ༀ་གྲྀཧྞ་གྲྀཧྞ་ ཧཱུཾ་ཧཱུཾ་ཕཊ། ༀ་གྲྀཧྞ་པཱ་ཡ་གྲྀཧྞ་པཱ་ཡ་ཧཱུཾ་ཧཱུཾ་ཕཊ། ༀ་ཨཱ་ན་ཡ་ཧོ་བྷ་ག་ཝཱན་བིདྱ་རཱ་ཛ་ཧཱུཾ་ཧཱུཾ་ཕཊ། ཅེས་ལན་གསུམ་བརྗོད། ལྷན་ཐབས་ཀྱི་བགེགས་བསལ་སོགས་སུ་འགྲོ། སུམྦྷ་ནིའི་སྔགས་བརྗོད་རྗེས་སུ། ཏིལ་ སྦྱང་ནི། ༀ་ཨཱཿཧཱུཾ་ཧྲཱཿཕཊ་ཀྱིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་མེ་འབར་ཀློང༌། །རྡོ་ རྗེ་མཁའ་འགྲོ་རྡོར་དྲིལ་འཛིན། །ཞལ་གདངས་ཞབས་གཉིས་ཟླུམ་སྟབས་བཞུགས། །བདག་ གཞན་སྡིག་སྒྲིབ་མ་ལུས་གསོལ། ༀ་བཛྲ་ཌཱ་ཀི་ཁ་ཁ་ཁཱ་ཧི་ཁ་ཧི། སརྦ་པཱ་པཾ་ད་ཧ་ན་བྷསྨི་ཀུ་ རུ་སྭཱཧཱ། ལན་གསུམ་བརྗོད་བཞིན་ལས་ཀྱི་རྡོ་རྗེས་ཏིལ་ལམ་ཡུངས་ཀར་གཡས་གཡོན་དུ་བསྐོར་ནས་མེར་དོར་ བས་སྡིག་པ་སྦྱངས་པའོ། །དེ་ནས་ལྷན་ཐབས་ཀྱི་བྲབ་པ་སོགས་སུ་འགྲོ་བར་བྱའོ། ། ལྷན་ཐབས་བཤགས་སྦྱངས་མཇུག་གི བྱང་ཆུབ་མཆོག་ཐོབ་ཤོག །ཅེས་པའི་མཚམས་སུ་གསུར་བསྔོ་ བྱ་བར་འདོད་ན། མཁའ་མཛོད་སྔགས་ལན་གཅིག་དང་ཁ་འབར་མའི་སྔགས་ལན་བདུན་སོགས་ཅི་རིགས་པའི་ 1-1-330 མཐར། གསུར་མཆོད་བདུད་རྩིའི་རང་བཞིན་གྱུར། །ཕུད་འདི་མཆོད་ཡུལ་རྒྱ་མཚོར་འབུལ། །རབ་དགྱེས་བརྩེ་བ་ཆེན་པོ་ཡིས། །བདག་གཞན་ཚོགས་ཆེན་རྫོགས་པར་ཤོག །གསུར་ མཆོད་དམ་ཅན་ཚོགས་ལ་འབུལ། །བདག་གིས་རྣམ་དཀར་སྒྲུབ་པའི་གེགས། །མཐའ་དག་ སོལ་ལ་ཆོས་མཐུན་གྱི། །བསམ་དོན་ཡིད་བཞིན་འགྲུབ་པར་མཛོད། །ཁྱད་པར་འདོད་ཡོན་ གསུར་བསྔོ་འདི། །རིགས་དྲུག་འགྲོ་བ་ཡོངས་ལ་བསྔོ ། །རང་རང་འདོད་པའི་ལོངས་སྤྱོད་དུ། །གྱུར་ནས་ཀུན་ལ་དགའ་བདེའི་དཔལ། །རང་དང་འཚམས་པ་ལེགས་གྲུབ་སྟེ། །རིགས་དྲུག་ ཡོངས་ལ་ཕན་ཐོགས་ནས། །རྣམ་དཀར་དགེ་སྟོབས་རབ་དར་བ། །སྒོ་གང་ཐད་ནས་འཕེལ་ བར་ཤོག །སྒོས་སུ་གསུར་བསྔོ་འདི་ཡི་མཐུས། །སྲི ད་པ་བར་མ་དོར་གནས་པའི། །གདོས་ བཅས་རྟེན་དང་བྲལ་བ་ལ། །རང་རང་ཡིད་འདོད་བཞིན་གྱུར་ཏེ། །ཟས་སྐོ མ་གདུང་བའི་སྣང་ བ་དག །རབ་ཞི་བདེ་བ་ཆེན་པོ་ཡིས། །ཚིམས་པ་ཐོབ་སྟེ་བདེ་འབྱོར་རྒྱས། །ཡོངས་དག་སྣང་ བ་རབ་ལྡན་ཤོག །བར་དོའི་འཁྲུལ་སྣང་ལས་ཤར་བའི། །འཇིགས་སྐྲག་མཐའ་དག་རབ་ཞི་ ནས། །དམ་ཆོས་ཟབ་མོའི་བྱེད་རྐྱེན་གྱིས། །ཡང་དག་སྐྱེ་ལུས་མྱུར་ཐོབ་ཤོག །མཆོད་ཡུལ་རྒྱ་ མཚོའི་བདེན་པ་དང༌། །ཆོས་དབྱིངས་རྣམ་དག་འགྱུར་མེད་མཐུས། །བསྔོ་ཞིང་སྨོན་པའི་དོན་ མཐའ་དག །ཇི་ལྟ་བ་བཞིན་འགྲུབ་གྱུར་ཅིག །ལྷན་ཐབས་ལས། ཡང་ན་སམྦྷ་ར་བདུན་སོགས་སུ་ འགྲོ། མཇུག་གི་ཀུན་གྲོལ་གྱུར། །ཅེས་པའི་མཚམས་སུ། ངོ་སྤྲོད་དང་འཕོ་བ་ནི། འོ་ད་ལན་གྱི་སྐབས་སུ་བབ་པ་རྗེ་ཇོ་ནང་པ་ཆེན་པོ་ཀུན་ མཁྱེན་དལོ་པོ་པ་དུས་གསུམ་སངས་རྒྱས་བརྒྱུད་རིམ་དང་བཅས་པ་ལ་མོས་གུས་ཀྱི་ སྒོ་ནས་ཟབ་ལམ་འཕོ་བ་འདེབས་པ་ཡིན་པས་ཁྱོད་རང་གིས་དེ་ལུགས་ལྟར་སེམས་ ལ་ལེགས་པར་ཟུང་ཞིག འོ་སེམས་དག་སྣང་སྦྱངས་ཏེ་ཟབ་ལམ་འཕོ་བའི་དམིགས་ རིམ་འདི་བཞིན་བྱ་དགསོ་པ་སྟེ། དེ་ཡང་རང་རེ་ངེས་དནོ་སྒྲུབ་བརྒྱུད་ཀྱི་རྗེས་འཇུག་ 1-1-331 གང་དག་གི་ཕ་ཅིག་བླ་མ་གཅིག་གྱུར་དུས་གསུམ་གྱི་སངས་རྒྱས་མཐའ་དག་གི་ སྤྱི་གཟུགས་རྗེ་ཀུན་མཁྱེན་ཇོ་ནང་པ་ཡབ་སྲས་བརྒྱུད་རིམ་དང་བཅས་པ་མདུན་ འདིར་མངོན་སུམ་ལྟ་བུར་བཞུགས་ཐག་བཅད་དེ་སྐྱབས་མགནོ་འཁོར་བཅས་ལ་མི་ ཕྱེད་པའི་དད་པ་བརྟན་པསོ་དགངོ ས་ཡིད་རོ་གཅིག་གི་རེ་འདུན་སྙིང་ཁངོ་རུས་པའི་ གཏིང་ནས་བྱ་དགསོ་པ་དེ་བས་ན་ཁྱོད་ཀྱི་མོས་ངོར་རང་གི་མདུན་གྱི་ནམ་མཁའི་ གནས་སུ་འཇའ་ཟེར་འོད་ཀངློ་གི་དབུས་ན་པདྨ་དང་ཟླ་བའི་གདན་ལ་ཕ་མཆོག་ དུས་གསུམ་སངས་རྒྱས་ཀུན་འདུས་ཀྱི་ངོ་བོ་རིགས་ལྡན་སྤྲུལ་པའི་སྐུ་ཆེན་པོ་ཆོས་ ཀྱི་རྗེ་ཀུན་མཁྱེན་ཤེས་རབ་རྒྱལ་མཚན་དཔལ་བཟང་པོ་གང་ཉིད་སྐུ་དཀར་ལ་དམར་ བའི་མདངས་འོད་འཕྲོ་བ་ཞལ་གཅིག་ཞི་བའི་འཛུམ་དཀར་གཡོ་ཞིང་སྤྱན་ཟུང་ནམ་ མཁའི་དབྱིངས་སུ་ཧྲིག་གེར་གཟིགས་བཞིན་ཞབས་སྐྱིལ་ཀྲུང་གིས་བཞུགས་པ། ཕྱག་ གཉིས་ས་གནནོ་པུས་མརོ་སནོ་པའི་མཐེབ་མཛུབ་ཀྱིས་པདྨ་དཀར་པོའི་ཡུ་བ་རེ་རེ་ འཛིན་པ་ལོ་མ་རྒྱས་ཤིང་པད་འདབ་ཀྱི་ཁ་སྐུའི་ཕྲག་པ་གཡས་གཡནོ་ཐད་དུ་ཕྱེ་བའི་ ཟེའུ་འབྲུ་ལ་རྒྱལ་སྲས་གྲུ་འཛིན་བདག་པོ་དང་རིགས་ལྡན་པདྨ་དཀར་པོའི་གཟུགས་ སྐུ་ཟུང་གིས་མཚན་པ། སྐུ་སྐབས་ཐུང་ཞིང་བརྗིད་པའི་ལྟོ་བ་ཟླུམ་པོ་རིལ་བོའི་རྣམ་ པར་རྒྱས་བཞིན་པ་ལ་ནབ་འགགས་དང་བཅས་ཆོས་གསོ་རྣམ་གསུམ་གསལོ་བ་དབུ་ ལ་དལོ་ཞྭ་མཚན་ལྡན་གྱིས་ཉེ་བར་མཛེས་པ་སགོ ས་བླ་ཆས་ངོ་མཚར་བ་ཀུན་ནས་ རྫོགས་ཤིང་གསུང་ཚངས་དབྱངས་ཀྱིས་ངེས་དནོ་ཟབ་མོའི་ཆོས་སྒྲ་སྒྲོགས་བཞིན་ ཐུགས་མཁྱེན་བརྩེ་ནུས་པ་རྒྱ་མཚོའི་མངའ་བདག་སྟེ། དེ་ལྟར་གསང་གསུམ་ཡནོ་ ཏན་ཟླ་བྲལ་ཆོས་རྗེ་ཐམས་ཅད་གཟིགས་པ་ཉིད་ཀྱི་མཐའ་སྐོར་དུ་ཐུགས་སྲས་བུ་ ཆེན་གང་དག་དང༌། རྗེ་བཙུན་ཏཱ་ར་ནཱ་ཐ་སགོ ས་བརྒྱུད་པའི་བླ་མ་ཐམས་ཅད་སྐུའི་ 1-1-332 གར་སྟབས་སྣ་ཚོགས་དང་གསུང་གིས་ཆོས་སྒོ་དུ་མ་སྟོན་བཞིན་ཐུགས་ཀྱིས་འགྲོ་བ་ ཀུན་ལ་རྗེས་སུ་བཟུང་བའི་སྒོ་བརྒྱ་མ་ལུས་པ་འགྱེད་ཅིང་བཞུགས་པ་ཐམས་ཅད་བླ་ མ་ཡི་དམ་མཆོག་གསུམ་ཀུན་འདུས་ཀྱི་ངོ་བོར་ཐག་བཅད་པའི་སྒོ་ནས་མོས་གུས་ བྱས་སྟོབས་ཀྱིས་སྐད་ཅིག་ལ་ཀུན་མཁྱེན་ཆེན་པོའི་ཐུགས་ཀ་ནས་འོད་ཟེར་དཀར་ ལ་དམར་བའི་མདངས་ཅན་འཕྲོས་ཏེ་ཁྱོད་རང་གི་ལུས་ལ་ཕོག་རྐྱེན་གདོས་བཅས་ཀྱི་ ངོ་བོ་དེ་མ་ཐག་གནས་འགྱུར་ཏེ་འོད་ལུས་ཕྱི་ནང་གསལ་བའི་རང་བཞིན་དུ་གྱུར་པ་ དེའི་ལྟེ་བ་ནས་སྤྱི་གཙུག་གི་བར་རྩ་དབུ་མ་ཁ་དོག་སྔོན་པོ་ཤེལ་སྦུག་ལྟར་དྭངས་པ་ མས་སྣེ་ཟུམ་ཞིང་ཡས་ཁ་ཕྱེ་བའི་ནང་གི་སྙིང་གའི་ཐད་ཙམ་ན་གཉུག་སེམས་ཀྱི་ངོ་ བོ་ཐིག་ལེ་དཀར་ལ་དམར་བའི་མདགོ་རྒྱ་སྲན་ཙམ་པ་གསལ་བའི་ངང་ནས་མདུན་ མཁར་བཞུགས་པའི་ཀུན་མཁྱེན་དུས་གསུམ་སངས་རྒྱས་འཁོར་བཅས་ལ་རིག་པ་ ཆོས་སྐུའི་དབྱིངས་སུ་འཕོ་བར་གསལོ་བ་འདི་ལྟར་འདེབས་པར་མཛོད། ན་མོ་པྲཛྙཱ་དྷྭ་ ཛ་ས་པ་རི་ཝཱ་ར་བྷྱཿ བརྩེ་བའི་གཏེར་གྱུར་འཇིག་རྟེན་དབང་ཕྱུག་གིས། །རིགས་ལྡན་གར་ བསྒྱུར་གངས་ལྗོངས་དུས་མཐའ་རུ། །ངེས་དོན་སྲོལ་འབྱེད་རྟོན་པ་བཞི་ལྡན་དང༌། །སྤྲུལ་ པའི་ཟློ ས་གར་ཐུགས་སྲས་བརྒྱུད་རིམ་ལ། །སྙིང་ནས་གུས་པས་གསོལ་བ་འདེབས་ལགས་ ན། །རིག་པ་འཕོ་ཆེན་ཆོས་སྐུའི་དགོངས་དབྱིངས་སུ། །ཉེར་ཐིམ་དགོངས་ཡིད་དབྱེར་མེད་ ཉག་གཅིག་ངང༌། །ངེས་དོན་འཕོ་བ་ཐེབས་པར་བྱིན་གྱིས་རློབས། །གཤེགས་སྙིང་སྐུ་ཡི་ རྡོ་རྗེ་རྣམ་ཀུན་བདག །དོན་དམ་ཆོས་ཉིད་རང་གཟུགས་འཕོ་མེད་ཅིང༌། །སྣ་ཚོགས་སྣང་ བ་ནམ་མཁའ་དང་མཉམ་པ། །རང་གཤིས་མངོན་གྱུར་ཀུན་མཁྱེན་བརྒྱུད་རིམ་ལ། །སྙིང་ ནས་གུས་པས་གསོལ་བ་འདེབས་ལགས་ན། །རིག་པ་འཕོ་ཆེན་ཆོས་སྐུའི་དགོངས་དབྱིངས་ སུ། །ཉེར་ཐིམ་དགོངས་ཡིད་དབྱེར་མེད་ཉག་གཅིག་ངང༌། །ངེས་དོན་འཕོ་བ་ཐེབས་པར་ 1-1-333 བྱིན་གྱིས་རློབས། །གཤེགས་སྙིང་གསུང་གི་རྡོ་རྗེ་གཞོམ་མེད་དབྱིངས། །རྣམ་པ་སྒྲ་སྐད་དུ་ མའི་མཚར་བཀོད་ཅིང༌། །ཡང་དག་ཆོས་ཕུང་བརྒྱད་ཁྲིའི་གནས་ལུགས་ཆེ། །དགོངས་ཆེན་ མངོན་གཟིགས་ཀུན་མཁྱེན་བརྒྱུད་རིམ་ལ། །སྙིང་ནས་གུས་པས་གསོལ་བ་འདེབས་ལགས་ ན། །རིག་པ་འཕོ་ཆེན་ཆོས་སྐུའི་དགོངས་དབྱིངས་སུ། །ཉེར་ཐིམ་དགོངས་ཡིད་དབྱེར་མེད་ ཉག་གཅིག་ངང༌། །ངེས་དོན་འཕོ་བ་ཐེབས་པར་བྱིན་གྱིས་རློབས། །གཤེགས་སྙིང་ཐུགས་ཀྱི་ རྡོ་རྗེ་མི་རྟོག་དབྱིངས། །སྤྲོས་བྲལ་མཁའ་ལྟར་དག་པའི་ཤེར་ཕྱིན་མཆོག །རྣམ་པ་ཀུན་ལྡན་ གདོད་མའི་ཡེ་ཤེས་ཆེ། །རང་གཤིས་དགོངས་ཆུབ་ཀུན་མཁྱེན་བརྒྱུད་རིམ་ལ། །སྙིང་ནས་ གུས་པས་གསོལ་བ་འདེབས་ལགས་ན། །རིག་པ་འཕོ་ཆེན་ཆོས་སྐུའི་དགོངས་དབྱིངས་སུ། །ཉེར་ཐིམ་དགོངས་ཡིད་དབྱེར་མེད་ཉག་གཅིག་ངང༌། །ངེས་དོན་འཕོ་བ་ཐེབས་པར་བྱིན་ གྱིས་རློབས། །གཤེགས་སྙིང་ཡེ་ཤེས་རྡོ་རྗེ་དགའ་ཆེན་གཟུགས། །འཕོ་བྲལ་རང་གསལ་ སྲི ད་གསུམ་དྭངས་མའི་བཅུད། །འགྱུར་མེད་བདེ་བ་ཆེན་པོར་རྟག་རོལ་དང༌། །དབྱེར་མེད་ མངོན་བྱས་ཀུན་མཁྱེན་བརྒྱུད་རིམ་ལ། །སྙིང་ནས་གུས་པས་གསོལ་བ་འདེབས་ལགས་ན། །རིག་པ་འཕོ་ཆེན་ཆོས་སྐུའི་དགོངས་དབྱིངས་སུ། །ཉེར་ཐིམ་དགོངས་ཡིད་དབྱེར་མེད་ཉག་ གཅིག་ངང༌། །ངེས་དོན་འཕོ་བ་ཐེབས་པར་བྱིན་གྱིས་རློབས། །མཁྱེན་དགོངས་ཟབ་མོས་ ངེས་དོན་གཏིང་དཔོགས་ཏེ། །གངས་རིའི་ལྗོངས་འདིར་འཇིགས་མེད་སེང་གེའི་སྒྲས། །ལོག་ སྨྲ་ཝ་སྐྱེས་ཚོགས་ཀུན་ཟིལ་གནོན་པའི། །ཀུན་མཁྱེན་ཡབ་སྲས་རྗེ་བཙུན་བརྒྱུད་རིམ་ལ། །སྙིང་ནས་གུས་པས་གསོལ་བ་འདེབས་ལགས་ན། །རིག་པ་འཕོ་ཆེན་ཆོས་སྐུའི་དགོངས་ དབྱིངས་སུ། །ཉེར་ཐིམ་དགོངས་ཡིད་དབྱེར་མེད་ཉག་གཅིག་ངང༌། །ངེས་དོན་འཕོ་བ་ཐེབས་ པར་བྱིན་གྱིས་རློབས། །བརྩེ་བ་ཆེན་པོའི་འཇུག་སྒོ་རབ་ཡངས་པ། །མ་ལུས་འགྲོ་ལ་དགེ་ བའི་མགོན་གྱི་ཕུལ། །འཁོར་བའི་མཚོ་ལས་སྒྲོལ་མཛད་དཔའ་བོ་ཆེ། །སྐྱབས་གནས་ཟླ་ 1-1-334 བྲལ་ཀུན་མཁྱེན་བརྒྱུད་རིམ་ལ། །སྙིང་ནས་གུས་པས་གསོལ་བ་འདེབས་ལགས་ན། །རིག་ པ་འཕོ་ཆེན་ཆོས་སྐུའི་དགོངས་དབྱིངས་སུ། །ཉེར་ཐིམ་དགོངས་ཡིད་དབྱེར་མེད་ཉག་གཅིག་ ངང༌། །ངེས་དོན་འཕོ་བ་ཐེབས་པར་བྱིན་གྱིས་རློབས། །ནུས་པ་རླབས་ཆེན་འགྲོ་ཀུན་རྗེས་ སུ་ཞུགས། །འཁོར་བ་པ་དག་རང་འཚམས་སྡུག་བསྔལ་ལས། །ཅི་དགར་དབུགས་དབྱུང་ སྦྱིན་དང་ཆབས་ཅིག་པར། །ཁམས་མཐུན་ཕན་སྤེལ་ཡབ་སྲས་བརྒྱུད་རིམ་ལ། །སྙིང་ནས་ གུས་པས་གསོལ་བ་འདེབས་ལགས་ན། །རིག་པ་འཕོ་ཆེན་ཆོས་སྐུའི་དགོངས་དབྱིངས་སུ། །ཉེར་ཐིམ་དགོངས་ཡིད་དབྱེར་མེད་ཉག་གཅིག་ངང༌། །ངེས་དོན་འཕོ་བ་ཐེབས་པར་བྱིན་ གྱིས་རློབས། །ཆོས་རྗེ་ཐུགས་སྲས་རྗེ་བཙུན་བརྒྱུད་རིམ་ཚོགས། །གང་གི་ཐུགས་དགོངས་ འོད་གསལ་གཤིས་ལུགས་སུ། །རང་རིག་རོ་མཉམ་འཕོ་ཆེན་འཇའ་ལུས་སྐུར། །རབ་དྭངས་ སྟོང་གཟུགས་མཆོག་དང་དབྱེར་མེད་མཛོད། །ཅེས་པའི་འཕོ་བ་ཅི་རིགས་པའི་མཐར། ཕ་མཆོག་ ཀུན་མཁྱེན་དུས་གསུམ་སངས་རྒྱས་ཡབ་སྲས་རྗེ་བཙུན་བརྒྱུད་རིམ་དང་བཅས་པ་ གང་དག་གིས་དགངོ ས་སྟོབས་ཀྱིས་ཁྱོད་རང་གི་རིག་ཤེས་ཐིག་ལེའི་རྣམ་པ་དེ་སྐད་ ཅིག་གིས་ཡར་དྲངས་ནས་ཐུགས་སྲས་རྗེ་བཙུན་སགོ ས་བརྒྱུད་ལྡན་བླ་མའི་ཚོགས་ ཐམས་ཅད་འདུས་པའི་ངོ་བོ་ཆོས་རྗེ་བླ་མའི་ཐུགས་ཀར་ཐིམ་པའི་སྒོ་ནས་ཐུགས་ཡིད་ རོ་མཉམ་ཆེན་པརོ་གྱུར་པར་བསམ་ལ། ཕཊ་སྒྲ་ལན་གསུམ་བྱའོ། །ལྷན་ཐབས་ལས་གཞན་ཡང་འཕོ་ བ་ནི། སོགས་སུ་འགྲོ། ལྷན་ཐབས་བསྔོ་བའི་མཇུག་གི སྐལ་བཟང་མཆོག་སྤྱོད་ཤོག །ཅེས་པའི་མཚམས་ སུ། ཚེ་རྫས་རྣམས་ལ་དམིགས་ཏེ་བྱིན་རླབས་ནི། ཆོས་རྗེའི་ཐུགས་ལས་རཾ་ཡཾ་ཁཾ་གསུམ་སྤྲོས། །མི་ གཙང་དྲི་མ་མཐའ་དག་བསྲིག་གཏོར་བཀྲུས། །སླར་སྤྲོས་འབྲུ་གསུམ་ཚེ་རྫས་ལ་ཐིམ་པས། །སྤེལ་བསྒྱུར་ཟག་བྲལ་བདུད་རྩིའི་རྒྱ་མཚོར་གྱུར། །ཚེ་འགུགས་བསྐྱེད་པ་ནི། ཀུན་མཁྱེན་ཡབ་ སྲས་བརྒྱུད་རིམ་ཐུགས་ཀ་རུ། །ཡིད་འཕྲོག་རྨ་བྱའི་བཏེགས་པའི་ཁྲི་སྟེང་ནས། །སྣ་ཚོགས་ 1-1-335 པད་ཟླའི་གདན་སྟེང་ཧྲཱིཿཡིག་ལས། །རབ་དམར་ཚེ་དཔག་མེད་མགོན་སྐྱིལ་ཀྲུང་བྱས། །སྣ་ ཚོགས་དར་དང་རིན་ཆེན་རྒྱན་གྱིས་མཛེས། །མཉམ་བཞག་ཕྱག་གི་བཅུད་ལྡན་བུམ་བཟང་ ལས། །བརྟན་གཡོའི་དྭངས་བཅུད་བདུད་རྩིའི་རྣམ་པར་ལུད། །ཚེ་རྫས་ལ་ཐིམ་འཆི་མེད་ བཅུད་ཆེན་གྱུར། །ༀ་ཨཱཿཔྲཛྙཱ་དྷྭ་ཛ་ས་པ་རི་ཝཱ་ར་བྷྲུཾ་ཨཱ་ཡུར་ཛྙཱ་ན་ཧྲཱིཿཨ་རོ་ལི་ཀ་ཧཱུཾ་ཧྲཱིཿ ཞེས་ པའི་སྙིང་པོ་དང༌། ༀ་ཨཱཿཔྲཛྙཱ་དྷྭ་ཛ་ས་པ་རི་ཝཱ་ར། ཏདྱ་ཐཱ། ཨ་པ་རི་མི་ཏ་ཨཱ་ཡུར་ཛྙཱ་ན་ཧྲཱིཿཧཱུཾ་བྷྲཱུཾ་ སྭཱཧཱ། ཞེས་པའི་ཉེ་སྙིང་དང༌། ༀ་ཨཱཿཔྲཛྙཱ་དྷྭ་ཛ་ས་པཱ་རི་ཝཱ་ར་ན་མོ་བྷ་ག་ཝ་ཏེ་ཨ་པ་རི་མི་ཏ། ཨ་ ཡུར་ཛྙཱ་ན། སུ་བི་ནི་ཥྩིཏྟ་ཏེ་ཛོ་ར་ཛ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ༀ་ པུཎྱེ་པུཎྱེ་མ་ཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ། ཛྙཱ་ན་སཾ་བྷཱ་རོ་པ་ཙིཏྟེ། ༀ་སརྦ་ སཾ་སྐ་ར་པ་རི་ཤུདྷ། དྷརྨ་ཏེ་ག་ག་ན་ས་མུཏྒ་ཏེ། སྭ་བྷཱ་ཝ་བི་ཤུད་དྷེ་མཧཱ་ན་ཡ་པ་རི་ཝཱ་རེ་སྭཱཧཱ། ཞེས་པའི་གཟུངས་རིང་སྟེ་རྩ་བའི་སྔགས་སོ། །སྔགས་གསུམ་པོ་ཅི་རིགས་བཟླ་བར་བྱའོ། །ཚེ་འགུགས་ནི། ཆོས་ རྗེ་བླ་མའི་གསང་གསུམ༴ སོགས་སུ་འགྲོ། ལྷན་ཐབས་སུ་མཁོ་བ་ནི། ཉིན་ཐ་མར་རྟེན་སྙིང་བརྗོད་རྗེས་ སུ། རང་གཞན་ཀུན་གྱིས་དངོས་གྲུབ་བླངས་པ་ནི། དམིགས་མེད་སྟོང་གསལ་བདེ་བའི་རང་མདངས་ རྒྱས། །ཀུན་རྫོབ་རྫུན་རིས་འཁྲུལ་སྣང་དབྱིངས་སུ་ཡལ། །འགྱུར་མེད་རྡོ་རྗེའི་ཁམས་སུ་ རྟག་བཞུགས་སྐུ། །སྐལ་ལྡན་ཁྱོད་ལ་མྱུར་དུ་མངོན་གྱུར་ཅིག །ༀ་ཨཱཿཔྲཛྙཱ་དྷྭ་ཛ་ས་པ་རི་ཝཱ་ ར་ཀ་ཡ་ༀ་སྭཱཧཱ། ཞེས་བཟླ། ཡེ་གཞི་བདེ་གཤེགས་སྙིང་པོ་རྟག་བརྟན་དཔལ། །ཀུན་རྫོབ་སྒྲ་ ཀུན་རང་བཞིན་བདེན་པས་སྟོངས། །དོན་དམ་སྒྲ་དབྱངས་རྣམ་པ་ཐམས་ཅད་གསུང༌། །སྐལ་ ལྡན་ཁྱོད་ལ་མྱུར་དུ་མངོན་གྱུར་ཅིག །ༀ་ཨཱཿཔྲཛྙཱ་དྷྭ་ཛ་ས་པཱ་རི་ཝཱ་ར་ཝཱཀ་ཨཱཿསྭཱཧཱ། ཞེས་བཟླ། འཁོར་འདས་ཀུན་ཁྱབ་བདེ་ཆེན་རྟག་འབར་བ། །རྟོག་མེད་ལྷུན་གྲུབ་ཆོས་ཀུན་ལྷན་ནེར་ གསལ། །གཟུང་འཛིན་ཀུན་བྲལ་དམིགས་མེད་རང་རིག་ཐུགས། །སྐལ་ལྡན་ཁྱོད་ལ་མྱུར་དུ་ མངོན་གྱུར་ཅིག །ༀ་ཨཱཿཔྲཛྙཱ་དྷྭ་ཛ་ས་པཱ་རི་ཝཱ་ར་ཙིཏྟ་ཧཱུཾ་སྭཱཧཱ། ཞེས་བཟླ། གོང་གི་སྙིང་པོ་ཉེ་སྙིང་ 1-1-336 གཟུངས་རིང་རྣམས་བཟླ་བཞིན་རིམ་པར་ཚེ་རྫས་རྣམས་སྦྱིན་ནོ། ། བཀྲ་ཤིས་ནི། གཞི་དབྱིངས་ཆོས་སྐུ་གནས་ལུགས་འགྱུར་བ་མེད། །འགགས་མེད་ལེགས་ གསུང་སྒྲ་དབྱངས་རྣམ་ཀུན་གནས། །དཔག་ཡས་གང་ཐུགས་གཤེགས་སྙིང་གཅིག་གི་བདག །དོན་དམ་ཡོངས་གྲུབ་ཆེན་པོའི་བཀྲ་ཤིས་ཤོག །ཅེས་བཀྲ་ཤིས་ཀྱི་ཚིགས་བཅད་འགའ་བརྗོད་དོ། །ལྷན་ཐབས་བཟོད་གསོལ་སོགས་སུ་འགྲོ། ཚོགས་མཆོད་ཀྱི་བཀྲ་ཤིས་མཚམས་སྦྱར་ནི། ༀ་སྭཱ་སྟི། བཀྲ་ཤིས་གང་ཞིག་གཞི་དབྱིངས༴ སོགས། ལྷུན་གྲུབ་པ། །བདེན་པ་གང་དེས་འགྲོ་ལ་ལེགས་སྒོའི་བཀྲ་ཤིས་སྩོལ། །ཞེས་པའི་མཚམས་སུ། ལེགས་ཚོགས་བསོད་ནམས་རྒྱ་ཆེ་བའི་བཀྲ༵་ཤི༵ས་མཐར་ཐུག་པ་ག༵ང་ཞི༵ག་ཡིན་ན་ གཞི༵་དབ༵ྱིངས་དནོ་དམ་ཆ༵སོ་ཉི༵ད་གནས་ལུགས་ནམ་ཡང་འགྱུ༵ར་བ༵་མེ༵ད་པ་ཀུན་རགྟོ་ སྤྲོས་ཚོགས་མཐའ་དག་དྭངས་པའི་འོ༵ད་གས༵ལ་ཡེ༵་ཤེ༵ས་ཆོས་སྐུ་འཁོར་འདས་ཀུ༵ ན་ ཁྱ༵བ་ཆེན་པོ་དེ་ནི་ཀུན་རབྫོ་གཟུང་འཛིན་གྱིས་སྒྲོ་བཏགས་པའི་འཁྲུལ་སྣང་གི་ཡུལ་ དུ་སྔར་མེད་གསར་གྲུབ་ལྟ་བུའི་འདུས་བྱས་མ་ཡིན་ཞིང་དནོ་དམ་རང་བྱུང་འདུ༵ས་ མ༵་བྱ༵ས་ཤི༵ང་རྟ༵ག་བརྟན་ཐེར་ཟུག་གཡུང་དྲུང་ནམ་ཡང་འཕོ་འགྱུ༵ར་མེད་པ་མི་འགྱུ༵ར་ བདེ༵་བའི་ཡེ་ཤེས་ཀྱི་སྐུ༵་བཞིའམ་ལྔའི་བདག་ཉིད་ཆོས་ཅན་ལ་ཆོས་ཉིད་དུ་བཞུགས་ པ་བདེ༵་བ༵ར་གཤེ༵གས་པའི་སྙི༵ང་པོ༵་ཆ༵སོ་སྐུ༵་ཡ༵ནོ་ཏ༵ན་རྣམ་པ་ཐམས་ཅད་པ་རང་བྱུང་ ལྷུ༵ན་གྲུ༵བ་ཏུ་བཞུགས་པ་ནམ་ཡང་འགྱུར་བ་མེད་པ༵ར་བདེ༵ན་པ༵་ག༵ ང་དེ༵ས་འདིར་ འཁདོ་དག་གིས་གཙརོ་གྱུར་མཐའ་ཡས་པའི་འགྲོ་བ་རྣམས་ལྷག་པར་སྐངྱོ་བར་གྱུར་ ཅིག བཀྲ་ཤིས་གང་ཞིག་བདུད་བཞིའི༴ སོགས། ལེགས་སྒོའི་བཀྲ་ཤིས་སྩོལ། །ཅེས་པའི་ མཚམས་སུ། གཞན་ཡང་མཉམ་མེད་ཤཱཀྱའི་རྒྱལ་པོ་གང་གིས་རིང་མོའི་དུས་ནས་འགྲོ་ བ་མཐའ་དག་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་བའི་ཁུར་ཆེན་པོ་ཉེ་བར་ 1-1-337 ལྷུར་བླངས་ཏེ་རླབས་པོ་ཆེའི་ཐུགས་བསྐྱེད་བསྐལ་པ་བཟང་པོའི་སངས་རྒྱས་སངྟོ་ རྩ་ལས་མེ་ཏགོ་པདྨ་དཀར་པོའི་འདབ་མ་མངོན་པར་བཞད་པ་ལྟར་རྒྱ་ཆེ་བའི་དམ་ བཅའ་མཛད་པ་ཀུན་མཐར་ལེགས་པར་ཕྱིན་ཏེ། བླ་མེད་བྱང་ཆུབ་ཀྱི་གོ་འཕང་བདག་ གིར་བཞེས་ནས་ངེས་པ་ལྔ་ལྡན་གྱི་ཞིང་གི་གཙོ་བོ་ལོངས་སྤྱོད་རྫོགས་པའི་སྒྱུ་འཕྲུལ་ གྱི་བཀོད་པ་རབ་འབྱམས་འཇིག་རྟེན་གྱི་ཁམས་མཐའ་ཀླས་པ་ཀུན་ཏུ་ཅིག་ཆར་བའི་ གང་འདུལ་གྱི་མཛད་པ་རྒྱ་ཆེར་སྟོན་པ་འདི་ཕུན་སུམ་ཚོགས་པའི་བཀྲ༵་ཤི༵ས་མཐར་ ཐུག་པ་ཡིན་པ་ག༵ང་ཞི༵ག མི་མཇེད་འཇིག་རྟེན་གྱི་ཞིང་དམ་པ་རྣམས་སུ་མཆོག་གི་ སྤྲུལ་སྐུའི་མཛད་པ་སྣ་ཚོགས་ལ་རོལ་ཏེ། བྱེ་བྲག་རྒྱ་གར་འཕགས་པའི་ཡུལ་དུ་མཉམ་ མེད་བུ་རམ་ཤིང་པས་གདུལ་བྱ་ཐུན་མོང་གི་ངོར་སྲིད་པ་ཐ་མ་པའི་བྱང་སེམས་ ཚོགས་ལམ་ཆེན་པོའི་ཚུལ་གྱིས་ཐོག་མར་རྒྱལ་སྲིད་བསྐྱངས། དེ་ནས་རབ་ཏུ་བྱུང་ ཞིང་དཀའ་བ་སྤྱད་དེ། མཐར་སྲོད་ལ་བདུ༵ད་བཞི༵་ཕྲ་རགས་ཀྱི་གཡུ༵ལ་ལ༵ས་ལེ༵གས་ པར་རྒྱ༵ལ་བ༵། བཅོམ་ལྡན་འདས་ཤཱཀྱ་སེང་གེ་ཟླ༵་བྲ༵ལ་ཀུ༵ན་གཟི༵གས་མཆ༵གོ་གི༵ས་ དཔ༵ལ་གྱི༵་མགུ༵ར་བཟང༵་ལ༵ས། ཐོག་མར་ཡུལ་ཝཱ་རཱ་ཎ་སཱི་དྲང་སྲོང་སྨྲ་བ་རི་དྭགས་ཀྱི་ ནགས་སུ་ཐེག་དམན་རིགས་ཅན་ལ་གཙོ་ བོར་དགངོ ས་ཏེ་བཀའ་དང་པོ་བདེན་པ་ བཞི་རྣམ་པར་ཕྱེ་བའི་ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། ཡུལ་བྱ་རདྒོ་ཕུང་རི་སགོ ས་ སུ་གདུལ་བྱ་ཐེག་ཆེན་དབང་འབྲིང་གི་རིགས་ཅན་རྗེས་སུ་བཟུང་བའི་ཆེད་དུ་བཀའ་ བར་བ་མཚན་ཉིད་མེད་པ་གནས་ལུགས་སྤསྲོ་བྲལ་གྱི་ཚུལ་སྟོན་པའི་ཆོས་ཀྱི་འཁོར་ ལོ་ཡུམ་རྒྱས་འབྲིང་བསྡུས་གསུམ་སགོ ས་ཤེར་ཕྱིན་གྱི་མདོ་བཅུ་བདུན་ཙམ་གྱིས་ མཚནོ་སྡེ་སྣོད་མཐའ་ཡས་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། ཡུལ་ཡངས་པ་ཅན་ སགོ ས་སུ་གདུལ་བྱ་དབང་པོ་ཡང་རབ་ཀྱི་ཐེག་ཆེན་རིགས་ཅན་དག་གི་ཆེད་དུ་གཙོ་ 1-1-338 བོར་དགངོ ས་ནས་བཀའ་ཐ་མ་དནོ་དམ་རྣམ་པར་ཕྱེ་བ་ཆོས་དབྱིངས་གན༵ས་ལུ༵གས་ མཐར་ཐུག་པ་དེ༵་ཉི༵ད་འོད་གསལ་བདེ་གཤེགས་སྙིང་པོ་ཆོས་སྐུ་རྣམ་པ་ཐམས་ཅད་ པ་ཡེ་གདདོ་མ་ནས་ནམ་ཡང་འཕོ་འགྱུར་མེད་པ་རྟག་བརྟན་ཐེར་ཟུག་གཡུང་དྲུང་ དུ་གནས་པ་དང༌། ཆོས་ཐམས་ཅད་ཀྱི་ཆོས་ཉིད་དེ་བཞིན་ཉིད། རང་བྱུང་ཡེ་ཤེས་བདེ་ བ་ཆེན་པོ་གཙང་བདེ་དང་རྟག་པའི་གནས་མཐར་ཐུག་པ་ཆ་མེད་ཀུན་འགྲོ་ཁྱབ་པ་ པོ། འགལ་འདུ་སྐནྱོ་མེད་ཀྱི་གནས་འཇིག་རྟེན་གྱི་དཔེ་ཐམས་ཅད་ལས་འདས་ཤིང༌། རྟེན་འབྲེལ་དང༌། རགྟོ་གེ་རྣམ་ཤེས་ཀྱི་ཡུལ་ལས་འདས་པའི་དབྱིངས་དང་ཡེ་ཤེས་ གཅིག་ཏུ་འདྲེས་པ་སོ་སརོ་རང་རིག་ཡེ་ཤེས་ཁོ་ནས་སྤྱོད་ཡུལ་སྐུ་དང་ཞིང་ཁམས་ སྣ་ཚོགས་པའི་སྣང་བ་པྲ་ཕབ་བརྒྱད་དང་མཚུངས་ཤིང་ངེ༵ས་ད༵ནོ་དབུ་མ་ཆེན་པོའི་ རང་ལུགས་ཀྱི་ལྟ་བ་མཐར་ཐུག་འདི་ལེགས་པར་གསལ་བྱེད་དུ་འཁོར་ལོ་ཕྱི༵ར་མི༵་ ལྡ༵གོ་པའི་གཏམ་སྟོན་པའི་ཆོས་ཀྱི་འཁོར་ལོ། བདེ་གཤེགས་སྙིང་པོའི་མདོ། རྣམ་པར་ མི་རགྟོ་པ་ལ་འཇུག་པའི་གཟུངས་མདོ། ལྷ་མོ་དཔལ་ཕྲེང་སེང་གེ་ང་རསོ་ཞུས་པའི་ མདོ། རྔ་བོ་ཆེའི་མདོ། སརོ་མོའི་ཕྲེང་བ་ལ་ཕན་པའི་མདོ། སངྟོ་ཉིད་ཆེན་པོའི་མདོ། དེ་ བཞིན་གཤེགས་པས་ཐུགས་རྗེ་ཆེན་པོ་ལ་བསྟན་པའི་མདོ། དེ་བཞིན་གཤེགས་པའི་ ཡནོ་ཏན་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་བསྟན་པའི་མདོ། སྤྲིན་ཆེན་མདོ་རྒྱས་པ། མྱང་འདས་ཆེན་པོའི་མདོ་རྒྱས་བསྡུས་གཅིག་ཏུ་བྱས་པའི་ངེས་དནོ་མདོ་བཅུ་སགོ ས་ ཐུན་མོང་མ་ཡིན་པའི་མདོ་སྡེ་མང་པོ་དང༌། བྱམས་ཞུས་ཀྱི་ལེའུ་གཉིས་དང༌། རྒྱན་ སྟུག་པོ་བཀོད་པའི་མདོ། རབ་ཏུ་ཞི་བ་རྣམ་པར་ངེས་པའི་ཆོ་འཕྲུལ་གྱི་ཏིང་ངེ་འཛིན་ གྱི་མདོ། དཀནོ་མཆོག་སྤྲིན་གྱི་མདོ། གསེར་འོད་དམ་པའི་མདོ། མདོ་དགངོ ས་པ་ངེས་ འགྲེལ། ལང་ཀར་གཤེགས་པའི་མདོ། ཡེ་ཤེས་སྣང་བ་རྒྱན་གྱི་མདོ། སངས་རྒྱས་ཕལ་ 1-1-339 བོ་ཆེ་སགོ ས་ཐུན་མོང་གི་མདོ་སྡེ་གྲངས་ཉི་ཤུ་ཙམ་གྱིས་མཚནོ་སྡེ་སྣོད་མཐའ་ཀླས་ པའི་བཀའ་ལེགས་པ༵ར་བསྩ༵ལ་པའི་བདེ༵ན་པ༵་ག༵ང་དེ༵ས་འདིར་འཁདོ་དག་གིས་གཙརོ་ གྱུར་མཐའ་ཡས་པའི་འགྲོ་བ་རྣམས་ལྷག་པར་སྐངྱོ་བར་གྱུར་ཅིག བཀྲ་ཤིས་གང་ཞིག་ རྒྱལ་བའི་དགོངས་ཆེན༴ སོགས། ལེགས་སྒོའི་བཀྲ་ཤིས་སྩོལ། །ཅེས་པའི་མཚམས་སུ། སྔགས་ ཕགྱོ ས་རྒྱུད་སྡེ་རིན་པོ་ཆེ་རྣམས་སུ་སྔགས་ཀྱི་གཞི་རྒྱུད་སངྟོ་ཉིད་ཡེ་ཤེས་འགྱུར་མེད་ བདེ་བ་ཆེན་པོའི་ངོ་བོར་གདདོ་ནས་རྟག་བཞུགས་མཛད་པ་དང་པོའི་སངས་རྒྱས། རྡོ་ རྗེ་སེམས་དཔའ། རྡོ་རྗེ་འཆང༌། དནོ་དམ་པའི་དགའ་བ་ཆེན་པོ། འདདོ་ཆགས་ཆེན་ པོ། ལྷན་ཅིག་སྐྱེས་སྐུ། ཕྱག་རྒྱ་ཆེན་མོ་ལ་སགོ ས་པ་དང༌། དནོ་དམ་ཐབས་ཤེས་ཟུང་ འཇུག་གི་ངོ་བོ་འཁོར་ལོ་བདེ་མཆགོ རྡོ་རྗེ་ཕག་མོ། དགྱེས་པ་རྡོ་རྗེ། བདག་མེད་ལྷ་ མོ། དུས་ཀྱི་འཁོར་ལོ། སྣ་ཚོགས་ཡུམ་ཆེན་སགོ ས་དནོ་དམ་གནས་ལུགས་བདེ་སངྟོ་ ཟུང་འཇུག་གི་རྒྱུད་སྡེ་རབ་འབྱམས་ཀྱི་བཀོད་པ་མཐར་ཐུག་པའི་བཀྲ༵་ཤི༵ས་དམ་པ་དེ་ རྣམ་ཀུན་མཁྱེན་པའི་གཟིགས་ངོར་བདེན་པ་ག༵ང་ཞི༵ག་རྒྱ༵ལ་བ༵འི་ཐུགས་ཀྱི་དག༵ངོ ས་ ཆེ༵ན་སྔགས་ཀྱི་གཞན་སྟོང་མཐར་ཐུག་པ་ལེ༵གས་པར་འབྱེ༵ད་པ༵་པོ་ནི་བདོ་གང༵ས་རི༵འི་ ལྗོ༵ངས་འདི༵ར་ངེ༵ས་དོ༵ན་བསྟན་པའི་མང༵འ་བད༵ག་རྗེ་༵ཀུ༵ན་མཁྱེ༵ན་རྒྱ༵ལ་བ༵་གཉི༵ས་པ༵་ཇོ་ ནང་པ་ཆེ༵ན་པོ༵་ཤེས་རབ་རྒྱལ་མཚན་དཔལ་བཟང་པརོ་གཅི༵ག་ཏུ༵་ངེ༵ས་ཕྱིར་ཉིད་ཀྱིས་ མཛད་པའི་རི་ཆོས་ངེས་དནོ་རྒྱ་མཚོ་ སགོ ས་བསླུ་མེད་ཀྱི་བཀའ་གསུང་ཡང་དག་ལ་ བརྟེན་པས་རྣམ་དཀར་གྱི་ལེགས་ཚོགས་ཇི་སྙེད་མངའ་བའི་བདེ༵ན་པ༵་ག༵ང་དེ༵ས་འདིར་ འཁདོ་དག་གིས་གཙརོ་གྱུར་མཐའ་ཡས་པའི་འགྲོ་བ་རྣམས་ལྷག་པར་སྐངྱོ་བར་གྱུར་ ཅིག བཀྲ་ཤིས་གང་ཞིག་ཆོས་རྗེ་མཆོག་གི༴ སོགས། ལེགས་སྒོའི་བཀྲ་ཤིས་སྩོལ། །ཅེས་པའི་ མཚམས་སུ། གངས་ཅན་གསེར་ལྡན་གྱི་སྙིང་པོའི་ཐིག་ལེར་གྲུ་འཛིན་བདག་པོའི་རོལ་ 1-1-340 གར་རྒྱལ་བ་གཉིས་པ་ཀུན་མཁྱེན་ཇོ་ནང་པ་ཆེན་པསོ་ངེས་དནོ་བཤད་སྒྲུབ་ལུགས་ བཟང་གི་ཆོས་ཀྱི་དུང་ཆེན་སྲིད་གསུམ་གྱི་གནས་སུ་ལེགས་པར་འབུད་པ་རྣམས་ ཕུན་སུམ་ཚོགས་པའི་བཀྲ༵་ཤི༵ས་ཀྱི་གནས་བླ་ན་མེད་པ་ག༵ང་ཞི༵ག དེ་ལྟ་བུའི་ཆ༵སོ་ རྗེ༵་ཐམས་ཅད་མཁྱེན་པ་མཆ༵གོ་གི༵་ཐུགས་ཀྱི་དག༵ ངོ ས་ཆེ༵ན་ཕུ༵ལ་དུ་བྱུང་བ་མཐའ་ དག་སླར་ཡང་འཛི༵ན་སྐ༵ངྱོ་ས༵ྤེལ་གསུམ་གྱི་སྒོ་ནས་རྒྱལ་བསྟན་སྤྱི་དང་ཁྱད་པར་ངེས་ དནོ་རྫོགས་ལྡན་གྱི་བསྟན་པ་རྒྱས་པར་མཛད་པའི་མཁ༵ས་གྲུབ་གཉིས་ལྡན་གྱི་ར༵ང་ འདྲ༵འི་ཐུ༵གས་སྲ༵ས་བུ༵་ཆེ༵ན་ཚ༵ ོགས་ཀྱི་རིམ་པ་ཡང་ལུ༵ང་ར ྟོ༵གས་རྒྱ༵་མཚོ༵འི་གཏེ༵ར་གྱུ༵ར་ གསེ༵ར་རི༵འི་ཕྲེ༵ང་བ་བཞི༵ན་དུ་ལེགས་པར་བསྟ༵ར་བ་རྣམས་ནི། ནམ་སྙིང་གི་སྤྲུལ་པ་ ཀུན་སྤངས་ཆོས་གྲགས་དཔལ། སྒྲིབ་པ་རྣམ་སེལ་གྱི་རོལ་བ་ལོ་ཙཱ་བ་བློ་གསྲོ་དཔལ། རྒྱལ་ཚབ་བྱམས་པའི་རྣམ་འཕྲུལ་ས་བཟང་མ་ཏི་པཎ་ཆེན། ས་ཡི་སྙིང་པོའི་རྣམ་རོལ་ ཀུན་མཁྱེན་ཕགྱོ ས་ལས་རྣམ་རྒྱལ། ཀུན་ཏུ་བཟང་པོའི་རོལ་གར་འབྲི་གུང་ལོ་ཙཱ་མ་ ཎི་ཀ་ཤྲི། གསང་བའི་བདག་པོའི་སྤྲུལ་པ་ཞང་སྟོན་བསོད་ནམས་གྲགས། འཇམ་པའི་ དབྱངས་ཀྱི་རོལ་བ་ཉ་དབནོ་ཀུན་དགའ་དཔལ་བཟང༌། ལོ་ཙཱ་བ་རིན་ཆེན་བཟང་པོའི་ རྣམ་སྤྲུལ་ཐང་བོ་ཆེ་པ་ཀུན་དགའ་འབུམ། འཇམ་དཔལ་གྱི་སྤྲུལ་པ་སྨན་ཆུ་ཁ་པ་བློ་ གསྲོ་རྒྱལ་མཚན། འཕགས་པ་ཐོག ས་མེད་ཀྱི་རོལ་གར་ཆོས་རྗེ་རིན་ཚུལ་པ། ཨཱརྱ་དེ་ ཝའི་སྤྲུལ་བ་གྷ་རུང་བ་ལྷའི་རྒྱལ་མཚན། ཤཱཀྱ་བཤེས་གཉེན་གྱི་རོལ་བ་ཆོས་རྗེ་ཕུན་ ཚོགས་དཔལ། གྲུབ་ཆེན་ཡུ་མོའི་རྣམ་སྤྲུལ་ཐང་སྟོན་ཆུང་བ་བློ་གསྲོ་དཔལ། གནས་ བརྟན་བ་ཀུ་ལའི་རྣམ་རོལ་མཚལ་མིན་པ་བསོད་ནམས་བཟང་པོ་རྣམས་ཀྱིས་རང་ ལུགས་ངེས་དནོ་སྒྲུབ་བརྒྱུད་ཀྱི་རྒྱལ་བསྟན་ཐསོ་བསམ་སམྒོ་གསུམ་འཆད་རདྩོ་རམྩོ་ གསུམ་གྱི་སྒོ་ནས་སྤེལ་བར་མཛད་པས་རྣམ་དཀར་བསོད་ནམས་ཀྱི་ལེགས་ཚོགས་ 1-1-341 ཇི་སྙེད་མངའ་བའི་བདེ༵ན་པ༵་ག༵ང་དེས་འདིར་འཁདོ་དག་གིས་གཙརོ་གྱུར་མཐའ་ཡས་ པའི་འགྲོ་བ་རྣམས་ལྷག་པར་སྐངྱོ་བར་གྱུར་ཅིག བཀྲ་ཤིས་གང་ཞིག་ངེས་དོན་རྫོགས་ ལྡན༴ སོགས། ལེགས་སྒོའི་བཀྲ་ཤིས་སྩོལ། །ཅེས་པའི་མཚམས་སུ། གཞན་ཡང་མདོ་སྔགས་ ཀྱི་ཟབ་དནོ་མ་ལུས་པའི་སྒོ་ནས་དབང་ལུང་མན་ངག་རྒྱ་ཆེན་པསོ་བསིལ་ལངྗོ ས་ ཡངས་པའི་སྐྱེ་འགྲོ་སྐལ་བ་དང་ལྡན་པ་མཐའ་དག་སྐངྱོ་བཞིན་ངེས་དནོ་རྫོགས་ལྡན་ གཞན་སངྟོ་ཆོས་མཆོག་ཀུན་མཁྱེན་ཡབ་སྲས་སགོ ས་ཀྱི་བཞེད་དགངོ ས་ཇི་བཞིན་ སླར་ཡང་ཆེས་གསལ་བར་བྱེད་པ་རྗེ་བཙུན་སྒྲོལ་བའི་མགནོ་པོ་བརྒྱུད་པ་དང་བཅས་ པའི་རྣམ་དཀར་ལེགས་ཚོགས་གང་བགྱིས་ཐམས་ཅད་དང༌། གཞན་ཡང་དཔལ་ལྡན་ བླ་མ་དམ་པ་རྣམས་དང༌། ཡི་དམ་མཆོག་གསུམ་མཁའ་འགྲོ་ཆོས་སྐངྱོ་དམ་ཅན་རྒྱ་ མཚོའི་ཚོགས་ཐམས་ཅད་ཐུགས་ཀྱི་དགངོ ས་ཀངློ་གཅིག་ཏུ་ངེས་ཕྱིར་མདརོ་ན་དནོ་ དམ་རྒྱལ་བ་རྒྱ་མཚོའི་སྐུ་གཞི་འབྲས་དབྱེར་མེད་པ་ནི་མ་ལུས་པའི་འགྲོ་བའི་སྙིང་ གི་ཁམས་སུ་དུས་རྟག་པར་ཡེ་ནས་བཞུགས་པ་དནོ་དམ་གནས་ལུགས་ཆེན་པོའི་ ལེགས་ཚོགས་ཇི་སྙེད་མངའ་བ་ནམ་ཡང་ཟད་པ་མེད་པའི་བསོད་ནམས་ཀྱིས་འདིར་ འཁདོ་དག་གིས་གཙརོ་གྱུར་མཐའ་ཡས་པའི་འགྲོ་བ་རྣམས་ལྷག་པར་སྐངྱོ་བར་གྱུར་ ཅིག བཀྲ་ཤིས་གང་ཞིག་ཆོས་རྗེ་བླ་མའི་རྣམ་པར་འཕྲུལ༴ སོགས་སུ་འགྲོའོ། ། སྨྲས་པ། མདོ་རྒྱུད་བཅུད་བཟང་མ་ལུས་པའི། །དབང་ལུང་མན་ངག་འགྲོ་ཀུན་ལ། །རང་རང་ཁམས་མཐུན་ རབ་སྟེར་མཁན། །ཟླ་བྲལ་སྐྱབས་གཅིག་མ་ཏིའི་ཞབས། །ལེགས་བཤད་ག་བུར་དབང་པོ་ཡིས། །ཀུན་ཕན་འོད་ བཟང་ཕྱོགས་བཅུར་བཀྱེ། །རྒྱལ་བསྟན་རྩི་ཐོག་ངང་མོའི་མདོག །སྦྲང་སྐྱེས་ཐམས་ཅད་འཚོ་བྱེད་ཡིན། །མཆོད་ ཐབས་རྒྱ་མཚོའི་སྐ་རགས་ལས། །དགེ་འབྲས་ལོ་ཏོག་གཡུར་ཟ་ཞིང༌། །འགྲོ་ཀུན་འཚོ་བྱེད་གཞི་གཅིག་པུ། །ལེགས་ གསུངས་འདི་ལས་གཞན་པ་སུ། །བླ་མའི་བཀའ་དྲིན་གསོ་ཕྱིར་དང༌། །བདག་གཞན་ཀུན་ཕན་འབྱུང་བའི་ཆེད། 1-1-342 །ལག་ལེན་འདོད་འཇོའི་བུམ་བཟང་བརྩམས། །ཉེས་བཤད་གང་མཆིས་མཁས་ལ་བཤགས། །འདི་བྲི ས་རྣམ་དཀར་ ཆུ་རྒྱུན་འདི། །ཟད་པ་མེད་པར་འགྲོ་མང་ལ། །སྦྱིན་ཐབས་འདོད་དགུ་ལེགས་འབྱུང་བས། །ཡིད་ཀྱི་རྫིང་བུ་ཁེངས་ གྱུར་ཅིག །ཅེས་ཀུན་མཁྱེན་ཡབ་སྲས་བརྒྱུད་རིམ་བཅས་ཀྱི་མཆོད་ཐབས་ཀྱི་ལྷན་ཐབས་དང་ཚོགས་མཆོད་འབུལ་ ཐབས་ཉེར་བསྡུས་ཀྱི་སྒོ་ནས་བསོད་ནམས་བསགས་པའི་སྐབས་སུ་མཁོ་བའི་ལག་ལེན་གྱི་རིམ་པ་འདོད་དགུ་ འཇོ་བའི་བུམ་བཟང་ཞེས་བྱ་བ་འདི་ཡང་རང་རེའི་ངེས་དོན་སྒྲུབ་བརྒྱུད་ཀྱི་བསྟན་རྩ་ཆེ་བ་བླ་མ་དམ་པ་ཀུན་དགའ་ ཐུགས་རྗེ་དཔལ་གྱི་དབང་ཕྱུག་གིས་ཞལ་བཟང་གེ་སར་བཞད་པ་ལས་འདི་ལྟ་བུ་དགོས་གལ་ཆེ་ཚུལ་གྱི་བཀའ་ བསྩལ་གསེར་གྱི་ཅོད་པན་སྤྱི་བོའི་རྒྱན་དུ་ལྷུང་བ་ལ་བརྟེན་ནས་རབ་བྱུང་བཅུ་དྲུག་པའི་ལྕགས་ཕོ་སྤྲེལ་གྱི་དྲག་པོ་ ཞེས་བྱ་བའི་སྟོན་འབྲས་ལྡན་གྱི་དུས་བདུན་པ་གྲོ་བཞིན་ཟླ་བའི་ཡར་ཚེས་གཉིས་པ་མེ་གཉིས་འཕྲད་པ་འཕེལ་ འགྱུར་སྦྱོར་གྱི་ཉིན་རྣམ་པར་དཀར་བའི་རྟེན་འབྲེལ་ཡང་ཕུན་སུམ་ཚོགས་པ་འཛོམས་པའི་སྔ་དྲོའི་ཆ་ལ་ཤར་འཛམ་ ཐང་བསམ་འགྲུབ་ནོར་བུའི་གླིང་དུ་ཤཱཀྱའི་དགེ་སློང་བློ་བཟང་ཆོས་འཕེལ་གྱིས་བགྱིས་པ་ལྟར་ཡི་གེ་པའང་དགེ་སློང་ གྲགས་པ་རྒྱལ་མཚན་གྱིས་བྲིས་པ་སྟེ་རྒྱལ་བ་གཉིས་པ་ཀུན་མཁྱེན་ཇོ་ནང་པ་ཆེན་པོའི་རང་ལུགས་ཕྱོགས་ཐམས་ ཅད་དུ་དར་བའི་རྒྱུར་གྱུར་ཅིག དགེ་ལེགས་འཕེལ། སརྦ་མངྒ་ལཾ། འདི་བྲི ས་ལེགས་དགེས། །ཚེ་རབས་ཀུན་ཏུ། །ངེས་དོན་ཟབ་མོར། །ཇི་བཞིན་སྤྱོད་ཤོག ། 1-1-343 ༄༅། །བྷུཛབ་རིགྲཧཨུབཱཔ་ཡུ་ཛྱནཱམསརྦཛྙཱབིཏྲ སུདྲཔཱུཛབིདྷིསཀཾཨསྲབ རིཔཱཔཿབིཧརཏིསྨ།། ༄༅། །ཀུན་མཁྱེན་ཡབ་སྲས་མཆོད་ཆོག་ལྷན་ཐབས་ཀྱི་ ཟུར་འདེབས་ལག་ལེན་ཉེར་མཁོ་ ཞེས་བྱ་བ་བཞུགས་སོ།། ༄༅། །བླ་མ་དང་དབྱེར་མེད་པ་ཆོས་ཀྱི་རྗེ་ཀུན་མཁྱེན་ཆེན་པོ་ལ་ཕྱག་འཚལ་ནས། འདིར་ཆོས་རྗེ་ཡབ་ སྲས་དེ་དག་གི་སྒོ་ནས་ཚོགས་བསགས་མཆོད་འབུལ་ལྷན་ཐབས་ལ་ཉེར་མཁོའི་རིམ་པ་ཟུར་འདེབས་ལེགས་ བསྒྲིགས་ལ། སྤྲོས་བཅས་དུས་མཆོད་དང་བསྟུན་ཏེ། མཆོད་ཐབས་དཀྱུས་སུ་ཉེར་མཁོ་དང༌། རྣམ་ཐར་བཀླག་ཆོག་ ཟུར་གསལ་གཉིས་ལས། དང་པོ་ལ། མཆོད་རྫས་བྱིན་རླབས་ཀྱི་མཐར། དེ་ལས་བྱུང་བའི་ལྷ་རྫས་མཆོད་ པའི་ཚོགས། །མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་མཆོག །སྣང་གསལ་དྲི་ཆབ་ ཞལ་ཟས་རོལ་མོ་དང༌། །གཞན་ཡང་རྒྱལ་སྲི ད་སྣ་བདུན་བཀྲ་ཤིས་རྫས། །རྟགས་བརྒྱད་ རིག་མ་བཅུ་དྲུག་འཁོར་འདས་ཀྱི། །སྣོ ད་བཅུད་བཀོད་པ་ཕུན་ཚོགས་ཇི་སྙེད་པ། །མཆོད་ རྫས་བཟང་ཞིང་དགེ་བ་ལེགས་བྱུང་ཕུལ། །ངོ་མཚར་ཟད་མེད་གང་འཚམས་མཆོག་ཏུ་ཤོག །ཅེས་བརྗོད། མཆོད་ཡུལ་བསྐྱེད་སྐབས། སྐད་ཅིག་རང་མདུན་མཁའ་དབྱིངས་ཀུན་བཟང་མཆོད་སྤྲིན་ 1-1-344 འཁྲིགས་པའི་སྦུབས། །རྣམ་རྒྱས་མཛེས་སྡུག་འཇའ་ཟེར་སྣང་བའི་དགེ་མཚན་འབར་བའི་ ཀློང༌། །དཔལ་ལྡན་ཆོས་སྐུའི་རང་མདངས་ལས་འཕྲུལ་ངོ་མཚར་སྒྱུ་མའི་གར། །ཐར་པ་ཆེན་ པོའི་གཞལ་མེད་ཁང་བཟང་རྒྱན་བཀོད་བསམ་མི་ཁྱབ། །རྒྱ་ཚད་ཡོངས་སུ་ཆད་པ་མི་མངའ་ ཆོས་དབྱིངས་འཕྲུལ་དུ་ཤར། །ཕུན་ཚོགས་གཞལ་ཡས་མཚན་ཉིད་ཀུན་ཚང་ཆོས་ཀྱི་ཕོ་བྲང་ དུ། །རབ་མཛེས་གདོང་ལྔས་ལེགས་བཏེགས་རིན་ཆེན་ཁྲི་བཟང་རྒྱས་པའི་སྟེང༌། །སྐྱོན་ བྲལ་ཆུ་སྐྱེས་འདབ་མ་བརྒྱད་ལྡན་གེ་སར་ཟེའུ་འབྲུའི་རྩེར། །ཉ་གང་རི་བོང་འཛིན་པ་དཀར་ གསལ་དྭངས་པའི་དཀྱིལ་འཁོར་རྫོགས། །དེ་དབུས་གཟུགས་སྐུའི་སྒྱུ་འཕྲུལ་འཛིན་མཛད་ རྒྱལ་ཀུན་སྙིང་རྗེའི་བདག །འཕགས་མཆོག་འཇིག་རྟེན་དབང་ཕྱུག་ཆོས་སྐུ་འཁོར་འདས་ ཡོངས་ཁྱབ་ལས། །གང་འདུལ་འགྲོ་ལ་དེར་སྣང་ཚུལ་གྱིས་སྒྱུ་འཕྲུལ་གར་བསྒྱུར་བ། །རིགས་ ལྡན་པད་དཀར་མི་ཡི་བླ་མར་བཞེངས་པ་ཆོས་ཀྱི་རྗེ། །ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཀུན་ མཁྱེན་ཤེས་རབ་རྒྱལ་མཚན་དཔལ། །ཡེ་ཤེས་སྐུ་མཆོག་སྒྱུ་མའི་རོལ་གར་དཀར་ལ་དམར་ བའི་མདངས། །ཟག་མེད་ཏིང་འཛིན་འབུམ་གྱི་ཉམས་ལྡན་སྤྱན་ཟུང་ཧྲིག་གེར་གཟིགས། །ཞལ་རས་དགྱེས་པའི་བརྗིད་ཉམས་ངོ་མཚར་གཟུགས་སྐུ་་མེ་བ། །ལེགས་མཛེས་མནབ་ འགགས་རྣམ་གསུམ་ཆོས་གོས་གསར་བས་ཉེ་བར་བཀླུབས། །དབུ་ལ་མཁན་ཞྭ་སྙན་ཤལ་ དང་ལྡན་གྲྭ་སྡུད་ལེགས་མཛེས་པ། །བེར་ཐབས་གོས་ཀྱིས་ཟླུམ་པོར་ཀླུབ་བཞིན་ཞབས་ཟུང་ སྐྱིལ་ཀྲུང་བཞུགས། །ཕྱག་གཉིས་ས་གནོན་ཕྱག་རྒྱས་གཡས་གཡོན་ཆུ་སྐྱེས་སྡོང་བུ་འཛིན། །ཟེའུ་འབྲུ་ཟུང་རྩེར་གྲུ་འཛིན་བདག་པོ་པདྨ་དཀར་པོས་མཚན། །ཡེ་ཤེས་སྐུ་མཆོག་གང་ དེའི་ཐུགས་ཀར་དང་པོའི་སངས་རྒྱས་བཞུགས། །གནས་དྲུག་འཁོར་ལོ་རྒྱལ་བ་རིག་དྲུག་ཡེ་ ནས་དོན་དམ་གཤིས། །གཙུག་ཏུ་མི་བསྐྱོད་དུས་ཀྱི་འཁོར་ལོའི་མཁའ་ཁམས་ལྷར་བཞུགས་ ཤིང༌། །གསང་བར་རྡོར་སེམས་ཡེ་ཤེས་ལྷ་ཚོགས་ཕན་ཚུན་ཐབས་ཤེས་ཚུལ། །དཔྲལ་བར་ 1-1-345 སྣང་མཐའ་ཆུ་ཁམས་ལྷ་ཚོགས་མགྲིན་པར་རིན་འབྱུང་རིགས། །མེ་ཁམས་ལྷ་རྣམས་དེ་དག་ ཟུང་འཇུག་ཐུགས་ཀར་དོན་ཡོད་གྲུབ། །རླུང་ཁམས་ལྷ་ཡི་ཚོགས་དང་ལྟེ་བར་རྣམ་སྣང་ས་ ཁམས་ལྷ། །ཕན་ཚུན་ཡབ་ཡུམ་དྲུག་བརྒྱ་སོ་དྲུག་ལྷ་དང་ལྷ་མོའི་ཚུལ། །ཆོས་རྗེ་བླ་མའི་སྐུ་ ཡི་ཆ་ལ་པྲ་ཕབ་ཇི་བཞིན་ཤར། །མཚན་དང་དཔེ་བྱད་ཡོངས་རྫོགས་འོད་ཟེར་མཁའ་མཐར་ ལེགས་སྤྲོ་བ། །གཟུགས་སྐུའི་རྣམ་འཕྲུལ་མོས་ངོར་སྟོན་ལས་མཁའ་དབྱིངས་ཆོ་འཕྲུལ་གར། །སྟེང་ཕྱོགས་རྡོ་རྗེ་འཆང་དང་ཆོས་རྒྱལ་རིགས་ལྡན་བརྒྱུད་རིམ་བཅས། །དུས་འཁོར་བདེ་ དགྱེས་ལ་སོགས་རྒྱུད་སྡེ་བཞི་ཡི་ལྷ་ཚོགས་དང༌། །སངས་རྒྱས་བྱང་སེམས་ཉན་རང་འཕགས་ ཚོགས་མཁའ་འགྲོ་ཆོས་སྐྱོང་ཚོགས། །ནམ་མཁའ་བར་སྣང་ས་གཞིར་ཡོངས་འགེངས་མ་ ལུས་རིགས་བདག་ཚུལ། །ཆོས་རྗེ་མཆོག་གི་བླ་མའི་རྣམ་པར་མོས་བློ་དང་འཚམས་བཞུགས། །གང་གི་སྐུ་ཡི་མཐའ་བསྐོར་གཡས་གཡོན་རིམ་པར་པད་ཟླའི་གདན། །བདུན་ཕྲག་གཉིས་ ཀྱི་ཕྲེང་བ་ལེགས་པར་བསྒྲིགས་སྟེང་ཐུགས་སྲས་ཚོགས། །གཡས་གཡོན་རིམ་སྤེལ་ནམ་སྙིང་ སྤྲུལ་པ་བྱང་སེམས་ཆོས་གྲགས་དཔལ། །སྒྲིབ་སེལ་རྣམ་རོལ་སྐད་གཉིས་སྨྲ་མཁས་ལོ་ཙཱ་བློ་ གྲོས་དཔལ། །མི་ཕམ་དངོས་བྱོན་མ་ཏི་པཎ་ཆེན་ས་སྙིང་ཕྱོགས་རྒྱལ་རྗེ། །ཀུན་ཏུ་བཟང་པོ་ མ་ཎི་ཀ་ཤྲཱི་གསང་བདག་བསོད་ནམས་གྲགས། །འཇམ་དབྱངས་ཀུན་དགའ་དཔལ་དང་ལོ་ ཆེན་རྣམ་འཕྲུལ་ཐང་བོ་ཆེ། །མཁྱེན་གཏེར་སྨན་ཆུ་བློ་གྲོས་རྒྱལ་མཚན་ཐོགས་མེད་རིན་ཚུལ་ པ། །འཕགས་ལྷའི་རྣམ་རོལ་གྷ་རུང་ཤཱཀྱ་བཤེས་གཉེན་ཕུན་ཚོགས་དཔལ། །ཡུ་མོའི་རྣམ་ འཕྲུལ་ཐང་ཆུང་བ་ཀུ་ལ་དངོས་བསོད་ནམས་བཟང༌། །བཞི་ཡིས་ལྷག་པའི་བཅུ་ཕྲག་གཅིག་ གི་ཐུགས་སྲས་འཕགས་ཆེན་ཚོགས། །རང་འདྲའི་བུ་ཆེན་ཆོས་ཀྱི་མཁན་པོ་པཎྜི་ཏའི་ཞྭས་ མཛེས། །ཆ་ལུགས་སྐུ་ཆས་ཆོས་རྗེ་མཆོག་ལྟར་རྣམ་གསུམ་ན་བཟའ་གསོལ། །བཞུགས་ སྟངས་ཕྱག་གི་རྣམ་འགྱུར་སྣ་ཚོགས་བརྩེ་ཆེན་མཛད་སྒོ་དང༌། །རླབས་ཆེན་སྤྱོད་པ་རྒྱ་མཚོ་ 1-1-346 སྐྱོང་བཞིན་རང་ལ་དགྱེས་བཞིན་བཞུགས། །གཞན་ཡང་དེ་དག་མདུན་ཕྱོགས་ཐད་ཀྱི་པདྨ་ ཟླ་གདན་ལ། །སྤྱོད་འཆང་དབང་པོ་བླ་མའི་ཚུལ་འཛིན་གསང་བདག་སྒྲོལ་བའི་མགོན། །རྣམ་གསུམ་གོས་སོགས་བླ་ཆས་ཡོངས་རྫོགས་བརྩེ་བའི་གཟི་འབར་བ། །ཐུགས་སློབ་སྲས་ མཆོག་རྒྱ་མཚོའི་མཚན་ཅན་རྣམ་གཉིས་སོགས་དང་བཅས། །གདོད་ནས་དམ་ཚིག་ཡེ་ཤེས་ རང་བཞིན་ཀུན་ཁྱབ་ཆོས་དབྱིངས་འཕྲུལ། །རྡོ་རྗེའི་དབང་བསྐུར་གཤིས་ནས་ཡོངས་རྫོགས་ སྐྱབས་ཀུན་འདུས་པའི་བདག །མ་ལུས་དག་སྣང་གུས་པའི༴ ཞེས་པ་ནས་ལྷན་ཐབས་ཡན་ལག་ བདུན་པ་ཡན་གྲུབ་པ་ན་ཕྱག་འཚལ་བ་ནི། ན་མོ་གུ་རུ་བྷྱཿ བརྟན་གཡོའི་དཔལ་གྱུར་ཆོས་དབྱིངས་རང་གཟུགས་ཆེ། །ཀུན་རྫོབ་ དང་བྲལ་དོན་དམ་གནས་ལུགས་སྐུ། །ཆོས་རྗེ་བླ་མ་ཡབ་སྲས་བརྒྱུད་འཛིན་ཚོགས། །རང་ གསལ་གདོད་མའི་ངང་དུ་གུས་ཕྱག་འཚལ། །གཞན་སྣང་གང་འདུལ་མཛད་ཆེན་རོལ་བ་ ཡིས། །མཆོད་ཡུལ་ཚུལ་བཞུགས་ཀུན་རྫོབ་ཟློ ས་གར་སྟོན། །དག་སྣང་ཞིང་གཙོ་བསོད་ ནམས་བསག་ཡུལ་མཆོག །དཔལ་ལྡན་ཆོས་རྗེའི་ཚོགས་ལ་ཕྱག་འཚལ་ལོ། །ཡོན་ཏན་ གཏེར་གྱུར་གང་མཚན་དྲན་པས་ཀྱང༌། །རྒུད་པ་ཞི་མཛད་ལེགས་ཚོགས་སྤེལ་བའི་གཉེན། །འགྲོ་ཀུན་གཙུག་རྒྱན་འདོད་འབྱུང་ནོར་བུ་ཆེ། །དངོས་གྲུབ་ཀུན་སྩོལ་བླ་མར་ཕྱག་འཚལ་ ལོ། །བླང་དོར་ཆོས་ཀྱིས་གདུལ་བྱའི་རྨོངས་མུན་སེལ། །ཐུགས་རྗེ་མཆོག་གིས་ཕན་བདེ་ཉེར་ དྲངས་མཁན། །ཟབ་ཆོས་སྨན་གྱིས་ཀུན་ཉོན་ནད་སེལ་མཁན། །བརྩེ་གཟིགས་ཆེ་མངའ་ རྣམས་ལ་ཕྱག་འཚལ་ལོ། །མཐུ་ཆེན་གྲུ་ཡིས་སྲི ད་ཞིའི་མཚོར་སྒྲོལ་མཁན། །འགྲོ་བའི་དེད་ དཔོན་གནོད་སྐྱོབ་ཕན་སྤེལ་བ། །བྱམས་མགོན་ཟླ་བྲལ་སྐྱབས་གནས་མཆོག་གི་ཕུལ། །མ་ འདྲེས་གཉེན་བཟང་ཡོངས་ལ་ཕྱག་འཚལ་ལོ། །དུས་གསུམ་སངས་རྒྱས་ཐབས་མཁས་ལ་ བརྟེན་ནས། །གང་འདུལ་འདྲེན་པ་བླ་མར་སྤྲུལ་བ་ཡིས། །དུས་འགྲོ་གདུལ་བྱར་གྱུར་ལ་ཕན་ 1-1-347 ཐོགས་མཛད། །འདྲེན་མཆོག་ཆོས་རྗེ་རྣམས་ལ་ཕྱག་འཚལ་ལོ། །ཀུན་གཟིགས་མཁྱེན་པས་ གང་འདུལ་སྐུར་སྟོན་ཅིང༌། །ཁམས་དབང་འཚམས་པའི་ཆོས་སྒོའི་དཔལ་གྱུར་བ། །སྤྱན་དང་ མངོན་ཤེས་གཟུངས་སྤོབས་རྣམ་བྱང་ཕྱོགས། །ཡོན་ཏན་རྒྱ་མཚོའི་ཐུགས་ལ་ཕྱག་འཚལ་ ལོ། །ཡོན་ཏན་དབང་ཕྱུག་མཐོང་ཐོས་དྲན་རེག་བདག །མཛད་པ་ལྷུན་གྲུབ་ཕྲིན་ལས་མངའ་ བའི་མགོན། །དམ་ཆོས་འབྱུང་གནས་སྒྲིབ་བྲལ་ཡེ་ཤེས་བརྙེས། །འོད་གསལ་མཆོག་མངའ་ རྣམས་ལ་ཕྱག་འཚལ་ལོ། །འདི་ཕྱིའི་ཕན་བདེ་ཀུན་གྱི་རྩ་བ་ཡང༌། །རྣམ་གྲོལ་འཇུག་ངོགས་ དམ་ཆོས་ཟབ་མོ་སྦྱིན། །མཛའ་བཤེས་ཕལ་དང་མཚུངས་མེད་གཉེན་གྱི་མཆོག །བཀའ་དྲིན་ འཁོར་མེད་རྣམས་ལ་ཕྱག་འཚལ་ལོ། །འདོད་སྤངས་བསླབ་ལྡན་སྡོམ་བརྩོན་ཆེ་མངའི་གཙོ། །སྟོང་ཉིད་སྙིང་རྗེའི་སེམས་དཔའ་རྒྱལ་བའི་སྲས། །རིམ་གཉིས་རྣལ་འབྱོར་དབང་ཕྱུག་རིག་ པ་འཛིན། །སྡོམ་གསུམ་མཐར་སོན་རྣམས་ལ་ཕྱག་འཚལ་ལོ། །ཕ་རོལ་ཕྱིན་རྫོགས་ཉེར་ བཞིའི་རྩ་རླུང་དབང༌། །བཅུ་གཉིས་ས་ཐོབ་སྤང་བྱ་མཐའ་དག་འགགས། །མཐའ་བྲལ་ཟག་ མེད་ཆོས་དབྱིངས་མངོན་བྱང་ཆུབ། །ཆོས་སྐུའི་དགོངས་པ་མཆོག་ལ་ཕྱག་འཚལ་ལོ། །དེ་ ཉིད་རང་གཤིས་བརྗོད་བྲལ་ཟུང་འཇུག་ཆེ། །འཁོར་འདས་ཀུན་ཁྱབ་གཤེགས་སྙིང་འོད་ གསལ་དབྱིངས། །མ་ལུས་རྒྱལ་བའི་སྤྱི་དཔལ་ཉག་གཅིག་པུ། །ངོ་བོ་ཉིད་ཀྱི་སྐུ་ལ་ཕྱག་ འཚལ་ལོ། །ཆོས་ཉིད་གཤིས་ཀྱི་མདངས་ལས་སྣ་ཚོགས་འཕྲུལ། །གདུལ་བྱའི་དབང་གིས་ ལོངས་སྤྲུལ་རོལ་པ་ཡིས། །སྔོན་འབྲིལ་གང་ཟབ་དེ་ལུགས་རྣམ་གྲོལ་ལ། །ལེགས་འགོད་ བྱེད་པོ་རྣམས་ལ་ཕྱག་འཚལ་ལོ། །སོ་སོར་རིགས་བཞི་ཡེ་ཤེས་རྣམ་ལྔའི་བདག །སྟོབས་ བཅུ་མི་འཇིགས་མ་འདྲེས་ཆོས་བཅོ་བརྒྱད། །ས་ལམ་སྤངས་རྟོགས་ཡོངས་རྫོགས་དེ་བཞིན་ གཤེགས། །མཐར་ཐུག་གོ་འཕང་བཞུགས་ལ་ཕྱག་འཚལ་ལོ། །བདེ་སྟོང་དབྱེར་མེད་ཟུང་ འཇུག་རྡོ་རྗེ་འཆང༌། །ཕུང་པོ་རིགས་ལྔ་འབྱུང་བ་ཡུམ་མཆོག་ལྔ། །དབང་པོ་སེམས་དཔའ་ 1-1-348 ཡུལ་རྣམས་སེམས་མའི་ཚོགས། བྱ་བྱེད་ཁྲོ་ཆེན་ངོ་བོར་ཕྱག་འཚལ་ལོ། །དཔལ་ལྡན་རྣམ་ བྱང་འཁོར་ལོའི་མཛད་ཆེན་སྒོ། །མཁའ་ལ་འཇའ་ཚོན་ཇི་བཞིན་སྣང་སྟོང་འཕྲུལ། །ཆུ་ཟླའི་ རྗེས་འགྲོ་སྒྱུ་མའི་རོལ་པ་འཛིན། །གསང་གསུམ་བསམ་མི་ཁྱབ་ལ་ཕྱག་འཚལ་ལོ། །རབ་ཏུ་ ཞི་བའི་དགོངས་ཆེན་ཉག་གཅིག་ལས། །སྤྲོས་མཚན་དམིགས་བྲལ་ལྷུན་གྲུབ་འབད་མེད་དུ། གང་འདུལ་ཡིད་བཞིན་མི་ཟད་འཁོར་ལོའི་རྒྱན། །རྟག་པར་བཀྱེ་བ་ཡོངས་ལ་ཕྱག་འཚལ་ ལོ། །དེ་ལྟར་བདེན་གཉིས་ཀྱིས་བསྡུས་བླ་མའི་ཚོགས། །མཐའ་དག་ལ་ཡང་གུས་པས་ཕྱག་ འཚལ་མཐུས། །སྒྲིབ་སྦྱངས་བསོད་ནམས་ཚོགས་ཆེན་རབ་རྫོགས་ཏེ། །ཀུན་གྱི་དགོངས་ ཟབ་ཆོས་སྐུ་གཅིག་མངོན་ཤོག ། དེ་ནས་ལྷན་ཐབས་འདོན་ཁོག་ལྟར་མཆོད་རྫས་བྱིན་རླབས་ནས་བཟུང་ཉེར་སྤྱོད་མཆོད་པ་ཆ་ཚང་ཇི་འོས་སུ་ འབུལ་མཐར་གཞན་ཡང་ཕྱི་མཆོད་ནི། སངས་རྒྱས་བྱང་སེམས་རང་སྣང་དག་པའི་ཞིང༌། །ཀུན་ནས་ ངོ་མཚར་ཡ་མཚན་ཆེས་མང་པ། །མ་དག་མཐོ་རིས་བརྟན་གཡོའི་ཡིད་འོང་གི །ལེགས་འབྱོར་ གང་ཡོད་མཆོད་གནས་རྣམས་ལ་འབུལ། །མདངས་གསལ་མཁའ་ལ་ཉི་ཟླའི་གཟི་འོད་ འབར། །རྒྱུ་སྐར་རབ་བཀྲ་འཇའ་སྤྲིན་གྱིས་མཛེས་ཤིང༌། །རིན་ཆེན་ལྷུན་སྡུག་ནགས་གངས་ རི་བོ་སོགས། །དབྱིབས་ལེགས་ས་འཛིན་མཆོག་ཀུན་མཆོད་པར་འབུལ། །ཆུ་ཀླུང་ཡན་ལག་ བརྒྱད་ལྡན་མཚོ་རྫིང་སོགས། །ཡིད་འོང་དྲི་བྲལ་རྙོག་མེད་གདུང་སེལ་བ། །མ་སྨད་ནགས་ ཚལ་ལྗོན་ཐང་གིས་བསྐོར་ཞིང༌། བདེ་དགའི་ཕུན་ཚོགས་བསྟི་གནས་རྣམས་ཀྱང་མཆོད། །མུ་ ཏིག་མན་ཤེལ་གསེར་དངུལ་སོགས་རིན་ཆེན། །གུར་ཀུམ་གི་ཧཾ་ལ་སོགས་སྨན་སྣའི་རིགས། །རོ་ལྡན་འཚོ་རྐྱེན་འབྲུ་བཅུད་རྩི་ཏོག་སོགས། །སྣོ ད་ཀྱི་འབྱོར་བ་མཆོད་འོས་ཐམས་ཅད་ འབུལ། །བསོད་ནམས་མངའ་ཐང་རབ་དར་ཚངས་ཆེན་དཔལ། །བརྒྱ་བྱིན་མི་དབང་འཁོར་ སྒྱུར་ཀླུ་རྒྱལ་སོགས། །ཁྱད་པར་མི་རིགས་འབྱོར་ལྡན་ཡིད་འོང་གི །གཟུགས་བཟང་ངག་ 1-1-349 སྙན་རྒྱན་ལྡན་དག་ཀྱང་མཆོད། །རྩལ་ཆེན་གངས་སེང་ཁྱུ་མཆོག་སོགས་རི་དྭགས། ཁུ་བྱུག་ རྨ་བྱ་ལ་སོགས་ཡིད་འོང་བྱ། །མདོར་ན་བཅུད་ཀྱི་མཆོད་འོས་གང་ཡོད་ཚད། །ཐུགས་རྗེ་ཆེ་ མངའ་ཞིང་མཆོག་རྣམས་ལ་འབུལ། །བཻ་ཌཱུར་གཞི་ལ་གསེར་དངུལ་བརྩེགས་མ་ཅན། །གཡུ་ ཡི་བ་གམ་རིན་ཆེན་ཀ་བས་བཏེགས། །ཡིད་འོང་ཕོ་བྲང་བླ་བྲེ་གདུགས་ཡོལ་བ། །ཁྲི་གདན་ ལ་སོགས་ཉེར་མཁོ་ཀུན་གྱིས་མཆོད། །ངུར་སྨྲིག་གོས་བཟང་སྲབ་འཇམ་པཉྩ་ལི། །ཀ་ཤིའི་ རས་སོགས་ཆགས་བྲལ་ན་བཟའ་དང༌། །དབུ་རྒྱན་མུ་ཏིག་དོ་ཤལ་གསེར་གདུབ་སོགས། །ཕུན་ཚོགས་ཆགས་བཅས་རྒྱན་མཆོག་རྣམ་ཀྱང་འབུལ། །འཁོར་སྒྱུར་མངའ་ཐང་འཁོར་ལོ་ ནོར་བུ་མཆོག །བཙུན་མོ་བློན་པོ་གླང་ཆེན་ཅང་ཤེས་ཕུལ། །དམག་དཔོན་རིན་ཆེན་རྒྱལ་ སྲི ད་ཉེར་མཁོའི་དཔལ། །གང་བསམ་ལེགས་བསྒྲུབ་སྣ་བདུན་མཆོད་པ་བསྟར། །བདེར་ གནས་ཡོ་བྱད་ནགས་ཚལ་ཁང་བཟང་དང༌། །རལ་གྲི་མལ་སྟན་ལྷ་གོས་ཁྱད་པར་བ། །སྦྲུལ་ གྱི་པགས་པ་མཆིལ་ལྷྭམ་རིན་པོ་ཆེ། །ཉེ་བའི་སྣ་བདུན་གུས་པས་ལེགས་མཆོད་བགྱི། །རྒྱལ་ བས་དགེ་མཚན་བྱིན་རླབས་དཔལ་བེའུ། །འཁོར་ལོ་རྒྱལ་མཚན་པདྨ་གདུགས་བུམ་བཟང༌། །དུང་དཀར་གསེར་ཉ་བཀྲ་ཤིས་རྟགས་ཀྱི་མཆོག །མཆོད་གནས་རྣམས་ལ་བསོད་ནམས་ བསགས་ཆེད་འབུལ། །གང་འདོད་ལེགས་འཇོའི་བ་མོ་དཔག་བསམ་ཤིང༌། །མ་རྨོས་ལོ་ཐོག་ འཆི་མེད་བདུད་རྩིའི་ཟས། །ལོངས་སྤྱོད་ཕུན་སུམ་ཚོགས་པའི་འབྱོར་གཞན་ཀུན། །བློ་ཡིས་ བླངས་ནས་ཡིད་ཆེས་དད་པས་མཆོད། །ཁྱད་པར་བདག་གི་ལུས་དང་ལོངས་སྤྱོད་ཚོགས། །དུས་གསུམ་བསགས་དགེ་ཇི་མཆིས་ལྟོ ས་མེད་དུ། །དེང་ནས་བསོད་ནམས་ཞིང་བཟང་ ཁྱེད་དག་ལ། །ཞེན་མེད་གུས་པ་ཆེན་པོས་ལེགས་འབུལ་ལོ། །ཞིང་མཆོག་དག་གིས་དགྱེས་ བཞེས་བདག་སོགས་ཀྱང༌། །རྣམ་གཉིས་བྱང་ཆུབ་སེམས་དང་ཕྱིན་དྲུག་གྲོགས། །ཕན་ཚུན་ འགྲན་པ་ལྟ་བུའི་ཡོངས་འཕེལ་སྒོས། །ཟབ་དང་རྒྱ་ཆེའི་མངོན་རྟོགས་མྱུར་འཁྲུངས་ཤོག ། 1-1-350 ནང་གི་མཆོད་པ་ནི། ཕུན་ཚོགས་ངོ་མཚར་མཛེས་པའི་གཟུགས་བཀོད་ཀུན། །ཡོངས་བསྒྱུར་ མཚར་སྡུག་ལང་ཚོ་སྒེག་པ་མོ། །གཟུགས་མཆོག་ལེགས་བསྣམས་ལྷ་ཡི་ན་ཆུང་མ། །དཔག་ ཡས་སྤྲུལ་ཏེ་རྡོ་རྗེའི་སྤྱན་ལ་འབུལ། །ༀ་ཨཱཿརུ་པ་པཱུ་ཛི་ཏེ་ཧཱུཾ། སྣ་ཚོགས་རོལ་མོ་སྙན་པའི་སྒྲ་ དབྱངས་ཀུན། །རྟག་པར་རབ་སྒྲོག་རྐིད་མེད་སྒྱུ་རྩལ་འཆང༌། །ཆེས་མཛེས་ལྷ་མོ་དབྱངས་ ལྡན་ངག་གི་དཔལ། །མཁའ་ཁྱབ་ཡོངས་སྤྲུལ་རྡོ་རྗེའི་སྙན་ལ་འབུལ། །ཤསྟ༴ ལྷན་ཅིག་སྐྱེས་ སྦྱར་དྲི་ཆབ་རྒྱུན་བཟང་སྣོ ད། །ཉེར་འཛིན་སྒེག་སྡུག་ཡིད་ལ་མཚར་བའི་སྒོ། །ཅི་ཡང་སྟེར་ བའི་ན་ཆུང་མཛེས་སྡུག་འབར། །མཐའ་ཀླས་ཉེར་བསྐྲུན་རྡོ་རྗེའི་ཤངས་ལ་འབུལ། །གནྡྷེ༴ རོ་མཆོག་བརྒྱ་ལྡན་བཟའ་བཏུང་ཡོངས་སྤེལ་བ། །མཛེས་འཛུམ་ཀུན་ལ་དགའ་བདེ་སྩོལ་ བའི་གཉེན། །རབ་དགྱེས་སྙིང་སྡུག་ལྷ་མོ་དགའ་རྩལ་འདྲེན། །རབ་འབྱམས་རོལ་འདི་རྡོ་ རྗེའི་ལྗགས་ལ་འབུལ། །ར་ས༴ ལྷ་དག་མི་ཡི་རེག་འཇམ་ན་བཟའི་རིགས། །ཀུན་ནས་འགྱེད་ མཁས་ངོ་མཚར་སྙིང་སྡུག་མ། །རེག་བདེའི་དགའ་བ་རྒྱ་མཚོ་ཅི་ཡང་སྤེལ། །མཛེས་མ་དཔག་ མེད་རྡོ་རྗེའི་སྐུ་ལ་འབུལ། །སྤརྴེ༴ བདེ་ཆེན་གསང་བ་དམ་པའི་རྫས་ཀྱི་མཆོག །སྦྱངས་སྤེལ་ སྦར་བའི་ཤ་ལྔ་བདུད་རྩི་ལྔ། །བཅུད་ལྡན་མྱོས་བྱེད་འབུལ་མཁན་མཛའ་ན་མོ། །ཀུན་གསལ་ སྒེག་མོར་ཡོངས་ཁྱབ་དེ་རྣམས་མཆོད། །གུཧྱ༴ མཆོད་ཡུལ་རྒྱ་མཚོའི་བདེ་ཆེན་རབ་རྒྱས་ དང༌། །གང་འདི་བཞེས་ལ་གསང་ཐེག་ཟབ་གསལ་ཟུང༌། །གཉིས་མེད་མཚན་བཅས་མཚན་ མེད་རྣལ་འབྱོར་ཆེ། །སེམས་ཅན་རང་རང་ལ་འཚམས་དེར་སྤྱོད་ཤོག ། གསང་བའི་མཆོད་པ་ནི། དགའ་ཆེན་ཡོངས་སྤེལ་ལས་རྒྱའི་མཛེས་སྡུག་འབར། །ངོ་མཚར་ དག་སྣང་ཡེ་རྒྱའི་འཛུམ་རྒོད་ཅིང༌། །ཕྱག་ཆེན་སྒྱུ་མའི་རོལ་བ་ཅི་ཡང་རྩེན། །དམ་ཚིག་ཕྱག་ ཆེན་གསང་མཆོད་འདི་འབུལ་བཞེས། །ༀ་ཨཱཿཨ་ནུ་རཀྟོ་པཱུ་ཛི་ཏེ་ཧཱུཾ། ཀུན་གསལ་དབང་སྔོན་ དྭངས་པའི་མདངས་རབ་འབྱིན། །རབ་སྙན་རྒྱུད་མངས་སོར་རྩེའི་འཕྲུལ་གྱིས་སྒྲོག །དགའ་ 1-1-351 བའི་དགའ་ཆེན་རབ་སྤེལ་མཛེས་མའི་ཚོགས། །དཔག་ཡས་རང་རིགས་མཆོད་པས་དགྱེས་ བསྐྱེད་མཛོད། །ༀ་ཨཱཿཝཱི་ནི་བཛྲ་ནི་པཱུ་ཛི་ཏེ་ཧཱུཾ། འཛམ་བུའི་ཆུ་བོའི་གསེར་བཟང་གསར་ བའི་མདོག །གླིང་བུའི་སྒྲ་སྙན་མཁའ་དབྱིངས་སུ་བརྡལ་བ། །དགའ་བའི་མཆོག་དགའ་སྟེར་ བའི་ལྷ་མོའི་ཚོགས། །དཔག་ཡས་རང་རིགས་མཆོད་པས་དགྱེས་བསྐྱེད་མཛོད། །ཝཾ་སྱ་བཛྲ་ ནི༴ ཆེས་གསལ་བཻ་ཌཱུར་ཞུན་མའི་དཔལ་ཡོན་ཅན། །རྫ་རྔའི་སྒྲ་དབྱངས་ཀུན་ནས་ལྡི ར་བའི་ གཉེན། །དགའ་བའི་ཁྱད་དགའ་ཆེར་སྤེལ་མཛའ་མོའི་ཚོགས། །དཔག་ཡས༴ མུརྫི་བཛྲ་ནི༴ པདྨ་རཱ་གའི་མདངས་གསལ་ཆེས་མཛེས་པ། །རྔ་ཟླུམ་གདངས་སྒྲའི་རོལ་རྩེད་ཅི་ཡང་འགྱེད། །དགའ་བའི་ལྷན་སྐྱེས་བདེ་སྦྱིན་མོ་ཡི་ཚོགས། །དཔག་ཡས༴ ༀ་ཨཱཿ་མྲ ་ཏཾ་གི་བཛྲ་ནི་པཱུ་ཛི་ཏེ་ ཧཱུཾ། མཛེས་སྡུག་བྱུ་རུའི་མདངས་འོད་འབུམ་སྤྲོ་ཞིང༌། །དགྱེས་བཞད་ཕྱག་རྒྱ་ཅི་ཡང་ལེགས་ བསྒྱུར་བའི། །མཆོག་དགའི་དགའ་བ་ཆེར་རྒྱས་མཛད་མའི་ཚོགས། །དཔག་ཡས༴ ཧ་སྱ་བཛྲ་ ནི༴ ཨིནྡྲ་ནཱི་ལའི་དཔལ་རབ་ཀུན་དགའི་དཔྱིད། །འགྱིང་སྒེག་མཛེས་པའི་རྣམ་འགྱུར་འབུམ་ ལྡན་ཞིང༌། །མཆོག་དགའི་དགའ་བཟང་འཆར་བྱེད་གཉེན་མོའི་ཚོགས། །དཔག་ཡས༴ ལ་ སྱ་བཛྲ་ནི༴ རབ་གསལ་མརྒད་མདངས་བཟང་གཤིས་ནས་ངོམ། །འགྱུར་ཁུག་གླུ་རྟ་སྟོང་གི་ གདངས་སྙན་འཇེབས། །མཆོག་དགའི་ཁྱད་པར་དགའ་སྤེལ་བྱེད་མའི་ཚོགས། །དཔག་ཡས༴ གིརྟི་བཛྲ་ནི༴ ཀརྐེ་ཏ་འདྲའི་དཔལ་འཛིན་མཛེས་སྒེག་ཅན། །སྣ་ཚོགས་སྒྱུ་མའི་གར་གྱི་རྣམ་ རོལ་བ། །མཆོག་དགའི་ལྷན་ཅིག་སྐྱེས་དགའ་མ་ཡི་ཚོགས། །དཔག་ཡས༴ ནྲ ་ཏེ་བཛྲ༴ འོད་ དཀར་ཟླ་གཞོན་གསར་བའི་མདངས་འོད་འབར། །མཛེས་སྡུག་མེ་ཏོག་སྣ་ཚོགས་ཀུན་ནས་ འཐོར། །ཁྱད་དགའི་དགའ་བ་འཕེལ་བྱེད་དགའ་མའི་ཚོགས། དཔག་ཡས༴ པུཥྤེ་བཛྲ་ནི༴ མཁའ་མདོག་འོད་སྣང་མཛེས་པ་ཉེར་འཆར་ཞིང༌། །བདུག་པའི་སྤྲིན་གྱིས་མཁའ་དབྱིངས་ ཡོངས་འགེངས་བྱེད། །ཁྱད་དགའི་མཆོག་དགའ་འདྲེན་མཛད་བསྐྱེད་མའི་ཚོགས། །དཔག་ 1-1-352 ཡས༴ དྷཱུ་པེ་བཛྲ་ནི༴ ཉི་གཞོན་འཆར་ཁའི་མདངས་རབ་གསལ་བའི་གཉེན། །སྣང་གསལ་ འོད་ཟེར་འབུམ་ལྡན་་མེ་བ། །ཁྱད་དགའི་ཁྱད་པར་ཆེས་དགའ་སྤེལ་མའི་ཚོགས། །དཔག་ ཡས༴ ཨ་ལོ་ཀེ་བཛྲ་ནི༴ གཡུ་ལྗོན་ལྡིམ་བག་ལང་ཚོ་ཅི་ཡང་ངོམ། །དྲི་ཡི་ངད་བཟང་རབ་ འཐུལ་ཡོན་ཆབ་སྒྲེང༌། །ཁྱད་དགའི་ལྷན་སྐྱེས་ཡོངས་སྤེལ་བདེ་མའི་ཚོགས། །དཔག་ཡས༴ གནྡྷེ་བཛྲ་ནི༴ ཀུ་མུད་ཚལ་མདངས་སྣང་འོད་རབ་གསལ་བ། །ངོ་མཚར་གཟུགས་བཟང་ འབུམ་འགྱེད་སྤྲུལ་པའི་གར། །ལྷན་སྐྱེས་དགའ་བ་སྐྲུན་བྱེད་ཡུམ་ཆེན་ཚོགས། །དཔག་ཡས༴ རུ་པ་བཛྲ་ནི༴ ཤིང་འབྲས་བིམ་པ་ལེགས་སྨིན་རྒྱས་པའི་མདངས། །ཟག་མེད་རོ་མཆོག་ཅི་ ཡང་སྤེལ་བའི་གཉེན། །ལྷན་སྐྱེས་མཆོག་དགའི་ཀློང་ཆེན་གྲགས་མོའི་ཚོགས། །དཔག་ཡས༴ ར་ས་བཛྲ་ནི༴ ལྗོན་བཟང་མཛེས་པའི་དཔལ་ཡོན་ལེགས་འབར་བ། །རྨད་བྱུང་རེག་བདེ་ ཡོངས་སུ་དར་བའི་དཔྱིད། །ལྷན་སྐྱེས་ཁྱད་སྤེལ་ཐིག་ལེ་མཆོག་མའི་ཚོགས། །དཔག་ཡས༴ སྤརྴེ་བཛྲ་ནི༴ མུ་ཏིག་མཛེས་འབར་འོད་བཟང་དྲ་བ་ཅན། །ཆོས་ཀྱི་འབྱུང་གནས་ཕྱག་ཆེན་ རབ་རྒྱས་དཔལ། །ལྷན་སྐྱེས་ཟུང་འཇུག་སྤེལ་བྱེད་བདག་མའི་ཚོགས། །དཔག་ཡས་རང་ རིགས་མཆོད་པས་དགྱེས་བསྐྱེད་མཛོད། །ༀ་ཨཱཿདྷརྨ་དྷཱ་ཏུ་བཛྲ་ནི་པཱུ་ཛི་ཏེ་ཧཱུཾ། གཞན་ཡང་གཤེགས་སྙིང་གཞི་ལ་བྱང་སེམས་ཟུང༌། །ཡོན་ཆབ་དགེ་བཅུའི་མེ་ཏོག་སྡོམ་ གསུམ་སྤོས། །སྤྱན་མངོན་སྒྲོན་མེ་ཚངས་གནས་དྲི་སྙོམས་འཇུག །ཞལ་ཟས་མཁས་གསུམ་ རོལ་མོ་ཀུན་ཀྱང་མཆོད། །རིམ་གཉིས་འབྱུང་བཞིར་བྱང་ཆོས་རི་གླིང་མཛེས། །ཟུང་འཇུག་ ཉི་ཟླ་ཚོགས་གཉིས་འཁོར་ཡུག་ཅན། །དབང་བཅུའི་གཏེར་ཆེན་ས་ལམ་མ་རྨོས་འབྲས། །ཕར་ཕྱིན་སྡོང་པོ་བསྡུ་བཞིའི་བ་རྣམས་འབུལ། །གཟུངས་སྤོབས་མཚན་དཔེའི་གོས་རྒྱན་ ཟག་བྲལ་གྱི། །ཕུང་པོའི་འདོད་ལྔ་འཕགས་ནོར་རྒྱལ་སྲི ད་བདུན། །རྣམ་ཐར་རྫས་བརྒྱད་ སྐུ་བཞི་སྟོབས་བཅུ་ཡི། །རྒྱལ་མཚན་མི་འཇིགས་རྣམ་བཞིའི་གདུགས་རྣམས་མཆོད། །མ་ 1-1-353 འདྲེས་བ་དན་ཟིལ་གནོན་རྔ་ཡབ་གཡོ། །སྟོང་ཉིད་བཅུ་དྲུག་རིག་མ་གྲུབ་ཆེན་བརྒྱད། །དེ་ བཞིན་དབང་ཕྱུག་ཕྲིན་ལས་བཞིས་མཛེས་པའི། །མཆོག་གི་དངོས་གྲུབ་འཁོར་སྒྱུར་དམ་པ་ འབུལ། །གཞི་དབྱིངས་རྣམ་ཀུན་མཆོག་ལྡན་ཡེ་བཞུགས་པ། །བདེན་གཉིས་ལམ་བཟང་ ཟག་བྲལ་ཡེ་ཤེས་སྒོ། །གཞི་ཉིད་དགོངས་ཆུབ་འབྲས་མཆོག་མངོན་གྱུར་པ། །རྣམ་གསུམ་ རྫོགས་ལྡན་ཕུལ་བྱུང་ཀུན་ནས་མཆོད། །ངེས་དོན་ཞིང་གིས་མཆོད་སྤྲིན་ལེགས་བཞེས་ཀྱིས། །སྐལ་བཟང་རིམ་གཉིས་དཔལ་སྒོ་ཡོངས་རྒྱས་ཏེ། །བདེ་སྟོང་ཟུང་འཇུག་དབྱར་གྱི་ཆུ་གཏེར་ བཞིན། །ཀུན་ནས་འཕེལ་ཁ་ནམ་ཡང་ཉམས་མེད་ཤོག ། དེ་ཁོ་ན་ཉིད་མཆོད་ནི། གང་ཞིག་ཀུན་རྫོབ་ཀྱིས་བསྡུས་འགྲོ་བ་ཀུན། །ཆུ་ཟླ་ཇི་བཞིན་ཐོས་ པ་བྲག་ཆར་མཚུངས། །མྱ་ངན་སེམས་བཅས་སྨིག་རྒྱུ་བཟའ་བཏུང་མཁའ། །དྲི་རྣམས་ནམ་ མཁའི་མེ་ཏོག་འདྲ་བས་མཆོད། །རང་བཞིན་གཤིས་ལུགས་རྣམ་བཀོད་གཞོན་ནུ་མའི། །པྲ་ ཕབ་ཇི་བཞིན་ལྷན་སྐྱེས་བདེ་སྟོང་གཟུགས། །སྲི ད་བྲལ་བསམ་མི་ཁྱབ་པར་རྟག་འཆར་བ། །དོན་དམ་རྣམ་ཀུན་རང་གསལ་བདེན་ངེས་འདི། །ཆོས་སྐུའི་དགོང་ཀློང་རོ་མཉམ་དུ་འབུལ་ ན། །སྤྲོས་བྲལ་ཞི་བའི་དེ་ཉིད་རང་མདངས་སུ། །འགག་མེད་འཁོར་འདས་སྲོག་ཆེན་དྭངས་ མར་ཤར། །གནས་ལུགས་རབ་དགྱེས་ཡེ་ཤེས་མཆོག་མངོན་མཛོད། །ཡང་དག་ངེས་པ་ལ་ བརྟེན་རང་སྣང་ཞིང༌། སྐུ་གསུམ་གདོད་མའི་ངོ་བོར་གཤིས་བཞུགས་པ། །འོད་གསལ་འཕོ་ མེད་དབྱིངས་སུ་གློ་བུར་ཆོས། །ཀུན་ཟད་ཆོས་ཉིད་གཉུག་མ་གཅིག་འཆར་ཤོག ། དེ་ལྟ་བུའི་མཆོད་པ་རྒྱས་པའི་མཐར་བསྟོད་པ་ཟུར་བ་ནི། དཔལ་ལྡན་ཡེ་ཤེས་འཁོར་ལོ་མི་ཟད་ གཏེར། །རང་བྱུང་གདོད་མ་དང་པོའི་སངས་རྒྱས་ཉིད། །རྟག་བརྟན་ཐེར་ཟུག་ཀུན་ཁྱབ་རྣམ་ ཀུན་བདག །ཡེ་བཞུགས་ཐོག་མའི་མགོན་ལ་གུས་པས་བསྟོད། །བདེ་སྟོང་ཟུང་འཇུག་རིགས་ ཀུན་འདུས་པའི་དཔལ། །ཆོས་དབྱིངས་གསུང་གི་དབང་ཕྱུག་གང་འདུལ་གར། །ངོ་མཚར་ 1-1-354 སྒྱུ་མའི་རོལ་ཆེན་དུས་འཁོར་ལོ། །གསང་གསུམ་དཀྱིལ་འཁོར་གཙོ་ལ༴ ཆུ་ཁམས་གཞན་ མཆོག་བདེ་གཤེགས་སྣང་མཐའ་ཡས། །གོས་དཀར་ལྷ་མོ་ཟུང་འཇུག་དགའ་ཆེན་འཕྲུལ། །དཀར་དམར་འོད་བཟང་དང་འདྲེས་རྩེད་འཇོ་ངོམ། །རྒྱལ་བ་ཡབ་ཡུམ་ཟུང་ལ༴ ཐབས་ ཤེས་གང་སྤྲུལ་སེམས་དཔའ་འཇིག་རྟེན་དབང༌། །རོ་མཆོག་རྡོ་རྗེ་མ་ཡིས་དགྱེས་བསྐྱེད་པ། །རྒྱལ་སྲས་དཔའ་བོ་དཔའ་མོའི་མཛེས་གཟུགས་འཛིན། །གང་འདུལ་མཛད་བཟང་འཆང་ ལ༴ སེམས་དཔའ་ཡབ་ཡུམ་སྤྲུལ་པའི་རོལ་གར་མཆོག །པདྨ་དཀར་པོ་ལྷ་མོ་སྒྲོལ་མ་ཟུང༌། །སྔགས་རིག་ཞིང་གི་རྒྱལ་པོ་ཡབ་ཡུམ་ཚུལ། །རྒྱུད་དགོངས་ལེགས་བཀྲལ་མཛད་ལ༴ རིགས་ ལྡན་ཆོས་ཀྱི་དབང་ཕྱུག་ཐུགས་རྗེའི་འཕྲུལ། །སྙིགས་འགྲོ་མགོན་མེད་རྫོགས་ལྡན་ཟབ་ཆོས་ ཀྱིས། །ལེགས་འདུལ་བྱེད་པོ་རྟོན་པ་བཞི་ལྡན་དུ། །སྤྲུལ་པའི་སྐུ་མཆོག་རྗེ་ལ་གུས༴ གང་ ཉིད་སྔོན་ནས་མངོན་རྫོགས་བྱང་ཆུབ་པས། །རང་དོན་མཛད་མཐར་ཕྱིན་ཀྱང་གང་འདུལ་ གྱིས། །གཞན་ཕན་སྤྲུལ་པའི་ཟློ ས་གར་མཐའ་ཡས་པ། །སྣ་ཚོགས་མཛད་བཟང་མངའ་བར་ གུས་པས་བསྟོད། །འདིར་སྤྲོ་ན་ཀུན་མཁྱེན་སྐྱེས་རབས་རྣམ་ཐར་ཡོངས་རྫོགས་འདོན་ཆོག དེ་མིན་སྣེ་མཐུད་དུ་ ལྷན་ཐབས་དཀྱུས་བསྟོད་མགོ་ནས་བཟུང་མཇུག་བར་རྫོགས་པར་བྱ། དེ་འདྲའི་མཆོད་པ་དཀྱུས་མ་ཉེར་སྤྱོད་གྲངས་ མང་བསོག་པའི་སྐབས་ཟུར་འདེབས་མཆོད་པ་ཅི་འོས་སྐབས་དང་སྦྱར་ཉེར་སྤྱོད་ཤར་རྒྱུག་དུས་ཐམས་ཅད་ཚང་ བར་བྱ་ཞིང༌། གང་ལྟར་གོང་སྨོས་ཕྱི་མཆོད་རྣམས་མཆོད་ཡུལ་དག་གི་གཟུགས་སྐུའི་ཉེར་སྤྱད་དང་བདག་བཟུང་གི་ ཆེད་དང༌། དེ་བཞིན་ནང་མཆོད་དབང་པོ་སྒོ་ལྔའི་མཁྱེན་པ་དང་ཐུགས་དགྱེས་ཙམ་གྱི་ཕྱིར་དང༌། གསང་མཆོད་མི་ འགྱུར་བདེ་བ་སྤྱི་དང་ཁྱད་པར་དགའ་བ་བཅུ་དྲུག་རྒྱས་བྱེད་དང༌། དེ་ཁོ་ནའི་མཆོད་པ་གནས་ལུགས་ཆོས་སྐུ་ཆེས་ གསལ་གྱི་དོན་དུ་གཙོ་བོར་འབུལ་དགོས་ཤིང༌། དེ་ནས་རིམ་པར་བླ་མ་རྒྱང་འབོད་གསོལ་འདེབས་རྣམས་ཀྱང་ཅི་ རིགས་དང༌། ཚོགས་མཆོད་རྒྱས་བསྡུས་གང་འཚམས་སོགས་སྐབས་སུ་གང་བབ་མཆོད་ཐབས་ལྷན་དཀྱུས་ལྟར་ མཐར་དབྱུང་བས་འཐུས་སོ། ། 1-1-355 གཉིས་པ་རྣམ་ཐར་བཀླག་ཆོག་ཟུར་གསལ་ནི། རྟེན་དང་མཆོད་པ་ཇི་འབྱོར་བཤམས་ལ་ཐོག་མར་སྤྲོ་ན་ ལྷན་ཐབས་ལྟར་མགོ་ནས་བཟུང་མཆོད་རྫས་བྱིན་རླབས་ཡན་དང་ཡང་ན་མཆོད་རྫས་བྱིན་རླབས་ཙམ་བཏང་བའི་ མཐར་སྐྱབས་སེམས་ནི། དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །རིགས་ལྡན་སྤྲུལ་པའི་སྐུ་ ལ་སྐྱབས་སུ་མཆི། །འགྲོ་ཀུན་རྫོགས་ལྡན་ལམ་ལ་ཉེར་འགོད་ཕྱིར། །ཆོས་རྗེ་བླ་མའི་རྣམ་ ཐར་གསུང་བསྒྲག་བགྱི། །ལན་གསུམ་སོགས་བྱ། དེ་ནས་དག་སྣང་གིས་ཡུལ་བསྐྱེད་ནི། ཨེ་མ་ཧོ། ངོ་ མཚར་དག་སྣང་བཀོད་ཆེན་རོལ་པའི་རྒྱན། །ཆོས་སྐུ་བདེ་གཤེགས་སྙིང་པོའི་ཆོ་འཕྲུལ་ལས། །མཁའ་དབྱིངས་རྨད་བྱུང་འཇའ་ཟེར་འཁྲིགས་པའི་ཀློང༌། །སྐད་ཅིག་རང་གསལ་པད་ཟླའི་ གདན་གྱི་སྟེང༌། །ཀུན་མཁྱེན་ཆོས་རྗེ་དཀར་ལ་དམར་བའི་མདངས། །རིགས་ལྡན་བླ་མ་བླ་ ཆས་ཡོངས་སུ་རྫོགས། །འོད་བཟང་ཕུང་པོའི་དབུས་ན་དགྱེས་བཞུགས་པ། །འདས་དང་མ་ འོངས་ད་ལྟ་དུས་གསུམ་དུ། །སངས་རྒྱས་སློབ་པ་སེམས་ཅན་ཕལ་བ་དང༌། །བརྟན་གཡོའི་ རིགས་གྱུར་སྣ་ཚོགས་སྤྲུལ་གར་གྱིས། །གང་འདུལ་སྣང་ངོར་མཛད་བཟང་བསམ་མི་ཁྱབ། །གསང་གསུམ་ཡོན་ཏན་རྣམ་པར་ཐར་པའི་ཚུལ། །རྡོ་རྗེའི་ཚིག་གི་སྒྲ་དབྱངས་མཁའ་ཁྱབ་ ཏུ། །ཆོས་རྗེ་མཆོག་གི་དགོངས་ཆེན་བྱིན་སྟོབས་ཀྱིས། །ལེགས་པར་ཡོངས་གྲགས་མཐུ་ཡིས་ འགྲོ་ཀུན་ལ། །གནས་སྐབས་མཐར་ཐུག་དཔལ་ཡོན་རྒྱས་པར་གྱུར། ། ཕྱག་འཚལ་བ་ནི། དེ་བཞིན་གཤེགས་ཀུན་དོན་དམ་གཟུགས་སྐུའི་འཕྲུལ། །ཆོས་རྗེ་བླ་མའི་ སྐུ་ཡི་རྣམ་པར་ཤར། །ནམ་མཁའ་རབ་འབྱམས་ཀུན་ཏུ་རྣམ་སྤྲུལ་འགྱེད། །གཤེགས་སྙིང་སྐུ་ མཆོག་རྡོ་རྗེ་ལ་ཕྱག་འཚལ། །མ་ལུས་རྒྱལ་བའི་གསུང་གི་དབང་ཕྱུག་ཆེ། །རིགས་ལྡན་སྤྲུལ་ པའི་ངག་གི་རྣམ་པར་ཤར། །གང་འདུལ་གཞོམ་མེད་ནཱ་དའི་དབྱངས་ཁྱབ་པ། །གཤེགས་ སྙིང་གསུང་མཆོག་རྡོ་རྗེ་ལ་ཕྱག་འཚལ། །སངས་རྒྱས་ཐམས་ཅད་ཆོས་སྐུའི་གཤིས་ལུགས་ ལས། །ཀུན་མཁྱེན་ཡེ་ཤེས་ཐུགས་བཟང་དམ་པར་སྤྲུལ། །གདུལ་བར་བྱ་བའི་ཁམས་དབང་ 1-1-356 ཀུན་གཟིགས་ཤིང༌། །གཤེགས་སྙིང་ཐུགས་མཆོག་རྡོ་རྗེ་ལ་ཕྱག་འཚལ། ། མཆོད་པ་འབུལ་བ་ནི། རྙོག་བྲལ་གཙང་མའི་ཡོན་ཆབ་མཐའ་དག་དང༌། །ཨུཏྤལ་ཀུ་མུད་ ལ་སོགས་མེ་ཏོག་ཕྲེང༌། །ཨ་གར་ཙན་དན་རིགས་སོགས་བདུག་སྤོས་ཀུན། །ཆོས་རྗེ་བླ་མ་ ལ་འབུལ་ཐུགས་རྗེས་བཞེས། །ཉི་ཟླ་ནོར་བུ་ལ་སོགས་མུན་སེལ་ཚོགས། །ག་བུར་གླ་རྩི་ལ་ སོགས་དྲི་བཟང་ཆུ། །འབྲས་ཆན་ཀ་ར་སོགས་ཀྱི་ཞལ་ཟས་བཅུད། །རོལ་མོ་སྒྲ་སྙན་ཚོགས་ ཀུན་ཆོས་རྗེ་མཆོད། །ༀ་ཨརྒྷཾ་པུཥྤེ་ནས་ཤབྟ་ཨཱཿཧཱུཾ། མཚར་སྡུག་ཡིད་འོང་ལྷ་མིའི་སྣོ ད་ཀྱི་ མཆོག །ནང་བཅུད་སྐྱེ་འགྲོའི་ཁ་རྗེ་དར་བའི་དཔལ། །ཕྱི་ཡི་མཎྜལ་སྤྲུལ་སྐུའི་བླ་མར་འབུལ། །གསང་ཆེན་རིམ་པ་དང་པོ་མྱུར་སྐྱེ་མཛོད། །རྡོ་རྗེའི་ལུས་བཟང་རྩ་ཁམས་དྭངས་མའི་གཞིར། །རླུང་ཐིག་རྩལ་རབ་འབར་བའི་མཛེས་བཀོད་ཆེ། །ནང་གི་མཎྜལ་ལོངས་སྐུའི་བླ་མར་ འབུལ། །རིམ་པ་གཉིས་པས་རྫོགས་རིམ་ལེགས་འཁྲུང་མཛོད། །ཀུན་རྫོབ་ཆོས་ཀྱི་གཞི་ལ་ དོན་དམ་ཁམས། །གཞི་འབྲས་དབྱེར་མེད་ཡོན་ཏན་ཡེ་བཞུགས་པ། །གསང་ཆེན་མཎྜལ་ ཆོས་སྐུའི་བླ་མར་འབུལ། །དགོངས་ཆེན་དེ་ཉིད་ཇི་བཞིན་མྱུར་མངོན་མཛོད། །ཏྲཾཿགུ་རུ་རཏྣ་ མཎྜལ་ཀཾ་ནིརྱ་ཏ་ཡ་མི། སྡིག་པ་བཤགས་པ་ནི། བདག་གིས་མི་ཤེས་མ་གུས་ཉོན་མོངས་དབང༌། །ཐོག་མ་མེད་ནས་ ལུས་ངག་ཡིད་གསུམ་སྒོས། །མི་དགེ་བཅུ་ཡི་སྡིག་ལས་གང་བགྱིས་པ། །ཆོས་རྗེ་བླ་མའི་ དྲུང་དུ་སྙིང་ནས་བཤགས། །སྡིག་པ་ཚབས་ཆེན་མཚམས་མེད་ཉེ་བ་ལྔ། །ལས་ངན་དེ་དག་ གང་དང་གང་འབྲིལ་བ། །རྣམ་དཀར་དགེ་འཇོམས་འབག་ཚད་དེ་རིང་ནས། །ཞེ་གནོང་ དང་བཅས་བཤགས་ལ་སླར་སྡོམ་བགྱིད། །སོར་ཐར་འདུལ་ཁྲིམས་ཕམ་ལྷག་ལྟུང་སོགས་ སྒོ། །བྱང་སེམས་རྩ་ལྟུང་ཉེས་བྱས་སྡེར་གཏོགས་པ། །གསང་ཆེན་རྩ་བའི་ལྟུང་བ་སྦོ མ་ཉེས་ སོགས། །བསླབ་གང་འགལ་རྣམས་འཆགས་ཤིང་དག་མཛད་གསོལ། ། 1-1-357 རྗེས་སུ་ཡི་རང་བ་ནི། ཆོས་སྐུ་དོན་དམ་སངས་རྒྱས་དགོངས་ཆེན་དང༌། །རང་སྣང་ཡེ་ཤེས་ རོལ་པ་ཟད་མེད་དཔལ། །རབ་དཀར་ཆེས་མཆོག་དགེ་བ་དྲི་བྲལ་ཚོགས། །ཀུན་ནས་དགའ་ བའི་འཁོར་ལོ་རྗེས་ཡི་རང༌། །ལོངས་སྤྱོད་རྫོགས་སྐུའི་བཀོད་ཆེན་ངོ་མཚར་བ། །ས་བཅུའི་ སེམས་དཔའི་འཁོར་ལ་ཟབ་གསང་འགྱེད། །རྟག་པར་བསོད་ནམས་བསགས་སྒོ་མཆོག་གི་ ཕུལ། །ཁྱད་པར་འཕགས་པའི་མཛད་ཆེན་ལ་ཡི་རང༌། །གང་འདུལ་ཡིད་ཀྱི་རྗེས་འགྲོ་སྤྲུལ་ པའི་གར། །རང་རང་དང་འཚམས་རྣམ་དཀར་ལམ་དུ་བཀྲི ། །ཚུལ་དེས་རིགས་ཅན་གསུམ་ ལ་ཉེར་འགོད་པ། །རྨད་བྱུང་ལེགས་དགེར་རྗེས་སུ་ཡི་རང་ངོ༌། ། ཆོས་འཁོར་བསྐོར་བསྐུལ་ནི། སྟོན་འཁོར་གཉིས་མེད་ཡང་དག་ཆོས་ཟབ་རྒྱུན། །ཀུན་ནས་ ཆད་མེད་འཁོར་བ་ཇི་སྲི ད་དུ། །བསམ་མི་ཁྱབ་པའི་དགེ་མཚན་རྟག་འབར་བ། །ནམ་ཡང་ རིས་སུ་བྲལ་བར་གཤིས་ལུགས་སྐྱོངས། །ལོངས་སྐུས་འཁོར་ལ་ཐེག་ཆེན་ཆོས་ཀྱི་སྒྲ། །རྒྱུན་ སྒྲོག་ཐབས་ཤེས་ལམ་ཆེན་ཡོངས་འཕེལ་བ། །བྱང་ཆུབ་སྙིང་པོའི་བར་དུ་ཟད་མེད་རྒྱན། །ཡིད་སྨོན་གུས་པས་ལེགས་པར་གསོལ་བ་ལགས། །སྤྲུལ་སྐུས་རིགས་ཅན་ཁམས་དབང་ མཐུན་པའི་ཆོས། །རང་རང་ལ་ཡང་དེར་འཚམས་རེ་སྐོ ང་གིས། །སྲི ད་མཐའི་བར་དུ་གདུལ་ བྱ་རྗེས་བཟུང་ལ། །གང་འོས་ཆོས་འཁོར་ཆད་མེད་སྐོར་བར་བསྐུལ། ། མི་འདར་གསོལ་འདེབས་ནི། ཡེ་བཞུགས་ཆོས་སྐུས་རང་སྣང་མཛད་བཟང་སྒོ། །རྟག་པར་མི་ བསྡུ་འབད་མེད་རོལ་པའི་རྒྱན། །ཟབ་ཀློང་ཉག་གཅིག་ཀུན་ཁྱབ་ཏུ་བརྡལ་ཏེ། །ཕྱོགས་རེས་ འདའ་ཚུལ་མི་མཛད་རིང་བཞུགས་གསོལ། །ལོངས་སྤྱོད་རྫོགས་སྐུས་སྐལ་བཟང་དགོངས་ འཚམས་སུ། །ཡེ་ཤེས་རོལ་ཆེན་བསམ་ཁྱབ་དཀའ་བའི་ཚུལ། །རིས་མེད་ཀུན་ལ་སྙོམས་ པའི་ལེགས་བརྡལ་དཔྱིད། །རྟག་པར་རྒྱན་གྱི་འཁོར་ལོར་འཆར་བར་མཛོད། །དག་དང་མ་ དག་ཞིང་གཙོ་སྤྲུལ་པའི་སྐུས། །སྣ་ཚོགས་འཁོར་ལ་དེར་སྣང་སྒྱུ་མའི་གར། །ཕུན་ཚོགས་སྣང་ 1-1-358 བ་ཀུན་ནས་ནུབ་མེད་པར། །དཔལ་ཡོན་སྲི ད་མཐར་བཞད་པའི་མཛད་ཆེན་སྐྱོངས། །དཔལ་ ལྡན་བླ་མ་ཆོས་རྗེའི་མཐུ་བྱིན་གྱིས། །གང་གི་གསང་གསུམ་རྣམ་ཐར་སྒྲ་དབྱངས་ཟིལ། །རབ་ བསྒྲག་མཐུ་ཡིས་རླབས་ཆེན་བྱིན་རླབས་སྒོ། །སྒྲུབ་མཆོག་ཡོངས་ལ་འཕྲལ་དུ་གཡེལ་མེད་ མཛོད། །འདིར་ཀུན་མཁྱེན་རྣམ་ཐར་སྐྱེས་རབས་རྒྱས་པ་དབུ་ནས་མཇུག་བར་ཡོངས་རྫོགས་བཏང་ཞིང་གྲངས་ བསོག་དགོས་ནའང་བྱ། མཐར་བསྔོ་བ་ནི། ཕུན་ཚོགས་དག་སྣང་ཡུལ་བཞུགས་ཆོས་རྗེའི་ཚོགས། །ལེགས་དགོངས་ སྨོན་ལམ་འགྲུབ་པའི་དཔང་པོར་མཛོད། །རབ་དཀར་གསང་གསུམ་རྣམ་ཐར་གསུང་ བསྒྲགས་མཐུས། །ཡོངས་བསྔོ་དགེ་བའི་ལེགས་མཚན་དུས་སྨིན་ཤོག །རྟོན་བཞི་ལྡན་པའི་ རང་ལུགས་དྲི་མ་མེད། །ཀུན་རྫོབ་མཐའ་དག་རང་ངོས་ནས་སྟོང་ཞིང༌། །དོན་དམ་གཤིས་ ལུགས་གདོད་ནས་ཐེར་ཟུག་པ། །གློ་བུར་ཆོས་གཞན་སྟོང་ཚུལ་ལེགས་རྟོགས་ཤོག །ཀུན་ རྫོབ་བདེན་པ་རྣམ་ཤེས་འཁྲུལ་ངོའི་ཡུལ། །དོན་དམ་ཡེ་ཤེས་མཆོག་གི་གཟིགས་ངོར་བདེན། །ཆོས་ཀྱི་གནས་ཚུལ་བདེན་པ་ཟུང་གི་ལུགས། །འཇོག་མཚམས་ཇི་བཞིན་ལོག་རྟོགས་མ་ གྱུར་ཅིག །རང་བཞིན་གཤེགས་སྙིང་གཞི་རུ་ཡེ་བཞུགས་པ། །གདོད་ནས་དག་ཆེན་འཁོར་ འདས་སྲོག་གི་བཅུད། །དོན་དམ་རྣམ་པ་ཀུན་གྱི་མཆོག་ལྡན་ཁམས། །རྒྱལ་ཀུན་ཆོས་སྐུ་ ཉག་གཅིག་མྱུར་མངོན་ཤོག །དེ་ཉིད་རང་གསལ་རྗེན་པར་འཆར་བའི་ཐབས། །མི་རྟོག་ཡེ་ ཤེས་གཙོར་གྱུར་ཚོགས་གཉིས་ལམ། །སློབ་པར་སྒོ་རྒྱ་ཀུན་ནས་བསྐྱེད་པའི་འཕྲུལ། །གཉུག་ མ་དཔྱིས་ཕྱིན་རྟོགས་བྱེད་མཆོག་གྱུར་ཅིག །ལྷུན་གྲུབ་ཡེ་གཞི་འབྲས་བུར་ལེགས་མངོན་ སྐབས། །དོན་ཀྱི་དམ་པ་འགལ་འདུ་ཀུན་ཟད་དབྱིངས། །སྤྲོས་མཐའ་བྲལ་བ་སྐུ་གསུམ་ཡེ་ ཤེས་ཀློང༌། །འབད་མེད་དོན་གཉིས་མཁའ་དང་ཡོངས་མཉམ་ཤོག །རྟོན་པ་བཞི་ལྡན་བཞེད་ དགོངས་མཐར་ཐུག་པ། །སྟོང་པ་བདེན་གཉིས་གཞི་ལམ་འབྲས་བུའི་ཚུལ། །གསུམ་ལྡན་ 1-1-359 མར་བཅད་རྫོགས་ལྡན་ལུགས་བཟང་ཉིད། །འདིར་བརྟེན་བསམ་སྒོམ་ཕ་མཐར་ཕྱིན་གྱུར་ ཅིག །ཚུལ་དེས་དུས་ཀྱི་རྒུད་པ་ཀུན་བསལ་ཏེ། །འཛམ་གླིང་བྱེ་བ་ཕྲག་བརྒྱར་དགེ་མཚན་ འབར། །ནང་དབྱིངས་དང་པོའི་སངས་རྒྱས་ལེགས་མངོན་སྒོ། །ཀུན་གྱིས་ཕན་ཚུན་སྐལ་ མཉམ་མྱུར་སྤྱོད་ཤོག །ཐམས་ཅད་གསང་ཆེན་སྔགས་རིག་ཞིང་དུ་གྱུར། །འོད་གསལ་རྣལ་ མའི་དགོངས་དོན་བྱང་ཆུབ་སྟེ། །དཔལ་ལྡན་གཞི་རྒྱུད་དོན་ལ་དབང་འབྱོར་ཞིང༌། །མ་ལུས་ མཐར་ཐུག་གནས་ལུགས་སྤྱོད་གྱུར་ཅིག །ལེགས་དགེ་ཀུན་འབྱུང་དོན་དམ་སྐྱབས་ཀྱི་ཕུལ། །རང་བཞིན་གཤིས་ལུགས་རིན་ཆེན་རྣམ་གསུམ་མཐུས། །གང་སྨོན་དཔལ་ཡོན་དེ་ལུགས་ བཞིན་གྱུར་ཏེ། །ཕུན་ཚོགས་སྒོ་ལ་གེགས་ཀུན་བྲལ་བར་ཤོག །ཅེས་པས་བསྔོ་སྨོན་བྱ་ཞིང༌། མཇུག་ཏུ་བསྟན་འབར་མ་བྱེད་པར་སྤྲོ་ན། སྟོབས་བཅུའི་དབང་ཕྱུག་བདུད་བཞིའི་གཡུལ་རྒྱལ་ བ། །ཤཱཀྱ་སེང་གེའི་དགོངས་པ་མཐར་ཐུག་མཆོག །ཇི་བཞིན་ལེགས་པར་བཀྲོལ་བའི་ཤིང་ རྟ་ཆེ། །རིགས་ལྡན་སྤྲུལ་སྐུའི་རང་ལུགས་འབར་གྱུར་ཅིག །ཆོས་ཀྱི་གནས་ལུགས་བདག་ མེད་རགས་པའི་སྒོ། །བདེན་བཞིའི་རྣམ་པས་ཇི་བཞིན་གཏན་ལ་ཕབ། །ཡང་དག་ཞི་འགོག་ འདུས་མ་བྱས་པའི་དབྱིངས། །ཐར་པ་མངོན་བྱེད་ཚུལ་དེ་རྒྱས་གྱུར་ཅིག །ཟབ་མོའི་གནས་ ལུགས་སྤྲོས་བྲལ་དེ་བཞིན་ཉིད། །མཁྱེན་གསུམ་སྦྱོར་བཞིའི་ཚུལ་གྱིས་ཉེར་མངོན་ཏེ། །ཟབ་ དང་རྒྱ་ཆེའི་མངོན་རྟོགས་རོལ་བ་ཡིས། །ཤེར་ཕྱིན་མཆོག་གི་ལུགས་བཟང་འབར་གྱུར་ཅིག །དོན་དམ་སྤྲོས་མེད་དབྱིངས་ནས་ཆེས་གསལ་བའི། །སྣང་ཆ་རྣམ་པ་ཀུན་ཏུ་དར་པའི་དཔྱིད། །རང་གཤིས་འཛིན་བྲལ་ཉིད་དུ་མངོན་པའི་ལམ། །ཡང་ཟབ་དགོངས་ཆེན་སྲོལ་བཟང་རྒྱས་ གྱུར་ཅིག །རྒྱུ་དང་འབྲས་བུའི་མཐར་ཐུག་གནས་ལུགས་ཉིད། །སྟོང་པ་བདེ་ཆེན་རྣམ་ཀུན་ འཁོར་ལོའི་བདག །དེ་མངོན་བྱེད་པའི་ལམ་ལ་བུལ་མྱུར་ཁྱད། །མདོ་སྔགས་ཆོས་ཚུལ་དེ་ ལུགས་འབར་ཅིག །གང་ལྟར་གཞི་འབྲས་དབྱེར་མེད་ཉག་གཅིག་པུ། །རྒྱུ་འབྲས་ལམ་གྱིས་ 1-1-360 རང་འཚམས་མངོན་བྱས་ནས། །གཤེགས་སྙིང་ཁམས་ལ་རིམ་པ་དེ་ཇི་བཞིན། །ཉེ་བའི་ཚུལ་ གྱི་ཆོས་ལུགས་རྒྱས་གྱུར་ཅིག །ཕར་ཕྱིན་ཐེག་པའི་གཞི་ལམ་འབྲས་བུའི་ཚུལ། །རྒྱལ་ཚབ་ མི་ཕབ་དགོངས་འགྲེལ་ལ་བརྟེན་ནས། །ཆོས་རྗེ་མཆོག་གིས་ལེགས་བཀྲལ་རྫོགས་ལྡན་ ལུགས། །ལུང་རིགས་འོད་སྟོང་གཟི་བརྒྱ་འབར་གྱུར་ཅིག །གསང་ཆེན་ཐེག་མཆོག་རྣམ་ གསུམ་ཆོས་ཀྱི་ལུགས། །སེམས་དཔའི་དགོངས་འགྲེལ་ཟབ་དོན་ལེགས་ཆུབ་སྟེ། །ཀུན་ མཁྱེན་ཆེན་པོས་གསང་སྔགས་རྫོགས་ལྡན་ཕྱེ། །ཁྱད་འཕགས་ལུགས་བཟང་ཀུན་ནས་རྒྱས་ གྱུར་ཅིག །རྟོན་བཞི་ལྡན་པའི་རང་ལུགས་ཕུལ་བྱུང་དོན། །རྗེ་དངོས་དང་འདྲའི་བུ་ཆེན་ གང་དག་གིས། །དྲི་བྲལ་ལུང་རིགས་ལམ་ནས་ཆེར་སྤེལ་བ། །ནམ་ཡང་ཉམས་མེད་སྲི ད་ མཐར་འབར་གྱུར་ཅིག །ངེས་དོན་ཟབ་མོའི་བརྒྱུད་འཛིན་སྤྱི་དང་ནི། །ཁྱད་པར་ཐེག་ཆེན་ རྫོགས་ལྡན་སྒོ་ཕྱེ་བ། །གསང་བདག་སྒྲོལ་མགོན་ཐུགས་སྲས་དང་བཅས་པས། །ཡོངས་སུ་ སྤེལ་བའི་ལུགས་དེ་རྒྱས་གྱུར་ཅིག །གང་དེ་མདོ་སྔགས་ཟབ་བཀའི་ལུང་མང་དང༌། །གནས་ ལུགས་ཡོངས་རྟོགས་མཉམ་བཞག་གཟིགས་ངོ་ལྟར། །ཇི་བཞིན་ལེགས་འཐད་རིགས་ལམ་ ཡང་དག་གིས། །གྲུབ་པའི་ངེས་དོན་རང་ལུགས་འབར་གྱུར་ཅིག །དེ་དོན་ཇི་བཞིན་གོང་མིའི་ བརྒྱུད་རིམ་ལས། །རྣལ་འབྱོར་སྒྲུབ་པ་གཙོ་བོས་ལྷུར་བཞེས་མཛད། །དངོས་རྒྱུན་མ་ཆད་ རྩ་བའི་བླ་མའི་བར། །ཉམས་མྱོང་བསླུ་མེད་ཚུལ་དེ་རྒྱས་གྱུར་ཅིག །གཞི་འབྲས་དབྱེར་མེད་ དོན་དམ་ཆོས་སྐུའི་མཐུས། །རྒྱལ་བའི་དགོངས་བཅུད་ངེས་གསང་བསྟན་པ་ཉིད། །མ་ལུས་ འགྲོ་ལ་ཉེར་འཚོའི་གཞི་གཅིག་པུར། །དགེ་མཚན་ལེགས་སྣང་རྟག་པར་འབར་གྱུར་ཅིག །ཅེས་བརྗོད་ཅིང་སྤྲོ་ན་བསྟན་འབར་མའི་མགོར་སྨོན་ལམ་རྒྱལ་བ་རྒྱ་མཚོ་ཡང་འདོན། མཆོད་ཐབས་བཀླག་ཆོག་གང་ལྟར་གྱི་མཐར། བསྡུ་རིམ་འདོད་ན། ངེས་དོན་བསྟན་པ་ཡོངས་ཀྱི་ མངའ་བདག་མཆོག །ཆོས་རྗེ་བླ་མ་འོད་ཕུང་ཚུལ་དུ་བསྡུ། །རང་ལ་ཐིམ་པས་གསང་གསུམ་ 1-1-361 སྒོ་གསུམ་དང༌། །དབྱེར་མེད་བྱིན་རླབས་རབ་ཏུ་བརྟན་པར་གྱུར། །ཞེས་པས་མཐར་དབྱུང་ངོ༌། །དེ་ ལྟར་ཆོས་རྗེ་ཀུན་མཁྱེན་ལ་མཆོད་པ་དང་རྣམ་ཐར་གྱི་ཡོན་ཏན་དྲན་པ་སོགས་རང་རེའི་མེ་ཏོག་ལྷ་བབ་ཀྱི་བསོད་ ནམས་བསག་སྒོ་ལ་འབད་ན་རིང་མིན་རྫོགས་ལྡན་བསྟན་ལ་མཇལ་བའི་དགོས་པ་མཐོང་ནས་དེ་ལུགས་པར་ བགྱིས་པའོ། །ཞེས་ཀུན་མཁྱེན་ཡབ་སྲས་མཆོད་ཆོག་ལྷན་ཐབས་ཀྱི་ཟུར་འདེབས་ལག་ལེན་ཉེར་མཁོ་འདི་ཡང་རང་ ལུགས་བསྟན་ལ་གཞོལ་བ་ཚོགས་གཉིས་དཔལ་གྱིས་རིན་ཆེན་གཉིས་པའི་སྐྱེས་བཅས་ལེགས་བསྐལ་དང༌། ཆོས་ མཆེད་མཆོག་གིས་གངས་སེང་རི་མོ་ཅན་གྱི་ཞལ་ཕོར་སྤུས་བཟང་གིས་གནང་སྦྱིན་སྒོས་ཡི་གེ་པ་མཛད་ངོས་ནས་ དགེ་མཚན་འཇའ་འོད་ཀྱི་བྱིན་རླབས་སྣང་བའི་ངང་མ་ཏིས་ཤར་མར་བཀོད་པ་ཀུན་མཁྱེན་ཡབ་སྲས་དགྱེས་མཆོད་ མཆོག་ཏུ་གྱུར་ཅིག་གུ། སརྦ་མངྒ་ལཾ།། །། 1-1-362 ༄༅། །ཛཏིསྤརཡུདཱསཔྲཎིདྷེཛཡསམུདྲབིཧརཏིསྨ། ༄༅། །ཐུན་མོང་མ་ཡིན་པའི་སྨོན་ལམ་རྒྱལ་བ་ རྒྱ་མཚོ་བཞུགས་སོ།། ༄༅། །ༀ་སྭཱ་སྟི། ཐུན་མོང་མ་ཡིན་པའི་སྨོན་ལམ་འདེབས་པར་འདོད་ན། ཀུན་མཁྱེན་དུས་གསུམ་སངས་ རྒྱས་དོལ་པོ་པ་ལ་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་ཀྱིས་ཕྱོགས་བཅུ་ ནས་བསྐོར་བར་གསལ་བཏབ་སྟེ། འདི་སྐད་ཅེས་བརྗོད་དོ། །རྒྱལ་བ་རྒྱ་མཚོའི་ཚོགས་རྣམས་གཅིག་ ཏུ་འདུས་པ་ཀུན་མཁྱེན་ཇོ་ནང་པ་ཡབ་སྲས་འཕགས་ཚོགས་རབ་འབྱམས་དང་བཅས་པ་ ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། བདག་ ལ་ཐུགས་རྗེས་བཟུང་དུ་གསོལ། ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ། །དངོས་ པོ་ཐམས་ཅད་ཀྱི་མཆོད་པས་མཉེས་པར་བགྱིའོ། །ཉེས་བྱས་ཐམས་ཅད་སོ་སོར་བཤགས་ སོ། །དགེ་བ་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ༌། །ཆོས་ཀྱི་འཁོར་ལོ་མ་ལུས་པར་བསྐོར་བར་ བསྐུལ་ལོ། །མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་སོ། །ཡང་དག་པར་སྐྱབས་སུ་ མཆི་ལགས་སོ། །ཁྱོད་ཀྱི་གོ་འཕང་ཐོབ་པའི་སླད་དུ་སེམས་བསྐྱེད་དོ། །ཐབས་དང་སྤྱོད་པ་ དང་རྨད་དུ་བྱུང་བའི་ལམ་བསྟེན་པར་བགྱིའོ། །དགེ་བ་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ཏུ་བསྔོ་བར་བགྱིའོ། །བདག་དང་སེམས་ཅན་ཐམས་ཅད་ཀྱིས་དགེ་བ་དུས་ གསུམ་དུ་བྱེད་པ་དང༌། བྱེད་པར་འགྱུར་བ་དང༌། བྱས་པའི་དགེ་བ་བདག་ཉིད་ཀྱིས་བགྱིས་ 