1-1-1 གྷ་རུང་པ་ལྷའི་རྒྱལ་མཚན་གྱི་གསུང་འབུམ། ༼པོད་དང་པོའོ། །༽ 1-1-2 དཀར་ཆག ཐོག་མའི་གླེང་བརྗོད། .........................................................................................(1) གྷ་རུང་པ་ལྷའི་རྒྱལ་མཚན་གྱི་རྣམ་ཐར་ཉུང་བསྡུས། ........................................................(1) ༄༅། །ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་རྣམ་པར་ བཤད་པ་དེ་ཉིད་སྣང་བ་ཞེས་བྱ་བ་བཞུགས་སོ། །.......................................................(65) ༄༅། །བསྟན་པ་སྤྱི་འགྲེལ་གྱི་འགྲེལ་བཤད་རྒྱས་པར་བཞུགས། ......................................(1) ཆོས་དབྱིངས་གསལ་སྒྲོན་ཞེས་ཀྱང་བྱ་གྲུབ་མཐའི་ཤན་འབྱེད་ ཞེས་བྱ་བ་བཞུགས་སོ། །...........................................................(1) ངེས་དོན་གྱི་ཆོས་ལ་བསྐུལ་བ་ནམ་མཁའི་ནོར་བུ་ ཞེས་བྱ་བ་བཞུགས་སོ། །.........................................................(83) ངེས་དོན་ལ་བསྐུལ་བ་ནམ་མཁའི་ནོར་བུའི་སྐབས་སུ་འདེབས་རྒྱུའི་ ལུང་བསྡུས་ཞེས་བྱ་བ། ..........................................................(98) ༄༅། །ཟབ་ལམ་སྦྱོར་བ་ཡན་ལག་དྲུག་པའི་ཁྲིད་ཡིག་ཐར་ལམ་ གསལ་བྱེད་ཅེས་བྱ་བ་བཞུགས་སོ། །.........................................................(251) ཟབ་ལམ་རྡོ་རྗེ་རྣལ་འབྱོར་གྱི་བར་དུ་དགེ་བའི་ ཁྲིད་ཡིག་བཞུགས་སོ། །................................................................................(291) ཟབ་ལམ་རྡོ་རྗེ་རྣལ་འབྱོར་གྱི་ཐ་མར་དགེ་བའི་ ཁྲིད་ཡིག་བཞུགས་སོ། །................................................................................(312) ༄༅། །ཀུན་མཁྱེན་དོལ་པོ་པའི་རྣམ་ཐར་རྒྱས་པ་ལས་སླར་ཡང་ བསྡུས་པ་ལྷའི་རྒྱལ་མཚན་གྱིས་བཀོད་པའི་ 1-1-3 དབུ་ཕྱོགས་ལེགས་སོ། །...........................................................(343) ཁྲོ་རྒྱལ་རྡོ་རྗེ་ཤུགས་ཀྱི་བསྐང་བའི་དབུ་ཕྱོགས་བཞུགས་སོ། །.....................(343) པར་བྱང་སྨོན་ཚིག..................................................................(351) 1-1-4 ༄༅། །ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་རྣམ་པར་ བཤད་པ་དེ་ཉིད་སྣང་བ་ཞེས་བྱ་བ་ བཞུགས་སོ། ། ༄༅། །ན་མོ་བུདྡྷཱ་ཡ། དབུ་མ་ཆེན་པོ་རྒྱུད་བླ་མའི་རྣམ་བཤད་དེ་ཉིད་སྣང་བ་ཞེས་བྱ་བ། བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། ། དོན་གཉིས་མཐར་ཐུག་སྟོན་མཆོག་རྫོགས་པའི་སངས་རྒྱས་དང༌། ། བདེན་གཉིས་ཟུང་འཇུག་ཆགས་བྲལ་ལམ་མཆོག་དམ་པའི་ཆོས། ། རིག་གྲོལ་ཕུན་ཚོགས་ཕྱིར་མི་ལྡོག་པའི་དགེ་འདུན་ཏེ། ། འཐོབ་བྱ་བླ་མེད་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། ། རྟོགས་བྱ་ཆོས་དབྱིངས་དྲི་མ་ཀུན་གྱིས་དག་བྱས་ནས། ། རྟོགས་པའི་ངོ་བོ་བྱང་ཆུབ་ཆེན་པོ་མྱུར་ཐོབ་སྟེ། ། དེ་ལྡན་བྲལ་དང་རྣམ་སྨིན་ཡོན་ཏན་རབ་རྒྱས་ནས། ། ཐོགས་མེད་ཕྲིན་ལས་འགྲོ་བ་ཀུན་ལ་འཇུག་གྱུར་ཅིག ། ཆོས་འཁོར་མཐར་ཐུག་འཁོར་ལོ་གསུམ་པ་ཡི། ། དགོངས་པ་མཐར་ཐུག་དབུ་མ་ཆེན་པོའི་དོན། ། སྟོན་བྱེད་མཐར་ཐུག་བླ་མའི་རྒྱུད་འདི་ནི། ། 1-1-5 ལུང་རིགས་མཐར་ཐུག་རྣམས་ཀྱིས་གསལ་བར་བྱ། ། འདིར་ཐེག་པ་ཆེན་པོ་རྒྱུད་བླ་མ་འཕགས་པ་ཐོགས་མེད་ཀྱི་འགྲེལ་པ་ལྟར་འཆད་པ་ལ་ དོན་རྣམ་པ་བཞི་སྟེ། དོན་དང་མཐུན་པའི་མཚན་གྱི་དོན། དོན་ཆེན་སྒྲུབ་པ་སྤྱིའི་ཕྱག དོན་ མཆོག་ལྡན་པའི་བསྟན་བཅོས་དངོས། དོན་དེ་ལེགས་པར་བསྒྱུར་བའི་ཚུལ་ལོ། ། དང་པོ་ལ་བཞི། མཚན་བསྒྱུར་བ་དང༌། བཤད་པ་དང༌། འདོགས་པའི་རྒྱུ་མཚན་དང༌། བཏགས་པའི་དགོས་པའོ། ། དང་པོ་ནི་རྒྱ་གར་ནི་འཕགས་པའི་ཡུལ་སྐད་དུ་ནི་ཡུལ་དེ་པ་རྣམས་ཀྱི་སྐད་ལ་ཞེས་པའོ། ། བོད་ནི་ཁ་བ་ཅན་ཏེ་དེ་རྣམས་ཀྱི་སྐད་དུ་རིམ་པར་བསྒྱུར་ན། མ་ཧཱ་ནི་ཆེན་པོ་ཡ་ན་ནི་ཐེག་ པ་ཨུད་ཏ་ར་ནི་བླ་མ་ཏནྟྲ་ནི་རྒྱུད་ཤསྟྲ་ནི་བསྟན་བཅོས་སོ། ། གཉིས་པ་ལ་གསུམ་སྟེ། ཐེག་པ་ཆེན་པོ་ནི་ཆེན་པོ་བདུན་དང་ལྡན་པ་སྟེ། མདོ་སྡེ་རྒྱན་དུ། དམིགས་པ་ཆེ་བ་ཉིད་དང་ནི། །དེ་བཞིན་སྒྲུབ་པ་གཉིས་དག་དང༌། །ཡེ་ཤེས་བརྩོན་འགྲུས་ རྩོམ་པ་དང༌། །ཐབས་ལ་མཁས་པར་གྱུར་པ་དང༌། །ཡང་དག་སྒྲུབ་པ་ཆེན་པོ་དང༌། །སངས་ རྒྱས་ཕྲིན་ལས་ཆེན་པོ་སྟེ། །ཆེན་པོ་འདི་དང་ལྡན་པའི་ཕྱིར། །ཐེག་ཆེན་ཞེས་ནི་ངེས་པར་ བརྗོད། །ཅེས་སོ། ། གཉིས་པ་རྒྱུད་བླ་མ་ནི། བརྗོད་བྱ་དང་རྗོད་བྱེད་མཐར་ཐུག་བླ་ན་མེད་པའི་ཕྱིར་ཏེ། བརྗོད་པར་བྱ་བ་ཆོས་དབྱིངས་རྒྱུན་ཆགས་པའམ་བར་མ་ཆད་པས་རྒྱུད་དེ། སེམས་ཅན་དང་ བྱང་ཆུབ་སེམས་དཔའ་དང་སངས་རྒྱས་ཀྱི་གནས་སྐབས་ཐམས་ཅད་དུ་སྟོབས་སོགས་ཅན་ གྱི་བདེ་བཤེགས་སྙིང་པོ་རྒྱུན་ཆགས་སུ་ཡོད་པས་སོ། །མ་དག་མ་དག་དག་པ་དང༌། །ཤིན་ཏུ་ རྣམ་དག་གོ་རིམ་བཞིན། །ཞེས་དང༌། རྡོ་རྗེ་རྩེ་མོར། རྒྱུད་ནི་རྒྱུན་ཆགས་ཞེས་བྱ་སྟེ། །འཁོར་ བ་རྒྱུད་དུ་བརྗོད་པར་བྱ། །ཕྱི་མ་ཞེས་བྱ་ཕ་རོལ་ཏེ། །མྱ་ངན་འདས་པ་རྒྱུད་ཕྱི་མ། །ཞེས་སོ། 1-1-6 ། རྗོད་པར་བྱེད་པ་བླ་ན་མེད་པ་ཡང་ཡིན་ཏེ་བཀའ་འཁོར་ལོ་གསུམ་པོ་དམན་པ་དང་མཆོག་ གི་རིམ་པས་ཕྱི་མ་ཕྱི་མ་མཆོག་གིས་ན་འཁོར་ལོ་གསུམ་པ་ནི་རྒྱུད་ཕྱི་མ་དང་བླ་མ་དང་དབུ་ མ་ཆེན་པོ་སྣང་བཅས་དབུ་མའི་གཞུང་སྟེ་འདིར་སླར་ཡང་བླ་མའི་རྒྱུད་འདིར་ནི་ཞེས་སོགས་ དང༌། མྱང་འདས་ཆེན་པོར། ད་ནི་སྨན་ཆེན་པོ་བཞིན་དུ་དེ་བཞིན་གཤེགས་པའི་གསུང་རབ་ དགུ་ལས་དོན་གྱི་བྱ་བ་བྱས་ཟིན་པའི་དགེ་སློང་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་པོའི་ རྒྱུད་ཕྱི་མ་ལས་དེ་བཞིན་བཤེགས་པའི་སྙིང་པོ་རྟག་གོ །ཞེས་སྟོན་པར་མཛད་དོ་ཞེས་དང༌། འོ་མ་ལས་ཞོ་དང་ཞོ་ལས་མར་གསར་དང་མར་གསར་ལས་ཞུན་མར་དང༌། ཞུན་མར་ལས་ མར་གྱི་ཉིང་ཁུ་འབྱུང་ངོ༌། །དེ་བཞིན་དུ་མདོ་སྡེ་བཅུ་གཉིས་ལས་མདོའི་སྡེ་དང་མདོའི་སྡེ་ལས་ ཤིན་ཏུ་རྒྱས་པའི་སྡེ་དང་ཤིན་ཏུ་རྒྱས་པའི་སྡེ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཡོངས་སུ་མྱ་ངན་ལས་འདས་པ་མར་གྱི་ཉིང་ཁུ་ལྟ་བུའི་མདོ་ སྡེ་འབྱུང་ངོ་ཞེས་སོ༑ ༑འོ་ན་བཀའ་བར་པ་དབུ་མ་དང་ཐ་མ་སེམས་ཙམ་དུ་གྲག་གོ་ཞེ་ན། དེ་ ནི་ཨར་འཁྱམས་ཀྱི་སྨྲ་བ་སྟེ། དེའང་དབུ་སེམས་ཀྱི་ཁྱད་མདོས་སྤྱིར་བསྟན་པ་དང༌། རྒྱུད་ དང་བསྟན་བཅོས་ཀྱིས་ཁྱད་པར་དུ་བཤད་པས་ཤེས་ཏེ་དང་པོ་ནི། གང་ཕྱིར་རྒྱལ་ལས་ཆེས་ མཁས་འགའ་ཡང་འཇིག་རྟེན་འདི་ན་ཡོད་མིན་ཏེ་ཞེས་སོགས་ཀྱི་ཕྱིར་སྟོན་པ་ཉིད་དཔང་ དུ་ཆེ་ལ་དེ་ཉིད་ཀྱིས་བར་བ་གནས་སྐབས་སྣང་མེད་ཀྱི་དབུ་མ་དང་ཐ་མ་མཐར་ཐུག་སྣང་ བཅས་ཀྱི་དབུ་མར་གསུངས་པས་སོ། །དེའང་ལང་གཤེགས་སུ༑ སེམས་ཙམ་ལ་ནི་བརྟེན་ ནས་ནི། །ཕྱི་རོལ་དོན་དུ་མི་རྟོག་གོ །སྣང་བ་མེད་པ་ལ་བརྟེན་ནས། །སེམས་ཙམ་ལས་ནི་ འདའ་བར་བྱ། །ཡང་དག་དམིགས་པ་ལ་བརྟེན་ནས། །སྣང་བ་མེད་ལས་འདའ་བར་བྱ། ། སྣང་མེད་གནས་པའི་རྣལ་འབྱོར་པས། །ཐེག་པ་ཆེན་པོ་མི་མཐོང་ངོ༌། །ཞེས་ཏེ་བར་བ་ནི་ སེམས་ཙམ་མན་དངོས་པོར་སྨྲ་བའི་གཉེན་པོར་ཤེས་བྱ་ཐམས་ཅད་རྣམ་ཀུན་སྟོང་པར་སྟོན་ 1-1-7 གྱི་གཤིས་ལ་རང་གི་ངོ་བོས་མི་སྟོང་པའི་བདེ་གཤེགས་སྙིང་པོ་ཆོས་སྐུ་ཡོད་པར་མི་སྟོན་པས་ སྣང་མེད་བར་བ་ལ་གནས་ཙམ་གྱི་ཐེག་ཆེན་རྫོགས་པར་མི་མཐོང་སྟེ་ཐེག་ཆེན་མཐར་ཐུག་ ནི་བདེ་གཤེགས་སྙིང་པོ་ཡིན་པས་སོ། །མྱང་འདས་ཆེན་པོར། མདོ་སྡེ་ཐམས་ཅད་དང་ཏིང་ངེ་ འཛིན་ཐམས་ཅད་ཐོས་པས་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པར་མི་ཤེས་སོ། །དབྱར་ གྱི་ནམ་ལ་ཤ་མོ་སྐྱེ་བ་བཞིན་དུ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་ཆེན་པོ་འདི་ལས་ དགོངས་པའི་ཚིག་གསང་བ་ཐམས་ཅད་འབྱུང་སྟེ། འདི་ཐོས་མ་ཐག་ཏུ་སེམས་ཅན་ཐམས་ ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པར་ཡང་དག་པར་ཤེས་པར་འགྱུར་རོ་ཞེས་དང༌། འདིར་ཡང༌། འདི་ལྟར་དེ་ནི་མ་ཐོས་པས་ཞེས་སོགས་དང༌། འདི་ལས་དེ་ནི་ཐོས་པ་ལས་ཞེས་ སོགས་ཀྱི་ཕྱིར་རོ། །དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་བསྟན་པའི་མདོར་ཡང་ནོར་ བུ་མཁན་གྱི་ནོར་བུའི་དྲི་མ་རགས་པ་དང་འབྲིང་དང་ཕྲ་བ་རིམ་པར་སྦྱོང་བ་བཞིན་སྟོན་པས། དེ་བཞིན་གཤེགས་པའི་སྙིང་པོའི་དྲི་མ་རགས་པ་དང་འབྲིང་དང་ཕྲ་བ་རྣམས་སྦྱོང་བའི་དོན་ དུ་འཁོར་ལོ་དང་པོ་དང་གཉིས་པ་དང་གསུམ་པ་རྣམས་རིམ་པར་བསྐོར་བར་གསུངས་པས་ སོ། །གལ་ཏེ་ཆོས་འཁོར་གཉིས་པས་གསུམ་པ་དམན་ན་སྒོམ་སྤང་འབྲིང་པོའི་གཉེན་པོ་སྒོམ་ ལམ་འབྲིང་པོ་བས་སྒོམ་སྤང་ཆུ་ངུའི་གཉེན་པོ་སྒོམ་ལམ་ཆེན་པོ་དམན་པར་ཐལ་ཏེ་དེ་ལྟར་ ཡང་མིན་ནོ༑ ༑དེ་ཉིད་དུ། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་ནོར་བུ་མཁན་མཁས་པ་ནོར་བུ་ སྦྱོང་བའི་ཚུལ་ལེགས་པར་ཤེས་པ་དེས། ནོར་བུའི་རིགས་ནས་ཡོངས་སུ་མ་དག་པའི་ནོར་བུ་ རིན་པོ་ཆེ་བླངས་ཏེ་ལན་ཚྭའི་ཆུ་རྣོན་པོས་སྦངས་ནས་སྐྲའི་རེ་བས་ཡོངས་སུ་སྦྱོང་བས་ཡོངས་ སུ་སྦྱོང་བར་བྱེད་དོ། །དེ་ཙམ་གྱིས་བརྩོན་པ་འདོར་བ་ཡང་མ་ཡིན་ཏེ། དེའི་འོག་ཏུ་ཟས་ཀྱི་ཁུ་ བ་རྣོན་པོས་སྦངས་ནས་བལ་གྱི་ལྭ་བའི་ཡོངས་སུ་སྦྱོང་བས་ཡོངས་སུ་སྦྱོང་བར་བྱེད་དོ། །དེ་ ཙམ་གྱིས་བརྩོན་པ་འདོར་བ་ཡང་མ་ཡིན་ཏེ། དེའི་འོག་ཏུ་སྨན་ཆེན་པོའི་ཁུ་བ་ལ་སྦངས་ནས་ 1-1-8 རས་སྲབ་མོའི་ཡོངས་སུ་སྦྱོང་བས་ཡོངས་སུ་སྦྱོང་བར་བྱེད་དོ། །ཡོངས་སུ་སྦྱངས་ཏེ་དྲི་མ་དང་ བྲལ་བ་ནི་བཻ་ཌཱུརྱའི་རིགས་ཆེན་པོ་ཞེས་བརྗོད་དོ། ། རིགས་ཀྱི་བུ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་ཡོངས་སུ་མ་དག་པའི་སེམས་ཅན་ གྱི་ཁམས་མཁྱེན་ནས་མི་རྟག་པ་དང་སྡུག་བསྔལ་བ་དང་བདག་མེད་པ་དང་མི་གཙང་བ་ དང་ཡིད་འབྱུང་བའི་གཏམ་གྱིས་འཁོར་བ་ལ་དགའ་བའི་སེམས་ཅན་རྣམས་སྐྱོ་བ་བསྐྱེད་ པར་མཛད་དེ་འཕགས་པའི་ཆོས་འདུལ་བ་ལ་འཛུད་པར་མཛད་དོ། །དེ་ཙམ་གྱིས་དེ་བཞིན་ གཤེགས་པ་བརྩོན་པ་འདོར་བ་ཡང་མ་ཡིན་ཏེ། དེའི་འོག་ཏུ་སྟོང་བ་ཉིད་དང་མཚན་མ་ མེད་པ་དང་སྨོན་པ་མེད་པའི་གཏམ་གྱིས་དེ་བཞིན་གཤེགས་པའི་ཚུལ་རྟོགས་པར་མཛད་ དོ། །དེ་ཙམ་གྱིས་དེ་བཞིན་གཤེགས་པ་བརྩོན་པ་འདོར་བ་ཡང་མིན་ཏེ་དེའི་འོག་ཏུ་ཕྱིར་ མི་ལྡོག་པའི་ཆོས་ཀྱི་འཁོར་ལོའི་གཏམ་འཁོར་གསུམ་ཡོངས་སུ་དག་པའི་གཏམ་གྱིས་རང་ བཞིན་སྣ་ཚོགས་ཀྱི་རྒྱུ་ཅན་གྱི་སེམས་ཅན་དེ་རྣམས་དེ་བཞིན་གཤེགས་པའི་ཡུལ་ལ་འཇུག་ པར་མཛད་དོ། །ཞུགས་པར་གྱུར་ཅིང་དེ་བཞིན་གཤེགས་པའི་ཆོས་ཉིད་རྟོགས་ན་ནི་བླ་ན་ མེད་པའི་ཡོན་གནས་ཞེས་བརྗོད་དོ་ཞེས་སོ། །སྟོན་པའི་མདོ་རྣམས་ཀྱི་རང་འགྲེལ་མདོ་སྡེ་ དགོངས་པ་ངེས་འགྲེལ་དུ། བཅོམ་ལྡན་འདས་ཀྱིས་ཡུལ་ཝ་ར་ན་སི་དྲང་སྲོང་སྨྲ་བ་རི་དྭགས་ ཀྱི་གནས་སུ་ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་རྣམས་ལ་འཕགས་པའི་བདེན་ པ་བཞི་རྣམ་པར་བསྟན་པའི་ཆོས་ཀྱི་འཁོར་ལོ་ངོ་མཚར་རྨད་དུ་བྱུང་བ་སྔོན་ལྷར་གྱུར་པའམ་ མིར་གྱུར་པ་སུས་ཀྱང་ཆོས་དང་མཐུན་པར་མ་བསྐོར་བ་ཅིག་རབ་ཏུ་བསྐོར་ཏེ། བཅོམ་ལྡན་ འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ཡང་བླ་ན་མཆིས་པ་སྐབས་མཆིས་པ་དྲང་བའི་ དོན་རྩོད་པའི་གཞིའི་གནས་སུ་གྱུར་པ་ལགས་ལ། བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ངོ་ བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས་སྐྱེ་བ་མ་མཆིས་པ་དང་འགག་པ་མ་མཆིས་པ་དང་ 1-1-9 གཟོད་མ་ནས་ཞི་བ་དང་རང་བཞིན་གྱིས་ཡོངས་སུ་མྱ་ངན་འདས་པ་ལས་བརྩམས་ནས་ཐེག་ པ་ཆེན་པོ་ལ་ཞུགས་པ་རྣམས་ལ་སྟོང་པ་ཉིད་སྨོས་པའི་རྣམ་པས་ཆེས་ངོ་མཚར་རྨད་དུ་བྱུང་ བའི་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་ བ་དེ་ཡང་བླ་ན་མཆིས་པ་སྐབས་མཆིས་པ་དྲང་བའི་དོན་རྩོད་པའི་གཞིའི་གནས་སུ་གྱུར་པ་ ལགས་ཀྱི། བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས་ སྐྱེ་བ་མ་མཆིས་པ་ཉིད་དང་འགག་པ་མ་མཆིས་ཉིད་དང་གཟོད་མ་ནས་ཞི་བ་ཉིད་དང་རང་ བཞིན་གྱིས་མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ནས་ཐེག་པ་ཐམས་ཅད་ལ་ཡང་དག་ པར་ཞུགས་པ་རྣམས་ལ་ལེགས་པར་རྣམ་པར་ཕྱེ་བ་དང་ལྡན་པ་ཤིན་ཏུ་ངོ་མཚར་རྨད་དུ་བྱུང་ བའི་ཆོས་ཀྱི་འཁོར་ལོ་གསུམ་པ་བསྐོར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་ བ་འདི་ནི་བླ་ན་མ་མཆིས་པ་སྐབས་མ་མཆིས་པ་ངེས་པའི་དོན་ལགས་ཏེ་རྩོད་པའི་གཞིའི་ གནས་སུ་གྱུར་པ་མ་ལགས་སོ། །བཅོམ་ལྡན་འདས་ཆོས་རྣམས་ཀྱིས་ངོ་བོ་ཉིད་མ་མཆིས་པ་ ཉིད་ལས་བརྩམས་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ནས། བཅོམ་ལྡན་འདས་ཀྱིས་ངེས་པའི་དོན་བསྟན་པ་འདི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ གིས་ཐོས་ནས་མོས་པར་བགྱིད་པ་དང་ཡི་གེ་འདྲིར་རྩོལ་བ་དང༌། ཡི་གེར་བྲིས་ནས་འཆང་ པ་དང་ཀློག་པ་དང་མཆོད་པ་དང་ཡང་དག་པར་འགྱིད་པ་དང༌། ལུང་ནོད་པ་དང་ཁ་དོན་ བགྱིད་པ་དང༌། སེམས་པ་དང་བསྒོམ་པའི་རྣམ་པར་སྦྱོར་བར་བགྱིད་པ་དེའི་བསོད་ནམས་ ཇི་ཙམ་ཞིག་བསྐྱེད་པར་འགྱུར་བ་ལགས་ཞེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་དོན་ དམ་ཡང་དག་འཕགས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེས་ནི་བསོད་ནམས་དཔག་ཏུ་མེད་ གྲངས་མེད་པ་བསྐྱེད་དོ༑ ༑དེའི་དཔེར་བྱ་བར་སླ་བ་མིན་གྱི་འོན་ཀྱང་མདོར་བསྡུས་ཏེ་ཁྱོད་ ལ་བཤད་པར་བྱའོ། །དོན་དམ་ཡང་དག་འཕགས་འདི་ལྟ་སྟེ་སེན་མོའི་རྩེ་ལ་གནས་པའི་ 1-1-10 རྡུལ་གང་ཡིན་པ་དེ་དག་ནི་ས་ལ་གནས་པའི་རྡུལ་རྣམས་དང་བསྒྲུན་ན་བརྒྱའི་ཆར་ཡང་ཉེ་ བར་མི་འགྲོ་ཞིང༌། སྟོང་གི་ཆ་དང་འབུམ་གྱི་ཆ་དང་གྲངས་དང་ཆ་དང་བགྲང་བ་དང་དཔེ་དང་ རྒྱུར་ཡང་ཉེ་བར་མི་འགྲོའོ། །བ་ལང་གི་རྗེས་ཀྱི་ཆུ་ནི་རྒྱ་མཚོ་ཆེན་པོ་བཞིའི་ཆུ་དང་བསྒྲུན་ན་ བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས་རྒྱུའི་བར་དུ་ཡང་ཉེ་བར་མི་འགྲོའོ། །དོན་དམ་ཡང་ དག་འཕགས་དེ་བཞིན་དུ་ངས་དྲང་བའི་དོན་གྱི་མདོ་སྡེ་ལ་མོས་པ་ནས་བསྒོམ་པའི་རྣམ་པའི་ སྦྱོར་བར་བྱེད་པའི་བར་གྱི་བསོད་ནམས་གང་བཤད་པ་དེ་ནི་ངེས་པའི་དོན་བསྟན་པ་ལ་མོས་ པ་ནས་བསྒོམས་པའི་རྣམ་པས་སྦྱོར་བ་ལས་ཡང་དག་པར་འགྲུབ་པའི་བར་གྱི་བསོད་ནམས་ འདི་དང་བསྒྲུན་ན་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས་རྒྱུའི་བར་དུ་ཡང་ཉེ་བར་མི་འགྲོའོ་ ཞེས་འཁོར་ལོ་བར་པ་ལས་ཐ་མ་ཁྱད་པར་རྣམ་པ་དྲུག་གིས་འཕགས་ཏེ། བླ་ན་ཡོད་པ་དང་ མེད་པའི་དང༌། ལུང་རིགས་ཀྱིས་གནོད་པའི་གོ་སྐབས་ཡོད་པ་དང་མེད་པའི་དང༌། དྲང་དོན་ དང་ངེས་དོན་གྱི་དང༌། རྩོད་གཞི་ཡིན་པ་དང་མིན་པའི་དང༌། རྣམ་པར་ཕྱེ་ནས་ཡིན་ལུགས་ གསལ་བར་མི་སྟོན་པ་དང་སྟོན་པའི་དང༌། ཆོས་སྤྱོད་ཀྱི་བསོད་ནམས་སེན་མོའི་རྩེའི་རྡུལ་ དང་ས་གཞི་བྱིན་གྱི་རྡུལ་ལྟ་བུའི་ཁྱད་པར་དང་དྲུག་གསུངས་སོ། །བླ་མ་གོང་མ་དག་འཁོར་ ལོ་གསུམ་པོ་གྲངས་བཞིན་དུ་ལྷག་པ་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་བསླབ་ པ་གསུམ་མམ་སྤྱོད་པ་དང་བསྒོམས་པ་དང་ལྟ་བ་གསུམ་རིམ་པར་སྟོན་པ་གཙོ་ཆེ་གསུང་བ་ མད་དེ། རྒྱུད་བླར། གང་ཕྱིར་སྦྱིན་པས་ལོངས་སྤྱོད་དག་ནི་སྒྲུབ་བྱེད་ཅིང༌། །ཁྲིམས་ཀྱིས་ མཐོ་རིས་བསྒོམས་པས་ཉོན་མོངས་སྤོང་བྱེད་ལ། །ཤེས་རབ་ཉོན་མོངས་ཤེས་བྱ་ཀུན་སྤོང་དེ་ ཡི་ཕྱིར། །འདི་མཆོག་ཉིད་དེ་དེ་ཡི་རྒྱུ་ནི་འདི་ཐོས་ཡིན། །ཞེས་ཏེ་འདི་ཐོས་ཞེས་པ་བཀའ་ཐ་ མ་འདི་ཞེས་པའོ། །གལ་ཏེ་བར་བའི་གདུལ་བྱ་ཐེག་ཆེན་པ་ཤ་སྟག་ཡིན་ལ་ཐ་མིའི་གདུལ་བྱ་ ནི་དེ་ལྟ་མིན་པར་མུ་སྟེགས་སོ་སྐྱེ་ཉན་རང་སོགས་སྣ་ཚོགས་ཡིན་པས་བར་པ་མཆོག་སྟེ་བར་ 1-1-11 པའི་ཐད་དུ་ཐེག་ཆེན་ལ་ཞུགས་པ་རྣམས་ལ་ཞེས་དང་ཐ་མའི་ཐད་དུ་རང་བཞིན་སྣ་ཚོགས་ ཀྱི་རྒྱུ་ཅན་ནམ་ཐེག་པ་ཐམས་ཅད་ལ་ཞུགས་པ་ཞེས་པས་སོ་ཞེ་ན་མིན་ཏེ། མདོ་དེའི་དོན་ནི་ བར་པའི་གདུལ་བྱ་ནི་དགེ་སྦྱོང་གི་བསླབ་པ་མེད་པའི་སྐྱ་བོ་ལྟ་བུ་དང་གསུམ་པའི་གདུལ་བྱ་ ནི་ཐེག་པ་འོག་མ་ཀུན་ལའང་ཞུགས་པའི་ཐེག་ཆེན་གྱི་དགེ་སློང་ལྟ་བུ་ཡིན་ཏེ། དཔེར་ན་དུས་ འཁོར་དུ། གསུམ་ལས་དགེ་སློང་མཆོག་ཡིན་ཞིང༌། །འབྲིང་ནི་དགེ་ཚུལ་ཡིན་པར་བརྗོད། ། ཁྱིམ་གནས་དེ་ལ་ཐ་མའོ། །ཞེས་རབ་འབྲིང་ཐ་གསུམ་གྱི་རྡོ་རྗེ་སློབ་དཔོན་བཤད་པའི་དང་ པོ་དང་མཐུན་ནོ། །རང་རང་གི་ཐེག་པ་སོ་སོ་ཁོ་ན་ལ་ཞུགས་པ་ནི་ཐེག་པ་ཐམས་ཅད་ལ་ ཞུགས་པ་ཞེས་པ་དང་འགལ་ཏེ་གཞན་གྱི་ཐེག་པ་ལ་མ་ཞུགས་པས་སོ། ། བཀའ་ཐ་མའི་གདུལ་བྱ་ནི་ཤིན་ཏུ་དག་པ་ཁོ་ན་ཡིན་ཏེ། རྔ་བོ་ཆེའི་མདོར། འོད་སྲུང་ འཁོར་དག་པར་གྱིས་ཤིག་ངས་རྔ་བོ་ཆེའི་མདོ་བསྟན་པར་བྱའོ་ཞེས་ནས་མུ་སྟེགས་ཉན་རང་ ཐེག་པ་ལ་གསར་ཞུགས་ཐམས་ཅད་ཕྱིར་དེང་ངོ༌། །དེ་ནས་འོད་སྲུང་གིས་འཁོར་དག་པའི་ རང་བཞིན་དུ་གྱུར་པས་གསུང་བར་ཞུ་ཞེས་དང༌། སོར་ཕྲེང་གི་མདོར་བདེ་གཤེགས་སྙིང་པོ་ ནི་བྱང་ཆུབ་སེམས་དཔའ་རྣམས་ལ་སྟོན་གྱི་གཞན་ལ་མི་སྟོན་ནོ་ཞེས་སོ། །གལ་ཏེ་ཏིང་ངེ་ འཛིན་རྒྱལ་པོར། སྟོང་པ་བདེ་བར་གཤེགས་པས་བསྟན་པ་གང༌། །ངེས་དོན་མདོ་སྡེ་དག་གི་ བྱེ་བྲག་ཕྱེད། །གང་ལ་སེམས་ཅན་གང་ཟག་སྐྱེས་བུ་བསྟན། །ཆོས་དེ་ཐམས་ཅད་དྲང་བའི་ དོན་དུ་ཤེས། །ཞེས་པས་བཀའ་བར་པ་ངེས་དོན་དང་ཐ་མ་དྲང་དོན་དུ་མ་བསྟན་ནམ་ཞེ་ན། ཉི་ཤུ་པར། གཟུགས་སོགས་སྐྱེ་མཆེད་ཡོད་པར་ནི། །དེས་འདུལ་བ་ཡི་སྐྱེ་བོ་ལ། །དགོངས་ པའི་དབང་གིས་གསུངས་པ་སྟེ། །ཞེས་པས་གཟུགས་སོགས་ཡོད་པར་སྟོན་པ་བཀའ་དང་པོ་ ལ་ལྟོས་ནས་ཐམས་ཅད་སྟོང་པར་སྟོན་པ་བར་པ་ངེས་དོན་ཡིན་ལ་ཆོས་ཉིད་གཉུག་མ་ཡང་ དོན་ལ་མེད་པར་སྟོན་པ་བཀའ་བར་པ་ལ་ལྟོས་ནས་ཆོས་ཅན་རྣམས་དོན་ལ་མེད་པ་དང་ 1-1-12 ཆོས་ཉིད་དོན་ལ་ཡོད་པ་རྟག་བརྟན་སོགས་སུ་སྟོན་པ་ཐ་མ་ངེས་དོན་ཡིན་ཏེ། རྔ་བོ་ཆེ་ཆེན་ པོའི་མདོར། སྟོང་པ་ཉིད་གང་ཅི་སྟོན་པའི་མདོ་སྡེ་དེ་ཐམས་ཅད་ནི་དགོངས་པ་ཅན་དུ་རིག་ པར་བྱ་ལ་བླ་ན་མེད་པའི་མདོ་སྡེ་འདི་ལྟ་བུ་ནི་དགོངས་པ་ཅན་མིན་པར་རིག་པར་བྱའོ་ཞེས་ དང༌། མྱང་འདས་ཆེན་པོའི་བམ་པོ་དྲུག་པའི་བཞི་གསུམ་སོང་བར། དགེ་སློང་རྣམས་ནི་ཆོས་ རྣམ་པ་བཞི་ལ་གནས་པར་བགྱིའོ། །བཞི་གང་ཞེ་ན་ཆོས་ལ་གནས་ཀྱི་གང་ཟག་ལ་མི་གནས་ པ་དང༌། དོན་ལ་གནས་ཀྱི་ཚིག་ལ་མི་གནས་པ་དང༌། ཡེ་ཤེས་ལ་གནས་ཀྱི་རྣམ་ཤེས་ལ་མི་ གནས་པ་དང༌། ངེས་པའི་དོན་ལ་གནས་ཀྱི་དྲང་བའི་དོན་ལ་མི་གནས་པའོ། །དེ་ལ་ཆོས་ལ་ གནས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའོ། །སངས་རྒྱས་ རྣམས་ཀྱི་ཆོས་ནི་ཆོས་རྣམས་ཀྱི་ཆོས་ཉིད་དོ། ། ཆོས་ཉིད་ཅེས་བྱ་བ་ནི་དེ་བཞིན་གཤེགས་པ་རྟག་པ་མི་འགྱུར་བའོ། །གང་ཟག་ལ་ མི་གནས་པ་ཞེས་བྱ་བ་ནི་ཉན་ཐོས་སོ། །ཉན་ཐོས་ནི་འདུས་བྱས་མི་རྟག་པའོ། །དེ་བཞིན་ གཤེགས་པ་ནི་རྟག་པའོ། །དོན་ལ་གནས་ཀྱི་ཚིག་ལ་མི་གནས་ཞེས་བྱ་བ་ནི་དོན་ནི་མངོན་ པར་རྟོགས་པའོ། །དེ་ནི་དེ་བཞིན་གཤེགས་པ་རྟག་ཏུ་གནས་པ་མི་འགྱུར་མི་འཕོ་བའོ། །ཡེ་ ཤེས་ལ་གནས་ཀྱི་རྣམ་ཤེས་ལ་མི་གནས་ཞེས་བྱ་བའི་ཡེ་ཤེས་ནི་དེ་བཞིན་གཤེགས་པའོ། ། ཉན་ཐོས་གང་ཞིག་དེ་བཞིན་གཤེགས་པའི་ཡོན་ཏན་ལ་མི་མཁས་པ་དེ་པས་ནི་རྣམ་པར་ ཤེས་པ་ཞེས་བྱ་སྟེ་གནས་པར་མི་བྱའོ། །གང་ཞིག་དེ་བཞིན་གཤེགས་པ་ཆོས་ཀྱི་སྐུར་ཤེས་ ན་དེ་ནི་ཡང་དག་པའི་ཡེ་ཤེས་ཡིན་ཏེ་ཞེས་དང༌། ངེས་པའི་དོན་ལ་གནས་ཀྱི་དྲང་བའི་དོན་ ལ་མི་གནས་པ་ནི། གང་ཞིག་དེ་བཞིན་གཤེགས་པ་མི་རྟག་པར་འགྱུར་ཞིང་འཕོ་བའོ་ཞེས་བྱ་ བ་ནི་བཀྲི་བའི་དོན་ནོ། །གང་ཞིག་དེ་བཞིན་གཤེགས་པ་རྟག་པ་མི་འགྱུར་ཞིང་མི་འཕོ་བའོ་ ཞེས་སྨྲ་བ་ནི་ངེས་པའི་དོན་ཞེས་བྱའོ། །ཞེས་སོགས་དང༌། མདོ་སྡེ་གང་དག་ལས། ཐམས་ 1-1-13 ཅད་གདུངས་པ་ཅན། ཐམས་ཅད་མི་རྟག་པ། ཐམས་ཅད་སྡུག་བསྔལ་བ། ཐམས་ཅད་ བདག་མེད་པའོ་ཞེས་གསུངས་པ་ནི་བཀྲི་བའི་དོན་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན་དོན་དེ་དག་ མི་ཤེས་པས་འགྲོ་བ་མང་པོ་མཚམས་མེད་པའི་སེམས་ཅན་དམྱལ་བར་ལྟུང་བར་བྱེད་པའི་ ཕྱིར་རོ་ཞེས་སོ། །འདིས་ནི་རྒྱུད་བླའི་དོན་རྟག་བརྟན་སོགས་སྒྲ་སྦྱར་བ་ཙམ་ཡིན་གྱི་དོན་ལ་ མི་གནས་པར་སྨྲ་བ་ལ་གནོད་ཅིང་གདུལ་བྱའི་མར་འདྲེན་མི་མཐད་པས་སོམས་ཤིག་ཤེས་ ལྡན་དག དེ་ལྟར་ན་བཀའ་བར་པ་ནི་དངོས་འཛིན་ལྟ་བའི་གཉེན་པོར་རྣམ་པར་མ་ཕྱེ་བར་ ཆོས་ཐམས་ཅད་ཕྱོགས་གཅིག་ཏུ་རང་བཞིན་དང་མཚན་ཉིད་དང༌། ངོ་བོ་ཉིད་རྣམས་མེད་ པ་དང༌། སྟོང་པ་བདག་མེད་དུ་སྟོན་པས། བཀའ་བར་པ་མཚན་ཉིད་མེད་པ་དང༌། སྟོང་པ་ སྨོས་པའི་ཆོས་འཁོར་ནི། མཚན་ཉིད་དང༌། གཉེན་པོ་ལ་ལྡེམ་དགོངས་དང༌། དོན་གཞན་ལ་ དགོངས་པའི་དྲང་དོན་དགོངས་པ་ཅན་ཡིན་ལ། ཐ་མ་ནི་ཡིན་ལུགས་ལྟར་ངོ་བོ་ཉིད་གསུམ་ སོགས་སུ་རྣམ་པར་ཕྱེ་ནས་སྟོན་པས། དེ་ལས་ཟློག་པ་ཡིན་ཏེ། ཤེར་ཕྱིན་ལྔ་བརྒྱ་པར། གང་ ཡང་བཅོམ་ལྡན་འདས་ཀྱིས་གཟུགས་རང་བཞིན་མེད་པ་དང༌། སྐྱེ་བ་མེད་པ་དང༌། འགག་ པ་མེད་པ་དང༌། གཟོད་མ་ནས་ཞི་བ་དང༌། རང་བཞིན་གྱིས་མྱ་ངན་ལས་འདས་པར་བསྟན་ པ་གང་ཡིན་པ་དེ་ནི་དགོངས་པ་མ་ཡིན་པ། དགོངས་པ་ཅན་མ་ཡིན་པ་སྒྲ་ཇི་བཞིན་པའོ་ཞེས་ སྨྲ་བ་དེ་དག་ནི། ཕྱི་རོལ་པ་ལས་ཀྱང་ཕྱི་རོལ་པ། སོ་སོ་སྐྱེ་བོའི་ཕྱོགས་ལ་བརྟེན་པའོ་ཞེས་ང་ སྨྲའོ། །དེ་བཞིན་དུ་ཚོར་བ་དང་ཞེས་སོགས་དང༌། མདོ་སྡེ་དགོངས་འགྲེལ་དུ་དོན་དམ་ཡང་ དག་འཕགས། འདི་ལ་དེ་བཞིན་གཤེགས་པ་ནི་ངོ་བོ་ཉིད་རྣམ་པ་གསུམ་པོ་འདི་དག་ཉིད་ལ་ དགོངས་ནས། དྲང་བའི་དོན་གྱིས་མདོ་བརྗོད་པ་ནི་རྣམ་པ་འདི་ལྟ་སྟེ། ཆོས་ཐམས་ཅད་ནི་ མ་སྐྱེས་པ། མ་འགགས་པ། གཟོད་མ་ནས་ཞི་བ་རང་བཞིན་གྱིས་མྱ་ངན་ལས་འདས་པའོ་ ཞེས་སྟོན་ཏོ་ཞེས་དང༌། འདི་ལྟ་བུའི་མདོ་ལ་སྒྲ་ཇི་བཞིན་དུ་ཞེན་ན་མཚན་མར་ལྟ་བ་སོགས་ 1-1-14 ལྟ་ངན་ཉེར་བརྒྱད་འབྱུང་སྟེ། དགོངས་འགྲེལ་དུ༑ ངའི་དགོངས་ཏེ་གསུངས་པ་ཡང་དག་པ་ ཇི་ལྟ་བ་བཞིན་དུ་མི་ཤེས་ཏེ་ཆོས་ལ་མོས་ཀྱང་ཆོས་འདི་དག་ཐམས་ཅད་ནི་ངོ་བོ་ཉིད་མེད་པ་ ཉིད་ཆོས་འདི་དག་ཐམས་ཅད་ནི་མ་སྐྱེས་པ་ཉིད་མ་འགག་པ་ཉིད་གཟོད་མ་ནས་ཞི་བ་ཉིད། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ཡིན་ནོ། །ཞེས་ཆོས་ལ་སྒྲ་ཇི་བཞིན་དུ་ མངོན་པར་ཞེན་ནས། དེ་དག་གཞི་དེ་ལས་ཆོས་ཐམས་ཅད་ལ་མེད་པར་ལྟ་བར་འགྱུར་ཏེ། མེད་པར་ལྟ་བ་དང༌། མཚན་ཉིད་མེད་པར་ལྟ་བར་གྱུར་ནས། ཐམས་ཅད་ལ་མཚན་ཉིད་ཀྱིས་ ཐམས་ཅད་ལ་སྐུར་ཏེ། ཆོས་རྣམས་ཀྱིས་ཀུན་ཏུ་བརྟགས་པའི་མཚན་ཉིད་ལའང་སྐུར་རོ། ། ཆོས་རྣམས་ཀྱི་གཞན་གྱི་དབང་གི་མཚན་ཉིད་དང༌། ཡོངས་སུ་གྲུབ་པའི་མཚན་ཉིད་ལའང་ སྐུར་ཏོ་ཞེས་སོགས་དང༌། ཐེག་ཆེན་ལ་དད་པ་བསྒོམ་པའི་མདོར། བྱང་ཆུབ་སེམས་དཔའ་སྒྲ་ ཇི་བཞིན་དུ་ཚུལ་བཞིན་མིན་པར་ཆོས་རབ་ཏུ་རྣམ་པར་འབྱེད་པ་ལ་ཡང་དག་མིན་པའི་ལྟ་བ་ ཉི་ཤུ་རྩ་བརྒྱད་འབྱུང་སྟེ། གང་ཞེ་ན། མཚན་མར་ལྟ་བ་དང༌། རྟག་པ་ལ་སྐུར་པ་འདེབས་པའི་ ལྟ་བ་དང༌། ཀུན་ཏུ་རྟོག་པ་ལ་སྐུར་པ་འདེབས་པའི་ལྟ་བ་དང༌། དེ་ཁོ་ན་ལ་སྐུར་བ་འདེབས་ པའི་ལྟ་བ་དང༌། ཞེས་སོགས་དང༌། སོར་ཕྲེང་ལ་ཕན་པའི་མདོར། བཙུན་པ་གང་པོ་ནི་སྦྲང་ བུའི་སྤྱད་པ་སྤྱོད་དེ་ཆོས་ཀྱི་གཏམ་སྟོན་མི་ཤེས་སོ། །སྦྲང་བུ་ཡང་ཟི་ཟི་ཞེས་སྒྲ་འབྱིན་ཤེས་ ཀྱི། སྦྲང་བུ་ལྟར་བླུན་པོ་ཁྱོད་ཅང་མ་ཟེར་གཅིག གང་པོ་དེ་བཞིན་གཤེགས་པའི་ལྡེམ་པོའི་ ངག་མི་ཤེས་པས། བདག་མེད་པ་ལ་ཆོས་སུ་སེམས་པ་ནི་གཏི་མུག་གི་ཆོས་ཀྱིས་མར་མེའི་ ནང་དུ་ཕྱེ་མ་ལེབ་ལྟར་ལྟུང་ངོ་ཞེས་དང༌། བཙུན་པ་འཇམ་དཔལ་ནི། སྦྲང་བུའི་སྤྱད་པ་སྤྱོད་ དེ། སྟོང་པ་དང་མི་སྟོང་བའི་དོན་དེ་ཁོ་ན་མི་ཤེས་སོ༑ ༑གཅེར་བུ་པ་ཡང༌། ཐམས་ཅད་སྟོང་ པར་སྒོམ་སྟེ། གཅེར་བུ་པའི་སྦྲང་མ་ཁྱོད་ཅང་མ་ཟེར་ཅིག་ཅེས། གང་པོ་དང་འཇམ་དཔལ་ལ་ སྨྲ་བ་ལྟར་མཛད་ཀྱང༌། བཀའ་བར་པའི་དངོས་བསྟན་ཆོས་རྣམས་རང་བཞིན་མེད་པ་དང༌། 1-1-15 སྟོང་པ་དང་བདག་མེད་ལ། ངེས་དོན་སྒྲ་ཇི་བཞིན་པར་ཞེན་པའི་དོན་ལ་སངས་རྒྱས་ཡོད་པ་ མིན་ཏེ། ཡོད་མེད་ཀྱི་སྤྲོས་པ་དང་བྲལ་བས་སོ་ཞེས་བཞེད་པའི་སྣང་མེད་དབུ་མ་པར་རློམ་ ཞིང༌། སངས་རྒྱས་དང་ཤེས་པ་གང་ཡིན་ལ་འདུས་བྱས་ཀྱིས་ཁྱབ་སྙམ་པ། དངོས་སྨྲ་བའི་ སྐྱ་དྲི་མ་སངས་པས་སངས་རྒྱས་ནམ་མཁའ་ལྟར་མ་ཁྱབ། ཁྱད་པར་སེམས་ཅན་ལ་ཆོས་ཉིད་ དུ་མི་བཞུགས་ཏེ༑ སངས་རྒྱས་ནི་རྒྱུ་རྐྱེན་ཚད་མེད་པས་བསྐྱེད་དགོས། སངས་རྒྱས་ཀྱི་ཡོན་ ཏན་གང་ཡིན་ཐམས་ཅད་འདུས་བྱས་ཡིན་ནོ་ཞེས་བཞེད་པ་རྣམས་ཚར་བཅད་ཅིང་དེ་དག་ ལ་གདམས་པ་ཡིན་ནོ། ། གཞན་ཡང་གོང་དུ་བརྗོད་པའི་ལུང་རིགས་འདི་རྣམས་ཀྱིས། མཁས་པ་འགའ། འདིར་ ནི། ཆོས་རྣམས་ངོ་བོ་ཉིད་མེད་དང༌། །མ་སྐྱེས་མ་འགགས་གཟོད་ནས་ཞི་བ་དང༌། །རང་ བཞིན་ཡོངས་སུ་མྱ་ངན་འདས་པ་དང༌། །བདེན་པའི་རང་བཞིན་མེད་པར་བསྟན་པ་འདི། ། འགའ་ཡི་གཞུང་དང་ཅུང་ཟད་མི་མཐུན་ཞིང༌། །ཁྱེད་ཀྱི་བཞེད་དང་ཀུན་ནས་འགལ་ན་ ཡང༌། །ས་ཆེན་བརྙེས་པའི་འཕགས་པ་ཀླུ་སྒྲུབ་ལུགས། །ཨཱརྱ་དེ་བའི་བཞེད་པ་འདི་ཉིད་ དེ། །སངས་རྒྱས་བསྐྱངས་དང་ཟླ་བ་གྲགས་པ་དང༌། །ལེགས་ལྡན་འབྱེད་ལ་སོགས་པའང་ འདི་ཉིད་བཞེད། །ཇོ་བོ་ཆེན་པོས་བསྟན་པའི་སྙིང་པོར་བཤད། །སྲོལ་འབྱེད་ཆེན་པོ་བློ་ལྡན་ ཤེས་རབ་དང༌། །སྔོན་མེད་ཉི་མ་ས་བུ་རྣམ་གཉིས་ཀྱང༌། །ཚུལ་འདི་བཞེད་པས་བློ་མིག་དག་ རྣམས་ཀྱིས། །འདི་ལྟར་བཤད་ན་བསྟན་ལ་བྱ་བ་བྱས། །ཞེས་བཞེད་པའང་ཚར་བཅད་པ་ ཡིན་ལ། སྤྱིར་སྟོན་པའི་བཀའ་དང་མཐུན་པ་ཉིད་བསྟན་པའི་བྱ་བ་སྟེ། གང་ཕྱིར་རྒྱལ་ལས་ ཆེས་མཁས་འགའ་ཡང་འཇིག་རྟེན་འདི་ན་ཡོད་མིན་ཏེ་ཞེས་སོགས་ཀྱི་ཕྱིར་རོ། ། དེས་ན་བཀའ་བར་པ་ཆོས་ཐམས་ཅད་རང་སྟོང་དང༌། ངོ་བོ་ཉིད་མེད་པར་བསྟན་པ་ དགོངས་པ་ཅན་ཡིན་ལ། དགོངས་གཞི་ཆོས་ཐམས་ཅད་ཀྱི་སྟོང་གཞི་ཡང་དག་པའི་མཐའ། 1-1-16 དེ་བཞིན་ཉིད་ནི་དེ་སྟོང་ཆ་བརྟགས་ཆོས་འདུས་བྱས་ཐམས་ཅད་ཀྱིས་སྟོང་བ་ལ་དགོངས། དགོས་པ་བརྟགས་ཆོས་དངོས་འཛིན་གྱི་ལྟ་བ་གཞོམ་ཕྱིར་ཡིན། དངོས་ལ་གནོད་བྱེད། དེ་ ལ་སྒྲ་ཇི་བཞིན་དུ་ཞེན་ན། ལྟ་ལོག་ཉེར་བརྒྱད་འབྱུང་བ་དང༌། རང་ཉིད་སེམས་ཅན་དམྱལ་ བར་སྐྱེ་ལ། གཞན་ཆོས་འདོད་པ་རྣམས་ཕུང་བར་བྱེད་པ་དང༌། བདེ་གཤེགས་སྙིང་པོ་མེད་ ན། ཆད་ལྟར་འགྱུར་བའི་ཉེས་པ་རྣམས་ཀྱིས་རེག་སྟེ། རྒྱུད་བླར། སྤྲིན་དང་རྨི་ལམ་རྒྱུ་བཞིན་ དེ་དང་དེར། །ཤེས་བྱ་ཐམས་ཅད་རྣམ་ཀུན་སྟོང་པ་ཞེས། །གསུངས་ནས་ཞེས་དང༌། ཡང་ དག་མཐའ་ནི་འདུས་བྱས་ཀྱི། །རྣམ་པ་ཐམས་ཅད་དབེན་པ་སྟེ༑ ༑ཉོན་མོངས་ལས་དང་རྣམ་ སྨིན་དོན། །སྤྲིན་ལ་སོགས་པ་བཞིན་དུ་བརྗོད། །ཅེས་དང༌། དབུ་མ་རྩ་བར། རྒྱལ་བ་རྣམས་ ཀྱིས་སྟོང་པ་ཉིད། །ལྟ་ཀུན་ངེས་པར་འབྱིན་པར་གསུངས། །གང་དག་སྟོང་པ་ཉིད་ལྟ་བ། །དེ་ དག་སྒྲུབ་ཏུ་མེད་པར་གསུངས། །ཞེས་སོ། །ངོ་བོ་ཉིད་མེད་པར་བསྟན་པའི་དགོངས་གཞི་ བྱིན་སྔར་དང་འདྲ་ལ། ཁྱད་པར་གཞན་གསུམ་གྱི་ངོ་བོ་ཉིད་མེད་པ་གསུམ་སྟེ། ཀུན་བརྟགས་ མཚན་ཉིད་ངོ་བོ་ཉིད་མེད་པ། གཞན་དབང་སྐྱེ་བ་ངོ་བོ་ཉིད་མེད་པ། ཡོངས་གྲུབ་དོན་དམ་པ་ དངོས་པོའི་ངོ་བོ་ཉིད་མེད་པ་སྟེ། སུམ་ཅུ་པར། ངོ་བོ་ཉིད་ནི་རྣམ་གསུམ་གྱི། །ངོ་བོ་ཉིད་མེད་ རྣམ་གསུམ་ལ། །དགོངས་ནས་ཆོས་རྣམས་ཐམས་ཅད་ནི། །ངོ་བོ་ཉིད་མེད་བསྟན་པ་ཡིན། ། ཞེས་དང༌། མདོ་སྡེ་དགོངས་འགྲེལ་ལས། ཆོས་རྣམས་ངོ་བོ་ཉིད་མེད་ཆོས་རྣམས་མ་སྐྱེས་ དང༌། །ཆོས་རྣམས་མ་འགགས་ཆོས་རྣམས་གཟོད་ནས་ཞི་བ་དང༌། །ཆོས་རྣམས་ཐམས་ཅད་ རང་བཞིན་མྱ་ངན་འདས་པར་ནི། །དགོངས་པ་མེད་པར་མཁས་པ་སུ་ཞིག་སྨྲ་བར་འགྱུར། ། མཚན་ཉིད་ངོ་བོ་ཉིད་མེད་སྐྱེ་བ་ངོ་བོ་ཉིད་མེད་དང༌། །དོན་དམ་ངོ་བོ་ཉིད་མེད་དོ་ཞེས་ངས་ བཤད་དེ། །འདི་ལ་མཁས་པ་སུ་དག་དགོངས་པ་ཤེས་པ་ནི། །རབ་ཏུ་ཉམས་པའི་ལམ་དུ་ དེ་མི་འགྲོ། །ཀུན་གྱི་རྣམ་པར་དག་པའི་ལམ་ནི་འདི་ཡིན་ཏེ། །ཞེས་སོ། །ཆོས་རྣམས་ངོ་བོ་ 1-1-17 ཉིད་གསུམ་སོགས་སུ་རྣམ་པར་ཕྱེ་བའི་ལྟ་བ་ནི་རབ་ཏུ་ཉམས་པའི་ལམ་ཆད་ལྟ་དང༌། དངོས་ སྨྲ་བར་མི་འགྱུར་བར། རྣམ་པར་དག་པའི་ལམ་སྣང་བཅས་དབུ་མར་འགྱུར་ཏེ། སྔགས་སུ་ ཕྱོགས་ཉམས་དག་ནི་མ་ཉམས་པར་འགྱུར་རོ། །ཞེས་པ་དང་གནད་གཅིག་གོ ། གཉིས་པ་དབུ་སེམས་ཀྱི་ཁྱད་པར་རྒྱས་བཤད་ནི། དུས་འཁོར་དུ། གང་ཞིག་དེ་ཉིད་ གང་ཟག་ཅེས་བྱ་ལུས་ལ་གནས་པར་སྨྲ་བ་དེ་ནི་རང་བཞིན་དག་གི་ཉམས། །ཀུན་རྫོབ་དག་ གི་དོན་ནི་སྨྲ་བ་པོ་ཡང་དོན་དམ་མ་རིག་མེད་པ་དག་ཏུ་བྱེད། །སྲིད་གསུམ་མཐའ་དག་རྣམ་ པར་ཤེས་པ་ཉིད་དུ་སྨྲ་བ་པོ་ཡང་རྣམ་པར་ཤེས་པ་འདོད་པར་བྱེད། །གང་ཞིག་སྙིང་རྗེ་སྟོང་ ཉིད་གཉིས་སུ་མེད་པར་སྨྲ་པོ་ཕྱོགས་ཉམས་དག་ནི་མ་ཉམས་པར་འགྱུར་རོ། །ཞེས་དང་ འདིའི་འགྲེལ་པར། ནམ་མཁའ་དང་ནི་འགོག་པ་གཉིས། །འདུས་མ་བྱས་གསུམ་རྟག་པ་སྟེ། ། འདུས་བྱས་ཐམས་ཅད་སྐད་ཅིག་མ། །བདག་གི་སྟོང་ཞིང་བྱེད་པོ་མེད། །དབང་སྐྱེས་བློ་ནི་ རྣམ་མེད་ཀྱིས། །ཕྲ་རབ་བསགས་པ་དངོས་སུ་རིག །ཁ་ཆེའི་གཞུང་གི་ཆུ་གཏེར་གྱི། །བྱེ་བྲག་ སྨྲ་བའི་གཞུང་འདོད་འགྱུར། །ཤེས་པ་རྣམ་བཅས་སྐྱེད་བྱེད་ནི། །དབང་པོའི་སྤྱོད་ཡུལ་སྣང་ བ་མིན། །ནམ་མཁའ་མོ་གཤམ་བུ་དང་མཚུངས། །འགོག་པ་དང་ནི་ནམ་མཁའ་མཚུངས། ། འདུ་བྱེད་བེམས་པོ་ཡོད་མ་ཡིན། །དུས་གསུམ་རྗེས་འགྲོ་དག་ཀྱང་མེད། །ཐོགས་པ་མེད་ པའི་གཟུགས་ཡོད་མིན། །ཞེས་པ་མདོ་སྡེ་པ་ཡིས་རིག །ཆ་ཤས་ཅན་ཞེས་བྱ་བ་མེད། །ཕྲ་ རབ་རྡུལ་རྣམ་ཡོད་མ་ཡིན། །རྨི་ལམ་ཉམས་སུ་མྱོང་བ་བཞིན། །དམིགས་པ་མེད་པ་རབ་ཏུ་ སྣང༌། །གཟུང་དང་འཛིན་པ་རྣམ་གྲོལ་བའི། །རྣམ་པར་ཤེས་པ་དོན་དམ་ཡོད། །ཅེས་པ་རྣལ་ འབྱོར་སྤྱོད་པའི་གཞུང༌། །རྒྱ་མཚོའི་ཕ་རོལ་ཕྱིན་རྣམས་སྒྲོགས། །རྣམ་ཤེས་དེ་ཡང་དོན་དམ་ དུ། །ཡོད་པར་མཁས་རྣམས་མི་འདོད་དེ། །གཅིག་དང་དུ་མའི་རང་བཞིན་དང༌། །བྲལ་བས་ ནམ་མཁའི་པདྨ་བཞིན། །ཡོད་མིན་མེད་མིན་ཡོད་མེད་མིན། །གཉི་གའི་བདག་ཉིད་མིན་ 1-1-18 པའང་མིན། །མཐའ་བཞི་རྣམ་པར་གྲོལ་བ་ཡི། །དེ་ཉིད་དབུ་མ་པ་ཡིས་རིག །ཅེས་སྤྱན་རས་ གཟིགས་ཀྱིས་གསུངས་སོ། ། ཚིགས་བཅད་འདི་རྣམས་འཇམ་དཔལ་གྱི་རང་གི་ལྟ་བའི་འདོད་པ་མདོར་བསྟན་དང༌། འཕགས་པ་ལྷས་ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་དང་ཛེ་ཏ་རིའི་བདེ་གཤེགས་གཞུང་གི་ རབ་བྱེད་ལས་ཀྱང་འབྱུང་ངོ༌། ། དེས་ན་སེམས་ཙམ་གྱི་འདོད་པ་བརྗོད་པའི་ཚེ་རྣམ་པར་ཤེས་པ་དོན་དམ་ཡོད་ཅེས་ འབྱུང་གི་ཡོངས་གྲུབ་དང་སངས་རྒྱས་དང་ཡེ་ཤེས་སོགས་དོན་དམ་ཡོད་ཅེས་པ་ནི་མི་འབྱུང་ ལ། དེ་ལ་དབུ་མ་པས་དགག་པ་བྱེད་པའི་ཚེ། རྣམ་ཤེས་དེ་ཡང་དོན་དམ་དུ། །ཡོད་པར་ མཁས་རྣམས་མི་འདོད་དེ། །ཞེས་སོགས་འབྱུང་གི་ཡོངས་གྲུབ་དང་སངས་རྒྱས་དང་ཡེ་ཤེས་ སོགས་དོན་དམ་དུ། ཡོད་པར་མཁས་རྣམས་མི་འདོད་དེ་ཞེས་པ་མི་འབྱུང་ངོ༌། །དབུ་མའི་ ཡིན་ལུགས་སྟོན་པའི་ཚེ། མཐའ་བཞི་ལས་ནི་རྣམ་གྲོལ་བའི། །དེ་ཉིད་ཅེས་པ་ཡང་བྲལ་ཙམ་ གྱི་མེད་དགག་གམ་ཅིར་ཡང་བརྗོད་མི་རུང་ནི་གནས་སྐབས་སུ་བཀའ་བར་པར་འབྱུང་བའི་ སྣང་མེད་དབུ་མ་ཡིན་ལ། དེ་ལྟ་བུ་མིན་གྱི་མཐའ་འམ་བརྟགས་ཆོས་ཀུན་གྱི་བྲལ་གཞིའམ་ དབེན་གཞི་ཆོས་ཉིད་གཉིས་མེད་ཡེ་ཤེས་ནི་མཐར་ཐུག་བཀའ་ཐ་མ་ཡན་དུ་འབྱུང་བའི་སྣང་ བཅས་དབུ་མ་དང་རྒྱུད་སྡེར་གསུངས་པའི་སྐུ་ཡི་བདེ་བ་ཡིན་ཏེ། སྔར་དྲངས་པའི་རྒྱུད་ཀྱི་ འགྲེལ་པར་འདིར་གང་གི་སྙིང་རྗེ་དམིགས་པ་མེད་ཅིང་རྣམ་པར་རྟོག་པ་དང་བྲལ་བ་དང་ སྟོང་པ་ཉིད་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ། དུས་གསུམ་ཡོངས་སུ་ཤེས་པའི་སླད་ དུ་དུས་གསུམ་དུ་འཇུག་པའོ་ཞེས་པ་ནི་སངས་རྒྱས་པའི་གྲུབ་པའི་མཐའ་ངེས་པའོ། །ཞེས་ དང༌། སྐ་ཅིག་གཅིག་དང་དུ་མ་དང་བྲལ་བའི་ཡེ་ཤེས་ནི་རྒྱལ་བ་རྣམས་ཀྱི་དེ་ཁོ་ན་ཉིད་ཅེས་ གསུངས་སོ༑ ༑ཞེས་ཐབས་ཤེས་ཟུང་འཇུག་གི་ཡེ་ཤེས་དང་འདུས་མ་བྱས་ཀྱི་ཡེ་ཤེས་སུ་ 1-1-19 གསུངས་ཤིང༌། འཇམ་དཔལ་ལྟ་འདོད་དུའང༌། འདིས་ནི་བདེན་པ་གསུང་བ་ཡི། །སྔ་མར་ གསུངས་པ་བཀག་པ་སྟེ། །སྔོན་ཉིད་དང་ནི་ཕྱི་མ་དག །རིམ་པ་ཕྱི་མ་སྟོབས་དང་ལྡན། །ཇི་ ལྟར་རྣལ་འབྱོར་སྤྱོད་གསུངས་པ། །ཡེ་ཤེས་མེད་པར་སྨྲ་ལ་བསྟན། །རྫོགས་སངས་རྒྱས་ཀྱི་ དབུ་མའི་ལུགས། །དེ་བཞིན་མ་ཡིན་སྲས་ལ་གསུངས། །ཞེས་བཀའ་སྔ་ཕྱི་ཡང་ཕྱི་མ་སྟོབས་ ཆེ་བ་དང་སེམས་ཙམ་པ་ཡེ་ཤེས་མེད་པར་རྣམ་ཤེས་ཙམ་པ་དང་དབུ་མ་པ་གཉིས་མེད་ཡེ་ ཤེས་ཅན་དུ་གསུངས་ཤིང༌། སྔར་རང་རྒྱུད་པ་དང་ཐལ་འགྱུར་བ་གཉིས་དང༌། དང་པོ་ལའང་ རབ་ཏུ་མི་གནས་པ་དང་སྒྱུ་མ་ལྟ་བུ་ཞེས་པའི་ཐ་སྙད་ནི་སྣང་མེད་ཁོ་ནའི་དབྱེ་བར་བོད་ཀྱིས་ བྱས་ཀྱི་སྟོན་པའི་གསུང་གིས་དངོས་སུ་ཟིན་པ་མེད་དོ། །མཚན་བརྗོད་དུའང༌། རྣམ་པར་ ཤེས་པའི་ཆོས་ཉིད་འདས། །ཡེ་ཤེས་གཉིས་མེད་ཚུལ་འཆང་བ། །ཞེས་དང༌། དུས་འཁོར་ རྒྱུད་དུ། སྲིད་གསུམ་ཕྲ་རབ་གཟུགས་མིན་འདིར་ནི་རྣམ་པར་ཤེས་པའོ། །དེ་བཞིན་རྣམ་པར་ ཤེས་པ་ཉིད་མེད་དེ་ནི་སངས་རྒྱས་ཤེས་རབ་གང་དུའང་གནས་པ་མ་ཡིན། །ཞེས་པའི་ཚིག་ ནི་སངས་རྒྱས་པ་རྣམས་སྟོན་པར་འགྱུར། །གང་གིས་འགྱུར་མེད་དང་བྲལ་མི་རྣམས་ཀྱིས་ནི་ སྟོང་པ་ཉིད་དེ་གཟུང་ནས་སྟོང་པར་ལྟ་བྱེད་པ། །དེས་ན་གཙོ་བོས་གང་ཞིག་འཕོ་མེད་ལྷན་ སྐྱེས་སྐུ་ཡི་བདེ་བ་དག་ནི་སྔགས་ཀྱི་ཐེག་པར་བསྟན། །ཞེས་གསུངས་ཏེ་སྔགས་ཀྱི་དབུ་མ་ ནི་བདེ་སྟོང་ཟུང་འཇུག་ཡིན་ལ་བདེ་བའི་ཆ་ནས་བདེ་ཆེན་དབུ་མ་དང་སྟོང་བའི་ཆ་ནས་སྣང་ བཅས་དབུ་མ་ཡིན་ཏེ་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་དམིགས་བཅས་སྟོང་པ་ཡིན་པས་སོ། ། བདེ་བ་མདོར་ཡང་གཙང་བདག་བདེ་དང་རྟག་ཉིད་ཀྱི་ཞེས་པ་གསུངས་ཀྱང་དེ་ནི་སྡུག་ཀུན་ མེད་ཙམ་ཡིན་ལ། སྔགས་ཀྱི་བདེ་བ་ནི་དེ་ལས་ལྷག་པ་ཚད་མེད་པའི་བདེ་ཆེན་ཡིན་ཞིང་དེ་ ལྟར་དབུ་མའི་དབྱེ་བ་ནི་སྣང་མེད་དབུ་མ་དང་སྣང་བཅས་དབུ་མ་དང་བདེ་ཆེན་དབུ་མ་དང་ གསུམ་ཡིན། དེས་ན་མཐར་ཐུག་གི་དབུ་སེམས་ཀྱི་ཁྱད་པར་ནི་འདུས་མ་བྱས་ཀྱི་གཉིས་མེད་ 1-1-20 ཡེ་ཤེས་དང་རྣམ་པར་ཤེས་པ་ཁོ་ན་ཙམ་ཡིན་ལ་དེ་དག་ཁས་ལེན་པའི་སྐྱེས་བུ་དང་བསྟན་ བཅོས་ནི་དེ་དང་དེའི་གང་ཟག་དང་དེ་དང་དེའི་གཞུང་ངོ༌། ། སྔར་རྒྱ་བོད་དུ་བཀའ་ཐ་མ་འཁོར་བཅས་སེམས་ཙམ་གྱི་གཞུང་དང་འཕགས་པ་ཐོགས་ མེད་སོགས་སེམས་ཙམ་པར་བྱེད་པ་བསྟན་པའི་ཆོམ་རྐུན་དུ་ཤེས་པར་བྱའོ། །གཞན་ཡང་ དབུ་སེམས་ཀྱི་ཁྱད་པར་ནི། སེམས་ཙམ་མན་ཆད་དངོས་སྨྲ་བ་གསུམ་པོ་ནི་གང་ཟག་གི་ བདག་མེད་ཙམ་སྨྲ་བ་དང་སྒོམ་པ་ཡིན་གྱི་ཆོས་ཀྱི་བདག་མེད་ནི་མིན་པ་དང༌། རྣམ་ཤེས་ལ་ སོགས་པའི་དངོས་པོ་ཙམ་གསལ་བར་བྱེད་པའི་བསྟན་བཅོས་ཅན་ཡིན་གྱི་དོན་དམ་པའི་ བདེན་པ་དེ་ཁོ་ན་ཉིད་གསལ་བར་བྱེད་པའི་བསྟན་བཅོས་ཅན་ནི་མིན་པ་དང༌། རྫོགས་པའི་ བྱང་ཆུབ་ལ་རིང་བའི་སྐལ་བ་ཅན་ཡིན་གྱི་ཉེ་བ་ནི་མིན་པ་དང༌། ལྷག་མ་དང་བཅས་པའི་མྱ་ ངན་ལས་འདས་པ་ཡིན་གྱི་ལྷག་མ་དང་བྲལ་བ་ནི་མིན་ལ། དབུ་མ་པ་རྣམས་ནི་དེ་དག་ལས་ བཟློག་པ་ཡིན་ཏེ། འཕགས་པ་སྤྱན་རས་གཟིགས་ཀྱི་དྲི་མེད་འོད་ལས། རྒྱུ་འདིས་སངས་ རྒྱས་པ་བཞི་པོ་རྣམས་ཀྱི་བག་ཆགས་ཀྱི་སྟོབས་ཀྱིས་གང་ཟག་ཏུ་སྨྲ་བ་རྣམས་ལ་གང་ཟག་མི་ རྟག་པ་བསྒོམ་པ་གསུངས་སོ། །དོན་དུ་སྨྲ་བ་རྣམས་ལ་ས་ལ་སོགས་པའི་ཟད་པར་བསྒོམ་པ་ དང༌། རྣམ་པར་ཤེས་པར་སྨྲ་བ་རྣམས་ལ་རྣམ་པར་རིག་པ་ཙམ་གྱི་ཏིང་ངེ་འཛིན་དང༌། དབུ་ མ་པ་རྣམས་ལ་རྨི་ལམ་ལྟ་བུ་འགྱུར་བ་མེད་ཅིང་གཉིས་སུ་མེད་པའི་ཡེ་ཤེས་བསྒོམ་པ་སྟེ་དེ་ ལྟར་གང་ཟག་ལ་བདག་མེད་པ་དང་ཆོས་ལ་བདག་མེད་པའོ། །རྒྱུ་དེས་ན་སེམས་ཅན་གྱི་ བསམ་པའི་དབང་གིས་དེ་བཞིན་གཤེགས་པས་ཆོས་བསྟན་པ་ནི། བྱེ་བྲག་ཏུ་སྨྲ་བ་དང༌། མདོ་ སྡེ་བ་དང༌། རྣལ་འབྱོར་སྤྱོད་པ་དང༌། དབུ་མ་པའོ། །དེ་རྣམས་ལས་བྱེ་བྲག་ཏུ་སྨྲ་བ་ནི་ཆ་ ཤས་ཅན་གྱི་སེམས་ཅན་རབ་ཏུ་གསལ་བར་བྱེད་པའི་བསྟན་བཅོས་སོ། །མདོ་སྡེ་པ་ནི་དོན་ རབ་ཏུ་གསལ་བར་བྱེད་པའི་བསྟན་བཅོས་སོ། །སྣལ་འབྱོར་སྤྱོད་པ་བ་ནི་རྣམ་པར་ཤེས་པ་ 1-1-21 ཙམ་རབ་ཏུ་གསལ་བར་བྱེད་པའི་བསྟན་བཅོས་སོ། ། དབུ་མ་པ་ནི་དོན་དམ་པའི་བདེན་པ་དེ་ཁོ་ན་ཉིད་རབ་ཏུ་གསལ་བར་བྱེད་པའི་བསྟན་ བཅོས་ཏེ་རིང་བའི་སྐལ་བ་དང་ལྡན་པ་དང་ཉེ་བའི་སྐལ་བ་དང་ལྡན་པའི་སེམས་ཀྱི་ཕྱིར། སེམས་ཅན་གྱི་བསམ་པའི་དབང་གིས་བཅོམ་ལྡན་འདས་ཀྱིས་གསུངས་སོ་ཞེས་དང༌། བྱེ་ བྲག་ཏུ་སྨྲ་བ་དང༌། མདོ་སྡེ་པ་དང༌། སྣལ་འབྱོར་སྤྱོད་པ་རྣམས་ཀྱི་ལྷག་མ་དང་བཅས་པའི་ མྱ་ངན་ལས་འདས་པའོ། །དབུ་མ་པ་རྣམས་ཀྱི་ལྷག་མ་དང་བྲལ་བ་རབ་ཏུ་མི་གནས་པའི་མྱ་ ངན་ལས་འདས་པ་སྟེ། མཚན་བརྗོད་དུ། ལྷག་མ་ཀུན་ལས་རྣམ་གྲོལ་ཞིང༌། །ནམ་མཁའི་ ལམ་ལ་རབ་གནས་པ། །ཞེས་གསུངས་སོ་ཞེས་པས་བཀའ་ཐ་མ་འཁོར་བཅས་དབུ་མར་ གྲུབ་པོ། །དེ་ལྟ་མིན་ན་གཞུང་བཀའ་ཐ་མ་དང་བྱམས་ཆོས་ལྔ་སོགས་དང་གང་ཟག་འཕགས་ པ་ཐོགས་མེད་སོགས་ཆོས་ཅན། གང་ཟག་གི་བདག་མེད་ཙམ་སྨྲ་བ་དང་བསྒོམ་པ་ཡིན་གྱི་ ཆོས་ཀྱི་བདག་མེད་མ་ཡིན་པ་ནས་ལྷག་མ་དང་བཅས་པའི་མྱང་འདས་ཡིན་གྱི་ལྷག་མ་དང་ བྲལ་བའི་མྱང་འདས་མི་སྟོན་པའི་གཞུང་དང་གང་ཟག་ཡིན་པར་ཐལ། སེམས་ཙམ་པའི་ གཞུང་དང་གང་ཟག་ཡིན་པས་སོ། །ཡང་དབུ་མའི་གཞུང་དང་གང་ཟག་ཡིན་པར་ཐལ། ཐལ་ བ་ལས་ཟློག་པ་ཡིན་པས་སོ་ཞེས་པ་སོ་སོར་སྦྱར་རོ། །སྐབས་འདིའི་ལྷག་མ་ནི་གཟུགས་སྐུ་ ལ་མི་བཞག་གི་སྤངས་རྟོགས་ཀྱི་ལ་བྱའོ། །ཐ་མ་འཁོར་བཅས་སེམས་ཙམ་ཡིན་ན། འདིའི་ བརྗོད་བྱའི་གཙོ་བོ་ས་ལམ་རྣམས་དང་རྡོ་རྗེའི་གནས་བདུན་སོགས་སེམས་ཙམ་ཁོ་ན་རུ་ འགྱུར་རོ། །ཡང་ན་སེམས་ཙམ་མིན་པར་ཐལ། ཁྱོད་ཀྱི་བརྗོད་བྱའི་གཙོ་བོ་ས་ལམ་དང་རྡོ་ རྗེའི་གནས་བདུན་སོགས་རེ་རེ་ནས་སེམས་ཙམ་གྱིར་མི་རུང་བས་སོ། །ལམ་སེམས་ཙམ་ གྱི་ལམ་ལ་ཕྱིན་ནས་འབྲས་བུ་དབུ་མའི་སར་སླེབ་པ་འགལ་ཏེ་ཤར་ལ་ཕྱིན་པའི་ནུབ་བཞིན་ ནོ། །དབུ་མ་པ་ལ་བྱམས་ཆོས་ལས་གསུངས་པའི་ས་ལམ་དང་འབྲས་བུ་ལས་ལྷག་པ་ཅི་ཡོད་ 1-1-22 འདིའི་བྱང་ཆེན་ལ་སྤངས་རྟོགས་ཀྱི་ལྷག་མ་རི་བོང་གི་རྭ་དང་མཚུངས་པའི་ཇི་ལྟར་སེམས་ ཙམ་གྱིར་འགྱུར་ལེགས་པར་སོམས་ཤིག ངེད་ནི་སྟོན་པ་དང་བྱམས་པ་དང་འཇམ་དཔལ་ དང་སྤྱན་རས་གཟིགས་ལ་དཔང་དུ་བྱེད་པས་འདི་ལས་གཞན་པའི་རྣམ་བཞག་ལ་མི་བརྩིའོ། ། དིང་སང་མཁས་པར་གྲགས་པ་ཕལ། ། དབུ་སེམས་ཁྱད་པར་མ་ཕྱེད་པར། ། བདེན་གཉིས་ཚུལ་ལ་རྨོངས་གྱུར་ནས། ། ཡིན་ལུགས་གྲུབ་པའི་མཐའ་ལ་རྒོལ། ། ལོག་རྟོག་མུན་པ་བསལ་པའི་ཕྱིར། ། བདག་གིས་གྲུབ་མཐའི་ཁྱད་པར་བཤད། ། ཅེས་བྱའོ། ། གསུམ་པ་བསྟན་བཅོས་ནི་ཤསྟྲ་ལས་ཤ་ས་འཆོས་པ་དང་ཏ་ར་སྒྲོལ་བ་ཏྲ་ཡ་སྐྱོབ་པ་ སྟེ། སྡེ་སྣོད་གསུམ་གྱིས་གདུལ་བྱའི་སེམས་རྒྱུད་ཉོན་མོངས་པ་ཅན་བསླབ་པ་གསུམ་ལྡན་ དུ་བཅོས་པས་ཉོན་མོངས་ཀྱི་འབྲས་བུ་ངན་འགྲོ་དང་སྲིད་པའི་སྡུག་བསྔལ་ལས་སྒྲོལ་ཞིང་ སྐྱོབ་པས་བསྟན་བཅོས་ཏེ། རྣམ་བཤད་རིགས་པར། ཉོན་མོངས་དགྲ་རྣམས་མ་ལུས་འཆོས་ པ་དང༌། །ངན་འགྲོ་སྲིད་ལས་སྐྱོབ་བྱེད་གང་ཡིན་པ། །འཆོས་སྐྱོབ་ཡོན་ཏན་ཕྱིར་ན་བསྟན་ བཅོས་ཏེ། །གཉིས་པོ་འདི་དག་གཞན་གྱི་ལུགས་ལ་མེད། །ཅེས་སོ། ། གསུམ་པ་ནི་བརྗོད་འདོད་ཀྱི་བློ་དང་སྒྲ་འབྱུང་བའི་གནས་བརྒྱད་ལ་སོགས་པའོ། །བཞི་ པ་ནི་སྤྱིར་མིང་སླད་དུ་སྨོས་པས་གཞུང་བཙལ་སླ་ཞིང་ཁྱད་པར་རྒྱ་སྐད་དང་བོད་སྐད་དང་ གཉིས་ཀ་སྨོས་པས་གཞུང་ཁུངས་བཙུན་ཞིང་མིང་དོན་གྱི་འབྲེལ་པ་ཤེས་པ་དང༌། ལོ་ཙཱ་བ་ 1-1-23 ལ་བྱས་ཤེས་ཀྱི་བློ་སྐྱེ་བའོ། ། གཉིས་པ་ནི་ཕྱག་འཚལ་ལོ་ཞེས་དྲང་ཡུལ་གང་ལ་ན། སྒྲིབ་གཉིས་བག་ཆགས་དང་ བཅས་པ་སྤངས་པས་སངས་ཤེས་བྱ་ལ་མཁྱེན་པའི་ཡེ་ཤེས་རྒྱས་པས་སངས་རྒྱས་ཏེ། སྔ་ མར། མ་རིག་གཉིད་ལས་སངས་ཕྱིར་དང༌། །ཤེས་བྱ་ལ་ཡང་བློ་རྒྱས་ཕྱིར། །སངས་རྒྱས་པདྨ་ ལྟར་སངས་རྒྱས། །དེ་ཕྱིར་སངས་རྒྱས་མཚན་གསོལ་ཏོ། །ཞེས་དང་ནི་བསྡུ་པའོ། །ཕྱིན་དྲུག་ ལ་སྤྱོད་པའི་ཡོན་ཏན་དང་ལྡན་པའི་སློབ་པ་ཡིན་པས་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ སྟེ། མདོ་རྒྱན་དུ། འདོད་ལ་མ་ཆགས་ལས་གསུམ་རྣམ་པར་དག །ཁྲོ་བ་ཟིལ་གནོན་ཡོན་ ཏན་མཆོག་ལྷུར་ལེན། །ཆོས་ལ་མི་གཡོ་དེ་ཉིད་ཟབ་མོ་མཐོང༌། །བྱང་ཆུབ་དགའ་ལྡན་བྱང་ ཆུབ་སེམས་དཔའ་ཡིན། །ཞེས་སོ། །ཐམས་ཅད་ལ་ཕྱག་འཚལ་ལོ་ནི་སངས་རྒྱས་ལའང་སྦྱར་ རོ། །གང་ཟག་ལོ་ཙཱ་བས་ཚུལ་སྒོ་གསུམ་གུས་པས་འདུད་ཅིང་དགོས་པ་དམ་པའི་སྤྱོད་པ་དང་ མཐུན་ཞིང་བསོད་ནམས་འཕེལ་བས་འགྱུར་མཐར་ཕྱིན་པར་འགྱུར་བའོ། ། གསུམ་པ་ལ་གསུམ་སྟེ། ལུས་རྣམ་པར་བཞག་པ་དང༌། ཡན་ལག་རྒྱས་པར་བཤད་པ། ཡོངས་སུ་རྫོགས་པའི་བྱ་བའོ། ། དང་པོ་ལ་སྡོམ་གྱི་དོན་དངོས། ལུང་དང་སྦྱར་བ། གོ་རིམ་ངེས་ཚུལ་ལོ། །དང་པོ་ནི་ སྐྱབས་གནས་གང་ཞིག་ཅེས་པ་གསུམ་ལ་སྦྱར་ལ། དོན་གཉིས་མཐར་ཐུག་པ་སངས་རྒྱས་ ཀྱི་དང༌། གང་ཞིག་གང་གིས་ཆགས་པ་དང་བྲལ་བ་ཆོས་ཀྱི་དང༌། རིག་གྲོལ་ཕུན་ཚོགས་ཀྱི་ བྱང་འཕགས་ཚོགས་དགེ་འདུན་གྱི་དང༌། དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་ཁམས་ ཀྱི་དང༌། དག་པ་གཉིས་ལྡན་གྱི་སྐུ་བྱང་ཆུབ་ཀྱི་ད༵ང༌། བྱང་ཆེན་ལ་ལྡན་པའི་ཡན་ལག་སངས་ རྒྱས་ཡོན་ཏན་གྱི་དང༌། སངས་རྒྱས་ཀྱི་ཡོན་ཏན་གྱི་བྱེད་ལས་ཕུན་ཚོགས་སངས་རྒྱས་ཀྱི་ཕྲིན་ ལས་ཀྱི་དོན་དེ་དོན་བདུན་པོ་འདི་ནི། རྡོ་རྗེ་ལྟ་བུར་རིག་པར་བྱ་སྟེ། མཐར་འཛིན་གྱི་ཐོས་ 1-1-24 པ་དང་བསམ་པ་ལས་བྱུང་བའི་ཤེས་པས་ཕིགས་པར་དཀའ་བའི་ཕྱིར་དང༌། བརྗོད་དུ་མེད་ པའི་རང་བཞིན་སོ་སོ་རང་གི་རིག་པར་བྱ་བས་སོ། །དོན་བདུན་པོ་དེ་བརྗོད་པའི་ཡི་གེ་གང་ ཡིན་པ་དེ་དག་ནི། རྡོ་རྗེ་ལྟ་བུའི་གནས་ཞེས་བརྗོད་དེ། དོན་བདུན་པོ་དེ་ཐོབ་པ་དང་རྗེས་སུ་ མཐུན་པའི་ལམ་གསལ་བར་སྟོན་པར་བྱེད་པས་སོ། །རྡོ་རྗེའི་གནས་བསྟན་པ་དེ་ཡང་རྒྱས་ པར་མདོ་ཇི་ལྟ་བ་བཞིན་དུ་རྟོགས་པར་བྱ་སྟེ། ཀུན་དགའ་བོ་དེ་བཞིན་གཤེགས་པ་ནི་བསྟན་ དུ་མེད་པ་སྟེ་དེ་ནི་མིག་གིས་བལྟ་བར་མི་ནུས་སོ། །ཀུན་དགའ་བོ་ཆོས་ནི་བརྗོད་དུ་མེད་པ་ སྟེ་དེ་ནི་རྣ་བས་མཉན་པར་མི་ནུས་སོ། །ཀུན་དགའ་བོ་དགེ་འདུན་ནི་འདུས་མ་བྱས་པ་སྟེ་དེ་ ནི་ལུས་དང་སེམས་ཀྱིས་བསྙེན་བཀུར་བྱ་བར་མི་ནུས་སོ། །ཞེས་རྡོ་རྗེའི་གནས་གསུམ་པོ་ འདི་ནི་ལྷག་པའི་བསམ་པ་བསྟན་པའི་ལེའུའི་རྗེས་སུ་འབྲངས་ཏེ་རིག་པར་བྱའོ། །ཤཱ་རིའི་བུ་ དོན་འདི་ནི་དེ་བཞིན་བཤེགས་པའི་ཡུལ་ཏེ་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ལོ། །ཤཱ་རིའི་ བུ་དོན་འདི་ནི་རེ་ཤིག་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་རང་གི་ཤེས་རབ་ ཀྱི་ཡང་དག་པར་ཤེས་པའམ་བལྟ་བའམ་རྟོགས་པར་མི་ནུས་ན། བྱིས་པ་སོ་སོའི་སྐྱེ་བོ་དག་ གིས་ལྟ་ཅི་སྨོས་ཏེ་དེ་བཞིན་གཤེགས་པ་ལ་དད་པས་རྟོགས་པ་ནི་མ་གཏོགས་སོ། །ཤཱ་རིའི་ བུ་དོན་དམ་པ་ནི་དད་པས་རྟོགས་པར་བྱ་བ་ཡིན་ནོ། །ཤཱ་རིའི་བུ་དོན་དམ་པ་ཞེས་བྱ་བ་འདི་ ནི་སེམས་ཅན་གྱི་ཁམས་ཀྱི་ཚིག་བླ་དྭགས་སོ། །ཤཱ་རིའི་བུ་སེམས་ཅན་གྱི་ཁམས་ཞེས་བྱ་བ་ འདི་ནི་དེ་བཞིན་གཤེགས་པའི་སྙིང་པོའི་ཚིག་བླ་དྭགས་སོ། །ཤཱ་རིའི་བུ་དེ་བཞིན་གཤེགས་ པའི་སྙིང་པོ་ཞེས་བྱ་བ་འདི་ནི་ཆོས་ཀྱི་སྐུའི་ཚིག་བླ་དྭགས་སོ། །ཞེས་རྡོ་རྗེའི་གནས་བཞི་པ་ འདི་ནི་འཕེལ་འགྲིབ་མེད་པ་ཉིད་བསྟན་པའི་མདོའི་རྗེས་སུ་འབྲངས་ཏེ་རྟོགས་པར་བྱའོ། ། བཅོམ་ལྡན་འདས་བླ་མེད་ཡང་དག་རྫོགས་པའི་བྱང་ཆུབ་ཅེས་བྱ་བ་འདི་ནི་མྱང་ངན་ལས་ འདས་པའི་དབྱིངས་ཀྱི་ཚིག་བླ་དྭགས་སོ༑ ༑བཅོམ་ལྡན་འདས་མྱང་ངན་ལས་འདས་པའི་ 1-1-25 དབྱིངས་ཞེས་བྱ་བ་འདི་ནི་དེ་བཞིན་བཤེགས་པའི་ཆོས་ཀྱི་སྐུའི་ཚིག་བླ་དྭགས་སོ། །ཞེས་རྡོ་ རྗེའི་གནས་ལྔ་པ་འདི་ནི་འཕགས་པ་དཔལ་ཕྲེང་གི་མདོའི་རྗེས་སུ་འབྲངས་ཏེ་རྟོགས་པར་ བྱའོ། །ཤཱ་རིའི་བུ་དེ་བཞིན་གཤེགས་པའི་བསྟན་པའི་ཆོས་ཀྱི་སྐུ་གང་ཡིན་པ་དེ་ནི་འདི་ལྟ་ སྟེ། གངྒཱའི་ཀླུང་གི་བྱེ་མ་ལས་འདས་པའི་དེ་བཞིན་གཤེགས་པའི་ཆོས་དག་དང་རྣམ་པར་ དབྱེ་བ་མེད་པའི་ཆོས་དང་ལྡན་པ། མ་བྲལ་བའི་ཡེ་ཤེས་ཀྱི་ཡོན་ཏན་ཅན་ནོ་ཞེས་རྡོ་རྗེའི་ གནས་དྲུག་པ་འདི་ནི་འཕེལ་འགྲིབ་མེད་པ་ཉིད་བསྟན་པའི་རྗེས་སུ་འབྲངས་ཏེ་རྟོགས་པར་ བྱའོ། །འཇམ་དཔལ་འདི་ལྟ་སྟེ། སེམས་ཅན་རྣམས་ནི་ནམ་མཁའ་ལ་བརྟེན་ཅིང་གནས་ནས་ བྱ་བ་རྣམ་པ་སྣ་ཚོགས་ལ་འཇུག་གོ །ནམ་མཁའ་དེ་ཡང་སྐྱེ་མེད་འགག་མེད་འདུས་མ་བྱས་ པ་ཞེས་སོགས་ནས། དེ་བཞིན་དུ་སེམས་ཅན་ཐམས་ཅད་ནི་དེ་བཞིན་གཤེགས་པ་ལ་བརྟེན་ ཅིང་ཞེས་སོགས་དང༌། དེ་བཞིན་གཤེགས་པ་ལ་སྐྱེ་བ་མེད་འགག་པ་མེད་མངོན་པར་འདུས་ མ་བྱས་པས་ཞེས་སོགས་དང༌། འཇམ་དཔལ་དེ་བཞིན་གཤེགས་པ་ནི་རྟོག་པར་མི་མཛད་ རྣམ་པར་རྟོག་པ་མི་མཛད་མོད་ཀྱི། དེ་ལྟ་ན་ཡང་འདི་ལྟ་བུའི་རང་བཞིན་གྱི་མཛད་པ་འདི་ནི་ མི་རྟོག་རྣམ་པར་མི་རྟོག་བཞིན་དུ་ལྷུན་གྱིས་གྲུབ་པར་འཇུག་གོ །ཞེས་རྡོ་རྗེའི་གནས་བདུན་ པ་འདི་ནི་དེ་བཞིན་གཤེགས་པའི་ཡོན་ཏན་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ཡུལ་ལ་ འཇུག་པ་བསྟན་པའི་རྗེས་སུ་འབྲངས་ཏེ་རྟོགས་པར་བྱའོ། །འདིས་ནི་སངས་རྒྱས་ཀྱི་ཕྲིན་ ལས་ལྷུན་གྲུབ་ཀྱི་གནད་ནི་སངས་རྒྱས་འདུས་མ་བྱས་ལ་ཐུག་པར་བསྟན་ཏོ། །རྡོ་རྗེའི་ནི་ གནས་བདུན་པོ་འདི་དག་ནི་རྒྱུད་བླའི་བསྟན་བཅོས་ཀུན་ཏེ་མཐའ་དག་གི་ལུས་སུ་རིག་པར་ བྱ་སྟེ། རྒྱུད་བླའི་བསྟན་བྱའི་གཙོ་བོ་རྣམས་མདོར་བསྡུས་ན་དོན་རྡོ་རྗེ་ལྟ་བུ་བདུན་པོ་དོན་གྱི་ ལུས་ཡིན་ལ་ཁྱེད་དེའི་རྗོད་བྱེད་ཐུན་མོང་མིན་པ་ཡིན་པས་སོ། ། གཉིས་པ་རྒྱུད་བླར་བསྟན་པའི་རིམ་པའི་རྡོ་རྗེའི་གནས་བདུན་པོ་འདི་དག་རང་གི་ 1-1-26 མཚན་ཉིད་བསྟན་པ་དང་རྗེས་སུ་འབྲེལ་པ་ནི་སྔར་བསྟན་པ་མདོས་གསུངས་པའི་གོ་རིམ་ཇི་ ལྟ་བ་བཞིན་འཕགས་པ་གཟུངས་ཀྱི་དབང་ཕྱུག་རྒྱལ་པོའི་མདོར་ཡང་གསུངས་ཏེ། དེའི་གླིང་ གཞིའི་ལེའུ་ལས་ནི་དོན་དང་པོ་དཀོན་མཆོག་རྣམ་གསུམ་བསྟན་པར་རིག་པར་བྱ་ལ་དེའི་ འོག་ཏུ་ལྷག་མ་བཞི་ནི་བློ་ལྡན་གྱི་དབྱེ་བ་དྲུག་ཅུ་བསྟན་པས་ཁམས་དང་རྒྱལ་བ་དེ་བཞིན་ གཤེགས་པའི་ཆོས་ཀྱི་དབྱེ་བ་བརྒྱད་ཅུ་བསྟན་པ་ལས་བྱང་ཆུབ་དང་ཡོན་ཏན་དང་ཕྲིན་ལས་ གསུམ་བསྟན་ཏེ། དེར་ཇི་སྐད་དུ། བཅོམ་ལྡན་འདས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་ མངོན་པར་རྫོགས་པར་སངས་རྒྱས་པ་ཆོས་ཀྱི་འཁོར་ལོ་ལེགས་པར་བསྐོར་བ། སློབ་མའི་ ཚོགས་ཤིན་ཏུ་དུལ་བ་མཐའ་ཡས་མངའ་བ་ཞེས་གསུང་པ་སྟེ། རྩ་བའི་ཚིག་འདི་གསུམ་གྱི་ གོ་རིམ་ཇི་ལྟ་བ་བཞིན་དུ་དཀོན་མཆོག་གསུམ་རིམ་གྱིས་སྐྱེ་བ་འགྲུབ་པ་རྣམ་པར་བཞག་ པར་བྱ་ལ། ལྷག་མ་གནས་བཞི་ནི་དཀོན་མཆོག་གསུམ་འབྱུང་བ་དང་རྗེས་སུ་མཐུན་པའི་ རྒྱུ་དང་ཡང་དག་པར་འགྲུབ་པར་བསྟན་པར་རིག་པར་བྱའོ། །དེ་ལ་གང་གི་ཕྱིར་བྱང་ཆུབ་ སེམས་དཔའི་ས་བརྒྱད་པ་ལ་གནས་པ་ན་ཆོས་ཐམས་ཅད་ལ་དབང་ཐོབ་པར་གྱུར་པ་དེའི་ ཕྱིར། བྱང་ཆུབ་ཀྱི་སྙིང་པོ་མཆོག་ཏུ་གཤེགས་པ་དེ་ཆོས་ཐམས་ཅད་མཉམ་པ་ཉིད་དུ་མངོན་ པར་རྫོགས་པར་སངས་རྒྱས་པ་ཞེས་བྱའོ། །གང་གི་ཕྱིར་བྱང་ཆུབ་སེམས་དཔའི་ས་དགུ་པ་ ལ་གནས་པ་ན་བླ་ན་མེད་པའི་ཆོས་སྨྲ་བ་ཉིད་དང་ལྡན་པས་ན་སེམས་ཅན་ཐམས་ཅད་ཀྱི་ བསམ་པའི་ཚུལ་ལེགས་པར་ཤེས་པ་དང༌། དབང་པོ་མཆོག་གི་ཕ་རོལ་ཕྱིན་པ་དང་སེམས་ ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་བག་ཆགས་ཀྱིས་མཚམས་སྦྱོར་བ་འཇོམས་པ་ལ་མཁས་ པར་གྱུར་པ་དེའི་ཕྱིར། མངོན་པར་རྫོགས་པར་སངས་རྒྱས་པ་དེ་ཆོས་ཀྱི་འཁོར་ལོ་ལེགས་ པར་བསྐོར་བ་ཞེས་བྱའོ། །གང་གི་ཕྱིར་ས་བཅུ་པ་ལ་དེ་བཞིན་གཤེགས་པའི་བླ་ན་མེད་པའི་ ཆོས་ཀྱི་རྒྱལ་ཚབ་ཏུ་དབང་བསྐུར་བ་ཐོབ་མ་ཐག་ཏུ་སངས་རྒྱས་ཀྱི་མཛད་པ་ལྷུན་གྱིས་གྲུབ་ 1-1-27 ཅིང་རྒྱུན་མི་འཆད་པར་གྱུར་པ་དེའི་ཕྱིར། ཆོས་ཀྱི་འཁོར་ལོ་ལེགས་པར་བསྐོར་བ་དེ་སློབ་ མའི་ཚོགས་ཤིན་ཏུ་དུལ་བ་མཐའ་ཡས་པ་མངའ་བ་ཞེས་བྱའོ། །སློབ་མིའི་ཚོགས་ཤིན་ཏུ་ དུལ་བ་མཐའ་ཡས་པ་དེ་ཡང་དེ་མ་ཐག་ཏུ་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ སྟེ་ཞེས་པ་ནས་བྱང་ཆུབ་སེམས་དཔའི་ཚོགས་གཞལ་དུ་མེད་པ་དང་ཐབས་གཅིག་གོ་ཞེས་ བྱ་བའི་བར་གྱི་གཞུང་འདིས་སྟོན་ཏེ། དེ་ལྟ་བུའི་ཡོན་ཏན་དང་ལྡན་པ་དག་དང་ཞེས་བྱ་བ་ ནི་གོ་རིམ་ཇི་ལྟ་བར་ཉན་ཐོས་ཀྱི་བྱང་ཆུབ་དང་སངས་རྒྱས་ཀྱི་བྱང་ཆུབ་ལ་ཤིན་ཏུ་དུལ་བའི་ ཕྱིར་ན་དེ་ལྟ་བུའི་ཡོན་ཏན་དང་ལྡན་པ་དག་དང་ངོ༌། །དེ་ནས་ཉན་ཐོས་དང་བྱང་ཆུབ་སེམས་ དཔའི་ཡོན་ཏན་བསྔགས་པ་བསྟན་པའི་རྗེས་ཐོགས་ལ་བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ ཀྱི་ཏིང་ངེ་འཛིན་གྱི་ཁྱུ་མཆོག་ལ་བརྟེན་ནས་རིན་པོ་ཆེ་བཀོད་པའི་འཁོར་གྱི་ཁྱམས་རྒྱ་ཆེན་ པོ་གྲུབ་པ་དང་དེ་བཞིན་གཤེགས་པའི་འཁོར་འདུས་པ་དང༌། ལྷ་རྫས་ཀྱི་མཆོད་པ་སྣ་ཚོགས་ བསྒྲུབས་པ་དང་བསྟོད་པའི་སྤྲིན་གྱི་ཆར་བབ་པས་སངས་རྒྱས་དཀོན་མཆོག་གི་ཡོན་ཏན་ རྣམ་པར་དབྱེ་བ་རྣམ་པར་བཞག་པར་རིག་པར་བྱའོ། །དེའི་རྗེས་ལ་ཆོས་ཀྱི་གདན་གྱི་བཀོད་ པ་རྒྱ་ཆེན་པོ་དང༌། འོད་དང༌། ཆོས་ཀྱི་རྣམ་གྲངས་ཀྱི་མིང་དང་ཡོན་ཏན་ཡོངས་སུ་བསྒྲགས་ པས་ཆོས་དཀོན་མཆོག་གི་ཡོན་ཏན་རྣམ་པར་དབྱེ་བ་རྣམ་པར་བཞག་པར་རིག་པར་བྱའོ། ། དེའི་རྗེས་ལ་ཕན་ཚུན་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱིས་མཐུ་བསྟན་ པ་དང༌། དེའི་ཡོན་ཏན་གྱི་བསྔགས་པ་སྣ་ཚོགས་བསྟན་པས། དགེ་འདུན་དཀོན་མཆོག་གི་ ཡོན་ཏན་གྱི་རྣམ་པར་དབྱེ་བ་བསྟན་པ་རིག་པར་བྱའོ། །དེའི་རྗེས་ལ་ཡང་སངས་རྒྱས་ཀྱི་འོད་ ཟེར་གྱིས་དབང་བསྐུར་བས་བླ་ན་མེད་པའི་ཆོས་ཀྱི་རྒྱལ་པོའི་སྲས་ཀྱི་ཐུ་བོ་ལ་མི་འཇིགས་པ་ དང༌། སྤོབས་པ་མཆོག་ཉེ་བར་བསྒྲུབས་པ་ལ་བརྟེན་ནས། དེ་བཞིན་གཤེགས་ པའི་ཡང་དག་པའི་ཡོན་ཏན་དོན་དམ་པའི་བསྟོད་པ་བསྟན་པ་དང༌། ཐེག་པ་ཆེན་པོའི་ 1-1-28 ཆོས་མཆོག་གི་གཏམ་གྱི་དངོས་པོ་ཉེ་བར་བཀོད་པ་དང༌། དེ་རྟོགས་པར་བྱེད་པའི་འབྲས་ བུའི་ཆོས་ཀྱི་དབང་ཕྱུག་དམ་པ་ཐོབ་པ་བསྟན་པས། གོ་རིམ་ཇི་ལྟ་བར་དཀོན་མཆོག་གསུམ་ པོ་དེ་རྣམས་ཉིད་ཀྱི་བླ་ན་མེད་པའི་ཡོན་ཏན་གྱི་རྣམ་པར་དབྱེ་བ་རྣམ་པར་གཞག་པ། གླིང་ གཞིའི་ལེའུའི་མཐའ་ཉིད་དུ་ལྟ་བར་རིག་པར་བྱའོ། །དེ་ནས་མདོའི་གླིང་གཞིའི་ལེའུའི་རྗེས་ ཐོགས་སུ་དེ་ཡོངས་སུ་དག་པའི་ཡོན་ཏན་གྱི་ཡོངས་སུ་སྦྱོང་བ་རྣམ་པ་དྲུག་ཅུ་བསྟན་པས་ སངས་རྒྱས་ཀྱི་ཁམས་གསལ་བར་མཛད་དེ། ཡོངས་སུ་དག་པར་བྱ་བའི་དོན་ཡོན་ཏན་དང་ ལྡན་ན། དེ་ཡོངས་སུ་དག་པའི་ཡོངས་སུ་སྦྱོང་བ་འཐད་པའི་ཕྱིར་རོ། །དོན་གྱི་དབང་འདི་ཉེ་ བར་བཟུང་ནས་བྱང་ཆུབ་སེམས་པའི་ས་བཅུ་པོ་དག་ལ་ཡང་ས་ལེ་སྦྲམ་གྱི་ཡོངས་སུ་སྦྱོང་ བ་དཔེར་བརྗོད་པ་དང༌། མདོ་དེ་ཉིད་དུ་དེ་བཞིན་གཤེགས་པའི་ཕྲིན་ལས་བསྟན་པའི་རྗེས་ ཐོགས་ཉིད་དུ་མ་དག་པའི་ནོར་བུ་བེཌཱུརྱ་དཔེར་མཛད་དེ། རིགས་ཀྱི་བུ་དཔེར་ན་འདི་ལྟ་སྟེ་ ནོར་བུ་མཁན་མཁས་པ་ཞེས་པ་ནས་བླ་ན་མེད་པའི་ཡོན་གནས་ཞེས་བརྗོད་པའི་བར་གྱིས་ ཁམས་སྦྱོང་ཚུལ་གསུམ་དང༌། དེ་ནས་ཡོངས་སུ་མ་དག་པའི་རིགས་དེ་བཞིན་གཤེགས་པའི་ ཁམས་འདི་ཉིད་ལ་དགོངས་ནས། ཇི་ལྟ་རྡོ་ཡི་ཕྱེ་མ་ལ། །ས་ལེ་སྦྲམ་ནི་མི་མཐོང་བ། །ཡོངས་ སུ་སྦྱངས་པས་དེ་མཐོང་བཞིན། །འཇིག་རྟེན་ན་ནི་དེ་བཞིན་གཤེགས། །ཞེས་གསུངས་སོ། ། དེ་ལ་སངས་རྒྱས་ཀྱི་ཁམས་ཡོངས་སུ་དག་པའི་ཡོན་ཏན་ཡོངས་སུ་སྦྱོང་བའི་རྣམ་པ་དྲུག་ ཅུ་པོ་དེ་དག་གང་ཞེ་ན་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་རྒྱན་རྣམ་པ་བཞི་དང༌། བྱང་ཆུབ་ སེམས་དཔའི་སྣང་བ་རྣམ་པ་བརྒྱད་དང་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་བཅུ་དྲུག་དང་ བྱང་ཆུབ་སེམས་དཔའི་ལས་སུམ་ཅུ་རྩ་གཉིས་སོ། །དེ་བསྟན་པའི་རྗེས་ཐོགས་སུ་བྱང་ཆུབ་ ཆེན་པོའི་སྙིང་རྗེ་རྣམ་པ་བཅུ་དྲུག་བསྟན་པས་སངས་རྒྱས་ཀྱི་བྱང་ཆུབ་གསལ་བར་མཛད་དོ། ། དེ་བསྟན་པའི་རྗེས་ཐོགས་སུ་སྟོབས་བཅུ་དང་མི་འཇིགས་པ་བཞི་དང་སངས་རྒྱས་ཀྱི་ཆོས་ 1-1-29 མ་འདྲེས་པ་བསྟན་པས་སངས་རྒྱས་ཀྱི་ཆོས་ཡོན་ཏན་གསལ་བར་མཛད་དོ། །དེ་བསྟན་པའི་ རྗེས་ཐོགས་ལ་དེ་བཞིན་གཤེགས་པའི་ཕྲིན་ལས་བླ་ན་མེད་པ་བསྟན་པས་སངས་རྒྱས་ཀྱི་ ཕྲིན་ལས་རྣམ་པ་སུམ་ཅུ་རྩ་གཉིས་གསལ་བར་མཛད་དོ། ། དེ་དག་གི་སྡོམ་ནི། གང་གི་ཐེག་མཆོག་དམ་པ་འདིས་མཛེས་པ། །བློ་གྲོས་ཆེན་པོ་ རྣམས་ཀྱི་རྒྱན་བཞི་སྟེ། །ཚུལ་ཁྲིམས་༡ཏིང་འཛིན༢་དེ་བཞིན་ཤེས་རབ་དོན། །ཤིན་ཏུ་རྣམ་ པར་ངེས་དང༣་དེ་བཞིན་གཟུངས༤། །ཞེས་དང༌། དྲན་པ་༡བློ་གྲོས་༢རྟོགས་པ་༣ཆོས་ དང་༤ནི། །བདེན་པ་༥ཤེས་པ་༦མངོས་ཤེས་༧བསྒྲུབ་པ་༨རྣམས། །སྣང་བ་ཡིན་ཏེ་གཏི་ མུག་མུན་བསལ་ནས། །ཆོས་ཀྱི་སྒོ་རྣམས་ཤིན་ཏུ་གསལ་ཕྱིར་རོ། །ཞེས་དང༌། སྙིང་རྗེ་བཅུ་ དྲུག་ནི། སྣ་ཚོགས་ལྟ་དང་༡ཕྱིན་ཅི་ལོག་བཞི་ལྡན༢། །ང་དང་ངར་འཛིན་༣སྒྲིབ་པ་ལྔ་དང་ ལྡན༤། །ཡུལ་དྲུག་ལ་ཆགས་༥ང་རྒྱལ་བདུན་དང་ལྡན༦། །འཕགས་པའི་ལམ་འདས་༧རང་ དབང་མེད་པ་དང་༨། །ཁོང་ཁྲོ་ཅན་དང་༩སྡིག་པའི་ལས་བྱེད་དང་༡༠། །འཕགས་པའི་བློ་ མེད་༡༡རྟེན་འབྲེལ་དོན་མ་རྟོགས༡༢། །ལྟ་བའི་བག་ཆགས་མ་སྤངས་༡༣སྡུག་བསྔལ་གྱི༑ ༑ཁུར་མ་བྲལ་དང་༡༤གཡོས་དང་ང་རྒྱལ་སྤྱོད༡༥། །མཐོ་རིས་ཐར་པ་ལས་ཉམས་༡༦སེམས་ ཅན་རྣམས། །ཕྱིན་ཅི་ལོག་དང་བྲལ་བར་འདོད་པའོ། །ཞེས་དང། ལས་སོ་གཉིས་ནི། གཏི་ མུག་གཉིག་གོ་༡མོས་པ་དམན་པ་དང་༢། །ཆོས་མིན་འདོད་དང་༣འཚོ་བ་མ་དག་དང་ ༤། །ལྟ་ངན་༥ཚུལ་མིན་ཡིད་བྱེད་༦ཆོས་ལོག་སྤྱོད༧། །ཕར་ཕྱིན་དྲུག་གི་མི་མཐུན་ཕྱོགས་ གནས་དང་༡༣། །ཐབས་ལ་མི་མཁས་པ་དང་༡༤ཉོན་མོངས་ཅན༡༥། །དམིགས་པ་ཅན་ དང་༡༦མ་དུལ་༡༧བྱས་མི་བཟའོ༡༨། །ཆུ་བོ་བཞིར་ལྟུང་༡༩བཀའ་བློ་མི་བདེ་༢༠། །ཞེན་ པ་མང་དང་༢༡འཕགས་པའི་ནོར་མེད་དང་༢༢། །ནད་ལྡན་༢༣ཤེས་པའི་དབང་པོ་སྣང་བ་ མེད༢༤། །ཁམས་གསུམ་མི་ཤེས་༢༥གཡོན་ཕྱོགས་ལམ་ཞུགས་དང་༢༦། །ལུས་སྲོག་ལ་ 1-1-30 ཆགས་༢༧དཀོན་མཆོག་གསུམ་བྲལ་དང་༢༨། །ཆོས་ལ་ཉམས་དང་༢༩རྗེས་དྲན་དྲུག་བྲལ་ དང་༣༠། །ཉོན་མོངས་བསྒྲིབས་དང་༣༡མི་དགེའི་ཆོས་ལྡན་རྣམས༣༢། །རང་རང་གཉེན་ པོའི་ཆོས་ལ་འགོ ད་པའོ། །ཞེས་སོ། །བྱང་ཆུབ་ཆེན་པོའི་སྙིང་རྗེ་བཅུ་དྲུག་ནི། །རྩ་བ་མེད་ ཅིང་གནས་པ་མེད་པ་དང་༡། །ཞི་ཞིང་ཉེར་ཞི་༢རང་བཞིན་འོད་གསལ་དང་༣། །བླང་དོར་ མེད་དང་༤མཚན་མེད་དམིགས་མེད་དང་༥། །དུས་གསུམ་མཉམ་ཉིད་༦ལུས་མེད་འདུས་མ་ བྱས༧། །གཡོའ་བ་མེད་ཅིང་གནས་སུ་གྱུར་བ་དང་༨། །ལུས་སེམས་ཡུལ་མིན་༩གཟུང་མེད་ གཞི་མེད་དང་༡༠། །སྟོང་པ་ཉིད་ནི་༡༡ནམ་མཁའ་མཉམ་པ་དང་༡༢། །རང་བཞིན་གནས་ དང་༡༣རྣམ་པ་ལ་འཇུག་རྣམ་པ་མེད་པ་ལ་འཇུག༡༤། །ཟག་པ་མེད་ཅིང་ཉེ་ལེན་མེད་པ་དང་ ༡༥། །དག་ཅིང་དྲི་མེད་ཉོན་མོངས་མེད་རྟོགས་ཏེ ༡༦། །རྒྱལ་བའི་བྱང་ཆུབ་ཆེན་པོ་ཐུགས་ ཆུད་ནས། །མ་རྟོགས་འགྲོ་ལ་སྙིང་རྗེ་བཅུ་དྲུག་འཇུག། ཅེས་སོ། །སྟོབས་བཅུ་མི་འཇིགས་མ་ འདྲེས་གསུམ་ནི་གཞུང་དུ་སྟོན་ལ། གསུམ་པོའི་རིམ་པ་ལྟར་ཕྱིན་ཅི་མ་ལོག་པར་བསྟན་པར་ བཅུ་དང༌། བག་ཚ་བ་མེད་པར་བསྟན་པ་བཞི་དང༌། འབྲས་བུ་དང་ལྡན་པར་བསྟན་པ་བཅོ་ བརྒྱད་ནི་ལས་སོ་གཉིས་ཏེ་རྒྱས་པར་མདོར་ལྟའོ། ། གསུམ་པ་ནི། བདུན་པོ་འདི་ལ་འབྲེལ་པའང་ཡོད་དེ་སངས་རྒྱས་ཐོབ་ནས་ཆོས་འཁོར་ བསྐོར་བས་སངས་རྒྱས་ལས་ཆོས་འབྱུང་ཞིང༌། ཆོས་བསྟན་པ་བསྒྲུབས་པ་ལས་དགེ་འདུན་ འཕགས་པའི་ཚོགས་འབྱུང་ལ། ཚོགས་ལས་རང་གི་སྙིང་པོ་ཡེ་ཤེས་ཁམས་སྒྲིབ་པ་ཅི་རིགས་ པའི་དག་པ་ཐོབ་ནས་མཐར་ཡེ་ཤེས་དེ་རྫོགས་པར་ཐོབ་ཚེ་བྱང་ཆུབ་མཆོག་ཐོབ་པོ། །དེའི་ ཡོན་ཏན་ནི་སྟོབས་སོགས་རྣམས་ཡིན་ལ་དེ་ལ་བརྟེན་ནས་སེམས་ཅན་ཀུན་དོན་བྱེད་ཆོས་ འཕྲིན་ལས་སོ་གཉིས་རྣམས་དང་ལྡན་པ་འབྱུང་བ་ནི་འབྲེལ་བའོ། ། གཉིས་པ་ཡན་ལག་རྒྱས་པར་བཤད་པ་ལ་གཉིས་ཏེ། འཐོབ་བྱ་མཆོག་གསུམ་དང་ཐོབ་ 1-1-31 བྱེད་གནས་གཞིའི་ཡན་ལག་རྒྱས་པར་བཤད་པའོ། ། དང་པོ་ལ་ལྔ་ཐུན་མོང་མིན་པའི་དཀོན་མཆོག་གསུམ་གྱི་རང་བཞིན། ཀུན་རྫོབ་ཏུ་ཐུན་ མོང་གི་དཀོན་མཆོག་གསུམ་དུ་ཕྱེ་བའི་དགོས་པ། ཐུན་མོང་གི་དཀོན་མཆོག་མཐར་ཐུག་ གི་སྐྱབས་མིན་ཚུལ། ཐུན་མོང་མིན་པའི་སངས་རྒྱས་ཁོ་ན་མཐར་ཐུག་གི་སྐྱབས་ཡིན་ཚུལ། དཀོན་མཆོག་གི་སྒྲ་དོན་ནོ། ། དང་པོ་ལ་གསུམ་ཐུན་མོང་མ་ཡིན་པའི་སྟོན་པ་ཕུན་ཚོགས་སངས་རྒྱས་དཀོན་མཆོག་ ཐུན་མོང་མིན་པ་བསྟན་པ། ཕུན་ཚོགས་དམ་ཆོས་དཀོན་མཆོག ཐུན་མོང་མིན་པའི་དེ་འཛིན་ ཕུན་ཚོགས་དགེ་འདུན་དཀོན་མཆོག་བཤད་པའོ། ། དང་པོ་ལ་གསུམ། བསྟོད་པའི་སྒོ་ནས་ངོ་བོ་བརྗོད་པ་ལ། དོན་དེ་རྣམ་པར་ཕྱེ་སྟེ་བསྟན་ པ། དེ་དག་སྦྱར་ཏེ་རྒྱས་པར་བཤད་པའོ། ། དང་པོ་ནི་གང་ཞིག་སངས་རྒྱས་ནི་ཡོན་ཏན་བརྒྱད་དང་ལྡན་ཏེ་ཐོག་མར་སྐྱེ་བ་དབུས་ སུ་གནས་པ་མཐར་འཇིག་པའི་འདུས་བྱས་ཀྱི་མཚན་ཉིད་གསུམ་མེད་པས་འདུས་མ་བྱས་ པ་དང༌། སྤྲོས་པ་དང་རྣམ་པར་རྟོག་པ་ཐམས་ཅད་ཉེ་བར་ཞི་བ་ནི་ཞི་བས་ལྷུན་གྱིས་གྲུབ་ པ་དང༌། དེ་ལྟའི་རྨད་དུ་བྱུང་བའི་ཡུལ་སངས་རྒྱས་དེ་སངས་རྒྱས་ཉིད་ཀྱི་རང་བྱུང་གི་ཡེ་ ཤེས་ཀྱིས་རྟོགས་པར་བྱ་བས་གཞན་གྱི་རྐྱེན་གྱི་རྟོགས་པ་མིན་པ་དང༌། སངས་རྒྱས་ནས་ ནི་སྔར་བསྟན་པའི་དོན་གསུམ་པོ་སངས་རྒྱས་ཀྱི་རང་བྱུང་ཡེ་ཤེས་ཀྱིས་རྟོགས་པ་ནི་མཁྱེན་ པ་དང༌། དོན་གསུམ་པོ་རང་གིས་རྟོགས་ནས་ནི་གཞན་དེ་མ་རྟོགས་པ་དམུས་ལོང་དུ་གྱུར་ པས་ཀྱང་རྟོགས་པར་བྱ་བའི་ཕྱིར་འཇིག་མེད་འཇིག་རྟེན་ལས་འདས་པའི་ལམ་སྟོན་པས་ བརྩེ་བ་དང༌། དེའི་མཁྱེན་བརྩེ་རལ་གྲི་ལྟ་བུས་མིང་གཟུགས་ཀྱིས་བསྡུས་པའི་སྡུག་བསྔལ་ མངོན་པར་འགྲུབ་པའི་མཚན་ཉིད་མྱུ་གུ་འདྲ་བར་ཤེས་ནས་གཅོད་པར་མཛད་ཅིང༌། མཁྱེན་ 1-1-32 བརྩེ་རྡོ་རྗེ་མཆོག་ལྟ་བུ་བསྣམས་ནས་ལྟ་བ་དང་ཐེ་ཚོམ་གྱིས་བསྡུས་པའི་མཐོང་སྤངས་ནི་ འཇིག་རྟེན་པའི་ཤེས་པས་ཕིགས་པར་དཀའ་བས་ནགས་ཐིབས་པོས་བསྐོར་བའི་རྩིགས་པ་ འདྲ་བ་འཇིག་པར་མཛད་པ་ནི་ནུས་པ་དང༌། དེ་ལྟའི་ཡོན་ཏན་སྔ་མ་གསུམ་དང་ལྡན་པ་རང་ དོན་དང་ཕྱི་མ་གསུམ་དང་ལྡན་པ་ནི་གཞན་དོན་དེ་བརྒྱད་དོ། །དེ་དང་ལྡན་པའི་སངས་རྒྱས་ མཐར་ཐུག་དེ་ལ་འདུད་ཅེས་པའོ། ། གཉིས་པ་ནི་དེ་ལྟ་བུའི་དོན་རྣམས་བསྡུས་ན། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། ། གཞན་གྱི་རྐྱེན་གྱིས་རྟོགས་མིན་པ། །མཁྱེན་དང་བརྩེ་དང་ནུས་པར་ལྡན། །དོན་གཉིས་ལྡན་ པའི་སངས་རྒྱས་ཉིད། །ཅེས་པའི་བྱེ་བྲག་སོ་སོ་དྲུག་སྤྱི་གཉིས་དང་བརྒྱད་ཡིན་ནོ། ། གསུམ་པ་ནི། དོན་གཉིས་མཐར་ཐུག་གི་སངས་རྒྱས་དེ་ནི་འདུས་མ་བྱས་པ་ཡིན་ཏེ། འདུས་བྱས་ཀྱི་ཆོས་ཐོག་མར་སྐྱེ་བ་དབུས་སུ་གནས་པ་མཐར་འགག་པ་གསུམ་མེད་པའི་ རང་བཞིན་ཡིན་པའི་ཕྱིར་རོ། །ཡེ་ཤེས་སྣང་བ་རྒྱན་དུ། འཇམ་དཔལ་སྐྱེ་བ་མེད་ཅིང་འགག་ པ་མེད་པ་ཞེས་བྱ་བ་འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ སངས་རྒྱས་ཀྱི་ཚིག་བླ་དྭགས་ཏེ་ཞེས་སོ། །དེ་ལྷུན་གྱིས་གྲུབ་པ་ཞེས་བྱ་བར་བརྗོད་དེ། རང་ གི་མཛད་པ་ལ་སྤྲོས་པ་དང་རྣམ་རྟོག་ཐམས་ཅད་ཉེ་བར་ཞི་བས་འཁོར་བ་ཇི་སྲིད་པར་ སེམས་ཅན་གྱི་དོན་འབད་རྩོལ་མེད་པར་བྱེད་པའི་ཆོས་ཀྱི་སྐུ་ཅན་ཡིན་པས་སོ། །དེ་ཉིད་ དུ། བེཌཱུརྱའི་ས་གཞི་དྲི་མ་མེད་པའི་བརྒྱ་བྱིན་གྱི་གཟུགས་བརྙན་གྱི་དཔེ་ཐོག་མར་བྱས་ཏེ་ཇི་ སྲིད་དུ་དཔེ་དགུས་དོན་འདི་ཉིད་ཀྱི་དབང་དུ་བྱས་ནས་གསུངས་པ། འཇམ་དཔལ་དེ་བཞིན་ དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་གཡོ་བར་ མི་མཛད། སེམས་པར་མི་མཛད། རྟོག་པར་མི་མཛད། རྣམ་པར་རྟོག་པར་མི་མཛད་ཅིང༌། རྟོག་པ་མེད་པ། རྣམ་པར་རྟོག་པ་མེད་པ། སེམས་མེད་པ་ཡིད་ལ་བྱེད་པ་མེད་པ། བསིལ་ 1-1-33 བར་གྱུར་པ། སྐྱེ་བ་མེད་པ་འགག་པ་མེད་པ་ཞེས་གསུངས་སོ། །དེ་གཞན་གྱི་སྒྲ་དང་རྟགས་ ལ་སོགས་པའི་སྐྱེན་གྱིས་རྟོགས་པར་བྱ་བ་མིན་ཏེ། སོ་སོ་རང་གིས་རིག་པའི་རང་བྱུང་གི་ཡེ་ ཤེས་ཀྱིས་རྟོགས་བྱ་ཡིན་པའི་ཕྱིར་རོ། །དེ་ཉིད་དུ། ལྟར་མེད་པ། མཉན་དུ་མེད་པ། བསྣམ་ དུ་མེད་པ། མྱང་དུ་མེད་པ། རེག་ཏུ་མེད་པ། མཚན་མ་མེད་པ། རྣམ་པར་རིག་པ་མེད་པ། རྣམ་ པར་རིག་པར་བྱ་བ་མིན་པ་ཞེས་སོ། །དེ་མཁྱེན་པ་ཕུན་ཚོགས་ཡིན་ཏེ། སྔར་བཤད་པ་དེ་ལྟར་ འདུས་མ་བྱས་སོགས་རྣམ་པ་གསུམ་པོ་རྫོགས་པར་རྟོགས་པའི་ཕྱིར་རོ། །དེ་ཐུགས་བརྩེ་བ་ ཕུན་ཚོགས་ཏེ། སྔར་བཤད་ལྟར་འཇིག་མེད་རྟག་པའི་ལམ་སྟོན་པའི་ཕྱིར་རོ། །ཐུགས་རྗེ་ ཆེན་པོ་བསྟན་པའི་མདོར། འཇམ་དཔལ་དེ་ལ་ཆོས་ཐམས་ཅད་དེ་ལྟ་བུའི་རང་བཞིན་དུ་ མངོན་པར་རྫོགས་པར་བྱང་ཆུབ་སྟེ། སེམས་ཅན་རྣམས་ལ་ཡང་མ་དག་པ། དྲི་མ་དང་མ་བྲལ་ བ། སྐྱོན་དང་བཅས་པའི་ཆོས་དབྱིངས་གཟིགས་ནས་སེམས་ཅན་རྣམས་ལ་རྣམ་པར་བརྩེ་ བ་ཞེས་བྱ་བའི་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་རབ་ཏུ་འཇུག་གོ་ཞེས་གསུངས་ ཏེ། འདིས་ནི་དེ་བཞིན་གཤེགས་པ་ཡེ་ཤེས་དང་ཐུགས་རྗེ་དང་ལྡན་པ་ཉིད་བརྗོད་དོ། །དེ་ ལ་ཆོས་ཐམས་ཅད་དེ་ལྟ་བུའི་རང་བཞིན་གྱི་ཞེས་བྱ་བ་ནི་གོ་རིམ་ཇི་ལྟ་བ་བཞིན་དུ་བསྟན་ པ་དངོས་པོ་མེད་པའི་ངོ་བོ་ཉིད་དོ། །མངོན་པར་རྫོགས་པར་བྱང་ཆུབ་ཏེ་ཞེས་བྱ་བ་ནི༑ ཡང་ དག་པར་ཇི་ལྟ་བ་བཞིན་དུ་རྣམ་པར་རྟོག་པའི་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་མཁྱེན་ནས་སོ། ། སེམས་ཅན་རྣམས་ལ་ཞེས་བྱ་བ་ནི་ངེས་པ་དང་མ་ངེས་པ་དང་ལོག་པ་ཉིད་དུ་ངེས་པའི་ཕུང་ པོར་གནས་པ་རྣམས་ལའོ། །ཆོས་དབྱིངས་ཞེས་བྱ་བ་ནི་རང་གི་མཚན་ཉིད་ཀྱི་རང་བཞིན་ དང་ཁྱད་པར་མེད་པའི་དེ་བཞིན་གཤེགས་པའི་སྙིང་པོའོ། །གཟིགས་ནས་ཞེས་བྱ་བ་ནི་རྣམ་ པ་ཐམས་ཅད་སངས་རྒྱས་ཀྱི་སྤྱན་སྒྲིབ་པ་མེད་པས་གཟིགས་ནས་སོ། །བྱིས་པ་སོ་སོའི་སྐྱེ་ བོ་རྣམས་ཀྱིས་ནི་ཉོན་མོངས་པའི་སྒྲིབ་པས་མ་དག་པའོ། །ཉན་རང་རྣམས་ཀྱིས་ནི་ཤེས་བྱའི་ 1-1-34 སྒྲིབ་པའི་དྲི་མ་དང་མ་བྲལ་བའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་དེ་གཉིས་ག་གང་ ཡང་རུང་བའི་ལྷག་མའི་སྐྱོན་དང་བཅས་པའོ། །རྣམ་པར་བརྩེ་བ་ནི་གདུལ་བྱའི་ཐབས་ཀྱི་སྒོ་ སྣ་ཚོགས་པ་གྲུབ་པ་ལ་ཞུགས་པའི་ཕྱིར་རོ། །སེམས་ཅན་རྣམས་ལ་ཐུགས་རྗེ་ཆེན་པོ་རབ་ ཏུ་འཇུག་པ་ནི་མཉམ་པ་ཉིད་དུ་སེམས་ཅན་གྱི་རྒྱུན་དུ་མངོན་པར་རྫོགས་པར་བྱང་ཆུབ་པས་ ན་རང་གི་ཆོས་ཉིད་རྟོགས་པར་ཐོབ་པར་དགོངས་པའི་ཕྱིར་རོ། །དེ་ནུས་པ་དང་འཕྲིན་ལས་ ཕུན་ཚོགས་ཏེ། བླ་ན་མེད་པའི་ཡེ་ཤེས་དང་ཐུགས་རྗེ་རབ་ཏུ་ཞུགས་ཏེ་བླ་མེད་ཀྱི་ཆོས་འཁོར་ བསྐོར་བའི་སེམས་ཅན་རྣམས་ཀྱི་སྡུག་བསྔལ་དང་ཉོན་མོངས་པའི་སྒྲིབ་པ་མཐའ་དག་སྤོང་ བའི་ཕྱིར་རོ། །རྒྱལ་བའི་ཡོན་ཏན་དྲུག་པོ་དེ་དག་ཉིད་ལས་གོ་རིམ་བཞིན་འདུས་མ་བྱས་ལ་ སོགས་པ་དང་པོ་གསུམ་དང་ལྡན་པ་ནི་རང་དོན་ཕུན་ཚོགས་ཏེ། ཆོས་དབྱིངས་འདུས་མ་བྱས་ ཤིང་ལྷུན་གྲུབ་རང་རིག་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་ཅིང་ཟག་བཅས་ཀྱི་རྒུད་པ་མཐའ་དག་ སྤངས་ནས་ཟག་མེད་བདེ་ཆེན་ལྷུན་གྱིས་གྲུབ་པས་སོ། །ཕྱི་མ་གསུམ་གྱི་ནི་གཞན་དོན་ཕུན་ ཚོགས་སྒྲུབ་པ་ཡིན་ཏེ། མཁྱེན་པའི་གདུལ་བྱའི་ཁམས་གཟིགས་པ་ལྟར་བརྩེ་བའི་ཐུགས་རྗེ་ ཞུགས་ནས་ཇི་ལྟར་བཞེད་བཞིན་འདོད་དོན་མ་ལུས་པ་སྒྲུབ་ནུས་པས་སོ། །ཡང་ན་ཡེ་ཤེས་ ཀྱིས་ནི་མཆོག་ཏུ་རྟག་པ་དང་ཉེ་བར་ཞི་བའི་གནས་པ་དང་རང་ཉིད་མངོན་པར་བྱང་ཆུབ་པ་ ལ་གནས་པའི་ཡོན་ཏན་གྱིས་ནི་རང་དོན་ཕུན་ཚོགས་བསྟན་ལ། ཐུགས་རྗེ་དང་ནུས་པ་དག་ གིས་ནི་བླ་མེད་ཆོས་ཀྱི་འཁོར་ལོ་ཆེན་པོ་རབ་ཏུ་འཇུག་པའི་ཡོན་ཏན་གྱིས་ན་གཞན་དོན་ ཕུན་ཚོགས་བསྟན་ཏོ། ། གཉིས་པ་ལ་གསུམ་སྟེ་བསྟོད་པའི་སྒོ་ནས་ངོ་བོ་བརྗོད་པ། དོན་དེ་རྣམ་པར་ཕྱེ་སྟེ་བསྟན་ པ། དེ་དག་སྦྱར་ཏེ་རྒྱས་པར་བཤད་པའོ། ། དང་པོ་ནི་ཐུན་མོང་མིན་པའི་དམ་པའི་ཆོས་ནི་ཡོན་ཏན་བརྒྱད་དང་ལྡན་ཏེ། གང་ཞིག་ 1-1-35 ཆོས་སྐུའི་ངོ་བོ་འགོག་བདེན་ནི། བསམ་དུ་མེད་དེ། མེད་པ་ཡང་མིན་ཡོད་པ་ཡང་མིན་ཡོད་ མེད་མ་ཡིན་ཡོད་མེད་ལས་གཞན་དུ་ཡང་རྟོག་གེས་བརྟག་པར་མི་ནུས་པའི་ཕྱིར་དང༌། སྒྲ་ དང་སྐད་དང་བརྗོད་པ་དང་ངག་གི་ཡུལ་དང་ངེས་ཚིག་དང་བརྡ་དང་ཐ་སྙད་དང་མངོན་པར་ བརྗོད་པ་དག་གིས་བརྗོད་པ་བྲལ་ཞིང་མེད་པའི་ཕྱིར་དང༌། འཕགས་པ་རྣམས་ཀྱིས་ས་རང་ གིས་རིག་བྱ་ཡིན་པས་སོ། ། གཉིས་སུ་མེད་དེ། ལས་དང་ཉོན་མོངས་པ་ཞི་བས་སོ། །རྣམ་པར་རྟོག་པ་མེད་དེ། ལས་ དང་ཉོན་མོངས་པ་ཀུན་འབྱུང་བའི་རྒྱུ་ཚུལ་བཞིན་མིན་པའི་ཡིད་ལ་བྱེད་པ་མེད་པས་སོ། ། ཐུན་མོང་མིན་པའི་ཆོས་ལམ་བདེན་ནི། དག་པ་ཡིན་ཏེ། ཉོན་མོངས་པ་དང་ཉེ་བའི་ཉོན་ མོངས་པའི་དྲི་མ་ཐམས་ཅད་མེད་པའི་ཡེ་ཤེས་ཡིན་པས་སོ། །གསལ་བ་ཡིན་ཏེ། ཤེས་བྱ་ ཐམས་ཅད་ཀྱི་རྣམ་པ་ཐམས་ཅད་སྣང་བར་བྱེད་པའི་ཡེ་ཤེས་ཀྱི་འོད་ཟེར་གྱི་སྣང་བ་དང་ལྡན་ པའི་ཡེ་ཤེས་ཡིན་པས་སོ། །གཉེན་པོར་གྱུར་པ་ཡིན་ཏེ། དམིགས་པ་ཆོས་དབྱིངས་ཀུན་ལ་ སྒྲིབ་བྱེད་འདོད་ཆགས་དང་ཞེ་སྡང་དང་རབ་རིབ་གཏི་མུག་རྣམ་པར་འཇོམས་པར་མཛད་ པའི་ཡེ་ཤེས་ཡིན་པས་སོ། །དེ་ལ་ཡོན་ཏན་དང་པོ་གསུམ་གང་ཞིག་འདོད་ཆགས་དང་བྲལ་ བ་འབྲསུ་བུའི་ཡོན་ཏན་དང༌། ཕྱི་མ་གསུམ་གང་གིས་འདོད་ཆགས་དང་བྲལ་བྱེད་རྒྱུའི་ཡོན་ ཏན་དེ་བརྒྱད་དོ། ། དེ་ལྟའི་དམ་ཆོས་ཉི་མ་དེ་ལ་གཉིས། གཉིས་པ་ནི་རྣམ་པར་བྱང་བའི་བདེན་པ་འགོག་ ལམ་གཉིས་ཀྱི་མཚན་ཉིད་ཅན་གྱི་ཆོས་དེ་ནི་ཡོན་ཏན་བརྒྱད་དང་ལྡན་ཏེ། བསམ་མེད་ གཉིས་མེད་རྟོག་མེད་ཡོན་ཏན་གསུམ་དང༌། དག་གསལ་གཉེན་པོའི་ཕྱོགས་ཉིད་ཡོན་ཏན་ གསུམ་དང༌། གང་ཞིག་གང་གིས་ཆགས་བྲལ་བ་ཡོན་ཏན་གཉིས་ཏེ་དེ་རྣམས་ལྡན་པས་སོ། ། གང་ཞིག་འདོད་ཆགས་དང་བྲལ་བའི་ཆོས་ནི་འགོག་བདེན་གྱིས་བསྡུས་ཏེ། གོ་རིམ་ཇི་ལྟ་ 1-1-36 བ་བཞིན་བསམ་མེད་གཉིས་མེད་རྟོག་མེད་ཀྱིས་ཡོན་ཏན་གསུམ་གྱིས་བསྡུས་པས་སོ། །གང་ གིས་འདོད་ཆགས་དང་བྲལ་བྱེད་ཀྱི་ཆོས་ནི་ལམ་གྱི་བདེན་པ་དག་གིས་བསྡུས་ཏེ། དག་ གསལ་གཉེན་པོའི་ཡོན་ཏན་གསུམ་གྱིས་བསྡུས་པར་རིག་པར་བྱ་བས་སོ། ། གསུམ་པ་ནི་ཐུན་མོང་མིན་པའི་འགོག་བདེན་ནི། བསམ་དུ་མེད་པ་ཉིད་དེ། རྟོག་གེས་ བརྟག་པར་བྱ་བ་མིན་པའི་ཕྱིར་དང་བརྗོད་པར་བྱ་བ་མིན་པའི་ཕྱིར་དང་འཕགས་པའི་སོ་ སོ་རང་རིག་གིས་མཁྱེན་པའི་ཕྱིར་རོ། །གཉིས་སུ་མེད་ལས་དང་ཉོན་མོངས་པ་བཞི་བས་སོ། ། རྣམ་པར་རྟོག་པ་མེད་ལས་ཉོན་ཀུན་འབྱུང་བའི་རྒྱུ་ཚུལ་མིན་ཡིད་བྱེད་མེད་པས་སོ། །མདོ་ ལས། ཤཱ་རིའི་བུ་འགོག་པ་ཞེས་བྱ་བ་འདི་ནི་ཆོས་ཀྱི་སྐུ་སྟེ་གཉིས་སུ་མེད་པའི་ཆོས་ཅན་རྣམ་ པར་མི་རྟོག་པའི་ཆོས་སོ། །ཞེས་སོ། །དེ་ལ་གཉིས་ནི་ལས་དང་ཉོན་མོངས་པ་ལ་བརྗོད་ལ། རྣམ་པར་རྟོག་པ་ནི་ལས་དང་ཉོན་མོངས་པ་ཀུན་འབྱུང་བའི་རྒྱུ་ཚུལ་བཞིན་མིན་པའི་ཡིད་ ལ་བྱེད་པ་ལ་བརྗོད་དོ། །དེ་རང་བཞིན་གྱིས་འགགས་པར་སོ་སོར་རང་གིས་རིག་པའི་ཕྱིར། རྣམ་པར་རྟོག་པ་རྣམ་པ་གཉིས་ཀ་ཀུན་ཏུ་སྤྱོད་པ་མེད་པའི་ཚུལ་གྱིས་སྡུག་བསྔལ་གཏན་ འབྱུང་བ་མེད་པ་གང་ཡིན་པ་འདི་ནི་སྡུག་བསྔལ་འགོག་པ་ཞེས་བྱའོ། །ཆོས་འགའ་ཞིག་ཞིག་ པའི་ཕྱིར་ནི་སྡུད་བསྔལ་འགོག་པའི་བདེན་པར་མ་བསྟན་ཏེ། ཇི་སྐད་དུ་འཇམ་དཔལ་སྐྱེ་བ་ མེད་ཅིང་འགག་པ་མེད་པ་ལ་ནི་སེམས་དང་ཡིད་དང་རྣམ་པར་ཤེས་པ་མི་འཇུག་གོ །གང་ ལ་སེམས་ཡིད་རྣམ་ཤེས་མི་འཇུག་པ་དེ་ལ་ནི། ཀུན་ཏུ་རྟོག་པ་གང་གིས་ཚུལ་བཞིན་མིན་པ་ ཡིད་ལ་བྱེད་པར་འགྱུར་བའི་ཀུན་ཏུ་རྟོག་པ་འགའ་ཡང་མེད་དོ། །ཚུལ་བཞིན་ཡིད་ལ་བྱེད་ པ་ལ་རབ་ཏུ་སྦྱོར་བ་དེ་ནི་མ་རིག་པ་ཀུན་ནས་སློང་བར་མི་བྱེད་དོ། །མ་རིག་པ་ཀུན་ནས་ ལྡང་བ་མེད་པ་དེ་ནི་སྲིད་པའི་ཡན་ལག་བཅུ་གཉིས་ཀུན་ནས་ལྡང་བར་མི་བྱེད་དེ་དེ་ནི་མི་ སྐྱེ་ཞེས་པ་ལ་སོགས་པ་རྒྱས་པར་གསུངས་པ་ཡིན་ནོ། །ཇི་སྐད་དུ། བཅོམ་ལྡན་འདས་ཆོས་ 1-1-37 འཇིག་པ་ནི་སྡུག་བསྔལ་འགོག་པ་མ་ལགས་སོ། །བཅོམ་ལྡན་འདས་སྡུག་བསྔལ་འགོག་པ་ ཞེས་བགྱི་བ་ནི་ཐོག་མ་མེད་པའི་དུས་ཅན། མ་བྱས་པ། མ་སྐྱེས་པ། མ་བྱུང་པ། ཟད་པ་མེད་ པ། ཟད་པ་དང་བྲལ་བ། རྟག་པ། བརྟན་པ། ཞི་བ་མི་འཇིག་པ། རང་བཞིན་གྱིས་ཡོངས་སུ་ དག་པ། ཉོན་མོངས་པའི་སྦུབས་ཐམས་ཅད་ལས་གྲོལ་བ་རྣམ་པར་དབྱེ་བ་མེད་པ། བསམ་ གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་ཆོས་གངྒཱའི་ཀླུང་གི་བྱེ་མ་སྙེད་ལས་འདས་པ་དང་ལྡན་པ་དེ་ བཞིན་གཤེགས་པའི་ཆོས་ཀྱི་སྐུར་བསྟན་པ་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་ ཆོས་ཀྱི་སྐུ་འདི་ཉིད་ཉོན་མོངས་པའི་སྦུབས་ལས་མ་གྲོལ་བ་ནི་དེ་བཞིན་གཤེགས་པའི་སྙིང་ པོ་ཞེས་བགྱིའོ་ཞེས་གསུངས་སོ། །སྡུག་བསྔལ་འགོག་པའི་མིང་ཅན། དེ་བཞིན་གཤེགས་ པའི་ཆོས་ཀྱི་སྐུ་འདི་ཉིད་ཐོབ་པའི་རྒྱུ་རྣམ་པར་མི་རྟོག་པའི་ཡེ་ཤེས་མཐོང་བ་དང་སྒོམ་པའི་ ལམ་ནི། ཆོས་མཐུན་པ་རྣམ་པ་གསུམ་ཉིད་ཀྱིས་ཉི་མ་དང་འདྲ་བར་རིག་པར་བྱ་སྟེ། དཀྱིལ་ འཁོར་རྣམ་པར་དག་པ་དང་ཆོས་མཐུན་པས་ནི་ཉེ་བའི་ཉོན་མོངས་པའི་སྦུབས་ཐམས་ཅད་ དང་བྲལ་བས་སོ། །སོགས་པའི་གཟུགས་གསལ་བར་བྱེད་པ་དང་ཆོས་མཐུན་པས་ནི་ཤེས་ བྱ་ཐམས་ཅད་ཀྱི་རྣམ་པ་ཐམས་ཅད་སྣང་བར་བྱེད་པས་སོ། །མུན་པའི་གཉེན་པོར་ཆོས་ མཐུན་པས་ནི་དེ་ཁོ་ན་མཐོང་བའི་གེགས་ཀྱི་རྣམ་པ་ཐམས་ཅད་ཀྱི་གཉེན་པོར་འགྱུར་པས་ སོ། །གེགས་ཀྱང་ཡང་དག་མིན་པའི་དངོས་པོ་རྒྱུན་གྱི་ཡུལ་ཡིད་ལ་བྱེད་པ་སྔོན་དུ་འགྲོ་བ་ ཅན་བག་ལ་ཉལ་དང་ཀུན་ནས་ལྡང་བ་དང་ལྡན་པ་ལས། འདོད་ཆགས་དང་ཞེ་སྡང་དང་ གཏི་མུག་སྐྱེ་བའོ། །བག་ལ་ཉལ་ནི་ཡང་དག་པ་མིན་པ་དེའི་རང་བཞིན་མིན་པའི་དངོས་པོ་ བྱིས་པ་རྣམས་ལ་འདོད་ཆགས་བསྐྱེད་པས་ན། སྡུག་པའི་རྣམ་པར་རམ་ཞེ་སྡང་བསྐྱེད་པས་ ན་མི་སྡུག་པའི་རྣམ་པར་རམ་གཏི་མུག་བསྐྱེད་པས་ན་མ་རིག་པའི་རྣམ་པས་རྒྱུན་དུ་འགྱུར་ རོ། །འདོད་ཆགས་ཞེ་སྡང་གཏི་མུག་གི་རྒྱུན་ཡང་དག་པ་མིན་པ་དེ་ཡང་དམིགས་པར་བྱེད་ 1-1-38 པ་ན། ཚུལ་མིན་ཡིད་ལ་བྱེད་པས་སེམས་ཡོངས་སུ་ལེན་ཏོ། །སེམས་ཚུལ་མིན་ཡིད་ལ་བྱེད་ པ་ལ་གནས་པ་དེ་དག་ལ་འདོད་ཆགས་ཞེ་སྡང་གཏི་མུག་རྣམས་ལས་གང་ཡང་རུང་བའི་ ཉོན་མོངས་པ་ཀུན་ཏུ་སྤྱོད་པར་འགྱུར་རོ། །དེ་གཞི་དེ་ལས་ལུས་དང་ངག་དང་ཡིད་ཀྱིས་ འདོད་ཆགས་ལས་སྐྱེས་པའི་ལས་ཀྱང་མངོན་པར་འདུ་བྱེད། ཞེ་སྡང་ལས་སྐྱེས་པའི་ལས་ དང༌། གཏི་མུག་ལས་སྐྱེས་པའི་ལས་ཀྱང་མངོན་པར་འདུ་བྱེད་དོ། །ལས་ལས་ཀྱང་ཡང་སྐྱེ་ བ་འབྲེལ་པ་ཁོ་ནར་འགྱུར་རོ། །དེ་ལྟར་བྱིས་པ་བག་ལ་ཉལ་དང་ལྡན་པ་མཚན་མར་འཛིན་ པ་ཅན། དམིགས་པ་ལ་སྤྱོད་པ༑ དེ་དག་ལ་ཚུལ་མིན་ཡིད་ལ་བྱེད་པ་ཀུན་འབྱུང་པ་ལས་ཉོན་ མོངས་པ་ཀུན་འབྱུང་ངོ༌། །ཉོན་མོངས་པ་ཀུན་འབྱུང་བ་ལས་ནི་ལས་ཀུན་འབྱུང་ངོ༌། །ལས་ ཀུན་འབྱུང་བ་ལས་ནི་སྐྱེ་བ་ཀུན་འབྱུང་བར་འགྱུར་རོ། །བྱིས་པ་རྣམས་ཀྱི་ཉོན་མོངས་པ་དང་ ལས་དང་སྐྱེ་བའི་ཀུན་ནས་ཉོན་མོངས་པའི་རྣམ་པ་འདི་ཐམས་ཅད་ཀྱང་ཁམས་གཅིག་པོ་ ཡང་དག་པ་ཇི་བཞིན་མ་ཤེས་པས་འཇུག་གོ །དེ་ཡང་ཇི་ལྟར་ཡོངས་སུ་བཙལ་བ་ན་དེའི་རྒྱུ་ མཚན་དམིགས་པ་འགའ་ཡང་མི་མཐོང་བ་དེ་ལྟར་ལྟ་བར་བྱའོ། །དེ་གང་གི་ཚེ་རྒྱུ་མཚན་མ་ དམིགས་པ་མི་མཐོང་བ་དེའི་ཚེ་ཡང་དག་པར་མཐོང་བ་ཡིན་ནོ། །དེ་ལྟར་ན་ཆོས་དེ་དག་དེ་ བཞིན་གཤེགས་པས་མཉམ་པ་ཉིད་ཀྱིས་མཉམ་པར་མངོན་པར་རྫོགས་པར་སངས་རྒྱས་ སོ། །གང་ཞིག་དེ་ལྟར་མེད་པའི་རྒྱུ་མཚན་གྱིས་དམིགས་པ་མ་མཐོང་བའི་ཕྱིར་དང༌། ཡོད་ པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་གྱུར་པ་དོན་དམ་པའི་བདེན་པ་མཐོང་བའི་ཕྱིར། དེ་གཉིས་ ཀ་བསལ་བ་མེད་པ་དང་གཞག་པ་མེད་པར་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ཆོས་ཐམས་ཅད་ མཉམ་པ་ཉིད་དུ་མངོན་པར་བྱང་ཆུབ་པ་དེ་ནི། གང་ཞིག་སྐྱེས་པས་གཅིག་ཤོས་གཏན་བྲལ་ བ་དང༌། མེད་པར་རྟོག་པར་འགྱུར་བ་དེ་ཁོ་ན་མཐོང་བའི་གེགས་གྱི་རྣམ་པ་འདི་མཐའ་ དག་གི་གཉེན་པོར་རིག་པར་བྱའོ། །ཆོས་ཀྱི་སྐུ་ཐོབ་པའི་རྒྱུ་རྣམ་པར་མི་རྟོག་པའི་ཡེ་ཤེས་ 1-1-39 མཐོང་བ་དང་བསྒོམ་པའི་ལམ་དེ་ཡང་རྒྱས་པར་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྗེས་སུ་ འབྲངས་ཏེ་མདོ་ཇི་ལྟ་བ་བཞིན་རྟོགས་པར་བྱའོ། ། གསུམ་པ་ལ་གསུམ་བསྟོད་པའི་སྒོ་ནས་ངོ་བོ་བརྗོད་པ། དོན་དེ་རྣམ་པར་ཕྱེ་སྟེ་བསྟན་ པ། དེ་དག་སྦྱར་ཏེ་རྒྱས་པར་བཤད་པའོ། །དང་པོ་ནི་བྱང་སེམས་འཕགས་པ་གང་དག་དེ་ནི་ ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་དང་ལྡན་ཏེ། འགྲོ་བ་ཀུན་གྱི་ངོ་བོ་ཆོས་དང་གང་ཟག་གི་བདག་ མེད་པའི་མཐའ་གདོད་མ་ནས་ཞི་བར་ཡང་དག་པ་ཇི་ལྟ་བ་བཞིན་རྟོགས་པའི་ཕྱིར་ཏེ། ཆོས་ ཉིད་ཀྱི་སེམས་དེ་རང་བཞིན་གྱིས་འོད་གསལ་བར་མཐོང་བའི་ཕྱིར་དང་དེའི་ཉེ་བའི་ཉོན་ མོངས་པའི་ངོ་བོ་གདོད་མ་ནས་མེད་པར་མངོན་སུམ་གྱིས་གཟིགས་པས་སོ༑ ༑ཇི་སྙེད་པ་ མཁྱེན་པའི་ཡེ་ཤེས་དང་ལྡན་ཏེ། སེམས་ཅན་ཐམས་ཅད་ཐ་ན་དུད་འགྲོའི་སྐྱེ་གནས་སུ་ གྱུར་པ་རྣམས་ལ་ཡང་རྫོགས་པའི་སངས་རྒྱས་ཀྱི་ཆོས་སྐུ་རང་ལ་ཇི་ལྟར་ཡོད་པ་བཞིན་བདེ་ གཤེགས་སྙིང་པོར་རྗེས་སུ་ཞུགས་པར་མངོན་སུམ་གྱིས་གཟིགས་པས་སོ། །བྱང་འཕགས་ཀྱི་ ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་དེ་དག་ནི་རིམ་པ་བཞིན། དང་པོ་ཆགས་པ་དང་ གཉིས་པ་ཐོགས་པའི་སྒྲིབ་པ་མེད་པའི་བློ་མངའ་བ་ཡིན་ཏེ། ཆོས་ཉིད་སེམས་ཅན་གྱི་ཁམས་ རང་བཞིན་གྱི་ཆོས་སྐུ་རང་བཞིན་གྱིས་རྣམ་པར་དག་པའི་ཡུལ་ཅན་ཡིན་པའི་ཕྱིར་དང༌། དེ་ ཉིད་ཆོས་ཅན་ཤེས་བྱའི་དངོས་པོ་མཐའ་ཡས་ལ་ཁྱབ་པའི་ཡུལ་ཅན་ཡིན་པས་སོ། །དེ་ལྟ་ བུའི་ཡེ་ཤེས་གཟིགས་པ་མངའ་བའི་དགེ་འདུན་དཀོན་མཆོག་དེ་ལ་འདུད་དོ། །དེས་ན་ སེམས་ཅན་གྱི་ཁམས་དང་དོན་དམ་བདེན་པ་དང་བདེ་གཤེགས་སྙིང་པོ་ཆོས་སྐུ་སོགས་རྣམ་ གྲངས་ཏེ། གོང་གི་འགྲིབ་འཕེལ་མེད་པའི་མདོའི་ལུང་ཤཱ་རིའི་བུ་དོན་དམ་པ་ཞེས་བྱ་བ་ནི་ སེམས་ཅན་གྱི་ཁམས་དང་བདེ་གཤེགས་སྙིང་པོ་དང་ཆོས་སྐུའི་ཚིག་བླ་དྭགས་སོ་ཞེས་དང༌། གསང་བ་བསམ་མི་ཁྱབ་ཏུ་དེ་བཞིན་དུ་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ཡང་སེམས་ཅན་ 1-1-40 དུ་སྣང་བ་ཐམས་ཅད་དུ་ཞུགས་སོ། །ཞེས་པས་འདིར་དཀོན་མཆོག་གསུམ་གྱི་ཐད་དུ་གོ་རྒྱུ་ ལ་སངས་རྒྱས་ཡིན་ལུགས་དེ་ཆོས་ཀྱི་ཐད་དུ་འགོག་བདེན་དང་དགེ་འདུན་གྱི་ཐད་དུ་ཇི་ལྟ་ བ་མཁྱེན་པའི་མཁྱེན་བྱ་དང་དེ་ཉིད་འགྲོ་ཀུན་ལ་ཞུགས་པ་ཇི་སྙེད་པ་མཁྱེན་པའི་མཁྱེན་བྱར་ ཤེས་དགོས་སོ། ། གཉིས་པ་ནི་བློ་ལྡན་ཕྱིར་མི་ལྡོག་པའི་ཚོགས་དགེ་འདུན་དཀོན་མཆོག་ནི་བླ་ན་མེད་ པའི་ཡོན་ཏན་དང་ལྡན་པ་ཉིད་ཡིན་ཏེ། ཇི་ལྟ་བ་བཞིན་མཁྱེན་པ་ཡོད་པ་དང་ཇི་སྙེད་པ་ མཁྱེན་པ་ཡོད་པའི་ནང་གི་ཡེ་ཤེས་ཀྱི་རྒྱུུ་མཚན་གྱིས་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ ཀྱིས་གཟིགས་པ་རྣམ་པར་དག་པ་ཡིན། གསུམ་པ་ལ་བཞིའི་དང་པོ་ཇི་ལྟ་བ་ནི། བྱང་འཕགས་དེ་རྣམས་ནི་ཇི་ལྟ་བ་བཞིན་ཡོད་ པ་ཉིད་དང་ལྡན་ཏེ། འགྲོ་བ་ཐམས་ཅད་ཆོས་དང་གང་ཟག་གི་བདག་མེད་པའི་མཐའ་གཏན་ དུ་གཟོད་མ་ནས་ཞི་བའི་ཆོས་ཉིད་མངོན་སུམ་གྱིས་རྟོགས་པའི་ཕྱིར་ཏེ། སེམས་རང་བཞིན་ གྱིས་ནི་ཡོངས་སུ་དག་ཅིང་འོད་གསལ་བར་མཐོང་བའི་ཕྱིར་དང༌། དེའི་ཉེ་བའི་ཉོན་མོངས་ གདོད་ནས་ཟད་ཅིང་འགགས་པར་མངོན་སུམ་གྱིས་མཐོང་བའི་ཕྱིར་རོ། །ཐུགས་རྗེ་ཆེན་པོ་ བསྟན་པའི་མདོར། ཟད་པ་གཉེན་པོས་ཟད་པ་མ་ཡིན་ཏེ། །སྔོན་ནས་ཟད་པས་དེ་ཕྱིར་ཟད་ ཅེས་བསྟན། །ཅེས་དང༌། དཔལ་ཕྲེང་གི་མདོར། དེ་ལ་སེམས་རང་བཞིན་གྱིས་འོད་གསལ་ བ་གང་ཡིན་པ་དང༌། དེའི་ཉེ་བའི་ཉོན་མོངས་པ་ཞེས་བྱ་བ་གང་ཡིན་པ་འདི་གཉིས་ནི་དགེ་ བ་དང་མི་དགེ་བའི་སེམས་དག་ལས་གཅིག་རྒྱུ་བས། སེམས་གཉིས་པ་མཚམས་སྦྱོར་བ་མེད་ པའི་ཚུལ་གྱིས་ཟག་པ་མེད་པའི་དབྱིངས་ལ་མཆོག་ཏུ་རྟོགས་པར་དཀའ་བ་ཡིན་ནོ། །དེའི་ ཕྱིར་ན་བཅོམ་ལྡན་འདས་དགེ་བའི་སེམས་ནི་སྐད་ཅིག་མ་སྟེ་ཉོན་མོངས་པ་དག་གིས་ཉོན་ མོངས་པར་མི་འགྱུར་རོ། །མི་དགེ་བའི་སེམས་ནི་སྐད་ཅིག་མ་སྟེ་སེམས་དེ་ནི་ཉོན་མོངས་པ་ 1-1-41 དག་གིས་ཉོན་མོངས་པ་མ་ལགས་པ་ཉིད་དོ། །བཅོམ་ལྡན་འདས་ཉོན་མོངས་པས་ནི་སེམས་ ལ་མི་རེག་ལ་སེམས་ཉོན་མོངས་པ་ཡང་མ་ལགས་ན། བཅོམ་ལྡན་འདས་འདི་ལ་ཇི་ལྟར་ རེག་པའི་ཆོས་ཅན་མ་ལགས་པའི་སེམས་མུན་པས་ཉོན་མོངས་པར་འགྱུར། བཅོམ་ལྡན་ འདས་ཉེ་བའི་ཉོན་མོངས་པ་ནི་མཆིས་ལ་ཉེ་བར་ཉོན་མོངས་པར་འགྱུར་བའི་སེམས་ནི་མ་ མཆིས་ལགས་སོ། །བཅོམ་ལྡན་འདས་དེ་ལྟ་ལགས་མོད་ཀྱི་རང་བཞིན་གྱིས་ཡོངས་སུ་དག་ པའི་སེམས་ཉེ་བར་ཉོན་མོངས་པའི་དོན་ནི་རྟོགས་པར་དཀའ་འོ་ཞེས་གསུངས་སོ། ། གཉིས་པ་ཇི་སྙེད་པ་ནི་བྱང་འཕགས་དེ་ནི། ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཉིད་དང་ ལྡན་ཏེ། ཤེས་བྱའི་དངོས་པོ་མཐའ་དག་མཐར་ཐུག་པ་རྟོགས་པ་འཇིག་རྟེན་ལས་འདས་ པའི་བློའམ་ཤེས་རབ་ཀྱིས་སེམས་ཅན་ཐམས་ཅད་ལ་ཐ་ན་དུད་འགྲོའི་སྐྱེ་གནས་སུ་གྱུར་པ་ རྣམས་ལ་ཡང་ཐམས་ཅད་མཁྱེན་པའི་ཆོས་ཉིད་ནི་ཇི་ལྟ་བར་མངོན་སུམ་གྱིས་མཐོང་བའི་ ཕྱིར་རོ། །བྱང་ཆུབ་སེམས་དཔའི་མཐོང་བ་དེ་ཡང་བྱང་ཆུབ་སེམས་དཔའི་ས་དང་པོ་ཉིད་ལ་ སྐྱེ་སྟེ། ཆོས་དབྱིངས་ཀུན་ཏུ་འགྲོ་བ་རྟོགས་པའི་ཕྱིར་རོ། ། གསུམ་པ་དེ་དག་ཀྱང་རྣམ་པར་དག་པར་བསྟན་པ་ནི། དེ་ལྟར་ཇི་ལྟ་བ་བཞིན་ཡོད་པ་ དང་ཇི་སྙེད་པ་ཡོད་པ་ཉིད་ཀྱི་རྣམ་པ་འདིས་འཇིག་རྟེན་ལས་འདས་པའི་ལམ་རྟོགས་པ་གང་ ཡིན་པ་དེ། འཕགས་པ་རྣམས་ཀྱིས་གཞན་དང་ཐུན་མོངས་མིན་པ་སོ་སོ་རང་གི་འཇིག་རྟེན་ ལས་འདས་པའི་ཡེ་ཤེས་ཀྱིས་མཐོང་བ་ཉིད་ཡིན་ཏེ། དྲི་མ་མེད་པའི་དབྱིངས་རྟོགས་པ་དེ་ ཅིག་ཤོས་ཉི་ཚེ་བའི་ཡེ་ཤེས་ཀྱིས་མཐོང་བ་ལ་ལྟོས་ནས་ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཏེ། སེམས་ཅན་གྱི་ཁམས་རང་བཞིན་གྱིས་རྣམ་པར་དག་པའི་ཡུལ་ཡིན་པས་ཆགས་པ་མེད་པ་ དང༌། ཤེས་བྱའི་དངོས་པོ་མཐའ་དག་ལ་ཐོགས་པ་མེད་པའི་ཡུལ་ཅན་ཡིན་པས་ཐོགས་པ་ མེད་པའི་ཕྱིར་རོ། ། 1-1-42 བཞི་པ་དེ་ཀུན་གྱི་སྐྱབས་གནས་མཆོག་ཏུ་བསྟན་པ་ནི་ཆོས་ཉིད་མངོན་སུམ་གྱིས་ གཟིགས་པའི་བྱང་སེམས་འཕགས་པ་ཕྱིར་མི་ལྡོག་པ་རྣམས་ནི། ལུས་ཅན་ཀུན་ལ་སྡུག་ བསྔལ་སྐྱོབ་པའི་སྐྱབས་མཆོག་ཡིན་ཏེ། ཇི་ལྟ་ཇི་སྙེད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་ལ་ གཟིགས་པ་ཆགས་ཐོགས་ཀྱི་སྒྲིབ་པ་རྣམ་པར་དག་པས་ན་སངས་རྒྱས་ཀྱི་ཡེ་ཤེས་བླ་ན་མེད་ པ་དང་ཉེ་བར་གྱུར་པའི་ཕྱིར་རོ། །བླ་མ་རྔོག་ལོ། དགེ་འདུན་ལའང་ཡོན་ཏན་བརྒྱད་དེ། སྔར་གྱི་རིག་པའི་གཉིས་དང་གྲོལ་བའི་གཉིས་ཏེ་བཞིའི་སྟེང་དུ་ཡེ་ཤེས་དེ་དག་གིས་འཇིག་ རྟེན་ལས་འདས་པའི་ལམ་རྟོགས་པའི་རིག་པའི་ཡོན་ཏན་དང༌། དེ་ཉིད་དམན་པའི་སྒྲིབ་ པ་མེད་པའི་ཡོན་ཏན་གཉིས་བསྣན་ནས་རིག་གྲོལ་ལ་གསུམ་གསུམ། རིག་གྲོལ་ཙམ་པོ་ གཉིས་དང་བརྒྱད་དུ་མཛད་ཀྱང་རྩ་འགྲེལ་གཉིས་ཀ་ལས་མི་གསལ་ལོ། །འདིར་ཉན་ཐོས་ ཀྱི་དགེ་འདུན་མ་སྨོས་པ་ནི་གཞན་དོན་གྱི་བསམ་པ་མ་དག་པས་དེ་མཆོད་པར་མི་འོས་པས་ སོ། །མཁས་པ་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་ཀྱི་ཡོན་ཏན་གྱི་ཁྱད་པར་ཤེས་པ་ནི་ ནམ་ཡང་བྱང་ཆུབ་ཆེན་པོའི་བསོད་ནམས་དང༌། ཡེ་ཤེས་ཀྱི་ཚོགས་རྒྱ་ཆེན་པོ་རྫོགས་པར་ བྱེད་པ་ཤེས་རབ་སྙིང་རྗེའི་དཀྱིལ་འཁོར་ཅན། གཞན་དུ་མེད་པའི་སེམས་ཅན་གྱི་ཁམས་ སྣང་བར་ཉེ་བར་གནས་པ། བླ་ན་མེད་པའི་དེ་བཞིན་གཤེགས་པ་ཟླ་བ་ཉ་བ་ཐོབ་པ་དང་ རྗེས་སུ་མཐུན་པའི་ལམ་དུ་ཞུགས་པ་བྱང་ཆུབ་སེམས་དཔའི་ཟླ་བ་ཚེས་པ་དོར་ནས། ཉི་ཚེ་ བའི་ཡེ་ཤེས་ཀྱི་མཐར་ཐུག་པ་སྐར་མའི་གཟུགས་ལྟར་རང་གི་རྒྱུད་ཉེ་བར་གནས་པའི་ཉན་ ཐོས་ལ་ནམ་ཡང་ཕྱག་བྱེད་པ་མིན་ཏེ། གཞན་ལ་ཕན་པའི་བསམ་པ་རྣམ་པར་དག་པའི་ཕྱིར་ རོ། །ཡང་དག་པར་བརྟེན་པའི་ཡོན་ཏན་ཉིད་ཀྱི་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་ དཔའི་ཀྱང༌། རྗེས་སུ་བརྩེ་བ་མེད་པ་གཞན་རྒྱས་པར་བྱེད་པ་དང་མི་ལྡན་པའི་འཕགས་པའི་ ཉན་ཐོས། ཟག་པ་མེད་པའི་ཚུལ་ཁྲིམས་ཀྱི་སྡོམ་པ་རྣམ་པར་དག་པའི་མཐར་ཕྱིན་པར་གྱུར་ 1-1-43 པ་ཡང་ཟིལ་གྱིས་གནོན་ན། དེ་ལས་གཞན་པའི་ཡོན་ཏན་དབང་བཅུ་ལ་སོགས་པས་ལྟ་ཅི་ སྨོས་ཏེ། གང་གི་ཕྱིར། གང་ཞིག་ཚུལ་ཁྲིམས་བདག་དོན་བྱེད་པས་རྣམ་རྒྱས་ཤིང༌། །ཚུལ་ ཁྲིམས་འཆལ་པའི་སེམས་ཅན་རྣམས་ལ་བརྩེ་བྲལ་བ། །བདག་ཉིད་རྒྱས་བྱེད་ཚུལ་ཁྲིམས་ ནོར་གྱིས་རབ་དག་པ། །འཕགས་པ་དེ་ནི་ཚུལ་ཁྲིམས་རྣམ་པར་དག་མི་བརྗོད། །གང་ཞིག་ གཞན་ལ་མཆོག་ཏུ་སྙིང་རྗེ་བསྐྱེད་ནས་ནི། །ཚུལ་ཁྲིམས་ཡང་དག་བླངས་པར་བྱ་སྟེ་མེ་རླུང་ དང༌། །ཆུ་དང་ས་བཞིན་གཞན་དག་ཉེ་བར་འཚོ་བྱེད་པ། །དེ་ནི་ཁྲིམས་ལྡན་གཞན་ནི་དེ་ཡི་ གཟུགས་བརྙན་བཞིན། །ཞེས་བཤད་དོ། ། གཉིས་པ་ནི་ཐུན་མོང་བའི་སངས་རྒྱས་ནི་སྟོན་པའི་ཡོན་ཏན་བསྟན་པའི་དོན་གྱིས་ སངས་རྒྱས་ཀྱི་དངོས་པོ་ཉིད་དོན་དུ་གཉེར་བར་ཞུགས་པ། ཐེག་པ་གསུམ་གྱི་ནང་ནས་བྱང་ ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་དང༌། བྱེད་པ་གསུམ་གྱི་ནང་ནས་སངས་རྒྱས་ལ་ མཆོག་ཏུ་བྱ་བ་བྱེད་པར་མོས་པ་རྣམས་ཀྱི་དབང་དུ་བྱས་ནས་སྐྱབས་ཡིན་ཏེ། རྐང་གཉིས་ རྣམས་ཀྱི་མཆོག་ཡིན་པས་སོ། །ཆོས་ནི་སྟོན་པའི་བསྟན་པའི་ཡོན་ཏན་བསྟན་པའི་དོན་གྱིས་ རང་ཉིད་རྟེན་འབྲེལ་གྱི་ཆོས་ཟབ་མོ་རྗེས་སུ་རྟོགས་པའི་ཕྱིར་ཞུགས་པ། ཐེག་པ་གསུམ་གྱི་ ནང་ནས་རང་སངས་རྒྱས་ཀྱི་ཐེག་པ་པའི་གང་ཟག་དང༌། བྱེད་པ་གསུམ་གྱི་ནང་ནས་ཆོས་ལ་ མཆོག་ཏུ་བྱ་བ་བྱེད་པར་མོས་པ་རྣམས་ཀྱི་དབང་དུ་བྱས་ནས་སྐྱབས་ཡིན་ཏེ། འདོད་ཆགས་ དང་བྲལ་བ་རྣམས་ཀྱི་མཆོག་ཡིན་པས་སོ། །དགེ་འདུན་ནི་སྟོན་པའི་བསྟན་པ་ལ་ལེགས་ པར་ཞུགས་པའི་སློབ་མའི་ཡོན་ཏན་བསྟན་པའི་དོན་གྱིས་གཞན་ལ་ཐོས་པའི་སྒྲ་རྗེས་སུ་ རྟོགས་པའི་ཕྱིར་ཞུགས་པ། ཐེག་པ་གསུམ་གྱི་ནང་ནས་ཉན་ཐོས་ཀྱི་ཐེག་པ་པའི་གང་ཟག་ དང༌། བྱེད་པ་གསུམ་གྱི་ནང་ནས་དགེ་འདུན་ལ་མཆོག་ཏུ་བྱ་བ་བྱེད་པར་མོས་པ་རྣམས་ཀྱི་ དབང་དུ་བྱས་ནས་སྐྱབས་ཡིན་ཏེ། ཚོགས་རྣམས་ཀྱི་མཆོག་ཡིན་པའི་ཕྱིར་རོ། །ཞེས་བསྟན་ 1-1-44 ཅིང་རྣམ་པར་བཞག་པ་ཡིན་ནོ། ། གསུམ་པ་ནི་ཆོས་རྣམ་པ་གཉིས་གྱི་ནང་ནས་མིང་ཚིག་ཡི་གེའི་ཚོགས་ཀྱིས་བསྡུས་པ་ ལུང་གི་ཆོས་ནི། གཏན་གྱིས་སྐྱབས་མཆོག་མིན་ཏེ། དོན་སྤྱི་ཙམ་རྟོགས་པའི་རྟེན་ཡིན་ཡང་ ལམ་མངོན་པར་རྟོགས་པའི་དུས་ན་ཆུ་བརྒལ་བའི་གཟིངས་བཞིན་སྤང་བྱ་ཡིན་པའི་ཕྱིར་རོ། ། རྟོགས་པའི་ཆོས་ཀྱང་གཉིས་ལས་གང་གིས་རྟོགས་བྱེད་ལམ་གྱིས་ཆོས་ནི་མིན་ཏེ། འདུས་ བྱས་ཀྱི་མཚན་ཉིད་ཅན་མི་རྟག་པ། མི་བདེན་པས་རྫུན་པ་སླུ་བའི་ཆོས་ཅན་ཡིན་པའི་ཕྱིར་རོ། ། དཔལ་ཕྲེང་གི་མདོར། དེ་ལ་ལམ་ནི་འདུས་བྱས་ཀྱི་མཚན་ཉིད་དུ་རྟོགས་ལ། འདུས་བྱས་ ཀྱི་མཚན་ཉིད་དུ་རྟོགས་པ་གང་ཡིན་པ་དེ་ནི་བརྫུན་པ་སླུ་བའི་ཆོས་ཅན། གང་བརྫུན་པ་སླུ་ བའི་ཆོས་ཅན་གང་ཡིན་དེ་ནི་མི་བདེན་པ། གང་མི་བདེན་པ་དེ་ནི་མི་རྟག་པ། གང་མི་རྟག་པ་ དེ་ནི་སྐྱབས་མིན་ནོ། །ལམ་དེའི་རྟོགས་པ་ཐུན་མོང་བའི་འགོག་བདེན་ནི་མིན་ཏེ། ཉན་ཐོས་ ཀྱི་ཚུལ་གྱི་མར་མེ་རྒྱུན་ཆད་པ་བཞིན་ཉོན་མོངས་པ་དང་སྡུག་བསྔལ་མེད་པ་ཙམ་གྱིས་རབ་ ཏུ་ཕྱེ་བའི་ཕྱིར་རོ། །ཁྱབ་སྟེ་མེད་པ་ནི་སྔར་སྐྱབས་སམ་ཕྱིས་སྐྱབས་ཡིན་པར་འགྱུར་བ་འོས་ པ་མིན་ནོ། །ཐེག་གསུམ་གྱི་འཕགས་པའི་ཚོགས་དགེ་འདུན་ནི་མིན་ཏེ། ཉན་རང་རྣམས་ འདུ་བྱེད་རྣམས་ལ་རལ་གྲི་གདེངས་པའི་གཤེད་མ་བཞིན་དུ་འཇིགས་པའི་དེ་ལས་ངེས་པར་ འབྱུང་བ་ཚོལ་ཞིང༌། བྱང་སེམས་རྣམས་སློབ་པ་བྱ་བ་དང་བཅས་ཤིང་འཇིགས་མེད་ཁྱུ་མཆོག་ གི་སར་མ་ཕྱིན་པས་སངས་རྒྱས་ལ་སྐྱབས་སུ་འགྲོ་བས་སོ། །དེ་ཡང་ཇི་ལྟར་ན། གང་གི་ཕྱིར་ དགྲ་བཅོམ་པ་ཡང་སྲིད་པ་ཟད་པ་རྣམས་ཀྱང་བག་ཆགས་མ་སྤང་པའི་ཕྱིར། རྟག་ཏུ་རྒྱུན་མི་ འཆད་པར་འདུ་བྱེད་ཐམས་ཅད་ལ་མི་བཟོད་པ་དང༌། འཇིགས་པའི་འདུ་ཤེས་ཉེ་བར་བསྟན་ པར་འགྱུར་ཏེ། དཔེར་ན་རལ་གྲི་གདེངས་པའི་གཤེད་མི་སྐྱེས་བུ་ལ་བྱ་བ་བཞིན་ཏེ། དེས་ན་ དེ་དག་ཀྱང་གཏན་དུ་བདེ་བའི་ངེས་པར་འབྱུང་བ་ཐོབ་པ་མིན་ནོ། །སྐྱབས་ནི་སྐྱབས་ཚོལ་བ་ 1-1-45 མིན་ནོ། །ཇི་ལྟར་སེམས་ཅན་སྐྱབས་མེད་པ་འཇིགས་པ་དེ་དང་དེས་འཇིགས་པ་དག་དེ་དང་ དེ་ལས་ངེས་པར་འབྱུང་བ་ཚོལ་བ་དེ་བཞིན་དུ་དགྲ་བཅོམ་པ་ལ་ཡང་འཇིགས་པ་ཡོད་དེ་གང་ གི་ཕྱིར། དེ་དག་འཇིགས་པས་འཇིགས་ཏེ་དེ་བཞིན་གཤེགས་པ་ཉིད་ལ་སྐྱབས་སུ་འགྲོ་བ་ ཡིན་ནོ། །གང་ཞིག་དེ་ལྟར་འཇིགས་པ་དང་བཅས་པའི་ཕྱིར་སྐྱབས་སུ་འགྲོ་བ་དེ་ནི་གདོན་ མི་ཟ་བར་འཇིགས་པ་ལས་ངེས་པར་འབྱུང་བ་ཚོལ་ལ། ངེས་པར་འབྱུང་བ་ཚོལ་བའི་ཕྱིར་ ནི་འཇིགས་པའི་གཞི་སྤང་བའི་དབང་དུ་བྱས་ནས་སློབ་པ་བྱ་བ་དང་བཅས་པར་འགྱུར་རོ། ། སློབ་པའི་ཕྱིར་ནི་འཇིགས་པ་མེད་པའི་ཁྱུ་མཆོག་གི་གནས་ཐོབ་པར་བྱ་བའི་ཕྱིར་ཞུགས་ པར་གྱུར་པ་ཡིན་ཏེ། འདི་ལྟ་སྟེ་བླ་མེད་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུའོ། །དེའི་ཕྱིར་ དེ་ཡང་དེའི་ཡན་ལག་གི་སྐྱབས་པའི་ཕྱིར་གཏན་གྱི་སྐྱབས་མིན་ནོ། །དེ་ལྟར་སྐྱབས་གཉིས་ པོ་འདི་ནི་མཐར་ཐུག་པའི་དུས་ན་སྐྱབས་མིན་པར་བརྗོད་དོ། །དེས་ན་སྟོན་པ་བསྟན་པ་སློབ་ དོན་གྱི་ཞེས་ནས་འདིའི་བར་ཚིགས་བཅད་གཉིས་པོས་ཐུན་མོང་གི་དཀོན་མཆོག་གི་དབྱེ་ བ་དང༌། དེ་དག་མཐར་ཐུག་གི་སྐྱབས་མིན་པར་སྟོན་པས་གོང་གི་དཀོན་མཆོག་གསུམ་དང་ འདི་གཉིས་མི་གཅིག་གོ །དེ་ལྟ་མིན་ན་གཞུང་གོང་འོག་འགལ་བར་འགྱུར་རོ། ། བཞི་པ་ནི་རྫོགས་པའི་སངས་རྒྱས་ཆོས་ཅན། སྐྱོབ་པ་མེད་ཅིང་སྐྱབས་མེད་པའི་འགྲོ་ བའི་འཇིག་རྟེན་ན་ཕྱི་མའི་མཐའི་མུ་དང་མཉམ་པ་མི་ཟད་པའི། རྟག་པའི་གཡུང་དྲུང་གི་དོན་ དམ་པའི་སྐྱབས་ནི་ཁྱོད་ཉག་མ་གཅིག་ཉིད་ཡིན་ཏེ། སྔར་བཤད་པའི་ཚུལ་གྱིས་སྐྱེ་བ་མེད་ པ་དང་འགག་པ་མེད་པས་རབ་ཏུ་ཕྱེ་བའི་ཐུབ་པ་རྣམ་པར་བྱང་བའི་བདེན་གཉིས་ཀྱི་མཚན་ ཉིད། རང་བཞིན་འདོད་ཆགས་དང་བྲལ་བའི་ཆོས་ཀྱི་སྐུ་ཅན་ཡིན་པའི་ཕྱིར་དང༌། ཐེག་པ་ གསུམ་གྱི་ཚོགས་ཀྱང་ཆོས་ཀྱི་སྐུ་རྣམ་པར་དག་པ་དེའི་མཐར་ཐུག་པ་ཕྱིན་པར་འགྱུར་བའི་ ཕྱིར་རོ། །དཔལ་ཕྲེང་དུ། བཅོམ་ལྡན་འདས་སྡུག་བསྔལའགོག་པའི་བདེན་པ་ནི་ཡང་དག་ 1-1-46 པར་ན་བདེན་པ་དང་རྟག་པ་དང་སྐྱབས་ལགས་སོ་ཞེས་སོ། ། ལྔ་པ་ནི། དེ་ལ་མཉན་པ་དང་བསྙེན་བཀུར་ལ་སོགས་པའི་རྣམ་པ་དག་གིས་སོ། །དཔེར་ ན་གསེར་དང་ནོར་བུ་བེཌཱུརྱ་དང་མུ་ཏིག་ལ་སོགས་པའི་རིན་པོ་ཆེའི་དབུལ་པོ་རྣམས་ཀྱིས་ འཇིག་རྟེན་ན་རྙེད་པར་དཀའ་བ་ཡིན་ནོ། །དེ་བཞིན་དུ་དད་པ་ལ་སོགས་པའི་ཡོན་ཏན་གྱི་ ནོར་གྱིས་ཕོངས་པའི་སེམས་ཅན་འདི་རྣམས་ལ། སངས་རྒྱས་སོགས་དཀོན་མཆོག་གསུམ་ སྤང་ཤིང་སཱ་ལ་ཆེན་པོའི་ཡོན་ཏན་དང་ལྡན་པས་གསལ་བ་དང་སྤྲོ་བ་ལ་སོགས་པའི་བྱ་བ་ བྱེད་དོ། །དེ་བཞིན་དུ་སངས་རྒྱས་ལ་སོགས་པའི་དཀོན་མཆོག་གསུམ་ཡང་རྣམ་པ་སྣ་ཚོགས་ པའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་ཡིན་ནོ། །ཡང་དཔེར་ན་ ནོར་བུ་རིན་པོ་ཆེ་ནི་འཇིག་རྟེན་ན་རྒྱན་དུ་འགྱུར་བ་ཡིན་པས། མིའི་དབང་པོའི་དཔུང་པའམ་ མགྲིན་པའམ་སྤྱི་བོར་འདོག་པ་ཡིན་ལ། དེ་བཞིན་དུ་སངས་རྒྱས་ལ་སོགས་པའི་དཀོན་ མཆོག་གསུམ་ཡང་ལྷ་དང་བཅས་པའི་འཇིག་རྟེན་ན་རྒྱན་དུ་འགྱུར་བ་ཡིན་ནོ། །ཡང་དཔེར་ ན་ནོར་བུ་རིན་པོ་ཆེ་ནི་མཆོག་ཏུ་རིགས་བཙུན་པ་ཡིན་ཏེ། །ནོར་བུ་བཅོས་མ་ལས་མཆོག་ ཏུ་གྱུར་བར་མངོན་པར་བརྗོད་དོ། །དེ་བཞིན་དུ་སངས་རྒྱས་ལ་སོགས་པའི་དཀོན་མཆོག་ གསུམ་ཡང་རྣམ་པ་ཐམས་ཅད་དུ་འཇིག་རྟེན་ལས་འདས་པའི་ཡོན་ཏན་རབ་ཀྱི་མཐར་ཕྱིན་ པའི་ཕྱིར་མཆོག་ཅེས་བརྗོད་དོ། །ཡང་ནོར་བུ་རིན་པོ་ཆེ་ནི་འགྱུར་བ་མེད་པ་ཤིན་ཏུ་དྲི་མ་མེད་ ཅིང་རྣམ་པར་དག་པ་རང་བཞིན་གྱིས་འོད་གསལ་བའི་ཕྱིར་ན། གློ་བུར་གྱི་ཉོན་མོངས་ཉེ་ བའི་ཉོན་མོངས་དག་གིས་ཉེ་བར་ཉོན་མོངས་པ་མིན་ལ། དྲི་མས་གོས་པ་ཡང་མིན་ཏེ་དེ་དང་ ལྷན་ཅིག་གནས་པ་ཡང་མིན་དེས་བསྐྱེད་པ་ཡང་མིན་ནོ། །དེ་བཞིན་དུ་སངས་རྒྱས་ལ་སོགས་ པའི་དཀོན་མཆོག་གསུམ་ཡང་འདུས་མ་བྱས་པའི་རང་བཞིན་ཡིན་པས་ན། འཇིག་རྟེན་པའི་ ཆོས་བརྒྱད་ཀྱིས་གོས་པ་མིན་ལ་རྗེས་སུ་འབྲེལ་བ་མིན། ཉེ་བར་གནོད་པ་མིན། འཇིག་རྟེན་ 1-1-47 དང་འཇིག་རྟེན་ལས་འདས་པའི་ཆོས་ལ་ཞེན་པ་མིན། སྤྲོས་པ་མིན་རྟོག་པར་མཛད་པ་མིན་ ནོ། །དེས་ན་འདི་ནི་མདོར་བསྡུས་ན། སངས་རྒྱས་ལ་སོགས་པའི་དཀོན་མཆོག་གསུམ་པོ་ ནི། རིན་པོ་ཆེ་དང་འདྲ་བར་བརྗོད་དེ། འབྱུང་བ་དཀོན་པ་དང་ཆོས་མཐུན་པས་ནི་བསྐལ་པ་ ཡོངས་སུ་འགྱུར་བ་མང་པོར་ཡང་དགེ་བའི་རྩ་བ་མ་སྐྲུན་པ་རྣམས་དེ་དང་འཕྲད་པ་མི་འཐོབ་ པའི་ཕྱིར་དང༌། དྲི་མ་མེད་པ་ཆོས་མཐུན་པས་ནི་རྣམ་པ་ཐམས་ཅད་དུ་དྲི་མ་དང་བྲལ་བའི་ ཕྱིར་དང༌། མཐུ་དང་ལྡན་པ་ཆོས་མཐུན་པས་ནི། མངོན་ཤེས་དྲུག་ལ་སོགས་པ་ཡོན་ཏན་ གྱི་མཐུ་བསམ་གྱིས་མི་ཁྱབ་པ་ལྡན་པའི་ཕྱིར་དང༌། འཇིག་རྟེན་གྱི་རྒྱན་དུ་གྱུར་པ་དང་ཆོས་ མཐུན་པས་ནི་འགྲོ་བ་ཐམས་ཅད་ཀྱི་བསམ་པ་དགེ་བའི་རྒྱུ་ཡིན་པའི་ཕྱིར་དང༌། རིན་པོ་ ཆེ་བཅོས་མ་ལས་མཆོག་ཉིད་དུ་ཆོས་མཐུན་པས་ནི་འཇིག་རྟེན་ལས་འདས་པའི་ཕྱིར་དང༌། བསྟོད་སྨད་ཀྱིས་རྣམ་པར་འགྱུར་བ་མེད་པར་ཆོས་མཐུན་པས་ནི་འདུས་མ་བྱས་པའི་རང་ བཞིན་ཡིན་པའི་ཕྱིར་རོ། ། ༈ གཉིས་པ་ཐོབ་བྱེད་གནས་བཞིའི་རྒྱས་བཤད་ལ་གསུམ། ཐུན་མོང་གི་རྣམ་བཞག་ སྤྱིར་བསྟན་པ། སོ་སོའི་རང་བཞིན་རྒྱས་པར་བཤད་པ་དང༌། དེ་དག་ལ་མོས་པའི་ཕན་ཡོན་ ནོ། ། དང་པོ་ལ་གསུམ། སོ་སོའི་ངོ་བོ་ངོས་བཟུང་བ། དེ་དག་བསམ་མི་ཁྱབ་ཚུལ། རྟོགས་ ཚུལ་རྒྱུ་དང་རྐྱེན་གྱི་རྣམ་བཞག་གོ ། དང་པོ་ནི་དྲི་མ་དང་བཅས་པའི་དེ་བཞིན་ཉིད་ནི་ཉོན་མོངས་པའི་སྦུབས་ལས་མ་གྲོལ་ བའི་ཁམས་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བརྗོད་པ་གང་ཡིན་པ་དང༌། དྲི་མ་མེད་ པའི་དེ་བཞིན་ཉིད་ནི་དེ་ཉིད་སངས་རྒྱས་ཀྱི་སར་གནས་ཡོངས་སུ་གྱུར་པའི་མཚན་ཉིད་དེ་ བཞིན་གཤེགས་པའི་ཆོས་ཀྱི་སྐུ་ཞེས་བརྗོད་པ་གང་ཡིན་པ་དང༌། དྲི་མ་མེད་པའི་སངས་རྒྱས་ 1-1-48 ཀྱི་ཡོན་ཏན་ནི་གནས་ཡོངས་སུ་གྱུར་པའི་མཚན་ཉིད་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་དེ་ ཉིད་ལ་ཡོད་པ། འཇིག་རྟེན་ལས་འདས་པའི་སྟོབས་བཅུ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་ གང་དག་ཡིན་པ་དང༌། རྒྱལ་བའི་མཛད་པ་ནི་སྟོབས་བཅུ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་ དེ་དག་ཉིད་ནི་སོ་སོ་རང་གི་བླ་ན་མེད་པའི་འཕྲིན་ལས་ཏེ་དེ་ལྟའི་གནས་བཞི་པོ་ནི། དོན་ དམ་གཟིགས་པ་རྣམས་ཀྱི་ཡུལ་ཉིད་དེ། བཞི་པོ་གང་ལས་འབྲས་བུ་མཐར་ཐུག་དག་པ་དགེ་ བ་གསུམ་འབྱུང་བས་སོ། ། གཉིས་པ་ནི་འབྲས་བུ་དཀོན་མཆོག་གསུམ་པོ་འདིའི་རིགས་གནས་བཞི་པོ་དེ་ཡང་ཆོས་ ཅན། ཐམས་ཅད་གཟིགས་པ་རྣམས་ཀྱི་ཡུལ་ཡིན་ཏེ། གོ་རིམ་བཞིན་དུ་རྒྱུ་མཚན་བཞི་ཡིས་ ནི་བསམ་གྱིས་མི་ཁྱབ་པས་སོ། །བཞི་པོ་གང་ཞེ་ན། དྲི་བཅས་དེ་བཞིན་ཉིད་ནི། བསམ་གྱིས་ མི་ཁྱབ་སྟེ། ཅིག་ཆར་དུས་གཅིག་ཏུ་རྣམ་པར་དག་པ་ཡང་ཡིན་ལ་ཀུན་ནས་ཉོན་མོངས་པ་ དང་ལྡན་པ་ཡང་ཡིན་པས་ཟབ་མོའི་ཆོས་ཀྱི་ཚུལ་ལ་མོས་པ། རང་སངས་རྒྱས་རྣམས་ཀྱི་ཡང་ སྤྱོད་ཡུལ་དུ་མ་གྱུར་པའི་ཡུལ་ཡིན་པའི་ཕྱིར་རོ། །དཔལ་ཕྲེང་དུ། གང་གི་ཕྱིར་ལྷ་མོ་ཆོས་འདི་ གཉིས་རྟོགས་པར་དཀའ་བ་སྟེ། སེམས་རང་བཞིན་གྱིས་རྣམ་པར་དག་པ་རྟོགས་པར་དཀའ་ བ་དང་སེམས་དེ་ཉིད་ཉེ་བར་ཉོན་མོངས་པ་རྟོགས་པར་དཀའ་བའོ། །ལྷ་མོ་ཆོས་འདི་གཉིས་ ཉན་པར་བྱེད་པ་ནི་ཁྱོད་དམ་ཡང་ན་ཆོས་ཆེན་པོ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་རྣམས་ ཡིན་ནོ། །ལྷ་མོ་ལྷག་མ་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ནི་ཆོས་འདི་གཉིས་དེ་ བཞིན་གཤེགས་པ་ལ་དད་པས་རྟོགས་པར་བྱ་བ་ཉིད་དོ་ཞེས་སོ། །དྲི་མེད་དེ་བཞིན་ཉིད་ནི་ བསམ་གྱིས་མི་ཁྱབ་སྟེ། སྔར་དྲི་མས་ཀུན་ནས་ཉོན་མོངས་པར་གྱུར་པ་མེད་པ་ཕྱིས་རྣམ་པར་ དག་པར་འགྱུར་བའི་ཕྱིར་རོ། །མདོ་ལས་གང་གི་ཕྱིར་སེམས་རང་བཞིན་གྱིས་འོད་གསལ་བ་ སྟེ་དེ་ནི་དེ་ཁོ་ན་བཞིན་ཤེས་སོ། །དེས་ན་སྐད་ཅིག་མ་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་བླ་ 1-1-49 ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་ གསུངས་སོ། །དྲི་མེད་སངས་རྒྱས་ཀྱི་ཡོན་ཏན་ནི་བསམ་གྱིས་མི་ཁྱབ་སྟེ། གཅིག་ཏུ་ཀུན་ནས་ ཉོན་མོངས་པ་སོ་སོའི་སྐྱེ་བོའི་ས་ན་ཡང་རྣམ་པར་དབྱེ་བ་མང་པའི་ཆོས་ཉིད་སྟོབས་སོགས་ སྔ་ཕྱི་ཁྱད་པར་མེད་པར་ཡོད་པའི་ཕྱིར་རོ། །སངས་རྒྱས་ཕལ་ཆེན་དུ། གང་གི་ཕྱིར་གང་ལ་ དེ་བཞིན་གཤེགས་པའི་ཡེ་ཤེས་མཐའ་དག་རྗེས་སུ་མ་ཞུགས་པའི་སེམས་ཅན་དེ་ནི་སེམས་ ཅན་གྱི་རིས་ན་འགའ་ཡང་མེད་དོ། །(མ་ཡིག་ལ་འདིའི་བར་ཐིག་ཕྲེང་གཅིག་མི་གསལ)དར་ཡུག་ཆེན་ པོ་དེ་ལ་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྫོགས་པར་བྲིས་པར་གྱུར་ ཏེ། འདི་ལྟ་སྟེ་ཁོར་ཡུག་ཆེན་པོའི་ཚད་དུ་ནི་ཁོར་ཡུག་ཆེན་པོ་བྲིས། ས་ཆེན་པོའི་ཚད་དུ་ནི་ས་ ཆེན་པོ། སྟོང་གཉིས་པའི་འཇིག་རྟེན་གྱི་ཁམས་ཀྱི་ཚད་དུ་ནི་སྟོང་གཉིས་པའི་འཇིག་རྟེན་གྱི་ ཁམས། སྟོང་གི་འཇིག་རྟེན་གྱི་ཁམས་ཀྱི་ཚད་དུ་ནི་སྟོང་གི་འཇིག་རྟེན་གྱི་ཁམས། གླིང་བཞི་ པའི་འཇིག་རྟེན་གྱི་ཚད་དུ་ནི་གླིང་བཞི་པའི་འཇིག་རྟེན་གྱི་ཁམས། རྒྱ་མཚོ་ཆེན་པོའི་ཚད་དུ་ ནི་རྒྱ་མཚོ་ཆེན་པོ། འཛམ་བུ་གླིང་གི་ཚད་དུ་ནི་འཛམ་བུ་གླིང༌། ཤར་གྱི་ལུས་འཕགས་གླིང་ གི་ཚད་དུ་ནི་ཤར་གྱི་ལུས་འཕགས་གླིང༌། ནུབ་ཀྱི་བ་ལང་སྤྱོད་ཀྱི་གླིང་གི་ཚད་དུ་ནི་ནུབ་ཀྱི་ བ་ལང་སྤྱོད། བྱང་གི་སྒྲ་མི་སྙན་གྱི་གླིང་གི་ཚད་དུ་ནི་བྱང་གི་སྒྲ་མི་སྙན། རི་རབ་ཀྱི་ཚད་དུ་ནི་ རི་རབ། ས་ལ་སྤྱོད་པའི་ལྷའི་གཞལ་ཡས་ཁང་གི་ཚད་དུ་ནི་ས་ལ་སྤྱོད་པའི་ལྷའི་གཞལ་ཡས་ ཁང༌། འདོད་པ་ན་སྤྱོད་པའི་ལྷའི་གཞལ་ཡས་ཁང་གི་ཚད་དུ་ནི་འདོད་པ་ན་སྤྱོད་པའི་ལྷའི་ གཞལ་ཡས་ཁང༌། གཟུགས་ན་སྤྱོད་པའི་ལྷའི་གཞལ་ཡས་ཁང་གི་ཚད་དུ་ནི་གཟུགས་ན་སྤྱོད་ པའི་ལྷའི་གཞལ་ཡས་ཁང་བྲིས་སོ། །དར་ཡུག་ཆེན་པོ་དེ་ཡང་ཆུ་ཞེང་སྟོང་གསུམ་གྱི་སྟོང་ ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ཚད་ཙམ་དུ་གྱུར་ལ། དར་ཡུག་ཆེན་པོ་དེ་ཡང་རྡུལ་ཕྲ་རབ་ ཀྱི་རྡུལ་གཅིག་ཏུ་བཅུག་པར་གྱུར་ཏོ། །ཇི་ལྟར་རྡུལ་ཕྲ་རབ་ཀྱི་རྡུལ་གཅིག་ཏུ་དར་ཡུག་ཆེན་ 1-1-50 པོ་བཅུག་པ་དེ་བཞིན་དུ་རྡུལ་ཕྲ་རབ་ཀྱི་རྡུལ་མ་ལུས་པ་རྣམས་སུ་དེའི་ཚད་ཉིད་ཀྱི་དར་ཡུག་ ཆེན་པོ་ནང་དུ་བཅུག་པར་གྱུར་ཏོ། །དེ་ནས་མཁས་པ་མཛངས་པ་གསལ་བ་ཡིད་གཞུངས་ པ་དེར་ཉེ་བར་ཞུགས་པའི་སྤྱོད་པ་དང་ལྡན་པའི་སྐྱེས་བུ་འགའ་ཞིག་སྐྱེས་ཏེ། དེའི་མིག་ལྷའི་ མིག་ཏུ་གྱུར་ཅིང་ཀུན་ཏུ་ཡོངས་སུ་དག་པ་འོད་གསལ་བར་གྱུར་པ་ཞིག་ལ་དེས་ལྷའི་མིག་ གིས་རྣམ་པར་བལྟས་ཏེ། འདི་ལྟ་བུར་གྱུར་པའི་དར་ཡུག་ཆེན་པོ་འདི་རྡུལ་ཕྲ་བར་ཀྱི་རྡུལ་ ཆུང་ངུ་འདི་ཉིད་ལ་གཉིས་ཏེ། སེམས་ཅན་འགའ་ལ་ཡང་ཉེ་བར་མཁོ་བར་མ་གྱུར་ཏོ། །དེ་ འདི་སྙམ་དུ་སེམས་ཏེ་ཀྱེ་མ་གང་བདག་གིས་བརྩོན་པ་ཆེན་པོའི་སྟོབས་དང་མཐུས་རྡུལ་ཕྲ་ རབ་ཀྱི་རྡུལ་འདི་རྡོ་རྗེས་ཕྱེ་སྟེ་དར་ཡུག་ཆེན་པོ་འདི་འགྲོ་བ་ཐམས་ཅད་ཀྱི་ཉེ་བར་འཚོ་བར་ བྱའོ་སྙམ་པས། དེ་བརྩོན་པ་ཆེན་པོའི་སྟོབས་ཀྱི་མཐུ་བསྐྱེད་དེ་རྡོ་རྗེ་ཕྲ་མོས་རྡུལ་ཕྲ་རབ་ ཀྱི་རྡུལ་དེ་ཕྱེ་ནས། བསམ་པ་ཇི་ལྟ་བ་བཞིན་དུ་དར་ཡུག་ཆེན་པོ་དེ་འགྲོ་བ་མཐའ་དག་ལ་ ཉེ་བར་འཚོ་བར་བྱེད་ཅིང༌། གཅིག་ལ་ཇི་ལྟ་བ་བཞིན་དུ་རྡུལ་ཕྲ་རབ་ལུས་པ་མེད་པ་མཐའ་ དག་ལས་དེ་ཁོ་ན་བཞིན་བྱེད་དོ། །ཀྱེ་རྒྱལ་བའི་སྲས་དེ་བཞིན་དུ་དེ་བཞིན་གཤེགས་པའི་ཡེ་ ཤེས་ཚད་མེད་པའི་ཡེ་ཤེས་སེམས་ཅན་ཐམས་ཅད་ཉེ་བར་འཚོ་བའི་ཡེ་ཤེས་ཀྱང༌། སེམས་ ཅན་ཐམས་ཅད་ཀྱི་རྒྱུད་ལ་མ་ཚང་བ་མེད་པར་རྗེས་སུ་ཞུགས་ཏེ། སེམས་ཅན་གྱི་སེམས་ཀྱི་ རྒྱུད་དེ་དག་ཀྱང་དེ་བཞིན་གཤེགས་པའི་ཡེ་ཤེས་དང་འདྲ་བར་ཚད་མེད་དོ། །དེ་ལྟ་མོད་ཀྱི་ འདུ་ཤེས་ཀྱི་འཛིན་པས་བཅིངས་པའི་བྱིས་པ་རྣམས་ཀྱིས་དེ་བཞིན་གཤེགས་པའི་ཡེ་ཤེས་མི་ ཤེས་རབ་ཏུ་མི་ཤེས་ཤིང་ཉམས་སུ་མི་མྱོང་མངོན་དུ་མི་བྱེད་དོ། །དེས་ན་དེ་བཞིན་གཤེགས་ པའི་ཆགས་པ་མེད་པའི་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱིས་ཆོས་དབྱིངས་སེམས་ཅན་གྱི་ གནས་ཐམས་ཅད་ལ་རྣམ་པར་གཟིགས་ནས་སློབ་དཔོན་གྱི་འདུ་ཤེས་སུ་གྱུར་ཏེ། ཀྱེ་མ་མ་ ལ་སེམས་ཅན་འདི་དག་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ཡང་དག་པ་ཇི་ལྟ་བ་མི་ཤེས་པ་ 1-1-51 དང་དེ་བཞིན་གཤེགས་པའི་ཡེ་ཤེས་རྗེས་སུ་ཞུགས་པ་དག་སྟེ། གང་ཡང་ངས་སེམས་ཅན་ འདི་དག་ལ་འཕགས་པའི་ལམ་ཉེ་བར་བསྟན་པས་འདུ་ཤེས་ཀྱིས་བྱས་པའི་འཆིང་བ་མཐའ་ དག་བསལ་བར་བྱ་སྟེ། ཇི་ལྟར་རང་ཉིད་འཕགས་པའི་ཡེ་ཤེས་ཀྱི་སྟོབས་བསྐྱེད་པས་འདུ་ ཤེས་ཀྱི་མདུད་པ་ཆེན་པོ་བསལ་ནས། དེ་བཞིན་གཤེགས་པའི་ཡེ་ཤེས་སོ་སོར་མངོན་པར་ ཤེས་ཤིང་དེ་བཞིན་གཤེགས་པ་དང་མཉམ་པ་ཉིད་རྗེས་སུ་ཐོབ་པ་བཞིན་དུ། དེ་དག་ལ་དེ་ བཞིན་གཤེགས་པའི་ལམ་བསྟན་པས་འདུ་ཤེས་ཀྱི་བྱས་པའི་འཆིང་བ་ཐམས་ཅད་ཟློག་པར་ བྱེད་དོ། །འདུ་ཤེས་ཀྱི་བྱས་པ་ཐམས་ཅད་ལོག་པ་དག་ལ་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ ཚད་མེད་པ་དེ་འགྲོ་བ་མཐའ་དག་གི་ཉེ་བར་འཚོ་བར་འགྱུར་རོ་ཞེས་གསུངས་སོ། །དེ་ལ་ རྒྱལ་བའི་མཛད་པ་ནི་བསམ་གྱིས་མི་ཁྱབ་སྟེ་གཅིག་ཅར་ཐམས་ཅད་ལ་དུས་ཐམས་ཅད་དུ་ ལྷུན་གྱིས་གྲུབ་ཅིང༌། རྣམ་པར་མི་རྟོག་པར་བསམ་པ་ཇི་ལྟ་བ་དང་གདུལ་བྱ་ཇི་ལྟ་བ་བཞིན་ དུ་སེམས་ཅན་རྣམས་ལ་མ་ཚང་བ་མེད་ཅིང་རྗེས་སུ་མཐུན་པར་འཇུག་པའི་ཕྱིར་རོ། །ཐུགས་ རྗེ་ཆེན་པོ་བསྟན་པའི་མདོར། གང་གི་ཕྱིར་སེམས་ཅན་རྣམས་གཞུག་པའི་དོན་དུ་དེ་བཞིན་ གཤེགས་པའི་ཡེ་ཤེས་ཚད་མེད་པ་ཡིན་ཡང་མདོར་བསྡུས་པ་ཙམ་གྱི་སྒོ་ནས་ཚད་དང་ལྡན་ པར་བསྟན་མོད་ཀྱི། རིགས་ཀྱི་བུ་འོན་ཀྱང་དེ་བཞིན་གཤེགས་པའི་ཡང་དག་པའི་དེ་བཞིན་ གཤེགས་པའི་འཕྲིན་ལས་གང་ཡིན་པ་དེ་ནི་བསམ་གྱིས་མི་ཁྱབ་པ་ཚད་མེད་པ་འཇིག་རྟེན་ ཐམས་ཅད་ཀྱི་ཤེས་པར་བྱ་བ་མིན་པ། ཡིག་གེས་བརྗོད་དུ་མེད་པ་གཞན་གྱིས་སྒྲུབ་པར་ དཀའ་བ། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་གནས་པ། སངས་རྒྱས་ཐམས་ཅད་དང་མཉམ་ པ་ཉིད་རྗེས་སུ་ཐོབ་པ། འབད་རྩོལ་དང་བྱ་བ་ཐམས་ཅད་ལས་འདས་པ། ནམ་མཁའ་དང་ མཉམ་པ་ཉིད་ཀྱིས་རྣམ་པར་རྟོག་པ་མེད་པ། ཆོས་དབྱིངས་ཀྱི་བྱ་བ་ཉིད་ཀྱིས་ཐ་དད་དུ་ དབྱེར་མེད་པ་ཞེས་བྱ་བ་ནས། ནོར་བུ་བེཌཱུརྱ་རྣམ་པར་དག་པ་དཔེར་མཛད་ནས་རྒྱས་པར་ 1-1-52 བསྟན་ཏེ༑ རིགས་ཀྱི་བུ་རྣམ་གྲངས་འདིས་འདི་ལྟར་རིག་པར་བྱ་སྟེ། དེ་བཞིན་གཤེགས་པའི་ འཕྲིན་ལས་ནི་བསམ་གྱིས་མི་ཁྱབ་པ་མཉམ་པ་ཉིད་རྗེས་སུ་ཐོབ་པ། ཐམས་ཅད་དུ་ཁ་ན་ མ་ཐོ་བ་མེད་པ་དུས་གསུམ་དང་རྗེས་སུ་འབྲེལ་བ་དཀོན་མཆོག་གསུམ་གྱི་གདུང་མི་འཆད་ པར་བྱེད་པའོ། །བསམ་གྱིས་མི་ཁྱབ་པའི་དེ་བཞིན་གཤེགས་པའི་འཕྲིན་ལས་གང་ལ་རབ་ ཏུ་ཞུགས་པའི་དེ་བཞིན་གཤེགས་པའི་སྐུ་ནམ་མཁའི་རང་བཞིན་ཡང་མི་འདོར་ལ། སངས་ རྒྱས་ཀྱི་ཐམས་ཅད་དུ་ཡང་ཀུན་ཏུ་སྟོན་ནོ། །གསུང་བརྗོད་དུ་མེད་པའི་ཆོས་ཉིད་ཀྱང་མི་ འདོར་ལ་སྒྲ་རྣམ་པར་རིག་པ་ཇི་ལྟ་བ་བཞིན་སེམས་ཅན་རྣམས་ལ་ཆོས་ཀྱང་སྟོན་ཏེ། སེམས་ ཀྱི་དམིགས་པ་ཐམས་ཅད་དང་ཡང་བྲལ་ལ་སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་དང་བསམ་པ་ ཡང་རབ་ཏུ་ཤེས་སོ་ཞེས་གསུངས་སོ། ། གསུམ་པ་ནི། གོ་རིམ་ཇི་ལྟ་བ་བཞིན། གནས་གཅིག་དྲི་བཅས་དེ་བཞིན་ཉིད་ཆོས་ཅན། རང་འབྲས་དྲི་མ་དག་པའི་དཀོན་མཆོག་གསུམ་གྱི་རྒྱུ་ཡིན་ཏེ། རང་འབྲས་འཇིག་རྟེན་ལས་ འདས་པའི་ཆོས་ཀྱི་ས་བོན་ཡིན་པའི་ཕྱིར་དང༌། སོ་སོ་རང་ཉིད་དུ་ཚུལ་བཞིན་ཡིད་ལ་བྱེད་ པའི་གནས་ཀྱིས་དེ་རྣམ་པར་དག་པ་ལ་བརྟེན་ནས་རང་འབྲས་དཀོན་མཆོག་གསུམ་གྱི་རྒྱུར་ རྟོགས་པར་བྱ་བ་ཡིན་པས་སོ༑ ༑དྲི་མ་མེད་པའི་བྱང་ཆུབ་ཡོན་ཏན་ཕྲིན་ལས་གསུམ་ནི་རང་ འབྲས་དཀོན་མཆོག་གསུམ་གྱི་རྐྱེན་ཡིན་ཏེ། རྟོགས་པའི་ངོ་བོ་བྱང་ཆུབ་ཆེན་པོ་ཐོབ་ནས་ བྱང་ཆུབ་དེའི་ཡན་ལག་སྟོབས་སོགས་སངས་རྒྱས་ཀྱི་ཆོས་རྣམས་ཀྱིས་རྟོགས་པ་བྱེད་པ། དེ་ བཞིན་གཤེགས་པའི་འཕྲིན་ལས་རྣམ་པ་སུམ་ཅུ་རྩ་གཉིས་མཛད་པ་ན་གཞན་གྱི་སྒྲ་ལ་བརྟེན་ པས། ཁམས་རྣམ་པར་དག་པ་ལ་བརྟེན་ནས་རང་འབྲས་དཀོན་མཆོག་གསུམ་འབྱུང་བའི་ རྐྱེན་དུ་རྟོགས་བྱ་ཡིན་པའི་ཕྱིར་རོ། །འབྲས་བུ་ནི་བྲལ་འབྲས་ཏེ། མཐར་ཐུག་གི་དཀོན་ མཆོག་གསུམ་འདུས་མ་བྱས་པས་སོ། །མྱང་འདས་ཆེན་པོར་རལ་གྲི་རྣོན་པོས་ལྕེ་བཅད་ 1-1-53 ཀྱང་བླའི། སངས་རྒྱས་དང་ཆོས་དང་དགེ་འདུན་ནི་མི་རྟག་གོ་ཞེས་མི་སྨྲའོ་ཞེས་དང༌། གོང་ གི་འགྱུར་བ་མེད་ཕྱིར་དཀོན་མཆོག་ཉིད་ཅེས་པའི་འགྲེལ་པར་གསུམ་པོ་འདུས་མ་བྱས་སུ་ གསུངས་སོ༑ ༑ གཉིས་པ་ལ་བཞི་རྟོགས་བྱ་ཁམས་བདེ་གཤེགས་སྙིང་པོ། རྟོགས་པའི་ངོ་བོ་དྲི་མེད་བྱང་ ཆུབ་ཆེན་པོ། དེའི་ཡན་ལག་སངས་རྒྱས་ཀྱི་ཡོན་ཏན། དེའི་བྱེད་ལས་སངས་རྒྱས་ཀྱི་ཕྲིན་ ལས་རྒྱས་པར་བཤད་པའོ། ། དང་པོ་ལ་གཉིས། སྤྱི་དོན་གཞུང་དོན་གཉིས་ཀྱི་ཕྱི་དོན་ལ་དགག་གཞག་སྤང་གསུམ་ ལས། དང་པོ་མི་འཐད་པ་དགག་པ་ནི། མཁས་པ་ཁ་ཅིག ཡོད་པའི་དགེ་བ་ཞེས་བྱ་བ། །རང་ བྱུང་དུ་ནི་གྲུབ་པར་འདོད། །དེ་ལ་བདེ་གཤེགས་སྙིང་པོ་ཟེར། །གྲངས་ཅན་ལུགས་འདི་མི་ འཐད་པས། །ཞེས་དང༌། ཐེག་པ་ཆེན་པོ་རྒྱུད་བླ་མར། གོས་ཧྲུལ་ནང་ན་རིན་ཆེན་ལྟར་ཞེས་ ནས། དེ་འདྲའི་སངས་རྒྱས་ཁམས་ཡོད་ན། །མུ་སྟེགས་བདག་དང་མཚུངས་པ་དང༌། །ཞེས་སོ་ མི་འཐད་དེ། དེ་བཞིན་ཉིད་ཡོད་པ་དང་དགེ་བ་དང་བདེ་གཤེགས་སྙིང་པོར་རྒྱུད་བླར། རང་ བཞིན་འགྱུར་བ་མེད་པ་དང༌། །དགེ་དང་རྣམ་པར་དག་པའི་ཕྱིར། །དེ་བཞིན་ཉིད་འདི་གསེར་ གྱི་ནི། །གཟུགས་དང་མཚུངས་པར་བརྗོད་པ་ཡིན། །ཞེས་དང༌། དེ་བཞིན་དངོས་པོ་མི་གཙང་ ཆེན་པོར་ལྷུང་གྱུར་རྫོགས་སངས་རིན་པོ་ཆེ་ཞེས་དང་མདོ་སྡེ་རྒྱན་དུ། ཡོད་པ་ཀུན་ནས་ སྤངས་ཏེ་མེད་ལ་མངོན་ཞེན་གང་ཡིན་པ་ཞེས་དང༌། ཆོས་ཉིད་རྣམ་འབྱེད་དུ། ཡོད་པ་དང་ ནི་མེད་པ་དག། ཅེས་དང་དེའི་འགྲེལ་པར་ཆོས་ཉིད་ནི་ཡོད་པ་ཡིན་ལ། ཆོས་ནི་མེད་པ་ཡིན་ པས་ཞེས་ཆོས་ཉིད་ཡོད་པར་བྱམས་པའི་གསུངས་པས་སོ། །ཡོད་པ་ལ་དངོས་པོ་རང་མཚན་ གྱིས་ཁྱབ་པ་རྟོག་གེ་བའི་རགས་པའི་རྣམ་བཞག་ཡིན་གྱི་ཕྲ་བའི་མིན་པས་དེའི་རྒྱབ་དབུ་མ་ 1-1-54 ལ་མི་དགབ་པོ། །གལ་ཏེ་ཁྱབ་ཅིང་ཕྲ་བ་ཡིན་ན་སྤྱི་མཚན་ཡོད་དམ་མེད། ཡོད་ན་གྲངས་ ཅན་པ་དང་མེད་ན་རྒྱང་འཕེན་པའི་ལུགས་ཁས་བླང་པར་འགྱུར་རོ། །མཁས་པ་ལ་ལ་བདེ་ གཤེགས་སྙིང་པོ་ནི། ཉོན་མོངས་པ་སྣ་ཚོགས་ཀྱི་སྦུབས་ཀྱིས་བཏུམས་པའི་སེམས་ཅན་ལ་ རྫོགས་སངས་ཡོད་པ་སྟེ། དཔེར་ན་ཙནྡན་གྱི་སྦུབས་ན་སྦྲུལ་ཡོད་པ་ལ་ཙནྡན་སྦྲུལ་གྱི་སྙིང་པོ་ ཟེར་བ་བཞིན་ནོ་ཞེས་དང༌། དེ་ལྟར་སྟོན་པ་དགོངས་པ་ཅན་ཡིན་ལ་དགོངས་པས་གསུངས་ པ་རྣམས་དགོངས་གཞི་གསུངས་པའི་དགོས་པ། དངོས་ལ་གནོད་བྱེད་དང་གསུམ་གྱིས་རིག་ པར་བྱ་ལ་སེམས་ཅན་ལ་སངས་རྒྱས་ཡོད་པར་བཤད་པ་ཀུན་གཞི་རྣམ་ཤེས་སོགས་རྒྱུ་དང་ ས་བོན་ཙམ་ལ་དགོངས། དགོས་པ་མུ་སྟེགས་དྲང་ཕྱིར་ཡིན། དངོས་ལ་གནོད་བྱེད་སངས་ རྒྱས་ནི་རྒྱུ་རྐྱེན་ཚད་མེད་པས། བསྐྱེད་དགོས་པས་སེམས་ཅན་ལ་མེད་པས་སོ། །ཞེས་སངས་ རྒྱས་ལ་འདུས་བྱས་ཀྱི་ཁྱབ་པ་དང༌། སེམས་ཅན་ལ་སངས་རྒྱས་སྣང་རུང་མ་དམིགས་པས་ དགག་པ་ནི་རྒྱུད་བླ་དང་འགལ་ཏེ་རྒྱས་པར་འོག་ཏུ་སྟོན་ནོ། །གཞན་དག་བརྒྱད་སྟོང་དོན་ བསྡུར། སོ་སོའི་སྐྱེ་བོའི་ཤེས་པ་གང༌། །རང་བཞིན་གྱིས་ནི་རྣམ་བྱང་བ། །དེ་ལ་སངས་རྒྱས་ སྒྲར་བརྗོད་དེ། །ཞེས་དང་ཚོགས་བརྒྱད་ལས་གཞན་པའི་ཤེས་པ་མེད་པས། བདེ་གཤེགས་ སྙིང་པོ་ནི་ཀུན་གཞི་རྣམ་ཤེས་ཀྱི་ཁ་ནང་ལྟས་རང་རིག་གི་ཆ་དངོས་པོ་ཡིན་ཞིང་དེ་ལ་ཡོངས་ གྲུབ་དང་ཆོས་ཉིད་དུའང་འཇོག དེའི་མ་དག་པ་དང་མ་དག་པ་དག་པ་དང་ཤིན་ཏུ་རྣམ་དག་ གི་སྐབས་གསུམ་ལ། སེམས་ཅན་དང་བྱང་སེམས་དང་དེ་བཞིན་གཤེགས་པར་རིམ་པར་ འཇོག་པས་ངོ་བོ་ཉིད་སྐུ་ཡང་འདུས་བྱས་ཡིན། ཀུན་གཞི་རྣམ་ཤེས་ཀྱི་ཁ་ཕྱིར་ལྟས་གཉིས་ སྣང་གི་ཆ་གཞན་དབང་དང་ཆོས་ཅན་སྤངས་བྱ་ཡིན་འདི་དང་སྔ་མ་རྫས་ཀྱང་གཅིག་གོ་ཞེ་ན། འོ་ན་ནང་ལྟས་ཀྱི་ཆ་དེ་ཀུན་གཞིའི་རྣམ་ཤེས་ཡིན་ན་བདེ་གཤེགས་སྙིང་པོ་དང་དགེ་བ་དང་ ཆོས་ཉིད་རྣམས་སུ་མི་འགྱུར་ཏེ། ཤུན་པ་རྣམ་ཤེས་དང་ལུང་མ་བསྟན། ཆོས་ 1-1-55 ཅན་གཞན་དབང་དང་ངོ་བོ་གཅིག་པ་ཡིན་པས་སོ། །ཁྱབ་སྟེ། སུམ་ཅུ་པར། དེ་ནི་མ་ བསྒྲིབས་ལུང་མ་བསྟན། །ཞེས་ཀུན་གཞི་རྣམ་ཤེས་དང༌། རྒྱན་སྟུག་པོར། བདེ་གཤེགས་ སྙིང་པོ་དགེ་བའང་དེ། །ཞེས་དང༌། ཡོངས་གྲུབ་དང་གཞན་དབང་ངོ་བོ་མི་གཅིག་པར། མདོ་ སྡེ་རྒྱན་དུ། འཁྲུལ་པའི་རྟེན་གང་ཡིན་དང་གང་ཞིག་རྣམ་ཀུན་ཏུ། །བརྗོད་པར་ནུས་མ་ཡིན་ ཞིང་སྤྲོས་པ་མེད་པའི་བདག་ཉིད་དེ་ཁོ་ན་ཞེས་སོ། །ཆོས་ཅན་དང་ཆོས་ཉིད་ངོ་བོ་མི་གཅིག་ པའི་ལུང་ནི་མཐའ་ཡས་ཤིང༌། བདེར་སྙིང་དང་དེ་བཞིན་ཉིད་སོགས་འདུས་བྱས་དངོས་པོ་ ཡིན་པ་ནི། སེམས་ཀྱི་རང་བཞིན་ནམ་མཁའི། །ཁམས་ལྟར་རྒྱུ་མེད་རྐྱེན་མེད་དེ། །ཞེས་པས་ བཀག་གོ །དོན་བསྡུའི་སོ་སོའི་སྐྱེ་བོའི་ཤེས་པ་གང༌། རང་བཞིན་གྱི་རྣམ་བྱང་བ་ཞེས་པའི་ དོན་འདུས་བྱས་ཀུན་གཞིའི་རྣམ་ཤེས་ལ་དགོངས་པ་མིན་གྱི། འདུས་མ་བྱས་ཀུན་གཞིའི་ཡེ་ ཤེས་ཆོས་ཉིད་ཀྱི་སེམས་དེ་རང་བཞིན་གྱི་སངས་རྒྱས་ཡིན་ཞེས་པའི་དོན་ཏེ། ཀུན་གཞིའི་ རྣམ་ཤེས་ནི་ཀུན་ནས་ཉོན་མོངས་ཡིན་གྱི་རང་བཞིན་རྣམ་བྱང་མིན་པས་སོ། །དེས་ན་ཀུན་ གཞིའི་རྣམ་ཤེས་ཀྱི་ཕྱི་ནང་གི་ཆ་གང་ཡིན་ཡང་རྣམ་རྟོག་ཡིན་པས་བདེ་གཤེགས་སྙིང་པོར་ འགལ་ལ། དེ་ལས་གཞན་ཡང་བདེ་གཤེགས་སྙིང་པོའི་ངོ་བོར་ཁྱད་པར་མེད་པས་བདེ་ གཤེགས་སྙིང་པོ་ནི་མེད་པར་ཁས་ལེན་པ་ཁོ་ནའོ། །དབུས་མཐར། ཡང་དག་མ་ཡིན་ཀུན་ རྟོག་ནི། །སེམས་དང་སེམས་བྱུང་ཁམས་གསུམ་པ། །དེ་ལ་དོན་མཐོང་རྣམ་པར་ཤེས། །དེའི་ ཁྱད་པར་སེམས་ལས་བྱུང༌། །གཅིག་ནི་རྐྱེན་གྱིས་རྣམ་པར་ཤེས། །གཉིས་པ་ཉེ་བར་སྤྱོད་པ་ ཅན། །ཉེ་བར་སྤྱོད་དང་ཡོངས་སྤྱོད་དང༌། །དེའི་འཇུག་བྱེད་སེམས་ལས་བྱུང༌། །ཞེས་ཚོགས་ བརྒྱད་འཁོར་བཅས་གཞན་དབང་དུ་གསུངས་པའི་ཚོགས་བརྒྱད་གནས་གྱུར་གྱི་དོན་ཟད་པ་ ལ་མི་བྱེད་པར། ངོ་བོ་ཇེ་བཟང་དུ་སོང་ནས་ཡེ་ཤེས་བཞིར་འགྲོ་བ་བཀག་སྟེ་སྒྲིབ་པའི་རྒྱུན་ སངས་རྒྱས་ཚེ་ཡོད་མི་སྲིད་པས་སོ། ། 1-1-56 གཞན་ཡང་རྒོལ་བ་ཕལ་ཆེར། བདེ་གཤེགས་སྙིང་པོ་ཡོན་ཏན་མེད་ཅིང་སངས་རྒྱས་ མིན་པ་དང༌། དེ་སངས་རྒྱས་ལ་མེད་ལ་སེམས་ཅན་ལ་ཡོད་ཅེས་པ་དང་སེམས་ཅན་ལ་སངས་ རྒྱས་མ་ཞུགས་པས་མེད་ཅེས་པ་རྣམས་མི་འཐད་དེ། སེམས་ཅན་ལ་སངས་རྒྱས་མེད་ན་དེའི་ སྙིང་པོ་ཡོད་པར་འགལ་ཏེ། གཞི་མེད་ན་ཁྱད་པར་གྱིས་ཆོས་མེད་པས་སོ། །འོག་ཏུ་འབྱུང་ བའི་སེམས་ཅན་ལ་སངས་རྒྱས་བཞུགས་པར་གསུངས་བའི་ལུང་རྣམས་ནི་འདིའི་ཁྱབ་པའི་ ལུང་ཡིན་ལ་སངས་རྒྱས་ཀྱི་སྙིང་པོ་རང་ལ་མེད་པར་གཞན་ལ་ཡོད་ཅེས་པ། དངོས་ཡོད་མེད་ ལ་ཡོད་ཡིན་ལ། །དངོས་པོ་མེད་པའང་ཡོད་མིན་ཞེས། །བླུན་པོ་ཡི་ནི་སྤྱོད་ལ་ལྟོས། །ཞེས་ པར་མི་འགྱུར་རམ། དེས་ན་རྒོལ་བ་ཕྱི་མ་འདི་རྣམས་ཀྱང་ཟོལ་གྱི་བདེ་གཤེགས་སྙིང་པོའི་ མིང་ཁས་ལེན་པ་ཙམ་དུ་ཟད་ཀྱི། དོན་ལ་མེད་པར་འདོད་པ་ཁོ་ན་སྟེ་དེ་མེད་ན་གཞི་མེད་ ན་ཁྱད་པར་གྱི་ཆོས་མེད་པས། ངོ་བོ་རྒྱུ་འབྲས་ལས་ལྡན་འཇུག་པ་དང༌། །གནས་སྐབས་དེ་ བཞིན་ཀུན་ཏུ་འགྲོ་བའི་དོན། །རྟག་ཏུ་མི་འགྱུར་ཡོན་ཏན་དབྱེར་མེད་ནི། །དོན་དམ་དབྱིངས་ ཀྱི་དགོངས་དོན་ཡིན་ཞེས་བྱ། །ཞེས་པ་བཅུ་པོ་མེད་པ་དང་དེ་དཔེ་དགུས་སེམས་ཅན་ཐམས་ ཅད་ལ་བཞུགས་པར་བཤད་པ་མི་རིག་པ་དང༌། པད་ངན་ལ་སངས་རྒྱས་ཀྱི་གཟུགས་སོགས་ ཡོད་པ་དཔེ་དང་སེམས་ཅན་ལ་སངས་རྒྱས་ཆོས་སྐུ་ཡོད་པ་དོན་དུ་སྦྱར་བ་དོན་མེད་པར་ ཐལ། དཔེའི་སངས་རྒྱས་ཀྱི་གཟུགས་སོགས་དོན་ལ་གནས་ཀྱང་དོན་གྱི་སེམས་ཅན་ལ་ཆོས་ སྐུ་མེད་པས་སོ། །སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་སེམས་ཅན་ཐམས་ཅན་ལ་ཆོས་སྐུ་ཡོད་པར་ གཟིགས་པ་མི་སྲིད་པའམ་གཟིགས་པའི་ཡེ་ཤེས་དེ་འཁྲུལ་ཤེས་སུ་ཐལ། བཞུགས་པ་དེ་ འགྲོ་བས་ཤེས་ཤིང་ཐོབ་པར་བྱ་བའི་ཕྱིར་སངས་རྒྱས་རྣམས་འཇིག་རྟེན་དུ་སྐུ་བལྟམས་ཤིང་ སྙིང་པོའི་ཆོས་སྟོན་པ་དང༌། ཆོས་བསྟན་པས་སེམས་ཞུམ་སེམས་ཅན་དམན་ལ་བརྙས་པ་ དང་ཞེས་སོགས་ཀྱི་སྐྱོན་ལྔ་སེལ་བ་དང༌། དེའི་གཉེན་པོ་སྤྲོ་དང་སྟོན་པ་བཞིན་གུས་དང་ཞེས་ 1-1-57 སོགས་ཡོན་ཏན་ལྔ་ཐོབ་ནས་སངས་རྒྱས་མྱུར་དུ་ཐོབ་པ་རྣམས་མི་རིགས་པར་ཐལ། འདོད་ ན་རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་ཞེས་སོགས་རྒྱུད་བླའི་ལེའུ་དང་པོ་ཧྲིལ་པོའི་གཞུང་དང་ འགལ་ལོ། །བདེ་གཤེགས་སྙིང་པོ་མེད་ན་རྟོགས་བྱ་ཆོས་དབྱིངས་མེད་དེ་དེ་གཉིས་གནད་ གཅིག་པས་སོ། །དེ་མེད་ན་རྟོགས་པའི་ངོ་བོ་བྱང་ཆུབ་མེད་དེ༑ སྔོན་དུ་གོས་དྲི་མ་བཀྲུ་རྒྱུ་ཅན་ མེད་ན་ཕྱིས་དྲི་མས་དག་པའི་གོས་མེད་པ་དང༌། གཞལ་བྱ་མེད་ན་དེ་འཇལ་བྱེད་ཚད་མ་མེད་ པ་བཞིན་ནོ། །དེ་མེད་ན་དེའི་ཡང་དག་ཡོན་ཏན་དང་དེའི་བྱེད་ལས་འཕྲིན་ལས་མེད་དེ། གྲི་ མེད་ན་དེའི་ཡོན་ཏན་རྣོ་བ་སོགས་དང་བྱེད་ལས་གཅོད་པ་མེད་པ་བཞིན་ནོ། ། རྒྱུ་གནས་བཞི་པོ་འདི་མེད་ན། དེའི་འབྲས་བུ་དཀོན་མཆོག་གསུམ་མེད་དེ་རྒྱུ་ལོག་ན་ འབྲས་བུ་ལྡོག་པ་བཞིན་ནོ། །ཆོས་བདུན་པོ་འདི་མེད་ན་རྒྱུད་བླའམ་བཀའ་ཐ་མའི་བརྗོད་བྱ་ མེད་དོ། །དེ་མེད་ན་བཀའ་བར་བ་དང་དང་པོ་དང་རྒྱུད་སྡེ་རིན་པོ་ཆེ་རྣམས་ཀྱི་བརྗོད་བྱ་ཡང་ མེད་དེ། ཆོས་དབྱིངས་བྱང་ཆུབ་ཆེན་པོ་མེད་པས་སོ། །བདེ་གཤེགས་སྙིང་པོ་མེད་ན་བདེན་ གཉིས་དང་བདེན་བཞི་དང་ངོ་བོ་ཉིད་གསུམ་དང་ཆོས་ལྔ་དང་གཞི་ལྔ་སོགས་མེད་དེ། རྟེན་ མེད་ན་བརྟེན་པ་མེད་པས་སོ། །དེ་ལྟ་ན་སྙིང་པོ་དྲང་དོན་དུ་སྨྲ་བ་བསྟན་པའི་བྱ་བ་ཅི་འདྲ་ ཡིན་དགོངས་པར་ཞུ། གཉིས་པ་འཐད་པ་གཞག་པ་ནི། བདེ་གཤེགས་སྙིང་པོ་ནི་ཆོས་ཀྱི་སྐུ་དང༌། དེ་བཞིན་ ཉིད་ཀྱིས་ཕྱེ་བ་བདེ་གཤེགས་ཀྱང་ཡིན་སྙིང་པོ་ཡང་ཡིན་པས་བདེ་གཤེགས་སྙིང་པོ་སྟེ། འགྲིབ་འཕེལ་མེད་པའི་མདོར། དོན་དམ་པ་དང་སེམས་ཅན་ཀྱི་ཁམས་དང་བདེ་གཤེགས་ སྙིང་པོ་དང་ཆོས་ཀྱི་སྐུ་དོན་གཅིག་ཏུ་སྔར་གསུངས་ལ། ཆོས་སྐུའི་གནས་སྐབས་གསུམ་ལ་ སེམས་ཅན་གྱི་ཁམས་དང་བྱང་ཆུབ་སེམས་དཔའ་དང་དེ་བཞིན་གཤེགས་པར་བཞག་པ་ དང༌། སེམས་ཅན་གྱི་ཁམས་ཉིད་ཆོས་ཀྱི་སྐུ་ཆོས་ཀྱི་སྐུ་ཉིད་སེམས་ཅན་གྱི་ཁམས་སོ། །འདི་ 1-1-58 ནི་དོན་གྱི་གཉིས་སུ་མེད་དེ་ཡི་གེ་ཙམ་ཐ་དད་པ་ཡིན་ནོ། །ཞེས་དང༌། དཔལ་ཕྲེང་གི་མདོར། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་འདི་ཉིད་ཉོན་མོངས་པའི་སྦུབས་ལས་ མ་གྲོལ་བ་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བགྱིའོ་ཞེས་སོ། །སེམས་ཅན་ལ་ཤུན་པ་ ཉོན་མོངས་ཀྱི་སྦུབས་སུ་བཞུགས་པས་ཤུན་པ་ལ་ལྟོས་ནས་སྙིང་པོ་ཡིན་ལ། སངས་རྒྱས་ ལ་ཤུན་པ་དང་བྲལ་བ་སྙིང་པོ་མངོན་དུ་གྱུར་པ་སངས་རྒྱས་དྲག་ཤོས་ཆོས་སྐུ་ཡིན་པའི་སྒོ་ ནས་བདེ་གཤེགས་སྙིང་པོ་ཡིན་ཏེ། འདིར། སེམས་ཅན་རྣམས་ཀྱི་ཉོན་མོངས་སྦུབས། །མ་ འབྲེལ་ཐོག་མ་མེད་སྦུབས་ན། །སེམས་ཀྱི་རང་བཞིན་དྲི་མེད་ནི། །ཐོག་མ་མེད་པ་ཡིན་པར་ བརྗོད། །ཅེས་དང༌། ཆོས་དབྱིངས་བསྟོད་པར། ས་ཡི་དཀྱིལ་ན་ཡོད་པའི་ཆུ། །དྲི་མ་མེད་པར་ གནས་པ་ལྟར། །ཉོན་མོངས་ནང་ན་ཡེ་ཤེས་ཀྱང༌། །དེ་བཞིན་དྲི་མ་མེད་པར་གནས། །ཞེས་ དང༌། འདིའི་བྱང་ཆུབ་ཀྱི་སྐབས་སུ། ཐུབ་པ་ཁྱུ་མཆོག་སྦྲང་རྩི་སྙིང་པོ་དང༌། །དྲི་མེད་གསེར་ དང་གཏེར་དང་ལྗོན་ཤིང་བཞིན། །དྲི་མེད་རིན་ཆེན་རྒྱལ་བའི་སྐུ་དང་ནི། །ས་བདག་གསེར་ གྱི་གཟུགས་འདྲ་རྒྱལ་བ་ཉིད། །ཅེས་སྔར་གྱི་དྲི་བཅས་སྙིང་པོ་རྣམས་དྲི་བྲལ་དུ་གྱུར་པའི་ སྙིང་པོར་གསུངས་ལ། གསེར་འོད་དུ། སྐུ་སྔ་མ་གཉིས་ནི་བརྟགས་པ་ཙམ་མོ། །ཆོས་ཀྱི་སྐུ་ ནི་ཡང་དག་པ་སྟེ་སྐུ་དེ་གཉིས་ཀྱི་གཞི་བྱེད་དོ་ཞེས་དང༌། སངས་རྒྱས་བཅོམ་ལྡན་ཆོས་ཀྱི་སྐུ། ། དེ་བཞིན་གཤེགས་པ་ཆོས་ཀྱི་དབྱིངས། །ཞེས་སོ། །བདེ་གཤེགས་ཀྱི་ཐེ་གཏོགས་མེད་པར་ བདེ་གཤེགས་སྙིང་པོའི་བཅོལ་གཉེར་ཅི་འོང༌། རི་བོང་གི་རྭ་མེད་པར་དེའི་རྣོ་རྟུལ་མེད་པ་ བཞིན་ནོ། །སེམས་ཅན་ལ་སངས་རྒྱས་མེད་པར་འདོད་པ་རྒྱུད་བླ་དང་རྒྱབ་བསྣོལ་ཡིན་པས་ དེ་འདྲའི་རིགས་རྣམས་རྒྱུད་བླ་མཁྱེན་ནམ་དཔྱོད་པར་ཞུ། གསུམ་པ་རྩོད་སྤང་ནི། གལ་ཏེ་ཆོས་སྐུ་བདེ་གཤེགས་སྙིང་པོ་ཡིན་ན། འདིར་དྲི་བཅས་ དེ་བཞིན་ཉིད་དང་དྲི་མ་མེད་ཅེས་པའི་འགྲེལ་པ་དང་ལེའུ་གཉིས་པ་འཆད་པའི་འགོ ར། ཆོས་ 1-1-59 དབྱིངས་དྲི་བཅས་ལ་བདེ་གཤེགས་སྙིང་པོ་དང་དྲི་བྲལ་ལ་བྱང་ཆུབ་དང་ཆོས་སྐུར་བཤད་པ་ དང་འགལ་ལོ་ཞེ་ན། མི་འགལ་ཏེ་ལུང་དེ་ནི་སེམས་ཅན་གྱི་དེ་བཞིན་ཉིད་བདེ་གཤེགས་སྙིང་ པོ་མིན་ནམ་སྙམ་པའི་ཐེ་ཙོམ་དགག་ཕྱིར། དམིགས་བསལ་ཡིན་ལ་སྤྱིར་ནི་འཁོར་འདས་ཀྱི་ ཆོས་ཉིད་ཐམས་ཅད་བདེ་གཤེགས་སྙིང་པོ་སྟེ། སྦུན་པ་དང་བཅས་སཱ་ལུ་འབྲུ་སྙིང་ལྟར། །དྲི་ བཅས་ཆོས་སྐུ་བདེ་གཤེགས་སྙིང་པོ་སྟེ། །སྦུན་པ་དང་བྲལ་སཱ་ལུ་འབྲུ་སྙིང་ལྟར། །དྲི་བྲལ་ ཆོས་སྐུ་བདེ་གཤེགས་སྙིང་པོའོ། །ཇི་སྐད་དུ། ཆོས་སྐུ་ཉོན་མོངས་པའི་སྦུབས་ལས་མ་གྲོལ་ བ་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བགྱིའོ་ཞེས་སོ། །དེ་ལྟ་མིན་ན། དེ་ལྟར་རྒྱལ་བའི་ སྙིང་པོ་ནི། །རྣམ་གཞག་རྣམ་པ་བཅུ་ཞེས་བརྗོད། །ཅེས་པའི་སྙིང་པོའི་ངོ་བོ་རྒྱུ་འབྲས་ལས་ ལྡན་འཇུག་པ་སོགས་བཅུ་པོ་སྟོན་པའི་གཞུང་དང་འགལ་ལོ། །སེམས་ཅན་ལ་སངས་རྒྱས་ ཡོད་ན་ལས་འབྲས་ལ་མི་རྨོངས་པ་དང་ཚོགས་གཉིས་དང་ལམ་ལ་བསླབ་པར་ཐལ་ལོ་ཞེ་ན། ཤེས་བྱ་ལ་སོགས་པའི་མ་ངེས་ཤིང༌། སངས་རྒྱས་མངོན་གྱུར་ཐོབ་ན་ཡིན་མོད་ཐོབ་པར་ཁས་ མ་བླངས་ཤིང་ཡོད་ཙམ་དུ་བླངས་པ་ལ་ཁྱབ་པ་མེད་དེ། དཔེར་ན་སྤྱིར་ཉི་མས་མུན་པ་སེལ་ བྱེད་ཡིན་ཡང་སྒྲིབ་བྱེད་ཀྱི་བར་མ་ཆོད་པའི་ཡུལ་གྱི་མུན་པ་སེལ་ལ་གཞན་དུ་མིན་པ་བཞིན་ ནོ། ། གལ་ཏེ་འདིར་ཡང༌། མ་དག་མ་དག་དག་པ་དང༌། །ཞེས་སོགས་དང༌། ཆོས་དབྱིངས་ བསྟོད་པར། ཉོན་མོངས་དྲ་བའི་གཡོགས་པ་ལ། །སེམས་ཅན་ཞེས་ནི་བརྗོད་པར་བྱེད། །དེ་ ཉིད་ཉོན་མོངས་བྲལ་གྱུར་ན། །སངས་རྒྱས་ཞེས་ནི་བརྗོད་པར་བྱེད། །ཅེས་དང༌། མདོ་སྡེ་ རྒྱན་དུ། དེ་བཞིན་ཉིད་འདི་ཐམས་ཅད་ལ། །ཁྱད་པར་མེད་ཀྱང་དག་གྱུར་པ། །དེ་བཞིན་ གཤེགས་ཉིད་དེ་ཡི་ཕྱིར། །འགྲོ་ཀུན་དེ་ཡི་སྙིང་པོ་ཅན། །ཞེས་དང། སྒྲིབ་པ་ཀུན་གྱི་དྲི་མེད་ པ། །དེ་བཞིན་ཉིད་འདི་སངས་རྒྱས་འདོད། །ཅེས་དྲི་བཅས་ལ་སེམས་ཅན་དུ་གསུངས་ཀྱི་ 1-1-60 སངས་རྒྱས་སུ་མ་གསུངས་ལ། དྲི་མེད་ལ་སངས་རྒྱས་སུ་གསུངས་པས། དྲི་བཅས་དེ་བཞིན་ ཉིད་སངས་རྒྱས་མིན་ནོ་ཞེ་ན། ལུང་དེ་རྣམས་འབྲས་བུའི་སངས་རྒྱས་ལ་དགོངས་ཤིང༌། སྤྱིར་ སངས་རྒྱས་ལ་དབྱེ་ན། དྲི་བཅས་གཞིའམ་རང་བཞིན་རྣམ་དག་གི་སངས་རྒྱས་དང༌། འབྲས་ བུའམ་དག་པ་གཉིས་ལྡན་གྱི་སངས་རྒྱས་གཉིས་ཡོད་དེ། བརྟགས་གཉིས་སུ། སེམས་ཅན་ རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་བློ་བུར་དྲི་མས་བསྒྲིབས། །དེ་ཉིད་བསལ་ན་སངས་ རྒྱས་ཉིད། །ཅེས་པས་རྐང་པ་དང་པོས་གཞིའི་སངས་རྒྱས་དང༌། གསུམ་པས་འབྲས་བུའི་ སངས་རྒྱས་བསྟན་ལ། དབུས་མཐར། ངོ་བོ་ཉིད་དང་གཉིས་མེད་སྟེ། །དྲི་མ་ཞི་བ་གཉིས་ སུ་འདོད། །ཅེས་པའི་འགྲེལ་པར། སོ་སོར་བརྟགས་འགོག་དང་རང་བཞིན་གྱི་འགོག་པ་དེ་ གཉིས་གསུངས་པ་དང་མཐུན་ཞིང་རང་བཞིན་གྱིས་འགོག་པ་ནི་དེ་བཞིན་ཉིད་ལ་བྱ་ལ། དེ་ བཞིན་ཉིད་གང་ཡིན་སངས་རྒྱས་ཡིན་པར་སྔར་དྲངས་པའི་སེམས་ཅན་གྱི་ཁམས་དང་ཆོས་ སྐུ་གཅིག་ཏུ་གསུངས་པ་དང༌། མདོ་སྡེ་རྒྱན་དུ། ཆོས་རྣམས་ཐམས་ཅད་སངས་རྒྱས་ཉིད་ཅེས་ དང༌། དེའི་འགྲེལ་པར། དེ་བཞིན་ཉིད་ཐ་དད་པའི་རང་བཞིན་མ་ཡིན་པའི་ཕྱིར་དང༌། སངས་ རྒྱས་ཉིད་ཀྱང་དེ་རྣམ་པར་དག་པའི་རབ་ཏུ་ཕྱེ་བའི་ཕྱིར། ཆོས་ཐམས་ཅད་ཀྱང་སངས་རྒྱས་ ཉིད་ཡིན་ལ་ཞེས་པས། ཆོས་ཀུན་གྱི་དེ་བཞིན་ཉིད་ཐམས་ཅད་སངས་རྒྱས་སུ་གསུངས་པས་ སོ། །རང་བཞིན་གྱི་སངས་རྒྱས་སངས་རྒྱས་མིན་ན་ངོ་བོ་ཉིད་སྐུ་སངས་རྒྱས་མིན་པར་ཐལ་ ཞིང༌། དག་པ་གཉིས་ལྡན་མི་སྲིད་པར་འགྱུར་རོ། །ཅི་ནས་སེམས་ཅན་ལ་སངས་རྒྱས་མེད་ན། གཞུང་འདིར། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་ཞེས་དང༌། ཐམས་ཅད་ལ། རྫོགས་པའི་སངས་ རྒྱས་རྗེས་ཞུགས་གཟིགས་པ་སྒྲིབ་པ་མེད་པའི་བློ་མངའ་བ། ཞེས་དང༌། སངས་རྒྱས་ཉིད་ནི་ ཡོན་ཏན་དྲི་མ་མེད་གཏེར་སེམས་ཅན་ཀུན་ལ་ཁྱད་མེད་རྣམ་གཟིགས་ནས་ཡེ་ཤེས་ཏེ་མེད་ན་ སངས་རྒྱས་ཀྱིས་གཟིགས་པ་འགལ་ལོ། །སྙིང་པོའི་དོན་དགུར་ཡང༌། སངས་རྒྱས་སྤྱན་གྱིས་ 1-1-61 རང་ཆོས་ཉིད་གཟིགས་ནས། །ཞེས་དང༌། དེ་སྲིད་རྒྱལ་མཛད་སྲིད་གསུམ་དུ་མི་བྱེད། །ཅེས་ དང༌། ཆོས་ཀྱི་དབང་ཕྱུག་ཉོན་མོངས་སྦུན་ལས་མ་གྲོལ་ལུས། །ཞེས་དང༌། དེ་བཞིན། ལུས་ ཅན་ལ་ཡོད་ཟག་པ་མེད་པའི་ཤེས་པ་སྦྲང་མའི་རྩི་དང་འདྲ། །ཞེས་དང༌། དེ་བཞིན། ཉོན་ མོངས་མི་གཙང་ཆེན་པོར་ལྷུང་གྱུར་རྫོགས་སངས་རིན་པོ་ཆེ། །ཞེས་དང༌། དེ་བཞིན། ཆོས་ གཏེར་ཡིད་ཀྱི་ཁྱིམ་གནས་སེམས་ཅན་དག་ནི་དབུལ་པོ་ལྟ་བུ་སྟེ། །ཞེས་དང༌། དེ་བཞིན། བདག་རང་ནང་ན་མགོན་ཡོད་གྱུར་ཀྱང་མགོན་མེད་བློ་ལྡན་པ། །ཞེས་དང༌། སཾ་པུ་ཊིར། རང་ གི་ལུས་ལ་སངས་རྒྱས་ཞུགས། །གཞན་དུ་གང་ནའང་སངས་རྒྱས་མེད། །ཅེས་དང༌། ལུས་ལ་ ཡེ་ཤེས་ཆེན་པོ་བཞུགས། །ཞེས་དང༌། བདེ་མཆོག་རྩ་རྒྱུད་ཨ་བྷི་དྷ་ན་མཁའ་འགྲོ་ཀུན་སྤྱོད་ གུར་དང་བཞིར། དེ་ཉིད་སྲོག་ཆགས་རྣམས་ཀྱི་སྲོག །དེ་ཉིད་མི་འགྱུར་དམ་པ་ཡིན། །དེ་ཉིད་ ཐམས་ཅད་ཁྱབ་བྱེད་དེ། །ལུས་ཀུན་ལ་ནི་རྣམ་པར་གནས། །དེ་ཉིད་གཉིས་མེད་ཡེ་ཤེས་ ཏེ། །ཧེ་རུ་ཀ་དཔལ་ཡིན་པར་བཤད། །ཅེས་པ་དང་འགལ་ལོ། །ལུས་ལ་ཞེས་པ་སེམས་ཅན་ ཐམས་ཅད་ཀྱི་ལུས་ལ་སྟེ་སངས་རྒྱས་ཀྱི་ལུས་ལ་ཡེ་ཤེས་ཡོད་མེད་ཀྱི་ཐེ་ཙོམ་ཟློག་མི་དགོས་ སོ། །དགག་སྒྲུབ་རྒྱས་པར་གསལ་སྒྲོན་གཉིས་སུ་བལྟའོ། ། གཉིས་པ་གཞུང་དོན་ལ་བརྒྱད་དེ། རང་བཞིན་གྱི་སངས་རྒྱས་ཆོས་དབྱིངས་དེ་ཀུན་ ལ་ཁྱབ་ཚུལ། ཁྱབ་བྱེད་དེའི་དོན་སྡོམ་གྱིས་མདོར་བསྟན། སྡོམ་གྱི་དོན་རྣམས་རྒྱས་པར་ བཤད་པ། བཤད་པའི་དོན་བསྡུས་ཏེ་མཚམས་སྦྱར། མཚམས་སྦྱར་ལྟར་དཔེ་ཡིས་བཤད་པ། བཤད་པའི་དོན་དད་པས་རྟོགས་ཚུལ། རྟོགས་བྱའི་སྟོང་ཉིད་ངོས་བཟུང་བ། དེ་ལྟར་སེམས་ ཅན་ལ་སངས་རྒྱས་སྙིང་པོར་བཞུགས་པར་བསྟན་པའི་དགོས་པའོ། ། དང་པོ་ནི། ལུས་ཅན་ཀུན་ཏེ་སེམས་ཅན་ཐམས་ཅད་ནི་ཆོས་ཅན། དུས་རྟག་ཏུ་སངས་ རྒྱས་ཀྱི་སྙིང་པོ་ཅན་ཡིན་ཏེ། ཁྱོད་ལ་རྫོགས་པའི་སངས་རྒྱས་ཀྱི་ཆོས་ཀྱི་སྐུ་ནི་འཕྲོ་བ་སྟེ་ཤེས་ 1-1-62 བྱ་ཐམས་ཅད་ལ་ནམ་མཁའ་ལྟར་ཁྱབ་པས། ཁྱོད་ལ་ཡང་ཞུགས་པའི་ཕྱིར་དང༌། སངས་ རྒྱས་ཀྱི་དེ་བཞིན་ཉིད་དང་ཁྱོད་ཀྱི་དེ་བཞིན་ཉིད་གཉིས་རྣམ་པར་དབྱེར་མེད་པའི་ཕྱིར་ དང༌། སངས་རྒྱས་ཀྱི་རང་བཞིན་དུ་གནས་པའི་རིགས་ཆོས་ཉིད་ཀྱི་སྟོབས་སོགས་ཆོས་ཉིད་ དུ་ཡོད་པའི་ཕྱིར་ནའོ། །མདོར། ཞི་བའི་བློ་གྲོས་ནམ་མཁའ་ནི་གཟུགས་སུ་སྣང་བ་ཐམས་ ཅད་དུ་ཞུགས་སོ། །དེ་བཞིན་དུ་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ཡང་སེམས་ཅན་དུ་སྣང་ བ་ཐམས་ཅད་དུ་ཞུགས་སོ་ཞེས་དང༌། འཇམ་དཔལ་ཆོས་དབྱིངས་གཅིག་ཡང་དག་པའི་ མཐའ་གཅིག་ན་ཞེས་དང༌། སེམས་ཅན་རྣམས་ཀྱི་མངོན་པར་ཞེན་པའི་ཡིད་ལ་བྱེད་པ་ཁྱིམ་ ལྟ་བུའི་འོག་ན་དེ་བཞིན་གཤེགས་པའི་སྙིང་པོ་སྟོབས་བཅུ་དང་མི་འཇིགས་པ་བཞི་དང་ཞེས་ སོགས་དང༌། སེམས་ཅན་ཐམས་ཅད་ནི་རྟག་ཏུ་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ་ཞེས་ གསུངས་སོ། །སངས་རྒྱས་ཡེ་ཤེས་སེམས་ཅན་ཚོགས་ཞུགས་ཕྱིར། །རང་བཞིན་དྲི་མེད་དེ་ནི་ གཉིས་མེད་དེ། །སངས་རྒྱས་རིགས་ལ་དེ་འབྲས་ཉེར་སྤྱོད་ཕྱིར། །འགྲོ་ཀུན་སངས་རྒྱས་སྙིང་ པོ་ཅན་དུ་གསུངས། །ཞེས་རྒྱ་དཔེ་ལ་ལར་ཡོད་ལ། འདིའི་ཉེར་སྤྱོད་ཕྱིར་ཞེས་པ་ཆོས་རྗེ་ས་ བཟང་པའི་འགྱུར་ལ་བྱུང་བ་ནང་འགལ་མེད་པས་ལེགས་ཤིང༌། རྔོག་འགྱུར་འགའ་རེར་ཉེར་ བརྟགས་ཕྱིར་ཞེས་པ་ནང་འགལ་ལོ། །འོན་ཀྱང་ཚིགས་བཅད་གཅིག་པོ་འདི་རྒྱ་དཔེ་འགའ་ ལ་མེད་ཅིང་འཆོལ་ཤོར་བར་བྱེད་པས་དོར་ཡང་རུང་ངོ༌། ། གཉིས་པ་ནི་དོན་དམ་བདེན་པ་དབྱིངས་བདེ་གཤེགས་སྙིང་པོ་ཆོས་ཅན་ཁྱོད་ཀྱི་ དགོངས་པའི་དོན་རྣམ་གྲངས་རྣམ་པ་བཅུར་ཤེས་པར་བྱ་སྟེ། ཁྱོད་ཀྱི་ངོ་བོ་དང་རྒྱུ་དང་འབྲས་ བུ་དང་ལས་དང༌། ལྡན་པའི་ཡོན་ཏན་དང༌། འཇུག་པའི་རབ་དབྱེ་དང༌། གནས་སྐབས་ཀྱི་ མིང་གསུམ་དང༌། དེ་བཞིན་འཁོར་འདས་ཀུན་ཏུ་འགྲོ་བའི་དོན་དང་དུས་རྟག་ཏུ་མི་འགྱུར་བ་ དང་ཡོན་ཏན་དབྱེར་མེད་ཀྱི་དོན་རྣམས་ནི་ཡོད་པས་སོ། ། 1-1-63 གསུམ་པ་ལ་བརྒྱད་དེ་ངོ་བོ་དང༌། རྒྱུའི་དོན། འབྲས་བུ་བྱེད་ལས་ཀྱི་དོན། ལྡན་པའི་ ཡོན་ཏན་ནས། ཡོན་ཏན་དབྱེར་མེད་ཀྱི་དོན་གྱི་བར་དྲུག་མདོར་བསྟན་བཞིན་ནོ། ། དང་པོ་ལ་གཉིས་མདོར་བསྟན་རྒྱས་བཤད་དོ། །དང་པོ་ནི། བདེ་གཤེགས་སྙིང་པོའི་ ངོ་བོ་ཆོས་སྐུ་དེ་བཞིན་ཉིད་རིགས་གསུམ་ནི། རིམ་པ་ལྟར་རིན་ཆེན་དང་ནམ་མཁའ་དང་ཆུ་ དག་པ་བཞིན་ཏེ། རང་གི་མཚན་ཉིད་བསམ་པའི་དོན་འགྲུབ་པ་དང་གཞན་དུ་མི་འགྱུར་བ་ དང༌། སྙིང་རྗེའི་རླན་དང་བཅས་པའི་ཕྱིར་དང༌། སྤྱིའི་མཚན་ཉིད་རྟག་ཏུ་རང་བཞིན་གྱིས་ ཤིན་ཏུ་ཉེ་བར་ཉོན་མོངས་པ་མེད་པ་རང་བཞིན་གྱིས་ཡོངས་སུ་དག་པས་སོ། །རྒྱུ་ནི་རིམ་ བཞིན་བྱང་སེམས་ཀྱི་ཐེག་ཆེན་གྱི་ཆོས་ལ་མོས་པ་དང་ལྷག་པའི་ཤེས་རབ་དང་ནམ་མཁའ་ མཛོད་ལ་སོགས་པའི་ཏིང་ངེ་འཛིན་དང༌། སྙིང་རྗེ་ཆེན་པོ་བསྒོམས་པ་ལས་འབྲས་བུ་གཙང་ བདག་བདེ་དང་རྟག་པའི་ཕ་རོལ་ཏུ་ཕྱིན་པ་བྱུང་བའོ། ། གཉིས་པ་ལ་གཉིས་ངོ་བོ་དང་རྒྱུ་བཤད་པའི་དང་པོ་ནི་གསུམ་པོ་འདི་དག་ཡིད་བཞིན་ གྱི་ནོར་བུ་དང་ནམ་མཁའ་དང་ཆུ་རྣམ་པར་དག་པའི་ཡོན་ཏན་དང་ཆོས་མཐུན་པ་ཉིད་ཡིན་ ཏེ། གོ་རིམ་ཇི་ལྟ་བ་བཞིན་ཁོ་ནར་རང་གི་མཚན་ཉིད་བསམས་པའི་དོན་འགྲུབ་པ་ལ་སོགས་ པའི་མཐུའི་ངོ་བོའི་དང༌། གཞན་དུ་མི་འགྱུར་བའི་ངོ་བོའི་དང་སེམས་ཅན་ལ་སྙིང་བརྩེ་བས་ རླན་པའི་ངོ་བོའི་རང་བཞིན་ཡིན་པའི་ཕྱིར་དང༌། སྤྱིའི་མཚན་ཉིད་རྟག་ཏུ་རང་བཞིན་གྱིས་ ཤིན་ཏུ་ཉེ་བར་ཉོན་མོངས་པ་མེད་པ་དང་རང་བཞིན་གྱིས་ཡོངས་སུ་དག་པས་སོ། ། གཉིས་པ་ལ་སྤང་བྱ་སྒྲིབ་པ་བཞི་སྦྱོང་ཚུལ། གཉེན་པོས་རྒྱལ་སྲས་སུ་འགྱུར་ཚུལ་ལོ། ། དང་པོ་ནི་སྒྲིབ་པ་དང་བཅས་པའི་སེམས་ཅན་གྱི་རིགས་ཐམས་ཅད་བསྡུ་ན་རྣམ་པ་གསུམ་ སྟེ་སྲིད་པ་འདོད་པ་དང་སྲིད་པ་དང་བྲལ་བར་འདོད་པ་དང་དེ་གཉིས་ཀར་མི་འདོད་པའོ། ། དེ་ལ་སྲིད་པ་འདོད་པ་ནི་རྣམ་པ་གཉིས་སུ་རིག་པར་བྱ་སྟེ། ཐར་པའི་ལམ་དང་ཞེ་འགྲས་པ་ 1-1-64 ཡོངས་སུ་མྱ་ངན་ལས་མི་འདའ་བའི་རིགས་ཅན་གྱི་སེམས་ཅན་འཁོར་བ་ཉིད་འདོད་ཀྱི། མྱ་ ངན་ལས་འདས་པ་ནི་མིན་པ་གང་དག་ཡིན་པ་དང༌། དེར་ངེས་ལྷུང་བ་ཆོས་འདི་པ་ཉིད་དེ་ དག་ལས་ཁ་ཅིག་ཐེག་ཆེན་གྱི་ཆོས་ལ་སྡང་བ་སྟེ། གང་གི་དབང་དུ་མཛད་ནས་བཅོམ་ལྡན་ འདས་ཀྱིས་འདི་སྐད་ཅེས། ང་ནི་དེ་དག་གི་སྟོན་པ་མིན་ལ་དེ་དག་ཀྱང་ངའི་ཉན་ཐོས་མིན་ ནོ། །ཤཱ་རིའི་བུ་དེ་དག་ནི་མུན་པ་བས་ཀྱང་ཆེས་མུན་པ་མུན་པ་ནས་མུན་པ་ཆེན་པོར་འགྲོ་བ་ མུན་པ་ཆེན་པོ་དང་ལྡན་པའོ་ཞེས་ང་སྨྲ་བའོ་ཞེས་གསུངས་པའོ། །དེ་ལ་སྲིད་པ་དང་བྲལ་བར་ འདོད་པ་རྣམ་པ་གཉིས་ཏེ་ཐབས་མིན་པ་ལ་ཞུགས་པ་དང་ཐབས་ལ་ཞུགས་པའོ། །དེ་ལ་ ཐབས་མིན་པ་ལ་ཞུགས་པ་ཡང་རྣམ་པ་གསུམ་སྟེ་འདི་ལས་ཕྱི་རོལ་ཏུ་གྱུར་པ་ཙ་ར་ཀ་པ་དང་ ཀུན་ཏུ་རྒྱུ་བ་དང༌། གཅེར་བུ་པ་ལ་སོགས་པའི་རྣམ་པ་དུ་མའི་མུ་སྟེགས་པ་མང་པོ་དང༌། དེ་ དང་མཐུན་པར་སྤྱོད་པ་ཆོས་འདི་པ་ཉིད་དད་པ་ཡོད་ཀྱང་ཉེས་པར་གཟུང་བར་དཀའ་པའི་ལྟ་ བ་འཛིན་པ་སྟེ། དེ་དག་ཀྱང་གང་ཞེ་ན་འདི་ལྟ་སྟེ་དོན་དམ་པ་ལ་མི་མོས་པ་གང་ཟག་ཏུ་ལྟ་བ་ སྟེ། གང་ལ་བཅོམ་ལྡན་འདས་ཀྱིས་སྟོང་པ་ཉིད་ལ་མོས་པ་མེད་པ་ནི་མུ་སྟེགས་པ་དག་དང་ ཁྱད་པར་མེད་པ་ཡིན་ནོ། །ཞེས་གསུངས་པ་དང་མངོན་པའི་ང་རྒྱལ་ཅན་སྟོང་པ་ཉིད་དུ་ལྟ་ བ་སྟེ། འདི་ལ་སྟོང་པ་ཉིད་དུ་ལྟ་བ་གང་དག་དེའི་རྣམ་པར་ཐར་པའི་སྒོ་ལ་ཡང་སྟོང་པ་ཉིད་ དུ་ལྟ་བར་འགྱུར་པ་གང་གི་དབང་དུ་མཛད་ནས། འོད་སྲུང་གང་ཟག་ཏུ་ལྟ་བ་རི་རབ་ཙམ་ནི་ བླའི་མངོན་པའི་ང་རྒྱལ་ཅན་སྟོང་པ་ཉིད་དུ་ལྟ་བ་ནི་དེ་ལྟ་མ་ཡིན་ནོ་ཞེས་གསུངས་པས་སོ། ། དེ་ལ་ཐབས་ལ་ཞུགས་པ་ལ་ཡང་རྣམ་པ་གཉིས་ཏེ་ཉན་ཐོས་ཀྱི་ཐེག་པ་དང་མཐུན་པར་ཡང་ དག་པར་ངེས་པ་ཉིད་དུ་ཞུགས་པ་དང་རང་སངས་རྒྱས་ཀྱི་ཐེག་པ་དང་མཐུན་པའོ། །དེ་གཉི་ ག་མངོན་པར་མི་འདོད་པ་ནི་ཐེག་ཆེན་ལ་ཡང་དག་པར་གནས་པ་མཆོག་ཏུ་དབང་པོ་རྣོན་ པོའི་སེམས་ཅན་ཏེ། གང་དག་འདོད་ཆེན་པ་བཞིན་དུ་འཁོར་བ་ཡང་མི་འདོད་ཅིང་མུ་སྟེགས་ 1-1-65 པ་སོགས་ལྟར་ཐབས་མིན་ལ་ཞུགས་པ་ཡང་མིན་ལ། ཉན་རང་ལྟར་ཐབས་དང་ལྡན་པར་ རྟོགས་པ་ཡང་མིན་ཏེ། འོན་ཀྱང་འཁོར་འདས་མཉམ་པ་ཉིད་ཐོབ་པའི་ལམ་དུ་ཞུགས་པ་ སྟེ། དེ་དག་ནི་མི་གནས་པའི་མྱང་འདས་ལ་བརྟེན་པའི་བསམ་པ་ཅན་ཉེ་བར་ཉོན་མོངས་པ་ མེད་པའི་འཁོར་བ་བརྟེན་པའི་སྦྱོར་བ་ཅན། སྙིང་རྗེ་དང་ལྷག་པའི་བསམ་པ་བརྟན་པ་རབ་ ཏུ་གནས་པ་རྩ་བ་ཡོངས་སུ་དག་པར་གྱུར་པ་ཡིན་ནོ། །དེ་ལ་སེམས་ཅན་གང་དག་སྲིད་པ་ འདོད་པ་འདོད་ཆེན་པ་དང་དེར་ངེས་པར་ལྷུང་བ་ཆོས་འདི་པ་ཉིད་དེ། དེ་གཉིས་ནི་ལོག་པ་ ཉིད་དུ་ངེས་པའི་ཕུང་པོ་ཞེས་བྱའོ། །གང་དག་སྲིད་པ་དང་བྲལ་བར་འདོད་ཀྱང་ཐབས་མིན་ པ་ལ་ཞུགས་པ་དེ་དག་ནི་མ་ངེས་པའི་སེམས་ཅན་གྱི་ཕུང་པོ་ཞེས་བྱའོ། །གང་དག་སྲིད་པ་ དང་བྲལ་བར་འདོད་པ་ཐབས་ལ་ཞུགས་པ་དང་དེ་གཉི་གར་མི་འདོད་པ་མཉམ་པ་ཉིད་ཐོབ་ པའི་ལམ་དུ་ཞུགས་པ། དེ་དག་ནི་ཡང་དག་པ་ཉིད་དུ་ངེས་པའི་སེམས་ཅན་གྱི་ཕུང་པོ་ཞེས་ བྱའོ། །དེས་ན་ཐེག་ཆེན་གྱི་ཆོས་ལ་ཁོང་ཁྲོ་ཞིང་ཞེ་སྡང་བ་འདོད་ཆེན་པའི་སྒྲིབ་པ་དང༌། ཕུང་ པོ་ལ་རྟག་གཅིག་རང་དབང་ཅན་གྱི་བདག་ཏུ་ལྟ་བ་མུ་སྟེགས་བྱེད་རྣམས་ཀྱི་སྒྲིབ་པ་དང༌། འཁོར་བའི་སྡུག་བསྔལ་གྱིས་འཇིགས་ཏེ་སྤངས་པའི་ཞི་བདེ་མྱུར་དུ་ཐོབ་འདོད་ཉན་ཐོས་ རྣམས་ཀྱི་སྒྲིབ་པ་དང༌། སེམས་ཅན་གྱི་དོན་ལ་ལྟོས་པ་མེད་པ་སྟེ་དོན་བྱེད་པ་དོར་བ་རང་བྱུང་ རང་སངས་རྒྱས་རྣམས་ཀྱི་སྒྲིབ་པ་རྣམ་པ་བཞི་བོ་འདི། སྦྱོང་བའམ་དག་པར་བྱེད་པའི་རྒྱུ་ནི་ གོ་རིམ་ལྟར་བྱང་སེམས་རྣམས་ཀྱི་ཐེག་ཆེན་གྱི་ཆོས་ལ་ལྷག་པར་མོས་པ་སྒོམ་པ་དང༌། ལ་ སོགས་པའི་སྒྲས་བདག་མེད་རྟོགས་པའི་ཤེར་ཕྱིན་སྒོམ་པ་དང་ནམ་མཁའ་མཛོད་ལ་སོགས་ པའི་ཏིང་ངེ་འཛིན་སྒོམ་པ་དང༌། སེམས་ཅན་ཐམས་ཅད་ལ་དམིགས་པའི་སྙིང་རྗེ་སྒོམ་པའི་ ཆོས་ནི་རྣམ་པ་བཞི་བོ་ཉིད་དེ། དེ་དག་ནི་གཉེན་པོ་བཞི་པོས་སྦྱོང་ཞིང་ཆོས་དབྱིངས་ལ་ཟད་ པར་བྱེད་པས་སོ། ། 1-1-66 གཉིས་པ་ནི་དེ་འདྲའི་བྱང་སེམས་ཀྱི་ཐེག་མཆོག་ལ་མོས་པ་ནི་ས་བོན་ཤེས་པ་ནི་སངས་ རྒྱས་ཀྱི་ཆོས་བསྐྱེད་པའི། མ་དང་བསམ་གཏན་གྱི་བདེ་བ་ནི་མངལ་ན་གནས་པ་དང༌། སྙིང་ རྗེ་ཆེན་པོ་ནི་བསྐྱེད་བསྲིང་བའི་མ་མ་ཅན་གང་ཡིན་རྣམས་ལས་བྱུང་བའི་བྱང་འཕགས་དེ་ དག་ནི། ཕའི་ས་བོན་སོགས་ཆོས་བཞི་ལས་འཁྲུངས་པའི་རྒྱལ་པོའི་སྲས་དང་འདྲ་སྟེ། ཐུབ་ པའི་རྗེས་སུ་སྐྱེས་པས་སྲས་སུ་གྱུར་པས་སོ། །ཐུབ་པ་རྣམས་ནི་སྲས་མཆོག་གོ ། གཉིས་པ་འབྲས་བུ་དང་བྱེད་ལས་ཀྱི་དོན་ལ་བསྟན་བཤད་གཉིས་ལས་དང་པོ་ནི། འབྲས་བུ་ཆོས་སྐུ་ནི་གཙང་བ་དང༌། བདག་དང༌། བདེ་བ་དང་རྟག་པ་ཉིད་ཀྱི་ཡོན་ཏན་གྱི་ ཕ་རོལ་ཏུ་ཕྱིན་པ་ནི༑ སྔར་གྱི་རྒྱུ་བཞིས་ཁམས་གོ་རིམ་བཞིན་སྦྱངས་པའི་ཁམས་ཀྱི་བྲལ་ འབྲས་སོ། །ཁམས་ཀྱི་བྱེད་ལས་ནི་འཁོར་བའི་སྡུག་བསྔལ་ལ་ཡིད་འབྱུང་བ་དང་ཞི་བ་མྱང་ འདས་ཐོབ་པར་དོན་དུ་གཉེར་བའི་འདུན་པ་དང་སྨོན་པའི་བྱེད་ལས་ཅན་ནོ། ། གཉིས་པ་ལ་གཉིས་འབྲས་བུ་དང་བྱེད་ལས་རྒྱས་བཤད་དོ། །དང་པོ་ལ་གསུམ། སྤངས་ བྱ་ཕྱིན་ཅི་ལོག་བཞི་སྤོང་ཚུལ། སྤངས་པས་འབྲས་བུ་བཞི་ཐོབ་ཚུལ། ཐོག་མཐའ་གཉིས་ ལས་གྲོལ་ཚུལ་ལོ། ། དང་པོ་ནི། མོས་པ་དང་ཤེས་རབ་དང་ཏིང་ངེ་འཛིན་དང་སྙིང་རྗེ་བཞི་པོ་འདི་དག་གི་ འབྲས་བུ་ནི༑ མདོར་བསྡུས་ན་གོ་རིམ་བཞིན་དུ་ཆོས་ཀྱི་སྐུ་ལ་མི་གཙང་བ་དང་བདག་མེད་ པ་དང་སྡུག་བསྔལ་བ་དང་མི་རྟག་པ་སྟེ། ཕྱིན་ཅི་ལོག་ཏུ་གྱུར་པ་རྣམ་པ་བཞི་ལས་ཟློག་པའི་ ཕྱིར་ཕྱིན་ཅི་མ་ལོག་པ་གཙང་བདག་བདེ་དང་རྟག་པའི་ཡོན་ཏན་གྱི་ཕར་ཕྱིན་བཞི་ལྡན། ཕྱིན་ཅི་ལོག་བཞིའི་གཉེན་པོའི་རབ་ཏུ་ཕྱེ་བ་ཉིད་ཐོབ་པས་ཕྱིན་ཅི་ལོག་བཞི་སྤོང་ངོ༌། །དེ་ ཉིད་བཤད་ན་དཔལ་ཕྲེང་དུ། སེམས་ཅན་རྣམས་ནི་ཟིན་པའི་ཉེར་ལེན་གྱི་ཕུང་པོ་ལ་ཕྱིན་ཅི་ ལོག་ཏུ་གྱུར་པ་དེ་དག་ནི་མི་རྟག་པ་ལ་རྟག་པར་སྡུག་བསྔལ་བ་ལ་བདེ་བར། བདག་མེད་པ་ 1-1-67 ལ་བདག་གོ་མི་གཙང་བ་ལ་གཙང་ངོ་སྙམ་དུ་འདུ་ཤེས་པ་ལགས་སོ། །བཅོམ་ལྡན་འདས་ ཉན་རང་རྣམས་ཀྱང་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་སྔར་མ་མཐོང་བའི་ཐམས་ཅད་མཁྱེན་པའི་ ཡེ་ཤེས་ཀྱི་ཡུལ་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ལ་ཕྱིན་ཅི་ལོག་ཏུ་གྱུར་པའོ། །བཅོམ་ ལྡན་འདས་རྟག་པར་འདི་ཤེས་པ། བདེ་བར་འདུ་ཤེས་པ། བདག་ཏུ་འདུ་ཤེས་པ། གཙང་ བར་འདུ་ཤེས་པའི་སེམས་ཅན་དེ་དང་དེ་དག་ནི་བཅོམ་ལྡན་འདས་ཀྱི་ཐུགས་ལས་སྐྱེས་པའི་ སྲས་ལགས་སོ། །བཅོམ་ལྡན་འདས་སེམས་ཅན་དེ་དག་ནི་ཕྱིན་ཅི་ལོག་ཏུ་གྱུར་པ་མ་ལགས་ ཏེ་དེ་དག་ནི་ཡང་དག་པར་མཐོང་བ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ཉིད་ནི་རྟག་པའི་ཕ་རོལ་ཏུ་ཕྱིན་པ། བདེ་བའི་ཕ་རོལ་ཏུ་ ཕྱིན་པ། བདག་གི་ཕ་རོལ་ཏུ་ཕྱིན་པ། གཙང་བའི་ཕ་རོལ་ཏུ་ཕྱིན་པའོ། །བཅོམ་ལྡན་འདས་ སེམས་ཅན་གང་དག་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ལ་དེ་ལྟར་མཐོང་བ་དེ་དག་ནི་ཡང་ དག་པར་མཐོང་བའོ། །ཡང་དག་པར་མཐོང་བ་གང་ལགས་པ་དེ་དག་ཐམས་ཅད་ནི་བཅོམ་ ལྡན་འདས་ཀྱི་སྲས་ལགས་སོ་ཞེས་རྒྱས་པར་འབྱུང་ངོ༌། །དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ ཡོན་ཏན་གྱི་ཕ་རོལ་ཏུ་ཕྱིན་པ་འདི་བཞི་ནི་རྒྱུའི་གོ་རིམ་ལས་ཟློག་སྟེ་རིག་པར་བྱའོ། །དེ་ལ་ ཐེག་པ་ཆེན་པོའི་ཆོས་ལ་སྡང་བ་འདོད་ཆེན་པ་རྣམས་ཀྱི་མི་གཙང་བའི་འཁོར་བ་ལ་མངོན་ པར་དགའ་བ་ལས་བཟློག་ནས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་ཆེན་གྱི་ཆོས་ལ་མོས་ པ་བསྒོམ་པ་ལས་ནི་འབྲས་བུ་གཙང་བའི་ཕ་རོལ་ཏུ་ཕྱིན་པ་ཐོབ་པར་བལྟའོ། །ཉེར་ལེན་ གྱི་ཕུང་པོ་ལྔ་ལ་བདག་ཏུ་ལྟ་བ་གཞན་མུ་སྟེགས་པ་དག་གི་ཡོད་པ་མིན་པ་བདག་ཏུ་འཛིན་ པ་ལ་མངོན་པར་དགའ་བ་ལས་བཟློག་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་པ་ ལས་ནི་འབྲས་བུ་བདག་དམ་པའི་ཕ་རོལ་ཏུ་ཕྱིན་པ་ཐོབ་པར་བལྟའོ། །འདི་ལྟར་མུ་སྟེགས་ པ་གཞན་ཐམས་ཅད་ནི་གཟུགས་ལ་སོགས་པ་དེའི་རང་བཞིན་མིན་པའི་དངོས་པོ་བདག་ཏུ་ 1-1-68 ཁས་ལེན་ལ༑ དེ་དག་གིས་ཇི་ལྟར་གཟུང་བའི་དངོས་པོ་དེ་ཡང་བདག་གི་མཚན་ཉིད་ཀྱིས་ སླུ་བ་དང་ལྡན་པའི་ཕྱིར་དུས་ཐམས་ཅད་དུ་བདག་མེད་དོ། །དེ་བཞིན་གཤེགས་པས་ནི་ཡང་ དག་པ་ཇི་ལྟ་བ་བཞིན་གྱི་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་བདག་མེད་པ་དམ་པའི་ཕ་རོལ་ཏུ་ ཕྱིན་པ་བརྙེས་ལ། དེས་ཇི་ལྟར་གཟིགས་པ་བདག་མེད་པ་དེ་ཡང་བདག་ཡོད་པ་མིན་པའི་ མཚན་ཉིད་ཀྱིས་མི་སླུ་བ་དང་ལྡན་པའི་ཕྱིར་དུས་ཐམས་ཅད་དུ་བདག་ཏུ་འདོད་དོ། །བདག་ མེད་པ་ཉིད་བདག་ཏུ་བྱས་པ་སྟེ་ཇི་སྐད་དུ་མི་གནས་པའི་ཚུལ་གྱིས་གནས་པ་ཞེས་གསུངས་ པ་ལྟ་བུའོ། །འཁོར་བའི་སྡུག་བསྔལ་གྱིས་འཇིགས་པ་ཉན་ཐོས་ཀྱི་ཐེག་པ་པ་རྣམས་ཀྱིས་ འཁོར་བའི་སྡུག་བསྔལ་ཉེ་བར་ཞི་བ་ཙམ་མངོན་པར་འདོད་པ་ལས་བཟློག་ནས། ནམ་ མཁའ་མཛོད་ལ་སོགས་པའི་ཏིང་ངེ་འཛིན་བསྒོམས་པ་ལས་ནི་འབྲས་བུ་བདེ་བའི་ཕ་རོལ་ ཏུ་ཕྱིན་པ་ཐོབ་པར་བལྟའོ། །སེམས་ཅན་གྱི་དོན་ལ་མི་ལྟོས་པ་རང་སངས་རྒྱས་ཀྱི་ཐེག་པ་པ་ རྣམས་ཀྱི་འདུ་འཛི་མེད་པར་གནས་པ་ལ་མངོན་པར་དགའ་བ་ལས་བཟློག་ནས། བྱང་ཆུབ་ སེམས་དཔའ་རྣམས་ཀྱི་སྙིང་རྗེ་ཆེན་པོ་བསྒོམས་པ་ལས་ནི་རྟག་ཏུ་རྒྱུན་མི་འཆད་པར་འཁོར་ བ་ཇི་སྲིད་ཀྱི་བར་དུ་སེམས་ཅན་གྱི་དོན་ཡོངས་སུ་སྦྱོང་བ་ཡོངས་སུ་དག་པའི་ཕྱིར། འབྲས་ བུ་རྟག་པའི་ཕ་རོལ་ཏུ་ཕྱིན་པ་ཐོབ་པར་བལྟའོ། །དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ མོས་པ་དང་ཤེས་རབ་དང་ཏིང་ངེ་འཛིན་དང་སྙིང་རྗེ་ཆེན་པོ་བསྒོམས་པ་རྣམས་ཀྱི་འབྲས་ བུ་ནི། གོ་རིམ་ཇི་ལྟ་བ་བཞིན་དུ་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ལ་གཙང་པ་དང་བདག་ དང་བདེ་བ་དང་རྟག་པའི་ཡོན་ཏན་གྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པ་བཞི་འགྲུབ་པོ། །དེ་བཞིན་ གཤེགས་པ་ནི་འདི་དག་གི་ཆོས་དབྱིངས་ཀྱི་མཐར་ཐུག་པ་ནམ་མཁའི་ཁམས་ཀྱི་མཐའ་ཀླས་ པ་ཕྱི་མའི་མཐའི་མུར་ཐུག་པ་ཞེས་བརྗོད་དོ། །འདི་ལྟར་ཐེག་ཆེན་གྱི་ཆོས་དམ་པ་ལ་ལྷག་ པར་མོས་པ་བསྒོམས་པས་ནི། དེ་བཞིན་གཤེགས་པའི་ཤིན་ཏུ་གཙང་བའི་ཆོས་དབྱིངས་ཀྱི་ 1-1-69 མཐར་ཐུག་པ་བརྙེས་པའི་ཕྱིར་ཆོས་དབྱིངས་ཀྱི་མཐར་ཐུག་པ་གྲུབ་པོ། །ཤེར་ཕྱིན་བསྒོམས་ པའི་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་ནམ་མཁའ་ལྟ་བུ་བདག་མེད་པའི་མཐར་ཐུག་པ་ ཉིད་དུ་རྟོགས་པའི་ཕྱིར་དང༌། ནམ་མཁའ་མཛོད་ལ་སོགས་པའི་ཏིང་ངེ་འཛིན་བསྒོམས་པས་ ཆོས་ཀྱི་དབང་ཕྱུག་དམ་པ་ཐམས་ཅད་དུ་ཁྱབ་པ་ཀུན་ཏུ་སྟོན་པའི་ཕྱིར་ནམ་མཁའི་ཁམས་ཀྱི་ མཐའ་ཀླས་པའོ། །སྙིང་རྗེ་ཆེན་པོ་བསྒོམས་པས་སེམས་ཅན་ཐམས་ཅད་ལ་དུས་མུ་མཐའ་ མེད་པར་སྙིང་རྗེས་དང་ལྡན་པའི་ཕྱིར་ཕྱི་མའི་མཐའི་མུར་ཐུག་པ་ཡིན་ནོ། །ཟག་མེད་ཀྱི་ དབྱིངས་ལ་གནས་པའི་དགྲ་བཅོམ་པ་དང་རང་སངས་རྒྱས་དང་དབང་ཐོབ་པའི་བྱང་ཆུབ་ སེམས་དཔའ་རྣམས་ལ་ཡང༌། དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའི་ཡོན་ཏན་གྱི་ཕ་རོལ་ཏུ་ ཕྱིན་པ་རྣམ་པ་འདི་བཞི་པོ་ཐོབ་པའི་གེགས་སུ་གྱུར་པ་འདི་ལྟ་སྟེ། རྐྱེན་གྱི་མཚན་ཉིད་དང༌། རྒྱུའི་མཚན་ཉིད་དང་འབྱུང་བའི་མཚན་ཉིད་དང་འཇིག་པའི་མཚན་ཉིད་དོ། །དེ་ལ་རྐྱེན་ཀྱི་ མཚན་ཉིད་ནི་མ་རིག་བག་ཆགས་ཀྱི་ས་སྟེ་འདུ་བྱེད་རྣམས་ཀྱི་མ་རིག་པ་བཞིན་ནོ། །རྒྱུའི་ མཚན་ཉིད་ནི་མ་རིག་པའི་བག་ཆགས་ཀྱི་སའི་རྐྱེན་ཅན་ཟག་པ་མེད་པའི་ལས་ཉིད་དེ་འདུ་ བྱེད་བཞིན་ནོ། །འབྱུང་བའི་མཚན་ཉིད་ནི་མ་རིག་པའི་བག་ཆགས་ཀྱི་སའི་རྐྱེན་དང་ལྡན་པ་ ཟག་པ་མེད་པའི་ལས་ཀྱི་རྒྱུ་ཅན་ཡིད་ཀྱི་རང་བཞིན་གྱི་ལུས་རྣམ་པ་གསུམ་གྲུབ་པ་སྟེ། ཉེ་ བར་ལེན་པ་བཞིའི་རྐྱེན་དང་ལྡན་པ་ཟག་བཅས་ཀྱི་ལས་ཀྱི་རྒྱུ་ཅན་གྱི་སྲིད་པ་གསུམ་མངོན་ པར་གྲུབ་པ་བཞིན་ནོ། །འཇིག་པའི་མཚན་ཉིད་ནི་ཡིད་ཀྱི་རང་བཞིན་གྱི་ལུས་རྣམ་པ་གསུམ་ མངོན་པར་འགྲུབ་པའི་རྐྱེན་ཅན་བསམ་གྱིས་མི་ཁྱབ་པར་བསྒྱུར་བའི་འཆི་འཕོ་བ་སྟེ་སྐྱེ་བའི་ རྐྱེན་གྱིས་རྒ་ཤི་བཞིན་ནོ། །དེ་ལ་དགྲ་བཅོམ་པ་དང་རང་སངས་རྒྱས་དང་དབང་ཐོབ་པའི་ བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉེ་བའི་ཉོན་མོངས་པ་ཐམས་ཅད་ཀྱི་རྟེན་དུ་གྱུར་པ། མ་ རིག་བག་ཆགས་ཀྱི་ས་མ་སྤངས་པས་ན་ཉོན་མོངས་པའི་དྲི་མ་དྲི་ང་བའི་བག་ཆགས་ཐམས་ 1-1-70 ཅད་དང་ལྡན་པའི་ཕྱིར། གཙང་བའི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་མཐར་ཕྱིན་པ་མི་འཐོབ་ པོ། །མ་རིག་བག་ཆགས་ཀྱི་ས་དེ་ཉིད་ལ་བརྟེན་ནས་མཚན་མའི་སྤྲོས་པ་ཀུན་ཏུ་སྤྱོད་པ་ཕྲ་ མོ་དང་ལྡན་པའི་ཕྱིར་བདག་གི་ཕ་རོལ་ཏུ་ཕྱིན་པ། ཤིན་ཏུ་མངོན་པར་འདུས་མ་བྱས་པ་མི་ འཐོབ་པོ། །མ་རིག་བག་ཆགས་ཀྱི་ས་དེ་དང་མ་རིག་བག་ཆགས་ཀྱི་སའི་རྐྱེན་ཅན་མཚན་ མའི་སྤྲོས་པ་ཀུན་ཏུ་སྤྱོད་པ་ཕྲ་མོས་ཀུན་ནས་བླང་བ། ཟག་པ་མེད་པའི་ལས་ལ་བརྟེན་ནས་ ཡིད་ཀྱི་རང་བཞིན་གྱི་ཕུང་པོ་གསུམ་འབྱུང་བའི་ཕྱིར། དེ་འགག་པས་ཤིན་ཏུ་བདེ་བའི་ཕ་ རོལ་ཏུ་ཕྱིན་པ་མི་འཐོབ་པོ། །ཇི་སྲིད་དུ་ཉོན་མོངས་པ་དང་ལས་དང་སྐྱེ་བའི་ཀུན་ནས་ཉོན་ མོངས་པ་མ་ལུས་པ་འགགས་པ་ལས་གྱུར་པ། དེ་བཞིན་གཤེགས་པའི་ཁམས་མངོན་དུ་མ་ བྱས་པ་དེ་སྲིད་དུ་བསམ་གྱིས་མི་ཁྱབ་པར་ཡོངས་སུ་བསྒྱུར་བ་དང་ལྡན་པའི་འཆི་འཕོ་བ་དང་ མི་འབྲལ་བའི་ཕྱིར། གཞན་དུ་འགྱུར་བ་མེད་པའི་རྟག་པའི་ཕ་རོལ་ཏུ་ཕྱིན་པ་མི་འཐོབ་བོ། ། དེ་ལ་མ་རིག་བག་ཆགས་ཀྱི་ས་ནི་ཉོན་མོངས་པའི་ཉོན་མོངས་པ་བཞིན་ནོ། །ཟག་པ་མེད་ པའི་ལས་མངོན་པར་འདུ་བྱེད་པ་ནི་ལས་ཀྱི་ཀུན་ནས་ཉོན་མོངས་པ་བཞིན་ནོ། །ཡིད་ཀྱི་ རང་བཞིན་གྱི་ལུས་རྣམ་པ་གསུམ་མངོན་པར་འགྲུབ་པ་དང་བསམ་གྱིས་མི་ཁྱབ་པར་ཡོངས་ སུ་བསྒྱུར་བ་དང་ལྡན་པའི་འཆི་འཕོ་བ་ནི་སྐྱེ་བའི་ཀུན་ནས་ཉོན་མོངས་པ་བཞིན་ནོ། །གཞུང་ འདི་ཡང་རྒྱས་པར་ནི་མདོ་ཇི་ལྟ་བ་བཞིན་དུ་རྟོགས་པར་བྱ་སྟེ་བཅོམ་ལྡན་འདས་དཔེར་ན་ ལེན་པའི་རྐྱེན་ཀྱིས་ཟག་པ་དང་བཅས་པའི། ལས་ཀྱི་རྒྱུ་ལས་བྱུང་བ་སྲིད་པ་གསུམ་འབྱུང་ པ་དེ་བཞིན་དུ། བཅོམ་ལྡན་འདས་མ་རིག་བག་ཆགས་ཀྱི་སའི་རྐྱེན་ཀྱིས་ཟག་པ་མེད་པའི་ ལས་ཀྱི་རྒྱུ་ལས་བྱུང་བའི་དགྲ་བཅོམ་པ་དང་རང་སངས་རྒྱས་དང༌། དབང་ཐོབ་པའི་བྱང་ ཆུབ་སེམས་དཔའ་རྣམས་ཀྱི་ཡིད་ཀྱི་རང་བཞིན་གྱི་ལུས་གསུམ་འབྱུང་སྟེ། བཅོམ་ལྡན་འདས་ མ་རིག་བག་ཆགས་ཀྱི་ས་གསུམ་པོ་འདི་དག་ཏུ་ཡིད་ཀྱི་རང་བཞིན་གྱི་ལུས་གསུམ་པོ་འདི་ 1-1-71 དག་འབྱུང་བ་དང༌། ཟག་མེད་ཀྱི་ལས་མངོན་པར་འགྲུབ་པའི་རྐྱེན་ལགས་སོ་ཞེས་རྒྱས་པར་ འབྱུང་ངོ༌། །གང་གི་ཕྱིར་ཉན་ཐོས་དགྲ་བཅོམ་པ་དང་རང་སངས་རྒྱས་དང་དབང་ཐོབ་པའི་ བྱང་ཆུབ་སེམས་དཔའི་ཡིད་ཀྱི་རང་བཞིན་གྱི་ལུས་འདི་གསུམ་ལ། གཙང་བ་དང་བདག་དང་ བདེ་བ་དང་རྟག་པའི་ཕ་རོལ་ཏུ་ཕྱིན་པ་མེད་པ་དེའི་ཕྱིར། དེ་བཞིན་གཤེགས་པའི་ཆོས་ཀྱི་ སྐུ་ཁོ་ན་རྟག་པའི་ཕ་རོལ་ཏུ་ཕྱིན་པ་བདེ་བའི་ཕ་རོལ་ཏུ་ཕྱིན་པ་བདག་གི་ཕ་རོལ་ཏུ་ཕྱིན་པ་ གཙང་བའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་སོ། །འདིས་གང་ཟག་གསུམ་པོ་འདི་ལ་ཆོས་སྐུ་རྫོགས་ པར་ཐོབ་པའི་ཚུལ་གྱི་མེད་པ་བསྟན་གྱི་མ་ཐོབ་པ་ཆོས་ཉིད་དུ་ཡོད་པ་མ་བཀག་གོ ། གཉིས་པ་ནི་འབྲས་བུ་སངས་རྒྱས་ཀྱི་ཆོས་སྐུ་དེ་ནི་གཙང་བའི་ཕ་རོལ་ཏུ་ཕྱིན་པ་ཡིན་ཏེ། སྤྱིའི་མཚན་ཉིད་རང་བཞིན་གྱིས་ཡོངས་སུ་དག་པའི་ཕྱིར་དང༌། རང་གི་མཚན་ཉིད་གློ་བུར་ གྱི་དྲི་མ་བག་ཆགས་དང་བཅས་པ་སྤངས་བའི་ཕྱིར་རོ། །དེ་བདག་དམ་པའི་ཕ་རོལ་ཏུ་ཕྱིན་ པ་ཡིན་ཏེ། མུ་སྟེགས་ཀྱི་མཐའ་དང་བྲལ་བའི་བདག་གི་སྤྲོས་པ་དང་བྲལ་བའི་ཕྱིར་དང་ཉན་ ཐོས་ཀྱི་མཐའ་སྤངས་པས་བདག་མེད་པའི་སྤྲོས་པ་དག་ཉེར་བར་ཞི་ཞིང་བྲལ་བས་སོ། །དེ་ བདག་ཕ་རོལ་ཏུ་ཕྱིན་པ་ཡིན་ཏེ། སྡུག་ཀུན་གྱི་རྣམ་པ་ཐམས་ཅད་སྤངས་པས་དེའི་རྒྱུ་བག་ ཆགས་ཀྱི་མཚམས་སྦྱོར་བ་ལོག་ཅིང་བཅོམ་པའི་ཕྱིར་དང༌། སྡུག་བསྔལ་འགོག་པའི་རྣམ་ པ་ཐམས་ཅད་མངོན་པར་འདུས་བྱས་པས་ཡིད་ཀྱི་རང་བཞིན་གྱི་ཕུང་པོའམ་ལུས་འགགས་ པ་མངོན་དུ་བྱས་པའི་ཕྱིར་རོ། །དེ་རྟག་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་ཏེ། འཁོར་བ་མི་རྟག་པ་ མི་འབྲིད་པས་ཆད་པའི་མཐར་མ་ལྷུང་བའི་ཕྱིར་དང༌། མྱ་ངན་ལས་འདས་པ་རྟག་པ་མི་སྣོན་ པས་རྟག་པའི་མཐར་མ་ལྷུང་ཞིང་འཁོར་འདས་གཉིས་ཆོས་ཉིད་ཀྱི་ཚུལ་གྱི་མཉམ་པ་ཉིད་ དང་རྫོགས་པར་རྟོགས་པའི་ཕྱིར་རོ། །དཔལ་ཕྲེང་དུ། བཅོམ་ལྡན་འདས་གལ་ཏེ་འདུ་བྱེད་ མི་རྟག་གོ་ཞེས་བགྱི་བར་བལྟ་ན་དེ་ནི་དེའི་ཆད་པའི་ལྟ་བར་འགྱུར་ཏེ་དེ་ནི་དེའི་ཡང་དག་ 1-1-72 པའི་ལྟ་བ་མ་ལགས་སོ། །བཅོམ་ལྡན་འདས་གལ་ཏེ་མྱ་ངན་འདས་པ་རྟག་པ་ཞེས་བགྱི་བར་ ལྟ་ན་དེ་ནི་དེའི་རྟག་པའི་ལྟ་བར་འགྱུར་ཏེ་དེ་ནི་དེའི་ཡང་དག་པའི་ལྟ་བ་མ་ལགས་སོ་ཞེས་ གསུངས་སོ། །ཆོས་དབྱིངས་ཀྱི་ཚུལ་གྱི་སྒོ་འདིས་ནི་དོན་དམ་པར་འཁོར་བ་དང་མྱ་ངན་ལས་ འདས་པ་མཉམ་པར་བརྗོད་པ་ཡིན་ཏེ། གཉི་ག་ལྟར་རྣམ་པར་མི་རྟོག་པ་མི་གནས་པའི་མྱ་ ངན་ལས་འདས་པ་མངོན་དུ་བྱེད་པའི་ཕྱིར་རོ་ཞེས་སོ། །འདིར་འཁོར་འདས་མཉམ་པ་ནི་ ཆོས་ཉིད་ཀྱི་འཁོར་འདས་ཡིན་གྱི་ཐེག་པ་ཐུན་མོང་བ་ལ་གྲགས་པའི་འཁོར་འདས་མིན་ ནོ། །དེས་ན་གལ་ཏེ་འདུ་བྱེད་མི་རྟག་ཅེས་སོགས་ཀྱི་མདོའི་འགྱུར་ཅུང་ཉེས་ལ་འགྲེལ་པའི་ ལེགས་སོ། ། གསུམ་པ་ནི་བྱང་སེམས་འཕགས་པ་རྣམས་ནི་ལོག་སྲེད་ཅན་འདོད་ཆེན་པ་ལྟར་འཁོར་ བར་ལྟུང་བའམ་ཉན་རང་ཞི་བ་བགྲོད་པ་ཕྱོགས་གཅིག་པ་ལྟར། མྱ་ངན་ལས་འདས་པར་ ལྟུང་བར་མི་འགྱུར་བར་མི་གནས་པའི་མྱང་འདས་ཆེན་པོ་མངོན་དུ་བྱེད་དེ། ཕུང་པོ་ལ་ བདག་ཏུ་སྲེད་ཅིང་ཆགས་པ་བག་ལ་ཉལ་དང་བཅས་པ་མ་ལུས་པ་བདག་མེད་རྟོགས་པས་ ཤེས་རབ་ཀྱིས་བཅད་དེ་སྤངས་པས་སྲིད་པ་ལ་ཉེ་བ་མིན་ཞིང༌། སྙིང་རྗེ་ཆེན་པོས་སེམས་ ཅན་ཐམས་ཅད་ལ་སྲེད་ཅིང་ཆགས་ཏེ་དེ་དག་གི་དོན་སྒྲུབ་པའི་ཕྱིར་སྲིད་པ་ལ་རིང་བ་མིན་ པའི་ཕྱིར་དང༌། བདག་མེད་རྟོགས་པའི་བློ་གྲོས་དང་སེམས་ཅན་ལ་དམིགས་པའི་སྙིང་བརྩེ་ གཉིས་པོས་བླ་མེད་བྱང་ཆུབ་པའི་ཐབས་བསྟེན་ནས་གོ མས་པར་བྱས་པའི་ཕྱིར་རོ། ། གསུམ་པ་བྱེད་ལ་ནི། གལ་ཏེ་སེམས་ཅན་ལ་སངས་རྒྱས་ཀྱི་ཁམས་བདེ་གཤེགས་སྙིང་ པོ་མེད་ན་སྲིད་པའི་སྐྱོན་སྡུག་བསྔལ་ལས་སྐྱོ་བར་མི་འགྱུར་ཞིང༌། མྱ་ངན་འདས་པས་བདེ་བ་ ལ་འདོད་པ་དང་དོན་དུ་གཉེར་བ་དང་སྨོན་པ་ཡང་མེད་པར་འགྱུར་ཏེ། དཔལ་ཕྲེང་དུ་བཅོམ་ ལྡན་འདས་གལ་ཏེ་དེ་བཞིན་གཤེགས་པའི་སྙིང་པོ་མ་མཆིས་ན་ནི་སྡུག་བསྔལ་ལ་སྐྱོ་བར་མི་ 1-1-73 འགྱུར་ལ། མྱང་འདས་ལ་འདོད་པ་དང་འདུན་པ་དང་དོན་དུ་གཉེར་བ་དང་སྨོན་པ་མེད་པར་ འགྱུར་རོ་ཞེས་སོ། །དེས་ནས། སངས་རྒྱས་ཀྱི་ཁམས་རྣམ་པར་དག་པའི་རིགས་ནི། ལོག་ པ་ཉིད་དུ་ངེས་པའི་སེམས་ཅན་རྣམས་ལའང་ལས་རྣམ་པ་གཉིས་ཉེ་བར་གནས་པར་བྱེད་ དེ། སེམས་ཅན་རྣམས་ལ་སྲིད་པ་ལ་སྡུག་བསྔལ་གྱི་ཉེས་པ་མཐོང་བ་ལ་བརྟེན་ནས་སྐྱོ་བ་ བསྐྱེད་པར་བྱེད་པ་དང༌། མྱང་འདས་ལ་བདེ་བའི་ཕན་ཡོན་མཐོང་བ་ལ་བརྟེན་ནས་འདུན་པ་ དང༌། འདོད་པ་དང་དོན་དུ་གཉེར་བ་དང་སྨོན་པ་བསྐྱེད་པར་བྱེད་པས་སོ། །དེ་ལ་འདུན་པ་ ནི་མངོན་པར་འདོད་པའོ། །འདོད་པ་ནི་མངོན་པར་འདོད་པའི་དོན་ཐོབ་པ་ལ་ཕྱོགས་པའོ། ། དོན་དུ་གཉེར་བ་ནི་མངོན་པར་འདོད་པའི་དོན་ཐོབ་པའི་ཐབས་ཚོལ་བའོ། །སྨོན་པ་ནི་གང་ མངོན་པར་འདོད་པའི་དོན་ལ་སེམས་མངོན་པར་འདུ་བྱེད་པའོ། །ཁྱབ་སྟེ། དཀར་པོའི་ཆ་ དང་ལྡན་པའི་གང་ཟག་གིས་འཁོར་བའི་སྐྱོན་མཐོང་བ་དང༌། མྱང་འདས་ཀྱི་ཕན་ཡོན་མཐོང་ བ་འདི་ཡང་རིགས་ཡོད་པ་ལས་ཡིན་གྱི་རྒྱུ་མེད་རྐྱེན་མེད་པར་མིན་ནོ། །ཅིའི་ཕྱིར་ཞེ་ན་གལ་ ཏེ་སྡིག་ཏོ་སེལ་བའི་ཚུལ་གྱིས་རྒྱུ་མེད་རྐྱེན་མེད་པར་གྱུར་ན། ལོག་སྲེད་ཅན་ཡོངས་སུ་མྱ་ངན་ ལས་མི་འདའ་བའི་རིགས་ཅན་རྣམས་ལ་དེར་འགྱུར་ན། གང་གི་ཕྱིར་ཇི་སྲིད་དུ་གློ་བུར་གྱི་དྲི་ མ་རྣམ་པར་དག་པའི་རིགས། སྐྱེས་བུ་དམ་པ་ལ་ནི་བསྟེན་པ་དང༌། མཐུན་པར་གྱུར་པའི་ ཡུལ་ན་གནས་པ་དང༌། །སྔོན་ཡང་ལེགས་སྨོན་བདག་གི་བསོད་ནམས་ཏེ། །འཁོར་ལོ་ཆེན་ པོ་ནི་བཞི་ནི་ཁྱོད་ལ་མངའ༌། །ཞེས་བཤེས་སྤྲིང་དུ་བྱུང་བ་འཁོར་ལོ་བཞི་ཡང་དག་པར་སྦྱོར་ བའི་ཚུལ་གྱིས་ཐེག་པ་གསུམ་ལས། གང་ཡང་རུང་བའི་ཆོས་ལ་མོས་པ་བསྐྱེད་པར་བྱེད་པ་ མེད་པ་དེ་སྲིད་དུ་འགྱུར་བ་མིན་པའི་ཕྱིར་རོ། །དེའི་འོག་ཏུ་ནི་ཐ་ན་ལོག་པ་ཉིད་དུ་ངེས་པའི་ རྒྱུད་དུ་གྱུར་པའི་སེམས་ཅན་རྣམས་ཀྱི་ལུས་ལ་ཡང༌། དེ་བཞིན་གཤེགས་པའི་ཉི་མའི་དཀྱིལ་ འཁོར་གྱི་ཡེ་ཤེས་གྱི་འོད་ཟེར་ཕོག་པའི་དེ་དག་ལ་ཕན་ཐོགས་པར་འགྱུར་ཞིང༌། མ་འོངས་ 1-1-74 པའི་རྒྱུ་ཡང་དག་པར་བསྐྱེད་པས་ན་དགེ་བའི་ཆོས་རྣམས་ཀྱི་རྣམ་པར་འཕེལ་བར་འགྱུར་རོ་ ཞེས་གསུངས་སོ། །འདི་སྐད་དུ་ལོག་སྲེད་ཅན་གཏན་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ ཆོས་ཅན་ཞེས་གསུངས་པ་གང་ཡིན་པ་དེ་ནི་ཐེག་ཆེན་གྱི་ཆོས་ལ་སྡང་བ་ལོག་སྲེད་ཅན་ཉིད་ ཀྱི་རྒྱུ་ཡིན་པའི་ཕྱིར། ཐེག་ཆེན་གྱི་ཆོས་ལ་སྡང་བ་ཟློག་པའི་དོན་དུ་དུས་གཞན་ལ་དགོངས་ཏེ་ གསུངས་པའོ། །རང་བཞིན་གྱིས་རྣམ་པར་དག་པའི་རིགས་ཡོད་པའི་ཕྱིར་འགའ་ཡང་གཏན་ རྣམ་པར་དག་པར་མི་འགྱུར་བ་ནི་འོས་པ་མིན་ཏེ། གང་གི་ཕྱིར་བཅོམ་ལྡན་འདས་ཀྱིས་ཁྱད་ པར་མེད་པར་སེམས་ཅན་ཐམས་ཅད་ལ་རྣམ་པར་དག་པར་རུང་བ་ཉིད་ཡོད་པ་ལ་དགོངས་ ནས། ཐོག་མེད་གྱུར་ཀྱང་ཐ་མ་དང་ལྡན་པ། །རང་བཞིན་གྱིས་དག་རྟག་པའི་ཆོས་ཅན་ནི། ། ཐོག་མེད་སྦུབས་ཀྱིས་བསྒྲིབས་ཕྱིར་མི་མཐོང་སྟེ། །ཇི་ལྟར་གསེར་གྱི་གཟུགས་ནི་བསྒྲིབས་ པ་བཞིན། །ཞེས་གསུངས་སོ། ། གསུམ་པ་ལྡན་པའི་དོན་ལ་བསྟན་བཤད་གཉིས་ལས་དང་པོ་ནི། བདེ་གཤེགས་སྙིང་ པོ་ནི་རྒྱུའི་ཡོན་ཏན་ཅན་ཏེ། ཇི་ལྟར་རྒྱ་མཚོ་ཆེན་པོ་སྣོད་ཡངས་པར་རིན་ཆེན་དང་ཆུ་དཔག་ མེད་འདུ་བ་བཞིན་དུ། ཁྱོད་ཀྱང་མོས་པའི་སྣོད་དུ་དཔག་མེད་ཟད་མི་ཤེས་པའི་ཤེས་རབ་ དང་ཏིང་ངེ་འཛིན་གྱི་ཡོན་ཏན་གྱི་རིན་ཆེན་དང་ཐུགས་རྗེའི་ཆུ་མི་ཟད་པའི་གནས་ཡིན་པས་ སོ། །དེ་འབྲས་བུའི་ཡོན་ཏན་ཅན་ཏེ། ཇི་ལྟར་མར་མེ་ལ་སྣང་བ་དང་དྲོ་བ་མདོག་དབྱེར་མེད་ དུ་ཡོད་པ་བཞིན་དུ། མངོན་ཤེས་ལྔ་དང་ཟག་པ་མེད་པའི་ཡེ་ཤེས་དང་ཟག་པ་ཟད་པ་རྣམས་ དབྱེར་མེད་པའི་ཡོན་ཏན་དང་ལྡན་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། ། གཉིས་པ་ལ་གཉིས་ཀྱི་རྒྱུའི་ཡོན་ཏན་ནི་དེ་བཞིན་གཤེགས་པའི་སྙིང་པོ་འདི་ནི་སྣོད་ དང་རིན་ཆེན་དང་ཆུ་ཡོད་པ་ཡིས་རྒྱ་མཚོ་དང་ནི་མཚུངས་པར་བསྟན་ཏེ། ཆོས་སྐུ་རྣམ་པར་ དག་པའི་རྒྱུ་དང་རྒྱལ་བའི་ཡེ་ཤེས་ཐོབ་པའི་རྒྱུ་དང་རྒྱལ་བའི་ཐུགས་རྗེ་ཆེན་པོ་འཇུག་པའི་ 1-1-75 རྒྱུའམ་ཁམས་ནི་བསྡུས་པའི་ཕྱིར་རོ། །དེ་ཡང་གོ་རིམ་ཇི་ལྟ་བར་ཆོས་ཀྱི་སྐུ་རྣམ་པར་དག་ པའི་རྒྱུ་ཐེག་ཆེན་ཆོས་ལ་མོས་པ་བསྒོམས་པ་ནི། སྣོད་དང་ཆོས་མཐུན་པ་སྟེ། དཔག་ཏུ་མེད་ པ་དང་ཟད་མི་ཤེས་པའི་ཤེས་རབ་དང་ཏིང་ངེ་འཛིན་གྱི་རིན་པོ་ཆེ་དང་ཐུགས་རྗེའི་ཆུ་རྣམས་ འདུ་བས་སོ། །རྒྱལ་བའི་ཡེ་ཤེས་ཐོབ་པའི་རྒྱུ་ཤེས་རབ་དང་ཏིང་ངེ་འཛིན་བསྒོམ་པ་ནི་རིན་ པོ་ཆེ་དང་ཆོས་མཐུན་པ་སྟེ། དེ་ནི་རྣམ་པར་རྟོག་པ་མེད་པས་ཕྱིར་དང་མཐུ་བསམ་གྱིས་མི་ ཁྱབ་པའི་ཡོན་ཏན་དང་ལྡན་པས་སོ། །རྒྱལ་བའི་ཐུགས་རྗེ་ཆེན་པོ་འཇུག་པའི་རྒྱུ་བྱང་ཆུབ་ སེམས་དཔའི་སྙིང་རྗེ་ཆེན་པོ་བསྒོམ་པ་ནི་ཆུ་དང་ཆོས་མཐུན་པ་སྟེ། དེ་ནི་འགྲོ་བ་ཐམས་ཅད་ ལ་མཆོག་ཏུ་རླན་པའི་རང་བཞིན་གྱིས་རོ་གཅིག་པ་དང་ལྡན་པས་སོ། །ཆོས་ གསུམ་པོ་དེ་དག་ཀྱང་རྒྱུ་གསུམ་པོ་འདིས་དེ་དང་འབྲེལ་པ་དང་ལྡན་པ་ནི་ལྡན་པ་ཞེས་ བརྗོད་དོ། ། གཉིས་པ་འབྲས་བུའི་ཡོན་ཏན་ནི། དྲི་མ་མེད་པས་གནས་རྒྱལ་བའི་ཁམས་ནི་མར་མེ་ དང་ཆོས་མཚུངས་པ་ཅན་ཏེ། དེ་ལ་མངོན་པར་ཤེས་པ་ལྔ་དང་ཟག་པ་མེད་པའི་ཡེ་ཤེས་དང་ དྲི་མེད་ཟག་པ་ཟད་པ་དེ་ཉིད་དང་རྣམ་པར་དབྱེར་མེད་པར་གནས་པའི་ཕྱིར་རོ། །དེ་ཡང་གོ་ རིམ་ཇི་ལྟ་བར་མངོན་ཤེས་ལྔ་ནི་སྣང་བ་དང་ཆོས་མཚུངས་ཏེ། དེ་དག་ནི་དོན་ཉམས་སུ་མྱོང་ བའི་མི་མཐུན་པའི་ཕྱོགས་ཀྱི་མུན་པ་འཇོམས་པ་ཉིད་དུ་ཉེ་བར་གནས་པའི་མཚན་ཉིད་ཀྱི་ ཕྱིར་རོ། །ཟག་པ་མེད་པའི་ཡེ་ཤེས་ནི་དྲོ་བ་དང་ཆོས་མཚུངས་ཏེ། ལས་དང་ཉོན་མོངས་པའི་ བུད་ཤིང་མ་ལུས་པ་སྲེག་པར་ཉེ་བར་གནས་པའི་མཚན་ཉིད་ཀྱི་ཕྱིར་རོ། །གནས་ཡོངས་སུ་ གྱུར་པ་ཟག་པ་ཟད་པ་ནི་མདོག་དང་ཆོས་མཚུངས་ཏེ། ཉོན་སྒྲིབ་སྤངས་པས་ཤིན་ཏུ་དྲི་མ་ མེད་པ། ཤེས་སྒྲིབ་སྤངས་པས་རྣམ་པར་དག་པ་དེ་གཉི་ག་གློ་བུར་བ་ཉིད་ཀྱི་རང་བཞིན་མིན་ པའི་འོད་གསལ་བའི་མཚན་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ཟག་པ་མེད་པའི་མངོན་པར་ཤེས་པ་ 1-1-76 ལྔ་དང་ཡེ་ཤེས་དང་སྤངས་པས་བསྡུས་པ་མི་སློབ་པའི་ལམ་གྱི་ཆོས་བདུན་པོ་འདི་དག་ཟག་ པ་མེད་པའི་དབྱིངས་ན། ཕན་ཚུན་རྣམ་པར་དབྱེ་བ་མེད་པ་ཉིད་སོ་སོ་མིན་པས་ཆོས་དབྱིངས་ དང་མཉམ་པ་ཉིད་ཀྱིས་ལྡན་པ་ནི་ལྡན་པ་ཞེས་བྱའོ། །འགྲིབ་འཕེལ་མེད་པའི་མདོར། ཤཱ་ རིའི་བུ་དཔེར་ན་མར་མེ་ནི་འདི་ལྟ་སྟེ་སྣང་བ་དང་དྲོ་བ་དང་མདོག་དག་གིས་སམ་ནོར་བུ་ནི་ སྣང་བ་དང་མདོག་དང་དབྱིབས་དག་གིས་རྣམ་པར་དབྱེར་མེད་པའི་ཆོས་ཅན་མ་བྲལ་བའི་ ཡོན་ཏན་ཅན་ནོ། །ཤཱ་རིའི་བུ་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ནི་འདི་ལྟ་སྟེ་གངྒཱའི་ཀླུང་གི་ བྱེ་མ་སྙེད་ལས་འདས་པ་དེ་བཞིན་གཤེགས་པས་ཆོས་རྣམས་ཀྱི་རྣམ་པར་དབྱེ་བ་མེད་པའི་ ཆོས་ཅན་དང་མ་བྲལ་བའི་ཡེ་ཤེས་ཀྱི་ཡོན་ཏན་ཅན་ནོ་ཞེས་ཏེ། འགྲེལ་པ་དང་མདོ་འདིས་ ཡོན་ཏན་རྣམས་ཆོས་ཉིད་ཀྱིས་ཕྱེ་བར་བསྟན་པས་འདུས་བྱས་སུ་འདོད་པ་བཀག་གོ ། བཞི་པ་འཇུག་པའི་རབ་དབྱེ་ནི། བདེ་གཤེགས་སྙིང་པོ་ནི་ཆོས་ཅན། ཁྱོད་ལ་བརྟེན་ པའི་སྒོ་ནས་དབྱེ་ན་གསུམ་ཡོད་དེ། དེ་ཁོ་ན་མ་མཐོང་བ་སོ་སོའི་སྐྱེ་བོའི་དེ་བཞིན་ཉིད་དང་ དེ་ཁོ་ན་མཐོང་བ་བྱང་སེམས་འཕགས་པའི་དེ་བཞིན་ཉིད་དང༌། དེ་ཁོ་ན་མཐོང་བ་རྣམ་པར་ དག་པའི་མཐར་ཕྱིན་པ་རྫོགས་པའི་སངས་རྒྱས་ཀྱི་དེ་བཞིན་ཉིད་ཀྱི་འཇུག་པ་རྣམས་ཡོད་པ་ ལས་སོ། །དོན་འདིའི་དབང་དུ་བྱས་ནས་དེ་ཁོ་ན་ཉིད་གཟིགས་པ་སངས་རྒྱས་ཀྱི་དེ་བཞིན་ གཤེགས་པའི་ཁམས་ལ་ཤེར་ཕྱིན་ལ་སོགས་པར་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྒོ་ལས། གདམས་པ་ལ་བརྩམས་ཏེ་བྱང་ཆུབ་སེམས་དཔའི་སེམས་ཅན་རྣམས་ལ་རྒྱལ་བའི་སྙིང་པོ་ ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་རྣམ་པར་དག་པའི་ཕྱིའི་མཚན་ཉིད་བསྟན་ཏེ། བསྟན་པའི་ རྒྱུད་རིམ་པར་དག་སྟེ། ཐོག་མར་བྱིས་པ་སོ་སོའི་སྐྱེ་བོ་རྣམས་འདུ་ཤེས་དང་སེམས་དང་ལྟ་ བ་ཕྱིན་ཅི་ལོག་གསུམ་ལ་གནས་སོ། །དེ་གསུམ་དག་པས་བདེན་པ་མཐོང་བར་བྱང་འཕགས་ རྣམས་དེ་ལས་ཟློག་པ་སྟེ་ཕྱིན་ཅི་མ་ལོག་པའོ། །དེ་པ་རྣམས་ནི་ཡང་དག་པ་ཇི་ལྟ་བ་བཞིན་ 1-1-77 ཕྱིན་ཅི་མ་ལོག་པ་སྤྲོས་མེད་ཉིད་ཡིན་ཏེ། བག་ཆགས་དང་བཅས་པའི་ཉོན་མོངས་པ་དང་ ཤེས་བྱའི་སྒྲིབ་པ་བཅོམ་པའི་ཕྱིར་རོ། །འདི་ཕན་ཆད་དོན་རྣམ་པ་བཞི་ཡང་འཇུག་པའི་དོན་ ཉིད་ཚུལ་གཞན་གྱིས་འཆད་པ་ལས། ལྔ་པ་གནས་སྐབས་ཀྱི་མིང་གསུམ་ནི། དེ་བཞིན་གཤེགས་པའི་སྙིང་པོ་ནི། གནས་ སྐབས་གསུམ་ལ་མིང་གསུམ་འདོགས་ཏེ། གོ་རིམ་བཞིན་མ་དག་པའི་གནས་སྐབས་སུ་ནི་ སེམས་ཅན་གྱི་ཁམས་ཞེས་བྱ་བ་དང༌། མ་དག་པ་དང་དག་པའི་གནས་སྐབས་སུ་ནི་བྱང་ ཆུབ་སེམས་དཔའ་ཞེས་བྱ་བ་དང༌། ཤིན་ཏུ་རྣམ་པར་དག་པའི་གནས་སྐབས་སུ་ནི་དེ་བཞིན་ གཤེགས་པ་ཞེས་བརྗོད་པས་སོ༑ ༑བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་རྣམ་གྲངས་ཀྱི་སྒོ་དུ་མར་ རྒྱས་པར་བསྟན་པ་ཟག་པ་མེད་པའི་ཁམས་བསྟན་པའི་ངོ་བོ་ཉིད་དང༌། ལ་སོགས་པའི་སྒྲས་ རྒྱུ་དང་འབྲས་བུ་དང་ལས་དང་ལྡན་པ་དང་འཇུག་པའི་དོན་འདི་དྲུག་གིས་ནི། བསྡུས་པའི་ ཁམས་ནི་མ་དག་པ་དང་མ་དག་དག་པ་དང་ཤིན་ཏུ་རྣམ་དག་གི་གནས་སྐབས་དང་གསུམ་ དུ། སེམས་ཅན་གྱི་ཁམས་སོགས་མིང་གསུམ་གྱིས་བསྟན་པ་ཉིད་ཡིན་གྱི་དོན་གྱི་ངོ་བོ་ལ་ དབྱེ་བ་མེད་དོ། །འགྲིབ་འཕེལ་མེད་པའི་མདོར། བཅོམ་ལྡན་འདས་ཀྱིས་ཤཱ་རིའི་བུ་ཆོས་ཀྱི་ སྐུ་འདི་ཉིད་ཉོན་མོངས་པའི་སྦུབས་བྱེ་བ་མཐའ་ཡས་པས་བཏུམས་པ་འཁོར་བའི་རྒྱུན་གྱིས་ ཁྱེར་བ་ཐོག་མ་དང༌། ཐ་མ་མེད་པའི་འཁོར་བའི་འགྲོ་བར་འཆི་བ་དང་སྐྱེ་བ་དག་ཏུ་འཁོར་བ་ ནི་སེམས་ཅན་གྱི་ཁམས་ཞེས་བརྗོད་དོ། །ཤཱ་རིའི་བུ་ཆོས་ཀྱི་སྐུ་འདི་ཉིད་འཁོར་བའི་རྒྱུན་གྱི་ སྡུག་བསྔལ་ལ་སྐྱོ་བར་འགྱུར་བར་འདོད་པའི་ཡུལ་ཐམས་ཅད་ལ་ཆགས་པ་དང་བྲལ་བ༑ ཕ་ རོལ་ཏུ་ཕྱིན་པ་བཅུའི་ཁོངས་སུ་གཏོགས་པ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་དག་གིས་བྱང་ ཆུབ་ཀྱི་དོན་དུ་སྤྱད་པ་སྤྱོད་པ་ནི་བྱང་ཆུབ་སེམས་དཔའ་ཞེས་བརྗོད་དོ། །ཤཱ་རིའི་བུ་ཆོས་ཀྱི་ སྐུ་དེ་ཉིད་ཉོན་མོངས་པའི་སྦུབས་ཐམས་ཅད་ལས་ཡོངས་སུ་གྲོལ་བ་སྡུག་བསྔལ་ཐམས་ཅད་ 1-1-78 ལས་འདས་པ་ཉེ་བའི་ཉོན་མོངས་པའི་དྲི་མ་མཐའ་དག་དང་བྲལ་བ། དག་པ་རྣམ་པར་དག་ པ་མཆོག་ཏུ་དག་པའི་ཆོས་ཉིད་ལ་གནས་པ་སེམས་ཅན་ཐམས་ཅད་ཀྱི་ལྟ་བར་བྱ་བའི་ས་ལ་ བཞུགས་པ། ཤེས་བྱའི་ཆོས་ཐམས་ཅད་ལ་གཉིས་སུ་མེད་པའི་སྐྱེས་བུའི་མཐུ་ཐོབ་པ་སྒྲིབ་པ་ མེད་པའི་ཆོས་ཅན་ཆོས་ཐམས་ཅད་ཀྱི་དབང་ཕྱུག་གི་སྟོབས་ཐོགས་པ་མེད་པ་ཐོབ་པ་ནི། དེ་ བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བརྗོད་དོ་ཞེས་ སོ། ། དྲུག་པ་ཀུན་འགྲོའི་དོན་ནི། སེམས་ཀྱི་རང་བཞིན་དྲི་མ་མེད་པའི་དབྱིངས་བདེ་གཤེགས་ སྙིང་པོ་ནི། ཇི་ལྟར་རྟོག་པ་མེད་པའི་བདག་ཉིད་ཅན་གྱི་ནམ་མཁའ་ས་དང་ཟངས་དང་གསེར་ སོགས་གཟུགས་ཅན་ཀུན་ཏུ་ཁྱབ་པར་རྗེས་སུ་སོང་བ་ལྟར་བཞིན་ནོ། །སོ་སོའི་སྐྱེ་བོ་དང་ བྱང་འཕགས་དང་རྫོགས་པའི་སངས་རྒྱས་ཀྱི་ས་ཀུན་ཏུ་ཁྱབ་པར་འགྲོ་བ་ཉིད་ཡིན་པས་སོ། ། དེ་ཡང་ཁམས་བདེ་གཤེགས་སྙིང་པོ་དེ་ནི་ཆོས་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་དམ་ཆོས་ ཉིད་ཡིན་པས། ཉེས་པ་དང་བཅས་པ་སེམས་ཅན་དང་ཡོན་ཏན་དང་བཅས་པ་སློབ་པ་དང་ ཡོན་ཏན་མཐར་ཐུག་པ་རྫོགས་པའི། སངས་རྒྱས་ཀྱི་གནས་སྐབས་ཀུན་ཏུ་རྗེས་སུ་སོང་བ་ རྗེས་སུ་ཞུགས་པ་མཚུངས་པ་དུས་ཐམས་ཅད་དུ་ཁྱབ་པར་མེད་པར་ཁྱབ་པའི་སྟེ། དཔེར་ན་ གཟུགས་ཀྱི་རྣམ་པ་དམན་པ་ས་དང་བར་མ་ཟངས་དང་མཆོག་གསེར་གྱི་སྣོད་ལ་ནམ་མཁའ་ ཡིས་ཁྱབ་པ་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་གནས་སྐབས་བསྟན་པའི་དེ་མ་ཐག་ཏུ། ཤཱ་རིའི་བུ་ དེའི་ཕྱིར་སེམས་ཅན་གྱི་ཁམས་ཀྱང་གཞན་ལ་ཆོས་ཀྱི་སྐུ་ཡང་གཞན་པ་ནི་མིན་ཏེ། སེམས་ ཅན་ཀྱི་ཁམས་ཉིད་ཆོས་ཀྱི་སྐུ་ཆོས་ཀྱི་སྐུ་ཉིད་སེམས་ཅན་གྱི་ཁམས་ཏེ། འདི་ནི་དོན་གྱིས་ གཉིས་སུ་མེད་དེ་ཡི་གེ་ཙམ་ཐ་དད་པ་ཡིན་ནོ་ཞེས་དང༌། མྱང་འདས་ཆེན་པོར། རྟག་པའི་ ཆོས་ནི་ཀུན་ཏུ་ཁྱབ་པ་སྟེ་ཇི་ལྟར་ནམ་མཁའ་ཀུན་ཏུ་ཁྱབ་པ་བཞིན་ནོ། །དེ་བཞིན་གཤེགས་ 1-1-79 པ་ཡང་དེ་དང་འདྲ་བར་ཀུན་ཏུ་ཁྱབ་པ་རྟག་པའོ་ཞེས་སོ། ། བདུན་པ་རྟག་ཏུ་མི་འགྱུར་བའི་དོན་ལ་གཉིས་ཏེ་མདོར་བསྟན་པ་དང༌། རྒྱས་པར་ བཤད་པའོ། ། དང་པོ་ནི། ཆོས་དབྱིངས་སྔར་ཉེས་པ་ཅན་ལས་ཕྱིས་ཉེས་མེད་དུ་འགྱུར་བས་འགྱུར་ བའི་རང་བཞིན་ནོ་སྙམ་ན་མིན་ཏེ། ཆོས་དབྱིངས་བདེ་གཤེགས་སྙིང་པོ་དེ་ནི། ཇི་ལྟར་སྔར་ འཁོར་བའི་ཁམས་སུ་ཡོད་པ་བཞིན་ཕྱིས་མྱང་འདས་ཐོབ་ཚེ་ཡང་དེ་བཞིན་དུ་གནས་ཤིང༌། ནམ་ཡང་འགྱུར་བ་མེད་པའི་ཆོས་ཉིད་ཡིན་ཏེ། སྔར་མ་དག་པས་དུས་སུ་ཆགས་སོགས་ཉེས་ པ་གདོད་ནས་རང་བཞིན་དུ་མེད་པར་གློ་བུར་དུ་བྱུང་བ་དང་ལྡན་པའི་ཕྱིར་དང༌། ཕྱིས་དག་ པའི་གནས་སྐབས་སུ་སྟོབས་སོགས་ཡོན་ཏན་མངོན་གྱུར་རྣམས་གདོད་ནས་རང་བཞིན་གྱིས་ ལྡན་པ་ཐོབ་པ་ཡིན་གྱི་གློ་བུར་དུ་སྐྱེས་པ་མིན་པའི་ཕྱིར་རོ། ། གཉིས་པ་ལ་གསུམ། མ་དག་པའི་གནས་སྐབས་ན་དང༌། མ་དག་པ་དག་པའི་གནས་ སྐབས་ན་དང༌། ཤིན་ཏུ་རྣམ་དག་གི་གནས་སྐབས་ན་མི་འགྱུར་བའི་དོན་ནོ། ། དང་པོ་ལ་གཉིས། ནམ་མཁའ་ལྟར་འགྱུར་བ་མེད་ཚུལ། དེ་རྣམས་ཀྱི་ཁྱད་པར་བཤད་ པའོ། །དང་པོ་ལ་གསུམ། བསྟན་བཤད་བསྡུ་བའོ། །དང་པོ་ནི་དཔེ་ཇི་ལྟར་ན་འདུས་མ་བྱས་ ཀྱི་ནམ་མཁའ་གཟུགས་ཅན་འདུས་བྱས་ཐམས་ཅད་ལ་ཁྱབ་པར་ཀུན་ཏུ་སོང་བ་ཡིན་ཡང་ཕྲ་ ཞིང་འདུས་མ་བྱས་པས་སོ། །གཟུགས་སོགས་ཀྱི་ཉེས་པ་མི་རྟག་སོགས་ཀྱིས་ནམ་ཡང་ཉེ་ བར་གོས་པ་མེད་པ་དེ་བཞིན་དུ། སེམས་ཅན་ཐམས་ཅད་ལ་ཁྱབ་པའི་གནས་བདེ་གཤེགས་ སྙིང་པོ་འདི་ལ་སེམས་ཅན་གྱི་ཉེས་པས་ཉེ་བར་གོས་པ་མེད་དེ། རང་བཞིན་གྱིས་རྣམ་པར་ དག་པས་སོ། ། རྒྱས་བཤད་ལ་ལྔ་སྟེ་ཆོས་ཅན་ལ་སྐྱེ་འཇིག་སྣང་ཚུལ། ཆོས་ཉིད་ལ་འཇིག་པ་མེད་ཚུལ། 1-1-80 དེ་དག་གི་གནས་ལུགས་བསྟན་པ། གློ་བུར་བས་འཁོར་བར་འགྱུར་ཚུལ། རང་བཞིན་ལ་ འཇིག་པ་མེད་ཚུལ་ལོ༑ ༑ དང་པོ་ནི། དཔེ་ཇི་ལྟར་ན་ཕྱི་སྣོད་ཀྱི་འཇིག་རྟེན་ཐམས་ཅད་དུ་ནམ་མཁས་གོ་ཕྱེ་བ་ལ་ ནི་རྟེན་ནས་དང་པོར་སྐྱེ་ཞིང་ཆགས་ལ་མཐར་འཇིག་ཅིང་འགག་ཀྱང་ནམ་མཁའ་ལ་ནི་སྐྱེ་ འགག་མེད་པ་དེ་བཞིན་དུ། རྒྱུ་རྐྱེན་གྱིས་འདུས་མ་བྱས་པའི་དབྱིངས་བདེ་གཤེགས་སྙིང་པོ་ ལ་རྟེན་ནས་སེམས་ཅན་གྱི་དབང་པོ་རྣམས་ནི་དང་པོ་སྐྱེ་ཞིང་འཕེལ་ལ་མཐར་འཇིག་ཅིང་ འགག་ཀྱང༌། ཆོས་དབྱིངས་ལ་སྐྱེ་འཇིག་མེད་དོ། ། གཉིས་པ་ནི་དཔེ་ཇི་ལྟར་ན་འདུས་བྱས་ཀྱི་དངོས་པོ་རྣམས་དུས་མཐའ་དང་དམྱལ་བ་ དང་ཐ་མལ་པའི་མེ་གསུམ་གྱིས་འཚིག་ཀྱང་ནམ་མཁའ་མེ་གསུམ་པོ་རྣམས་ཀྱིས། སྔོན་ཆད་ ནམ་ཡང་ཚིག་པ་མེད་པ་དེ་བཞིན་དུ་སེམས་ཅན་རྣམས་འཆི་སོགས་མེས་ཚིག་ཀྱང༌། ཆོས་ དབྱིངས་སྙིང་པོ་འདི་ནི་འཆི་བ་དུས་མཐའི་མེ་དང་ན་བ་དམྱལ་བའི་མེ་དང་རྒ་བ་ཐ་མལ་པའི་ མེས་ནམ་ཡང་མི་འཚིག་གོ །ནམ་མཁའ་མཛོད་ཀྱི་མདོར། དྲང་སྲོང་ཆེན་པོ་ཉོན་མོངས་ པ་ནི་མུན་པ་རྣམ་པར་དག་པ་ནི་སྣང་བའོ། །ཉོན་མོངས་པ་ནི་སྟོབས་ཆུང་བ་ལྷག་མཐོང་ནི་ སྟོབས་དང་ལྡན་པའོ། །ཉོན་མོངས་པ་ནི་གློ་བུར་བ་རྣམ་པར་དག་པ་ནི་རྩ་བའོ། །ཉོན་མོངས་ པ་ནི་ཀུན་ཏུ་བརྟགས་པ་རང་བཞིན་ནི་ཀུན་ཏུ་མ་བརྟགས་པའོ། །ཞེས་སོ། ། གསུམ་པ་ལ་གསུམ། དཔེ་དོན་དེ་དག་སྦྱར་བའོ། །དེ་ལ་དཔེ་ནི། འཇིག་རྟེན་ཆགས་ ཤིང་གནས་པ་ན་སའི་དཀྱིལ་འཁོར་ནི་ཆུའི་དཀྱིལ་འཁོར་ལ་བརྟེན་ཅིང་ཆུ་ནི་རླུང་གི་དཀྱིལ་ འཁོར་ལ་བརྟེན་ལ། རླུང་ནི་ནམ་མཁའ་ལ་རབ་ཏུ་གནས་པ་ཡིན་ཡང་ནམ་མཁའ་ནི་རྒྱུ་རྐྱེན་ གང་ལའང་མི་ལྟོས་པས། རླུང་དང་ཆུ་དག་དང་སའི་ཁམས་སོགས་དངོས་པོ་གང་ལ་ཡང་ གནས་པ་མིན་ནོ། །ཡང་དེ་ཉིད་དུ། དྲང་སྲོང་ཆེན་པོ་འདི་ལྟ་སྟེ་ས་ཆེན་པོ་འདི་ནི་ཆུ་ལ་རབ་ 1-1-81 ཏུ་གནས་པ་ཆུ་ནི་རླུང་ལ་རབ་ཏུ་གནས་པ། རླུང་ནི་ནམ་མཁའ་ལ་རབ་ཏུ་གནས་པ་ཡིན་ ལ། ནམ་མཁའ་ནི་གནས་པ་མེད་པའོ། །དེ་བཞིན་དུ་ཁམས་བཞི་པོ་འདི་རྣམས་ལས་སའི་ ཁམས་དང་ཆུའི་ཁམས་དང་རླུང་གི་ཁམས་པས་ནི། ནམ་མཁའི་ཁམས་ཉིད་སྟོབས་དང་ལྡན་ པ་བརྟན་པ་མི་གཡོ་བ་འགྲིབ་པ་མེད་པ་སྐྱེ་བ་མེད་པ་འགག་པ་མེད་པ་སྟེ་རང་གི་ངང་གིས་ གནས་པའོ། །དེ་ལ་ཁམས་གསུམ་པོ་གང་ཡིན་པ་དེ་དག་ནི་སྐྱེ་བ་དང་འཇིག་པ་དང་ལྡན་པ་ མི་གནས་པ་ཡུན་རིང་དུ་མི་གནས་པ་སྟེ། འདི་དག་ལ་ནི་རྣམ་པར་འགྱུར་བ་མཐོང་གི་ནམ་ མཁའ་ལ་ནི་རྣམ་པར་འགྱུར་བ་འགའ་ཡང་མེད་དོ་ཞེས་སོ། །དོན་ནི་དཔེ་ཅན་དུ་ཕུང་པོ་ལྔ་ ཁམས་བཅོ་བརྒྱད་དབང་པོ་ལྔ་སྐྱེ་མཆེད་བཅུ་གཉིས་རྣམས་རང་རྒྱུ་ལས་དང་ཉོན་མོངས་ དག་ལ་གནས་ཤིང་ལས་དང་ཉོན་མོངས་པ་ནི་ལུས་མི་གཙང་བ་ལ་གཙང་བར་འཛིན་པ་ལ་ སོགས་པའི་ཚུལ་བཞིན་མིན་པའི་ཡིད་ལ་བྱེད་པ་ལ་རྟག་ཏུ་གནས་ལ། ཚུལ་བཞིན་མིན་པ་ ཡིད་ལ་བྱེད་པ་ནི་སེམས་ཀྱི་དག་པ་བདེ་གཤེགས་སྙིང་པོ་ལ་རབ་ཏུ་གནས་མོད། སེམས་ཀྱི་ རང་བཞིན་བདེ་གཤེགས་སྙིང་པོ་ནི་ཀུན་རྫོབ་གློ་བུར་བའི་ཆོས་རྣམས་ནི་ཐམས་ཅད་ལ་ཡང་ བརྟེན་ནས་གནས་པ་མེད། འདུས་མ་བྱས་ཡིན་པས་སོ། །མདོ་དེར། དེ་བཞིན་དུ་ཕུང་པོ་དང་ ཁམས་དང་སྐྱེ་མཆེད་དེ་དག་ནི་ལས་དང་ཉོན་མོངས་པ་ལ་རབ་ཏུ་གནས་པའོ། །ལས་དང་ ཉོན་མོངས་པ་ནི་ཚུལ་བཞིན་མིན་པའི་ཡིད་ལ་བྱེད་པ་ལ་རབ་ཏུ་གནས་པའོ། །ཚུལ་བཞིན་ མིན་པའི་ཡིད་ལ་བྱེད་པ་ནི་རང་བཞིན་གྱིས་ཡོངས་སུ་དག་པ་ལ་གནས་པའོ། །དེས་ན་ སེམས་ཀྱི་རང་བཞིན་འོད་གསལ་བ་སྟེ། གློ་བུར་གྱི་ཉོན་མོངས་པས་ཉོན་མ་མོངས་པའོ་ཞེས་ བརྗོད་དོ། ། གསུམ་པ་དེ་དག་སྦྱར་བ་ནི་ཟག་བཅས་ཀྱི་ཕུང་པོ་ལྔ་དང་སྐྱེ་མཆེད་བཅུ་གཉིས་དང་ ཁམས་རྣམས་ནི་སའི་དཀྱིལ་འཁོར་ཆུ་ལ་བརྟེན་ནས་གནས་པ་དང་འདྲ་བར་ཤེས་པར་བྱ་ 1-1-82 སྟེ། རྒྱུ་ལས་དང་ཉོན་མོངས་ལ་དངོས་སུ་བརྟེན་པས་སོ། །ལུས་ཅན་རྣམས་ཀྱི་ལས་དང་ཉོན་ མོངས་པ་ནི་ཆུ་ཁམས་དཀྱིལ་འཁོར་རླུང་ལ་བརྟེན་པ་དང་འདྲ་སྟེ་རྒྱུ་ཚུལ་མིན་ཡིད་བྱེད་ལ་ བརྟེན་པས་སོ། །ཚུལ་བཞིན་མིན་པའི་ཡིད་བྱེད་ནི་རླུང་གི་ཁམས་ནམ་མཁའ་ལ་བརྟེན་པ་ དང་འདྲ་བར་བལྟ་སྟེ། རྒྱུ་སེམས་ཀྱི་དག་པ་ལ་བརྟེན་པས་སོ། །སེམས་ཀྱི་རང་བཞིན་དག་ པ་ནི་ནམ་མཁའི་ཁམས་གང་ལ་ཡང་གནས་པ་མེད་པ་བཞིན་ཏེ། དེ་གཞི་རྟེན་གང་ལ་ཡང་ བརྟེན་པ་ཅན་མིན་པས་སོ། །མདོ་དེར། དེ་ལ་ནམ་མཁའི་ཁམས་ཇི་ལྟ་བ་དེ་ལྟར་ནི་རང་ བཞིན་ནོ། །རླུང་གི་ཁམས་ཇི་ལྟ་བ་དེ་ལྟར་ནི་ཚུལ་བཞིན་མིན་པས་ཡིད་ལ་བྱེད་པའོ། །ཆུའི་ ཁམས་ཇི་ལྟ་བ་དེ་ལྟར་ནི་ལས་དང་ཉོན་མོངས་པའོ། །སའི་ཁམས་ཇི་ལྟ་བ་དེ་ལྟར་ནི་ཕུང་པོ་ དང་སྐྱེ་མཆེད་ཁམས་རྣམས་སོ། །དེས་ན་ཆོས་ཐམས་ཅད་ནི་རྩ་བ་ཡོངས་སུ་ཆད་པ་སྟེ་སྙིང་ པོ་མེད་པའི་རྩ་བ་ཅན་མི་གནས་པའི་རྩ་བ་ཅན། མ་དག་པའི་རྩ་བ་ཅན། རྩ་བ་མེད་པའི་རྩ་ བ་ཅན་ནོ་ཞེས་བརྗོད་དོ། ། བཞི་པ་ནི་ཇི་ལྟར་ནམ་མཁའ་ལ་བརྟེན་པའི་རླུང་གིས་ཆུའི་ཕུང་པོ་བརྟེན་ལ་ཆུ་ཡང་རླུང་ གིས་བསྲུབས་པས་སའི་དཀྱིལ་འཁོར་བྱུང་བ་བཞིན། ཚུལ་བཞིན་མིན་པ་ཡིད་ལ་བྱེད་པ་ ནི་སེམས་ཀྱི་རང་བཞིན་ལ་གནས་ཏེ་བརྟེན་ཅིང་རླུང་དང་འདྲ་བའི་ཚུལ་མིན་པ་ཡིད་བྱེད་ཀྱི་ ལས་དང་ཉོན་མོངས་རབ་ཏུ་ཕྱེ་ཞིང་བསྐྱེད་ལ། ལས་དང་ཉོན་མོངས་ཆུ་དང་འདྲ་བ་ལས་ནི་ ས་དང་འདྲ་བའི་ཕུང་པོ་སྐྱེ་མཆེད་ཁམས་རྣམས་བྱུང་བ་ནི་འཁོར་བའོ། །ནམ་མཁའ་ལ་སྣོད་ ཀྱི་འཇིག་རྟེན་དེ་ཆགས་པ་དང་འཇིག་པ་ལྟར། བཅུད་ཀྱི་སེམས་ཅན་ཡང་སེམས་ཀྱི་རང་ བཞིན་ལ་བརྟེན་ནས་དང་པོར་སྐྱེ་བ་དང་མཐར་འཇིག་པར་འགྱུར་བ་ཡིན་ནོ། ། ལྔ་པ་རང་བཞིན་ལ་འཇིག་པ་མེད་ཚུལ་ནི་སེམས་ཀྱི་རང་བཞིན་བདེ་གཤེགས་སྙིང་ པོ་ནི། ནམ་མཁའི་ཁམས་ལྟར་སྐྱེ་འཇིག་ཏུ་མི་འགྱུར་ཏེ་ཉེར་ལེན་གྱི་རྒྱུ་མེད་ལྷན་ཅིག་བྱེད་ 1-1-83 པའི་རྐྱེན་མེད། དེ་གཉིས་ཚོགས་པའང་མེད་པའི་ཕྱིར་དང་པོར་སྐྱེ་བ་དང་བར་དུ་གནས་པ་ དང་མཐར་འཇིག་པའང་ཡོད་པ་མིན་ནོ། །མདོ་དེར། དེ་ལ་ཚུལ་བཞིན་མིན་པ་ཡིད་ལ་བྱེད་ པ་གང་ཡིན་པ་དང༌། ལས་དང་ཉོན་མོངས་པ་གང་ཡིན་པ་དང༌། ཕུང་པོ་དང་ཁམས་དང་སྐྱེ་ མཆེད་གང་ཡིན་པའི་ཆོས་འདི་མཐའ་དག་ནི་རྒྱུ་རྐྱེན་གྱིས་བསྡུས་པས་སྐྱེ་བ་རྒྱུ་རྐྱེན་དང་བྲལ་ ན་འགག་པར་འགྱུར་གྱི། རང་བཞིན་གང་ཡིན་པ་དེ་ནི་རྒྱུ་རྐྱེན་མེད་པ། ཚོགས་པ་མེད་པ་སྐྱེ་ བ་མེད་པ་འགག་པ་མེད་པའོ། །ཞེས་སོ། ། གསུམ་པ་དོན་བསྡུ་བ་ནི། སེམས་ཀྱི་རང་བཞིན་འོད་གསལ་གང་ཡིན་པ་དེ་ནི། ནམ་ མཁའ་བཞིན་དུ་འགྱུར་བ་མེད་དེ། ཡང་དག་མིན་པའི་རྟོག་པ་ལས་བྱུང་བའི་འདོད་ཆགས་ལ་ སོགས་པ་གློ་བུར་གྱི་དྲི་མས་དེ་ཉོན་མོངས་པར་མི་འགྱུར་བས་སོ། ། གཉིས་པ་དེ་རྣམས་ཀྱི་ཁྱད་པར་བཤད་པ་ལ་གཉིས། འགྱུར་མེད་སྐྱེ་འཇིག་གིས་དབེན་ པའི་ཁྱད་པར། འགྱུར་བ་འཇིག་རྒྱུ་མེ་གསུམ་དང་མཐུན་པའི་ཁྱད་པར་རོ། ། དང་པོ་ནི། བདེ་གཤེགས་སྙིང་པོ་འདི་ནི་ལས་དང་ཉོན་མོངས་པ་ཡི་ཕུང་པོ་དང་འདྲ་ བའི་ཚོགས་རྣམས་ཀྱིས་སྔར་མེད་གསར་དུ་མངོན་པར་བསྐྱེད་ནས་འགྲུབ་པ་ཡང་མིན་ཏེ། འདུས་མ་བྱས་ཡིན་པས་སོ། །འདི་ནི་འཆི་བ་དུས་མཐའི་མེ་དང་ན་བ་དམྱལ་བའི་མེ་དང་རྒ་ བའི་མེ་ཐ་མལ་གྱི་མེ་དྲག་པོ་མི་བཟད་པས་ཀྱང་འཚིག་ཅིང་འཇིག་པར་མི་འགྱུར་ཏེ། རང་ བཞིན་དུ་མི་འགྱུར་བས་སོ། ། གཉིས་པ་ནི་སྲོག་འགྱུར་བ་འཆི་བ་དང་ཁམས་འགྱུར་བ་ན་བ་དང་ནོར་འགྱུར་བ་རྒ་བའི་ མེ་གསུམ་པོ་ནི་གོ་རིམ་བཞིན་དུ་དུས་མཐའི་མེས་འཇིག་རྟེན་འཇིག་ཅིང་འགག་པར་བྱེད་ པ་དང༌། དམྱལ་བའི་མེས་སེམས་ཅན་བསྲེགས་ནས་སྡུག་བསྔལ་སྐྱེད་པར་བྱེད་པ་དང༌། ཐ་ མལ་གྱི་མེས་བུད་ཤིང་སྲེག་ཅིང་འབྱུང་བ་སྨིན་པར་བྱེད་པ་དེ་དང་འདྲ་བར་ཤེས་པར་བྱ་སྟེ། 1-1-84 གོ་རིམ་བཞིན་དུ་སྐྱེ་མཆེད་དྲུག་བདག་གི་བ་མེད་པར་བྱེད་པ་དང་སྡུག་བསྔལ་སྣ་ཚོགས་མྱོང་ བར་བྱེད་པ་དང་འདུ་བྱེད་ཡོངས་སུ་སྨིན་པར་བྱེད་པས་སོ། །དཔལ་ཕྲེང་དུ། བཅོམ་ལྡན་ འདས་འཆི་བ་ཞེས་བགྱི་བ་དང་སྐྱེ་བ་ཞེས་བགྱི་བ་འདི་ནི་འཇིག་རྟེན་གྱི་ཐ་སྙད་དོ། །བཅོམ་ ལྡན་འདས་འཆི་བ་ཞེས་བགྱི་བ་འདི་ནི་དབང་པོ་འགག་པའོ། །བཅོམ་ལྡན་འདས་སྐྱེ་བ་ཞེས་ བགྱི་བ་འདི་ནི་དབང་པོ་གསར་པ་རྣམས་ཐོབ་པའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་ པའི་སྙིང་པོ་ནི་སྐྱེ་བའམ་རྒ་བའམ་འཆི་བའམ་འཆི་འཕོ་བ་དང་སྐྱེ་བ་མ་ལགས་སོ། །དེ་ཅིའི་ སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་ནི་འདུས་བྱས་ཀྱི་ཡུལ་ལས་ འདས་པ་སྟེ་རྟག་པ་བརྟན་པ་ཞི་བ་གཡུང་དྲུང་ངོ་ཞེས་སོ། ། གཉིས་པ་མ་དག་དག་པའི་སྐབས་སུ་མི་འགྱུར་བ་ལ་བསྟན་བཤད་གཉིས་སོ། །དང་པོ་ ནི་བློ་ལྡན་འཕགས་པ་ནི། ལས་ཉོན་གྱི་སྐྱེ་སོགས་ཕོངས་པ་དང་བྲལ་བའི་དག་པ་ཡང་ཡིན་ ཏེ། སྐྱེ་བ་དང་འཆི་བ་དང་ན་བ་དང་རྒ་བ་ལས་གྲོལ་བའི་ཆོས་དབྱིངས་འདིའི་རང་བཞིན་ཇི་ ལྟ་བ་བཞིན་མངོན་སུམ་ཉིད་དུ་རྟོགས་པས་སོ། །མ་དག་པ་ཡང་ཡིན་ཏེ། ཁམས་མངོན་སུམ་ དུ་རྟོགས་པ་དེའི་རྒྱུས་བསམ་བཞིན་དུ་སྐྱེ་བ་ལ་དབང་བ་ཉིད་ལ་བརྟེན་ནས་འགྲོ་བ་ཁམས་ གསུམ་པ་ལ་སྙིང་རྗེ་བསྐྱེད་ནས་སྐྱེ་འཆིའི་ཚུལ་བརྟེན་པའི་ཕྱིར་རོ། ། གཉིས་པ་ལ་གསུམ། དག་པའི་དང་མ་དག་པའི་དང་ས་བཅུ་ལ་སྤྱད་པ་སྤྱོད་པའི་ཚུལ་ རྒྱས་བཤད་དོ༑ ༑དང་པོ་ནི་ཡིད་ཀྱི་རང་བཞིན་གྱིས་ལུས་ཐོབ་པའི་བྱང་སེམས་འཕགས་པ་ ནི་མེ་དང་འདྲ་བའི་འཆི་བ་དང་ན་བ་དང་རྒ་བའི་སྡུག་བསྔལ་རྩད་ནས་སྤངས་ཏེ། དེ་དག་ནི་ རྒྱུ་ཚུལ་མིན་ཡིད་བྱེད་དང་ལས་དང་ཉོན་མོངས་དབང་གིས་སྐྱེ་བ་ཡིན་ལ། དེ་ལ་ལས་ཉོན་ དེ་དག་སྤངས་པས་མེད་པའི་ཕྱིར་དང་རྒྱུ་དེ་དག་མེད་པས་འབྲས་བུ་སྡུག་བསྔལ་འཆི་སོགས་ མེད་པའི་ཕྱིར་རོ། ། 1-1-85 གཉིས་པ་ནི་བྱང་འཕགས་རྣམས་ནི་གཞན་དོན་དུ་སྐྱེ་བ་དང་རྒ་བ་དང་ན་བ་དང་འཆི་བ་ ཉེ་བར་སྟོན་ཏེ། དགེ་བའི་རྩ་བའི་སྲིད་པ་ཀུན་ཏུ་སྦྱོར་བ་ཅན་བསམ་བཞིན་དུ་སྐྱེ་བ་ལ་དབང་ བ་ཉིད་ལ་བརྟེན་ནས་སྙིང་རྗེའི་བདག་ཉིད་ཀྱིས་ཁམས་གསུམ་དུ་ཡང་དག་པར་སྦྱོར་བས་ སོ། །དེ་དག་སྐྱེ་བ་ལ་སོགས་པའི་ཆོས་འདི་རྣམས་ལས་འདས་པར་གྱུར་པ་ཡིན་ཏེ། ཆོས་ དབྱིངས་དེ་ཉིད་སྐྱེ་བ་མེད་པ་དང་འབྱུང་བ་མེད་པ་ཡང་དག་པ་ཇི་ལྟ་བ་བཞིན་མངོན་སུམ་ གྱིས་མཐོང་བའི་ཕྱིར་རོ། །བློ་གྲོས་རྒྱ་མཚོས་ཞུས་པར། དེ་དག་གི་འཁོར་བའི་རྒྱུ་དགེ་བའི་ རྩ་བ་དང་མཚུངས་པར་ལྡན་པའི་ཉོན་མོངས་པ་གང་ཞེ་ན། འདི་ལྟ་སྟེ་བསོད་ནམས་ཀྱི་ ཚོགས་ཡོངས་སུ་ཚོལ་བས་མི་ངོམས་པ་དང་བསམ་བཞིན་དུ་སྲིད་པར་སྐྱེ་བ་ཡོངས་སུ་འཛིན་ པ་དང༌། སངས་རྒྱས་དང་འཕྲད་པ་དོན་དུ་གཉེར་བ་དང་སེམས་ཅན་ཡོངས་སུ་སྨིན་པའི་ཕྱིར་ མི་སྐྱོ་བ་དང་དམ་པའི་ཆོས་འཛིན་པ་ལ་བརྩོན་པ་དང༌། སེམས་ཅན་གྱི་བྱ་བ་ཅི་ཡོད་པ་ལ་ འགྲུས་པ་དང༌། ཆོས་ལ་ཆགས་པས་བསམ་པ་དང་མ་བྲལ་བ་དང༌། ཕ་རོལ་ཏུ་ཕྱིན་པའི་ཀུན་ ཏུ་སྦྱོར་བ་རྣམས་མི་འདོར་བ་སྟེ། བློ་གྲོས་རྒྱ་མཚོ་གང་དག་གིས་བྱང་ཆུབ་སེམས་དཔའ་ཀུན་ ཏུ་སྦྱོར་བར་བྱེད་པའི་ཉོན་མོངས་པ་ཉིད་ཀྱང་ཉོན་མོངས་པའི་སྐྱོན་གྱིས་མ་གོས་པ་དགེ་བའི་ རྩ་བ་དང་མཚུངས་པར་ལྡན་པའི་ཉོན་མོངས་པ་ནི་འདི་དག་གོ །ཡང་གསུངས་པ་བཅོམ་ལྡན་ འདས་གང་གི་ཚེ་དགེ་བའི་རྩ་བ་ལགས་ན་ཅིའི་རྒྱུ་ཅིའི་སླད་དུ་ཉོན་མོངས་པ་ཞེས་བགྱི། བཀའ་སྩལ་པ་བློ་གྲོས་རྒྱ་མཚོ་འདི་ལྟར་དེ་ལྟ་བུའི་རང་བཞིན་གྱི་ཉོན་མོངས་པ་འདི་དག་ གིས་བྱང་སེམས་ཁམས་གསུམ་པར་ཀུན་ཏུ་སྦྱོར་ལ་ཁམས་གསུམ་པ་ཡང་ཉོན་མོངས་པ་ ལས་བྱུང་བ་ཡིན་ནོ། །དེ་ལ་བྱང་སེམས་ནི་ཐབས་ལ་མཁས་པ་དང་དགེ་བའི་རྩ་བའི་སྟོབས་ བསྐྱེད་པས་བསམ་བཞིན་དུ་ཁམས་གསུམ་དུ་ཀུན་ཏུ་སྦྱོར་ཏེ། དེས་ན་དགེ་བའི་རྩ་བ་དང་ མཚུངས་པར་ལྡན་པའི་ཉོན་མོངས་པ་ཞེས་བྱའོ། །ཇི་སྲིད་ཁམས་གསུམ་པར་ཀུན་ཏུ་སྦྱོར་བ་ 1-1-86 ཡིན་གྱི་སེམས་ཉེ་བར་ཉོན་མོངས་པ་ནི་མིན་ནོ། །བློ་གྲོས་རྒྱ་མཚོ་དཔེར་ན་ཚོང་དཔོན་ནམ་ ཁྱིམ་བདག་མཆོག་ཏུ་གྱུར་པ་ཞིག་ལ་བུ་གཅིག་པུ་འདོད་པ་སྡུག་པ་ཕངས་པ་ཡིད་དུ་འོང་བ་ མཐོང་ན་མི་མཐུན་པ་མེད་པ་ཞིག་ཡོད་ལ། ཁྱེའུ་དེ་ཡང་བྱིས་པར་གྱུར་པས་གར་བྱེད་པ་ན་མི་ གཙང་བའི་དོང་དུ་ལྷུང་བར་གྱུར་ཏོ། །དེ་ནས་ཁྱེའུ་དེའི་མ་དང་གཉེན་གྱིས་ཁྱེའུ་མི་གཙང་ བའི་དོང་དུ་ལྷུང་བ་མཐོང་ལ་མཐོང་ནས་ཀྱང་ཆོ་ངེ་ཆེན་པོ་འདེབས་ཤིང་མྱ་ངན་བྱེད་ལ་སྨྲེ་ ངག་འདོན་ཏེ། མི་གཙང་བའི་དོང་དེར་ཞུགས་ཏེ་ཁྱེའུ་དེ་འདོན་པར་ནི་མི་བྱེད་དོ། །དེ་ནས་ ཁྱེའུ་དེའི་ཕ་ཕྱོགས་དེར་སོང་ནས་དེས་བུ་གཅིག་པུ་དེ་མི་གཙང་བའི་དོང་དུ་ལྷུང་བ་མཐོང་ངོ་༑ ༑མཐོང་ནས་ཀྱང་རིངས་པ་རིངས་པར་རྟབ་པའི་ཚུལ་གྱིས་བུ་གཅིག་པུ་དེ་འདོན་པར་འདོད་ པའི་སྲེད་པ་བྱས་ཏེ། སྐྱུག་བྲོ་བ་མེད་པར་མི་གཙང་བའི་དོང་དེར་བབས་ནས་བུ་གཅིག་པོ་དེ་ ཕྱུང་བར་གྱུར་ཏོ། །བློ་གྲོས་རྒྱ་མཚོ་དེ་ལྟར་ན་འདི་ནི་དོན་འདི་ཤེས་པར་བྱ་བའི་ཕྱིར་དཔེར་ བྱས་པའོ། །དོན་གང་ཡིན་པར་ལྟ་ཞེ་ན། བློ་གྲོས་རྒྱ་མཚོ་མི་གཙང་བའི་དོང་ཞེས་བྱ་བ་འདི་ནི་ ཁམས་གསུམ་པའི་ཚིག་བླ་དྭགས་སོ། །བུ་གཅིག་པ་ཞེས་བྱ་བ་འདི་ནི་སེམས་ཅན་གྱི་ཚིག་བླ་ དྭགས་སོ། །བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ཐམས་ཅད་ལ་བུ་གཅིག་པུའི་འདུ་ཤེས་ ཀྱིས་ཉེ་བར་གནས་པར་འགྱུར་བས་སོ། །མ་དང་གཉེན་བཤེས་ཞེས་བྱ་བ་འདི་ནི་གང་དག་ འཁོར་བར་ལྷུང་བའི་སེམས་ཅན་མཐོང་ནས་མྱ་ངན་བྱེད་ཅིང་སྨྲེ་སྔགས་འདོན་གྱི། འདོན་ པར་ནུས་པ་ནི་མེད་པ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་པའི་གང་ཟག་རྣམས་ཀྱི་ཚིག་ བླ་དྭགས་སོ། །ཚོང་དཔོན་ནམ་ཁྱིམ་བདག་ཆེན་པོ་ཞེས་བྱ་བ་འདི་ནི་གང་ཞིག་གཙང་ལ་དྲི་ མ་མེད་པ་དྲི་མ་དང་བྲལ་བའི་སེམས་དང་ལྡན་པ་འདུས་མ་བྱས་པའི་ཆོས་མངོན་སུམ་དུ་ རྟོགས་པ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། བསམ་བཞིན་དུ་ཁམས་གསུམ་པར་ མཚམས་སྦྱོར་བར་བྱེད་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚིག་བླ་དྭགས་སོ། །བློ་གྲོས་རྒྱ་ 1-1-87 མཚོ་མཚམས་སྦྱོར་བ་ཐམས་ཅད་ལས་ཤིན་ཏུ་གྲོལ་ཡང་སྲིད་པར་སྐྱེ་བ་ལེན་པ་གང་ཡིན་པ་ འདི་ནི་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་སྟེ། ཐབས་མཁས་པ་དང་ཤེས་རབ་ཀྱིས་ཟིན་ པས་ཀུན་ནས་ཉོན་མོངས་པ་དག་གིས་ཀྱང་མི་གནོད་ལ། ཉོན་མོངས་པའི་འཆིང་བ་ཐམས་ ཅད་ལས་གྲོལ་བར་བྱ་བའི་ཕྱིར་སེམས་ཅན་རྣམས་ལ་ཆོས་ཀྱང་སྟོན་པའོ། །ཞེས་གསུངས་པ་ བཞིན་ནོ། །དེ་ལྟར་བྱང་འཕགས་རྣམས་བསམ་བཞིན་དུ་སྲིད་པར་སྐྱེ་བ་ལེན་པས་མ་དག་པ་ དང་ཐབས་ཤེས་གཉིས་ཀྱིས་རང་རྒྱུད་ཀྱི་ཉོན་མོངས་བཅོམས་པས་དག་པ་ཡང་ཡིན་ནོ། ། དེས་ན་མདོའི་དུམ་བུ་འདིས་ནི་གཞན་ལ་ཕན་པར་བྱ་བའི་དོན་དུ་དབང་དང་ལྡན་པའི་བྱང་ ཆུབ་སེམས་དཔའི་དགེ་བའི་རྩ་བ་དང་སྙིང་རྗེ་གཉིས་ཀྱི་སྟོབས་ཀྱིས་བསམས་བཞིན་དུ་སྐྱེ་ བ་ལ་སྦྱོར་བའི་ཕྱིར་དང༌། ཐབས་དང་ཤེས་རབ་གཉིས་ཀྱི་སྟོབས་ཀྱིས་ཀུན་ནས་ཉོན་མོངས་ པ་མེད་པའི་ཕྱིར་མ་དག་པ་དང་དག་པའི་གནས་སྐབས་བསྟན་ཏོ། །དེ་ལ་བྱང་ཆུབ་སེམས་ དཔའ་དེ་བཞིན་གཤེགས་པའི་ཁམས་མ་སྐྱེས་པ་མ་བྱུང་བ་ཡང་དག་པ་ཇི་ལྟ་བ་བཞིན་མཐོང་ བ་ཐོབ་ནས། བྱང་ཆུབ་སེམས་དཔའི་ཆོས་ཉིད་འདི་རྗེས་སུ་ཐོབ་པ་དེ་ལྟར་ནི་མདོ་ཇི་ལྟ་བ་ བཞིན་རྟོགས་པར་བྱ་སྟེ། ཇི་སྐད་དུ། བློ་གྲོས་རྒྱ་མཚོ་ཆོས་རྣམས་ཀྱི་སྙིང་པོ་དང་བྱེད་པ་པོ་ དང་བདག་པོ་དང་སེམས་ཅན་དང་སྲོག་དང་གང་ཟག་དང་བདག་གི་བར་མེད་པ་ཉིད་ལ་ ལྟོས། འདི་ལྟར་གང་ལ་ཇི་ལྟར་འདོད་པ་དེ་ལྟར་གཞན་དུ་མ་གྱུར་པ་རྣམས་ལ་སེམས་པར་མི་ བྱེད་རབ་དུ་རྟོག་པར་མི་བྱེད་དོ། །བློ་གྲོས་རྒྱ་མཚོ་གཞན་དུ་མ་གྱུར་པའི་ཆོས་འདི་ལ་མོས་ པའི་བྱང་ཆུབ་སེམས་དཔའ་ནི་ཆོས་གང་ལ་ཡང་ཁོང་ཁྲོ་བ་བསྐྱེད་པར་མི་བྱེད་དོ། །འདི་ལ་ འགའ་ཡང་ཕན་འདོགས་པའམ་གནོད་པར་བྱེད་པ་མེད་དོ། །ཞེས་དེ་ལྟར་དེའི་ཡེ་ཤེས་ཀྱི་ མཐོང་བ་རྣམ་པར་དག་པར་འགྱུར་རོ། །དེ་ལྟར་ཆོས་རྣམས་ཀྱི་ཆོས་ཉིད་ཡང་དག་པ་ཇི་ལྟ་བ་ བཞིན་དུ་ཤེས་པ་དང་དེ་ལྟར་སྙིང་རྗེ་ཆེན་པོའི་གོ་ཆ་མི་འདོར་བ་ཡིན་ནོ། །བློ་གྲོས་རྒྱ་མཚོ་ 1-1-88 དཔེར་ན་ནོར་བུ་རིན་པོ་ཆེ་བེཌཱུརྱ་རིན་ཐང་མེད་པ་ཤིན་ཏུ་སྦྱང་བ་ཤིན་ཏུ་ཡོངས་སུ་དག་པ། ཤིན་ཏུ་དྲི་མ་མེད་པ་འདམ་དུ་བཅུག་སྟེ་ལོ་སྟོང་ཕྲག་དུ་མ་གནས་པར་གྱུར་ལ། དེ་ལོ་སྟོང་ འདས་ནས་འདམ་དེ་ལས་ཕྱུང་སྟེ་སྦྱངས་ཤིང་བྱི་དོར་བྱས་ཏེ་ལེགས་པར་བཀྲུས་ལེགས་པར་ སྦྱངས་ལེགས་པར་བྱི་དོར་བྱས་པ་ན། དག་ཅིང་དྲི་མ་མེད་པ་ན་ནོར་བུ་རིན་པོ་ཆེའི་ངོ་བོ་དེ་ ཉིད་མི་འདོར་རོ། །བློ་གྲོས་རྒྱ་མཚོ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ཀྱི་ སེམས་རང་བཞིན་གྱིས་འོད་གསལ་བར་ཤེས་ཏེ། འོན་ཀྱང་གློ་བུར་གྱི་ཉེ་བའི་ཉོན་མོངས་ པས་ཉོན་མོངས་པར་མཐོང་ངོ༌། །དེ་ལ་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ་ཉོན་ མོངས་པ་འདི་དག་ནི་སེམས་ཅན་རྣམས་ཀྱི་སེམས་ཀྱི་རང་བཞིན་འོད་གསལ་བར་ཞུགས་པ་ མིན་ནོ། །ཉོན་མོངས་པ་འདི་དག་ནི་གློ་བུར་བ་སྟེ་ཡང་དག་པ་མིན་པར་ཀུན་ཏུ་རྟོག་པས་ བསྐྱེད་པའོ། །བདག་གིས་སེམས་ཅན་འདི་དག་གི་ཉེ་བའི་ཉོན་མོངས་པ་ཞི་བར་བྱ་བའི་ཕྱིར་ ཆོས་བསྟན་པར་ནུས་སོ་སྙམ་སྟེ་དེ་ལྟར་དེ་ལ་ཞུམ་པའི་སེམས་མི་བསྐྱེའོ། །དེ་ནི་ལན་མང་ དུས་ཀྱི་སེམས་ཅན་རྣམས་ཀྱི་ཐད་དུ་རབ་ཏུ་འགྲོ་བའི་སེམས་སྐྱེའོ། །འདི་སྙམ་དུ་ཡང་སེམས་ ཏེ་ཉོན་མོངས་པ་འདི་དག་ལ་སྟོབས་སམ་མཐུ་འགའ་ཡང་ཡོད་པ་མིན་ཏེ། ཉོན་མོངས་པ་ འདི་དག་ནི་སྟོབས་མེད་པ་སྟོབས་ཆུང་བའོ། །འདི་དག་ལ་ཡང་དག་པའི་གནས་འགའ་ཡང་ མེད་དོ། །ཉོན་མོངས་པ་འདི་དག་ནི་ཡང་དག་པ་མིན་པ་ཀུན་ཏུ་བརྟགས་པ་སྟེ། དེ་ནི་ཡང་ དག་པ་ཇི་ལྟ་བ་བཞིན་དུ་ཚུལ་བཞིན་དུ་ཡིད་ལ་བྱེད་པས་བརྟག་པ་ན་ཁོང་ཁྲོ་བར་མི་འགྱུར། དེ་ནི་ཁོ་བོས་ཅི་ནས་ཀྱང་འབྲེལ་པར་མི་འགྱུར་བ་དེ་ལྟར་སོ་སོར་བརྟག་པར་བྱའོ། །ཉོན་ མོངས་པ་རྣམས་དང་མ་འབྲེལ་བ་ལེགས་ཀྱི་འབྲེལ་བ་ནི་མིན་ནོ། །གལ་ཏེ་བདག་ཉིད་ཉོན་ མོངས་པ་རྣམས་དང་འབྲེལ་ན་དེ་ཇི་ལྟར་ཉོན་མོངས་པས་འཆིང་བས་བཅིངས་པའི་སེམས་ ཅན་རྣམས་ཉོན་མོངས་པའི་འཆིང་བ་སྤངས་བར་བྱ་བའི་ཕྱིར་ཆོས་བསྟན། འོན་ཀྱང་ཁོ་བོ་ 1-1-89 ཉོན་མོངས་པ་རྣམས་དང་མ་འབྲེལ་ལ་ཉོན་མོངས་པས་འཆིང་བ་སྤངས་བའི་ཕྱིར་སེམས་ ཅན་རྣམས་ལ་ཡང་ཆོས་བསྟན་པར་བྱའོ། །འཁོར་བར་འབྲེལ་བར་བྱེད་པ་དགེ་བའི་རྩ་བ་ དང་མཚུངས་པར་ལྡན་པའི་ཉོན་མོངས་པ་དེ་དག་ནི་བདག་གིས་སེམས་ཅན་ཡོངས་སུ་སྨིན་ པར་བྱ་བའི་ཕྱིར་འབྲེལ་བར་བྱའོ་སྙམ་མོ་ཞེས་གསུངས་པ་ཡིན་ནོ། །འཁོར་བ་ནི་འདིར་ཟག་ པ་མེད་པའི་དབྱིངས་ན་ཁམས་གསུམ་པའི་གཟུགས་བརྙན་ཡིད་ཀྱི་རང་བཞིན་གྱི་ལུས་ གསུམ་ཡིན་པར་འདོད་དོ། །འདི་ནི་ཟག་པ་མེད་པའི་དགེ་བའི་རྩ་བས་མངོན་པར་འདུས་ བྱས་པའི་ཕྱིར་འཁོར་བ་ཡིན་ལ། ཟག་པ་དང་བཅས་པའི་ལས་དང་ཉོན་མོངས་པས་མངོན་ པར་འདུས་བྱས་པ་མིན་པའི་ཕྱིར་མྱ་ངན་འདས་པ་ཉིད་དེ། གང་གི་དབང་དུ་བྱས་ནས་བཅོམ་ ལྡན་འདས་དེའི་སླད་དུ་འདུས་བྱས་པ་དང་འདུས་མ་བྱས་པའི་འཁོར་བ་ཡང་མཆིས་ལ། འདུས་བྱས་པ་དང་འདུས་མ་བྱས་པའི་མྱ་ངན་འདས་པ་ཡང་མཆིས་སོ་ཞེས་གསུངས་པ་ཡིན་ ནོ། །དེ་ལ་འདུས་བྱས་པ་དང་འདུས་མ་བྱས་པ་འདྲེས་པའི་སེམས་དང་སེམས་ལས་བྱུང་བའི་ ཀུན་ཏུ་སྤྱོད་པ་དང་ལྡན་པའི་ཕྱིར་འདི་དག་པ་དང་མ་དག་པའི་གནས་སྐབས་ཞེས་བྱའོ། །དེ་ ཡང་ཟག་པ་ཟད་པའི་མངོན་པར་ཤེས་པ་ལྔ་མངོན་དུ་ཕྱོགས་པའི་ཕྱིར་ཐོགས་པ་མེད་པའི་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་དང༌། སྙིང་རྗེ་ཆེན་པོ་བསྒོམས་པས་ཟག་པ་ཟད་ པའི་མངོན་པར་ཤེས་པ་ལ་མངོན་དུ་ཕྱོགས་པ་དང་སེམས་ཅན་གྱི་ཁམས་ཐམས་ཅད་ཡོངས་ སུ་བསྐྱབ་པའི་དོན་དུ། དེ་མངོན་དུ་མི་བྱེད་པའི་ཕྱིར་བྱང་ཆུབ་སེམས་དཔའི་ས་མངོན་དུ་གྱུར་ པ་ལ་གཙོ་བོར་རྣམ་པར་གཞག་པ་ཡིན་ནོ། །ཟག་པ་ཟད་པའི་ཤེས་རབ་ལས་བརྩམས་ཏེ་ མིའི་དཔེ་བརྗོད་པ་ཇི་སྐད་དུ་གསུངས་པ་བཞིན་ཏེ་རིགས་ཀྱི་བུ་དེ་བཞིན་དུ། བྱང་ཆུབ་ སེམས་དཔའ་ཆེན་པོ་འབད་པ་ཆེན་པོ་དང་བརྩོན་པ་ཆེན་པོ་དང་ལྷག་པའི་བསམ་པ་བརྟན་ པར་བསྒྲུབས་པས་མངོན་པར་ཤེས་པ་ལྔ་བསྐྱེད་པར་བྱེད་དོ། །བསམ་གཏན་དང་མངོན་པར་ 1-1-90 ཤེས་པ་ལ་སེམས་ཡོངས་སུ་སྦྱང་བ་བྱས་པ་དེ་ལ་ཟག་པ་ཟད་པ་མངོན་དུ་ཕྱོགས་པར་འགྱུར་ རོ། །སེམས་ཅན་ཡོངས་སུ་བསྐྱབ་པའི་དོན་དུ་སྙིང་རྗེ་ཆེན་པོའི་སེམས་བསྐྱེད་པ། ཟག་པ་ ཟད་པའི་ཤེས་པ་ཡོངས་སུ་སྦྱང་བ་ནས་སླར་ཡང་སེམས་ཡོངས་སུ་སྦྱང་བ་བྱས་པས། ས་དྲུག་ པ་ལ་ཆགས་པ་མེད་པའི་ཤེས་རབ་བསྐྱེད་པའི་ཕྱིར་ཟག་པ་ཟད་པ་ལ་མངོན་པར་ཕྱོགས་ པར་འགྱུར་རོ། །དེ་ལྟར་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་ས་མངོན་དུ་གྱུར་པ་ འདི་ལ་ཟག་པ་ཟད་པ་མངོན་དུ་བྱེད་པ་ལ་དབང་ཐོབ་པས་ནི་རྣམ་པར་དག་པའི་གནས་ སྐབས་བསྟན་པའོ། །དེ་ལྟ་བུའི་བདག་ཉིད་དུ་ཞུགས་པ་དེ་གཞན་དག་ཀྱང་ཡང་དག་པར་ རྟོགས་པ་འདི་ལ་གཞག་པར་བྱའོ། །ཞེས་སྙིང་རྗེ་ཆེན་པོས་ལོག་པར་ཞུགས་པའི་སེམས་ཅན་ ཡོངས་སུ་བསྐྱབ་པར་འདོད་པ། ཞི་བདེའི་རོ་མི་མྱང་བར་དེའི་ཐབས་ལ་བྱང་བར་བྱས་པས་ འཁོར་བ་ལ་མངོན་དུ་ཕྱོགས་པའི་སེམས་ཅན་ལ་ལྟོས་ཏེ། མྱང་འདས་ལ་མངོན་དུ་ཕྱོགས་པ་ བྱང་ཆུབ་ཀྱི་ཡན་ལག་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། བསམ་བཏན་དག་གིས་གནས་ ནས་སླར་འདོད་པའི་ཁམས་སུ་བསམ་བཞིན་དུ་སྐྱེ་བ་ཡོངས་སུ་འཛིན་པས། ཇི་སྲིད་མྱུར་དུ་ སེམས་ཅན་གྱི་དོན་བྱ་བར་འདོད་པས་དུད་འགྲོའི་སྐྱེ་གནས་སུ་གཏོགས་པའི་རྣམ་པ་དུ་མར་ སྐྱེ་བའི་བྱེ་བྲག་གིས་སོ་སོའི་སྐྱེ་བོའི་ལུས་ཀུན་ཏུ་སྟོན་པ་ལ་དབང་འབྱོར་པ་ནི་མ་དག་པའི་ གནས་སྐབས་བསྟན་པ་ཡིན་ནོ། ། གསུམ་པ་ལ་བཞི། སེམས་དང་པོ་བསྐྱེད་པའི་སྤྱོད་པ་ལ་ཞུགས་པའི། ཕྱིར་མི་ལྡོག་པའི་ སྐྱེ་བ་གཅིག་གིས་ཐོགས་པའི་བྱང་སེམས་ཀྱི་སྤྱད་པ་སྤྱོད་པའི་ཚུལ་ལོ། ། དང་པོ་ནི་སེམས་དང་པོ་བསྐྱེད་པའི་རྒྱལ་སྲས་མཐོང་ལམ་པ་ནི་མ་རིག་པས་མདོངས་ པའི་སེམས་ཅན་རྣམས་ཀྱི་སྐྱེ་བ་ལ་སོགས་དག་ཏུ་ནི་མཐོང་བ་གང་ཡིན་པ་དེ་རྨད་དུ་བྱུང་བ་ ཡིན་ཏེ། ཐོག་མ་མེད་པའི་དུས་ནས་སྔོན་མ་མཐོང་བའི་འཇིག་རྟེན་ལས་འདས་པའི་འགྱུར་ 1-1-91 བ་མེད་པའི་ཆོས་ཉིད་འདི་མངོན་སུམ་དུ་རྟོགས་ནས་སོ། །དེ་ནི་འགྲོ་བ་ཡི་གཉེན་གྱི་ཐབས་ དང་སྙིང་རྗེའི་མཆོག་ཡིན་ཏེ༑ འཕགས་པའི་སྤྱོད་ཡུལ་ཆོས་དབྱིངས་མངོན་སུམ་དུ་ཐོབ་པ་ གང་ཡིན་པ་དེ་སྙིང་རྗེས་བྱ་བའི་སྤྱོད་ཡུལ་དུ་སྟོན་པ་དེ་ཉིད་ཀྱི་ཕྱིར་ནའོ། ། གཉིས་པ་ནི་ས་གཉིས་ནས་བདུན་གྱི་བར་གྱི་བྱང་སེམས་དེ་ནི་ཤེས་རབ་ཀྱིས་འཇིག་ རྟེན་ཐམས་ཅད་ལས་འདས་ཀྱང༌། སྙིང་རྗེས་སེམས་ཅན་གྱི་དོན་དུ་འཇིག་རྟེན་ལས་མ་ གཡོས་པར་གནས་ཏེ། རང་གི་གདུལ་བྱ་འཇིག་རྟེན་པའི་དོན་དུ་འཇིག་རྟེན་ན་འཇིག་རྟེན་གྱི་ དྲི་མས་ཉེ་བར་མ་གོས་པའི་སྤྱད་པ་སྤྱོད་པས་སོ། །འདི་ཇི་ལྟར་པདྨ་ཆུ་ནང་དུ་སྐྱེས་པ་ཆུ་ཡིས་ གོས་པ་མེད་པ་དེ་བཞིན་འཇིག་རྟེན་དུ་སྐྱེས་ཀྱང་འཇིག་རྟེན་ཆོས་ཉེས་པའི་མ་གོས་པས་སོ། ། གསུམ་པ་ནི་ས་བརྒྱད་པ་དགུ་པའི་བྱང་སེམས་ནི་རྣམ་པར་མི་རྟོག་པ་དང་ཞིང་དག་པ་ དང་ཡེ་ཤེས་ལ་དབང་བ་ཐོབ་སྟེ། སེམས་ཅན་གྱི་བྱ་བ་བསྒྲུབ་པ་ལ་རྟག་ཏུ་བློ་མེ་བཞིན་དུ་ ནི་འབར་བ་དང་རྒྱུན་མི་མཆད་པར་ཞི་བ་བྱང་ཆུབ་ཆེན་པོ་པའི་སྦྱོར་བའི་བསམ་གཏན་གྱི་ སྙོམས་འཇུག་ལ་རྟག་ཏུ་སྙོམས་པར་ལེགས་པར་ཞུགས་པ་ཡིན་པས་སོ། ། བཞི་བ་ནི་སྐྱེ་བ་གཅིག་གིས་ཐོགས་པ་ས་བཅུ་པའི་བྱང་སེམས་དེ་ནི་ལུས་ཅན་གདུལ་བྱ་ རྣམས་སྨིན་པའི་དོན་དུ་འབད་པ་དང་རྩོལ་བ་བྱེད་པ་མིན་ཏེ། གཞན་དོན་ལྷུན་གྲུབ་ཏུ་བྱེད་ པའི་སྔོན་གྱི་སྨོན་ལམ་གྱི་འཕེན་པའི་འབྲས་བུ་ལ་དབང་གྱུར་ཐོབ་པ་དང་ཀུན་སློང་གི་རྣམ་ རྟོག་ཐམས་ཅད་དང་བྲལ་བའི་ཕྱིར་དང༌། གསུང་གི་འཕྲིན་ལས་བསམ་པ་དང་མཐུན་པར་ ཆོས་བསྟན་པ་དང་སྐུའི་ཕྲིན་ལས་གཟུགས་སྐུའི་སྤྲུལ་པ་རྣམ་པ་དུ་མ་སྟོན་པ་དག་དང་ནི། གཞན་དོན་གྱི་སྤྱོད་པ་རླབས་པོ་ཆེ་དང་འཆགས་པ་དང་བཞེངས་པ་ལ་སོགས་པའི་སྤྱོད་ལམ་ སྣ་ཚོགས་པ་རྣམས་ཀྱིས་འདུལ་བ་ཡིན་ཀྱང་རུང༌། གདུལ་བྱ་གང་ཞིག་ཚུལ་ཇི་ལྟར་ཐབས་ 1-1-92 གང་གིས་འདུལ་བའི་རྒྱལ་སྲས་ས་བཅུ་པ་དེས་གདུལ་བྱ་དེ་ལྟར་འདུལ་བ་ཉིད་དུ་ཤེས་ཏེ། རང་དང་གཞན་གྱི་དོན་གྲུབ་པའི་ཐབས་མཐར་ཕྱིན་པ་སངས་རྒྱས་ཀྱི་ས་ལ་སྐྱེ་བ་གཅིག་ གིས་ཐོགས་པ་བླ་མེད་མངོན་པར་རྫོགས་པར་བྱང་ཆུབ་མཆོག་ཐོབ་པའི་ཕྱིར་རོ། །སྔར་ བཤད་པ་དེ་ལྟར་ནམ་མཁའི་མཐའ་ཀླས་ཀྱི་འགྲོ་བ་ལ་དུས་རྟག་ཏུ་འཕྲིན་ལས་ལྷུན་གྱིས་ གྲུབ་པར་ཐོགས་པ་མེད་པའི་བློ་ལྡན་ས་བཅུ་པ་དེ་ཡིས་ནི། སེམས་ཅན་དོན་ནི་ཡང་དག་པར་ འཇུག་ཅིང་གྲུབ་པ་ཡིན་ཏེ། རྒྱུ་མཚན་གོང་གི་ཕྱིར་རོ། །མཐར་ཕྱིན་པའི་བྱང་ཆུབ་སེམས་ དཔའ་ས་བཅུ་པའི་ཚུལ་འདི་ནི་གཞན་གྱི་དོན་དང་རང་གི་དོན་ལས་བརྩམས་ཏེ། ཁྱོད་དང་ དེ་བཞིན་གཤེགས་པའི་ཡོན་ཏན་ཁྱད་པར་མེད་པ་དང་ཁྱད་པར་དང་བཅས་པ་ཡིན་ཏེ། གོ་ རིམ་བཞིན་ཁྱོད་རྗེས་ཐོབ་ཀྱི་གནས་སྐབས་ན་དེ་བཞིན་གཤེགས་པ་རྣམས་དང་སེམས་ཅན་ ཡང་དག་པར་སྒྲོལ་བ་ལ་འཇིག་རྟེན་ན་ནི་མཉམ་པ་ཉིད་ཡིན་པའི་ཕྱིར་དང༌། དེ་ལྟ་མོད་ཀྱི་ རང་དོན་ལ་ས་ཆེན་པོའི་དཀྱིལ་འཁོར་དང་རྡུལ་ཕྲན་ནམ་རྒྱ་མཚོ་ཆེན་པོ་དང་བ་ལང་གི་རྨིག་ རྗེས་ཀྱི་ཆུའི་ཁྱད་པར་ཡིན་པ་ལྟར། སངས་རྒྱས་དང་ཁྱོད་ཀྱི་སྤངས་རྟོགས་ཀྱི་ཁྱད་པར་དེ་ ཉིད་ཀྱི་ཕྱིར་རོ། །རྫོགས་པའི་སངས་རྒྱས་ནི་ཀུན་གཞི་རྣམ་ཤེས་དང་མ་རིག་བག་ཆགས་ཀྱི་ ས་སྤངས་ཤིང༌། བདེ་གཤེགས་སྙིང་པོ་གསལ་བར་རྫོགས་པ་གཟིགས་པ་དེར་རྟག་པའི་ཕ་ རོལ་ཏུ་ཕྱིན་པ་སོགས་འབྲས་བུ་དམ་པ་བཞི་ཐོབ་པ་ཡིན་ལ་བྱང་སེམས་རྣམས་དེ་ལས་ཟློག་ པའོ། །མྱང་འདས་ཆེན་པོར། ས་བཅུ་པའི་བྱང་སེམས་ཀྱིས་དེ་བཞིན་གཤེགས་པའི་སྙིང་པོ་ ཅུང་ཟད་མཐོང་ལ་དེ་བཞིན་གཤེགས་པས་མ་ལུས་པར་གཟིགས་སོ་ཞེས་སོ། ། གསུམ་པ་ཤིན་ཏུ་རྣམ་དག་གི་གནས་སྐབས་སུ་མི་འགྱུར་བའི་དོན་ལ་བཞི། བསྟན་ བཤད་བསྡུ་མདོ་དང་སྦྱར་བའོ། ། དང་པོ་ནི་གཞན་དུ་འགྱུར་བ་མིན་པའི་བདག་ཉིད་ཀྱི་ཆོས་སྐུ་ནི་རྟག་སྟེ། ཕུང་པོ་ལྷག་ 1-1-93 མེད་དུའང་མི་ཟད་པའི་ཡོན་ཏན་གྱི་ཆོས་དང་ལྡན་པའི་ཕྱིར། འགྲོ་བའི་སྐྱབས་སུ་གྱུར་པའི་ ཆོས་སྐུ་ནི་བརྟན་ཏེ། ཕྱི་མའི་མཐའ་མེད་པ་མུར་ཐུག་པའི་ཕྱིར་རོ། །རྟག་ཏུ་གཉིས་སུ་མེད་ པའི་ཆོས་སྐུ་དེ་ནི་ཞི་བ་ཡིན་ཏེ། རྣམ་པར་མི་རྟོག་པའི་ཕྱིར་རོ། །འཇིག་པ་མེད་པའི་ཆོས་སྐུ་ ནི་གཡུང་དྲུང་སྟེ། འདུས་མ་བྱས་པའི་རང་བཞིན་ཡིན་པའི་ཕྱིར་རོ། ། གཉིས་པ་ནི་ཤིན་ཏུ་དྲི་མ་མེད་ཅིང་རྣམ་པར་དག་པ་འོད་གསལ་བའི་རང་གི་རང་བཞིན་ སངས་རྒྱས་ཀྱི་ས་ལ་རྣམ་པར་གནས་པ། དེ་བཞིན་གཤེགས་པའི་སྙིང་པོ་དེ་ནི་སྐྱེ་བ་མེད་ཅིང་ འཆི་བ་མེད་ན་ནས་གནོད་པ་མེད་རྒ་བ་མེད་དེ་རིམ་བཞིན་རྟག་དང་བརྟན་ཕྱིར་དང་ཞི་བའི་ ཕྱིར་དང་གཡུང་དྲུང་གི་ཕྱིར་རོ། །དེ་ནི་སྔོན་གྱི་མཐའ་ཉེ་བར་གཟུང་ནས་ཡིད་ཀྱི་རང་བཞིན་ གྱི་ལུས་ཀྱི་སྐྱེ་བ་ཡང་མེད་དེ། རྟག་པའི་ཕྱིར་རོ། །ཕྱི་མའི་མཐའ་ཉེ་བར་གཟུང་ནས་བསམ་ གྱིས་མི་ཁྱབ་པར་ཡོངས་སུ་བསྒྱུར་བའི་འཆི་འཕོ་བའི་འཆི་བ་མིན་ཏེ། བརྟན་པའི་ཕྱིར་རོ། ། སྔོན་དང་ཕྱི་མའི་མཐའ་ཉེ་བར་བཟུངས་ནས་མ་རིག་པའི་བག་ཆགས་ཀྱི་ས་ཕྲ་མོས་ནད་ རྣམས་ཀྱི་ཡོངས་སུ་འཛིན་པས་གནོད་པ་ཡང་མེད་དེ། ཞི་བ་ཉིད་ཀྱི་ཕྱིར་རོ། །ཟག་མེད་ལས་ ཀྱི་འབྲས་བུ་མངོན་པར་འདུ་བྱེད་ཀྱིས་ཡོངས་སུ་སྨིན་པས་རྒ་བ་ཡང་མེད་དེ། གཡུང་དྲུང་ ཡིན་པའི་ཕྱིར་རོ། ། གསུམ་པ་ནི་རྟག་སོགས་རྒྱུ་མཚན་བཞིས་སྐྱེ་མེད་སོགས་བཞི་རུ་སྒྲུབ་པ་དེ་ལ་གཞན་ འགྱུར་མིན་བདག་ཅེས་སོགས་ཚིག་རྐང་རེ་རེས་རྟག་སོགས་མདོར་བསྟན་པའི་རྒྱས་བཤད་ ནི། མི་ཟད་ཅེས་སོགས་ཚིག་རྐང་གཉིས་དང༌། དེ་བཞིན་དུ་མཐའ་ཡི་ཞེས་སོགས་ཚིག་རྐང་ གཉིས་དང༌། རྣམ་པར་མི་རྟོག་ཅེས་སོགས་ཚིག་རྐང་གཉིས་དང་མ་བཅོས་ཞེས་སོགས་ཚིང་ རྐང་གཉིས་ཀྱིས་གོ་རིམ་བཞིན། ཤིན་ཏུ་རྣམ་པར་དག་པ་འདུས་མ་བྱས་པས་དབྱིངས་བདེ་ གཤེགས་སྙིང་པོ་ལ་རྟག་པ་ལ་སོགས་བཞིའི་དོན་བཤད་པར་ཤེས་པར་བྱའོ། ། 1-1-94 བཞི་པ་ནི་དེ་དག་ཀྱང་མདོ་ཇི་ལྟ་བ་བཞིན་དུ་ཤེས་པར་བྱ་སྟེ། གཞན་དུ་འགྱུར་བ་མིན་ པའི་བདག་ཉིད་ཆོས་ཀྱི་སྐུ་འདི་ནི་རྟག་པའི་དོན་ཡིན་ཏེ། མི་ཟད་པའི་ཆོས་ཉིད་ཀྱི་ཡོན་ཏན་ དང་ལྡན་པའི་ཕྱིར། མདོ་ལས། ཤཱ་རིའི་བུ་མི་ཟད་པའི་ཆོས་ཉིད་ཀྱིས་ན་གཞན་དུ་མི་གྱུར་ བའི་ཆོས་ཀྱི་སྐུ་འདི་ནི་རྟག་པའོ་ཞེས་སོ། །བརྟན་པའི་སྐྱབས་ཀྱི་བདག་ཉིད་ཆོས་ཀྱི་སྐུ་འདི་ ནི་བརྟན་པའི་དོན་ཡིན་ཏེ། ཕྱི་མའི་མཐའི་མུ་དང་མཚུངས་པའི་ཕྱིར་རོ། །མདོར། ཤཱ་རིའི་ བུ་ཕྱི་མའི་མཐའི་མུ་དང་མཚུངས་པ་ཉིད་ཀྱིས་བརྟན་པའི་སྐྱབས་སུ་གྱུར་བའི་ཆོས་ཀྱི་སྐུ་འདི་ ནི་བརྟན་པའོ་ཞེས་སོ། །གཉིས་སུ་མེད་པའི་ཆོས་ཉིད་ཀྱི་སྐུ་ནི་ཞི་བའི་དོན་ཡིན་ཏེ། རྣམ་ པར་མི་རྟོག་པའི་རང་བཞིན་ཡིན་པའི་ཕྱིར་རོ། །མདོར། ཤཱ་རིའི་བུ་རྣམ་པར་མི་རྟོག་པའི་ ཉིད་ཀྱི་གཉིས་སུ་མེད་པའི་ཆོས་ཀྱི་སྐུ་འདི་ནི་ཞི་བའོ་ཞེས་སོ། །འཇིག་པ་མེད་པའི་ཆོས་ཀྱི་ སྐུ་ནི་གཡུང་དྲུང་ཉིད་ཡིན་ཏེ། མ་བཅོས་པའི་ཆོས་ཉིད་ཀྱི་ཡོན་ཏན་ཉིད་ཡིན་པའི་ཕྱིར་ནའོ། ། མདོར། ཤཱ་རིའི་བུ། མ་བཅོས་པའི་ཆོས་ཉིད་ཀྱི་འཇིག་པ་མེད་པའི་ཆོས་ཀྱི་སྐུ་འདི་ནི་གཡུང་ དྲུང་ངོ་ཞེས་སོ། ། བརྒྱད་པ་ཡོན་ཏན་དབྱེར་མེད་ཀྱི་དོན་ལ་བསྟན་བཤད་གཉིས་ཀྱི། དང་པོ་ནི་ཤིན་ཏུ་ རྣམ་པར་དག་པའི་མཐར་ཕྱིན་པའི་བདེ་གཤེགས་སྙིང་པོ་སངས་རྒྱས་ཉིད་ནི་དེ་ལས་མ་ གཏོགས་པའི་མྱ་ངན་ལས་མ་འདས་པ་མཚན་ཉིད་པ་མེད་དེ། སྤངས་པ་མྱང་འདས་ཀྱི་ཡོན་ ཏན་སྟོབས་སོགས་རྣམས་དང་ཁྱོད་ཀྱི་ཡོན་ཏན་སྟོབས་རྣམས་ཕན་ཚུན་གཅིག་ཅིང་དབྱེར་ མེད་པའི་ཕྱིར་ཏེ། གང་གི་ཕྱིར་ན་དེ་ནི་ཆོས་སྐུ་དེ་ནི་དེ་བཞིན་གཤེགས་པ་དེ་ནི་འཕགས་ པའི་བདེན་པ་དོན་དམ་མྱ་ངན་ལས་འདས་པ་ཡིན་པ་དེའི་ཕྱིར་རོ། །དཔེར་ན་ཉི་མའི་དཀྱིལ་ འཁོར་དང་འོད་ཟེར་དག་དབྱེར་མེད་པ་བཞིན་ནོ། ། 1-1-95 གཉིས་པ་ལ་གཉིས། ཚིགས་སུ་བཅད་པ་ཕྱེད་སྔ་མའི་དོན་མིང་རྣམ་གྲངས་སུ་བཤད་པ་ དང༌། ཕྱེད་ཕྱི་མའི་དོན་ངོ་བོ་རྣམ་དབྱེར་མེད་ཚུལ་བཤད་པའོ། ། དང་པོ་ནི་མདོར་བསྡུ་ན་ཟག་པ་མེད་པའི་དབྱིངས་དེ་བཞིན་གཤེགས་པའི་སྙིང་པོ་ལ་ནི་ ཆོས་ཀྱི་སྐུ་ལ་སོགས་པའི་མིང་གི་རྣམ་གྲངས་བཞིར་ནི་རིག་པར་བྱ་སྟེ། སངས་རྒྱས་ཀྱི་ཆོས་ དབྱེར་མེད་པ་ལ་སོགས་པ་དོན་གྱི་ངོ་བོ་གཅིག་པའི་རབ་ཏུ་དབྱེ་བ་བཞིས་ཕྱིར་རོ། །དཔལ་ ཕྲེང་དུ། དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བྱ་བ་འདི་ནི་དེ་བཞིན་གཤེགས་པའི་ཆོས་ ཀྱི་སྐུའི་ཚིག་བླ་དྭགས་སོ་ཞེས་དང༌། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡང་གཞན་ ལ་ཆོས་ཀྱི་སྐུ་ཡང་གཞན་པ་ནི་མ་ལགས་ཀྱི་བཅོམ་ལྡན་འདས་ཆོས་ཀྱི་སྐུ་ཉིད་དེ་བཞིན་ གཤེགས་པ་ལགས་སོ་ཞེས་དང༌། བཅོམ་ལྡན་འདས་སྡུག་བསྔལ་འགོག་པ་ཞེས་བགྱི་བ་ འདི་ནི་ཡོན་ཏན་དེ་ལྟ་བུ་དང་ལྡན་པའི་དེ་བཞིན་གཤེགས་པ་ཆོས་ཀྱི་སྐུར་བསྟན། ཞེས་དང༌། བཅོམ་ལྡན་འདས་མྱ་ངན་ལས་འདས་པའི་དབྱིངས་ཞེས་བྱ་བ་འདི་ནི་དེ་བཞིན་གཤེགས་ པའི་ཆོས་ཀྱི་སྐུའི་ཚིག་བླ་དྭགས་སོ་ཞེས་སོ། །དོན་བཞི་གང་ཞེ་ན་དྲི་མེད་དེ་བཞིན་གཤེགས་ པའི་སྙིང་པོ་ནི་ཆོས་ཀྱི་སྐུ་ཡིན་ཏེ། སངས་རྒྱས་ཀྱི་ཆོས་སྟོབས་སོགས་དང་དབྱེར་མེད་པས་ སོ༑ ༑མདོར། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་ནི་རྣམ་པར་དབྱེ་བ་མེད་ པ་བྲལ་མི་ཤེས་པ་བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་ཆོས་གངྒཱའི་ཀླུང་གི་བྱེ་མ་ལས་ འདས་པས་མི་སྟོང་བའོ་ཞེས་སོ། །དེ་དེ་བཞིན་གཤེགས་པ་ཡང་ཡིན་ཏེ། སངས་རྒྱས་དེའི་ རིགས་རང་བཞིན་གྱི་བསམ་གྱིས་མི་ཁྱབ་པའི་རྣམ་པར་ཐོབ་པས་སོ། །མདོར། བརྒྱུད་ནས་ འོངས་པའི་ཐོག་མ་མེད་པའི་ཆོས་ཉིད་ཐོབ་པ་དེ་ནི་སྐྱེད་བྱེད་དྲུག་གི་ཁྱད་པར་དེ་འདྲ་བ་ཡིན་ ནོ་ཞེས་སོ། །འདིས་ས་སྡེར་གསུངས་པའི་རིགས་སེམས་ཙམ་གྱིར་འདོད་པ་བཀག་གོ །དེ་ དོན་དམ་བདེན་པ་ཡང་ཡིན་ཏེ། རྫུན་པ་མེད་པ་དང་སླུ་བ་མེད་པའི་ཆོས་ཉིད་ཡིན་པས་སོ། 1-1-96 ། མདོར་དེ་ལ་དོན་དམ་པའི་བདེན་པ་ནི་མི་སླུ་བའི་ཆོས་ཅན་གྱི་མྱ་ངན་ལས་འདས་པ་གང་ ཡིན་པ་སྟེ། དེ་ཅིའི་ཕྱིར་ཞེ་ན་རིགས་དེ་ནི་གཏན་དུ་ཞི་བའི་ཆོས་ཉིད་ཀྱིས་ན་རྟག་པའོ་ཞེས་ སོ། །དེ་དོན་དམ་མྱ་ངན་ལས་འདས་པ་ཡིན་ཏེ། གཏན་དུ་གདོད་མ་ནས་རང་བཞིན་གྱིས་ཉེ་ བར་ཞི་བ་ཉིད་ཡིན་པས་སོ། །མདོར། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་ རྫོགས་པའི་སངས་རྒྱས་ནི་གདོད་མ་ནས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་དེ་སྐྱེ་བ་མེད་ པ་དང་འགག་པ་མེད་པའོ་ཞེས་སོ། ། གཉིས་པ་ལ་ལྔ། སྤངས་རྟོགས་དབྱེར་མེད་དུ་བསྟན་པ། ཡོན་ཏན་དང་དབྱེར་མེད་པའི་ ཐར་པ་དེ་བཞིན་གཤེགས་པར་བསྟན་པ། རྒྱལ་བའི་ཡོན་ཏན་རྣམ་ཀུན་མཆོག་ལྡན་དུ་རི་ མོའི་དཔེས་བསྟན་པ། ཡོན་ཏན་དབྱེར་མེད་ཉི་མའི་དཔེས་བསྟན་པ། སངས་རྒྱས་མ་ཐོབ་ན་ མྱང་འདས་མི་འཐོབ་ཚུལ་ལོ། ། དང་པོ་ནི་གཉིས་སུ་མེད་པའི་ཆོས་ཀྱི་ཚུལ་གྱི་སྒོ་ནས་ཆོས་ཐམས་ཅད་རྣམ་པ་ཀུན་ མངོན་པར་རྫོགས་པར་བྱང་ཆུབ་པའི་ཕྱིར། སངས་རྒྱས་ཉིད་ཅེས་བརྗོད་པ་གང་ཡིན་པ་དང་ ལྷན་ཅིག་མངོན་པར་རྫོགས་པར་བྱང་ཆུབ་པས་བག་ཆགས་དང་བཅས་པའི་དྲི་མ་སྤངས་ པའི་ཕྱིར། མྱ་ངན་ལས་འདས་པ་ཞེས་པ་གང་ཡིན་པ་འདི་གཉིས་ཀ་ཡང་དམ་པའི་དོན་ཟག་ པ་མེད་པའི་དབྱིངས་ལ་དབྱེར་མེད་བཅད་དུ་མེད་གཉིས་སུ་མེད་པ་ཉིད་དེ། ཁྱོད་ཀྱི་ངོ་བོ་ ཟག་པ་མེད་པའི་དབྱིངས་ཀྱི་རྣམ་གྲངས་བཞི་པོ་འདི་དག་དེ་བཞིན་གཤེགས་པའི་ཁམས་ཀྱི་ དོན་གཅིག་ལ་ཡང་དག་པར་འདུ་བའི་དེའི་ཕྱིར་རོ། ། གཉིས་པ་ནི་སངས་རྒྱས་ཉིད་དེ་ནི་མེད་པར་འགའ་ཡང་མྱ་ངན་ལས་འདས་པ་ཐོབ་པ་ མེད་དེ། ཁྱོད་དང་མྱ་ངན་ལས་འདས་པ་དག་དབྱེར་མེད་པའི་ཡོན་ཏན་དང་ལྡན་པའི་ཕྱིར་ཏེ། རྣམ་པ་ཐམས་ཅད་པ་གཞལ་དུ་མེད་པས་གྲངས་མེད་པ་བསམ་དུ་མེད་པ་དྲི་མ་མེད་པ་སྟེ། 1-1-97 ཡོན་ཏན་རྣམ་པ་བཞི་གྲུབ་པ་དང་དབྱེར་མེད་པའི་མཚན་ཉིད་ཐར་པ་མྱ་ངན་ལས་འདས་པ་ ཐོབ་པས་ཐར་པ་གང་ཡིན་པ་དེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་ པའི་སངས་རྒྱས་ཡིན་པས་སོ། །མདོར། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་ བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་མྱ་ངན་ལས་འདས་པ་ཐོབ་པའི་ ཕྱིར་རོ། །ཐམས་ཅད་པ་གཞལ་དུ་མེད་པ་བསམ་གྱིས་མི་ཁྱབ་པ་རྣམ་པར་དག་པའི་མཐར་ ཕྱིན་པའི་ཡོན་ཏན་དང་ལྡན་པའོ་ཞེས་སོ། །དེས་ན་ཐེག་དམན་གྱི་མྱང་འདས་མྱང་འདས་ མཚན་ཉིད་པ་མིན་ཏེ། མདོར། བཅོམ་ལྡན་འདས་མྱ་ངན་ལས་འདས་པ་ཞེས་བྱ་བ་འདི་ནི་ དེ་བཞིན་གཤེགས་པ་རྣམས་ཀྱི་ཐབས་ལགས་སོ་ཞེས་གསུངས་པ་ཡིན་ནོ། །འདིས་ནི་ལམ་ རིང་པོས་དུབ་པ་རྣམས་ལ་འབྲོག་དགོན་པའི་དབུས་སུ་གྲོང་ཁྱེར་སྤྲུལ་པ་བཞིན་དུ་འདི་ནི་ ཆོས་ཀྱི་དབང་ཕྱུག་དམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཕྱིར་མི་ལྡོག་པའི་ཐབས་ ཡིན་ནོ་ཞེས་བསྟན་ཏོ། ། གསུམ་པ་ནི་ཇི་ལྟར་རི་མོ་འབྲི་བར་བྱེད་པའི་མཁན་པོ་མགོ་བོ་དང་ལག་པ་ལ་སོགས་པ་ ཡན་ལག་གཞན་དང་གཞན་ལ་བྱེ་བྲག་ཏུ་མཁས་པ་དག་ལས། རི་མོ་མཁན་གང་གི་མགོ་བོ་ ལྟ་བུའི་ཡན་ལག་གང་ཤེས་པ་དེས་ལག་པ་ལ་སོགས་གཞན་ངེས་འཛིན་མེད་པ་སྟེ། མི་ཤེས་ པར་གྱུར་ལ་དེ་ནས་རས་འདི་ལ་རི་མོ་མཁན་ཁྱེད་ཀུན་གྱིས་རྒྱལ་པོ་ང་ཡི་གཟུགས་ནི་རྫོགས་ པར་གྱིས་ཤིག་ཅེས་པའི་མངའ་བདག་རྒྱལ་པོས་དེ་དག་ལ་བཀའ་བསྒོས་པའི་རས་ནི་བྱིན་ པ་དང༌། དེ་ནས་རི་མོ་མཁན་དེ་དག་གིས་ཚིག་དེ་ནི་ཐོས་པར་གྱུར་ཏེ་རང་རང་གི་ཤེས་པའི་ རི་མོ་འབྲི་བའི་ལས་ལ་རབ་ཏུ་སྦྱོར་རོ། །རི་མོ་དེ་ལ་མངོན་པར་སྦྱོར་བ་རྣམས་ལས་གཅིག་ མགོ་བོ་ལྟ་བུ་ཤེས་པ་གཅིག་རི་མོ་འབྲི་བའི་གནས་དེ་ལས་ཡུལ་གཞན་དུ་སོང་བར་གྱུར་ན། དེ་ནི་ཡུལ་གཞན་དུ་སོང་བས་ན་དེས་འབྲི་བར་བྱ་བའི་ཡན་ལག་དེ་མ་ཚང་བའི་ཕྱིར། རྒྱལ་ 1-1-98 པོའི་གཟུགས་ཀྱི་རི་མོ་དེ་ཡན་ལག་ཐམས་ཅད་ཡོངས་སུ་རྫོགས་པར་མི་འགྱུར་བ་བཞིན་ ཞེས་དོན་འདི་མཚོན་པའི་དོན་དུ་གཙུག་ན་རིན་པོ་ཆེས་མདོར་དཔེར་བྱས་སོ། །ཡན་ལག་དེ་ རྣམས་འབྲི་བར་བྱེད་པས་མཚོན་པའི་དོན་ནི་གང་དག་ཡིན་ན་སྦྱིན་པ་དང་ཚུལ་ཁྲིམས་དང་ བཟོད་པ་དང་ལ་སོགས་པའི་སྒྲས། བརྩོན་འགྲུས་དང་བསམ་གཏན་དང་ཤེས་རབ་སོགས་ ཐབས་ཀྱི་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་ཤེར་ཕྱིན་བསྒོམ་པ་ཡིན་ལ། དེ་རྣམས་ཀྱི་ འབྲས་བུའི་ཡོན་ཏན་མཐར་ཐུག་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ཆོས་སྐུ་ཐོབ་པ་ནི་རྒྱལ་ པོའི་གཟུགས་ཡོངས་རྫོགས་བྲི་ཚར་བའི་གཟུགས་ཀྱིས་མཚོན་པའི་དོན་དུ་བརྗོད་དོ། །དེ་ལ་ སྦྱིན་པ་ལ་སོགས་པ་འདི་དག་ཉིད་ཚད་མེད་པར་རིག་པར་བྱ་སྟེ། དེ་རྣམས་རེ་རེ་ཡང་སངས་ རྒྱས་ཀྱི་ཡུལ་ལ་མཐའ་ཡས་པར་རྣམ་པར་དབྱེ་བ་ཐ་དད་པའི་ཕྱིར་རོ། །དེ་བསམ་གྱིས་མི་ ཁྱབ་པ་ཉིད་དེ། གྲངས་དང་མཐུ་དག་གིས་དཔག་པར་མི་ནུས་པའི་ཕྱིར་རོ། །དེ་རྣམ་པར་ དག་པའི་མཆོག་ཉིད་དེ། སེར་སྣ་ལ་སོགས་པ་མི་མཐུན་པའི་ཕྱོགས་ཐམས་ཅད་ཀྱི་བག་ ཆགས་བསལ་བའི་ཕྱིར་རོ། །དེ་དག་གི་རྒྱུ་ནི་དེ་ལ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་ པའི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱི་སྒོ་བསྒོམས་པས་མི་སྐྱེ་བའི་ཆོས་ཉིད་ཐོབ་པའི་ཕྱིར། བྱང་ཆུབ་སེམས་དཔའི་ས་མི་གཡོ་བ་ལ་རྣམ་པར་མི་རྟོག་པ་སྐྱོན་མེད་པ་རྒྱུན་མི་འཆད་པར་ རང་གི་ངང་གིས་འཇུག་པའི་ཤེས་པ་ལ་བརྟེན་ནས། ཟག་པ་མེད་པའི་དབྱིངས་ལ་དེ་བཞིན་ གཤེགས་པ་རྣམས་ཀྱི་ཡོན་ཏན་ཐམས་ཅད་ཉིད་ཡང་དག་པར་གྲུབ་པོ། །བྱང་ཆུབ་སེམས་ དཔའི་ས་ལེགས་པའི་བློ་གྲོས་ལ་ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་བརྒྱ་སྟོང་གྲངས་མེད་པ་ དག་གིས་ཚད་མེད་པའི་སངས་རྒྱས་ཀྱི་ཆོས་ཡོངས་སུ་འཛིན་པའི་ཤེས་པ་ལ་བརྟེན་ནས་ནི། ཡོན་ཏན་ཚད་མེད་པ་ཉིད་དང་ཡང་དག་པར་ལྡན་པར་འགྲུབ་པོ། །བྱང་ཆུབ་སེམས་དཔའི་ ས་ཆོས་ཀྱི་སྤྲིན་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་གནས་ལྐོག་ཏུ་མ་གྱུར་ 1-1-99 པའི་ཤེས་པ་ལ་བརྟེན་པས་ན་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ཉིད་མངོན་པར་འགྲུབ་པོ། ། དེའི་རྗེས་ཐོག་ཏུ་སངས་རྒྱས་ཀྱི་ས་ཐོབ་པའི་ཕྱིར་བག་ཆགས་དང་བཅས་པའི་ཉོན་མོངས་ པ་དང་ཤེས་བྱའི་སྒྲིབ་པ་མཐའ་དག་ལས་གྲོལ་བའི་ཕྱིར། ཤེས་པ་ལ་བརྟེན་པས་ན་རྣམ་པར་ དག་པ་མཆོག་གི་ཡོན་ཏན་ཉིད་ཡང་དག་པར་འགྲུབ་པོ༑ ༑གང་གི་ཕྱིར་སའི་ཡེ་ཤེས་ཀྱི་རྟེན་ བཞི་པོ་འདི་དག་དགྲ་བཅོམ་པ་དང་རང་སངས་རྒྱས་རྣམས་ལ་མཐོང་བ་མེད་པ་དེའི་ཕྱིར་དེ་ དག་ནི་ཡོན་ཏན་རྣམ་པ་བཞི་གྲུབ་པ་དང༌། དབྱེར་མེད་པའི་མཚན་ཉིད་མྱ་ངན་ལས་འདས་ པའི་དབྱིངས་ལས་རིང་དུ་གྱུར་པ་ཡིན་ནོ། ། བཞི་པ་ནི་སངས་རྒྱས་ཀྱི་རྒྱུད་ལ་མངའ་བ་འཇིག་རྟེན་ལས་འདས་པ་རྣམ་པར་མི་རྟོག་ པའི་ཤེས་རབ་ནི་འོད་གསལ་བ་དང་ཆོས་མཚུངས་ཏེ། ཤེས་བྱའི་དེ་ཁོ་ན་ཉིད་དམ་པའི་མུན་ པ་སེལ་བར་ཉེ་བར་གནས་པའི་ཕྱིར་རོ། །དེའི་རྗེས་ལས་ཐོབ་པའི་ཤེས་བྱ་ཐམས་ཅད་ཀྱི་ ཡེ་ཤེས་ནི། འོད་ཟེར་གྱི་དྲ་བ་འཕྲོ་བ་དང་ཆོས་མཚུངས་ཏེ། ཤེས་བྱའི་དངོས་པོ་མ་ལུས་པའི་ རྣམ་པ་ཐམས་ཅད་ལ་འཇུག་པས་སོ། །དེ་གཉིས་ཀའི་རྟེན་སེམས་ཀྱི་རང་བཞིན་རྣམ་པར་ གྲོལ་བ་རྣམས་ནི་ཉི་མའི་དཀྱིལ་འཁོར་རྣམ་པར་དག་པ་དང་ཆོས་མཚུངས་ཏེ། ཤིན་ཏུ་དྲི་མ་ མེད་ཅིང་འོད་གསལ་བ་ཉིད་ཀྱི་ཕྱིར་རོ། ། གསུམ་ག་ཡང་ཉི་མའི་འོད་གསལ་བ་སོགས་གསུམ་པོ་རྣམ་པར་དབྱེར་མེད་པ་དང་ཆོས་ མཚུངས་ཏེ། ཁྱེད་རྣམས་ཆོས་དབྱིངས་དང་ངོ་བོ་ཐ་དད་དམ་དབྱེར་མེད་པའི་རང་བཞིན་ཉིད་ ཀྱི་ཕྱིར། ལྔ་པ་ནི་ཤེས་བྱའི་ཆོས་ཅན་ཆགས་ཐོགས་མེད་པའི་ཡེ་ཤེས་ཀྱིས་གཟིགས་པ་མངའ་ བའི་དེ་བཞིན་གཤེགས་པ་སངས་རྒྱས་མ་ཐོབ་པར། སྒྲིབ་པ་ཐམས་ཅད་ལས་རྣམ་པར་གྲོལ་ བའི་མཚན་ཉིད་མྱ་ངན་ལས་འདས་པ་མི་འཐོབ་སྟེ། ཐོག་མེད་ནས་ཉེ་བར་གནས་པའི་རང་ 1-1-100 བཞིན་དགེ་བའི་ཆོས་དང་ལྡན་པའི་ཁམས་དེ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་ཡོན་ཏན་ རྣམ་པར་དབྱེ་བ་མེད་པའི་ཆོས་ཉིད་ཡིན་པ་དེས་ནའོ། །དཔེར་ན་འོད་དང་འོད་ཟེར་སྤངས་ ནི་ཉི་མ་བལྟ་བར་མི་ནུས་པ་བཞིན་ནོ༑ ༑དཔལ་ཕྲེང་དུ། བཅོམ་ལྡན་འདས་དམན་པ་དང་ གྱ་ནོམ་པའི་ཆོས་ལ་ནི་མྱ་ངན་ལས་འདས་པ་རྟོགས་པ་མ་མཆིས་ལགས་སོ། །བཅོམ་ལྡན་ འདས་མྱ་ངན་ལས་འདས་པ་རྟོགས་པ་ནི་ཤེས་རབ་མཚུངས་པའི་ཆོས་རྣམས་ཀྱི་ལགས་ སོ། །བཅོམ་ལྡན་འདས་མྱ་ངན་ལས་འདས་པ་ནི་ཡེ་ཤེས་མཚུངས་པ་དང་རྣམ་པར་གྲོལ་ བ་མཚུངས་པ་དང་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་མཚུངས་པ་རྣམས་ཀྱི་ལགས་སོ། ། བཅོམ་ལྡན་འདས་དེའི་སླད་དུ་མྱ་ངན་ལས་འདས་པའི་དབྱིངས་ནི་རོ་གཅིག་པ་རོ་མཚུངས་ པ་ཞེས་བརྗོད་དེ་རིག་པ་དང་རྣམ་པར་གྲོལ་བའི་རོས་སོ་ཞེས་སོ། ། (བཞི་པ)གསུམ་པ་དེ་དག་གི་དོན་བསྡུ་ཞིང་མཚམས་སྦྱར་བ་ནི། སྔར་བསྟན་པ་དེ་ལྟར་ན་ཕྱི་ མའི་མཐའི་མུ་དང་མཚུངས་པ་རྟག་པའི་ཆོས་ཉིད་རིག་པར་བྱ་བ་ཉིད་ཀྱི་དབང་དུ་བྱས་ནས། རྒྱལ་བའི་སྙིང་པོ་འདི་ནི་ངོ་བོའི་དོན་ནས་ཡོན་ཏན་རྣམ་པར་དབྱེར་མེད་ཀྱི་དོན་གྱི་བར་རྣམ་ བཞག་རྣམ་པ་བཅུ་ཞེས་བརྗོད་དེ་གཏན་ལ་ཕབ་སྟེ་བཤད་པའོ། །ཆོས་ཀྱི་སྐུ་དེ་ཉིད་ཐོག་ མ་མེད་པའི་དུས་ནས་འཁོར་འདས་ཐམས་ཅད་ལ་ཉེ་བར་གནས་ཀྱང༌། སེམས་ཅན་ལ་མ་ འབྲེལ་བའི་རང་བཞིན་ཉོན་མོངས་པའི་སྦུབས་ཉིད་དང་ཐོག་མེད་ནས་ཉེ་བར་གནས་པ་ འབྲེལ་བའི་རང་བཞིན་དག་པའི་ཆོས་ཉིད་ཀྱི་དབང་དུ་བྱས་ནས། བདེ་གཤེགས་སྙིང་པོ་ ཆོས་སྐུ་ཉིད་སེམས་ཅན་ལ་ཉོན་མོངས་སྦུབས་སུ་ཞུགས་པ་ནི་དེ་བཞིན་གཤེགས་པའི་སྙིང་ པོའི་མདོར། དཔེ་དགུ་དག་གིས་ནི་བསྟན་པ་ལྟར་ཤེས་པར་བྱ་ཞེས་མཚམས་སྦྱར་རོ། ། ལྔ་པའི་མཚམས་སྦྱར་ལྟར་དཔེས་བསྟན་པ་ལ་གཉིས་ཏེ་སྙིང་པོ་སངས་རྒྱས་སེམས་ཅན་ ལ་དྲི་བཅས་སུ་ཞུགས་ཚུལ་དཔེས་རྒྱས་པར་བསྟན་པ། དཔེ་དོན་རྣམས་ཀྱི་ཆོས་མཚུངས་ 1-1-101 སྦྱར་བའོ། ། རྒྱས་པར་བསྟན་པ་ལ་གསུམ། དང་པོ་ལ་གསུམ་མདོར་བསྟན། རྒྱས་པར་བཤད། དོན་ བསྡུ་བའོ། ། དང་པོ་ནི་དེ་ཡང་འདི་ལྟར་སངས་རྒྱས་ཀྱི་གཟུགས་པདྨ་ངན་པ་ལ་དང་སྦྲང་རྩི་སྦྲང་མའི་ དབུས་ལ་དང༌། སྦུན་པ་ལ་འབྲས་བུའི་སྙིང་པོ་དང་མི་གཙང་བའི་ནང་ན་གསེར་སྦྲམ་དང་ས་ འོག་ལ་གཏེར་དང་ནྱ་གྲོ་ཏ་ལས་སོ་པའི་ཤིང་གི་འབྲས་ཆུང་ས་བོན་དང༌། ཤུན་པའི་ནང་ན་ མྱུ་གུ་དང་གོས་ཧྲུལ་པོའི་ནང་ན་རིན་ཆེན་ལས་བྱས་རྒྱལ་བའི་སྐུ་དང་བུད་མེད་ངན་པའི་ལྟོ་ ན་མིའི་བདག་པོ་དང༌། ས་འདམ་ནག་པོ་ལ་རིན་ཆེན་གསེར་ལ་བྱས་པའི་གཟུགས་རྣམས་ བསྒྲིབ་པའི་ཚུལ་དུ་ཡོད་པ་ཇི་ལྟ་བར་གློ་བུར་ཉོན་མོངས་པ་དྲི་མས་བསྒྲིབས་པའི་སེམས་ ཅན་རྣམས་ལ། དཔེ་དེ་བཞིན་དུ་ཁམས་སྙིང་པོ་འདི་བསྒྲིབ་པའི་ཚུལ་དུ་གནས་སོ། །སྒྲིབ་ བྱེད་དྲི་མ་དགུའི་དཔེ་ནི་པདྨ་དང་སྲོག་ཆགས་སྦྲང་མ་དང་སྦུན་པ་དང་མི་གཙང་བ་དང་ས་ འོག་དང་འབྲས་ཤུན་དང་གོས་ཧྲུལ་དང་སྡུག་བསྔལ་མངོན་པར་འབར་བའི་བུད་མེད་དང༌། ས་འདམ་གྱི་ཁམས་དགུ་དང་ཆོས་མཚུངས་ཤིང་སྒྲིབ་བྱ་དྲི་མ་མེད་པའི་ཁམས་མཆོག་སྙིང་ པོའི་ཆ་དགུ་ནི། སྒྲིབ་བྱེད་ཀྱི་དཔེ་དེ་དག་ལ་ཡོད་པའི་སངས་རྒྱས་ཀྱི་གཟུགས་དང་སྦྲང་རྩི་ དང་སྙིང་པོ་དང་གསེར་དང་གཏེར་དང་ནྱ་གྲོ་ཏའི་ཤིང་དང་རིན་ཆེན་དང་གཟུགས་དང་གླིང་ བཞིའི་བདག་པོ་མཆོག་དང་རིན་ཆེན་གསེར་གྱི་གཟུགས་དང་མཚུངས་པ་ཉིད་དོ། ། གཉིས་པ་ལ་དགུ། པད་ངན་ལ་སངས་རྒྱས་བཞུགས་པ་ལྟར་སེམས་ཅན་ལ་སྙིང་པོ་ཆོས་ དབྱིངས་བཞུགས་ཚུལ། སྦྲང་མ་ལ་སྦྲང་རྩི་ལྟར་སེམས་ཅན་ལ་སྙིང་པོ་བཞུགས་ཚུལ། སྦུན་ པ་ལ་སྙིང་པོ་ལྟར་སེམས་ཅན་ལ་སྙིང་པོ་བཞུགས་ཚུལ། མི་གཙང་བ་ལ་གསེར་སྦྲམ་ལྟར་ སེམས་ཅན་ལ་སྙིང་པོ་བཞུགས་ཚུལ། ས་འོག་ན་གཏེར་ཆེན་ལྟར་སེམས་ཅན་ལ་སངས་རྒྱས་ 1-1-102 བཞུགས་ཚུལ། འབྲས་ཤུན་ལ་མྱུ་གུ་ལྟར་སེམས་ཅན་ལ་སྙིང་པོ་བཞུགས་ཚུལ། གོས་ཧྲུལ་ལ་ རྒྱལ་སྐུ་ལྟར་སེམས་ཅན་ལ་སངས་རྒྱས་བཞུགས་ཚུལ། བུད་མེད་ལ་མི་བདག་ལྟར་སེམས་ ཅན་ལ་སྙིང་པོ་བཞུགས་ཚུལ། ས་འདམ་ལ་གསེར་གཟུགས་ལྟར་སེམས་ཅན་ལ་སྙིང་པོ་ བཞུགས་ཚུལ་ལོ། ། དང་པོ་ལ་དཔེ་དང་དོན་དང་དཔེ་དོན་སྦྱར་བའི་སྦྱོར་ཚུལ་དང་གསུམ་སྟེ་དེ་བཞིན་དུ་ གཞན་བརྒྱད་ལ་ཡང་ངོ༌། །དཔེ་ནི། ཇི་ལྟར་ཏེ་དཔེར་ན་མདོག་ངན་པའི་པདྨའི་ཁོང་ན་གནས་ པའི་མཚན་སྟོང་གིས་འབར་བའི་དེ་བཞིན་གཤེགས་པ་ནི་དྲི་མེད་ལྷའི་མིག་དང་ལྡན་པའི་ མིས་མཐོང་ནས་ཆུ་སྐྱེས་པདྨའི་འདབ་མའི་སྦུབས་ནས་སྐུ་དེ་འབྱིན་པར་བྱེད་དོ། །དོན་ནི་དེ་ བཞིན་དུ་བདེ་གཤེགས་ཀྱི་ཆོས་སྐུ་ཐ་ན་མནར་མེད་པར་གནས་པའི་སེམས་ཅན་རྣམས་ལ་ ཡང་སངས་རྒྱས་ཀྱི་སྤྱན་གྱིས་རང་གི་ཆོས་ཉིད་ངོ་བོ་ཉིད་སྐུ་གཟིགས་ཏེ། སྒྲིབ་པ་མེད་ཅིང་ཕྱི་ མཐའི་མུར་གནས་པ་སྙིང་རྗེའི་བདག་ཉིད་ཅན་གྱི་སྒྲིབ་པ་ལས་ནི་གྲོལ་བར་བྱེད་དོ། ། གསུམ་པ་ནི། ཇི་ལྟར་མདོག་མི་སྡུག་པའི་པདྨ་ཁ་ཟུམ་པ་ལ་བདེ་བར་གཤེགས་པའི་ སྐུ་གཟུགས་ནི་པདྨ་དེའི་ཁོང་ན་གནས་པ་ལྷའི་མིག་གིས་མཐོང་ནས་སྐུ་དེ་འབྱིན་པའི་ཕྱིར་ པདྨའི་མདབ་མ་བཅོད་པར་བྱེད་པ་ལྟར། དེ་བཞིན་དུ་སྒྲིབ་བྱེད་ཆགས་སྡང་ལ་སོགས་པའི་ དྲི་མའི་སྦུབས་ཀྱིས་སྒྲིབ་པའི་རྫོགས་སངས་སྙིང་པོ་ཆོས་སྐུ་འགྲོ་བ་ཐམས་ཅད་ལ་ཡོད་པར་ གཟིགས་ཏེ། ཐུགས་རྗེ་ཆེན་པོ་དང་ལྡན་པའི་ཐུབ་པས་ཆགས་སོགས་སྒྲིབ་པ་དེ་ནི་འཇོམས་ པར་མཛད་དོ། ། གཉིས་པ་ལ་གསུམ་གྱི་དཔེ་ནི། ཇི་ལྟར་སྲོག་ཆགས་སྦྲང་མའི་ཚོགས་ཀྱིས་བསྐོར་བའི་ སྦྲང་རྩི་ནི་སྐྱེས་བུ་མཁས་པ་སྦྲང་རྩི་དེ་དོན་དུ་གཉེར་བ་ཡིས་མཐོང་ནས། སྦྲང་རྩི་དེའང་དུ་བ་ གཏོང་བ་ལ་སོགས་པའི་ཐབས་ཀྱིས་སྲོག་ཆགས་སྦྲང་མའི་ཚོགས་ཀུན་ནས་བྲལ་བར་རབ་ 1-1-103 ཏུ་བྱེད་པ་ཡིན་ནོ། །དོན་ནི་དྲང་སྲོང་ཆེན་པོའི་ཀུན་མཁྱེན་སྤྱན་གྱིས་ནི་རིགས་གཅིག་པའི་ ཡེ་ཤེས་ཁམས་སྦྲང་རྩི་དང་འདྲ་བ་འདི་སེམས་ཅན་ཐམས་ཅད་ལ་ཡོད་པར་གཟིགས་ནས། ཁམས་དེའི་སྒྲིབ་པ་ཞེ་སྡང་བག་ལ་ཉལ་སྦྲང་མ་དང་འདྲ་བ་གཏན་ནས་རབ་ཏུ་སྤོང་བར་ མཛད་པ་ཡིན་ནོ། ། གསུམ་པ་ནི་ཇི་ལྟར་སྲོག་ཆགས་བྱེ་བ་ཁྲག་ཁྲིག་སྟོང་གི་སྒྲིབ་པ་ལ་སྦྲང་རྩི་དེ་དོན་དུ་ གཉེར་བའི་མིས་ཕྱིའི་སྦྲང་མ་དེ་དག་བསལ་ཏེ་རང་ཇི་ལྟར་འདོད་པ་བཞིན་དུ་སྦྲང་རྩིའི་བྱ་བ་ བྱེད་པ་དེ་བཞིན་དུ། ལུས་ཅན་ཐམས་ཅད་ལ་ཡོད་པའི་ཟག་པ་མེད་པའི་ཤེས་པ་སྦྲང་མའི་རྩི་ དང་འདྲ་བ་ལ་སྒྲིབ་པའི་ཉོན་མོངས་པ་ཞེ་སྡང་བག་ལ་ཉལ་སྦྲང་མ་དང་འདྲ་བ་དེ་འཇོམས་པ་ ལ་མཁས་པ་རྒྱལ་བ་ནི་སྦྲང་རྩི་འདོན་པའི་སྐྱེས་བུ་བཞིན་ནོ། ། གསུམ་པ་ལ་གསུམ་སྟེ་དཔེ་ནི་ཇི་ལྟར་སྦུན་ལྡན་འབྲས་བུའི་སྙིང་པོ་ནི་མི་རྣམས་ཀྱིས་ནི་ ལོངས་ཡོངས་སུ་སྤྱད་བྱའི་བཟའ་བ་ད་ལྟ་བར་མི་འགྱུར་བ་ལ། ཟས་སོགས་དོན་དུ་གཉེར་ བའི་མི་གང་ཡིན་པ་དེ་དག་གིས་ནི་སྦུན་པའི་ནང་ནས་དེས་འབྱིན་པ་ལྟར། དོན་ནི་དེ་བཞིན་ དུ་སེམས་ཅན་རྣམས་ལ་ཡོད་པའི་ཉོན་མོངས་པ་གཏི་མུག་བག་ལ་ཉལ་གྱི་དྲི་མ་དང་འདྲེས་ པའི་རྒྱལ་བའང་ཇི་སྲིད་དུ་ཉོན་མོངས་པ་དེའི་དྲི་མ་དང་འདྲེས་པ་ལས། མ་གྲོལ་པ་དེ་སྲིད་དུ་ རྒྱལ་བའི་མཛད་པ་འཕྲིན་ལས་སྲིད་པ་གསུམ་དུ་མི་བྱེད་ལ་གྲོལ་ཚེ་མཛད་དོ། ། གསུམ་པ་ནི་ཇི་ལྟར་སཱ་ལུ་དང་བྲ་བོ་དང་ནས་ལ་སོགས་པ་འབྲས་བུའི་སྙིང་པོའི་སྣ་ ཚོགས་པ་སྦུན་པ་ལས་མ་བྱུང་བའི་གྲ་མ་ཅན་ལོངས་སྤྱད་བྱར་ལེགས་པར་མ་སྒྲུབ་པ་དག་ ནི། མི་རྣམས་ཀྱིས་ལོངས་སྤྱད་པའི་བཟའ་བ་རོ་ཞིམ་པར་མི་གྱུར་བ་ལྟར་དེ་བཞིན་དུ་སེམས་ ཅན་ཁྱབ་པར་ཡོད་པའི་ཆོས་ཀྱི་དབང་ཕྱུག་ཉོན་མོངས་པའི་སྦུབས་ལས་མ་གྲོལ་བའི་ལུས་ ཅན་ལ། ཉོན་མོངས་པ་གཏི་མུག་བག་ལ་ཉལ་གྱི་བྲུ་བ་བཀྲེས་པའི་ཉེན་པའི་འགྲོ་བ་ལ་ཐེག་ 1-1-104 ཆེན་ཆོས་ཀྱི་དགའ་བའི་རོ་ཉམས་པར་འགྱུར་བ་མིན་པས་སོ། ། བཞི་པ་ལ་གསུམ་ཏེ་དཔེ་ནི། ཇི་ལྟར་གསེར་སྦྲམ་ཅན་གྱི་མི་གྲོང་དབར་དུ་རབ་ཏུ་རྒྱུ་ཚེ་ མིའི་གསེར་མི་གཙང་བའི་ལྗན་ལྗིན་རུལ་པའི་གནས་སུ་ལྷུང་བར་གྱུར་ལ། མི་གཙང་བས་མི་ འཇིག་པའི་ཆོས་ཅན་གྱི་གསེར་དེ་ནི་གནས་དེར་མི་འཇིག་པ་དེ་བཞིན་དུ་ལོ་བརྒྱ་ཕྲག་གམ་ མང་པོ་དག་ཏུ་གནས་པ་ནི། ལྷའི་མིག་རྣམ་དག་དང་ལྡན་པའི་ལྷ་ཡིས་གནས་དེར་གསེར་ དེ་ནི་ཡོད་པར་མཐོང་ནས་མི་འགའ་ཞིག་ལ་གནས་འདི་ན་ཡོད་པའི་གསེར་རིན་ཆེན་མཆོག་ འདི་སྦྱང་བར་བྱས་ཏེ། རིན་ཆེན་གྱིས་བསྒྲུབ་པར་བྱ་བ་རྒྱན་ལ་སོགས་པ་གྱིས་ཞེས་སྨྲ་བ་ ལྟར་རོ། །དོན་ནི་དེ་བཞིན་དུ་ཐུབ་པས་མི་གཙང་བ་དང་འདྲ་བའི་ཉོན་མོངས་ཀུན་ལྡང་དྲག་ པོའི་ཚོགས་སུ་བྱིང་བ་སེམས་ཅན་ཐམས་ཅད་ལ་ཡོན་ཏན་དེ་བཞིན་ཉིད་ཀྱི་སངས་རྒྱས་ཡོད་ པར་གཟིགས་ནས། ཉོན་མོངས་པའི་འདམ་དེ་དག་བྱའི་ཕྱིར་སྐྱེ་དགུ་རྣམས་ལ་དམ་ཆོས་ཀྱི་ ཆུའི་ཆར་བ་འབེབས་སོ། ། གསུམ་པ་ནི་ཇི་ལྟར་ལྗན་ལྗིན་རུལ་པའི་གནས་སུ་ལྷུང་བའི་གསེར་སྦྲམ་ནི་ལྷ་ཡིས་ མཐོང་བར་འགྱུར་ནས་ཀུན་ཏུ་དྲི་མ་དག་པར་བྱ་ཕྱིར་མཆོག་ཏུ་མཛེས་པའི་གསེར་མི་ལ་ནན་ གྱིས་སྟོན་པ་ལྟར། དེ་བཞིན་དུ་རྒྱལ་བའི་ཉོན་མོངས་པ་མི་གཙང་བའི་འདམ་རྫབ་ཆེན་པོར་ ལྷུང་བར་གྱུར་པའི་རྫོགས་སངས་རིན་པོ་ཆེ་སེམས་ཅན་རྣམས་ལ་རང་དང་ཁྱད་མེད་དུ་ཡོད་ པར་གཟིགས་ནས་དྲི་མ་དེ་དག་སྤངས་ཕྱིར་ལུས་ཅན་རྣམས་ལ་ཆོས་སྟོན་ཏོ། ། ལྔ་པ་ལ་གསུམ་དཔེ་ནི་མི་དབུལ་པོའི་ཁྱིམ་ནང་གི་ས་འོག་ན་ལོངས་སྤྱོད་པས་མི་ཟད་ པའི་གཏེར་ནི་ཡོད་པར་འགྱུར་ཏེ། འོན་ཀྱང་མི་དེས་ཀྱང་གཏེར་དེ་ཁང་འོག་ན་ཡོད་པར་མི་ ཤེས་ཤིང་གཏེར་དེ་ཡང་མི་དེ་ལ་ང་ས་འོག་འདིར་ཡོད་པས་ཐོན་ལ་སྤྱོད་ཅིག་ཅེས་མི་སྨྲ་བ་ ལྟར་རོ། །དོན་ནི་དེ་བཞིན་དུ་སེམས་ཅན་རྣམས་ཀྱི་ཡིད་མ་རིག་བག་ཆགས་ཀྱི་སའི་ནང་དུ་ 1-1-105 ཆུད་པའི་རིན་ཆེན་གཏེར་དང་འདྲ་བའི་དྲི་མ་མེད་པ་ཡོན་ཏན་གཞག་པ་དང་སྐྱོན་བསལ་དུ་ མེད་པའི་སྙིང་པོ་རིགས་ཆོས་ཉིད་ཀྱང༌། མངོན་སུམ་དུ་མ་རྟོགས་པས་ན་ཡོན་ཏན་གྱི་དབུལ་ པའི་སྡུག་བསྔལ་ནི་རྣམ་མང་རྒྱུན་དུ་སྐྱེ་དགུ་འདི་རྣམས་ཀྱིས་མྱོང་ངོ༌། ། གསུམ་པ་ནི་ཇི་ལྟར་མི་དབུལ་པོའི་ཁྱིམ་གྱི་ནང་གི་ས་འོག་ཏུ་རིན་ཆེན་མང་པོའི་གཏེར་ ཆུད་པར་གྱུར་ཀྱང་ཁྱིམ་བདག་གིས་མི་དེ་ལ་ནི་རིན་ཆེན་གཏེར་གྱིས་བདག་འདི་ན་ཡོད་ཅེས་ བརྗོད་པར་མི་བྱེད་ལ། གཏེར་དེ་ནི་མི་དེ་ཡིས་ཀྱང་ཡོད་པར་ཤེས་པ་མིན་པས་དབུལ་བ་ ལྟར་དེ་བཞིན་དུ། སངས་རྒྱས་ཀྱི་ཆོས་སྟོབས་སོགས་ཡེ་ཤེས་མང་པོའི་གཏེར་ཡིད་མ་རིག་ བག་ཆགས་ཀྱི་སའི་ཁྱིམ་ན་གནས་པའི་སེམས་ཅན་རྣམས་ནི་རང་ལ་གཏེར་ཡོད་ཀྱང་མ་རྙེད་ པའི་དབུལ་པོ་ལྟ་བུ་སྟེ། སེམས་ཅན་དེ་དག་རྣམས་ཀྱིས་རང་བཞིན་གྱི་རིགས་སྟོབས་སོགས་ ཡེ་ཤེས་ཀྱི་ཕུང་པོ་དེ་ཐོབ་པར་བྱ་བའི་ཕྱིར་འཇིག་རྟེན་དུ་ནི་དྲང་སྲོང་སངས་རྒྱས་ཡང་དག་ པར་བལྟམས་ནས་ཆོས་སྟོན་ཏོ། ། དྲུག་པ་ལ་གསུམ་སྟེ་དཔེ་ནི། ཇི་ལྟར་ཨ་མྲ་དང་ལ་སོགས་པའི་ནྱ་གྲོ་ཏའི་ཤིང་གི་འབྲས་ བུ་ལ་ཡོད་པའི་ས་བོན་རྐྱེན་དང་ཕྲད་ན་མྱུ་གུ་བསྐྱེད་ནུས་གཞན་དུ་མི་འགྱུར་བའི་འཇིག་མེད་ ཆོས་ས་ལ་བཏབ་ནས་རྨོས་ཏེ། ཆུ་དང་སོགས་པ་ལུད་དང་ལྡན་པ་ལས་འབྲས་བུ་ལྗོན་ཤིང་ གི་རྒྱལ་པོའི་དངོས་པོ་རིམ་གྱིས་འཕེལ་བས་འགྲུབ་པ་ལྟར་རོ། །དེ་བཞིན་སེམས་ཅན་རྣམས་ ཀྱི་མ་རིག་པ་དང་འདོད་ཆགས་ལ་སོགས་པ་འབྲས་བུའི་ལྤགས་པའི་སྦུབས་དང་འདྲ་བའི་ མཐོང་སྤང་གི་ནང་དུ་ཆུད་པའི་ཆོས་ཁམས་དགེ་བ་ཡང་དག་པར་བླངས་པ་རྒྱས་པའི་རིགས་ ཡང་ལྗོན་ཤིང་སྐྱེ་བ་དེ་བཞིན་དུ། སྦྱིན་སོགས་བསོད་ནམས་དང་ཤེས་རབ་ཡེ་ཤེས་ཀྱི་ཚོགས་ གཉིས་དེ་ལ་བརྟེན་པས་ས་ལམ་རིམ་གྱིས་བགྲོད་དེ་ཐུབ་པའི་རྒྱལ་པོའི་དངོས་པོར་གྱུར་ཏོ། ། 1-1-106 གསུམ་པ་ནི་རྐྱེན་རླན་པར་བྱེད་པ་ཆུ་དང་སྨིན་བྱེད་ཉི་མའི་འོད་དང༌། འཕེལ་བྱེད་རླུང་ དང་འཛིན་བྱེད་ས་དང་འབྲས་བུ་སྐྱེ་བ་སོས་དུས་སོགས་དྲོ་བའི་དུས་དང༌། གོ་སྐབས་འབྱེད་ པའི་ནམ་མཁའི་རྐྱེན་རྣམས་ཀྱིས་ཏ་ལ་དང་ནི་ཨ་མྲའི་འབྲས་བུའི་ས་བོན་སྦུབས་གསེབ་ ནས་འབྲས་བུས་ལྗོན་ཤིང་བྱུང་བ་ཇི་ལྟ་བར། སེམས་ཅན་རྣམས་ཀྱི་ཉོན་མོངས་མཐོང་སྤངས་ ཀྱི་འབྲས་བུའི་ལྤགས་པའི་ནང་དུ་ཆུད་པའི་རྫོགས་སངས་རྒྱས་ཀྱི་ས་བོན་མྱུ་གུ་ཡང༌། དཔེ་དེ་ བཞིན་དུ་དག་པའི་རྐྱེན་ཕྱིན་དྲུག་དེ་དང་དེ་ཡིས་འབྲས་བུའི་ཆོས་ཆོས་དབྱིངས་མངོན་སུམ་ དུ་མཐོང་བ་དང་ཐོབ་ནས་སངས་རྒྱས་ཀྱི་བར་འཐོབ་པོ། །ཆོས་དབྱིངས་བསྟོད་པར། ཕྱིན་ བཅུ་རིགས་རྒྱས་བྱེད་གསུངས་ཏེ། །དཀའ་སྤྱོད་སྣ་ཚོགས་སྦྱིན་པ་དང༌། །ཚུལ་ཁྲིམས་སེམས་ ཅན་དོན་སྡུད་དང༌། །སེམས་ཅན་ཕན་བྱེད་བཟོད་པ་སྟེ། །གསུམ་པོ་འདིས་ནི་ཁམས་རྒྱས་ འགྱུར། །ཆོས་རྣམས་ཀུན་ལ་བརྩོན་འགྲུས་དང༌། །བསམ་གཏན་ལ་སེམས་འཇུག་པ་དང༌། ། རྟག་ཏུ་ཤེས་རབ་བསྟེན་པ་སྟེ། །འདི་ཡང་བྱང་ཆུབ་རྒྱས་བྱེད་ཡིན། །ཐབས་དང་བཅས་ པའི་ཤེས་རབ་དང༌། །སྨོན་ལམ་རྣམ་པར་སྦྱང་པ་དང༌། །སྟོབས་ལ་ངེས་གནས་ཡེ་ཤེས་ཏེ། ། ཁམས་རྒྱས་བྱེད་པའི་ཆོས་བཞི་པོ། །ཞེས་སོ། །དེས་ན་ཆོས་དབྱིངས་དྲི་མས་དག་པ་ཤས་ཇེ་ ཆེའི་ཆ་ནི་རྒྱས་པའི་རིགས་དང་སྦྱིན་སོགས་རིགས་རྒྱས་བྱེད་ཀྱི་རྐྱེན་དུ་གསུངས་སོ། ། བདུན་པ་ལ་གསུམ། དཔེ་ནི་ཇི་ལྟར་རིན་ཆེན་ལས་བྱས་རྒྱལ་བའི་སྐུ་གཟུགས་གོས་ ཧྲུལ་དྲི་ངན་ཅན་གྱི་ནི་བཏུམས་པར་གྱུར་པ་དེ་ལམ་ན་གནས་པའི་ལྷ་ཡིས་དོན་དེ་མཐོང་ནས་ སྒྲིབ་བྱེད་དེ་ལས་གྲོལ་བར་བྱ་བའི་ཕྱིར་ལམ་ན་གནས་པའི་ལྷས་དོན་དེ་ཡིན་པ་སྨྲ་བ་ལྟར་ རོ། །དོན་ནི་དེ་བཞིན་དུ་ཐོག་མ་མེད་ནས་བྱུང་བའི་རྣམ་པ་སྣ་ཚོགས་ཀྱི་སྒོམ་སྤང་ཉོན་མོངས་ ཀྱིས་བཏུམས་བདག་བདེ་གཤེགས་དངོས་ཉིད་ཐ་ན་དུད་འགྲོ་ལ་ཡང་ཡོད་པར་གཟིགས་ ནས། རིན་ཆེན་སྐུ་ལ་གོས་ཧྲུལ་སེལ་བ་དེ་བཞིན་དུ་སེམས་ཅན་རྣམས་ལ་རང་རང་ལ་ཡོད་ 1-1-107 པའི་ངོ་བོ་ཉིད་སྐུ་དེ་སྒྲིབ་པ་ལས་ཐར་པར་བྱ་བའི་དོན་དུ་ཐབས་ཆོས་སྟོན་པར་མཛད་དོ། ། གསུམ་པ་ནི། ཇི་ལྟར་རིན་ཆེན་རང་བཞིན་ལས་གྲུབ་དེ་བཞིན་གཤེགས་སྐུ་དྲི་ངན་ཅན་ གྱི་གོས་ཀྱིས་བཏུམས་པ་ལམ་ན་གནས་པ་དེ་ལྷའི་མིག་གིས་མཐོང་ནས་སྒྲིབ་བྱེད་དེ་ལས་ ཐར་པར་བྱ་བའི་ཕྱིར། མི་ལ་དོན་དེ་སྟོན་པ་ལྟར་དེ་བཞིན་དུ་ཉོན་མོངས་སྒོམ་སྤང་གོས་ཧྲུལ་ ལུས་བཏུམས་པའི་འཁོར་བའི་ལམ་ན་གནས་པའི་ཁམས་ཐ་ན་དུད་འགྲོ་ལ་ཡང་ཡོད་པར་ གཟིགས་ནས། སྒྲིབ་པ་ལས་ཐར་པར་བྱ་ཕྱིར་རྒྱལ་བས་སེམས་ཅན་རྣམས་ལ་ཆོས་བསྟན་ཏོ། ། བརྒྱད་པ་ལ་གསུམ་དཔེ་ནི། ཇི་ལྟར་མི་མོ་མྱ་ངན་མགོན་མེད་པ་འགའ་ཞིག་མགོན་མེད་ པའི་ཁྱིམ་གྱི་འདུག་གནས་སུ་ནི་འདུག་པར་གྱུར་ལ། རང་གི་མངལ་གྱིས་འཁོར་ལོས་སྒྱུར་ བའི་རྒྱལ་པོའི་དཔལ་ནི་འཛིན་པར་བྱེད་ཀྱང་མངལ་གྱི་སྒྲིབ་པས་རང་གི་ལྟོ་ན་ཡོད་པའི་མི་ བདག་ཡོད་པར་མི་ཤེས་པས་འཇིགས་ཤིང་གནས་པ་ལྟར། དོན་ནི་སྲིད་པར་སྐྱེ་བ་མགོན་ མེད་པའི་ཁྱིམ་བཞིན་གྱི་ནང་དུ་མ་དག་པའི་སེམས་ཅན་རྣམས་ནི་མངལ་དང་ལྡན་པའི་བུད་ མེད་བཞིན་དུ་སེམས་ཅན་དེ་ལ། གང་ཞིག་ཡོད་པས་མགོན་དང་བཅས་པ་དྲི་མེད་ལོངས་ སྐུའི་ཁམས་ཆོས་ཉིད་ནི་ཡོད་ཀྱང་དེ་མ་རྟོགས་པས་བུད་མེད་དེའི་མངལ་ན་རྒྱལ་པོ་གནས་པ་ བཞིན་ཏུ་སྡུག་བསྔལ་གྱི་གཞི་ལ་གནས་སོ། ། གསུམ་པ་ནི་ཇི་ལྟར་བུད་མེད་ལུས་ལ་དྲི་མ་དང་བཅས་པའི་གོས་གྱོན་ཅིང་མདོག་མི་ སྡུག་པ་གཟུགས་ལྡན་པ། ས་བདག་རང་གི་མངལ་ན་གནས་ཀྱང་ཡོད་པར་མ་རྟོགས་པས་ མགོན་མེད་ཁང་པར་སྡུག་བསྔལ་མཆོག་མྱོང་བ་ལྟར་དེ་བཞིན་དུ་བདག་རང་གི་ནང་ན་ ལོངས་སྐུའི་ཁམས་གནས་པས་མགོན་ཡོད་པར་གྱུར་ཀྱང༌། རང་ཉིད་མགོན་མེད་དུ་ཤེས་ པའི་བློ་དང་ལྡན་པ་འགྲོ་བ་ཉོན་མོངས་པའི་དབང་གིས་ཡིད་མ་ཞི་པའི་སྡུག་བསྔལ་གྱི་གཞི་ 1-1-108 ལ་གནས་སོ། ། དགུ་པ་ལ་གསུམ་དཔེ་ནི་ཇི་ལྟར་ས་འདམ་ནང་གི་གསེར་ཞུན་མ་ལས་བྱས་པའི་ གཟུགས་བྱས་པ་རང་བཞིན་གྱིས་དྲི་མ་ཞི་བ་ཕྱི་རོལ་སའི་འདམ་གྱི་རང་བཞིན་ཅན་མཐོང་ན་ གསེར་དེ་ཤེས་པའི་སྐྱེས་བུ་དག་ནང་གི་གསེར་དེ་སྦྱང་ཕྱིར་ཕྱི་རོལ་ཀྱི་སྒྲིབ་པ་དེ་སེལ་བའི་ ཐབས་བྱེད་པ་ལྟར་རོ། །དོན་ནི་རང་བཞིན་འོད་གསལ་སྤྲུལ་སྐུའི་ཁམས་ལ་སྒྲིབ་པའི་དྲི་ མ་རྣམས་ཀྱང་ནི་གློ་བུར་བར་ནི་རྣམ་པར་གཟིགས་པར་གྱུར་ནས་རིན་ཆེན་འབྱུང་གནས་ལྟ་ བུའི་འགྲོ་བ་དག་པ་ས་བོན་རྣམས་ཀྱང་དེའི་སྒྲིབ་པ་དག་ལས་སྦྱོང་བར་མཛད་ཅིང་བྱང་ཆུབ་ མཆོག་ཐོབ་པར་བྱེད་དོ། ། གསུམ་པ་ནི་ཇི་ལྟར་དྲི་མེད་གསེར་འོད་འབར་བ་ལས་བྱས་སའི་འདམ་གྱི་ནང་དུ་ཆུད་ པར་གྱུར་པའི་གཟུགས་ཞི་བ་དྲི་མེད་དེའི་རང་བཞིན་མཁས་པས་རིག་ནས་ཕྱི་རོལ་ཀྱི་ས་ འདམ་སེལ་བར་བྱེད་པ་ལྟར། དེ་བཞིན་དུ་ཀུན་མཁྱེན་དག་པའི་གསེར་འདྲའི་ཉོན་མོངས་ གདོད་ནས་ཞི་བའི་ཡིད་ནི་ཡོད་པར་མཁྱེན་པར་གྱུར་ནས་ཆོས་འཆད་པའི་ཚུལ་གྱིས་གསེར་ གྱི་དྲི་མ་སེལ་ཕྱིར་ཐོ་བ་རྡེག་སྤྱད་དང་འདྲ་བར་སྙིང་པོའི་སྒྲིབ་པ་དག་ནི་སེལ་བར་མཛད་དོ། ། གསུམ་པ་དོན་བསྡུ་ནི། པདྨ་སྲོག་ཆགས་བུང་བ་དང༌། །སྦུན་པ་དང་ནི་མི་གཙང་ས། ། འབྲས་ཤུན་གོས་ཧྲུལ་བུད་མེད་ཀྱི། །མངལ་དང་ས་ཡི་སྦུབས་ན་ཡང༌། །ཞེས་པ་ནི་སྙིང་པོའི་ སྒྲིབ་གཡོགས་དྲི་མིའི་དཔེའོ། །སངས་རྒྱས་སྦྲང་རྩི་སྙིང་པོ་བཞིན། །གསེར་བཞིན་གཏེར་ བཞིན་ལྗོན་པ་བཞིན། །རིན་ཆེན་སྐུ་དང་འཁོར་ལོ་ཡིས། །བསྒྱུར་བ་བཞིན་དང་གསེར་ གཟུགས་བཞིན། །ཞེས་པ་ནི་དོན་སྙིང་པོའི་དཔེའོ། །དོན་ནི་སེམས་ཅན་གྱི་ཁམས་ཆོས་ དབྱིངས་ཀྱི་སྒྲིབ་བྱེད་ཉོན་མོངས་སྦུབས་རང་བཞིན་དང་མ་འབྲེལ་ཞིང་ཐོག་མ་མེད་པ་ནས་ 1-1-109 གློ་བུར་དུ་བྱུང་ནས་སྒྲིབ་པ་དང༌། སེམས་ཀྱི་རང་བཞིན་བདེ་གཤེགས་སྙིང་པོའི་ནི་གདོད་ ནས་དྲི་མེད་བདེ་གཤེགས་སྙིང་པོའི་སྟོབས་སོགས་ཡོན་ཏན་དང་དབྱེར་མེད་པར་ཐོག་མ་ མེད་པ་ནས་སེམས་ཅན་ཐམས་ཅད་ལ་གནས་པ་ཡིན་པར་བརྗོད་དོ། །མདོར། སེམས་ཅན་ ཀུན་ནས་ཉོན་མོངས་པའི་ཕྱིར་སེམས་ཅན་རྣམས་ཀུན་ནས་ཉོན་མོངས་ལ་སེམས་རྣམ་པར་ བྱང་བའི་ཕྱིར་རྣམ་པར་དག་པ་ཡིན་ནོ་ཞེས་སོ། ། གཉིས་པ་དཔེ་དོན་ཆོས་མཐུན་སྦྱར་བ་ལ་གཉིས། ཤུན་པའི་ཆོས་མཐུན་ཚུལ་དང་སྙིང་ པོའི་ཆོས་མཐུན་ཚུལ་བཤད་པའོ། ། དང་པོ་ལ་བཞི་སྟེ། སྒྲིབ་བྱེད་དྲི་མའི་རྣམ་དབྱེ། དེས་འགྲོ་བའི་དབྱིངས་སྒྲིབ་ཚུལ། ཤུན་ པའི་ཆོས་མཐུན་བཤད་པ་དངོས། དེའི་དོན་བསྡུ་བའོ། །དང་པོ་ནི། བདེ་གཤེགས་སྙིང་པོའི་ སྒྲིབ་བྱེད་དྲི་མ་ནི་མདོར་བསྡུ་ན་རྣམ་པ་དགུ་ཡོད་དེ། འཇིག་རྟེན་པའི་ཆོས་འདོད་ཆགས་དང་ བྲལ་བའི་རྒྱུད་ལ་ཡོད་པ་ཉོན་མོངས་པ་མི་གཡོ་བའི་འདུ་བྱེད་ལ་སོགས་པའི་རྒྱུ། གཟུགས་ དང་གཟུགས་མེད་པའི་ཁམས་སྒྲུབ་པར་བྱེད་པ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱིས་ གཞོམ་པར་བྱ་བ་གང་ཡིན་པ་དེ་དག་ནི། འདོད་ཆགས་ཞེ་སྡང་རྨོངས་པ་གཏི་མུག་བག་ལ་ ཉལ་གྱི་མཚན་ཉིད་ཀྱི་ཉོན་མོངས་པ་དང་འདོད་ཆགས་ལ་སོགས་པ་ལ་སྤྱོད་པའི་སེམས་ ཅན་གྱི་རྒྱུད་ལ་ཡོད་པ་བསོད་ནམས་དང༌། བསོད་ནམས་མིན་པའི་འདུ་བྱེད་ལ་སོགས་པའི་ རྒྱུ་འདོད་པའི་ཁམས་འབའ་ཞིག་སྒྲུབ་པར་བྱེད་པ་མི་སྡུག་པ་ལ་སོགས་པ་བསྒོམ་པའི་ཤེས་ པས་གཞོམ་པར་བྱ་བ་གང་ཡིན་པ་དེ་དག་ནི། གསུམ་པོ་དེའི་ཀུན་ནས་ལྡང་བ་དྲག་པོ་དང་ དགྲ་བཅོམ་པའི་རྒྱུད་ལ་ཡོད་པ་ཟག་པ་མེད་པའི་ལས་འཇུག་པའི་རྒྱུ་དྲི་མ་མེད་པའི་ཡིད་ཀྱི་ ལུས་སྒྲུབ་པར་བྱེད་པ་དེ་བཞིན་གཤེགས་པའི་བྱང་ཆུབ་ཀྱིས་གཞོམ་པར་བྱ་བ་གང་ཡིན་པ་ དེ་དག་ནི། མ་རིག་པའི་བག་ཆགས་ཀྱི་སས་བསྡུས་པ་དང༌། སོ་སོའི་སྐྱེ་བོ་སློབ་པའི་རྒྱུད་ལ་ 1-1-110 ཡོད་པ་དང་པོ་འཇིག་རྟེན་ལས་འདས་པའི་ཆོས་མཐོང་བའི་ཤེས་པས་གཞོམ་པར་བྱ་བ་གང་ ཡིན་པ་དེ་དག་ནི་མཐོང་པས་སྤང་བར་བྱ་བ་དང༌། འཕགས་པའི་གང་ཟག་སློབ་པའི་རྒྱུད་ལ་ ཡོད་པ་ཇི་ལྟར་མཐོང་བའི་འཇིག་རྟེན་ལས་འདས་པའི་ཆོས་སྒོམ་པའི་ཤེས་པས་གཞོམ་པར་ བྱ་བ་གང་ཡིན་པ་དེ་དག་ནི་སྒོམ་པའི་ལམ་གྱིས་སྤང་བར་བྱ་བ་དང༌། མཐར་ཐུག་པར་མ་ གྱུར་པའི་བྱང་ཆུབ་སེམས་དཔའི་རྒྱུད་ལ་ཡོད་པས་ཡེ་ཤེས་ཀྱི་ས་རྣམ་པ་བདུན་གྱི་མི་མཐུན་ པའི་ཕྱོགས་ས་བརྒྱད་པ་ལ་སོགས། ས་གསུམ་སྒོམ་པའི་ཤེས་པས་གཞོམ་པར་བྱ་བ་གང་ ཡིན་པ་དེ་ནི་མ་དག་པའི་ས་ལ་བརྟེན་པ་དང༌། མཐར་ཐུག་པའི་བྱང་ཆུབ་སེམས་དཔའི་རྒྱུད་ ལ་ཡོད་པ་བརྒྱད་པ་ལ་སོགས་པ་ས་གསུམ་བསྒོམ་པའི་ཤེས་པའི་མི་མཐུན་པའི་ཕྱོགས། རྡོ་ རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་ཡེ་ཤེས་ཀྱིས་གཞོམ་པར་བྱ་བ་གང་ཡིན་པ་དེ་དག་ནི་དག་པའི་ས་ ལ་བརྟེན་པ་ཡི་ཉོན་མོངས་པ་རྣམས་སུ་ཡོད་པས་སོ། །མདོ་བསྡུས་ན། ཆགས་སོགས་ཉོན་ མོངས་དགུ་པོ་འདི། །མདོར་བསྡུས་ནས་ནི་གོ་རིམ་བཞིན། །པདྨའི་སྦུབས་ལ་སོགས་པ་ཡི། ། དཔེ་དགུ་དག་གིས་རབ་བསྟན་ཏེ། །ཤོ་ལོ་ཀ་འདི་ནི་དྲི་མ་རྣམ་དགུ་པདྨའི་སྦུབས་སོགས་ དཔེས་ནི་རབ་བསྟན་ཏེ་ཞེས་པའི་འགྲེལ་བ་ཡིན་པས་རྩ་བ་མིན་ནོ། །གང་གིས་ན་དེ་བཞིན་ གཤེགས་པའི་སྙིང་པོ་ཉེ་བའི་ཉོན་མོངས་པའི་སྦུབས་བྱེ་བ་མཐའ་ཡས་པས་གཡོགས་པ་ ཞེས་བརྗོད་ལ། རྒྱས་པར་ནི་འདི་དག་ཉིད་བརྒྱད་ཁྲི་བཞི་སྟོང་གི་རྣམ་པ་རབ་ཏུ་དབྱེ་བས་ནི་ མཐའ་ཡས་ཏེ་བསྒྲིབ་བྱ་དེ་བཞིན་བཤེགས་པའི་ཡེ་ཤེས་མཐའ་ཡས་པར་གྱུར་པས་སོ། ། གཉིས་པ་ནི་བཅོམ་ལྡན་འདས་ཀྱིས་སེམས་ཅན་ཐམས་ཅད་ནི་དེ་བཞིན་གཤེགས་པའི་ སྙིང་པོ་ཅན་ནོ། །ཞེས་བཀའ་སྩལ་པ་གང་ཡིན་པ་དེ་ལ་སེམས་ཅན་ཐམས་ཅད་ནི་མདོར་ བསྡུ་ན་རྣམ་པ་བཞིར་བརྗོད་དེ། ཟག་པ་མེད་པའི་དབྱིངས་སུ་གོ་རིམ་ཇི་ལྟ་བ་བཞིན་དུ་དྲི་མ་ དགུ་པོ་འདི་དག་གིས་ནང་ནས་བྱས་པ་སོ་སོའི་སྐྱེ་བོ་རྣམས་དང་པོ་བཞི་དང༌། དགྲ་བཅོམ་པ་ 1-1-111 རྣམས་དེ་འོག་གཅིག་དང་ཐེག་དམན་སློབ་པ་དང་ཐེག་ཆེན་སོ་སྐྱེ་རྣམས་དེ་འོག་གཉིས་དང་ ཐེག་ཆེན་འཕགས་པ་བློ་ལྡན་རྣམས་ཐ་མ་གཉིས་ཀྱིས་མ་དག་པ་ཉིད་ཡིན་ནོ། ། གསུམ་པ་ནི་འདོད་ཆགས་བག་ལ་ཉལ་ནི། ཇི་ལྟར་པདྨ་མི་གཙང་བའི་འདམ་ལས་ སྐྱེས་པ་གསར་པའི་ཚེ་མདུན་དུ་གྱུར་ན་ཡིད་དགའ་བ་དང་ཕྱིས་ནས་རྙིང་ན་དགའ་བ་མེད་ པར་གྱུར་པ་དེ་བཞིན། ཚུལ་མིན་ཡིད་བྱེད་མི་གཙང་བ་ལས་སྐྱེས་ཤིང་འདོད་ཆགས་མངོན་ གྱུར་ཚེ་དགའ་བ་དང་ཕྱིས་ནས་མི་དགའ་བས་སོ། །ཞེ་སྡང་བག་ལ་ཉལ་ནི་ཇི་ལྟར་སྦྲང་རྩི་ ལ་ཆགས་པའི་སྲོག་ཆགས་སྦྲང་མ་ནི་ཤིན་ཏུ་འཁྲུགས་ཏེ། གཞན་ལ་མདུང་བརྡེག་པས་སྡུག་ བསྔལ་བསྐྱེད་པ་ལྟར་དེ་བཞིན་ཏེ། ཞེ་སྡང་མངོན་དུ་རྒྱུ་སྐྱེ་བ་ན་རང་གཞན་གྱི་སྙིང་ལ་སྡུག་ བསྔལ་བསྐྱེད་པར་བྱེད་པས་སོ། །གཏི་མུག་བག་ལ་ཉལ་ནི་རྟེན་འབྲས་ལ་སོགས་པའི་ནང་ གི་སྙིང་པོ་ནི་ཕྱི་རོལ་སྦུན་པས་བསྒྲིབས་པས་མི་མཐོང་བ་ལྟར་དེ་བཞིན་ཏེ། སྙིང་པོའི་དོན་ མཐོང་བ་ལ་མ་རིག་སྒོང་ངའི་སྦུབས་ཀྱིས་སྒྲིབ་པས་སོ། །ཉོན་མོངས་པའི་ཀུན་ནས་ལྡང་བ་ དྲག་པོ་ནི་ཇི་ལྟར་མི་གཙང་བའི་དངོས་པོ་ཡིད་དུ་འོང་བའི་མཐུན་པའི་ཕྱོགས་ཉམ་ང་བའི་ གནས་ཡིན་པ་དེ་བཞིན་དང་འདྲ་སྟེ། ཆགས་པ་དྲག་པོ་དང་བཅས་པ་འདོད་ཁམས་པ་འདོད་ པ་བརྟེན་པ་ལ་སོགས་ཉེར་སྤྱོད་མང་པོའི་རྒྱུ་ཡིན་པའི་ཕྱིར་རོ། །མ་རིག་བག་ཆགས་ཀྱི་ས་ ནི་ཇི་ལྟར་ས་འོག་ནོར་ནི་སའི་སྒྲིབ་པས་ན་ནོར་ཡོད་པར་མི་ཤེས་པའི་མི་དེས་གཏེར་མི་ཐོབ་ པ་ལྟར་དེ་བཞིན་ཏེ། དབུལ་པོ་དང་འདྲ་བའི་སྐྱེ་བོ་ལ་གནས་པའི་རང་བྱུང་ཡེ་ཤེས་ཉིད་སྒྲིབ་ པས་སོ། །མཐོང་སྤངས་རྣམས་ནི་ཇི་ལྟར་མྱུ་གུ་ལ་སོགས་པ་རིམ་ཀྱིས་སྐྱེས་པས་ས་བོན་ གྱི་ཤུན་པ་རིམ་གྱིས་གཅོད་པ་ལྟར་དེ་བཞིན་ཏེ། དེ་ཁོ་ན་ཉིད་མངོན་སུམ་དུ་མཐོང་བའི་ཡེ་ ཤེས་ཀྱི་རིམ་གྱིས་ལྡོག་པར་འགྱུར་བས་སོ། །སྒོམ་པས་སྤང་བར་བྱ་བ་རྣམས་ནི། གོས་ཧྲུལ་ དག་དང་མཚུངས་པར་བསྟན་ཏེ། འཕགས་པའི་ལམ་དང་འབྲེལ་པ་ལས་འཇིག་ཚོགས་ལ་ 1-1-112 ལྟ་བས་མཚོན་པ་སྙིང་པོ་མཐོང་སྤངས་བཅོམ་པ་རྣམས་ཀྱི་རྒྱུད་ལ་ཡོད་པ་ཆོས་ཉིད་མངོན་ སུམ་དུ་མཐོང་ཟིན་སྒོམ་ལམ་ཡེ་ཤེས་ཀྱིས་སྤང་བྱ་ཡིན་པས་སོ། །མ་དག་པའི་ས་བདུན་ལ་ བརྟེན་དྲི་མ་རྣམས་ནི་བུད་མེད་ཀྱི་མངལ་སྦུབས་ཀྱི་དྲི་མས་རང་ལ་ཡོད་པའི་འཁོར་ལོས་སྒྱུར་ བའི་རྒྱལ་པོ་ལ་སྒྲིབ་པ་དག་དང་མཚུངས་ལ། མངལ་སྦུབས་བྲལ་བའི་རྒྱལ་པོ་རྒྱལ་སྲིད་ལ་ ལོངས་སྤྱོད་པ་དང་འདྲ་སྟེ། རང་ལ་ཡོད་པའི་ལོངས་སྐུའི་ཁམས་ལ་སྒྲིབ་ལ་ཁྱོད་དང་བྲལ་བ་ ལས་ནི་ས་བརྒྱད་པ་ཡན་དུ་མི་རྟོག་པའི་ཡེ་ཤེས་རྣམ་པར་སྨིན་པས་ལྷུན་གྲུབ་ཏུ་གཞན་དོན་ སྤྱོད་པས་སོ། །དག་པ་ས་གསུམ་དང་རྗེས་སུ་འབྲེལ་བའི་དྲི་མ་རྣམས་ནི་གསེར་གཟུགས་ལ་ ས་འདམ་གོས་པ་བཞིན་དུ་ཤེས་པར་བྱ་སྟེ། བདག་ཉིད་ཆེན་པོ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ གྱིས་གཞོམ་བྱ་ཡིན་པས་སོ། ། བཞི་པ་དོན་བསྡུ་ནི། དེ་ལྟར་སྙིང་པོའི་སྒྲིབ་བྱེད་ཆགས་སོགས་དྲི་མ་དགུ་ནི་གོ་རིམ་ བཞིན་པདྨ་ལ་སོགས་དགུ་པོ་དག་དང་ཆོས་མཚུངས་ཏེ། སེམས་ཀྱི་ཆོས་དབྱིངས་ལ་སྒྲིབ་ བྱེད་ཡིན་པས་སོ། ། གཉིས་པ་སྙིང་པོའི་ཆོས་མཐུན་ལ་གཉིས། མདོར་བསྟན་རྒྱས་བཤད་དོ། །དང་པོ་ནི། ཁམས་དེ་བཞིན་གཤེགས་པའི་སྙིང་པོ་ནི་དཔེའི་སྙིང་པོ་སངས་རྒྱས་ཀྱི་གཟུགས་ལ་སོགས་ པ་རྣམ་པ་དགུ་དང་ཆོས་མཚུངས་ཏེ། སྙིང་པོའི་རང་བཞིན་གསུམ་གྱི་དབང་དུ་བྱས་ནས་ བསྡུས་པའི་ཕྱིར་རོ། །གསུམ་གང་ཞེ་ན་ཁམས་འདིའི་རང་བཞིན་ནི་བསྟེན་པས་དབྱེ་ན་ཆོས་ སྐུ་དང་དེ་བཞིན་ཉིད་དང་རིགས་ཀྱང་སྟེ་གསུམ་མོ། །དེ་བཞིན་གཤེགས་པའི་སྙིང་པོ་དེ་ནི་ ཆོས་སྐུའི་རང་བཞིན་དུ་ཤེས་པར་བྱ་སྟེ། སངས་རྒྱས་ཀྱི་གཟུགས་དང་སྦྲང་རྩི་དང་སྙིང་པོའི་ དཔེ་གསུམ་གྱིས་རྣམ་དག་ཆོས་ཀྱི་ཕུང་པོར་ཤེས་བྱ་ཡིན་པས་སོ། །དེ་ནི་དེ་བཞིན་ཉིད་ཀྱི་ རང་བཞིན་དུ་ཤེས་པར་བྱ་སྟེ། གསེར་སྦྲམ་གྱི་དཔེ་གཅིག་གིས་རང་བཞིན་འགྱུར་མེད་དུ་ 1-1-113 ཤེས་བྱ་ཡིན་པས་སོ། །དེ་ནི་སངས་རྒྱས་ཀྱི་རིགས་ཀྱི་རང་བཞིན་དུ་ཤེས་པར་བྱ་སྟེ། གཏེར་ དང་ཤིང་དང་རིན་ཆེན་གྱི་སྐུ་དང་འཁོར་ལོས་སྒྱུར་བ་དང་གསེར་གཟུགས་ཏེ་དཔེ་ལྔ་རྣམས་ ཀྱིས་ནི་སངས་རྒྱས་ཀྱི་རྒྱུའི་རང་བཞིན་དུ་ཤེས་པར་བྱ་བས་སོ། ། གཉིས་པ་ལ་གསུམ་ཆོས་སྐུ་དང་དེ་བཞིན་ཉིད་དང་རིགས་ཀྱི་ཆོས་མཐུན་སྦྱར་བའོ། ། དང་པོ་ནི་སངས་རྒྱས་ཀྱི་ཆོས་སྐུ་ཙམ་ནི། རྣམ་པ་གཉིས་སུ་ཤེས་པར་བྱ་སྟེ་ཆོས་ཀྱི་དབྱིངས་ ཤིན་ཏུ་དྲི་མ་མེད་པ་བདེ་གཤེགས་རྣམས་ཀྱིས་སོ་སོ་རང་གིས་རིག་བྱ་མཚན་ཉིད་པ་རྟོགས་ པ་ཆོས་སྐུ་དང༌། རྟོགས་པ་དེའི་རྒྱུ་མཐུན་པ་གདུལ་བྱ་ཇི་ལྟ་བར་སེམས་ཅན་གཞན་ལ་རྣམ་ པར་རིག་པ་འབྱུང་བ་བསྟན་པ་ཆོས་སྐུའོ། །དེའང་གཉིས་དེ་དོན་དམ་བདེན་པའི་དབང་དུ་ བྱས་ནས་ཤིན་ཏུ་ཟབ་པའི་ཆོས་ཀྱི་ཚུལ་སྟོན་པ་བྱང་སེམས་ཀྱི་སྡེ་སྣོད་དང༌། ཀུན་རྫོབ་བདེན་ པའི་དབང་དུ་བྱས་ནས་མདོ་དང་དབྱངས་ཀྱིས་བསྙད་པ་སོགས་རྣམ་པ་དུ་མར་སྣ་ཚོགས་ པར་ཆོས་རྣམ་པར་འཇོག་པའི་ཚུལ་བསྟན་པ་རྣམས་སུ་ཡོད་པས་སོ། །ཁམས་རྟོགས་པ་ ཆོས་སྐུ་ནི་འདི་ལ་འཇིག་རྟེན་ན་མཚོན་བྱེད་དཔེ་ནི་མི་དམིགས་པའི་པདྨའི་ནང་གི་དེ་བཞིན་ གཤེགས་པ་ཉིད་ང་འདྲ་བ་ཉིད་དུ་བསྟན་པ་ཡིན་ཏེ། འཇིག་རྟེན་ལས་འདས་པའི་མཆོག་ ཡིན་པས་སྐུ་གཟུགས་དང་ཕྱོགས་རེ་ཙམ་འདྲ་བའི་ཕྱིར་རོ། །བརྗོད་བྱ་ཕྲ་མོ་ཟབ་པའི་ཚུལ་ བསྟན་པའི་ཆོས་སྐུ་ནི་སྦྲང་རྩི་མངར་བར་རོ་གཅིག་པ་བཞིན་ཏེ། གཙོ་བོ་ཆོས་དབྱིངས་སུ་རོ་ གཅིག་པར་བསྟན་པས་སོ། །མདོ་སྡེ་བཅུ་གཉིས་རྣམ་པ་སྣ་ཚོགས་ཚུལ་བསྟན་ཆོས་སྐུ་ནི་སྣ་ ཚོགས་སྦུན་པའི་སྦུབས་ཀྱི་འབྲས་བུའི་སྙིང་པོ་བཞིན་དུ་ཤེས་པར་བྱ་སྟེ། ཁམས་ཐོབ་པའི་ རྒྱུད་རྒྱུ་སྣ་ཚོགས་སུ་བསྟན་པས་སོ། །དེས་ན་དེ་བཞིན་གཤེགས་པའི་ཆོས་སྐུ་ལུས་པ་མེད་ པའི་སེམས་ཅན་གྱི་ཁམས་ཁྱབ་པའི་དོན་གྱི་དབང་དུ་བྱས་ནས། སེམས་ཅན་འདི་དག་ནི་ དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་ནོ་ཞེས་བསྟན་ཏོ། །བདག་གི་དེ་བཞིན་གཤེགས་ 1-1-114 པའི་ཆོས་ཀྱི་སྐུ་ལས་ཕྱིར་རོལ་ཏུ་གྱུར་པའི་སེམས་ཅན་དེ་དག་ནི་འགའ་ཡང་སེམས་ཅན་གྱི་ ཁམས་ན་མེད་དེ་ནམ་མཁའི་ཁམས་ཀྱི་གཟུགས་བཞིན་ནོ། །དེ་སྐད་དུ། ཇི་ལྟར་ནམ་མཁའ་ རྟག་ཏུ་ཀུན་སོང་འདོད། །དེ་བཞིན་འདི་ཡང་རྟག་ཏུ་ཀུན་སོང་འདོད། །ཇི་ལྟར་ནམ་མཁའ་ གཟུགས་གྱུར་ཀུན་ཏུ་སོང༌། །དེ་བཞིན་འདི་ཡང་སེམས་ཅན་ཚོགས་ཀུན་སོང༌། །ཞེས་བྱང་ ཆུབ་ཆེན་པོ་ནས་ཀུན་ལ་ཁྱབ་པ་དང༌། རྒྱུད་སྡེ་རྣམས་སུ། རྒྱུ་དང་མི་རྒྱུའི་འགྲོ་བ་ཀུན། །ཁྱབ་ པ་རྡོ་རྗེ་སེམས་དཔའ་སྟེ། །ཞེས་དང༌། ང་ཡིས་འདི་ཀུན་ཁྱབ་པ་སྟེ། །འགྲོ་བའི་རང་བཞིན་ གཞན་མ་མཐོང༌། །ཞེས་སོ། ། གཉིས་པ་ནི་དེ་བཞིན་ཉིད་ཀྱི་སེམས་གང་ཡིན་པ་འདི་ནི་གསེར་གྱི་ནི་གཟུགས་མཚུངས་ པར་བརྗོད་པ་ཡིན་ཏེ། ཉོན་མོངས་པ་དང་སྡུག་བསྔལ་མཐའ་ཡས་པ་དང་རྗེས་སུ་འབྲེལ་ ཀྱང་རང་བཞིན་གྱིས་འོད་གསལ་བ་ཉིད་ཀྱིས་རྣམ་པར་འགྱུར་བ་མེད་པའི་ཕྱིར་དང༌། ལོག་ པ་ཉིད་དུ་ངེས་པའི་རྒྱུ་ཅན་གྱི་སེམས་ཅན་རྣམས་ལ་ཡང་རང་བཞིན་གྱིས་དགེ་བ་ཁྱད་པར་ མེད་དུ་ཟིན་ཀྱང༌། གློ་བུར་གྱི་ཉོན་མོངས་མཐའ་དག་རྣམ་པར་དག་པ་ལས་གྱུར་པ་དེ་བཞིན་ གཤེགས་པ་ཞེས་བྱ་བའི་གྲངས་སུ་འགྲོ་བའི་ཕྱིར་རོ། །དེས་ན་དེ་བཞིན་གཤེགས་པའི་དེ་ བཞིན་སེམས་ཅན་ཐམས་ཅད་ཀྱི་སྙིང་པོར་གཞག་གོ །ཡེ་ཤེས་སྣང་བ་རྒྱན་དུ། འཇམ་དཔལ་ དེ་ལ་དེ་བཞིན་གཤེགས་པ་ནི་བདག་གི་ཉེ་བར་ལེན་པ་གཞི་རྩ་ཡོངས་སུ་མཁྱེན་པ་བསྲུང་ བ་མཛད་དེ། བདག་རྣམ་པར་དག་པས་སེམས་ཅན་ཐམས་ཅད་རྣམ་པར་དག་པར་རྟོགས་ སོ། །བདག་རྣམ་པར་དག་པ་གང་ཡིན་པ་དང་སེམས་ཅན་ཐམས་ཅད་རྣམ་པར་དག་པ་གང་ ཡིན་པ་དེ་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ་ཞེས་གསུངས་སོ། །དེ་སྐད་དུ། དེ་བཞིན་ ཉིད་འདི་ཐམས་ཅད་ལ། ཁྱད་པར་མེད་ཀྱང་དག་གྱུར་པ། །དེ་བཞིན་གཤེགས་ཉིད་དེ་ཡི་ ཕྱིར། །འགྲོ་ཀུན་དེའི་སྙིང་པོ་ཅན། །ཞེས་དང་རབ་ཞི་རྣམ་ངེས་སུ། གང་དེ་བཞིན་ཉིད་མིན་ 1-1-115 པ་དེ་བཞིན་གཤེགས་པ་མིན་ནོ། །ཞེས་ཏེ། དྲི་བཅས་དེ་བཞིན་ཉིད་རྒྱུའམ་གཞིའི་དེ་བཞིན་ གཤེགས་པ་དང་དྲི་མེད་དེ་བཞིན་ཉིད་འབྲས་བུའི་དེ་བཞིན་གཤེགས་པའོ། ། གསུམ་པ་ལ་གཉིས་རྒྱུའི་རིགས་ཀྱི་ཆོས་མཐུན་དང་འབྲས་བུའི་རིགས་ཀྱི་ཆོས་མཐུན་ སྦྱར་བའོ། །དང་པོ་ནི། ཐེག་ཆེན་གྱི་རིགས་དེ་ནི་གཏེར་ས་འོག་ན་རང་བཞིན་གྱིས་གནས་ པ་དང་འབྲས་བུ་དང་བཅས་པའི་ཤིང་གི་ས་བོན་གྱི་ཤུན་པའི་ནང་ན་མྱུ་གུ་གནས་པ་དང་འདྲ་ བ་རྣམ་པ་གཉིས་སུ་ཤེས་པར་བྱ་སྟེ། ཐོག་མ་མེད་པ་ནས་རང་བཞིན་དུ་གནས་པའི་རིགས་ དང་དེ་རྐྱེན་གྱིས་ཡང་དག་པར་བླངས་པ་རྒྱས་པའི་རིགས་གཉིས་ནི་ཐེག་དམན་རིགས་ལས་ མཆོག་ཉིད་དོ། །རང་བཞིན་དང་རྒྱས་པའི་རིགས་འདི་གཉིས་ནི་འབྲས་བུ་སངས་རྒྱས་ཀྱི་སྐུ་ གསུམ་གྱི་རྒྱུ་ཡིན་ཞིང་ཁྱེད་གཉིས་དག་པ་ལས་སྐུ་གསུམ་ཐོབ་པར་བྱས་པ་ཡིན་ཏེ། རིགས་ དང་པོ་རང་བཞིན་དུ་གནས་པ་ལས་སྐུ་ནི་དང་པོ་ངོ་བོ་ཉིད་སྐུ་ཐོབ་པ་སྟེ། རིགས་གཉིས་པ་ རྒྱས་པ་ལས་སྐུ་ཕྱི་མ་གཟུགས་སྐུ་ཐོབ་པོ། ། གཉིས་པ་ནི་འབྲས་བུའི་རིགས་ངོ་བོ་ཉིད་སྐུ་ཡོན་ཏན་གྱིས་མཛེས་པ་ནི་རིན་ཆེན་ལས་ གྲུབ་པའི་སངས་རྒྱས་ཀྱི་སྐུ་དང་འདྲ་བར་ཤེས་པར་བྱ་སྟེ། གདོད་ནས་རང་བཞིན་གྱིས་ནི་ གྲུབ་གྱི་གསར་དུ་བྱས་པ་མིན་པའི་ཕྱིར་དང༌། ཆོས་ཉིད་ཀྱི་སྟོབས་སོགས་ཡོན་ཏན་གྱི་རིང་ བཞིན་ཟད་མི་ཤེས་པ་རྣམས་ཀྱི་གཏེར་ཡིན་པའི་ཕྱིར་རོ། །འབྲས་བུའི་རིགས་རྫོགས་པར་ ལོངས་སྤྱོད་པའི་སྐུ་ནི་འཁོར་ལོས་སྒྱུར་རྒྱལ་བཞིན་ཏེ། ཆོས་ཆེན་ཐེག་ཆེན་གྱི་དབྱིངས་རིག་ གི་དཔལ་འབྱོར་གྱི་རྒྱལ་སྲིད་ཆེ་ལྡན་ལ་རྫོགས་པར་ལོངས་སྤྱོད་པའི་ཕྱིར་རོ། །འབྲས་བུའི་ རིགས་སྤྲུལ་པའི་སྐུ་ནི་གསེར་གྱི་གཟུགས་ལྟ་བུའི་སྟེ། ལོངས་སྐུའི་གཟུགས་བརྙན་ཤར་བའི་ ཚུལ་གྱིས་ནི་རང་བཞིན་ཡིན་པས་ཕྱིར་རོ། །དཔེ་ལྷག་མ་ལྔ་པོ་འདི་དག་གིས་ནི་སངས་རྒྱས་ ཀྱི་སྐུ་རྣམ་པ་གསུམ་བསྐྱེད་པའི་རིགས་ཡོད་པའི་དབང་དུ་བྱས་ཏེ། དེ་བཞིན་གཤེགས་པའི་ 1-1-116 ཁམས་སེམས་ཅན་འདི་དག་ཐམས་ཅད་ཀྱི་སྙིང་པོར་བསྟན་པ་ཡིན་ནོ༑ ༑དེ་བཞིན་གཤེགས་ པ་ཉིད་ནི་སངས་རྒྱས་ཀྱི་སྐུ་རྣམ་པ་གསུམ་གྱིས་རབ་ཏུ་ཕྱེ་བ་ཡིན་ནོ། །དེས་ན་དེ་བཞིན་ གཤེགས་པའི་ཁམས་ཐོབ་པའི་རྒྱུ་ཡིན་པས་ཁམས་ཀྱི་དོན་ནི་འདིར་རྒྱུའི་དོན་ཏོ། །གང་གི་ ཕྱིར་དེ་ལ་ཡང་སེམས་ཅན་ལ་དེ་བཞིན་གཤེགས་པའི་ཁམས་གྲུབ་པ་སྙིང་པོར་གྱུར་པ་ཡོད་ མོད་ཀྱི་སེམས་ཅན་དེ་དག་གིས་ཤེས་པ་མིན་ནོ་ཞེས་གསུངས་སོ། །དེ་སྐད་དུ། ཐོག་མ་མེད་ དུས་ཅན་གྱི་ཁམས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །དེ་ཡོད་པས་ན་འགྲོ་ཀུན་དང༌། ། མྱ་ངན་འདས་པའང་ཐོབ་པ་ཡིན། །ཞེས་གསུངས་སོ། །དེ་ལ་ཇི་ལྟར་ཐོག་མ་མེད་པའི་དུས་ ཅན་ཡིན་ཞེ་ན། དེ་བཞིན་གཤེགས་པའི་སྙིང་པོ་ཉིད་ཀྱི་དབང་དུ་མཛད་ནས་སྔོན་གྱི་མཐའ་ མི་དམིགས་སོ་ཞེས་བསྟན་ཅིང་རབ་ཏུ་གཞག་པ་གང་ཡིན་པའོ། །ཁམས་ཞེས་བྱ་བ་ནི་ཇི་ སྐད་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་གང་ལགས་པ་དེ་ནི་འཇིག་རྟེན་ ལས་འདས་པའི་ཆོས་ཀྱི་སྙིང་པོ་རང་བཞིན་གྱིས་ཡོངས་སུ་དག་པའི་ཆོས་ཀྱི་སྙིང་པོའོ་ཞེས་ གསུངས་སོ། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ་ཞེས་བྱ་བ་ཇི་སྐད་དུ་བཅོམ་ལྡན་འདས་ དེའི་སླད་དུ་དེ་བཞིན་གཤེགས་པའི་སྙིང་པོ་ནི་འབྲེལ་བ་རྣམ་པར་དབྱེ་བ་མེད་པ། བྲལ་མི་ ཤེས་པ་འདུས་མ་བྱས་པའི་ཆོས་ཐམས་ཅད་ཀྱི་གཞི་དང་གནས་དང་རྟེན་ལགས་ལ་བཅོམ་ ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་ནི། མ་འབྲེལ་བ་རྣམ་པར་དབྱེ་བ་དང་བཅས་ པའི་ཆོས་བྲལ་ཤེས་པ་འདུས་བྱས་ཀྱི་ཆོས་རྣམས་ཀྱི་ཡང་གཞི་དང་གནས་དང་རྟེན་ལགས་ སོ་ཞེས་གསུངས་སོ། །དེ་ཡོད་པས་ནི་འགྲོ་ཀུན་དང་ཞེས་བྱ་བ་ནི། ཇི་སྐད་དུ། བཅོམ་ལྡན་ འདས་དེ་བཞིན་གཤེགས་པའི་སྙིང་པོ་མཆིས་ན་དེ་ལ་འཁོར་བ་ཞེས་ཚིག་ཏུ་བཏགས་པ་ ལགས་སོ་ཞེས་གསུངས་སོ། །མྱ་ངན་ལས་འདས་པའང་ཐོབ་པར་འགྱུར་ཞེས་བྱ་བ་ནི་ཇི་ སྐད་དུ་བཅོམ་ལྡན་འདས་གལ་ཏེ་དེ་བཞིན་གཤེགས་པའི་སྙིང་པོ་མ་མཆིས་ན་སྡུག་བསྔལ་ 1-1-117 ལ་ཡིད་འབྱུང་བར་མི་འགྱུར་ཞིང༌། མྱ་ངན་ལས་འདས་པ་ལ་ཡང་འདོད་པ་དང་དོན་དུ་གཉེར་ བ་དང་སྨོན་པར་ཡང་མི་འགྱུར་རོ་ཞེས་གསུངས་སོ༑ ༑ཚིགས་བཅད་འདི་ཐེག་བསྡུས་སུ་ ཀུན་གཞི་རྣམ་ཤེས་ཀྱི་སྒྲུབ་བྱེད་དུ་དྲངས་པ་ནི། སྙིང་པོ་ཆོས་ཉིད་དངོས་སུ་བསྟན་པས་ཆོས་ ཅན་ཀུན་གཞི་རྣམ་ཤེས་ཤུགས་ལ་རྟོགས་དོན་དུ་ཡིན་གྱི་གཉིས་པོ་དོན་གཅིག་ནས་མིན་ཏེ་ གཉིས་པོ་སྣང་མུན་བཞིན་ནོ། །འདིར་སྙིང་པོ་དོན་དགུར་བྱས་པ་ནི་བརྟེན་པ་ཆོས་ཅན་དང་ སྤང་བྱའི་དབྱེ་བ་ལ་ཐ་སྙད་དུ་མཁས་ཕྱིར་ཡིན་ལ། རྟོགས་པ་ཆོས་སྐུ་དང་དེ་བཞིན་ཉིད་དང་ རང་བཞིན་རིགས་དང་ངོ་བོ་ཉིད་སྐུ་རྣམས་མཐར་ཐུག་གནད་གཅིག་པ་དང༌། གནས་སྐབས་ སུ་གཞི་ལམ་འབྲས་གསུམ་ཡིན་ལ་ལྷག་མ་ལྔའི་ཆོས་ཉིད་སྔ་མ་བཞི་པོ་དང་གནད་གཅིག་ པས། སེམས་ཅན་ཐམས་ཅད་ལ་ཁྱབ་ལ་ཆོས་ཅན་གྱི་ཆ་རྣམས་སེམས་ཅན་གྱི་ཡ་མཐའ་ཐེག་ ཆེན་ས་བཅུ་པ་རྣམས་ལ་ཡོད་ཀྱང་བྱིས་པ་རྣམས་ལ་མེད་དོ། །ཆོས་ཅན་གྱི་ཆ་བསྟན་པ་ ཆོས་སྐུ་གསུང་རབ་གཉིས་དང་གཟུགས་སྐུ་གཉིས་ནི་བདེ་གཤེགས་སྙིང་པོར་བརྟགས་ནས་ བརྗོད་དེ། འདི་རྣམས་ཀྱི་ཆོས་ཉིད་ཀྱི་སྒྲིབ་བྱེད་རྣམས་དག་པས་འདི་རྣམས་ཐོས་པས་ན་ འདི་རྣམས་དྲི་མ་དང་བསྒྲིབ་བྱ་སྒྲིབ་བྱེད་དུ་མཚུངས་པས་སོ། །སྙིང་པོ་མཚན་ཉིད་པ་མིན་ཏེ། སྙིང་པོ་ནི་སྐྱེ་འཇིག་མེད་པས་འགྱུར་མེད་འདུས་མ་བྱས་དང་བྱིས་པའི་དབང་པོའི་སྤྱོད་ཡུལ་ ལས་འདས་ཤིང༌། ཆོས་ཅན་བཞི་པོ་ནི་དེ་ལས་ཟློག་པས་སོ། །དཔལ་འཕྲེང་དུ། བཅོམ་ལྡན་ འདས་དེ་བཞིན་གཤེགས་པའི་སྙིང་པོ་ནི་འདུས་བྱས་ཀྱི་ཡུལ་ཐམས་ཅད་ལས་འདས་པ་སྟེ། རྟག་པ་བརྟན་པ་ཞི་བ་གཡུང་དྲུང་ངོ་ཞེས་དང༌། འདིར་ཡང་མིག་མེད་པས་ནི་མཐོང་བ་མེད་ ཅེས་སོགས་ཀྱི་ཕྱིར་རོ། །ཆོས་ཉིད་ནི་ཐམས་ཅད་ལ་ཁྱབ་སྟེ། ཆོས་ཀྱི་སྐུ་ལྟར་རྒྱ་ཆེ་བ་དེ་དེ་ བཞིན་གཤེགས་པ་དང་དབྱེར་མེད་པའི་མཚན་ཉིད་ངེས་པའི་རིགས་ཀྱི་རང་བཞིན་དེ་བཞིན་ གཤེགས་པའི་སྙིང་པོ་དེ་ཡང༌། ཐམས་ཅད་ཀྱི་ཚེ་ཐམས་ཅད་ལ་ཁྱད་པར་མེད་པའི་ཚུལ་དུ་ 1-1-118 ཡོད་དོ་ཞེས་བྱ་བ་ནི་ཆོས་ཉིད་ཚད་མར་བྱས་ནས་བལྟ་བར་བྱ་སྟེ། ཇི་སྐད་དུ་རིགས་ཀྱི་བུ་ འདི་ནི་ཆོས་རྣམས་ཀྱི་ཆོས་ཉིད་དེ་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་ རུང་སྟེ། སེམས་ཅན་འདི་དག་ནི་རྟག་ཏུ་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་ནོ་ཞེས་ གསུངས་སོ། །ཆོས་ཉིད་གང་ཡིན་པ་དེ་ཉིད་ནི་འདིར་གང་གིས་དེ་དེ་ལྟ་བུ་ཁོ་ནར་འགྱུར་གྱི་ གཞན་དུ་མི་འགྱུར་རོ་ཞེས་བྱ་བའི་རིགས་པ་དང་སྦྱར་བ་དང་ཐབས་ཡིན་ཏེ། ཐམས་ཅད་ སེམས་ངེས་པར་རྟོགས་པ་དང་སེམས་ཡང་དག་པར་ཤེས་པ་ནི་ཆོས་ཉིད་རྟོགས་པ་དང་ཆོས་ ཉིད་ཤེས་པ་ཡིན་ནོ་དེ་ནི་བསམ་པར་མི་བྱ་རྣམ་པར་བརྟག་པར་མི་བྱའོ། །ལྷག་པར་མོས་ པར་བྱ་བ་ཙམ་དུ་ཟད་དོ། ། དྲུག་པ་ཆོས་ཉིད་དེ་དད་པས་རྟོགས་ཚུལ་ནི། སོ་སོའི་སྐྱེ་བོ་དང་ཉན་ཐོས་དང་རང་ སངས་རྒྱས་དང༌། ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་ནི། རང་བྱུང་ རྣམས་ཀྱི་དོན་དམ་དེ་བཞིན་གཤེགས་པའི་སྙིང་པོ་དེ་དད་པ་ཙམ་ཉིད་ཀྱིས་རྟོགས་པར་བྱ་ བ་ཡིན་གྱི། ཇི་ལྟ་བ་བཞིན་མཐོང་བ་ལ་མིག་དང་མི་ལྡན་པར་རྣམ་པར་གཞག་པ་ཡིན་ནོ། ། གོ་རིམ་བཞིན་འཇིག་ཚོགས་ལ་ལྟ་བར་ལྟུང་བ་རྣམས་དང༌། ཕྱིན་ཅི་ལོག་ལ་མངོན་པར་ དགའ་བ་རྣམས་དང་སྟོང་པ་ཉིད་ལ་སེམས་རྣམ་པར་གཡེངས་པས་སོ། །དཔེར་ན་ཉི་མའི་ དཀྱིལ་འཁོར་འོད་འབར་བ་མིག་མེད་པས་ནི་མཐོང་བ་མེད་པ་བཞིན་ནོ། །དཔལ་ཕྲེང་དུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་འདི་ནི་འཇིག་ཚོགས་ལ་ལྟ་བར་ལྷུང་བ་ རྣམས་དང་ཕྱིན་ཅི་ལོག་ལ་མངོན་པར་དགའ་བ་རྣམས་དང་སྟོང་པ་ཉིད་ལ་སེམས་རྣམ་པར་ གཡེངས་པ་རྣམ་ཀྱི་སྤྱོད་ཡུལ་མ་ལགས་སོ་ཞེས་གསུངས་པ་བཞིན་ནོ། །དེ་ལ་འཇིག་ཚོགས་ ལ་ལྟ་བར་ལྷུང་བ་ནི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ལ་བརྗོད་དེ་འདི་ལྟར་དེ་དག་ནི། གཏན་ དུ་ཕུང་པོ་ལ་སོགས་པའི་ཆོས་ཟག་པ་དང་བཅས་པ་རྣམས་ལ་བདག་དང་བདག་གིར་ཁས་ 1-1-119 བླངས་ནས་ངར་འཛིན་པ་དང་ང་ཡིར་འཛིན་པ་ལ། མངོན་པར་ཞེན་པས་ན་འཇིག་ཚོགས་ འགགས་པ་ཟག་པ་མེད་པའི་དབྱིངས་ལ་ལྷག་པར་མོས་པ་མི་ནུས་པ་དག་སྟེ། དེ་དག་གི་ ཐམས་ཅད་མཁྱེན་པའི་ཡུལ་དེ་བཞིན་གཤེགས་པའི་སྙིང་པོ་རྟོགས་པར་ལྟ་ག་ལ་འགྱུར་ཏེ་ འདི་ནི་གནས་མེད་དོ། །དེ་ལ་ཕྱིན་ཅི་ལོག་ལ་མངོན་པར་དགའ་བ་ནི་ཉན་ཐོས་དང་རང་ སངས་རྒྱས་དག་ལ་བརྗོད་དོ། །དེ་ཅིའི་ཕྱིར་ཞེ་ན་འདི་ལྟར་དེ་དག་ཀྱང་དེ་བཞིན་གཤེགས་པ་ རྟག་པ་ཉིད་དུ་བསྒོམ་པར་བྱ་བ་ལས། སླར་དེ་རྟག་པའི་འདུ་ཤེས་སུ་བསྒོམས་པ་ལས་ཟློག་ ནས་མི་རྟག་པའི་འདུ་ཤེས་སུ་བསྒོམ་པ་ལ་དགའ་བ་ཉིད་དང༌། དེ་བཞིན་གཤེགས་པའི་སྙིང་ པོ་བདེ་བར་བསྒོམ་པར་བྱ་བ་ལས་སླར་དེ་བདེ་བའི་འདུ་ཤེས་སུ་བསྒོམ་པ་ལས་བཟློག་ ནས། སྡུག་བསྔལ་བའི་འདུ་ཤེས་བསྒོམ་པ་ལ་མངོན་པར་དགའ་བ་ཉིད། དེ་བཞིན་གཤེགས་ པའི་སྙིང་པོ་བདག་ཏུ་བསྒོམ་པར་བྱ་བ་ལས་སླར་དེ་བདག་གི་འདུ་ཤེས་སུ་བསྒོམས་པ་ལས་ བཟློག་ནས་བདག་མེད་པའི་འདུ་ཤེས་བསྒོམ་པ་ལ་དགའ་བ་ཉིད། དེ་བཞིན་གཤེགས་པའི་ སྙིང་པོ་གཙང་བར་བསྒོམ་པར་བྱ་བ་ལས་སླར་དེ་གཙང་བའི་འདུ་ཤེས་སུ་བསྒོམ་པ་ལས་ བཟློག་ནས་མི་གཙང་བའི་འདུ་ཤེས་བསྒོམ་པ་ལ་མངོན་པར་དགའ་བ་ཉིད་ཀྱི་ཕྱིར་རོ༑ ༑དེ་ ལྟར་རྣམ་གྲངས་འདི་ནི་ཆོས་ཀྱི་སྐུ་ཐོབ་པ་དང་འགལ་བའི་ལམ་ལ་མངོན་པར་དགའ་བའི་ ཕྱིར་མཆོག་ཏུ་རྟག་པ་དང་བདེ་བ་དང་བདག་དང་སྡུག་པའི་མཚན་ཉིད་ཀྱི་ཁམས་དེ་ནི་ཉན་ ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ཡང་སྤྱོད་ཡུལ་མིན་ནོ་ཞེས་བཤད་པ་ཡིན་ནོ། །ཇི་ ལྟར་ཕྱིན་ཅི་ལོག་ལ་མངོན་པར་དགའ་བ་མི་རྟག་པ་དང་སྡུག་བསྔལ་བ་དང་བདག་མེད་པ་ དང་མི་སྡུག་པའི་འདུ་ཤེས་ཅན་རྣམས་ཀྱི་སྤྱོད་ཡུལ་མིན་པ་དེ་ལྟར་བྱས་པར་ཡོངས་སུ་མྱ་ངན་ ལས་འདས་པ་ཆེན་པོའི་མདོར། རྫིང་གི་ནོར་བུའི་དཔེ་རབ་ཏུ་བསྒྲུབས་ཏེ་འདི་ལྟ་སྟེ། དགེ་ སློང་དག་དཔེར་ན་སོ་ཀའི་དུས་ལ་བབ་པ་ན་སྐྱེ་བོ་དག་ཁྲུས་རས་བཅིངས་ཏེ་རང་གི་རྒྱན་ 1-1-120 དང་ཉེ་བར་སྤྱོད་པ་དག་གིས་ཆུ་ལ་རྩེའོ། །དེ་ནས་དེར་ཅིག་གིས་རིགས་དང་ལྡན་པའི་ནོར་ བུ་བཻ་ཌཱུརྱ་ཆུའི་ནང་དུ་གཞག་པ་དང༌། དེ་ནས་བཻ་ཌཱུརྱ་དེའི་དོན་དུ་དེ་དག་ཐམས་ཅད་གཞག་ ནས་ཞུགས་པར་གྱུར་རོ། །དེ་ནས་དེ་ན་ཡོད་པའི་སོག་མའམ་གྱོ་མོ་དེ་དག་ལ་ནོར་བུའོ་སྙམ་ དུ་གཟུང་སྟེ་བདག་གིས་ནོར་བུ་རྙེད་དོ་སྙམ་ནས་ཕྱུང་ངོ༌། །ཕྱུང་ནས་ཀྱང་རྫིང་བུའི་འགྲམ་དུ་ བལྟས་པ་ན། འདི་ནོར་བུ་མིན་ནོ་སྙམ་པའི་འདུ་ཤེས་རབ་ཏུ་འཇུག་གོ །རྫིང་གི་ཆུ་དེ་ཡང་ ནོར་བུའི་མཐུས་ནོར་བུའི་འོད་དང་འདྲ་བར་སྣང༌། དེ་དག་དེ་ལྟར་སྣང་བའི་གཞི་དེ་མཐོང་ ནས་ཨེ་མ་ཧོ་ནོར་བུའོ་སྙམ་དུ་ཡོན་ཏན་གྱི་འདུ་ཤེས་རབ་ཏུ་ཞུགས་སོ། །དེ་ནས་དེ་ལ་ཐབས་ ལ་མཁས་ཤིང་ཡིད་གཞུངས་པ་ཅིག་གིས་ནོར་བུ་དེ་དེ་ཁོ་ན་བཞིན་དུ་རྙེད་པར་འགྱུར་རོ། ། དགེ་སློང་དག་དེ་བཞིན་དུ་ནོར་བུ་ལྟར་ཆོས་ཀྱི་དེ་ཁོ་ན་མི་ཤེས་པ་ཁྱེད་ཀྱིས་ཐམས་ཅད་མི་ རྟག་པ་དང་ཐམས་ཅད་སྡུག་བསྔལ་བ་དང༌། ཐམས་ཅད་བདག་མེད་པ་དང་ཐམས་ཅད་མི་ གཙང་བའོ་ཞེས་བསྒོམས་ཤིང་བསྒོམ་པ་ལན་མང་དུ་བྱས་ཉེ་བར་གཞག་པ་དེ་ཐམས་ཅད་ ནི་དོན་མེད་དོ། །དགེ་སློང་དག་དེའི་ཕྱིར་རྫིང་གི་གསེག་མ་དང་གྱོ་མོ་རྣམ་པ་གནས་པ་ལྟར་ མི་འགྱུར་བར་ཁྱེད་ཅག་ཐབས་ལ་མཁས་པར་གྱིས་ཤིག དགེ་སློང་དག་ཁྱེད་ཀྱིས་གང་དང་ གང་ཐམས་ཅད་མི་རྟག་པ། ཐམས་ཅད་སྡུག་བསྔལ་བ་ཐམས་ཅད་བདག་མེད་པ། ཐམས་ ཅད་མི་གཙང་བའོ་ཞེས་བཟུང་སྟེ་བསྒོམས་ཤིང་བསྒོམ་པ་ལན་མང་དུ་བྱས་ཤིང་བྱས་པ་དེ་ དང་དེ་ཉིད་ལ་རྟག་པ་དང་བདེ་བ་དང་གཙང་བ་དང་བདག་ཉིད་ཡོད་པ་ཡིན་ནོ། །ཞེས་རྒྱས་ པར་ཆོས་ཀྱི་དེ་ཁོ་ན་ཉིད་དོན་དམ་པར་གཞག་པ་ལས་བརྩམས་ཏེ་ཕྱིན་ཅི་ལོག་ཏུ་གྱུར་པ་ བསྟན་པ་ནི་མདོ་ཇི་ལྟ་བ་བཞིན་དུ་རྟོགས་པར་བྱའོ། །དེ་ལ་སྟོང་པ་ཉིད་ལ་སེམས་རྣམ་པར་ གཡེངས་པ་ནི་ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་ཀྱི་དོན་གྱི་ ཚུལ་དུ་དེ་བཞིན་གཤེགས་པའི་སྙིང་པོ་ལས་ཉམས་པ་དག་བརྗོད་དོ། །གང་དག་ཡོད་པའི་ 1-1-121 ཆོས་ཉིད་དུས་ཕྱིས་རྒྱུན་ཆད་ཅིང་ཞིག་པ་ཡོངས་སུ་མྱ་ངན་ལས་འདས་པའོ་ཞེས་དངོས་པོ་ ཞིག་པའི་ཕྱིར། སྟོང་པ་ཉིད་ཀྱི་རྣམ་པར་ཐར་པའི་སྒོ་འདོད་པའམ་ཡང་གང་དག་གང་ཞིག་ རྟོགས་པར་བྱ་བ་དང་བསྒོམ་པར་བྱ་བ་སྟོང་པ་ཉིད་ཅེས་བྱ་བ་གཟུགས་ལ་སོགས་པ་ལ་ཐ་ དད་པ་ཡོད་པ་ཡིན་ནོ་ཞེས་སྟོང་པ་ཉིད་དུ་དམིགས་པས་སྟོང་པ་ཉིད་ལ་བརྟེན་པའོ། །མདོར་ ན་བཀའ་ཐ་མའི་བརྗོད་བྱ་མཐར་ཐུག་གཞན་སྟོང་བདེ་གཤེགས་སྙིང་པོ་ལ་མ་མོས་ཏེ། དེའི་ ཏིང་ངེ་འཛིན་ལ་རྣམ་པར་གཡེངས་པ་རང་སྟོང་བའི་གང་ཟག་རྣམས་སོ། ། བདུན་པ་རྟོགས་བྱའི་སྟོང་ཉིད་ནི། དེ་ལ་སྟོང་པ་ཉིད་ཀྱི་ཚུལ་དུ་བརྗོད་པ་དེ་བཞིན་ གཤེགས་པའི་སྙིང་པོ་གང་ཞེ་ན། རང་བཞིན་གྱིས་ཡོངས་སུ་དག་པ་དེ་བཞིན་གཤེགས་པའི་ ཁམས་འདི་ལ་བསལ་བར་བྱ་བ་ཀུན་ནས་ཉོན་མོངས་པའི་རྒྱུ་ཅི་ཡང་མེད་པར་རྣམ་པར་དབྱེ་ བ་དང་བཅས་པ་འབྲལ་དུ་རུང་བའི་མཚན་ཉིད་ཅན་གློ་བུར་གྱི་དྲི་མ་དག་གིས་གདོད་ནས་ སྟོང་བས་སོ། །དེ་ནི་རྣམ་པར་བྱང་བའི་རྒྱུ་མཚན་ཅན་གཞག་པར་བྱ་བ་ཡང་ཅུང་ཟད་ཡོད་ པ་མིན་ཏེ། རྣམ་པར་དབྱེ་བ་མེད་པ་འབྲལ་མི་ནུས་པའི་མཚན་ཉིད་ཅན་བླ་ན་མེད་པའི་ཆོས་ དག་པའི་ཆོས་ཉིད་ཀྱི་རང་བཞིན་སྟོབས་སོགས་ཀྱིས་སྟོང་བ་མིན་པས་སོ། །དཔལ་ཕྲེང་དུ། དེ་བཞིན་གཤེགས་པའི་སྙིང་པོ་རྣམ་པར་དབྱེ་བ་ཡོད་པ་བྲལ་ཤེས་པ་ཉོན་མོངས་པའི་སྦུབས་ ཐམས་ཅད་ཀྱིས་ནི་སྟོང་བ་ཡིན་ལ། རྣམ་པར་དབྱེ་བ་མེད་པ་བྲལ་མི་ཤེས་པ་བསམ་གྱིས་ མི་ཁྱབ་པའི་སངས་རྒྱས་ཀྱི་ཆོས་གངྒཱའི་ཀླུང་གི་བྱེ་མ་ལས་འདས་པས་ནི་མི་སྟོང་ངོ་ཞེས་སོ། ། དེས་ན་ཡུལ་བསལ་གཞག་མེད་པའི་བྱང་ཆུབ་ཡང་དག་པ་ཉིད་ལ་ཡུལ་ཅན་རྣམ་པར་མི་ རྟོག་པ་ཏིང་ངེ་འཛིན་གྱིས་བླང་དོར་སོགས་སྤྲོས་པ་གང་ཡང་མེད་པར་ཡང་དག་པར་ལྟ་ཞིང་ བསྒོམ་མོ། །དེ་ལྟར་བསྒོམས་པས་ས་དང་པོ་མི་རྟོག་ཡེ་ཤེས་ཀྱིས་ཡང་དག་པ་ཆོས་དབྱིངས་ ཀུན་ཏུ་འགྲོ་བ་སོགས་མངོན་སུམ་དུ་མཐོང་བའི་མཐོང་ལམ་སོགས་ཐོབ་ནས། འཇིག་རྟེན་ 1-1-122 པའི་འཆིང་བ་གློ་བུར་བ་ལས་རྣམ་པར་གྲོལ་ཞིང་འཇིག་རྟེན་ལས་འདས་ཏེ་རིམ་གྱི་བྱང་ཆུབ་ ཆེན་པོ་འཐོབ་པོ། །དེ་ལྟར་གང་ཞིག་གང་ན་མེད་པ་དེ་ནི་དེས་སྟོང་ངོ་ཞེས་ཡང་དག་པར་ རྗེས་སུ་མཐོང་ལ་བདག་གི་ལྷག་མར་གྱུར་པ་དེ་ནི་དེ་ལ་རྟག་པར་ཡོད་དོ་ཞེས་ཡང་དག་པ་ཇི་ ལྟ་བ་བཞིན་དུ་ཤེས་སོ་ཞེས་སོ། །ཚིགས་སུ་བཅད་པ་འདི་གཉིས་ཀྱིས་ནི་སྒྲོ་འདོགས་པ་དང་ སྐུར་པ་འདེབས་པའི་མཐའ་དང་བྲལ་བའི་ཕྱིར་ཕྱིན་ཅི་མ་ལོག་པའི་སྟོང་པ་ཉིད་ཀྱི་མཚན་ ཉིད་བསྟན་ཏོ། །དེ་ལ་བདག་གི་སྟོང་པ་ཉིད་ཀྱི་ཚུལ་འདི་ལས་སེམས་ཕྱི་རོལ་ཏུ་རྣམ་པར་ གཡེངས་ཤིང་རྣམ་པར་འཕྲོ་ལ་མཉམ་པར་མི་འཇུག་ཅིང་རྩེ་གཅིག་ཏུ་མི་འགྱུར་བ་དེས་ན། དེ་དག་སྟོང་པ་ཉིད་ལས་སེམས་རྣམ་པར་གཡེངས་པ་ཞེས་བརྗོད་དོ། །དེ་ལ་དོན་དམ་པ་ སྟོང་བ་ཉིད་ཀྱི་ཡེ་ཤེས་མེད་པར་ནི་རྣམ་པར་རྟོག་པ་མེད་པའི་དག་པའི་དབྱིངས་རྟོགས་ཤིང་ མངོན་དུ་བྱ་བར་མི་ནུས་སོ། །འདི་ལ་དགོངས་ནས་གསུངས་པ་ནི་དེ་བཞིན་གཤེགས་པའི་ སྙིང་པོའི་ཉིད་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཡེ་ཤེས་ཡིན་ལ་དེ་བཞིན་གཤེགས་པའི་ སྙིང་པོ་ཡང་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་སྔར་མ་མཐོང་མ་རྟོགས་པའོ། ། ཞེས་རྒྱས་པར་གསུངས་སོ། །དེ་བཞིན་གཤེགས་པའི་སྙིང་པོ་དེ་ཇི་ལྟར་ཆོས་ཀྱི་སྐུའི་སྙིང་ པོ་ཡིན་པ་དེ་ལྟར་ནི་འཇིག་ཚོགས་ལ་ལྟ་བར་ལྟུང་བ་རྣམས་ཀྱི་སྤྱོད་ཡུལ་མིན་པར་བརྗོད་ དེ། ཆོས་ཀྱི་དབྱིངས་ནི་ལྟ་བའི་གཉེན་པོ་ཡིན་པའི་ཕྱིར་རོ། །ཇི་ལྟར་ཆོས་ཀྱི་སྐུ་འཇིག་རྟེན་ ལས་འདས་པའི་སྙིང་པོ་ཡིན་པ་དེ་ལྟར་ནི་ཕྱིན་ཅི་ལོག་ལ་མངོན་པར་དགའ་བ་རྣམས་ཀྱི་ སྤྱོད་ཡུལ་མིན་ནོ་ཞེས་བརྗོད་དོ། །འཇིག་རྟེན་ལས་འདས་པའི་ཆོས་ཀྱི་སྐུ་ནི་མི་རྟག་པ་ལ་ སོགས་པ་འཇིག་རྟེན་པའི་ཆོས་ཀྱི་གཉེན་པོར་བསྟན་པའི་ཕྱིར་རོ། །ཇི་ལྟར་ཆོས་ཀྱི་སྐུ་ཡོངས་ སུ་དག་པའི་ཆོས་ཀྱི་སྙིང་པོ་ཡིན་པ་དེ་ལྟར་ནི་སྟོང་པ་ཉིད་ལ་སེམས་རྣམ་པར་གཡེངས་པ་ རྣམས་ཀྱི་སྤྱོད་ཡུལ་མིན་ནོ་ཞེས་བརྗོད་དོ། །དེ་རྣམ་པར་དག་པའི་ཡོན་ཏན་གྱི་ཆོས་རྣམ་པར་ 1-1-123 དབྱེ་བ་མེད་པའི་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་སྐུས་རབ་ཏུ་ཕྱེ་བ་རྣམས་ནི་གློ་བུར་གྱི་ དྲི་མས་སྟོང་བའི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་ལ་ཚུལ་གཅིག་པའི་ཆོས་དབྱིངས་དང་ ཐ་མི་དད་པའི་ཡེ་ཤེས་ཀྱི་སྒོ་རྟོགས་ནས་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་སྐུ་རང་བཞིན་ གྱིས་ཡོངས་སུ་དག་པ་ལ་ལྟ་བ་གང་ཡིན་པ་འདི་ནི། འདིར་གང་གི་ས་བཅུ་ལ་གནས་པའི་ བྱང་ཆུབ་སེམས་དཔས་དེ་བཞིན་གཤེགས་པའི་སྙིང་པོ་ཅུང་ཟད་མཐོང་ངོ་ཞེས་གསུངས་པ་ ཡང་དག་པ་ཇི་ལྟ་བ་གཞིན་གྱི་ཡེ་ཤེས་ཀྱི་ཀུན་མཐོང་བར་འདོད་དོ། །དེ་སྐད་དུ། སྤྲིན་མཐོང་ མཁའ་ལ་ཉི་བཞིན་འདིར་ཁྱོད་ཕྱོགས་གཅིག་བློ་གྲོས་ཅན། །བློ་མིག་དག་པའི་འཕགས་ རྣམས་ཀྱིས་ཀྱང་ཐམས་ཅད་མཐོང་མ་ལགས། །བཅོམ་ལྡན་འདས་ཁྱོད་ཆོས་སྐུ་གང་དག་བློ་ གྲོས་མཐའ་ཡས་པ། །ཤེས་བྱ་མཐའ་མེད་མཁའ་དབྱིངས་ཁྱབ་པ་དེ་དག་གིས་ཀུན་མཐོང༌། ། ཞེས་གསུངས་སོ། །དེས་ན་སངས་རྒྱས་ནི་ཤེས་བྱ་ཐམས་ཅད་ཀྱི་ཡུལ་ཅན་ཡིན་ལ་གཞན་ ནི་ཉི་ཚེ་བའི་ཡུལ་ཅན་ནོ། །སྟོང་ཉིད་མཐར་ཐུག་གི་དོན་ཡང་དོན་དམ་པའི་མཚན་གྱི་རྣམ་ གྲངས་དུ་མ་ཅན་ཆོས་དབྱིངས་བདེ་གཤེགས་སྙིང་པོ་སྟེ༑ སྟོང་པ་ཉིད་ཀྱི་ཚུལ་དུ་བརྗོད་པ་ དེ་བཞིན་གཤེགས་པའི་སྙིང་པོ་གང་ཞེ་ན་ཞེས་སོ། །སྟོང་ཚུལ་ནི་སྟོང་གཞི་སྙིང་པོ་དེ། སྟོང་ བྱ་ཡུལ་དངོས་པོ་དང་བརྟགས་ཆོས་དང་བདག་གཉིས་དང༌། ཡུལ་ཅན་མཚན་འཛིན་དང་ རྣམ་རྟོག་གིས་གདོད་ནས་རི་བོང་གི་རྭ་ལྟར་སྟོང་གི །རང་གི་ངོ་བོས་མི་སྟོང་ཞིང་འདུས་མ་ བྱས་ཤིང་འགྱུར་མེད་དུ་རྟག་ཏུ་གནས་ཏེ། རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །གློ་བུར་ དག་གིས་ཁམས་སྟོང་གི། །རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ ཡིན། །ཞེས་དང༌། དབུས་མཐར། གང་ཟག་དང་ནི་ཆོས་རྣམས་ཀྱིས། །དངོས་པོ་མེད་འདིར་ སྟོང་པ་ཉིད། །དེ་དངོས་མེད་པའི་དངོས་ཡོད་པ། །དེ་ནི་དེ་ལས་སྟོང་ཉིད་གཞན། །ཞེས་དང༌། འཕགས་པ་ཀླུ་སྒྲུབ་ཀྱི་བྱང་ཆུབ་སེམས་འགྲེལ་དུ། དགེ་དང་མི་དགེའི་རྣམ་རྟོག་ནི། །རྒྱུན་ 1-1-124 ཆད་པ་ཡི་མཚན་ཉིད་ཅན། །སངས་རྒྱས་རྣམས་ཀྱིས་སྟོང་ཉིད་གསུངས། །གཞན་ནི་སྟོང་པར་ མི་བཞེད་དོ། །ཞེས་དང༌། ཆོས་དབྱིངས་བསྟོད་པར། སྟོང་པ་ཉིད་ནི་སྟོན་པའི་མདོ། །རྒྱལ་ བས་ཇི་སྙེད་གསུངས་པ་གང༌། །དེ་དག་ཀུན་གྱིས་ཉོན་མོངས་ཟློག །ཁམས་དེ་ཉམས་པར་ བྱེད་མ་ཡིན། །ཞེས་ཀུན་ནས་ཉོན་མོངས་བརྟགས་པ་གཉིས་ཟློག་གི། ཁམས་ཡོངས་གྲུབ་ ཉམས་པ་རང་སྟོང་མིན་པར་གསུངས་ཤིང༌། ཇི་ལྟར་རི་བོང་མགོ་བོའི་རྭ། །བརྟགས་པ་ཉིད་ དེ་མེད་པ་ལྟར། །དེ་བཞིན་ཆོས་རྣམས་ཐམས་ཅད་ཀྱི། །བརྟགས་པ་ཉིད་དེ་ཡོད་མ་ཡིན། ། ཞེས་དང༌། འཕགས་པ་ཐོགས་མེད་ཀྱིས། བརྟགས་ལ་བརྟེན་ནས་མེད་པ་བསྟན། །ཞེས་ དང༌། འཕགས་པ་ཕྱོགས་གླང་གིས། མེད་ཅེས་བྱ་ལ་སོགས་ཚིག་གིས། །བརྟགས་པ་ཐམས་ ཅད་འགོག་པ་ཡིན། །ཞེས་གསུངས་ལ་སོགས་ཁོངས་ནས། ཡོངས་སུ་མ་གྲུབ་པ་མ་དམིགས་ པ་མ་མཐོང་བ་མ་མཆིས་པ་རྣམས་སོ། །ཀུན་རྫོབ་རང་སྟོང་དུ་རྟོགས་པ་ལེགས་ཤིང༌། དོན་ དམ་སྙིང་པོ་ཡང་མཐར་ཐུག་ཏུ་མེད་པར་རང་སྟོང་དུ་བལྟས་ན། སྟོང་ཉིད་ལ་ལོག་པར་ཟིན་ པ་ལྟ་ཉེས་པར་འགྱུར་དེ། དབུ་མ་རྩ་བར། རྒྱལ་བ་རྣམས་ཀྱིས་སྟོང་པ་ཉིད། །ལྟ་ཀུན་ངེས་ པར་འབྱིན་པར་གསུངས། །གང་དག་སྟོང་པ་ཉིད་ལྟ་བ། །དེ་དག་སྒྲུབ་ཏུ་མེད་པར་གསུངས། ། ཞེས་དང༌། སྟོང་པ་ཉིད་ལ་ལྟ་ཉེས་ན། །ཤེས་རབ་ཆུང་རྣམས་ཕུང་བར་འགྱུར། །ཇི་ལྟར་ སྦྲུལ་ལ་བཟུང་ཉེས་དང༌། །རིག་སྔགས་ལོག་པར་བསྒྲུབས་པ་བཞིན། །ཞེས་དང༌། བྱང་ སའི་དེ་ཁོ་ནའི་ལེའུར། སྟོང་ཉིད་ལ་ལོག་པར་ཟིན་པ་ནི་ཤེས་བྱའི་དངོས་པོ་ལ་ཡང་རྨོངས་ ལ་ཤེས་བྱ་ཐམས་ཅད་ལ་ཡང་སྐུར་པ་འདེབས་ཏེ། གཞི་དེས་སེམས་ཅན་དམྱལ་པ་རྣམས་སུ་ སྐྱེ་བར་འགྱུར་ལ་གཞན་ཆོས་འདོད་པ་དང་སྡུག་བསྔལ་ལས་ཐར་བར་འདོད་པ་རྣམས་ཀྱང་ ཕུང་བར་བྱེད་དོ། །ཇི་ལྟར་ན་སྟོང་ཉིད་ལ་ལོག་པར་ཟིན་པ་ཡིན་ཞེ་ན། དགེ་སྦྱོང་ངམ་བྲམ་ཟེ་ ཁ་ཅིག་གང་གིས་སྟོང་པ་དེ་ཡང་མི་འདོད་ལ་གང་གིས་གང་སྟོང་བ་དེ་ཡང་མི་འདོད་པ་དེ་ནི་ 1-1-125 སྟོང་ཉིད་ལ་ལོག་པར་ཟིན་པ་ཞེས་བྱ་སྟེ། གང་གིས་སྟོང་པ་དེ་མེད་པ་དང་གང་སྟོང་བའི་སྟོང་ པ་ཉིད་ནི་ཡོད་པར་རིགས་སོ། །ཐམས་ཅད་མེད་ན་གང་དུ་ཅི་ཞིག་གང་གིས་སྟོང་བར་འགྱུར་ དེས་ན་དེ་སྟོང་པ་ཉིད་དུ་འགྱུར་དུ་མི་རུང་ངོ༌། །ཇི་ལྟར་ན་སྟོང་ཉིད་ལ་ལེགས་པར་ཟིན་ཞེ་ན་ གང་ལ་གང་མེད་པ་དེ་ནི་དེས་སྟོང་པར་ཡང་དག་པར་རྗེས་སུ་མཐོང་ལ། དེ་ལ་ལྷག་མ་གང་ ཡིན་པ་དེ་ནི་འདི་ན་ཡང་དག་པར་ཡོད་དོ་ཞེས་ཡང་དག་པར་ཤེས་སོ་ཞེས་སོ། །དེ་དག་ཀྱང་ སྟོང་པ་ཉིད་ཆེན་པོའི་མདོར། ཀུན་དགའ་བོ་དེ་ལྟ་བས་ན་གང་ལ་གང་མེད་པ་དེ་དེས་སྟོང་ ངོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་མཐོང་པ་དང༌། དེ་ལ་ལྷག་མ་གང་ཡིན་པ་དེ་དེར་ ཡོད་དོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་ཏེ་ཀུན་དགའ་བོ་འདི་ནི་སྟོང་པ་ཉིད་ལ་ འཇུག་པ་ཡང་དག་པ་ཇི་ལྟ་བ་བཞིན་ཏེ་ཕྱིན་ཅི་མ་ལོག་པ་ཡིན་ནོ། །ཞེས་གསུངས་པའི་དོན་ ཏོ། །གལ་ཏེ་ལང་གཤེགས་སུ་གཅིག་གིས་གཅིག་སྟོང་པ་ཉིད་འདི་ནི་ཀུན་གྱི་ཐ་ཤལ་ཏེ་དེ་ནི་ ཁྱེད་ཀྱིས་སྤང་བར་བྱའོ་ཞེས་པས་གཞན་སྟོང་གི་སྟོང་ཉིད་ཟབ་མོའི་གོ་མི་ཆོད་དོ་ཞེ་ན། མིན་ ཏེ། གཞན་སྟོང་ནི་མདོ་དེར་སྟོང་ཉིད་བདུན་གསུངས་པའི་ནང་གི་དྲུག་པ་ཡིན་ལ་གཅིག་གིས་ གཅིག་སྟོང་ཉིད་ནི་བདུན་པ་ཡིན་པས་དེ་གཉིས་མི་གཅིག་སྟེ། དྲུག་པ་དང་བདུན་པའི་རྒྱས་ བཤད་དུ་མདོ་དེར་བློ་གྲོས་ཆེན་པོ་དོན་དམ་པ་འཕགས་པའི་ཡེ་ཤེས་སྟོང་ཉིད་ཆེན་པོ་གང་ ཞེ་ན། འདི་ལྟ་སྟེ་བདག་གི་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཁོང་དུ་ཆུད་པ་ནི་ལྟ་བ་དང་ཉེས་ པའི་བག་ཆགས་ཐམས་ཅད་ཀྱིས་སྟོང་པས་དེའི་ཕྱིར་དོན་དམ་པ་འཕགས་པའི་ཡེ་ཤེས་སྟོང་ ཉིད་ཅེས་བྱའོ། །གཅིག་གི་གཅིག་སྟོང་ཉིད་ནི་ཆོས་ཐམས་ཅད་ཀྱི་རང་དང་སྤྱིའི་མཚན་ཉིད་ ནི་གཅིག་ལ་གཅིག་མེད་དེ་དེའི་ཕྱིར་གཅིག་གིས་གཅིག་སྟོང་ཉིད་ཅེས་བྱའོ། །ཞེས་སོ། །རྟ་ ལ་བ་ལང་མེད་པ་ལྟ་བུ་དངོས་པོ་རྣམས་ཕན་ཚུན་གཅིག་ལ་གཅིག་མེད་པ་འདི་ནི་མྱང་འདས་ ཆེན་པོ་སོགས་སུ་གཞན་སྟོང་ཟབ་མོའི་དཔེར་གསུངས་ཀྱང༌། དོན་དུ་མ་གསུངས་ལ་དོན་ 1-1-126 ཡིན་པ་མདོ་འདིར་བཀག་ཅིང་ཁོ་བོ་ཅག་ཀྱང་དེ་ལྟར་འདོད་པས་སོ། །འདུས་བྱས་ཐམས་ ཅད་ཀྱིས་སྟོང་བ་ལ་ཉི་ཚེ་བའི་སྟོང་ཉིད་ཀྱི་སྐྱོན་མེད་དེ། ཡང་དག་མཐའ་ནི་འདུས་བྱས་ཀྱི་ རྣམ་པ་ཐམས་ཅད་དབེན་པ་སྟེ་ཞེས་དང༌། སོར་ཕྲེང་གི་མདོར། དེ་བཞིན་གཤེགས་པ་ནི་སྟོང་ པ་མིན་ཏེ་ཉེས་པ་ཐམས་ཅད་ཀྱིས་སྟོང་པ་ཞེས་བྱའོ་ཞེས་སོ། ། བརྒྱད་པ་དེ་ལྟར་དོན་དམ་གྱི་སངས་རྒྱས་སེམས་ཅན་ཐམས་ཅད་ལ་བཞུགས་པར་ བསྟན་པའི་དགོས་པ་ལ་བསྟན་བཤད་གཉིས་ཀྱི་དང་པོ་ལ་དྲི་བ་དང་ལན་ནོ། །དྲི་བ་ནི་ གལ་ཏེ་ཆགས་པ་མེད་པའི་མཐར་ཐུག་པའི་ས་ལ་གནས་པ་འཕགས་པ་མཆོག་རྣམས་ཀྱི་ ཡང་ཡུལ་མིན་ན་ཁམས་འདི་བལྟ་དཀའ་བ་དེས་ན། བྱིས་པ་སོ་སོའི་སྐྱེ་བོ་ལས་བརྩམས་ ཏེ་བསྟན་པའི་འདིས་ཅི་ཞིག་བྱ་སྟེ་དགོས་པ་གང་ཡོད་ཅེས་དང༌། སྔར་དཔེར་ན་སྤྲིན་དང་ རྨི་ལམ་དང་སྒྱུ་མ་བཞིན་དུ་བཀའ་བར་པའི་ཡུམ་རྒྱས་འབྲིང་དེ་དང་བསྡུས་པ་སོགས་དེར་ ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་མྱ་ངན་ལས་འདས་པ་ཡང༌། མྱ་ངན་ལས་འདས་ པ་ལས་ཆེས་ལྷག་པའི་ཆོས་ཞིག་ཡོད་ན་ཡང་དེ་ཡང་རྨི་ལམ་ལྟ་བུ། སྒྱུ་མ་ལྟ་བུ་ཞེས་ང་སྨྲའོ་ ཞེས་སོགས་དོན་དམ་པར་ཤེས་བྱ་ཐམས་ཅད་རྣམ་པ་ཀུན་ཏུ་སྟོང་པ་ཞེས་རྒྱ་ཆེར་གསུངས་ ནས། ཡང་བཀའ་ཐ་མ་དོན་དམ་རྣམ་ངེས་འདིར་རྒྱལ་བ་རྣམས་སེམས་ཅན་ཐམས་ཅད་ལ་ རང་གི་ངོ་བོས་མི་སྟོང་བའི་སངས་རྒྱས་སྙིང་པོ་ཆོས་སྐུ་གདོད་ནས་རང་ཆས་སུ་ཡོད་ཅེས་ཅི་ སྟེ་གསུང༌། སྔ་ཕྱི་གཉིས་མི་འགལ་ལམ་ཞེས་དྲིས་པའོ། །ལན་ནི་དེ་ལ་དགོས་པ་ཡོད་དེ། སེམས་བསྐྱེད་ཁྱད་པར་ཅན་སྐྱེ་བའི་གེགས་ཆོས་སྐུ་དེ་རང་ལ་ཡོད་པར་མ་ཤེས་པས་རང་ གི་བྱང་ཆུབ་ཐོབ་པར་མི་ནུས་སྙམ་པའི་སེམས་ཞུམ་པ་དང་སྤྱོད་པ་ཁྱབ་པར་ཅན་གྱི་གེགས་ སེམས་ཅན་གཞན་ལ་སངས་རྒྱས་སྙིང་པོ་མེད་པ་དང༌། སེམས་སྐྱེད་མེད་པའི་དམན་པར་ བཟུང་ནས་དེ་ལ་བརྙས་པ་དང་ཤེས་རབ་ཁྱད་པར་ཅན་གྱི་གེགས་དེ་རང་གཞན་ཐམས་ཅད་ 1-1-127 ལ་ཡོད་པར་མ་ཤེས་པས། སངས་རྒྱས་དང་ཡེ་ཤེས་གང་ཡིན་ལ་འདུས་བྱས་ཀྱིས་ཁྱབ་པ་ དང་དེས་ན་སྟོབས་སོགས་ཡོན་ཏན་ཐམས་ཅད་བཅོས་མ་གློ་བུར་བ་གསར་སྐྱེས་སུ་ཡང་དག་ མིན་པ་འཛིན་ཅིང༌། སྒྲོ་འདོགས་པ་དང་རྒྱུ་དེས་སེམས་ཅན་ལ་ཡང་དག་ཡོན་ཏན་སྟོབས་ སོགས་ཆོས་ཉིད་དུ་མེད་དོ་སྙམ་དུ་སྐུར་པ་འདེབས་པ་དང༌། རང་གཞན་ཐམས་ཅད་སྙིང་པོ་ ཆོས་སྐུ་ཅན་དུ་མ་ཤེས་པས་བདག་ཉིད་ལ་ལྷག་པར་ཆགས་པ་སྟེ། སངས་རྒྱས་ཐོབ་པ་ལ་ སྒྲིབ་པའི་སྐྱོན་ལྔ་པོ་བཀའ་དང་པོ་དང་བར་པ་ཐོས་ནས་ཕྱི་མ་མ་ཐོས་པའི་གང་ཟག་གང་ དག་ལ་ཡོད་པས། དེ་དག་སྤངས་ཏེ་དེའི་གཉེན་པོ་སྤྲོ་དང་སྟོན་པ་བཞིན་གུས་སོགས་བསྐྱེད་ དེ་སངས་རྒྱས་ཐོབ་པའི་དོན་དུ་བཀའ་ཕྱི་མ་གསུངས་པས་སོ། ། གཉིས་པ་ལ་གཉིས་འཁོར་ལོ་བར་པར་ཤེས་བྱ་ཐམས་ཅད་རང་སྟོང་དུ་བསྟན་པ་ དགོངས་པ་ཅན་ཡིན་པས་གསུམ་པ་དང་སྔ་ཕྱི་དགོངས་པ་མི་འགལ་བ་དང༌། གསུམ་པ་ སྙིང་པོ་ཆོས་སྐུའི་སངས་རྒྱས་ཀུན་ཁྱབ་དོན་ལ་གནས་པ་དེ་བསྟན་པ་ཚུལ་བཞིན་རྟོགས་ཏེ། སངས་རྒྱས་ཐོབ་པའི་དགོས་པ་དངོས་བཤད་པའོ། ། དང་པོ་ནི། གལ་ཏེ་ཁམས་སྙིང་པོ་གཤིས་སུ་གྲུབ་པས་མི་སྟོང་ན་ཡུམ་དུ་མྱ་ངན་ལས་ འདས་པ་ཡང་རྨི་ལམ་དུ་ཞེས་སོགས་དང་འགལ་ལོ་ཞེ་ན་མིན་ཏེ། བཀའ་བར་པར་ཤེས་བྱ་ ཐམས་ཅད་རང་སྟོང་དུ་སྟོན་པ་དགོངས་པ་ཅན་ཏེ། དེས་ན་དགོངས་གཞི་ནི་བཀའ་ཐ་མའི་ བརྗོད་བྱའི་གཙོ་བོ་ཁམས་ཆོས་ཉིད་དེ་ཀུན་རྫོབ་འདུས་བྱས་ཐམས་ཅད་ཀྱིས་སྟོང་པ་ལ་ དགོངས་ཏེ། ཡང་དག་པའི་མཐའ་བདེ་གཤེགས་སྙིང་པོ་དོན་དམ་འདུས་མ་བྱས་ནི་ཀུན་ རྫོབ་འདུས་བྱས་ཀྱི་རྣམ་པ་སྐྱེ་འགག་གནས་གསུམ་ཐམས་ཅད་ཀྱིས་དབེན་ཞིང་སྟོང་པ་སྟེ། རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གིས་ཁམས་སྟོང་གི། །ཞེས་སོ། །དེ་ ཡང་གཙོ་བོར་ནི་འཁོར་བའི་ངོ་བོ་རྟེན་འབྲེལ་བཅུ་གཉིས་ཀྱི་བདག་ཉིད་ཉོན་མོངས་པ་དང་ 1-1-128 ལས་དང་ཚེའི་ཀུན་ནས་ཉོན་མོངས་གསུམ་སྟེ་སློབ་དཔོན་ཀླུ་སྒྲུབ་ཀྱི། ཡན་ལག་བྱེ་བྲག་བཅུ་ གཉིས་གང༌། །ཐུབ་པས་རྟེན་འབྱུང་གསུངས་དེ་དག །ཉོན་མོངས་ལས་དང་སྡུག་བསྔལ་ཏེ། ། གསུམ་པོ་དག་ཏུ་ཟད་པར་འདུས། །དང་པོ་བརྒྱད་དང་དགུ་ཉོན་མོངས། །གཉིས་དང་བཅུ་ པ་ལས་ཡིན་ཏེ། །ལྷག་མ་བདུན་ཡང་སྡུག་བསྔལ་ཡིན། །ཞེས་གསུངས་པས་སོ་སྤྲིན་སོགས་ དང་འདྲ་བའི་ཆོས་དབྱིངས་ནམ་མཁའ་འདྲ་བའི་གནས་སུ་སྟོང༌། དང་པོ་མ་རིག་པ་བརྒྱད་ དགུ་སྲེད་ལེན་གསུམ་པོ་ཉོན་མོངས་པ། གཉིས་པ་འདུ་བྱེད་བཅུ་པ་སྲིད་པ་གཉིས་པོ་ལས། ལྷག་མ་རྣམས་ནས་རྒ་ཤིའི་བར་བདུན་པོ་ཚེའི་ཉོན་མོངས་དང་སྡུག་བསྔལ་དང་རྣམ་སྨིན་གྱི་ དོན་ཏེ། གསུམ་པོ་སྤྲིན་ལ་སོགས་པ་བཞིན་གྱིས་ཁམས་ནམ་མཁའ་འདྲ་བའི་གནས་སུ་སྟོང་ པ་ཉིད་དུ་བརྗོད་དོ༑ ༑ཇི་ལྟར་འདྲ་ཞེ་ན། ཉོན་མོངས་པ་ནི་སྤྲིན་དང་འདྲ་སྟེ། གློ་བུར་དུ་བྱུང་ ཞིང་སེམས་ལ་སྒྲིབ་ལ་རང་བཞིན་གྱིས་མ་གྲུབ་པས་སོ། །བྱ་བའི་ལས་ནི་རྨི་ལམ་གྱི་ལོངས་ སྤྱོད་བཞིན་ཏེ། ཕྱིན་ཅི་ལོག་གི་བློས་བསྐྱེད་ཅིང་འཁྲུལ་པའི་ཡུལ་ཡིན་པས་སོ། །ཉོན་མོངས་ དང་ལས་གཉིས་ཀྱི་རྣམ་པར་སྨིན་པའི་དོན་ཟག་བཅས་ཀྱི་ཕུང་པོ་ཁམས་སྐྱེ་མཆེད་ནི་སྒྱུ་མ་ སྤྲུལ་བ་དང་འདྲ་སྟེ། རྐྱེན་ལས་སྐྱེས་ཤིང་ཡང་དག་པར་མེད་པས་སོ། ། གཉིས་པ་གསུངས་པའི་དགོས་པ་ནི་དངོས་འཛིན་ལྟ་བ་གཞིག་པའི་ཕྱིར་ཏེ། འོད་སྲུང་ གིས་ཞུས་པར། དེ་ཕྱིར་ལྟ་བའི་ཐིབས་པོར་སོང་བ་ལས། །འབྱུང་བའི་མཆོག་ནི་སྟོང་པ་ ཉིད་ཡིན་ན། །གང་ཞིག་སྟོང་པ་ཁོ་ནའི་ལྟར་གྱུར་པ། །དེ་ནི་གསོར་མི་རུང་ཞེས་རྒྱལ་བས་ གསུངས། །ཞེས་དང་འཕགས་པ་ཀླུ་སྒྲུབ་ཀྱིས། རྒྱལ་བ་རྣམས་ཀྱིས་སྟོང་པ་ཉིད། །ལྟ་ཀུན་ངེས་ པར་འབྱིན་པར་གསུངས། །ཞེས་སོ། ། གསུམ་པ་དངོས་ལ་གནོད་བྱེད་ནི། དོམ་དམ་བདེ་གཤེགས་སྙིང་པོ་ཡང་ཀུན་རྫོབ་ལྟར་ གཤིས་ལ་སྟོང་ཞིང་མེད་ན་གོང་དུ་བསྟན་པའི་སྙིང་པོ་དོན་ལ་མེད་པའི་སྐྱོན་ཐམས་ཅད་ཀྱིས་ 1-1-129 གནོད་ཅིང༌། དེ་ལྟར་ལྟ་བ་པོ་རྣམས་ཀྱང༌། སྟོང་པ་ཉིད་ལ་ལྟ་ཉེས་ན། །ཤེས་རབ་ཆུང་རྣམས་ ཕུང་བར་འགྱུར། །ཞེས་དང༌། སྟོང་པ་ཉིད་ལ་ལོག་པར་ཟིན་པ་ནི་སེམས་ཅན་དམྱལ་བ་རྣམས་ སུ་སྐྱེ་བར་འགྱུར་ལ་གཞན་ཆོས་འདོད་པ་དང་སྡུག་བསྔལ་ལས་ཐར་པར་འདོད་པ་རྣམས་ ཀྱང་ཕུང་བར་བྱེད་དོ་ཞེས་པའི་ཉེས་པས་རེག་གོ །དེས་ན་བཀའ་བར་པར་ཆོས་དབྱིངས་དང་ མྱ་ངན་ལས་འདས་པ་རྨི་ལམ་ལྟ་བུ་ཞེས་སོགས་དང་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་ སོགས་དང༌། ཐ་མར་དེ་དག་རྟག་བརྟན་གཡུང་དྲུང་སོགས་སུ་གསུངས་པ་སྒྲ་འགལ་ཡང་དོན་ བར་པར་བརྟགས་པ་དང་གཞན་དབང་འདུས་བྱས་ལ་དགོངས་ཤིང༌། ཐ་མར་སྟོང་གཞི་ཆོས་ ཉིད་དེ་ཉིད་ཀུན་ལ་ཁྱབ་པའི་བདེ་གཤེགས་སྙིང་པོ་རྟག་བརྟན་གཡུང་དྲུང་རང་གི་ངོ་བོས་མི་ སྟོང་བའི་གཞན་སྟོང་ཟབ་མོར་གསུངས་ཤིང༌། བཀའ་གཉིས་གས་ཀུན་རྫོབ་ཐམས་ཅད་རང་ སྟོང་དུ་གསུངས་པས་དགོངས་པ་མི་འགལ་ལོ། །རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །བླ་ མེད་ཆོས་ཀྱིས་སྟོང་མ་ཡིན། །ཞེས་དང༌། དབུ་མ་བསྒོམ་རིམ་དུ། དེ་ལྟར་ཤེས་རབ་དག་པ་ཡི། ། རང་གི་ངོ་བོ་དོན་དམ་ནི། །ཤིན་ཏུ་ཡང་ནི་གྲུབ་པས་ན། །བརྟགས་པའི་གཞན་དངོས་འབྱུང་ མ་ཡིན། །ཞེས་དང༌། རིགས་པ་དྲུག་ཅུ་པར༌། མྱ་ངན་འདས་པ་བདེན་གཅིག་པུར། །རྒྱལ་བ་ རྣམས་ཀྱིས་གང་གསུངས་པ། །དེ་ཚེ་ལྷག་མ་ལོག་པ་ཞེས། །མཁས་པ་སུ་ཞིག་རྟོག་མི་བྱེད། ། ཅེས་དང༌། ཆོས་དབྱིངས་བསྟོད་པར། སྟོང་པ་ཉིད་ནི་སྟོན་པའི་མདོ་ཞེས་པ་ནས་ཁམས་དེ་ ཉམས་པར་བྱེད་མ་ཡིན་གྱི་བར་གྱིས་དོན་དམ་པའི་ཤེས་རབ་དང༌། མྱང་འདས་དང༌། ཁམས་ སྙིང་པོ་མ་ཉམས་པར་གཤིས་ལ་གྲུབ་པར་གསུངས་སོ། །བཀའ་བར་པ་དང་ཐ་མའི་ཁྱད་ པར་ནི། ཤིན་ཏུ་རྒྱས་པའི་མདོ་སྡེ་གཞིར་བྱས་ལ་རྣམ་པར་མ་ཕྱེ་བར་ཤེས་བྱ་ཐམས་ཅད་རང་ སྟོང་དུ་སྟོན་པ་བར་པ་དང༌། ཐ་མ་ཡང་དེ་གཞིར་བྱས་ལ་ངོ་བོ་ཉིད་གསུམ་སོགས་སུ་ལེགས་ པར་རྣམ་པར་ཕྱེ་ནས་བསྟན་པའམ་བརྗོད་བྱའི་གཙོ་བོ་བདེ་གཤེགས་སྙིང་པོ་སྒྲས་ཟིན་པས་ 1-1-130 སྒོ་ནས་སྟོན་པའི་བཀའ་སྟེ། དགོངས་འགྲེལ་དུ། བར་པ་ལ་སྟོང་པ་ཉིད་སྨོས་པའི་ཞེས་དང༌། ཐ་མ་ལ་ལེགས་པར་རྣམ་པར་ཕྱེ་བའི་ཞེས་དང༌། འདིར། ཤེས་བྱ་ཐམས་ཅད་རྣམ་ཀུན་སྟོང་ པ་ཞེས་དང༌། ཡང་འདིར་སངས་རྒྱས་སྙིང་པོ་ཡོད་ཅེས་ཅི་སྟེ་གསུང་ཞེས་པས་སོ། ། གཉིས་པ་ལ་གསུམ། དགོས་པ་སྤྱིར་བསྟན་པ་དང་སེམས་ཅན་ཐམས་ཅད་ལ་ཁམས་ ཆོས་ཉིད་ཀྱི་སངས་རྒྱས་གདོད་ནས་རང་ཆས་སུ་ཡོད་པར་སྟོན་པའི་བཀའ་ཐ་མ་མ་ཐོས་པའི་ ཉེས་དམིགས། དེ་ཐོས་པའི་ཕན་ཡོན་ནོ། ། དང་པོ་ནི་སྔར་བཀའ་བར་པར་དངོས་འཛིན་གྱི་ལྟ་བ་ཟློག་པའི་ཕྱིར་ནི་དགོངས་གཞི་ ཆོས་དབྱིངས་ཁམས་དེ་འདུས་བྱས་ཀྱིས་སྟོང་བ་ལ་དགོངས་ནས། ཆོས་ཐམས་ཅད་སྟོང་པར་ བསྟན་པ་དེ་ལྟར་རྣམ་པར་གཞག་ནས་སླར་ཡང་བླ་མའི་རྒྱུད་བཀའ་ཐ་མ་དོན་དམ་རྣམ་ངེས་ དབུ་མ་མཐར་ཐུག་གི་གཞུང་འདིར་ནི། སངས་རྒྱས་ཐོབ་པའི་གེགས་སེམས་ཞུམ་པ་སོགས་ ཉེས་པ་ལྔ་དག་སྤངས་ནས་སྤྲོ་བ་སོགས་ཡོན་ཏན་ལྔ་བསྐྱེད་དེ་སངས་རྒྱས་ཐོབ་པའི་ཕྱིར། སེམས་ཅན་ཐམས་ཅད་ལ་ཁམས་ཆོས་སྐུ་གདོད་ནས་ཡོད་པ་ཉིད་ཅེས་བསྟན་པ་ཡིན་ནོ། ། གཉིས་པ་ནི་འདི་ལྟར་རང་བཞིན་གྱི་སངས་རྒྱས་དེ་ནི་སེམས་ཅན་ཐམས་ཅད་ལ་གདོད་ ནས་ཡོད་པར་མ་ཐོས་པ་ལས། སངས་རྒྱས་ཐོབ་པའི་གེགས་ཉེས་པ་ལྔ་འབྱུང་སྟེ། བདག་ ལ་བརྙས་པའི་ཉེས་པ་ཡིས་ང་འདྲ་བས་སངས་རྒྱས་མི་འཐོབ་སྙམ་པའི་སེམས་ནི་ཞུམ་པ་ འགའ་ཞིག་ལ་བྱང་ཆུབ་སེམས་ནི་ཁྱད་པར་ཅན་སྐྱེ་བར་མི་འགྱུར་བ་དང༌། གང་ཟག་གང་ལ་ བྱང་ཆུབ་ཀྱི་སེམས་སྐྱེ་བས་བདག་ནི་མཆོག་ཅེས་རློམ་ཞིང་ཁེངས་པ་ན། གཞན་བྱང་ཆུབ་ཀྱི་ སེམས་མ་བསྐྱེད་པ་ལ་དམན་པའི་འདུ་ཤེས་ཀྱིས་བརྙས་པ་རབ་ཏུ་འཇུག་པ་དང༌། དེ་ལྟར་ རང་གཞན་ལ་བདེ་གཤེགས་སྙིང་པོ་ཡོད་པར་མ་རྟོགས་པས་བརྙས་པར་སེམས་པ་དེ་ལ་ནི། གནས་ལུགས་རྟོགས་པའི་ཡང་དག་ཤེས་པ་མི་སྐྱེ་བ་དེས་ན་ཤེས་པ་གང་ཡིན་འདུས་བྱས་ 1-1-131 ཡིན་པ་དང༌། བཅོས་མ་གློ་བུར་བ་དྲི་མ་བདེན་ནོ་སྙམ་དུ་ཡང་དག་མིན་པ་འཛིན་ཅིང་ཡང་ དག་དོན་སྟོབས་སོགས་ཡོན་ཏན་ཅན་གྱི་བདེ་གཤེགས་སྙིང་པོ་རྟག་པ་ཀུན་ཁྱབ་ནི་རིག་པར་ མི་འགྱུར་བར་སྒྲོ་སྐུར་གཉིས་བྱེད་པ་དང༌། ཁམས་དེ་ཉེས་པ་བཅོས་མ་མེད་ཅིང་ཡོན་ཏན་ རང་བཞིན་པ་ཡོད་པ་ཅི་ཞེ་ན། སེམས་ཅན་གྱི་སྐྱོན་དྲི་མ་དེ་ནི་ཡང་དག་པའི་དོན་ཁམས་ལ་ གདོད་མ་ནས་ཡོད་པ་མིན་བཅོས་མ་གློ་བུར་བ་ཉིད་ཡིན་པའི་ཕྱིར་རོ། །ཡང་དག་པའི་དོན་ ཁམས་དེ་ནི་ཉེས་པ་དེའི་བདག་ཉིད་དམ་ངོ་བོར་མེད་དེ། རང་དང་དབྱེར་མེད་པའི་སྟོབས་ སོགས་ཡོན་ཏན་གདོད་མ་ནས་ལྡན་ཅིང་རང་བཞིན་གྱིས་རྣམ་པར་དག་པ་ཡིན་པས་སོ། ། བཀའ་ཐ་མ་མ་ཐོས་པའི་བློ་ལྡན་རྣམས་ནི་བདག་དང་སེམས་ཅན་ཐམས་ཅད་བདེ་གཤེགས་ སྙིང་པོ་ཆོས་ཀྱི་སྐུ་ཅན་དུ་མཚུངས་པར་མཐོང་བའི་བྱམས་པ་ཆེན་པོ་ཐོབ་པར་མི་འགྱུར་ཏེ། ཡང་དག་མིན་པའི་ཉེས་པ་བཅོས་མ་བདེན་པར་འཛིན་ཅིང་སྒྲོ་འདོགས་ལ། ཡང་དག་པའི་ ཡོན་ཏན་སྟོབས་སོགས་སྙིང་པོ་ལ་མེད་ཅེས་སྐུར་པ་འདེབས་པས་སོ། །བདེ་གཤེགས་སྙིང་ པོ་ལ་སྟོབས་སོགས་ཡོན་ཏན་གདོད་ནས་ཡོད་དེ། གོང་དུ་དྲངས་པར། དེ་ལ་དྲི་མ་མེད་པའི་ སངས་རྒྱས་ཀྱི་ཡོན་ཏན་ནི་གཅིག་ཏུ་ཀུན་ནས་ཉོན་མོངས་པ་སོ་སོའི་སྐྱེ་བོའི་ས་ན་ཡང་ཆོས་ ཉིད་སྔ་ཕྱི་ཁྱད་པར་མེད་པར་ཡོད་པའི་ཕྱིར། གནས་འདི་བསམ་གྱིས་མི་ཁྱབ་སྟེ། གང་ལ་ དེ་བཞིན་གཤེགས་པའི་ཡེ་ཤེས་མཐའ་དག་རྗེས་སུ་མ་ཞུགས་པའི་སེམས་ཅན་དེ་ནི་སེམས་ ཅན་གྱི་རིས་ན་འགའ་ཡང་མེད་དེ་འདུ་ཤེས་ཀྱིས་འཛིན་པས་བསྒྲིབས་པའོ། །ཞེས་སོ། །ཆོས་ དབྱིངས་བསྟོད་པར་ཡང༌། དུས་རྣམས་ཀུན་ཏུ་ཉོན་མོངས་མེད། །ཐོག་མ་བར་མཐའ་དྲི་ མ་བྲལ། །ཞེས་དང༌། ཉོན་མོངས་ནང་ན་ཡེ་ཤེས་ཀྱང༌། །དེ་བཞིན་དྲི་མ་མེད་པར་གནས། ། ཞེས་ཆོས་དབྱིངས་ལ་གདོད་ནས་དྲི་མ་མེད་པ་དང་ཡོན་ཏན་ཡོད་པར་གསུངས་སོ། །དེས་ན་ བཀའ་ཐ་མ་མ་ཐོས་ན་ཉེས་པ་ལྔ་པོ་མ་སྤངས་པས་སངས་རྒྱས་ཐོབ་མི་སྲིད་དོ། ། 1-1-132 གསུམ་པ་ནི་དབུ་མ་མཐར་ཐུག་གི་གཞུང་བཀའ་ཐ་མ་འདི་ལས་འདུས་མ་བྱས་ཀྱི་ཡོན་ ཏན་སྟོབས་སོགས་གདོད་ནས་ལྡན་པའི་བདེ་གཤེགས་སྙིང་པོ་སེམས་ཅན་ཐམས་ཅད་ལ་ ཡོད་པར་གསུངས་པ་དེ་ནི་ཆོས་ཅན། དགོས་པ་ཁྱད་པར་ཅན་ཡོད་དེ། ཁྱོད་གང་ཟག་དབང་ རྣོན་འགས་ཐོས་པ་ལ་བརྟེན་ནས་རང་ལ་སངས་རྒྱས་རང་ཆས་སུ་འདུག་པ་དྲི་མས་བསྒྲིབས་ པས་མ་ཐོབ་པར་ཟད་ཀྱི། གཞན་ནས་བཙལ་མི་དགོས་པར་དྲི་མ་བསལ་ཙམ་གྱིས་ཐོབ་པར་ འདུག་སྙམ་ནས་དྲི་མ་སེལ་བའི་ལམ་ལ་སློབ་པར་སྤྲོ་བ་དང༌། སེམས་ཅན་གཞན་ལ་ཡང་ སྟོན་པ་བཞིན་དུ་གུས་པ་འབྱུང་སྟེ། བརྟག་གཉིས་སུ། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། ། འོན་ཀྱང་གློ་བུར་དྲི་མས་སྒྲིབ། །དེ་ཉིད་བསལ་ན་སངས་རྒྱས་ཉིད། །ཅེས་དང༌། སཾ་བྷུ་ཊིར། རང་གི་ལུས་ལ་སངས་རྒྱས་བཞུགས། །(པ་དེ་ལས་ངོ་བོ་ཐ་དད་གྱུར་པ་)གཞན་དུ་གང་ ནའང་སངས་རྒྱས་མེད། །མི་ཤེས་མུན་པས་བསྒྲིབས་པ་རྣམས། །ལུས་ལས་གཞན་དུ་སངས་ རྒྱས་འདོད། །ཅེས་དང་བྲམ་ཟེ་ཆེན་པོས། མཁས་པ་ཐམས་ཅད་བསྟན་བཅོས་འཆད་པ་ཡི། ། ལུས་ལ་སངས་རྒྱས་ཡོད་པ་མ་རྟོགས་སོ། །ཞེས་སོ། །གཤིས་ལུགས་ལ་འདུས་བྱས་བཅོས་ མ་ཀུན་རྫོབ་ཐམས་ཅད་མེད་པར་རྟོགས་པའི་ཤེས་རབ་དང༌། ཡོན་ཏན་སྟོབས་སོགས་ཅན་ གྱི་བདེ་གཤེགས་སྙིང་པོ་དོན་ལ་ཡོད་པ་དང༌། དེ་ཡང་སེམས་ཅན་ཐམས་ཅད་ལ་ཡོད་པར་ རྟོགས་པའི་ཡེ་ཤེས་དང༌། རང་གཞན་ཐམས་ཅད་བདེ་གཤེགས་སྙིང་པོ་ཅན་དུ་མཚུངས་ པར་མཐོང་བའི་བྱམས་ཆེན་དང་ཡོན་ཏན་ལྔ་སྐྱེ་བས་སོ། །མྱང་འདས་ཆེན་པོར། དེ་བཞིན་ གཤེགས་པ་ཆོས་སྐུར་ཤེས་ན་དེ་ནི་ཡང་དག་པའི་ཡེ་ཤེས་ཡིན་ཏེ། ཞེས་དང༌། ཡེ་ཤེས་ཞེས་ བྱ་བ་ནི་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་པར་ཤེས་པའོ། །ཞེས་སོ། ། ཁྱབ་པ་ཡོད་དེ་དེ་ལྟར་ཡོན་ཏན་གྱི་ཆོས་ལྔ་སྐྱེས་པའི་ཕྱིར་ཕན་ཡོན་དེ་དག་ལས་ནི་སེམས་ ཞུམ་པ་སོགས་སྐྱོན་ལྔའི་ཁ་ན་མ་ཐོ་བ་མེད་ཅིང༌། སེམས་ཅན་ཐམས་ཅད་སངས་རྒྱས་སྙིང་ 1-1-133 པོ་ཅན་དུ་མཚུངས་པར་ལྟ་ཞིང༌། ཆོས་དབྱིངས་དེ་གདོད་ནས་སྐྱོན་མེད་ལ་ཡོན་ཏན་དང་ལྡན་ པ་དེ་བཞིན་གཤེགས་པའི་སྙིང་པོ་ཡིན་པ་དེ་བདག་དང་སེམས་ཅན་ཐམས་ཅད་ལ་ཡོད་པར་ མཚུངས་པར་བྱ་སྟེ། དེ་ལྟར་མཐོང་བའི་བྱམས་ཆེན་ལས་རིམ་གྱིས་རྫོགས་པའི་སངས་རྒྱས་ ཉིད་མྱུར་དུ་འཐོབ་པོ། །དེ་ལྟར་སྟོབས་སོགས་ཅན་གྱི་སངས་རྒྱས་སེམས་ཅན་ཐམས་ཅད་ ལ་གདོད་ནས་རང་ཆས་སུ་ཡོད་པར་ཐོས་པའི་རྒྱུས། ཞུམ་པ་སོགས་ཀྱི་སྐྱོན་ལྔ་སེལ་ཞིང་ སྤྲོ་བ་སོགས་ཡོན་ཏན་ལྔ་སྐྱེ་སྟེ། སངས་རྒྱས་མྱུར་དུ་འཐོབ་པ་ནི་བཀའ་ཐ་མའི་ཁྱད་ཆོས་ ཡིན་ནོ། །དེ་ལྟ་མིན་པར་སངས་རྒྱས་མིན་པའི་སྟོང་ཉིད་ཆོས་དབྱིངས་ཙམ། སེམས་ཅན་ལ་ ཞུགས་པ་ནི་བཀའ་བར་པ་མན་ཆད་དུ་འདི་སྟོན་ཏེ་དེ་ལས་སྐྱོན་ལྔ་སེལ་བ་དང་ཡོན་ཏན་ལྔ་ འབྱུང་མི་སྲིད་པས་སོ། །དེས་ན་སྤྲིན་དང་ཞེས་སོགས་ནས་མྱུར་དུ་ཐོབ་ཅེས་པའི་བར་ཚིགས་ སུ་བཅད་པ་བཅུ་གཉིས་པོས་སྙིང་པོ་བསྟན་པའི་ཕན་ཡོན་དང་བཅས་པས་བདེ་གཤེགས་ སྙིང་པོ་ངེས་དོན་དུ་བསྟན་པ་ཡིན་ཡང༌། ལ་ལ་དྲང་དོན་དུ་བསྟན་ནོ་སྙམ་ནས་དྲང་དོན་དུ་ འཆད་པ་ནི་ནོར་ཏེ། བསོད་ནམས་དམན་པས་སོ། །ཆོས་རྗེ་ཁྲོ་ལོས། ཇི་ཙམ་བསྟན་ཀྱང་ མ་གོ་ན། །དགེ་ཚོགས་ཀྱི་འབྱོར་པ་ཆུང་པའི་རྟགས། །དམ་པ་གསུམ་ལྡན་གྱི་བསོད་ནམས་ སོགས། །གདམས་ངག་གི་རྒྱལ་པོ་སྒྲིབ་སྦྱོང་ཡིན། །ཞེས་གསུངས་པ་ལྟར་འབད་དོ། །རྟག་ བརྟན་གཡུང་དྲུང་ཡང་དག་མཐར་གྱུར་ཀྱང༌། །མཐའ་བྲལ་དབུ་མ་ཆེན་པོ་ཆོས་ཀྱི་སྐུ། །ཀུན་ ཁྱབ་ཡོངས་གྲུབ་བདེ་གཤེགས་སྙིང་པོ་འདི། །ཐུབ་དབང་རྣམས་ཀྱི་དགོངས་དོན་མཐར་ཐུག་ ཡིན། །བདག་མེད་སྟོང་པའི་དུག་ཆུས་མྱོས་པ་ཡིས། །ཡེ་ནས་གནས་པའི་ཆོས་ཉིད་ཡོངས་ གྲུབ་ཀྱང༌། །དམ་པའི་དོན་དུ་གྲུབ་པ་མེད་དོ་ཞེས། །བབ་ཅོལ་སྨྲ་བ་རྣམས་ནི་བཏང་སྙོམས་ མཛོད། །ཅེས་ཆེད་དུ་བརྗོད་པའོ། ། ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་དཀོན་མཆོག་གི་རིགས་རྣམ་པར་དབྱེ་བ་ 1-1-134 ལས། དེ་བཞིན་གཤེགས་པའི་སྙིང་པོའི་སྐབས་ཏེ་ལེའུ་དང་པོའི་བཤད་པའོ།། །། གཉིས་པ་རྟོགས་པའི་ངོ་བོ་བྱང་ཆུབ་ལ་གསུམ་བཤད་བྱ་དོན་གྱི་རྣམ་དབྱེ་མདོར་བསྟན། འཆད་ཚུལ་སྡོམ་དུ་བསྡུས་ཏེ་བསྟན་པ། དེ་དག་སྦྱར་ཏེ་རྒྱས་པར་བཤད་པའོ། ། དང་པོ་ནི་རྟོགས་བྱ་དྲི་བཅས་དེ་བཞིན་ཉིད་བཤད་ནས་རྟོགས་པའི་ངོ་བོ་དྲི་མེད་དེ་ བཞིན་ཉིད་ནི་དོན་བརྒྱད་ཀྱི་དབང་དུ་བྱས་ཏེ་འཆད་དེ། ཁམས་ཆོས་སྐུ་ཉོན་མོངས་པའི་ སྦུབས་ལས་མ་གྲོལ་བ་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བརྗོད་པ་དེ་གློ་བུར་དྲི་མས་དག་ པ་ནི་ངོ་བོའི་དོན་དང༌། དཔལ་ཕྲེང་དུ་བཅོམ་ལྡན་འདས་གང་ཞིག་ཉོན་མོངས་པའི་སྦུབས་བྱེ་ བ་སྙེད་མཐའ་དག་གིས་གཡོགས་པ། དེ་བཞིན་གཤེགས་པའི་སྙིང་པོ་ལ་དོགས་པ་མ་མཆིས་ པ་དེ་ནི་ཉོན་མོངས་པ་མཐའ་དག་གི་སྦུབས་ལས་གྲོལ་བ་དེ་བཞིན་གཤེགས་པའི་ཆོས་ཀྱི་ སྐུ་ལ་ཡང་དོགས་པ་མ་མཆིས་པ་ལགས་སོ་ཞེས་སོ། །དེ་ཐོབ་བྱེད་ཐེག་ཆེན་གྱི་འཇིག་རྟེན་ ལས་འདས་པའི་རྣམ་པར་མི་རྟོག་པ་དང་དེའི་རྗེས་ལ་ཐོབ་པའི་འཇིག་རྟེན་པའི་ཡེ་ཤེས་རྣམ་ པ་གཉིས་ནི་རྒྱུའི་དོན་དང༌། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་རྣམ་པ་གཉིས་དང་བྲལ་ བ་རྣམ་པ་གཉིས་ནི་འབྲས་བུའི་དོན་དང༌། གོ་རིམ་བཞིན་དུ་རང་གཞན་གྱི་དོན་བསྒྲུབ་པ་ ནི་ལས་ཀྱི་དོན་དང༌། དོན་གཉིས་པོ་དེ་དག་སྒྲུབ་བྱེད་ཀྱི་རྟེན་བསམ་མི་ཁྱབ་ཀྱི་ཡོན་ཏན་ནི་ ལྡན་པའི་དོན་དང༌། ཟབ་པ་དང་རྒྱ་ཆེ་བ་དང་བདག་ཉིད་ཆེན་པོའི་སྐུ་གསུམ་གྱིས་ཕྱེ་བ་ནི་ འཇུག་པའི་དོན་དང༌། གསུམ་པོ་དེ་ཡང་འཁོར་བ་ཇི་སྲིད་ཀྱི་དུས་དང་མཚུངས་པར་འཇུག་ ཅིང་གནས་པ་རྟག་པའི་དོན་དང༌། དེ་དག་གི་ཇི་ལྟ་བ་ཉིད་ཀྱི་ཚུལ་ཡང་སངས་རྒྱས་ལས་ གཞན་གྱིས་མི་རྟོག་པས་བསམ་གྱིས་མི་ཁྱབ་པའི་དོན་ནོ། ། གཉིས་པ་ནི་འབྲས་བུ་སངས་རྒྱས་ཀྱི་ས་ནི་དོན་གྱི་རྣམ་པར་གཞག་པ་བརྒྱད་དུ་གནས་ ཏེ། ངོ་བོ་དང་རྒྱུ་དང་འབྲས་བུ་དང་ལས་དང་ལྡན་པ་དང་འཇུག་པ་དང་རྟག་པ་དང་བསམ་ 1-1-135 གྱིས་མི་ཁྱབ་པ་ཉིད་ཀྱིས་གཏན་ལ་ཕབ་པས་སོ། ། གསུམ་པ་ལ་བདུན་ངོ་བོ་དང་རྒྱུའི། འབྲས་བུའི་ལས་ཀྱི། ལྡན་པའི། འཇུག་པའི། རྟག་ པའི། བསམ་གྱིས་མི་ཁྱབ་པའི་དོན་རྒྱས་པར་བཤད་པའོ། ། དང་པོ་ལ་བསྟན་བཤད་གཉིས་སོ། །དང་པོ་ནི་མདོ་ལས་རང་བཞིན་གྱིས་འོད་གསལ་ བ་ཞེས་བརྗོད་པ་དག་པ་གཉིས་ལྡན་གྱི་བྱང་ཆུབ་གང་ཡིན་ནི་ངོ་བོ་དང་ལྡན་ཏེ། ཉི་མ་འོད་ གསལ་བ་དང་ནམ་མཁའ་སྤྲིན་དང་བྲལ་བ་བཞིན་དུ་གློ་བུར་གྱི་ཉོན་མོངས་པ་དང་ཤེས་བྱའི་ སྤྲིན་ཚོགས་སྟུག་པོའི་སྒྲིབ་པ་ཡིས་ནི་སྔར་སེམས་ཅན་གྱི་དུས་ན་བསྒྲིབས་པར་གྱུར་པ་དྲི་མ་ བཅོམ་ནས། དྲི་མེད་ཀྱི་སྤངས་པ་དང་རྟོགས་པ་སངས་རྒྱས་ཀྱི་ཡོན་ཏན་སྟོབས་སོགས་ཡེ་ ཤེས་ཀུན་རང་དང་དབྱེར་མེད་དུ་ལྡན་ཞིང༌། ན་རྒ་འཆི་བ་མེད་པའི་རྟག་བརྟན་གཡུང་དྲུང་གི་ སངས་རྒྱས་ཉིད་ཡིན་པས་སོ། །བྱང་ཆུབ་དེ་ལ་ནི་རྒྱུ་ཡོད་དེ། བྱང་འཕགས་ཀྱི་ཆོས་ཐམས་ ཅད་ལ་འཁོར་གསུམ་རྣམ་པར་མི་རྟོག་པའི་ཡེ་ཤེས་དང༌། དེའི་རྗེས་ལས་ཐོབ་པ་ཤེས་བྱ་ཇི་ སྙེད་པ་ཤན་རྣམ་པར་འབྱེད་པའི་ཡེ་ཤེས་དག་ལ་བརྟེན་ནས་ཐོབ་པས་སོ། ། གཉིས་པ་ལ་གཉིས་ངོ་བོ་དང་རྒྱུ་བཤད་པའོ། །དང་པོ་ནི་འབྲས་བུའི་སངས་རྒྱས་ཉིད་ ནི་ངོ་བོའི་དོན་དང་ལྡན་ཏེ། ཉི་མ་མཁའ་བཞིན་དུ་དབྱིངས་དང་དབྱེར་མེད་པའི་རྟོགས་པའི་ ཡེ་ཤེས་མཐའ་ཡས་དང་སྒྲིབ་གཉིས་དག་པའི་ཆོས་ཀྱིས་རབ་ཏུ་ཕྱེ་བ་སྤངས་པ་གཉིས་ཀྱི་ མཚན་ཉིད་དོ། །རྟགས་གྲུབ་སྟེ། རང་བཞིན་གྱིས་འོད་གསལ་བ་རྒྱུ་རྐྱེན་གྱིས་བྱས་པ་མིན་ པ་ལ་དབྱེར་མེད་པར་འཇུག་པ་ཅན་གངྒཱའི་ཀླུང་གི་ནི་རྡུལ་གྱི་གྲངས་ལས་འདས་པའི་སངས་ རྒྱས་རྣམས་ཀྱི་ཆོས་རྣམས་ཀུན་དང་ལྡན་པ་ཉིད་ཡིན་པའི་ཕྱིར་དང༌། རང་བཞིན་གྱིས་ནི་མ་ གྲུབ་པ་དང་ཁྱབ་པར་སྒྲིབ་པ་དང་གློ་བུར་བ་ཉིད་ཀྱི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དེ་ སྤྲིན་དང་འདྲ་བར་བརྗོད་པ་རྣམས་ཀྱིས་དག་པ་ཡིན་པས་སོ། ། 1-1-136 གཉིས་པ་ནི་བྱང་ཆུབ་དེའི་སྒྲིབ་པ་གཉིས་དང་བྲལ་བ་ཡི་རྒྱུ་ནི་ཡེ་ཤེས་གཉིས་ཡིན་ཏེ། གང་ཞེ་ན་བྱང་འཕགས་ཀྱི་མཉམ་གཞག་རྣམ་པར་མི་རྟོག་པ་དང་དེའི་ནི་རྗེས་ལས་ཐོབ་པ་ དེའི་ཡེ་ཤེས་གཉིས་སུ་འདོད་དོ། །རྣམ་པར་དག་པ་ནི་གནས་ཡོངས་སུ་གྱུར་པའི་ངོ་བོ་ཡིན་ ནོ་ཞེས་བཤད་པ་གང་ཡིན་པ་དེ་ལ་རྣམ་པར་དག་པ་ནི་མདོར་བསྡུ་ན་རྣམ་པ་གཉིས་ཏེ། རང་ བཞིན་གྱིས་རྣམ་པར་དག་པ་དང་དྲི་མ་མེད་པའི་རྣམ་པར་དག་པའོ། །དེ་ལ་རང་བཞིན་གྱིས་ རྣམ་པར་དག་པ་ནི་གང་ཞིག་རྣམ་པར་གྲོལ་ལ་བྲལ་བ་ནི་མིན་ཏེ། སེམས་ཀྱི་རང་བཞིན་འོད་ གསལ་བ་གློ་བུར་གྱི་དྲི་མ་དང་མ་བྲལ་བའི་ཕྱིར་རོ། །དྲི་མ་མེད་པའི་རྣམ་པར་དག་པ་ནི་ཆུ་ ལ་སོགས་པ་ལ་རྡུལ་ལ་སོགས་པ་བཞིན་དུ་རྣམ་པར་གྲོལ་བ་དང་བྲལ་བ་སྟེ། སེམས་ཀྱི་རང་ བཞིན་འོད་གསལ་བ་གློ་བུར་གྱི་དྲི་མ་མཐའ་དག་དང་བྲལ་བའི་ཕྱིར་རོ། ། གཉིས་པ་འབྲས་བུའི་དོན་ལ་གཉིས་བསྟན་བཤད་དོ། །དང་པོ་ནི་དག་པ་གཉིས་ལྡན་ གྱི་བྱང་ཆུབ་ནི་བྲལ་བའི་འབྲས་བུ་ཕུན་ཚོགས་ཏེ། དྲི་མ་མེད་པའི་ཆུ་དང་ལྡན་ཞིང་རིམ་གྱིས་ རྒྱས་པའི་པདྨས་ཁེབས་པ་མཚོ་བཞིན་དུ་འདོད་ཆགས་ལས་གྲོལ་བ་དང་སྒྲ་གཅན་གྱི་ཁ་ནས་ ཐར་བའི་ཟླ་བ་ཉ་བ་ལྟ་བུར་ཞེ་སྡང་ལས་གྲོལ་བ་དང༌། སྤྲིན་གྱི་ཚོགས་ལས་གྲོལ་བའི་ཉི་མ་ ལྟ་བུར་ནི་གཏི་མུག་ཉོན་མོངས་པ་དག་ལས་གྲོལ་བས་གློ་བུར་དྲི་མེད་སྤངས་པའི་ཡོན་ཏན་ ལྡན་པའི་ཕྱིར། ཡེ་ཤེས་ཀྱི་འོད་ཟེར་སྣང་བ་རྒྱ་ཆེན་དང་ལྡན་པ་དེ་ཉིད་དོ། །ཞེས་པ་ཉོན་ སྒྲིབ་དག་པའོ། །འབྲས་བུ་བྱང་ཆུབ་ནི་ཤེས་སྒྲིབ་བཅོམ་པའི་རྒྱལ་བ་ཉིད་ཡིན་ཏེ། ཤུན་པ་ པད་ངན་དང་བྲལ་བའི་ཐུབ་པ་ཁྱུ་མཆོག་དང་སྦྲང་མ་དང་བྲལ་བའི་སྦྲང་རྩི་དང་སྦུན་པ་དང་ བྲལ་བའི་འབྲས་བུའི་སྙིང་པོ་དང༌། མི་གཙང་བའི་ལྗན་ལྗིན་དང་བྲལ་བའི་རིན་ཆེན་གསེར་ སྦྲམ་དང་ས་འོག་ནས་ཕྱུང་བའི་གཏེར་དང་ས་བོན་ཤུན་པ་ལས་གྲོལ་བའི་ལྗོན་ཤིང་རྒྱལ་ པོ་དང༌། གོས་ཧྲུལ་དང་བྲལ་བའི་དྲི་མེད་རིན་ཆེན་ལས་གྲུབ་པའི་བདེ་གཤེགས་སྐུ་དང་ནི། 1-1-137 མངལ་སྦུབས་དང་བྲལ་བའི་ས་བདག་རྒྱལ་པོ་དང་ས་འདམ་ནག་པོ་དང་བྲལ་བའི་གསེར་ གྱི་གཟུགས་རྣམས་དང་འདྲ་བའི་ཆགས་སོགས་དྲི་མའི་ཤུན་པ་དགུ་ལས་གྲོལ་བའི་སྙིང་པོ་ མཐར་ཐུག་ཡིན་པས་སོ། ། རྒྱས་བཤད་ལ་གསུམ་ལས། ཡེ་ཤེས་གཉིས་ལས་སྐུ་གཉིས་བྱུང་ཚུལ་ནི་ཆུ་མཚོ་རྙོག་ པས་དག་པ་དང་སོགས་པ་ཟླ་བ་སྒྲ་གཅན་ལས་ཐར་བ་དང་ཉི་མ་སྤྲིན་ལས་གྲོལ་བ་བཞིན། འདོད་ཆགས་སོགས་གློ་བུར་ཉོན་མོངས་དུག་གསུམ་དག་པ་སྤངས་པ་ཕུན་ཚོགས་རྣམ་གྲོལ་ གྱི་སྐུ་ཐོབ་པ་ནི། རྒྱུ་མང་པོ་ཡོད་ཀྱང་མདོར་བསྡུ་ན་མཉམ་གཞག་མི་རྟོག་ཡེ་ཤེས་ཀྱིས་ཉོན་ སྒྲིབ་བཅོམ་པའི་འབྲས་བུ་ཡིན་པར་རབ་ཏུ་བརྗོད་ཅིང༌། ཡོན་ཏན་གྱི་རྣམ་པ་ཀུན་གྱི་མཆོག་ དང་ལྡན་པའི་སངས་རྒྱས་ཀྱི་རྟོགས་པ་ཕུན་ཚོགས་ཆོས་སྐུ་ནི། ཤེས་སྒྲིབ་དག་པས་ངེས་པར་ ཐོབ་པ་དེ་ནི་རྗེས་ལ་ཐོབ་པའི་ཡེ་ཤེས་ཀྱི་འབྲས་བུ་ཡིན་པར་བསྟན་ཏོ། ། གཉིས་པ་ཉོན་སྒྲིབ་སྤངས་པས་དོན་གཉིས་འགྲུབ་ཚུལ་ནི། འབྲས་བུ་བྱང་ཆེན་ནི་ཆུ་ དག་པ་པདྨས་ཁེབས་པའི་རྫིང་དང་འདྲ་བ་ཡིན་ཏེ། འདོད་པའི་འདོད་ཆགས་རྡུལ་དང་འདྲ་ བ་ནི་སྤངས་པའི་ཕྱིར་དང༌། གདུལ་བྱ་ཡི་ནི་རྒྱུད་པདྨ་དང་འདྲ་བ་ལ་ཆོས་ཆར་ཕབ་པས་ བསམ་གཏན་ཆུ་ནི་འབབ་ཅིང་ཏིང་འཛིན་གྱིས་བརླན་པའི་ཕྱིར་རོ། །དེ་ནི་སྒྲ་གཅན་གྱི་དྲི་ མེད་ཟླ་བ་ཉ་བ་བཞིན་ཏེ་ཞེ་སྡང་སྒྲ་གཅན་ལྟ་བུ་ལས་གྲོལ་བས་སྙིང་རྗེ་དང་བྱམས་ཆེན་འོད་ ཟེར་གྱིས་འགྲོ་བ་ཐམས་ཅད་ལ་ཁྱབ་པའི་ཕྱིར་ནའོ། །འབྲས་བུའི་སངས་རྒྱས་ཉིད་དེ་ནི་སྤྲིན་ གྱི་དྲི་མ་མེད་པའི་ཉི་མ་བཞིན་ཏེ། གཏི་མུག་སྤྲིན་དང་འདྲ་བ་ལས་རྣམ་པར་གྲོལ་བས་འགྲོ་ བར་ཡེ་ཤེས་ཀྱི་འོད་ཟེར་གྱི་བློའི་མུན་པ་སེལ་བའི་ཕྱིར་རོ། ། གསུམ་པ་ཤེས་སྒྲིབ་སྤངས་པས་སྙིང་པོ་ཐོབ་ཚུལ་ནི། འབྲས་བུ་ཆོས་སྐུ་ནི་རང་རང་གི་ སྒྲིབ་གཡོགས་ལས་གྲོལ་བའི་བདེ་གཤེགས་སྐུ་དང་སྦྲང་རྩི་དང་འབྲས་བུའི་སྙིང་པོ་བཞིན་ 1-1-138 ཏེ། གོ་རིམ་བཞིན་དུ་འཇིག་རྟེན་ན་གཞན་གང་དང་ཡང་མི་མཉམ་པའི་སངས་རྒྱས་ཉིད་ དང་མཉམ་པའི་ཡོན་ཏན་གྱི་ཆོས་དང་ལྡན་པའི་ཕྱིར་དང༌། དམ་ཆོས་ཟབ་མོའི་རོ་ནི་སྦྱིན་ པར་མཛད་པའི་ཕྱིར་དང་སྒྲིབ་པའི་ཤུན་པ་དང་ནི་བྲལ་བའི་ཕྱིར་རོ། །དེ་ནི་རང་རང་གི་སྒྲིབ་ གཡོགས་དང་བྲལ་བའི་གསེར་དང་གཏེར་དང་ལྗོན་ཤིང་བཞིན་ཏེ། གོ་རིམ་བཞིན་དུ་སྒྲིབ་ གཉིས་དག་པའི་ཕྱིར་དང་ཡོན་ཏན་གྱི་རྫས་ཀྱི་ནི་གདུལ་བྱའི་དབུལ་བ་སེལ་བར་བྱེད་པའི་ ཕྱིར་དང༌། གདུལ་བྱ་ལ་རྣམ་གྲོལ་ཡོན་ཏན་གྱི་འབྲས་བུ་སྨིན་པར་བྱེད་པའི་ཕྱིར་རོ། །དེ་ནི་ རང་རང་གི་སྒྲིབ་གཡོགས་ལས་གྲོལ་བའི་རིན་ཆེན་གྱི་སྐུ་དང་འཁོར་ལོས་སྒྱུར་བའི་རྒྱལ་པོ་ དང་གསེར་ལས་བྱས་པའི་གཟུགས་བཞིན་ཏེ། གོ་རིམ་བཞིན་དུ་རིན་ཆེན་ལྟར་ཡོན་ཏན་གྱི་ ཆོས་ཀྱི་སྐུ་ཡིན་པའི་ཕྱིར་དང༌། རྐང་གཉིས་རྣམས་ཀྱི་བདག་པོ་མཆོག་ཡིན་པའི་ཕྱིར་དང༌། ཚོགས་གཉིས་རིན་ཆེན་ལས་གྲུབ་པའི་གཟུགས་བརྙན་གྱི་རྣམ་པ་ཡིན་པའི་ཕྱིར་རོ། ། གསུམ་པ་ལས་ཀྱི་དོན་ལ་གཉིས་བསྟན་བཤད་དོ། །དང་པོ་ནི་འབྲས་བུ་དྲི་མེད་དེ་ བཞིན་ཉིད་རང་དོན་གྱི་ལས་ཡོད་དེ་ཉོན་མོངས་པ་བག་ཆགས་དང་བཅས་པའི་ཟག་པ་མེད་ པ་དང༌། ཤེས་བྱ་ལ་ཆགས་ཐོགས་མེད་པའི་ཡེ་ཤེས་ཀྱིས་ཁྱབ་པ་དང་གཏན་དུ་འཇིག་པ་ མེད་པའི་ཆོས་ཅན་ནམ་རང་བཞིན་ཡིན་པས་དེ་བརྟན་ཞི་རྟག་པ་འཕོ་མེད་ཡིན་པས་སོ། ། གཞན་དོན་གྱི་ལས་ཕུན་ཚོགས་ཏེ། དཀར་པོའི་ཆོས་ཐམས་ཅད་ཀྱི་གནས་ཡིན་པས་སོ། ། གནས་ཇི་ལྟར་སྙམ་ན་དེ་བཞིན་གཤེགས་པའི་སྐུ་གཉིས་ནི་ནམ་མཁའ་དབང་པོས་ཡུལ་ དྲུག་མྱོང་བའི་རྒྱུ་བྱེད་པ་བཞིན་ཏེ། རྒྱལ་སྲས་དམ་པའི་ཟག་མེད་ཀྱི་དབང་པོ་དྲུག་གིས་ཟག་ མེད་ཀྱི་དོན་དྲུག་ཉམས་སུ་མྱོང་བའི་རྒྱུ་བྱེད་པའི་ཕྱིར་ཏེ། ཟག་མེད་ཀྱི་མིག་གིས་འབྱུང་བ་ ལས་བྱུང་བ་མེད་པའི་ཟག་མེད་ཀྱི་གཟུགས་དོན་ལ་ལྟ་བ་དང༌། དེ་བཞིན་དུ་རྣ་བས་དམ་ཆོས་ ཀྱི་གཏམ་བཟང་པོ་ནི་འཇིག་རྟེན་པའི་ཆོས་དང་མ་འདྲེས་པ་གཙང་མ་ཉན་པ་དང༌། སྣས་ 1-1-139 བདེ་གཤེགས་ཀྱི་ཚུལ་ཁྲིམས་ཀྱི་དྲི་གཙང་མ་སྣོམ་པ་དང༌། ལྕེས་འཕགས་ཆེན་རྣམས་ཀྱི་དམ་ པའི་ཆོས་ཀྱི་རོ་མྱོང་བ་དང༌། ལུས་ཀྱིས་ཏིང་ངེ་འཛིན་གྱི་རེག་བྱའི་བདེ་བ་ཆེན་པོ་ཉམས་སུ་ མྱོང་བ་དང༌། ཡིད་ཀྱི་དབང་པོས་ཆོས་ཐམས་ཅད་ཀྱི་གནས་ལུགས་རང་གི་ངོ་བོ་ཉིད་ཀྱིས་ ཟབ་པའི་ཚུལ་རྟོགས་པའི་རྒྱུར་གྱུར་པས་སོ། །དེ་བཞིན་གཤེགས་པ་ནི་མ་འདྲེས་པའི་ དོན་དམ་པའི་མཚན་ཉིད་ལ་དགོངས་ནས་ནམ་མཁའ་བཞིན་རྒྱུ་མཚན་རྣམས་དང་བྲལ་ཞེས་ གསུངས་པ་ཡིན་ཏེ། ཆོས་ཉིད་ཀྱི་རིགས་པ་ལ་བརྟེན་ནས་ཞིབ་མོར་བསམས་ཤིང་རྣམ་པར་ དཔྱད་པ་ན། དོན་དམ་ཟག་མེད་བདེ་ཆེན་ཉམས་སུ་མྱོང་བར་མཛད་པ་ཉིད་ཡིན་གྱིས་གལ་ ཏེ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་དེ་བཞིན་གཤེགས་པར་ལྟ་བར་གྱུར་ན་ནི་ དེས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡང་དེ་བཞིན་གཤེགས་པར་འགྱུར་བའི་སྐྱོན་ཡོད་པས་ སོ། ། གཉིས་པ་ལ་གཉིས་རང་དོན་དང་གཞན་དོན་རྒྱས་པར་བཤད་པའོ། །དང་པོ་ནི། མདོར་ ན་སློབ་ལམ་མཉམ་རྗེས་ཀྱི་ཡེ་ཤེས་གཉིས་པོའི་ལས་བྱ་བའི་འབྲས་བུ་འདི་ནི་གཉིས་སུ་ ཤེས་པར་བྱ་སྟེ། གློ་བུར་དྲི་མ་ལས་གྲོལ་བའི་སྤངས་པ་ཆོས་སྐུ་ནི་ཡོངས་སུ་རྫོགས་པར་ཐོབ་ པ་དང༌། སྟོབས་སོགས་ཡོན་ཏན་ཅན་གྱི་རྟོགས་པ་ཆོས་ཀྱི་སྐུ་ནི་ཡོངས་སུ་སྦྱོང་བ་གཉིས་ ཡོད་པས་སོ། །དེ་ལ་འབྲས་བུ་རྣམ་གྲོལ་གྱི་སྐུ་དང་རྟོགས་པ་ཆོས་ཀྱི་སྐུ་དག་ནི་ཆོས་རྣམ་པ་ གཉིས་ལ་རེ་རེ་དང་ཐུན་མོང་དུ་རྣམ་པ་གཅིག་དང་ལྡན་པར་ཤེས་པར་བྱ་སྟེ། རིམ་བཞིན་དུ་ ཟག་པ་མེད་པའི་ཕྱིར་དང་མཁྱེན་པས་ཤེས་བྱ་ཐམས་ཅད་ལ་ཁྱབ་པའི་ཕྱིར་དང་གཉི་ག་ཡང་ འདུས་མ་བྱས་པའི་གནས་ཉིད་ཡིན་པའི་ཕྱིར་ཏེ། རྣམ་གྲོལ་གྱི་སྐུ་ནི་ཟག་པ་མེད་དེ། གློ་བུར་ གྱི་ཉོན་མོངས་པ་རྣམས་ནི་བག་ཆགས་དང་བཅས་པ་འགགས་པའི་ཕྱིར་རོ། །རྟོགས་པ་ཡེ་ ཤེས་ཆོས་སྐུ་ནི་ཤེས་བྱ་ལ་ཁྱབ་པ་ཉིད་དུ་འདོད་དེ་ཆགས་པ་མེད་པ་དང་ཐོགས་པ་མེད་པའི་ 1-1-140 ཡེ་ཤེས་ཡིན་པའི་ཕྱིར་རོ། །སྐུ་དེ་གཉིས་ནི་འདུས་མ་བྱས་ཡིན་ཏེ། གཏན་དུ་འཇིག་པ་མེད་ པའི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་ཉིད་ཅིའི་ཕྱིར་ན། འཇིག་མེད་ཉིད་ནི་མདོར་བསྟན་པ་ སྟེ་བརྟན་པ་ལ་སོགས་པ་རྣམས་ཀྱིས་འཇིག་མེད་དེའི་དོན་རྒྱས་པར་བཤད་དོ། །ལྡོག་ཕྱོགས་ འཇིག་པ་ནི་རྣམ་པ་བཞིར་ཤེས་པར་བྱ་སྟེ་བརྟན་པ་དང་ཞི་བ་ལ་སོགས་པ་དག་ལས་ལྡོག་ པའི་ཕྱིར་རོ། །སྐུ་རྣམ་པ་གཉིས་ནི་བརྟན་པ་དང་ཞི་བ་དང་རྟག་པ་དང་འཕོ་བ་མེད་པར་ཤེས་ པར་བྱ་སྟེ། མྱགས་པ་རྒས་པ་དང་རྣམ་པར་འགྱུར་བ་ན་བ་དང་ཆད་པ་སྲིད་པ་སྔ་མ་ཆད་ཕྱི་མ་ སྐྱེ་བ་དང་བསམ་གྱིས་མི་ཁྱབ་པར་བསྒྱུར་བའི་འཆི་འཕོ་བ་སྟེ། བཞི་པོ་དེ་མེད་པའི་ཕྱིར་ནའོ། ། གཉིས་པ་ནི་དྲི་མེད་སྤངས་པ་དང་ཡེ་ཤེས་རྟོགས་པའི་སྐུ་དེ་ནི་གཞན་དོན་གྱི་གནས་ ཡིན་ཏེ། གདུལ་བྱ་ལ་གཟུགས་སྐུ་གཉིས་སུ་སྣང་བ་ལ་བརྟེན་ནས་དཀར་པོ་དགེ་བའི་ཆོས་ ཡོན་ཏན་ཕུན་ཚོགས་ཀྱི་འབྱུང་བའི་རྟེན་གཞི་ཡིན་པའི་ཕྱིར་ནའོ། །དེ་ཇི་ལྟར་ན་བསྐྱེད་རྒྱུ་ མིན་ཡང་འདུས་མ་བྱས་ནམ་མཁའ་ནི་མིག་གིས་གཟུགས་མཐོང་བ་དང་རྣ་བས་སྒྲ་ཐོས་པ་ དང་ལ་སོགས་པས། སྣས་དྲི་ཚོར་བ་དང་ལྕེས་རོ་མྱོང་བ་དང་ལུས་ཀྱི་རེག་བྱ་ལ་རེག་པ་དང་ ཡིད་ཀྱིས་ཆོས་རྣམས་ནི་རྟོགས་པའི་རྒྱུ་ཡིན་པ་ལྟར་དུ། སངས་རྒྱས་ཀྱི་ཆོས་སྐུ་གཉིས་ནི་ སྒྲིབ་མེད་དུ་མཐོང་བའི་ལམ་སྦྱོར་བ་ཉམས་སུ་བླངས་པ་ལས་བརྟན་པ་རྒྱལ་སྲས་རྣམས་ཀྱི་ དབང་པོ་དྲུག་དང་དོན་དྲུག་མཆོག་ཏུ་གྱུར་པ་ལ་གཟུགས་སྐུར་སྣང་བས་ཆོས་བསྟན་པས་ སམ། རིམ་གྱིས་ཟག་པ་མེད་པའི་ཡོན་ཏན་ཆོས་སྐུ་སྐྱེ་བ་སྟེ་ཐོབ་པ་ཡི་ནི་རྒྱུ་ཡིན་པས་སོ། ། བཞི་པ་ལྡན་པའི་དོན་ལ་གཉིས་བསྟན་བཤད་དོ། །དང་པོ་ནི་དྲི་མེད་དེ་བཞིན་ཉིད་ཀྱི་ སངས་རྒྱས་ནི་ལྡན་པའི་དོན་དང་ལྡན་ཏེ། ཐོས་སོགས་ཀྱིས་བསམ་དུ་མེད་པ་དང་སྐྱེ་བ་མེད་ པས་རྟག་པ་དང་རྒ་བ་མེད་པས་བརྟན་པ་དང་ན་བ་མེད་པས་ཞི་བ་དང་འཆི་བ་མེད་པས་ 1-1-141 གཡུང་དྲུང་ཉིད་སྡུག་བསྔལ་མེད་པས་རབ་ཏུ་ཞི་བ་དང༌། ཇི་སྙེད་པ་མཁྱེན་པས་ཁྱབ་པ་དང་ ཇི་ལྟ་བ་མཁྱེན་པས་རྟོག་བྲལ་དང་ཉོན་སྒྲིབ་སྤངས་པས་ནམ་མཁའ་བཞིན་དུ་ཆགས་པ་མེད་ པ་དང༌། ཤེས་སྒྲིབ་སྤངས་པས་ཀུན་ཏུ་ཐོགས་པ་མེད་པ་དང༌། སྙོམས་འཇུག་གི་སྒྲིབ་པ་ སྤངས་པས་རྩུབ་རེག་སྤངས་པ་དང༌། གཟུགས་མེད་པས་བལྟར་མེད་པ་དང༌། མཚན་མ་མེད་ པས་བཟུང་དུ་མེད་པ་དང་རང་བཞིན་གྱིས་དག་པས་དགེ་བ་དང༌། དྲི་མ་སྤངས་པས་དྲི་མ་ མེད་པ་སྟེ། དོན་དམ་པའི་ཡོན་ཏན་བཅོ་ལྔ་མངའ་བས་སོ། ། གཉིས་པ་ལ་གཉིས། ཡོན་ཏན་དེ་དག་གང་ལ་ལྡན་ཚུལ་དང༌། ལྡན་པའི་ཡོན་ཏན་ངེས་ པར་བྱ་བའོ། །དང་པོ་ནི་སྤངས་པ་རྣམ་གྲོལ་གྱི་སྐུ་དང་རྟོགས་པ་ཆོས་ཀྱི་སྐུ་གཉིས་པོ་དག་ གིས་རང་གི་དང་གཞན་གྱི་དོན་ཕུན་ཚོགས་གྲུབ་པ་བསྟན་ཏེ། གོ་རིམ་བཞིན་རང་ཉིད་འཆིང་ བ་མཐའ་དག་ལས་གྲོལ་བས་ཕྱིར་དང་ཡེ་ཤེས་ཀྱིས་ཕྲིན་ལས་རྒྱ་ཆེན་འགྲུབ་པས་སོ། །རང་ གཞན་གྱི་དོན་གྱི་རྟེན་དུ་གྱུར་པའི་སྐུ་དེ་དག་ལ་ནི་བསམ་མི་ཁྱབ་ལ་སོགས་པའི་ཡོན་ཏན་ བཅོ་ལྔ་ལྡན་ནོ། ། གཉིས་པ་ལ་གཉིས། ཡོན་ཏན་དང་པོ་བཤད་པ་དང་ལྷག་མ་རྣམས་བཤད་པའོ། །དང་པོ་ ནི། སྤངས་རྟོགས་མཐར་ཐུག་གི་བྱང་ཆུབ་སངས་རྒྱས་ནི་ཡེ་ཤེས་ལུས་ཅན་ས་བཅུ་པ་རྣམས་ ཀྱིས་ཀྱང་ནི་བསམ་གྱིས་མི་ཁྱབ་པར་རྟོགས་པར་བྱ་སྟེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཁོ་ ནའི་ཡུལ་ཡིན་པའི་ཕྱིར་དང༌། སངས་རྒྱས་ལས་གཞན་པའི་ཐོས་སོགས་ཤེས་པ་གསུམ་གྱི་ ཡུལ་མིན་པའི་ཕྱིར་རོ། །ཡོན་ཏན་ཡོངས་སུ་རྫོགས་པ་ནི། སངས་རྒྱས་ལས་གཞན་པའི་ཐོས་ པའི་ཤེས་རབ་ཀྱི་ཡུལ་མིན་ཏེ་ཤིན་ཏུ་ཕྲ་བའི་དོན་ཡིན་པའི་ཕྱིར་རོ། །བསམ་བྱུང་ཤེས་རབ་ ཀྱི་ཡུལ་དུ་བྱ་བ་མིན་ཏེ། དོན་དམ་བདེན་པ་མཐར་ཐུག་ཡིན་པའི་ཕྱིར་རོ། །བསམ་གཏན་ སོགས་འཇིག་རྟེན་པའི་བསྒོམ་པ་ལ་སོགས་པའི་བློ་ཐམས་ཅད་ཀྱི་ཡུལ་མིན་ཏེ། ཆོས་ཉིད་ 1-1-142 ཟབ་མོའི་ཡོན་ཏན་མཐར་ཐུག་ཡིན་པའི་ཕྱིར་རོ། །ཡུལ་མིན་པ་དཔེ་ཇི་ལྟར་ན་བྱིས་པས་ནི་ གཟུགས་ལ་དམུས་ལོང་གིས་བཞིན་ཏེ། གང་གི་ཕྱིར་ན་བྱང་ཆུབ་ཀྱི་ཡོན་ཏན་དེ་སྔོན་མངོན་ སུམ་དུ་མཐོང་མ་མྱོང་བས་སོ། །བྱང་སེམས་འཕགས་པས་ནི་བཙས་པའི་ཁྱིམ་ན་གནས་པའི་ བུ་ཆུང་གིས་ཉི་མའི་འོད་ཀྱི་གཟུགས་ཅུང་ཟད་མཐོང་གི་རྒྱ་ཆེར་མི་མཐོང་བ་བཞིན་ཏེ། དེས་ ཀྱང་ཆོས་སྐུའི་ཡོན་ཏན་ཅུང་ཟད་མཐོང་ཡང་ཡོངས་རྫོགས་མངོན་སུམ་དུ་མི་མཐོང་བས་སོ། ། གཉིས་པ་ནི་ཆོས་སྐུ་བྱང་ཆུབ་དེ་རྟག་པ་སྟེ། སྐྱེ་བ་དང་བྲལ་བའི་ཕྱིར་བརྟན་པ་ཡིན་ཏེ། མི་སྐྱེ་བས་འགག་པ་མེད་པའི་ཕྱིར། གཡུང་དྲུང་ཡིན་ཏེ། ཆོས་ཉིད་རང་བཞིན་འགྱུར་མེད་དུ་ གནས་པའི་ཕྱིར་རོ། །སྡུག་བསྔལ་རབ་ཏུ་ཞི་སྟེ་རང་བཞིན་གྱིས་འགོག་པའི་བདེན་པ་ཡིན་ པའི་ཕྱིར་རོ། །ཁྱབ་པ་ཉིད་དེ་ཤེས་བྱ་ཐམས་ཅད་རྟོགས་པའི་ཕྱིར་རོ། །རྟོག་པ་མེད་དེ་མཚན་ མས་གང་ལ་ཡང་གནས་པ་མེད་པའི་ཕྱིར་རོ། །ཆགས་པ་མེད་དེ་ཉོན་མོངས་ཀྱི་སྒྲིབ་པ་ སྤངས་པའི་ཕྱིར་རོ། །ཡུལ་ཐམས་ཅད་དུ་ནི་ཐོགས་པ་མེད་དེ་ཤེས་བྱའི་སྒྲིབ་ཀུན་དག་པའི་ ཕྱིར། རྩུབ་པའི་རེག་པ་དང་བྲལ་བའི་ཡོན་ཏན་ཡིན་ཏེ། བྱིང་རྒོད་གཉིས་མེད་པས་ཏིང་ངེ་ འཛིན་ལས་སུ་རུང་བའི་ཕྱིར། མ་དག་པའི་མངོན་སུམ་གྱིས་ལྟར་མེད་དེ་དེ་གཟུགས་སོགས་ མཚན་མ་མེད་པའི་ཕྱིར་རོ། །རྣམ་ཤེས་ཀྱིས་བཟུང་དུ་མེད་དེ་གཏན་ཚིགས་ཀྱི་མཚན་མ་མེད་ པའི་ཕྱིར་རོ། །ངོ་བོ་དགེ་བ་ཡིན་ཏེ་རང་བཞིན་གྱིས་དག་པའི་ཕྱིར་རོ། །དྲི་མེད་ཡིན་ཏེ་གློ་ བུར་གྱི་དྲི་མ་སྤངས་པའི་ཕྱིར་རོ། ། ལྔ་པ་འཇུག་པའི་དོན་ལ་གཉིས་བསྟན་བཤད་དོ། །དང་པོ་ལ་གསུམ། ངོ་བོ་ཉིད་སྐུ་ ནི་མཚན་ཉིད་ལྔ་དང་ལྡན་ཏེ། ཐོག་མར་སྐྱེ་བ་དབུས་སུ་གནས་པ་མཐའ་མར་འཇིག་པའི་ འདུས་བྱས་ཀྱི་མཚན་ཉིད་གསུམ་མེད་ཅིང་འདུས་མ་བྱས་པ་དང༌། དབྱིངས་དང་ཡེ་ཤེས་ 1-1-143 གཅིག་ཏུ་འདྲེས་པས་རྣམ་པར་དབྱེར་མེད་པ་དང༌། ཡོད་མེད་སྤངས་པས་སྒྲོ་སྐུར་གྱི་མཐའ་ གཉིས་མེད་པ་དང༌། ཉོན་མོངས་ཤེས་བྱ་སྙོམས་འཇུག་གི་སྒྲིབ་གསུམ་བྲལ་བ་དང་ཉོན་ མོངས་ཀྱི་དྲི་མ་མེད་ཅིང༌། རྣམ་རྟོག་གི་ཡུལ་དུ་བྱར་མེད་པའི་ཆོས་དབྱིངས་རང་བཞིན་གང་ ཡིན་དེ་ཉིད་རྟོག་པ་པོ་རྟག་ཏུ་ཆོས་ཉིད་ལ་མཉམ་པར་གཞག་པའི་རྣལ་འབྱོར་པ་ཡིས་མཐོང་ བས་འོད་གསལ་བ་དང་ལྔའོ། །ཡང་དེ་ཡོན་ཏན་ལྔ་དང་ལྡན་ཏེ། རྒྱ་ཆེ་བས་གཞལ་དུ་མེད་ པ་དང༌། གྲངས་བཟུང་མི་ནུས་པས་ཆུ་བོ་གངྒཱའི་བྱེ་མ་ལས་འདས་པ་དང༌། རྟོག་གེའི་ཡུལ་ མིན་པས་བསམ་དུ་མེད་པ་དང༌། གཞན་དང་མཉམ་པ་མེད་པའི་ཡོན་ཏན་རྣམས་དང་ལྡན་པ་ དང༌། དེ་བཞིན་གཤེགས་པའི་ཆོས་སྐུ་དྲི་མེད་དབྱིངས་དེ་ནི་བག་ཆགས་དང་བཅས་པ་ཉེས་ པ་རྣམ་པར་སྤངས་པ་དང་ལྔའོ། །ལོངས་སྤྱོད་རྫོགས་སྐུ་ནི་མཚན་ཉིད་ལྔ་དང་ལྡན་ཏེ། ཟབ་ རྒྱས་སྣ་ཚོགས་པའི་དམ་ཆོས་ཀྱི་འོད་ཟེར་མངའ་བ་གསུང་བརྗོད་པ་རྒྱུན་མི་འཆད་པ་དང༌། དེའི་རྟེན་སྐུས་སྣང་བ་སྣ་ཚོགས་སུ་སྟོན་པ་རྒྱུན་མི་འཆད་པ་དང༌། གདུལ་བྱ་འགྲོ་བའི་རྣམ་ གྲོལ་གྱི་དོན་བསྒྲུབ་པ་ལ་བརྩོན་པ་དང་མཛད་པའི་ཕྲིན་ལས་བསྒྲུབ་པ་ལ་ཡིད་བཞིན་གྱི་ ནོར་བུའི་རྒྱལ་པོ་བཞིན་དུ་འབད་རྩོལ་མེད་པ་དང་གསུམ་པོ་དེ་ལྷུན་གྲུབ་ཏུ་འཇུག་པ་དང༌། གདུལ་བྱའི་དབང་གིས་སྐུ་མདོག་དང་ཚད་ལ་སོགས་སྣ་ཚོགས་པའི་དངོས་པོར་སྣང་ཡང་སྣ་ ཚོགས་དེའི་རང་བཞིན་མིན་པ་སྟེ་ལྔའོ། །སྤྲུལ་སྐུ་ནི་མཚན་ཉིད་གསུམ་དང་ལྡན་ཏེ། ལམ་ ལ་མ་ཞུགས་པ་འཇིག་རྟེན་པ་རྣམས་ཞི་བ་མྱ་ངན་ལས་འདས་པའི་ལམ་ལ་འཇུག་པ་དང༌། ཞུགས་པ་རྣམས་ཐེག་ཆེན་ལ་བཀོད་ནས་རབ་ཏུ་སྨིན་པར་མཛད་པ་དང༌། ཐེག་ཆེན་གྱིས་ སྨིན་པ་རྣམས་དག་ས་ལ་བཀོད་ནས་བྱང་ཆུབ་ཏུ་ལུང་སྟོན་པར་མཛད་པ་གསུམ་པོའི་རྒྱུའི་ གཟུགས་སྐུ། གདུལ་བྱ་རིང་བ་ལ་སྣང་བ་གང་ཡིན་པ་དེ་ཡང་འཇིག་རྟེན་འདིར་ནི་འཁོར་བ་ སྲིད་དུ་རྟག་ཏུ་གནས་ཏེ། དཔེར་ན་ནམ་མཁའི་ཁམས་སུ་གཟུགས་ཀྱི་ཁམས་རྟག་ཏུ་གནས་ 1-1-144 པ་བཞིན་ནོ། ། གཉིས་པ་རྒྱས་བཤད་ལ་གསུམ་ཐུན་མོང་གི་དབྱེ་བ། སོ་སོའི་རང་བཞིན་དོན་བསྡུ་བའོ། ། དང་པོ་ནི་རང་བྱུང་རྣམས་ཀྱི་ཐམས་ཅད་མཁྱེན་པ་དང་སངས་རྒྱས་ཉིད་ཅེས་གང་བརྗོད་པ་ དང་མཆོག་ཏུ་མྱ་ངན་འདས་པ་དང༌། རྟོག་གེའི་བློ་བསམ་དུ་མེད་པ་དང་འཁོར་བའི་གཡུལ་ ལས་རྒྱལ་བས་དགྲ་བཅོམ་པ་དང༌། སོ་སོ་རང་རིག་གི་ཡེ་ཤེས་ཀྱི་བདག་ཉིད་དུ་གྱུར་པའི་ བྱང་ཆུབ་དེ་ལ་དབྱེ་ན། རང་བཞིན་པ་ཆོས་སྐུ་དང་སོགས་པས་ལོངས་སྤྱོད་རྫོགས་པ་དང་ སྤྲུལ་བའི་སྐུ་གསུམ་དག་གིས་འཇུག་སྟེ། རྟོགས་པར་དཀའ་བས་ཟབ་པ་དང་མཐུ་དང་ལྡན་ པས་རྒྱ་ཆེ་བ་དང་གཞན་དོན་ཕུན་སུམ་ཚོགས་པས་བདག་ཉིད་ཆེན་པོའི་ཡོན་ཏན་གྱི་ཆོས་ ཀྱིས་རབ་ཏུ་ཕྱེ་བའི་ཕྱིར་རོ། ། གཉིས་པ་ལ་གསུམ་ངོ་བོ་ཉིད་ཀྱི་ལོངས་སྤྱོད་རྫོགས་པའི་སྤྲུལ་པའི་སྐུ་བཤད་པའོ། ། དང་པོ་ནི་སྐུ་གསུམ་པོ་དེ་ལ་རྫོགས་པའི་སངས་རྒྱས་རྣམས་ཀྱི་ནི་ངོ་བོ་ཉིད་སྐུ་དེ་མཚན་ཉིད་ ལྔ་དང་མདོར་ན་ཡོན་ཏན་ལྔ་དང་ནི་ལྡན་པ་ཉིད་དུ་རིག་པར་བྱ་སྟེ། སྐྱེ་སོགས་དང་བྲལ་བས་ འདུས་མ་བྱས་ཤིང་འགྱུར་མེད་དང༌། དབྱིངས་རིག་གཅིག་ཏུ་འདྲེས་པས་རྣམ་དབྱེར་མེད་པ་ དང༌། སྒྲོ་སྐུར་གྱི་མཐའ་གཉིས་དག་ནི་རྣམ་པར་སྤངས་པ་དང༌། ཉོན་མོངས་ཤེས་བྱ་སྙོམས་ འཇུག་གི་སྒྲིབ་གསུམ་ལས་ནི་ངེས་པར་གྲོལ་བ་དང༌། རང་བཞིན་གྱིས་དྲི་མ་མེད་ཅིང་གློ་ བུར་གྱི་རྣམ་པར་རྟོག་པ་མེད་པ་དང་རྣམ་འབྱོར་སངས་རྒྱས་རྣམས་ཀྱི་ཡུལ་ཡིན་པའི་ཕྱིར་ དང༌། དེ་བཞིན་གཤེགས་པའི་ཆོས་དབྱིངས་ངོ་བོ་ཉིད་ཀྱིས་ནི་དག་པའི་ཕྱིར་འོད་གསལ་བ་ སྟེ་ལྔ་དང་ལྡན་ནོ། །ངོ་བོ་ཉིད་སྐུ་ནི་གཞལ་དུ་མེད་པ་དང་གྲངས་མེད་པ་དང་བསམ་དུ་མེད་ པ་དང་མཉམ་པ་མེད་པ་དང༌། དག་པའི་མཐར་ཐུག་པ་ཡོན་ཏན་རྣམས་དང་ཡང་དག་པར་ ལྡན་ཏེ། གོ་རིམ་ཇི་བཞིན་དུ་རྒྱ་ཆེ་བའི་ཕྱིར་དང་གྲངས་ཡོངས་སུ་ཆད་པ་མེད་པའི་ཕྱིར་དང་ 1-1-145 རྟོག་གེའི་ཡུལ་མིན་པའི་ཕྱིར་དང༌། སངས་རྒྱས་འབའ་ཞིག་གི་ཡོན་ཏན་ཡིན་པའི་ཕྱིར་དང་ སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་པའི་ཕྱིར་རོ། ། གཉིས་པ་ལོངས་སྤྱོད་རྫོགས་པའི་སྐུ་ནི་ཆོས་ལྔ་ལྡན་ལ་གསུང་བརྗོད་པ་རྒྱུན་མི་འཆད་ དེ། ཐེག་ཆེན་གྱི་ཟབ་རྒྱས་སྣ་ཚོགས་པའི་ཆོས་ཀྱི་འབྱོར་པ་ལ་རྫོགས་པར་ལོངས་སྤྱོད་ཅིང་ གནས་པས་སོ། །སྐུའི་སྣང་བ་སྟོན་པ་རྒྱུན་མི་འཆད་དེ། རང་བཞིན་ཆོས་ཀྱི་སྐུ་དེ་གདུལ་བྱ་ ལ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི་སྐུར་སྣང་བའི་ཕྱིར་དང༌། མཛད་པ་ཕྲིན་ལས་རྒྱུན་ མི་འཆད་དེ་ཐུགས་རྗེ་ཆེན་པོ་རྣམ་པར་དག་པ་དེའི་རྒྱུ་མཐུན་པའི་འབྲས་བུ་འགྲོ་བའི་དོན་ རྒྱུན་མི་འཆད་པའི་ཕྱིར་དང༌། དེ་མངོན་པར་འདུ་བྱེད་མེད་རྣམ་པར་རྟོག་པ་མེད་ཅིང་ལྷུན་ གྱིས་གྲུབ་པར་གདུལ་བྱའི་འདོད་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་བསྐོང་བའི་ཕྱིར་རོ། །སྣ་ ཚོགས་པ་དེའི་ངོ་བོར་སྣང་ཡང་ཇི་ལྟ་བ་བཞིན་དེའི་ངོ་བོར་མི་སྟོན་ཏེ། ཡིད་བཞིན་ནོར་བུའི་ རྫུ་འཕྲུལ་གྱིས་ཐེག་ཆེན་གྱི་ཆོས་ལ་རྫོགས་པར་ལོངས་སྤྱོད་པའི་སངས་རྒྱས་ཀྱི་སྐུ་རུ་རྣམ་ པར་གནས་པས་སོ། །ལོངས་སྐུ་སྟོན་པའི་སྐབས་འདིར་ནི་སྣ་ཚོགས་པ་ལ་སོགས་པ་རྣམ་པ་ ལྔར་བརྗོད་དོ། །ཁྱབ་བདག་སངས་རྒྱས་ཆོས་སྐུ་ནི་ཇི་ལྟར་འོག་གཞི་རས་ཀྱི་ཚོན་ནི་ཁ་དོག་ སྣ་ཚོགས་པའི་རྐྱེན་གྱིས་སྟེང་གི་ནོར་བུ་རིན་པོ་ཆེ་ཁ་དོག་སྣ་ཚོགས་པ་དེའི་དངོས་པོ་མིན་ ཡང་སྣ་ཚོགས་པར་སྣང་བ་ལྟར་དེ་བཞིན་ཏེ། འགྲོ་བ་གདུལ་བྱའི་ཁམས་དང་མོས་པའི་རྐྱེན་ སྣ་ཚོགས་པས་སྐུ་དེ་སྣ་ཚོགས་པ་དེའི་དངོས་པོ་མིན་པ་ཡིན་ཡང་སྣ་ཚོགས་ལོངས་སྐུ་དེའི་ངོ་ བོར་སྣང་བས་སོ། ། གསུམ་པ་སྤྲུལ་སྐུ་ལ་དངོས་དང་དེའི་ཕྲིན་ལས་སོ། །དང་པོ་ནི་མཆོག་གི་སྤྲུལ་སྐུ་བཅོམ་ ལྡན་འདས་ཤཱཀྱ་ཐུབ་པ་ལྟུ་བུའི་ལ་མཚོན་ན། མཛད་པ་བཅུ་གཉིས་སྟོན་ཚུལ་ཐུགས་རྗེ་ཆེན་ པོས་འཇིག་རྟེན་མཁྱེན་ནས་འཇིག་རྟེན་ཀུན་ལ་གཟིགས་ནས་ནི་ཆོས་ཀྱི་སྐུ་ལས་མ་གཡོས་ 1-1-146 པར་སྤྲུལ་པའི་རང་བཞིན་སྣ་ཚོགས་པ་རྣམས་ཀྱིས་སྐྱེ་བ་དགའ་ལྡན་གནས་སུ་མངོན་པར་སྐྱེ་ བ་དང༌། དགའ་ལྡན་ནས་ནི་འཛམ་བུའི་གླིང་དུ་འཕོ་བ་དང་ཡུམ་གྱི་ལྷུམས་སུ་འཇུག་པ་དང་ ཟླ་བ་བཅུ་ཚང་ནས་ལུམ་བི་ནིར་སྐུ་བལྟམས་པ་དང༌། ཡི་གེ་ལ་སོགས་བཟོའི་གནས་རྣམས་ ཐམས་ཅད་ལ་མཁས་པར་བསྟན་པ་དང་བཙུན་མོ་བརྒྱད་ཁྲིའི་འཁོར་གྱི་ནང་དུ་དགེས་པར་ རོལ་བ་དང༌། ཁབ་ཀྱི་གནས་ནས་བྱུང་སྟེ་མཆོད་རྟེན་རྣམ་དག་གི་དྲུང་དུ་ངེས་པར་རབ་ཏུ་ བྱུང་བ་དང༌། ཆུ་བོ་ནྱ་ར་ཛ་རིའི་འགྲམ་དུ་ལོ་དྲུག་ཏུ་དཀའ་བ་སྤྱད་པ་དང༌། བྱང་ཆུབ་ཀྱི་སྙིང་ པོ་རྡོ་རྗེ་གདན་དུ་གཤེགས་པ་དང༌། བྱང་ཆུབ་ཤིང་དྲུང་དུ་རྩྭ་ཀུ་ཤའི་གདན་ལ་བཞུགས་ནས་ སྲོད་ལ་བདུད་ཀྱི་སྡེ་དཔུང་དང་བཅས་པ་འཇོམས་པ་དང༌། ཐོ་རེངས་མངོན་པར་རྫོགས་པར་ ནི་བྱང་ཆུབ་སྟེ་སངས་རྒྱས་པ་དང༌། ཝ་ར་ན་སི་ལ་སོགས་པའི་གནས་སུ་གདུལ་བྱ་དམན་ པ་དང་འབྲིང་དང་མཆོག་རྣམས་ལ་བཀའ་དང་པོ་དང་བར་པ་དང་ཐ་མའི་ཆོས་ཀྱི་འཁོར་ལོ་ རིམ་པར་བསྐོར་བ་དང༌། མཐར་རྩྭ་མཆོག་གི་གྲོང་ཤིང་ས་ལ་ཟུང་གི་དྲུང་དུ་ཡོངས་སུ་མྱ་ ངན་ལས་འདས་པར་གཤེགས་པར་མཛད་པའི་མཛད་པ་རྣམས་ཡོངས་སུ་མ་དག་པའི་ཞིང་ ཁམས་རྣམས་སུ་སྲིད་པ་འཁོར་བ་ཇི་སྲིད་གནས་ཀྱི་བར་དུ་སྟོན་ཏོ། ། གཉིས་པ་ཕྲིན་ལས་ནི། སངས་རྒྱས་ཐམས་ཅད་མི་རྟག་པ་དང་ཟག་པ་དང་བཅས་པ་ ཐམས་ཅད་སྡུག་བསྔལ་བ་དང་ཆོས་ཐམས་ཅད་བདག་མེད་པ་དང་མྱ་ངན་ལས་འདས་པ་ཞི་ བར་སྟོན་པའི་སྒྲ་ཡིས། གདུལ་བྱ་འདུལ་བའི་ཐབས་མཁྱེན་པའི་སྤྲུལ་པས་ལམ་ལ་མ་ཞུགས་ པའི་སེམས་ཅན་རྣམས་ཀྱང་སྲིད་པ་གསུམ་ལ་སྐྱོ་བ་བསྐྱེད་ནས་མྱ་ངན་ལས་འདས་པ་གསུམ་ དུ་ཕྱིན་པའི་ལམ་ལ་རབ་ཏུ་འཛུད་པར་མཛད་དོ། །ཞི་བའི་ལམ་ལ་རབ་ཏུ་ཞུགས་པ་ཐེག་ དམན་དགྲ་བཅོམ་རྣམས་མྱང་འདས་མ་ཐོབ་ཀྱང་མྱ་ངན་ལས་འདས་པ་ཐོབ་པའི་འདུ་ཤེས་ ཅན་རྣམས་ལ་དམ་པའི་ཆོས་པདྨ་དཀར་པོ་དང༌། དཔལ་ཕྲེང་དང་མྱ་ངན་ལས་འདས་པའི་ 1-1-147 མདོ་ལ་སོགས་པ་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བསྟན་པ་ཡིས། ཉན་རང་དེ་དག་སྔར་མྱང་ འདས་ཐོབ་པར་འཛིན་པའི་འདུ་ཤེས་ལས་ཟློག་སྟེ། ཐབས་དང་ཤེས་རབ་ཀྱིས་ཡོངས་སུ་ བཟུང་བས་ཐེག་པ་མཆོག་ལ་སྨིན་པར་མཛད་དེ་བྱང་ཆུབ་མཆོག་ཏུ་ལུང་བསྟན་ཏོ། ། གསུམ་པ་དོན་བསྡུ་ནི་སྐུ་གསུམ་པོ་འདི་དག་གྲངས་བཞིན་ཟབ་པ་ཆོས་སྐུ་དང་རྒྱ་ཆེ་བ་ ལོངས་སྐུ་དང་བདག་ཉིད་ཆེན་པོ་སྤྲུལ་པའི་སྐུ་རྣམས་སུ་ཤེས་པར་བྱ་སྟེ་ཟབ་ཅིང་རྟོག་པར་ དཀའ་བ་དང་གཞན་དོན་གྱི་མཐུ་ནི་ཕུན་སུམ་ཚོགས་པ་དང་གདུལ་བྱ་བྱིས་པའི་སྐྱེ་བོ་ལས་ དག་པའི་བསམ་པའི་དོན་དང་མཐུན་པར་བསྟན་པས་འཁོར་བ་ལས་རབ་ཏུ་འདྲེན་པའི་ སྐུའི་ཕྱིར་རོ། །སྐབས་འདིར་དང་པོ་ཆོས་སྐུ་སྟེ་ཕྱི་མ་དག་ནི་གཟུགས་ཀྱི་སྐུ་ཡིན་ལ་ཇི་ལྟར་ ནམ་མཁའ་ལ་ནི་གཟུགས་གནས་པ་བཞིན་དུ་དང་པོ་ཆོས་སྐུ་ལ་ནི་ཐ་མ་གཟུགས་སྐུ་གཉིས་ བརྟེན་ནས་གནས་སོ། ། དྲུག་པ་རྟག་པའི་དོན་ལ། གསུམ་བསྟན་བཤད་བསྡུ་བའོ། །དང་པོ་ནི། སངས་རྒྱས་ ཀྱི་གཟུགས་སྐུ་ནི་རྟག་སྟེ། རྒྱུ་ཚོགས་གཉིས་མཐའ་ཡས་པ་བསགས་པ་དང་སེམས་ཅན་ ཟད་པ་མེད་པའི་དོན་ལ་བཞུགས་པ་དང་སེམས་ཅན་ཐམས་ཅད་ལ་བརྩེ་བ་དང་རྫུ་འཕྲུལ་ དང་མཁྱེན་པ་དང༌། ཏིང་ངེ་འཛིན་གྱི་བདེ་བ་ཕུན་སུམ་ཚོགས་པ་དང་ལྡན་པ་དང་ཆོས་ཀྱི་ དབང་ཕྱུག་འཇིག་རྟེན་དུ་བཞུགས་ཀྱང་དེའི་ཉེས་པས་མ་གོས་པས་སོ། །ཆོས་སྐུ་ནི་རྟག་སྟེ་ འཆི་བདག་གི་བདུད་བཅོམ་པ་དང་འདུས་མ་བྱས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་དང་ཕྱི་མའི་ མཐར་ཐུག་པར་འཇིག་རྟེན་གྱི་མགོན་སྐྱབས་སུ་གྱུར་པས་སོ། ། གཉིས་པ་ལ་གཉིས་གཟུགས་སྐུ་དང་ཆོས་སྐུ་རྟག་པའི་རྒྱུའོ། །དང་པོ་ནི་སངས་རྒྱས་ཀྱི་ གཟུགས་སྐུ་ནི་རྟག་སྟེ། སློབ་ལམ་གྱི་གནས་སྐབས་ན་རང་གི་ལུས་དང་སྲོག་དང་ལོངས་སྤྱོད་ རྣམས་ཕངས་པ་མེད་པར་བཏང་ནས་དམ་པའི་ཆོས་ཡོངས་སུ་འཛིན་པའི་ཕྱིར་དང༌། སེམས་ 1-1-148 ཅན་ཀུན་ལ་ཕན་གདགས་པར་བྱ་བའི་ཕྱིར་སེམས་ཅན་ཐམས་ཅད་བསྒྲལ་བར་བྱའོ་ཞེས་ རང་གིས་ཇི་ལྟར་དམ་བཅས་པའི་དོན་མཐར་ཕྱིན་པའི་ཕྱིར་དང༌། སངས་རྒྱས་ཉིད་ནི་ཉོན་ སྒྲིབ་དག་པས་གཙང་བ་དང་ཤེས་སྒྲིབ་དག་པས་དག་པའི་ཐུགས་རྗེ་རབ་ཏུ་འཇུག་པའི་ཕྱིར་ དང༌། རྫུ་འཕྲུལ་རྐང་པ་སྟོན་པ་ནི་རྐང་པ་དེ་ཡིས་གནས་པར་སྤྱོད་པའི་ཕྱིར་དང་མཁྱེན་པས་ འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་སུ་འཛིན་པ་ལས་གྲོལ་བའི་ཕྱིར་དང༌། དུས་རྟག་ ཏུ་བསམ་ཡས་ཏེ་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་གྱི་བདེ་བ་ཕུན་སུམ་ཚོགས་པ་དང་ ལྡན་པའི་ཕྱིར་དང༌། འཇིག་རྟེན་ན་ནི་སྤྱོད་པ་ན་འཇིག་རྟེན་པའི་ཆོས་སྐྱོན་གྱིས་གོས་པ་མེད་ པའི་ཕྱིར་རོ། ། གཉིས་པ་ཆོས་སྐུ་ནི་རྟག་སྟེ། འཆི་འཕོ་བ་མེད་པ་ལས་དང་སྐྱེ་བ་ཉེ་བར་ཞི་བའི་གནས་ ཐོབ་ལ་འཆི་བདག་གི་བདུད་རྒྱུ་བ་མེད་པའི་ཕྱིར་དང༌། འདུས་བྱས་མྱང་འདས་རང་བཞིན་ གྱིས་ཐུབ་པ་གདོད་ནས་རབ་ཏུ་ཞི་བའི་ཕྱིར་དང༌། རྟག་ཏུ་རྒྱུན་མི་འཆད་པར་སྐྱབས་མེད་ པའི་སེམས་ཅན་མཐའ་ཡས་རྣམས་ཀྱི་ནི་སྐྱབས་མགོན་དང་དཔུང་གཉེན་ལ་སོགས་མཐར་ ཐུག་པར་མཐའ་ཡས་པ་དེ་ཡིན་པའི་ཕྱིར་རོ། །མྱང་འདས་ཆེན་པོར་རྟག་པའི་ཆོས་རྣམས་ཀྱི་ ནང་ན་ནམ་མཁའ་འདི་མཆོག་གོ །དེ་བཞིན་གཤེགས་པ་ཡང་དེ་དང་འདྲ་སྟེ་རྟག་པའི་ནང་ན་ མཆོག་ཏུ་གྱུར་ཕུལ་དུ་གྱུར་པའོ། །ཞེས་སོ། ། གསུམ་པ་ནི་དེ་ལྟར་དང་པོ་ཡི་ནི་རྒྱུ་མཚན་བདུན་གྱིས་གཟུགས་ཀྱི་སྐུ་རྟག་པ་ཉིད་དང་ ཕྱི་མ་གསུམ་གྱིས་སྟོན་པ་ནི་ཆོས་ཀྱི་སྐུ་ནི་རྟག་པ་ཉིད་དུ་གྲུབ་པོ། ། བདུན་པ་བསམ་མི་ཁྱབ་ལ་གསུམ། བསྟན་བཤད་བསྡུ་བའོ། །དང་པོ་ནི། རྒྱལ་བའི་ ཡུལ་དུ་གྱུར་པའི་བྱང་ཆུབ་ནི་ས་བཅུ་ལ་གནས་པའི་འཕགས་པ་རྣམས་ཀྱིས་ཀྱང་ཇི་ལྟ་བ་ བཞིན་རྫོགས་པར་བསམ་གྱིས་མི་ཁྱབ་སྟེ། ངག་ཡུལ་སྒྲའི་བརྗོད་བྱ་མིན་པའི་ཕྱིར་ཏེ་དག་ 1-1-149 པ་གཉིས་ལྡན་གྱི་དོན་དམ་བདེན་པས་བསྡུས་པའི་ཕྱིར་ཏེ། རྟོག་པས་བརྟག་པར་བྱ་བའི་ གནས་མིན་པའི་ཕྱིར་ཏེ་རྟགས་དང་དཔེ་ལས་འདས་པའི་ཕྱིར་ཏེ་བླ་ན་མེད་པ་འཇིག་རྟེན་ ལས་འདས་པའི་ཕྱིར་ཏེ། སྲིད་ཞི་གང་གིས་ཀྱང་མ་བསྡུས་པའི་ཕྱིར་རོ། ། གཉིས་པ་ནི་ཆོས་སྐུ་ནི་བསམ་གྱིས་མི་ཁྱབ་སྟེ་སྒྲས་བརྗོད་དུ་མེད་པའི་ཕྱིར་རོ། །སྒྲས་ བརྗོད་དུ་མེད་དེ་དོན་དམ་བདེན་པ་ཡིན་པའི་ཕྱིར་རོ། །དོན་དམ་བདེན་པ་ཡིན་ཏེ་རྟོག་པས་ བརྟག་བྱ་མིན་པའི་ཕྱིར་རོ། །བརྟག་པར་བྱ་བ་མིན་ཏེ་རྗེས་སུ་དཔག་བྱ་མིན་པའི་ཕྱིར་རོ། ། དཔག་བྱ་མིན་ཏེ་བླ་ན་མེད་པའི་ཕྱིར་རོ། །བླ་ན་མེད་པ་ཡིན་ཏེ་སྲིད་ཞིར་སྣང་ཡང་དེ་གཉིས་ ཀྱིས་མ་བསྡུས་པའི་ཕྱིར་རོ། །སྲིད་ཞིས་མ་བསྡུས་ཏེ་སྲིད་ཞིར་གནས་པ་མེད་པའི་ཕྱིར་ཏེ་ཞི་ བ་ལ་ཡོན་ཏན་དང་སྲིད་པ་ལ་སྐྱོན་དུ་རྟོག་པ་མེད་པའི་ཕྱིར་རོ། །བརྗོད་དུ་མེད་པ་ལ་སོགས་ རྒྱུ་མཚན་དང་པོ་ལྔ་དག་གིས་ཤིན་ཏུ་ཕྲ་བའི་ཕྱིར་ཆོས་སྐུ་བསམ་མི་ཁྱབ་པར་གྲུབ་པ་སྟེ་དྲུག་ པ་སྲིད་ཞིས་མ་བསྡུས་པའི་ཕྱིར། ཞེས་པའི་རྟགས་ཀྱིས་སྲིད་ཞི་དེའི་དངོས་པོར་གྲུབ་པ་མིན་ པའི་ཕྱིར་གཟུགས་སྐུ་བསམ་གྱིས་མི་ཁྱབ་པར་གྲུབ་པའོ། ། གསུམ་པ་ནི་རང་བྱུང་སངས་རྒྱས་རྣམས་ཀྱི་རྣམ་གཞག་རྣམ་པ་བརྒྱད་ཀྱི་ཐ་མ་བསམ་ གྱིས་མི་ཁྱབ་པའི་ཚུལ་འདི་ནི་དྲང་སྲོང་ཆེན་པོ་བྱང་སེམས་དབང་བཅུ་ཐོབ་པ་རྣམས་ཀྱིས་ ཀྱང་རྫོགས་པ་ཇི་ལྟ་བ་བཞིན་དུ་རིག་པ་མིན་ཏེ། བླ་ན་མེད་པའི་ཡེ་ཤེས་དང་ཐུགས་རྗེ་ཆེན་ པོ་ལ་སོགས་པར་བདེ་བ་ཆེན་པོའི་ཡོན་ཏན་གྱིས་ཁྱད་པར་དུ་བྱས་པའི་ཡོན་ཏན་ཕ་རོལ་ཏུ་ ཕྱིན་པའི་རྒྱལ་བ་རྣམས་ཀྱིས་བསམ་གྱིས་མི་ཁྱབ་པའི་རྣམ་གཞག་ཡིན་པ་དེས་ནའོ། །ཐེག་ པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་དཀོན་མཆོག་གི་རིགས་རྣམ་པར་དབྱེ་བ་ལས། བྱང་ ཆུབ་ཀྱི་སྐབས་ཞེས་བྱ་སྟེ་ལེའུ་གཉིས་པའི་བཤད་པའོ།། །། གསུམ་པ་དེའི་ཡན་ལག་ཡོན་ཏན་ལ་གསུམ། བསྟན་བཤད་དཔེ་དང་ཆོས་མཐུན་སྦྱར་ 1-1-150 བའོ། ། དང་པོ་ནི་དྲི་མེད་ཆོས་སྐུ་ནི་སངས་རྒྱས་ཀྱི་རང་དོན་གྱི་སྐུ་དང་དོན་དམ་གྱི་སྐུ་ཡིན་ ཏེ། བྲལ་བའི་ཡོན་ཏན་སུམ་ཅུ་རྩ་གཉིས་དང་ལྡན་པའི་སྐུ་ཡིན་པས་སོ། །དེ་ལ་བརྟེན་པ་ གཟུགས་སྐུ་ནི་གཞན་དོན་གྱི་སྐུ་དང་ཀུན་རྫོབ་ཀྱི་སྐུ་ཉིད་ཡིན་ཏེ། རྣམ་པར་སྨིན་པའི་འབྲས་ བུ་ནི་སུམ་ཅུ་རྩ་གཉིས་ཀྱི་ཡོན་ཏན་དང་ལྡན་པའི་སྐུ་ཡིན་པས་སོ། །དེ་ལྟར་ན་ཡོན་ཏན་གྱི་ དབྱེ་བ་དྲུག་ཅུ་རྩ་བཞི་པོ་འདི་དག་གོ །དེ་ལ་དང་པོའི་ཆོས་སྐུ་ནི་བདག་ཉིད་ཀྱི་ནི་འབྱོར་བའི་ གནས་དམ་པའི་དོན་གྱི་སྐུ་ཡིན་ཏེ། སྟོབས་ལ་སོགས་པ་བྲལ་བའི་ཡོན་ཏན་རྣམས་དང་ལྡན་ པའི་སྐུ་ཡིན་པས་སོ། །གཉིས་པ་གཟུགས་སྐུ་ནི་དྲང་སྲོང་རྣམས་ཀྱི་ཀུན་རྫོབ་བརྡའི་སྐུ་ཕ་ རོལ་ཕུན་སུམ་ཚོགས་པའི་གནས་ཡིན་ཏེ་སྐྱེས་བུ་ཆེན་པོའི་མཚན་རྣམ་པར་སྨིན་པའི་འབྲས་ བུ་ནི་ཡོན་ཏན་དག་དང་ལྡན་པའི་སྐུ་ཡིན་པས་སོ། ། གཉིས་པ་ལ་གཉིས། སྡོམ་དུ་བསྟན་པ་དང་སོ་སོར་བཤད་པའོ། །དང་པོ་ནི་རྒྱལ་བའི་ སྟོབས་བཅུ་པོ་ཉིད་ནི་ལྷའི་དབང་པོའི་རྡོ་རྗེ་བཞིན་ཏེ་མ་རིག་པ་སོགས་སྒྲིབ་པ་འཇོམས་པ་ ལས་སོ། །མི་འཇིགས་པ་བཞི་པོ་ཉིད་ནི་སེངྒེ་བཞིན་དེ། འཁོར་གྱི་ནང་དུ་བག་ཚ་བ་མེད་པའི་ ཡོན་ཏན་ཡིན་པས་སོ༑ ༑དེ་བཞིན་གཤེགས་པའི་མ་འདྲེས་བཅོ་བརྒྱད་ནི་ནམ་མཁའ་བཞིན་ ཏེ། གཞན་དང་ཐུན་མོང་མིན་པའི་ཡོན་ཏན་ཡིན་པས་སོ། །ཐུབ་པས་གདུལ་བྱ་ལ་མཚན་ དཔེས་བརྒྱན་པའི་སྣང་བ་བསྟན་པ་གཟུགས་སྐུ་རྣམ་གཉིས་ནི་ཆུ་དང་ནམ་མཁར་ཤར་བའི་ ཟླ་བ་བཞིན་ཏེ། གདུལ་བྱ་རྒྱུད་དག་པ་ལ་ཆོས་སྐུའི་གཟུགས་བརྙན་ཤར་བས་སོ། ། གཉིས་པ་ལ་གསུམ། བྲལ་བའི་ཡོན་ཏན། རྣམ་པར་སྨིན་པའི་ཡོན་ཏན། དེ་དག་རིམ་ བཞིན་མདོར་གསུངས་པའོ། །དང་པོ་ལ་གཉིས་ངོ་བོ་ནི་ལས་དགེ་བ་ལས་འབྲས་བུ་བདེ་བ་ འབྱུང་བ་ནི་གནས་ཡིན་ལ་སྡུག་བསྔལ་འབྱུང་བ་གནས་མིན་པ་དང༌། མི་དགེ་བ་ལས་སྡུག་ 1-1-151 བསྔལ་འབྱུང་བ་གནས་ཡིན་གྱི་བདེ་བ་འབྱུང་བ་གནས་མིན་པ་རྒྱུ་འབྲས་སོགས་ཀྱི་གནས་ དང་གནས་མིན་པ་མཁྱེན་པའི་སྟོབས་དང༌། དེ་བཞིན་དུ་དགེ་མི་དགེའི་ལས་རྣམས་ཀྱི་རྣམ་ པར་སྨིན་པ་བདག་གིར་བྱ་བ་དང༌། དབང་པོའི་ཚོགས་མཆོག་དང་མཆོག་མིན་པ་དང་ཁམས་ རྣམས་སྣ་ཚོགས་པ་དང་ཐེག་པ་སོ་སོ་ལ་མོས་པ་སྣ་ཚོགས་པ་དང་ཐེག་པ་གསུམ་བྱང་ཆུབ་ ཀུན་ཏུ་འགྲོ་བའི་ལམ་དང་བསམ་གཏན་དང༌། སོགས་པས་གཟུགས་མེད་ཀྱི་སྙོམས་འཇུག་ ཉོན་མོངས་ཅན་དང་དྲི་མ་མེད་པ་རྣམ་པར་བྱང་བ་དང་སྔོན་གྱི་གནས་ནི་རྗེས་སུ་དྲན་པ་དང་ སེམས་ཅན་རྣམས་ཀྱི་འཆི་འཕོ་བ་དང་སྐྱེ་བ་ཤེས་པའི་ལྷའི་མིག་དང༌། ཞི་བ་ཟག་པ་ཟད་པ་ དག་མཁྱེན་པའི་སྟོབས་ནི་རྣམ་པ་བཅུའོ། །དེ་རྡོ་རྗེའི་མཚོན་ཚུལ་ནི། གནས་དང་གནས་མིན་ པ་དང༌། ལས་ཀྱི་རྣམ་པར་སྨིན་པ་དང་ཁམས་སྣ་ཚོགས་པ་དང་འགྲོ་བའི་མོས་པ་སྣ་ཚོགས་ པ་དང༌། འགྲོ་བའི་ཐད་དུ་འགྲོ་བའི་ལམ་སྣ་ཚོགས་པ་དང་བསམ་གཏན་སོགས་ཉོན་མོངས་ པ་ཅན་དང་རྣམ་པར་བྱང་བ་མཁྱེན་པའི་སྟོབས་གང་ཡིན་པ་དྲུག་ནི་ལྷ་མིན་གྱི་གོ་ཆ་འབིགས་ པའི་ལྷའི་དབང་པོའི་རྡོ་རྗེ་བཞིན། མི་ཤེས་པ་ཤེས་སྒྲིབ་ཀྱི་གོ་ཆ་སྲ་བ་འབིགས་པའི་ཕྱིར་ རོ། །དབང་པོའི་མཆོག་དང་མཆོག་མིན་པ་དང་སྔོན་གྱི་གནས་རྗེས་སུ་དྲན་པ་དང་ལྷའི་མིག་ མཁྱེན་པ་གང་ཡིན་པ་གསུམ་ནི་ལྷ་མིན་གྱི་རྩིག་པ་འཇིག་པའི་རྡོ་རྗེ་བཞིན་ཏེ། སྙོམས་འཇུག་ གི་སྒྲིབ་པའི་རྩིག་པ་བརྟན་པོ་འཇིག་པའི་ཕྱིར་རོ། །ཟག་པ་ཟད་པའི་ཚུལ་མཁྱེན་པའི་སྟོབས་ གང་ཡིན་པ་དེ་ལྷ་མིན་གྱི་ནགས་ཐིབས་པོ་གཅོད་པའི་རྡོ་རྗེ་བཞིན་ཏེ། ཉོན་སྒྲིབ་བག་ཆགས་ དང་བཅས་པའི་ཤིང་རྣམས་གཅོད་པའི་ཕྱིར་རོ། ། གཉིས་པ་ལ་གཉིས་ངོ་བོ་ནི་མི་འཇིགས་པ་ནི་རྣམ་པ་བཞི་སྟེ། ཆོས་ཀུན་མངོན་པར་ རྫོགས་པར་བྱང་ཆུབ་པ་དང་གེགས་འདོད་ཆགས་ལ་སོགས་པ་འགོག་པ་བྱེད་དགོས་སོ་ཞེས་ བྱ་བ་དང༌། འཁོར་བ་ལས་ངེས་པར་འབྱུང་བའི་ལམ་ཤེས་པ་ཉིད་སྟོན་པ་དང་སྤངས་བྱ་ལས་ 1-1-152 གྲོལ་བའི་འགོག་པ་མངོན་དུ་ཐོབ་པར་ཞལ་གྱིས་བཞེས་པས་སོ། །དྲང་སྲོང་སངས་རྒྱས་ རྣམས་ནི་འཁོར་གྱི་དཀྱིལ་འཁོར་གྱི་ནང་དུ་ཆོས་ལ་གང་དུའང་ཐོགས་པ་དང་བག་ཚ་བ་མེད་ པ་ཡིན་ཏེ། རང་དང་གཞན་གྱི་དོན་དུ་བདེན་བཞི་ལེགས་པར་གསུང་བའི་ཕྱིར་ཏེ། བདག་ གཞན་གྱིས་ཤེས་པར་བྱ་བའི་དངོས་པོ་སྡུག་བསྔལ་གྱི་བདེན་པའི་རྣམ་པ་ཀུན་རང་གིས་ མངོན་སུམ་དུ་ཤེས་པ་དང༌། གཞན་གྱིས་ཤེས་པར་མཛད་པའི་ཕྱིར་དང་སྤང་བྱ་ཀུན་འབྱུང་ གི་དངོས་པོ་རང་གི་སྤངས་པ་དང་གཞན་གྱིས་སྤོང་བར་མཛད་པའི་ཕྱིར་དང༌། བསྟེན་པར་ བྱ་བ་ལམ་གྱི་བདེན་པ་རང་གིས་བསྟེན་པ་དང་གཞན་ལའང་བསྟེན་པར་བྱེད་དགོས་སོ་ཞེས་ སྟོན་པར་མཛད་པའི་ཕྱིར་དང༌། ཐོབ་བྱ་བླ་མེད་ཤིན་ཏུ་དྲི་མེད་ཀྱི་འགོག་བདེན་རང་གིས་ ཐོབ་ཟིན་པ་དང་གཞན་གྱིས་ཐོབ་པར་མཛད་པའི་ཕྱིར་རོ། ། གཉིས་པ་དེ་སེངྒེས་མཚོན་ཚུལ་ནི་ཐུབ་པའི་དབང་པོ་སེངྒེ་དེ་ཡང་ནི་རི་དྭགས་ཀྱི་དབང་ པོ་ཇི་ལྟར་ནགས་ཀྱི་མཐར་རྟག་ཏུ་འཇིགས་པ་མེད་པར་རི་དྭགས་ཕྲ་མོ་རྣམས་ལ་སྐྲག་པ་ མེད་པར་རྒྱུ་ཞིང་གནས་པ་ལྟར་དེ་བཞིན་ཏེ། འཁོར་གྱི་ཚོགས་ཀྱི་ནང་ན་མི་འཇིགས་པར་ ལེགས་པར་གནས་པ་དང་བདེན་བཞི་སྟོན་པ་གཞན་ལ་ལྟོས་པ་མེད་པ་དང༌། ཏིང་ངེ་འཛིན་ ཏེ་རྟག་ཏུ་གནས་པས་ཐུགས་བརྟན་པ་དང་སྒྲིབ་པ་འཇོམས་པའི་རྩལ་དང་ལྡན་པར་གནས་ པས་སོ། ། གསུམ་པ་ལ་གཉིས། ངོ་བོ་དང་དེ་ནམ་མཁས་མཚོན་ཚུལ་ལོ། །དང་པོ་ནི་སྟོན་པ་སངས་ རྒྱས་དེ་ལ་སྤྱོད་པ་མ་འདྲེས་པ་དྲུག་མངའ་སྟེ། སྐུའི་སྤྱོད་པ་འཁྲུལ་པ་དང་གསུང་གི་སྤྱོད་པ་ ཅ་ཅོ་གཉིས་མི་མངའ་བ་དང་ཐུགས་ཀྱི་སྤྱོད་པ་དྲན་པ་ཉམས་པ་མི་མངའ་བ་དང་མཉམ་པར་ མ་གཞག་ཐུགས་མི་མངའ་བ་དང༌། འཁོར་འདས་སོ་སོའི་འདུ་ཤེས་སྣ་ཚོགས་ཀྱང་མི་མངའ་ བ་དང་སོ་སོར་མ་བརྟགས་པ་བཏང་སྙོམས་མི་མངའ་བས་སོ། །རྟོགས་པ་མ་འདྲེས་པ་དྲུག་ 1-1-153 མངའ་སྟེ། འདུན་པ་དང་བརྩོན་འགྲུས་དང་དྲན་པ་དང་ཤེས་རབ་དང་རྣམ་པར་གྲོལ་བ་དང་ རྣམ་གྲོལ་གྱི་ཡེ་ཤེས་གཟིགས་པ་ཉམས་པ་མི་མངའ་བས་སོ། །ཕྲིན་ལས་དང་ཡེ་ཤེས་མ་ འདྲེས་པ་གསུམ་གསུམ་མངའ་སྟེ། སྐུ་གསུང་ཐུགས་ཀྱི་ལས་རྣམས་ཡེ་ཤེས་སྔོན་དུ་འགྲོ་ཞིང་ ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་གསུམ་དང༌། འདས་མ་འོངས་ད་ལྟའི་དུས་གསུམ་པོ་ཐམས་ཅད་ ལ་ཡེ་ཤེས་སྒྲིབ་པ་མེད་པར་འཇུག་པ་གསུམ་ཡོད་པས་སོ། །དེ་ལྟར་སངས་རྒྱས་གྱི་ཆོས་བཅོ་ བརྒྱད་པོ་འདི་དག་གང་ཟག་གཞན་དང་ཐུན་མོང་མིན་པ་སྟོན་པའི་མ་འདྲེས་པའི་ཡོན་ཏན་ ཡིན་ནོ། །དེ་ལྟ་བུའི་སྐུའི་འཁྲུལ་པ་དང་གསུང་གི་ཅ་ཅོ་དང་དྲན་པ་བསྙེལ་བ་དང་ཐུགས་གཡོ་ བ་མཉམ་བཞག་མིན་པ་དང་འཁོར་འདས་ཐ་དད་ཀྱི་འདུ་ཤེས་དང་ངང་གིས་མ་བརྟགས་ པའི་བཏང་སྙོམས་དང་དྲུག་དྲང་སྲོང་ལ་མེད་ལ། དེ་བཞིན་གཤེགས་པའི་འདུན་པ་དང་ནི་ བརྩོན་འགྲུས་དང་དྲན་པ་རྣམ་པར་དག་པ་དང༌། ནང་དུ་བག་ཚ་བ་མེད་པའི་ཡོན་ཏན་ཡིན་ པས་སོ། །དེ་བཞིན་གཤེགས་པའི་མ་འདྲེས་བཅོ་བརྒྱད་ནི་ནམ་མཁའ་བཞིན་ཏེ། གཞན་དང་ ཐུན་མོང་མིན་པའི་ཡོན་ཏན་ཡིན་པས་སོ། །ཐུབ་པས་གདུལ་བྱ་ལ་མཚན་དཔེས་བརྒྱན་པའི་ སྣང་བ་བསྟན་པའི་གཟུགས་སྐུ་རྣམ་པ་གཉིས་ནི་ཆུ་དང་ནམ་མཁར་ཤར་བའི་ཟླ་བ་བཞིན་ཏེ། གདུལ་བྱ་རྒྱུད་དག་པ་ལ་ཆོས་སྐུའི་གཟུགས་བརྙན་ཤར་བས་སོ། ། གཉིས་པ་ལ་གསུམ། བྲལ་བའི་ཡོན་ཏན། རྣམ་པར་སྨིན་པའི་ཡོན་ཏན། དེ་དག་རིམ་ བཞིན་མདོར་འབྱུང་ཚུལ་ལོ། །དང་པོ་ལ་གསུམ། སྟོབས་བཅུ་མི་འཇིགས་པ་བཞི་མ་འདྲེས་ པ་བཅོ་བརྒྱད་བཤད་པའོ། །དང་པོ་ལ་གཉིས། ངོ་བོ་ནི་སྔོན་སློབ་ལམ་གྱི་དུས་སུ་ཐེག་ཆེན་ གྱི་ཆོས་ལ་དམ་བཅའ་བ་བརྟན་པར་བྱས་པས་མཐར་ཆོས་སྐུར་སངས་རྒྱས་པ་ན། རང་བྱུང་ གཉིས་འཁོར་ལོས་སྒྱུར་བ་དང་གསུམ་སྐྱེས་པའི་རྟེན་ལ་འབྱུང་བ་གནས་ཡིན་གྱི་བུད་མེད་ཀྱི་ རྟེན་ལས་འབྱུང་བ་གནས་མིན་པ་དང༌། ལས་དགེ་བ་ལས་འབྲས་བུ་བདེ་བ་འབྱུང་བ་གནས་ 1-1-154 ཡིན་གྱི་སྡུག་བསྔལ་འབྱུང་བ་གནས་མིན་པ་དང༌། ལས་མི་དགེ་བ་ལས་འབྲས་བུ་སྡུག་ བསྔལ་འབྱུང་བ་གནས་ཡིན་ལ་བདེ་བ་ནི་མིན་པ་རྒྱུ་འབྲས་གྱི་གནས་ལུགས་ཐོགས་མེད་ མངོན་སུམ་དུ་རྟོགས་ལ་གནས་དང་གནས་མིན་པའི་མཁྱེན་པའི་སྟོབས་དང༌། དེ་བཞིན་དུ་ ལས་རྒྱུ་འབྲས་ཀྱི་ཆོས་ལ་ཡིད་བརྟན་པར་བྱས་པས། ལས་དགེ་མི་དགེ་ལས་རྣམ་པར་སྨིན་ པ་འདོད་མི་འདོད་སོ་སོར་མྱོང་བ་འབྱུང་བ་རྟོགས་པ་ལས་རྣམ་པ་རྣམ་པར་སྨིན་པ་མཁྱེན་པ་ དང་ནི། གདུལ་བྱའི་དབང་པོ་བརྟགས་ནས་དེ་དང་མཐུན་པའི་ཆོས་བསྟན་པས། འགྲོ་བའི་ དད་སོགས་དབང་པོ་རྣོ་འབྲིང་རྟུལ་གསུམ་རྟོགས་པ་དབང་པོ་མཆོག་དང་མཆོག་མིན་པ་ མཁྱེན་པ་དང༌། གདུལ་བྱའི་ཁམས་དང་མཐུན་པར་ཞུགས་པ་ལས་སེམས་ཅན་རྣམས་གནས་ སྐབས་སུ་རིགས་ཐ་དད་པར་གནས་སོ་བྱ་བ་རིགས་ཁམས་ཀྱི་ཁྱད་པར་རྟོགས་པ་ཁམས་ རྣམས་སྣ་ཚོགས་པ་མཁྱེན་པ་དང་ནི། གདུལ་བྱའི་མོས་པ་དང་མཐུན་པར་ཆོས་བསྟན་པས་ སེམས་ཅན་འདི་ནི་ཐེག་པ་སོ་སོ་འདི་དང་འདི་ལ་མོས་པ་སོ་སོའི་ཁྱད་པར་རྟོགས་པ་མོས་པ་ སྣ་ཚོགས་པ་མཁྱེན་པ་དང༌། ཐེག་པ་ཐམས་ཅད་ལ་གོ མས་པར་བྱས་པས་འཁོར་འདས་ཀྱི་ ཁམས་གསུམ་དང་བྱང་ཆུབ་གསུམ་དུ་འགྲོ་བའི་ཁྱད་པར་ཐམས་ཅད་རྟོགས་པ་ཐམས་ཅད་ ཀུན་ཏུ་འགྲོ་བའི་ལམ་མཁྱེན་པ་དང༌། ཏིང་ངེ་འཛིན་མཐའ་ཡས་ལྷུར་བླངས་པས་གཞན་རྒྱུད་ ཀྱི་བསམ་གཏན་གཟུགས་མེད་རྣམ་ཐར་ཏིང་འཛིན་ཟག་བཅས་ཉོན་མོངས་ཅན་དང༌། ཟག་ མེད་རྣམ་བྱང་གི་ཁྱད་པར་རྟོགས་པ་བསམ་གཏན་སོགས་སྙོམས་འཇུག་ཉོན་མོངས་ཅན་དང་ རྣམ་བྱང་དྲི་མ་མེད་པ་མཁྱེན་པའི་དང༌། དགེ་བའི་རྩ་བ་ཆུད་མ་གསན་ཅིང་བག་ཡོད་པར་ བྱས་པས་རང་གཞན་གྱི་ཚེ་རབས་སྔ་མའི་སྤྱོད་པ་ཐམས་ཅད་རྟོགས་པ་སྔོན་གྱི་གནས་ནི་ རྗེས་སུ་དྲན་པ་མཁྱེན་པ་དང༌། སེམས་ཅན་གཞན་དཔའ་མི་སྐོང་ཞིང་དེ་དག་གིས་སྣང་བར་ གྱུར་པ་དོན་ཇི་བཞིན་པའི་ཆོས་བསྟན་པས། སེམས་ཅན་རྣམས་ཀྱི་འཆི་འཕོ་སྐྱེ་བ་དང་སྲིད་ 1-1-155 པ་བར་དོའི་བཟང་ངན་གྱི་ཁྱད་པར་རྟོགས་པ་ལྷའི་མིག་མཁྱེན་པ་དང༌། སྔོན་ཟག་པ་ཟད་ ཕྱིར་ཆོས་བསྟན་པས་རང་གཞན་གྱི་ཉོན་མོངས་ཞི་ཞིང་ཟག་པ་ཐམས་ཅད་ཟད་པ་ཐོགས་ མེད་དུ་མངོན་དུ་རྟོགས་པ་ཟག་ཟད་དག་མཁྱེན་པའི་སྟོབས་ནི་རྣམ་པ་བཅུ་སྟེ། མི་མཐུན་ ཕྱོགས་མ་རིག་པ་བག་ཆགས་དང་བཅས་པ་འཇོམས་པར་ནུས་པས་སོ། ། གཉིས་པ་དེ་རྡོ་རྗེས་མཚོན་ཚུལ་ནི། གནས་དང་གནས་མིན་པ་དང་ལས་ཀྱི་རྣམ་པར་ སྨིན་པ་དང་ཁམས་སྣ་ཚོགས་པ་དང་འགྲོ་བའི་མོས་པ་སྣ་ཚོགས་པ་དང་ཀུན་འགྲོའི་ལམ་ སྣ་ཚོགས་པ་དང་བསམ་གཏན་སོགས་ཉོན་མོངས་ཅན་དང༌། རྣམ་པར་བྱང་བ་མཁྱེན་པའི་ སྟོབས་གང་ཡིན་པ་དྲུག་ནི་ལྷ་མིན་གྱི་གོ་ཆ་འབིགས་པའི་ལྷའི་དབང་པོའི་རྡོ་རྗེ་བཞིན་ཏེ། མ་ཤེས་པ་ཤེས་བྱའི་སྒྲིབ་པའི་གོ་ཆ་སྲ་བ་འབིགས་པའི་ཕྱིར་རོ། །དབང་པོའི་མཆོག་དང་ མཆོག་མིན་པ་དང་སྔོན་གྱི་གནས་རྗེས་སུ་དྲན་པ་དང་ལྷའི་མིག་མཁྱེན་པའི་སྟོབས་གང་ཡིན་ པ་གསུམ་ནི་ལྷ་མིན་གྱི་རྩིག་པ་འཇིག་པའི་རྡོ་རྗེ་བཞིན་ཏེ། སྙོམས་འཇུག་གི་སྒྲིབ་པའི་རྩིག་ པ་བརྟན་པོ་འཇིག་པའི་ཕྱིར་རོ། །ཟག་པ་ཟད་པའི་ཚུལ་མཁྱེན་པའི་སྟོབས་གང་ཡིན་ཐ་མ་ ནི་ལྷ་མིན་གྱི་ནགས་ཐིབས་པོ་གཅོད་པའི་རྡོ་རྗེ་བཞིན་ཏེ། ཉོན་སྒྲིབ་བག་ཆགས་དང་བཅས་ པའི་ཤིང་རྣམས་གཅོད་པའི་ཕྱིར་རོ། ། གཉིས་པ་ལ་གསུམ་ངོ་བོ་ནི། རྒྱལ་བའི་མི་འཇིགས་པ་ནི་རྣམ་པ་བཞི་སྟེ། སྔོན་སེམས་ སྙོམས་པའི་སྒོ་ནས་སེར་སྣ་མེད་པའི་ཆོས་བསྟན་པས། ཇི་ལྟ་ཇི་སྙེད་ཀྱི་ཆོས་ཀུན་མངོན་པར་ རྫོགས་པར་བྱང་ཆུབ་པ་དང་བར་དུ་གཅོད་པའི་ཆོས་རྣམས་ལ་བརྟེན་པས་ཐར་པའི་གེགས་ ཆགས་སོགས་ནི་འགོག་པར་བྱེད་དགོས་སོ་ཞེས་བྱ་བ་དང༌། དཀར་པོའི་ཆོས་ལ་མོས་ཏེ་ རྣམ་པར་བྱང་བའི་ལམ་དུ་ཞུགས་པས་འཁོར་བ་ལས་ངེས་པར་འབྱུང་བ་ཐེག་གསུམ་གྱི་ལམ་ ཐམས་ཅད་སྟོན་པར་མཛད་པ་དང༌། ང་རྒྱལ་མེད་པར་ཆོས་བསྟན་པས། སྤང་བྱ་མ་ལུས་པ་ 1-1-156 ཟད་པའི་འགོག་པ་ཐོབ་པོ་ཞེས་པ་སྟེ། དང་པོ་དང་ཐ་མ་གཉིས་རང་དོན་དང་བར་པ་གཉིས་ གཞན་དོན་ལ་བརྩམས་ཏེ་ཞལ་གྱིས་བཞེས་ཤིང༌། ལུང་དུ་བསྟན་པ་ལ་དེ་ལྟར་མིན་ནོ་ཞེས་ ལྷ་དང་བདུད་དང་ཚངས་པ་དང་དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུའི་འཇིག་རྟེན་ན་ ཆོས་དང་མཐུན་པར་རྒོལ་པའི་རྒྱུ་མ་མཐོང་བས་མི་འཇིགས་པས་སོ། །དེས་ན་སྐུའི་འཕྲིན་ ལས་རྣམ་པར་དག་པས་ལུས་ཀྱི་སྐྱོན་སྤུ་ཟིང་བྱེད་པ་སོགས་མེད་པས་བདེ་བ་ཐོབ་པས་ཁྱུ་ མཆོག་རླབས་པོ་ཆེ་ཅང་ཤེས་ཀྱི་གནས་སུ་ཞལ་གྱིས་བཞེས་སོ། །གསུང་གི་འཕྲིན་ལས་རྣམ་ པར་དག་པས་གསུང་ཞུམ་པ་སོགས་ཀྱི་སྐྱོན་མེད་པས་གསུང་བག་ཚ་བ་མེད་པ་ཐོབ་པས་ འཁོར་གྱི་ནང་དུ་སེངྒེ་བཞིན་དུ་སྒྲ་སྒྲོགས་སོ། །ཐུགས་ཀྱི་འཕྲིན་ལས་རྣམ་པར་དག་པས་ ཐུགས་ཀྱི་སྐྱོན་ཐེ་ཚོམ་སོགས་མེད་པས་ཐུགས་མི་འཇིགས་པ་ཐོབ་པས་ཆོས་དང་མཐུན་ པར་དགེ་སྦྱོང་སོགས་གང་གིས་ཀྱང་བསྐོར་བར་མ་ནུས་པའི་ཆོས་འཁོར་ཚངས་པ་བཞིན་དུ་ བསྐོར་རོ། །ལྷའི་མིག་གིས་གཞན་གྱི་སེམས་ཤེས་པ་སོགས་ཕུན་སུམ་ཚོགས་པས་ལྷ་དང་ བདུད་སྨོས་སོ། །རྫུ་འཕྲུལ་དང་མཐུ་ཆེ་བས་ཚངས་པ་སྨོས་སོ། །ཤེས་པའི་ང་རྒྱལ་བྱེད་པས་ དགེ་སྦྱོང་དང་བྲམ་ཟེར་སྨོས་སོ། ། གཉིས་པ་བྱེད་ལས་ནི་དྲང་སྲོང་སངས་རྒྱས་རྣམས་ནི་འཁོར་གྱི་དཀྱིལ་འཁོར་གང་དུ་ ཡང་ཆོས་སྟོན་པ་ལ་ཐོགས་པ་དང་བག་ཚ་བ་མེད་དེ། རང་གཞན་གྱི་དོན་དུ་བདེན་བཞི་ ལེགས་པར་གསུང་བའི་ཕྱིར་ཏེ། བདག་དང་གཞན་གྱིས་ཤེས་པར་བྱ་བའི་དངོས་པོ་སྡུག་ བསྔལ་གྱི་བདེན་པའི་རྣམ་པ་ཀུན་རང་གིས་མངོན་སུམ་དུ་ཤེས་པ་དང༌། གཞན་གྱིས་ཤེས་ པར་མཛད་པའི་ཕྱིར་དང་སྤང་བྱ་ཀུན་འབྱུང་གི་དངོས་པོ་རང་གིས་སྤངས་པ་དང་གཞན་གྱིས་ སྤོང་པར་མཛད་པའི་ཕྱིར་དང༌། བསྟེན་བྱ་ལམ་བདེན་རང་གིས་བསྟེན་ཅིང་གཞན་གྱིས་ བསྟེན་པར་བྱེད་པའི་ཕྱིར་དང་ཐོབ་བྱ་བླ་མེད་དྲི་མེད་ཀྱི་འགོག་བདེན་རང་གིས་ཐོབ་པ་དང་ 1-1-157 གཞན་གྱིས་ཐོབ་པར་མཛད་པའི་ཕྱིར་རོ། ། གསུམ་པ་དེ་སེངྒེས་མཚོན་ཚུལ་ནི་ཐུབ་པའི་དབང་པོ་སེངྒེ་དེ་ཡང་རི་དྭགས་ཀྱི་དབང་པོ་ ཇི་ལྟར་ནགས་ཀྱི་མཐར་རྟག་ཏུ་འཇིགས་པ་མེད་པས་རི་དྭགས་ཕྲ་མོ་རྣམས་ལ་སྐྲག་པ་མེད་ པར་རྒྱུ་ཞིང༌། གནས་པ་ལྟར་དེ་བཞིན་དེ་འཁོར་ཚོགས་ཀྱི་ནང་ན་མི་འཇིགས་པར་ལེགས་ པར་གནས་པ་དང་བདེན་བཞི་སྟོན་པ་གཞན་ལ་ལྟོས་པ་མེད་པ་དང་ཏིང་ངེ་འཛིན་གནས་པ་ བརྟན་པ་དང་སྒྲིབ་པ་འཇོམས་པའི་རྩལ་དང་ལྡན་པར་གནས་པས་སོ། ། གསུམ་པ་ལ་གསུམ། ངོ་བོ་ནི་སྟོན་པ་སངས་རྒྱས་དེ། སྤྱོད་པ་མ་འདྲེས་པ་དྲུག་མངའ་ སྟེ། སྔོན་ལམ་སྟོར་བའི་སེམས་ཅན་རྣམས་ལ་ལམ་ལེགས་པར་སྟོན་པ་གོ མས་པས་འཕྱོང་ རྒྱུག་སོགས་སྐུའི་སྤྱོད་པ་འཁྲུལ་པ་མི་མངའ་བ་དང༌། རྩོད་པ་མེད་པ་ལྷུར་བླངས་ཤིང་བརྫུན་ ཚིག་དང་མུ་ཅོར་སྨྲ་བ་སོགས་སྤངས་པས་གསུང་གི་སྤྱོད་པ་ཅ་ཅོ་མི་མངའ་བ་སྟེ་དེ་དང༌། སྔོན་ གྱི་གནས་རྗེས་དྲན་དྲུག་གོ མས་པར་བྱས་པས་སྟོན་པ་སངས་རྒྱས་ལ་ཐུགས་ཀྱི་སྤྱོད་པར་ འདས་པའི་དོན་བརྗེད་པའི་དྲན་པ་ཉམས་པ་མི་མངའ་བ་དང༌། གཞན་གྱི་སེམས་བསྲུང་ བ་སོགས་གོ མས་པར་བྱས་པས་སེམས་རྣམ་པར་གཡེངས་པའི་མཉམ་པར་མ་བཞག་པའི་ ཐུགས་མི་མངའ་བ་དང༌། ལྟ་བ་དང་སེམས་དང་འདུ་ཤེས་ཕྱིན་ཅི་ལོག་སྤོང་བ་གོ མས་པས། འཁོར་འདས་ངོ་བོ་ཐ་དད་དུ་འཛིན་པའི་འདུ་ཤེས་སྣ་ཚོགས་པ་རྣམས་ཀྱང་མི་མངའ་བ་དང༌། བདག་གཞན་སྲིད་ཞི་མཉམ་ཉིད་དུ་གོ མས་པར་བྱས་པས་གདུལ་བྱ་དུས་ལ་བབ་ཀྱང་སོ་ སོར་མ་བརྟག་པའི་སྒོ་ནས་ཡལ་བར་འདོར་བའི་བཏང་སྙོམས་མི་མངའ་བ་སྟེ་བཞི་ཡོད་པས་ སོ། །དེ་ལ་རྟོགས་པ་མ་འདྲེས་པ་དྲུག་མངའ་སྟེ། སྔོན་ཟབ་རྒྱས་ཀྱི་ཆོས་ཚོལ་བ་གོ མས་པར་ བྱས་པས། དཀོན་མཆོག་གི་གདུང་རྒྱུན་མི་འཆད་པ་འགྲོ་དོན་གྱི་འདུན་པ་དང་བླ་མ་བསྟེན་ ཅིང་སེམས་ཅན་སྨིན་པ་སོགས་ཀྱི་བརྩོན་འགྲུས་གོ མས་པར་བྱས་པས། གཞན་དོན་ལ་སྤྲོ་ 1-1-158 བའི་བརྩོན་འགྲུས་དང་དྲན་པ་ཉེར་གཞག་སོགས་གོ མས་པར་བྱས་པས། ཆོས་ཐམས་ཅད་ ཇི་ལྟ་བ་གཟིགས་པའི་དྲན་པ་དང༌། ཤེས་རབ་དང་ཆོས་ཚོལ་བ་སོགས་གོ མས་པར་བྱས་པས་ ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་དང༌། འདུ་འཛི་སྤངས་ཏེ་དབེན་པར་རྣལ་འབྱོར་དང་ རྣམ་ཐར་ལ་གོ མས་པར་བྱས་པས། སྒྲིབ་པ་ཐམས་ཅད་དང་བྲལ་བ་རྣམ་པར་གྲོལ་བ་དང༌། གཞན་དོན་དུ་ཆོས་སྟོན་པ་དང་རྟེན་འབྲེལ་གྱི་ངང་ཚུལ་ཤེས་པ་སོགས་གོ མས་པར་བྱས་པས། སྒྲིབ་ཀུན་ལས་རྣམ་གྲོལ་གྱི་ཡེ་ཤེས་གཟིགས་པ་དང་དྲུག་པོ་ཉམས་པ་མི་མངའ་བས་སོ། ། འཕྲིན་ལས་མ་འདྲེས་པ་གསུམ་མངའ་སྟེ༑ གཡོ་སྒྱུ་ཚུལ་འཆོས་སོགས་དང་བྲལ་བའི་ཚངས་ སྤྱོད་གོ མས་པར་བྱས་པས་སྐུའི་ཕྲིན་ལས་རྫུ་འཕྲུལ་སོགས་དང༌། རྫུན་སྨྲ་སོགས་སྤངས་ ཤིང་ཕན་ཅིང་རན་པ་དང་ཆོས་སྨྲ་བ་གོ མས་པར་བྱས་པས་གསུང་གི་འཕྲིན་ལས་ཆོས་སྟོན་པ་ སོགས་དང༌། བརྣབ་སེམས་སོགས་སྤངས་ཤིང་ཡང་དག་པའི་ལྟ་བ་སོགས་གོ མས་པར་བྱས་ པས་ཐུགས་ཀྱི་འཕྲིན་ལས་སྙོམས་འཇུག་སོགས་སྐུ་གསུང་ཐུགས་ཀྱི་ལས་གསུམ་ཡེ་ཤེས་ སྔོན་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འཇུག་པས་སོ། །ཡེ་ཤེས་མ་འདྲེས་པ་གསུམ་མངའ་སྟེ། སྔོན་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་སངས་རྒྱས་རྣམས་ཀྱིས་ཆགས་པ་དང་ ཐོགས་པ་མེད་པའི་ཡེ་ཤེས་བརྙེས་པ་ལ་ཡིད་གཉིས་མི་ཟ་བར་བདག་ཉིད་ཀྱིས་དེ་ཐོབ་པར་ མོས་ཤིང༌། གཞན་དག་ཀྱང་དེ་ལ་འཇུག་པ་གོ མས་པར་བྱས་པས་རིམ་པ་ལྟར་འདས་པའི་ དུས་ལ་དང་མ་འོངས་པའི་དུས་ལ་དང་ད་ལྟར་བྱུང་བའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ ཤེས་གཟིགས་པ་རབ་ཏུ་འཇུག་པ་སྟེ། དུས་གསུམ་ལ་ཡེ་ཤེས་སྒྲིབ་པ་མེད་པ་གསུམ་མངའ་ བས་སོ། །དེ་ལྟར་སྤྱོད་པའི་དྲུག་རྟོགས་པའི་དྲུག་འཕྲིན་ལས་ཀྱི་གསུམ་ཡེ་ཤེས་ཀྱི་གསུམ་ སྟེ་བཅོ་བརྒྱད་པོ་འདི་དག་དགྲ་བཅོམ་པ་སོགས་གང་ཟག་གཞན་དང་ཐུན་མོང་མིན་པ་སྟོན་ པའི་མ་འདྲེས་པའི་ཡོན་ཏན་ཡིན་ཏེ། དགྲ་བཅོམ་པ་རྣམས་ལའང་བག་ཆགས་མ་སྤངས་པས་ 1-1-159 སྤྱོད་པའི་ཟློག་ཕྱོགས་འཁྲུལ་པ་སོགས་དྲུག་པོ་ཡོད་ཅིང༌། རྟོགས་པ་དང་འཕྲིན་ལས་དང་ཡེ་ ཤེས་ཀྱི་བཅུ་གཉིས་པོ་གཏན་ནས་མེད་པའོ། ། གཉིས་པ་དེ་དག་སྟོན་པས་བརྙེས་ཚུལ་ནི་སྐུའི་འཁྲུལ་པ་དང་གསུང་གི་ཅ་ཅོ་དང་བསྙེལ་ བ་དང་ཐུགས་གཡོ་བ་དང་འཁོར་འདས་ཐ་དད་ཀྱི་ནི་འདུ་ཤེས་དང་ངང་གིས་མ་བརྟགས་ པའི་བཏང་སྙོམས་རྣམས་དྲང་སྲོང་ལ་མེད་ལ། འདུན་པ་དང་ནི་བརྩོན་འགྲུས་དང་དྲན་པ་ རྣམ་པར་དག་པ་དང་དྲི་མེད་ཀྱི་ཤེས་རབ་དང་རྟག་ཏུ་སྤང་བྱ་ལས་རྣམ་པར་གྲོལ་བ་དང༌། ཤེས་བྱའི་དོན་ཀུན་མངོན་སུམ་དུ་གཟིགས་པའི་གྲོལ་བའི་ཡེ་ཤེས་ལས་ནི་ཉམས་པ་མི་ མངའ་ཞིང༌། སངས་རྒྱས་གང་གི་སྐུ་གསུང་ཐུགས་ཀྱི་ལས་གསུམ་པོ་ཐམས་ཅད་ལ་ཡེ་ཤེས་ སྔོན་དུ་འགྲོ་ཞིང་རྗེས་སུ་འཇུག་པ་དང༌། འདས་མ་འོངས་ད་ལྟར་དུས་གསུམ་པོ་དག་ཏུ་ཡེ་ ཤེས་ཐོགས་པ་མེད་པར་ངེས་པར་མཁྱེན་པ་རྒྱ་ཆེན་པོ་ཤེས་བྱ་ལ་ཁྱབ་པར་འཇུག་པ་སྟེ། རྒྱལ་བ་རྣམས་ཀྱི་མ་འདྲེས་པ་ཉིད་དེ་ནི་སངས་རྒྱས་རྣམས་ཀྱི་བརྙེས་ཏེ་དེས་ཆོས་དབྱིངས་ གང་རྟོགས་ནས་གདུལ་བྱའི་འགྲོ་བར། འཇིགས་ཤིང་བག་ཚ་བ་མེད་པར་དམ་ཆོས་ཀྱི་འཁོར་ ལོ་ཆེན་པོར་རབ་ཏུ་བསྐོར་བའི་ཐུགས་རྗེ་ཆེན་པོ་དང་ལྡན་པའི་རྒྱལ་བ་ཉིད་ཡིན་པས་སོ། ། གསུམ་པ་དེ་ནམ་མཁས་མཚོན་ཚུལ་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཉིད་ནི་འབྱུང་བ་ ས་སོགས་ཆུ་མེ་རླུང་རྣམས་ལ་ཡོད་པའི་ཆོས་ཉིད་སྲ་བ་དང་གཤེར་བ་དང་དྲོ་བ་དང་གཡོ་བ་ གང་ཡིན་པའི་ཆོས་ཉིད་དེ་ནི། ནམ་མཁའི་མཚན་ཉིད་མིན་ཞིང་ནམ་མཁའ་མཚན་ཉིད་སྒྲིབ་ པ་མེད་ཅིང་ཐོགས་པ་མེད་ལ་འདུས་མ་བྱས་པའི་མཚན་ཉིད་གང་ཡིན་པ་དེ་འབྱུང་བ་བཞིའི་ གཟུགས་ལ་མེད་པ་བཞིན་ཏེ། འཕགས་ཆུང་འོག་མ་མན་ཆད་ཀྱི་རང་རྒྱུད་ཀྱིས་བསྡུས་པའི་ འདུས་བྱས་ཀྱི་ཡོན་ཏན་ཁྱོད་ལ་མེད་ཁྱོད་ཀྱི་ཡོན་ཏན་དེ་རྣམས་ལ་མངོན་གྱུར་ཐོབ་པའི་ཚུལ་ དུ་མེད་ཅིང༌། ཁྱོད་དཔེ་ལས་ཀྱང་འདས་པས་ས་ཆུ་མེ་རླུང་ནམ་མཁའ་འབྱུང་བར་མཚུངས་པ་ 1-1-160 འཇིག་རྟེན་དག་ན་ཐུན་མོང་བ་ཡིན་ཡང་ཁྱོད་རྡུལ་ཕྲན་ཙམ་ཡང་འཇིག་རྟེན་དག་ན་ཐུན་མོང་ མིན་པས་སོ། ། གཉིས་པ་རྣམ་སྨིན་ཀྱི་ཡོན་ཏན་ལ་གཉིས་མཚན་སོ་གཉིས་དང༌། དེ་ཆུ་ཟླས་མཚོན་ ཚུལ་ལོ། །དང་པོ་ནི་སྔོན་ལམ་དུས་སུ་དམ་བཅའ་བརྟན་པར་བྱས་པས་མཐར་གཟུགས་ སྐུ་སངས་རྒྱས་ཚེ། ཞབས་ཀྱི་མཐིལ་རུས་སྦལ་ཀྱི་ལྟོ་བ་ལྟར་མཉམ་པར་ལེགས་པར་གནས་ པ་དང༌། དེ་བཞིན་དུ་ཡོ་བྱད་དང་སྣོད་སྦྱིན་པར་བཏང་བས་ཕྱག་ཞབས་ཀྱི་མཐིལ་ལ་རྩིབས་ སྟོང་པའི་འཁོར་ལོས་མཚན་པ་དང༌། གཞན་ཁྱད་དུ་མ་བསད་པས་རྟིང་པ་ཡངས་ཤིང་ཞབས་ ལོང་བུ་མི་མངོན་པ་དང༌། སེམས་ཅན་རྣམས་ཆོས་ཀྱིས་སྐྱབས་པས་ཕྱག་ཞབས་ཀྱི་སོར་མོ་ རིང་བ་ཉིད་དང༌། གཞན་གྱི་འཁོར་མ་ཕྱེ་བས་ཕྱག་ཞབས་ཀྱི་སོར་མོ་རྣམས་དྲྭ་བ་ཡིས་འབྲེལ་ བ་དང༌། གོས་བཟང་པོ་སྣ་ཚོགས་བྱིན་པས་པགས་པ་འཇམ་ལ་སྐུ་གཞོན་ཤ་ཅན་དུ་གནས་ པས་ལེགས་པ་ཉིད་དང༌། བཟའ་བཏུང་མཆོག་ཏུ་གྱ་ནོམ་པ་བྱིན་པས་ཕྱག་ཞབས་བོལ་གོང་ བཞི་དང་ཕྲག་གོང་གཉིས་དང་ལྟག་ཁུང་སྟེ་སྐུ་ནི་བདུན་དག་མཐོ་བ་དང༌། སངས་རྒྱས་ཀྱི་ ཆོས་ཡོངས་སུ་བཟུང་བས་བྱིན་པ་རི་དྭགས་ཨེ་ན་ཡ་ཀྲི་སྣ་ས་རིའི་བྱིན་པ་འདྲ་བ་ཟླུམ་ཞིང་ གྲིམ་པ་བྱིན་གྱིས་ཕྲ་བ་དང༌། གསང་ཚིག་བསྲུངས་ཤིང་འཁྲིག་པ་སྤངས་པས་གསང་གནས་ གླང་པོའི་བཞིན་དུ་སྦུབས་སུ་ནུབ་པ་དང༌། དགེ་ལས་རྒྱ་ཆེན་མཐར་གྱིས་སྤྱད་པས་སྐུ་རོ་སྟོད་ སེངྒེའི་དང་འདྲ་བར་རྒྱས་པ་དང༌། དགེ་བའི་ཆོས་ཡང་དག་པར་སྤྱད་པས་ཕྲག་པ་གཉིས་ཀྱི་ ཐལ་གོང་བར་སྐོང་མོ་མེད་ཅིང་ཤ་རྒྱས་པ་དང༌། གཞན་ལ་མི་འཇིགས་པ་བྱིན་ཞིང་དབུགས་ དབྱུང་བས་དཔུང་པའི་མགོ་ལེགས་པར་ཟླུམ་ཞིང་ལྷུན་གྱིས་མཛེས་པ་དང༌། གཞན་གྱི་ གྲོགས་དོན་ལ་སྤྲོ་བས་ཞུགས་པས་ཕྱག་འཇམ་ལ་དབྱིབས་ཟླུམ་ཞིང་མཐོ་དམན་མེད་པ་དང་ ཕྱག་རིང་བ་མ་བཏུད་ཀྱང་པུས་མོའི་ལྷ་ངར་སླེ བ་པ་དང༌། དགེ་བ་བཅུས་མི་ངོམས་པར་སྤྱད་ 1-1-161 པས་དྲི་མས་ཡོངས་སུ་དག་པའི་འོད་ཀྱི་དཀྱིལ་འཁོར་དང་ལྡན་པའི་སྐུ་དང༌། ནད་པ་རྣམས་ ལ་སྨན་སྣ་ཚོགས་བྱིན་པས་མགྲིན་པ་དྲི་མ་མེད་པའི་དུང་རིམ་པ་གསུམ་པ་དང་འདྲ་བ་དང༌། དགེ་བའི་སྦྱོར་བ་ཡོངས་སུ་རྫོགས་པར་བསྒྲུབས་པས། འགྲམ་པ་རི་དྭགས་ཀྱི་རྒྱལ་པོ་སེངྒེའི་ དང་འདྲ་བར་རྒྱས་པ་དང༌། སེམས་ཅན་ཐམས་ཅད་ལ་སེམས་མཉམ་པར་བྱས་པས་ཚེམས་ ནི་བཞི་བཅུ་བླ་འོག་ལ་ཉི་ཤུ་ཉི་ཤུ་གྲངས་མཉམ་པ་དང༌། སེམས་ཅན་མི་མཛའ་བ་རྣམས་ བསྡུམས་པས་རབ་ཏུ་དག་ཅིང་བར་མེད་པས་ཚེམས་ཐགས་བཟང་བ་དང༌། ཡིད་དུ་འོང་བའི་ ནོར་བུ་བྱིན་པས་དྲི་མས་རྣམ་པར་དག་པའི་ཚེམས་ཐམས་ཅད་རིང་ཐུང་སྦོམ་ཕྲ་མེད་པས་ མཉམ་པ་ཉིད་དང་ནི། སྒོ་གསུམ་གྱི་ལས་ཐམས་ཅད་ཉེས་པས་མ་གོས་པར་སྤྱད་པས་མཆེ་ བ་རབ་མཆོག་དུང་ལྟར་དཀར་བ་ཉིད་དང༌། ཐམས་ཅད་དུ་བདེན་ཚིག་བསྲུངས་པས་ལྗགས་ རིང་ཞིང་སྲབ་པས་ཞལ་གྱི་དཀྱིལ་འཁོར་ཁེབས་པ་དང༌། ཡིད་དུ་འོང་བའི་རོ་བྲོ་བ་བྱིན་པས་ རོ་མི་ཞིམ་པ་རྣམས་མཐའ་འམ་ཚད་མེད་ཅིང་གཞན་གྱིས་བསམ་དུ་མེད་པའི་རོ་བྲོ་བ་ མཆོག་ཉིད་དུ་སྣང་བ་དང༌། ཚིག་ངན་སྤངས་ཏེ་སྙན་པར་སྨྲས་པས་རང་བྱུང་སངས་རྒྱས་ཀྱི་ གསུང་ཀ་ལ་པིང་ཀའི་སྒྲ་ལྟར་འབྲལ་མི་ཕོད་ཅིང་ཚངས་པའི་དབྱངས་ལྟར་སྙན་ལ་རྒྱང་རིང་ པོར་ཡང་ཐོས་པ་ཉིད་དང༌། བྱམས་པའི་སྒོ་ནས་གཞན་རྗེས་སུ་བསྐྱངས་པས་སྤྱན་བཟང་ པོ་ཨུཏྤལ་འདབ་ལྟར་དཀར་ནག་འབྱེས་ཤིང་དཀྱུས་རིང་བ་དང༌། བསམ་པ་སྒྱུ་མེད་པར་ མཛད་པས་རྫི་མ་བ་ཁྱུ་མཆོག་གི་རྫི་མ་འདྲ་བ་དང༌། བསྔགས་པར་འོས་པ་རྣམས་བསྔགས་ པས་ཞལ་གྱི་དཀྱིལ་འཁོར་མཛེས་པའི་སྨིན་མཚམས་སུ་དྲི་མ་མེད་པའི་མཛོད་སྤུ་དཀར་པོ་ འཐེན་ན་ཁྲུ་གང་ཡོད་བཞག་ན་གཡས་སུ་འཁྱིལ་བ་ལྡན་པ་དང༌། བླ་མ་ལ་གུས་ཤིང་འདུད་ པས་སེམས་ཅན་ཐམས་ཅད་ཀྱིས་ལྟར་མི་མངོན་པའི་གཙུག་ཏོར་དབུར་སོར་བཞི་འཕགས་ པ་ལྡན་པ་དང༌། སེམས་ལས་སུ་རུང་བར་བྱས་ཤིང་ཡིད་དུ་འོང་བའི་མལ་སྟན་བྱིན་པས། དྲི་ 1-1-162 མས་དག་ཅིང་མ་འཁོབས་པས་སྲབ་པ་ཡི་པགས་པ་གསེར་གྱི་མདོག་འདྲ་སེམས་ཅན་མཆོག་ སངས་རྒྱས་ལ་མངའ་བ་དང༌། འདུ་འཛི་སྤངས་ནས་དགེ་བ་སྤེལ་ཏེ་མཁན་སློབ་ཀྱི་གདམས་ ངག་མཐུན་པར་བཟུང་བས་བ་སྤུ་རྣམས་ལེགས་ཕྲ་འཇམ་ཞིང་རེ་རེ་ནས་སྐྱེས་ཏེ་སྐུའི་གྱེན་དུ་ གཡས་ཕྱོགས་སུ་འཁྱིལ་བ་དང༌། བརྡེག་པ་དང་མཚོན་ཆ་སོགས་སྤངས་པས་དབུ་སྐྲ་དྲི་མེད་ རིན་ཆེན་མཐོན་མཐིང་བཞིན་དུ་གནག་པ་ཉིད། རང་གཞན་ཐམས་ཅད་ཏིང་ངེ་འཛིན་ལ་ སྦྱར་བས་སྐུ་ནྱ་གྲོ་ཏའི་སྡོང་པོ་རྫོགས་པའི་ལྗོན་ཤིང་གི་དཀྱིལ་འཁོར་དང་འདྲ་བར་ཆུ་ཞེང་ གབ་པ་དང༌། དེ་བཞིན་གཤེགས་པའི་སྐུ་གཟུགས་མཆོད་རྟེན་ཞིག་པ་གསོས་པ་དང་སེམས་ ཅན་འཇིགས་པ་རྣམས་དབུགས་དབྱུང་བས། ཀུན་ཏུ་བཟང་པོ་དཔེ་མེད་པའི་དྲང་སྲོང་ཆེན་ པོ་སངས་རྒྱས་ནི་སྲེད་མེད་ཀྱི་བུའི་སྟོབས་མངའ་ཞིང༌། རྡོ་རྗེ་ལྟར་མཁྲེགས་པའི་སྐུ་ཆེ་ཞིང་ དྲང་བ་ཉིད་དེ་བསམ་གྱིས་མི་ཁྱབ་ཅིང་གཟི་བརྗིད་འབར་བའི་ཡོན་ཏན་སུམ་ཅུ་རྩ་གཉིས་པོ་ འདི་དག་སྟོན་པ་སངས་རྒྱས་ཀྱི་མི་དབང་ཆེན་པོའི་མཚན་དུ་མདོ་སྡེ་ལས་གསུངས་སོ། །བ་ ལང་ཕལ་པ་བཅུའི་སྟོབས་ནི་གླང་ཆེན་དཀར་པོ་གཅིག་ལའོ། །དེ་བཅུའི་སྟོབས་ནི་གླང་ཆེན་ སེར་པོ་གཅིག་ལའོ། །དེ་བཅུའི་སྟོབས་ནི་གླང་ཆེན་སྔོན་པོ་གཅིག་ལའོ། །དེ་བཅུའི་སྟོབས་ ནི་ཚན་པོ་ཆེ་གཅིག་ལའོ། །དེ་བཅུའི་སྟོབས་ནི་སྲེད་མེད་ཀྱི་བུ་ལ་སྟེ་ཆེ་བར་མཚོན་པའི་བརྡ་ སྟེ་དེ་བས་སྟོབས་ཆེ་ལ་ཚད་མེད་དོ། །མཚན་དངོས་སུ་སྨོས་པའི་ཤུགས་ལ་དཔེ་བྱད་ཀྱང་སྟེ། མངོན་རྟོགས་རྒྱན་དུ་འབྱུང་བའི། ཐུབ་པའི་སེན་མོ་ཟངས་མདོག་དང་ཅེས་ནས་སངས་རྒྱས་ དཔེ་བྱད་བཟང་པོར་བཞེད་ཅེས་པའི་བར་ཡང་བཤད་དོ། ། གཉིས་པ་ཆུ་ཟླས་མཚོན་ཚུལ་ནི། ཇི་ལྟར་སྤྲིན་མེད་ནམ་མཁའི་ཟླ་བའི་གཟུགས་དང་ དེའི་གཟུགས་བརྙན་སྟོན་ཁའི་ཆུ་སྔོན་མཚོར་ནི་མཐོང་བ་ལྟར། དེ་བཞིན་དུ་རྒྱལ་སྲས་ འཕགས་པ་ཉིད་ཕལ་པའི་ཚོགས་ཀྱིས་ཁྱབ་བདག་ཆོས་སྐུའི་གཟུགས་བརྙན་ལོངས་སྐུ་དང་ 1-1-163 དེའི་གཟུགས་བརྙན་སྤྲུལ་སྐུ་གཉིས་པོ་རྫོགས་སངས་རྒྱས་དཀྱིལ་འཁོར་དང་འཇིག་རྟེན་གྱི་ དཀྱིལ་འཁོར་ནང་དུ་རིམ་པར་མཐོང་བར་འགྱུར་རོ། ། གསུམ་པ་མདོར་རིམ་པར་གསུངས་ཚུལ་ནི། དེ་ལྟར་སྟོབས་བཅུ་མི་འཇིགས་བཞི་ མ་འདྲེས་བཅོ་བརྒྱད་མཚན་སོ་གཉིས་ཏེ། སངས་རྒྱས་ཀྱི་ཡོན་ཏན་དྲུག་ཅུ་རྩ་བཞི་པོ་འདི་ དག་སོ་སོ་རེ་རེ་ཞིང་ཆོས་སྐུ་ལ་ཡོད་པའི་ཡོན་ཏན་སོ་གཉིས་པོ་བྲལ་འབྲས་འདུས་མ་བྱས་ ཡིན་པས། ངོ་བོ་སྐྱེད་བྱེད་ཀྱི་རྒྱུ་མེད་པས་བྲལ་བྱེད་དང་གསལ་བྱེད་ཀྱི་རྒྱུ་དང་བཅས་ཤིང་ གཟུགས་སྐུ་ལ་ཡོད་པའི་ཡོན་ཏན་སོ་གཉིས་པོ་འདུས་བྱས་ཡིན་པས། ངོ་བོ་སྐྱེད་བྱེད་ཀྱི་རྒྱུ་ དང་བཅས་ཏེ་འདིར་བསྟན་པའི་གོ་རིམ་ཇི་ལྟ་བ་བཞིན་བུ་མོ་རིན་ཆེན་གྱིས་ཞུས་པའི་མདོ་ ཐེག་ཆེན་གྱི་མན་ངག་ཅེས་པའི་རྗེས་སུ་འབྲངས་ཏེ་ཤེས་པར་བྱའོ། །རྒྱུ་རྣམས་ཀྱང་སྔར་ འབྲས་བུ་སོ་སོ་བསྟན་པའི་སྐབས་སུ་སྦྱར་ཟིན་ཏོ། །བྲལ་འབྲས་རྣམས་ཀྱང་རྒྱུ་ལས་བྱུང་ བས་འདུས་བྱས་ཡིན་པས་སེམས་ཅན་ལ་ཆོས་ཉིད་དུའང་མེད་དོ་ཞེས་བསམ་པར་མི་བྱ་སྟེ། གལ་ཏེ་མེད་ན་དེ་རྣམས་ཡེ་ཤེས་ནི་ཡིན་སྐྱེད་བྱེད་ཀྱི་རྒྱུ་མེད་པས་དེ་རྣམས་ཕྱིས་སེམས་ཅན་ གྱིས་ཐོབ་པ་མི་སྲིད་དོ། །དེ་མི་སྲིད་ན་སངས་རྒྱས་ཀྱང་ཕྱིས་ཐོབ་པ་མི་སྲིད་པས་ཧ་ཅང་ཐལ་ ལོ། །རྩ་བའི་རྟགས་དང་པོ་ཁས་བླངས་ལ་གཉིས་པ་གྲུབ་སྟེ། མྱང་འདས་ཆེན་པོར། གལ་ ཏེ་མྱ་ངན་འདས་པ་སྔོན་མེད་ལ་ཕྱིས་ཡོད་ན་ནི་ཟག་པ་མེད་པ་གཏན་དུ་གནས་པའི་ཆོས་ མིན་པར་འགྱུར་རོ་ཞེས་དང༌། སངས་རྒྱས་རྣམས་ཀྱི་ཆོས་ནི་ཆོས་རྣམས་ཀྱི་ཆོས་ཉིད་དོ་ཞེས་ དང༌། མྱ་ངན་ལས་འདས་པ་ནི་རྒྱུ་མེད་པ་ཞེས་སྐྱེད་བྱེད་ཀྱི་རྒྱུ་མེད་པ་དང་མྱ་ངན་ལས་འདས་ པ་ནི་བྱས་པའི་རྒྱུ་ལས་བྱུང་བ་མིན་ཏེ། གསལ་བའི་རྒྱུ་འབའ་ཞིག་གོ་ཞེས་སོ། །དེས་ན་ངོ་ བོ་བསྐྱེད་དགོས་མེད་དེ་གདོད་ནས་རང་ཆས་སུ་ཡོད་ལ་དེ་མངོན་སུམ་དུ་དྲི་མེད་ཐོབ་ཕྱིར་ དུ་བྲལ་རྒྱུ་དགོས་ཏེ་དེ་དག་ཆོས་ཉིད་དང་བྲལ་འབྲས་ཡིན་པས་སོ། །གལ་ཏེ་སངས་རྒྱས་ཀྱི་ 1-1-164 ཡོན་ཏན་གང་ཡིན་ལ་འདུས་བྱས་ཀྱིས་ཁྱབ་ན་བྲལ་དང་རྣམ་པར་སྨིན་པའི་འབྲས་བུ་ནི་ཞེས་ པའི་རྣམ་དབྱེ་དོན་མེད་དུ་འགྱུར་ལ། མྱ་ངན་ལས་འདས་པ་ཆེན་པོ་ལྷའི་ཟླ་བས་བསྒྱུར་བར། གང་དག་དེ་བཞིན་གཤེགས་པ་འདུས་མ་བྱས་པ་ལ་འདུས་བྱས་ཡིན་ནོ་ཞེས་སྨྲ་བ་རྣམ་ནི། རང་གི་ཁྱིམ་དང་འདྲ་བར་དམྱལ་བར་འགྲོ་བར་འགྱུར་རོ་ཞེས་པའི་ཉེས་པས་རེག་པས་མིག་ ཅན་གཡང་དུ་མ་མཆོང་ཞིག ། གསུམ་པ་དཔེ་དང་ཆོས་མཐུན་སྦྱར་བ་ལ་གཉིས། སྤྱིར་བསྟན་པ་དང་སོ་སོར་བཤད་ པའོ། །དང་པོ་ནི། སྟོབས་བཅུ་ནི་མི་ཕྱེད་པའི་ཕྱིར་རྡོ་རྗེ་བཞིན་ནོ། །མི་འཇིགས་པ་བཞི་ ནི་སྤོབས་པ་མི་ཞན་པའི་ཕྱིར་སེངྒེ་བཞིན་ནོ། །མ་འདྲེས་བཅོ་བརྒྱད་ནི་ཉན་རང་སོགས་དང་ མཚུངས་པ་མེད་པའི་ཕྱིར་ནམ་མཁའ་དག་པ་བཞིན་ནོ། །གཟུགས་སྐུ་གཉིས་ནི་ཆོས་སྐུ་དང་ ལོངས་སྐུ་ལ་འཕོ་བ་མེད་པའི་ཕྱིར་ཟླ་བའི་གཟུགས་དང་ཆུའི་ནང་གི་དེའི་གཟུགས་བརྙན་གྱི་ དཔེས་བསྟན་ཏོ། ། གཉིས་པ་ལ་གཉིས། བྲལ་བའི་ཡོན་ཏན་དང་རྣམ་སྨིན་གྱི་ཡོན་ཏན་ཆོས་མཐུན་སྦྱར་ བའོ། །དང་པོ་ལ་གཉིས། སོ་སོར་ཆོས་མཐུན་སྦྱར་བ་དང་ཐུན་མོང་གི་སྦྱར་བའོ། །དང་པོ་ལ་ གསུམ། སྟོབས་རྣམས་རྡོ་རྗེ་གོ་དང༌། མི་འཇིགས་སེངྒེདང༌། མ་འདྲེས་ནམ་མཁའ་དང་ཆོས་ མཐུན་སྦྱར་བའོ། ། དང་པོ་ནི་སྟོབས་སོགས་ཡོན་ཏན་རྣམས་ལས་གནས་དང་གནས་མིན་པ་མཁྱེན་པ་ སོགས་སྟོབས་དང་པོ་དྲུག་གིས་རིམ་པ་བཞིན་དུ་ཤེས་བྱའི་སྒྲིབ་པ་ཀུན་བསལ་ནས་གོ་ཆ་ བཞིན་དུ་ཕུག་པའི་ཕྱིར་དང༌། དབང་པོ་མཆོག་དང་མཆོག་མིན་པ་མཁྱེན་པའི་སྟོབས་སོགས་ གསུམ་གྱིས་སྙོམས་པར་འཇུག་པའི་སྒྲིབ་པ་ཀུན་བསལ་བས་རྩིག་པ་བཞིན་དུ་བཤིག་པའི་ ཕྱིར་དང༌། ཐ་མ་ཟག་པ་ཟད་པ་མཁྱེན་པའི་སྟོབས་གཅིག་གིས་ཉོན་མོངས་པའི་སྒྲིབ་པ་བག་ 1-1-165 ཆགས་དང་བཅས་པ་ཀུན་བསལ་ནས་ཤིང་བཞིན་དུ་བཅད་པའི་ཕྱིར་ལྷའི་དབང་པོའི་རྡོ་རྗེ་ དང་འདྲའོ། །འདྲ་བའི་སྒྲུབ་བྱེད་ནི་དྲང་སྲོང་རྫོགས་པའི་སངས་རྒྱས་ཀྱི་སྟོབས་བཅུ་ནི་རྡོ་རྗེ་ དང་འདྲ་བ་ཡིན་ཏེ། བརླིང་བ་དང་སྙིང་པོ་དང་བརྟན་པ་དང་མི་ཕྱེད་པའི་ཕྱིར་རོ། །དེ་ཡང་ བརླིང་པ་ཡིན་ཏེ་གང་གི་ཕྱིར་སྙིང་པོའི་ཕྱིར་རོ། །སྙིང་པོ་ཡིན་ཏེ་གང་གི་ཕྱིར་བརྟན་པའི་ཕྱིར་ རོ། །བརྟན་པ་ཡིན་ཏེ་གང་གི་ཕྱིར་མི་ཕྱེད་པའི་ཕྱིར་རོ། །ཕར་སྤང་བྱ་ཕྱེད་པར་ནུས་ལ་ཚུར་ སྤང་བྱས་མི་ཕྱེད་པའི་ཕྱིར་ན་རྡོ་རྗེ་བཞིན་ནོ། ། གཉིས་པ་ནི་འཁོར་ལ་འཇིགས་པ་མེད་པའི་ཕྱིར་དང་གཞན་ལ་ལྟོས་པ་མེད་པའི་ཕྱིར་ དང་ཏིང་ངེ་འཛིན་བརྟན་པའི་ཕྱིར་དང༌། སྒྲིབ་པ་འཇོམས་པའི་རྩལ་ནི་ཕུན་སུམ་ཚོགས་པའི་ ཕྱིར་ཐུབ་པ་སེངྒེའི་མི་འཇིགས་པ་ནི་རི་དྭགས་ཀྱི་རྒྱལ་པོ་སེངྒེ་བཞིན་ནོ། །རྟགས་གྲུབ་སྟེ། འཁོར་གྱི་ཚོགས་སུ་གང་ལ་ཡང་འཇིགས་པ་མེད་པར་ནི་རྣམ་པར་གནས་ཏེ། འཇིགས་པ་མི་ མངའ་བའི་སྤོབས་པས་ཤེས་བྱ་ཀུན་མངོན་སུམ་དུ་མཁྱེན་ནས་དྲི་བ་ཇི་ལྟ་བ་བཞིན་དུ་ལུང་ སྟོན་པས་སོ། །གཞན་ལ་ལྟོས་པ་མེད་པ་ཡིན་ཏེ་དག་པའི་སེམས་ཅན་དགྲ་བཅོམ་པ་དང་ དབང་ཐོབ་པའི་བྱང་སེམས་དང་ཡང་བདག་ཉིད་མི་མཉམ་པར་ལྷག་པར་གཟིགས་པའི་ཕྱིར་ རོ། །ཏིང་ངེ་འཛིན་བརྟན་པ་ཡིན་ཏེ། མཁྱེན་པའི་ཐུགས་ནི་ཆོས་རྣམས་ཐམས་ཅད་ལ་རྩེ་ གཅིག་ཏུ་གནས་པའི་ཕྱིར་རོ། །སྒྲིབ་པ་འཇོམས་པའི་རྩལ་དང་ལྡན་ཏེ། མཆོག་ཏུ་སྤང་དཀའ་ བ་མ་རིག་བག་ཆགས་ཀྱི་ས་ལས་ཀྱང་ཤིན་ཏུ་བརྒལ་པའི་ཕྱིར་རོ། ། གསུམ་པ་ནི་འཇིག་རྟེན་སོ་སོའི་སྐྱེ་བོ་དང་ཉན་ཐོས་འཕགས་པ་དང་མཐའ་གཅིག་ཏུ་ སྤྱོད་པ་རང་རྒྱལ་དང༌། བློ་ལྡན་བྱང་སེམས་དང་རང་བྱུང་རྫོགས་པའི་སངས་རྒྱས་རྣམས་ གོང་ནས་གོང་དུ་བློ་དག་ནི་ཕྲ་བའི་ཕྱིར་ས་ཆུ་མེ་རླུང་ནམ་མཁའ་རྣམས་སྔ་མ་སྔ་མས་ཕྱི་མ་ ཕྱི་མ་ཕྲ་བའི་དཔེ་ནི་རྣམ་པ་ལྔ་དང་མཚུངས་སོ། །གང་ཞེ་ན་དང་པོ་བློ་ནི་འཇིག་རྟེན་ཀུན་གྱི་ 1-1-166 ཉེར་འཚོའི་གཞིར་སྔ་མ་སྔ་མས་ཕྱི་མ་ཕྱི་མ་མཚན་ཉིད་ཕྲ་བའི་ཕྱིར་ས་ཆུ་མེ་རླུང་རྣམས་དང་ མཚུངས་སོ། ། ལྔ་པ་རྫོགས་པའི་སངས་རྒྱས་ཀྱི་ཡེ་ཤེས་ནི་འཇིག་རྟེན་བྱིས་པ་དང༌། འཇིག་རྟེན་ལས་ འདས་པ་ཉན་རང་བློ་ལྡན་འཕགས་པ་རྣམས་ཀྱི་བློའི་མཚན་ཉིད་ལས་འདས་ཤིང་ཕྲ་བའི་ ཕྱིར་ནམ་མཁའ་བཞིན་ནོ། ། གཉིས་པ་ནི་སྔར་བཤད་པ་དེ་དག་བྲལ་བའི་འབྲས་བུའི་ཡོན་ཏན་སུམ་ཅུ་ནི་རྩ་གཉིས་ ཞེས་བྱ་བ་ཡིན་ལ་འདི་རྣམས་རང་དོན་དོན་དམ་ཆོས་སྐུས་རབ་ཏུ་ཕྱེ་ཞིང་དེ་དང་དབྱེར་མེད་ དུ་གནས་ཏེ། དཔེར་ན་ནོར་བུ་རིན་ཆེན་གྱི་འོད་མདོག་དབྱིབས་གསུམ་ནོར་བུ་རིན་ཆེན་དང་ ངོ་བོ་དབྱེར་མེད་པ་བཞིན་དུ་ཆོས་སྐུ་དང་ངོ་བོ་དབྱེ་བ་མེད་པའི་ཕྱིར་རོ། ། གཉིས་པ་སྨིན་འབྲས་ནི། མཚན་བཟང་པོས་བརྒྱན་པའི་སྐུ་གདུལ་བྱས་མཐོང་བ་ཙམ་ ན་འདི་ནི་སྐྱེས་བུ་ཆེན་པོའི་ཞེས་ཡིད་ཚིམ་ཞིང་དང་བར་བྱེད་པའི་ཡོན་ཏན་གང་ཡིན་པ་དེ་ དག་ནི་རྣམ་པར་སྨིན་པའི་ཡོན་ཏན་སུམ་ཅུ་རྩ་གཉིས་ཞེས་བྱ་བ་ཡིན་ལ། དེ་ཡང་སངས་ རྒྱས་ཀྱི་སྤྲུལ་པའི་སྐུ་དང་ཐེག་ཆེན་གྱི་ཆོས་ལ་རྫོགས་པར་དེ་ལོངས་སྤྱོད་པའི་སྐུ་སྟེ་གཟུགས་ སྐུ་གཉིས་ལ་བརྟེན་ཏོ། །གཟུགས་སྐུ་མཐོང་བའི་གེགས་ཀྱི་སྒྲིབ་པ་དག་པ་ལས་རིང་ཤའི་ གདུལ་བྱ་སོ་སྐྱེ་ཉན་རང་རྣམས་དང་ཉེ་བའི་གདུལ་བྱ་སར་གནས་ཀྱི་བྱང་སེམས་རྣམས་ ལ་རིམ་པ་ལྟར། འཇིག་རྟེན་གྱི་དཀྱིལ་འཁོར་དུ་ཕལ་པ་སྤྲུལ་སྐུ་དང་རྒྱལ་བའི་འཁོར་གྱི་ དཀྱིལ་འཁོར་དུ་བྱང་སེམས་རྣམས་ལ་ལོངས་སྐུ་སྣང་བ་ནི། དཔེར་ན་ཆུ་དག་པའི་ནང་དུ་ ཟླ་བའི་གཟུགས་བརྙན་མཐོང་བ་དང་ནམ་མཁར་ཟླ་བའི་གཟུགས་མཐོང་བ་ཇི་ལྟ་བ་བཞིན་ ནོ། །གཟུགས་སྐུ་རྣམ་གཉིས་པོ་དེ་མཐོང་བའི་གདུལ་བྱ་རིགས་ནི་ཉན་རང་མན་གྱི་བྱིས་པ་ དང་བྱང་འཕགས་རྣམ་པ་གཉིས་ཡིན་ནོ། །ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་དཀོན་ 1-1-167 མཆོག་གི་རིགས་རྣམ་པར་དབྱེ་བ་ལས། ཡོན་ཏན་གྱི་སྐབས་ཏེ་ལེའུ་གསུམ་པའོ།། །། བཞི་པ་དེའི་བྱེད་ལས་ཕྲིན་ལས་ལ་གསུམ། མདོར་བསྟན་རྒྱས་པར་བཤད་པ། དེ་དག་ དཔེའི་སྒོ་ནས་ཤིན་ཏུ་རྒྱས་པར་བཤད་པའོ། ། དང་པོ་ལ་གཉིས་ལྷུན་གྱིས་གྲུབ་པ་དང་རྒྱུན་མི་ཆད་པ་མདོར་བསྟན་པའོ། །དང་པོ་ནི། ཁྱབ་བདག་སངས་རྒྱས་ཆོས་སྐུའི་མཛད་པ་དེ་རྟག་ཏུ་ལྷུན་གྱིས་གྲུབ་པར་འཇུག་སྟེ། གདུལ་ བྱའི་ཁམས་རིགས་ཐ་དད་པ་དུ་མ་དང་ཞི་དྲག་སོགས་འདུལ་བའི་ཐབས་དང་གདུལ་བྱའི་ ཁམས་སྣ་ཚོགས་ཀྱི་གང་དང་གང་གིས་འདུལ་བའི་བྱ་བའི་ལས་དང་གདུལ་བྱ་དེ་གང་ན་ གནས་པ་དེའི་ཡུལ་དང༌། གང་གི་ཚེ་འདུལ་བའི་དུས་སུ་གཤེགས་པ་ལ་རྩོལ་མེད་ལྷུན་གྱིས་ གྲུབ་པས་སོ། ། གཉིས་པ་ནི་སངས་རྒྱས་ཀྱི་འཕྲིན་ལས་དེ་རྒྱུན་མི་འཆད་དེ། ཡོན་ཏན་རིན་པོ་ཆེའི་ མཆོག་ཏུ་གྱུར་པའི། ཚོགས་དང་ལྡན་པ་ས་བཅུའི་ཡེ་ཤེས་ཆུས་གང་བའི་མཚོ་ལྟ་བུ་ནི་ངེས་ པར་འབྱིན་པ་དང༌། བསོད་ནམས་དང་ཡེ་ཤེས་ཉི་མའི་འོད་ལྟ་བུའི་ཚོགས་གཉིས་ཀྱི་སྟོན་ པས་ལམ་གྱི་ཐེག་པ་མ་ལུས་པ་ངེས་པར་བསྒྲུབས་ཏེ། མཐའ་དང་དབུས་མེད་ཅིང་རྒྱ་ཆེ་ བ་ནམ་མཁའ་ལྟར་ཐམས་ཅད་ལ་ཁྱབ་པ་འབྲས་བུ་བྱང་ཆུབ་ཆེན་པོའི་སངས་རྒྱས་ཉིད་ནི། ཡོན་ཏན་དྲི་མ་མེད་པ་སྟོབས་སོགས་ཡེ་ཤེས་ཀྱི་ཕུང་པོ་གདོད་ནས་གྲུབ་པས་གཏེར་དང་འདྲ་ བར་སེམས་ཅན་ཀུན་ལ། ཁྱད་པར་མེད་པར་ཡོད་པར་རྣམ་པར་གཟིགས་ནས་དེ་སྒྲིབ་བྱེད་ ཉོན་མོངས་དང་ཤེས་བྱའི་སྤྲིན་གྱི་དྲ་བ་རྣམས་སངས་རྒྱས་རྣམས་ཀྱི་ཐུགས་རྗེའི་རླུང་གིས་ རྣམ་པར་གཏོར་བས་སོ། ། གཉིས་པ་ལ་གཉིས། ལྷུན་གྱིས་གྲུབ་པ་དང་རྒྱུན་མི་འཆད་པའི་རྒྱས་བཤད་དོ། །དང་ པོ་ནི། གདུལ་བྱ་གང་ཞིག་ཐབས་གང་གིས་འདུལ་བའི་བྱ་བ་གང་དང་ཡུལ་གང་དུ་དུས་གང་ 1-1-168 གི་ཚེ་འཕྲིན་ལས་འཇུག་པ་ལ། རྣམ་པར་རྟོག་པ་སྐྱེ་བ་མེད་པའི་ཕྱིར་ཐུབ་པ་དེ་ནི་རྟག་ཏུ་ འཕྲིན་ལས་ལྷུན་གྱིས་གྲུབ་པར་འཇུག་གོ །དེ་ཡང་རིམ་པ་ལྟར་གདུལ་བྱ་རིགས་ཅན་གསུམ་ གྱི་ཁམས་སམ་རིགས་ནི་མཐའ་ཡས་གང་ཞིག་གི་དོན་དུ་འཇུག་པ་དང་དེ་རྣམས་རང་རང་ གི་མོས་པ་དང་མཐུན་པར། འདུལ་བའི་ཚུལ་ནི་ཐབས་མང་པོ་གང་དག་གིས་འདུལ་བ་དང༌། འདུལ་བའི་བྱ་བ་གནས་སྐབས་དང་མཐར་ཐུག་ཏུ་མངོན་མཐོ་དང་ངེས་ལེགས་ལ་འགོ ད་པ་ གང་ཡིན་དང༌། འཕྲིན་ལས་དེ་གནས་གང་དུ་འཇུག་པའི་ཡུལ་དེ་དང་དུས་གང་གི་ཚེ་འཇུག་ པའི་དུས་དེ་དག་ཏུ་གཤེགས་པ་ལ་རྟོག་པ་མེད་ཅིང་ལྷུན་གྱིས་གྲུབ་པས་ཐུབ་པའི་འཕྲིན་ ལས་ལྷུན་གྱིས་གྲུབ་པར་འཇུག་གོ ། གཉིས་པ་ལ་བཞི། བསྟན་བཤད་དཔེ་དང་སྦྱར་དོན་བསྡུ་བའོ། །དང་པོ་ནི་འཕྲིན་ལས་ དེའི་ངེས་པར་འབྱིན་པ་དང་དེའི་ཚོགས་གཉིས་ཀྱི་སྟོན་པ་དང༌། དེའི་འབྲས་བུ་དང་དེའི་རྒྱུ་ ཡོངས་སུ་འཛིན་པ་དང་དེའི་སྒྲིབ་པ་དང་དེ་གཅོད་པའི་རྐྱེན་དང་དྲུག་པོ་རྣམས་ལ་ནི་རྣམ་ པར་རྟོག་པ་མེད་པའི་ཕྱིར་རྒྱུན་མི་འཆད་དོ། ། གཉིས་པ་ནི་རྒྱལ་བའི་ཕྲིན་ལས་དེ་རྒྱུན་མི་འཆད་དེ། དེའི་ངེས་པར་འབྱིན་པ་ས་བཅུ་ དང་ཚོགས་གཉིས་དག་ནི་རྒྱུའམ་རྟོན་པ་དང་དེའི་འབྲས་བུ་བྱང་ཆུབ་མཆོག་ཡིན་པ་དང༌། བྱང་ཆུབ་དེ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཡོད་པ་རིག་ནས་ཡོངས་སུ་འཛིན་པ་དང་བྱང་ ཆུབ་དེའི་སྒྲིབ་པ་མཐའ་ཡས་པའི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་བག་ཆགས་དང་ བཅས་པ་རྣམས་དང༌། དུས་ཀུན་ཏུ་ནི་སྒྲིབ་པ་དེ་འཇོམས་དེའི་རྐྱེན་ནི་རྒྱལ་བའི་ཐུགས་རྗེ་ ཆེན་པོ་ཡིན་པས་སོ། ། གསུམ་པ་ནི་ངེས་འབྱིན་སོགས་འཕྲིན་ལས་ཀྱི་གནས་དྲུག་པ་ནི་འདི་དག་རྣམས་གོ་རིམ་ ཇི་བཞིན་དུ་དཔེ་རྒྱ་མཚོ་དང་ཉི་མ་དང་ནི་ནམ་མཁའ་དང་གཏེར་དང་སྤྲིན་དང་རླུང་བཞིན་ 1-1-169 དུ་ཤེས་པར་བྱ་སྟེ། ཇི་ལྟར་སྙམ་ན་དྲི་མ་དག་བྱེད་ཤེས་རབ་ཀྱི་ཆུ་དང་གཟུངས་དང་ཏིང་ངེ་ འཛིན་དང་མངོན་ཤེས་ལ་སོགས་པའི་ཡོན་ཏན་རིན་པོ་ཆེ་དང་ལྡན་པའི་ཕྱིར་ས་བཅུ་རྣམ་ ནི་རྒྱ་མཚོ་ཆེན་པོ་བཞིན་ནོ། །སེམས་ཅན་ཐམས་ཅད་ཉེ་བར་འཚོ་བའི་ཕྱིར་བསོད་ནམས་ ཡེ་ཤེས་ཀྱི་ཚོགས་གཉིས་དག་ནི་ཉི་མ་བཞིན་ནོ། །རྒྱ་ཆེ་མཐའ་དང་དབུས་མེད་པ་ཟབ་པའི་ ཕྱིར་འབྲས་བུ་བྱང་ཆུབ་ནི་ནམ་མཁའི་ཁམས་བཞིན་ནོ། །ཡང་དག་པར་རྫོགས་པའི་སངས་ རྒྱས་ཀྱི་ཆོས་ཉིད་ངོ་བོ་ཉིད་སྐུ་ཡིན་པའི་ཕྱིར་སེམས་ཅན་ཁམས་ནི་གཏེར་དང་འདྲའོ། །གློ་ བུར་དུ་བྱུང་ནས་སེམས་ལ་ཁྱབ་པར་བྱེད་པ་དང་རང་བཞིན་གྱིས་མ་གྲུབ་པའི་ཕྱིར་ཁམས་ དེའི་སྒྲིབ་བྱེད་ཉོན་མོངས་པ་ནི་སྤྲིན་གྱི་ཚོགས་བཞིན་ནོ། །སྒྲིབ་པ་དང་འཐོར་བར་ནི་ཉེ་བར་ གནས་པའི་ཕྱིར་ཐུགས་རྗེ་མི་ཟད་པ་ཆེན་པོ་ནི་རླུང་དང་འདྲའོ། ། བཞི་པ་ནི་ཚོགས་གཉིས་དང་ས་བཅུས་གཞན་གྱི་དབང་གིས་འབྲས་བུ་དཀོན་མཆོག་ བྱང་ཆུབ་ཏུ་ངེས་པར་འབྱུང་བ་དང༌། བདག་དང་སེམས་ཅན་ཐམས་ཅད་ལ་བདེ་བར་ གཤེགས་པའི་སྙིང་པོ་ཆོས་སྐུ་ཁྱད་མེད་དུ་ཡོད་པར་མཚུངས་པར་གཟིགས་པ་དང༌། མཛད་ པ་ཡོངས་སུ་མ་རྫོགས་པའི་ཕྱིར་སངས་རྒྱས་ཀྱི་འཕྲིན་ལས་དེ་འཁོར་བ་ཇི་སྲིད་དུ་རྒྱུན་མི་ འཆད་དོ། ། གསུམ་པ་དེ་རྣམས་དཔེས་ཤིན་ཏུ་རྒྱས་པར་བཤད་པ་ནི་སྐྱེ་བ་དང་འགག་པ་མེད་པས་ རབ་ཏུ་ཕྱེ་བ་གང་ཡིན་པ་ནི་སངས་རྒྱས་ཉིད་ཅེས་བརྗོད་དོ། །དེས་ན་འདིར་ཇི་ལྟར་ན་འདུས་ མ་བྱས་པ་འཇུག་པ་མེད་པའི་མཚན་ཉིད་ཀྱི་སངས་རྒྱས་ལས་ལྷུན་གྱིས་གྲུབ་པའི་རྒྱུན་མི་ འཆད་པར་འཇིག་རྟེན་ཇི་སྲིད་དུ་རྣམ་པར་རྟོག་པ་མེད་པར། སངས་རྒྱས་ཀྱི་མཛད་པ་འཇུག་ ཅེས་སངས་རྒྱས་ཀྱི་ཆེ་བའི་བདག་ཉིད་ལས་བརྩམས་ཏེ། ཐེ་ཚོམ་དང་སོམ་ཉི་སྐྱེས་པ་རྣམས། སངས་རྒྱས་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པ་ལ་མོས་པ་བསྐྱེད་པའི་ཕྱིར། ཆེ་བའི་བདག་ཉིད་ 1-1-170 ཀྱི་དཔེ་བསྟན་པའི་ཚིགས་སུ་བཅད་པས་འཆད་པ་ལ་བཞི་སྟེ། སྡོམ་དུ་བསྡུས་ཏེ་དཔེའི་དབྱེ་ བ། དོན་དང་སྦྱར་ཏེ་སོ་སོའི་ངོ་བོ། དགོས་པ་བརྗོད་དེ་སྐབས་དོན་བསྡུ་བ། སླར་ཡང་བསྡུས་ ཏེ་ཁྱད་པར་བཤད་པའོ། ། དང་པོ་ནི་རྒྱལ་བའི་འཕྲིན་ལས་རྣམ་རྟོག་དང་འབད་རྩོལ་མེད་པར་ལྷུན་འགྲུབ་རྒྱུན་མི་ འཆད་དུ་འཇུག་པའི་དཔེ་ནི་དགུ་སྟེ། སྐུའི་སྣང་བ་སྟོན་པ་རྒྱ་བྱིན་དང་འདྲ་བ་དང་གསུང་གི་ གདམས་ངག་དང་འདོམས་པ་ལྷའི་རྔ་དང༌། ཐུགས་རྗེས་གདུལ་བྱ་ལ་ཁྱབ་པ་སྤྲིན་དང༌། དེ་ གསུམ་གྱིས་སྤྲུལ་པ་མཛད་པ་ཚངས་པ་དང༌། ཡེ་ཤེས་སྤྲོ་བ་ཉི་མ་དང༌། ཐུགས་ཀྱི་གསང་བ་ ནོར་བུ་རིན་པོ་ཆེ་བཞིན་དང༌། དེ་བཞིན་གཤེགས་པའི་གསུང་གི་གསང་བ་སྒྲ་བརྙན་བཞིན་ དང༌། སྐུའི་གསང་བ་ནམ་མཁའ་བཞིན་དང༌། ཐུགས་རྗེའི་བདག་ཉིད་ས་གཞི་ཆེན་པོ་བཞིན་ ནོ། ། གཉིས་པ་ལ་དགུ་སྟེ། སྔར་གྱི་དགུ་པོ་རེ་རེའི་མཇུག་ཏུ་དཔེས་ངེས་པར་བྱ་བ་ཞེས་པ་རེ་ སྦྱར་བ་དགུའོ། ། དང་པོ་ལ་གསུམ་སྟེ་རྣམ་རྟོག་མེད་ཀྱང་གཞན་དོན་འགྲུབ་ཚུལ། དེ་ཉིད་ལེགས་པར་ སྦྱར་ཏེ་བཤད་པ། བསྡུས་ཏེ་སྐྱེ་འགག་མེད་ཚུལ་བསྟན་པའོ། ། དང་པོ་ལ་གཉིས། མཚོན་བྱེད་དཔེའི་ངོ་བོ་མཚོན་བྱ་དོན་གྱི་ངོ་བོ་བཤད་པའོ། །དང་ པོ་ལ་བཞི་སྟེ་དག་པའི་ས་གཞིར་གཟུགས་བརྙན་འཆར་ཚུལ་ནི། ཇི་ལྟར་བེཌཱུརྱ་དག་པའི་ རང་བཞིན་དུ་སའི་སྟེང་འདི་ཐམས་ཅད་གྱུར་ཏེ། གཞི་ཤིན་ཏུ་དག་པའི་ཕྱིར་ལྷའི་དབང་པོ་ བརྒྱ་བྱིན་དེ་ལྷའི་བུ་མོས་ཚོགས་དང་བཅས་པ་དང་རྣམ་པར་རྒྱལ་བའི་ཁང་བཟང་དང་ལྷའི་ གནས་དེ་ལས་གཞན་དག་དང༌། ལྷ་དེའི་གཞལ་ཡས་ཁང་སྣ་ཚོགས་དང་ལྷ་རྫས་ཀྱི་དངོས་པོ་ རྣམ་པ་མང་པོ་དག་པའི་ས་གཞི་ལ་ཤར་བ་དེ་མཐོང་ངོ༌། ། 1-1-171 གསུམ་པ་དེ་ཡིས་དགེ་བའི་ལས་ལ་སྦྱོར་ཚུལ་ནི། མཐོང་བ་དེ་ནས་སྐྱེས་པ་དང་བུད་ མེད་ཀྱི་ཚོགས་འཛམ་བུའི་གླིང་གི་སའི་སྟེང་ན་གནས་པ་རྣམས་གཟུགས་བརྙན་སྣང་བ་དེ་ནི་ མཐོང་གྱུར་ཏེ། ངེད་ཀྱང་རིང་པོ་མི་ཐོག་པར་ལྷའི་དབང་པོ་འདི་དང་འདྲ་བར་གྱུར་ཅིག་ཅེས་ དེ་འདྲའི་སྨོན་ལམ་འདེབས་པར་བྱེད་ཅིང༌། བརྒྱ་བྱིན་དེ་ཐོབ་པའི་དོན་དུ་ཚུལ་ཁྲིམས་ལ་ སོགས་པའི་དགེ་བ་ནི་ཡང་དག་པར་བླངས་ཏེ་གནས་པར་གྱུར་ཏོ། ། གསུམ་པ་ལས་དེ་འདོད་པའི་གོ་འཕང་ཐོབ་ཚུལ་ནི་སྐྱེས་པ་བུད་མེད་དག་དགེ་བའི་ ལས་སྤྱད་པ་དེས་ན་གཟུགས་བརྙན་འདི་བརྒྱ་བྱིན་དུ་སྣང་བ་ཙམ་ཡིན་གྱི། དངོས་མིན་ནོ་ ཞེས་དེ་ལྟ་བུའི་ཤེས་པ་མེད་ཀྱང་སའི་སྟེང་འདི་ནས་ཤི་འཕོས་ཏེ་ལྷའི་དབང་པོར་ནི་སྐྱེ་བར་ འགྱུར་རོ། ། བཞི་པ་འབད་པ་མེད་ཀྱང་དོན་དུ་འགྱུར་ཚུལ་ནི། གཟུགས་བརྙན་སྣང་བ་དེ་ནི་ཤིན་ཏུ་ ཡང་འཛམ་བུ་གླིང་པ་རྣམས་དགེ་བ་ལ་གཞུག་པར་བྱ་སྙམ་པའི་རྟོག་པ་མེད་ཅིང་ལྷ་གནས་ ནས་གཡོ་བ་མེད་པ་དེ་ལྟ་མོད་ཀྱི་འོན་ཀྱང་སའི་སྟེང་ན་དོན་ཆེན་པོ་ཉེ་བར་གནས་སོ། ། གཉིས་པ་དོན་ལ་བཞི་སྟེ། དག་པའི་སེམས་ལ་གཟུགས་སྐུ་སྣང་ཚུལ། དེ་ལས་འདོད་ པའི་གོ་འཕང་སྒྲུབ་ཚུལ། འབད་པ་མེད་ཀྱང་དོན་དུ་འགྱུར་ཚུལ། རིམ་གྱིས་མཐར་ཐུག་ཆོས་ སྐུ་ཐོབ་ཚུལ་ལོ། ། དང་པོ་ནི། དཔེ་དེ་བཞིན་དུ་དད་པ་ལ་སོགས་པ་དྲི་མ་མེད་ཅིང་དད་སོགས་དགེ་བའི་ ཡོན་ཏན་བསྒོམས་པའི་རྒྱུ་ལས་ངང་གིས་སེམས་དག་པ་ལ་སྣང་བའི་རྫོགས་པའི་སངས་ རྒྱས། མཚན་དང་དཔེ་བྱད་བཟང་པོ་དང་ལྡན་པ་སྤྱོད་ལམ་འཆག་པ་དང་ནི་བཞེངས་པ་དང་ བཞུགས་པ་དང་ནི་གཟིམས་པ་དང་གཞན་ཡང་སྤྱོད་ལམ་སྣ་ཚོགས་མཛད་པ་ཅན། གདུལ་ བྱ་ལ་ཞི་བ་མྱ་ངན་འདས་པའི་ཆོས་ནི་གསུང་བ་དང་རེས་འགའ་ཆོས་མི་གསུང་བར་མཉམ་ 1-1-172 པར་གཞག་པར་གྱུར་པ་དང༌། རྫུ་འཕྲུལ་ལ་སོགས་པའི་ཆོ་འཕྲུལ་རྣམ་པ་སྣ་ཚོགས་དག་ མཛད་པ་གཟི་མདངས་ཆེན་པོ་ཅན་དད་པའི་སེམས་ཅན་རྣམས་ཀྱིས་མཐོང་བར་འགྱུར་རོ། ། གཉིས་པ་ནི་སྐུ་དེ་མཐོང་ནས་ཀྱང་བསམ་པ་སངས་རྒྱས་ཐོབ་པར་འདོད་པ་དང་ལྡན་ པས། སྦྱོར་བ་སངས་རྒྱས་ཉིད་ཐོབ་པའི་ཕྱིར་དུ་དགེ་བ་ལ་རབ་ཏུ་སྦྱོར་ཏེ། སངས་རྒྱས་དེའི་ རྒྱུ་ཡང་དག་པར་བླངས་ནས་ནི་འདོད་པའི་གོ་འཕང་སངས་རྒྱས་ཐོབ་པར་བྱའོ། ། གསུམ་པ་ནི་གཟུགས་སྐུ་སྣང་བ་དེ་ནི་ཤིན་ཏུ་ཡང་སྐུ་སྟོན་པ་དང་ཆོས་གསུང་པ་སོགས་ ཀྱི་ཀུན་སློང་རྟོག་པ་མེད་ཅིང་ཆོས་སྐུ་ལས་གཡོ་བ་མེད་པ་ཉིད་ཡིན་པ་དེ་ལྟ་ན་ཡང་གདུལ་ བྱའི་འཇིག་རྟེན་ན་དོན་ཆེན་པོས་ནི་ཉེ་བར་གནས་སོ། ། བཞི་པ་ནི་སྐུ་སྣང་བ་འདི་ནི་རང་གི་སེམས་གཟུགས་དེར་སྣང་བ་ཡིན་ནོ་ཞེས་སོ་སོའི་སྐྱེ་ བོའི་མི་ཤེས་མོད། དེ་ལྟ་ན་ཡང་སེམས་གཟུགས་སྐུར་མཐོང་བ་དེ་དད་པའི་སེམས་ཅན་དེ་ དག་ལ་ནི་དོན་ཡོད་པར་འགྱུར་ཏེ། རིམ་གྱིས་གཟུགས་སྐུ་དེ་མཐོང་བ་ལ་བརྟེན་ནས་ཐེག་ པ་ཆེན་པོ་འདི་ལ་གནས་པ་རྣམས་ནང་གི་གདོད་མའི་སེམས་དོན་དམ་པའི་ཆོས་སྐུ་ནི་ཡེ་ ཤེསཀྱི་མིག་གིས་མཐོང་བར་འགྱུར་རོ། ། གཉིས་པ་དེ་ཉིད་དཔེ་དང་སྦྱར་ཏེ་བཤད་པ་ནི། ཇི་ལྟར་འཛམ་གླིང་གི་ས་གཞི་ཀུན་ གཡང་ས་ལ་སོགས་ཉམ་ངའི་གནས་གཞན་དང་བྲལ་ནས་དྲི་མེད་ནོར་བུ་བཻ་ཌཱུརྱ་འོད་གསལ་ ཞིང་མཛེས་པ་ནོར་བུའི་ཡོན་ཏན་དྲི་མ་དང་བྲལ་བའི་དཔལ་དང་ལྡན་པའི། སའི་སྟེང་ནི་ མཉམ་པར་གྱུར་ཏེ་ས་གཞི་དག་པའི་ཕྱིར་གཞི་དེར་ནི་ལྷའི་བདག་པོ་བརྒྱ་བྱིན་དང༌། དེའི་ གནས་རྣམ་རྒྱལ་ཁང་བཟངས་སོགས་ཀྱི་ཚོགས་དུ་མ་དང་ལྷའི་དབང་པོ་དང་ལྷ་གཞན་ གྱི་གཟུགས་བརྙན་ཤར་ཏེ་སྣང་ངོ༌། །ཡང་རིམ་གྱིས་སའི་ཡོན་ཏན་དག་པ་དང་བྲལ་བའི་ ཕྱིར་གཟུགས་བརྙན་དེ་དག་ནི་སླར་ཡང་མི་སྣང་བས་སྐྱེ་བ་དང་འགག་པ་ལྟར་འགྱུར་རོ། 1-1-173 ། གཟུགས་བརྙན་སྣང་བ་དེ་ལ་བརྟེན་ནས་བརྒྱ་བྱིན་དངོས་ཐོབ་པར་བྱ་བའི་ཕྱིར་བསྙེན་ གནས་ཀྱི་བརྟུལ་ཞུགས་དང་ངེས་པར་སྦྱིན་པ་ལ་སོགས་པའི་དགེ་བ་ལ་ཕྱོགས་པ་བུད་མེད་ དང་སྐྱེས་པའི་ཚོགས་རྣམས། བརྒྱ་བྱིན་ལ་སྨོན་པའི་སེམས་ཀྱིས་མེ་ཏོག་ལ་སོགས་འཐོར་ བར་བྱེད་པ་ལྟར་དུ་དྲི་མས་དག་པའི་བཻ་ཌཱུརྱ་དང་འདྲ་བའི་རང་སེམས་དག་པ་ལ་སྣང་བའི་ ཐུབ་དབང་དེ་ཐོབ་བྱའི་ཕྱིར། བསམ་པ་རབ་ཏུ་དགའ་བའི་སེམས་ལྡན་རྒྱལ་བའི་སྲས་རྣམས་ འཇིག་རྟེན་པའི་སྐྱེས་པ་བུད་མེད་བརྒྱ་བྱིན་ལ་སྨོན་ལམ་འདེབས་པ་དེ་བཞིན་དུ་སྨོན་པ་དང་ མཚུངས་ལྡན་གྱི་སེམས་རབ་ཏུ་བསྐྱེད་པར་བྱེད་དོ། །བསྡུས་དེ་སྐྱེ་འགག་མེད་ཚུལ་བསྟན་པ་ ནི། ཇི་ལྟར་བཻ་ཌཱུརྱའི་ས་གཞི་གཙང་མ་ལ་ལྷའི་དབང་པོའི་ལུས་ཀྱི་གཟུགས་བརྙན་སྣང་བ་ ལྟར་དེ་བཞིན་དུ། འགྲོ་བ་ས་བཅུ་པ་མན་ཆད་ཀྱི་སེམས་ས་བཞི་གཙང་མ་ལ་ཐུབ་པའི་དབང་ པོ་ཆོས་སྐུའི་གཟུགས་བརྙན་འཆར་རོ། །དེ་ཡང་འགྲོ་བའི་རྒྱུད་དག་པ་ལ་ཐུབ་པའི་གཟུགས་ བརྙན་འཆར་བ་སེམས་དྲི་མས་རྙོག་མེད་དབང་གིས་ཡིན་ལ། ནུབ་པ་དྲི་མས་རྙོག་པའི་རང་ སེམས་ལ་སྒྲིབ་པ་རབ་ཏུ་འཇུག་པའི་དབང་གིས་འཇུག་གོ །ཇི་ལྟར་འཇིག་རྟེན་འཛམ་གླིང་ དག་ན་བརྒྱ་བྱིན་གྱི་གཟུགས་བརྙན་འཆར་ནུབ་ཏུ་སྣང་ཡང་བརྒྱ་བྱིན་ལྷ་གནས་ལས་འཕོ་ སྡུད་དང་སྐྱེ་འགག་མེད་པ་ལྟར། དེ་བཞིན་དུ་འགྲོ་སེམས་ལ་ཐུབ་གཟུགས་སྐྱེ་འགག་ལྟར་ སྣང་ཡང་ཡིན་ལུགས་ཀྱི་སངས་རྒྱས་རྟག་པ་ལ་ཡོད་པ་སྐྱེ་བ་དང་ཞིག་པ་མྱ་ངན་ལས་འདས་ པ་ཅེས་དེར་མི་བལྟའོ། ། གཉིས་པ་གདམས་ངག་འདོམས་ཚུལ་རྔའི་དཔེས་ངེས་པར་བྱ་བ་ལ་གསུམ། ལྷའི་རྔ་ ལྟར་དམ་ཆོས་གསུང་ཚུལ། གཞན་ལས་ཁྱད་པར་འཕགས་ཚུལ། དེ་དག་ཀྱང་རྐྱེན་ལས་ འཇུག་ཚུལ་ལོ། །དང་པོ་ལ་དཔེ་དོན་མཚུངས་པའི་རྒྱས་བཤད། སླར་ཡང་ལེགས་པར་སྦྱར་ ཏེ་བསྡུ་བའོ། །དང་པོ་ལ་གསུམ་རྩོལ་པ་མེད་ཚུལ། ལས་ལས་འཇུག་ཚུལ་ཞི་བ་བསྒྲུབ་ཚུལ་ 1-1-174 ལོ། ། དང་པོ་ནི་ཇི་ལྟར་ལྷའི་ནང་དུ་ལྷ་རྣམས་ཀྱི་སྔོན་གྱི་དཀར་པོ་དགེ་བའི་ལས་ཀྱི་མཐུ་ཡིས་ ནི་འབད་རྩོལ་དང་གནས་དང་ཡིད་གཟུགས་དང་ཀུན་སློང་གི་རྣམ་པར་རྟོག་པ་མེད་བཞིན་ དུ། འདུས་བྱས་ཐམས་ཅད་མི་རྟག་ཟག་བཅས་ཐམས་ཅད་སྡུག་བསྔལ་ཆོས་ཐམས་ཅད་ བདག་མེད་མྱ་ངན་ལས་འདས་པ་ཐམས་ཅད་ཞི་བའི་སྒྲ་ཡིས། འདོད་ཡོན་གྱིས་བག་མེད་ པར་གྱུར་པའི་ལྷ་རྣམས་ཐམས་ཅད་ཡང་ནས་ཡང་དུ་ཆོས་ཀྱི་རྔས་ནི་བསྐུལ་བར་བྱེད་པ་ལྟར། དེ་བཞིན་དུ་ཁྱབ་བདག་རྒྱལ་བ་འབད་རྩོལ་ལ་སོགས་དང་བྲལ་ཡང་འགྲོ་བ་མ་ལུས་པ་ལ་ སངས་རྒྱས་ཀྱི་གསུང་གིས་ཁྱབ་པར་མཛད་དེ་གདུལ་བྱ་སྐལ་ལྡན་རྣམས་ལ་ཆོས་སྟོན་ཏོ། ། གཉིས་པ་ནི་ཇི་ལྟར་ལྷའི་གནས་ན་ལྷ་རྣམས་ཀྱི་རྔ་སྒྲ་རང་གི་སྔོན་གྱི་དགེ་བའི་ལས་ ལས་འབྱུང་བ་དེ་བཞིན་དུ། འཇིག་རྟེན་ན་ཐུབ་པའི་ཆོས་གསུང་བའང་གདུལ་བྱ་རང་གི་དགེ་ བའི་ལས་བསགས་པ་ལས་བྱུང་བ་ཡིན་ནོ། ། གསུམ་པ་ནི་འབད་རྩོལ་དང་གནས་དང་ལུས་དང་ཀུན་སློང་གི་སེམས་དང་བྲལ་བའི་རྔ་ སྒྲ་དེ་ཇི་ལྟར་ལྷ་རྣམས་ལ་ཞི་བ་སྒྲུབ་པ་ལྟར། དེ་བཞིན་དུ་འབད་རྩོལ་ལ་སོགས་པ་དེ་བཞི་ དང་བྲལ་བའི་སངས་རྒྱས་ཀྱི་ཆོས་གསུང་བ་འདི་གདུལ་བྱ་ལ་ཞི་བ་མྱང་འདས་ཀྱི་གོ་འཕང་ བསྒྲུབ་པར་བྱེད་དོ། །དོན་བསྡུ་ནི་ཇི་ལྟར་ལྷའི་གྲོང་ཁྱེར་ལྟ་ན་སྡུག་ན་རྔ་སྒྲའི་རྒྱུ་ལས་བྱུང་ བ་མི་འཇིགས་པ་སྦྱིན་པ་ཡིས་ཉོན་མོངས་རྩུབ་འགྱུར་གྱི་ཚལ་དུ་ཕྱིན་ནས། ལྷ་མིན་དང་ འཐབ་པའི་གཡུལ་དུ་འཇུག་པའི་ཚེ་ལྷ་མིན་གྱི་དཔུང་ལས་རྒྱལ་ཏེ། ལྷ་རྣམས་བག་ཡོད་པ་ ལ་སྦྱར་བས་བག་མེད་པའི་རྩེད་མོ་སེལ་བ་བཞིན་དེ་བཞིན་དུ་འཇིག་རྟེན་དག་ན་བསམ་ གཏན་གཟུགས་མེད་ལ་སོགས་པའི་དགེ་བའི་རྒྱུ་ལས་བྱུང་བའི་འབྲས་བུ། སེམས་ཅན་གྱི་ ཉོན་མོངས་པ་དང་སྡུག་བསྔལ་རབ་ཏུ་འཇོམས་པར་བྱེད་པ་ཞི་བ་མྱ་ངན་ལས་འདས་པ་བླ་ན་ 1-1-175 མེད་པའི་ལམ་གྱི་ཚུལ་བརྗོད་དེ། གཉིས་པ་གཞན་ལས་ཁྱད་པར་འཕགས་ཚུལ་ལ་གཉིས། མདོར་བསྟན་རྒྱས་པར་ བཤད་པའི་དང་པོ་ནི། ཅིའི་ཕྱིར་འདིར་ཆོས་ཀྱི་རྔ་ཉིད་ཀྱི་དབང་དུ་བྱས་ཀྱི་ལྷའི་སིལ་སྙན་ གྱི་རྣམ་པ་དེ་ལས་གཞན་པ་དག་ཀྱང་མིན་ཏེ་དེ་དག་ཀྱང་ལྷ་རྣམས་ཀྱི་སྔོན་བྱས་པའི་ལས་ཀྱི་ དབང་གི་མདོ་ཁོ་ནར་ལྷའི་རྣ་བར་ཡིད་འཕྲོག་པའི་སྒྲའི་རྗེས་སུ་འབྱུང་བར་འགྱུར་རོ་ཞེ་ན། དེ་བཞིན་གཤེགས་པའི་དབྱངས་ཏེ་ཆོས་ཀྱི་རྔ་དང་ཆོས་མཐུན་གྱི་ལྷའི་སིལ་སྙན་གཞན་དང་ ཡོན་ཏན་རྣམ་པ་བཞིའི་སྒོ་ནས་ཆོས་མི་མཐུན་ཏེ། ལྷའི་སིལ་སྙན་གཞན་ནི་ཉི་ཚེ་བ་ཉིད་དང་ ཕན་པ་མ་ཡིན་པ་ཉིད་དང་བདེ་བ་མ་ཡིན་པ་ཉིད་དང་ངེས་པར་འབྱིན་པ་མ་ཡིན་པ་ཉིད་ཡིན་ ལ། ཆོས་ཀྱི་རྔ་ནི་བག་མེད་པའི་ཚོགས་མཐའ་དག་བསྐུལ་བ་ཉིད་དང༌། དེའི་དུས་ལས་མི་ འདའ་བས་ན་ཉི་ཚེ་བ་མ་ཡིན་པ་ཉིད་དང༌། ལྷ་མ་ཡིན་ལ་སོགས་པ་ཕ་རོལ་ཀྱི་ཚོགས་ཉེ་བར་ འཚེ་བའི་འཇིགས་པ་ལས་ཡོངས་སུ་སྐྱོབ་པ་ཉིད་དང་བག་ཡོད་པའི་གནས་ལ་རབ་ཏུ་སྦྱོར་ བའི་ན་ཕན་པ་ཉིད་དང༌། དམ་པ་མ་ཡིན་པའི་འདོད་པའི་དགའ་བདེ་རྣམ་པར་འབྱེད་པ་ཉིད་ དང་ཆོས་ཀྱི་ཀུན་དགའི་དགའ་བདེ་ཉེ་བར་བསྒྲུབས་པས་ན་བདེ་བ་ཉིད་དང༌། མི་རྟག་སྡུག་ བསྔལ་སྟོང་པ་བདག་མེད་པའི་སྒྲ་སྒྲོགས་པ་ཉིད་དང་ཉེ་བར་འཚེ་བའི་ཕོངས་པ་ཐམས་ཅད་ ཉེ་བར་ཞི་བར་བྱེད་པས་ན་ངེས་པར་འབྱིན་པར་བྱེད་པ་ཉིད་ཡིན་པས་སོ། །ཐུབ་པ་སངས་ རྒྱས་ཀྱི་གསུང་དབྱངས་ནི་ལྷ་རྫས་ཀྱི་སིལ་སྙན་རྣམས་ལས་ཁྱད་པར་དུ་འཕགས་ཏེ། གང་ གིས་ཕྱིར་ན་སྐྱེ་བོ་གདུལ་བྱ་ཀུན་ལ་ཁྱབ་པ་ཉིད་དང་མ་འོངས་པ་ན་ཕན་པ་དང་ཚེ་འདིར་ བདེ་བ་དང་ལུས་ཀྱི་ཆོ་འཕྲུལ་གྱིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མ་ལུས་པ་ཁྱབ་པས་ ནི་སྐུ་རྫུ་འཕྲུལ་གྱི་ཆོ་འཕྲུལ་དང༌། སེམས་ཀྱི་རྣམ་གྲངས་མཁྱེན་པས་དེ་རྟོགས་པའི་སེམས་ ཅན་གྱི་སེམས་ཀྱི་སྦྱོད་པ་ཟབ་མོ་སྣང་བ་ནི་ཐུགས་ཀུན་བརྗོད་པའི་ཆོ་འཕྲུལ་དང༌། ངག་གིས་ 1-1-176 དབྱངས་བརྗོད་པས་ངེས་པར་འབྱིན་པའི་ལམ་ལས་བརྩམས་ཏེ་དེ་འདོམས་པ་དང་རྗེས་སུ་ སྟོན་པ་ནི་གསུང་རྗེས་སུ་སྟོན་པའི་ཆོ་འཕྲུལ་དང་རྣམ་པ་གསུམ་ལྡན་པ་དེའི་ཕྱིར་རོ། ། གཉིས་པ་ལ་བཞི། ཁྱབ་པས། ཕན་པས། བདེ་བས། ངེས་པར་འབྱིན་པ་ཁྱད་པར་དུ་ འཕགས་པའོ། །དང་པོ་ནི། ལྷར་ནི་རྔའི་སྒྲ་ཆེན་པོ་ལྷ་ཁོ་ན་ལ་གྲག་གི་སར་གནས་རྣམས་ཀྱི་ རྣ་བར་མི་འགྲོ་བ་ལ་སངས་རྒྱས་ཀྱི་རྔ་སྒྲ་དེ་འཁོར་བའི་ས་འོག་འཇིག་རྟེན་དག་ཏུའང་ཁྱབ་ པར་འགྲོ་བས་ལྷའི་སིལ་སྙན་ལས་ཁྱབ་པས་ཁྱད་པར་དུ་འཕགས་སོ། ། གཉིས་པ་ནི་ལྷར་ནི་ལྷའི་སིལ་སྙན་བྱེ་བ་མང་པོ་འདོད་པའི་མེ་མངོན་པར་འཕེལ་བའི་ དོན་དུ་སྒྲོག་པ་ལ་ཐུགས་རྗེའི་བདག་ཉིད་རྣམས་ཀྱི་དབྱངས་གཅིག་ཀྱང་སྡུག་བསྔལ་གྱི་མེ་ རྒྱུ་དང་བཅས་པ་རབ་ཏུ་ཞི་བའི་དོན་དུ་འཇུག་པས་ཕན་པས་ཁྱད་པར་དུ་འཕགས་སོ། ། གསུམ་པ་ནི་ལྷར་ནི་མཛེས་ཤིང་ཡིད་དུ་འོང་བའི་སིལ་སྙན་གྱི་སྒྲ་སེམས་ཀྱི་རྒོད་པ་ འཕེལ་བར་གྱུར་པའི་རྒྱུ་བྱེད་པ་ལ། ཐུགས་རྗེའི་བདག་ཉིད་དེ་བཞིན་གཤེགས་པའི་གསུང་ དེ་ཏིང་ངེ་འཛིན་ལ་སེམས་གཏོད་པའི་བསམ་པ་བསྐུལ་བར་བྱེད་པ་ཉིད་ཡིན་པས་བདེ་བས་ ཁྱད་པར་དུ་འཕགས་སོ། ། བཞི་པ་ནི་མདོར་ན་མ་ལུས་པའི་འཇིག་རྟེན་གྱི་ཁམས་རྣམས་སུའང་ལྷ་དང་སའི་སྟེང་ ན་གནས་པའི་མི་ལ་སོགས་པ་རྣམས་ཀྱི་བདེ་བའི་རྒྱུ་གང་ཡིན་པ་དེ་ནི་ལྷའི་སིལ་སྙན་ཆོ་ འཕྲུལ་གསུམ་དང་ལྡན་པ་མིན་ལ། མ་ལུས་པའི་འཇིག་རྟེན་གྱི་ཁམས་སུ་ཁྱབ་པར་སྣང་ བའི་ཐུབ་པའི་དབྱངས་ཉིད་ལ་ནི་རབ་ཏུ་བརྟེན་པར་བརྗོད་པས་ཆོ་འཕྲུལ་གསུམ་གྱིས་ངེར་ པར་འབྱིན་པས། ལྷའི་སིལ་སྙན་ལས་ངེས་པར་འབྱིན་པས་ཁྱད་པར་དུ་འཕགས་སོ། །དེ་ དག་ཀྱང་རྐྱེན་ལས་འཇུག་ཚུལ་ནི་དེ་ལྟར་ཐོགས་པ་མེད་པ་འགྲོ་པའི་སངས་རྒྱས་ཀྱི་དབྱངས་ བྱང་ཆུབ་ཀྱི་དཀྱིལ་འཁོར་ནམ་མཁའི་ཁམས་ལྟར་ཡོངས་སུ་ཆད་པ་མེད་པར་འཇུག་ཀྱང༌། 1-1-177 ཐམས་ཅད་དུ་རྣམ་པ་ཐམས་ཅད་ཀྱིས་དམིགས་པར་མ་གཏོགས་པ་གང་ཡིན་པ་དེ་སངས་ རྒྱས་ཀྱི་དབྱངས་ཀྱི་དཀྱིལ་འཁོར་གྱིས་ཉེས་པ་མིན་ནོ་ཞེས་བསྟན་པའི་དོན་དུ། དེ་མ་ གཏོགས་པ་རྣམས་ཀྱི་བདག་ཉིད་ཀྱི་ཉེས་པ་ལས་བརྩམས་ཏེ། ཇི་ལྟར་རྣ་བའི་དབང་པོ་དང་ བྲལ་བས་ཕྲ་མོའི་སྒྲ་ནི་མི་མྱོང་ཞིང་མི་ཐོས་པ་བཞིན་ལྷ་ཐམས་ཅད་ཀྱི་རྣ་བར་ཡང་རྔ་སྒྲ་རྣ་ ལམ་དུ་ནི་མི་འགྲོ་ཡང༌། རྔ་སྒྲའི་ཉེས་པ་མིན་པ་དེ་བཞིན་དུ་སངས་རྒྱས་ཀྱི་ཆོས་ཤིན་ཏུ་ཕྲ་ ཞིང་ཟབ་པ་བློ་མཆོག་ཏུ་ནི་ཞིབ་མོའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་པ་ཡང་ཉོན་མོངས་པ་མེད་ པའི་ཡིད་ཅན་འགའ་ཞིག་གི་རྣ་བའི་ལམ་དུ་འགྱུར་བ་ཡིན་གྱིས་མ་དག་པའི་རྣམ་ཤེས་ཀྱི་ ཡུལ་དུ་མི་འགྱུར་བས་སོ༑ ༑ གསུམ་པ་མཁྱེན་བརྩེས་ཁྱབ་ཚུལ་སྤྲིན་གྱི་དཔེས་ངེས་པར་བྱ་བ་ལ་བཞི་སྟེ། ལོ་ཐོག་ འཕེལ་བའི་ཆོས་མཐུན། སྣོད་ལས་འགྱུར་བའི་ཆོས་མཐུན། ལྟོས་པ་མེད་པའི་ཆོས་མཐུན། མེ་རྣམས་ཞི་བའི་ཆོས་མཐུན་སྦྱར་བའོ། ། དང་པོ་ལ་བསྟན་བཤད་པའོ། །དང་པོ་ནི་ཇི་ལྟར་དབྱར་གྱི་དུས་ན་སྤྲིན་གྱི་ཕུང་པོ་ལས་ ལོ་ཏོག་ཕུན་སུམ་ཚོགས་པ་སྐྱེ་བའི་རྒྱུ་ཆུའི་ཕུང་པོ་ཆེན་པོ་འབད་པ་མེད་པར་ས་གཞི་ལ་ མངོན་པར་འབེབས་པ་ལྟར། དེ་བཞིན་དུ་ཚད་མེད་ཐུགས་རྗེའི་སྤྲིན་གྱི་ཕུང་པོ་ལས་ནི་རྒྱལ་ བའི་དམ་པའི་ཆོས་ཀྱི་ཆུའི་ཆར་པ་འགྲོ་བའི་རྒྱུད་ལ་དགེ་བའི་ལོ་ཏོག་བསྐྱེད་པའི་རྒྱུ་ཀུན་ སློང་གི་རྣམ་པར་རྟོག་པ་མེད་པར་འབེབས་སོ། ། གཉིས་པ་ནི། ཇི་ལྟར་འཇིག་རྟེན་པའི་སྐྱེ་བོ་རྣམས་དགེ་བའི་ལམ་དུ་འཇུག་པར་བརྩོན་ པ་ན་ལྷ་རྣམས་ཀྱིས་རླུང་གིས་བསྲུབས་པ་ལས་སྐྱེས་པའི་ཆར་པ་སྤྲིན་གྱི་ཚོགས་ལས་ འབེབས་པ་ལྟར། དེ་བཞིན་དུ་ཐུགས་བརྩེ་བའི་རླུང་གིས་བསྐྱོད་པའི་འགྲོ་བའི་རྒྱུད་ལ་དགེ་ བའི་ལོ་ཏོག་མངོན་པར་འཕེལ་བའི་ཕྱིར་སངས་རྒྱས་ཀྱི་སྤྲིན་ལས་དམ་པའི་ཆོས་ཀྱི་ཆར་པ་ 1-1-178 འབེབས་སོ། །ཇི་ལྟར་སྙམ་ན་སྲིད་པ་ན་གནས་པའི་སེམས་ཅན་རྣམས་ལ་མཁྱེན་པ་དང་བརྩེ་ བ་ཆེན་པོའི་བདག་ཉིད་འགྱུར་བ་སྲིད་པ་དང༌། མི་འགྱུར་བ་མྱ་ངན་ལས་འདས་པའི་སྐྱོན་ གྱིས་མ་གོས་པའི་བྱང་ཆུབ་ཀྱི་ནམ་མཁའི་དཀྱིལ་ན་གནས་པ་ཏིང་ངེ་འཛིན་དང་གཟུངས་ཀྱི་ ཆུ་དྲི་མ་མེད་པའི་སྙིང་པོ་ཅན། ཐུབ་པའི་དབང་པོའི་ཐུགས་ཀྱི་སྤྲིན་ལས་ནི་དཀར་པོ་དགེ་ བའི་ལོ་ཏོག་གི་རྒྱུ་ཆོས་ཀྱི་ཆར་པ་འབེབས་སོ། ། གཉིས་པ་ནི་ཇི་སྐད་དུ། བསིལ་དང་ཞིམ་དང་ཡང་དང་འཇམ། །དང་བ་དང་ནི་དྲི་མ་ མེད། །འཐུང་ན་ལྟོ་ལ་མི་གནོད་དང༌། །མགྲིན་པ་ལ་ནི་མི་གནོད་པའོ། །ཞེས་འབྱུང་བ་ལྟར། ཇི་ལྟར་ནམ་མཁའ་ལས་ཆར་འབབ་པ་ན་རེག་བྱ་བསིལ་བ་དང༌། རོ་ཞིམ་ཞིང་མངར་བ་དང་ ལུས་ལ་མི་གནོད་པའི་འཇམ་པ་དང་འདེགས་སླ་བས་ཡང་བ་དང་ཤིན་ཏུ་དང་བ་དང་དྲི་ང་ བ་མེད་པ་དང༌། མང་དུ་འཐུང་ཀྱང་ལྟོ་བ་དང་མགྲིན་པ་ལ་མི་གནོད་པའི་ཡན་ལག་བརྒྱད་ དང་ལྡན་པ་ཡི་ཆུ་ནི་རོ་གཅིག་པ་སྤྲིན་དེ་ལས་འཐོན་ཅིང༌། བབ་པ་ཡང་ཕྱིས་ས་བ་ཚྭ་ཅན་ལ་ སོགས་པའི་གནས་སོ་སོ་དང་འབྲེལ་བ་ལས་ཚ་བ་དང་ཁ་བ་ལ་སོགས་པ་ཤིན་ཏུ་མང་པོའི་ རོ་ནི་འགྱུར་བ་བཞིན་དུ། འཕགས་པའི་ལམ་ཡན་ལག་བརྒྱད་དང་ལྡན་པའི་ཆུ་ཟབ་མོ་སྟོང་ ཉིད་དུ་རོ་གཅིག་པའི་ཆོས་ཀྱི་ཆར་རབ་ཏུ་ཡངས་ཤིང་རྒྱ་ཆེ་བ་བརྩེ་བའི་སྤྲིན་གྱི་སྙིང་པོ་ལས་ ཐོག་མར་འཐོན་ཅིང༌། བབ་པ་ཡང་ཕྱིས་འགྲོ་བ་གདུལ་བྱའི་རྒྱུད་ཀྱི་གནས་གྱི་དབྱེ་བ་ཐ་དད་ པ་ལས་ཐེག་པ་རྣམ་པ་མང་པོའི་རོ་དང་ལྡན་པར་འགྱུར་རོ། ། གསུམ་པ་ལ་འབྲས་བུས་སྡུག་བསྔལ་བསྐྱེད་མི་བསྐྱེད་དང་རྒྱུ་བདག་ལྟ་འཇོམས་པ་ལ་ ལྟོས་མེད་དུ་འཇུག་པའོ། །དང་པོ་ནི། ཐེག་པ་ཆེན་པོའི་ཆོས་བསྟན་པའི་ཚེ། གདུལ་བྱ་ཐེག་ པ་མཆོག་ལ་དང་ཞིང་མོས་པ་དང༌། མོས་མི་མོས་བར་མ་དང་ནི་ལྡང་བ་མི་མོས་པའི་སེམས་ ཅན་གྱི་ཕུང་པོ་གསུམ་ནི་རིམ་པ་བཞིན་དུ་མི་དག་དང་རྨ་བྱ་དང་ནི་ཡི་དྭགས་འདྲ། ཇི་ལྟར་ 1-1-179 སྙམ་ན་དཔྱིད་ཀྱི་མཐར་ཞེས་པ་སོ་ཀའི་དུས་སུ་སྤྲིན་མེད་པས་ཆར་མི་འབབ་པ་ན་མི་རྣམས་ མི་དགའ་བ་དང་ནམ་མཁའ་ལ་མི་རྒྱུ་བ་རྨ་བྱ་དག་དགའ་མི་དགའ་བར་མ་དང༌། ཡི་དྭགས་ དག་དགའ་ཞིང་དབྱར་གྱི་ཚེ་ས་ལ་ཆར་པ་བབས་ན་མི་ལོ་ཏོག་སྨིན་པས་དགའ་བ་དང༌། རྨ་ བྱ་བར་མ་དང་ཡི་དྭགས་རྣམས་ནི་བྱེ་ཚན་གྱི་ཆར་དུ་འབབ་པས་སྡུག་ཅིང་མི་དགའ་བ་ལྟར་ སྙིང་རྗེ་ཆེན་པོའི་སྤྲིན་གྱི་ཚོགས་དག་ལས་ཐེག་པ་ཆེན་པོའི་ཆོས་ཀྱི་ཆུའི་ཆར་བྱུང་བ་ལས་ ཀྱང་ཐེག་ཆེན་གྱི་ཆོས་འདོད་པ་མོས་པ་རྣམས་དགའ་ཞིང༌། ཐེག་ཆེན་གྱི་ཆོས་ལ་སྡང་བ་མི་ མོས་པའི་གང་ཟག་རྣམས་མི་དགའ་བ་དང་ཐེག་ཆེན་གྱི་ཆོས་ཀྱི་ཆར་པ་མ་བྱུང་བ་ལས་ཀྱང༌། ཐེག་ཆེན་གྱི་ཆོས་འདོད་པ་མོས་པ་རྣམས་མི་དགའ་ཞིང་ཐེག་ཆེན་གྱི་ཆོས་ལ་སྡང་བ་མི་མོས་ པའི་གང་ཟག་རྣམས་དགའ་བ་དང༌། མོས་མི་མོས་བར་མའི་གང་ཟག་རྣམས་དེ་གཉི་ག་ལ་ བཏང་སྙོམས་སུ་གནས་པ་འཇིག་རྟེན་ན་ནི་དཔེ་དེ་ཉིད་དོ། ། གཉིས་པ་ནི་ཆུའི་ཐིགས་པ་རགས་པ་སེར་བ་འབེབས་པ་དང་རྡོ་ཚན་དང་ནི་རྡོ་རྗེའི་མེ་ ཐོག་དང་བསིལ་ཞིང་དྲི་ཞིམ་པོའི་ཆར་ནི་འབེབས་པ་ན། སྲོག་ཆགས་ཕྲ་མོ་ལ་གནོད་པ་དང་ རི་སུལ་དུ་སོང་བའི་སེམས་ཅན་དག་ལ་ཕན་པ་ལ་ཇི་ལྟར་སྤྲིན་ལ་ལྟོས་པ་མེད་པ་ལྟར་ཕྲ་བ་ ཟབ་མོ་སྟོང་པ་ཉིད་དང་རྒྱ་ཆེན་པོའི་ཐིགས་ཐབས་ཆོས་ཀྱི་ཆར་པའི་ཚུལ་གྱིས། མཁྱེན་པ་ དང་ནི་བརྩེ་བའི་སྤྲིན་ལས་བྱུང་བས་ཐེག་ཆེན་ལ་མོས་པའི་གདུལ་བྱ་རྣམས་ཀྱི་ཉོན་མོངས་ པ་དང་བདག་ལྟ་དག་པར་འགྱུར་བ་དང༌། ཐེག་ཆེན་ལ་སྡང་བའི་བདག་ལྟའི་བག་ལ་ཉལ་ བདག་ལྟ་རགས་པ་དང་ཉོན་མོངས་འཕེལ་བར་འགྱུར་བ་ཡིན་ཡང་དེ་དག་ལ་རྣམ་པ་ཀུན་ཏུ་ ལྟོས་པ་མེད་པར་འཇུག་གོ ། བཞི་པ་མེ་རྣམས་འཇོམས་ཚུལ་ལ་གསུམ་སྟེ། སྡུག་བསྔལ་གྱི་མེ་ཚོགས་ཞི་བར་བྱེད་ ཚུལ། ཞི་བྱེད་ཀྱི་ཤེས་རབ་རིམ་གྱིས་བྱུང་ཚུལ། ཤེས་པ་ལྟར་སྤོང་ལེན་ཉམས་སུ་བླང་ཚུལ་ 1-1-180 ལོ། ། དང་པོ་ནི། འཁོར་བའི་སྐྱེ་བ་དང་འཆི་བ་ཐོག་མཐའ་མེད་པ་དེར་འགྲོ་བའི་ལམ་ནི་ངན་ སོང་གསུམ་མི་དང་ལྷ་གཉིས་ཏེ་རྣམ་པ་ལྔ་སྡུག་བསྔལ་ལོ། །ལྷ་མིན་ནི་མདོ་དྲན་པ་ཉེར་ གཞག་ཏུ་དུད་འགྲོར་བསྡུས་སོ། །མི་གཙང་བ་ལ་དྲི་ཞིམ་པ་མེད་བཞིན་དུ་འགྲོ་བ་ལྔ་པོ་ དག་ལ་བདེ་བ་མེད་ཅིང་འགྲོ་བ་ལྔ་པོ་དེའི་སྡུག་བསྔལ་རྟག་ཏུ་རྨ་ལ་མེར་བསྲེགས་པ་དང༌། མཚོན་གྱིས་བཅད་པ་དང་ཁ་བས་རེག་པ་དང་རྒྱ་ཚྭ་དང་ལས་སོགས་པས་གོས་རྩུབ་པོས་ རེག་པ་ལས་སྐྱེས་པའི་སྡུག་བསྔལ་བཞིན་དུ་ཤིན་ཏུ་བཟོད་པར་དཀའ་བ་ཡིན་ནོ། །སངས་ རྒྱས་ཀྱི་ཐུགས་རྗེའི་སྤྲིན་ལས་དམ་པ་ཆོས་ཀྱི་ཆར་པ་ཆེན་པོ་སྡུག་བསྔལ་དེ་རབ་ཏུ་ཞི་བར་ བྱེད་པའི་དོན་དུ་རབ་ཏུ་འབེབས་སོ། ། གཉིས་པ་ནི། ལྷ་ལ་འཆི་འཕོ་དང་མི་ལ་འདོད་ཡོན་ཡོངས་སུ་ཚོལ་བའི་སྡུག་བསྔལ་དང་ ལྡན་ན། ངན་སོང་ལ་སྡུག་བསྔལ་གྱིས་གཙེས་པ་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བར་རྟོགས་ པའི་ཕྱིར་བདེན་བཞི་རྟོགས་པའི་ཤེས་རབ་དང་ལྡན་པ་ལྷ་དང་མིའི་དབང་ཕྱུག་མཆོག་ བརྒྱ་བྱིན་སོགས་ལའང་མངོན་པར་འདོད་པ་མེད་དེ། དེ་འདྲའི་ཤེས་རབ་དང་ནི་དེ་བཞིན་ གཤེགས་པའི་གསུང་རབ་ལ་ཡིད་ཆེས་པའི་དད་པའི་རྗེས་སུ་འབྲང་ནས་འགྲོ་བ་ལྔ་པོ་ འབྲས་བུའི་ཆ་འདི་ནི་སྡུག་བསྔལ་ལོ། །རྒྱུའི་ཆ་འདི་ནི་རྒྱུ་ཀུན་བྱུང་ངོ༌། །དེ་གཉིས་འགགས་ པའི་དབྱིངས་འདི་ནི་འགོག་པའོ་ཞེས་དང༌། ཐབས་དང་བཅས་པའི་ཤེས་རབ་འདི་ནི་འགོག་ པར་འགྲོ་བའི་ལམ་མོ་ཞེས་ཡོངས་སུ་ཤེས་པས་མཐོང་བའི་ཕྱིར་རོ། ། གསུམ་པ་ནི། དཔེར་ན་སྨན་པ་མཁས་པས་ཐོག་མར་ནད་ཀྱི་ངོ་བོ་ནི་ཤེས་པར་བྱ་ཞིང་ ནད་ཀྱི་རྒྱུ་ནི་སྤང་བར་བྱ་ལ་ནད་མེད་པའི་བདེ་བར་གནས་པ་ནི་ཐོབ་པར་བྱ་བ་དང༌། དེའི་རྒྱུ་ ནི་རྒྱུད་ལ་བརྟེན་པར་བྱ་དགོས་པ་ལྟར་དེ་བཞིན་དུ་ལམ་བསྒྲུབ་པ་ལ་མཁས་པས་ཀྱང་ཟག་ 1-1-181 པ་དང་བཅས་པའི་ འགྲོ་བ་ཐམས་ཅད་སྡུག་བསྔལ་བར་ཤེས་པར་བྱ་ལ། དེའི་རྒྱུ་ཀུན་འབྱུང་ཐམས་ཅད་ སྤང་བར་བྱ་ཞིང་དེ་དག་སྤངས་པའི་འགོག་པ་རྒྱུད་ལ་རེག་པ་ཐོབ་པར་བྱ་ཞིང་དེའི་ལམ་རྒྱུད་ ལ་བསྟེན་པར་བྱའོ། ། བཞི་པ་སྤྲུལ་པ་སྟོན་ཚུལ་ཚངས་བའི་དཔེས་ངེས་པར་བྱ་བ་ལ་གཉིས། སྐལ་ལྡན་ལ་ སྣང་བ་འབྱུང་ཚུལ། སྐལ་མེད་ལ་སྣང་བ་ལྡོག་པ། ཚངས་པ་དང་འདྲའོ། །དང་པོ་གསུམ། འབད་པ་མེད་པས། ཉེས་པ་སེལ་པས། བསྐལ་བར་ལྟོས་པ་མཚུངས་པར་བསྟན་པའོ། ། དང་པོ་ནི། ཇི་ལྟར་ལྷའི་དབང་པོ་ཚངས་པ་ཚངས་པའི་གནས་བསམ་གཏན་དང་པོ་ནས་ འཕོ་བ་མེད་བཞིན་དུ་འདོད་པ་ན་སྤྱོད་པའི་ལྷའི་གནས་ནི་དྲུག་པོ་ཐམས་ཅད་དུ་ལུས་ཀྱི་སྣང་ པ་འབད་པ་མེད་པར་སྟོན་པ་ལྟར། དེ་བཞིན་དུ་ཐུབ་པ་ཡང་ཆོས་ཀྱི་སྐུ་ལས་བསྐྱོད་པ་མེད་ པར་གདུལ་བྱ་ལ་འཇིག་རྟེན་གྱི་ཁམས་ཀུན་ཏུ། སྐལ་ལྡན་རྣམས་ལ་འབད་པ་མེད་པར་སྤྲུལ་ པའི་སྐུ་དག་ནི་སྟོན་པར་མཛད་དོ། ། གཉིས་པ་ནི་ཇི་ལྟར་ཚངས་པ་དེ་རྟག་ཏུ་རང་གི་གཞལ་ཡས་ཁང་ནས་མི་གཡོ་བར་ འདོད་པའི་ཁམས་སུ་བཞུགས་པ་དེར་འདོད་པའི་ལྷ་རྣམས་ཀྱིས་མཐོང་པར་གྱུར་ལ། དེ་ མཐོང་བའི་ལྷ་དེ་ཡང་འདོད་པའི་ཡུལ་ལ་དགའ་བ་ཆགས་པ་སྤོང་བར་བྱེད་པ་ལྟར་དེ་བཞིན་ དུ་བདེ་བར་གཤེགས་པ་ཡང་ཆོས་ཀྱི་སྐུ་ལས་མི་བསྐྱོད་པར། འཇིག་རྟེན་གྱི་ཁམས་ཀུན་ཏུ་ སྤྲུལ་པ་ཞུགས་པ་དེ་སྐལ་ལྡན་རྣམས་ཀྱིས་མཐོང་ཞིང་དེ་མཐོང་བའི་གདུལ་བྱ་དེ་ཡང་རྟག་ཏུ་ སྒྲིབ་པའི་དྲི་མ་ཀུན་སེལ་བར་བྱེད་དོ། ། གསུམ་པ་ནི། ཚངས་པ་སྔོན་གྱི་རང་ཉིད་ཀྱི་སྨོན་ལམ་དང་འདོད་ཁམས་ཀྱི་ལྷ་རྣམས་ཀྱི་ ནི་དགེ་པའི་མཐུས་ཇི་ལྟར་ཚངས་པ་འབད་པ་མེད་ཀྱང་སྣང་བ་སྟོན་པ་དེ་བཞིན་དུ་རང་བྱུང་ 1-1-182 རྫོགས་པའི་སངས་རྒྱས་ཀྱི་སྤྲུལ་པའི་སྐུ་ཡང་སྔོན་གྱི་རང་ཉིད་ཀྱི་སྨོན་ལམ་དང༌། གདུལ་བྱ་ རྣམས་ཀྱི་དགེ་བའི་མཐུས་འབད་པ་མེད་པར་སྣང་ངོ༌། ། གཉིས་པ་སྐལ་མེད་ལ་མི་སྣང་བ་ནི་གདུལ་བྱ་དད་མོས་ཀྱི་སྣང་བ་ལ་དགའ་ལྡན་གྱི་ གནས་ནས་འཛམ་བུའི་གླིང་དུ་འཕོ་བ་དང༌། ཡུམ་གྱི་ལྷུམས་སུ་འཇུག་པ་དང་སྐུ་བལྟམས་པ་ དང་ཡབ་ཀྱི་ཁབ་སེར་སྐྱའི་གྲོང་དུ་གཤེགས་པ་དང༌། བཙུན་མོའི་འཁོར་དུ་དགེས་པར་རོལ་ བ་དང་རབ་ཏུ་བྱུང་ནས་དབེན་པར་དཀའ་བ་སྤྱོད་པ་དང༌། བྱང་ཆུབ་སྙིང་པོར་བདུད་ཀྱི་སྡེ་ བཅོམ་པ་དང༌། བྱང་ཆུབ་ཆེན་པོའི་གོ་འཕང་བརྙེས་པ་དང༌། ཞི་བ་མྱ་ངན་ལས་འདས་པའི་ གྲོང་ཁྱེར་དུ་ཕྱིན་པའི་ལམ་སྟོན་པ་ཆོས་ཀྱི་འཁོར་ལོ་བསྐོར་བའི་བར་དག་བསྟན་ནས། ཐུབ་ པའི་དབང་པོའི་སེམས་ཅན་དད་མོས་ཀྱི་སྐལ་བ་མེད་པ་རྣམས་གྱི་མིག་གི་ལམ་དུ་སྣང་བར་ མི་འགྱུར་བར་མྱ་ངན་ལས་འདས་པའི་ཚུལ་དུ་སྤྲུལ་པ་སྟོན་པས། ཚངས་པ་སྐལ་མེད་ལ་མི་ སྣང་བ་དང་འདྲའོ། ། ལྔ་པ་ཡེ་ཤེས་སྤྲོ་ཚུལ་ལ་ཉི་མའི་དཔེས་ངེས་པར་བྱ་བ་ལ་བཞི། ཕན་གནོད་ལ་རྟོག་པ་ མེད་ཚུལ། མི་རྟོག་པར་གཞན་དོན་མཛད་ཚུལ། སྐལ་བ་ལས་རིམ་གྱིས་འཆར་ཚུལ། དཔེ་ ལས་ཀྱང་ཁྱད་པར་འཕགས་ཚུལ་ལོ། ། དང་པོ་ནི། ཇི་ལྟར་ཉི་མའི་འོད་ཀྱིས་གདུངས་པས་དུས་གཅིག་གི་ཚེ་ཉིད་ལ་པདྨ་ལ་ སོགས་པ་རྒྱས་པ་དང༌། ཀུ་མུ་ཏ་ནི་རབ་ཏུ་ཟུམ་པར་གྱུར་ཡང་ཆུ་སྐྱེས་ཁ་ཕྱེ་བའི་རྟེན་དང་ཀུ་ མུ་ཏ་ཁ་ཟུམ་པའི་སྐྱོན་དག་ལ་ཉི་མ་རྣམ་པར་རྟོག་པ་མེད་པ་དེ་བཞིན་དུ། འདིར་ནི་འཕགས་ པའི་ཉི་མ་གདུལ་བྱ་ལ་ཕན་པ་དང་གདུལ་བྱ་མིན་པ་ལ་མི་ཕན་ཡང་དེ་ལ་རྣམ་པར་རྟོག་པ་ མེད་དོ། ། གཉིས་པ་ནི། ཇི་ལྟར་ཉི་མ་རྟོག་པ་མེད་པར་རང་གི་འོད་དུས་གཅིག་ཆར་སྤྲོས་པ་ཡིས་ 1-1-183 པདྨ་རྒྱས་པར་བྱེད་པ་དང་ལོ་ཏོག་གཞན་དག་སྨིན་པར་བྱེད་པ་ལྟར། དེ་བཞིན་དུ་དེ་བཞིན་ གཤེགས་པའི་ཉི་མ་ཡང་དམ་པའི་ཆོས་ཀྱི་འོད་ཟེར་དག་གདུལ་བྱའི་སྐྱེ་བོའི་པདྨ་རྒྱས་པར་ བྱེད་པ་དང་མ་སྨིན་པ་སྨིན་པར་བྱེད་པ་ལ་རྣམ་པར་རྟོག་པ་མེད་པར་འཇུག་གོ །ཆོས་ཀྱི་སྐུ་ དང་གཟུགས་ཀྱི་སྐུ་དག་གིས་ཕྱེ་བའི་བྱང་ཆུབ་སྙིང་པོའི་ནམ་མཁའ་ལ་ཤར་བ་ཀུན་མཁྱེན་ པའི་ཉི་མས་གདུལ་བྱའི་འགྲོ་བར་ནི་ཡེ་ཤེས་ཀྱི་འོད་ཟེར་སྤྲོ་བས་མུན་པ་སེལ་བར་མཛད་དོ། ། གང་གི་ཕྱིར་གདུལ་བྱ་དག་པའི་ཆུའི་སྣོད་ནི་ཐམས་ཅད་ལ་བདེ་བར་གཤེགས་པའི་ཉི་མའི་ གཟུགས་བརྙན་དཔག་ཏུ་མེད་པ་དུས་གཅིག་ཆར་འཆར་རོ། ། གསུམ་པ་ནི། སེམས་ཅན་གྱི་ཚོགས་རྣམ་པ་གསུམ་ལ་དུས་རྟག་ཏུ་ནི་ཐམས་ཅད་ལ་ཁྱབ་ པས་ཆོས་ཉིད་ནམ་མཁའི་དཀྱིལ་དུ་ནི་རྫོགས་པའི་སངས་རྒྱས་ཀྱི་སྐུ་སྟོན་པ་དང༌། གསུང་ འདོམས་པ་ཉི་མ་དང་འདྲ་བ་གདུལ་བྱའི་རི་ལ་ཇི་ལྟར་འོས་པར་འབབ་ཅིང་འཆར་རོ། །དེ་ ཉིད་བཤད་ན་ཇི་ལྟར་རྒྱ་ཆེན་པོའི་འོད་ཟེར་སྟོང་དང་ལྡན་པའི་ཉི་མ་ནམ་མཁའ་ལ་ཤར་བ་ འདི་འཇིག་རྟེན་ཀུན་ཏུ་སྣང་བར་བྱས་ནས་རིམ་གྱིས་ནི། འཛམ་བུ་གླིང་གི་མཆོག་དང་བར་ མ་དང་དམན་པའི་རི་ལ་འབབ་ཅིང་འཆར་བ་དེ་བཞིན་དུ་རྒྱལ་བའི་ཉི་མ་ཡང་སེམས་ཅན་གྱི་ ཚོགས་གསུམ་ལ་རིམ་གྱིས་འབབ་ཅིང་འཕྲིན་ལས་འཇུག་པར་བྱེད་དོ། ། བཞི་པ་ནི། རྫོགས་པའི་སངས་རྒྱས་ཀྱི་སྐུ་སྟོན་པ་དང་གསུང་འདོམས་པ་ནི། ཉི་མའི་ དཀྱིལ་འཁོར་བས་ཀྱང་ཆེས་ཁྱད་པར་དུ་འཕགས་ཏེ། སངས་རྒྱས་ཀྱི་ཞིང་ཀུན་ཏུ་ཁྱབ་ པར་ནམ་མཁའི་མཐིལ་དབུས་ནས་འོད་ཟེར་སྤྲོ་བའི་ནུས་པ་ཉི་མ་ལ་མེད་པས་ཁྱབ་པ་མིན་ ལ། མི་ཤེས་པའི་མུན་པས་བཀབ་པ་བསལ་ནས་ཤེས་བྱའི་གནས་ལུགས་ཀྱི་དོན་གསལ་ བར་སྟོན་པའི་དོན་ཆེ་བ་ཡང་མིན་ཞིང༌། ཐུགས་རྗེའི་བདག་ཉིད་རྫོགས་པའི་སངས་རྒྱས་ཀྱི་ འཕྲིན་ལས་སྣ་ཚོགས་པའི་མདོག་བཀྱེ་བའི་འོད་ཀྱི་ཚོགས་ཀྱིས་གསལ་བ་དག་པ་ནི་གདུལ་ 1-1-184 བྱའི་འགྲོ་བ་ལ་ཁྱབ་ལ་ཤེས་བྱའི་དོན་སྟོན་པར་མཛད་པ་ཡིན་པས་སོ། །སངས་རྒྱས་གྲོང་ ཁྱེར་དུ་གཤེགས་ནས་སྐུ་སྟོན་པ་དང༌། གསུང་འདོམས་པའི་ཚེ་མིག་དང་མི་ལྡན་པའི་སྐྱེ་བོ་ ལོང་བ་རྣམས་ཀྱིས་གཟུགས་མི་མཐོང་ཞིང༌། འོན་པས་སྒྲ་མི་ཐོས་པ་ལ་སོགས་པ་དབང་ པོས་དོན་མྱོངས་པ་མེད་པའི་ཚོགས་དང་བྲལ་བ་དང༌། སངས་རྒྱས་ཀྱི་དོན་དེ་མཐོང་བ་ལས་ ནི་མཐོ་རིས་ཀྱི་བདེ་བ་མྱོང་ཞིང༌། ངན་སོང་གི་སྡུག་བསྔལ་ལས་སྐྱོབ་པ་དང་གཏི་མུག་གིས་ མིག་ལྡོངས་ཏེ་སྲིད་པའི་རྒྱ་མཚོར་ལྷུང་ནས་ལྟ་བ་ངན་པའི་མུན་པས་བསྒྲིབས་པའི་འགྲོ་བ་ རྣམས་ལ། སངས་རྒྱས་ཀྱི་ཉི་མའི་འོད་ཀྱིས་བདག་མེད་གཉིས་ཀ་རྟོགས་པའི་བློའི་སྣང་བ་ བསྐྱེད་ནས་སྔར་མ་མཐོང་བའི་གནས་དེ་བཞིན་ཉིད་མཐོང་བར་འགྱུར་བས་སོ། ། དྲུག་པ་ཐུགས་ཀྱི་གསང་བ་ནོར་བུའི་དཔེས་ངེས་པར་བྱ་བ་ལ་གཉིས། རེ་འདོད་སྒྲུབ་ པའི་མཚུངས་པར་བསྟན་པ་དང༌། རྙེད་པར་དཀའ་པའི་མཚུངས་པར་བསྟན་པའོ། ། དང་པོ་ནི། ཇི་ལྟར་ཡིད་བཞིན་གྱི་ནོར་བུ་ནི་རྟོག་པ་མེད་ཀྱང་དུས་གཅིག་ཆར་དུ་སྣ་ ཚོགས་པའི་སྤྱོད་ཡུལ་ན་གནས་པ་གསོལ་བ་འདེབས་པ་རྣམས་ཀྱི་ནི། རང་ཇི་ལྟར་འདོད་ པའི་བསམ་པ་ཀུན་སོ་སོར་རྫོགས་པར་ཕྱེད་པར་ལྟར༌། དེ་བཞིན་དུ་རྫོགས་པའི་སངས་རྒྱས་ ཀྱི་ཡིད་བཞིན་ནོར་བུ་ལ་བརྟེན་ནས་སེམས་ཅན་གྱི་བསམ་པ་ཐ་དད་པ་རྣམས་ལ་ཐེག་པ་སྣ་ ཚོགས་པའི་ཆོས་ནི་ཐོས་པར་འགྱུར་ཡང་སངས་རྒྱས་དེ་ནི་ཆོས་དང་གདུལ་བྱ་དེ་ལ་རྣམ་པར་ མི་རྟོག་གོ །ཇི་ལྟར་ནོར་བུ་རིན་ཆེན་རྟོག་པ་མེད་པར་འདོད་པའི་ནོར་རྣམས་འབད་པ་མེད་ པར་སེམས་ཅན་གཞན་པ་དག་ལ་རབ་ཏུ་སྟེར་བ་ལྟར། དེ་བཞིན་དུ་ཐུབ་པ་འབད་པ་མེད་ པར་ཇི་ལྟར་འོས་པར་ནི་གཞན་གྱི་དོན་དུ་སྲིད་པ་ཇི་སྲིད་གནས་ཀྱི་བར་དུ་རྟག་ཏུ་བཞུགས་ ནས་དོན་བྱེད་དོ། ། གཉིས་པ་ནི། གང་གི་ཕྱིར་རྒྱ་མཚོའི་གླིང་དུ་ས་འོག་ན་གནས་པའི་ནོར་བུ་དེ་ལ་ཐོབ་ 1-1-185 པར་འདོད་པས་ཇི་ལྟར་ཡིད་བཞིན་གྱི་ནོར་བུ་བཟང་པོ་འགྲོ་བའི་བསམ་པ་བསྐོང་བ་འདི། རབ་ཏུ་རྙེད་པར་དཀའ་བ་དེ་བཞིན་དུ་འགྲོ་བ་ཤིན་ཏུ་སྐལ་བ་ངན་པའི་ཉོན་མོངས་པ་དུ་མས་ ཟིན་པའི་ཡིད་འདིར། བདེ་བར་གཤེགས་པའི་སྐུ་མཐོང་བ་དང་གསུང་ཐོས་པ་རྙེད་པར་ དཀའ་བར་ཤེས་པར་བྱའོ། ། བདུན་པ། གསུང་གི་གསང་བ་བྲག་ཆའི་དཔེས་ངེས་པར་བྱ་བ་ནི། ཇི་ལྟར་བྲག་ལ་ སོགས་པ་དང་སྒྲའི་རྐྱེན་ལས་སྒྲ་བརྙན་གྱི་ནི་སྒྲ་གཞན་གྱི་རྣམ་པར་རིག་པ་ལས་བྱུང་བ་སྒྲ་དེ་ དག་ལ་རྣམ་པར་རྟོག་པ་མེད་ཅིང༌། བརྗོད་པར་བཟོ་བའི་རྩོལ་བ་མེད་ལ་སྒྲ་བརྙན་གྱི་ངོ་བོ་ ལུས་དེ་དག་གི་ཕྱི་དང་ནང་ན་མི་གནས་པ་ལྟར། དེ་བཞིན་དུ་དེ་བཞིན་གཤེགས་པའི་གསུང་ གདུལ་བྱ་གཞན་གྱི་དད་མོས་ཀྱི་རྣམ་པར་རིག་པ་ལས་བྱུང་བ་དེ་ལ་ཀུན་སློང་གི་རྣམ་པར་ རྟོག་པ་མེད་ཅིང༌། བརྗོད་པར་བཟོད་པའི་འབད་རྩོལ་མེད་པའི་ཕྱིར་གསུང་གི་ངོ་བོ་རྣམ་ རིག་གི་ཕྱི་དང་ནང་ན་གནས་པ་མ་ཡིན་ནོ། ། བརྒྱད་པ་སྐུའི་གསང་བ་ནམ་མཁའི་དཔེས་ངེས་པར་བྱ་བ་ནི། ངོ་བོ་ཅུང་ཟད་ཀྱང་གྲུབ་ པ་མེད་ཅིང་བློ་ལ་སྣང་བ་མེད་ལ་བློའི་དམིགས་པའི་ཡུལ་དུ་གྱུར་པ་མེད་ཅིང་རྟེན་གཞི་ཡང་ མེད་ལ། མིག་ལ་སོགས་པ་དབང་པོ་དག་གིས་ལམ་ལས་རབ་ཏུ་འདས་པ་ཐོགས་བཅས་ ཀྱི་གཟུགས་སུ་གྲུབ་པ་མེད་པ་གཞན་ལ་དབང་པོའི་ཡུལ་དུ་བསྟན་དུ་མེད་པའི་ནམ་མཁའ་ ལ་ཇི་ལྟར་འགའ་ཞིག་གིས་མཐོ་བ་དང་དམའ་བའི་རྣམ་པར་མཐོང་ཡང༌། ནམ་མཁའ་དེ་ནི་ མཐོ་དམན་དེ་ལྟར་ཡོད་པ་མིན་པ་དེ་བཞིན་དུ་རྫོགས་པའི་སངས་རྒྱས་ལ་སྐུ་བལྟམས་པ་དང་ མྱ་ངས་ལས་འདའ་བ་དང༌། མཆོག་དམན་པ་ལ་སོགས་པ་ཐམས་ཅད་དུ་མཐོང་ཡང་སངས་ རྒྱས་དེ་ནི་མཐོང་བ་དེ་ལྟར་ཡོད་པ་མིན་ནོ། ། དགུ་པ་ཐུགས་རྗེ་འཇུག་ཚུལ་ས་གཞིས་དཔེས་ངེས་པར་བྱ་བ་ནི། ཇི་ལྟར་ས་ལས་སྐྱེས་ 1-1-186 པའི་ཤིང་དང་ལོ་ཏོག་ཀུན་རྟོག་པ་མེད་པའི་ས་ལ་བརྟེན་ནས་ནི་དང་པོར་སྐྱེ་ཞིང༌། བར་དུ་ གོང་ནས་གོང་དུ་འཕེལ་བ་དང་རྒྱུན་མི་ཉམས་པར་བརྟན་པ་དང་མཐར་སྨིན་པའི་གནས་ སྐབས་ཀྱི་ཡངས་པར་འགྱུར་བ་ལྟར། དེ་བཞིན་དུ་རྫོགས་པའི་སངས་རྒྱས་ཀྱི་ས་ཐུགས་རྗེའི་ བྱང་ཆུབ་རྟོག་པ་མེད་པ་དེ་ལ་བརྟེན་ནས་ཀྱང་འགྲོ་བའི་རྒྱུད་ཀྱི་དགེ་བའི་རྩ་བ་དཀོན་མཆོག་ གསུམ་ལ་སོགས་པ་རྣམས་ནི་མ་ལུས་པར་སྐྱེ་ཞིང་འཕེལ་བ་དང་ཡངས་པར་འགྱུར་རོ། ། (གསུམ་པ་)གཉིས་པ་དགོས་པ་ལ་རྗོད་བྱེད་སྐབས་དོན་བསྡུ་བ་ལ་གཉིས། དགོས་པ་དང་དཔེ་དོན་ གྱི་དབྱེ་བ་དང༌། དཔེས་མཚོན་ཚུལ་ཁྱད་པར་བཤད་པའོ། །དང་པོ་ལ་བཞི། དགོས་པ་དང་ ཉིང་དགོས་འགྲུབ་ཚུལ། དཔེ་དོན་བསྡུས་ཏེ་བསྟན་ནས། དོན་གསུམ་སྦྱར་ཏེ་བཤད་པ། སྐབས་དོན་འབད་རྩོལ་མེད་ཚུལ་ལོ། ། དང་པོ་ནི། འབད་རྩོལ་མེད་པར་མཛད་པ་འཕྲིན་ལས་ཀྱི་བྱ་བ་འགའ་ཡང་བྱེད་པ་ མཐོང་བ་མེད་པ་ཡིན་སྙམ་དུ་ལོག་པར་རྟོག་པ་དེ་བས་ན། གདུལ་བྱའི་ཐེ་ཚོམ་བཅད་པའི་ ཕྱིར་རྫོགས་པའི་སངས་རྒྱས་རྣམས་ཀྱི་འཕྲིན་ལས་དེས་རྣམ་པ་དགུས་ནི་བསྟན་པ་ཡིན་ནོ། ། མདོ་གང་དུ་དཔེ་དགུ་པོ་འདི་དག་རྒྱས་པར་རབ་ཏུ་བསྟན་པར་གྱུར་པ་མདོ་སྡེའི་ནི་མིང་དེ་ བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ་ཡེ་ཤེས་སྣང་པ་རྒྱན་ཞེས་བྱ་བ་དེ་ཉིད་ཀྱི་ དཔེ་དེ་ཡིས་འཕྲིན་ལས་མཚོན་པའི་དགོས་པ་བསྟན་པ་ཉིད་དོ། །ཐོས་པ་ལས་བྱུང་བའི་ཤེས་ པའི་སྣང་བ་རྒྱ་ཆེན་པོ་དང་ལྡན་པའི་ཤེས་རབ་ཀྱིས་བརྒྱན་པའི་བློ་ལྡན་མྱུར་དུ་སངས་རྒྱས་ ཀྱི་སྤྱོད་ཡུལ་ཀུན་ཏུ་འཇུག་པར་འགྱུར་རོ། ། གཉིས་པ་ནི། ཕྲིན་ལས་དེའི་དོན་ཕྱིན་ཅི་མ་ལོག་པར་ཤེས་རབ་ཀྱི་རྟོགས་པའི་ཕྱིར་བཻ་ ཌཱུརྱའི་ས་གཞི་དག་པ་ལ་བརྒྱ་བྱིན་གྱི་གཟུགས་བརྙན་ཤར་བ་ལ་སོགས་པ་དཔེ་དག་ནི་རྣམ་ པ་དགུར་མདོ་ལས་བརྗོད་པ་དེ་ལ་ནི། དཔེ་དེའི་བསྡུས་དོན་ངེས་པར་གཟུང་ནས་སྐུ་སྟོན་ 1-1-187 པ་དང་གསུང་འདོམས་པ་དང་ཐུགས་ཁྱབ་པ་དང་དེ་གསུམ་གྱི་སྤྲུལ་པ་དང་འབད་པ་མེད་པ་ ཡེ་ཤེས་ཀྱི་འོད་སྤྲོ་བ་དང༌། ཐུགས་དང་གསུང་དང་སྐུའི་གསང་བ་དང་ཐུགས་རྗེ་ཆེན་པོའི་ བདག་ཉིད་ཐོབ་པ་རྣམས་བརྒྱ་བྱིན་ལ་སོགས་པའི་དཔེ་དགུ་དང་རིམ་པ་བཞིན་དུ་འདྲ་བ་ ཉིད་ཡིན་ནོ། ། གསུམ་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་འབད་རྩོལ་དང་རྣམ་རྟོག་གི་རྒྱུན་ ཀུན་རབ་ཏུ་ཞི་ཡང་འཕྲིན་ལས་ལྷུན་གྱིས་གྲུབ་པ་ཡིན་ནོ། །རྣམ་པར་རྟོག་པ་མེད་པའི་ཐུགས་ ཡིན་པས་སོ༑ ༑དྲི་མ་མེད་པ་བཻ་ཌཱུརྱའི་ས་གཞི་ལ་བརྒྱ་བྱིན་གྱི་གཟུགས་བརྙན་ཤར་བ་ལ་ སོགས་པ་བཞིན་ནོ། ། སངས་རྒྱས་དེ་འབད་རྩོལ་ཞི་བ་དམ་བཅའ་སྟེ་རྟོག་པ་མེད་པའི་ཐུགས་ནི་གཏན་ཚིགས་ སོ་རང་བཞིན་གྱི་དོན་འཕྲིན་ལས་ནི་གྲུབ་པའི་དོན་དུ། དཔེ་ནི་བརྒྱ་བྱིན་ལ་སོགས་པ་དགུ་ བཞིན་ནོ། །ཞེས་བཀོད་པ་ཡིན་ནོ། ། བཞི་པ་ནི། འདིར་ནི་སྐབས་ཀྱི་དོན་འདི་སྒྲུབ་པ་ཡིན་དེ་སྐུ་སྟོན་པ་དང་གསུང་འདོམས་ པ་ལ་སོགས་པ་འཕྲིན་ལས་ཀྱི་ཆ་རྣམ་པ་དགུ་ནི། སྟོན་པ་རྫོགས་པའི་སངས་རྒྱས་སྐྱེ་འཆེད་ དང་བྲལ་བ་འབད་རྩོལ་མེད་པར་སེམས་ཅན་གྱི་དོན་ལ་རབ་ཏུ་འཇུག་གོ ། གཉིས་པ་དཔེས་མཚོན་ཚུལ་ཁྱད་པར་དུ་བཤད་པ་ལ་གཉིས། དཔེའི་དབྱེ་བའི་བསྟན་ པ་དང༌། དོན་དང་སྦྱར་ཏེ་བཤད་པའོ། ། དང་པོ་ནི། སྟོན་པའི་འཕྲིན་ལས་ལྷུན་གྲུབ་རྒྱུན་མི་འཆད་མཚོན་པའི་དཔེ་ནི་གང་ཞིག་ སྐུ་བརྒྱ་བྱིན་དང་གསུང་ལྷའི་རྔ་དང་ཐུགས་སྤྲིན་བཞིན་དང་སྤྲུལ་པ་ཚངས་པ་དང་ཡེ་ཤེས་ཉི་ མ་དང༌། ཐུགས་ཀྱི་གསང་བ་རིན་པོ་ཆེ་ཡིད་བཞིན་གྱི་ནོར་བུའི་རྒྱལ་པོ་བཞིན་ནོ། །གསུང་ གི་གསང་བ་སྒྲ་བརྙན། སྐུའི་གསང་བ་ནམ་མཁའ། ཐུགས་རྗེའི་བདག་ཉིད་ས་གཞི་བཞིན་ 1-1-188 དུ་སྲིད་པ་གནས་པའི་བར་དུ་འབད་རྩོལ་མེད་པར་གཞན་དོན་བྱེད་པ་དེ་ནི་རྣལ་འབྱོར་པ་ འཕགས་པ་རྣམས་ཀྱིས་རིག་གི་ཕལ་པ་རྣམས་ཀྱི་བསམ་གྱིས་མི་ཁྱབ་པོ། ། གཉིས་པ་ནི། སྐུ་སྟོན་པ་རིན་པོ་ཆེའི་ས་གཞི་ལ་ལྷའི་དབང་པོའི་གཟུགས་སྣང་བ་བཞིན་ ནོ། །གསུང་ལེགས་པར་འདོམས་པར་མཛད་པ་ནི་ལྷའི་རྔ་དང་འདྲ་བ་དང་ཁྱབ་བདག་གི་ མཁྱེན་པ་དང་བརྩེ་བ་ཆེན་པོའི་ཐུགས་རྗེ་སྤྲིན་གྱི་ཚོགས་དང་འདྲ་བ་མཐའ་ཡས་པའི་འགྲོ་བ་ ལ་སྲིད་རྩེའི་བར་ཏུ་ཁྱབ་པ་དང༌། ཚངས་པའི་སྤྲུལ་པ་བཞིན་ཟག་པ་མེད་པའི་གནས་ཆོས་ སྐུ་ལས་མི་བསྐྱོད་པར་སྐུ་གསུང་ཐུགས་ཀྱི་སྤྲུལ་པ་རྣམ་པ་དུ་མ་རབ་ཏུ་སྟོན་པ་དང༌། ཉི་མ་ བཞིན་དུ་ཡེ་ཤེས་ཀྱི་སྣང་བ་ཆེན་པོ་རབ་ཏུ་སྤྲོ་བ་གང་ཡིན་པ་དང་རྣམ་པར་དག་པའི་རིན་པོ་ ཆེ་ཡིད་བཞིན་གྱི་ནོར་བུ་དང་འདྲ་བའི་ཐུགས་ཀྱི་གསང་བ་དང༌། རྒྱལ་བ་རྣམས་ཀྱི་གསུང་གི་ གསང་བ་དེ་བྲག་ཆ་བཞིན་དུ་ཡི་གེ་མེད་པ་དང་སྐུའི་གསང་བ་ནམ་མཁའ་བཞིན་དུ་ཐམས་ ཅད་ལ་ཁྱབ་པ་དང་གཟུགས་མེད་ཅིང་རྟག་པ་ཉིད་དོ༑ ༑ས་གཞི་བཞིན་དུ་འགྲོ་བའི་དཀར་པོ་ དཀོན་མཆོག་གསུམ་ལ་སོགས་པའི་ཆོས་ཀྱི་སྨན་རྣམས་མ་ལུས་བསྐྱེད་པ་དང༌། འཕེལ་བའི་ རྣམས་པ་ཀུན་ཏུ་གཞིར་གྱུར་པ་ནི་རྫོགས་པའི་སངས་རྒྱས་ཀྱི་ས་ཡིན་ནོ། ། བཞི་པ་སླར་ཡང་བསྡུས་ཏེ་ཁྱད་པར་བཤད་པ་ལ་གཉིས། གཟུགས་སྐུ་ལ་སྐྱེ་འཇིག་སྣང་ ཡང་ཆོས་སྐུ་ལ་སྐྱེ་འཇིག་མེད་པའི་འཕྲིན་ལས་རྒྱུན་མི་འཆད་ཚུལ། ཆོས་མཐུན་པའི་མཚུངས་ པར་སྣང་ཡང་མི་མཐུན་པའི་ཁྱད་པར་འཕགས་ཚུལ་ལོ། ། དང་པོ་ནི། ཡང་ཇི་ལྟར་ན་དཔེར་བརྗོད་པ་འདིས། སངས་རྒྱས་བཅོམ་ལྡན་འདས་ རྣམས་རྟག་ཏུ་སྐྱེ་བ་མེད་ཅིང་འགག་པ་མེད་པ་ཡིན་ཡང༌། སྐྱེ་བ་དང་འགག་པར་མཐོང་པ་ དང༌། འདི་དག་གི་སངས་རྒྱས་ཀྱི་འཕྲིན་ལས་འགྲོ་བ་ཐམས་ཅད་ལ་ལྷུན་གྱིས་གྲུབ་པར་རྒྱུན་ མི་འཆད་པར་བསྟན་པ་ཡིན་ཞེ་ན། དགེ་བ་བཻ་ཌཱུརྱ་དང་འདྲ་བའི་སེམས་དག་པ་ལ་སངས་ 1-1-189 རྒྱས་མཐོང་བའི་རྒྱུ་སེམས་ཅན་དེ་དག་ལ་ནི་མ་དད་པ་ལ་སོགས་པའི་མི་ཟློག་པའི་དད་པའི་ དབང་པོ་བརྟས་པ་ཉིད་ལས་ཡིན་ནོ། ། གཞི་དག་པ་དག་དང་མ་དག་པའི་དབང་གིས་བརྒྱ་བྱིན་གྱི་གཟུགས་བརྙན་འཆར་ནུབ་ ཏུ་སྣང་བ་ལྟར། དད་མོས་ཀྱི་དགེ་བའི་སེམས་སྐྱེ་བ་དང་འཇིག་པས་ན་དེ་ལ་སྣང་བའི་སངས་ རྒྱས་ཀྱི་གཟུགས་བརྙན་ནི་སྐྱེ་བ་དང་འཇིག་པར་སྣང་ངོ༌། །བརྒྱ་བྱིན་རང་གི་གནས་ལས་མ་ འཕོས་པ་བཞིན་དུ་ཐུབ་པ་ནི་ཆོས་ཀྱི་སྐུ་ལས་འཕོ་བའི་སྐྱེ་འཇིག་མེད་ཅིང་རྟག་པ་འདུས་མ་ བྱས་པ་ཡིན་ནོ། །དེའི་ཕྱིར་བརྒྱ་བྱིན་འཛམ་བུའི་གླིང་དུ་གཟུགས་བརྙན་སྟོན་པའི་འབད་ རྩོལ་མེད་ཀྱང༌། གཟུགས་བརྙན་འཆར་བ་དེ་བཞིན་དུ་ནི་འབད་རྩོལ་མེད་པར་སྐྱེ་མེད་ འགག་མེད་རྟག་པའི་ཆོས་སྐུ་ལ་སྲིད་པ་ཇི་སྲིད་གནས་ཀྱི་བར་དུ། རྫོགས་པའི་སངས་རྒྱས་ ཀྱི་སྐུ་སྟོན་པ་དང་གསུང་འདོམས་པ་དང་ཐུགས་མཁྱེན་བརྩེས་ཁྱབ་པ་ལ་སོགས་མཛད་པ་ དགུ་ལྷུན་གྲུབ་རྒྱུན་མི་འཆད་དུ་འཇུག་གོ ། གཉིས་པ་ནི། དཔེ་དགུ་པོ་འདི་རྣམས་ཀྱིས་བསྡུས་པའི་དོན་ནི་འོག་མ་ནས་འབྱུང་བ་ འདི་བཞིན་ཡིན་ལ། དཔེ་དོན་གྱི་རིམ་པ་ཡང་དཔེ་སྔ་མ་རྣམས་དོན་ཕྱི་མ་རྣམས་དང་ཆོས་མི་ མཐུན་པས་དོན་ཕྱི་མ་རྣམས་ཀྱི་དཔེ་ཡིན་པ་སྤངས་པའི་སྒོ་ནས་བརྗོད་པ་ཡིན་ནོ། །དཔེ་སྔ་ མ་རྣམས་དོན་ཕྱི་མ་རྣམས་ཀྱི་དཔེ་མིན་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། སངས་རྒྱས་ཀྱི་སྐུ་སྟོན་ པ་ནི་བརྒྱ་བྱིན་གྱི་གཟུགས་བརྙན་ལྟ་བུ་སྟེ་གཟུགས་བརྙན་དེ་ཆོས་སྟོན་པའི་སྒྲ་དབྱངས་དང་ མི་ལྡན་པས་གསུང་འདོམས་པ་དེ་དང་འདྲ་བ་མིན་ནོ། །སངས་རྒྱས་ཀྱི་གསུང་འདོམས་པ་ ནི་ལྷའི་རྔ་བཞིན་དེ་རྔ་དེ་སའི་སྟེང་ཐམས་ཅད་དུ་ཁྱབ་པར་དོན་བྱེད་པ་མིན་པས་ཐུགས་ཁྱབ་ པ་དེ་དང་འདྲ་བ་མིན་ནོ། །ཐུགས་རྗེ་ཁྱབ་པ་སྤྲིན་ཆེན་དང་མཚུངས་ཏེ་སྤྲིན་དོན་མེད་པའི་ ས་བོན་འདོད་ཡོན་ལ་ཆགས་པ་སྤོང་བ་མིན་པས་ཆགས་པ་སྤོང་བའི་འབད་མེད་དེ་དང་འདྲ་ 1-1-190 བ་མིན་ནོ། །སྤྲུལ་པ་འབད་མེད་དེ་འདོད་ཡོན་ལ་ཆགས་པ་སྤོང་བྱེད་ཚངས་པ་ཆེན་པོ་དེ་ བཞིན་ཚངས་པ་གཏན་དུ་ནི་རྒྱུད་སྨིན་པར་བྱེད་པ་མིན་པས་ཡེ་ཤེས་སྤྲོ་བ་དེ་དང་འདྲ་བ་མིན་ ནོ། །ཡེ་ཤེས་སྤྲོ་བ་ཉི་མ་བཞིན་དེ་ཉི་མ་དེ་གཏན་དུ་མུན་པ་འཇོམས་པར་བྱེད་པ་མིན་པས་ ཐུགས་ཀྱི་གསང་བ་དེ་དང་འདྲ་བ་མིན་ནོ། །ཐུགས་ཀྱི་གསང་བ་ཡིད་བཞིན་གྱི་ནོར་བུ་དང་ འདྲ་སྟེ། ནོར་བུ་འབྱུང་བ་ནི་རྙེད་པར་མི་དཀའ་བས་གསུང་གིས་གསང་བ་དང་འདྲ་བ་མིན་ ནོ། །གསུང་གིས་གསང་བ་སྒྲ་བརྙན་བཞིན་དེ་སྒྲ་བརྙན་དེ་རྐྱེན་ལས་ནི་འབྱུང་བ་ཡིན་པས་ སྐུའི་གསང་བ་དེ་དང་འདྲ་བ་མིན་ནོ། །སྐུའི་གསང་བ་ནམ་མཁའ་དང་འདྲ་སྟེ་ནམ་མཁའ་དེ་ དགེ་བའི་གཞི་མིན་པས་ཐུགས་རྗེའི་བདག་ཉིད་ཐོབ་པ་དེ་དང་འདྲ་བའང་མིན་ནོ། །སངས་ རྒྱས་ཀྱི་འཕྲིན་ལས་ཐུགས་རྗེའི་བདག་ཉིད་ཐོབ་པ་དེ་སའི་དཀྱིལ་འཁོར་དག་དང་འདྲ་ སྟེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་འགྲོ་བའི་ཕུན་སུམ་ཚོགས་པ་མ་ལུས་པ་དེ་ གནས་པའི་རྟེན་ཡིན་པའི་ཕྱིར་ཏེ། སངས་རྒྱས་ཀྱི་བྱང་ཆུབ་ལ་བརྟེན་ནས་འཇིག་རྟེན་ལས་ འདས་པའི་ལམ་འབྱུང་བའི་ཕྱིར་དང༌། འཇིག་རྟེན་པའི་འདོད་པའི་དགེ་བའི་ལས་ལམ་བཅུ་ དང་གཟུགས་ཁམས་ཀྱི་བསམ་གཏན་དང་ཚད་མེད་པ་བཞི་དང་གཟུགས་མེད་པའི་སྙོམས་ པར་འཇུག་པ་བཞི་འབྱུང་བས་སོ། །དེས་ན་དཔེ་རྣམས་ནི་ཡོན་ཏན་ཉི་ཚེ་བ་ཡིན་གྱི་རྣམ་ཀུན་ མཆོག་ལྡན་མ་ཡིན་ལ། སྟོན་པ་ནི་ཡོན་ཏན་གྱི་རྣམ་པ་ཀུན་གྱི་མཆོག་ཐམས་ཅད་དང་ལྡན་ པའི་ཕྱིར་དཔེ་རྣམས་ལས་ཁྱད་པར་དུ་འཕགས་པ་ཡིན་ནོ། །ཐེག་པ་ཆེན་པོ་རྒྱུད་བླ་མའི་ བསྟན་བཅོས་དཀོན་མཆོག་གི་རིགས་རྣམ་པར་དབྱེ་བ་ལས། དེ་བཞིན་གཤེགས་པའི་འཕྲིན་ ལས་མཛད་པའི་སྐབས་ཏེ་ལེའུ་བཞི་པའོ།། །། གསུམ་པ་དེ་ལྟར་བསྟན་པ་དང་རིགས་ལ་མོས་པའི་ཕན་ཡོན་ལ་གཉིས། མཆོག་ཏུ་ བསྔགས་པའི་ཚུལ་གྱིས་བསྟན་པ་དང༌། དེ་ཉིད་རྣམ་གྲངས་གཞན་གྱིས་བཤད་པའོ། ། 1-1-191 དང་པོ་ལ་གཉིས། གནས་བཞི་རྟོགས་པ་དཀའ་ཚུལ་དང༌། རྟོགས་ན་ཕན་ཡོན་ཆེ་ཚུལ་ ལོ། །དང་པོ་ནི། སངས་རྒྱས་ཀྱི་ཁམས་དང་སངས་རྒྱས་ཀྱི་བྱང་ཆུབ་དང༌། སངས་རྒྱས་ཀྱི་ ཆོས་སྟོབས་སོགས་དང༌། སངས་རྒྱས་ཀྱི་འཕྲིན་ལས་ཏེ་གནས་བཞི་པོ་འདི་ནི་དག་པའི་ སེམས་ཅན་རྒྱལ་སྲས་འཕགས་པ་རྣམས་ཀྱིས་ཀྱང་བསམ་བྱ་མིན་ཏེ། འདི་ནི་འདྲེན་པ་ རྣམས་ཀྱི་སྤྱོད་ཡུལ་ཡིན་ནོ། ། གཉིས་པ་ལ་གཉིས། བཀའ་ཐ་མ་ཐོས་པའི་ཐབས་ཀྱི་དགེ་བ་གཞན་ལས་ཁྱད་པར་ འཕགས་ཚུལ་དང༌། བཀའ་ཐ་མ་ཐོས་པའི་ཤེས་རབ་མཆོག་ཏུ་གྱུར་ཚུལ་ལོ། ། དང་པོ་ལ་བསྟན་བཤད་གཉིས་ལས། དང་པོ་ནི། བློ་ལྡན་བྱང་སེམས་དེ་རྒྱལ་བའི་ཡུལ་ དུ་གྱུར་པའི་གནས་བཞི་པོ་འདི་ལ་མོས་པ་ཐོབ་ན་སངས་རྒྱས་ཀྱི་ཡོན་ཏན་གྱི་ཚོགས་ཀྱི་སྣོད་ དུ་འགྱུར་ཏེ༑ བསམ་དུ་མེད་པའི་ཡོན་ཏན་གྱི་ཚོགས་གནས་བཞི་ལ་མངོན་པར་དགའ་ཞིང་ མོས་པས་གཙུག་ལག་ཕྱི་མ་མ་ཐོས་པའི་སེམས་ཅན་ཀུན་གྱི་བསོད་ནམས་ཟིལ་གྱིས་གནོན་ ནོ། ། གཉིས་པ་ལ་གསུམ་ལས། སྦྱིན་པ་དང༌། ཚུལ་ཁྲིམས་དང༌། བསྒོམ་པ་ལས་ཁྱད་པར་ འཕགས་ཚུལ་ལོ། །དང་པོ་ནི། རིགས་མ་ཐོས་པ་གང་ཞིག་བསམ་པ་བྱང་ཆུབ་ཆེན་པོ་དོན་དུ་ གཉེར་བས་དངོས་པོ་གསེར་གྱི་ཞིང་ལ་ནོར་བུས་སྤྲས་པ་ནི། གྲངས་སངས་རྒྱས་ཀྱི་ཞིང་རྡུལ་ ཕྲ་རབ་དང་མཉམ་པ་དུས་ཉིན་རེ་བཞིན་ཡུལ་ཆོས་རྒྱལ་སངས་རྒྱས་རྣམས་ལ་རྟག་ཏུ་འབུལ་ བའི་བསོད་ནམས་དེ་བས་ཀྱང༌། གཙུག་ལག་ཕྱི་མ་ཐོས་པའི་གང་ཟག་གཞན་ཞིག་གཙུག་ ལག་ཕྱི་མ་འདི་ལ་གནས་བཞི་པོ་དེ་སྟོན་པའི་ཚིག་ཙམ་ཐོས་ཤིང་ཐོས་ནས་ཀྱང་ནི་མོས་ན་ འདི་སྦྱིན་པ་ལས་བྱུང་དགེ་བ་དེ་ལས་བསོད་ནམས་ཆེས་མང་ཐོབ་པར་འགྱུར་རོ། ། གཉིས་པ་ནི། རིགས་མ་ཐོས་པའི་བློ་ལྡན་གང་ཞིག་བླ་ན་མེད་པའི་བྱང་ཆུབ་འདོད་པས་ 1-1-192 དུས་བསྐལ་པ་དུ་མར་ཡང་ལུས་ངག་ཡིད་ཀྱིས་འབད་པ་མེད་པར་ཚུལ་ཁྲིམས་དྲི་མེད་བསྲུང་ བར་བྱེད་པའི་ཚུལ་ཁྲིམས་ལས་བྱུང་པའི་བསོད་ནམས་དེ་བས་ཀྱང༌། གཞན་དག་གཙུག་ ལག་ཕྱི་མ་འདི་ལས་ཚིག་ཙམ་ཐོས་ཤིང་ཐོས་ནས་ཀྱང་ནི་མོས་པ་འདི་ཚུལ་ཁྲིམས་ལས་བྱུང་ དགེ་བ་དེ་ལས་བསོད་ནམས་ཆེས་མང་ཐོབ་པར་འགྱུར་རོ། ། གསུམ་པ་ནི་གང་ཟག་གང་ཞིག་འཇིག་རྟེན་འདི་ན་སྲིད་པ་གསུམ་གྱི་ཉོན་མོངས་པ་མེ་ དང་འདྲ་བ་འཇིལ་བར་བྱེད་པའི་བསམ་གཏན། ལྷ་དང་ཚངས་པའི་གནས་པ་མཐར་སོན་པ་ རྫོགས་པའི་བྱང་ཆུབ་འཕོ་བ་མེད་པ་ཐོབ་པའི་ཐབས་བསྒོམ་པ་ལས་བྱུང་བའི་བསོད་ནམས་ དེ་བས་ཀྱང༌། གཞན་གང་འདི་ལས་རང་ཚིག་ཙམ་ཐོས་ཤིང་ཐོས་ནས་ཀྱང་ནི་མོས་ན་འདི་ བསམ་གཏན་ལས་བྱུང་དགེ་བ་དེ་ལས་བསོད་ནམས་ཆེས་མང་ཐོབ་པར་འགྱུར་རོ། ། གཉིས་པ་ཐོས་པའི་ཤེས་རབ་མཆོག་ཏུ་གྱུར་པ་ནི། གང་གི་ཕྱིར་རིགས་ལ་མ་མོས་པའི་ སྦྱིན་པས་གནས་སྐབས་སུ་ལོངས་སྤྱོད་དག་ནི་སྒྲུབ་པར་བྱེད་ཅིང་ཁྲིམས་ཀྱིས་མཐོ་རིས་ཀྱི་ བདེ་བ་ཙམ་དང་བསྒོམས་པས་ཁམས་གསུམ་གྱི་ཉོན་མོངས་པ་རགས་པ་ཙམ་སྤོང་བར་བྱེད་ ལ། གཙུག་ལག་ཕྱི་མ་ཐོས་པ་ལས་བྱུང་བའི་ཤེས་རབ་འདི་མཆོག་ཉིད་དེ་ཉོན་མོངས་པ་དང་ ཤེས་བྱའི་སྒྲིབ་པ་ཀུན་སྤོང་ཞིང༌། དཀོན་མཆོག་གསུམ་མྱུར་དུ་ཐོབ་པ་དེའི་ཕྱིར་ཤེས་རབ་ དེའི་རྒྱུ་ནི་གཙུག་ལག་ཕྱི་མ་འདི་ཐོས་པ་ལས་ཡིན་ནོ། །དེ་དག་ཀྱང་སྤྱིར་བཀའ་ཐ་མ་དང༌། ཁྱད་པར་དོན་ནི་སངས་རྒྱས་དེ་རྟག་བརྟན་གཡུང་དྲུང་འདུས་མ་བྱས་འཁོར་འདས་ཐམས་ ཅད་ལ་ནམ་མཁའ་ལྟར་ཁྱབ་པ། བདེ་གཤེགས་སྙིང་པོར་གསུང་པ་ངེས་དོན་སྒྲ་ཇི་བཞིན་ པར་ཐོས་པ་དང་མོས་པའི་ཕན་ཡོན་ཏེ། མདོ་སྡེ་དགོངས་འགྲེལ་དུ་བཀའ་དང་པོ་དང་བར་ པ་དྲང་དོན་དང་བཀའ་ཐ་མ་ངེས་དོན་དུ་གསུང་ཤིང༌། དྲང་དོན་མདོ་སྡེ་ལ་སྤྱོད་པའི་བསོད་ ནམས་བ་ལང་གི་རྨིག་རྗེས་ཀྱི་ཆུ་དང་འདྲ་ལ། ངེས་དོན་ཀྱི་མདོ་སྡེའི་བསོད་ནམས་རྒྱ་མཚོ་ 1-1-193 ཆེན་པོ་དང་འདྲ་བར་གསུངས་སོ། ། ཁྱད་པར་དུ་སྤྲིན་ཆེན་པོའི་མདོར། སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་ཡོན་ཏན་གྱི་ ཕྱེ་བ་ཉིད་ཡོངས་སུ་མྱ་ངན་ལས་འདས་པ་རྟག་པ་དང་ཐེར་ཟུག་པ་དང་བརྟན་པ་དང་ཞི་བའི་ རང་བཞིན་གྱི་བདག་ཉིད་དུ་གནས་པར་ཡོངས་སུ་བསྟན་པའི་དོན་དང་ཞེས་དང༌། སྤྲིན་ ཆེན་སྙིང་པོར་དེ་བཞིན་དུ་སོ་སོའི་སྐྱེ་བོའི་དང༌། ཉན་ཐོས་ཀྱི་དང༌། རང་སངས་རྒྱས་ཀྱི་ དང༌། བྱང་ཆུབ་སེམས་དཔའི་དང༌། དེ་བཞིན་གཤེགས་པའི་བསོད་ནམས་ཀྱི་རྒྱུན་ནམ། མདོ་དང་ཏིང་ངེ་འཛིན་ཐམས་ཅད་ཀྱི་བསོད་ནམས་ཀྱི་རྒྱུན་ཇི་སྙེད་ཡོད་པ་རྣམས་ནི་ཏིང་ ངེ་འཛིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའི་དེ་བཞིན་གཤེགས་པ་རྟག་པ་ཡིན་ནོ་ ཞེས་སེམས་གཅིག་བསྐྱེད་པའི་ནང་དུ་ཆུད་ཅིང་འདུས་སོ། །ཞེས་དང༌། རབ་ཞི་རྣམ་ངེས་ཀྱི་ མདོར་ཡང༌། དེ་བཞིན་གཤེགས་པ་ནི་རྟག་པའོ་གཡུང་དྲུང་ངོ་ཞེས་ཚིག་ཏུ་སྨྲ་ན་ཡང་ལྷའི་ བསྐལ་བ་བྱེ་བར་དགེ་འདུན་དཔག་ཡས་ལ་ཅི་འདོད་པ་ཕུལ་བ་བས་ཀྱང་བསོད་ནམས་ ཆེས་ལྷག་པར་གསུངས་སོ། །དེ་བཞིན་གཤེགས་པའི་ཡོན་ཏན་དང་ཡེ་ཤེས་བསམ་གྱིས་མི་ ཁྱབ་པ་བསྟན་པའི་མདོར་ཡང༌། བྱང་ཆུབ་སེམས་དཔའ་གང་ལ་ལ་ཞིག་གིས་བསྐལ་པ་བྱེ་ བ་སྟོང་ཕྲག་བརྒྱད་དུ་ཕ་རོལ་ཏུ་ཕྱིན་པ་ལྔ་ལ་སྤྱད་པ་བས། འཇམ་དཔལ། བྱང་ཆུབ་སེམས་ དཔའ་གཞན་གང་ཞིག་དེ་བཞིན་གཤེགས་པ་ནི་རྟག་པའོ་སྙམ་དུ་མོས་པར་བྱེད་ན། འདི་ནི་ དེ་བས་ཆེས་བསོད་ནམས་གྲངས་མེད་པར་བསྐྱེད་དོ། །ཞེས་དང༌། སོར་ཕྲེང་ལ་ཕན་པའི་ མདོར། དེ་བཞིན་གཤེགས་པའི་སྙིང་པོ་རྟག་པ་སེམས་ཅན་ཐམས་ཅད་ལ་ཡོད་པར་ཤེས་ པའི་རྒྱུས་འཇིག་རྟེན་ན་བདེ་བའི་རྣམ་པ་མཆོག་རྣམས་དང་ཕུན་སུམ་ཚོགས་པ་ཇི་སྙེད་ཡོད་ པ་ཐམས་ཅད་རྙེད་པར་འགྱུར་རོ། །དེ་བཞིན་གཤེགས་པའི་སྙིང་པོ་རྟག་པ་ཐོས་པས་སྔོན་ བྱུང་བ་དང་ད་ལྟར་དང་མ་འོངས་པ་དང་དུས་གསུམ་དུའང་ཕུན་སུམ་ཚོགས་པ་ཐམས་ཅད་ 1-1-194 དང་མཐོ་རིས་དང་ས་སྟེང་གི་བདེ་བ་ཐམས་ཅད་རྟག་ཏུ་འཐོབ་པར་འགྱུར་རོ། །ཞེས་དང༌། དེ་བཞིན་གཤེགས་པ་རྟག་པའོ་ཞེས་བསྟན་པ་མི་འཆི་བའི་ཚིག་འདི་ལས་ཤེས་རབ་ཆེན་པོ་ སྐྱེས་ཏེ་དེ་ལྟར་སྟོན་པ་ཤེས་རབ་དང་ལྡན་པ་དེ་ནི་སངས་རྒྱས་ཡིན་ནོ། །ཞེས་དང༌། དེ་བཞིན་ གཤེགས་པའི་སྙིང་པོ་ཐོས་པའི་བསོད་ནམས་ཀྱི་རྒྱུས་ནད་མེད་པ་དང་འཚེ་བ་མེད་པ་དང་ཚེ་ རིང་བ་དང་འགྲོ་བ་ཐམས་ཅད་དགའ་བར་འགྱུར་རོ། །དེ་བཞིན་གཤེགས་པ་རྟག་པ་གཡུང་ དྲུང་ཐེར་ཟུག་སྟེ་ཡོངས་སུ་མྱ་ངན་ལས་འདས་པ་ཡང་འཆི་བ་མེད་པར་ཐོས་པས་ཐམས་ཅད་ འབྱོར་ཅིང་ཡུན་རིང་དུ་སྲ་བ་དང་རྟག་པར་འགྱུར་རོ་ཞེས་དང༌། མྱང་འདས་ཆེན་པོར་འཇམ་ དཔལ་དེ་བཞིན་གཤེགས་པ་ནི་ཡང་དག་པར་འདུས་མ་བྱས་པའི་ཆོས་ཅན་ཡིན་པས་འདུས་ བྱས་ཞེས་བརྗོད་པར་མི་བྱའོ་ཞེས་དང༌། ལེགས་སོ་ལེགས་སོ་རིགས་ཀྱི་བུ་ཁྱོད་ནི་ཤིན་ཏུ་ཚེ་ རིང་བར་འགྱུར་བའི་རྒྱུ་མངོན་སུམ་དུ་འགྱུར་ཏེ། དེ་བཞིན་གཤེགས་པ་རྟག་པའི་ཆོས་ཅན་ མི་འགྱུར་མི་འཕོ་བའི་ཆོས་ཅན། འདུས་མ་བྱས་པའི་ཆོས་སུ་རྟོགས་པ་ལེགས་སོ། །ཁྱོད་ཀྱིས་ དེ་བཞིན་གཤེགས་པ་ལ་འདུས་བྱས་ཀྱི་མཚན་ཉིད་དུ་མ་བརྗོད་པ་ལེགས་སོ་ཞེས་སོགས་ གསུང་པའི་དོན་ཡིན་ནོ། །འདིས་ནི་གང་དག་སངས་རྒྱས་རྟག་པ་སོགས་མིན་ཀྱི། འདུས་ བྱས་མི་རྟག་པ་ཡིན་ནོ་ཞེས་འདོད་པ་རྣམས་བཀག་གོ ། གཉིས་པ་དེ་ཉིད་རྣམ་གྲངས་གཞན་གྱིས་བཤད་པ་ལ་གཉིས། མཐར་ཐུག་ཐོབ་པའི་ ཕན་ཡོན་དང༌། ལམ་ལ་འཇུག་པའི་ཕན་ཡོན་ནོ། ། དང་པོ་ནི་གནས་ཁམས་དང་དེའི་གྱུར་པ་བྱང་ཆུབ་དང་དེའི་ཡོན་ཏན་དང་དོན་བསྒྲུབ་པ་ ཕྲིན་ལས་ཏེ། རྒྱལ་བ་ཡི་ནི་མཁྱེན་པའི་ཡུལ་རྣམ་པ་བཞི་པོ་སྔར་ཇི་སྐད་བརྗོད་པའི་རིགས་ བཞི་པོ་འདི་དག་ལ་མོས་པའི་བློ་ལྡན་རང་ལ་ཁམས་ཡོད་པ་དང༌། བྱང་ཆུབ་ཐོབ་པར་ནུས་ པ་ཉིད་དང་ཡོན་ཏན་དང་འཕྲིན་ལས་དང་ལྡན་པར་མོས་པས་ནི་མྱུར་དུ་དེ་བཞིན་གཤེགས་ 1-1-195 པའི་གོ་འཕང་ཐོབ་པའི་སྐལ་བ་དང་ལྡན་པར་འགྱུར་རོ། ། གཉིས་པ་ལ་གཉིས། བསམ་པ་སེམས་བསྐྱེད། སྦྱོར་བ་ཕྱིན་དྲུག་ལ་འཇུག་པའི་ཕན་ ཡོན་ནོ། ། དང་པོ་ནི། བསམ་གྱིས་མི་ཁྱབ་པའི་ཡུལ་འདི་དག་ལ་མོས་པའི་བློ་ལྡན་ནི་ཁམས་ཡོད་ པ་དང་བདག་འདྲ་བས་བྱང་ཆུབ་ཐོབ་པར་ནུས་པ་དང་ཐོབ་པ་འདི་འདྲ་བའི་ཡེ་ཤེས་ཀྱི་ཡོན་ ཏན་དང་འཕྲིན་ལས་ལྡན་ཞེས་དད་པས་མོས་པའི་ཕྱིར་འདུན་པ་དང༌། བརྩོན་འགྲུས་དང་ དྲན་པ་དང་བསམ་གཏན་དང་ཤེས་རབ་ལ་སོགས་པའི་ཡོན་ཏན་གྱི་སྣོད་དུ་འགྱུར་རོ། །བྱང་ ཆུབ་ཀྱི་སེམས་ནི་གནས་བཞི་པོ་དེ་དག་ལ་རྟག་ཏུ་ཉེ་བར་གནས་པར་འགྱུར་ཞིང་དེ་ནི་རྟག་ ཏུ་ཉེ་བར་གནས་པས་རྒྱལ་བའི་སྲས་པོ་ཕྱིར་མི་ལྡོག་པའི་མཆོག་ཏུ་འགྱུར་རོ། ། གཉིས་པ་ལ་གསུམ། སྦྱིན་སོགས་དག་རྫོགས་སུ་བསྒྲུབ་པ། དེ་བསོད་ནམས་ཁྱད་པར་ ཅན་གསུམ་དུ་བསྡུ་བ། བཀའ་ཐ་མ་ཐོས་པའི་ཤེས་རབ་མཆོག་ཏུ་བསྔགས་པའོ། ། དང་པོ་ནི། རིགས་ཐོས་ཤིང་མོས་པ་དང་བཅས་པའི་ཤེས་རབ་ཀྱི་བསོད་ནམས་ཀྱི་ ཚོགས་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་དང་ཡོངས་སུ་དག་པ་ཉིད་དུ་འགྱུར་ཏེ། བསོད་ ནམས་ཀྱི་ཚོགས་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་དེ་ལ་འཁོར་གསུམ་དུ་རྟོག་པ་མེད་པས་བསོད་ ནམས་ཀྱི་ཚོགས་དེ་རྫོགས་པ་དང་ཡོངས་སུ་དག་པ་ནི་སྦྱིན་སོགས་དེའི་མི་མཐུན་པའི་ ཕྱོགས་སེར་སྣ་སོགས་སྤངས་པའི་ཕྱིར་རོ། ། གཉིས་པ་ནི་རིགས་ལ་མོས་པའི་སྦྱིན་པ་ལས་བྱུང་བའི་བསོད་ནམས་ནི་སྦྱིན་པའི་ཕ་ རོལ་ཏུ་ཕྱིན་པ་ཁྱད་པར་ཅན་ཏེ། དེའི་ཚུལ་ཁྲིམས་ལས་བྱུང་བའི་བསོད་ནམས་ནི་ཚུལ་ ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྱད་པར་ཅན་ཡིན་ལ་བཟོད་པ་དང་བསམ་གཏན་གྱི་ཕ་རོལ་ཏུ་ ཕྱིན་པ་ཁྱད་པར་ཅན་གཉིས་པོ་དག་ནི། རིགས་ལ་མོས་པའི་བསྒོམ་པ་ལས་བྱུང་བའི་བསོད་ 1-1-196 ནམས་ཡིན་ཞིང་དེའི་བརྩོན་འགྲུས་ནི་གཞི་གསུམ་པོ་ཀུན་ཏུ་འགྲོའོ། ། གཉིས་པ་ནི་སྦྱིན་སོགས་འཁོར་གསུམ་དུ་རྣམ་པར་རྟོགས་པ་གང་ཡིན་པ་དེ་ནི་ཤེས་ བྱའི་སྒྲིབ་པར་འདོད་ལ་སེར་སྣ་ལ་སོགས་པ་རྣམ་པར་རྟོག་པ་གང་ཡིན་པ་དེ་ནི་ཉོན་མོངས་ པའི་སྒྲིབ་པར་འདོད་དོ། །རིགས་ཐོས་པ་ལས་བྱུང་བའི་ཁམས་ཀྱི་གནས་ལུགས་ཤེས་པའི་ ཤེས་རབ་ལས་གཞན་པ་སྒྲིབ་པ་གཉིས་པོ་འདི་དག་ནི། ས་བོན་དང་བཅས་པ་སྤོང་བའི་རྒྱུ་ གཞན་མེད་པ་དེའི་ཕྱིར་དེའི་ཤེས་རབ་དེ་རིགས་མ་ཐོས་པའི་ཚོགས་གཉིས་ལས་མཆོག་ཡེ་ ཤེས་ཀྱི་ཚོགས་འབའ་ཞིག་ཡིན་ནོ། །ཤེས་རབ་དེའི་རྒྱུ་ནི་རང་གི་ཁམས་ཀྱི་གནས་ལུགས་ རྟོགས་ནས་མཐར་ཐུག་གི་སྐྱབས་གནས་དཀོན་མཆོག་གསུམ་མྱུར་དུ་ཐོབ་པ། རིགས་སྟོན་ པའི་གཞུང་བཀའ་ཐ་མ་ཐོས་པའི་ཐོས་པ་ཡིན་པ་དེའི་ཕྱིར་ཐོས་པ་གཞན་ལས་མཆོག་ཡིན་ ནོ། ། ༈ གསུམ་པ་ཡོངས་སུ་རྫོགས་པའི་བྱ་བ་ལ་གཉིས། བཤད་བྱའི་དོན་རྒྱས་པར་བཤད་ པ་དང༌། འཆད་ཚུལ་བསྡུས་དེ་བསྟན་པའོ། ། དང་པོ་ལ་གསུམ། བསྟན་བཅོས་ཇི་ལྟར་བརྩམ་པའི་ཚུལ། ཆོས་ལ་གནོད་པ་སྤང་བའི་ ཚུལ། བརྩམས་པའི་བསོད་ནམས་བསྔོ་བའི་ཚུལ་ལོ། །དང་པོ་ནི། དེ་ལྟར་ཡིད་ཆེས་པའི་ བཀའ་ཐ་མའི་ལུང་དང་རིགས་པ་ལ་བརྟེན་ནས། བདག་ཉིད་འབའ་ཞིག་སྒྲིབ་གཉིས་དག་ པར་བྱ་བའི་ཕྱིར་དང་གདུལ་བྱ་གང་དག་རིགས་ཀྱི་དོན་ལ་མོས་པ་དང༌། དེ་ལ་བརྟེན་པའི་ དགེ་བ་དཀོན་མཆོག་ལ་སོགས་པའི་འབྲས་བུ་ཕུན་སུམ་ཚོགས་པ་དང་ལྡན་པ་ཐོབ་པར་ འདོད་པའི་བློ་ཅན་དེ་དག་རྗེས་སུ་བཟུང་བའི་ཕྱིར། རིགས་གཙོ་བོར་སྟོན་པའི་གསུང་རབ་ འདི་དག་བཤད་དོ། །ཇི་ལྟར་སྒྲོན་མེ་དང་གློག་དང་ནོར་བུ་དང་ཉི་མའི་འོད་ལ་བརྟེན་ནས་ མིག་དང་ལྡན་པས་གཟུགས་ལ་ལྟ་བ་བཞིན། དེ་བཞིན་དུ་དོན་ཆེན་པོ་དང་ལྡན་པའི་ཆོས་ཀྱི་ 1-1-197 སྤོབས་པའི་འོད་མཛད་པ་ཐུབ་པ་ལ་བརྟེན་ནས་རྒྱུད་བླ་མ་འདི་ནི་རབ་ཏུ་བཤད་དོ། །གསུང་ རབ་གང་ཞིག་བརྗོད་བྱ་དོན་ཆེན་པོ་རྗོད་བྱེད་ཆོས་དང་ཉེ་བར་འབྲེལ་ཞིང་ཁམས་གསུམ་གྱི་ ཀུན་ནས་ཉོན་མོངས་པ་ཐམས་ཅད་སྤོང་བར་བྱེད་པའི། དེ་བཞིན་གཤེགས་པའི་གསུང་ཞི་ བ་མྱ་ངན་ལས་འདས་པའི་ཕན་ཡོན་སྟོན་པར་མཛད་པ་གང་ཡིན་པ། དྲང་སྲོང་སངས་རྒྱས་ ཀྱི་གསུང་རབ་ཡིན་ལ་དེ་ལས་བཟློག་པ་ནི་གཞན་ཡིན་ནོ། །དགོངས་འགྲེལ་གང་ཞིག་རྒྱལ་ བས་བསྟན་པ་གསུངས་པ་འབའ་ཞིག་གི་དབང་དུ་བྱས་ཏེ། བཀའི་དགོངས་འགྲེལ་དུ་བྱས་ ཤིང་རྣམ་པར་གཡེང་བ་ཕྱིན་ཅི་ལོག་གི་བློ་མེད་པའི་ཡིད་ཅན། སྟོན་པ་པོ་ཚད་ལྡན་གྱིས་ བཤད་པ་ཐར་པ་མཚན་ཉིད་པ་ཐོབ་པའི་ལམ་སྟོན་པ་དང་རྗེས་སུ་མཐུན་པ་ཡོན་ཏན་བཞི་ ལྡན། བསྟན་བཅོས་དེ་ཡང་དྲང་སྲོང་སངས་རྒྱས་ཀྱི་བཀའ་བཞིན་དུ་སྤྱི་བོས་བླང་བྱ་དེའི་ དགོངས་འགྲེལ་བསྟན་བཅོས་ཡིན་ནོ། ། གཉིས་པ་ལ་གསུམ། དག་པའི་ཐབས་ངོས་གཟུང་སྟེ་བསྟེན་པར་གདམས་པ། ཉམས་ པའི་རྒྱུ་ངོས་གཟུང་སྟེ་སྤང་བར་གདམས་པ། ཟབ་མོའི་ཆོས་ཉམས་པའི་འབྲས་བུ་སྤང་ཚུལ་ ལོ། ། དང་པོ་ནི། གང་གི་ཕྱིར་རྒྱལ་བ་སངས་རྒྱས་ལས་ཆེས་མཁས་པའི་གང་ཟག་འགའ་ ཡང་འཇིག་རྟེན་འདི་ན་ཡོད་པ་མིན་པའི་ཕྱིར་ཏེ། ཤེས་བྱ་ཇི་སྙེད་པ་མ་ལུས་པ་དང༌། ཇི་ལྟ་ བ་དེ་ཉིད་མཆོག་རིགས་ནི་ཚུལ་བཞིན་དུ་ཀུན་མཁྱེན་གྱིས་མཁྱེན་གྱི་གཞན་གྱིས་མཁྱེན་པ་ མིན་པ་དེའི་ཕྱིར། དྲང་སྲོང་རང་ཉིད་ཀྱིས་དྲང་དོན་དང་ངེས་དོན་དུ་གཞག་པའི་མདོ་སྡེ་གང་ ཡིན་པ་དེ་དང་དེ་ནི། རང་བཟོས་དྲང་དོན་ལ་ངེས་དོན་དང༌། ངེས་དོན་ལ་དྲང་དོན་དང་རྟག་ པ་སོགས་ཀྱང་སྒྲ་སྦྱར་བ་ཡིན་གྱི་དོན་མིན་ནོ་ཞེས་དེ་ལས་གཞན་དུ་བསྒྱུར་ཞིང་མི་དཀྲུག་ གོ །གལ་ཏེ་དཀྲུགས་ན་ཐུབ་པའི་ཆོས་ཀྱི་ཚུལ་བཤིག་པའི་ཕྱིར་དེ་ཡང་དམ་ཆོས་ལ་ནི་ 1-1-198 གནོད་པ་སྟེ། བསྟན་པ་བཤིག་ཅིང་ཆོས་སྤོང་བར་འགྱུར་བས་སྟོན་པའི་ངེས་དོན་གྱི་མདོར་ ཇི་ལྟར་གསུངས་པ་བཞིན་སྤྱད་པར་བྱ་སྟེ། ལྷ་མོ་དཔལ་ཕྲེང་གི་མདོར། གསུམ་པོ་འདི་དག་ ནི་རིགས་ཀྱི་བུ་དང་བུ་མོ་ཆོས་ཟབ་མོ་དག་ལ་མ་སྨས་མ་ཉམས་པར་བདག་ཉིད་སྲུང་བ་དང་ བསོད་ནམས་མང་དུ་བསྐྱེད་ཅིང་ཐེག་ཆེན་གྱི་ལམ་དུ་ཞུག་པ་ལགས་སོ༑ ༑གསུམ་པོ་གང་ ཞེ་ན། རང་གིས་རིག་པའི་ཆོས་ཟབ་མོ་དང་ལྡན་པ་དང་ཆོས་དང་མཐུན་པར་སྡུད་པའི་ཤེས་ པ་དང་ལྡན་པ་དང༌། ཆོས་ཟབ་མོ་དག་ལ་བདག་ཉིད་ཤེས་པ་ཞུམ་པར་འཚལ་ནས་འདི་ནི་ བདག་གིས་མི་ཤེས་ཏེ། དོན་འདི་ནི་དེ་བཞིན་གཤེགས་པ་ཉིད་ཀྱིས་མཁྱེན་པར་ཟད་དོ་ཞེས་ བཅོམ་ལྡན་འདས་ལ་སེམས་རྣམ་པར་གཏོད་པར་བགྱིད་དེ་ཞེས་དང༌། གསུམ་པོ་འདི་ལས་ གཞན་པའི་སེམས་ཅན་གང་ལགས་པ་དེ་དག་ནི་ཆོས་ཟབ་མོ་དག་ལ་ནན་ཏན་བགྱིད་མཆོག་ ཏུ་བཟུང་ནས་གོ་ལོབ་ཀྱི་སེམས་འཛིན་ཅིང་མངོན་པར་ཞེན་ཏེ། སྟོན་པར་བགྱིད་ཀུན་ཏུ་སྨྲ་ བར་བགྱིད་དོ། །བཅོམ་ལྡན་འདས་བདག་ནི་དེ་དག་ལ་དམ་པའི་ཆོས་ལ་རྒྱབ་ཀྱིས་ཕྱོགས་ པ་དང་གཞན་མུ་སྟེགས་ཅན་དང་ས་བོན་རུལ་པ་ལགས་ཏེ། རྒྱལ་པོའི་ཐད་དུ་ཡང་མཆིས་ ལ་བརླག་པར་བགྱིའོ་ཞེས་མཆིའོ། །བཅོམ་ལྡན་འདས་ས་བོན་རུལ་པ་དེ་དག་ནི་ལྷ་དང་མི་ དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་ལེགས་པར་ཚར་བཅད་པར་བགྱི་བ་ལགས་སོ་ ཞེས་གསུང་སྟེ། གོ་ལོབ་ཀྱི་སེམས་ནི་སྟོན་པས་ཇི་ལྟར་གསུངས་པ་ལས་གཞན་དུ་རང་བཟོས་ བཀའ་ཐ་མ་དྲང་དོན་དང་སེམས་ཙམ་གྱི་གཞུང་ཡིན། དེའི་བརྗོད་བྱ་སངས་རྒྱས་འདུས་མ་ བྱས་རྟག་བརྟན་གཡུང་དྲུང་དང༌། བདེ་གཤེགས་སྙིང་པོ་གསུང་པ་རྣམས་དྲང་དོན་ཡིན་དེ་ ཞེས་སོགས་སྨྲ་བས་ཏེ། མདོ་འདིའི་མཇུག་ཏུ་གདམས་པར་དེ་བཞིན་གཤེགས་པའི་སྙིང་པོ་ བསྟན་པ་དང་ཆོས་ཀྱི་སྐུ་བསྟན་པ་དང༌། རྟག་པ་དང༌། བརྟན་པ་དང༌། ཞི་བ་དང༌། ཐེར་ཟུག་ པ་དང༌། སྐྱབས་གཅིག་ཏུ་གྱུར་པ་བསྟན་པར་ཞེས་བྱ་བར་ཟུངས་ཤིག་ཅེས་སོགས་གསུངས་ 1-1-199 པས་སོ། །ལྷའི་ཟླ་བས་བསྒྱུར་བའི་མྱང་འདས་ཆེན་པོར་ཡང༌། དེ་བཞིན་གཤེགས་པའི་སྙིང་ པོ་བདག་མེད་པར་བསྒོམས་ཤིང་གཏན་དུ་སྟོང་པ་ཉིད་བསྒོམས་པས་ནི། སྡུག་བསྔལ་རྣམས་ མི་འགག་པར་ཕྱེ་མ་ལེབ་མར་མེའི་ནང་དུ་སོང་བ་བཞིན་དུ་འགྱུར་རོ། ། དེ་ལྟ་མ་ཡིན་པར་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པར་བསྒོམས་པའི་སེམས་ཅན་ རྣམས་ནི་ཉོན་མོངས་པ་རྣམས་ཡོད་བཞིན་དུ་ཉོན་མོངས་པའི་རྣམས་པ་འགོག་པར་བྱེད་ དོ། །དེ་ཅིའི་ཕྱིར་ཞེ་ན་དེ་བཞིན་གཤེགས་པའི་སྙིང་པོའི་རྐྱེན་གྱི་ཕྱིར་ཏེ། ཞེས་དང༌། དགེ་ སློང་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དེ་བཞིན་གཤེགས་པ་འདུས་མ་བྱས་པ་ལ། དེ་བཞིན་ གཤེགས་པ་འདུས་བྱས་ཡིན་ནོ་ཞེས་ཟེར་བས་ནི་མུ་སྟེགས་པར་གྱུར་ཏེ་ཤི་ཡང་བླའོ། །དེ་ བཞིན་གཤེགས་པ་འདུས་མ་བྱས་ཡིན་བཞིན་དུ་དེ་བཞིན་གཤེགས་པ་འདུས་བྱས་ཡིན་ནོ་ ཞེས་ཟེར་བ་གང་ཡིན་པ་དེ་དག་ནི་བརྫུན་དུ་སྨྲ་བ་ཡིན་ནོ། །དེ་བཞིན་གཤེགས་པ་འདུས་ བྱས་ཡིན་ནོ་ཞེས་ཟེར་བ་རྣམས་ནི་རང་གི་ཁྱིམ་དང་འདྲ་བར་སེམས་ཅན་དམྱལ་བར་འགྲོ་ བར་འགྱུར་རོ། །ཞེས་དང༌། སོར་ཕྲེང་གི་མདོར། སྔོན་ཡང་སེམས་ཅན་གང་དེ་བཞིན་ གཤེགས་པའི་སྐུ་རྟག་པ་ལ་མི་རྟག་པར་ལྟ་བ་རྣམས་མཛེ་ན་བར་གྱུར་ཏེ། ད་དུང་ཡང་སེམས་ ཅན་གང་ཞན་ཅིང་མཛེ་ན་བར་གྱུར་པ་དེ་དག་ནི་ཞེས་སོགས་དང༌། གང་སྔོན་ཕུན་སུམ་ ཚོགས་པའི་དུས་ན་རྒུད་པར་གྱུར་ཏེ་ནད་མང་བའི་སེམས་ཅན་རྣམ་པ་མང་པོ་དེ་དག་ནི། དེ་ བཞིན་གཤེགས་པ་གཡུང་དྲུང་གི་སྐུ་ལ་གཡུང་དྲུང་མ་ཡིན་པར་ལྟ་བ་ཡིན་ནོ། །ད་དུང་ཡང་ མ་འོངས་པ་ན་ཡང་སེམས་ཅན་གང་ཕུན་སུམ་ཚོགས་པའི་ཞེས་སོགས་དང༌། གང་སྔོན་དེ་ བཞིན་གཤེགས་པའི་སྐུ་ཐེར་ཟུག་ལ་ཐེར་ཟུག་མ་ཡིན་པར་ལྟ་བའི་སེམས་ཅན་དེ་དག་ནི། རྒྱལ་པོའི་བཙུན་མོ་དམ་པའི་མངལ་དུ་སྐྱེས་ནས་ཤི་སྟེ་མི་རྟག་པར་གྱུར་ཏོ། །ད་དུང་དང་མ་ འོངས་པ་ན་ཡང་སེམས་ཅན་གང་མི་རྟག་ཅིང་ཚེ་ཐུང་བར་འགྱུར་བ་དེ་དག་ནི་ཐེར་ཟུག་གི་ 1-1-200 སྐུ་ལ་སྨོད་པ་ཡིན་ཏེ་ཞེས་དང༌། གལ་ཏེ་སངས་རྒྱས་རྟག་པ་སོགས་ཡིན་ན། འདུས་པ་རིན་ པོ་ཆེའི་ཏོག་ལས། གང་དག་གཟུགས་ཀྱི་རྣམ་རྟོག་སོགས་ལ་ཆགས། །ཐེར་ཟུག་རྟག་བརྟན་ བདག་གི་དངོས་པོར་ལྟ། །དེ་དག་གི་ནི་སྐྱེ་བ་རྒྱུན་མི་འཆད། །དེ་དག་ངན་སོང་པ་ལ་ཤིན་ཏུ་ འབབ། །ཅེས་བཤད་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ་དེ་ནི་ཀུན་རྫོབ་འདུས་བྱས་གཞན་ དབང་དང་བརྟགས་ཆོས་ཀུན་བརྟགས་རྣམས་རྟག་པར་ལྟ་བ་སོགས་ལ་དགོངས་ལ། འདིར་ ནི་དོན་དམ་འདུས་མ་བྱས་ཡོངས་གྲུབ་ཀྱི་སངས་རྒྱས་ལ་དགོངས་པས་སོ༑ ༑རྒྱལ་བས་བསྟན་ པའི་གསལ་བྱེད་ཆེན་པོར་ལུང་བསྟན་པའི་སྐྱེས་བུ། སློབ་དཔོན་ཐོགས་མེད་ཀྱི་ཐེག་བསྡུས་ སུ། འབྱུང་རྟེན་སྒྱུ་མ་ལ་སོགས་བསྟན། །བརྟགས་ལ་བརྟེན་ནས་མེད་པ་བསྟན། །ཞེས་དང༌། སློབ་དཔོན་ཕྱོགས་གླང་གི་བརྒྱད་སྟོང་དོན་བསྡུས་སུ། མེད་ཅེས་བྱ་ལ་སོགས་ཚིག་གིས། ། བརྟགས་པ་ཐམས་ཅད་འགོག་པ་ཡིན། །སྒྱུ་མ་ལ་སོགས་དཔེ་རྣམས་ཀྱིས། །གཞན་གྱི་དབང་ ནི་ཡང་དག་བསྟན། །རྣམ་པར་བྱང་བ་བཞི་ཡིས་ནི། །ཡོངས་སུ་གྲུབ་པ་རབ་ཏུ་བསྒྲགས། ། ཞེས་དང༌། སློབ་དཔོན་ཀླུ་སྒྲུབ་ཀྱི་སྒོམ་རིམ་དུ། དེ་ལྟར་ཤེས་རབ་དག་པ་ཡི། །རང་གི་ངོ་ བོ་དོན་དམ་ནི། །ཤིན་ཏུ་ཡང་ནི་གྲུབ་པས་ན། །བརྟགས་པའི་གཞན་དངོས་འབྱུང་མ་ཡིན། ། ཞེས་དང༌། ལྷ་མོ་དཔལ་འཕྲེང་གི་མདོར། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་ཆོས་ ཀྱི་སྐུ་ཉིད་ནི་རྟག་པ་དང་བདེ་བ་དང་བདག་དང་གཙང་བའི་ཕ་རོལ་ཏུ་ཕྱིན་པའོ། །བཅོམ་ ལྡན་འདས་སེམས་ཅན་གང་དག་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ལ་དེ་ལྟར་མཐོང་བ་དེ་ དག་ནི་ཡང་དག་པར་མཐོང་བའོ། །ཡང་དག་པར་མཐོང་བ་དེ་དག་ནི་བཅོམ་ལྡན་འདས་ཀྱི་ ཐུགས་ཀྱི་སྲས་ལགས་སོ་ཞེས་སོ། །རྗེ་བཙུན་བྱམས་པས། གཙང་བདག་བདེ་དང་རྟག་ཉིད་ ཀྱི། །ཡོན་ཏན་ཕ་རོལ་ཕྱིན་པ་འབྲས། །ཞེས་དང༌། དེ་ནི་རྟག་དང་བརྟན་ཕྱིར་དང༌། །ཞི་ བའི་ཕྱིར་དང་གཡུང་དྲུང་ཕྱིར། །ཞེས་དང༌། འདུས་མ་བྱས་པའི་དབྱིངས་ལ་ནི། །རྟག་པ་ལ་ 1-1-201 སོགས་དོན་ཤེས་བྱ། །ཞེས་སོ། །གལ་ཏེ་དབུ་མའི་ལྟ་བ་ལ་རྟག་ཆད་སོགས་ཀྱི་མཐའ་དང་ བྲལ་དགོས་པ་མི་ནམ་ཞེ་ན། ཡིན་མོད་ཀྱང་དགོངས་པ་ནི། དྲི་མེད་འོད་དུ། རྟག་པ་དངོས་པོ་ དང་ཆད་པ་དངོས་པོ་མེད་པ་མིན་པ་དེ་ནི་རྡོ་རྗེ་ཅན་ཏེ་རྣམ་པར་དག་པའི་སེམས་སོ་ཞེས་ཏེ། འདིས་དབུ་མ་ཆེན་པོའི་མཐའ་བྲལ་གྱི་དོན་རྟག་པའི་མཐའ་འདུས་བྱས་ཀྱི་དངོས་པོར་གྲུབ་ པ་སོགས་དང༌། ཆད་པའི་མཐའ་དངོས་པོ་གང་ཡང་མེད་ཅིང་གཞི་མེད་ཆད་སྟོང་སྟེ་མཐའ་ དེ་གཉིས་ལས་གྲོལ་ཞེས་པ་སྟེ། དོན་དམ་པར་བརྟགས་ཆོས་ཀུན་རྫོབ་ཅིར་ཡང་མ་གྲུབ་པ་ ལྟར་དོན་དམ་མ་བརྟགས་པ་ཆོས་ཉིད་སངས་རྒྱས་ཀྱང༌། དངོས་པོ་དང་མཚན་མའི་ཡོད་མེད་ སོགས་ཅིར་ཡང་མ་གྲུབ་པ་ཡིན་ནོ། །གལ་ཏེ་སངས་རྒྱས་གང་ཡིན་རྒྱུ་ཚོགས་གཉིས་ལས་ སྐྱེས་པས་འདུས་བྱས་ཡིན་ཏེ། རིན་ཆེན་ཕྲེང་བར། སངས་རྒྱས་རྣམས་ཀྱི་གཟུགས་སྐུ་ནི། ། བསོད་ནམས་ཚོགས་ལས་འཁྲུངས་པ་སྟེ། །ཆོས་ཀྱི་སྐུ་དེ་མདོར་བསྡུས་ན། །རྒྱལ་པོ་ཡེ་ཤེས་ ཚོགས་ལས་འཁྲུངས། །ཞེས་སོ། །དེས་ན་རྟག་པར་འགལ་ལོ་ཞེ་ན། རྟགས་མ་གྲུབ་སྟེ༌། གཟུགས་སྐུ་བསྐྱེད་འབྲས་ཡིན་ཡང་གདུལ་བྱ་གཞན་སྣང་ལ་ཐ་སྙད་དུ་སངས་རྒྱས་སུ་བཞག་ པ་དོན་གྱི་སངས་རྒྱས་བརྟགས་པ་བ་ཡིན་ལ། ཆོས་སྐུ་ནི་བྲལ་འབྲས་འདུས་མ་བྱས་ཡང་ དག་པ་སྟེ། གསེར་འོད་དུ་སྐུ་གཉིས་ལ་ནི་མྱ་ངན་ལས་འདས་པ་ཞེས་མི་བྱ་སྟེ། ཆོས་ཀྱི་སྐུ་ ལས་གཞན་པའི་སངས་རྒྱས་ནི་མེད་པའི་ཕྱིར་རོ། །ཞེས་དང་ཆོས་ཀྱི་སྐུ་ནི་ཡང་དག་པ་སྟེ་སྐུ་ དེ་གཉིས་ཀྱི་གཞི་བྱེད་དོ། །སྐུ་སྔ་མ་གཉིས་ནི་བརྟགས་པ་ཙམ་མོ་ཞེས་དང༌། ཚོགས་གཉིས་ ཀྱིས་ཆོས་སྐུའི་དྲི་མ་བསལ་ནས་མངོན་དུ་མ་གྱུར་པ་གྱུར་པར་བྱས་པ་ཙམ་ལ་འཁྲུངས་པའི་ ཐ་སྙད་མཛད། རབ་ཞི་རྣམ་ངེས་དང་ཤེར་ཕྱིན་གྱི་མདོ་སོགས་ཤེས་བྱེད་མཐའ་ཡས་སོ། ། དོན་གྱི་སངས་རྒྱས་འདུས་བྱས་སྐྱེ་འཇིག་ཅན་གསར་སྐྱེས་སུ་བལྟས་ན་ངོ་ཚ་མེད་པ་དང་ ཚུལ་ཁྲིམས་འཆལ་པ་དང་ཕྱི་མ་ངན་འགྲོར་སྐྱེ་ལ། རྟག་པ་འདུས་མ་བྱས་སུ་བལྟས་ན་དེ་ 1-1-202 ལས་ཟློག་པ་དང་མྱུར་དུ་འཚང་རྒྱ་སྟེ། མྱང་འདས་ཆེན་པོའི་བམ་པོ་གཉིས་པར། གཅེར་བུར་ འགྲོ་བ་ངོ་ཚ་ནས་གོས་ཀྱི་གཡོགས་ཏེ་མེར་ཤི་བ་མི་དང་ལྷ་ཆེན་པོར་སྐྱེས་པའི་དཔེས། དེ་ བས་ན་འཇམ་དཔལ་ཁྲེལ་ཞིང་ངོ་ཚ་བ་དང་ལྡན་པ་རྣམས་ནི་སངས་རྒྱས་བཅོམ་ལྡན་འདས་ ལ་འདུས་བྱས་རྣམས་དང་མཐུན་པར་མི་བལྟའོ། །འཇམ་དཔལ་མུ་སྟེགས་ཅན་ངན་པར་བལྟ་ བ་ནི་དེ་བཞིན་གཤེགས་པ་ལ་འདུས་བྱས་དང་མཐུན་ནོ་ཞེས་སྨྲ་བའི། ཚུལ་ཁྲིམས་བསྲུང་ བའི་དགེ་སློང་དག་ནི་དེ་ལྟར་དེ་བཞིན་གཤེགས་པ་ལ་འདུས་བྱས་ཡིན་པར་མི་བལྟའོ། །ཅི་ སྟེ་དེ་བཞིན་གཤེགས་པ་ལ་འདུས་བྱས་ཡིན་ནོ་ཞེས་བརྗོད་ན་དེ་ནི་བརྫུན་དུ་སྨྲ་བ་ཡིན་ཏེ། གང་ཟག་དེ་ནི་ཤི་མ་ཐག་ཏུ་སེམས་ཅན་དམྱལ་བར་སྐྱེ་བར་རིགས་པར་བྱ་བ་ནི་ཇི་ལྟར་གང་ ཟག་རང་གི་ཁྱིམ་ན་གནས་པ་བཞིན་ནོ། །འཇམ་དཔལ་དེ་བཞིན་གཤེགས་པ་ནི་ཡང་དག་ པར་འདུས་མ་བྱས་པའི་ཆོས་ཅན་ཡིན་པས་འདུས་བྱས་ཞེས་བརྗོད་པར་མི་བྱའོ། །འཇམ་ དཔལ་དེང་སླན་ཆད་འཁོར་བ་ན་འཁོར་བར་ཤེས་པ་མེད་པ་སྤངས་དེ་ཡང་དག་པའི་ཡེ་ ཤེས་བཙལ་བར་བྱའོ། །དེ་བཞིན་གཤེགས་པ་ནི་འདུས་མ་བྱས་པ་སྟེ། གང་ཞིག་དེ་བཞིན་ གཤེགས་པ་ལ་དེ་ལྟ་བུའི་ཚུལ་དུ་བལྟ་ན་མཚན་སུམ་ཅུ་རྩ་གཉིས་དང་ལྡན་ཞིང༌། མྱུར་དུ་ ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱའོ་ཞེས་སོ། །རྗེ་བཙུན་ཡབ་སྲས་ཀྱིས་ཀྱང་ སངས་རྒྱས་འདུས་མ་བྱས་སུ་བཀྲལ་ཏེ་དཀོན་མཆོག་གི་ཐད་དུ་འདུས་མ་བྱས་ཤིང་ལྷུན་ གྱིས་གྲུབ་ཅེས་དང༌། དེའི་འགྲེལ་པར་འདིས་ནི་དེ་བཞིན་གཤེགས་པ་རེ་ཤིག་འདུས་མ་བྱས་ པ་ཉིད་དུ་བསྟན་ཏོ་ཞེས་དང༌། འགྱུར་བ་མེད་ཕྱིར་དཀོན་མཆོག་ཉིད་ཅེས་པའི་འགྲེལ་བར། མི་འགྱུར་བར་ཆོས་མཐུན་པ་ནི་འདུས་མ་བྱས་པའི་རང་བཞིན་ཡིན་པའི་ཕྱིར་རོ། །ཞེས་དང༌། གནས་བཞིའི་ཁམས་ཤིན་ཏུ་རྣམ་དག་འགྱུར་མེད་ཀྱི་ཐད་དུ། འདུས་མ་བྱས་པའི་དབྱིངས་ལ་ ནི། །རྟག་པ་ལ་སོགས་དོན་ཤེས་བྱ། །ཞེས་དང༌། བྱང་ཆུབ་ཀྱི་ཐད་དུ་སྔ་འགྲེལ་དུ། ད་ནི་དྲི་ 1-1-203 མ་མེད་པའི་དེ་བཞིན་གཤེགས་པར་བརྗོད་པར་བྱའོ། །ཞེས་དང་རྩ་བར། རྣམ་གྲོལ་ཆོས་ཀྱི་ སྐུ་དག་ནི། །རྣམ་གཉིས་རྣམ་གཅིག་ཤེས་བྱ་སྟེ། །ཟག་པ་མེད་ཕྱིར་ཁྱབ་པའི་ཕྱིར༌། །འདུས་ མ་བྱས་པའི་གནས་ཉིད་ཕྱིར། །ཞེས་དང༌། གཏན་དུ་འཇིག་པ་མེད་པ་ཡི། །རང་བཞིན་ཡིན་ ཕྱིར་འདུས་མ་བྱས། །ཞེས་དང༌། ཡོན་ཏན་གྱི་ཐད་དུ། དྲི་མ་མེད་པའི་དེ་བཞིན་ཉིད་བཤད་ ཟིན་ཏོ། །ད་ནི་དེ་ལ་བརྟེན་པ་ནོར་བུའི་འོད་དང་ཞེས་ནས་ཤིན་ཏུ་དྲི་མ་མེད་པའི་ཡོན་ཏན་ དེ་དག་བཤད་པར་བྱ་སྟེ། ཞེས་དང༌། ཕྲིན་ལས་ཀྱི་ཐད་དུ་སྐྱེ་བ་དང་འགག་པ་མེད་པས་ཕྱེ་ བ་ཞེས་བརྗོད་པའི་སངས་རྒྱས་ཉིད་ཅེས་བརྗོད་དོ། །དེས་ན་འདིར་ཇི་ལྟར་ན་འདུས་མ་བྱས་ པ་འཇུག་པ་མེད་པའི་མཚན་ཉིད་ཅན་གྱི་སངས་རྒྱས་ཉིད་ལས་སངས་རྒྱས་ཀྱི་མཛད་པ་ལྷུན་ གྱིས་འགྲུབ་པ་དང༌། རྒྱུན་མི་འཆད་ལ་འཇུག་ཅེས་སངས་རྒྱས་ཀྱི་ཆོས་ཉིད་ལས་བརྩམ་ཏེ་ ཞེས་སོགས་དང༌། སངས་རྒྱས་བཅོམ་ལྡན་འདས་རྣམས་སྐྱེ་བ་མེད་ཅིང་འགག་པ་མེད་པ་ ཡིན་ཡང་སྐྱེ་བ་དང་འགག་པར་མཐོང་བ་ཞེས་སོགས་དང༌། དེ་བཞིན་དུ་ནི་འབད་མེད་པར། ། སྐྱེ་མེད་འགག་མེད་ཆོས་སྐུ་ལས། །སྲིད་པ་ཇི་ལྟར་གནས་བར་དུ། །སྟོན་པ་ལ་སོགས་མཛད་ པ་འཇུག །ཅེས་སོ། །ཅི་སྟེ་འདུས་བྱས་སྐྱེ་འཇིག་ཅན་ཡིན་ན། སངས་རྒྱས་དེ་དོན་དམ་གྱི་ སྐྱབས་མིན་པ་དང༌། གནས་སྐབས་ཀུན་ཏུ་འགྱུར་བ་དང་བཅས་པ་དང༌། དེ་ལ་བྱང་ཆེན་གྱི་ བྱེད་ལས་དང་ཡོན་ཏན་དང་འཕྲིན་ལས་ལྷུན་གྲུབ་རྒྱུན་མི་འཆད་རྣམས་མི་སྲིད་པར་ཐལ་ལོ། ། སངས་རྒྱས་ལ་འདུས་བྱས་དངོས་པོར་ཞེན་པ་ནི་དོན་ལ་མེད་པར་ལྟ་བ་དམྱལ་བའི་རྒྱུ་སྟེ། རྩ་ཤེར། གང་དག་དེ་བཞིན་གཤེགས་ཡོད་ཅེས། །འཛིན་པ་སྟུག་པོས་གཟུང་གྱུར་པ། །དེ་ ནི་དེ་བཞིན་གཤེགས་པ་ལ། །མེད་ཅེས་རབ་ཏུ་རྟོགས་པར་བྱེད། །ཅེས་དང་རིན་ཆེན་ཕྲེང་ བར། གཞན་ཡང་འདི་ནི་ལོག་གཟུང་ན། །བླུན་པོ་མཁས་པའི་ང་རྒྱལ་ཅན། །སྤོང་བས་མ་ རུངས་བདག་ཉིད་ཅན། །མནར་མེད་པར་ནི་སྤྱི་ཚུགས་འགྲོ། །ཞེས་སོ། །གཞན་ཡང་སངས་ 1-1-204 རྒྱས་སེམས་ཅན་གྱི་དུས་ན་ཆོས་ཉིད་དུ་མེད་པས་སྔར་མེད་གསར་སྐྱེས་སྐྱེ་འཇིག་ཅན་དང་ གཟུགས་ཅན་ཡིན་ན་སྐྱོན་ཆེར་ཡོད་དེ། དུས་འཁོར་མཆོག་མི་འགྱུར་དུ། འདིར་བཅོམ་ལྡན་ འདས་ཀྱི་གཟུགས་ཀྱི་སྐུ་སྒྲུབ་པ་ནི་ལོག་པར་མི་འགྱུར་རོ་ཞེས་བྱིས་པའི་སྐྱེ་བོ་རྣམས་ཀྱིས་ བརྗོད་པར་བྱ་བ་གང་ཡིན་པ་འདི་ནི་དེ་ལྟར་བདེན་པ་མིན་ཏེ། གང་གི་ཕྱིར་སྐྱེ་བ་དང་འཇིག་ པའི་ཆོས་ཅན་ཉིད་ཀྱི་ཕྱིར་རོ། །འདིར་གལ་ཏེ་དོན་དམ་པར་བཅོམ་ལྡན་འདས་ལྷུམས་ ནས་འབྱུང་བ་དང་སེམས་ཅན་གྱི་དོན་དུ་གཤེགས་པ་དང༌། བྱོན་པའི་བྱ་བ་དང་ཡོངས་སུ་ མྱ་ངན་ལས་འདས་པ་ཆེན་པོ་དང་སྐུ་གདུང་ཡང་དག་པར་སྟོན་པ་ཡོད་ན། དེའི་ཚེ་དེ་བཞིན་ གཤེགས་པ་བསྒྲུབས་པ་འབྲས་བུ་མེད་པར་འགྱུར་ཏེ། སྐྱེས་པའི་སྐུ་རྣམ་པར་ཉམས་པ་གང་ ཡིན་པ་དེ་བསྒྲུབས་པས་ཇི་ལྟར་སྒྲུབ་པ་པོའི་ལུས་ཉམས་པ་མེད་པ་བྱེད་པར་འགྱུར། རང་ ཉིད་མ་གྲུབ་པར་གཞན་སྒྲུབ་པར་བྱེད་པ་འདི་ནི་ཕྱིན་ཅི་ལོག་གོ །ཅི་སྟེ་སྐུ་གདུང་ཡང་དག་ པར་སྟོན་པ་ཕུལ་དུ་བྱུང་བའི་མཚན་ཉིད་ཆེན་པོ་ཡོད་ན་འདིར། སྐྱེས་བུ་ཆེན་པོའི་མཚན་སོ་ གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུ་དང་འོད་ཀྱི་དཀྱིལ་འཁོར་འདོམ་གང་བ་རྣམས་རྣམ་ པར་ཉམས་སོ། །སྔར་གྱི་སྐུ་མེད་པའི་ཕྱིར་སྐུ་གདུང་གི་ཕུང་པོ་ནི་རྡོ་རྗེའི་སྐུར་མི་འགྱུར་རོ། ། སྐུ་མེད་ན་རྡོ་རྗེ་སེམས་དཔའ་གཞན་གྱིས་བསྒྲུབ་པ་མེད་དོ། ། འདིར་ཕན་ཚུན་འགལ་བའི་ཕྱིར་དེ་ཁོ་ན་ཉིད་མི་ལྡན་པ་ནི་ཉམས་ཏེ། སྐྱེ་བ་དང་འཇིག་ པའི་ཆོས་ཅན་ཉིད་ཀྱི་ཕྱིར་རོ། །སྐྱེ་བ་དང་འཇིག་པའི་རྡོ་རྗེ་སེམས་དཔའ་བསྒྲུབ་པ་ཡིན་ན་ ཤེར་ཕྱིན་དང་སྟོང་ཉིད་དང་དྲན་པ་ཉེར་བཞག་སོགས་ནས་མ་འདྲེས་པའི་བར་རྣམས་མེད་ པར་འགྱུར་རོ། །ཞེས་སོགས་དང༌། དེའི་ཕྱིར་སྐྱེ་བ་དང་འགག་པའི་རྡོ་རྗེ་སེམས་དཔའ་ལ་ སྟོབས་བཅུ་དང་མི་འཇིགས་པ་ལ་སོགས་པའི་ཡོན་ཏན་རྣམ་མི་སྲིད་དོ། །གཞན་ཡང་ཅི་གལ་ ཏེ་བཅོམ་ལྡན་འདས་གཟུགས་ཅན་ཡིན་ན་དེའི་ཚེ་ཕྱོགས་གཅིག་ཏུ་གནས་པས། གངྒཱའི་ཀླུང་ 1-1-205 གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རྣམས་སུ་རི་བོ་དུ་མའི་རྡུལ་དང་མཉམ་པའི་སེམས་ ཅན་གྱི་རིགས་རྣམས་ཀྱི་དོན་བྱ་བ་བྱེད་ནུས་པར་མི་འགྱུར་ཏེ། གཟུགས་ཀྱི་སྐུ་ཡིན་པའི་ ཕྱིར་རོ། །ཅི་སྟེ་བྱིས་པའི་བློ་ཅན་རྣམས་ཀྱི་གཟུགས་ཀྱི་སྐུས་ཀྱང་འཇིག་རྟེན་ཁམས་གཅིག་ ཏུ་གཤེགས་ཏེ། དེ་ན་གནས་པའི་རྣམས་ཀྱི་སེམས་ཅན་རྣམས་ཀྱི་དོན་བྱ་བ་མཛད་ནས་དེ་ ནས་ཀྱང་འཇིག་རྟེན་གྱི་ཁམས་གཞན་དུ་གཤེགས་ཤིང༌། དེ་ནས་ཀྱང་གཞན་དུ་གཤེགས་པ་ མཛད་དོ་ཞེ་ན་འདི་ཉིད་རིགས་པས་མི་འཐད་དེ། གང་གི་ཕྱིར་ཕྱོགས་ཀྱི་ཆ་གཅིག་ཁོ་ན་ལ་ འཇིག་རྟེན་གྱི་ཁམས་རྣམས་ཚད་དང་བྲལ་བ་ཉིད་ཀྱི་ཕྱིར། ཕྱོགས་བཅུ་ཆར་དུ་ཡང་དག་པར་ གནས་པའི་འཇིག་རྟེན་གྱི་ཁམས་རྣམས་དང་མཐའ་ཡས་པ་མཐའ་ཡས་པའི་སེམས་ཅན་ རྣམས་ལྟ་ཅི་སྨོས། གཟུགས་ཀྱི་སྐུས་གཤེགས་ནས་སེམས་ཅན་གྱི་དོན་མཛད་པར་ནི་བསྐལ་ པ་དུ་མ་རྣམས་ཀྱིས་ཀྱང་མི་ནུས་སོ་ཞེས་སོགས་དང༌། མཚན་ཡང་དག་པར་བརྗོད་པས་ ཡོངས་སུ་བརྟགས་ན་སངས་རྒྱས་བཅོམ་ལྡན་འདས་གཟུགས་ཀྱི་སྐུར་མི་འགྱུར་ཏེ། གང་གི་ ཕྱིར་ནམ་མཁའ་ལས་བྱུང་བའི་ཕྱིར་དང་རང་བྱུང་བའི་ཕྱིར་དང་ཞེས་སོགས་དང༌། ཡེ་ལེར། འདི་ནི་མ་སྐྱེས་ཆོས་ཏེ་ཆུ་ལ་ནམ་མཁའ་བཞིན་དུ་འདི་ནི་སྐྱེ་བར་འཁྲུལ་པར་སྟེར་བའོ། ། བཅོམ་ལྡན་འདས་ཀྱི་གསུང་འདིའི་ཕྱིར་བཅོམ་ལྡན་འདས་ནི་གཟུགས་ཀྱི་སྐུར་མི་འགྱུར་ཏེ། སངས་རྒྱས་ཐམས་ཅད་འདུས་པའི་ཕྱིར་རོ། །གལ་ཏེ་གཟུགས་ཀྱི་སྐུ་ཡིན་ན་དེའི་ཚེ་རྡུལ་ཕྲ་ རབ་ཀྱི་གཟུགས་ཀྱིས་ཀྱང་འདུས་པར་མི་འགྱུར་རོ། །ཞེས་སོགས་དང༌། དེ་བཞིན་དུ་སེམས་ཅན་བསོད་ནམས་དང་ལྡན་པ་རྣམས་ཀྱི་རང་གི་སེམས་ཀྱི་སྣང་བ་ སྟེ། བཅོམ་ལྡན་འདས་ནི་སྐྱེས་པ་མིན་ཞིང་འགགས་པ་མིན་ནོ་ཞེས་ཏེ། སངས་རྒྱས་འདུས་ བྱས་སྐྱེ་འཇིག་ཅན་དང་གཟུགས་ཅན་ཡིན་ན། སངས་རྒྱས་བསྒྲུབས་ཀྱང་མ་བསྒྲུབས་པ་ཁོ་ ནར་ཐལ་བ་དང༌། བསྐལ་པ་དུ་མར་སྐྱབས་སུ་འགྲོ་བ་སོགས་བྱང་ཆུབ་ཀྱི་སྤྱོད་པ་རྣམས་ 1-1-206 དོན་མེད་པ་དང༌། ཤེར་ཕྱིན་དང་སྟོང་ཉིད་དང་དྲན་པ་ཉེར་བཞག་ནས་སངས་རྒྱས་ཀྱི་ཆོས་ མ་འདྲེས་པའི་བར་རྣམས་མེད་པ་དང༌། སྟོབས་སོགས་ཟག་མེད་ཀྱི་ཡོན་ཏན་རྣམས་མི་སྲིད་ པ་དང་ཕྱོགས་བཅུའི་འཇིག་རྟེན་ཁམས་མཐའ་ཡས་པའི་སེམས་ཅན་གྱི་དོན་མི་ནུས་པ་དང༌། སངས་རྒྱས་ཐམས་ཅད་འདུས་པའི་སྐུ་མིན་པར་ཐལ་ལོ། ། དེའི་ཕྱིར་དང་མཚན་ཡང་དག་པར་བརྗོད་པས་བརྟགས་ན་སངས་རྒྱས་བཅོམ་ལྡན་ འདས་ནི་འདུས་བྱས་སྐྱེ་འཇིག་ཅན་དང་གཟུགས་ཅན་གཏན་ནས་མིན་ལ་འདུས་མ་བྱས་ ཡེ་ཤེས་ཀྱི་སྐུར་གྲུབ་པོ། །དེ་ལྟར་ན་བཀའ་བར་བ་ནི་དངོས་འཛིན་ལྟ་བའི་གཉེན་པོར་རྣམ་ པར་མ་ཕྱེ་བར། ཆོས་ཐམས་ཅད་ཕྱོགས་གཅིག་ཏུ་རང་བཞིན་དང་མཚན་ཉིད་དང་ངོ་བོ་ཉིད་ རྣམས་མེད་པ་དང༌། སྟོང་པ་བདག་མེད་དུ་སྟོན་པས་བཀའ་བར་བ་མཚན་ཉིད་མེད་པ་དང༌། སྟོང་པ་སྨོས་པའི་ཆོས་འཁོར་ནི་གཉེན་པོ་ལ་ལྡེམ་དགོངས་དྲང་དོན་དགོངས་པ་ཅན་ཡིན་ལ། ཐ་མ་ནི་ཡིན་ལུགས་ལྟར་དེ་ཉིད་གསུམ་སོགས་སུ་རྣམ་པར་ཕྱེ་ནས་སྟོན་པའི་དེ་ལས་ཟློག་པ་ ཡིན་ཏེ། ཤེར་ཕྱིན་ལྔ་བརྒྱ་པར་གང་ཡང་བཅོམ་ལྡན་ཀྱིས་གཟུགས་རང་བཞིན་མེད་པ་དང༌། སྐྱེ་བ་མེད་པ་དང་འགག་པ་མེད་པ་དང་གཟོད་མ་ནས་ཞི་བ་དང་རང་བཞིན་གྱིས་མྱ་ངན་ལས་ འདས་པར་བསྟན་པ་གང་ཡིན་པ་དེ་ནི། དགོངས་པ་མ་ཡིན་པ་དགོངས་པ་ཅན་མ་ཡིན་པ་སྒྲ་ ཇི་བཞིན་པའོ་ཞེས་སྨྲ་བ་དེ་དག་ནི་ཕྱིར་རོལ་པ་ལས་ཀྱང་ཕྱིར་རོལ་པ་སོ་སོ་སྐྱེ་བོའི་ཕྱོགས་ ལ་བརྟེན་པའོ་ཞེས་ང་སྨྲའོ། །དེ་བཞིན་དུ་ཚོར་བ་དང་ཞེས་སོགས་དང༌། མདོ་སྡེ་དགོངས་ འགྲེལ་དུ་དོན་དམ་ཡང་དག་འཕགས་འདི་ལ་དེ་བཞིན་གཤེག་པ་ནི་ངོ་བོ་ཉིད་རྣམ་པ་གསུམ་ པོ་འདི་དག་ཉིད་ལ་དགོངས་ནས། དྲང་པའི་དོན་གྱིས་མདོ་བརྗོད་པའི་རྣམ་པ་འདི་ལྟ་སྟེ་ཆོས་ ཐམས་ཅད་ནི། མ་སྐྱེས་པ་མ་འགག་པ་གཟོད་མ་ནས་ཞི་བ་རང་བཞིན་གྱིས་མྱ་ངན་ལས་ འདས་ 1-1-207 པའོ་ཞེས་སྟོན་ཏོ། །ཞེས་དང༌། འདི་ལྟའི་མདོ་ལ་སྒྲ་ཇི་བཞིན་དུ་ཞེན་ན་མཚན་མར་ལྟ་ བ་སོགས་ལྟ་ངན་ཉེར་བརྒྱད་འབྱུང་སྟེ། དགོངས་འགྲེལ་དུ་ངའི་དགོངས་ཏེ་གསུངས་པ་ཡང་ དག་པ་ཇི་ལྟ་བ་བཞིན་དུ་མི་ཤེས་ཏེ། ཆོས་ལ་མོས་ཀྱང་ཆོས་འདི་དག་ཐམས་ཅད་ནི་ངོ་བོ་ ཉིད་མེད་པ་ཉིད་ཆོས་འདི་དག་ཐམས་ཅད་ནི། མ་སྐྱེས་པ་ཉིད་མ་འགགས་པ་ཉིད་གཟོད་མ་ ནས་ཞི་བ་ཉིད་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ཡིན་ནོ། །ཞེས་ཆོས་ལ་ སྒྲ་ཇི་བཞིན་གྱི་དོན་དུ་མངོན་པར་ཞེན་ནས་དེ་དག་གཞི་དེ་ལས་ཆོས་ཐམས་ཅད་ལ་མེད་པར་ ལྟ་བ་དང་མཚན་ཉིད་མེད་པར་ལྟ་བར་འགྱུར་ཏེ༑ མེད་པར་ལྟ་བ་དང་མཚན་ཉིད་མེད་པར་ ལྟ་བར་གྱུར་ནས་ཐམས་ཅད་ལ་མཚན་ཉིད་ཐམས་ཅད་ཀྱིས་སྐུར་ཏེ། ཆོས་རྣམས་ཀྱི་ཀུན་ ཏུ་བརྟགས་པའི་མཚན་ཉིད་ལ་སྐུར་ཏོ། །ཆོས་རྣམས་ཀྱི་གཞན་གྱི་དབང་གི་མཚན་ཉིད་དང་ ཡོངས་སུ་གྲུབ་པའི་མཚན་ཉིད་ལའང་སྐུར་ཏེ། ཞེས་སོགས་དང་ཐེག་ཆེན་ལ་དད་པ་བསྒོམ་ པའི་མདོར་བྱང་ཆུབ་སེམས་དཔའ་སྒྲ་ཇི་བཞིན་དུ་ཚུལ་བཞིན་ཡིན་པར་ཆོས་རབ་ཏུ་རྣམས་ པར་འབྱེད་པ་ལ་ཡང་དག་མིན་པའི་ལྟ་བ་ཉི་ཤུ་རྩ་བརྒྱད་འབྱུང་སྟེ། གང་ཞེ་ན་མཚན་མར་ལྟ་ བ་དང༌། བརྟགས་པ་ལ་སྐུར་བ་འདེབས་པའི་ལྟ་བ་དང༌། ཀུན་ཏུ་རྟོག་པ་ལ་སྐུར་པ་འདེབས་ པའི་ལྟ་བ་དང་དེ་ཁོ་ན་ལ་སྐུར་བ་འདེབས་པའི་ལྟ་བ་དང་ཞེས་སོགས་དང་སོར་ཕྲེང་ལ་ ཕན་པའི་མདོར། བཙུན་པ་གང་པོ་ནི་སྦྲང་བུའི་སྤྱད་པ་སྤྱོ་དེ་ཆོས་ཀྱི་གཏམ་སྟོན་མི་ཤེས་སོ། ། སྦྲང་བུ་ཡང་ཟི་ཟི་ཞེས་སྒྲ་འབྱིན་ཤེས་ཀྱི་སྦྲང་བུ་ལྟར་བླུན་པོ་ཁྱོད་ཅང་མ་ཟེར་ཅིག གང་པོ་ དེ་བཞིན་གཤེགས་པའི་ལྡེམ་པོའི་ངག་མི་ཤེས་པས་བདག་མེད་པ་ལ་ཆོས་སུ་སེམས་པ་ནི། གཏི་མུག་གི་ཆོས་ཀྱི་བར་དེ་བཞིན་གཤེགས་པའི་སྙིང་པོ་ལ་ཡིད་མི་ཆེས་པའི་སེམས་ཅན་དེ་ དག་ནི་གཞན་མིན་དེ། བཙུན་པ་གང་པོ་དེ་དག་ནི་ཕྱུགས་སུ་གྱུར་པ་ཆོས་ཉིད་མི་ཤེས་པའོ། ། ཞེས་དང་དཔལ་དྲི་མེད་འོད་དུ། གདུག་པའི་སློབ་དཔོན་དེ་བཞིན་གཤེགས་པའི་སྙིང་པོ་ 1-1-208 ལས་ཕྱི་རོལ་ཏུ་གྱུར་པ་ཡུལ་དབང་པོ་ཉེ་བར་ལོངས་སྤྱོད་པ་ལ་ཆགས་ཤིང༌། བརྫུན་དུ་སྨྲ་བ་ རྣམས་མ་མཐོང་བའི་སྐྱོན་བཟུང་བ་ལས་མནར་མེད་པར་འགྲོ་བར་འགྱུར་རོ། །ཞེས་པས་མ་ མཐོང་བའི་སྐྱོན་བཟུང་བ་ནི་རང་གི་དབང་པོས་མ་མཐོང་བ་དང༌། ཐོབ་པའི་ཚུལ་གྱིས་མེད་ པ་ལ་མེད་པའི་ཁྱབ་པ་བྱས་ནས། སེམས་ཅན་ལ་སངས་རྒྱས་མེད་པར་བཟུང་ནས། སངས་ རྒྱས་ནམ་མཁའ་ལྟར་ཁྱབ་པ་དང༌། དེ་རྟག་བརྟན་འདུས་མ་བྱས་ལ་སྐྱོན་བརྗོད་ཅིང་སངས་ རྒྱས་གང་ཡིན་འདུས་བྱས་སུ་འཛིན་པའོ། །དེ་བདེ་གཤེགས་སྙིང་པོ་སངས་རྒྱས་འདུས་མ་ བྱས་ལ་སྨོད་པ་ལ་ཉེས་དམིགས་དང༌། མོས་པ་ལ་ཕན་ཡོན་ཤིན་ཏུ་ཆེ་བར་གསུངས་བས་ འདི་རྣམས་ངེས་དོན་དུ་གྲུབ་པོ། །སེམས་ཅན་གང་ཉོན་མོངས་པ་རིགས་ལ་རྨོངས་པར་གྱུར་ པའི་བདག་ཉིད་རྣམས་ཀྱི་འཕགས་པའི་གང་ཟག་ལ་སྐུར་པ་འདེབས་པ་དང༌། དེ་གསུང་ པའི་ཆོས་བཀའ་ཐ་མ་སེམས་ཙམ་དུ་སྨྲ་བ་དང་དེའི་བརྗོད་བྱ་རིགས་བདེ་གཤེགས་སྙིང་པོ་ ལ་བརྙས་ཏེ་དྲང་དོན་དུ་ཞེན་པ་གང་ཡིན་པ་དེ་ཀུན་ནི། བཀའ་བར་པ་རང་སྟོང་སྒྲ་ཇི་བཞིན་ མིན་པ་ངེས་དོན་སྒྲ་ཇི་བཞིན་པར་ཞེན་པའི་ཕྲ་མ་སྔ་བཙན་གྱི་ལྟ་བ་ངན་པས་བྱས་པ་དེས་ ན་ཞེན་ལྟའི་དྲི་མ་ཅན་དེ་ལ་བློ་མི་སྦྱར་རོ། །དཔེར་ན་གོས་གཙང་ཚོན་གྱིས་རྣམ་པར་བསྒྱུར་ ནུས་པ་ལ་སྣུམ་གྱིས་གོས་པའི་དྲི་མ་ཅན་ཁ་དོག་བསྒྱུར་བར་ནུས་པ་མིན་པ་བཞིན་ནོ། ། གཉིས་པ་ནི། རང་བཞིན་གྱི། བློ་གྲོས་དམན་པའི་ཕྱིར་དང་དཀར་པོ་ཐེག་ཆེན་རིགས་ ཀྱི་ཆོས་བཀའ་ཐ་མ་ལ་མོས་པ་དང་བྲལ་བའི་ཕྱིར་དང༌། དོན་ཕྱིན་ཅི་ལོག་ཏུ་གོ་བ་ལ་ཕྱིན་ཅི་ མ་ལོག་པར་གོ་སྙམ་པའི་ལོག་པའི་ང་རྒྱལ་ལ་རྟེན་པའི་ཕྱིར་དང༌། སྐྱེ་བ་སྔ་མ་དམ་ཆོས་ཀྱིས་ ཕོངས་པའི་སྒྲིབ་པ་བསགས་པའི་བདག་ཉིད་ཀྱི་ཕྱིར་དང༌། བཀའ་བར་པ་རང་སྟོང་གཙོ་ བོར་སྟོན་པ་དྲང་དོན་དགོངས་པ་ཅན་ལ་ངེས་དོན་སྒྲ་ཇི་བཞིན་པ་དེ་ཉིད་དུ་ངེས་པར་འཛིན་ པའི་ཕྱིར་དང༌། རང་སྟོང་གི་ལྟ་བ་བཟུང་ན་དེ་ལ་མོས་པ་རྣམས་ཀྱི་རྙེད་པ་འབུམ་པ་འབྱུང་ངོ་ 1-1-209 སྙམ་པ་རྙེད་པ་ལ་བརྐམ་པའི་ཕྱིར་དང༌། རང་སྟོང་ལ་ཞེན་ཆེས་པ་ལས་བྱུང་བའི་ཆོས་ཐམས་ ཅད་མེད་པར་ལྟར་བའི་མཚན་མར་ལྟ་བ་ལ་སོགས་པ། ཐེག་ཆེན་ལ་དད་པ་སྒོམ་པའི་མདོར་ འབྱུང་བའི་ལྟ་བ་ངན་པ་ཉི་ཤུ་རྩ་བརྒྱད་པོའི་དབང་དུ་སོང་བའི་ཕྱིར་དང༌། བདེ་གཤེགས་སྙིང་ པོ་རིགས་ཀྱི་ཆོས་སུན་འབྱིན་པའི་སྡིག་གྲོགས་བསྟེན་པའི་ཕྱིར་དང༌། རིགས་ཀྱི་ཆོས་བཀའ་ ཐ་མ་ངེས་དོན་དུ་འཛིན་པའི་བཤེས་གཉེན་རིང་དུ་སྲིང་པའི་ཕྱིར་དང༌། ཆོས་གང་དམན་པ་ ལ་གཙོ་བོར་འཛིན་པའི་མོས་པ་དམན་པ་དང་བཅུའི་ཕྱིར། ཐེག་ཆེན་དགྲ་བཅོམ་སངས་རྒྱས་ རྣམས་ཀྱི་ཆོས་སྤོང་བར་བྱེད་དོ། ། གསུམ་པ་ནི། ཇི་ལྟར་ཟབ་མོའི་ཆོས་ཉམས་ཤིང་སྤངས་པ་ལ་འཇིགས་པས་བག་བྱ་ དགོས་པ་དེ་བཞིན་དུ། ཐེག་ཆེན་གྱི་དོན་ལ་མཁས་པ་རྣམས་ཀྱིས་འཇིག་རྟེན་ན་འཇིགས་ པར་གྲགས་པ་མེ་དང་ནི། མི་བཟད་པའི་སྦྲུལ་གདུག་པ་དང་གསོད་པའི་གཤེད་མ་དང་ནི་ ཐོག་ལའང་ཤིན་ཏུ་འཇིགས་པར་མི་བྱའོ། མེ་དང་སྦྲུལ་དང་དགྲ་དང་རྡོ་རྗེའི་མེས་ནི་ཚེ་འདིའི་ སྲོག་དང་བྲལ་བ་ཙམ་བྱེད་ཀྱི། བཞི་པོ་དེ་ལས་མནར་མེད་པའི་དམྱལ་བ་རྣམས་ཀྱི་འགྲོ་བ་ ཤིན་ཏུ་འཇིགས་པར་འགྲོ་བར་མི་འགྱུར་ལ། གང་ཟག་གང་ཞིག་ཡང་དང་ཡང་དུ་སྡིག་པའི་ གྲོགས་པོ་བསྟེན་པས་སངས་རྒྱས་གཟུགས་ཀྱི་སྐུ་ལ་ངན་སེམས་དང་ལྡན་པས། བཀྲོངས་ པར་བརྩམས་པར་གྱུར་པ་དང་ཕ་དང་མ་དང་དགྲ་བཅོམ་པ་གསོད་པ་བྱ་བ་མིན་པ་བྱེད་པ་ དང༌། མཆོག་ཚོགས་འབྱེད་པ་དགེ་འདུན་གྱི་དབྱེན་བྱེད་པའི་མི་དེ་ཡང༌། ཆོས་ཉིད་ངེས་པར་ བསམས་པས་མྱུར་དུ་སྡིག་པ་དེ་ལས་ཐར་པར་འགྱུར་གྱི། གང་ཟག་གང་ཞིག་ཡིད་ནི་ཐེག་ ཆེན་གྱི་ཆོས་ལ་སྡང་བ་དེ་ལ་ཐར་པ་ག་ལ་ཡོད་དེ་མེད་དོ། ། གསུམ་པ་ནི། བསྔོ་རྒྱུ་འབྲས་བུ་དཀོན་མཆོག་གསུམ་རྒྱུ་རྣམས་པར་བྱང་བའི་ཁམས་ དང་རྐྱེན་དྲི་མ་མེད་པའི་བྱང་ཆུབ་དང་ཡོན་ཏན་དང་ཕྲིན་ལས་ཏེ། རྡོ་རྗེ་ལྟུ་བའི་དོན་དང་ 1-1-210 གནས་གཞུང་རྣམ་པ་བདུན་མདོ་ལས་བྱུང་བའི་ཚུལ་ཇི་ལྟ་བ་བཞིན་དུ་བཤད་པ་ལས། འཆད་ པ་པོ་བདག་གིས་དགེ་བ་གང་ཐོབ་པ་དེས་ནི་ནམ་མཁའ་དང་མཉམ་པའི་འགྲོ་བ་འདི་ཐམས་ ཅད་ཀྱིས། མཐའ་ཡས་པའི་འོད་མངའ་བའི་དྲང་སྲོང་མགོན་པོ་ཚེ་དཔག་ཏུ་མེད་པ་མཐོང་ ཞིང༌། མཐོང་ནས་ཀྱང་ནི་ཆོས་ཀྱི་མིག་དྲི་མ་མེད་པ་མཐོང་ངམ་སྐྱེས་ཏེ་བྱང་ཆུབ་མཆོག་ཐོབ་ པར་ཤོག ། གཉིས་པ་ནི། དེ་ལྟར་ཡིད་ཆེས་ཞེས་པའི་ཚིག་བཞི་པ་ཅིག་གིས་རྒྱུ་གང་ལ་བརྟེན་ནས་ རྒྱུ་མཚན་དགོས་པ་གང་གི་ཕྱིར་བཤད་པ་དང༌། ཇི་ལྟར་གློག་སྒྲོན་ཞེས་པའི་ཚིག་བཞི་པ་ཅིག་ གིས་ཚུལ་ཇི་ལྟར་བུར་ནི་བཤད་པ་དང༌། གང་ཞིག་དོན་ཆེན་ཞེས་པའི་ཚིག་བཞི་པ་ཅིག་གིས་ བཤད་བྱ་བཀའི་དོན་གང་བརྗོད་པ་དང༌། གང་ཞིག་རྒྱལ་བའི་ཞེས་པའི་ཚིག་བཞི་པ་ཅིག་ གིས་བཤད་བྱ་དེའི་འགྲེལ་པ་རྒྱུ་འཐུན་པ་ནི་གང་ཞིག་ཡིན་པ་རྣམས། དེ་ལྟར་ན་ཚིགས་སུ་ བཅད་པ་བཞིས་བསྟན་ཏོ། །གང་ཕྱིར་རྒྱལ་ལས་ཞེས་པའི་ཚིག་བཞི་པ་གཉིས་ཀྱིས་བདག་ ཉིད་དག་པའི་ཐབས་ཆོས་སྤོང་གི་ལས་སྤོང་དགོས་པར་གདམས་པ་དང༌། བློ་དམན་ཞེས་ པའི་ཚིག་བཞི་པ་གཅིག་གིས་ཆོས་ལས་ཉམས་པ་ཆོས་སྤོང་བའི་ལས་ཀྱི་རྒྱུ་དང༌། དེ་ནས་ ཇི་ལྟར་ཟབ་མོའི་ཞེས་པ་ཚིགས་སུ་བཅད་པ་ནི་གཉིས་ཀྱིས་ཆོས་སྤོང་བའི་ལས་ཀྱི་འབྲས་ བུ་བསྟན་པ་ཡིན་ནོ། །གནས་སྐབས་སུ་འོད་དཔག་མེད་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་ཆོས་ ལ་བཟོད་པ་ཐོབ་པ་དང༌། མཐར་ཐུག་བྱང་ཆུབ་ཆེན་པོ་ཐོབ་པ་ཆོས་བརྗོད་པ་ཡིས་མདོར་ ན་བསྔོ་བའི་འབྲས་བུ་རྣམ་པ་གཉིས་ནི་བསྔོ་རྒྱུ་ཆེད་དུ་བྱ་བ་དང་བཅས་པ། དཀོན་མཆོག་ རྣམ་པར་བྱང་ཁམས་ཞེས་པའི་ཚིགས་སུ་བཅད་པ་ཐ་མ་ཡིས་ནི་བསྟན་པ་ཡིན་ནོ། །ཐེག་པ་ ཆེན་པོ་རྒྱུད་བླ་མའི་བསྟན་ཆོས་དཀོན་མཆོག་གི་རིགས་རྣམ་པར་དབྱེ་བ་ལས། ཕན་ཡོན་གྱི་ སྐབས་ཏེ་ལེའུ་ལྔ་པའི་བཤད་པའོ།། །། 1-1-211 ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་བཅོམ་ལྡན་འདས་མགོན་པོ་བྱམས་པས་ མཛད་པའི་བཤད་པ་རྫོགས་སོ།། །། གསུམ་པ་ནི། དཔལ་ཁ་ཆེའི་གྲོང་ཁྱེར་ཆེན་པོ་དཔེ་མེད་ཀྱི་མཁས་པ་ཆེན་པོ་བྲམ་ཟེ་ རིན་ཆེན་རྡོ་རྗེའི་དབོན་པོ་པཎྜི་ཏ་ས་ཛ་ན་དང༌། ལོ་ཙྪ་བ་བློ་ལྡན་ཤེས་རབ་ཀྱིས་གྲོང་ཁྱེར་ ཆེན་པོ་དེ་ཉིད་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། ། མཐར་ཐུག་སྟོན་པའི་བླ་མའི་རྒྱུད་འདི་ནི། ། ཚུལ་བཞིན་མ་རྟོགས་ལོག་རྟོག་མུན་པ་ཡིས། ། རྣམ་པར་སྒྲིབ་པའི་གངས་ཅན་བོད་འདི་རུ། ། ངེས་དོན་སྣང་བ་རྒྱས་བྱེད་འོད་སྟོང་ཅན། ། ཆོས་རྗེ་ཇོ་ནང་པ་ལ་ཕྱག་འཚལ་ལོ། ། ཇོ་ནང་གྲུབ་མཐའ་ནོར་ཞེས་སྨྲ་བ་རྣམས། ། གྲུབ་མཐའི་མཐར་ཐུག་སྣང་བཅས་དབུ་མ་དང༌། ། བསྟན་པའི་མཐར་ཐུག་བདེ་གཤེགས་སྙིང་པོ་ལ། ། བློ་ཁ་མ་ཕྱོགས་རང་མཚང་བསྟན་པར་ཟད། ། ཇོ་ནང་གྲུབ་མཐའ་འགོ གས་པའི་ཟོལ་གྱིས་ནི། ། ཉ་རྣམས་གསོད་ཕྱིར་ཆུ་ལ་རྡེག་པ་བཞིན། ། རྒྱལ་བ་སྲས་དང་བཅས་ལ་རྒོལ་བ་དང༌། ། མཐར་ཐུག་བདེ་གཤེགས་སྙིང་པོ་འགོག་པར་ཟད། ། བདེ་གཤེགས་སྙིང་པོ་འགོག་པར་བྱེད་པ་རྣམས། ། སངས་རྒྱས་བསྟན་པའི་གནས་ལུགས་བཀག་པར་གྱུར། ། 1-1-212 དེ་ཡིས་ཆོས་སྤོང་ལས་རྣམས་བསགས་པའི་ཕྱིར། ། རང་དང་རྗེས་འཇུག་ཐམས་ཅད་ཕུང་བར་བྱེད། ། དེ་ལྟར་ཡིན་མིན་གཟུར་གནས་བློ་ལྡན་གྱིས། ། གཞུང་འདི་རྩ་འགྲེལ་མདོར་བཅས་གཟིགས་པས་གསལ། ། དེ་ལྟའི་ཚུལ་ལ་མི་ཕོད་སྙིང་རྗེ་ཡིས། ། བླ་མའི་རྒྱུད་འདི་གསལ་བར་བདག་གིས་བཤད། ། ཐེག་མཆོག་དམ་ཆོས་རིན་ཆེན་བཤད་འདི་ལས། ། བསམ་ཡས་བསོད་ནམས་བདག་གིས་གང་ཐོབ་པ། ། དེས་ནི་འགྲོ་ཀུན་ཐེག་མཆོག་དམ་པའི་ཆོས། ། རིན་ཆེན་དྲི་མ་མེད་པའི་སྣོད་གྱུར་ཅིག ། དེང་སང་མཁས་པ་གྲགས་པ་ཕལ། ། དབུ་སེམས་ཁྱད་པར་མ་ཕྱེད་པར། ། བདེན་གཉིས་ཚུལ་ལ་རྨོངས་གྱུར་ནས། ། ཡིན་ལུགས་གྲུབ་པའི་མཐའ་ལ་རྒོལ། ། དེ་སླད་བླ་མའི་རྒྱུད་འདི་ཡང༌། ། རྟོག་གེའི་མུན་པས་རྣམ་པར་སྒྲིབ། ། ལོག་རྟོགས་མུན་པ་བསལ་བའི་ཕྱིར། ། བདག་གིས་དེ་ཉིད་སྣང་བ་སྦྱར། ། འདི་ལ་ཉེས་པའི་ཆ་མཆིས་ན། ། མཁས་པའི་ཚོགས་ལ་བཟོད་པར་གསོལ། ། 1-1-213 ལེགས་ཆའི་རྣམ་དཀར་དགེ་བའི་མཐུས། ། འགྲོ་ཀུན་བདེ་གཤེགས་སྙིང་ཐོབ་ཤོག ། ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་རྣམ་པར་བཤད་པ་དེ་ཉིད་སྣང་བ་ཞེས་བྱ་ བ་འདི་མཚན་ཉིད་ཕྱོགས་ཀྱི་ལུང་རིགས་ལ་རྣམ་པར་བྱང་ཞིང༌། ཁྱད་པར་དཔལ་དུས་ཀྱི་ འཁོར་ལོ་ལ་སོགས་པ་རྡོ་རྗེ་ཐེག་པ་ལ་བློ་གྲོས་ཀྱི་སྣང་བ་རྒྱས་པའི་བཤེས་གཉེན་ཆེན་པོ་ སློབ་དཔོན་ཨ་མོ་གྷས། རྒྱུད་བླའི་ཊི་ཀ་འཕགས་པ་ཐོགས་མེད་ཀྱི་འགྲེལ་པ་གཞིར་བཞག་ ཅིང་ས་བཅད་ཆོས་རྗེ་ས་བཟངས་པའི་ལུགས་བཞིན་དུ་ཕྱེ་བ། རྒྱུད་བླའི་ཐུན་མོང་མ་ཡིན་ པའི་ཆོས་སྐད་ལུང་རིགས་ཀྱི་ཟུར་ཐོན་པར་བྱ་དགོས་རྣམས་བཏོན་པ་ཅིག་གྱིས་ཤིག་ཅེས་ པའི་གསུང་ཡིག་གིས་བསྐུལ་བ་ལ་བརྟེན་ནས། ཆོས་རྗེ་ཇོ་ནང་པ་ཡབ་སྲས་ཀྱི་བཀའ་དྲིན་ ལས་ངེས་པའི་དོན་ལ་ཤེས་ནས་དད་པ་ཐོབ་པ། ཤཱཀྱའི་དགེ་སློང་ལྷའི་རྒྱལ་མཚན་གྱིས་སྟོན་ པ་འདས་ནས་ལོ་ཉིས་སྟོང་ཉིས་བརྒྱ་དང་ཉེར་གསུམ་སོང་བའི་དུས། ལྕགས་ཕོ་རྟའི་ཁྲུམས་ སྟོད་ཀྱི་ཉེར་ལྔ་ལ་གྲུབ་པར་དབེན་གནས་ནམ་མཁའ་མཛོད་དུ་སྦྱར་བ་བསྟན་པ་ལ་ཕན་པ་ རྒྱ་ཆེན་པོར་གྱུར་ཅིག ལྷའི་རྒྱལ་མཚན་གྱིས་སྦྱིན་པར་བྱ་བའི་ཆོས་སོ། ། འདི་ནི་རྒྱལ་བའི་རྒྱལ་ཚབ་བྱམས་མགོན་ནས། །ཐོགས་མེད་དབྱིག་གཉེན་བློ་བསྟན་ གང་པ་སྤེལ། །རིན་ཆེན་རྡོ་རྗེ་སད་ཛ་ན་དང་ནི། །པ་ར་ཧི་ཏ་བློ་གྲོས་གྲགས་པ་དང༌། །(མར་པ་ )ཇོ་ཕན་(མཆིམས་)དོན་གྲུབ་(མཆིམས་)བརྩོན་སེང་(མཆིམས་)ནམ་མཁའ་གྲགས། །བཅོམ་ལྡན་ རལ་གྲི་སྐྱི་སྟོན་ཤག་འབུམ་དང༌། །སྐྱི་སྟོན་འཇམ་དབྱངས་ཀུན་མཁྱེན་ཆོས་རྗེ་དང༌། །ཕྱོགས་ ལས་རྣམ་རྒྱལ་བརྒྱུད་ནས་ལྷ་ལའོ། །དགེའོ། ། མ་ཡིག་འབྲས་དཔེ་རྙིང་ཀ་རྟགས་མི་གསལ། 1-1-214 ༄༅། །བསྟན་པ་སྤྱི་འགྲེལ་གྱི་འགྲེལ་བཤད་ རྒྱས་པར་བཞུགས། ༄༅། །བླ་མའི་གསོལ་འདེབས་བསྟན་པ་སྤྱི་འགྲེལ་གྱི་འགྲེལ་པ་དེ་ཉིད་རྣམ་ངེས་ཞེས་ བྱ་བ། དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། ། བསྟན་པའི་འབྱུང་གནས་དང་པོའི་སངས་རྒྱས་དང༌། ། རྡོ་རྗེ་འཆང་བ་ཆོས་རྗེ་ལ་བཏུད་ནས། ། བླ་མའི་གསོལ་འདེབས་བསྟན་པ་སྤྱི་འགྲེལ་ནི། ། འགྲོ་ལ་ཕན་ཕྱིར་བརྩེ་བས་བཤད་པར་བྱ། ། འདིར་ཆོས་རྗེ་ཀུན་མཁྱེན་ཇོ་མོ་ནང་པ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོའི་མཛད་ པའི་བླ་མའི་གསོལ་འདེབས་བསྟན་པ་སྤྱི་འགྲེལ་འཆད་པ་ལ་དོན་གསུམ་སྟེ། མཆོད་པར་ བརྗོད་པ། གཞུང་དངོས། རྩམ་པའི་དགེ་བ་བསྔོ་བའོ། ། དང་པོ་ནི། ཨོཾ་གུ་རུ་བུད་དྷ་བོ་དྷི་ས་ཏྭེ་བྷྱོ་ན་མོ་ན་མཿ ཆོས་རྗེ་བླ་མ་དམ་པ་སྤྲུལ་པའི་ སྐུ་རྣམས་ཀྱི་ཞབས་ཀྱི་པད་མོ་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བརྩེ་བ་ ཆེན་པོས་དུས་ཐམས་ཅད་དུ་རྗེས་སུ་བཟུང་དུ་གསོལ། ཞེས་པ་ལ། ཨོཾ་ནི་སྐུ་རྡོ་རྗེའི་ས་བོན་ སྔགས་ཀྱི་མགོ་འདྲེན་ནོ། །གུ་རུ་ནི་བོད་སྐད་དུ་བླ་མ་སྟེ། བླ་མ་དང་གོང་མ་དང༌། སྟེང་མ་ 1-1-215 སོགས་ནི་རྣམ་གྲངས་ཡིན་ལ། འདིར་ནི་ཆོས་དྲིན་ཆེ་བའི་རྩ་བརྒྱུད་ཀྱི་བླ་མ་རྣམས་སོ། །བུད་དྷ་ནི་སྤངས་རྟོགས་མཐར་ ཐུག་པ་སངས་རྒྱས་ཏེ། སྐྱབས་གསུམ་བདུན་ཅུ་པར། མ་རིག་གཉིད་ལས་སངས་ཕྱིར་དང༌། ། ཤེས་བྱ་ལ་ཡང་བློ་རྒྱས་ཕྱིར། །སངས་རྒྱས་པད་མ་ལྟར་སངས་རྒྱས། །དེ་ཕྱིར་སངས་རྒྱས་ མཚན་གསོལ་ཏོ། །བོ་དྷི་ས་ཏྭེ་ནི་བྱང་ཆུབ་སེམས་དཔའ་སྤངས་རྟོགས་ཅན་གྱི་བྱང་ཆུབ་ཀྱི་ ཕར་ཕྱིན་དྲུག་ལ་སྤྱོད་པའི་ཡོན་ཏན་ཅན་གྱི་གང་ཟག་སྟེ། མདོ་སྡེ་རྒྱན་ལས། འདོད་ལ་མ་ ཆགས་ལས་གསུམ་རྣམ་པར་དག །ཁྲོ་བས་ཟིལ་གནོན་ཡོན་ཏན་མཆོག་ལྷུར་ལེན། །ཆོས་ ལ་མི་གཡོ་དེ་ཉིད་ཟབ་མོ་མཐོང༌། །བྱང་ཆུབ་དག་ལྷུན་བྱང་ཆུབ་ཟབ་མོ་ཡིན། །ཞེས་སོ། །བྷྱོ་ ནི་རྣམས་ཞེས་པ་ཡིན་ཏེ་ཐམས་ཅད་ཀྱི་དོན་ཡིན་ལ། ན་མོ་ཞེས་པ་ཕྱག་འཚལ་ལོ། །ཞེས་ པ་སྒོ་གསུམ་གུས་པས་འདུད་པ་དང༌། ན་མཿཞེས་པ་མཆོད་པའོ་ཞེས་པའོ། །ཆོས་པ་རྣམས་ ཀྱི་གཙོ་བོའམ་རྗེ་བོ། བླ་མ་དམ་པ་རྣམས་ཀྱི་སྤྲུལ་པའི་སྐུ་རྒྱལ་བའི་རྣམ་འཕྲུལ་རྣམས་ཀྱི་ སྐུའི་དམན་ཤོས་ཞབས་ཀྱི་པད་མ་ལ་སྒོ་གསུམ་གུས་པས་ཕྱག་འཚལ་ཞིང་བྱང་ཆུབ་བར་དུ་ སྐྱབས་སུ་མཆིའོ། །ཐུགས་བརྩེ་བ་ཆེན་པོས་དུས་ཐམས་ཅད་དུ་རྗེས་སུ་བཟུང་ཞིང་ལྟ་སྒོམ་ སྤྱོད་པ་རྣམ་དག་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབས་ཏུ་གསོལ། ཞེས་པའོ། ། གཉིས་པ་གཞུང་གི་དོན་དངོས་ནི། བླ་མ་དམ་པ་རྣམས་ལ་སངས་རྒྱས་དངོས་ཀྱི་མོས་ གུས་བྱས་ནས་གསོལ་བ་འདེབས་པ་དོན་ཤིན་ཏུ་ཆེ་སྟེ། དུས་འཁོར་རྒྱུད་དུ། སློབ་དཔོན་ དག་ནི་སངས་རྒྱས་ཉིད་དེ་རབ་མཆོག་ས་ཡི་གཞི་ལ་ཆོས་ནི་དེའི་བསྟན་པའོ། །ཞེས་དང༌། རྣམ་སྣང་སྒྱུ་འཕྲུལ་དྲ་བར། བླ་མ་སངས་རྒྱས་ཀུན་དང་མཉམ་ཞེས་དང༌། གསང་འདུས་རྡོར་ འཕྲེང་དུ། སློབ་དཔོན་དང་ནི་རྡོ་རྗེ་འཛིན། །ཐ་དད་པར་ནི་མི་རྟག་གོ །ཞེས་དང༌། རིམ་ལྔར། མཆོད་པ་ཐམས་ཅད་རྣམས་སྤངས་ནས། །བླ་མ་ལ་མཆོད་ཡང་དག་བརྩམས། །དེ་མཉེས་ 1-1-216 པས་ནི་ཀུན་མཁྱེན་གྱིས། །ཡེ་ཤེས་མཆོག་ནི་ཐོབ་པར་འགྱུར། །ཞེས་དང༌། གསང་འདུས་ ལེའུ་བཅུ་བདུན་པའི་ཤམ་དུ། གང་གིས་ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་མཆོད་པའི་བསོད་ ནམས་ནི་བླ་མའི་བ་སྤུའི་ཁུང་བུ་ཅིག་མཆོད་པ་ལས་མཐོང་ངོ་ཞེས་སོ། །འདྲེན་པ་རྣམས་[ཀྱི་ སྐྱང་[ཀྱིས་ཀྱང་]གདུལ་བྱ་ལ་ཆོས་ཡང་དག་པར་བསྟན་པའི་སྒོ་ནས། འདྲེན་པ་ནི་འདྲེན་ པའི་མཆོག་ཡིན་ཏེ། ཇི་སྐད་དུ། ཐུབ་རྣམས་སྡིག་པ་ཆུ་ཡིས་འཁྲུད་པར་མི་མཛད་ཅིང༌། །འགྲོ་ བའི་སྡུག་བསྔལ་ཕྱག་གིས་སྐྱང་[ཀྱང་]ནི་སེལ་མི་མཛད། །ཉིད་ཀྱི་རྟོག་[རྟོགས་]པ་གཞན་ ལ་སྤོ་བ་མ་ཡིན་ཏེ། །ཆོས་ཉིད་ཞི་བ་བསྟན་པས་འགྲོ་[གྲོལ་]བར་མཛད་པ་ཡིན། །ཞེས་སོ། ། དེའི་ཕྱིར་ཆོས་བསྟན་པའི་ཡོན་ཏན་དང༌། དྲིན་དྲན་པའི་སྒོ་ནས་བླ་མ་ལ་མོས་པས་གསོལ་ བ་བཏབ་པ་ལ་རྣམ་པ་དྲུག་སྟེ། མདོའི་ཆོས་འཁོར་གསུམ་གྱི་དོན་སྟོན་ཚུལ་གྱིས་སྒོ་ནས་ བསྟོད་པ། ཁྱད་པར་སྔགས་ཀྱི་ཁྱད་ཆོས་སྟོན་ཚུལ་གྱིས་སྒོ་ནས་བསྟོད་པ། མདོ་སྔགས་ གཉིས་ཀྱི་གདུལ་བྱ་རིམ་པར་འཁྲིད་ཅིང༌། བདེ་གཤེགས་སྙིང་པོའི་དྲི་མ་སྦྱོངས་ཚུལ་ སྟོན་པའི་སྒོ་ནས་བསྟོད་པ། སྙིང་པོ་དེའང་གསང་སྔགས་མཐར་ཐུག་གིས་དོན་དུ་སྟོན་པའི་ སྒོ་ནས་བསྟོད་པ། གཞི་ལམ་འབྲས་གསུམ་སྟོན་པའི་སྒོ་ནས་བསྟོད་པ། ཆོས་ཐམས་ཅད་ཀྱི་ མཐར་ཐུག་བསྟན་ཚུལ་གྱིས་སྒོ་ནས་བསྟོད་པའོ། ། དང་པོ་ལ་གཉིས། སྤྱི་དོན་དང་གཞུང་དོན་གཉིས་ལས་དང་པོ་ནི། མདོ་སྡེ་དགོངས་ འགྲེལ་དུ། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་ཡུལ་ཝཱ་རཱ་ཎ་སཱིའི་དྲང་སྲོང་སྨྲ་བ་ རི་དྭགས་ཀྱི་གནས་སུ་ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་རྣམས་ལ་འཕགས་ པའི་བདེན་པ་བཞི་རྣམ་པར་བསྟན་པས། ཆོས་ཀྱི་འཁོར་ལོ་ངོ་མཚར་རྨད་དུ་བྱུང་པ་སྔོན་ ལྷར་གྱུར་པའམ་མིར་གྱུར་པ་སུས་ཀྱང་ཆོས་དང་མཐུན་པ་འཇིག་རྟེན་དུ་མ་བསྐོར་བ་གཅིག་ 1-1-217 རབ་ཏུ་བསྐོར་ཏེ། བཅོམ་ལྡན་འདས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ཡང་བླ་ན་མཆིས་པ། སྐབས་མཆིས་པ། དྲང་བའི་དོན་རྩོད་པའི་གཞིའི་གནས་སུ་གྱུར་པ་ལགས་ལ། བཅོམ་ལྡན་ འདས་ཀྱི་ཆོས་རྣམས་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་རྩམ། སྐྱེ་བ་མ་མཆིས་པ་དང༌། འགག་ པ་མ་མཆིས་པ་དང༌། བཟོད་མ་ནས་ཞི་བ་དང་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདའ་ བ་ཉིད་ལས་བརྩམས་ནས། ཐེག་པ་ཆེན་པོ་ལ་ཞུགས་པ་རྣམས་ལ་སྟོང་པ་ཉིད་སྨོས་པའི་ རྣམ་པས་ཆེས་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱིས་འཁོར་ལོ་གཉིས་པ་བསྐོར་ཏེ། བཅོམ་ ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ཡང་བླ་ན་མཆིས་པ། སྐབས་མཆིས་པ། དྲང་ བའི་དོན་རྩོད་པའི་གཞིའི་གནས་སུ་གྱུར་པ་ལགས་ཀྱིས། བཅོམ་ལྡན་ཀྱིས་ཆོས་རྣམས་ངོ་ བོ་ཉིད་མ་མཆིས་པ་ཉིད་ལས་བརྩམ། སྐྱེ་བ་མ་མཆིས་པ་ཉིད་དང༌། འགག་པ་མ་མཆིས་པ་ ཉིད་དང༌། བཟོད་མ་ནས་ཞི་བ་ཉིད་དང༌། རང་བཞིན་གྱི་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ ལས་བརྩམས་ནས་ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པ་རྣམས་ལ་ལེགས་པར་རྣམ་ པར་ཕྱེ་བ་དང་ལྡན་པ་ཤིན་ཏུ་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱིས་འཁོར་ལོ་གསུམ་པ་བསྐོར་ ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་འདི་ནི། བླ་ན་མ་མཆིས་པ། སྐབས་ མ་མཆིས་པ། ངེས་པའི་དོན་ལགས་ཏེ། རྩོད་པའི་གཞིའི་གནས་སུ་གྱུར་པ་མ་ལགས་སོ། ། བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་ཉིད་ལས་བརྩམ། རང་བཞིན་ གྱིས་ཡོངས་སུ་མྱ་ངན་འདས་པ་ཉིད་ལས་བརྩམས་ནས། བཅོམ་ལྡན་འདས་ཀྱིས་ངེས་པའི་ དོན་བསྟན་པ་འདི། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གིས་ཐོས་ནས་མོས་པར་བགྱིད་ པ་དང༌། ཡི་གེ་འབྲིར་རྩོལ་བ་དང༌། ཡི་གེ་བྲིས་ནས་འཆང་བ་དང༌། ཀློག་པ་དང༌། མཆོད་ པ་དང་ཡང་དག་པར་འགྱེད་པ་དང༌། ལུང་ནོད་པ་དང༌། ཁ་ཏོན་བགྱིད་པ་དང༌། སེམས་པ་ དང༌། བསྒོམ་པའི་རྣམ་པར་སྦྱོར་བར་བགྱིད་པ་དེས་བསོད་ནམས་ཇི་ཙམ་སྐྱེད་པར་འགྱུར་ 1-1-218 བ་ལགས། ཞེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱི་དོན་དམ་ཡང་དག་འཕགས་རིགས་ ཀྱི་བུའམ་རིགས་ཀྱི་བུ་མོ་དེ་ནི་བསོད་ནམས་དཔག་ཏུ་མེད་པ་བསྐྱེད་དོ། །དེའི་དཔེ་བྱ་བར་ སླ་བ་མ་ཡིན་གྱི་འོན་ཀྱང་མདོར་བསྡུས་ཏེ་ཁྱོད་ལ་བཤད་པར་བྱའོ། །དོན་དམ་ཡང་དག་ འཕགས་འདི་ལྟ་སྟེ། དཔེར་ན་སེན་མོའི་རྩེ་ལ་གནས་པའི་རྡུལ་གང་ཡིན་པ་དེ་དག་ནི་ས་ལ་ གནས་པའི་རྡུལ་རྣམས་དང་བསྒྲུན་ན་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་ཞིང༌། སྟོང་གིས་ཆ་ དང༌། འབུམ་གྱིས་ཆ་དང༌། བགྲང་བའི་ཆ་དང༌། བགྲང་བ་དང༌། དཔེ་དང་སྒྱུར་ཡང་ཉེ་བར་ མི་འགྲོའོ། །བ་གླང་གིས་རྗེས་ཀྱི་ཆུ་ནི་རྒྱ་མཚོ་ཆེན་པོ་བཞིས་ཆུ་དང་བསྒྲུན་ན་བརྒྱའི་ཆར་ ཡང་ཉེ་བར་མི་འགྲོ་བ་ནས་རྒྱུའི་བར་དུ་ཡང་ཉེ་བར་མི་འགྲོའོ། །དོན་དམ་ཡང་དག་འཕགས། དེ་བཞིན་དུ་ངས་དྲང་བའི་དོན་གྱི་མདོ་སྡེ་ལ་མོས་པ་ནས་བསྒོམ་པའི་རྣམ་པར་སྦྱོར་བར་བྱེད་ པའི་བར་གྱིས་བསོད་ནམས་གང་བཤད་པ་དེ་ནི་ངེས་པའི་དོན་བསྟན་པ་ལ་མོས་པ་ལས་ ཡང་དག་པར་གྲུབ་པ་ནས་བསྒོམ་པའི་རྣམ་པར་སྦྱོར་བ་ལས་ཡང་དག་པར་གྲུབ་པའི་བར་ གྱིས་བསོད་ནམས་འདི་དང་བསྒྲུན་ན་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས་རྒྱུའི་བར་དུ་ ཡང་ཉེ་བར་མི་འགྲོའོ། །ཞེས་ཏེ། འཁོར་ལོ་གསུམ་པོ་ནི་སྔ་མ་སྔ་མ་ནི་དམན་པ་དང༌། དྲང་ དོན་ཡིན་ལ། ཕྱི་མ་ཕྱི་མ་ནི་མཆོག་དང་ངེས་དོན་ནོ། །དེ་ཡང་གསུམ་པ་ནི་བར་བ་ལས་ཁྱད་ པར་རྣམ་པ་དྲུག་གིས་འཕགས་ཏེ། བླ་ན་ཡོད་པ་དང་མེད་པའི་ཁྱད་པར་དང༌། ལུང་རིགས་ ཀྱིས་གནོད་པའི་སྐབས་ཡོད་པ་དང་མེད་པའི་ཁྱད་པར་དང༌། དྲང་དོན་དང་ངེས་དོན་གྱི་ཁྱད་ པར་དང༌། རྩོད་གཞི་ཡིན་པ་དང་མིན་པའི་ཁྱད་པར་དང༌། མ་ཕྱེ་བར་སྟོང་པ་ཕྱོགས་གཅིག་ ཏུ་སྟོན་པ་དང༌། སྟོང་མི་སྟོང་སོགས་ལེགས་པར་ཕྱེ་ནས་སྟོན་པའི་ཁྱད་པར་དང༌། མོས་པ་ ནས་བསྒོམ་པའི་བར་གྱི་བསོད་ནམས་སེན་མོའི་རྩེ་ལ་གནས་པའི་རྡུལ་དང་ས་གཞི་བྱིན་པོ་ ལ་ཡོད་པའི་རྡུལ་ཙམ་གྱི་ཁྱད་པར་ཡོད་པར་སྔར་གྲངས་[དྲངས་]པའི་མདོར་གསུངས་ལ། 1-1-219 ཐུགས་རྗེ་ཆེན་པོ་བསྟན་པའི་མདོར། འཁོར་ལོ་གསུམ་པོ་རིམ་པར་སྙིང་པོའི་དྲི་མ་རགས་པ་ དང༌། འབྲིང་དང༌། ཕྲ་བའི་སྙེན་[གཉེན་]པོར་གསུངས་པ་དང༌། རྒྱུད་བླར། ཤེས་རབ་ཉོན་ མོངས་ཤེས་བྱ་ཀུན་སྤོངས་དེ་ཡིས་ཕྱིར། །འདི་མཆོག་ཉིད་དེ་དེའི་རྒྱུ་ནི་འདི་ཐོས་ཡིན། །ཞེས་ པས། འདི་ཞེས་པ་བཀའ་ཐ་མ་འདི་ཞེས་པ་དང༌། འོག་ཏུ་སྟོན་པའི་བཀའ་ཐ་མ་ལྷག་པ་ཤེས་ རབ་ཀྱི་བསླབ་པ་སྟོན་པ་གནད་གཅིག་པས་ཀྱང་གསུམ་པ་ཁྱད་པར་འཕགས་སོ། །གལ་ཏེ་ བར་བའི་གདུལ་བྱ་ཐེག་པ་ཆེན་པོ་ལ་ཞུགས་པ་ཞེས་དང༌། གསུམ་པའི་གདུལ་བྱ་ལ། ཐེག་པ་ ཐམས་ཅད་ལ་ཞུགས་པ་དང༌། རང་བཞིན་སྣ་ཚོགས་ལ་རྒྱུ་ཅན་ཞེས་པ་མདོ་ལས་འབྱུང་བས། ཐ་མ་ལས་བར་པ་ལྷག་སྟེ། བར་པའི་གདུལ་བྱ་ཐེག་ཆེན་པ་ཁོ་ན་དང༌། ཐ་མའི་གདུལ་བྱ་ཕྱི་ ནང་ཉན་རང་སོགས་ཡིན་པས། ཆོས་ཀྱང་ཐེག་ཆེན་ཁོ་ན་དང་ཐེག་པ་སྣ་ཚོགས་སུ་འགྱུར་རོ་ ཞེས་བར་པའི་གདུལ་བྱ་ཐེག་ཆེན་སྐྱའོ་ལྟ་བུ་དང༌། གསུམ་པའི་གདུལ་བྱ་ཐེག་ཆེན་གྱིས་དགེ་ སློང་ལྟ་བུ་ཡིན་པས་གསུམ་པ་ལྷག་སྟེ། དེ་ནི་ཐེག་པ་ཐམས་ཅད་ལ་མཁས་པས་སོ། །དཔེར་ ན་དུས་འཁོར་དུ་རྡོ་རྗེ་སློབ་དཔོན་རབ་འབྲིང་ཐ་གསུམ་དུ་གསུང་པའི་དགེ་སློང་རྡོ་རྗེ་འཛིན་ པ་དང་འདྲ་སྟེ། གསུམ་ལས་དགེ་སློང་མཆོག་ཡིན་པ། །དགེ་ཚུལ་ཞེས་བྱ་འབྲིང་པོ་སྟེ། །ཁྱིམ་ གནས་དེ་ལས་ཐ་མ་སྟེ། །གསུམ་པོ་རེ་རེ་ལ་ཡང་ལྟ་སྒོམ་སྤྱོད་གསུམ་བསླབ་པ་གསུམ། སྡེ་ སྣོད་གསུམ་ཅར་དུ་རུང་ཡང་གཙོ་བོའི་ཚུལ་གྱིས་དང་པོ་ནི། འདུལ་བའི་སྡེ་སྣོད་དང་བརྗོད་ བྱ་སྤྱོད་པ་དང་ཚུལ་ཁྲིམས་ཀྱི་བསླབ་པ་སྟོན་པ་དང༌། བར་པ་ནི་མདོ་སྡེ་པའི་སྡེ་སྣོད་དང༌། བརྗོད་བྱ་བསྒོམ་པ་དང༌། སེམས་ཀྱི་བསླབ་པ་སྟོན་པ་དང༌། གསུམ་པ་ནི་མངོན་པའི་སྡེ་སྣོད་ དང༌། བརྗོད་བྱ་ལྟ་བ་དང་ཤེས་རབ་ཀྱི་བསླབ་པ་སྟོན་པ་ཡིན་ལ། སྡེ་སྣོད་གསུམ་པོའི་དོན་ ཡང༌། མདོ་སྡེ་རྒྱན་རྩ་འགྲེལ་དུ། མདོ་དང་ཆོས་མངོན་འདུལ་བ་དག །མདོར་ན་དོན་ནི་རྣམ་ བཞིར་འདོད། །བློ་དང་ལྡན་པས་དེ་ཤེས་ནས། །རྣམ་པ་ཐམས་ཅད་མཁྱེན་ཉིད་ཐོབ། །དོན་ 1-1-220 བཞི་པོ་ཡང་རིམ་པར། གནས་རྣམས་དང་ནི་མཚན་ཉིད་དང༌། །ཆོས་དོན་སྨོས་ཕྱིར་མདོ་ཡིན་ ནོ། །མངོན་མདོའི་ཕྱིར་དང་ཡང་ཡང་དང༌། །ཟིལ་གནོན་རྟོག་ཕྱིར་མངོན་པའི་ཆོས། །དེ་ལ་ གནས་ནི་ཡུལ་གང་དུ། །སྟོན་པ་གང་གིས་གདུལ་བྱ་གང་གིས་ཕྱིར་དུ་བཤད་པའོ། །མཚན་ ཉིད་ནི་ཀུན་རྫོབ་དང་དོན་དམ་པའི་མཚན་ཉིད་དེ་རྣམ་ཤེས་དང་ཡང་དག་ཡེ་ཤེས་ཀྱི་སྤྱོད་ ཡུལ་ལོ། །ཆོས་ནི་ཕུང་ཁམས་སྐྱེ་མཆེད་དང་ཟས་དང་རྟེན་འབྲེལ་སོགས་སོ། །དོན་ནི་ དགོངས་པའོ། །མྱ་ངན་འདས་ལ་མངོན་དུ་ཕྱོགས་པའི་ཆོས་ནི། མངོན་པ་སྟེ་བདེན་པ་དང་ བྱང་ཕྱོགས་དང་རྣམ་པར་སྣ་ཚོགས་སུ་སོགས་སོ། ། ཡང་ཡང་ནི་ཆོས་རེ་རེ་ཡང་གཟུགས་ཡོད་མེད་དང༌། བསྟན་དུ་ཡོད་མེད་བྱེ་བྲག་གིས་ མང་དུ་སྟོན་པས་སོ། །ཟིལ་གནོན་ནི་ཕས་ཀྱི་རྒོལ་བ་ཟིལ་གྱིས་གནོན་པའི་ཕྱིར་རོ། །འདིས་ མདོ་སྡེའི་དོན་རྟོགས་པར་འགྱུར་བས་ན་ཆོས་མངོན་པའོ། །ལྟུང་དང་འབྱུང་དང་ལྡང་བ་དང༌། ། ངེས་པར་འབྱུང་དང་གང་ཟག་དང༌། །བཅས་པ་དང་ནི་རབ་དབྱེ་དང༌། །རྣམ་པར་ངེས་ཕྱིར་ འདུལ་བ་ཉིད། །ལྟུང་བ་ནི་ངན་སོང་དུ་ལྟུང་བའི་རྒྱུ་སྟེ། ཕམ་པ་དང་ལྷག་མ་དང་སྤང་ལྟུང་ དང་ཉེས་བྱས་ཏེ་སྡེ་ལྔའོ། །ལྟུང་བ་འབྱུང་བ་ནི་མི་ཤེས་པ་དང། བག་མེད་པ་དང༌། ཉོན་ མོངས་མང་བ་དང༌། མ་གུས་པ་ལས་སོ༑ ༑ལྡང་བ་ནི་བསམ་པས་ཡིན་གྱི། ཆད་ལས་ཀྱིས་མ་ ཡིན་ནོ། །ངེས་པར་འབྱུང་བ་ནི་བདུན་ཏེ། བཤགས་པ་དང་བསླབ་པ་བྱིན་པ་ལ་སོགས་པ་[ ] པའི་ལས་ཁས་ལེན་པ་དང༌། བསླབ་པ་བཅས་པ་ལ་རྣམ་གྲངས་ཀྱིས་གནང་བའི་ཕྱིར་ཀློད་པ་ དང༌། དགེ་འདུན་ཚོགས་པའི་བསླབ་པའི་གཞི་བག་ཡངས་སུ་བྱས་པའི་ཕྱིར་བག་ཡངས་སུ་ བྱ་བ་དང༌། དགེ་སློང་ཕོ་མོས་མཚན་བསྒྱུར་ན་ལྟུང་བ་ཐུན་མོང་མ་ཡིན་པ་ནི། རྟེན་ཡོངས་སུ་ གྱུར་པ་དང༌། ཆོས་ཀྱི་སྡོམས་[སྡོམ]གྱིས་རྣམ་པར་སོ་སོར་རྟོག་པའི་ཁྱད་པར་སྟེ། ཡང་དག་ པར་སོ་སོར་རྟོག་པ་དང་བདེན་པ་མཐོང་བས། ལྟུང་བ་ཕྲ་མོའི་ཡང་ཕྲ་མོ་མེད་པའི་ཆོས་ཉིད་ 1-1-221 ཐོབ་པའི་ཕྱིར་ཐོབ་པའོ། །ཡང་རྣམ་པ་གཞི་འདུལ་བ་ཡིན་པ་རིག་པར་བྱ་སྟེ་གང་ཟག་ལས་ ནི། དེ་ལ་བརྟེན་ནས་བསླབ་པ་བཅའ་བའོ། །བཅས་པ་ལས་ནི་ནམ་གང་ཟག་གི་ཉེས་པ་ སེལ་བ་ན། སྟོན་པས་དགེ་འདུན་བསྡུས་ཏེ་བསླབ་པ་བཅའ་བར་མཛད་པའོ། །རབ་ཏུ་དབྱེ་ བ་ལས་ནི་གང་བསླབ་པའི་གཞི་བཅས་པ་ལ་མདོར་བསྟན་པ་དེ་རྣམ་པར་དབྱེ་བའོ། །རྣམ་ པར་ངེས་པ་ལས་ནི་དེ་ལས་ལྟུང་བའམ། ལྟུང་བ་མེད་པ་ནི་ཇི་ལྟ་བུ་ཞེས་ངེས་པར་འཛིན་པའི་ ཕྱིར་རོ། ། རབ་དབྱེའི་གང་ཟག་ལ་ཕྱེ་ན། སོ་ཐར་གྱིས་རིགས་བརྒྱད་དེ། དགེ་བསྙེན། དགེ་ཚུལ། དགེ་སློང༌། གསུམ་ལ་ཕ་མ་གཉིས་གཉིས། བར་སློབ་མ་དང་བསྙེན་གནས་པའོ། །སྡོམ་པ་ ནི་རྫས་བཞི་སྟེ། བར་སློབ་མའི་སྡོམ་པ་དགེ་ཚུལ་མའི་[ ]པར་འདུས་ལ། དང་པོ་སྡེ་གསུམ་ པོ་སྡོམ་པ་གཟུངས་བ་གཅིག་པས་གསུམ་མོ། །དབྱེ་བ་ནི་མཉེན་གནས་པས་བརྒྱད། དགེ་ བསྙེན་གྱིས་ལྔ། དགེ་ཚུལ་གྱིས་བཅུ། བར་སློབ་མའི་བཅུ་གཉིས། དགེ་སློང་ཕ་ལ་ཕམ་པ་ བཞི། ལྷག་མ་བཅུ་གསུམ། མ་ངེས་པ་གཉིས། སྤངས་ལྟུང་སུམ་ཅུ། ལྟུང་བྱེད་དགུ་བཅུ་ཐམ་ པ། བསླབ་བྱའི་ཉེས་བྱས་བརྒྱ་དང་བཅུ་གཉིས། རྩོད་པ་ཞི་བར་བྱ་བའི་ཆོས་བདུན། སོ་སོར་ བཤགས་པར་བྱ་བ་བཞི། དྲིལ་བས་ཉིས་བརྒྱ་དྲུག་ཅུ་རྩ་གཅིག་གོ །དགེ་སློང་མ་ལ་ཕམ་པ་ བརྒྱད། ལྷག་མ་ཉི་ཤུ། སྤངས་ལྟུང་སུམ་ཅུ་རྩ་གསུམ། ལྟུང་བྱེད་བརྒྱ་དང་བརྒྱད་ཅུ། སོ་སོར་ བཤགས་པར་བྱ་བ་བཅུ་གཅིག བསླབ་བྱ་བརྒྱ་དང་བཅུ་གཉིས། རྩོད་པ་ཉེ་བར་ཞི་བར་བྱ་བ་ བདུན་ཏེ། དགེ་སློང་མས་ཆོས་སུམ་བརྒྱ་དྲུག་ཅུ་རྩ་དགུའོ། ། གཉིས་པ་གཞུང་དོན་ལ་གསུམ། བཀའ་དང་པོ་བདེན་པ་བཞི། བར་པ་མཚན་ཉིད་མེད་ པ། ཐ་མ་དོན་རྣམ་ངེས་སྟོན་པའི་སྒོ་ནས་བསྟོད་པའོ། ། དང་པོ་ལ་གསུམ། སྡུག་བསྔལ་དང༌། ཀུན་འབྱུང་དང༌། འགོག་ལམ་སྟོན་པའི་སྒོ་ནས་ 1-1-222 བསྟོད་པའོ། ། སྡུག་བསྔལ་ལ་སྤྱི་མཚན་དང་རང་མཚན་གཉིས་ལས། དང་པོ་ལ་མི་རྟག་སྡུག་བསྔལ་ སྟོང་བ་བདག་མེད་བཞིས་དང་པོ་ནི། འདུས་བྱས་ཐམས་ཅད་རི་གཟར་འབབ་ཆུ་བཞིན། ། སྤྲིན་དང་གློག་བཞིན་རྩྭ་རྩེའི་ཟིལ་བ་བཞིན། །མི་རྟག་མི་བརྟན་འགྱུར་བའི་ཆོས་ཅན་དུ། ། ལེགས་པར་སྟོན་མཛད་ བླ་མའི་ཞབས་ལ་འདུད། །ཅེས་པ་སྟེ། འདུས་བྱས་ཐམས་ཅད་མི་རྟག་ཅིང་གཡོ་བ་ནི། དཔེར་ན་རི་གཟར་ལ་ཆུ་འབབ་པ་དང༌། ནམ་མཁའི་སྤྲིན་དང༌། གློག་དང༌། རྩྭ་རྩེའི་ཟིལ་བ་ དང༌། རླུང་གསེབ་ཀྱི་མར་མེ་བཞིན་དུ་སྐད་ཅིག་ལ་འཇིག་ཅིང༌། མི་རྟག་པ་མི་བརྟན་པར་ འགྱུར་བའི་ཆོས་ཅན་དུ་ལེགས་པར་སྟོན་པར་མཛད་པ་བླ་མའི་ཞབས་ལ་འདུད་དོ། ། གཉིས་པ་ནི། མེ་ཡི་འོབས་དང་སྦྲུལ་གདུག་ཁར་ཚུད་བཞིན། །བུམ་པའི་ནང་དུ་སྦྲང་ མ་འཁོར་བ་བཞིན། །ཁམས་གསུམ་མཐའ་དག་སྡུག་བསྔལ་རང་བཞིན་དུ། །མཚུངས་པར་ སྟོན་མཛད་བླ་མའི་ཞབས་ལ་འདུད། །ཅེས་པ་སྟེ། འཁོར་བ་ཐམས་ཅད་སྡུག་བསྔལ་གྱི་རང་ བཞིན་ཡིན་པ་ནི༑ དཔེར་ན་མེའི་འོབས་དུ་ལྟུང་བ་བཞིན་དང༌། སྦྲུལ་གདུག་པའི་ཁར་ཚུད་པ་ བཞིན་དང༌། བུམ་པ་ཁ་བཅད་པའི་ནང་དུ་སྦྲང་མ་འཁོར་བ་བཞིན་དུ་འགྲོ་དྲུག་ཏུ་ཡང་ནས་ ཡང་དུ་འཁོར་རོ། །ཁྱད་པར་དམྱལ་བའི་སྡུག་བསྔལ་ཤིན་ཏུ་ཆེ་བ་ནི། མི་ཡི་སྡུག་བསྔལ་ཇི་ སྙེད་པ། །གཅིག་ཏུ་བསྡོམས་པ་དམྱལ་བ་ཡིས། །སྡུག་བསྔལ་ཤིན་ཏུ་ཆུང་བ་ཡིས། །འབུམ་ གྱིས་ཆར་ཡང་མི་ཕོད་དོ། །ཞེས་པ་སྟེ། ས་འོག་ས་སྟེང་ས་བླའི་སྲིད་པ་གསུམ་པོ་ཐམས་ཅད་ སྡུག་བསྔལ་གྱི་རང་བཞིན་དུ་མཚུངས་པར་སྟོན་པར་མཛད་པ་བླ་མའི་ཞབས་ལ་འདུད་དོ། ། གསུམ་པ་ནི། ཆོས་ཐམས་ཅད་གང་ཟག་གིས་བདག་དང་ཐམས་ཅད་ཀྱིས་སྟོང་བའོ། ། བཞི་པ་ནི་ཆོས་ཐམས་ཅད་དོན་ལ་རྟག་ཅིང་རང་དབང་ཅན་གྱིས་གང་ཟག་གཅིག་གིས་ 1-1-223 བདག་དང་བྲལ་བས་བདག་མེད་པའོ། ། གཉིས་པ་རང་མཚན་ནི། འཁོར་བ་སྣོད་བཅུད་ཐམས་ཅད་མི་རྟག་པ་ཁྱབ་པ་འདུ་བྱེད་ ཀྱིས་སྡུག་བསྔལ་བ་ཟག་བཅས་ཀྱི་འཕེལ་འགྲིབ་ཀྱི་ཆ་རྣམས་རྣམ་པར་འགྱུར་བའི་སྡུག་ བསྔལ་བྱིས་པ་རྣམས་ཀྱིས་ལུས་ཀྱི་ན་ཚ་སེམས་ཀྱི་སྡུག་བསྔལ་སོགས་མངོན་འགྱུར་རིག་ པ་ནི། སྡུག་བསྔལ་གྱི་སྡུག་བསྔལ་ཏེ། གསུམ་དང༌། སྐྱེ་བ་དང༌། རྒས་པ་དང༌། ན་བ་དང༌། འཆི་བ། འདོད་པ་རྩལ་[བཙལ་]གྱིས་མ་རྙེད་པ། མི་འདོད་པ་ཐོག་ཏུ་འབབ་པ། གདུག་པ་ དང་བྲལ་བ། ཉེར་ལེན་གྱིས་[གྱི་]ཕུང་པོ་དང་བརྒྱད་ནི་སྡུག་བསྔལ་བརྒྱད་དེ། སྡུག་བསྔལ་ བདེན་པ་བཤད་ཟིན་ཏོ། ། གཉིས་པ་ཀུན་འབྱུང་བདེན་པ་ལ། སྤྱི་མཚན་དང་རང་མཚན་གཉིས་ལས། དང་པོ་ནི། རྒྱུ་ཀུན་འབྱུང༌། རབ་སྐྱེ། རྐྱེན་གྱི་རྣམ་པ་ལ། སྡུག་བསྔལ་གྱིས་རྒྱུ་བྱེད་པས་རྒྱུ། སྡུག་བསྔལ་ རྫས་རིགས་ཀུན་འབྱུང་བས་ཀུན་འབྱུང༌། དངོས་སུ་སྡུག་བསྔལ་དྲག་ཏུ་བསྐྱེད་པས་རབ་སྐྱེ། བརྒྱུད་ནས་སྡུག་བསྔལ་གྱིས་རྒྱུ་བྱེད་པས་རྐྱེན་གྱི་རྣམ་པའོ། ། གཉིས་པ་ནི། མི་གཙང་ལུས་ལ་གཙང་བར་འཛིན་པ་རྣམས། །ངན་སྐྱུགས་བུམ་པ་རྒྱན་ གྱིས་བརྒྱན་པ་ལ། །མི་ཤེས་བྱིས་པ་དགའ་ཞིང་ཆགས་པ་དང༌། །མཚུངས་པར་སྟོན་མཛད་ བླ་མའི་ཞབས་ལ་འདུད། །ཅེས་པ་སྟེ། ཀུན་འབྱུང་གིས་གཙོ་བོ་ལོག་སྲེད་ཡིན་པས་ལུས་མི་ གཙང་བ་ལ་གཙང་བར་འཛིན་པ་རྣམས། དཔེར་ན་ངན་སྐྱུགས་ཀྱི་གང་བའི་བུམ་པ་རྒྱན་གྱིས་ བརྒྱན་པ་ལ་མི་ཤེས་བྱིས་པ་དགའ་ཞིང་ཆགས་པ་དང༌། མཚུངས་པར་སྟོན་པར་མཛད་པ་བླ་ མའི་ཞབས་ལ་འདུད་དོ། །དེ་བཞིན་དུ་མི་རྟག་པ་ལ་རྟག་པ་དང༌། སྡུག་བསྔལ་བ་ལ་བདེ་བ་ དང༌། བདག་མེད་པ་ལ་བདག་ཏུ་འཛིན་པ་སོགས་ཀྱི་ལོག་ཤེས་དང༌། སྐྱེ་གནས་ཐོབ་འདོད་ ཀྱི་སྲིད་པ་ནི་སྡུག་བསྔལ་གྱིས་གཙོ་བོའི་རྒྱུ་སྟེ། ཚད་མ་རྣམ་འགྲེལ་ལས། བདག་དང་བདག་ 1-1-224 གིས་འཛིན་ཆགས་པའི། །འདུས་བྱས་སྤྱོད་ཡུལ་ཅན་ཆགས་ནི། །རྒྱུ་ཡིན་ཞེས་དང༌། དེ་ཕྱིར་ སྲིད་པ་སྲིད་སྟེན་ཡིན། །ཞེས་སོ། ། གསུམ་པ་ནི། འཁོར་བ་ཉིད་ལ་དགའ་བའི་སེམས་ཅན་རྣམས། མི་རྟག་མི་གཙང་ཡིད་ འབྱུང་སྐྱོ་བསྐྱེད་ནས། །བདག་མེད་སྟོང་བ་ཞི་བའི་ལམ་འཇུག་པ། །བདེན་བཞི་སྟོན་མཛད་ བླ་མའི་ཞབས་ལ་འདུད། །ཅེས་པ་འདིས་འགོག་ལམ་གཉིས་ཀ་བསྟན་ལ། འགོག་བདེན་ ལ་སྤྱི་མཚན་འགོག་པ་དང༌། ཞི་བ། གྱ་ནོམ། ངེས་འབྱུང་བཞིའི་ཉོན་མོངས་པ་མེད་པས་ འགོག་པ། སྡུག་བསྔལ་མེད་པས་ཞི་བ། དེ་གཉིས་ཀྱི་རྒྱུས་གཙང་བ་དང་བདེ་བའི་ངོ་བོར་ གྱུར་པས་གྱ་ནོམ་པ། ཕྱིར་མི་ལྡོག་པས་རྟག་ཅིང་བདེ་བ་དང་ཕན་པའི་གཞི་ཡིན་པས་ངེས་ འབྱུང་ངོ༌། །རང་མཚན་ནམ། མཚན་གཞི་ལ་གསུམ་སྟེ། དྲི་མ་གདོད་ནས་དག་པ་རང་བཞིན་ གྱིས་འགོག་པ་དང༌། གློ་བུར་གྱིས་དྲི་མ་གཉེན་པོས་བཅོམ་པ་སོ་སོར་བརྟགས་པའི་འགོག་ པ་དང༌། རྒྱུ་རྐྱེན་ཚང་ནས་ཉོན་མོངས་འགགས་པ་སོ་སོར་བརྟགས་མིན་གྱིས་འགོག་པའོ། ། དང་པོ་ཆོས་ཉིད་བདེ་གཤེགས་སྙིང་པོ་སྟེ། དེའི་མཚན་ཉིད་གདོད་ནས་དྲི་མ་དག་པའི་ ཆོས་དབྱིངས་སོ། །གཟུངས་ཀྱི་རྒྱལ་པོས་ཞུས་པའི་མདོར། ཟད་པ་གཉེན་པོས་ཟད་པ་མ་ ཡིན་ཏེ། །སྔོན་ནས་ཟད་པས་དེ་ཕྱིར་ཟད་ཅེས་བསྟན། །ཞེས་དང༌། རྒྱུད་བླར། རང་བཞིན་ གྱིས་ནི་ཡོང་དག་ཕྱིར། །ཉོན་མོངས་གདོད་ནས་ཟད་ཕྱིར་རོ། །ཞེས་དང༌། དབུས་མཐར། ངོ་ བོ་ཉིད་དང་གཉིས་མི་སྐྱེ། །དྲི་མ་ཞི་བ་གཉིས་སུ་འདོད། །དེའི་འགྲེལ་པར། ངོ་བོ་གཉིས་ཀྱི་ འགོག་པ་དང༌། གཉིས་འགོག་པ་དང་རང་བཞིན་གྱིས་འགོག་པའོ། །ཞེས་ཏེ། འདི་ནི་ཐེག་ ཆེན་གྱིས་ཁྱད་ཆོས་སོ། །ཕྱི་མ་གཉིས་ནི་ཡོངས་སུ་གྲགས་པ་ཉིད་དོ། །ལམ་གྱི་བདེན་པ་ལ་ བརྟེན་ནས་དང་རྟེན་པ་གཉིས་ལས། དང་པོ་ནི་འཁོར་བ་ཉིད་ལ་དགའ་བའི་སེམས་ཅན་ རྣམས་ལ། འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་སྤངས་པའི་ཐར་པའི་སྐབས་མ་ཐོབ་ན་སྐྱིད་མེད། 1-1-225 ཐོབ་པ་ལ་དམ་པའི་ཆོས་བྱེད་དགོས་དེ་ལ་རྟེན་དལ་འབྱོར་ཀྱི་མི་ལུས་ཐོབ་དགོས་པ་ལ། དེ་ ཤིན་ཏུ་རྙེད་དཀའ་དེ། ཇི་ལྟར་འགྲོ་བ་གཞན་ནི་རྒྱ་མཚོ་དང༌། །མི་ཉིད་སྐྲ་རྩེའི་ཆུ་ཐིགས་དང་ མཚུངས་ན། །དམ་ཆོས་སྒྲུབ་པའི་རྟེན་མཆོག་དལ་འབྱོར་ཉིད། །ཅི་ཡི་ཕྱིར་ན་རྙེད་པར་སླ་ བ་ཡིན། །ཞེས་པས། དལ་འབྱོར་རྙེད་དཀའ་བ་བསམ་མོ། །དེ་ཡང་འཆི་ངེས་ནམ་འཆི་ཆ་ མེད། འཆི་བ་ལ་ཅིས་ཀྱང་མི་ཕན་པས། འཆི་བ་མི་རྟག་པ་ཡང་ཡང་བསམ་ལ། དེ་རིང་ཉིད་ ནས་ཆོས་ཁོ་ན་བསྒྲུབ་པར་བྱ་ཞིང༌། བསྒྲུབ་ཚུལ་ཤེས་པའི་ཕྱིར། ཤི་ནས་ཀྱང་ལུས་མེད་པར་ འགྲོ་ལ། སེམས་མི་འཆི་བར་ལས་ཀྱི་དབང་གིས་སྐྱེ་བ་ལེན་ཏེ། རིན་ཆེན་ཕྲེང་བར། མི་དགེ་ བ་ལས་སྡུག་བསྔལ་འབྱུང༌། །དེ་བཞིན་ངན་འགྲོ་ཐམས་ཅད་དོ། །དགེ་ལས་བདེ་འགྲོ་ཐམས་ ཅད་དང༌། །སྐྱེ་བ་ཀུན་ཏུ་བདེ་བ་དག །ཅེས་པས། ལས་རྒྱུ་འབྲས་ཞིབ་ཏུ་བསམ་ལ། སྡིག་ པ་ཕྲ་ཞིང་ཕྲ་བ་ནས་སྤངས་ལ། དགེ་བ་ཕྲ་ཞིང་ཕྲ་བ་ནས་བསྒྲུབ་པར་བྱ་བ་ཡིན་པས། ཆེན་ པོ་ལྟ་ཅི་སྨོས། དེ་ལྟར་བྱས་ནས་ངན་འགྲོར་མི་འགྲོ་ཙམ་དང༌། བདེ་འགྲོ་ཐོབ་ཙམ་གྱིས་ཀྱང་ བསྟན་གྱི་ཡིད་བདེའི་གདེངས་ཐོབ་པ་མ་ཡིན་ཏེ། འཁོར་བ་མཐའ་དག་སྡུག་བསྔལ་གྱི་རང་ བཞིན་ཡིན་པས། དེའི་སྤྱི་དང་བྱེ་བྲག་གིས་[གི་]ཉེས་དམིགས་ཞིབ་ཏུ་བསམ་པར་བྱ་ཞིང༌། འཁོར་བ་ལ་བཙོན་ཁང་གིས་[གི་]འདུ་ཤེས། རང་ཉིད་ལ་བཙོན་ནག་ཅན་གྱི་འདུ་ཤེས། ནོར་ཟས་ལ་ལྕགས་སྒྲོག་གི་འདུ་ཤེས། གཉེན་ཉེ་གཞི་ལ་བཙོན་བསྲུངས་ཀྱི་འདུ་ཤེས་བསྐྱེད་ དོ། ། གཉིས་པ་ལ་གཉིས། སྤྱི་མཚན་དང་རང་མཚན་ལས། དང་པོ་ལ། བཞི། ལམ། རིགས་ པ། སྒྲུབ་པ༑ ངེས་འབྱིན་ཏེ། མྱང་འདས་སུ་འགྲོ་བའི་གོ་སྐབས་ཆེ་ཤུལ་ཡིན་པས། ལམ་མི་ རིགས་པ་རྣམ་རྟོག་གིས་གཉེན་པོས་བྱེད་པས། རིགས་རྟག་འཛིན་སོགས་ཕྱིན་ཅི་ལོག་ལས། སེམས་ཕྱིན་ཅི་མ་ལོག་པ་སྒྲུབ་པས། རྟག་པར་ངེས་པར་འབྱུང་བའི་གནས་སུ་འགྲོ་བར་བྱེད་ 1-1-226 པས་ངེས་འབྱིན་ནོ། །སེམས་ཅན་ཐམས་ཅད་ལ་བྱམས་སྙིང་རྗེ་བསྒོམ་ཞིང་ཚོགས་གཉིས་ཀྱི་ ལམ་དང་ཁྱད་པར་བདག་མེད་སྟོང་པ་ཞི་བའི་ལམ་ལ་འཇུག་པར་བྱ་ལ། དེའང་བྱང་ཕྱོགས་ སོ་བདུན་དབུས་མཐའ་རྣམ་འབྱེད་ནས་གསུངས་པ་བཞིན་སྒོམ་སྟེ། ཚོགས་ལམ་ཆུང་ངུ་ གནས་ངན་ལེན་གྱི་ཕྱིར་སྲེད་རྒྱུའི་ཕྱིར། ཞི་བའི་ཕྱིར་དང་མ་རྨོངས་ཕྱིར། །བདེན་པ་བཞི་ལ་ འཇུག་བྱའི་ཕྱིར། །དྲན་པ་ཉེ་བར་བཞག་པ་བསྒོམ། །ཞེས་པས་ཕྱི་ནང་གི་ལུས་གནས་ངན་ ལེན་གྱི་ཕུང་པོར་ཤེས་པས་འདུ་བྱེད་ཀྱི་སྡུག་བསྔལ་གྱིས་མཚན་ཉིད་ཤེས། ཀུན་འབྱུང་གིས་ [གི་]གཙོ་བོ་སྲེད་པ་དེའི་རྒྱུ་ཚོར་བ་སྡུག་བསྔལ་དུ་ཤེས་པས་ཀུན་འབྱུང་སྤོངས། རྟག་འཛིན་ གྱི་གཞིའི་སེམས་སྐྱེ་འཇིག་ཅན་དུ་ཤེས་པས། བདག་ཆད་པར་དོགས་པ་མེད་པས་འགོག་པ་ མངོན་དུ་བྱེད། ཀུན་བྱང་གིས་ཆོས་ཐམས་ཅད་བདག་མེད་དུ་ཤེས་པས་བདག་མེད་བསྒོམ་ པའི་ལམ་རྟེན་པ་དེ་བདེན་བཞི་ལ་འཇུག་པར་བྱ་བའི་ཕྱིར། སྒོམ་པའི་ལུས་མི་གཙང་བ་ དང༌། ཚོར་བ་སྡུག་བསྔལ། སེམས་རྣམ་ཤེས་སྐྱེ་འཇིག་ཅན་གྱི་མི་རྟག་པ། ཆོས་སེམས་འབྱུང་ རྣམས་བདག་མེད་པར་དྲན་པ་ལ་ཉེ་བར་གཞག་ནས་བསྒོམ་པ་བཞིན་ནོ། །དེ་ལྟར་བསྒོམས་ པས། ཚོགས་ལམ་འབྲིང་དུ་སྤངས་གཉེན་ཤེས་ནས་བླང་དོར་བྱ་བའི་ཕྱིར་ཉེས་པའི་གཉེན་ པོར། ཡང་དག་སྤོང་བ་བཞི་འབྱུང་སྟེ། མི་མཐུན་ཕྱོགས་དང་གཉེན་པོ་རྣམས། །རྣམ་པ་ ཐམས་ཅད་ཡོངས་ཤེས་ནས། །དེ་དག་སྤངས་ཕྱིར་བརྩོན་འགྲུས་ནི། །རྣམ་པ་བཞི་དག་ཀུན་ ཏུ་འབྱུང༌། །ཞེས་སོ། །དེ་དག་ཀྱང་མི་དགེ་བ་སྐྱེས་པ་ཡང་དག་པར་སྤོངས་བ་ཞེས་གཙོ་བོའི་ མིང་གིས་སྨོས་སོ། །མི་དགེ་བ་སྐྱེས་པ་ཡང་དག་པར་སྤོངས་བ་དང༌། མ་སྐྱེས་པ་མི་བསྐྱེད་ པ་དང༌། དགེ་བ་སྐྱེས་པ་སྤེལ་བ་དང༌། མ་སྐྱེད་པ་སྐྱེད་པའི་བརྩོན་འགྲུས་རྣམ་པ་བཞིའོ། ། དེ་ལྟར་བསྒོམས་པས་ཚོགས་ལམ་ཆེན་པོར་རྫུ་འཕྲུལ་རྐང་པ་སྐྱེ་སྟེ། དེ་ལ་[][]མཚན་ ཉིད། བདག་རྐྱེན་སྤོངས་བའི་འདུ་བྱེད་བརྒྱད་སྟེན་པ་ལས། སེམས་ལས་སུ་རུང་བའི་ཏིང་ 1-1-227 ངེ་འཛིན་ཏེ། མཛོད་དུ། རྫུ་འཕྲུལ་རྐང་པ་ཏིང་ངེ་འཛིན་ཡིན་ཞེས་དང༌། དེར་གནས་ལས་སུ་ རུང་བ་ཉིད། །དོན་རྣམས་ཐམས་ཅད་འབྱོར་པར་འགྱུར། །ཉེས་པ་ལྔ་སྤོངས་འདུ་བྱེད་བརྒྱད། ། བསྟེན་པའི་རྒྱུ་ལས་འབྱུང་བའོ་ཞེས་དང༌། ཉེས་པ་ལྔ་ནི། ལེ་ལོ་དང་ནི་གདམས་ངག་རྣམས། ། བརྗེད་དང་བྱིང་དང་རྒོད་པ་རྣམས། །འདུ་མི་བྱེད་དང་འདུ་བྱེད་དེ། །འདི་དག་ཉེས་པ་ལྔར་ འདོད་དོ། །ཞེས་པས། བྱིང་རྒོད་གཉིས་གཅིག་ཏུ་བསྡུའོ། །བྱིང་རྒོད་མ་ཞི་བའི་ཚེ། གཉེན་ པོ་འདུ་མི་བྱེད་པ་དང༌། ཞི་བའི་ཚེ་འདུ་བྱེད་པའོ། །འདུ་བྱེད་བརྒྱད་ནི་ལེ་ལོའི་གཉེན་པོ་བཞི། ལྷག་མ་བཞི་ལ་རེ་རེ་ཏེ། རྩོལ་བའི་གནས་བདུན་པ་དེ་ལ་གནས་པ་ནི་རྩོལ་བ། འདུན་པའི་ རྒྱུ་སྤང་གཉེན་རྒྱུ་འབྲས་ལ་ཡིད་ཆེས་པའི་དད་པ་སྟེ། དེ་ལས་མངོན་པར་འདོད་པའི་འདུན་ པ་འབྱུང་བས་སོ། །རྩོལ་བའི་འབྲས་བུ་ཤིན་ཏུ་སྦྱངས་པ་དེ་བརྩོན་འགྲུས་བརྩམས་པས་ལུས་ སེམས་ལས་སུ་རུང་བའི་ཏིང་ངེ་འཛིན་ཐོབ་བོ། །ཡང་དག་པའི་དམིགས་པ་མ་རྗེད་པའི་དྲན་ པ་དེ་དང་ལྡན་ནས་བྱིང་རྒོད་རྟོག་པའི་ཤེས་བཞིན། རྟོགས་ནས་དེ་དང་བྲལ་བར་བྱ་བའི་ ཕྱིར་གཉེན་པོ་འདུ་བྱེད་པ། བྱིང་རྒོད་ཞི་གནས་ལ་འཇོག་པའི་བཏང་སྙོམས་སོ། །གནས་ དང་དེ་ལ་གནས་པ་དང༌། །རྒྱུ་དང་འབྲས་བུ་ཉིད་དུ་འོང༌། །དམིགས་པ་བརྗེད་པར་མ་གྱུར་ དང༌། །བྱིང་དང་རྒོད་དང་རྟོག་པ་དང༌། །དེ་སྤོངས་མངོན་པར་འདུ་བྱེད་བཅས། །ཞི་ཚེ་རྣལ་ དུ་འཇོག་པའོ། །ཞེས་སོ། །མཚོན་བྱ་ནི། རྫུ་འཕྲུལ་གྱི་བཞི་སྟེ། འདི་ལ་བརྟེན་ནས་ནམ་ མཁའ་ལ་འགྲོ་བ་སོགས་བྱེད་པས་རྐང་པའོ། །མཚན་གཞི་ནི། དབྱེ་བ་འདུན་པ་སྐྱེད་པ་ན་ སེམས་རྩེ་གཅིག་པ་ལ་རེག་པ་འདུན་པའི་ཏིང་ངེ་འཛིན། འབད་པ་དང་བརྩོན་འགྲུས་བརྩམ་ པ་ན། སེམས་རྩེ་གཅིག་པ་ལ་རེག་པ་བརྩོན་འགྲུས་ཀྱིས་སེམས་རབ་ཏུ་འཇོག་པ་ན། སེམས་ རྩེ་གཅིག་པ་ལ་རེག་པ་སེམས་ཀྱིས། སེམས་རབ་ཏུ་འཛིན་པ་ན་སེམས་རྩེ་གཅིག་པ་ལ་རེག་ པ་སྤྱོད་པའི་ཏིང་ངེ་འཛིན་དང་བཞིའོ། ། 1-1-228 བཞི་པ་སེམས་སྦྱངས་པ་ལ་དབང་པོ་ལྔ་སྐྱེས་ཏེ། དེ་ལ་གསུམ་མཚན་ཉིད་ནི་འཕགས་ ལམ་ཡང་དག་པར་འགྲུབ་པའི་བདག་པོར་གྱུར་པ་གང་ཞིག་དྲོད་རྩེ་ནས་ཐོག་མར་ཐོབ་པའོ། ། མཚོན་བྱ་ནི་འཕགས་ལམ་སྒྲུབ་པའམ། དད་སོགས་ལྔས་བྱང་ཆུབ་དང་སེམས་ཀྱིས་སྤྱོད་པ་ དང༌། ཐེག་ཆེན་གྱི་ཆོས་ཐོབ་པ་དང༌། ཞི་གནས་དང༌། ལྷག་མཐོང་ལ་གོ་རིམ་བཞིན་དབང་ བྱེད་པས་དབང་པོའོ། །མཚན་གཞི་ལ་དབྱེ་ན། བྱང་ཆུབ་ལ་ཡིད་ཆེས་ཞིང་འདུན་པའི་དད་པ་ དང༌། བྱང་སེམས་ཀྱི་སྤྱོད་པ་ལ་སྦྱོར་བའི་བརྩོན་འགྲུས་དང༌། ཐོས་པའི་དམིགས་པ་མི་རྗེད་ པའི་དྲན་པ་དང༌། ཞི་གནས་ལ་སེམས་མི་འཕྲོ་བའི་ཏིང་ངེ་འཛིན་དང༌། ལྷག་མཐོང་གིས་ ཆོས་རབ་ཏུ་འབྱེད་པའི་ཤེས་རབ་སྟེ། དེ་དག་ལ་དབང་བྱེད་པས་ན་དབང་པོ་ལྔའོ། །ཐར་ པའི་ཆ་མཐུན་དང་སྐྱེད་ནས། །འདུན་དང་སྦྱོར་བ་དབང་བྱེད་དེ། །དམིགས་པ་བརྗེད་པར་མ་ གྱུར་དང༌། །མི་འཕྲོ་རྣམ་པར་འབྱེད་ཀྱང་ངོ༌། །ཞེས་སོ༑ ༑ལྔ་པོ་དབང་པོ་ལས་སྟོབས་བསྐྱེད་ དེ། དེ་ལ་གསུམ། མཚན་ཉིད་ནི། དབང་པོ་ཉིད་མི་མཐུན་ཕྱོགས་ཀྱི་མི་རྫི་བར་འགྱུར་བ་ བཟོད་མཆོག་ནས། ཐོག་མར་ཐོབ་པའོ། །མཚོན་བྱ་ནི་མི་མཐུན་ཕྱོགས་སྲབ་པས་གཉེན་པོ་ སྟོབས་རྒྱས་པས་སྟོབས་ཏེ། མི་མཐུན་ཕྱོགས་ནི་སྲབ་པའི་ཕྱིར། །སྟོབས་ལྡན་འབྲས་བུ་ཕྱི་མ་ ཡིན། །ཞེས་སོ། །མཚན་གཞི་ལ་དབྱེ་ན། མ་དད་པ་དང༌། ལེ་ལོ་དང༌། བརྗེད་ངེས་དང༌། རྣམ་ གཡེང་དང༌། གཏི་མུག་ལྔ་འཇོམས་པའི་དད་པ་དང༌། བརྩོན་འགྲུས་དང་དྲན་པ་དང༌། ཏིང་ ངེ་འཛིན་དང་ཤེས་རབ་ཀྱི་སྟོབས་ལྔའོ། །དབང་པོ་རྣམས་དང་སྟོབས་རྣམས་ལ། །ངེས་འབྱེད་ ཆ་མཐུན་གཉིས་གཉིས་སོ། །ཞེས་སོ། །དྲུག་པ་སྦྱོར་ལམ་ལས་བྱང་ཆུབ་སྐྱེ་སྟེ། དེ་ལ་གསུམ། མཚན་ཉིད་ནི། མངོན་པར་རྟོགས་པའི་ལམ་མམ། དེ་ཁོ་ན་ཉིད་མངོན་སུམ་གྱིས་རྟོགས་པའི་ ཡན་ལག་མཐོང་ལམ་པ་དང་པོ་ནས་ཐོག་མར་ཐོབ་པའོ། །མཚོན་བྱ་ནི། ཟད་མི་སྐྱེ་ཤེས་པའི་ བྱང་ཆུབ་ཀྱི་རྒྱུར་གྱུར་པས་བྱང་ཆུབ་ཡན་ལག་གོ །མཚན་གཞི་ལ་དབྱེ་ན། དྲན་པ་དང་ཆོས་ 1-1-229 རབ་ཏུ་རྣམ་འབྱེད་དང༌། བརྩོན་འགྲུས་དང༌། དགའ་བ་དང༌། ཤིན་ཏུ་སྦྱངས་པ་དང༌། ཏིང་ངེ་ འཛིན་དང༌། བཏང་སྙོམས་ཏེ། རེ་རེ་ལ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཅེས་པ་སྦྱར་བ་བདུན་ ནོ། །དྲན་པ་ནི་གནས་ཀྱི་ཡན་ལག་སྟེ་དེ་ལས་གཞན་རྣམས་འབྱུང་བས་སོ། །ཆོས་རབ་འབྱེད་ ནི་རང་བཞིན་གྱི་ཡན་ལག་སྟེ་མཐོང་ལམ་བྱང་ཆུབ་ཀྱི་ངོ་བོ་ཡང་དག་པའོ། །བརྩོན་འགྲུས་ ངེས་པར་འབྱུང་བའི་ཡང་དག་སྟེ། དེས་བྱང་ཆུབ་མ་ཐོབ་བར་དུ་ལམ་རྒྱུན་མི་བཅོད་[གཅོད་ ]པས་སོ། །དགའ་བ་ནི་ཕན་ཡོན་གྱིས་ཡན་ལག་སྟེ། སེམས་དགའ་བར་བྱེད་པའོ། །ལྷག་མ་ གསུམ་ཉོན་མོངས་མེད་པའི་ཡན་ལག་སྟེ། དེ་ལ་གཞི་གང་གི་ནི་ཤིན་ཏུ་སྦྱངས་པ་སྟེ་གནས་ ངན་ལེན་བཅོད་[གཅོད་]པས་སོ། །གནས་གང་ལས་ཀུན་ནས་ཉོན་མོངས་སུ་མི་འགྱུར་བའི་ ཏིང་ངེ་འཛིན་ཏེ། དེ་ལ་གནས་པས་གནས་འགྱུར་བས་སོ༑ ༑ཉོན་མོངས་པ་གང་ཡང་མེད་ པའི་ངོ་བོ་ནི་བཏང་སྙོམས་ཏེ་བྱིང་རྒོད་སོགས་ཉོན་མོངས་མེད་པའི་གནས་སྐབས་ཀྱིས་[ཀྱི་] ངོ་བོ་ཡིན་པས་སོ། །རང་བཞིན་ཡན་ལག་གནས་ཡན་ལག །གསུམ་པ་ངེས་འབྱུང་ཡན་ལག་ སྟེ། །བཞི་པ་ཕན་ཡོན་ཡན་ལག་ཡིན། །འདི་ལ་བཞི་དང་གནས་དང་ནི། །ངོ་བོ་ཉིད་དུ་བསྟན་ པ་ཡིན། །ཞེས་སོ། །ས་མཚམས་ས་དང་པོ་ནས་ཡོད་དེ། རྒྱན་དུ། སར་ཞུགས་པ་ལ་བྱང་ཆུབ་ ཀྱི། །ཡག་ལག་རྣམ་པར་བཞག་པར་བརྗོད། །ཅེས་སོ། ། བདུན་པ་མཐོང་ལམ་སྒོམ་པས་ས་གཉིས་པར་འཕགས་ལམ་གྱིས་[གྱི་]ཡག་ལག་སྐྱེ་ སྟེ། དེ་ལ་གསུམ་ཚན་[མཚན་]ཉིད་ནི། སྒོམ་སྤང་གིས་དག་པར་བྱ་ཕྱིར་ངེས་པར་འབྱིན་ པའི་ཐབས་སྒོམ་ལམ་གྱིས་[གྱི་]ཡན་ལག་ཏུ་གྱུར་པའོ། །མཚོན་བྱ་ནི་སྒོམ་ལམ་གྱིས་[གྱི་ ]ཡན་ལག་གམ་རྒྱུར་གྱུར་པས་འཕགས་ལམ་ཡན་ལག་གོ །མཚན་བཞི་[གཞི་]ལ་དབྱེ་ན་ ཐམས་ཅད་ཀྱི་མགོ ར་ཡང་དག་པའི་ཞེས་དང༌། འཇུག་ཏུ་འཕགས་པའི་ལམ་ཡག་ལག་ཅེས་ པ་སྦྱར་ལ། ལྟ་བ་དང༌། རྟོག་པ་དང༌། ངག་དང་ལས་ཀྱིས་མཐའ་དང༌། འཚོ་བ་དང༌། རྩོལ་ 1-1-230 བ་དང༌། དྲན་པ་དང་ཏིང་ངེ་འཛིན་ཏེ་བརྒྱད་དོ། །དེ་ལ་ལྟ་བ་ནི་མཐོང་ལམ་ཡོངས་སུ་སྤྱོད་ པའི་ཡན་ལག་སྟེ། སྒོམ་ལམ་རྗེས་ཐོབ་དེས་རང་གིས་རྟོག་པ་ལྟར་ངེས་པར་འཛིན་པས་སོ། ། རྟོག་པ་དང་ངག་ནི། གཞན་གོ་བར་བྱེད་པས་ཡན་ལག་སྟེ། རྟོག་པས་ཀུན་ནས་བསླང་སྟེ་ ངག་གི་བརྗོད་པས་གཞན་གྱིས་གོ་བས་སོ། །ངག ལས་ཀྱིས་མཐའ་འཚེ་བ་གསུམ་གཞན་ ཡིད་ཆེས་པར་བྱེད་པའི་ཡན་ལག་སྟེ། ངག་གིས་སྙད་[བསྙད་]པའི་འགྲེལ་སྟཾ་ཀྱི་ལྟ་བ་ རྣམས་དག་ཏུ་ཡིད་ཆེས། ལས་ཀྱི་མཐའ་བྱ་མིན་མི་བྱེད་པས་ཚུལ་ཁྲིམས་རྣམས་ངག་ཏུ་ཡིད་ ཆེས། འཚོ་བས་ཆོས་གོས་སོགས་ཇི་ལྟར་སྣང་བ་ལས་གཞན་གྱིས་མི་བཅོད་པས་ཡོ་བྱད་མྱུང་ བ་ལས་ཡིད་ཆེས་སོ། །ལྷག་མ་གསུམ་རྩོལ་བའི་ཡན་ལག་སྟེ། རྩོལ་བའི་ལམ་བསྒོམ་སྟེ། སྒོམ་སྤང་ཉོན་མོངས་པས་གཉེན་པོ་བྱེད་དོ། །དྲན་པས་ཞི་གནས་རྒྱུ་མཚན་སོགས་མ་བརྗེད་ པས་ཉེ་བའི་ཉོན་མོངས་བྱིང་རྒོད་ཀྱི་གཉེན་པོ་བྱེད་དོ། །ཏིང་ངེ་འཛིན་གྱིས་བསམ་གཏན་ལ་ གནས་ནས་མངོན་ཤེས་སོགས་བསྒྲུབ་པའི་དབང་གིས་མི་མཐུན་ཕྱོགས་ཀྱིས་གཉེན་པོ་བྱེད་ དེ། ཡོངས་སུ་སྤྱོད་དང་གོ་འབྱེད་དང༌། །རྣམ་གསུམ་གཞན་ཡིད་ཆེས་པར་བྱེད། །མི་མཐུན་ ཕྱོགས་ཀྱིས་གཉེན་པོར་ནི༑ ༑ལམ་གྱིས་ཡན་ལག་དེ་བརྒྱད་དོ། །ལྟ་དང་ཚུལ་ཁྲིམས་ཡོད་ བྱད་བསྟུང༌། །གཞན་ལ་རྣམ་པར་རིག་བྱེད་འདོད། །ཉོན་མོངས་ཉེ་བའི་ཉོན་མོངས་དབང༌། ། མི་མཐུན་ཕྱོགས་ཀྱི་གཉེན་པོའོ། །ཞེས་སོ༑ ༑དེ་དག་ནི་ཚོགས་སྦྱོར་མཐོང་སྒོམ་གྱིས་རང་ བཞིན་སློབ་ལམ་ཡིན་ལ་མི་སློབ་ལམ་ནི་སངས་རྒྱས་ཐོབ་ཟིན་གྱི་ཡེ་ཤེས་སྟོབས་བཅུ་སོགས་ ཡིན་ནོ། །འདིར་ལམ་ལྔ་བསྟན་པ་ནི་ལམ་བདེན་འཁོར་དང་བཅས་པ་ཡིན་ཞིང༌། འཁོར་ ནི་དང་པོ་གཉིས་དང༌། ཕྱི་མ་ཡིན་ལ། གཙོ་བོ་ལམ་བདེན་དངོས་ནི། མཐོང་སྒོམ་གཉིས་ ཏེ། རྒྱུད་བླའི་འགྲེལ་པར། ལམ་བདེན་གྱིས་ཐད་དུ། སྡུག་བསྔལ་འགོག་པའི་མིངཅན། དེ་ བཞིན་གཤེགས་པའི་ཆོས་ཀྱི་སྐུ་ཐོབ་པའི་རྒྱུ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོབ་པ་དང༌། 1-1-231 སྒོམ་པའི་ལམ་ནི་ཆོས་མཐུན་པ་རྣམས་གསུམ་གྱིས་ཉི་མ་དང་འདྲ་བར་རིག་པར་བྱ་སྟེ། ཞེས་ སོ། །བྱང་ཕྱོགས་བདེ་[སྡེ་]ཚན་བདུན་པོ་དེ་ཉན་ཐོས་པ། ཚོགས་ལམ་དྲོད་རྩེ་བཟོད་མཆོག སྒོམ། མཐོང་ལམ་དུ་རིམ་པར་སྦྱོར་ཏེ། མཛོད་དུ། སྡེ་ཚན་བདུན་ནི་གོ་རིམ་བཞིན། །ལས་ ནི་དང་པོ་ས་དག་དང༌། །ངེས་འབྱེད་ཆ་མཐུན་རྣམས་དང་ནི། །སྒོམ་དང་མཐོང་ལ་རྣམ་པར་ དབྱེ། །ཞེས་སོ། །དམན་པ་ས་བརྒྱད་ནི། དཀར་པོ་རྣམ་པར་མཐོང་བ་དང༌། །རིགས་དང༌། བརྒྱད་པ་དང༌། མཐོང་བ་དང༌། སྲབ་པ་དང༌། འདོད་ཆགས་དང་བྲལ་བ་དང༌། བྱས་པ་རྟོག་པ་ དང༌། རང་སངས་རྒྱས་ཀྱི་སའོ། །ཁ་ཅིག་གིས་དཀར་པོ་རྣམ་འཐོང་དོར་ནས་ཞུགས་པ་ལྷག་ མ་གསུམ་ལ་ཉན་ཐོས་ཀྱི་ཞེས་པ་བཅུག་པ་ནོར་ཏེ། མདོ་དང་འགལ་བས་སོ། །དེ་རྣམས་ཀྱི་ བདེན་བཞི་སྟོན་མཛད་བླ་མའི་ཞབས་ལ་འདུད། །ཅེས་པའི་བར་གྱི་བཀའ་དང་པོའི་དགོངས་ པ་སྟོན་པའི་སྒོ་ནས་བླ་མ་ལ་བསྟོད་པའོ། ། གཉིས་པ་བཀའ་བར་པའི་དགོངས་པ་སྟོན་པའི་སྒོ་ནས་བསྟོད་པ་ལ་ཚིགས་སུ་བཅད་པ་ བཞི་སྟེ། ཆོས་རྣམས་ཐམས་ཅད་རྐྱེན་ལས་བྱུང་བ་ཙམ། །བདག་དང་སེམས་ཅན་སྲོག་དང་ བྱེད་པོ་མེད། །རྨི་ལམ་སྒྱུ་མ་སྨིག་རྒྱུ་སྒྲ་སྙན་དང༌། །མཚུངས་པར་སྟོན་མཛད་བླ་མའི་ཞབས་ ལ་འདུད། །ཅེས་པ་ནི། འདུས་བྱས་ཀྱི་ཆོས་ཐམས་ཅད་རྒྱུ་རྐྱེན་དུ་མ་ཚོགས་པ་ལས་བྱུང་བ་ མ་ཡིན་གྱིས། བྱེད་པོ་རང་དབང་ཅན་བདག་དང༌། སེམས་ཅན་དང་སྲོག་དང༌། གང་ཟག་དང་ གསོ་བ་དང༌། མཐོང་བ་པོ་ལ་སོགས་པ། བྱེད་པའི་སྐྱེས་བུ་བཅུ་གཉིས་བསམ། མུ་སྟེགས་པས་ བདག་དང་གཙོ་བོ་དང༌། དབང་ཕྱུག་དང༌། ཚངས་པ་དང༌། ཁྱབ་འཇུག་དང༌། བོན་པོའི་ཆ་ལ་ སོགས་པ་བྱེད་པོ་གཅིག་ལས་བྱུང་བ་ཅུང་ཟད་ཀྱང་མེད་དེ། འདི་དག་ཐམས་ཅད་སྒྲོ་བཏགས་ ཡིན་པས་སོ། །དེས་ན་ཆོས་ཐམས་ཅད་རྨི་ལམ་དང་སྒྱུ་མ་དང༌། སྨིག་རྒྱུ་དང༌། སྒྲ་སྙན་དང༌། ཆུ་ཟླ་དང༌། དྲི་ཟའི་གྲོང་ཁྱེར་དང༌། མིག་ཡོར་ལྟ་བུར་སྣང་བ། དོན་ལ་རང་བཞིན་མེད་པར་ 1-1-232 སྟོན་པར་མཛད་པའི་བླ་མའི་ཞབས་ལ་འདུད་དོ། །དོན་དུ་སྣང་ཡང་སེམས་ཀྱི་བག་ཆགས་ ཙམ། །སེམས་དང་ཡིད་ཀྱི་རྣམ་པར་ཤེས་པ་ཡང༌། །མིང་ཙམ་བརྡ་ཙམ་མཁའ་ལྟར་སྟོང་ཉིད་ དུ། །གསལ་བར་སྟོན་མཛད་བླ་མའི་ཞབས་ལ་འདུད། །ཅེས་པ་ནི། གཟུགས་སོགས་ཡུལ་ལྔ་ ཕྱི་རོལ་གྱི་དོན་བེམ་པོའི་རྣམ་པར་སྣང་ཡང༌། མ་རིག་པའི་སེམས་བག་ཆགས་འཁྲུལ་པའི་ སྣང་བ་ཡིན་གྱི་སེམས་ལས་གཞན་པའི་ཕྱི་རོལ་གྱི་དོན་མེད་དེ། བག་ཆགས་ཀྱི་ནི་དཀྲུགས་ པའི་སེམས། །དོན་དུ་སྣང་བ་རབ་ཏུ་བྱུང༌། །དོན་ཡོད་མ་ཡིན་སེམས་ཉིད་དེ། །ཕྱིར་རོལ་དོན་ མཐོང་ལོག་པ་ཡིན། །ཞེས་སོ། །སྣང་མཁན་གྱིས་སེམས་རྣམ་ཤེས་ཚོགས་བརྒྱད་དེ། སེམས་ ཀུན་གཞི་རྣམ་ཤེས་དང༌། ཡིད་ཉོན་མོངས་པ་ཅན་གྱི་ཡིད་དང༌། རྣམ་པར་ཤེས་པ་ཡུལ་དྲུག་ གིས་ཡུལ་ཅན་ཚོགས་དྲུག་འཁོར་བཅས་ཀྱང༌། ཀུན་རྫོབ་ཏུ་རྟོག་པའི་མིང་ཙམ་དང༌། བརྡ་ ཙམ་ཡིན་གྱིས་དོན་ལ་མེད་པ་མཁའ་ལྟར་སྟོང་ཉིད་དུ་གསལ་བར་སྟོན་པར་མཛད་པ་བླ་མའི་ ཞབས་ལ་འདུད་དོ། །གཟུགས་སོགས་ཕུང་པོ་ལྦུ་བ་གདོས་པ་དང༌། །ཆུ་ཡི་ཆུ་བུར་སྨིག་རྒྱུ་ སོགས་འདྲར་སྟོན། །སྐྱེ་མཆེད་གྲོང་སྟོང་ཁམས་རྣམས་སྦྲུལ་གདུག་དང༌། །འདྲ་བར་སྟོན་ མཛད་བླ་མའི་ཞབས་ལ་འདུད། །ཅེས་པ་ནི། གཟུགས་ཕུང་ལྦུ་བ་གདོས་པ་དང༌། ཚོགས་པ་ ཆུའི་ཆུ་བུར་དང༌། འདུ་ཤེས་སྨིག་རྒྱུ་དང༌། འདུ་བྱེད་ཆུ་ཤིང་དང༌། རྣམ་ཤེས་སྒྱུ་མ་དང༌། སྐྱེ་ མཆེད་བཅུ་གཉིས་གྲོང་སྟོང་པ་དང༌། ཁམས་གསུམ་བཅོ་བརྒྱད་སྡུག་བསྔལ་གྱི་རྒྱུ། སྦྲུལ་ གདུག་དང་འདྲ་བར་སྟོན་པར་མཛད་པ་བླ་མའི་ཞབས་ལ་འདུད་དོ། །སྲིད་དང་མྱ་ངན་འདས་ པའི་ཆོས་རྣམས་ཀུན། །མ་སྐྱེས་མ་འགགས་འགྲོ་འོང་གནས་བྲལ་ཞིང༌། །མཐའ་དང་དབུས་ མེད་རང་རང་ངོ་བོ་ཡིས། །སྟོང་པར་སྟོན་མཛད་བླ་མའི་ཞབས་ལ་འདུད། །ཅེས་པ་ནི། འཁོར་ འདས་ལམ་གཟུགས་ནས་ནམ་མཁའི་ཁམས་ཀྱི་བར་དུ། ཕུང་པོ། སྐྱེ་མཆེད། ཁམས། རྟེན་ འབྲེལ། ཁམས་ལྔ་སྟེ། ཀུན་ནས་ཉོན་མོངས་ཀྱིས་ཕྱིན་དྲུག་དང་སྟོང་ཉིད་སོགས་ནས། རྣམ་ 1-1-233 མཁྱེན་དང་སངས་རྒྱས་དང་ཆོས་ཀྱི་བར་རྣམ་བྱང་གིས་འབྲེལ་པ་རྣམས། མ་སྐྱེས་པ། མ་ འགགས་པ། འགྲོ་འོང་གནས་པ་དང༌། ཡོད་མེད་ལ་སོགས་པའི་མཐའ་དང་དབུས་མེད་པ་ ཐམས་ཅད། རང་རང་ངོས་བོས་སྟོང་པར་སྟོན་པར་མཛད་པ་བླ་མའི་ཞབས་ལ་འདུད་དོ། །དེ་ ཡང་ཤེར་ཕྱིན་སོགས་ཀྱི་མདོར་གཟུགས་སྐྱེ་བ་མེད་ཅེས་སོགས་དང༌། གཟུགས་ནི་གཟུགས་ ཀྱིས་རང་བཞིན་གྱིས་སྟོང་ངོ་ཞེས་སོགས་དང༌། མྱ་ངན་ལས་འདས་པ་ལས་ཆེས་ལྷག་པའི་ ཆོས་གཅིག་ཡོད་ན་ཡང༌། དེའང་རྨི་ལམ་ལྟ་བུ། སྒྱུ་མ་ལྟ་བུ་ཞེས་དང༌། ང་སྨྲའོ། །ཞེས་དང༌། སྟོང་པ་ཉིད་ཅེས་བྱ་བ་ལྟ་ཡོད་པ་འགྱུར་རེ་སྐན། ཞེས་རང་སྟོང་མཚན་ཉིད་མེད་པའམ་ངོ་ བོ་ཉིད་མེད་པར་སྟོན་པས་བཀའ་བར་པ་མཚན་ཉིད་མེད་པ། སྟོང་པ་ཉིད་སྨོས་པས་ཆོས་ འཁོར་ཞེས་བྱ་བ། རྟག་ཆོས་དངོས་པོ་བདེན་འཛིན་གྱིས་གཉེན་པོ་སྟེ། རྩ་ཤེར། རྒྱལ་བ་ རྣམས་ཀྱིས་སྟོང་པ་ཉིད། །ལྟ་ཀུན་ངེས་པར་འབྱིན་པར་གསུང༌། །གང་དག་སྟོང་པ་ཉིད་ལྟ་ བ། །དེ་དག་སྒྲུབ་ཏུ་མེད་པར་གསུང༌། །ཅེས་ཏེ། བཀའ་བར་པ་དང༌། གྲུབ་སྣང་མེད་དབུ་མ་ ནི། རྣམ་ཅད་[བཅད་]དུ་དངོས་འཛིན་དང༌། རྟག་ཆོས་བཀག་ནས། ཡོངས་ཅོད་[གཅོད་]དུ་ ཡུལ་ཅིར་ཡང་མ་གྲུབ་པ་ལ། བློས་ཅི་ཆར་ཡང་མི་རྟོག་པ་བསྒོམ་པས་ལྷག་པའི་ཏིང་ངེ་འཛིན་ གྱི་བསླབ་པ་འགྲུབ་པ་ཡིན་ནོ། །དངོས་འཛིན་ཆོམས་ནས་ཀྱང་ཐམས་ཅད་རང་སྟོང་ཁོ་ནར་ ལྟས་ན་སྒྲུབ་ཏུ་མེད་པ་ཆད་ལྟ་ཆོས་སྤོངས་དུ་འགྱུར་བས་མཁས་དགོས་སོ། ། གསུམ་པ་དོན་དམ་རྣམ་ངེས་ཀྱིས་དགོངས་པ་སྟོན་པའི་སྒོ་ནས་བསྟོད་པ་ལ་ཚིགས་སུ་ བཅད་པ་གསུམ་སྟེ། བུམ་ནང་མར་མེ་དབུལ་པོའི་གཏེར་སོགས་བཞིན། །བདེ་གཤེགས་ སྙིང་པོ་འོད་གསལ་ཆོས་ཀྱི་སྐུ། །ཀུན་རྫོབ་གློ་བུར་ཕུང་པོའི་སྦུབས་ནང་ན། །གནས་པར་ སྟོན་མཛད་བླ་མའི་ཞབས་ལ་འདུད། །ཅེས་པ་ནི། བཀའ་ཐ་མའི་མདོའོ། །སྙིང་པོའི་མདོ་བཅུ་ སོགས་སུ་གསུངས་པའི་དོན་རྒྱུད་བླར། རྫོགས་སངས་སྐུ་ནི་ཁྲོ་[འཕྲོ་]ཕྱིར་དང༌། །དེ་བཞིན་ 1-1-234 ཉིད་དབྱེར་མེད་ཕྱིར་དང༌། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ ཅན། །ཞེས་དང༌། རྒྱས་བཤད་དུ། ཆགས་དང་སྡང་སོགས་དྲི་མས་སྦུབས་སྒྲིབ་བདེ་གཤེགས་ སྙིང་པོ་འགྲོ་གཟིགས་ནས། །ཅེས་དང༌། དེ་བཞིན་ལུས་ཅན་ལ་ཡོད་ཟག་པ་མེད་པའི་ཤེས་ པ་སྦྲང་མའི་རྩི་དང་འདྲ། །ཞེས་དང༌། དྲི་མ་དང་འདྲེས་རྒྱལ་བའང་དེ་སྲིད་དུ། །ཞེས་དང༌། དེ་བཞིན་དུ་ཉོན་མོངས་མི་གཙང་ཆེན་པོར་ལྟུང་གྱུར་རྫོགས་སངས་རིན་པོ་ཆེ་ཞེས་དང༌། དེ་ བཞིན་དུ་ཆོས་གཏེར་ཡིད་ཀྱི་ཁྱིམ་ནས་སེམས་ཅན་དག་ནི་དབུལ་པོ་ལྟ་བུ་སྟེ། །ཞེས་སོགས་ གསུང་པའི་དོན། བུམ་ནང་ན་མར་མེ་ཡོད་པ་དང༌། དབུལ་པོའི་ཁང་འོག་ན་གཏེར་ཡོད་པ་ དང༌། སོགས་པའི་སྒྲས་པད་ངན་ལ་སངས་རྒྱས་ཀྱི་སྐུ་ཡོད་པ་དང༌། སྦུན་པ་ལ་འབྲུའི་སྙིང་པོ་ ཡོད་པ་སོགས་དང་འདྲ་བར། བདེ་གཤེགས་སྙིང་པོ་སངས་རྒྱས་ཐམས་ཅད་ཀྱི་འོད་གསལ་ ཆོས་ཀྱི་སྐུ་ཡང༌། སེམས་ཅན་ཐམས་ཅད་ཀྱི་ཀུན་རྫོབ་གློ་བུར་ཕུང་པོའི་སྦུབས་ནང་ན་གནས་ པར་སྟོན་པར་མཛད་པ་བླ་མའི་ཞབས་ལ་འདུད་དོ། །སེམས་ཅན་ལ་སངས་རྒྱས་བཞུགས་ པའི་གནད་ཀྱང༌། རྫོགས་སངས་སྐུ་ནི་ཕྲོ་[འཕྲོ་]ཕྱིར་ཞེས་སོགས་ནི། ཆོས་སྐུ་བྱང་ཆེན་ཏེ། ནམ་མཁའ་ལྟར་འཁོར་འདས་བརྟན་གཡོ་ཐམས་ཅད་ལ་ཁྱབ་པ་དང༌། སེམས་ཅན་གྱིས་དེ་ བཞིན་ཉིད་གཅིག་པ་དང༌། རང་བཞིན་དུ་གནས་པའི་རིགས་སྟོབས་བཅུ་སོགས་ཡེ་ཤེས་ ཀྱིས་ཕུང་པོ་ཡིན་ཏེ། རྒྱུད་བླའི་ཡོན་ཏན་བསམ་མི་ཁྱབ་ཀྱི་ཐད་དུ་མདོ་གྲངས་[དྲངས་]པར། གང་ལ་དེ་བཞིན་གཤེགས་པའི་ཡེ་ཤེས་མཐའ་དག་རྗེས་སུ་མ་ཞུགས་པའི་སེམས་ཅན་དེ་ནི་ སེམས་ཅན་གྱིས་རིགས་ན་འགའ་ ཡང་མེད་དོ། །འོན་ཀྱང་འདུ་ཤེས་ཀྱིས་འཛིན་པས་དེ་བཞིན་གཤེགས་པའི་ཡེ་ཤེས་མི་ མངོན་ནོ། །ཞེས་དང༌། རྒྱུད་བླར། རྒྱ་ཆེ་མཐའ་དང་དབུ་མེད་ཕྱིར། །བྱང་ཆུབ་ནམ་མཁའི་ ཁམས་བཞིན་ནོ། །ཞེས་དང༌། མཐའ་དང་དབུས་མེད་རྒྱ་ཆེན་ནམ་མཁའ་ལྟར་ཁྱབ་པ། 1-1-235 ། སངས་རྒྱས་ཉིད་ནི་ཡོན་ཏན་དྲི་མ་མེད་གཏེར་སེམས་ཅན་ཀུན་ལ་ཁྱབ་མེད་རྣམ་གཟིགས་ ནས། །ཞེས་དང༌། མདོ་སྡེ་རྒྱན་དུ། སྔ་མ་ཕྱི་མར་ཁྱད་མེད་ཀྱང༌། །སྒྲིབ་པ་ཀུན་གྱིས་དྲི་མེད་ པར། །དེ་བཞིན་ཉིད་འདི་སངས་རྒྱས་འདོད། །ཅེས་དང༌། ཆོས་གཏེར་ཡིད་ཀྱི་ཁྱིམ་གནས་ ཞེས་པའི་མདོར། སེམས་ཅན་རྣམས་ཀྱིས་མངོན་པར་ཞེན་པའི་ཡིད། ཁྱིམ་ལྟ་བུའི་འོག་ན་དེ་ བཞིན་གཤེགས་པའི་སྙིང་པོ་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། མ་འདྲེས་པའི་ཆོས་ བཅོ་བརྒྱད་དང༌། སྙིང་རྗེ་ཆེན་པོ་ལ་སོགས་པ་སངས་རྒྱས་ཀྱིས་ཆོས་ཚད་མེད་པའི་གཏེར་ ཡོད་ཀྱང༌། འདུ་ཤེས་ཀྱིས་འཛིན་པས་སྒྲིབ་པས་མི་མངོན་ནོ། །ཞེས་སོ། །ཀུན་བཏགས་གཞན་ དབང་ཆོས་ཀུན་ཡོད་མིན་ཞིང༌། །ཡོངས་གྲུབ་ཆོས་ཉིད་ནམ་ཡང་མེད་མིན་ཞེས། །ལེགས་ པར་ཕྱེ་སྟེ་ཡོད་མེད་རྟག་ཆད་ལས། །འདས་པར་སྟོན་མཛད་བླ་མའི་ཞབས་ལ་འདུད། །ཅེས་ པ་ནི། བཀའ་བར་པ་ཆོས་ཐམས་ཅད་རང་སྟོང་མཚན་ཉིད་མེད་པར་བསྟན་པ་ནི། ཆོས་ཀུན་ རྫོབ་་་་གཉིས་ལ་དགོངས་པ་ཡིན་ལ། འདིར་བཤིས་[གཤིས་]ལ་གནས་པའི་ཡོངས་གྲུབ། ཆོས་ཉིད་དོན་དམ་བདེན་པ་རང་གིས་མི་སྟོང་ཆོས་ཅན་གཞན་གྱིས་སྟོང་བའི་དབུ་མ་མཐར་ ཐུག་སྟོན་པ་ཡིན་པས་མི་འགལ་ཏེ། བཤིས་[གཤིས་]ལ་ཀུན་བཏགས་གཞན་དབང་གི་ཆོས་ རྣམས་ཡོད་པ་མིན་ཞིང་ཆོས་ཉིད་ཡོངས་གྲུབ་དུས་ནམ་ཡང་མེད་པ་མིན་ནོ། །ཞེས་ལེགས་ པར་རྣམ་པར་ཕྱེ་ནས། ཡོད་མེད་བརྟག་[རྟག་]ཆད་སོགས་ཀྱི་མཐའ་ལས་འདས་པས་དབུ་ མ་སྣང་བཅས། དབུ་མ་སྟོན་པར་མཛད་པ་བླ་མའི་ཞབས་ལ་འདུད་དོ། །དེ་ཡང་མདོ་སྡེ་རྒྱན་ དུ་དེ་ཁོ་ན་སྟོན་པར་ཡོད་མིན་མེད་མིན་དེ་བཞིན་མིན་གཞན་མིན། །ཞེས་དང་འགྲེལ་པར། ཀུན་བཏགས་པ་དང་གཞན་གྱིས་དབང་གིས་མཚན་ཉིད་ཀྱིས་ནི་ཡོད་པ་མིན་ནོ། །ཡོངས་ སུ་གྲུབ་པའི་མཚན་ཉིད་ཀྱི་ནི་མེད་པ་མིན་ནོ། །ཞེས་པའི་དོན་ཡིན་ནོ། །སློབ་དཔོན་ཀླུ་སྒྲུབ་ ཀྱི་ཆོས་དབྱིངས་བསྟོད་པར། སྟོང་པ་ཉིད་ནི་སྟོན་པའི་མདོར། །རྒྱལ་བའི་ཇི་སྙེད་གསུངས་ 1-1-236 པ་གང༌། །དེ་དག་ཀུན་གྱིས་ཉོན་མོངས་ལྡོག །ཁམས་དེ་ཉམས་པར་བྱེད་མ་ཡིན། །ཞེས་ དང༌། ཇི་ལྟར་རི་བོང་མགོ་བོའི་རྭ། །བརྟགས་པ་ཉིད་དེ་མེད་པ་ལྟར། །དེ་བཞིན་ཆོས་རྣམས་ ཐམས་ཅད་ཀྱིས། །བརྟགས་པ་ཉིད་དེ་ཡོད་མ་ཡིན། །ཞེས་དང༌། ཇི་ལྟར་མར་མེ་བུམ་ནང་ གནས། །ཡོད་ཀྱང་མཐོང་བ་མ་ཡིན་པ། །དེ་བཞིན་ཉོན་མོངས་བུམ་ནང་གནས། །ཆོས་ཀྱི་ དབྱིངས་ཀྱང་མི་མཐོང་ངོ༌། །ས་ཡི་དཀྱིལ་ན་ཡོད་པའི་ཆུ། །དྲི་མ་མེད་པར་གནས་པ་ལྟར། ། ཉོན་མོངས་ནང་ན་ཡེ་ཤེས་ཀྱང༌། །དེ་བཞིན་དྲི་མ་མེད་པར་གནས། །ཞེས་དང༌། དེ་བཞིན་ འོད་གསལ་བ་ཡི་སེམས། །འདོད་དང་གནོད་སེམས་ལེ་ལོ་དང༌། །རྒོད་པ་དང་ནི་ཐེ་ཚོམ་ སྟེ། །སྒྲིབ་པ་ལྔ་ཡི་སྒྲིབ་པར་འགྱུར། །ཞེས་ཆོས་དབྱིངས་དྲི་མེད་ཡེ་ཤེས་དང༌། །འོད་གསལ་ གྱིས་སེམས་སུ་གསུངས་སོ། །དབུ་མ་སྒོམ་རིམ་དུ། དེ་ལྟར་ཤེས་རབ་དག་པ་ཡིས། །རང་ གིས་ངོ་བོ་དོན་དམ་ནི། །ཤིན་ཏུ་ཡང་ནི་གྲུབ་པས་ན། །བརྟགས་པའི་གཞན་དངོས་འབྱུང་མ་ ཡིན། །ཞེས་ཏེ། ཉོན་མོངས་ལྡོག་ཞེས་པ་ཡང༌། ཀུན་ནས་ཉོན་མོངས་ཀྱིས་འདྲེས། བརྟགས་ པ་གཉིས་ཡིན་ལ། ཁམས་དེ་ཉམས་པར་བྱེད་མ་ཡིན། །ཞེས་པ་ཡང་བདེ་གཤེགས་སྙིང་པོ་ ཆོས་ཁམས་དགེ་བ་ཡིན་ནོ། །ཀུན་རྫོབ་ཆོས་ཀུན་རྒྱུ་འབྲས་རྟེན་འབྲེལ་ཙམ། །དོན་དམ་རང་ བྱུང་རྟེན་འབྲེལ་ལས་འདས་ཞིང༌། །རྐྱེན་ལས་བྱུང་དང་རང་བྱུང་ཡེ་ཤེས་ཀྱིས། །ཁྱད་པར་ སྟོན་མཛད་བླ་མའི་ཞབས་ལ་འདུད། །ཅེས་པ་ནི། མདོ་ལས་རྟེན་ཅིང་འབྲེལ་པར་འབྱུང་བ་ གང༌། ཞེས་ན། འདུ་བྱེད་ཐམས་ཅད་བཅེས་[ཅེས]པའི། འདུས་བྱས་ཀྱིས་ཆོས་ཐམས་ཅད་ ཡིན་ཏེ། དེའི་དོན་འོག་རྟེན་ཅིང་ནི། རྐྱེན་ལ་རྟེན་བཅིང་[ཅིང་]འབྱུང་བ་སྟེ། རང་རྐྱེན་འདས་ པ་དང་མ་བཏང་བ་ལས་བྱུང་བའོ། །འབྲེལ་པ་ནི་རྒྱུ་འབྲས་མ་འཆོལ་བར་རྒྱུ་ལས་འབྲེལ་ ནས་བྱུང་བའོ། །འབྱུང་བ་ནི་རྒྱུ་ལས་སྐྱེ་བ་སྟེ། དེ་དག་གིས་སྤྱིར་མ་བྱུང་བ་དང༌། རྒྱུ་འབྲས་ འཆོལ་པར་དར། རྒྱུ་བསྟན་མེད་ལས་བྱུང་བ་གསེལ་ལོ། །དོན་དམ་ཆོས་ཉིད་ནི་རྟེན་འབྲེལ་ 1-1-237 ལས་འདས་པ་ཡིན་ཏེ། འདུས་མ་བྱས་རང་འབྱུང་[བྱུང་]ཡེ་ཤེས་རྟག་བརྟན་གཡུང་དྲུང་ཡིན་ པས་སོ། །སངས་རྒྱས་ཕལ་པོ་ཆེའི་མདོར། འཇིག་རྟེན་ཁམས་ནི་གཞན་དང་གཞན། །དཔག་ མེད་གྲངས་མེད་ཞིག་གྱུར་ཀྱང༌། །རང་འབྱུང་[བྱུང་]ཡེ་ཤེས་འཇིག་པ་མེད། །ཅེས་དང༌། ལྷ་མོ་དཔལ་འཕྲེང་གིས་མདོར། དེ་བཞིན་གཤེགས་པའི་སྙིང་པོ་ནི། །འདུ་བྱེད་ཀྱིས་ཡུལ་ ཐམས་ཅད་ལས་འདས་པ། རྟག་པ་བརྟན་པ་ཞི་བ་གཡུང་དྲུང་ཞེས་དང༌། རྒྱུད་བླར་མདོ་སྡེ་ དག་དགོངས་པ་ཅན་མ་ཡིན་པར་སྒྲ་ཇི་བཞིན་དུ་བཀྲལ་ཏེ། དེ་ནི་རྟག་དང་བརྟན་ཕྱིར་དང༌། ། ཞི་བའི་ཕྱིར་དང་གཡུང་དྲུང་ཕྱིར། །ཞེས་དང༌། འདུས་མ་བྱས་པའི་དབྱིངས་ལ་ནི། །རྟག་ པ་ལ་སོགས་དོན་གཤེས་[ཤེས་]བྱ། །ཞེས་དང༌། དེ་ལྟར་ན་ཆོས་ཅན་རྣམས་ནི་རྐྱེན་ལས་ བྱུང་བ་དང་ཆོས་ཉིད་དོན་དམ་ནི་རྐྱེན་ལ་མི་ལྟོས་པར་རང་འབྱུང་[བྱུང་]ཡེ་ཤེས་སུ་ལེགས་ པར་རྣམ་པར་ཕྱེ་ནས་སྟོན་པར་མཛད་པ་བླ་མའི་ཞབས་ལ་འདུད་དོ། །དབུ་མ་རྩ་ཤེར། རྟེན་ ཅིང་འབྲེལ་འབྱུང་མ་རྟོགས་[གཏོགས་]པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་པས་ ཤེས་བྱ་ཐམས་ཅད་རྟེན་འབྲེལ་དུ་བསྟན་སྙམ་ན་མ་ཡིན་ཏེ། རང་བཞིན་བྱས་པ་ཅན་ཞེས་ པར། །ནམ་ཡང་འཐད་པ་མ་ཡིན་ནོ། །རང་བཞིན་དག་ནི་བཅོས་མིན་དང༌། །གཞན་ལ་ལྟོས་ པ་མེད་པ་ཡིན། །ཞེས་པས། ལུང་སྔ་མའི་ཆོས་ཞེས་པ་ནི། ཆོས་ཅན་ཀུན་རྫོབ་ལ་དགོངས་ ལ། ལུང་ཕྱི་མའི་རང་བཞིན་ཞེས་པ་ནི། ཆོས་ཉིད་དོན་དམ་ཡིན་པས་སོ། །བཀའ་བར་པ་ དང་ཐ་མ་གཉིས་ཀ་དབུ་མའི་གཞུང་ཡིན་ཀྱང༌། ལྟ་བའི་ཁྱད་པར་ཅུང་མི་འདྲ་བ་སྔར་བསྟན་ པ་དེ་དག་ཡིན་ལ། བསྒོམ་བྱའི་ལམ་ཕལ་ཆེར་འདྲ་བས། སྔར་བསྟན་པའི་བྱང་ཕྱོགས་ཉིད་ དོ། །ས་ལ་སོ་སྐྱེའི་ས་དང༌། འཕགས་པའི་ས་གཉིས་ལས། ཕྱི་མ་ནི། མདོ་སྡེ་རྒྱན་ལས། ས་དང་པོ་ནི། བྱང་ཆུབ་ལ་ནི་ཉེ་བ་དང༌། །སེམས་ཅན་དོན་སྒྲུབ་མཐོང་བ་ལ། །རབ་ཏུ་དགའ་ བ་སྐྱེ་འགྱུར་ཏེ། །དེ་ཕྱིར་རབ་དགའ་ཞེས་བརྗོད་དོ། །གཉིས་པ་ནི། འཆལ་ཚུལ་བརྩོལ་བའི་ 1-1-238 དྲི་བྲལ་ཕྱིར། །དྲི་མ་མེད་པའི་ས་ཞེས་བརྗོད། །གསུམ་པ་ནི། ཆོས་ཀྱིས་སྣང་བ་ཆེན་པོ་ནི། ། བྱེད་པའི་ཕྱིར་ན་འོད་བྱེད་པ། །བཞི་པ་ནི། འདི་ལྟར་བྱང་ཆུབ་ཕྱོགས་མཐུན་ཆོས། །རབ་ཏུ་ སྲེག་བྱེད་འོད་ལྟ་བུ། །དེ་དང་ལྡན་པའི་ས་དེ་ནི། །གཉིས་པོ་བསྲེག་པའི་འོད་འཕྲོ་ཅན། །ལྔ་ པ་ནི། སེམས་ཅན་རྣམས་ཡོང་སྨིན་བྱེད་ཅིང༌། །རང་གིས་སེམས་ཀྱང་བསྲུངས་བའི་ཕྱིར། ། བློ་ལྡན་རྣམས་ཀྱིས་སྦྱངས་དཀའ་བ། །དེ་ཕྱིར་སྦྱངས་དཀའ་ཞེས་བརྗོད་དོ༑ ༑དྲུག་པ་ནི། ཤེས་རབ་ཕ་རོལ་ཕྱིན་བརྟེན་ནས། །འཁོར་བ་དང་ནི་མྱ་ངན་འདས། །གཉིས་འདི་མངོན་ དུ་གྱུར་པའི་ཕྱིར། །མངོན་དུ་གྱུར་པའི་ས་ཞེས་བྱ། །བདུན་པ་ནི། བསྒྲོད་གཅིག་ལམ་དང་ འགྲེལ་བའི་ཕྱིར། །རིང་དུ་སོང་བའི་སར་འདོད་དོ། །བརྒྱད་པ་ནི། འདུ་ཤེས་གཉིས་ཀྱིས་མི་ གཡོ་ཕྱིར། །མི་གཡོ་བ་ཡི་ས་ཤེས་བརྗོད། །དགུ་པ་ནི། སོ་སོ་ཡང་དག་རིག་བློ་བཟང༌། །ས་ དེ་རིག་པའི་བློ་གྲོས་ཡིན། །བཅུ་པ་ནི། སྤྲིན་བཞིན་གཉིས་ཀྱིས་ནམ་མཁའི་ཆོས། །ཁྱབ་པའི་ ཕྱིར་ན་ཆོས་ཀྱིས་སྤྲིན། །ཞེས་སོ། །བཅུ་གཅིག་པ་ནི། སངས་རྒྱས་ཀྱི་ས་ཀུན་ཏུ་འདོད་དོ། ། གཉིས་པ་གསང་སྔགས་ཀྱི་ཆོས་ཐུན་མོང་མ་ཡིན་པའི་སྒོ་ནས། བསྟོད་པ་ལ་ཚིགས་ བཅད་གཉིས་ཏེ། ཕྱི་ནང་ཆོས་ཀུན་མ་རིག་འཁྲུལ་འཁོར་ཙམ། །གཞན་ནི་ཆོས་ཉིད་རང་བྱུང་ ཡེ་ཤེས་ཞེས། །རྣམ་ཤེས་ཡེ་ཤེས་འཁོར་འདས་བདེན་གཉིས་ཀྱི། །རྣམ་དབྱེ་སྟོན་མཛད་བླ་ མའི་ཞབས་ལ་འདུད། །ཅེས་པ་ནི། དུས་འཁོར་རྩ་རྒྱུད་སོགས་ལས། ཇི་ལྟར་ཕྱི་རོལ་དེ་ བཞིན་ནང༌། །དེ་བཞིན་ནང་ལ་དེ་བཞིན་གཞན། །ཞེས་ཕྱི་ནང་གཞན་གསུམ་གྱིས་ཆོས་སྐད་ མང་དུ་གསུངས་པས། ཕྱི་སྣོད་ཀྱི་འཇིག་རྟེན་དང༌། ནང་བཅུད་ཀྱི་སེམས་ཅན་ཀྱི་ལུས་སོགས་ ཕྱི་ནང་གི་ཆོས་ཐམས་ཅད་ཆོས་ཅན་མ་རིག་འཁྲུལ྄་འཁོར་ཙམ་ཡིན་པས་རྣམས་[རྣམ་]ཤེས་ དང༌། འཁོར་བ་ཀུན་རྫོབ་བདེན་པ་ཡིན་ལ། གཞན་ནི་ཆོས་ཉིད་རང་འབྱུང་[བྱུང་]ཡེ་ཤེས་ ཡིན་པས། ཉན་ཐོས་དང་དོན་དན་བདེན་པའི་རྣམ་དབྱེ་སྟོན་པར་མཛད་པ་བླ་མའི་ཞབས་ལ་ 1-1-239 འདུད་དོ། །ཀུན་རྫོབ་སྲིད་གསུམ་འཁྲུལ་སྣང་སྒྲོ་བཏགས་ཙམ། །དོན་དམ་སྲིད་གསུམ་བདེ་ གཤེགས་སྙིང་པོ་ནི། །གཞོམ་མེད་མ་བརྟགས་མ་འཁྲུལ་སྣང་བ་ཞེས། །ཕྱེ་སྟེ་སྟོན་མཛད་བླ་ མའི་ཞབས་ལ་འདུད། །ཅེས་པ་ནི། རྒྱུད་དེ་ཉིད་འདུས་པར། རང་བཞིན་དག་པའི་སེམས་ ལྡན་པར། །སྲིད་པ་དམ་པར་བྱེད་པར་འགྱུར། །ཞེས་ཏེ། འགྱུར་ལ་ལར། སྲིད་པ་མཆོག ། སྲིད་པ་གཞན་ཞེས་དང༌། དགེས་རྡོར་བརྟག་གཉིས་སུ། རྡོར་སེམས་ཀྱི་གོ་དོན་ལ། རྡོ་རྗེ་ མི་ཆེད་ཞེས་བྱ་སྟེ། །སེམས་པ་སྲིད་པ་གསུམ་གཅིག་པ། །ཞེས་དང༌། བདེ་མཆོག་སྔོན་སྤྱོད་ འབུམ་པར། སྲིད་གསུམ་བདག་ཉིད་ཧེ་རུ་སྐར་[ཀར]། །ཞེས་དང༌། དུས་འཁོར་དུ། སྲིད་ གསུམ་ཀུན་ནས་དང༌། ཞེས་སོགས་དོན་དམ་གྱིས་སྲིད་གསུམ་གསུངས་པས། ཀུན་རྫོབ་ ཀྱིས་སྲིད་གསུམ་ནི། མ་རིག་བག་ཆགས་ཀྱི་འཁྲུལ་སྣང་ལ། རྣམ་རྟོག་གིས་སྒྲོ་བཏགས་པ་ ཙམ་དང༌། དོན་དམ་སྲིད་གསུམ་ཤེས་རབ་སྟོང་ཆེན་ནི། བདེ་གཤེགས་སྙིང་པོ་འདུས་མ་བྱས་ ཡིན་པས། གཞོམ་དུ་མེད་ཅིང་རྣམ་རྟོག་གིས་མ་བཏགས་པ་དང༌། མ་འཁྲུལ་བ་མཉམ་བཞག་ ཡེ་ཤེས་ལ་སྣང་བ་ཞེས་ཕྱེ་སྟེ། སྟོན་པར་མཛད་པ་བླ་མའི་ཞབས་ལ་འདུད་དོ། ། གསུམ་པ་གདུལ་བྱ་རིམ་བཞིན་དུ་འཁྲིད་ཅིང་སྙིང་པོའི་དོན་དྲི་མ་བཞིན་སྦྱོངས་ཚུལ་ སྟོན་པའི་སྒོ་ནས་བསྟོད་པ་ལ། ཚིགས་བཅད་དགུ་སྟེ། བདེན་པ་བཞི་ཡི་ཆོས་ཀྱི་འཁོར་ལོ་ དང༌། །མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་དང༌། །དོན་དམ་རྣམ་ངེས་ཆོས་ཀྱི་འཁོར་ལོ་ ཡི། །དགོངས་པ་སྟོན་མཛད་བླ་མའི་ཞབས་ལ་འདུད། །ཅེས་པ་ནི། འདི་དག་གིས་དགོངས་ པ་བྱིན་པོ་སྔར་བསྟན་ཟིན་ལ། ཁྱད་པར་བཀའ་དང་པོ་ལྷག་པ་ཚུལ་ཁྲིམས། བར་པས་ལྷག་ པ་ཏིང་ངེ་འཛིན། ཐ་མས་ལྷག་པ་ཤེས་རབ་སྟོན་པ་དང༌། ཕྱིན་དྲུག་གི་ནང་ནས་ཤེར་ཕྱིན་ མཆོག་ཡིན་ལ། བཀའ་ཐ་མ་ཐོབ་པ་ལ་བརྟེན་ནས། ཤེས་རབ་མཆོག་འབྱུང་སྟེ། རྒྱུད་བླར། གང་ཞིག་བྱང་ཆུབ་དོན་དུ་གཉེར་ལས། ཞེས་པ་ནས། གང་ཕྱིར་སྦྱིན་པས་ལོངས་སྤྱོད་དང་ནི་ 1-1-240 སྒྲུབ་བྱེད་ཅིང༌། །ཁྲིམས་ཀྱིས་ཐོ་རིགས་བསྒོམ་པས་ཉོན་མོངས་སྤོངས་བྱེད་ལ། །ཤེས་རབ་ ཉོན་མོངས་ཀུན་སྤོངས་ཤེས་བྱེད་ཀུན་སྤོངས་དེ་ཡི་ཕྱིར། །འདི་མཆོག་ཉིད་དེ་དེ་ཡི་རྒྱུ་ནི་འདི་ ཐོས་ཡིན། །ཞེས་སོ། །འདི་ཞེས་པ་ནི། བཀའ་ཐ་མ་འདིས་སྟེ་འདིས་ཀྱང་བཀའ་བར་པ་ལས་ ཐ་མ་མཆོག་ཏུ་བསྟན་ནོ། །འདི་ཐ་མ་ཞེས་པ་ནི་འཁོར་ལོ་གསུམ་པོ་སྔ་ཕྱི་རིམ་པར་གསུངས་ པའི་ཕྱི་མ་ལ་ཐ་མའི་སྒྲར་བརྗོད་པ་སྟེ། ཕྱི་མ་དང་ཐ་མ་དང་འཁོར་ལོ་གསུམ་ནི་རྣམ་གྲངས་ སོ། །འཁོར་ལོ་རིམ་གསུམ་བདུད་རྩིས་ཆུ་རྒྱུན་གྱིས། །རགས་པ་ཕྲ་བ་ཤིན་ཏུ་ཕྲ་བ་ཡིས། །དྲི་ མ་གསུམ་སྦྱངས་ཆོས་སྐུའི་རང་བཞིན་མཆོག །དྲི་བྲལ་ཐོབ་མཛད་བླ་མའི་ཞབས་ལ་འདུད། ། ཅེས་པ་ནི། སྦྱོང་བྱེད་བཀའ་འཁོར་ལོ་གསུམ་པོ་བདུད་རྩིས་ཆུ་རྒྱུན་དང་འདྲ་བ་རིམ་པར་ བསྟན་པས་སྦྱང་གཞིར་ལ་གདོད་ནས་ཡོད་པའི་དོན་དམ་ཆོས་སྐུའི་རང་བཞིན་མཆོག་ལ་ སྦྱང་བྱ་སྒྲིབ་པའི་དྲི་མ་རགས་པ་དང༌། ཕྲ་བ་དང་ཤིན་ཏུ་ཕྲ་བ་གསུམ་རིམ་པར་སྦྱངས་ནས་ ཆོས་སྐུའི་རང་བཞིན་མཆོག དྲི་བྲལ་མངོན་འགྱུར་གདུལ་བྱ་རྣམས་ཀྱིས་མ་ཐོབ་པ་ཐོབ་པར་ མཛད་པ་བཀའ་དྲིན་ཅན་བླ་མའི་ཞབས་ལ་འདུད་དོ། །དོན་སྨྲ་རྣམས་ལ་ཐམས་ཅད་སེམས་ སུ་སྟོན། །སེམས་སུ་ཞེན་ལ་སྣང་མེད་དབུ་མ་སྟོན། །སྣང་མེད་སྨྲ་ལ་ཡང་དག་སྣང་བ་ཡིས། ། དབུ་མ་སྟོན་མཛད་བླ་མའི་ཞབས་ལ་འདུད། །ཅེས་པ་ནི། གྲུབ་མཐའ་སྨྲ་བ་མདོ་སྡེ་པ་མན་ ཆད་ཕྱི་རོལ་གྱིས་དོན་དོན་དམ་དུ་གྲུབ་པར་སྨྲ་བ་རྣམས་ལ་སེམས་ལ་གང་སྣང་ཐམས་ཅད་ སྣང་མཁན་སེམས་ཉིད་ཡིན་པར་འདོད་པའི་སེམས་ཙམ་གྱིས་གྲུབ་མཐའ་ཐེག་པ་ན་འཕར་ བའི་ཚུལ་དུ་སྟོན་ཞིང་སེམས་རྣམ་ཤེས་བདེན་པར་ཞེན་པ་ལ། བཀའ་བར་པའི་དགོངས་པ་ ཤེས་བྱ་ཐམས་ཅད་དོན་ལ་ཅི་ཡང་མ་གྲུབ་པ་སྣང་མེད་དབུ་མ་སྟོན་ལ། དེ་ལ་ཡང་དག་དུ་ ཞེན་པ་ལ། ཆོས་ཉིད་དོན་ལ་གནས་པ་སྣང་བཅས་དབུ་མ་སྟོན་པར་མཛད་པ་བླ་མའི་ཞབས་ ལ་འདུད་དོ། །དེ་ཡང་ལང་ཀར་གཤེགས་པར། སེམས་ཙམ་ལ་ནི་བརྟེན་ནས་ནི། །ཕྱི་རོལ་ 1-1-241 དོན་དུ་མི་རྟོག་གོ །སྣང་བ་མེད་པ་ལ་བརྟེན་ནས། །སེམས་ཙམ་ལ་ནི་འདའ་བར་བྱ། །ཡང་ དག་དམིགས་པ་ལ་བརྟེན་ནས། །སྣང་བ་མེད་ལས་འདའ་བར་བྱ། །སྣང་མེད་གནས་པའི་ རྣལ་འབྱོར་པས། །ཐེག་པ་ཆེན་པོ་མི་མཐོང་ངོ༌། །ཞེས་པའི་དོན་ཡིན་ལ། རྒྱ་འགྲེལ་ཁ་ ཅིག་ཏུ། དེ་ཡི་ཐེག་པ་ཆེན་པོ་མཐོང༌། །ཞེས་པར་བྱུང་བ་ནི་མ་དག་སྟེ། སྣང་མེད་ལ་གནས་ ཙམ་གྱི་ཐེག་ཆེན་མཐར་ཐུག་མཐོང་ན། ཡང་དག་དམིགས་པ་ལ་བརྟེན་ནས། །སྣང་བ་མེད་ ལའང་འདའ་མི་དགོས་པ་ལས་དགོས་པར་གསུངས་ཞིང་ཐེག་པ་མཐར་ཐུག་མཐོང་བ་ལ་ དབུ་མ་མཐར་ཐུག སྣང་བཅས་དབུ་མ་དགོས་པས་སོ། །འདིས་དོན་བཞིན་དུ། མདོ་སྡེ་རྒྱན་ དུ། སེམས་ལས་བཞན་[གཞན་]མེད་པར་ནི་བློ་རིག་ནས། །དེ་ནས་སེམས་ཀྱང་མེད་པ་ ཉིད་དུ་རྟོགས། །བློ་དང་ལྡན་པ་གཉིས་པོ་མེད་རིག་ནས། །དེ་མི་ལྡན་པས་ཆོས་ཀྱི་དབྱིངས་ ལ་གནས། །ཞེས་གསུངས་པ་དང་གཅིག་གོ །དམན་པ་རྣམས་ལ་རྒྱུ་འབྲས་ཆོས་ཙམ་སྟོན། ། ཡོད་འཛིན་ཅན་ལ་ཐམས་ཅད་སྟོང་པར་སྟོན། །ཅང་མེད་སྨྲ་ལ་འོད་གསལ་བདེ་གཤེགས་ ཀྱི། །སྙིང་པོ་སྟོན་མཛད་བླ་མའི་ཞབས་ལ་འདུད། །ཅེས་པ་ནི། དམན་པ་དབང་པོ་རྟུལ་པོ་ ལ་ལས་དཀར་ནག་གི་རྒྱུ་འབྲས་ཆོས་ཙམ་བཀའ་དང་པོའི་དགོངས་པ་སྟོན། བསྟན་པས་རྒྱུ་ འབྲས་དོན་ལ་གྲུབ་པར་འདོད་པའི་དངོས་འཛིན་ཅན་ལ་བཀའ་བར་པའི་དགོངས་པ། ཤེས་ བྱ་ཐམས་ཅད་རང་སྟོང་དུ་སྟོན། དེ་ལྟར་བསྟན་པས་ཆོས་ཐམས་ཅད་གཞི་མེད་རྩ་བྲལ་ཅང་ མེད་ཆད་ལྟ་སྤོང་བའི་ལྟ་བ་འབྱུང༌། དེ་དབུ་མར་གྲང་[དྲངས]བའི་ཕྱིར་སྣང་བཅས་དབུ་མ་ འོད་གསལ་བདེ་གཤེགས་སྙིང་པོ་སྟོན་པར་མཛད་པ་བླ་མའི་ཞབས་ལ་འདུད་དོ། །དབང་ པོ་དམན་ལ་ཉན་ཐོས་ཐེག་པ་དང༌། །དབང་པོ་འབྲིང་ལ་རང་རྒྱལ་ཐེག་པ་དང༌། །མཆོག་ ལ་ཐེག་མཆོག་རྒྱུ་དང་འབྲས་བུའི་ཚུལ། །མདོ་སྔགས་སྟོན་མཛད་བླ་མའི་ཞབས་ལ་འདུད། ། ཅེས་པ་ནི། རིགས་གསུམ་གྱི་ནང་ནས་དབང་པོ་ཐ་མ་ལ་འཁོར་བ་སྐྱོན་ཅན་དང༌། མྱང་ 1-1-242 འདས་ཡོན་ཏན་ཅན་དུ་ཤེས་ཤིང༌། རང་དོན་དུ་མྱང་འདས་སློབ་དཔོན་གཞན་ལ་ཐོས་ནས་ ངེས་པར་བྱང་ཆུབ་ཆུང་ངུ་འབྱུང་བའི་ཕྱིར། ཉན་ཐོས་ཀྱི་ཐེག་པ་དང༌། དབང་པོ་འབྲིང་པོ་ གཞན་ལས་མ་ཐོས་པར་བདག་གིས་སྔོན་གྱི་སྨོན་ལམ་སོགས་ཀྱི་རྐྱེན་གྱིས་བྱང་ཆུབ་འབྲིང་ དུ་ངེས་པར་འབྱུང་བའི་ཕྱིར། རང་རྒྱལ་གྱི་ཐེག་པ་དང༌། མཆོག་ལ་ཐེག་མཆོག་རྒྱུ་མཚན་ ཉིད་དམ། འབྲས་བུ་སྔགས་ལ་བརྟེན་པས། བདག་གིས་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་ བརྟེན་ནས་བྱང་ཆུབ་ཆེན་པོ་ངེས་པར་འབྱུང་བའི་ཕྱིར། ཐེག་པ་ཆེན་པོའི་དགོངས་པ་སྟོན་ པར་མཛད་པ་བླ་མའི་ཞབས་ལ་འདུད་དོ། །ཇི་ལྟར་བུ་ཆུང་གཞོན་ནུ་ལང་ཚོ་རྣམས། །སྣོད་ དང་འཚམས་པར་ཕ་མས་སྐྱོང་བ་ལྟར། །འཁོར་ལོ་རིམ་གསུམ་ཁྱད་པར་གསང་སྔགས་ཀྱིས། ། གདུལ་བྱ་རིམ་བཞིན་སྐྱོང་མཛད་ཁྱོད་ལ་འདུད། །ཅེས་པ་ནི། དཔེ་ཇི་ལྟ་ན། བུ་ཆུང་དང༌། གཞོན་ནུ་དང༌། ལང་ཚོ་བ་རྣམས། ཟས་གོས་སོགས་གང་ལ་གང་འཚམས་ཀྱིས་རིམ་པར་ སྐྱོངས་བ་བཞིན་དུ། གདུལ་བྱ་སྐལ་བ་དམན་པ་དང༌། འབྲིང་དང༌། མཆོག་དང་མཆོག་གིས་ མཆོག་རྣམས་འཁོར་ལོ་རིམ་གསུམ། ཁྱད་པར་གསང་སྔགས་ཀྱིས་རིམ་བཞིན་དུ་སྐྱོངས་བར་ མཛད་པ་ཁྱེད་ལ་འདུད་དོ། །ཡང་ན་དམན་པ་འབྲིང་དང་མཆོག་གི་བུ། །རྒྱུད་དང་འཚམས་ པའི་ལམ་ལ་སྦྱོར་བ་ལྟར། །འཁོར་ལོ་རིམ་གསུམ་ཁྱད་པར་སྔགས་ཀྱི་ཚུལ། །གདུལ་བྱའི་ རྒྱུད་དང་འཚམས་པར་སྟོན་ལ་འདུད། །ཅེས་པ་ནི། ཡང་ན་ན་ཚོད་མཉམ་ཡང་དབང་པོ་ རྣོ། འབྲིང་དུ་ས་གསུམ་དང་ལུས་སྟོབས་ཆེ། ཆུང་ངུ་གསུམ་གྱི་བུ་དང་གཡོག་པོ་སོགས་ལ་ དཔེས་པའི་ལས་སྦྱོར་བ་ལྟར། སྔོན་དུ་ལམ་དམན་པ་ཅི་རིགས་པ་ལྟར་སོང་བས་གདུལ་བྱ་ དབང་པོ་རྣོ་རྟུལ་དང༌། སྐལ་བ་བཟང་ངན་དང༌། མོས་པ་ཆེ་འབྲིང་ཆུང་གསུམ་རྣམས་ལ་ གང་ལ་གང་འཚམས་པ་དང༌། གང་ལ་གང་འོས་ཀྱི་སྒོ་ནས་འཁོར་ལོ་རིམ་གསུམ་ཁྱད་པར་ གསང་སྔགས་རྣམས་གདུལ་བྱའི་རྒྱུད་དང་འཚམས་པར་སྟོན་པའི་བླ་མ་ལ་འདུད་དོ། །ཁང་ 1-1-243 བཟང་སུམ་བརྩེགས་སྟེང་དུ་འཛེག་པ་ལྟར། །འཁོར་ལོ་རིམ་གསུམ་ཁྱད་པར་གསང་སྔགས་ ཀྱི། །སངས་རྒྱས་བསྟན་པའི་ཁང་བཟང་སུམ་བརྩེགས་ལ། །རིམ་བཞིན་འཛེགས་པར་སྟོན་ མཛད་ཁྱེད་ལ་འདུད། །ཅེས་པ་ནི། དཔེར་ན་ཁང་བཟང་སུམ་བརྩེགས་ལ་འོག་ནས་བར་ དང་སྟེང་དུ་རིམ་པར་འཛེག་དགོས་པ་ལྟར། ལམ་འཁོར་ལོ་རིམ་པ་གསུམ་ཁྱད་པར་གསང་ སྔགས་ཀྱི་ལམ་ལ་རིམ་པར་བརྟེན་ནས། སངས་རྒྱས་བསྟན་པའི་ཁང་བཟང་སུམ་བརྩེགས་ ཚུལ་ཁྲིམས་སྒོམ་པ་ཤེས་རབ་གསུམ་དང་རྒྱུ་དང་འབྲས་བུའི་ཐེག་པ་ལ་མས་རིམ་གྱིས་ འཛེག་པར་སྟོན་པར་མཛད་པ་ཁྱེད་ལ་འདུད་དོ། །ཇི་ལྟར་ནོར་བུ་མཁན་གྱིས་ནོར་བུ་ཡིས། ། དྲི་མ་རིམ་གསུམ་རིམ་བཞིན་སྦྱོང་པ་ལྟར། །འཁོར་ལོ་རིམ་གསུམ་ཁྱད་པར་གསང་སྔགས་ ཀྱིས། །བདེ་གཤེགས་སྙིང་པོ་སྦྱོང་བར་སྟོན་ལ་འདུད། །ཅེས་པ་ནི། ཐུགས་རྗེ་ཆེན་པོ་བསྟན་ པའི་མདོར། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་ནོར་བུ་མཁན་མཁས་པ་ནོར་བུ་སྦྱོང་བའི་ཚུལ་ ལེགས་པར་ཤེས་པ་དེས། ནོར་བུ་རིན་པོ་ཆེའི་རིགས་ནས་ཡོངས་སུ་མ་དག་པའི་ནོར་བུ་རིན་ པོ་ཆེ་བླངས་ཏེ། ལན་ཚྭའི་ཆུ་རྣོན་པོའི་སྦངས་ནས་སྐྲའི་རེ་བའི་ཡོངས་སུ་སྦྱངས་བས་ཡོངས་ སུ་སྦྱོང་བར་བྱེད་དོ། །དེ་ཙམ་གྱིས་བརྩོན་པ་འདོར་བ་ཡང་མ་ཡིན་ཏེ། དེའི་འོག་ཏུ་ཟས་ཀྱི་ ཁུ་བ་རྣོན་པོས་སྦངས་ནས་བལ་གྱི་ལ་བས་ཡོངས་སུ་སྦྱངས་བས་ཡོངས་སུ་སྦྱོང་བར་བྱེད་དོ། ། དེ་ཙམ་གྱིས་བརྩོན་པ་འདོར་བ་ཡང་མ་ཡིན་ཏེ། དེའི་འོག་ཏུ་སྨན་ཆེན་པོའི་ཁུ་བ་ལ་སྦངས་ ནས་རས་སྲབ་མོས་ཡོངས་སུ་སྦྱོངས་བས་ཡོངས་སུ་སྦྱོང་བར་བྱེད་དོ། །ཡོངས་སུ་སྦྱངས་ཏེ་ དྲི་མ་དང་བྲལ་བ་ནི། བེཌཱུརྱའི་རིགས་ཆེན་པོ་ཞེས་བརྗོད་དོ། །རིགས་ཀྱི་བུ་དེ་བཞིན་དུ་དེ་ བཞིན་གཤེགས་པ་ཡང་ཡོངས་སུ་མ་དག་པའི་སེམས་ཅན་གྱི་ཁམས་མཁྱེན་ནས་མི་རྟག་པ་ དང༌། སྡུག་བསྔལ་བ་དང༌། བདག་མེད་པ་དང༌། མི་གཙང་བ་དང༌། ཡིད་འབྱུང་བའི་གཏམ་ གྱིས་འཁོར་བ་ལས་དགའ་བའི་སེམས་ཅན་རྣམས་སྐྱོ་བ་སྐྱེད་པར་མཛད་དེ། འཕགས་པའི་ 1-1-244 ཆོས་འདུལ་བ་ལ་འཛུད་པར་མཛད་དོ། །དེ་ཙམ་གྱིས་དེ་བཞིན་གཤེགས་པ་བརྩོན་པ་འདོར་ བ་ཡང་མ་ཡིན་ཏེ། དེའི་འོག་ཏུ་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པའི་ གཏམ་གྱིས་དེ་བཞིན་གཤེགས་པའི་ཚུལ་སྟོན་པར་མཛད་དོ། །དེ་ཙམ་གྱི་[གྱིས་]དེ་བཞིན་ གཤེགས་པ་བརྩོན་པ་འདོར་བ་ཡང་མ་ཡིན་ཏེ། དེའི་འོག་ཏུ་ཕྱིར་མི་ལྡོག་པའི་ཆོས་ཀྱི་འཁོར་ ལོའི་གཏམ་འཁོར་གསུམ་ཡོངས་སུ་དག་པའི་གཏམ་གྱིས་རང་བཞིན་སྣ་ཚོགས་ཀྱི་རྒྱུ་ཅན་ གྱིས་སེམས་ཅན་དེ་དག་དེ་བཞིན་གཤེགས་པའི་ཡུལ་ལ་འཇུག་པར་མཛད་དོ། །ཞུགས་པར་ གྱུར་ཅིང་དེ་བཞིན་གཤེགས་པའི་ཆོས་ཉིད་རྟོགས་ན་ནི། བླ་ན་མེད་པའི་ཡོན་གནས་ཞེས་ བརྗོད་དོ། །ཞེས་ཏེ། བཀའ་དང་པོའི་བདེ་གཤེགས་སྙིང་པོའི་དྲི་མ་རགས་པ་སྦྱོངས་བ་དང༌། བར་པས་དྲི་མ་འབྲིང་པ་སྦྱོངས་བ་དང། ཐ་མས་དྲི་མ་ཕྲ་བ་སྦྱོངས་བར་གསུངས་པས། བཀའ་ བར་པ་ལས་ཐ་མ་མཆོག་ཡིན་ཏེ༑ སྒོམ་སྤངས་འབྲིང་པོའི་གཉེན་པོ་སྒོམ་ལམ་འབྲིང་པོ་བས། སྒོམ་སྤངས་ཆུང་ངུའི་གཉེན་པོ་སྒོམ་ལམ་ཆེན་པོ་མཆོག་ཡིན་པ་བཞིན་ནོ། ། བཞི་པ་སྙིང་པོ་དེ་ཡང་གསང་སྔགས་མཐར་ཐུག་གིས་དོན་དུ་སྟོན་པའི་སྒོ་ནས་བསྟོད་པ་ ལ་ཚིགས་བཅད་བཞི་སྟེ། བདེ་གཤེགས་སྙིང་པོ་ནི་མདོ་སྡེའི་ངེས་དོན་མཐར་ཐུག་ཡིན་པར་ མ་ཟད། སྔགས་ཀྱི་ཡང་སྙིང་ཡིན་ཏེ། རྒྱུད་རྡོ་རྗེ་རྩེ་མོར། དེ་བཞིན་གཤེགས་པའི་སྙིང་པོ་དག ། ཆོས་ཀྱི་དབྱིངས་ཀྱི་ཚུལ་ཆེན་ཏེ། །ཉོན་མོངས་འདམ་གྱི་མ་གོས་པ། །རྡོ་རྗེ་པད་མའི་དབང་ བསྐུར་ཡིན། །ཞེས་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། །ཡེ་ཤེས་ཀྱི་སྐུ་གཅིག་ཏུ་ བསྡུས་པའི་ཚུལ་སྟོན་པ། དཔལ་དོན་དམ་པའི་མཚན་ཡང་དག་པར་བརྗོད་པ། སངས་རྒྱས་ ཀུན་གྱི་སྙིང་པོ་ཆེ། །ཞེས་དང༌། རྒྱས་ཤད་[བཤད་]དུ། དེ་བཞིན་གཤེགས་པ་ཐམས་ཅད་ ཀྱིས་སྙིང་པོར་གྱུར་པ་དང་ཞེས་དང༌། དུས་འཁོར་མཆོག་མི་འགྱུར་དུ། མཚན་བརྗོད་ཀྱི་དོན་ མཆད་[འཆད་]པའི་ཐད་དུ། སྤྱན་རས་གཟིགས་ཀྱིས། ཉན་ཐོས་དང་ཕ་རོལ་ཏུ་ཕྱིན་པ་དང༌། 1-1-245 སྔགས་ཀྱི་ཚུལ་འདི་རྣམས་ཀྱིས། མཆོག་ཏུ་མི་འགྱུར་བའི་སྙིང་པོ། བཅོམ་ལྡན་འདས་རྡོ་རྗེ་ འཛིན་པ་ནི། མཚན་ཡང་དག་པར་བརྗོད་པ་ལས། དེ་བཞིན་གཤེགས་པ་ལས་བསྟན་ཏོ། ། འདིའི་དོན་མི་ཤེས་པ་བླ་མ་དམ་པ་མ་ཡིན་པ་ཉམས་པ་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས། ཉམས་པ་རྣམས་མ་འོངས་པའི་དུས་སུ་འབྱུང་བར་འགྱུར་ཏེ། རྣམ་པར་ཉམས་པ་དེ་རྣམས་ ཀྱིས་སེམས་ཅན་རྣམས་ཉམས་པར་བྱེད་དོ། །ཞེས་ཏེ། བདེ་གཤེགས་སྙིང་པོ་གྲངས་[དྲང་] དོན་དུ་བཞེད་པ་རྣམས་ནི། ཡང་དག་པའི་ལྟ་བ་ཉམས་པ་ཡིན་ལ། རབ་ཏུ་ཉམས་པ་དེ་རྣམས་ ཀྱི་སངས་རྒྱས་གང་ཡིན། ལམ་ལ་སོ་སྐྱེས་པའི་སངས་རྒྱས་ཡིན་པས་སེམས་ཅན་ཐམས་ཅད་ ལ་གཞི་བཅས་སུ་མེད་བཅེས་[ཅེས་]པ་དང༌། ཤེས་པ་གང་ཡིན་ལ་འདུ་བྱས་ཀྱི་ཁྱབ་པས། ཤེར་ཕྱིན་དང༌། རྣམས་[རྣམ་]མཁྱེན་དང༌། བྱང་ཆུབ་དང༌། ཡེ་ཤེས་དང་ཚད་མ་གང་ཡིན་ལ་ འདུ་བྱས་ཀྱི་ཁྱབ་པས། དེ་ལྟ་བུ་འདུས་མ་བྱས་མི་སྲིད་ཅེས། དོན་དམ་པ་ལ་སྐུར་པ་འདེབས་ པ་ལྟ་བའི་སྙིགས་མ་བརྡོལ་བར་བྱས་ནས་ཡང་དག་པའི་ལམ་ལས་ཉམས་པར་བྱེད་དོ། ། ཞེས་པས་སོ། །ཡང་དེ་ཉིད་དུ། དེ་བཞིན་དུ་མཚན་ཡང་དག་པར་བརྗོད་པ་ལས། བཅོམ་ ལྡན་འདས་རྡོ་རྗེ་འཛིན་པའི་མཆོག་ཏུ། མི་འགྱུར་བའི་ཡེ་ཤེས་སངས་རྒྱས་དང་བྱང་ཆུབ་ སེམས་དཔའ་རྣམས་ཀྱི་སྙིང་པོར་གྱུར་པ་གསོལ་བ་འདེབས་པ་དང་བཅས་པ་ཚིགས་སུ་ བཅད་པ་བརྒྱ་དྲུག་ཅུ་རྩ་གཉིས་ཀྱིས་དེ་བཞིན་གཤེགས་པས་རབ་ཏུ་བསྟན་ཏོ། །དེ་ནས་ དཔལ་ལྡན་རྡོ་རྗེ་འཆང་ཞེས་པ་ནས། ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད་ཅེས་པའི་མཐར་ཐུག་ པའི་ཚིགས་སུ་བཅད་པ་བརྒྱ་དྲུག་ཅུ་རྩ་གཉིས་པོ་འདི་རྣམས་ཀྱིས་ཐེག་པ་ཐམས་ཅད་ལས་ ཕྱུང་ནས། བཅོམ་ལྡན་འདས་རྡོ་རྗེ་འཛིན་པའི་སྙིང་པོ་ཀུན་ཏུ་བཟང་པོ་མཆོག་ཏུ་མི་འགྱུར་ བའི་བདེ་བ་ཆེན་པོ་ནམ་མཁའི་ཁམས་ཀྱིས་མཐར་ཐུག་པ་ཀུན་ནས་སྣང་བར་བྱེད་པ་ཞེས་ དང༌། འཇིག་རྟེན་ཁམས་ལེའི་འགྲེལ་པར། དོན་དམ་པ་དེ་བཞིན་གཤེགས་པའི་སྙིང་པོ་ནི། 1-1-246 ལེའུ་ལྔ་པ་ལས་རྒྱས་པར་བརྗོད་པར་བྱའོ། །ཞེས་གསུངས་ཏེ། ལེའུ་ལྔ་པ་ཡེ་ཤེས་ལེའུར། རྡོ་ རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལྷ་སོ་དྲུག་ཅན། ཀ་རྡོ་རྗེ་སོགས་རྒྱུ་སུམ་ཅུ་སོ་དྲུག དུས་ འཁོར། བདེ་མཆོག་ཆེ་ཆུང༌། སྒྱུ་འཕྲུལ་དྲ་བ། གསང་འདུས། དགེས་རྡོར། རྡོ་རྗེ་འཇིགས་ བྱེད། སྐུ་བཞི་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་གསུངས་པ་རྣམས། བདེ་གཤེགས་སྙིང་པོར་ སྟོན་པའོ། །བདེ་གཤེགས་སྙིང་པོ་རྒྱུ་དང་འབྲས་བུ་གཞན། །རྒྱུ་གཞན་འོད་གསལ་སྟོང་ཉིད་ གཟུགས་བརྙན་ཏེ། །འབྲས་བུ་གཞན་ནི་འགྱུར་མེད་བདེ་བ་ཆེ། །པྲ་ཕབ་བརྒྱད་དང་མཚུངས་ པར་སྟོན་ལ་འདུད། །ཅེས་པ་ནི། སངས་རྒྱས་ཐམས་ཅད་ཀྱིས་དོན་དམ་ཆོས་སྐུ། བདེ་ གཤེགས་སྙིང་པོའི་ངོ་བོ་ནི། རྒྱུ་འབྲས་གཞན་དོན་དམ་པའི་རྒྱུ་འབྲས། ངོ་བོ་གཅིག་པའམ་ ཟུང་འཇུག་ཡིན་ལ་རྒྱུ་གཞན་འོད་གསལ་རྣམ་ཀུན་མཆོག་ལྡན་གྱིས་གཟུགས་བརྙན་དང༌། འབྲས་བུ་གཞན་ནི་འགྱུར་མེད་བདེ་ཆེན། དུས་འཁོར་རྩ་རྒྱུད་དུ། མེ་ལོང་ཐེ་བོང་སྒྲོན་མེ་ཟླ། ། ཉི་མ་ཆུ་དང་རལ་གྲི་མིག །ཅེས་པའི། པྲ་ཕབ་བརྒྱད་དང་མཚུངས་པའི་བླ་མ་ལ་འདུད་དོ། ། རྒྱུ་སྟོང་ཉིད་ཀྱི་རྣམ་གྲངས་ནི། གསང་བ་གསང་ཆེན་མཁའ་ཁམས་སྣ་ཚོགས་ཡུམ། །ཆོས་ འབྱུང་ཆུ་སྐྱེས་བྷ་ག་སེང་གེའི་ཁྲི། །བདག་མེད་ཕག་མོ་ལ་སོགས་སྣ་ཚོགས་མིང༌། །དུ་མ་དོན་ གཅིག་སྟོང་ཉིད་སྟོན་ལ་འདུད། །ཅེས་པ་ནི། གསང་བ་དང༌། གསང་ཆེན་དང༌། མཁའ་ ཁམས་དང༌། སྣ་ཚོགས་ཡུམ་དང༌། ཆོས་འབྱུང་དང་ཆུ་སྐྱེས་དང་པད་མ་དང༌། སེང་གེའི་ཁྲི་ དང༌། བདག་མེད་མ་དང༌། རྡོ་རྗེ་ཕག་མོ་དང་སོགས་པའི་སྒྲས་སྣ་ཚོགས་གཟུགས་ཅན་མ་ལ་ སོགས་པའི་མིང་སྣ་ཚོགས་ཡོད་ཀྱང༌། ཐམས་ཅད་དོན་དམ་ཤེས་རབ་རྣམ་ཀུན་མཆོག་ལྡན་ གྱི་སྟོང་པ་ཉིད་དུ་གཅིག་པར་སྟོན་པའི་བླ་མ་ལ་འདུད་དོ། །དེ་ཉིད་རྡོ་རྗེ་ཐིག་ལེ་ཧེ་རུ་ཀ ། འདུས་པ་སྡོམ་པ་ཧེ་དང་སྙིང་རྗེ་ཆེ། །དང་པོའི་སངས་རྒྱས་བྱང་ཆུབ་སེམས་སོགས་མིང༌། ། དུ་མ་དོན་གཅིག་བདེ་ཆེན་སྟོན་ལ་འདུད། །ཅེས་པ་ནི། ཤེས་རབ་སྟོང་ཆེན་ཏེ། དེ་ཉིད་ལ་ 1-1-247 རང་དང་ངོ་བོ་གཅིག་པའི་ཐབས་བདེ་ཆེན་གྱི་མཚན་གྱི་རྣམ་གྲངས་ནས་བརྗོད་པ་ནི། ཤེས་ རབ་པད་མ་སྟོང་པ་ལ་ཞུགས་པའི་ཐབས་བདེ་བ་རྡོ་རྗེ་དང༌། དེ་བཞིན་དུ་སྦྱར་ཏེ། གྲུ་གསུམ་ ལ་ཐིག་ལེ་དང༌། ཆོས་འབྱུང་ལ་ཧེ་རུ་ཀ་དང༌། གསང་བ་ལ་འདུས་པ་དང༌། འཁོར་ལོ་ལ་སྡོམ་ པ་དང༌། བཛྲ་ལ་ཧེ་ཡིག་དང༌། སྟོང་ཉིད་ལ་སྙིང་རྗེ་དང༌། ཤེས་བྱ་སྟོང་ཆེན་ལ་ཤེས་པ་བདེ་ ཆེན་དང༌། སེང་གེའི་ཁྲི་ལ་དང་པོའི་སངས་རྒྱས་དང༌། དམར་པོ་རཀྟ་ལ་དཀར་པོ་བྱང་ཆུབ་ ཀྱི་སེམས་དང༌། སོགས་པས་སྒྲས། མཁའ་ཁམས་ཨེ་ཡིག་ལ་ཝཾ་ཡིག་དང༌། སྣ་ཚོགས་ཡུམ་ ལ་དུས་འཁོར་དང༌། ཕག་མོ་ལ་བདེ་མཆོག་དང༌། བདག་མེད་ལ་དགེས་རྡོར་དང༌། སྣ་ཚོགས་ གཟུགས་ཅན་མ་ལ་རྡོ་རྗེ་འཇིགས་བྱེད་བཞུགས་པ་སོགས་ཐབས་ཀྱིས་མཚན་གྱིས་རྣམ་ གྲངས་དུ་མ་ཡོད་ཀྱང་དོན་འགྱུར་མེད་བདེ་ཆེན་དུ་གཅིག་པར་སྟོན་མཛད་བླ་མའི་ཞབས་ལ་ འདུད་དོ། །དེ་རྣམས་ཀྱང་དུས་འཁོར་རྩ་རྒྱུད་དུ། ཨེ་གསང་མཁའ་ཁམས་བྷ་ག་འམ། །ཆོས་ འབྱུང་ཆུ་སྐྱེས་སེང་གེའི་ཁྲིར། །བཞུགས་པའི་རྡོ་རྗེ་ཅན་ཝཾ་དང༌། །རྡོ་རྗེ་ཅན་དང་རྡོ་རྗེ་སེམས། ། རྡོ་རྗེ་འཇིགས་བྱེད་དབང་ཕྱུག་དང༌། །ཧེ་རུ་ཀ་དང་དུས་འཁོར་ལོ། །དང་པོའི་སངས་རྒྱས་ལ་ སོགས་མིང༌། །སྣ་ཚོགས་ཡུལ་གྱིས་ཐ་སྙད་ཀྱིས། །རྒྱུད་གཞན་དག་ཏུ་བདག་གིས་བརྗོད། ། ཅེས་གསུངས་པ་ལྟར། གསང་འདུས་རྡོ་རྗེ་ཕྲེང་བར། རྡོ་རྗེ་སེམས་པ་ཝཾ་རྡོ་རྗེ། །རྡོ་རྗེ་ འཇིགས་བྱེད་དབང་ཕྱུག་དང༌། །ཧེ་རུ་ཀ་དང་དུས་འཁོར་ལོ། །དང་པོའི་སངས་རྒྱས་ལ་ སོགས་མཚན། །ཞེས་དང༌། ཨེ་ནི་གསང་བ་མཁའ་དབྱིངས་སམ། །བྷ་ག་ཆོས་འབྱུང་པད་མ་ ཡིན། །རྣལ་འབྱོར་སེང་གེའི་གདན་ལ་བཞུགས། །ཞེས་དང༌། འཕགས་པ་སྤྱན་རས་གཟིགས་ ཀྱིས། འཇིག་རྟེན་ཁམས་ལེའི་འགྲེལ་པར། ཨ་ཝཾ་ཞེས་པའི་སྒྲར་རྒྱུད་ཀྱིས་གླེང་གཞིར། དངོས་སུ་མེད་ན་རྒྱུད་རྣམ་དག་མ་ཡིན་ནོ་ཞེས་པའི་དགོངས་པ་བསལ་བའི་ཕྱིར། སྔགས་ཀྱི་ ཚུལ་ཉིད་ལ་ཨེ་ཝཾ་ཉིད་མིང་མ་ཡིན་ཏེ། དངོས་པོ་གཅིག་ལའང་མིང་དུ་མའོ། །མིང་མང་པོ་ 1-1-248 ཉིད་ཀྱི་ཕྱིར། མིང་གཅིག་ཁོ་ན་གཙོ་བོ་མ་ཡིན་ཏེ། མིང་ཐམས་ཅད་ཀྱིས་དངོས་པོ་གཅིག་གོ་ བར་བྱེད་པའི་ཕྱིར་རོ། །དཔེར་ན། བུད་མེད་དང༌། མི་མོ་དང༌། ན་ཆུང་མ་རྣམས་ལ་བུད་མེད་ གཅིག་པོ་གཙོ་བོའི་མིང་མ་ཡིན་ཏེ། ཐམས་ཅད་ཀྱིས་ནུ་མ་དང་སྐྲ་ལྡན་པའི་དངོས་པོ་གོ་བར་ བྱེད་པའི་ཕྱིར་རོ། །དེ་བཞིན་དུ་ཨེ་ཡིག་དང༌། གསང་བ་དང༌། པད་མ་དང༌། ཆོས་འབྱུང་དང༌། ནམ་མཁའི་དབྱིངས་དང༌། བདེ་བ་ཆེན་པོའི་གནས་དང༌། སེང་གེའི་ཁྲི་དང༌། བྷ་ག་དང་ གསང་བའི་མིང་རྣམས་ཀྱིས་ནང་ནས་ཨེ་ཡིག་གཅིག་པོ་གཙོ་བོའི་མིང་མ་ཡིན་ཏེ། ཐམས་ ཅད་ཀྱིས་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་གོ་བར་བྱེད་པའི་ཕྱིར་རོ། །དེ་བཞིན་དུ་ཝཾ་ཡིག་ དང་བདེ་བ་ཆེན་པོ་དང༌། ཆགས་པ་ཆེན་པོ་དང་ལྷན་ཅིག་སྐྱེས་པ་དང༌། མཆོག་ཏུ་མི་འགྱུར་ བ་དང་ཐིག་ལེ་དང༌། དེ་ཁོ་ན་དང༌། ཡེ་ཤེས་དང་རྣམ་པར་དག་པའི་སེམས་ཀྱི་མིང་ཙམ་གྱིས་ ནང་ནས་ཝཾ་ཡིག་གཙོ་བོའི་མིང་མ་ཡིན་ཏེ། ཐམས་ཅད་ཀྱིས་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་ པའི་དགའ་བ་འགྱུར་བ་མེད་པའི་བདེ་བ་གོ་བར་བྱེད་པའི་ཕྱིར་རོ། །ཞེས་པ་རྣམས་ལ་ དགོངས་ནས་གསུངས་པའོ། །རྡོ་རྗེ་སེམས་དཔའ་ཨེ་ཝཾ་དུས་འཁོར་ལོ། །འཁོར་ལོ་སྡོམ་པ་ དགྱེས་པ་རྡོ་རྗེ་དང༌། །སྒྱུ་འཕྲུལ་དྲ་བ་གསང་འདུས་ལ་སོགས་མིང༌། །དུ་མ་དོན་གཅིག་ཟུང་ འཇུག་སྟོན་ལ་འདུད། །ཅེས་པ་ནི། འདི་དག་ཀྱང་འཇིག་རྟེན་ཁམས་ལེར་མདོར་བསྡུས་པའི་ མགོ ར་སྤྱན་རས་གཟིགས་ཀྱིས། གང་དོན་དམ་པའི་བདེན་པས་བསྟན་པ་དེ་ནི་འཇིག་རྟེན་ འདས་པ་རྣམ་པ་ཐམས་ཅད་ཀྱིས་མཆོག་དང་ལྡན་པ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྒྲུབ་པའི་ སླད་དུ་རང་གིས་སེམས་ཀྱིས་ཡོངས་སུ་བརྟགས་པའི་ཆོས་དང་བྲལ་བ། གཞོན་ནུ་མ་རྣམས་ ཀྱི་མེ་ལོང་ལ་སོགས་པ་ལ་པྲ་ཕབ་པ་བཞིན་དུ། རྣལ་འབྱོར་པ་རྣམས་ཀྱིས་རང་གི་སེམས་ཀྱི་ འོད་གསལ་མངོན་སུམ་དུ། ནམ་མཁའ་ལ་སྣང་བ་འདོད་པའི་དོན་གྱིས་འབྲས་བུ་སྟེར་བ་སྟེ་ འབྲས་བུ་ནི་འགྱུར་བ་མེད་པའི་ཡེ་ཤེས་ཀྱི་སེམས་སོ། །སེམས་འདི་གཉིས་གཅིག་པ་ཉིད་ནི་ 1-1-249 ཤེས་རབ་དང་ཐབས་ཀྱིས་བདག་ཉིད། རྡོ་རྗེའི་རྣལ་འབྱོར་དོན་ཆེན་པོ་མཆོག་ཏུ་མི་འགྱུར་བ་ དང་པོའི་སངས་རྒྱས་རིས་མེད་པ་དུས་ཀྱི་འཁོར་ལོ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ རྒྱུད་གཞན་ཐམས་ཅད་དུ་རབ་ཏུ་གྲགས་སོ། །བཅོམ་ལྡན་འདས་དེ་ཉིད་རྒྱུའི་མཚན་ཉིད་ཕ་ རོལ་ཏུ་ཕྱིན་པའི་ཚུལ་ལ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ངོ་བོ་ཉིད་ཀྱི་སྐུ་ཞེས་གསུངས་ཏེ། དེ་སྐད་དུ་ཡང་མངོན་པར་རྟོགས་པའི་རྒྱན་གྱིས་ཚིག་ལེའུར་བྱས་པ་ལས། མཛད་པ་དང༌། བཞིར་ངེས་པར་བྱམས་པས་གསུངས་པ། ངོ་བོ་ཉིད་ལོངས་རྫོགས་བཅས་དང༌། །དེ་བཞིན་ གཤེགས་པ་སྤྲུལ་པ་ནི༑ ༑ཆོས་སྐུ་མཛད་པ་དང་སྟེ། །རྣམ་པ་བཞིར་ནི་ཡང་དག་བརྗོད། །ཅེས་ སོ། །བཅོམ་ལྡན་འདས་དེ་ཉིད་འབྲས་བུའི་མཚན་ཉིད་སྔགས་ཀྱི་ཚུལ་ལ་ལྷན་ཅིག་སྐྱེས་པའི་ དགའ་བ་དང་ལྷན་ཅིག་སྐྱེས་པའི་སྐུ་ཞེས་གསུངས་ཏེ། གཟུངས་བ་དང་འཛིན་པ་སྤངས་བ་ རྣམ་པར་ཤེས་པའི་ཆོས་ཉིད་ལས་འདས་པ་སྲིད་པ་དང༌། མྱ་ངན་ལས་འདས་པ་ལ་རབ་ཏུ་མི་ གནས་པ་སངས་རྒྱས་རྣམས་ཀྱིས་འདུས་པ་དང༌། ལྷ་མོ་རྣམས་ཀྱིས་སྡོམ་པ་སྤངས་ཏེ། འདི་ ནི་ཡེ་ཤེས་སྐུ་དང་ལྷན་ཅིག་རོ་མཉམ་པ་ཉིད་དོ། །ཞེས་པ་ནི། ངེས་པའི་དོན་ཏོ། །ཞེས་ གསུངས་ཏེ། དུས་[དུ་]སོགས་ཤེས་རབ་མཆོག་ལྡན་རྣམ་ཀུན་གྱིས་སྟོང་པ་དང༌། ཐབས་ འགྱུར་མེད་ཀྱི་བདེ་བ་གཉིས། ངོ་བོ་གཅིག་པ་ཟུང་འཇུག་ནི། རྡོ་རྗེའི་རྣལ་འབྱོར་ཏེ། རྩ་རྒྱུད་ དུ། རྣལ་འབྱོར་ཐབས་ཀྱི་སྒྲ་མིན་ཞིང༌། །ཤེས་རབ་གཅིག་པུ་ཉིད་ཀྱི་འང་མིན། །ཐབས་དང་ ཤེས་རབ་སྙོམས་འཇུག་པ། །རྣལ་འབྱོར་དེ་བཞིན་གཤེགས་པས་གསུངས། །ཞེས་པས། བདེ་སྟོང་རྡོ་རྗེའི་རྣལ་འབྱོར་ཟུང་འཇུག དང་པོའི་སངས་རྒྱས། བདེ་གཤེགས་སྙིང་པོ་འདི་ ཉིད་ཁོ་ན་ལ་སྔགས་སུ་དུས་འཁོར། ཨེ་ཝཾ། རྡོ་རྗེ་སེམས། དགེས་རྡོར། འཁོར་ལོ་སྡོམ་པ། མཁའ་འགྲོ་མའི་གྲ་བ་སྡོམ་པ། གསང་འདུས། སྒྱུ་འཕྲུལ་དྲ་བ། ཞེས་སོགས་རྣམས་དོན་ གཅིག་ལྷན་ཅིག་སྐྱེས་པའི་སྐུ་གཅིག་ཅིང༌། དེ་ཉིད་ལ་རྒྱུའི་མཚན་ཉིད་ཕ་རོལ་ཏུ་ཕྱིན་པ་ངོ་བོ་ 1-1-250 ཉིད་ཀྱི་སྐུར་གསུངས་ལ། འདི་ནི་ཆོས་ཉིད་འདུས་མ་བྱས་ཡིན་པར་ཐམས་ཅད་ལ་མཐུན་ ནང་དུ་གྲུབ་པས། ཞ་ལུ་བའི་རྗེས་འབྲང་རྣམས། རྡོ་རྗེ་རྣལ་འབྱོར་རམ། དུས་ཀྱི་འཁོར་ལོའི་ ངོ་བོ་བདེ་སྟོང་གཉིས་པོ་བདེ་བ་རང་བཞིན་འགྱུར་མེད་འདུས་བྱས་ལ་བྱེད་པ་དང༌། སྟོང་པ་ ཆོས་ཉིད་ཀྱི་དུ་སོགས་ལ་མི་བྱེད་པར། སྟོང་གཟུགས་འདུས་བྱས་སུ་བྱས་ནས། དུས་འཁོར་ སོགས་སངས་རྒྱས་གང་ཡིན་ལམ་ལ་སྐྱེས་པའི་འདུས་བྱས་སུ་བྱས་ཏེ། སེམས་ཅན་ལ་སངས་ རྒྱས་མེད་པ་དང༌། བདེ་གཤེགས་སྙིང་པོ་དྲང་དོན་དུ་ལྟ་བ་ནི། གཞུང་འདི་དག་གིས་དགོངས་ པ་དང༌། ངེས་དོན་ལ་རྒྱབ་ཀྱིས་ཕྱོགས་ནས། དོན་དམ་པ་ལ་སྐུར་པ་འདེབས་པ་ཡིན་ནོ། ། དུས་འཁོར་སོགས་བདེ་སྟོང་ཟུང་འཇུག་དུ་སྔར་གྲངས་[གྲགས་]པ་ལས་གྲུབ་མོད་ཀྱང༌། དམིགས་བཅས་ལ་ནི། དུས་འཁོར་རྩ་རྒྱུད་དུ། དུས་ནི་འགྱུར་མེད་བདེ་ཤེས་པ། །འཁོར་ལོ་ སྲིད་གསུམ་རྣམས་གྲོལ་དཔལ། །ཞེས་དང༌། ཝཾ་ཡིག་བདེ་བ་ཆེན་པོ་ནི༑ ༑མཁའ་ཁམས་ཨེ་ ལ་རྣམས་[རྣམ་]པར་གནས། །ཞེས་དང༌། བརྟག་གཉིས་སུ། རྡོ་རྗེ་མི་ཕྱེད་ཞེས་བྱ་སྟེ། སེམས་ པ་སྲིད་པ་གསུམ་གཅིག་པ། །ཞེས་དང༌། ཧེ་ནི་སྙིང་རྗེ་ཆེན་པོ་ཉིད། །བཛྲ་ཤེས་རབ་བརྗོད་ པར་བྱ། །ཞེས་དེ་དག་བདེ་སྟོང་གཉིས་སུ་གསུངས་ལ། དེ་བཞིན་དུ་འཁོར་ལོ་སྟོང་པ་དང༌། སྡོམ་པ་ཐབས། སྒྱུ་འཕྲུལ་བདེ་བ་དང༌། དྲ་བ་སྟོང་པ། གསང་བ་ཤེས་རབ་དང༌། འདུས་པ་ ཐབས་སུ་རིག་པར་བྱའོ། །གོང་གིས་འདི་ནི་ཡེ་ཤེས་ཀྱི་སྐུ་དང་རོ་མཉམ་པ་ཉིད་དོ། །ཞེས་པ་ ནི། གོང་དུ་བསྟན་པའི་ལྷ་དེ་རྣམས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོར་གྱུར་པ་ སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི། སྐུ་འཇམ་དཔལ་མཚན་བརྗོད་ཀྱི་བརྗོད་བྱ་སྲིལ་ [ཧྲིལ་]པོ། འཇམ་དཔལ་ཡེ་ཤེས་སེམས་པ་དང་དོན་གཅིག་པ་ཡིན་པས། འཇམ་དཔལ་ མཚན་བརྗོད་འདི། རྒྱུད་ཡང་དག་ཚད་མ་གསང་སྔགས་ཀྱི་ངེས་དོན་གྱི་སྤངས་[དཔང་]པོར་ ཤེས་པར་བྱ་བའི་ཕྱིར། སྔགས་ཀྱི་ངེས་དོན་ཐམས་ཅད་མཚན་བརྗོད་དུ་བསྟན་པ་ཡིན་ཏེ། 1-1-251 འཕགས་པ་སྤྱན་རས་གཟིགས་ཀྱིས་འཇིག་རྟེན་ཁམས་ལེའི་འགྲེལ་པར། གང་གིས་སེམས་ ཅན་རྣམས་ཐེ་ཚོམ་མེད་པར་འགྱུར་བ། མཚན་ཡང་དག་པར་བརྗོད་པ་ཚད་མར་བྱས་ནས་ཏེ། དེས་སྔགས་ཀྱི་ཚུལ་ཐམས་ཅད་ཀྱི་ངེས་པའི་དོན་མཚན་ཡང་དག་པར་བརྗོད་པར་བཅོམ་ ལྡན་འདས་ཀྱིས་ཕྱག་ན་རྡོ་རྗེའི་ལ་སྔགས་ཀྱི་ཐེག་པ་ཡང་དག་པར་སྟན་ཏོ། །དེའི་ཕྱིར་གང་ གིས་མཆོག་གི་དང་པོའི་སངས་རྒྱས་མི་ཤེས་པ་དེས། མཚན་ཡང་དག་པར་བརྗོད་པ་མི་ཤེས་ སོ། །གང་གིས་མཚན་ཡང་དག་པར་བརྗོད་པ་མི་ཤེས་པ་དེས། རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་ སྐུ་མི་ཤེས་སོ། །གང་གི་རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་སྐུ་མི་ཤེས་པ་དེས་སྔགས་ཀྱི་ཐེག་པ་མི་ ཤེས་སོ། །གང་གིས་སྔགས་ཀྱི་ཐེག་པ་མི་ཤེས་པ་དེ་ཐམས་ཅད་ནི། འཁོར་བ་པ་སྟེ། བཅོམ་ ལྡན་འདས་རྡོ་རྗེ་འཛིན་པའི་ལམ་དང་བྲལ་བས། དེ་ལྟ་བས་ན་མཆོག་གིས་དང་པོའི་སངས་ རྒྱས་ནི། བླ་མ་དམ་པ་རྣམས་ཀྱིས་བསྟན་པར་བྱ་ཞིང་ཐར་བ་དོན་དུ་གཉེར་བའི་སློབ་མ་དམ་ པ་རྣམས་ཀྱི་ཉན་པར་བྱའོ། །ཞེས་གསུངས་ཏེ། མཚན་བརྗོད་ཀྱི་བརྗོད་བྱ་སངས་རྒྱས་ཀུན་ གྱིས་ཡེ་ཤེས་ཀྱི་སྐུ་དེ་ཡང་ཆོས་ཉིད་འདུས་མ་བྱས་ཡིན་ཏེ། དེ་ནས་དཔལ་ལྡན་རྡོ་རྗེ་འཆང་ ནས། ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད་ཀྱི་བར་དོན་དམ་པའི་མཚན་གྱི་རྣམས་གྲངས་འབའ་ ཞིག་སྟོན་པ་ཡིན་ཞིང༌། ནམ་མཁའ་ལས་བྱུང་རང་འབྱུང་བ་ཞེས་དང༌། ཆོས་དབྱིངས་ དམ་པ་ཟད་མི་ཤེས་ཞེས་དང༌། ཡང་དག་བདག་མེད་དེ་བཞིན་ཉིད་ཅེས་དང༌། དེ་བཞིན་ ཉིད་བདག་དག་པའི་བདག །ཅེས་དང༌། ཤེས་རབ་ཕ་རོལ་ཕྱིན་པའི་མཐའ། །ཞེས་དང༌། ཡང་དག་མཐའ་ལ་རྣམ་པར་གནས་ཞེས་དང༌། ཡང་དག་མཐར་གྱུར་ཁྱོད་ལ་འདུད། །ཅེས་ གསུངས་ཞིང༌། དབུས་མཐར། དེ་བཞིན་ཉིད་དག་ཡང་དག་མཐའ། །མཚན་མ་མེད་དང་དོན་ དམ་དང༌། །ཆོས་ཀྱི་དབྱིངས་ནི་རྣམས་གྲངས་སོ། །ཞེས་དང༌། ཀླུ་སྒྲུབ་ཀྱིས་བྱང་ཆུབ་སེམས་ འགྲེལ་དུ། བྱང་ཆུབ་སེམས་མཆོག་དེ་ཉིད་ནི༑ ༑དེ་བཞིན་ཉིད་དང་ཡང་དག་མཐའ། །མཚན་ 1-1-252 མ་མེད་དང་དོན་དམ་དང༌། །སྟོང་པ་ཉིད་ཅེས་རྗོད་པ་ཡིན། །ཞེས་གསུངས་པའི་ཕྱིར་རོ། ། དེས་ན་མཐར་ཐུག་གི་རྒྱུད་དང༌། ལྷ་དང་སངས་རྒྱས་རྣམས་འདུས་བྱས་སུ་འདོད་པ་དང༌། ངོ་ བོ་ཉིད་ཀྱི་སྐུ་སངས་རྒྱས་མ་ཡིན་པར་འདོད་པའི་སྔགས་པ་དང༌། ཕར་ཕྱིན་པ་རྣམས་ནི་མི་ཚེ་ ལུག་རྫི་ལ་སྐྱལ་ནས་ལུག་ངོ་མི་ཤེས་པ་དང་ཁྱད་མེད་དོ། །གོང་དུ་སྨོས་པའི་དང་པོའི་སངས་ རྒྱས་ཞེས་པ་ལ་གཉིས། བརྗོད་བྱ་མཆོག་གི་དང་པོའི་སངས་རྒྱས་དང༌། རྗོད་བྱེད་ཚིག་གིས་ དང་པོའི་སངས་རྒྱས་སོ། །དང་པོ་ནི་དྲི་མེད་འོད་དུ། མཆོག་གིས་དང་པོའི་སངས་རྒྱས་ཞེས་ པ་ལ། མཆོག་གི་དང་པོའི་སངས་རྒྱས་ནི། སྐད་ཅིག་གཅིག་དང་རྣམ་པ་ལྔ་དང༌། རྣམ་པ་ཉི་ ཤུ་དང༌། སྒྱུ་འཕྲུལ་དྲ་བས་མངོན་པར་རྫོགས་པར་སངས་རྒྱས་པའི་མཚན་ཉིད་ཅན་འགྱུར་བ་ མེད་པའི་བདེ་བ་ནི་མཆོག་ཡིན་ལ། དེས་སངས་རྒྱས་པ་ནི་མཆོག་གིས་དང་པོའི་སངས་རྒྱས་ ཏེ། ཞེས་པ་དང༌། དང་པོའི་སྒྲས་ནི་ཐོག་མ་དང༌། ཐ་མ་མེད་པའི་དོན་ཏོ། །ཞེས་ཏེ། མངོན་ བྱང་བཞིས་བྱང་ཆུབ་པས་འགྱུར་བ་མེད། བདེ་བ་མཆོག་གིས་དང་པོར་སངས་རྒྱས་པ་རང་ བཞིན་འགྱུར་མེད་ཀྱི་བདེ་བ་གདོད་ནས་རྫོགས་པ། སྐྱེ་འའཇིག་མེད་པ་འདུས་མ་བྱས་པའི་ སངས་རྒྱས་ཞེས་པའི་དོན་ནོ། །དྲི་མེད་འོད་དུ། སྐྱེ་འཇིག་སྤངས་པའི་འགྱུར་མེད་བདེ་བ་ དང་ལྡན་ཞེས་དང༌། རྒྱུད་དེ་ཉིད་འདུས་པར། ཐོག་མཐའ་མེད་པའི་སེམས་པ་ནི༑ ༑ཞེས་ དང༌། གདོད་ནས་གྲོལ་བའི་དེ་བཞིན་གཤེགས་ཞེས་དང༌། བཅོམ་ལྡན་འདས་དཔལ་མཆོག་ དང་པོའི་སྐྱེས་བུའོ། །ཞེས་དང༌། རྡོ་རྗེ་དང་པོ་ཀུན་ཏུ་བཟང༌། །ཞེས་པ་དང༌། སྦྱོངས་རྒྱུད་དུ། སངས་རྒྱས་ཀུན་པས་སངས་རྒྱས། །ཞེས་གསུངས་པ་དང་དོན་གཅིག་གོ ། གཉིས་པ་གཞུང་དང་པོའི་སངས་རྒྱས་ནི། དུས་འཁོར་རྩ་རྒྱུད་ཡིན་ལ། དེ་དང་ད་ལྟའི་ བསྡུས་རྒྱུད་འགྲེལ་ཆེན་དྲི་མེད་འོད་དང་བཅས་པ་འདི། རྡོ་རྗེའི་ཚིགས་བཅད་ཐམས་ཅད་མ་ སྦས་པར་མངོན་དུ་གསལ་བར་སྟོན་པ་ཚང་བ། མ་འཁྲུལ་བ་མ་ནོར་བ། རྒྱུད་གཞན་ཐམས་ 1-1-253 ཅད་ཀྱི་རྡོ་རྗེའི་ཚིག་ཁ་འབྱེད་པ་སོགས་དོན་གྱིས་དགོངས་འགྲེལ་ཡིན་ཞིང༌། འདི་དག་མི་ ཤེས་ན། མཚན་བརྗོད་ཀྱི་ངེས་དོན་མི་ཤེས་པ་སོགས་ཀྱི་ཉེས་པ་ཡོད་ལ་ཤེས་ན་ཤེས་པ་ སོགས་ཀྱི་ལྟ་སྒོམ་རྣམ་དག་གིས་མྱུར་དུ་སངས་རྒྱས་པའི་ཕྱིར། ཐར་བ་དོན་གཉེར་གྱི་དཔོན་ སློབ་རྣམས་ཀྱིས་དུས་འཁོར་རྒྱུད་འགྲེལ་ལ་འཆད་ཉན་བྱ་ཞིང༌། སྦྱོར་དྲུག་བསྒོམ་པར་བྱའོ་ ཞེས་གདམ་པའོ། ། ལྔ་པ་གཞི་ལམ་འབྲས་གསུམ་སྟོན་པའི་སྒོ་ནས་བསྟོད་པ་ལ། ཚིགས་བཅད་བདུན་ ཏེ། ཟུང་འཇུག་དབྱེར་མེད་རོ་མཉམ་མི་ཤིགས་པ། །རང་བྱུང་ཡེ་ཤེས་དང་པོར་སངས་རྒྱས་ ནི། །དྲི་བཅས་དེ་བཞིན་ཉིད་དུ་ཐམས་ཅད་ལ། །མཁའ་བཞིན་ཀུན་གཞིར་ཡོད་པར་སྟོན་ལ་ འདུད། །ཅེས་པ་ནི། གསང་འདུས་རྒྱུད་དུ། རྒྱུད་ནི་རྒྱུན་ཆགས་ཞེས་བརྗོད་དེ། །རྒྱུད་དེ་རྣམ་ པ་གསུམ་དུ་འགྱུར། །གཞི་དང་དེ་ཡི་རང་བཞིན་དང༌། །མི་འཕྲོག་པ་ཡི་རབ་དབྱེའོ། །རང་ བཞིན་རྣམ་པ་རྒྱུ་ཡིན་ཏེ། །གཞི་ནི་ཐབས་ཤེས་བྱ་བ་ཡིན། །དེ་བཞིན་མི་འཕྲོག་འབྲས་བུ་དེ། ། གསུམ་གྱིས་རྒྱུད་ཀྱིས་དོན་བསྡུས་པའོ། །ཞེས་པའི་དོན། སྐབས་འདིར། དེའི་རང་བཞིན་ ནི། གཞི་ལམ་འབྲས་གསུམ་དུ་བྱས་པའི་གཞི་ཆོས་དབྱིངས་ཡིན་ལ། གཞི་ནི་ཐབས་ཤེས་བྱ་ བ་ཡིན། །ཞེས་པས། ལམ་ཐབས་སུ་བསྒོམ་པར་བྱའོ། །ཕར་ཕྱིན་དུ། སྒྲུབ་པ་ཡི་ནི་བརྟེན་ གྱུར་པ། །ཆོས་ཀྱིས་དབྱིངས་ཀྱི་རང་བཞིན་དང༌། །ཞེས་པ་དང༌། རྒྱུད་བླར། གནས་དང་ དེའི་གྱུར་པ་དང༌། །ཞེས་དང༌། གནས་ཞེས་པ་ནི་གཞི་སྟེ། བདེ་གཤེགས་སྙིང་པོར་གསུངས་ པ་དང་མཐུན་པར། སྔགས་སུ་བཤད་པའི་བདེ་གཤེགས་སྙིང་པོའི་རྡོ་རྗེའི་རྣལ་འབྱོར། བདེ་ སྟོང་ཟུང་འཇུག་དབྱེར་མེད། རོ་མཉམ་མི་ཤིགས་པ་རྡོ་རྗེའི་སྐུ། རང་བྱུང་ཡེ་ཤེས། དང་པོའི་ སངས་རྒྱས་ནི་ནམ་མཁའ་ལྟར་ཀུན་ཁྱབ་ཡིན་པས་གཟུགས་སྐུའི་སངས་རྒྱས་རྣམས་ ལ་དྲི་བྲལ་འབྲས་བུའི་ཚུལ་དུ་བཞུགས་ལ་སེམས་ཅན་རྣམས་ལ་དྲི་བཅས་དེ་བཞིན་ 1-1-254 ཉིད་དུ་མཁའ་བཞིན་ཀུན་གཞིར་ཡོད་པར་སྟོན་ལ་འདུད་དོ། །དེ་ཉིད་དྲི་མའི་སྦུབས་ལས་ གྲོལ་བའི་ཐབས། །རྡོ་རྗེའི་རྣལ་འབྱོར་ཤེས་རབ་ཕ་རོལ་ཕྱིན། །ཤིན་ཏུ་རྣལ་འབྱོར་ཕྱག་རྒྱ་ ཆེར་བསྒོམས་པ། །ཡན་ལག་དང་བཅས་ལམ་དུ་སྟོན་ལ་འདུད། །ཅེས་པ་ནི། སངས་རྒྱས་ བཞུགས་པ་དེ་ཉིད་དྲི་མའི་སྦུབས་ལས་གྲོལ་བའི་ཐབས་ལམ་པའི་རྒྱུད་ལ་ཡོད་པའི་སྔར་ བསྟན་པའི་བདེ་སྟོང་ཟུངའཇུག་ལ་རྡོ་རྗེའི་རྣལ་འབྱོར་དང༌། ཤེར་ཕྱིན་དང༌། ཤིན་ཏུ་རྣལ་ འབྱོར་དང༌། ཕྱག་རྒྱ་ཆེན་པོའམ་ཆེན་མོ་ཞེས་བརྗོད་པ་དེ། མངོན་སུམ་དུ་བསྒོམ་པའི་རྫོགས་ རིམ། མཉམ་བཞག་རྣམ་པར་མི་རྟོག་པ་ཡེ་ཤེས་ཀྱི་ཚོགས་དང༌། ཡན་ལག་དང་བཅས་པ་ནི་ བསྐྱེད་རིམ་སོགས་བསོད་ནམས་ཀྱི་ཚོགས་རྣམས་ལམ་དུ་སྟོན་པའི་བླ་མ་ལ་འདུད་དོ། །གཞི་ ལ་བཞུགས་པ་ལམ་གྱི་ཐབས་མཆོག་གིས། །སྤྲིན་དང་རྡུལ་སོགས་སངས་པའི་ནམ་མཁའ་ བཞིན། །དྲི་མ་ཀུན་སངས་དྲི་མེད་དེ་བཞིན་ཉིད། །མངོན་དུ་གྱུར་ཙམ་འབྲས་བུར་སྟོན་ལ་ འདུད། །ཅེས་པ་ནི། སེམས་ཅན་ལ་བདེ་སྟོང་ཟུང་འཇུག རྡོ་རྗེའི་རྣལ་འབྱོར་སྐུ་བཞིའི་སྙིང་ པོར་བཞུགས་པ་དྲི་མས་གཡོགས་པ་དེ་སྔར་བསྟན་པའི་ལམ་གྱི་ཐབས་མཆོག་གིས་དྲི་མ་ མཐའ་དག་བཅོམ་པས། དཔེར་ན་སྤྲིན་དང་རྡུལ་སོགས་སངས་པའི་ནམ་མཁའ་བཞིན། ཆོས་ཀྱི་སྐུ་དྲི་མ་ཀུན་སངས་དྲི་མེད་དེ་བཞིན་ཉིད། སྔར་གྱི་བདེ་སྟོང་ཟུང་འཇུག་མངོན་དུ་ གྱུར་ཙམ་ལ་འབྲས་བུར་སྟོན་པའི་བླ་མ་ལ་འདུད་དོ། །དོན་དེ་དག་ཀྱང་དུས་འཁོར་རྒྱུད་དུ། མཁའ་ཁྱབ་མཁའི་རྡོ་རྗེ་ཅན་ནི་ཡུལ་དང་རྣམ་པར་གྲོལ་བ་ལུས་ཀྱི་དབུས་སུ་དེ་བཞིན་ནོ། ། ཞེས་དང༌། སེམས་ཅན་གྱིས་སེམས་ཀྱི་ཆོས་ཉིད་འོད་གསལ་ལ་དགོངས་ནས། སེམས་ཅན་ རྣམས་ནི་སངས་རྒྱས་ཡིན་ཏེ། སངས་རྒྱས་ཆེན་པོ་གཞན་ནི་འཇིག་རྟེན་ཁམས་འདིར་ཡོད་མ་ ཡིན་ཞེས་དང༌། སངས་རྒྱས་ཐོབ་བྱའི་འབྲས་བུ་དེ་ད་ལྟ་ལམ་དུ་བྱེད་པ་གསང་སྔགས་འབྲས་ བུའི་ཐེག་པ་འབྲས་བུ་ལམ་དུ་བྱེད་པ་ལ་དགོངས་ནས། ལྷའི་དམིགས་པ་མངོན་སུམ་དང་ནི་ 1-1-255 རྗེས་སུ་དཔག་པ་རྣམ་པ་གཉིས་སུ་གསུངས། །མངོན་སུམ་དང་ནི་དེ་བཞིན་ཉིད་སྦྱོར་མཁའ་ ལ་སྐར་མ་བཞིན་དུ་དུ་མ་ལོངས་སྤྱོད་རྫོགས་པའི་སྐུ། །མངོན་སུམ་མིན་ན་རྗེས་སུ་དཔག་ པ་ཤི་བའི་དུས་བཞིན་དེ་ཉིད་མིན་པ་ཡིས་ནི་བརྟགས་པ་གང༌། །ཞེས་པ་དང༌། སེམས་དེ་ དག་ན་མི་དེ་ཡང་ནི་རྒྱལ་བའི་དབང་པོ་འགྱུར་ཏེ་རྒྱལ་བ་གཞན་གྱིས་ཅི་ཞིག་བྱ། །ཞེས་དང༌། སློབ་དཔོན་ཀླུ་སྒྲུབ་ཀྱིས། རིན་ཆེན་སེམས་ནི་རྣམ་གྲོལ་ལས། །ལྷ་གཞན་སྒྲུབ་ཏུ་ཡོད་མ་ ཡིན། །ཞེས་དང༌། བརྟག་གཉིས་སུ། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་ བུར་དྲི་མས་བསྒྲིབས། །དེ་ཉིད་བསལ་ན་སངས་རྒྱས་ཉིད། །ཅེས་པ་དང༌། སཾ་པུ་ཊིར། ཐོབ་ བྱའི་སངས་རྒྱས་རང་ལ་ཡོད་པ་ལ་དགོངས་ནས། རང་གིས་ལུས་ལ་སངས་རྒྱས་བཞུགས། ། གཞན་དུ་གང་ནའང་སངས་རྒྱས་མེད། །མི་ཤེས་མུན་པས་སྒྲིབ་པ་རྣམས། །ལུས་ལས་གཞན་ དུ་སངས་རྒྱས་འདོད། །ཅེས་པ་དང༌། རྒྱུད་བླར། མཐའ་དང་དབུས་མེད་རྒྱ་ཆེན་ནམ་མཁའ་ ལྟར་ཁྱབ་པ། །སངས་རྒྱས་ཉིད་ནི་ཡོན་ཏན་དྲི་མ་མེད་གཏེར་སེམས་ཅན་ཀུན་ལ་ཁྱད་མེད་ རྣམ་གཟིགས་ནས། །ཉོན་མོངས་ཤེས་བྱའི་སྤྲིན་གྱིས་དྲ་བ་སངས་རྒྱས་རྣམས་ཀྱིས་ཐུགས་ རྗེའི་རླུང་གིས་རྣམ་པར་སྟོར། །ཞེས་དང༌། བྲམ་ཟེ་ཆེན་པོའི་དྷོ་ཧར། མཁས་པ་བསྟན་ཆོས་ ཐམས་ཅད་འཆད་པ་ཡིས། །ལུས་ལ་སངས་རྒྱས་ཡོད་པ་མ་རྟོགས་སོ། །གླང་ཆེན་ལམ་ནས་ སེམས་ཚགས་ཆུད་པ་དེ། །དེ་ནི་འགྲོ་འོང་ཆད་ནས་ང་དམ་དེ། །འདི་ལྟར་རྟོགས་ནས་གང་ དུ་དྲི་མ་མེད། །མཁས་པ་ངོ་ཚ་མེད་པས་དེ་མ་རྟོགས། །ཞེས་པ་དང༌། བླ་མེད་སྙིང་པོ་ཐེག་པ་ ཆེན་པོའི་ལམ་འདི་ནི། འབྲས་བུ་ལམ་དུ་ཁྱེར་ནས་གདོད་ནས་འབྲས་བུ་གནས། །ཞེས་དང༌། འབྲས་བུ་ཐོག་པ་མེད་པར་གདོད་ནས་རང་ལ་གནས། །ཞེས་དང༌། སོར་འཕྲེང་ལ་ཕན་ པའི་མདོར། དེ་བཞིན་གཤེགས་པ་དང་བྱང་སེམས་རྣམས་ཀྱི་དེ་བཞིན་ཉིད་ནི། ཐེག་ཆེན་གྱི་ ལམ་དབུ་མ་ཡིན། བྱིས་པ་རྣམས་ནི་དེ་ལས་གཞན་དུ་སེམས་སོ། །ཞེས་དང༌། གཞུང་འགྲེལ་ 1-1-256 གནོད་འཇོམས་སུ། གཉིས་ག་ཡང་ཆོས་ཀྱི་དབྱིངས་རྣམ་པར་དག་པས་རབ་ཏུ་ཕྱེ་བའི་ཕྱིར། བྱང་ཆུབ་དང་ལམ་དག་ལ། ཐ་དད་པ་གངཡང་མེད་དེ། འོན་ཀྱང་སྔོན་གྱིས་གནས་སྐབས་ན། རྒྱུ་ཡིན་པའི་ཕྱིར་ལམ་ཞེས་བྱ་ལ། ཕྱི་མིའི་གནས་སྐབས་ན། བྱང་ཆུབ་ཅེས་བྱའོ། །ཞེས་དང༌། མ་ཅིག་གིས་ན་ཉི་ཤུ་པར། ཡེ་ནས་སངས་རྒྱས་ཡིན་པར་མ་རྟོགས་པར། །སངས་རྒྱས་པར་བྱ་ འདིས་ཀྱང་མི་ཡོང་ན། །ཞེས་དང༌། ལེ་ལག་བརྒྱད་པར། གཞི་ལམ་དུ་བླང་བའི་ལེའུ་སྟེ་དང་ པོའོ། །ཞེས། གཞིའི་སངས་རྒྱས་དེ་ཉིད་ལམ་དུ་བྱེད་ཚུལ་བསྟན་པ་དང༌། རྒྱུ་བླར། མ་དག་ མ་དག་དག་པ་དང༌། །ཤིན་ཏུ་རྣམ་དག་གོ་རིམ་བཞིན། །སེམས་ཅན་བྱང་ཆུབ་སེམས་དཔའ་ དང༌། །དེ་བཞིན་གཤེགས་པ་ཞེས་བརྗོད་དོ། །ཞེས་ཏེ། དེ་བཞིན་ཉིད་དྲི་མ་ཡེ་མ་དག་པ་ གནས་སྐབས་རྒྱུད་ལྡན་གྱི་གང་ཟག་ལ། །སེམས་བྱང་ཆུབ་དེ་ཡོད་ཙམ་ཡིན་གྱི། མ་དག་ཅིང་ མ་ཐོབ་པའི་སེམས་ཅན་ཞེས་དང༌། དྲི་མ་འགའ་ཞིག་གིས་དག འགའ་ཞིག་གིས་མ་དག་པའི་ གནས་སྐབས་ཀྱི་གང་ཟག་ལ། བྱང་ཆུབ་སེམས་དཔའ་ཞེས་དང༌། ཤིན་ཏུ་རྣམ་པར་དག་པའི་ གནས་སྐབས་ན་དེ་བཞིན་གཤེགས་པ་ཞེས་བརྗོད་དོ། །གང་ཟག་གི་མིང་གིས་སྒོ་ནས་སོ། ། ཆོས་ཉིད་མིང་གི་སྒོ་ནས་སེམས་ཅན་གྱིས་ཁམས་བསམ་གཞི་ཞེས་དང༌། བར་བ་ལམ་ཞེས་ དང༌། ཕྱི་མ་ལ་འབྲས་བུ་ཞེས་བྱར་རུང་སྟེ། ཁམས་ནི་གནས་སྐབས་གསུམ་དག་ཏུ། །མིང་ གསུམ་གྱིས་ནི་བསྟན་པ་ཡིན། །ཞེས་སོ། །འཇམ་དཔལ་མཚན་བརྗོད་དུ་ཡང༌། སྒྱུ་འཕྲུལ་ དྲ་བའི་ཚུལ་བསྟན་པ། །འདི་ནི་རྣམ་དག་ལེགས་པའི་ལམ། །ཞེས་སོ། །མཚན་བརྗོད་ཀྱི་ བརྗོད་བྱ་སྒྱུ་འཕྲུལ་དྲ་བ་ཡང་ནམ་མཁའ་ལྟར་ཁྱབ་པས། དེའི་གནས་སྐབས་གསུམ་ཡང༌། གཞི་ལམ་འབྲས་གསུམ་དུ་འགྱུར་རོ། །དཔེར་ན་ཡི་གེ་དང་ལྷ་རིས་ལ་སློབ་པའི་ཚེ་ཡི་གེ་དང་ ལྷ་རིས་ལམ་དུ་བྱེད་པ་བཞིན་དུ་སངས་རྒྱས་ཀྱི་ལམ་ཤེར་ཕྱིན། རྡོ་རྗེའི་རྣལ་འབྱོར་སོགས་ ལ་སློབ་ཅིང༌། འདྲིས་པར་བྱེད་པ་ནི། སངས་རྒྱས་དང་ཤེར་ཕྱིན་སོགས་ལམ་དུ་བྱེད་པ་ཡིན་ 1-1-257 ཏེ། རྣམ་པ་ཐམས་ཅད་མཁྱེན་ཉིད་ལམ་ཞེས་དང༌། ཀུན་ལམ་ཤེས་རབ་ཕ་རོལ་ཕྱིན་པ་འདི་ ཡིན་གཞན་མ་ཡིན། ཞེས་དང༌། ཟབ་ལམ་རྡོ་རྗེའི་རྣལ་འབྱོར་ཞེས་སོ། །ཁ་ཅིག་ན་རེ། འདིར་ ཆོས་རྗེ་རིན་པོ་ཆེའི་དགོངས་པ་འཆད་དགོས་པ་ལ། ཁྱེད་ཀྱི་གྲུབ་མཐའ་འདི་ནི། དྲུང་གིས་ དགོངས་པ་དང་འགལ་ཏེ། དྲུང་པས་གཞི་འབྲས་ གཉིས་ངོ་བོ་གཅིག་པའི་འདུས་མ་བྱས་དང༌། ལམ་འདུས་བྱས་དང་ཡུལ་དུས་སོགས། འགོག་བདེན་ཆོས་ཉིད་དང༌། དེ་མཐོང་བའི་སློབ་ལམ་ལམ་བདེན་འདུས་བྱས་སུ་གསུངས་ པས་སོ་ཞེ་ན། དངོས་བསྟན་དང་འགལ་བ་བདེན་ཡང༌། དངོས་སུ་དེ་ལྟར་གསུངས་པ་ནི། ཐེག་པ་ཐུན་མོང་བ་ལ་བསྒོམ་པའི་གང་ཟག་རྣམས་ཀྱི་བློ་དང་མཐུན་པར་འདྲེན་ཚིག་གིས་དེ་ ལྟར་མཛད་པ་ཡིན་ཅིང༌། ལམ་རྟོག་བཅས་འགའ་ལའང་དགོངས་ལ། དོན་ལ། འདིས་དོན་ ལ་གནས་པས་འདི་ལྟར་བཞེད་དགོས་ཤིང༌། བཞེད་པ་ཡང་ཡིན་ཏེ། འདིར་གཞིའི་ཐད་དུ་ ཟུང་འཇུག་དབྱེར་མེད་རོ་མཉམ་མི་ཤིགས་པ་ཞེས་གསུངས་ཞིང༌། ལམ་གྱི་ཐད་དུ་ཡང་དེ་ ཉིད་ལམ་དུ་གསུངས་ཏེ། རྡོ་རྗེ་རྣལ་འབྱོར་ཤེས་རབ་ཕ་རོལ་ཕྱིན། །ཞེས་པ་དང༌། འབྲས་ བུའི་ཐད་དུ་གཞི་ལ་ཞུགས་པ་ཞེས་སོགས་གསུངས་པའི་ཕྱིར་དང༌། ཡུལ་དུ་སོགས་དང༌། དེའི་ཡུལ་ཅན་གཉིས་ངོ་བོ་གཅིག་ཏུ་དོན་ལ་བཞེད་དེ། དྲི་མེད་འོད་དུ། སོར་སྡུད་འཆད་པ་ ན། སོ་སོར་སྡུད་པ་ཞེས་བྱ་བ་ནི། ལུས་ལ་ཡུལ་དང་ཡུལ་ཅན་བཅུ་པོ་རྣམས་ཀྱི་འགྲེལ་པ་ རྣམ་པར་ཤེས་པ་རབ་ཏུ་འཇུག་པ་མེད་པ་སྟེ། །སྟོང་པའི་གཟུགས་ཀྱི་ཡུལ་རྣམས་ལ་མིག་ གཞན་ལ་སོགས་པ་རྣམ་པ་ལྔ་པོ་རྣམས་ཀྱི་རབ་ཏུ་འཇུག་པའོ། །ཞེས་དང༌། གཞུང་འདིར་ གཞན་ནི་ཆོས་ཉིད་རང་འབྱུང་ཡེ་ཤེས་ཞེས། རྣམ་ཤེས་ཡེ་ཤེས་འཁོར་འདས་བདེན་གཉིས་ ཀྱིས། །ཞེས་དང༌། ཟུང་འཇུག་དབྱེར་མེད་རོ་མཉམ་ཞེས་པས། གཞན་རྣམས་ཆོས་ཉིད་ཡིན་ པས་ཐམས་ཅད་དབྱེར་མེད་རོ་མཉམ་དུ་གསུངས་ཤིང༌། རྒྱུད་འགྲེལ་གྱིས་མཆན་ཀྱི་ཤམ་ 1-1-258 དུ་ཡང༌། ཕྱི་ནང་ཞེས་བྱ་གློ་བུར་དྲི་མས་སྦུབས། །གཞན་ཞེས་བྱ་བ་བདེ་གཤེགས་སྙིང་པོའི་ དབྱིངས། །ཞེས་པའོ། །རྒྱུད་འགྲེལ་དུ་ཡང༌། བསམ་གཏན་གྱི་ཐད་དུ། གཡོ་མེད་བདེ་བ་ ཞེས་པ་ནི། གཟུགས་དང་ལྷན་ཅིག་སེམས་གཅིག་ཏུ་བྱེད་པའོ། །ཞེས་དང༌། ཏིང་ངེ་འཛིན་གྱི་ ཐད་དུ། ཤེས་བྱ་དང༌། ཤེས་པ་གཅིག་ཏུ་འདྲེས་པར་གྱུར་པ་སྟེ། འགྱུར་མེད་བདེ་བའི་དབང་ གིས་ཡེ་ཤེས་གཟུགས་ལ་ཏིང་ངེ་འཛིན་ཏོ། །ཞེས་དང༌། ཏིང་ངེ་འཛིན་གྱི་དག་པ་ཞེས་པ་ནི། འདིར་གཟུང་བ་དང་འཛིན་པའི་སེམས་དག་གཅིག་པ་ཉིད་ཀྱིས་ཞེས་དང༌། རིག་པ་ཞེས་པ་ རང་རིག་འགྱུར་མེད་ཞེས་པའི་ཐད་དུ་རིག་པ་ནི། ནང་གིས་རིག་པ་རིག་པ། རྒྱུ་དང་འབྲས་ བུའི་བདག་ཉིད། རྒྱུ་དང་འབྲས་བུ་གཅིག་ཏུ་འདྲེས་པས་ཏེ། ཞེས་པ་དང༌། སྔར་དྲང་པར་ སེམས་འདི་གཅིག་པ་ཉིད་ནི། ཤེས་རབ་དང་ཐབས་ཀྱིས་བདག་ཉིད་རྡོ་རྗེའི་རྣལ་འབྱོར་ཞེས་ པ་དང༌། ཤེས་དང་ཤེས་བྱ་གཅིག་པའི་སྐུ། །དཔལ་ལྡན་དུས་འཁོར་ལོ་ཞེས་ཏེ། བདེ་བ་ཡུལ་ ཅན་དང༌། ཤེས་པ་དང༌། སྟོང་པ་ཡུལ་དང༌། ཤེས་བྱ་ངོ་བོ་གཅིག་པ་ཟུང་དུ་འཇུག་པ་ནི། རྡོ་ རྗེའི་རྣལ་འབྱོར་ཡིན་ལ། གཞུང་འདིར་ཡང་ཟུང་འཇུག་དབྱེར་མེད་རོ་མཉམ་ཞེས་གསུངས་ པའོ། །དེས་ན་རྡོ་རྗེ་རྣལ་འབྱོར་ནི། གཞི་འབྲས་ཁོ་ན་མ་ཡིན་པར་ལམ་ཡང་ཡང་ཡིན་ཏེ། རྒྱུད་འགྲེལ་དུ། དེ་བཞིན་དུ་རྒྱུད་གཞན་དུ་ཡང་རྡོ་རྗེའི་རྣལ་འབྱོར། ཕྱག་རྒྱ་ཆེན་པོའི་དངོས་ གྲུབ་སྟེར་བར་བྱེད་པ་པོར་གསུངས་སོ། །ཞེས་དང༌། དུ་སོགས་ཀྱང་གཞི་འབྲས་ཁོ་ན་མ་ཡིན་ ཏེ། རྒྱུད་དང་འགྲེལ་པ་གཉིས་ཀར་དུ། དུ་བ་ལ་སོགས་པའི་ལམ་ཞེས་པ་ཡང་ཡང་གསུངས་ པའོ། །དེས་ན་ཞ་ལུ་བའི་རྗེས་འབྲང་རྣམས་དུ་སོགས་ཆོས་ཅན། འདུས་བྱས་ཁོ་ན་དང༌། ཇོ་ ནང་པའི་རྗེས་འབྲང་འགའ་ལམ་མ་ཡིན་པའི་ཆོས་ཉིད་འགའ་ཞིག་ཏུ་བཞེད་པ་གཉིས་རྒྱུད་ འགྲེལ་དང་མི་མཐུན་ནོ། །ཆོས་ཉིད་དང་ལམ་འདུས་བྱས་སུ་གསུང་པ་འགལ་ལོ་སྙམས་ ན། མི་འགལ་ཏེ། སློབ་ལམ་པ་མན་ཆད་ཀྱི་ཆོས་ཉིད་ལ་འདུས་བྱས་སུ་བཏགས་པ་ཡིན་ 1-1-259 ཏེ། གནོད་འཇོམས་དུ། དེ་བཞིན་ཉིད་དེ་ཉིད་ལ་མ་དག་པའི་གནས་སྐབས་ན། འདུས་བྱས་ ཞེས་བྱ་ལ་དག་པའི་གནས་སྐབས་ན་འདུས་མ་བྱས་ཞེས་བྱའོ། །ཞེས་དང༌། དབུས་མཐར། མི་རྟག་དོན་ནི་མེད་དག་དང༌། །སྐྱེ་ཞིང་འཇིག་པའི་མཚན་ཉིད་དང༌། །དྲི་བཅས་དྲི་མ་མེད་ དོན་ཏེ། །ཙ་བའི་ཁོ་ནར་གོ་རིམ་བཞིན། །ཞེས་ངོ་བོ་ཉིད་གསུམ་ལ་མི་རྟག་ལུགས་གསུམ་ གསུངས་པ་ནི། དང་པོ་གཉིས་མི་རྟག་པའི་མཚན་ཉིད་པ་དང༌། ཡོངས་གྲུབ་ནི་ཆོས་ཅན་དྲི་ མའི་འཕེལ་འགྲིབ་ཙམ་ལ། འདུས་བྱས་དང་མི་རྟག་པར་རྟགས་ནས་བཞག་གིས། རྒྱུ་རྐྱེན་ ལས་སྔར་མེད་བསར་[གསར་]བཅས་ཀྱི་འདུས་བྱས་དང༌། མེད་པ་དང་སྐྱེ་འཇིག་ཅན་གྱིས་ མི་རྟག་པ་མཚན་ཉིད་པ་མ་ཡིན་ནོ། །ཆོས་རྗེ་པས་[པའི]བུ་ཆེན་འགའ་སོན་གྱི་ཆོས་ཉིད་དྲི་ མེད་ཁོ་ན་དང༌། ངོ་བོ་ཉིད་གསུམ་སེམས་ཙམ་པའི་ཆོས་སྐད་ཀྱང་ཡིན་པ་དང༌། སངས་རྒྱས་ ཀྱི་ཡེ་ཤེས་ལ་མ་དག་པ་ཆོས་ཅན་རྣམས་སྣང་བར་བཞེད་པ་ངོས་ཆོས་རྗེས་དགོངས་པ་དང་ འགལ་ཚབས་ཆེས་ཏེ་[ཆེ་སྟེ]། གཞུང་འདིར་ཐམས་ཅད་དྲི་བཅས་ཉིད་དུ་ཐམས་ཅད་ལ་ ཞེས་དང་གཞིའི་མཐར་ཐུག་དྲི་བཅས་དེ་བཞིན་ཉིད་ཅེས་དང༌། དེ་ཉིད་དྲི་མའི་སྦུབས་ལས་ གྲོལ་བའི་ཐབས་ཞེས་དང༌། བཀའ་བསྡུ་བཞི་པར་ངོ་བོ་ཉིད་གསུམ་དབུ་མ་ཁོ་ན་ཡིས། །ཆོས་ ལུགས་ཡིན་པར་རྫོགས་ལྡན་ལུང་ལས་འབྱུང༌། །ཞེས་དང༌། ངེས་དོན་རྒྱ་མཚོའི་སྨད་ན་ཆུ་ལྟ་ བུ་གཅིག་ལ་འགྲོ་བ་རིགས་དྲུག་ལ་མཐོང་སྣང་དྲུག་ཏུ་སྣང་བ་དེ། སངས་རྒྱས་ལ་གང་དུ་སྣང་ ཞེས་སོགས་དང་འགལ་ལོ། ། འབྲས་བུའི་རྒྱས་བཤད་ལ། རྒྱུད་བླར། རང་དོན་གཞན་དོན་དོན་དམ་སྐུ་དང་ནི། །དེ་ལ་ བརྟེན་པ་ཀུན་རྫོབ་སྐུ་ཉིད་དེ། །བྲལ་དང་རྣམ་པར་སྨིན་པའི་འབྲས་བུ་ཡིས། །ཡོན་ཏན་དབྱེ་ བ་དྲུག་ཅུ་བཞི་འདི་དག །ཅེས་པ་ལྟར། འགྱུར་མེད་འོད་གསལ་རྣམ་པར་མི་རྟོག་པའི། །ཡེ་ ཤེས་ཚོགས་ཀྱི་རང་བྱུང་ཡེ་ཤེས་ཀྱིས། །དྲི་མའི་སྦུབས་བཅོམ་དོན་དམ་ཆོས་སྐུ་ཡིས། །རང་ 1-1-260 དོན་ཕུན་ཚོགས་གྲུབ་པར་སྟོན་ལ་འདུད། །ཅེས་པ་ནི། དབང་བཞི་པའི་དོན་འགྱུར་མེད་འོད་ གསལ་རྣམ་པར་མི་རྟོག་པ་སྦྱོར་དྲུག་བསྒོམ་པ་རང་བྱུང་ཡེ་ཤེས་ལ་གཡོགས་པའི་དྲི་མའི་ སྦུབས་བཅོམ་ནས། དོན་ཆོས་སྐུའི་རང་དོན་ཕུན་ཚོགས་གྲུབ་པར་སྟོན་པའི་བླ་མ་ལ་འདུད་ དོ། །མ་རྟོགས་[གྱུར་]འགྲོ་ལ་བརྩེ་ཆེན་ལྷག་བསམ་གྱིས། །ཕན་དང་བདེ་སྒྲུབ་བསོད་ནམས་ ཚོགས་ཀྱི་ནི། །ཀུན་རྫོབ་གཟུགས་སྐུ་ཕུན་ཚོགས་རབ་བསྐྱེད་ནས། །གཞན་དོན་ཕུན་ཚོགས་ གྲུབ་པར་སྟོན་ལ་འདུད། །ཅེས་པ་ནི། མ་རྟོགས་[གྱུར་]འགྲོ་ལ་བརྩེ་ཆེན་ལྷག་བསམ་གྱི་ སྙིང་རྗེ་ཡིས། ཕན་པ་སྣ་ཚོགས་བསོད་ནམས་ཀྱི་ཚོགས་སེམས་བསྐྱེད་སྨོན་ལམ་སོགས་ཀྱི་ ཀུན་རྫོབ་གཟུགས་སྐུ་ཕུན་ཚོགས་རབ་བསྐྱེད་དེ། གཞན་དོན་ཕུན་ཚོགས་གྲུབ་པར་སྟོན་པར་ མཛད་པའི་བླ་མ་ལ་འདུད་དོ། །གཟུགས་སྐུ་ལ་དབྱེ་ན། བཟོ་དང་སྐྱེ་དང་བྱང་ཆུབ་ཆེ༑ ༑ཞེས་ པ། བཟོའི་སྤྲུལ་པ་ནི། དྲི་ཟའི་རྒྱལ་པོ་རབ་དགའ་འདུལ་བའི་ཚེ། དེ་ལྟ་བུའི་དྲི་ཟར་སྤྲུལ་ པའི་སྐུ་ལྟ་བུ་དང༌། སྐྱེ་བའི་སྤྲུལ་པ་ནི། སེམས་ཅན་རྣམས་ཆུ་ལ་སྒྲོལ་བའི་དུས་གཟིངས་དང་ ཟམ་པ་སོགས་སུ་སྤྲུལ་པའི་སྐུ་དང༌། བྱང་ཆུབ་ཆེན་པོའི་སྤྲུལ་པ་ནི་མཛད་པ་བཅུ་གཉིས་སྟོན་ པའི་སྐུའོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི། མཚན་རྣམས་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་ བརྒྱད་ཅུའི་བདག་ཉིད་འདི། །ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར། །ཞེས་པའོ། །སྤྲུལ་སྐུ་ནི། ངོ་བོ་ཉིད་དམ་ལྷན་ཅིག་སྐྱེས་པའི་སྐུ་དང༌། ཆོས་དབྱིངས་ཡེ་ཤེས་དང་བཅས་པའི་སྐུ་བཞི་ དང༌། ཡེ་ཤེས་ལྔ་ནི་གསང་སྔགས་ཀྱི་ཁྱད་ཆོས་སོ། །དེ་ལ་ཆོས་སྐུའི་བྲལ་འབྲས་ཀྱི་ཡོན་ཏན་ ནི། སྟོབས་བཅུ། མི་འཇིགས་པ་བཞི། མ་འདྲེས་པའི་ཆོས་བཅོ་བརྒྱད་དང༌། གཟུགས་སྐུའི་ རྣམ་སྨིན་ཀྱི་ཡོན་ཏན་ནི། མཚན་སུམ་ཅུ་སོ་གཉིས་སོ༑ ༑དེ་བཞིན་གཤེགས་པའི་གསུངས་ ནི། ལྷའི་རྔ་བོ་ཆེའི་ཆོས་ཀྱི་སྒྲ་དབྱངས་དང༌། ཆོས་བཞི་མཚུངས་ཤིང༌། དེ་ལས་གཞན་པའི་ སིལ་སྙན་རྣམས་ལས་ཆོས་བཞིའི་ཁྱད་པར་དུ་འཕགས་པའི་གདུལ་བྱ་ལ་གདམས་ངག་སྟོན་ 1-1-261 པའི་ཡན་ལག་དྲུག་ཅུ་དང་ལྡན་པའི་དབྱངས་སོ། །རྒྱུད་བླར། འབད་དང་གནས་དང་ཡིད་ གཟུགས་དང༌། །རྣམ་པར་རྟོག་པ་མེད་བཞིན་དུ། །སྒྲ་དེ་ཇི་ལྟར་ཞི་གྲུབ་ལྟར། །དེ་བཞིན་ དེ་བཞི་དང་བྲལ་བའི། །ཆོས་ནི་ཞི་བ་སྒྲུབ་པར་བྱེད། །ཅེས་དང༌། གང་ཕྱིར་སྐྱེ་ཀུན་པ་ཉིད་ དང༌། །ཕན་སྡེ་ཆོ་འཕྲུལ་གསུམ་ལྡན་པ། །དེ་ཕྱིར་ཐུབ་དབང་ལྷ་རྫས་ཀྱི། །སིལ་སྙན་རྣམས་ ལས་ཁྱད་པར་འཕགས། །ཞེས་དང༌། མདོ་སྡེ་རྒྱན་དུ། བདེ་གཤེགས་གསུང་ནི་མཐའ་ཡས་ ཏེ༑ ༑ཡན་ལག་དྲུག་ཅུ་བསམ་མི་ཁྱབ། །ཅེས་སོ། །ཐུགས་ཡེ་ཤེས་ལ། མེ་ལོང་ཡེ་ཤེས་ནི་ རྟག་ཏུ་ངར་འཛིན་པ་མེད་པ། ཡུལ་གྱི་སྒོ་ནས་རྒྱ་ཡོངས་སུ་མ་ཆད་པ། དུས་གསུམ་གྱི་ཤེས་ བྱ་ཐམས་ཅད་ལ་འཇུག་པས། དུས་ཀྱི་སྒོ་ནས་རྟག་ཏུ་ལྡན་པ། སྒྲིབ་གཉིས་དང་བྲལ་བས་ ཤེས་བྱ་ལ་མ་རྨོངས་པ༑ ཡུལ་གྱི་རྣམ་པ་མེད་པས་མངོན་སུམ་དུ་མ་ཕྱོགས་པ་སྟེ། མེ་ལོང་ ཡེ་ཤེས་ངར་མི་མེད། །ཡོངས་སུ་མ་ཆད་རྟག་ཏུ་ལྡན། །ཤེས་བྱ་ཀུན་ལ་མ་རྨོངས་པ། །དེ་ནི་ དེ་ལ་མངོན་ཕྱོགས་མིན། །ཞེས་སོ། །མཉམ་ཉིད་ཡེ་ཤེས་ནི། བྱང་སེམས་ཀྱི་དུས་སུ་བདག་ གཞན་མཉམ་པར་སྒོམ་པས། གཟུགས་བརྙན་ལྟ་བུའི་འགྲོ་བ་རྣམས་གང་ཟག་དང་ཆོས་ལ་ བདག་མེད་པར་མཉམ་པར་རྟོགས་ནས་མི་གནས་པའི་མྱང་འདས་ལ་བཞུགས་པ། བྱམས་ སྙིང་རྗེ་གཉིས་དང༌། མཚུངས་ལྡན་ནོ། །མཉམ་ཉིད་ཡེ་ཤེས་སེམས་ཅན་ལ། །སྒོམ་པ་དག་པ་ ལས་འདོད་དེ། །མི་གནས་ཞི་བར་ཞུགས་པ་ནི། །མཉམ་ཉིད་ཡེ་ཤེས་ཡིན་པར་འདོད། །དུས་ རྣམས་ཀུན་ཏུ་བྱམས་པ་དང༌། །ཐུགས་རྗེ་ཆེན་པོ་དག་དང་ལྡན། །ཞེས་སོ། །སོར་རྟོག་ཡེ་ཤེས་ ནི། རྟོག་པ་མེད་བཞིན་དུ་ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་པར་རྟོགས་པར་མཛད་པ། གཟུངས་དང་ཏིང་ངེ་འཛིན་གྱི་སྒོ་རྣམས་ཀྱི་འབྱུང་གནས་སུ་གྱུར་པ་དེ་སོ་སོར་རྟོག་པའི་ཡེ་ ཤེས་ནི། ཤེས་བྱ་ཀུན་ལ་རྟག་མི་ཐོགས། །ཏིང་ངེ་འཛིན་དང་གཟུངས་རྣམས་ཀྱིས། །གཏེར་ དང་འདྲ་བ་ཁོ་ན་ཡིན། །ཞེས་སོ། །བྱ་གྲུབ་ཡེ་ཤེས་ནི། འཇིག་རྟེན་གྱིས་ཁམས་ཐམས་ཅད་དུ་ 1-1-262 སྣ་ཚོགས་སྤྲུལ་པས་སེམས་ཅན་གྱི་བྱ་བ་སྒྲུབ་པ་སྒྲུབ་[གྲུབ་]པ་སྟེ། བྱ་བ་སྒྲུབ་པའི་ཡེ་ཤེས་ ནི། ཁམས་རྣམས་ཀུན་ཏུ་སྣ་ཚོགས་ཤིང༌། །དཔག་མེད་བསམ་ཡས་སྤྲུལ་པ་ཡིས། །སེམས་ ཅན་དོན་ཀུན་སྒྲུབ་པའོ། །ཞེས་སོ། །དེ་རྣམས་མདོ་སྡེ་རྒྱན་དུ། ཡོན་ཏན་ནི་བསྟན་ཟིན་ཏེ། དེ་གསུམ་ནི་དངོས་སུ་མ་གསུངས་ཀྱང་ཤུགས་ལ་ཐོབ་པས་བསྟན་ནོ། །འཕྲིན་ལས་ནི། མདོ་ སྡེ་རྒྱན་གྱི་ཐེག་ཆེན་གྱི་འཇོག་བྱེད། སངས་རྒྱས་འཕྲིན་ལས་ཆེན་པོ་ནི། །ཞེས་པའི་དོན་ཡང་ ནས་ཡང་དུ་མངོན་པར་རྫོགས་པར་བྱང་ཆུབ་པ་དང༌། མྱ་ངན་འདས་པ་ཆེན་པོ་ཀུན་ཏུ་སྟོན་ པའི་ཕྱིར་རོ། །ཞེས་གསུངས་པའི་དོན། སྨོན་ལམ་རྒྱ་མཚོ་ཡོངས་སུ་རྫོགས་པ་དང༌། སེམས་ ཅན་རྒྱ་མཚོ་ཡོངས་སུ་སྨིན་པ་དང༌། །ཞིང་ཁམས་རྒྱ་མཚོ་ཡོངས་སུ་དག་བྱས་ནས། །ཡང་ དག་མཐའ་ལ་ཐིམ་པར་སྟོན་ལ་འདུད། །ཅེས་པ་ནི། སངས་རྒྱས་པའི་རྗེས་ནས་ཀྱང་སེམས་ ཅན་རྣམས་འཁོར་བ་ལས་བསྒྲལ་བའི་ཕྱིར། འཇིག་རྟེན་གྱི་ཁམས་མཐའ་ཡས་རྣམས་སུ་བྱང་ ཆུབ་སེམས་དཔའ་ལམ་རིམ་གྱིས་སྦྱོང་བའི་ཚུལ་བསྟན་ནས། སྨོན་ལམ་རྒྱ་མཚོ་ཡོངས་སུ་ རྫོགས་པ་དང༌། བསྡུ་བ་བཞིས་སེམས་ཅན་རྒྱ་མཚོ་ཡོངས་སུ་སྨིན་པ་དང༌། རང་གི་སྒོ་གསུམ་ དག་པའི་སྒོ་ནས་སྣོད་བཅུད་ཀྱི་སངས་རྒྱས་ཀྱིས་ཞིང་ཁམས་རྒྱ་མཚོ་ཡོངས་སུ་སྦྱངས་ནས། བྱང་ཆུབ་ཆེན་པོ་ཐོབ་པ་དང༌། མྱ་ངན་ལས་འདས་པས་ཡང་དག་མཐའ་ཆོས་དབྱིངས་ལ་ ཐིམ་པའི་ཚུལ་ཡང་ནས་ཡང་དུ་སྟོན་པའི་དགོངས་པ་སྟོན་པར་མཛད་པའི་བླ་མ་ལ་འདུད་དོ། ། དེའི་ཚེ་སེམས་ཅན་གྱིས་དོན་འབད་རྩོལ་མེད་པར་ལྷུན་གྱིས་གྲུབ་པར་མཛད་པ་ནི། བུམ་ བཟང་ཉི་མ་ནོར་བུ་དཔག་བསམ་ཤིང༌། །ལྷ་ཡི་རྔ་བཞིན་མི་འབད་མི་རྟོག་ཀྱང༌། །སྔོན་གྱིས་ འཕེན་པས་གཞན་ཕན་ལྷུན་གྲུབ་ཏུ། །ཕྱོགས་དུས་ཀུན་ཏུ་འབྱུང་བར་སྟོན་ལ་འདུད། །ཅེས་ པ་ནི། སྟོན་པའི་འཕྲིན་ལས་བུམ་པ་བཟང་པོ་དང༌། ཡིད་བཞིན་གྱི་ནོར་བུ་དང༌། དཔག་ བསམ་གྱི་ཤིང་དག་གིས་གདུལ་བྱའི་དགོས་འདོད་བསྐོངས་[བསྐངས་]བ་དང༌། ཉི་མའི་ 1-1-263 འོད་ཀྱིས་འཇིག་རྟེན་སྣང་བར་བྱེད་པ་དང༌། ལྷའི་རྔས་ཆོས་ཀྱི་སྡོམ་བཞི་བསྒྲགས་ནས་ལྷ་ རྣམས་བག་ཡོད་ལ་སྦྱོར་བ་རྣམས་རྩོལ་མེད་ལྷུན་གྲུབ་ཏུ་བྱེད་པ་ལྟར་སྔོན་གྱིས་[གྱི་]འཕེན་ པའི་གཞན་ཕན་ལྷུན་གྲུབ་ཏུ་འབྱུང་བར་སྟོན་པའི་བླ་མ་ལ་འདུད་དོ། །རྣམ་རྟོག་གིས་འབད་ རྩོལ་མེད་པར་གཞན་དོན་ལྷུན་གྲུབ་མཛད་པའི་དཔེ་དགུ་ནི། རྒྱུད་བླར། གང་ཞིག་བརྒྱ་ བྱིན་རྔ་དང་སྤྲིན་བཞིན་དང༌། །ཚངས་ཉི་རིན་ཆེན་ཡིད་བཞིན་ནོར་རྒྱལ་བཞིན། །སྒྲ་བརྙན་ ནམ་མཁའ་ས་བཞིན་སྲིད་པའི་བར། །འབད་མེད་གཞན་དོན་བྱེད་དེ་རྣལ་འབྱོར་རིག །ཅེས་ ཏེ། སྐུའི་སྣང་བ་སྟོན་པ་བརྒྱ་བྱིན་དང་འདྲ་བ། གསུང་གིས་གདམས་ངག་སྟོན་པ་ལྷའི་རྔ་ དང༌། ཐུགས་རྗེས་གདུལ་བྱ་ལ་ཁྱབ་པ་སྤྲིན་དང༌། དེ་གསུམ་གྱིས་སྤྲུལ་པ་མཛད་པ་ཚངས་པ་ དང༌། ཡེ་ཤེས་སྤྲོ་བ་ཉི་མ་དང༌། ཐུགས་ཀྱི་གསང་བ་ནོར་བུ་རིན་ཆེན་བཞིན་དང༌། དེ་བཞིན་ གཤེགས་པའི་གསུང་གིས་གསང་བ་སྒྲ་བརྙན་བཞིན་དང༌། སྐུའི་གསང་བ་ནམ་མཁའ་བཞིན་ དང༌། ཐུགས་རྗེའི་བདག་ཉིད་འགྲོ་བའི་ཆོས་དཀར་པོ་ཐམས་ཅད་ཀྱིས་[ཀྱི]གཞི་རྟེན་བྱེད་ པ་ལ་ས་གཞི་བཞིན་ནོ། ། དྲུག་པ་ཆོས་ཐམས་ཅད་ཀྱི་མཐར་ཐུག་སྟོན་པའི་སྒོ་ནས་བསྟོད་པ་ལ་ཚིགས་བཅད་ བདུན་ཏེ། ཆོས་འཁོར་མཐར་ཐུག་འཁོར་ལོ་ཐ་མ་དང༌། །ཐེག་པའི་མཐར་ཐུག་ཐེག་པ་ཆེན་ པོ་དང༌། །ཐེག་ཆེན་མཐར་ཐུག་སྙིང་པོའི་ཐེག་པ་དང༌། །སྙིང་པོའི་མཐར་ཐུག་བདེ་ཆེན་ སྟོན་ལ་འདུད། །ཅེས་པ་ནི། བཀའ་དང་པོ་དང༌། བར་བ་དང༌། ཐ་མ་གསུམ་པོ་དམན་པ་ དང༌། མཆོག་གིས་རིམ་པར་བསྟན་པས་འཁོར་ལོ་ཐ་མ་མཆོག་ཡིན་ཏེ། མདོའི་ཆོས་འཁོར་ གཞིར་བཞག་ལ་དེ་བས་ལྷག་པ་མེད་པའི་ཕྱིར་རོ། །འདི་ནི་འོག་ནས་འབྱུང་བའི་མཐར་ཐུག་ གིས་དོན་ཉི་ཤུ་རྩ་བདུན་པོ་ཐམས་ཅད་ལ་སྦྱར་རོ། །ཐེག་པ་རིམ་པར་གསུངས་པ་རྣམས་ཀྱི་ མཆོག་གམ་མཐར་ཐུག་ནི། མདོ་སྡེ་རྒྱན་ལས། དམིགས་པ་ཆེ་བ་ཉིད་དང་ནི། །དེ་བཞིན་ 1-1-264 སྒྲུབ་པ་གཉིས་[ཉིད་]དག་དང༌། །ཡེ་ཤེས་བརྩོན་འགྲུས་རྩོམ་པ་དང༌། །ཐབས་ལ་མཁས་ པར་གྱུར་པ་དང༌། །ཡང་དག་འགྲུབ་པ་ཆེན་པོ་དང༌། །སངས་རྒྱས་འཕྲིན་ལས་ཆེན་པོ་སྟེ། ། ཆེན་པོ་འདི་དང་ལྡན་པའི་ཕྱིར། །ཐེག་ཆེན་ཞེས་ནི་ངེས་པར་བརྗོད། །ཅེས་པའི་གཞི་ལམ་ འབྲས་བུ་གསུམ་གྱིས་ཐེག་ཆེན་གསུམ་གྱི་ཐེག་པ་ཆེན་པོ་ཡིན་ནོ། །ཐེག་ཆེན་གྱི་མཐར་ཐུག་ ནི་བཀའ་ཐ་མ་ཡན་ཆད་དུ་སྟོན་པའི་བདེ་གཤེགས་སྙིང་པོའི་ཐེག་པ་མཆོག་གོ །དེ་ལའང་ སྔགས་ནས་གསུངས་པའི་བདེ་བ་ཆེན་པོ་མཆོག་ཡིན་པས། དེ་ལྟར་སྟོན་པར་མཛད་པའི་བླ་ མ་ལ་འདུད་དོ། །བསྟན་པའི་མཐར་ཐུག་ཐེག་པ་ཆེན་པོ་དང༌། །ཐེག་ཆེན་མཐར་ཐུག་སྔགས་ ཀྱི་ཐེག་པ་དང༌། །སྔགས་ཀྱི་མཐར་ཐུག་དུས་ཀྱི་འཁོར་ལོ་དང༌། །དུས་འཁོར་མཐར་ཐུག་ བདེ་སྟོང་སྟོན་ལ་འདུད། །ཅེས་པ་ནི། ནང་པའི་བསྟན་པ་ལ་ཉན་ཐོས་ཀྱི་ཐེག་པ་དང༌། རང་ སངས་རྒྱས་ཀྱི་ཐེག་པ་དང༌། སངས་རྒྱས་ཀྱི་ཐེག་པ་ཐེག་པ་ཆེན་པོའོ། །དེ་དག་ཀྱང་ཕྱི་མ་ཕྱི་ མ་མཆོག་སྟེ། མདོ་སྡེ་རྒྱན་དུ༑ ཉན་ཐོས་རྣམས་ཀྱི་འབྱོར་པས་ནི། །འཇིག་རྟེན་པ་ཡི་ཟིལ་ གྱིས་གནོན། །རང་སངས་རྒྱས་ཀྱི་འབྱོར་པས་ནི། །ཉན་ཐོས་ཀྱིས་ཡང་ཟིལ་གྱིས་གནོན། །དེ་ ཡི་བྱ་ཆུབ་སེམས་དཔའ་ཡིས། །འབྱོར་པའི་ཆར་ཡང་མི་ཕོད་དོ། །དེ་ཡི་དེ་བཞིན་གཤེགས་ པ་ཡིས། །འབྱོར་པའི་ཆར་ཡང་མི་ཕོད་དོ། །ཞེས་སོ། །ཐེག་ཆེན་ལའང་རྒྱུ་མཚན་ཉིད། ཕར་ ཕྱིན་གྱི་ཐེག་པ་ལས་འབྲས་བུ་སྔགས་ཀྱི་ཐེག་པ་མཆོག་སྟེ། མདོ་སྡེ་གདམས་ངག་འབོགས་ པའི་རྒྱལ་པོར། འཇམ་དཔལ་གྱིས་སྟོན་པ་ལ། འགྲེན་[འདྲེན་]པའི་ཐེག་པ་གསུམ་པོ་དག ། བཅོམ་ལྡན་ངེས་པར་གསུངས་ལགས་ན། །རྒྱུ་འབྲས་ལྷུན་གྲུབ་ཏུ་སྤྱོད་ཅིང༌། །སངས་རྒྱས་ གཞན་ནས་མི་འཚོལ་བའི། །ངེས་པའི་ཐེག་པ་སྤྱི་མི་གསུངས། །ཞེས་ཞུས་པའི་ལན་དུ། སྟོན་ པས་རྒྱུ་ལ་མོས་པས་རྒྱུ་ཆོས་ཀྱིས། །འཁོར་ལོ་རབ་ཏུ་བསྐོར་བྱས་ནས། །རྡོ་རྗེ་ཐེག་པའི་ཉེ་ ལམ་ནི། །མ་འོངས་དུས་ན་འབྱུང་བར་འགྱུར། །ཞེས་སྔགས་ནི་འབྲས་བུ་ལམ་དུ་བྱེད་ཅིང༌། 1-1-265 སངས་རྒྱས་རང་ལ་ཡོད་པ་ངེས་དོན་གྱིས་ཐེག་པ་དང༌། མདོ་ནི་དེ་ལས་ཟློག་པར་བསྟན་ ནོ། །ཚུལ་གསུམ་སྒྲོན་མེར། དོན་གཅིག་ན་ཡང་མ་རྨོངས་དང༌། །ཐབས་མང་དཀའ་བ་མེད་ པ་དང༌། །དབང་པོ་རྣོན་པོའི་དབང་བྱས་པས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་ སོ། །ལུང་འདི་གཉིས་ཀྱིས། སྡོམ་གསུམ་རབ་དབྱེར། ཕ་རོལ་ཕྱིན་པའི་སྤྲོས་བྲལ་ལས། ། ལྷག་པའི་ལྟ་བ་ཡོད་ན་ནི། །ལྟ་དེ་སྤྲོས་པ་ཅན་དུ་འགྱུར། །ཞེས་པ་ལ་གནོད་དེ། ལུང་གོང་ མས་རྒྱུ་འབྲས་ལྷུན་གྲུབ་ཞེས་སོགས་དང༌། འོག་མས་མ་རྨོངས་པ་དང༌། དབང་པོ་རྣོན་པོས་ ཞེས་པས་མདོ་ལས་སྔགས། ཤེས་རབ་ཁྱད་ཞུགས་པས་སོ། །སྔགས་ཀྱི་མཐར་ཐུག་དུས་ འཁོར་ཡིན་ཏེ། རྡོ་རྗེ་གུར་ལས། དམན་པ་རྣམས་ལ་བྱ་བའི་རྒྱུད། །བྱ་མིན་རྣལ་འབྱོར་དེ་ ལྷག་ལ། །སེམས་ཅན་མཆོག་ལ་རྣལ་འབྱོར་མཆོག །རྣལ་འབྱོར་བླ་མེད་དེ་ལྷག་ལའོ། །ཞེས་ ཕྱི་མ་ཕྱི་མ་མཆོག་ཏུ་གསུངས་ལ། བླ་མེད་ལའང༌། གསང་འདུས་སོགས་ཕ་རྒྱུད་དང༌། བདེ་ དགེ་[དགེས་]སོགས་མ་རྒྱུད་རྣམས་ནི། དཀྲུགས་པ་དང༌། མ་ཚང་བ་དང༌། འཐོར་བ་དང༌། དབང་བཞི་པ་སོགས་ངེས་དོན་སྦས་པའི་རྒྱུད་ཡིན་ལ། དུས་འཁོར་ནི་དེ་ལས་ཟློག་པ་ཡིན་ ཏེ། གོང་དུ་དྲངས་པའི། གང་གིས་མཆོག་གི་དང་པོའི་སངས་རྒྱས་མི་ཤེས་པ་དེས། མཚན་ ཡང་དག་པར་བརྗོད་པ་མི་ཤེས་སོ། །ཞེས་སོགས་དང༌། དུས་འཁོར་ཡེ་ཤེས་ལེའུའི་རྒྱུད་དུ། རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་དུ་ནི་ངེས་པར་རྡོ་རྗེའི་ཚིག་ནི་རྡོ་རྗེ་ཅན་གྱིས་སྦས་པ་སྟེ། །དང་ པོའི་སངས་རྒྱས་སུ་ནི་སྲོག་ཆགས་རྣམས་ཀྱིས་ཐར་པའི་སླད་དུ་མ་ལུས་པ་ཡང་མངོན་སུམ་ གསུངས། །དེ་ཕྱིར་འཇིག་རྟེན་འཇིག་རྟེན་འདས་པ་མཐའ་དག་མ་ཚང་མེད་པའི་རྒྱུད་ནི་བླ་ མ་སྟེ། །དཔལ་ལྡན་རྒྱུད་ནི་དང་པོའི་སངས་རྒྱས་མཐའ་དག་རྒྱལ་བའི་བདག་པོའི་མངོན་ པར་བརྗེད་པའོ་ཟླ་བ་བཟང༌། །ཞེས་དང༌། འགྲེལ་པར། ད་ནི་རྒྱུད་ཀྱི་ཡོན་ཏན་གསུངས་ པ། རྒྱུད་ཀྱི་རྒྱལ་པོ་ཞེས་པ་ལ་སོགས་པ་སྟེ། རྣལ་འབྱོར་མ་དང༌། རྣལ་འབྱོར་གྱིས་རྒྱུད་ 1-1-266 ཀྱི་རྒྱལ་པོ་ཐམས་ཅད་དག་ཏུ་ངེས་པར་རྡོ་རྗེའི་ཚིག་མཆོག་ཏུ་མི་འགྱུར་བའི་བདེ་བའི་རྡོ་རྗེ་ ཅན་ཤཱཀྱ་ཐུབ་པས་སྦས་པ་ཏེ། རྡོ་རྗེ་ཞེས་པ་ནི། མི་ཆོད་པའི་ཡེ་ཤེས་བསམ་དུ་མེད་པའི་ ཐུགས་རྡོ་རྗེའོ། །དེ་གང་ལ་ཡོད་པ་དེ་ནི་རྡོ་རྗེ་ཅན་ཏེ་རྡོ་རྗེ་ཅན་དེས་སོ། །དེ་ཅིའི་ཕྱིར་ཞེས་ ན། འཕགས་པའི་ཡུལ་དུ་སངས་རྒྱས་པ་རྣམས་ཀྱིས་མཁས་པའི་མངོན་པའི་ང་རྒྱལ་གྱི་ཕྱིར་ ཏེ་གང་གིས་སངས་རྒྱས་པའི་མཁས་པ་རྣམས། བླ་མའི་སྲིད་ཞུ་བྱས་པ་མེད་པར་གླེགས་བམ་ མཐོང་ནས་བདག་ཅག་རྣམས་ཀྱིས་རྡོ་རྗེའི་ཚིག་ཤེས་སོ། །ཞེས་བརྗོད་པར་འགྱུར་བའི་ང་ རྒྱལ་དེས། དམྱལ་བར་འགྲོ་སྟེ། དབང་ཡང་དག་པར་སྦྱིན་པ་མེད་པའི་ཕྱིར་རོ། །དེ་བས་ན་ སྦས་སོ། །དེས་ན་དང་པོའི་སངས་རྒྱས་སུ་ནི་ཤམ་བྷ་ལའི་ཡུལ་དུ་སྐྱེས་པ་ང་རྒྱལ་མེད་པའི་ སེམས་དང་ལྡན་པའི་སྲོག་ཆགས་རྣམས་ཀྱིས་ཐར་པའི་སླད་དུ་མ་ལུས་པ་ཡང་མངོན་སུམ་ དུ་གསུངས་སོ། །དེའི་ཕྱིར་མཐའ་དག་མ་ཚངས་བ་མེད་པ་རྒྱུད་ཀྱི་རྒྱལ་པོ་འཇིག་རྟེན་ལས་ འདས་པ་སྟེ། འཇིག་རྟེན་གྱི་རྒྱུད་བྱ་བའི་རྒྱུད་དང༌། འཇིག་རྟེན་ལས་འདས་པ་རྣལ་འབྱོར་ གྱི་རྒྱུད་དེ། དེ་དག་ལས་འདས་པའི་འཇིག་རྟེན་ལས་འདས་པའོ། །དཔལ་ལྡན་རྒྱུད་འདི་དང་ པོའི་སངས་རྒྱས་ཏེ། མཆོག་གི་བདག་པོའི་ཡེ་ཤེས་ཀྱིས་སྐུ་ལྷན་ཅིག་སྐྱེས་པའི་མངོན་པར་ བརྗོད་པའི་རྗོད་བྱེད་དོ། །ཞེས་ཏེ། རྒྱུད་གཞན་དུ་སྦེད་པའི་རྒྱུ་མཚན་ནི། མ་སྦས་པར་གསལ་ བར་བསྟན་ན། འཕགས་ཡུལ་རྒྱ་གར་བ་སྒྲ་ཚད་སོགས་ཕྱི་ནང་རིག་པའི་གནས་སོགས་ཤེས་ པའི་ང་རྒྱལ་མཁན་རྣམས། གཞུང་གང་དང་གང་མཐོང་བ་ན་འཆད་ཤེས་པའི་ང་རྒྱལ་གྱིས། རྒྱུད་ཀྱི་རྒྱལ་པོ་རྣམས་མཐོང་བའི་ཚེ། བླ་མ་ལ་སྲི་ཞུ་མི་བྱེད་ཅིང༌། དབང་དང་བཀའ་ལུང་ མན་ངག་མི་ཞུ་བར། རྒྱུད་ལ་རང་འགར་འཇུག་ཅིང༌། དོན་རྙེད་པའི་ཚེ་སྣོད་དང་མི་ལྡན་པ་ ལ་སྟོན་པར་འགྱུར་བས་དེ་དག་དམྱལ་བར་སྐྱེ་བར་འགྱུར་བ་དགག་པའི་ཕྱིར་སྦས་སོ། །ཡེ་ ཤེས་ཐིག་ལེའི་རྒྱུད་དུ། གང་ཞིག་རྒྱུད་ལུང་ང་རྒྱལ་གྱིས། །དབང་བསྐུར་མེད་པར་འཆད་བྱེད་ 1-1-267 པར། །སློབ་དཔོན་སློབ་མ་ཤི་མ་ཐག །དངོས་གྲུབ་ཐོབ་ཀྱང་དམྱལ་བར་སྐྱེ། །ཞེས་སོ༑ ༑དུས་ འཁོར་ནི་གདུལ་བྱ་དག་པ་ཤམ་བྷ་ལའི་ཡུལ་གྱིས་སེམས་ཅན་སྒྲ་ཚད་སོགས་ཀྱི་ང་རྒྱལ་མེད་ པ་སྐལ་བ་དང་ལྡན་པ་རྣམས་ལ་སྟོན་པས་སོ། །ས་བཅུ་པའི་སྤྲུལ་པས་སྟོན་པས་ཚངས་ཞིང་ མ་འཁྲུགས་པ་དང་དབང་བཞི་པ། ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་པའི་མན་ངག་རྣམས་ གསལ་པོར་བསྟན་པས་ན། སྔགས་ཀྱིས་མཐར་ཐུག་དུས་འཁོར་རོ། །དེ་ལའང་གཞུང་དུས་ འཁོར་དང༌། བརྗོད་བྱ་ཕྱི་དུས་ཀྱི་འཁོར་ལོ། ནང་དུས་ཀྱི་འཁོར་ལོ། བསྐྱེད་རིམ་རྟགས་པའི་ དུས་འཁོར་རྣམས་དྲང་དོན་ཀུན་རྫོབ་ཡིན་ལ། རྫོགས་རིམ་མ་བརྟགས་པའི་བསྒོམ་བྱ་བདེ་ སྟོང་གཉིས་ནི་ངེས་དོན་སྙིང་པོ་མཆོག་མཐར་ཐུག་ཡིན་པས། དེ་རྣམས་སྟོན་པར་མཛད་པའི་ བླ་མ་ལ་འདུད་དོ། །གྲུབ་མཐའི་མཐར་ཐུག་དབུ་མ་ཆེན་པོ་དང༌། །དབུ་མའི་མཐར་ཐུག་སྐྱེ་ མེད་མཐའ་བྲལ་དང༌། །མཐའ་བྲལ་མཐར་ཐུག་རང་བཞིན་འོད་གསལ་དང༌། །འོད་གསལ་ མཐར་ཐུག་བདེ་ཆེན་སྟོན་ལ་འདུད། །ཅེས་པ་ནི། གྲུབ་མཐའི་དབྱེ་བ་ནི། ལྟ་བ་ངན་པས་མུ་ ལ་བསྟེན་[བརྟེན་]པས་ན། ཕྱི་རོལ་མུ་སྟེགས་པས་[པའི་]གྲུབ་མཐའ་དང༌། དཀོན་མཆོག་ གསུམ་ལྷར་འཛིན་ཅིང༌། དེ་ལ་སྐྱབས་སུ་འགྲོ་བ་ཅན། ནང་པ་སངས་རྒྱས་པའི་གྲུབ་མཐའ་ འོ། །དང་པོ་ལ་ལྔ་སྟེ། མུ་སྟེགས་བྱེད་ལ་རྟོག་གེ་ལྔ། །ལྷ་ཡི་བླ་མ་སེར་སྐྱ་པ། །དྲག་པོ་ཁྱབ་ འཇུག་རྒྱལ་བ་པ། །གཞུང་དང་སྟོན་པའི་ཆེ་བར་གྲགས། །ཞེས་ཏེ། དྲང་སྲོང་ལྷའི་བླ་མ་ཕུར་ བའི་རྗེས་སུ་འབྲང་བའི་རྒྱང་འཕེན་པ་དང༌། དྲང་སྲོང་སེར་སྐྱའི་རྗེས་སུ་འབྲང་བའི་གྲངས་ ཅན་པ་དང༌། སྣོད་བཅུད་ཀྱི་བྱེད་པ་པོ་དབང་ཕྱུག་ཆེན་པོར་འདོད་པའི་དབང་ཕྱུག་པ་དང༌། སྣ་ཚོགས་པའི་བྱེད་པ་པོ་ཁྱབ་འཇུག་ཏུ་འདོད་པའི་ཁྱབ་འཇུག་པ་དང༌། དྲང་སྲོང་རྒྱལ་བ་ དམ་པ་ལྟར་[ལྷར་]འཛིན་པའི་གཅེར་བུ་པའོ། །ཡང་ན་དེ་དག་གིས་རྣམ་གྲངས་ནི། འཇིག་ རྟེན་པའི་ཡང་དག་པའི་ལྟ་བ་ལས་གུད་དུ་སོང་བས་ན། རྒྱང་འཕེན་པ་དང༌། ཤེས་བྱ་ཐམས་ 1-1-268 ཅད་གཙོ་བོ་ལ་སོགས་པའི་ཡུལ་རྩ་བཞི་དང་ཡུལ་ཅན་གཅིག་པུ་བདག་ཤེས་རིག་གི་སྐྱེས་བུ་ དེ། ཉེར་ལྔར་གྲངས་ངེས་པའི་གྲངས་ཅན་པར་འདོད་པའི་གྲངས་ཅན་པ་དང༌། དབང་ཕྱུག་ ལྷར་འཛིན་པས་དབང་ཕྱུག་པ་དང༌། ཁྱབ་འཇུག་ལྷར་འཛིན་པས་ཁྱབ་འཇུག་པ་དང༌། གོས་ མེད་པས་བརྟུལ་ཞུགས་ཀྱི་གྲོལ་བར་འདོད་པས་གཅེར་བུ་པའོ། །རྒྱང་འཕེན་པའི་གཞུང་ནི། ཕུར་བུ་བརྟན་[བསྟན་]པའི་རྒྱུད་ལ་སོགས་པ་ཡིན་ལ། སྟོན་པ་ནི་འོད་སྲུང་རྫོགས་ བྱེད་དང༌། ཀ་དའི་བུ་ནག་པོ་ཅན་དང༌། གཅེར་བུ་པ་གཉེན་གྱི་བུ་དང༌། མི་བམ་སྐྲའི་ལ་ བ་ཅན་དང༌། སྨྲ་འདོད་ཀྱི་བུ་མོ་ཡང་དག་རྒྱལ་བ་ཅན་དང༌། ཀུན་ཏུ་རྒྱུ་ནག་ལྷས་ཏེ་སྟོན་པ་ དྲུག་དང༌། བྲམ་ཟེ་རྒྱུས་རྒྱལ་དང༌། བྲམ་ཟེ་གནག་སྡེག་དང༌། བྲམ་ཟེ་བཟང་ལྡན་དང༌། བྲམ་ ཟེ་ཚངས་པའི་ཚེ་དང༌། བྲམ་ཟེ་པད་མའི་སྙིང་པོ་དང༌། བྲམ་ཟེ་དམར་པོ་སྟེ། རྗེས་སུ་སྒྲོགས་ པ་དྲུག་དང༌། རེང་བྱེད་ཀྱི་བུ་ལྷག་སྤྱོད་དང༌། རྒྱུ་[སྒྱུ་]རྩལ་གྱིས་བུ་རིང་དུ་འཕུར་དང༌། ཀུན་ ཏུ་རྒྱུ་ལེགས་བཟང་དང༌། བྲམ་ཟེ་ཁྱེའུ་ཀུན་རྒྱལ་དང༌། དྲང་སྲོང་མ་བཅིངས་པ་དང༌། ལྟེང་ རྒྱས་འོད་སྲུངས་རལ་པ་ཅན་དེ་སྙོམས་པར་འཇུག་པ་དྲུག་དང༌། བཅོ་བརྒྱད་ཅེས་ལུང་བཞི་ ལས་འབྱུང་ངོ༌། །གྲངས་ཅན་གྱིས་གཞུང་ནི་དབང་ཕྱུག་ནག་པོའི་རྒྱུད་དང༌། རྒྱུད་དྲུག ཁུ་ བ་དང༌། གསེར་བདུན་ཅུ་པ་ལ་སོགས་པ་ཡིན་ལ། སྟོན་པ་ནི་དྲང་སྲོང་སེར་སྐྱ་དང༌། དྲང་ སྲོང་ཆུ་ཀླུང་ལ་སོགས་པ་ཡིན་ནོ། །དབང་ཕྱུག་པའི་གཞུང་ནི་ཞི་བའི་རྒྱུད་དང༌། དྲང་སྲོང་ གཟེགས་ཟན་གྱིས་བྱས་པའི་གཞུང་དང༌། དྲང་སྲོང་འཇིག་རྟེན་མིག་གིས་མདོ་ལ་སོགས་པ་ ཡིན་ལ། སྟོན་པ་ནི་གཟེགས་ཅན་དང༌། རྐང་མིག་པ་ལ་སོགས་པ་ཡིན་ནོ། །ཁྱབ་འཇུག་པའི་ གཞུང་ནི། རྟོགས་པ་ལ་ཕན་པའི་ཡལ་ག་དང༌། དྲང་སྲོང་སྐྱེད་བྱེད་ཀྱི་ཡལ་ག་དང༌། མོ་མ་ ཅན་གྱིས་གསང་ཚིག་ལ་སོགས་པ་ཡིན་ལ། སྟོན་པ་ནི་རྒྱལ་དཔོག་པ་དང༌། གཞོན་ནུ་མ་ལེན་ ལ་སོགས་པ་ཡིན་ནོ། །གཅེར་བུའི་གཞུང་ནི་རྒྱལ་བྱེད་ལ་སོགས་པ་ཡིན་ལ། སྟོན་པ་ནི་ཁྱུ་ 1-1-269 མཆོག་དང༌། སྟོང་རིས་དང༌། སྣོད་ཀྱི་རྗེས་ལ་སོགས་པ་ཡིན་ནོ། །དེ་དག་གི་ལྟ་སྤྱོད་དང་གྲོལ་ བའི་ཁྱད་པར་ལ། ལྟ་བའི་ཁྱད་པར་ནི། བདག་ཐམས་ཅད་མཐུན་པར་འདོད་དེ། རྒྱང་འཕེན་ པ་བདག་མ་ཤི་བར་དུ་ཤེས་རིག་དུ་སྐྱེས་ལ་ཤི་ནས་ཆད་པར་འདོད་དོ། །རྟག་པར་སྨྲ་བ་ལ་ གྲངས་ཅན་པ་ནི། བདག་རྟག་པ་དང༌། གཅིག་པུ་དང༌། རིག་པ་ལ་སོགས་པར་འདོད་དོ། ། དབང་ཕྱུག་པ་ནི་བདག་རྟག་པ་དང༌། བེམ་པོར་འདོད་དོ། །ཁྱབ་འཇུག་པ་ནི་བདག་ཀུན་ལ་ ཁྱབ་པ་དང༌། བློའི་ངོ་བོ་དང་གཅིག་པུར་འདོད་དོ། །གཅེར་བུ་པ་ནི་བདག་རང་བཞིན་རྟག་ པ་གནས་སྐབས་ཀུན་ལ་མི་རྟག་པར་འདོད་དོ། །འཇིག་རྟེན་སྣ་ཚོགས་ནི་རྒྱང་འཕེན་པས་ རྒྱུ་མེད་པ་དང༌། གྲངས་ཅན་གཙོ་བོས་བྱས་པ་དང༌། དབང་ཕྱུག་པ་དབང་ཕྱུག་གིས་བྱས་པ་ དང༌། ཁྱབ་འཇུག་པ་དེ་ཉིད་ཀྱིས་བྱས་པ་དང༌། གཅེར་བུ་པ་ཚིག་གིས་དོན་དགུར་འདོད་པ་ ལ་སོགས་པའོ། །སྤྱོད་པའི་ཁྱད་པར་ནི་ངེས་ཅོད་[བརྗོད་]ཀྱི་རིག་བྱེད་དང༌། སྙན་ངག་གིས་ [གི]རིག་བྱེད་དང༌། མཆོད་སྦྱིན་གྱིས་[གྱི]རིག་བྱེད་དང༌། སྲིད་བསྲུངས་གིས་[གི]རིག་ བྱེད་དང༌། བཞི་ནི་ཐམས་ཅད་ཀྱིས་ཆོས་སུ་འདོད་པས། དེ་ལྟར་སྤྱོད་ལ། རྒྱང་འཕེན་པ་ལ་ སོགས་པ་འདོད་པ་བསོད་སྙོམས་ཀྱི་མཐའ་པ་དང༌། གཅེར་བུ་ལ་སོགས་པ་བདག་ཉིད་དུ་བ་ པའི་མཐའ་པའོ། ། གསུམ་པ་གྲོལ་བའི་ཁྱད་པར་ནི། རྒྱང་འཕེན་པ་ཤི་ནས་སྤྱི་ཡང་མེད་པར་གྲོལ་བ་དང༌། གྲངས་ཅན་པ་དེ་ཉིད་ཉི་ཤུ་རྩ་ལྔ་ཤེས་ནས་གྲོལ་བ་དང༌། དབང་ཕྱུག་པ་ཚིག་གིས་དོན་དྲུག་ ཤེས་ནས་གྲོལ་བ་དང༌། ཁྱབ་འཇུག་པ་དེ་ཉིད་ཀྱི་ཡོན་ཏན་ཤེས་ནས་གྲོལ་བ་དང༌། གཅེར་ བུ་པ་ལས་ཐམས་ཅད་ཟད་ནས་གྲོལ་བར་འདོད་པའོ། །ལྷའི་བླ་མ་ཕུར་བ་པ། ངོ་བོ་ཉིད་སྨྲ་ བ་ཆད་པར་སྨྲ་བ། རྒྱང་འཕེན་ཆད་པར་ལྟ་བ་དང༌། ཚུ་རོལ་མཛེས་པར་རྣམ་གྲངས་ཡིན། ། སེར་སྐྱ་ཡོན་ཏན་གསུམ་པ་དང༌། །གཙོ་བོ་བ་དང་ཤེས་རིག་ཅན། །རང་བཞིན་སྒྱུར་སྨྲ་སུམ་ 1-1-270 ཅུ་པ། །གྲངས་ཅན་པ་ནི་རྣམ་གྲངས་ཡིན། །དྲག་པོའི་རྗེས་འཇུག་ཞི་བ་པ། །གཙུག་ན་ཟླ་བའི་ སློབ་མ་དང༌། །དཔལ་འཛིན་རྒྱུད་འཛིན་ལྷ་ཆེན་མཆོད། །དབང་ཕྱུག་པ་ནི་རྣམ་གྲངས་ཡིན། ། གོམ་གསུམ་གནོན་དང་སྐྲ་ཅན་༌། །དཔའ་བོའི་རྒྱུད་འཛིན་པད་དཀར་མིག །གོས་གསེར་ འཁོར་ལོ་འཛིན་པའི་བུ། །ཁྱབ་འཇུག་པ་ནི་རྣམ་གྲངས་ཡིན། །གཅེར་བུ་གོས་མེད་ཐལ་བ་ པ། །རྒྱལ་བ་པ་དང་ཆོགས་གོས་ཅན། །འོས་པ་པ་དང་འཛེམ་མེད་པ། །མཁའ་གོས་ཅན་ནི་ རྣམ་གྲངས་ཡིན། །ཞེས་པ་ནང་སོ་སོའི་རྣམ་གྲངས་སོ། །དེ་དག་ནི་འཕགས་ཡུལ་དུ་གྲགས་ པའི་རྣམ་བཞག་བློ་གསལ་གྱིས་བྱས་པ་ལྟར་ཡིན་ལ། དུས་འཁོར་རྒྱུད་འགྲེལ་དུ་གསུངས་ པ་ནི། སྡེ་ཚན་དྲུག་སྟེ། ཚངས་པ་དང༌། དེའི་ཁོངས་སུ་རྟོགས་[གཏོགས་]པ་ཁྱབ་འཇུག་པ་ དང༌། དབང་ཕྱུག་པའི་རྣམ་གྲངས་ཞི་བ་པ་དང༌། རྒྱང་འཕེན་པ་དང༌། ཀླ་ཀློ་སྟག་གཟིག་པ་ དང༌། ཟད་བྱེད་པའི་རྒྱལ་བ་སྟེ་དྲུག་གོ །དེ་རྣམས་ཀྱིས་རྒྱས་བཤད་ནི་གཞུང་མང་འགྲོ་བ་ དང༌། དོན་ཕལ་ཆེར་སྔགས་དང་མཐུན་པས་བཞག་གོ ། གཉིས་པ་ནང་པའི་གྲུབ་མཐའ་ལ། བྱེ་བྲག་ཏུ་སྨྲ་བ་དང༌། མདོ་སྡེ་པ་དང༌། སེམས་ཙམ་ པ་དང༌། དབུ་མ་པའོ། །དང་པོ་ལ་བསྟན་བཅོས་དང་བྱེ་བྲག་བཤད་མཚོ་དང་མཐུན་པར་ སྨྲ་བས་བྱེ་བྲག་ཏུ་སྨྲ་བ་སྟེ། གཞུང་ནི་དེ་བཞིན་ཉིད་དང༌། གདམས་ངག་རྒྱ་པ་སོགས་དང༌། སྟོན་པ་ནི། བཙུན་པ་ཆོས་སྐྱོབ་དང༌། དབྱིག་བཤེས་དང༌། དབྱངས་སྒྲོགས་ལ་སོགས་པའོ། ། གཉིས་པ་ནི། སྟོན་པའི་མདོའི་རྗེས་སུ་འབྲངས་བས་མདོ་སྡེ་པ་སྟེ། གཞུང་ནི་ཚིགས་སུ་ བཅད་པ་གཅིག་པ་སོགས་དང༌། རྒྱ་ཆེ་རོལ་པ་སོགས་ཡིན་ལ། སྟོན་པ་ནི་ཁ་ཆེ་གནས་བརྟན་ བཙུན་པ་དང༌། བཙུན་པ་དཔལ་ལེན། གཞོན་ནུ་ལེན་སོགས་སོ། །ཞེས་གྲགས་ནང༌། གཉིས་ ཀའི་གཞུང་བཀའ་དང་པོ་གཙོ་བོ་ཡིན་ལ། གྲུབ་མཐའ་ལ། ཁུར་ཡོད་ཁུར་ཁྱེར་བ་པོ་ཡོད་དོ། ། ཞེས་པའི་མདོ་ལ་བརྟེན་ནས་བརྗོད་དུ་མེད་པའི་བདག་གིས་གྲུབ་མཐའ་དང༌། བཟང་སྤྱོད་ 1-1-271 ཀྱིས། རྡུལ་གཅིག་སྟེང་ན་རྡུལ་རྙེད་སངས་རྒྱས་རྣམས། །ཞེས་པའི་གཞུང་ལ་བརྟེན་ནས། མདོ་སྡེ་པའི་རྡུལ་ཕྲ་རབ་དོན་ལ་གྲུབ་པའི་གྲུབ་མཐའ་འབྱུང་བར། དྲི་མེད་འོད་དུ་གསུངས་ སོ། ། གསུམ་པ་ནི། ནང་སེམས་ལས་གཞན་པའི་དོན་མེད་པར་སྣང་བ་སེམས་དུ་ཟད་པའི་ སེམས་ཙམ་པ་དང༌། དེའི་གཞུང་ནི་བཀའ་དང་པོ་དང་བར་བ་གཉིས་ཀ་ལ་བརྟེན་ཏེ་ས་བཅུ་ པའི་མདོར། ཁམས་གསུམ་པོ་འདི་དག་ནི་སེམས་ཙམ་མོ། །ཞེས་པའི་ཚིག་ཟུར་ལ་བརྟེན་ པར་དྲི་མེད་འོད་ལས་གསུངས་སོ༑ ༑སྟོན་པ་ནི་སློབ་དཔོན་དུལ་བའི་སྡེ་དང༌། ཆོས་མཆོག་ལྷ་ དབང་བློ་དང་ཤཀྱ་བློ་སོགས་སོ། ། བཞི་པ་དབུ་མ་ནི་ཆད་ལྟ་དང༌། རྟག་པ་དངོས་མའི་མཐའ་ལས་འདས་པའི་བར་མའམ། དབུ་མ་ཡིན་པས་ན་དབུ་མ་སྟེ། དེ་ལ་དབྱེ་ན་སྣང་མེད་དབུ་མ་དང༌། སྣང་བཅས་དབུ་མ་དང༌། བདེ་ཆེན་དབུ་མའོ། །དང་པོའི་གཞུང་ནི་བཀའ་བར་བ་མཚན་ཉིད་མེད་པའི་བཀའོ། །སྟོན་པ་ ནི་སློབ་དཔོན་སངས་རྒྱས་བསྐྱངས་དང༌། ལེགས་ལྡན་འབྱེད་དང༌། ཟླ་གྲགས་ལ་སོགས་སོ། ། གཉིས་པའི་གཞུང་ནི་བཀའ་དོན་དམ་རྣམ་ངེས་ཡིན་ལ། སྟོན་པ་ནི་སློབ་དཔོན་ཀླུ་སྒྲུབ། འཕགས་པ་ལྷ། ཀླུའི་བཤེས་གཉེན། ཐོགས་མེད་སྐུ་མཆེད། ཕྱོགས་གླང་ཆོས་གྲགས་ལ་ སོགས་སོ། ། གསུམ་པའི་གཞུང་ནི། དུས་འཁོར་སོགས་རྒྱུད་རྒྱལ་རྣམས་སོ། །སྟོན་པ་ནི་རིགས་ གསུམ་མགོན་པོ༑ ཨིནྡྲ་བུ་དྷི། བྲམ་ཆེན་པོ་སོགས་སོ། །ཡང་གཞུང་ནི་བརྟགས་ཆོས་ཀྱི་ དབང་དུ་བྱས་ན། སློབ་དཔོན་དབྱིག་གཉེན་གྱིས་མཛོད་ནི་ཉན་ཐོས་ཀྱི་དང༌། ཉི་ཤུ་པ་ནི། སེམས་ཙམ་གྱི་དང༌། སུམ་ཅུ་པ་སོགས་དབུ་མའི་དང༌། ཚད་མའི་དམིགས་རྟག་[བརྟག་] 1-1-272 དང༌། འབྲས་རྟོག་[རྟོགས་]གཉིས་པ་སོགས་སེམས་ཙམ་གྱི་དང༌། བྱིན་པོ་མདོ་སྡེ་པའི་དང༌། སློབ་དཔོན་ཀླུ་སྒྲུབ་ཀྱི་རིགས་ཚོགས་སྣང་མེད་དབུ་མའི་དང༌། བསྟོད་ཚོགས་ལ་སོགས་ བྱམས་ཆོས་ལྔ་དང༌། ཐོགས་མེད་ཀྱི་རྣམས་དང༌། ཨརྱ་དེ་བའི་སེམས་ཀྱིས་སྒྲིབ་སྦྱོང་སོགས། ཀླུའི་བཤེས་གཉེན་གྱི་སྐུ་གསུམ་ལ་འཇུག་པ་སོགས་སྣང་བཅས་དབུ་མ་དང༌། སྔགས་ཀྱི་ སེམས་འགྲེལ་བསྐོར་ལྔ་དང༌། མདོ་བ་སྐོར་གསུམ་སོགས་བདེ་ཆེན་དབུ་མའི་གཞུང་ཡིན་ནོ། ། སྔགས་ཀྱི་ཡོངས་གྲགས་ལ་སེམས་ཙམ་པའི་གཞུང་བཀའ་ཐ་མ་ཧྲིལ་པོ་དང༌། སྟོན་པ་ ཐོགས་མེད་སྐུ་མཆེད་སོགས་སེམས་ཙམ་པར་དབུས་པ་བློ་གསལ་གྱིས་གྲུབ་མཐའི་རྣམ་ གཞག་སོགས་ཀྱི་རྗེས་སུ་འབྲངས་པའི་གྲུབ་མཐའ་རྣམས་ནི་བསྟན་པ་དཀྲུག་པ་དང་ཆོས་ ཟབ་མོ་སྤོངས་བ་དང༌། སྐྱེས་བུ་དམ་པ་རྣམས་ལ་སྐུར་པ་འདེབས་པ་ཡིན་པས་དུག་བཞིན་དུ་ སྤངས་བར་བྱས་ཏེ། མདོ་སྡེ་དགོངས་འགྲེལ་དུ་བཀའ་བར་དང་ཐ་མ་གཉིས་ཀ་ཆོས་ཐམས་ ཅད་དངོས་པོའི་ངོ་བོ་ཉིད་མེད་པ་ལས་ཙམ་[བརྩམ་]ནས་སྟོན་པར་གསུངས་པའི་ཕྱིར་དང༌། སེམས་ཙམ་མན་ཆད་དངོས་པོ་དོན་དམ་དུ་གྲུབ་པའི་ཕྱིར་དང༌། ཀླུ་སྒྲུབ་ཡབ་སྲས་དང༌། ཐོགས་མེད་སྐུ་མཆེད་སོགས་དོན་ལ་དགོངས་པ་གཅིག་ཅིང་རྒྱལ་བའི་བསྟན་པ་ཚུལ་བཞིན་ དུ་གསལ་བར་བྱེད་པ་སྟོན་པས་ལུང་བསྟན་པའི་ཕྱིར་རོ། །སྣང་མེད་དབུ་མ་དང༌། སྣང་ བཅས་དབུ་མའི་ཁྱད་པར་ལའང་[ལང་]གཤེགས་གསུངས་པ་སྔགས་སུ་བསྟན་ཟིན་ལ། བདེན་[བདེ་]ཆེན་དབུ་མ་འོག་ཏུ་བསྟན་པར་བྱའོ། །འདིར་སངས་རྒྱས་པའི་གྲུབ་མཐའ་སྨྲ་ བ་ཐམས་ཅད་ཀྱི་སྟོན་པ་ནི་བཅོམ་ལྡན་འདས་ཉག་གཅིག་ཡིན་ཀྱང་འདིར་ཚིག་ཉུང་བའི་ ཕྱིར་སྔགས་བསྟན་པའི་བསྟན་འཛིན་མཆོག་རྣམས་ལ་སྟོན་པ་ཞེས་བརྟགས་ནས་བསྟན་ པའོ། །དེ་བཞིན་དུ་མུ་སྟེགས་རྣམས་ཀྱིས་རྩ་བའི་སྟོན་པ་ཡང༌། ཚངས་པ་སོགས་སོ། །དགེས་ རྡོར་རྩ་རྒྱུད་དུ། དང་པོ་བསླབ་པའི་བཞི་ལྔ་རྣམས། །[སོ་སྦྱོངས་[གསོ་སྦྱོང་]སོགས་དང་ཡང་ 1-1-273 དག་ལྡན། །མི་དགེ་བཅུ་པོ་ཡོངས་སྤོངས་བ། །བྱིན་ནས་དགེ་བསྙེན་ཉིད་དུ་བྱ། །དེ་ནས་ བསླབ་པའི་གཞི་རྣམས་ནི། །བཅུ་པོ་བྱིན་ནས་དགེ་ཚུལ་བྱ། །དེ་ནས་བསླབ་གང་བྱེ་བ་ནི། ། བྱིན་ནས་དགེ་སློང་བརྟུལ་ཞུགས་བྱ། །དེ་ནས་སོ་སོ་ཐར་ཤེས་ནས། །དེ་ནས་བྱེ་བྲག་སྨྲ་བའི་ ལུགས། །དེ་ནས་མདོ་སྡེ་ཤེས་བྱས་ནས། །དེ་ནས་བྱེ་བྲག་སྨྲ་བའི་ལུགས། །དེ་ནས་མདོ་སྡེ་ ཤེས་བྱས་ནས། །རྣམ་ཤེས་སྨྲ་བ་རང་ཆོས་ལས། །དེ་ནས་ཤེས་རབ་ཕ་རོལ་ཕྱིན། །དགོངས་ པ་དབུ་མ་ཤེས་བྱས་ཏེ། །དེ་ལྟར་རྒྱུད་གཞན་ཉན་ནས་ནི། །དེ་ནས་ཀྱཻ་རྡོ་རྗེ་ཤེས་བྱ། །ཞེས་ ཏེ། འདིས་ཀྱང་ལམ་དམན་རིམ་ནས་མཆོག་གི་བར་དུ་སྦྱོང་བར་གསུངས་པས། འདིར་ བསྟན་པའི་སོ་སྦྱོངས་[གསོ་སྦྱོང་]ནས་ཀྱཻ་རྡོར་གྱིས་བར་རྣམས་སྔ་མ་སྔ་མས་ལས་ཕྱི་མ་ཕྱི་ མ་མཆོག་ཡིན་ལ། དེ་ནས་ཤེས་རབ་ཕ་རོལ་ཕྱིན། །དགོངས་པ་དབུ་མ་ཞེས་བྱ་སྟེ། །ཞེས་ པས་གཞུང་ཤེར་ཕྱིན་གྱིས་སྣང་མེད་དབུ་མ་དངོས་སུ་སྟོན་ལ་དོན་ཤེར་ཕྱིན་སྣང་བཅས་དབུ་ མ་ནི་བཀའ་བར་པ་དང༌། ཐ་མ་གཉིས་ཀས་སྟོན་ཞིང༌། གཙོ་བོར་ཐ་མས་བསྟན་པ་ལྟར་ཤེས་ པར་བྱ་ཞིང༌། དེ་ལྟར་རྒྱུད་གཞན་ཉན་ནས་ནི། །ཞེས་པ་ནི། སྔར་བསྟན་པའི་བྱ་སྤྱོད་སོགས་ དང༌། དེ་རྗེས་ཀྱཻ་རྡོ་རྗེ་ཞེས་བྱ། ཞེས་པ་ཡང་སྔར་བསྟན་པའི་རྡོ་རྗེ་སེམས་དཔར་ཨེ་ཝཾ་དུས་ འཁོར་ལོ། འཁོར་ལོ་སྡོམ་པ། དགེས་པ་རྡོ་རྗེ་དང༌། ཞེས་པར་བསྟན་པ་དང་གཅིག་གོ །གྲུབ་ མཐའི་ཁྱད་པར་ནི། སྤྱན་རས་གཟིགས་ཀྱིས་དུས་འཁོར་རྒྱུད་འགྲེལ་དུ་གསུངས་པ་འདི་ལྟ་ སྟེ། ནམ་མཁའ་དང་ནི་འགོག་པ་གཉིས། །འདུས་མ་བྱས་གསུམ་རྟག་པ་སྟེ། །འདུས་བྱས་ ཐམས་ཅད་སྐད་ཅིག་མ། །བདག་གིས་སྟོང་ཞིང་བྱེད་པོ་མེད། །དབང་སྐྱེས་བློ་ནི་རྣམ་མེད་ ཀྱིས། །ཕྲ་རབ་སགས་[བསག་]པ་དངོས་སུ་རིག །ཁ་ཆེའི་གཞུང་གི་ཆུ་གཏེར་གྱིས། །བྱེ་ བྲག་སྨྲ་བས་གཞུང་འདོད་འགྱུར། །ཤེས་པ་རྣམས་[རྣམ་]བཅས་སྐྱེད་བྱེད་ནི། །དབང་པོའི་ སྤྱོད་ཡུལ་སྣང་བ་མིན། །ནམ་མཁའ་མོ་ཤམ་བུ་དང་མཚུངས། །འགོག་པ་དང་ནི་ནམ་མཁའ་ 1-1-274 མཚུངས། །འདུ་བྱེད་བེམ་པོ་ཡོད་མ་ཡིན། །དུས་གསུམ་རྗེས་འགྲོ་དག་ཀྱང་མེད། །ཐོགས་པ་ མེད་པའི་གཟུགས་ཡོད་མིན། །ཞེས་པ་མདོ་སྡེ་པ་ཡིས་རིག །ཡན་ལག་བཅས་ཞེས་བྱ་བ་ མེད། །ཕྲ་རབ་རྡུལ་རྣམས་ཡོད་པ་མིན། །རྨི་ལམ་ཉམས་སུ་མྱོང་བ་བཞིན། །དམིགས་པ་མེད་ པ་རབ་ཏུ་སྣང༌། །གཟུང་དང་འཛིན་པ་རྣམ་གྲོལ་བའི། །རྣམ་པར་ཤེས་པ་དོན་དམ་ཡོད། ། ཅེས་པ་རྣལ་འབྱོར་སྤྱོད་པའི་གཞུང༌། །རྒྱ་མཚོའི་ཕ་རོལ་ཕྱིན་རྣམས་སྒྲོགས། །རྣམ་ཤེས་དེ་ ཡང་དོན་དམ་དུ། །ཡོད་པར་མཁས་རྣམས་མི་འདོད་དེ། །གཅིག་དང་དུ་མའི་རང་བཞིན་ དང༌། །བྲལ་བས་ནམ་མཁའི་པད་མ་བཞིན། །ཡོད་མིན་མེད་མིན་ཡོད་མེད་མིན། །གཉིས་ གའི་བདག་ཉིད་མིན་པའང་མིན། །མཐའ་བཞི་རྣམ་པར་གྲོལ་བ་ཡིས། །དེ་ཉིད་དབུ་མ་པ་ ཡིས་རིག །ཅེས་གསུངས་ལ། གཞུང་འདི་རྣམས་འཕགས་པ་འཇམ་དཔལ་གིས་[གྱི་]རང་གི་ ལྟ་བའི་འདོད་པ་མདོར་བསྟན་དང༌། འཕགས་པ་ལྷའི་ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་དང༌། འཛེ་ཏ་རིས་བདེ་གཤེགས་གཞུང་གི་རབ་བྱེད་ལས་ཀྱང༌། ཇི་ལྟ་བ་བཞིན་དུ་བྱུང་སྟེ། འདི་ རྣམས་དགོངས་པ་གཅིག་གོ །འདི་སེམས་ཙམ་པའི་འདོད་པ་བརྗོད་པ་ཚེ། རྣམ་པར་ཤེས་པ་ དོན་དམ་ཡོད་ཅེས་འབྱུང་གིས། ཡེ་ཤེས་དང༌། ཆོས་ཉིད་དང༌། སངས་རྒྱས་དང༌། ཡོངས་ གྲུབ་སོགས། དོན་དམ་ཡོད་ཅེས་པ་མི་འབྱུང་ལ་དེའང་དབུ་མ་པས་དགག་པ་བྱེད་པའི་ཚེ། རྣམ་ཤེས་དེ་ཡང་དོན་དམ་དུ། །ཡོད་པར་མཁས་རྣམས་མི་འདོད་དེ། །ཅེས་སོགས་འབྱུང་ གིས། ཡེ་ཤེས་དེ་ཡང་དོན་དམ་དུ། །ཡོད་པར་མཁས་རྣམས་མི་འདོད་དེ། །ཅེས་སོགས་མི་ འབྱུང་བས། ཅི་ལྟར་བཀའ་ཐ་མ། རྗེས་འབྲང་རྣམས་སེམས་ཙམ་གྱིས་གཞུང་དང་གང་ཟག་ ཏུ་འགྱུར། ལེགས་པར་སོམས་ཤིག བཀའ་ཐ་མ་འདི། བཀའ་བར་བ་ལས་ཀྱང་ཁྱད་པར་གྱི་ ཆོས་བརྒྱད་ཀྱིས་འཕགས་པ་ཏེ་སེམས་ཙམ་གྱིས་གཞུང་དུ་འབབ་པ་བསྟན་པའི་ཆོམས་ [ཆོམ]རྐུན་དང༌། གསུང་རབ་ཀྱིས་དོན་ལས་ཨར་འཁྱམ་པ་ཡིན་ནོ། །དབུ་མའི་དོན་ལ་བྲལ་ 1-1-275 གཞི་མེད་ཅིང་མཐའ་དང་བྲལ་ཙམ་ནི། སྣང་མེད་དབུ་མ་ཡིན་ལ། རྣམ་པར་ཕྱེ་བའི་མཐའ་ དང་བྲལ་བའི་གཞི་གཉིས་མེད་ཡེ་ཤེས་ནི་སྣང་བཅས་དབུ་མ་སྟེ། དྲི་མེད་འོད་དུ་སྐད་ཅིག་ གཅིག་དང་ཐ་མ་དང་བྲལ་བའི་ཡེ་ཤེས་ནི། རྒྱལ་བ་རྣམས་ཀྱིས་དེ་ཁོ་ན་ཉིད་ཅེས་བརྗོད་དོ། ། ཞེས་དང༌། གང་ཅེས་སྙིང་རྗེ་སྟོང་ཉིད་གཉིས་སུ་མེད་པར་སྨྲའོ་ཕྱོགས་མཉམ་དེ་ནི་མཉམ་ པར་འགྱུར་རོ། །ཞེས་པའི་རྒྱུད་ཀྱིས་འགྲེལ་པར། འདིར་སྙིང་རྗེ་དམིགས་པ་མེད་ཅིང༌། རྣམ་ པར་རྟོག་པ་དང་བྲལ་བ་དང༌། སྟོང་པ་ཉིད་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་དུས་ གསུམ་ཡོངས་སུ་ཤེས་པའི་སླད་དུ་དུས་གསུམ་དུ་འཇུག་པའོ། །ཞེས་པ་ནི། སངས་རྒྱས་པའི་ གྲུབ་མཐའི་ངེས་པའོ། །ཞེས་ཏེ། འདིས་བདེ་ཆེན་དབུ་མ་ཡང་བསྟན་ཏེ། འདི་ནི་བདེ་སྟོང་ ཟུང་འཇུག་ཡིན་པས་བདེ་བའི་ཆ་ནས་བདེ་ཆེན་དབུ་མ་དང༌། སྟོང་པའི་ཆ་ནས་སྣང་བཅས་ དབུ་མ་ཡིན་པས་སོ། །ཁྱད་པར་བདེ་ཆེན་དབུ་མ་ནི་དུས་འཁོར་རྒྱུད་དུ། སྲིད་གསུམ་ཕྲ་རབ་ འདིར་ནི་རྣམ་པར་ཤེས་པའོ། །དེ་བཞིན་རྣམ་པར་ཤེས་པ་ཉིད་མེད་དེ། སངས་རྒྱས་ཤེས་ རབ་གང་དུའང་གནས་པ་མ་ཡིན། ཞེས་པའི་ཚིག་འདིས་སངས་རྒྱས་པ་རྣམས་སྟོན་པར་ འགྱུར། དེས་ན་འགྱུར་མེད་དང་བྲལ་མི་རྣམས་ཀྱིས་ནི་སྟོང་པ་ཉིད་དེ་གཟུགས་ནས་སྟོང་པར་ ལྟ་བྱེད་པ། །དེས་ནས་གཙོ་བོ་གང་ཞིག་འཕོ་མེད་ལྷན་སྐྱེས་སྐུའི་བདེ་བ་དག་ནི་སྔགས་ཀྱི་ ཐེག་པར་བསྟན། །ཞེས་དང༌། དྲི་མེད་འོད་དུ། ཡོད་མིན་མེད་མིན་ཡོད་མེད་མིན། །གཉིས་ ཀའི་བདག་ཉིད་མིན་པའང་མིན། །མཐའ་བཞི་ལས་ནི་རྣམ་གྲོལ་བའི། །བདེ་ཆེན་སྐུ་ལ་ཕྱག་ འཚལ་ལོ། །ཞེས་པས་བསྟན་ནོ། །དེ་རྣམས་ཀྱིས་སྤྱི་དོན་བསྟན་ནས་གཞུང་དོན་ནི། གྲུབ་ མཐའ་རྣམས་ཀྱི་མཐར་ཐུག་དབུ་མ་ཡིན་ལ། དབྱེ་ན་རྟེན་འབྲེལ་སྐྱེ་བའི་མཐའ་བཞི་དང་ བྲལ་བའི་དབུ་མའམ། སྣང་མེད་དབུ་མ་དང༌། མཐའ་བྲལ་མཐར་ཐུག་རང་བཞིན་འོད་ གསལ་ཞེས་པ་སྣང་བཅས་དབུ་མ་དང༌། འོད་གསལ་མཐར་ཐུག་བདེ་ཆེན་ཞེས་པ། བདེ་ཆེན་ 1-1-276 དབུ་མ་སྟོན་པར་མཛད་པའི་བླ་མ་ལ་འདུད་དོ། །འདི་ལ་ལྟ་བ་ལ་དབྱེ་ན། ལྟ་ངན་ལ་མཐའ་ ཡས་ལ་ཡང་དག་གིས་འཇིག་རྟེན་པའི་ཡང་དག་ལྟ་བ་ལས། རྒྱུ་འབྲས་རྟོགས་ཤིང་ཡིད་ཆེས་ པ་དང༌། གནས་ལུགས་སྟོང་ཉིད་རྟོགས་པའི་ལྟ་བའོ། །ལྟ་བའི་མཐར་ཐུག་མཐའ་བྲལ་སྟོང་ ཉིད་དང༌། །སྟོང་ཉིད་མཐར་ཐུག་དམིགས་བཅས་སྟོང་ཉིད་དང༌། །སྤྱོད་པའི་མཐར་ཐུག་སྙིང་ རྗེ་ཆེན་པོ་དང༌། །སྙིང་རྗེའི་མཐར་ཐུག་དམིགས་མེད་སྟོན་ལ་འདུད། །ཅེས་པ་ནི། འདི་ལ་ སྟོང་པ་ལ་དབྱེ་ན། ཀུན་རྫོབ་ཀྱིས་སྟོང་པ་གཅིག་གིས་གཅིག་སྟོང་པ་དང༌། ཀུན་རྫོབ་རང་ སྟོང་དང༌། དོན་དམ་གཞན་སྟོང་གསུམ་མོ། །བར་མ་ནི། དངོས་འཛིན་གྱིས་གཉེན་པོར་ཆོས་ ཐམས་ཅད་རང་སྟོང་དུ་བསྟན་པས་ཏེ། དགོངས་པ་ནི་ཀུན་རྫོབ་ཀྱིས་ཆོས་ལའོ། །གཞན་སྟོང་ ནི་དོན་ལ་ཆོས་ཉིད་རྣམས་ཆོས་ཅན་ཀུན་རྫོབ་གིས་སྟོང་གིས། ཆོས་ཉིད་རང་གིས་ངོ་བོས་མི་ སྟོང་བ་སྟེ། རྒྱུད་བླར། རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གིས་ཁམས་ སྟོང་གིས། །རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །ཞེས་ དང༌། སློབ་དཔོན་ཀླུ་སྒྲུབ་ཀྱི་བྱང་ཆུབ་སེམས་འགྲེལ་དུ༑ དགེ་དང་མི་དགེས་རྣམ་རྟོག་ནི། ། རྒྱུན་ཆད་པ་ཡི་མཚན་ཉིད་ཅན། །སངས་རྒྱས་རྣམས་ཀྱིས་སྟོང་ཉིད་གསུངས། །གཞན་ནི་ སྟོང་པར་མི་བཞེད་དོ། །ཞེས་སོ། །རང་སྟོང་ལ་ཞེན་ན་སྟོང་པ་ཉིད་ལ་ལོག་པར་ཟིན་པའི་ ཉེས་དམིགས་དང༌། གཞན་སྟོང་ལ་ཡིད་ཆེས་ན་སྟོང་ཉིད་ལ་ལེགས་པར་ཟིན་པའི་ཡོན་ཏན་ ཡོད་དེ། བྱང་སའི་དེ་ཁོ་ནར། སྟོང་པ་ཉིད་ལ་ལོག་པར་ཟིན་པ་ནི། ཤེས་བྱའི་དངོས་པོ་ལ་ ཡང་རྨོངས་ལ་ཤེས་བྱ་ཐམས་ཅད་ལ་ཡང་སྐུར་པ་འདེབས་ཏེ། གཞི་དེས་སེམས་ཅན་དམྱལ་ བ་རྣམས་སུ་སྐྱེ་བར་འགྱུར་ལ། གཞན་ཆོས་འདོད་པ་དང༌། སྡུག་བསྔལ་ལས་ཐར་བར་འདོད་ པ་རྣམས་ཀྱང་ཕུངས་[ཕུང་]བར་བྱེད་དོ། །ཇི་ལྟར་ན་སྟོང་པ་ཉིད་ལ་ལོག་པར་ཟིན་པ་ཡིན་ ཞེས་[ཞེ་]ན། གང་གིས་སྟོང་པ་དེ་ཡང་མི་འདོད་ལ། གང་གིས་གང་སྟོང་པ་དེ་ཡང་མི་འདོད་ 1-1-277 པ་དེ་ནི་སྟོང་པ་ཉིད་ལ་ལོག་པར་ཟིན་པ་ཞེས་བྱ་སྟེ། གང་གིས་སྟོང་པ་དེ་མེད་པ་དང༌། གང་ སྟོང་པའི་སྟོང་པ་ཉིད་ནི་ཡོད་པར་མི་རིགས་སོ། །ཐམས་ཅད་མེད་ན་གང་དུ་ཅི་ཞིག་གང་གིས་ སྟོང་པར་འགྱུར་ཏེ། དེས་ན་སྟོང་པ་ཉིད་དུ་འགྱུར་དུ་ནི་མི་རུང་ངོ༌། །ཇི་ལྟར་ན་སྟོང་པ་ཉིད་ལ་ ལེགས་པར་ཟིན་པ་ཡིན་ཞེས་ན། གང་ལ་གང་མེད་པ་དེས་ནི་དེས་སྟོང་པར་ཡང་དག་པར་ རྗེས་སུ་མ་མཐོང་ལ་དེ་ལ་ལྷག་མ་གང་ཡིན་དེ་ནི། འདི་ན་ཡང་དག་པར་ཡོད་དོ་ཞེས་ཡང་ དག་པར་ཤེས་སོ། །ཞེས་ཏེ་འདི་ནི་སྟོང་པ་ཉིད་ཆེན་པོའི་མདོ་ཇི་ལྟ་བ་བཞིན་གྱིས་དགོངས་ པའོ། །དེས་ན་སྟོང་ཉིད་མཐར་ཐུག་ནི་གཞན་སྟོང་ཡིན་ལ། དེ་ཉིད་རྣམ་པར་མི་རྟོག་པའི་ ཡུལ་དུ་གྲུབ་ཅིང་སྣང་བས་ན་དམིགས་བཅས་སྟོང་ཉིད་འགྱུར་མེད་བདེ་བའི་རྒྱུ་ཡིན་ལ། དེ་ བསྒོམས་པས་སངས་རྒྱས་མྱུར་དུ་ཐོབ་པའི་བྱ་བ་བྱེད་ལ། དེ་སྤངས་ནས་དམིགས་མེད་རང་ སྟོང་སྐལ་[བསྐལ་]པ་བྱེ་བར་སྒོམ་ཀྱང་སངས་རྒྱས་མི་ཐོབ་སྟེ། ཡེ་ཤེས་ལེའུའི་རྒྱུད་དུ། སྐད་ ཅིག་གང་གིས་འགྱུར་བ་དག་དང་རྣམ་པར་བྲལ་བ་གྲུབ་ཅིང་གཡོ་བ་མེད་གྱུར་པ། །སངས་ རྒྱས་བྱ་བ་དེ་སྤངས་ནས་ནི་བདེ་བ་ཉམས་དང་བྲལ། །སྟོང་པ་གཞན་དག་སྒོམ་བྱེད་གང་བྱེད་ པ། །དེའི་བསྐལ་པ་བྱེ་བ་དུ་མ་རྣམས་ཀྱི་སངས་རྒྱས་ཉིད་དང་ལྷན་སྐྱེས་བདེ་བ་དག་ཀྱང་ རིངས། །ནིམ་པའི་ཤིང་ལས་རྒུམ་[རྒུན་]འབྲུམ་མིན་ཏེ་དུག་ལས་བདུད་རྩི་དང་ནི་ཚངས་ པའི་ཤིང་ལས་འདམ་སྐྱེས་དང༌། །ཞེས་སོ། །སྤྱོད་པའི་མཐར་ཐུག་ནི་སེམས་ཅན་ཐམས་ཅད་ འཁོར་བར་སྡུག་བསྔལ་བ་ལ་ཕན་འདོགས་ཤིང༌། འཁོར་བ་ལས་སྒྲོལ་འདོད་ཀྱིས་སྙིང་རྗེ་ ཆེན་པོའོ། །དེ་ལ་དབྱེ་ན། སེམས་ཅན་ལ་དམིགས་པའི་སྙིང་རྗེ་ནི་ཆུང་ངུ༌། ཆོས་ལ་དམིགས་ པའི་སྙིང་རྗེ་ནི་འབྲིང་པོ༑ དམིགས་པ་མེད་པའི་སྙིང་རྗེ་ནི་མཐར་ཐུག་སྟེ། དྲི་མེད་འོད་དུ། གང་གིས་དམིགས་བཅས་བཏུལ་མེད་སྟོང་པ་ཉིད་དང་དམིགས་པ་མེད་པའི་སྙིང་རྗེ་བཟང་ པོ་ཡིན་ཞེས་སོ། །དེ་རྣམས་སྟོན་པར་མཛད་པའི་བླ་མ་ལ་འདུད་དོ། །དབང་གི་མཐར་ཐུག་ 1-1-278 འཇིག་རྟེན་འདས་པའི་དབང༌། །སྒྲུབ་པའི་མཐར་ཐུག་རྫོགས་རིམ་ངེས་པའི་དོན། །དངོས་ གྲུབ་མཐར་ཐུག་མཆོག་གི་དངོས་གྲུབ་ཆེ། །སློབ་མའི་མཐར་ཐུག་དོན་དུ་སྟོན་ལ་འདུད། ། ཅེས་པ་ནི། དབང་ལ་དབྱེ་ན། ཡེ་ཤེས་ཐིག་ལེས་རྒྱུད་ལས། ཆུའི་དབང་དང་ཅོད་པན་དབང༌། ། བྱ་བའི་རྒྱུད་ལ་རབ་ཏུ་གྲགས། །རྡོ་རྗེ་དྲིལ་བུ་དེ་བཞིན་མིང༌། །སྤྱོད་པའི་རྒྱུད་ལ་རབ་ཏུ་ གསལ། །ཕྱིར་མི་ལྡོག་པ་ཡི་ནི་དབང༌། །རྣལ་འབྱོར་རྒྱུད་དུ་གསལ་བར་བྱས། །དེ་ནི་དྲུག་ གིས་བྱེ་བྲག་དབང༌། །དེ་ནི་སློབ་དཔོན་དབང་ཞེས་བྱ། །རྣལ་འབྱོར་བླ་མ་ཡིས་ནི་མཚན། ། གསང་བ་ཡིས་ནི་དབང་རྒྱས་བཤད། །ཤེས་རབ་ཡེ་ཤེས་བླ་ན་མེད། །བཞི་པ་དེ་ལྟར་དེ་ བཞིན་ནོ། །ཞེས་གསུངས་པ་ལྟར། ཆུས་དབང་ལ་སྦས་རྒྱུད་པའི་བུམ་པའམ་སློབ་དཔོན་ གྱིས་དབང་ཞེས་སྡ་བྱས་པ་ལ། དབྱེ་ན། བླ་མ་ཁ་ཆེ་བས། ཆུ་དང་སྤྱོད་[ཅོད་]པན་རྡོ་རྗེ་དྲིལ་ བུ་དང༌། །མིང་དངསྔགས་དང་དེ་བཞིན་བརྟུལ་ཞུགས་དང༌། །ལུང་བསྟན་དབུགས་དབྱུང་དེ་ བཞིན་རྗེས་སྣང་[གནང་]སྟེ། །བུམ་དབང་རྡོ་རྗེ་སློབ་དཔོན་ཐོབ་པར་ཤོག །ཅེས་པའི་སྟེང་ དུ་གསང་དབང་གསུམ་པ་རྣམས་འཇིག་རྟེན་པའི་དབང་དང༌། མ་སྦས་རྒྱུད་པའི་བྱིས་པ་ འཇུག་པའི་རྒྱུ་དབང་བདུན་དང༌། བུམ་པ། གསང་བ། གསུམ་པ་འཇིག་རྟེན་པའི་དབང་བཞི་ པ་རྣམས་འཇིག་རྟེན་པའི་དབང་ཡིན་ལ། གཉིས་ཀའི་བཞི་པ་མཚན་ཉིད་པ་ནི་འཇིག་རྟེན་ ལས་འདས་པའི་དབང་ཡིན་པས་དབང་གིས་མཐར་ཐུག་གོ །ཐུན་མོང་གིས་དངོས་གྲུབ་སྒྲུབ་ ཐབས་བསྐྱེད་རིམ་སོགས་ནི་རྟོག་ཅས་[བཅས་]ནི་གྲང་[དྲང་]དོན་ཡིན་ལ། མཆོག་གིས་ དངོས་གྲུབ་སངས་རྒྱས་སྒྲུབ་ཐབས་རྫོགས་རིམ་རྟོག་མེད་ནི་ངེས་པའི་དོན་ནོ། །སམ་པུ་ཊིར། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །མི་རྟོག་ཏིང་འཛིན་ལ་ གནས་ན། །མཁའ་བཞིན་དྲི་མ་མེད་པར་འགྱུར། །ཞེས་དང༌། འཕགས་པ་འཇམ་དཔལ་གྱིས་ རང་གི་ལྟ་བའི་འདོད་པ་མདོར་བསྟན་དུ། ཕྱག་རྒྱ་དཀྱིལ་འཁོར་སྔགས་ལ་སོགས། །བསྒོམ་ 1-1-279 དང་ཟླས་པའི་སྦྱོར་བ་ནི། །བསྐལ་པ་བྱེ་བ་དུ་མས་ཀྱང༌། །དངོས་གྲུབ་ནམ་ཡང་ཐོབ་པ་མེད། ། ཀུན་རྟོག་ཐམས་ཅད་སྤངས་པ་ཡིས། །གང་གིས་དེ་ཉིད་ལ་གནས་ན། །སྐྱེ་བ་འདིར་ཡང་ སྒྲུབ་པ་པོ༑ ༑དེ་ལ་བྱང་ཆུབ་མཆོག་རེག་པའོ། །ཞེས་གསུངས་སོ། །འོག་མིན་གྱིས་མཐར་ ཐུག་པ་ནི། ལྷ་མིའི་འབྱོར་པ་ནི་ཐུན་མོང་གི་དངོས་གྲུབ་ཡིན་པས་དམན་ལ། དངོས་གྲུབ་ མཐར་ཐུག་ནི། མཆོག་གི་དངོས་གྲུབ་སངས་རྒྱས་ཐོབ་པའོ། །སློབ་མའི་མཐར་ཐུག་ནི། རྫོགས་རིམ་གྱི་སྣོད་ཚིག་འབྲུ་ལ་མི་རྟོན་པར། དོན་ལ་རྟོན་པ་དང༌། གང་ཟག་ལ་མི་རྟོན་པར་ ཆོས་ལ་རྟོན་པ་དང༌། རྣམ་ཤེས་ལ་མི་རྟོན་པར་ཡེ་ཤེས་ལ་རྟོན་པ་དང༌། དྲང་དོན་ལ་མི་རྟོན་ པར་ངེས་དོན་ལ་རྟོན་པ་ཡིན་གྱི་ཚིག་སོགས་ལ་རྟོན་པ་ནི་མ་ཡིན་ནོ། །ཞེས་སྟོན་པར་མཛད་ པའི་བླ་མ་ལ་འདུད་དོ། །དཀྱིལ་འཁོར་མཐར་ཐུག་རང་བཞིན་འོད་གསལ་མཆོག །ལྷ་ཡི་ མཐར་ཐུག་བདེ་སྟོང་ཡེ་ཤེས་སྐུ། །ཕྱག་རྒྱའི་མཐར་ཐུག་འོད་གསལ་ཕྱག་རྒྱ་ཆེ། །གསང་ སྔགས་མཐར་ཐུག་ཡིད་སྐྱོབ་སྟོན་ལ་འདུད། །ཅེས་པ་ནི། དཀྱིལ་འཁོར་ལ་དབྱེ་ན། སློབ་ དཔོན་ཀླུའི་བྱང་ཆུབ་ཀྱི་དཀྱིལ་ཆོག་ལས། སློབ་མའི་དོན་ནི་བསྒྲུབ་བྱའི་ཕྱིར། །དཀྱིལ་ འཁོར་རྣམ་བརྒྱད་བྲི་བར་བྱ། །རིན་ཆེན་དེ་བཞིན་ས་བོན་དང༌། །མེ་ཏོག་མཚོན་དང་དེ་ བཞིན་དུ༑ ༑བྱེ་མ་གཡོ་དང་ཕྱེ་མ་སྟེ། །དེ་བཞིན་ཡིད་ཀྱི་དཀྱིལ་འཁོར་བདེན། །ཞེས་བརྒྱད་ དུ་གསུངས་པ་དང༌། མངོན་བརྗོད་བླ་མ་ལས། བྲིས་པའི་དཀྱིལ་འཁོར་དང་པོ་སྟེ། །གཉིས་ པ་མཚན་མའི་དཀྱིལ་འཁོར་རོ། །གསུམ་པ་ལག་པའི་ཕྱག་རྒྱ་སྟེ། །བཞི་པ་གཟུགས་སུ་གྱུར་ པའོ། །ལྔ་པ་མེ་ཏོག་མཆོད་པ་སྟེ། །དྲུག་པ་ཚོགས་ཀྱི་དཀྱིལ་འཁོར་རོ། །ཞེས་དྲུག་ཏུ་ གསུངས་པ་དང༌། སློབ་དཔོན་རྡོ་རྗེ་དྲིལ་བུ་པས། འོན་ཀྱང་དཀྱིལ་འཁོར་དེ་རང་བཞིན། །ཅི་ ཡིན་དེ་ནི་འདི་ལྟར་བཤད། །རི་མོར་གནས་པའི་ལས་དང་ནི། །ཐིག་ལ་མཚོན་དབྱེའི་རིམ་པ་ བསྟན། །འགྲོ་བ་འདི་དག་རང་བཞིན་གྱིས། །གྲུབ་པའི་དཀྱིལ་འཁོར་གཉིས་མེད་པའོ། 1-1-280 ། ཞེས་ལུས་དཀྱིལ་དང་གསུམ་དུ་གསུངས་པ་རྣམས་དབང་འོག་མའམ་བུམ་དབང་དུ་གྲགས་ པའི་དཀྱིལ་འཁོར་ཡིན་ལ། དབང་གོང་མའི་དཀྱིལ་འཁོར་ནི། རྡུལ་ཚོན་སོགས་ཀྱིས་དཀྱིལ་ འཁོར་མ་ཡིན་ཏེ། དུས་འཁོར་རྩ་རྒྱུད་དུ། ལུས་ཀྱིས་དབང་པོ་བྷ་ག་སེམས། །སྐུ་གསུང་ ཐུགས་ཀྱིས་རྡོ་རྗེ་ཡིས། །དཀྱིལ་འཁོར་རྣམ་པ་གསུམ་དུ་གསུངས། །གཞན་པ་མཚོན་ལྔ་ལྡན་ པ་མིན། །ཞེས་དང༌། བདེ་མཆོག་ཨ་བྷི་དྷ་ནར། དཀྱིལ་འཁོར་ལུས་སུ་བརྗོད་པར་བྱ། ། དཀྱིལ་འཁོར་བྷ་གར་བརྗོད་བྱ་ཞིང༌། །དཀྱིལ་འཁོར་བྱང་ཆུབ་སེམས་སུ་བརྗོད། །ཅེས་ གསུངས་པ་དང་དགོངས་པ་གཅིག་གོ །འདིས་བདེ་མཆོག་ནག་པོ་པའི་དཀྱིལ་ཆོག་ཏུ། བོད་ འགས་བུམ་དབང་ཤར་སྒོར། གསང་དབང་ལྷོ་སྒོར། གསུམ་པ་ནུབ་སྒོར། བཞི་པ་བྱང་སྒོར་ ཀུར་[བསྐུར་]བ་ནོར་བར་བསྟན་ཞིང༌། གཞན་ཡང་གཞུང་འདིས་བརྟག་གཉིས་དང༌། ལམ་ འབྲས་ཀྱི་ས་ཅད་[བཅད་]ལ་ལུས་རྩའི་དཀྱིལ་འཁོར། ཡི་གེ་བྷ་གའི་དཀྱིལ་འཁོར། ཁམས་ བདུད་རྩིའི་དཀྱིལ་འཁོར། སྙིང་པོ་ཡེ་ཤེས་རླུང་གིས་[གི་]དཀྱིལ་འཁོར། ཞེས་སྐྱེས་པའམ་ བུད་མེད་གང་རུང་གི་ལུས་ལ་དཀྱིལ་འཁོར་འདི་བཞི་ཚང་བ་རྒྱུད་ཀྱི་དོན་མ་ཡིན་ཏེ། རྒྱུད་ འདི་གཉིས་ཀྱིས་དགོངས་པ་ནི་སྐྱེས་པ་ལ་དབང་གོང་མ་བསྐུར་བའི་དབང་དུ་བྱས་ནས་བུམ་ དབང་གིས། དཀྱིལ་འཁོར་བུད་མེད་ཀྱི་དཀར་འཛིན་ནུ་མ་ལ། ལུས་ཀྱི་དབང་པོའམ་ལུས་ ཞེས་བརྗོད་པ་དང༌། གསང་དབང་གིས་དཀྱིལ་འཁོར་མོ་མཚན་ལ་བྷ་ག་ཞེས་བརྗོད་པ་དང༌། གསུམ་པའི་ཀུན་རྫོབ་བྱང་སེམས་ཞེས་པ་ཕོ་མོ་དབང་པོ་སྦྱར་དུས་ཀྱིས་དཀར་དམར་གཉིས་ གསང་གནས་སུ་འཚོགས་པ་དང༌། བཞི་པའི་དཀྱིལ་འཁོར་དོན་དམ་བྱང་ཆུབ་ཀྱིས་[ཀྱི] སེམས་ཀྱིས་[ཀྱི]དཀྱིལ་འཁོར་ཞེས་པ་དམིགས་མེད་སྟོང་པ་དང༌། གཡོ་བའམ་འགྱུར་བ་མ་ ཡིན་པར། དམིགས་བཅས་རྣམ་ཀུན་མཆོག་ལྡན་དང༌། གཡོ་མེད་དང་འགྱུར་མེད་ཀྱི་བདེ་བ་ ནི། དཀྱིལ་འཁོར་མཐར་ཐུག་རང་བཞིན་འོད་གསལ་ཞེས་པ་ཡིན་ཏེ། དུས་འཁོར་གྱི་རྒྱུད་ 1-1-281 ལས། དེ་ཕྱིར་རྒྱལ་པོ་རང་སེམས་དྲི་མ་རྣམ་པར་བྲལ་བ་དག་ནི་དཀྱིལ་འཁོར་དབང་པོ་རབ་ ཏུ་བྱ་ཞེས་སོ། །དབང་བསྐུར་ཚུལ་ནི། སློབ་མ་ཤེས་རབ་མའི་ནུ་མ་ལ་རེག་ཏུ་འཇུག་པ་དང༌། བླ་མའི་བྱང་སེམས་ཁར་བྱིན་ནས་ཕྱག་རྒྱ་བྷ་ཁ་[ག་]ལྟར་བཞུགས་པ་དང༌། ཕྱག་རྒྱ་བྱིན་ ནས་དབང་པོ་སྦྱོར་དུ་འཇུག་པ་དང༌། རླུང་སེམས་དབུ་མར་ཞུགས་པའི་ཐབས་སྟོན་ཞིང༌། མི་ རྟོག་ཡེ་ཤེས་བསྒོམ་དུ་འཇུག་པ་རྣམས་ཡིན་ལ། དེ་ལྟར་བྱས་པས་དབང་བཞི་པོའི་ངོ་བོ་ནི་ གོ་རིམ་བཞིན་དུ་དགའ་བའི་དགའ་བ་དང༌། མཆོག་དགའི་དགའ་བ་དང༌། དགའ་བྲལ་ཁྱད་ པར་གྱི་དགའ་བ་དང༌། འོད་གསལ་མཐོང་ཞིང་འགྱུར་མེད་ཀྱི་བདེ་བའམ་ལྷན་སྐྱེས་ཀྱི་ དགའ་བ་རྣམས་ཡིན་ཏེ། སམ་པུ་ཊར། དང་པོ་དགའ་བ་ཙམ་ཡིན་ཏེ། །གཉིས་པ་མཆོག་ཏུ་ དགའ་བའོ། །གསུམ་པ་དགའ་བྲལ་དགའ་བ་སྟེ། །བཞི་པའང་དེའང་དེ་བཞིན་ནོ། །ཞེས་ དང༌། དགའ་བ་ལ་སོགས་རིམ་པ་ནི། །དབང་ནི་རྣམ་པ་བཞི་ཤེས་བྱ། །ཞེས་དང༌། དུས་ འཁོར་རྩ་རྒྱུད་དུ། གསུམ་པ་གསང་བའི་དབང་བསྐུར་དང༌། །ཤེས་རབ་ཡེ་ཤེས་མངོན་བརྗོད་ པ། །སླར་ཡང་ཤེས་རབ་ཆེན་པོ་ཉིད། །དེའི་ཡེ་ཤེས་མངོན་རྗོད་བྱེད། །འགྱུར་དང་འགྱུར་ དང་དེ་ནས་འཛག །དེ་ནས་གཞན་ཡང་མི་འཛག་པའོ། །དབང་བསྐུར་གསུམ་པོ་རིམ་པ་ ཡིས། །ལུས་ངག་སེམས་ནི་ལས་དག་པ། །བཞི་པ་ཡེ་ཤེས་ཡང་དག་དག །ལུས་ངག་སེམས་ ཀྱང་དག་པར་བྱེད། །བྱིས་པ་དར་མ་དེ་ནས་རྒན། །བཞི་པ་སྐྱེ་དགུའི་བདག་པའོ། །ཤེས་རབ་ ནུ་མར་ཡན་ལག་ནི། །རེག་པས་བྱང་ཆུབ་སེམས་འཕོའི་བདེ། །འོ་མ་འཛིན་པས་དབང་ བསྐུར་བ། །གང་ལ་བདེ་ཐོབ་དེ་ཕྱེས་པའོ། །ཡུན་རིང་གསང་བར་སྤྲོས་ལས་སྐྱེ། །བྱང་ཆུབ་ སེམས་ནི་འཕོ་བའི་བདེ། །གསང་བའི་དབང་བསྐུར་གསང་བ་ནི། །གང་ལས་བདེ་ཐོབ་དེ་ དར་མ། །ཡུན་རིང་གསང་བར་སྤྲོས་ལས་སྐྱེས། །རྡོ་རྗེའི་རྩེ་མོར་གཡོ་བའི་བདེ། །ཤེས་རབ་ ཡེ་ཤེས་དབང་བསྐུར་བ། །གང་ལས་གཡོ་བར་སྒྲོད་དེ་རྒན། །ཕྱག་རྒྱ་ཆེན་པོ་རྗེས་ཆགས་ལ། 1-1-282 ། སྐྱེས་པ་གཡོ་མེད་བདེ་བ་ནི། །ཤེས་རབ་ཆེན་པོའི་དབང་བསྐུར་བ། །གང་ལ་གཡོ་མེད་རྟོག་ པ་དེ། །སྐྱེ་དགུའི་བདག་པོར་རྣམས་ཤེས་བྱ༑ ༑ཞེས་དང༌། བརྟག་གཉིས་སུ། རྒོད་པའི་དགའ་ བ་ཐོབ་པ་ནི། །རྒོད་པ་དག་པ་སློབ་དཔོན་ཉིད། །ལྟས་པའི་དགའ་བ་ཐོབ་པ་ནི། །བལྟ་བ་ དག་པ་གསང་བ་ཉིད། །ལག་བཅང་དགའ་བ་ཐོབ་པ་ནི། །ལག་འཆང་དག་ལས་ཤེས་རབ་ ཉིད། །གཉིས་གཉིས་སྤྲད་པའི་བདེ་ཐོབ་པ། །གཉིས་གཉིས་སྤྲད་པ་དེ་བཞིན་ཉིད། །ཅེས་ གསུངས་ཏེ། གཉིས་གཉིས་སྤྲད་པ་དེ་བཞིན་ཉིད་ཅེས་པ་འདིས། དབང་བཞི་པ་ལ་གཉིས་ ཡོད་པའི། ཀུན་རྫོབ་འཇིག་རྟེན་པའི་དབང་བཞི་པ་ཞེས་པ། དོན་ལ་དབང་གསུམ་པ་དང༌། གནད་གཅིག་པ་བསྟན་པ་ཡིན་ལ། འདིས་སྦས་རྒྱུད་པ་རྣམས་དབང་བཞི་པའི་དོན་གསུམ་པ་ དང༌། དོན་གཅིག་པར་འཁྲུལ་པ་འདི་ལ་ཐུག་ཅིང༌། ཡང་སྙིང་པོ་ཡེ་ཤེས་རླུང་གིས་དཀྱིལ་ འཁོར་ཡང་མི་འཐད་དེ། རླུང་ཐམས་ཅད་མཐར་ཐུག་དགག་བྱ་ཡིན་པས་སོ། །དེ་ལྟར་ན་ གཞུང་འདི་རྣམས་ཀྱི་རྣམ་པར་སྤྱད་[དཔྱད་]པས་ངེས་དོན་གྱིས་དབང་བཞི་པོ་སོགས་ ལེགས་པར་རྟོགས་ཤིང༌། གྲང་[དྲང་]དོན་སྦས་རྒྱུད་ལ་བརྟེན་པའི་ཕྱག་ལེན་པ་རྣམས་ལ་ དབང་བཞིར་རྟགས་པ་ཡོད་ཀྱང༌། མཚན་ཉིད་པའི་བུམ་དབང་དང༌། གསང་དབང་ཕྱེད་དང༌། བཞི་པ་རྣམས་ཆད་པར་ཤེས་པར་བྱའོ། །ལྷའི་མཐར་ཐུག་ཞེས་པ་ལ། ལྷ་ལ་དབྱེ་ན། འཇིག་ རྟེན་ཐ་མལ་པའི་ཕོ་ལྷ་དགྲ་ལྷ་སོགས་དང༌། གཟུགས་དང་གཟུགས་མེད་ཀྱི་ལྷ་དང༌། ཕྱི་རོལ་ པའི་ཚངས་པ་སོགས་དང༌། ནང་པའི་བསྐྱེད་རིམ་རྟོག་ཆོས་ནས་གཟུགས་སྐུའི་བར་རྣམས་ནི་ དྲང་དོན་ཀུན་རྫོབ་ཡིན་པས་དམན་ལ། ལྷའི་མཐར་ཐུག་ནི། སྔགས་བསྟན་པའི་རྡོ་རྗེའི་རྣལ་ འབྱོར་བདེ་སྟོང་ཡེ་ཤེས་ཀྱི་སྐུ་ཡིན་ནོ། །ཕྱག་རྒྱ་ལ་དབྱེ་ན། ཡོ་གར་གསུངས་པའི་དམ་རྒྱ། ཆོས་རྒྱ། ལས་རྒྱ། ཕྱག་ཆེན་ཞེས་པ་དང༌། བླ་མེད་དུ་གསུངས་པའི། བཞི་འཛག་མེད་དམ་ ཚིག་གིས་ཕྱག་རྒྱ་ནི་ཀུན་འགྲོ་ཡིན་ལ། དམན་པ་ལས་ཀྱི་ཕྱག་རྒྱ་དང༌། འབྲིང་པོ་ཡེ་ཤེས་ཀྱི་ 1-1-283 ཕྱག་རྒྱ་དང༌། མཆོག་ཕྱག་རྒྱ་ཆེན་མོ་སྟེ། ཕྱག་རྒྱའི་མཐར་ཐུག་པ་འོད་གསལ་རྣམ་ཀུན་ མཆོག་ལྡན་ནོ། །སྔགས་ལ་དབྱེ་ན། གསང་སྔགས། རིག་སྔགས། གཟུངས་སྔགས་རྣམས་ ཡོད་ཅིང༌། དེ་ལའང་རྗོད་བྱེད་ཚིག་གིས་སྔགས་ནི། དྲང་དོན་ཀུན་རྫོབ་ཡིན་ལ། བརྗོད་བྱ་ དོན་གྱི་སྔགས་ནི། ཡིད་རྣམ་རྟོག་ལས་སྐྱོབ་པ་གསང་སྔགས་མཐར་ཐུག ཡིད་ནི་མན་ཞེས་བྱ་ བས་ཏེ། །དྲ་ཡིག་སྐྱོབ་པར་བྱེད་པ་སྟེ། །ཞེས་པ་མན་དྲ་པའི་དོན་རྣམ་པར་མི་རྟོག་པའི་ཡེ་ ཤེས་ཡིན་ནོ། །གཞི་ཡི་མཐར་ཐུག་དྲི་བཅས་དེ་བཞིན་ཉིད། །ལམ་གྱི་མཐར་ཐུག་སྦྱོར་བ་ ཡན་ལག་དྲུག །འབྲས་བུའི་མཐར་ཐུག་བྲལ་འབྲས་དེ་བཞིན་ཉིད། །ཆོས་ཀྱི་མཐར་ཐུག་ རྫོགས་པར་སྟོན་ལ་འདུད། །ཅེས་པ་ནི། གཞི་ལ་དབྱེ་ན། ལ་གཞི། ཉུང་གཞི་ཞེས་པ་དངོས་ པོ་ཉི་ཚེ་བའི་ས་བོན་ལ་གཞིར་བཞག་པ་དང༌། ཀུན་ནས་ཉོན་མོངས་ཀྱི་ཆོས་ཐམས་ཅད་ཀྱིས་ [ཀྱི]རྟེན་བྱེད་པའི་ཀུན་གཞི་རྣམ་ཤེས་དང༌། འཁོར་འདས་ཐམས་ཅད་དམ། ཁྱད་པར་རྣམ་ སྣང་གིས་ཆོས་ཐམས་ཅད་ཀྱི་རྟེན་བྱེད་པའི་གཞིའི་མཐར་ཐུག་དྲི་བཅས་དེ་བཞིན་ཉིད། ཀུན་ གཞི་ཡེ་ཤེས་ཏེ་འཕགས་པ་ཀླུ་སྒྲུབ་ཀྱིས་[ཀྱི]ལན་གསུམ་ལ་འཇུག་པའི་སྒྲུབ་པར། ཀུན་ ནས་ཉོན་མོངས་བག་ཆགས་ཀྱིས། །ས་བོན་སྔགས་ཕྱིར་སེམས་རྗོད་དེ། །ཞེས་དང༌། སུམ་ཅུ་ བར། དེ་ལས་ཀུན་གཞི་རྣམ་ཤེས་ནི། །རྣམ་སྨིན་ས་བོན་ཐམས་ཅད་པ། །དེ་ནི་མ་སྒྲིབ་ལུང་ མ་སྟན[བསྟན]། །དེ་ནི་རྒྱུན་འབབ་ཆུ་བོ་བཞིན། །དགྲ་བཅོམ་ཉིད་ན་དེ་བཟློག་གོ །ཞེས་ སངས་རྒྱས་མ་ཐོབ་པར་རྒྱུན་ཆགས་སུ་ཡོད་ཀྱང༌། ཐོབ་ཚེ་རྒྱུན་ཆད་ནས་མེད་པ་ཀུན་གཞིའི་ རྣམ་ཤེས་དང༌། ཤེར་ཕྱིན་དུ་སྒྲུབ་པ་ཡིས་ནི་བརྟེན་གྱུར་པ། །ཆོས་ཀྱིས་དབྱིངས་ཀྱི་རང་ བཞིན་དང༌། །ཞེས་དང༌། མདོ་ལས་ཐོག་མ་མེད་དུས་ཅན་གྱིས་ཁམས། །ཆོས་རྣམས་ཀུན་ གྱིས་གནས་ཡིན་ཏེ། །དེ་ཡོད་པས་ན་འགྲོ་ཀུན་དང༌། །མྱ་ངན་འདས་པའང་ཐོབ་པ་ཡིན། ། ཞེས་དང༌། ཆོས་དབྱིངས་བསྟོད་པར། ཉོན་མོངས་ནང་ན་ཡེ་ཤེས་ཀྱང༌། །དེ་བཞིན་དྲི་མ་ 1-1-284 མེད་པར་གནས། །ཞེས་དང༌། སློབ་དཔོན་ཀླུ་སྒྲུབ་ཀྱིས་[ཀྱི]བླ་མ། བྲམ་ས་ར་ཧས། སེམས་ ཉིད་གཅིག་པོ་ཀུན་གྱིས་ས་བོན་སྟེ། །གང་ལས་སྲིད་དང་མྱ་ངན་འདས་འཕྲོ་བ། །འདོད་པའི་ འབྲས་བུ་སྟེར་བར་བྱེད་པ་ཡིས། །ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ། །ཞེས་ པ་རྣམས་ཀྱིས་ཀུན་གཞིའི་ཡེ་ཤེས་བསྟན་ཏེ། དེའི་རྣམ་གྲངས་ནི། སློབ་དཔོན་ཨ་བྷ་ཡས། ཆོས་ཀྱི་དབྱིངས་ཐམས་ཅད་རང་བཞིན་མེད་པའི་མཚན་ཉིད་ཅན་ཁོ་ནས་འཕགས་པའི་ཆོས་ ཐམས་ཅད་ཀྱི་རྒྱུད་ཀྱི་ཕྱིར། རང་བཞིན་དུ་གནས་པའི་རིགས་དང་གཞི་དང༌། སྟོན་པ་དང༌། རྒྱུད་དང༌། རྟེན་དང༌། ཉེ་བར་གནས་པ་དང༌། སྔོན་དུ་འགྲོ་བ་དང༌། གནས་དང༌། ས་བོན་ དང༌། ཁམས་དང༌། རང་བཞིན་ཞེས་པའི་རྣམ་གྲངས་ཀྱིས་བརྗོད་དོ་ཞེས་སོ། །ལམ་ལ་དབྱེ་ ན། ངན་འགྲོའི་ལམ་མི་དགེ་བཅུ་དང༌། བདེ་འགྲོའི་ལམ་དགེ་བ་བཅུ་དང༌། ཐར་པའི་ལམ་ཕྱི་ ས་དང༌། ནང་པའི་ལམ་གཉིས་དང༌། དེ་ལའང་ཉན་རང་ཐེག་པ་ཆེན་པོའི་ལམ་གསུམ་མོ། ། ཐེག་ཆེན་ལའང་རྒྱུ་མཚན་ཉིད་ཀྱི་ལམ་ནི་འཚང་རྒྱ་བ་ལ་བསྐལ་པ་གྲངས་མེད་གསུམ་ངེས་ པར་དགོས་པས་དམན་ལ། འབྲས་བུ་སྔགས་ནི་བསྐལ་པ་མཆོག་བརྩོན་འགྲུས་ཅན། མིས་ ཚེ་གཅིག་ལ་སངས་རྒྱ་བས་མཆོག་སྟེ། ཇི་སྐད་དུ། བསྐལ་པ་གྲངས་མེད་གསུམ་དུ་ཚོགས་ བསགས་ནས། །བར་དུ་བཅོད་[གཅོད་]པའི་བདུད་རྣམས་འཇོམས་མཛད་པ། །ཞེས་དང༌། སྔགས་ཀྱི་སྤྱོད་པ་རྗེས་སྤྱད་ནས། །ཚེ་འདི་ཉིད་ལ་རྫོགས་སངས་རྒྱས། །ཞེས་པས་སོ། ། སྔགས་ལའང་སྦས་རྒྱུད་ལ་བསྟེན་པའི་ལམ་འབྲས། རིམས་ལྔ། ཆོས་དྲུག །ཕྱག་རྫོགས་ སོགས་ནི། ཚེ་གཅིག་ལུས་གཅིག་ལ་སངས་རྒྱ་བའི་ལམ། དབང་བཞི་པ་མཚན་ཉིད་པ་ བསྒོམ་པའི་ལམ་མ་ཡིན་པས་དམན་ལ་དབང་བཞི་པ་མཚན་ཉིད་པ་བསྒོམ་པའི་ལམ་སྦྱོར་བ་ ཡན་ལག་དྲུག་ནི་ལམ་ཐམས་ཅད་ཀྱིས་མཐོ་ཤོས་མཐར་ཐུག་པ་ཡིན་པས་ལམ་གྱི་མཆོག་སྟེ། དེ་བས་ལམ་ལྷག་པ་དང༌། དེ་དང་སྙམས་[མཉམ་]པའི་ལམ་མེད་པའི་ཕྱིར་ཏེ། དུས་འཁོར་ 1-1-285 དབང་ལེའི་རྒྱུད་དུ། རྣལ་འབྱོར་རྣམས་ཀྱིས་རྟོགས་བྱ་བཞི་པའོ། །ཞེས་དང༌། དེའི་འགྲེལ་ པར་རྣལ་འབྱོར་པ་རྣམས་ཀྱིས་ཡན་ལག་དྲུག་གི་སྦྱོར་བ་ཁོ་ནས་རྟོགས་པར་བྱ་བ་སྟེ། གཞན་ རྣམས་ཀྱི་[ཀྱིས]ནི་མ་ཡིན་ནོ། །ཞེས་ཏེ། གཞན་རྣམས་ཞེས་པ་སྦྱོར་དྲུག་ལས་གཞན་པའི་ ལམ་རྣམས་སོ། །གསང་འདུས་རྒྱུད་ཕྱི་མར། ཡན་ལག་དྲུག་གི་རྣལ་འབྱོར་གྱིས། །བསྙེན་པ་ བྱས་ནས་མཆོག་བསྒྲུབ་ཀྱིས། །གཞན་དུ་བསྒྲུབ་བྱའི་དངོས་པོ་མཆོག །འགྲུབ་པར་འགྱུར་བ་ མེད་པ་ཉིད། །ཅེས་དང༌། སེམས་འགྲེལ་རྣམས་སུ། དེའི་ཕྱིར་སངས་རྒྱས་ཉིད་ཀྱིས་སླད་དུ་ སྦྱོར་བ་ཡན་ལག་དྲུག་བསྒོམ་པར་བྱའོ། །ཞེས་པ་ཡང་ཡང་འབྱུང་བས་སོ། །རྒྱས་པར་ཁོ་ བོས་བྱས་པའི་སྦྱོར་དྲུག་གི་ཁྱད་ཆོས་སུ་བལྟའོ། །འབྲས་བུ་ལ་དབྱེ་ན། མི་དགེ་བའི་འབྲས་ བུ་ངན་འགྲོ་དང༌། དགེ་བའི་འབྲས་བུ་བདེ་འགྲོ་དང༌། ཐར་ལམ་གྱི་འབྲས་བུ་ལ། ཕྱི་རོལ་ པའི་ཚངས་པ་སོགས་དང༌། ནང་པའི་རྒྱུན་ཞུགས། ཕྱིར་འོང་ཕྱིར་མི་འོང༌། དགྲ་བཅོམ་རང་ རྒྱལ། བྱང་སེམས་ཀྱི་ས་བཅུ། སངས་རྒྱས་ཀྱི་གཟུགས་སྐུ་རྣམས་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་ མཆོག་ཡིན་ཀྱང༌། དེ་རྣམས་ཀུན་རྫོབ་ཡིན་པས་དམན་ལ། འབྲས་བུའི་མཐར་ཐུག་བྲལ་ འབྲས་དོན་དམ་ཆོས་སྐུ་དེ་བཞིན་ཉིད་ནི། འདུས་མ་བྱས་རྟག་བརྟན་གཞིག་མེད་གཞོམ་མེད་ རྡོ་རྗེའི་སྐུ་ཡིན་པས་མཆོག་སྟེ། རྒྱུད་བླར། རང་དོན་གཞན་དོན་དོན་དམ་སྐུ་དང་ནི། །དེ་ལ་ བརྟེན་པའི་ཀུན་རྫོབ་སྐུ་ཉིད་དེ། །ཞེས་དང༌། གསེར་འོད་དམ་པར། ཆོས་ཀྱི་སྐུ་ནི་ཡང་དག་ པ་སྟེ། སྐུ་དེ་གཉིས་ཀྱི་གཞི་བྱེད་དོ། །སྐུ་སྔ་མ་གཉིས་ནི་བརྟགས་པ་ཙམ་མོ༑ ༑ཞེས་སོ། །ཡིན་ ལུགས་ཀྱི་སངས་རྒྱས་འདུས་བྱས་མི་རྟག་པར་ལྟ་བའི་ཉེས་དམིགས་དང༌། འདུས་མ་བྱས་ རྟག་པར་ལྟ་བའི་ཡོན་ཏན་ནི། མྱང་འདས་ཆེན་པོར། གང་དག་དེ་བཞིན་གཤེགས་པར་ འདུས་མ་བྱས་ཡིན་པ་ལ། འདུས་བྱས་ཡིན་ནོ་ཞེས་སྨྲ་བ་ནི། རང་གི་ཁྱིམ་དང་འདྲ་བར་ དམྱལ་བར་འགྲོ་བར་འགྱུར་རོ། །འཇམ་དཔལ་དེ་དང་ཕྱིན་ཆད་མི་ཤེས་པ་ལས་འདས་ཏེ། 1-1-286 ཡང་དག་པའི་ཡེ་ཤེས་བརྩལ་བར་བྱས་ལ། དེ་བཞིན་གཤེགས་པ་ནི་འདུས་མ་བྱས་སུ་བལྟ་ བར་བྱའོ། །དེ་ལྟར་ན་ཁྱོད་མྱུར་བ་ཁོ་ནར་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་ལྡན་པའི་ བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཞེས་དང༌། འཕགས་པ་ཀླུ་སྒྲུབ་ ཀྱིས་དབུ་མ་བསྟོད་ཚོགས་སུ། རྟག་ཅིང་བརྟན་ལ་ཞི་བ་ཡིས། །ཆོས་ཀྱི་རང་བཞིན་ཁྱོད་ཀྱི་ སྐུ། །ཞེས་དང༌། འཕགས་པ་ཉི་མ་སྦས་པས། སྒྲོལ་མ་ལ་བསྟོད་པར། གཙང་དག་བདེ་དང་ རྟག་པ་ཉིད་ཐོབ་པ། །ན་དགའ་སྐྱེ་འཆི་མེད་པ་ཆོས་ཀྱི་སྐུ། །ཞེས་དང༌། མདོ་སྡེ་རྒྱན་དུ། རང་ བཞིན་དང་ནི་རྒྱུན་མི་འཆད། །རྒྱུན་གྱི་དེ་དག་རྟག་པ་ཉིད། །ཅེས་ངོ་བོ་ཉིད་སྐུ་རང་བཞིན་གྱི་ རྟག་པར་གསུངས་ལ། སྔར་གྲངས་པའི་རྒྱུད་འགྲེལ་གྱིས། ལུང་དང་པོའི་སངས་རྒྱས་རིགས་ མེད་པ་དུས་ཀྱི་འཁོར་ལོ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་རྒྱུད་གཞན་ཐམས་ཅད་དུ་ རབ་ཏུ་གྲགས་སོ། །བཅོམ་ལྡན་འདས་དེ་ཉིད་རྒྱུའི་མཚན་ཉིད་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ངོ་བོ་ཉིད་ཀྱི་སྐུ་ཞེས་གསུང་སྟེ། ཞེས་པ་དང༌། ལུང་གོང་མ་ ནས་དགོངས་པ་གཅིག་གོ །དེ་ལྟར་མཐར་ཐུག་སྙིང་པོའི་དོན་སྟོན་པ་བླ་མའི་མན་ངག་ རྫོགས་ལྡན་གྱིས་ཆོས་བདུད་རྩི་ལྟ་བུ་ཉམས་སུ་བླངས་བར་བྱའི་དེ་དོར་ནས་ཐུན་མོང་གི་ བསྟན་ཆོས་མང་པོ་ལ་བློ་སྦྱོང་བ་ཚེ་ཐུང་ཡུད་ཙམ་དུས་འདའ་བའི་དགོས་པ་ཆུང་བ་སྟེ། འཕགས་པ་ཀླུ་སྒྲུབ་ཀྱི་བླ་མ། བྲམ་ཆེན་པོ་ས་ར་ཧ་པས། གང་ཞིག་བླ་མའི་མན་ངག་བདུད་ རྩིའི་ཆུ། །གདུང་བསིལ་སིལ་བ་ངོམ་པ་མི་འཐུང་བར། །དེ་ནི་བསྟན་ཆོས་དོན་མང་མྱ་ངན་ གྱིས། །ཐང་ལ་སྐོམ་པས་གདུངས་ཏེ་འཆི་བར་ཟད། །ཅེས་གསུངས་པ་བསམ་པར་བྱའོ། །དེ་ ལྟར་ཆོས་རྣམས་ཀྱི་གནས་ལུགས་ལ་དཔྱོད་པ་ནི་ཡང་དག་པའི་ལྟ་བ་དང༌། ཤེས་རབ་ཁྱད་ པར་ཅན་འབྱུང་བར་བྱེད་ལ། དེ་བྱུང་ན་མྱུར་དུ་སངས་རྒྱས་ཐོབ་པ་ཡིན་ཏེ། རྣམ་འགྲེལ་དུ། སྟོང་ཉིད་ལྟ་བས་གྲོལ་བར་འགྱུར། །སྒོམ་པ་ལྷག་མ་དེ་དོན་ཡིན། །ཞེས་དང༌། འཕགས་པ་ 1-1-287 ཀླུ་སྒྲུབ་ཀྱིས། གལ་ཏེ་མཐོ་རིགས་ཐར་པ་མངོན་བཞེད་[ཞེན་]ན། །ཡང་དག་ལྟ་ལ་གོམ་ [གོ མས་]པ་ཉིད་དུ་མཛོད། །གང་ཟག་ལྡོག་པར་ལྟ་བས་དགེ་སྤྱད་ཀྱང༌། །ཐམས་ཅད་རྣམ་ པར་སྨིན་པ་མི་ཟད་ལྡན། །ཞེས་དང༌། དཔུང་བཟང་དུ། རྨོངས་པ་གང་གིས་ལུས་དང་ངག་གི་ ནི། །དེ་བཞིན་ཡིད་ཀྱི་དགེ་བ་གང་བྱས་ཀྱང༌། །ཐམས་ཅད་ལྡོག་པར་ལྟ་བས་བཅོམ་པས་ན། ། དེའི་རྣམ་སྨིན་མི་འདོད་འབྲས་བུར་འགྱུར། །དཔེར་ན་ས་དང་ཆུ་དང་དུས་ལྡན་ཡང༌། །ས་ བོན་ཚིག་པར་མྱུ་གུ་མི་སྐྱེ་ལྟར། །དེ་བཞིན་མི་ཤེས་ལྡོག་ལྟས་བཅོམ་པ་ཡིས། །སེམས་ལ་ དགེ་བའི་ཆོས་རྣམས་མི་སྐྱེའོ། །དེ་ཕྱིར་ལྡོག་པར་ལྟ་བ་རྣམ་པར་སྤངས། །ཡང་དག་ལྟ་བ་ལ་ ནི་བརྟེན་པར་གྱིས། །ཞེས་དང༌། གསང་འདུས་ཀྱི་རྒྱུད་རྡོ་རྗེ་ཕྲེང་བ་ལས། གདུལ་དཀའ་ ཚུལ་ཆོས་གཡོ་སྒྱུ་ཅན། །རློམ་དང་སེམས་ཁྲོ་གཡོ་སྒྱུ་ཅན། །དད་མེད་རྟོག་གེ་པ་ལྷན་ཅིག ། རྟགས་ཀྱི་ཉེ་བར་འཚོ་བ་དང༌། ཉན་ཐོས་ནོར་ལ་སྐམ་ཆགས་ཅན། །དེ་ཁོ་ན་ཉིད་སུན་འབྱིན་ ཅིང༌། །དོན་དམ་པ་ནི་མི་ཤེས་པའི། །མེད་པར་ལྟ་དང་ཚུལ་ཁྲིམས་འཆལ། །གཏམ་དང་ཚིག་ ནི་འཁྱལ་པ་དང༌། །འདྲེ་བ་ལ་སོགས་མི་བྱ་སྟེ། །སེ་གོལ་རྟོག་པ་ཙམ་དུ་ཡང༌། །དེ་དང་ལྷན་ ཅིག་གཅིག་མི་བྱ། །ཞེས་དང༌། ཡོན་ཏན་རིན་ཆེན་བསྡུད་པར། ཤེས་རབ་ཀྱིས་ནི་ཆོས་ཀྱི་ རང་བཞིན་ཡོངས་ཤེས་ན། །ཁམས་གསུམ་མ་ལུས་པ་ལས་ཡང་དག་འདའ་བར་བྱེད། །ཅེས་ དང༌། འཕགས་པ་ལྷས་བཞི་བརྒྱ་པར། ཚུལ་ཁྲིམས་ལས་ནི་ཉམས་སླ་ཡི། །ལྟ་བ་ནམ་ཡང་ ཉམས་མི་བྱ། །ཚུལ་ཁྲིམས་ཀྱིས་ནི་བདེ་འགྲོར་འགྲོ། །ལྟ་བས་གོ་འཕངས་མཆོག་ཏུ་འགྲོ། ། ཞེས་སོ། །ལྟ་བ་ལོག་པ་ལས་འདས་ནས་ཡང་དག་འབྱུང་བ་ལ་གསུང་རབ་ཀྱི་དོན་ལ་དཔྱོད་ དགོས་ཏེ། རྒྱན་སྟུག་པོར། དགེ་སློང་དག་གོ་མཁས་རྣམས་ཀྱིས། །བསྲེགས་བཅད་བརྡར་ བའི་གསེར་བཞིན་དུ། །ལེགས་པར་རྟགས་[བརྟགས་]ལ་ང་ཡི་བཀའ། །བླང་བར་བྱ་ཡི་ གུས་ཕྱིར་མིན། །ཞེས་དང༌། མདོ་སྡེ་རྒྱན་དུ། ཆོས་བཟང་རིགས་པའི་རྣམ་དཔྱད་བསམ་པ་ 1-1-288 ཅན། །རྟག་ཏུ་བདུད་ཀྱི་བར་ཆད་བྱེད་པ་མེད། །ཁྱད་པར་རྙེད་དང་གཞན་གྱིས་ཕྱོགས་སུན་ འབྱིན། །མི་འཕྲོག་ཡོངས་སུ་སྨིན་པའི་མཚན་ཉིད་དོ། །ཞེས་སོ། ། གསུམ་པ་རྩམ་པའི་དགེ་བའི་རྩ་བ་ཡོངས་སུ་བསྔོ་བ་ནི། བསྟན་པ་སྤྱི་འགྲེལ་ཞེས་བྱ་ བའི་གསོལ་འདེབས་འདི། ཆོས་རྗེ་བླ་མ་རྣམས་ཀྱི་བྲན་དུ་གྱུར་པ་ཤེས་རབ་རྒྱལ་མཚན་ དཔལ་བཟང་པོས་བསྡེབས་པའོ། །ཞེས་པ་ནི་གཞུང་འདི་རྩོམ་པ་པོ། ཆོས་རྗེ་ཇོ་ནང་པ་ཀུན་ མཁྱེན་དོལ་པོ་བ་ཞེས་མཚན་ཡོངས་སུ་གྲགས་པ་དེ་ཉིད་ཡིན་ལ། བསྔོ་བ་དངོས་ནི། དགེ་བ་འདི་ཡིས་བདག་དང་སེམས་ཅན་ཀུན། །བྲལ་འབྲས་དོན་ དམ་ཆོས་སྐུ་མངོན་གྱུར་ནས། །བསྐྱེད་འབྲས་ཀུན་རྫོབ་གཟུགས་སྐུ་རྣམ་གཉིས་ཀྱིས། ། འཁོར་བ་སྲིད་དུ་གཞན་དོན་བྱེད་པར་ཤོག །ཇི་སྲིད་དེ་མ་ཐོབ་པ་དེ་སྲིད་དུའང༌། །འཁོར་ལོ་ རིམ་གསུམ་ཁྱད་པར་གསང་སྔགས་ཀྱིས། །རང་གཞན་བདེ་གཤེགས་སྙིང་པོའི་དྲི་མ་རྣམས། ། རིམ་བཞིན་སྦྱོངས་ལ་རྟག་ཏུ་བརྩོན་པར་ཤོག །ཅེས་པའི་དོན་རྣམས་གོ་བར་ཟད་ལ། འོན་ ཀྱང་འཁོར་བ་སྲིད་དུ་གཞན་དོན་ཞེས་པས་འཕྲིན་ལས་རྒྱུན་མི་འཆད་པར་བསྟན་ཏེ། རྒྱུད་ བླར། གཞན་གྱིས་དབང་གིས་ངེས་འབྱུང་དང༌། །བདག་དང་སེམས་ཅན་མཚུངས་གཟིགས་ དང༌། །མཛད་པ་ཡོངས་སུ་མ་རྫོགས་ཕྱིར། །འཁོར་བ་སྲིད་དུ་འཛད་མི་འཆད། །ཅེས་པ་དང༌། འཁོར་བ་ལ་ཐ་མ་མེད་པས། འཕྲིན་ལས་རྒྱུན་མི་ཆད་པ་ཡིན་ནོ། ། ཇོ་ནང་གྲུབ་མཐའ་ནོར་ཞེས་སྨྲ་བ་རྣམས། ། གྲུབ་མཐའི་མཐར་ཐུག་སྣང་བཅས་དབུ་མ་དང༌། ། བསྟན་པའི་མཐར་ཐུག་བདེ་གཤེགས་སྙིང་པོ་ལ། ། བློ་ཁ་མ་ཕྱོགས་རང་མཚན་[མཚང་]བསྟན་པར་ཟད། ། གནས་ལུགས་བསྟན་པའི་མདོ་རྒྱུད་བསྟན་བཅོས་དོན། ། 1-1-289 ཚུལ་བཞིན་མ་རྟོགས་ལོག་རྟོགས་མུན་པ་ཡིས། ། རྣམ་པར་ནོན་པའི་གངས་ཅན་བོད་འདི་རུ། ། ཡེ་ཤེས་སྣང་བ་རྒྱས་མཛད་འོད་སྟོང་ཅན། ། ཆོས་རྗེ་ཇོ་ནང་པ་ལ་ཕྱག་འཚལ་ལོ། ། བཤེས་གཉེན་གཞན་ནི་ཕྱོགས་རེའི་སྤྱན་ཅན་ཙམ། ། མཉམ་མེད་ཁྱོད་ནི་ཤེས་བྱ་ཀུན་གཟིགས་ནས། ། ཀུན་མཁྱེན་ཇོ་ནང་པ་ཞེས་མཚན་གསོལ་པའི། ། མཚུངས་མེད་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། ། བཤེས་གཉེན་གཞན་ནི་ཚིག་སོགས་ལྷུར་བྱེད་པས། ། རྟོན་པ་བཞི་བྲལ་ཁྱེད་ནི་དོན་སོགས་གཙོར། ། རྟོན་པ་བཞི་ལྡན་ཆོས་རྗེ་ཇོ་ནང་པ། ། མཚུངས་བྲལ་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། ། ཁྱོད་ནི་རྒྱལ་བ་ཀུན་གྱི་ངོ་བོ་ཉིད། ། རིགས་གསུམ་མགོན་པོའང་ཁྱོད་ལས་གཞན་མ་ལགས། ། ཐུབ་མཆོག་གཉིས་པ་མཚུངས་མེད་དོལ་པོ་པ། ། ཆོས་རྗེ་ཇོ་ནང་པ་ཡིས་བྱིན་གྱིས་རློབས། ། ཉིད་ཀྱིས་མཛད་པའི་བླ་མའི་བསྟོད་ཚིག་མཆོག ། བསྟན་པ་སྤྱི་འགྲེལ་ཞེས་བྱའི་གཞུང་འདི་ནི། ། བསྟན་དང་སེམས་ཅན་ཀུན་ལ་ཕན་བྱའི་ཕྱིར། ། ཉིད་ལ་རྩེ་གཅིག་གུས་པའི་དུས་འཁོར་བ། ། 1-1-290 ལྷའི་རྒྱལ་མཚན་དཔལ་གྱིས་རྣམ་པར་བཀྲོལ། ། དེ་ལས་བྱུང་བའི་རབ་ཡངས་དགེ་བ་ཡིས། ། ཕྱོགས་དུས་ཀུན་ཏུ་བསྟན་པ་རབ་དར་ཞིང༌། ། འགྲོ་ཀུན་ལམ་འདིར་ཞུགས་ནས་གྲོལ་གྱུར་ཅིག ། ཆོས་རྗེ་ཀུན་མཁྱེན་ཆེན་པོ་ཇོ་ནང་པའི་མཛད་པའི་བླ་མའི་གསོལ་འདེབས་བསྟན་པ་ སྤྱི་འགྲེལ་གྱིས་འགྲེལ་པ། དེ་ཉིད་རྣམ་ངེས་ཞེས་བྱ་བ་འདི་ནི་སྟོན་པ་བཅོམ་ལྡན་འདས་སྐུ་ བལྟམས་ནས་ལོ་ཉིས་སྟོང་སུམ་བརྒྱ་དང་བཅུ་འདས་པ། ལོ་སྐོར་དྲུག་ཅུ་ལས་ཡོང་འཛིན་གྱི་ ལོ་དང༌། བཅུ་གཉིས་ལས་མེ་ཕོ་བྱི་བའི་ལོའི་ས་ག་ཟླ་བའི་དཀར་ཕྱོགས་ཀྱི་ཚེས་གཉིས་ལ། དབེན་གནས་ནམ་མཁའ་མཛོད་དུ་གྲུབ་པར་སྦྱར་བ་དང༌། ཡི་གེ་པ་ནི་དགེ་སློང་ནམ་མཁའ་ བྱང་ཆུབ་པོ། །འདིས་བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག། མ་ཡིག་འབྲས་སྤུངས་དཔེ་རྙིང༌། ཕྱི་ལ། ༥༥༧ ཡིན། རྟགས་འདི་དོགས་པ་ཡོད་རིགས་ཟུར་དུ་བཅོས་ཁུལ་བྱས་ཡོད། [ ] ཚིག་རྡོག་གཉིས་ལྷག་ལ་རྟགས་འདི་ཡོད་པས་གང་འོས་དཔྱད་དགོས། [ [ ] མ་ཡིག་མི་གསལ་བ་རྣམས་ཚིག་རྡོག་རེ་རྟགས་འདི་བཞག་ཡོད། [ ] 1-1-291 ༄༅། །ཆོས་དབྱིངས་གསལ་སྒྲོན་ཞེས་ཀྱང་བྱ་གྲུབ་མཐའི་ ཤན་འབྱེད་ཞེས་བྱ་བ་ བཞུགས་སོ། ། ཕྱི་ལ་༤༧༨ ༄༅། །ཆོས་དབྱིངས་གསལ་སྒྲོན་ཞེས་བྱ་བ། སྟོན་པ་མཚུངས་མེད་ཤཱཀྱ་སེངྒེ་དང༌། ། འཇམ་པའི་དབྱངས་ལ་གུས་པར་ཕྱག་འཚལ་ནས། །ཆོས་རྣམས་ཀུན་གྱི་གནས་ལུགས་དེ་ བཞིན་ཉིད། །ཚུལ་བཞིན་མ་རྟོགས་ལོག་རྟོག་སྡང་སྨྲ་ཡིས། །ཆོས་དང་གང་ཟག་མཆོག་ལ་ སྐུར་འདེབས་ཤིང༌། །བསྟན་པ་དཀྲུག་པར་མཛད་པའི་ཚོགས་རྣམས་ལ། །མ་ཕོད་བྱ་གཏོང་ བསྙེན་བསྐུལ་མདོར་བསྡུས་བྲི། །སྲས་བཅས་རྒྱལ་བས་བྱིན་གྱིས་བརླབ་ཏུ་གསོལ། ། དེང་སང་ཐུན་མོང་བའི་བསྟན་བཅོས་སྒྲ་ཚད་དང་སྣང་མེད་དབུ་མ་རང་སྟོང་ཕྱོགས་ལ་ སྦྱངས་པ་ལྷུར་བྱས་ཤིང༌། ཐུན་མོང་མིན་པ་གཞན་སྟོང་སྣང་བཅས་དབུ་མ་དང་གསང་སྔགས་ མཐར་ཐུག་ལ་འདྲིས་ཆུང་པའི་མཁས་པ་ཕལ་ཆེར་སངས་རྒྱས་དང་ཤེས་པ་གང་ཡིན་ལ་ འདུས་བྱས་ཀྱིས་ཁྱབ། དེ་སྟོབས་ཀྱིས་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཆོས་སྐུས་མ་ ཁྱབ། མདོར་སེམས་ཅན་ལ་སངས་རྒྱས་ཡོད་པར་བཤད་པ། རྒྱུད་བླ་རྩ་འགྲེལ་གྱི་དགོངས་ གཞི། གསུངས་པའི་དགོས་པ། དངོས་ལ་གནོད་བྱེད་དང་བཅས་པས་བཀག་ཅེས་ སོགས་སྨྲའོ། །དེའི་གནད་ནི་སྤྱིར་བཀའ་རྣམས་ཀྱི་བརྗོད་བྱའི་གཙོ་བོ་ནི་དེ་བཞིན་ཉིད་ཡིན་ ལ་དེ་ཉིད་བཀའ་བར་བ་ནས་སྒྲོ་འདོགས་བསལ་བའི་ཕྱིར་སྐྱོན་བརྟགས་ཆོས་སེལ་བ་རྣམ་ 1-1-292 བཅད་དགག་པའི་ཆ་ནས་གཙོ་བོར་བསྟན་པ་ལ་ཞེན་པས་ལན་ལ། བཀའ་ཐ་མ་དང་སྔགས་ ནས་དེ་ཉིད་ལ་སྒྲོ་འདོགས་སེལ་བའི་སྟེང་དུ་ཡོན་ཏན་ལ་སྐུར་འདེབས་སེལ་བའི་ཕྱིར་ཡོངས་ གཅོད་སྒྲུབ་པའི་ཆ་དང་བཅས་པ་རྒྱས་པར་སྟོན་པ་ལ་སེམས་ཙམ་གྱི་ལྟ་བ་ཡིན་སྙམ་དུ་བརྙས་ པས་ལན་ཞིང༌། ཆོས་ཉིད་དེ་བཞིན་ཉིད་དེ་ཀུན་ཁྱབ་ཡིན་པ་ཙམ་ཞིག་གོ་ཡང༌། དེ་ཉིད་རང་ སྟོང་གཞི་རྩ་དང་ཕན་གནོད་ཡོན་ཏན་གང་ཡང་མེད་པ་ནམ་མཁས་གཟུགས་ཀྱི་གོ་འབྱེད་པ་ ལྟ་བུ་དང་འདྲ་བ་ཙམ་ཅིག་ཏུ་གོ་ཞིང༌། མི་རྟོག་ཡེ་ཤེས་དང་དོན་དམ་བྱང་ཆུབ་ཀྱི་སེམས་དང་ རང་བཞིན་འོད་གསལ་གྱི་སེམས་དང༌། དོན་དམ་ཆོས་སྐུ་དང༌། ཤེར་ཕྱིན་དང༌། མྱང་ འདས་དང༌། བདེ་གཤེགས་སྙིང་པོ་དང༌། རྡོར་སེམས་དང༌། ཧེ་རུ་ཀ་དང༌། དང་པོའི་ སངས་རྒྱས་སོགས་སུ་མ་གོ་བ་དང་སངས་རྒྱས་ཐམས་ཅད་ཀྱི་ཆོས་སྐུའམ་ངོ་བོ་ཉིད་སྐུ་དེ་ ཉིད་འདུས་མ་བྱས་པ་མཐའ་དང་དབུས་མེད་རྒྱ་ཆེ་ནམ་མཁའ་ལྟར་ཁྱབ་པ། སངས་རྒྱས་ ཉིད་ནི་ཡོན་ཏན་དྲི་མ་མེད་གཏེར་སེམས་ཅན་ཀུན་ལ་ཁྱད་མེད་རྣམ་གཟིགས་ནས། །ཅེས་ པའི་སྟོབས་ཀྱིས་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཡིན་ཞིང་དེ་བཞིན་ཉིད་རྣམས་ཀྱང་ངོ་བོ་ གཅིག་པ་དང་རང་བཞིན་གྱིས་སངས་རྒྱས་ཡིན་པ་ལ་ཡིན་པར་མ་ཤེས་པར་བཟང་ངན་དུ་ཕྱེ་ བས་ལན་ནོ། ། དེ་སྤང་བའི་ཕྱིར་དོན་དམ་པའི་ཆོས་རྣམས་ངོ་བོ་གཅིག་ཅིང་རོ་མཉམ་མཁའ་ཁྱབ་མིང་ གི་རྣམ་གྲངས་མཐའ་ཡས་པར་རིག་པར་བྱ་སྟེ། ཤེར་ཕྱིན་གྱི་མཚན་བརྒྱ་རྩ་བརྒྱད་པར། སངས་རྒྱས་ཡུམ་འགྱུར་དེའི་མཚན། །དགེ་མ་བདག་གིས་བརྗོད་པར་བགྱི། །འབྱོར་པར་ འདོད་པས་མཉན་པར་གྱིས། །ཤེར་ཕྱིན་དང༌། ཐམས་ཅད་མཁྱེན་པ་དང༌། ལམ་གྱི་རྣམ་ པ་མཁྱེན་པ་དང༌། རྣམ་པ་ཐམས་ཅད་མཁྱེན་པ་དང༌། ཡང་དག་པའི་མཐའ་དང་དེ་བཞིན་ ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མིན་པ་དེ་བཞིན་ཉིད་དང་། བདེན་ 1-1-293 པ་དང་དེ་ཁོ་ན་དང་ཞེས་སོགས་དེ་རྣམས་ཤེར་ཕྱིན་གྱི་རྣམ་གྲངས་སུ་གསུངས་པ་དང༌། དོན་ དམ་པའི་བདེན་པ་བསྡུས་པའི་ཐེ་ཚོམ་བཅད་པའི་ལེའུར། ད་ནི་མིང་ལ་མངོན་པར་ཞེན་པ་ རྣམས་ཀྱི་འཁྲུལ་པ་བསལ་བའི་ཕྱིར་དོན་དམ་པའི་མིང་གི་རྣམ་གྲངས་འགའ་ཞིག་ལ་འཇུག་ པར་བྱ་སྟེ། དེ་ལ་དང་པོ་ནི་འོད་གསལ་བ་དང༌། ཐམས་ཅད་སྟོང་པ་དང་རྡོ་རྗེའི་ཡེ་ཤེས་ དང༌། སངས་རྒྱས་ཀྱི་ཡེ་ཤེས་དང༌། བླ་ན་མེད་པའི་ཡེ་ཤེས་དང༌། ཆོས་ཀྱི་སྐུ་དང༌། ཡང་ དག་པའི་མཐའ་དང༌། ཞེས་སོགས་དང༌། ཤེར་ཕྱིན་དང་སངས་རྒྱས་ཐམས་ཅད་ཀྱི་ཡུམ་དང༌། ཐམས་ཅད་མཁྱེན་པ་དང་དེ་བཞིན་ཉིད་དང༌། ཞེས་སོགས་དེ་རྣམས་དོན་དམ་པའི་རྣམ་ གྲངས་སུ་གསུངས་པ་དང༌། བྱང་ཆུབ་སེམས་འགྲེལ་དུ། བྱང་ཆུབ་སེམས་མཆོག་དེ་ཉིད་ ནི། །དེ་བཞིན་ཉིད་དང་ཡང་དག་མཐའ། །མཚན་མ་མེད་དང་དོན་དམ་དང༌། །སྟོང་པ་ཉིད་ ཅེས་བརྗོད་པ་ཡིན། །ཞེས་དེ་རྣམས་དོན་དམ་བྱང་ཆུབ་སེམས་ཀྱི་རྣམ་གྲངས་སུ་གསུངས་པ་ དང༌། དབུས་མཐར། སྟོང་པ་ཉིད་ནི་མདོར་བསྡུས་ན། །དེ་བཞིན་ཉིད་དང་ཡང་དག་མཐའ། ། མཚན་མ་མེད་དང་དོན་དམ་དང༌། །ཆོས་ཀྱི་དབྱིངས་ནི་རྣམ་གྲངས་སོ། །ཞེས་དེ་རྣམས་སྟོང་ ཉིད་མཐར་ཐུག་གི་རྣམ་གྲངས་སུ་གསུངས་པ་དང༌། རྒྱུད་བླར། གང་ཕྱིར་དེ་ནི་ཆོས་སྐུ་དེ་ནི་ དེ་བཞིན་གཤེགས། །དེ་ནི་འཕགས་པའི་བདེན་པ་དོན་དམ་མྱ་ངན་འདས། །ཞེས་དང༌། ཆོས་ ཀྱི་སྐུ་ལ་སོགས་པ་ཡི། །རྣམ་གྲངས་བཞིར་ནི་ཤེས་པར་བྱ། །ཞེས་དེ་རྣམས་ཆོས་སྐུ་དང་དེ་ བཞིན་གཤེགས་པ་དང༌། དོན་དམ་པའི་བདེན་པ་དང༌། མྱང་འདས་དང་བཞི་པོ་རྣམ་དག་ བདེ་གཤེགས་སྙིང་པོའི་རྣམ་གྲངས་སུ་གསུངས་པ་དང༌། རྒྱལ་བའི་ཡུམ་དུ། དེ་བཞིན་ཉིད་ དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང༌། ཆོས་གནས་པ་ཉིད་དང་། ཆོས་སྐྱོན་མེད་པ་ཉིད་དང་། ཡང་དག་ པའི་མཐའ་དང༌། བསམ་གྱིས་མི་ཁྱབ་པའི་དབྱིངས་ཞེས་གསུངས་ལ་འདི་རྣམས་ཀྱི་འགྲེལ་ 1-1-294 པར་གནོད་འཇོམས་སུ། དེ་བཞིན་ཉིད་དང་མ་ནོར་བ་དེ་བཞིན་ཉིད་ལས་སོགས་པ་རྣམས་ལ་ བྱེ་བྲག་ཅི་ཡོད་ཅེ་ན། ཡོངས་སུ་གྲུབ་པའི་འཇུག་པ་ཐ་དད་པས་ཐ་དད་དེ་རྣམ་པར་འཇིག་ པ་མེད་པར་ཡོངས་སུ་གྲུབ་པ་དང་ཕྱིན་ཅི་མ་ལོག་པར་ཡོངས་སུ་གྲུབ་པ་དང༌། འགྱུར་བ་ མེད་པར་ཡོངས་སུ་གྲུབ་པ་དང༌། ངོ་བོ་ཉིད་དུ་ཡོངས་སུ་གྲུབ་པ་དང༌། འཕགས་པའི་ཆོས་ རྣམས་ཀྱི་རྒྱུ་ཉིད་དུ་ཡོངས་སུ་གྲུབ་པ་དང༌། དུས་ཐམས་ཅད་དུ་ཡོངས་སུ་གྲུབ་པ་དང་ཕྱིར་ མི་ལྡོག་པར་ཡོངས་སུ་གྲུབ་པ་དང༌། དེ་ཁོ་ན་ཉིད་དུ་ཡོངས་སུ་གྲུབ་པ་དང༌། རྟོག་གེའི་ལམ་ ལས་འདས་པར་ཡོངས་སུ་གྲུབ་པ་དེ་ཞེས་སོགས་ནས་དོན་དམ་པར་ཐམས་ཅད་ཀྱང་ཡོངས་ སུ་གྲུབ་པའི་རྣམ་གྲངས་སོ་ཞེས་དེ་རྣམས་ཡོངས་གྲུབ་ཀྱི་རྣམ་གྲངས་སུ་གསུངས་པ་དང༌། དུས་འཁོར་དང་པོའི་སངས་རྒྱས་སུ། །ཨེ་གསང་མཁའ་ཁམས་བྷ་གའམ། །ཆོས་འབྱུང་ཆུ་ སྐྱེས་སེངྒེའི་ཁྲིར། །བཞུགས་པའི་རྡོ་རྗེ་ཅན་ཝཾ་དང༌། །རྡོ་རྗེ་ཅན་དང་རྡོ་རྗེ་སེམས༌། །རྡོ་ རྗེ་འཇིགས་བྱེད་རྡོ་རྗེ་དབང༌། །ཧེ་རུ་ཀ་དང་དུས་འཁོར་ལོ། །དང་པོའི་སངས་རྒྱས་ལ་སོགས་ མིང༌། །སྣ་ཚོགས་ཡུལ་གྱི་ཐ་སྙད་ཀྱིས། །རྒྱུད་གཞན་དག་ཏུ་བདག་གིས་བརྗོད། །ཅེས་ དེ་རྣམས་ཧེ་རུ་ཀ་ལ་སོགས་པའི་རྣམ་གྲངས་སུ་གསུངས་པ་དང༌། དོན་དམ་པའི་མཚན་བརྗོད་ དུ། དེ་ནས་དཔལ་ལྡན་རྡོ་རྗེ་འཆང་ཞེས་པ་ནས་ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད། ཅེས་པའི་ བར་ཚིགས་སུ་བཅད་པ་བརྒྱ་དྲུག་ཅུ་རྩ་གཉིས་ཀྱིས་དེ་རྣམས་དུས་གསུམ་གྱི་སངས་རྒྱས་ ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་སེམས་དཔའི་རྣམ་ གྲངས་སུ་གསུངས་པ་དང༌། འཇམ་དཔལ་ཞལ་ལུང་དུ། རྣམ་གྲངས་དག་ཀྱང་རབ་ཏུ་བསྟན། ། དེ་བཞིན་ཉིད་དང་ཡང་དག་མཐའ། །བསམ་གྱིས་མི་ཁྱབ་པའི་དབྱིངས། །ཆོས་ཉིད་དང་ ནི་ཆོས་སྐྱོན་མེད། །སྟོང་པ་ཉིད་དང་མཚན་མ་མེད། །སྨོན་པ་མེད་པ་ཉིད་དང་ཡང༌། །ཉོན་ མོངས་འཁྲུལ་འཁོར་འབོར་བྱེད་པ། །སྐྱེ་བ་མེད་དང་འོད་གསལ་བ། །མངོན་པར་བྱང་ནི་ 1-1-295 ཆུབ་པ་དང༌། །ཞེས་སོགས་དང༌། དོན་དམ་པའི་བདེན་པ་དང༌། །ཞེས་སོགས་ནས། དངོས་ པོ་དེ་ལ་མདོ་རྒྱུད་རྣམས། །གསུངས་ཤིང་ཡང་དག་གསུངས་འགྱུར་བ། །དེ་ནི་དེ་བཞིན་ཉིད་ འདི་ལས། །གཞན་ནི་ཅི་ཡང་མ་གསུངས་སོ། །ཞེས་དང༌། བདག་པོ་རྡོ་རྗེ་འཆང་བ་མཆོག ། རྫོགས་པའི་རིམ་པ་རྣལ་འབྱོར་པ། །ཞེས་པ་ནས། དེ་ལ་དེ་སོགས་རབ་བགྲང་བ། །མིང་ནི་ རྣམ་པ་མཐའ་ཡས་པ། །གཉིས་མེད་ཡེ་ཤེས་མཚོན་པ་སྟེ། །མདོ་དང་རྒྱུད་རྣམས་ཐམས་ ཅན་དུ། །བློ་ལྡན་རྣམས་ཀྱིས་རྟོགས་པར་བྱ། །ཞེས་མདོ་རྒྱུད་རྣམས་སུ་བཤད་པའི་ངེས་དོན་ དང་ཁྱད་པར་རྒྱུད་སྡེར་བཤད་པའི་སྔགས་ཕྱི་ནང་གི་ཞི་ཁྲོ་རབ་འབྱམས་མཐའ་ཡས་པ་ རྣམས་ཀྱང་ཆོས་ཉིད་ཀྱི་རྣམ་གྲངས་དང་རོལ་པ་སྟེ། (མཁའ་འགྲོ་རྒྱ་མཚོར་དཀྱིལ་འཁོར་སྒོ་བཞི་སྦྲག་གི་ དབུས་མ་ལ་དམྱལ་བ། དེའི་ཕྱི་མ་ལ་དུད་འགྲོ། དེའི་ཕྱི་མ་ལ་ཡི་དྭགས། དེའི་ཕྱི་མ་ལ་ལྷ་མི་དང་སངས་རྒྱས་བྱང་སེམས་དང་ ཉན་རང་རྣམས་བཀོད་ནས་དེ་རྣམས་རིམ་པར་སངས་རྒྱས་ཀྱི་ངོ་བོ་ཉིད་དང་ཆོས་དང་ལོངས་སྤྱོད་རྫོགས་པ་དང༌། སྤྲུལ་པའི་ སྐུར་བཤད་པས་སོ། །) དེས་ན་ཆོས་སྐུའི་སངས་རྒྱས་དང་དོན་དམ་པའི་མཚན་གྱི་རྣམ་གྲངས་མཐའ་ཡས་པ་ ཐམས་ཅད་དོན་ཆོས་ཉིད་དེ་བཞིན་ཉིད་དང་གཉིས་མེད་ཡེ་ཤེས་སུ་གཅིག་པར་གསུངས་ སོ། །དཀོན་མཆོག་སྤྲིན་དུ་རིགས་ཀྱི་བུ་དེ་ནི་དེ་བཞིན་ཉིད་ཅེས་བྱའོ། །ཡང་དག་པའི་མཐའ་ ཞེས་བྱའོ། །ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་ བྱའོ། །བསམ་གྱི་མི་ཁྱབ་པའི་དབྱིངས་ཞེས་བྱའོ། །ཞེས་དང༌། རབ་ཞི་རྣམ་ངེས་ཆོ་འཕྲུལ་གྱི་ མདོར། གང་མི་བདེན་པ་དེ་དེ་བཞིན་ཉིད་མིན་ནོ། །གང་དེ་བཞིན་ཉིད་མིན་པ་དེ་དེ་བཞིན་ གཤེགས་པ་མིན་ནོ། །དེ་བཞིན་གཤེགས་པ་ནི་བདེན་པ། ཡང་དག་པ། དེ་བཞིན་ཉིད་ མ་ནོར་བ་དེ་བཞིན་ཉིད་ཅེས་སོགས་དང༌། རྡོ་རྗེ་གཅོད་པར། གང་དག་ང་ལ་གཟུགས་སུ་ མཐོང༌། །གང་དག་ང་ལ་སྒྲར་ཤེས་པ། །ལོག་པར་སོང་བ་ཞུགས་པ་ཡི། །སྐྱེ་བོ་དེ་ཡིས་ང་ 1-1-296 མི་ཤེས། །འདྲེན་པ་རྣམས་ནི་ཆོས་ཉིད་ལྟ། །ཞེས་དང་གསེར་འོད་དམ་པ་དང༌། སྤྲིན་ཆེན་ པོའི་མདོར། སངས་རྒྱས་བཅོམ་ལྡན་ཆོས་ཀྱི་སྐུ། །དེ་བཞིན་གཤེགས་པ་ཆོས་ཀྱི་དབྱིངས། ། ཞེས་དང་། ཡུམ་གྱི་རྣམ་རྫོགས་ཀྱི་མཚན་ཉིད་ཐམས་ཅད་ཀྱི་མདོར། གཟུགས་སོགས་ ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་རྣམས་རྣམ་མཁྱེན་དུ་བསྟན་ཅིང༌། །བྱང་ཆུབ་དེ་བཞིན་ ཉིད་མཚན་ཉིད། །དེ་ཡང་དེའི་མཚན་ཉིད་བཞེད། །ཅེས་པའི་མདོར། ཆོས་ཐམས་ཅད་ ཀྱི་དེ་བཞིན་ཉིད་ནི་བླ་ན་མེད་པ་ཡང་དག་རྫོགས་པའི་བྱང་ཆུབ་པོ། །ཅེས་སོགས་དང༌། སྒྱུ་ མ་མཁན་བཟང་པོ་ལུང་བསྟན་པའི་མདོར། སངས་རྒྱས་སུ་གཟུགས་སུ་མ་ཡིན་མཚན་དང་ ནི། །ན་ཚོད་རིགས་སུ་མ་ཡིན་སྒྲ་དང་ནི། །འཆད་པ་འགྱུར་བ་མ་ཡིན་སེམས་དང་ནི། །རྣམ་ ཤེས་ཡིད་ཀྱིས་རབ་ཏུ་ཕྱེ་མ་ཡིན། །ཆོས་ཉིད་གང་ཡིན་བཅོམ་ལྡན་འདས་ཞེས་དང༌། །གཞན་ ཡང་མདོ་མང་པོར། སངས་རྒྱས་བཅོམ་ལྡན་འདས་རྣམས་ཆོས་ཉིད་དེ་བཞིན་ཉིད་དུ་བཤད་ ཅིང༌། ཆོས་ཉིད་དེ་བཞིན་ཉིད་རྣམས་ཀྱང་སངས་རྒྱས་བཅོམ་ལྡན་འདས་སུ་གསུངས་ལ། དེ་ བཞིན་ཉིད་རྣམས་རོ་མཉམ་གཅིག་ཏུ་གསུངས་ཏེ། འཕགས་པ་བརྒྱད་སྟོང་པར། དེ་བཞིན་ གཤེགས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དོ། །ཆོས་ ཐམས་ཅད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཞེས་ཏེ། སངས་རྒྱས་ཀྱི་དེ་བཞིན་ཉིད་ནི་ངོ་བོ་ཉིད་སྐུའམ་ཆོས་ཀྱི་སྐུ་ཡིན་པས། སེམས་ཅན་ཐམས་ ཅད་ལ་དེ་བཞིན་ཉིད་ཞུགས་ལ་སངས་རྒྱས་དང་ཆོས་སྐུ་མ་ཞུགས་པ་འགལ་ལོ། །ཡོན་ཏན་ རིན་ཆེན་སྡུད་པར། འདས་པའི་དེ་བཞིན་ཉིད་གང་མ་བྱོན་དེ་བཞིན་ཉིད། །ད་ལྟར་དེ་བཞིན་ ཉིད་གང་དགྲ་བཅོམ་དེ་བཞིན་ཉིད། །ཆོས་ཀུན་དེ་བཞིན་ཉིད་གང་རྒྱལ་བའི་དེ་བཞིན་ཉིད། ། ཆོས་ཀྱི་དེ་བཞིན་ཉིད་འདི་ཐམས་ཅད་བྱེ་བྲག་མེད། །ཅེས་དང༌། དུས་གསུམ་གྱི་རྒྱལ་བ་ བསྐྱེད་པའི་ཡུམ་ཤེར་ཕྱིན་ཡང་ཆོས་དབྱིངས་སུ་གསུངས་ཏེ། འདས་དང་མ་བྱོན་ཕྱོགས་ 1-1-297 བཅུའི་འཇིག་རྟེན་མགོན་པོ་རྣམས། །དེ་དག་འདི་ལས་འཁྲུངས་ཀྱང་ཆོས་དབྱིངས་ཟད་མི་ འགྱུར། །ཤིང་དང་འབྲས་བུ་མེ་ཏོག་ནགས་ཚལ་ཇི་སྙེད་པ། །དེ་དག་ཐམས་ཅད་ས་ལས་ ཡང་དག་བྱུང་ཞིང་འཐོན། །འོན་ཀྱང་ས་ལ་ཟད་པ་མེད་ཅི་འཕེལ་བ་མེད། །ཅེས་སོ། ། འདིས་ཕར་ཕྱིན་པ་ལ་ལ་ཤེར་ཕྱིན་གང་ཡིན་འདུས་བྱས་སུ་འདོད་པ་རྣམས་མི་ཚེ་ལུག་ རྫི་ལ་བསྐྱལ་ནས་ལུག་ངོ་མ་ཤེས་པ་དང་འདྲ་བར་བསྟན་ཏོ། །ཆོས་དབྱིངས་དང་བྱང་ཆེན་ དང་དོན་དམ་སངས་རྒྱས་དང་ཆོས་སྐུ་རྣམས་ནམ་མཁའ་དང་མཚུངས་པས། ནམ་མཁས་ གར་ཁྱབ་ཏུ་ཆོས་དབྱིངས་བྱང་ཆེན་སོགས་ཀྱིས་ཁྱབ་སྟེ། ཕལ་ཆེན་དང༌། གསང་པ་བསམ་ མི་ཁྱབ་ཏུ། ཞི་བའི་བློ་གྲོས་ནམ་མཁའ་ནི་གཟུགས་སུ་སྣང་བ་ཐམས་ཅད་དུ་ཞུགས་སོ། །དེ་ བཞིན་དུ་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ཡང་སེམས་ཅན་དུ་སྣང་བ་ཐམས་ཅད་དུ་ཞུགས་ སོ། །ཞི་བའི་བློ་གྲོས་ནམ་མཁའི་ཁོངས་སུ་གཟུགས་སུ་སྣང་བ་ཐམས་ཅད་འདུས་སོ། །དེ་ བཞིན་དུ་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའི་ནང་དུ་ནི་སེམས་ཅན་དུ་སྣང་བ་ཐམས་ཅད་ འདུས་སོ། །ཞེས་དང༌། ལ་ལ་སངས་རྒྱས་ཆོས་རྣམས་ལ། །དཔེ་འགོ ད་ཇི་སྙེད་བྱེད་གྱུར་ པ། །དེ་དག་སངས་རྒྱས་མི་འཚལ་ཏེ། །དེ་དག་རྒྱལ་ལ་སྐུར་པ་འདེབས། །འདི་ལ་དཔེ་ གཅིག་ཡང་དག་སྟེ། །ནམ་མཁའི་ཁམས་སུ་བསྟན་པ་ལགས། །དེ་ནི་སངས་རྒྱས་ཆོས་དང་ མཚུངས། །གང་ནའང་དེའི་ཚད་མ་མཆིས། །འཇིན་རྟེན་མགོན་པོའི་སྤྱི་གཙུག་ཀྱང༌། །ནམ་ མཁའི་ཁམས་དང་མཚུངས་པ་ལགས། །སངས་རྒྱས་ཀྱི་ནི་ཚུལ་ཁྲིམས་དང༌། །རྣམ་གྲོལ་ཡེ་ ཤེས་མཐོང་དེ་ཙམ། །ཞེས་དང༌། ནམ་མཁས་ཇི་སྙེད་ཁྱབ་གྱུར་པ། །སྐུས་ཀྱང་ དེ་སྙེད་ཁྱབ་པ་ཡིན། །ཞེས་པ་ཡང་སྒྲ་ཇི་བཞིན་དུ་བྱམས་མགོན་གྱིས་བཞེད། རྒྱུད་ བླར། ཐེག་པ་མ་ལུས་ངེས་པར་བསྲུབས་ཏེ་མཐའ་དང་དབུས་མེད་རྒྱ་ཆེ་ནམ་མཁའ་ལྟར་ ཁྱབ་པ། །སངས་རྒྱས་ཉིད་ནི་ཡོན་ཏན་དྲི་མ་མེད་གཏེར་སེམས་ཅན་ཀུན་ལ་ཁྱད་མེད་ 1-1-298 རྣམས་གཟིགས་ནས། །ཞེས་དང༌། རྒྱ་ཆེ་མཐའ་དང་དབུས་མེད་ཕྱིར། །བྱང་ཆུབ་ནམ་ མཁའི་མཚན་ཉིད་དོ། །ཞེས་དང༌། མདོ་སྡེ་རྒྱན་ཀྱི་བྱང་ཆེན་སྟོན་པའི་ཐད་དུ། ཇི་ལྟར་ནམ་ མཁའ་རྟག་ཏུ་ཀུན་སོང་འདོད། །དེ་བཞིན་འདི་ཡང་རྟག་ཏུ་ཀུན་སོང་འདོད། །ཇི་ལྟར་ནམ་ མཁའ་གཟུགས་གྱུར་ཀུན་དུ་སོང༌། །དེ་བཞིན་འདི་ཡང་སེམས་ཅན་ཚོགས་ཀུན་སོང་། །ཞེས་ དང་དེའི་འགྲེལ་པར་སངས་རྒྱས་ཀྱི་ཐམས་ཅད་དུ་སོང་བ་ཉིད་ནི་སེམས་ཅན་ཐམས་ཅད་ བདག་ཉིད་དུ་ཞལ་གྱིས་བཞེས་པ་ལས་རིག་པར་བྱའོ། །ཞེས་ཏེ། བཞེས་མཁན་སངས་རྒྱའི་ ཉིད་ཡིན་པས། འདིས་ལ་ལ་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱིས་མ་ཁྱབ་པར་འཕྲིན་ ལས་ཀྱིས་ཁྱབ་པར་བསྟན་ཞེས་པ་བསལ་ལོ། ། དེའི་ཕྱིར་བཀའ་ཐ་མར་སེམས་ཅན་ཐམས་ཅད་ལ་སངས་རྒྱས་བཞུགས་པར་བཤད་ པ་རྒྱུད་བླ་རྩ་འགྲེལ་གྱིས་བཤད་པའི་དགོངས་གཞི། བཤད་པའི་དགོས་པ། དངོས་ལ་ གནོད་བྱེད་དང་བཅས་པས་བཀག་ཅེས་པ་ཤིན་ཏུ་མི་རིགས་ཏེ། དགོངས་བཞི་ལོགས་ སོགས་སུ་བཙལ་མི་དགོས་ཏེ་བཀའ་ཐ་མ་ངེས་དོན་སྒྲ་ཇི་བཞིན་པ་སྣང་བཅས་དབུ་མ་ཆེན་ པོ་ཡིན་པས་སོ། །དགོས་པ་ཡོད་པས་དྲང་དོན་དུ་འཇོག་ན་ཧ་ཅང་ཐལ་ལོ། ། ཁྱེད་ཀྱི་དངོས་ལ་གནོད་བྱེད་དུ་འདོད་པའི་ཐལ་འགྱུར་རྣམས་ནི་སེམས་ཅན་ལ་སངས་ རྒྱས་མ་ཐོབ་པ། ལྐོག་གྱུར་དུ་ཡོད་པར་ཁས་བླངས་པ་ལ་ཐོབ་པ་མངོན་གྱུར་དུ་ཡོད་པར་ ཁས་བླངས་པའི་དབང་དུ་བྱས་ཀྱིན་དགག་འདུག་སྟེ། དེ་ནི་འབེན་ཤར་དུ་གཙུགས་པ་ལ་ མདའ་ནུབ་ཏུ་རྒྱབ་པ་བཞིན་ནོ། །དོན་ལ་དངོས་ལ་གནོད་བྱེད་འགའ་ཡང་མེད་ཅིང་སྒྲུབ་ བྱེད་ཡང་དག་སྔར་བསྟན་ལ་ད་ཡང་དཔག་མེད་ཡོད་དེ། རྒྱུད་བླར། རྫོགས་སངས་སྐུ་ནི་ འཕྲོ་ཕྱིར་དང༌། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང༌། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། ། རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་མདོར་བསྟན་ནས་རྒྱས་བཤད་དུ་དཔེ་དགུས་སེམས་ 1-1-299 ཅན་ཐམས་ཅད་ལ་སངས་རྒྱས་དྲི་བཅས་སུ་བཞུགས་ཚུལ་དགུས་སེམས་ཅན་ཐམས་ཅད་ བདེ་གཤེགས་སྙིང་པོ་ཅན་དུ་གསུངས་པའི་དཔེ་དོན་དང་པོའི་ཐད་དུ། དེ་བཞིན་བདེ་གཤེགས་ མནར་མེད་གནས་རྣམས་ལ། །སངས་རྒྱས་རྒྱན་གྱིས་རང་ཆོས་ཉིད་གཟིགས་ནས། །ཅེས་ དང༌། གཉིས་པར། དེ་བཞིན་ལུས་ཅན་ལ་ཡོད་ཟག་པ་མེད་པའི་ཤེས་པ་སྦྲང་མའི་རྩི་དང་ འདྲ། ཞེས་དང༌། གསུམ་པར། དེ་བཞིན་ཆོས་ཀྱི་དབང་ཕྱུག་ཉོན་མོངས་སྦུབས་ལས་མ་གྲོལ་ ལུས། །ཞེས་དང༌། བཞི་བར། དེ་བཞིན་ཉོན་མོངས་མི་གཙང་ཆེན་པོར་ལྷུང་གྱུར་རྫོགས་ སངས་རིན་པོ་ཆེ། །སེམས་ཅན་རྣམས་ལ་གཟིགས་ནས་དེ་དག་སྤང་ཕྱིར་རྒྱལ་བས་ཆོས་ སྟོན་ཏོ། །ཞེས་དང༌། ལྔ་བར། དེ་བཞིན་ཆོས་གཏེར་ཡིད་ཀྱི་ཁྱིམ་གནས་སེམས་ཅན་དག་ནི་ དབུལ་པོ་ལྟ་བུ་སྟེ། །དེ་དག་རྣམས་ཀྱིས་དེ་ཐོབ་བྱ་ཕྱིར་འཇིག་རྟེན་དུ་ནི་དྲང་སྲོང་ཡང་དག་ བལྟམ། །ཞེས་དང༌། དྲུག་པར། སེམས་ཅན་རྣམས་ཀྱི་མ་རིག་སོགས་འབྲས་ཀྱི། །ལྤགས་ སྦུབས་ནང་ཆུད་ཆོས་ཁམས་དགེ་བ་ཡང༌། །ཞེས་དང༌། བདུན་པར། ཉོན་མོངས་ཀྱིས་བཏུམ་ བདེ་གཤེགས་དངོས་པོ་ཉིད། །དུད་འགྲོ་ལ་ཡང་གཟིགས་ནས་དེ་བཞིན་དེ། །ཞེས་དང༌། བརྒྱད་པར། དེ་བཞིན་བདག་རང་ནང་ན་མགོན་ཡོད་གྱུར་ཀྱང་མགོན་མེད་བློ་ལྡན་པ། །ཞེས་ དང༌། དགུ་བར། དེ་བཞིན་ཀུན་མཁྱེན་དག་པའི་གསེར་འདྲ་ཞི་བའི་ཡིད་ནི་མཁྱེན་གྱུར་ ནས། །ཞེས་དང་། འཕྲིན་ལས་ཀྱི་ཐད་དུ། སངས་རྒྱས་ཉིད་ནི་ཡོན་ཏན་དྲི་མ་མེད་གཏེར་ སེམས་ཅན་ཀུན་ལ་ཁྱད་མེད་རྣམ་གཟིགས་ནས། །ཞེས་གསུངས་ལ། འགྲེལ་པར་ཡང༌། དེ་ ལ་སངས་རྒྱས་ཀྱི་གཟུགས་དང་སྦྲང་རྩི་དང་སྙིང་པོའི་དཔེ་གསུམ་གྱིས་ནི་དེ་བཞིན་གཤེགས་ པའི་ཆོས་ཀྱི་སྐུ་ལུས་པ་མེད་པའི་སེམས་ཅན་གྱི་ཁམས་ཁྱབ་པའི་དབང་དུ་བྱས་ཏེ། སེམས་ ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་དུ་བསྟན་ཏོ། །གང་ཞིག་དེ་བཞིན་ གཤེགས་པའི་ཆོས་ཀྱི་སྐུ་ལས་ཕྱི་རོལ་ཏུ་གྱུར་པའི་སེམས་ཅན་དེ་ནི་སེམས་ཅན་གྱི་རིས་ན་ 1-1-300 འགའ་ཡང་མེད་དེ་ནམ་མཁའི་ཁམས་ཀྱི་གཟུགས་བཞིན་ནོ། ། ཇི་སྐད་དུ། ཇི་ལྟར་ནམ་མཁའ་རྟག་ཏུ་ཀུན་སོང་འདོད། །ཅེས་སོགས་དྲངས་ནས་ སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཆོས་སྐུ་ཡོད་པར་སྟོན་པའི་བདེ་གཤེགས་སྙིང་པོའི་ མདོ་རྣམས་སྒྲ་ཇི་ལྟ་བ་བཞིན་དུ་བཤད་པས་རྗེ་བཙུན་ཡབ་སྲས་ཀྱི་ཞབས་འདྲེན་མི་བྱ་སྟེ། རྒྱུད་བླའི་མཇུག་དུ་ཡང༌། ཇི་ལྟར་གློག་སྒྲོན་ནོར་བུ་ཉི་ཟླ་ལ། །བརྟེན་ནས་མིག་དང་ལྡན་ པས་བལྟ་བ་བཞིན། །དེ་བཞིན་དོན་ཆེན་ཆོས་སྤོབས་འོད་མཛད་པ། །ཐུབ་ལ་བརྟེན་ནས་ འདི་ནི་རབ་ཏུ་བཤད། །ཅེས་དང༌། གང་ཕྱིར་རྒྱལ་ལས་ཆེས་མཁས་འགའ་ཡང་འཇིག་རྟེན་ འདི་ན་ཡོད་མིན་ཏེ། །མ་ལུས་དེ་ཉིད་མཆོག་ནི་ཚུལ་བཞིན་ཀུན་མཁྱེན་གྱིས་མཁྱེན་གཞན་ མིན་པ། །དེ་ཕྱིར་དྲང་སྲོང་རང་ཉིད་ཀྱིས་བཞག་མདོ་སྡེ་གང་ཡིན་དེ་མི་དཀྲུག །ཐུབ་ཚུལ་ གཞིག་ཕྱིར་དེ་ཡང་དམ་ཆོས་ལ་ཡང་གནོད་པར་བྱེད་པར་འགྱུར། །ཞེས་ཁོ་བོས་ཀྱང་ངེས་ དོན་གྱི་མདོར་ཇི་ལྟར་གསུངས་པ་ལྟར་བཤད་ཅིང༌། གདུལ་བྱ་གཞན་རྗེས་འཇུག་ཀུན་གྱིས་ ཀྱང་ངེས་དོན་གྱི་མདོར་ཇི་ལྟར་གསུངས་པ་ལྟར་གཟུང་བར་བྱའི་དགོངས་པ་ལེན་པ་སྐད་ ཟེར་ནས། གོབ་ལོབ་གྱི་གཞན་དུ་བཅོས་ན་ཆོས་ཉིད་ཟབ་མོ་ལ་སྐུར་པ་བཏབ་ཅིང་བསྟན་ པ་དཀྲུགས་ནས་ཆོས་ཟབ་མོ་སྤངས་པས་མནར་མེད་པའི་དམྱལ་བར་བསྟན་ཏེ། ཉོན་མོངས་ རྨོངས་བདག་རྣམས་ཀྱིས་འཕགས་ལ་སྐུར་པ་དང༌། །ཞེས་པ་ནས། ཇི་ལྟར་ཟབ་མོའི་ཆོས་ ཉམས་དེ་བཞིན་མཁས་པ་རྣམས་ཀྱི་མེ་དང་ནི། །མི་བཟད་སྦྲུལ་གདུག་གཤེད་མ་དང་ནི་ ཐོག་ལའང་ཤིན་ཏུ་འཇིགས་མི་བྱ། །མེ་སྦྲུལ་དགྲ་དང་རྡོ་རྗེའི་མེས་ནི་སྲོག་དང་བྲལ་བ་ ཙམ་བྱེད་ཀྱི། །དེ་ལས་མནར་མེད་རྣམས་ཀྱི་འགྲོ་བ་ཤིན་ཏུ་འཇིགས་པ་རྣམས་སུ་འགྲོ་མི་ འགྱུར། །གང་ཞིག་ཡང་ཡང་སྡིག་གྲོགས་བརྟེན་པས་སངས་རྒྱས་ངན་སེམས་ལྡན་གྱུར་དང༌། ། ཕ་མ་དགྲ་བཅོམ་བསོད་པ་བྱ་བ་མིན་བྱེད་མཆོག་ཚོགས་འབྱེད་པའི་མི། །དེ་ཡང་ཆོས་ཉིད་ 1-1-301 ངེས་པར་བསམས་ན་མྱུར་དུ་དེ་ལས་ཐར་འགྱུར་གྱི། །གང་ཞིག་ཡིད་ནི་ཆོས་ལ་སྡང་བ་དེ་ལ་ ཐར་པ་ག་ལ་ཡོད། །ཅེས་གསུངས་སོ། ། གདོད་ནས་ལྷུན་གྲུབ་རང་བྱུང་བཅོམ་ལྡན་འདས། །ཁྱོད་ནི་མཁའ་ལྟར་འཁོར་འདས་ ཀུན་ལ་ཁྱབ། །མཚན་གྱི་རྣམས་གྲངས་བསམ་གྱིས་མི་ཁྱབ་ཀྱང༌། །དོན་གཅིག་གཉིས་ མེད་ཡེ་ཤེས་སྐུ་ལ་འདུད། །ཅེས་བྱའོ། ། གལ་ཏེ་སེམས་ཅན་ལ་སངས་རྒྱས་མེད་ན་སངས་རྒྱས་ཀྱི་སྙིང་པོ་མེད་པར་ཐལ་ལོ། ། ཁྱབ་སྟེ། གཞི་མེད་ན་ཁྱད་པར་གྱི་ཆོས་མེད་པ་ནི་ཁྱབ་པའི་རིགས་པ་ཡིན་ལ་གོང་དུ་སེམས་ ཅན་ལ་སངས་རྒྱས་ཡོད་པར་སྟོན་པའི་ལུང་རྣམ་ནི་ཁྱབ་པའི་ལུང་ངོ༌། །བདེ་གཤེགས་སྙིང་པོ་ མེད་ན་བདེ་གཤེགས་སྙིང་པོའི། ངོ་བོ་རྒྱུ་འབྲས་ལས་ལྡན་འཇུག་པ་དང༌། །གནས་སྐབས་ དེ་བཞིན་ཀུན་ཏུ་འགྲོ་བའི་དོན། །རྟག་ཏུ་མི་འགྱུར་ཡོན་ཏན་དབྱེར་མེད་ནི། །དོན་དམ་ དབྱིངས་ཀྱི་དགོངས་དོན་ཡིན་ཞེས་བྱ། །ཞེས་དང༌། དེ་ལྟར་རྒྱལ་བའི་སྙིང་པོ་ནི། །རྣམ་ བཞག་རྣམ་པ་བཅུ་ཞེས་བྱ། །ཞེས་པའི་དོན་བཅུ་པོ་མི་སྲིད་པར་ཐལ། ཁྱབ་སྟེ། གཞི་མེད་ན་ ཁྱད་པར་གྱི་ཆོས་མེད་པས་སོ། ། དཔེ་དགུས་བདེ་གཤེགས་སྙིང་པོ་སེམས་ཅན་ཐམས་ཅད་ལ་བཞུགས་པར་བསྟན་པ་མི་ འཐད་པར་ཐལ། པད་ངན་ལ་སངས་རྒྱས་ཀྱི་གཟུགས་སོགས་ཡོད་པ་དཔེ་དང་སེམས་ཅན་ ལ་སངས་རྒྱས་ཆོས་སྐུ་སོགས་ཡོད་པ་དོན་དུ་སྦྱར་བ་མི་འཐད་པར་ཐལ། དཔེའི་གཟུགས་ སོགས་དོན་ལ་གནས་ཀྱང་དོན་གྱི་ཆོས་སྐུ་སོགས་དོན་ལ་མི་གནས་པས་སོ། ། སངས་རྒྱས་ཀྱི་སྤྱན་གྱིས་སེམས་ཅན་ལ་སངས་རྒྱས་ཡོད་པར་གཟིགས་མི་སྲིད་པའམ་ ཡང་ན་གཟིགས་པའི་ཡེ་ཤེས་དེ་འཁྲུལ་ཤེས་སུ་ཐལ། སེམས་ཅན་རྣམས་ལ་ཡོད་པའི་དོན་ དམ་ཆོས་སྐུ་དེ་དྲི་མ་སྦྱངས་ནས་རང་རང་གི་ཐོབ་དོན་དུ་སངས་རྒྱས་རྣམས་འཇིག་རྟེན་དུ་སྐུ་ 1-1-302 ལྟམ་པ་དང་ཆོས་འཁོར་བསྐོར་བ་མི་འཐད་པར་ཐལ། ཆོས་འཁོར་བསྐོར་བས་སེམས་ཅན་ རང་རང་ལ་སྙིང་པོ་ཆོས་སྐུ་ཡོད་པར་ཤེས་ནས་སེམས་ཞུམ་པ་སོགས་ཉེས་པ་ལྔ་སེལ་བ་དང་ སྤྲོ་དང་སྟོན་པ་བཞིན་གུས་སོགས་ཡོན་ཏན་ལྔ་འཐོབ་སྟེ། སངས་རྒྱས་མྱུར་དུ་ཐོབ་པ་རྣམས་ མི་འཐད་པར་ཐལ། ཐམས་ཅད་ཀྱི་རྟགས་ཁས་བླངས་ཞིང་འདོད་ན། རྫོགས་སངས་སྐུ་ནི་ འཕྲོ་ཕྱིར་དང༌། ཞེས་པ་ནས་སངས་རྒྱས་ཉིད་ནི་མྱུར་དུ་ཐོབ་ཅེས་པའི་བར་རྒྱུད་བླའི་ལེའུ་ དང་པོའི་གཞུང་ཧྲིལ་པོ་དང་འགལ་ལོ། ། དྲི་མ་སྦྱང་གཞི་རྟོགས་བྱ་ཆོས་དབྱིངས་བདེ་གཤེགས་སྙིང་པོ་མེད་ན་རྟོགས་པའི་ངོ་བོ་ བྲལ་འབྲས་བྱང་ཆེན་མེད་དེ། སྔོན་དུ་དྲི་བཅས་ཀྱི་གོས་མེད་ན་ཕྱིས་དྲི་བྲལ་གྱི་གོས་མེད་ པ་དང་གཞལ་བྱ་མེད་ན་ཚད་མ་མེད་པ་བཞིན་ནོ། །བྱང་ཆེན་མེད་ན་དེའི་ཡན་ལག་ཡོན་ཏན་ དང་དེའི་བྱེད་ལས་འཕྲིན་ལས་མེད་དེ། གྲི་མེད་ན་དེའི་ཡོན་ཏན་བཟོ་ལེགས་ཤིང་རྣོ་བ་ སོགས་དང་བྱེད་ལས་གཅོད་པ་མེད་པ་བཞིན་ནོ། །རྒྱུ་གནས་བཞི་པོ་འདི་མེད་ན་འབྲས་བུ་ དཀོན་མཆོག་གསུམ་མེད་དེ། མེ་ལོག་ན་དུ་བ་ལོག་པ་བཞིན་ནོ། ། སངས་རྒྱས་སོགས་རྡོ་རྗེ་ལྟ་བུའི་དོན་བདུན་པོ་འདི་མེད་ན་རྒྱུད་བླའམ་བཀའ་ཐ་མའི་ བརྗོད་བྱ་ཐམས་ཅད་མེད་ཅིང༌། དེ་མེད་ན་བཀའ་བར་པ་དང་དང་པོ་དང་རྒྱུད་སྡེ་རྣམས་ ཀྱི་བརྗོད་བྱ་ཡང་མེད་དེ། ཆོས་དབྱིངས་བྱང་ཆུབ་ཆེན་པོ་མེད་པས་སོ། །བདེ་གཤེགས་སྙིང་ པོ་མེད་ན་འགོག་བདེན་དང༌། དོན་དམ་བདེན་པ་དང༌། ཡོངས་གྲུབ་དང༌། དེ་བཞིན་ཉིད་ སོགས་མེད་པས། བདེན་བཞི་དང་བདེན་གཉིས་དང་ངོ་བོ་ཉིད་གསུམ་དང་ཆོས་ལྔ་དང་གཞི་ ལྔ་རྣམས་མི་སྲིད་དོ། །སེམས་ཅན་ལ་སངས་རྒྱས་མ་ཞུགས་པ་དང༌། བདེ་གཤེགས་སྙིང་པོ་ དྲང་དོན་དུ་འདོད་པས་ཟློག་ཕྱོགས་འགྱེད་པ་རྣམས་བསྟན་པའི་བྱ་བ་ཅི་འདྲ་ཡིན་དཔྱོད་པར་ ཞུའོ། ། 1-1-303 (བྱང་རྩེ་བ་)ཁ་ཅིག་བདེ་གཤེགས་སྙིང་པོ་དྲི་བཅས་ཁོ་ན་ཡིན་པས་སེམས་ཅན་ལ་ཡོད་ཀྱི་ སངས་རྒྱས་ལ་མེད་དོ་ཞེ་ན། རང་གི་སྙིང་པོ་རང་ལ་མེད་པར་གཞན་ལ་ཡོད་ཅེས་པ། དངོས་ ཡོད་མེད་ལ་ཡོད་ཡིན་ལ། །དངོས་པོ་མེད་པའང་ཡོད་མིན་ཞེས། །བླུན་པོ་ཡི་ནི་དཔྱོད་ལ་ ལྟོས། །ཞེས་པར་མི་འགྱུར་རམ། སྙིང་པོ་སངས་རྒྱས་ལ་མེད་ན་སྙིང་པོའི་འབྲས་བུའི་ཡོན་ ཏན་སངས་རྒྱས་པ་ན་ཡོད་པ། སངས་རྒྱས་ཀྱི་དེ་བཞིན་ཉིད་འཇུག་པའི་ཡ་གལ་ཡིན་པ། ཤིན་ཏུ་རྣམ་དག་གི་བདེ་གཤེགས་སྙིང་པོའི་གནས་སྐབས་ལ་དེ་བཞིན་གཤེགས་པར་བརྗོད་ པ། སྙིང་པོ་ནམ་མཁའ་ལྟར་ཀུན་ཁྱབ་ཡིན་པ། ཤིན་ཏུ་རྣམ་དག་གི་སྙིང་པོ་འགྱུར་མེད་ཡིན་ པ། ཤིན་ཏུ་རྣམ་དག་གི་སྙིང་པོའི་རྣམ་གྲངས་ཆོས་སྐུ་དང་དེ་བཞིན་གཤེགས་པ་དང༌། དོན་ དམ་བདེན་པ་དང༌། མྱ་ངན་ལས་པ་ཡིན་པ་ཡོན་ཏན་དབྱེར་མེད་ཀྱི་དོན་ཡིན་པ་དང་དྲུག་པོ་ མི་རིགས་པར་ཐལ་ལོ། །འདོད་ན་རྒྱལ་བའི་སྙིང་པོ་ཡི་དོན་བཅུར་མི་འཐད་དེ། དེ་ལྟར་རྒྱལ་ བའི་སྙིང་པོ་ནི། །རྣམ་བཞག་རྣམ་པ་བཅུ་ཞེས་བརྗོད། །ཅེས་པ་དང་འགལ་ལོ། །སྙིང་པོ་ཆོས་ ཉིད་རིགས་པ་ལ། །ཤུན་པ་རྟོག་གེས་རྒོལ་བ་འདི། །རྡོ་རྗེ་ཕ་ལམ་བྲག་རི་ལ། །ལ་ཆས་ཐོ་ བས་བསྣུན་པ་འདྲ། །ཞེས་བྱའོ། ། ཉོན་མོངས་པའི་སྦུབས་ལས་མ་གྲོལ་བ་ལ་བདེ་གཤེགས་སྙིང་པོར་བརྗོད་ལ། གྲོལ་བ་ བྱང་ཆུབ་ཏུ་བརྗོད་ཅེས་པ་ལན་གཉིས་གསུམ་བྱུང་བ་ནི་སེམས་ཅན་གྱི་དེ་བཞིན་ཉིད་བདེ་ གཤེགས་སྙིང་པོ་མ་ཡིན་ནམ་སྙམ་པའི་དོགས་པ་ཟློག་ཕྱིར། ལྷག་པ་ལ་སྒྲུབ་སྒྲ་གཙོ་བོར་ བརྗོད་པ་དམིགས་གསལ་ཡིན་གྱི་སྤྱིར་ནི་ཆོས་དབྱིངས་ཐམས་ཅད་བདེ་གཤེགས་སྙིང་པོ་ ཡིན་ལ། ཁྱད་པར་དོན་དམ་ཆོས་སྐུའི་སངས་རྒྱས་རྣམས་བདེ་གཤེགས་སྙིང་པོ་དངོས་ཡིན་ ཏེ་དེ་ལྟ་མིན་ན། རྒྱུད་བླའི། རྒྱ་མཚོ་ཆེ་བཞིན་དཔག་མེད་པའི་ཞེས་པ་ནས་ཉི་མ་ལྟ་བར་ མི་ནུས་བཞིན་ཞེས་པའི་བར་གྱི་གཞུང་ལ་བཤད་པ་མེད་ཅིང༌། མདོ་སྡེ་མང་པོར་སངས་རྒྱས་ 1-1-304 བཅོམ་ལྡན་འདས་ཉིད་བདེ་གཤེགས་སྙིང་པོར་ཡང་ཡང་གསུངས་པ་དང༌། གསང་སྔགས་ སུའང༌། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཅིག་ཏུ་བསྡུས་པ་བཅོམ་ལྡན་ འདས་འཇམ་དཔལ་ཡེ་ཤེས་སེམས་དཔའི་དོན་དམ་པའི་མཚན་གྱི་རྣམ་གྲངས་ཡང་དག་ བརྗོད་པར། སངས་རྒྱས་ཀུན་གྱི་སྙིང་པོ་ཆེ་ཞེས་དང་དེ་བཞིན་གཤེགས་པ་ཐམས་ཅད་ ཀྱི་སྙིང་པོར་གྱུར་པ་དང༌། མཇུག་ཏུ་ཡང་སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ་ཞེས་དང་དྷརྨ་དྷཱ་ཏུ་ཛྙཱ་ན་ གརྦྷ། ཞེས་ཡེ་ཤེས་སེམས་དཔའ་ཉིད་བདེ་གཤེགས་སྙིང་པོར་གསུངས་པ་དང༌། དུས་འཁོར་ འགྲེལ་ཆེན་དྲི་མེད་འོད་དུ། བཅོམ་ལྡན་འདས་རྡོ་རྗེ་འཛིན་པའི་མཆོག་ཏུ་མི་འགྱུར་བའི་ཡེ་ ཤེས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་པོར་གྱུར་པ། གསོལ་བ་འདེབས་ པ་དང་བཅས་པའི་ཚིགས་སུ་བཅད་པ་བརྒྱ་དྲུག་ཅུ་རྩ་གཉིས་ཀྱིས་དེ་བཞིན་གཤེགས་པས་ རབ་ཏུ་བསྟན་ཏོ་ཞེས། མཚན་བརྗོད་ཀྱི་བརྗོད་བྱ་བདེ་གཤེགས་སྙིང་པོར་གསུངས་པ་དང༌། དེ་བཞིན་གཤེགས་པའི་སྙིང་པོ་ལས་ཕྱི་རོལ་ཏུ་གྱུར་པ་ཡུལ་ལ་དབང་པོ་ཉེ་བར་ལོངས་སྤྱོད་ པ་ལ་ཆགས་པ་རྣམས་མ་མཐོང་བའི་སྐྱོན་བཟུང་བས་མནར་མེད་པར་འགྲོ་བར་འགྱུར་རོ་ ཞེས་དང༌། དོན་དམ་པ་དེ་བཞིན་གཤེགས་པའི་སྙིང་པོ་ནི་ལེའུ་ལྔ་པ་ལས་རྒྱས་པར་བསྟན་ པར་བྱའོ། ། ཞེས་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ཉིད་ཡེ་ཤེས་སེམས་དཔའ་དང་གནད་གཅིག་ པའི་བདེ་གཤེགས་སྙིང་པོར་གསུངས་པ་དང༌། རྒྱུད་རྡོ་རྗེ་རྩེ་མོར། དེ་བཞིན་གཤེགས་ པའི་སྙིང་པོ་དགེ ། ཆོས་ཀྱི་དབྱིངས་ཀྱི་ཚུལ་ཆེན་ཏེ། །ཉོན་མོངས་འདམ་གྱིས་མ་གོས་ པ། །རྡོ་རྗེ་པདྨའི་དབང་བསྐུར་ཡིན། །ཞེས་དང༌། ང་ནི་ཆོས་ཀྱི་སྙིང་པོར་བཤད། །དེ་བས་ ང་ནི་རྒྱལ་པོ་ཆེ། །ཞེས་དང༌། དག་པ་དེ་བཞིན་གཤེགས་སྙིང་པོ། །སེམས་དཔའ་སྙིང་པོ་ ཞེས་བྱར་བཤད། །ང་ནི་དེ་བཞིན་གཤེགས་སྙིང་པོ། །ཞེས་བཅོམ་ལྡན་འདས་རྡོ་རྗེ་རྩེ་མོ་ཉིད་ 1-1-305 བདེ་གཤེགས་སྙིང་པོར་གསུངས་པ་དང༌། དགོངས་པ་ལུང་སྟོན་པའི་རྒྱུད་དུ། སྙིང་པོ་ཞེས་ནི་ སངས་རྒྱས་ཀྱི། །ཆོས་ཉིད་དག་པ་འདི་ཉིད་ཡིན། །ཞེས་དཔལ་གསང་བ་འདུས་པ་ཉིད་བདེ་ གཤེགས་སྙིང་པོར་གསུངས་པ་དང་འགལ་ལོ། ། མདོ་ལས་སངས་རྒྱས་ཆོས་སྐུ་ནམ་མཁའ་ལྟར་ཁྱབ་པར་གསུངས་པར་མ་ཟད་སྔགས་ནས་ ཀྱང་རྒྱ་ཆེར་གསུངས་ཏེ། དུས་འཁོར་དུ། བུམ་པའི་ནང་དུ་ཆུ་ནི་ལེན་པར་བྱེད་པ་ན་ཡང་ ནམ་མཁར་འགྲོ་བ་མིན་པ་ཇི་ལྟ་བར། །མཁའ་ཁྱབ་མཁའ་ཡི་རྡོ་རྗེ་ཅན་ནི་ཡུལ་དང་རྣམ་ པར་བྲལ་བ་ལུས་ཀྱི་དབུས་སུ་དེ་བཞིན་ནོ། །ཞེས་དང༌། སངས་རྒྱས་ཞིང་ནི་སངས་རྒྱས་ དང་བཅས་བདེ་མཉམ་འབྲས་སྟེར་ལུས་དང་ངག་དང་ཡིད་དང་ཆགས་པ་སྟེ། །འདི་རྣམས་ ཀུན་ཏུ་བོར་ནས་སྡིག་པའི་བློ་ཡིས་ཁྱབ་བདག་གཞན་པ་དག་ཀྱང་ཚོལ་བྱེད་དེ། །ཞེས་དང༌། སེམས་ཅན་རྣམས་ནི་སངས་རྒྱས་ཡིན་ཏེ་སངས་རྒྱས་ཆེན་པོ་གཞན་ནི་འཇིག་རྟེན་ཁམས་ འདིར་ཡོད་མ་ཡིན། །ཞེས་དང༌། བསོད་ནམས་འདི་ཡིས་སེམས་ཅན་རྣམས་ནི་རྣམ་གསུམ་ སྲིད་པར་གནས་པའི་བླ་མེད་བྱང་ཆུབ་ཐོབ་པར་ཤོག །ཅེས་དང༌། སེམས་ཅན་རྣམས་ནི་ རྣམ་གསུམ་སྲིད་པར་གནས་པའི་དུས་ཀྱི་འཁོར་ལོའི་དྲིན་ལས་ཨེ་ཝཾ་ཉིད་གྱུར་ཅིག །ཅེས་ སྲིད་གསུམ་སེམས་ཅན་ཀུན་གྱི་ཐོབ་བྱའི་དོན་དམ་གྱི་སངས་རྒྱས་ཀྱང་རང་རང་ལ་བཞུགས་ པ་དང༌། དེ་ལྟར་དང་པོའི་སངས་རྒྱས་རྒྱུད་ལ་མཁའ་ལག་མི་བདག་རྣམས་ཏེ་ལྷ་དང་ལྷ་མོ་ རྣམས་ཀྱི་ནི། །ཞེས་ནས། གང་གི་རང་གི་ལུས་ལ་ཉིན་མཚན་དུས་དང་ཟླ་བ་འཕོ་བའི་དབྱེ་ བ་དག་གིས་ཤེས་གྱུར་པ། །དེ་ནི་དཔལ་ལྡན་འཇམ་པའི་རྡོ་རྗེ་སྲིད་པའི་འཇིགས་འཇོམས་ སངས་རྒྱས་སྐྱེ་བ་འདི་ཉིད་ཁོ་ན་ལའོ། །ཞེས་དཔལ་ལྡན་རྒྱུད་རྒྱལ་གྱི་དཀྱིལ་འཁོར་གྱི་ལྷ་ སྟོང་དྲུག་བརྒྱ་ཉི་ཤུ་པོ་རང་གི་ལུས་ལ་གནས་པར་ཤེས་ཏེ། བསྐྱེད་རྫོགས་བསྒོམ་ན་ཚེ་འདིར་ འཚང་རྒྱ་ཞེས་དང༌། 1-1-306 རྩ་རྒྱུད་ཀྱི་དབང་མདོར་བསྟན་དུ། ཇི་ལྟར་ཟླ་ཤར་རིམ་པ་ཡིས། །ཆ་རྣམས་ཀྱིས་ནི་ རྫོགས་པར་འགྱུར། །གྲིབ་ལ་ཉམས་པ་རྫོགས་པ་སྟེ། །ཟླ་བ་ཆ་དང་རྫོགས་པ་མིན། །དེ་ བཞིན་ཡེ་ཤེས་ཤར་རིམ་པས། །ས་རྣམས་ཀྱིས་ནི་རྫོགས་པར་འགྱུར། །ཉོན་མོངས་ལ་ སོགས་ཉམས་པས་རྫོགས། །ཡེ་ཤེས་ཆ་དང་རྫོགས་པ་མིན། །ཞེས་ཟླ་བ་ནག་ཕྱོགས་ལ་ ཆད་པ་དཀར་ཕྱོགས་སུ་གསར་དུ་མ་སྐྱེས་པར་ནག་ཕྱོགས་ཀྱི་གྲིབ་མ་རིམ་གྱིས་ཉམས་པས་ རྫོགས་པ་ལྟར། དོན་དམ་ཆོས་སྐུའི་ཡེ་ཤེས་སྟོབས་སོགས་སེམས་ཅན་གྱི་ཚེ་སྒྲིབ་གཉིས་ ཀྱིས་བསྒྲིབ་པ། ལམ་དུས་རིམ་གྱིས་དག་པ་ལ་ས་རྣམས་ཐོབ་པའི་ཐ་སྙད་བྱས་ཤིང་རྫོགས་ པར་དག་ཚེ་རྫོགས་པའི་བྱང་ཆུབ་ཐོབ་པའི་ཐ་སྙད་བྱས་ཀྱི། ཆོས་སྐུ་ནི་ཐམས་ཅད་ཀྱི་ཚེ་ ཐམས་ཅད་ལ་ཁྱབ་པར་རྟག་ཏུ་བཞུགས་ཞེས་དང༌། དེ་བཞིན་དུ་ཐོབ་བྱ་དོན་དམ་ཆོས་སྐུའི་ དབང་དུ་བྱས་ཏེ། སམ་བྷུ་ཊིར། རང་གི་ལུས་ལ་སངས་རྒྱས་བཞུགས། །གཞན་དུ་གང་ ནའང་སངས་རྒྱས་མེད། །མི་ཤེས་མུན་པས་སྒྲིབ་པ་རྣམས། །ལུས་ལས་གཞན་དུ་སངས་རྒྱས་ འདོད། །ཅེས་དང་། ཀྱེའི་རྡོ་རྗེར། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་བློ་བུར་དྲི་མས་སྒྲིབ། ། དེ་ཉིད་བསལ་ན་སངས་རྒྱས་ཉིད། །ཅེས་དང༌། རང་དང་རང་གི་རྟོག་པ་ལས། །སངས་ རྒྱས་མ་ཡིན་སེམས་ཅན་ནི། །གཅིག་ཀྱང་ཡོད་པ་མ་ཡིན་ཏེ། །དམྱལ་བ་ཡི་དྭགས་དུད་ འགྲོ་དང༌། །ལྷ་དང་ལྷ་མི་མི་རྣམས་དང༌། །བཤང་པའི་སྲིན་བུ་ལ་སོགས་པ། །བདེ་བ་གང་ ཕྱིར་མི་ཤེས་པས། །རྟག་ཏུ་རང་བཞིན་བདེ་བ་ཅན། །འཇིག་རྟེན་ཁམས་འདི་གང་དུ་ཡང༌། ། སངས་རྒྱས་གཞན་དུ་བསྟན་པ་མེད། །དེ་ཉིད་ཡེ་ཤེས་ཆེན་པོ་ཉིད། །ཐམས་ཅད་ལུས་ ལ་རྣམ་པར་གནས། །གཉིས་དང་གཉིས་སུ་མེད་པའི་ཚུལ། །དངོས་དང་དངོས་མེད་བདག་ ཉིད་གཙོ། །བརྟན་དང་གཡོ་བ་ཁྱབ་ནས་གནས། །ཞེས་དང༌། ང་ཡིས་འདི་ཀུན་ཁྱབ་པ་སྟེ། 1-1-307 ། འགྲོ་བའི་རང་བཞིན་གཞན་མ་མཐོང༌། །ཞེས་དང་། གསང་འདུས་རྡོ་རྗེ་ཕྲེང་བར། ལུས་ ནི་འདི་ཉིད་ཀུན་ལ་འདིར། །དེ་བཞིན་གཤེགས་པ་ཐམས་ཅད་བཞུགས། །ཞེས་དང༌། ཆོས་ རྣམས་ཀུན་ལ་ཁྱབ་པ་ཡི། །ཉོན་མོངས་ཐམས་ཅད་རབ་ཏུ་འཇོམས། །དྲི་མེད་དྲི་བྲལ་དང་བ་ དང༌། །རང་གི་རིག་པའི་གོ་འཕང་མཆོག །དང་པོའི་སངས་རྒྱས་རང་བཞིན་ཅན། །རིགས་ ལྔ་རྣམས་ནི་རྒྱས་པར་བྱེད། །ཅེས་དང་། བདེ་མཆོག་རྩ་རྒྱུད་ཨ་བྷི་དྷ་ན་དང༌། མཁའ་འགྲོ་ཀུན་སྤྱོད་དང༌། རྡོ་རྗེ་གུར་རྣམས་སུ། དེ་ཉིད་སྲོག་ཆགས་རྣམས་ཀྱི་སྲོག །དེ་ཉིད་མི་འགྱུར་དམ་པ་ཡིན། །དེ་ཉིད་ཐམས་ཅད་ཁྱབ་ བྱེད་དེ། །ལུས་ཀུན་ལ་ནི་རྣམ་པར་གནས། །དེ་ཉིད་གཉིས་མེད་ཡེ་ཤེས་ཏེ། །ཧེ་རུ་ཀ་དཔལ་ ཡིན་པར་བཤད། །ཅེས་དང༌། ཨ་བྷི་དྷ་ན་དང་གུར་དུ་གཞན་འདྲ་བ་ལ་དེ་ཉིད་གཉིས་མེད་ཡེ་ ཤེས་ཞེས་པ་དེ་ཉིད་སངས་རྒྱས་ཡེ་ཤེས་ཞེས་པར་ཡོད་དོ། །ཕྱག་རྡོར་འཁོར་ཆེན་གྱི་གཞུང་ དུ། བྱང་ཆུབ་མཆོག་གི་རང་བཞིན་ཅན། །སེམས་ཅན་ཀུན་ལ་ཁྱབ་པར་གནས། །མ་རྟོགས་ འཁོར་བར་འཁྱམ་པ་རྣམས། །དེ་དག་དོན་དུ་སེམས་བསྐྱེད་དོ། །ཞེས་དང་། མཚན་བརྗོད་དུ། སེམས་ཅན་ཀུན་གྱི་ཡིད་ལ་གནས། །ཞེས་དང༌། ནམ་མཁའ་ཁྱབ་པར་གར་བྱེད་པ། །ཞེས་ དང་། རྡོར་སྙིང་འགྲེལ་པར། རྩ་རྒྱུད་འབུམ་ལྔའི་ལུང་དྲངས་པར། ཐམས་ཅད་དུ་ནི་ཕྱག་དང་ ཞབས། །ཐམས་ཅད་དུ་ནི་སྤྱན་དང་དབུ། །འཇིག་རྟེན་ཀུན་སྒྲ་གསན་དང་ལྡན། །ཐམས་ ཅད་ལ་ནི་ཁྱབ་པར་བཞུགས། །ཞེས་དང༌། སྔར་རྡོ་རྗེ་འཆང་མཁའ་ཁྱབ་ཏུ་བཞུགས་པའི་ ལུང་དྲངས་པའི་འགྲེལ་པར། སྤྱན་རས་གཟིགས་ཀྱིས། འཁོར་བའི་བག་ཆགས་ལས་གྲོལ་བ་ མྱ་ངན་འདས་པའི་སེམས་གཞན་ཡོད་པ་ནི་རྡོ་རྗེ་ཅན་གྱི་མིང་གིས་གསུངས་སོ། །ཞེས་དང༌། མི་འཕོ་བའི་རྒྱུད་དེའི་ཕྱིར་གཡོ་མེད་བདེ་བའི་སྐད་གཅིག་དེ་ནི་ཆོས་ཀྱི་དབྱིངས་ཏེ་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་མས་སྟེར་བར་བྱེད། ཞེས་ཤེར་ཕྱིན་དང་ཆོས་དབྱིངས་གཅིག་ཏུ་གསུངས་ 1-1-308 ཤིང་བདེ་མཆོག་སྟོད་འགྲེལ་དུ་ཕྱག་རྡོར་གྱིས། ཡེ་ཤེས་འདི་ནི་ལྷན་གཅིག་སྐྱེས་པ་དང༌། ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་བདག་གིས་ཡེ་ཤེས་དང་ཐུགས་དང་གསུང་ དང་སྐུ་གཅིག་ཏུ་འདྲེས་པར་གྱུར་པས། འཇིག་རྟེན་གསུམ་མཐོ་རིས་དང་ས་སྟེང་དང༌། ས་ འོག་རྣམས་སུ་ཆོས་ཐམས་ཅད་ལ་ཡང་དག་པར་གནས་པ་བསོད་ནམས་དམན་པ་རྣམས་ཀྱི་ རྙེད་པར་དཀའ་བའོ། །ཞེས་སྐུའི་བཞིའི་ཧེ་རུ་ཀ་རང་བྱུང་ཡེ་ཤེས་མཁའ་ཁྱབ་ཏུ་གསུངས་པ་ དང༌། ཡང་དེར། དེ་ནི་རྡོ་རྗེ་རྣལ་འབྱོར་མ་རང་གི་སེམས་ཀྱི་སྣང་བ་ཙམ་ཕྱག་རྒྱ་ཆེན་པོ་རྣམ་ པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད། དེ་བཞིན་ ཉིད་དང་རིགས་ལྡན་མ་དང་པདྨ་ཞེས་བརྗོད་པར་བྱའོ། །ཞེས་ཏེ། ཆོས་དབྱིངས་དེ་བཞིན་ ཉིད་དང་ཤེར་ཕྱིན་དང་རྡོ་རྗེ་ཕག་མོ་རྣམས་དོན་ལ་གཅིག་པ་ལ་ཤེས་བྱ་ཐམས་ཅད་ལ་ཆོས་ དབྱིངས་ཀྱིས་ཁྱབ་ནས་དེ་གཉིས་ཀྱིས་མ་ཁྱབ་པ་ཅི། འཇམ་དཔལ་གྱི་ལྟ་བ་མདོར་བསྟན་ དུ། སེམས་ཅན་ཉིད་ནི་སངས་རྒྱས་སྟེ། །གློ་བུར་དྲི་མས་བསྒྲིབས་པའོ། །དྲི་མ་དེ་ནི་བསལ་ བ་ན། །སངས་རྒྱས་ཉིད་དུ་ཐེ་ཚོམ་མེད། །སེམས་ཅན་ཉིད་ནི་རྫོགས་སངས་རྒྱས། །ཞེས་ དང༌། །ལུས་ལ་ཡེ་ཤེས་ཆེན་པོ་གནས། །རྟོག་པ་ཐམས་ཅད་ཡང་དག་སྤངས། །དངོས་པོ་ཀུན་ ལ་ཁྱབ་པ་པོ་ཞེས་ཏེ། འདིར་ལུས་ལ་ཞེས་པ་སེམས་ཅན་གྱི་ལུས་ལ་སྟེ། སངས་རྒྱས་ཀྱི་ལུས་ ལ་ཡེ་ཤེས་ཡོད་མེད་ཀྱི་ཐེ་ཚོམ་ཟློག་མི་དགོས་སོ། །ཡེ་ཤེས་ཆེན་པོ་ཞེས་པ་ཡང་སངས་ རྒྱས་ཀྱི་ཡེ་ཤེས་སོ། །སེམས་ཅན་རྣམ་ནི་སངས་རྒྱས་ཞེས་པས་སེམས་ཅན་རྣམ་ཀྱི་ཆོས་ཉིད་ ཀྱི་སེམས་དེ་དོན་དམ་གྱི་སངས་རྒྱས་དངོས་ཡིན་ལ་དེ་ལས་ངོ་བོ་གཞན་པའི་སངས་རྒྱས་ མེད་ཅེས་པའོ། ། བྲམ་ཟེ་ཆེན་པོ་ས་ར་ཧའི་དོ་ཧར། མཁས་པ་ཐམས་ཅད་བསྟན་བཅོས་འཆད་པ་ཡིས། ། ལུས་ལ་སངས་རྒྱས་ཡོད་པ་མ་རྟོགས་སོ། །ཞེས་དང་། འཕགས་པ་ཀླུ་སྒྲུབ་ཀྱི་ཆོས་དབྱིངས་ 1-1-309 བསྟོད་པར། ས་ཡི་དཀྱིལ་ན་ཡོད་པའི་ཆུ། །དྲི་མ་མེད་པར་གནས་པ་ལྟར། །ཉོན་མོངས་ནང་ན་ ཡེ་ཤེས་ཀྱང༌། །དེ་བཞིན་དྲི་མ་མེད་པར་གནས། །ཞེས་དང་། འཕགས་པ་ལྷས་སེམས་ཀྱི་ སྒྲིབ་སྦྱོངས་སུ། བརྟགས་པའི་བུམ་པ་སྐད་གཅིག་གིས། །ཤེས་རབ་ཐོ་བས་བཅག་ན་ནི། །དྲི་ མེད་རང་བཞིན་གསལ་གྱུར་པ། །ཡེ་ཤེས་སྒྲོན་མ་རབ་ཏུ་གསལ། །ཞེས་དང་། དཔལ་བིརྺ་ པས་གཤེད་དམར་ཤིན་ཏུ་སྤྲོས་མེད་དུ། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །གཞན་དུ་ སངས་རྒྱས་བསྟན་པ་མེད། །སངས་རྒྱས་རྣམས་ཀྱི་ཡེ་ཤེས་སྐུ། །གཞན་དུ་བཙལ་བས་རྙེད་ མི་འགྱུར། །ཞེས་དང་། བླ་མ་ཏེ་ལོ་པའི་མགུར་དུ། ལྷན་ཅིག་སྐྱེས་པ་གཉུག་མའི་ཡེ་ཤེས་ དེ། །འགྲོ་བ་ཀུན་གྱི་སྙིང་ལ་ཡོད་གྱུར་ཀྱང༌། །ཞེས་དང༌། དཔལ་ཤ་བ་རི་དབང་ཕྱུག་གི་ དོ་ཧར། ཉི་མ་སྤྲིན་བྲལ་འོད་ཟེར་ཀུན་ཁྱབ་ཀྱང༌། །མིག་མེད་དག་ལ་མུན་པ་དག་ཏུ་སྣང༌། ། ལྷན་ཅིག་སྐྱེས་པ་ཀུན་ལ་ཁྱབ་གྱུར་ཀྱང༌། །རྨོངས་པ་དག་ལ་དེ་ཉིད་ཤིན་ཏུ་རིང༌། །ཞེས་ དང༌། སློབ་དཔོན་འཇམ་དཔལ་གྲགས་པས་རྩ་ལྟུང་རྒྱ་ཆེར་འགྲེལ་གྱི་རྩ་ལྟུང་ལྔ་པའི་ཐད་དུ་ མདོར་ན། དོན་དམ་བྱང་ཆུབ་ཀྱི་སེམས་སྤོང་བ་ནི་སེམས་ཅན་ཐམས་ཅད་ལ་རང་བཞིན་གྱི་ ཡེ་ཤེས་གནས་པ་སྤོང་བའོ། །དེའི་ཕྱིར་རྒྱུ་དང་མི་རྒྱུ་འགྲོ་བ་ཀུན། ཁྱབ་པ་རྡོ་རྗེ་སེམས་དཔའ་ ཡིན། །གཟོད་ནས་དག་པའི་ཡེ་ཤེས་གནས། །ཐབས་གཞན་སངས་རྒྱས་མི་རྙེད་དོ། །ཞེས་ བཤད་པ་དང་། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་བྱང་ཆུབ་ཀྱི་སྙིང་པོ་སངས་རྒྱས་ཀྱི་ཡེ་ཤེས་གནས་ པས། དེ་རྟོགས་ན་སེམས་ཅན་ཐམས་ཅད་མྱ་ངན་ལས་འདའ་བར་འགྱུར་རོ་ཞེས་བཤད་པ་ དང༌། གཞན་ཡང་འདི་ནི་ཐེག་ཆེན་གྱི་མདོ་རྒྱུད་ཐམས་ཅད་ལས་གསལ་བར་བསྟན་པས་ ཞེས་དང་རྩ་ལྟུང་བརྒྱད་པའི་ཐད་དུ། གཟོད་མ་ནས་རང་བཞིན་གྱིས་འོད་གསལ་བ་ནི་ཤེས་ པ་དང་ཤེས་བྱ་ཐ་དད་དུ་མེད་པའི་ཕྱིར་འདི་ནི་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་རང་བཞིན་ 1-1-310 གྱིས་རྣམ་པར་མི་རྟོག་པའི་ཡེ་ཤེས་རྣམ་པ་ལྔ་གནས་ཏེ། ཞེས་སོ། ། དེ་བཞིན་དུ་བལ་ཡུལ་དང་བོད་ན་དར་བའི་ཉམས་ལེན་གྱི་ཁྲིད་ཁ། ལམ་འབྲས་སྦྱོར་དྲུག རིམ་ལྔ་གཉིས། ཆོས་དྲུག་གཉིས། ཤིན་ཏུ་སྤྲོས་མེད། ཕྱག་ཆེན་ལུགས་དུ་མ། རྫོགས་ཆེན་ ལུགས་དུ་མ། ཞི་བྱེད། དམར་ཁྲིད། དབུ་མའི་ཁྲིད། བློ་སྦྱོང་ལམ་རིམ་ལྐོག་ཁྲིད། མ་ཅིག་ གི་ཁྲིད་རྣམས་སུ་ཡང་སངས་རྒྱས་ཆོས་སྐུ་ནམ་མཁའ་ལྟར་ཁྱབ་པ་དང༌། སེམས་ཅན་ཐམས་ ཅད་ཀྱི་སེམས་ཀྱི་གནས་ལུགས་ཡེ་ནས་ཆོས་སྐུར་གནས་པར་ངོ་སྤྲོད་ཅིང་ཉམས་སུ་ཡང་ ལེན་ནོ། ། འདི་ལྟའི་ཉམས་ལེན་གྱི་ཁྲིད་རྣམས་དང༌། དིང་སང་བཤད་ཆོས་པ་ཕལ་གྱི་གྲུབ་མཐའ་ སེམས་ཅན་ལ་སངས་རྒྱས་ཆོས་སྐུ་མེད་པ་གཉིས་གང་བདེན། གཉིས་པོ་རྒྱབ་སྣོལ་དུ་སོང་ བས་སྔ་མ་བདེན་ན་ཕྱི་མ་དོན་མེད་ལ་ཕྱི་མ་བདེན་ན་སྔ་མ་དོན་མེད་དུ་འགྱུར་ཏེ། དེ་ལྟར་ ན་འཚང་རྒྱ་བའི་ལམ་གང་ཡིན། གསང་འདུས་ཕྱི་མར། ཡན་ལག་དྲུག་གི་རྣལ་འབྱོར་གྱི། ། བསྙེན་པ་བྱས་ནས་མཆོག་སྒྲུབ་ཀྱི། །གཞན་དུ་སྒྲུབ་བྱའི་དངོས་གྲུབ་མཆོག །འགྲུབ་པར་ འགྱུར་བ་མེད་པ་ཉིད། །ཅེས་པས་གནོད་དོ། །དེ་ལྟར་སྔར་དྲངས་པ་རྣམས་དང༌། གཞན་ ཡང་རྒྱུད་བླར། གཙང་བདག་བདེ་དང་རྟག་ཉིད་ཀྱི། །ཡོན་ཏན་ཕ་རོལ་ཕྱིན་པ་འབྲས། ། ཞེས་དང༌། མདོ་སྡེ་རྒྱན་དུ། ཆོས་ཀྱི་དབྱིངས་ལ་མ་རྟོགས་པ། །གང་ཕྱིར་ཆོས་མེད་དེ་ཡི་ ཕྱིར༌། །ཞེས་དང༌། རིགས་པ་དྲུག་ཅུ་པར། མྱ་ངན་འདས་པ་བདེན་གཅིག་པུར། །རྒྱལ་བ་རྣམས་ཀྱིས་གང་ གསུངས་པ། །དེ་ཚེ་ལྷག་མ་ལོག་པ་ཞེས། །མཁས་པ་སུ་ཞིག་རྟོགས་མི་བྱེད། །ཅེས་ པས་དོན་དམ་ཆོས་སྐུ་རྡོ་རྗེ་སེམས་དཔའ་བདེ་གཤེགས་སྙིང་པོ་ཆོས་ཉིད་འདུས་མ་བྱས་དེ་ ཉིད་དོན་ལ་བདེན་པར་གྲུབ་པ། གཙང་བདག་བདེ་རྟག་གི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་མཁྱེན་ 1-1-311 པའི་ཡོན་ཏན་རང་ཆས་སུ་ལྡན་པ། ཡེ་ཤེས་ཀྱི་རང་བཞིན་བརྟན་གཡོ་ཐམས་ཅད་ལ་ཁྱབ་ པར། མདོ་རྒྱུད་རྣམས་སུ་སྟོན་པས་གསུངས། ས་བཅུའི་དབང་ཕྱུག་བྱམས་པ། རྡོ་རྗེ་སྙིང་པོ། རིགས་གསུམ་མགོན་པོ་སྟེ་རྒྱལ་སྲས་ཆེན་པོ་ལྔ་ཡིས་བཀྲལ། ས་ར་ཧ་སོགས་གྲུབ་ཆེན་ རྣམས་དང༌། ལུང་བསྟན་ཐོབ་པའི་ཀླུ་སྒྲུབ་ཡབ་སྲས་ཐོགས་མེད་སྐུ་མཆེད་སོགས་རྒྱ་གར་ བ་དུ་མ་དང༌། བལ་བོད་ཀྱི་མཁས་གྲུབ་ཆེན་པོ་རྣམས་ཀྱིས་བཀྲལ་ཞིང་ཉམས་སུ་བླངས་ བཞིན་པ་ལ། རྒྱུད་བླའི་དྲི་བཅས་དེ་བཞིན་ཉིད་དྲི་མ་མེད་ཅེས་པའི་ཐད་དུ། དེང་སང་གི་དྲང་དོན་ཐ་སྙད་དུ་མའི་དྲེགས་པའི་མཁས་པ་(གཞོན་བློ་སོགས་)འགའ་དེ་ལྟ་ བུའི་གྲུབ་མཐའ་ནི། ལན་གཅིག་ཙམ་མིན་པར་ཡང་ཡང་མུ་སྟེགས་སུ་སྐྱེས་པས་དུག་སྦྲུལ་ གྱིས་གླ་རྩིའི་དྲི་ཚོར་བ་ལྟར། སྟོང་པ་ཉིད་ཀྱི་སྒྲ་ཐོས་པ་ཙམ་གྱིས་སེམས་འཁྲུག་པར་འགྱུར་བ་ དག་གིས་ཡིན་ཡང༌། དེ་ནི་མུ་སྟེགས་གྲངས་ཅན་པ་དང་སྤྱོད་པ་དང་གསང་བ་དག་མྱོང་བའི་ ངོ་བོར་གྱུར་པའི་བདག་བརྟན་གཡོ་ཐམས་ཅད་ལ་ཁྱབ་པར་འདོད་པ་དང༌། རིགས་པ་ཅན་ པ་དག་དབང་ཕྱུག་ཅེས་བྱ་བ་རྟག་པ་རང་བྱུངགི་ཐམས་ཅད་མཁྱེན་པ་བརྟན་གཡོ་ཐམས་ཅད་ ལ་ཁྱབ་པར་འདོད་པ་དང༌། ཁྱབ་འཇུག་པ་དག་ཀྱང་དེ་ལྟར་འདོད་པ་དང༌། རིག་བྱེད་པ་ དག་དྲང་སྲོང་ཆེན་པོ་ཉི་མའི་མདོག་ཅན་དང༌། དབང་ཕྱུག་ཆེན་པོ་དང་ཚངས་པ་ཞེས་ཀྱང་བྱ་ བ་གདོད་ནས་རང་བྱུང་གི་ཀུན་མཁྱེན་ཐམས་ཅད་ལ་ཁྱབ་པ་གང་གི་ཚེ་རྣལ་འབྱོར་པས་རྣལ་ འབྱོར་བསྒོམས་ཏེ། ལྷའི་མིག་གིས་དེ་ཉིད་མངོན་སུམ་དུ་མཐོང་བ་དེའི་ཚེ་ཐར་པ་ཐོབ་པ་ དག་གི་ལུགས་ཡིན་གྱི། བདེ་བར་གཤེགས་པའི་བསྟན་པའི་རྗེས་སུ་འབྲང་བ་ལ་འདི་ལྟ་བུའི་ གྲུབ་མཐའ་ཁས་ལེན་པ་སྔོན་ཆད་རྒྱ་བོད་བལ་གསུམ་དུ་བྱུང་བ་མེད་དོ་ཞེས་དང༌། ཡང་མ་ དག་པའི་སྣང་བ་འདི་མ་ལུས་པར་འགགས་པ་ན་དོན་དམ་པའི་སེམས་བདེ་གཤེགས་སྙིང་ པོའི་རང་བཞིན་འཁོར་འདས་ཀྱི་ཆོས་མ་ལུས་པའི་རྣམ་པར་སྣང་བ། ངོ་བོ་རྟག་བརྟན་ཆོས་ 1-1-312 དབྱིངས་ཀྱི་རང་བཞིན་སྲིད་གསུམ་འདི་མིན་སྲིད་གསུམ་གཞན་ཞེས་བྱ་བ་ཡོད་པས་དེ་ཉིད་ ཁོ་བོ་ཅག་གི་ཐར་པ་དང་ཐམས་ཅད་མཁྱེན་པ་ཡིན་ནོ་ཞེས་དང༌། ཐར་པ་གཟུགས་ཅན་དུ་ འདོད་པ་འདི་ཡང་མུ་སྟེགས་གཅེར་བུའི་ལུགས་ཡིན་ཏེ། དེའི་གཞུང་ལས། ཁ་བ་རྒྱ་སྤོས་མེ་ ཏོག་དང༌། །བ་ཞོ་བ་མོ་མུ་ཏིག་མདོག །གདུགས་དཀར་བཟུང་བའི་དབྱིབས་འདྲ་བ། །ཐར་ བ་ཡིན་པར་རྒྱལ་བས་བཤད། །ཅེས་འཇིག་རྟེན་གསུམ་བརྒལ་བའི་སྟེང་ན་ཐར་པའི་གྲོང་ ཁྱེར་གདུགས་དཀར་པོ་གྱེན་ལ་སླང་བ་འདྲ་བ་ཡོད་པར་འདོད་པ་དང་ཁྱད་མེད་དོ། །ཅེས་པ་ རྣམས་མི་རིགས་ཏེ། དེ་ཅིའི་ཕྱིར་ཞེ་ན་འདི་ལྟ་བུའི་རྟོག་པ་ནི་ཚིག་ལ་སོགས་པའི་རྟོན་པ་བཞི་ལ་ཞེན་པ་ དང་དོན་ལ་སོགས་པའི་རྟོན་པ་བཞི་བྲལ་བ་དང༌། ཆོས་ཉིད་ཟབ་མོའི་གནས་ལུགས་རྣམ་ ཀུན་མཆོག་ལྡན་དུ་མདོ་རྒྱུད་ནས་གསུངས་པ་མ་མཐོང་བ་དང༌། མཐོང་ཡང་ཡིད་མ་ཆེས་ པས་ཆོས་དབྱིངས་ཟབ་མོ་དང་གང་ཟག་དམ་པ་ལ་སྐུར་པ་འདེབས་པ་དང་མདོ་རྒྱུད་ཟབ་ མོ་དཀྲུག་པའོ། །ཆོས་དེ་རྣམས་མུ་སྟེགས་ཀྱི་ཆོས་དང་དེ་ལྟར་འདོད་པ་རྣམས་མུ་སྟེགས་པ་ ཡིན་ན་སངས་རྒྱས་ཀྱི་ཆོས་དང་སངས་རྒྱས་པ་རྣམས་གང་ཡིན་མུ་སྟེགས་པ་རྒྱ་མ་ཆེས་སམ། འདི་ནི་རང་ཐོས་རྒྱ་ཆུང་བར་མཚོན་ནས་ཇོ་ནང་པའི་ཆུ་ལ་བརྒྱབ་པས་རྒྱལ་བ་སྲས་བཅས་ཀྱི་ ཉ་ལ་ཕོག་པ་མ་ཚོར་བར་སྣང་ངོ༌། ། འདི་འདྲའི་ཆོས་སྤོང་སྡིག་པ་ཚབས་པོ་ཆེ། །མནར་མེད་སྡུག་བསྔལ་བཟོད་དཀས་མི་ འཇིགས་སམ། །སྟོང་གསུམ་སེམས་ཅན་ཀུན་བསད་སྡིག་པས་ཀྱང༌། །འདིའི་ཆའི་ཆར་ཡང་ མི་ཕོད་དོ། །མུ་སྟེགས་ཀྱི་ལུགས་དང་ཕྱོགས་རེ་ཙམ་འདྲ་བས་མུ་སྟེགས་ཀྱི་ལུགས་ཡིན་ན། དུད་འགྲོ་དང་ཁ་ཟས་ཟ་བར་འདྲ་བས་དུད་འགྲོར་འགྱུར་རམ་ཅི། དོན་ལ་སྟོན་པས་དཔྱད་ ན་མུ་སྟེགས་ཀྱི་ཐར་པ་ནི་བརྟགས་ཆོས་ཀྱི་དངོས་པོ་ཡིན་ལ། འདི་པའི་ཆོས་སྐུ་བདེ་གཤེགས་ 1-1-313 སྙིང་པོ་ནི་རྒྱུ་དང༌། སྟོང་པ་དང༌། ཤེས་རབ་དང༌། སྲིད་གསུམ་གཞན་ནི་རྣམ་གྲངས་ཡིན་ ལ། འབྲས་བུ་དང་བདེ་ཆེན་དང་ཐབས་དང་སྙིང་རྗེ་ནི་རྣམ་གྲངས་ཏེ། ཤེས་རབ་སྟོང་ཆེན་ སྲིད་གསུམ་གཞན་དང་འབྲས་བུ་ཐབས་བདེ་ཆེན་འགྱུར་མེད་ཟུང་འཇུག་ནི་བཅོམ་ལྡན་ འདས་རྡོ་རྗེ་སེམས་དཔའ་ངོ་བོ་ཉིད་ཀྱི་སྐུ་སྟེ། བརྟག་གཉིས་སུ། རྡོ་རྗེ་མི་ཕྱེད་ཞེས་བྱ་སྟེ། ། སེམས་དཔའ་སྲིད་པ་གསུམ་གཅིག་པ། །ཤེས་རབ་རིགས་པ་འདི་ཡིས་ནི། །རྡོ་རྗེ་སེམས་ དཔའ་ཞེས་པར་བརྗོད། །ཅེས་དང༌། འཇིག་རྟེན་ཁམས་ལེར་དྲི་མེད་འོད་དུ། གང་དོན་དམ་པའི་བདེན་པས་བསྟན་པ་དེ་ནི་ འཇིག་རྟེན་ལས་འདས་པ་རྣམས་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཕྱག་རྒྱ་ཆེན་པོའི་དངོས་ གྲུབ་བསྒྲུབ་པའི་སླད་དུ། རང་གི་སེམས་ཀྱིས་ཡོངས་སུ་བརྟགས་པའི་ཆོས་དང་བྲལ་བ་ གཞོན་ནུ་མ་རྣམས་ཀྱིས་མེ་ལོང་ལ་སོགས་པ་ལ་པྲ་ཕབ་པ་བཞིན་དུ་རྣལ་འབྱོར་པ་རྣམས་ ཀྱི་རང་གི་སེམས་ཀྱི་འོད་གསལ་ནམ་མཁའ་ལ་མངོན་སུམ་དུ་སྣང་བ། འདོད་པའི་དོན་གྱི་ འབྲས་བུ་སྟེར་བར་བྱེད་པ་སྟེ། འབྲས་བུ་ནི་འགྱུར་བ་མེད་པའི་བདེ་བའི་ཡེ་ཤེས་ཀྱི་སེམས་ སོ། །སེམས་འདི་གཉིས་གཅིག་པ་ཉིད་ནི་ཤེས་རབ་དང་ཐབས་ཀྱི་བདག་ཉིད་རྡོ་རྗེའི་རྣལ་ འབྱོར་དོན་ཆེན་པོ་མཆོག་ཏུ་མི་འགྱུར་བ་དང་པོའི་སངས་རྒྱས་རིས་མེད་པ། དུས་ཀྱི་འཁོར་ ལོ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔར་རྒྱུད་གཞན་ཐམས་ཅད་དུ་རབ་ཏུ་གྲགས་སོ། ། བཅོམ་ལྡན་འདས་དེ་ཉིད་ལ་རྒྱུའི་མཚན་ཉིད་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལ་ནི་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པར་ངོ་བོ་ཉིད་ཀྱི་སྐུ་ཞེས་གསུངས་ཏེ། ཇི་སྐད་དུ། མངོན་པར་རྟོགས་ པའི་རྒྱན་དུ་མཛད་པ་དང་བཞིར་ངེས་པར་བྱམས་པས་གསུངས་པ། ངོ་བོ་ཉིད་ལོངས་སྤྱོད་ རྫོགས་བཅས་དང༌། །དེ་བཞིན་གཞན་པ་སྤྲུལ་པ་ནི། །ཆོས་སྐུ་མཛད་པར་བཅས་པ་སྟེ། ། རྣམ་པ་བཞིར་ནི་ཡང་དག་བརྗོད། །ཅེས་སོ། །བཅམོ་ལྡན་འདས་དེ་ཉིད་ལ་འབྲས་བུའི་ 1-1-314 མཚན་ཉིད་སྔགས་ཀྱི་ཚུལ་ལ་ནི་ལྷན་ཅིག་སྐྱེས་པའི་དགའ་བ་དང༌། ལྷན་གཅིག་སྐྱེས་པའི་ སྐུ་ཞེས་གསུངས་ཏེ་གཟུང་བ་དང་འཛིན་པ་རྣམ་པར་སྤངས་པ་རྣམ་པར་ཤེས་པའི་ཆོས་ཉིད་ ལས་འདས་པ། སྲིད་པ་དང་མྱ་ངན་ལས་འདས་པ་ལ་རབ་ཏུ་མི་གནས་པ་སངས་རྒྱས་རྣམས་ ཀྱི་འདུས་པ་དང་ལྷ་མོ་རྣམས་ཀྱི་སྡོམ་པ་ཡང་སྟེ། འདི་ནི་ཡེ་ཤེས་ཀྱི་སྐུ་དང་ལྷན་གཅིག་རོ་ གཅིག་པ་ཉིད་དོ་ཞེས་པ་ནི་ངེས་པའི་དོན་ཏོ་ཞེས་སོ། ། དེ་ཉིད་ལ་ཆོས་རྗེ་པས་ཀྱང༌། བདེ་གཤེགས་སྙིང་པོ་རྒྱུ་དང་འབྲས་བུ་གཞན། །ཞེས་དང་། རྡོ་རྗེ་སེམས་དཔའ་ཨེ་ཝཾ་དུས་འཁོར་ལོ། །འཁོར་ལོ་སྡོམ་པ་དགེས་པ་རྡོ་རྗེ་དང༌། །སྒྱུ་འཕྲུལ་ དྲ་བ་གསང་འདུས་ལ་སོགས་མིང༌། །དུ་མ་དོན་གཅིག་ཟུང་འཇུག་སྟོན་ལ་འདུད། །ཅེས་སོ། ། སྟོང་ཆེན་སྲིད་གསུམ་གཞན་དེ་ནི། དུས་འཁོར་དུ། ཁམས་གསུམ་པོ་ནི་མ་ལུས་པའི། །སངས་ རྒྱས་གཟུགས་ནི་བསྒོམ་པར་བྱ། །ཞེས་དང་། བདེ་མཆོག་རྩ་རྒྱུད་དུ། བྱེད་པ་བཅིང་བའི་སྦྱོར་བ་ཡིས། །ས་གསུམ་པོ་ནི་བསྒྲུབ་པར་ བྱ། །ཞེས་དང་། མཚན་བརྗོད་དུ། གཟུགས་རྣམས་ཐམས་ཅད་སྣང་བའི་དཔལ། །གཟུགས་ བརྙན་མ་ལུས་འཆང་པ་པོ། །ཞེས་དང་། དེ་ཉིད་འདུས་པར། སྲིད་པ་ངོ་བོ་ཉིད་ཀྱི་དག །ངོ་ བོ་ཉིད་ཀྱི་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་ལྡན་པ། །སྲིད་པ་མཆོག་ནི་མཛད་ པར་འགྱུར། །ཞེས་དང་། དཔལ་རྡོ་རྗེ་རྩེ་མོར། འདོད་ཁམས་དེ་བཞིན་གཟུགས་ཁམས་དང༌། ། གཟུགས་མེད་པ་ནི་ཉིད་དག་ཀྱང༌། །ཁམས་གསུམ་བཟང་པོ་འདི་དག་ནི། །རང་བྱུང་ང་ཉིད་ ཁོ་ན་ཡིན། །ཞེས་དང༌། ང་ནི་བྱེད་པོ་སྐྱེད་བྱེད་དང༌། ང་ནི་སྐྱེ་དགུའི་བདག་པོ་ཡིན། །ང་ནི་སྣ་ ཚོགས་བདག་པོ་སྟེ། །བྱེད་པོ་སྐྱེད་བྱེད་མེས་པོ་ཡིན། །ཞེས་བཅོམ་ལྡན་འདས་རྡོ་རྗེ་རྩེ་མོ་ ཉིད་ལས་སྲིད་གསུམ་གཞན་རྣམས་བྱུང་ཞིང་ཐམས་ཅད་ཁོ་རང་ཡིན་པར་བཤད་དོ། ། མདོར་ཡང་མྱང་འདས་སུ་མི་རྟག་པའི་གཟུགས་སོགས་འགགས་པའི་རྐྱེན་ཀྱིས་རྣམ་ 1-1-315 པར་གྲོལ་བའི་གཟུགས་སོགས་ཐོབ་པོ་ཞེས་སོགས་གསུངས་ལ། ཡུམ་ཤེར་ཕྱིན་དུ། རྣམ་ པར་དག་པའི་གཟུགས་སོགས་དང་ཆོས་ཉིད་ཀྱི་སངས་རྒྱས་ཀྱི་ཆོས་ཀྱི་བར་རྣམས་གསུངས་ ཞིང་དེ་ཉིད་ལ་གསང་སྔགས་སུ་རྒྱུ་སྟོང་ཆེན་སྲིད་གསུམ་གཞན་ཞེས་པར་གསུངས་སོ། །རྒྱལ་ བ་པའི་ཐར་པ་ནི་གནས་དབྱིབས་ཁ་དོག་ཕྱོགས་གཅིག་པ་ཡིན་པས་དངོས་པོའི་གཟུགས་ ཅན་ཉི་ཚེ་བ་ཡིན་ལ་འདི་ནི་ཁ་དོག་དབྱིབས་སོགས་གཟུགས་ཐམས་ཅད་པ་སྒྲ་དྲི་རོ་རེག་ བྱ་ཆོས་ཏེ་ཡུལ་ཐམས་ཅད་པ་མིག་སོགས་དབང་པོ་དང་སངས་རྒྱས་སོགས་སྐྱེས་བུ་ཐམས་ ཅད་པའི་རྣམ་པ་ཅན་ཡིན་པས་ཕལ་པའི་ཡུལ་མིན་པས་ཞིབ་ཏུ་བརྗོད་དུ་མི་རུང་ངོ༌། །འདིའི་ སྲིད་གསུམ་གཞན་ལ་གཟུགས་ཞེས་པའི་སྒྲ་སྦྱར་ཡང་ཡེ་ཤེས་ཡིན་ཞིང་ཐོགས་པ་མེད་པས་ གཟུགས་མཚན་ཉིད་པ་མིན་པས་མུ་སྟེགས་པའི་དང་མི་འདྲའོ། །མ་མཐོང་བ་ཙམ་གྱིས་མེད་ པར་སྐུར་པ་ནི་རྒྱང་ཕན་པའི་སྨྲ་བར་འགྱུར་ཞིང་མནར་མེད་པའི་དམྱལ་བར་འགྲོ་ལ་གཞན་ ཡང་གཏོང་སྟེ། དྲི་མེད་འོད་དུ། གདུག་པའི་སློབ་དཔོན་དེ་བཞིན་གཤེགས་པའི་སྙིང་པོ་ལས་ཕྱི་རོལ་ཏུ་ གྱུར་པ་ཡུལ་ལ་དབང་པོ་ཉེ་བར་ལོངས་སྤྱོད་པ་ལ་ཆགས་པ་རྫུན་དུ་སྨྲ་བ་རྣམས་མ་མཐོང་ བའི་སྐྱོན་གཟུང་བས་མནར་མེད་པར་འགྲོ་བར་འགྱུར་རོ། །ཞེས་དང༌། ཉན་ཐོས་དང་ཕ་ རོལ་ཏུ་ཕྱིན་པ་དང་སྔགས་ཀྱི་ཚུལ་འདི་རྣམས་ཀྱིས་མཆོག་ཏུ་མི་འགྱུར་བའི་སྙིང་པོ་བཅོམ་ ལྡན་འདས་རྡོ་རྗེ་འཛིན་པ་ནི། མཚན་ཡང་དག་པར་བརྗོད་པ་ལས་དེ་བཞིན་གཤེགས་པས་ བསྟན་ཏོ། ། འདིའི་དོན་མི་ཤེས་པ་བླ་མ་དམ་པ་མ་ཡིན་པ་ཉམས་པ་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་ ཉམས་པ་རྣམས་མ་འོངས་པའི་དུས་སུ་འབྱུང་བར་འགྱུར་ཏེ། རྣམ་པར་ཉམས་པ་དེ་རྣམས་ ཀྱིས་སེམས་ཅན་རྣམས་ཉམས་པར་བྱེད་དོ། །ཞེས་སོ། །བདེ་གཤེགས་སྙིང་པོ་ལས་ཕྱི་རོལ་ 1-1-316 ཏུ་གྱུར་པ་དང་མི་འགྱུར་བའི་ཡེ་ཤེས་ཉམས་པ་ནི་སངས་རྒྱས་དང་ཤེས་པ་གང་ཡིན་འདུས་ བྱས་ཡིན་པས་སེམས་ཅན་ལ་གདོད་ནས་ཆོས་སྐུ་དང་རང་བྱུང་ཡེ་ཤེས་མེད་པར་འདོད་པ་ རྣམས་སོ། ། ཡང་རྒོལ་བ་དེ་དག་ན་རེ། རྒྱུད་བླའི་རྣམ་པར་དབྱེ་བ་མེད་ཆོས་ཕྱིར། །ཞེས་པའི་ཐད་ དུ། སྟོང་གསུམ་དར་ཡུག་གི་དཔེས། དེ་བཞིན་གཤེགས་པའི་ཡེ་ཤེས་ཚད་དང་ཆགས་པ་མེད་ པའི་ཡེ་ཤེས། སེམས་ཅན་ཐམས་ཅད་ཉེ་བར་འཚོ་བའི་ཡེ་ཤེས་ཀྱང་སེམས་ཅན་ཐམས་ཅད་ ཀྱི་རྒྱུད་ལ་མ་ཚང་བ་མེད་པར་ཞུགས་པ་ཡིན། ཞེས་པའི་དོན། ནོར་བུ་དག་ནས་ཡོན་ཏན་ འབྱུང་བ་ལྟར་དྲི་བཅས་ཆོས་ཉིད་ལ་ད་ལྟ་སྟོབས་སོགས་ཡོན་ཏན་དངོས་སུ་མེད་ཀྱང༌། ཤིན་ ཏུ་དག་ནས་སྟོབས་སོགས་དང་ལྡན་པར་འགྱུར་བ་ཙམ་ལ་དགོངས་ནས་སེམས་ཅན་ཐམས་ ཅད་ལ་སངས་རྒྱས་ཀྱི་ཡོན་ཏན་རྗེས་སུ་ཞུགས་ཞེས་པ་ཡིན་ནོ། ། དངོས་སུ་ད་ལྟ་སེམས་ཅན་གྱི་ཆོས་ཉིད་ལ་སངས་རྒྱས་ཀྱི་ཡོན་ཏན་ཡོད་དོ་ཞེས་ཟེར་བ་ རྣམས་ནི། གྲངས་ཅན་དག་རྒྱུ་རྩྭ་མཆོག་གི་རྩེ་མོ་ན་ཡང་འབྲས་བུ་གླང་ཆེན་བརྒྱ་མི་གསལ་ བཞིན་དུ་ཡོད་དོ་ཟེར་བ་དང་འདྲ་བར་ཕྱུགས་པས་ཀྱང་བླུན་པ་ཡིན་ཏེ། སྣང་མུན་ལྟར་སངས་ རྒྱས་ཀྱི་ཆགས་ཐོགས་མེད་པའི་ཡེ་ཤེས་སེམས་ཅན་གྱི་རྒྱུད་ལ་ཉོན་མོངས་ཀྱིས་གཡོག་པ་ག་ ལ་སྲིད། མ་དག་དེ་བཞིན་ཉིད་ཀྱི་ཡོན་ཏན་ཡིན་ན་དྲི་མེད་སངས་རྒྱས་ཀྱི་ཡོན་ཏན་ཞེས་པ་ དང་འགལ་ཞིང་སྟོབས་སོགས་ལ་བྲལ་འབྲས་ཡོན་ཏན་ཞེས་ཅིའི་ཕྱིར་གསུངས། དེས་ན་ གཞུང་འདིའི་མགོ་མཇུག་ཏུ་སྟོབས་སོགས་ཡོན་ཏན་ནི་ཤིན་ཏུ་རྣམ་དག་གི་ཚེ་ཁོ་ན་ན་ཡོད་ ཀྱི་མ་དག་པའི་ཚེ་ན་ཡོད་པར་གསུངས་པ་ཅུང་ཟད་ཀྱང་མེད་དོ། །ཞེ་ན་འདི་ནི་རྒྱལ་བ་དང་ རྒྱལ་ཚབ་གཉིས་ལ་ཕྱུགས་པས་བླུན་ཟེར་ཞིང་བསྐུར་པ་འདེབས་ཏེ། སྟོན་པས་ཕལ་ཆེན་གྱི་ མདོ་འདི་དང་སྙིང་པོའི་མདོ་སོགས་སུ་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་ཡེ་ཤེས་དྲི་ 1-1-317 མས་གཡོག་པའི་ཚུལ་དུ་ཡོད་པར་གསུངས་ཤིང༌། དེ་ལྟར་བྱམས་པས་ཀྱང་བཀྲལ་བས་སོ། ། མ་དག་པའི་དུས་ཀྱི་དེ་བཞིན་ཉིད་ལ་སྟོབས་སོགས་ཡོད་པར་གསུངས་པ་གཅིག་ཀྱང་ མེད་ཅེས་པ་མངོན་གསུམ་ལ་བསྙོན་པ་སྟེ། རྣམ་པར་དབྱེ་བ་མེད་ཆོས་ཕྱིར་གྱི་འགྲེལ་པར། དེ་ལ་དྲི་མ་མེད་པའི་སངས་རྒྱས་ཀྱི་ཡོན་ཏན་ནི་གཅིག་ཏུ་ཀུན་ནས་ཉོན་མོངས་པའི་སོ་སོ་སྐྱེ་ བོའི་ས་ན་ཡང་རྣམ་པར་དབྱེ་བ་མེད་པ་ཆོས་ཉིད་སྔ་ཕྱིར་ཁྱད་པར་མེད་པར་ཡོད་པའི་ཕྱིར། གནས་འདི་བསམ་གྱིས་མི་ཁྱབ་སྟེ། གང་ལ་དེ་བཞིན་གཤེགས་པའི་ཡེ་ཤེས་མཐའ་དག་ རྗེས་སུ་མ་ཞུགས་པའི་སེམས་ཅན་དེ་ནི་སེམས་ཅན་ཀྱི་རིས་ན་འགའ་ཡང་མེད་དེ་ཅེས་པ་ འདི་ཅི་ཡིན། གཞན་ཡང་སངས་རྒྱས་སྤྱན་གྱིས་རང་ཆོས་ཉིད་གཟིགས་ནས་ཞེས་དང༌། དེ་ བཞིན་ལུས་ཅན་ལ་ཡོད་ཟག་པ་མེད་པའི་ཤེས་པ་སྦྲང་མའི་རྩི་དང་འདྲ། །ཞེས་ཏེ་སྟོབས་ སོགས་ཟག་མེད་ཀྱི་ཤེས་པ་མིན་ནམ། ཆོས་ཀྱི་དབང་ཕྱུག་ཉོན་མོངས་སྦུབས་ལས་མ་གྲོལ་ ལུས། ཞེས་པའི་མདོར། དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་དེ་བཞིན་གཤེགས་པའི་རྒྱན་ གྱིས་སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པ་ཉིད། སངས་རྒྱས་ཉིད་ཡེ་ཤེས་ཉིད་ རང་བྱུང་ཉིད་ཉོན་མོངས་པའི་སྦུབས་ཀྱིས་དཀྲིས་པར་མཐོང་ངོ་ཞེས་དང༌། དེ་བཞིན་ཆོས་ གཏེར་ཡིད་ཀྱི་ཁྱིམ་ གནས་སེམས་ཅན་དག་ནི་དབུལ་པོ་ལྟ་བུ་སྟེ། །ཞེས་པའི་མདོར། དེ་བཞིན་དུ་སེམས་ཅན་ ཐམས་ཅད་ཀྱི་མངོན་པར་ཞེན་པ་ཡིད་ལ་བྱེད་པ་ཁྱིམ་ལྟ་བུའི་འོག་ན་དེ་བཞིན་གཤེགས་ པའི་སྙིང་པོ་སྟོབས་དང་མི་འཇིགས་པ་དང་མ་འདྲེས་པ་དང་སངས་རྒྱས་ཀྱིས་ཆོས་ཐམས་ ཅད་ཀྱི་མཛོད་ཀྱི་གཏེར་ཆེན་པོ་ཡོད་ཀྱང༌། ཞེས་དང༌། མཐའ་དང་དབུས་མེད་རྒྱ་ཆེན་ནམ་ མཁའ་ལྟར་ཁྱབ་པ། སངས་རྒྱས་ཉིད་ནི་ཡོན་ཏན་དྲི་མ་མེད་གཏེར་སེམས་ཅན་ཀུན་ལ་ཁྱད་ མེད་རྣམས་གཟིགས་ནས་ཅེས་པ་འདི་རྣམས་རྒྱུད་བླའི་གཞུང་མིན་ནམ། ཁྱེད་རང་གིས་ 1-1-318 ཀྱང༌། ཉེས་པ་གློ་བུར་དང་ལྡན་དང༌། །ཡོན་ཏན་རང་བཞིན་ཉིད་ལྡན་ཕྱིར། །ཞེས་སོགས་ ཀྱིས་བཤད་པར། ཤིན་ཏུ་རྣམ་པར་དག་པའི་གནས་སྐབས་ན་རྣམ་པར་དབྱེ་བ་མེད་ཅིང་ འབྲལ་མི་ཤེས་པ་བསམ་གྱིས་མི་ཁྱབ་པ་གངྒཱའི་ཀླུང་གི་བྱེ་མ་ལས་འདས་པའི་སངས་རྒྱས་ཀྱི་ ཆོས་རྣམས་དེ་ལ་གསར་དུ་སྐྱེས་པ་མིན་ཏེ། དེ་དག་ལ་རང་བཞིན་ཀྱིས་ལྡན་པའི་ཕྱིར་རོ། ། ཞེས་ཏེ། འདི་ནི་གཞུང་ལ་མ་འཛུར་བའི་བཤད་པ་དོན་མཐུན་ཏེ་འདིས་སྔར་གྱི་དམ་བཅའ་ ལ་གནོད་དོ། ། དེས་ན་འདི་ལྟ་བུའི་བཤད་པ་ནི་བུ་རུ་བརྫུས་ནས་རབས་གཅོད་པ་རྩ་བ་སུན་འབྱིན་གྱི་ འགྲེལ་པ་སྟེ། རྒྱུ་བཞི་ཡིས་ནི་བསམ་མི་ཁྱབ། །རྣམ་པར་དབྱེ་བ་མེད་ཆོས་ཕྱིར། །ཞེས་པ་ དང་སྔར་དྲངས་པའི་འདིའི་འགྲེལ་པ་གཉིས་ཀའི་དོན། སྟོབས་སོགས་ནི་དྲི་མེད་སངས་ རྒྱས་ཁོ་ནའི་ཡོན་ཏན་ཡིན་ཞིང་འབྲས་བུའི་སངས་རྒྱས་ཁོ་ནས་ཐོབ་ལ་གཞན་གྱིས་མ་ཐོབ་ བཞིན་དུ། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཡང་ལྐོག་གྱུར་ཆོས་ཉིད་དུ་ཡོད་པས་སྔར་སེམས་ ཅན་གྱི་དུས་ཀྱི་ཆོས་ཉིད་སྟོབས་སོགས་དང༌། ཕྱིས་སངས་རྒྱས་ཀྱི་དུས་ཀྱི་ཆོས་ཉིད་ཀྱི་སྟོབས་ སོགས་གཉིས་སྔར་ཀྱི་ངན་ལ་ཕྱིས་ཀྱི་བཟང་བ་སོགས་ཀྱི་རྣམ་དབྱེ་མེད་པས་འགལ་འགལ་ འདྲ་ལ་མི་འགལ་བས། བསམ་གྱིས་མི་ཁྱབ་ཅེས་པ་ཡིན་གྱི་སེམས་ཅན་ལ་ཆོས་ཉིད་དུའང་ མེད་ན་བསམ་གྱིས་ཁྱབ་པོ། ། འདིར་གཞན་དག་(མཁན་ཆེན་་་)ན་རེ། འདིར་ཆོས་ཉིད་སྔ་ཕྱི་ཁྱད་པར་མེད་པ་ཡོད་པ་ ཞེས་དང༌། འོག་ཏུ་ཡང་ཐམས་ཅད་ཀྱི་ཚེ་ཐམས་ཅད་ལ་ཁྱད་པར་མེད་པའི་ཚུལ་དུ་ཡོད་དོ་ ཞེས་བྱ་བ་ནི་ཆོས་ཉིད་ཚད་མར་བྱས་ལ་ལྟ་བར་བྱའོ། །ཞེས་གང་གལ་ཆེ་བར་ཆོས་ཉིད་ཀྱིས་ སྨོས་པས། སྤྱིར་ཆོས་དང་ཆོས་ཉིད་ཟུང་དུ་འཇུག་པས་ཡ་བྲལ་མི་སྲིད་ཅིང༌། སེམས་ཅན་ ལ་སྟོབས་སོགས་ཀྱི་ཆོས་ཉིད་ཡོད་ལ་སྟོབས་སོགས་རང་མེད་དོ་ཞེ་ན། འོ་ན་སེམས་ཅན་ 1-1-319 ལ་སྟོབས་སོགས་ཡོད་པར་ཐལ། སྟོབས་སོགས་ཀྱི་ཆོས་ཉིད་ཡོད་པའི་ཕྱིར། འཁོར་གསུམ་ ཁས་བླངས་ཏེ་རྟགས་གསལ་དངོས་ཁྱབ་པ་ཡ་བྲལ་མི་སྲིད་པ་བུད་དོ། ། དེ་ལ་ཆོས་ཉིད་ཅེས་སྨོས་ཞེས་སོགས་ཀྱི་ལོག་རྟོག་འདི་ནི། ཆོས་ཉིད་ཟབ་མོའི་གནས་ ལུགས་དང་ངེས་དོན་ལ་རྒྱབ་ཀྱིས་ཕྱོགས་པའི་ཁ་སྐད་དེ། ངེད་ཆོས་ཉིད་ཀྱི་སྟོབས་སོགས་ འདོད་པ་ལ་ཆོས་ཉིད་ཅེས་པས་གནོད་རྒྱུ་ཅི་ཡོད་རྨ་བྱ་ལ་དུག་བྱིན་པ་བཞིན་ནོ། །འདིར་སྨོས་ པའི་སངས་རྒྱས་ཀྱི་སྟོབས་སོགས་ཡེ་ཤེས་རྣམས་ཆོས་ཉིད་འབའ་ཞིག་ཡིན་ཏེ། མྱང་འདས་ ཆེན་པོར། །སངས་རྒྱས་རྣམས་ཀྱི་ཆོས་ནི་ཆོས་རྣམས་ཀྱི་ཆོས་ཉིད་ཅེས་དང༌། མྱ་ངན་ ལས་འདས་པ་སྔོན་མེད་ལ་ཕྱིས་ཡོད་པ་ཡིན་ན་ཟག་པ་མེད་པ་རྟག་དུ་གནས་པའི་ཆོས་མིན་ པར་འགྱུར་རོ། །ཞེས་དང༌། དཔེ་དགུས་སེམས་ཅན་ལ་སྙིང་པོ་ཡོད་པ་རྣམས་ཀྱང༌། ཆོས་ ཉིད་ཀྱི་སངས་རྒྱས་དང༌། ཆོས་ཉིད་ཀྱི་སྟོབས་སོགས་སོ། །རྒྱུའི་དུས་སུ་རང་བཞིན་གྱི་རིགས་ གཏེར་འདྲའི་སྟོབས་སོགས་ཅན་ལ་སྒྲིབ་པའི་དྲི་མ་དག་པས། འབྲས་བུའི་དུས་སུ་ངོ་བོ་ཉིད་ སྐུ་སྟོབས་སོགས་ཅན་གཏེར་མངོན་དུ་ཐོན་པ་ལྟ་བུ་འབྱུང་བ་ཡིན་ཏེ། དེ་བཞིན་ཆོས་གཏེར་ ཡིད་ཀྱི་ཁྱིམ་གནས་སེམས་ཅན་དག་ནི་དབུལ་པོ་ལྟ་བུ་སྟེ། །ཞེས་དང༌། ངོ་བོ་ཉིད་སྐུ་མཛེས་ པ་ནི། །རིན་ཆེན་སྐུ་འདྲར་ཤེས་བྱ་སྟེ། །རང་བཞིན་གྱིས་ནི་བྱས་མིན་དང༌། །ཡོན་ཏན་རིན་ ཆེན་གཏེར་ཡིན་ཕྱིར། །ཞེས་དང༌། ཐུབ་པའི་ངོ་བོ་ཉིད་སྐུ་ནི། །ཟག་པ་མེད་པའི་ཆོས་གང་ དག །ཐོབ་གྱུར་རྣམ་ཀུན་རྣམ་དག་པ། །དེ་དག་རང་བཞིན་མཚན་ཉིད་ཅན། །བྱང་ཆུབ་ ཕྱོགས་མཐུན་ཚད་མེད་དང༌། །ཞེས་ནས། ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །ཞེས་པའི་བར་ ཏེ། ཆོས་ཉིད་དྲི་བྲལ་གྱི་ཡེ་ཤེས་རྣམས་ངོ་བོ་ཉིད་བསྐུར་བསྟན་ལ། མདོ་སྡེ་རྒྱན་དུའང་ ཐེག་ཆེན་རིགས་ལ་སྟོབས་སོགས་ཡོད་པར་གསུངས་ཏེ། དེ་དག་ཁྱད་པར་འཕགས་པ་དང༌། ། ཐམས་ཅད་དང་ནི་དོན་ཆེན་དང༌། །ཞེས་པར། འདིར་རིགས་ནི་རྒྱུ་མཚན་བཞིས་མཆོག་ 1-1-320 ཉིད་དུ་སྟོན་ཏེ། རིགས་དེ་ནི་དགེ་བའི་རྩ་བ་ཁྱད་པར་དུ་འཕགས་པ་དང༌། ཐམས་ཅད་དོན་ ཆེན་པོ་དང་མི་ཟད་པ་འདི་ཉིད་ཀྱི་རྒྱུ་མཚན་ཡིན་ནོ། །ཉན་ཐོས་རྣམས་ཀྱི་དགེ་བའི་རྩ་བ་ནི་དེ་ ལྟར་སྦྱངས་པ་མིན་ནོ། །ཐམས་ཅད་ཡོད་པ་མིན་ཏེ་སྟོབས་དང་མི་འཇིགས་པ་ལ་སོགས་པ་ མེད་པའི་ཕྱིར་རོ། །ཞེས་དང་། དབུས་མཐར་ཆོས་ཐམས་ཅད་སྟོང་པ་ཉིད་འཆད་པའི་ཐད་དུ། སངས་རྒྱས་ཆོས་རྣམས་ དག་བྱའི་ཕྱིར། །བྱང་ཆུབ་སེམས་དཔའ་སྒྲུབ་པར་བྱེད། །ཅེས་བྱ་བ་ནི། སྟོབས་དང་མི་ འཇིགས་པ་དང་མ་འདྲེས་པ་ལ་སོགས་པའོ། །ཞེས་ཆོས་ཉིད་ཀྱི་སྟོབས་སོགས་སེམས་ཅན་ ལ་དྲི་བཅས་སུ་ཡོད་པ་དེ་བྱང་སེམས་ཀྱིས་དྲི་མ་དག་པར་སྒྲུབ་པར་བྱེད་ཅེས་པའོ། །འདིས་ ནི་རྒྱུད་བླའི་དེ་སྤྱིའི་མཚན་ཉིད་ཉེས་པ་དང༌། །ཡོན་ཏན་མཐར་ཐུག་ཁྱབ་པ་སྟེ། །ཞེས་པའི་ དོན་སེམས་ཅན་ལ་སངས་རྒྱས་ཀྱི་སྤྱི་མཚན། རང་རིག་རང་གསལ་ཙམ་ཡོད་ཀྱི་རང་མཚན་ སྤངས་ རྟོགས་གཉིས་མེད་དོ་ཞེས་པ་བཀག་སྟེ། སྟོབས་མི་འཇིགས་མ་འདྲེས་གསུམ་ནི་སྤངས་ རྟོགས་མཐར་ཐུག་ཡིན་པས་སོ། ། དེས་ན་སྟོབས་སོགས་བྲལ་འབྲས་སུ་འཇོག་པའི་གནད་ཀྱང་འདིའོ། །ཅིས་ཏེ་སེམས་ ཅན་ལ་ཆོས་ཉིད་དུ་མེད་པར་ལམ་གྱིས་གསར་དུ་བསྐྱེད་ན་བྲལ་འབྲས་ཀྱི་དོན་མེད་ཅིང་དོན་ དམ་ཆོས་སྐུའི་ཐུན་མོང་མིན་པའི་ཡོན་ཏན་དུ་མི་འགྱུར་ཏེ། ཆོས་སྐུ་ནི་རྒྱུ་རྐྱེན་ཀྱིས་མ་བསྐྱེད་ པ་འདུས་མ་བྱས་ཡིན་པས་སོ། ། མྱང་འདས་ཆེན་པོར། དེ་བས་ན་མྱ་ངན་ལས་འདས་པ་ལ་རྒྱུ་མེད་དོ། །ཞེས་དང༌། མྱ་ངན་ ལས་འདས་པ་ནི་བྱས་པའི་རྒྱུ་ལས་གྲུབ་པ་མིན་ཏེ། གསལ་བའི་རྒྱུ་འབའ་ཞིག་གོ །གསལ་ བའི་རྒྱུ་ནི་འདི་ལྟ་སྟེ། བྱང་ཆུབ་ཕྱོགས་ཀྱི་ཞེས་སོགས་དང༌། དོན་དམ་གྱི་སངས་རྒྱས་ 1-1-321 འདུས་བྱས་སྐྱེ་འཇིག་ཅན་གསར་སྐྱེས་སུ་བལྟས་ན་ཁྲེལ་དང་ངོ་ཚ་མེད་པ་དང་ཚུལ་ཁྲིམས་ འཆལ་པ་དང་ཕྱི་མ་ངན་འགྲོར་སྐྱེ་ལ་རྟག་པ་འདུས་མ་བྱས་སུ་བལྟས་ན་དེ་ལས་བཟློག་པ་ དང་མྱུར་དུ་འཚང་རྒྱ་སྟེ། མྱང་འདས་ཆེན་པོའི་བམ་པོ་གཉིས་པར། གཅེར་བུར་འགྲོ་བ་ངོ་ཚ་ནས་གསོ་ཀསྱི་ གཡོགས་ཏེ་མེར་ཤི་བ། མི་ཆེན་པོ་དང་ལྷ་ཆེན་པོར་སྐྱེས་པའི་དཔེས། དེ་བས་ན་འཇམ་དཔལ་ ཁྲེལ་ཞིང་ངོ་ཚ་བ་དང་ལྡན་པ་རྣམས་ནི་སངས་རྒྱས་བཅོམ་ལྡན་འདས་ལ་འདུས་བྱས་དང་ མཐུན་པར་མི་བལྟའོ། ། འཇམ་དཔལ་མུ་སྟེགས་ཅན་ངན་པར་བལྟ་བ་ནི་དེ་བཞིན་གཤེགས་པ་ལྔ་འདུས་བྱས་ དང་མཐུན་ནོ། །ཞེས་སྨྲའི། ཚུལ་ཁྲིམས་བསྲུངས་པའི་དགེ་སློང་དག་ནི་དེ་ལྟར་དེ་བཞིན་ གཤེགས་པ་ལ་འདུས་བྱས་ཡིན་པར་མི་ལྟའོ། ། ཅི་སྟེ་དེ་བཞིན་གཤེགས་པ་ལ་འདུས་བྱས་ཡིན་ནོ་ཞེས་བརྗོད་ན་དེ་ནི་རྫུན་དུ་སྨྲ་བ་ཡིན་ ཏེ། གང་ཟག་དེ་ནི་ཤི་མ་ཐག་ཏུ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་རིགས་པར་བྱ་བ་ནི་ ཇི་ལྟར་གང་ཟག་རང་གི་ཁྱིམ་ན་གནས་པ་བཞིན་ནོ། ། འཇམ་དཔལ་དེ་བཞིན་གཤེགས་པ་ནི་ཡང་དག་པར་འདུས་མ་བྱས་པའི་ཆོས་ཅན་ཡིན་ པས་འདུས་བྱས་ཞེས་བརྗོད་པར་མི་བྱའོ། ། འཇམ་དཔལ་དེང་སླན་ཆད་འཁོར་བ་ན་འཁོར་བ་ན་ཤེས་པ་མེད་པ་སྤངས་ཏེ་ཡང་དག་ པའི་ཡེ་ཤེས་བཙལ་བར་བྱའོ། །གང་ཞིག་དེ་བཞིན་གཤེགས་པ་ལ་དེ་ལྟ་བུའི་ཚུལ་དུ་བལྟ་ན་ མཚན་སུམ་ཅུ་རྩ་གཉིས་དང༌ལྡན་ཞིང་མྱུར་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཚང་ རྒྱའོ། །ཞེས་དང་། འཕགས་པ་ཀླུ་སྒྲུབ་གྱིས་རིན་ཆེན་ཕྲེང་བར། གཞན་ཡང་འདི་ནི་ལོག་གཟུང་ན། །བླུན་ 1-1-322 པོ་མཁས་པའི་ང་རྒྱལ་ཅན། །སྤོང་བས་མ་རུང་བདག་ཉིད་ཅན། །མནར་མེད་པར་ནི་སྤྱི་ གཙུག་འགྲོ། །ཞེས་སོ། །དྲི་མེད་འོད་དུ་ཡང་རྨི་ལམ་གྱི་དཔེ་དང་སྦྱར་ནས། འདི་སྐད་དུ། དེ་བཞིན་དུ་སེམས་ཅན་བསོད་ནམས་དང་ལྡན་པ་རྣམས་ཀྱིས་རང་གི་སེམས་ཀྱི་སྣང་བ་སྟེ་ བཅོམ་ལྡན་འདས་ནི་སྐྱེས་པ་མིན་ཞིང་འགགས་པ་མིན་ནོ་ཞེས་སངས་རྒྱས་འདུས་མ་བྱས་སུ་ གསུངས་པ་དང༌། སྐྱེ་བ་དང་འཇིག་པའི་རྡོ་རྗེ་སེམས་དཔའ་ནི་སྒྲུབས་ཀྱང་མ་བསྒྲུབས་པ་ཁོ་ ནའོ་ཞེས་པ་དང་སྐྱེ་བ་དང་འཇིག་པའི་ཆོས་ཅན་ལ་སྟོབས་བཅུ་དང་མི་འཇིག་པ་ལ་སོགས་ པའི་ཡོན་ཏན་རྣམས་མི་སྲིད་དོ། །ཞེས་དང༌། སྐྱེ་བ་དང་འཇིག་པའི་རྡོ་རྗེ་སེམས་དཔའ་སྒྲུབ་ པ་ཡིན་ན་སྐྱབས་སུ་འགྲོ་བ་ལ་སོགས་པ་དང་བྱང་ཆུབ་ཀྱི་སྤྱོད་པ་རླབས་པོ་ཆེ་རྣམས་དོན་ མེད་དོ། །ཞེས་དང༌། བཅོམ་ལྡན་འདས་གཟུགས་ཅན་དུ་འདོད་པ་དེ་ལྟ་ན་སངས་རྒྱས་པ་ རྣམས་དང༌། མུ་སྟེགས་པ་རྣམས་ཀྱི་མཁས་པ་རྣམས་ལ་ཡང་ཤེས་རབ་དམན་པ་ཉིད་ཀྱི་ཕྱིར་ བྱེ་བྲག་མེད་དོ། །ཞེས་སོགས་མཐའ་ཡས་པའི་གནོད་བྱེད་གསུངས་སོ། །གལ་ཏེ་སེམས་ཅན་ ལ་སངས་རྒྱས་ཆོས་སྐུ་ད་ལྟ་ལྐོག་གྱུར་ཆོས་ཉིད་དུ་མེད་ན་ཕྱིས་ལམ་བསྒོམས་པས་སངས་ རྒྱས་ཆོས་སྐུ་དེ་མངོན་དུ་ཐོབ་པ་མི་སྲིད་པར་ཐལ། དེ་འདུས་མ་བྱས་ཡིན་པས་དེ་ལ་སྐྱེད་ བྱེད་མེད་ཅིང་ཡེ་ཤེས་ཀྱང་ཡིན་པས་སོ། ། དེས་ན་གཟུགས་སྐུའི་སངས་རྒྱས་ཀྱང་ཐོབ་མི་སྲིད་དེ། ཆོས་སྐུ་རྟེན་དང་གཟུགས་སྐུ་ བརྟེན་པ་ཡིན་པས་སོ། །མདོ་གསེར་འོད་དམ་པར་དཔེར་ན་མཁའ་ལ་བརྟེན་ནས་གློག་འབྱུང་ ངོ༌། །གློག་ལ་བརྟེན་ནས་འོད་འབྱུང་ངོ༌། །དེ་བཞིན་དུ་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ལ་ བརྟེན་ནས་ལོངས་སྤྱོད་རྫོགས་པའི་སྐུ་འབྱུང་ངོ༌། །དེ་ལ་བརྟེན་ནས་སྤྲུལ་པའི་སྐུ་འབྱུང་ངོ༌། ། ཞེས་སོ། ། ཡང་། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །ཞེས་སོགས་ཀྱི་ཐད་དུ་རྒོལ་བ་དེ་ཉིད་ན་ 1-1-323 རེ། བདེ་གཤེགས་སྙིང་པོ་གཉིས་དེ་སྒྲས་འགྲོ་བས་སངས་རྒྱས་གཏན་ནས་མི་འཐོབ་པར་ འགྱུར་ཏེ་ཧ་ཅང་ཐལ་ལོ་དངོས་སུ་ཟིན་པའི་བདེ་གཤེགས་སྙིང་པོ་དང༌། དགོངས་གཞིའི་བདེ་ བཤེགས་སྙིང་པོའོ། །དང་པོ་ནི་སེམས་ཅན་རྣམས་ལ་གདོད་ནས་ལྷུན་ཀྱིས་གྲུབ་པ་འདུས་མ་ བྱས་པ། རྟག་པ་བརྟན་པ་མཚན་དཔེས་བརྒྱན་པ་སྟོབས་སོགས་ཡོན་ཏན་དང་ལྡན་པ་ཉོན་ མོངས་པའི་སྦུབས་བྱེ་བ་མཐའ་ཡས་པས་བཏུམ་པའོ་ཞེས་མདོ་ལས་དངོས་སུ་གསུངས་སོ། ། དེ་ནི་མུ་སྟེགས་ཀྱིས་བརྟགས་པའི་བདག་དང་འདྲ་བར་དོན་དམ་པར་ལྟ་ཞོག་ཐ་སྙད་ཙམ་དུ་ ཡང་མ་གྲུབ་སྟེ། འགལ་བའི་ཆོས་འདུས་པ་མི་སྲིད་པའི་ཕྱིར་རོ། །འདི་ལྟར་འདུས་མ་བྱས་ བསྟན་དུ་མེད་ཅིང་ཐོགས་པ་མེད་པ་དང་མཚན་དཔེ་གཟུགས་ཅན་འགལ་ཞིང༌། ཉོན་མོངས་ དང་སྟོབས་སོགས་ཀྱང་སྣང་མུན་བཞིན་ནོ། ། ཞེ་ན་འགལ་བ་ལྟར་སྣང་བ་བདེན་ཡང་དོན་ལ་མི་འགལ་ཏེ། ཁྱད་གཞི་འདུས་མ་བྱས་ ཡིན་པས་ཁྱད་ཆོས་ཀྱི་མཚན་དཔེ་གཟུགས་ཅན་དངོས་མིན་ཏེ་ཆོས་ཉིད་ཀྱི་མཚན་དཔེ་ལ་ དགོངས་པའོ། །སྟོབས་སོགས་ཉོན་མོངས་ཀྱི་བཏུམ་པ་མི་སྲིད་མ་རིག་པའི་མཉེན་པོ་ཡིན་ནོ་ སྙམ་པ་ལ། སྟོབས་སོགས་མངོན་གྱུར་ཐོབ་ན་རང་གི་མ་རིག་པ་སེལ་གྱི་མ་ཐོབ་པས་མི་སེལ་ བ་ཡིན་ཏེ། སྟོབས་སོགས་ཆོས་ཉིད་ལྐོག་དུ་གྱུར་པས་སོ། །དཔེར་ན་ཉི་མ་མངོན་དུ་གྱུར་ན་ མུན་པ་སེལ་ཞིང་ཐོག་སོགས་ཀྱིས་བསྒྲུབས་ཚེ་མི་སེལ་བ་དང༌། དབུལ་པོའི་ཁྱིམ་གྱི་ས་འོག་ གི་གཏེར་བཞིན་ནོ། །ཁྱེད་རང་གིས་ཀྱང༌། དགོངས་བཞིའི་ཐད་དུ་སྟོང་ཉིད་དང་མཚན་མེད་ སོགས་ཏེ། དེ་བཞིན་གཤེགས་པ་ནི་ཆོས་སྐུས་ཕྱེ་བ་ཡིན་ལ་དེ་ཡང་སྟོང་ཉིད་སོགས་ཡིན་ ཞིང་དེ་ཡང་སེམས་ཅན་ཐམས་ཅད་ལ་ཁྱད་པར་མེད་པར་རྗེས་སུ་ཞུགས་པས་སེམས་ཅན་ ཐམས་ཅད་ཀྱང་དེ་བཞིན་གཤེགས་པའི་སྙིང་པོ་ཅན་དུ་འཐད་དེ། ལང་གཤེགས་སུ་སངས་ རྒྱས་རྣམས་ནི་སྟོང་པ་ཉིད་སོགས་ཀྱི་ཚིག་གི་དོན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་པོར་ 1-1-324 བསྟན་པར་བྱས་ནས། ཞེས་དྲངས་པས་ཀྱང་སེམས་ཅན་ལ་ཆོས་སྐུ་ཡོད་པར་བསྒྲུབས་པས་ སོ། །ཅི་སྟེ་མདོ་དེ་ལ་བརྗོད་བྱ་མེད་ན་བརྗོད་བྱས་སྟོང་པ་བརྗོད་རྣམས་ཀྱི། འདི་དེ་མི་ཤེས་ ཀྱིས་སླང་ཡིན་ཞེས་པ་དང་གདུལ་བྱའི་མགོ་བསྐོར་བར་འགྱུར་རོ། ། མཐར་ཐུག་གི་སྟོང་ཉིད་སོགས་ནི་དེ་བཞིན་གཤེགས་པའི་སྙིང་པོ་དངོས་ཡིན་ཏེ། སྟོང་ པ་ཉིད་ཀྱི་ཚུལ་དུ་བརྗོད་པ་དེ་བཞིན་གཤེགས་པའི་སྙིང་པོ་གང་ཞེ་ན་ཞེས་དང༌། སྔར་དྲངས་ པའི་དབུས་མཐའ་དང་བྱང་ཆུབ་སེམས་འགྲེལ་ཤེར་ཕྱིན་གྱི་མཚན་བརྒྱ་རྩ་སོགས་ལས། བདེ་གཤེགས་སྙིང་པོའི་མཚན་གྱི་རྣམ་གྲངས་སྟོང་ཉིད་དང་ཡང་དག་མཐའ་དང་མྱང་འདས་ དང་ཆོས་སྐུ་དང་དོན་དམ་བདེན་པར་བསྟན་པ་དང༌། ལང་གཤེགས་སུ་རྫ་མཁན་འཇིམ་ པའི་ཕུང་པོ་ལས་སྣོད་སྣ་ཚོགས་བྱེད་པའི་དཔེས། དེ་བཞིན་གཤེགས་པ་རྣམས་ཀྱང་ཆོས་ ལ་བདག་མེད་པ་རྣམ་རྟོག་མཚན་ཉིད་ཐམས་ཅད་རྣམ་པར་ལོག་པ་དེ་ཉིད་ཤེས་རབ་དང་ ཐབས་ལ་མཁས་པ་དང་ལྡན་པ་སྣ་ཚོགས་ཀྱིས་དེ་བཞིན་གཤེགས་པའི་སྙིང་པོར་བསྟན་ པའམ། བདག་མེད་པར་བསྟན་པས་ཀྱང་རུང་སྟེ་རྫ་མཁན་བཞིན་དུ་ཚིག་དང་ཡི་གེ་སྣ་ ཚོགས་ཀྱིས་སྟོན་ནོ་ཞེས་སོ། ། གལ་ཏེ་འོ་ན་བདག་མེད་པ་ཡིན་ན་ཁྱོད་བདག་དང་རྟག་པར་འདོད་པ་དང་འགལ་ལོ་ཞེ་ ན་སྐྱོན་མེད་དེ་བདག་གཉིས་ཀྱི་མེད་གཞི་དེ་ཉིད་ལ་དམ་པའི་བདག་དང་དེ་བཞིན་གྱི་བདག་ ཏུ་འཇོག་པས་སོ། །ཅི་སྟེ་བདག་གཉིས་མེད་པའི་གཞི་ཡང་མེད་པའི་མེད་དགག་ཁོ་ན་ ཡིན་ན་ནི་ཆད་ལྟར་འགྱུར་ཞིང༌། མདོ་སྡེ་རྒྱན་དུ། བདག་མེད་མཆོག་གི་བདག་ཐོབ་པས། ། སངས་རྒྱས་དག་པའི་བདག་ཐོབ་ཕྱིར། །བདག་ཉིད་ཆེན་པོའི་བདག་ཏུ་འགྱུར། །ཞེས་དང༌། ཕྱག་རྒྱ་ཆེན་པོའི་ཐིག་ལེར། བདག་ནི་དངོས་པོ་ཐམས་ཅད་ལ། །ཁྱབ་པར་དེ་ནི་ཡོད་པ་སྟེ། ། བདག་ནི་མེད་ན་འགྲོ་བ་ཀུན། །ཇི་ལྟར་རྩ་བཅད་ཤིང་བཞིན་ནོ། །ཞེས་དང་། ཡེ་ཤེས་ཐིག་ 1-1-325 ལེར། གཞན་མིན་རང་བདག་ཁྱོད་མེད་པ། །སངས་རྒྱས་ཀྱིས་ཀྱང་རྙེད་པར་དཀའ། །ཁྱོད་ མེད་ན་ནི་ཁམས་གསུམ་པོ། །མགོ་བོ་བཅད་པའི་མི་བཞིན་ནོ། །ཞེས་དང་། སྔར་དྲངས་པའི། ང་ཡིས་འདི་ཀུན་ཁྱབ་པ་སྟེ། །འགྲོ་བའི་རང་བཞིན་གཞན་མ་མཐོང༌། །ཞེས་དང༌། ང་ནི་དེ་ བཞིན་གཤེགས་སྙིང་པོ། །ཞེས་སོགས་དང་འགལ་བས་གང་ཟག་དང་ཆོས་ཀྱི་བདག་མེད་ པ་ཡང་ཡིན་ལ་དམ་པའི་བདག་ཀྱང་ཡིན་པ་ཅན་ནོ། ། གལ་ཏེ་སྙིང་པོའི་དགོངས་གཞི་ལས་དོན་དངོས་མེད་ན་གོང་དུ་བསྟན་པའི་བདེ་ བཤེགས་སྙིང་པོ་མེད་ན་ཧ་ཅང་ཐལ་ཆེས་པའི་སྐྱོན་གྱིས་རེག་གོ ། ཡང་བྱམས་ཆོས་པའི་དགོངས་གཞིར་བྱས་ཏེ། བརྒྱད་སྟོང་དོན་བསྡུར། སོ་སོའི་སྐྱེ་བོའི་ ཤེས་པ་གང༌། །རང་བཞིན་གྱིས་ནི་རྣམ་བྱང་བ། །དེ་ལ་སངས་རྒྱས་སྒྲར་བརྗོད་ཞེས་པའི་དོན། ། ཀུན་གཞི་རྣམ་ཤེས་ཀྱི་ཁ་ནང་ལྟས་ཀྱི་ཆ་རང་རིག་རང་གསལ་ཙམ་ཉིད་དེ། དེ་ཉིད་ལ་མ་ དག་པའི་ཚེ་སེམས་ཅན་ཀྱི་ཁམས་དང༌། མ་དག་པ་དག་པའི་ཚེ་བྱང་སེམས་དང༌། ཤིན་ཏུ་ རྣམ་དག་གི་ཚེ་དེ་བཞིན་གཤེགས་པར་བརྗོད་ཅིང༌། སེམས་ཀྱི་རང་བཞིན་འོད་གསལ་གང་ ཡིན་པ་ཞེས་པའང་དེ་ཉིད་དོ། ། དེས་ན་རྣམ་ཤེས་ཚོགས་བརྒྱད་གནས་གྱུར་ནས་ཡེ་ཤེས་བཞིར་འགྲོ་བ་ཡང་ངོ་བོ་ཇེ་ བཟང་དུ་འགྲོ་བ་ངོ་བོ་གནས་འགྱུར་རོ་སྙམ་ན་མིན་ཏེ། ཆོས་ཉིད་རྣམ་འབྱེད་དུ། དེ་ལ་དེའི་ བདག་ཉིད་དུ། །ཉེ་བར་སོན་པ་དེ་བཞིན་ཉིད། །དྲི་མ་མེད་པར་གྱུར་པ་ན། །ཐམས་ཅད་ དེ་བཞིན་ཉིད་ཙམ་དུ། །སྣང་བ་དེ་ཡང་གནས་གྱུར་པ། །གྲུབ་པ་ཡིན་ནོ་ཞེས་པས་རྣམ་ཤེས་ ཚོགས་བརྒྱད་དང་དྲི་མ་ཐམས་ཅད་ཟད་པའི་ཟད་པར་གནས་གྱུར་དུ་གསུངས་པ་དང་འགལ་ ལོ། །ངོ་བོ་གནས་གྱུར་ལ་བྱས་ན་སྒྲིབ་པའི་རྒྱུན་མི་ཟད་པས་སངས་རྒྱས་ཀྱིས་གནས་མ་ལུས་ པ་གྱུར་པ་མ་ཐོབ་པར་འགྱུར་རོ། ། 1-1-326 བྱམས་ཆོས་པ་ལ་བདེ་གཤེགས་སྙིང་པོའི་དགོངས་གཞི་ལོགས་སུ་བཙལ་མི་དགོས་ཏེ། རང་བྱུང་རྣམས་ཀྱི་དོན་དམ་དེ་ཞེས་པས་སྙིང་པོ་ནི་དོན་དམ་ཡིན་པས་སོ། །དོན་བསྡུའི་ལུང་ སོ་སོ་སྐྱེ་བོའི་ཤེས་པ་གང༌། ཞེས་སོགས་ཀྱི་དོན་ཀུན་གཞི་རྣམ་ཤེས་མིན་གྱི་སོ་སོ་སྐྱེ་བོའི་ ཆོས་ཉིད་ཀྱི་ཤེས་པ་གང་དེ་རང་བཞིན་རྣམ་བྱང་དང་རང་བཞིན་གྱི་གཞིའི་སངས་རྒྱས་སུ་ བསྟན་ཏོ། ། ཀུན་གཞི་རྣམ་ཤེས་ནི་ལུང་མ་བསྟན་དང་རང་བཞིན་གྱིས་འོད་མི་གསལ་བ་མུན་པ་ལྟ་ བུ་རྣམ་རྟོག་དང་སྤང་བྱ་ཡིན་ལ། ཆོས་ཉིད་ཀྱི་སེམས་བདེ་གཤེགས་སྙིང་པོ་རང་བཞིན་འོད་ གསལ་ནི་དགེ་བ་དང་སྣང་བ་ལྟ་བུ་འོད་གསལ་དང་རྣམ་པར་མི་རྟོག་པ་དང་བླང་བྱ་སྟེ། མདོ་ སྡེ་རྒྱན་དུ། ཆོས་ཉིད་སེམས་ལས་གཞན་པའི་སེམས་གཞན་ནི། །འོད་གསལ་མ་ཡིན་རང་ བཞིན་ལ་བརྗོད་དོ། །ཞེས་པའི་འགྲེལ་པར། ཆོས་ཉིད་སེམས་ལས་མ་རྟོགས་པ་སེམས་ གཞན་ཏེ་གཞན་གྱི་དབང་གི་མཚན་ཉིད་ནི་རང་བཞིན་གྱི་འོད་གསལ་བ་ཉིད་དུ་མི་བརྗོད་དོ། ། ཞེས་དང༌། མི་རྟོག་པ་ནི་དེ་བཞིན་ཉིད་ཡང་དག་པའི་ཡེ་ཤེས་སོ། །ཞེས་ཏེ། ཆོས་ཉིད་ཀྱི་ སེམས་ནི་དེ་བཞིན་ཉིད་དོ། ། དབུས་མཐར། ཡང་དག་མ་ཡིན་ཀུན་རྟོག་ནི། །སེམས་དང་སེམས་བྱུང་ཁམས་གསུམ་ པ། །ཞེས་དང༌། གཅིག་ནི་རྐྱེན་ཀྱི་རྣམ་པར་ཤེས། །གཉིས་པ་ཉེ་བར་སྤྱོད་པ་ཅན། །ཉེ་བར་ སྤྱོད་དང་ཡོངས་སྤྱོད་དང༌། །དེའི་འཇུག་བྱེད་སེམས་ལས་བྱུང༌། །ཞེས་པའི་སྔ་འགྲེལ་དུ་ད་ ནི་ཡང་དག་མིན་པར་ཀུན་ཏུ་རྟོག་པ་དེ་ཉིད་ཀྱི་འཇུག་པའི་དབྱེ་བའི་མཚན་ཉིད་སྟོན་ཏེ། ཞེས་ དང༌། འཇུག་པའི་མཚན་ཉིད་ཀྱང་སྟོན་ཏེ། ཞེས་དང༌། ཕྱི་འགྲེལ་དུ་ཀུན་གཞི་རྣམ་པར་ཤེས་ པ་ནི་རྣམ་པར་ཤེས་པ་གཞན་དག་གི་རྐྱེན་ཡིན་པས་རྐྱེན་ཀྱི་རྣམ་པར་ཤེས་པའོ། །དེ་ལས་ བྱུང་བ་འཇུག་པའི་རྣམ་པར་ཤེས་པ་ནི་ཉེ་བར་སྤྱོད་པ་ཅན་ནོ་ཞེས་སོ། །ཉེ་བར་སྤྱོད་པ་ནི་ 1-1-327 ཚོར་བའོ། །ཡོངས་སུ་གཅོད་པ་ནི་འདུ་ཤེས་སོ། །རྣམ་ཤེས་འཇུག་པར་བྱེད་པ་དག་ནི་འདུ་ བྱེད་རྣམས་ཏེ་སེམས་པ་དང་ཡིད་ལ་བྱེད་པ་ལ་སོགས་པའོ། །ཞེས་སོ། ། ཀུན་གཞི་རྣམ་ཤེས་དང་ངོ་བོ་གཅིག་པའི་ཁ་ནང་ལྟས་ནི་འདུས་བྱས་སྐད་ཅིག་མ་ཡིན་ ལ། རང་བཞིན་འོད་གསལ་ནི། སེམས་ཀྱི་རང་བཞིན་ནམ་མཁའི། །ཁམས་ལྟར་རྒྱུ་མེད་རྐྱེན་ མེད་དེ། །ཚོགས་པ་མེད་ཅིང་སྐྱེ་བ་དང༌། །འཇིག་པ་གནས་པའང་ཡོད་མ་ཡིན། །ཞེས་པས་ དེ་གཉིས་གཅིག་པ་མི་སྲིད་དོ། །ལུང་འདིས་བྱམས་ཆོས་པའི་ཁམས་དང་ས་བོན་དང་རྒྱུ་དང་ རིགས་དང་དེ་བཞིན་ཉིད་སོགས་དང་ངོ་བོ་ཉིད་སྐུ་ལ་དངོས་པོ་ཁྱབ་པར་འདོད་པ་དགག་གོ ། ཚུར་མཐོང་གིས་ཤིན་ཏུ་ལྐོག་གྱུར་གཏན་ལ་འབེབས་པའི་ཚེ། ལུང་རྣམ་དག་རྣམས་སྒྲ་ཇི་ བཞིན་པར་ཁས་མ་བླངས་པར་གཏན་ལ་ཇི་ལྟར་ཕེབས། གནས་གསུམ་པར་ནི་འཕོ་བ་ན། ། བསྟན་བཅོས་ལེན་པར་རིགས་ལྡན་ཡིན། །ཞེས་དང༌། དོན་དམ་གཟིགས་པ་རྣམས་ཀྱི་ ཡུལ་ཉིད་དོ། །ཞེས་དང༌། དག་པའི་སེམས་ཅན་གྱིས་ཀྱང་བསམ་བྱ་མིན། །འདི་ནི་འདྲེན་པ་ རྣམས་ཀྱི་སྤྱོད་ཡུལ་ཡིན། །ཞེས་དང༌། རང་བྱུང་རྣམས་ཀྱི་དོན་དམ་དེ། །དད་པ་ཉིད་ཀྱིས་ རྟོགས་བྱ་ཡིན། །ཉི་མའི་དཀྱིལ་འཁོར་འོད་འབར་བ། །མིག་མེད་པས་ནི་མཐོང་བ་མེད། ། ཅེས་པས་ལུང་ཁས་ལེན་ལུགས་དང་དད་པས་རྟོགས་པར་བྱེད་ཚུལ་ཡང་མ་ཡིས་བུ་ལ་དུག་ མི་ལྡུད་ཟེར་པའི་ཚུལ་དུ་ཆོས་ཉིད་ཟབ་མོའི་ཕྱོགས་ལ་བདག་ནི་དམུས་ལོང་དང་འདྲ་ཞིང༌། སྟོན་པ་ནི་ཤེས་བྱ་ཐམས་ཅད་ཆགས་ཐོགས་མེད་པར་མཁྱེན་པ་དང་སེམས་ཅན་ཐམས་ཅད་ ལ་བུ་གཅིག་པ་བཞིན་བརྩེ་བ་ཆེན་པོ་ཅན་ཡིན་པས། དེས་གསུངས་པའི་གདམས་ངག་ལ་ ནོར་པ་མེད་སྙམ་ནས་ཇི་ལྟར་གསུངས་པ་བཞིན་སྤྱོད་པའོ། ། དེང་སང་གི་མཁས་པ་འགའ་(གཞོན་བློ་)སོགས། མདོ་འདི་ལ་དངོས་ཀྱི་བརྗོད་བྱ་དོན་དམ་ དུ་ལྟ་ཞོག་ཐ་སྙད་དུ་ཡང་མེད་ཅེས་སོགས་ངེས་དོན་སྟོན་པའི་བཀའ་ཐ་མའི་མདོ་དགོངས་ 1-1-328 འགྲེལ་དང་བཅས་པའི་གཞུང༌། ཆོས་སྐུ་རྟག་བརྟན་དང་སེམས་ཅན་ཀུན་ལ་སངས་རྒྱས་དང་ དེའི་ཡེ་ཤེས་ཡོད་པར་སྟོན་པ་རྣམས་སྒྲ་སྦྱར་བ་ཙམ་ཡིན་ཅེས་སྒྲ་ཇི་བཞིན་མིན་པར་སྐུར་པ་ བཏབ་སྟེ་གོབ་ལོབ་ཀྱིས་གཞན་དུ་འཆོས་པ་དང༌། སྐྱེས་བུ་དམ་པ་རྣམས་ཀྱིས་མདོ་རྒྱུད་ཀྱི་ ངེས་དོན་ཟབ་མོའི་གནད་གཅིག་ཏུ་གྲིལ་བའི་ཆོས་སྐད་བཏོན་ཅིང་གྲུབ་མཐའ་བཞག་པ་ ལ། ཁོ་བོས་འདི་ལྟ་བུ་ལ་ཤེས་བྱེད་ལུང་སྔར་མ་མཐོང་ནའང་བཀའ་རྒྱ་ཆེ་ལུང་གྲངས་མང་ བྱ་བ་ཡིན་པས་གལ་ཏེ་ཡོད་པའང་སྲིད་སྙམ་དུ་རྟོག་དཔྱོད་མེད་པར། བདེ་བར་གཤེགས་ པའི་བསྟན་པའི་རྗེས་སུ་འབྲང་བ་ལ་འདི་ལྟ་བུའི་གྲུབ་མཐའ་ཁས་ལེན་པ་སྔར་རྒྱ་བོད་བལ་ གསུམ་དུ་མ་བྱུང་ཞིང༌། འདི་ནི་མུ་སྟེགས་གྲངས་ཅན་པ་དང་དཔྱོད་པ་པ་དང་གསང་བ་པ་དང་ རྒྱལ་བ་པའི་ལུགས་ཡིན་ཞེས་ཁ་ཚོན་བཅད་དེ། ཐམས་ཅད་ལ་སྒྲོགས་པ་འདིས་སྔར་དབུས་ གཙང་ཁམས་གསུམ་མངའ་རིས་དང་བཞིར་མུ་སྟེགས་པ་མེད་པ་ལ་ད་ཅི་ཙམ་ཞིག་བཟོ་བར་ འདུག མདོ་ལས་བྱང་ཆུབ་སེམས་དཔའ་རྣམས་ནི་གཞན་གང་གིས་ཀྱང་ཉམས་པར་མི་ནུས་ མོད་ནང་ཕན་ཚུན་སྨད་ན་ཉམས་པར་འགྱུར་རོ། །ཞེས་པ་ལྟར་མི་འགྱུར་རམ། ཆོས་དང་གང་ཟག་བསམ་གྱིས་མི་ཁྱབ་པ་ལ་སྐུར་པ་མ་བཏབ་བམ། སྔར་ངེད་ཀྱིས་འདིར་ དྲངས་པ་རྣམས་ངེས་དོན་གྱི་ལུང་ཆུ་ཐིགས་ཙམ་ཡིན་གཞན་རྒྱ་མཚོ་ལྟ་བུ་ཡོད་པས་དེ་དག་ དང་འགལ་མི་འགལ། དམ་ཆོས་དཀྲུགས་པ་དང་ཆོས་སྤོང་དུ་སོང་མ་སོང་མཁས་པ་རྣམས་ ཀྱིས་དཔྱོད་པར་ཞུའོ། ། བདག་ཉིད་མི་ཉམས་པར་བསྲུང་ཚུལ་དང་ཉམས་པའི་རྒྱུ་དང༌། ཉམས་པའི་འབྲས་ བུ་རྣམས་ནི་རྒྱུད་བླའི་གང་ཕྱིར་རྒྱལ་ལས་ཞེས་པ་ནས་ཐར་པ་ག་ལ་ཡོད་ཅེས་པའི་བར་གྱི་ གཞུང་དོན་ཡང་དགོངས་པར་ཞུ། བྱམས་མགོན་གྱིས་འདི་ལྟ་བུ་གསུངས་བཞིན་མདོ་ཐམས་ཅད་ཀྱི་དགོངས་པ་དབུ་མ་ 1-1-329 ཡིན་པ་བྱམས་པས་སེམས་ཙམ་དུ་དཀྲོལ་ཞེས་པ་བྱམས་མགོན་ལ་སྐུར་པ་མ་ཆེས་སམ། དཔལ་ཕྲེང་གི་མདོར། གསུམ་པོ་འདི་དག་ནི་རིགས་ཀྱི་བུ་དང་རིགས་བུ་མོ་ཆོས་ཟབ་མོ་ དག་ལ་མ་སྨས་མ་ཉམས་པར་བདག་ཉིད་བསྲུང་བ་དང་བསོད་ནམས་མང་དུ་སྐྱེད་ཅིང་ཐེག་ ཆེན་གྱི་ལམ་དུ་ཞུགས་པ་ལགས་སོ། །གསུམ་གང་ཞེ་ན་རང་གིས་རིག་པའི་ཆོས་ཟབ་མོ་དང་ ལྡན་པ་དང་ཆོས་དང་མཐུན་པའི་སྡུད་པའི་ཤེས་པ་དང་ལྡན་པ་དང༌། ཆོས་ཟབ་མོ་དག་ལ་ བདག་ཉིད་ཤེས་པ་ཞུམ་པར་འཚལ་ནས་འདི་ནི་བདག་གིས་མི་ཤེས་ཏེ། དོན་འདི་ནི་དེ་བཞིན་ གཤེགས་པ་ཉིད་ཀྱིས་མཁྱེན་པར་ཟད་དོ། །ཞེས་བཅོམ་ལྡན་ལ་སེམས་རྣམ་པར་གཏོད་པར་ བགྱིད་དེ། ཞེས་དང༌། གསུམ་པོ་འདི་ལས་གཞན་པའི་སེམས་ཅན་གང་ལགས་པ་དེ་དག་ནི་ ཆོས་ཟབ་མོ་དག་ལ་ནན་ཏན་བགྱིད་མཆོག་ཏུ་བཟུང་ནས། གོབ་ལོབ་ཀྱི་སེམས་འཛིན་ཅིང་ མངོན་པར་ཞེན་ཏེ་སྟོན་པར་བགྱིད་ཀུན་ཏུ་སྨྲ་བར་བགྱིད་དོ། །བཅོམ་ལྡན་འདས་བདག་ནི་ དེ་དག་ལ་དམ་པའི་ཆོས་ལ་རྒྱབ་གྱིས་ཕྱོགས་པ་དང་གཞན་མུ་སྟེགས་ཅན་ས་བོན་རུལ་བ་ ལགས་ཏེ། རྒྱལ་པོའི་ཐ་དད་དུ་མཆིས་ལ་བརླག་པར་བགྱིའོ་ཞེས་མཆིའོ། །བཅོམ་ལྡན་འདས་ ས་བོན་རུལ་པ་དེ་དག་ནི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱི་ལེགས་པར་ ཚར་བཅད་པར་བགྱི་བ་ལགས་སོ་ཞེས་སོ། ། མདོ་འདི་སྔར་ཞ་ལུ་བས། ཆོས་སྐུ་རྟག་པ་སོགས་དང་བདེ་གཤེགས་སྙིང་པོ་དྲང་དོན་ ཡིན་པའི་རྒྱབ་དུ་དྲངས་པ་ནི་སྒྲུབ་བྱེད་ཕྱིན་ཅི་ལོག་སྟེ། མདོ་འདིའི་འཇུག་ཏུ་གདམས་ པར། དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པ་ཞེས་བྱ་བར་ཟུངས་ཤིག ཆོས་ཀྱི་སྐུ་བསྟན་པ་ ཞེས་བྱ་བར་ཡང་ཟུངས་ཤིག རྟག་པ་དང་བརྟན་པ་དང་ཞི་བ་དང་ཐེར་ཟུག་པ་དང༌། སྐྱབས་ གཅིག་ཏུ་གྱུར་པ་བསྟན་པ་ཞེས་བྱ་བར་ཟུངས་ཤིག་ཅེས་སོ། །གསུངས་པའི་ཕྱིར་རོ། ། བསྲུང་ཐབས་ནི། ཆོས་ལ་དབང་མི་ཟ་བར་སྟོན་པ་ལ་སེམས་གཏོད་པས་ཇི་ལྟར་ 1-1-330 གསུངས་པ་ལྟར་དཔྱོད་པ་ཡིན་ལ། ཉམས་བྱེད་གོབ་ལོབ་ནི་རང་སྣང་མེད་དབུ་མའི་དགོངས་ པ་ཤེས་བྱ་ཐམས་ཅད་རང་སྟོང་དུ་ཞེན་པ། བཀའ་ཐ་མ་དང་གསང་སྔགས་ཟབ་མོའི་ དགོངས་པ་སྣང་བཅས་དབུ་མའི་དོན་ཆོས་སྐུ་ཀུན་ཁྱབ་དང་ཆོས་ཉིད་ཟབ་མོ་གཞན་སྟོང་ཡིན་ པ། ཉི་ཚེ་བ་དང་རང་སྟོང་དུ་ཕབ་ནས་འགྲེལ་བའོ། ། གལ་ཏེ་སངས་རྒྱས་མཁའ་ཁྱབ་ཏུ་མེད་ན་སེམས་ཅན་གྱི་མཐའ་ཡང་ནམ་མཁའ་དང་ མཉམ་ཞིང་ནམ་མཁའ་གར་ཁྱབ་དུ་སེམས་ཅན་གྱིས་ཁྱབ་པས་སངས་རྒྱས་སེམས་ཅན་ལ་ མི་བཞུགས་ན་སངས་རྒྱས་ཀྱི་བཞུགས་པ་གང་ཡིན་སྨྲོས་ཤིག ཀུན་རྫོབ་གཤིས་ལ་མ་གྲུབ་ ཅིང་རང་སྟོང་ཡིན་པ་ལྟར་དོན་དམ་ཆོས་ཉིད་ཀྱང་གཤིས་ལ་མ་གྲུབ་པར་རང་སྟོང་ཡིན་ན། ཐོགས་མེད་ཅེས་བྱའི་དགེ་སློང་ནི། །བསྟན་འཆོས་དེ་ནི་དོན་ལ་མཁས། །མདོ་སྡེ་ངེས་དོན་ དྲང་བའི་དོན། །རྣམ་པ་མང་པོ་རབ་ཏུ་འབྱེད། །ཅེས་ལུང་བསྟན་པས་བྱང་སའི་དེ་ཁོ་ནའི་ ལེའུར། སྟོང་པ་ཉིད་ལ་ལོག་པར་ཟིན་པ་ནི་ཤེས་བྱའི་དངོས་པོ་ལ་ཡང་རྨོངས་ལ། ཤེས་བྱ་ ཐམས་ཅད་ལ་ཡང་སྐུར་པ་འདེབས་ཏེ། གཞི་དེས་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་ འགྱུར་ལ་གཞན་ཆོས་འདོད་པ་རྣམས་དང་སྡུག་བསྔལ་ལས་ཐར་པར་འདོད་པ་རྣམས་ཀྱང་ ཕུང་བར་བྱེད་དོ། ། ཇི་ལྟར་ན་སྟོང་པ་ཉིད་ལ་ལོག་པར་ཟིན་པ་ཡིན་ཞེ་ན་དགེ་སྦྱོང་ངམ་བྲམ་ཟེ་གང་ལ་ལ་ དག་གང་གིས་སྟོང་བ་དེ་ཡང་མི་འདོད་ལ་གང་གིས་གང་སྟོང་བ་དེ་ཡང་མི་འདོད་པ། འདི་ལྟ་བུ་ འདི་ནི་སྟོང་པ་ཉིད་ལ་ལོག་པར་ཟིན་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན་གང་གིས་སྟོང་བ་དེ་ མེད་པ་དང་གང་སྟོང་བ་དེ་ཡོད་པའི་སྟོང་པ་ཉིད་ནི་རིགས་པའི་ཕྱིར་རོ། ། ཐམས་ཅད་མེད་ན་གང་དུ་ཅི་ཞིག་གང་གིས་སྟོང་བར་འགྱུར་ཏེ་དེས་དེ་ཉིད་སྟོང་པ་ཉིད་ དུ་འགྱུར་དུ་མི་རུང་ངོ༌། །དེ་བས་ན་དེ་ལྟ་བུ་དེ་ནི་སྟོང་པ་ཉིད་ལ་ལོག་པར་ཟིན་པ་ཞེས་བྱའོ། 1-1-331 ། ཇི་ལྟར་ན་སྟོང་པ་ཉིད་ལ་ལེགས་པར་ཟིན་པ་ཡིན་ཞེ་ན་གང་གི་ཕྱིར་གང་ལ་གང་མེད་པ་ དེ་ནི་དེས་སྟོང་པར་ཡང་དག་པར་རྗེས་སུ་མཐོང་ལ། འདི་ལ་ལྷག་མ་གང་ཡིན་པ་དེ་ནི་འདི་ ན་ཡང་དག་པར་ཡོད་དོ་ཞེས་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པའོ། །ཞེས་པ་དང་འགལ་ཏེ། སྟོང་ཉིད་ལ་ལེགས་པར་ཟིན་ན་མངོན་མཐོ་དང་ངེས་ལེགས་ཐོབ་ཅིང་ལོག་པར་ཟིན་ན་རང་ ངན་འགྲོར་འགྲོ་ཞིང་གཞན་ཡང་འཁྲིད་པ་ལུང་བསྟན་ནོ། ། གང་ཟག་འདི་ལྟ་བུ་སེམས་ཙམ་པར་བྱེད་པ་ཡང་ལུང་བསྟན་གྱི་མདོ་འདི་ལ་མི་རྒལ་ ལམ། བྱང་ས་ལ་རྣལ་འབྱོར་སྤྱོད་པའི་ས་ཞེས་པ་བྱུང་བས་སེམས་ཙམ་གྱི་གཞུང་དུ་བསམ་ པར་མི་བྱ་སྟེ། དབུ་མ་བཞི་བརྒྱ་པར་ཡང་ཡོད་པས་སོ། །དེས་ན་སེམས་ཅན་ལ་སངས་ རྒྱས་ཆོས་སྐུ་བཞུགས་པའི་མདོ་བཀའ་ཐ་མ་སོགས་དང༌། བསྟན་བཅོས་རྒྱུད་བླ་མ་སོགས་ལ་ བསྐྱོགས་བཤད་བྱེད་པའི་འགྲེལ་པ་རྣམས་ནི། གཞུང་ལུགས་ཉིན་མོར་བྱེད་པའི་དཔལ། །འགྲེལ་བྱེད་སྒྱུ་མ་མཁན་དེ་ཡི། །གང་གིས་ འགྲེལ་པས་མུན་པར་སྤྲུལ། །རྗེས་འཇུག་སྐྱེ་བོའི་བློ་མིག་སླད། །ཅེས་བྱའོ། ། མྱང་འདས་ཆེན་པོའི་བམ་པོ་གཉིས་པར། མདོ་སྡེ་གང་དག་ཐམས་ཅད་གདུང་བར་ཅན། ཐམས་ཅད་མི་རྟག་པ། ཐམས་ཅད་སྡུག་བསྔལ་བ། ཐམས་ཅད་སྟོང་པ། ཐམས་ཅད་བདག་ མེད་པའོ། །ཞེས་གསུངས་པ་ནི་བཀྲི་པའི་དོན་ཅེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན་དོན་དེ་དག་མི་ ཤེས་པས་འགྲོ་བ་མང་པོ་འཚམས་མེད་པའི་སེམས་ཅན་དམྱལ་བར་ལྟུང་བར་བྱེད་པའི་ཕྱིར་ རོ། །ཞེས་བདེན་གཉིས་ཀྱི་སྟོང་ལུགས་གཉིས་པོ་མ་ཤེས་ཏེ་སོ་སོར་མ་ཕྱེ་བར་ཐམས་ཅད་ རང་སྟོང་དུ་བལྟས་པའི་ཉེ་དམིགས་གསུངས་ཤིང༌། ཤེས་བྱ་ཐམས་ཅད་རྣམ་ཀུན་སྟོང་པ་རང་ སྟོང་དུ་འདོད་པའི་ལྟ་བ་ནི་བཀའ་བར་པ་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་གཙོ་བོར་སྟོན་ པ་ལ་ངེས་དོན་སྒྲ་ཇི་བཞིན་པར་ཞེན་པས་ལན་ནོ། ། 1-1-332 འོ་ན་བཀའ་བར་པ་དབུ་མ་དང་ཐ་མ་སེམས་ཙམ་དུ་གྲག་གོ་ཞེ་ན། དེ་ནི་ཨར་འཁྱམས་ཀྱི་ སྨྲ་བ་སྟེ། དེའང་དབུ་སེམས་ཀྱི་ཁྱད་པར་མདོས་སྤྱིར་བསྟན་པ་དང་རྒྱུད་དང༌། བསྟན་བཅོས་ ཀྱིས་ཁྱད་པར་དུ་བཤད་པས་ཤེས་ཏེ་དང་པོ་ནི། གང་ཕྱིར་རྒྱལ་ལས་ཆེས་མཁས་འགའ་ཡང་ འཇིག་རྟེན་འདི་ན་ཡོད་མིན་ཏེ། །ཞེས་སོགས་ཀྱི་ཕྱིར་སྟོན་པ་ཉིད་དཔང་དུ་ཆེ་ལ་དེ་ཉིད་ཀྱིས་ བར་པ་གནས་སྐབས་སྣང་མེད་དབུ་མ་དྲང་དོན་དང༌། ཐ་མ་མཐར་ཐུག་སྣང་བཅས་ཀྱི་དབུ་ མ་ངེས་དོན་དུ་གསུངས་པས་སོ། ། དེའང་ལང་གཤེགས་སུ། སེམས་ཙམ་ལ་ནི་བརྟེན་ནས་ནི། །ཕྱི་རོལ་དོན་དུ་མི་རྟོག་གོ ། ། སྣང་བ་མེད་པ་ལ་བརྟེན་ནས། །སེམས་ཙམ་ལས་ནི་འདའ་བར་བྱ། །ཡང་དག་དམིགས་པ་ ལ་བརྟེན་ནས། །སྣང་བ་མེད་ལས་འདའ་བར་བྱ། །སྣང་མེད་གནས་པའི་རྣལ་འབྱོར་པས། ། ཐེག་པ་ཆེན་པོ་མི་མཐོང་ངོ༌། །ཞེས་ཏེ་བར་བ་ནི་སེམས་ཙམ་མན་དངོས་པོར་སྨྲ་བའི་གཉེན་ པོར་ཤེས་བྱ་ཐམས་ཅད་རྣམ་ཀུན་སྟོང་པར་སྟོན་གྱི། གཤིས་ལ་རང་གི་ངོ་བོ་མི་སྟོང་པའི་བདེ་ གཤེགས་སྙིང་པོ་ཆོས་སྐུ་ཡོད་པར་མི་སྟོན་པས་སྣང་མེད་བར་བ་ལ་གནས་ཙམ་གྱིས་ཐེག་ ཆེན་རྫོགས་པར་མི་མཐོང་སྟེ། ཐེག་ཆེན་མཐར་ཐུག་ནི་བདེ་གཤེགས་སྙིང་པོ་ཡིན་པས་སོ། ། མྱང་འདས་ཆེན་པོར། མདོ་སྡེ་ཐམས་ཅད་དང༌། ཏིང་ངེ་འཛིན་ཐམས་ཅད་ཐོས་པས་ནི་ དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པར་མི་ཤེས་སོ། །དབྱར་གྱི་ནམ་ལ་ཤ་མོ་སྐྱེ་བ་བཞིན་དུ་ ཡོངས་སུ་མྱ་ངན་ལས་འདས་པའི་མདོ་ཆེན་པོ་འདི་ལས་དགོངས་པའི་ཚིགས་པ་ཐམས་ཅད་ བྱུང་སྟེ། འདི་ཐོས་མ་ཐག་ཏུ་སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོ་ ཡོད་པར་ཡང་དག་པར་ཤེས་པར་འགྱུར་རོ། །ཞེས་དང༌། རྒྱུད་བླར། འདི་ལྟར་དེ་ནི་མ་ཐོས་པས་ཞེས་སོགས་དང༌། འདི་ལས་དེ་ནི་ཐོས་པ་ལས། ། ཞེས་སོགས་ཀྱི་ཕྱིར་རོ། །དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་བསྟན་པའི་མདོར་ཡང༌། 1-1-333 ནོར་བུ་མཁན་གྱི་ནོར་བུའི་དྲི་མ་རགས་འབྲིང་དང་ཕྲ་བ་རིམ་པར་སྦྱོང་བ་བཞིན་སྟོན་པས་ དེ་བཞིན་གཤེགས་པའི་སྙིང་པོ་དྲི་མ་རགས་པ་དང་འབྲིང་དང་ཕྲ་བ་རྣམས་སྦྱོང་བའི་དོན་དུ་ འཁོར་ལོ་དང་པོ་དང༌། གཉིས་པ་དང༌། གསུམ་པ་རྣམས་རིམ་པར་བསྐོར་བར་གསུངས་པས་ སོ། ། གལ་ཏེ་ཆོས་འཁོར་གཉིས་པས་གསུམ་པ་དམན་ན་སྒོམ་སྤང་འབྲིང་པོའི་གཉེན་པོ་སྒོམ་ ལམ་འབྲིང་པོ་བས་སྒོམ་སྤང་ཆུང་ངུའི་གཉེན་པོ་སྒོམ་ལམ་ཆེན་པོ་དམན་པར་ཐལ་ཏེ་དེ་ལྟར་ ཡང་མིན་ནོ། །དེ་ཉིད་དུ། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་ནོར་བུ་མཁན་མཁས་པ་ནོར་བུ་ སྦྱོང་བའི་ཚུལ་ལེགས་པར་ཤེས་པ་དེས། ནོར་བུའི་རིགས་ནས་ཡོངས་སུ་མ་དག་པའི་ནོར་བུ་ རིན་པོ་ཆེ་བླངས་ཏེ་ལན་ཚྭའི་ཆུ་རྣོན་པོས་སྦངས་ནས་སྐྲའི་རེ་བས་ཡོངས་སུ་སྦྱོང་བས་ཡོངས་ སུ་སྦྱོང་བར་བྱེད་དོ། །དེ་ཙམ་གྱིས་བརྩོན་པ་འདོར་བ་ཡང་མ་ཡིན་ཏེ་དེའི་འོག་ཏུ་ཟས་ཀྱི་ཁུ་ བ་རྣོན་པོས་སྦངས་ནས་བལ་གྱི་ལ་བའི་ཡོངས་སུ་སྦྱོང་བས་ཡོངས་སུ་སྦྱོང་བར་བྱེད་དོ། །དེ་ ཙམ་གྱིས་བརྩོན་པ་འདོར་བ་ཡང་མ་ཡིན་ཏེ། དེའི་འོག་ཏུ་སྨན་ཆེན་པོའི་ཁུ་བ་ལ་སྦངས་ ནས་རས་སྲབ་མོའི་ཡོངས་སུ་སྦྱོང་བས་ཡོངས་སུ་སྦྱོང་བར་བྱེད་དོ། །ཡོངས་སུ་སྦྱངས་ཏེ་དྲི་ མ་དང་བྲལ་བ་ནི་བེཌཱུརྱའི་རིགས་ཆེན་པོ་ཞེས་བརྗོད་དོ། །རིགས་ཀྱི་བུ་དེ་བཞིན་དུ་དེ་བཞིན་ གཤེགས་པ་ཡང་ཡོངས་སུ་མ་དག་པའི་སེམས་ཅན་གྱི་ཁམས་མཁྱེན་ནས། མི་རྟག་པ་དང་ སྡུག་བསྔལ་བ་དང་བདག་མེད་པ་དང་མི་གཙང་བ་དང་ཡིད་འབྱུང་བའི་གཏམ་གྱིས་འཁོར་ བ་ལ་དགའ་བའི་སེམས་ཅན་རྣམས་སྐྱོ་བ་བསྐྱེད་པར་མཛད་དེ་འཕགས་པའི་ཆོས་འདུལ་བ་ ལ་འཛུད་པར་མཛད་དོ། །དེ་ཙམ་གྱིས་དེ་བཞིན་གཤེགས་པ་བརྩོན་པ་འདོར་བ་ཡང་མ་ཡིན་ ཏེ། དེའི་འོག་ཏུ་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པའི་གཏམ་གྱིས་དེ་བཞིན་ གཤེགས་པའི་ཚུལ་རྟོགས་པར་མཛད་དོ། །དེ་ཙམ་གྱིས་དེ་བཞིན་གཤེགས་པ་བརྩོན་པ་འདོར་ 1-1-334 བ་ཡང་མིན་ཏེ། དེའི་འོག་ཏུ་ཕྱིར་མི་ལྡོག་པའི་ཆོས་ཀྱི་འཁོར་ལོའི་གཏམ་འཁོར་གསུམ་ ཡོངས་སུ་དག་པའི་གཏམ་གྱིས་རང་བཞིན་སྣ་ཚོགས་ཀྱི་རྒྱུ་ཅན་གྱི་སེམས་ཅན་དེ་རྣམས་དེ་ བཞིན་གཤེགས་པའི་ཡུལ་ལ་འཛུད་པར་མཛད་དོ། །ཞུགས་པར་གྱུར་ཅིང་དེ་བཞིན་གཤེགས་ པའི་ཆོས་ཉིད་རྟོགས་ན་ནི་བླ་ན་མེད་པའི་ཡོན་གནས་ཞེས་བརྗོད་དོ་ཞེས་སོ། ། མྱང་འདས་ཆེན་པོར། འོ་མ་ལས་ཞོ་དང་ཞོ་ལས་མར་གསར་དེ་ལས་ཞུན་མར་དེ་ལས་ མར་གྱི་ཉིང་ཁུ་འབྱུང་ངོ༌། །དེ་བཞིན་དུ་མདོ་སྡེ་བཅུ་གཉིས་ལས་མདོའི་སྡེ་དང༌། མདོའི་སྡེ་ ལས་ཤིན་ཏུ་རྒྱས་པའི་སྡེ་དང་ཤིན་ཏུ་རྒྱས་པའི་སྡེ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ ཤེས་རབ་གྱི་ཕ་རོལ་ཏུ་ཕྱིན་པ་ལས་ཡོངས་སུ་མྱ་ངན་ལས་འདས་པ་མར་གྱི་ཉིང་ཁུ་ལྟ་བུའི་ མདོ་དེ་འབྱུང་ངོ༌། །ཞེས་དང༌། སྟོན་པའི་མདོ་རྣམས་ཀྱིས་རང་འགྲེལ་མདོ་སྡེ་དགོངས་པ་ངེས་འགྲེལ་དུ། བཅོམ་ལྡན་ འདས་ཀྱི་ཡུལ་ཝཱ་ར་ན་སཱི་དྲང་སྲོང་སྨྲ་བ་རི་དྭགས་ཀྱི་ནགས་སུ། ཉན་ཐོས་ཀྱི་ཐེག་པ་ལ་ ཡང་དག་པར་ཞུགས་པ་རྣམས་ལ་འཕགས་པའི་བདེན་པ་བཞི་རྣམ་པར་བསྟན་པས། ཆོས་ ཀྱི་འཁོར་ལོ་ངོ་མཚར་རྨད་དུ་བྱུང་བ་སྔོན་ལྷར་གྱུར་པའམ་མིར་གྱུར་པ་སུས་ཀྱང་ཆོས་དང་ མཐུན་པར་མ་བསྐོར་བ་གཅིག་རབ་ཏུ་བསྐོར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ ལོ་བསྐོར་བ་དེ་ཡང་བླ་ན་མཆིས་པ་སྐབས་མཆིས་པ་དྲང་བའི་དོན་རྩོད་པའི་གཞིའི་གནས་སུ་ གྱུར་པ་ལགས་ལ། བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལ་ བརྩམས་སྐྱེ་བ་མ་མཆིས་པ་དང་འགག་པ་མ་མཆིས་པ་དང༌། གཟོད་མ་ནས་ཞི་བ་དང་རང་ བཞིན་གྱིས་ཡོངས་སུ་མྱ་ངན་འདས་པ་ལས་བརྩམ་ནས། ཐེག་པ་ཆེན་པོ་ལ་ཞུགས་པ་རྣམས་ ལ་སྟོང་པ་ཉིད་སྨོས་པའི་རྣམ་པས་ཆེས་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གཉིས་ པ་བསྐོར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ཡང་བླ་ན་མཆིས་པ་ 1-1-335 སྐབས་མཆིས་པ་དྲང་བའི་དོན་རྩོད་པའི་གཞིའི་གནས་སུ་གྱུར་པ་ལགས་ཀྱི། བཅོམ་ལྡན་ འདས་ཀྱིས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམ་སྐྱེ་བ་མ་མཆིས་པ་ཉིད་ དང་འགག་པ་མ་མཆིས་པ་ཉིད་དང་གཟོད་མ་ནས་ཞི་བ་ཉིད་དང་རང་བཞིན་གྱིས་མྱ་ངན་ ལས་འདས་པ་ཉིད་ལས་བརྩམ་ནས། ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པ་རྣམས་ ལ་ལེགས་པར་རྣམ་པར་ཕྱེ་བ་དང་ལྡན་པ་ཤིན་ཏུ་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ ལོ་གསུམ་པ་བསྐོར་ཏེ། བཅོམ་ལྡན་འདས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བ་འདི་ནི་བླ་ན་མ་ མཆིས་པ་སྐབས་མ་མཆིས་པ་ངེས་པའི་དོན་ལགས་ཏེ་རྩོད་པའི་གཞིའི་གནས་སུ་གྱུར་པ་ མ་ལགས་སོ། །བཅོམ་ལྡན་འདས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམ་ རང་བཞིན་གྱིས་ཡོངས་སུ་མྱ་ངན་འདས་པ་ཉིད་ལ་བརྩམ་ནས། བཅོམ་ལྡན་འདས་ཀྱིས་ ངེས་པའི་དོན་བསྟན་པ་འདི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གིས་ཐོས་ནས་མོས་པར་ བགྱིད་པ་དང་ཡི་གེ་འདྲིར་རྩོལ་བ་དང༌། ཡི་གེ་བྲིས་ནས་འཆང་བ་དང་ཀློག་པ་དང་མཆོད་ པ་དང་ཡང་དག་པར་འགྱེད་པ་དང༌། ལུང་ནོད་པ་དང་ཁ་དོན་བགྱིད་པ་དང༌། སེམས་པ་དང་ བསྒོམ་པའི་རྣམ་པས་སྦྱོར་བར་བགྱིད་པ་དེས་བསོད་ནམས་ཅི་ཙམ་ཞིག་བསྐྱེད་པར་འགྱུར་ བ་ལགས། ཅེས་གསོལ་བ་དང་བཅོམ་ལྡན་འདས་ཀྱིས་དོན་དམ་ཡང་དག་འཕགས། རིགས་ ཀྱི་བུའམ་རིགས་ཀྱི་བུ་མོ་དེ་ནི་བསོད་ནམས་དཔག་ཏུ་མེད་གྲངས་མེད་པ་བསྐྱེད་དོ། །དེའི་ དཔེ་བྱ་བར་སླ་བ་མིན་གྱི་འོན་ཀྱང་མདོར་བསྡུས་ཏེ་ཁྱོད་ལ་བཤད་པར་བྱའོ། །དོན་དམ་ ཡང་དག་འཕགས་འདི་ལྟ་སྟེ་སེན་མོའི་རྩེ་ལ་གནས་པའི་རྡུལ་གང་ཡིན་པ་དེ་དག་ནི་ས་ལ་ གནས་པའི་རྡུལ་རྣམས་དང་བསྒྲུན་ན་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་ཞིང༌། སྟོང་གི་ཆ་དང་ འབུམ་གྱི་ཆ་དང་གྲངས་དང་ཆ་དང་བགྲང་བ་དང་དཔེ་དང་རྒྱུར་ཡང་ཉེ་པར་མི་འགྲོའོ། །བ་ ལང་གི་རྗེས་ཀྱི་ཆུ་ནི་རྒྱ་མཚོ་ཆེན་པོ་བཞིའི་ཆུ་དང་བསྒྲུན་ན་རྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ 1-1-336 ནས་རྒྱུའི་བར་དུ་ཉེ་བར་མི་འགྲོའོ། །དོན་དམ་ཡང་དག་འཕགས་དེ་བཞིན་དུ་ངས་དྲང་བའི་ དོན་གྱི་མདོ་དེ་ལ་མོས་པ་ནས་སྒོམ་པའི་རྣམ་པའི་སྦྱོར་བ་བྱེད་པའི་བར་གྱི་བསོད་ནམས་ གང་བཤད་པ་དེ་ནི། ངེས་པའི་དོན་བསྟན་པ་ལ་མོས་པ་ནས་སྒོམ་པའི་རྣམ་པས་སྦྱོར་བ་ལས་ ཡང་དག་པར་འགྲུབ་པའི་བར་གྱི་བསོད་ནམས་འདི་དང་བསྒྲུན་ན། བརྒྱའི་ཆར་ཡང་ཉེ་བར་ མི་འགྲོ་བ་ནས་རྒྱུའི་བར་དུ་ཡང་ཉེ་བར་མི་འགྲོའོ་ཞེས་འཁོར་ལོ་བར་པ་ལས་ཐ་མ་ཁྱད་པར་ རྣམ་པ་དྲུག་གིས་འཕགས་ཏེ། བླ་ན་ཡོད་པ་དང་མེད་པའི་དང༌། ལུང་རིགས་ཀྱིས་གནོད་པའི་ གོ་སྐབས་ཡོད་པ་དང་མེད་པའི་དང༌། དྲང་དོན་དང་ངེས་དོན་གྱི་དང༌། རྩོད་གཞི་ཡིན་པ་དང་ མིན་པའི་དང༌། རྣམ་པར་ཕྱེ་ནས་ཡིན་ལུགས་གསལ་བར་མི་སྟོན་པ་དང་སྟོན་པའི་དང༌། ཆོས་སྤྱོད་ཀྱི་བསོད་ནམས་སེན་མོའི་རྩེའི་རྡུལ་དང་ས་གཞི་བྱིན་གྱི་རྡུལ་ལྟ་བུའི་ཁྱད་པར་དང་ དྲུག་གསུང་ལ། སྙིང་པོའི་སྒྲིབ་བྱ་འབྲིང་དང་ཕྲ་བའི་གཉེན་པོ་དང༌། སྙིང་པོ་སྒྲས་དངོས་ སུ་ཟིན་པ་ལ་ལྟོས་པ་དང་རྟེན་ཁྱད་པར་རྒྱུ་ཅན་གྱིས་ལགས་སོ། ། བླ་མ་གོང་མ་དག་འཁོར་ལོ་གསུམ་པོ་གྲངས་བཞིན་དུ་ལྷག་པ་ཚུལ་ཁྲིམས་དང་ཏིང་ངེ་ འཛིན་དང་ཤེས་རབ་ཀྱི་བསླབ་པ་གསུམ་མམ། སྤྱོད་པ་དང་སྒོམ་པ་དང་ལྟ་བ་གསུམ་རིམ་ པར་སྟོན་པ་གཙོ་ཆེ་གསུང་བ་མད་དེ། རྒྱུད་བླར། གང་ཕྱིར་སྦྱིན་པས་ལོངས་སྤྱོད་དག་ནི་སྒྲུབ་ བྱེད་ཅིང༌། །ཁྲིམས་ཀྱིས་མཐོ་རིས་བསྒོམས་པས་ཉོན་མོངས་སྤོང་བྱེད་ལ། །ཤེས་རབ་ཉོན་ མོངས་ཤེས་བྱ་ཀུན་སྤོང་དེ་ཡི་ཕྱིར། །འདི་མཆོག་ཉིད་དེ་དེ་ཡི་རྒྱུ་ནི་འདི་ཐོས་ཡིན། །ཞེས་ཏེ་ འདི་ཐོས་ཞེས་པ་བཀའ་ཐ་མ་འདི་ཞེས་པའོ། ། གལ་ཏེ་བར་པའི་གདུལ་བྱ་ཐེག་ཆེན་པ་ཤ་སྟག་ཡིན་ལ་ཐ་མའི་གདུལ་བྱ་ནི་དེ་ལྟ་མིན་ པར་མུ་སྟེགས་སོ་སྐྱེ་ཉན་རང་སོགས་སྣ་ཚོགས་ཡིན་པས་བར་པ་མཆོག་སྟེ་བར་པའི་ཐད་ དུ་ཐེག་ཆེན་ལ་ཞུགས་པ་རྣམས་ལ་ཞེས་དང་ཐ་མའི་ཐད་དུ་རང་བཞིན་སྣ་ཚོགས་ཀྱི་རྒྱུ་ཅན་ 1-1-337 ནམ་ཐེག་པ་ཐམས་ཅད་ལ་ཞུགས་པ་ཞེས་པས་སོ་ཞེ་ན། མདོ་དེའི་དོན་ནི་བར་པའི་གདུལ་བྱ་ ནི་དགེ་སྦྱོང་གི་བསླབ་པ་མེད་པའི་སྐྱ་བོ་ལྟ་བུ་དང༌། གསུམ་པའི་གདུལ་བྱ་ནི་ཐེག་པ་འོག་མ་ ཀུན་ལའང་ཞུགས་པའི་ཐེག་ཆེན་གྱི་དགེ་སློང་ལྟ་བུ་ཡིན་ཏེ། དཔེར་ན་དུས་འཁོར་དུ། གསུམ་ ལས་དགེ་སློང་མཆོག་ཡིན་ཞིང༌། །འབྲིང་ནི་དགེ་ཚུལ་ཡིན་པར་བརྗོད། །ཁྱིམ་གནས་ཏེ་ ལས་ཐ་མའོ། །ཞེས་རབ་འབྲིང་ཐ་གསུམ་གྱི་རྡོ་རྗེ་སློབ་དཔོན་བཤད་པའི་དང་པོ་དང་མཐུན་ ནོ། །རང་རང་གི་ཐེག་པ་སོ་སོ་ཁོ་ན་ལ་ཞུགས་པ་ནི་ཐེག་པ་ཐམས་ཅད་ལ་ཞུགས་པ་ཞེས་པ་ དང་འགལ་ཏེ་གཞན་གྱི་ཐེག་པ་ལ་མ་ཞུགས་པས་སོ། ། བཀའ་ཐ་མའི་གདུལ་བྱ་ནི་ཤིན་ཏུ་དག་པ་ཁོ་ན་ཡིན་ཏེ་རྔ་བོ་ཆེའི་མདོར། འོད་སྲུང་ འཁོར་དག་པར་གྱིས་ཤིག་དེ་ནས་རྔ་བོ་ཆེའི་མདོ་བསྟན་པར་བྱའོ་ཞེས་ནས་མུ་སྟེགས་ཉན་ རང་ཐེག་པ་ལ་གསར་ཞུགས་ཐམས་ཅད་ཕྱིར་དོང་ངོ༌། །དེ་ནས་འོད་སྲུང་གིས་འཁོར་དག་པའི་ རང་བཞིན་དུ་གྱུར་པས་གསུང་བར་ཞུ་ཞེས་དང༌། སོར་ཕྲེང་གི་མདོར་བདེ་གཤེགས་སྙིང་པོ་ནི་ བྱང་སེམས་སྟག་རྣམས་ལ་སྟོན་གྱི་གཞན་ལ་མི་སྟོན་ནོ་ཞེས་སོ། །གལ་ཏེ་ཏིང་ངེ་འཛིན་རྒྱལ་ པོར། སྟོང་པ་བདེ་བར་གཤེགས་པས་བསྟན་པ་གང༌། །ངེས་དོན་མདོ་སྡེ་དག་གི་བྱེ་བྲག་ཤེས། ། གང་ལ་སེམས་ཅན་གང་ཟག་སྐྱེས་བུ་བསྟན། །ཆོས་དེ་ཐམས་ཅད་དྲང་བའི་དོན་དུ་ཤེས། ། ཞེས་པས་བཀའ་བར་པ་ངེས་དོན་དང་ཐ་མ་དྲང་དོན་དུ་མ་བསྟན་ནམ་ཞེ་ན། ཉི་ཤུ་པར། གཟུགས་སོགས་སྐྱེད་བྱེད་ཡོད་པར་ནི། །དེས་འདུལ་བ་ཡི་སྐྱེ་བོ་ལ། །དགོངས་པའི་དབང་གིས་ གསུངས་པ་སྟེ། །ཞེས་པས་དོན་ལ་གཟུགས་སོགས་ཡོད་པར་སྟོན་པ་བཀའ་དང་པོ་ལ་ལྟོས་ ནས་ཐམས་ཅད་སྟོང་པར་སྟོན་པ་བར་པ་ངེས་དོན་ཡིན་ལ། ཆོས་ཉིད་གཉུག་མ་ཡང་དོན་ ལ་མེད་པར་སྟོན་པ་བཀའ་བར་པ་ལ་ལྟོས་ནས་ཆོས་ཅན་རྣམས་དོན་ལ་མེད་པ་དང༌། ཆོས་ ཉིད་དོན་ལ་ཡོད་པ་རྟག་བརྟན་སོགས་སུ་སྟོན་པ་ཐ་མ་ངེས་དོན་ཡིན་ཏེ། རྔ་བོ་ཆེ་ཆེན་པོའི་ 1-1-338 མདོར། སྟོང་པ་ཉིད་གང་ཅི་སྟོན་པའི་མདོ་སྡེ་དེ་ཐམས་ཅད་ནི་དགོངས་པ་ཅན་དུ་རིག་པར་བྱ་ ལ། བླ་ན་མེད་པའི་མདོ་སྡེ་འདི་ལྟ་བུ་ནི་དགོངས་པ་ཅན་མིན་པར་རིག་པར་བྱའོ་ཞེས་དང༌། མྱང་འདས་ཆེན་པོའི་བམ་པོ་དྲུག་པའི་བཞི་གསུམ་སོང་བར། དགེ་སློང་རྣམས་ནི་ཆོས་རྣམ་ ལ་བཞི་ལ་གནས་པར་བགྱིའོ། །བཞི་གང་ཞེ་ན་ཆོས་ལ་གནས་ཀྱི་གང་ཟག་ལ་མི་གནས་པ་ དང༌། དོན་ལ་གནས་ཀྱི་ཚིག་ལ་མི་གནས་པ་དང༌། ཡེ་ཤེས་ལ་གནས་གྱི་རྣམ་ཤེས་ལ་མི་ གནས་པ་དང༌། ངེས་པའི་དོན་ལ་གནས་གྱི་བཀྲི་བའི་དོན་ལ་མི་གནས་པའོ། །དེ་ལ་ཆོས་ལ་ གནས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའོ། །སངས་རྒྱས་ རྣམས་ཀྱི་ཆོས་ནི་ཆོས་རྣམས་ཀྱི་ཆོས་ཉིད་དོ། །ཆོས་ཉིད་ཅེས་བྱ་བ་ནི་དེ་བཞིན་གཤེགས་པ་ རྟག་པ་མི་འགྱུར་བའོ། །གང་ཟག་ལ་མི་གནས་པ་ཞེས་བྱ་བའི་ཉན་ཐོས་སོ། །ཉན་ཐོས་ནི་ འདུས་བྱས་མི་རྟག་པའོ། །དེ་བཞིན་གཤེགས་པ་ནི་རྟག་པའོ། །དོན་ལ་གནས་ཀྱི་ཚིག་ལ་ མི་གནས་ཞེས་བྱ་བ་ནི་དོན་ནི་མངོན་པར་རྟོགས་པའོ། །དེ་ནི་དེ་བཞིན་གཤེགས་པ་རྟག་ཏུ་ གནས་པ་མི་འགྱུར་མི་འཕོ་བའོ། །ཡེ་ཤེས་ལ་གནས་ཀྱི་རྣམ་ཤེས་ལ་མི་གནས་ཞེས་པའི་ཡེ་ ཤེས་ནི་དེ་བཞིན་གཤེགས་པའོ། །ཉན་ཐོས་གང་ཞིག་དེ་བཞིན་གཤེགས་པའི་ཡོན་ཏན་ལ་ མི་མཁས་པ་དེ་ནི་རྣམ་པར་ཤེས་པ་ཞེས་བྱ་སྟེ་གནས་པར་མི་བྱའོ། །གང་ཞིག་དེ་བཞིན་ གཤེགས་པ་ཆོས་ཀྱི་སྐུར་ཤེས་ན་དེ་ནི་ཡང་དག་པའི་ཡེ་ཤེས་ཡིན་ཏེ་ཞེས་དང༌། ངེས་པའི་ དོན་ལ་གནས་ཀྱི་བཀྲི་བའི་དོན་ལ་མི་གནས་པ་ནི་གང་ཞིག་དེ་བཞིན་གཤེགས་པ་མི་རྟག་པ་ འགྱུར་ཞིང་འཕོ་བའོ་ཞེས་བྱ་བ་ནི་བཀྲི་བའི་དོན་ནོ། །གང་ཞིག་དེ་བཞིན་གཤེགས་པ་རྟག་པ་ མི་འགྱུར་ཞིང་མི་འཕོ་པའོ་ཞེས་སྨྲ་བ་ནི་ངེས་པའི་དོན་ཅེས་བྱའོ། །ཞེས་སོགས་དང༌། མདོ་སྡེ་ གང་དག་ལས་ཐམས་ཅད་གདུང་བ་ཅན། ཐམས་ཅད་མི་རྟག་པ། ཐམས་ཅད་སྡུག་བསྔལ་ བ། ཐམས་ཅད་སྟོང་པ། ཐམས་ཅད་བདག་མེད་པའོ། །ཞེས་གསུངས་པ་ནི་བཀྲི་པའི་དོན་ 1-1-339 ཅེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན་དོན་དེ་དག་མི་ཤེས་པས་འགྲོ་བ་མང་པོ་མཚམས་ མེད་པའི་སེམས་ཅན་དམྱལ་བར་ལྟུང་བར་བྱེད་པའི་ཕྱིར་རོ། །ཞེས་སོ། ། འདིས་ནི་རྒྱུད་བླའི་དོན་རྟག་བརྟན་སོགས་སྒྲ་སྦྱར་བ་ཙམ་ཡིན་གྱི་དོན་ལ་མི་གནས་པར་ སྨྲ་བ་ལ་གནོད་ཅིང་གདུལ་བྱའི་མར་འདྲེན་མི་འཐད་པས་སོམས་ཤིག་ཤེས་ལྡན་དག་གོ །དེ་ ལྟར་བཀའ་བར་པ་ནི་དངོས་འཛིན་ལྟ་བའི་གཉེན་པོར་རྣམ་པར་མ་ཕྱེ་བར་ཆོས་ཐམས་ཅད་ ཕྱོགས་གཅིག་ཏུ་རང་བཞིན་དང༌། མཚན་ཉིད་དང་ངོ་བོ་ཉིད་རྣམ་པ་མེད་པ་དང་སྟོང་ པ་བདག་མེད་དུ་སྟོན་པས་བཀའ་བར་པ་མཚན་ཉིད་མེད་པ་དང༌། སྟོང་པ་སྨོས་པའི་ཆོས་ འཁོར་ནི་མཚན་ཉིད་དང་གཉེན་པོ་ལ་ལྡེམ་དགོངས་དང་དོན་གཞན་ལ་དགོངས་པའི་དྲང་ དོན་དགོངས་པ་ཅན་ཡིན་ལ། ཐ་མ་ནི་ཡིན་ལུགས་ལྟར་ངོ་བོ་ཉིད་གསུམ་སོགས་སུ་རྣམ་ པར་ཕྱེ་ནས་སྟོན་པས་དེ་ལས་ཟློག་པ་ཡིན་ཏེ། ཤེར་ཕྱིན་ལྔ་བརྒྱ་པར། གང་ཡང་བཅོམ་ལྡན་ འདས་ཀྱི་གཟུགས་རང་བཞིན་མེད་པ་དང་འགག་པ་མེད་པ་དང་གཟོད་མ་ནས་ཞི་བ་དང་ རང་བཞིན་གྱིས་མྱ་ངན་ལས་འདས་པར་བསྟན་པ་གང་ཡིན་པ་དེ་ནི། དགོངས་པ་མ་ཡིན་པ་ དགོངས་པ་ཅན་མ་ཡིན་པ་སྒྲ་ཇི་བཞིན་པའོ་ཞེས་སྨྲ་བ་དེ་དག་ནི་ཕྱི་རོལ་པ་ལས་ཀྱང་ཕྱི་རོལ་ པ་སོ་སོ་སྐྱེ་བོའི་ཕྱོགས་ལ་བརྟེན་པའོ་ཞེས་ང་སྨྲའོ། །དེ་བཞིན་དུ་ཚོར་བ་དང་ཞེས་སོགས་ དང༌། མདོ་སྡེ་དགོངས་འགྲེལ་དུ། དོན་དམ་ཡང་དག་འཕགས་འདི་ལ་དེ་བཞིན་གཤེགས་པ་ ནི་ངོ་བོ་ཉིད་རྣམ་པ་གསུམ་པོ་འདི་དག་ཉིད་ལ་དགོངས་ནས་དྲང་བའི་དོན་གྱིས་མདོ་བརྗོད་ པའི་རྣམ་པ་འདི་ལྟ་སྟེ། ཆོས་ཐམས་ཅད་ནི་མ་སྐྱེས་པ་མ་འགགས་པ་གཟོད་མ་ནས་ཞི་བ་ རང་བཞིན་གྱིས་མྱ་ངན་ལས་འདས་པའོ་ཞེས་སྟོན་ཏོ། །ཞེས་དང༌། འདི་ལྟའི་མདོ་ལ་སྒྲ་ཇི་བཞིན་དུ་ཞེན་ན་མཚན་མར་ལྟ་བ་སོགས་ལྟ་ངན་ཉེར་བརྒྱད་ འབྱུང་སྟེ། དགོངས་འགྲེལ་དུ། ངའི་དགོངས་ཏེ་གསུངས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ 1-1-340 ཡེ་ཤེས་ཏེ་ཆོས་ལ་མོས་ཀྱང་ཆོས་འདི་དག་ཐམས་ཅད་ནི། ངོ་བོ་ཉིད་མེད་པ་ཉིད་ཆོས་འདི་ དག་ཐམས་ཅད་ནི་མ་སྐྱེས་པ་ཉིད་མ་འགགས་པ་ཉིད་གཟོད་མ་ནས་ཞི་བ་ཉིད་རང་བཞིན་ གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ཡིན་ནོ་ཞེས་ཆོས་ལ་སྒྲ་ཇི་བཞིན་གྱི་དོན་དུ་མངོན་ པར་ཞེན་ནས། དེ་དག་གཞི་དེ་ལས་ཆོས་ཐམས་ཅད་ལ་མེད་པར་ལྟ་བ་དང་མཚན་ཉིད་མེད་ པར་ལྟ་བར་འགྱུར་ཏེ། མེད་པར་ལྟ་བ་དང་མཚན་ཉིད་མེད་པར་ལྟ་བར་གྱུར་ནས་ཐམས་ ཅད་ལ་མཚན་ཉིད་ཐམས་ཅད་ཀྱིས་སྐུར་ཏེ། ཆོས་རྣམས་ཀྱི་ཀུན་ཏུ་བརྟགས་པའི་མཚན་ཉིད་ ལ་སྐུར་ཏོ། །ཆོས་རྣམས་ཀྱི་གཞན་གྱི་དབང་གི་མཚན་ཉིད་དང་ཡོངས་སུ་གྲུབ་པའི་མཚན་ ཉིད་ལའང་སྐུར་ཏོ། །ཞེས་སོགས་དང་ཐེག་ཆེན་ལ་དད་པ་བསྒོམ་པའི་མདོར། བྱང་ཆུབ་ སེམས་དཔའ་སྒྲ་ཇི་བཞིན་དུ་ཚུལ་བཞིན་མིན་པར་ཆོས་ལ་རབ་ཏུ་རྣམ་པར་འབྱེད་པ་ལ་ཡང་ དག་མིན་པའི་ལྟ་བ་ཉི་ཤུ་རྩ་བརྒྱད་འབྱུང་སྟེ། གང་ཞེ་ན་མཚན་མར་ལྟ་བ་དང༌། བརྟགས་པ་ ལ་སྐུར་པ་འདེབས་པའི་ལྟ་བ་དང༌། ཀུན་ཏུ་རྟོག་པ་ལ་སྐུར་བ་འདེབས་པའི་ལྟ་བ་དང་ཞེས་ སོགས་དང༌། སོར་ཕྲེང་ལ་ཕན་པའི་མདོར་བཙུན་པ་གང་པོ་ནི། སྦྲང་བུའི་སྤྱད་པ་སྤྱོད་དེ་ཆོས་ ཀྱི་གཏམ་སྟོན་མི་ཤེས་སོ། །སྦྲང་བུ་ཡང་ཟི་ཟི་ཞེས་སྒྲ་འབྱིན་ཤེས་ཀྱི་སྦྲང་བུ་ལྟར་བླུན་པོ་ ཁྱོད་ཅང་མ་ཟེར་ཅིག གང་པོ་དེ་བཞིན་གཤེགས་པའི་ལྡེམ་པོའི་ངག་མི་ཤེས་པས་བདག་ མེད་པ་ལ་ཆོས་སུ་སེམས་པ་ནི་གཏི་མུག་གི་ཆོས་ཀྱི་མར་མེའི་ནང་དུ་ཕྱེ་མ་ལེབ་ལྟར་ལྟུང་ངོ་ ཞེས་དང༌། བཙུན་པ་འཇམ་དཔལ་ནི་སྦྲང་བུའི་སྤྱད་པ་སྤྱོད་དེ་སྟོང་པ་དང་མི་སྟོང་པའི་དོན་ དེ་ཁོ་ན་མི་ཤེས་སོ། །གཅེར་བུ་པ་ཡང་ཐམས་ཅད་སྟོང་པར་བསྒོམ་སྟེ་གཅེར་བུ་པའི་སྦྲང་ མ་ཁྱོད་ཅང་མ་ཟེར་ཅིག ཅེས་གང་པོ་དང་འཇམ་དཔལ་ལ་སྨྲ་བ་ལྟར་མཛད་ཀྱང༌། བཀའ་ བར་པའི་དངོས་བསྟན་ཆོས་རྣམས་རང་བཞིན་མེད་པ་དང་སྟོང་པ་བདག་མེད་ལ་ངེས་དོན་སྒྲ་ ཇི་བཞིན་པར་ཞེན་པའི་དོན་ལ་སངས་རྒྱས་ཡོད་པ་མིན་ཏེ་ཡོད་མེད་སྤྲོས་པ་དང་བྲལ་བས་ 1-1-341 སོ། །ཞེས་བཞེད་པའི་སྣང་མེད་དབུ་མ་པར་རློམ་ཞིང་སངས་རྒྱས་དང་ཤེས་པ་གང་ཡིན་ལ་ འདུས་བྱས་ཀྱི་ཁྱབ་སྙམ་པ་དངོས་སྨྲ་བའི་སྐྱ་དྲི་མ་སངས་རྒྱས་ནམ་མཁའ་ལྟར་མ་ཁྱབ། ཁྱད་ པར་སེམས་ཅན་ལ་ཆོས་ཉིད་དུ་མི་བཞུགས་ཏེ། སངས་རྒྱས་ནི་རྒྱུ་རྐྱེན་ཚད་མེད་པས་བསྐྱེད་ དགོས། སངས་རྒྱས་ཀྱི་ཡོན་ཏན་གང་ཡིན་ཐམས་ཅད་འདུས་བྱས་ཡིན་ནོ་ཞེས་བཞེད་པ་ རྣམས་ཚར་བཅད་ཅིང་དེ་དག་ལ་གདམས་པ་ཡིན་ནོ། ། གཞན་ཡང་གོང་དུ་བརྗོད་པའི་ལུང་རིགས་འདི་རྣམས་ཀྱིས། མཁས་པ་(མཁན་ཆེན་སྨྲ་མགོན་ སོགས་)འགའ་ཡར། འདིར་ནི་ཆོས་རྣམས་ངོ་བོ་ཉིད་མེད་དང༌། །མ་སྐྱེས་མ་འགགས་གཟོད་ ནས་ཞི་བ་དང༌། །རང་བཞིན་ཡོངས་སུ་མྱ་ངན་འདས་པ་དང༌། །བདེན་པའི་རང་བཞིན་མེད་ པར་བསྟན་པ་འདི། །འགའ་ཡི་གཞུང་དང་ཅུང་ཟད་མི་མཐུན་ཞིང༌། །ཁྱེད་ཀྱི་བཞེད་དང་ ཀུན་ནས་འགལ་ན་ཡང༌། །ས་ཆེན་བརྙེས་པའི་འཕགས་པ་ཀླུ་སྒྲུབ་ལུགས། །ཨཱརྱ་དེ་བའི་ བཞེད་པ་དེ་ཉིད་དེ། །སངས་རྒྱས་བསྐྱངས་དང་ཟླ་བ་གྲགས་པ་དང༌། །ལེགས་ལྡན་འབྱེད་ལ་ སོགས་པའང་འདི་ཉིད་བཞེད། །ཇོ་བོ་ཆེན་པོས་བསྟན་པའི་སྙིང་པོར་བཤད། །སྲོལ་འབྱེད་ ཆེན་པོ་བློ་ལྡན་ཤེས་རབ་དང༌། །སྔོན་མེད་ཉི་མ་ས་བུ་རྣམ་གཉིས་ཀྱང༌། །ཚུལ་འདི་བཞེད་ པས་བློ་མིག་དག་རྣམས་ཀྱིས། །འདི་ལྟར་བཤད་ན་བསྟན་ལ་བྱ་བ་བྱས། །ཞེས་བཞེད་ པའང་ཚར་གཅད་པ་ཡིན་ལ། སྤྱིར་སྟོན་པའི་བཀའ་དང་མཐུན་པ་ཉིད་བསྟན་པའི་བྱ་བ་སྟེ། གང་ཕྱིར་རྒྱལ་ལས་ཆེས་མཁས་འགའ་ཡང་འཇིག་རྟེན་འདི་ན་ཡོད་མིན་ཏེ་ཞེས་སོགས་ཀྱི་ ཕྱིར་རོ། ། དེས་ན་བཀའ་བར་པ་ཆོས་ཐམས་ཅད་རང་སྟོང་དང་ངོ་བོ་ཉིད་མེད་པར་བསྟན་པ་ དགོངས་པ་ཅན་ཡིན་ལ། དགོངས་གཞི་ཆོས་ཐམས་ཅད་ཀྱི་སྟོང་གཞི་ཡང་དག་པའི་མཐའ་ དེ་བཞིན་ཉིད་དེ་སྟོང་བྱ་བརྟགས་ཆོས་འདུས་བྱས་ཐམས་ཅད་ཀྱིས་སྟོང་པ་ལ་དགོངས། 1-1-342 དགོངས་པ་བརྟགས་ཆོས་དངོས་འཛིན་གྱི་ལྟ་བ་གཞོམ་ཕྱིར་ཡིན། དངོས་ལ་གནོད་བྱེད་དེ་ ལ་སྒྲ་ཇི་བཞིན་དུ་ཞེན་ན་ལྟ་ལོག་ཉེར་བརྒྱད་འབྱུང་བ་དང༌། རང་ཉིད་སེམས་ཅན་དམྱལ་ བར་སྐྱེ་ལ་གཞན་ཆོས་འདོད་པ་རྣམས་ཕུང་བར་བྱེད་པ་དང་བདེ་གཤེགས་སྙིང་པོ་མེད་ན་ཆད་ ལྟར་ཐལ་བའི་ཉེས་པ་རྣམས་ཀྱིས་རིག་སྟེ། རྒྱུད་བླར། སྤྲིན་དང་རྨི་ལམ་སྒྱུ་བཞིན་དེ་ དང་དེར། །ཤེས་བྱ་ཐམས་ཅད་རྣམ་ཀུན་སྟོང་པ་ཞེས། །གསུངས་ནས་ཞེས་དང༌། ཡང་དག་ མཐའ་ནི་འདུས་བྱས་ཀྱི། །རྣམ་པ་ཐམས་ཅད་དབེན་པ་ཏེ། །ཉོན་མོངས་ལས་དང་རྣམ་སྨིན་ དོན། །སྤྲིན་ལ་སོགས་པ་བཞིན་དུ་བརྗོད། །ཅེས་དང་། དབུ་མ་རྩ་བར། རྒྱལ་བ་རྣམས་ཀྱིས་ སྟོང་པ་ཉིད། །ལྟ་ཀུན་ངེས་པར་འབྱིན་པར་གསུངས། །གང་དག་སྟོང་པ་ཉིད་ལྟ་བ། །དེ་ དག་སྒྲུབ་དུ་མེད་པར་གསུངས། །ཞེས་སོ། ། ངོ་བོ་ཉིད་མེད་པར་བསྟན་པའི་དགོངས་གཞི་སྔར་དང་འདྲ་ལ་ཁྱད་པར་རང་བཞིན་ གསུམ་གྱི་ངོ་བོ་ཉིད་མེད་པ་གསུམ་སྟེ། ཀུན་བརྟགས་མཚན་ཉིད་ངོ་བོ་ཉིད་མེད་པ། གཞན་དབང་སྐྱེ་བ་ངོ་བོ་ཉིད་མེད་པ། ཡོངས་གྲུབ་དོན་དམ་པ་དངོས་པོའི་ངོ་བོ་ཉིད་མེད་ པ་སྟེ། སུམ་ཅུ་པར། ངོ་བོ་ཉིད་ནི་རྣམ་གསུམ་གྱི། །ངོ་བོ་ཉིད་མེད་རྣམ་གསུམ་ལ། །དགོངས་ ནས་ཆོས་རྣམས་ཐམས་ཅད་ནི། །ངོ་བོ་ཉིད་མེད་བསྟན་པ་ཡིན། །ཞེས་དང་། མདོ་སྡེ་དགོངས་ འགྲེལ་ལས། ཆོས་རྣམས་ངོ་བོ་ཉིད་མེད་ཆོས་རྣམས་མ་སྐྱེས་དང༌། །ཆོས་རྣམས་མ་འགགས་ ཆོས་རྣམས་གཟོད་ནས་ཞི་བ་དང༌། །ཆོས་རྣམས་ཐམས་ཅད་རང་བཞིན་མྱ་ངན་འདས་པར་ནི། ། དགོངས་པ་མེད་པར་མཁས་པ་སུ་ཞིག་སྨྲ་བར་འགྱུར། །མཚན་ཉིད་ངོ་བོ་ཉིད་མེད་སྐྱེ་བ་ ངོ་བོ་ཉིད་མེད་དང༌། །དོན་དམ་ངོ་བོ་ཉིད་མེད་དོ་ཞེས་ངས་བཤད་དེ། །འདི་ལ་མཁས་པ་ སུ་དག་དགོངས་པ་ཤེས་པ་ནི། །རབ་ཏུ་ཉམས་པའི་ལམ་དུ་དེ་མི་འགྲོ། །ཀུན་གྱི་རྣམ་པར་དག་ པའི་ལམ་ནི་འདི་ཡིན་ཏེ། །ཞེས་སོ། །ཆོས་རྣམས་ངོ་བོ་ཉིད་གསུམ་སོགས་སུ་རྣམ་པར་ཕྱེ་བའི་ 1-1-343 ལྟ་བ་ནི་རབ་ཏུ་ཉམས་པའི་ལམ་ཆད་ལྟ་དང་དངོས་སྨྲར་མི་འགྱུར་བར་རྣམ་པར་དག་པའི་ ལམ་སྣང་བཅས་དབུ་མར་འགྱུར་ཏེ། སྔགས་སུ་ཕྱོགས་ཉམས་དེ་ནི་མ་ཉམས་པར་འགྱུར་རོ། ། ཞེས་པ་དང་གནད་གཅིག་གོ། ། གཉིས་པ་དབུ་སེམས་ཁྱད་པར་རྒྱས་བཤད་ནི། དུས་འཁོར་དུ། གང་ཞིག་དེ་ཉིད་གང་ ཟག་ཅེས་བྱ་ལུས་ལ་གནས་པར་སྨྲ་བ་དེ་ནི་རང་བཞིན་དག་གིས་ཉམས། །ཀུན་རྫོབ་དག་གི་ དོན་ནི་སྨྲ་བ་པོ་ཡང་དོན་དམ་མ་རིག་མེད་པ་དག་དུ་ བྱེད། །སྲིད་གསུམ་མཐའ་དག་རྣམ་པར་ཤེས་པ་ཉིད་དུ་སྨྲ་བ་པོ་ཡང་རྣམ་པར་ཤེས་ པར་འདོད་པར་བྱེད། །གང་ཞིག་སྙིང་རྗེ་སྟོང་ཉིད་གཉིས་སུ་མེད་པར་སྨྲ་བ་པོ་ཕྱོགས་ ཉམས་དག་ནི་མ་ཉམས་པར་འགྱུར་རོ། །ཞེས་དང་འདིའི་འགྲེལ་པར། ནམ་མཁའ་དང་ ནི་འགོག་པ་གཉིས། །འདུས་མ་བྱས་གསུམ་རྟག་པ་སྟེ། །འདུས་བྱས་ཐམས་ཅད་སྐད་ གཅིག་མ། །བདག་གིས་སྟོང་ཞིང་བྱེད་པོ་མེད། །དབང་སྐྱེས་བློ་ནི་རྣམ་མེད་ཀྱིས། །ཕྲ་རབ་ བསགས་པ་དངོས་སུ་རིག །ཁ་ཆེའི་གཞུང་གི་ཆུ་གཏེར་གྱི། །བྱེ་བྲག་སྨྲ་བའི་གཞུང་འདོད་ འགྱུར། །ཤེས་པ་རྣམ་བཅས་བསྐྱེད་དེ་ནི། །དབང་པོའི་སྤྱོད་ཡུལ་སྣང་བ་མིན། །ནམ་མཁའ་ མོ་ཤམ་བུ་དང་འཚུངས། །འགོག་པ་དང་ནི་ནམ་མཁའ་འཚུངས། །འདུ་བྱེད་བེམ་པོ་ཡོད་ མ་ཡིན། །དུས་གསུམ་རྗེས་འགྲོ་དག་ཀྱང་མེད། །ཐོགས་པ་མེད་པའི་གཟུགས་ཡོད་མིན། ། ཞེས་པ་མདོ་སྡེ་པ་ཡིས་རིག །ཆ་ཤས་ཅན་ཞེས་བྱ་བ་མེད། །ཕྲ་རབ་རྡུལ་རྣམས་ཡོད་མ་ ཡིན། །རྨི་ལམ་ཉམས་སུ་མྱོང་བ་བཞིན། །དམིགས་པ་མེད་པར་རབ་ཏུ་སྣང༌། །གཟུང་དང་ འཇིན་པ་རྣམ་གྲོལ་བའི། །རྣམ་པར་ཤེས་པ་དོན་དམ་ཡོད། །ཅེས་པ་རྣལ་འབྱོར་སྤྱོད་པའི་ གཞུང༌། །རྒྱ་མཚོའི་ཕ་རོལ་ཕྱིན་རྣམས་སྒྲོགས། །རྣམ་ཤེས་དེ་ཡང་དོན་དམ་དུ། །ཡོད་པར་ མཁས་རྣམས་མི་འདོད་དེ། །གཅིག་དང་དུ་མའི་རང་བཞིན་དང༌། །བྲལ་བས་ནམ་མཁའི་ 1-1-344 པདྨ་བཞིན། །ཡོད་མིན་མེད་མིན་ཡོད་མེད་མིན། །གཉིས་གའི་བདག་ཉིད་མིན་པའང་མིན། ། མཐའ་བཞི་རྣམ་པར་གྲོལ་བ་ཡི། །དེ་ཉིད་དབུ་མ་པ་ཡིས་རིག །ཅེས་སྤྱན་རས་གཟིགས་ ཀྱིས་གསུངས་སོ། ། ཚིགས་བཅད་འདི་རྣམས་འཇམ་དཔལ་གྱི་རང་གི་ལྟ་བའི་འདོད་པ་མདོར་བསྟན་དང༌། འཕགས་པ་ལྷའི་ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་དང༌། ཛེ་ཏ་རིས་བདེ་གཤེགས་གཞུང་གི་ རབ་འབྱེད་ལས་ཀྱང་འབྱུང་ངོ༌། ། དེས་ན་སེམས་ཙམ་གྱི་འདོད་པའི་ཚེ་རྣམ་པར་ཤེས་པ་དོན་དམ་ཡོད་ཅེས་འབྱུང་གི་ ཡོངས་གྲུབ་དང་སངས་རྒྱས་དང་ཡེ་ཤེས་སོགས་དོན་དམ་ཡོད་ཅེས་པ་ནི་མི་འབྱུང་ལ། དེ་ལ་ དབུ་མ་པས་དགག་པ་བྱེད་པའི་ཚེ་རྣམ་ཤེས་དེ་ཡང་དོན་དམ་དུ། ཡོད་པར་མཁས་རྣམས་མི་ འདོད་དེ། ཞེས་སོགས་འབྱུང་གི་ཡོངས་གྲུབ་དང་སངས་རྒྱས་དང་ཡེ་ཤེས་སོགས་དོན་དམ་ དུ། ཡོད་པར་མཁས་རྣམས་མི་འདོད་དེ་ཅེས་པ་མི་འབྱུང་ངོ༌། ། དབུ་མའི་ཡིན་ལུགས་སྟོན་པའི་ཚེ་མཐའ་བཞི་ལས་ནི་རྣམ་གྲོལ་བའི། དེ་ཉིད་ཅེས་པ་ ཡང་བྲལ་ཙམ་གྱི་མེད་དགག་གམ་ཅིར་ཡང་བརྗོད་མི་རུང་ནི་གནས་སྐབས་སུ་བཀའ་བར་ པར་འབྱུང་བའི་སྣང་མེད་དབུ་མ་ཡིན་ལ། དེ་ལྟ་བུ་མིན་གྱི་མཐའ་མ་བརྟགས་ཆོས་ཀུན་གྱི་ བྲལ་གཞིའམ་དབེན་གཞི་ཆོས་ཉིད་གཉིས་མེད་ཡེ་ཤེས་ནི་མཐར་ཐུག་བཀའ་ཐ་མ་ཡན་ཆད་ དུ་འབྱུང་བའི་སྣང་བཅས་དབུ་མ་དང་རྒྱུད་སྡེར་གསུང་བའི་སྐུའི་བདེ་བ་ཡིན་ཏེ། སྔར་དྲངས་ པའི་རྒྱུད་ཀྱི་འགྲེལ་པར། འདིར་གང་གི་སྙིང་རྗེ་དམིགས་པ་མེད་ཅིང་རྣམ་པར་རྟོག་པ་དང་ བྲལ་བ་དང་སྟོང་པ་ཉིད་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་དུས་གསུམ་ཡོངས་སུ་ཤེས་ པའི་སླད་དུ། དུས་གསུམ་དུ་འཇུག་པའོ་ཞེས་པ་ནི་སངས་རྒྱས་པའི་གྲུབ་པའི་མཐའ་ངེས་ པའོ། །ཞེས་དང༌། སྐད་ཅིག་གཅིག་དང་དུ་མ་དང་བྲལ་བའི་ཡེ་ཤེས་ནི་རྒྱལ་བ་རྣམས་ཀྱི་དེ་ 1-1-345 ཁོ་ན་ཉིད་ཅེས་གསུང་ངོ་ཞེས། ཐབས་ཤེས་ཟུང་འཇུག་གི་ཡེ་ཤེས་དང་འདུས་མ་བྱས་ཀྱི་ཡེ་ ཤེས་སུ་གསུངས་ཤིང༌། འཇམ་དཔལ་ལྟ་འདོད་དུའང༌། འདིས་ནི་བདེན་པ་གསུང་པ་ཡིས། ། སྔ་མར་གསུངས་པ་བཀག་པ་སྟེ། །སྔོན་ཉིད་དང་ནི་ཕྱི་མ་དག །རིམ་པ་ཕྱི་མ་སྟོབས་དང་ ལྡན། །ཇི་ལྟར་རྣལ་འབྱོར་སྤྱོད་གསུངས་པ། །ཡེ་ཤེས་མེད་པ་སྨྲ་ལ་བསྟན། །རྫོགས་སངས་ རྒྱས་ཀྱི་དབུ་མའི་ལུགས། །དེ་བཞིན་མ་ཡིན་སྲས་ལ་གསུང༌། །ཞེས་བཀའ་སྔ་ཕྱི་ཡང་ཕྱི་མ་ སྟོབས་ཆེ་བ་དང་སེམས་ཙམ་པ་ཡེ་ཤེས་མེད་པར་རྣམ་ཤེས་ཙམ་པ་དང་དབུ་མ་པ་གཉིས་ མེད་ཡེ་ཤེས་ཅན་དུ་རྒྱས་ཤིང་མཚན་བརྗོད་དུའང༌། རྣམ་པར་ཤེས་པའི་ཆོས་ཉིད་འདས། །ཡེ་ ཤེས་གཉིས་མེད་ཚུལ་འཆང་བ། །ཞེས་དང་དུས་འཁོར་རྒྱུད་དུ། སྲིད་གསུམ་ཕྲ་རབ་གཟུགས་ མིན་འདི་ནི་རྣམ་པར་ཤེས་པའོ་དེ་བཞིན་རྣམ་པར་ཤེས་པ་ཉིད་མེད་དེ། །སངས་རྒྱས་ཤེས་ རབ་གང་དུའང་གནས་པ་མ་ཡིན་ཞེས་པའི་ཚིག་ནི་སངས་རྒྱས་པ་རྣམས་སྟོན་པར་འགྱུར། ། གང་གིས་འགྱུར་མེད་དང་བྲལ་མི་རྣམས་ཀྱིས་ནི་སྟོང་པ་ཉིད་དེ་གཟུང་ནས་སྟོང་པར་ལྟ་བྱེད་ པ། །དེས་ན་གཙོ་བོས་གང་ཞིག་འཕོ་མེད་ལྷན་སྐྱེས་སྐུ་ཡི་བདེ་བ་དག་ནི་སྔགས་གྱི་ཐེག་པར་ བསྟན། །ཞེས་དང་། དྲི་མེད་འོད་དུ། ཡོད་མིན་མེད་མིན་ཡོད་མེད་མིན། །གཉི་ཀའི་བདག་ ཉིད་མིན་པའང་མིན། །མཐའ་བཞི་ལས་ནི་རྣམ་གྲོལ་བའི། །བདེ་ཆེན་སྐུ་ལ་ཕྱག་འཚལ་ལོ། ། ཞེས་གསུངས་ཏེ། སྔགས་ཀྱི་དབུ་མ་ནི་བདེ་སྟོང་ཟུང་འཇུག་ཡིན་ལ་བདེ་བའི་ཆ་ནས་བདེ་ཆེན་དབུ་མ་ དང༌། སྟོང་པའི་ཆ་ནས་སྣང་བཅས་དབུ་མ་ཡིན་ཏེ་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་དམིགས་ བཅས་སྟོང་པ་ཡིན་པས་སོ། །བདེ་བ་མདོར་ཡང་གཙང་བདག་བདེ་དང་རྟག་ཉིད་ཀྱི་ཞེས་པ་ གསུངས་ཀྱང་དེ་ནི་སྡུག་ཀུན་མེད་ཙམ་ལ་བཞག་པ་ཡིན་ལ། སྔགས་ཀྱི་བདེ་བ་ནི་དེ་ལས་ ལྷག་པ་ཚད་མེད་པའི་བདེ་ཆེན་ཡིན་ཞིང་དེ་ལྟར་དབུ་མའི་དབྱེ་བ་ནི་སྣང་མེད་དབུ་མ་དང་ 1-1-346 སྣང་བཅས་དབུ་མ་དང༌། བདེ་ཆེན་དབུ་མ་དང་གསུམ་མོ། ། སྔར་དབུ་མའི་དབྱེ་བ་ལ་ཐལ་འགྱུར་བ་དང་རང་རྒྱུད་པ་གཉིས་དང་དེ་ལའང་རབ་ཏུ་མི་ གནས་པ་དང༌། སྒྱུ་མ་ལྟ་བུའོ་ཞེས་པ་ནི་སྣང་མེད་དབུ་མ་ཁོ་ནའི་དབྱེ་བར་བོད་ཀྱི་བྱས་པའི་ ཐ་སྙད་ཡིན་གྱི་སྟོན་པའི་གསུང་གིས་དངོས་སུ་ཟིན་པ་ནི་མེད་དོ། ། དེས་ན་མཐར་ཐུག་གི་དབུ་སེམས་ཀྱི་ཁྱད་པར་ནི་འདུས་མ་བྱས་ཀྱི་གཉིས་མེད་ཡེ་ཤེས་ དང་རྣམ་པར་ཤེས་པ་ཙམ་ཁོ་ན་ཡིན་ལ། དེ་དག་ཁས་ལེན་པའི་སྐྱེས་བུ་དང་བསྟན་ཆོས་ནི་དེ་ དང་དེའི་གང་ཟག་དང་དེང་དེའི་གཞུང་ངོ༌། ། སྔར་རྒྱ་བོད་དུ་དབུས་པ་བློ་གསལ་སོགས་བཀའ་ཐ་མ་འཁོར་བཅས་སེམས་ཙམ་གྱི་ གཞུང་དང་འཕགས་པ་ཐོགས་མེད་སོགས་སེམས་ཙམ་པར་བྱེད་པ་བསྟན་པའི་ཆོམ་རྐུན་དུ་ ཤེས་པར་བྱའོ། ། གཞན་ཡང་དབུ་སེམས་ཀྱི་ཁྱད་པར་ནི་སེམས་ཙམ་མན་ཆད་དངོས་པོ་སྨྲ་བ་གསུམ་པོ་ ནི་གང་ཟག་གི་བདག་མེད་ཙམ་སྨྲ་བ་དང་སྒོམ་པ་ཡིན་གྱི། ཆོས་ཀྱི་བདག་མེད་ནི་མིན་པ་ དང་རྣམ་ཤེས་ལ་སོགས་པའི་དངོས་པོ་ཙམ་གསལ་བར་བྱེད་པའི་བསྟན་བཅོས་ཅན་ཡིན་གྱི་ དོན་དམ་པའི་བདེན་པ་དེ་ཁོ་ན་ཉིད་གསལ་བར་བྱེད་པའི་བསྟན་བཅོས་ཅན་ནི་མིན་པ་དང༌། རྫོགས་པའི་བྱང་ཆུབ་ལ་རིང་བའི་སྐལ་པ་ཅན་ཡིན་གྱི་ཉེ་བ་ནི་མིན་པ་དང༌། ལྷག་མ་དང་ བཅས་པའི་མྱ་ངན་ལས་འདས་པ་ཡིན་གྱི་ལྷག་མ་དང་བྲལ་བ་ནི་མིན་ལ། དབུ་མ་པ་རྣམས་ ནི་དེ་དག་ལས་བཟློག་པ་ཡིན་ཏེ། འཕགས་པ་སྤྱན་རས་གཟིགས་ཀྱི་དྲི་མེད་འོད་ལས། རྒྱུ་ འདིས་སངས་རྒྱས་པ་བཞི་པོ་རྣམས་ཀྱི་བག་ཆགས་ཀྱི་སྟོབས་ཀྱི་གང་ཟག་དུ་སྨྲ་བ་རྣམས་ལ་ གང་ཟག་མི་རྟག་པ་བསྒོམ་པ་སངས་རྒྱས་སོ། །དོན་དུ་སྨྲ་བ་རྣམས་ལ་ས་ལ་སོགས་པའི་ཟད་ པར་བསྒོམ་པ་དང༌། རྣམ་པར་ཤེས་པར་སྨྲ་བ་རྣམས་ལ་རྣམ་པར་རིག་པ་ཙམ་གྱི་ཏིང་ངེ་ 1-1-347 འཛིན་དང༌། དབུ་མ་པ་རྣམས་ལ་རྨི་ལམ་ལྟ་བུ་འགྱུར་བ་མེད་ཅིང་ཡེ་ཤེས་བསྒོམ་པ་སྟེ་དེ་ ལྟར་གང་ཟག་ལ་བདག་མེད་པ་དང་ཆོས་ལ་བདག་མེད་པའོ། ། རྒྱུ་དེས་ན་སེམས་ཅན་གྱི་བསམ་པའི་དབང་གི་དེ་བཞིན་གཤེགས་པས་ཆོས་བསྟན་པ་ ནི། བྱེ་བྲག་དུ་སྨྲ་བ་དང༌། མདོ་སྡེ་པ་དང༌། རྣལ་འབྱོར་སྤྱོད་པ་དང༌། དབུ་མ་པའོ། །དེ་རྣམས་ ལས་བྱེ་བྲག་དུ་སྨྲ་བ་ནི་ཆ་ཤས་ཅན་གྱི་སེམས་ཅན་རབ་ཏུ་གསལ་བར་བྱེད་པའི་བསྟན་ བཅོས་སོ། །མདོ་སྡེ་པ་ནི། དོན་རབ་ཏུ་གསལ་བར་བྱེད་པའི་བསྟན་བཅོས་སོ། །རྣལ་འབྱོར་ སྤྱོད་པ་ནི་རྣམ་པར་ཤེས་པ་ཙམ་རབ་ཏུ་གསལ་བར་བྱེད་པའི་བསྟན་བཅོས་སོ། །དབུ་མ་པ་ ནི་དོན་དམ་པའི་བདེན་པ་དེ་ཁོ་ན་ཉིད་རབ་ཏུ་གསལ་བར་བྱེད་པའི་བསྟན་བཅོས་ཏེ་རིང་ བའི་སྐལ་བ་དང་ལྡན་པ་དང༌། ཉེ་བའི་སྐལ་པ་དང་ལྡན་པའི་སེམས་ཀྱི་ཕྱིར་སེམས་ཅན་གྱི་ བསམ་པའི་དབང་གིས་བཅོམ་ལྡན་འདས་ཀྱི་གསུངས་སོ། །ཞེས་དང་བྱེ་བྲག་ཏུ་སྨྲ་བ་དང༌། མདོ་སྡེ་པ་དང༌། རྣལ་འབྱོར་སྤྱོད་པ་རྣམས་ཀྱི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་ པའོ། །དབུ་མ་པ་རྣམས་ཀྱི་ལྷག་མ་དང་བྲལ་བ་རབ་ཏུ་མི་གནས་པའི་མྱ་ངན་ལས་འདས་པ་ སྟེ། མཚན་བརྗོད་དུ། ལྷག་མ་ཀུན་ལས་རྣམ་གྲོལ་ཞིང༌། །ནམ་མཁའི་ལམ་ལ་རབ་གནས་ པ་ཞེས་གསུངས་སོ་ཞེས་པས། བཀའ་ཐ་མ་འཁོར་བཅས་དབུ་མར་གྲུབ་པོ། ། དེ་ལྟ་མིན་ན་གཞུང་བཀའ་ཐ་མ་དང་བྱམས་ཆོས་ལྔ་སོགས་དང་གང་ཟག་འཕགས་པ་ ཐོགས་མེད་སོགས་ཆོས་ཅན། གང་ཟག་གི་བདག་མེད་ཙམ་སྨྲ་བ་དང་སྒོམ་པ་ཡིན་གྱི་ཆོས་ཀྱི་ བདག་མེད་མ་ཡིན་པ་ནས་ལྷག་མ་དང་བཅས་པའི་མྱང་འདས་ཡིན་གྱི། ལྷག་མ་དང་བྲལ་ བའི་མྱང་འདས་མི་སྟོན་པའི་གཞུང་དང་གང་ཟག་ཡིན་པར་ཐལ། སེམས་ཙམ་པའི་གཞུང་ དང་གང་ཟག་ཡིན་པས་སོ། །ཡང་དབུ་མའི་གཞུང་དང་གང་ཟག་ཡིན་པར་ཐལ། ཐལ་བ་ ལས་ཟློག་པ་ཡིན་པས་སོ། །ཞེས་པ་སོ་སོར་སྦྱར་རོ། ། 1-1-348 སྐབས་འདིའི་ལྷག་མ་ནི་གཟུགས་སྐུ་ལ་མི་བཞག་གི་སྤངས་རྟོགས་ཀྱི་ལ་བྱའོ། །ཐ་མ་ འཁོར་བཅས་སེམས་ཙམ་ཡིན་ན། འདིའི་བརྗོད་བྱའི་གཙོ་བོ་ས་ལམ་རྣམས་དང་རྡོ་རྗེའི་ གནས་བདུན་སོགས་སེམས་ཙམ་ཁོ་ན་རུ་འགྱུར་རོ། ། ཡང་སེམས་ཙམ་མིན་པར་ཐལ། ཁྱོད་ཀྱི་བརྗོད་བྱའི་གཙོ་བོ་ས་ལམ་དང་རྡོ་རྗེའི་གནས་ བདུན་སོགས་རེ་རེ་ནས་སེམས་ཙམ་གྱིར་མི་རུང་བས་སོ། །ལམ་སེམས་ཙམ་གྱི་ལམ་ལ་ཕྱིན་ ནས་འབྲས་བུ་དབུ་མའི་སར་སླེབ་པ་འགལ་ཏེ་ཤར་ལ་ཕྱིན་པའི་ནུབ་བཞིན་ནོ། །དབུ་མ་པ་ ལ་བྱམས་ཆོས་ལས་གསུངས་པའི་ས་ལམ་དང༌། འབྲས་བུ་ལས་ལྷག་པ་ཅི་ཡོད་འདིའི་བྱང་ ཆེན་ལ་སྤངས་རྟོགས་ཀྱི་ལྷག་མ་རི་བོང་གི་རྭ་དང་མཚུངས་པས་ཇི་ལྟར་སེམས་ཙམ་གྱིར་ འགྱུར་ལེགས་པར་སོམས་ཤིག ངེད་ནི་སྟོན་པ་དང་བྱམས་པ་དང་འཇམ་དཔལ་དང༌། སྤྱན་རས་གཟིགས་ལ་དཔང་དུ་བྱེད་པས་འདི་ལས་གཞན་པའི་རྣམ་བཞག་ལ་མི་བརྩིའོ། ། དིང་སང་མཁས་པར་གྲགས་པ་ཕལ། དབུ་སེམས་ཁྱད་པར་མ་ཕྱེད་པར། །བདེན་གཉིས་ ཚུལ་ལ་རྨོངས་གྱུར་ནས། །ཡིན་ལུགས་གྲུབ་པའི་མཐའ་ལ་རྒོལ། །ལོག་རྟོག་མུན་པ་གསལ་ བའི་ཕྱིར། །བདག་གིས་གྲུབ་མཐའི་ཁྱད་པར་བཤད། །ཅེས་བྱའོ། ། ཁ་ཅིག་ལྟ་བ་བཀའ་བར་པའི་སྣང་མེད་དབུ་མའི་ལུགས་ལས་ལྷག་པ་མེད་དེ། ཆོས་ རྗེ་པས་སྡོམ་གསུམ་རབ་དབྱེར། ཕ་རོལ་ཕྱིན་དང་གསང་སྔགས་ལ། །ལྟ་བའི་ཁྱད་པར་ གསུངས་པ་མེད། །ཕ་རོལ་ཕྱིན་པའི་སྤྲོས་བྲལ་ལས། །ལྷག་པའི་ལྟ་བ་ཡོད་ན་ནི། །ལྟ་དེ་ སྤྲོས་པ་ཅན་དུ་འགྱུར། །ཞེས་པས་སོ་ཞེ་ན། འཇམ་དཔལ་གྱིས་བཅོམ་ལྡན་འདས་ལ། འདྲེན་ པའི་ཐེག་པ་གསུམ་པོ་དག །བཅོམ་ལྡན་ངེས་པར་གསུངས་ལགས་ན། །རྒྱུ་འབྲས་ལྷུན་གྲུབ་ ཏུ་སྤྱོད་ཅིང༌། །སངས་རྒྱས་གཞན་ནས་མི་འཚོལ་བའི། །ངེས་པའི་ཐེག་པ་ཅིས་མ་གསུངས། ། ཞེས་ཞུས་པའི་ལན་དུ་སྟོན་པས། རྒྱུ་ལ་མོས་པ་རྒྱུ་ཆོས་ཀྱི། །འཁོར་ལོ་རབ་ཏུ་བསྐོར་བྱས་ 1-1-349 ནས། །རྡོ་རྗེ་ཐེག་པའི་ཉེ་ལམ་ཞིག །མ་འོངས་དུས་ན་འབྱུང་བར་འགྱུར། །ཞེས་སོ། །འདི་ སློབ་དཔོན་ཛྙཱ་ན་ཤྲཱིས་སྔགས་ཀྱི་མཐའ་གཉིས་སེལ་བར་གསང་བ་ལུང་བསྟན་པའི་མདོ་ ཡིན་ཞེས་ཏེ། འདིས་བཀའ་བར་པ་མན་གྱི་མདོ་ནི་འབྲས་བུ་ཐོབ་དུས་རིང་བ་དང་ཐོབ་བྱའི་ སངས་རྒྱས་རང་ལ་མེད་པར་གཞན་ནས་ཚོལ་བ་དྲང་དོན་ཡིན་ལ། སྔགས་ནི་ཐོབ་བྱ་སངས་ རྒྱས་གདོད་ནས་རང་ལ་ཡོད་པ་རྒྱུ་འབྲས་ལྷུན་གྲུབ་ཏུ་སྤྱོད་པ་དེས་དོན་དུ་བསྟན་ལ། ཚུལ་ གསུམ་སྒྲོན་མར་ཡང༌། དོན་གཅིག་ན་ཡང་མ་རྨོངས་དང༌། །ཐབས་མང་དཀའ་བ་མེད་པ་ དང༌ ། དབང་པོ་རྣོན་པོའི་དབང་བྱས་པས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་ཏེ། སྔགས་ནི་མདོ་ལས་ཁྱད་པར་བཞིས་འཕགས་ཏེ། མདོ་སྔགས་གཉིས་གཞི་འབྲས་ཀྱི་ཆོས་ ཉིད་ཟབ་མོ་གཅིག་ཀྱང་སྒྲུབ་བྱེད་ལམ་དང་སྟོན་བྱེད་གཞུང་གི་སྒོ་ནས། མདོ་ལ་མེད་པའི་ སྔགས་ལ་གཤིས་ལུགས་ལ་མ་རྨོངས་པའི་ཤེས་རབ་དང༌། སྐྱེད་རྫོགས་ཀྱི་ཐབས་མང་བ་ དང༌། བདེ་ལམ་ལ་བརྟེན་ནས་བརྩོན་པས་ཚེ་གཅིག་ལ་འཚང་རྒྱ་བ་དང༌། གདུལ་བྱ་དབང་ པོ་ཤེས་རབ་ཤིན་ཏུ་རྣོ་བ་དང་བཞི་ཡིས་སོ། །ལྟ་བ་མཉམ་པར་འདོད་པ་དག་གིས་འདིའི་མ་ རྨོངས་པ་དང༌། དབང་པོ་རྣོན་པོ་ཞེས་པའི་དམིགས་བསལ་མ་དགོངས་པར་ཟད་དོ། །ལ་ལ་ བཀའ་ཐ་མ་དང༌། སྔགས་པས་བཀའ་བར་པ་ལྷག་སྟེ་དང་པོ་གཉིས་ལྟ་བའི་སེམས་ཙམ་ དང་བར་པ་དབུ་མ་ཡིན་པས་སོ། །ཞེས་པ་ནི་ཨར་འཁྱམས་ཏེ། ཐེག་པ་ཆེན་པོ་ཤིན་ཏུ་དབང་ པོ་རྣོན་པོ་བས་ཐེག་དམན་དང་དབང་རྟུལ་ལྟ་བ་མཐོ་བ་རིགས་སམ་ལྟ་བ་ནི་ཤེས་རབ་ཀྱིས་ ཁྱད་པར་དུ་བྱས་ཤིང༌། བཀའ་བར་པ་ནི་སྣང་མེད་གནས་སྐབས་ཀྱི་དབུ་མ་ཡིན་ལ་བཀའ་ ཐ་མ་དང་གསང་སྔགས་ནི་སྣང་བཅས་མཐར་ཐུག་གི་དབུ་མ་ཡིན་པས་སོ། ། གལ་ཏེ་དབུ་མ་ནི་དོན་ལ་སེམས་ཀྱང་ཡོད་པར་མི་སྟོན་ལ་བཀའ་ཐ་མ་དང་གསང་སྔགས་ དང་བྱམས་ཆོས་འཁོར་བཅས་སུ་དེ་ལྟར་མིན་པས་དེ་རྣམས་ལྟ་བ་སེམས་ཙམ་དུ་འགྱུར་རོ་ 1-1-350 སྙམ་ན། མ་ཡིན་ཏེ་རྣམ་པར་ཤེས་པ་དོན་དམ་ཡོད། །ཅེས་པས་རྣམ་རིག་པའི་ཁྱད་ཆོས་རྣམ་ ཤེས་ཉིད་ཡིན་ལ་སེམས་ལ་ཕྱེ་ན་རྣམ་ཤེས་ཀྱི་སེམས་དང་ཡེ་ཤེས་ཀྱི་སེམས་ཡོད་ཅིང་དང་ པོ་ནི་ཀུན་བརྟགས་དང༌། གཞན་དབང་ཡིན་པས་དེ་དོན་ལ་མེད་པར་གཞུང་དེ་རྣམས་སུ་སྟོན་ ཏེ། མདོ་སྡེ་རྒྱན་དུ། ཡོད་མིན་མེད་མིན་དེ་བཞིན་མིན་གཞན་མིན། །ཞེས་དང་། འགྲེལ་པར། ཀུན་བརྟགས་པ་དང་གཞན་གྱི་དབང་གི་མཚན་ཉིད་དག་གིས་ནི་ཡོད་པ་མིན་ནོ། །ཞེས་དང་ ། སེམས་ལས་གཞན་མེད་པར་ནི་བློ་རིག་ནས། །དེ་ནས་སེམས་ཀྱང་མེད་པ་ཉིད་དུ་རྟོགས། ། ཞེས་སོགས་བཤད་ལ་དོན་ལ་ཡེ་ཤེས་ཀྱང་མེད་པ་ཤིན་ཏུ་ཆད་པ་ཆེན་པོར་འགྱུར་ཏེ་ཆོས་ དབྱིངས་ཉིད་མེད་པར་བལྟས་པས་སོ། །ཆོས་དབྱིངས་སེམས་དང་ཡེ་ཤེས་ཡིན་ཏེ་ཆོས་ དབྱིངས་བསྟོད་པར། དེ་བཞིན་འོད་གསལ་བ་ཡི་སེམས། །འདོད་དང་གནོད་སེམས་ལེ་ལོ་ དང༌། །རྒོད་པ་དང་ནི་ཐེ་ཚོམ་སྟེ། །སྒྲིབ་པ་ལྔ་ཡིས་སྒྲིབ་པར་གྱུར། །ཞེས་དང༌། ཉོན་མོངས་ ནང་ན་ཡེ་ཤེས་ཀྱང༌། །དེ་བཞིན་དྲི་མ་མེད་པར་གནས། །ཞེས་དང་། དུས་འཁོར་དུའང༌། འཁོར་བ་དང་མྱ་ངན་ལས་འདས་པའི་སེམས་ངེས་པའོ། །ཞེས་སེམས་ཅན་ཐམས་ཅད་ལ་ ཆོས་ཅན་འཁོར་བའི་སེམས་དང༌། ཆོས་ཉིད་མྱང་འདས་ཀྱི་སེམས་གཉིས་གཉིས་ཡོད་པར་ གསུངས་སོ། །སེམས་ཙམ་པ་སངས་རྒྱས་སོགས་ཆོས་གང་ཡིན་ཐམས་ཅད་རྣམ་ཤེས་སུ་ འདོད་ཀྱི་ཡེ་ཤེས་སུ་མི་འདོད་དེ་འཇམ་དཔལ་གྱི་རང་གི་ལྟ་བ་མདོར་བསྟན་དུ། ཇི་ལྟར་རྣལ་ འབྱོར་སྤྱོད་གསུངས་པ། །ཡེ་ཤེས་མེད་པ་སྨྲ་ལ་བསྟན། །རྫོགས་སངས་རྒྱས་ཀྱི་དབུ་མའི་ ལུགས། །དེ་བཞིན་མ་ཡིན་སྲས་ལ་གསུངས། །ཞེས་དང་། དུས་འཁོར་འཇིག་རྟེན་ཁམས་ལེའི་སྐུ་བཞི་མདོར་བསྡུས་སུ། འདིར་རྣམ་པར་ཤེས་པ་སྨྲ་ བ་རྣམས་ཀྱི་ནང་ན་ཡེ་ཤེས་སྐུ་ཉིན་མོར་བྱེད་པའི་སྐུ་ཡང་དག་པར་རྫོགས་པའི་སངས་རྒྱས་ སུ་གྱུར་པ་ནི་འགའ་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན་འདིར་རྣམ་པར་ཤེས་པའི་ཆོས་ལ་གནས་ 1-1-351 པའི་ཕྱིར་དང་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་ཤེས་པའི་ཆོས་ཉིད་ལས་ འདས་པའི་ཕྱིར་རོ། །དེ་ལྟར་ཡང་དེ་བཞིན་གཤེགས་པས་མཚན་བརྗོད་ཀྱི་སོར་རྟོག་ཡེ་ཤེས་ ལ་བསྟོད་པར། རྣམ་པར་ཤེས་པའི་ཆོས་ཉིད་འདས། །ཡེ་ཤེས་གཉིས་མེད་ཚུལ་འཆང་བ། ། ཞེས་སོ། །དེའི་ཕྱིར་ཡེ་ཤེས་ཀྱི་སྐུ་ཉིན་མོར་བྱེད་པའི་སྐུ་ཡང་དག་པར་རྫོགས་པའི་སངས་རྒྱས་ ཞེས་བཅོམ་ལྡན་འདས་ཀྱིས་བཟློས་པ་གསུངས་སོ། །ཞེས་གསུངས་ཏེ། འདིས་ཀྱང་ཀུན་གཞི་ རྣམ་ཤེས་ནི་ཡེ་ཤེས་ཀྱི་སྐུ་ཉིན་མོར་བྱེད་པ་རང་བཞིན་འོད་གསལ་གྱི་འགལ་ཟླར་བཤད་ པས་བདེ་གཤེགས་སྙིང་པོའི་ངོས་འཛིན་སེམས་ཀྱི་རང་བཞིན་འོད་གསལ་ནི་ཀུན་གཞི་རྣམ་ ཤེས་ཀྱི་ཁ་ནང་ལྟས་ལ་བྱེད་པ་བཀག་གོ ། དེ་ལྟར་སེམས་ལ་བདེན་གཉིས་སུ་ཡོད་པ་མ་ཤེས་པ་ནི། གང་དག་བདེན་པ་འདི་ གཉིས་ཀྱི། །རྣམ་དབྱེ་རྣམ་པར་མི་ཤེས་པ། །དེ་དག་སངས་རྒྱས་བསྟན་པ་ཡི། །ཟབ་མོ་དེ་ ཉིད་རྣམ་མི་ཤེས། །ཞེས་པར་འགྱུར་རོ། །སེམས་ཞེས་པའི་ཆོས་སྐད་བྱུང་བ་ཙམ་གྱིས་སེམས་ ཙམ་པར་བྱས་ནས་བཀའ་ཐ་མ་དང་གསང་སྔགས་དང་བྱམས་ཆོས་རྗེས་འབྲང་ཐམས་ཅད་ སེམས་ཙམ་པར་བྱེད་པ་ནི། བསྟན་པ་དཀྲུག་པ་དང་གང་ཟག་དང་ཆོས་ལ་སྐུར་འདེབས་དང་ རང་སྣང་མེད་དབུ་མ་ལས་མ་གོ་བས་གཞན་ཐེག་པའི་ཡང་རྩེ་དང་གྲུབ་མཐའི་མཐར་ཐུག་པ་ ལ། སྨོད་པ་རང་ཉིད་བུང་བུ་ལ་ཞོན་པ་གླང་ཆེན་ལ་ཞོན་པར་རློམས་ནས་གཞན་རྟ་ལ་ཞོན་པ་ ལ་བརྙས་པ་དང་ཁྱད་པར་མེད་དོ། །རྣལ་འབྱོར་པ་ཡང་བློ་ཁྱད་ཀྱིས། །གོང་མ་གོང་མ་རྣམས་ ཀྱིས་གནོད། །ཅེས་པ་དཔང་དུ་ཆེའོ། ། དབུ་མ་ཆེན་པོ་རྫོགས་པར་མདོར་མི་སྟོན་ལ་སྔགས་སུ་སྟོན་པ་ཡིན་ཏེ། དུས་འཁོར་ དུ། སྲིད་གསུམ་ཕྲ་རབ་རྡུལ་མིན་འདིར་ནི་རྣམ་པར་ཤེས་པའོ་རྣམ་པར་ཤེས་པ་ཉིད་མེད་ དེ། །སངས་རྒྱས་ཤེས་རབ་གང་དུ་གནས་པ་མ་ཡིན་ཞེས་པའི་ཚིག་འདི་སངས་རྒྱས་པ་རྣམས་ 1-1-352 སྨྲ་བར་འགྱུར། །གང་གི་འགྱུར་མེད་དང་བྲལ་མི་རྣམས་ཀྱིས་ནི་སྟོང་པ་ཉིད་དེ་བཟུང་ནས་ སྟོང་བར་ལྟ་བྱེད་པ། །དེས་ན་གཙོ་བོས་གང་ཞིག་འཕོ་མེད་ལྷན་སྐྱེས་སྐུ་ཡི་བདེ་བ་དག་ནི་ སྔགས་ཀྱི་ཐེག་པར་བསྟན། ། ཞེས་དབུ་མ་ཆེན་པོའི་མཐར་ཐུག་ནི་བདེ་སྟོང་ཟུང་འཇུག་ཏུ་གསུངས་ལ་གཉིས་པོ་ཡང་ རྒྱུ་དམིགས་བཅས་སྟོང་པ་སྲིད་གསུམ་གཞན་དང་འབྲས་བུ་དམིགས་མེད་སྙིང་རྗེ་འགྱུར་ མེད་བདེ་བ་ཡིན་ལ་འདི་མདོར་གསལ་པོར་མ་བསྟན་པས་སོ། །སྔགས་ཀྱང་རྒྱུད་སྡེ་བཞི་པོ་ ཕྱི་མ་ཕྱི་མ་མཆོག་སྟེ། རྡོ་རྗེ་གུར་ལས། དམན་པ་རྣམས་ལ་བྱ་བའི་རྒྱུད། །བྱ་མིན་རྣལ་འབྱོར་ དེ་ལྷག་ལ། །སེམས་ཅན་མཆོག་ལ་རྣལ་འབྱོར་མཆོག །རྣལ་འབྱོར་བླ་མེད་དེ་ལྷག་ལའོ། ། ཞེས་སོ། ། བླ་མེད་ལའང་གསང་འདུས་སོགས་ཕ་རྒྱུད་དང༌། བདེ་དགེས་སོགས་མ་རྒྱུད་རྣམས་ དང༌། གཉིས་མེད་ཀྱི་རྒྱུད་དུས་ཀྱི་འཁོར་ལོ་རྣམས་མཐར་ཐུག་གི་དགོངས་པ་གཅིག་ཀྱང་ གདུལ་བྱའི་དབང་གིས་རྗོད་བྱེད་གཞུང་དང་ལམ་གྱིས་ཕྱི་མ་ཁྱད་པར་འཕགས་ཏེ་སྔ་མ་ གཉིས་ནི་མ་ཚང་བ་དང༌། འཁྲུགས་པ་དང་སྦས་པའི་རྒྱུད་ཡིན་ལ་ཕྱི་མ་དུས་འཁོར་དང་པོ་ སངས་རྒྱས་ནི་དེ་ལས་ཟློག་པའི་རྒྱུད་ཡིན་ཏེ། དུས་འཁོར་རྒྱུད་དུ། རྒྱུད་ཀྱི་རྒྱལ་པོ་ཐམས་ ཅད་དུ་ནི་ངེས་པར་རྡོ་རྗེའི་ཚིག་ནི་རྡོ་རྗེ་ཅན་གྱི་སྦས་པས་ཏེ། །དང་པོའི་སངས་རྒྱས་སུ་ནི་ སྲོག་ཆགས་རྣམས་ནི་ཐར་པའི་སླད་དུ་མ་ལུས་པ་ཡང་མངོན་སུམ་གསུངས་ཤེས་དང༌། །དྲི་ མེད་འོད་དུ། དེ་ལྟར་མ་འོངས་དུས་ཀྱི་གདུག་པའི་སློབ་དཔོན་རྣམས་ཀྱི་འཇུག་པ་གཟིགས་ ནས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་རྒྱུད་དང་རྒྱུད་གཞན་ཐམས་ཅད་དུ་བཞི་པ་ཤེས་ རབ་ཡེ་ཤེས་ཀྱི་དབང་གསལ་པོར་མ་མཛད་དེ། རྩ་བའི་རྒྱུད་དང་བསྡུས་པའི་རྒྱུད་རྣམས་ སུ་བཞི་བ་ཤེས་རབ་ཡེ་ཤེས་དང་ཕྱག་རྒྱ་ཆེན་པོ་བསྒོམ་པ་དུ་བ་ལ་སོགས་པའི་ལམ་ཤིན་ཏུ་ 1-1-353 སྦས་ཤིང་རྩ་བའི་རྒྱུད་འགའ་ཞིག་ལ་རབ་ཏུ་གསལ་ལོ། །ཞེས་དང༌། རྒྱུད་ཀྱི་རྒྱལ་པོ་ཐམས་ ཅད་ལ་རྡོ་རྗེ་ཚིག་རབ་ཏུ་གསལ་བ་མ་ཡིན་ཞིང་བླ་མའི་བརྒྱུད་པའི་རིམ་པས་རྟོགས་པར་བྱ་ བ་ཡིན་ཏེ། ཞེས་དང༌། དང་པོའི་སངས་རྒྱས་འདི་ལ་རྡོ་རྗེའི་ཚིག་དེ་དག་ཉིད་རབ་ཏུ་གསལ་ བར་བསྟན་པ་དང་བཤད་པ་དང་རབ་ཏུ་བཤད་པ་དག་གིས་བཅོམ་ལྡན་འདས་ཀྱིས་གསལ་ བར་མཛད་དེ། ཞེས་དང༌། མཆོག་གི་དང་པོའི་སངས་རྒྱས་ལ་རྡོ་རྗེའི་ཚིག་ཕྱག་རྒྱ་ཆེན་ པོ་བསྒོམ་པའི་ལམ་དུ་བ་ལ་སོགས་པ་རབ་ཏུ་གསལ་བ་ཡིན་གྱི་བླ་མ་བརྒྱུད་པའི་རིམ་པས་ འོངས་པ་མིན་ལ་བླ་མའི་བཀའ་ཡིས་བྱིན་གྱིས་བརླབས་པ་ཡང་མ་ཡིན་ནོ། །ཞེས་དང༌། གང་གི་མཆོག་གི་དང་པོའི་སངས་རྒྱས་མི་ཤེས་པ་དེས་མཚན་ཡང་དག་པར་བརྗོད་པ་ མི་ཤེས་སོ། །གང་གི་མཚན་ཡང་དག་པར་བརྗོད་པ་མི་ཤེས་པ་དེས་རྡོ་རྗེ་འཛིན་པའི་ཡེ་ཤེས་ ཀྱི་སྐུ་མི་ཤེས་སོ། །གང་གི་རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་སྐུ་མི་ཤེས་པ་དེས་སྔགས་ཀྱི་ཐེག་ པ་མི་ཤེས་སོ། །གང་གི་སྔགས་ཀྱི་ཐེག་པ་མི་ཤེས་པ་དེ་ཐམས་ཅད་ནི་འཁོར་བ་པ་སྟེ་བཅོམ་ ལྡན་འདས་རྡོ་རྗེ་འཛིན་པའི་ལམ་དང་བྲལ་བའོ། །དེ་ལྟ་བས་ན་མཆོག་གི་དང་པོའི་སངས་ རྒྱས་ནི་བླ་མ་དམ་པ་རྣམས་ཀྱིས་བསྟན་པར་བྱ་ཞིང་ཐར་པ་དོན་དུ་གཉེར་བའི་སློབ་མ་དམ་པ་ རྣམས་ཀྱིས་ཉན་པར་བྱའོ། །ཞེས་སོ། ། གསང་འདུས་རྒྱུད་ཕྱི་མར་ཡང་ཡན་ལག་དྲུག་གི་རྣལ་འབྱོར་གྱི། །བསྙེན་ པ་བྱས་ནས་མཆོག་བསྒྲུབ་ཀྱི། །གཞན་དུ་བསྒྲུབ་བྱ་དངོས་གྲུབ་མཆོག །འགྲུབ་པར་འགྱུར་ བ་མེད་པ་ཉིད། །ཞེས་གསུངས་སོ། །འདིས་ནི་འབྲས་བུ་སངས་རྒྱས་ཐོབ་པར་འདོད་པས་ མཐར་ཐུག་གསང་སྔགས་དང་ཁྱད་པར་དུ་དང་པོའི་སངས་རྒྱས་ཀྱི་དགོངས་པ་སྦྱོར་བ་ཡན་ ལག་དྲུག་སྒོམ་དགོས་ཤིང༌། མ་བསྒོམ་ན་སངས་རྒྱས་མི་ཐོབ་པར་བསྟན་པས་ཤིན་ཏུ་གནད་ ཆེ་བ་འདི་ལ་སྐལ་ལྡན་བློ་མཆོག་རྣམས་ཀྱི་རྟོག་དཔྱོད་མཛད་པར་ཞུ། 1-1-354 དེས་ན་ངེས་དོན་མཐར་ཐུག་དབུ་མ་ཆེན་པོ་དང་དོན་དམ་ཆོས་སྐུ་དང་ཡེ་ཤེས་ཀྱི་སྐུ་ དང་ཆོས་ཉིད་རང་བཞིན་འོད་གསལ་གྱི་གནས་ལུགས་ནི་བཀའ་ལ་འཁོར་ལོ་གསུམ་པ་དང༌། དུས་ཀྱི་འཁོར་ལོ་དང་བསྟན་བཅོས་ལ་སེམས་འགྲེལ་སྐོར་བཅུ་སྟེ་བྱམས་ཆོས་ལྔ་དང་སྔགས་ ཀྱི་འགྲེལ་པ་སྐོར་ལྔ་དཔང་དུ་ཆེ་བ་ཡིན་ཏེ། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་བདེ་མཆོག་ སྟོད་འགྲེལ་དུ། ཡང་ན་བྱང་ཆུབ་སེམས་དཔའི་འགྲེལ་བཤད་ཀྱི་རྟོགས་པར་བྱའི། གཞན་ མཁས་པའི་མངོན་པའི་ང་རྒྱལ་དང་ལྡན་པ་རྣམས་ཀྱིས་བྱས་པས་ནི་མ་ཡིན་ནོ། །ཞེས་སོ། ། དེའི་ཕྱིར་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་དང་ངོ་བོ་ཉིད་སྐུ་བཅོམ་ལྡན་འདས་རྡོ་རྗེ་ སེམས་དཔའ་དོན་དམ་ཆོས་དབྱིངས་ནི་ནམ་མཁའ་ལྟར་ཀུན་ལ་ཁྱབ་ཅིང༌། རྒྱུ་མཚན་དེའི་ སྟོབས་ཀྱིས་སེམས་ཅན་ཐམས་ཅད་ཆོས་སྐུ་བདེ་གཤེགས་སྙིང་པོ་ཅན་ཡིན་པ་ནི་རྒྱལ་བ་ སྲས་དང་བཅས་པ་རྣམས་ཀྱིས་བཀའ་བསྟན་བཅོས་མན་ངག་རྣམས་སུ། གསུངས་པའི་ཧཱུྃ་ གཅིག་ཏུ་གྲིལ་བ་ཡིན་པས་སུས་ཀྱང་སུན་འབྱུང་བར་མི་བྱ་ཞིང་སྟོན་པའི་གསུངས་ལ་ཡིད་ ཆེས་པར་བྱའོ། ། འདི་ལྟར་བཤད་ན་བསྟན་ལ་བྱ་བ་བྱས། །འདི་ལྟར་བཤད་ན་རྒྱལ་བའི་གདུང་འཚོབ་ ཅིང༌། །འདི་ལྟར་བཤད་ན་གདུལ་བྱའི་ཡར་འདྲེན་ཡིན། །འདི་ལས་གཞན་དུ་འཆད་བྱེད་སྐྱེས་ བུ་གང༌། །ཐུན་མོང་གཙུག་ལག་ཀུན་ལ་མཁས་གྱུར་ཀྱང༌། །ཟབ་ཅིང་རྒྱ་ཆེའི་ཆོས་ལ་རྟོག་དཔྱོད་ བྲལ། །དྲང་དོན་ཀུན་རྫོབ་ཕྱོགས་ལ་མཁས་གྱུར་ཀྱང༌། །ངེས་དོན་དོན་དམ་ཕྱོགས་ལ་རྣམ་ པར་འཐོམས། །ཆོས་ཅན་སྦུན་པའི་ཆ་ལ་མཁས་གྱུར་ཀྱང༌། །ཆོས་ཉིད་ཡེ་ཤེས་ཆ་ལ་རྣམ་པར་ རྨོངས། །ཚིག་སོགས་རྟོན་པ་བཞི་ལ་ཞེན་གྱུར་ནས། །དོན་སོགས་རྟོན་པ་བཞི་དང་བྲལ་བར་ གྱུར། །འདི་འདྲའི་རིགས་རྣམས་མཁས་པའི་གྲགས་འབྱོར་ནས། །བུ་སློབ་འཁོར་འབངས་ ཀུན་ཏུ་རྒྱས་གྱུར་ཀྱང༌། །བསྟན་པའི་གཟུགས་བརྙན་གསལ་བར་བྱེད་འགྱུར་གྱི། །ཡིན་ 1-1-355 ལུགས་སྙིང་པོའི་བསྟན་པ་དེ་ལྟར་མིན། །ཇོ་ནང་གྲུབ་མཐའ་ནོར་ཞེས་སྨྲ་བ་རྣམས། །གྲུབ་ མཐའི་མཐར་ཐུག་སྣང་བཅས་དབུ་མ་དང༌། །བསྟན་པའི་མཐར་ཐུག་བདེ་གཤེགས་སྙིང་པོ་ ལ། །བློ་ཁ་མ་ཕྱོགས་རང་མཚན་བསྟན་པར་ཟད། །ཇོ་ནང་གྲུབ་མཐའ་འགོག་པའི་ཟོལ་གྱིས་ ནི། །ཉ་རྣམས་གསོད་ཕྱིར་ཆུ་ལ་བརྡེག་པ་ལྟར། །རྒྱལ་བ་སྲས་དང་བཅས་ལ་རྒོལ་བ་དང༌། ། བདེ་གཤེགས་སྙིང་པོ་འགོག་པར་བྱེད་པར་ཟད། །བདེ་གཤེགས་སྙིང་པོ་འགོག་བྱེད་གང་ ཡིན་དེས། །དམ་ཆོས་སྤངས་ཤིང་བསྟན་པ་བཀྲུགས་པར་གྱུར། །དེ་ཡིས་བསོད་ནམས་ མིན་པ་བསགས་པའི་ཕྱིར། །རང་དང་རྗེས་འཇུག་ཐམས་ཅད་ཕུང་བར་བྱས། །དེ་ལྟར་ཡིན་ མིན་བློ་ལྡན་གཟུར་གནས་ཀྱིས། །འདིར་དྲངས་ལུང་ཁུངས་རྒྱ་ཆེར་རབ་ཏུ་གསལ། །དེ་ལྟའི་ ཚུལ་ལ་མ་ཕོད་སྙིང་རྗེ་ཡིས། །ཆོས་དབྱིངས་གསལ་བའི་སྒྲོན་འདི་ལྷ་ཡིས་སྦྱར། །དེ་ལས་བྱུང་ བའི་དགེ་བའི་འོད་ཟེར་གྱིས། ། འགྲོ་ཀུན་བློ་ཡི་མུན་པ་ཀུན་བྲལ་ཞིང༌། །སྔོན་ཆད་གྲུབ་མཐའ་རྣམ་དཔྱོད་ཕལ་ཆེར་རྣམས། ། སྤྱིར་དུ་དབུ་སེམས་ཁྱད་པར་མ་ཕྱེད་ཅིང༌། །སྣང་མེད་སྣང་བཅས་བདེ་ཆེན་དབུ་མ་གསུམ། ། རིམ་པར་ཁྱད་ཞུགས་ཁྱད་པར་མ་དགོངས་པར༌། །ལོག་པའི་བཤད་པ་དེ་དག་སུན་བྱུང་ ནས། །ཆད་པའི་མཐར་ལྷུང་སྒྲོ་སྐུར་བྲལ་བ་ཡི། །ལམ་ལ་འཇུག་རྣམས་གནས་ལུགས་ གསལ་སྟོན་པའི། །གདམས་པ་འདི་ལྟར་སྤྱད་ན་མཆོག་ཐོབ་འགྱུར། །ཞེས་པ་སྟོན་པ་ཤཱཀྱའི་ དགེ་སློང་ལྷ་ཡི་རྒྱལ་མཚན་ གྱིས་ནམ་མཁའ་མཛོད་དུ་སྦྱར་བའོ། །མངྒ་ལཾ་བྷནྟུ། ལྷའི་རྒྱལ་མཚན་གྱིས་སྦྱིན་པར་བྱ་བའི་ ཆོས་སོ། ། མ་ཡིག འབྲས་དཔེ་རྙིང་༼ཕྱི་ལ་༤༧༨༽ཅན་ཡིན། 1-1-356 ༄༅། །ངེས་དོན་གྱི་ཆོས་ལ་བསྐུལ་བ་ནམ་མཁའི་ནོར་བུ་ཞེས་བྱ་བ་ བཞུགས་སོ། ། ཇོ་ནང་གྲུབ་མཐའ་ངེས་དོན་ཁོ་ན་ཡིན། །དེ་ལ་མོས་རྣམས་མྱུར་དུ་སངས་རྒྱས་འཐོབ། ། མི་མོས་པ་རྣམས་དེ་ལས་གཞན་དུ་འགྱུར། །ཞེས་པའི་ཚུལ་རྣམས་གཞུང་འདིས་སྟོན་པར་བྱེད། ། ཆོས་ཞེས་པ་དེ་མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱེད་དགོས། ༄༅། །ངེས་དོན་གྱི་ཆོས་ལ་བསྐུལ་བ་ནམ་མཁའི་ནོར་བུ་ཞེས་བྱ་བ་སངས་རྒྱས་བཅོམ་ ལྡན་འདས་ལ་ཕྱག་འཚལ་ལོ། །གང་ཞིག་ཉེས་པ་ཀུན་ལས་རྣམ་གྲོལ་ཞིང༌། །ཡོན་ཏན་རིན་ ཆེན་མ་ལུས་རབ་རྫོགས་པའི། །སེམས་ཅན་ཀུན་གྱི་གཉེན་གཅིག་ཐུགས་རྗེ་ཅན། །སྟོན་ པ་མཚུངས་མེད་ཐུབ་པ་ལ་ཕྱག་འཚལ། །ཉིད་ཀྱིས་བསྟན་པ་འཛིན་པའི་གང་ཟག་མཆོག ། བཤེས་གཉེན་རྣམས་ཀྱིས་སྙན་དུ་ཚིག་འདི་ཞུ། །ཆོས་མཛད་ཐམས་ཅད་སངས་རྒྱས་ཐོབ་ ཕྱིར་ཏུ། །ཡང་དག་ཆོས་ལ་སློབ་པར་འདོད་མཐུན་མོད། །ཡང་དག་ཆོས་མཆོག་ཡིན་མིན་ གནམ་ཐིག་ནི། །རྫོགས་སངས་མྱུར་དུ་འཐོབ་དང་མི་ཐོབ་ཡིན། །སངས་རྒྱས་མྱུར་དུ་ཐོབ་ པའི་ཆོས་ཡིན་ན། །ཐེག་པ་ལྟ་བ་མཐོ་བའི་ཡང་རྩེ་ཡིན། །ལམ་ཟབ་གྲུབ་མཐའ་བཟང་ བའི་མཐར་ཐུག་ཡིན། །ཡིན་མིན་དེ་དག་རྣམས་ལས་ཟློག་པའོ། །རྫོགས་སངས་མྱུར་དུ་ ཐོབ་བྱེད་ཆོས་མཆོག་ནི། །ཆོས་འཁོར་གསུམ་ལས་འཁོར་ལོ་གསུམ་པ་དང༌། །མདོ་སྔགས་ གཉིས་ལས་རྡོ་རྗེ་ཐེག་པ་དང༌། །བསྟན་བཅོས་ནང་ནས་སེམས་འགྲེལ་སྐོར་བཅུའོ། །སྟོན་ པས་མདོ་སྡེ་རབ་འབྱམས་ཐམས་ཅད་ཀྱི། ། 1-1-357 ༼ཀ༽ རང་འགྲེལ་མདོ་སྡེ་དགོངས་པ་ངེས་འགྲེལ་ལས། །དང་པོ་བདེན་བཞི་བར་པ་ མཚན་ཉིད་མེད། །གསུམ་པ་ལེགས་པར་རྣམ་ཕྱེའི་ཆོས་འཁོར་ཞེས། །འཁོར་ལོ་རིམ་ གསུམ་རིམ་པར་བསྐོར་བ་ལས། །ལེགས་པར་རྣམ་ཕྱེའི་ཆོས་སྐད་ལྷུར་མེད་པའི། །འཁོར་ ལོ་དང་པོ་བར་པ་གཉིས་པོ་ནི། །བླ་ན་མཆིས་དང་སྐབས་མཆིས་དྲང་བའི་དོན། །རྩོད་པའི་ གཞི་ཡི་གནས་སུ་གྱུར་པ་དང༌། །དེ་ལ་མོས་ཏེ་ཡི་གེ་འདྲི་སོགས་ཀྱིས། །ཆོས་སྤྱོད་བྱས་ པས་བསོད་ནམས་སེན་མོའི་རྩེའི། །རྡུལ་དང་བ་གླང་རྨིག་རྗེས་ཆུ་དང་མཚུངས། །ལེགས་ པར་རྣམ་པར་ཕྱེ་ནས་སྟོན་པའི་བཀའ། །གསུམ་པ་བླ་དང་གོང་ན་མ་མཆིས་ཤིང༌། །ངེས་ དོན་རྩོད་གཞིའི་གནས་སུ་མ་གྱུར་དང༌། །ཆོས་དེ་ཡི་གེ་འདྲི་སོགས་ཆོས་སྤྱོད་ཀྱི། །བསོད་ ནམས་ས་གཞི་བྱིན་གྱིས་རྡུལ་དང་ནི། །རྒྱ་མཚོ་ཆེན་པོའི་ཆུ་དང་མཚུངས་པར་གསུངས། ། ༼ཁ༽ གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་མདོར། །བདེ་གཤེགས་སྙིང་པོ་མི་ མཐོང་སྒྲིབ་བྱེད་པའི། །དྲི་མ་རགས་དང་འབྲིང་དང་ཕྲ་བ་གསུམ། །རིམ་བཞིན་སྦྱོང་བའི་ དོན་དུ་ཆོས་འཁོར་གསུམ། །རིམ་པར་བསྐོར་བ་འདིས་ཀྱང་བར་པ་ལས། །ཆོས་འཁོར་ གསུམ་པ་ཁྱད་པར་འཕགས་པར་བསྟན། །དཔེར་ན་སྒོམ་སྤང་ཆེ་འབྲིང་ཆུང་བ་ཡི། །གཉེན་ པོ་སྒོམ་ལམ་ཆུང་འབྲིང་ཆེན་པོ་རྣམས། །རིམ་པར་ཕྱི་མ་ཁྱད་པར་འཕགས་པ་བཞིན། ། གཞན་ཡང་འཁོར་ལོ་རིམ་གསུམ་ཁྱད་པར་ནི། །རྗོད་བྱེད་འདུལ་བ་མདོ་སྡེ་མངོན་པ་དང༌། ། བརྗོད་བྱའི་ཚུལ་ཁྲིམས་ཏིང་འཛིན་ཤེར་རབ་ཀྱི། །བསླབ་པ་གསུམ་པོ་རིམ་པར་སྟོན་ པའམ། །སྤྱོད་པ་སྒོམ་པ་ལྟ་བ་རྣམ་པ་གསུམ། །གོ་རིམ་ཇི་བཞིན་སྟོན་པར་བྱེད་པ་ཡིན། ། འདིས་ཀྱང་འཁོར་ལོ་བར་ལས་གསུམ་པ་ནི། །ཁྱད་པར་འཕགས་པར་རྒྱུད་བླའི་གཞུང་དུ་ གསུངས། །དཔེར་ན་ཕྱིན་དྲུག་ནང་ནས་ཤེར་ཕྱིན་བཞིན། ། ༼ག༽ འཁོར་ལོ་གསུམ་པའི་གཞུང་མཆོག་གང་ཞེ་ན། །བདེ་གཤེགས་སྙིང་པོ་སྒྲས་ཟིན་ 1-1-358 སྟོན་པའམ། །མི་སྟོན་ན་ཡང་དོན་ནི་རབ་སྟོན་པའི། །ལེགས་པར་རྣམ་པར་ཕྱེ་བའི་ཆོས་ འཁོར་ཏེ། །སྙིང་པོ་དང་ནི་ཤུན་པར་ཕྱེ་བའམ། །དེ་བཞིན་ཀུན་རྫོབ་དང་ནི་དོན་དམ་དང༌། ། ཆོས་ཅན་ཆོས་ཉིད་གློ་བུར་གཉུག་མ་དང༌། །གནས་སྐབས་མཐར་ཐུག་རྣམ་ཤེས་ཡེ་ཤེས་ དང༌། །རང་བྱུང་གཞན་བྱུང་འདུས་བྱས་འདུས་མ་བྱས། །བཏགས་པ་གཉིས་དང་ཡོངས་ གྲུབ་ལ་སོགས་པར། །རྣམ་པར་ཕྱེ་ནས་སྟོན་པའི་གསུང་རབ་སྟེ། །བྱམས་པས་ཐེག་པ་ཆེན་ པོ་རྒྱུད་བླ་མར། །གསུངས་ནས་ཡང་འདིར་རྒྱལ་རྣམས་སེམས་ཅན་ལ། །སངས་རྒྱས་སྙིང་ པོ་ཡོད་ཅེས་ཅི་སྟེ་གསུངས། །ཞེས་དང་དགོངས་པ་ངེས་པར་འགྲེལ་བ་རུ། །ལེགས་པར་རྣམ་ པར་ཕྱེ་བའི་ཆོས་འཁོར་ཞེས། །གསུམ་པའི་ཁྱད་ཆོས་ཡིན་པར་གསུངས་ཕྱིར་རོ། ། ༼ང༽ མདོ་མཆོག་འདི་ཡི་བརྗོད་བྱའི་གཙོ་བོ་ནི། །བདེ་གཤེགས་སྙིང་པོ་འོད་གསལ་ ཆོས་ཀྱི་སྐུ། །རྟག་བརྟན་གཡུང་དྲུང་ཀུན་འགྲོ་ཁྱབ་པའི་བདག །རང་བྱུང་ཡེ་ཤེས་ཤེས་རབ་ ཕ་རོལ་ཕྱིན། །དོན་དམ་བདེན་པ་འགྱུར་མེད་ཡོངས་གྲུབ་སྟེ། །སེམས་ཅན་རྣམས་ལ་དྲི་ བཅས་གཞི་རུ་བཞུགས། །སློབ་པ་རྣམས་ལ་སྦྱོང་བྱེད་ལམ་དུ་བཞུགས། །ལོངས་སྤྲུལ་ལ་ སོགས་དུས་གསུམ་གཟུགས་སྐུ་ལ། །དྲི་བྲལ་འབྲས་བུའི་ཚུལ་དུ་བཞུགས་པ་ལ། །མོས་ནས་ ཐེག་ཆེན་ཆོས་སྤྱོད་བཅུ་སྤྱད་ནས། །མྱུར་དུ་སངས་རྒྱས་ཐོབ་པར་རབ་འགྱུར་ཏེ། ། ༼ཅ༽ རབ་ཞི་རྣམ་ངེས་མདོ་ལས་གང་གི་ལྷའི། །བསྐལ་པ་བྱེ་བའི་བར་དུ་དཔག་ཡས་ཀྱི། ། དགེ་འདུན་རྣམས་ལ་ཅི་འདོད་བསྙེན་བཀུར་བས། །གཞན་གང་དེ་བཞིན་གཤེགས་པ་ རྟག་པ་དང༌། །གཡུང་དྲུང་ཞེས་ནི་ཚིག་ཏུ་བརྗོད་པ་ཡི། །བསོད་ནམས་ཆེས་ཆེར་གྲངས་མེད་ བསྐྱེད་པར་གསུངས། །ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ལས་ཀྱང༌། །གང་གིས་བསྐལ་པ་བྱེ་ བ་སྟོང་ཕྲག་བརྒྱད། །ཕ་རོལ་ཕྱིན་པ་ལྔ་ལ་སྤྱད་པ་བས། །གཞན་གང་དེ་བཞིན་གཤེགས་ པ་རྟག་པའོ། །སྙམ་དུ་མོས་པར་བྱེད་པ་དེ་ཡིས་ནི། །དེ་ལས་བསོད་ནམས་ཆེས་ཆེར་གྲངས་ 1-1-359 མེད་བསྐྱེད། །ཞེས་དང་སྙིང་པོའི་མདོ་བཅུ་ལ་སོགས་པ། །འཁོར་ལོ་གསུམ་པའི་མདོ་སྡེ་རབ་ འབྱམས་ལས། །ཕན་ཡོན་ཚད་མེད་གསུངས་པ་རྣམས་བསྡུས་ནས། །གསུམ་པའི་དགོངས་ འགྲེལ་ཐུན་མོང་མ་ཡིན་པ། །ཐེག་ཆེན་རྒྱུད་བླར་གསུངས་པ་འདི་ལྟ་སྟེ། །བློ་ལྡན་རྒྱལ་བའི་ ཡུམ་འདི་ལ་མོས་པ། །སངས་རྒྱས་ཡོན་ཏན་ཚོགས་ཀྱིས་སྣོད་འགྱུར་ཏེ། །བསམ་མེད་ཡོན་ ཏན་ཚོགས་ལ་མངོན་དགའ་བས། །སེམས་ཅན་ཀུན་གྱིས་བསོད་ནམས་ཟིལ་གྱིས་གནོན། ། གང་ཞིག་བྱང་ཆུབ་དོན་དུ་གཉེར་པས་གསེར་ཞིང་ནོར་བུས་སྤྲས་པ་ནི། །སངས་རྒྱས་ཞིང་ རྡུལ་མཉམ་པ་ཉིན་རེའི་ཆོས་རྒྱལ་རྣམས་ལ་རྟག་འབུལ་ལ། །གཞན་དག་འདི་ལས་ཚིག་ཙམ་ ཐོས་ཤིང་ཐོས་ནས་ཀྱང་ནི་མོས་ན་འདི། །སྦྱིན་པ་ལས་བྱུང་དགེ་བ་དེ་ལས་བསོད་ནམས་ ཆེས་མང་ཐོབ་པར་འགྱུར། །བློ་ལྡན་གང་ཞིག་བླ་མེད་བྱང་ཆུབ་འདོད་པས་བསྐལ་པ་དུ་མར་ ཡང༌། །ལུས་ངག་ཡིད་ཀྱིས་འབད་པ་མེད་པར་ཚུལ་ཁྲིམས་དྲི་མེད་སྲུང་བྱེད་ལ། །གཞན་དག་ འདི་ལས་ཚིག་ཙམ་ཐོས་ཤིང་ཐོས་ནས་ཀྱང་ནི་མོས་ན་འདི། །ཚུལ་ཁྲིམས་ལས་བྱུང་དགེ་བ་ དེ་ལས་བསོད་ནམས་ཆེས་མང་ཐོབ་པར་འགྱུར། །གང་ཞིག་འདི་ན་སྲིད་པ་གསུམ་གྱིས་ ཉོན་མོངས་མེ་འཇིལ་བསམ་གཏན་ནི། །ལྷ་དང་ཚངས་གནས་མཐར་སོན་རྫོགས་པའི་བྱང་ ཆུབ་འཕོ་མེད་ཐབས་སྒོམ་ལ། །གཞན་གང་འདི་ལས་ཚིག་ཙམ་ཐོས་ཏེ་ཐོས་ནས་ཀྱང་ནི་ མོས་ན་འདི། །བསམ་གཏན་ལས་བྱུང་དགེ་བ་དེ་ལས་བསོད་ནམས་ཆེས་མང་ཐོབ་པར་ འགྱུར། །གང་ཕྱིར་སྦྱིན་པས་ལོངས་སྤྱོད་དག་ནི་སྒྲུབ་བྱེད་ཅིང༌། །ཁྲིམས་ཀྱིས་མཐོ་རིས་ བསམྒོས་པས་ཉོན་མོངས་སྤོང་བྱེད་ལ། །ཤེས་རབ་ཉོན་མོངས་ཤེས་བྱ་ཀུན་སྤོང་དེ་ཡི་ཕྱིར། ། འདི་མཆོག་ཉིད་དེ་དེ་ཡི་རྒྱུ་ནི་འདི་ཐོས་ཡིན། །གནས་དང་དེ་ཡི་གྱུར་པ་དང༌། །དེ་ཡི་ཡོན་ ཏན་དོན་སྒྲུབ་སྟེ། །རྒྱལ་བ་ཡི་ནི་མཁྱེན་པའི་ཡུལ། །རྣམ་བཞི་ཇི་སྐད་བརྗོད་འདི་ལ། །བློ་ ལྡན་ཡོད་དང་ནུས་ཉིད་དང༌། །ཡོན་ཏན་ལྡན་པར་མོས་པས་ན། །མྱུར་དུ་དེ་བཞིན་གཤེགས་ 1-1-360 པ་ཡི། །གོ་འཕང་ཐོབ་པའི་སྐལ་ལྡན་འགྱུར། །ཐོས་པ་ལས་བྱུང་ཤེས་པ་ཡི། །སྣང་བ་རྒྱ་ ཆེན་འདིས་བརྒྱན་པའི། །བློ་ལྡན་མྱུར་དུ་སངས་རྒྱས་ཀྱི། །སྤྱོད་ཡུལ་ཀུན་ལ་འཇུག་པར་ འགྱུར། །འདི་ལས་དེ་ནི་ཐོས་པ་ལས། །སྤྲོ་དང་སྟོན་པ་བཞིན་གུས་དང༌། །ཤེས་རབ་ཡེ་ ཤེས་བྱམས་ཆེན་སྐྱེ། །ཆོས་ལྔ་སྐྱེས་ཕྱིར་དེ་ལས་ནི། །ཁ་ན་མ་ཐོ་མེད་མཚུངས་ལྟ། །སྐྱོན་ མེད་ཡོན་ཏན་ལྡན་པ་དང༌། །བདག་དང་སེམས་ཅན་མཚུངས་བྱས་ཏེ། །སངས་རྒྱས་ཉིད་ ནི་མྱུར་དུ་ཐོབ། །ཅེས་པ་བྱམས་པས་གསུངས་ཕྱིར་རོ། །གཞན་ཡང་སྔགས་ཀྱི་ཕན་ཡོན་ནི། ། འཕགས་པ་ལྷས་མཛད་སྒྲིབ་སྦྱོང་དུ། །སྔགས་ཀྱིས་སྦྱངས་ན་ཤིང་ལ་སོགས། །བེམ་པོ་ རྨོངས་བཅས་རབ་དཀའ་ཡང༌། །ལྷ་ཉིད་དུ་ནི་རབ་འགྱུར་ན། །ཤེས་དང་ལྡན་པའི་ལུས་ཅི་ སྨོས། །གང་ཞིག་བསྐལ་པ་གྲངས་མེད་ནི། །མང་པོས་སྤྱོད་ཀྱང་མི་ཐོབ་པའི། །སངས་རྒྱས་ ཚེ་འདི་ཉིད་ཀྱིས་ནི། །འཐོབ་པ་འདི་ལ་ཐེ་ཚོམ་མེད། །ཐེག་པ་ཆེན་པོའི་བདག་ཉིད་ཆེ། ། བསོད་ནམས་ཡེ་ཤེས་ཚོགས་ཀྱིས་ནི། །ཀུན་མཁྱེན་གོ་འཕང་ཐོབ་དཀའ་བ། །ཚེ་འདི་ཉིད་ ལ་ཐོབ་པར་འགྱུར། །ཞེས་གསུངས་དུས་ཀྱི་འཁོར་ལོ་ལས། །ཚེ་གཅིག་སངས་རྒྱས་ཐོབ་པ་ ཡང༌། །ལོ་གྲངས་དཔག་མེད་མི་དགོས་པར། །ཤིན་ཏུ་མྱུར་བས་ཐོབ་པའི་ཚུལ། །གསུངས་པ་ རྣམས་ཀྱིས་དོན་བསྡུས་པ། །ཁོ་བོས་སྨྲས་པ་འདི་ལྟ་སྟེ། །ལམ་ཟབ་མོ་སྦྱོར་བ་ཡན་ལག་དྲུག ། སངས་རྒྱས་ཀྱི་དབུ་སྙུང་བཞེས་པའི་ཆོས། །ཉིན་གཅིག་ལ་ཡིད་ཆེས་རྙེད་པའི་ཆོས། །རྣལ་ འབྱོར་ལ་ཟླ་དུས་ཐེབས་པའི་ཆོས། །གྲུབ་ཐོབ་ལ་ལོ་དུས་ཐེབས་པའི་ཆོས། །ཚེ་གཅིག་ལ་ སངས་རྒྱས་ཐོབ་པའི་ཆོས། །ཆོས་འདི་དང་མཇལ་རྣམས་སྐལ་བ་བཟང༌། །རྩེ་གཅིག་ཏུ་སྒྲུབ་ རྣམས་བསོད་ནམས་བསགས། །ཚེ་གཅིག་ལ་སངས་རྒྱས་ཐོབ་པ་ཡང༌། །སྐལ་བ་དང་ བརྩོན་འགྲུས་མཆོག་གྱུར་པས། །ལོ་བཞི་དང་ཟླ་བ་ཕྱེད་དགུ་ན། །དེ་བས་ནི་སྐལ་ཞན་དབང་ འབྲིང་གིས། །ལོ་བདུན་དང་ཟླ་བ་དགུ་ཉིད་དམ། །ལོ་བརྒྱད་དང་ཟླ་བ་གསུམ་ནའོ། །ཐ་མས་ 1-1-361 ནི་ལོ་བཅུ་ཕན་ཆད་ལ། །ཡང་ཐས་ཀྱང་སྐྱེ་བདུན་ཚུན་ཆད་ལའོ། །ཨེ་མ་ཐར་མཆོག་ཐོབ་ འདོད་སྐྱེས་བུ་ཀུན། །ཚེ་འདི་ཡུན་ཐུང་ཤེས་བྱ་ཐུག་མེད་ཅིང༌། །ཁྲིད་ཁའི་ཚུལ་ཡང་བསམ་ གྱིས་མི་ཁྱབ་པས། །ངང་པས་ཆུ་ལ་འོ་མ་ལེན་པ་ལྟར། །ཤུན་པ་དོར་ལ་སྙིང་པོ་འདི་ཉིད་ སྒོམས། །འབྱོར་ལྡན་བསོད་ནམས་སོག་པར་འདོད་རྣམས་ཀྱང༌། །འདི་ཡི་གྲྭ་ས་ཚུགས་ ལ་མཐུན་རྐྱེན་སྒྲུབས། །དལ་འབྱོར་ལོངས་སྤྱོད་སྙིང་པོའི་མཆོག་བླངས་སོ། །ལམ་འདི་དོར་ ནས་ལམ་གཞན་སློབ་བྱེད་རྣམས། །རིན་ཆེན་དོར་ནས་འཆིང་བུ་ཚོལ་པ་དང༌། །མཁའ་ལྡིང་ དོར་ནས་བུང་བུ་ཞོན་དང་མཚུངས། ། ༼ཆ༽ ཆོས་ཉིད་མཐར་ཐུག་བདེ་གཤེགས་སྙིང་པོ་འདི། །མདོ་ཡི་ངེས་དོན་ཡིན་པར་མ་ ཟད་ཀྱི། །སྔགས་ཀྱི་ཐེག་པའི་ངེས་དོན་མཆོག་ཀྱང་ཡིན། །དོན་དམ་མཚན་བརྗོད་བརྗོད་ བྱའི་གཙོ་བོ་མཆོག །དུས་གསུམ་སངས་རྒྱས་ཀུན་གྱི་ཡེ་ཤེས་ཏེ། །དེ་བཞིན་གཤེགས་པ་ ཀུན་གྱི་སྙིང་པོར་གསུངས། ། ༼ཇ༽ སྔགས་ཀྱི་མཐར་ཐུག་དུས་ཀྱི་འཁོར་ལོ་ཡི། །རྒྱས་འགྲེལ་དྲི་མ་མེད་པའི་འོད་ཉིད་ དུ། །དོན་དམ་དེ་བཞིན་གཤེགས་པའི་སྙིང་པོ་ནི། །ལེའུ་ལྔ་བར་རྒྱས་པར་བརྗོད་པར་བྱ། ། ཞེས་པས་དུས་འཁོར་ཡེ་ལེའི་ངེས་དོན་གྱི། །བརྗོད་བྱ་ཐམས་ཅད་བདེ་གཤེགས་སྙིང་པོར་ གསུངས། །རྒྱུད་བླ་མས་ཀྱང་བདེ་གཤེགས་སྙིང་པོ་ནི། །དོན་དམ་ཉིད་དུ་གསུངས་པས་ དོན་དམ་པ། །ཅིའི་ཕྱིར་ན་དྲང་བའི་དོན་དུ་འགྱུར། །མདོ་སྡེ་ས་བཅུ་བ་ལས་ཁམས་གསུམ་པོ། ། ཐམས་ཅད་སེམས་ཉིད་ཡིན་པར་རབ་གསུངས་ཤིང༌། །འཁོར་ལོ་གསུམ་པ་དགོངས་འགྲེལ་ བཅས་པར་ཡང༌། །གང་སྣང་ཐམས་ཅད་སེམས་སུ་གསུངས་པ་རྣམས། །དགག་པར་བྱ་ཕྱིར་ དབུ་མ་འཇུག་པ་རུ། །གལ་ཏེ་འདི་དག་སེམས་ཙམ་ཞེས་མཁྱེན་ནས། །དེ་ལས་གཟུགས་ཉིད་ དགག་པར་མཛད་ན་ནི། །སླར་ཡང་དེ་ལས་བདག་ཉིད་ཆེན་པོའི་སེམས། །མ་རིག་ལས་ལས་ 1-1-362 སྐྱེས་པར་ཅི་ཕྱིར་གསུངས། །དེས་ན་སེམས་ལས་གཞན་པའི་བྱེད་པ་པོ། །བཟློག་གི་གཟུགས་ ནི་བཀག་པ་མ་ཡིན་ནོ། །མདོ་སྡེ་གང་ལས་ཕྱི་རོལ་དོན་ཡོད་མིན། །སེམས་ནི་སྣ་ཚོགས་སྣང་ ངོ་ཞེས་གསུངས་པ། །གཟུགས་ལ་ཤིན་ཏུ་ཆགས་གང་དེ་དག་ལ། །གཟུགས་བཟློག་པ་དེར་ དེ་ཡང་དྲང་དོན་ཉིད། །འདི་ནི་སྟོན་པས་དྲང་དོན་ཉིད་གསུངས་ཤིང༌། །འདི་ནི་དྲང་དོན་ཉིད་ དུ་རིགས་པས་འཐད། །རྣམ་པ་དེ་ལྟའི་མདོ་སྡེ་གཞན་ཡང་ནི། །དྲང་དོན་ཉིད་དུ་ལུང་འདིས་ གསལ་བར་བྱེད། །ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པ། །བསྲེགས་པས་ཞི་དེ་རྒྱལ་རྣམས་ ཆོས་སྐུ་སྟེ། །དེ་ཚེ་སྐྱེ་བ་མེད་ཅིང་འགག་པ་མེད། །སེམས་འགགས་པ་དེ་སྐུ་ཡི་མངོན་སུམ་ མཛད། །ཅེས་པ་འདི་རྣམས་ཤིན་ཏུ་མི་རིགས་ཏེ། །སྟོན་པའི་བཀའ་ལུང་རིགས་པས་གནོད་ ཕྱིར་རོ། །བཀའ་ནི་གོང་གི་ས་བཅུའི་མདོ་སོགས་དང༌། །རྒྱུད་ལས་རིན་ཆེན་སེམས་ལས་ ཕྱིར་གྱུར་པའི། །སངས་རྒྱས་དང་ནི་སེམས་ཅན་འགའ་ཡང་མེད། །དབུ་མ་རིགས་པ་དྲུག་ ཅུ་པ་ལས་ཀྱང༌། །མ་རིག་པ་ཡི་རྐྱེན་ཀྱིས་འཇིག་རྟེན་ཞེས། །གང་གི་ཕྱིར་དུ་རྫོགས་པའི་ སངས་རྒྱས་གསུངས། །དེ་ཡི་ཕྱིར་ན་འཇིག་རྟེན་འདི་དག་ཀུན། །རྣམ་པར་རྟོག་པར་ཅིས་ མི་འཐད་ཅེས་བཤད། །རིགས་པ་སྣང་བ་རང་སེམས་ཡིན་པའི་རྟགས། །དངོས་པོ་གཅིག་ལ་ རིགས་དྲུག་སེམས་ཅན་ལ། །མཐོང་སྣང་མི་འདྲ་རྣམ་པ་དྲུག་དུ་བྱུང༌། །སྟག་མོ་བྲག་དང་ཀེང་ རུས་ལྷ་བསྒོམས་པས། །དེ་དག་མངོན་སུམ་སྣང་བའི་གཏམ་རྒྱུད་ཡོད། །ས་སོགས་ཟད་པར་ གོ མས་པའི་རྣལ་འབྱོར་ལ། །ཐམས་ཅད་ས་ལ་སོགས་པར་སྣང་བ་ཡོད། །ཤེས་པ་གདོན་ གྱིས་བརླབས་ཤིང་ཁྲིད་པའི་ཚེ། །ཆུ་ཆེན་བརྒལ་ཡང་ཆུ་མེད་ལམ་དུ་མཐོང༌། །གངས་བྲག་ མཚོ་རྣམས་ཁང་བཟངས་ཉམས་དགར་མཐོང༌། །དེས་ན་སྣང་བ་སེམས་འགོག་དུབ་པས་ཅི། ། ཁྱེད་ཀྱིས་སྔར་དྲངས་མདོ་སྡེ་གཞན་ཡང་ནི། །ཞེས་པའི་འགྲེལ་པར་དགོངས་འགྲེལ་ལ་ སོགས་པ། །ཆོས་འཁོར་གསུམ་པའི་མདོ་དང་མཚན་ཉིད་གསུམ། །ཀུན་གཞི་རྣམ་ཤེས་ 1-1-363 བདེ་གཤེགས་སྙིང་པོ་སོགས། །ཐམས་ཅད་དྲང་དོན་ཁོ་ན་ཡིན་པ་དང༌། །སེམས་ཙམ་བཤད་ པར་མི་རིགས་རིགས་ན་ནི། །ཡུམ་གྱི་མདོ་ལའང་ཐལ་འགྱུར་འདི་ཉིད་ཀྱིས། །བྱམས་ ཞུས་གཉིས་དང་ཤེར་ཕྱིན་ལྔ་བརྒྱ་པར། །ཡུམ་དགོངས་མཚན་ཉིད་གསུམ་དུ་གསུངས་ཕྱིར་ རོ། །ཀུན་གཞི་རྣམ་ཤེས་སེམས་ཙམ་ཆོས་ཡིན་ན། །དབུ་མ་བྱང་ཆུབ་སེམས་འགྲེལ་ལ་ཡང་ ཐལ། །བར་པ་སྣང་མེད་དབུ་མའི་གཞུང་ཡིན་མོད། །འཁོར་ལོ་གསུམ་པ་སེམས་ཙམ་གཞུང་ ཡིན་ན། །སྣང་བཅས་དབུ་མའི་གཞུང་དེ་གང་ལ་བྱེད། །བདེ་གཤེགས་སྙིང་པོ་དྲང་དོན་ཁོ་ན་ ན། །དེ་ལས་གཞན་པའི་དབུ་མའི་ངེས་དོན་གང༌། །མཚན་བརྗོད་ལ་སོགས་ངེས་དོན་བཀའ་ ཡི་དོན། །ཆོས་འཁོར་གསུམ་པ་རྗེས་འབྲང་དང་བཅས་པས། །སེམས་ཙམ་ཆོས་སུ་འབེབས་ པ་བསྟན་པ་ཡི། །ཆོམ་རྐུན་ཆེན་པོར་མཁས་པས་ཤེས་བྱ་སྟེ། །བཤད་ཆོས་པ་རྣམས་ཕལ་ ཆེར་ངེས་དོན་ལ། །རྨོངས་པའི་རྩ་བ་ཐམས་ཅད་འདི་ལ་ཐུག །ངེས་དོན་མ་རྟོགས་སངས་ རྒྱས་ཐོབ་འགྱུར་རམ། །ཁྱེད་ཀྱི་འབྲས་བུ་ཆོས་སྐུ་འཆད་པ་ཡི། །ཤེས་བྱའི་བུད་ཤིང་ཞེས་ པའི་འགྲེལ་པ་རུ། །གཟུགས་ནས་རྣམ་མཁྱེན་བར་གྱི་ཆོས་ཐམས་ཅད། །ཅེས་པ་འདི་ལ་ རྣམ་དབྱེ་ཡོད་ན་ནི། །ཆོས་འཁོར་གསུམ་པའི་གཞུང་ལ་རྒོལ་བ་མཚར། །མེད་ན་ཆད་ལྟ་འདི་ ལས་ཆེ་བ་ཅི། །སེམས་འགགས་པ་ནི་ཞེས་པ་ལ་ཡང་མཚུངས། །སྐྱེ་འཇིག་མེད་པའི་ཆོས་སྐུ་ དེ་ཉིད་ནི། །ཡེ་ཤེས་ཡིན་ནམ་མ་ཡིན་ཡིན་ན་ནི། །སེམས་འགགས་པ་དང་འགལ་ཏེ་མ་ཡིན་ ན། །ཆོས་སྐུའི་དོན་དུ་མི་རུང་ཆོས་སྐུ་ནི། །ཡེ་ཤེས་ཕུང་པོ་ཉིད་དུ་རྒྱལ་བས་གསུངས། །དྲན་པ་ ཉེར་གཞག་ལ་སོགས་ཟག་མེད་ཀྱི། །ཆོས་ཚན་ཉེར་གཅིག་པོ་ལ་བརྗོད་པ་ཡིན། །སྟོབས་ སོགས་གཟུགས་སྐུའི་ཡོན་ཏན་དུ་འཆད་པ། །བྱམས་མགོན་དང་འགལ་རྣལ་འབྱོར་གོང་མ་ ཡིས། །འོག་མ་འོག་མ་རྣམས་ལ་རིམ་པས་གནོད། །ཆོས་སྐུ་བྲལ་འབྲས་གཟུགས་སྐུ་སྐྱེད་ འབྲས་དང༌། །ཆོས་སྐུ་དོན་དམ་གཟུགས་སྐུ་ཀུན་རྫོབ་དང༌། །གཟུགས་སྐུ་འདུས་བྱས་ཆོས་ 1-1-364 སྐུ་འདུས་མ་བྱས། །སྟོབས་སོགས་བྲལ་འབྲས་མཚན་སོགས་སྨིན་འབྲས་ཡིན། །ལུས་དང་ འདྲ་བ་གཟུགས་ཀྱི་སྐུ་ཡིན་ཏེ། །སེམས་དང་འདྲ་བ་ཆོས་ཀྱི་སྐུ་ཡིན་ནོ། །གཟུགས་སྐུའི་ རྟེན་ནི་ཞལ་ཕྱག་ཅན་གྱི་ལྷ། །ཆོས་སྐུའི་རྟེན་ནི་ཡོངས་རྫོགས་མཆོད་རྟེན་ཡིན། །ཡེ་ཤེས་ ཚོགས་རྫོགས་ཆོས་ཀྱི་སྐུ་ལགས་ཏེ། །རྣམ་རྟོག་བྲལ་བའི་ཡོན་ཏན་ཀུན་གྱི་གཞི། །དྲན་པ་ ཉེར་གཞག་རྨང་གི་ཁྲི་འཕང་བརྟན། །བརྩོན་འགྲུས་ཡན་ལག་ཁྲི་འཕང་གཉིས་པ་ལེགས། ། རྫུ་འཕྲུལ་རྐང་བཞིའི་ཁྲི་འཕང་གསུམ་པ་དགེ། །དབང་པོ་ལྔ་ཡི་ཁྲི་འཕང་བཞི་བ་བཟང༌། ། བུམ་པ་བྱང་ཆུབ་ཡན་ལག་བུམ་རྟེན་སྟོབས། །བྲེ་ལེགས་འཕགས་པའི་ལམ་གྱི་ཡན་ལག་ བརྒྱད། །སྲོག་ཤིང་ཤེས་བཅུ་སྟོབས་བཅུ་གདུགས་ཕྲེང་བཅུ། །གདུགས་ཕྲེང་མ་འདྲེས་དྲན་ པ་གཉེར་གཞག་གསུམ། །ཐུགས་རྗེ་འཕགས་པའི་ཆོས་ཀྱི་ཆར་ཁེབ་ལྡིང༌། །བླ་མེད་གོ་ འཕང་གདུགས་ཀྱི་གནམ་འཕང་མཐོ། །འཇིག་རྟེན་མུན་སེལ་ཡེ་ཤེས་ཉི་ཟླ་གསལ། །ཞེས་ སོགས་རྣམ་པ་དུ་མ་གསུངས་པ་ཡི། །རྣམ་གཞག་ཁྱེད་ཀྱི་ཆོས་སྐུ་ལ་མི་རིགས། །སྐུ་དང་ཡེ་ ཤེས་གཞན་སྣང་ལ་བཞག་ནས། །རང་རྒྱུད་ཡེ་ཤེས་འདོད་པ་མེད་ཕྱིར་རོ། །ཡེ་ཤེས་མེད་པའི་ ཆོས་སྐུ་ཨ་རེ་མཚར། །སློབ་དཔོན་ཟླ་གྲགས་འཕགས་པ་ཀླུ་སྒྲུབ་ཀྱི། །དགོངས་པ་ཇི་བཞིན་ འཆད་པར་གྲགས་མོད་ཀྱི། །ཐུན་མོང་ཕལ་པའི་ཆ་རྣམས་མཐུན་མོད་ཀྱང་། །གཙོ་བོའི་འདིས་ དོན་ཕྱོགས་རྣམས་མི་མཐུན་པས། །འདི་གཉིས་དགོངས་པ་གཅིག་ཏུ་ཇི་ལྟར་འགྱུར། ། ༼ཉ༽ འཕགས་པ་ཀླུ་སྒྲུབ་ཀུན་རྫོབ་དོན་དམ་གྱི། །བདེན་པ་གཉིས་ལ་བདེན་ལུགས་གྲུབ་ ལུགས་གཉིས། །བདེན་པ་གཉིས་ལ་སྣང་ལུགས་སྟོང་ལུགས་གཉིས། །བཞེད་ཅིང་གཤིས་ལ་ གྲུབ་པའི་དོན་དམ་དང་། །མྱང་འདས་ཡེ་ཤེས་ཆོས་ཀྱི་དབྱིངས་རྣམས་བཞེད། །གཉུག་མའི་ སེམས་ཉིད་དྲི་མ་ལས་གྲོལ་བ། །ཡི་དམ་ལྷ་མཆོག་དོན་དམ་ཆོས་སྐུར་བཞེད། །དེ་ཉིད་རྟག་ བརྟན་གཡུང་དྲུང་ཉིད་དུ་བཞེད། །འཁོར་འདས་སྣང་བ་རང་རང་སེམས་སུ་བཞེད། །དོན་ 1-1-365 དམ་བྱང་སེམས་དེ་བཞིན་ཉིད་དུ་བཞེད། །ཆོས་དབྱིངས་སེམས་དང་ཡེ་ཤེས་ཉིད་དུ་བཞེད། ། གནས་སྐབས་ཀུན་གཞི་རྣམ་པར་ཤེས་པའང་བཞེད། །འདི་རྣམས་རིགས་ཚོགས་བསྟོད་ ཚོགས་སྒོམ་རིམ་དང་། །བྱང་ཆུབ་སེམས་འགྲེལ་སོགས་ན་གསལ་བར་བཞུགས། །སློབ་ དཔོན་ཟླ་བས་འདི་རྣམས་ཀུན་མི་བཞེད། །ཆོས་དབྱིངས་སེམས་དང་ཡེ་ཤེས་ཉིད་དུ་ནི། །རྒྱལ་ བའི་ཡུམ་གྱི་མདོ་ལས་གསལ་བར་གསུངས། །དེ་ཡང་གཟུགས་ནས་རྣམ་མཁྱེན་བར་གྱི་ཆོས། ། རྣམ་དག་རྣམས་དང་རྣམ་མཁྱེན་ཤེར་ཕྱིར་གཉིས། །ཕན་ཚུན་གཅིག་ཡིན་སོ་སོ་མ་ཡིན་པ། ། ཀུན་གྱི་དེ་བཞིན་ཉིད་ལ་དགོངས་པ་ཡིན། །གཟུགས་སོགས་ཆོས་རྣམས་ཀུན་གྱི་དེ་བཞིན་ ཉིད། །བླ་མེད་རྫོགས་པའི་བྱང་ཆུབ་ཉིད་དུ་གསུངས། ། ༼ཏ༽ ཆོས་དབྱིངས་སེམས་དང་ཡེ་ཤེས་མ་ཡིན་ན། །འདུས་མ་བྱས་ཀྱི་རྣམ་མཁྱེན་ཤེར་ ཕྱིན་མེད། །འདུས་མ་བྱས་ཀྱི་བྱང་ཆུབ་སངས་རྒྱས་མེད། །ཤེས་པ་གང་ཡིན་འདུས་བྱས་མི་ རྟག་པ། །ཞེས་སོགས་ལྟ་ལོག་ཐམས་ཅད་འདི་ལ་ཐུག །བདེ་གཤེགས་སྙིང་པོ་ལ་སོགས་ མཐར་ཐུག་གི། །ཆོས་སྤོང་ལྟ་ལོག་ཐམས་ཅད་འདི་ལ་ཐུག །འཁོར་ལོ་གསུམ་པ་དྲང་དོན་ ཡིན་པ་དང་། །དྲང་དོན་མདོ་སྡེ་ངེས་དོན་ཡིན་ནོ་ཞེས། །བསྟན་པ་དཀྲུག་པའི་ལོག་ལྟའང་ འདི་ལས་བྱུང་། །འདི་ལྟའི་ཉེས་དམིགས་ཆེན་པོ་སྤང་བའི་ཕྱིར། །ཀྲི་ཡ་དཔུང་པ་བཟང་པོའི་ རྒྱུད་ཉིད་དུ། །རྨོངས་པ་གང་གི་ལུས་དང་ངག་དང་ནི། །དེ་བཞིན་ཡིད་ཀྱི་དགེ་བ་གང་བྱས་ ཀྱང་། །ཐམས་ཅད་ལོག་པར་ལྟ་བས་བཅོམ་པས་ན། །དེ་ཡི་རྣམ་སྨིན་མི་འདོད་འབྲས་བུར་ འགྱུར། །དཔེར་ན་ས་དང་ཆུ་དང་དུས་ལྡན་ཡང་། །ས་བོན་ཚིག་པ་མྱུ་གུ་མི་སྐྱེ་ལྟར། །དེ་བཞིན་ མི་ཤེས་ལོག་ལྟས་བཅོམ་པ་ཡི། །སེམས་ལ་དགེ་བའི་ཆོས་རྣམས་མི་སྐྱེའོ། །དེ་ཕྱིར་ལོག་པར་ ལྟ་བ་རྣམ་པར་སྤང་། །ཡང་དག་ལྟ་བ་ཉིད་ལ་བརྟེན་པར་གྱིས། །བྱམས་པས་ཐེག་པ་ཆེན་པོ་ རྒྱུད་བླ་མར། །གང་ཕྱིར་རྒྱལ་ལས་ཆེ་མཁས་འགའ་ཡང་འཇིག་རྟེན་འདི་ན་ཡོད་མིན་ཏེ། །མ་ 1-1-366 ལུས་དེ་ཉིད་མཆོག་ནི་ཚུལ་བཞིན་ཀུན་མཁྱེན་གྱིས་མཁྱེན་གཞན་མིན་པ། །དེ་ཕྱིར་དྲང་སྲོང་ རང་ཉིད་ཀྱིས་བཞག་མདོ་སྡེ་གང་ཡིན་དེ་མི་དཀྲུག །ཐུབ་ཚུལ་གཞིག་ཕྱིར་དེ་ཡང་དམ་ཆོས་ ལ་ནི་གནོད་པ་བྱེད་པར་འགྱུར། །ཉོན་མོངས་རྨོངས་བདག་རྣམས་ཀྱིས་འཕགས་ལ་སྐུར་པ་ དང༌། །དེས་གསུངས་ཆོས་ལ་བརྙས་གང་དེ་ཀུན་ཞེན་ལྟས་བྱས། །དེས་ན་ཞེན་ལྟའི་དྲི་ཅན་དེ་ ལ་བློ་མི་སྦྱར། །གོས་གཙང་ཚོན་གྱིས་རྣམ་བསྒྱུར་སྣུམ་གྱིས་གོས་པ་མིན། །བློ་དམན་ཕྱིར་ དང་དཀར་མོས་བྲལ་ཕྱིར་ལོག་པའི་ང་རྒྱལ་ལ་བརྟེན་ཕྱིར། །དམ་ཆོས་ཕོངས་པས་བསྒྲུབས་ པའི་བདག་ཕྱིར་དྲང་དོན་དེ་ཉིད་འཛིན་པའི་ཕྱིར། །རྙེད་ལ་བརྐམ་ཕྱིར་ལྟ་བའི་དབང་ཕྱིར་ ཆོས་སུན་འབྱིན་པ་བརྟེན་པའི་ཕྱིར། །ཆོས་འཛིན་བསྲིངས་ཕྱིར་མོས་པ་དམན་ཕྱིར་དགྲ་བཅོམ་ རྣམས་ཀྱི་ཆོས་སྤོང་བྱེད། །ཇི་ལྟར་ཟབ་མོའི་ཆོས་ཉམས་དེ་བཞིན་མཁས་པ་རྣམས་ཀྱིས་མེ་ དང་ནི། །མི་བཟད་སྦྲུལ་གདུག་གཤེད་མ་དང་ནི་ཐོག་ལའང་ཤིན་ཏུ་འཇིགས་མི་བྱ། །མེ་ སྦྲུལ་དགྲ་དང་རྡོ་རྗེའི་མེས་ནི་སྲོག་དང་བྲལ་བ་ཙམ་བྱེད་ཀྱི། །དེ་ལས་མནར་མེད་རྣམས་ཀྱི་ འགྲོ་བ་ཤིན་ཏུ་འཇིགས་པར་འགྲོ་མི་འགྱུར། །གང་ཞིག་ཡང་ཡང་སྡིག་གྲོགས་བསྟེན་པས་ སངས་རྒྱས་ངན་སེམས་ལྡན་གྱུར་དང༌། །ཕ་མ་དགྲ་བཅོམ་གསོད་པ་བྱ་བ་མིན་བྱེད་མཆོག་ ཚོགས་འབྱེད་པའི་མི། །དེ་ཡང་ཆོས་ཉིད་ངེས་པར་བསམས་ན་མྱུར་དུ་དེ་ལས་ཐར་འགྱུར་གྱི། ། གང་ཞིག་ཡིད་ནི་ཆོས་ལ་སྡང་བ་དེ་ལ་ཐར་པ་ག་ལ་ཡོད། །ཅེས་གསུངས་པ་རྣམས་མཁས་ པས་ཡང་ནས་ཡང༌། །ལེགས་པར་བསམས་ནས་ཆོས་སྤོང་ལས་སྤངས་ཞིང༌། །སྟོན་པའི་ གསུང་རབ་རྣམ་པར་དཀྲུག་མི་བྱ། །ཚེ་འདི་ཡུན་ཐུང་ཤེས་བྱ་ཐུག་མེད་པས། །ངང་པས་ ཆུ་ལ་འོ་མ་ལེན་པ་ལྟར། །ཤུན་པ་དོར་ལ་སྙིང་པོའི་ཆོས་ལ་འབད། །མྱུར་དུ་སངས་རྒྱས་ ཐོབ་པར་འདོད་པ་ཡིས། །ཆོས་འཁོར་མཐར་ཐུག་འཁོར་ལོ་གསུམ་པ་དང༌། །སྔགས་ ཀྱི་མཐར་ཐུག་དུས་ཀྱི་འཁོར་ལོ་དང༌། །དགོངས་འགྲེལ་མཐར་ཐུག་སེམས་འགྲེལ་བཅུ་ལ་ 1-1-367 བསླབ། །དེ་ལྟར་ཁོ་བོས་རྣམ་པར་དཔྱད་པ་ཡིས། །ཚིགས་སུ་བཅད་པ་འདི་དག་བསྟན་པ་ལ། ། རྩེ་གཅིག་བསམས་ནས་ཞུས་ཀྱིས་རང་འདོད་དང༌། །ཆགས་སྡང་སོགས་ཀྱི་ཀུན་སློང་ཡོད་ རེ་སྐན། །དེ་ལས་བྱུང་བའི་རབ་ཡངས་དགེ་བ་ཡིས། །གཟུར་གནས་བློ་ལྡན་རྣམས་ཀྱིས་ རབ་དགོངས་ཞིང༌། །ཕྲ་མ་སྔ་བཙན་བག་ཆགས་ངན་སྤངས་ནས། །ངེས་དོན་བསྟན་པ་ རབ་རྒྱས་བྱེད་གྱུར་ཅིག ། ངེས་དོན་གྱི་ཆོས་ལ་བསྐུལ་བ་ནམ་མཁའི་ནོར་བུ་ཞེས་བྱ་བ་དབེན་གནས་ནམ་མཁའ་ མཛོད་དུ་ལྷས་སྦྱར་བའི་ཡི་གེ་པ་ནི་དཔལ་ལྡན་རིན་ཆེན་ནོ། །བསྟན་པ་དང་སེམས་ཅན་ ཐམས་ཅད་ལ་ཕན་ཐོགས་པར་གྱུར་ཅིག། མངྒ་ལཾ། བྷ་ཝནྟུ། ། མ་ཡིག འབྲས་དཔེ་རྙིང་༼ཕྱི་ལ་༤༧༨༽ཅན་དང་། ཡང་དཔེ་གཅིག་བཅས་གཉིས་ལ་བརྟེན་ཡོད། 1-1-368 ༄༅། །ངེས་དོན་ལ་བསྐུལ་བ་ནམ་མཁའི་ནོར་བུའི་ སྐབས་སུ་འདེབས་རྒྱུའི་ལུང་བསྡུས་ ཞེས་བྱ་བ། ༄༅། །སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ། །ཇོ་ནང་གྲུབ་མཐའ་ ངེས་དོན་ཁོ་ན་ཡིན། །དེ་ལ་མོས་རྣམས་མྱུར་དུ་སངས་རྒྱས་ཐོབ། །མི་མོས་པ་རྣམས་དེ་ལས་ གཞན་དུ་འགྱུར། །ཞེས་པའི་ཚུལ་རྣམས་གཞུང་འདིས་སྟོན་པར་བྱེད། ། ༼ཀ༽ རང་འགྲེལ་མདོ་སྡེ་དགོངས་པ་ངེས་འགྲེལ་ལས། །ཞེས་སོགས་ནི། དེ་ནས་བཅོམ་ ལྡན་འདས་ལ་བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ཀྱིས་འདི་སྐད་ཅེས་ གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་ཡུལ་ཝཱ་ར་ན་སཱི་དྲང་སྲོང་སྨྲ་བ་རི་དྭགས་ཀྱི་ནགས་སུ་ ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་རྣམས་ལ། འཕགས་པའི་བདེན་པ་བཞི་རྣམ་ པར་བསྟན་པས་ཆོས་ཀྱི་འཁོར་ལོ་ངོ་མཚར་རྨད་དུ་བྱུང་བ། སྔོན་ལྷར་གྱུར་པའམ་མིར་གྱུར་ པ་སུས་ཀྱང་ཆོས་དང་མཐུན་པར་འཇིག་རྟེན་དུ་མ་བསྐོར་བ་ཞིག་རབ་ཏུ་བསྐོར་ཏེ། བཅོམ་ ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ཡང་བླ་ན་མཆིས་པ་སྐབས་མཆིས་པ་དྲང་ བའི་དོན་རྩོད་པའི་གཞིའི་གནས་སུ་གྱུར་པ་ལགས་ལ། བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས་ནས། སྐྱེ་བ་མ་མཆིས་པ་དང༌། འགག་པ་མ་ མཆིས་པ་དང༌། གཟོད་མ་ནས་ཞི་བ་དང༌། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་ པ་ཉིད་ལས་བརྩམས་ནས། ཐེག་པ་ཆེན་པོ་ལ་ཞུགས་པ་རྣམས་ལ་སྟོང་པ་ཉིད་སྨོས་པའི་རྣམ་ 1-1-369 པས་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་ཏེ། བཅོམ་ལྡན་འདས་ ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ཡང་བླ་ན་མཆིས་པ། སྐབས་མཆིས་པ་དྲང་བའི་དོན་ རྩོད་པའི་གཞིའི་གནས་སུ་གྱུར་པ་ལགས་ཀྱི། བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་ངོ་བོ་ ཉིད་མ་མཆིས་པ་ཉིད་ལས་བརྩམས་ཏེ། སྐྱེ་བ་མ་མཆིས་པ་ཉིད་དང༌། འགག་པ་མ་མཆིས་ པ་ཉིད་དང༌། གཟོད་མ་ནས་ཞི་བ་ཉིད་དང༌། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་ པ་ཉིད་ལས་བརྩམས་ནས། ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པ་རྣམས་ལ་ལེགས་ པར་རྣམ་པར་ཕྱེ་བ་དང་ལྡན་པ་ཤིན་ཏུ་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གསུམ་ པ་བསྐོར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་འདི་ནི་བླ་ན་མ་མཆིས་པ་ སྐབས་མ་མཆིས་པ་ངེས་པའི་དོན་ལགས་ཏེ་རྩོད་པའི་གཞིའི་གནས་སུ་གྱུར་པ་མ་ལགས་ སོ། །བཅོམ་ལྡན་འདས་ཆོས་རྣམས་ངོ་བོ་ཉིད་མ་མཆིས་པ་ལས་བརྩམས། རང་བཞིན་གྱིས་ ཡོངས་སུ་མྱ་ངན་ལས་འདས་པ་ལས་བརྩམས་ནས་བཅོམ་ལྡན་འདས་ཀྱིས་ངེས་པའི་དོན་ བསྟན་པ་འདི། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གིས་ཐོས་ནས་མོས་པར་བགྱིད་པ་ དང༌། ཡི་གེ་འབྲིར་རྩོལ་བ་དང༌། ཡི་གེར་བྲིས་ནས་འཆང་བ་དང་ཀློག་པ་དང༌། མཆོད་པ་ དང༌། ཡང་དག་པར་འགྱེད་པ་དང༌། ལུང་ནོད་པ་དང༌། ཁ་ཏོན་བགྱིད་པ་དང༌། སེམས་པ་ དང་སྒོམ་པའི་རྣམ་པས་སྦྱོར་བར་བགྱིད་པ་དེས་བསོད་ནམས་ཅི་ཙམ་བསྐྱེད་པར་འགྱུར་བ་ ལགས་ཞེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས། དོན་དམ་ཡང་དག་འཕགས། རིགས་ ཀྱི་བུའམ་རིགས་ཀྱི་བུ་མོ་དེ་ནི་བསོད་ནམས་དཔག་ཏུ་མེད་པ་བསྐྱེད་དོ། །དེའི་དཔེ་བྱ་བར་ སླ་བ་མ་ཡིན་ཏེ། འོན་ཀྱང་མདོར་བསྡུས་ཏེ་ཁྱོད་ལ་བཤད་པར་བྱའོ། །དོན་དམ་ཡང་དག་ འཕགས་འདི་ལྟ་སྟེ། དཔེར་ན་སེན་མོའི་རྩེ་ལ་གནས་པའི་རྡུལ་གང་ཡིན་པ་དེ་ནི་ས་ལ་གནས་ པའི་རྡུལ་རྣམས་དང་བསྒྲུན་ན་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་ཞིང་སྟོང་གི་ཆར་དང༌། འབུམ་ 1-1-370 གྱི་ཆ་དང༌། བགྲང་བའི་ཆ་དང་དཔེ་དང་རྒྱུར་ཡང་ཉེ་བར་མི་འགྲོའོ། །བ་གླང་གི་རྨིག་རྗེས་ཀྱི་ ཆུ་ནི་རྒྱ་མཚོ་ཆེན་པོ་བཞིའི་ཆུ་དང་བསྒྲུན་ན་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས་རྒྱུའི་བར་ དུ་ཡང་ཉེ་བར་མི་འགྲོའོ། །དོན་དམ་ཡང་དག་འཕགས། དེ་བཞིན་དུ་ངས་དྲང་བའི་དོན་གྱི་ མདོ་ལ་མོས་པ་ནས་སྒོམ་པའི་བར་ལ་སྦྱོར་བར་བྱེད་པའི་བར་གྱི་བསོད་ནམས་གང་བཤད་ པ་དེ་ནི་ངེས་པའི་དོན་བསྟན་པ་ལ་མོས་པ་ནས། ཡང་དག་པར་སྒྲུབ་པ་ནས་སྒོམ་པའི་རྣམ་ པའི་སྦྱོར་བ་ལས་ཡང་དག་པར་སྒྲུབ་པའི་བར་གྱི་བསོད་ནམས་འདི་དང་བསྒྲུན་ན། བརྒྱའི་ ཆར་ཡང་ཉེ་བར་མི་འགྲོ་བ་ནས་རྒྱུའི་བར་དུ་ཡང་ཉེ་བར་མི་འགྲོའོ་ཞེས་སོ། ། ༼ཁ༽ གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་མདོར། །ཞེས་སོགས་ནི། རིགས་ ཀྱི་བུ་འདི་ལྟ་སྟེ་དཔེར་ན། ནོར་བུ་མཁན་མཁས་པ་ནོར་བུ་སྦྱོང་བའི་ཚུལ་ལེགས་པར་ཤེས་ པ་དེས། ནོར་བུ་རིན་པོ་ཆེའི་རིགས་ནས་ཡོངས་སུ་མ་དག་པའི་ནོར་བུ་རིན་པོ་ཆེ་བླངས་ཏེ། ལན་ཚྭའི་ཆུ་རྣོན་པོས་སྦངས་ནས་སྐྲའི་རེ་བས་ཡོངས་སུ་སྦྱོང་བས་ཡོངས་སུ་སྦྱོང་བར་བྱེད་དོ། ། དེ་ཙམ་གྱིས་བརྩོན་པ་འདོར་བ་ཡང་མ་ཡིན་ཏེ། དེའི་འོག་ཏུ་ཟས་ཀྱི་ཁུ་བ་རྣོན་པོས་སྦངས་ ནས་བལ་གྱི་ལ་བས་ཡོངས་སུ་སྦྱོངས་བས་ཡོངས་སུ་སྦྱོང་བར་བྱེད་དོ། །དེ་ཙམ་གྱིས་བརྩོན་ པ་འདོར་བ་ཡང་མ་ཡིན་ཏེ། དེའི་འོག་ཏུ་སྨན་ཆེན་པོའི་ཁུ་བ་ལ་སྦངས་ནས་རས་སྲབ་མོའི་ ཡོངས་སུ་སྦྱོང་བས་ཡོངས་སུ་སྦྱོང་བར་བྱེད་དོ། །ཡོངས་སུ་སྦྱངས་ཏེ་དྲི་མ་དང་བྲལ་བ་ནི་ བེཌཱུརྱའི་རིགས་ཆེན་པོ་ཞེས་བརྗོད་དོ། །རིགས་ཀྱི་བུ་དེ་བཞིན་དུ་དེ་བཞིན་བཞིན་གཤེགས་ པ་ཡང་ཡོངས་སུ་མ་དག་པའི་སེམས་ཅན་གྱི་ཁམས་མཁྱེན་ནས། མི་རྟག་པ་དང༌། སྡུག་ བསྔལ་བ་དང༌། བདག་མེད་པ་དང༌། མི་གཙང་བ་དང་ཡིད་འབྱུང་བའི་གཏམ་གྱིས་འཁོར་ བ་ལ་དགའ་བའི་སེམས་ཅན་རྣམས་སྐྱོ་བ་བསྐྱེད་པར་མཛད་དེ། འཕགས་པའི་ཆོས་འདུལ་ བ་ལ་འཛུད་པར་མཛད་དོ། །དེ་ཙམ་གྱིས་དེ་བཞིན་གཤེགས་པ་བརྩོན་པ་འདོར་བ་ཡང་མ་ 1-1-371 ཡིན་ཏེ། དེའི་འོག་ཏུ་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པའི་གཏམ་གྱིས་དེ་ བཞིན་གཤེགས་པའི་ཚུལ་རྟོགས་པར་མཛད་དོ། །དེ་ཙམ་གྱིས་དེ་བཞིན་གཤེགས་པ་བརྩོན་ པ་འདོར་བ་ཡང་མ་ཡིན་ཏེ། དེའི་འོག་ཏུ་ཕྱིར་མི་ལྡོག་པའི་ཆོས་ཀྱི་འཁོར་ལོའི་གཏམ་འཁོར་ གསུམ་ཡོངས་སུ་དག་པའི་གཏམ་གྱིས་རང་བཞིན་སྣ་ཚོགས་ཀྱི་རྒྱུ་ཅན་གྱི་སེམས་ཅན་དེ་ དག་དེ་བཞིན་གཤེགས་པའི་ཡུལ་ལ་འཇུག་པར་མཛད་དོ། །ཞུགས་པར་གྱུར་ཅིང་དེ་བཞིན་ གཤེགས་པའི་ཆོས་ཉིད་རྟོགས་ན་ནི་བླ་ན་མེད་པའི་ཡོན་གནས་ཞེས་བརྗོད་དོ་ཞེས་སོ། །དེ་ ལྟར་ན་ཆོས་འཁོར་བར་པ་མན་ལས་གསུམ་པ་ནི་ཁྱད་པར་རྣམ་པ་བརྒྱད་ཀྱིས་འཕགས་ཏེ། བླ་ན་ཡོད་པ་དང་མེད་པའི་ཁྱད་པར་དང༌། ལུང་རིགས་ཀྱིས་གནོད་པའི་སྐབས་ཡོད་པ་དང་ མེད་པའི་ཁྱད་པར་དང༌། དྲང་དོན་དང་ངེས་དོན་གྱི་ཁྱད་པར་དང༌། རྩོད་གཞི་ཡིན་པ་ དང་མིན་པའི་ཁྱད་པར་དང༌། མ་ཕྱེ་བར་སྟོང་པར་ཕྱོགས་གཅིག་ཏུ་སྟོན་པ་དང༌། སྟོང་མི་སྟོང་ སོགས་ལེགས་པར་ཕྱེ་ནས་སྟོན་པའི་ཁྱད་པར་དང༌། མོས་ནས་ཡི་གེར་འབྲི་བ་ནས་སྒོམ་ པའི་ཁྱད་པར་གྱི་བསོད་ནམས་སེན་མོའི་རྩེ་ལ་གནས་པའི་རྡུལ་དང༌། ས་གཞི་བྱིན་ལ་ཡོད་ པའི་རྡུལ་ཙམ་གྱི་ཁྱད་པར་ཡོད་པ་དང༌། སྙིང་པོ་ལ་སྒྲིབ་པའི་དྲི་མ་འབྲིང་དང་ཕྲ་བའི་གཉེན་ པོའི་ཁྱད་པར་དང༌། བདེ་གཤེགས་སྙིང་པོ་སོགས་མཐར་ཐུག་གསལ་བར་མི་སྟོན་པ་དང་ སྟོན་པའི་ཁྱད་པར་ཏེ་བརྒྱད་ཀྱིས་འཕགས་སོ། །གལ་ཏེ་བར་བའི་གདུལ་བྱ་ཐེག་པ་ཆེན་པོ་ ལ་ཞུགས་པ་ཞེས་དང༌། གསུམ་པའི་གདུལ་བྱ་ཐེག་པ་ཐམས་ཅད་ལ་ཞུགས་པ་དང༌། རང་ བཞིན་སྣ་ཆོགས་ཀྱི་རྒྱུ་ཅན་ཞེས་པས་བར་པའི་གདུལ་བྱ་ཐེག་ཆེན་པ་ཁོ་ན་དང༌། ཐ་མའི་ གདུལ་བྱ་ཕྱི་ནང་ཉན་རང་སོ་སྐྱེ་སོགས་སྣ་ཚོགས་ཡིན་པས་ཆོས་ཀྱང་ཐེག་ཆེན་ཁོ་ན་དང༌། ཐེག་པ་སྣ་ཚོགས་ཡིན་པས་བར་པ་ལྷག་གོ་ཞེ་ན། མ་ཡིན་ཏེ། ཐེག་པ་སོ་སོ་ཁོ་ན་ལ་ཞུགས་ པ་ཡིན་ན་ཐེག་པ་ཐམས་ཅད་ལ་ཞུགས་པར་འགལ་ཞིང༌། གསུམ་པའི་གདུལ་བྱ་ནི་ཐེག་ཆེན་ 1-1-372 གྱི་དགེ་སློང་ལྟ་བུ་ཡིན་པས་ཐེག་པ་ཐམས་ཅད་ལ་ཞུགས་པ་ཡིན་ལ། བར་པའི་གདུལ་བྱ་ནི་ ཐེག་ཆེན་གྱི་སྐྱ་བོ་ལྟ་བུ་ཡིན་པས་དམན་ཏེ། འདུལ་བའི་ལས་ལ་མི་དབང་བས་སོ། ། དཔེར་ན། དུས་འཁོར་དུ། རྡོ་རྗེ་སློབ་དཔོན་རབ་འབྲིང་མཐའ་གསུམ་གསུངས་ཏེ། གསུམ་ལས་དགེ་སློང་མཆོག་ཡིན་ལ། །དགེ་ཚུལ་ཞེས་བྱ་འབྲིང་ཡིན་ཏེ། །ཁྱིམ་གནས་ དེ་ལས་ཐ་མའོ། །ཞེས་པ་བཞིན་ནོ། །གཞན་ཡང་སོར་ཕྲེང་ལ་ཕན་པའི་མདོར། བདེ་ གཤེགས་སྙིང་པོ་ནི་བྱང་སེམས་སྟག་རྣམས་ལ་སྟོན་གྱི་གཞན་ལ་མི་སྟོན་ནོ་ཞེས་དང༌། རྔ་ བོ་ཆེའི་མདོར། འོད་སྲུང་འཁོར་དག་པར་རྟོགས་ཤིང་ཅེས་གསུངས་ནས་འོད་སྲུང་གིས་ བརྟགས་པས་ཕྱི་རོལ་པ་དང་ཉན་རང་སོགས་ཕྱིར་བསལ་ནས་འཁོར་ལོ་གསུམ་པའི་གདུལ་ བྱ་མཆོག་ཁོ་ནར་གསུངས་པས་སོ། །མྱང་འདས་ཆེན་པོའི་བམ་པོ་བཅོ་ལྔ་པར། སྔོན་ཝཱ་ར་ ན་སཱིར་གདུལ་བྱ་བརྩོན་འགྲུས་དང་དབང་པོ་འབྲིང་རྣམས་ལ་གསུང་དབྱངས་ཚངས་པའི་ འཇིག་རྟེན་ལ་ཐུག་པར་བསྒྲགས་པས་ཆོས་ཀྱི་འཁོར་ལོ་བསྐོར་བས་མི་རྟག་པ་དང༌། སྡུག་ བསྔལ་བ་དང༌། སྟོང་པ་དང༌། བདག་མེད་པ་བསྟན་ཏོ། །ད་རྩྭ་མཆོག་གི་གྲོང་ཁྱེར་འདིར་ གདུལ་བྱ་བརྩོན་འགྲུས་དང་དབང་པོ་རབ་མིའི་ནང་ན་ཁྱུ་མཆོག་གི་རྒྱལ་པོ་ལྟ་བུ། བྱང་ཆུབ་ སེམས་དཔའ་འོད་སྲུང་ལ་སོགས་པ་རྣམས་ལ་གསུངས་དབྱངས་ཤར་ཕྱོགས་སུ་སངས་རྒྱས་ ཀྱི་ཞིང་གངྒའི་ཀླུང་ཉི་ཤུའི་བྱེ་མ་སྙེད་དུ་གྲགས་ཤིང༌། དེ་བཞིན་དུ་ཕྱོགས་གཞན་གསུམ་དང་ འཚམས་བཞི་དང་སྟེང་འོག་སྟེ་ཕྱོགས་བཅུར་གྲགས་པའི་ཆོས་ཆེན་པོའི་འཁོར་ལོ་བསྐོར་ བ་ན་རྟག་པ་དང༌། བདེ་བ་དང་བདག་དང་ཡོངས་སུ་དག་པ་བསྟན་ཏོ། །ཞེས་གསུངས་ ཏེ། འདིས་ཀྱང་འཁོར་ལོ་བར་པ་ལས་གསུམ་པ་མཆོག་ཏུ་བསྟན་ཏོ། །འདི་ལྟ་བུ་མ་གོ་བར་ སྔར་རྒྱ་བོད་ཀྱི་མཁས་རློམ་འགའ་དང༌། དབུས་པ་བློ་གསལ་གྱི་གྲུབ་མཐའི་རྣམ་གཞག་ ཏུ། སྣང་བཅས་དབུ་མའི་གཞུང་བཀའ་ཐ་མ་དང༌། སྟོན་པ་འཕགས་པ་ཐོགས་མེད་སོགས་ 1-1-373 དང༌། གྲུབ་མཐའ་ངོ་བོ་ཉིད་གསུམ་སོགས་སེམས་ཙམ་དུ་ཕབ་པའི་ལྟ་ངན་གྱི་མཚན་ཉིད་ པ་ཕལ་ཆེ་བ་ངེས་དོན་ལ་རྨོངས་པར་བྱས་སོ། །ད་སྐྱོན་ངོས་ཟུང་ལ་འཚང་ཕུལ་ནས་ཕུད་ཅིག སེམས་ཙམ་པའི་གྲུབ་མཐའ་ལ་ངོ་བོ་ཉིད་གསུམ་གྱི་ཆོས་སྐད་སྦྱར་བ་ནོར་ཏེ། སེམས་ཙམ་ པ་དོན་དམ་གྱི་ཆོས་རྣམས་རྣམ་ཤེས་ཀྱི་དངོས་པོ་འདུས་བྱས་ཁོ་ནར་འདོད་པའི་ཕྱིར་དང༌། ངོ་བོ་ཉིད་གསུམ་འཆད་པའི་ལུགས་ལ། རྣམ་ཤེས་གང་ཡིན་རྣམ་རྟོག་དང༌། གཞན་དབང་ སྤང་བྱ་དང༌། ཡོངས་གྲུབ་བླང་བྱ་དང༌། འགྱུར་མེད་ཡོངས་གྲུབ་འདུས་མ་བྱས་རྟག་པ་དང༌། ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་ཡེ་ཤེས་ཁོ་ན་དང༌། གཤིས་ལ་ཡོངས་གྲུབ་གཉིས་ཀ་འདུས་ མ་བྱས་ཀྱི་ཡེ་ཤེས་སུ་གསུངས་པའི་ཕྱིར་དང༌། ངོ་བོ་ཉིད་གསུམ་དབུ་མ་མཐར་ཐུག་གི་ཆོས་ སྐད་དུ་གསུངས་པའི་ཕྱིར་རོ། ། ༼ག༽ འཁོར་ལོ་གསུམ་པའི་གཞུང་མཆོག་གང་ཞེ་ན། །ཞེས་སོགས་ནི་དཀྱུས་ན་གསལ་ ཞིང༌། བར་བའི་གཞུང་ནི་ཤེར་ཕྱིན་ལྔ་བརྒྱ་པ་དང༌། ཡུམ་བར་མ་གཉིས་ཀྱི་བྱམས་ཞུས་མ་ གཏོགས་པའི་ཤེར་ཕྱིན་གྱི་མདོ་ལ་སོགས་པ་ཆོས་ཐམས་ཅད་རང་སྟོང་དང༌། ངོ་བོ་ཉིད་མེད་ སོགས་སུ་སྟོན་པའི་གཞུང་རྣམས་ཡིན་ཏེ། དགོངས་འགྲེལ་དུ་སྟོང་པ་ཉིད་སྨོས་པས་ཞེས་ དང༌། ཤེས་རབ་སྙིང་པོར། ཕུང་པོ་ལྔ་པོ་དེ་དག་ཀྱང་རང་བཞིན་གྱིས་སྟོང་པར་ཡང་དག་པར་ རྗེས་སུ་ལྟའོ་ཞེས་དང༌། སྟོང་པ་ཉིད་ལ་གཟུགས་མེད་ཅེས་པ་ནས། སེམས་ལ་སྒྲིབ་པ་མེད་ ཅིང་སྐྲག་པ་མེད་དེ་ཞེས་སོགས་ཀྱི་ཕྱིར་རོ། །འདིར་སངས་རྒྱས་པའི་གྲུབ་མཐའ་བཞི་ལ། བྱེ་ བྲག་ཏུ་སྨྲ་བ་དང༌། མདོ་སྡེ་བ་དང༌། སེམས་ཙམ་པ་དང༌། དབུ་མ་པའོ། །དེའི་དང་པོ་གསུམ་ ནི་དངོས་སྨྲ་བ་ཡིན་ལ། བཞི་བ་དབུ་མ་པ་ལ་ཕྱེ་ན་གསུམ་སྟེ། བཀའ་བར་པའི་རྗེས་སུ་འབྲང་ བ་སྣང་མེད་དབུ་མ་དང༌། ཐ་མའི་རྗེས་སུ་འབྲང་བ་སྣང་བཅས་དབུ་མ་དང༌། སྔགས་ཀྱི་རྗེས་ སུ་འབྲང་བ་བདེ་ཆེན་དབུ་མ་སྟེ་སྣང་བཅས་དབུ་མའང་ཡིན་ནོ། །འདི་རྣམས་ཀྱང་སྔ་མ་སྔ་མ་ 1-1-374 ལས་ཕྱི་མ་ཕྱི་མ་མཆོག་སྟེ། དེ་ལའང་ཕྱི་མ་གཉིས་ནི་མཐར་ཐུག་གི་དོན་ཡིན་ལ། གཞན་ ནི་གནས་སྐབས་ཀྱི་སྟེ། ལངྐར་གཤེགས་པའི་མདོར། སེམས་ཙམ་ལ་ནི་བརྟེན་ནས་སུ། །ཕྱི་ རོལ་དོན་དུ་མི་བརྟག་གོ །སྣང་བ་མེད་པ་ལ་བརྟེན་ནས། །སེམས་ཙམ་ལས་ནི་འདའ་བར་བྱ། ། ཡང་དག་དམིགས་པ་ལ་བརྟེན་ནས། །སྣང་མེད་ལས་ཀྱང་འདའ་བར་བྱ། །སྣང་མེད་གནས་ པའི་རྣལ་འབྱོར་པས། །ཐེག་པ་ཆེན་པོ་མི་མཐོང་ངོ༌། །ཞེས་སོ། །རྒྱ་འགྲེལ་ལ་ལར། དེ་ ཡིས་ཐེག་པ་ཆེན་པོ་མཐོང་ཞེས་པ་མ་དག་སྟེ། སྣང་མེད་ལ་གནས་པས་མཐོང་ན་སྣང་བ་མེད་ ལས་འདའ་བར་བྱ་མི་དགོས་པ་ལས་དགོས་པར་གསུངས་པས་སོ། །བདེ་ཆེན་དབུ་མ་ནི། དུས་ འཁོར་དུ། སྲིད་གསུམ་ཕྲག་རབ་གཟུགས་མིན་འདིར་ནི་རྣམ་པར་ཤེས་པའོ་དེ་བཞིན་རྣམ་ པར་ཤེས་པ་ཉིད་མེད་དེ། །སངས་རྒྱས་ཤེས་རབ་གང་དུ་གནས་པ་མ་ཡིན་ཞེས་པའི་ཚིག་ འདིས་སངས་རྒྱས་པ་རྣམས་སྟོན་པར་འགྱུར། །དེས་ན་འགྱུར་མེད་དང་བྲལ་མི་རྣམས་ཀྱིས་ ནི་སྟོང་པ་ཉིད་དེ་གཟུང་ནས་སྟོང་པར་ལྟ་བྱེད་པ། །དེས་ན་གཙོ་བོས་གང་ཞིག་འཕོ་མེད་ལྷན་ སྐྱེས་སྐུ་ཡི་བདེ་བ་དག་ནི་སྔགས་ཀྱི་ཐེག་པར་བསྟན། །ཞེས་དང་། དྲི་མེད་འོད་དུ། ཡོད་ མིན་མེད་མིན་ཡོད་མེད་མིན། །གཉི་ཀའི་བདག་ཉིད་མིན་པའང་མིན། །མཐའ་བཞི་ལས་ནི་ གྲོལ་བ་ཡི། །བདེ་ཆེན་སྐུ་ལ་ཕྱག་འཚལ་ལོ། །ཞེས་པས་བསྟན་ཏོ། ། ༼ང་༽ མདོ་མཆོག་འདི་ཡི་བརྗོད་བྱའི་གཙོ་བོ་ནི། །ཞེས་སོགས་ནི། མྱང་འདས་ཆེན་ པོར། མདོ་སྡེ་འདི་ཐོས་མ་ཐག་ཏུ་དབྱར་གྱི་ནམ་ལ་ཤ་མོ་སྐྱེ་བ་བཞིན་དུ་སེམས་ཅན་ཐམས་ ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པར་ཡང་དག་པར་ཤེས་པར་འགྱུར་རོ། །ཞེས་ དང༌། གཞན་ཡང་རིགས་ཀྱི་བུ་སངས་རྒྱས་ཀྱི་རང་བཞིན་ཞེས་བྱ་བ་དེ་ནི་དཔའ་བར་འགྲོ་ བའི་ཏིང་ངེ་འཛིན་ཏེ། རང་བཞིན་མར་གྱི་ཉིང་ཁུ་དང་འདྲ་བས་སངས་རྒྱས་ཐམས་ཅད་ཀྱི་ ཡུམ་མོ། །དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་མཐུས། དེ་བཞིན་གཤེགས་པ་རྣམས་རྟག་ 1-1-375 པ་དང་བདེ་བ་དང༌། བདག་དང༌། ཡོངས་སུ་དག་པར་གྱུར་ཏོ། །སེམས་ཅན་ཐམས་ཅད་ལ་ ཡང་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཡོད་མོད་ཀྱི་མ་བསྒོམས་པའི་ཕྱིར་མི་མཐོང་སྟེ། དེའི་ ཕྱིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མ་གྱུར་ཏོ། །རིགས་ཀྱི་བུ། དཔའ་ བར་འགྲོ་བའི་ཏིང་ངེ་འཛིན་ལ་མིང་རྣམ་པ་ལྔ་ཡོད་དེ། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ ཞེས་ཀྱང་བྱ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་ཀྱང་བྱ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཞེས་ ཀྱང་བྱ། སེངྒེའི་སྒྲ་སྒྲོགས་པའི་ཏིང་ངེ་འཛིན་ཞེས་ཀྱང་བྱ། སངས་རྒྱས་ཀྱི་རང་བཞིན་ཞེས་ ཀྱང་བྱ་སྟེ། ཅི་དང་ཅིར་ལྡན་པ་དེ་དང་དེའི་སྐབས་སུ་མིང་འདོགས་སོ་ཞེས་དང༌། རིགས་ཀྱི་ བུ་ཟླ་བ་ཚེས་པ་ནི་མི་མཐོང་མོད་ཀྱི་མེད་ཅེས་བྱ་བར་མི་རུང་ངོ༌། །སངས་རྒྱས་ཀྱི་རང་བཞིན་ ཡང་དེ་དང་འདྲ་སྟེ། བུས་པ་མ་རབས་རྣམས་ཀྱིས་མི་མཐོང་མོད་ཀྱི། དེ་ལ་སངས་རྒྱས་ཀྱི་ རང་བཞིན་མེད་ཅེས་བྱར་མི་རུང་ངོ༌། །རིགས་ཀྱི་བུ་སངས་རྒྱས་ཀྱི་རང་བཞིན་ནི་འདི་ལྟ་ སྟེ། སྟོབས་བཅུ་དང་མི་འཇིགས་པ་བཞི་དང་སྙིང་རྗེ་ཆེན་པོ་དང༌། དྲན་པ་ཉེ་བར་གཞག་པ་ གསུམ་སྟེ། སེམས་ཅན་ཐམས་ཅད་ལ་རྣམ་པ་གསུམ་པོ་ཡོད་པ་ཡང་ཉོན་མོངས་པ་ཡོངས་ སུ་བཅོམ་ན་གདོད་ཡོངས་སུ་མཐོང་བར་འགྱུར་རོ་ཞེས་དང༌། དེ་བཞིན་གཤེགས་པའི་སྙིང་ པོའི་མདོར་གསུངས་པ་རྣམས་རྒྱུད་བླར་བསྟན་པ་འདི་ལྟ་སྟེ། སྙིང་པོའི་དོན་དགུའི་དང་པོར། སངས་རྒྱས་སྤྱན་གྱིས་རང་ཆོས་ཉིད་གཟིགས་ནས། །ཞེས་དང༌། གཉིས་པར། དེ་བཞིན་ ལུས་ཅན་ལ་ཡོད་ཟག་པ་མེད་པའི་ཤེས་པ་སྦྲང་མའི་རྩི་དང་འདྲ། །ཞེས་དང༌། གསུམ་པར་ དེ་བཞིན་སེམས་ཅན་ལ་ཡོད་ཆོས་ཀྱི་དབང་ཕྱུག་ཉོན་མོངས་སྦུབས་ལས་མ་གྲོལ་ལུས། ཞེས་ དང༌། བཞི་བར། དེ་བཞིན་ཉོན་མོངས་མི་གཙང་ཆེན་པོར་ལྷུང་གྱུར་རྫོགས་སངས་རིན་པོ་ཆེ། ། ཞེས་དང༌། ལྔ་བར། དེ་བཞིན་ཆོས་གཏེར་ཡིད་ཀྱི་ཁྱིམ་གནས་སེམས་ཅན་དག་ནི་དབུལ་པོ་ ལྟ་བུ་སྟེ། །ཞེས་དང༌། དྲུག་པར། རིམ་གྱིས་ཐུབ་པའི་རྒྱལ་པོའི་དངོས་པོར་འགྱུར། །ཞེས་ 1-1-376 དང༌། བདུན་པར། ཉོན་མོངས་ཀྱིས་བཏུམས་བདེ་གཤེགས་དངོས་པོ་ནི། །ཞེས་དང༌། བརྒྱད་ པར། དེ་བཞིན་བདག་རང་ནང་ན་མགོན་ཡོད་གྱུར་ཀྱང་མགོན་མེད་བློ་ལྡན་པ། །ཞེས་དང༌། དགུ་བར། དེ་བཞིན་ཀུན་མཁྱེན་དག་པའི་གསེར་འདྲའི་ཞི་བའི་ཡིད་ནི་མཁྱེན་གྱུར་ནས། ། ཞེས་དང༌། འཕྲིན་ལས་ཀྱི་ཐད་དུ། མཐའ་དང་དབུས་མེད་རྒྱ་ཆེན་ནམ་མཁའ་ལྟར་ཁྱབ་པ། ། སངས་རྒྱས་ཉིད་ནི་ཡོན་ཏན་དྲི་མ་མེད་གཏེར་སེམས་ཅན་ཀུན་ལ་ཁྱད་མེད་རྣམ་གཟིགས་ ནས། །ཞེས་དང༌། དེ་བཞིན་ཆོས་གཏེར་ཡིད་ཀྱི་ཁྱིམ་གནས་ཀྱི་མདོར། དེ་བཞིན་དུ་སེམས་ ཅན་ཐམས་ཅད་ཀྱི་མངོན་པར་ཞེན་པ་ཡིད་ལ་བྱེད་པ་ཁྱིམ་ལྟ་བུའི་འོག་ན་དེ་བཞིན་གཤེགས་ པའི་སྙིང་པོ་སྟོབས་དང་མི་འཇིགས་པ་དང་མ་འདྲེས་པ་དང་སངས་རྒྱས་ཀྱི་ཆོས་ཐམས་ཅད་ ཀྱི་མཛོད་ཀྱི་གཏེར་ཆེན་པོ་ཡོད་ཀྱང་སེམས་ཅན་རྣམས་གཟུགས་སྒྲ་དྲི་རོ་རེག་པ་ལ་ཆགས་ པས་འཁོར་བར་འཁོར་ཏེ། ཆོས་ཀྱི་གཏེར་ཆེན་པོ་སྤོང་ལ་དེ་མ་ཐོས་མ་ཐོབ་ཅིང་སྦྱང་བའི་ ཕྱིར་བརྩོན་པར་མི་བྱེད་དོ། །ཞེས་སོ། །དེབཞིན་དུ་རྒྱུད་སམ་པུ་ཊིར། རང་གི་ལུས་ལ་སངས་ རྒྱས་བཞུགས། །གཞན་དུ་གང་ནའང་སངས་རྒྱས་མེད། །མི་ཤེས་མུན་པས་བསྒྲིབ་པ་རྣམས། ། ལུས་ལས་གཞན་དུ་སངས་རྒྱས་འདོད། །ཅེས་དང་བདེ་མཆོག་རྩ་རྒྱུད། ཨ་བྷི་དྷ་ན། མཁའ་ འགྲོ་ཀུན་སྤྱོད། རྡོ་རྗེ་གུར་དང་བཞིར། དེ་ཉིད་སྲོག་ཆགས་ཀུན་གྱི་སྲོག །དེ་ཉིད་མི་འགྱུར་ དམ་པ་ཡིན། །དེ་ཉིད་ཐམས་ཅད་ཁྱབ་བྱེད་དེ། །ལུས་ཀུན་ལ་ནི་རྣམ་པར་གནས། །དེ་ཉིད་ གཉིས་མེད་ཡེ་ཤེས་ཏེ། །ཧེ་རུ་ཀ་དཔལ་ཡིན་པར་བཤད། །ཅེས་དང༌། རྒྱུད་གཞན་ལས་ ཀྱང༌། རྒྱུ་དང་མི་རྒྱུའི་འགྲོ་བ་ཀུན། །ཁྱབ་པ་རྡོ་རྗེ་སེམས་དཔའ་སྟེ། །གདོད་ནས་གྲོལ་བའི་ ཡེ་ཤེས་གནས། །ཐབས་གཞན་སངས་རྒྱས་ཡོད་མ་ཡིན། །ཞེས་དང༌། དེ་བཞིན་དུ་སྔགས་ཀྱི་ སེམས་འགྲེལ་རྣམས་སུ་ཡང་གསུངས་སོ། །དེ་དག་ནི་གཞིའི་སྐབས་ཡིན་ལ། གཞིའི་ཆོས་ཉིད་ ནི་དེ་ཉིད་ཡོངས་སུ་ཤེས་པའི་སྒོ་ནས་དེ་ཉིད་ལ་ཐོས་བསམ་སྒོམ་གསུམ་བྱེད་པ་ནི་ལམ་ཡིན་ 1-1-377 ཞིང༌། སྔགས་ཀྱི་གཞི་དེ་ཉིད་ལམ་དུ་བསླང་བ་སྟེ། མ་ཅིག་ལབ་སྒྲོན་གྱི་ལེ་ལག་བརྒྱད་མར། གཞི་ལམ་དུ་བསླང་བའི་ལའེུ་སྟེ་དང་པོའོ། །ཞེས་པ་དང་མཐུན་ལ། རྒྱུད་བླར། མ་དག་མ་དག་ དག་པ་དང༌། །ཤིན་ཏུ་རྣམ་དག་གོ་རིམ་བཞིན། །སེམས་ཅན་བྱང་ཆུབ་སེམས་དཔའ་དང༌། ། དེ་བཞིན་གཤེགས་པ་ཞེས་བརྗོད་དོ། །ཞེས་གསུངས་པ་དང་བྲམ་ཟེ་ཆེན་པོའི། བཙུན་མོ་དོ་ ཧར། ས་དང་ལམ་དང་སངས་རྒྱས་ཐམས་ཅད་རོ་གཅིག་པས། །གཉུག་མའི་ཡེ་ཤེས་དེ་ཉིད་ ཡིན་གྱིས་ཡིད་ལ་དྲིས། །ཞེས་པ་དང་ཡང་མཐུན་ཏེ། ཆོས་ཀྱི་དབྱིངས་དེའི་གནས་སྐབས་ གསུམ་ལ་གཞི་ལམ་འབྲས་བུ་གསུམ་དུ་འགྱུར་ཏེ། མ་དག་པའི་གནས་སྐབས་ལ་གཞི་དང༌། དྲི་མ་སྦྱོང་བའི་གནས་སྐབས་ན་ལམ་དང༌། དྲི་མ་ཤིན་ཏུ་རྣམ་པར་དག་པའི་གནས་སྐབས་ ན་འབྲས་བུ་དང༌། གང་ཟག་གི་སྒོ་ནས་དང་པོ་ཆོས་ཉིད་རྒྱུད་ལ་ལྡན་ཡང་ཉམས་སུ་མི་ལེན་ པའི་གནས་སྐབས་ན་སེམས་ཅན་དང༌། ལེན་པའི་གནས་སྐབས་ན་དགེ་འདུན་ནམ་བྱང་ སེམས་དང༌། གསུམ་པའི་གནས་སྐབས་ན་འབྲས་བུ་སངས་རྒྱས་སམ་དེ་བཞིན་གཤེགས་པ་ ཞེས་བརྗོད་དོ། ། སྔགས་ཀྱི་ལུགས་ལ་གཞི་འབྲས་ངོ་བོ་གཅིག་པས་ད་གདོད་ཐོབ་བྱའི་འབྲས་བུ་དེ་ཉིད་ ད་ལྟ་ལམ་དུ་བྱེད་པས་འབྲས་བུའི་ཐེག་པ་ཞེས་བྱ་སྟེ། བྲམ་ཟེ་ཆེན་པོའི་དོ་ཧར། བླ་མེད་ སྙིང་པོ་ཐེག་པ་ཆེན་པོའི་ལམ་འདི་ནི། །འབྲས་བུ་ལམ་དུ་བྱེད་ཅིང་གདོད་ནས་འབྲས་བུར་ གནས། །ཞེས་དང༌། འཇིག་རྟེན་ཁམས་ལེའི་འགྲེལ་པའི་མདོར་བསྡུས་ལྔ་བར། གང་དོན་ དམ་པའི་ཞེས་སོགས་ཀྱི་གཞུང་འདི་རྣམས་ཀྱིས་ཟབ་ལམ་མཉམ་གཞག་ལ་སྣང་བའི་མྱོང་ བ་རྣམས་ཆོས་དབྱིངས་མིན་པའི་འདུས་བྱས་དང༌། འཁྲུལ་སྣང་དུ་འདོད་པ་བཀག་སྟེ་དོན་ དམ་བདེན་པ་དང་ངོ་བོ་ཉིད་ཀྱི་སྐུར་གསུངས་པའི་ཕྱིར་རོ། །གང་དོན་དམ་པའི་བདེན་པས་ བསྟན་པ་དེ་ནི་འཇིག་རྟེན་ལས་འདས་པ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཕྱག་རྒྱ་ 1-1-378 ཆེན་པོའི་དངོས་གྲུབ་སྒྲུབ་པའི་སླད་དུ། རང་གི་སེམས་ཀྱིས་ཡོངས་སུ་བརྟགས་པའི་ཆོས་ དང་བྲལ་བ་གཞོན་ནུ་མ་རྣམས་ཀྱིས་མེ་ལོང་ལ་སོགས་པ་ལ་པྲ་ཕབ་པ་བཞིན་དུ། རྣལ་ འབྱོར་པ་རྣམས་ཀྱི་རང་གི་སེམས་ཀྱི་འོད་གསལ་མངོན་སུམ་དུ་ནམ་མཁའ་ལ་སྣང་བ་འདོད་ པའི་དོན་གྱི་འབྲས་བུ་སྟེར་བ་སྟེ་འབྲས་བུ་ནི་འགྱུར་བ་མེད་པའི་བདེ་བའི་ཡེ་ཤེས་ཀྱི་སེམས་ སོ། །སེམས་འདི་གཉིས་གཅིག་པ་ཉིད་ནི་ཤེས་རབ་དང་ཐབས་ཀྱི་བདག་ཉིད་རྡོ་རྗེའི་རྣལ་ འབྱོར་དོན་ཆེན་པོ་མཆོག་ཏུ་མི་འགྱུར་བ་དང༌། མཆོག་གི་དང་པོའི་སངས་རྒྱས་གཉིས་མེད་ དུས་ཀྱི་འཁོར་ལོ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔར་རྒྱུད་གཞན་ཐམས་ཅད་དུ་རབ་ཏུ་ གྲགས་སོ། །བཅོམ་ལྡན་འདས་དེ་ཉིད་རྒྱུའི་མཚན་ཉིད་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལ་ནི་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ངོ་བོ་ཉིད་ཀྱི་སྐུ་ཞེས་གསུངས་ཏེ། དེ་སྐད་དུ་ཡང་མངོན་པར་ རྟོགས་པའི་རྒྱན་གྱི་ཚིག་ལེའུར་བྱས་པ་ལས་མཛད་པ་དང་བཞིར་བྱམས་པས་གསུངས་པ། ངོ་ བོ་ཉིད་ལོངས་རྫོགས་བཅས་དང༌། །དེ་བཞིན་གཞན་པ་སྤྲུལ་པ་ནི། །ཆོས་སྐུ་མཛད་པ་དང་ བཅས་ཏེ། །རྣམ་པ་བཞིར་ནི་ཡང་དག་བརྗོད། །ཅེས་སོ། །བཅོམ་ལྡན་འདས་དེ་ཉིད་འབྲས་ བུའི་མཚན་ཉིད་སྔགས་ཀྱི་ཚུལ་ལ་ལྷན་ཅིག་སྐྱེས་པའི་དགའ་བ་དང་ལྷན་ཅིག་སྐྱེས་པའི་སྐུ་ ཞེས་གསུངས་ཏེ། གཟུང་བ་དང་འཛིན་པ་སྤངས་པ་རྣམ་པར་ཤེས་པའི་ཆོས་ཉིད་ལས་འདས་ པ་སྲིད་པ་དང་མྱ་ངན་ལས་འདས་པ་ལ་རབ་ཏུ་མི་གནས་པ། སངས་རྒྱས་རྣམས་ཀྱི་འདུས་ པ་དང༌། ལྷ་མོ་རྣམས་ཀྱི་སྡོམ་པ་ཡང་སྟེ། འདི་ནི་ཡེ་ཤེས་ཀྱི་སྐུ་དང་ལྷན་ཅིག་རོ་མཉམ་པ་ ཉིད་དོ་ཞེས་པ་ནི་ངེས་པའི་དོན་ཏོ། །ཞེས་གསུངས་ལ། འདི་ལྟ་བུའི་འབྲས་བུའི་སངས་རྒྱས་ རྣམས་ཀྱང་མཁའ་ཁྱབ་ཀུན་འགྲོ་རྟག་བརྟན་གཡུང་དྲུང་དུ་ཡིད་ཆེས་ནས་འཁོར་ལོ་གསུམ་ པའི་གཞུང་བཞིན་གྱི་ཐེག་ཆེན་གྱི་ཐོས་བསམ་སྒོམ་གསུམ་མམ། ཡི་གེ་འབྲི་མཆོད་སྦྱིན་པ་ དང༌། །ཉན་དང་ཀློག་དང་འཛིན་པ་དང༌། །འཆད་དང་ཁ་ཏོན་བྱེད་པ་དང༌། །དེ་སེམས་པ་ 1-1-379 དང་སྒོམ་པ་སྟེ། །སྤྱོད་པ་འདི་བཅུའི་བདག་ཉིད་ནི། །བསོད་ནམས་ཕུང་པོ་དཔག་ཏུ་མེད། ། ཅེས་པའི་ཚུལ་གྱིས་བཀའ་བར་པ་མན་ཆད་ཀྱི་ལམ་ལས་ཆེས་མྱུར་བའི་སངས་རྒྱས་མྱུར་དུ་ འགྲུབ་སྟེ། དཀྱུས་ན་ཡོད་པའི། ༼ཅ༽ རབ་ཞི་རྣམ་ངེས་མདོ་ལས་གང་གི་ལྷའི། །ཞེས་སོགས་དང༌། གཞན་ཡང་སྙིང་པོའི་མདོ་བཅུ་ལ་སོགས་པ། ཞེས་སོགས་ནི། དེ་བཞིན་གཤེགས་པའི་ཡོན་ ཏན་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་བསྟན་པའི་མདོར། བྱང་ཆུབ་སེམས་དཔའ་ལ་ལ་ ཞིག་གིས་བསྐལ་པ་བྱེ་བ་སྟོང་ཕྲག་བརྒྱད་དུ་ཕ་རོལ་ཏུ་ཕྱིན་པ་ལྔ་ལ་སྤྱད་པ་བས། འཇམ་ དཔལ་བྱང་ཆུབ་སེམས་དཔའ་གཞན་གང་ཞིག་དེ་བཞིན་གཤེགས་པ་ནི་རྟག་པའོ་སྙམ་དུ་ མོས་པར་བྱེད་ན། འདི་ནི་དེ་བས་བསོད་ནམས་གྲངས་མེད་པ་སྐྱེའོ། །ཞེས་དང་། དཔལ་ ཕྲེང་གི་མདོར། དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ཉིད་རྟག་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བདེ་བའི་ཕ་རོལ་ཏུ་ཕྱིན་དང་བདག་གི་ཕ་རོལ་ཏུ་ཕྱིན་པ་དང་གཙང་བའི་ཕ་རོལ་ཏུ་ཕྱིན་པའི་ སླད་དུའོ། །བཅོམ་ལྡན་འདས་སེམས་ཅན་གང་དག་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ལ་ དེ་ལྟར་མཐོང་བ་དེ་དག་ནི་ཡང་དག་པར་མཐོང་བ་ལགས་སོ། །བཅོམ་ལྡན་འདས་ཡང་དག་ པར་མཐོང་བ་གང་ལགས་པ་དེ་དག་ནི་བཅོམ་ལྡན་འདས་ཀྱི་སྲས་ཐུགས་ལས་སྐྱེས་པ་དང༌། ཞལ་ལས་སྐྱེས་པ་དང༌། ཆོས་ལས་སྐྱེས་པ་དང༌། ཆོས་ཀྱི་སྤྲུལ་པ་དང༌། ཆོས་ཀྱི་བགོ་སྐལ་ ལ་སྤྱོད་པ་ཞེས་བགྱིའོ་ཞེས་དང༌། མདོ་སྡེ་རྒྱན་དུ། བྱང་ཆུབ་ཆེན་པོ་ཐོབ་དཀའ་ཡོན་ཏན་ མཆོག་ལྡན་རྨད་བྱུང་ཅན། །རྟག་བརྟན་སྐྱབས་མེད་རྣམས་ཀྱིས་སྐྱབས་གང་ཡིན་པ་ཐོབ་པ་ སྟེ། །ཡ་མཚན་ཆེ་ལ་ཚུལ་བཟང་སྤྱད་ཕྱིར་ཡ་མཚན་ཆེ་བའང་མེད། །ཅེས་དང་རྒྱུད་བླར། དྲི་ མེད་སངས་རྒྱས་ཡོན་ཏན་ཀུན་ལྡན་རྟག་བརྟན་གཡུང་དྲུང་སངས་རྒྱས་ཉིད། །དེ་ནི་ཆོས་ལ་མི་ རྟོག་རྣམ་འབྱེད་ཡེ་ཤེས་དག་ལ་བརྟེན་ནས་འཐོབ། །ཅེས་དང༌། གཙང་བདག་བདེ་དང་རྟག་ 1-1-380 ཉིད་ཀྱི་ཡོན་ཏན་ཕ་རོལ་ཕྱིན་པ་འབྲས། །ཞེས་དང༌། དེ་ནི་རྟག་དང་བརྟན་ཕྱིར་དང༌། །ཞི་ བའི་ཕྱིར་དང་གཡུང་དྲུང་ཕྱིར། །ཞེས་དང༌། རྒྱུད་བླའི་ཡོན་ཏན་བསམ་མི་ཁྱབ་སྟོན་པའི་ རྣམ་པར་དབྱེ་བ་མེད་ཆོས་ཕྱིར། ཞེས་པའི་འགྲེལ་པར། དེ་ལ་དྲི་མ་མེད་པའི་སངས་རྒྱས་ ཀྱི་ཡོན་ཏན་ནི་གཅིག་ཏུ་ཀུན་ནས་ཉོན་མོངས་པའི་སོ་སོའི་སྐྱེ་བོའི་ས་ན་ཡང་རྣམ་པར་དབྱེར་ མེད་པའི་ཆོས་ཉིད་སྔ་ཕྱི་ཁྱད་པར་མེད་པར་ཡོད་པའི་ཕྱིར། གནས་འདི་བསམ་གྱིས་མི་ཁྱབ་ སྟེ། གང་གི་ཕྱིར་གང་ལ་དེ་བཞིན་གཞེགས་པའི་ཡེ་ཤེས་མཐའ་དག་རྗེས་མ་ཞུགས་པའི་ སེམས་ཅན་དེ་ནི་སེམས་ཅན་ཀྱི་རིས་ན་འགའ་ཡང་མེད་དོ་ཞེས་གསུངས་པས་གོང་འོག་གི་ མདོ་རྣམས་སྒྲ་ཇི་བཞིན་པར་བསྟན་ཏོ། །སྤྲིན་ཆེན་པོའི་མདོར། དཔེར་ན་ཉི་མ་ཤར་མ་ཐག་ མུན་པའི་ཚོགས་རྣམས་སྨེག་མེད་པར་འགྱུར་རོ། །དེ་བཞིན་དུ་ཏིང་ངེ་འཛིན་རྟག་པ་འདི་ཤར་ མ་ཐག་སྒྲིབ་པའི་ཚོགས་རྣམས་སྨེག་མེད་པར་འགྱུར་རོ་ཞེས་དང༌། མྱང་འདས་ཆེན་པོའི་བམ་ པོ་དྲུག་པར། དེ་བཞིན་གཤེགས་པ་ལ་རྟག་པའི་ཆོས་ཅན་དུ་ཡིད་ཆེས་ན་གང་ཟག་དེ་ནི་ཨུ་ དུམ་ཝ་ར་ལྟར་ཤིན་ཏུ་དཀོན་ནོ། །ང་མྱ་ངན་ལས་འདས་ནས་གང་གིས་ཐེག་པ་ཆེན་པོའི་མདོ་ སྡེ་ཤིན་ཏུ་ཟབ་མོ་འདི་ཐོས་ནས་དད་པའི་སེམས་སྐྱེས་ན། དེ་ནི་མ་འོངས་པའི་དུས་སུ་བསྐལ་ པ་སྟོང་གི་བར་དུ་ངན་སོང་དུ་མི་ལྷུང་བར་རིག་པར་བྱའོ་ཞེས་དང༌། སོར་མོའི་ཕྲེང་བ་ལ་ཕན་ པའི་མདོར། དེ་བཞིན་གཤེགས་པའི་སྙིང་པོ་ཐོས་པའི་བསོད་ནམས་ཀྱི་རྒྱུས་ནད་མེད་པ་ དང༌། གཙེ་བ་མེད་པ་དང༌། ཚེ་རིང་བ་དང༌། འགྲོ་བ་ཐམས་ཅད་དགའ་བར་འགྱུར་རོ། །དེ་ བཞིན་གཤེགས་པ་གཡུང་དྲུང་ཐེར་ཟུག་སྟེ་ཡོངས་སུ་མྱ་ངན་ལས་འདས་པའང་འཆི་བ་མེད་ པར་ཐོས་པས་ཐམས་ཅད་འབྱོར་ཞིང་ཡུན་རིང་དུ་སྲ་བ་དང་རྟག་པར་འགྱུར་རོ། །ཞེས་དང་། མྱང་འདས་ཆེན་པོར། སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་དོ་ཞེས་ སྟོན་པའི་སེམས་ཅན་དེ་དག་ནི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་ཏེ། དམ་པའི་ཆོས་འདོད་ 1-1-381 པའི་རིགས་ཀྱི་བུ་འདི་དག་ནི་སྡིག་པའི་ལས་གྲངས་མེད་པ་བྱས་པ་རྣམས་གླད་པ་ན་བ་དང༌། རིམ་གྱིས་བཏབ་པ་དང༌། ཟུག་རྔུ་དང༌། སྐུར་པ་བཏབ་པ་ཙམ་གྱིས་བྱང་བར་འགྱུར་རོ་ཞེས་ དང༌། ཉི་མ་ཤར་ན་ལྷོ་འུར་མེད་པར་འགྱུར་རོ། །ཡོངས་སུ་མྱ་ངན་ལས་འདས་པའི་མདོ་སྡེ་ ཤིན་ཏུ་ཟབ་པ་ཆེན་པོའི་མདོ་སྡེ་ཡང་དེ་དང་འདྲ་སྟེ། འཇིག་རྟེན་དུ་བྱུང་བས་གལ་ཏེ་སེམས་ ཅན་གྱི་རྣ་ཁུང་དུ་ཐོས་ན་མི་དགེ་བ་ཐམས་ཅད་དང༌། འཚམས་མེད་པའི་ཁ་ན་མ་ཐོ་བའི་ལས་ ཐམས་ཅད་སེལ་བར་འགྱུར་རོ། །ཞེས་དང༌། དགེ་སློང་རྣམས་ནི་ཆོས་རྣམ་པ་བཞི་ལ་གནས་ པར་བགྱིའོ། །བཞི་གང་ཞེ་ན། ཆོས་ལ་གནས་ཀྱི་གང་ཟག་ལ་མི་གནས་པ་དང༌། དོན་ལ་ གནས་ཀྱི་ཚིག་ལ་མི་གནས་པ་དང༌། ཡེ་ཤེས་ལ་གནས་ཀྱི་རྣམ་ཤེས་ལ་མི་གནས་པ་དང༌། ངེས་པའི་དོན་ལ་གནས་ཀྱི་བཀྲི་བའི་དོན་ལ་མི་གནས་པའོ། །རིགས་ཀྱི་བུ་ཆོས་ལ་གནས་ ཞེས་བྱ་བ་ནི། སངས་རྒྱས་རྣམས་ཀྱི་ཆོས་ནི་ཆོས་རྣམས་ཀྱི་ཆོས་ཉིད་དོ། །ཆོས་ཉིད་ཅེས་བྱ་ བ་ནི་དེ་བཞིན་གཤེགས་པའོ། །དེ་བཞིན་གཤེགས་པ་ནི་རྟག་པ་མི་འགྱུར་བའོ། །དེ་ལ་གང་ ཞིག་དེ་བཞིན་གཤེགས་པ་མི་རྟག་ཅེས་སྨྲ་ན་གང་ཟག་དེ་ནི་ཆོས་ཉིད་མི་མཐོང་མི་ཤེས་པའོ། ། གལ་ཏེ་ཆོས་ཉིད་མི་མཐོང་མི་ཤེས་ན་དེ་ལ་མི་གནས་མི་བརྟེན་ནོ། །ཆོས་ལ་གནས་ཞེས་ བྱ་བ་ནི་ཆོས་ཉིད་ལ་བྱའོ། །གང་ཟག་ལ་མི་གནས་ཞེས་བྱ་བ་ནི་ཉན་ཐོས་ལ་བྱའོ། །དོན་ལ་ གནས་ཀྱི་ཚིག་ལ་མི་གནས་ཞེས་བྱ་བ་གང་ཞེ་ན། དོན་ནི་དོན་མངོན་པར་རྟོགས་པ་ལ་བྱའོ། ། མངོན་པར་རྟོགས་པའི་དོན་དམ་ཞེས་བྱ་བ་ནི་མི་ཞུམ་པའོ། །མི་ཞུམ་པ་ནི་ཕུན་སུམ་ཚོགས་ པའོ། །ཕུན་སུམ་ཚོགས་པའི་དོན་ནི་དེ་བཞིན་གཤེགས་པ་རྟག་ཏུ་གནས་པ་མི་འགྱུར་མི་འཕོ་ བའོ། །དེ་ཡང་ཆོས་རྟག་པའོ། །དག་པའི་དོན་ནི་དགེ་འདུན་རྟག་པ་སྟེ། དེ་ནི་དོན་ལ་གནས་ པའོ། །དེ་ལ་ཚིག་ལ་མི་གནས་པ་ནི་རྣམ་པར་སྤྲོས་པའི་འཇིག་རྟེན་གྱི་གཙུག་ལག་སྤྲོས་པ་སྣ་ ཚོགས་པ་དུ་མ་སྟེ་དེ་ལ་ནི་གནས་པར་མི་བྱའོ། །ཡེ་ཤེས་ལ་གནས་ཀྱི་རྣམ་ཤེས་ལ་མི་གནས་ 1-1-382 པ་ནི། ཡེ་ཤེས་ནི་དེ་བཞིན་གཤེགས་པའོ། །ཉན་ཐོས་གང་ཞིག་དེ་བཞིན་གཤེགས་པའི་ ཡོན་ཏན་ལ་མི་མཁས་པ་དེ་ནི་རྣམ་པར་ཤེས་པ་ཞེས་བྱ་སྟེ་གནས་པར་མི་བྱའོ། །གང་ཞིག་ དེ་བཞིན་གཤེགས་པ་ཉིད་ཆོས་ཀྱི་སྐུར་ཤེས་ན། དེ་ནི་ཡང་དག་པའི་ཡེ་ཤེས་ཡིན་ཏེ་དེ་ལ་ ནི་གནས་པར་བྱའོ། །ངེས་པའི་དོན་གྱི་མདོ་སྡེ་ལ་གནས་ཀྱི་བཀྲི་བའི་དོན་གྱི་མདོ་སྡེ་ལ་མི་ གནས་པ་གང་ཞེ་ན། ཉན་ཐོས་ཀྱི་ཐེག་པ་ནི་བཀྲི་བའི་དོན་ཅེས་བྱའོ། །བླ་ན་མེད་པའི་ཐེག་ པ་ཆེན་པོ་ནི་ངེས་པའི་དོན་ཅེས་བྱའོ། །གང་ཞིག་དེ་བཞིན་གཤེགས་པ་ནི་མི་རྟག་གོ །འགྱུར་ ཞིང་འཕོ་བའོ་ཞེས་སྨྲ་བ་ནི་བཀྲི་བའི་དོན་ཏོ། །གང་ཞིག་དེ་བཞིན་གཤེགས་པ་ནི་རྟག་པའོ། ། མི་འགྱུར་མི་འཕོ་བའོ་ཞེས་སྨྲ་བ་ནི་ངེས་པའི་དོན་ཅེས་བྱའོ་ཞེས་སོ། །འདིར་གནས་པ་མདོ་ གཞན་དུ་རྟོན་པ་ཞེས་པར་ཡོད་དོ། །དེ་ལྟ་བུའི་ངེས་དོན་ལ་མོས་ཏེ་ཆོས་སྤྱོད་བྱས་ན་སྡིག་པ་ ཚད་མེད་པ་འབྱང་ཞིང་ཚོགས་ཚད་མེད་པ་རྫོགས་ནས་མྱུར་དུ་སངས་རྒྱ་བའི་ཚུལ་ནི་གཞུང་ གི་དཀྱུས་ཀྱི་ཐེག་ཆེན་རྒྱུད་བླར་སྟོན་པ་འདི་ལྟ་སྟེ་ཞེས་སོགས་ཀྱིས་སྟོན་པ་རྣམས་སོ། ། སྔགས་ཀྱིས་ཚེ་གཅིག་ལ་སངས་རྒྱ་ཚུལ་ནི། ཟབ་ལམ་གྱི་ཁྲིད་མ་ཐོབ་པ་རྣམས་ལ་གསལ་ པོར་བརྗོད་དུ་མི་རུང་ཞིང༌། ཐོབ་པ་རྣམས་ཀྱིས་ཁོ་བོས་བྱས་པའི་སྦྱོར་དྲུག་གི་ཁྱད་ཆོས་སུ་ ལྟའོ། ། ༼ཆ༽ ཆོས་ཉིད་མཐར་ཐུག་བདེ་གཤེགས་སྙིང་པོ་ནི། །ཞེས་སོགས་ནི་བདེ་གཤེགས་སྙིང་ པོ་མདོའི་ངེས་དོན་མཐར་ཐུག་ཡིན་པའི་ཚུལ་འཁོར་ལོ་གསུམ་པའི་དགོངས་འགྲེལ་ཐུན་ མོང་མ་ཡིན་པ་ཐེག་ཆེན་རྒྱུད་བླར་གསུངས་པ་ནི། རྫོགས་སངས་སྐུ་ནི་ཞེས་སོགས་དང༌། ངོ་ བོ་རྒྱུ་འབྲས་ལས་ལྡན་འཇུག་པ་དང༌། །གནས་སྐབས་དེ་བཞིན་ཀུན་ཏུ་འགྲོ་བའི་དོན། །རྟག་ ཏུ་མི་འགྱུར་ཡོན་ཏན་དབྱེར་མེད་ནི། །དོན་དམ་དབྱིངས་ཀྱི་དགོངས་དོན་ཡིན་ཞེས་བྱ། །ཞེས་ དང༌། དེ་ལྟར་རྒྱལ་བའི་སྙིང་པོ་ནི། །རྣམ་གཞག་རྣམ་པ་བཅུ་ཞེས་བྱ། །ཉོན་མོངས་སྦུབས་ 1-1-383 ན་གནས་པ་ནི། །དཔེ་དག་གིས་ནི་ཤེས་པར་བྱ། །ཞེས་སོགས་ཀྱིས་རྒྱས་པར་གཏན་ལ་ ཕབ་པ་འདིས། རྒྱུད་བླ་དང་གཏན་ནས་འགལ་བའི། སློབ་དཔོན་ཟླ་གྲགས་སོགས་སྙིང་པོ་ དྲང་དོན་དུ་བཞེད་པ་དང༌། ཆོས་རྗེ་ཞ་ལུའི་རྗེས་འབྲང་རྣམས་སྙིང་པོ་སྟོན་པའི་མདོ་རྣམས་ དྲང་དོན་དགོངས་པ་ཅན་དུ་བྱས་ནས་སྙིང་པོ་རི་བོང་གི་རྭ་ལྟར་འདོད་པ་རྣམས་བཀག་སྟེ། བདེ་གཤེགས་སྙིང་པོ་མེད་ན། ངོ་བོ་སོགས་དོན་བཅུ་པོ་མེད་དེ། ཁྱད་གཞི་མེད་ན་ཁྱད་ཆོས་ མེད་པས་སོ། །པདྨ་ལ་སངས་རྒྱས་ཀྱི་སྐུ་གཟུགས་བཞུགས་པ་སོགས་དཔེ་དགུས་སེམས་ ཅན་ལ་སངས་རྒྱས་ཆོས་སྐུ་བཞུགས་པ་སོགས་དོན་དགུ་བཤད་པ་སོགས་མི་རིགས་པ་དང༌། སངས་རྒྱས་ཀྱི་སྤྱན་གྱིས་སེམས་ཅན་ལ་ཆོས་སྐུ་ཡོད་པར་གཟིགས་པའི་ཡེ་ཤེས་འཁྲུལ་ཤེས་ སུ་འགྱུར་བ་སོགས་གནོད་བྱེད་མཐའ་ཡས་ཡོད་དེ། རྟོགས་བྱ་གཞི་སེམས་ཅན་ལ་དྲི་བཅས་ ཀྱི་ཡེ་ཤེས་ཆོས་སྐུའི་བདེ་གཤེགས་སྙིང་པོ་མེད་ན་ཕྱིས་རྟོགས་པའི་ངོ་བོ་དྲི་མེད་ཀྱི་བྱང་ ཆུབ་ཆེན་པོ་མེད་དེ། གཞལ་བྱ་མེད་ན་ཚད་མ་མེད་པ་དང༌། སྔོན་དྲི་བཅས་ཀྱི་གོས་མེད་ན་ ཕྱིས་དྲི་བྲལ་གྱི་གོས་མེད་པ་བཞིན་ནོ། །བྱང་ཆེན་མེད་ན་དེའི་ཡན་ལག་སངས་རྒྱས་ཀྱི་ཡོན་ ཏན་དང་བྱེད་ལས་འཕྲིན་ལས་མེད་དེ། དཔེར་ན་གྲི་མེད་ན་གྲིའི་སོ་དང་རྒྱུ་བཟང་ལ་བཟོ་ ལེགས་ཤིང་རྣོ་བ་དང་བྱེད་ལས་གཅོད་པ་མེད་པ་བཞིན་ནོ། །རྒྱུ་གནས་བཞི་པོ་འདི་མེད་ན་ འབྲས་བུ་དཀོན་མཆོག་གསུམ་པོ་མེད་དེ། མེ་ལོག་ན་དུ་བ་ལོག་པ་བཞིན་ནོ། །དེ་ལྟར་ན་ རྒྱུད་བླར། རྟོགས་བྱ་རྟོགས་པ་དེ་ཡི་ནི། །ཡན་ལག་རྟོགས་པར་བྱེད་ཕྱིར་ཏེ། །ཞེས་དང༌། དྲི་ བཅས་དེ་བཞིན་ཉིད་དང་དྲི་མ་མེད། །དྲི་མེད་སངས་རྒྱས་ཡོན་ཏན་རྒྱལ་བས་མཛད། །གང་ ལས་དཀོན་མཆོག་དགེ་བ་གསུམ་འབྱུང་བ། །ཞེས་པའི་བཀའ་འཁོར་ལོ་གསུམ་པའི་བརྗོད་ བྱའི་གཙོ་བོ་དོན་བདུན་པོ་མི་སྲིད་པར་འགྱུར་རོ། །དེ་མི་སྲིད་ན་འཁོར་ལོ་དང་པོ་གཉིས་ དང༌། རྒྱུད་སྡེ་རྣམས་ཀྱི་བརྗོད་བྱའི་གཙོ་བོ་རྣམས་ཀྱང་མེད་པར་འགྱུར་རོ། །གཞན་ཡང་ 1-1-384 ཆོས་དབྱིངས་བདེ་གཤེགས་སྙིང་པོ་མེད་ན་དོན་དམ་བདེན་པ་དང༌། འགོག་བདེན་དང༌། ཡོངས་གྲུབ་དང༌། ཡེ་ཤེས་དེ་ཁོ་ན་དང༌། འདུས་མ་བྱས་ཀྱི་གཞི་རྣམས་མི་སྲིད་པར་འགྱུར་ རོ། །རྟེན་དེ་རྣམས་མེད་ན་དེ་དག་ལ་བརྟེན་པའི་ཀུན་རྫོབ་དང༌། སྡུག་ཀུན་ལམ་གསུམ་དང་ ། ཀུན་བཏགས་གཞན་དབང་དང༌། རྒྱུ་རྣམ་རྟོག་མིང་གསུམ་དང༌། གཟུགས་སེམས་སེམས་ བྱུང་ལྡན་མིན་གྱི་འདུ་བྱེད་ཀྱི་གཞི་རྣམས་ཀྱང་མེད་པར་འགྱུར་ཏེ། རྟེན་མེད་ན་བརྟེན་པ་ ཁེགས་པས་སོ། །དེ་ལྟར་ན་བདེན་གཉིས་དང་བདེན་བཞི་དང༌། ངོ་བོ་ཉིད་གསུམ་དང་ ཆོས་ལྔ་གཞི་ལྔ་རྣམས་མེད་པར་ཁས་བླངས་པས། བདེ་གཤེགས་སྙིང་པོའི་མདོ་རྣམས་དྲང་ དོན་དགོངས་པ་ཅན་དུ་བྱས་ནས་གསུངས་པའི་དགོངས་གཞི། དགོས་པ། དངོས་ལ་གནོད་ བྱེད་དང་བཅས་པའི་རང་བྱུང་ཡེ་ཤེས་ཀྱི་བདེ་གཤེགས་སྙིང་པོ་འགོག་པ་རྣམས་ནི། ཤེས་བྱ་ ཐམས་ཅད་ལ་སྐུར་པ་བཏབ་པས་རང་གཞན་ཐམས་ཅད་ཕུང་བར་བྱེད་པ་ཅན་ཡིན་ནོ། ། འཕགས་པ་ཐོགས་མེད་ཀྱི་བྱང་སའི་དེ་ཁོ་ནའི་ལེའུར། སྟོང་པ་ཉིད་ལ་ལོག་པར་ཟིན་ པ་ནི་ཤེས་བྱའི་དངོས་པོ་ལ་ཡང་རྨོངས་ལ། ཤེས་བྱ་ཐམས་ཅད་ལ་ཡང་སྐུར་པ་འདེབས་ཏེ། གཞི་དེས་བདག་ཉིད་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་ལ། གཞན་ཆོས་འདོད་ པ་དང་སྡུག་བསྔལ་ལས་ཐར་བར་འདོད་པ་རྣམས་ཕུང་པར་བྱེད་དོ། །ཞེས་ཏེ་སྟོང་ཉིད་ལ་ ལེགས་པར་ཟིན་པ་ལ་གཤིས་ལ་སྟོང་བྱ་ཀུན་རྫོབ་བརྟགས་ཆོས་རྣམས་མེད་ལ། སྟོང་གཞི་ལ་ བརྟགས་པ་ཆོས་ཉིད་སྙིང་པོ་ཡོད་པར་རྟོགས་པ་ཡིན་པ་ལ། ཆོས་ཉིད་སྙིང་པོ་ཡང་མེད་པར་ ཁས་ལེན་པ་ནི་སྟོང་ཉིད་ལ་ལོག་པར་ཟིན་པ་ཐུ་ཤོས་ཡིན་ནོ། །གཞོན་བློའི་རྒྱུད་བླའི་ཊི་ཀ་ ནི་རྩ་བ་སུན་འབྱིན་བྱེད་ཡིན་པས་དེ་ཡང་དེ་བཞིན་ནོ། །དེས་ན་དབུ་མ་འཇུག་པ། རབ་དབྱེ། སྙིང་པོའི་མཛེས་རྒྱན་རྣམས་ཀྱིས་བདེ་གཤེགས་སྙིང་པོ་འགོག་པ་རྗེས་འབྲང་དང་བཅས་པ་ རྣམས་ནི། སྙིང་པོ་ཆོས་ཉིད་རིག་པ་ལ། །ཤུན་པ་རྟོག་གེས་རྒོལ་བ་ནི། །རྡོ་རྗེ་ཕ་ལམ་བྲག་ 1-1-385 རི་ལ། །ལ་ཆའི་ཐོ་བས་བསྣུན་པ་འདྲ། །ཞེས་པ་ཡིན་ནོ། །ཆོས་འཁོར་གསུམ་པ་ལ་མ་བརྟེན་ པར་བར་པ་རྐྱང་གིས་སངས་རྒྱས་ཐོབ་མི་ནུས་ཏེ། གསུམ་པ་མ་ཐོས་ན་སྙིང་པོ་ལ་སྒྲིབ་པའི་ དྲི་མ་ཕྲ་བ་མི་སེལ་ཞིང༌། སེམས་ཞུམ་སེམས་ཅན་དམན་ལ་བརྙས་པ་དང༌། །ཞེས་སོགས་ཀྱི་ སྐྱོན་ལྔ་སེལ་མི་ནུས་ལ། འདི་ལས་དེ་ནི་ཐོས་པ་ལས། །ཞེས་སོགས་ཀྱི་ཡོན་ཏན་ལྔ་འབྱུང་མི་ སྲིད་དོ། །དེ་དག་མེད་ན་སངས་རྒྱས་མི་ཐོབ་པས་ཁྱབ་པས། བདེ་གཤེགས་སྙིང་པོ་དྲང་དོན་དུ་ འདོད་པ་ནི་ངེས་དོན་མཐར་ཐུག་སུན་འབྱིན་པ་རྒྱལ་བ་སྲས་བཅས་དང་འགལ་བའི་ལྟ་ལོག་ ཆེན་པོ་ཡིན་པས་མཁས་པ་རྣམས་ཀྱིས་སུན་དབྱུང་ངོ༌། །རྡོ་རྗེ་ཐེག་པའི་ངེས་དོན་མཆོག་ཀྱང་ ཡིན། །ཞེས་སོགས་ནི། འཇམ་དཔལ་མཚན་བརྗོད་འདི་རྒྱུད་ཐམས་ཅད་ཀྱི་དཔང་པོ་སངས་ རྒྱས་ཐམས་ཅད་ཀྱི་སྙིང་པོ་དང་ཡེ་ཤེས་ཀྱི་སྐུ་གཅིག་ཏུ་བསྡུས་པ་ལ་འཇམ་དཔལ་ཡེ་ཤེས་ སེམས་དཔའ་ཞེས་བརྗོད་ཅིང༌། དེའི་དོན་དམ་པའི་མཚན་གྱི་རྣམ་གྲངས་འབའ་ཞིག་སྟོན་ བྱེད་ཡིན་ལ། འདིའི་སོར་རྟོག་ཡེ་ཤེས་ལ་བསྟོད་པར། སངས་རྒྱས་ཀུན་གྱི་སྙིང་པོ་ཆེ། །ཞེས་ དང་ཕན་ཡོན་དུ་གྲགས་པའི་གཞུང་འདི་རྣམས་ཀྱི་མཇུག་བཞི་ཆ་ཙམ་ཁ་ཏོན་བྱས་པའི་ཕན་ ཡོན་སྟོན་པ་ཡིན་ལ། གོང་གི་བྱིན་པོ་དོན་འཆད་པའི་རང་འགྲེལ་ཡིན་པས། དེར་དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི་སྙིང་པོར་འགྱུར་བའོ། །ཞེས་དང༌། མཇུག་གི་སྔགས་ཀྱི་ཐད་དུ༌། སརྦ་ཏ་ཐཱ་ག་ཏ་ཛྙཱ་ན་ཀ་ཡ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་ཞེས་དང༌། སརྦ་ཏ་ཐཱ་ཀ་ཏ་ཧྲི་ད་ཡ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་ཞེས་དང༌། དྷརྨ་དྷཱ་ཏུ་ཛྙཱ་ ན་གརྦ་ཆོས་དབྱིངས་ཡེ་ཤེས་ཀྱི་སྙིང་པོ་ཞེས་མཚན་བརྗོད་ཀྱི་བརྗོད་བྱ་དོན་བསྡུས་ན་གསུམ་ པོ་འདི་ཡིན་ཞེས་པའོ། ། ༼ཇ༽ སྔགས་ཀྱི་མཐར་ཐུག་དུས་ཀྱི་འཁོར་ལོ་ཡི། །ཞེས་པ་ནི། མདོ་ལས་སྔགས་མཆོག་ ཡིན་ཏེ། མདོ་སྡེ་གདམས་ངག་འབོགས་པའི་རྒྱལ་པོ་ལས། འདྲེན་པས་ཐེག་པ་གསུམ་པོ་དག 1-1-386 ། བཅོམ་ལྡན་ངེས་པར་གསུངས་ལགས་ན། །རྒྱུ་འབྲས་ལྷུན་གྲུབ་ཏུ་སྤྱོད་ཅིང༌། །སངས་རྒྱས་ གཞན་ནས་མི་ཚོལ་བའི། །ངེས་པའི་ཐེག་པ་ཅིས་མ་གསུངས། །ཞེས་འཇམ་དཔལ་གྱིས་ ཞུས་པའི་ལན་དུ་སྟོན་པས། རྒྱུ་ལ་མོས་པ་རྒྱུ་ཆོས་ཀྱི། །འཁོར་ལོ་རབ་ཏུ་བསྐོར་བྱས་ནས། ། རྡོ་རྗེ་ཐེག་པའི་ཉེ་ལམ་ཞིག །མ་འོངས་དུས་ན་འབྱུང་བར་འགྱུར། །ཞེས་པ་འདི་སློབ་དཔོན་ ཛྙཱ་ན་ཤྲཱིས། སྔགས་ཀྱི་མཐའ་གཉིས་སེལ་བར། གསང་བ་ལུང་བསྟན་པའི་མདོར་གསུངས་ སོ། །ཞེས་འཆད་དོ། །ཚུལ་གསུམ་སྒྲོན་མར། དོན་གཅིག་ན་ཡང་མ་རྨོངས་དང༌། །ཐབས་ མང་དཀའ་བ་མེད་པ་དང༌། །དབང་པོ་རྣོན་པོའི་དབང་བྱས་པས། །སྔགས་ཀྱི་ཐེག་པ་ཁྱད་ པར་འཕགས། །ཞེས་པ་འདིས། སྡོམ་གསུམ་རབ་དབྱེར། ཕ་རོལ་ཕྱིན་དང་གསང་སྔགས་ ལ། །ལྟ་བའི་ཁྱད་པར་གསུངས་པ་མེད། །ཅེས་པ་བཀག་སྟེ། གང་ཟག་དབང་པོ་རྣོ་རྟུལ་ གཉིས་ཤེས་རབ་ཁྱད་མེད་པར་རིགས་སམ། ལྟ་བ་ནི་ཤེས་རབ་ཀྱི་ཁྱད་པར་དུ་བྱས་པས་སོ། ། སྔགས་ལའང་རྒྱུད་སྡེ་བཞི་སྟེ། རྡོ་རྗེ་གུར་ལས། དམན་པ་རྣམས་ལ་བྱ་བའི་རྒྱུད། །བྱ་མིན་ རྣལ་འབྱོར་དེ་ལྷག་ལ། །སེམས་ཅན་མཆོག་ལ་རྣལ་འབྱོར་མཆོག །རྣལ་འབྱོར་བླ་མེད་དེ་ ལྷག་ལའོ། །ཞེས་ཕྱི་མ་ཕྱི་མ་མཆོག་དང༌། བླ་མེད་ལའང་རྒྱུད་གཞན་རྣམས་ནི་ངེས་དོན་སྦས་ པ་དང་དཀྲུགས་པ་དང་མ་ཚང་བ་སོགས་ཡིན་ལ། དུས་འཁོར་ནི་དེ་ལས་བཟློག་པ་མཚན་ བརྗོད་སོགས་ངེས་དོན་གྱི་སྒོ་འབྱེད་པའི་ལྡེ་མིག་དང་རྒྱུད་ཀྱི་མཐར་ཐུག་ཡིན་ཏེ། འཕགས་ པ་སྤྱན་རས་གཟིགས་ཀྱིས་འཇིག་རྟེན་ཁམས་ལེའི་འགྲེལ་པར། གང་གིས་སེམས་ཅན་ རྣམས་ཐེ་ཚོམ་མེད་པར་འགྱུར་བ་མཚན་ཡང་དག་པར་བརྗོད་པ་ཚད་མར་བྱས་ནས་ཏེ། དེས་ ན་སྔགས་ཀྱི་ཚུལ་ཐམས་ཅད་ཀྱི་ངེས་པའི་དོན་མཚན་ཡང་དག་པར་བརྗོད་པར། བཅོམ་ ལྡན་འདས་ཀྱིས་ཕྱག་ན་རྡོ་རྗེ་ལ་སྔགས་ཀྱི་ཐེག་པས་ཡང་དག་པར་བསྟན་ཏོ། །དེའི་ཕྱིར་ གང་གིས་མཆོག་གི་དང་པོའི་སངས་རྒྱས་མི་ཤེས་པ་དེས་མཚན་ཡང་དག་པར་བརྗོད་པ་ 1-1-387 མི་ཤེས་སོ། །གང་གིས་མཚན་ཡང་དག་པར་བརྗོད་པ་མི་ཤེས་པ་དེས་རྡོ་རྗེ་འཛིན་པའི་ཡེ་ ཤེས་ཀྱི་སྐུ་མི་ཤེས་སོ། །གང་གིས་རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་སྐུ་མི་ཤེས་པ་དེས་སྔགས་ཀྱི་ ཐེག་པ་མི་ཤེས་སོ། །གང་གིས་སྔགས་ཀྱི་ཐེག་པ་མི་ཤེས་པ་དེ་ཐམས་ཅད་ནི་འཁོར་བ་པ་སྟེ་ བཅོམ་ལྡན་འདས་རྡོ་རྗེ་འཛིན་པའི་ལམ་དང་བྲལ་བའོ། །དེ་ལྟ་བས་ན་མཆོག་གི་དང་པོའི་ སངས་རྒྱས་ནི་བླ་མ་དམ་པ་རྣམས་ཀྱིས་བསྟན་པར་བྱ་ཞིང༌། དོན་དུ་གཉེར་བའི་སློབ་མ་ དམ་པ་རྣམས་ཀྱིས་མཉན་པར་བྱའོ་ཞེས་སོ། །སྔགས་ཀྱི་མཐར་ཐུག་ནི་དུས་ཀྱི་འཁོར་ལོ་ཡིན་ ལ། དེའི་ངེས་དོན་མཐར་ཐུག་རྣམས་ཀྱང་བདེ་གཤེགས་སྙིང་པོར་དྲི་མེད་འོད་དུ་སྤྱན་རས་ གཟིགས་ཀྱིས་གསུངས་སོ། །རྒྱུད་རྡོ་རྗེ་རྩེ་མོར་ཡང༌། དེ་བཞིན་གཤེགས་པའི་སྙིང་པོ་དག ། ཆོས་ཀྱི་དབྱིངས་ཀྱི་ཚུལ་ཆེན་ཏེ། །ཉོན་མོངས་འདམ་གྱིས་མ་གོས་པ། །རྡོ་རྗེ་པདྨའི་དབང་ བསྐུར་ཡིན། །ཞེས་སོ། ། ༼ཉ༽ འཕགས་པ་ཀླུ་སྒྲུབ་ཀུན་རྫོབ་དོན་དམ་གྱི། །ཞེས་སོགས་ནི། དབུ་མ་རྩ་བའི་ཤེས་ རབ་ལས། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། ། འཇིག་རྟེན་ཀུན་རྫོབ་བདེན་པ་དང༌། །དམ་པའི་དོན་གྱི་བདེན་པའོ། །གང་དག་བདེན་པ་ འདི་གཉིས་ཀྱི། །རྣམ་དབྱེ་རྣམ་པར་མི་ཤེས་པ། །དེ་དག་སངས་རྒྱས་བསྟན་པ་ཡི། །ཟབ་ མོའི་དེ་ཉིད་རྣམ་མི་ཤེས། །ཞེས་དང༌། རང་འགྲེལ་ག་ལས་འཇིགས་མེད་དུ། འཇིག་རྟེན་ ཀུན་རྫོབ་བདེན་པ་ཞེས་པ་ནི་ཆོས་རྣམས་ངོ་བོ་ཉིད་ཀྱིས་སྟོང་པ་དག་ལ་འཇིག་རྟེན་གྱིས་ ཕྱིན་ཅི་ལོག་མ་རྟོགས་པས། ཆོས་ཐམས་ཅད་སྐྱེ་བར་མཐོང་བ་གང་ཡིན་པ་སྟེ། དེ་ནི་དེ་ དག་ཉིད་ལ་ཀུན་རྫོབ་ཏུ་བདེན་པ་ཉིད་ཡིན་པས་ཀུན་རྫོབ་ཀྱི་བདེན་པའོ། །དོན་དམ་པའི་ བདེན་པ་ནི། འཕགས་པ་རྣམས་ཀྱི་ཕྱིན་ཅི་ལོག་ཐུགས་སུ་ཆུད་པས་ཆོས་ཐམས་ཅད་སྐྱེ་ བ་མེད་པར་གཟིགས་པ་གང་ཡིན་པ་སྟེ། དེ་ནི་དེ་དག་ཉིད་ལ་དོན་དམ་པར་བདེན་པ་ཉིད་ 1-1-388 པས་དོན་དམ་པའི་བདེན་པའོ། །ཞེས་གསུངས་པས། བདེན་པ་གཉིས་ལ་བདེན་ལུགས། གྲུབ་ལུགས། སྣང་ལུགས་གཉིས་གསུངས་ལ། སྟོང་ལུགས་གཉིས་ནི། ཆོས་དབྱིངས་བསྟོད་ པར། སྟོང་པ་ཉིད་ནི་སྟོན་པའི་མདོ། །རྒྱལ་བས་ཇི་སྙེད་གསུངས་པ་རྣམས། །དེ་དག་ཀུན་གྱིས་ ཉོན་མོངས་བཟློག །ཁམས་དེ་ཉམས་པར་བྱེད་མ་ཡིན། །ཞེས་ཏེ་ཉོན་མོངས་བཟློག་ཅེས་པ་ ཀུན་རྫོབ་བཏགས་པ་གཉིས་རང་སྟོང་དམན་པ་དང༌། ཁམས་དེ་ཉམས་པར་བྱེད་མ་ཡིན། ། ཞེས་པས་ཡོངས་གྲུབ་དོན་དམ་ཆོས་ཁམས་དགེ་བ་རང་གིས་མི་སྟོང་བ་གཞན་སྟོང་མཆོག་ ཏུ་གསུངས་ཏེ། དབུ་མ་སྒོམ་རིམ་དུ། མ་སྐྱེས་པ་ཡི་སྟོང་ཉིད་གཅིག །གཅིག་ནི་སྐྱེས་པའི་ སྟོང་པ་སྟེ། །མ་སྐྱེས་པ་ཡི་སྟོང་ཉིད་མཆོག །སྐྱེས་པའི་སྟོང་པ་འཇིག་པ་ཡིན། །ཞེས་པ་དང་ མཐུན་ནོ། །གལ་ཏེ་ཆོས་ཉིད་དོན་དམ་རང་གིས་སྟོང་བའི་རང་སྟོང་དུ་བལྟས་ན་སྟོང་པ་ཉིད་ ལ་ལྟ་བ་ཉེས་པ་སྒྲུབ་ཏུ་མེད་པར་འགྱུར་ཏེ། རྩ་ཤེར། སྟོང་པ་ཉིད་ལ་ལྟ་ཉེས་ན། །ཤེས་རབ་ ཆུང་རྣམས་ཕུང་བར་འགྱུར། །ཇི་ལྟར་སྦྲུལ་ལ་བཟུང་ཉེས་དང༌། །རིག་སྔགས་ལོག་པར་སྒྲུབ་ པ་བཞིན། །ཞེས་དང་འཕགས་པ་ཐོགས་མེད་ཀྱི་བྱང་སར། སྟོང་པ་ཉིད་ལ་ལོག་པར་ཟིན་ པ་ནི་ཤེས་བྱའི་དངོས་པོ་ལ་ཡང་རྨོངས་ལ། ཤེས་བྱ་ཐམས་ཅད་ལ་ཡང་སྐུར་པ་འདེབས་ཏེ། གཞི་དེས་བདག་ཉིད་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་ལ། གཞན་ཆོས་འདོད་པ་ རྣམས་དང་སྡུག་བསྔལ་ལས་ཐར་བར་འདོད་པ་རྣམས་ཀྱང་ཕུང་བར་བྱེད་དོ། །ཇི་ལྟར་ན་སྟོང་ པ་ཉིད་ལ་ལོག་པར་ཟིན་པ་ཡིན་ཞེ་ན། དགེ་སྦྱོང་ངམ་བྲམ་ཟེ་གང་ལ་ལ་དག་གང་གིས་གང་ སྟོང་པ་དེ་ཡང་མི་འདོད་ལ། གང་གིས་གང་སྟོང་པ་དེ་ཡང་མི་འདོད་པ་འདི་ནི་སྟོང་པ་ཉིད་ལ་ ལོག་པར་ཟིན་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གང་གིས་སྟོང་པ་དེ་མེད་པ་དང༌། གང་སྟོང་ པ་དེ་ཡོད་པའི་སྟོང་པ་ཉིད་ནི་རིགས་པའི་ཕྱིར་རོ། །ཐམས་ཅད་མེད་ན་གང་དུ་ཅི་ཞིག་གང་ གིས་སྟོང་བར་འགྱུར་ཏེ། དེས་དེ་ཉིད་སྟོང་པ་ཉིད་དུ་འགྱུར་དུ་མི་རུང་ངོ༌། །དེ་བས་ན་དེ་ལྟ་བུ་ 1-1-389 དེ་ནི་སྟོང་པ་ཉིད་ལ་ལོག་པར་ཟིན་པ་ཞེས་བྱའོ། །ཇི་ལྟར་ན་སྟོང་པ་ཉིད་ལ་ལེགས་པར་ཟིན་ པ་ཞེས་བྱ་ཞེ་ན། གང་གི་ཕྱིར་གང་ལ་གང་མེད་པ་དེ་ནི་དེས་སྟོང་པར་ཡང་དག་པར་རྗེས་ སུ་མཐོང་ལ། འདི་ལ་ལྷག་མ་གང་ཡིན་པ་དེ་ནི་ཡང་དག་པར་ཡོད་དོ་ཞེས་ཡང་དག་པ་ཇི་ལྟ་ བ་བཞིན་དུ་རབ་ཏུ་ཤེས་པའོ། །ཞེས་དང་། བྱམས་པས་དབུས་མཐར། གང་ཟག་དང་ནི་ ཆོས་རྣམས་ཀྱི། །དངོས་པོ་མེད་འདིར་སྟོང་པ་ཉིད། །དེ་དངོས་མེད་པའི་དངོས་ཡོད་པ། །དེ་ ནི་དེ་ལས་སྟོང་ཉིད་གཞན། ཞེས་དང་། རྒྱུད་བླར། རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། ། གློ་བུར་དག་གིས་ཁམས་སྟོང་གི། །རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ ཀྱིས་སྟོང་མ་ཡིན། །ཞེས་གསུངས་པ་དང་མཐུན་ནོ། །ཡང་དབུ་མ་སྒོམ་རིམ་ལས། དེ་ལྟར་ ཤེས་རབ་དག་པ་ཡིས། །རང་གི་ངོ་བོ་དོན་དམ་ནི། །ཤིན་ཏུ་ཡང་ནི་གྲུབ་པས་ན། །བརྟགས་ པའི་གཞན་དངོས་འབྱུང་མ་ཡིན། །ཅེས་དང་། རིགས་པ་དྲུག་ཅུ་བར། མྱ་ངན་འདས་པ་ བདེན་གཅིག་པུར། །རྒྱལ་བ་རྣམས་ཀྱིས་གང་གསུངས་པ། །དེ་ཚེ་ལྷག་མ་ལོག་མིན་ཞེས། ། མཁས་པ་སུ་ཞིག་རྟོགས་པར་བྱེད། །ཅེས་དང་། སེམས་ཀྱི་རྡོ་རྗེ་ལ་བསྟོད་པར། གང་གིས་ སེམས་བྱུང་དྲ་བ་ནི། །སེམས་ཉིད་ཀྱིས་ནི་གསལ་མཛད་དེ། །སེམས་ཀྱི་རྨོངས་པ་སེལ་བ་ ཡི། །རང་སེམས་དེ་ལ་ཕྱག་འཚལ་ལོ། །སེམས་ཅན་མོས་པ་སྣ་ཚོགས་རྣམས། །ཐ་དད་ལྷ་ ཡི་དམིགས་གསལ་ལས། །རིན་ཆེན་སེམས་འདི་རྣམ་གྲོལ་ལས། །ལྷ་གཞན་སྒྲུབ་ཏུ་ཡོད་ མ་ཡིན། །སེམས་ཐོབ་པ་ནི་བྱང་ཆུབ་སྟེ། །ཞེས་དང༌། བདེ་ལེགས་སེམས་ལ་སངས་རྒྱས་ འབྱུང༌། །ཞེས་དང༌། དམ་པའི་དོན་ནི་བཅོས་མ་ཡིན། །ངོ་བོ་ཉིད་དང་རབ་ཞི་དང༌། །ཡང་ དག་རྫས་དངོས་ཡོད་པའང་ལགས། །བརྟགས་པའི་དངོས་པོ་མེད་པ་ཉིད། །གཞན་གྱི་དབང་ ནི་ཡོད་ཅེས་བྱ། །ཞེས་དང༌། དེ་ཕྱིར་ཆོས་རྣམས་ཐམས་ཅད་ནི། །རྟོག་པ་ཙམ་ཞེས་ཁྱོད་ཀྱིས་ གསུངས། །ཞེས་དང་། རིགས་པ་དྲུག་ཅུ་པར། མ་རིག་རྐྱེན་ཀྱིས་འཇིག་རྟེན་ཞེས། །གང་ཕྱིར་ 1-1-390 རྫོགས་པའི་སངས་རྒྱས་གསུངས། །དེ་ཕྱིར་འཇིག་རྟེན་འདི་དག་ནི། །རྣམ་པར་རྟོག་པར་ ཅིས་མི་འཐད། །ཅེས་དང་། ཆོས་དབྱིངས་བསྟོད་པར། སངས་རྒྱས་རྟག་པའི་ཆོས་ཉིད་ཅན། ། ཞེས་དང༌། གང་ཕྱིར་སངས་རྒྱས་མྱ་ངན་འདས། །གཙང་བ་རྟག་པ་བདེ་བའི་གཞི། །ཞེས་ དང་། དཔེ་མེད་པར་བསྟོད་པ་ལས། རྟག་ཅིང་བརྟན་ལ་ཞི་བ་ཡི། །ཆོས་ཀྱི་རང་བཞིན་ཁྱེད་ ཀྱི་སྐུ། །ཞེས་དང་། མཆོད་རྟེན་བརྒྱད་ཀྱི་བསྟོད་པར། ཇི་ལྟར་སྤྲོས་པ་ཀུན་བྲལ་དཔེ་མེད་རྟག་ ཅིང་དག་པའི་ངོ་བོ་ཉིད། །སངས་རྒྱས་ཆོས་སྐུ་མཁའ་ལྟར་འགྲོ་ལ་ཁྱབ་པར་ཡང་དག་ཕྱག་ འཚལ་བས། །ཞེས་དང་། བྱང་ཆུབ་སེམས་འགྲེལ་ལས། བྱང་ཆུབ་སེམས་ཀྱི་བདག་ཉིད་ སྐུ། །དཔལ་ལྡན་རྡོ་རྗེ་འཆང་བཏུད་ནས། །ཞེས་དང༌། རང་སེམས་གདོད་ནས་མ་སྐྱེས་པ། ། སངས་རྒྱས་ཀྱིས་ནི་མདོར་བསྡུས་གསུངས། །ཞེས་དང༌། བྱང་ཆུབ་སེམས་མཆོག་དེ་ཉིད་ ནི། །དེ་བཞིན་ཉིད་དང་ཡང་དག་མཐའ། །མཚན་མ་མེད་དང་དོན་དམ་དང༌། །སྟོང་པ་ཉིད་ ཅེས་བཤད་པ་ཡིན། །ཞེས་དང༌། དཔེར་ན་རྒྱ་མཚོ་མཐས་གཏུགས་པའི། །ས་ཡང་གཡོ་བར་ བྱེད་པ་ལྟར། །དེ་བཞིན་ཀུན་གཞིའི་རྣམ་ཤེས་ཀྱང༌། །རྟེན་ཀྱི་ལུས་ནི་གཡོ་བར་བྱེད། །ཅེས་ དང་། ཆོས་དབྱིངས་བསྟོད་པར། ས་ཡི་དཀྱིལ་ན་ཡོད་པའི་ཆུ། །དྲི་མ་མེད་པར་གནས་པ་ ལྟར། །ཉོན་མོངས་ནང་ན་ཡེ་ཤེས་ཀྱང༌། །དེ་བཞིན་དྲི་མ་མེད་པར་གནས། །ཞེས་དང༌། དྲི་ མེད་ཉི་མ་ཟླ་བ་ཡང༌། །སྤྲིན་དང་ཁུག་སྣ་དུ་བ་དང༌། །སྒྲ་གཅན་གདོང་དང་རྡུལ་ལ་སོགས། ། སྒྲིབ་པ་ལྔ་ཡིས་བསྒྲིབ་པར་གྱུར། །དེ་བཞིན་འོད་གསལ་བ་ཡི་སེམས། །འདོད་དང་གནོད་ སེམས་ལེ་ལོ་དང༌། །རྒོད་པ་དང་ནི་ཐེ་ཚོམ་སྟེ། །སྒྲིབ་པ་ལྔ་ཡིས་བསྒྲིབ་པར་གྱུར། །ཞེས་ དང་། བསམ་གྱིས་མི་ཁྱབ་པར་བསྟོད་པ་དང༌། སེམས་ཀྱི་རྡོ་རྗེས་ལ་བསྟོད་པར། སངས་ རྒྱས་རྣམས་དང་ཆོས་ཀྱི་དབྱིངས། །དེ་ནི་དོན་དུ་ཐ་མི་དད། །ཅེས་ཆོས་དབྱིངས་ལ་སངས་ རྒྱས་ཀྱིས་ཁྱབ་པར་གསུངས་སོ། །དེ་བཞིན་དུ་སློབ་དཔོན་འཕགས་པ་ལྷས་ཀྱང༌། སེམས་ 1-1-391 ཀྱི་སྒྲིབ་སྦྱོང་དུ་གསུངས་པ་ཡོད་དེ། འགྱུར་བ་མེད་ལ་འདུས་མ་བྱས། །སངས་རྒྱས་ཐམས་ ཅད་ཀྱི་ནི་གནས། །སྐུ་ནི་རྡོ་རྗེའི་རང་བཞིན་ཉིད། །ཅེས་དང༌། ཇི་ལྟར་ཤེལ་གོང་དག་པ་ ནི། ཁ་དོག་གཞན་གྱིས་སྒྱུར་བར་བྱེད། །དེ་བཞིན་རིན་ཆེན་སེམས་འདི་ཡང༌། །རྟོག་པའི་ ཚོན་གྱིས་བསྒྱུར་བ་ཉིད། །ཐ་མལ་བདེ་པའི་ཚོན་གྱིས་ནི། །རིན་ཆེན་སེམས་འདི་དབེན་གྱུར་ ན། །གདོད་ནས་དག་པ་མ་སྐྱེས་པ། །རང་གི་རང་བཞིན་དྲི་མེད་གང༌། །རྟག་ཏུ་རྣལ་འབྱོར་ པས་གོ མས་བྱ། །ཞེས་དང༌། ཐོག་མེད་བག་ཆགས་འདམ་གྱིས་ནི། །རིན་ཆེན་སེམས་ནི་རབ་ ཏུ་གོས། །ཤེས་རབ་ཐབས་ཀྱི་ཆུ་ཉིད་ཀྱིས། །བཀྲུས་ན་རབ་ཏུ་གསལ་བར་འགྱུར། །ཞེས་ དང༌། མ་རིག་འདམ་གྱིས་བཏུམ་པ་ཡི། །སེམས་ཀྱི་ཡིད་བཞིན་ནོར་བུ་ཉིད། །སྐྱེས་བུ་ མཁས་པས་བཀྲུས་བྱས་ན། །མ་རིག་གང་གིས་ཡང་བསྐྱེད་འགྱུར། །ཞེས་དང༌། ཐེག་པ་ཆེན་ པོར་དི་ཡང་ཡང༌། །སྔགས་ཀྱི་ནུས་པ་བསྟན་པ་ཡིན། །ཞེས་དང༌། བདེ་དང་དངོས་གྲུབ་ཀུན་ སྟེར་བའི། །སྔགས་ཀྱི་ནུས་པ་འདི་ལ་ལྟོས། །ཞེས་དང༌། གང་ཞིག་བསྐལ་པ་གྲངས་མེད་ནི། ། མང་པོ་སྤྱད་ཀྱང་མི་འཐོབ་པའི། །སངས་རྒྱས་ཚེ་འདི་ཉིད་ཀྱིས་ནི། །འཐོབ་པ་འདི་ལ་ ཐེ་ཚེམ་མེད། །ཅེས་དང༌། ཇི་ལྟར་ལྕགས་ཀྱི་གོང་བུ་ནི། །ཆུང་ཡང་ཆུ་གཏིང་འབྱིང་བར་ འགྱུར། །ཆེན་པོ་སྣོད་དུ་བྱས་ན་ནི། །བདག་དང་གཞན་ཡང་སྒྲོལ་བར་བྱེད། །དེ་བཞིན་ སྣོད་དུ་བྱས་པའི་སེམས། །ཤེས་རབ་ཐབས་ཀྱི་ཆོ་ག་ཡིས། །འདོད་པ་སྤྱོད་ཕྱིར་གྲོལ་བར་ འགྱུར། །གཞན་དག་ཀྱང་ནི་སྒྲོལ་བར་བྱེད། །ཅེས་གསུངས་སོ། །འཕགས་པ་ཡབ་སྲས་ཀྱི་ གསུང་འདིས། སློབ་དཔོན་ཟླ་བ། སེམས་འགགས་པ་དེ་སྐུ་ཡི་མངོན་སུམ་མཛད། །ཅེས་དང་ ། སློབ་དཔོན་གཞོན་བློ། སེམས་ཞེས་པའི་ཆོས་སྐད་དུ་མ་བྱུང་བ་རྣམས། སེམས་ཙམ་ གྱི་ལྟ་བ་དང་གྲུབ་མཐའ་ཡིན་པས། གསང་སྔགས་རྣམས་ཀྱང་ལྟ་བ་སེམས་ཙམ་ཡིན་ཞེས་ 1-1-392 པ་བཀག་གོ །ཡང་སློབ་དཔོན་གཞོན་བློ། གཤིན་པོ་ལ་དམིགས་པའི་དགེ་རྩ་བྱས་པ་རྣམས་ གཤིན་པོ་ལ་མི་ཕན་པར་འདོད་པ་ཡང༌། མདོ་རྒྱུད་ཚན་ཆེ་བ་དང་འགལ་བས་སྡིག་ལྟ་ཆེན་པོ་ ཡིན་ནོ། །ཁོང་གི་རྒྱུད་བླའི་ཊི་ཀར། ལན་གཅིག་ཙམ་མ་ཡིན་པར་ཡང་ཡང་མུ་སྟེགས་སུ་སྐྱེས་ པས་དུག་སྦྲུལ་གྱིས་གླ་རྩིའི་དྲི་ཚོར་བ་ལྟར། སྟོང་པ་ཉིད་ཀྱི་སྒྲ་ཐོས་པ་ཙམ་གྱིས་སེམས་ འཁྲུག་པ་དག་ན་རེ། བདེ་གཤེགས་སྙིང་པོ་ཞེས་བྱ་བ་ཆོས་ཉིད་འདུས་མ་བྱས་པ། དོན་ ལ་བདེན་པར་གྲུབ་པ། གཙང་བདག་བདེ་རྟག་གི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་མཁྱེན་པའི་ ཡོན་ཏན་རང་ཆས་སུ་ལྡན་པ་ཡེ་ཤེས་ཀྱི་རང་བཞིན། བརྟན་གཡོ་ཐམས་ཅད་ལ་ཁྱབ་པར་ འདོད་པ་ནི། མུ་སྟེགས་སྡེ་ལྔའི་ལུགས་ཡིན་གྱི། བདེ་བར་གཤེགས་པའི་བསྟན་པའི་རྗེས་ སུ་འབྲང་བ་ལ་འདི་ལྟ་བུའི་གྲུབ་མཐའ་ཁས་ལེན་པ་སྔོན་ཆད་རྒྱ་བོད་བལ་གསུམ་དུ་བྱུང་བ་ མེད་དོ། །ཞེས་སོགས་དང༌། དངོས་སུ་ད་ལྟ་སེམས་ཅན་གྱི་ཆོས་ཉིད་ལ་སངས་རྒྱས་ཀྱི་ཡོན་ ཏན་ཡོད་དོ་ཞེས་ཟེར་པ་ནི། གྲངས་ཅན་དག་རྒྱུ་རྩྭ་མཆོག་གི་རྩེ་མོ་ན་ཡང་འབྲས་བུ་གླང་ཆེན་ བརྒྱ་མི་གསལ་བཞིན་དུ་ཡོད་ཟེར་བ་དང་འདྲ་བར་ཕྱུགས་ལས་ཀྱང་བླུན་པ་ཡིན་ཏེ། ཞེས་ སོགས་ཀྱི་ལྟ་ལོག་དུ་མའི་དགག་པ་ནི། ཁོ་བོས་བྱས་པའི་ཆོས་དབྱིངས་གསལ་སྒྲོན་དུ་ལྟ་ བར་བྱའོ། ། དབུ་མ་འཇུག་པའི་ཊི་ཀར། སློབ་དཔོན་གཞོན་བློ་ན་རེ། སྟོབས་སོགས་ཀྱི་ཡོན་ཏན་ དེ་དག་ཀྱང་བློས་བཏགས་པ་ཙམ་ཡིན་ཏེ། རྟེན་འབྲེལ་ཡིན་པའི་ཕྱིར་སྒྱུ་མ་བཞིན་ཞེས་ དང༌། གང་དག་དེ་བཞིན་གཤེགས་ལས་རང་རྒྱུད་ཀྱི་ཡེ་ཤེས་རང་མཚན་པ་ཡོད་པར་སྨྲ་བ་ དང༌། གཞན་དག་ཡེ་ཤེས་གཏན་ནས་མེད་པར་སྨྲ་བ་གཉིས་ཀ་ཡང་སྒྲོ་སྐུར་གྱི་མཐར་ལྟུང་ བའི་ཕྱིར་ཞེས་དང༌། ཁོ་བོ་ཅག་ནི། དེ་བཞིན་གཤེགས་པའི་ཡོན་ཏན་ཐམས་ཅད་མདོ་ལས་ ཇི་ལྟར་འབྱུང་བ་ལྟར། རྟེན་འབྲེལ་དུ་ཁས་ལེན་པ་ན་སྒྲོ་སྐུར་གྱི་མཐའ་གང་དུ་ཡང་ལྟུང་བ་ 1-1-393 མེད་ཅེས་དང༌། དེ་བཞིན་གཤེགས་པའི་ཡོན་ཏན་དུ་མ་ཟད། ཀུན་ནས་ཉོན་མོངས་པ་དང་ རྣམ་བྱང་གི་བསྡུས་པའི་ཆོས་ཐམས་ཅད་རྟེན་འབྲེལ་དུ་ཁས་ལེན་ལ། ཚུལ་འདི་ནི་རྒྱ་གར་གྱི་ ཤིང་རྟ་ཆེན་པོ་རྣམས་ཀྱིས་ཀྱང་ཐུགས་སུ་མ་ཆུད་ན། གངས་ཅན་ཀྱི་སྐྱེ་བོ་དམུས་ལོང་ལྟ་བུ་ འདི་དག་གི་བློའི་ཡུལ་དུ་འགྱུར་རེ་སྐན། ཞེས་དང༌། དེ་ལྟར་ན་ཡང་དེ་བཞིན་གཤེགས་པ་ ལ་ཇི་ལྟ་ཇི་སྙེད་མཁྱེན་པའི་ཡེ་ཤེས་ཐ་སྙད་དུ་མི་མངའ་བ་ཡང་མ་ཡིན་ཏེ། ཞེས་དང༌། ལུགས་ འདི་དགེ་སློང་ཟླ་གྲགས་ཀྱིས། །དབུ་མའི་བསྟན་བཅོས་ལས་བཏུས་ནས། །ལུང་ཇི་བཞིན་དང་ མན་ངག་ནི། །ཇི་ལྟ་བ་བཞིན་བརྗོད་པ་ཡིན། །ཞེས་དང༌། ཕྱོགས་བཅུར་བཞུགས་པའི་རྒྱལ་ དང་དེ་སྲས་རྣམས། །མངོན་སུམ་བྱོན་ནས་དབྱངས་དང་མགྲིན་གཅིག་གིས། །འདི་ལས་ གཞན་དུ་ཐར་པའི་ལམ་སྟོན་ཀྱང༌། །བདག་བློ་གཡོ་བ་མེད་དོ་གྲོགས་པོ་དག །ཅེས་པ། འདི་རྣམས་མི་འཐད་དེ། སྟོབས་སོགས་ཡང་རྟག་པ་ཆོས་ཉིད་དང་ངོ་བོ་ཉིད་ཀྱི་སྐུ་ ཡིན་པར་མདོ་རྒྱུད་ལས་གསུངས་ཤིང༌། དབུ་མ་རྩ་བར། རང་བཞིན་དག་ནི་བཅོས་མིན་ དང༌། །གཞན་ལ་ལྟོས་པ་མེད་པ་ཡིན། །ཞེས་སོ། །སངས་རྒྱས་ལ་རང་རྒྱུད་ཀྱི་ཡེ་ཤེས་མེད་ པ། འཇམ་དཔལ་མཚན་བརྗོད་སོགས་ངེས་དོན་གྱི་མདོ་རྒྱུད་བསྟན་བཅོས་ཐམས་ཅད་དང་ འགལ་ལོ། །ཀུན་བྱང་གི་ཆོས་ཐམས་ཅད་རྟེན་འབྲེལ་ཡིན་པ་མི་འཐད་དེ། རྣམ་བྱང་བཞིའི་ གཙོ་ཆེ་ཤོས་རང་བཞིན་རྣམ་བྱང་དང༌། དྲི་མ་མེད་པའི་རྣམ་བྱང་གཉིས་ཡིན་ལ། དེ་གཉིས་ འདུས་མ་བྱས་པའི་ཆོས་ཉིད་ཡིན་པས་སོ། །འཕགས་ཡུལ་གྱི་ཤིང་རྟ་ཆེན་པོ་རྣམས་ཀྱིས་མ་ རྟོགས་ན་ཟླ་གྲགས་ཀྱིས་རྟོགས་པ་འགལ་ལོ། །བོད་དམུས་ལོང་གིས་རྟོགས་པར་འགྱུར་ རེ་སྐན་ན་རེད་མདའ་བས་རྟོགས་པ་འགལ་ལོ། །ཐ་སྙད་དུ་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་ པའི་ཡེ་ཤེས་སངས་རྒྱས་ལ་ཡོད་ན་རང་རྒྱུད་ཀྱིས་བསྡུས་པའི་ཡེ་ཤེས་མེད་པར་འགལ་ལོ། ། སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་རྟེན་འབྲེལ་ཡིན་ན། རྟེན་འབྲེལ་ལ་འདུས་བྱས་ཀྱིས་ 1-1-394 ཁྱབ་པས། སངས་རྒྱས་འདུས་བྱས་སུ་བལྟས་ན་ཉེས་པ་ཤིན་ཏུ་ཆེ་སྟེ། མྱང་འདས་ཆེན་ པོའི་བམ་པོ་གཉིས་པར། གཅེར་བུར་འགྲོ་བ་ངོ་ཚ་ནས་གོས་ཀྱིས་གཡོགས་ནས་མེར་ ཤི་བ་མི་ཆེན་པོ་དང་ལྷ་ཆེན་པོར་སྐྱེས་པའི་དཔེས། དེ་བས་ན་འཇམ་དཔལ། ཁྲེལ་ཞིང་ངོ་ ཚ་བ་དང་ལྡན་པ་རྣམས་ནི་སངས་རྒྱས་བཅོམ་ལྡན་འདས་ལ་འདུས་བྱས་དང་མཐུན་པར་མི་ ལྟའོ། །འཇམ་དཔལ་མུ་སྟེགས་ཅན་ངན་པར་ལྟ་བ་ནི། དེ་བཞིན་གཤེགས་པ་ལ་འདུས་བྱས་ དང་མཐུན་ནོ་ཞེས་སྨྲའི། ཚུལ་ཁྲིམས་བསྲུངས་བའི་དགེ་སློང་དག་ནི། དེ་ལྟར་དེ་བཞིན་ གཤེགས་པ་ལ་འདུས་བྱས་ཡིན་པར་མི་ལྟའོ། །ཅི་སྟེ་དེ་བཞིན་གཤེགས་པ་ལ་འདུས་བྱས་ ཡིན་ཞེས་བརྗོད་ན་དེ་བརྫུན་དུ་སྨྲ་བ་སྟེ། གང་ཟག་དེ་ནི་ཤི་མ་ཐག་ཏུ་སེམས་ཅན་དམྱལ་བ་ རྣམས་སུ་སྐྱེ་བར་རིག་པར་བྱ་བ་ནི། ཇི་ལྟར་གང་ཟག་རང་གི་ཁྱིམ་དུ་གནས་པ་བཞིན་ནོ། ། དེ་བཞིན་གཤེགས་པ་ནི་ཡང་དག་པར་འདུས་མ་བྱས་པའི་ཆོས་ཅན་ཡིན་པས་འདུས་བྱས་ ཞེས་བརྗོད་པར་མི་བྱའོ། །འཇམ་དཔལ་དེང་སླན་ཆད་འཁོར་བར་གནས་པ་ན་ཤེས་པ་མེད་ པ་སྤངས་ཏེ། ཡང་དག་པའི་ཤེས་པ་བཙལ་བར་བྱའོ། །གང་ཞིག་དེ་བཞིན་གཤེགས་པ་ལ་ དེ་ལྟ་བུའི་ཚུལ་དུ་ལྟ་ན་མཚན་སུམ་ཅུ་རྩ་གཉིས་དང་ལྡན་ཞིང་མྱུར་དུ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ཏུ་འཚང་རྒྱའོ་ཞེས་དང༌། འཕགས་པ་ཀླུ་སྒྲུབ་ཀྱི་རིན་ཆེན་ཕྲེང་བར། གཞན་ ཡང་འདི་ནི་ལོག་བཟུང་ན། །བླུན་པོ་མཁས་པའི་ང་རྒྱལ་ཅན། །སྤོང་བས་མ་རུང་བདག་ཉིད་ ཅན། །མནར་མེད་པར་ནི་ཕྱི་བཙུགས་འགྲོ། །ཞེས་སོ། །མཚན་ཉིད་ཐེག་པའི་སྣང་མེད་དབུ་ མའི་རྟེན་འབྲེལ་གྱི་ལམ་ལ་བརྟེན་ནས་བསྐལ་པ་གྲངས་མེད་གསུམ་ལས་མྱུར་བར་སངས་ རྒྱས་མི་སྲིད་པས་ཞེན་ནས། རྡོ་རྗེ་ཐེག་པ་ལ་བརྟེན་ན་གཅིག་ལ་སངས་རྒྱ་བར་རྒྱལ་བ་སྲས་ བཅས་ཀུན་གྱིས་གསུངས་པ་ལ་མི་འཇུག་པར་ཚོགས་མ་བསགས་པའི་སྐལ་ཞན་དབང་ རྟུལ་ཡིན་ནོ་ཞེས་པའི་རང་མཚན་བསྟན་ནོ། །ཡང་ན་དཔེ་ཀར་སོགས་བདུད་ཀྱི་བྱིན་གྱིས་ 1-1-395 བརླབས་པ་ཡིན་ཏེ། སྤྱིར་མདོ་སྔགས་ཀྱི་ངེས་དོན་མཐར་ཐུག ཁྱད་པར་སྔགས་ཀྱི་མཐར་ ཐུག་དུས་འཁོར་ལ་དགག་པ་བྱས་པས་སོ། །དུས་འཁོར་བདེ་དགེས་གསང་འདུས་སོགས་ གཞུང་སོ་སོར་ཡོད་ཀྱང་མཐར་ཐུག་གི་དོན་ངོ་བོ་གཅིག་པས། གསང་སྔགས་ཐམས་ཅད་ བཀག་པར་འགྱུར་རོ། །ཆོས་སྤོང་གི་ལས་ནི་མཚམས་མེད་པ་ལྔ་བྱས་པ་དང༌། སྟོང་གསུམ་ སེམས་ཅན་ཐམས་ཅད་བསད་པའི་སྡིག་པ་བྱས་པ་བས་ཀྱང་ཆེས་ཆེར་འཇིགས་པས། བློ་ ལྡན་ཐར་འདོད་རྣམས་ཀྱིས་འདི་ལ་ཤིན་ཏུ་འཛུར་པར་བྱའོ། །མདོ་སྡེ་ལས་ཀྱི་མེ་ལོང་ལས། ། མཚམས་མེད་ལྔ་ནི་བྱས་པ་བས། །དགོངས་དོན་ཟབ་མོའི་ཆོས་རྣམས་ལ། །རང་གི་བློ་ནི་མ་ རེག་པར། །ལོག་པར་བཤད་པའི་སྡིག་པ་ལྕི། །ཞེས་སོ། ། གཞན་ཡང་སློབ་དཔོན་གཞོན་བློས་མངོན་པའི་ཊི་ཀར། ཇོ་ནང་པའི་གྲུབ་མཐའི་འདོད་ པ་བརྗོད་པའི་རྗེས་ལ། འདི་ནི་བྱ་བརྒྱའི་ནང་ན་ཕ་བང་ལྟ་བུ་ཡིན་ཏེ། ཐེག་པ་གསུམ་དང་ གྲུབ་མཐའ་བཞིའི་ཁོངས་སུ་མ་གཏོགས་པ་ཆོས་འདི་བ་ལས་ཕྱི་རོལ་ཏུ་གྱུར་པ་ཁོ་ན་ཡིན་ ཞེས་དང༌། བདེ་གཤེགས་སྙིང་པོའི་ཟོལ་གྱིས་གྲངས་ཅན་གྱི་བདག་གསལ་བར་བྱེད་པའི་ སྒྲ་ཡང་དང་ཡང་དུ་བསྒྲགས་པས། སྐལ་ངན་ཕལ་མོ་ཆེའི་ཐར་པ་དང་ཐམས་ཅད་མཁྱེན་ པའི་སྲོག་རྩ་གཅོད་པར་བྱེད་པའི་ལྟས་ངན་གཏོང་པར་བྱེད་པ་ཅན་ཡིན་ནོ། །ཞེས་ཏེ་འདི་ལྟ་ བུའི་ལོག་ལྟ་ནི་རང་ཐེག་པ་ཐུན་མོང་པ་ལ་འདྲིས་ཆེ་ཡང༌། འཁོར་ལོ་གསུམ་པ་དང་ཐེག་ པའི་མཐར་ཐུག་གསང་སྔགས་ཀྱི་ངེས་དོན་གྱི་གནད་མ་མཐོང་བར། ལྷམ་དཔེ་ཞྭ་ལ་བཀབ་ པས། རང་ལ་ཆོས་སྤོང་གི་ལས་ངན་ཚབས་ཅན་སོག་པ་ཡིན་པས་དུག་བཞིན་སྤང་བར་བྱའོ། ། རང་གི་དགེ་ཚུལ་དང་དགེ་སློང་བྱས་པའི་མཁན་སློབ། དབང་ཁྲིད་ཞུས་པའི་བླ་མ། སྡེ་ སྣོད་ཀྱི་པོ་ཏི་བསླབས་པའི་སློབ་དཔོན། བཀའ་དྲིན་ཆེ་ཤོས་ཆོས་རྗེ་པཎ་ཆེན་པ། བྱང་སེང་ བ། ཀུན་དགའ་བ། མཁན་པོ་སངས་རྒྱས་འཕེལ་དང་བཞི་པོ་ཁོ་ན་ཡིན་ཞིང༌། བཞི་པོའི་ 1-1-396 ཐུགས་དམ་གྱི་མཐིལ་དུས་འཁོར་དང༌། ཇོ་ནང་པའི་ཆོས་བཀག་ལ། རྩ་བའི་བླ་མའི་དམ་ ཚིག་ཉམས་པ་སྟེ། བླ་མའི་སྐུར་འདེབས་དང་ཞབས་འདྲེན་འདི་བས་ཆེ་བ་མེད་ཅིང༌། ཇོ་ནང་ པའི་གྲུབ་མཐའ་འདི། བཀའ་མདོ་རྒྱུད་ཀྱི་སྙིང་པོར་གསུངས་པ་ལ། ཆོས་སྤོང་གི་ལས་ཀྱང་ འདི་བས་ཆེ་བ་མེད་ཅིང༌། དེས་ན་སྔགས་ཀྱི་རྩ་ལྟུང་དང་པོ། གཉིས་པ་དྲུག་པ་དགུ་བ། བཅུ་ གཉིས་པས་ཕོག་གོ། །དྲི་མེད་འོད་དུ། གདུག་པའི་སློབ་དཔོན་དེ་བཞིན་གཤེགས་པའི་ སྙིང་པོ་ལས་ཕྱི་རོལ་ཏུ་གྱུར་པ། ཡུལ་ལ་དབང་པོ་ལོངས་སྤྱོད་པ་ལ་ཆགས་པ། བརྫུན་དུ་ སྨྲ་པ་རྣམས་མ་མཐོང་པའི་སྐྱོན་བཟུང་བ་ལས་མནར་མེད་པར་འགྲོ་བར་འགྱུར་རོ་ཞེས་དང༌། གསང་འདུས་རྡོར་ཕྲེང་དུ། དེ་ཁོ་ན་ཉིད་སུན་འབྱིན་ཅིང༌། །མེད་པར་ལྟ་དང་ཚུལ་ཁྲིམས་ འཆལ། །སེ་གོལ་གཏོགས་པ་ཙམ་དུ་ཡང༌། །དེ་དང་ལྷན་ཅིག་གཅིག་མི་བྱ། །ཞེས་དང༌། གཞན་ལས་ཀྱང་། རྣལ་འབྱོར་གང་ཞིག་དམ་ཚིག་ཉམས་པ་དང༌། །སྐད་ཅིག་ཙམ་ཡང་ཕྲད་ པར་མི་བྱ་ཞིང༌། །ལུང་པ་གཅིག་གི་ཆུ་ལའང་མི་བཏུང་ངོ༌། །ཞེས་པ་ལྟར་བསླབ་པོ། །མདོའི་ ཆོས་འཁོར་གསུམ་པ་དང༌། རྡོ་རྗེ་ཐེག་པ་བཀའ་བར་པ་མན་ལས་མཆོག ངེས་དོན་མཐར་ ཐུག་ཏུ་སྟོན་པས་གསུངས་བཞིན་དུ། དེ་རྣམས་དབུ་མའི་གཞུང་མ་ཡིན་པར་སེམས་ཙམ་གྱི་ གཞུང་དུ་བྱས་ཏེ། དེ་རྣམས་སུ་གསུངས་པའི་ངེས་དོན་རྣམས་འགོག་པས་ངེས་དོན་འཇོམས་ པའི་ཆོམ་རྐུན་ཆེན་པོའོ། །རང་གི་གདུལ་བྱ་རྣམས་ཀྱི་རྐང་འདྲེན་དང་མགོ་སྨོད་འདི་ལས་ ཆེ་བ་ཅི་ཡོད། དུས་འཁོར་ཡེ་ལེའི་འགྲེལ་པ་དྲི་མེད་འོད་དུ། ཉན་ཐོས་དང་ཕ་རོལ་ཏུ་ཕྱིན་ པ་དང་སྔགས་ཀྱི་ཚུལ་འདི་རྣམས་ཀྱི་མཆོག་ཏུ་མི་འགྱུར་བའི་སྙིང་པོ་བཅོམ་ལྡན་འདས་རྡོ་རྗེ་ འཛིན་པ་ནི་མཚན་ཡང་དག་པར་བརྗོད་པ་ལས་དེ་བཞིན་གཤེགས་པས་བསྟན་ཏོ། །འདིའི་ དོན་མི་ཤེས་པ་བླ་མ་པ་དམ་པ་མ་ཡིན་པ་ཉམས་པ་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་ཉམས་པ་ རྣམས་མ་འོངས་པའི་དུས་སུ་འབྱུང་བར་འགྱུར་ཏེ། རྣམ་པར་ཉམས་པ་དེ་རྣམས་ཀྱིས་སེམས་ 1-1-397 ཅན་རྣམས་ཉམས་པར་བྱེད་དོ། །ཞེས་པས་སློབ་དཔོན་གཞོན་བློ་སོགས་སངས་རྒྱས་ལ་རང་ རྒྱུད་ཀྱི་ཡེ་ཤེས་མེད། ཡེ་ཤེས་གང་ཡིན་ལམ་ལས་གསར་སྐྱེས་རྟེན་འབྲེལ་ཡིན་ཞེས། ངེས་ དོན་གྱི་རང་བྱུང་འདུས་མ་བྱས་ཀྱི་ཀུན་འགྲོའི་ཡེ་ཤེས་རྟོགས་པ་ལས་ཉམས་པར་བྱེད་པར་ ལུང་བསྟན་ནོ། །སངས་རྒྱས་མཛོད་ཀྱི་མདོ་ལས། འཇིག་རྟེན་གྱི་དགྲས་ནི་སྲོག་གི་བར་ཆད་ ཙམ་བྱེད་མོད་ཀྱི། དེས་ལུས་ཉིད་སྟོར་དུ་ཟད་དོ། །གཏི་མུག་ཅན་གྱིས་ཆོས་བཤད་པས་ནི་ བསྐལ་པ་སྟོང་དུ་དམྱལ་བར་སྐྱེས་ཏེ་མྱ་ངན་ཆེན་པོ་བྱེད་དོ། །སེམས་ཅན་ཐམས་ཅད་ཀྱི་སྲོག་ བཅད་པ་བས་ཆོས་ལོག་པ་མི་གཙང་བར་བཤད་པ་ནི་སྡིག་པ་ལྕིའོ་ཞེས་སོ། ། ༼ཏ༽ ཆོས་དབྱིངས་སེམས་དང་ཡེ་ཤེས་མ་ཡིན་ན། །ཞེས་སོགས་ནི། ཆོས་དབྱིངས་དེ་ བཞིན་ཉིད་གཉུག་མའི་སེམས་རང་བཞིན་འོད་གསལ་བ་དང༌། འདུས་མ་བྱས་པའི་ཤེར་ཕྱིན་ དང༌། རང་བྱུང་ཡེ་ཤེས་ཡིན་ཏེ། མདོ་སྡེ་རྒྱན་དུ། ཆོས་ཉིད་སེམས་ལས་གཞན་པའི་སེམས་ གཞན་ནི། །འོད་གསལ་མ་ཡིན་རང་བཞིན་ལ་བརྗོད་དོ། །ཞེས་དང་ཆོས་དབྱིངས་བསྟོད་པ་ གོང་དུ་དྲངས་པར། དྲི་མེད་ཉི་མ་ཟླ་བ་ཡང༌། །ཞེས་པ་ནས། དེ་བཞིན་འོད་གསལ་བ་ཡི་ སེམས། །ཞེས་དང༌། ཉོན་མོངས་ནང་ན་ཡེ་ཤེས་ཀྱང༌། །དེ་བཞིན་དྲི་མ་མེད་པར་གནས། ། ཞེས་དང༌། ཤེར་ཕྱིན་གྱི་མཚན་བརྒྱ་རྩ་བརྒྱད་པར། ཤེར་ཕྱིན་དང་རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་དང༌། དེ་བཞིན་ཉིད་དང་ཞེས་སོགས་དང༌། ཤེར་ཕྱིན་བརྒྱད་བརྒྱ་པར། ཕུང་ པོ་དང༌། ཁམས་དང༌། སྐྱེ་མཆེད་དང༌། རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཐམས་ཅད་ནི་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་གྱི། ཆོས་དེ་རྣམས་ཀྱི་དེ་བཞིན་ཉིད་དང༌། གཞན་མ་ ཡིན་པའི་དེ་བཞིན་ཉིད་དང༌། ཇི་ལྟ་བ་ཉིད་ཀྱི་དེ་བཞིན་ཉིད་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པའོ། །ཞེས་དང༌། འཇམ་དཔལ་མཚན་བརྗོད་ཀྱི་བརྗོད་བྱ་རྣམས་ཀྱང་རང་བྱུང་ཡེ་ ཤེས་དང་ཤེར་ཕྱིན་དང༌། ཆོས་དབྱིངས་དང༌། དེ་བཞིན་ཉིད་དང༌། བདེ་གཤེགས་སྙིང་པོ་ལ་ 1-1-398 སོགས་པ་རྣམ་གྲངས་ཡིན་ཏེ། དེ་ཉིད་དུ། དེ་བཞིན་ཉིད་བདག་དག་པའི་བདག །ཅེས་དང༌། ཆོས་དབྱིངས་དམ་པ་ཟད་མི་ཤེས། །ཞེས་དང༌། ཤེས་རབ་ཕ་རོལ་ཕྱིན་པའི་མཐའ། །ཞེས་ དང༌། སངས་རྒྱས་ཀུན་གྱི་སྙིང་པོ་ཆེ། །ཞེས་དང༌། ཡང་དག་མཐར་གྱུར་ཁྱོད་ལ་འདུད། ། ཅེས་སོགས་གསུངས་ཏེ། དབུས་མཐའ་རྣམ་འབྱེད་དུ། དེ་བཞིན་ཉིད་དང་ཡང་དག་མཐའ། ། མཚན་མ་མེད་དང་དོན་དམ་དང༌། །ཆོས་ཀྱི་དབྱིངས་རྣམས་རྣམ་གྲངས་སོ། །ཞེས་པ་དང་ མཐུན་ཞིང༌། ཤེར་ཕྱིན་དུ་གསུངས་པའི་ངོ་བོ་ཉིད་ཀྱི་སྐུའམ་ཆོས་སྐུ་ཡང་སྔར་བསྟན་པ་ རྣམས་དང་ངོ་བོ་གཅིག་ཅིང༌། སྔགས་ཀྱི་ལྷ་མཆོག་གི་དང་པོའི་སངས་རྒྱས་དུས་ཀྱི་འཁོར་ ལོ། རྡོ་རྗེ་སེམས་དཔའ། ངོ་བོ་ཉིད་ཀྱི་སྐུ། གསང་བ་འདུས་པ། སྒྱུ་འཕྲུལ་དྲ་བ། འཁོར་ལོ་ སྡོམ་པ། དགེས་རྡོར། མཁའ་འགྲོ་མ་དྲྭ་བའི་སྡོམ་པ། དེ་བཞིན་གཤེགས་པ་ཐམས་ཅད་ ཀྱི་ཡེ་ཤེས་ཀྱི་སྐུ། འཇམ་དཔལ་ཡེ་ཤེས་སེམས་དཔའ་རྣམས་ཆོས་འབྱིངས་བདེ་གཤེགས་ སྙིང་པོའི་མཚན་གྱི་རྣམ་གྲངས་ཡིན་པར་གོང་དུ་དྲངས་པའི་ལུང་རྣམས་དང༌། ཁྱད་པར་དོན་ དམ་མཚན་བརྗོད་དང༌། སྔར་བསྟན་པའི་དྲི་མེད་འོད་ཀྱི་གང་དོན་དམ་པའི་བདེན་པས་ བསྟན་པ་དེ་ནི་ཞེས་སོགས་ཀྱིས་ལེགས་པར་བསྟན་ཏོ། །ཕར་ཕྱིན་མཁས་རློམ་འགའ་ཤེར་ ཕྱིན་དང་རྣམ་མཁྱེན་ལ་འདུས་བྱས་ཀྱིས་ཁྱབ་པ་དང༌། ངོ་བོ་ཉིད་ཀྱི་སྐུ་ཡེ་ཤེས་དང་སངས་ རྒྱས་མིན་པར་འདོད་པ་ནི་མི་ཚེ་ལུག་རྫི་ལ་བསྐྱལ་ནས་ལུག་ངོ་མ་ཤེས་པ་དང་ཁྱད་མེད་དོ། ། དེ་ལྟ་བུའི་བདེ་གཤེགས་སྙིང་པོ་རྟག་བརྟན་གཡུང་དྲུང་མཁའ་ཁྱབ་ཀུན་འགྲོ་ལ་སྐུར་པ་ འདེབས་པའི་ལོག་ལྟ་དང༌། འདིའི་རྗོད་བྱེད་སྣང་བཅས་དབུ་མའི་གཞུང་ཆོས་འཁོར་གསུམ་ པ་དང༌། བདེ་ཆེན་དབུ་མ་སྟོན་པའི་གཞུང་རྒྱུད་སྡེ་རྣམས་ལྟ་བ་སེམས་ཙམ་སྟོན་པར་ལོག་ པར་ལྟ་བ་དང༌། སྔགས་དང་བཀའ་ཐ་མ་བས་སྣང་མེད་དབུ་མའི་གཞུང་བཀའ་བར་པ་ མཆོག་གོ་སྙམ་ནས་སྟོང་པ་བདག་མེད་ལ་མཐའ་གཅིག་ཏུ་ཞེན་པ་རྣམས་མི་འཐད་དེ། 1-1-399 བཀའ་བར་པ་སྣང་མེད་དབུ་མ་ནི། བཀའ་དང་པོ་ལ་ལྟོས་ནས་ངེས་དོན་དང༌། ཕྱི་མ་ལ་ ལྟོས་ནས་དྲང་དོན་དགོངས་པ་ཅན་ཡིན་ལ། ཕྱི་མ་ནི་ངེས་དོན་མཐར་ཐུག་སྟེ། ཉི་ཤུ་བར། གཟུགས་སོགས་སྐྱེ་མཆེད་ཡོད་པར་ནི། །དེས་འདུལ་བ་ཡི་སྐྱེ་བོ་ལ། །དགོངས་པའི་དབང་ གིས་གསུངས་པ་སྟེ། །རྫུས་ཏེ་བྱུང་བའི་སེམས་ཅན་བཞིན། །ཞེས་དང་། ཏིང་ངེ་འཛིན་རྒྱལ་ པོར། སྟོང་པ་བདེ་བར་གཤེགས་པས་བསྟན་པ་གང༌། །ངེས་དོན་མདོ་སྡེ་དག་གི་བྱེ་བྲག་ཕྱེད། ། གང་ལ་སེམས་ཅན་གང་ཟག་སྐྱེས་བུ་བསྟན། །ཆོས་དེ་ཐམས་ཅད་དྲང་བའི་དོན་དུ་ཤེས། ། ཞེས་དང༌། དཀོན་བརྩེགས་འོད་སྲུང་གིས་ཞུས་པར། འོད་སྲུང་གང་ཟག་ཏུ་ལྟ་བ་རི་རབ་ ཙམ་ནི་བླའི། མངོན་པའི་ང་རྒྱལ་ཅན་སྟོང་པ་ཉིད་དུ་ལྟ་བ་ནི་དེ་ལྟ་མ་ཡིན་ནོ། །ཞེས་སོགས་ དང་། འཕགས་པ་ཀླུ་སྒྲུབ་ཀྱིས། རྒྱལ་བ་རྣམས་ཀྱིས་སྟོང་པ་ཉིད། །ལྟ་ཀུན་ངེས་པར་འབྱིན་ པར་གསུངས། །གང་དག་སྟོང་པ་ཉིད་ལྟ་བ། །དེ་དག་སྒྲུབ་ཏུ་མེད་པར་གསུངས། །ཞེས་དང༌། སྟོང་པ་ཉིད་ལ་ལྟ་ཉེས་ན། ཤེས་རབ་ཆུང་རྣམས་ཕུང་བར་འགྱུར། །ཇི་ལྟར་སྦྲུལ་ལ་བཟུང་ ཉེས་དང༌། །རིག་སྔགས་ལོག་པར་སྒྲུབ་པ་བཞིན། །ཞེས་པས་སྣང་མེད་དབུ་མ་ནི་དངོས་ འཛིན། བརྟགས་པའི་ལྟ་བ་རྣམས་གཞོམ་ཕྱིར་བསྒོམ་པར་བྱ་བ་ཡིན་གྱི། དེ་དག་ཆོམས་ནས་ དེ་ལ་ཞེན་པར་བྱ་བ་མིན་ཏེ། རྔ་བོ་ཆེ་ཆེན་པོའི་མདོར། སྟོང་པ་ཉིད་གང་སྟོན་པ་དེ་དག་ནི་ དགོངས་པ་ཅན་དུ་རིག་པར་བྱ་ལ། བླ་ན་མེད་པའི་མདོ་སྡེ་འདི་ལྟ་བུ་ནི་དགོངས་པ་ཅན་མ་ ཡིན་པར་རིག་པར་བྱའོ། །ཞེས་དང༌། འོད་སྲུང་སེམས་ཅན་མོས་པ་སྣ་ཚོགས་ལ་དགོངས་པ་ སྣ་ཚོགས་རྣམས་ཀྱིས་མདོ་རྣམས་བསྟན་པ་ན། དེ་ལ་སྙོམ་ལས་ཅན་ཚུལ་ཁྲིམས་འཆལ་བ་ ལུས་དང་ངག་དང་ཡིད་མ་བསྡམས་པ་རྣམས་དེ་བཞིན་གཤེགས་པའི་སྙིང་པོ་སངས་རྒྱས་ རྟག་པ་ཉིད་ཀྱི་མདོ་འདི་ལྟ་བུ་དག་བོར་ནས་སྟོང་པ་ཉིད་ཀྱི་ལེའུ་དག་ལ་སློབ་པར་བྱེད་ཅིང༌། དེ་ལ་ཁ་ཅིག་ནི་ཚིག་དང་ཡི་གེ་འདྲེན་པར་བྱེད། ཁ་ཅིག་ནི་ཕན་ཚུན་ཚིག་དང་ཡི་གེ་དག་སྤོང་ 1-1-400 བར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་ཀྱི་གསུང་ཐམས་ཅད་ལ་ནི་སྟོང་པ་ཉིད་དང་ བདག་མེད་པ་སྟོན་ཏོ། །ཞེས་ཏེ་སྟོང་པ་ཉིད་དང་བདག་མེད་པའི་དོན་མི་ཤེས་པའི་མི་བླུན་པོ་ རྣམས་ནི་ཉམས་པར་འགྱུར་རོ། །ཞེས་དང་། མྱང་འདས་ཆེན་པོར། དེ་བཞིན་གཤེགས་པའི་ སྙིང་པོ་བདག་མེད་པར་བསྒོམས་ཤིང་གཏན་དུ་སྟོང་པ་ཉིད་བསྒོམས་པས་སྡུག་བསྔལ་ རྣམས་མི་འགག་པར་ཕྱེ་མ་ལེབ་མར་མེའི་ནང་དུ་སོང་བ་བཞིན་འགྱུར་རོ། །དེ་ལྟ་མ་ཡིན་ པར་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པར་སྒོམ་པའི་སེམས་ཅན་རྣམས་ཉོན་མོངས་པ་ རྣམས་ཡོད་བཞིན་དུ་ཉོན་མོངས་པའི་རྣམ་པ་འགག་པར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ བཞིན་གཤེགས་པའི་སྙིང་པོའི་རྐྱེན་ཀྱི་ཕྱིར་རོ། །ཞེས་དང༌། དཔེར་ན་རྐུན་པོ་གླེན་པ་དག་ རིན་པོ་ཆེ་ཡང་དག་པ་བོར་ནས་ཕུབ་མ་ཁུར་དུ་ཁྱེར་བ་དང་འདྲ་བར་དེ་བཞིན་གཤེགས་པས་ དགོངས་ཏེ་གསུངས་པའི་སྙིང་པོ་མི་ཤེས་པས་མདོ་སྡེ་འདི་ལ་ལེ་ལོ་བྱེད་དེ་བརྩོན་འགྲུས་མི་ བྱེད་དོ། །ཀྱི་ཧུད་དེ་དག་ནི་མ་འོངས་པའི་དུས་སུ་ཤིན་ཏུ་འཇིགས་པའི་གཡང་ས་ཆེན་པོར་ ལྷུང་བར་འགྱུར་རོ། །ཞེས་དང་དྲི་མེད་འོད་དུ། གདུག་པའི་སློབ་དཔོན་དེ་བཞིན་གཤེགས་ པའི་སྙིང་པོ་ལས་ཕྱི་རོལ་ཏུ་གྱུར་པ། ཡུལ་ལ་དབང་པོ་ལོངས་སྤྱོད་པ་ལ་ཆགས་པ། བརྫུན་ དུ་སྨྲ་བ། མ་མཐོང་པའི་སྐྱོན་བཟུང་བ་ལས་མནར་མེད་པར་འགྲོ་བར་འགྱུར་རོ་ཞེས་དང༌། སོར་ཕྲེང་ཅན་གྱི་མདོར། གང་སྔོན་ཕུན་སུམ་ཚོགས་པའི་དུས་ན་རྒུད་པར་གྱུར་ཏེ། ནད་མང་ བའི་སེམས་ཅན་རྣམ་པ་མང་པོ་དེ་དག་ནི་དེ་བཞིན་གཤེགས་པའི་གཡུང་དྲུང་གི་སྐུ་ལ་གཡུང་ དྲུང་མ་ཡིན་པར་ལྟ་བའོ། །ད་དུང་ཡང་ཕུན་སུམ་ཚོགས་པའི་དུས་ན་རྒུད་པར་འགྱུར་བའི་ སེམས་ཅན་དེ་དག་ནི་དེ་བཞིན་གཤེགས་པའི་གཡུང་དྲུང་གི་སྐུ་ལ་གཡུང་དྲུང་མ་ཡིན་པར་ལྟ་ བ་ཡིན་ནོ། །མ་འོངས་པའི་དུས་ནའང་སེམས་ཅན་ཕུན་སུམ་ཚོགས་པའི་དུས་ན་རྒུད་པར་ འགྱུར་བ་དེ་དག་ནི་ཞེས་སོགས་སོ། །གཞན་ཡང་གང་སྔོན་ཡི་དྭགས་ཁ་ནས་མེ་ལྕེ་འབྱུང་ 1-1-401 བར་འགྱུར་པ་དེ་བཞིན་གཤེགས་པའི་སྙིང་པོ་ལ་སྨོད་ཅིང་འཕྱ་བའི་སེམས་ཅན་དེ་དག་ནི་ད་ དུང་མཆུ་དང་རྐན་རྐམས་ཤིང་ཡི་དྭགས་རིད་པ་ཁ་ནས་མེ་ལྕེ་འབྱུང་བའི་སྲོག་ཆགས་སུ་ འགྱུར་རོ། །ཞེས་སོགས་སོ། །དེས་ན་ངེས་དོན་གྱི་ཆོས་ཟབ་མོ་ལ་མ་མོས་ཤིང་སྐུར་པ་བཏབ་ ན་ཉེས་དམིགས་ཆེན་པོ་ཚད་མེད་པ་ཡོད་པའི་ཕྱིར། མི་མོས་པ་སོགས་སྤངས་ལ་བདག་ཉིད་ མ་ཉམས་པར་བསྲུང་བ་ལ་བསླབ་སྟེ། ལྷ་མོ་དཔལ་ཕྲེང་གི་མདོར། གསུམ་པོ་འདི་དག་ ནི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་ཆོས་ཟབ་མོ་ལ་མ་སྨས་མ་ཉམས་པར་བདག་ཉིད་བསྲུང་ བ་དང་བསོད་ནམས་མང་དུ་བསྐྱེད་ཅིང་ཐེག་ཆེན་གྱི་ལམ་དུ་ཞུགས་པ་ལགས་སོ། །གསུམ་ པོ་གང་ཞེ་ན། རང་གིས་རིག་པའི་ཆོས་ཟབ་མོ་དང་ལྡན་པ་དང༌། ཆོས་དང་མཐུན་པར་སྡུད་ པའི་ཤེས་པ་དང་ལྡན་པ་དང༌། ཆོས་ཟབ་མོ་དག་ལ་བདག་ཉིད་ཤེས་པ་ཞུམ་པར་འཚལ་ནས་ འདི་ནི་བདག་གིས་མི་ཤེས་ཏེ། དོན་འདི་ནི་དེ་བཞིན་གཤེགས་པས་མཁྱེན་པར་ཟད་དོ་ཞེས་ བཅོམ་ལྡན་འདས་ལ་སེམས་རྣམ་པར་གཏོད་པར་བགྱིད་དེ་ཞེས་དང༌། གསུམ་པོ་འདི་དག་ ལས་གཞན་པའི་སེམས་ཅན་གང་ལགས་པ་དེ་དག་ནི་ཆོས་ཟབ་མོ་དེ་དག་ལ་ནན་ཏན་ བགྱིད་མཆོག་ཏུ་བཟུང་ནས་གོབ་ལོབ་ཀྱི་སེམས་འཛིན་ཅིང་མངོན་པར་ཞེན་ཏེ། བཅོམ་ལྡན་ འདས་བདག་ནི་དེ་དག་ལ་དམ་པའི་ཆོས་ལ་རྒྱབ་ཀྱིས་ཕྱོགས་པ་དང༌། གཞན་མུ་སྟེགས་ཅན་ དང་ས་བོན་རུལ་བ་ལགས་ཏེ། རྒྱལ་པོའི་ཐད་དུའང་མཆིས་ལ་བརླག་པར་བགྱིའོ་ཞེས་ མཆིའོ། །བཅོམ་ལྡན་འདས་ས་བོན་རུལ་པ་དེ་དག་ནི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་ པའི་འཇིག་རྟེན་གྱིས་ལེགས་པར་ཚར་བཅད་པར་བགྱི་བ་ལགས་སོ། །ཞེས་གསུངས་ཏེ། གོ་ ལོབ་ཀྱི་སེམས་ནི་སྟོན་པས་ཇི་ལྟར་གསུངས་པ་ལས་གཞན་དུ་རང་བཟོས་བཀའ་ཐ་མ་དྲང་ དོན་དང་སེམས་ཙམ་གྱི་གཞུང་ཡིན། དེའི་བརྗོད་བྱ་སངས་རྒྱས་འདུས་མ་བྱས་རྟག་བརྟན་ གཡུང་དྲུང་དང༌། བདེ་གཤེགས་སྙིང་པོ་གསུངས་པ་རྣམས་དྲང་དོན་ཡིན་ནོ་ཞེས་སོགས་སྨྲ་བ་ 1-1-402 སྟེ། མདོ་འདིའི་མཇུག་ཏུ་གདམས་པར། དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པ་དང༌། ཆོས་ཀྱི་སྐུ་དང༌། རྟག་པ་དང༌། བརྟན་པ་དང༌། ཞི་བ་དང༌། ཐེར་ཟུག་དང༌། སྐྱབས་གཅིག་ཏུ་ གྱུར་པ་བསྟན་པ་ཞེས་བྱ་བར་ཟུང་ཞིག་ཅེས་སོགས་གསུངས་སོ། །དཀྱུས་ན་ཡོད་པའི་དཔུང་ བཟང་ཀྱི་རྒྱུད་དྲང་བ་དང༌། རྒྱུད་བླའི་གང་ཕྱིར་རྒྱལ་ལས་ཆེས་མཁས་ཞེས་སོགས་རྣམས་ཀྱང་ བདག་ཉིད་ལམ་རྣམ་དག་ལས་མི་ཉམས་པར་བསྲུང་ཐབས་ཡིན་ནོ། །སེམས་ཅན་ཐམས་ཅད་ ལ་སངས་རྒྱས་ཆོས་ཀྱི་སྐུ་གཞི་གདོད་ནས་རང་ཆས་ལྷུན་གྲུབ་ཏུ་མེད་ན་ཕྱིས་ལམ་བས་ཐོབ་ མི་སྲིད་པར་ཐལ་ཏེ། ཆོས་སྐུ་དེ་ཡེ་ཤེས་ཡིན་ཡང་རྟག་པ་འདུས་མ་བྱས་ཡིན་པས་དེ་སྔར་ མེད་གསར་སྐྱེས་སུ་བསྐྱེད་པའི་རྒྱུ་མི་སྲིད་པས་སོ། །འདོད་ན་གཟུགས་སྐུ་ཡང་ཕྱིས་ཐོབ་མི་ སྲིད་པར་ཐལ་ཏེ། དེས་ན་སངས་རྒྱས་གཏན་ནས་མི་ཐོབ་པར་ཐལ་ལོ། །ཁྱབ་སྟེ། སྐུ་གཉིས་ རྟེན་དང་བརྟེན་པ་ཡིན་པས་སོ། །གསེར་འོད་དམ་པར། དཔེར་ན་ནམ་མཁའ་ལ་བརྟེན་ནས་ གློག་འབྱུང་ངོ༌། །གློག་ལ་བརྟེན་ནས་འོད་འབྱུང་ངོ༌། །དེ་བཞིན་དུ་ཆོས་ཀྱི་སྐུ་ལ་བརྟེན་ནས་ ལོངས་སྤྱོད་རྫོགས་པའི་སྐུ་འབྱུང་ངོ༌། །ལོངས་སྤྱོད་རྫོགས་པའི་སྐུ་ལ་བརྟེན་ནས་སྤྲུལ་བའི་ སྐུ་འབྱུང་ངོ་ཞེས་དང༌། རྒྱུད་བླར། འདིར་ནི་དང་པོ་ཆོས་སྐུ་སྟེ། །ཕྱི་མ་དག་ནི་གཟུགས་ཀྱི་སྐུ། ། ནམ་མཁའ་ལ་ནི་གཟུགས་གནས་བཞིན། །དང་པོ་ལ་ནི་ཐ་མ་བརྟེན། །ཞེས་སོ། །དང་པོའི་ རྟགས་གྲུབ་སྟེ། གསེར་འོད་དམ་པ་དང༌། སྤྲིན་ཆེན་པོ་ལ་སོགས་པ་སྙིང་པོའི་མདོ་རྣམས་སུ། སངས་རྒྱས་བཅོམ་ལྡན་ཆོས་ཀྱི་སྐུ། །དེ་བཞིན་གཤེགས་པ་ཆོས་ཀྱི་དབྱིངས། །ཞེས་སོགས་ མཐའ་ཡས་ཤིང༌། མྱང་འདས་ཆེན་པོའི་བམ་པོ་གཉིས་པར། དེ་བཞིན་གཤེགས་པ་འདུས་ བྱས་སུ་བལྟས་ན་དམྱལ་བར་འགྲོ་ཞིང༌། འདུས་མ་བྱས་སུ་བལྟས་ན་མྱུར་དུ་འཚང་རྒྱ་བར་ གསུངས་སོ། །ཡང་སངས་རྒྱས་མཁའ་ཁྱབ་ཏུ་སེམས་ཅན་ལ་མི་བཞུགས་ན། དུས་ཀྱི་འཁོར་ ལོའི་རྒྱུད་དུ། སངས་རྒྱས་ཞིང་ནི་སངས་རྒྱས་དང་བཅས་བདེ་མཉམ་འབྲས་སྟེར་ལུས་དང་ 1-1-403 ངག་དང་ཡིད་དང་ཆགས་པ་སྟེ། །འདི་རྣམས་ཀུན་ཏུ་བོར་ནས་སྡིག་པའི་བློ་ཡིས་ཁྱབ་བདག་ གཞན་པ་དག་ཀྱང་ཡང་དག་ཚོལ་བྱེད་དེ། །ཞེས་པ་དང༌། བུམ་པའི་ནང་དུ་ཆུ་ནི་ཞེས་ སོགས་ནས། མཁའ་ཁྱབ་མཁའ་ཡི་རྡོ་རྗེ་ཅན་ནི་ཡུལ་དང་བྲལ་བ་ལུས་ཀྱི་དབུས་སུ་དེ་བཞིན་ ནོ། །ཞེས་དང་འདིའི་འགྲེལ་པར། འཁོར་བའི་བག་ཆགས་ལས་གྲོལ་བ་མྱ་ངན་ལས་འདས་ པའི་སེམས་གཞན་ཡོད་པ་ནི་རྡོ་རྗེ་ཅན་གྱི་མིང་གིས་གསུངས་སོ། །ཞེས་སོགས་དང་། བརྟག་ གཉིས་སུ། ལུས་ལ་ཡེ་ཤེས་ཆེན་པོ་གནས། །ཞེས་དང༌། བརྟན་དང་གཡོ་བ་ཁྱབ་ནས་གནས། ། ཞེས་དང་། མཚན་བརྗོད་དུ། ཕྱོགས་བཅུ་ནམ་མཁའི་མཐས་གཏུག་པར། །ཆོས་ཀྱི་རྒྱལ་ མཚན་ལེགས་པར་འཛུགས། །སེམས་ཅན་ཀུན་གྱི་ཡིད་ལ་གནས། །ཞེས་དང་། ས་ར་ཧས། མཁས་པ་བསྟན་བཅོས་ཐམས་ཅད་འཆད་པ་ཡིས། །ལུས་ལ་སངས་རྒྱས་ཡོད་པ་མ་རྟོགས་ སོ། །ཞེས་པ་དང་འགལ་ཞིང༌། བཟང་སྤྱོད་དུ། ནམ་མཁའི་མཐར་ཐུག་གྱུར་པ་ཅི་ཙམ་པར། ། སེམས་ཅན་མ་ལུས་མཐའ་ཡང་དེ་ཙམ་སྟེ། །ཞེས་ནམ་མཁས་ཁྱབ་ཚད་དུ་སེམས་ཅན་གྱིས་ ཁྱབ་པར་གསུངས་པས། སེམས་ཅན་ལ་སངས་རྒྱས་མེད་ན་སངས་རྒྱས་ནི་རི་བོང་རྭ་ལྟར་མེད་ པར་ཧ་ཅང་ཐལ་ལོ། །དེ་ལྟར་འགྱུར་བ་ཡང་མ་ཡིན་ཏེ། བཟང་སྤྱོད་དུ། རྡུལ་གཅིག་སྟེང་ན་ རྡུལ་སྙེད་སངས་རྒྱས་རྣམས། །ཞེས་སོགས་སོ། ། གཞུང་འདིའི་རྩ་འགྲེལ་སྟོད་སྨད་བར་གསུམ་གྱི་ལུང་རིགས་རྣམས་ལ་མཁས་པ་བསྟན་ པའི་གསལ་བྱེད་ཐུགས་གཟུར་གནས་རྣམས་ཀྱིས་གཟིགས་རྟོག་དང༌། རྟོག་དཔྱོད་ཡང་ཡང་ མཛད་པས་རང་གཞན་ལེགས་པའི་ལམ་ལ་འགོ ད་པའི་ཕྱིར། ངེས་དོན་གྱི་བསྟན་པ་ཕྱོགས་ དུས་ཐམས་ཅད་དུ་རྒྱས་པ་མཛད་པར་ཞུ། ཇོ་ནང་གྲུབ་མཐའ་ནོར་ཞེས་སྨྲ་བ་རྣམས། །གྲུབ་མཐའི་མཐར་ཐུག་སྣང་བཅས་དབུ་མ་ དང༌། །ངེས་དོན་མཐའ་ཐུག་བདེ་གཤེགས་སྙིང་པོ་ལ། །བློ་ཁ་མ་ཕྱོགས་རང་མཚན་བསྟན་ 1-1-404 པར་ཟད། །ཇོ་ནང་གྲུབ་མཐའ་འགོག་པའི་ཟོལ་གྱིས་ནི། །ཉ་རྣམས་གསོད་ཕྱིར་ཆུ་ལ་ བརྡེགས་པ་ལྟར། །རྒྱལ་བ་སྲས་དང་བཅས་ལ་རྒོལ་བ་དང༌། །བདེ་གཤེགས་སྙིང་པོ་འགོག་ པར་བྱེད་པར་ཟད། །བདེ་གཤེགས་སྙིང་པོ་འགོག་བྱེད་གང་ཡིན་དེས། །དམ་ཆོས་སྤངས་ཤིང་ བསྟན་པ་དཀྲུགས་པར་གྱུར། །དེ་ཡིས་བསོད་ནམས་མིན་པ་བསགས་པའི་ཕྱིར། །རང་ དང་རྗེས་འཇུག་ཐམས་ཅད་ཕུང་པར་བྱས། །རང་གཞན་འཚེང་བར་འདོད་རྣམས་ངེས་དོན་ གྱི། །ཆོས་ལ་ཤིན་ཏུ་མོས་པའི་བློ་སྦྱོང་མཛོད། །ངེས་དོན་མཐར་ཐུག་ཆོས་རྣམས་ཇོ་ནང་པའི། ། གྲུབ་མཐའ་འདི་ཉིད་ཁོ་ནར་ཚང་བ་ལགས། །དགེ་བ་འདི་ཡིས་ངེས་དོན་མཐར་ཐུག་གི། ། ། བསྟན་པ་ཕྱོགས་དུས་ཀུན་ཏུ་རབ་དར་ནས། །མར་གྱུར་མཁའ་མཉམ་སེམས་ཅན་ཐམས་ ཅད་ཀྱི། །རྫོགས་པའི་སངས་རྒྱས་མྱུར་དུ་ཐོབ་པར་ཤོག །ངེས་དོན་གྱི་ཆོས་ལ་བསྐུལ་བ་ ནམ་མཁའི་ནོར་བུ་ལ་སྦྱར་རྒྱུའི་ལུང་བསྡུས་འདི་ཡང་དབེན་གནས་ཆོས་སྡིངས་ནམ་མཁའ་ མཛོད་དུ། དུས་འཁོར་བ་ལྷའི་རྒྱལ་མཚན་གྱིས་སྦྱར་བའོ།། །། ངེས་དོན་གྱི་གནད་དགོངས་པ་ལ། ངེས་དོན་གྱི་མདོ་རྒྱུད་བྱིན་གཟིགས་པ་མ་གྲུབ་ ནའང༌། དོན་དམ་པའི་མཚན་བརྗོད་འདི་སྔགས་ཀྱི་ངེས་དོན་མཐར་ཐུག་གི་དཔང་པོ་ཡིན་ པས། འདིའི་འགྲེལ་པ་རྒྱ་བོད་ཀྱི་དུས་འཁོར་མཁས་པ་མི་ཤེས་པས་བྱས་པའི་འགྲེལ་པས་ མི་་་་ཤེས་པས་མཛད་པ་ལ། བླ་མ་སྨན་ཆུ་པས་མཛད་པ་དེ་ལས་ལེགས་པ་མེད་པས། དེ་ དང་སྔགས་ཀྱི་སེམས་འགྲེལ་སྐོར་ལྔ་བྱམས་ཆོས་ལྔ་སྟེ་སྐོར་བཅུ་དང༌། སྙིང་པོའི་མདོ་བཅུ་ གཟིགས་པ་གལ་ཆེ་སྟེ། དེ་ལ་དེ་བཞིན་གཤེགས་པའི་སྙིང་པོའི་མདོ། རྣམ་པར་མི་རྟོག་པ་ལ་ འཇུག་པའི་གཟུངས། དཔལ་ཕྲེང་སེངྒེའི་ང་རོའི་མདོ། རྔ་བོ་ཆེ་ཆེན་པོའི་མདོ། ཨུ་དུམ་ཝ་ར་ ལྟར་དཀོན་པ་སོར་ཕྲེང་ལ་ཕན་པའི་མདོ་སྡེ་ལྔ་ནི་སྙིང་པོའི་མདོ་ལྔའོ། །དེའི་སྟེང་དུ་དེ་བཞིན་ གཤེགས་པའི་ཐུགས་རྗེ་ཆེན་པོ་བསྟན་པའི་མདོ། མྱང་འདས་ཆེན་པོའི་བམ་པོ་ཞེ་གཉིས་པ། 1-1-405 སྤྲིན་ཆེན་པོ་ཆེ་བ་བམ་པོ་བཅུ་པ། སྟོང་པ་ཉིད་ཆེན་པོའི་མདོ། དེ་བཞིན་གཤེགས་པའི་ཡོན་ ཏན་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་བསྟན་པའི་མདོ་རྣམས་བསྣན་པ་རྣམས་སོ། །མངྒ་ ལམ། ། བསྐལ་པ་འདི་ལ་འཁོར་བ་འཇིག་ཚུན་ཆད་ད་ལྟའི་ང་དང་བཞིའོ། །ཀུན་དགའ་བོ་ངའི་ འོག་ཏུ་བྱམས་པ་འབྱུང་སྟེ། དེ་བཞིན་གཤེགས་པ་མོས་པ་ཞེས་བྱ་བ་སྟོང་གི་ཐ་མར་འབྱུང་ངོ་ ། །ཞེས་དང༌། ཀུན་དགའ་བོ་ངའི་བསྟན་པ་འདི་ལ་གང་དག་དགེ་སྦྱོང་གི་རིགས་ཅན་དགེ་སྦྱོང་ ཤིན་ཏེ་མ། དགེ་སྦྱོང་དུ་ཁས་འཆེ་བ། དགེ་སྦྱོང་ལྟར་བཅོས་པ་ངུར་སྨྲིག་གྱོན་པ་འབྱུང་བ་ དེ་དག་ཐམས་ཅད་ཀྱང་བསྐལ་པ་བཟང་པོ་འདི་ལ། གང༌བྱམས་པ་ནས་མོས་པ་ལ་ཐུག་གི་ བར་དུ་ཕྱིས་འབྱུང་བའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་འོག་ཏུ་མཐར་གྱིས་མྱ་ངན་ ལས་འདའ་བར་འགྱུར་རོ། །དེ་དག་ཐམས་ཅད་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་ པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་སྟེ། དགེ་སློང་གཅིག་ཀྱང་ལྷག་མ་མ་ལུས་པར་ འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན་ཀུན་དགའ་བོ་འདི་ལྟར་དེ་བཞིན་གཤེགས་པ་ཆོས་ཀྱི་དབྱིངས་ རྟོགས་ཤིང་རྗེས་སུ་རྟོགས་པ་ལ་འདི་ལྟ་བུ་དག་ཐ་ན་སེམས་དང་བ་གཅིག་བསྐྱེད་པ་དང་ ། དཀར་པོ་དང་ནག་པོའི་ཆོས་རྣམས་ཆུད་ཟ་བར་མི་འགྱུར་བའི་ཕྱིར་རོ། །ཞེས་སྙིང་རྗེ་པདྨ་ དཀར་པོ་ལས་གསུངས། ། མ་ཡིག འབྲས་དཔེ་རྙིང་༼ཕྱི་ལ་༤༧༨༽ཅན་ཡིན། 1-1-406 ༄༅། །ཟབ་ལམ་སྦྱོར་བ་ཡན་ལག་དྲུག་པའི་ཁྲིད་ཡིག་ ཐར་ལམ་གསལ་བྱེད་ཅེས་བྱ་བ་ བཞུགས་སོ། ། ༄༅། །ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ ཟབ་ལམ་སྦྱོར་བ་ཡན་ལག་དྲུག་གི་ཁྲིད་ཡིག་ཐར་ལམ་ གསལ་བྱེད་ཅེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཕྱག་རྒྱ་ཆེན་པོ་ལ་ ཕྱག་འཚལ་ལོ། །མཆོག་ཏུ་མི་འགྱུར་བའི་བདེ་བ་ལ་ཕྱག་འཚལ་ལོ། །བླ་མ་དང་སངས་རྒྱས་ དང་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །ཁྲོ་བོའི་རྒྱལ་པོ་དང་རྡོ་རྗེ་མཁའ་འགྲོ་ དང་རྡོ་རྗེ་མཁའ་འགྲོ་མ་རྣམས་ལ་ཕྱག་འཚལ་ལོ། ། བླ་མེད་རྒྱུད་རྒྱལ་རྣམས་ཀྱི་རྫོགས་རིམ་དོན། ། ཡིད་ཆེས་གསུམ་ལྡན་ཕྱག་རྒྱ་ཆེན་མོའི་ལམ། ། ཡན་ལག་དྲུག་སྦྱོར་སྐལ་ལྡན་ཁྲིད་པའི་རིམ། ། དམ་པས་བསྐུལ་ཕྱིར་ལུང་བཞིན་བྲི་བར་བྱ། ། བླ་མ་ཡི་དམ་རྡོ་རྗེ་མཁའ་འགྲོའི་ཚོགས། ། བཀའ་སྲུང་རྣམས་ཀྱིས་བདག་ལ་བྱིན་བརླབས་ནས། ། ཡན་ལག་རྩོམ་བའི་བྱ་བ་མཐར་ཕྱིན་ཏེ། ། འགྲོ་ལ་ཕན་པའི་དོན་ཆེན་འགྲུབ་གྱུར་ཅིག ། 1-1-407 ལམ་ཐམས་ཅད་གྱི་མཐར་ཐུག་འོད་གསལ་ཕྱག་རྒྱ་ཆེན་པོ་ཤིན་ཏུ་རྣམ་པར་དག་པའི་ ལམ་གྱི་རིམ་པ་བསྒོམ་པ་ནི། ཐེག་པ་གསུམ་ཆར་གྱི་ལམ་ལ་མཁས་པ་དང༌། ཐེག་པ་འོག་མ་ རྣམས་ཀྱི་ལམ་ཅི་རིགས་པར་བསྒོམ་པ་སྔོན་དུ་འགྲོ་བ་ཅན་ཡིན་ཏེ། དྲི་མེད་འོད་དུ། སྔགས་ ཀྱི་ཚུལ་འདི་ལ་བསྔགས་པ་ནི། ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་ བུར་གནས་པར་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། གང་ཐེག་པ་གསུམ་གྱི་དགོངས་པ་ མི་ཤེས་པ་དེ་ནི་དུས་ལས་ཐམས་ཅད་མཁྱེན་པའི་ལམ་ལས་ཉམས་པར་འགྱུར་རོ། །ཞེས་ གསུངས་པས། ཕྱིའི་ལམ་བློ་སྦྱོང་མ་གཅིག་སོགས་སྔོན་དུ་འགྲོ་བ་ལ་འདིའི་སྔོན་འགྲོ་ནས་ བརྩམས་ནས་བསྟན་ལ། མ་སོང་བ་ལ་ཐེག་ཆེན་བློ་སྦྱོང་སོགས་ཀྱི་ཁྲིད་སྔོན་དུ་བཏང་དགོས་ ལ། ཁྲིད་ཀྱི་དོན་ལ་བཞི་སྟེ་གང་ཁྲིད་ན། དད་དང་བརྩོན་འགྲུས་ཤེས་རབ་བླ་མ་ལ། །གུས་ བཅས་མི་ལ་ཐར་པ་གང་ན་འདུག །ཅེས་པས་གོ །གང་གིས་ཁྲིད་ན༑ བཤེས་གཉེན་ཞི་བ་ དུལ་བ་ཉེར་ཞི་བ། །ཡོན་ཏན་ལྷག་པར་བརྩོན་པ་ལུང་གིས་ཕྱུག །དེ་ཉིད་རབ་ཏུ་རྟོགས་པ་ སྨྲ་མཁས་ལྡན། །བརྩེ་བའི་བདག་ཉིད་སྐྱོང་བ་སྤངས་ལ་བསྟེན། །ཞེས་པ་ཡིས་སོ། །གང་དུ་ ཁྲིད་ན་ཐར་པ་ཆེན་པོར། ཇི་ལྟར་ཁྲིད་ན། རྗེ་པོ་དངོས་རྗེ་པ་གཉིས་ཅན་གྱི་ལམ་གྱིའོ། །སྦྱོར་ བ་ལ་བཞི་ནི། དལ་འབྱོར་རྙེད་པར་དཀའ་བ། འཆི་བ་མི་རྟག་པ། ལས་རྒྱུ་འབྲས། འཁོར་ བའི་ཉེས་དམིགས་བསམ་པའོ། །སྡེ་ཚན་བཞི་པོ་འདི་དག་རེ་རེའི་འཁོར་ཐོག་མར་སྐྱབས་ འགྲོ་གསོལ་འདེབས་བྱ་ཞིང༌། དང་པོ་ནི༑ སྤྱོད་འཇུག་ལས། དལ་འབྱོར་འདི་ནི་སྙེད་པ་ ཤིན་ཏུ་དཀའ། །སྐྱེས་བུའི་དོན་གྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབ་ ན། །ཕྱིས་ནི་ཡང་དག་འབྱོར་པར་ག་ལ་འགྱུར། །ཞེས་པ་སྟེ། ངོ་བོའི་གྲངས་ཀྱི་སྒོ་ནས། ཇི་ ལྟར་འགྲོ་བ་གཞན་ནི་རྒྱ་མཚོ་དང༌། །མི་ཉིད་སྐྲ་རྩེའི་ཆུ་ཐིགས་དང་མཚུངས་ན། །དམ་ཆོས་ བསྒྲུབ་པའི་རྟེན་མཆོག་དལ་འབྱོར་ཉིད། །ཇི་ལྟར་འདིར་ན་སྙེད་པར་དཀའ་བ་ཡིན། །དཔེའི་ 1-1-408 སྒོ་ནས། རྒྱ་མཚོ་ཆེར་གཡེང་གཉའ་ཤིང་བུ་གར་ནི། །རུ་སྦལ་མགྲིན་ཆུད་བས་ཀྱང་དུད་འགྲོ་ ལས། །མི་ཉིད་ཆོས་ཐོབ་དཀའ་བས་ཞེས་པའོ། །རྒྱུའི་སྒོ་ནས་དཀའ་བ་ནི། མི་ལུས་རིན་པོ་ ཆེ་འདི་ཚུལ་ཁྲིམས་སོགས་དགེ་བ་དུ་མ་འཚོགས་པ་ལས་འབྱུང་བ་ལ། འཇིག་རྟེན་ན་ཆོས་ བྱེད་པ་ཤིན་ཏུ་དཀོན་པས། འགྲོ་བ་ཤི་བ་གཤིན་པོ་ངན་འགྲོར་འགྲོ་ཡི། བདེ་འགྲོ་སྙེད་པ་ ཉུང་བ་ནི། ལྷ་ཁང་གི་ངོས་ལ་སྲན་མ་གཏོར་བ་ཆགས་པ་དང་འདྲའོ། །དེ་ལྟར་ཤིན་ཏུ་སྙེད་ དཀའི་དལ་འབྱོར་ཐོབ་ཚེ་ཆོས་འབའ་ཞིག་བྱའི་སྡིག་པ་བྱར་མི་རུང་སྟེ། སློབ་མ་སྤྲིང་བར། གང་ཞིག་ཐོབ་ནས་སྐྱེ་བའི་རྒྱ་མཚོ་མཐར་འབྱིན་ཅིང༌། །བྱང་ཆུབ་མཆོག་གི་ས་བོན་དགེ་ བའང་འདེབས་བྱེད་པ། །ཡིད་བཞིན་ནོར་བས་ཀྱང་ནི་ཆེས་ལྷག་གྱུར་པ་ཡི། །མི་ཉིད་དེ་ནི་ སུ་ཞིག་འབྲས་བུ་མེད་པར་བྱེད། །ཅེས་སོ། །དེ་ལྟར་ཆོས་བྱེད་པ་ཡང༌། ད་ལྟར་ཉིད་ན་ཤིན་ ཏུ་བརྩོན་པས་བསྒྲུབ་དགོས་སོ། །ཞེ་སྟོན་པ། འཆི་བ་མི་རྟག་པ་བསམ་པ་ལ་གསུམ་སྟེ། འཆི་ ངེས་པ། ནམ་འཆི་ཆ་མེད་པ། འཆི་ལ་ཅིས་ཀྱང་མི་ཕན་པའོ། ། དང་པོ་ལ་གསུམ། སྤྱིར་འདུས་བྱས་ཐམས་ཅད་མི་རྟག་པ། ཁྱད་པར་སྐྱེས་བུའི་ཚེ་མི་ རྟག་པ། ཡང་སྒོས་ཚེ་ལ་སྣོན་པ་མེད་ཅིང་འབྲིད་པ་ཁོ་ན་ཡོད་པས་བདག་འཆི་ངེས་པའོ། ། གཉིས་པ་ལའང་སྟེ་འཆི་རྐྱེན་མང་དྲག་པ་དང༌། འཆི་རྐྱེན་ཤིན་ཏུ་ཉུང་ཞིང༌། སྐབས་ལ་ ལར་འཆི་རྐྱེན། འཚོ་རྐྱེན་དུ་འགྱུར་བ་དང༌། རང་གི་སྐྱེ་བ་སྔ་མའི་ལས་འཕྲོ་དང༌། ཚེ་ཅི་ཡོད་ མི་ཤེས་པས་ནམ་འཆི་ཆ་མེད་པའོ། ། གསུམ་པ་ལ་ཡང་གསུམ་སྟེ། བསགས་པའི་ནོར། བསྐྱངས་པའི་མཉེན། ཐ་ན་རང་གི་ ལུས་ཀྱིས་ཀྱང་གསོ་དཀའ་ལ་འཇིག་སླ་བས་མི་ཕན་ནོ། །འཆི་བ་ཐོག་ཏུ་བབ་ཚེ་ཤཱཀ་ཐུབ་ ཀྱིས་བྱིན་རླབས། སྨན་ལྷས་གསོ་དཔྱད། ཕྱག་རྡོར་ཀྱིས་སྔགས་བསྲུངས་མཛད་ཀྱང་མི་ཐུབ་ བོ། །ཤི་ནས་ཀྱང་ལུས་མེད་པར་འགྲོ་ཡང༌། སེམས་མེད་པར་མི་འགྲོ་བར། སྔར་བྱས་ཀྱི་ལས་ 1-1-409 ཀྱི་རྗེས་སུ་འབྲངས་ནས་ལུས་ལེན་པས། ལས་རྒྱུ་འབྲས་བསམ་པ་ནི། རིན་ཆེན་ཕྲེང་བར། མི་དགེ་བ་ལས་སྡུག་བསྔལ་འབྱུང༌། །དེ་བཞིན་ངན་འགྲོ་ཐམས་ཅད་དོ། །དགེ་ལས་བདེ་ འགྲོ་ཐམས་ཅད་དང༌། །སྐྱེ་བ་ཀུན་ཏུ་བདེ་བ་དག །ཅེས་གསུངས་པ། འདི་ལ་གསུམ། དགེ་ སྡིག་གི་རྒྱུ་དང༌། ངོ་བོ་དང༌། འབྲས་བུ་མི་འཁྲུལ་བར་བསམ་ནས་བླང་དོར་བྱ་བའོ། །དང་པོ་ མི་དགེ་རྒྱུ་ནི། འདོད་ཆགས་ཞེ་སྡང་གཏི་མུག་གོ །དགེ་བའི་རྒྱུ་ནི། འདོད་ཆགས་ཞེ་སྡང་གཏི་ མུག་མེད་པའི་སེམས་སོ། །དང་པོ་ལ་མི་དགེ་བཅུ་ནི། སྲོག་གཅོད་མ་བྱིན་ལེན་འདོད་ལོག་ གསུམ། བརྫུན་ཕྲ་མ་ཚིག་རྩུབ་ངག་འཁྱལ་པ། བརྣབ་སེམས་གནོད་སེམས་ལོག་ལྟ་གསུམ་ མོ། །དགེ་བ་བཅུ་ནི། སྲོག་གཅོད་སོགས་སྤངས་ཏེ་ཚེ་གནས་པའི་རྐྱེན་བྱེད་པོ་སོགས་ཀྱི་ལས་ དཀར་པོ་བཅུའོ། །འབྲས་བུ་ལ་མི་དགེ་བཅུའི་རྣམ་སྨིན་ཀྱི་འབྲས་བུ་ནི། ངན་སོང་གསུམ་མོ། ། བདག་པོའི་འབྲས་བུ་ནི། ཡུལ་ཕྱོགས་སུ་བཀྲ་མི་ཤིས་པའོ། །བྱེད་པ་རྒྱུ་མཐུན་ནི། མི་དགེ་ བ་འཕེལ་བ་དང༌། གོ མས་པ་ཇེ་ཆེ་ལ་འགྲོ་བའོ། །མྱོང་བ་རྒྱུ་མཐུན་ནི། ཕྱི་མ་མཐོ་རིས་སུ་ སྐྱེས་ནའང་ཚེ་ཐུང་བ་སོགས་འགྱུར་རོ། །རྣམ་སྨིན་གྱི་འབྲས་བུ་ལ། མི་དགེ་བ་བཅུ་ཆེན་པོས་ དམྱལ་བ། འབྲིང་པོས་ཡི་དྭགས། ཆུང་ངུས་དུད་འགྲོར་སྐྱེའོ། །བསམ་སྦྱོར་དྲག་པོ་དང་ལན་ གྲངས་བཞི་ཡན་ཆོད་ཆེན་པོ་དང༌། བསམ་སྦྱོར་འབྲིང་པོ་དང་ལན་གྲངས་གཉིས་གསུམ་ནི་ འབྲིང་པོ་དང༌། བསམ་སྦྱོར་ཞན་པ་དང་ལན་གྲངས་གཅིག་ནི་ཆུང་ངུའོ། །དེ་བཞིན་དུ་དགེ་ བ་བཅུ་ཆེན་པོས་བྱང་ཆུབ་དང༌། འབྲིང་པོས་ཁམས་སུམ་གྱི་ལྷ་དང༌། ཆུང་ངུ་མིར་འགྱུར་ རོ། །གཞན་གཉིས་པོ་ཡང༌། ཡུལ་ཕྱོགས་བཀྲ་ཤིས་པ་སོགས་མི་དགེ་བའི་ལས་བཟློག་པའི་ འབྲས་བུ་རྣམས་སུ་འགྱུར་རོ། །གསུམ་པ་འབྲས་བུ་མི་འཁྲུལ་བ་བསམ་པ་ནི། མདོ་ལས། སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ནི། ས་དང་ཆུ་དང་མེ་དང་རླུང་དང༌། ནམ་མཁའི་ཁམས་ ལ་མི་སྨིན་ཞིང༌། རང་གིས་བྱས་པ་རང་གིས་ཉམས་སུ་མྱོང་བར་འགྱུར་ཏེ། ལུས་ཅན་ 1-1-410 རྣམས་ཀྱི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཟད་མི་འགྱུར། །ཚོགས་ཤིང་དུས་ལ་བབ་ པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་གསུངས་པས། ལས་དཀར་ནག་ཕྲ་མོ་ཡང་ ཁྱད་དུ་མི་གསོད་པར་སྡིག་པ་ཕྲ་ཞིང་ཕྲ་བ་ནས་སྤང་ཞིང༌། དགེ་བ་ཕྲ་ཞིང་ཕྲ་བ་ནས་བསྒྲུབ་ པར་བྱའོ། །དམྱལ་བའི་སྡུག་བསྔལ་བསམ་པ་ནི། ཡང་སོས། ཐིག་ནག །སྡུས་འཇོམས། ངུ་ འབོད། ངུ་འབོད་ཆེན་པོ། ཚ་བ། རབ་ཏུ་ཚ་བ༑ མནར་མེད་པ་སྟེ་ཚ་དམྱལ་བརྒྱད་དོ། །འདི་ དག་གི་ཕྱོགས་བཞི་ན་མེ་མ་མུར་གྱི་འོབས། རོ་མྱག་གི་འདམ། ཐལ་ཆེན་གྱི་ཆུ་བོ་རབ་མེད། སྤུ་གྲི་གདམས་པའི་ཐང་སོགས་ནི་ཚ་དམྱལ་གྱི་ཉེ་འཁོར་བའོ། །རྒྱ་མཚོའི་གླིང་སོགས་ན་ ཉིན་ནུབ་གང་རེ་མཐོ་རིས་ཀྱི་བདེ་བ་མྱོང༌། གང་རེ་དམྱལ་བའི་སྡུག་བསྔལ་མྱོང་བ་ནི། ཉི་ཚེ་ བའི་དམྱལ་བའོ། །གྲངས་དམྱལ་བརྒྱད་ནི། ཆུ་བུར་ཅན། ཆུ་བར་རྡོལ་པ་ཅན། ཨ་ཆུ་ཟེར་བ། ཀྱི་ཧུད་ཟེར་བ། སོ་ཐམ་པ། ཨུཏྤལ་ལྟར་གས་པ། པད་མ་ལྟར་གས་པ། པད་མ་ཆེན་པོ་ལྟར་ གས་པ། སྡུག་བསྔལ་ཆུང་ངུ་ནི། མིའི་སྡུག་བསྔལ་ཇི་སྙེད་པ། གཅིག་ཏུ་བསྡུས་པ་དམྱལ་བའི་ འབུམ་གྱི་ཆར་ཡང་མི་ཕོད་དོ། །ཞེས་པས། ཡང་སོས་པ་ཚ་དམྱལ་གྱི་སྡུག་བསྔལ་ཆུང་ཤོས་ ཡིན་ལ༑ འོག་མ་འོག་ལ། སྡུག་བསྔལ་ཉིས་འགྱུར་གཉིས་འགྱུར་གྱིས་ཆེའོ། །གྲང་དམྱལ་ པའི་སྡུལ་བསྔལ་ཆུང་ཤོས་ཆུ་བུར་ཅན་ཡིན་ལ། འོག་མ་འོག་མ་གཉིས་འགྱུར་གཉིས་འགྱུར་ གྱིས་ཆེ་ལ། དེ་བཞིན་དུ་ཚེ་ཡང་སྡེ་ཆེན་པོ་གཉིས་ཀ་རིམ་པ་རིམ་པས་རིང་ངོ༌། །འདི་རྣམས་ ཀྱི་སྡུག་བསྔལ་ཆེ་ལུགས་དང༌། ཚེ་རིང་ལུགས་བསམ་ལ། བདག་འདི་རྣམས་སུ་སྐྱེས་ན་ཅི་ ཙུག་བྱེད། འདི་འདྲའི་སྡུག་བསྔལ་བཟོད་དམ། འདི་འདྲའི་ལས་ནག་རང་ལ་བྱེད་ཕོད་དམ་ སྙམ་དུ་བསམ་ལ། སྔར་བྱས་ཀྱི་སྡིག་པ་ལ་དུག་ཟོས་པས་ཀྱང་འགྱོད་པའི་བཤགས་པ་དང༌། ཕྱིན་ཆད་སྲོག་ལ་བབ་ཀྱང་མི་བྱེད་པའི་སྡོམ་སེམས་བརྟན་པོ་དང༌། གཉེན་པོ་དང་དགེ་བ་ སྟོབས་ལྡན་ལ་འབད་པར་བྱའོ། །དེ་བཞིན་དུ་ཡི་དྭགས་དང་དུད་འགྲོའི་སྡུག་བསྔལ་བསམ་ 1-1-411 པར་བྱ་སྟེ། བཤེས་སྤྲིང་དུ། ཡི་དྭགས་རྣམས་ལ་སོས་ཀའི་དུས་སུ་ནི། །ཟླ་བའང་ཚ་ལ་དགུན་ ནི་ཉི་མའང་གྲང༌། །ལྗོན་ཤིང་འབྲས་བུ་མེད་འགྱུར་འདི་དག་གིས། །བལྟས་པ་ཙམ་གྱིས་ ཀླུང་ཡང་སྐམ་པར་འགྱུར། །ཁ་ཅིག་ཁ་ནི་ཁབ་ཀྱི་མིག་ཙམ་ལ། །ལྟོ་ནི་རི་བོའི་གཏོས་ཙམ་ བཀྲེས་པས་ཉེན། །མི་གཙང་གྱི་ནར་བོར་བ་ཅུང་ཟད་ཀྱང༌། །བཙལ་བའི་མཐའ་དང་ལྡན་ པ་མ་ལགས་སོ། །ཞེས་སོགས་དང༌། དུད་འགྲོ་རྣམས་གླེན་ཞིང་གཏི་མུག་པ། གཞན་གྱིས་ བཀོལ་བ་འཚོགས་པ་གཅིག་གིས་གཅིག་ཟ་བའི་སྡུག་བསྔལ་བསམ་ལ། སྔར་བཞིན་བདག་ དེ་རྣམས་སུ་སྐྱེས་ན་ཅི་ཙུག་བྱེད་ཅེས་སོགས་ཀྱིས་བསམ་པར་བྱའོ། །དེ་ལྟར་དགེ་སྡིག་ལ་ བླང་དོར་བྱས་ནས། ངན་འགྲོར་མི་འགྲོ་བ་དང༌། བདེ་འགྲོ་ཐོབ་ཙམ་གྱིས་མི་ཆོག་སྟེ། འཁོར་ བ་ཐམས་ཅད་སྤངས་པའི་ཐར་པ་ཐོབ་དགོས་པས། བཞི་པ་འཁོར་བའི་ཉེས་དམིགས་བསམ་ པ་ལ་གཉིས། སྤྱིའི་ཉེས་པ་བསམ་པ་དང༌། བྱེ་བྲག་གི་ཉེས་པ་བསམ་པའོ། །དང་པོ་ནི། ཟག་ བཅས་འདུས་བྱས་ཐམས་ཅད་ནི་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ། དེའི་འཕེལ་འགྲིབ་བྱེད་ ཀྱི་ཁྱད་པར་ནི། རྣམ་པར་འགྱུར་བའི་སྡུག་བསྔལ། ལུས་ཀྱི་ན་ཚ༑ སེམས་ཀྱི་སྡུག་བསྔལ། དངོས་སུ་ཉམས་སུ་མྱོང་བ་ནི་སྡུག་བསྔལ་གྱི་སྡུག་བསྔལ་ཏེ་སྡུག་བསྔལ་གསུམ། སྐྱེ་རྒ་ན་ འཆི་བཞི། ནང་གི་སྡུག་བསྔལ། འདོད་པ་བཙལ་ཏེ་མ་རྙེད་པ། མི་འདོད་པ་ཐོག་ཏུ་བབ་པས་ སྡུག་པ་དང༌། བྲལ་བ་ཉེར་ལེན་གྱི་ཕུང་པོ་བཞི་ནི་ཕྱིའི་སྡུག་བསྔལ་ཏེ། སྡུག་བསྔལ་བརྒྱད་ དང༌། སྔར་ལུས་གྲངས་མེད་པ་བླངས་པ། འདོད་དོན་ལ་ངེས་པ་མེད་པ། དགྲ་གཉེན་སོགས་ གཅིག་ཏུ་ངེས་པ་མེད་པ། མཐོན་པོ་དམའ་མོར་འགྱུར་བ་སོགས་ཚད་མེད་པའོ། །གཉིས་པ་ བྱེ་བྲག་གི་ཉེས་པ་ནི། དམྱལ་བ་ལ་ཚ་གྲང༌། ཡི་དྭགས་ལ་བཀྲེས་སྐོམ། དུད་འགྲོ་ལ་གཅིག་ ལ་གཅིག་ཟའི་གླེན་ལྐུགས། མི་ལ་ཡོངས་ཚོལ་སོགས། ལྷ་མ་ཡིན་འཐབ་རྩོད། ལྷ་བག་མེད་ ཅིང་ལྟུང་བའི་སྡུག་བསྔལ་ཚད་མེད་དེ། མདོར། འཁོར་བ་ཁབ་ཀྱི་རྩེ་ཙམ་ནའང་བདེ་བ་ནམ་ 1-1-412 ཡང་ཡོད་མ་ཡིན། ཞེས་དང༌། རྒྱུད་བླར། འཁོར་བའི་སྐྱེ་འཆི་ཐོག་མ་མེད་དེར་འགྲོ་བའི་ ལམ་ནི་རྣམ་པ་ལྔ། །མི་གཙང་བ་ལ་དྲི་ཞིམ་མེད་བཞིན་འགྲོ་ལྔ་དག་ན་བདེ་བ་མེད། །ཅེས་ གསུངས་པས། འཁོར་བ་ལ་བཙོན་ཁང་གི་འདུ་ཤེས། གཉེན་ཉེ་དུ་ལ་བཙོན་བསྲུང་གི་འདུ་ ཤེས། ནོར་རྫས་ལ་རྟེན་གྱི་འདུ་ཤེས་སྐྱེད་ལ། འཁོར་བ་ལ་ཞེན་པ་བཟློག་ཅིང༌། ཐར་ལམ་ ལ་བརྩོན་པར་བྱའོ། ། ༈ གཉིས་པ་དངོས་གཞི་བྱང་ཆུབ་ཀྱི་སེམས་བསྒོམ་པ་ལ་གཉིས། ཀུན་རྫོབ་བྱང་ཆུབ་ ཀྱི་སེམས་བསྒོམ་པ་དང༌། དོན་དམ་བྱང་ཆུབ་ཀྱི་སེམས་བསྒོམ་པའོ། །མདོ་སྡེ་རྒྱན་ལས། བྱིས་པ་རྨོངས་པ་རང་གི་བདེ་དོན་བརྩོན། །རྟག་ཏུ་དེ་མ་ཐོབ་པར་སྡུག་བསྔལ་གྱུར། །བརྟན་ པ་རྟག་ཏུ་གཞན་དོན་བརྩོན་པ་ནི། །གཉིས་ཀའི་དོན་བྱས་མྱ་ངན་འདས་པར་འགྱུར། །ཞེས་ པས། བདག་གིས་སེམས་ཅན་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པར་བྱ་སྙམ་པས་བླ་མ་ དཀོན་མཆོག་ལ་སྐྱབས་ཞེ་ཐག་པ་ནས་བྱས་ནས། སྙིང་རྗེ་བྱང་ཆུབ་ཀྱི་སེམས་བྱམས་པ་བྱང་ ཆུབ་ཀྱི་སེམས་དང༌། ཟུང་འཇུག་བྱང་ཆུབ་ཀྱི་སེམས་བསྒོམ་པའོ། ། དང་པོ་ནི། རང་གི་ལུས་འདི་བསྐྱེད་པའི་མ་མདུན་དུ་དམིགས་ལ། བདག་མི་ལུས་ཐོབ་ པ་དབང་པོ་ཚང་བ། མི་གྲལ་དུ་ཚུད་པ། ད་ལྟ་ཆོས་བྱ་རྒྱུ་བྱུང་བ་རྣམས་མ་འདིའི་དྲིན་ཡིན། མ་དྲིན་ཅན་འདི་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །བདེ་བ་དང་བདེ་བའི་རྒྱུ་ དང་ལྡན་པ་ལ་འགོ ད་པར་བྱའོ། །ཞེས་པ་ཉི་ཤུ་སུམ་ཅུ་རེ་བསྒོམ། མ་འདིས་བདག་མངལ་ དུ་གནས་པའི་ཚེ་ནས། བདག་གི་བུ་འདི་དགའ་མོ་མགོ་ཐོན་ཅིག་བྱུང་ན་སྙམ་ནས། ཕན་ པའི་ཟས་དང་གོས་དང་སྤྱོད་ལམ་ཚོ་བསྟན། དེ་ནས་སྐྱེས་པ་དང་བུ་རང་ལྟ་བུ་དེ་རང་གི་ཤ་ ལ་གཅར། ཟས་ཐམས་ཅད་ལྕེས་སྙོད། མི་གཙང་བ་ལག་པས་ཕྱིས་པ་ལ་སོགས་པའི་སྒོ་ ནས་བསྐྱངས། ཆེར་སྐྱེས་ནས་ཡང་མི་འདོད་པ་དང༌། སྡུག་བསྔལ་ཐམས་ཅད་མ་རང་གིས་ 1-1-413 ཁུར། ཟས་གོས་ནོར་ལོངས་སྤྱོད་ལ་སོགས་པ་བདོག་པ་ཐམས་ཅད་བུ་ལ་གཏད། མོ་ལ་ དབང་ཡོད་ན་འཁོར་ལོ་བསྒྱུར་བའི་རྒྱལ་པོའི་དཔལ་འབྱོར་ཕུན་སུམ་ཚོགས་པ་ཐམས་ཅད་ ཀྱང༌། མོ་ཡིས་བུ་ལ་གཏད་ཀྱང་ཆེས་པ་མེད་སྙམ་པའི་སྒོ་ནས་བདག་བསྐྱངས་པས་མ་དྲིན་ ཅན་འདི་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །ཅེས་སོགས་སྦྱར་བསྒོམ། དེ་དག་ ནི་ཚེ་འདིའི་དྲིན་ཡིན་ལ། བཤེས་སྤྲིང་ལས། མ་ཡི་ཐོག་མཐའ་རྒྱ་ཤུག་ཚིག་གུ་ཙམ། །རིལ་ བུར་བགྲངས་ཀྱང་ས་ཡིས་ལངས་མི་འགྱུར། །རེ་རེས་རྒྱ་མཚོ་བཞི་བས་ལྷག་པ་ཡི། །འོ་མ་ འཐུངས་ཏེ་ད་དུང་སོ་སོ་ཡི། །སྐྱེ་བོའི་རྗེས་སུ་འབྲང་བའི་འཁོར་བ་པས། །དེ་བས་ཆེས་མང་ ཉིད་ཅིག་བཏུང་འཚལ་ལོ༑ ༑རེ་རེའི་བདག་ཉིད་རུས་པའི་ཕུང་པོ་ནི། །ལྷུན་པོ་མཉམ་པར་ སྙེད་ཅིག་འདས་གྱུར་ཏེ། །ཞེས་པས། མ་འདིས་ཐོག་མེད་ནས་ད་ལྟའི་བར་དུ་བདག་གི་མ་ ཡང་དང་ཡང་དུ་བྱས་པའི་ལན་གྲངས་རྩིས་ན། ས་ཆེན་པོའི་རྡུལ་ལས་འདས། དེའི་བར་གྱི་ ཟས་སྐོམ་བྱིན་པ་རྣམས་བསགས་དུ་རུང་ན། དབྱར་གྱིལྷོ་སྤྲིན་སྨུག་པོ་བས་ཀྱང་མང༌། ཟས་ བྱིན་པ་རྣམས་བསག་ཏུ་རུང་ན། ས་རྡོ་རི་བྲག་བས་མང༌། བཏུང་བ་བྱིན་པ་རྣམས་བསག་ཏུ་ རུང་ན། རྒྱ་མཚོ་དང་ཆུ་བོ་བས་མང༌། དེ་རྣམས་རགས་པ་རྣམས་ཡིན་གྱི། ཕྲ་བ་ནས་རྩིས་ ན། མས་བུ་ཕྱིར་དུ་བྱིན་པའི་ནུ་ཞོ། ངུས་པའི་མཆི་མ་ཟགས་པའི་ཁྲག་ཀྱང་རྒྱ་མཚོ་བས་མང༌། སྲོག་དོར་བའི་རུས་པའི་ཕུང་པོ་ཡང་ལྷུན་པོ་ལས་ལྷག་པར་སོང་བས། དེ་ལྟར་དཀའ་བ་ དཔག་མེད་ཀྱིས་བདག་བསྐྱངས་པའི་མ་དྲིན་ཅན་འདི། བདེ་བ་དང་བདེ་བའི་རྒྱུ་སོགས་སྔར་ བཞིན་བསྒོམ་མོ། །དེ་བཞིན་ཕ་ལ་སོགས་པའི་གཉེན་དང༌། དགྲ་ལ་སོགས་པའི་མཁའ་ཁྱབ་ ཀྱི་སེམས་ཅན་ཐམས་ཅད་དང༌། རྩ་བའི་ཕ་མ་གཉིས་པོ་མ་ཡིན་མིན་དང་དྲིན་ཆེ་ཆུང་ལན་ གྲངས་མང་ཉུང་ལ་ཁྱད་པར་ཅུང་ཟད་ཀྱང་མེད་པས། མ་ནམ་མཁའ་དང་མཉམ་པའི་སེམས་ ཅན་ཐམས་ཅད་ལ་བསྒོམ་ཞིང༌། རེས་འགའ་ངན་སོང་གསུམ། ལྷ་མི་གཉིས་དེ་ལམ་རྒྱུད་ལྔ་ 1-1-414 ལ་རིམ་པར་བསྒོམ། རེས་འགའ་ཕྱོགས་བཞི་མཚམས་བཞི་སྟེང་འོག་གཉིས་ཏེ་ཕྱོགས་བཅུ་ ལ་རིམ་པར་བསྒོམ་མོ། ། གཉིས་པ་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ་པ་ནི་གསུམ་མོ། །དམྱལ་བ་ཡང་སོས་ལ་ སོགས་ན་སོང་བའི་སྡུག་བསྔལ་དྲག་པོ་སྡུག་བསྔལ་ཡུན་རིང་བ་རྣམས་བློ་ཡུལ་དུ་བྱས་ལ། དམྱལ་བ་ཡང་སོས་པ་འདི་རྣམས་ཀྱང་ངའི་སྔོན་གྱི་ཕ་མ་དྲིན་ཅན་ཡིན་ན། ངའི་ཕ་མ་དམྱལ་ བར་སྐྱེས་སོ་འདི་འདྲའི་སྡུག་བསྔལ་བཟོད་དམ། ངའི་ཕ་མ་སྙིང་རེ་རྗེ། ངའི་ཕ་མ་ཡང་སོས་ པ་འདི་རྣམས་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །བྲལ་བ་དགོས་ པར་བྱའོ། །ཞེས་པ་ཉི་ཤུ་སུམ་ཅུ་རེ་བསམ་བྱའོ། །དེ་རྣམས་ལ་ར་མདའ་ཞུ་བའི་ཕྱིར། སྐབས་ སུ་བླ་མ་དཀོན་མཆོག་ལ་གསོལ་འདེབས་དང་སྐྱབས་འགྲོ་བྱའོ། །ཚུལ་འདི་བཞིན་དུ་གཞན་ ལ་ཡང་རིགས་སྒྲེས་ནས་བསྒོམ་པ་ནི། འབྲས་བུ་ལ་དམིགས་ནས་སྙིང་རྗེ་བསྒོམ་པའོ། །རྒྱུ་ ལ་དམིགས་ནས་སྙིང་རྗེ་བསྒོམ་པ་ནི། མཐོ་རིས་ན་ཡོད་པ་རྣམས་ཀྱང་བདག་གི་སྔོན་གྱི་ཕ་ མ་དྲིན་ཅན་ཤ་སྟག་ཡིན་ན། འདི་རྣམས་ཕལ་ཆེར་བྱས་པས་ཆོག་པའི་དགེ་བ་མེད་པར་མ་ བྱས་པས་ཆོག་པས་སྡིག་པ་སོགས་དོན་མེད་ཀྱི་བྱ་བ་བྱེད་པ། ཐབས་མི་མཁས། དྲིན་མི་གཟོ་ བ། བསྙོན་པ་གཡང་ལ་འཆིངས་པ་དང༌། གླེན་པ་བཙན་དུག་ཟ་བ་དང༌། འདྲེ་དབབ་རང་སྲོག་ གཅོད་པ་འདྲ་འདི་རྣམས་སྙིང་རེ་རྗེ། བདག་གི་ཕ་མ་ལྷ་མི་ཐམས་ཅད་སྡུག་བསྔལ་དང་སྡུག་ བསྔལ་གྱི་རྒྱུ་དང་བྲལ་ན་རེ་དགའ་སྟེ་བྲལ་བར་གྱུར་ཅིག །ཅེས་ཉི་ཤུ་སུམ་ཅུ་རེ་བསྒོམས་ལ། དེའི་ཕྱིར་དུ་དཀོན་མཆོག་ལ་གསོལ་བ་གདབ་བོ། །གསུམ་པ་ཟུང་འཇུག་བྱང་ཆུབ་ཀྱི་སེམས་ བསྒོམ་པ་ནི། བདག་གི་ཕ་མ་མཁའ་མཉམ་གྱི་སེམས་ཅན་རྣམས་སྡུག་བསྔལ་མེད་པའི་བདེ་ བ་ལ་སྦྱར་ནུས་པའི་ནུས་པ་ནི། རྫོགས་པའི་སངས་རྒྱས་ཁོ་ན་ལ་ཡོད་ཀྱི་གཞན་སུ་ལ་ཡང་ མེད་པས། བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པར་ 1-1-415 བྱ་སྙམ་པ་ཡང་ཡང་བྱ༑ སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ ཆུས་འདོད། །ཅེས་པའི་དོན། ཡན་ལག་བདུན་པ་བསྡུས་པ་སྔོན་དུ་འགྲོ་བས། སངས་རྒྱས་ ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་ བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །ཞེས་པ་ལན་གསུམ་གྱིས་སེམས་བསྐྱེད་ བླངས་ལ། འཇུག་པའི་སྤྱོད་པ་བྱ་བའི་ཕྱིར་དགེ་བ་གང་བྱེད་ཐམས་ཅད་སེམས་ཅན་ཐམས་ ཅད་ཀྱིས་སངས་རྒྱས་ཐོབ་པར་བྱ་བའི་ཕྱིར་དུ་བྱ་ཞིང༌། བདག་གི་བདག་དང་གཞན་རྣམས་ ནི། །མྱུར་པ་བསྐྱབ་པ་འདོད་པ་དེས། །བདག་དང་གཞན་དུ་བརྗེ་བྱས་པའི། །གསང་བ་དམ་ པ་སྤྱད་པར་བྱ། །ཞེས་པ་ལྟར་སེམས་ཅན་ཐམས་ཅད་ཀྱི་སྡིག་སྡུག་རྣམས་བདག་ལ་བསྡུས་ ཤིང་སྨིན་པ་དང༌། བདག་གི་བདེ་དགེ་རྣམས་སེམས་ཅན་ཐམས་ཅད་ལ་སྤྲོས་ནས་དེ་རྣམས་ ཀྱིས་ཐོབ་ཅིང་མྱོང་བར་ཡང་ཡང་བསམ། རེས་འགའ་རླུང་ཕར་འགྲོ་ཚུར་འགྲོ་ལ་དམིགས་ པ་བསྐྱོན་ལ་བསྒོམ། སྤྱོད་ལམ་ཀུན་ཏུ་ཡང༌། གཞན་སྡིག་སྡུག་བསྔལ་ཅི་སྙེད་པ། །དེ་ཀུན་ བདག་ལ་སྨིན་གྱུར་ཅིག །བདག་གི་བདེ་དགེ་ཅི་སྙེད་པ། །དེ་ཀུན་གཞན་ལ་སྨིན་གྱུར་ཅིག ། ཅེས་པའི་ཚིག་ལ་བརྟན་ཅིང་བསྒོམ། གཉིས་པ་དོན་དམ་བྱང་ཆུབ་ཀྱི་སེམས་བསྒོམ་པ་ནི། བླ་མ་དཀོན་མཆོག་ལ་སྐྱབས་འགྲོ་དང་གསོལ་འདེབས་བྱས་ནས་བདག་གིས་རྫོགས་པའི་ སངས་རྒྱས་ཐོབ་པའི་ཕྱིར། དོན་དམ་བྱང་ཆུབ་ཀྱི་སེམས་བསྒོམ་པར་བྱ། ཞེས་སེམས་བསྐྱེད་ ལ། ལུས་རྣམ་སྣང་གི་ཆོས་དྲུག་དང་ལྡན་པས། མི་རྟོག་ཏིང་འཛིན་འདི་ལྟར་བསྒོམ། །དུས་ གསུམ་རྟོག་པའི་ཕྲེང་ཐག་བཅད། །མ་བཅོས་ལྷུག་པ་སོ་མའི་ངང༌། །གསོལ་ལེ་སེང་ངེ་རེ་ ང་བ། །དེ་ནི་ཞི་གནས་ཏིང་འཛིན་ནོ། །ཐམས་ཅད་རང་ནི་སེམས་སུ་མཐོང༌། །སེམས་ཉིད་ དངོས་མེད་སྟོང་བ་དང༌། །རྣམ་རྟོག་གང་སྐྱེས་ཐམས་ཅད་ལ། །མ་ཡེངས་ཆེས་ཆེར་བལྟས་ པའི་ཚེ། །ངེས་བཟུང་མེད་པར་དངོས་མེད་དུ། །ལྷག་ལྷག་མཐོང་བ་ལྷག་མཐོང་ངོ༌། །དེའི་ 1-1-416 ངང་ལ་མ་ཡེངས་བཞག །ཉོན་མོངས་ལ་སོགས་རྣམ་པར་རྟོག །སྐྱེས་ཚེ་སེམས་དེའི་ངོ་བོ་ ཉིད། །གར་སྐྱེས་གང་གནས་གང་དུ་སོང༌། །དཀར་ནག་ལ་སོགས་ཁ་དོག་ཅི། །ཕྲ་རགས་ རིང་ཐུང་ཁྱད་པར་གང༌། །ཕྱི་ནང་བར་གསུམ་གནས་པ་རུ། །ཡང་ཡང་བཙལ་ཞིང་བརྟག་ པར་བྱ། །མ་སྙེད་དེའི་ངང་ལ་བཞག །རྗེས་ཐོབ་ཆོས་ཀུན་སྒྱུ་མ་ལྟར། །ཤེས་པའི་ངང་ནས་ བསོད་ནམས་བསགས། །ན་ཚ་བྱུང་ན་གཞིག་ལ་སྟོང་ར་བཅའ། ཁོལ་བུར་ན་ར་བུ་ག་གཟེར་ འབྱིན་བསྒོམ། །འདྲེ་བགེགས་ཆེ་ན་ལུས་སྲོག་གཟན་དུ་བསྐུར། །ཞེས་པ་བསྒོམ་མོ། ། གཉིས་པ་རྗེས་ནི། སྔར་བསྟན་པའི་སྔོན་འགྲོ་ནས་དངོས་གཞིའི་བར་གྱི་དགེ་བ་གང་ གང་བྱས་པའི་རྗེས་སུ། དགེ་བ་དེ་དག་ཐམས་ཅད་འགྲོ་བ་རྣམས་ཀྱིས་རྒྱས་ཐོབ་ཕྱིར་དུ་བསྔོ་ བ་དང་སྨོན་ལམ་གྱིས་རྒྱས་གདབ་པར་བྱའོ། ། ༈ ད་ནི་ཐུན་མོང་མ་ཡིན་པའི་ཟབ་ལམ་གྱི་ཁྲིད་སྟོན་ཏེ། འདིར་ཐེག་པ་གསུམ་གྱི་ བཅུད་ཕྱུང་ཞིང༌། མདོ་རྒྱུད་ཐམས་ཅད་ཀྱི་སྙིང་ངོ༌། །དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ ཀྱི་བགྲོད་པ་གཅིག་པའི་ལམ་མཆོག་མཐར་ཐུག །རྣལ་འབྱོར་པ་སྐལ་བ་དང་བརྩོན་འགྲུས་ ཆེན་པོ་ནས་རྩེ་གཅིག་ཏུ་བླངས་པ། ཚེ་གཅིག་ལ་སངས་རྒྱས་ཉེ་ལམ་མྱུར་ལམ། རྒྱུད་ཀྱི་རྒྱལ་ པོ་གཞན་དུ་མ་རྣམས་སུ་སྦས་ཤིང་གསང་བའི་དོན་དཔལ་དུས་ཀྱི་འཁོར་ལོའི་རྩ་རྒྱུད་བསྡུས་ རྒྱུད་གཉིས་སུ་སྐལ་ལྡན་གྱི་དོན་དུ་མ་སྦས་པར། རབ་ཏུ་གསལ་བར་གསུངས་པ་ཤིན་ཏུ་རྣམ་ དག་གི་རིག་པ་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་སྦྱོར་བ་ཡན་ལག་དྲུག་ཉམས་སུ་ལེན་པའི་ཁྲིད་ ལ་དོན་བཞི་སྟེ། གང་ཁྲིད་ན། དབང་ལེར། ཟབ་ཅིང་རྒྱ་ཆེ་ལ་སེམས་བླ་མའི་ངེས་པ་ལ་དགའ་ གཏོང་བའི་ངང་ཚུལ་དད་ལྡན་ཡོན་ཏན་ཤེས། །ཐར་པ་དོན་གཉེར་རྒྱུད་ལ་གུས་ཤིང་གཡོ་བ་ མིན་པའི་སེམས་ལྡན་དེ་ཉིད་ཐོབ་པ་ཤིན་ཏུ་སྦེད། །གདུག་པ་རྣམས་ཀྱི་གྲོགས་ཉམས་སློབ་ མ་དེ་ཉིད་བླ་མ་ཤིན་ཏུ་མཁས་པ་རྣམས་གྱིས་བསྡུ་བྱ་བ། །ཤེས་རབ་དབང་ལ་སོགས་པའི་ 1-1-417 རྒྱུད་དེ་གཞན་ཞེས་བྱ་བ་སླར་ཡང་འབྲིང་པོ་བསོད་ནམས་དག་གི་རྒྱུར། །ཞེས་པའི་མཚན་ ཉིད་ཅན་གྱི་སྐལ་ལྡན་དབང་རྣོན་མཆོག་དོན་དུ་གཉེར་བ་རྫོགས་རིམ་ལ་མོས་པའོ། །སློབ་མ་ འབྲིང་ནི་ཐུང་མོང་གི་དངོས་གྲུབ་ཀྱི་རྒྱུར་དབང་བདུན་ཀྱིས་བསྡུ་བར་བྱའོ། །ཐ་མ་ནི་དབང་ གིས་མི་བསྡུ་བར་དགེ་བསྙེན་ལ་ཐུག་པར་བར་བྱའོ། །གང་གིས་ཁྲིད་ན། དབང་ལེར། དང་ པོར་ཡང་དག་བསྟེན་བྱའི་བླ་མ་དག་ཀྱང་ཞེས་སོགས་དང༌། ཡེ་ལེར། སངས་རྒྱས་ཞལ་འདི་ གང་གི་ཐུགས་དང་ཞལ་ལ་གནས་པར་གྱུར་པ་དེ་ནི་དཔལ་ལྡན་བླ་མའོ། །ཞེས་པས་དབང་ བཞིའི་དོན། སྦྱོར་དྲུག་རང་གིས་བསྒོམས་ནས་ཉམས་སུ་མྱོང༌། སློབ་མ་ལ་བསྟན་ནས་སྐྱོང་ ནུས་པའི་རྡོ་རྗེ་སློབ་དཔོན་གྱིས་ཁྲིད་དོ། །གང་དུ་ཁྲིད་ན། སྐུ་བཞི་ཡེ་ཤེས་ལྔ་ལྡན་གྱི་རྫོགས་ པའི་སངས་རྒྱས་ཀྱི་སར་ཁྲིད་དོ། །ཇི་ལྟར་ཁྲིད་ན། ཡིད་ཆེས་གསུམ་ལྡན་གྱི་སྦྱོར་བ་ཡན་ ལག་དྲུག་གིས་ཁྲིད་ལམ་ནས་ཁྲིད་དོ༑ ༑འཇིག་རྟེན་ཁམས་ལེའི་འགྲེལ་པར། སྔགས་ཀྱི་ཐེག་ པ་འདི་ལ་ཡིད་ཆེས་པ་རྣམ་པ་གསུམ་བཅོམ་ལྡན་འདས་ཀྱི་གསུངས་ཏེ། དང་པོ་རེ་ཤིག་རྒྱུད་ ལ་ཡིད་ཆེས་པ་དང༌། དེ་ནས་བླ་མ་ལ་ཡིད་ཆེས་པ་དང༌། དེ་ནས་བདག་ཉིད་ལ་ཡིད་ཆེས་པ་ རྣམ་པ་འདི་གསུམ་གྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ལམ་ཡོངས་སུ་དག་པར་ འགྱུར་རོ། །རྣམ་པ་གཞན་དུ་ན་ཡིད་ཆེས་པ་གསུམ་མེད་པར་ལམ་གང་བླ་མས་སློབ་མ་ལ་ བསྟན་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་འབྲས་བུ་སྟེར་བ་སོགས་མི་འགྱུར་ཏེ། སློབ་མའི་བླུན་པའི་དད་པ་ཉིད་ཀྱི་ཕྱིར་ཀུན་རྫོབ་ཀྱི་བདེན་པས་འཇིག་རྟེན་པའི་འབྲས་བུར་ འགྱུར་རོ། །ཞེས་སོགས་གསུངས་པས། དང་པོར་རྒྱུད་ལ་ཡིད་ཆེས་པ་ནི་སེམས་ཅན་ཐམས་ ཅད་ལ་དོན་ནམ་ཆོས་སྐུ་དང་པོའི་སངས་རྒྱས་གདོད་ནས་རང་ཆས་སུ་བཞུགས་ ཚུལ་རྒྱུད་རྣམས་ནས་གསལ་ཚུལ། ཁྱད་པར་དུ་དུས་འཁོར་དུ་གསལ་བ་དང་དེ་ཚེ་ གཅིག་ལ་སྔོན་དུ་བྱེད་པའི་ལམ་སྦྱོར་དྲུག་བསྒོམ་དགོས་ཚུལ། བསྒོམས་པས་ཆོས་སྐུའི་སྣང་ 1-1-418 ཚེ་འཆར་ཚུལ། དེ་གོ མས་པས་ཚེ་གཅིག་ལ་སངས་རྒྱས་ཐོབ་ཚུལ། རྒྱུད་ཉིད་ལ་གསལ་ བར་བཞུགས་ཀྱི་རྒྱུད་གཞན་ན་བླ་མའི་མན་ངག་གཞན་ལ་ལྟོས་མི་དགོས་པའོ། །གཉིས་པ་ བླ་མ་ལ་ཡིད་ཆེས་པ་ནི་ས་ལམ་གཞན་གང་རུང་བར་བསྟན་པས་མི་ཆོག་གི། །དུས་འཁོར་ སྦྱོར་དྲུག་དང་བཅས་པ་རང་གིས་གཙོ་བོར་བསྒོམ་ཞིང་གཞན་ལ་ཡང་ལེགས་པར་བསྒོམ་ པའོ། །གསུམ་པ་བདག་ཉིད་ལ་ཡིད་ཆེས་བཞི། རྒྱུད་ལས། ཇི་ལྟར་གསུངས་པ་བཞིན་བླ་ མས་ལེགས་པར་བསྟན་པ་རང་གིས་ལེགས་པར་བསྒོམས་པས་ཡིད་ཆེས་པའི་རྟག་ཆོས་སྐུའི་ སྣང་ཚེ་དུ་སོགས་ཉི་མ་གཅིག་བསྒོམས་པས་མཐོང་ཞིང༌། ཡིད་ཆེས་ལ་བྲོད་པ་སྙེད་པའོ། ། ཁྲིད་ཚུལ་དང་པོ་པ་ལ་གསུམ། རྒྱུད་སྣོད་དུ་རུང་བར་བྱེད་པ་སྔོན་འགྲོའི་ཁྲིད། རྒྱུད་དག་ ནས་བསྒོམ་པ་དངོས་གཞིའི་ཁྲིད། དེའི་ངོ་སྤྲད་ནས་དག་པར་བསྐྱངས་ཚུལ་ལོ། །དང་པོ་ལ་ གཉིས། ཐུན་མོང་གི་སྔོན་འགྲོ་དང༌། ཐུན་མོང་མ་ཡིན་པའི་སྔོན་འགྲོའི་ཁྲིད། དང་པོ་ལ་བཞི། ཆོས་སྤྱོད་ཐམས་ཅད་ཀྱི་ཐོག་མར་བར་ཆད་མེད་ཅིང་རྒྱུད་བྱིན་གྱིས་རློབས་པ་སྐྱབས་འགྲོ་ སེམས་བསྐྱེད་ཀྱི་ཁྲིད། སྡིག་པ་མྱུར་དུ་དག་པར་བྱེད་པ་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་ཀྱི་ ཁྲིད། ཚོགས་མྱུར་དུ་རྫོགས་པར་བྱེད་པ་མཎྜལ་ཀྱི་ཁྲིད། བྱིན་རླབས་མྱུར་དུ་འཇུག་པར་བྱེད་ པ་བླ་མའི་རྣལ་འབྱོར་ཀྱི་ཁྲིད། དང་པོ་ལ་ལྔ། གང་ཟག་དང༌། རྒྱུད་གང་ལ་བརྟེན་པ་དང༌། ཡུལ་གང་ལ་དང༌། དུས་ཅི་ ཙམ་གྱི་བར་དུ་དང༌། ཚུལ་ཇི་ལྟར་སྐྱབས་སུ་འགྲོ་བའོ། །དང་པོ་ལ་བཞི། ངག་གིས་སྤྲོས་པ་ ཅི་རིགས་དུ་གོ ར་གཞུག ། ལྔ་པ་ནི། རང་གར་འདུག་པའི་གནས་དེ་རིན་པོ་ཆེའི་ས་ཕྱོགས་ལག་མཐིལ་ལྟར་མཉམ་ པ་ནམ་མཁའི་མཐའ་ཀླས་པ། ཡངས་ཤིང་རྒྱ་ཆེ་བའི་དབུས་ཅུང་ཟད་ཙམ་མཐོ་བ་ལ་རིན་པོ་ ཆེའི་ཁྲི་པད་ཟླའི་གདན་དང་བཅས་པ་སྟེ། ཚན་ལྔར་ཡོད་པའི་དབུས་ཀྱི་གདན་ལ། དང་པོའི་ 1-1-419 སངས་རྒྱས་ལ་སོགས་པའི་རྩ་བརྒྱུད་ཀྱི་བླ་མ་ཐམས་ཅད་དང༌། དཔལ་དུས་ཀྱི་འཁོར་ལོ་ལ་ སོགས་པའི་རྒྱུད་སྡེ་བཞིའི་ལྷ་ཚོགས། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་སྟོབས་ བཅུ་མི་འཇིགས་པ་བཞི་མ་འདྲེས་པ་བཅོ་བརྒྱད་སོགས་ཆོས་སྐུའི་ངོ་བོར་བཞུགས་པར་ མོས། ཤར་གྱི་གདན་རྣམས་ལ་ཡེ་ཤེས་དེ་དག་ལས་སྤྲུལ་པའི་གཟུགས་ཀྱི་སྐུ་མཚན་དང་ དཔེ་བྱད་འབར་བ་འོད་ཟེར་འཕྲོ་བའི་ལོངས་སྐུ་དང་སྤྲུལ་སྐུ་ཐམས་ཅད་བཞུགས་པར་མོས། ལྷོའི་གདན་རྣམས་ལ་ཕྱིར་མི་ལྡོག་པའི་བྱང་སེམས་འཕགས་པ་རིགས་གསུམ་མགོན་པོ་དང་ བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའི་ཚོགས་དང་སེམས་མའི་ཚོགས་ཐམས་ཅད་ བཞུགས་པར་མོས། བྱང་གི་གདན་རྣམས་ལ་འཕགས་པ་ཤཱ་རིའི་བུ་ལ་སོགས་པའི་རབ་ཏུ་ བྱུང་བའི་ཚོགས་ཐམས་ཅད་བཞུགས་པར་མོས། དམ་པའི་ཆོས་ནི་འཕགས་པའི་ཐུགས་རྒྱུད་ ལ་མངའ་བའི་ལམ་དང་འགོག་པའི་བདག་ཉིད་ཡིན་པས་དམན་པའི་བློ་ལ་རྣམ་པ་གསལ་ བའི་ཕྱིར། དེ་དག་གི་བརྗོད་བྱེད་ནུབ་ཀྱི་གདན་ལ་གླེགས་བམ་དུ་མ་བྲག་རི་བརྩེགས་པ་ ལྟར་བཞུགས་པར་མོས། འདི་རྣམས་ཀྱི་མཐའ་བསྐོར་དུ་མཧཱ་ཀ་ལ་ལྕམ་དྲལ་དང་མཁའ་ འགྲོ་སྡེ་ལྔ་ལ་སོགས་པ་ནང་གི་ཆོས་སྐྱོང་རྣམས་དང༌། རྒྱལ་ཆེན་སྡེ་བཞི་དང་ཕྱོགས་སྐྱོང་བཅུ་ ལ་སོགས་པ་དཔལ་མགོན་བདུན་ཅུ་རྩ་ལྔ། ཕྱིའི་ཆོས་སྐྱོང་ཐམས་ཅད་བཞུགས་པར་མོས་ཏེ། གང་ལ་སྐྱབས་སུ་འགྲོ་བར་བྱ་བའི་ཡུལ་གསལ་གདབ་བོ། །དེ་དག་རྣམས་ཀྱི་མཐའ་བསྐོར་ བའི་ས་གཞི་ཐམས་ཅད་ཁྱད་པར་བདག་དང་སེམས་ཅན་ཐམས་ཅད་འཁོད་དེ། དཀོན་ མཆོག་ལ་མདུན་གྱིས་བལྟས་པས་ཕྱག་འཚལ་ལོ་ཐལ་མོ་སྦྱར། གདོང་མཆི་མ་དང་བཅས་ སེམས་འཁོར་བའི་སྡུག་བསྔལ་གྱིས་སྐྲག་བཞིན་པས། དཀོན་མཆོག་ལ་སྐྱབས་མགོན་ མཚུངས་མེད་མཁྱེན་བརྩེ་ནུས་པའི་བདག་ཉིད་ཅན་ལ་རྩེ་གཅིག་ཏུ་མོས་ཤིང་བློ་གཏད་པའི་ སྒོ་ནས། རང་གཞན་ཐམས་ཅད་བློ་རྩེ་གཅིག་དང་ངག་མགྲིན་གཅིག་པས། བདག་དང་ནམ་ 1-1-420 མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད། བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་ དུ་སྐྱབས་གནས་དམ་པ་བླ་མ་རྣམས་ལ་སྐྱབས་སུ་མཆིའོ། །སངས་རྒྱས་བཅོམ་ལྡན་འདས་ ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་ལ་ སྐྱབས་སུ་མཆིའོ། །ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་སྐྱབས་སུ་མཆིའོ། །མཁའ་འགྲོ་ ཆོས་སྐྱོང་བསྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་པའི་ མཐར། གསོལ་བ་འདེབས་སོ་དཀོན་མཆོག་གསུམ་པོ་མཁྱེན། །བདག་སོགས་སེམས་ཅན་ ཐམས་ཅད་ཐུགས་རྗེས་རྗེས་སུ་བཟུང་དུ་གསོལ། །འཇིགས་རུང་འཁོར་བ་འདི་ལས་བསྒྲལ་ དུ་གསོལ། །སྡུག་བསྔལ་ཆེན་པོ་འདི་ལས་བསྐྱབ་ཏུ་གསོལ། །བདེ་ཆེན་ཐར་པའི་གནས་སུ་ དྲང་དུ་གསོལ། །ཚེ་འདི་བློ་ཡིས་ཐོངས་པར་བྱིན་གྱིས་རློབས། །བྱ་རྒྱུ་ཆོས་ལས་མེད་པར་ བྱིན་གྱིས་རློབས། །བྱམས་དང་སྙིང་རྗེ་འབྱོངས་པར་བྱིན་གྱིས་རློབས། །ཞི་གནས་ལྷག་ མཐོང་འབྱོངས་པར་བྱིན་གྱིས་རློབས། །སྤྱན་དང་མངོན་ཤེས་ཐོབ་པར་བྱིན་གྱིས་རློབས། ། གཟུངས་དང་སྤོབས་པ་ཐོབ་པར་བྱིན་གྱིས་རློབས། །སྒྲིབ་གཉིས་མྱུར་དུ་བྱང་པར་བྱིན་གྱིས་ རློབས། །ཚོགས་གཉིས་མྱུར་དུ་རྫོགས་པར་བྱིན་གྱིས་རློབས། །ཚེ་གཅིག་ལ་སངས་རྒྱས་ ཐོབ་པར་བྱིན་གྱིས་རློབས། །དཀོན་མཆོག་ཁྱེད་ལྟ་བུར་བྱིན་གྱིས་རློབས། །ཞེས་པའི་གསོལ་ འདེབས་སྙིང་ཐག་པ་ནས་བྱའོ། །དེ་མ་ཐག་དཀོན་མཆོག་རྣམས་ཀྱི་སྐུ་ལས་འོད་ཟེར་དཔག་ མེད་འཕྲོས་པས་རང་གཞན་ཐམས་ཅད་ལ་ཕོག་པས། ཐམས་ཅད་ཀྱི་སྡུག་བསྔལ་ཞི། སྒྲིབ་ པ་ཀུན་དང་བྲལ་བའི་བདེ་བ་ལ་བཀོད་པར་མོས་ལ། དར་གཅིག་ཏུ་སེམས་གཟོ་མེད་དུ་ གཞག་གོ །དེ་ནས་གོང་གི་བྱམས་ཁྲིད་བཞིན་སེམས་ཅན་ཐམས་ཅད་ཕ་མ་དྲིན་ཅན་དུ་ཤེས་ པའི་ངང་ནས་དྲིན་བསམ་ནས་བྱམས་པ་དང༌། སྡུག་བསྔལ་བསམ་པའི་སྙིང་རྗེ་དང༌། དེ་དག་ གི་དོན་དུ་སངས་རྒྱས་ཐོབ་འདོད་ཀྱི་འདོན་པ་ཡང་ཡང་བྱ་བ་ནི་སྐྱབས་འགྲོ་སེམས་བསྐྱེད་ཀྱི་ 1-1-421 ཁྲིད་དོ། ། ༈ ད་ནི་གཉིས་པ་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་ཀྱི་ཁྲིད་ནི། སྔར་གྱི་སྐྱབས་འགྲོའི་ དམིགས་ པའི་ངང་ན་རྒྱས་ཐོབ་པའི་གང་སྒྲིབ་པ་སྦྱང་བའི་ཕྱིར། རྡོར་སེམས་བསྒོམ་པར་བྱའོ། ། ཞེས་སེམས་བསྐྱེད་ལ། རང་དང་སེམས་ཅན་ཐམས་ཅད་ཀྱི་སྤྱི་བོར་པད་ཟླའི་སྟེང་དུ་ཧཱུཾ་ ལས་བྱུང་བའི་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་རྡོ་རྗེ་ སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་པས་རྡོ་རྗེ་དང་ གཡོན་པས་དྲིལ་བུ་འཛིན་པས་རྡོ་རྗེ་སྙེམས་མ་དཀར་མོ་གྲི་གུག་གི་ཐོད་པ་འཛིན་པ་ལ་ འཁྱུད་པ། ཞབས་རྡོ་རྗེ་དཀྱིལ་ཀྲུང་གིས་བཞུགས་པ། སྐུ་མཚན་དང་དཔེ་བྱད་འབར་ཞིང༌། རུས་དང་རིན་པོ་ཆེའི་རྒྱན་ཀྱིས་བརྒྱན་པ། ཡབ་ཐབས་བདེ་ཆེན་དང༌། ཡུམ་ཤེས་རབ་སྟོང་ ཆེན་ཟུང་དུ་འཇུག་པ། གཉིས་ཀའི་དཔྲལ་བར་ཟླ་བ་ལ་ཨོཾ་དཀར་པོ། མགྲིན་པར་ཉི་མ་ལ་ ཨཱཿདམར་པོ། ཐུགས་ཀར་སྒྲ་གཅན་ལ་ཧཱུཾ་མཐིང་ཁ། ལྟེ་བ་དུས་མེ་ལ་ཧོཿསེར་པོ་དེ་དག་ ལས་འོད་ཟེར་འཕྲོས་པས་སྔགས་ཀྱི་སྐྱབས་འགྲོའི་ཡུལ་ཐམས་ཅད་ལ་ཕོག་པས། ཐམས་ ཅད་གསལ་བཏབ། རྡོར་སེམས་དཀོན་མཆོག་ཐམས་ཅད་སྤྲོ་བ་པོ་ཡང་ཡིན། སྡུད་པ་པོ་ཡང་ ཡིན་པའི་དཀོན་མཆོག་འོད་ཀྱི་གོང་བུ་གཅིག་ཏུ་བསྡུས་ཏེ། སྤྱི་བོའི་རྡོར་སེམས་ལ་གཉིས་ མེད་དུ་བསྟིམ་ལ༑ ཛཿཧཱུཾ་བཾ་ཧོཿ ཞེས་བརྗོད་དོ། །དེ་ནས་དཔལ་རྡོ་རྗེ་སེམས་དཔའ་དཀོན་ མཆོག་ཀུན་འདུས་ཀྱི་བདག་ཉིད་སོགས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱང་དུ་གསོལ། སངས་རྒྱས་ཐོབ་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས། རྡོར་སེམས་ཀྱི་ཐུགས་ ཀའི་ཟླ་བ་ལ་ཧཱུཾ་ཡི་གེ་བརྒྱ་པས་བསྐོར་ནས་གནས་པ་ཀློག་པའི་ཚུལ་དུ་རང་དང་སེམས་ཅན་ ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་བཟླས་པས་ཡབ་ཡུམ་གཉིས་ཀའི་སྐུ་ལ་ཡེ་ཤེས་ཀྱི་བདུད་ 1-1-422 རྩི་དཀར་པོའི་རྒྱུན་འབབ་པ་བདག་སོགས་སེམས་ཅན་ཐམས་ཅད་ཀྱི་སྤྱི་བོ་ནས་བརྩམས་ པའི་ལུས་ཐམས་ཅད་ལ་ཁྱབ་པའི་ཕྱི་ནང་གི་དྲི་མ་ཐམས་ཅད་སངས་ཀྱིས་དག །ལུས་ཀྱི་ཕྱི་ ནང་ཤེལ་སྒོང་དག་པ་བཞིན་གྱུར་ཅིང༌། སླར་ཡང་སྐང་མཐིལ་ནས་བབས་པས་ལུས་ཐམས་ ཅད་བདུད་རྩིས་གང་ཞིང་དངོས་གྲུབ་ཐོབ་པར་བསམ་ལ། ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ ས་མ་ཡ། མ་ ནུ་པཱ་ལ་ཡ། བཛྲ་ཧེ་རུ་ཀ ཏྭེ་ནོ་པ་ཏིཥྛ་ཌི་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། སརྦ་སིད་དྷིཾ་མྨེ་པྲ་ཡཙྪ། སརྦ་ཀརྨྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ ཧོཿ བྷ་ག་ཝན་བཛྲ་ཧེ་རུ་ཀ་མ་མེ་མུཉྩ། ཧེ་རུ་ཀོ་བྷ་ཝ། མཧཱ་ས་མ་ཡ་སཏྭ་ཨཿཧཱུཾ་ཕཊ། ཞེས་ པ་བརྒྱ་རྩ་བརྒྱད་ལ་སོགས་པ་ཅི་ནུས་བཟླས་ནས། བདག་ནི་མི་ཤེས་རྨོངས་པ་ཡིས། །དམ་ ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་ པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །ཞེས་ གསོལ་བ་བཏབ་པས། རྡོར་སེམས་རང་ལ་ཐིམ། སྡིག་སྒྲིབ་ཐམས་ཅད་དག །དངོས་གྲུབ་ ཐོབ་པར་བསམ་ལ། དགེ་བ་འདི་ཡིས་མྱུར་དུ་བདག །ཧེ་རུ་ཀ་དཔལ་གྲུབ་གྱུར་ནས། །འགྲོ་ བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོ ད་པར་ཤོག །ཅེས་སོགས་བསྔོ་བ་བྱས་ལ། སྔར་ བཞིན་ཅུང་ཟད་རེ་ཤེས་པ་གཟོ་མེད་དུ་བཞག་གོ ། ༈ གསུམ་པ་ཚོགས་མྱུར་དུ་རྫོགས་བྱེད་མཎྜལ་ནི། ཡང་སྔར་ཀྱི་སྐྱབས་འགྲོའི་དམིགས་ པའི་ངང་ནས། བདག་གི་ཚོགས་རྫོགས་པའི་ཕྱིར། མཎྜལ་དབུལ་བར་བྱའོ་སྙམ་པའི་སེམས་ བསྐྱེད་ལ། དཀྱིལ་འཁོར་ན་དཀོན་མཆོག་ཐམས་ཅད་བཞུགས་པ་ལ། མཐའ་བསྐོར་ན་ གནས་པའི་རང་དང་སེམས་ཅན་ཐམས་ཅད་ཀྱི་ལུས་དཔག་མེད་དུ་སྤྲུལ་ནས་ཕྱོགས་ཐམས་ ཅད་ནས་མཎྜལ་ཕུལ་བར་དམིགས་ནས། དབུལ་རྒྱུའི་མེ་ཏོག་ལ་སོགས་པ་ལ་ལག་པས་ རེག་ཅིང། ཨོཾ་སྨ་ར་སྨ་ར་བི་སྨ་ར་ཀ་ར་མཧཱ་ཛ་བ་ཧཱུཾ། ཞེས་ལན་གསུམ་བརྗོད་པས་གླིང་བཞི་ 1-1-423 གླིང་ཕྲན་རི་རབ་ལ་སོགས་པ་ལྷ་དང་མིའི་འདོད་དོན་ཕུན་ཚོགས་སུ་གྱུར་པ་རྣམས་རིམ་པར་ ཕུལ་ཏེ། ཨོཾ་བཛྲ་བྷུ་མེ་ཨཱཿཧཱུཾ། ཞེས་པས་མཎྜལ་གྱི་གཞི་དེ་གསེར་གྱི་ས་གཞི་ཡངས་ཤིང་རྒྱ་ ཆེ་བར་བསམ། ཨོཾ་བཛྲ་རེ་གེ་ཨཱཿཧཱུཾ། མཐའ་ལྕགས་རི་ཆེན་པོའི་འཁོར་ཡུག་ཏུ་བསྐོར་བ། དབུས་སུ་རིའི་རྒྱལ་པོ་རི་རབ། ཤར་ལུས་འཕགས་པོ། ལྷོ་འཛམ་བུའི་གླིང༌། ནུབ་བ་ལང་ སྤྱོད་པ། བྱང་སྒྲ་མི་སྙན། གླིང་ཕྲན་གཉིས་གཉིས་དང་བཅས་པ། ཤར་ལྷོར་སྒྲ་གཅན། ལྷོ་ ནུབ་ཏུ་ཉི་མ། བྱང་ཤར་དུ་ཟླ་བ། ནུབ་བྱང་དུ་དུས་མེ། ཡང་ན་ལུས་འཕགས་པོའི་མདུན་ལ་ སོགས་པར་རིམ་པར་དགོད། གཞན་ཡང་རྒྱལ་སྲིད་སྣ་བདུན་གཏེར་ཆེན་པོའི་བུམ་པ་དང༌། དཔག་བསམ་གྱི་ཤིང་དང༌། རིན་པོ་ཆེའི་རི་བོ། འདོད་འཇོའི་བ་དང༌། མ་རྨོས་པའི་ལོ་ཏོག་ ལ་སོགས་པའི་ལྷ་དང་མིའི་ཡོན་ཏན་ལ་མ་ཚང་བ་མེད་པ་དང༌། འཕགས་པ་ཀུན་ཏུ་བཟང་ པོའི་རྣམ་པར་ཐར་པ་ལས་བྱུང་བའི་སྤྲིན་གྱི་ཕུང་པོ་ལྟ་བུ་བསམ་གྱིས་མི་ཁྱབ་པ་དང༌། བདག་ ཉིད་ལུས་དང་ལོངས་སྤྱོད་དགེ་བའི་རྩ་བ་ཐམས་ཅད་ཀྱང་བླ་མ་ཡི་དམ་དཀོན་མཆོག་གསུམ་ མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་ལ་འབུལ་ལོ། །ཞེས་བརྗོད་ཅིང་ཡིད་ཀྱིས་ཀྱང་རང་གཞན་ ཐམས་ཅད་ལུས་དཔག་མེད་ཀྱིས། དཀོན་མཆོག་དཔག་མེད་རེ་རེ་ལ། མཎྜལ་རེ་དབུལ་བར་ བསམ་ཞིང༌། དེ་རྣམས་ཀྱིས་ཀྱང་ཐུགས་བརྩེ་བའི་སྒོ་ནས་བཞེས་པར་བསམ་མོ། །བསྡུས་པ་ འབུལ་ན། བདག་གཞན་ལུས་ངག་ཡིད་གསུམ་དུས་གསུམ་དགེ་ཚོགས་རྣམས། །རིན་ཆེན་ མཎྜལ་ཀུན་བཟང་མཆོད་པའི་ཚོགས་བཅས་པ། །བློ་ཡིས་དམིགས་ནས་བླ་མ་དཀོན་མཆོག་ རྣམས་ལ་འབུལ། །ཐུགས་རྗེའི་དབང་གིས་བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་ པ་དང༌། ས་གཞི་སྤོས་ཀྱིས་སོགས་ཀྱང་བརྗོད། དོན་སེམས་བཞིན་པས་ལན་མང་དུ་ཕུལ་ལ་ གསོལ་བ་གདབ། སྔར་བཞིན་དགེ་བ་བསྔོ། ༈ བཞི་པ་བྱིན་རླབས་མྱུར་དུ་འཇུག་པ་བླ་མའི་རྣལ་འབྱོར་ལ་གསུམ། བླ་མ་སངས་རྒྱས་ 1-1-424 ཀུན་འདུས་ཡིན་ཚུལ། དེ་ལ་མོས་ཤིང་མཆོད་པ་ཕན་ཡོན་ཆེ་ཚུལ། སྨད་ན་ཉེས་དམིགས་ཆེ་ ཚུལ་དང༌། མོས་གུས་ཀྱི་གསོལ་བ་གདབ་ཚུལ་དངོས་སོ། ། དང་པོ་ནི། སངས་རྒྱས་ཐམས་ཅད་ཀྱི་ཆོས་སྐུ་གཅིག་ཅིང་དེའི་འཕྲིན་ལས་ཀྱང་གཅིག་ པས། སངས་རྒྱས་རྣམས་གདུལ་བྱ་མཆོག་ཏུ་དག་པ་ལ་ལོངས་སྐུར་སྟོན། བར་བ་ལ་མཆོག་ གི་སྤྲུལ་སྐུར་སྟོན། དམན་པ་ལ་ཐ་མལ་བའི་ཚུལ་གྱིས་བླ་མར་སྟོན་པས། བླ་མའི་གདུལ་ བྱ་འདྲེན་པའི་ཐུགས་རྒྱུད་དེ་སངས་རྒྱས་ཐམས་ཅད་ཀྱི་འཕྲིན་ལས་ཡིན་པས། བླ་མ་སངས་ རྒྱས་ཀུན་འདུས་ཏེ། དཔལ་ལྡན་རྒྱུད་དུ། སློབ་དཔོན་དག་ནི་སངས་རྒྱས་ཡིན་ཏེ་ངེས་པར་ འཛིན་མའི་གཞི་ལ་ཆོས་ཉིད་དེ་ཡིས་བསྟན་པའོ། །ཞེས་པ་དང༌། ཨ་བྷི་ཌ་ནར། སངས་རྒྱས་ ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། ། བླ་མ་རྣམས་ལ་ཕྱག་འཚལ་ལོ། །རྣམ་སྣང་སྒྱུ་དྲར། བླ་མ་སངས་རྒྱས་ཀུན་དང་མཉམ། །དེ་ ཉིད་རྟག་ཏུ་རྡོ་རྗེ་འཆང༌། །ཞེས་དང༌། རྡོ་རྗེ་གུར་དུ་ཡང༌། བླ་མ་སངས་རྒྱས་ཀུན་དང་མཉམ། ། ཞེས་དང༌། རྡོ་རྗེ་སེམས་དཔའ་ཇི་ལྟ་བུས། །དེ་ལྟར་སློབ་དཔོན་གཟུགས་འཛིན་ཏེ། །སེམས་ ཅན་རྗེས་སུ་བཟུང་དམིགས་ནས། །ཕལ་པའི་གཟུགས་སུ་གནས་པའོ། །ཞེས་པའོ། །དེ་ བཞིན་དུ་རྒྱུད་མང་པོར། བླ་མ་སངས་རྒྱས་གསུངས་སོ། ། གཉིས་པ་ནི། གསང་འདུས་ལེའུ་བཅུ་བདུན་པར། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ ཐམས་ཅད་མཆོད་པའི་བསོད་ནམས་ནི། བླ་མའི་བ་སྤུའི་ཁུང་བུ་གཅིག་ལ་མཐོང་ངོ༌། །ཞེས་ དང༌། དུས་འཁོར་སྒྲུབ་རྒྱུད་ལེར། སྦྱིན་པ་པོ་གང་རབ་ཏུ་དགའ་བའི་སྙིང་དང་དུས་ཀུན་ཏུ་ ནི་ཆགས་པའི་སེམས་ཀྱིས་སྦྱིན་བྱེད་པ། །དེ་རྣམས་ཡེ་ཤེས་ཚོགས་དེ་མཆོག་གི་བདེ་བའི་ གནས་སུ་སྐྱེ་བ་འདི་ལ་འགྲོ་བར་འགྱུར། །རྒྱལ་བ་རབ་ཏུ་གསལ་བའི་སློབ་དཔོན་ལ་ཡང་ མཁས་པ་མིན་པའི་ཉན་ཐོས་བདག་གི་སྨོས་བྱེད་པ། །དེ་རྣམས་བགེགས་ཀྱི་མགོན་པོ་གསད་ 1-1-425 དེ་མཆོག་ཏུ་འཇིགས་པ་བྱེད་པའི་མནར་མེད་དུ་ནི་མྱུར་དུ་འགྲོ། །ཞེས་སོ། །དེ་བཞིན་དུ་རྒྱུད་ དུ་མ་ལས་ཀྱང་གསུངས་ཤིང༌། བླ་མའི་སྤྱི་བསྟོད་མུ་ཏིག་ཕྲེང་བར་ཡང༌། གང་གིས་ཕྱོགས་ བཅུའི་རྒྱལ་བ་མཆོད་པ་བས། །བླ་མའི་བ་སྤུ་གཅིག་མཆོད་དོན་ཆེའོ། །ཞེས་དང༌། གང་ལ་ ཅུང་ཟད་བརྙས་པར་གྱུར་ན་ཡང༌། །མི་བཟད་སྡུག་བསྔལ་ཚོགས་ཀྱི་སར་ལྟུང་ཞིང༌། །ཞེས་ སོ། །གསུམ་པ་མོས་གུས་བྱེད་ལུགས་ལ་གཉིས། སྤྱིར་མོས་གུས་བྱེད་ལུགས་དང༌། ཁྱད་ པར་སྟན་ཐོག་གཅིག་ཏུ་གསོལ་བ་འདེབས་པའོ། །དང་པོ་ནི། དྲི་མེད་འོད་དུ། དུས་ཀྱི་འཁོར་ ལོའི་རྒྱུད་སྟོན་པ་པོ་རྡོ་རྗེ་སློབ་དཔོན་ནི་བཅོམ་ལྡན་འདས་འཇམ་དཔལ་ཇི་ལྟ་བ་དང༌། དུས་ ཀྱི་འཁོར་ལོར་དང་པོའི་སངས་རྒྱས་ཇི་ལྟ་བ་དེ་བཞིན་དུ། ཐར་པ་དོན་དུ་གཉེར་བ་རྣམས་ ཀྱིས་བལྟ་བར་བྱའོ། །ཞེས་པས། ངའི་བླ་མ་འདིའི་བྱིན་རླབས་ལ་འཇིག་རྟེན་གྱི་བཀྲ་ཤིས་ དང་བདེ་ལེགས་ཐམས་ཅད་འབྱུང་བ་ཡིན། ཕྱོགས་བཅུའི་དཀོན་མཆོག་ཆོས་སྐྱོང་བླ་མ་ཡི་ དམ་མཁའ་འགྲོ་རྣམས་ཀྱང་བླ་མའི་རྣམ་འཕྲུལ་དང་འཕྲིན་ལས་ཡིན། རང་ལ་མི་འདོད་ པ་བྱུང་ཚེ་བདག་ཕྱི་མ་བདེ་ཞིང་ཚེ་འདིར་ཆོས་ལ་བསྐུལ་བའི་ཐབས་མཁས་ཐུགས་རྗེ་ཡིན་ སྙམས་པའི་བླ་མའི་མོས་གུས་བཀུར་སྟི་རིམ་འགྲོ་ཞབས་ཏོག་རྩལ་གདོན། ཁྱད་པར་སྟན་ ཐོག་གཅིག་ཏུ་གསོལ་བ་འདེབས་པ་ནི། རང་གང་ན་ད་འདུག་པའི་གནས་དེ་རིན་པོ་ཆེའི་ གཞལ་མེད་ཁང་མཆོད་རྫས་ཕུན་ཚོགས་ཐམས་ཅད་ཀྱིས་གང་བར་མོས། དེའི་དབུས་སུ་ རིན་པོ་ཆེའི་སེང་གེའི་ཁྲི་པད་མ་དང་ཟླ་བ་ཉི་མ་སྒྲ་གཅན་གྱི་སྟེང་དུ་རང་གི་རྩ་བའི་བླ་མ་སྐུ་ གཟི་མདངས་དང་ལྡན་ཞིང་ཞལ་འཛུམ་པ་ཐུགས་དགྱེས་པ་ཅན་ཞལ་དྲན་པར་བྱས་ལ། ངའི་ བླ་མ་འདི་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ། ཆོས་ཐམས་ཅད་ཀྱི་འབྱུང་གནས། བདེ་ལེགས་ ཐམས་ཅད་འབྱུང་བའི་ཡིད་བཞིན་ནོར་བུ་རིན་པོ་ཆེ། ཆོས་རྗེ་བླ་མ་ལ་ཕྱག་འཚལ་ལོ། །ཆོས་ རྗེ་བླ་མ་ལ་སྐྱབས་སུ་མཆི། །ཆོས་རྗེ་བླ་མས་བྱིན་གྱིས་རློབས། །ཞེས་སོགས་གདུང་ཤུགས་ 1-1-426 ཀྱིས་གསོལ་བ་བཏབ་པས། གོས་གསར་རྙིང་རྗེས་པའི་ཚུལ་དུ་དག་པའི་སྐུ། སངས་རྒྱས་རྡོ་ རྗེ་ཅན་རྡོ་རྗེ་འཆང་སྐུ་མདོག་སྔོན་པོ། ཞལ་གཅིག་ཕྱག་གཉིས་ཞབས་རྡོ་རྗེའི་དཀྱིལ་ཀྲུང་ གིས་བཞུགས་པ། ཕྱག་གཡས་པས་རྡོ་རྗེ། གཡོན་པས་དྲིལ་བུ་ཐུགས་ཀར་བསྣོལ་ནས་ བསྣམས་པ། སྐུ་མཚན་དང་དཔེ་བྱད་འབར་ཞིང༌། རུས་པ་དང་རིན་པོ་ཆེའི་རྒྱན་རྣམས་ཀྱིས་ བརྒྱན་པ། སྐུ་གསལ་བ་དྭངས་པ་ཡེ་ཤེས་ལྔའི་རང་བཞིན་ཅན་འོད་ཟེར་ལྔ་འཕྲོ་བ། ཐུགས་ ཐོགས་པ་མེད་པའི་ཡེ་ཤེས་ཅན་དུ་གྱུར། དེའི་དཔྲལ་བར་ཟླ་བ་ཨོཾ་དཀར་པོ། མགྲིན་པར་ ཉི་མ་ལ་ཨཱཿདམར་པོ། ཐུགས་ཀར་སྒྲ་གཅན་ལ་ཧཱུཾ་མཐིང་ཁ༑ ལྟེ་བར་དུས་མེ་ལ་ཧོཿསེར་པོ། དེ་རྣམས་རིམ་པར་སྐུ་དང་གསུང་ཐུགས་དང་ཡེ་ཤེས་རྡོ་རྗེ་བཞིའམ་སེམས་དཔའ་བཞི་དང་ སྐུ་བཞིའི་ངོ་བོ་ཅན་ཡིན་ལ། དེ་དག་ལས་འོད་ཟེར་འཕྲོས་པས་སྔར་གྱི་སྐྱབས་འགྲོའི་ཡུལ་ ཐམས་ཅད་ལ་ཕོག་པས་གསལ་གདབ། ཐམས་ཅད་འོད་ཀྱི་གོང་བུ་གཅིག་ཏུ་འདུས་པ་བླ་མ་ ལ་ཐིམ་པས། བླ་མ་དེ་བླ་མ་ཡི་དམ་དཀོན་མཆོག་ཆོས་སྐྱོང་ཀུན་འདུས་ཀྱི་ངོ་བོར་གྱུར་པ་ལ། བདག་དང་སེམས་ཅན་ཐམས་ཅད་ཀྱིས་ལུས་དཔག་མེད་དུ་སྤྲུལ་པས་ཕྱག་བྱས་ཏེ༑ སངས་ རྒྱས་ཐམས་ཅད་འདུས་པའི་སྐུ། །ཞེས་སོགས་དང༌། གང་གི་དྲིན་གྱིས་བདེ་ཆེན་ཉིད། ། ཞེས་སོགས་དང༌། ཁྱོད་ནི་ཕ་དང་ཁྱོད་ནི་མ་སྟེ་ཁྱོད་ནི་འགྲོ་བའི་བླ་མ་ཁྱོད་ནི་གཉེན་ དང་གྲོགས་བཟང་ཡང༌། ཁྱོད་ནི་མགོན་པོ་ཁྱོད་ནི་བྱེད་པོ་ཕན་དང་སྡིག་འཕྲོག་ཁྱོད་ནི་གོ་ འཕང་ཕུན་སུམ་ཚོགས་པ་ཡང༌། ཁྱོད་ནི་འབའ་ཞིག་གནས་དང་ཁྱོད་ནི་ཡོན་ཏན་མཆོག་ གི་གནས་ཏེ་སྐྱོན་རྣམས་བཅོམ་པ་ཁྱོད་ཉིད་དོ། ཁྱོད་ནི་དམན་པ་རྣམས་ཀྱི་མགོན་དང་ཡིད་ བཞིན་ནོར་བུ་རྒྱལ་བའི་དབང་པོ་ཁྱོད་ལ་བདག་སྐྱབས་མཆི། །ཞེས་སོགས་ཀྱིས་བསྟོད་ཅིང་ ཕྱག་བྱས་ནས་སྔར་བཞིན་མཎྜལ་གསུམ་མམ་བདུན་ལ་སོགས་ཕུལ་ནས། སྡིག་བཤགས་ ཡི་རངས་ནས་བསྔོ་བའི་བར་ཡང་གྲུབ་ན་ལེགས། དེ་ནས་རང་རང་གི་སྤྱི་བོར་གདན་ལྔ་ 1-1-427 བརྩེགས་ཀྱི་སྟེང་དུ་བླ་མ་བཞུགས་པ་ལ་རྩེ་གཅིག་གདུང་བའི་མོས་གུས་བྱ་ཞིང་གསོལ་བ་ གདབ་པར་བྱ་སྟེ། ཐམས་ཅད་མགྲིན་གཅིག་ཏུ། ནམ་མཁའི་མཐའ་དང་མཉམ་པའི་སེམས་ ཅན་ཐམས་ཅད་བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ། །བླ་མ་སངས་རྒྱས་བཀའ་ དྲིན་ཅན་ལ། ཞེས་པ་ཡུན་ནི་རིང་བ་དང༌། བླ་མ་ལྷན་ཅིག་སྐྱེས་པའི་སྐུ་ལ། བླ་མ་འོད་གསལ་ ཆོས་ཀྱི་སྐུ་ལ། བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ་གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ ཏུ་གསོལ། གསོལ་བ་འདེབས་སོ་ཆོས་རྗེ་བླ་མ་མཁྱེན། བདག་སོགས་སེམས་ཅན་ཐམས་ ཅད་ཐུགས་རྗེས་རྗེས་སུ་བཟུང་དུ་གསོལ། སེམས་ཅན་ཐམས་ཅད་འཇིགས་རུང་འཁོར་བ་ འདི་ལས་བསྒྲལ་དུ་གསོལ། ཞེས་སོགས་དཀོན་མཆོག་ལ་གསོལ་བ་འདེབས་པ་བཞིན་དུ་ གདབ། བླ་མ་ལ་ཏིང་ངེ་འཛིན་གྱི་དབང་བཞི་ཞུ་བའི་ཕྱིར། མཚན་ལྡན་བླ་མ་མཆོག་ལ་ གསོལ་བ་འདེབས་སོ་བདག་ལ་དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། དབང་བསྐུར་ རྣམ་བཞིས། བསྙེན་བསྒྲུབ་རྣམ་བཞིས། རྣམ་ཐར་རྣམ་བཞིས་བདག་ལ་བྱིན་གྱིས་རློབས། སེམས་དཔའ་རྣམ་བཞིར། ཟག་མེད་སྐུ་བཞིར། མཁྱེན་པ་རྣམ་བཞིར། ཞེས་པ་རེ་རེ་ལ་རིང་ བདག་འགྲུབ་པར་མཛད་དུ་གསོལ། ཨོཾ་ཨཱཿཧཱུཾ་ཧོཿ ཞེས་བརྗོད་པས་བླ་མའི་དཔྲལ་བའི་ཨོཾ་ ལས་འོད་ཟེར་དཀར་པོ་འཕྲོས་ཏེ། རང་གི་དཔྲལ་བའི་ཨོཾ་ལ་ཞུགས་པས་བུམ་དབང་ཐོབ། ལུས་ཀྱི་དྲི་མ་དག །ལུས་སྐུ་རྡོ་རྗེར་གྱུར། མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ་འཕྲོས་ཏེ༑ རང་གི་མགྲིན་པའི་ཨཿལ་ཞུགས། གསང་བའི་དབང་ཐོབ། ངག་གི་དྲི་མ་དག །ངག་གསུང་ རྡོ་རྗེར་གྱུར། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་སྔོན་པོ་འཕྲོས་ཏེ། རང་གི་སྙིང་ཁའི་ཧཱུཾ་ལ་ཞུགས། གསུམ་པའི་དབང་ཐོབ། སེམས་ཀྱི་དྲི་མ་དག །སེམས་ཐུགས་རྡོ་རྗེར་གྱུར། ལྟེ་བའི་ཧོཿལས་ འོད་ཟེར་སེར་པོ་འཕྲོས་ཏེ། རང་གི་ལྟེ་བའི་ཧོཿལ་ཞུགས། དབང་བཞི་པ་ཐོབ། ཡེ་ཤེས་ཀྱི་དྲི་ མ་ཆགས་རྟོག་དག །ཡེ་ཤེས་ལྷན་ཅིག་སྐྱེས་པའི་སྐུར་གྱུར། སྐུ་ལ་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་ 1-1-428 རྒྱུན་འབབ་བས་རང་གི་དྲི་མ་མཐའ་དག་དག་ནས་ལུས་གང༌། བླ་མ་རང་གི་སྤྱི་བོ་ནས་ཐིམ་ པས་རང་སངས་རྒྱས་ཀུན་འདུས་ཀྱི་ངོ་བོ་རྡོ་རྗེར་སེམས་སུ་མོས་ལ། ལུས་རྣམ་སྣང་གི་ཆོས་ དྲུག་གི་ངང་ནས་ཡིད་རྟོག་མེད་དུ་གནས་ཚད་བཞག །རྗེས་ལ་དགེ་བ་བསྔོའོ། ། ༈ གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོའི་ཁྲིད་ལ་གཉིས་ཏེ། བསོད་ནམས་ཀྱི་ ཚོགས་བསྐྱེད་བྱེད་བསྐྱེད་རིམ་དང༌། ཡེ་ཤེས་ཀྱི་ཚོགས་རྫོགས་བྱེད་རྫོགས་རིམ་གྱི་ཉེར་རྟོག་ དབེན་གསུམ་སྟོན་པའོ། ། དང་པོ་ནི། རྡོ་རྗེ་ཅན་བདག་བསྟན་པ་ནི། །རིམ་པ་གཉིས་ལ་ཡན་ལག་བརྟེན། །གཅིག་ ནི་བསྐྱེད་པའི་རིམ་པ་སྟེ། །གཞན་ནི་རྫོགས་པའི་རིམ་པའོ། །ཞེས་དང༌། འཕགས་པ་ཀླུ་སྒྲུབ་ ཀྱིས་ཀྱང༌། ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་རིམ་པ་ལྟ་བུར་གསུངས། ། ཞེས་པས། སྐྱབས་འགྲོ་སོགས་སྔོན་དུ་འགྲོ་བས། ཨོཾ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། ཞེས་བརྗོད་པས་སྣང་གྲགས་ཀྱི་ཆོས་ཐམས་ཅད་རང་བཞིན་སྟོང་པ་ཉིད་དུ་དམིགས་པའི་ ངང་ནས། སྣ་ཚོགས་པད་མ་འདབ་བརྒྱད་ཟླ་བ་ཉི་མ་སྒྲ་གཅན་གྱི་དཀྱིལ་འཁོར་རྣམས་རིམ་ པར་བརྩེགས་པའི་སྟེང་དུ། བདག་ཉིད་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་སྐུ་མདོག་སྔོན་ པོ་ཞལ་གཅིག་ཕྱག་གཉིས་པ། ཞལ་མཆེ་བ་གཙིགས་ཤིང་སྤྱན་གསུམ་དང་ལྡན་པ། དབུ་ སྐྲ་རལ་པའི་ཐོར་ཅོག་ལ་ནོར་བུའི་ཏོག་དང༌། སྣ་ཚོགས་རྡོ་རྗེ་ཟླ་བ་ཕྱེད་པ་དང༌། མི་བསྐྱོད་ པ་ལྗང་ཁུའི་ཅོད་པན་ཅན། ཕྱག་གཡས་པ་རྡོ་རྗེ་དང་གཡོན་པ་དྲིལ་བུ་འཛིན་པས་ཡུམ་ལ་ འཁྱུད་པ། ཞབས་གཡས་པ་དམར་པོ་བསྐྱང་ཞིང༌། གཡོན་པ་དཀར་པོ་བསྐུམ་པས་འདོད་ ལྷ་དམར་པོ་དང༌། དྲག་པོ་དཀར་པོའི་སྙིང་ཁར་གནན་པ། སྐུ་ལ་རྡོ་རྗེའི་རྒྱན་ཐམས་ཅད་ ཀྱིས་བརྒྱན་ཅིང༌། སྟག་ལྤགས་ཀྱི་ཤམ་ཐབས་གྲོལ་བ། དེའི་པང་ན་སྣ་ཚོགས་ཡུམ་སེར་མོ་ ཞལ་གཅིག་ཕྱག་གཉིས་མ། ཕྱག་གཡས་པས་སྡིགས་མཛུབ་ཅན་གྱི་གྲི་གུག་ནམ་མཁའ་ལ་ 1-1-429 ཕྱར་ཞིང༌། གཡོན་ཐོས་པ་ཁྲག་གིས་གང་བ་འཛིན་པས་ཡབ་ཀྱི་མགྲིན་པར་འཁྱུད་པ། སྤྱན་ གསུམ་པ་རྡོ་རྗེ་སེམས་དཔའི་ཅོད་པན་ཅན། རུས་པའི་རྒྱན་ལྔ་དང་ལྡན་ཞིང༌། ཞབས་གཡོན་ བརྐྱང་གིས་ཡབ་གཡས་བསྐྱང་ལ་མཉམ་པར་སྦྱར་བ། ཡབ་ཡུམ་གཉིས་ཀའི་དཔྲལ་བར་ཨོཾ་ དཀར་པོ། མགྲིན་པར་ཨཿདམར་པོ། ཐུགས་ཀར་ཧཱུཾ་མཐིང་ཁ། ལྟེ་བར་ཧོཿསེར་པོ། གསང་ གནས་སུ་སྭ་སྔོན་པོ། གཙུག་ཏོར་དུ་ཧཾ་ལྗང་ཁུ། ཡི་གེ་དེ་ལས་འོད་ཟེར་དཔག་མེད་ཕྱོགས་ བཅུ་ནམ་མཁའི་མཐའ་ཀླས་པར་འཕྲོས་པས། སྣོད་བཅུད་ཀྱི་དྲི་མ་རྣམས་སྦྱངས་པས། སྣོད་ ཀྱི་འཇིག་རྟེན་གཞལ་ཡས་ཁང་དང༌། ནང་བཅུད་ཀྱི་སེམས་ཅན་རྣམས་རང་འདྲའི་དུས་ འཁོར་ཡབ་ཡུམ་དུ་གྱུར། ཐམས་ཅད་ཀྱི་གནས་དྲུག་གི་ཡི་གེ་རྣམས་ལས་འོད་ཟེར་འཕྲོས་ པས། ནམ་མཁའ་གང་བའི་རྒྱལ་བ་རྣམས་སྤྱན་དྲངས་ནས་རང་རང་སོ་སོ་ལ་དབྱེར་མེད་ སྟིམ་སྟེ། རང་སངས་རྒྱས་ཀུན་འདུས་དང༌། ཡང་འོད་ཟེར་འཕྲོས་པས། བླ་མ་ཐམས་ཅད་ རིགས་ལྔ་འཁོར་བཅས་ཀྱི་རྣམ་པར་བྱོན་ཏེ། བདག་ལ་དབང་བསྐུར་ནས་སྤྱི་བོའི་རིགས་ བདག་ལ་ཐིམ་པ་ནི། བླ་མ་ཀུན་འདུས་ཀྱི་ངོ་བོར་མོས་པ་ནི་སྣང་བ་སྐུའི་ཁྱེར་པོའོ། །ཐམས་ ཅད་ཀྱང༌། ཨོཾ་ཧ??ྐྵྨླྺ ྼྻ ྂ་སྭཱཧཱ། ཞེས་གསུངས་པར་མོས་ཤིང༌། ཟིན་པ་དང་མ་ཟིན་པའི་སྒྲ་ཐམས་ ཅད། སྔགས་སུ་དྲན་པ་ནི་གྲག་པ་གསུང་གི་ཁྱེར་སོའོ། །བཟའ་བཏུང་ལ་སོགས་ པ་འདོད་ཡོན་ལ་ལོངས་སྤྱོད་པ་ཡི་ཚེ། ཐལ་མོ་གཡོན་དང་གཡས་དང་གཉིས་ཀ་གཤིབ་པ་ དང༌། གཉིས་ཀ་སྦྱར་ནས་མཐེ་ཆུང་མཐེ་བོ་རྩེ་སྤྲད་སོར་མོ་གུང་མོ་གསུམ་གཤིབ་པའི་ཚུལ་ དུ་བྱས་པའི་ཕྱག་རྒྱ་རིམ་པར་བསྟན་ཅིང༌། ཨོཾ་ཨཱཿཧཱུཾ་ཧོཿཞེས་བརྗོད་ནས་བདག་ཉིད་སོགས་ སུ་བསྒྱུར་བ་ལ་ལྷ་མཆོད་པའི་འདུ་ཤེས་ཀྱིས་རོལ་ཞིང་སྤྱི་བོ་ཐམས་ཅད་ལྷའི་འདུ་ཤེས་བྱེད་ པ་ནི་དྲན་རྟོགས་ཐུགས་ཀྱི་ཁྱེར་སོའོ། །ཐུན་ཐ་མ་ལ་བསྔོ་བ་བྱའོ། ། ༈ གཉིས་པ་རྫོགས་རིམ་གྱི་ཉེར་རྟོགས་དབེན་གསུམ་བསྟེན་པ་ལ་གནས་ནི། རྩ་རྒྱུད་ 1-1-430 ལས། གང་ན་ས་སྐྱོང་ཆོས་ལྡན་ཞིང༌། །གང་ཞིག་ཁོ་ནར་སྐྱེ་དགུ་རྣམས། །བདེ་གནས་ས་ འཛིན་རྩོད་མེད་པ༑ ༑དེར་ནི་རྣལ་འབྱོར་བརྩམ་པར་བྱ། །ཞེས་པ་ལྟར། ཤིན་ཏུ་དབེན་ཞིང་ ཉམས་དགའ་བ་ཡིད་དང་རྗེས་སུ་མཐུན་པའི་གནས་སུ་བསྒོམ་ཞིང༌། བྱེ་བྲག་ཏུ་བསམ་ གཏན་གྱི་ཁང་བུ་ནི། འབྱོར་ལྡན་རྣམས་ཀྱི་སྒྲུབ་གནས་འོག་ནས་བརླན་མི་འབྱུང་བའི་ས་ མཐོ་བར་བྱས་པ་ཐོག་མཐོ་བ་ཕྱོགས་ཐམས་ཅད་དུ་ཞལ་ལ་ལེགས་པར་བྱས་པ། སྒོ་འཁྱོག་ རིམ་པ་གསུམ་མམ་འཇུལ་སྒོ་ཅན། ཡང་ན་སྒོ་གླེགས་དང་བཅས་ཤིང༌། ཕྱི་ནང་གཉིས་ནས་ ཡོལ་བ་དང་བཅས་པ། ཕྱོགས་གཅིག་ཏུ་གསལ་དཀར་ཕྱི་རུབ་ལ་ནང་ཡངས་པ་སྣང་བ་ དགག་སླ་པ་དང་ལྡན་པ། སྒོམ་དུས་སྣང་བ་འབྱུང་བའི་བུག་པ་རྟ་རྔའི་ཉག་མ་ཤོང་བ་ཙམ་ ཡང་མེད་པ། ནང་དུ་ས་དུག་དང་དྲི་ང་བ་ལ་སོགས་པ་མེད་ཅིང༌། ཁམས་དང་བའི་མུན་ཁང་སྒོ་ ཚགས་ལེགས་པར་བསྡམས་པའི་ནང་དུ་ལེགས་པར་བསྒོམ་མོ། །དེ་ལྟར་མ་འབྱོར་པའི་ཀུན་ སྤངས་ཀྱི་གནས་ནི་ས་ཕུག་གམ། བྲག་ཕུག་རང་བཞིན་གྱིས་མུན་པ་ནག་པ་རླན་མེད་ཅིང་ སྒོའི་ཚགས་ལེགས་པར་བྱས་པའི་ནང་དུ་བསྒོམ་མོ། །གཉིས་པ་དབེན་པ་ཇི་ལྟར་བསྟེན་པའི་ ཚུལ་ནི། སྒྲུབ་ལེའི་རྒྱུད་དུ། བདུད་རྩི་ལྔ་ལ་སོགས་དང་ཆུ་གཏེར་རྡོ་རྗེ་རྣམས་དང་སྔགས་ཀྱི་ བཟླས་པ་སོགས་ཀྱི་བསྙེན་པ་སྟེ། །ཞེས་པའི་འགྲེལ་པར། འདིར་ལས་དང་པོ་པས་དང་པོར་ སྒྲུབ་ཐབས་ཀྱི་ཆོ་གས་བསྙེན་པ་བྱས་ཏེ། བདུད་རྩི་ལྔ་ལ་སོགས་པས་བསྙེན་པ་ཞེས་པ་ལ་ཕྱི་ རོལ་ཏུ་བདུད་རྩི་ལྔ་ནི་བཤང་བ་ལ་སོགས་པ་དང༌། སོགས་པའི་སྒྲས་གོ་ཀུ་ལ་སོགས་པ་སྟེ་ ལྷ་མཉེས་པའི་དོན་དུ་དེ་རྣམས་ཟོས་པས་བསྙེན་པའོ། །ནང་དུ་བདུད་རྩི་ལྔ་ནི་ཕུང་པོ་ལྔ་སྟེ་ སོགས་པའི་སྒྲས་དབང་པོ་ལྔ་ནི་སྒྲོན་མ་ལྔའོ། ། དེ་རྣམས་ལ་ལྟོས་པ་མེད་པ་ནི་བསྙེན་པ་སྟེ་ལུས་དང་རྫས་ལ་སྲེད་པ་ཡོངས་སུ་སྤངས་ པའོ། །བསྙེན་པ་དེས་ལྷ་རྣམས་མཆོག་སྟེར་བར་འགྱུར་གྱི། བཤང་བ་ལ་སོགས་པ་ཟོས་པ་ 1-1-431 ནི་མ་ཡིན་ནོ། །ཆུ་གཏེར་རྡོ་རྗེ་རྣམས་དང༌། ཞེས་པ་ནི་ལུས་ཀྱི་ལོངས་སྤྱོད་ལ་ལྟོས་པ་མེད་ པ་དང༌། ངག་གི་ལོངས་སྤྱོད་ལ་ལྟོས་པ་མེད་པ་དང༌། སེམས་ཀྱི་ལོངས་སྤྱོད་ལ་ལྟོས་པ་མེད་ པ་དང༌། འཕོ་བའི་བདེ་བ་ལ་ལྟོས་པ་མེད་པ་ནི་བསྙེན་པ་སྟེ། ལུས་དང་ངག་དང་སེམས་ དང་ཚངས་པར་སྤྱོད་པའི་སྡོམ་པའོ། །ཞེས་པའི་དོན་ཏོ། །འདིས་ལྷ་རྣམས་མཆོག་སྟེར་བར་ འགྱུར་གྱི་སྲིད་པའི་ལོངས་སྤྱོད་ལ་ཞེན་པ་ནི་མ་ཡིན་ནོ། །སྔགས་ཀྱི་བཟླས་པ་སོགས་ཀྱི་ཞེས་ པ་འདིར་སྔགས་ཀྱི་བཟླས་པ་ཞེས་པ་ནི་སྲོག་སྡོམ་སྟེ། སོགས་པའི་སྒྲས་དབྱུང་བ་དང་དགའ་ བ་དང་བུམ་པ་ཅན་གྱི་སྦྱོར་བ་ནི་རྟག་ཏུ་བསྙེན་པའོ། །དེས་ལྷ་རྣམས་མཆོག་སྟེར་བར་འགྱུར་ གྱི། སྲོག་མ་སྡོམ་པར་ངག་ཏུ་བརྗོད་པ་ནི་མ་ཡིན་ནོ། །ཞེས་པའི་ངེས་པའི་དོན་ནོ། །དྲང་བའི་ དོན་གྱིས་ནི་ཐུན་མོང་གི་དངོས་གྲུབ་དོན་དུ་བགྲང་ཕྲེང་ལ་སོགས་པས་བཟླས་པ་ལ་སོགས་ བྱའོ། །ཞེས་སོགས་སོ། །གཞུང་འདིས་ལྟོས་མེད་དྲུག་བསྟན་ཏེ། དེ་ལྟར་ལྟོས་མེད་དྲུག་ དང༌། སྔགས་ཀྱི་བཟླས་པ་འདི་ཡག་ལག་དྲུག་པོ་ཐམས་ཅད་ཀྱི་སྔོན་འགྲོ་ཡིན་པས་བསྙེན་ པའི་ཡན་ལག་ཏུ་གསུང་བར་ཉམས་སུ་ལེན་ཏེ། དེ་ཡང༌། ཐེག་ཆེན་ལམ་གྱི་སྒྲུབ་ཐབས་སུ། ལས་དང་པོ་ཡི་གང་ཟག་གིས། །ལུས་དབེན་པ་ལ་མ་བརྟེན་པར། སེམས་དབེན་རྙེད་པར་ དཀའ་བའི་ཕྱིར། །འདྲེས་སྤངས་དབེན་པར་གནས་པར་བྱ། །འདྲེས་པས་འདྲེས་ཤིང་ཆགས་ པར་བྱེད། །དེའི་འཁོར་བའི་འཁོར་ལོ་བསྐོར། །དེ་བས་འདྲེས་པ་སྤངས་བ་ལ། །རྟག་ཏུ་བག་ དང་ལྡན་པར་བྱ། །ཞེས་གསུངས་པ་ལྟར་འདུ་འཛི་རྣམ་གཡེང་དང་འདྲེས་པ་སྤངས་ལ་དབེན་ པར་གནས་ཏེ། བདུད་རྩི་ལྔ་ལ་སོགས་པས་བསྙེན་པ་ཞེས་པ་ནི། ཕྱི་རོལ་ཏུ་རང་གི་ལུས་ཀྱི་ ལྷ་མཉེས་པའི་དོན་དུ་བདུད་རྩི་ལྔ་དང་ཤ་ལྔ་བདུད་རྩི་ལྔར་བྱིན་གྱིས་རླབས་པ་ཟ་བ་ཡིན་ལ། ངེས་དོན་དུ་བདུད་རྩི་ལྔ་ནི་རང་གི་ཕུང་པོ་ལྔ་ཡིན་ལ། དེ་ཟ་བ་ལ་ལྟོས་པ་མེད་པ་སྟེ། རང་ གི་ཕུང་པོ་ལྔའི་བདག་ཉིད་ཀྱི་ལུས་ལ་ཆགས་པས་དེའི་འཚོ་སྐྱོང་གི་ཕྱིར་སྡིག་པ་སོགས་ཅིང་ 1-1-432 ཆོས་འཆོར་བས་རང་ལུས་ལ་སྲེད་པ་ཡོངས་སུ་སྤངས་ཏེ། ལྟོས་མེད་དུ་ལེངས་ཀྱིས་བསྐྱུར་ ལ་བཞག །ཤ་ལྔ་ནི་རང་གི་དབང་པོ་ལྔ་ཡིན་ལ། དེ་ཟ་བ་ལ་ཡང་ལྟོས་པ་མེད་པ་ཡིན་པས། དབང་པོ་ལྔ་ཡུལ་ལྔ་ལ་ཞུགས་པས་ཕྱི་རོལ་ཏུ་ཡུལ་ལྔའི་སྲེད་པ་སྐྱེ་བས་མུན་ཁང་དབེན་ པར་ཞུགས་ཏེ་དབང་པོ་ཡུལ་ལ་འཇུག་པ་མེད་པར་བྱས་པའི་འདོད་ཡོན་ལྔའི་རྫས་ལ་ལྟོས་ ཆགས་མེད་པར་བཞག །འོ་སྐོལ་རྣམས་ཀྱིས་ཐོག་མེད་ནས་ལུས་ཀྱི་ལོངས་སྤྱོད་འགྲོ་ཆགས་ ཉལ་འདུག་དང་བྱ་བྱེད་སྣ་ཚོགས་ཅི་བྱས་ཀྱང་དོན་མེད་སྡུག་བསྔལ་གྱི་རྒྱུ་འབའ་ཞིག་ཏུ་སོང་ བས་ལུས་མི་དགེ་བ་སྲོག་གཅོད་སོགས་ལྟ་ཞོག །ལུང་མ་བསྟན་གྱི་བྱ་བ་བྱེད་དང༌། དགེ་བའི་ ཕྱག་དང་བསྐོར་བ་འཁྲུལ་འཁོར་སོགས་ཀྱང་དོར་ལ། ལུས་བསམ་གཏན་གྱི་འདུག་ཚུལ་ལ་ གནས་པར་སྦྱོང༌། ཐོག་མེད་ནས་ངག་གི་འདུ་འཕྲོ་སྨྲ་བརྗོད་སོགས་ཅི་སྙེད་བྱས་པ་ཐམས་ ཅད་དོན་མེད་འཁོར་བའི་རྒྱུར་སོང་བས། ད་མི་དགེ་བའི་བརྫུན་སོགས་བཞི་བྱེད་པ་ལྟ་ཞོག ། ལུང་མ་བསྟན་གྱི་གླེང་མོ་སོགས་དང༌། དགེ་བའི་གྱེར་མོ་བཟླས་བརྗོད་སོགས་ཀྱང་དོར་ལ། ངག་བསམ་གཏན་གྱི་འདུག་ཚུལ་ལ་གནས་པར་བྱའོ། །ཐོག་མེད་ནས་ཡིད་ཀྱི་འདུ་འཕྲོ་ཅི་ སྙེད་བྱས་པ་དོན་མེད་འཁོར་བའི་རྒྱུར་སོང་བས། ད་ཡིད་ཀྱི་བརྣབ་སེམས་སོགས་གསུམ་པོ་ ལྟ་ཅི་སྨོས། ལུང་མ་བསྟན་གྱི་འདས་པའི་རྗེས་གཅོད་མ་འོངས་པའི་སྔོན་བསུ་དང༌། ད་ལྟར་ གྱི་རྟོག་དཔྱོད་དང༌། དགེ་བའི་ཕྱོགས་ཀྱི་དྲན་པས་རྟོག་དཔྱོད་ཆོས་ཀྱི་འདྲ་བསྡུར་ལ་སོགས་ རྣམ་རྟོག་སྤྲོས་པ་ཐམས་ཅད་དོར་ལ། ཡིད་བསམ་གཏན་གྱི་འདུག་ཚུལ་གནས་པར་བསླབ། ཐིག་ལེ་འཕོ་བའི་བྱ་བ་འཁྲིག་པ་སོགས་ཀྱང་འཁོར་བའི་རྒྱུ་འབའ་ཞིག་ཡིན་པས་ཚངས་སྤྱོད་ ལ་གནས་པ་བྱ། ལུས་སོགས་གཡོ་འགུལ་ཆེས་ན་རྩ་འཁྲུག །རྩ་འཁྲུགས་པས་རླུང་འཁྲུག ། རླུང་འཁྲུགས་པས་རྣམ་རྟོག་ལངས་ཏེ་ཏིང་ངེ་འཛིན་གྱི་གག་བྱེད་པའོ། །ཕ་དམ་པ་ལ་ཀུན་ དགས། དམ་པ་ལེགས། སྒོམ་པའི་མན་ངག་ཅིག་ཞུ་བྱས་པས། དམ་པས། རྣམ་པར་སྣང་ 1-1-433 མཛད་ཀྱི་ལྡེར་སོ་ལ་ཞུས་ཅིག་དེ་ཁོ་མཁས་པར་གདའོ་ཞེས་གསུངས་ཏེ། རྣམ་སྣང་ཀུན་ རིགས་ལྟ་བུའི་སྐུ་ནི། སྐུ་གཡོ་མེད། གསུང་བརྗོད་མེད། ཡིད་རྟོག་མེད་དུས་རྒྱུན་དུ་གནས་ པས་དེ་ལྟ་བུ་ཅིག་དགོས་ཞེས་པའོ། །དེ་ལྟ་བུའི་ཉམས་ལེན་བྱེད་ཚུལ། འགྲེལ་ཆེན་དུ། བླ་ མས་ངེས་པའི་དབང་གིས་བསྒོམ་པའི་དུས་དང་འདོད་པའི་ལྷ་ལ་བསྟོད་པའི་དུས་སུ་གྲངས་ བཞིན་དུ་སངས་རྒྱས་པ་རྣམས་ལ་རྡོ་རྗེའི་གདན་བསྔགས་ཤིང༌། ཞེས་པ་དང༌། དཀྱིལ་ཀྲུང་ གི་སྟེང་དུ་ལག་པ་གཡོན་པ་གན་རྐྱལ་དུ་བཞག་པའི་སྟེང་དུ། གཡས་པ་ཡང་གན་རྐྱལ་དུ་ བཞག་ནས་མཐེ་བོ་ངོ་སྤྲད་ནི། ཕྱག་ན་པད་མའི་ཏིང་ངེ་འཛིན་གྱི་ཕྱག་རྒྱའོ། །ཞེས་དང༌། གཞན་ལས། ལུས་རྣམ་སྣང་གི་ཆོས་དྲུག །ཅེས་གསུངས་པས། བསམ་གཏན་གྱི་ཁང་བུ་མུན་ ཚངས་ཅན་དུ་འབོལ་བའི་སྟན་ལ། རྐང་པ་དཀྱིལ་ཀྲུང་ལག་པ་མཉམ་བཞག་དཔུང་པ་རྒོད་ གཤོག་ལྟར་གདེངས། སྒལ་ཚིག་དུང་ཚེ་བརྩེགས་པ་ལྟར་སྲང༌། མགྲིན་པ་ལྕགས་ཀྱུ་ལྟ་བུ་ ལྟར་དགུག །མིག་སྟེང་གི་བར་སྣང་ལ་ལྟས་ཏེ། གསང་འདུས་སུ། བསྙེན་པའི་དུས་སུ་གཙུག་ ཏོར་ཆེའི། །གཟུགས་བརྙན་འབད་པས་རྣམ་བསྒོམ་བྱ། །ཞེས་སོགས། འགྲེལ་ཆེན་དུ། མཐེ་ བོ་སྲིན་ལག་གི་རྩར་བཞག་པའི་ཁུ་ཚུར་གཉིས་བརླ་གཡས་པ་དང་གཡོན་པའི་སྟེང་དུ་བཞག་ པ་ནི་རྡོ་རྗེ་སེམས་དཔའི་འདུག་སྟངས་སོ། །ཞེས་པས་རྡོ་རྗེ་དཀྱིལ་ཀྲུང་མ་འཆོས་ནའང༌། དཀྱིལ་ཀྲུང་ཕལ་པ་ལ་བཅུ་དྲུག་མདོའི་འོག་ཏུ་བསྒོམ། སྟེག་འཁྱུད་གང་ཙམ་གཞུག ཁུ་ཚུར་ གཉིས་པོས་བརླའི་རྩ་བོ་ཆེ་མནན་ལ། གྲུ་མོ་གཉིས་རྩིབ་མ་ལ་སྦྱར་ལ། རོ་སྟོད་ཕྱིར་སྐྱེད་ ཙམ་བྱ་སྟེ། འདི་ནི་གཞན་པས་ཆུན་ཆེ་སྟེ། འདིས་སྤྱི་བོའི་པུརྞ་གི་རི་ནས་པུས་མོ་ཀུ་མུ་ཏའི་ བར་གྱི་ཡུལ་ཉི་ཤུ་རྩ་བཞིའི་རྩ་རྣམས་འཆིངས་སོ། །ངག་མཆུ་སྦྱར་ལ་ལྕེ་རྩེ་གྱེན་ལ་བཟློག་ ཅིང༌། རླུང་གཡོན་དང་མཉམ་པོར་རྒྱུ་ཚེ། རླུང་འགྲོ་འོང་ལ་དམིགས་ པ་གཏད། རླུང་གཡས་ནས་རྒྱུ་བ་གང་གི་ཚེ་སེམས་གཟོ་མེད་དུ་བཞག །མིག་གཙུག་ 1-1-434 ཏོར་གྱི་ཐད་ཀྱི་ནམ་མཁའ་སྨིན་མཚམས་ནས་མཐོ་གང་ཙམ་དུ་འབྲུ་ཚུགས་སུ་ལྟ་ཞིང༌། (དབེན་གསུམ་གྱི་ཁྲིད་མཇུག་དང༌། སོར་སྡུད་ཀྱི་མཚན་ཉིད། བསྒོམ་པའི་དུས་མཚམས། བསྒོམ་ཚུལ་གྱི་ཡན་ལག་རྣམས་ལ་དཔེ་རྙིང་གི་ལྡེབ་བཞི་ཆད། )འགྲོ་སླར་ཡང་གང་དུའང་ སྐྱེ་བ་ལྷན་པ་མིན། །ཞེས་སོགས་གསུངས་སོ། །བཞི་པ་བསྒོམས་པའི་རྟགས་ཚད་ལ། ཕྱག་ རྒྱ་ཆེན་པོའི་དངོས་གྲུབ་ལ་ཡིད་ཆེས་པའི་རྟགས་ཚད་འཆར་ཚུལ་དང༌། རྟགས་བཅུ་སོགས་ སྟོང་གཟུགས་མཐོང་བའི་བློ་ཚད་མ་གང་ཡིན་པའི་ཚུལ་གཉིས་སོ། །དང་པོ་ནི། དཔལ་ལྡན་ རྒྱུད་ལས། ནམ་མཁར་ཀུན་ནས་ཞེན་པའི་སེམས་དང་མིག་ནི་མི་འཛུམ་རྡོ་རྗེའི་ལམ་དུ་རབ་ ཏུ་ཞུགས་པ་ཡིས། །སྟོང་པ་ལ་ནི་དུ་བ་སྨིག་རྒྱུ་རབ་གསལ་དྲི་མ་མེད་པའི་མཁའ་སྣང་ཉིད་ དང་མར་མེ་དང༌། །འབར་བ་དང་ནི་ཟླ་བ་ཉི་མ་རྡོ་རྗེ་རྣམས་དང་མཆོག་གི་ཆ་དང་ཐིག་ལེ་ མཐོང་བར་འགྱུར། །དེ་ཡི་དབུས་སུ་སངས་རྒྱས་གཟུགས་ནི་ཡུལ་དང་རྣམ་པར་བྲལ་བ་དུ་མ་ ལོངས་སྤྱོད་རྫོགས་པའི་སྐུ། །ནམ་མཁའ་ཆུ་འཛིན་བྲལ་བ་དག་ནི་རྣལ་འབྱོར་པ་ཡིས་བགྲད་ པའི་མིག་གིས་ལྟ་བར་བྱ་བ་སྟེ། །རེ་ཁཱ་ནག་པོ་དྲི་མེད་འོད་ཟེར་འཕྲོ་བ་དུས་ཀྱི་རྩ་ལ་མཐོང་ བར་འགྱུར་གྱི་བར་དུའོ། །དེ་ལ་ཀུན་མཁྱེན་གཟུགས་ནི་ཆུ་ལ་ཉི་མ་ལྟ་བུར་གོས་པ་མེད་པ་ཁ་ དོག་སྣ་ཚོགས་ཏེ། །རྣམ་པ་ཀུན་ལྡན་རང་སེམས་ཡུལ་དང་རྣམ་པར་བྲལ་བ་དག་གོ་གཞན་ གྱི་སེམས་ནི་མིན་པ་ཉིད། །ཞེས་གསུངས་ཏེ། ལུས་གནད་ལྟ་སྟངས་སེམས་ཀྱི་འཇོག་ཐབས་ ཏེ་བྱེད་པ་བཅིང་བའི་ཐབས་ཁྱད་པར་ཅན་ལ་བརྟེན་ནས་རླུང་སེམས་རྡོ་རྗེའི་ལམ་སྟེ་རྩ་དབུ་ མའི་ནང་དུ་ཆུད་པ་ལ་སེམས་ཀྱི་འོད་གསལ་ཕྱག་རྒྱ་ཆེན་པོ་མངོན་སུམ་དུ་མཐོང་བར་འགྱུར་ ཏེ། མཐོང་བའི་ཚུལ་ནི་དང་པོ་དུ་བའི་རྣམ་པ་དང༌། དེ་ནས་སྨིག་རྒྱུའི་རྣམ་པ་དང༌། དེ་ནས་ རབ་གསལ་དྲི་མ་མེད་པའི་མཁའ་སྣང་སྟེ་སྲིན་བུ་མེ་ཁྱེར་གྱི་རྣམ་པ་དང༌། དེ་ནས་མར་མེའི་ རྣམ་པ་མཐོང་བར་འགྱུར་ཏེ། དེ་དག་ནི་མཚན་མོའི་རྣལ་འབྱོར་གྱི་རྟགས་རྣམ་པ་བཞི་ཡིན་ 1-1-435 ནོ། །ཉིན་རྟགས་ནི། འགྲེལ་ཆེན་ལས། མཚན་བརྗོད་དང་སྦྲག་ནས་གསུངས་པ། དེ་ནས་སྤྲིན་ མེད་པའི་ནམ་མཁའ་ལ་སྟེ། ནམ་མཁའ་དེ་ལས་ཀྱང་ཉིན་མོའི་རྣལ་འབྱོར་གྱིས། ནམ་མཁའ་ ལས་བྱུང་རང་བྱུང་བ། །ཤེས་རབ་ཡེ་ཤེས་མེ་བོ་ཆེ། །ཞེས་པ་འབར་བ་མཐོང་བ་སྟེ་སྤྲིན་མེད་ པའི་ནམ་མཁའ་ལའོ། །དེ་བཞིན་དུ། འོད་ཆེན་རྣམ་པར་སྣང་བར་བྱེད། །ཡེ་ཤེས་སྣང་བ་ ལམ་མེ་བ་ནི་ཟླ་བ་སྣང་བའོ། །འགྲོ་བའི་མར་མེ་ནི་ཉི་མའོ། །ཡེ་ཤེས་སྒྲོན་མེ་ནི་རྡོ་རྗེ་སྟེ་སྒྲ་ གཅན་ནོ། །གཟི་བརྗིད་ཆེན་པོ་འོད་གསལ་བ་ནི་གློག་སྟེ་འོད་ཀྱི་ཆའོ། །སྔགས་མཆོག་མངའ་ བདག་རིགས་སྔགས་རྒྱལ་ནི་ཐིག་ལེའོ། །དེ་ལྟར་མཚན་མ་རྣམ་པ་བཅུ་སྟེ། འདུས་པ་ལ་ སོགས་པ་ལས་མཚན་མོའི་རྣལ་འབྱོར་དང༌། མཚན་ཡང་དག་པར་བརྗོད་པ་ལས་ཉིན་མོའི་ རྣལ་འབྱོར་གྱིས་བཅོམ་ལྡན་འདས་ཀྱི་གསུངས་སོ། །དེ་ནས། གསང་སྔགས་རྒྱལ་པོས་དོན་ ཆེན་བྱེད། །ཅེས་པ་ནི། བུམ་པ་དང་སྣམ་བུ་ལ་སོགས་པ་རྣམ་པ་ཐམས་ཅད་པའི་གཟུགས་ མཐོང་བའོ། །དེའི་དབུས་སུ་སྟེ་ཐིག་ལེའི་དབུས་སུ་སངས་རྒྱས་ཀྱི་གཟུགས་ཅན་རྫས་མེད་ པའི་ཕྱིར་དང༌། རྟག་མེད་པའི་ཕྱིར་ཡུལ་དང་རྣམ་པར་བྲལ་བ་དུ་མ་ལོངས་སྤྱོད་རྫོགས་པའི་ སྐུའོ། །དེ་ནས་གཟུགས་ཀྱི་རྣལ་འབྱོར་གྱིས་གཞོམ་དུ་མེད་པའི་སྒྲ་གང་ཡིན་པ་དེ་ཉིད་ཐོས་ ཏེ། དེ་ལྟར་གཟུགས་སྣང་པ་ལས་སྤྲུལ་པའི་སྐུ་དང༌། སྒྲ་སྣང་པ་ལས་ལོངས་སྤྱོད་རྫོགས་ པའི་སྐུའོ། །ཞེས་པའི་དོན། གསང་འདུས་རྒྱུད་ཕྱི་མར། འགོག་པར་རྡོ་རྗེ་བགྲོད་སེམས་ ལས། །མཚན་མ་ཉེར་འཛིན་འབྱུང་འགྱུར་ཏེ། །མཚན་མ་དེ་ནི་རྣམ་པ་ལྔར། །བྱང་ཆུབ་རྡོ་ རྗེས་བཤད་པ་ཡིན། །དང་པོ་སྨིག་རྒྱུའི་རྣམ་པ་སྟེ། །གཉིས་པ་དུ་བའི་རྣམ་པ་ཡིན། །གསུམ་ པ་མཁའ་སྣང་རྣམ་པ་སྟེ། །བཞི་པ་སྒྲོན་མ་འབར་བའོ། །ལྔ་པ་རྟག་ཏུ་སྣང་བ་ནི། །སྤྲིན་མེད་ ནམ་མཁའ་ལྟ་བུའོ། །ཞེས་གསུངས་པ་སྟེ། འདིར་དུ་བ་ལྟ་བུ་མཚན་མ་གཉིས་པ་དང༌། སྨིག་ རྒྱུ་ལྟ་བུ་མཚན་མ་དང་པོར་གསུངས་པ་ནི། བླ་མའི་ཞལ་ལ་རག་ལུས་པར་བྱ་བའི་ཕྱིར་དུ་ 1-1-436 དཀྲུགས་ཏེ་གསུངས་པ་ཡིན་པར་དཔལ་ནཱ་རོ་པས་བཤད་ཅིང༌། བདེ་མཆོག་སྟོད་འགྲེལ་ དུའང༌། འདིར་བླ་མའི་མན་ངག་གིས་ནམ་མཁའ་ལ་རྣལ་འབྱོར་པས་དང་པོ་དུ་བ་མཐོང་སྟེ། སྨིག་རྒྱུ་ནི་མ་ཡིན་ནོ། །ཞེས་རང་གི་ཉམས་སུ་མྱོང་བས་བཤད་པར་བྱའོ། །ཞེས་གསུངས་སོ། ། རྡོ་རྗེ་གུར་ལས་ཀྱང༌། ཡན་ལག་དྲུག་བསྒོམ་དེ་ལས་ནི། །སླར་ཡང་རང་བྱིན་བརླབས་པ་སྟེ། ། རྗེས་མཐུན་ཆོ་གའི་རིམ་པ་ཡིས། །ཕྱི་ནས་མཚན་མ་མཚོན་པར་བྱ། །དང་པོ་སྤྲིན་དང་འདྲ་ བ་སྟེ། །གཉིས་པ་དུ་བ་ལྟ་བུ་ཡིན། །གསུམ་པ་སྲིན་བུ་མེ་ཁྱེར་འདྲ། །བཞི་པ་མར་མེ་འབར་ བ་སྟེ། །ལྔ་པ་རྟག་ཏུ་སྣང་བ་ནི། །སྤྲིན་མེད་ནམ་མཁའ་ལྟ་བུའོ། །ཕྱི་ནས་སྒྱུ་མའི་རྣམ་པ་སྟེ། ། རྨི་ལམ་རྣམ་པ་སྐད་ཅིག་ལས། །དེ་ནི་ཐམས་ཅད་མཁྱེན་པའི་རྒྱུ། །དངོས་གྲུབ་ཉེ་བར་གྱུར་ པའོ། །ཞེས་གསུངས་ཏེ། འདིར་ཡང་དུ་བ་ལྟ་བུ་རྟགས་གཉིས་པ་དང༌། སྨིག་རྒྱུ་ལྟ་བུ་དངོས་ སུ་མ་གསུངས་པ་ཡང་བླ་མའི་ཞལ་ལས་རག་ལུས་པར་བྱ་བའི་དོན་ཏོ། །སྒྱུ་མའི་རྣམ་པ་དང་ རྨི་ལམ་གྱི་རྣམ་པ་ཞེས་པས་ནི་རྣམ་པ་ཐམས་ཅད་ཀྱི་སྟོང་གཟུགས་བསྟན་ལ། དངོས་གྲུབ་ཉེ་ བར་གྱུར་པ་ནི་འོད་གསལ་ཆོས་སྐུ་མངོན་སུམ་དུ་མཐོང་བའི་དོན་ཏོ། ། གཉིས་པ་ཚད་མ་གང་ཡིན་པ་ནི། ཀྱེའི་རྡོ་རྗེར། དངོས་པོ་བསྒོམ་གྱུར་ཤེས་རབ་ཅན། ། དངོས་པོ་མེད་པ་ཡོངས་ཤེས་པས། །དེ་ལྟར་ཧེ་རུ་ཀ་བསྒོམ་བྱ། །ལུས་ལ་ཡེ་ཤེས་ཆེན་པོ་ གནས། །ཞེས་པའི་འགྲེལ་པར། རྡོ་རྗེ་སྙིང་གི་འགྲེལ་པར། རྣམ་པར་རྟོག་པ་དང་བྲལ་བའི་ སེམས་ཀྱི་སྣང་བརྙན་མཐོང་བའོ། །རྟོག་པ་དང་བྲལ་ཞིང་མ་འཁྲུལ་བ་ནི་མངོན་སུམ་ཞེས་ བརྗོད་པར་བྱའོ། །དེ་ཉིད་ལ་རྣམ་པ་བཞི་སྟེ། དབང་པོའི་མངོན་སུམ་དང༌། ཡིད་ཀྱི་མངོན་ སུམ་དང༌། རྣལ་འབྱོར་མངོན་སུམ་དང༌། རང་རིག་པའི་མངོན་སུམ་ཞེས་པ་སྟེ། ཤེས་པ་ དེ་ཉིད་ནི་ཉེ་བར་སྟོན་པར་བྱེད་པ་དང༌། འཇུག་པར་བྱེད་པ་དང༌། ཐོབ་པར་བྱེད་པ་དང༌། ཉམས་སུ་མྱོང་བར་བྱེད་པའི་མཚན་ཉིད་ཅན་ནོ། །ཞེས་པའོ། །ཞེས་གསུངས་པས། རྟགས་ 1-1-437 བཅུ་ནས་བཟུང་བའི་རྣམ་ཀུན་མཆོག་ལྡན་རྣམས་བསྒོམ་བྱ་ཡི་དམ་གྱི་ལྷའི་མཆོག་ཧེ་རུ་ཀ་ དང་སྒོམ་བྱེད་སོར་སྡུད་སོགས་སྦྱོར་དྲུག་ནི་ཐབས་ཤེས་ཟུང་འཇུག་གོ །ཏིང་ངེ་འཛིན་རྟོག་ བྲལ་མ་འཁྲུལ་བའི་ཤེས་པ་རྣལ་འབྱོར་མངོན་སུམ་ཚད་མ་དང་དེ་ལས་ཕྱེ་བའི་སོར་སྡུད་ བསམ་གཏན་དབང་པོ་མངོན་སུམ། སྲོག་འཛིན་གཉིས་ཡིད་ཀྱི་མངོན་སུམ། རྗེས་དྲན་རྣལ་ འབྱོར་མངོན་སུམ། ཏིང་ངེ་འཛིན་རང་རིག་མངོན་སུམ་ཡིན་ནོ། །དུས་འཁོར་སྒྲུབ་ལེར། ལྷ་ ཡི་དམིགས་པ་གང་ཡིན་མངོན་སུམ་དང་ནི་རྗེས་སུ་དཔག་པ་རྣམ་པ་གཉིས་སུ་འགྱུར་བ་སྟེ། ། མངོན་སུམ་དག་ནི་དེ་ཉིད་སྦྱོར་བས་མཁའ་ལ་སྐར་མ་བཞིན་དུ་དུ་མ་ལོངས་སྤྱོད་རྫོགས་ པའི་སྐུ། །ཞེས་པས་ཀྱང་བསྒོམ་བྱའི་ལྷ་ཆོས་ཉིད་དོན་དམ་པའི་དུས་འཁོར་དུ་བསྟན་ཅིང༌། སྒོམ་བྱེད་སྦྱོར་དྲུག་ཡང༌། རྣལ་འབྱོར་མངོན་སུམ་དུ་སྟོན་ཏོ། །དེས་ན་དུ་བ་ལ་སོགས་ལ་ རྟགས་ཞེས་པ་ཡང་ཆོས་ཉིད་དོན་དམ་ཆོས་སྐུའི་སྣང་ཚེ་ཡིན་ཞེས་པའི་དོན་ཡིན་གྱི། རྟགས་ དང་རྟགས་ཅན་རྫས་ཐ་དད་པ་ལམ་རྟགས་ཙམ་ཞེས་པའི་དུས་བྱས་གསར་བྱུང་ནི་མིན་ནོ། ། འདིའི་མངོན་སུམ་བཞི་པོ་ཡང་རྟོག་པ་ལ་གྲགས་པའི་མངོན་སུམ་བཞི་དང་མི་གཅིག་གོ ། ལྔ་པ་དག་བྱ་དག་བྱེད་ཀྱི་དབྱེ་བ་ལ། དག་པར་བྱ་རྒྱུ་ནི། སེམས་ཅན་ཐམས་ཅད་ལ་ གདོད་མ་ནས་བཞུགས་པའི་དང་པོའི་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྐུའི་ཡེ་ཤེས་ཀྱི་ཕུང་པོ། གཞན་རྡོ་རྗེ་སེམས་དཔའ་ལ་སོགས་པ་ཡེ་ཤེས་ཀྱི་ཁམས་པ་དྲུག་ཚན་གཅིག་ཡིན་ལ། དག་ བྱ་ནི། མ་དག་པ་འཁོར་བ་པའི་ཆགས་པ་ཡེ་ཤེས་ཀྱི་ཕུང་པོ་ལ་སོགས་པ་དྲུག་ཚན་གཅིག་ ཡིན་ཞིང༌། དག་བྱེད་ནི། རྒྱལ་བའི་དབང་པོ་རྡོ་རྗེ་སེམས་དཔའི་རིགས་ཀྱི་ཏིང་ངེ་འཛིན་ སོ་སོར་སྡུད་པའི་ཡན་ལག་སྟེ། འདི་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལམ་ཞེས་འབྲོ་པ་ ཡི་བླ་མ་གོང་མ་རྣམས་བཞེད་དོ། །དག་བྱེད་ལ་དབྱེ་ན༑ དུ་བ་ལ་སོགས་པ་རྟགས་བཅུའི་ སྒོ་ནས་དབྱེ་བ་རྣམ་པ་བཅུ་སྟེ། རྒྱུད་ཀྱི་རྒྱལ་པོ་ལས། སོ་སོར་སྡུད་པ་རྒྱལ་བའི་དབང་པོར་ 1-1-438 འགྱུར་ཞིང་རྣམ་པ་བཅུ་སྟེ་བསམ་གཏན་མི་བསྐྱོད་པ་ཉིད་དོ། །ཞེས་དང། དྲི་མེད་འོད་ལས། འདིར་དང་པོའི་ལས་ལ་སོ་སོར་སྡུད་པ་ནི་རྒྱལ་བའི་དབང་པོ་ཞེས་པ་ནི་ཡེ་ཤེས་ཀྱི་ཕུང་པོའོ། ། དེའང་མཚན་མའི་དབྱེ་བས་རྣམ་པ་བཅུ་སྟེ། དུ་བ་དང༌། སྨིག་རྒྱུ་དང༌། མེ་ཁྱེར་དང༌། མར་ མེ་དང༌། འབར་བ་དང༌། ཟླ་བ་དང༌། ཉི་མ་དང༌། སྒྲ་གཅན་དང༌། ཆ་ཤས་དང༌། ཐིག་ལེ་ མཐོང་བའི་དབྱེ་བས་མ་བརྟགས་པའི་ཡེ་ཤེས་ཀྱི་ཕུང་པོའོ། །ཞེས་གསུངས་སོ། །རྡོ་རྗེ་སེམས་ དཔའི་རིགས་ལྔ་པོ་རྣམས་ཀྱི་ཁྱབ་བྱེད་ཡིན་པ་བཞིན་དུ། སོ་སོར་སྡུད་པ་འདི་བསམ་གཏན་ སོགས་ཡན་ལག་ཕྱི་མ་ལྔའི་ཁྱབ་བྱེད་ཡིན་ནོ། །དྲུག་པ་བསྒོམས་པས་ཐོབ་པའི་འབྲས་བུ་ནི། རྒྱུད་ཀྱི་རྒྱལ་པོ་ལས། སོ་སོར་སྡུད་པའི་རྣལ་འབྱོར་པ་ནི་ཡུལ་དང་རྣམ་པར་བྲལ་བ་སྔགས་ རྣམས་ཀུན་གྱིས་བྱིན་གྱིས་རློབས། །ཞེས་པའི་འགྲེལ་པར། འདིར་གང་གི་ཚེ་སོ་སོར་སྡུད་ པར་གཟུགས་བརྟན་པར་གྱུར་པའི་རྣལ་འབྱོར་པ་རྣམ་པར་དག་པར་གྱུར་པ་དེའི་ཚེ་སྔགས་ རྣམས་ཀུན་གྱིས་བྱིན་གྱིས་བརླབས་པར་གྱུར་ཏེ། ཚིག་གི་མཆོག་སྦྱིན་པ་ལ་སོགས་པ་སྦྱིན་ པར་འགྱུར་རོ། །ཞེས་གསུངས་ཏེ། གནས་སྐབས་ཀྱི་འབྲས་བུ་དུག་ཞི་བར་གྱུར་ཅིག །ཅེས་ བརྗོད་པས་དུག་ཞི་བར་འགྱུར་བ་ལ་སོགས་པ་བདེན་པའི་སྟོབས་བརྗོད་པ་འགྲུབ་ཅིང༌། མཐར་ཐུག་གི་འབྲས་བུ་རྣལ་འབྱོར་བའི་སྒྲིབ་བཅས་ཀྱི་ཡེ་ཤེས་ཀྱིས་ཕུང་པོ་དང༌། ཁམས་ ལ་སོགས་པ་འགགས་ནས་གཞི་ལ་གདོད་མ་ནས་བཞུགས་པའི་ཡེ་ཤེས་ཀྱི་ཕུང་པོ་གཞན་ རྒྱལ་བ་རྡོ་རྗེ་སེམས་དཔའ་ལ་སོགས་པ་དྲུག་ཚན་གཅིག་སྒྲིབ་པ་དང་བྲལ་བར་གནས་གྱུར་ པའི་འབྲས་བུ་ཐོབ་པར་འགྱུར་རོ། །ཕྱི་རོལ་དབང་ཡུལ་འབྲེལ་པ་སོ་སོར་སྤངས། །ཆོས་ཉིད་ སྟོང་པའི་གཟུགས་ཡུལ་རྣམ་པ་ལ། །ཤའི་མིག་དང་དབང་པོ་གཞན་འཇུག་པའི། །སོར་སྡུད་ ཡན་ལག་ཀུན་གྱི་འབྱོངས་པར་ཤོག །རྡོར་སེམས་ལ་སོགས་སངས་རྒྱས་ཀུན་ཐོབ་ཤོག ། ༈ གཉིས་པ་བརྟན་བྱེད་བསམ་གཏན་གྱི་ཡན་ལག་ལ། མཚན་ཉིད། བསྒོམ་པའི་དུས་ 1-1-439 མཚམས། བསྒོམ་ཚུལ་གྱི་ཡན་ལག །བསྒོམས་པའི་རྟགས་ཚད། དག་བྱ་དག་བྱེད་ཀྱི་དབྱེ་ བ། བསྒོམས་པས་ཐོབ་པའི་འབྲས་བུ་དང་དྲུག་ལས། དང་པོ་ནི། སོ་སོར་སྡུད་ཀྱིས་མཐོང་ བའི་སྟོང་གཟུགས་དེ་ཉིད་ལ༑ ཡིད་གཡོ་མེད་རྩེ་གཅིག་ཏུ་གནས་ཤིང་གོ མས་པར་བྱེད་པས་ ན་བསམ་གཏན་ཞེས་བྱ་སྟེ། རྒྱུད་ཕྱི་མར། སོ་སོར་སྡུད་པས་རྣལ་འབྱོར་པ་ནི་ནམ་མཁའི་ མཐིལ་དུ་སོན་པ་དུས་གསུམ་གཟུགས་རྣམས་མཐོང་བར་འགྱུར། །དེ་ལ་བསམ་གཏན་གྱིས་ སེམས་བརྟན་པར་ཡང་ནི་བྱེད་དེ་ཕྱི་རོལ་དངོས་པོ་རྣམས་ནི་རྣམ་པར་སྤོང༌། ཞེས་སོ། ། གཉིས་པ་བསྒོམ་པའི་དུས་མཚམས་ནི། བཤད་མ་ཐག་པ་དེ་ཉིད་དང༌། དབང་མདོར་ བསྟན་ལས། རྨི་ལམ་བཞིན་དུ་གཟུགས་མཐོང་འགྱུར། །རྟག་ཏུ་གཟུགས་དེ་བསྒོམ་པར་ བྱ། །ཞེས་སོགས་གསུངས་པས། སོ་སོར་སྡུད་ཀྱིས་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་ཀྱི་ གཟུགས་མཐོང་བ་ནས། བསམ་གཏན་གྱི་ཡན་ལག་བསྒོམ་པར་བྱའོ། །སོ་སོར་སྡུད་པས་ སྟོང་གཟུགས་མཐོང་བ་ནི། རླུང་སེམས་དབུ་མར་ཞུགས་ནས་ཡིན་པས། སྙན་རྒྱུད་དུ། དུས་ ནི་ནམ་མཁའ་རྒྱུ་དུས་སུ། །ཞེས་སོགས། ཕུང་པོ་ལྔའི་རླུང་བསམ་གཏན་སོགས། འོག་མའི་ དུས་མཚམས་ལ་སྦྱར་བ་མི་འགྲིག་གོ ། གསུམ་པ་བསྒོམ་ཚུལ་གྱི་ཡན་ལག་ལ་ལྔ། བསམ་གཏན་བསྒོམ་པའི་གནས་སོགས། བསམ་གཏན་བསྒོམ་པའི་ཡུལ། བསྒོམ་པའི་དགོས་པ། ཡན་ལག་ལྔ་ལྡན་གྱི་བསྒོམ་ཚུལ་ དངོས། བོག་འདོན་སྤོགས་པའི་ཆོ་གའོ། །དང་པོ་ནི། སོར་སྡུད་དུས་ཀྱི་གནས་དང༌། ལུས་ གནད་ལྟ་སྟངས་སོགས་ཇི་ལྟ་བ་བཞིན་ནོ། ། གཉིས་པ་ནི། སྙན་རྒྱུད་ལས། ངོ་བོ་ཡུལ་ནི་སྟོང་གཟུགས་སྟེ། །ཞེས་དང༌། སྒོམ་པ་སྔར་ གྱི་སྟོང་གཟུགས་ལ། །སེམས་བཞག་ནམ་མཁའ་ལྟ་བ་ཡིན། །ཞེས་སོ། ། གསུམ་པ་ནི། སྙན་རྒྱུད་ལས། གཉིས་པ་བསམ་གཏན་ཡན་ལག་ནི། །སྟོང་གཟུགས་ 1-1-440 བརྟན་ཕྱིར་བྱེད་པའོ། །ཞེས་སོ། ། བཞི་པ་ནི། དཔལ་ལྡན་རྒྱུད་ལས། བསམ་གཏན་དག་ཀྱང་ཤེས་རབ་རྟོག་དང་དཔྱོད་ པ་དགའ་དང་གཡོ་མེད་བདེ་བ་རྩེ་གཅིག་སེམས་དཔའོ། །ཞེས་དང༌། དེའི་འགྲེལ་པར། དེ་ བཞིན་དུ་གཟུགས་དེ་ཉིད་ལ་ཤེས་རབ་ཅེས་པས་ནི་ལྟ་བའོ། །རྟོག་པ་ཞེས་པ་ནི་དངོས་ པོ་འཛིན་པའོ། །དཔྱོད་པ་ཞེས་པ་ནི་དེའི་དོན་ངེས་པར་བྱེད་པའོ། །དགའ་བ་ཞེས་པ་ནི་ གཟུགས་ལ་ཆགས་པའོ། །གཡོ་མེད་བདེ་བ་ཞེས་པ་ནི་གཟུགས་དང་ལྷན་གཅིག་སེམས་རྩེ་ གཅིག་ཏུ་བྱེད་པའོ། །ཞེས་གསུངས་ཏེ། དེའི་དོན་ནི་སྟོང་གཟུགས་ལ་རྩེ་གཅིག་ཏུ་གནས་པའི་ བསམ་གཏན་དེ་ནི་སྟོང་གཟུགས་དེ་ཉིད་ལ་ལྟ་བ་སྟེ་མངོན་སུམ་དུ་མཐོང་བ་ནི་ཆོས་ཉིད་ཇི་ ལྟ་བ་མངོན་སུམ་དུ་མཐོང་བ་ཡིན་པས་ན་ཤེས་རབ་དང༌། སྟོང་གཟུགས་ཀྱི་དངོས་པོ་རགས་ པའི་རྣམ་པ་ཙམ་གསལ་བར་འཛིན་པས་ན་རྟོག་པ། སྟོང་གཟུགས་ཀྱི་དོན་བརྟན་གཡོའི་རྣམ་ པའི་ཁྱད་པར་རྣམས་ཞིབ་ཏུ་ངེས་པར་བྱེད་པས་ན་སྤྱོད་པ། སྟོང་གཟུགས་ལ་སེམས་ཆགས་ ཤིང་གནས་པ་ལ་དུས་ཡུན་རིང་འདས་པའི་མི་ཚོར་བ་ནི་དགའ་བ། སེམས་སྟོང་གཟུགས་ དང་གཅིག་ཏུ་བྱེད་པ་སྟེ་འདྲེས་པ་ལྟ་བུར་གྱུར་པས་ལུས་ཤིན་སྦྱངས་པའི་བདེ་བ་ཐོས་པ་ནི་ བདེ་སྟེ། དེ་ལྟ་བུའི་ཉམས་མྱོང་དང་པོ་རིམ་པ་བཞིན་དུ་འབྱུང་ཞིང༌། ཅུང་ཟད་བརྟན་པར་ གྱུར་ནས་གཅིག་ཅར་དུ་འབྱུང་ངོ༌། །ཡན་ལག་ལྔ་པོ་འདི་ལ་བསྒོམ་ཚུལ་གྱི་དམིགས་པ་མི་ འདྲ་བའི་ཁྱད་པར་ནི་མེད་དེ། ལྔ་ཆར་ཡང་རྣམ་པ་ཐམས་ཅད་པའི་སྟོང་གཟུགས་ལ་རྣམ་པར་ མི་རྟོག་པའི་སེམས་རྩེ་གཅིག་ཏུ་གནས་པ་ལས་ཉམས་མྱོང་ཅུང་ཟད་མི་འདྲ་བ་ལྔ་རིམ་ཅན་དུ་ འབྱུང་བ་ལ་བསམ་གཏན་གྱི་ཡན་ལག་སྔར་བཞིན་བཞག་པ་ཙམ་ཡིན་པའི་ཕྱིར་རོ། །བདེ་ མཆོག་བསྟོད་འགྲེལ་ལས། དེ་ནས་བསམ་གཏན་ཞེས་བྱ་ནི། སྟོང་པ་ལ་ཡོད་པའི་དངོས་པོ་ ཐམས་ཅད་མཐོང་བ་སྟེ། ཤེས་རབ་ཅེས་བྱ་བ་ནི། དངོས་པོ་དེ་རྣམས་ལ་སེམས་འཇུག་པའོ། 1-1-441 ། རྟོག་པ་ཞེས་བྱ་བ་ནི། སེམས་ཀྱི་དངོས་པོ་འཛིན་པའོ། །དཔྱོད་པ་ཞེས་བྱ་བ་ནི། འཛིན་པའི་ དངོས་པོ་རྟོག་པའོ། །དགའ་བ་ཞེས་བྱ་བ་ནི། དངོས་པོ་ཐམས་ཅད་ལ་སེམས་གནས་པའོ། ། བདེ་བ་ཞེས་བྱ་བ་ནི། དངོས་པོ་ཐམས་ཅད་ལ་གཡོ་བ་མེད་པའི་བདེ་བ་ཕུན་སུམ་ཚོགས་ པའོ། །ཞེས་པ་ལྟར། བསམ་གཏན་གྱི་ཡན་ལག་ལྔ་བརྗོད་དོ། །ཞེས་སོ། ། ལྔ་པ་བོག་འདོན་སྤོགས་པའི་ཆོ་ག་ལ། ཉིན་མོ་བསྒོམ་པའི་ཚུལ་གྱིས་ཡན་ལག་སྣ་ ཚོགས་ལ་བསླབ་པ་དང༌། མཚན་མོ་གཉིད་ཀྱི་འོད་གསལ་བཟུང་བ་དང༌། བསྒོམ་ཐུན་གྱིས་ མཉམ་རྗེས་བསྲེ་བ་དང་གསུམ་མོ། །དང་པོ་ནི། སྙན་རྒྱུད་ལས། བསམ་གཏན་སྟོང་གཟུགས་ དྲག་ཏུ་བསྒོམ། །ཞེས་པས། སྔར་སོར་སྡུད་ཀྱི་སྤོགས་པའི་ཆོ་ག་ལྟར་བྱེད་པ་བཅིང་བའི་ གནད་རྣམས་དྲག་ཏུ་བྱས་ལ། སྟོང་གཟུགས་སྣང་བ་སྣ་ཚོགས་ལ་རིག་པ་ངར་བསྐྱེད་ནས་ རྩེ་གཅིག་ཏུ་ལྟ་ཞིང་བསྒོམ་པར་བྱའོ། །གཞན་ཡང་བསྒོམ་པའི་ཚུལ་སྣ་ཚོགས་ཀྱིས་བསམ་ གཏན་གྱི་བོགས་དབྱུང་བར་བྱ་བ་སྟེ། ཡེ་ཤེས་སྤྱན་སྒྲུབ་ལས། དྷཱུ་ཏཱིའི་ནང་དུ་འོད་གསལ་ བཟུང༌། །རྟོག་མེད་སེམས་ཀྱི་དེ་ཉིད་ཤེས། །རྡོ་རྗེ་ལུས་ཀྱི་དེ་ཉིད་མཐོང༌། །གསང་སྔགས་ ཆོས་ལ་མཁས་པར་འགྱུར། །ཞེས་དང༌། སྲོག་རྩོལ་སྒོ་རུ་འོད་གསལ་བཟུང༌། །རྒྱུ་བ་རླུང་གི་ དེ་ཉིད་ཤེས། །རླུང་ལྔའི་ཁ་དོག་མཐོང་བར་འགྱུར། །ཞི་རྒྱས་ལ་སོགས་དབང་དུ་འདུ། །ཞེས་ དང༌། སྣང་བའི་སྟེང་དུ་འོད་གསལ་བཟུང༌། ཕྲ་བའི་འོད་ལ་བརྟེན་ནས་ནི། །རགས་པའི་ འོད་ཆེན་ངོ་སྤྲད་པས། །རྟོག་མེད་འོད་གསལ་སྲིད་འདས་སྣང༌། །ཞེས་གསུངས་པའི་དོན་ནི། མིག་བཙུམ་ན་སྟོང་གཟུགས་མི་གསལ་ལ་མ་བཙུམ་ན་གསལ་བ་ཉིན་མོའི་རྣལ་འབྱོར་གྱིས་ ཕྱི་རོལ་ལས་ཀྱི་སྣང་བའི་སྟེང་དུ་འོད་གསལ་ལ་སེམས་བཟུང་སྟེ། དེ་ཡང་ནམ་མཁའ་ལ་ ལྟ་སྟངས་གཏོད་དེ་བསྒོམས་པས་སྟོང་གཟུགས་གང་དང་པོ་གསལ་བ་ནས་ཇེ་དམའ་དང་ཇེ་ ཉེར་ཕབ་སྟེ་ལས་སྣང་གང་ཡང་རུང་བ་གཅིག་གི་སྟེང་དུ་སྟོང་གཟུགས་ལ་སེམས་བཟུང་བས་ 1-1-442 ཕྲ་བའི་འོད་སྟོང་གཟུགས་ལ་བརྟེན་ནས་རགས་པའི་འོད་ཆེན་ལ་སྣང་སྟེ་སྟོང་གཟུགས་སུ་ངོ་ སྤྲོད་པས། རྟོག་མེད་ཀྱི་འོད་སྟོང་གཟུགས་ལ་སེམས་བཟུང་བ་ལས། སྲིད་པ་ལས་སྣང་ཐམས་ ཅད་ལས་འདས་པའི་སྟོང་གཟུགས་སུ་སྣང་ངོ༌། །འོན་ཀྱང་འོད་གསལ་ལ་སེམས་བཟུང་བས་ ལས་སྣང་དེ་འགགས་པ་ཡིན་གྱི་ལས་སྣང་དེ་ཉིད་འོད་གསལ་དུ་ཤར་བ་ནི་མ་ཡིན་ནོ། །ཡང་ མིག་བཙུམ་པ་ཉིད་ལ་སྟོང་གཟུགས་གསལ་ན་རྩ་གསུམ་ཁོག་གཅིག་ཏུ་འབྲེལ་པའི་གནས་ ལྟེ་བའི་གནས་སུ་ཨ་ཝ་དྷཱུ་ཏཱིའི་ནང་དུ་སེམས་གཏད་དེ་འོད་གསལ་བཟུང་བས་སེམས་རྟོག་ མེད་གསལ་སྟོང་གི་དེ་ཉིད་ཤེས་ཤིང༌། རྡོ་རྗེ་ལུས་ཀྱི་རྩའི་འཁོར་ལོ་གནས་ཚུལ་གྱི་དེ་ཉིད་ མཐོང་བས་གསང་སྔགས་ཀྱི་ཆོས་ལ་མཁས་པར་འགྱུར་རོ། །མིག་བཙུམ་མ་བཙུམ་གཉིས་ཀ་ ལ་སྟོང་གཟུགས་གསལ་ན། སྲོག་རྩོལ་གྱི་སྒོ་སྟེ་སྣ་སྒོ་ནས་སོར་བཅུ་དྲུག་སོང་བའི་ཐད་ཀའི་ བར་སྣང་སྟོང་པར་འོད་གསལ་བཟུང་བས་རྒྱུ་བ་རླུང་གི་དེ་ཉིད་ཤེས་ཏེ། རླུང་ལྔའི་ཁ་དོག་ མཐོང་བར་འགྱུར་ཞིང་ཞི་རྒྱས་ལ་སོགས་དབང་དུ་འདུ་སྟེ་ལས་རབ་འབྱམས་འགྲུབ་པར་ འགྱུར་རོ། །གཞན་རྒྱུད་ཀྱི་རྒྱལ་པོ་ལས། ཉི་མ་ལས་ནི་གཞན་དུ་ཕྱོགས་ཏེ་ཉི་འོད་ལ་གནས་ རང་གི་གྲིབ་མ་བརྟན་པའི་མིག་གིས་བལྟ། །ཕྱི་ནས་ནམ་མཁའ་དག་ལ་མངོན་པར་བརྟགས་ ན་རོ་མཉམ་སྐྱེས་བུ་དུ་བའི་མདོག་ཅན་མཐོང་བར་འགྱུར་རོ། །ཟླ་བ་དྲུག་དུ་གོ མས་པའི་སྦྱོར་ བ་དག་ལས་ས་ལ་གནས་པའི་གཏེར་ནི་ས་ཡི་བུ་གར་མཐོང༌། །ཡང་ན་ཤིང་གི་གྲིབ་མར་ རབ་ཏུ་ཞུགས་ཏེ་ནམ་མཁའི་མཐིལ་དུ་ཐིག་ལེའི་ཕྲེང་བར་གྱུར་པས་སོ། །ཞེས་གསུངས་ པའི་མན་ངག་ཤིན་ཏུ་དབེན་པའི་གནས་སུ་ཉི་མ་ལ་རྒྱབ་བསྟན་ཏེ་ལུས་གནད་ལེགས་པར་ བཅས་ནས་རང་གི་གྲིབ་མ་ལ་ལྟ་སྟངས་གཡོ་བ་མེད་པར་བསམ་གཏན་གྱི་འཇོག་ཚུལ་གྱིས་ ཡུན་རིང་དུ་བལྟ་ཞིང༌། དེ་ནས་སྤྲིན་མེད་པའི་ནམ་མཁའ་ལ་ལྟས་པ་ན་རང་གི་གྲིབ་གཟུགས་ དུ་བའི་མདོག་ཅན་མཐོང་བ་ལ་རྩེ་གཅིག་ཏུ་བལྟ་ཞིང་བསམ་གཏན་ཡུན་རིང་དུ་བསྒོམ་མོ། 1-1-443 ། ཡང་ན་ལྗོང་ཤིང་གི་དྲུང་དུ་བསྡད་ནས་ཤིང་གི་གྲིབ་མ་ལ་ལྟ་སྟངས་གཡོ་བ་མེད་པར་བལྟ་ ཞིང་ཡུན་རིང་དུ་བསྒོམ་མོ། །དེ་ནས་སྤྲིན་མེད་པའི་ནམ་མཁའ་ལ་ལྟས་པས་ན་གྲིབ་མའི་ གཟུགས་བརྙན་གྱི་བར་བར་གྱི་སྣང་བ་ཐིག་ལེའི་ཕྲེང་བ་ལྟ་བུ་མཐོང་བ་ལ་བསམ་གཏན་རྩེ་ གཅིག་ཏུ་བསྒོམ་མོ། །དེ་ལྟ་བུ་ཟླ་བ་དྲུག་གི་བར་དུ་བསྒོམས་ནས་ས་འོག་ན་ཡོད་པའི་གཏེར་ མཐོང་བར་འགྱུར་རོ། །ཡང་རྒྱུད་ཀྱི་རྒྱལ་པོ་ལས། སྒྲ་ནི་གང་ཞིག་སྙིང་ཁའི་ཕྱོགས་ན་ཡོད་པ་ མི་མཆོག་རྣམས་ཀྱི་རྣ་བའི་བུ་གས་ཐོས་གྱུར་པ། །དེ་ལ་མི་ཡི་སེམས་ནི་གཅིག་པུར་གྱུར་པར་ སྦྱོར་བ་དག་ཀྱང་རོ་ནི་མཉམ་པར་འགྱུར་བ་སྟེ། །འཇིག་རྟེན་ཀུན་ཏུ་སྒྲ་ནི་གང་ཞིག་སྲིད་པར་ སྐྱེས་པས་བརྗོད་པ་དེ་དང་དེ་ནི་དེ་བཞིན་ཐོས། ཁྱབ་བདག་གིས་ནི་རྣམ་ཤེས་ཉིད་དང་རིང་ དུ་ཐོས་པ་དག་ཀྱང་རྣལ་འབྱོར་པ་ཡིས་བསྒོམ་པར་བྱ། །ཞེས་གསུངས་པའི་མན་ངག་གཞོམ་ དུ་མེད་པའི་སྒྲ་རྣམ་པ་ཐམས་ཅད་པ་སེམས་ཅན་ཀུན་གྱི་སྙིང་ལ་རྟག་ཏུ་གནས་པའི་སོར་ སྡུད་བསམ་གཏན་གྱི་རྣལ་འབྱོར་པའི་ལྷའི་རྣ་བའི་དབང་པོས་ཐོས་པ་དེ་ལ་རྣལ་འབྱོར་པའི་ རྣམ་པར་མི་རྟོག་པའི་སེམས་རྩེ་གཅིག་ཏུ་གཏད་དེ་བསྒོམས་པས་སེམས་གཞོམ་མེད་ཀྱི་སྒྲ་ དང་རོ་མཉམ་དུ་འགྱུར་ཞིང༌། དེ་ལས་སེམས་ཅན་སྣ་ཚོགས་ཀྱི་བརྗོད་པའི་སྒྲ་ཤིན་ཏུ་ཆུང་ངུ་ དང༌། ཐག་ཤིན་ཏུ་རིང་བར་གནས་པ་དང༌། ཤིན་ཏུ་ལྐོག་ཏུ་གྱུར་པ་ལ་སོགས་པ་སྐྱེ་བོ་ཕལ་ པས་ཐོས་པར་མི་ནུས་པའི་སྒྲ་ཐམས་ཅད་ཐོས་པའི་ལྷའི་རྣ་བའི་མངོན་པར་ཤེས་པ་ཐོས་པར་ འགྱུར་རོ། །དེ་རྣམས་ཀྱི་མན་ངག་ཞིབ་པར་བླ་མའི་ཞལ་ལས་ཤེས་པར་བྱའོ། ། གཉིས་པ་མཚན་མོ་གཉིད་ཀྱི་འོད་གསལ་བཟུང་བ་ནི། མལ་བདེ་བ་ལ་སྔས་མཐོན་ པོ་བཞག་སྟེ༑ ལུས་ངག་མི་གཡོ་བར་སྔར་བཞིན་བཞག་ནས་སེམས་མི་གཡོ་བ་ནི། གཉིད་ ལོག་ཁར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རྣམ་པར་རྟོག་པའི་མཚན་མ་ཐམས་ ཅད་སྤངས་ནས་འོད་གསལ་མི་རྟོག་པའི་ངང་དུ་བཞག་པས། གཉིད་འཐུག་རྨི་ལམ་མེད་ 1-1-444 པའི་སེམས་གསལ་སྟོང་དུ་གནས་པ་འབྱུང་སྟེ། འོད་གསལ་ཟིན་མ་ཟིན་གཉིད་སད་རྗེས་ སུ་ནམ་མཁའ་ལ་བལྟས་པས་ཤེས་ཏེ། སེམས་གསལ་ལ་རྟོག་མེད་དུ་གནས་པ་དང༌། སྣང་ བ་ཡང་སྟོན་ཁའི་ནམ་མཁའ་དྭངས་པ་ལ་ཟླ་བའི་འོད་འཆར་བ་ལྟ་བུ་གསལ་སྟོང་གི་ཉམས་ ཤས་ཆེ་བ་ལ་སྔར་མཐོང་བའི་སྟོང་གཟུགས་རྣམས་ཀྱང་སལ་ལེ་སྣང་བ་འབྱུང༌། གཉིད་སྲབ་ ན་གཉིད་སྲབ་མོའི་འོད་གསལ་ཟིན་པའི་རྟགས་སྒོམ་ཁང་སྐྱ་སེང་ངེ་བ་འོད་གསལ་ལམ་མེ་ བ་གཉིད་དུ་མ་སོང་ངམ་སྙམ་པ་ལ་གཉིད་སད་རྒྱུ་ཡང་ཡོད་པ། གཉིད་དུས་སུ་མཐོང་བའི་ སྟོང་གཟུགས་རྣམས་ཀྱང་སྔར་བས་ཀྱང་གསལ་བར་སྣང་བ་འབྱུང་ངོ༌། །དེ་ལྟར་གཉིད་དུས་ ཐམས་ཅད་དུ་སྦྱང་བར་བྱ་སྟེ། ཀྱེའི་རྡོ་རྗེ་ལས། གཉིད་ནི་སྤང་བར་མི་བྱ་སྟེ། །དབང་པོ་ རྣམས་ནི་མི་བཀག་གོ །ཞེས་གསུངས་སོ། །དེ་ལ་བརྟེན་ནས་འཆི་ཁར་འོད་གསལ་བསྒོམས་ པས་རྣལ་འབྱོར་པའི་རིག་པ་འོད་གསལ་གྱི་དབྱིངས་སུ་འཕོ་བའི་མན་ངག་ནི། འཆི་བ་རིམ་ གྱིས་ས་ལ་འཆི་ཁའི་ཞག་འགའ་ཡར་གྱི་གོང་ནས་མ་བསྒོམས་ཀྱང་ཇི་ཞིག་ལྟར་འོད་གསལ་ གྱི་སྣང་བ་འཆར་བར་འགྱུར་ཏེ༑ དེ་ལ་རྣལ་འབྱོར་པ་སྔར་ཡུན་རིང་དུ་བསྒོམས་ཤིང༌། ཉམས་ མྱོང་བཟང་པོ་དང་ལྡན་པ་ལ་འོད་གསལ་གྱི་སྣང་བ་རབ་འབྱམས་ཚད་མེད་པ་འཆར་བར་ འགྱུར་ཞིང༌། གང་ཟག་དེ་ལྟ་བུ་མ་ཡིན་ཡང་སྔར་ཅི་རིགས་པ་བསྒོམས་ཤིང་ཉམས་སུ་མྱོང་ བ་ལ་ཅི་རིགས་གཅིག་རྒྱུད་ལ་སྐྱེས་པ་ཞིག་ལ་ཡང་འོད་གསལ་གྱི་སྣང་བ་ཅི་རིགས་པ་འཆར་ བར་འགྱུར་བས་མྱུར་དུ་འཆི་བའི་རྟག་ཏུ་ཤེས་པར་བྱས་ནས། ཆགས་ཞེན་སྐྱེ་བའི་དངོས་པོ་ རྣམས་སྦྱིན་པར་བཏང་ཞིང་རྣམ་པར་གཡེངས་པ་ཐམས་ཅད་སྤངས་ནས། གནས་དབེན་པར་ ཉམས་རྟོགས་དང་ལྡན་པའི་གྲོགས་མཆེད་དང་བཅས་པའམ། ཡང་ན་རང་ཉིད་གཅིག་པུར་ གནས་ནས། འཆི་ཁར་སྒྱུ་ལུས་ཚོགས་སུ་དབུལ་བའི་དམིགས་པ་བླ་མའི་ཞལ་ལས་འབྱུང་བ་ ལྟར་བྱའོ། ཁྱད་པར་དུ། འཆི་བའི་ཉིན་ཞག་རེ་ལ་རོ་རྐྱང་གི་རླུང་ཐམས་ཅད་དབུ་མ་ཨ་ཝ་ 1-1-445 དྷཱུ་ཏཱིའི་ནང་དུ་ངང་གིས་འཇུག་ཅིང༌། ཞག་གཅིག་གི་བར་དུ་དབུ་མ་འབའ་ཞིག་ནས་རྒྱུ་ལ། དེའི་དུས་སུ་བསམ་གཏན་གྱི་སེམས་ཀྱི་བཞག་ཐབས་དྲན་པར་བྱས་པས་སྔར་གོ མས་པའི་ ཤུགས་ཀྱིས་འོད་གསལ་གྱི་སྣང་བ་རབ་འབྱམས་ཚད་མེད་པ་འཆར་བར་འགྱུར་ཞིང༌། དེ་ལ་ སྔར་བླ་མ་དམ་པ་ལས་ཐོས་པའི་ངོ་སྤྲོད་ཟབ་མོ་དྲན་པར་བྱས་ནས། སངས་རྒྱས་ཀྱི་སྐུ་དང་ ཞིང་ཁམས་རྣམ་པར་དག་པ་ལ་སོགས་པ་བཟང་པོའི་རྣམ་པར་སྣང་བ་དང༌། འགྲོ་བ་རིགས་ དྲུག་དང་མ་དག་པའི་ཞིང་ལ་སོགས་པ་ངན་པའི་རྣམ་པར་སྣང་བ་གང་ཡིན་ཐམས་ཅད་རང་ གི་སེམས་ཀྱི་རང་བཞིན་འོད་གསལ་ཆོས་ཀྱི་དབྱིངས་རྣམ་པ་ཐམས་ཅད་པ་ཕྱག་རྒྱ་ཆེན་པོའི་ ངོ་བོ་དང༌། རང་བྱུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བདེ་བ་ཆེན་པོ་ཆོས་ཀྱི་སྐུའི་ངོ་བོ་ཉིད་དུ་ངོ་ ཤེས་ཤིང་ཡིད་ཆེས་པར་བྱས་ནས། རེ་དོགས་དགག་སྒྲུབ་ལ་སོགས་པའི་སྤྲོས་པ་ཐམས་ཅད་ དང་བྲལ་བའི་ངང་ནས་གང་ཤར་ལ་རྩེ་གཅིག་ཏུ་ལྟ་ཞིང༌། བསམ་གཏན་གྱི་ཡན་ལག་གིས་ བརྟན་པའི་ངང་ལ་ལྷན་གྱིས་བཞག་པས་ཉིན་ཞག་གསུམ་བཞིའམ་དྲུག་བདུན་ཙམ་གྱི་བར་ དུ་རིག་པ་འོད་གསལ་གྱི་དབྱིངས་སུ་བརྒྱལ་བ་གཞན་དུ་གནས་ཤིང༌། སྔར་བསོད་ནམས་ དང་ཡེ་ཤེས་ཀྱི་ཚོགས་ཆེར་བསགས་ཤིང་ཡུན་རིང་དུ་བསྒོམས་པ་ཉམས་མྱོང་བཟང་པོ་རྒྱུད་ ལ་སྐྱེས་ཤིང་ངོ་ལེགས་པར་འཕྲོད་ན་རིག་པ་འོད་གསལ་ཆོས་དབྱིངས་སུ་ཐིམ་ཞིང་ཆོས་ ཀྱི་སྐུར་སངས་རྒྱས་པ་ལ་གཟུགས་སྐུ་རྣམ་པ་གཉིས་ཀྱི་སྣང་བ་བསྟན་པ་གདུལ་བྱའི་དོན་ བྱེད་པར་འགྱུར་ཏེ། འཇམ་དཔལ་ཞལ་ལུང་ལས། གལ་ཏེ་སྐུ་གསུམ་མ་ཐོབ་ན། །རིག་པ་ འཛིན་པའི་གཙོར་གྱུར་ཏེ། །རིམ་གྱིས་ཕྱག་རྒྱ་ཆེན་པོར་འགྱུར། །ཞེས་གསུངས་ཤིང༌། ཡང་ ན་སྔར་རྣལ་འབྱོར་གོ མས་པའི་སྟོབས་འཇུག་པར་བསྟན་པ་ལྟར་འགྱུར་རོ། །ཡང་རིག་པ་ འོད་གསལ་གྱི་དབྱིངས་སུ་བརྒྱལ་བ་ལས་སངས་ཏེ་བར་དོའི་སྣང་བ་ཤར་བ་ན། བར་དོའི་ མན་ངག་དྲན་པར་བྱ་དགོས་པས་ཚེ་འདིར་ད་ལྟར་བར་དོའི་གནས་སྐབས་ཡིན་ནོ་སྙམ་དུ་ 1-1-446 ཡང་ཡང་གོ མས་པར་བྱ་ཞིང༌། བར་དོ་ཡིན་མིན་བརྟག་པའི་ཐབས་ལུས་ལ་གྲིབ་མ་ཡོད་མེད་ དང༌། སྔར་འདྲིས་པའི་མི་རྣམས་ཀྱིས་ངོ་ཤེས་སམ་མི་ཤེས་དང༌། བྲག་རི་ལ་སོགས་པ་ལ་ ཐོགས་པ་ཡོད་མེད་བརྟག་པ་ལའང་གོ མས་པར་བྱས་པས། བར་དོའི་གནས་སྐབས་སུ་བར་ དོ་ཉིད་དུ་ངོ་ཤེས་པ་འབྱུང་བ་ལ། དེའི་ཚེ་བསྒོམ་གྱི་དྲན་འཛིན་འབྱུང་ཞིང་འོད་གསལ་གྱི་ སྣང་བ་ཆ་མེད་པ་ཤར་ནས་རིག་པ་འོད་གསལ་གྱི་དབྱིངས་སུ་ཐིམ་པའམ། སྐྱེ་བ་བླངས་ནས་ ཡང་གོང་དུ་བཤད་པ་ལྟ་བུར་འགྱུར་རོ། །འདི་དག་གི་མན་ངག་གི་གནད་ཀྱང་ཞིབ་པར་བླ་ མའི་ཞལ་ལས་ཤེས་པར་བྱའོ། ། གསུམ་པ་ཐུན་མཚམས་སྒོམ་གྱི་མཉམ་རྗེས་བསྲེ་པ་ནི། བསམ་བཏན་ལ་བརྟན་པ་མ་ ཐོབ་ཀྱི་བར་དུ་རྣམ་གཡེང་ཅན་གྱི་གནས་སུ་མུན་ཁང་བར་པ་བསྒྲུབས་ནས་བྱ་བ་གཞན་ གྱི་བར་སྐབས་རྣམས་སུ་ཡང་ཡང་བསྒོམ། མུན་ཁང་བར་པ་མ་གྲུབ་ན་ཡང་མུན་ཁང་ཆུང་ ངུ་བསྒྲུབས་ཏེ་སྒོམ་པ་དང༌། འགྲོ་འཆག་ལ་སོགས་པ་སྤྱོད་ལམ་ཐམས་ཅད་གང་ལ་ཡང་ བསྒོམ་གྱི་དྲན་འཛིན་གྱིས་ཟིན་པར་བྱེད་པ་དང༌། ཤུགས་ཆད་པའི་ཉམས་ལ་སོགས་པ་ལ་ སྦྱར་ཞིང་བསྒོམ་མོ། །བསམ་གཏན་ལ་བརྟན་པ་ཐོབ་ནས་མུན་ཁང་མ་གྲུབ་ནའང་ཕྱི་རོལ་ ལས་སྣང་སྣ་ཚོགས་པ་ཉིད་ཀྱི་སྟེང་དུ་གཏད་ཅིང་བསྒོམས་པས་འོད་གསལ་གྱི་ངང་དུ་ཕྱམ་ གྱིས་འགྲོ། ནང་དུ་ལུས་སེམས་ལ་བདེ་སྡུག་གི་སྣང་བ་ལ་སོགས་རྐྱེན་གང་བྱུང་ཡང་དེ་ཉིད་ ཀྱི་སྟེང་དུ་སེམས་མི་གཡོ་བར་བཞག་ཅིང་བསྒོམས་པས་སྐྱེན་ངན་ལམ་དུ་སློངས་པར་འགྱུར་ ཏེ། རྗེས་ཐོབ་ཐམས་ཅད་མཉམ་བཞག་གིས་ཟིན་པར་བསྒོམས་པས་རིམ་གྱིས་མཉམ་རྗེས་ འདྲེས་པར་འགྱུར་རོ། །ཀྱེའི་རྡོ་རྗེ་ལས། བཟའ་དང་བཏུང་བ་བླུགས་པ་དང༌། །ཉལ་དང་ ལོག་དང་སེམས་པ་ན། །ཕྱག་རྒྱ་ཆེན་པོ་མངོན་འདོད་པས། །དེ་ནས་སྔོན་དུ་འགྲོ་བར་འགྱུར། ། ཞེས་དང༌། སམ་བུ་ཊི་ལས། གཟུགས་རྣམས་སྣ་ཚོགས་ལྟ་བ་དང༌། །སྒྲ་ནི་རྒྱས་པར་ཉན་པ་ 1-1-447 དང༌། །སྣ་ཚོགས་རོ་ནི་ཟ་བ་དང༌། །སྨྲ་བ་དང་ནི་རྒོད་པ་དང༌། །ལས་དེ་རྣམས་ནི་བྱེད་པ་ན། ། སེམས་ནི་གཞན་དུ་མི་འགྲོ་བར། །དེ་ཉིད་རིག་པའི་རྣལ་འབྱོར་པས། །རྣལ་འབྱོར་རྒྱུད་དུ་ སྐྱེ་བར་འགྱུར། །ཞེས་གསུངས་སོ། ། བཞི་པ་བསྒོམས་པའི་རྟགས་ཚད་ལ། རྟགས་ནི། སྙན་རྒྱུད་ལས། འབྱུང་བ་རིམ་པས་ གོང་ཐིམ་པས། །ས་སོགས་གང་མཐོང་སྒྱུ་མ་ལྟར། །མཉམ་བཞག་རྗེས་ཐོབ་མེད་པར་ མཐོང༌། །བསམ་གཏན་ཆགས་པའི་བདེ་བ་འབྱུང༌། །ལྷ་མོའི་བསྐུལ་བ་ལུང་བསྟན་ཐོབ། ། ཅེས་དང༌། དུས་འཁོར་རྩ་རྒྱུད་དུ། ཁམས་གསུམ་པ་ནི་མ་ལུས་པའི། །སངས་རྒྱས་གཟུགས་ ནི་བསྒོམ་པར་བྱ། །ཞེས་དང༌། བདེ་མཆོག་རྩ་རྒྱུད་དུ། བྱེད་པ་བཅིངས་པའི་སྦྱོར་བ་ཡིས། ། ས་གསུམ་པོ་ནི་བསྒྲུབ་པར་བྱ། །ཞེས་དང༌། བརྟག་གཉིས་སུ། བརྟན་དང་གཡོ་བའི་དངོས་ པོ་ཀུན། །རྩྭ་ལྕུག་འཁྲིལ་ཤིང་ལ་སོགས་པ། །བདག་གི་དངོས་པོའི་རང་བཞིན་ལས། །དམ་ པའི་དེ་ཉིད་ངེས་བསྒོམ་བྱ། །ཞེས་དང༌། གུར་དུ། ཁམས་གསུམ་རྒྱུ་དང་མི་རྒྱུ་བ། །མ་ལུས་ ལུས་པ་མེད་པར་འགྲུབ། །ཞེས་པ་རྣམས་མཉམ་པར་བཞག་པའི་དུས་སུ་སྟོང་གཟུགས་སྣང་ བ་རྣམས་ཤིན་ཏུ་བརྟན་པ་དང༌། སྔར་སོར་སྡུད་ཀྱི་དུས་ལས་ཆེར་དྭངས་པ་དང་གསལ་བ་ འཁོར་འདས་བརྟན་གཡོའི་རྣམ་པ་རྒྱ་ཆེར་སྣང་ཞིང༌། ཆོས་ཉིད་འོད་གསལ་གྱི་ངོ་བོར་གྱུར་ པའི་སངས་རྒྱས་ཀྱི་ཞིང་ཁམས་དུ་མ་དང༌། འགྲོ་བ་རིགས་དྲུག་གི་སྣང་བ་ལ་སོགས་པ་རབ་ འབྱམས་ཚད་མེད་པ་སྣང་ཞིང༌། གཞོམ་མེད་ཀྱི་སྒྲ་དང་དྲི་དང་རོ་དང་རེག་བྱ་སྣ་ཚོགས་པའི་ འོད་གསལ་གྱི་སྣང་བ་འཆར་ལ། ཐིག་ལེའི་རྣམ་པ་ཡང་ཁ་དོག་སྣ་ཚོགས་པའི་འོད་ཟེར་འཕྲོ་ བ་ཆ་ཕྲ་བ་འཚེར་བ་འདར་བ་གཞིག་པར་དཀའ་པ་སྟེ་ཆོས་ལྔ་དང་ལྡན་པ་མཐོང་བ་དང༌། ངེས་པ་གསུམ་ལྡན་གྱི་ལོངས་སྐུ་དང་སྤྲུལ་སྐུ་དཔག་ཏུ་མེད་པ་ཡང་མཐོང་སྟེ། ཡུལ་ངེས་པའི་ ཐིག་ལེ་དུ་མའི་དབུས་དང༌། 1-1-448 དུས་ངེས་པ་མཉམ་རྗེས་ཀུན་ཏུ་དང༌། རང་བཞིན་ངེས་པ་མཚན་དང་དཔེ་བྱད་ཡོངས་ སུ་རྫོགས་པ་མཐོང་བར་འགྱུར་ལ། ནང་དུ་རེ་ཁཱ་ནག་པོ་སྐྲའི་ཚད་ཙམ་དྲི་མེད་འོད་ཟེར་འཕྲོ་ བའི་ནང་དུ་བཤད་མ་ཐག་པ་དེ་རྣམས་ཤིན་ཏུ་གསལ་བར་མཐོང་བར་འགྱུར་ཏེ། ཆོས་ཉིད་ ཇི་ལྟ་བ་མངོན་སུམ་དུ་མཐོང་བ་ཡིན་ནོ། །དེ་ལྟར་མཐོང་ཡང་རྣལ་འབྱོར་པ་དེ་ས་ཐོབ་ཀྱི་ མཐོང་ལམ་པ་མ་ཡིན་པའི་ཚུལ་ནི་ངོ་སྤྲོད་ཀྱི་སྐབས་སུ་ཤེས་པར་བྱའོ། །རྗེས་ཐོབ་ཏུ་ཡང་ ཀུན་རྫོབ་ལས་སྣང་ཐམས་ཅད་བདེན་མེད་སྒྱུ་མ་ལྟ་བུར་མཐོང་ཞིང༌། དེ་ལ་སེམས་ཅུང་ཟད་ མཉམ་པར་བཞག་པ་ན་ལས་སྣང་ཐམས་ཅད་འགག་པར་འགྱུར་རོ། །དུས་ཀྱི་འཁོར་ལོའི་ རྒྱུད་ཕྱི་མ་ལས། དེ་ལ་སེམས་ནི་བརྟན་པའི་བསམ་གཏན་གྱིས་ཀྱང་ཕྱི་རོལ་གྱི་ནི་དངོས་ པོ་རྣལ་འབྱོར་སྤོང་བར་བྱེད། །ཅེས་དང༌། རིམ་ལྔ་ལས་ཀྱང༌། རྡོ་རྗེ་ཐེག་པ་འདི་ཉིད་དང༌། ། འདི་ནི་མང་དུ་བཤད་མི་དགོས། །རྣལ་འབྱོར་པས་ནི་གང་གང་དམིགས། །དེ་དེ་སྒྱུ་མ་བཞིན་ དུ་བརྟག །མེ་ལོང་ནང་གི་གཟུགས་བརྙན་དང༌། །རྨི་ལམ་སྒྱུ་མ་ཆུ་བུར་དང༌། །མིག་འཕྲུལ་ མཚུངས་པར་གང་གིས་མཐོང༌། །དེ་ནི་གཙོ་བོ་ཡིན་པར་བཤད། །ཅེས་སོ། ། གཉིས་པ་ཚད་མ་གང་ཡིན་པ་ན། སོ་སོར་སྡུད་དང་གཅིག་སྟེ་རྣལ་འབྱོར་མངོན་སུམ་ལ་ ཕྱེ་བས་དབང་པོའི་མངོན་སུམ་ཡིན་ནོ། ། ལྔ་པ་དག་བྱ་དག་བྱེད་ཀྱི་དབྱེ་བ་ལ། དག་པར་བྱ་བའི་གཞི་ནི། སེམས་ཅན་ཐམས་ཅད་ ལ་གདོད་མ་ནས་བཞུགས་པའི་དང་པོའི་སངས་རྒྱས་ཡེ་ཤེས་ཀྱི་སྐུའི་རྣམ་ཤེས་ཕུང་པོ་གཞན་ རྒྱལ་བ་མི་བསྐྱོད་པ་ལ་སོགས་པ་ནམ་མཁའི་ཁམས་པ་དྲུག་ཚན་གཅིག་ཡིན་ལ། དག་བྱ་ནི། མ་དག་པ་འཁོར་བ་པའི་རྣམ་པར་ཤེས་པའི་ཕུང་པོ་ལ་སོགས་པ་དྲུག་ཚན་གཅིག་ཡིན་ཞིང༌། དག་བྱེད་ནི། རྒྱལ་བ་མི་བསྐྱོད་པའི་རིགས་ཀྱི་ཏིང་ངེ་འཛིན་བསམ་གཏན་གྱི་ཡན་ལག་སྟེ། འདི་ལ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་ལམ་ཞེས་འབྲོ་བའི་བླ་མ་གོང་མ་རྣམས་བཞེད་ 1-1-449 དོ། །དག་བྱེད་ལ་དབྱེ་ན། ཤེས་རབ་ལ་སོགས་པ་བསམ་གཏན་ཡན་ལག་ལྔ་པོ་རང་རང་གི་ ཡུལ་དང་བཅས་པ་རྣམ་པ་བཅུ་སྟེ། དྲི་མེད་འོད་ལས། དེ་ལྟར་གཟུང་དང་འཛིན་པའི་དབྱེ་ བས་བསམ་གཏན་རྣམ་པ་བཅུའོ། །ཞེས་གསུངས་སོ། ། དྲུག་པ་བསྒོམས་པས་ཐོབ་པའི་འབྲས་བུ་ནི། རྒྱུད་ཀྱི་རྒྱལ་པོ་ལས། མངོན་པར་ཤེས་པ་ ལྔ་ནི་ཐོབ་པར་འགྱུར་ཏེ་མིའི་བདག་པོ་བསམ་གཏན་སྦྱོར་བས་དག་པའོ། །ཞེས་གསུངས་ཏེ། གནས་སྐབས་ཀྱི་འབྲས་བུ་བསམ་གཏན་གྱི་སྦྱོར་བས་སེམས་རྣམ་པར་དག་པར་གྱུར་པ་ན་ མིག་མི་འཛུམ་པར་འགྱུར་ཞིང༌། དེའི་ཚེ་ལྷའི་མིག་གི་མངོན་པར་ཤེས་པ་དང༌། ལྷའི་རྣ་བའི་ མངོན་པར་ཤེས་པ་དང༌། རྫུ་འཕྲུལ་གྱི་མངོན་པར་ཤེས་པ་དང༌། གཞན་གྱི་སེམས་ཤེས་པའི་ མངོན་པར་ཤེས་པ་དང༌། སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་པར་ཤེས་པ་སྟེ། མངོན་པར་ ཤེས་པ་ལྔ་ཐོབ་ཅིང༌། མཐར་ཐུག་གི་འབྲས་བུ་རྣལ་འབྱོར་པའི་སྒྲིབ་བཅས་ཀྱི་རྣམ་པར་ཤེས་ པའི་ཕུང་པོ་དང༌། ནམ་མཁའི་ཁམས་ལ་སོགས་པ་འགགས་ནས། གཞི་ལ་གདོད་མ་ནས་ བཞུགས་པའི་རྣམ་ཤེས་ཀྱི་ཕུང་པོ་གཞན་རྒྱལ་བ་མི་བསྐྱོད་པ་ལ་སོགས་པ་དྲུག་ཚན་གཅིག་ སྒྲིབ་པ་དང་བྲལ་བར་གནས་གྱུར་པའི་འབྲས་བུ་ཐོབ་པར་འགྱུར་རོ། ། གསུམ་པ་ལམ་གྱི་རིམ་པ་མི་ཉམས་ཤིང་ཁྱད་པར་དུ་འགྱུར་བའི་ཡན་ལག་ལ་བཞི་སྟེ། དམ་ཚིག་དང་སྡོམ་པའི་ཡན་ལག་དང༌། བར་ཆད་སྤང་བའི་ཡན་ལག །སྤྱོད་པ་བསྐྱང་བའི་ ཡན་ལག །བཀའ་རྒྱ་བཞིའི་རྒྱས་གདབ་པའོ། ། དང་པོ་ལ། རྡོ་རྗེའི་རྣལ་འབྱོར་བསྒོམ་པའི་རྣལ་འབྱོར་པས་བསྲུང་བར་བྱ་བའི་དམ་ཚིག་ ནི། ཕྱག་ན་རྡོ་རྗེས་བདེ་མཆོག་བསྟོད་འགྲེལ་ལས་གསུངས་པ་ལྟར། སྐུའི་ཐིག་ལེའི་དམ་ ཚིག་དང༌། གསུང་གི་ཐིག་ལེའི་དམ་ཚིག་དང༌། ཐུགས་ཀྱི་ཐིག་ལེའི་དམ་ཚིག་དང༌། ཡེ་ཤེས་ ཐིག་ལེའི་དམ་ཚིག་སྟེ་དམ་ཚིག་བཞི་པོ་རེ་རེ་ལའང༌། དགའ་བ་དང༌། མཆོག་དགའ་དང༌། 1-1-450 ཁྱད་པར་ཀྱི་དགའ་བ་དང༌། ལྷན་ཅིག་སྐྱེས་པའི་དགའ་བ་སྟེ་བཞི་བཞིས་ཕྱེ་བའི་ངེས་དོན་ གྱི་དམ་ཚིག་བཅུ་དྲུག་བསྲུང་བར་བྱ་སྟེ༑ བྱང་སེམས་ཐིག་ལེ་འཛག་མེད་དུ་བསྲུང་བར་བྱའོ། ། དྲང་དོན་དུ་ཤ་ལྔ་དང་བདུད་རྩི་ལྔ་ལ་སོགས་པ་སྔགས་ཕྱག་རྒྱ་དང༌། ཏིང་ངེ་འཛིན་གྱིས་ བྱིན་གྱིས་བརླབས་ནས་སྦས་པའི་ཚུལ་གྱིས་བསྟེན་པར་གསུངས་སོ། །དེ་བཞིན་དུ་དམ་ཚིག་ བརྒྱད་ཀྱང་དེ་ཉིད་ལས་གསུངས་པ་ལྟར་བསྲུང་བར་བྱ་སྟེ། དེ་དག་ཀྱང་བྱང་སེམས་ཐིག་ ལེ་འཛག་མེད་དུ་བསྟེན་པ་ཉིད་དུ་འདུའོ། །སྡོམ་པ་ནི་རྩ་བའི་ལྟུང་བ་བཅུ་བཞི་སྤང་བ་དང༌། བརྟུལ་ཞུགས་ཉི་ཤུ་རྩ་ལྔ་ལ་གནས་པ་སྟེ། བླ་མས་ཞིབ་ཏུ་བཤད་པར་བྱའོ། ། གཉིས་པ་བར་ཆད་སྤང་བའི་ཡན་ལག་ལ། ལམ་བཟང་རིན་པོ་ཆེ་འཕྲོག་པའི་ཆོམ་རྐུན་ བསྲུང་བ་དང༌། ལམ་བཟང་འདོར་བའི་རྒྱུ་གཡོན་ཅན་གྱི་སྟོན་པ་སྤང་བ་དང༌། ལམ་བཟང་ ལ་གེགས་བྱེད་པའི་བདུད་ཀྱི་བར་ཆད་ཤེས་པར་བྱ་བ་དང་གསུམ་མོ། །དང་པོ་ནི། རིན་པོ་ ཆེ་འཛིན་པ་ལ་དགྲ་མང་བ་ལྟར་ལམ་བཟང་རིན་པོ་ཆེ་འདི་འཛིན་པ་ལ་བར་ཆད་མང་པོ་ འབྱུང་བས་དེ་དག་ངོ་ཤེས་པར་བྱ་སྟེ་མ་ཤོར་བར་བྱའོ། །དེ་ཡང་འགྲེལ་ཆེན་ལས་གསུངས་ པ། ལམ་བཟང་རིན་ཆེན་འདི་ནི་བག་མེད་པའི། །སེམས་ཅན་གཞན་པ་རྣམས་ལ་བྱིན་པ་ ན། །རང་ཁྱིམ་དགོན་པ་དག་ཏུ་རབ་ཞུགས་ལ། །ཡུལ་ངན་ཆོམ་རྐུན་རྣམས་ཀྱིས་འཕྲོག་པར་ བྱེད། །ཐེ་ཚོམ་འགྱོད་པ་དག་དང་གཉིད་དང་ནི། །ལེ་ལོ་རྒོད་པའི་ཆོམ་རྐུན་རྣམས་ཀྱི་ཀྱང༌། ། གཉེན་འདུན་ཐིབ་པོའི་ནང་དུ་ཞུགས་པ་ཡི། །ལམ་བཟང་རིན་པོ་ཆེ་འདི་འཕྲོག་པར་བྱེད། ། སྲོག་གཅོད་མ་བྱིན་གཞན་གྱི་བུད་མེད་དང༌། །བརྫུན་དང་ཚིག་རྩུབ་རྣམས་དང་ཕྲ་མ་དང༌། ། འཁྱལ་པར་གྱུར་པའི་ཚིག་དང་བརྣབ་སེམས་དང༌། །གནོད་སེམས་ལྟ་བ་ངན་པའི་ཆོམ་རྐུན་ དང༌། །ཡོད་པའི་སྡིག་དང་ཉེ་བའི་སྡིག་པ་དང༌། །གསོད་འཁུ་དབང་པོ་མངོན་པར་ཞེན་པ་སྟེ། ། 1-1-451 ཆོམ་རྐུན་ལྔ་པ་ལྔ་པོ་འདི་རྣམས་ཀྱིས། །རིན་པོ་ཆེ་ནི་རྟག་ཏུ་འཕྲོག་པར་བྱེད། །ཤིན་ཏུ་ བཟའ་དང་བཏུང་བ་སྣ་ཚོགས་དང༌། །ལོངས་སྤྱོད་དུ་མའི་ཆོམ་རྐུན་དེ་རྣམས་ཀྱིས། །བརྩོན་ འགྲུས་ལྡན་དུ་ཟིན་ཀྱང་བག་མེད་པའི། །བརྒྱལ་བར་གྱུར་པ་ཉིད་ལ་འཕྲོག་པར་བྱེད། །ཅེས་ སོ། ། གཉིས་པ་ནི། རང་ཉིད་ཡོངས་སུ་རྟོགས་པ་པོ་མིན་ཕྱིར། །རིན་ཐང་ཆེན་པོ་འགྱུར་རམ་ ཤེས་ཆེད་དུ། །གཡོན་ཅན་གཞན་ལ་སྟོན་ཏེ་མི་འགྱུར་ཞེས། །དེ་ཡི་ཚིག་གིས་རིན་ཆེན་འདོར་ བར་བྱེད། །གང་དག་རིན་ཆེན་བཟང་པོ་རིག་པ་རྣམས། །རིན་ཆེན་ཆེན་པོ་ཡོངས་སུ་རྟོག་ཏུ་ གཞུག །དེ་དག་རྣམས་ཀྱི་རྣམ་དག་ཚིག་གིས་ནི། །རང་གི་རིན་ཆེན་རྣམ་པར་ཤེས་པར་བྱ། ། ཞེས་པ་ལྟར་ཤེས་པར་བྱའོ། ། གསུམ་པ་ནི། རྫོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། །ཕ་དང་མ་དང་བུ་ མོ་སྲིང་མོ་དང༌། །བུ་དང་སྤུན་ཟླ་འདོད་པའི་ཆུང་མ་ཡིས། །གཟུགས་རྣམས་ཀྱིས་ནི་བདུད་ རྣམས་གེགས་བྱེད་དོ། །ཞེས་འགྲེལ་ཆེན་ལས་གསུངས་པ་ལྟར། བདུད་ཀྱི་བར་ཆད་འབྱུང་ བ་ན་ངོ་ཤེས་པར་བྱས་ནས། ལམ་བཟང་རིན་པོ་ཆེ་འདི་མ་ཤོར་བར་བསྐྱང་པར་བྱ་སྟེ། དེ་ ཕྱིར་བླ་མ་དམ་པས་གནང་བ་ཡི། །ལམ་བཟང་རིན་པོ་ཆེ་ནི་སློབ་མ་ཡིས། །ཆོམ་རྐུན་རྩ་ལག་ ཡོངས་སུ་སྤང་བྱས་ཏེ། །འབད་པས་ཤིན་ཏུ་ལེགས་པར་སྦ་བར་བྱ། །ཞེས་འགྲེལ་ཆེན་ལས་ གསུངས་པ་ལྟར། ཤེས་པར་བྱས་ནས་ཉམས་སུ་བླང་བར་བྱའོ། ། གསུམ་པ་སྤྱོད་པ་བསྐྱངས་པའི་ཡན་ལག་ལ། རིགས་དྲུག་གི་སྤྱོད་པ་དང༌། དམ་ཚིག་ བཞིའི་སྤྱོད་པ་དང༌། ཕ་རོལ་ཏུ་ཕྱིན་པ་བཅུའི་སྤྱོད་པ་དང་གསུམ་མོ། །དང་པོ་ནི། རྒྱུད་ཀྱི་ རྒྱལ་པོར། ངེས་པར་རྡོ་རྗེའི་རིགས་དག་ལ་ནི་སྲོག་གཅོད་བྱ་སྟེ་རལ་གྲི་ལ་ཡང་བདེན་པ་ མིན་པའི་ཚིག །རིན་ཆེན་ལ་ནི་གཞན་ནོར་དབྲོག་བྱ་མཆོག་གི་པད་མའི་རིགས་ཉིད་ལ་ཡང་ 1-1-452 གཞན་གྱི་བུད་མེད་དབྲོག །ཆང་དང་སྒྲོན་མ་སངས་རྒྱས་རྣམས་དང་བཟང་པོའི་ཡུལ་རྣམས་ མཐའ་དག་འཁོར་ལོ་ལ་ནི་བསྟེན་པར་བྱ༑ ༑གཡུང་མོ་ལ་སོགས་མཐའ་དག་བུད་མེད་རྣམས་ ནི་གྲི་གུག་ལ་ཡང་མཁའ་ཡི་པདྨར་སྨད་མི་བྱ། །སེམས་ཅན་དོན་ཀྱི་སླད་དུ་ནོར་དང་བཅས་ པའི་ལུས་འདི་སྦྱིན་པར་བྱ་སྟེ་ཁྱོད་ཀྱི་བསྲུང་མི་བྱ། །རིགས་ཀྱི་བུ་ཀྱེ་སངས་རྒྱས་ཉིད་དུ་ འགྱུར་བ་གཞན་དུ་མཐའ་ཡས་བསྐལ་པས་མིན་པར་རྒྱལ་བས་གསུངས། །ཞེས་གསུངས་ཏེ། འདི་དག་གི་ངེས་པའི་དོན་ནི་རྡོ་རྗེའི་རིགས་ཏེ་མི་བསྐྱོད་པའི་རིགས་ཀྱི་དམ་ཚིག་སྲོག་གཅོད་ པ་ནི། རྣལ་འབྱོར་པའི་རང་གི་ལུས་ལ་དབུགས་ཉི་ཁྲི་ཅིག་སྟོང་དྲུག་བརྒྱའི་རྒྱུ་བ་འགོག་པ་ དང༌། རལ་གྲི་སྟེ་དོན་ཡོད་གྲུབ་པའི་རིགས་ཀྱི་དམ་ཚིག་བརྫུན་དུ་སྨྲ་བ་ནི། མཐའ་གཅིག་ ཏུ་མི་གནས་པ་སེམས་ཅན་དུ་མའི་སྐད་ཀྱིས་དྲང་བ་དང༌། ངེས་པའི་དོན་གྱིས་ཆོས་སྣ་ཚོགས་ སྟོན་པ་དང༌། དེ་བཞིན་དུ་སྦྱར་ཏེ། གཞན་གྱི་ནོར་འཕྲོག་པ་ནི་གཞན་ནི་རྡོ་རྗེ་སེམས་དཔའ་ ཡིན་ལ་དེའི་ནོར་འགྱུར་མེད་བདེ་བའི་རིན་པོ་ཆེ་རང་གིས་ཐོབ་པར་བྱེད་པ་དང༌། གཞན་ གྱི་བུད་མེད་ནི་ཕྱག་རྒྱ་ཆེན་མོ་སྟེ་དེ་འཕྲོག་པར་བྱེད་པ་དང༌། ཆང་ནི་བྱང་སེམས་ཐིག་ལེ་ སྒྲོན་མ་ཤ་ལྔ་ནི་དབང་པོ་ལྔ༑ སངས་རྒྱས་ནི་བདུད་རྩི་ལྔ་སྟེ། དེ་དག་བསྟེན་པ་ནི་དབང་པོ་ ལྔ་ཡུལ་ལ་མི་འཇུག་ཅིང་བདུད་རྩི་རྣམསཕྱི་རོལ་ཏུ་མི་འཛག་པར་བྱེད་པ་དང༌། མཁའ་ཡི་ པད་མར་མི་སྨད་པ་ནི་ལས་རྒྱ་དང་འགྲོགས་ཀྱང་བྱང་སེམས་མི་འཕོ་བའི་ཚངས་པར་སྤྱོད་པ་ ལ་གནས་པ་སྟེ། དེ་དག་ནི་ཚུལ་ཁྲིམས་ཀྱི་ཚོགས་ཡིན་ལ། ལུས་དང་བདོག་པ་ཐམས་ཅད་ ཡོངས་སུ་གཏོང་བ་ནི་བསོད་ནམས་ཀྱི་ཚོགས་ཏེ། དེ་དག་ལས་ཡེ་ཤེས་ཀྱི་ཚོགས་འགྲུབ་ པས་ན། དེ་ལྟར་ཚོགས་གསུམ་གྱིས་སངས་རྒྱས་ཐོབ་ཀྱི་དེ་ལས་གཞན་གྱིས་སངས་རྒྱས་མི་ ཐོབ་པས་ན་ཚོགས་གསུམ་པོ་དེ་དག་ལ་སྤྱད་པར་བྱའོ། །ཞེས་པའི་དོན་ཏོ༑ ༑ གཉིས་པ་ནི། རྒྱུད་ཀྱི་རྒྱལ་པོར། ཉིན་དང་མཚན་མོར་ཐིག་ལེ་དག་ལས་དཀར་པོའི་ 1-1-453 རྒྱུན་འབབ་གང་ཞིག་མཱ་མ་ཀཱི་སྟེ་ཆང་མ་ཡིན། །གོ་ཀུ་ལ་སོགས་མིག་ལ་སོགས་པ་ཉིན་ཞག་ སོ་སོར་སྤྲོས་ཏེ་ཤ་གཞན་རེས་འགའ་དག་ཀྱང་མིན། །ཞེས་པ་ལྟར་སྤྱད་པར་བྱའོ། ། གསུམ་པ་ནི། རྒྱུད་ཀྱི་རྒྱལ་པོར། རང་རིག་པ་ལ་གནས་པའི་ལྷ་རྣམས་དག་གིས་དག་ པའི་ལུས་ལ་བདུད་རྩི་ལྔ་རྣམས་བསྙེན་པ་སྟེ། །སྟོང་པར་སེམས་ནི་རབ་ཏུ་ཞུགས་པས་རོ་ མཉམ་བྱེད་པ་འཁྲིག་པ་དེ་ནི་སྐྱེ་གནས་ལ་མ་ཡིན། །ཞེས་གསུངས་པ་ལྟར་དཔྱད་པར་བྱའོ། ། གསུམ་པ་ནི། རྒྱུད་ཀྱི་རྒྱལ་པོར། ནོར་རྣམས་སྤངས་པ་སྦྱིན་པ་ཡིད་དང་བུད་མེད་ འགྲོགས་པ་ལས་ཀྱང་འཕོ་བ་མེད་པའི་ཚུལ་ཁྲིམས་ཏེ། །བཟོད་པ་སྒྲ་ལ་སོགས་ལ་མི་འཇུག་ པ་སྟེ་རླུང་གི་གཉིས་ཀའི་བསྒྲོད་པ་འཇིག་པ་བརྩོན་འགྲུས་ཉིད། །བསམ་གཏན་ཤེས་རབ་ དག་ཀྱང་ལྷན་སྐྱེས་བདེ་ལ་གནས་པའི་སེམས་དང་ཀུན་ཏུ་འགྲོ་བ་ཀུན་གྱི་སྐད། །དེ་ལས་ སེམས་ཅན་དོན་དང་རྫུ་འཕྲུལ་སྲིད་པ་མཐར་བྱེད་མི་སྐྱེ་འཐོབ་སྟེ་གཞན་པ་བཞི་རྣམས་ སོ། །ཞེས་གསུངས་པའི་རྐང་པ་དང་པོ་གསུམ་གྱིས་ངེས་དོན་རྫོགས་རིམ་གྱི་ཕར་ཕྱིན་དྲུག་ བསྟན་ཏེ། ཀུན་ཏུ་འགྲོ་བ་ཀུན་གྱི་སྐད། །ཅེས་པ་ནི། ཀུན་ཏུ་འགྲོ་བ་ཆོས་ཀྱི་དབྱིངས་རྟོགས་ ཤིང་ཀུན་གྱི་སྐད་དུ་ཆོས་སྟོན་པ་ནི་ཤེས་རབ་ཀྱི་དོན་ཏོ། །ཤེས་རབ་དེ་ལས་སེམས་ཅན་གྱི་ དོན་བྱེད་པའི་ཐབས་དང་རྫུ་འཕྲུལ་གྱིས་སེམས་ཅན་འདུལ་བའི་སྨོན་ལམ་དང༌། སྲིད་པ་ མཐར་བྱེད་པའི་སྟོབས་དང༌། མི་སྐྱེ་བའི་ཡེ་ཤེས་རྣམས་འཐོབ་སྟེ། དེ་ལྟར་ཕར་ཕྱིན་གཞན་ བཞི་པོ་རྣམས་སོ། །ཞེས་པ་ཕར་ཕྱིན་བཅུ་ལ་དཔྱད་པར་བྱའོ། ། བཞི་པ་བཀའ་རྒྱ་བཞིས་རྒྱས་གདབ་པ་ནི། སྤྱིར་གསང་སྔགས་ཟབ་མོའི་དམ་རྫས་གསང་མཚན་ཡི་དམ་ལྷའི་སྙིང་པོ་ སོགས་དབང་མ་ཐོབ་པ་ལ་གསང་ཞིང༌། ཁྱད་པར་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་ནི། གསང་ སྔགས་མཐར་ཐུག་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་པའི་ལམ་ཡིན་པས་འདིའི་ཁྲིད་ 1-1-454 འདེབས་ལུགས། ཉམས་རྟོགས་འཆར་ལུགས། ངོ་སྤྲོད་ལུགས། གེགས་སེལ་ལུགས། བོགས་ འདོན་ལུགས། སྤྱིར་ཁྲིད་མ་ཐོབ་པ། སྒོས་ལམ་འདིའི་ཁྲིད་མ་ཐོབ་པ། ཐོབ་ཀྱང་ཉམས་མ་ སྐྱེས་པ་དང༌། ཁྱད་པར་དུ་མོས་པ་མེད་པ་ཐམས་ཅད་ལ་ཤིན་ཏུ་གསང་བ་ལས་ཀྱང་གསང་ ཆེན་ཡིན་པས་གསང་ཞིང་སྦ་བར་བྱའོ། །དཔལ་ལྡན་རྒྱུད་ལས། དུ་བ་ལ་སོགས་རྣམས་ཀྱི་ མཚན་མ་འཛིན་པ་དག་ཀྱང་གང་ཞིག་འདི་རྣམས་ཐམས་ཅད་གསང་བར་བྱ། །ཞེས་པའི་ འགྲེལ་པར། དུ་བ་ལ་སོགས་པ་རྣམས་ཀྱི་མཚན་མ་འཛིན་པ་ནི་ཨ་བ་དྷཱུ་ཏཱིའི་སྒོ་ནས་ཏེ་ཀྱང་ གི་སྒྲས་ལྟེ་བ་དེ་ཉིད་ལའོ། །འདི་རྣམས་ཐམས་ཅད་གསང་བར་བྱ་སྟེ་བྱིས་པའི་སྐྱེ་བོ་རྣམས་ ལ་སྦ་བར་བྱའོ། །ཞེས་པ་ངེས་པའོ། །ཞེས་གསུངས་ཤིང༌། འགྲེལ་ཆེན་ལས། དེ་ཕྱིར་བླ་མ་ དམ་པས་གནང་བ་ཡི། །ལམ་བཟང་རིན་པོ་ཆེ་ནི་སློབ་མ་ཡིས། །ཆོམ་རྐུན་རྩ་ལག་ཡོངས་སུ་ སྤངས་བྱས་ཏེ། །འབད་པས་ཤིན་ཏུ་ལེགས་པར་སྦ་བར་བྱ། །ཞེས་པ་དང༌། རྒྱུད་ཀྱི་རྒྱལ་ པོ་གཞན་ལས་ཀྱང༌། དེང་ཁྱོད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱི་བརློབ་ པར་འགྱུར་གྱིས། ཁྱོད་ཀྱིས་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བའི་ དཀྱིལ་འཁོར་འདི་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ཀྱི་སྨྲ་བར་མི་བྱ་སྟེ། མ་དད་པར་ཡང་ མི་བྱའོ། །ཞེས་དང༌། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས། དེ་བས་ན་ངས་ཁྱེད་ལ་རྡོ་རྗེའི་ཡེ་ཤེས་བསྐྱེད་པར་བྱ་སྟེ། ཡེ་ཤེས་གང་གིས་ཁྱོད་དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་རྣམས་ཀྱང་ཐོབ་པར་འགྱུར་ན། དངོས་གྲུབ་གཞན་ རྣམས་ལྟ་སྨོས་ཀྱང་ཅི་དགོས། ཁྱོད་ཀྱིས་འདི་དཀྱིལ་འཁོར་མ་མཐོང་པ་རྣམས་ཀྱི་མདུན་དུ་ སྨྲ་བར་མི་བྱ་སྟེ། ཁྱོད་དམ་ཚིག་ཉམས་པར་གྱུར་ཏ་རེ། ཞེས་གསུངས་ཏེ། འོད་གསལ་རྣམ་པ་ ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་འདི་ཡང་དག་པའི་དཀྱིལ་འཁོར་ཡང་ཡིན་ ལ། རྡོ་རྗེའི་ཡེ་ཤེས་བླ་ན་མེད་པ་ཡང་ཡིན་པའི་ཕྱིར། ཟབ་ལམ་གྱི་ཁྲིད་མ་ཐོབ་ཅིང་ཉམས་ 1-1-455 སུ་མྱོང་བ་འདི་རྒྱུད་ལ་སྐྱེས་ངེས་མ་ཡིན་པའི་སྐྱེ་བོ་རྣམས་ལ་སྨྲ་ན་དམ་ཚིག་དང་འགལ་བར་ འགྱུར་བས། ཤིན་ཏུ་སྦ་ཞིང་གསང་བར་བྱའོ། །དེ་ལས་བྱུང་བའི་རབ་ཡངས་དགེ་བ་ཡིས། ། ཤེས་རབ་རྟོག་དཔྱོད་དགའ་བདེ་ཡན་ལག་རྣམས། །ཚུལ་བཞིན་བསྒོམས་པས་ཕྱི་རོལ་ སྣང་བ་ནུབ། །ཡེ་ཤེས་ཡུལ་དང་ཡུན་གཅིག་གྱུར་པ་ཡི། །བསམ་གཏན་ཡན་ལག་ཀུན་གྱིས་ འབྱོངས་པར་ཤོག །མི་བསྐྱོད་ལ་སོགས་སངས་རྒྱས་ཀུན་ཐོབ་ཤོག །ཅེས་པ་དུས་འཁོར་བ་ ལྷའི་རྒྱལ་མཚན་གྱིས་སྦྱར་བའོ།། །། 1-1-456 ༄༅། །ཟབ་ལམ་རྡོ་རྗེ་རྣལ་འབྱོར་གྱི་བར་དུ་ དགེ་བའི་ཁྲིད་ཡིག་ བཞུགས་སོ། ། ༄༅། །རྒྱལ་བ་དོན་གྲུབ་རིན་འབྱུང་ངོ་བོ་ཉིད། །ཆོས་རྗེ་བླ་མའི་ཞབས་ལ་ཕྱག་འཚལ་ ནས། །ཉེ་བའི་བསྙེན་པ་བར་དུ་དགེ་བའི་ཁྲིད། །སྲོག་རྩོལ་གསུང་གི་རྣལ་འབྱོར་བྲི་བར་ བྱ། །འདིར་སྦྱོར་བ་ཡན་ལག་དྲུག་རྒྱུད་སྡེ་ཐམས་ཅད་ཀྱི་རྫོགས་རིམ་གཅིག་ཏུ་བསྡུས་པ་ཚེ་ གཅིག་ལུས་གཅིག་ལ་སངས་རྒྱ་བའི་ལམ་མཆོག་ཡིན་པས། རྒྱུད་གཞན་རྣམས་སུ་སྦས་པས་ མི་གསལ་ཞིང་དུས་འཁོར་རྩ་འགྲེལ་དུ་མ་སྦས་ཤིང་ཚངས་པར་གསུངས་པས། རྒྱུད་འགྲེལ་ དང་མི་མཐུན་པའི་བླ་མ་གོང་མའི་ཕྱག་ལེན་གྱི་སྲོལ་ཀ་མི་གཅིག་པ་དུ་མ་རྣམས་དོར་ཏེ། རྒྱུད་འགྲེལ་ཉིད་ལས་གསལ་ཞིང་རྫོགས་པར་གསུངས་པ་ཉིད་ཟབ་པས་དེ་ཉིད་གཙོ་བོར་ བྲི་བར་བྱ་སྟེ། འགྲེལ་ཆེན་ནས། མཆོག་གི་དང་པོའི་སངས་རྒྱས་སུ་རྡོ་རྗེའི་ཚིག་ཕྱག་རྒྱ་ཆེན་ པོ་བསྒོམ་པའི་ལམ་དུ་བ་ལ་སོགས་པ་རབ་ཏུ་གསལ་བ་ཡིན་གྱི་བླ་མ་བརྒྱུད་པའི་རིམ་པས་ འོངས་པ་མ་ཡིན་ལ། བླ་མའི་བཀས་བྱིན་གྱིས་རླབས་པ་ཡང་མ་ཡིན་ནོ། །ཞེས་གསུངས་སོ། ། དེ་ལ་བར་དགེ་ལ་གཉིས། སྲོག་རླུང་དབུ་མར་འཇུག་བྱེད་སྲོག་རྩོལ་གྱི་ཡན་ལག་དང༌། སྲོག་རླུང་དབུ་མར་བརྟན་བྱེད་འཛིན་པའི་ཡན་ལག་གོ ། 1-1-457 དང་པོ་ལ་དྲུག་སྟེ། སྲོག་རྩོལ་གྱི་མཚན་ཉིད། སྲོག་རྩོལ་བསྒོམ་པའི་དུས་མཚམས། བསྒོམས་པའི་རྟགས་ཚུལ་གྱི་ཡན་ལག །བསྒོམ་པའི་རྟགས་ཚད། དག་བྱ་དག་བྱེད་ཀྱི་དབྱེ་ བ། གནས་སྐབས་དང་མཐར་ཐུག་དྲུག་གིས་འབྲས་བུའོ། ། དང་པོ་ནི། མ་རྒྱུད་ཀྱཻ་རྡོར། མན་ངག་ཏུ་འདོད་པ་ལམ་འབྲས་པས། རླུང་སྣ་བུག་གཡོན་ ནས་རྒྱུ་བ་སྲོག །གཡས་ནས་རྒྱུ་བ་རྩོལ་བ། ཞེས་དང༌། ཕ་རྒྱུད་གསང་བ་འདུས་པའི་མན་ ངག་རིམ་ལྔ་པས། རླུང་ནང་དུ་འཇུག་པ་ལ་སྲོག །ཕྱིར་འབྱུང་བ་ལ་རྩོལ་བ་ཞེས་པ་འདོད་ ཀྱང༌། འདིར་ནི་དེ་ལྟར་མི་འདོད་དེ། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་སྒྲུབ་ཐབས་ཀྱི་ལེའུ་ ལས། སྲོག་རྩོལ་དག་ཀྱང་ལམ་ནི་གཉིས་པོ་དག་ནི་བསྒྱེལ་ཞིང་དབུ་མར་སྲོག་ནི་ཞུགས་པ་ དག་ཏུ་འགྱུར། །ཞེས་པའི་འགྲེལ་པར། འདིར་སྲོག་རྩོལ་དག་ཀྱང་ལམ་ནི་གཉིས་པོ་ཞེས་ པ་གཡོན་དང་གཡས་པའི་ལམ་བསྐྱེལ་བ་སྟེ། འགོག་ཅིང་དབུ་མའི་ལམ་དུ་རབ་ཏུ་ཞུགས་ པའོ། །དེ་ཡང་དཀྱིལ་འཁོར་བཅུ་འགོག་པ་ལས་རྣམ་པ་བཅུའོ་ཞེས་པ་སྟེ། འདི་སྲོག་རྩོལ་གྱི་ མཚན་ཉིད་དུ་གསུངས་སོ། །རྒྱུད་ཕྱི་མར། སྲོག་གི་རྩོལ་བས་རི་བོང་ཅན་དང་ཉི་མ་དང་བྲལ་ མུན་པར་སྲོག་གི་རླུང་ནི་འབབ་པར་བྱ། །ཞེས་དང༌། བདེ་མཆོག་སྟོད་འགྲེལ་ལས། དེ་ནས་ སྲོག་རྩོལ་ཞེས་བྱ་བ་ནི། ལ་ལ་ནཱ་དང་ར་ས་ནཱ་གཡོན་པ་དང་གཡས་པའི་ལམ་འགག་པ་ལས། དབུ་མ་ཨ་ཝ་དྷཱུ་ཏཱིའི་ནང་དུ་སྲོག་གི་རླུང་རྟག་ཏུ་འཇུག་སྟེ། དགའ་བ་དང་བུམ་པ་ཅན་དང་ དབྱུང་བའི་སྦྱོར་བས་ཨ་ཝ་དྷཱུ་ཏཱིར་ཨོཾ་ཡིག་གིས་འཇུག་པ་དང༌། ཧཱུཾ་ཡིག་གིས་འགོག་པ་དང༌། ཨཱཿཡིག་དབྱུང་བ། ཟླ་བ་དང་སྒྲ་གཅན་དང་ཉི་མའི་རང་བཞིན་གྱིས་རྣལ་འབྱོར་པ་གོ མས་ པར་བྱའོ། །ཞེས་པ་སྲོག་རྩོལ་གྱི་ཡན་ལག་བརྗོད་དོ། །ཞེས་སོ། ། གཉིས་པ་བསྒོམ་པའི་དུས་མཚམས་ལ། ཙ་མི་ལུགས་པ་དང༌། པཎ་ཆེན་ཤཱཀྱ་ཤྲཱིའི་སློབ་ མ་དཔྱལ་པ་ལ་སོགས་པ་ཐོག་མ་ཉིད་དུ་སྲོག་རྩོལ་གྱི་རླུང་སྦྱོར་བསྒོམ་པ་ཡོད་ཀྱང༌། རྩ་དབུ་ 1-1-458 མ་མ་སྦྱངས་པར་བུམ་པ་ཅན་གྱི་སྦྱོར་བ་བྱས་ཀྱང་གནད་དུ་མི་འགྲོ་ཞིང་གགས་ཅི་རིགས་པ་ འབྱུང་བའི་སྐྱོན་ཡོད་དོ། །དེས་ན་དཔལ་དུས་ཀྱི་འཁོར་ལོའི་ནང་གི་ལེའུ་ལས། སྟོང་པ་ལ་ ནི་དུ་བ་སོགས་ལམ་བླ་མའི་ངེས་པའི་དབང་གིས་གཟུགས་བརྙན་མཚམས་སུ་བསྒོམ་པར་ བྱ། །དེ་ནས་རྩ་ཡི་འཁོར་ལོ་རྣམས་སུ་སྲོག་དང་ཐུར་སེལ་རླུང་ནི་བརྟན་པ་དག་ཀྱང་བྱེད་པ་ སྟེ། །ཕྱི་ནས་ཟླ་བ་ངེས་པར་འགོག་པ་གཟའ་བཞིན་བྱེད་དེ་བྱང་ཆུབ་སེམས་ནི་རྣལ་འབྱོར་པ་ ཡིས་སོ། །དེ་ནས་གང་ཞིག་ཅུང་ཟད་འདོད་པ་དག་ནི་ཉིན་ཞག་འགའ་ཡིས་སྐྱེ་བ་འདི་ལ་ཐོབ་ པར་འགྱུར། །ཞེས་པའི་འགྲེལ་པར། གཟུགས་བརྙན་ནི་རྣམ་པ་ཐམས་ཅད་པའི་གཟུགས་ བརྙན་ཏེ་དེའི་མཐར་ཐུག་པར་བསམ་མོ། །མཚམས་དེ་ནས་རྩའི་འཁོར་ལོ་རྣམས་སུ་སྲོག་ དང་ཐུར་སེལ་རླུང་ནི་བརྟན་པ་དག་ཀྱང་བྱེད་པ་སྟེ་ལྟེ་བའི་འཁོར་ལོ་ལ་རྣལ་འབྱོར་པས་ སོ། །ཞེས་གསུངས་པས། སོ་སོར་སྡུད་དང་བསམ་གཏན་གྱི་རྟགས་བཅུ་རྫོགས་པར་མཐོང་ ཞིང་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་ཀྱི་གཟིགས་ཀྱང་མཐོང་བ་བརྟན་པོར་གྱུར་པ་ན་རྩ་ དབུ་མའི་ལམ་སྦྱངས་པ་ཡིན་པས་འཚམས་དེ་ནས་སྲོག་རྩོལ་བསྒོམ་པར་བྱ་སྟེ། དཔེར་ན་ཆུ་ འདྲེན་པའི་ཡུར་བའི་ནང་ལེགས་པར་བསལ་ནས་ཆུ་འདྲེན་པར་བྱེད་པ་ལྟ་བུའོ། ཁ་ཅིག་རེ་ ཁཱ་ནག་པོ་དྲི་མེད་འོད་ཟེར་འཕྲོ་བ་དུས་ཀྱི་རྩ་ལ་མཐོང་བར་འགྱུར་གྱི་བར་དུའོ། །ཞེས་པའི་ རྒྱུད་ལ་བརྟེན་ནས་བདེ་བར་སྲོག་རྩོལ་མི་བསྒོམ་པ་ནི་ནོར་དེ། དེ་ནི་རྡོ་རྗེ་བཟླས་སོགས་ སྔོན་དུ་མི་འགྲོ་བའི་དབང་དུ་བྱས་པ་ཡིན། རྡོར་བཟླས་སྔོན་དུ་བསྒོམ་པའི་སྲོག་རྩོལ་ནི། རྟགས་བཅུ་སོགས་མཐོང་ནས་བསྒོམས་པས་ཆོག་སྟེ། རྩ་རྒྱུད་ལས། གཟུགས་བརྙན་མཐོང་ ན་དེ་ནས་ནི། །བར་མ་ཆད་པར་སྲོག་རྩོལ་བསྒོམ། །ཞེས་པས་སོ། །དེ་ནས་རྩ་བའི་འཁོར་ལོ་ རྣམས་སུ་ཞེས་པའི་ཚིག་ལ་བརྟེན་ནས་རྩ་དང་འཁོར་ལོ་གསལ་གདབ་པ་ནི། རྡོ་རྗེའི་ལུས་ འདི་ལ་རྩ་ཆེན་དྲུག་དང་འཁོར་ལོ་དྲུག་ཡོད་དོ། །རྩ་ཆེན་དྲུག་ནི། སྟེང་ན་ཟླ་ཉི་སྒྲ་གཅན་གྱི་ 1-1-459 རྩ་གསུམ། འོག་ན་གཤང་གཅི་ཁུ་བའི་རྩ་གསུམ་མོ། །སྟེང་གི་གསུམ་ནི་གཡོན་ན་ཟླ་བའི་ རྩ་རྐྱང་མ་ཁ་དོག་དཀར་པོ་ལྟེ་བ་ནས་གྱེས་ནས་གཡོན་ནས་འགྲིམས་ནས་སྐེར་མདུད་ཡང་ གཡོན་ནས་འགྲིམས་ནས་མགྲིན་པར་མདུད། གཡོན་ནས་འགྲིམས་ནས་དཔྲལ་བར་མདུད། གཡོན་ནས་འགྲིམས་ནས་གཙུག་ཏོར་མདུད། གཙུག་ཏོར་ནས་ཡར་འོངས་ནས་སྣ་བུག་ གཡོན་ནས་ཟུག །གཡས་ནས་ཉི་མའི་རྩ་རོ་མ་དམར་པོ་ལྟེ་བ་ནས་གྱེས་ནས་ལུས་ཀྱི་གཡས་ ཀྱི་ཕྱོགས་ནས་འགྲིམས་ནས་སྙིང་ཁ་དང་མགྲིན་པ་དང་དཔྲལ་བ་དང་གཙུག་ཏོར་དུ་རིམ་ པར་མདུད་ནས་ཡར་འོངས་ཏེ་སྣ་བུག་གཡས་པ་ལ་ཟུག །སྨད་ཀྱི་གསུམ་ནི། གཡོན་ན་རྐྱང་ མའི་མར་སྣ་བཤང་བའི་རྩ་སེར་པོ་གཡོན་ནས་འགྲིམས་ནས་གསང་གནས་སུ་མདུད། དེ་ ནས་རྒྱབ་ཀྱི་ཕྱོགས་ནས་འགྲིམས་ནས་རྩ་སྒོ་ལ་ཟུག །གཡས་ནས་རོ་མའི་མར་སྣ་གཅི་བའི་ རྩ་ཁ་དོག་ནག་པོ་གཡས་ནས་འགྲིམས་ནས་གསང་གནས་སུ་མདུད། དེ་ནས་ཆུ་སྒོའི་གཡོན་ ཕྱོགས་ལ་ཟུག །དབུས་ན་དབུ་མའི་མར་སྣ་ཁུ་བའི་རྩ་དུང་ཅན་མ་སྔོན་པོ་དབུས་ནས་གསང་ གནས་སུ་ཕྱིན་ཆུ་སྒོའི་གཡས་ཕྱོགས་ལ་ཟུག །འཁོར་ལོ་དྲུག་ནི། ལྟེ་བ་སྤྲུལ་པའི་འཁོར་ ལོ་སེར་པོ་རྩ་འདབ་དྲུག་བཅུ་རྩ་བཞི་པ། སྙིང་ཁ་ཆོས་ཀྱི་འཁོར་ལོ་ནག་པོ་རྩ་འདབ་བརྒྱད་ པ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་དམར་པོ་རྩ་འདབ་སོ་གཉིས་པ། དཔྲལ་བ་བདེ་ཆེན་ གྱི་འཁོར་ལོ་དཀར་པོ་རྩ་འདབ་བཅུ་དྲུག་པ། གཙུག་ཏོར་ནམ་མཁའི་འཁོར་ལོ་ལྗང་ཁུ་རྩ་ འདབ་བཞི་པ། གསང་གནས་ཡེ་ཤེས་ཀྱི་འཁོར་ལོ་སྔོན་པོ་རྩ་འདབ་སོ་གཉིས་པའོ། །དེ་ལྟ་ བུའི་རྩ་ལྗང་ཁུ་རྣམས་ནི་ནམ་མཁའི་ཁམས་པ་མི་བསྐྱོད་པ་རྡོ་རྗེའི་རིགས། ནག་པོ་རྣམས་ནི་ རླུང་ཁམས་པ་དོན་ཡོད་གྲུབ་པ་རལ་གྲིའི་རིགས། དམར་པོ་རྣམས་ནི་མེ་ཁམས་པ་རིན་ཆེན་ འབྱུང་ལྡན་རིན་པོ་ཆེའི་རིགས། དཀར་པོ་རྣམས་ནི་ཆུ་ཁམས་པ་སྣང་བ་མཐའ་ཡས་པད་མའི་ རིགས། སེར་པོ་རྣམས་ནི་ས་ཁམས་པ་རྣམ་པར་སྣང་མཛད་པ་འཁོར་ལོའི་རིགས། སྔོན་པོ་ 1-1-460 རྣམས་ནི་ཡེ་ཤེས་ཁམས་པ་རྡོ་རྗེ་སེམས་དཔའ་གྲི་གུག་གི་རིགས་སོ། །དེ་ཡང་བསྡུས་ན་ཡབ་ ཡུམ་གྱི་སྐུ་གསུང་ཐུགས་ཀྱི་རྩར་འདུས་ཏེ། ཆུ་རླུང་ནམ་མཁའི་ཡབ་ཀྱི་སྐུ་གསུང་ཐུགས། །ས་ མེ་ཡེ་ཤེས་ཡུམ་གྱི་སྐུ་གསུང་ཐུགས། །ཞེས་བྱ་སྟེ། འདི་རྣམས་ཀྱི་ལུང་ནི་དབང་མདོར་བསྟན་ སོགས་ན་བཞུགས་སོ། ། དཔྲལ་མགྲིན་ལྟེ་བའི་རྩ་འདབ་སྔར་བསྟན་པ་རྣམས་ཕྱི་སྐོར་གྱི་འདབ་མ་ཡིན་ལ། ནང་ དུ་དཔྲལ་མགྲིན་ལ་བརྒྱད་པ་རེ་དང༌། ལྟེ་བ་ལ་ཕྱི་ནས་རིམ་པ་བཞིན་དུས་སྦྱོར་བཅུ་གཉིས་ དང༌། ཐུན་ཚོད་བརྒྱད་དང༌། ཐུན་བཞིའི་རྩ་བཅུ་གཉིས་དང༌། བརྒྱད་དང་བཞི་རྣམས་ཡོད་ དོ། །གསང་གནས་ཀྱི་སོ་གཉིས་ལ་ཕྱིར་བཅུ་དྲུག་བར་དུ་བཅུ་ནང་དྲུག་དུ་ཡོད་དོ། །རྩ་འདི་ རྣམས་སུ་རླུང་རྒྱུ་ཚུལ་ནི། ལྟེ་བ་ཡན་ཆོད་ལ་སྲོག་གི་རླུང༌། མན་ཆོད་ལ་ཐུར་སེལ་གྱི་རླུང༌། རྩ་འདབ་བཞི་པ་རྣམས་སུ་ཐུན་མཚམས་བཞིའི་རླུང་བརྒྱད་པ་རྣམས་ལ་ཐུན་ཚོད་བརྒྱད་ཀྱི་ རླུང༌། བཅུ་དྲུག་པ་རྣམས་ཐུན་ཚོད་ཕྱེད་པ་བཅུ་དྲུག་གི་རླུང༌། སོ་གཉིས་པ་རྣམས་ལ་ཡུད་ ཙམ་སོ་གཉིས་ཀྱི་རླུང༌། དྲུག་ཅུ་རྩ་བཞི་པ་ལ་དབྱུག་གུ་དྲུག་ཅུ་རྩ་བཞིའི་རླུང་རྒྱུ་བའོ། །དུས་ སྦྱོར་བཅུ་གཉིས་ཀྱི་རླུང་སྣ་བུག་ནས་རྒྱུ་ཚུལ་ནི། སྣ་བུག་གཉིས་ཀའི་དབུས་ནས་ནམ་མཁའི་ རླུང༌། སྟེང་ན་རླུང་གི་རླུང་རྣ་བའི་ཕྱོགས་ནས་མེའི་རླུང་ཁའི་ཕྱོགས་ནས། ཆུ་རླུང༌། འོག་གི་ ཕྱོགས་ནས་ས་རླུང་རྒྱུའོ། །ཐོག་མར་སྣ་བུག་གཡས་ནས་ནམ་མཁའི་རླུང་མེ་ཆུ་སའི་རླུང༌། དབྱུག་གུ་རེ་རེ་སྣ་བུག་ནས་ཕྱིར་སོར་བཅུ་དྲུག་ནས་བཅུ་གཉིས་ཀྱི་བར་དུ་རྒྱུ་ཞིང༌། དབྱུག་གུ་ ལྔ་ལ་དུས་སྦྱོར་བའོ། །སྣ་བུག་གཡས་སུ་འཕོ་བའི་ཚེ་ས་ནས་སར་འཕོ་བའི་ཕྱིར་ཡེ་ཤེས་ཀྱི་ རླུང་སྔོན་པོ་ཕྱིར་སོར་བཅུ་གཉིས་པ་དབུགས་རྐང་བཅས་ལྔ་བཅུ་རྩ་དྲུག་དབུ་མ་ནས་མཉམ་ པོར་རྒྱུ་བའོ། །དེ་ནས་སྣ་བུག་གཡས་ནས་ས་ཆུ་མེ་རླུང་ནམ་མཁའི་རླུང་དབྱུག་གུ་རེ་རེ་རྒྱུ་བ་ ནི་དུས་སྦྱོར་གཉིས་པའོ། །སྣ་བུག་གཡོན་དུ་འཕོ་བའི་ཚེ་ནམ་མཁའ་ནས་ནམ་མཁར་འཕོ་ 1-1-461 བས་ཡེ་ཤེས་ཀྱི་རླུང་སྔོན་པོ་སོར་བཅུ་དྲུག་པ་དབུགས་རྐང་བཅས་ལྔ་བཅུ་རྩ་དྲུག་དབུ་མ་ ནས་སྣ་བུག་གཉིས་ཀ་ནས་མཉམ་པོར་རྒྱུ་ཞིང་གང་དག་ཕྱིར་རིང་དུ་རྒྱུ་བ་དེ་དག་ནི་ནང་དུ་ ལྟེ་བ་མན་ཆད་ལ་སོ་སོར་ཐུང་བར་རྒྱུ་བའོ། །དེ་ལྟར་རེས་མོས་ཀྱིས་གཡོན་ནས་དུས་སྦྱོར་ དྲུག་གཡས་ནས་དུས་སྦྱོར་དྲུག་རྒྱུའོ། ། གསུམ་པ་སྲོག་རྩོལ་བསྒོམ་པའི་ཡན་ལག་ལ་ལྔ། སྲོག་རྩོལ་བྱ་བའི་ཡུལ། སྲོག་རྩོལ་ བསྒོམ་པའི་དགོས་པ། སྲོག་རྩོལ་དུས་ཅི་ཙམ་བར་དུ་བསྒོམ་པ། སྲོག་རྩོལ་ཇི་ལྟར་བསྒོམ་ པའི་ཚུལ། སྲོག་རྩོལ་བསྒོམ་བའི་བྱེད་པས་སོ། །དང་པོ་ནི། སྔར་བསྟན་པའི་རྩ་རྣམས་ཏེ། སྙན་རྒྱུད་ལས། ཡུལ་ནི་རྩ་གསུམ་རླུང་ཡིན་ནོ། །ཞེས་སོ༑ ༑ གཉིས་པ་དགོས་པ་ནི། སྙན་རྒྱུད་ལས། དེ་ནས་སྟོང་གཟུགས་མཐོང་ནས་ནི། །མི་འགྱུར་ བདེ་བ་སྐྱེ་བའི་ཕྱིར། །སྲོག་རྩོལ་ཡན་ལག་བསྒོམ་པར་བྱ། །ཞེས་དང༌། ནང་གི་ལེའུ་ལས། དང་པོར་མཐའ་དག་རྒྱལ་བའི་ལུས་ནི་དངོས་གྲུབ་རྒྱུ་རུ་སྔགས་པ་དག་གིས་ཡན་ལག་བསྲུང་ བར་བྱ། །ལུས་མེད་ན་ནི་དངོས་གྲུབ་མེད་ཅིང་སྐྱེ་བ་འདི་ལ་མཆོག་གི་བདེ་བ་ཐོབ་པར་ འགྱུར་བའང་མེད། །དེ་ཕྱིར་ལུས་ཀྱི་དོན་གྱི་རྒྱུར་ནི་ཉིན་ཞག་སོ་སོའི་དུས་སུ་རྩ་ཡི་སྦྱོར་བ་ བསྒོམ་པར་བྱ། །ལུས་ནི་གྲུབ་ན་གཞན་པའི་དངོས་གྲུབ་སྲིད་པ་གསུམ་གྱི་གནས་སུ་མངག་ གཞུག་ཉིད་དུ་རབ་ཏུ་འགྱུར། །ཞེས་གསུངས་ཏེ། སྲོག་དང་ཐུར་སེལ་གྱི་རླུང་ཕྱི་རོལ་ཏུ་རྒྱུ་བ་ ནི་སྡུད་རིམ་ཡིན་པས་འཆི་བའི་རྒྱུ་ཡིན་ལ། རླུང་ནང་དུ་དྲངས་ནས་གཡོ་མེད་དུ་གནས་པ་ནི་ བསྐྱེད་རིམ་ཡིན་པས་ལུས་ཡུན་རིང་དུ་འཚོ་བའི་རྒྱུ་ཡིན་ཏེ། དེའི་ཕྱིར་འཇིག་རྟེན་དང་འཇིག་ རྟེན་ལས་འདས་པའི་དངོས་གྲུབ་ཀྱི་དོན་དུ་ལུས་བསྲུང་བར་བྱ་སྟེ། འགྲེལ་ཆེན་ལས། དེའི་ ཕྱིར་ལུས་ཀྱི་དོན་རླུང་ནི་ཞེས་པ་ལུས་ཀྱི་དོན་ནི་བྱང་ཆུབ་ཀྱི་སེམས་ཏེ་བསྲུང་བའི་རྒྱུར་ནི་ ཉིན་ཞག་སོ་སོའི་དུས་སུ་རྩའི་སྦྱོར་བ་བསྒོམ་པར་བྱའོ། །ལ་ལ་ནཱ་དང་ར་ས་ནཱ་དག་སྦྱོར་བ་ 1-1-462 ལ་ནི་རྩའི་སྦྱོར་བ་སྟེ་སྲོག་གི་རླུང་དབུ་མར་བསྒོམ་པར་བྱ་ཞིང་བཤང་བ་དང་གཅི་བའི་རྩའི་ སྦྱོར་བ་ཐུར་སེལ་ནི་དུང་ཅན་མར་རོ། །ཉིན་དང་མཚན་མོའི་དུས་སུ་དུས་སྦྱོར་བཅུ་གཉིས་སུ་ རྩའི་སྦྱོར་བ་བསྒོམ་པར་བྱའོ། །འདི་བསྒོམས་པས་ལུས་འགྲུབ་སྟེ་ལུས་གྲུབ་པར་གྱུར་པ་ན་ གཞན་པའི་དངོས་གྲུབ་འཇིག་རྟེན་པ་རྣམས་མངག་གཞུག་ཉིད་དུ་རབ་ཏུ་འགྱུར་རོ་ཞེས་པ་ སྟེ་འཇིག་རྟེན་པའི་དངོས་གྲུབ་སྒྲུབ་པའི་ངེས་པའོ། །ཞེས་སོ། ། གསུམ་པ་སྲོག་རྩོལ་དུས་ཅི་ཙམ་བར་དུ་བསྒོམ་པ་ནི། རླུང་གཡོན་དང་གཡས་ཀྱི་རྩ་ལ་ རྒྱུ་བ་མེད་པར་དུས་རྟག་ཏུ་རྩ་དབུ་མ་འབའ་ཞིག་ནས་རྒྱུ་བའི་བར་དུ་བསྒོམ་པར་བྱ་སྟེ། དེ་ ནས་འཛིན་པ་བསྒོམ་པར་བྱའོ། །གལ་ཏེ་སྙིང་ཁ་དྲོད་ཀྱིས་གདུང་ཞིང་མགོ་སྐྲ་འཚག་འབོག་ པ་ལྟ་བུའི་ཟུག་ཟེར་སོགས་བྱུང་ན་དེའི་གེགས་ཐུར་སེལ་གྱི་རླུང་ལ་གནད་དུ་བསྣུན་པ་དང༌། རང་ལུས་ཐབས་ལྡན་སོགས་བླ་མའི་ཞལ་ཤེས་ཀྱིས་མ་བསལ་བར་སྲོག་རྩོལ་བསྒོམ་པར་ མི་བྱ་སྟེ། རྒྱུད་ཀྱི་ནང་ལེར། སྲོག་རྩོལ་རབ་ཏུ་བྱ་སྟེ་སྙིང་ཁ་དེ་བཞིན་མགོ་བོ་དག་ནི་ཇི་སྲིད་ མེ་ཡིས་གདུང་འགྱུར་བ། །དེ་ལས་སྟེང་དག་ཏུ་ནི་བཟང་པོའི་པད་མར་རྒྱལ་བར་འགྱུར་ཏེ་ མ་བསྡོམས་པའམ་སྟོབས་དག་གིས། །གཙུག་ཏོར་ཕུག་ཅིང་ཕུང་པོ་དག་དང་ཁམས་རྣམས་ རྣལ་འབྱོར་སྤངས་ནས་འཆི་བ་ཉིད་དུ་འགྲོ་འགྱུར་ཏེ། །ཕྱག་རྒྱ་འགྲོགས་པ་རབ་ཉམས་ སྐྱེས་བུ་རྣམས་ཀྱིས་སྐྱེ་བ་འདི་ཉིད་ལ་ནི་བདེ་འབྲས་སྟེར་བ་མེད། །ཅེས་དང༌། དེའི་འགྲེལ་ པར། འདིར་སྔགས་པས་ལུས་ལ་སྲོག་རྩོལ་བུམ་པ་ཅན་བྱས་ཏེ༑ སྙིང་ཁ་དེ་བཞིན་མགོ་བོ་ དག་ནི་ཇི་སྲིད་མེ་ཡིས་གདུངས་པར་འགྱུར་བ་སྟེ། སྙིང་ཁ་བསྲེག་ཅིང་མགོ་བོ་ཡང་གདུང་ བར་འགྱུར་བ་དེ་སྲིད་དུའོ། །དེ་ལས་སྟེང་དུ་མི་བྱའོ། །ཞེས་པའི་ངེས་པའོ། །གལ་ཏེ་དེ་ལས་ སྟེང་དག་ཏུ་ནི་བཟང་པོའི་པད་མར་བརྒྱལ་བར་འགྱུར་ཏེ། ཞེས་པའི་ལྟེ་བའི་པད་མར་སྲོག་ བརྒྱལ་བར་འགྱུར་རོ། །མ་བསྡོམས་པའམ་བསྡོམས་པ་གྲགས་པའི་སྟོབས་དག་གིས་གཙུག་ 1-1-463 ཏོར་ཕུག་ཅིང་ཕུང་པོ་དག་དང་ཁམས་རྣམས་རྣམ་པར་སྤངས་ནས་འཆི་བ་ཉིད་དུ་འགྲོ་བར་ འགྱུར་བ་གང་ཡིན་པ་དེའི་ཕྱིར་ཕྱག་རྒྱ་འགྲོགས་པ་རབ་ཉམས་སྐྱེས་བུ་རྣམས་ཀྱིས་སྐྱེ་བ་ འདི་ཉིད་ལ་སྲོག་རྩོལ་བདེ་འབྲས་སྟེར་བ་མེད་དོ། །སྲོག་རྩོལ་གྱི་ངེས་པའོ། །ཞེས་སོ། ། བཞི་པ་ཇི་ལྟར་བསྒོམས་པའི་ཚུལ་ནི། བསྒོམ་པའི་གང་ཟག་གནས་ཀྱི་ངེས་པའོ། །ལུས་ གནད་ཀྱི་ངེས་པ། ལྟ་སྟངས་ཀྱི་ངེས་པ། བསྒོམ་ཚུལ་དབྱེ་བ་དང༌། བཅས་པའི་ངེས་པ་དང་ བཞི་བའོ། །དང་པོ་ནི། སྔར་གྱི་ཉིན་གྱི་གནས་གང་རུང་དང་གཙོ་ཆེར་མཚན་མོའི་གནས་སོ། ། གཉིས་པ་ནི། རྡོ་རྗེ་བཟླས་པ་ལ་ཐོག་དགེ་བཞིན་དང་གཞན་རྣམས་ཀྱི་འོག་ནས་སྟོན་ཏོ། ། གསུམ་པ་ནི། སྲོག་རྩོལ་གཉིས་ཀ་ལ་བགེགས་མཐར་བྱེད་ཀྱི་ལྟ་བ་སྨིན་འཚམས་སུ་བལྟ་བ་ སྟེ། རྒྱུད་ལས། བགེགས་མཐར་བྱེད་པའི་ལྟ་བ་བདུད་རྩིའི་ལམ་དུ་སོན་པ་ཡིས་ཀྱང་ཉེ་བའི་ སྒྲུབ་ལ་ཡན་ལག་དྲུག །ཅེས་དང༌། དེའི་འགྲེལ་པར། བགེགས་མཐར་བྱེད་པའི་ལྟ་བ་ཞེས་ པ་ལ་བགེགས་མཐར་བྱེད་ནི་བདུད་རྩི་འཁྱིལ་པའོ། །དེའི་ལྟ་བ་ནི་བདུད་རྩིའི་གནས་སུ་སོན་ པ་སྟེ་དཔྲལ་བར་སོན་པའོ། །བགེགས་མཐར་བྱེད་དེའི་ལྟ་བ་ནི་བདུད་རྩི་ལམ་དུ་སོན་པ་ ཡང་ཡན་ལག་དྲུག་གི་ཉེ་བར་བསྒྲུབ་པའོ། །ཞེས་གསུངས་ཤིང༌། གསང་འདུས་ཕྱི་མར། ཉེ་ བར་བསྒྲུབ་པའི་དུས་སུ་ནི་བདུད་རྩི་འཁྱིལ་པའི་གཟུགས་བརྙན་ནོ། །ཞེས་གསུངས་སོ། ། བཞི་པ་བསྒོམ་ཚུལ་གྱི་དབྱེ་བ་ལ། པཎ་ཆེན་ཤཱཀྱ་ཤྲཱིའི་གདམས་པ་སྙན་རྒྱུད་རྡོ་རྗེའི་ ཚིག་དྲུག་འདི། རྒྱུད་འགྲེལ་གྱི་དགོངས་པ་དང་མཐུན་པས། དེ་ལ་ཚིག་དྲུག་ལ་རྡོ་རྗེ་བཟླས་ པའི་རྩ་ལམ་སྦྱང་བ༑ འཇམ་རླུང་དགང་སྟོང་གི་སྦྱོར་བས། སྲོག་རྩོལ་དབུ་མའི་ཐིག་ལེར་ གཞུག་པ། རྩུབ་རླུང་བུམ་པ་ཅན་གྱིས་སྲོག་དབུ་མའི་ཐིག་ལེར་དགང་བ། དྲག་རླུང་བཙན་ ཐབས་ཀྱིས་ཉི་ཟླའི་ལམ་དགག་པ། འོག་སྒོ་བཙན་ཐབས་སུ་འགགས་ན་སྟེང་སྲོག་དགྲོལ་ པའི་སྦྱོར་བ་བྱ། ལྕེ་གསུམ་བསྐྱོད་པས་བདུད་རྩི་བཏུང་བ་དང་དྲུག་སྟེ། འདི་དག་རེ་རེ་ཞིང་ 1-1-464 ཚིག་ཟིན་པ་ཚིག་གི་ཁྲིད། དོན་དམ་ལག་ལེན་ཤེས་པ་དོན་དམ་དམར་ཁྲིད། ཉམས་ཤར་ བ་ཉམས་མྱོང་གི་ཁྲིད། ཡོན་ཏན་སྐྱེས་པ་འབྲས་བུའི་ཁྲིད་དེ་བཞི་བཞིས་སྐྱོང་སྟེ། དང་པོ་རྡོ་ རྗེ་བཟླས་པས་རྩ་ལམ་སྦྱང་བ་ནི། རྒྱུད་ལས། ཟླ་བ་ཉི་མ་ཨ་སོགས་ཀ་སོགས་རྣམ་གསུམ་ བགྲོད་པའི་དབང་གིས་སྐུ་ཡི་རྡོ་རྗེ་སོགས་བཟླས་པ། །ཞེས་པས་ལུས་གནད་ལྟ་སྟངས་སྔར་ བསྟན་པ་བཞིན་བྱས་ལ། ཟླ་བའི་རྩ་སྣ་བུག་གཡོན་ནས་རྒྱུ་བའི་ཚེ་ཨ་སོགས་སྐུ་རྡོ་རྗེའི་ བཟླས་པར་མོས་ལ། རླུང་ཁ་དོག་དཀར་པོ་འབྱུང་འཇུག་ལ་དམིགས་པ་གཏད། ཉི་མའི་རྩ་ སྣ་བུག་གཡས་ནས་རྒྱུ་ན་ཀ་སོགས་གསུང་རྡོ་རྗེའི་བཟླས་པ་བྱ་སྙམ་པས་རླུང་ཁ་དོག་དམར་ པོ་འབྱུང་འཇུག་ལ་དམིགས་པ་གཏད། སྒྲ་གཅན་གྱི་རྩ་དང་སྣ་བུག་གཉིས་ཀ་ནས་རྒྱུ་བའི་ ཚེ་སྒྲ་གཅན་ཐུགས་རྡོ་རྗེའི་བཟླས་པར་མོས་ལ། རླུང་སྔོན་པོ་འབྱུང་འཇུག་ལ་དམིགས་པ་ གཏད་ནས་བསྒོམ་པ་འདི་རྒྱུད་ཀྱིས་དངོས་སུ་བསྟན་པ་ཡི་གེ་ལ་མ་བརྟེན་པའི་བཟླས་པའོ། ། འདི་ནི་གསང་འདུས་རྒྱུད་ཕྱི་མར། བརྗོད་དང་དམིགས་པར་བཅས་པ་དང༌། །བརྡར་གྱུར་ དང་ནི་དོན་དམ་མོ། །ཞེས་པའི་གསུམ་པ་དང་མཐུན་ལ། དང་པོ་ནི། རྟོག་བཅས་ཡིན་པས་ འདིར་མི་བྱེད། བཞི་པ་ནི་སོར་སྡུད་དང་མཐུན། གཉིས་པ་འདི་དང་ཉི་ཟླ་བསྒྲུབ་པ་ལས་ཡི་ གེ་ལ་བརྟེན་པའི་རྡོར་བཟླས་པ་བསྟན་པས་དེ་ནི་རླུང་གཡས་གཡོན་དབུས་གསུམ་གང་ནས་ རྒྱུ་ཡང༌། ཕྱིར་འབྱུང་བ་ཨ་དམར་པོ། ནང་དུ་འཇུག་པ་ཨོཾ་དཀར་པོ། གནས་པ་ཧཱུཾ་མཐིང༌། ཁ་ ལ་དམིགས་ལ་བསྒོམ། དེ་ཡང་དང་པོར་འབྱུང་འཇུག་གཉིས་པོ་རང་འགྲོས་དང་གནས་པ་ཧཱུཾ་ ཐོག་མར་དྲན་ཙམ་བྱ། བར་དུ་གསུམ་པོ་མཉམ་པོ། མཐར་ཧཱུཾ་ཇེ་རིང་བཟུང་སྟེ་བུམ་པ་ཅན་ ལ་འཚམས་སྦྱོར་བ་ཟབ་བོ། །བདེ་མཆོག་སྡོམ་འབྱུང་ལས། རྣལ་འབྱོར་པ་དེ་མཉམ་བཞག་ པས། །འཇུག་པའི་རླུང་ནི་བགྲང་བར་བྱ། །ཇི་སྲིད་འབུམ་ལ་སོགས་པའི་གྲངས། །སྒྲ་དང་ བྲལ་བར་རྟག་ཏུ་བཟླ། །སྒྲུབ་པོས་སྒྲ་དང་བྲལ་བར་ནི། །འབུམ་བཟླས་ཡོངས་སུ་རྫོགས་ 1-1-465 པར་ནི། །ཚེ་ཉམས་པ་ཡང་ལོ་ལྔ་རུ། །འཚོ་བ་འདི་ལ་ཐེ་ཚོམ་མེད། །རྟག་ཏུ་ནང་པར་ལངས་ ནས་རླུང༌། །སྟོང་ཕྲག་གཅིག་དུ་བགྲང་བྱ་སྟེ། །དེ་བས་རླུང་གི་རྣལ་འབྱོར་ལ། །རྟག་ཏུ་མཉམ་ བཞག་གནས་པར་བྱ། །ཞེས་དང༌། ཡེ་ལེའི་འགྲེལ་པ་ལས། དུས་ཀྱི་འཁོར་ལོའི་ཕྲེང་བའི་ སྔགས་རྐང་པ་བདུན་ཅུ་རྩ་གཉིས་པའི་རྐང་པ་རེ་རེ་ལ་འཁོར་ལོ་སྡོམ་པ་ཆེན་པོའི་ལྷ་དང་ ལྷ་མོ་བདུན་བཅུ་རྩ་གཉིས་ཀྱི་མིང་རེ་རེ་སྦྱར་བའི་སྔགས་ཀྱི་ཡི་གེ་རྣམས་དབུགས་འཇུག་ པ་དང༌། འབྱུང་བ་དང༌། ལྷན་གཅིག་མེ་ཏོག་གི་ཕྲེང་བ་བཞིན་དུ་ལུགས་འབྱུང་དང་ལུགས་ བཟློག་ཏུ་ཡིད་ཀྱིས་བཟླས་པ་ཞག་གཅིག་ལ་གསུམ་ཁྲི་ཆིག་སྟོང་དྲུག་བརྒྱ་འགྲོ་ཞིང༌། དེ་ལྟ་ བུའི་བཟླས་པ་ཞག་ལྔ་བརྒྱས་ལུས་དག་པ་དང༌། དེ་ནས་ཞག་ལྔ་བརྒྱས་ངག་དག་པ་དང༌། དེ་ནས་ཞག་ལྔ་བརྒྱས་སེམས་དག་ཅིང་རླུང་གཡོ་བ་མེད་པ་བུམ་པ་ཅན་གྱི་སྐབས་ཐོབ་པར་ འགྱུར་ཞིང༌། དེ་ནས་རྣལ་འབྱོར་པ་རྣམས་ལ་མངོན་པར་ཤེས་པ་ལྔ་འཆར་བར་འགྱུར་ཏེ། ཞེས་གསུངས་པ། འདི་ལ་ཆོས་གོང་མ་ལ་ལས་འདི་རྣལ་འབྱོར་པ་མཆོག་གི་སྤྱོད་ཡུལ་ཡིན་ གྱི། ཕལ་པའི་མིན་གསུང་ཡང་ཕལ་པས་ཀྱང་ཡིན་ལ། རྩ་སྔགས་ལའང་སྦྱར་ཏེ་རླུང་ཕྱིར་ འབྱུང་བའི་ཚེ་ཧཱ་སྭཱ་ཡཾ་ར་ཝ་ལ་མ་ཀྵ་ཧ་ཨོཾ་ཞེས་པ་དང༌། ནང་དུ་འཇུག་པའི་ཚེ་ཨོཾ་ཧ་ཀྵ་མ་ལ་ ཝ་ར་ཡཾ་སྭཱཧཱ། ཞེས་པ་ལ་དམིགས་ལ་བསྒོམས་ཏེ། ཕན་ཡོན་སྔ་མ་བཞིན་ནོ། །ཉམས་ལྔ་ནི། ལུས་ཉམས་རྩ་གསུམ་གྱི་སྒོ་གྲོལ་འགགས་ཀྱིས་བདེ་མི་བདེ་ངེས་པ་དང༌། རླུང་ཉམས་རླུང་ སྣ་སྒོ་གང་ནས་ཇི་ལྟར་རྒྱུ་བ་ངེས་པ་དང༌། སེམས་ཉམས་རིག་པ་གསལ་སྟོང་རྟོག་མེད་ཀྱི་བྱེ་ བྲག་ངེས་པ་དང༌། མཐོང་ཉམས་རླུང་རྟགས་ཀྱི་རྣམས་པའི་བྱེ་བྲག་ངེས་པ་དང༌། རྨི་ཉམས་རྡོ་ རྗེའི་བཟླས་པ་མང་ཉུང་གིས་རྨི་ལྟས་འཇམ་རྩུབ་ལ་སོགས་པའོ། ། གཉིས་པ་འཇམ་རླུང་ནི། རྒྱུད་ཀྱི་རྒྱལ་པོ་ལས། མཆན་ཁུང་གཡས་དང་གཡས་མིན་ ལས་ནི་ནུ་མ་དག་ཀྱང་སྟོབས་ལྡན་མནན་ཏེ་སྲོག་ནི་བཀག་པ་ལས། །གཡས་ནས་གཡོན་ 1-1-466 པའི་རྩར་ནི་འཕྲལ་ལ་རབ་ཏུ་འབབ་སྟེ་གཡོན་པའི་མཆན་ཁུང་ལས་ཀྱང་གཡས་སུའོ། །ཟླ་ བ་ཕྱེད་ཀྱིས་ཀྱང་ནི་འཆི་སྟེར་འཆི་ལྟས་འཕྲོག་སྟེ་རྣལ་འབྱོར་ལྡན་པའི་རྣལ་འབྱོར་པ་ཡིས་ སོ། །ཞེས་གསུངས་པ་ལྟར་བྱ་སྟེ། ཐུན་འོག་རྣམས་ལ་རླུང་གང་ནས་རྒྱུ་བརྟགས་ཀྱང་ཡང་ན་ མཉམ་རྒྱུར་འདུག་ན་བྱ་མི་དགོས་ལ་གལ་ཏེ་གཡས་ནས་རྒྱུ་ན། ལུས་རྩ་བའི་འདུག་སྟངས་ནི་ རྐང་པ་གཡོན་ཅུང་ཟད་བརྐྱང་གཡས་བསྐུམ། ཁུ་ཚུར་གཡོན་པ་མཆན་ཁུང་གཡས་སུ་བཅུག་ ནས་རླུང་རྔུབ་པ་ཚར་ནས་གྲུབ་མོ་གཡས་པས་ནུ་མ་གཡས་མནན། ལག་པ་གཡས་པས་ གུང་མཛུབ་གཉིས་བརྐྱང་ལྷག་མ་གསུམ་ཁུ་ཚུར་བྱས་ལ་རླུང་རྔུབ་པའི་ཚེ། གུང་མོས་སྣ་བུག་ གཡོན་བཀག་སྟེ་ལུས་ཅུང་ཟད་དགུག་པས་སྣ་བུག་གཡས་ནས་རྫོགས་པར་རྔུབ་པ་ལྕེ་འོག་ ཏུ་སྒྱུར་ལ། མཛུབ་མོས་སྣ་བུག་གཡས་པ་དང་གྲུ་མོས་ནུ་མ་གཡོན་པ་མནན་ཅིང་ལུང་ཐུབ་ ཚད་བཟུང་ལ། མི་ཐུབ་པ་དང་སྣ་བུག་གཡོན་ནས་ཕུད་ལ་བཏོང༌། གཡོན་ནས་རྒྱུ་ན་དེ་ལས་ བཟློག་སྟེ་བྱའོ། །གང་ལྟར་ཡང༌། རྒྱུ་བའི་ཕྱོགས་ནས་རྔུབ་སྟེ་བཀང་ནས་མི་ཐུབ་པའི་ཕྱོགས་ སུ་ནུས་ནས་གཏོང་བ་ཁོ་ན་ཡིན་ནོ། །འདི་ལའང་ཉམས་རྟགས་ལྔ་སྔ་མ་བཞིན་དུ་འབྱུང་ངོ༌། ། གསུམ་པ་རྩུབ་རླུང་བུམ་པ་ཅན་གྱི་སྦྱོར་བས་སྲོག་དབུ་མའི་ཐིག་ལེར་དགང་བ་ནི། རྒྱུད་ ལས། (སྒྲུབས་ལེ་ཡིན། ) ཁ་ཡང་བཙུམས་ཏེ་(བཀབ་སྟེ་ཕང་)སྣ་ཡི་བུག་པ་གཉིས་ཀ་དག་ནས་ཕྱི་ རོལ་དག་གི་རླུང་ནི་མ་ལུས་པ། །སྲོག་གི་ཤུགས་ཀྱིས་བཀུག་སྟེ་དྲི་མ་མེད་པའི་གློག་དང་ མཚུངས་པ་ཐུར་སེལ་རླུང་དང་སྦྱར་བྱས་པ། །དུས་ཀྱིས་གོ མས་པའི་སྦྱོར་བ་དག་ལས་ཟླ་བ་ ཉི་མ་མེ་ཡི་དབུས་སུ་རོ་ནི་མཉམ་པར་འགྱུར། །ལུས་ལ་ཟས་ལ་སོགས་པ་བཀྲེས་པ་དང་ནི་ སྐོམ་པ་འཕྲོག་སྟེ་འཆི་བ་མེད་པ་ཉིད་ཀྱང་སྟེར། །ཞེས་དང༌། ཀྱེའི་རྡོ་རྗེ་ལས། དབྱུང་བ་ཉིད་ ཀྱིས་ལྟུང་བར་བྱེད། །རྔུབ་པ་ཡིས་ནི་དབང་དུ་བྱེད། །དགང་བ་ཡིས་ནི་དགུག་པར་བྱེད། །ཞི་ བ་ཡིས་ནི་རེངས་པར་བྱེད། །ཅེས་དང༌། སྙན་རྒྱུད་ལས། ཕྱི་རྒྱུ་དང་པོ་རླུང་གཏོར་ནས། །ནང་ 1-1-467 དུ་མྱུར་དང་རྣམ་སྡུད་དང༌། །རེངས་དང་སྔགས་སྦྱོར་བརྡ་ཡིས་ནི། །བུམ་པ་ཅན་དང་རྡུལ་ མཐའ་ཡིས། །རླུང་གཉིས་དབུས་སུ་བཅུག་བཅིངས་ནས། །རླུང་བཅུ་རབ་ཏུ་ཞི་བར་བྱ། །རྡོ་ རྗེའི་མེ་ལ་སྲོག་ཞུགས་ནས། །བདེ་བ་ངེས་པར་སྐྱེ་བར་འགྱུར། །ཞེས་གསུངས་ཏེ། ལུས་ གནད་བྱིན་བསམ་གཏན་གྱི་འདུག་ཚུལ་ལ། ཁུ་ཚུར་གཉིས་པོ་མཆན་ཁུང་གཡས་གཡོན་དུ་ གཞུག་གོ ༑ངག་རླུང་གི་སྦྱོར་བ་གནད་ལྔ་དང་ལྡན་པ་དང༌། སེམས་མེད་ཀྱི་ངང་ནས་སྟོང་ གཟུགས་ལ་བལྟ་བར་བྱ་སྟེ། བྲམ་ཟེ་ཆེན་པོས། རླུང་བཅིངས་པ་ལ་རང་ཉིད་ལ་སེམས་ཀྱི། ། ཞེས་པའོ། །གནད་ལྔ་ནི། རླུང་ལྡོག་པ་མི་འབྱུང་བ་འབུད་བའི་གནད་ནི། ཁ་བཙུམས་ཏེ་ སྣ་བུག་གཉིས་ནས་འཇམ་པ་གཉིས། དྲག་པོ་གསུམ་ཕྱི་རུ་འབུད་དོ། །རླུང་རང་གནས་སུ་ གཞུགས་པ་རྔུབ་པའི་གནད་ནི། ཕྱིར་བུས་མ་ཐག་རོ་སྟོད་ཅུང་ཟད་དགུག །སྣ་བུག་གཉིས་ ནས་རླུང་འཇམ་པར་རྫོགས་པར་རྔུབ་ནས་མཆིལ་མ་དང་བཅས་ནས་ལྟེ་འོག་ཏུ་བསྐྱུར་བའོ། ། རླུང་བཅུ་དབང་དུ་བསྡུ་ན་དགང་བའི་གནད་ནི། སྐྱུར་མ་ཐག་འོག་སྒོ་བཙུམས་ནས་ཐུར་ སེལ། གྱེན་དུ་དྲངས་ལ་སྲོག་ཐུར་འདྲེས་པའི་གོང་བུ་དེ་ལྟར་འཛིན་པའོ། །རླུང་རྩ་གནས་ སུ་གདབ་པ་གཞིལ་བའི་གནད་ནི། དེའི་ངང་ལས་རླུང་ཕྱིན་ནས་ལན་གཉིས་གསུམ་རྔུབ་ ལ་གཟུང་ཞིང་སྐབས་སུ་ཚང་ར་གཡས་གཡོན་དབུས་དང་གསུམ་རེས་འཇོག་ཏུ་བསྟན་ལ་ གདབ་བོ། །རླུང་རྡུལ་མཐའ་ཅན་བཏང་བའི་གནད་ནི། ཕྱིར་འབྱུང་བའི་ཚེ་སྣ་རྣལ་འབྱོར་རྡུལ་ ཕྲ་མོ་ལྡོག་མི་ལྡོག་ཚོད་ཙམ་གྱིས་འཇམ་པའི་གཏོང་བའོ། །རྟག་ཏུ་བཏང་བ་ཤིན་ཏུ་འབྱོངས་ པ་དཀའ་ཞིང་གསང་འབྱོང་ངོ༌། །རླུང་འབུད་པ་ནི་ཐུན་གྱི་ཐོག་མ་ཉམས་སུ་བྱའི་བྱིན་ལ་མི་ དགོས་སོ། །བུམ་པ་ཅན་གྲུབ་པའི་ཚད་ནི། དཀྱིལ་ཀྲུང་གི་པུས་མོ་གཉིས་རོ་སྟོད་གསུམ་ཀ་ ཐལ་མོས་བསྐོར་ཏེ་པུས་མོས་གཡས་སུ་སླེབ་པ་དང་སེ་གོལ་རེ་གཏོག་པའི་ཡུད་ཙམ་སུམ་ཅུ་ རྩ་དྲུག་དང༌། བདུན་ཅུ་རྩ་གཉིས་དང༌། བརྒྱད་ཅུ་རྩ་བརྒྱད་ཐུབ་པ་བུམ་པ་ཆུང་འབྲང་ཆེན་ 1-1-468 པོ་གྲུབ་པའི་ཚད་དུ་བླ་མ་གོང་མའི་ཕྱག་ཆེན་བཞེད་ཅིང༌། སྡོམ་འབྱུང་ལས། ཡང་ན་བུམ་པ་ ཅན་སྦྱོར་བས། །ཐམས་ཅད་དུ་ནི་འཆི་ལས་རྒྱལ། །བདག་ཉིད་རིག་པའི་རྐང་མཐིལ་བར། ། ཐམས་ཅད་རླུང་གིས་ཀུན་བཀང་སྟེ༑ ༑བུམ་པ་ཅན་ལ་བརྟན་བྱས་པས། །དབྱེ་བ་གསུམ་ གྱིས་གཞོམ་པར་བཤད། །ཐ་མ་སུམ་ཅུ་རྩ་དྲུག་ཙམ། །དེ་ལས་གཉིས་འགྱུར་འབྲང་ཡིན་ཏེ། ། སུམ་འགྱུར་མཆོག་ཏུ་ཤེས་པར་བྱ། །བུམ་པ་ཅན་དེ་རྒྱལ་བར་འགྱུར། །བུམ་པ་ཅན་སྔར་ ཤེས་བྱས་ནས། །བདག་ཉིད་དཀྱིལ་མོ་ཀྲུང་བཅས་ཏེ། །ལག་པ་ལན་གསུམ་མཉེས་ནས་ནི། ། དེ་ནས་ལན་གསུམ་སེ་གོལ་བརྡབ། །ཇི་སྲིད་སུམ་ཅུ་རྩ་དྲུག་ཙམ། །དེ་སྲིད་བུམ་པ་ཅན་བྱས་ ཏེ། །སུམ་འགྱུར་མཆོག་གི་གཞོམ་པར་ནི། །བརྒྱད་ལྷག་པ་ཡི་བརྒྱ་ཙམ་མོ། །ཞེས་བྱའོ། ། གསུམ་པ་ཉམས་རྟགས་ཇི་ལྟར་འཆར་བའི་ཚུལ་ནི། ཉམས་རྟགས་ལྔ་པོ་ཐམས་ཅད་ལ། དང་པོ་རྩུབ་ཉམས་ཟུག་ཟེར་དང་བཅས་པ་སྐྱོན་ཅན་དུ་འཆར། བར་དུ་ཅི་རིགས་པར་འཆར། མཐར་འཇམ་ཉམས་བདེ་སྟོང་དང་བཅས་པ་ཡོན་ཏན་དུ་སྐྱེ། ཞེས་གསུངས་ཏེ། མན་ངག་ གཞན་དང་སྒོ་བསྟུན་དུ་མཛད་པའོ། ཁྱད་པར་དུ་རླུང་ཉམས་གཡས་གཡོན་གྱི་རྒྱུ་བ་དང་བྲལ་ ཏེ། རྟག་ཏུ་དབུ་མར་འབབ་པ་དང༌། ལུས་ཀྱི་རྩ་གནས་སུ་ཐིག་ལེ་དང༌། རླུང་རྒྱུ་བ་མཐོང་བ་ དང༌། མངོན་ཤེས་འཆར་བ་ལ་སོགས་པ་འབྱུང་ངོ༌། །ཐུན་མཚམས་ལ་མ་ནིང་གི་རླུང་ངམ་ བར་རླུང་འཛིན་པ་ཞེས་བྱ་བ་སྟེང་སྲོག་ཀྱང་མི་འགྱུར་ལ། འོག་ཐུར་སེལ་ཡར་མི་འཐེན་པར་ སྲོག་ཐུར་རང་སོར་བཞག་སྟེ་སར་རླུང་གསུས་པ་ལྡིར་བར་བྱས་པ་རྒྱུན་བསྐྱངས་ཤིང་དེའི་ ངང་ནས་ལུས་འགུལ་སྐྱོད་ཁ་དོན་ཆོས་སྤྱོད་ཡང་བྱར་བཏུབ་པས་བྱའོ། །རྡོ་རྗེའི་ཚིག་བཞི་པ་ མ་ཆུད་ཅིང་མ་མཆིངས་ན། དྲག་རླུང་བཙན་ཐབས་ཀྱི་སྦྱོར་བས་ཉི་ཟླའི་ལམ་དགག་པ་ནི། བརྟག་གཉིས་ལས། ལོངས་སྤྱོད་ཀྱི་ནི་རླབས་གཉིས་ལ། །རང་གི་གཡས་དང་ལག་གཞན་ གྱི། །མཐེ་བོང་དང་ནི་སྲིན་ལག་གིས། །དེ་ནི་རྣལ་འབྱོར་པ་ཡིས་བཙིར། ། 1-1-469 དེ་ལས་ཡེ་ཤེས་སྐྱེ་བར་འགྱུར། །དེ་ལས་ཅི་ཞིག་སྐྱེ་ཞེ་ན། །གཞོན་ནུའི་དགའ་བ་ཇི་ ལྟའམ། །ལྐུགས་པའི་རྨི་ལམ་ཇི་ལྟ་བུའོ། །མཆོག་གི་དགའ་བ་དགའ་བྲལ་དབུས། །སྟོང་ དང་སྟོང་མིན་ཧེ་རུ་ཀ ། གཞན་ཡང༌། འདི་ནི་ཡེ་ཤེས་ཐིག་ལེ། མགོན་པོ་མངོན་བྱུང༌། མཁའ་ འགྲོ་རྒྱ་མཚོ་ལ་སོགས་རྒྱུད་མང་པོ་ལས་འབྱུང༌། འདི་ལ་ལུས་རྩའི་དུག་སྟངས་ནི། དཀྱིལ་ ཀྲུང་བདེ་བར་བཅའ། སྒལ་ཚིག་སྲང༌། ངག་རླུང་གི་སྦྱོར་བ་ནི། དབུག་རང་པོའམ་ཕྱི་ནས་ ཅུང་ཟད་རྔུབ་ལ་རྩ་ལོངས་སྤྱོད་ཀྱི་རྦ་རླབས་གཉིད་ལོག་ཆུང་འབྲིང་ཆེ་གསུམ་གྱི་ཆུང་ངུ་རྩེ་ ཆུང་གི་ཐད་ཀྱི་འཕར་རྩ་གཉིས་སྲིན་ལག་གི་རྒྱབ་ཏུ་གུང་མོ་བཞག་པ་དང་མཐེ་བོས་ལེགས་ པར་མནན། ཡང་ན་སོར་མོ་གཞན་རྣམས་ཀྱིས་མགྲིན་པའི་རྒྱབ་དང་མཐེ་བོང་གཉིས་འཕར་ རྩ་མནན་པས་བདེ་བའི་ཉམས་དང་སྣ་ཚོགས་སྟོང་གཟུགས་གཞོམ་མེད་ཀྱི་སྒྲ་ལ་སོགས་ ཉམས་སྣ་ཚོགས་འཆར། འདི་ནི་སྲོག་རྩོལ་གྱི་སྤོགས་ཆོག་ཏུ་བཞེད་དོ། །གཞན་ཡང་འདིས་ ནི། སྟོད་འཚངས་དང་རྒྱུ་མུ་གྲོགས་རྙེར་དང་རླུང་སྤྱི་བོར་འཆུར་དྲགས་པ་དང་དྲང་སྲོང་གིས་ ཕོག་པ་སོགས་ནད་སྣ་ཚོགས་ལ་ཕན་པས་གགས་སེལ་གྱི་མཆོག་ཀྱང་ཡིན་ནོ། །ལྔ་པ་འོག་ སྒོ་བཙན་ཐབས་སུ་འགགས་ན་སྟེང་སྲོག་འགྲོལ་བའི་སྦྱོར་བ་ནི། རྩ་སྒོ་འགགས་ན་གཞོག་ གཡོན་དང༌། ཆུ་སྒོ་འགགས་ན་གཞོག་གཡས་ཀྱི་ལག་པ་དང་མགོ་བོ་དྲག་ཏུ་བསྐྱོད་ཅིང་ ངག་ནས་ཧ་རིང་ཧ་ཐུང་གདོན། རླུང་དྲག་ཏུ་རྔུབ་ཅིང་འབུད་པར་བྱ་སྟེ། གཉིས་ཀ་འགགས་ ན་སྟོད་ཀྱི་ཐམས་ཅད་དུས་ལ་བྱའོ། །ཚིག་དྲུག་པ་ལྕེ་གསུམ་བསྐྱོད་པའི་སྦྱོར་པས་བདུད་རྩི་ བཏུང་ཞིང་བཅུད་མྱང་བ་ལ། དང་པོ་ནི༑ རྒྱུད་ཀྱི་རྒྱལ་པོ་ལས། དཀྱིལ་ཀྲུང་བཅིང་པ་བྱས་ ནས་ཕན་ཚུན་པོ་དག་རེག་པ་མིན་པར་ཁ་ནི་རྣམ་པར་ཕྱེ་བ་ཡིས། །ཕྱི་རོལ་རླུང་དག་བཀུག་ སྟེ་དེ་དང་བདུད་རྩིར་བཅས་པ་ལྟེ་བའི་དབུས་སུ་རབ་ཏུ་བཅུག་པ་ཡིས། །ཀུན་ཏུ་གདུང་བ་ དང་ནི་བཀྲེས་དང་སྐོམ་པ་འཕྲོག་ཅིང་མཆོག་གི་ལུས་ལ་དུག་ཀྱང་ཡན་ལག་འགོ ག །དཔྲལ་ 1-1-470 བར་ཐིག་ལེ་དཀར་པོ་དབྱངས་ཀྱིས་ཡོངས་སུ་བསྐོར་བ་བདུད་རྩི་སྤྲོ་བར་བྱེད་པ་ཡིས་ཀྱང་ ངོ༌། །ཞེས་གསུངས་ཏེ། དཔྲལ་བའི་འཁོར་ལོ་ཐིག་ལེ་དཀར་པོའི་ས་བོན་ཧཾ་ཡིག་དཀར་པོ་ ལ་ཨ་ཨི་རི་ཨུ་ལི། ཨ་ཨེ་ཨར་ཨོ་ཨལ། ཧ་ཡ་ར་ཝ་ལ་ཨཾ། ཞེས་པ་དབྱངས་ཡིག་དཀར་པོ་ བཅུ་དྲུག་གིས་བསྐོར་བ་ལས་བདུད་རྩིའི་རྒྱུན་དཀར་པོ་ལྕེ་ཆུང་གི་བར་དུ་སྤྲོ་ཞིང་འཛག་པ་ བསྒོམས་ལ། ལུས་དཀྱིལ་ཀྲུང་དང་རླུང་རོ་བུས་ལ་རླུང་ཁ་ནས་སྒྲ་བཅས་རྔུབ་ཅིང་མཆིལ་མ་ མེད་པ་དང་བཅས་པས་ལྕེ་རྩེ་གྱེན་ལས་ཟློག་ལ་རླུང་ལྟེ་བའི་དབུས་སུ་ཐུར་སེལ་དང་བསྲེས་ པ་བཟུང་ཞིང་འདི་མན་ཆད་བུམ་ཅན་དང་གཅིག་པར་བསྒོམ་མོ། ། གཉིས་པ་ཕན་ཡོན་ནི། ཀུན་ཏུ་གདུང་དང་ཚ་བའི་རིམས་དང་བཀྲེས་སྐོམ་དང༌། །དུག་ ནད་སེལ་ཞིང་དུས་མིན་འཆི་བ་ཡང་འགོག་གོ །ཞེས་སོ། ། ལྔ་པ་སྲོག་རྩོལ་གྱི་བྱེད་ལས་ལ་བཞི། སྲོག་རྩོལ་གྱི་སྒོ་ནས་ནད་བསལ་བ། དེའི་སྒོ་ནས་ ལས་ཚོགས་བསྒྲུབ་པ། དེའི་སྒོ་ནས་འཆི་བ་བསླུ་བ། དེའི་སྒོ་ནས་འཕོ་བ་སྦྱངས་པའོ། །དང་ པོ་ནི། སྔར་ཀྱི་དྲག་རླུང་བཙན་ཐབས་དང་སྟེང་སྲོག་དགྲོལ་བའི་སྒོ་ནས་བྱ་ལ། ནང་ལེའི་ རྒྱུད་ལས། ཐུར་སེལ་བསྐུམ་ན་འདོད་པར་འགྱུར་ཏེ་ལུས་མཆོག་དག་ལ་རླུང་གི་ནད་ནི་མ་ ལུས་དག་ལའོ། །སྲོག་རྩོལ་དག་ནི་པད་ཀན་མ་འགྱུར་སླར་ཡང་དེ་དག་གཏོང་བ་མཁྲིས་པ་ དག་གི་སྐྱོན་ལའོ། །སྟེང་དང་འོག་ནི་ཡང་དག་འགོག་པ་བདེ་བ་བྱེད་པར་འགྱུར་ཏེ་འདུས་ པ་དག་དང་རིམ་ལ་ཡང༌། །ལྟེ་བའི་སྟེང་དུ་སྲོག་གི་རླུང་ནི་མཐའ་དག་ནད་འཕྲོག་ལྟེ་བའི་རྩ་ བར་གཞན་པ་དག་ཀྱང་ངོ༌། །ཞེས་གསུངས་ཏེ། རྣལ་འབྱོར་པ་ལ་རླུང་གི་ནད་རླུང་སྟོད་དུ་ འཚངས་པ་དང་གཟེར་བ་ལ་སོགས་པ་བྱུང་ན་ལྟེ་བའི་འཁོར་ལོ་ལ་རྩ་འདབ་དྲུག་ཅུ་རྩ་བཞི་ དང༌། གསང་གནས་འཁོར་ལོའི་ཕྱི་བསྐོར་ལ་རྩ་འདབ་བཅུ་དྲུག་སྟེ། རླུང་གི་སྐྱོན་བྱེད་པའི་ རྩ་བརྒྱད་བཅུ་ཡོད་པས་དེ་རྣམས་ཁམས་མཉམ་པར་བྱ་བའི་དོན་དུ་ལུས་ཙོག་དཀྲུང་བྱ་ཞིང་ 1-1-471 སྒལ་ཚིག་སྲང༌། ལག་པ་པུས་འཁྱུད་ལྟར་བྱ། སྟེང་སྲོག་བཏང་སྙོམས་བཞག །ཐུར་སེལ་དྲག་ ཏུ་གྱེན་ལ་འཐེན་པ་གཞུ་ལྟར་འགུགས་པ་དང༌། ཕྱིར་ལ་ཕུལ་བ་མདའ་ལྟར་འཕེན་པ་དང༌། འཐེན་པ་ཕུལ་བ་ཡང་ཡང་བྱེད་པ་གསང་བ་ཉེར་བསྡུད་ཀྱི་རླུང་སྦྱོར་དང་གསུམ་ཡང་ཡང་ བྱས་པས་རླུང་ནད་མ་ལུས་པ་སེལ་ལོ། །པད་ཀན་ལས་གྱུར་པའི་ནད་བྱུང་པ་ན། དཔྲལ་བའི་ རྩ་འདབ་བཅུ་དྲུག་དང༌། གཙུག་ཏོར་གྱི་རྩ་འདབ་བཞི་སྟེ་བད་ཀན་གྱི་སྐྱོན་བྱེད་པའི་རྩ་ཉི་ཤུ་ ཡོད་པས། དེ་རྣམས་ཁམས་མཉམ་པར་བྱས་པའི་དོན་དུ། ལུས་གནད་གོང་བཞིན་ལ་པུས་ འཁྱུད་འཆུག་པའི་མེད་པ་ལག་པུས་འཁྱུད་བཞིན་དུ་འཁྱུད། ཐུར་སེལ་དྲག་པོར་བཞག་ནས་ རླུང་རོ་བུས་ལ་རླུང་རང་གནས་སུ་ལྟེ་འོག་ཏུ་གཞུག་ཅིང་ལྟེ་བར་གཏུམ་མོའི་མེའི་དམིགས་ པ་དང་བཅས་པས་ཡུན་རིང་དུ་བཟུང་བ་ཡང་ཡང་བསྒོམས་པས་པད་ཀན་ཀྱི་ནད་སེལ་ལོ། ། མཁྲིས་པའི་ནད་ཚད་པ་དང་རིམས་སོགས་བྱུང་ན། མགྲིན་པའི་རྩ་འདབ་སོ་གཉིས་དང༌། སྙིང་ཁའི་རྩ་འདབ་བརྒྱད་དེ་མཁྲིས་པའི་སྐྱོན་བྱེད་པའི་རྩ་བཞི་བཅུ་ཡོད་པས། དེ་རྣམས་ ཁམས་མཉམ་པར་བྱ་བའི་ཕྱིར་ལུས་དཀྱིལ་ཀྲུང་མཉམ་བཞག་ཚིགས་པ་སྲང༌། ངག་དང་ སེམས་བདུད་རྩི་ལྕེ་སྦྱོར་བཞིན་དུ་རླུང་ཁ་ནས་ཤིད་ཀྱིས་རྔུབ་ལ་བདུད་རྩི་དཀར་པོ་འབབ་ པ་དང་བཅས་པ་ཁོང་དུ་མིད་པས་ཚད་ནད་ལ་སོགས་པ་བཅོམ་ནས་རླུང་རོ་སྣ་བུག་གཉིས་ ནས་འབུད་པ་ཡང་ཡང་བྱས་པས་ཚད་ནད་སོགས་སེལ་ལོ། །འདུས་པའི་ནད་བྱུང་ན༑ གསང་ གནས་འཁོར་ལོའི་བར་བསྐོར་ཀྱི་རྩ་འདབ་བཅུ་པོའི་འདུས་པའི་སྐྱོན་བྱེད་པས་དེ་རྣམས་ ཁམས་མཉམ་པར་བྱ་བའི་ཕྱིར། ལུས་གནད་རླུང་སྦྱོར་སོགས་སྔར་བུམ་པ་ཅན་གྱི་སྐབས་སུ་ བསྟན་པ་བཞིན་དང༌། སྲོག་ཐུར་ཁ་སྦྱོར་ལྟེ་བ་དང་གསང་གནས་སུ་རེས་ཅན་དུ་བསྒོམས་ པས་འདུས་པའི་ནད་སེལ་ལོ། ། གཉིས་པ་སྲོག་རྩོལ་གྱི་སྒོ་ནས། ལས་ཚོགས་བསྒྲུབ་པ་ནི། དེ་ལྟར་སྔར་བསྟན་པའི་རླུང་ 1-1-472 སྦྱོར་རྣམས་བསྒོམས་པའི་ཚེ་སེམས་སྟོང་གཟུགས་ལ་ལྟ་བ་མ་ཤོར་བར་བྱས་པས་སྲོག་དང་ གཟུགས་བརྙན་གཉིས་ཀ་བདེ་བླག་ཏུ་འགྲུབ་ཅིང༌། དེ་གྲུབ་ན་ཞི་རྒྱས་ལ་སོགས་པའི་ལས་ ཚོགས་བདེ་བླག་ཏུ་འགྲུབ་སྟེ། སྒྲུབ་ལེར། ཁྱབ་བདག་གི་ནི་དཔལ་ལྡན་སྔར་དང་སངས་ རྒྱས་གཟུགས་ཀྱང་རྣལ་འབྱོར་པ་ཡི་དང་པོར་བསྒྲུབ་པར་བྱ། །ཕྱི་ནས་ཉི་མའི་དབྱེ་བ་རྣམས་ ཀྱིས་གནས་པ་ཡོན་ཏན་དཔག་ཏུ་མེད་པའི་ལས་རྣམས་འགྲུབ་པར་འགྱུར། །སྔགས་དང་ གཟུགས་བརྙན་མ་གྲུབ་པར་ནི་སྲིད་གསུམ་གནས་སུ་ཅི་ཡང་འགྲུབ་པར་འགྱུར་བ་ཉིད་མ་ ཡིན། །དེ་ཕྱིར་རྒྱལ་པོ་རང་སེམས་དྲི་མ་མེད་པར་བྲལ་བ་དག་ལས་སྔགས་དང་གཟུགས་ནི་ འགྲུབ་པར་བྱ། །ཞེས་པ་ངེས་པའོ། །ཞེས་པའི་འགྲེལ་པར། ད་ནི་ལས་གྲུབ་པའི་སླད་དུ་དང་ པོའི་ངེས་པ་གསུངས་པ་ཁྱབ་བདག་ཞེས་པ་ལ་སོགས་པའི་དེ་ཉིད་འདིར་རྣལ་འབྱོར་པས་ ལས་སྒྲུབ་པའི་སླད་དུ་དང་པོར་བསྒྲུབ་པ་བྱ་སྟེ། འཆད་པར་འགྱུར་བའི་བཟླས་པ་དང༌། སྦྱིན་ སྲེག་གི་ཆོ་གས་སྔགས་གཞན་འགྲུབ་པའི་སླད་དུ་དཔལ་ལྡན་སྔགས་ཞེས་པ་སྟེ༑ ཨོཾ་ཨཱཿཧཱུཾ་ ཞེས་པ་བསྒྲུབ་པར་བྱའོ། །དེ་བཞིན་དུ་བསམ་གཏན་གཞན་འགྲུབ་པའི་སླད་དུ་སངས་རྒྱས་ གཟུགས་ཞེས་པ་སྟོང་པ་ཉིད་ཀྱི་གཟུགས་མངོན་སུམ་བྱས་ཏེ་དེ་ལྟར་ཁྱབ་བདག་གི་དཔལ་ ལྡན་སྔགས་ཞེས་སོགས་རྒྱུ་ཇི་ལྟར་བ་བཞིན་ནོ། ། གསུམ་པ་སྲོག་རྩོལ་གྱི་སྒོ་ནས་འཆི་བ་བསླུ་བ་ནི། དབང་མདོར་བསྟན་པར། གཡོན་ པའམ་ན་གཡས་པ་ལ། མཚན་མོ་གཅིག་དང་དེ་བཞིན་སྔར་དང་ལྷག་པའི་རླུང་ནི་རབ་འབབ་ པ། དེ་ལས་ལོ་གསུམ་ནས་འཆིའོ། །གཡོན་པ་ཟླ་བའི་འཆི་ལྟས་ལ། སྣ་བུག་གཡོན་ཁོ་ན་ ནས་འཆི་ལྟས་ཀྱི་རླུང་ཉིན་ཞག་གཅིག་དང༌། གཡས་ཉི་མའི་འཆི་ལྟས་ལ། སྣ་བུག་གཡས་ཁོ་ ན་ནས་འཆི་ལྟས་ཀྱི་རླུང་ཉིན་ལྔ་བར་མ་ཆོད་པར་དུས་སྦྱོར་ལས་ལྷག་པའི་རླུང་རབ་ཏུ་འབབ་ ན་དུས་དེ་ནས་ལོ་གསུམ་ན་སྐྱེས་བུ་དེ་ཟླ་བ་དང་ཉི་མའི་འཆི་ལྟས་ཀྱི་འཆི་བར་འགྱུར་རོ། 1-1-473 ། ཞེས་པས་གཡས་གཡོན་དུ་དུས་སྦྱོར་ལ་ལྷག་པའི་རླུང་གང་ནས་རྒྱུ་ཡང་འཆི་ལྟས་ཡིན་པས་ དེ་ལྟར་དུ་མི་རུང་ཡང་ཡང་བརྟགས་ནས། སྔར་བསྟན་པའི་འཇམ་རླུང་གི་རླུང་བསྒོམ་ཞིང་ སེང་གེ་རྣམ་རོལ་ཡང་བྱའོ། །དེས་ཀྱང་མ་བཟློག་ན། རྩ་དབང་མདོར་བསྟན་རྒྱུད་ལས། འཆི་ ལྟས་མཚམས་ཉིད་ཤེས་ནས་ནི། །སྲོག་ཞི་ཐིག་ལེར་གཞུག་པར་བྱ། །ཨ་ཝ་དྷཱུ་ཏཱིའི་ཞབས་ བརྟེན་ནས། །མཆོག་ཏུ་མི་འགྱུར་བསྒོམ་པར་བྱ། །རྟག་ཏུ་རྡོ་རྗེ་བསླང་བར་བྱ། །ཟླ་ཉི་འགྲོད་ པ་འཇོམས་པ་ལས། །གཞན་དུ་ཀུན་དྷར་ཡན་ལག་ལ། །སྲོག་གི་རླུང་ནི་འཇུག་པ་མེད། ། འོག་ཏུའང་དུང་ཅན་མར་ཐུར་སེལ། །དེ་མ་ཞུགས་ལས་འཆི་བའོ། །འཆི་ལྟས་བསླུ་བའི་རྣལ་ འབྱོར་པའི། །འདི་ནི་དགའ་བ་རྣམས་ཀྱིས་འགྱུར། །ཞེས་དང༌། ས་བོན་གཏོང་བ་མིན་པ་ བདེ་བ་ཡིས་ནི་འཆི་བ་འཇིགས་འཕྲོག་འདི་ནི་དཔལ་ལྡན་བླ་མའི་ཞལ། །ཞེས་ཏེ། འདི་དག་ གི་ལག་ལེན་ནི། བླ་མའི་ཞལ་ནས་ཤེས་སོ། །བཞི་པ་སྲོག་རྩོལ་གྱི་སྒོ་ནས་འཕོ་བ་སྦྱངས་པ་ ནི། རྒྱུད་ལས། ནུས་མ་གང་ཞིག་ཅེས་སོགས་ནས། དེ་ཡི་དུས་སུ་ཐུར་དུ་སེལ་བ་མཆོག་གི་ བཙན་ཐབས་ཉིད་ཀྱིས་སྟེང་གི་ལམ་དུ་བསྐུལ་བར་བྱ། །ཟུང་གི་རླུང་དག་འགགས་པ་ན་ནི་ གཙུག་ཏོར་ཕུག་ནས་མཆོག་གི་གྲོང་ཁྱེར་གནས་སུ་འགྲོ་བར་འགྱུར། །ཞེས་དང༌། སྙན་རྒྱུད་ ལས། བར་དོར་སྤྱོད་པའི་མན་ངག་ནི། །འོག་རླུང་སྟེང་གི་བུ་གར་གདོན། །ཞེས་གསུངས་ པའི་དོན། ཆོས་རྗེ་ཀུན་སྤངས་པའི་ཞབས་ཀྱི་གདམས་པ་ནི། དབུས་ན་ཕ་མ་རང་སེམས་ས་ བོན་ཧྃ་ཨཿཧཱུཾ། ཟླ་ཉི་ནམ་མཁའི་མདོག་ཅན་གཙུགས། སྙིང་ནས་ཞུགས། སྲོག་རྩོལ་བསུ་ བསྐྱེལ་བསྡུ་བསྐྱེལ་བཙན་ཐབས་གཅིག་ཏུ་བསྡུས་བྱས་ལ། འདུན་པ་རྩེ་གཅིག་གང་འདོད་ གནས་སུ་འཕོ་བས་ཐོབ། །ཅེས་པ་སྟེ། འཁོར་བ་རྣམ་རྟོག་གི་རྩ་སྒོ་འགགས། མྱང་འདས་མི་ རྟོག་པའི་ཡེ་ཤེས་ཀྱི་རྩ་ཆེན་པོའི་སྒོ་ནས་འཕོ་བའོ། །འདིའི་ཕྱིན་དང་པོ་འཕོ་བ་སྦྱོར་བའི་ ཚུལ་དང༌། མཐར་ལས་ལ་སྦྱར་བའི་ཚུལ་དང་གཉིས་སུ་ཡོད་དེ། བླ་མའི་ཞལ་ནས་ཤེས་པར་ 1-1-474 བྱའོ། ། བཞི་པ་བསྒོམས་པའི་རྟགས་ཚད་གཉིས་ལས། ཉམས་རྟགས་ཇི་ལྟར་འཆར་བའི་ཚུལ་ ནི། གོང་དུ་བསྟན་ཟིན་ལ། གཉིས་པ་ཚད་མ་གང་ཡིན་ནོ། །སྲོག་རྩོལ་གྱི་ཏིང་ངེ་འཛིན་འདི་ རྣལ་འབྱོར་མངོན་སུམ་གྱི་ནང་ཚན་གྱི་ཡིད་ཀྱི་མངོན་སུམ་མོ། ། ལྔ་པ་དག་བྱ་དག་བྱེད་ཀྱི་དབྱེ་བ་ལས། དག་པའི་གཞི་ནི། སེམས་ཅན་ཐམས་ཅད་ལ་ གདོད་མ་ནས་བཞུགས་པའི་དང་པོའི་སངས་རྒྱས་ཡེ་ཤེས་ཀྱི་སྐུ་འདུ་བྱེད་ཀྱི་ཕུང་པོ་གཞན་ རྒྱལ་བ་དོན་ཡོད་གྲུབ་པ་ལ་སོགས་པ་རླུང་ཁམས་པ་དྲུག་ཚན་གཅིག་ཡིན་ལ། དག་བྱ་ནི། མ་ དག་པ་འཁོར་བའི་འདུ་བྱེད་ལ་སོགས་པའི་ཕུང་པོ་དྲུག་ཚན་གཅིག་ཡིན་ཞིང༌། དག་བྱེད་ནི། རྒྱལ་བ་དོན་ཡོད་གྲུབ་པའི་རིགས་ཀྱི་ཏིང་ངེ་འཛིན་སྲོག་རྩོལ་གྱི་ཡན་ལག་སྟེ་འདི་ལ་བརྩོན་ འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལམ་ཞེས་བཞེད་དོ། །དག་བྱེད་ལ་དབྱེ་ན། གཡོན་དང་གཡས་ ཀྱི་དཀྱིལ་འཁོར་བཅུ་པོ་དབུ་མ་ཨ་ཝ་དྷཱུ་ཏཱིར་འདྲེས་པར་གྱུར་པའི་དབྱེ་བས། སྲོག་རྩོལ་རྣམ་ པ་བཅུ་སྟེ། རྒྱུད་ཀྱི་རྒྱལ་པོ་དང་འགྲེལ་པར། སྲོག་རྩོལ་དག་ཀྱང་རལ་གྲི་ཅན་ནོ་ཞེས་པ་ འདུ་བྱེད་ཀྱི་ཕུང་པོ་སྟེ་རྣམ་པ་བཅུ་ནི། གཡོན་དང་གཡས་ཀྱི་དཀྱིལ་འཁོར་བཅུ་པོ་གཅིག་ཏུ་ འདྲེས་པར་འགྱུར་བ་ཉིད་ཀྱི་ཕྱིར་རོ། །ཞེས་གསུངས། དྲུག་པ་བསྒོམ་པ་ཐོབ་པའི་འབྲས་བུ་ནི། རྒྱུད་ཀྱི་རྒྱལ་པོ་ལས། སྲོག་རྩོལ་གྱིས་ནི་དག་ པ་རི་བོང་ཅན་དང་ཉི་མ་དང་བྲལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཆོད། །ཅེས་གསུངས་ ཏེ། གནས་སྐབས་ཀྱི་འབྲས་བུ་རླུང་གཡས་དང་གཡོན་ལ་ཡོན་པོར་རྒྱུ་བ་དང་བྲལ་ནས་དབུ་ མ་འབའ་ཞིག་ནས་རྒྱུ་བའི་མཐུ་ལས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཆོད་ཅིང་སངས་ རྒྱས་རྣམས་ཀྱིས་ལུང་བསྟན་པ་ལ་སོགས་པ་ཐོབ་ཅིང༌། མཐར་ཐུག་གི་འབྲས་བུ་ཀུན་རྫོབ་ ཀྱི་འདུ་བྱེད་ཀྱི་ཕུང་པོ་སོགས་དྲུག་ཚན་གཅིག་འགགས་ནས། སངས་རྒྱས་རྣམས་ཀྱི་ཕུང་ 1-1-475 པོ་གཞན་རྒྱལ་བ་དོན་གྲུབ་ལ་སོགས་པ་དྲུག་ཚན་གཅིག་སྒྲིབ་པ་དང་བྲལ་བར་གནས་གྱུར་ པའི་འབྲས་བུ་ཐོབ་པར་འགྱུར་རོ། །ཉི་ཟླ་གཉིས་པོ་སྒྲ་གཅན་ཁ་རུ་ཆུག །ཐུར་སེལ་གཉིས་ ཀྱང་དུས་མེའི་ཁར་ཆུད་པས། །རྟག་ཏུ་མཉམ་བགྲོད་ཡེ་ཤེས་རླུང་གྱུར་པ། །སྲོག་རྩོལ་ཡན་ ལག་ཀུན་གྱིས་འབྱོངས་པར་ཤོག །དོན་གྲུབ་ལ་སོགས་སངས་རྒྱས་ཐོབ་པར་ཤོག ། ༈ གཉིས་པ་བརྟན་བྱེད་འཛིན་པའི་ཡན་ལག་ལ་དྲུག འཛིན་པའི་མཚན་ཉིད། བསྒོམ་ པའི་དུས་མཚམས། བསྒོམ་ཚུལ་གྱི་ཡན་ལག །བསྒོམ་པའི་རྟགས་ཚད། དག་བྱ་དག་བྱེད་ཀྱི་ དབྱེ་བ། བསྒོམ་པས་ཐོབ་པའི་འབྲས་བུའོ། ། དང་པོ་ནི། རྒྱུད་ཀྱི་རྒྱལ་པོ་ལས། ཐིག་ལེར་སྲོག་ནི་རབ་ཏུ་ཞུགས་ཤིང་གཉིས་ཀའི་ བགྲོད་པ་བཅོམ་སྟེ་རྩེ་གཅིག་སེམས་དཔའ་འཛིན་པའོ། །ཞེས་པའི་འགྲེལ་པར། འདིར་ ཐེག་ལེར་ཞེས་པ་དཔྲལ་བར་སྲོག་ནི་རབ་ཏུ་ཞུགས་ཤིང་གཉིས་ཀའི་བགྲོད་པ་བཅོམ་པ་ ཞེས་པ་འགྲོ་བ་དང་འོང་བ་དང་བྲལ་བ་ནི་རྩེ་གཅིག་སེམས་དཔའ་ཞེས་བྱ་བ་དཔྲལ་བར་ སྲོག་འཛིན་པའོ། །ཞེས་པ་སྟེ། འཛིན་པའི་མཚན་ཉིད་དུ་གསུངས་སོ། །རྒྱུད་ཕྱི་མར་ཡང༌། འབྱུང་བ་དང་ནི་འཇུག་པས་དམན་པར་སླར་ཡང་བྱེད་དེ་འཛིན་པའི་ཡན་ལག་གིས་ནི་ཐིག་ ལེར་རོ། །ཞེས་དང༌། བདེ་མཆོག་བསྟོད་འགྲེལ་ནས་ཀྱང༌། དེ་ནས་འཛིན་པ་ཞེས་བྱ་བ་ནི་ལྟེ་ བ་དང་སྙིང་ཁ་དང་མགྲིན་པ་དང་དཔྲལ་བ་སྟེ་དབང་ཆེན་དང་ཆུ་དང་མེ་དང་རླུང་གི་དཀྱིལ་ འཁོར་རྣམས་སུ་སྲོག་ཞུགས་པ། ཕྱི་རོལ་ཏུ་འགྲོ་བ་མེད་པར་ཐིག་ལེ་ལ་སྲོག་གནས་པ་ཞེས་ པ་འཛིན་པའི་ཡན་ལག་ཏུ་བརྗོད་དོ། །ཞེས་པ་དང༌། ཤ་བ་རིའི་གཞུང་ཆུང་ལས། སྲོག་རླུང་ ཐིག་ལེའི་ནང་ཆུད་པས། །རླུང་སེམས་བདེ་ཆེན་འཁོར་ལོའམ། །ཧཾ་གི་ཐིག་ལེར་འཛིན་པ་ནི། ། འཛིན་པ་ཡིས་ནི་ཡན་ལག་གོ །ཞེས་པས། བུམ་པ་ཅན་ཀྱི་ལྟེ་བར་དཀྱིལ་འཁོར་བཅུ་དང༌། སྲོག་ཐུར་གཅིག་ཏུ་འདྲེས་པའི་གོང་བུ་དེ་ལྟེ་བ་ནས་སྙིང་ཁ་དང་མགྲིན་པ་དང་དཔྲལ་བ་དང་ 1-1-476 གཙུག་ཏོར་དང་དེ་ནས་ཐུར་དུ་གུག་ནས་སྨིན་མཚམས་ཀྱི་བར་རིམ་གྱིས་སྟེང་དུ་སོང་སྟེ་སྣ་ བུག་ལས་ཕྱིར་འགྲོ་བ་མེད་པས་དཔྲལ་བར་སྲོག་འགྲོ་མེད་དུ་ཡུན་རིང་དུ་འཛིན་ནུས་པས་ ན་འཛིན་པའི་ཡན་ལག་ཞེས་བྱའོ། ། གཉིས་པ་བསྒོམ་པའི་དུས་མཚམས་ནི། ལྟེ་བའི་སྟེང་དུ་ སྲོག་རླུང་དབུ་མར་རྟག་ཏུ་འབབ་པར་གྱུར་པ་དང༌། འོག་ཏུ་ཐུར་སེལ་གྱི་རླུང་དུང་ཅན་མར་ འབབ་པར་གྱུར་པ་ན་ལྟེ་བའི་འཁོར་ལོ་སྲོག་ཐུར་སེལ་གཅིག་ཏུ་སྦྱོར་ཞིང་བསྲེ་བར་ནུས་ པས་ན་འཛིན་པའི་ཡན་ལག་བསྒོམ་པར་བྱའོ། ། གསུམ་པ་བསྒོམ་ཚུལ་གྱི་ཡན་ལག་ལ། འཛིན་པ་བྱ་བའི་ཡུལ་དང༌། འཛིན་པ་བསྒོམ་ པའི་དགོས་པ་དང༌། འཛིན་པ་ཅི་ཙམ་བར་དུ་བསྒོམ་པ་དང༌། འཛིན་པ་ཇི་ལྟར་བསྒོམ་པའི་ ཚུལ་དང་བཞིའོ། །དང་པོ་ནི། སྙན་རྒྱུད་ལས། ཡུལ་ནི་བདེ་བའི་རླུང་ཉིད་དེ། །བརྟན་པར་ འཛིན་པས་འཛིན་པའོ། །ཞེས་གསུངས་པས། སྟེང་སྲོག་དང་འོག་ཐུར་སེལ་གྱི་རླུང་ལྟེ་བར་ གཅིག་ཏུ་སྦྱོར་བས་ཐིག་ལེ་མི་འཕོ་བའི་བདེ་བའི་རླུང་ནི་བསྒོམ་པར་བྱ་བའི་ཡུལ་ལོ། ། གཉིས་པ་ནི། བྱང་སེམས་ཐིག་ལེ་མི་འཕོ་བའི་བདེ་བ་ཆེན་པོ་གོང་ནས་གོང་དུ་འཕེལ་ བའི་དོན་དུ་བསྒོམས་ཏེ་སྲོག་རྩོལ་གྱི་དགོས་པ་དང་དོན་དེ་དག་གོ །སྙན་རྒྱུད་ལས་ཀྱང༌། རླུང་སེམས་རབ་ཏུ་བརྟན་བྱའི་ཕྱིར། །འཛིན་པའི་ཡན་ལག་བསྒོམ་པར་བྱ། །ཞེས་སོ། ། གསུམ་པ་ནི། དཔྲལ་བའི་འཁོར་ལོའི་ལྟེ་བར་རླུང་སེམས་ཟིན་ཅིང་ལྟེ་བར་གཏུམ་མོའི་ མེ་དྲོད་ཐོག་མ་བྱུང་བྱུང་གི་བར་དུ་བསྒོམ་པར་བྱ་ཞིང༌། དེ་ནས་རྗེས་དྲན་བསྒོམ་པར་བྱའོ། ། བཞི་པ་ལ། བསྒོམ་པའི་གནས་ཀྱི་ངེས་པ་དང༌། ལུས་གནད་འདུག་སྟངས་ཀྱི་ངེས་པ་ དང༌། ལྟ་སྟངས་ཀྱི་ངེས་པ་དང༌། བསྒོམ་ཚུལ་གྱི་ངེས་པ་དང་བཞི་ལས། དང་པོ་གསུམ་ནི། སྲོག་རྩོལ་གྱི་སྐབས་ཇི་ལྟ་བ་བཞིན་བྱའོ། ། བཞི་པ་ལ་གསུམ། སྔོན་ལྟེ་བར་གཏུམ་མོའི་མེ་འབར་བྱེད་དྲག་རླུང་སྲོག་ཐུར་བསྲེ་བ་ 1-1-477 དང༌། འདྲེས་ནས་འཁོར་ལོ་རྣམས་ཀྱི་ལྟེ་བར་ཁ་སྦྱོར་བསྒོམས་པས་འཆི་མེད་བསྒྲུབ་པ་དང༌། དེའི་ཡན་ལག་ཏུ་འཁོར་ལོ་རྣམས་སུ་བདུད་རྩི་ལྕེ་སྦྱོར་གྱི་ནད་མེད་སྒྲུབ་པ། དང་པོ་ནི། ལུས་ གནད་བུམ་པ་ཅན་ཡིན་ལ། ངག་རླུང་གི་སྦྱོར་བ་ནི། སྟེང་དུ་སྲོག་རླུང་མ་བཅིངས་ན་འོག་ ཐུར་སེལ་མི་འགགས་པས་འཛིན་པ་མི་ཐོབ་ལ། སྟེང་དུ་སྲོག་བཅིངས་པའི་སྒོ་ནས་སྲོག་ཐུར་ བསྲེ་བའི་སྦྱོར་བ་བྱ་བ་ནི། འོག་སྒོ་དྲག་ཏུ་སྟེང་དུ་འཐེན་ཏེ་ཕྱི་རོལ་ཧཱུཾ་རིང་གིས་རིང་དུ་བུས་ ནས་ནང་རླུང་ཧཱུཾ་ཐུང་གིས་སྲོག་ཐུར་སེལ་འདྲེས་པར་བསྲེས་ནས་གསང་གནས་སུ་ནོན་པར་ མནན། གསང་རླུང་ཧཱུཾ་གིས་དྲག་ཏུ་སྟེང་དུ་འཐེན་ཏེ་མིག་དང་ལྕེ་དང་ལྟེ་བ་གྱེན་དུ་བཟློག་ ཕཊ་ཀྱིས་འོག་ཏུ་དྲག་ཏུ་མནན་ནས་ལྟེ་བ་ཕྱིར་འབུར་ན་ལན་འགའ་བྱས་ནས་སླར་ཡང་ཕྱི་ རླུང་ཧཱུཾ་རིང་གིས་འབུད་དོ། །རྩ་རྒྱུད་ལས། རྣལ་འབྱོར་པ་དེས་ཧཱུཾ་ཕཊ་བྱ། །ཞེས་པའི་དགོངས་ པར་བཞེད་དོ། །འདིའི་སྤོགས་ཆོག་ནི། ཧཱུཾ་གིས་ཡར་ཕུལ་བ་དང་ཕཊ་ཀྱིས་མནན་པ་གཉིས་ ཀ་དྲག་ཏུ་བྱེད་པའོ། ། གཉིས་པ་ནི། བདེ་མཆོག་བསྟོད་འགྲེལ་ལས། འདུས་པ་ཕྱི་མའི་ལུང་དྲངས་ནས་བཤད་ པ་མཛད་པ། དེ་སྐད་དུ། འདུས་པ་ཕྱི་མར་བཅོམ་ལྡན་འདས་ཀྱིས་གསུངས་པ། རིན་ཆེན་ལྔ་ ཡི་རང་བཞིན་དབུགས། །སངས་རྒྱས་ལྔ་ཡིས་བྱིན་བརླབས་པ། །གོང་བུའི་གཟུགས་ཀྱིས་ ཕྱུང་ནས་ནི། །སྣ་ཡི་རྩེ་མོར་རྣམ་བསྒོམ་བྱ། །ཞེས་པ་སྟེ། འདིར་རིན་ཆེན་ལྔའི་སྒྲས་ར་པ་ ནཱ་དཀྱིལ་འཁོར་ལྔའི་ཆོས་ཅན་ས་ལ་སོགས་པ་ཁམས་ལྔ་པོ་རྣམས་སོ། །དེའི་རང་བཞིན་ དབུགས་ནི་རིན་ཆེན་ལྔའི་དབུགས་ཏེ་སྣ་བུག་གཡས་པ་ལའོ། །དེ་བཞིན་དུ་སངས་རྒྱས་ལྔ་ ནི་ལ་ལ་ནཱ་དཀྱིལ་འཁོར་ལྔའི་ཆོས་ཅན་རྣམ་པར་ཤེས་པ་ལ་སོགས་པའི་ཕུང་པོ་ལྔ་པོ་རྣམས་ སོ། །དེས་བྱིན་གྱིས་རླབས་པའི་དབུས་ནི་སྣ་བུག་གཡས་པ་ལའོ། །གོང་བུའི་གཟུགས་ཀྱིས་ ཕུང་ནས་ནི་ཞེས་པ་འདིར་གོང་བུ་ནི་གཡས་པ་དང་གཅིག་ཤོས་ཀྱི་དཀྱིལ་འཁོར་རྣམས་ཀྱི་ 1-1-478 སྲོག་གི་རླུང་དབུ་མ་ཨ་ཝ་དྷཱུ་ཏཱིར་གཅིག་པ་ཉིད་དོ། །དེ་ཡང་སྲོག་གི་རླུང་གོང་བུའི་གཟུགས་ ཀྱིས་ཕྱུང་ནས་ནི། སྣ་ཡི་རྩེ་མོར་རྣམ་བསྒོམ་བྱ། །ཞེས་པ་འདིར་སྣའི་སྒྲས་ལྟེ་བ་དང་སྙིང་ ཁ་དང་མགྲིན་པ་དང་དཔྲལ་བ་དང་གཙུག་ཏོར་གྱི་པད་མའི་ལྟེ་བར་བརྗོད་དེ། དེའི་རྩེ་མོར་ བསྒོམ་པ་ནི་སྣའི་རྩེ་མོར་བསྒོམ་པ་སྟེ། ལྟེ་བ་རྣམས་ཀྱི་དབུས་གཡས་པ་དང་གཅིག་ཤོས་ཀྱི་ པད་མའི་འདབ་མ་ལ་གནས་པ་ལའོ། །དེ་ལྟར་དེ་རྣམས་ཉིད་ཀྱིས་ཐིག་ལེའི་གནས་སུ་གོང་ བུའི་གཟུགས་ཀྱི་སྲོག་འགགས་པ་དེ་ནི་འཛིན་པར་བརྗོད་དོ། །ཞེས་པས་གོང་བུའི་གཟུགས་ ཀྱིས་ཕྱུང་ཞེས་པའི་བར་ཀྱིས་སྲོག་རྩོལ་བསྟན་ལ། དེ་མན་གྱིས་འཛིན་པ་བསྟན་པ་ཡིན་ ཞིང༌། འགྲེལ་ཆེན་ལས། ཚོར་བའི་ཕུང་པོ་སྟེ་སྲོག་འཛིན་པ་ལྟེ་བ་དང་སྙིང་ཁ་དང་མགྲིན་པ་ དང་དཔྲལ་བ་དང་གཙུག་ཏོར་གྱི་པད་མ་ལ་འགྲོ་བ་དང་འོང་བའི་དབྱེ་བས་རྣམ་པ་བཅུའོ། ། ཞེས་དང༌། གསང་འདུས་ལས། བརྟན་གྱི་རྡོ་རྗེའི་ལམ་ནས་ནི། །ནམ་མཁའི་ཁམས་སུ་སྤྲོ་ བར་བྱ། །ཞེས་པ་ཐོག་མར་ལྟེ་བར་བུམ་ཅན་སྒོམ་མོ། །དེ་བསྟན་ནས་སྙིང༌། དེ་ནས་མགྲིན་ པ། དེ་ནས་དཔྲལ་བ། དེ་ནས་གཙུག་ཏོར་དུ་བུམ་ཅན་བསྒོམ། ཡང་གཙུག་ཏོར་དུ་བསྒོམས་ ནས་དཔྲལ་བ་སྙིང་ཁ་ལྟེ་བ་གསང་གནས་སུ་བསྒོམས་ཏེ། དྲི་མེད་འོད་དུ། དེ་ལྟར་གནས་ དྲུག་པོ་རྣམས་སུ་རིགས་དྲུག་གི་དབང་གིས་སྲོག་ཡང་དག་པར་བསྡོམས་པ་ལས་གྲུབ་པར་ བཅོམ་ལྡན་འདས་ཀྱིས་གསུངས་སོ། །ཞེས་པ་ལས་སྣ་ཚོགས་འགྲུབ་པའི་ཟོལ་གྱིས་འཛིན་ པའི་ཏིང་ངེ་འཛིན་བཀའ་སྩལ་ཏོ། ། གསུམ་པ་ནི། འཁོར་ལོ་དྲུག་པོ་དེ་རྣམས་སུ་སྐབས་སྐབས་སུ་ལྕེ་གསུམ་བསྐྱོད་པའི་ བདུད་རྩི་བཏུང་བའི་རླུང་སྦྱོར་བསྒོམ་པའོ། ། བཞི་པ་བསྒོམ་པའི་རྟགས་ཚད་ལ། ཉམས་རྟགས་ཇི་ལྟར་འཆར་བའི་ཚུལ་ནི། སྟོང་ གཟུགས་དང་གཞོམ་མེད་ཀྱི་སྒྲའི་སྣང་བ་འུར་ལངས་བ་དང༌། རེས་འགའ་སྟོང་པའི་ཉམས་ 1-1-479 ཤས་ཆེན་པོ་འབྱུང་སྟེ༑ དེ་དག་གང་ལ་ཡང་སྐྲག་པར་མི་བྱ་བར་ཉམས་གང་བྱུང་བྱུང་རྒྱལ་དུ་ བསྐྱང་བའི་གནད་ལ་མཁས་པར་བྱ་ཞིང༌། སྲོག་དང་ཐུར་སེལ་གྱི་རླུང་ལྟེ་བར་འཐབས་པས་ གཏུམ་མོའི་མེ་འབར་ནས་ཟོས་འཐུངས་ཅི་ཙམ་བྱས་པ་ཐམས་ཅད་ཀྱི་སྙིགས་མ་གཏུམ་མོའི་ མེས་བསྲེགས་པས་དྲི་ཆེན་དྲི་ཆུ་མི་འཛག་ཅིང༌། ནད་དུ་མི་འགྱུར་བ་དང༌། དྭངས་མ་མི་འཛག་ པས་ལུས་ཀྱི་སྟོབས་དང་མདངས་འཕེལ་ཞིང༌། དུས་མ་ཡིན་པར་འཆི་བའི་འཇིགས་པ་ལས་ ཀྱང་གྲོལ་ཏེ། སྙན་རྒྱུད་ལས། མ་ཟོས་བཀྲེས་མེད་ཟོས་ཀྱང་འཇུ། །ཐུར་སེལ་མི་འཛག་བདེ་ བ་འཛག །སྒྱུ་འཕྲུལ་རྡོ་རྗེ་གསུས་པོ་ཆེ། །ལུས་ཡང་ལ་སོགས་མི་རྟོག་བདེ། །ཞེས་དང༌། ཚེ་ རིང་ནད་མེད་ཁམས་ཆ་སྙོམས། །ཞེས་གསུངས་སོ། །འཛིན་པའི་ཡན་ལག་འདི་ཚད་མ་གང་ ཡིན་པའི་ཚུལ་ནི། སྲོག་རྩོལ་དང་འདྲའོ། ། ལྔ་པ་དག་བྱ་དག་བྱེད་ཀྱི་དབྱེ་བ་ལ། དག་པར་བྱ་བའི་གཞི་ནི། སེམས་ཅན་ཐམས་ཅད་ ལ་གདོད་མ་ནས་བཞུགས་པའི་དང་པོའི་སངས་རྒྱས་ཀྱི་སྐུའི་ཚོར་བའི་ཕུང་པོ་གཞན་རྒྱལ་བ་ རིན་ཆེན་འབྱུང་ལྡན་ལ་སོགས་པ་མེ་ཁམས་པ་དྲུག་ཚན་གཅིག་ཡིན་ལ། དག་བྱ་ནི། མ་དག་ པ་འཁོར་བའི་ཚོར་བའི་ཕུང་པོ་ལ་སོགས་པ་དྲུག་ཚན་གཅིག་ཡིན་ཞིང༌། དག་བྱེད་ནི། རྒྱལ་ བ་རིན་ཆེན་འབྱུང་ལྡན་གྱི་རིགས་ཀྱི་ཏིང་ངེ་འཛིན་གྱི་ཡན་ལག་སྟེ། འདི་ལ་བཟོད་པའི་ཕ་ རོལ་ཏུ་ཕྱིན་པའི་ལམ་ཞེས་བརྗོད་དོ༑ ༑ དག་བྱེད་ལ་དབྱེ་ན་བཅུ་སྟེ། སྲོག་གི་འཛིན་པ་ལྟེ་བ་དང་སྙིང་ཁ་དང་མགྲིན་པ་དང་ དཔྲལ་བ་དང་གཙུར་གཏོར་གྱི་པད་མ་རྣམས་ཀྱི་ལྟེ་བ་དབུ་མ་ལ་ལྟེ་བའི་དབུས་ནས་གཙུག་ ཏོར་གྱི་པད་མའི་དབུས་དང་དེ་ལས་ཀྱང་མཛོད་སྤུའི་བར་འགྲོ་བ་དང༌། སླར་ཡང་ལྟེ་བའི་ བར་འོང་བའི་དབྱེ་བས། རྒྱུད་ཀྱི་རྒྱལ་པོ་དང་འགྲེལ་པ་ལས། སླར་ཡང་རྣམ་པ་བཅུ་སྟེ་འཛིན་ པ་ཕྱག་ན་རིན་ཆེན་ནོ། །ཞེས་པ་ནི་ཚོར་བའི་ཕུང་པོ་ལ་སོགས་ཏེ་ཞེས་སོགས་སོ། ། 1-1-480 དྲུག་པ་བསྒོམ་པས་ཐོབ་པའི་འབྲས་བུ་ནི། རྒྱུད་ཀྱི་རྒྱལ་པོ་ལས། བདུད་དང་ཉོན་ མོངས་ལ་སོགས་ཉམས་ཤིང་སྟོབས་བཅུ་ལ་ནི་འཇུག་པར་འགྱུར་ཏེ་འཛིན་པའི་སྟོབས་ཀྱིས་ སོ། །ཞེས་དང༌། འགྲེལ་པར། སྟོང་པ་ཉིད་ཀྱི་གཟུགས་བཟུང་བའི་སེམས་ལ་འཇུག་པར་ འགྱུར་ཏེ་འཛིན་པའི་སྟོབས་ཀྱིས་སོ། །ཞེས་པ་ནི། སྲོག་འགྲོ་བ་དང་འོང་བ་ཟད་པས་གཅིག་ ཏུ་འདྲེས་པར་གྱུར་པས་སོ། །ཞེས་གསུངས་ཏེ། གནས་སྐབས་ཀྱི་འབྲས་བུ་ནི། དབུགས་འགྲོ་ འོང་ཟད་པའི་སྟོབས་ཀྱིས་རྣལ་འབྱོར་པའི་སེམས་སྟོབས་བཅུའི་བདག་ཉིད་སྟོང་གཟུགས་ དང་གཅིག་ཏུ་འདྲེས་པ་ལྟ་བུར་འགྱུར་ཞིང༌། མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་དུ་ མ་ཐོབ་ཅིང༌། མཐར་ཐུག་གི་འབྲས་བུ་རྣལ་འབྱོར་པའི་སྒྲིབ་བཅས་ཀྱི་ཚོར་བའི་ཕུང་པོ་དང་ མེ་ཁམས་པ་ལ་སོགས་པ་འགགས་ནས། གཞི་ལ་གདོད་མ་ནས་བཞུགས་པའི་ཚོར་བའི་ཕུང་ པོ་གཞན་རྒྱལ་བ་རིན་འབྱུང་ལ་སོགས་པ་དྲུག་ཚན་གཅིག་སྒྲིབ་པ་དང་བྲལ་བར་གནས་གྱུར་ པའི་འབྲས་བུ་ཐོབ་པར་འགྱུར་རོ། །ཉི་ཟླ་གཉིས་པོ་སྒྲ་གཅན་ལམ་ཞུགས་པས། །སྲོག་རླུང་ དཔྲལ་བའི་ཐིག་ལེར་བཅིངས་པ་ཡིས། །བྱང་ཆུབ་སེམས་ཀྱང་དཔྲལ་བར་འཛིན་ནུས་པའི། ། འཛིན་པའི་ཡན་ལག་ཀུན་གྱིས་འབྱོངས་པར་ཤོག །རིན་འབྱུང་ལ་སོགས་སངས་རྒྱས་ཀུན་ ཐོབ་ཤོག །སྲོག་རྩོལ་དང་འཛིན་པ་ཉེ་བར་སྒྲུབ་པའི་ཡན་ལག་གསུང་རྡོ་རྗེའི་རྣལ་འབྱོར་ བར་དུ་དགེ་བའི་ཁྲིད་ཡིག་འདི་རྒྱུད་འགྲེལ་དང་བླ་མའི་བཀའ་བཞིན་དུ་དུས་ཀྱི་འཁོར་ལོ་པ་ ལྷའི་རྒྱལ་མཚན་གྱིས་སྦྱར་བའོ།། །།མཾགྷལཾ། བྷཝནྟུ། 1-1-481 ༄༅། །ཟབ་ལམ་རྡོ་རྗེ་རྣལ་འབྱོར་གྱི་ཐ་མར་ དགེ་བའི་ཁྲིད་ཡིག་ བཞུགས་སོ། ། ༄༅། །རྒྱལ་བ་སྣང་མཐའ་རྣམ་སྣང་ངོ་བོ་ཉིད། །ཆོས་རྗེ་བླ་མའི་ཞབས་ལ་ཕྱག་འཚལ་ ནས། །སྒྲུབ་པ་སྒྲུབ་ཆེན་ཐ་མར་དགེ་བའི་ཁྲིད། །ཐུགས་དང་ཡེ་ཤེས་རྡོ་རྗེའི་རྣལ་འབྱོར་བྲི། ། འདིར་མི་སྤྱི་དོན་ན་གསུམ་པ་ཐ་མར་དགེ་བའི་ཁྲིད། རྗེས་དྲན་བསྒྲུབ་པའི་ཡན་ལག་གཏུམ་ མོ་ཐིག་ལེའི་རྣལ་འབྱོར་དང༌། ཏིང་ངེ་འཛིན་བསྒྲུབ་པ་ཆེན་པོའི་ཡན་ལག་བདེ་བའམ་ཕྲ་ མོའི་རྣལ་འབྱོར་རོ། ། དང་པོ་ལ་དྲུག་སྟེ། རྗེས་དྲན་གྱི་མཚན་ཉིད། རྗེས་དྲན་བསྒོམ་པའི་དུས་མཚམས། རྗེས་ དྲན་གྱི་ཡན་ལག །རྗེས་དྲན་གྱི་རྟགས་ཚད། དག་བྱ་དག་བྱེད་ཀྱིས་དབྱེ་བ། གནས་སྐབས་ མཐར་ཐུག་གི་འབྲས་བུའོ། ། དང་པོ་ནི། སྒྲུབ་ལེའི་རྒྱུད་དུ། གཏུམ་མོའི་སྣང་བར་གང་ཞིག་གྱུར་པ་ངེས་པར་ལུས་ དང་ནམ་མཁའ་ལྔ་ཡང་རྗེས་སུ་དྲན་པར་འགྱུར། །ཞེས་པའི་འགྲེལ་པར། གཏུམ་མོའི་སྣང་ བ་གང་ཞིག་སྲིད་པ་གསུམ་གྱིས་ནམ་མཁའ་ལ་གྱུར་པ་དེ་ནི་རྗེས་དྲན་པ་སྟེ་རྣམ་པ་བཅུར་ སྔར་གསུངས་སོ། །ཞེས་པའི་སྲོག་ཐུར་སེལ་ལྟེ་བར་གཅིག་ཏུ་སྦྱོར་ཞིང་དབུ་མར་ཡེ་ཤེས་ཀྱི་ རླུང་གཡོ་མེད་དུ་གནས་པའི་གཏུམ་མོའི་སྣང་བ་ཞེས་པ་རང་གི་ལུས་སྟོང་གཟུགས་འོད་ཀྱི་ 1-1-482 དཀྱིལ་འཁོར་གྱི་རྣམ་པར་སྣང་ཞིང་བ་སྤུའི་ཁོང་བུ་རྣམས་ནས་འོད་ཟེར་ལྔ་སྲིད་གསུམ་ཀུན་ ནས་དང་བའི་རྣམ་པ་ཅན་གྱི་ནམ་མཁའ་ལ་འཕྲོ་བར་སྣང་ཞིང༌། ལྟེ་བའི་གཏུམ་མོའི་མེས་སྤྱི་ བོའི་ཧྃ་ཡིག་ཟླ་བའི་ཐིག་ལེ་ཞུ་བ་ལས་དབུ་མའི་རྩ་ལ་ཐིག་ལེ་འབབ་པའི་བདེ་བ་རྗེས་དྲན་ པའམ། རང་གི་འདོད་པའི་ལྷ་སྟོང་གཟུགས་ལ་རྗེས་སུ་ཆགས་པས་ན་རྗེས་སུ་དྲན་པ་ཞེས་བྱ་ སྟེ། འདོད་པའི་གནས་སྐབས་རྣམ་པ་བཅུ་ཉམས་སུ་མྱོང་བའོ། །རྒྱུད་ཕྱི་མ་ལས་ཀྱང༌། རྗེས་ སུ་དྲན་པས་མཁའ་ལ་རི་བོང་ཅན་བཞིན་རང་གི་གཟུགས་ལས་འོད་ཟེར་ཆེན་པོ་ངེས་པར་ རྒྱུ། །ཞེས་དང༌། བདེ་མཆོག་སྟོད་འགྲེལ་ལས། དེ་ནས་རྗེས་སུ་དྲན་པ་ཞེས་བྱ་བ་ནི། རང་ གི་འདོད་པའི་ལྷ་མཐོང་བ་སྟེ་གཟུགས་བརྙན་གྱི་རྣམ་པ་རྣམ་པར་རྟོག་པ་དང་བྲལ་བའོ། །དེ་ ལས་འོད་ཟེར་དུ་མ་འཕྲོ་བའི་རང་བཞིན་འོད་ཀྱི་དཀྱིལ་འཁོར་ཏེ། དེ་ལས་རྣམ་པ་དུ་མ་འཕྲོ་ བའི་གཟུགས་ཁམས་གསུམ་ལ་འཕྲོ་བ་ཞེས་རྗེས་སུ་དྲན་པའི་ཡན་ལག་ཏུ་བརྗོད་དོ། །ཞེས་ གསུངས་སོ། ། གཉིས་པ་སྒོམ་པའི་དུས་མཚམས་ནི། དཔྲལ་བར་རླུང་སེམས་ཟིན་སྟོབས་ཀྱིས་བྱང་ སེམས་ནོར་བུ་ནས་ཕྱིར་མི་འཛག་པར་འཛིན་པའི་ནུས་པ་ཐོབ་ནས་བསྒོམ་སྟེ། གོང་དུ་དྲངས་ པའི་སྲོག་རླུང་ཐིག་ལེའི་ནང་བཅུད་པ། ཞེས་སོགས་ཀྱི་ཕྱིར་དང༌། སྒྲུབ་ལེའི་རྒྱུད་དུ། ལོ་ཡི་ ཕྱེད་དམ་ལོ་གཅིག་ངེས་པར་བླ་མའི་ངེས་པའི་དབང་གིས་རང་སེམས་བརྟན་པར་གྱུར་པ་ན། ། དེ་ནས་ཕྱག་རྒྱའི་སྦྱོར་བས་ཉིན་ཞག་འགའ་ཞིག་རྣམས་ཀྱི་འགྱུར་བ་མེད་པ་ཉིད་དུ་རབ་ཏུ་ འགྱུར། །ཞེས་པའི་ཕྱིར་རོ། ། གསུམ་པ་སྒོམ་ཚུལ་གྱི་ཡན་ལག་ལ། རྗེས་དྲན་བསྒོམ་པའི་གནས་དང༌། རྗེས་དྲན་བྱ་ བའི་ཡུལ་དང༌། རྗེས་དྲན་སྒོམ་པའི་དགོས་པ་དང༌། རྗེས་དྲན་དུས་ཅི་ཙམ་བར་དུ་བསྒོམ་པ་ དང༌། རྗེས་དྲན་ཇི་ལྟར་བསྒོམ་པའི་ཚུལ་དང་ལྔའོ། ། 1-1-483 དང་པོ་ནི། རྒྱུད་ཀྱི་རྒྱལ་པོའི་ཡེ་ཤེས་ལེའུ་ལས། འགྱུར་བ་མེད་པའི་བདེ་བའི་འབྲས་ སྟེར་ཕྱག་རྒྱ་བཞི་པོ་འདི་རྣམས་གྲོང་དང་འབྲོག་དགོན་དུར་ཁྲོད་དང༌། །མི་གཙང་བ་དང་ གཙང་བའི་གནས་དང་ཁྱིམ་དང་ལྷ་ཡི་ཁང་པ་ཐམས་ཅད་དུ་ནི་དུས་ཀུན་ཏུ། །ཤིན་ཏུ་དགའ་ བའི་དགའ་བ་ལ་གནས་འཇིག་རྟེན་ལམ་ལས་རབ་གྲོལ་རིགས་དང་རིགས་མིན་མངོན་ སྤྱོད་ཅིང༌། །ལུས་སྟོབས་བདེ་སྟེར་བཟའ་བ་བཏུང་བ་ལ་སོགས་ལོངས་སྤྱོད་དང་ལྡན་རྣལ་ འབྱོར་རྣམས་ཀྱིས་བསྒོམ་པར་བྱ། །ཞེས་གསུངས་ཏེ། འདིས་ནི་རྗེས་དྲན་བསྒོམ་པའི་གནས་ དང་གང་ཟག་གཉིས་ཀ་བསྟན་ཏོ། །དེ་ལ་ཕྱག་རྒྱ་བཞི་ནི། སྒྲུབ་ཐབས་ཀྱི་ལེའུ་ལས། སྨད་ འཚོང་དམ་པ་ལས་ཀྱི་ཕྱག་རྒྱ་འགྱུར་ཞིང་གསང་བའི་མི་མོ་གཞན་གྱི་བུད་མེད་དམ་ཚིག་ སྟེ། །རང་དབང་ཆོས་ཀྱི་ཕྱག་རྒྱ་ཡུལ་ནི་མང་པོ་ལ་དགའ་རང་གི་ཆུང་མ་ཡེ་ཤེས་ཕྱག་རྒྱའོ། ། སྨད་འཚོང་དམ་པ་བཅུ་གཉིས་ལོ་ལོན་མཆོག་གི་བདེ་བ་ལ་དགའ་གཞན་གྱི་བུད་མེད་བཅུ་ དྲུག་ལོ། །རང་དབང་མཛེས་པའི་བུ་མོ་ཉི་ཤུའི་ལོ་ལོན་དང་ནི་རང་གི་ཆུང་མ་སུམ་ཅུའི་ལོ་རུ་ འགྱུར། །ཞེས་གསུང་པས་སོ། ། གཉིས་པ་ནི། སྙན་རྒྱུད་ལས། ཡུལ་ནི་བདེ་བ་ཉིད་ཡིན་ཏེ། །བདེ་བ་རྒྱུད་ལ་དྲན་པའོ། ། ཞེས་གསུངས་ཏེ། ལྟེ་བར་གཏུམ་མོའི་མེ་འབར་བས་སྤྱི་བོའི་བྱང་སེམས་ཐིག་ལེ་ཞུ་བའི་ རྒྱུན་འཁོར་ལོ་བཞིའི་ལྟེ་བར་འབབ་བའི་བདེ་བ་དགའ་བ་བཞི་ནི་རྗེས་དྲན་བྱ་བའི་ཡུལ་ལོ། ། གསུམ་པ་ནི། སྙན་རྒྱུད་ལས། དེ་ནས་བདེ་བ་སྤེལ་སྦྱང་ཕྱིར། །རྗེས་སུ་དྲན་པའི་ཡན་ ལག་བསྒོམ། །ཞེས་གསུངས་པས། བྱང་ཆུབ་ཐིག་ལེའི་རྒྱུན་དཔྲལ་བ་ནས་རྡོ་རྗེ་ནོར་བུའི་ བར་དུ་བྱོན་པ་དེ་ཕྱི་རོལ་ཏུ་མི་འཕོ་ཞིང་ཇི་ལྟར་བྱོན་པ་དེ་བཞིན་དུ་སྟེང་དུ་གཤེགས་པར་ བྱེད་པའི་དོན་དུ་བསྒོམ་པའོ། ། 1-1-484 བཞི་པ་ནི། རྗེས་དྲན་གྱི་སྐབས་འདིར་བདེ་བ་སྐྱེ་བ་ལས་ཀྱི་ཕྱག་རྒྱ་ལ་བརྟེན་པར་ གསུངས་པས་ལས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་གཏུམ་མོའི་མེས་དཔྲལ་བའི་ཧྃ་ཡིག་བྱང་ཆུབ་ ཀྱི་སེམས་ཀྱི་ཐིག་ལེ་བཞུ་བ་ན། དང་པོའི་ཐིག་ལེ་སླ་བའི་ངོ་བོ་རྡོ་རྗེ་ནོར་བུའི་བར་འཛག་ པའི་བགྲོད་པར་གནས་པ་ལས་ཐིག་ལེ་ཅུང་ཟད་བསྐ་བའི་ངོ་བོར་གྱུར་པ་གཡོ་བའི་བསྒྲོད་ པར་མ་གྱུར་གྱི་བར་དུ་རྗེས་དྲན་བསྒོམ་མོ། །དེ་ནས་ཐིག་ལེ་ཅུང་ཟད་སྐ་བའི་ངོ་བོས་གྱུར་པ་ གཡོ་བའི་བསྒྲོད་པ་དང༌། དེ་ལས་ཀྱང་ཐིག་ལེ་ཤིན་ཏུ་བསྐ་བའི་ངོ་བོར་གྱུར་པ་ཐིག་ལེ་མི་ གཡོ་བའི་བསྒྲོད་པར་གྱུར་པ་ན་ལས་ཀྱི་ཕྱག་རྒྱ་དང་སྦྱོར་བའི་རྗེས་དྲན་གྱི་རྣལ་འབྱོར་ངེས་ པར་བསྒོམ་མི་དགོས་ཤིང༌། བདེ་བ་ཆེན་པོ་མྱུར་དུ་རྫོགས་པར་བྱ་བའི་དོན་དུ་བསྒོམས་ཀྱང་ འགལ་བ་མེད་དོ། །དེ་བཞིན་དུ་རྗེས་དྲན་གྱི་སྐབས་སུ་འདོད་པའི་གནས་སྐབས་རྣམ་པ་བཅུ་ འབྱུང་བར་འགྱུར་ཞིང༌། གནས་སྐབས་བཅུ་པོ་དེ་དག་པར་གྱུར་གྱི་བར་དུ་རྗེས་དྲན་བསྒོམ་ པར་བྱ་སྟེ། འདོད་པའི་གནས་སྐབས་བཅུ་ནི། རྒྱུད་ཀྱི་རྒྱལ་པོ་ལས། བསམ་དང་འདོད་དང་ ལུས་ལ་རིམས་དང་ཁ་མཆོག་པདྨ་སྐམ་དང་ཟས་ལ་རབ་ཏུ་མི་མཇུག་དག །འདར་དང་སྨྱོ་ དང་རབ་ཏུ་རྨོངས་པར་འགྱུར་དང་ཡིད་ནི་རྣལ་འབྱོར་འཁྲུལ་དང་དྲག་ཏུ་བརྒྱལ་བ་དག །རྡོ་ རྗེ་ཅན་གྱི་དུ་བ་ལ་སོགས་རབ་གསལ་རྣམ་པ་བཅུ་སྟེ་སྲོག་ཆགས་ལུས་ལ་འཇིག་རྟེན་དུ། ། རབ་ཏུ་གསལ་ཞིང་ངེས་པ་དེ་རྣམས་ཡིད་སྲུབ་གནས་སྐབས་སུ་ཞིག་རྒྱལ་བ་འདོད་པ་དེ་ནི་ སུ། །ཞེས་པའོ། ། ལྔ་པ་རྗེས་དྲན་ཇི་ལྟར་བསྒོམ་པའི་ཚུལ་ལ་གསུམ་སྟེ། སྤྱིར་ཕྱག་རྒྱ་གསུམ་ལ་བརྟེན་ ནས་བདེ་བ་ཆེན་པོ་བསྒྲུབ་པའི་ཚུལ་དང༌། བྱེ་བྲག་ཏུ་ལས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་རྗེས་ དྲན་བསྒོམ་པའི་ཚུལ་དང༌། ལས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་བདེ་བ་བསྒྲུབ་པ་གསང་ཆེན་གྱི་ ལམ་དུ་བསྟན་པའོ། ། 1-1-485 དང་པོ་ནི། རྒྱུད་ཀྱི་རྒྱལ་པོའི་སྒྲུབ་ཐབས་ཀྱི་ལེའུ་ལས། འདི་རྣམས་དམན་པ་ལ་སོགས་ དབྱེ་བ་རྣམས་ཀྱིས་སྣ་ཚོགས་གཙོ་བོའི་སྒྲུབ་ཐབས་རྣམ་པ་གསུམ་དུ་འགྱུར། །ཕྱག་རྒྱ་ གསུམ་དང་གནས་སྐབས་གསུམ་ནི་རྣམ་གསུམ་བགྲོད་པའི་དབང་གིས་ལས་དང་ཀུན་རྟོག་ མཆོག་རྣམས་སོ། །ཞེས་པའི་དོན་འགྲེལ་ཆེན་དུ། འདི་རྣམས་དམན་པ་ལ་སོགས་དབྱེ་བ་ རྣམས་ཀྱིས་སྣ་ཚོགས་གཙོ་བོ་དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་རྣམ་པ་གསུམ་དུ་འགྱུར། ཕྱག་ རྒྱ་གསུམ་དང་གནས་སྐབས་གསུམ་ཞེས་པ་ནི་རྣམ་གསུམ་བགྲོད་པའི་དབང་གིས་ཞེས་པ་ སྟེ། འདིར་བྱང་ཆུབ་ཀྱི་སེམས་འཛག་པའི་བགྲོད་པ་ནི་དམན་པའི་གནས་སྐབས་དང༌། གཡོ་ བའི་བགྲོད་པ་ནི་འབྲིང་པོའི་གནས་སྐབས་དང༌། མི་གཡོ་བའི་བགྲོད་པ་ནི་མཆོག་གི་གནས་ སྐབས་སོ། །འདི་རྣམས་ལས་ལས་ཀྱི་ཕྱག་རྒྱ་ནི་འཛག་པའི་བདེ་བ་སྦྱིན་པ་མོ་དང༌། ཡེ་ཤེས་ ཀྱི་ཕྱག་རྒྱ་ནི་གཡོ་བའི་བདེ་བ་སྦྱིན་པ་མོ་དང༌། ཕྱག་རྒྱ་ཆེན་མོ་ནི་མི་གཡོ་བའི་བདེ་བ་སྦྱིན་ པ་མོའོ། །དེ་ལྟར་སྦྱོར་བ་ཡན་ལག་དྲུག་ལ་ཕྱག་རྒྱ་གསུམ་བསྒོམ་པར་བཅོམ་ལྡན་འདས་ ཀྱིས་གསུངས་པའི་ཕྱིར་རྣལ་འབྱོར་པས་སངས་རྒྱས་ཉིད་ཀྱིས་སླད་དུ་སྦྱོར་བ་ཡན་ལག་ དྲུག་བསྒོམ་པར་བྱའོ། །ཞེས་དང༌། བྱིས་པའི་སྐྱེ་བོ་རྣམས་ལ་ལས་ཀྱི་ཕྱག་རྒྱ་དེས་བདེ་བ་ སྒྲུབ་པར་བྱེད་པར་གསུངས་སོ། །འབྲིང་པོ་རྣམས་ལ་ཡེ་ཤེས་ཀྱི་ཕྱག་རྒྱས་སོ། །མཆོག་གི་ རྣལ་འབྱོར་པ་རྣམས་ལ་ཕྱག་རྒྱ་ཆེན་མོས་སོ། །ཞེས་གསུངས་ཏེ། འདི་དག་གི་དགོངས་པ་ ལ། འབྲོ་བའི་ཆོས་རྗེ་གོང་མ་དག་གི་བཞེད་པས། དབང་པོ་རྟུལ་པོ་ལས་ཀྱི་ཕྱག་རྒྱ་མཚན་ ལྡན་ཇི་ལྟར་རིགས་པར་བསྟེན་པ་ཕྱག་རྒྱ་བཞི་སྦྱོར་སྤྲོས་བཅས་ཀྱི་སྤྱོད་པ་དང༌། དབང་པོ་ འབྲིང་པོས་ཡེ་ཤེས་ཀྱི་ཕྱག་རྒྱ་དཀྱིལ་འཁོར་གྱི་ལྷ་ཡབ་གྲངས་དང་མཉམ་པ་བསྟེན་པ་ཕྱག་ རྒྱ་གསུམ་སྦྱོར་ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པ་དང༌། དབང་པོ་རྣོན་པོས་ཕྱག་རྒྱ་ཆེན་མོ་སྟོང་ གཟུགས་རབ་རིབ་ཀྱི་རྡུལ་དང་མཉམ་པ་བསྟེན་པ་ཕྱག་རྒྱ་གཅིག་སྦྱོར་ཤིན་ཏུ་སྤྲོས་མེད་ཀྱི་ 1-1-486 སྤྱོད་པ་བྱ་བ་སྟེ། དོན་གསུམ་དུ་མཛད་ནས་གང་ཟག་དབང་པོ་རྟུལ་པོ་དང༌། འབྲིང་པོ་དང༌། རྣོན་པོ་རྒྱུད་ཐ་དད་པ་གསུམ་ལ། དབང་པོ་རྟུལ་པོས་མི་འཕོ་བའི་བདེ་བ་ཆེན་པོ་སྒྲུབ་པ་ ལས་ཀྱི་ཕྱག་རྒྱ་ལ་བརྟེན་དགོས་ཤིང༌། དབང་པོ་འབྲིང་པོས་ལས་རྒྱ་ལ་མི་ལྟོས་པར་ཡེ་ཤེས་ ཀྱི་ཕྱག་རྒྱ་ལ་བརྟེན་ནས་མི་འཕོ་བའི་བདེ་བ་ཆེན་པོ་འགྲུབ་ལ། དབང་པོ་རྣོན་པོས་ཕྱག་རྒྱ་ གཉིས་པོ་དེ་ལ་མི་ལྟོས་པར་ཕྱག་རྒྱ་ཆེན་མོ་ཁོ་ན་ལས་མི་འཕོ་བའི་བདེ་བ་ཆེན་པོ་གྲུབ་པ་ དང༌། ཕྱག་རྒྱ་བཞི་སྦྱོར་ནི། གཞི་འཛག་མེད་དམ་ཚིག་གི་ཕྱག་རྒྱ་དང༌། དེས་ལས་ཀྱི་ཕྱག་རྒྱ་ དང༌། ལམ་ཡེ་ཤེས་ཀྱི་ཕྱག་རྒྱ་དང༌། འབྲས་བུ་ཕྱག་རྒྱ་ཆེན་མོ་སྟེ་བཞི་པོ་སྦྱོར་པ་དང༌། ཕྱག་རྒྱ་ གསུམ་སྦྱོར་ནི༑ ལས་ཀྱི་ཕྱག་རྒྱ་མ་གཏོགས་པ་གསུམ་པོ་སྦྱོར་བ་དང༌། ཕྱག་རྒྱ་གཅིག་སྦྱོར་ ནི། ཕྱག་ཆེན་དང་འཛག་མེད་རོ་གཅིག་པ་ལ་བཞེད་ནའང༌། རྒྱུད་དང་འགྲེལ་པའི་དགོངས་ པ། རྣལ་འབྱོར་པ་དབང་པོ་རྟུལ་འབྲིང་རྣོན་པོ་རྒྱུད་ཐ་དད་པ་གསུམ་གྱིས་མི་འཕོ་བའི་བདེ་ བ་སྒྲུབ་པའི་དོན་དུ་ལས་ཀྱི་ཕྱག་རྒྱ་སོགས་གསུམ་རིམ་པ་ལྟར་བསྟེན་པ་ལ་སྦྱོར་བ་མ་ཡིན་ གྱི། ཕྱག་རྒྱ་གསུམ་དང་གནས་སྐབས་གསུམ་ཞེས་གསུངས་པའི་ཕྱིར། རྣལ་འབྱོར་པ་གཅིག་ ཉིད་ཀྱིས་གནས་སྐབས་གསུམ་ལ་ལས་ཀྱི་ཕྱག་རྒྱ་ལ་བརྟེན་དགོས་པ་དང༌། མི་དགོས་པ་ རིམ་པ་ལྟར་སྦྱོར་དགོས་ཏེ། འདི་ལྟར་འཛིན་པའི་ཡན་ལག་ཐོབ་ནས་རྗེས་དྲན་ལ་འཇུག་ པའི་དུས་སུ་རྣལ་འབྱོར་པ་དམན་པའི་གནས་སྐབས་ཏེ། རྗེས་དྲན་གྱི་རྣལ་འབྱོར་བསྒོམ་པ་ དང༌། བྱང་སེམས་ཐིག་ལེ་མི་འཕོ་བར་འཆིང་ཞིང༌། འཕེལ་བར་བྱེད་པ་ལས་ཀྱི་ཕྱག་རྒྱ་ལ་ བརྟེན་དགོས་ཏེ། རྒྱུད་ཀྱི་རྒྱལ་པོ་ལས། རྒྱལ་བའི་ལྷན་སྐྱེས་བདེ་བ་འདི་ནི་འཕེལ་པའི་དོན་ སླད་དང་པོར་ལས་ཀྱི་ཕྱག་རྒྱ་བསྟེན་པར་བྱ། །ཞེས་དང༌། མེ་ནི་དངུལ་ཆུའི་དགྲ་ཉིད་ཡིན་ཏེ་ མེ་དང་རྣམ་པར་བྲལ་ན་རྣམ་ཡང་དངུལ་ཆུ་འཆི་བ་མེད། །མ་བཅིངས་ན་ནི་གསེར་བྱེད་མེད་ དེ་གསེར་དང་བྲལ་ན་སྨྲ་པོ་རྣམས་ལ་ལོངས་སྤྱོད་མེད་པ་ཉིད། །དེ་བཞིན་བུད་མེད་སྦྱོར་བ་ 1-1-487 བྲལ་ན་རྟག་ཏུ་རྣལ་འབྱོར་པ་རྣམས་དག་གི་སེམས་ནི་འཆིངས་མི་འགྱུར། །བཅིངས་པ་མེད་ ན་ལུས་འབིགས་མེད་དེ་མ་ཕུག་ལུས་ཀྱི་འདིར་ནི་ལྷན་སྐྱེས་བདེ་བ་སྟེར་བ་མིན། །ཞེས་པས་ སོ། །དེས་ན་རྗེས་དྲན་གྱི་སྐབས་འདིར་ལས་ཀྱི་ཕྱག་རྒྱ་ལ་སྙོམས་པར་ཞུགས་ཤིང༌། ལྟེ་བའི་ གཏུམ་མོའི་མེས་དཔྲལ་བའི་ཧཾ་ཡིག་བྱང་སེམས་ཐིག་ལེ་བཞུ་བ་བྱང་སེམས་སླ་བའི་ངོ་བོ་རྡོ་ རྗེ་ནོར་བུའི་བར་དུ་ཡང་དང་ཡང་དུ་འཛག་པར་བྱེད་ཅིང་རྡོ་རྗེ་ནོར་བུ་ལས་ཕྱིར་མི་འཕོ་བར་ འཛིན་པའི་གནས་སྐབས་ལ་རྣལ་འབྱོར་པ་དམན་པའི་གནས་སྐབས་ཞེས་བྱ་ཞིང༌། ལས་ཀྱི་ ཕྱག་རྒྱ་ནི་འཛག་པའི་བདེ་བ་སྦྱིན་པ་མོ་ཞེས་གསུངས་སོ། །དེ་ནས་བྱང་སེམས་ཐིག་ལེ་ཅུང་ ཟད་ཙམ་སྐ་བའི་ངོར་གྱུར་པའི་ཚེ་ལས་ཀྱི་ཕྱག་རྒྱ་ལ་མ་སྦྱར་བར་ལྷ་ཡབ་ཡུམ་སྙོམས་པར་ ཞུགས་པར་བསྒོམ་པ་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་བྱང་སེམས་ཐིག་ལེ་གཡོ་བའི་གནས་ སྐབས་སུ་གྱུར་པ་ན་རྣལ་འབྱོར་པ་འབྲིང་པོའི་གནས་སྐབས་ཞེས་བྱ་སྟེ། ཡེ་ཤེས་ཀྱི་ཕྱག་རྒྱ་ ནི། གཡོ་བའི་བདེ་བ་སྦྱིན་པ་མོ། །ཞེས་གསུངས་སོ། །དེ་ནས་བྱང་སེམས་ཐིག་ལེ་ཤིན་ཏུ་ སྐ་བའི་ངོ་བོར་གྱུར་པ་ན་ལས་རྒྱ་དང་ཡེ་ཤེས་ཀྱི་ཕྱག་རྒྱ་མ་བསྒོམས་ཀྱང་ཕྱག་རྒྱ་ཆེན་མོ་ཁོ་ ན་བསྒོམས་པས་ཐིག་ལེ་གཡོ་བ་མེད་པའི་ཚུལ་གྱིས་བདེ་བ་ཆེན་པོ་རྫོགས་པར་བྱེད་པས་ན་ རྣལ་འབྱོར་པ་མཆོག་གི་གནས་སྐབས་སུ་གྱུར་པ་ཞེས་བྱ་སྟེ། ཕྱག་རྒྱ་ཆེན་མོ་ནི་མི་གཡོ་བའི་ བདེ་བ་སྦྱིན་པ་མོ་ཞེས་གསུངས་སོ། །དེ་ཡང་གནས་སྐབས་གསུམ་པོ་རྣམས་སུ་ཕྱག་རྒྱ་ཆེན་ མོ་ངེས་པར་བསྒོམ་དགོས་ཤིང༌། འབྲིང་པོ་དང་མཆོག་གི་གནས་སྐབས་སུ་ཡང་བདེ་བ་ཆེན་ པོ་མྱུར་དུ་རྫོགས་པར་བྱེད་པའི་དོན་དུ་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་བསྒོམ་པར་བྱ་བ་ཡང་ ཡིན་ལ་ངེས་པར་བསྒོམ་དགོས་པ་ཡང་མ་ཡིན་ནོ། ། གཉིས་པ་བྱེ་བྲག་ཏུ་ལས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་རྗེས་དྲན་བསྒོམ་པའི་ཚུལ་ལ་གསུམ་ སྟེ། སྔོན་དུ་བྱང་སེམས་ཐིག་ལེ་འཛིན་འདྲེན་ནུས་པར་བསྒྲུབ་པ་དང༌། གྲུབ་ནས་ཕྱག་རྒྱའི་ 1-1-488 རྣལ་འབྱོར་བསྒོམ་པ་དང༌། སྤོགས་པའི་ཆོ་གའོ། ། དང་པོ་ལ། ལུས་རྩའི་འདུག་སྟངས་དང་ལྟ་སྟངས། ངག་རླུང་གི་འཁྲུལ་འཁོར། སེམས་ ཀྱི་བཞག་ཐབས་དང་གསུམ་ལས་དང་པོ་ནི། ལུས་གནད་བུམ་པ་ཅན་བཞིན་བྱ། མིག་ཐད་ ཀར་ལྟ་ཞིང༌། གཉིས་པ་ནི། གཏུམ་མོའི་དམིགས་པའི་ངང་ནས་ཤིན་ཏུ་སྟོབས་ཀྱི་བྱང་སེམས་སྤྱི་བོ་ ནས་ཐོག་མར་དགུག་པར་ཛཿ རྨུགས་བྱེད་ཀྱིས་དཔྲལ་ནས་གསང་གནས་སར་གཞུག་པར་ ཧཱུཾ། རེངས་བྱེད་ཀྱིས་ཕྱིར་མི་འཕོ་བར་བཅིང་བ། ཁེངས་བྱེད་ཀྱིས་བདེ་བ་མྱོང་བས་མཉེས་ པར་བྱེད་པ་བཾ། རྡོ་རྗེ་ཤུགས་ཀྱིས་ཐམས་ཅད་རོ་མཉམ་པར་བྱེད་པ་ཧོཿ ཞེས་པ་རྣམས་འཛིན་ པའི་དོན་ཏེ། ཡེ་ལེའི་རྒྱུད་དུ། ཡེ་ཤེས་དགུག་པར་བྱེད་བ་འདི་ནི་སླར་ཡང་ཤིན་ཏུ་སྟོབས་ཏེ་ དེ་ནི་གཞུག་པ་རྨུགས་བྱེད་ཀྱིས། ། དེ་ནི་བཅིངས་པ་རེངས་བྱེད་ཀྱིས་ཏེ་ངེས་པར་མཆོག་བདེའི་དབང་གིས་ཁེངས་བྱེད་ ཀྱིས་ནི་མཉེས་པ་ཡང༌། །ཡེ་ཤེས་འཁོར་ལོ་དག་ལ་འཁོར་ལོ་རོ་ནི་མཉམ་པར་བྱེད་པ་རྡོ་རྗེ་ ཤུགས་ཀྱིས་བྱེད་པ་སྟེ། ། དེ་བཞིན་ཁྲོ་བོའི་ལྷ་མོ་རྣམས་ནི་རབ་གསལ་ངེས་པར་རྣལ་འབྱོར་མ་ཡི་རྒྱུད་ཀྱི་སྐུ་ ལའོ། །ཞེས་པའི་དོན། ནང་དུ་རྫོགས་རིམ་ལ་སྦྱོར་བའི་དགོངས་པ་ཡིན། བསྐྱེད་རིམ་ལ་རྡོ་ རྗེ་ཤུགས་དང་ཤིན་ཏུ་སྟོབས་གོ་བཟློག་ཏུ་ཡོད་དོ། །རྒྱུད་གཞན་ལས། བཅོམ་ལྡན་དེ་བཞིན་ ཉིད་གཤེགས་ཤིང༌། །དེ་བཞིན་སླར་ཡང་གཤེགས་པ་ཉིད། །ཞེས་པ་བྱང་སེམས་སྤྱི་གཙུག་ ནས་ཐུར་ལ་གསང་གནས་རྡོ་རྗེའི་མཐར་ཐུག་པར་བྱོན་ཏེ་སླར་ཡང་གྱེན་ལ་སྤྱི་གཙུག་ཏུ་ གཤེགས་སུ་འཇུག་པ་འདྲེན་པའི་དོན་ཏེ། ལྟེ་བར་རྒྱུ་མཐུན་པའི་དོན་དུ་སྤྱན་མས་འདྲེན་པ་ ལཱ ། སྙིང་ཁར་རྣམ་པར་སྨིན་པའི་དོན་དུ་མཱ་མ་ཀཱིས་འདྲེན་པ་ཨཱུ། མགྲིན་པར་སྐྱེས་བུ་བྱེད་ 1-1-489 པའི་དོན་དུ་གོས་དཀར་མོས་འདྲེན་པ་རཱ ། དཔྲལ་བར་དྲི་མ་དང་བྲལ་བའི་དོན་དུ་སྒྲོལ་མས་ འདྲེན་པ་ཨཱི། དངོས་སུ་མ་བསྟན་ཀྱང་ཤུགས་ལ་བསྟན་པས། སྤྱི་གཙུག་ཏུ་སྔར་ཀྱི་གནས་ སུ་གཤེགས་པ་རྫོགས་པའི་དོན་རྡོ་རྗེ་དབྱིངས་ཀྱི་དབང་མོས་ཨཱ། ཞེས་པའོ། །དེ་ལྟར་ན་ འབེབས་པ་ལ་ཛཿཧཱུཾ་བཾ་ཧོཿཧི། ཞེས་པའི་དོན་དང༌། འདྲེན་པ་ལ། ལཱ་ཨཱུ་རཱ་ཨཱི་ཨཱ་ཞེས་པའི་ དོན་སྔོན་དུའང་སྦྱངས་ཤིང་དངོས་གཞིའི་སྙོམས་འཇུག་གི་ཚེ་ལག་ལེན་གྱི་དམིགས་པའང་ འདི་ཉིད་དོ༑ ༑ཡང་འདྲེན་པ་ལ་ཆོས་རྗེ་ཀུན་སྤངས་པས་བྱིས་པ་སྐྱེས་མ་ཐག་གི་དབུགས་ལྔ་ བཅུ་རྩ་དྲུག་གི་ས་བོན་ལ་སོགས་དབྱངས་བརྒྱད་ཀྱི་ཡི་གེ་མང་པོ་ཅན་ལ་མཛད་པ་མི་དགོས་ ཤིང་སྔར་གྱི་དེ་ཉིད་ཀྱིས་ཆོག་གོ །གཏུམ་མོའི་དམིགས་པ་ཟུར་དུ་བསྒོམ་པར་འདོད་ན། འོག་ནས་འབྱུང་བའི། ལྟེ་བར་གཏུམ་མོ་འབར་བ་ཡིས། །དེ་བཞིན་གཤེགས་པ་ལྔ་བསྲེག་ ཅིང༌། །སྤྱན་མ་མིག་ལ་སོགས་པ་ཡང༌། །བསྲེགས་ནས་རི་བོང་ཅན་ཧཾ་འཛག །ཅེས་དང༌། མན་ངག་གཞན་ལས། གསལ་ཞིང་དྲག་ལ་སྤྱན་ཐུང་མ༑ ༑གཏུམ་མོའི་དམིགས་པ་དག་ལ་ འབད། །ཅེས་པའི་དོན། ལུས་གནད་དང་རླུང་སྦྱོར་བུམ་པ་ཅན་གྱི་ངང་ནས་ལྟེ་བར་གཏུམ་ མོ་ཆེ་ཆུང་ཅི་རིགས་ལ་འབར་བས་གཡོན་རླུང་རྒྱལ་བ་རིགས་ལྔའི་མིང་ཅན་ལྔ་དང༌། གཡས་ རླུང་སྤྱན་མ་སོགས་གཤེགས་མ་ལྔའི་མིང་ཅན་ལྔ་སྟེ་ཕུང་པོ་དང་ཁམས་ཀྱི་དཀྱིལ་འཁོར་བཅུ་ དང༌། མིག་སོགས་སྐྱེ་མེད་སོགས་ཀྱི་ལས་རླུང་རྣམས་བསྲེག་པར་མོས་ཤིང༌། དྲོད་ཀྱི་སྤྱི་བོའི་ ཟླ་བའི་ཧཱུཾ་ཞུ་བ་ལས་བདུད་རྩི་དཀར་པོ་མར་འཛག་པ་དང་མེ་འབར་བ་ཟུང་འཇུག་ཏུ་སྐབས་ སུ་བསྒོམ་པར་བྱ་སྟེ་འདི་ཡང་ས་ཆོག་ཆེའོ། །སྙན་རྒྱུད་ལས་ཀྱང༌། དྷཱུ་ཏཱིར་རླུང་ནི་ཆུད་པ་ན། ། ལམ་དུ་མི་འགྱུར་ཐིག་ལེར་གཞུག །ལུས་སོགས་ཐིག་ལེ་བཞི་པོ་ལ། །རིམ་དང་གཅིག་ཆར་ རླུང་སེམས་ནི། །ངེས་པར་བཙུད་ནས་མི་གཡོ་བྱ། །དེ་ལས་མི་གཡོ་བརྟན་གྱུར་པས། །ཐིག་ ལེར་ཆགས་པའི་བདེ་བ་སྐྱེས། །བུད་མེད་ཀུན་ལ་སྙོམས་འཇུག་ཀྱང༌། །ཐིག་ལེ་ལྟུང་བར་མི་ 1-1-490 འགྱུར་རོ། །ལུང་སྟོན་བདེ་སྐྱེ་ལུས་བརྟན་འགྱུར། །ཞེས་དང༌། རླུང་སེམས་དྲག་ཏུ་ཐིག་ལེར་ གཞུག །ཅེས་གསུངས་པའི་དགོངས་པར་བཞེད་དོ། ། གཉིས་པ་གྲུབ་ནས་ཕྱག་རྒྱའི་རྣལ་འབྱོར་བསྒོམས་པ་ལ། སྙོམས་འཇུག་བྱ་བའི་ཡུལ་ ལས་ཀྱི་ཕྱག་རྒྱ་དང༌། སྙོམས་འཇུག་གི་རྣལ་འབྱོར་ཇི་ལྟར་བསྒོམ་པའི་ཚུལ་དང༌། བསྒོམ་ ཐབས་ཤེས་མ་ཤེས་ཀྱི་སྐྱོན་ཡོན་དང༌། ཀུན་སྤངས་ཀྱི་རྣལ་འབྱོར་པའི་བྱ་བ་དང་བཞི་ལས། དང་པོ་ནི། ཀྱེའི་རྡོ་རྗེ་ལས། དལ་ཞིང་མི་གཡོ་བ་ཉིད་དང༌། །སྙན་པར་སྨྲ་ཞིང་ཡིད་འོང་མ། ། སྐྲ་བཟང་དབུས་ན་གཉེར་མ་གསུམ། །ཕལ་པས་པད་མ་ཅན་དུ་བརྗོད། །ལྷན་གཅིག་སྐྱེས་ པའི་གཟུགས་ཅན་མ། །དེ་སྙེད་ནས་ནི་དངོས་གྲུབ་འགྱུར། །ཞེས་དང༌། ཤིན་ཏུ་བཞིན་བཟང་ མིག་ཡངས་མ། །རང་གི་དབང་བསྐུར་སྙིང་རྗེ་ཅན། །རྡོ་རྗེའི་བུ་མོ་འདི་ཁྱེར་ནས། །སྤྱོད་པ་ བྱ་བར་རྟོགས་པར་གྱིས། །ཞེས་གསུངས་ཤིང༌། རྒྱུད་འགྲེལ་ཆེན་པོ་ལས། ཕོ་ཉ་མོའི་དབྱེ་བ་ ལྔར་གསུངས་ཏེ། གླ་རྩིའི་དྲི་དང་པད་མའི་དྲི་དང་གཅི་བའི་དྲི་དང་ཉའི་དྲི་དང་རྣག་གི་དྲི་དང་ ལྡན་པ་དང༌། སྐྱེ་བའི་གནས་ལྔ་རྣམས་སུ་ཁ་དོག་ལས་རྡོ་རྗེ་དང༌། རལ་གྲི་དང་མདའ་འམ་ རིན་པོ་ཆེ་དང་པད་མ་འདབ་མ་བརྒྱད་པ་དང༌། འཁོར་ལོའི་མཚན་མ་དང་ལྡན་པ། ལག་པ་ དང་རྐང་པའི་མཐིལ་ལ་མཚན་མ་དེ་དག་གི་རི་མོ་ཡོད་པ་ནི་རིམ་པ་ལྟར། དཔལ་ལྡན་བཟང་ མོ་དང༌། པད་མ་ཅན་དང༌། དུང་ཅན་མ་དང༌། སྣ་ཚོགས་མ་དང༌། གླང་ཆེན་མ་ཞེས་བྱ་སྟེ། རྡོ་ རྗེ་དབྱིངས་ཀྱི་དབང་ཕྱུག་མ་དང༌། སྒྲོལ་མ་དང༌། གོས་དཀར་མོ་དང༌། མཱ་མ་ཀཱི་དང༌། སངས་ རྒྱས་སྤྱན་མའི་རིགས་སུ་ཤེས་པར་བྱ་ཞིང༌། རྒྱུད་འགྲེལ་ལས། གང་གི་གནས་སུ་མེ་ཏོག་ བཟང་པོ་ཡི་གེ་གསུམ་གྱིས་མངོན་པར་བསྔགས་པ་ལྟུང་བ་དེར་གནས་པའི་ལྷ་ནི་དེའི་རིགས་ ཀྱི་ལྷར་འགྱུར་ཏེ་དེའི་ལས་ཀྱི་ཕྱག་རྒྱ་འགྲུབ་བོ་ཞེས་པ་ནི་ངེས་པའོ། །ཞེས་པ་ལྟར། དབང་ བསྐུར་བའི་དུས་སུ་མེ་ཏོག་གོང་མ་ཕོག་པའི་ལྷ་དེའི་ཡུམ་གྱི་རིགས་ཅན་དེ་བསྟེན་པར་བྱ་ 1-1-491 བའི་ཕྱག་རྒྱ་ཡིན་ལ། དེ་ལྟ་བུ་མ་རྙེད་ན་དགེ་བསྙེན་མའི་བསླབ་པ་དང༌། དབང་གིས་སྨིན་ པར་བྱས་པ་ལས་ཕྱག་གཅིག་ལ་བརྟེན་ནོ། ། གཉིས་པ་ནི། རྩ་རྒྱུད་ལས། བཅུ་དྲུག་ལོ་ལོན་རིགས་ཅན་མ། །གཟུགས་དང་ལང་ཚོས་ བརྒྱན་པ་ལས། །དང་པོར་ལེགས་པར་བསླབ་བྱས་ནས། །དབང་བསྐུར་ནས་ནི་བསྒྲུབ་པ་ བརྩམས། །སྐུ་གསུང་ཐུགས་དང་ཚོགས་པ་ནི། །དཔྲལ་བ་ལ་སོགས་རྣམས་ལ་དགོད། །སྭཱཧཱ་ གསང་བ་གཙུག་ཏོར་ཆེ༑ ༑དེ་ནས་པད་མ་རྣམ་པར་སྦྱངས། །ཨཱཿཡིས་པད་མ་འདབ་བརྒྱད་ པ། །ཧཱུཾ་ཡིག་གིས་ནི་རྡོ་རྗེར་ལྡན། །དེ་ལྟར་རྡོ་རྗེ་དང་བཅས་པའི། །ཤེས་རབ་པད་མ་བསྐྱོད་ རྒྱུ་ལས། །ཧཱུཾ་གིས་རང་གིས་རྡོ་རྗེ་ནི། །རྩེ་མོར་ལྔ་བར་རྣལ་འབྱོར་བསྒོམ། །དེ་དབུས་པད་ མ་འདབ་བརྒྱད་པ། །ཨ་ཡིག་གིས་ནི་རབ་ཏུ་བརྟག །དེ་ལྟར་རྡོ་རྗེ་པད་མ་དང༌། །བཅས་པ་ བཅས་ནས་པད་མར་གཞུག །དེ་ནས་རྡོ་རྗེ་འཛིན་པའི་སྙེམས། །འཛིན་ཞིང་རྣལ་འབྱོར་ཧཱུཾ་ ཕཊ་བྱ། །བྷ་གར་ལིང་ག་རབ་བསྐོད་ནས། །བྱང་ཆུབ་སེམས་ནི་སྤྲོ་མི་བྱ། ཁམས་གསུམ་པོ་ ནི་མ་ལུས་པའི། །སངས་རྒྱས་གཟུགས་ནི་བསྒོམ་པར་བྱ། །ལྟེ་བར་གཏུམ་མོ་འབར་བ་ཡིས། ། དེ་བཞིན་གཤེགས་པ་ལྔ་བསྲེག་ཅིང༌། །སྤྱན་མ་མིག་ལ་སོགས་པ་ཡང༌། །བསྲེགས་ནས་ རི་བོང་ཅན་ཧཾ་འཛག །བདུད་རྩི་ཁུ་བའི་ཆོས་ཅན་ནི། །ཐིག་ལེའི་གཟུགས་ཀྱིས་འཛག་པར་ བྱེད། །ཐིག་ལེའི་རྣལ་འབྱོར་ཞེས་པར་གྲགས། །ཞེས་གསུངས་པ་ལྟར། ཉམས་སུ་བླངས་པ་ ནི། རིག་མ་མཚན་ཉིད་དང་ལྡན་པ་དགེ་བསྙེན་མའི་བསླབ་པ་དང་ལྡན་ཞིང༌། སློབ་དཔོན་ རང་ཉིད་ཀྱིས་དབང་བསྐུར་བས་རྒྱུད་སྨིན་པར་བྱས་པ་དང་ལྷན་གཅིག་ཏུ་རྗེས་དྲན་གྱི་རྣལ་ འབྱོར་བསྒོམ་པར་བྱ་སྟེ། དང་པོར་ཐབས་རང་ཉིད་ཡབ་དུས་ཀྱི་འཁོར་ལོ་དང༌། ཤེས་རབ་ སྣ་ཚོགས་ཡུམ་དུ་བསྐྱེད་པའི་དཔྲལ་བ་མགྲིན་པ་སྙིང་ཁ་ལྟེ་བ་གསང་གནས་གཙུག་ཏོར་ རྣམས་སུ་ཨོཾ་ཨཱཿཧཱུཾ་ཧོཿསྭཱཧཱ་རྣམས་སུ་བསྒོམས་ཤིང༌། ཤེས་རབ་ཀྱི་པད་མ་སྭ་བྷཱ་ཝས་སྟོང་ 1-1-492 པར་སྦྱངས་པའི་ངང་ལས། ཨཿལས་པད་མ་འདབ་མ་བརྒྱད་པ་ཟེ་འབྲུ་ལ་ཧཱུཾ་ཡོངས་སུ་གྱུར་ པའི་རྡོ་རྗེ་རྩེ་ལྔ་པས་མཚན་པ་དང༌། ཐབས་ཀྱི་རྡོ་རྗེ་སྟོང་པའི་ངང་ལས་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་ པའི་དབུས་སུ་ཨཿལས་བྱུང་པའི་པད་མ་འདབ་མ་བརྒྱད་པས་མཚན་པར་བསྒོམས་ནས་ སྙོམས་པར་ཞུགས་ཤིང༌། རྡོ་རྗེ་འཛིན་པའི་ང་རྒྱལ་དང་བཅས་པའི་ངང་ནས་ཧཱུཾ་ཕཊ་ཀྱི་དོན་ ཕཊ་ཞེས་པ་བྱང་སེམས་ཐུར་ལ་འབེབས་པ་དང༌། ཧཱུཾ་ཞེས་པ་གྱེན་དུ་འདྲེན་པ་རྣམས་བྱ་ཞིང༌། དེ་ལྟར་བསྒོམས་པ་ལས་ལྟེ་བར་སྟེང་སྲོག་དང་འོག་ཐུར་སེལ་གྱི་རླུང་གཅིག་ཏུ་སྦྱོར་ཞིང་ རྩ་དབུ་མར་ཡེ་ཤེས་ཀྱི་རླུང་གཡོ་བ་མེད་ཅིང༌། སྟོབས་དང་ལྡན་པའི་གཏུམ་མོའི་མེ་འབར་ བ་ཡིས་དེ་བཞིན་གཤེགས་པ་ལྔའི་མིང་ཅན། རྩ་གཡོན་གྱི་ཕུང་པོ་ལྔའི་རླུང་བསྲེགས་པ་སྟེ་ འགག་ཅིང༌། སྤྱན་མ་སོགས་དེ་བཞིན་གཤེགས་མ་ལྔའི་མིང་ཅན། རྩ་གཡས་ཀྱི་ཁམས་ལྔའི་ རླུང་དང༌། མིག་ལ་སོགས་པའི་དབང་པོ་ལྔ། ཡུལ་ལ་འཇུག་པ་ཡང་བསྲེགས་པ་སྟེ། འགགས་ ནས་སྤྱི་བོའི་ཧཾ་གིས་ས་བོན་ཅན་གྱི་རི་བོང་ཅན་ཞེས་པ་བྱང་སེམས་ཐིག་ལེ་ཞུ་བ་ལས་བདུད་ རྩི་ཁུ་བའི་ཐིག་ལེ་དཔྲལ་བ་ནས་མགྲིན་པར་བྱོན་པ་དགའ་བའི་དགའ་བ་དང༌། མགྲིན་པ་ ནས་སྙིང་ཁར་བྱོན་པ་མཆོག་དགའ་དང༌། སྙིང་ཁ་ནས་ལྟེ་བར་བྱོན་པ་ཁྱད་པར་གྱི་དགའ་བ་ དང༌། ལྟེ་བ་ནས་གསང་གནས་དང་རྡོ་རྗེ་ནོར་བུའི་བར་དུ་བྱོན་པ་ལྷན་ཅིག་སྐྱེས་པའི་དགའ་ བ་སྟེ། བྱང་སེམས་ཕྱི་རོལ་ཏུ་མི་འཕོ་བའི་དགའ་བ་བཞི་ཉམས་སུ་མྱོང་བ་ནི་རྗེས་དྲན་གྱི་ རྣལ་འབྱོར་ཏེ། འདི་ལ་གཏུམ་མོའི་རྣལ་འབྱོར་དང༌། ཐིག་ལེའི་རྣལ་འབྱོར་ཞེས་ཀྱང་བྱའོ། ། དེ་ལྟ་བུའི་སྙོམས་འཇུག་གི་རྣལ་འབྱོར་བྱེད་པ་ན། བྱང་སེམས་ཐིག་ལེ་འཛིན་པའི་ཐབས་ ནི། སྙན་རྒྱུད་ལས། ཆགས་ཅན་སྦྱོར་དྲུག་མན་ངག་ནི། །དབབ་དང་གཟུང་དང་བཟློག་ པ་དང༌། །གནས་སུ་བསྐྱལ་དང་རྩ་མིག་གདབ། །རླུང་བསྲེ་སྦྱོར་བ་དྲུག་པོས་བྱ། །ཞེས་པ་ སྟེ༑ སྦྱོར་བ་དྲུག་ནི་འདིར་དངོས་སུ་བསྟན་པ་འདི་ཡིན་ལ། དབབ་དང་བཟུང་ཞེས་པ་དང༌། 1-1-493 བཟློག་པ་དང་གནས་སུ་བསྐྱལ་བ་ཞེས་པ་འཛིན་འདྲེན་གྱི་སྐབས་སུ་བསྟན་པ་དེ་དག་ཡིན་ ཞིང༌། འདྲེན་པ་ཡང་སྔར་བསྟན་པའི་ལ་ཨཱུ་རཱ་ཨཱི་ཨཱའི་དོན་རླུང་འདྲེན་ཐབས་གཅིག་པོས་ བྱེད་པ་ཉིད་ཟབ་བོ། །དབང་པོ་འབྲང་མན་ཆད་ལ་ཉམས་སུ་བླང་བྱ་ནི། རྗེས་སུ་བཟློག་པ་ དང༌། གནས་སུ་བསྡུ་བ་དང༌། དགྲམ་པ་དང༌། རླུང་དང་བསྲེ་བའི་གནད་ནི། སྟག་མོའི་སྐྱུག་ སྟངས། གླང་པོའི་འགྱིང་སྟངས། ཝའི་བསྒོམ་ཚུལ་གྱིས་སྤྱི་བོའི་ཧྃ་དུ་བསྐྱལ། སེང་གེའི་རྣམ་ གྲོལ། གཡང་མོའི་ཁོང་སྤྲུགས ། སྲེ་ཏ་ཀ་ཡི་དྭགས་ཀྱི་འདུག་སྟངས་ཀྱིས་དགྲམ། རླུང་བུམ་པ་ ཅན་བཟུང་ལ་རླུང་དང་བསྲེའོ། །དེ་ལྟ་བུ་ལ་སོགས་འདི་དག་གི་གནད་ནི་བླ་མའི་ཞལ་ལས་ ཤེས་པར་བྱའོ། ། གསུམ་པ་བསྒོམ་ཐབས་ཤེས་མ་ཤེས་ཀྱི་སྐྱོན་ཡོན་ནི། མདོ་ལས། ཐབས་ཆེན་རྣམས་ དང་ལྡན་པ་ལ། །ཉོན་མོངས་བྱང་ཆུབ་ཡན་ལག་འགྱུར། །སྔགས་ཀྱིས་བསད་པའི་དུག་ བཞིན་དུ། །འཁོར་བ་ཞི་བའི་བདག་ཉིད་དོ། །ཞེས་དང༌། འདུལ་བ་དོན་ཡོད་པར་གྲུབ་པའི་ རྒྱུད་ལས། གང་གིས་བླུན་པོ་འཆིང་འགྱུར་བ། །དེ་ཡིས་མཁས་པ་ཡོངས་སུ་གྲོལ། །ཞེས་ དང༌། དོན་དམ་བསྙེན་པ་ལས། འདོད་ཆགས་གང་ཉིད་ཀྱིས་ནི་སེམས་ཅན་ལྟུང་བྱེད་པ། ། དེ་ཉིད་ཀྱིས་ནི་རྣལ་འབྱོར་ཕ་རོལ་འགྲོ་བར་འགྱུར། །གང་ཞིག་དུག་ཉིད་ཀྱིས་ནི་སེམས་ ཅན་འཆི་བྱེད་དེ། །དུག་སྔགས་ཤེས་པས་དེ་ཉིད་ཀྱིས་ནི་ནད་འཇོམས་བྱེད། །ཅེས་གསུངས་ ཏེ། བྱང་ཆུབ་ཀྱི་སེམས་འཆིང་བའི་ཐབས་ཀྱིས་མ་ཟིན་པའི་ལས་ཀྱི་ཕྱག་རྒྱ་ལ་སྦྱོར་བ་ནི། འཁོར་བ་དང་ངན་སོང་གི་རྒྱུ་ཉིད་ཡིན་ལ། བྱང་ཆུབ་ཀྱི་སེམས་འཆིང་བའི་ཐབས་ཀྱིས་ཟིན་ པའི་ལས་ཀྱི་ཕྱག་རྒྱ་ལ་སྦྱོར་བ་ནི་ཐར་པའི་མཆོག་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པའི་ ཐབས་དམ་པ་ཉིད་དུ་ཤེས་པར་བྱའོ། །མན་ངག་གཞན་ལས། མ་དག་པ་སྤྱོད་སྡུག་བསྔལ་ མྱོང༌། །གནས་སུ་མ་སྐྱོལ་ཆུ་དང་སྟོང༌། །ལུས་ལ་མ་ཁྲོམ་ནད་དུ་འགྱུར། །རླུང་དང་མ་བསྲེས་ 1-1-494 ས་དབང་འཆོར། །སྟོང་པས་མ་ཐེབས་འཁོར་བའི་རྒྱུ། །དྭངས་མ་འདྲེས་ན་མདངས་དང་ བཀྲག །རྩ་མིག་ཐེབས་པས་སྟོབས་དང་ཤེད། །ལོ་བདུན་བརྟན་ན་མི་ཤིགས་འགྱུར། །ཞེས་ སོ། །བསྒོམ་ཐེབས་པ་ལ་ཕྱག་རྒྱ་ཕུལ་བས་བསོད་ནམས་ཚད་མེད་དེ། དོན་དམ་བསྙེན་པར། བཟའ་བཅའི་བརྒྱད་འགྱུར་སྒྲོན་མེས་བྱང་ཆུབ་སྟེར། །སྒྲོན་མའི་བརྒྱད་འགྱུར་ཤིན་ཏུ་རྣམ་ པར་དག་པའི་ཆང༌། །ཆང་གི་བརྒྱད་འགྱུར་ན་ཆུང་མ་དང་རབ་སྦྱོར་ཏེ། །དེ་ཕྱིར་འདོད་པའི་ སྦྱིན་པ་ངེས་པར་ཁྱད་པར་འཕགས། །ཞེས་དང༌། རིམ་ལྔ་ལས། སྒྱུ་མ་དག་ནི་ཐམས་ཅད་ ལས། །བུད་མེད་སྒྱུ་མ་ཁྱད་པར་འཕགས། །ཞེས་དང༌། སྒྲུབ་ལེའི་རྒྱུད་དུ། སྔོན་ཚེ་སངས་ རྒྱས་རྣམས་ཀྱིས་འཛིན་མ་གླང་ཆེན་རྟ་དང་ཤིང་རྟ་གསེར་གྱི་ཁུར་བུ་དུ་མ་རྣམས། །སངས་ རྒྱས་ཉིད་ཀྱི་ཆེད་དུ་བྱིན་ཞིང་སླར་དང་དབུ་དང་ཁྲག་དང་ཤ་རྣམས་དག་ཀྱང་རབ་ཏུ་སྦྱིན། ། འདི་རྣམས་ཀྱིས་ནི་བཞེད་པའི་སངས་རྒྱས་ཉིད་དུ་མ་གྱུར་དེ་ནས་འདོད་པའི་སྦྱིན་པ་རབ་ཏུ་ བྱིན། །གསང་བའི་སྦྱིན་པ་དེ་ཡིས་སྐྱེས་བུ་རྣམས་ནི་རྒྱལ་བ་བསྐྱེད་མཛད་རིགས་ལ་སངས་ རྒྱས་ཉིད་དུ་འཁྲུངས། །ཞེས་གསུངས་སོ། ། བཞི་པ་ཀུན་སྤངས་ཀྱི་རྣལ་འབྱོར་པའི་བྱ་བ་ལ། དངོས་དང༌། ཤུགས་ལ་འབྲིང་པོའི་ གནས་སྐབས་སུ་ཡེ་ཤེས་ཕྱག་རྒྱ་བསྒོམ་ཚུལ་ལ་གཉིས་ལས། དང་པོ་ནི། ཀུན་སྤངས་ཀྱི་ རྣལ་འབྱོར་པ་ལྟ་བུས་ལས་ཀྱི་ཕྱག་རྒྱ་མ་རྙེད་པའམ། སོ་སོ་ཐར་པའི་སྡོམ་པའི་ངེས་པ་ལ་ གནས་པའི་རབ་བྱུང་གི་རྣལ་འབྱོར་པས་ནི་བྱང་སེམས་བརྟན་པར་བྱ་བའི་དོན་དུ། སྲོག་ གཟུགས་གྲུབ་ན་གང་བསམ་གསལ་སྣང་ལ་འཆར་བས་རང་དུས་འཁོར་དང་ཡིད་དུ་འོང་ བའི་བུད་མེད་སྣ་ཚོགས་ཡུམ་དུ་བསམ་ལ༑ གཉིས་ཀའི་ལས་ཀྱི་གནས་དྲུག་དང་མཁའ་ གསང་སྔར་བཞིན་བྱིན་གྱིས་བརླབས། ལུས་ཅུང་ཟད་རྒྱལ་ཉེ་ཞིང་ལྟ་སྟངས། གསང་འདུས་ ལས། སྔགས་པ་ཆོ་ག་ཤེས་པ་ཡིས། །སྒྲུབ་པ་ལྷ་ཡི་སྦྱོར་པས་ལྟ། །སྙན་རྒྱུད་ལས། ལྟ་སྟངས་ 1-1-495 རང་ལྷའི་ལྟ་བས་ཏེ། །ཞེས་པས་འདིར་ལྟ་སྟངས་ཅུང་ཟད་དམའ་བར་བྱ། རྒྱུད་ཀྱི་རྒྱལ་པོ་ ལས། བསྟེན་པའི་དོན་དུ་ལག་པའི་ཕྱག་རྒྱ་རང་གི་སྙིང་གི་དབང་སོན་སྐྱོན་རྣམས་ཀུན་ལས་ རྣམ་པར་གྲོལ། །ཞེས་པའི་འགྲེལ་པར། དེ་ལ་བསྟེན་པའི་དོན་དུ་ལས་ཀྱི་ཕྱག་རྒྱ་མེད་པར་ གྱུར་ན། ལག་པའི་ཕྱག་རྒྱ་སྦྱིན་པར་བྱ་སྟེ། རང་གི་སྙིང་ཁའི་དབང་སོང་ལག་པའི་ཕྱག་རྒྱ་ ནི་སྐྱོན་རྣམས་ཀུན་ལས་རྣམ་པར་གྲོལ་བ་སྟེ། བྱང་སེམས་བརྟན་པར་བྱེད་པའི་ཆེད་དུའོ། ། ཞེས་པའི་ངེས་པའོ། །ཡེ་ཤེས་ལེའུ་ལས། པད་མར་རྡོ་རྗེའི་སྒྲའམ་རང་གི་ལག་པས་ཆུ་སྐྱེས་ དག་གིས་གསོར་བ་བདེ་བའི་སླད་དུ་སྟེ། །ས་བོན་གཏོང་བ་མིན་པའི་བདེ་བ་དེ་ནི་འཆི་བའི་ འཇིགས་འཕྲོག་འདི་ནི་དཔལ་ལྡན་བླ་མའི་ཞལ། །ཞེས་པའི་འགྲེལ་པར། ཅི་སྟེ་གཟུགས་ ཀྱི་སྒོ་ནས་དགའ་བར་མ་གྱུར་ན་དེའི་ཚེ་པད་མར་རྡོ་རྗེའི་སྒྲའམ་ཞེས་པ་དལ་བུ་དག་གིས་ བྱའོ། །ཅི་སྟེ་བུད་མེད་མ་རྙེད་ན་དེའི་ཚེ་རང་གི་ལག་པའི་པད་མས་གཡོར་བར་བྱའོ། །བདེ་ བ་འཕེལ་བའི་སླད་དུ་སྟེ་ལྟུང་བའི་སླད་དུ་ནི་མ་ཡིན་ནོ། །དེ་ལྟར་ས་བོན་གཏོང་བ་མིན་པའི་ བདེ་བ་དེ་ནི་འཆི་བའི་འཇིགས་འཕྲོག་ཏུ་འགྱུར་ཞིང་འདི་ནི་དཔལ་ལྡན་བླ་མའི་ཞལ་བཞི་ པ་སྟེ་ཡེ་ཤེས་རྡོ་རྗེའོ་ཞེས་པ་རྣལ་འབྱོར་གོ མས་པའི་ངེས་པའོ། །སམ་བུ་ཊི་ལས། བསྟན་པ་ ལ་སྨོད་པའི་འཇིགས་པ་དང༌། སྐྱེ་བོ་གདུག་པ་ཅན་གྱི་ནང་དུ། རྣལ་འབྱོར་པ་རང་གི་སེམས་ འབའ་ཞིག་དེར་བསམ་ལ། དེ་ལ་ལྷག་པར་མོས་པ་མངོན་དུ་བྱའོ། །ཞེས་གསུངས་སོ༑ ༑ གཉིས་པ་ཡེ་ཤེས་ཕྱག་རྒྱ་ནི། རྡོ་རྗེ་ལག་པ་སོགས་ཀྱིས་མི་བསྐྱོད་པར་ལྷ་ཡབ་ཡུམ་དུ་ སྙོམས་པར་འཇུག་ཚུལ་གྱི་དམིགས་པ་སྔར་བཞིན་ནོ། ། གསུམ་པ་ལས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་བདེ་བ་སྒྲུབ་པ་གསང་ཆེན་གྱི་ལམ་དུ་བསྟན་པ་ ནི། རྒྱུད་ལས། དབུས་སུ་སྲོག་ནི་རབ་ཏུ་ཞུགས་པ་ཡུལ་དང་རྣམ་པར་བྲལ་བའི་སྣ་ཚོགས་ ཡུམ་ལ་འཁྱུད་པ་སྟེ། །པད་མར་ཞུགས་པའི་རང་གི་རྡོ་རྗེ་སྤྲོ་བ་དག་ཀྱང་དེ་བཞིན་ཟླ་ཉིའི་ 1-1-496 དབུས་སུ་རབ་ཞུགས་པའོ། །བདེ་བའི་ས་བོན་མ་ལྷུང་བ་ལ་རབ་དགའི་དགའ་བར་གནས་པ་ རྣལ་འབྱོར་པ་ཡི་རྣལ་འབྱོར་འདི། །ཕྱག་རྒྱའི་དངོས་གྲུབ་དོན་སླད་ཁྱབ་བདག་གི་ནི་དཔལ་ ལྡན་གསང་བ་ལས་ནི་མཆོག་ཏུ་གསང་བའོ། །ཞེས་དང༌། བརྟག་གཉིས་ལས། མ་གསང་ སྦྲུལ་དང་ཆོམ་རྐུན་དང༌། །ས་སྤྱོད་མེ་ཡི་སྡུག་བསྔལ་བྱེད། །ཅེས་སོ། ། བཞི་པ་སྤོགས་པའི་ཆོ་ག་ནི། ལས་རྒྱ་གཞོན་ལ་མང་ལ་ལོངས་སྤྱོད་པར་བྱ་སྟེ། སྙན་ རྒྱུད་ལས། ཆགས་པས་ལས་རྒྱ་མང་ལ་སྦྱར། །བདེ་ཆེན་རོ་མཉམ་དག་ཏུ་བྱ། །ཞེས་དང༌། ལུས་གཟིར་འཕགས་ལ་ཕྱག་རྒྱས་བསལ། །ཞེས་དང༌། སྒྲུབ་ལེར། སོ་སོར་སྡུད་པ་ལ་ སོགས་རྣམས་ཀྱིས་གལ་ཏེ་སྔགས་པ་རྣམས་ཀྱི་འདོད་པ་གྲུབ་པར་མ་གྱུར་ན། །ནཱ་ད་གོ མས་ པས་བཙན་ཐབས་ཆུ་སྐྱེས་སུ་གནས་རྡོ་རྗེ་ནོར་བུར་ཐིག་ལེ་བཀག་ནས་བསྒྲུབ་པར་བྱ། ། དེའི་འགྲེལ་པར་ཞེས་སོ། །ད་ནི་བཙན་ཐབས་ཀྱི་རྣལ་འབྱོར་གསུངས་ཏེ། འདིར་གང་གི་ ཚེ་སོ་སོར་སྡུད་པ་ལ་སོགས་པས་གཟུགས་མཐོང་བར་གྱུར་པ་ལ་སྲོག་མ་བཅིངས་པ་ཉིད་ ཀྱིས་འགྱུར་བ་མེད་པའི་སྐད་ཅིག་མ་སྐྱེས་ན་དེའི་ཚེ། ནཱ་ད་གོ མས་པ་འཆད་པར་འགྱུར་བས། བཙན་ཐབས་སུ་དབུ་མར་འབབ་པར་བྱས་ནས། ཤེས་རབ་ཀྱི་ཆུ་སྐྱེས་སུ་གནས་པའི་རྡོ་རྗེ་ ནོར་བུར་བྱང་ཆུབ་ཀྱི་ཐིག་ལེ་བཀག་ནས་མི་གཡོ་བས་འགྱུར་བ་མེད་པའི་སྐད་ཅིག་བསྒྲུབ་ པར་བྱའོ། །ཞེས་པ་ནི་བཙན་ཐབས་ཀྱི་རྣལ་འབྱོར་རོ། །ཞེས་པ་བཞིན་བསྒོམ་པར་བྱའོ། །དེ་ ལྟར་རྗེས་དྲན་གྱི་སྐབས་སུ་ལས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་ལྟེ་བར་གཏུམ་མོའི་མེ་འབར་བས་ སྤྱི་བོའི་ཧྃ་ཡིག་བྱང་ཆུབ་སེམས་ཀྱི་ཐིག་ལེར་ཞུ་ནས་འཁོར་ལོ་རྣམས་སུ་འབབ་པའི་དགའ་ བ་བཞི་ཉམས་སུ་མྱོང་བ་ལ་ཡེ་ཤེས་ཀྱི་ཕྱག་རྒྱའི་དམིགས་པ་དང་འབྲེལ་དགོས་ཤིང༌། ཕྱག་ རྒྱ་ཆེན་མོ་འོད་གསལ་སྟོང་གཟུགས་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་དང་མཚུངས་ལྡན་ དུ་བསྒོམ་པ་ནི་ཤིན་ཏུ་གནད་ཆེའོ། ། བཞི་པ་བསྒོམས་པའི་རྟགས་ཚད་ལ་གཉིས་ལས། རྗེས་ 1-1-497 དྲན་གྱི་ཉམས་རྟགས་ཇི་ལྟར་འཆར་བའི་ཚུལ་ནི། གཏུམ་མོའི་མེ་འབར་བས་བྱང་སེམས་ བདེ་བ་ཆེན་པོ་ཅི་ཙམ་ཕབ་ཀྱང་རྡོ་རྗེ་ནོར་བུ་ལས་ཕྱིར་མི་འཕོ་བའི་བདེ་བ་ཁྱད་པར་ཉམས་ སུ་མྱོང་ཞིང༌། རང་གི་ལུས་ཀྱང་སྟོང་གཟུགས་འོད་ཀྱི་དཀྱིལ་འཁོར་དུ་སྣང་ཞིང༌། བ་སྤུའི་ ཁུང་བུ་རྣམས་ནས་ཡེ་ཤེས་ཀྱི་འོད་ཟེར་རྣམ་པ་ལྔ་ནམ་མཁའ་ཁྱབ་པ་ལྟ་བུར་སྣང་བའི་འཕྲོ་ བ་དང༌། ཡོངས་སུ་དག་པ་དང་མ་དག་པའི་སངས་རྒྱས་ཀྱི་ཞིང་རྣམ་པ་ལྟ་བུའི་འོད་གསལ་གྱི་ སྣང་བ་དང༌། དག་མ་དག་གི་ཞིང་དངོས་ཀྱི་རྣམ་པ་དུ་མ་ཡང་མཐོང་བ་འབྱུང་ངོ༌། ། རྗེས་དྲན་ཚད་མ་གང་ཡིན་པའི་ཚུལ་ནི། སྤྱིར་རྣལ་འབྱོར་མངོན་སུམ་ཡིན་ལ། དེའི་ནང་ ཚན་གྱི་རྡོར་སྙིང་འགྲེལ་པར། རྗེས་དྲན་རྣལ་འབྱོར་མངོན་སུམ་དང་ཏིང་ངེ་འཛིན་ནི་རང་རང་ གི་མངོན་སུམ་དུ་གསུངས་པས། སྙན་རྒྱུད་ལས། རང་རིག་མངོན་སུམ་དུ་ནི་འདོད། །ཅེས་པ་ མ་དག་གོ ། ལྔ་པ་དག་བྱ་དག་བྱེད་ཀྱི་དབྱེ་བ་ལ། དག་པར་བྱ་བའི་གཞི་ནི། སེམས་ཅན་ཐམས་ཅད་ ལ་གདོད་མ་ནས་བཞུགས་པའི་དང་པོའི་སངས་རྒྱས་ཡེ་ཤེས་ཀྱི་སྐུའི་འདུ་ཤེས་ཀྱི་ཕུང་པོ་ གཞན་རྒྱལ་བ་སྣང་བ་མཐའ་ཡས་ལ་སོགས་པ་ཆུ་ཁམས་པ་དྲུག་ཚན་གཅིག་ཡིན་ལ། དག་ བྱ་ནི། མ་དག་པ་འཁོར་བའི་དུས་ཤེས་ཀྱི་ཕུང་པོ་ལ་སོགས་པ་དྲུག་ཚན་གཅིག་ཡིན་ཞིང༌། དག་བྱེད་ནི། རྒྱལ་བ་འོད་དཔག་མེད་ཀྱི་རིགས་ཀྱི་ཏིང་ངེ་འཛིན་རྗེས་སུ་དྲན་པའི་ཡན་ལག་ སྟེ། འདི་ལ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལམ་ཞེས་བཞེད་དོ། ། དག་བྱེད་ལ་དབྱེ་ན། རྩ་དབུ་མར་རླུང་སེམས་འདུས་པ་འདོད་པའི་གནས་སྐབས་བཅུ་ སྔར་བསྟན་པ་རྣམས་དག་བྱེད་ཀྱི་དབྱེ་བས་བཅུའོ། ། དྲུག་པ་བསྒོམས་པས་ཐོབ་པའི་འབྲས་ བུ་ནི། རྒྱུད་ཀྱི་རྒྱལ་པོ་ལས། རྗེས་སུ་དྲན་པས་ལེགས་པར་དག་པ་དྲི་མེད་འོད་ཀྱི་དཀྱིལ་ འཁོར་དག་ཀྱང་ཡེ་ཤེས་གཟུགས་པའོ། །ཞེས་དང༌། དེའི་འགྲེལ་པར། རྗེས་སུ་དྲན་པས་ 1-1-498 ལེགས་པར་དག་པ་ཞེས་པ་ལ་འདིར་རྗེས་སུ་དྲན་པ་ནི་གཟུགས་ལ་འཁྱུད་པའི་སེམས་རྣམ་ པར་རྟོག་པ་ཐམས་ཅད་དང་བྲལ་བའོ། །དེའི་ཕྱིར་གང་གི་ཚེ་དག་པར་གྱུར་པ་དེའི་ཚེ་དྲི་ མེད་འོད་ཀྱི་དཀྱིལ་འཁོར་དུ་འགྱུར་རོ། །ཀྱང་གི་སྒྲ་ལས་བ་སྤུའི་ཁུང་བུ་ནས་འོད་ཟེར་ལྔ་ འཕྲོ་ཞིང་ངེས་པར་རྒྱུ་བའོ། །ཡེ་ཤེས་གཟུགས་ལས་སོ། །ཞེས་པ་སྟོང་པའི་གཟུགས་ལས་ སོ། །ཞེས་གསུངས་ཏེ། གནས་སྐབས་ཀྱི་འབྲས་བུ་ནི། གོང་དུ་བསྟན་པའི་ཉམས་རྟགས་ དང་དོན་གཅིག་ཅིང་རྫུ་འཕྲུལ་དང་མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་དུ་མ་ཐོབ་ ཅིང༌། མཐར་ཐུག་གི་འབྲས་བུ་རྣལ་འབྱོར་པའི་སྒྲིབ་བཅས་ཀྱི་འདུ་ཤེས་ཀྱི་ཕུང་པོ་དང༌། ཆུའི་ཁམས་པ་ལ་སོགས་འགགས་ནས། གཞི་ལ་གདོད་མ་ནས་བཞུགས་པའི་འདུ་ཤེས་ཀྱི་ ཕུང་པོ་གཞན་རྒྱལ་བ་སྣང་བ་མཐའ་ཡས་ལ་སོགས་པ་དྲུག་ཚན་གཅིག་སྒྲིབ་པ་དང་བྲལ་ བར་གནས་གྱུར་པའི་འབྲས་བུ་ཐོབ་པར་འགྱུར་རོ། །དེ་ནི་སྙན་རྒྱུད་ལས། སྒྲུབ་པ་ཞེས་ནི་ གསུངས་པའོ། །ཞེས་སོ། །ཕྱག་རྒྱ་གཉིས་པོ་རིམ་བཞིན་བསྟེན་པ་དང༌། །གཏུམ་མོ་འབར་ བའི་ཧྃ་ཡིག་བཞུ་བ་ཡིས། །ཟག་མེད་དགའ་བ་བཞི་ལ་ལོངས་སྤྱོད་པས། །རྗེས་དྲན་ཡན་ ལག་ཀུན་གྱི་འབྱོངས་པར་ཤོག །འོད་དཔག་མེད་སོགས་སངས་རྒྱས་ཀུན་ཐོབ་ཤོག ། ༈ གཉིས་པ་ཏིང་ངེ་འཛིན་ནི། བསྒྲུབ་པ་ཆེན་པོའི་ཡན་ལག་བྱང་སེམས་ཐིག་ལེ་ཇི་ལྟར་ བྱོན་པ་དེ་བཞིན་དུ་སྟེང་དུ་གཤེགས་པར་བྱེད་པ་ཡེ་ཤེས་རྡོ་རྗེ་ཕྲ་མོའི་རྣལ་འབྱོར་ལ་དྲུག་སྟེ། ཏིང་ངེ་འཛིན་གྱི་མཚན་ཉིད། བསྒོམ་པའི་དུས་མཚམས། བསྒོམ་ཚུལ་གྱི་ཡན་ལག །བསྒོམ་ པའི་རྟགས་ཚད། དག་བྱ་དག་བྱེད་ཀྱི་དབྱེ་བ། བསྒོམ་པ་ཐོབ་པའི་འབྲས་བུའོ། ། དང་པོ་ནི། དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་ཀྱི་ལེའུ་ལས། ཤེས་རབ་ཐབས་ཀྱི་བདག་ཉིད་ཀྱིས་ནི་འགྱུར་མེད་ བདེ་བའི་དབང་གིས་ཡེ་ཤེས་གཟུགས་ལ་ཏིང་ངེ་འཛིན། །ཞེས་གསུངས་པའི་འགྲེལ་པར། 1-1-499 ཤེས་རབ་ཐབས་ཀྱི་བདག་ཉིད་ཀྱིས་ནི་ཞེས་པ་ཤེས་བྱ་དང་ཤེས་པ་གཅིག་ཏུ་འདྲེས་པར་ གྱུར་ཏེ་འགྱུར་མེད་བདེ་བའི་དབང་གིས་ཡེ་ཤེས་གཟུགས་ལ་ཏིང་ངེ་འཛིན་ནོ། །དེ་ཡང་སྲོག་ ལ་སོགས་པ་མེད་པ་ལས་རྣམ་པ་བཅུའོ། །ཞེས་པའི་དོན་ཤེས་བྱའི་རྣམ་པ་སྟོང་གཟུགས་དང་ ཤེས་པ་རྣལ་འབྱོར་པའི་བདེ་བའི་སེམས་རྩེ་གཅིག་ཏུ་འདྲེས་པར་གྱུར་པས་ཐིག་ལེ་འགྱུར་བ་ སྟེ། འཕོ་བ་མེད་པའི་བདེ་བ་ཐོབ་པའི་དབང་གིས་བདེ་བ་ཆེན་པོའི་ལམ་གྱི་སེམས་ཡེ་ཤེས་ ཀྱི་གཟུགས་འོད་གསལ་སྟོང་གཟུགས་ལ་རྩེ་གཅིག་ཏུ་གནས་པས་ན་ཏིང་ངེ་འཛིན་ཞེས་བྱ་ སྟེ། དེ་ཡང་སྲོག་ཐུར་སེལ་མཉམ་གནས་གྱེན་རྒྱུ་ཁྱབ་བྱེད་ཀླུ་རུས་སྦལ་རྩངས་པ་ལྷས་སྦྱིན་ ནོར་ལས་རྒྱལ་བ་སྟེ་རླུང་བཅུ་འགགས་པའི་སྒོ་ནས་དབྱེ་བ་རྣམ་པ་བཅུ་ཡིན་ནོ། །འདི་ཏིང་ ངེ་འཛིན་གྱིས་མཚན་ཉིད་ཡིན་པར་རྒྱུད་འགྲེལ་དུ་གསུངས་སོ། །རྒྱུད་ཕྱི་མ་ལས་ཀྱང༌། ཏིང་ ངེ་འཛིན་གྱིས་ཁུ་བ་རྡོ་རྗེ་ལས་ནི་མགོ་བོར་བགྲོད་བྱེད་དྲི་མེད་བདེ་བ་རབ་ཏུ་རྫོགས། །ཞེས་ དང༌། བདེ་མཆོག་སྟོད་འགྲེལ་ལས། དེ་ནས་ཏིང་ངེ་འཛིན་ཞེས་བྱ་བ་ནི་འདོད་པའི་ལྷ་ལ་ རྗེས་སུ་ཆགས་པ་ལས་གང་ཞིག་འགྱུར་བ་མེད་པའི་བདེ་བ་ཐོབ་པ་སྟེ། དེ་ལ་གཅིག་ཏུ་གྱུར་ པའི་སེམས་གཟུང་བ་དང་འཛིན་པ་དང་བྲལ་བ་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཏིང་ངེ་ འཛིན་གྱི་ཡན་ལག་ཏུ་བརྗོད་དོ། །ཞེས་གསུངས་སོ། ། གཉིས་པ་བསྒོམ་པའི་དུས་མཚམས་ནི། ཤེས་རབ་མ་ལ་སྦྱར་བས་འཕོ་བ་མེད་པའི་བདེ་ བ་ནམ་ཐོབ་པ་ནས་ཏིང་ངེ་འཛིན་བསྒོམ་པར་བྱ་སྟེ། འགྲེལ་ཆེན་ལས། དེ་ནས་སྒྲུབ་པ་ཆེན་ པོ་ནི། ཤེས་རབ་ལ་སྦྱར་ལས་གང་གི་ཚེ་འཕོ་བ་མེད་པའི་བདེ་བར་གྱུར་པ་དེའི་ཚེ་སྒྲུབ་པ་ ཆེན་པོ་སྟེ་ཕྲ་མོའི་རྣལ་འབྱོར་ལས་ཞེས་པ་ངེས་པའི་དོན་གྱིས་ཤིན་ཏུ་ཡིད་བཟང་མའི་རྩའི་ སྟེང་དུ་ཁུ་བ་ཡང་དག་པར་སྦྱོར་བ་ལས་སྒྲུབ་པ་ཆེན་པོར་གསུང་སྟེ། ཞེས་དང༌། ཡེ་ལེར། དེ་ ཕྱིར་གཡོ་མེད་བདེ་བའི་སྐད་ཅིག་ལྷན་ཅིག་སྐྱེས་པ་འདིར་ནི་ཆོས་ཀྱི་དབྱིངས་ཀྱི་སྟེར་བྱེད་ 1-1-500 དེ། །ཞེས་པའི་དོན་ནི་འགྲེལ་པར་མི་འཕོ་བའི་རྒྱུ་དེའི་ཕྱིར་གཡོ་མེད་བདེ་བའི་སྐད་ཅིག་ གང་ཡིན་པ་འདིར་ནི་ཆོས་ཀྱི་དབྱིངས་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མས་སྟེར་བར་བྱེད་དོ། ། དེས་ན་ཕྱག་རྒྱ་ཆེན་པོའི་བདེ་བ་ནི་མཆོག་ཏུ་མི་འགྱུར་བའོ། །ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱའི་ བདེ་བ་ནི་བདེ་བ་འཛག་པ་དང་གཡོ་བའི་ཐབས་ཏེ་བྱིས་པ་དང་ལང་ཚོའོ། །ཇི་ལྟར་དངུལ་ཆུ་ བྱིས་པ་དང་ལང་ཚོ་དང་རྒན་པོ་དང་བཅིངས་པ་དེ་བཞིན་དུ་ཁུ་བ་ཡང་ཁུ། བྱིས་པ་དང་ལང་ ཚོ་དང་རྒན་པོ་དང་འགོག་པ་སྟེ་སྒྲིབ་པ་ཐམས་ཅད་ཟད་པ་ལས་སྒྲིབ་པ་ནི་དྲི་མའོ། །བྱང་ ཆུབ་ཀྱི་སེམས་དེ་ཉིད་གང་གི་ཚེ་དཔྲལ་བར་སྟེང་དུ་འགྲོ་བ་དེའི་ཚེ་སེམས་ཏེ་ཇི་ལྟར་བྱོན་པ་ དེ་བཞིན་གཤེགས་པར་འགྱུར་རོ། །ཞེས་གསུངས་སོ། ། གསུམ་པ་བསྒོམ་ཚུལ་གྱི་ཡན་ལག་ལ། ཏིང་ངེ་འཛིན་བསྒོམ་པའི་གནས་དང༌། བསྒོམ་ པར་བྱ་བའི་ཡུལ་དང༌། བསྒོམ་པའི་དགོས་པ་དང༌། དུས་ཅི་ཙམ་བར་དུ་བསྒོམ་པ་དང༌། ཏིང་ ངེ་འཛིན་ཇི་ལྟར་བསྒོམ་པའི་ཚུལ་དང་ལྔའོ། །དང་པོ་ནི། སྔར་གྱི་ཉིན་མཚན་གྱི་རྣལ་འབྱོར་ བསྒོམ་པའི་གནས་དང༌། རྗེས་སུ་དྲན་བསྒོམ་པའི་གནས་སུ་འདོད། གཉིས་པ་ཡུལ་ནི། སྙན་ རྒྱུད་ལས། ངོ་བོ་བདེ་སྟོང་གཉིས་མེད་དེ། །དེ་ལ་རྩེ་གཅིག་གནས་པའོ། །ཞེས་དང༌། ཏིང་ངེ་ འཛིན་གྱི་ཡན་ལག་འདི་དབང་བཞི། བཞི་པ་འཇིག་རྟེན་ལས་འདས་པའི་ཤེས་རབ་ཡེ་ཤེས་ དང་གཅིག་ཡིན་ཞིང༌། དེ་ཡང་རྒྱུད་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་དང་འབྲས་བུ་འགྱུར་མེད་ ཀྱི་བདེ་བ་ངོ་བོ་གཅིག་པ་ཟུང་འཇུག་ཡིན་ཏེ། ཡེ་ཤེས་ལེའུར། འདིར་ནི་དབང་བསྐུར་རྣམ་པ་ གཉིས་ཀྱང་བུའི་ཡོན་ཏན་དབང་གིས་འཇིག་རྟེན་འཇིག་རྟེན་འདས་པའོ། །གང་ཞིག་ཤེས་ རབ་ཀྱིས་ནི་ནུ་མ་ལ་རེག་གཞན་པ་བདུད་རྩི་མྱང་དང་འཁྱུད་པ་གང་ཡིན་པ། །ཤེས་རབ་དང་ འགྲོགས་བྱང་ཆུབ་སེམས་ནི་ཞུ་བ་དག་ལ་བཞི་པའི་སྐད་ཅིག་བདུད་རྩི་རྟོགས་པ་གང༌། ། འདི་དག་ཐམས་ཅད་ངེས་པར་འཇིག་རྟེན་པ་སྟེ་མཆོག་གི་ཐུགས་རྗེ་ཡིས་ནི་ལམ་གྱི་རྒྱུ་ 1-1-501 རུ་བསྟན། །ཡེ་ཤེས་མེ་ལྕེ་དེ་ནི་རབ་ཏུ་རྒྱས་པར་བདུད་ཚོགས་ཡུལ་དང་བཅས་པ་མཐའ་ དག་བསྲེག་བྱེད་ཅིང༌། །ལུས་ལ་ཆགས་པར་ལ་སོགས་ཀྱང་སྟེ་རྣལ་འབྱོར་རྣམས་ལ་ལོ་ཡི་ སྦྱོར་བས་བདེ་མཉམ་སྟེར་བར་བྱེད། །འཇིག་རྟེན་འདས་པའི་དབང་གང་མཆོག་གི་རྒྱལ་ བའི་བདག་པོའི་ཕྱག་རྒྱ་མཆོག་ལ་རྗེས་སུ་སྦྱོར་བའོ། །སེམས་ཀྱི་སྣང་བ་ཙམ་སྟེ་རང་གི་ཡིད་ ལ་སྐྱེས་པ་མེ་ལོང་གི་ནི་གཟུགས་བརྙན་ལྟ་བུ་ཉིད། གང་ཞིག་མཐའ་དག་རྒྱལ་བའི་སྲས་དང་ སངས་རྒྱས་རྣམས་ཀྱིས་བསྟེན་པ་རྣལ་འབྱོར་དབང་པོས་བསྟེན་བྱ་སྟེ། །ཤེས་རབ་ཡེ་ཤེས་ དག་ནི་སེམས་དང་དེ་ཡི་སྣང་བ་དག་ཀྱང་རྣམ་པར་བཅུ་པོ་དག་ཏུ་འགྱུར། །དབང་བསྐུར་ དྲི་མེད་རི་བོང་ཅན་མཚུངས་མེ་ལོང་གཟུགས་བརྙན་ལྟ་བུ་འདི་ལ་ཞུགས་པ་གང་ཡིན་པ། ། དེ་ལས་མྱ་ངན་འདས་པའི་བདེ་བ་འཕོ་མེད་ལྷན་ཅིག་སྐྱེས་པ་འགྱུར་མེད་དེ་ནི་བཞི་པ་སྟེ། ། སངས་རྒྱས་ཞལ་འདི་གང་གིས་ཐུགས་དང་ཞལ་ལ་གནས་པར་གྱུར་པ་དེ་ནི་དཔལ་ལྡན་བླ་ མའོ། །ཞེས་གསུངས་ཏེ། ཚིགས་བཅད་དང་པོ་པའི་དོན་ནི་གོ་སླ་ལ། ཕྱི་མའི་ཐད་དུ། འགྲེལ་ ཆེན་ནས། ཡན་ལག་དྲུག་ལས། སོ་སོར་སྡུད་དང་བསམ་གཏན་དང་སྲོག་རྩོལ་དང་འཛིན་ པ་ནི་ཞུགས་པ་ཞེས་བརྗོད་ཅིང༌། ཞུགས་པ་དེ་ལས་མྱ་ངན་འདས་པའི་བདེ་བ་འཕོ་མེད་ལྷན་ ཅིག་སྐྱེས་པ་འགྱུར་མེད་ཉིད་ནི་བཞི་པ་སྟེ། ཞེས་པ་བདེ་བ་བྱིས་པ་དང་དར་ལ་བབ་པ་དང་ གཡོ་རྣམས་ཀྱི་མཆོག་འཇིག་རྟེན་པའི་དེས་པས་འདས་པ་འཇིག་རྟེན་གསུམ་གྱི་སྤྱོད་པ་ལས་ གྲོལ་ཞེས་པའི་དོན་ཏེ། རྒོད་པ་དང་ལྟ་བ་དང་རེག་པ་དང་འཁྱུད་པ་དང་ལག་པ་བཅིངས་ པའི་བྲིག་པ་དང་བྲལ་བ་ལས་ཀྱི་ཕྱག་རྒྱ་དང་ཡེ་ཤེས་ཀྱི་ཕྱག་རྒྱའི་རྒྱུ་དང་བྲལ་བ་སྟོང་པ་ ཉིད་རྣམ་པ་ཐམས་ཅད་པ་རབ་ཏུ་གསལ་བའི་མཚན་ཉིད་དོ། །སངས་རྒྱས་ཞལ་ཏེ་ཡེ་ཤེས་ ཞལ་འདི་སློབ་དཔོན་གང་གི་ཐུགས་ལ་གནས་པ་ཞེས་པ་བསྒོམ་པ་སྟེ་རང་གི་ཉམས་སུ་མྱོང་ བ་དང་སློབ་མ་རྣམས་ལ་བསྟན་པའི་སླད་དུ་དུས་ཐམས་ཅད་དུ་ཞལ་ལ་གནས་པར་གྱུར་པ་ 1-1-502 དེ་ནི་དཔལ་ལྡན་བླ་མ་སྟེ་རྡོ་རྗེ་འཛིན་པའོ། །ཞེས་པའི་དོན་ཏོ། །གཞན་དབང་པོ་གཉིས་ཀྱི་ བདེ་བ་རྟོགས་པར་བྱེད་པ་པོ་རྣམས་ནི་མ་ཡིན་ནོ། །ཞེས་སོ། ། གསུམ་པ་བསྒོམ་པའི་དགོས་པ་ནི། སྙན་རྒྱུད་ལས། དེ་ནས་མི་འགྱུར་བདེ་བསྒྲུབ་ཕྱིར། ། ཏིང་ངེ་འཛིན་ནི་ངེས་པར་བསྒོམ། །ཞེས་གསུངས་པས། བྱང་སེམས་ཐིག་ལེ་རྡོ་རྗེ་ནོར་བུའི་ རྩེ་མོར་བརྟན་པའི་བདེ་བ་ཆེན་པོའི་སྐད་ཅིག་མ་གཅིག་ནས་བརྩམས་ཏེ་གཙུག་ཏོར་དུ་བྱང་ སེམས་ཐིག་ལེ་བརྟན་པའི་བར་མི་འགྱུར་བའི་བདེ་བ་ཆེན་པོ་གོང་ནས་གོང་དུ་འཕེལ་བར་བྱ་ བའི་དོན་དུ་བསྒོམ་པར་བྱའོ། ། བཞི་པ་དུས་ཅི་ཙམ་བར་དུ་བསྒོམ་པ་ནི། ཏིང་ངེ་འཛིན་གྱི་ཐོག་མར་མི་འགྱུར་བའི་བདེ་ བའི་སྐད་ཅིག་མ་གཅིག་ཐོབ་པ་ནས་བདེ་བའི་སྐད་ཅིག་ཉི་ཁྲི་གཅིག་སྟོང་དྲུག་བརྒྱ་ཡོངས་སུ་ རྫོགས་པར་ཐོབ་པའི་བར་དུ་བསྒོམ་མོ། ། ལྔ་པ་ཏིང་ངེ་འཛིན་ཇི་ལྟར་བསྒོམ་པའི་ཚུལ་ལ། བསྒོམ་ཚུལ་དངོས་དང༌། སྤོགས་པའི་ ཆོ་ག་དང༌། ས་རྣམས་ཇི་ལྟར་ཐོབ་ཅིང་ཡོན་ཏན་ཇི་ལྟར་སྐྱེ་བའི་ཚུལ་དང་གསུམ་མོ། །དང་པོ་ ལ། ལུས་རྩའི་འདུག་སྟངས་དང༌། ལྟ་སྟངས་དང༌། ངག་རླུང་གི་འཁྲུལ་འཁོར་དང༌། སེམས་ ཀྱི་བཞག་ཐབས་དང་གསུམ་ལས། དང་པོ་ནི། ལུས་རྣམ་སྣང་གི་ཆོས་དྲུག་དང༌། ལྟ་སྟངས་ སྣ་རྩེའི་ཐད་ཀྱི་བར་སྣང་ལ་བལྟ། གསང་འདུས་ལས། སྒྲུབ་པ་ཆེན་པོའི་དུས་སུ་ནི། །སངས་ རྒྱས་གཙོ་བདག་གཟུགས་སུ་བལྟ། །ཞེས་དང༌། རྒྱུད་ཕྱི་མར། སྲོག་གི་བལྟ་བས་ང་རྒྱལ་ མཐའ་རུ་འགྱུར་ཏེ་གཞོམ་མེད་ཚངས་པའི་རྣལ་འབྱོར་ལས། །ཞེས་དང༌། སྙན་རྒྱུད་ལས། སངས་རྒྱས་ཞི་བའི་ལྟ་སྟངས་བདེ། །ལག་པ་ཏིང་འཛིན་ཕྱག་རྒྱའོ། །ཞེས་སོ། ། གཉིས་པ་ནི། སྲོག་རྩོལ་གྱི་སྐབས་བཞིན་ཡི་གེ་ལ་མ་བརྟེན་པའི་རྡོར་བཟླས་བུམ་པ་ ཅན། བར་རླུང་འཛིན་པ། ལྕེ་གསུམ་བསྐྱེད་པ་རྣམས་བྱའོ། ། 1-1-503 གསུམ་པ་ནི། བླ་མ་གོང་མ་སོར་སྡུད་དུས་སུ་མཐོང་བའི་ཡུལ་འོད་གསལ་སྣང་སྟོང་དང༌། སྲོག་རྩོལ་དུས་སུ་ཤར་བའི་དུས་སུ་ཤེས་པ་གསལ་སྟོང་དང༌། རྗེས་དྲན་དུས་སུ་མྱོང་བའི་ ཉམས་མྱོང་བདེ་སྟོང་དབྱེར་མེད་གསུམ་ལ་སེམས་མི་གཡོ་བར་མཉམ་རྗེས་མེད་པ་བསྒོམ་ མོ། །གསུངས་ཀྱང༌། སྔར་བསྟན་པའི་ཡུལ་བདེ་སྟོང་ཟུང་འཇུག་ཁོ་ན་ལ་སེམས་གཡོ་མེད་ དུ་བཞག་ནས་བསྒོམ་པ་ཡིན་ནོ། །རྒྱུད་ལས། བདེ་བ་མ་ཉམས་གཅིག་པུ་ཞི་བ་ལྷན་སྐྱེས་ ཡེ་ཤེས་རྣལ་འབྱོར་འདི་ནི་སྒྲུབ་པ་ཆེན་པོ་ལ། །ཞེས་དང༌། གང་ཞིག་ནམ་མཁའི་ཤེས་རབ་ ལ་འཁྱུད་ལྷན་སྐྱེས་བདེ་བར་གནས་པའི་རང་སེམས་དེ་ནི་ཐར་པ་སྟེར། །ཞེས་དང༌། སྙན་ རྒྱུད་ལས། བསྒོམ་པ་དམིགས་བཅས་སྟོང་གཟུགས་དང༌། །དམིགས་མེད་བདེ་བ་རོ་མཉམ་ ལ། །སེམས་ནི་མི་གཡོ་བརྟན་པར་གནས། །དངོས་པོ་ཐམས་ཅད་བདེར་འཆར་རོ། །ཞེས་ སོ། །ཏིང་ངེ་འཛིན་བསྒོམ་ཚུལ་ལ། ལུས་གནད་སོགས་སྔར་བསྟན་མ་ཐག་བཞིན་ལ། སྙན་ རྒྱུད་ལས། རྒྱལ་བའི་ལྷན་སྐྱེས་བདེ་བ་འདི་ནི་འཕེལ་བའི་དོན་སླད་དང་པོར་ལས་ཀྱི་ཕྱག་ རྒྱ་བསྟེན་པར་བྱ། །ཞེས་དང༌། དབང་མདོར་བསྟན་ལས། ལས་ཀྱི་ཕྱག་རྒྱའི་སྙོམས་འཇུག་ དང༌། །ཡེ་ཤེས་ཕྱག་རྒྱས་དམིགས་པ་དང༌། །ཕྱག་རྒྱ་ཆེན་པོ་མ་སྦྱོར་བས། །མི་འགྱུར་བ་དེ་ འཕེལ་བར་འགྱུར། །ཞེས་གསུངས་པས། སྐབས་སྐབས་སུ་ལས་རྒྱ་བསྒོམ་པར་བྱ་ལ། དེ་ ལའང་བསྙེན་བསྒྲུབ་བཞི་ཚངས་ཏེ། བདེ་མཆོག་སྟོད་འགྲེལ་ལས། འཁྱུད་པ་ཙུམ་པ་བསྙེན་ པ་སྟེ། །པད་མར་རྡོ་རྗེ་ཉེར་བསྒྲུབ་པ། །རྡོ་རྗེ་བསྐྱོད་པ་བསྒྲུབ་པ་སྟེ། །དེ་ཡི་བདེ་བ་སྒྲུབ་པ་ ཆེ། །ཞེས་སོ། །གཞན་བསྒོམ་ཚུལ་དང་དམ་ཚིག་བསྐྱང་ཚུལ། བདེ་མཆོག་སྟོད་འགྲེལ་རྒྱས་ པ་ནི། དབུ་མ་མཆོག་གི་དབུགས་དང་ནི༑ ༑དྲི་དང་ཆུ་དང་བཅས་པ་ཡིས། །རྟག་ཏུ་རིགས་ ལྡན་མ་མཆོད་བྱ། །ཞེས་པའི་བཤད་པར། རྣལ་འབྱོར་པའི་ཡེ་ཤེས་རང་རིག་པ་ཕྱི་རོལ་གྱི་ དབང་པོ་དང་ཡུལ་གྱི་བདེ་བ་འཛག་པའི་རང་བཞིན་ཡངས་པ་མཆོག་གི་དབང་པོས་རྟོགས་ 1-1-504 པར་བྱ་བ། དབུགས་ཀྱི་འཁོར་ལོའི་གྲངས། ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན་ཅན་ ཏེ། བདེ་བ་ཆེན་པོ་འཛག་པ་མེད་པའི་ཕྱིར་རོ། །ཞེས་པའོ། །དེ་རྣམས་ལ་སོ་སོར་མཆོག་ཏུ་ མི་འགྱུར་བའི་བདེ་བའི་དབུགས་ནི་མཆོག་སྟེ། དབུ་མ་མཆོག་གི་དབུགས་ཞེས་པའོ། །དེས་ ན། དབུ་མ་མཆོག་གི་དབུགས་དང་ནི། །དྲི་དང་ཆུ་དང་བཅས་པ་ཡིས། །ཞེས་པ་ལ་འདིར་ དྲི་ཞེས་པ་རྣལ་འབྱོར་སྣ་ཚོགས་དང༌། ཟླ་བའི་དབུགས་རབ་ཏུ་འབབ་པ་སྟེ་འགྲོ་དང་སྟེང་ དུ་ལ་ལ་ནཱའོ། །ཆུ་ཞེས་པ་མི་བྱེད་པ་དང་ཉི་མའི་དབུགས་རབ་ཏུ་འབབ་པ་སྟེ་འོག་དང་སྟེང་ དུ་ར་ས་ནཱའོ། །དབུ་མ་ཞེས་པ་ཁུ་བ་དང་རྡུལ་དང་སྒྲ་གཅན་དང་དུས་མེའི་དབུགས་རབ་ཏུ་ འབབ་པ་སྟེ། འོག་དང་སྟེང་དུ་དུང་ཅན་མ་དང་ཨ་ཝ་དྷཱུ་ཏཱིའོ། །དབུ་མ་ཨ་ཝ་དྷཱུ་ཏཱིའི་དབུགས་ འགྱུར་བ་མེད་པ་ནི་སྲོག་ཆགས་རྣམ་པར་འཆི་བ་སྟེར་བ། ཐུན་མོང་བའི་འཆི་ལྟས་ཀྱི་འཆི་བ་ བསླུ་བར་བྱེད་པ་སྟེ༑ མཆོག་ནི་མཆོག་ཏུ་མི་འགྱུར་བའི་བདེ་བ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ སྟེར་བའོ། །ཞེས་སོགས་དང༌། དབུ་མ་མཆོག་གི་དབུགས་དང་ནི། །རྟག་ཏུ་རིགས་ལྡན་མ་ མཆོད་བྱ། །ཞེས་པ་འདི་རིགས་ལྡན་མ་ནི་དབུ་མ་ཨ་ཝ་དྷཱུ་ཏཱི། རྡོ་རྗེ་ཕག་མོ་སྒྲུབ་པ་མེད་པ། གཟུང་བ་དང་འཛིན་པ་སྤངས་པ་རྣལ་འབྱོར་པ་རྣམས་ཀྱི་བདུད་ཀྱི་ཚོགས་ཟད་པར་བྱེད་པ་ མོ། མིས་སོ་པ་རྣམས་ཀྱི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་ཚོགས་དང་བྱང་ཆུབ་ཀྱི་སེམས་ ཀྱང་ཟད་པར་བྱེད་པ་མོ། བྱང་ཆུབ་ཀྱི་སེམས་འཕོ་བ་ལས་འཆི་བ་སྟེར་བ་མོའོ། །འདི་ནི་རྡོ་ རྗེ་རྣལ་འབྱོར་མ་རང་གི་སེམས་ཀྱི་སྣང་བ་ཙམ། ཕྱག་རྒྱ་ཆེན་པོ་རྣམ་པ་ཐམས་ཅད་ཀྱི་མཆོག་ དང་ལྡན་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་དང༌། དེ་བཞིན་ཉིད་དང༌། རིགས་ ལྡན་མ་དང༌། པད་མ་ཞེས་བརྗོད་པར་བྱའོ། །རིགས་ལྡན་མ་དེ་ལ་མཆོག་ཏུ་མི་འགྱུར་བའི་ བདེ་བ། འཛག་པ་མེད་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་ཟླ་བ་ཞུ་བའི་ཆགས་པ་ཆེན་པོ། དབུ་མ་མཆོག་གི་དབུགས་དྲི་དང་ཆུ་དང་བཅས་པ། རིགས་ལྡན་མར་ཡང་དག་པར་གྱུར་ 1-1-505 པའི་ཐབས་དེས་རང་གི་ཤེས་རབ་དེ་ཉིད་མཆོད་པར་བྱའོ། །ཞེས་གསུངས་པས། སྟེང་འོག་ རྩ་ཆེན་དྲུག་པོར་ལས་རླུང་གཡས་གཡོན་གྱི་དཀྱིལ་འཁོར་བཅུ་པོ་རྒྱུ་བ་བཀག་ནས་ཡེ་ཤེས་ རླུང་བུམ་པ་ཅན་གྱི་ཚུལ་གྱིས་བསྒོམ་ཞིང༌། སེམས་བདེ་སྟོང་ཟུང་འཇུག་གི་གཟུགས་ལ་མ་ ཡེངས་པར་ལྟ་བ་ནི་ཏིང་ངེ་འཛིན་གྱི་བསྒོམ་ཚུལ་གཉིས་པའོ། །ཡང་སྟོད་འགྲེལ་དུ། གསང་ འདུས་ལེའུ་བཅུ་བདུན་པའི་རྒྱུད་དྲངས་ནས་དམ་ཚིག་བསྐྱོང་ཚུལ་གསུང་བ་ནི་བསྒོམ་ཚུལ་ གསུམ་པ་སྟེ། སངས་རྒྱས་ཡེ་ཤེས་རྒྱ་མཚོ་ཆེས། །དམ་ཚིག་བཞི་པོ་བསྲུང་བར་བྱ། །ཤ་ཆེན་ རྟག་ཏུ་བཟའ་བྱ་སྟེ། །འདི་ནི་དམ་ཚིག་མཆོག་ཡིན་ནོ། །ཞེས་པས། སྐུའི་དམ་ཚིག་གི་བཞི་ ནི། སྐུའི་བྱང་སེམས་ཐིག་ལེ་སད་པའི་གནས་སྐབས་སྐྱེད་བྱེད་ཤེས་རབ་ཀྱི་ཆགས་པས་ཞུ་བ་ གསང་གནས་ཀྱི་པད་མར་སོན་པ་སྐུ་དང་ གསུང་དང་ཐུགས་དང་ཡེ་ཤེས་ཀྱི་དགའ་བ་བཞི་བྱང་སེམས་ཀྱི་གཟུགས་གཅིག་པ་ནི་ སྐུའི་དམ་ཚིག་བཞི་སྟེ། བསྲུང་ཚུལ་འདུ་བྱེད་ཀྱི་ཕུང་པོ་སྒྲིབ་པ་མེད་པར་བྱེད་པ་ནི་ཤ་ཆེན་ རྟག་ཏུ་བཟའ་བའོ། །འགྱུར་མེད་ཆེན་པོ་གསུང་རྡོ་རྗེས། །དམ་ཚིག་བཞི་པོ་བསྲུང་བར་བྱ། ། དྲི་ཆེན་དྲི་ཆུ་རྟག་ཏུ་བཟའ། །འདི་ནི་དམ་ཚིག་རྨད་བྱུང་ཆེ། །ཞེས་པས། གསུང་གི་དམ་ ཚིག་བཞི་ནི། གསུང་གི་བྱང་སེམས་རྨི་ལམ་གྱི་གནས་སྐབས་སྐྱེད་པར་བྱེད་པ་ཤེས་རབ་ ཀྱི་ཆགས་པས་ཞུ་བ་ལྟེ་བའི་པད་མར་སོན་དང༌། སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་ཀྱི་ མཆོག་དགའི་དབྱེ་བ་བཞི་བྱང་སེམས་ཀྱི་གཟུགས་སུ་གཅིག་པ་ཉིད་དོ། ། བསྲུང་ཚུལ་ནི། བཤང་བ་གཟུགས་ཀྱི་ཕུང་པོ་དང༌། གཅི་བ་རྣམས་ཀྱི་ཕུང་པོ་སྒྲིབ་པ་ མེད་པར་བྱེད་པའོ། །འགྱུར་མེད་ཆེན་པོ་ཞེས་པ་བྱང་སེམས་འཛག་མེད་ཀྱི་བདེ་བ་སྐད་ཅིག་ མ་འགྱུར་མེད་ཆེན་པོའི་རྣལ་འབྱོར་པ་བསྲུང་བར་བྱའོ། །རྡོ་རྗེ་སེམས་དཔའ་རྫུ་འཕྲུལ་ཆེས། ། དམ་ཚིག་བཞི་པོ་བསྲུང་བར་བྱ། ཁྲག་དང་ཁུ་བ་ཡང་དག་ལྡན། །བརྟུལ་ཞུགས་བརྟན་ 1-1-506 པས་རབ་ཏུ་བཟའ། །ཞེས་པས། ཐུགས་ཀྱི་དམ་ཚིག་བཞི་ནི། ཐུགས་ཀྱི་བྱང་སེམས་ཐིག་ ལེ་གཉིད་སྟུག་གི་གནས་སྐབས་བསྐྱེད་པ་ཤེས་རབ་ཀྱི་ཆགས་པས་ཞུ་བ་སྙིང་ཁའི་པད་མར་ སོན་པ་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་ཀྱི་ཁྱད་པར་དགའ་བའི་དབྱེ་བས་བྱང་སེམས་ ཀྱི་གཟུགས་སུ་གཅིག་པ་ཉིད་དོ། །དེ་ཡན་ལག་དྲུག་གི་རྣལ་འབྱོར་གྱིས་བསྲུང་བས་ཁྲག་ ཚོར་བའི་ཕུང་པོ་དང་ཁུ་བ་འདུ་ཤེས་ཀྱི་ཕུང་པོ་སྒྲིབ་པ་མེད་པར་བྱེད་པའོ། །བཅོམ་ལྡན་ འདས་ཀྱིས་རིགས་གསུམ་བདག་ཉིད་འདུས་པར་དམ་ཚིག་གསུམ་པོ་གསུངས་ལ། རིགས་ བཞིའི་འདི་ཉིད་ཡེ་ཤེས་ཀྱི་དམ་ཚིག་བཞི་དང་པོའི་སངས་རྒྱས་སུ་གསུང་པ་ནི། མི་ཕྱེད་ལམ་ ལ་གནས་པ་ཡིས། །དམ་ཚིག་བཞི་པོ་བསྲུང་བར་བྱ། །གོ་ཀུ་ལ་སོགས་རྟག་ཏུ་བཟའ། །དམ་ ཚིག་འདི་ནི་འབད་པར་དཀའ། །ཞེས་པས། ཡེ་ཤེས་ཀྱི་དམ་ཚིག་བཞི་ནི། བྱང་སེམས་ཐིག་ ལེ་བཞིའི་གནས་སྐབས་བསྐྱེད་པས་ཤེས་རབ་ཀྱི་ཆགས་པས་ཞུ་བ་མགྲིན་པའི་པད་མར་ སོན་པ། བྱང་སེམས་གཟུགས་སུ་གཅིག་པ་ཉིད་དོ། །བསྲུང་ཚུལ་ནི། གོ་ཀུ་ལ་སོགས་ཞེས་ པ་ཁམས་བཅོ་བརྒྱད་སྒྲིབ་པ་མེད་པར་བྱེད་པའོ། །དེ་ལྟར་དམ་ཚིག་བཅུ་དྲུག་པོ་བསྒོམས་ པའི་སྟོབས་ཀྱིས་དུས་ཐམས་ཅད་དུ་བསྐྱང་བར་བྱའོ། །དམ་ཚིག་བཞི་བསྲུང་བ་པོ་ནི། གོང་ དུ་བསྟན་པའི་ཚིགས་བཅད་བཞིའི་རྐང་པ་དང་པོ་བཞི་པོ་བསྟན་པའི་རྣལ་འབྱོར་པའོ། ། བསྐྱངས་པས་འབྲས་བུ་འདུས་པར་གསུངས་པ། སྐུ་གསུང་ཐུགས་དང་རྡོ་རྗེ་ཡིས། །དམ་ ཚིག་བཞི་ནི་རྨད་བྱུང་ཆེ། །རྟག་པར་སངས་རྒྱས་ཐམས་ཅད་ཀྱི། །རྡོ་རྗེ་འཛིན་པ་རྣམས་ཀྱིས་ བསྲུང༌། །གང་ཞིག་དམ་ཚིག་འདི་བསྲུངས་པ། །རྡོ་རྗེ་སེམས་དཔའ་གཟི་བརྗིད་ཆེ། །སྐུ་ གསུང་ཐུགས་དང་ཆགས་པའི་བདག །སྐད་ཅིག་དེ་ལས་སངས་རྒྱས་འགྱུར། ཁྱོད་ཀྱི་སྐུ་ལ་ ཤ་ཁྲག་དང༌། །བཤང་གཅི་ཁུ་བ་ཉིད་དང་ནི། ཁམས་རྣམས་བཅོ་བརྒྱད་ཉིད་ཀྱང་མེད། །རྡོ་ རྗེའི་སྐུ་ལ་ཕྱག་འཚལ་བསྟོད། །ཞེས་པ་ཐོབ་པར་འགྱུར་རོ། །དེ་ལྟར་བཤད་པ་རྣམས་ཀྱི་ 1-1-507 སྒྱུ་འཕྲུལ་གཉིས་པར་གསུངས་པས། རྣམ་པ་ཀུན་ལྡན་རྣམ་པ་མེད། །བཅུ་དྲུག་ཕྱེད་ཕྱེད་ ཐིག་ལེ་ཅན། །ཆ་མེད་ཆ་ལས་འདས་པ་པོ། །བསམ་གཏན་བཞི་པོའི་རྩེ་མོ་ཅན། །ཞེས་པའི་ དོན་ཡང་བཤད་དོ༑ ༑བཅུ་དྲུག་གི་ཕྱེད་བརྒྱད་བརྒྱད་ཀྱི་ཕྱེད་བཞི་ནི་བསམ་གཏན་བཞིའི་ དམ་ཚིག་བཞིའམ་ཐིག་ལེ་བཞིའི་དོན་ནོ། །གཞན་ཡང་དམ་ཚིག་བསྐྱང་བའི་དོན། དབང་ མདོར་བསྟན་དུ། ཆགས་བྲལ་ལས་གཞན་སྡིག་པ་མེད། །བདེ་བ་ལས་གཞན་བསོད་ནམས་ མེད། །དེ་ཕྱིར་འགྱུར་མེད་བདེ་བའི་སེམས། །མི་བདག་རྟག་ཏུ་གནས་པར་བྱ། །གཞོན་ ནུ་མ་ཡི་དགའ་བ་ནི། །མེད་པར་བདེ་བ་སྨྲ་མི་ནུས། །ལང་ཚོའི་དགའ་བ་ཐོབ་པ་ན། །བདེ་ བ་ཆེན་པོ་རང་གིས་རིག །དེ་བཞིན་ཏིང་ངེ་འཛིན་དང་བྲལ་བའི། །བདེ་བ་སྨྲ་བར་ནུས་མ་ ཡིན། །འགྱུར་མེད་ཏིང་འཛིན་ཐོབ་པ་ན། །རྣལ་འབྱོར་པ་ཡིས་རང་རིག་འགྱུར། །འགྱུར་ མེད་ལས་སྐྱེས་བདེ་རིག་པ། །ཐམས་ཅད་མཁྱེན་ལའང་ཐེ་ཚོམ་ཟ། །དེ་ལྟར་ནའང་ཡིད་བདེ་ མིན། །ཆགས་བྲལ་ཉིད་དུ་མི་བྱའོ། །འཕོས་པ་ལས་ནི་ཆགས་བྲལ་འགྱུར། །ཆགས་བྲལ་ ལ་ཡང་སྡུག་བསྔལ་འབྱུང༌། །སྡུག་བསྔལ་སྐྱེས་བུའི་ཁམས་ཟད་བྱེད། །ཟད་པ་ལས་ནི་འཆི་ བར་བརྗོད། །ཤི་ལས་སླར་ཡང་དེ་རྣམས་ཀྱི། །སྲིད་པའི་སྲིད་ལས་སླར་འཆི་འཕོ། །དེ་ལྟར་ སེམས་ཅན་གྱི་སྲིད་པ། །ཆགས་བྲལ་ལས་བྱུང་གཞན་དུ་མིན། །དེ་ཕྱིར་འབད་པ་ཐམས་ཅད་ ཀྱིས། །འཕོ་བའི་ཆགས་པ་རྣམ་པར་སྤངས། །ཞེས་དང༌། རྒྱུད་ཀྱི་རྒྱལ་པོ་ལས། རྣལ་འབྱོར་ དབང་པོ་རྣམས་ཀྱིས་བདེ་མཉམ་འབྲས་སྟེར་ཁྱབ་བྱེད་བདག་ནི་ཐར་པའི་སླད་དུ་བསྲུང་བར་ བྱ། །ཐིག་ལེ་བསམ་གཏན་རྣལ་འབྱོར་རྣམས་ཀྱི་མཆོག་གི་བདེ་བ་སྐྱེ་བའི་ས་བོན་སོགས་ལ་ ཐར་པ་གང༌། །དེ་ཕྱིར་འཕོ་བའི་བདེ་བ་སྐད་ཅིག་འདི་ནི་སྡོམ་བརྩོན་རྣམས་ཀྱི་ཐམས་ཅད་ དུས་སུ་སྤང་བར་བྱ། །ཞེས་པས། བྱང་སེམས་དཀར་པོ་ཕྱིར་མི་འདོར་བ་ཐོག་དེ་དག་ནས་ བརྩམས་དེ་བྱེད་པ་གལ་ཆེའོ། ། 1-1-508 གཉིས་པ་སྤོགས་པའི་ཆོ་ག་ནི། དབང་མདོར་བསྟན་དུ། ཇི་ལྟར་རོ་ཆེན་ལྕགས་རྣམས་ ཀྱི། །ཕྱོགས་གཅིག་ཡང་དག་གནས་པ་ནི། །ལྕགས་ལ་དྲག་པོའི་མེས་གདུངས་ན། །ཀུན་ ནས་ཀུན་ཏུ་འབིགས་པར་བྱེད། །དེ་བཞིན་དུ་ནི་འགྱུར་མེད་བདེ། །ཕྱོགས་གཅིག་ཡང་དག་ གནས་པ་མང༌། །སེམས་ལ་འདོད་པའི་མེས་གདུངས་ན། །ཀུན་ནས་ཀུན་ཏུ་འབིགས་པར་ བྱེད། །ཇི་ལྟར་ཕུགས་པའི་ལྕགས་ལས་ནི། །འགའ་ཞིག་དུ་ཡང་དྲི་མ་མེད། །དེ་བཞིན་དུ་ནི་ ཕུགས་པའི་སེམས། །འགའ་ཞིག་དུ་ཡང་བག་ཆགས་མེད། །ཅེས་དང༌། ནང་ལེར། ལོ་ཕྱེད་ ཀྱིས་ནི་སྔགས་པ་རྣམས་ཀྱི་མཆོག་གི་ལུས་ལ་དཀར་བའི་མཛེ་འཕྲོག་དེ་ལས་གཞན་ལྟ་ཅི། ། ཞེས་པའི་འགྲེལ་པར། ད་ནི་ཁོ་ཞེས་པ་ལ་སོགས་པས་མཛེ་ནད་ཉེ་བར་ཞི་བའི་སླད་དུ་ཆོ་ག་ གསུངས་སོ། །འདི་ནི་རྣལ་འབྱོར་ཆེན་པོས་སྔོན་དུ་བ་ལ་སོགས་པའི་མཚན་མ་དང་སྲོག་རྩོལ་ གྱིས་མི་འགྱུར་བའི་བདེ་བའི་སྐད་ཅིག་བསྒྲུབས་ཏེ། ཕྱག་རྒྱ་དང་རབ་ཏུ་འདུས་པ་ལ་བྱང་ ཆུབ་ཀྱི་སེམས་ལྟུང་དུ་བཅུག་ནས་ཕྱག་རྒྱ་དང་སྦྱར་བས་ལྟུང་བའི་བྱང་ཆུབ་ཀྱི་སེམས་བདེ་བ་ དང་བཅས་པ་དེ་ཉིད་སྲོག་དང་ཐུར་སེལ་དག་གིས་འགོ གས་པ་ལས་ལོ་ཕྱེད་ཀྱིས་ནི་སྔགས་ པ་རྣམས་ཀྱི་མཆོག་གི་ལུས་ལ་དཀར་པོའི་མཛེ་འཕྲོག་དེ་ལས་གཞན་ལྟ་ཅི། གལ་ཏེ་མཛེ་མ་ སེལ་ན་དེའི་ཚེ་ཕྱག་རྒྱ་ལོ་བཅུ་དྲུག་མ་བསྟེན་པར་བྱ་སྟེ། རྣལ་འབྱོར་པས་ཉིན་ཞག་སོ་སོར་ ཤའི་བཟའ་བ་དང་ཆང་གི་བཏུང་བ་དང་བཅས་ཏེ། ཟླ་བ་དྲུག་གི་ནང་དུ་དེའི་སྐྱེ་གནས་སུ་ བསྲུབས་པ་ལ་བྱང་ཆུབ་ཀྱི་སེམས་ལྟུང་བ་རྣམ་པར་གཟུང་བར་གྱུར་ན་མཛེའི་ནད་འཕྲོག་སྟེ་ བུམ་ཅན་གྱི་སྦྱོར་བས་སོ། །དེ་བའི་གསུངས་འདི་ལ་ཐེ་ཚོམ་མེད་དོ། །མཛེ་འཕྲོག་པ་འབའ་ ཞིག་མ་ཡིན་ཏེ་གཞན་ཡང་བདུན་བཅུའི་ལོ་རྒས་པ་སྐྲ་དཀར་བཅས་པ་དག་ཀྱང་ཕྱག་རྒྱ་དང་ འདུས་པ་ལ་བྱང་ཆུབ་ཀྱི་སེམས་ལྟུང་བ་ལོ་གཉིས་རབ་ཏུ་རྫོགས་ནས་ངེས་པར་འཕྲོག་གོ ། ཞེས་མཛེ་སེལ་བའི་ཤུགས་ཀྱི་གསུངས་ཏེ་ལྟུང་དུ་བཅུག་ཞེས་པ་རྡོ་རྗེ་ནོར་བུའི་བར་ཡིན་གྱི་ 1-1-509 དེ་ལས་ཕྱིར་མི་འདའ་བ་ཡིན་ནོ། །ཕྱག་རྒྱ་ཆེན་མོ་རང་ཐབས་ཤེས་ཀྱི་གཟུགས་གང་རུང་དུ་ བྱས་ཏེ་རང་ལ་འཁྱུད་པའི་ནམ་བྱུང་བྱུང་གི་བར་དུ་ཕྱག་རྒྱ་དང་པོ་གཉིས་བསྒོམ་དགོས་ཀྱི་དེ་ ནས་ཕྱག་རྒྱ་ཆེན་མོ་འབའ་ཞིག་བསྒོམ་པར་བྱ་སྟེ། རྒྱུད་ལས། སེམས་ནི་རྙོག་པ་དང་བཅས་ ལས་ཀྱི་ཕྱག་རྒྱ་འདི་དང་བཏགས་པའི་ཡེ་ཤེས་ཕྱག་རྒྱ་སྤང་བྱ་སྟེ། །ཞེས་དང༌། དབང་མདོར་ བསྟན་དུ། མོ་གཤམ་བུ་མོ་དང་འགྲོགས་པས་རྨི་ལམ་དུ་ནི་བདེ་འགྱུར་ལྟར། །ནམ་མཁའ་ ལས་བྱུང་གཟུགས་བརྙན་བསྟེན་པས་བདག་ལ་དེ་བཞིན་ནོ། །ཞེས་དང༌། ས་ར་ཧས། སྔོན་ མེད་པ་ཡི་སྒེག་མོ་དང་ཕྲད་ནས། །ཉལ་བའི་སེམས་ནི་གཞན་མེད་པ་ལ་བརྟེན། །རང་གི་ སེམས་དང་ཐ་དད་མ་ལྟ་ཅིག །འདི་ནི་སངས་རྒྱས་ལག་ཏུ་གཏོད་པ་ཡིན། །ཞེས་གསུངས་སོ། ། གསུམ་པ་ས་རྣམས་ཇི་ལྟར་ཐོབ་ཅིང་ཡོན་ཏན་ཇི་ལྟར་སྐྱེ་བའི་ཚུལ་ལ། བདེ་བ་ཆེན་པོའི་ སྐད་ཅིག་མ་འཕེལ་བས་ས་རྣམས་ཐོབ་པའི་ཚུལ་དང༌། ས་རྣམས་ཀྱི་ཡོན་ཏན་གྱི་ཁྱད་པར་ དང་གཉིས་ལས། དང་པོ་ནི། རྒྱུད་ལས། ཆགས་དང་ཆགས་བྲལ་མཐའ་ཐོག་ལ་གནས་སྐད་ ཅིག་མ་ཡང་ཁྱབ་བདག་གི་ནི་དབུགས་ཀྱི་གྲངས་འཕེལ་ལོ། །ཞེས་པའི་འགྲེལ་པར། དེ་ནས་ སྐད་ཅིག་གིས་མངོན་པར་རྫོགས་པར་བྱང་ཆུབ་པའི་མཚན་ཉིད་ནི་ཆགས་དང་ཆགས་བྲལ་ མཐའ་ཐོག་ལ་གནས་སྐད་ཅིག་མ་ཞེས་པ་ལ་ཆགས་པ་ཞེས་པ་ནི་དཀར་པོའི་ཕྱོགས་ཏེ་དེའི་ མཐར་གནས་པ་ནི་ཆ་བཅུ་དྲུག་པའི་མཚན་ཉིད་དོ། །ཆགས་བྲལ་ནི་ནག་པོའོ། །དེའི་དང་ པོ་ལ། གནས་པ་ནི་ནག་པོའི་ཕྱོགས་ལ་མ་ཞུགས་པ་སྟེ། མངོན་པར་རྫོགས་པར་བྱང་ཆུབ་ པའི་དུས་ཀྱི་མཚན་ཉིད་དོ། །སྐད་ཅིག་མ་དེ་ཉིད་ཀྱང་དབུགས་ཀྱི་གྲངས་ཞེས་པ་ནི་ཉི་ཁྲི་ ཆིག་སྟོང་དྲུག་བརྒྱའི་གྲངས་འཕེལ་ལོ། །གསང་བར་རྡོ་རྗེ་ནོར་བུའི་རྩེ་མོ་ལས། སྐད་ཅིག་མ་ བརྒྱ་ཕྲག་སུམ་ཅུ་རྩ་དྲུག་གིས་འཕེལ་ཏེ་དེའི་གྲངས་གྱི་སྲོག་རྣམས་བསད་ནས་གསང་བའི་ 1-1-510 པད་མར་ཕྱིན་པ་དེས་ས་གཉིས་སུ་འགྱུར་རོ། །དེ་བཞིན་དུ་ལྟེ་བ་དང་སྙིང་ཁ་དང་མགྲིན་པ་ དང་དཔྲལ་བར་བཞི་དང་དྲུག་དང་བརྒྱད་དང་ས་བཅུ་རྣམས་སུ་འགྱུར་ཞིང༌། གཙུག་ཏོར་དུ་ སྲོག་ཐམས་ཅད་ཟད་པས་ས་བཅུ་གཉིས་སོ། །ཞེས་གསུངས་ཏེ། དབུགས་སྟོང་བརྒྱད་བརྒྱ་ པ་དུས་སྦྱོར་གཅིག་འགགས་པས་རྟེན་འབྲེལ་བཅུ་གཉིས་ཀྱི་གཅིག་འགགས་ལ། དེ་ལྟ་བུའི་ ཚུལ་གྱིས་དག་བྱ་དུས་སྦྱོར་གཅིག་གཉིས་ཀྱི་རླུང་དང༌། རྟེན་འབྲེལ་བཅུ་གཉིས་འགགས་ པས་ཐོབ་བྱ་འགྱུར་མེད་བདེ་བ་སྟོང་བརྒྱད་བརྒྱ་པ་སྡེ་ཚན་གཅིག་གཉིས་དང་ས་བཅུ་གཉིས་ ཐོབ་པ་སངས་རྒྱས་ཐོབ་སྟེ། རྩ་རྒྱུད་ལས། ཡན་ལག་བཅུ་གཉིས་འགགས་པ་ཡིས། །དུས་ སྦྱོར་རྣམས་ནི་མི་འབབ་ཕྱིར། །ས་རྣམས་བཅུ་གཉིས་ཞེས་གྲགས་པ། །གནས་ལ་སོགས་ པ་དོན་དམ་མོ། །ཞེས་པ་དང༌། མཆོག་ཏུ་མི་འགྱུར་སྐད་ཅིག་ནི། །སྟོང་ཕྲག་ཉི་ཤུ་རྩ་གཅིག་ དང༌། །དྲུག་བརྒྱ་རྫོགས་པའི་རྒྱལ་པོ་ཆེ། །རྡོ་རྗེ་སེམས་དཔའ་རང་ཉིད་འགྱུར། །ཞེས་དང༌། བདེ་མཆོག་སྟོད་འགྲེལ་དུ། ལྷ་དང་མི་ཡི་བདེ་བའི་ཚོགས། །བསྡུས་བྱས་རྡོ་རྗེ་འཆང་འཛིན་ པའི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །རང་གི་ངོ་བོ་ནི། དབང་པོ་གཉིས་ལས་སྐྱེས་པའི་ བདེ་བས་མཆོག་ཏུ་མི་འགྱུར་བའི་བྱེ་བ་སྟོང་གི་ཆར་ཡང་མི་ཕོད་དོ། །ཞེས་དང༌། སྙན་རྒྱུད་ དུ། གསང་གནས་སྤྱི་བོར་རླུང་དག་ནི། །སྟོང་དང་བརྒྱད་བརྒྱ་འགགས་པ་ཡིས། །ས་ནི་བཅུ་ གཉིས་རིམ་པས་ཐོབ། །སྐུ་ནི་བཅུ་དྲུག་དག་པར་འགྱུར། །ཐིག་ལེ་སྤྱི་བོ་རྡུལ་ནོར་བུ། །མི་ གནས་མྱ་ངན་འདས་པར་བརྗོད། །ཡོན་ཏན་ཐམས་ཅད་རྫོགས་པར་འགྱུར། །ཏིང་འཛིན་ དབང་བསྒྱུར་ཙམ་གྱིས་ནི། །སྒྲིབ་པ་ཐམས་ཅད་བྲལ་གྱུར་ནས། །དྲི་མ་མེད་པར་སངས་རྒྱས་ འགྱུར། །ཞེས་སོ། ། གཉིས་པ་ས་རྣམས་ཀྱི་ཡོན་ཏན་གྱི་ཁྱད་པར་ནི། ས་དང་པོ་ཐོབ་པ་ལས་ཕྱོགས་བཅུའི་ འཇིག་རྟེན་གྱི་ཁམས་གཅིག་གི་མཐར་ཐུག་པར་མ་མཐོང་བའི་དོན་ཡང་དག་པར་མཐོང་བ་ 1-1-511 དང༌། དེ་བཞིན་དུ་ས་གཉིས་པ་ནས་བཅུ་གཅིག་པའི་བར་དུ་ས་འོག་མ་འོག་མ་ལས་གཉིས་ འགྱུར་གྱི་འཇིག་རྟེན་གྱི་ཁམས་ཀྱི་གྲངས་མཐོང་སྟེ། ས་བཅུ་གཅིག་པར་ཕྱོགས་བཅུའི་འཇིག་ རྟེན་གྱི་ཁམས་ཉི་ཤུ་རྩ་བཞི་ལྷག་པའི་སྟོང་ཕྲག་གཅིག་གི་མཐར་ཐུག་པར་ལྐོག་ཏུ་གྱུར་པའི་ དོན་ཡང་དག་པར་མཐོང་བར། མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་གྲུབ་པའི་མདོར་བསྡུས་ ལས་གསུངས་སོ། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནི་མི་མཇེད་ཀྱི་འཇིག་རྟེན་ཁམས་ སུ་དབུས་སུ་བཞག་པའི་སྟེང་འོག་སོགས་ཕྱོགས་བཅུར་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་ ལྟ་བུ་སྟོང་ཕྲག་རེ་རེ་བགྲང་བ་ལ་བྱ་སྟེ། དེ་ལ་སྟོང་གཅིག་གི་འཇིག་རྟེན་གྱི་ཁམས་ཞེས་ གསུངས་སོ། །སངས་རྒྱས་ཀྱི་ས་བཅུ་གཉིས་པ་ཐོབ་པ་ལས་སྟོང་ཆེན་པོ་ཞེས་བྱ་བ་ཕྱོགས་ བཅུར་གྲངས་མེད་པ་ཆེན་པོའི་འཇིག་རྟེན་གྱི་ཁམས་རྣམས་སུ་སྔར་མ་མཐོང་བའི་དོན་ཡང་ དག་པར་མཐོང་བ་ཡིན་ནོ། །ཡེ་ལེར། གཙོ་བོའི་སྐུ་ཡི་མཐུ་ལས་རྣལ་འབྱོར་པ་རྣམས་དག་ གི་མཆོག་གི་ལུས་ལ་ལྷ་ཡི་སྤྱན་དུ་འགྱུར། །དེ་ཡི་གསུང་གི་མཐུ་ལས་རྣ་བ་དེ་ཡི་ཐུགས་ལས་ གཞན་གྱི་སྙིང་ལ་གནས་པ་ཤེས་པར་འགྱུར། །ཤེས་རབ་སྐུ་ཡི་མཐུ་ལས་རྣམ་གསུམ་སྲིད་པ་ ལ་གནས་སྔོན་གྱི་སྐྱེ་བ་རྗེས་སུ་དྲན་པར་འགྱུར། །ཤེས་རབ་ཀྱི་ནི་གསུང་གི་མཐུ་ལས་མཁའ་ མཉམ་ཐམས་ཅད་དུས་སུ་ཀུན་འགྲོའི་རྫུ་འཕྲུལ་དུ་རབ་འགྱུར། །ཤེས་རབ་ཐུགས་ཀྱི་རང་ བཞིན་ལས་ནི་གང་ཞིག་བདེ་མཉམ་ཐམས་ཅད་དུས་སུ་གཞོམ་དུ་མེད་པར་འགྱུར། །ལྷ་ཡི་ སྤྱན་གྱི་མཐུ་ལས་མིག་གིས་མ་མཐོང་བ་དང་སྲིད་པ་རྣམ་པ་གསུམ་ཡང་མཐོང་བར་འགྱུར། ། ལྷ་ཡི་རྣ་བའི་མཐུ་ལས་སྲོག་ཆགས་རྣམས་ཀྱི་ཁ་ཡིས་བརྗོད་དང་སྙིང་གི་སྒྲ་ནི་ཐོས་པར་ འགྱུར། །དེ་བཞིན་སྐུ་གསུང་ཐུགས་ཀྱི་སྦྱོར་བ་དག་ལས་མི་ཡི་བདག་པོ་རེག་བྱ་ལ་སོགས་ ཐམས་ཅད་འགྱུར། །ཞེས་གསུངས་སོ། ། བཞི་པ་བསྒོམ་པའི་རྟགས་ཚད་ལས། ཉམས་རྟགས་ཇི་ལྟར་འཆར་བའི་ཚུལ་ནི། རྣལ་ 1-1-512 འབྱོར་པའི་ལུས་སེམས་དང་སྣང་བ་ཐམས་ཅད་བདེ་སྟོང་གཉིས་མེད་དུ་ཤར་བ་ལ་སོགས་ པ་ཡོན་ཏན་གྱི་ཁྱད་པར་དཔག་ཏུ་མེད་པ་ཐོབ་པར་དཔལ་དུས་ཀྱི་འཁོར་ལོ་ལ་སོགས་པ་བླ་ ན་མེད་པའི་རྒྱུད་ཀྱི་རྒྱལ་པོ་དུ་མ་ལས་གསུངས་སོ། །ཏིང་ངེ་འཛིན་གྱི་ཡན་ལག་འདི་ཚད་མ་ གང་ཡིན་པའི་ཚུལ་ནི། རྡོར་སྙིང་འགྲེལ་པར། རྣལ་འབྱོར་མངོན་གསུམ་གྱི་ནང་ཚན་གྱི་རང་ རིག་མངོན་གསུམ་དུ་གསུངས་པས། སྙན་རྒྱུད་ལས། བསྒྲུབ་པ་ཆེན་པོ་ཞེས་བཤད་དེ། །རྣལ་ འབྱོར་མངོན་སུམ་ཡིན་པར་འདོད། །ཅེས་པ་ཅུང་ཟད་མི་འགྲིག་གོ ། ལྔ་པ་དག་བྱ་དང་དག་བྱེད་ཀྱི་དབྱེ་བ་ལ། དག་པར་བྱ་བའི་གཞི་ནི། སེམས་ཅན་ཐམས་ ཅད་ལ་གདོད་མ་ནས་བཞུགས་པའི་དང་པོའི་སངས་རྒྱས་ཡེ་ཤེས་ཀྱི་སྐུའི་གཟུགས་ཀྱི་ཕུང་ པོ་གཞན་རྒྱལ་བ་རྣམ་པར་སྣང་མཛད་ལ་སོགས་པའི་སའི་ཁམས་པ་དྲུག་ཚན་གཅིག་ཡིན་ ལ། དག་བྱ་ནི། མ་དག་པ་འཁོར་བའི་གཟིགས་ཀྱི་ཕུང་པོ་ལ་སོགས་པ་དྲུག་ཚན་གཅིག་ཡིན་ ཞིང༌། དག་བྱེད་ནི། རྒྱལ་བ་རྣམ་པར་སྣང་མཛད་ཀྱི་རིགས་ཀྱི་ཏིང་ངེ་འཛིན་གྱི་ཡན་ལག་སྟེ། འདི་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ལམ་ཞེས་བཞེད་དོ། ། དག་བྱེད་ལ་དབྱེ་ན། སྲོག་དང་ཐུར་སེལ་ལ་སོགས་པ་རླུང་བཅུ་འགོག་པའི་དབྱེ་བས་ རྣམ་པར་བཅུ་སྟེ། རྒྱུད་དང་འགྲེལ་པར། དཔལ་ལྡན་ཏིང་ངེ་འཛིན་གྱི་འཁོར་ལོ་ཅན། །ཞེས་ པ་རྣམ་པར་སྣང་མཛད་དེ། ཏིང་ངེ་འཛིན་ནི་རྣམ་པ་བཅུ་ནི་རླུང་བཅུ་རྣམས་འགོག་པའི་ཕྱིར་ རོ། །ཞེས་གསུངས་སོ༑ ༑ དྲུག་པ་བསྒོམས་པས་ཐོབ་པའི་འབྲས་བུ་ནི། རྒྱུད་ལས། དེ་ནས་ཏིང་ངེ་འཛིན་གྱིས་ དག་པ་ཉིན་ཞག་འགའ་ཞིག་རྣམས་ཀྱིས་ཡེ་ཤེས་སྐུ་ནི་འགྲུབ་པར་འགྱུར། །ཞེས་གསུངས་ ཏེ། རྒྱུད་དང་འགྲེལ་པར། གནས་སྐབས་ཀྱི་འབྲས་བུ། ལོ་གསུམ་དང་ཕྱོགས་གསུམ་གྱི་ ཉིན་ཞག་རྣམས་ཀྱིས་ཡེ་ཤེས་སྐུ་ཞེས་པ་དབང་བཅུ་ལ་སོགས་པ་ཐོབ་པའི་བྱང་ཆུབ་སེམས་ 1-1-513 དཔར་འགྱུར་ཞིང༌། མཐར་ཐུག་གི་འབྲས་བུ་རྣལ་འབྱོར་པའི་སྒྲིབ་བཅས་ཀྱི་གཟུགས་ཀྱི་ ཕུང་པོ་དང་སའི་ཁམས་ལ་སོགས་པ་འགགས་ནས་གཞི་ལ་གདོད་མ་ནས་བཞུགས་པའི་ གཟུགས་ཀྱི་ཕུང་པོ། གཞན་རྒྱལ་བ་རྣམ་པར་སྣང་མཛད་ལ་སོགས་པ་དྲུག་ཚན་གཅིག་སྒྲིབ་ པ་དང་བྲལ་བར་གནས་གྱུར་པའི་འབྲས་བུ་ཐོབ་པར་འགྱུར་རོ། །དེ་དག་ནི། སྙན་རྒྱུད་ལས། སྒྲུབ་པ་ཆེན་པོ་ཞེས་བཤད་དེ། །རྣལ་འབྱོར་མངོན་གསུམ་ཡིན་པར་བརྗོད། །དེ་གཉིས་ཐ་ མར་དགེ་བའོ། །ཞེས་དང༌། འདི་མིན་མཆོག་ནི་མི་འགྲུབ་ཞེས། །གསུངས་པས་ངེས་པར་ འདི་འགྲུབ་བྱས། །རྟོག་ལམ་འཇིག་རྟེན་འཁོར་གསུངས་པས། །བསྐྱེད་རིམ་ལ་སོགས་ཅི་ ཞིག་བྱ། །ཞེས་དང༌། སྦྱོར་དྲུག་མན་ངག་ཡོད་པ་དག །མ་བསྒོམ་ན་ཡང་སྐྱེ་བདུན་འགྲུབ། ། ཅེས་དང༌། དེ་ལས་བྱུང་བའི་རབ་ཡངས་དགེ་བ་དེས། །ཕྱག་རྒྱ་ཆེ་ལ་མཉམ་པར་སྦྱར་བ་ ཡིས། །རྒྱལ་མཚན་རྩེ་ལ་འབབ་ཆུ་གྱེན་ལ་ལོག །ལྷན་སྐྱེས་བདེ་ལ་རྟག་ཏུ་དགྱེས་རོལ་པ། ། ཏིང་འཛིན་ཡན་ལག་ཀུན་གྱིས་འབྱོངས་པར་ཤོག །རྣམ་སྣང་ལ་སོགས་སངས་རྒྱས་ཀུན་ ཐོབ་ཤོག །དེ་ལྟ་བུའི་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་འདི་རྣལ་འབྱོར་བླ་མེད་ཀྱི་རྒྱུད་ཀྱི་རྒྱལ་ པོ་ཐམས་ཅད་ཀྱི་རྫོགས་རིམ་གཅིག་ཏུ་དྲིལ་བ་ཡིན་པས་རྒྱུད་སྡེ་གཞན་རྣམས་ལས་ཀྱང་ གསུངས་ལ། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་དང་སྔགས་ཀྱི་སེམས་འགྲེལ་བསྐོར་ལྔ་ལས་ གསལ་བར་གསུངས་པའི་དོན་ཇི་ལྟ་བ་བཞིན། ཆོས་ཀྱི་རྗེ་ཆོས་ཀྱི་རྒྱལ་པོ་ཕྱོགས་ལས་རྣམ་ པར་རྒྱལ་བས་མཛད་པའི་ཁྲིད་ཡིག་བྱིན་ཅན་གཞིར་བཞག་ཅིང༌། ཅུང་ཟད་ཐོས་པ་རྣམས་ཁ་ བསྐངས་པའི་ཁྲིད་ཡིག་ཐར་ལམ་གསལ་བྱེད་ཅེས་བྱ་བ་འདི། རིགས་ལྡན་ས་བཅུའི་དབང་ ཕྱུག་འཇིག་རྟེན་དབང་ཕྱུག་གི་སྤྲུལ་པ་ཆོས་ཀྱི་རྗེ་ཀུན་མཁྱེན་ཆེན་པོ་དང༌། དེ་ཉིད་ཀྱི་སྲས་ ཀྱི་ཐུ་བོ་རིགས་ལྡན་གྱི་རྣམ་འཕྲུལ་ཆོས་རྗེ་ཕྱོགས་ལས་རྣམ་པར་རྒྱལ་བའི་ཞབས་རྡུལ་སྤྱི་བོ་ བླངས་ཤིང་གསུང་གི་བདུད་རྩིའི་ཆུ་རྒྱུན་མང་དུ་འཐུངས་པ། དུས་འཁོར་བ་ལྷའི་རྒྱལ་མཚན་ 1-1-514 གྱིས་དབེན་གནས་ནམ་མཁའ་མཛོད་དུ་སྦྱར་བའོ། ། རྒྱལ་བའི་དབང་པོས་སེམས་ཅན་བསམ་པ་ཡི། ། དབང་གིས་རྒྱུད་གཞན་རྣམས་སུ་རབ་སྦས་པ། ། འཇིག་རྟེན་ལས་འདས་དབང་མཆོག་བཞི་བའི་དོན། ། དུས་འཁོར་རྒྱུད་དང་འགྲེལ་པར་གསལ་མཛད་པའི། ། རྡོ་རྗེའི་རྣལ་འབྱོར་ལམ་གྱི་ཡན་ལག་དྲུག ། ཉམས་ལེན་རིམ་པ་གསལ་བའི་ཁྲིད་ཡིག་འདི། ། ཟབ་ལམ་ཁྲིད་མ་ཐོབ་ལ་མི་བསྟན་ཞིང༌། ། འབད་པས་ཤིན་ཏུ་ལེགས་པར་སྦ་བར་བྱ། ། གཞན་ཡང་གང་དག་ཉམས་མྱོང་སྐྱེས་ཁྲིད་དུ། ། ཉམས་སུ་མི་ལེན་ལོང་ཐོབ་ཙམ་བྱེད་ན། ། ལེན་དང་ཀློག་པ་པོ་དག་གཉིས་ཀ་ཡང༌། ། བསྲུངས་མ་མཁའ་འགྲོའི་ཚོགས་ཀྱིས་ཚར་གཅད་གསོལ། ། ལམ་ཟབ་མོ་སྦྱོར་བ་ཡན་ལག་དྲུག ། སངས་རྒྱས་ཀྱིས་དབུ་བསྙུངས་བཞེས་པའི་ཆོས། ། ཉིན་ཞག་གཅིག་ལ་ཡིད་ཆེས་སྙེད་པའི་ཆོས། ། རྣལ་འབྱོར་ལོ་ཟླ་ཞག་དུས་ཐོབ་པའི་ཆོས། ། གྲུབ་ཐོབ་ལོ་ལོ་དུས་ཐོབ་པའི་ཆོས། ། ཚེ་གཅིག་པ་ལ་སངས་རྒྱས་ཐོབ་པའི་ཆོས། ། ཆོས་འདི་དང་མཇལ་རྣམས་སྐལ་བ་བཟང༌། ། 1-1-515 རྩེ་གཅིག་ལ་བསྒྲུབས་བསོད་ནམས་བསགས། ། ཚེ་གཅིག་ལ་སངས་རྒྱས་ཐོབ་པ་ཡང༌། ། སྐལ་བ་དང་བརྩོན་འགྲུས་མཆོག་གྱུར་པས། ། ལོ་བཞི་དང་ཟླ་བ་ཕྱེད་དགུ་ལ། ། དེ་བས་ནི་སྐལ་གཞན་དབང་འབྲིང་གིས། ། ལོ་བདུན་དང་ཟླ་བ་དགུ་ནའམ། ། ལོ་བརྒྱད་དང་ཟླ་བ་གསུམ་ནའོ། ། ཐ་མས་ནི་ལོ་བཅུ་ཡན་ཆད་ལ། ། ཡང་མཐས་ཀྱང་སྐྱེ་བདུན་ཚུན་ཚད་ལའོ། ། ཨེ་མ་ཐར་མཆོག་ཐོབ་འདོད་སྐྱེས་བུ་ཀུན། ། ཚེ་འདི་ཡུན་ཐུང་ཤེས་བྱ་ཐུག་པ་མེད། ། ཁྲིད་ཁའི་ཚུལ་ཡང་བསམ་གྱིས་མི་ཁྱབ་པས། ། ངང་པས་ཆུ་ལ་འོ་མ་ལེན་པ་ལྟར། ། ཤུན་པ་དོར་ལ་སྙིང་པོ་འདི་ཉིད་བསྒོམ། ། འབྱོར་ལྡན་བསོད་ནམས་བསགས་པར་འདོད་རྣམས་ཀྱང༌། ། འདི་ཡིས་གྲངས་མང་ཚུགས་ལ་མཐུ་ཆེན་བསྒྲུབས། ། དལ་འབྱོར་ལོངས་སྤྱོད་སྙིང་པོ་མཆོག་བླངས་སོ། ། ལམ་འདི་དོར་ནས་ལམ་གཞན་སློབ་བྱེད་རྣམས། ། རིན་ཆེན་དོར་ནས་འཆིང་བུ་ཚོལ་བ་དང༌། ། མཁའ་ལྡིང་དོར་ནས་བོང་བུ་ཞོན་པ་མཚུངས། ། 1-1-516 དེ་ལས་བྱུང་བའི་རབ་ཡངས་དགེ་བ་ཡིས། ། འགྲོ་ཀུན་ལམ་འདིར་ཞུགས་ནས་གྲོལ་གྱུར་ཅིག ། དེང་ནས་བླ་མེད་བྱང་ཆུབ་མ་ཐོབ་པར། ། གསང་སྔགས་རྒྱལ་པོ་སྦྱོར་བ་ཡན་ལག་དྲུག ། ཉིན་དང་མཚན་དུ་གཡེལ་བ་མེད་པར་ནི། ། བརྩོན་འགྲུས་ཆེན་པོས་རྩེ་གཅིག་བསྒོམ་པར་ཤོག ། བསོད་ནམས་འདི་ཡིས་སེམས་ཅན་ཐམས་ཅད་རྣམ་གསུམ་སྲིད་པར་གནས་པའི་བླ་ མེད་བྱང་ཆུབ་ཐོབ་པར་ཤོག །རྡོ་རྗེ་སེམས་དཔའ་ཐོབ་པར་ཤོག །དུས་ཀྱི་འཁོར་ལོ་ཐོབ་ པར་ཤོག །རྡོ་རྗེ་རྣལ་འབྱོར་ཐོབ་པར་ཤོག །བདེ་གཤེགས་སྙིང་པོ་ཐོབ་པར་ཤོག །སངས་ རྒྱས་སྐུ་བཞི་བསྙེས་པའི་བྱིན་རླབས་དང༌། །ཆོས་ཉིད་མི་འགྱུར་བདེན་པའི་བྱིན་རླབས་དང༌། ། དགེ་འདུན་མི་ཕྱེད་མཐུན་པའི་བྱིན་རླབས་ཀྱིས། །ཇི་ལྟར་བསྔོས་པ་བཞིན་དུ་འགྲུབ་པར་ ཤོག །མཾགྷལཾ། བྷཝནྟུ། དད་གུས་སྟོབས་ཀྱིས་ཐར་ལམ་གསལ་བྱེད་བྲིས། ། སྙིང་བོ་ཀུན་བསྡུས་སྙིང་རྗེའི་མཆོག་གྱུར་པ། ། མར་གྱུར་མཐའ་ཡས་འགྲོ་བས་སྙིང་པོའི་དོན་རྟོགས་ནས། ། ཕུང་པོ་སྒྲིབ་སོགས་བཅོམ་ནས་དག་པའི་དབྱིངས་ཐོབ་ཤོག ། ༄༅། །རིན་ཚུལ་བས། མཉམ་རྗེ་བསྲེ་བ་ནི། མདོར་ན་འགྲོ་འཆག་ཉལ་འདུག་ལ་ སོགས་པའི་སྤྱོད་ལམ་ཐམས་ཅད་སྒོམ་གྱི་དྲན་འཛིན་གྱིས་ཟིན་པར་བྱེད་པ་དང༌། སྣང་བ་ གང་ཤར་གྱི་སྟེང་དུ་ལྟ་སྟངས་གཏད་ནས་རྟོག་མེད་དུ་བཞག་པས་འོད་གསལ་གྱི་ངང་དུ་ཕྱམ་ གྱིས་འགྲོ། ལུས་སེམས་ལ་བདེ་སྡུག་ལ་སོགས་པའི་རྐྱེན་སྣང་གང་བྱུང་མ་དེ་ཉིད་ཀྱི་སྟེང་དུ་ 1-1-517 སེམས་མི་གཡོ་བར་བཞག་ཅིང་བསྒོམས་པས་རྐྱེན་ངན་ལམ་དུ་སློངས་བར་གཉིས་ཆར། དེ་ ལྟར་ཐམས་ཅད་དུ་ཡང་མཉམ་བཞག་གི་སེམས་ཀྱིས་ཟིན་པར་བྱས་པས་རིམ་གྱིས་མཉམ་རྗེ་ འདྲེས་པར་འགྱུར་རོ། །ཤུབྷཾ། དེ་ལྟར་གསུང་རབ་རྒྱ་མཚོའི་ངེས་དོན་སྟོང་ཉིད་སྙིང་རྗེའི་སྙིང་པོ་ནི། །རྣམ་ཀུན་མཆོག་ ལྡན་སྟོང་པ་ཉིད་དང་འགྱུར་མེད་མཆོག་གི་བདེ་ཆེན་དུ། །ལེགས་སྲོག་དུས་ཀྱི་འཁོར་ལོར་ འབད་པས་དགེ་བ་གང་དེས་འགྲོ་བ་ཀུན། །གཞུང་འདི་རྟོགས་ཤིང་ལམ་དེར་ཞུགས་ནས་ འབྲས་བུ་དེ་ཉིད་མྱུར་ཐོབ་ཤོག །ཤཱཀྱའི་དགེ་སློང་བློ་གྲོས་རྒྱལ་མཚན་དང༌། བློ་གྲོས་དཔལ་ བཟང་པོ་གཉིས་ཀྱིས་དུས་འཁོར་རྒྱས་འགྲེལ་དྲི་མེད་འོད་ལ་ཞུས་དག་དང་འགྱུར་བཅོས་ མཛད་སྐབས་སྨོན་ལམ་དུ་མཛད་པའོ། ། ༈ འཕགས་པ་ལྷའི་ཞབས་ཀྱིས། མུན་པ་བྲལ་བའི་སྐད་ཅིག་ལས། །འོད་གསལ་བློ་ གྲོས་ཤིན་ཏུ་དྭངས། །རྟག་ཏུ་སྣང་བའི་རང་བཞིན་ཅན། །དོན་དམ་བདེན་པའི་མཚན་ཉིད་ནི། ། ཡེ་ཤེས་རང་བཞིན་འོད་གསལ་བ། །ཡེ་ཤེས་མིག་གིས་མཐོང་བར་འགྱུར། །ཞེས་གསུངས་ པའོ། ། 1-1-518 ༄༅། །ཀུན་མཁྱེན་དོལ་པོ་པའི་རྣམ་ཐར་རྒྱས་པ་ལས་སླར་ཡང་ བསྡུས་པ་ལྷའི་རྒྱལ་མཚན་གྱིས་བཀོད་པའི་ དབུ་ཕྱོགས་ལེགས་སོ། ། ༄༅། །ཆོས་རྗེ་ཀུན་མཁྱེན་ཆེན་པོ་ལ་ཕྱག་འཚལ་ལོ། །ཆོས་རྗེའི་རྣམ་ཐར་བསྡུས་པ་ནི། འཁྲུངས་ཡུལ། མངའ་རིས་དོལ་པོའི་པན་ཚངས་སུ་མདོ་སྔགས་རྙིང་མའི་རྒྱུད་དུ་འཁྲུངས། གཞོན་ནུ་ལ་རབ་ཏུ་བྱུང་ནས། གློ་བོ་དང་དཔལ་ས་སྐྱར་མཁས་མཆོག་སྐྱི་སྟོན་གྲགས་པ་རྒྱལ་ མཚན་ལ་ཆོས་མང་དུ་གསན་པས། སྐྱེ་ཞིང་སྐྱེ་བ་དག་ནི་ཐམས་ཅད་དུ། །མཁས་པ་མཁས་པ་ དུ་ནི་སྔོན་སྦྱངས་པའི། །ཚེ་འདིར་ལན་རེ་བཟུང་རེ་ཐོས་ཙམ་གྱིས། །གཞུང་ལུགས་ཀུན་ཤེས་ ཤེས་རབ་རྒྱལ་མཚན་དཔལ། །ཞེས་པར་གྱུར་ནས། དགུང་ལོ་ཉེར་གཉིས་ལ་རྣམ་བཞག་མཛད། ཆོས་ཁྲི་ཐང་གི་ཤར་སྒོ་བྱང་མའི་སྟེང་ནས་ དབྱར་ཆོས་ལ་དཀའ་པོད་བཞི་ཆར་གསུངས་པས། ཆོས་གསན་པ་དང་དངོས་པོ་འབུལ་བ་ མང་པོ་བྱུང༌། དགུན་ཆོས་སུ་དབུས་གཙང་ལ་གྲྭ་སྐོར་མཛད་པས། སློབ་དཔོན་དོལ་པོ་པ་ལྟ་ བུ་ཞེས་སྟོན་པ་བཟང་བའི་ཚད་རྡོར་གྱུར། དེ་མ་ཐག་མཁན་ཆེན་བསོད་ནམས་གྲགས་པའི་ ཚོགས་པ་ལ་བསྙེན་རྫོགས་མཛད། དེ་ནས་དགུང་པོ་བཅུ་གཉིས་པའི་བར་ལ་བླ་མ་བཟང་པོ་ མང་པོ་ལ་ཆོས་གསན་ཅིང་ཐུགས་དམ་མཛད། སོ་གསུམ་པ་ལ་དཔལ་ཇོ་ནང་གི་གདན་ས་མཛད་ནས། དབྱར་དགུན་མཚམས་དམ་དུ་ 1-1-519 བཅད་ནས་མཉམ་བཞག་གཙོ་བོར་སྟོན། སྟོན་དཔྱིད་གཞི་བྱེས་ཀྱི་གྲྭ་བ་དུ་མ་ལ་ངེས་དོན་ མདོ་ལྔ་མདོ་བཅུ། སྙིང་པོ་མདོ་ལྔ་མདོ་བཅུ། སྔགས་ཀྱི་སེམས་འགྲེལ་སྐོར་ལྔ། བྱམས་པ་ དང་འབྲེལ་པའི་ཆོས་སྡེ་ཉི་ཤུ། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་རིགས་ཚོགས་བསྟོད་ ཚོགས་གཏམ་གྱི་ཚོགས་རྣམས་རྒྱ་འགྲེལ་གྱི་ཐོག་ནས་གསུངས། གཞན་ཡང་དབང་བཀའ་ སྒྲུབ་བཀའ་ཁྲིད་བཀའ་སྣ་ཚོགས་གསུངས། ས་སྐྱར་བླ་མ་ཆེན་པོ་ཏི་ཤི་ཀུན་དགའ་རྒྱལ་ མཚན་གྱིས་གདན་དྲངས། དུས་འཁོར་སོགས་ཞུས། ཇོ་ནང་དུ་ཕེབས་པ་དང༌། བླ་མ་རོག་ པ་ཚང་བས། རྡོར་འཕྲེང་དཀྱིལ་འཁོར་ཞེ་བཞི། དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་བཅུ་ གཅིག་གི་དབང་ཞུས། ནམ་མཁའ་ལ་སྒྲ་འོད་གསལ། མེ་ཏོག་གི་ཆར་འབབས། རྟ་ལོ་ཟླ་ བ་གསུམ་པའི་ཚེས་གསུམ་ལ་སྐུ་འབུམ་ཆེན་པོའི་ཁྲི་འོག་གི་རྒྱ་ལ་ཁྲུ་ཉིས་བརྒྱ་བཅོ་ལྔ། རྨང་ ནས་གཉྫིརའི་བར་ལ་དཔངས་ཁྲུ་ཉིས་བརྒྱ་བཅོ་ལྔ་ཡོད་པའི་འགྲམ་བཏིངས་ནས། བྱ་ལོ་ཟླ་ བ་བཅུ་བའི་ཚེས་བཅུ་ལ་གདུགས་ཁེབ། རགས་རིམ་ལོ་བཞི་ལ་འབྱོངས་ནས་རབ་གནས་ མཛད་པའི་ཚེ། ངོ་མཚར་བའི་ལྟས་ས་གཡོས། ནམ་མཁའ་ལ་སྒྲ་གྲགས། མེ་ཏོག་གི་ཆར་ བབ། འོད་ཟེར་དུ་མ་བྱུང་བའི་སྙན་པ་ཕྱོགས་བཅུར་ཁྱབ་སྟེ། ཕྱོགས་སོ་སོ་ནས། ཀ་རུ་མའི་ དངོས་པོ་འབུལ་བ་དང༌། བཟོ་གནས་མཁས་པ་མང་པོ་འདུས། ལྷ་ཁང་སོ་སོའི་ཡོན་བདག་ བྱེད་པ་སུས་ཐོབ་བྱེད་པ་བྱུང་ནས་མཐར་ཐུག་པ་མཛད། རབ་གནས་རྣམས་རིམ་པར་མཛད་ པའི་ཚེ། ངོ་མཚར་བའི་ལྟས་རྣམས་ཀྱང་རིམ་པར་བྱུང་ངོ༌། ། ཡང་དེ་དུས། ཇོ་གདན་རྒྱལ་བ་བྱང་སེམས་ཞེས་པ་དགྲ་བཅོམ་པ་ལྟ་བུ་བཟང་པོ་གཅིག་ གིས་སྐུ་འབུམ་བཞེངས་པའི་རྩིག་བཟོ་བ། ཤིང་བཟོ་བ། ལྕགས་མགར་བ། ཟངས་མགར་བ། བླུགས་མགར་བ། ལྷ་བཟོ་བ། ཆ་གསུམ་བཞིའི་བཟོ་བར་ན། ཞལ་ཏ་མཛད་པའི་ཆོས་རྗེ་ཡང་ རེ་རེ་དུས་མཉམ་དུ་བྱོན་པར་གཟིགས་ནས། མི་ལ་ལ་བརྫུན་བྱས་ནས་མི་ཆོས་བླ་མར་འགྲོ་ 1-1-520 ན་ངས་ད་(དེ)ལྟར་མངོན་གསུམ་དུ་མཐོང་བའི་དཔང་པོར་དཀོན་མཆོག་བཞུགས་གསུངས་ པ་དང༌། དེ་དང་དེའི་དུས་རྣམས་སུ་ཐུགས་དམ་པ་རྣམས་ཀྱིས་ཀྱང་ཉིན་མོ་མི་རྣམས་དགེ་ ལས་བྱེད་པ་ལྟར། མཚན་མོ་མི་མ་ཡིན་གྱིས་ཀྱང་སྐུ་འབུམ་བཞེངས་པར་གཟིགས་སོ། །དེ་ ལྟར་གཞན་དོན་རྣམས་རིམ་པར་མཛད་ནས། དགུང་ལོ་བདུན་ཅུ་པ་ལ་གླང་ལོའི་སྟོན་ཁྲིད་ཀྱི་དུས་ཁྲིད་པ་མང་པོ་འཚོགས་ཀྱང༌། བླ་ མ་གདན་ས་བ་ས་སྐྱ་ནས་མ་ཕེབས་པར། ཚེས་ལྔ་སྔོན་འགྲོ་རྣམས་ཞིབ་རྒྱས་སུ་གསུངས་ ཏེ། ཞལ་ཆེམ་ཡིན་པར་བྱེད། སྐབས་སུ་ནམ་མཁའ་ལ་ཡང་ཡང་གཟིགས་ཏེ། རྒྱལ་བ་སྲས་ བཅས་མང་པོ་གཟིགས་པ་ནི། བསུ་བ་ཡིན་པར་བྱེད། འདོད་ཆོས་འཚམས་དེ་ལ་བྱེད། ངེས་ དོན་རྒྱ་མཚོའི་འཕྲོ་སྐ་རག་ལེགས་པར་གྱིས་ཞེས་གསུངས། ད་ང་སྐུ་འབུམ་དུ་ཐེག་གསུང་ པ་ལ་ཐམས་ཅད་ཀྱིས་ཞུ་བ་བྱས་ནས། བླ་བྲང་གི་གཟིམ་ཁང་ཀ་བཞི་མང་(མར་)གདན་ དྲངས། ཐམས་ཅད་ལ་མཉེས་མཉེས་མཛད་ཅིང༌། བསྙུང་བའི་རྣམ་པ་ཅུང་ཟད་མེད་པའི་ངང་ ནས། ཚེས་དྲུག་གི་དགོང་མོ་ལ་བདེ་བར་གཤེགས་སོ། །དེ་དུས་སྤུར་ཁང་དུ་སྤོས་དྲི་བཟང་ པོ་དང༌། རོལ་མོའི་སྒྲ་སྣ་ཚོགས་གྲགས་པ་དེ་མི་མ་ཡིན་གྱི་མཆོད་པར་ངེས་སོ། །ཚེས་བདུན་ གྱི་ནང་མོ་སྤུར་ལ་བལྟས་པས་ཁམས་དཀར་པོ་སྟེང་དང༌། དམར་བོ་ཆུ་ལམ་ནས་མར་བྱོན་ འདུག་སྟེ། རྒྱུད་ནས། ལུས་ཅན་རྣམས་ནི་འཆི་བ་ན། །ཟླ་བ་བདུད་རྩི་ཐུར་དུ་འགྲོ། སྟེང་ དུ་ཉི་མ་རྡུལ་སྒྲ་གཅན། །སངས་རྒྱས་ཀུན་གྱི་མཛོད་སྤུ་ཡི། །པད་མར་ཟླ་བའི་བདུད་རྩི་ཉ། ། ཉི་རྡུལ་གནམ་སྟོང་གསང་བར་ཏེ། །ཞེས་པ་ཕལ་བ་ལས་འདས་པའི་རྟགས་ཁྱད་པར་ཅན་ བྱོན་ནོ། །སྐུ་གཤེགས་པའི་ནུབ་མོ་ཐུགས་དམ་པ་རྣམས་ཀྱི་སྣང་བ་ལ་ཆོས་རྗེ་པ་སྤྱན་རས་ གཟིགས་ཀྱི་རྣམ་པར་མཛད་ནས། ལ་ལའི་མདོ་ལི་ལ། ལ་ལའི་རྟ་དཀར་པོ་ལ། ལ་ལའི་སེང་ གེ་དཀར་པོ་ལ་བཅིབས་ནས། བདེ་བ་ཅན་དུ་གཤེགས་པར་གཟིགས་སོ། །སྤུར་སྦྱང་བའི་ཚེ། 1-1-521 དུ་བ་སྟེང་དུ་མདུང་གང་ཙམ་འཕགས་ཏེ། དེ་ནས་མདའ་འཕངས་པ་བཞིན་དུ་སྐུ་འབུམ་སྨད་ ནས་རིམ་པར་གཡས་སུ་ལན་ཏུ་མ་བསྐོར་ནས། ནུབ་ཕྱོགས་སུ་མི་སྣང་བར་གྱུར་ཏོ། །རྒྱུད་ འགྲེལ་གསན་པ་རྣམས་ལ་གདུང་ཅུང་ཟད་རེ་བསྐྱེལ་བ་ན་རིང་བསྲེལ་ཆུ་ཤེལ་ལྟར་དཀར་ ཞིང་དྭངས་པ་མང་དུ་བྱོན་ཞིང༌། ཕྱིས་ནི་གདུང་ཐལ་སོགས་ལས་དཔག་མེད་འཕེལ་ལོ། ། དེ་དང་དེ་དག་ཏུ་ངོ་མཚར་བའི་ལྟས་ཇི་ལྟ་བུ་བྱུང་ཞེ་ན། སྐུ་གཤེགས་པའི་ཞགས་འགའི་ གོང་དུ་འོད་ཀྱི་གོང་བུ་རྫ་མ་ཙམ་དཀར་པོ་ཟེར་གྱིས་ནམ་མཁའ་འགེངས་པ་ཅིག་སྲོད་ཀྱི་ཆ་ ལ་ནག་ཕུག་གི་ཤར་ཕྱོགས་ནས་བྱུང་ནས་ནུབ་ཕྱོགས་སུ་སོང་བར་རྩང་ལ་སོགས་པ་ཡུལ་ ཀུན་ནས་མཐོང་བ་དང༌། ས་ཆེན་པོ་གཡོས་ཤིང༌། སྒྲ་ཆེན་པོ་བྱུང་བ། སྐུ་གཤེགས་པའི་ནུབ་ ཕྱོགས་གཡས་རུ་རྩང་པོ་ཕྱེད་མེད་དུ་བྲི་བ་དང༌། བོ་ཏོད་ཇོ་བོ་སྤྱན་རས་གཟིགས་ཀྱི་དྲུང་དུ་ དཀར་མེ་ཞག་གསུམ་འབར་དུ་མ་འདོད་པ་དང༌། དེའི་ཚེ་ཁ་བ་འབབ་པ་ཡང་ཐུགས་དམ་པ་ བཟང་པོ་རྣམས་ཀྱིས་མེ་ཏོག་གི་ཆར་དུ་གཟིགས་པ་དང༌། ཚེ་ལྔའི་ཐོ་རེངས་ཀྱི་ཆ་ལ་མཁན་ ཆེན་སྣར་ཐང་པ་སོགས་གང་ཟག་བཟང་པོ་རྣམས་ཀྱི་གཟིམ་ཁང་དུ་ཆོས་རྗེ་པ་བྱོན་ནས་ཆོས་ གསུངས་ཞིང༌། བྱིན་རླབས་མཛད་བའི་སྣང་བ་བྱུང་བ་དང༌། བདེ་བར་གཤེགས་ནས་སྤུར་ བཞུ་བ། སྤུར་ཁང་ཞལ་འབྱེད་པ། ཟླ་མཆོད་དུས་མཆོད་རྣམས་སུ་སྤྲིན་ནག་པོ་དང་རླུང་མེད་ པའི་འཇའ་ཁ་དོག་ལྔ་པ་ཟླུམ་པོ་སོགས་བློས་བཀོད་པ་འདྲ་བ་དཔག་ཏུ་མེད་པ་བྱུང་ངོ༌། ། སྐུ་གཤེགས་པའི་ཕྱིར་ལོའི་ཟླ་དུས་ཚེས་གྲངས་ལ། ཆོས་རྗེ་ཕྱོགས་པ་བྱོན་ནས་དུས་ མཆོད་སྒྲུབ་པའི་ཉིན་མོ་མེ་ཏོག་གི་ཆར་འབབ་པ་ལ། ཆག་ཕྱི་པ་སློབ་དཔོན་བདེ་བསོད་ཀྱིས་ མེ་ཏོག་བཏུས་པ་ནས་གཟིགས་པ་ཕུལ་བ་ལ། འདབ་མ་བཞི་པ། བརྒྱད་པ། བཅུ་དྲུག་པ། ལ་སོགས་པ་ཁ་དོག་དཀར་པོ། དམར་པོ་སོགས་ཕྱོགས་གཅིག་པ་དུ་མ་དང༌། ལ་ལ་དཀྱིལ་ དཀར་མཐའ་དམར་པོ༑ ལ་ལ་དཀྱིལ་དམར་པོ་ལ་མཐའ་དཀར་པོ་སོགས། དཔོན་སློབ་པས་ 1-1-522 གཟིགས། ཆོས་རྗེ་ཕྱོགས་པས་སྤྱན་ཆབ་མང་པོ་ཕྱུང་སྟེ། ཆོས་རྗེ་རིན་པོ་ཆེ་བའི་བྱིན་རླབས་ དང་ནུས་མཐུ་ཡིན་གསུངས་སོ། ། འཕགས་པ་སྤྱན་རས་གཟིགས་འདི་སྔོན་བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ཏུ་དེ་ བཞིན་གཤེགས་པ་ཆོས་སྣང་བ་ཞེས་བྱ་བར་གྱུར་པར་ཕྱག་སྟོང་སྤྱན་སྟོང་གི་མདོར་གསུངས་ པ་དེ་དང་མཐུན་པར། འཕགས་པ་ཀླུ་སྒྲུབ་ཀྱི་མགྲིན་སྔོན་ཅན་གྱི་སྒྲུབ་ཐབས་སུ། སྦྱན་རས་ གཟིགས་དབང་རྒྱལ་སྲས་ཐུགས་རྗེ་ཅན། །འདས་པའི་དུས་ན་མངོན་པར་སངས་རྒྱས་ཀྱང༌། ། ཐུགས་རྗེའི་དབང་གིས་ས་བཅུའི་ཚུལ་སྟོན་པ། །ཐབས་ཚུལ་དཔག་མེད་རིགས་ལ་ཕྱག་ འཚལ་ལོ། །ཆོས་རྗེ་རིན་པོ་ཆེ་འདི་ཡང་འཕགས་པ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་སྟེ། དབུས་ ཀྱི་སྟོད་ལུང་མཚུར་ཕུ་གནས་ནང་ན༑ རྟོགས་ལྡན་གྲགས་སེང་བྱ་བ་གཞན་རྒྱུད་མཁྱེན་པའི་ ཡེ་ཤེས་མངའ་བ་ཅིག་ལ། སློབ་མ། ཆོས་རྗེ་ལ་ཤིན་ཏུ་མ་གུས་པ་ཅིག་ཡོད་པས། ཇོ་ནང་ བལྟར་ཕྱིན། ཆོས་རྗེ་དང་མི་མཇལ་སྙམ་པ་ལ། སྐུ་འབུམ་སྐོར་ལམ་དུ་མཇལ། གཟི་བརྗིད་ མ་བཟོད་པར་ཕྱག་གཅིག་འཚལ། བྱིན་རླབས་དང་ཆོས་མ་ཞུས་པར་ལོག་ནས། རྟོགས་ལྡན་ པའི་དྲུང་དུ་ཕྱིན་པ་ལ་རྟོགས་ལྡན་པས་ཁོ་ལ། ཆོས་རྗེ་ཀུན་མཁྱེན་པ་སྐུ་ཁམས་བཟང་ངམ་ ཞེས་སོགས་དྲིས་པ་ལ་ཁོས་སྔར་གྱི་ལོ་རྒྱུས་ཞུས་པས། རྟོགས་ལྡན་པས་དབུ་ཧྲིལ་གྱིས་ཕུར་ ནས། སྤྱན་ཆབ་བྱུང༌། དེ་ཅི་ལགས་ཞུས་པས། ཁྱོད་སྙིང་རེ་རྗེ། ཆོས་རྗེས་པ་དེ་ཤམ་བྷ་ལའི་ དྲུང་དུ་རིགས་ལྡན་ས་བཅུ་པ་སྤྱན་རས་གཟིགས་ཀྱི་ངོ་བོ་གཅིག་གི་སྤྲུལ་པ་ཡིན། ཁྱོད་ཀྱིས་ ལས་ངན་བསགས། འགྲོ་ས་དམྱལ་བ་ལས་མེད་གསུངས། དེ་ལ་ཅི་ཕན་ཞུས་པས། དག་ རྩད་དུ་སོང་ལ་ཁོ་བོའི་དྲུང་དུ་འདུག་ལ་བཤགས་པ་ཡང་ཡང་ཕུལ། གསོལ་བ་རྩེ་གཅིག་ ཏུ་ཐོབ་ལ་མོས་གུས་ཀྱིས་གསུངས། ཁོང་གིས་ཀྱང་དེ་བཞིན་བྱས་སོ། །སྤྱི་པོ་ལྷ་ས་ན་བླ་མ་ མཚོ་སྐྱེས་རྡོ་རྗེ་ཞེས་བྱ་བའི་གང་ཟག་བཟང་པོ་གཅིག་ཡོད་པས། མཚམས་བསྡམས་ནས། 1-1-523 ཐུགས་དམ་ལ་རྩེ་གཅིག་ཏུ་བཞུགས་པའི་ནམ་ལངས་ཁའི་རྨི་ལམ་དུ། བྱར་ཤོངས་ཅུང་ཁང་ ནང་ཕྱོགས་ཀྱི་ཁྲི་ལ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བཞུགས་ནས་འཁྱམས་ ནས་ཁྲོམ་ཆེན་པོ་ལ་ཆོས་གསུངས་པ་ལ། ཁོང་པ་གཤེགས་ནས་ཆོས་གསན་པར་རྨི་བའི་རྨི་ ལམ་སད་པ་དང༌། ནམ་ལངས་པ་དང་པྲང་ཁང་ན་ཆོས་རྗེ་ཀུན་མཁྱེན་པ་དེ་རིང་བྱར་ཤོངས་ སུ་ཐུགས་བསྐྱེད་གསུང་བ་གདའ་བས་གསན་པའི་ཚེ། གཤེགས་སོ་བྱ་བའི་སྐད་གཏོང་བ་ གསུམ་དུ་གཅིག་ལ་བྱུང་བས། མཚམས་བཀྲོལ་ཏེ་གསན་དུ་གཤེགས་པས། མདང་ཇི་ལྟར་ རྨིས་པ་བཞིན་དུ་འདུག་པ་དང༌། དེ་ཕྱིན་ཆད་ཆོས་རྗེ་འདི་སྤྱན་རས་གཟིགས་དངོས་ཡིན་ སྙམ་པའི་ངེས་ཤེས་བརྟན་པོ་དང༌། ཐུགས་དམ་བོག་ཆེན་པོ་བྱུང་གསུངས་པ་དང༌། བྲག་ རམ་པའི་སློབ་དཔོན་ཆེན་པོ་དཀོན་བཟང་བས། ཇོ་ནང་དུ་ཆོས་རྗེ་ལ་དུས་འཁོར་དབང་མོ་ ཆེ་ཞུས་དུས། ཁོང་པ་ཡིས་ཆོས་རྗེ་སྤྱན་རས་གཟིགས་དངོས་སུ་གཟིགས་ཏེ། ཞབས་ལ་ཡང་ ཡང་ཕྱག་འཚལ་ཞིང་བྱིན་རླབས་ཞུས། ཞལ་ནས་སྤྱན་རས་གཟིགས་སྤྱན་རས་གཟིགས་ ཞེས་བརྗོད། ཡར་རྒྱུག་མར་རྒྱུག་བྱས་པས་དབང་ཞུ་མི་གཞན་ཐམས་ཅད་ཀྱང་འུར་བ་དང༌། ཆོས་རྗེ་ལྷ་སར་བཞུགས་དུས་ནུབ་གཅིག་ལྷ་སའི་གནས་པོ་མགོན་རིས་ཀྱི་རྨི་ལམ་དུ། སེང་ ལྡེང་སྒོ་མོའི་མདུན་དུ་ཁྲི་ཆེན་པོ་ལ་རྒྱལ་བོ་སྲོང་བཙན་སྒམ་པོ་ཡིན་ཟེར་བའི་རྒྱལ་པོའི་ཆ་ བྱད་ཅན་ལ་ཐུང་ཅན་གཅིག་ཆོས་གསུངས་པ་ལ་མི་མང་པོ་ཉན་འགྲོ་ཡིན་འདུག ཁོ་རང་ གིས་ཀྱང་ཕྱིན་པ་དང༌། རྨིས་པའི་ནང་མོ་སེང་ལྡེང་སྒོའི་མདུན་གྱི་ཁྲི་ཆེན་པོ་ལ་ཆོས་རྗེ་པ་ བཞུགས་ནས། སེམས་བསྐྱེད་གསུངས་པ་ལ་ཉན་པས། རྒྱལ་པོ་སྲོང་བཙན་སྒམ་པོ་སྤྱན་ རས་གཟིགས་དངོས་སུ་བྱད་བྱེད་པས། ཆོས་རྗེ་པ་འདི་སྤྱན་རས་གཟིགས་དངོས་སུ་འདུག་ སྙམ་པའི་མོས་གུས་སྐྱེས་ཟེར་བ་དང༌། ཆོས་རྗེའི་བཀའ་ཤོག་ལས་འབྱུང་པོ་གདུག་པ་ཅན་ ཆེན་པོ་རྣམས་འདའ་མི་ནུས་པའི་སྙན་པ་ཕྱོགས་སོ་སོར་ཐོས་ནས། ཉིན་རེ་བཀའ་ཤོག་ཞུ་ 1-1-524 བ་ཉི་ཤུ་སུམ་ཅུ་ཙམ་རེ་འོངས་ནས། བདག་ཅག་ལ་བླ་མ་བྱིན་རླབས་ཅན་དུ་གྲགས་པ་འདི་ དང་འདི་ལྟ་བུས་མ་ཐུལ་བའི་གདོན་ཁ་ཟུག་འདི་འདྲ་བ་དེ་ལ་གནོད་གསུངས་པའི་བཀའ་ ཤོག་ཞུས་ཏེ། གནང་བ་སྒོ་གོང་དུ་བཏགས་ནས་བསྒྲགས། ཕྱིན་ཆད་གནོད་པ་བར་ཆད་ལས་ གྲོལ་བ་ཤ་སྟག་བྱུང་ངོ༌། །གཞན་ཡང་ཆོས་རྗེ་པ་ལ་ཐུགས་ཤེས་མངའ་བའི་ལོ་རྒྱུས་མང་པོ་ ཡོད་དོ། །སྔར་བོད་དུ་ངེས་དོན་ཕྱོགས་རེ་ཙམ། དགོངས་པ་མང་དུ་བྱོན་ཞིང༌། ཁྱད་པར་སྒོམ་ ཆེན་པ་རྣམས་ཤས་ཆེན་འང་བཀའ་བསྟན་བཅོས་མན་ངག་རྣམས་ཀྱི་ངེས་དོན་མཐའ་དག་ རྫོགས་པར་ཆུད་པས། གྲུབ་མཐའ་ཁྱད་པར་ཅན་མྱུར་དུ་སངས་རྒྱས་ཐོབ་པའི་ལམ་མཆོག་ སྟོན་པ་ནི་ཆོས་རྗེ་འབའ་ཞིག་ལས་བོད་དུ་མ་བྱོན་ནོ། །དེ་ལྟ་བུའི་གྲུབ་མཐའ་འདི་ལ་སློབ་པ་ རྣམས་མྱུར་དུ་སངས་རྒྱས་པའི་ལམ་མཆོག་ཡིན་པའི་སྟོབས་ཀྱིས། ཆོས་རྗེ་དང་གྲུབ་མཐའ་ ལ་རྩེ་གཅིག་ཏུ་མོས་པའི་སྒོ་ནས་འགྲོ་དོན་རང་སྒྲུབ་པ་མཛད་པའི་བུ་ཆེན་དངོས་སློབ་རྒྱུད་ སློབ་རྣམས་སྐུ་ཚེ་རིང་ཞིང་འགྲོ་དོན་གཞན་པས་ཆེ་ལ། ཐུགས་དམ་གཞན་པས་འཕེལ་བ་ དང༌། ནམ་གཤེགས་པའི་ཚེ་ངོ་མཚར་བའི་ལྟས་དང་བཅས་པ་ཤ་སྟག་བྱོན་པ་རགས་པ་ཙམ་ བརྗོད་ན། བླ་མ་ཀུན་སྤངས་པ་ཆོས་གྲགས་དཔལ་བཟང་པོ་སྐུ་གཤེགས་དུས་ན་ནམ་མཁའ་ ལ་སྒྲ་ཆེན་པོ་དང༌། གདུང་ལ་རིང་བསྲེལ་མང་པོ་བྱོན་པ་དང༌། ཇོ་ནང་ལོ་ཙཱ་བའི་གདུང་ལ། ཁ་སར་པ་ཎི་བྱོན་པ་དང༌། མཁན་པོ་རྒྱལ་བཟང་གཤེགས་ཁར་མདོ་ནས་གསུངས་པ་ལྟར། འོད་གསལ་དགེ་འདུན་དང་བཅས་པའི་བསུ་བའི་སྣང་བ་བྱུང་བ་དང༌། དུས་འཁོར་བ་རྡོ་རྗེ་ སྙིང་པོ་གཤེགས་ཁར་ང་བདེ་བ་ཆན་དུ་འགྲོ། ཆོས་རྗེ་ཡང་བྱོན་པར་འདུགས་གསུངས་ཞིང༌། རིང་བསྲེལ་དང་སྐུ་མང་པོ་བྱོན་པ་དང༌། ཇོ་ནང་དུ་གྲུབ་ཐོབ་དབུས་པ་དང༌། བླ་མ་རྟ་ར་བའི་ གདུང་ལ་རིང་བསྲེལ་མང་པོ་བྱུང་བ་དང༌། སྒྲུབ་པ་མོ་ཡེ་ཤེས་རྒྱན་ཞེས་བྱ་བ་ལ་མངོན་ཤེས་ བརྟན་པོ་མངའ་བ་དང༌། སྒྲུབ་པ་མོ་ཞང་བཙུན་མས། བདག་གཞན་བརྗེས་ནས། དགེ་སློང་ 1-1-525 བཀྲ་ཤིས་བཟང་པོ་གྲོངས་པའི་ཚབ་ཏུ་ཁོང་གྲོངས་ནས། དགེ་སློང་གི་ཚེ་བསྲིང་པ་དང༌། དགེ་སློང་གི་སྐུ་ཚེ་བསྐུ་རིང་པོ་ཐུབ། ཐུགས་ཤེས་མངའ་ཞིང༌། གཤེགས་དུས་ཁམས་དཀར་ པོ་གྱེན་ལ་བྱོན་ཞིང༌། རིང་བསྲེལ་བྱོན་པ་དང༌། གཞན་ཡང་སྦས་པའི་རྣལ་འབྱོར་ཕོ་མོ་ལ་ སྐུ་དང་རིང་བསྲེལ་དང༌། འཇའ་འོད་ལ་སོགས་ངོ་མཚར་བའི་ལྟས་ཁྱད་པར་ཅན་མང་དུ་བྱོན་ ཞིང༌། རྫོང་དམར་པོ་སྤུར་སྦྱངས་པ་དང༌། གཞོང་སྟོང་དུར་ཁྲོད་དུ་བསྐྱལ་བའི་གདུང་ཐལ་ ས་རྣམས་ལ་ཐུགས་རྗེ་ཆེན་པོ་དང༌། ཡི་གེ་ཨ་དང་རིང་བསྲེལ་བྱོན་པ་མང་པོ་བྱུང་ངོ༌། །ཕྱིས་ གཤེགས་པའི་ཆོས་རྗེ་པཎ་ཆེན་པ་ལ་ཁམས་དཀར་པོ་གྱེན་ལ་བྱོན་ཞིང༌། རིང་བསྲེལ་དུ་ མ་བྱོན་པ་དང༌། ཆོས་རྗེ་བྱང་སེང་བ་དང༌། སློབ་དཔོན་འཇམ་དཔལ་གྲགས་པའི་གདུང་ལ་ རིང་བསྲེལ་བྱོན་པ་དང༌། ཆོས་རྗེ་ཕྱོགས་པ་གཤེགས་པ་ན་སྤོས་དྲི་བཟང་པོ་དང༌། སྒྲ་དང༌། སྟོད་སྨད་ཀྱི་ནམ་མཁའ་རྒྱ་ཆེན་པོར་འཇའ་ཁ་དོག་དང་དབྱིབས་སྣ་ཚོགས་པས་གང་བ་དང༌། ཐུགས་དང་རིང་བསྲེལ་མང་པོ་བྱོན་པ་དང༌། ཆོས་རྗེ་བསྟན་པའི་གདུང་ལ་རིང་བསྲེལ་མང་ པོ་བྱོན་པ་དང༌། བཟང་ལྡན་པ་མཁན་ཆེན་སངས་རྒྱས་བཟང་པོ་དང༌། བླ་མ་སྨོན་མཆོག་ དང༌། དམས(ངམ)་རིང་པའི་སློབ་དཔོན་བྱང་ཤི་གསུམ་ལ་ཁམས་དཀར་པོ་གྱེན་ལ་བྱོན། སློབ་དཔོན་བློ་གྲོས་རྡོ་རྗེ་ལ་རིང་བསྲེལ་དང་ཐུགས་བྱོན་པ་དང༌། ཇོ་ནང་དུ་ཆོས་རྗེ་ཀུན་ དགའ་བ་ལ་སྒྲ་འོད་སྤོས་དྲི་བཟང་པོ་རིང་བསྲེལ་དུ་མ་བྱོན་པ་དང༌། ཆོས་རྗེ་དཀོན་མཆོག་ རྒྱལ་བ་ལ་ངོ་མཚར་བའི་ལྟས་དུ་མ་བྱུང་བ་དང༌། ཕྱི་ལྷས་མཁན་ཆེན་རིན་ཤེ་བ་ལ་གཟིམས་ ཁང་ལ་འཇའ་ཟུག་ཅིང༌། རིང་བསྲེལ་དུ་མ་བྱོན་པ་དང༌། བླ་མ་དོན་ཡོད་བཟང་པོའི་གདུང་ ལ་རིང་བསྲེལ་དུ་མ་བྱོན་པ་དང༌། ཆོས་རྗེ་ལོ་ཙྪ་བ་བྱང་རྩེ་དང༌། སྣར་ཐང་པ་མཁན་ཆེན་བློ་ བཟང་གྲགས་པ་ལ་རིང་བསྲེལ་ལ་སོགས་པ་ངོ་མཚར་བའི་ལྟས་དུ་མ་བྱུང་བ་དང༌། ཕྱུག་ པོ་ཚལ་དང་ཆོས་ལུང་པའི་མཁན་ཆེན་བསོད་ནམས་གྲགས་པ་ཁུ་དབོན་དང་བྱི་རྫིང་བའི་ 1-1-526 མཁན་ཆེན་རིན་ཚུལ་བ་ལ་རིང་བསྲེལ་ལ་སོགས་པ་ངོ་མཚར་བའི་ལྟས་དུ་མ་བྱུང་བ་དང༌། བླ་མ་སྨན་ཆུ་ཁ་བ་བློ་གྲོས་རྒྱལ་མཚན་སྐུ་གཤེགས་པའི་སྔ་དྲོ་གཟིམས་ཁང་ལ་འཇའ་ཟུག་ ཅིང༌། མེ་ཏོག་གི་ཆར་བབས་ལ། རྗེས་ནས་གདུང་བསྒུལ་བ་དང༌། སྤུར་སྦྱང་པའི་ཚེ་ཡང་མེ་ ཏོག་གི་ཆར་རིམ་པར་འབབས་སོ། །ཡར་འབྲོག་པ་བླ་མ་བསོད་ནམས་གྲགས་པ་དང༌། དེའི་ བུ་ཆེན་ཕག་གྲུབ་(གྲུ་བ་)ཡོ་བློ་ལ་རིང་བསྲེལ་མང་དུ་བྱོན་པ་དང༌། གཞན་ཡང་མངའ་རིས་ སྐོར་གསུམ། དབུས་གཙང་མདོ་སྟོད་སྨད་རྣམས་སུ། ཆོས་རྗེ་དང་གྲུབ་མཐའ་ལ་མོས་པའི་ གང་ཟག་གྲགས་པ་ཅན་དང༌། ཀུ་སུ་ལུ་རྣམས་ལ་ངོ་མཚར་བའི་ལྟས་ཁྱད་པར་ཅན་བྱུང་བ་ གཞན་རྣམས་ནི་བྲི་ཡིས་མ་ལངས་སོ། ། དེ་ལྟར་ཆོས་བྱས་ཡུས་ཀྱིས་མི་ཕན་བྱས་རྟགས་དགོས་་པ་སྟོན་པ་འདིས་ཀྱང༌། ཆོས་རྗེ་ དང་ཆོས་རྗེའི་གྲུབ་མཐའ་འདི་ནི་གཞན་ལས་ཆོས་མཆོག་ཁྱད་པར་དུ་འཕགས་པར་གྲུབ་ ཅིང༌། འདི་ལྟ་བུའི་ངོ་མཚར་བའི་ཕུལ། ཆོས་རྗེ་ཞ་ལུ་བ་འཁོར་བཅས་ལམ་(ལ་མ་)བྱོན་ པས། ཇོ་ཞལ་གཉིས་ཀྱི་གྲུབ་མཐའ་བཟང་དང་ངན་གྱི་ཁྱད་པར་ངེས་(དེས)ཀྱང་ཤེས་སོ། ། ཞེས་པ་འདི་ནི་ཆོས་རྗེ་པའི་རྣམ་ཐར་ཆེན་པོ་ནས། ལྷའི་རྒྱལ་མཚན་གྱིས་ཟུར་དུ་བཀོལ་བ་ སྟེ། རྒྱས་པར་ཤེས་འདོད་རྣམས་ཀྱིས་ཆེ་བ་ལ་བལྟ་བར་བྱའོ། །མངྒ་ལཾ། །བྷ་ཝན་ཏུ། ཤུ་བྷཾ། ། མ་ཡིག་འཛམ་ཐང་ཤིང་པར། ཀུན་མཁྱེན་གསུང་འབུམ་༼ཏཾ་པོད་༽ནང་དུ་བཞུགས། 1-1-527 ༄༅། །ཁྲོ་རྒྱལ་རྡོ་རྗེ་ཤུགས་ཀྱི་བསྐང་བའི་དབུ་ཕྱོགས་ བཞུགས་སོ། ། ༄༅། །ན་མཿཤྲི་ཀཱ་ལ་ཙཀྲ་ཡ། བླ་མ་དང་དཔལ་དུས་ཀྱི་འཁོར་ལོ་དབྱེར་མེད་པའི། ཁྲོ་བོའི་དབང་པོ་རྡོ་རྗེ་ཤུགས་འཁོར་ དང་བཅས་པ་ལ་ཕྱག་འཚལ་ལོ། །ཆོས་རྗེ་ཀུནམཁྱེན་ཆེན་པོ་ཡི། །བཀའ་བཞིན་བསྒྲུབ་པའི་གྷ་རུང་བས། །ཆོས་ལྡན་བར་ཆད་ སེལ་བའི་ཕྱིར། །ཁྲོ་བོའི་དབང་པོ་རྡོ་རྗེ་ཤུགས། །འཁོར་དང་བཅས་པའི་བསྐང་མཆོད་བྲི། །རི་ཁྲོད་ལ་སོགས་དབེན་གནས་ སུ། །བསད་ཤ་མ་འདྲེས་མཆོད་གཏོར་བཤམས། །སྔོན་འགྲོ་ནས་བཟུང་བདག་བསྐྱེད་ཀྱི། །མཆོད་བསྟོད་བཟླས་བརྗོད་གཏོར་ འབུལ་བྱ། །སྤྲོ་ན་མདུན་བསྐྱེད་གཞུང་བཞིན་བྱ། །ཚོགས་འཁོར་ལ་སོགས་སྔོན་སོང་ནས། །དྲག་པོའི་རྔ་བརྡུང་དམིགས་པ་ཅན། ། སྙན་པའི་དབྱངས་ཀྱི་འདི་སྐད་དོ། ། ཧཱུཾ་ཆོས་འབྱུང་ནམ་མཁའི་དཀྱིལ་འཁོར་དབུས། །རྡོ་རྗེ་ཁ་སྦྱོར་རྭ་བའི་ནང་། །འབྱུང་ བཞི་གཅིག་ཏུ་འདྲེས་པ་ལ། །རྡོ་རྗེ་ཁང་བརྩེགས་ར་བ་གསུམ། །ར་བ་ལྔའི་སྟེང་འོག་ཀུན། ། རྡོ་རྗེ་མདའ་མདུང་ར་གུར་འབར། །ཕྱི་རོལ་ཡེ་ཤེས་མེ་དཔུང་འབར། །དབུས་སུ་འཁོར་ལོ་ ཉི་མའི་སྟེང་། །ཧཱུཾ་ལས་སྐྱེས་པའི་བཅོམ་ལྡན་འདས། །ཁྲོ་བོའི་དབང་པོ་རྡོ་རྗེ་ཤུགས། །གར་ དགུའི་ཉམས་ལྡན་འཇིགས་སུ་རུང་། །རྡོ་རྗེ་ཤུགས་ཀྱི་ཐུགས་དམ་བསྐང་། །ཁམས་བཞི་ རྣམ་དག་ཆུ་གཏེར་ཞལ། །སྒོ་གསུམ་དག་པའི་མེ་ཡི་མགྲིན། །དུས་དྲུག་རྣམ་དག་འཕྲག་ པ་རོ། །རྡོ་རྗེ་ཤུགས་ཀྱི་ཐུགས་དམ་བསྐང་། །དུས་སྦྱོར་རྣམ་དག་ཉི་མའི་དཔུང་། །ཟླ་ཕྱེད་ ཉེར་བཞི་དག་པའི་ཕྱག །ཟླ་ལྷག་རྣམ་དག་ཕྱག་གཉིས་བྱས། །རྡོ་རྗེ་ཤུགས་ཀྱི་ཐུགས་དམ་ བསྐང་། །ཕྱག་ངར་པདྨ་ཉེར་དྲུག་ལྡན། །ཟླ་ཕྱེད་རྒྱལ་བ་དག་པའི་མཐིལ། །ཟླ་བའི་ཡུམ་ལྔ་ 1-1-528 རྣམ་དག་སོར། །རྡོ་རྗེ་ཤུགས་ཀྱི་ཐུགས་དམ་བསྐང་། །ཉི་མའི་ཡུལ་གསུམ་དག་པའི་ཚིགས། ། བགྲོད་གཉིས་རྣམ་དག་བརྐྱང་བསྐུམ་ཞབས། །ལྷུན་པོའི་མཚོན་པའི་སྐུ་གཅིག་པོ། །རྡོ་རྗེ་ ཤུགས་ཀྱི་ཐུགས་དམ་བསྐང་། །ཞི་ཆགས་ཏིང་འཛིན་ཁྲོ་བོའི་ཞལ། །སྤྱན་གསུམ་སྡང་མིག་ ཕྱོགས་བཅུར་བསྒྲད། །རྣོ་དཀར་མཆེ་བཞི་རྣམ་པར་གཙིགས། །རྡོ་རྗེ་ཤུགས་ཀྱི་ཐུགས་དམ་ བསྐང་། །སྐྲ་སེར་རྨ་ར་མེ་ལྟར་འབར། །སྣ་ཚོགས་རྡོ་རྗེ་འཕྲིན་ལས་འགྲུབ། །རླུང་བཅུ་རྣམ་ དག་དར་དཔྱངས་ལྡན། །རྡོ་རྗེ་ཤུགས་ཀྱི་ཐུགས་དམ་བསྐང་། །ཟླ་ཕྱེད་དགའ་བ་བཅུ་དྲུག་ རྫོགས། །རྣམ་ཤེས་རྣམ་དག་མི་བསྐྱོད་པ། །ཕུང་ལྔ་དག་པའི་ཐོད་སྐམ་འབར། །རྡོ་རྗེ་ཤུགས་ ཀྱི་ཐུགས་དམ་བསྐང་། །རྡོ་རྗེ་རྣ་རྒྱན་མགུལ་རྒྱན་དང་། །གདུ་བུ་རྐང་གདུབ་སྐ་རགས་སྤྲས། ། བགེགས་རིགས་བརྒྱ་ཡི་ཐོད་རློན་འཕྱང་། །རྡོ་རྗེ་ཤུགས་ཀྱི་ཐུགས་དམ་བསྐང་། །ང་རྒྱལ་ འདུལ་མཛད་སྟག་ཤམས་རོལ། །ཞེ་སྡང་རྣམ་དག་སྦྲུལ་གྱིས་བརྒྱན། །གཏི་མུག་དག་པའི་ གླང་ལྤགས་ཕྱར། །རྡོ་རྗེ་ཤུགས་ཀྱི་ཐུགས་དམ་བསྐང་། །མཆོད་ཕྱིར་རཀྟའི་ཐིག་ལེ་དང་ ། །ཐལ་རྒྱན་ཞག་གི་ཟོ་རིས་གསོལ། །ཕར་ཕྱིན་རྣམ་དག་རྒྱན་དྲུག་ལྡན། །རྡོ་རྗེ་ཤུགས་ཀྱི་ ཐུགས་དམ་བསྐང་། །གཡས་གཡོན་དང་པོའི་ཕྱག་གཉིས་ཀྱིས། །རྡོ་རྗེ་དྲིལ་བུ་ཐུགས་ཀར་ བསྣོལ། །བདེ་སྟོང་དབྱེར་མེད་ཧེ་རུ་ཀ ། རྡོ་རྗེ་ཤུགས་ཀྱི་ཐུགས་དམ་བསྐང་། །སྐྱེ་འཆི་གཅོད་ པའི་རལ་གྲི་གཡས། །ཉོན་མོངས་གཡུལ་རྒྱལ་ཕུབ་དཀར་གཡོན། །གཏུམ་ཆེན་ཁྲོ་རྒྱལ་ བཅོམ་ལྡན་འདས། །རྡོ་རྗེ་ཤུགས་ཀྱི་ཐུགས་དམ་བསྐང་། །དུག་གསུམ་འབིགས་པའི་རྩེ་ གསུམ་གཡས། །སྐུ་གསུམ་མཚོན་ཕྱིར་ཁ་ཊྭཱཾ་གཡོན། །ཁམས་གསུམས་འདྲེན་མཛད་ཁྲོ་བོ་ རྒྱལ། །རྡོ་རྗེ་ཤུགས་ཀྱི་ཐུགས་དམ་བསྐང་། །རྣམ་རྟོག་གཅོད་པའི་གྲི་གུག་གཡས། །དངོས་ གྲུབ་སྟེར་མཛད་ཐོད་པ་གཡོན། །དུས་མཐའི་སྤྲིན་མཚུངས་ཧེ་རུ་ཀ ། རྡོ་རྗེ་ཤུགས་ཀྱི་ཐུགས་ དམ་བསྐང་། །བདུད་བཞི་འབིགས་པའི་མེ་མདའ་གཡས། །རྫུ་འཕྲུལ་ཐབས་ལྡན་གཞུ་ 1-1-529 བརྡུང་གཡོན། །གདུག་པ་ཀུན་སྒྲོལ་ཐུགས་རྗེ་ཅན། །རྡོ་རྗེ་ཤུགས་ཀྱི་ཐུགས་དམ་བསྐང་། ། སྐྱེ་དགུ་འདྲེན་པའི་ལྕགས་ཀྱུ་གཡས། །དགྲ་བགེགས་འཆིང་མཛད་ཞགས་པ་གཡོན། །ཡེ་ ཤེས་ཁྲོ་རྒྱལ་མི་བཟད་པ། །རྡོ་རྗེ་ཤུགས་ཀྱི་ཐུགས་དམ་བསྐང་། །ཆོས་ཉིད་སྒྲ་སྒྲོགས་ཌ་རུ་ གཡས། །སྐྱེ་དགུའི་བསམ་འཕེག་རིན་ཆེན་གཡོན། །བདུད་དཔུང་འདུལ་མཛད་དཔའ་བོའི་ སྐུ། །རྡོ་རྗེ་ཤུགས་ཀྱི་ཐུགས་དམ་བསྐང་། །གདུལ་དཀའ་འདུལ་མཛད་ཐོ་བ་གཡས། །འཁོར་ བའི་སྐྱོན་སྤངས་པད་དཀར་གཡོན། །འཇིགས་གཟུགས་དྲག་པོ་སྟོབས་དང་ལྡན། །རྡོ་རྗེ་ ཤུགས་ཀྱི་ཐུགས་དམ་བསྐང་། །གདུལ་བྱ་སྨིན་མཛད་འཁོར་ལོ་གཡས། །ཆོས་ཀྱི་དུང་དཀར་ སྒྲ་ལྡན་གཡོན། །ཧ་ཧའི་གད་རྒྱངས་ས་གསུམ་འདར། །རྡོ་རྗེ་ཤུགས་ཀྱི་ཐུགས་དམ་བསྐང་ ། །ལོག་ལྟ་བསྐྲད་མཛད་མདུང་རིང་གཡས། །སྟོང་གཟུགས་འབར་བའི་མེ་ལོང་གཡོན། ། ཆོས་ཉིད་ཁྲོ་རྒྱལ་རོལ་བའི་སྐུ། །རྡོ་རྗེ་ཤུགས་ཀྱི་ཐུགས་དམ་བསྐང་། །ངར་འཛིན་བཅོམ་ པའི་དབྱུག་ཏོ་གཡས། །ཟག་མེད་བདེ་ཆེན་ལྕགས་སྒྲོག་གཡོན། །རབ་བརྗིད་རུས་རྒྱན་སྐུ་ ལ་སྤྲས། །རྡོ་རྗེ་ཤུགས་ཀྱི་ཐུགས་དམ་བསྐང་། །མ་རིག་རྩད་གཅོད་དགྲ་སྟྭ་གཡས། །ཆགས་ ལྡན་བཅོམ་པའི་ཚངས་མགོ་གཡོན། །ཆར་སྤྲིན་ལྟ་བུ་ཁྲོ་བོའི་ཚུལ། །རྡོ་རྗེ་ཤུགས་ཀྱི་ཐུགས་ དམ་བསྐང་། །གཡས་གཡོན་ལྷག་པའི་ཕྱག་གཉིས་ཀྱིས། །བདུད་ཀྱི་མགོ་བོ་ཐོད་ཁྲག་དང་། ། གླང་ཆེན་གོ་རློན་བརྐྱང་ནས་འཛིན། །རྡོ་རྗེ་ཤུགས་ཀྱི་ཐུགས་དམ་བསྐང་། །ཧཱུཾ་ཁང་བརྩེགས་ ནང་དུ་བསྲུང་མཛད་པ། །མཆེ་གཙིགས་སྤྱན་བསྒྲད་མཚོན་ཆ་འཛིན། །ཞལ་གསུམ་ཕྱག་དྲུག་ ནམ་མཁའི་ཁམས། །ཁྲོ་བོ་བཅུ་ཡི་ཐུགས་དམ་བསྐང་། །ཁང་བརྩེགས་ཕྱི་རོལ་སྲུང་མཛད་ པ། །ཏིང་འཛིན་ཚུལ་གྱིས་སེམས་ཅན་འདུལ། །ཆོས་དབྱིངས་རྣམ་དག་ཡེ་ཤེས་ཁམས། ། ཟད་པར་བཅུ་ཡི་ཐུགས་དམ་བསྐང་། །ར་བ་གསུམ་པའི་ནང་སྲུང་བའི། །བཞོན་པའི་སྟེང་ ན་མཚོན་ཆ་འཛིན། །གཞན་ཡང་དོན་དམ་རླུང་གི་ཁམས། །ཕྱོགས་སྐྱོང་བཅུ་ཡི་ཐུགས་དམ་ 1-1-530 བསྐང་། །ར་བ་གསུམ་པའི་ཕྱི་སྲུང་བ། །འོད་ཀྱི་རྣམ་པས་གདུག་པ་འདུལ། །ཆོས་དབྱིངས་ རྣམ་དག་མེ་ཡི་ཁམས། །གཟའ་མཆོག་བཅུ་ཡི་ཐུགས་དམ་བསྐང་། །ར་བ་ལྔ་པའི་ནང་རོལ་ དུ། །ཞལ་གཅིག་ཕྱག་བཞི་སྐྱིལ་ཀྲུང་ཅན། །ཡེ་ཤེས་རོལ་བ་ཆུ་ཡི་ཁམས། །ཀླུ་རྒྱལ་བཅུ་ཡི་ ཐུགས་དམ་བསྐང་། །ར་བ་ལྔ་ཡི་ཕྱི་སྲུང་བ། །གདོང་ཅན་ཟླུམ་པོ་གྲི་ཐོད་འཛིན། །མི་འགྱུར་ ཡེ་ཤེས་ས་ཡི་ཁམས། །འབྱུང་པོ་བཅུ་ཡི་ཐུགས་དམ་བསྐང་། །གཟའ་དང་དྲང་སྲོང་རྒྱུ་སྐར་ དང་། །ཕྱོགས་སྐྱོང་ཞིང་སྐྱོང་ཕོ་ཉ་དང་། །གཎྜ་ཀཪྞ་དགའ་བྱེད་སོགས། །འཁོར་དང་བཅས་ པའི་ཐུགས་དམ་བསྐང་། །ཐུགས་དམ་བསྐང་བའི་བྱིན་རླབས་ཀྱིས། །བདག་ཅག་དཔོན་ སློབ་བསམ་པའི་དོན། །གནས་འདིར་དུས་ཀྱི་འཁོར་ལོ་ཡི། །བཤད་སྒྲུབ་བསྟན་པ་དར་བར་ མཛོད། །ཧཱུཾ་རི་རབ་གླིང་བཞི་ཉི་ཟླ་བཅས། །དཔག་བསམ་ཤིང་དང་འདོད་འཇོའི་བ། །ལྷ་ མིའི་ལོངས་སྤྱོད་ཐམས་ཅད་འདིས། །ཁྲོ་རྒྱལ་འཁོར་བཅས་ཐུགས་དམ་བསྐང་། །རིན་ཆེན་ སྣ་བདུན་བཀྲ་ཤིས་བརྒྱད། །རྔ་ཆེན་དུང་དཀར་ཏིང་ཏིང་ཤག །ཆ་ལང་མཁར་རྔ་ཟངས་དུང་ འདིས། །ཁྲོ་རྒྱལ་འཁོར་བཅས་ཐུགས་དམ་བསྐང་། །དམ་རྫས་གཏོར་མ་རི་རབ་ཙམ། །ཤ་ ལྔ་བདུད་རྩི་ལྔ་ཡིས་བཀང་། །སྨན་སྣ་ཆང་རྒོད་ཛ་གད་བྲན། །ཁྲོ་རྒྱལ་འཁོར་བཅས་ཐུགས་ དམ་བསྐང་། །རིན་ཆེན་ཨིནྡྲ་ནི་ལ་དང་། །གསེར་གྱི་མེ་ཏོག་ག་པུར་བཅས། །གོས་བཟང་ དར་གྱི་ལྷབ་ལྷུབ་འདིས། །ཁྲོ་རྒྱལ་འཁོར་བཅས་ཐུགས་དམ་བསྐང་། །སྤོས་མཆོག་མར་མེ་ དྲིལ་བུ་ཁྲོལ། །མེ་ལོང་བླ་རེས་འབྲས་བུ་ལྡན། །བ་དན་གླུ་གར་རོལ་མོ་འདིས། །ཁྲོ་རྒྱལ་ འཁོར་བཅས་ཐུགས་དམ་བསྐང་། །སེང་གེ་སྟག་གཟིག་གླང་ཆེན་རྟ། །རྔ་མོང་རུ་རུ་བྷ་ཤ་ར། ། ཁྱུང་ཆེན་རྨ་བྱ་ཤང་ཤང་འདིས། །ཁྲོ་རྒྱལ་འཁོར་བཅས་ཐུགས་དམ་བསྐང་། །ཕུང་པོ་རྣམ་ ལྔ་སྦྱང་བའི་རྫས། །གསེར་གྱི་ཅོད་པཎ་ཐོད་སྐམ་ལྔ། །ཡེ་ཤེས་ལྔ་ལྡན་དབུ་བརྒྱན་འདིས། ། ཁྲོ་རྒྱལ་འཁོར་བཅས་ཐུགས་དམ་བསྐང་། །རླུང་བཅུ་རྣམ་དག་དར་དཔྱངས་མཛེས། །རིན་ 1-1-531 ཆེན་རྣ་ལྟག་མེ་ཏོག་འཕྲེང་། །དབང་ཡུལ་རྣམ་དག་རྣ་རྒྱན་འདིས། །ཁྲོ་རྒྱལ་འཁོར་བཅས་ ཐུགས་དམ་བསྐང་། །ཟླ་ཕྱེད་སྣ་ཚོགས་རྡོ་རྗེ་དང་། །རྡོ་རྗེ་མགུལ་རྒྱན་སྐ་རགས་ལྡན། །རུས་ རྒྱན་རྐང་གདུབ་གཡེར་ཁ་འདིས། །ཁྲོ་རྒྱལ་འཁོར་བཅས་ཐུགས་དམ་བསྐང་། །ལས་དབང་ རྣམ་དག་གདུའུ་མཆོག །སྦྲུལ་རྒྱན་སྟག་ལྤགས་ཚངས་སྐུད་ལྡན། །ཐོད་རློན་ཕྲེང་བའི་ཐལ་ རྒྱན་འདིས། །ཁྲོ་རྒྱལ་འཁོར་བཅས་ཐུགས་དམ་བསྐང་། །རཀྟའི་ཐིག་ལེ་ཟོ་རིས་འབར། ། གླང་ཆེན་གོ་རློན་མཆོད་ཕྱིར་བཅས། །པད་ཉི་ཡི་དྭགས་གདན་ཁྲི་འདིས། །ཁྲོ་རྒྱལ་འཁོར་ བཅས་ཐུགས་དམ་བསྐང་། །ཁྲབ་རྨོག་རལ་གྲི་གོ་ཆ་དང་། །ཉེར་སྤྱོད་མཆོད་པའི་སྤྲིན་དཔུང་ འཁྲིགས། །ཀུན་ནས་དགའ་བའི་རབ་སྤྲོས་ནས། །ཁྲོ་རྒྱལ་འཁོར་བཅས་ཐུགས་དམ་བསྐང་ ། །ཐུགས་དམ་བསྐང་ལ་དངོས་གྲུབ་སྩོལ། །སྐུ་གསུང་ཐུགས་རྣམས་མཉེས་གྱུར་ཅིག །ཧཱུཾ་ ཁྲོ་བོའི་དབང་པོ་རྡོ་རྗེ་ཤུགས། །སྲུང་མ་དྲུག་ཅུ་ཕོ་ཉའི་ཚོགས། །འཕྲིན་ལས་དམ་པ་བཅོལ་ བ་ནི། །སྙིགས་མ་ལྔ་ཡི་དུས་འདི་རུ། །བདག་ཅག་ཆོས་བཞིན་བྱེད་དབང་མེད། །བླ་མ་ལ་ སྡང་སེམས་ཅན་འཚེ། །བསྟན་པའི་དགྲ་བོ་བདུད་དང་བགེགས། །བསྒྲལ་བའི་ཞིང་བཅུ་གང་ ཡིན་པ། །ས་འོག་ས་སྟེང་ས་བླ་རུ། །གང་དུ་གང་སོང་གནས་ཀྱང་རུང་། །རྡོ་རྗེ་ལྕགས་ཀྱུའི་ སྙིང་ནས་དྲོངས། །མགྱོགས་པའི་ཞགས་པའི་སྐེ་ནས་ཆིངས། །ལྕགས་སྒྲོག་ནག་པོས་རྐང་པ་ སྡོམས། །རྡོ་རྗེ་འབར་བའི་ཕྱེ་མར་རློགས། །རལ་གྲི་ངར་མས་དུམ་བུར་གཏུབས། །རྩེ་གསུམ་ འབར་བའི་སྒོ་གསུམ་ཕྱེས། །གྲི་གུག་ནག་པོས་ཀླད་པ་འགེམས། །རྡོ་རྗེ་མདའ་ཡི་ཟངས་མར་ ཕུགས། །ཡེ་ཤེས་ཕུར་བུས་གནས་བཅུར་ཐོབ། །རྡོ་རྗེ་ཐོ་བའི་ཏིལ་བཞིན་རྡུངས། །འཁོར་ལོ་ རྣོན་པོས་དུམ་བུར་ཆོད། །མདུང་ཐུང་འབར་བའི་སྔུན་ནས་ཕུགས། །རྡོ་རྗེ་དབྱུག་པས་དྲག་ ཏུ་རྒྱོབས། །དགྲ་སྟྭ་ཁ་ཆེས་དུམ་བུར་གཏུབས། །ཡེ་ཤེས་རོལ་བའི་བདུད་རྩིར་བསྒྱུར། །ཁྲོ་ རྒྱལ་འཁོར་བཅས་ཚོགས་སུ་རོལ། །ལྷག་མ་རྡུལ་ཙམ་མེད་པར་མཛོད། །དེ་ལྟར་ཐུགས་ 1-1-532 དམ་བསྐང་བའི་མཐུས། །བདག་གི་སྐྱེ་བ་ཀུན་ཏུ་ཡང་། །ཆོས་རྗེ་བླ་མས་རྗེས་བཟུང་ནས། ། དུས་ཀྱི་འཁོར་ལོའི་ཞལ་མཐོང་ཤོག །ཁྲོ་བོའི་དབང་པོ་རྡོ་རྗེ་ཤུགས། །མཁྱེན་པའི་སྤྱན་ གྱིས་བདག་ལ་གཟིགས། །བརྩེ་བའི་ཐུགས་ཀྱི་བུ་བཞིན་སྐྱོངས། །རྡོ་རྗེ་འཛིན་པའི་བཀའ་ བཞིན་མཛོད། །བདག་ཅག་སྐྱེ་བ་ཐམས་ཅད་དུ། །བཅོམ་ལྡན་དུས་ཀྱི་འཁོར་ལོ་ཡི། །རྒྱུད་ འགྲེལ་རྒྱ་མཚོའི་དོན་རྟོགས་ནས། །གཞན་ལ་རྒྱ་ཆེར་སྟོན་པར་ཤོག །གཞི་ལ་ཆོས་དབྱིངས་ བཞུགས་པ་ཡི། །འགྲོ་ཀུན་རྣམ་དག་ལམ་ཞུགས་ནས། །བྲལ་འབྲས་ཆོས་སྐུ་མྱུར་ཐོབ་ཅིང་། ། གཟུགས་སྐུས་གཞན་དོན་མཐར་ཕྱིན་ཤོག །ཁྲོ་བོའི་དབང་པོ་རྡོ་རྗེ་ཤུགས། །འཁོར་དང་བཅས་པའི་བསྐང་བ་ ནི། །བརྩོན་འགྲུས་རྒྱལ་མཚན་བསྐུལ་བའི་ངོར། །འཛིན་པ་ཐོབ་པ་གྷ་རུང་བས། །གནས་ཆེན་ནམ་མཁའི་མཛོད་དུ་སྦྱར། །དགེ་ བས་བདག་ཅག་དཔོན་སློབ་ཀུན། །དེང་ནས་བྱང་ཆུབ་སྙིང་པོའི་བར། །སྐྱབས་མཆོག་ཁྲོ་བོ་རྡོ་རྗེ་ཤུགས། །བསྲུང་མ་དྲུག་ཅུའི་ ཚོགས་དང་བཅས། །འབྲལ་མེད་རྟག་ཏུ་འགྲོགས་པར་ཤོག །ཅེས་པ་འདི་ནི་ཁྲོ་བོའི་དབང་པོ་རྡོ་རྗེ་ཤུགས་འཁོར་དང་བཅས་པའི་ མཆོད་བསྐང་འདི། ཆོས་རྗེ་ཀུན་མཁྱེན་ཆེན་པོའི་ཞབས་རྡུལ་སྤྱི་བོར་ལེན་པའི་དགེ་སློང་གྷ་རུང་པ་ལྷའི་རྒྱལ་མཚན་གྱིས་དབོའི་ ཟླ་བའི་ཚེས་བཅོ་ལྔར་མཛད་པའོ།། །།ཨེ་ཝཾ། མངྒ་ལཾ། ཤུ་ཏི། ས་མ་ཡ་རཀྵ། གུ་ཧྱ། དགེའོ། ། མ་ཡིག འཛི་སྲིབ་བླ་མ་ཀུན་དགའ་བཟང་གི་ཡིན།