1-1-363 པ་དང༌། གཞན་བགྱིད་དུ་བསྩལ་པ་དང༌། བགྱིད་པ་ལ་རྗེས་སུ་ཡི་རང་ཞིང༌། བསྔགས་པ་ བརྗོད་པའི་དགེ་བའི་རྩ་བ་ཐམས་ཅད་ཀྱི་མཐུ་ལས། བདག་དང་སེམས་ཅན་ཐམས་ཅད་རྣམ་ པ་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་ཐོབ་པར་གྱུར་ཅིག ཀུན་མཁྱེན་ ཆོས་ཀྱི་རྒྱལ་པོ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྤྲུལ་པ་རྟོན་པ་བཞི་ལྡན་ཆེན་པོ་དོལ་ པོ་པ་མཚན་བརྗོད་པར་དཀའ་བ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོ་ཁྱོད་ཀྱི་བསྟན་པ་ ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག ཉིད་ཀྱི་ལྟ་སྤྱོད་དང་ གྲུབ་མཐའ་བཟང་པོ་འཛིན་ཅིང་དགོངས་པ་སྐྱོང་བའི་བཤེས་གཉེན་དམ་པ་ཤིན་ཏུ་མང་པོས་ ས་སྟེང་ཁྱབ་པར་གྱུར་ཅིག དེ་དག་གི་ཕྲིན་ལས་རྣམ་པར་དཀར་བ་གོང་ནས་གོང་དུ་རྒྱས་ ཤིང༌། དེ་ལྟ་བུ་ལ་བར་དུ་གཅོད་པ་ཅུང་ཟད་ཀྱང་མི་འབྱུང་བར་གྱུར་ཅིག བདག་སོགས་ སེམས་ཅན་ཐམས་ཅད་ཀྱང་ཚེ་རབས་འདི་དང་ཚེ་རབས་གཞན་ཐམས་ཅད་དུ། ཀུན་མཁྱེན་ ཆོས་ཀྱི་རྒྱལ་པོ་ཁྱེད་ཀྱི་ཕྲིན་ལས་སྒྲུབ་པ་དང༌། གསུང་གི་གསང་བའི་མཛོད་འཛིན་པར་གྱུར་ ཅིག སྐུའི་སྣང་བ་དང་མི་འབྲལ་ཞིང་ཐུགས་ཀྱི་བཞེད་པ་ཐམས་ཅད་འགྲུབ་པར་གྱུར་ཅིག མ་དད་པ་དང་ལོག་ལྟ་སྐད་ཅིག་ཀྱང་མི་སྐྱེ་ཞིང་མོས་གུས་དྲག་ལ་དད་པ་བརྟན་པོས་ཀུན་ མཁྱེན་དུས་གསུམ་སངས་རྒྱས་ཁྱེད་ཀྱི་བསྔགས་པ་དང༌། བསྟོད་དབྱངས་རྒྱ་མཚོ་ཕྱོགས་ཀུན་ ཏུ་བརྗོད་པར་གྱུར་ཅིག ཉིད་ཀྱི་བསྟན་པ་དང༌། དེ་འཛིན་པའི་སྐྱེས་ཆེན་ལ་མ་དད་པའི་སྐྱེས་ བུ་རྣམས་དད་པ་ལ་འཛུད་པར་གྱུར་ཅིག མི་དང་མི་མ་ཡིན་པ་དང་ལྷ་དང་འབྱུང་པོ་མཐུ་བོ་ ཆེ་ཐམས་ཅད་ཀྱིས་ཀྱང་ཀུན་མཁྱེན་རྟོན་པ་བཞི་ལྡན་ཁྱེད་ཀྱི་བསྟན་པ་རྒྱས་པར་བྱེད་ཅིང་ གུས་པས་མཆོད་པར་གྱུར་ཅིག དེ་ལྟར་ཁྱེད་ཀྱི་བསྟན་པ་ལ་དད་པའི་མི་དང་མི་མ་ཡིན་པ་ ཐམས་ཅད་ཚེ་རིང་ཞིང་ནད་མེད་པ་དང༌། འབྱོར་བ་དང༌། དབང་ཕྱུག་དང༌། སྟོབས་དང་གཟི་ བརྗིད་ཕུན་སུམ་ཚོགས་པ་ལ་སོགས་པ་འདོད་པའི་དོན་བཟང་པོ་ཐམས་ཅད་གེགས་མེད་ 1-1-364 པར་འགྲུབ་པར་གྱུར་ཅིག སྐྱེ་བ་ཀུན་ཏུ་རྒྱལ་བ་ཇོ་ནང་པ་ཆེན་པོ་ཁྱེད་ཀྱི་རྣམ་ཐར་བཟང་ པོ་ལ་འཇུག་པར་གྱུར་ཅིག ཐུགས་དགྱེས་པའི་ཐབས་ཁོ་ན་སྒྲུབ་པར་གྱུར་ཅིག དགོངས་པ་ སྐྱོང་བའི་ཆོས་ཀྱི་སྒྲས་ཕས་རྒོལ་ཐམས་ཅད་ཟིལ་གྱིས་གནོན་པར་གྱུར་ཅིག ཁྱེད་ཀྱི་བསྟན་ པ་ལ་སྡང་བ་དང་གནོད་པར་བྱེད་པ་ཐམས་ཅད་གང་ལ་གང་འདུལ་གྱི་ཐབས་སྣ་ཚོགས་ཀྱིས་ བཏུལ་ནས་ཁྱེད་ཀྱི་བསྟན་པ་ལ་འགོད་པར་གྱུར་ཅིག མ་དར་བ་རྣམས་སུ་དར་བ་བྱེད་ཅིང༌། དར་བ་རྣམས་དག་ཅིང་འཕེལ་བ་དང་ཉམས་པ་རྣམས་གསོ་ནུས་པར་གྱུར་ཅིག ལུས་དང་ ལོངས་སྤྱོད་དང་སྲོག་ལས་ཀྱང་ཁྱོད་ཀྱི་བསྟན་པ་གཅེས་སྤྲས་སུ་འཛིན་པར་གྱུར་ཅིག རྣམ་ པར་དག་པའི་རིགས་སམ། རྣམ་པར་དག་པའི་ཁམས་བདེ་གཤེགས་སྙིང་པོ་སངས་རྒྱས་ཀྱི་ ཡོན་ཏན་ཐམས་ཅད་ཀྱིས་བརྒྱན་པ་གདོད་མ་ནས་གྲུབ་པའི་དོན་ཁོང་དུ་ཆུད་པར་གྱུར་ཅིག སངས་རྒྱས་རྟག་པ་དང༌། ཆོས་བདེན་པ་དང༌། དགེ་འདུན་མི་བསླུ་བའི་དོན་ལ་ངེས་པ་རྙེད་ པར་གྱུར་ཅིག ཀུན་རྫོབ་གཟུང་འཛིན་གྱི་ཆོས་མེད་བཞིན་དུ་སྣང་བ་སྒྱུ་མ་ལྟ་བུའི་དོན་རྟོགས་ པར་གྱུར་ཅིག དོན་དམ་སྤྲོས་བྲལ་རྟག་བརྟན་ཞི་བ་གཡུང་དྲུང་གི་གནས་མངོན་དུ་བྱེད་པར་ གྱུར་ཅིག ཟབ་ལམ་རྡོ་རྗེའི་རྣལ་འབྱོར་ལས་བརྩམས་ཏེ། ཚེ་འདི་ཉིད་ལ་རྡོ་རྗེ་བཞི་དང་སྐུ་ བཞིའི་གོ་འཕང་ཐོབ་པར་གྱུར་ཅིག གནས་སྐབས་ཐམས་ཅད་དུ་རིགས་ལྡན་གྱི་སྤྲུལ་པའི་ སྐུ་དོལ་པོ་པ་ཆེན་པོ་ཆོས་རྗེ་ཡབ་སྲས་རྣམས་ཀྱི་ཐུགས་ཀྱི་དགོངས་པ་ཞལ་གྱི་བདུད་རྩི་ངེས་ དོན་མཐར་ཐུག་གི་གྲུབ་མཐའ་ལ་བརྟེན་ནས་རྒྱལ་བའི་གསུང་མ་ལུས་པ་ལ་འཇུག་པར་གྱུར་ ཅིག གཞན་ཡང་དེ་རྣམས་ཀྱང་ཡང་དག་པའི་ཆོས་འདི་ཉིད་ཁོ་ན་ལ་འཇུག་པར་གྱུར་ཅིག འཇིག་རྟེན་མགོན་པོའི་རྣམ་འཕྲུལ་ཇོ་ནང་པ་ཆེན་པོ་ཆོས་རྗེ་ཡབ་སྲས་རྣམས་ཀྱི་ཞལ་མངོན་ སུམ་དུ་མཐོང་སྟེ་འབྲལ་མེད་དུ་བསྟེན་པར་གྱུར་ཅིག ཐེག་པ་མཐའ་དག་ལ་མཁས་ཤིང༌། གཞན་སྟོང་དབུ་མའི་ལྟ་བ་འབྲལ་མེད་དུ་སྐྱོང་བར་གྱུར་ཅིག དམ་ཚིག་དང་ལྡན་པས་རིམ་ 1-1-365 གཉིས་མཐའ་དག་རྣལ་འབྱོར་དུ་བྱེད་ཅིང༌། དེ་ཐམས་ཅད་ཀྱང་རྡོ་རྗེའི་རྣལ་འབྱོར་གྱི་སྙིང་ པོ་ཅན་དུ་གྱུར་ཅིག བྱང་ཆུབ་སེམས་དཔའི་སྤྱོད་པ་མཐར་ཕྱིན་ཅིང་གཞན་དོན་ཕྱོགས་མེད་ དུ་ནུས་པར་གྱུར་ཅིག རྒྱལ་པོ་ལ་སོགས་པ་གཙོ་བོ་ཐམས་ཅད་ཆོས་བཞིན་དུ་ཆོས་ཀྱི་དབང་ དུ་འདུས་ནས་མཆོག་གི་དགེ་བའི་ལམ་བཟང་འདི་ལ་འགོད་པར་གྱུར་ཅིག ཁྱོད་ཀྱི་བསྟན་ པ་རྒྱས་པ་ལ་བར་དུ་གཅོད་པ་ཐམས་ཅད་དབྱིངས་སུ་ཞི་བར་གྱུར་ཅིག རྙེད་པ་དང་བཀུར་སྟི་ ལ་སོགས་པ་ཕན་འདོགས་པའི་མཐུན་རྐྱེན་ཐམས་ཅད་འབད་མེད་དུ་འགྲུབ་པར་གྱུར་ཅིག འཁོར་འདས་སྲིད་གསུམ་གྱི་ལས་དང་བྱ་བྱེད་ཡིན་ནོ་ཅོག་ཐམས་ཅད་ཁྱེད་ཀྱི་བསྟན་པ་གསོ་ བ་དང༌། དར་བ་དང༌། གནས་པ་དང༌། འཕེལ་བའི་རྒྱུར་གྱུར་ཅིག ཕུན་ཚོགས་ཐར་པའི་ལམ་གྱི་གཞིར་གྱུར་པ། །རྟག་ཆད་མཐའ་སྤངས་ཟབ་མོ་དབུ་ མའི་ལམ། །སྤྲོས་བྲལ་བདེ་གཤེགས་སྙིང་པོའི་དོན་སྟོན་པའི། །ངེས་དོན་བསྟན་པ་ཕྱོགས་ བཅུར་རྒྱས་པར་ཤོག །ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཇོ་ནང་པའི། །བསྟན་པ་ཡུལ་རྣམས་ཀུན་ ཏུ་ཁྱབ་པ་དང༌། །ཕྱོགས་རྣམས་ཀུན་ཏུ་ནམ་ཡང་མི་ནུབ་ཅིང༌། །དུས་རྣམས་ཀུན་ཏུ་འཕེལ་ ཞིང་དར་བར་ཤོག །མདོ་དོན་མཐར་ཐུག་གཞན་སྟོང་དབུ་མ་དང༌། །རྒྱུད་དོན་མཐར་ཐུག་ རྡོ་རྗེའི་རྣལ་འབྱོར་གྱི། །ལྟ་སྒོམ་འབྲིལ་བའི་ལམ་གྱིས་གནད་བཟུང་ནས། །ཆོས་སྒོ་མཐའ་ དག་གསལ་བར་བྱེད་པར་ཤོག །རྟོན་པ་བཞི་ལྡན་གང་དེའི་བསྟན་པ་ལ། །ཕན་པར་བསྒྲུབ་ ཅིང་བྱ་བ་བྱེད་པ་ཀུན། །ཚེ་རིང་ནད་མེད་འབྱོར་པ་རྒྱས་པ་དང༌། །དབང་ཕྱུག་དམ་པ་ཐོབ་ ཅིང་གེགས་མེད་ཤོག །དུས་གསུམ་སངས་རྒྱས་ཀུན་མཁྱེན་དོལ་པོ་པའི། །བསྟན་པ་བསྲུང་ ཞིང་བསྟན་ལ་དགའ་བ་ཡི། །ཆོས་སྐྱོང་ལྷ་དང་འབྱུང་པོའི་ཚོགས་ཀུན་ཀྱང༌། །མཐུ་སྟོབས་ རྒྱས་ཤིང་འཇིག་རྟེན་སྐྱོང་བར་ཤོག །བརྒྱུད་ལྡན་བླ་མ་རྣམས་ཀྱི་བྱིན་རླབས་དང༌། །ཡི་དམ་ རྒྱལ་བ་རྒྱ་མཚོའི་ནུས་མཐུ་དང༌། །མཁའ་འགྲོ་ཆོས་སྐྱོང་སྲུང་མའི་མཐུ་སྟོབས་ཀྱིས། །སྨོན་ 1-1-366 ལམ་འདི་བཏབ་ཇི་བཞིན་འགྲུབ་པར་ཤོག །ཕྱོགས་བཅུ་དུས་གསུམ་འབྱུང་བའི་སངས་རྒྱས་ དང༌། །ལུང་རྟོགས་གཞི་ལམ་འབྲས་བུའི་དམ་ཆོས་དང༌། །ཐེག་གསུམ་ལམ་ལ་གནས་པའི་ འཕགས་ཚོགས་ཏེ། །དཀོན་མཆོག་གསུམ་གྱི་བདེན་པའི་བྱིན་རླབས་ཀྱིས། །སྨོན་ལམ་འདི་ ཡང་གེགས་མེད་འགྲུབ་པར་ཤོག །དོན་དམ་ཆོས་ཉིད་གདོད་ནས་དག་པ་དང༌། །ཀུན་རྫོབ་ རྒྱུ་འབྲས་བསླུ་བ་མེད་པ་དང༌། །ཏིང་འཛིན་སྔགས་དང་རྫས་ཀྱི་བདེན་པ་ཡིས། །དེ་ལྟར་སྨོན་ ལམ་བཏབ་པ་འགྲུབ་པར་ཤོག །དེ་ལྟར་རྒྱལ་མཆོག་སྲས་དང་སློབ་མར་བཅས། །བསྟན་ སྲུང་ལྷ་དང་དྲང་སྲོང་རིག་འཛིན་དང༌། །དཀར་ཕྱོགས་སྐྱོང་བའི་མཐུ་ལྡན་ཐམས་ཅད་ཀྱིས། །འདིར་བཏབ་སྨོན་ལམ་འགྲུབ་པར་མཛད་དུ་གསོལ། །སྐྱབས་གསུམ་འགྱུར་བ་མེད་པའི་ དགེ་ལེགས་དང༌། །དོན་དམ་རྟག་བརྟན་བདེན་པའི་ཕུན་ཚོགས་ཀྱིས། །ངེས་དོན་བསྟན་ པའི་བདག་པོ་ཇོ་ནང་པའི། །ཕྲིན་ལས་དར་ཞིང་རྒྱས་པའི་བཀྲ་ཤིས་ཤོག །ཅེས་པ་ཐུན་མོང་མ་ ཡིན་པའི་སྨོན་ལམ་ཟབ་མོ་འདི་ཡང་རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་དཔལ་གྱི་གནས་མཆོག་ཆོས་འཁོར་ལྷ་སར་སྦྱར་ བའོ། །གང་ཞིག་སྨོན་ལམ་འདི་འདེབས་པར་བྱེད་པ་དེ་ཡང་ཚེ་དང་བསོད་ནམས་དང་དབང་ཕྱུག་དང་ཆོས་དང་ཐར་ པའི་བདེ་བ་ཕུན་སུམ་ཚོགས་པར་གྱུར་ཅིག། །། བཀྲ་ཤིས། 1-1-367 ༄༅། །རིམ་གཉིས་ཟབ་མོའི་ལམ་གྱི་སྨོན་ལམ་ ཁྱད་པར་དུ་འཕགས་པ་ཞེས་བྱ་བ་ བཞུགས་སོ།། ༄༅། །བླ་མ་དང་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །བསྐྱེད་པའི་རིམ་པ་ལེགས་ གནས་ཤིང༌། །སྔགས་ཀྱི་ནུས་པ་མཐར་ཕྱིན་ཏེ། །ཞི་སོགས་ཕྲིན་ལས་བཅུ་གཉིས་པོ། །ཐོགས་ པ་མེད་པར་འགྲུབ་པར་ཤོག །རལ་གྲི་རེག་འདྲ་བཅུད་ཀྱི་དབང༌། །བདུད་རྩི་འབྲས་བུ་རིལ་ བུ་དང༌། །རོ་ཙ་ན་དང་མིག་སྨན་དང༌། །རྐང་མགྱོགས་གྲུབ་ཆེན་བརྒྱད་ཐོབ་ཤོག །འོག་མིན་ གནས་ཀྱི་མཐར་ཐུག་པ། །འཇིག་རྟེན་པ་ཡི་དངོས་གྲུབ་མཆོག །ཕུན་སུམ་ཚོགས་པ་ཐམས་ ཅད་ཀུན། །འབད་པ་མེད་པར་འགྲུབ་པར་ཤོག །དེས་ཀྱང་ཆོག་པར་མི་འཛིན་ཅིང༌། །ལྟོས་ མེད་བཞི་དང་ལྡན་པ་ཡི། །ཡིད་ཆེས་གསུམ་ལྡན་ཟབ་མོའི་ལམ། །རྫོགས་པའི་རིམ་པ་ བསྒོམ་པར་ཤོག །ཐུགས་ཀྱི་རྡོ་རྗེ་ནམ་མཁའ་བཞག །ཡུལ་དང་ཡུལ་ཅན་འབྲིལ་བ་བཅད། །སྟོང་ཉིད་མངོན་གསུམ་གྱུར་པ་ཡི། །སོ་སོར་སྡུད་པ་བསྒོམ་པར་ཤོག །ཤེས་རབ་རྟོགས་ དང་དཔྱོད་པ་དང༌། །དགའ་དང་གཡོ་མེད་བདེ་བ་ཡི། །སྟོང་གཟུགས་རྟག་ཏུ་བརྟན་པར་ བསྒོམ། །བསམ་གཏན་ཡན་ལག་མངོན་འགྱུར་ཤོག །གཡས་གཡོན་ཉི་ཟླའི་རྒྱུ་བ་གཉིས། །འགགས་ནས་དབུ་མའི་ལམ་དུ་ཞུགས། །དུས་མིན་འཆི་ལས་རྣམ་རྒྱལ་བ། །སྲོག་རྩོལ་ཡན་ ལག་མངོན་འགྱུར་ཤོག །ལྟེ་བ་སྙིང་ག་མགྲིན་པ་དང༌། །དཔྲལ་བ་ཐིག་ལེའི་གནས་རྣམས་ 1-1-368 སུ། །སྲོག་ནི་འགྲོ་འོང་མེད་པར་འཛིན། །འཛིན་པའི་ཡན་ལག་མངོན་འགྱུར་ཤོག །གཏུམ་ མོ་ཡེ་ཤེས་མེ་འབར་བས། །འདོད་པའི་ལྷ་མཐོང་གཟུགས་རྟོག་བྲལ། །འོད་འཕྲོས་གཟུགས་ ལས་ཁམས་གསུམ་སྤྲོས། །རྗེས་དྲན་ཡན་ལག་མངོན་འགྱུར་ཤོག །འདོད་པའི་ལྷ་ལ་རྗེས་ ཆགས་པས། །ཤེས་དང་ཤེས་བྱ་དབྱེར་མེད་པའི། །མི་འགྱུར་བདེ་བ་རྩེ་གཅིག་པའི། །ཏིང་ འཛིན་ཡན་ལག་མངོན་འགྱུར་ཤོག །འབྱུང་བཞི་རིམ་གྱིས་སྟོང་བར་ཐིམ། །སྟོང་པ་མཚན་མ་ རྣམ་བཅུར་འགྱུར། །མཚན་མ་རྣམ་པ་ཀུན་ལྡན་གཟུགས། །གཟུགས་ཀྱང་མི་འགྱུར་བདེ་བར་ ཤོག །མི་འགྱུར་བདེ་བའི་ཡེ་ཤེས་ལས། །ནམ་མཁར་འགྲོ་སོགས་རྫུ་འཕྲུལ་དང༌། །ཁམས་ གསུམ་དབང་ཕྱུག་དངོས་གྲུབ་མཆོག །ཚེ་འདི་ཉིད་ལ་འགྲུབ་པར་ཤོག །རྣལ་འབྱོར་གསུམ་ གྱིས་ལམ་ལ་བསླབས། །ལུས་ངག་ཡིད་གསུམ་སྒྲིབ་པ་སྦྱངས། །སྤྱོད་པ་གསུམ་གྱི་མཐར་ ཕྱིན་ཏེ། །རྡོ་རྗེ་གསུམ་པོ་མངོན་འགྱུར་ཤོག །བསྙེན་སྒྲུབ་ཡན་ལག་བཞི་སྦྱངས་ཤིང༌། །རྡོ་ རྗེ་བཞི་ཡི་དམ་ཚིག་བསྟེན། །གནས་སྐབས་བཞི་ཡི་འཁྲུལ་པ་ཟད། །སྐུ་བཞི་མངོན་དུ་ འགྱུར་བར་ཤོག །ལམ་ལྔ་མ་ལུས་ལེགས་པར་བགྲོད། །སྤྱན་ལྔ་རིམ་གྱིས་མངོན་དུ་འགྱུར། །ཕུང་པོ་ལྔ་ཡི་སྒྲིབ་པ་སྦྱངས། །ཡེ་ཤེས་ལྔ་པོ་ཐོབ་པར་ཤོག །ཡན་ལག་དྲུག་ལ་ལེགས་པར་ སྦྱངས། །རིགས་དྲུག་དམ་ཚིག་སྡོམ་པ་བསྟེན། །ཁམས་དྲུག་སྒྲིབ་པ་བྲལ་བ་ཡིས། །རིགས་ དྲུག་དབྱེར་མེད་མངོན་འགྱུར་ཤོག །རྣལ་འབྱོར་གནས་སྐབས་བཅུ་པོ་བགྲོད། །ཕ་རོལ་ཕྱིན་ པ་བཅུ་ལ་བསླབས། །དབང་བཅུ་སྟོབས་བཅུ་མངོན་དུ་གྱུར། །ཕྱི་ནང་རྣམ་བཅུ་དག་པར་ཤོག །འཕོ་བ་བཅུ་གཉིས་རྒྱུ་བ་འགགས། །རྟེན་འབྲིལ་ཡན་ལག་བཅུ་གཉིས་འཛད། །རབ་དགའ་ ལ་སོགས་བཅུ་གཉིས་པོ། །ཚེ་འདི་ཉིད་ལ་བགྲོད་པར་ཤོག །བདེན་དོན་རྣམ་པ་བཅུ་གཉིས་ ལྡན། །དེ་ཉིད་རྣམ་པ་བཅུ་དྲུག་རིག །ཡོན་ཏན་ཀུན་རྫོགས་སངས་རྒྱས་ཉིད། །ཚེ་འདི་ཉིད་ལ་ མྱུར་ཐོབ་ཤོག །རང་གི་སྔོན་གྱི་ཉེས་པ་ཡིས། །ཚེ་འདིར་བྱང་ཆུབ་མ་ཐོབ་ནའང༌། །རྒྱལ་དང་ 1-1-369 རྒྱལ་སྲས་ཐུགས་རྗེ་ཡིས། །འཕོས་མ་ཐག་ཏུ་ཐོབ་པར་ཤོག །འཆི་ཚེ་སངས་རྒྱས་བྱང་སེམས་ དང༌། །དཔའ་བོ་རྣལ་འབྱོར་མ་ཚོགས་ཀྱིས། །མཆོད་པ་རྣམ་པ་དུ་མ་ཡིས། །བསུས་ནས་ མཁའ་སྤྱོད་འཁྲིད་པར་ཤོག །དེ་མ་ཐག་ཏུ་ཏིང་འཛིན་ཐོབ། །སྒྲིབ་པ་ཀུན་སྤངས་ཡོན་ཏན་ རྫོགས། །ས་རྣམས་མཐར་ཕྱིན་སངས་རྒྱས་ཉིད། །སྐད་ཅིག་དེ་ལ་ཐོབ་པར་ཤོག །ཅིས་ཀྱང་ སྐྱེ་བ་བདུན་གྱི་བར། །རྡོ་རྗེ་འཆང་གི་གོ་འཕང་ཉིད། །གདོན་མི་ཟ་བར་འགྲུབ་གྱུར་ཅིག །དེ་ ལས་གཞན་དུ་མ་གྱུར་ཅིག །བདག་ཀྱང་སྐྱེ་བ་ཐམས་ཅད་དུ། །བློ་ལྡན་རིགས་བཟང་ང་རྒྱལ་ མེད། །བླ་མ་ལ་གུས་སྙིང་རྩེར་ལྡན། །དུས་འཁོར་དམ་ཚིག་ལ་གནས་ཤིང༌། །རྡོ་རྗེ་དྲིལ་བུ་ རྟག་ཏུ་འཆང༌། །ཟབ་ཅིང་རྒྱ་ཆེའི་ཆོས་འདོན་ཅིང༌། །དམ་ཚིག་བཞི་པོ་བསྟེན་པ་དང༌། །རིམ་ གཉིས་ཟབ་ལམ་བསྒོམ་པར་ཤོག །འདི་ནས་བྱང་ཆུབ་སྙིང་པོའི་བར། །བླ་མ་དུས་ཀྱི་འཁོར་ ལོ་ཡི། །རྨད་བྱུང་རྡོ་རྗེ་ཐེག་པ་དང༌། །མི་འབྲལ་ཚུལ་བཞིན་བསྒྲུབ་པར་ཤོག །སྒྲུབ་ལ་བར་ ཆད་མི་འབྱུང་ཞིང༌། །འདི་ནས་སྐྱེ་བདུན་ལ་སོགས་པར། །བླ་མ་དཔལ་ལྡན་དུས་འཁོར་གྱི། །ཞབས་རྡུལ་སྤྱི་གཙུག་གནས་པར་ཤོག །གང་ཚེ་མགོན་ལ་བལྟ་བ་དང༌། །ཅུང་ཟད་འདྲི་བར་ འདོད་ན་ཡང༌། །བཅོམ་ལྡན་དུས་ཀྱི་འཁོར་ལོ་ནི། །གེགས་མེད་པར་ཡང་མཐོང་བར་ཤོག །ཕྱོགས་བཅུའི་ནམ་མཁའི་མཐར་གཏུགས་པའི། །སེམས་ཅན་མ་ལུས་དོན་གྱི་ཕྱིར། །ཐུབ་ དབང་སྤྱོད་པ་ཇི་ལྟ་བར། །བདག་གི་སྤྱོད་པའང་དེ་ལྟར་ཤོག །བདག་གི་ལུས་དང་ལོངས་སྤྱོད་ དང༌། །དུས་གསུམ་དགེ་བ་ཐམས་ཅད་ཀྱང༌། །སེམས་ཅན་ཀུན་ལ་སྨིན་གྱུར་ནས། །འཕྲལ་ དང་ཡུན་དུ་བདེ་བར་ཤོག །སེམས་ཅན་རྣམས་ཀྱི་མི་དགེའི་ཚོགས། །སྡུག་བསྔལ་རྒྱ་མཚོའི་ རྒྱུར་གྱུར་པ། །དེ་ཀུན་བདག་ལ་སྨིན་གྱུར་ནས། །སྡུག་བསྔལ་རིན་ཆེན་དབང་པོར་ཤོག །གང་ཞིག་བདག་ནི་མཐོང་བ་དང༌། །བདག་མིང་ཐོས་དང་དྲན་པ་དང༌། །དད་དང་དགའ་ བར་བྱེད་པ་ཀུན། །ཚེ་འདིར་རྡོ་རྗེ་འཆང་ཐོབ་ཤོག །གང་དག་ང་ལ་སྨོད་པ་དང༌། །བརྡེག་ 1-1-370 བཙོག་མི་སྙན་བརྗོད་པ་དང༌། །ཕྲག་དོག་ངན་སེམས་འཆང་བ་ཀུན། །ཚེ་འདིར་སངས་རྒྱས་ མྱུར་ཐོབ་ཤོག །བདག་ལ་བརྟེན་ནས་ནམ་དུ་ཡང༌། །གཞན་ལ་གནོད་པར་མ་གྱུར་ཅིག །སྒོ་ གསུམ་གང་དང་གང་བརྩམས་པ། །གཞན་ལ་ཕན་པར་འགྱུར་བར་ཤོག །བུམ་པ་བཟང་པོ་ དཔག་བསམ་ཤིང༌། །ཡིད་བཞིན་ནོར་བུ་ཇི་ལྟར་བར། །སེམས་ཅན་རྣམས་ཀྱི་འདོད་པའི་ དོན། །ཐམས་ཅད་བདག་ལ་འབྱུང་བར་ཤོག །གལ་ཏེ་གཞན་ལ་ཕན་གྱུར་ན། །རང་གི་དོན་ ལ་ལྟོ ས་མེད་པར། །ངན་སོང་གསུམ་གྱི་སྡུག་བསྔལ་ཡང༌། །གཞན་གྱི་དོན་དུ་བཟོད་པར་ ཤོག །མི་བཟོད་ལས་ཀྱི་མཐུ་སྟོབས་ཀྱིས། །མི་ཁོམ་གནས་སུ་སྐྱེས་གྱུར་ནས། །ཉོན་མོངས་ ནད་ཀྱིས་གདུངས་པ་ལ། །ཆོས་ཀྱི་བདུད་རྩི་སྦྱིན་པར་ཤོག །བླ་མ་དཀོན་མཆོག་གསུམ་པོ་ དང༌། །ཁྱད་པར་དཔལ་ལྡན་དུས་འཁོར་ལ། །མ་དད་བསོད་ནམས་དམན་པ་ནི། །ཆོས་ཀྱིས་ ཕོངས་པར་གྱུར་པ་རྣམས། །བདག་གི་སྣ་ཚོགས་ཐབས་ཀུན་གྱིས། །ལེགས་པར་ཁྲིད་དེ་བླ་ མ་དང༌། །དཀོན་མཆོག་གསུམ་དང་དུས་འཁོར་ལ། །དད་བྱས་ལམ་ལ་འགོད་གྱུར་ཅིག །བླ་ མ་ལྷར་བཅས་བྱིན་རླབས་དང༌། །ཟབ་ལམ་རིམ་གཉིས་བསྒོམས་པའི་མཐུས། །དངོས་གྲུབ་ རྣམ་པ་གཉིས་ཐོབ་ནས། །སེམས་ཅན་སྨིན་པའི་མཐུ་ལྡན་ཤོག །བདག་ནི་འཆི་བའི་དུས་ཀྱི་ ཚེ། །སྡུག་དང་འགྱོད་པ་མེད་པ་དང༌། །དབང་པོ་རྣམས་ནི་གསལ་བ་དང༌། །ཏིང་འཛིན་ངང་ ནས་འཕོ་བར་ཤོག །དཔའ་བོ་རྣལ་འབྱོར་མ་ཚོགས་ཀྱིས། །མེ་ཏོག་རྒྱལ་མཚན་གདུགས་ ཐོགས་ཏེ། །རོལ་མོ་སྒྲ་སྙན་གླུས་མཆོད་ཅིང༌། །མཁའ་སྤྱོད་གནས་སུ་འཁྲིད་པར་ཤོག །ངེས་ པར་མཆོག་ཏུ་མི་འགྱུར་བའི། །བདེ་བའི་ཏིང་འཛིན་རབ་ཐོབ་ནས། །ཁྱབ་བདག་དབུགས་ ཀྱི་གྲངས་འཕེལ་བས། །གནས་དང་ཉེ་གནས་སོགས་བགྲོད་ཤོག །ནོར་བུ་རྩེ་མོར་ཉི་རྡུལ་ བརྟན། །གཙུག་ཏོར་བྱང་སེམས་ཟླ་བ་ཉ། །མི་གནས་མྱ་ངན་འདས་པ་མཆོག །རྫོགས་པའི་ སངས་རྒྱས་ཐོབ་པར་ཤོག །ཅེས་རིམ་གཉིས་ཟབ་མོའི་ལམ་གྱི་སྨོན་ལམ་ཁྱད་པར་དུ་འཕགས་པ་འདི་ཡང་ 1-1-371 རིགས་ལྡན་སྤྲུལ་པའི་སྐུ་ཆེན་པོ་རྟོན་པ་བཞི་ལྡན་ཞབས་ཀྱིས་བཀོད་པའོ།། །།དགེའོ།། ༄༅། །ༀ་ཨཱཿཧཱུཾ་ཧོཿ གངས་རིའི་ཕྲེང་བས་ཀུན་ནས་བསྐོར་བའི་དབུས། །ཆུ་སྐྱེས་འདབ་ རྒྱད་ལྟེ་བར་ཀེ་ལ་ཤའི། །རི་བོའི་སྟེང་ན་ལྷ་ཡི་བཀོད་པའི་གྲོང༌། །ཤམྦྷ་ལ་ཡི་གཙོ་བོ་ཀ་ལཱ་ པར། །ཉེ་བའི་ཡིད་དང་པདྨ་དཀར་པོའི་མཚོ། །ཙནྡན་ནགས་དབུས་དཀྱིལ་འཁོར་འཁོར་ལོ་ དང༌། །ཕྱི་རོལ་པད་འདབ་སོར་སོར་གནས་པའི་གྲོང༌། །བྱེ་བ་དགུ་བཅུ་རྩ་དྲུག་ལ་སོགས་པ། །སྔགས་ཀྱི་ཞིང་མཆོག་ཁྱད་འཕགས་རིགས་བཞུགས་པ། །ཆོས་རྒྱལ་རིགས་ལྡན་ཡེ་ཤེས་ལྷ་ ཚོགས་དང༌། །སྤྲུལ་པའི་རྒྱལ་པོ་དགུ་བཅུ་རྩ་དྲུག་སོགས། །མཆོད་འོས་ཀུན་ལ་ཕྱག་འཚལ་ སྐྱབས་སུ་མཆི། །འདི་ཡང་བཙུན་པ་དོལ་པོ་པས་ཤམྦྷ་ལའི་ཞིང་བཀོད་ཀྱི་བསྟོད་པ་སྨོན་ལམ་དུ་བཀོད་པའོ།། 1-1-372 ༄༅། །དཔལ་ཇོ་ནང་པ་ཆེན་པོའི་བསྟན་འབར་མ། ༈ རྒྱལ་བའི་རྒྱལ་ཚབ་རྒྱལ་བ་ཇོ་ནང་པ། །ཆོས་ཀྱི་དབང་ཕྱུག་ཀུན་མཁྱེན་ཆོས་ཀྱི་རྗེ། །བསྟན་པ་རིན་ཆེན་བསྟན་པའི་སྙིང་པོ་མཆོག །ཕྱོགས་དུས་ཀུན་ཏུ་ཡུན་རིང་འབར་གྱུར་ཅིག །བདེན་སྟོབས་བསླུ་མེད་དཀོན་མཆོག་རིན་ཆེན་གསུམ། །རང་བཞིན་རྣམ་དག་ཆོས་དབྱིངས་ འགྱུར་མེད་མཐུས། །རྒྱལ་བ་གཉིས་པ་ཀུན་མཁྱེན་ཇོ་ནང་པའི། །བསྟན་པ་ཕྱོགས་ཀུན་ ཡུན་རིང་འབར་གྱུར་ཅིག །ཐུབ་དབང་རྣམས་ཀྱིས་གྲངས་མེད་བསྐལ་པའི་བར། །རྒྱ་ཆེན་ རྨད་བྱུང་ཚོགས་གཉིས་བསགས་པའི་མཐུས། །རྒྱལ་བ་གཉིས་པ་ཀུན་མཁྱེན་ཇོ་ནང་པའི། །བསྟན་པ་ཕྱོགས་ཀུན་ཡུན་རིང་འབར་གྱུར་ཅིག །དུས་གསུམ་རྒྱལ་རྣམས་འཁོར་བའི་ཕྱི་ མཐའི་བར། །རིམ་གསུམ་ཆོས་ཀྱི་འཁོར་ལོ་ལེགས་གསུངས་འདིས། །རྒྱལ་བ་གཉིས་པ་ཀུན་ མཁྱེན་ཇོ་ནང་པའི། །བསྟན་པ་ཕྱོགས་ཀུན་ཡུན་རིང་འབར་གྱུར་ཅིག །ཀུན་རྫོབ་ཆོས་ཀུན་ གདོད་ནས་སྟོང་པའི་གཞིར། །སྐུ་གསུམ་ཉིན་བྱེད་དཀྱིལ་འཁོར་ཡོངས་རྒྱས་པ། །ཡེ་ནས་ བཞུགས་པ་ཇོ་ནང་ཆེན་པོའི་ལུགས། །ཚུལ་དེ་ཕྱོགས་དུས་ཀུན་ཏུ་དར་གྱུར་ཅིག །མཁྱེན་པ་ གསུམ་གྱི་རྣམ་པ་མ་ལུས་པ། །གཞན་སྟོང་ལྟ་བ་ཆེན་པོས་རྒྱས་བཏབ་སྟེ། །ཐེག་མཆོག་ལམ་ བགྲོད་ཇོ་ནང་ཆེན་པོའི་སྲོལ། །ལམ་འདི་ཕྱོགས་དུས་ཀུན་ཏུ་དར་གྱུར་ཅིག །མི་ཤེས་མུན་པ་ དྲུངས་ནས་ཕྱུང་བ་ན། །གདོད་ནས་བཞུགས་པའི་སྟོབས་བཅུའི་སངས་རྒྱས་ཉིད། །མངོན་ དུ་གྱུར་འདི་ཇོ་ནང་ཆེན་པོའི་ལུགས། །ཚུལ་དེ་ཕྱོགས་དུས་ཀུན་ཏུ་དར་གྱུར་ཅིག །བསྟན་ པའི་མངའ་བདག་རྒྱལ་བ་ཇོ་ནང་པའི། །བསྟན་པའི་པད་ཚལ་ས་སྟེང་ཀུན་ཏུ་ཁྱབ། །ཐོས་ 1-1-373 བསམ་སྒོམ་གསུམ་འཆད་རྩོད་རྩོམ་གསུམ་གྱི། །འོད་སྟོང་གཟི་བརྒྱས་ཡུན་རིང་འབར་གྱུར་ ཅིག །བསྟན་པ་འཛིན་རྣམས་གཞན་སྟོང་དབུ་མའི་སྲོལ། །ལེགས་པར་འབྱེད་པའི་ལུང་དང་ རིགས་པ་ཡི། །བློ་གྲོས་མཆོག་གི་སྣང་བ་རབ་རྒྱས་ནས། །ཚུལ་དེ་ཕྱོགས་དུས་ཀུན་ཏུ་སྤེལ་བ་ ལ། །མི་མཐུན་རྐྱེན་ངན་མ་ལུས་རབ་ཞི་ཞིང༌། །མཐུན་རྐྱེན་ལེགས་ཚོགས་ཡར་ངོའི་ཟླ་བཞིན་ འཕེལ། །དགེ་མཚན་འབུམ་གྱིས་ས་གསུམ་འགེངས་བཞིན་པར། །ཇོ་ནང་པ་ཡི་བསྟན་པ་ རྒྱས་རྒྱུར་ཅིག །རྔ་བོ་ཆེ་མདོར་རྒྱལ་བའི་མཚན་འཛིན་ཞིང༌། །རྒྱལ་བའི་དགོངས་པ་མཐའ་ དག་ཚུལ་བཞིན་དུ། །མཁྱེན་པའི་སྐྱེས་བུ་མཆོག་ཏུ་ལུང་གིས་བསྔགས། །མཐར་ཐུག་དབུ་མ་ ཆེན་པོའི་ཤིང་རྟ་ཆེ། །གངས་ཅན་མཁས་དང་གྲུབ་པ་ཡོངས་ཀྱི་དབུས། །རྒྱུ་སྐར་དབུས་ན་ཉ་ རྒྱས་ཟླ་བཞིན་འཕགས། །རྒྱལ་བ་གཉིས་པ་ཀུན་མཁྱེན་ཇོ་ནང་པའི། །བསྟན་པ་ཕྱོགས་ཀུན་ ཡུན་རིང་འབར་གྱུར་ཅིག །འཁོར་ལོ་གསུམ་གྱི་དགོངས་དོན་ཚུལ་བཞིན་དུ། །ལེགས་པར་ ཕྱེ་བ་དཔལ་ལྡན་ཇོ་ནང་པའི། །རྨད་བྱུང་བསྟན་པ་ས་སྟེང་ཡོངས་ལ་ཁྱབ། །ཕྱོགས་རྣམས་ ཀུན་ཏུ་དར་ཞིང་རྒྱས་གྱུར་ཅིག །ཅེས་དཔལ་ཇོ་ནང་པ་ཆེན་པོའི་བསྟན་འབར་མ་འདི་ཡང་རྔ་བའི་སེ་མཆོག་ སྤྲུལ་རིན་པོ་ཆེ་གང་གི་ཞལ་སྔ་ནས་ཀྱི་རང་རེའི་ཇོ་ནང་པ་ཆེན་པོའི་བསྟན་པ་རྒྱས་བྱེད་ཀྱི་སྨོན་ཚིག་བསྟན་འབར་མ་ ཞིག་བྲི ་བར་གྱིས་ཞེས་བཀའ་བསྩལ་པ་ལ་བརྟེན་ནས་ཐུབ་བསྟན་དགེ་ལེགས་རྒྱ་མཚོས་སྦྱར་བའོ།། །། ༈ བསྐལ་བཟང་སྒྲོན་མེ་སྟོང་ཕྲག་ལས། །ཐུགས་བསྐྱེད་པད་དཀར་ལྟར་འཕགས་ པ། །འགྲོ་མགོན་ཤཱཀྱའི་རྒྱལ་པོ་ཡི། །བསྟན་པ་ཡུན་རིང་འབར་གྱུར་ཅིག །ཐེག་གསུམ་ མཐར་ཐུག་སེང་གེའི་སྒྲ། །ངེས་དོན་འཁོར་ལོ་ཐ་མ་ཡི། །སྡེ་སྣོ ད་དགོངས་འགྲེལ་བཅས་པ་ ཀུན། །ཡུན་རིང་བསྟན་པ་འབར་གྱུར་ཅིག །ས་བཅུའི་དབང་ཕྱུག་མི་ཕམ་པ། །ཤིང་རྟ་ཆེན་ པོ་ཐོགས་མེད་མཆེད། །རྩོད་དུས་ཀུན་མཁྱེན་ཞི་བའི་ཞབས། །དགོངས་དོན་ཚུལ་བཞིན་ བཀྲལ་བ་ཡི། །བཀའ་སྲོལ་གངས་རིའི་ལྗོངས་འདི་ན། །གཟུ་བཙན་འཇིག་རྟེན་མིག་གཅིག་ 1-1-374 གི །བཀའ་དྲིན་ཆེན་པོས་སྣང་བྱས་པའི། །བསྟན་པ་ཡུན་རིང་འབར་གྱུར་ཅིག །རིགས་ ལྡན་ཆེན་པོ་ཀུན་སྤངས་པ། །རྒྱལ་བ་ཡེ་ཤེས་བྱང་ཆུབ་སེམས། །ཡོན་ཏན་རྒྱ་མཚོ་ཆོས་ ཀྱི་མཛོད། །ཁྱད་པར་རྒྱལ་བས་ལུང་བསྟན་པ། །ཀུན་མཁྱེན་ཆེན་པོ་བདེ་བར་གཤེགས། །ཡོངས་རྫོགས་བསྟན་པ་རྒྱ་མཚོའི་བདག །ངེས་དོན་དབུ་མའི་ཤིང་རྟ་ཆེ། །ཆོས་ཀྱི་རྒྱལ་པོ་ ཇོ་ནང་པའི། །བརྒྱུད་འཛིན་མཁས་ཤིང་གྲུབ་པའི་ཚོགས། །གྲངས་མེད་སྤྱི་དང་ཁྱད་པར་དུ། །གསང་བདག་སྒྲོལ་བའི་མགོན་པོ་ཡི། །བསྟན་པ་ཡུན་རིང་འབར་གྱུར་ཅིག །ངེས་དོན་ཕྱིར་ མི་ལྡོ ག་པའི་གཏམ། །འོད་གསལ་བདེ་གཤེགས་སྙིང་པོའི་ཚུལ། །ལེགས་པར་རྣམ་པར་ཕྱེ་ བ་ཡི། །བསྟན་པ་ཡུན་རིང་འབར་གྱུར་ཅིག །འཕོ་བའི་འཇིགས་འཇོམ་རྒྱུད་ཀྱི་རྒྱལ། །ཕྱི་ ནང་གཞན་དང་དེ་བཞིན་ཉིད། །ཟུང་འཇུག་རྣལ་འབྱོར་ཡན་ལག་དྲུག །ཡུན་རིང་བསྟན་པ་ འབར་གྱུར་ཅིག །ཤཱཀྱ་སེང་གེའི་བསྟན་པ་ལ། །མདོ་དོན་གཞན་སྟོང་དབུ་མ་དང༌། །སྔགས་ དོན་རྡོ་རྗེའི་རྣལ་འབྱོར་ལས། །མཐར་ཐུག་ཆོས་ཚུལ་གཞན་མེད་པའི། །ཡིད་ཆེས་སྐལ་བ་ བཟང་ལྡན་དེ། །རྟོགས་ནས་གཞན་ལ་སྟོན་ནུས་པའི། །དམ་པའི་སྐྱེས་བུས་ས་སྟེང་ཁྱབ། །བསྟན་པ་ཡུན་རིང་འབར་གྱུར་ཅིག །ཅེས་པའི་དཔལ་ཇོ་ནང་པ་ཆོས་ཀྱི་རྒྱལ་པོ་ཡབ་སྲས་ལ་མི་ཕྱེད་པའི་ འདུན་པ་ཅན། ཀུན་མཁྱེན་སི་ཏུའི་བཀའ་འབངས་ཐ་ཤལ་པ་ཀརྨཱ་ངག་དབང་ཡོན་ཏན་རྒྱ་མཚོས་དཔལ་འཛམ་ཐང་ གི་ཆོས་སྒོར་རྟེན་འབྲིལ་ཆེད་དུ་བྲི ས། དགེ་ལེགས་འཕེལ།