3-1-1 ཉ་དབོན་ཀུན་དགའ་དཔལ་གྱི་གསུང་འབུམ། ༼པོད་གསུམ་པའོ། ། ༽ 3-1-2 དཀར་ཆག ཐོག་མའི་གླེང་བརྗོད། .................................................................(1) ཆོས་རྗེ་ཉ་དབོན་པའི་རྣམ་ཐར་མདོར་བསྡུས། .....................................(1) ༄༅། །འོད་གསལ་རྒྱན་གྱི་བཤད་པ་ཡིད་ཀྱི་མུན་སེལ་ ཞེས་བྱ་བ་བཞུགས་སོ། ། ..............................................(1) ༄༅། །བསྟན་པ་སྤྱི་འགྲེལ་གྱི་རྣམ་བཤད་དགོངས་པ་རྣམ་གསལ་ཡིད་ཀྱི་ མུན་སེལ་ཞེས་བྱ་བ་བཞུགས་སོ། ། ........................................................................(1) ༄༅། །གཞི་ལམ་འབྲས་གསུམ་ལས་བརྩམས་པའི་དྲིས་ལན་ ཡིད་ཀྱི་མུན་སེལ་ཞེས་བྱ་བ་བཞུགས་སོ། ། ..................................................................(1) རྒྱལ་བའི་མདུན་མ། པར་བྱང་སྨོན་ཚིག........................................................................................(353) 3-1-3 3-1-4 ༄༅། །འོད་གསལ་རྒྱན་གྱི་བཤད་པ་ཡིད་ཀྱི་མུན་སེལ་ ཞེས་བྱ་བ་བཞུགས་སོ། ། སྦྱོར་དྲུག་གི་ཉམས་ཁྲིད་མ་ཐོབ་པས་མ་ལྟ་ཅིག རང་ལ་གནོད་པར་འགྱུར་རོ། ། ༄༅། །ཨོཾ་སྭ་སྟི། (འདི་ལ་དོན་གསུམ་སྟེ། རྩོམ་པ་ལ་འཇུག་པ་ཀླད་ཀྱི་དོན། བརྩམ་པའི་བསྟན་བཅོས་ཀྱི་ལུས་ དངོས། བརྩམ་པ་མཐར་ཕྱིན་པ་མཇུག་གི་དོན། དང་པོ་ནི། དུས་འཁོར་འགྲེལ་ཆེན་དུ། དེ་བཞིན་སེམས་ཀྱི་འོད་གསལ་རྟོགས་ པ་ཡིས། །བསྒོམ་པའི་ཐབས་རྣམས་བདག་གིས་མི་མཐོང་སྟེ། ཞེས་དང༌། རྒྱུད་བླར། སེམས་ཀྱི་རང་བཞིན་འོད་གསལ་གང་ ཡིན་པ། །དེ་ནི་ནམ་མཁའ་བཞིན་དུ་འགྱུར་མེད་དེ། །ཞེས་སོགས་གསུངས་པ་ལྟར་གྱི་སེམས་ཀྱི་རང་བཞིན། )འོད་གསལ་ གྱི་ (ལ་མ་རྟོགས་ལོག་རྟོག་ཐེ་ཚོམ་དྲི་མ་སེལ་བས་དེའི་)རྒྱན་ཡིད་ཀྱི་མུན་སེལ་ཞེས་བྱ་བ། (སྟེ་ཞི་བ་འཚོས་ མཛད་པའི་དབུ་མ་རྒྱན་གྱི་དཀའ་འགྲེལ་ཀ་མ་ལ་ཤི་ལས་མཛད་པར། ཀླན་ཀ་ངན་པའི་དྲི་མ་སེལ་བས་དབུ་མའི་རྒྱན་ཞེས་བྱའོ། ། ཞེས་བཤད་པ་ལྟར་རོ། །)བླ་མ་དཀོན་མཆོག་ཐམས་ཅད་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་ མཆིའོ། །བརྩེ་བ་ཆེན་པོས་དུས་ཐམས་ཅད་དུ་རྗེས་སུ་བཟུང་དུ་གསོལ་ལོ། །གང་ཞིག་ (ཅེས་ པ་སྤྱི་སྒྲ་ཡིན་ཡང་རང་བཞིན་འོད་གསལ་སྟོན་པའི་སྐབས་ཀྱི་སྟོབས་དང༌། ཆོས་རྣམས་ཀྱི་སྙིང་པོར་གནས་ཞེས་པའི་ཁྱད་པར་གྱི་ ཚིག་དང་འབྲེལ་བས་རང་བཞིན་འོད་གསལ་ལ་གོ་བར་བྱ་ཞིང༌། དེ་ལ་བརྟགས་ན་) སྙིང་པོ་ (སྟེ་བདེན་པའི་རང་བཞིན་ཅི་ ཡང་)མེད་ཅེས་ (མང་པོ་ལ་)གྲགས་ཀྱང་ (བརྟན་གཡོའི་)ཆོས་རྣམས་ཀུན་གྱི་སྙིང་པོ(འམ་གནས་ལུགས་ དེ་དོན་དམ་པར་བདེན་པར་གྲུབ་པའི་ཆོས་སུ་)ར་གནས། །(ལ། རང་བཞིན་འོད་གསལ)གང་ཞིག་ (མི་རྟག་པ་ལ་རྟག་ 3-1-5 ཅེས་པ་ལྟ་བུ་)རྟག་པའི་མཐའ་ལས་གྲོལ་ཡང་ (རང་བཞིན་འགྱུར་མེད་ལྷུན་གྲུབ་ཏུ་གདོད་ནས་གནས་པས་)རྟག་ བརྟན་གཡུང་དྲུང་ཉིད་དུ་བཞུགས། །(རང་བཞིན་འོད་གསལ་)གང་ཞིག་ (ཡོད་པ་ལ་མེད་ཅེས་པ་ལྟ་བུ་) ཆད་པའི་མཐའ་དང་བྲལ་ཡང་ (རང་གི་ངོ་བོ་ལ་གདོད་ནས་)གློ་བུར་དྲི་མ་རྣམ་པར་ཆད། །(ཅིང་མེད་དོ། ། )གདོད་ནས་འོད་གསལ་ (བ་ཡིན་ཅིང་)ཐོག་ (མར་སྐྱེ་བ་མེད་)མཐའ་ (མར་འཇིག་པ་)དང་བྲལ་ (བའི་) རང་བཞིན་འོད་གསལ་ (དོན་དམ་ཆོས་སྐུ་)དེ་ལ་འདུད། །(རང་བཞིན་འོད་གསལ་)དེ་ཉིད་ (དོན་དམ་པའི་ )དུས་ཀྱི་འཁོར་ལོ་ (དོན་དམ་པའི་)འཁོར་ལོ་སྡོམ་ (པ་དང་)། །(དོན་དམ་པའི་)ཀྱེའི་རྡོ་རྗེ་ (དོན་དམ་པའི་ )རྡོ་རྗེ་གདན་བཞི་སྟེ། །(དོན་དམ་པའི་)དང་པོའི་སངས་རྒྱས་ (དོན་དམ་པའི་)སངས་རྒྱས་ཐོད་པ་ (དང་དོན་དམ་པའི་གསང་འདུས་)སོགས། །(དོན་དམ་)ངེས་ (པའི་)དོན་ (དུ་གྱུར་པའི་ཡིད་དུ་འོང་ཞིང་འདོད་པར་ བྱ་བ་ཡིན་པས་)ལྷ་ (ཡིད་སྐྱོབས་པས་)སྔགས་ (རྒྱུན་མ་ཆད་པར་གནས་པས་)རྒྱུད་ཀུན་ཡིན་ནོ་ཞེས། །ཐུགས་ རྗེའི་གཏེར་ཆེན་རྗེ་བཙུན་སྤྱན་རས་གཟིགས། །མཐུ་སྟོབས་དབང་ཕྱུག་གསང་བའི་བདག་ པོ་ (དང་རྡོ་རྗེ་སྙིང་པོ་)སོགས། །(སྒྲིབ་གཉིས་སམ་ལས་རླུང་ཕལ་ཆེ་བ་བཅོམ་པའི་)དཔའ་བོ་རྣམས་དང་དུས་ ཞབས་ཤ་བ་རི། །ནཱ་རོ་ལ་སོགས་ (རྒྱ་བོད་ཀྱི་)མཁས་གྲུབ་རྣམས་ཀྱིས་གསུངས་ (ཤིང་བཞེད་དོ)། ། (གསུངས་པ་)དེ་ལྟ་ན་ཡང་གངས་རིའི་ཁྲོད་འདི་ན། །(གསུངས་རབ་ལ་མ་སྦྱངས་པའི་)ཐོས་ཆུང་རྨོངས་ པའི་ཚོགས་ཀུན་ལྟ་ཅི་སྨོས། །(བླ་མ)མཁས་ (པ་)ལ་ (བསྟེན་ནས་གསུང་རབ་རྒྱ་ཆེན་པོ་ལ་)མཁས་པར་ སྦྱངས་པའི་སྐྱེ་བོ་ (ཆེན་པོ་)འགའ། །(ཞིག སོར་སྡུད་ཀྱིས་མཐོང་བའི་)དུ་སོགས་འོད་གསལ་ (སྒྱུ་མ་རྨི་ ལམ་བཞིན་མེད་པར་སྣང་པའི་)འཁྲུལ་ (པའི་)སྣང་ (བ་)ཡིན་ནོ་ལོ། །ལ་ལ་དུ་སོགས་ལམ་བདེན་རང་ ཉིད་ཀྱིས། །རང་ཉིད་མཐོང་བའི་ (འདུས་བྱས་སུ་གྱུར་པའི་)ལམ་བདེན་ཡིན་ཞེས་ཟེར། །འགའ་ ཞིག་དེ་ཚེའི་མཐོང་ཡུལ་ (དུ་སོགས་དང་)མཐོང་བའི་བློ། །(ཤའི་མིག་)གཉིས་ཀའང་ (འདུས་མ་བྱས་ པའི་ཆོས་ཉིད་)འགོག་ (པའི་)བདེན་ (པ་)ཁོ་ན་ཡིན་ཞེས་གྲགས། །(བསྟན་བཅོས་)འདིར་ནི་སེམས་ དཔའི་འགྲེལ་བ་སྐོར་གསུམ་སོགས། །དྲི་མེད་གསུང་རབ་དཔང་པོར་བླངས་བྱས་ཏེ། །(རྗེས་ 3-1-6 འཇུག་སྐྱེ་བོ་རྣམས་དུ་སོགས་འོད་གསལ་ཡུལ་ཅན་དང་བཅས་པ་ལ་མ་རྟོགས་ལོག་རྟོག་ཐེ་ཚོམ་དང་བྲལ་ན་ཅི་མ་རུང་སྙམ་པའི་ )བརྩེ་བའི་བློ་ཡིས་ (རྒྱབ་རྟེན་རྣམ་དག་མེད་པའི་)རང་བཟོ་ (གྲྭ་བ་སོགས་ཀྱི་)ཕྱོགས་ཆ་ (སྐྱོ་མ་སྔ་བཙན་གྱི་ཁྱི་ སྐད་ལ་རྒྱུག་པ་རི་བོང་ཆལ་གྱི་ཚུལ་)སོགས། །དོར་ནས་འོད་གསལ་རྒྱན་ (སྟོན་པའི་ཡི་གེའི་བཀོད་པ་)འདི་ བྲི་བར་བྱ། ། ༈ (གཉིས་པ་ལ་ལྔ་སྟེ། གཞན་ལུགས་མི་འཐད་པའི་ཆ་དགག སླར་ཡང་གཞན་གྱི་སྐྱོན་སྤོང་གི་ལན་དགག རང་ལུགས་ འཐད་པའི་དོན་འགོད། རང་ལུགས་བཞག་པ་ལ་ཀླན་ཀ་སྤང༌། རང་ལུགས་བསྟན་པའི་ཕྱིར་དུ་སླར་ཡང་ལུང་དགོད་པའོ། །དང་ པོ་ལ་གསུམ་སྟེ། སྟོང་གཟུགས་འཁྲུལ་སྣང་ཡིན་པ་དགག སྟོང་གཟུགས་ལམ་བདེན་ཡིན་པ་དགག ཡུལ་ཅན་ཤའི་མིག་འགོག་ བདེན་ཡིན་པ་དགག་པའོ། །དང་པོ་ནི། རང་བཞིན་འོད་གསལ་གཏན་ལ་འབེབས་པའི་སྐབས་)འདིར་ (ཞེས་པ་ནི་འགའ་ ཞིག་ན་རེ། འཁྲུལ་སྣང་ཡིན་ཞེས་སྨྲ་བ་སོགས་མི་འཐད་ཅེས་ཕྱི་མ་རྣམས་དང་སྦྲེལ་བའི་ཚིག་གོ །)རྒྱུད་ཐམས་ཅད་ཀྱི་ ངེས་པའི་དོན་རབ་ཏུ་གསལ་བར་རྒྱ་ཆེར་བསྟན་པའི། དཔལ་ལྡན་དུས་ཀྱི་འཁོར་ལོའི་རྒྱུད་ འགྲེལ་ཆེན་པོ་དང༌། བདེ་མཆོག་སྟོད་འགྲེལ། རྡོ་རྗེ་སྙིང་འགྲེལ། ནཱ་རོ་ (པས་མཛད་པས་དབང་མདོར་ བསྟན་གྱི་)འགྲེལ་ཆེན། (མཚན་བརྗོད་ཀྱི་འགྲེལ་པ་གྲུབ་ཐོབ་ཉི་མ་དཔལ་གྱིས་མཛད་པ་)ལ་སོགས་པར། (རྣལ་ འབྱོར་བླ་ན་མེད་པའི་)རྒྱུད་ཐམས་ཅད་ཀྱི་ (ཚེ་གཅིག་གིས་ཀྱང་སངས་རྒྱས་ཐོབ་པའི་སྒོམ་ཉམས་ལེན་ཐམས་ཅད་ཀྱི་) ངེས་པའི་དོན་ (མཐར་ཐུག་)ཡིན་ནོ་ཞེས་གསུངས་ (ཞེས་པས་རྒྱུད་ལ་ཡིད་ཆེས་པར་བསྟན་)པའི་ཟབ་ལམ་ རྡོ་རྗེའི་རྣལ་འབྱོར་ཡན་ལག་དྲུག་པ། དཔལ་ལྡན་བླ་མའི་གསུང་ (ཞེས་པས་བླ་མ་ལ་ཡིད་ཆེས་པར་ བསྟན། ) བཞིན་ཉམས་སུ་བླངས་པ་ལས། ལམ་མ་ནོར་བའི་རྟགས་ (ཞེས་པས་རང་ཉིད་ལ་ཡིད་ཆེས་པ་ བསྟན་ལ་)དུ་སོགས་འོད་གསལ་དུ་བ་རྣམས་ (རྣལ་འབྱོར་པའི་ཉམས་ཀྱི་སྣང་བ་ཟ་ཟི་ཙམ་ཡིན། ཡིད་བརྟན་མེད། ཡིན་ལུགས་ཀྱི་སྒོམ་རྣལ་མའི་ཐོག་ཏུ་ཕེབས་དུས་འདི་འགག་དགོས་ཞེས་ཕྱག་རྒྱ་ཆེན་པོ་པ་རྣམས་ཟེར། དབུ་མ་པར་ཁས་འཆེ་ བ་མང་པོ་ན་རེ། གནས་ལུགས་སྤྲོས་བྲལ་ཟབ་མོ་ལ་དུ་བ་ལ་སོགས་པའི་རྟགས་འཆར་རྒྱུ་མེད། སྒོམ་ཆེན་པ་དེ་རྣམས་ཀྱི་སེམས་ སམ་མིག་འཁྲུལ་བའི་སྣང་བ་ལས་མ་འདས་ཟེར། ཆོས་ཀྱི་རྗེ་བུ་སྟོན་གྱིས་མཛད་པའི་ཁྲིད་ཡིག་ཏུ་རྨི་ལམ་སྒྱུ་མ་སོགས་བཞིན་ 3-1-7 མེད་པ་སྣང་བ་ཡིན་པས་ཞེན་པར་མ་བྱེད་ཅེས་གསུངས་པས་དེ་ལྟར་ན་འཁྲུལ་སྣང་ལས་མ་འདས་པས། )སོ་སྐྱེ་ལས་དང་ པོ་པ་དེའི་འཁྲུལ་སྣང་ཡིན་ཞེས་སྨྲ་བ་ནི་ལུང་ཚད་མར་གྱུར་པ་ལས་དཔྱད་ན་མི་འཐད་པར་ མངོན་ཏེ། ངེས་དོན་གྱི་གསུང་རབ་ལས་དེ་ལས་གཞན་དུ་གསུངས་པའི་ཕྱིར་རོ། །ཇི་ལྟར་ (གསུངས་)ཞེ་ན། ཟབ་ལམ་རྡོ་རྗེའི་རྣལ་འབྱོར་ཡན་ལག་དྲུག་གིས་དཔལ་ལྡན་བླ་མའི་གསུང་ བཞིན་ཉམས་སུ་བླངས་པའི་ལས་དང་པོ་པའི་སོ་སོར་སྡུད་ཀྱི་རྣལ་འབྱོར་དེ། རྒྱུད་ཐམས་ ཅད་ཀྱི་སྙིང་པོ་རྫོགས་རིམ་ཟབ་མོ་རྟོག་པ་དང་བྲལ་བ་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་མ་ཡིན་ པར་ (ཐལ་ཅེས་པའི་སྐྱོན་དུ་)འགྱུར་ཏེ། དེས་མངོན་སུམ་དུ་རྗེན་ཆེར་གྱིས་མཐོང་བའི་དུ་སོགས་ འོད་གསལ་དེ་དག་འཁྲུལ་སྣང་ཡིན་པས་འཁྲུལ་ཤེས་ཡིན་པའི་ཕྱིར་རོ། །(རྟགས་ཁས་བླངས། འདོད་པར་མི་ནུས་ཏེ། ) ཇི་སྐད་དུ། དཔལ་ལྡན་རྒྱུད་རྩ་ (བ་ལས། ལྷའི་དམིགས་པ་གང་ཡིན་མངོན་སུམ་དང་ནི་ རྗེས་སུ་དཔག་པ་རྣམ་པ་གཉིས་སུ་འགྱུར་པ་སྟེ། མངོན་སུམ་དག་ནི་དེ་ཉིད་སྦྱོར་བས་མཁའ་ལ་སྐར་མ་བཞིན་དུ་དུ་མ་ལོངས་ སྤྱོད་རྫོགས་པའི་སྐུ། ཞེས་པ་དང༌། དེའི་)འགྲེལ་ (བའི་ཐད་)དུ། མངོན་སུམ་ (གྱི་སྒོམ་པ་)གང་ཡིན་པ་དེ་དག་ ནི་དེ་ཁོ་ན་ཉིད་ཀྱི་སྦྱོར་བ(འི་རྣལ་འབྱོར་གྱི)ས་མཁའ་ལ་སྐར་མ་བཞིན་དུ་འགྱུར་ཏེ། སྐར་མའི་ ཚོགས་བཞིན་དུ་དུ་མ་ལོངས་སྤྱོད་རྫོགས་པའི་སྐུ། ཞེས་པ་ནི་ཤ་ལ་སོགས་པའི་མིག་གིས་ བཟུང་བར་བྱ་བ་ (སྟེ་མངོན་སུམ་དུ་མཐོང་བའི་)སྲིད་པ་གསུམ་དང་དུས་གསུམ་ (གྱི་བརྟན་པ་དང་གཡོ་བའི་ དངོས་པོའི་རྣམ་པ་རྣམས་ནི་སྣང་བ་ལྟར་བརྟན་གཡོའི་དངོས་པོ་འདི་རྣམས་སུ་མེད་པ་དཔེར་ན་)རྨི་ལམ་དང་སྒྱུ་མ(འི་རྟ་ གླང་ལ་སོགས་སུ་དེར་སྣང་ཡང་ཕྱི་རོལ་གྱི་རྟ་གླང་སོགས་ཀྱི་དངོས་པོར་མེད་པ་)དང་མཚུངས་པའོ། །འདིར་དང་ པོ་ལས་དང་པོ་པའི་རྣལ་འབྱོར་པས་ (མངོན་པར་ཤེས་པ་མེད་པར་ཤའི་མིག་གིས་སྣ་ཚོགས་མཐོང་ངོ༌། །)ཞེས་ སོགས་ (འོག་ཏུ་འཆད་པ་འགྱུར་བ་ལྟར་)དང༌། བསྐྱེད་པའི་རིམ་པར་གསུངས་པའི་ཧཱུཾ་དང་ནི། །ཕཊ་ ཡིག་ལ་སོགས་རྟོག་པ་དང་བྲལ་བ། །རྫོགས་པའི་རིམ་པའི་རྣལ་འབྱོར་ (དོན་དམ་གྱི་ལྷ་རྣམ་ཀུན་ མཆོག་ལྡན་གྱི་སྟོང་པ་ཉིད་)དེ་ཉིད་དེ། །དེ་ཉིད་ཀྱི་ནི་སྒྲུབ་ཐབས་ (རྫོགས་རིམ་ཟབ་མོ་ལས་)གཞན་ (བསྐྱེད་ 3-1-8 རིམ་སོགས་)ཡོད་ (པ་)མིན། །དུ་བ་ལ་སོགས་མཚན་མ་རྣམས་དང་ནི། །ཞེས་སོགས་དང༌། (ལྷ་ དྲག་པོ་བསྒོམས་ནས་དྲག་ལས་བྱེད་པ་)དཔའ་བོའི་རིམ་པ་ (དང་ལྷ་ཞི་བ་བསྒོམས་ནས་ཞི་བའི་ལས་བྱེད་པ་)བདག་ བྱིན་གྱིས་བརླབ་པ་ཡི། །རིམ་པ་དག་ཀྱང་ཐར་པ(མཆོག་གི་དངོས་གྲུབ་ཚེ་གཅིག་སོགས་ཀྱིས་མྱུར་དུ་ འགྲུབ་པ)འི་ལམ་ (མཆོག་)མ་ཡིན། །(སོར་སྡུད་སོགས་)ཤིན་ཏུ་རྣམ་དག་ (གི་)རིམ་པ་གཅིག་པུ་ནི། ། ཐར་བ(མཆོག་གི་དངོས་གྲུབ་ཚེ་གཅིག་སོགས་ཀྱིས་མྱུར་དུ་འགྲུབ་པ)འི་སླད་དུ་རྒྱལ་བ་རྣམས་ཀྱིས་བསྟན། ། ཅེས་སོགས་མང་དུ་གསུངས་སོ། །གསང་འདུས་ལས། བསྐྱེད་པ་ཡི་ནི་རིམ་ཉིད་དང༌། །དེ་ བཞིན་རྫོགས་པའི་རིམ་པ་སྟེ། །རྫོགས་པའི་རིམ་པ་ཞེས་བྱ་བ། །ཡང་དག་ཡེ་ཤེས་དེ་ཉིད་ དང༌། །(རྣམ་རྟོག་གིས་)མ་བཅོས་པ་ཞེས་བྱ་བ་ཡིན། །(རྫོགས་རིམ་ཟབ་མོ་)དེ་ཉིད་ལ་ནི་ཡང་དག་ གནས(པའི་རྣལ་འབྱོར་པ་)། །གང་ཞིག་ཐོག་མ་མེད་པའི་དངོས(པོ་སྟེ་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ དོ། །)། །རྣམ་དག་ཡིད་ (རྣམ་པར་མི་རྟོག་པའི་རྣལ་འབྱོར་ཉིད་)ཀྱིས་སྒོམ་ (པར་)བྱེད་པ། །ཞེས་སོགས་ གསུངས་སོ། །གཞན་ཡང་དེ་དག་འཁྲུལ་སྣང་དང་འཁྲུལ་ཤེས་ཡིན་ན། དེ་ལྟའི་རྣལ་འབྱོར་ དེ་ཐ་མལ་ལས་དང་པོ་པ་དེའི་ཁ་ཕྱིར་བལྟས་ཀྱི་རྣམ་ཤེས་ཚོགས་བརྒྱད་དང༌། དེའི་འཁོར་དུ་ བྱུང་བའི་སེམས་བྱུང་འདི་གང་རུང་དུ་འགྱུར་དགོས་པ་ལས། དེ་ལྟར་ (འགྱུར་བ་)ཡང་མ་ཡིན་ ཏེ། (གྲུབ་ཆེན་)ལྭ་བའི་གོས་ཅན་གྱི་ཞབས་ཀྱིས་ཀྱང༌། (གསང་འདུས་ལས། སྣང་མཆེད་ཐོབ་གསུམ་ ཞེས་གསུངས་པ་ལྟར་རམ་སྟོང་གཟུགས་འོད་གསལ་གྱི་)སྣང་བ་ཐོབ་པའི་ (སོ་སོར་སྡུད་ཀྱི་)རྣལ་འབྱོར་པས། (འདི་ཆོས་ཅན། མཆོག་གི་དངོས་གྲུབ་མྱུར་དུ་འཐོབ་སྟེ། དཔལ་ལྡན་རྒྱུད་རྩ་འགྲེལ་སོགས་སུ་གསུངས་པ་ལྟར་གྱི་ཟབ་ལམ་གྱི་ བསྒོམས་པས་དུ་སོགས་འོད་གསལ་མངོན་སུམ་དུ་མཐོང་བའི་ཕྱིར། ཅེས་པའི་རྟགས་འདི་ལྟར་སྣང་ལས་)གཞན་དུ་ (གྱུར་ པའི་ཡང་དག་པའི་)རྟགས་ (འདི་)ནི་ཤེས་པར་བྱ་སྟེ། (རྟགས་དེ་མཆོག་གི་དངོས་)གྲུབ་ (མྱུར་དུ་ཐོབ་)པའི་ འཁྲུལ་བ་མེད་པ་རྣམས(སྟེ་མི་འཁྲུལ་བའི་རྟགས་ཡང་དག་གོ །དཔེར་ན་)ལམ་ནག་ (ནི་མེ་སྟེ་དེ་ཡོད་པ་དག་) གི་ནི་ (སྒྲུབ་བྱེད་དུ་)དུ་བ་ (རྟགས་སུ་བཀོད་པ་)བཞིན། ། 3-1-9 ༈ (འཆི་མེད་མཛོད་ལས། ལམ་ནག་མེའི་མིང་གི་མངོན་བརྗོད་དུ་བཤད། དེའི་འགྲེལ་པར་མེ་ལྕེས་ཕོག་པའི་རྫས་སམ་ ཤུལ་ནག་པོར་བྱེད་པའོ་ཞེས་བཤད། )མིག་དག་རངས་པར་བྱེད་པ་དང༌། །མགོ་བོ་དུད་པ་ཉིད་དང་ནི། ། (ཁ་ཕྱིར་ལྟས་ཀྱི་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པས་བསྡུས་པའི་)སེམས་དང་སེམས་བྱུང་ནུབ་པ་ (འམ་ འགག་པ་)དང༌། །སྟོང་ཉིད་མཐོང་བའི་སྟོང་པ་ཉིད། །(ཅེས་པ་ནི་སོ་སོར་སྡུད་སོགས་བསྒོམས་པས་སྟོང་ཉིད་ མཐོང་ལ། སྟོང་ཉིད་དེ་ཡང་ཕུང་པོ་སོགས་རྣམ་དཔྱད་ཀྱི་སྟོང་པ་ཙམ་མ་ཡིན་གྱི་མངོན་སུམ་དུ་མཐོང་པའི་སྟོང་པ་ཉིད་ཡིན་ཅེས་ པ་སྟེ། རྒྱུད་དང་སེམས་འགྲེལ་རྣམས་སུ་དམིགས་བཅས་སྟོང་པ་ཉིད་ཅེས་གསུངས་པ་དང་དོན་གཅིག་གོ །)ཞེས་ནཱ་རོ་ པས་ (དབང་མདོར་བསྟན་གྱི་འགྲེལ་པར་)དྲངས་སོ། །གལ་ཏེ་དེ་ལྟའི་རྣལ་འབྱོར་དེ་ཐ་མལ་དེའི་སྒོ་ ལྔའི་རྣམ་ཤེས་འདི་དང༌། དེའི་ཡིད་ཤེས་འཁྲུལ་པ་འདི་གང་རུང་ཡིན་ནོ་སྙམ་ན། དྲི་མེད་འོད་ དུ། སྟོང་པའི་གཟུགས་ཀྱི་ཡུལ་རྣམས་ལ་མིག་གཞན་ (ཤའི་མིག་)ལ་སོགས་ (པ་མངོན་པར་ཤེས་པ་ ཐོབ་པར་ལ་ཤའི་རྣ་བ་སོགས་ཀྱང་འདོད་གསུངས་)པ་རྣམ་པ་ལྔ་པོ་རྣམས་ཀྱིས་རབ་ཏུ་འཇུག་པའོ། །ཞེས་ སོགས་དང༌། སྒྲུབ་ལེའི་མདོར་བསྡུས་དྲུག་པར། འདིར་དང་པོར་ལས་དང་པོ་པའི། རྣལ་ འབྱོར་པས། མངོན་པར་ཤེས་པ་མེད་པར། ཤའི་མིག་གིས། སྣ་ཚོགས་མཐོང་ངོ༌། །དེ་ནས་ མངོན་པར་ཤེས་པའི་འཚམས་ཀྱི་དབང་གིས་ལྷའི་མིག་གིས་མཐོང་ངོ༌། །ཞེས་སོགས་དང༌། སྐུ་བཞིའི་མདོར་བསྡུས་སུ། འདིར་ (སྟོང་ཉིད་མཐོང་བའི་ཕྱིར་)དེ་བཞིན་གཤེགས་པའི་ (ཞེས་བརྟགས་ པའི་)ཤའི་སྤྱན་གྱིས་དང་པོར་རང་གི། སེམས་ཀྱི་སྣང་བ་མཐོང་ཞིང༌། ཞེས་སོགས་དང༌། རྗེ་ བཙུན་ཕྱག་ན་རྡོ་རྗེའི་ཞལ་སྔ་ནས་ཀྱང༌། འདིར་སོ་སོར་སྡུད་པ་ཞེས་བྱ་བ་ནི་གཟུགས་ལ་ སོགས་པ་ཕྱི་རོལ་གྱི་ཡུལ་རྣམས་ལ། མིག་ལ་སོགས་པའི་དབང་པོ་རྣམས་ཀྱིས་མིག་གི་རྣམ་ པར་ཤེས་པ་ལ་སོགས་པ་རྣམས་རབ་ཏུ་མི་འཇུག་པར༌། ནང་གི་ཡུལ་རྣམས་ལ་ལྷའི་མིག་གི་ དབང་པོ་ལ་སོགས་པ་རྣམས་ཀྱིས་ལྷའི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་རབ་ཏུ་འཇུག་ པ་སྟེ། ནང་དུ་སྟོང་པ་ཉིད་ལ་དམིགས་པས། པྲ་ཕབ་པའི་གཞོན་ནུ་མས་མེ་ལོང་ལ་མཐོང་བ་ 3-1-10 ལྟར། སྟོང་པ་ལ་མ་བརྟགས་པའི་དངོས་པོ་ཐམས་ཅད་མཐོང་བ་ནི་སོ་སོར་སྡུད་པའི་ཡན་ ལག་སྟེ། ཁམས་གསུམ་པའི་སངས་རྒྱས་ཀྱི་གཟུགས་བརྙན་མཐོང་བའི་ཕྱིར། ཞེས་ནཱ་རོ་པས་ དྲངས་ནས་བཤད་པ་དང་ཆེས་འགལ་བར་མངོན་ནོ། །རྩ་རྒྱུད་བཀོལ་བ་དབང་མདོར་བསྟན་ པར། (ཤའི་མིག་ལས་)མིག་གཞན་ (སྐྱེ་བོ་གཞན་)གྱིས་ (ཆུ་བུར་གྱི་མིག་གི་)ནི་མི་མཐོང་སྟེ། །རང་གི་ (ཆུ་ བུར་གྱི་)མིག་གིས་ཀྱང་མི་མཐོང༌། །ཞེས་པ་དང་འགལ་ལོ། །དེ་བས་ན་དུ་སོགས་དེ་དག་ [མངོན་སུམ་དུ་མཐོང་བའི་ཤེས་པ་དེ་]ཐ་མལ་གྱི་སྒོ་ལྔའི་དབང་ཤེས་འདི་དང༌། དེའི་ཡིད་ ཤེས་འདི་གང་ཡང་མ་ཡིན་པར་ཆེས་གསལ་ལོ། །གཞན་ཡང་དེ་ལྟའི་དུ་སོགས་ལས་དང་པོ་ པའི་འཁྲུལ་སྣང་ཡིན་ན། ལོག་པའི་ཀུན་རྫོབ་བམ། ཡང་དག་ཀུན་རྫོབ་གང་རུང་ཡིན་དགོས་ པར་འགྱུར་བ་ལས། དེ་ལྟར་ཡང་མ་ཡིན་ཏེ། དབང་མདོར་བསྟན་དུ། (དོན་དམ་པར་ཅི་ཡང་མེད་དོ་ ཞེས་སམ་ཐམས་ཅད་སྟོང་པའོ་ཞེས་སོགས་)མེད་པའི་ཆོས་ལ་ (དམིགས་ནས)སྒོམ་པ་ (དེ་)ནི། །ཆད་སྒོམ་ཡིན་གྱི་ རྫོགས་རིམ་ཟབ་མོ་མཐར་ཐུག་གི། )རྣལ་འབྱོར་ (པ་)རྣམས་ལ་ (ནི་)དེ་ (འདྲའི་ཆད་)བསྒོམ་ (འཐད་པ་) མིན། །(ཉིན་མཚན་གྱི་རྣལ་འབྱོར་གྱིས་བར་སྣང་)སྟོང་པར་ (ལྟ་སྟངས་བཅས་ཏེ་བསྒོམས་པས་རྟོག་པས་མ་བཟོས་ཤིང་ )མ་བརྟགས་ (པའི་དུ་སོགས་འོད་གསལ་)མཐོང་བའི་ཕྱིར་ (ན་དེ་འདྲའི་རྣལ་འབྱོར་གྱི་)། །སེམས་ལ་ (སྣང་ བའི་སྟོང་གཟུགས་དེ་རྣམས་འདུས་བྱས་ཀྱི་)དངོས་ (པོ་)དང་ (དངོས་མེད་དེ་བཀག་ཙམ་གྱི་)དངོས་མེད་ (གང་ཡང་ )མིན་ (ནོ)། །ཇི་ལྟར་ (དེ་དཔེར་ན་)མེ་ལོང་པྲ་ལས་ནི། །དངོས་མེད་ལས་སྐྱེས་ (ཞེས་པ་ནི་གཏན་ནས་ མ་སྐྱེས་ཞེས་པའི་དོན་ཏེ་རྫས་སུ་མེད་པའི་རྐུན་པོའི་གཟུགས་བརྙན་)བུ་མོ(གཞོན་ནུ་མ)ས་ (གསལ་བར་)མཐོང༌། ། (པ་བཞིན་དུ་བར་སྣང་གི་ནམ)མཁའ་ལ་དེ་ (ཁོ་ན་)ཉིད་ (ཀྱི་)རྣལ་འབྱོར་པས། །འདས་དང་མ་ འོངས་ (ཀྱི་)ཆོས་ (ཀྱི་རྣམ་པའི་སྟོང་གཟུགས་རྣམས་དཔེར་སྔར་སྨོས་པའི་པྲ་ལ་མཐོང་བ་)དེ་བཞིན། །(དུ་མངོན་ སུམ་དུ་མཐོང་ངོ་)ཞེས་དང༌། གལ་ཏེ་ (སོར་སྡུད་སོགས་ཀྱི་རྣལ་འབྱོར་པས་རི་ཁང་ཁྱིམ་སོགས་ལྟར་དངོས་པོར་)ཡོད་ པའི་གཟུགས་ (ཁོ་ན་)མཐོང་ (དགོས་)ན། །བདག་གི་གདོང་པ་ (དང་ནང་ཁྲོལ་སོགས་)ཅེས་ (མངོན་སུམ་ 3-1-11 དུ་)མི་མཐོང༌། །(སྟེ་མཐོང་དགོས་པར་འགྱུར་རོ)འོན་ཏེ་ (ཅིར་ཡང་གྲུབ་པ་)མེད་པའི་གཟུགས་ (ཁོ་ན་རྣལ་ འབྱོར་པས་མངོན་སུམ་དུ་)མཐོང་ (དགོས་)ན། །རི་བོང་རྭ་སོགས་ (རྣལ་འབྱོར་པས་མངོན་སུམ་དུ་)ཇི་ལྟར་ (མཐོང་པ་)མིན། །(ཏེ་མཐོང་དགོས་པར་འགྱུར་རོ། །)ཞེས་སོ། །རྩ་རྒྱུད་དང་པོའི་སངས་རྒྱས་སུ་ཡང༌། སོ་སོར་སྡུད་པ(འི་རྣལ་འབྱོར་གྱིས་མངོན་སུམ་དུ་མཐོང་བའི་འོད་གསལ་གྱི་གཟུགས་ནི་)ཕྱག་རྒྱ་ཆེ། །(ན་མོ་སྟེ་དེ་ ཡང་འདུས་མ་བྱས་)ནམ་མཁའ་ (ལྟར་བརྟན་གཡོ་ཀུན་ལ་ཁྱབ་པའི་ཆོས་ཉིད་)སྟོང་པའི་ (རང་བཞིན་)མཚན་ ཉིད་དོ(སྟེ་རང་བཞིན་ནོ)། །ཞེས་ (འོད་གསལ་སྟོང་གཟུགས་ཕྱག་རྒྱ་ཆེན་མོར་བསྟན་)པས་ཀྱང་ (ལོག་པའི་ཀུན་ རྫོབ་ཡིན་པ་ལ་)གནོད་ལ། དྲི་མེད་འོད་དུ། (འོད་གསལ་སྟོང་གཟུགས་)ཐམས་ཅད་དངོས་པོ་མེད་ པ(འམ་ཅང་མེད་)ནི་མ་ཡིན་ཏེ། རྣལ་འབྱོར་པས་ (མངོན་སུམ་དུ་སོ་སོ་)རང་རིག་པ་ཉིད་ཀྱི་ཕྱིར་རོ། ། ཞེས་དང༌། འདིར་ཡང༌། སྟོང་པ་ཉིད་དང་སྙིང་རྗེའི་བདག་ཉིད་ཀྱི་གཟུགས། (མདོ་སྡེ་རྒྱན་དུ། ཆོས་ཉིད་སེམས་ལས་གཞན་པའི་སེམས་གཞན་ནི། །འོད་གསལ་མ་ཡིན་རང་བཞིན་ལ་བརྗོད་དོ། །ཞེས་གསུངས་པ་ལྟར་གདོད་ ནས་)རྣམ་པར་དག་པའི་ (ཆོས་ཉིད་ཀྱི་)སེམས་གཞོན་ནུ་མས་པྲ་ཕབ་པ་ལྟ་བུ་ནི། (ཕྱི་རོལ་ཀྱི་རྡུལ་ ཕྲན་འདུས་པའི་)གཟུགས་ཀྱི་མཚན་ཉིད་མ་ཡིན་ཏེ། (ཕྱིའི་)རྡུལ་ཕྲ་རབ་མེད་པའི་ཕྱིར་རོ། །(ཤའི་ མིག་སོགས་ཀྱིས་མཐོང་རུང་གི་གཟུགས་ཡིན་གྱི་)གཟུགས་མེད་པའི་མཚན་ཉིད་མ་ཡིན་ཏེ། སྟོང་པའི་ གཟུགས་ཡོད་པའི་ཕྱིར་རོ། །ཞེས་དང༌། འདིར་རྣལ་འབྱོར་པ་རྣམས་ཀྱི་ (མཉམ་བཞག་ཟབ་མོའི་ སྐབས་སུ་)ཕྱོགས་ (གཉིས་)སུ་འཛིན་པ(འི་རྣམ་རྟོག་)ཉམས་པར་བྱ་བའི་སླད་དུ། རྡོ་རྗེའི་རྣལ་ འབྱོར་ (ཐབས་སམ་ཤེས་རབ་ཀྱི་)རིས་ (སོ་སོར་ཆད་པ་)མེད་པ། རྟག་པ་དང་ཆད་པ་སྤངས་པ། (ཇི་ལྟ་བ་ བཞིན་མཚོན་ནུས་པའི་)འཇིག་རྟེན་པའི་དཔེ་ལས་འདས་པ། ཡོད་པ་དང་མེད་ (པར་འཛིན་)པའི་ (རྣམ་ རྟོག་གི་)བློ་ཡོངས་སུ་སྤངས་པ། གཞོན་ནུ་མས་མེ་ལོང་ལ་པྲ་ཕབ་པ་བཞིན་རང་གི་སེམས་ ཀྱིས་མ་བརྟགས་པ་མངོན་སུམ་དུ་མཐོང་བ། ཡིད་ཆེས་པའི་དོན་ཅན། རྣམ་པ་ཐམས་ཅད་པ། ནམ་མཁའ་ (ལ་ལྟ་སྟངས་བཅས་པ་)ལས་བྱུང་བ(སྟེ་མཐོང་བའི་ཡང་ན་ནམ་མཁའ་ལས་བྱུང་ཞེས་པ་རྒྱུ་རྐྱེན་ལས་མ་ 3-1-12 སྐྱེས་ཞེས་སྟོན་པའོ)། (ཐོག་མཐའ་བར་)ཀུན་ཏུ་བཟང་པོ(ཏེ་དགེ་བ་ཆོས་ཉིད་ཀྱི་)། དབང་པོ་ཐམས་ཅད་ པ(འམ་བདག་རིག་གཞན་རིག་ཐམས་ཅད་པ་ཞེས་གསུངས་པ་ལྟར་རང་གཞན་ཐམས་ཅད་རིག་པས་དབང་པོ་ཐམས་ཅད་ པའོ)། སེམས་ཅན་ཐམས་ཅད་ཀྱི་ (སེམས་ཀྱི་)བདག་ཉིད་ (ཏེ་རང་བཞིན་ནམ་ཆོས་ཉིད་)དུ་གནས་ པ(ཐོག་མ་མེད་པ་ནས་སེམས་ཅན་རྣམས་དང་)། ལྷན་ཅིག་སྐྱེས་ (ཏེ་སེམས་ཅན་གྱི་སེམས་ནམ་གྲུབ་དུས་ན་དེའི་ཆོས་ ཉིད་དུ་གྲུབ་པའི་རང་བཞིན་དུ་འགྱུར་མེད་)པའི་དགའ་བ(འམ་བདེ་བའོ)ཞེས་དང༌། གང་དོན་དམ་པའི་ བདེན་པས་བསྟན་པ། དེ་ནི་འཇིག་རྟེན་ལས་འདས་པ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ ལྡན་པ། ཕྱག་རྒྱ་ཆེན་པོ་དངོས་གྲུབ་བསྒྲུབ་པའི་སླད་དུ་རང་གི་སེམས་ཀྱིས་ཡོངས་སུ་ བརྟགས་པའི་ཆོས་དང་བྲལ་བ། གཞོན་ནུ་མ་རྣམས་ཀྱིས་མེ་ལོང་ལ་སོགས་པ་ལ་པྲ་ཕབ་པ་ བཞིན་དུ། རྣལ་འབྱོར་པ་རྣམས་ཀྱིས་རང་གི་སེམས་ཀྱི་འོད་གསལ་མངོན་སུམ་དུ་ནམ་ མཁའ་ལ་སྣང་བ། འདོད་པའི་དོན་གྱི་འབྲས་བུ་སྟེར་བ་སྟེ། འབྲས་བུ་ནི་འགྱུར་བ་མེད་པའི་ བདེ་བའི་ཡེ་ཤེས་ཀྱི་སེམས་སོ། །ཞེས་སོགས་ཆེས་གསལ་བར་གསུངས་པས་གནོད་དོ། ། སློབ་དཔོན་ཉི་མ་དཔལ་ཡེ་ཤེས་ཀྱིས་ཀྱང༌། རྒྱུད་གང་ལ་དྲི་མ་སྟེ་སྤྲིན་ལ་སོགས་པ་མེད་པའི་ ནམ་མཁའི་བར་སྣང་ལ་དམིགས་པས། མིག་ཕྱེད་བརྟན་པར་གཏད་པ་ན། སྙིང་རྗེས་རླན་པ་ རྟོག་པ་དང་བྲལ་བའི་སེམས་ལས་མུ་བཞི་ (སྟེ་མཐའ་བཞི་)དང་བྲལ་བ་དུ་བ་ལ་སོགས་པའི་ རྟགས་འབྱུང་ངོ༌། །ཞེས་སོ། །རྗེ་ནཱ་རོ་པས། གཟུང་པ་དང་འཛིན་པ་དང་བྲལ་བ་རང་བཞིན་ སྟོང་པ་ཉིད་ཀྱི་བློ་ནི་ཤེས་རབ་སྟེ། དེའི་གཟུགས་བརྙན་ནི་རྣལ་འབྱོར་པ་ལ་མངོན་སུམ་དུ་ སྣང་པའོ། །ཞེས་དང༌། དང་པོའི་སྒྲ་ལས་ཕྱག་རྒྱ་ཆེན་པོའི་ (རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་ཀྱི་) གཟུགས་ (མཐོང་བའི་)སྔ་མ་དུ་བ་ལ་སོགས་པའི་གཟུགས་ (དམིགས་མཁན་)ཆོས་ཀྱི་ཕྱག་རྒྱའི་ དམིགས་པ་ཡིས། ཉོན་མོངས་པ་ཆུང་ངུ་ཟད་པ་ལས་མི་འགྱུར་བའི་བདེ་བ་ཆེན་པོ་འཕེལ། ཞེས་སོགས་གསུངས་སོ། །གཞན་ཡང་དེ་དག་འཁྲུལ་སྣང་ཡིན་ན་ཉིན་མོའི་རྣལ་འབྱོར་གྱིས་ 3-1-13 མཐོང་པའི་འབར་བ་དེ། ནམ་མཁའ་ལས་བྱུང་རང་བྱུང་པ། །ཤེས་རབ་ཡེ་ཤེས་མེ་བོ་ཆེ། ། མིན་པར་འགྱུར་ཏེ། སོ་སྐྱེས་ལས་དང་པོ་པ་དེའི་འཁྲུལ་སྣང་ཁོ་ན་ཡིན་པའི་ཕྱིར་རོ། །ཟླ་བ་ ཉི་མ་སྒྲ་གཅན་གློག་ལྟ་བུ། ཐིག་ལེ་དེ་རྣམས་རིམ་པ་བཞིན་དུ། འོད་ཆེན་རྣམ་པར་སྣང་བར་ བྱེད། །ཡེ་ཤེས་སྣང་བ་ལམ་མེ་བ། །མིན་པར་འགྱུར་ཞིང༌། འགྲོ་བའི་མར་མེ་མིན་པ་དང༌། ཡེ་ཤེས་སྒྲོན་མེ་མིན་པ་དང༌། གཟི་བརྗིད་ཆེན་པོ་འོད་གསལ་བ་མིན་པ་དང༌། སྔགས་མཆོག་ མངའ་བདག་རིག་སྔགས་རྒྱལ། མིན་པར་འགྱུར་ཏེ། ཐ་མལ་ལས་དང་པོ་པ་དེའི་འཁྲུལ་སྣང་ ཁོ་ན་ཡིན་པའི་ཕྱིར་རོ། །འདོད་པར་མི་ནུས་ཏེ། དེ་ལྟར་རིགས་གསུམ་མགོན་པོ་སོགས་ མཁས་གྲུབ་རྣམས་ཀྱིས་དགོངས་པ་གཅིག་དང་དབྱངས་གཅིག་གིས་ངེས་པའི་དོན་དུ་ གསུངས་སོ། །ཡང་དེ་ལྟ་ན། སྣང་མཁན་གྱི་འཁྲུལ་ཤེས་ཉིད་ཀྱི་བདག་ཉིད་ཡིན་ནམ། འཁྲུལ་ ཤེས་དེ་ལ་སྣང་བའི་ཟླ་གཉིས་ལྟ་བུ་གཏན་མེད་གཅིག་ཡིན་ནམ་ཅི། (དེ་གཉིས་གང་ཡང་མ་ཡིན་པའི་ )ཆོས་གཞན་ཞིག་གི་རྣམ་པ་དེ་ལ་སྣང་བ་ཡིན་བརྟག་དགོས་སོ། །དང་པོ་གཉིས་ཀ་མི་འཐད་ དེ། རྗེ་ནཱ་རོ་པས། རྣམ་པ་ཐམས་ཅད་དུ་མ་བྱས་པ། རྨད་དུ་བྱུང་བ(ཕྱི་ནང་གི་དངོས་པོའི་)རང་ བཞིན་མེད་པའི་ (སྟོང་པ་ཉིད་ཀྱི་)དངོས་པོའི་གཟུགས་ཉིད་ཀྱི་ཕྱིར། ཞེས་དང༌། ཕྱག་རྒྱ་ཆེན་ པོའི་གཟུགས་སྔ་མ་དུ་བ་ལ་སོགས་པ། ཞེས་དང༌། སེམས་ཀྱི་ (ས་མཐོང་བའི་)དུས་གསུམ་ པའི་སྣ་ཚོགས་གཟུགས་ཀྱང་དངོས་པོ་མ་ཡིན་ཏེ། དེ་རྣམས་འདས་པ་ལ་སོགས་པའི་དངོས་ པོའི་ངོ་བོ་ཉིད་དུ་མེད་པའི་ཕྱིར་དང༌། རྡུལ་ཕྲ་རབ་ཀྱི་ཆོས་ཉིད་ལས་འདས་པ་ཉིད་ཀྱི་ཕྱིར་ རོ། །ཞེས་སོགས་ཀྱིས་གནོད་ལ། དྲི་མེད་འོད་དུ། འདིར་ཡང་སྟོང་པ་ཉིད་དང་སྙིང་རྗེའི་ བདག་ཉིད་ཀྱི་གཟུགས་རྣམ་པར་དག་པའི་སེམས། ཞེས་སོགས་སྔར་དྲངས་པ་རྣམས་ཀྱིས་ ཀྱང་དངོས་སུ་གནོད་དོ། །རྗེ་ནཱ་རོ་པས། གང་གི་ཕྱིར་སྟོང་པར་ཏེ་སྣ་ཚོགས་གཟུགས་ཀྱི་རྣམ་ པའི་སེམས་ལ་མ་བརྟགས་ཏེ། རྟོག་པ་མཐའ་དག་དང་བྲལ་བར་མཐོང་པ་སྟེ། མངོན་སུམ་དུ་ 3-1-14 ཡང་དག་པར་རིག་པ། བསྙོན་མི་ནུས་པར་ཉམས་སུ་མྱོང་བ་ཉིད་ཀྱི་ཕྱིར་རོ། །རྩ་བའི་རྒྱུད་དུ་ ཡང་གསུངས་པ། ཡོད་ (པ་དངོས་པོ་)དང་མེད་ (པ་དངོས་མེད་ཡིན་པ་)ལས་རྣམ་པར་འདས། །(གཟུང་ འཛིན་)གཉིས་ (སུ་)མེད་ (པའི་ཡེ་ཤེས་ཀྱི་)དངོས་པོ་ (ཡིན་པའི་རྒྱུ་མཚན་གྱིས་)དངོས་ (པོ་དང་དངོས་པོ་) མེད་ (པའི་རྣམ་རྟོག་གི་མུན་པ་)ཟད་པ་ལ། །(ཡང་ན་དོན་དམ་པའི་ཐབས་ཤེས་ཀྱི་རིས་གཉིས་སུ་ཆད་པ་མེད་པར་ ཐབས་ཤེས་ཟུང་འཇུག་ཡིན་པའི་ཕྱིར་ན་དངོས་པོ་དཀར་ཕྱོགས་ཆགས་པ་ཟད་ཅིང་དངོས་མེད་ནག་ཕྱོགས་ཆགས་བྲལ་ཟད་ པའོ། །)ཕྲ་རབ་རྡུལ་གྱི་ཆོས་ (ཡིན་པ་)ཉིད་ (ལས་)འདས། །སྟོང་པ་ཉིད་ (ཀྱི་)ཆོས་ (དེ་གཏན་ནས་མེད་ པ་ཡིན་པ་)རྣམ་པར་སྤངས། །རྟག་དང་ཆད་ (པའི་མཐའ་)ལས་ངེས་པར་གྲོལ། །(དོན་དམ་)རྡོ་རྗེ་ རྣལ་འབྱོར་ (ཐབས་ཤེས་)རིགས་ (སུ་ཆད་པ་)མེད་པ། །ཞེས་པའོ། །ཞེས་གསུངས་པས་དངོས་སུ་ གནོད་དོ། །ཡང་བརྟག་པ་གསུམ་པ་ལྟར་ན། དུ་སོགས་དེ་ཆོས་གཞན་གང་གི་རྣམ་པ་ཡིན་ སྨོས་ཤིག ཆོས་ཉིད་ཀྱི་རྣམ་པ་ཡིན་ནོ་ཞེ་ན། ཆོས་དེའི་ཆ་ཤས་ལ་དེའི་རྣམ་པར་བཞག་པ་ལྟ་ བུའི་རྣམ་པ་ཡིན་ནམ། ཆོས་དེ་སྣང་མཁན་གྱི་བློ་དེ་ཉིད་དེའི་རྣམ་པར་སྐྱེས་པ་ལ་དེའི་རྣམ་ པར་བཞག་པ་གང་རུང་གཅིག་ཡིན་དགོས་ལ། དང་པོ་ལྟར་ན་དུ་སོགས་འཁྲུལ་སྣང་ཡིན་པ་ ཉམས་སོ། །(ཆོས་ཉིད་ཀྱི་ཆར་ཁས་བླངས་པའི་ཕྱིར་རོ། །)གཉིས་པ་ལྟར་ན། གོང་དེ་མ་ཐག་པར་ བཀག་ཟིན་ཏོ། །མདོར་ན་ལས་དང་པོ་པའི་སོར་སྡུད་ཀྱི་རྣལ་འབྱོར་དེ་ལོག་པའི་ཤེས་པར་ འགྱུར་ཏེ། ཁོ་ལ་སྣང་བའི་འོད་གསལ་དེ་ཐ་མལ་གྱི་འཁྲུལ་སྣང་ཁོ་ན་ཡིན་པའི་ཕྱིར། ཅེས་ པ(འི་གནོད་བྱེད་དེ་)ལས་གཞན་པ(འི་གནོད་བྱེད་)ཅི་ (ཡོད་དེ་དེ་ཉིད་དེའི་གནོད་བྱེད་མཆོག་ཡིན་པའི་ཕྱིར་རོ། །) དེ་ (ལོག་ཤེས་)ལྟར་ནི་ (འདོད་ནུས་པ་)མ་ཡིན་ཏེ། སྔར་བཀག་ཟིན་ལ། དཔལ་དོན་དམ་བསྡུས་ པར། རྗེ་ནཱ་རོ་ཆེན་པོའི་ཞལ་སྔ་ནས་ཀྱང༌། དངོས་པོ་རྡུལ་ཕྲན་ཚོགས་པའི་བདག་ཉིད་ (དུ་གྱུར་ པའི་)འདས་པ་ལ་སོགས་པའི་དངོས་ (པོར་)མེད་ (ཅིང་)དོན་དམ་དུ་གསལ་བའི་བདག་ཉིད་ ཡོད་པ། དཔེར་ན་འཇིག་རྟེན་པ་ཉིད་ཀྱིས་ (ཕྱི་རོལ་ཀྱི་རྟ་གླང་ལ་སོགས་པའི་)དངོས་པོ་མེད་ཀྱང་ (རྟ་ 3-1-15 གླང་ལ་སོགས་པའི་)དོན་མཐོང་བ་སྒྱུ་མ་རྨི་ལམ་མིག་འཕྲུལ་བཞིན་ནོ། །དོན་འདི་ཉིད་གསུངས་ ན་མེད་པའི་ཞེས་པ་ལ་སོགས་པའོ། །རྣམ་པར་རྟོག་པ་དང་བྲལ་ཞིང་འཁྲུལ་པ་མེད་པའི་ཡེ་ ཤེས་སྐྱེ་བ་དེ་ཡང་རྣམ་པ་ཐམས་ཅད་པ་སྟེ། འགྲོ་བའི་དོན་ཕུན་སུམ་འཚོགས་པ་ཉིད་ཀྱི་ཕྱིར་ ཡིད་བཞིན་གྱི་ནོར་བུ་ལྟ་བུའོ། །ཞེས་པས་ཡུལ་དོན་དམ་དུ་ཡོད་ལ་ཡུལ་ཅན་མ་འཁྲུལ་བའི་ ཡེ་ཤེས་དངོས་སུ་གསུངས་པའོ། །ཡང་དེ་ཉིད་དུ། ནམ་མཁའ་ལ་མཐོང་བར་འགྱུར་རོ། །དེ་ ཡང་ཡོད་པ་ (དངོས་པོ་)དང་མེད་པ་ (དངོས་མེད་)ལ་སོགས་པའི་སྤྲོས་པ་ཐམས་ཅད་ཀྱིས་སྤྲོས་པ་ དང་བྲལ་བའོ། །ཞེས་ཏེ། ཉི་མ་དཔལ་ཡེ་ཤེས་ཀྱིས་ཀྱང་སྔར་བཤད་པ་ལྟར་མཐའ ་བཞི་ དང་བྲལ་བར་གསུངས་པས་ཀྱང་ཆེས་གནོད་དོ། །ཡང་འདི་ཡི་སོ་སོར་སྡུད་ཀྱི་རྣལ་འབྱོར་ རམ་ཏིང་ངེ་འཛིན་དེ་ཉིད། རྒྱལ་བའི་ཡུམ་དུ། རིན་ཆེན་སྣང་བ། རིན་ཆེན་སྒྲོན་མ། ཟླ་བ་ སྣང་བ། ཉི་མ་སྒྲོན་མ། རྣམ་པ་ཐམས་ཅད་པ་གཟིགས་པ། ཞེས་སོགས་ཏིང་ངེ་འཛིན་མང་པོ་ ལ་གསུངས་པ་དང་དོན་གཅིག་ལ། དེ་ཉིད་མཚན་བརྗོད་དུ། སངས་རྒྱས་ཀུན་གྱི་ (ཐུགས་རྒྱུད་ལ་ )མངོན་སུམ་པ། །(སྟེ་མངོན་དུ་གྱུར་པའི། )ཡེ་ཤེས་ (ཆེན་པོས་སྒྲིབ་གཉིས་ཀྱི་བུད་ཤིང་བསྲེགས་པའི་)མེ་ལྕེ་ (ཤེས་བྱ་ཐམས་ཅད་མཁྱེན་པའི་)འོད་རབ་ (ཏུ་)གསལ། །(བ་ནི་ཆོས་དབྱིངས་ཡེ་ཤེས་སོགས་ལྔ་ཆར་ཡིན་ལ་འདིར་ ནི་འདས་ད་ལྟར་གྱི་སངས་རྒྱས་ཀུན་གྱིས་སྔར་ལམ་གྱི་དུས་སུ་མངོན་སུམ་པ་སྟེ་མངོན་སུམ་དུ་མཛད་པའི་ཟབ་ལམ་གྱི་ཡེ་ཤེས་ ལས་རླུང་རྣམ་རྟོག་བསྲེག་པའི་མེ་ལྕེ་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་མཐོང་བས་འོད་རབ་ཏུ་གསལ་བ་སྟེ། དེ་ཉིད་འདིར་ ཤའི་མིག་ལ་སོགས་པ་ལྔར་གསུངས་པའོ། །)ཅེས་སོགས་དང་གཅིག་ཏུ་སྦྱར་ནས། རྗེ་ནཱ་རོ་ཆེན་པོས་ གསུངས་ཏེ། ཇི་སྐད་དུ། (དབང་མདོར་བསྟན་གྱི་འགྲེལ་བར། ) དེ་ཉིད་ལས། (བདུད་བཞི་ལས་)རྒྱལ་ བའི་ (སངས་རྒྱས་ཀྱི་)ཡུམ་ (ཤེར་ཕྱིན་སྟོན་པའི་མདོ་རྒྱས་འབྲིང་བསྡུས་གསུམ་གྱི་)བར་མ(ཉི་ཁྲི་ལྔ་སྟོང་པ)ར་ གསུངས་པ། རིན་ཆེན་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། རིན་ཆེན་སྒྲོན་མ་ཞེས་བྱ་བའི་ ཏིང་ངེ་འཛིན་དང༌། ཟླ་བ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། ཉི་མ་སྒྲོན་མ་ཞེས་བྱ་བའི་ 3-1-16 ཏིང་ངེ་འཛིན་དང༌། རྣམ་པ་ཐམས་ཅད་གཟིགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ (བརྒྱ་ཉི་ཤུ་ལྷག་ གསུངས་པ་རྣམས་ཕལ་ཆེར་མཐོང་སྣང་གི་སྒོ་ནས་དང༌། སྤྱི་གཙུག་ལྟ་བའི་ཏིང་ངེ་འཛིན་ལྟ་བུའི་ལྟ་སྟངས་དང༌། ལ་ལ་བྱེད་ལས་ ཀྱི་སྒོ་ནས་བསྟན་གྱི། ཐམས་ཅད་ཀྱང་སྟོང་གཟུགས་གསལ་བའི་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་དུ་རོ་གཅིག་པར་སེམས་ འགྲེལ་སྐོར་གསུམ་དང་ནཱ་རོ་ཆེན་པོའི་དགོངས་པ་ཡང་དག་པ་)དང༌། ཞེས་པ་ལ་སོགས་པའོ། །མཚན་ཡང་ དག་པར་བརྗོད་པ་ཡང༌། སངས་རྒྱས་ཀུན་གྱི་མངོན་སུམ་པ། །ཡེ་ཤེས་མེ་ལྕེ་འོད་རབ་ གསལ། །ཞེས་པའོ། །འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་ཀྱང༌། (སོར་སྡུད་སོགས་ཤེར་ཕྱིན་ཟབ་མོའི་རྣལ་ འབྱོར་པ་)གང་རྣམས་ཀྱི་ (མཉམ་བཞག་རྣམ་པར་མི་རྟོག་པའི་)བློ་ (དེ་ནི་མངོན་པར་ཞེན་ནས་བཟུང་བའི་)རྟེན་ (དེ་ ཡུལ་)དང་བྲལ་ (བའི་ཕྱིར་ན)། །ཡོད་ (པ་)དང་མེད་ (པ་སོགས་གང་དུའང་མངོན་པར་ཞེན་ནས་འཛིན་པ་)ལས་ རྣམ་པར་འདས། །(ཤིང་ཡོད་པ་དངོས་པོ་དང་མེད་པ་དངོས་མེད་ཡིན་པ་ལས་རྣམ་པར་འདས་པའི་)ཟབ་མོ་ (སྟོང་ གཟུགས་འོད་གསལ་དེ་ཕྱི་ནང་སོགས་གང་དུའང་)དམིགས་ (ཤིང་འཛིན་པ་)མེད་ (པའི་མཉམ་བཞག་)དེ་རྣམས་ ཀྱིས། །(དུ་སོགས་)མཚན་མའི་དོན་ནི་ (ཆད་སྒོམ་དང་རྟོག་སྒོམ་སོགས་མི་བསྒོམ་པའི་ཚུལ་གྱིས་)རྣམ་པར་ བསྒོམ། །(པར་བྱའོ། །)ཞེས་ (ཚིགས་བཅད་འདི་རིགས་པ་དྲུག་ཅུ་པ་ན་སྣང་ཞིང་མཚན་མའི་དོན་ཞེས་མི་འདོན་པར། རྐྱེན་གྱི་དོན་ལ་རྣམ་པར་བསྒོམ། ཞེས་ཟླ་གྲགས་འཆད་ཀྱང་དགོངས་པ་ནི་ནཱ་རོ་པ་ལྟར་དུ་ངེས་)པའོ། །ལྭ་བའི་གོས་ ཅན་ཞབས་ཀྱིས་ཀྱང༌། །སྣང་བ་ཐོབ་པའི་རྣལ་འབྱོར་པས། །གཞན་དུ་རྟགས་ནི་ཤེས་བྱ་སྟེ། ། གྲུབ་པའི་འཁྲུལ་པ་མེད་པ་རྣམས། །ལམ་ནག་གིས་ནི་དུ་བ་བཞིན། །མིག་དག་རེངས་པར་ བྱེད་པ་དང༌། །མགོ་བོ་དུད་པ་ཉིད་དང་ནི། །སེམས་དང་སེམས་བྱུང་ནུབ་པ་དང༌། །སྟོང་ཉིད་ མཐོང་བའི་སྟོང་པ་ཉིད། །ཅེས་པ་ལ་སོགས་པའོ། །(གྲུབ་ཐོབ་)གཞན་གྱིས་ (ཨ་ནུ་པ་མ་རཀྵི་ཏ་) ཀྱང་གསུངས་པ། (རྒྱུད་གང་དུ་འང་གང་ལ་ཞེས་སློབ་དཔོན་ཉི་མ་དཔལ་ཡེ་ཤེས་འཆད་ཀྱང་ཉིན་མོའི་གནས་སྐབས་) གང་དུ་དྲི་མ་ (སྟེ་སྤྲིན་)མེད་པའི་ (ནམ་)མཁའ་ལ་མིག་ཕྱེད་སྤྲུལ་ (པ་སྟེ་བརྟན་པར་གཏད་)པ་ན། ། (ཞེས་ཉི་མ་དཔལ་གྱིས་གསུང་ངོ༌། །སེམས་ཅན་ཐམས་ཅད་ལ་)འཕྲོ་བ་ (སྟེ་ཁྱབ་པ)ཆེན་པོའི་ཐུགས་རྗེ(འི་ཆུ) 3-1-17 ས་བརླན་པའི་ (ཟབ་ལམ་རྣམ་པར་མི་རྟོག་པའི)བསམ་པའི་རྟེན་ཟ་ (འམ་མེ་ཞེས་གཟུགས་ཅན་གྱི་རྒྱན་དེ་འཆི་ མེད་མཛོད་རྩ་འགྲེལ་དུ་རྟེན་ཟ་ནི་མེ་སྟེ། གང་བརྟེན་པ་ཚིག་པའི་ཕྱིར་རོ། །ཞེས་དེ་འདྲའི་མེ་)ལས། །ཡོད་དང་མེད་ དང་ (དེ་)གཉིས་ཀ་ (དང་)དངོས་པོ་ (དང་)དངོས་མེད་ (དུ་)འབྱེད་པ(འི་རྣམ་རྟོག་)་བྲལ། །(བའི་ རྣལ་འབྱོར་པའི་མངོན་སུམ་ལ་རྣམ་ཀུན་མཆོག་ལྡན་གྱི་)སྟོང་པ་ཉིད་ཀྱི་རྗེས་ (སུ་)འགྲོ་ (བ་སྟེ་ཞུགས་པའི་)དུ་ སོགས་ (འོད་གསལ་)མཐའ་དག་གློ་བུར་ (ཏེ་རྟོག་པས་མ་བཟོས་པར་ཡང་ཇི་ཞིག་ལྟར་ལ་)འཆར(ཚིགས་བཅད་ འདི་གྲུབ་ཐོབ་ཨ་ནུ་པ་མ་རཀྵི་ཏིའི་སྦྱོར་དྲུག་ན་སྣང་ངོ་)། །དེ་བཞིན་དུ། (རྫོགས་རིམ་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་སྒོམ་པ་ ལ་འཇུག་པའི་)དང་པོར་ཐོག་ (མ་སྐྱེ་བ་དང་)མཐའ་ (མ་འཇིག་པ་)ལས་གྲོལ་བའི། །དབུ་མ་ (འམ་བར་མ་ )ཙམ་ (རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་)ལ་ (མ་ཞེན་པའི་ཚུལ་གྱིས་རྣལ་འབྱོར་པའི་ཡིད་)ཡང་དག་གནས། ། (པ་སྟེ་མ་ཡེང་པར་བཞག་གོ །རྣལ་འབྱོར་པ་)གང་ཞིག་ (དབུ་མ་ཙམ་)དེར་གནས་ (ཤིང་མཐའ་གཉིས་སུ་འཛིན་ པ་སོགས་)འདོར་བ་དེ། (ལ་རྣལ་འབྱོར་)། འདི་ཡི་ (འོད་གསལ་གྱི་)སྣང་བ་ (དུ་སོགས་)བཅུའི་བདག་ ཉིད(འཆར་རོ)། །ཅེས་པའོ། །(སྐབས་)འདིར་ (དྲངས་པའི་ལུང་དོན་ནི་ཆོས་ཟབ་མོ་བསྒོམ་པའི་)བསོད་ ནམས་དང་ལྡན་པ་རྣམས་ཀྱིས་ (རྒྱུད་འགྲེལ་དང་དོན་དམ་བསྙེན་པ་ལས་བཤད་པ་ལྟར་གྱི་)བླ་མ་ཆེན་པོའི་ བཀའ་དྲིན་ལས་བར་སྣང་ལ་ (ལྟ་སྟངས་བཅས་པ་ལས་)ཁོང་དུ་ཆུད་པ(འི་དུ་སོགས་འོད་གསལ་རྣམས་) དཔེར་བརྗོད་པའོ། །(དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་བསྒོམ་པའི་འོད་གསལ་སྟོང་གཟུགས་འཆར་བའི་ཚུལ་)འདི་ཉིད་ རྣལ་འབྱོར་གྱི་དབང་ཕྱུག་ (ས་ར་ཧ་ལ་སོགས་པ་)རྣམས་ཀྱིས་ (རྟོག་གེ་ཅན་གྱི་སྤྱོད་ཡུལ་མ་ཡིན་པས་)རྡོ་ རྗེའི་གླུ་ཀུན་རྫོབ་ (སྟེ་བརྡ་)དང་དོན་དམ་པའི་ཚིག་གིས་ (ཏེ་སྒྲ་ཐད་སོ་བས་) རབ་ཏུ་གསུངས་ (ཞེས་གོ་བར་བྱ་བའི་ཕྱིར་སྤྱིར་གྲགས་པའི་བདེན་གཉིས་ལ་མི་ཟེར་)ཏེ། དཔལ་ལྡན་དཔའ་བོ་ས་ར་ཧ་ (མདའ་ བསྣུན་ཞེས་རྨ་བན་ཆོས་འབར་གྱིས་བསྒྱུར་སྣང་)ཡིས་གསུངས་པ། །རྨོངས་པ་ (ཞེས་པ་རང་ལ་འབོད་པའོ། །དུ་ སོགས་)ནམ་མཁའི་མཚན་མ་ནི། །གལ་ཏེ་ (མངོན་སུམ་དུ་)ཤེས་ (ཤིང་བསྒོམ་པས་གོམས་པར་བྱས་)ན་ རྨོངས་ཚོགས་གཅོད། (དོ། །བསྒོམ་པའི་)དང་པོར་ (སྤྲིན་གྱིས་)རྣམ་ (པར་)དག་ (པའི་)ནམ་མཁའ་ལ། 3-1-18 ། (དང་པོར་)ལྟ་ཞིང་ (རྒྱུན་དུ་)བལྟ་བ(གོམས་པ)ས་མཐོང་བ་ (སྟེ་མངོན་པར་ཞེན་པ་)འགག །དེ་ བཞིན་དུ། (ཐར་བའི་ཐབས་སུ་མི་འགྱུར་བའི་ལམ་ལྟ་ཅི་སྨོས། རྒྱུ་ཙམ་དུ་འགྱུར་བའི་རྣམ་རྟོག་བསྒོམས་པ་སོགས་)མང་ པོ་སྨྲ་བས་ཅི་ཞིག་བྱ། །(ཚེ་གཅིག་སོགས་ཀྱིས་མཆོག་འགྲུབ་པའི་)ཆོས་ཀྱི་ཚད་ནི་ (ཟབ་ལམ་གྱི་རྫོགས་རིམ་ ཟབ་མོ་)འདི་ཡིས་ཆོག(གོ) ། (ཆོག་པར་ཅི་ཡི་ཤེས་ན། )མིག་ཕྱེད་གྱེན་དུ་ (སྟེ་སྟེང་དུ་)བལྟ་བ་ན། །(འོད་ གསལ་སྟོང་གཟུགས་)མཐོང་བ(འི་སོ་སོར་དང་སྡུད་དེ)་བརྟན་པ(འི་བསམ་གཏན་བསྒོམ་པ)་ཉིད་ཀྱིས་ ཤེས(སོ)། །ཤན་ཏི་པས། (གཟུགས་ལས་ཁྱད་པར་དུ་འཕགས་པ་)རྨད་ (དུ་)བྱུང་ (བའི་འོད་གསལ་སྟོང་ གཟུགས་ཚད་མེད་པ་)ནམ་མཁའི་དཀྱིལ་ (དུ་)ཤར་ (རོ་)བྷུ་སུ་ཀུ། །(ཞེས་ཞི་བ་ལྷ་ཞེས་རང་གིས་རང་ལ་ འབོད་པའོ། །རྣམ་ཀུན་མཆོག་ལྡན་གྱི་)སྟོང་ཉིད་གཟུགས་མཛེས་ལྟོས་ཤིག་བྷུ་སུ་ཀུ། །(དཔེ་ཇི་ལྟ་ བ་བཞིན་མཚོན་ནུས་པའི་འཇིག་རྟེན་པའི་)དཔེ་མེད་ (པའི་ཆོས་ཉིད་ཡིན་པའི་)མེ་ཏོག་ཤར་རོ་བྷུ་སུ་ཀུ། (གསོལ་བ་བཏབ་ན་དགོས་འདོད་སྩོལ་བའི་ཡིད་ངཞིན་གྱི་ནོར་བུ་ལྟར་བསྒོམས་པས་མཆོག་གི་དངོས་གྲུབ་སྩོལ་བས་ཡིད་ བཞིན་གྱི་ནོར་བུ་)རིན་ཆེན་ (དང་མཚུངས་ཤིང་དེའི་)རིན་ཐང་ (གསེར་སྲང་སོགས་འདི་ཙམ་མོ་ཞེས་གཅད་དུ་)མེད་ པའི་མེ་ཏོག་ལོང༌། །མེ་ཏོག་འདི་ (ལ་)ནི་ཁ་དོག་སྣ་ཚོགས་ཅན(དེ་ཡོད་དོ)། །(དེ་འདྲའི་)མེ་ཏོག་ འདི་ནི་ (རྣམ་པ་ཐམས་ཅད་པའི)་སྟོང་ཉིད་ (ཀྱི་)དགོན་པར་ (གདོད་ནས་)རྒྱས(པ་སྟེ་གནས་སོ)། །དེ་ བཞིན་དུ། ལ་མ་ (ཞེས་པ་ནི་གླུ་འདི་གསུངས་པ་པོ་ཉིད་ཕྱག་རྒྱ་ཆེན་མོ་ཞིག་འབོད་པའི་ཚིག་གོ །)ནམ་མཁའི་མེ་ ཏོག་ཤར། །(བར་སྣང་སྟོང་པར་ཤར་བ)རབ་ཏུ་མི་གནས་ (པ་སྟེ་ཡངས་པར་མངོན་ཞིང་)ལྕི་བ(ར་མངོན་པར་ ཞེན་པའི་དོན་ཡིན་ནམ་དཔྱད་པར་བྱ)འོ། །(འོད་གསལ་སྟོང་པ་ཉིད་ལ་)བལྟ་ཞིང་བལྟ་བ(འི་སྒོ་ན)ས་ (བསྒོམ་ན་ སྒོམ་པ་རབ་ཀྱི་མཐར་ཐུག་པ་རྣམས་ཀྱིས་གཏི་མུག་གི་མུན་པ་སངས་ཤིང་ཡེ་ཤེས་རྒྱས་པའི་)ནམ་ལངས་ཀྱང༌། (ཁོ་བོ་) ཤན་ཏི་ (སྟེ་ཞི་བ་ལྷ་ནི་རྟོགས་པ་)སྒྲོན་མ(ལྟ་བུ་སྟོབས་ཆུང་གི)ས་ (ད་དུང་སངས་རྒྱས་ཀྱི)ལམ་ཚོལ་ལོ(ཞེས་ ཁེངས་སྐྱུང་པའོ)། །དེ་བཞིན་དུ། (རྟོགས་པ་མཐར་ཐུག་གི་ཉི་མའི་སྔ་ལྟས་ཀྱི་འོད་གསལ་མཐོང་བའི་ཡེ་ཤེས་ཀྱི་)སྐྱ་ རེངས་ཤར་རོ་བྷུ་སུ་ཀུ(ཞེས་པ་ཟ་ཉལ་འཆག་ཅེས་པ་སྟེ། སློབ་དཔོན་ཞི་བ་ལྷ་མཆོག་གི་དངོས་གྲུབ་ཐོབ་ནས་ཟ་ཉལ་ 3-1-19 འཆག་པ་ཙམ་མཛད་ཅིང་ཐོས་བསམ་སྒོམ་པ་སོགས་མཛད་པར་མི་མངོན་པར་སྦས་པའི་བརྟུལ་ཞུགས་མཛད་པ་གྲོགས་དག་ གིས་འདི་བྷུ་སུ་ཀུ་འདུ་ཤེས་གསུམ་པ་ཞེས་བཏགས་པར་འཆད་དོ)། ཤན་ཏིས་སྨྲས་པ་ (དེ་ནི་གཏི་མུག་གི་མུན་པ་ཐམས་ ཅད་སངས་པའི་)ནམ་ལངས་ (པའི་)ཐུན(མཚམས་བྱུང་ཞེས་པ་སྟེ་མྱུར་དུ་སངས་ཚང་རྒྱའོ་ཞེས་པའི་དོན་དོ)། (རྒྱུད་ གསུམ་གསལ་བྱེད་དུ་ཚིགས་བཅད་གཅིག་འཕགས་པ་ལྷ་དང་)གང་ཚེ་ (ནང་དུ་རྟོགས་པའི་ཡེ་ཤེས་ཀྱི་)ཟླ་བ་ཉ་ (གང་) བ་ཤར་ (བར་)གྱུར་པ། །དེ་ཚེ་ (སེམས་ཀྱང་ཡིན་ལ་འཁོར་བའི་བྱེད་པ་པོ་ཡིན་པས་རྒྱལ་པོ་དང་འདྲ་བའི་)སེམས་ ཀྱི་རྒྱལ་པོ་ (རྣམ་པར་རྟོག་པ་)རབ་ཏུ་ཉལ(བ་སྟེ་ཞི)། །(བསམ་གཏན་པ་རྣམས་ནི་གཏི་མུག་གི་མུན་པ་སངས་ཤིང་ ཡེ་ཤེས་རྒྱས་པའི་)དགའ་ (བདེ་)དང་ (དམིགས་མེད་)སྙིང་རྗེའི་ཌ་མ་རུ་ཡི་སྒྲ(ས་གཏི་མུག་གི་གཉིད་སད་པའི་ )། འཕགས་པ་ལྷ་ཡིས་ (སྟོང་མི་སྟོང་སོགས་སུ་)དམིགས་ (ཤིང་འཛིན་པའི་རྣམ་པར་རྟོག་)པ་མེད་པ(འི་རྣལ་ འབྱོར་གྱི་འོད་གསལ་སྟོང་གཟུགས་)གསལ(བར་གཟུགས་སོ)། །(བརྡའི་སྒོ་ནས་བསྟན་པ་སྟེ་དེའི་རྩ་)གཡོན་དང་ གཡས་སུ་ (ལས་རླུང་རྒྱུ་བར་མ་ཆད་ན་སྡུག་བསྔལ་གྱི་འཚེ་བ་འོང་སྟེ་ལམ་གཡས་གཡོན་གཉིས་ལ་ཕྱིན་ན་ལུགས་མིན་གྱི་) ཁྲལ་ (གྱི་འཚེ་)བ་ (ཡོད་པའི་ལམ་)ལ། །(འགྲོ་བ་ལྟར་དེ་བས་ན་ནག་པོ་སྤྱོད་པའམ)ཀཧྞས་སྨྲས་པ་ (རྩ)བར་ ལམ་མོ(སྟེ་དབུ་མར་རླུང་ཐམས་ཅད་བཙུད་ནས་ཡེ་ཤེས་ཀྱི་རླུང་དུ་བསྒྱུར་ཅིག་དང༌། དེས་འཁོར་བའི་འཚེ་བ་ལས་ཐར་བར་ འགྱུར་རོ། །དཔེར་ན་འཚེ་བ་མེད་པའི་རྒྱ་ལམ་བར་མ་ལ་འགྲོ་བ་འཐད་པ་ལྟར་རོ)། །(དོན་དམ་བྱང་ཆུབ་ཀྱི་) སེམས་ རྟོགས་ (ཤིང་ཐོབ་པའི་ལམ་བཟང་པོ་སྟེ་བདེ་བས་)རིན་ཆེན་ (དགའ་བཞིའི་འགྲོས་ཀྱིས་)རབ་དགས་ (ནང་དུ་ རྟོགས་པའི་ཡེ་ཤེས་ཀྱི)གྲོལ(གྱི་འཛག་བདེས་མི་གྲོལ་ལོ)། །གྲོང་ཁྱེར་ (གྱི་)མི་ (ས་ཚེ་འདིའི་དོན་འབའ་ཞིག་གི་ གཏམ་འཁྲིག་པའི་གཏམ་སྣ་ཚོགས་)སྨྲ་ (བའི་)རྨོངས་པ་རྣམས(ཞེས་གདམས་པར་མངོན་ཏེ་དཔྱད་པར་བྱའོ)། ། མེ་ཏོག་ལྔ་ (འམ་དུ་སོགས་ཀྱི་རྟགས་ལྔའི་སྤྲོས་མེད་ཀྱིས་ངང་ལས་)བྱུང་ (བ་སྟེ་མཐོང་ཞིང་སྤྲོས་བྲལ་གྱི་ངང་)དེ་རུ་ ཐིམ(པའི་ཚེ་ན་བསམ་གཏན་གྱི་ཡན་ལག་གོ)། །དགའ་བ(དང་བདེ་བ)འི་སེམས་ཉིད་ (ནི)ནམ་མཁ(ལ་ལྟ་ སྟངས་བཅས་ནས་བསྒོམ་པའི་རྣལ་འབྱོར་གྱི)ས་བྱིན(པ་སྟེ་དེའི་མཐུའོ)། །དེ་བཞིན་དུ། རྨད་དུ་བྱུང་བ(འི་འོད་ གསལ་གྱི་སྣང་བ་)གང་ཞིག་ (དེ་མཐོང་བ་དང་རྗེས་སུ་)མཐུན་ (པའི་ཐབས་བསྒོམ་པ་)ལས་བྱུང་ (ལ)། (དེའི་ 3-1-20 ཐབས་)གང་ཞིག་ (གཡས་གཡོན་)ཉི་ཟླ(འི་རླུང་རྒྱུ་བ་)བཅིངས་ཤིང་ (དབུ་མར་ཡེ་ཤེས་ཀྱི་རླུང་གི་)སྒྲོན་མེ་ སྤར་ (བའོ)། །(རྨད་དུ་བྱུང་བའི་འོད་གསལ་ཞིག་མཐོང་བས་)ཤན་ཏི་རང་ཉིད་དཔང་ (པོར་)བཞག་ (པའི་) རང་ཉིད་རྒོད་ (པ་སྟེ་གད་མོ་ཤོར་རོ)། །(འོད་གསལ་ཅི་ལྟ་བུ་ཞིག་མཐོང་ཞེ་ན)་ནམ་མཁའི་ (བུད་མེད་)སྦྲུམ་ མ་ལ་ནི་ (བུ་)སྐྱེ་བ་མཐོང་ (ངོ་ཞེས་སྒྲ་ཐད་སོ་པའོ)། །(ཤན་ཏིའི་)སླར་ (གསུངས་པ་རྣམ་ཀུན་མཆོག་ལྡན་གྱི་སྟོང་ ཉིད་)ཡང༌། ཟབ་མོ(སྟོན་པ)འི་ཆོས་ཐོས་ནས་ནི་ (དེ་དོར་ཏེ་རྟོག་སྒོམ་དང་ཆད་སྒོམ་སོགས་)ལམ་ངན་པ། ། མུན་པ་ (ལྟ་བུ)འི་ལམ་ལ་ (འཇུག་པ་ནི་འཁྲུལ་ཏེ་དེ་ལས་ཡང་དག་པའི་དོན་)ཅི་ཡང་མཐོང་བ་མེད་ (དོ)། ། (འོ་ན་ལམ་བཟང་ཇི་ལྟ་བུ་ཞེ་ན་)གལ་ཏེ་ (སྒོམ་ཏིང་ངེ་འཛིན་གང་ལ་མཉམ་པར་བཞག་པས་)ནམ་མཁའི་རྩེ་མོར་ (ཏེ་མཐོང་དུ་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་ཀྱི་)མེ་ཏོག་བྱུང༌། །ཤན་ཏིས་སྨྲས་པ་ (དུས་)དེ(འི་)ཚེ་ཕྱི་ནང་ གཉིས་འཛིན་སོགས་ཀྱི་)འཁྲུལ་བ་ཞིག་ (གོ)། །(གྲུབ་ཐོབ་)གཞན་རྣམས་ཀྱིས་ཀྱང་གསུངས་པ། བར་སྣང་ལ་ནི་ཡིད་དང་རླུང་དང་མིག །དུས་གཅིག་ཏུ་ནི་གལ་ཏེ་ལེགས་སྦྱར་ན(ཞེས་པ་ནི་སྦྲེའུ་ སྒོ་གཅིག་ཏུ་བཏགས་པ་ལྟ་བུའི་མན་ངག་གོ)། །(སྤྱན་དང་མངོན་ཤེས་སོགས་པ་)རྒྱལ་བའི་ཡོན་ཏན་རིན་ཆེན་ ངེས་པར་སྐྱེ། །འདི་རྣམས་མཐའ་དག་དེ་བཞིནགཤེགས་པའི་གསུངས(ཡིན་གྱི་རང་བཟོ་མིན་ནོ)། ། སྣ་ཚོགས་ (སུ་འཛིན་པའི་)རྣམ་རྟོག་ (དང་)བྲལ་ཞིང་ (ཡོད་མེད་ལ་སོགས་ཅི་ཡང་)མི་སེམས་པར། །(རྩེ་ གཅིག་ཏུ་མཉམ་པར་བཞག་སྟེ་)གལ་ཏེ་བར་སྣང་ལ་ནི་མིག་གཏོད་ན། །(ལས་དང་པོ་པའི་རྣལ་འབྱོར་པ་འགའ་ ཞིག་གི་ཤའི་མིག་གིས་ཕྱོགས་བཅུའི་འཇིག་རྟེན་ཁམས་ཀྱི་རྣམ་པ་ཐམས་ཅད་པའི་སྟོང་གཟུགས་མཐོང་པ་ལ་དེས་དྲངས་པའི་ རྗེས་ཤེས་ཀྱི)ཕྱོགས་བཅུའི་འཇིག་རྟེན་དག་ནི་ཡིན་ནམ་སྙམ། །(པ་འབྱུང་ཞིང་ཡུམ་གྱི་མདོ་རྒྱས་འབྲིང་ ལས། བྱང་སེམས་ཆེན་པོའི་ཤའི་མིག་གིས་དཔག་ཚད་བརྒྱ་ནས་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་མཐོང་བ་ཡོད་དོ། །ཞེས་ གསུངས་པ་ལྟར་ལས་དང་པོ་པའི་རྣལ་འབྱོར་པས་ཤའི་མིག་ཁྱད་པར་ཅན་འགའ་ཞིག་གིས་སྟོང་གཟུགས་དང་ཕྱོགས་བཅུའི་ འཇིག་རྟེན་གྱི་ཁམས་དཔག་མེད་མཐོང་ལ། རྣལ་འབྱོར་པ་འགའ་ཞིག་གིས་དང་པོར་མངོན་ཤེས་མེད་པར་ཤའི་མིག་གིས་སྟོང་ གཟུགས་མཐོང་ཞིང་མངོན་ཤེས་ཐོབ་ནས་ལྷའི་མིག་གིས་སྟོང་གཟུགས་དང་འཇིག་རྟེན་ཁམས་དུ་མ་སོགས་ལས་གཟུགས་ 3-1-21 གཉིས་ཀ་མཐོང་ངོ༌། །དེ་ལྟའི་རྣལ་འབྱོར་དེ་ལ་སྒོམ་པ་གོམས་པར་བྱས་ན་)རྣལ་འབྱོར་དབང་ཕྱུག་ (མཆོག་གི་གོ་ འཕང་མཐའ་གཅིག་ཏུ)མཐའ་དག་རྣལ་འབྱོར་འདི་ལས་ཐོབ། །དེ་བཞིན་དུ། (རྣལ་འབྱོར་པ་)རང་གི་ ཡིད(་ཤེས་མཚོན་པར་བྱེད་པའི་)མཚན་ཉིད་ (དམ་མཚན་མར་མངོན་པར་ཞེན་པ་)མཐའ་དག་ (དང་)བྲལ་ བ(ར་གྱུར་པ་)ཡི་ (རྣལ་འབྱོར་པ)ས། །མིག་ཕྱེད་གྱེན་དུ་ལྟ་བ་དང་བཅས་པས། །གང་ཚེ་དབུ་མར་ རླུང་ནི་བུས་གྱུར་པ། །དེ(འི)་ཚེ་ (ལྕགས་ཀྱི་མཚོན་སོགས་ཀྱིས་མི་ཆོད་པའི་རྫས་ཀྱི་རྡོ་རྗེ་ཕ་ལམ་བཞིན་རྣམ་རྟོག་ གིས་མི་ཆོད་པའི་འོད་གསལ་སྟོང་པ་ཉིད་ཀྱིས)རྡོ་རྗེའི་མེ་དང་དུ་བ་འབྱུང༌། །ཞེས་པའོ། །དེའི་ཕྱིར་སངས་ རྒྱས་ཉིད་ (མྱུར་དུ་ཐོབ་པར་)དོན་དུ་གཉེར་པ(འི་གང་ཟག་གི)ས་ (འདི་ལམ་རྣམ་དག་ཡིན་ནམ་མིན་ནམ་ སྙམ་པའི་འདི་བས་མཆོག་གི་ལམ་གཞན་ཡོད་དམ་ཞེས་སོགས་)ཐེ་ཚོམ་མེད་པར་ (མཐའ་གཅིག་ཏུ་)དུ་བ་ལ་ སོགས་པ(འོད་གསལ་འཆར་བ)འི་ལམ་ (འདི་)བསྒོམ་པར་བྱའོ། །ཞེས་གསུངས་ཏེ་ (རྗེ་ནཱ་རོ་པས་མཐའ་ གཅིག་ཏུ་ཐག་ཆོད་པ་གསུང་ངོ་)། ཁྱེད་ལྟར་ན་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དེ་རྣམས་ཀྱང་ མཉམ་པར་བཞག་པའི་གནས་སྐབས་ཐམས་ཅད་དུ་འཁྲུལ་སྣང་འབའ་ཞིག་ལ་སྤྱོད་པར་ འགྱུར་ཏེ། དུ་སོགས་འོད་གསལ་རྣམས་འཁྲུལ་སྣང་ཡིན་པའི་ཕྱིར་རོ(རྟགས་ཁས་བླངས་སོ)། ། གལ་ཏེ་སོ་སྐྱེ་ལས་དང་པོ་པ་ཡིས་སོ་སོར་སྡུད་ཀྱིས་མཐོང་བའི་དུ་སོགས་འོད་གསལ་དེ་ དག་རྡོ་རྗེའི་གླུ་དེ་རྣམས་ཀྱི་བརྗོད་བྱ་མིན་པས་སྐྱོན་ (དེ་རྣམས་)མེད་དོ་སྙམ་ན། །སྔར་དྲངས་པ་ ལྟར་རྗེ་ནཱ་རོ་པ་ཆེན་པོས། འདིར་བསོད་ནམས་དང་ལྡན་པ་རྣམས་ཀྱིས་བླ་མ་ཆེན་པོའི་ བཀའ་དྲིན་ལས་བར་སྣང་ལ་ཁོང་དུ་ཆུད་པ་དཔེར་བརྗོད་པའོ། །འདི་ཉིད་རྣལ་འབྱོར་གྱི་ དབང་ཕྱུག་རྣམས་ཀྱི་རྡོ་རྗེའི་གླུ་ཀུན་རྫོབ་དང་དོན་དམ་པའི་ཚིག་གིས་རབ་ཏུ་གསུངས་ཏེ། ཞེས་གསུངས་ཤིང་ཡན་ལག་དང་པོ་སོ་སོར་སྡུད་ཀྱི་རྟགས་ནས་བརྩམས་ཏེ་འོད་གསལ་ འཆད་པའི་སྐབས་ཡིན་ལ། སོ་སོར་སྡུད་ལ་གྲུབ་ཆེན་རྣམས་ཀྱི་དང་པོ་སོ་སོར་སྡུད་ཀྱི་ཡན་ ལག་དང༌། ལས་དང་པོ་པའི་དང་པོ་སོ་སོར་སྡུད་ཀྱི་ཡན་ལག་ཅེས་སོ་སོར་ཕྱེ་བ་མེད་ཅིང༌། 3-1-22 ལས་དང་པོ་པའི་དུ་སོགས་དང་གྲུབ་ཆེན་གྱི་དུ་སོགས་རྣམས་ངོ་བོ་བཟང་ངན་ཅུང་ཟད་ཀྱང་ མེད་ཅིང་མ་གསུངས་སོ། །དཔེར་ན་ས་དང་པོ་པས་མངོན་སུམ་དུ་མཐོང་པའི་ཆོས་ཉིད་དང༌། སངས་རྒྱས་ཀྱིས་མངོན་སུམ་དུ་གཟིགས་པའི་ཆོས་ཉིད་ཀྱི་ངོ་བོ་ལ་བཟང་ངན་གྱི་ཁྱད་པར་ མེད་པ་བཞིན་ནོ། །གཞན་ཡང་པད་མ་ཅན་ལས། སྟོང་ཉིད་སྙིང་རྗེ་དབྱེར་མེད་པ་ཞེས་བྱ་བ་ ལ། དུ་བ་ལ་སོགས་པའི་མཚན་མའི་བདག་ཉིད་དུ་གྱུར་པའི་སྟོང་པ་ཉིད་དང༌། རང་རིག་ པའི་ཡེ་ཤེས་ཀྱི་རང་བཞིན་དུ་གྱུར་པའི་སྙིང་རྗེ་ནི་དབྱེར་མེད་པའི་ངོ་བོ། གང་ལ་ཡོད་པ་དེ་ སྟོང་ཉིད་སྙིང་རྗེ་དབྱེར་མེད་པའོ། །ཞེས་པའོ། །ཤེས་རབ་མིག་ཅེས་བྱ་བ་ནི་སྟོང་པ་ཉིད་ འབའ་ཞིག་མ་ཡིན་ཏེ། སྟོང་པ་ཉིད་ཀྱི་གཟུགས་ནི་མཆོག་ཏུ་མི་འགྱུར་བའི་རང་བཞིན་དུ་ གྱུར་པའི་ཕྱིར་རོ། །ཞེས་དང༌། ཤེས་རབ་མིག་ཅེས་བྱ་བ་ནི་རྣམ་པ་ཐམས་ཅད་དང་ལྡན་པའི་ སྟོང་པ་ཉིད་ཡིན་ལ་དེ་ཉིད་ཡེ་ཤེས་ཡིན་ཏེ། དངོས་པོ་ཐམས་ཅད་ཀྱི་རང་བཞིན་ (ཏེ་དོན་དམ་ པར་གྲུབ་པའི་བདེན་དངོས་)མེད་པ(འི་སྟོང་ཉིད་ཟབ་མོ་)ཤེས་པར་མཛད་པའི་ཕྱིར་རོ། །ཞེས་དང༌། དེ་ བཞིན་དུ་དཀར་མོ་འབར་བ་དང་ཟླ་བ་འབར་བ་ལ་སོགས་པ་ལྷ་མོ་རྣམས་གང་ཡིན་པ་དེ། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་སམ། ཡང་ན་དུ་བ་ལ་སོགས་པའི་རྟགས་ རྣམས་སུ་ཤེས་པར་བྱའོ། །ཞེས་སོགས་སྒྲུབ་ལེའི་ཐོག་མར་ངོ་བོ་ཉིད་སྐུ་ངོས་འཛིན་པའི་ སྐབས་སུ་གསུངས་ཏེ། དེ་དག་གིས་དུ་སོགས་འཁྲུལ་སྣང་ཡིན་པ་རྨེག་མེད་པར་བྱས་པར་ གསལ་ལོ། །དེ་ལྟར་དུ་དུས་ཞབས་སྙན་རྒྱུད་ལས་ཀྱང་གསུངས་ལ། རྗེ་ཤ་ཝ་རི་པས་ཀྱང༌། སྣ་ ཚོགས་གཟུགས་བརྙན་འོད་གསལ་ཡིན། །ཞེས་སོ། །གཞན་ཡང༌། དང་པོར་ཐོག་མཐའ་དང་ བྲལ་ཞིང༌། །བར་མ་ཙམ་ཞིག་བརྟེན་པར་བྱ། །དེ་ལ་གནས་ཤིང་དེ་སྤོང་གང༌། །དེ་ལས་ མཚན་མ་བཅུ་འབྱུང་ངོ་ (འདིར་འགྱུར་ཅུང་མི་འདྲ་ནའང་དོན་ལ་ཁྱད་མེད་པས་གོང་དུ་བཤད་ཟིན་ཏོ)། །ཞེས་ དང༌། །(བསྒོམ་བྱའི་)དངོས་མིན་ (ཏེ་སྟོང་ཉིད་དེ་ཡང་ཆད་སྟོང་མིན་གྱི་)དངོས་པོར་བསྟེན་ནས་ (ཏེ་འཆར་རྒྱུ་ 3-1-23 ཡོད་པའི་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་ལ་མཉམ་པརབཞག་ནས་)སུ། །(ལས་སྣང་གི་)དངོས་པོ་ (དོན་དམ་པར་ བདེན་པའི་)དངོས་པོ་མིན་པར་ (ཤེས་པར་)བྱེད(ཅིང་)། །(རྣམ་རྟོག་གི་)སེམས་ (རྣམས་)ནི་སེམས་ མིན་ (པར་)བྱས་ནས་ (ཏེ་རྣམ་རྟོག་དང་བྲལ་བར་བྱས་ནས་)སུ། །(མཉམ་བཞག་ཟབ་མོའི་སྐབས་སུ་ཡོད་མེད་ སོགས་)ཅི་ཡང་སེམས་པར་མི་བྱའོ། །ཞེས་པས་ཀྱང་འཁྲུལ་སྣང་ལ་གནོད་དོ། །གཞན་ཡང༌། དུ་སོགས་དེ་དག་སེམས་འགྲེལ་སོགས་སུ་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཕྱག་རྒྱ་ཆེན་པོ་ ཡིན་པར་གསུངས་པ་དེ་མི་འཐད་པར་འགྱུར་ཏེ། སོ་སྐྱེ་ལས་དང་པོ་པ་དེའི་འཁྲུལ་སྣང་ཡིན་ པའི་ཕྱིར་རོ། །ཇི་སྐད་དུ། རྗེ་བཙུན་འཇམ་དཔལ་གྱིས་ (མཛད་པའི་)རང་གི་ལྟ་བའི་འདོད་པ་ མདོར་བསྟན་པར། (མཚན་ཉིད་ཐེག་པའི་དབུ་མ་པས་)ཕུང་པོ་ (ཁམས་སྐྱེ་མཆེད་སོགས་ལ་ཐོས་བསམ་གྱི་རིགས་ པས)རྣམ་ (པར་)དཔྱད་ (དཔྱད་པའི་)སྟོང་ཉིད་ (དེ་)ནི། །ཆུ་ཤིང་ཇི་བཞིན་ (དཔྱད་བཟོད་ཀྱི་)སྙིང་པོ་ (ཅི་ཡང་)མེད་ (ལ)། །(སྟོང་གཟུགས་དུ་བ་སོགས་)རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སྟོང་ཉིད་དེ་ (ནི་ ཆུ་ཤིང་ལྟར་སྙིང་པོ་མེད་པ་)ལྟར་འགྱུར་བ་མིན(ཏེ་དོན་དམ་དཔྱོད་པའི་རིགས་པས་དཔྱད་བཟོད་ཅིང་ཐེག་ཆེན་ འཕགས་པའི་མཉམ་བཞག་ཡེ་ཤེས་ཀྱིས་མངོན་སུམ་དུ་གཟིགས་པའི་ཆོས་ཉིད་ཡིན་པའི་ཕྱིར་རོ)། །(རྒྱུ་རྐྱེན་ལས་)སྐྱེས་ པ་མེད་པ་འགག་ (པའམ་འཇིག་པ་)མེད་པའི། །ཤེས་བྱ་ (རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ཆེན་པོ་)གང་ ཞིག་ (སོར་སྡུད་སོགས་ཀྱི་སྐབས་)འདིར་ (མངོན་སུམ་དུ་གསལ་བར་)མཐོང་བ། །(དེ་ནི་)སྟོང་པའི་དངོས་ པོ(སྟེ་ཡང་དག་པའི་རྣལ་འབྱོར་གྱིས་མངོན་སུམ་དུ་མཐོང་རྒྱུ་ཡོད་པ)འི་སྟོང་པ་ཉིད(ཡིན་གྱི་མཚན་ཉིད་ཐེག་པའི་དབུ་ མ་པས་)། །ཕུང་པོ་ (ཁམས་སྐྱེ་མཆེད་)རྣམས་ (ལ་ཐོས་བསམ་གྱི་རིགས་པས་ལེགས་པར་)རྣམ་ (པར་)དཔྱད་ པ་ (ན་ཅིར་ཡང་གྲུབ་པ་མེད་པས་ཡོངས་གཅོད་དུ་ཤེས་བྱ་མིན་གྱི་དགག་བྱ་རྣམ་པར་དཔྱད་པ་ཙམ་གྱི་ཤེས་བྱ་ཡིན་ཞེས་འདོད་ པ་ལྟ་བའི་སྟོང་ཉིད་)མིན(ཏེ་དེ་འདྲའི་དགག་བྱ་རྣམ་པར་དཔྱད་ཙམ་གྱི་སྟོང་པ་དེ་ནི་གང་གིས་ཀྱང་མངོན་སུམ་དུ་གསལ་བར་ མཐོང་མི་སྲིད་པའི་ཕྱིར་ཏེ། མེད་དགག་ཡིན་པའི་ཕྱིར་རོ། །ཁྱབ་པ་ཡོད་དེ། མེད་དགག་འཛིན་པའི་བློ་ཡིན་ན་རྣམ་རྟོག་ཡིན་ པའི་ཁྱབ་པའི་ཕྱིར་ཏེ། ཐེག་ཆེན་འཕགས་པའི་མཉམ་བཞག་ཡེ་ཤེས་ཀྱིས་མངོན་སུམ་དུ་གསལ་བར་གཟིགས་ན་མ་ཡིན་དགག་ 3-1-24 མཚན་ཉིད་པ་ཡིན་པས་ཁྱབ་ཅིང༌། །མ་ཡིན་དགག་མཚན་ཉིད་པ་ཡིན་ན་སྒྲུབ་པའི་ཆོས་ཡིན་པར་རྒྱ་གར་མཁས་མང་གིས་ བཤད་ཅིང༌། བཀའ་བསྟན་བཅོས་དྲི་མ་མེད་པ་རྣམས་ཀྱི་དགོངས་དོན་ཡིན་པའི་ཕྱིར་རོ)། །ཞེས་སོ། །རྗེ་བཙུན་གྱིས་ ཀྱང༌། ཕྲ་རབ་རྡུལ་གྱི་ཆོས་ (ཡིན་པ་)ཉིད་ (ལས་)འདས། །པྲ་ཕབ་པ་ཡི་ (མེ་ལོང་ལ་རྐུན་པོའི་གཟུགས་ གསལ་བར་མཐོང་བ་ལྟར་རྣལ་འབྱོར་པའི་མངོན་སུམ་ལ་གསལ་བར་སྣང་བའི་)རང་བཞིན་ཅན། །(ལས་གཟུགས་མིན་ གྱི་འོད་གསལ་དུ་སོགས་)རྣམ་པ་ཀུན་གྱི་མཆོག་ (དང་)ལྡན་མ། །ཕྱག་རྒྱ་ཆེན་མོ་ (ཆོས་ཀྱི་དབྱིངས་)དེ་ ལ་འདུད། །ཅེས་ཏེ། གཞན་ཡང་ཤིན་ཏུ་མང་བར་བཞུགས་ཀྱང་མང་པས་འཇིགས་ནས་མ་ བྲིས་སོ། །དེའི་ཕྱིར་དུ་སོགས་འོད་གསལ་འཁྲུལ་སྣང་མ་ཡིན་པ་ཞེས་བྱ་བར་འཐད་པ་ཡིན་ ནོ། ། ༈ (གཉིས་པ་ལམ་བདེན་ཡིན་པ་དགག་པ་ནི། ཆོས་རྗེ་བླ་མ་དམ་པ་བསོད་ནམས་ཀྱི་མཚན་ཅན་དང༌། གཞན་སྦྱོར་ དྲུག་པ་)ཡང་ཁ་ཅིག་དུ་སོགས་དེ་རྣམས་ལམ་བདེན་ཡིན་ཏེ། མཐོང་མཁན་གྱི་བློའི་རང་སྣང་ ཡིན་ལ། དེ་ལམ་བདེན་ཡིན་པའི་ཕྱིར། དེས་ན་དུ་སོགས་འཁྲུལ་སྣང་མིན་ལ། དོན་དམ་ ཡང་མིན་ནོ་ཅེས་ཟེར་བར་ཐོས་སོ། །ཐད་པར་མ་མཐོང་སྟེ། རྗེ་ནཱ་རོ་པས། དང་པོའི་སྒྲ་ལས་ ཕྱག་རྒྱ་ཆེན་མོའི་གཟུགས་སྔ་མ་དུ་བ་ལ་སོགས་པའི་གཟུགས་ཆོས་ཀྱི་ཕྱག་རྒྱའི་དམིགས་ པ་ཡིས། ཞེས་སོགས་དང༌། གཟུགས་ཕྱི་མ་སྣ་ཚོགས་གཟུགས་ཅེས་བྱ་བ་ཕྱག་རྒྱ་ཆེན་མོ་ གོམས་པ་ཡིས། ཞེས་གསུངས་ལ། འདིར་ཕྱག་རྒྱ་ཆེན་མོ་ཡང་རྣམ་ཀུན་མཆོག་ལྡན་གྱི་ཆོས་ དབྱིངས་ཉིད་ལ་འཆད་པའི་སྐབས་སོ། །ཡང༌། སོ་སོར་སྡུད་པ་ཕྱག་རྒྱ་ཆེ། །ནམ་མཁའ་སྟོང་ པའི་མཚན་ཉིད་དོ། །ཞེས་པ་དང་ཡང་འགལ་ཞིང༌། རྗེ་བཙུན་གྱིས། རྣམ་པ་ཐམས་ཅད་པ། ནམ་མཁའ་ལས་བྱུང་བ། ཀུན་ཏུ་བཟང་པོ། དབང་པོ་ཐམས་ཅད་པ། སེམས་ཅན་ཐམས་ ཅད་ཀྱི་བདག་ཉིད་དུ་གནས་པ། ལྷན་ཅིག་སྐྱེས་པའི་དགའ་བ་ཞེས་སོགས་སྔར་དྲངས་པ་ རྣམས་ཀྱིས་གནོད་དོ། །ནཱ་རོ་པས། (སོར་སྡུད་སོགས་ཀྱི་རྣལ་འབྱོར་པའི་སྒོམ་ཏིང་ངེ་འཛིན་གྱི་)སེམས་ཀྱི་ 3-1-25 དུས་གསུམ་པའི་སྣ་ཚོགས་ (འོད་གསལ་གྱི་)གཟུགས་ཀྱང་དངོས་པོ་མ་ཡིན་ཏེ། དེ་རྣམས་འདས་ པ་ (མ་འོངས་ད་ལྟར་བ)ལ་སོགས་པའི་དངོས་པོའི་ངོ་བོ་ཉིད་དུ་མེད་པའི་ཕྱིར་དང༌། རྡུལ་ཕྲ་རབ་ ཀྱི་ཆོས་ཉིད་ལས་འདས་པ་ཉིད་ཀྱི་ཕྱིར་རོ། །ཞེས་ཏེ་ (དེ་རྣམས་འདས་པ་ལ་སོགས་པའི་ཞེས་སོགས་) ཚིག་དང་པོས་ (སྟོང་གཟུགས་དེ་)འདུས་བྱས་ཀྱི་རིག་པ་ཡིན་པ་བཀག་གོ(འདུས་བྱས་ཡིན་ན་དུས་གསུམ་ གྱི་དངོས་པོ་འདུས་པ་ཡིན་པའི་ཕྱིར་རོ། །རྡུལ་ཕྲ་རབ་ཅེས་སོགས་ཚིག་གཉིས་པས་བེམ་དངོས་ཡིན་པ་བཀག་གོ །འདུས་ བྱས་ཀྱི་བེམ་རིག་གང་ཡང་མ་ཡིན་ན་དངོས་པོ་མིན་པས་ཁྱབ་བོ)། །(གྲུབ་ཐོབ་དཔེ་མེད་མཚོའི་སྦྱོར་དྲུག་གི་འགྲེལ་པར་) སློབ་དཔོན་ཆེན་པོ་ཉི་མ་དཔལ་ཡེ་ཤེས་ཀྱིས། ཆོས་ཀྱི་དབྱིངས་ནི་ནམ་མཁའ་ལ་སྣ་ཚོགས་ གཟུགས་རྣམ་པ་ཐམས་ཅད་དང་ལྡན་པའི་སྟོང་པའོ། །ཞེས་སོ། །(དུས་འཁོར་འགྲེལ་ཆེན་མདོར་ བསྡུས་དང་པོའི་)བཤད་སྦྱར་སྙིང་པོ་སྣང་བར(སློབ་དཔོན་ཨ་ཙ་ལ་གར་བྷས་མཛད་པར)། དེ་ལྟར་ (སོར་ སྡུད་སོགས་ཀྱི་)སེམས་ཀྱི་སྣང་བ་ཙམ། (ཡིན་གྱི་ཕྱི་ནང་གི་དངོས་པོ་མིན་པའི་དུ་སོགས་སྟོང་གཟུགས་ནི་)ཆོས་ཀྱི་ དབྱིངས་ (ཡིན་པས་དེ་)ནི་ཕྱག་རྒྱ་ཆེན་མོ་ཞེས་བརྗོད་དོ། །ཞེས་ཏེ། དེ་ལྟར་ཡུལ་དེ་དག་ཆོས་ ཉིད་དུ་ (དམ་ཆོས་དབྱིངས་སུ་)བཤད་པས་དེ་དག་ལམ་བདེན་མིན་པར་ཆེས་གསལ་བར་གྲུབ་པོ། ། ༈ (གསུམ་པ་ཡུལ་ཅན་ཤའི་མིག་སོགས་འགོག་བདེན་ཡིན་པ་དགག་པ་ནི། )ཡང་ (ཆོས་རྗེ་ཀུན་མཁྱེན་ཆེན་པོའི་བུ་ ཆེན། བླ་མ་ཀུན་སྤངས་ཆོས་གྲགས་པ། བླ་མ་ས་བཟང་ལོ་ཙྪ་བ། བླ་མ་ཇོ་ནང་ལོ་ཙྪ་བ་སོགས་)གཞན་དག་ནི། ཆོས་ ཉིད་ཀྱི་ཤའི་མིག་ལ་སོགས་པ་སྤྱན་ལྔས་ཆོས་ཉིད་ཀྱི་དུ་སོགས་མཐོང་བས། དུ་སོགས་ཀྱི་ ཡུལ་ཡུལ་ཅན་གཉིས་ཀ་ཆོས་ཉིད་འགོག་པའི་བདེན་པ་ཁོ་ན་ཡིན་ཏེ། མིག་གཞན་གྱིས་ གཟུགས་གཞན་མཐོང་ཞེས་སོགས་གསུངས་པས། གཞན་ཞེས་པ་ཆོས་ཉིད་དོན་དམ་པ་དེ་ ཁོ་ན་ལ་ཟེར་བའི་ཕྱིར་ཅེས་སོ། །མི་རིགས་པར་མངོན་ཏེ། སྐབས་འདིར་བཤད་པའི་སྤྱན་ལྔ་ པོ་དེ་རིམ་གྱིས་སྐྱེ་བ་མིན་པར་འགྱུར་ཏེ། ཆོས་ཉིད་དེ་བཞིན་ཉིད་ཡིན་པའི་ཕྱིར། རྟགས་དང་ 3-1-26 (དངོས་སུ་ཁས་བླངས་ཤིང༌། ཆོས་ཉིད་དང་དེ་བཞིན་ཉིད་ཡིན་ན་འདུས་མ་བྱས་ཀྱི་རྟག་པར་བཞེད་པས་)ཁྱབ་པ་ཁས་ བླངས་སོ(ཁྱབ་པ་ཚད་མས་ཀྱང་གྲུབ་བོ)། །འདོད་མི་ནུས་ཏེ། སྐུ་བཞིའི་མདོར་བསྡུས་སུ། དེ་ལྟར་ རིམ་པས་ཤའི་སྤྱན་དང་ལྷའི་སྤྱན་དང་སངས་རྒྱས་ཀྱི་སྤྱན་དང་ཤེས་རབ་ཀྱི་སྤྱན་དང་ཡེ་ཤེས་ ཀྱི་སྤྱན་ནི་བསྒོམས་པའི་སྟོབས་ཀྱིས་འབྱུང་བར་འགྱུར་རོ། །ཞེས་དང༌། [སྒྲུབ་ལེའི་འགྲེལ་ བར་ཡང༌། ] (ཡིད་ཆེས་གསུམ་ལྡན་གྱི་ལམ་སྒོམ་པའི་སྐབས་)འདིར་དང་པོར་ (སོ་སོར་སྡུད་ཀྱི་)ལས་དང་ པོ་པའི་རྣལ་འབྱོར་པ(གཞན་སེམས་ཤེས་པ་སོགས་ཀྱི)ས། མངོན་པར་ཤེས་པ་ (གང་ཡང་)མེད་པ(འི་ བ)ར་ (ལ་)ཤའི་མིག་གིས་ (འོད་གསལ་སྟོང་གཟུགས་)སྣ་ཚོགས་མཐོང་ངོ༌། །དེ(འི་རྗེས་)ནས་མངོན་ པར་ཤེས་པ(དང་པོ་ལྔ་ཆར་རམ་གང་རུང་ཐོབ་པ)འི་མཚམས་ཀྱི་དབང་གིས་ལྷའི་མིག་གིས་ (འོད་གསལ་ སྟོང་གཟུགས་)མཐོང་ངོ༌། །དེ་ནས་ (འཁྲིག་པའི་)ཆགས་པ་ (འཛག་བདེ་ལ་སྲེད་པ་)དང་བྲལ་བ(འཛིན་པ་ ཐོབ་ནས་འཛག་མེད་ཀྱི་བདེ་བ་ཁྱད་པར་ཅན་ཐོབ་པ)འི་མཚམས་ཀྱི་དབང་གིས་སངས་རྒྱས་ཀྱི་སྤྱན་གྱིས་ གཟིགས་སོ། །དེ་ནས་བྱང་ཆུབ་སེམས་དཔ(འ་འཕགས་པ)འི་མཚམས་ཀྱི་དབང་གིས་ཤེས་རབ་ ཀྱི་སྤྱན་གྱིས་གཟིགས་སོ། །དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་མཚམས་ཀྱི་ ཐུགས་ཀྱི་དབང་གིས་ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་ཏེ། ལྷག་མ་ཀུན་ལས་རྣམ་གྲོལ་ཞིང༌། ། ཞེས་སོ། །ཞེས་ (འདིར་བཤད་པའི་སྤྱན་ལྔ་)རིམ་གྱིས་སྐྱེ་བར་གསུངས་པ་དང་འགལ་ལོ། །རིམ་ གྱིས་སྐྱེ་བར་བྲམ་ཟེ་བསོད་སྙོམས་པས། (མཛད་པའི་སྙིང་པོ་རྒྱན་གྱི་སྒྲུབ་ཐབས་ཞེས་པ་དུས་འཁོར་ཕྱོགས་ཀྱི་ བསྟན་བཅོས་གཅིག་ལས་)ཀྱང་གསུངས་ལ། (ར་འབྲོའི་)བླ་མ་གོང་མ་རྣམས་ཀྱང་བཞེད་དོ། །གཞན་ ཡང་འདུས་བྱས་ཀྱི་ཤའི་མིག་གཏན་མི་སྲིད་པར་འགྱུར་ཏེ། སོ་སྐྱེ་ལས་དང་པོ་པ་དེའི་དུ་ སོགས་མཐོང་བའི་ཤའི་མིག་དེ་འདུས་མ་བྱས་འགོག་བདེན་ཡིན་ (པར་ཁྱེད་ཀྱིས་ཁས་བླངས་) ཅིང༌། དེ་ལྟར་ན་ཤའི་མིག་གང་ཡིན་ཐམས་ཅད་འགོག་བདེན་འདུས་མ་བྱས་སུ་རྒྱུ་མཚན་ ཐམས་ཅད་ནས་ཐམས་ཅད་དུ་མཚུངས་པའི་ཕྱིར་རོ། །གཞན་ཡང་དུ་སོགས་འོད་གསལ་ 3-1-27 མཐོང་བའི་ལས་དང་པོ་པ་དེ་དང་ཁྱི་ཕག་ལ་སོགས་པ་དེ་རྣམས། ཆོས་ཉིད་མངོན་སུམ་དུ་ གསར་དུ་མཐོང་བའི་ཡེ་ཤེས་ཡོད་མེད་ཁྱད་པར་མེད་པར་འགྱུར་ཏེ། དེ་རྣམས་ལ་ཆོས་ཉིད་ མངོན་སུམ་དུ་གསར་དུ་མཐོང་བའི་འདུས་བྱས་ཀྱི་བློ་ནི་མེད་ (པར་ཁྱེད་ཀྱིས་ཁས་བླངས་ཤིང༌། )དེ་ རྣམས་ཀྱི་ཆོས་ཉིད་ཀྱི་ཤ་ལ་སོགས་པའི་མིག་གིས་ནི་ཆོས་ཉིད་དུ་སོགས་རྟག་ཏུ་མཐོང་བའི་ ཕྱིར། རྟགས་ཐམས་ཅད་ཁས་བླངས་ལ། འདོད་པར་མི་ནུས་ཏེ། དུ་སོགས་འོད་གསལ་ཆོས་ ཉིད་ཡིན་པར་ཁྱེད་ (ཀྱང་)འདོད་ལ། དེ་ལྟར་ན་དེ་འདྲའི་ཁྱད་ཡོད་པར་ངེས་སོ། །གཞན་ཡང་ དབེན་པ་གསུམ་བསྟེན་པ་དང༌། མི་གཡོ་བ་གསུམ་ལྡན་ལ་སྔར་མེད་ཀྱི་ཡེ་ཤེས་གསར་དུ་ བསྒྲུབས་པའི་དགོས་པ་མེད་པར་འགྱུར་ཏེ། ལས་དང་པོ་པའི་སྐབས་སུ་དུ་སོགས་མཐོང་ པའི་འདུས་བྱས་ཀྱི་བློ་ནི་མེད་ (པར་ཁྱེད་ཀྱིས་ཁས་བླངས་ཤིང)ཆོས་ཉིད་ཀྱི་ཤའི་མིག་སོགས་ཀྱི་ཡེ་ ཤེས་ནི་སྔར་ནས་ཡོད་ (པར་ཁྱེད་ཀྱང་འདོད་དེ། དེ་དག་ལས་མ་གཏོགས་པའི་)གཞན་ཡེ་ཤེས་ནི་སྐབས་ དེར་མེད་པའི་ཕྱིར་རོ། །གཞན་ཡང་ཁོ་བོས་དུ་སོགས་འོད་གསལ་མཐོང་ངོ་ཞེས་པའི་ངེས་ ཤེས་དོན་མཐུན་རྣལ་འབྱོར་པ་དེའི་རྒྱུད་ལ་སྐྱེས་གདའ་བ་ལ་བསྙོན་དུ་མེད་དོ། །དེ་འདྲའི་ ངེས་ཤེས་དེའི་སྐྱེད་བྱེད་ཀྱི་རྒྱུ་གང་ཡིན་བརྗོད་དགོས་ཏེ། དེའི་རྒྱུད་ལ་དུ་སོགས་མངོན་སུམ་ དུ་མཐོང་བའི་འདུས་བྱས་ཀྱི་བློ་ནི་མེད་ (པར་ཁྱེད་ཀྱིས་ཁས་བླངས)འདུས་མ་བྱས་ནི་སྐྱེད་བྱེད་ཀྱི་ རྒྱུར་མི་རུང་བའི་ཕྱིར་རོ། །སྤྲོས་པས་ཆོག་གོ ། ༈ (གཉིས་པ་ལ་གསུམ་སྟེ། འཁྲུལ་པ་སྣང་ཡིན་པ་བཀག་པའི་སྐྱོན་སྤོང་གི་ལན་དགག ལམ་བདེན་ཡིན་པ་བཀག་པའི་ སྐྱོན་སྤོང་གི་ལན་དགག ཤའི་མིག་འགོག་བདེན་ཡིན་པ་བཀག་པའི་སྐྱོན་སྤོང་གི་ལན་དགག་པའོ། །དང་པོ་ནི། )གལ་ཏེ་ དེ་འདྲའི་སྐབས་ཀྱི་དུ་སོགས་འཁྲུལ་སྣང་ཡིན་ཏེ། རང་གི་སེམས་ཀྱི་སྣང་བ་ཙམ་ཞེས་དང༌། རྨི་ལམ་སྒྱུ་མ་མིག་འཁྲུལ་སོགས་དང་པྲ་ཕབ་པའི་དཔེ་དང་སྦྱར་ནས་གསུངས་པའི་ཕྱིར། ཞེ་ ན། གསུངས་པ་ནི་བདེན་ན། དགོངས་པ་ཤེས་དགོས་ཏེ། སྨན་དཔྱད་ཀླག་པ་ཙམ་གྱིས་སྨན་ 3-1-28 སྦྱོར་ཤེས་ནས་ནད་པ་ལ་མི་ཕན་པ་ལྟར་རོ། །(རྒྱུད་ཚིག་དེའི་སྐབས་)འདིར་ (སྒོམ་བྱུང་གི་)མི་རྟོག་ཡེ་ ཤེས་དེ་ལ་རང་གི་སེམས་ཞེས་གསུངས་པ་ཡིན་ཏེ། དེ་ལྟར་གསུངས་པའི་རྒྱུ་མཚན་ཡང༌། (སྒོམ་པ་ལས་བྱུང་བའི་)ངེས་དོན་གྱི་རྣལ་འབྱོར་ཟབ་མོ་སྟོན་པའི་སྐབས་ཡིན་ལ། (སེམས་ལ་གནས་ ལུགས་གཉིས་ཏེ། ཡང་དག་ཀུན་རྫོབ་ཡིན་པའི་གནས་ལུགས་དང༌། དོན་དམ་བདེན་པ་ཡིན་པའི་གནས་ལུགས་སོ། །དང་པོ་ནི་ སྒོམ་བྱུང་གི་)མི་རྟོག་ཡེ་ཤེས་དེ་སེམས་ཀྱི་གནས་ལུགས་ (ཡང་དག་ཀུན་རྫོབ་པ་)ཡིན་པས། རང་གི་ སེམས་ཞེས་ཉེ་བའི་ཚིག་གིས་གསུངས་ལ། རྣམ་རྟོག་སྣ་ཚོགས་ (ཁ་ཕྱིར་བལྟས་པའི་འཁྲུལ་ཤེས་) འདི་གློ་བུར་བ་ཡིན་པས་ (ཡང་དག་ཀུན་རྫོབ་ཙམ་དུ་གྲུབ་པའི་)གནས་ལུགས་ཀྱང་མ་ཡིན་པའི་ཕྱིར་ སྐབས་འདིར་རང་གི་སེམས་ཞེས་མ་གསུངས་སོ། །དེ་ལྟར་ཡིན་པ་ཅིས་ཤེས་ན་ལུང་ལས་ཏེ། བསྡུས་རྒྱུད་དུ། (སེམས་)གང་ཞིག་མཁའ་ཡི་ཤེས་རབ་ལ་འཁྱུད་ (པ་སྟེ་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ ཉིད་མངོན་སུམ་དུ་བྱས་པའི་སོར་སྡུད་བསམ་གཏན་གྱི་རྣལ་འབྱོར་པ་མཐར་ཞུ་བདེ་འགྱུར་མེད་ཀྱི་)ལྷན་ (ཅིག་)སྐྱེས་ (པའི་)བདེ་བ(དང་རོ་གཅིག་པ)ར་གནས་པའི་རང་སེམས་ (སྒོམ་བྱུང་གི་ཡེ་ཤེས་)དེ་ནི་ཐར་པ་ (མཆོག་གི་ དངོས་གྲུབ་མཐར་ཐུག་)སྟེར། །ཞེས་གསུངས་ཤིང༌། པདྨ་ཅན་ལས་ཀྱང༌། སྣང་བ་ཙམ་ཞེས་བྱ་བ་ ནི་ (ཕྱི་རོལ་གྱི་རྟ་གླང་རང་མཚན་པའི་)རྫས་ལས་འདས་པར་གྱུར་པའི་རྨི་ལམ་གྱི་ (ཡིད་ཤེས་རྟོག་མེད་ འཁྲུལ་པ་ལ་སྣང་བའི་རྟ་གླང་སོགས་ཀྱི་)གཟུགས་བརྙན་དང༌། ཆུ་ཟླ་བཞིན་དུ་ (གསལ་བར་)མཐོང་བ(ར་ གྱུར་པ)འོ། །ཞེས་དང༌། ཅི་མཐོང་ཞེ་ན། སེམས་ཞེས་བྱ་བ་ནི་ (གཉིས་འཛིན་སོགས་ཀྱི་)བག་ཆགས་ ཀྱི་དྲི་མ་ (ཡིན་པ་)ལས་འདས་པར་གྱུར་པའི་ (སྒོམ་བྱུང་གི་)རང་གི་སེམས་ (མི་རྟོག་པའི་ཡེ་ཤེས་)ཡིན་ གྱི་གཞན་ (གཉིས་འཛིན་ཀྱི་རྟོག་པ་སོགས་)མ་ཡིན་ནོ། །ཞེས་དང༌། (སྔར་བཤད་ལྟར་གྱི་)སེམས་ཀྱི་སྣང་ བ་ཙམ་ཞེས་བྱ་བ་ནི། འདིར་སྟོང་པ་ཉིད་ཀྱི་རང་བཞིན་དུ་གྱུར་པའི་ཕྱིར་ཕྱག་རྒྱ་ཆེན་མོའི་ གཟུགས་ནི། རང་གི་ (རྣམ་པར་མི་རྟོག་པའི་)[སེམས་ཀྱི་]སྣང་བ་ཙམ་ཡིན་གྱི་ཕྱི་རོལ་ཀྱི་དངོས་པོ་ ནི་མ་ཡིན་ཏེ། (སོར་སྡུད་སོགས་ཀྱི་རྣལ་འབྱོར་པ་)རང་གི་ (རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་གྱི་)སེམས་ལ་ 3-1-29 སྣང་བར་གྱུར་པའི་ཕྱིར་རོ། །ཞེས་དང༌། བཤད་སྦྱར་སྙིང་པོ་སྣང་བར། དེ་ལྟར་སེམས་ཀྱི་ སྣང་བ་ཙམ་ཆོས་ཀྱི་དབྱིངས་ནི་ཕྱག་རྒྱ་ཆེན་མོ་ཞེས་བརྗོད་དོ། །ཇི་སྐད་དུ་ཞེས་སོགས་ཀྱི་ རྗེས་སུ། འདི་ཉིད་དུ་གསུངས་པ། སེམས་ཀྱི་སྣང་བ་ཙམ་ཏེ་ (འོད་གསལ་སྟོང་གཟུགས་དུ་སོགས་འདི་ རྣམས་རྣལ་འབྱོར་པ་)རང་གི་ (སྒོམ་བྱུང་གི་)ཡིད་ལས་སྐྱེས་པ་ (སྟེ་བསྒོམས་པའི་སྟོབས་ཀྱིས་མངོན་སུམ་དུ་མཐོང་ བ་སྟེ་དཔེར་ན་པྲ་ཕབ་པའི་)མེ་ལོང་གི་ (ངོས་ལ་)ནི་ (རྐུན་པོའི་)གཟུགས་བརྙན་ (གསལ་བར་མཐོང་བ་)ལྟ་བུ་ ཉིད། ཅེས་སོགས་སྤྱན་དྲངས་ནས་གསུངས་སོ(སོར་སྡུད་སོགས་ཡང་དག་པའི་སྒོམ་མེད་པ་རྣམས་ཀྱིས་མི་ མཐོང་ཞིང་དེ་འདྲའི་རྣལ་འབྱོར་བསྒོམས་པའི་སྟོབས་ཀྱིས་མངོན་སུམ་དུ་མཐོང་བ་ཙམ་ལ་ཡིད་ལས་སྐྱེས་སམ་བསྒོམས་པས་ བྱུང་ཞེས་གསུངས་པ་སྟེ། སྐྱེས་ཞེས་པ་བསྐྱེད་འབྲས་མཚན་ཉིད་པར་ཆོས་རྗེ་ཀུན་མཁྱེན་པའི་སློབ་མ་འགའ་ཞིག་འཆད་པར་ གྲགས་པ་ནི་ནོར་བ་སྟེ། མདོ་མྱང་འདས་ཆེན་པོ་སོགས་སུ་བསྐྱེད་པའི་རྒྱུ་རྟེན་པའི་རྒྱུ་ཞེས་སོགས་བྱེད་རྒྱུ་བཅུ་གསུངས་པ་དང༌། ཆོས་རྗེ་ཆེན་པོས་མ་སྐྱེས་པའི་སྐྱེས་པ། འགལ་འདུས་སྐྱོན་མེད་ཀྱི་སྐྱེས་པ་ཞེས་སོགས་གསུངས་པ་རྣམས་ཀྱི་དོན་མ་གོ་བའོ)། ། དེ་བཞིན་དུ་རྗེ་བཙུན་ཕྱག་ན་རྡོ་རྗེའི་སྔ་ཞལ་ནས། (འོད་གསལ་སྟོང་གཟུགས་)དེ་ནི་རྡོ་རྗེ་རྣལ་ འབྱོར་མ་ (སྔར་བཤད་པ་ལྟར་)རང་གི་སེམས་ཀྱི་སྣང་བ་ཙམ་ཕྱག་རྒྱ་ཆེན་པོ། རྣམ་པ་ཐམས་ཅད་ ཀྱི་མཆོག་དང་ལྡན་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་དང༌། དེ་བཞིན་ཉིད་དང༌། རིགས་ལྡན་མ་ (ནི་རྡོ་རྗེ་རྣལ་འབྱོར་མ་སྟེ་དོན་དམ་པའི་རྡོ་རྗེ་ཕག་མོ)དང༌། (ལྷག་པའི་ལྷ་ནི་གཅིག་པུ་འདི། །རྡོ་རྗེ་ མཁའ་འགྲོའི་པདྨར་གནས། །ཞེས་སོ། །)པདྨ་ཞེས་ (ཀྱང་)བརྗོད་པར་བྱའོ། །ཞེས་སོ། །རྗེ་བཙུན་ཐུགས་ རྗེའི་གཏེར་གྱི་ཞལ་སྔ་ནས་ཀྱང༌། དེ་བཞིན་སེམས་ཀྱི་འོད་གསལ་རྟོག་པ་ཡིས། །བསྒོམ་ པའི་ཐབས་རྣམས་དག་གིས་ (དངོས་སུ་)མི་མཐོང་སྟེ། །ཞེས་སོགས་གསུངས་པའི་ཕྱིར། འཁྲུལ་ སྣང་དུ་ལྟ་ག་ལ་རིགས། ཡང་སྒྱུ་མ་བཞིན་ཞེས་སོགས་དང་དཔེ་དོན་དུ་གསུངས་པས་ཀྱང་ འཁྲུལ་སྣང་དུ་མི་འགྱུར་སྟེ། སྒྱུ་མ་སོགས་བཞིན་དུ་སྣང་ཡང་སྣང་བ་ལྟར་གྱི་དངོས་པོ་འདུས་ བྱས་དེ་དང་དེར་བདེན་པར་མེད་པ་ཙམ་དང་དཔེ་དོན་སྦྱོར་གྱི་འཁྲུལ་སྣང་ཡིན་པའི་ཆ་དེ་ 3-1-30 དཔེར་མི་ལེན་ནོ། །དེ་སྐད་དུ། དཔལ་ལྡན་དཔའ་བོ་ཨིནྡྲ་བྷུ་ཏིས་ཡེ་ཤེས་གྲུབ་པར་གསུངས་ པ། (ཆོས་རྣམས་རང་བཞིན་མེད་པའི་དཔེ་)སྒྱུ་མ་ལ་སོགས་དཔེ་རྣམས་ནི། །(སངས་རྒྱས་ཀྱི་ གདུང་འཚོབ་པའི་)སྲས་ (བྱང་སེམས་དང་)བཅས་ (པའི་)རྒྱལ་བས་བསྟན་ (པར་)མཛད་པ(འི་དགོངས་པ་ ནི)། །(དོན་དམ་པར་བརྟགས་ཤིང་དཔྱད་ན་བདེན་པའི་)དངོས་པོ་མེད་པ(འི་)རྟག་པ་ཙམ(སྟེ་ཀུན་རྫོབ་པ་ཡིན་ གྱི་)། །ཐམས་ཅད་དུ་ (སྟེ་གང་ན་ཡང་)ནི་འགག་ (པ་སྟེ་གཏན་མེད་)མ་ཡིན(ནོ)། །(མཐུན་པའི་)དཔེ་ ཉིད་དང་ནི་ (དཔེས་མཚོན་པར་བྱ་བའི་དོན་གཉིས་པོ་ཕྱོགས་ཐམས་ཅད་ནས་)མཚུངས་པ་རུ། །རྣམ་པ་ཀུན་ཏུ་ (སྟེ་ཐམས་ཅད་ནས་ཐམས་ཅད་དུ་སྦྱར་ནས་)ཆོས་བཤད་ (དགོས་)ན། །(མཐུན་དཔེ་དེ་ཆོས་ཅན། ཁྱོད་དཔེར་བྱས་ ནས་དཔེས་དོན་བསྒྲུབ་པར་རམ་ཤེས་པར་བྱ་དགོས་པའི་གང་ཟག་དེས་སྔར་མ་ཤེས་པ་ད་གཟོད)བསྒྲུབ་ (པར་)བྱ་ (བའམ་ཤེས་པར་བྱ་དགོས་པ་)ཡིན་པ(ར་ཐལ། གང་ཟག་གང་ལ་ཁྱོད་དཔེར་བྱས་ནས་ད་བསྒྲུབ་པར་རམ་ཤེས་པར་བྱ་ དགོས་པའི་དཔེ་ཅན་གྱི་དོན་དེ་དང་རྣམ་པ་ཐམས་ཅད་ནས་ཐམས་ཅད་དུ་མཚུངས་པའི་ཕྱིར། རྟགས་ཁས་བླངས། འདོད་ན) ཐམས་ཅད་དུ(ཏེ་ནམ་ཡང་མཐུན)། །དཔེ་ (ཡང་དག་པ་)ཉིད་དུ་ནི་མི་འགྱུར(བར་ཐལ་ལོ)རོ། །དཔེར་ ན་ (དཔའ་ཞིང་རྩལ་ཆེ་བའི་མི)སྐྱེས་བུ་ (འགའ་)ལ་ (འདི་)སེང་གེ་ (དང་འདྲའོ་ཞེས་པ)འི། །(མཐུན་)དཔེ་ནི་ འཇིག་རྟེན་པ་ལ་ཡོད(མོད)། །(དེ་གཉིས་)དཔའ་ (ཞིང་རྩལ་ཆེ་བ་)སོགས་ཡོན་ཏན་ (དང་)ལྡན་ པ(འི་ཆ་ནས་མཚུངས་པ)ས་ཏེ། །མཇུག་མ་ (དང་སྡེར་མོ་)ལ་སོགས་ཡོད་ (པ་)མ་ཡིན། །(པ་བཞིན་ནོ། ། དཔེ་དོན་ཕྱོགས་ཐམས་ཅད་ནས་མཚུངས་དགོས་པ་མ་ཡིན་པ་)དེ་བས་ (ཕུང་སོགས་)དངོས་པོ་ཐམས་ཅད་ནི། ། ངོ་བོ་ཉིད་ཀྱིས་ (ཏེ་དོན་དམ་པར་དཔྱད་བཟོད་ཀྱི་ཕུང་སོགས་ཀྱི་དངོས་པོ་)ཐམས་ཅད་ (དུ་གང་དུ་ཡང་བདེན་པར་ གྲུབ་པ་)མིན(ཏེ་སྒྱུ་མ་སོགས་བཞིན། ཞེས་དཔེ་དོན་སྦྱོར་གྱི་གཏན་མེད་དམ་ཀུན་རྫོབ་ཙམ་དུ་ཡང་བདེན་པར་མ་གྲུབ་ཅེས་ དཔེ་དོན་མི་སྦྱོར་རོ)། །(གསུང་རབ་ཀྱི་དགོངས་དོན་ཟབ་མོ་རྣམས་ངེས་དོན་གྱི)ལུང་དང་རིགས་ (པ་རྣམ་པར་དག་) པའི་རྗེས་ (སུ་)འབྲངས་ཏེ། །སྐྱེས་བུ་ (ཤེས་རབ་)མཆོག་ (དག་)གིས་ (སྔར་བཤད་པ་ལྟར་དཔེ་དོན་དང་ སྦྱར་ནས་)རྟོགས་པར་བྱ(དགོས་པ)། །དེས་ན་ (དབུ་མ་པར་ཁས་འཆེ་བ་)ཁྱེད་ཀྱིས་ (ཆོས་ཐམས་ཅད་རང་ 3-1-31 བཞིན་མེད་པ་སྒྱུ་མ་སོགས་བཞིན། ཞེས་གསུངས་པའི་དོན་སྒྱུ་མ་བཞིན་དུ་ཆོས་ཐམས་ཅད་ཅིར་ཡང་གྲུབ་པ་མེད་ཅེས་སམ་དོན་ དམ་པར་གྲུབ་པ་མེད་པས་དོན་དམ་པའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱང་གྲུབ་པ་མེད་ཅེས་)གང་སྨྲས་པ(ནི)། །(གནས་ ལུགས་ཀྱི་དོན་ལ་ཤེད་མ་བྱེ་བའི་བླང་དོར་ཤེས་པའི་སྟོབས་མ་སྐྱེ་བ་བའི)བྱིས་པ་ (སོ་སྐྱེ་དག་)འདྲིད་པ་ (སྟེ་མགོ་རྨོངས་ ཤིང་བསླུ་བར་བྱེད་པ)འི་ཐབས་ཡིན་གྱི། །(འཁོར་བར་འཁྱམས་པའི་)འགྲོ་བ་ (འཁོར་བ་ལས་)འདོན་པའི་ (སྙིང་རྗེའི་)བསམ་པ་ཡིས། །(ཀུན་ནས་བསླང་སྟེ་ལུང་དོན། )བདེན་པར་སྨྲས་པ་དེ་མ་ཡིན། །ཇི་ལྟར་ རི་བོང་རྭ་དང་ནི། །དེ་བཞིན་མོ་གཤམ་བུ་ལྟ་བུར། །(སྦྱིར་)དངོས་པོ་ཐམས་ཅད་ (དང་ཁྱད་པར་དུ་ ལྷན་སྐྱེས་ཡེ་ཤེས་སོགས་ནི་ངེས་དོན་གྱི་ལུང་)གང་དུ་ཡང༌། །རྒྱལ་བས་དངོས་མེད་ (དེ་ཅིར་ཡང་གྲུབ་པ་མེད་ ཅེས་མ་གསུངས་ཞེས་སམ་རྒྱལ་བས་གང་དུ་ཡང་དངོས་མེད་དུ་མ་གསུངས་ཞེས་གོང་འོག་དཀྲུགས་ཏེ་གང་དུ་ཡང་དངོས་མེད་དེ་ ཅིར་ཡང་གྲུབ་པ་མེད་ཅེས་)མ་གསུངས་སོ། །ཞེས་སོགས་བཤད་དེ། ཡེ་ཤེས་དང་སྒྱུ་མ་ལ་སོགས་ དཔེ་དོན་དུ་སྦྱར་ནས་གསུངས་པས། ལྷན་སྐྱེས་ཀྱི་ཡེ་ཤེས་དམ་པ་དེ་མི་བདེན་པར་འགྱུར་ ཞེས་རྒོལ་བ་ན། ལན་དུ་དེ་སྐད་གསུངས་པས་དེ་ལྟར་ཤེས་པར་མཛོད་ཅིག དཔེ་དོན་དེ་ལྟར་ དུ་སྦྱར་བར་དགོངས་འགྲེལ་གྱི་འགྲེལ་ཆེན་རྒྱའི་མཁན་པོ་ཝེན་ཚེག་གིས་མཛད་པར་ཡང་ གསུངས་སོ། །དེ་བས་ན་དཔེ་དོན་སྦྱོར་བ་ལ་མཁས་དགོས་སོ། །གལ་ཏེ་ལས་དང་པོ་པའི་ སྐབས་ཀྱི་དུ་སོགས་ཀྱི་ཡུལ་ཅན་དེ་འཁྲུལ་ཤེས་ཡིན་ཏེ། ཁོའི་ཡུལ་དུ་སོགས་ཏེ་ཕྱི་རོལ་ཀྱི་དུ་ སོགས་འདི་མ་ཡིན་པ་ལ་ཕྱི་རོལ་ཀྱི་དུ་སོགས་འདི་ལྟ་བུར་སྣང་བའི་ཕྱིར་ཞེ་ན། (བློའི་འཇུག་ཚུལ་ ཕྲ་མོར་དཔྱད་ན་)རྟགས་ཟུར་ཕྱི་མ་དེ་མ་གྲུབ་སྟེ། དེ་འདྲའི་རྣལ་འབྱོར་དེ་ལ་ཕྱི་རོལ་ཀྱི་དུ་སོགས་ འདི་ལྟར་དུ་སྣང་བ་མ་ཡིན་ཏེ། དེ་ནི་རྟོག་པའི་སྣང་ཚུལ་ཡིན་ལ། (སོར་སྡུད་སོགས་ཀྱི་རྣལ་འབྱོར་) འདི་ནི་མི་རྟོག་ཡེ་ཤེས་ཡིན་པའི་ཕྱིར། དེ་བས་ན། ཁོ་ལ་སྣང་བའི་དུ་སོགས་དེ་ཕྱི་རོལ་གྱི་དུ་ སོགས་འདི་ལྟ་བུ་ཡིན་གྱི། (སོར་སྡུད་སོགས་ཀྱི་)ཡེ་ཤེས་དེ་ལ་དེ་ལྟར་སྣང་བ་མ་ཡིན་ནོ། །རྟགས་ གྲུབ་ཏུ་ཆུག་ཀྱང་མ་ཁྱབ་སྟེ། རྫོགས་པའི་སངས་རྒྱས་ཀྱི་སོ་སོར་རྟོག་པའི་ཡེ་ཤེས་ཀྱང་ 3-1-32 འཁྲུལ་ཤེས་སུ་འགྱུར་ཏེ། ཀུན་རྫོབ་འདི་དག་སྒྱུ་མ་མཁན་གྱིས་གསར་དུ་སྤྲུལ་བའི་སྒྱུ་མ་མ་ ཡིན་པ་ལ། དེ་འདྲའི་སྒྱུ་མ་ལྟ་བུར་སྣང་བའི་ཕྱིར། ཞེས་སོགས་མཐའ་ཡས་སོ། །གལ་ཏེ་རྗེ་ བཙུན་གསང་བའི་བདག་པོའི་ཞལ་སྔ་ནས། འདིར་རང་བྱིན་གྱིས་བརླབ་པ་ཞེས་བྱ་བ་ནི། སོ་ སོར་སྡུད་པའི་ཀུན་རྫོབ་པའི་སྟོང་པ་ཉིད་མཐོང་པའོ། །ཞེས་གསུངས་པའི་ཕྱིར་འཁྲུལ་སྣང་ དུ་གསལ་བོར་གྲུབ་པོ་ཞེ་ན། གཟིས་འབིགས་པའི་ཚུལ་གྱིས་བལྟས་པ་ཙམ་དུ་ཟད་ཀྱི། དོན་ གྱི་མཐའ་དཔྱད་ནས་དགོངས་པ་ཤེས་དགོས་སོ། །འདིར་ཀུན་རྫོབ་པའི་སྟོང་པ་ཉིད་ཅེས་པ་ ནི། དམིགས་བཅས་ཀྱི་སྟོང་པ་ཉིད་ལ་དགོངས་ཀྱི་འཁྲུལ་སྣང་དུ་མི་བཞེད་དེ། རྗེ་བཙུན་དེ་ ཉིད་ཀྱིས། རྣམ་པ་ཐམས་ཅད་རྣམ་པ་མེད། །ཅེས་པ་ལ་སོགས་པ་རྡོ་རྗེའི་ཚིག་གིས་ངེས་པའི་ དོན་ནི། འདིར་རྣམ་པ་ཐམས་ཅད་པ་རྣམ་པ་མེད་ནི་ (སོར་སྡུད་ཀྱི་རྣལ་འབྱོར་སོགས་ཀྱི་)རྒྱུ་ (ཞེས་པ་ འདིར་ཡུལ་)སྟེ། སོ་སོར་སྡུད་པས་གང་ཞིག་མཐོང་བ་དངོས་པོ་བུམ་པ་དང་སྣམ་བུ་ལ་ སོགས་པ་པྲ་ཕབ་པ་དང་མཚུངས་པར་སྣང་བ(ཡིན་གྱི་ཕྱི་རོལ་ཀྱི་བུམ་པ་དང་སྣམ་བུ་ལ་སོགས་པ་མིན་པ) འོ། །རྣམ་པ་ཐམས་ཅད་ཅེས་རྟོག་པ་དང་བྲལ་བ་མ་འཁྲུལ་བའི་མངོན་སུམ་གྱིས་མཐོང་བ་ ལས་ཞེས་པའོ། །རྣམ་པ་མེད་ཅེས་པ(འི་དོན་ནི་ཕྱི་རོལ་ཀྱི་དངོས་པོ་དང་མུ་སྟེགས་པས་སྒྲོ་བཏགས་པའི་གང་ཟག་ གི་བདག་ལྟ་བུའི་རྣམ་པ་སྟེ་དངོས་པོར་གྲུབ་པ་མེད་)རྡུལ་ཕྲ་རབ་ཀྱི་ཆོས་ (ཡིན་པ་)ཉིད་ལས་འདས་པ་ (དང་) རྟོག་ (པས་སྒྲོ་བཏགས་པ་ཡིན་)པ་དང་བྲལ་བ་ཉིད་ (ཀྱི་རྒྱུ་མཚན་)ལས་སོ། །གང་གི་ཕྱིར་ (ཆུ་བུར་གྱི་མིག་ )བཀབ་པ(འམ་བཙུམས་པ་)དང་མ་བཀབ་པ(འམ་མ་བཙུམས་པ)འི་ (རྣལ་འབྱོར་བའི་སྟོང་གཟུགས་རྐྱང་པ་ མཐོང་བའི་ཤའི་)མིག་དག་གིས་རྟོགས་པར་བྱ་བ་དེའི་ཕྱིར་ (ཕྱིའི་)གཟུགས་ (སོགས་འདི་)མ་ཡིན། (སྟོང་པ་ཉིད་ཀྱི་)གཟུགས་ལས་གཞན་པ་ཡང་མ་ཡིན་ཏེ། ཆུ་བུར་ (གྱི་)མིག་གིས་རྟོགས་པར་བྱ་ བ་ཡང་མ་ཡིན། (ཤའི་)མིག་ (སོགས་)མེད་པར་རྟོགས་པར་བྱ་བ་ཡང་མ་ཡིན་ནོ། །དེ་ལྟར་རྣམ་ པ་ཐམས་ཅད་རྣམ་པ་མེད་ནི་རྒྱུ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ (ཕུང་པོ་རྣམ་དཔྱད་ཀྱི་སྟོང་པ་ཉིད་ 3-1-33 ཙམ་མ་ཡིན་གྱི་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཡིན་པས་)ཆེན་པོ་སྟོང་པ་ཉིད་རྣམ་པ་ཐམས་ཅད་ཀྱི་མཆོག་ དང་ལྡན་པའོ། །ཞེས་ཤིན་ཏུ་གསལ་པོར་གསུངས་ལ(ཞིབ་ཏུ་འཇམ་དཔལ་གྱི་རང་གི་ལྟ་བའི་འདོད་པ་ མདོར་བསྟན་གྱི་ལུང་ལ་སྔར་བཤད་པ་བྱས་པ་ལྟར་ཤེས་དགོས་སོ། །)། དེ་ལྟར་མིན་ན་ (གསང་བདག་གི་གཞུང་)ནང་ འགལ་ཅན་དུ་འགྱུར་བ་ལས་དེའི་གནས་མེད་སྐབས་མེད་པའི་ཕྱིར་རོ། །དྲི་མེད་འོད་དུ་ཡང༌། སྟོང་པ་ཉིད་ཀུན་རྫོབ་ཀྱི་གཟུགས་ (སམ་རྣམ་པ་)ཅན་ཞེས་དང༌། ནཱ་རོའི་ཞབས་ཀྱིས་ཀུན་རྫོབ་ ཀྱི་རྣམ་པར་ཞེས་གསུངས་པ་དང་དགོངས་པ་གཅིག་གོ །གཞན་ཡང་ཀུན་རྫོབ་པའི་སྟོང་པ་ ཉིད་ཅེས་པ་ཙམ་གྱིས་འཁྲུལ་སྣང་དུ་འགྲུབ་ན་ས་བཅུའི་མཉམ་བཞག་ (གི་ཡེ་ཤེས་)ཐམས་ཅད་ དང༌། སངས་རྒྱས་ཀྱི་ཡེ་ཤེས་འདུས་བྱས་ཐམས་ཅད་ཀྱང་འཁྲུལ་སྣང་དང་འཁྲུལ་ཤེས་སུ་ (ཐལ་བར་)འགྱུར་ཏེ། ཀུན་རྫོབ་ཀྱི་སྟོང་པ་ཉིད་ཡིན་པའི་ཕྱིར་ཏེ། འདུས་བྱས་ཡིན་པའི་ཕྱིར། ཞེས་པའི་སྐྱོན་དུ་འགྱུར་ཏེ། ཁྱེད་ཀྱིས་ཀུན་རྫོབ་པའི་སྟོང་པ་ཉིད་ཅེས་པའི་དོན། ཀུན་རྫོབ་ ཀྱང་ཡིན་ལ་སྟོང་ཉིད་ཀྱང་ཡིན་པ་ (ཁོ་ན་)ལ་བསམ་ནས་དེ་སྐད་དུ་སྨྲས་པའི་ཕྱིར་རོ(དེ་ལྟར་མི་ འདོད་དོ་ཞེ་ན་མནའ་ཆུ་བཏུང་དགོས་སོ)། །མདོར་བསྡུས་པ་སྟེ། སྤྲོས་པས་ཆོག་གོ ། ༈ (གཉིས་པ་ནི། )ཡང་དེ་དག་ལམ་བདེན་མིན་ན། དཔལ་ལྡན་རྒྱུད་རྩ་འགྲེལ་དུ། དུ་བ་ལ་ སོགས་པའི་ལམ་ཞེས་ཡང་ཡང་གསུངས་ཤིང༌། མ་འཁྲུལ་བའི་སྣང་བ་ཡིན་ལ། ལས་དང་པོ་ པས་ཆོས་ཉིད་མངོན་སུམ་དུ་མཐོང་མི་སྲིད་པའི་ཕྱིར། འོས་མེད་པས་ལམ་བདེན་དུ་འགྲུབ་ པོ་སྙམ་ན། (ལུང་གི་)ཚིག་ (ཙམ་)ཤེས་ (ནས་སྒྲ་ཇི་བཞིན་པར་ཁས་ལེན་)པ་ནི་ (ས་བླ་བའི་)ལྷ་རྣམས་ དགའ་བ་ (སྟེ་ཁྲེལ་བའི་གནས་བླུན་པོ)ཡིན་ཏེ། (དེ་འདྲའི་གང་ཟག་དེས་ལུང་གི་)དོན་ (ཇི་བཞིན་)ཤེས་པ་ནི་ མ་ཡིན་ནོ(ཞེས་སམ་ལུང་གི་དོན་ཕྱིན་ཅི་མ་ལོག་པར་ཤེས་པ་ནི་ལྷ་རྣམས་དགའ་བ་མ་ཡིན་)ནོ། །(ཞེས་པར་ཡང་རུང་ ངོ༌། །)དེའི་དོན་ནི་འདི་ཡིན་ཏེ། དུ་བ་ལ་སོགས་མངོན་སུམ་དུ་བྱེད་པའི་ལམ་ལ་དུ་སོགས་ཀྱི་ ལམ་ཞེས་པ་སྟེ། (ཐེག་ཆེན་གྱི་)མཐོང་སྒོམ་ལ་སངས་རྒྱས་ཀྱི་ལམ་ཞེས་པ་བཞིན་ནོ། །དེ་ལྟར་ 3-1-34 མིན་པར་དུ་སོགས་ཀྱང་ཡིན་ལ་ལམ་ཡང་ཡིན་པས་དུ་སོགས་ཀྱི་ལམ་ཞེས་གསུངས་ཤིང༌། དོན་ལ་འང་དེ་ལྟར་ཡིན་པར་འདོད་ན། (ཐེག་ཆེན་གྱི་)མཐོང་སྒོམ་ཡང་སངས་རྒྱས་ཀྱང་ཡིན་ལ་ ལམ་ཡང་ཡིན་པས་སངས་རྒྱས་ཀྱི་ལམ་དུ་འགྱུར་ཏེ། རྒྱུ་མཚན་མཚུངས་པའི་ཕྱིར། ལས་དང་ པོ་པས་ཆོས་ཉིད་མངོན་སུམ་དུ་མཐོང་པར་སྲིད་པར་བསྒྲུབས་ཟིན་ཏོ། ། ༈ (གསུམ་པ་ནི། ) ཡང་ཁ་ཅིག་དུ་སོགས་དེའི་ཡུལ་ཅན་དེ་དག་ཆོས་ཉིད་མིན་ན། མིག་ གཞན་ཞེས་སོགས་དང་གཟུགས་གཞན་ཞེས་སོགས་དང་འགལ་ཏེ། གཞན་ཞེས་པ་ཆོས་ཉིད་ ཁོ་ན་ལ་ཟེར་ལོ། །ལམ་བདེན་གྱིས་བསྡུས་པའི་སྤྱན་ལྔ་ཡང་ཆོས་ཉིད་དུ་ (ཐལ་བར་)འགྱུར་ ཏེ། མིག་སོགས་འདི་ལས་གཞན་ཡིན་པའི་ཕྱིར་ཏེ། (སྤྱན་)དེས་ཆོས་ཉིད་མངོན་སུམ་དུ་རྟོགས་ སུ་རུང་བའི་ཕྱིར་རོ། །དེ་ལྟར་མིན་ན་དེ་{ནང་འགལ་[རྣམས་ཕྱི་ནང་]དུ་འགྱུར་ཏེ། སྐབས་ འདིར་གཞན་མིན་ཅིང་མི་རྟོག་ཡེ་ཤེས་ཡིན་པའི་ཕྱིར། ཞེས་པ་ (སྟོང་གསུམ་མི་མཇེད་ཀྱི་བདག་པོ་ལྷ་ )ཚངས་པས་ཀྱང་བཟློག་པར་མི་ནུས་ལ། ལམ་བདེན་གྱི་མི་རྟོག་ཡེ་ཤེས་ཐམས་ཅད་ཕྱི་ནང་ གཞན་གསུམ་གྱི་གཞན་མིན་ཞེས་ (སུམ་ཅུ་རྩ་གསུམ་པའི་ལྷ་དབང་)བརྒྱ་བྱིན་གྱིས་ཀྱང་བསྙོན་པར་ ནུས་རེ་སྐན། རྒྱས་འགྲེལ་ཆེན་པོར། གཞན་བརྟགས་པའི་དཀྱིལ་འཁོར་ཞེས་ཀྱང་གསུངས་ པ་ལ་དགོངས་པར་མཛོད་ཅིག དེ་བས་ན་ཆོས་ཉིད་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་པའི་དགའ་ བ། དང་པོའི་སངས་རྒྱས་དེ་གཞན་གྱི་གཙོ་བོ་ཡིན་གྱི། དེ་ཁོ་ན་གཞན་མིན་ཏེ། དཔེར་ན་རྒྱལ་ པོ་མིའི་གཙོ་བོ་ཡིན་གྱི། འབངས་མི་རྣམས་ཀྱང་མི་ཡིན་པ་བཞིན་ཞེས་མཁས་པ་རྣམས་ཀྱིས་ རྟོགས་པར་བྱ་ (སྟེ་ཕྱི་ནང་གཞན་གསུམ་ཞེས་པའི་གཞན་ནི་ཕྱི་ནང་ལས་གཞན་ཞེས་དགོངས་པ)འོ། །དེའི་ཕྱིར་དུ་ སོགས་འོད་གསལ་འཁྲུལ་སྣང་དང་ལམ་བདེན་དུ་མི་རིགས་ལ། དེའི་ཡུལ་ཅན་ལས་དང་པོ་ པའི་ཤའི་མིག་སོགས་ཀྱང་ཆོས་ཉིད་འགོག་བདེན་དུ་མི་རིགས་ཞེས་བྱ་བ་འཐད་པ་ཡིན་ནོ། ། 3-1-35 ༈ (གསུམ་པ་རང་ལུགས་འཐད་པའི་དོན་འགོད་པ་ནི། )གལ་ཏེ་དེ་ལྟར་ན་ཁྱེད་ཀྱི་ཕྱོགས་ལ་དུ་སོགས་ འོད་གསལ་ཡུལ་ཅན་དང་བཅས་པ་གང་ཞིག་ཡིན་གསལ་བར་བརྗོད་དགོས་སོ། །ཞེ་ན། (སོ་ སོར་སྡུད་པའི་རྣལ་འབྱོར་པ་ལས་དང་པོ་པའི་རྒྱུད་ཀྱི་)ཡུལ་ཅན་ལམ་བདེན་མི་རྟོག་ཡེ་ཤེས་ཀྱིས་ (ཡུལ་) ཆོས་ཉིད་ཅུང་ཟད་མངོན་སུམ་དུ་མཐོང་བ་ཡིན་ནོ། །ཞེས་སེང་གེའི་སྒྲ་སྒྲོག་གོ ། ༈ (བཞི་པ་རང་ལུགས་བཞག་པ་ལ་ཀླན་ཀ་སྤང་པ་ནི)འོ་ན་ལས་དང་པོ་པ་དེ་འཕགས་པར་འགྱུར་ རོ་ཞེ་ན། རྟོག་ལྡན་ཁྱོད་ཕྲ་མ་སྔ་བཙན་ལ་སོགས་སྣོད་ཀྱི་སྐྱོན་མཐའ་དག་སྤོངས་ལ་གསན་ པར་མཛོད་ཅིག་དང༌། གསུང་རབ་ཀྱི་མཐའ་དཔྱད་ནས་ངེས་པའི་དོན་བསྟན་པས་ཁྱོད་ཀྱི་ སེམས་རངས་པར་བྱའོ་སྤྱིར་ཕ་རོལ་ཏུ་ཕྱིན་པ་རྒྱུ་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ལམ་ དུ་བྱེད་པ་རྒྱུའི་ཐེག་པ་དང༌། གསང་སྔགས་འབྲས་བུ་མི་འགྱུར་བའི་བདེ་བ་ལམ་དུ་བྱེད་པ་ འབྲས་བུའི་ཐེག་པ་གཉིས་ཀྱི་རྫོགས་པའི་སངས་རྒྱས་ཐོབ་པར་བྱེད་པར་འདྲ་ཡང༌། ཆེས་ མྱུར་བུལ་གྱི་ཁྱད་ཆེ་སྟེ། དང་པོ་རྒྱུའི་ཐེག་པར་བསྐལ་པ་གྲངས་མེད་གསུམ་ལ་སོགས་པ་ དགོས་པར་གསུངས་ལ། རྡོ་རྗེའི་ཐེག་པར་ནི་རབ་ཚེ་འདི། འབྲིང་འཆི་ཁའམ་བར་དོ། ཐ་མ་ ཡང་སྐྱེ་བ་བདུན་གྱི་མཐར་ནི་ངེས་པའོ། །ཞེས་སེམས་འགྲེལ་དུ་གསུངས་ལ། རྒྱུད་གཞན་དུ་ ཡང་སྐྱེ་བ་བཅུ་དྲུག་ན་འགྲུབ་པར་གསུངས་སོ། །དེ་བས་ན་ད་ལྟ་དཔལ་ལྡན་བླ་མའི་གསུངས་ བཞིན་དབེན་གསུམ་དང༌། མི་གཡོ་བ་གསུམ་ལྡན་ཉམས་སུ་ལེན་པའི་རྟོག་ལྡན་གྱི་བརྩོན་ འགྲུས་བཞིན། རྒྱུན་མ་ཆད་པར་ཉམས་སུ་བླངས་ (དགོས་ལ་སྒོམ་ལོ་ཙམ་གྱིས་མི་ཆོག་པར་རྩེ་གཅིག་ཏུ་སྒོམ་ )ན་ཆེས་མྱུར་བར་སངས་རྒྱས་ཐོབ་པར་འགྱུར་བས། དེ་ཙམ་དུ་མྱུར་བར་སངས་རྒྱས་ཐོབ་ པར་བྱེད་པ་ལ་གོལ་མེད་ཀྱི་སྒོམ་པ་བརྩོན་འགྲུས་མགོ་ལ་མེ་ཤོར་བ་གསོད་པ་བས་ཀྱང་ཆེ་ བར་ཉམས་སུ་ལེན་བཞིན་པའི་གནས་སྐབས་དེ་ནས་མི་རྟོག་ཡེ་ཤེས་སྐྱེ་སྟེ། ཆོས་ཉིད་ཅུང་ ཟད་མཐོང་བ་ལ་འགལ་བ་ཅི་ཡང་མེད་པའི་ཕྱིར། ཉེ་ལམ་ཟབ་མོའི་སྐབས་སུ་རིང་ལམ་འ 3-1-36 ཆད་པའི་སྐབས་ཀྱི་ལུང་གིས་མི་གནོད་པས། ལྷམ་དཔེ་ཞྭ་ལ་མ་འགེབས་ཅིག་བློ་གསལ། (ཕར་ཕྱིན་ཐེག་པའི་ལམ་ཤེར་ཕྱིན་གྱི་རྣམ་འབྱོར་དང༌། བླ་མེད་རྡོ་རྗེ་ཐེག་པའི་སོར་སྡུད་བསམ་གཏན་སོགས་རྫོགས་རིམ་ཟབ་ མོ་གཉིས། སྤྲོས་མེད་རྣམ་པར་མི་རྟོག་པའི་མཉམ་བཞག་གི་ངོ་བོ་ཙམ་འདྲ་ཡང་མཉམ་པར་འཇོག་ཚུལ་སོགས་ཀྱི་ཁྱད་པར་ཤིན་ ཏུ་ཆེ་བས། ལམ་བགྲོད་པ་མྱུར་བུལ་གྱི་ཁྱད་ཀྱང་ཤིན་ཏུ་ཆེ་ཞིང༌། དེས་ན་འདིར་ཁོ་བོས་དགག་སྒྲུབ་བྱས་པ་ལྟར་དོན་ལ་གནས་ སོ། །)དེ་བས་ན་ཆོས་ཉིད་ཅུང་ཟད་མངོན་སུམ་དུ་མཐོང་ཡང་མཐོང་སྤང་སྤངས་པའི་ཚུལ་ གྱིས་མཐོང་བ་མིན་ཞིང༌། ཆོས་སྐུ་མ་ཐོབ་པས་འཕགས་པ་མིན་ལ། ཐོབ་པའི་ཚུལ་གྱིས་ མཐོང་བ་དང༌། མཐོང་བ་ཙམ་ལ་ཁྱད་པར་ཤིན་ཏུ་ཆེ་སྟེ། ས་དང་པོ་པས་སངས་རྒྱས་མཐོང་ ཡང་སངས་རྒྱས་ཐོབ་པའི་ཚུལ་གྱིས་མ་མཐོང་པ་དང་འདྲ་བར་དགོངས་པར་མཛོད་ཅིག དེའི་ ཕྱིར་དུ་སོགས་འོད་གསལ་མཐོང་བའི་བློ་སྔར་བཤད་པ་དེ་རྣལ་འབྱོར་མངོན་སུམ་དུ་རྟོགས་ ཏེ། སྒོམ་བྱུང་རྟོག་བྲལ་མ་འཁྲུལ་བའི་ཡེ་ཤེས་ཡིན་པའི་ཕྱིར། ཇི་སྐད་དུ། གསང་བདག་གི་ ཞལ་སྔ་ནས། འདིར་རྣམ་པ་ཐམས་ཅད་རྣམ་པ་མེད་ནི་རྒྱུ་སྟེ། སོ་སོར་སྡུད་པས་གང་ཞིག་ མཐོང་པའི་དངོས་པོ་བུམ་པ་དང་སྣམ་བུ་ལ་སོགས་པ་པྲ་ཕབ་པ་དང་མཚུངས་པར་སྣང་པའོ། ། རྣམ་པ་ཐམས་ཅད་ཅེས་པ་ནི་རྟོག་པ་དང་བྲལ་བ་མ་འཁྲུལ་བའི་མངོན་སུམ་གྱིས་མཐོང་བ་ ལས་ཞེས་པའོ། །རྣམ་པ་མེད་ཅེས་པ་རྡུལ་ཕྲ་རབ་ཀྱི་ཆོས་ཉིད་ལས་འདས་པ་རྟོག་པ་དང་ བྲལ་བ་ཉིད་ལས་སོ། །གང་གི་ཕྱིར་བཀབ་པ་དང་མ་བཀབ་པའི་མིག་གིས་རྟོགས་པར་བྱ་བ་ དེའི་ཕྱིར་གཟུགས་མ་ཡིན། གཟུགས་ལས་གཞན་པ་ཡང་མ་ཡིན་ཏེ། མིག་གིས་རྟོགས་པར་ བྱ་བ་ཡང་མ་ཡིན། མིག་མེད་པར་རྟོགས་པར་བྱ་བ་ཡང་མ་ཡིན་ནོ། །དེ་ལྟར་རྣམ་པ་ཐམས་ ཅད་རྣམ་པ་མེད་པ་ནི་རྒྱུ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་སྟོང་པ་ཉིད་རྣམ་པ་ ཐམས་ཅད་ཀྱི་མཆོག་དང་ལྡན་པའོ། །ཞེས་གསལ་བར་གསུངས་སོ། །དྲི་མེད་འོད་དུ་ ཡང༌། (དེ་ལྟའི་རྣལ་འབྱོར་པ་རྣམས་ཀྱི་མཉམ་བཞག་ཟབ་མོའི་སྐབས་སུ། )འདིར་ (ཞི་གནས་དང་ལྷག་མཐོང་ཟུང་དུ་ 3-1-37 འཇུག་པའི་རྣལ་འབྱོར་ཏེ། དེ་གང་གི་རྒྱུད་ལ་ཡོད་པ་དེ་རྣལ་འབྱོར་པ་ཞེས་ཉི་མ་སྦས་པ་སོགས་རྒྱ་གར་མཁས་པ་མང་པོས་ འཆད། ཐབས་ཤེས་ཟུང་དུ་འཇུག་པ་ནི་རྣལ་འབྱོར་ཏེ། དེ་གང་གི་རྒྱུད་ལ་ཡོད་པ་དེ་ནི་རྣལ་འབྱོར་པ་ཞེས་རྗེ་བཙུན་སྤྱན་རས་ གཟིགས་སོགས་གསུངས། དེ་ལྟ་བུའི་)རྣལ་འབྱོར་པ་རྣམས་ཀྱི་ (མཉམ་བཞག་ཟབ་མོའི་སྐབས་སུ་ཡོད་མེད་དང་ཡིན་ མིན་སོགས་ཀྱི་)ཕྱོགས་ (གཉིས་)སུ་ (ཞེན་ནས་)འཛིན་པ(འི་རྣམ་རྟོག་)ཉམས་པར་བྱ་བའི་སླད་དུ། (སོར་ སྡུད་སོགས་ཀྱི་ལམ་)རྡོ་རྗེའི་རྣལ་འབྱོར་ (བསྒོམ་ཞིང་རྣལ་འབྱོར་དེ་ཞི་ལྷག་གི་རིས་སོ་སོར་ཆད་པ་མེད་དེ། དེ་གཉིས་ ཟུང་འཇུག་ཡིན་པའི་ཕྱིར་དང༌། དེའི་ཡུལ་གཞི་འབྲས་ནི་དོན་དམ་པའི་ཐབས་ཤེས་ཀྱི་)རིས་ (སོ་སོར་ཆད་པ་)མེད་པ་ (སྟེ་ གཉིས་ཀ་ཡིན་པའི་ཕྱིར་རོ། །མི་རྟག་པ་ལ་རྟག་ཅེས་སམ་མེད་པ་ལ་ཡོད་ཅེས་སམ་དོན་དམ་དུ་མེད་པ་ལ་དོན་དམ་དུ་ཡོད་ཅེས་ པ་ལྟ་བུ་)རྟག་པ(འི་མཐར་ལྟུང་བ་)དང་ (ཡོད་པ་ལ་མེད་ཅེས་དང༌། དོན་དམ་དུ་ཡོད་པ་ལ་དོན་དམ་དུ་མེད་ཅེས་པ་ལྟ་བུ་ )ཆད་པ(འི་མཐར་ལྟུང་བ་)སྤངས་པ། (ངོ་བོ་ཇི་ལྟ་བ་བཞིན་མཚོན་ནུས་པའི་)འཇིག་རྟེན་པའི་དཔེ་ལས་ འདས་པ། ཡོད་པ་དང་མེད་ (པར་ཞེན་)པའི་བློ(འི་དངོས་ཀྱི་ཡུལ་ཡིན་པ་)ཡོངས་སུ་སྤངས་པ། གཞོན་ནུ་མས་མེ་ལོང་ལ་པྲ་ཕབ་པ་བཞིན་ (རྣལ་འབྱོར་པ་)རང་གི་ (རྟོག་པའི་)སེམས་ཀྱིས་ (སྒྲོ་)མ་ བརྟགས་པ། (ཤའི་མིག་སོགས་ཀྱིས་བསྙོན་མི་ནུས་པར་)མངོན་སུམ་དུ་མཐོང་བ(ཡིན་ལ)། (དེའི་ཕྱིར་ན་) ཡིད་ཆེས་པའི་དོན་ཅན་ (ནོ)རྣམ་པ་ཐམས་ཅད་པ། ནམ་མཁའ་ལས་བྱུང་བ། ཀུན་ཏུ་བཟང་ པོ། དབང་པོ་ཐམས་ཅད་པ། སེམས་ཅན་ཐམས་ཅད་ཀྱི་བདག་ཉིད་དུ་གནས་པ། ལྷན་ཅིག་ སྐྱེས་པའི་དགའ་བ། ཞེས་དང༌། གང་དོན་དམ་པའི་བདེན་པས་བསྟན་པ་དེ་ནི་འཇིག་རྟེན་ ལས་འདས་པ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ བསྒྲུབ་པའི་སླད་དུ། རང་གི་སེམས་ཀྱིས་ཡོངས་སུ་བརྟགས་པའི་ཆོས་དང་བྲལ་བ། གཞོན་ནུ་ མ་རྣམས་ཀྱིས་མེ་ལོང་ལ་སོགས་པ་ལ་པྲ་ཕབ་པ་བཞིན་དུ། རྣལ་འབྱོར་པ་རྣམས་ཀྱི་རང་གི་ སེམས་ཀྱི་ (རང་བཞིན་)འོད་གསལ་མངོན་སུམ་དུ་ནམ་མཁའ་ལ་སྣང་བ། (ཐར་པ་དོན་གཉེར་གྱིས་ དོན་དུ་གཉེར་ཞིང་)འདོད་པའི་དོན་གྱི་འབྲས་བུ་སྟེར་བ་སྟེ། (དོན་དུ་གཉེར་བྱའི་)འབྲས་བུ་ (དོན་དམ་ 3-1-38 པའི་སངས་རྒྱས་)ནི་ (རང་བཞིན་)འགྱུར་བ་མེད་པའི་བདེ་བའི་ཡེ་ཤེས་ཀྱི་སེམས་སོ། །ཞེས་དང༌། མཆོག་མི་འགྱུར་དུ། (རྣལ་འབྱོར་པ་)གང་ལ་ལ་ཞིག་སྐྱེ་བ་ (སྔ་མ་)གཞན་གྱི་ (སྐབས་སུ་རྣལ་འབྱོར་ཟབ་ མོ་འདི་བསྒོམས་པའི་)བག་ཆགས་ཀྱི་ (སད་པའི་)དབང་དང༌། བླ་མ་དམ་པའི་མན་ངག་གིས་དུས་དུ་ མ (སྟེ་ཡུན་རིང་པོ)ར་ཉིན་དང་མཚན་མོ(སྟེ་རྒྱུན་མ་ཆད་པ)ར་ཕྱག་རྒྱ་ཆེན་པོ་ (འོད་གསལ་སྟོང་ཉིད་ཀྱང་ ཡིན་ལ་རྟོག་པས་སྒྲོ་)བརྟགས་པའི་ཆོས་ཐམས་ཅད་དང་བྲལ་བ་ (ཡང་ཡིན་ལ། རྣལ་འབྱོར་པ་)རང་གི་ (རྒྱུད་ཀྱི་ལམ་རྡོ་རྗེའི་རྣལ་འབྱོར་གྱི་)སེམས་ཀྱི་ (མ་འཁྲུལ་བའི་)སྣང་བ་ཙམ་ (དུ་གྱུར་པའི་འོད་གསལ་ཡིན་གྱི་ལས་ གཟུགས་དང་འཁྲུལ་སྣང་མིན་ཞེས་པ་ཙམ་གྱིས་ནུས་པའོ)རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ། (སྔར་ བཤད་པ་ལྟར་)ཆེན་པོ་སྟོང་པ་ཉིད་ (ཀྱང་ཡིན། སྔར་བཤད་ལྟར་གང་ཞིག་སོར་སྡུད་སོགས་ཀྱི་རྣལ་འབྱོར་བསྒོམས་ པས་སྒོམ་པ་མཐར་ཐུག་པའི་གང་ཟག་གི་རྒྱུད་ལ་རང་བཞིན་འགྱུར་མེད་ཀྱི་)ལྷན་ཅིག་སྐྱེས་པའི་དགའ་བ་བསྐྱེད་ པར་བྱེད་པ་ (སྟེ་གང་ཟག་དེས་དེ་འདྲ་དེ་འཐོབ་པའི་རྟེན་གྱི་རྒྱུར་གྱུར་བའི་འོད་གསལ་སྟོང་ཉིད་)འདི་མངོན་སུམ་དུ་ བྱས་ནས་འཁྱུད་པར་བྱེད་པ་ (སྟེ་མ་བྲལ་པར་གྱུར་པའི་གང་ཟག་)དེ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ ཐོབ་པས་ཐམས་ཅད་མཁྱེན་པ་བཅོམ་ལྡན་འདས་ (ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བརྗོད་དོ) ཞེས་གསུངས་སོ། །ཞེས་པ་དང༌། དཔལ་ལྡན་རྒྱུད་ཉིད་དུ་ཡང༌། གང་ཕྱིར་ (ཨ་ཡིག་དང་པ་ཡིག་) གཅིག་ (པ་)ཉིད་ (དེ་ཨ་ཡིག་པ་ཡིག་གི་སྲོག་ཏུ་ཞུགས་པའོ། །དེ་ཡོངས་སུ་གྱུར་པ་ལས་པདྨའི་གདན་ཡང་ཡོད་པ་མིན་) ཨ་སོགས་ (དབྱངས་དང་)ཀ་སོགས་ (གསལ་བྱེད་ཡོངས་སུ་གྱུར་པ་ལས་སྐྱེས་པ་ཡང་མིན། པདྨ་དང་)རི་བོང་ཅན་ དང་ཉིན་བྱེད་ (ཀྱི་དངོས་པོ་རྣམས་ཀྱང་)རྡོ་རྗེ་ཅན་གྱི་ (དོན་དམ་གྱི་ལྷན་ཅིག་སྐྱེས་པའི་)གདན་ (དུ་ཡོད་པ་) མིན་ཞིང༌། །ཧཱུཾ་ཡིག་ (ཡོངས་སུ་གྱུར་པ་)ཉིད་ཀྱིས་ (བསྐྱེད་པའི་རྡོ་རྗེ་ལ་སོགས་པའི་)མཚན་མ་དང་ནི་ (དེ་) ཡོངས་སུ་གྱུར་པ་ (དོན་དམ་ལས་)གཞན་པ་ (བསྐྱེད་རིམ་གྱི་རྟོག་པས་བཟོས་པའི་)ཁ་དོག་ (དང་དབྱིབས་དང་) གཟུགས་ (ཏེ་སྐུ་དང་ཕྱག་མཚན་སོགས་)དག་ (དོན་དམ་ལྷན་ཅིག་སྐྱེས་པའི་སྐུ་ལ་)མི་འདོད་དེ། །(ཕུང་པོ་ལྔའམ་ ཁམས་ལྔ་གདོད་ནས་སྒྲིབ་པ་དང་བྲལ་བའི་སྟོང་ཆེན་འགྱུར་མེད་ལྔ་འམ་དབང་པོ་དྲུག་གམ་ཡུལ་དྲུག་གདོད་ནས་སྒྲིབ་པ་དང་ 3-1-39 བྲལ་བའི་སྟོང་ཆེན་འགྱུར་མེད་དྲུག་སྟེ། དེ་རྣམས་སུ་མ་གྱུར་ན་དོན་དམ་ལྷན་ཅིག་སྐྱེས་པའི་སྐུར་མི་འགྱུར་བས་)འགྱུར་ མེད་ (དེ་རྣམས་ཡིན་པ་)དག་གི་ (སྒོ་ན)ས་ (དོན་དམ་ལྷན་ཅིག་སྐྱེས་པའི་སྐུར་)བསྐྱེད་ (པ་སྟེ་གྱུར་)ཅིང་ (ཞེས་ སྦྱར་གྱི་བསྐྱེད་འབྲས་མཚན་ཉིད་པ་མིན་ནོ། །གནས་སྐབས་གཞན་དུ་)འགྱུར་ (ཞིང་འཕོ་)བ(འི་སྐྱེ་འཇིག་)ཉམས་ པར་འགྱུར་པ་ (འང་ཡིན་བདག་རིག་གཞན་རིག་ཐམས་ཅད་པ་ཡིན་པས་)མཆོག་གི་དབང་པོ་དག་དང་ལྡན་ པ་ནི། །(སྟོང་གཟུགས་ཀྱི། )རྣམ་པ་ཀུན་ (དང་)ལྡན་ (པའི་རང་བཞིན་འགྱུར་མེད་ཀྱི་)ཐིག་ལེ་ (འམ་བདེ་བ་ཆེན་ པོ་ཡང་ཡིན་མི་བསྐྱོད་པ་སོགས་)མཐའ་དག་རྒྱལ་བའི་བདག་པོ་ (རྡོ་རྗེ་སེམས་དཔའ་གང་ཞིག་སྟོང་གཟུགས་) སྣ་ཚོགས་ (སྒྱུ་འཕྲུལ་དྲྭ་བའི་)སྒྱུ་མ་འཛིན་པ་འདི་ལ་ (སྔར་བཤད་པ་ལྟར་རྟོག་སྒོམ་གྱི་རྟེན་དང་བརྟེན་པའི་འབྲེལ་ བ་མེད་པ)འོ(འདིར་འགྲེལ་ཆེན་དུ། གང་ཕྱིར་གཅིག་ཉིད་ཅེས་པ་ལ་ཨ་ཡིག་དང་པ་ཡིག་གཅིག་པ་ཉིད་ནི་པདྨའོ་ཞེས་ གསུངས་པས་གཞུང་ཚིག་གི་གདན་ཞེས་པ་རང་སོར་བཞག་པའོ)། ། ཞེས་དང༌། ཕྱག་རྒྱ་ (གང་ཞིག་སྔར་བཤད་པ་ལྟར་ )སྒྱུ་མའི་རྗེས་སུ་མཐུན་པ་ (སྟེ་ཏིང་ངེ་འཛིན་གྱི་)ཡིད་དང་ (བར་སྣང་གི་)ནམ་མཁའ་ (དག་)ལ་ནི་ (པྲའི་)མེ་ལོང་དག་ལ་ ( རྐུན་པོའི་)གཟུགས་ (གསལ་བར་མཐོང་བ་)བཞིན་ (དུ་མངོན་སུམ་དུ་གསལ་བར་ སྣང་མཐོང་)ཏེ། །(འདི་བསྒོམས་པ་མཐར་ཐུག་པར་གྱུར་པའི་གང་ཟག་ལ་)འཇིག་རྟེན་གསུམ་པོ་སྣང་པར་ བྱེད་ཅིང་ (བདག་རིག་གཞན་རིག་ཐམས་ཅད་པ་ཡིན་པས་)དྲི་མེད་གློག་དང་མཚུངས་པའི་ (ཡེ་ཤེས་ཀྱི་)འོད་ ཟེར་དུ་མ་འཕྲོ་བར་བྱེད། །ཕྱི་དང་ལུས་ལ་དབྱེར་མེད་ (པ་སྟེ་ཁྱབ་པར་གནས་ཤིང་ཕྱིའི་གཟུང་བའི་) ཡུལ་དང་རྣམ་པ་བྲལ་བ་ (མི་རྟོག་ཡེ་ཤེས་ཀྱི་)སྣང་བ་ཙམ་ནི་ (ནམ་)མཁའ་ལ་ (ལྟ་སྟངས་བརྟན་པར་) གནས་པ་ (སོགས་བྱེད་པ་བཅིང་པ་)ཡི། །(སྦྱོར་བ་ལས་བྱུང་བའི་མི་རྟོག་པའི་)སེམས་ལ་སེམས་ (དེ་ཉིད་)ཀྱི་ རང་བཞིན་ (འོད་གསལ་སྟོང་པ་ཉིད་དེས)འཁྱུད་པ་ (སྟེ་མངོན་དུ་གྱུར་པའི་སྟོང་ཉིད་)གང་ཞིག་ (སྐད་ཅིག་གིས་) འགྲོ་བ་ (བརྟན་གཡོའི་དངོས་པོ་)དུ་མའི་གཟུགས་ (བརྙན་ནམ་རྣམ་པ་)ཅན་དེ་ནི་ (དོན་དམ་ལྷན་ཅིག་སྐྱེས་པའི་ སྐུ་)གཅིག་པུའོ། །ཞེས་གསུངས་སོ། །དཔལ་གསང་བ་འདུས་པར་ཡང༌། བསྐྱེད་པ་ཡི་ནི་རིམ་ ཉིད་དང༌། །དེ་བཞིན་རྫོགས་པའི་རིམ་པ་སྟེ། །རྫོགས་པའི་རིམ་པ་ཞེས་བྱ་བ། །ཡང་དག་ཡེ་ 3-1-40 ཤེས་དེ་ཉིད་དེ། །མ་བཅོས་པ་ཞེས་བྱ་བ་ཉིད། །དེ་ཉིད་ལ་ནི་ཡང་དག་གནས། །གང་ཞིག་ ཐོག་མཐའ་མེད་པའི་དངོས། །རྣམ་དག་ཡིད་ཀྱིས་སྒོམ་བྱེད་པ། །ཞེས་སོ། །དེའི་ཕྱིར་ཡུལ་ ཆོས་ཉིད་དང་ཡུལ་ཅན་རྣལ་འབྱོར་མངོན་སུམ་དུ་རིགས་སོ། །གལ་ཏེ་རྗེ་བཙུན་རྡོ་རྗེ་སྙིང་པོ་ ལ་སོགས་ཀྱིས། དབང་པོའི་མངོན་སུམ། ཡིད་ཀྱི་ (མངོན་སུམ)རྣལ་འབྱོར་ (མངོན་སུམ)། རང་ རིག་མངོན་སུམ་ཞེས། ཡན་ལག་དྲུག་ལ་སྦྱར་ནས་གསུངས་པ་དང་འགལ་བར་མི་འགྱུར་ རམ་སྙམ་ན། མི་འགལ་ཏེ། འདིར་རིགས་པ་བ་རྣམས་ལ་གྲགས་པའི་མངོན་སུམ་བཞི་དང་ མིང་མཐུན་པ་ཙམ་དུ་ཟད་ཀྱི། དོན་མི་གཅིག་སྟེ། འདིར་གསུངས་པའི་མངོན་སུམ་བཞི་ག་ ཡང་གཞན་དུ་གྲགས་པའི་རྣལ་འབྱོར་མངོན་སུམ་ཉིད་ཡིན་ལ། འདིར་དེ་ལྟར་འབྱེད་པའི་རྒྱུ་ མཚན་ནི། དང་པོར་མངོན་ཤེས་མེད་པར་ཤའི་མིག་གིས་སྟོང་གཟུགས་མཐོང་བའི་མིག་དེ་ ལ་དབང་པོའི་མངོན་སུམ་ཞེས་བཞག དེ་ནས་མངོན་ཤེས་ཐོབ་པའི་ཚེ་ལྷའི་མིག་ལ་ཡིད་ཀྱི་ མངོན་སུམ་ཞེས་བཞག་སྟེ། ཡན་ལག་དང་པོ་གཉིས་གཉིས་སོ། །ཕྱི་མ་ལ་རྡོ་རྗེ་སྙིང་འགྲེལ་ དུ་རྣལ་འབྱོར་མངོན་སུམ་སྔོན་ལ་གསུངས་ལ། བླ་མ་གོང་མ་དག་རང་རིག་མངོན་སུམ་ སྔོན་ལ་གསུངས་ཏེ། སྔ་མ་དཔེ་དག་ན་འདི་ལྟར་དགོངས་པར་གསལ་ཏེ། མངོན་ཤེས་ཐོབ་ (འཛག་བདེའི་)ཆགས་པ་ (མངོན་གྱུར་)དང་བྲལ་ནས་བྱང་ཆུབ་སེམས་དཔའ་པར་གྱུར་པས་ཐེག་ པ་ཐུན་མོང་པའི་ལུགས་ཀྱིས་ཡང་རྣལ་འབྱོར་མངོན་སུམ་དུས་དེའི་ཚེ་ན་སྐྱེ་བས། དེའི་ཚེ་ རྣལ་འབྱོར་མངོན་སུམ་ཞེས་བཞག་ (སྟེ་མངོན་རྟོགས་རྒྱན་རྩ་འགྲེལ་ལྟར་ན་བྱང་ཆུབ་སེམས་དཔའི་སྦྱོར་ལམ་ ནའང་རྣལ་འབྱོར་མངོན་སུམ་ཁས་བླངས་དགོས་པར་ཡོད་ཅིང་རྔོག་ལོཙྪ་བ་ཆེན་པོ་ཡང་བཞེད་དེ། ངག་ལས་ཤེས་སོ། །)རྗེས་ དྲན་ནོ། །བདེ་སྟོང་གཉིས་མེད་དུ་འཆར་བ་དེ་རང་རྒྱུད་ཀྱི་མྱོང་བའི་སྒོ་ནས་རིག་པས་རང་ རིག་མངོན་སུམ་སྟེ་ཏིང་ངེ་འཛིན་ཏོ། །བླ་མ་གོང་མ་ལྟར་ན། སྲོག་རླུང་འགགས་པས་བྱང་ སེམས་བརྟན་ཏེ། ཕབ་ཀྱང་ནོར་བུ་ལས་ཕྱིར་མི་འཕོ་བར་ཡར་ལྡོག་ཅིང༌། བདེ་སྟོང་གི་ཏིང་ 3-1-41 ངེ་འཛིན་རང་གིས་མྱོང་བས་རང་རིག་མངོན་སུམ་སྟེ། རྗེས་དྲན་ནོ། །བདེ་སྟོང་གསལ་སྟོང་ གཉིས་མེད་དུ་རྟོགས་པའི་ཡེ་ཤེས་བསྒོམས་པའི་སྟོབས་ཀྱིས་བྱུང་བའི་ཕྱིར་རྣལ་འབྱོར་ མངོན་སུམ་དུ་བཞག་སྟེ། ཏིང་ངེ་འཛིན་ཏོ། །(འགྲོ་བའི་བླ་མ་གོང་མ་མང་པོས་རིགས་པ་བ་ལ་གྲགས་པ་དང་ བསྟུན་ནས་མངོན་སུམ་ཕྱི་མ་གཉིས་པོ་གོ་རིམ་དཀྲུགས་པ་སྟེ་རྡོ་རྗེ་སྙིང་འགྲེལ་གྱི་དགོངས་པ་མ་མཁྱེན་པར་སྣང་ཞིང༌། དབང་ མདོར་བསྟན་དུ། ཏིང་ངེ་འཛིན་གྱི་སྐབས་སུ་རང་རིག་པ་ཞེས་བཤད་དོ། །)དེ་ལྟར་ན་འདིར་བཤད་པའི་མངོན་ སུམ་བཞི་ག་སྤྱིར་རྣལ་འབྱོར་མངོན་སུམ་གྱི་བྱེ་བྲག་ཏུ་རིག་པར་བྱའོ། །འོ་ན་དུ་སོགས་དེ་ དག་ལ་རྟགས་ཞེས་པ་མི་འཐད་པར་འགྱུར་ཏེ། ཆོས་ཉིད་ཀྱི་རྣམ་པ་ཉིད་ཡིན་པའི་ཕྱིར་རོ་ སྙམ་ན། སྐྱོན་མེད་དེ། དེ་ཁོ་ན་ཉིད་ཀྱི་འབྲས་བུ་ཆེས་མྱུར་དུ་འཐོབ་པའི་སྔ་ལྟས་ཡིན་པས་ སམ། ལམ་མ་ནོར་པའི་རྟགས་ཡིན་པས་རྟགས་ཞེས་སམ། སྲོག་རླུང་དབུ་མར་ཆུད་པའི་ རྟགས་ཡིན་པས་དེ་སྐད་བཤད་ཀྱི། དེ་ཁོ་ན་ཉིད་མ་ཡིན་པར་དེའི་རྟགས་ཞེས་པ་ནི་དགོངས་ པ་མ་ཡིན་ཏེ། རྗེ་ནཱ་རོ་པས། དེ་ཁོ་ནའི་འབྲས་བུའི་སྔ་ལྟས་སུ་གྱུར་པའི་ཕྱིར་མཚན་མའོ། ། ཞེས་སོ། །དུས་ཞབས་སྙན་རྒྱུད་ལས། བསྒོམ་པ་སྟོང་ཉིད་བསྒོམས་པ་ཡིས། །འགག་པ་རླུང་ ནི་འགག་པར་བྱེད། །སྐྱེ་བ་ཤུགས་ལ་བདེ་བ་སྐྱེ། །བྱུང་བ་ལམ་རྟགས་མ་ནོར་འབྱུང༌། །ཞེས་ སོགས་གསུངས་སོ། །ཡང་ན་དེ་ཁོ་ནའི་འབྲས་བུ་མཐར་ཐུག་འཐོབ་པའི་རྒྱུ་ཡིན་པས་ན་ཡང་ རྟགས་ཞེས་བྱ་སྟེ། རྡོ་རྗེ་གུར་ལས། མཚན་མོའི་རྣལ་འབྱོར་གྱི་རྟགས་ལྔ་གསུངས་ནས། དེ་ནི་ ཐམས་ཅད་མཁྱེན་པའི་རྒྱུ། །(མཆོག་གི་)དངོས་གྲུབ་ཉེ་བར་གྱུར་པ་ཡིན། ཞེས་སོ། །དེ་བས་ན་ རྟགས་ཡང་ཡིན་ལ་དེ་ཁོ་ན་ཉིད་ཡིན་པ་ལ་འགལ་པ་ཅི་ཡང་མེད་དེ། སྒྲིབ་གཉིས་བག་ ཆགས་དང་བཅས་པ་གཏན་ནས་སྤངས་པའི་སྤངས་པ་ཕུན་ཚོགས་དེ། སངས་རྒྱས་པའི་ རྟགས་ཡིན་པ་བཞིན་ནོ། །ཞེས་རྟོགས་པར་བྱའོ། ། ༈ (ལྔ་པ་རང་ལུགས་བསྟན་པའི་ཕྱིར་དུ་སླར་ཡང་ལུང་འགོད་པ་ནི། ) དེའི་ཕྱིར་དུ་སོགས་འདི་དག་ཆོས་ 3-1-42 དབྱིངས་དེ་བཞིན་ཉིད་ཡིན་པ་ལ་དགོངས་ནས། དཔལ་ལྡན་དུས་ཀྱི་འཁོར་ལོའི་བསྡུས་པའི་ རྒྱུད་ཀྱི་རྒྱལ་པོར་གསུངས་པ། འཇིག་རྟེན་འདས་པའི་ (ལམ་གྱི་)དབང་གང་ (ཡིན་པ་ནི་)མཆོག་ གི་རྒྱལ་བའི་བདག་པོ(རྡོ་རྗེ་སེམས་དཔ)འི་ཕྱག་རྒྱ་མཆོག་ (ཕྱག་རྒྱ་ཆེན་མོ་)ལ་ (རྣལ་འབྱོར་པའི་ཡིད་) རྗེས་སུ་སྦྱོར་ (ཞིང་བསྒོམ་)པའོ(འཇིག་རྟེན་འདས་པའི་ཚིག་གི་དབང་ནི་ཕྱག་རྒྱ་མཆོག་དེ་ལ་དེ་ལྟར་རྗེས་སུ་སྦྱོར་བའི་ རྒྱུའི་དབང་ངོ༌། །འཇིག་རྟེན་འདས་པའི་འབྲས་བུའི་དབང་ནི་དེ་གཉིས་ཀྱི་འབྲས་བུའོ)། །(སྔར་བཤད་པ་ལྟར་)སེམས་ཀྱི་ སྣང་བ་ཙམ་སྟེ་རང་གི་ཡིད་ལས་སྐྱེས་པ་མེ་ལོང་གི་ནི་གཟུགས་བརྙན་ལྟ་བུ་ཉིད། (ཕྱག་རྒྱ་ཆེན་ མོ། )གང་ཞིག་མཐའ་དག་རྒྱལ་བའི་སྲས་དང་སངས་རྒྱས་རྣམས་ཀྱིས་བསྟེན་པ་ (སྟེ་བསྒོམ་པ་དེ་ནི་ སོར་སྡུད་སོགས་ཀྱི་)རྣལ་འབྱོར་དབང་པོས་བསྟེན་ (པ་སྟེ་བསྒོམ་)བྱ་སྟེ། (སྒོམ་བྱུང་གི་མི་རྟོག་)ཡེ་ཤེས་ མེ་ལྕེ་དེ་ནི་ (གོང་ནས་གོང་དུ་)རབ་ཏུ་རྒྱས་པས་བདུད་ཚོགས་ (མངོན་པར་ཞེན་ནས་གཟུང་བའི་)ཡུལ་དང་ བཅས་པ(འི་བུད་ཤིང་)མཐའ་དག་རབ་ཏུ་སྲེག་ (པར་)བྱེད་ཅིང༌། །ལུས་ལ་ (འཛག་བདེའི་)ཆགས་ པ་ལ་སོགས་ཀྱང་ (བསྲེགས་པ་)སྟེ་རྣལ་འབྱོར་ (པ་བཟང་པོ་རྗེས་དྲན་ཐོབ་པ་)རྣམས་ལ་ལོ་ (གསུམ་ཕྱོགས་ གསུམ་དུ་བསྒོམ་པ་ཡི་སྦྱོར་བས་བདེ་ཉམས(མཆོག་གི་དངོས་གྲུབ་)སྟེར་བར་བྱེད། ། (བསྟེན་བྱ་)ཤེས་རབ་ (ཕྱག་ རྒྱ་མ་དང་སྟེན་བྱེད་སྒོམ་པ་པོ་རྣལ་འབྱོར་པའི་སྒོམ་བྱུང་གི་)ཡེ་ཤེས་ (ལས་ཕྱི་མ་)དག་ནི་ (སྒོམ་བྱུང་གི་)སེམས་ (སྔ་མ་ནི་སེམས་)དང་དེ་ཡི་སྣང་བ་དག་ (དུ་སོགས་)ཀྱང་རྣམ་པ་བཅུ་པོ་ཉིད་དུ་འགྱུར། །ཞེས་པ་ དང༌། ཡང་རྟགས་བཅུ་རེ་ཁཱ་{ནག་པོ་དྲི་མེད་འོད་ཟེར་འཕྲོ་བ་}དུས་ཀྱི་རྩ་ལ་མཐོང་བར་ གྱུར་གྱི་བར་དུ་གསུངས་པའི་རྗེས་ཐོག་ཉིད་དུ། དེ་ལ་ཀུན་མཁྱེན་གཟུགས་ (དེ་རྣམ་པ་ཐམས་ཅད་ པའི་སྟོང་གཟུགས་)ནི་ཆུ་ལ་ཉི་མ(འི་གཟུགས་བརྙན་ཤར་བ་ལྟ་བུ་ངོ་བོ་ལ་དྲི་མས་)གོས་པ་མེད་པའི་ཁ་དོག་ སྣ་ཚོགས་ (གསལ་བར་འཆར་)ཏེ། རྣམ་པ་ཀུན་ལྡན་ (གྱི་སྟོང་ཉིད་དེ་རྣལ་འབྱོར་པ་རང་གི་སྒོམ་བྱུང་གི་)རང་ སེམས་ (ཕྱིའི་གཟུང་བའི་)ཡུལ་ (དུ་ཞེན་པའི་རྣམ་རྟོག་)དང་རྣམ་པར་བྲལ་བ(ས་མཐོང་བ་)དག་གོ་ (མཐོང་ བྱེད་དེ་སྐྱེས་བུ་)གཞན་གྱི་ (འདུས་བྱས་ཀྱི་)སེམས་ནི་མུན་པ་ཉིད(དེ་ལས་དང་པོ་པའི་རྣལ་འབྱོར་པ་དེ་ལ་གཞན་ 3-1-43 སེམས་ཤེས་པའི་མངོན་ཤེས་མེད་པའི་ཕྱིར་རོ། །ཞེས་འགྲེལ་ཆེན་དུའོ)། །ཅེས་དང༌། (སྟོང་གཟུགས་ཀྱི་)ས་ཡི་རྣམ་ པ་ (དེ་ལས་གཟུགས་ཀྱི་ས་འདི་མིན་ཏེ། ) སྲ་ (ཞིང་འཐས་པ་)བ་མིན་ཅིང་ (པའི་ཕྱིར། )ཞུ་བ་ (སྟོང་གཟུགས་ཀྱི་ ཆུའི་རྣམ་པ་དེ་)ཆུ་ལུས་ཁུ་བ(འི་དངོས་པོ་ནི་)མིན་ཏེ། (རླན་ཅིང་)གཤེར་བ(འི་དངོས་པོ་འདི་)ཉིད་མིན་ (པའི་)ཕྱིར(དེས་འོག་མ་དག་ལ་འགྲེས་སོ)། མེ་ཡི་རྣམ་པ་མེ་མིན་གཡོ་བ་རླུང་གི་ལུས་ནི་གང་ཞིག་ གཡོ་བ་མིན་པས་རླུང་མ་ཡིན། །སྟོང་པའི་རྣམ་པ་ཡིན་ཡང་ (ཆད་སྟོང་མིན་གྱི་རྣལ་འབྱོར་པའི་མངོན་སུམ་ གྱིས་)མཐོང་ (བ་)སྟེ་དཀར་དང་ལྗང་དང་ཁ་དོག་སྣ་ཚོགས་ཆེན་པོ(འི་སྟོང་གཟུགས་འདི་)ཁ་དོག་ (གི་དངོས་པོ་འདི་)མིན། །རྣམ་པ་ཀུན་ལྡན་ཡིན་ཡང་ (སྒོམ་པ་མེད་པའི་སྐྱེ་བོ་དག་གིས་མངོན་སུམ་དུ་)མཐོང་ བ་མིན་ཏེ་རང་སྙིང་ (སྟེ་སེམས་)དྲི་མ་ཉོན་མོངས་ (རླུང་གཡོན་རླུང་དང་)བདུད་ཀྱི་ (གཡས་རླུང་རང་དགར་ རྒྱུ་ཞིང་སྒོམ་པའི་སྟོབས་ཀྱིས་ཡེ་ཤེས་ཀྱི་རླུང་དུ་ཅུང་ཟད་ཀྱང་མ་གྱུར་པའི་)མཐུ་ལས་སོ། །ཞེས་དང༌། སྣ་ཚོགས་ གཟུགས་ལ་སོགས་པ་འདི་རྣམས་རྒྱལ་བ་མཆོག་གི་ (ཡུམ་རྡོ་རྗེ་སེམས་དཔའ་སྟེ་རྣམ་ཀུན་མཆོག་ལྡན་གྱི་ སྟོང་ཉིད་ཀྱི་)ཡུལ་རྣམས་རྣམ་པ་དྲུག་སྟེ་ཀུན་ནས་ནི། །(དྲི་མས་མ་གོས་པས། )དྭངས་ཤིང་མ་སྐྱེས་མ་ འགག་མཆོག་གི་བདེ་བྱེད་གོས་པ་མེད་ཅིང་ཡེ་ཤེས་ཀྱིས་ནི་རྟོགས་བྱ་སྟེ། །ཁམས་གསུམ་ དག་ཏུ་ (སྤྱན་ལྔ་ལས་)གཞན་གྱི་གཟུང་བྱ་ (མིན་པ་)དང་ནི་མཐའ་དག་འགྲོ་བ (སྟེ་སྒོམ་མེད་པའི་སྐྱེས་ བུ་ཐམས་ཅད་པ)འི་དབང་པོའི་སྒོ་ཡི་ (གཟུང་འཛིན་གྱི་འགྲེལ་བའི་སྒོ་ནས་རྣམ་ཤེས་ཀྱི)ས་རྟོགས་བྱ་མིན། ། ཞེས་དང༌། (དོན་དམ་གྱི། )རྒྱལ་བའི་སྐུ་ཡི་རྡོ་རྗེ་ (སྟེ་བཟུང་བའི་)ཡུལ་དང་ (དེ་འཛིན་པའི་)ཡུལ་ ཅན་ (ཏེ་གཟུང་འཛིན་རྣམ་རྟོག་)རྣམས་ཀྱི་བགྲོད་བྱ་མིན་པ་ (སྟེ་མངོན་སུམ་དུ་མི་མཐོང་བའི་)རྣམ་པ་ཐམས་ ཅད་པ(འི་སྟོང་པ་ཉིད་དོ)། །ཞེས་དང༌། སྒྲུབ་ལེར། སོ་སོར་སྡུད་པའི་རྣལ་འབྱོར་པ་ནི་ (མཉམ་ བཞག་ཏུ་གཟུང་པའི་)ཡུལ་ (དུ་ཞེན་པ་)དང་རྣམ་པ་བྲལ་བ་ (ཡིན་ཞིང་)སྔགས་རྣམས་ཀུན་གྱིས་བྱིན་ གྱིས་བརློབ(པ་སྟེ་གདོན་ཞི་བར་གྱུར་ཅིག་ཅེས་སོགས་ཚིག་གིས་མཆོག་སྟེར་ནུས་པའོ)། །ཞེས་སོགས་དང༌། སོ་ སོར་སྡུད་པ(འི་རྣལ་འབྱོར་ནི་རྣལ་འབྱོར་པའི་)ལུས་ (ཏེ་རྒྱུད་)ལ་ (གཟུགས་སོགས་)ཡུལ་ (ལྔ་)དང་ (དེ་འཛིན་ 3-1-44 པའི་)ཡུལ་ཅན་ (དབང་པོའམ་དབང་ཤེས་ལྔ་སྟེ་)བཅུ་པོ་རྣམས་ནི་ (གཟུང་འཛིན་གྱི་འབྲེལ་བའི་སྒོ་ནས་)རབ་ ཏུ་འཇུག་པ་མེད་པའོ། །ཞེས་སོགས་དང༌། ཕྱག་རྒྱ་སྒྱུ་མའི་རྗེས་སུ་མཐུན་པ་ཡིད་དང་ནམ་ མཁའ་ལ་ནི་མེ་ལོང་དག་ལ་གཟུགས་བཞིན་ཏེ། །འཇིག་རྟེན་གསུམ་པོ་སྣང་བར་བྱེད་ཅིང་ དྲི་མེད་གློག་དང་མཚུངས་པའི་འོད་ཟེར་དུ་མ་འཕྲོ་བར་བྱེད། །ཕྱི་དང་ལུས་ལ་དབྱེར་མེད་ ཡུལ་དང་རྣམ་པར་བྲལ་བ་སྣང་བ་ཙམ་ནི་མཁའ་ལ་གནས་པ་ཡི། །སེམས་ལ་སེམས་ཀྱི་རང་ བཞིན་འཁྱུད་པ་གང་ཞིག་འགྲོ་བ་དུ་མའི་གཟུགས་ཅན་དེ་ནི་གཅིག་པུའོ། །སེམས་ནི་ (འཛག་ བདེ་སོགས་ལ་ཞེན་པའི་)རྙོག་པ(འི་དྲི་མ་)དང་བཅས་ལས་ཀྱི་ཕྱག་རྒྱ་འདི་དང་ (རྟོག་པས་)བརྟགས་ པའི་ཡེ་ཤེས་ཕྱག་རྒྱ་སྤང་བྱ་སྟེ། །ཡང་དག་རྫོགས་པའི་བྱང་ཆུབ་ཆེད་དུ་རྒྱལ་བ་མཆོག་གི་ (རྡོ་རྗེ་སེམས་དཔའ་)བསྐྱེད་མ་ (སྟེ་ཡུམ་)མཆོག་གི་ (རྡོ་རྗེ་སེམས་དཔའི་)ཕྱག་རྒྱ་ (ཆེན་མོ་དྲི་མས་)གོས་པ་ མེད། །རྣམ་པར་འགྱུར་བ་ (སྐྱེ་འཇིག་)མེད་ཅིང་ (འདི་ཙམ་ཞེས་པའི་མཐའ་མེད་པའི་ནམ་)མཁའ་ (དང་) མཉམ་ (པའམ་མཚུངས་པའི་གདོད་ནས་)མུན་ (པའམ་སྒྲིབ་པ་)བཅོམ་ (པ་བརྟན་གཡོ་ཀུན་ལ་)ཁྱབ་བྱེད་རྣལ་ འབྱོར་ (པ་)དག་གིས་བགྲོད་ (པ་སྟེ་ཐོབ་)བྱ་ཐེར་ཟུག་ (སྟེ་མི་འགྱུར་བར་)གནས། །(ཆོས་ཀྱི་དབྱིངས་ ཀྱི་)ཡེ་ཤེས་ (རང་བཞིན་གྱིས་འོད་གསལ་བའི་)གཟི་བརྗིད་ (ཅན་དང་འདི་བསྒོམས་པས་)སྲིད་པའི་དྲི་མ་ འཕྲོག་ཅིང་དུས་ཀྱི་འཁོར་ལོ(སོ་སོར་རང་རིག་པའི་ཚུལ་གྱི)ས་རྗེས་སུ་རིག་པ་ (དེ་བསྒོམ་དུ་མེད་པའི་ ཚུལ་གྱིས་)བསྒོམ་པར་བྱ། །ཞེས་དང༌། ལྷ་ཡི་དམིགས་པ་གང་ཡིན་མངོན་སུམ་དང་ནི་རྗེས་ སུ་དཔག་པ་རྣམ་པ་གཉིས་སུ་འགྱུར་བ་སྟེ། །མངོན་སུམ་དག་ནི་དེ་ཉིད་སྦྱོར་བས་མཁའ་ལ་ སྐར་མ་བཞིན་དུ་དུ་མ་ལོངས་སྤྱོད་རྫོགས་པའི་སྐུ། །མངོན་སུམ་མིན་ན་རྗེས་སུ་དཔག་པ་ཤི་ བའི་ལུས་བཞིན་དེ་ཉིད་མིན་པ་ཡིས་ནི་བརྟགས་པ་གང༌། །ཞེས་པ་ལ་སོགས་པ་དང༌། སྔར་ དྲངས་ཤིང་བཤད་པའི་ལུང་རྣམ་དག་དེ་རྣམས་དང༌། གཞན་ཡང་མདོ་རྒྱུད་ཀྱི་དགོངས་པ་ ཟབ་མོ་འགྲེལ་བའི་སེམས་འགྲེལ་རྣམས་ལས་གསུངས་ཤིང༌། རྗེ་ནཱ་རོ་པ་ཆེན་པོ་ལ་སོགས་ 3-1-45 པ་མཁས་གྲུབ་རྣམས་ཀྱིས་ཀྱང་གསུངས་ལ། རྗེ་གྲུབ་ཆེན་ཡུ་མོ་ལ་སོགས་པ་དང༌། ཆོས་ རྗེ་ཀུན་སྤངས་ཞང་ཡབ་སྲས་རྣམས་ཀྱིས་ཀྱང་དེ་ལྟར་བཞེད་པས། ཚུལ་དེ་ལྟར་མཁས་པ་ རྣམས་ཀྱིས་ཀྱང་རྟོགས་པར་བྱའོ། །གཞན་ཡང་འདིའི་ལུང་སྦྱོར་གྲུབ་ (ཨིནྡྲ་བྷུ་ཏིས་མཛད་པའི་ལྷན་ ཅིག་སྐྱེས་གྲུབ་ལ་སོགས་པ་སྡེ་བརྒྱད་དུ་གྲགས་པ་རྣམས་དང༌། བྲམ་ཟེ་ཆེན་པོ་དཔལ་ས་ར་ཧས་དོ་ཧ་མཛོད་ཅེས་པ་ལྷུག་པའམ་ མ་བཅོས་པ་ལ་འཇུག་ཅེས་ཆོས་རྗེ་ས་པཎ་གསུངས། མེ་དྲི་པའི་ཡིད་ལ་མི་བྱེད་པ་སྟོན་པ་ལ་སོགས་པ་ཨ་མ་ན་སེའི་སྐོར་དུ་ གྲགས་པ)སྙིང་གི་ (སོ་སོའི་)སྐོར་ (དུ་གྲགས་པ་རྒྱུད་རྡོ་རྗེ་རྩེ་མོ་)ལ་སོགས་པ་རྣམས་ལས་ཀྱང་གསུངས་ པས། དེ་དག་ལས་གཟུ་བོའི་བློ་ཡིས་དཔྱད་ནས་ཤེས་པར་བྱ་སྟེ། ཕྱོགས་སུ་ལྷུང་བས་སེམས་ གདུངས་པས། །ཞི་བ་ནམ་ཡང་རྟོགས་མི་འགྱུར། །ཞེས་གསུངས་པའི་ཕྱིར། ཕྲ་མ་སྔ་བཙན་ ལ་སོགས་ཀྱིས་གཞུང་ལུགས་ཆེན་པོའི་ངེས་དོན་རྟོགས་པ་ལ་སྒྲིབ་པར་མ་གྱུར་པར་བྱའོ། ། ལུང་སྦྱོར་རྒྱས་པར་ལོགས་སུ་ཡང་བསྟན་པར་བྱའོ།། །། ༈ (སྔར་བཤད་པའི་ཚུལ་)དེ་ལྟར་རྡོ་རྗེ་ཐེག་པའི་ཟབ་དོན་མཆོག །(དུས་འཁོར་སོགས་)མཆོག་ གི་རྒྱུད་འགྲེལ་ཆེ་ལས་གསུངས་པའི་དོན། །དོན་བཞིན་བཤད་པ་འདི་ནི་མཁས་པའི་ཚོགས། ། ཚོགས་པའི་ནང་དུ་ཡུན་རིང་གནས་གྱུར་ཅིག །ཁོ་བོས་ (ཆོས་རྗེ་བུ་དོལ་རྣམ་གཉིས་སོགས་)མཁས་ པའི་ཞལ་སྔར་ཚུལ་བཞིན་ (མཁས་པར་)སྦྱངས། །གསུང་རབ་ཟབ་མོའི་དོན་ལ་གཟི་བོས་ དཔྱད། །མདོ་རྒྱུད་ངེས་དོན་བློ་གྲོས་ཀྱིས་ངེས་ནས། །ཡིད་ཀྱི་མུན་སེལ་འོད་གསལ་རྒྱན་འདི་ བྱས། །སྲས་བཅས་རྒྱལ་བས་ཇི་ལྟར་གསུངས་པ་བཞིན། །སྒྲོ་སྐུར་སྤངས་ཏེ་བྲིས་པས་ཉེས་ པའི་ཚོགས། །ཅུང་ཟད་མེད་པར་ཡིད་ཀྱིས་རབ་བསམ་མོ། །(བརྒྱ་ལམ་ན་གལ་ཏེ་)འགའ་ཞིག་ མཆིས་ (སྲིད་)ན་མཁས་རྣམས་བཟོད་པར་དགོངས། །དེང་སང་གངས་རིའི་ཁྲོད་འདི་ན། ། རང་བཞིན་འོད་གསལ་ཟབ་མོ་ཞེས། །སྒྲ་ཙམ་གྲགས་ཀྱང་ཇི་བཞིན་དུ། །དེ་དོན་ཤེས་པའི་ སྐྱེ་བོ་དཀོན། །(སྔར་བཤད་པ་ལྟར་གྱི་)ཕུང་སོགས་རྣམ་དཔྱད་སྟོང་ཉིད་ཙམ། །རང་བཞིན་འོད་ 3-1-46 གསལ་ཡིན་པར་ཕར་ (ཕྱིན་པ་མང་པོ་དང་གསང་འདུས་པ་སོགས་གསང་སྔགས་པ་མང་པོ་)འདོད། །སྙིང་པོ་ མེད་ཕྱིར་ཆུ་ཤིང་བཞིན། །རང་བཞིན་འོད་གསལ་མིན་པར་བཤད། །(ཕྱག་རྫོགས་པ་སོགས་འགའ་ ཞིག་)ཚོགས་དྲུག་སྣང་བ་སྣ་ཚོགས་འདི། །རང་བཞིན་འོད་གསལ་ཡིན་ནོ་ལོ། །ཁྲུལ་སྣང་ (ཡིན་ པས་རྣམ་པར་མི་རྟོག་པའི་འོད་)མི་གསལ་ཉིད་ཡིན་ (པའི་)ཕྱིར། །རང་བཞིན་འོད་གསལ་མིན་པར་ བཤད། །(གསང་སྔགས་པ་འགའ་ཞིག་)རྟོག་པ་བརྟན་པའི་བསྐྱེད་རིམ་གྱི། །སྣང་བ་རང་བཞིན་འོད་ གསལ་ལོ། །(རང་བཞིན་འོད་གསལ་)དེ་ནི་ (རྣམ་པར་)མི་རྟོག་ (པའི་)ཡེ་ཤེས་ (ཁོ་ནའི་དངོས་)ཀྱི། ། ཡུལ་ཉིད་མིན་ (པའི་)ཕྱིར་ (ཕྱོགས་སྔ་)དེ་མི་རིགས(སོ)། །(ཕྱག་ཆེན་པ་)ཁ་ཅིག་རྣམ་རྟོག་སྣ་ ཚོགས་འདི། །བཀག་ན་ལྷག་མཐོང་གཏན་མེད་འགྱུར། །དེ་ཕྱིར་རྣམ་རྟོག་ཆེས་མང་པར། ། སྤྲོས་བཅས་རྒྱ་ཆེར་བཀོད་པ(འི་བླུན་པོས་རྣམ་ཐར)་མཐོང༌། །རིགས་གསུམ་མགོན་བཅས་རྒྱལ་ བ་ཡིས། །(མཉམ་བཞག་ཟབ་མོའི་སྐབས་སུ་རྣམ་རྟོག་)དེ་མ་བཀག་ན་ཞི་གནས་མེད། །དེ་ཕྱིར་ལྷག་ མཐོང་མེད་དོ་ཞེས། །དཔལ་གྱི་མགུར་ནས་གསལ་བར་གསུངས། །(ཕྱག་ཆེན་པ་)ཁ་ཅིག་རྣམ་ རྟོག་རང་ཉིད་ཀྱིས། །རང་ཉིད་རང་བཞིན་མེད་པར་ནི། ། (རྣམ་རྟོག་འགྱུས་པ་དེའི་)རྗེས་སུ་ (བལྟས་པས་རང་བཞིན་མེད་པར་)ཤེས་བཞིན་དྲན་པ་ཙམ། །ཆོས་ཉིད་ལྷག་གིས་མཐོང་པ་ལོ(ནི་མ་ རངས་པའི་ཚིག་གོ)། །རྣམ་རྟོག་ཡིན་ཕྱིར་ཆོས་ཉིད་ནི། །ལྟ་བའི་ཚེ་ན་དམུས་ལོང་ཉིད། །ཅེས་པ་ རྒྱལ་དང་རིགས་གསུམ་མགོན། །མཁས་གྲུབ་རྣམས་ཀྱིས་གསལ་བར་གསུངས། །རྟོག་ པས་རང་བཞིན་མེད་པར་ནི། །དྲན་པ་ཙམ་གྱིས་གྲོལ་འགྱུར་ན། །རྒྱང་འཕེན་ཐམས་ཅད་ གྲོལ་འགྱུར་ཏེ། །དེ་ཡིས་དེ་ལྟར་དྲན་ཕྱིར་རོ། །མཚམས་མེད་ཉེ་བའི་མཚམས་མེད་སོགས། ། མི་བཟད་ལས་ངན་སྤྱད་ནས་སླར། །རང་བཞིན་མེད་པར་དྲན་ (པ་ཙམ་)བྱས་པས། །སྡིག་ ཆེན་རྩད་ནས་འབྱིན་ནམ་ཅི་ (སྟེ་མི་འབྱིན་པ་བཞིན་ནོ)། །དེ་ལྟའི་བསམ་གཏན་པ་དེས་ནི། །ཆད་ སྟོང་སྟོང་ཉིད་མཆོག་ཡིན་པར། །རང་གི་རྟོགས་ནས་རྗེས་འཇུག་རྣམས། །ཆད་ལྟའི་གཡང་ 3-1-47 ལ་མ་བཏང་ངམ། །(ཕྱག་རྫོགས་པ་)ཁ་ཅིག་ (རི་ཁང་ཁྱིམ་སོགས་ཐོག་མ་མེད་པ་ནས་མ་རིག་པས་བསླད་པའི་) འཁྲུལ་སྣང་སྣ་ཚོགས་འདི། །ཆོས་ཉིད་ (ཀྱི་)ཡོ་ལང་ཡིན་པའི་ཕྱིར། །(འདི་)རྟོགས་ན་སངས་ རྒྱས་ (ཆོས་ཀྱི་སྐུ་ཡིན་)མ་རྟོགས་ན། །ཁོར་བ་ཡིན་ཞེས་འདོམས་པ་མཐོང༌། །(དེ་འདྲའི་)འཁྲུལ་ སྣང་ (དེ་འགྱུར་ཞིང་)མི་རྟག་ཆོས་ཉིད་ (དེ་)རྟག(ཏུ་མི་འགྱུར་བར་གནས་པའི་ཕྱིར) ། མི་རྟག་པ་དེ་རྟག་ པར་ནི། །བློ་ལྡན་སུ་ཞིག་ཁས་ལེན་བྱེད། །སེམས་ལྡན་སུ་ཞིག་འདི་རྗེས་འབྲང༌། །དེ་ལྟའི་ བསམ་གཏན་པ་དེས་ནི། །(སངས་རྒྱས་ཀྱི་ཡང་དག་པའི་)ལམ་མིན་ (པ་ལ་ཡང་དག་པའི་སངས་རྒྱས་ཀྱི་) ལམ་ (ཡིན་སྙམ་)དུ་ངེས་ (པ་སྟེ་གཏིང་ཚུགས་པར་)བཟུང་ནས། །(སངས་རྒྱས་དོན་གཉེར་གྱི་)དད་ལྡན་ ལོག་ལམ་གཅོང་རོང་དུ། །ནན་གྱིས་ལྷུང་བར་མ་བྱས་སམ། །(འདིའི་དགག་སྒྲུབ་གཞི་ལམ་འབྲས་ གསུམ་སོགས་སྟོན་པའི་བསྟན་བཅོས་སུ་གསལ་བར་བཀོད་ཡོད་པས་དེར་བལྟ་བར་བྱའོ། །རྫོགས་ཆེན་པ་འགའ་ཞིག་) སེམས་ཅན་མ་འཁྲུལ་སངས་རྒྱས་འཁྲུལ་ལོ་ (ཆོས་ཅན་མ་འཁྲུལ་ཆོས་ཉིད་འཁྲུལ་)ཞེས། །(སོགས་) འཁོར་མང་ནང་དུ་རྒྱ་ཆེར་སྒྲོག་བྱེད་ཅིང༌། །(བླ་མ་)དེ་ཡིས་ཟབ་ཆོས་ཕུལ་བྱུང་ (བདག་ཅག་ལ་) འདོམས་ (སམ་གསུངས་)སོ་ཞེས། །(སློབ་མ་བླུན་པོ་མང་པོ་)དགའ་མགུའི་སེམས་ཀྱིས་ཚིམ་པར་ གྱུར་པ་མཐོང༌། །ཇི་ལྟར་ (ཏེ་དཔེར་ན་བུད་མེད་)གཡེམ་མ་ (སྟེ་འཕྱོན་མ)ས་སྐྱེས་པ་གཞན་བསྟེན་ པ། །བདག་པོའི་མིག་གིས་མཐོང་ (ནས་ཁྱེད་ཀྱིས་སྐྱེས་པ་གཞན་བསྟེན་ནོ་ཞེས་རྩོད་པའི་ཚེ་ན་བདག་པོས་མངོན་ སུམ་དུ་མཐོང་བཞིན་དུ་)ཡང་ཁྱོད་ (མིག་)འཁྲུལ་ཞེས། །(སོགས་)འཕྱོན་མས་བསྙོན་ (པ)ལས་ (བདག་ པོས་དེ་བདེན་པར་བཟུང་པས་བདག་པོ་)དེ་ལས་ (འཕྱོན་མ་)རྒྱལ་བ(ར་གྲགས་པ་)བཞིན། །(བླ་མ་)བླུན་ པོས་ (སློབ་མ་)བླུན་པོ་འདྲིད་ (པ)འདི་ཨེ་མ་མཚར། །འགྲོ་བའི་གཉེན་གཅིག་བདེ་གཤེགས་ བཅོམ་ལྡན་གྱིས། །(མདོ་དགོངས་འགྲེལ་སོགས་ལས་)འདི་དང་འདི་ནི་ངེས་དོན་དྲང་དོན་ཞེས། ། ཞལ་ནས་ལྷངས་ཀྱིས་གསུངས་པ་རབ་དོར་ནས། །(པཎ་ཊི་ཏ་)ཕལ་བས་དེ་ལས་བཟློག་པར་ བསྟན་ (པ་)ལ་དད། །འདི་ཡིས་བདེ་གཤེགས་ཁྱད་དུ་མ་བསད་དམ། །སངས་རྒྱས་བསྟན་པ་ 3-1-48 དཀྲུགས་པར་མ་བྱས་སམ། །རྗེས་འཇུག་ལེགས་འདོད་བསླུས་པར་མ་བྱས་སམ། །འདི་ལ་ རྣམ་སྨིན་མི་བཟད་མེད་འགྱུར་ཏམ། །རྒྱུད་སྡེ་ཟབ་མོ་འབྱེད་ཚེ་རིགས་གསུམ་མགོན། ། དཔལ་ལྡན་རྡོ་རྗེ་སྙིང་པོ་ས་ར་ཧ། །ཨིན་དྲ་བྷུ་ཏི་ནཱ་རོ་དུས་ཞབས་སོགས། །མཁས་གྲུབ་ རྣམས་ཀྱི་གསུངས་ལ་མི་བསྟེན་པར། །སྙན་ནས་སྙན་དུ་རྒྱུད་པ་ཡིན་ནོ་ཞེས། །སེམས་ དཔའི་འགྲེལ་དང་འགལ་ཡང་ (ལམ་)ཟབ་མོ(མཐར་ཐུག་པ)ར་གླེང༌། །སེམས་དཔའི་ (འགྲེལ་བ་ སྐོར་གསུམ་སོགས་ཀྱི་)ལུགས་དེའང་འཆད་ལུགས་གཅིག་ཡིན་ལ། །ངེད་ཀྱི་འདི་ཡང་འཆད་སྲོལ་ གཅིག་ཡིན་ལོ། །འཆད་སྲོལ་སོ་སོར་སོང་བ་བདེན་ལགས་མོད། །རིགས་གསུམ་མགོན་ སོགས་ཀྱིས་གསུངས་དྲང་ངེས་དོན། །དེ་དེ་བཞིན་དུ་མིན་ན་འཇིག་རྟེན་འདིར། །ཇི་བཞིན་ བདེན་པར་གསུངས་པ་སུ་ཞིག་ཡོད། །མདོ་སྡེ་ཟབ་མོ་གཏན་ལ་འབེབས་པའི་ཚེ། །ས་བཅུའི་ དབང་ (ཕྱུག་རྒྱལ་བ་བྱམས་པ་)དང་ས་གསུམ་དབང་པོ་ (འཕགས་པ་ཐོགས་མེད་)སོགས། །འཕགས་ ཆེན་རྣམས་དང་སངས་རྒྱས་གཉིས་པ་ཞེས། །གྲགས་པ་ (དབྱིག་གཉེན་དང་རྒྱལ་བས་ལུང་བསྟན་པའི་ ཕྱོགས་གླང་ཆོས་གྲགས་)སོགས་ཀྱི་གསུངས་ལ་མི་བསྟེན་པར། །(སློབ་དཔོན་སེང་བཟང་སོགས་)མཁས་ པར་གྲགས་པ་ཕལ་པའི་གསུང་རབ་ལས། །ཇི་ལྟར་བཤད་བཞིན་ངེས་དོན་ཟབ་མོ་ཕར་ཕྱིན་ པ་མང་པོར་གླེང༌། །(སློབ་དཔོན་སེང་བཟང་གི་མངོན་རྟོགས་རྒྱན་གྱི་འགྲེལ་བ་ལ་འཁྲུལ་ཆེན་བཞི་འཁྲུལ་ཆུང་རྟ་ཆད་ཀྱི་ བང་ཙམ་ཡོད་ཅེས་)ནོར་བ་མཐོང་བཞིན་ (སློབ་དཔོན་སེང་བཟང་)དེ་ལ་དད་པ་ཡིས། །འདི་ཉིད་བདེན་ ཞེས་ནན་གྱིས་འཇུག་པ་མཐོང༌། །དྲང་དོན་ངེས་དོན་ཇི་ལྟར་ཡིན་པ་བཞིན། །ཕྱེ་ནས་ དགོངས་འགྲེལ་བྱེད་པར་ལུང་བསྟན་པས། །དྲང་ངེས་ཇི་ལྟར་ཕྱེ་བཞིན་མ་ཡིན་ན། །དྲང་ ངེས་མ་ནོར་འབྱེད་པ་སུ་ཞིག་ཡོད། །(དགོངས་འགྲེལ་སོགས་ཀྱི་)མདོ་དེར་འདི་དང་འདི་སྐད་ གསུངས་པའི་དོན། །འདི་ཞེས་རྒྱལ་བ་སྲས་བཅས་རང་ཉིད་ཀྱིས། །རང་གི་དགོངས་པ་ བླངས་པ་མི་བདེན་ན། །རྒྱལ་བའི་དགོངས་པ་ཇི་བཞིན་ཤེས་པ་སུ། །(ཕྱག་ཆེན་པ་སོགས་སྒོམ་ཆེན་ 3-1-49 པ་མང་པོ་དང་གསང་སྔགས་པ་)ཁ་ཅིག་ (སེམས་འགྲེལ་སྐོར་གསུམ་དང་བྱམས་ཆོས་སོགས་)གཞུང་ལུགས་ཆེ་དང་ མི་མཐུན་ཡང༌། །མི་མཐུན་པར་ཟད་གྲུབ་ཐོབ་འདི་དང་འདི། །ཆོས་དེ་ཉམས་སུ་བླངས་པས་ གྲོལ་ཡིན་པས། །ཁོ་བོའི་ཆོས་ལ་འདི་ཡིས་ཆོག་ཅེས་ཟེར། །(གྲུབ་ཐོབ་འདི་དང་འདི་ཞེས་ཁྱེད་ཟེར་བའི་ སྐྱེས་བུ་)དེ་ནི་གྲུབ་ཐོབ་ཡིན་པའི་སྒྲུབ་བྱེད་གང་ (ཡིན་སྨྲོས་ཤིག་ཕལ་ཆེར་ལྟར་སྣང་ལས་མི་འདའ་འོ། །གྲུབ་ ཐོབ་ཡིན་དུ་ཆུག་ནའང་ཁྱེད་ཀྱི་)། །ཉམས་ལེན་འདི་ཡིས་ (ཁོང་)གྲོལ་བའི་རྒྱུ་མཚན་ཅི་ (ཡོད་སྨྲོས་ཤིག་ ཕལ་ཆེར་ལྟར་སྣང་ལས་མི་འདའོ)། །ཁྱེད་ལ་དེ་ཡིས་ཆོག་པ་བདེན་ (དུ་ཆུག་)ལགས་མོད། །སངས་ རྒྱས་ཐོབ་ལ་དེ་ཡིས་མི་ཆོག་གོ །མདོ་རྒྱུད་དགོངས་པ་ཇི་བཞིན་བཤད་ན་ཡང༌། །(གཞན་གྱི་) ཕྱོགས་སུ་བཟུང་ནས་དེ་ལ་འཇུག་མི་བྱེད། །(ཤིང་ངན་པ་)ཚེར་མའི་ཤིང་ལས་ (ཀྱང་རོ་ནུས་པ་ཕུན་ སུམ་འཚོགས་པ་)སྦྲང་རྩི་ (འབྱུང་པ་དེ་བླང་བྱ་ཡིན་པ་)ཇི་བཞིན་དུ། །དགྲ་ལས་ཀྱང་ (ལེགས་བཤད་བླང་)ངོ་ ཞེས་ (ཤིང་རྟ་ཆེན་པོ་མ་ཁོལ་གྱིས་གསུངས་པ་)དང་མི་འགལ་ལམ། །(རང་བཞིན་)འགྱུར་མེད་ (དུ་གནས་པ་ དོན་དམ་ཆོས་སྐུ་ལ་སོགས་པའི་)ཆོས་གང་རྟག་ཏུ་གནས་སོ་ཞེས། །ཁས་ལེན་པ་དེ་རྟག་པའི་མཐར་ ལྷུང་ལ། །(ཉོན་མོངས་ལྔ་པོ་ཉིད་ཡེ་ཤེས་ལྔ་ཡིན་པས་)གློ་བུར་དྲི་མ་གཏན་ནས་མེད་གྱུར་ན། །ཆད་པའི་ མཐར་ནི་ལྷུང་བ་ཡིན་ནོ་ལོ། །གང་གི་རང་བཞིན་འཇིག་པ་མེད་པ་ལ། །རྟག་གོ་ཞེས་ནི་ (རྒྱན་ དྲུག་ལ་སོགས་པའི་)མཁས་མཆོག་རྣམས་ཀྱིས་གསུངས། །དེ་ཕྱིར་རྟགས་ལ་རྟག་པར་སྨྲས་པ་ལ། ། ཉེས་པ་ཅུང་ཟད་ཡོད་པར་མ་མཐོང་ངོ༌། །མཁའ་ལ་སྤྲིན་སངས་བཞིན་དུ་ (སངས་རྒྱས་ཐོབ་པའི་ཚེ་ ན་)དྲི་མ་རྣམས། །མེད་པར་འགྱུར་ཞེས་གསུངས་ཕྱིར་མེད་པ་རྣམས། །མེད་པར་བཤད་ལ་ ཉེས་པ་ཅུང་ཟད་ཙམ། །མདོ་དང་བསྟུན་ན་ཡོད་པར་མ་མཐོང་ངོ༌། །(ཐེག་ཆེན་འཕགས་པའི་) མཉམ་བཞག་རིག་པའི་ཤེས་ (པ་)ལ་ (མངོན་སུམ་དུ་)སྣང་བའི་དོན། །ཆོས་ཉིད་ཟབ་མོ་གྲུབ་ པར་འདོད་བཞིན་དུ། །ཆོས་ཉིད་དོན་དམ་གྲུབ་པ་མི་བཟོད་པ། །(ཆོས་ཉིད་དོན་དམ་དུ་གྲུབ་ཅེས་པའི་ )མིང་ལ་སྡང་བ་ཙམ་དུ་མ་ཟད་ (དེ་ལྟར་མངོན་སུམ་དུ་སྣང་བའི་ཆོས་ཉིད་གྲུབ་ན་ཆོས་ཉིད་དོན་དམ་དུ་མ་གྲུབ་པ་ 3-1-50 འགལ)དམ། །ཀུན་རྫོབ་འདི་དག་ (ཐོས་བསམ་གྱི་རིགས་པས་)བརྟགས་ན་མེད་པ་ཙམ། །ཆོས་ཉིད་ དོན་དམ་བདེན་པར་འདོད་བཞིན་དུ། །སྣང་བ་ཆོས་སྐུར་འདོད་ལ་སྐྱོན་བརྗོད་པ། །འདི་ཡང་ (སྣང་བ་ཆོས་སྐུ་ཡིན་ཞེས་པའི་)མིང་ལ་སྡང་བ་མ་ཡིན་ནམ། །(དེ་འདྲའི་བརྟགས་ན་མེད་པ་ཙམ་ཆོས་ཉིད་དོན་ དམ་བདེན་པ་ཡིན་ན་སྣང་བ་ཆོས་སྐུ་མ་ཡིན་པ་འགལ། )ཕུང་སོགས་རྣམ་དཔྱད་སྟོང་ཉིད་རྣམ་གཅོད་ཙམ། ། རྣམ་ཀུན་མཆོག་ལྡན་སྟོང་ཉིད་དུ་འདོད་བཞིན། །ཆད་སྟོང་ཐར་བའི་ལམ་དུ་མི་འགྱུར་ཞེས། ། སྨྲ་བའང་ (དེ་འདྲའི་ཆད་སྟོང་ཐར་བའི་ལམ་མིན་ཞེས་པའི་)མིང་ལ་སྡང་བ་མ་ཟད་དམ། །(དེ་འདྲའི་སྟོང་ཉིད་ དེ་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཟབ་མོ་ཡིན་ན་ཆད་སྟོང་བསྒོམ་པ་ཐར་བའི་ལམ་མ་ཡིན་པ་འགལ། )འགྲོ་ཀུན་ (ཆོས་ དབྱིངས་དེ་བཞིན་ཉིད་ཀྱི་)རང་བཞིན་གནས་པའི་རིགས་ཅན་དུ། །ངེས་པར་འདོད་བཞིན་འགྲོ་ ཀུན་བདེ་གཤེགས་ཀྱི། །སྙིང་པོ་ཅན་དུ་བསྟན་ (པ་)ལ་སྡང་བྱེད་པ། །(འགྲོ་ཀུན་བདེ་གཤེགས་སྙིང་པོ་ ཅན་ཡིན་ཞེས་པའི་)མིང་ལ་སྡང་བ་ཁོ་ནར་མ་ཟད་དམ། །(འགྲོ་ཀུན་དེ་འདྲའི་རིགས་ཅན་ཡིན་ན་བདེ་གཤེགས་ སྙིང་པོ་ཅན་མ་ཡིན་པ་འགལ)བྱམས་ཆོས་ཕྱི་མ་བཞི་པོ་སེམས་ཙམ་ (གྱི་)གཞུང་ (ཡིན་ལ་)། །སེམས་ ཙམ་པ་དེ་རང་བཞིན་རིགས་ཆད་འདོད། །དབུ་མ་པ་དག་རིགས་ཆད་མི་འདོད་ཅེས། །བདེན་ ཞེན་གྱིས་ནི་ཁས་འཆེ་བྱེད་བཞིན་དུ། །མདོ་རྒྱན་རྒྱུད་བླ (ར་རང་བཞིན་གྱི་རིགས་སྐྱེ་བོ་ཀུན་ལ་ཁྱབ་པར་ གསུངས་པ)འི་ལུང་གིས་རང་བཞིན་རིགས། །སྐྱེ་བོ་ཀུན་ལ་ཁྱབ་པར་སྒྲུབ་བྱེད་ཅིང༌། །དབུ་ མའི་གཞུང་ལུགས་ (མངོན་རྟོགས་རྒྱན་རྩ་འགྲེལ་)འཆད་ལ་བརྩོན་པར་བྱེད། །འདི་ཡང་ (བྱམས་ཆོས་ཕྱི་ མ་བཞི་པོ་དབུ་མའི་བསྟན་བཅོས་ཡིན་ཞེས་པའི་)མིང་ལ་སྡང་བར་མ་ཟད་དམ(དེ་བཞི་སེམས་ཙམ་པའི་རང་གཞུང་ ཡིན་ན་སེམས་ཙམ་པ་དེ་རང་བཞིན་དུ་གནས་པའི་རིགས་ཆད་པའི་སེམས་ཅན་ཡོད་པར་འདོད། །དབུ་མ་པ་དེ་མེད་ཅིང་མདོ་ རྒྱན་རྒྱུད་བླ་མས་སེམས་ཅན་ཐམས་ཅད་རང་བཞིན་དུ་གནས་པའི་རིགས་ཅན་དུ་རང་ལུགས་སུ་གསུངས་པ་དང་འགལ)། ། (དོན་དམ་)ཆོས་ (ཉིད་ཀྱི་)སྐུ་ (དེ་རང་བཞིན་)འགྱུར་པ་མེད་ (པ་འདུས་མ་བྱས་)པར་འདོད་བཞིན་དུ། ། སེམས་ཅན་རྣམས་ལ་ཆོས་ (ཉིད་ཀྱི་)སྐུ་མེད་དོ་ཞེས། །སྨྲ་བ་དེ་ཡང་བརྟགས་ན་མི་འཐད་དེ། 3-1-51 ། ཆོས་ (ཉིད་ཀྱི་)སྐུ་འགྱུར་བ་ཅན་དུ་ཐལ་ (དེ་སྔར་མེད་ཕྱིས་བྱུང་བའི་)ཕྱིར་རོ། །(རྟགས་ཁས་བླངས། རྒྱ་ བོད་ཀྱི་སློབ་དཔོན་)ཁ་ཅིག་སངས་རྒྱས་ཐོབ་ཚེ་ཡེ་ཤེས་མེད། །གཞན་ཕན་རྒྱ་ཆེན་སྨོན་ལམ་ སྟོབས་ཀྱིས་འབྱུང་ (ཞེས་ཟེར་ཞིང་)། །ཁྱད་པར་སྤྲུལ་བའི་སྐུ་ལ་ཡེ་ཤེས་མེད། །ཡོད་ན་སངས་ རྒྱས་རྒྱུད་དུ་{མར་[མངའ་]གྱུར་ (ཏེ་སྤྲུལ་སྐུ་དུ་མ་ཡོད་པའི་ཕྱིར་)ལོ། །(འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ ལས་གུད་དུ་སོང་བས་)རྒྱང་འཕེན་ (ཅེས་གནས་བརྟན་བྱང་བཟང་གིས་བཤད་དེ་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ནི་ ལས་རྒྱུ་འབྲས་ཡོད་པར་འདོད་པ་སྟེ། འདིས་དེ་མི་འདོད་པས་དེ་སྐད་ཟེར་རོ། །སངས་རྒྱས་ལ་ཡེ་ཤེས་མེད་ན་ལས་རྒྱུ་འབྲས་ མེད་པར་འགྱུར་བས་དེ་སྐད་སྨྲ་པའང་ཆད་ལྟ་བ་ཡིན་པར་གནས་བརྟན་བྱང་བཟང་གིས་བཤད་པས་དེ་འདྲའི་)ལུགས་འདི་ ཐར་འདོད་སུ་ཞིག་ལེན(ཏེ་ལེན་པར་མི་རིགས་སོ)། །(མ་སྨྱོས་ཤིང་གདོན་གྱིས་མ་བརླབས་པའི་ཐར་འདོད་ཀྱི་) སེམས་ཡོད་སུ་ཞིག་མེད་ལྟའི་གཡང་ལ་མཆོང༌། །(སངས་རྒྱས་ཀྱི་)བསྟན་ (པ་ལ་)ཞུགས་ (པ་)སུ་ ཞིག་ (སྐྱབས་གནས་)རྒྱལ་ལ་སྐུར་བ་འདེབས། །མར་འདོད་སུ་ཞིག་ཆུ་ལ་བསྲུབ་པར་བྱེད(དེ་ ལས་འདོད་དོན་མི་འབྱུང་བ་བཞིན་དུ་དེ་ལྟར་འདོད་པའི་སྐྱེས་བུ་དེ་བསྟེན་ཡང་མཐོ་རིས་དང་ཐར་པ་དོན་གཉེར་གྱི་གང་ཟག་གི་ འདོད་དོན་མི་འགྲུབ་བོ)། །ཁ་ཅིག་ (སངས་རྒྱས་ལ་)ཡེ་ཤེས་ཡོད་མེད་རང་རྒྱུད་ཀྱི། །ཡེ་ཤེས་རྒྱལ་ལ་ ཡོད་པ་མ་ཡིན་ཏེ། །གཞན་སྣང་ཙམ་དུ་ཟད་དོ་གང་གི་ཕྱིར། །(སངས་རྒྱས་ལ་)ཡེ་ཤེས་མེད་ པ(ར་གསུངས་པ)འི་དགོངས་པ་དེ་ཡིན་ལོ། །(དེ་སྐད་སྨྲ་བ་)འདི་ཡིས་རང་ (གི་)ཚིག་ (སྔ་ཕྱི་)འགལ་ པའང་མི་ཤེས་སམ། །(སངས་རྒྱས་ཐོབ་པའི་གང་ཟག་དེ་ལ་ཡེ་ཤེས་ཡོད་ན་དེ་ཁོ་རང་གི་རྒྱུད་ཀྱིས་བསྡུས་པའི་ཡེ་ཤེས་ གཅིག་ཡོད་དགོས་ཀྱི། དོན་ལ་དེ་མེད་བཞིན་དུ་སྐྱེས་བུ་གཞན་གྱི་སྣང་བ་ལ་ཤར་བ་ཙམ་གྱིས་ཁོ་ལ་དེ་ཡོད་པར་མེད་པར་མི་ འགྲུབ་སྟེ། ནོར་མེད་ཀྱི་སྤྲང་པོ་དེ་སྐྱེས་བུ་གཞན་གྱིས་ཕྱུག་པོར་བཟུང་བས་ཕྱུག་པོར་མི་འགྱུར་བ་དང༌། ཉིན་པར་སྣང་བ་ཡོད་ པས་མུན་པ་ལ་སྣང་བ་ཡོད་པར་མི་འགྱུར་བ་དང༌། ལྷ་ལ་བདུད་རྩི་ཡོད་པས་དུག་ལ་བདུད་རྩི་ཡོད་པར་མི་འགྱུར་བ་བཞིན། དེས་ ན་སྔར་གྱི་ཕྱོགས་སྔ་མ་དེ་སྐད་མི་སྨྲ་བའི་སྐྱེས་བུ་དེས་)སྤྲང་པོ་ཕྱུག་པོར་མེད་པའང་མི་ཤེས་སམ། །མུན་ལ་ སྣང་བ་མེད་པའང་མི་ཤེས་སམ། །བདུད་རྩི་དུག་ཏུ་མེད་པའང་མི་ཤེས་སམ། །(དབུ་མ་པར་ཁས་ 3-1-52 འཆེ་བ་)ཁ་ཅིག་ཀུན་རྫོབ་བདེན་པ་དོན་དམ་དུ། །མེད་པ་ལྟར་དུ་དོན་དམ་བདེན་པ་ཡང༌། ། དོན་དམ་དུ་མེད་གལ་ཏེ་ཡོད་གྱུར་ན། །ཆོས་ཀྱི་བདག་དང་མཚུངས་པར་འགྱུར་རོ་ལོ། །དོན་ དམ་བདེན་པ་དོན་དམ་དུ་མེད་ན། །ཀུན་རྫོབ་ཏུ་ནི་གྲུབ་པར་ཐལ་འགྱུར་ཏེ། །གྲུབ་ཅིང་དོན་ དམ་དུ་ནི་མེད་ཕྱིར་རོ། །དེ་ལྟར་ན་ནི་རྒྱུ་མཚན་མཚུངས་པའི་ཕྱིར། །ཀུན་རྫོབ་བདེན་པའང་ དོན་དམ་དུ་གྲུབ་ (པར་ཐལ་བར་)འགྱུར། །(གལ་ཏེ་དོན་དམ་བདེན་པ་དོན་དམ་དུ་མེད། ཀུན་རྫོབ་བདེན་པ་ཀུན་ རྫོབ་ཏུ་ཡོད། ཅེས་འདོད་ན། དོན་དམ་དོན་དམ་དུ་མེད་ན་ཀུན་རྫོབ་ཀུན་རྫོབ་ཏུ་མེད། ཀུན་རྫོབ་ཀུན་རྫོབ་ཏུ་ཡོད་ན། དོན་དམ་ དོན་དམ་དུ་ཡོད་པར་རྒྱུ་མཚན་མཚུངས་པས་དེ་འདྲའི་ཡོད་མེད་ཀྱི་)ཁྱད་པར་མེད་ (པ་ཡིན་)ལ་ཡོད་པར་འདོད་ (ཅིང་སྨྲ་བ)པ་ (ཞིབ་ཞིབ་འདྲ་བའི་ཐ་སྙད་རྨོངས་པས་མགོ་བསྐོར་བ་)ནི། །གསེར་ (ཡིན་པར་ངོ་ཤེས་པའི་གསེར་སྦྲམ་ )དང་གསེར་ (སིལ་མ་གཉིས་)ལ་ (གསེར་ཡིན་མིན་གྱི་)ཁྱད་པར་འབྱེད་པ་བཞིན། །རང་ལ་རང་ཉིད་ མེད་པའི་དོན་དམ་དེ། །སངས་རྒྱས་གང་གིས་བསྟན་ལ་གསུངས་པ་ཡིན། །གྲུབ་ཆེན་གང་ གིས་ཉམས་སུ་བླངས་པ་ཡིན། །སྡུད་བྱེད་གང་གིས་གང་དུ་བསྡུས་པ་ཡིན། །(དབུ་མ་པར་ཁས་ འཆེ་བ་)ཁ་ཅིག་ (རང་གིས་ཤེས་ནས་སྨྲ་བའི་)ལུང་རིགས་ (ཀྱི་) སྒྲུབ་བྱེད་ (ཡང་དག་)མེད་བཞིན་དུ། ། མཁས་པ་ (ཆེན་པོ་)ཆེ་གེ་ (མོ་)དེ་ལྟར་འདོད་པའི་ཕྱིར། །དེ་ཉིད་ཡིན་ནོ་དེ་བས་ཁྱོད་མི་མཁས། ། ཞེས་ཏེ་ (ཕྲག་དོག་སོགས་ཀྱིས་སེམས་དཀྲུགས་པའི་དབང་གིས་)བཞིན་བསྒྱུར་ནས་ནི་ (འོད་དོད་ཆེན་པོས་)ང་ རོ་སྨྲ། །(ཕྱོགས་སྔ་)དེ་ལྟ་ན་ནི་ཆོས་ཉིད་དེ་བཞིན་ཉིད(དེ་)། །དོན་དམ་པར་ནི་གྲུབ་པར་ཐལ་ འགྱུར་ཏེ། །རྒྱལ་དང་བྱམས་མགོན་ཀླུ་སྒྲུབ་ཐོགས་མེད་སོགས། །དེ་དག་གིས་ནི་ (དོན་དམ་དུ་ གྲུབ་པ་)དེ་ལྟར་གསུངས་ཕྱིར་དང༌། །སངས་རྒྱས་གཉིས་པ་ལྟ་བུའི་དབྱིག་གཉེན་དང༌། ། ཕྱོགས་གླང་གྲགས་པ་རིན་ཆེན་འབྱུང་གནས་ (ཞི་བ་)སོགས། །(དོན་དམ་དུ་གྲུབ་པ་)དེ་ལྟར་ འདོད་ (པའི་)ཕྱིར་ (རོ་ཁྱབ་པ་ཁས་བླངས་ཏེ། དེ་ལྟར་གསུངས་ཤིང་དེ་ལྟར་བཞེད་ན་དོན་དམ་)དེ་ཉིད་དུ་ (གྲུབ་ དགོས་པར་ཐལ་བར་)འགྱུར་ཏེ། །(དེ་ལྟར་གསུངས་པ་པོ་དང་བཞེད་པ་པོ་)དེ་དག་རྣམས་ལས་ཁྱེད་ནི་མི་ 3-1-53 མཁས་ (པའི་)ཕྱིར། །(ཁྱབ་པ་ཁས་བླངས། རྟགས་ཡངས་ཁས་བླངས་ཏེ། གལ་ཏེ་དེ་དག་པས་ཁྱེད་)མཁས་སོ་ཞེ་ ན་ (དེ་དག་བས་ཁྱེད་མི་མཁས་པར་ཐལ། ཁྱེད་ཀྱིས་སྔར་སྨྲས་པའི་མཁས་པ་ཆེ་གེ་མོ་དེ་ལས་ཁོ་བོ་ཅག་མི་མཁས་པའི་ཕྱིར། ཡང་ན་ཁྱེད་ཀྱི་མཁས་པ་ཆེ་གེ་མོ་དེ་བས་ཁོ་བོ་ཅག་མཁས་པར་ཐལ། དེ་ལྟར་གསུངས་པ་པོ་དང་བཞེད་པ་པོ་དེ་དག་ལས་ཁྱེད་ མཁས་པའི་ཕྱིར། ཁྱབ་པ་ཡོད་དེ། དེ་དག་རྒྱུ་མཚན་མཚུངས་པའི་ཕྱིར། ཡང་ན་དེ་དག་པས་ཁྱེད་མཁས་ཟེར་བ་དེ་མི་མཁས་པར་ མཁས་སྙམ་པའི་)མངོན་པའི་ང་རྒྱལ་དུ། །མ་གྱུར་ཅིག་ཅེས་ཁོ་བོས་སྨྲ་བྱེད་ལ། །དེ་བཞིན་གྱུར་ ཅེས་བྱང་སེམས་ཀྱིས་བསྐུལ་ནས། །སྨོན་ལམ་བགྱིད་དོ་དེ་བཞིན་འགྲུབ་གྱུར་ཅིག །དྲང་ དོན་ཕལ་བ་ (གར་བྲིས་ཐིག་རྩིས་ལ་སོགས་པ་)འགའ་ཞིག་མ་ཤེས་ན། །བླུན་པོ་ཞེས་སྨོད་ངེས་དོན་ ཟབ་མོ་འདི། །མ་ཤེས་ན་ཡང་སྐྱོན་དུ་རྩི་བ་མེད(པར་བསྟན་པ་ལ་ཞུགས་པའི་སངས་རྒྱས་ཐོབ་པར་འདོད་པ་ མང་པོ་སྣང་སྟེ)། །ཐར་འདོད་རྣམས་ལ་ཚུལ་འདིས་ཆོག་ལགས་སམ། །གཞུང་ལུགས་ཕྱོགས་རེ་ ཙམ་ལའང་མ་སྦྱངས་པར། །གཞན་གྱི་རྗེས་ཟློས་ཙམ་ལའང་མཁས་པར་རློམ། །ཡི་གེའི་བརྡ་ དག་ཙམ་ལའང་རྨོངས་གྱུར་པའི། །མཁས་པར་གྲགས་པ་ཙམ་ལའང་ཡིད་ (རང་ཡེ་)མ་ཆེས། ། ཟང་ཟིང་ནོར་དང་མི་ཆོས་མཁས་ཙམ་གྱིས། །(ཟས་ནོར་སོགས་ལ་ཤིན་ཏུ་)བརྐམ་ (པ་སྟེ་སྲེད་ཅིང་) ཆགས་ (པ་)ཅན་གྱི་མི་ (བླུན་པོ་)རྣམས་རབ་བསྡུས་ཏེ། །གསུང་རབ་ (ཀྱི་)བརྗོད་ (བྱའི་)ཚོགས་ མི་ཤེས་བཞིན་ (ཚིག་)འདོན་པའི། །བཤེས་གཉེན་ (མི་མཁས་ཀྱང་མཁས་པ་ལྟར་)བཅོས་མའི་རིགས་ ལའང་ཡིད་མ་ཆེས། །ཚེ་འདིའི་ཕན་འདོགས་ནུས་པའི་སློབ་དཔོན་ལ། །ཚེ་འདིའི་ཆེད་དུ་ཁ་ གསག་གཞོག་སློང་ཅན། །ཚེ་འདིའི་དོན་ (རྐྱང་པ་)མིན་ (པ་)ཡིད་ལ་ (སྐད་ཅིག་ཀྱང་)མི་དྲན་པའི། ། ཚེ་འདིའི་ཉན་འདོད་དེ་ལའང་ཡིད་མ་ཆེས། །དཀོན་པའི་དམ་ཆོས་ཚུལ་བཞིན་བྱེད་པ་ དཀོན། །དབེན་པའི་དགོན་པའང་དམ་ཆོས་ཟབ་མོས་དབེན། །འཇིག་རྟེན་འདི་ཡང་ནད་ དང་མུ་གེས་འཇིག །ཀྱེ་མ་ད་ཀོ་ཇི་ལྟར་བྱ་ན་ཀྱེ། །སྟོབས་ལྡན་ཕལ་ཆེར་སྡིག་ལ་སྡིག་མི་ བལྟ། །མཁས་པ་ཕལ་ཆེར་ (ང་རྒྱལ་གྱིས་རྒྱུད་)ཁེངས་ (པ་)ལ་ཁེངས་པར་མི་བལྟ། །ཁྱིམ་གནས་ 3-1-54 ཕལ་ཆེར་ (དཀོན་མཆོག་མཆོད་པ་སོགས་)དགེ་ (བ་)ལ་དགེ་ (བར་)མི་བལྟ་ (སྟེ་མི་སྒྲུབ)། །ཉན་འདོད་ ཕལ་ཆེར་མཁས་ལ་མཁས་མི་བལྟ། །རང་གི་འདོད་དོན་ཅུང་ཟད་མ་གྲུབ་ན། །འཇིག་རྟེན་ ཐམས་ཅད་བརླག་ནའང་མི་བལྟ་ལ། །སྡིག་སྡུག་གྲགས་མིན་དུ་མ་ཁྱད་བསད་ནས། །ཚེ་ འདིའི་ཆེ་ཐབས་འབའ་ཞིག་བསྒྲུབ་པ་མཐོང༌། །དེ་ལྟའི་སྐྱེ་བོ་སྒྲིན་པོར་རློམ་པ་དེས། །སྔོན་ བསགས་དགེ་ཚོགས་བརྒྱ་ལས་གྲུབ་པ་ཡི། །མི་ལུས་ཙནྡ་སོལ་བར་མ་བྱས་སམ། །རིན་ཆེན་ གླིང་ (དུ་ཕྱིན་)ནས་སྟོང་ལོག་མ་བྱས་སམ(སྟེ་སྟོང་ལོག་བྱས་པ་དང་མཚུངས་སོ)། །གཞན་གྱིས་མཆོད་ པའི་ཞིང་དུ་རབ་བཀུར་ཞིང༌། །གཞན་ངོ་ཁོ་ནར་དགེ་ལ་བརྩོན་པར་བྱེད། །གཞན་གྱི་སེམས་ འཛིན་རྐྱང་བས་དུས་འདའ་ (ཇོ་གདན་ཕལ་མོ་ཆེ་)བའི། །གཞན་ཕན་ལྟར་སྣང་འདི་ཡིས་ (རང་ གིས་རང་)བསླུས་ (པར་གྱུར་)ཏ་རེ། །གང་ཞིག་རང་གིས་ཐ་སྙད་གཞུང་ལུགས་ཙམ། །གང་དེར་ འབད་ལས་ཅུང་ཟད་ཤེས་གྱུར་པ། །གང་དེས་ཁེངས་ནས་འདི་ཀུན་བ་གླང་ཞེས། །གང་ལ་ སྨོད་དེའང་མཁས་པས་ཁྲེལ་བའི་གནས། །རང་དོན་ཁེ་དང་རྙེད་པ་བཀུར་སྟིའི་ཕྱིར། །སྣོད་ དང་སྣོད་མིན་བརྟག་པ་མི་བྱེད་པར། །དག་པའི་ (དབང་བསྐུར་བ་)རིམ་པ་མི་ཤེས་བཞིན་དུ་ བསྐུར། །(དམ་པའི་ཆོས་)ཟབ་དོན་ཟོང་དུ་བཙོངས་པས་ཕུང་ཏ་རེ། །ཚུལ་བཞིན་ཤེས་པའི་ མཁས་ལ་འདུད་མི་བྱེད། །ཤ་ཆང་ཐབ་ཁ་གང་ཆེ་འདྲེན་པར་བཀུར། །ཅིར་མི་འོང་གི་སྐྱེ་བོར་ གསར་འགྲོགས་བྱེད། །ཁྲེལ་མེད་རྣམས་ཀྱིས་འཇིག་རྟེན་ཕུང་ནས་མེད། །ནོར་ལྡན་བླུན་ པོས་མཁས་པ་ནོར་མེད་བརྙས། །(གཞུང་ལུགས་)ཕྱོགས་ (རེ་ཙམ་)རྟོགས་ (པ་)རྣམས་ཀྱིས་ ཕྱོགས་ཀུན་ཤེས་ལ་སྨོད། །ཁྲིམས་འཆལ་རྣམས་ཀྱིས་ཁྲིམས་ལྡན་སྐྱེ་བོར་གཤེ ། རྨོངས་པ་ རྣམས་ཀྱིས་བསྟན་པ་དཀྲུགས་ནས་མེད། །ནོར་ལྡན་ཁྱིམ་རྣམས་འབྲོག་དགོན་བཞིན་དུ་ བྱས། །ཆོས་ལྡན་གནས་རྣམས་ཤན་པའི་ཁྱིམ་བཞིན་བྱས། །ཁྲེལ་ལྡན་སྐྱེ་བོ་ཕལ་གྱི་ནོར་ སྲོག་འཕྲོག །མ་རུངས་རྣམས་ཀྱི་བདེ་སྐྱིད་བཅོམ་ནས་མེད། །དམ་པའི་ཆོས་ལུགས་རྩྭ་ལྟར་ 3-1-55 ཀུན་ནས་འདོར། །འཇིག་རྟེན་ཆོས་ལུགས་མཆིལ་མའི་ཐལ་བ་བཞིན། །མ་ཁ(སོག་པོ)འི་ཆོས་ ལུགས་ (འཁྲིག་པ་དང་སྲོག་གཅོད་པ་སོགས་)རྙིང་པས་ཆོས་ལུགས་འཛིན། །མ་རབས་ཆོས་ལུགས་ སྤྱོད་འདིས་ཕུང་ནས་མེད། །སྔོན་ནས་བཤེས་པའི་མི་ཡིས་བློ་མི་ཐུབ། །ད་ལྟ་བཤེས་པའི་མི་ ལའང་ཡིད་བརྟན་མེད། །དགེ་བའི་བཤེས་སུ་རློམ་ཡང་མི་དགེར་སྦྱོར། །གཉེན་དང་བཤེས་ པ་ལ་ལས་ཕུང་ནས་མེད། །དཀོན་མཆོག་མཆོད་རྫས་རྣམས་ཀྱིས་བུ་སོགས་གསོ། །དགེ་ འདུན་ (གྱི་)རྫས་ (འཕྲོག་པའི་དངོས་པོ་རྣམས་)ཀྱིས་མ་རུངས་སྐྱེ་བོ་མཆོད། །ཁྲེལ་ལྡན་ (ཡ་རབས་ཀྱི་སྐྱེ་ བོ་རྣམས་)ནོར་དང་ཕྲལ་ནས་ཁྲེལ་མེད་ (མ་རབས་རྣམས་)སྐྱོང༌། །ངན་སྤྱོད་མེ་འདིས་འཇིག་རྟེན་ (གྱི་བདེ་སྐྱིད་ཀྱི་བུད་ཤིང་རྣམས་)བསྲེགས་ནས་མེད། །དེ་ལྟའི་སྐྱོན་བརྒྱས་ཀུན་ནས་གཙེས་པ་ཡིས། ། གངས་རིའི་ཁྲོད་འདིར་ད་ལྟ་བདག་སྐྱེས་པ། །ཁོ་བོས་ (ལས་ངན་ཚབས་པོ་ཆེ་ཞིག་བསགས་པར་ནི་ངེས། ད་ལྟ་མངོན་དུ་མ་གྱུར་པས་)ཇི་འདྲའི་མི་བཟད་ (པའི་)ལས་བསགས་སམ། །(ཞེས་སྨོད་པ་སྟེ། ལས་ངན་ བསགས་པས་དུས་ངན་དུ་སྐྱེས་པར་ངེས་པ་)དེ་བས་མི་དགེ་སྤོངས་ཤིག་ཀུན་དགའ་དཔལ། །དེ་ལྟ་ན་ ཡང་དམ་པའི་ཆོས་དང་མཇལ། །བསླུ་མེད་དགེ་བའི་བཤེས་ཀྱིས་ཡོངས་སུ་བཟུང༌། །བླང་ དོར་གནས་ལ་བློ་གྲོས་མིག་དང་ལྡན། །དེ་བས་བསོད་ནམས་ཅུང་ཟད་ཡོད་དམ་སྙམ། ། ༈ ཡང་སྨྲས་པ། རང་བཞིན་འོད་གསལ་ཕྱག་རྒྱ་ཆེན་པོ་དང༌། །དང་པོའི་སངས་རྒྱས་ ཆོས་དབྱིངས་དེ་བཞིན་ཉིད། །རྣམ་ཀུན་མཆོག་ལྡན་སྟོང་ཉིད་སྟོང་ཉིད་ཆེ། །ཞེས་སོགས་ མིང་མང་དོན་གཅིག་ཉིད་ཡིན་ཡང༌། །ད་ལྟ་ (བོད་ཡུལ་)འདི་ན་ཇི་བཞིན་ཤེས་པ་ཉུང༌། །བདག་ གིས་མཁས་མཆོག་བླ་མ་ (ཀུན་མཁྱེན་བུ་དོལ་རྣམ་གཉིས་སོགས་)ལ་བསྟེན་ནས། །དེ་དོན་ཇི་བཞིན་ རྟོགས་ནས་སྨྲས་ན་ཡང༌། །དེང་སང་སྐྱེ་བོ་ཕལ་གྱི་རྣར་མི་འགྲོ། །འོད་ཟེར་བརྒྱ་པ་སྤྲིན་མེད་ མཁར་ཤར་ཡང༌། །དམུས་ལོང་རྣམས་ལ་ཅུང་ཟད་གསལ་བ་མེད། །མུན་པ་སེལ་ལ་སྣང་བ་ མི་དགོས་ཞེས། །སྐྱེས་ (བུ་)ངན་ (པ་)ལ་ལ་ཆེད་ཁར་མིག་འགེབས་སོ(ཞེས་པ་བསྡུས་བརྗོད་ཀྱིས་ 3-1-56 རྒྱན་ཏེ། དོན་ནི་དུས་འཁོར་གྱི་རྒྱུད་སེམས་འགྲེལ་ཟབ་ལམ་སྦྱོར་བ་ཡན་ལག་དྲུག་ལྟ་བུ་བོད་ཡུལ་འདིར་བྱུང་ཡང་ཡུལ་འདིའི་ སྐྱེ་བོ་ཕལ་ཆེར་གྱིས་མ་མཐོང་ཞིང་མ་ཐོས་པས། རྟོག་དཔྱོད་ཙམ་ཡང་མི་འཇུགརྟོག་དཔྱོད་ཞུགས་པ་འགའ་ཞིག་གིས་ཀྱང་ རང་ཕྱོགས་དང་སྐྱོ་མ་སྔ་བཙན་སོགས་ཀྱི་རྒྱུ་མཚན་ལས་ཆོས་ཟབ་མོ་དེ་དག་སྤངས་ཤིང་སྐུར་བ་འདེབས་པར་བྱེད་དེ། ཟབ་ མོ་མཐར་ཐུག་གི་སྐལ་པ་མེད་པའོ)། །དྲག་པོའི་ནད་ཀྱིས་ཐེབས་པའི་སྐྱེ་བོ་འགའ། །སྨན་པ་མཁས་ དང་སྨན་མཆོག་རབ་དོར་ཏེ། །གནག་རྫིའི་ངག་ལས་སྙིང་ཁར་མཚོན་བསྣུན་ཏེ། །རང་གིས་ རང་སྲོག་མེད་པར་བྱེད་པ་མཐོང་ (ཞེས་པ་བསྡུས་བརྗོད་ཀྱིས་རྒྱན་ཏེ། དོན་ནི་འཁོར་བའི་སྡུག་བསྔལ་གྱིས་ གཟིར་ནས་ཐར་པ་དོན་གཉེར་གྱི་སྐྱེས་བུ་འགའ་ཞིག དུས་འཁོར་སེམས་འགྲེལ་སྦྱོར་བ་ཡན་ལག་དྲུག་སོགས་ལ་ཐོས་བསམ་ སྒོམ་པའི་སྒོ་ནས་མཁས་པའི་སྐྱེས་བུ་དང་ཆོས་ཟབ་མོ་དེ་དག་སྤངས་ནས་འཁོར་འདས་ལ་སོགས་པ་འདི་དག་མིང་ཙམ་ཡིན་ གྱི་ཅི་ཡང་གྲུབ་པ་མེད་ཅེས་སམ། དོན་དམ་པར་ཅིར་ཡང་གྲུབ་པ་མེད་ཅེས་སྟོན་པའི་ངེས་དོན་ལ་རྨོངས་པའི་བླ་མ་ལ་བསྟེན་ ནས། སྟོང་སྐད་ཆེན་པོ་བྱེད་ཅིང༌། ཆད་བསྒོམ་མཆོག་ཏུ་བཟུང་ནས་བསྒོམས་པ་དེ་དག་ནི་སངས་རྒྱས་ཀྱི་ཟབ་ལམ་རྒྱུན་བཅད་ པས་སངས་རྒྱས་མི་ཐོབ་ཅེས་པའོ)། །ཕྱིན་ཆད་སྐྱེ་བོ་ཐར་པ་དོན་གཉེར་ལ། །སྙིང་གཏམ་སྙིང་ནས་ སྨྲ་ཡིས་འདི་བཞིན་ཟུངས། །གསེར་གྱི་རི་ལས་དུག་རྒྱུན་ཇི་བཞིན་དུ། །ཡིད་འོང་སྐྱེ་བོས་ ཉེས་བཤད་སྤངས་དགོས་ལ། །ཚེར་མའི་ཤིང་ལས་སྦྲང་རྩི་ཇི་བཞིན་དུ། །ལེགས་བཤད་ དགྲ་བོ་ལས་ཀྱང་བླང་ངོ་ཞེས། །ཤིང་རྟ་ཆེན་པོ་མ་ཏི་ཙི་ཊ་ (རྣོགས་བློ་གྲོས་ཞེས་པ་སྟེ་སློབ་དཔོན་མ་ཁོལ་ དང་དཔའ་བོར་གྲགས་པ་དེ་)ཡིས་ (རྒྱལ་པོ་ཀ་ནི་སྐ་ལ་སྤྲིང་པའི་ཕྲིན་ཡིག་ལས)། །ཇི་ལྟར་གསུངས་བཞིན་ ངེས་པར་ཡིད་ལ་ཟུངས། །མྱུར་དུ་འཚང་རྒྱའི་ལམ་མཆོག་དོན་གཉེར་ན། །རྒྱུད་སྡེ་ཀུན་གྱི་ ཟབ་ལམ་མདོར་བསྡུས་པ། །རྫོགས་རིམ་ཟབ་མོའི་སྦྱོར་བ་ཡན་ལག་དྲུག །དཔལ་ལྡན་བླ་ མའི་གསུངས་བཞིན་བརྩོན་པས་བསྒོམས། །འདི་མིན་གཞན་གྱི་སངས་རྒྱས་མི་འཐོབ་ཅེས། ། རིགས་གསུམ་མགོན་སོགས་རྣམས་ཀྱིས་ཆེས་གསལ་བར། །སྤྲིན་མེད་མཁའ་ལ་ཉི་མ་ཤར་ བ་བཞིན། །རྒྱས་འགྲེལ་རྣམས་སུ་ཡང་དང་ཡང་དུ་གསུངས། །གལ་ཏེ་ཐུན་མོང་དངོས་གྲུབ་ 3-1-57 བསྒྲུབ་འདོད་ནའང༌། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་མཆོག་ཐོབ་ཚེ། །ལོ་ལེགས་ཞིང་ལས་ ཕུབ་སོགས་ཞོར་ལ་བཞིན། །གང་གང་བསམ་པ་ཙམ་གྱིས་འགྲུབ་ཅེས་གསུངས། །བསྐྱེད་ རིམ་ཟབ་མོ་ཉམས་སུ་ལེན་འདོད་ནའང༌། །སེམས་དཔའི་འགྲེལ་ལས་ཇི་ལྟར་གསུངས་ བཞིན་བླང༌། །དེ་དང་མི་མཐུན་གཞན་ལས་འཁྲུལ་འགྱུར་ཞེས། །སྤྱན་རས་གཟིགས་ སོགས་འཕགས་ཆེན་རྣམས་ཀྱིས་གསུངས། །གཞན་ལ་ཕན་ཕྱིར་དབང་མཆོག་བསྐུར་འདོད་ ནའང༌། ། དྲི་མེད་འོད་སོགས་སེམས་འགྲེལ་ཇི་བཞིན་བླང༌། །དེ་དང་མི་མཐུན་གཞན་ལ་དག་ (པ་ཆུ་དང་ཅོད་པན་ལ་སོགས་པའི་དབང་གི་)རིམ་ (པ་)ནི། །དག་པོ་མེད་ཅེས་སྤྱན་རས་གཟིགས་སོགས་ གསུངས། །དེང་སང་འདི་ན་སེམས་དཔའ་ཆེ་རྣམས་ཀྱི། །རྒྱས་འགྲེལ་མ་མཐོང་བ་དག་སྨོས་ ཅི་དགོས། །མཐོང་ཞིང་ཤེས་ཡང་དེ་ནི་མི་བསྒྲུབ་པར། །གཞན་གྱིས་གཞན་དུ་བཤད་ལ་ངེས་ པར་འཇུག(བསྡུས་བརྗོད་ཀྱི་རྒྱན་ཏེ། གོ་སླ་བར་བཤད་ན)། (བུ་ལ་གནས་སྐབས་དང་ཡུན་དུ་ཕན་པའི་ཐབས་སྣ་ཚོགས་ ཤེས་པའི་)མཛངས་པའི་ཕ་ཡིས་ལེགས་པར་བསླབས་ན་ཡང༌། །དེ་ལས་ཕྱིར་ཕྱོགས་དགྲ་ལ་ བདེན་པར་འཛིན(པ་དང་འདྲ་བའི་ཚེ་གཅིག་གམ་བདུན་ལས་མི་འདའ་བར་མཆོག་སྒྲུབ་པའི་ཐབས་ལ་མཁས་ཤིང་དཔེ་ མཁྱུད་མེད་པར་སྟོན་པའི་སྤྱན་རས་གཟིགས་སོགས་ཀྱི་གསུངས་ལ་མི་བརྟེན་པར་ལམ་གོལ་བ་རྟོག་སྒོམ་དང་ཆད་སྒོམ་སོགས་ སྟོན་པའི་འགྲེལ་བ་ལ་གཏིང་ཚུགས་པའི་ཡིད་ཆེས་བྱས་ནས། དེའི་ལུགས་བཞིན་བསྒྲུབ་ཅིང་ཁས་ལེན་ལ)། །(བུ་)བདག་ (ཉིད་ཀྱི་)ཕྱིར་སྲོག་ (ཀྱང་)གཏོང་ནུས་པའི་མ(ས་བརྩེ་བས་ཕན་པར་སྨྲས་པ)་ལ་ཡང༌། །བྱིས་ (པ་)ངན་ (པ་)ལ་ལ་བདེན་པར་མི་འཛིན་ཏོ(དེ་དང་འདྲ་བར་མ་བས་ཀྱང༌། ལྷག་པར་བརྩེ་བའི་སེམས་དཔའ་ཆེན་པོ་རྣམས་ ཀྱིས་དབང་བསྒྲུབས་པ་དང༌། བདེན་གཉིས་སོགས་ལ་དགག་བསྒྲུབས་ཀྱིས་ལེགས་པར་གཏན་ལ་ཕབ་པ་ལ་མཐའ་གཅིག་ཏུ་ ཡིད་ཆེས་མི་བྱེད་པ་རྣམས་ནི་སྐྱོ་མ་སྔ་བཙན་སོགས་ཀྱི་ཕྱོགས་ཞེན་ཆེ་བའི་རྣམ་འགྱུར་རོ)། །མངོན་ཤེས་མེད་པའི་ སྐྱེ་བོས་སྦས་པ་ཡི། །རྒྱུད་འགྲེལ་བྱས་པ་ལ་ལ་ (ལྟ་སྒོམ་ཕྱིན་ཅི་ལོག་བསྟན་ནས་རྗེས་འབྲང་ཕུང་པར་བྱེད་ པས་ལྷའི་བུའི་)བདུད་ (སྡིག་ཅན་གྱིས་སེམས་ཅན་ཕུང་བར་བྱེད་པ་ཉིད་)ཀྱི་གཉེན། །(ཏེ་གྲོགས་སུ་འགྱུར་ཏེ)སོ་ 3-1-58 ལྡན་ (སྣ་ལ་རལ་གྲི་བཏགས་པའི་གླང་ཆེན་ཆང་གིས་)མྱོས་ (པའི་)ལོང་ (པ་)ལ་ལ་ (ཕྱོགས་ནོར་ནས་)རང་སྡེ་ འཇོམས། །(པ་བཞིན། )ཞེས་སོགས་སེམས་འགྲེལ་རྣམས་སུ་མཐུན་པར་གསུངས། །སེམས་ འགྲེལ་རྣམས་དང་རྒྱས་འགྲེལ་ཕལ་བ་ (མངོན་ཤེས་མེད་པས་བྱས་པ་)ཡི། །ཁྱད་པར་ (ཤིན་ཏུ་ཆེ་བ་) ཤེས་པར་མཛོད་ཅིག་རྟོག་ལྡན་རྣམས། །ཡིད་བཞིན་ནོར་བུ་དོར་ནས་མཆིང་བུ་ (བཞུ་ཤེལ་ངན་ པ་)ལ། །ནོར་བུའི་མཆོག་ཏུ་འཛིན་པ་བླུན་མིན་ནམ། །འདྲེན་བྱེད་ (ནི་མིག་སྟེ། དེ་)མེད་པར་ འདྲིས་མེད་ཡུལ་ཕྱོགས་སུ། །བགྲོད་པར་འདོད་ན་ངེས་པར་མིག་ལྡན་ལ། །བརྟེན་ན་ལེགས་ ཀྱི་རང་དགར་ཕྱིན་གྱུར་ན། །(འཇིགས་ཤིང་)ཉམ་ངའི་གནས་སུ་ (སམ་)གཡང་དུ་ལྷུང་སྟེ་ཚུལ་ མིན་ (ཏེ་སྡུག་བསྔལ་བར་)འགྱུར། །བྱམས་པའི་མ་བས་ལྷག་པར་བྱམས་པ་ཡི། །སེམས་དཔའི་ འགྲེལ་མཆོག་ཟབ་མོ་སེམས་བྱེད་པའི། །བློ་ལྡན་སྐྱེས་བུ་གང་དེ་བློ་གྲོས་བཟང༌། །སྐལ་ལྡན་ ནང་ནས་ལྷག་པར་སྐལ་པ་བཟང༌། །ཉེ་ལམ་མཐར་ཐུག་མ་ནོར་གསལ་བར་སྟོན། །སྟོན་ བྱེད་ངག་ཚིག་ཤིན་ཏུ་དྲི་མེད་དེ། །དེ་དེ་བཞིན་དུ་གང་གིས་གོམས་བྱས་ན། །ན་རྒ་སྐྱེ་འཆི་ ལས་ནི་མྱུར་དུ་གྲོལ། །གང་ཞིག་མཛད་པོས་མཁྱེན་བརྩེ་ཁོ་ན(འཇམ་དབྱངས་དང་སྤྱན་རས་ཟིགས་ཀྱི) ས་མཛད། །གང་ཞིག་འཆད་པོ་སེམས་དཔའ་མཆོག་གི་ (ཤམ་བྷ་ལིའི་ཆོས་རྒྱལ་རིགས་ལྡན་རྣམས་ཀྱི)ས་ འཆད། །གང་ཞིག་ཉན་པོ་གྲུབ་ཆེན་ (དུས་ཞབས་ནཱ་རོ་ཤ་བ་རི་པ་སོགས་)མང་པོས་ཉན། །རྨད་བྱུང་ འགྲེལ་མཆོག་ལ་འདུད་སྐྱབས་སུ་མཆི། །གང་ཞིག་རྒྱུད་འགྲེལ་ཆེ་འདིའི་བརྗོད་བྱའི་དོན། ། སྲས་བཅས་རྒྱལ་བའི་དགོངས་བཞིན་རབ་མཁྱེན་ནས། །ཐུགས་རྗེས་དཔེ་མཁྱུད་མེད་པར་ སྟོན་མཛད་པ། །འདྲེན་མཆོག་བླ་མ་མཆོག་ལ་ཕྱག་འཚལ་ལོ། །མཁྱེན་པའི་ཀློང་ཆེན་ཟབ་ མོ་ཀུན་ནས་འཁྱིལ། །ཐུགས་རྗེའི་རླབས་ཕྲེང་དཔག་ཡས་ཀུན་ནས་གཡོ། །གཞན་ཕན་ཡིད་ བཞིན་ནོར་བུ་ཀུན་ནས་གཏམས། །ཆོས་རྗེ་ཆུ་ (ཀུན་མཁྱེན་ཆེན་པོ་)གཏེར་ཆེ་ལ་ཀུན་ནས་འདུད། ། དེ་ཡི་གསུང་གི་འོད་སྟོང་རབ་འཕྲོས་པས། །ཁོ་བོའི་མི་ཤེས་མུན་པ་ཅུང་ཟད་ཙམ། །བསལ་ 3-1-59 གྱི་ཐམས་ཅད་སེལ་བར་མ་ནུས་པ། །བྱུར་ངན་རང་གི་རང་སྐྱོན་ཁོ་ནར་ཟད། །ད་དུང་ལེགས་ བཤད་དུ་མ་བརྗོད་ནུས་ཀྱང༌། །སྤྲོས་པས་འཇིགས་ཕྱིར་ཤིན་ཏུ་བསྡུས་ཏེ་བསྟན། །འདི་ནི་ ངེས་དོན་འབྱེད་པའི་ལྡེ་མིག་སྟེ། །གཟི་བོར་བྱོས་ལ་འདི་དོན་བསམ་པར་རིགས། །དེ་ལྟར་ ངེས་དོན་ཟབ་མོ་ཅུང་ཟད་ཙམ། །བཤད་པས་རབ་དཀར་དགེ་བ་གང་ཐོབ་པ། །དེ་ཡིས་ ཁམས་གསུམ་འཁོར་བའི་སེམས་ཅན་གྱིས། །ངེས་དོན་ཟབ་མོ་རྟོགས་ནས་གྲོལ་གྱུར་ཅིག ། རྒྱལ་བ་སྲས་བཅས་ཀུན་གྱི་མཐུ་སྟོབས་དང༌། །བདག་གིས་ (བསོད་ནམས་ཚུལ་ཁྲིམས་ཡེས་ཤེས་ཀྱི་) ཚོགས་གསུམ་གང་བསགས་ཀུན་གྱི་མཐུས། །ཆོས་ཀྱི་བར་ཆད་མཐའ་དག་ཉེར་ཞི་སྟེ། །ཚེ་ འདིར་མཆོག་གི་དངོས་གྲུབ་ཐོབ་པར་ཤོག །ཅེས་པ་འོད་གསལ་གྱི་རྒྱན་ཡིད་ཀྱི་མུན་སེལ་ འདི་རྗེ་བཙུན་སྤྱན་རས་གཟིགས་ཉིད་དང་ཐ་མི་དད་པ་མཚུངས་མེད་ཆོས་ཀྱི་རྗེ་ཀུན་མཁྱེན་ ཆེན་པོའི་ཞབས་རྡུལ་སྤྱི་བོས་ལེན་པ། སྡེ་སྣོད་གསུམ་གྱི་ངེས་པའི་དོན་ལ་བློ་གྲོས་ཀྱི་སྣང་བ་ རྒྱས་པ། གཟི་བོར་གནས་ཤིང་རིག་པར་སྨྲ་བས་ནི། མཁས་པའི་མདུན་སར་གཟེངས་མཐོ་ ཡང༌། ཟང་ཟིང་ནོར་གྱིས་དབུལ་པས་སྐྱེ་བོ་ཕལ་ཆེར་མི་མགུ་ལ་དཔའ་བརྗིད་ཆུང་ཞིང་རང་ གཞན་གྱི་དོན་ལས་རིང་དུ་གྱུར་པ། ཉ་དབོན་ཀུན་དགའ་དཔལ་ཞེས་བྱ་བའི་དགེ་སློང་གིས་ མེ་མོ་བྱ་ལ་དཔལ་ལྡན་ས་སྐྱར་བཀོད་པ་རེ་ཞིག་རྫོགས་སོ། །(མདོ་རྒྱུད་ཟབ་དོན་རང་བཞིན་འོད་ གསལ་ལ། །མ་རྟོགས་ལོག་རྟོག་ཐེ་ཚོམ་སེལ་བྱེད་པ། །འོད་གསལ་རྒྱན་ཅེས་བྱ་བའི་ལེགས་བཤད་འདི། །སེམས་དཔའི་འགྲེལ་ དང་ས་ར་ཧ་སོགས་ཀྱི། །རྡོ་རྗེའི་གླུ་དང་གཞན་ཡང་ངེས་དོན་ལུང༌། །དྲང་པ་སོགས་ཀྱི་དཀའ་གནས་རྣམ་གསལ་བའི། །མཆན་བུ་ འདི་ནི་ཉ་དབོན་ཀུན་དགའ་དཔལ། །ཞེས་བྱས་སྦྱར་རོ་དགེ་བས་མཆོག་ཐོབ་ཤོག །དགེའོ། །ས་མོ་བྱ་ཟེར་བ་དཔེ་མང་བོ་ན་ ཡོད་པ་ལོ་སྐོར་གཅིག་གིས་འཕྱི་བས་མ་དག་པ་ཡིན་ཅིང༌། འདི་བརྩམས་ནས་དབང་ཕྱུག་གི་ལོ། མེ་མོ་གླང་ཡན་ལ། ལོ་བཞི་ བཅུ་ཞེ་གཅིག་སོང༌། མངྒལཾ། དཔེ་དཔང་གཉིས་ལ་གཏུག་ནས་མཆན་བུ་དང་བཅས་པ་དག་པར་ཞུས་དག་གྲུབ་པོ། །སླར་ཡང་ ཞུས་པས་ཤིན་ཏུ་དག་པར་གྲུབ། །དག་པའི་དཔེ་ལས་ད་དུང་ནོར་པ་འཁྲུད། །) 3-1-60 ༄༅། །བསྟན་པ་སྤྱི་འགྲེལ་གྱི་རྣམ་བཤད་དགོངས་པ་ རྣམ་གསལ་ཡིད་ཀྱི་མུན་སེལ་ཞེས་བྱ་བ་ བཞུགས་སོ། ། ༄༅། །ཨོཾ་སྭ་སྟི་སི་ངྷཾ། རིགས་ལྡན་སྤྲུལ་པའི་སྐུ་ཆོས་རྗེ་ཀུན་མཁྱེན་དོལ་པོ་བ་ཞེས་བྱ་ བར་མཚན་ཡོངས་སུ་གྲགས་པས་མཛད་པའི་བསྟན་པ་སྤྱི་འགྲེལ་ཞེས་བྱ་བའི་བསྟན་བཅོས་ ཀྱི་རྣམ་བཤད་དགོངས་པ་རྣམ་གསལ་ཡིད་ཀྱི་མུན་སེལ་ཞེས་བྱ་བ། བླ་མ་དང་རྒྱལ་བ་སྲས་ དང་བཅས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། ། གདོད་ནས་ལྷུན་གྲུབ་དོན་དམ་ཆོས་ཀྱི་སྐུ། །ཚོགས་གཉིས་ལས་འཁྲུངས་ཕུན་ཚོགས་ གཟུགས་ཀྱི་སྐུ། །ཐོག་མཐའ་བར་དགེ་ལུང་རྟོགས་ཆོས་རྣམས་དང༌། །མཆོག་གསུམ་ངོ་བོ་ བླ་མ་རྣམས་ལ་འདུད། ། འདིར་གང་བཤད་བྱའི་བསྟན་བཅོས་ནི། སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་དགོངས་ པའི་དོན་བདེན་པ་གཉིས་དང་གཞི་ལམ་འབྲས་གསུམ་ཡང་དག་པའི་ལྟ་སྒོམ་སྤྱོད་འབྲས་ སོགས་གསུང་རབ་ཀྱི་དོན་གྱི་གཙོ་བོ་གསལ་བར་སྟོན་པའི་བསྟན་བཅོས་སོ། །བསྟན་བཅོས་ འདི་བརྩམས་པའི་དགོས་པ་གང་སྙམ་ན། རྩོམ་པ་པོ་བདག་ཉིད་སྡེ་སྣོད་གསུམ་དང་རྒྱུད་སྡེ་ བཞི་ལ་མཁས་པར་བསྟན་པ་དང༌། གང་ཟག་དབང་བོ་རྣོན་པོ་མགོ་སྨོས་པས་གོ་བ་རྣམས་ རྗེས་སུ་བཟུང་བའི་དོན་དང༌། རྣམ་པ་གཅིག་ཏུ་ན། ཚེ་ནི་ཡུན་ཐུང་ཞེས་བྱའི་རྣམ་པ་མང༌། 3-1-61 ། ཚེ་ཡི་ཚད་ཀྱང་ཇི་ཙམ་མི་ཤེས་པས། །ངང་བས་མཚོ་ལས་འོ་མ་ལེན་པ་ལྟར། །རང་གི་འདོད་ པ་དང་དུ་བླང་བར་གྱིས། །ཞེས་ཇོ་བོ་རྗེས་གསུངས་པ་ལྟར་གསུང་རབ་རྒྱ་ཆེན་པོ་ལ་ཐོས་ བསམ་མི་སྤྲོ་བར། རྣམ་དག་ལེགས་པའི་ལམ་ཟབ་མོ་ལ་རྩེ་གཅིག་ཏུ་སྒྲུབ་པ་ཉམས་ལེན་ བྱེད་པའི་གང་ཟག་རྣམས་ཀྱིས་ཀྱང་དྲི་མ་མེད་པའི་མདོ་རྒྱུད་ཀྱི་དགོངས་དོན་གྱི་གཙོ་བོ་བདེ་ བླག་ཏུ་རྟོགས་པའི་དོན་དུ་བསྟན་བཅོས་འདི་མཛད་དོ། ། འདི་འཆད་པ་ལ་གསུམ་སྟེ། རྩོམ་པ་ལ་འཇུག་པ་ཀླད་ཀྱི་དོན། བརྩམ་པར་བྱ་བ་གཞུང་ གི་དོན། བརྩམ་པ་མཐར་ཕྱིན་པ་མཇུག་གི་དོན་ནོ། ། དང་པོ་ལ་གཉིས། མིང་དོན་གྱི་འབྲེལ་བ་ཤེས་པའི་ཆེད་དུ་བསྟན་བཅོས་ཀྱི་མཚན་སྨོས་ པ། རྩོམ་པ་མཐར་ཕྱིན་པའི་ཆེད་དུ་མཆོད་པར་བརྗོད་པའོ། ། དང་པོ་ནི། བསྟན་བཅོས་འདིའི་མིང་ཅི་ཞེ་ན། བསྟན་པ་སྤྱི་འགྲེལ་ཞེས་བྱ་སྟེ། བསྟན་ པ་ནི་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་སོགས་ལུང་གི་ཆོས་དང༌། བྱང་ཕྱོགས་སོ་བདུན་སོགས་ རྟོགས་པའི་ཆོས་ལམ་དང་འགོག་བདེན་ནོ། །བསྟན་པ་འཛིན་པ་དང་ལུང་གི་ཆོས་ལ་ཀློག་པ་ ཐོས་བསམ་པའི་གང་ཟག་དང༌། རྟོགས་པའི་ཆོས་ལ་སྒྲུབ་པ་ནན་ཏན་བྱེད་པ་སྤོང་བ་བསམ་ གཏན་པའི་གང་ཟག་སྟེ། མངོན་པ་མཛོད་ལས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་ དང་རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱེད་པ་སྨྲ་བྱེད་དང༌། །སྒྲུབ་པར་བྱེད་པ་ཁོ་ན་ཡིན། ། ཞེས་སོ། །འགྲེལ་བ་ཞེས་བྱ་བ་ནི་ཚིག་གི་དོན་མདུད་པ་དང་འདྲ་བ་བཀྲོལ་བའི་ཐ་སྙད་དེ། བཤད་བྱ་རྩ་བའི་ཚིག་དོན་འབྱེད་ཅིང་གསལ་བར་བྱེད་པ་གཏན་ལ་འབེབས་པར་བྱེད་པ་ ཞིག་ཡིན་ལ། དེ་ལ་ཚིག་དོན་གཉིས་ཀ་ཞིབ་ཏུ་འབྱེད་པ་རྒྱ་ཆེར་འགྲེལ། རྟོགས་དཀའ་བའི་ དོན་ཙམ་འབྱེད་པ་དཀའ་འགྲེལ། རྩ་བའི་ཚིག་རེ་རེ་ནས་གསལ་བར་འབྱེད་པ་ཚིག་འགྲེལ། རྩ་བའི་དོན་གྱི་གཙོ་བོ་བསྡུས་ཏེ་འབྱེད་པ་བསྡུས་དོན་འགྲེལ་བ། རྩ་བའི་ཚིག་གི་འབྲུ་རེ་རེ་ 3-1-62 ནས་མ་བླངས་པར་དོན་ཙམ་བླངས་ཏེ་འབྱེད་པ་དོན་ཙམ་གྱི་འགྲེལ་བ་དང༌། གོ་སླའི་འགྲེལ་ པ་སོགས་ཡོད་ཅིང༌། བསྟན་བཅོས་འདི་ནི་སྔར་བཤད་པའི་བསྟན་པ་ལུང་གི་ཆོས་རྣམས་ཀྱི་ རྟོགས་དཀའ་བའི་དོན་བདེ་བླག་ཏུ་རྟོགས་པར་བྱེད་པས་དཀའ་འགྲེལ་ལམ་གསུང་རབ་ཀྱི་ དོན་གྱི་གཙོ་བོ་བསྡུས་ཏེ་སྟོན་པས་བསྡུས་དོན་གྱི་འགྲེལ་བའང་ཡིན་ལ། དེ་ཡང་མདོ་དང་ རྒྱུད་སྡེ་རེ་རེ་ཙམ་གྱི་དོན་སྟོན་པ་མ་ཡིན་གྱི་མདོ་རྒྱུད་ཐམས་ཅད་ཀྱི་དོན་གྱི་སྙིང་བོ་ཚིག་རྒྱས་ བསྡུས་འཚམ་པར་བཀྲལ་བས་བསྟན་པ་སྤྱི་འགྲེལ་ཞེས་བྱའོ། ། གཉིས་པ་ནི། ཨོཾ་གུ་རུ་ཞེས་སོགས་ཏེ་སྔགས་ཀྱི་ཐོག་མར་ཨོ༷ཾ་ཞེས་བཀོད་པའི་དོན་ ཕྱག་འཚལ་ཞེས་པའི་དོན་དུ་སྒྲ་བ་དག་འཆད་པ་ལ་བརྟེན་ནས་ཙ་མི་ལོ་ཙཱ་བས་དུས་འཁོར་ འགྲེལ་ཆེན་དུ་ཕྱག་འཚལ་ཞེས་པར་བསྒྱུར་སྣང༌། གཞན་དུ་བཤད་པའང་ཡོད་མོད་འདིར་ ཡང་ཕྱག་འཚལ་བའི་དོན་དུ་རུང་ཀྱང༌། ངེས་དོན་ལ་སྦྱར་ན། གསང་འདུས་སྒྲོན་གསལ་ ལས། ཡི་གེ་ཨོཾ་ནི་དེ་བཞིན་གཤེགས་པའི་སྙིང་པོ་སྟེ། ཞེས་བཤད་པ་ལྟར་རྒྱུད་སྡེ་མང་པོ་ ལས་གསུངས་པས། ཡི་གེ་ཨོཾ་སྔགས་ཐམས་ཅད་ཀྱི་མགོར་སྦྱར་བས་བདེ་གཤེགས་སྙིང་བོ་ ལུས་ཅན་ཐམས་ཅད་ལ་ཁྱབ་པར་སྟོན་པའོ། །གུ༷་རུ༷་ཞེས་པ་ལྕི་བའི་དོན་ཏེ་ཐུགས་རྒྱུད་ཡོན་ ཏན་གྱི་ཚོགས་ཀྱིས་གང་བས་གུ་རུ་ཞེས་ཏེ། མདོ་སྡེ་རྒྱན་ལས། བཤེས་གཉེན་དུལ་བ་ཞི་བ་ ཉེར་ཞི་བ། །ཡོན་ཏན་བརྩོན་བཅས་ལྷག་པར་ལུང་གིས་ཕྱུག །དེ་ཉིད་རབ་ཏུ་རྟོགས་པ་སྨྲ་ མཁས་ལྡན། །བརྩེ་བའི་བདག་ཉིད་སྐྱོ་བ་སྤངས་ལ་བསྟེན། །ཞེས་པ་ལྟར་རོ། །ཡང་ཆེད་དུ་ བརྗོད་པའི་ཚོམས་ལས། །སྲེད་པའི་ཟུག་རྔུ་གཅོད་མཛད་ཅིང༌། །ཐེ་ཚོམ་ཐམས་ཅད་སེལ་བ་ ཡི། །ལམ་འདི་ཁྱོད་ལ་ངས་བསྟན་བྱ། ཁྱོད་ཉིད་ཀྱིས་ནི་བསྒྲུབ་བྱ་སྟེ། །དེ་བཞིན་གཤེགས་ པ་སྟོན་མཛད་ཡིན། །ཞེས་དང༌། དེའི་འགྲེལ་བར། ཐུབ་རྣམས་སྡིག་པ་ཆུ་ཡིས་བཀྲུ་བར་ མི་མཛད་ཅིང༌། །འགྲོ་བའི་སྡུག་བསྔལ་ཕྱག་གིས་ཀྱང་ནི་སེལ་མི་མཛད། །ཉིད་ཀྱི་རྟོགས་པ་ 3-1-63 གཞན་ལ་སྤོས་པ་མ་ཡིན་ཏེ། །ཆོས་ཉིད་ཞི་བ་བསྟན་པས་གྲོལ་བར་མཛད་པ་ཡིན། །ཞེས་ མདོ་ལུང་དྲངས་པ་ལྟར། འཁོར་བ་ལས་ཐར་བའི་རྒྱུའི་གཙོ་བོ་དམ་པའི་ཆོས་བསྒྲུབ་པ་ཡིན་ ལ། སངས་རྒྱས་འཇིག་རྟེན་དུ་བྱོན་པ་ཡང་གདུལ་བྱ་འདྲེན་པའི་ཕྱིར་ཏེ། འཕྲིན་ལས་ཀྱི་གཙོ་ བོ་དམ་པའི་ཆོས་སྟོན་པ་ཡིན་པའི་ཕྱིར་རང་ལ་དངོས་སུ་ཆོས་སྟོན་པ་ལ་སོགས་སངས་རྒྱས་ ཀྱི་མཛད་པ་བསྒྲུབ་པས་ཤིན་ཏུ་བཀའ་དྲིན་ལྕི་བས་ན་གུ་རུ་སྟེ། དེ་སྔོན་གྱི་བརྡ་རྙིང་ལས་ བླ་མ་ཞེས་བསྒྱུར་ཞིང་མཚན་བཏགས་ལ་བླ་མ་ཞེས་པ་སྟེ། གོང་མ་ཞེས་རང་བས་མཐོ་བར་ བཟུང་བར་བྱ་བ་མཆོག་ཏུ་བཀུར་བའི་གནས་སོ། །གྲུབ་ཆེན་ལུ་ཧི་བས། །གང་གི་དྲིན་གྱིས་ བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང༌། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ ཞབས་པད་ལ་འདུད། །ཅེས་པ་ལྟར་རོ། ། བུ༷དྡྷ༷་ཞེས་པ་གཉིད་སངས་པ་དང་པད་འདབ་རྒྱས་པ་གཉིས་ཀ་ལ་འཇུག་ཀྱང༌། དོན་ འགྱུར་དུ་གཉིས་ཀ་བསྡོམས་པས་སངས་རྒྱས་ཞེས་ཏེ། ཇི་སྐད་དུ། མ་རིག་གཉིད་ལས་ སངས་ཕྱིར་དང༌། །ཤེས་བྱ་ལ་ཡང་བློ་རྒྱས་ཕྱིར། །སངས་རྒྱས་པདྨ་ལྟར་སངས་རྒྱས། །དེ་ཕྱིར་ སངས་རྒྱས་མཚན་གསོལ་ཏོ། །ཞེས་པ་དང༌། ཟླ་བ་གྲགས་པས། མ་རིག་གཉིད་ནི་རྒྱུན་ཆད་ ཅིང༌། །ཡང་དག་ཡེ་ཤེས་ངེས་འབྱུང་བས། །གང་ཞིག་རྣམ་སད་དེ་སངས་རྒྱས། །སྐྱེ་བུ་གཉིད་ སངས་ཇི་བཞིན་ནོ། །ཞེས་སོགས་བཀའ་བསྟན་བཅོས་ཀྱི་ལུང་ཤིན་ཏུ་མང་བོར་སངས་རྒྱས་ ཡེ་ཤེས་ཀྱི་བདག་ཉིད་ཅན་དུ་གསུངས་པའི་ཕྱིར། སངས་རྒྱས་པ་ནས་ཡེ་ཤེས་མེད་པར་ལྟ་ བ་ནི། ཆད་པར་ལྟ་བ་མི་བཟད་པའོ། །བོ༷་ངྷི༷་ས༷་ཏྭ༷་ཞེས་པ་བྱང་ཆུབ་སེམས་དཔའ་ཞེས་ཏེ་ བྱང་ཆུབ་ནི་དོན་དམ་ཆོས་སྐུ་སྟེ། དེའི་ཆེད་དུ་སེམས་པས་བྱང་ཆུབ་སེམས་དཔའ་ཞེས་ཤེར་ འབྱུང་བློ་གྲོས་ཀྱིས་བཤད་ཅིང༌། རྒྱ་གར་མཁས་པའི་བཤད་ཚུལ་མང་ངོ༌། །བྷྱོ༷་ནི་རྣམས་ཞེས་ པའོ། །ན༷་མོ༷་ཕྱག་འཚལ་བ་ན༷་མ༵་ཞེས་པ་མཆོད་པའོ། །གསུང་རབ་ཡན་ལག་བཅུ་གཉིས་ལ་ 3-1-64 སོགས་པའི་ཆོས་ལ་མངའ་བསྒྱུར་ཞིང༌། །བསྟན་པ་ལ་ཞུགས་ཤིང་ཆོས་སྨྲ་བ་རྣམས་ཀྱི་བླ་ མར་གྱུར་པས་ཆོས་ཀྱི་རྗེ་སངས་རྒྱས་བཅོམ་ལྡན་འདས་ལ་བཤད་དེ། འདིར་དེའི་མཛད་པ་ བསྒྲུབ་པས་དེ་དང་ཚུལ་མཚུངས་པས་ཆོ༷ས་ཀྱི་རྗེ༷་ཞེས་གསུངས་ལ། སྔར་བཤད་ལྟར་བཀའ་ དྲིན་ལྕི་བ་སོགས་ཀྱིས་བླ༷་མ༷། མཛོད་ལས། དམ་པ་དམ་མིན་འཇུག་མི་འཇུག །ཅེས་པ་ ལྟར་དགེ་བའི་བྱ་བ་ལ་འཇུག་པས་དམ་པའི་སྤྱོད་པ་བྱས་པས་ད༷མ་པ༷། སངས་རྒྱས་སོགས་ འཕགས་ཆེན་གྱིས་གཞན་དོན་དུ་སྤྲུ༷ལ་བ༷འི་སྐུ༷་ཅན་རྣ༷མས་ཀྱི༷་སྐུའི་དམན་ཤོས་ཞ༷བས་ཀྱི༷་དེ་ ཉིད་པ༷ད་མོ༷འི་གཟུགས་སུ་བཀོད་པས་པད་མ་སྟེ་དེ་ལ༷་གུ༷ས་པ་ནི་ཡིད་རབ་ཏུ་དང་པ༷ས་སྒོ་ གསུམ་གྱིས་ཕྱ༷ག་འཚ༷ལ་བ་སྟེ་འདུད་པ་ཞེས་པཎྜི་ཏ་ཆོས་བཤེས་བཤད་པ་ལྟར་རོ། །ཀྱི་ནི་ གཞི་མཐུན་པའི་ཚིག་གོ །ཞི༷ང་ཞེས་པ་འབྲེལ་བའི་ཚིག་གམ། ཕྱག་འཚལ་བར་མ་ཟད་ཅེས་ སྡུད་ཚིག་གོ །འཁོར་བའི་འཇིགས་པ་ལས་སྐྱོབ་པའི་སྐྱ༷བས་སུ༷་མཆི༷་བ་སྟེ་སྐྱབས་སུ་འགྲོ་ བའོ༵། །ཕྱག་འཚལ་ཞིང་སྐྱབས་སུ་སོང་ནས་ཅི་ཞིག་དོན་དུ་གཉེར་ན། བདག་དང་སེམས་ ཅན་ཐམས་ཅད་སྡུག་བསྔལ་རྒྱུ་བཅས་ལས་སྒྲོལ་བར་བྱེད་པའི་ཐུགས་བརྩེ༷་བ༷་ཆེ༷ན་པོ༷ས་ སངས་རྒྱས་མ་ཐོབ་ཀྱི་བར་དུ་དུ༷ས་ཐ༷མས་ཅ༷ད་དུ༷་འཁོར་བའི་གཡང་སར་ལྷུང་བ་ལས་རྗེ༷ས་ སུ༷་བཟུ༷ང་བ་སྟེ་ཐར་བའི་ཐང་བདེ་བར་དྲང་དུ༷་གསོ༵ལ། འཁོར་འདས་གཉིས། བདེན་གཉིས། མཉམ་རྗེས། ཆོས་དང་ཆོས་ཉིད། དབུས་དང་མཐའ། ཆད་སྟོང་དང་ཆེན་པོ་སྟོང་པ་ཉིད་ སོགས་ཀྱི་རྣམ་དབྱེ་ཚུལ་བཞིན་མི་ཤེས་པའི་འཇིགས་པ་ཆེན་པོའི་གཡང་ས་ལས་བསྐྱབ་ཏུ་ གསོལ། ཞེས་པའོ། ། མཆོད་བརྗོད་བཀོད་པའི་དགོས་པ་ནི། ཡུལ་དམ་པ་ལ་མཆོད་པར་བརྗོད་པས། བསོད་ ནམས་ཆེན་པོ་སྐྱེ་སྟེ། ལྷ་ལས་ཕུལ་དུ་བྱུང་བའི་བསྟོད་པར། སྙིང་ནས་དད་དམ་ཇི་ལྟར་དགའ་ བའམ། །ཐེ་ཚོམ་གྱིས་སམ་གཞན་གྱི་ངོར་ཡང་རུང༌། །གང་ཞིག་ཐུབ་དབང་ཟླ་བ་དེར་ཕྱག་ 3-1-65 བགྱིད། །དེས་ནི་ལྷ་ཡི་ཕུན་ཚོགས་བདེ་བ་ཐོབ། །ཅེས་སོགས་ལུང་མང་ངོ༌། །བསོད་ནམས་ ཅན་གྱི་བསམ་པ་ངེས་པར་འགྲུབ་ཏེ། མདོ་རྒྱ་ཆེར་རོལ་བ་ལས། བསོད་ནམས་རྣམ་སྨིན་ བདེ་སྟེར་སྡུག་བསྔལ་སེལ། །བསོད་ནམས་ལྡན་པའི་བསམ་པ་རྣམས་ཀྱང་འགྲུབ། །བདུད་ བཅོམས་ནས་ནི་བྱང་ཆུབ་མངོན་འཚང་རྒྱ། །མྱང་འདས་ཞི་བ་བསིལ་བའི་དངོས་པོ་འཐོབ། ། ཅེས་སོགས་ལུང་མང་ངོ༌། །དེས་ན་བསྟན་བཅོས་འདིར་ཡང་ཡུལ་ཁྱད་པར་ཅན་དེ་རྣམས་ལ་ ཕྱག་དང་མཆོད་པ་མཛད་པས་བསོད་ནམས་སྤེལ་ཏེ། རྩོམ་པའི་བར་ཆད་ཞི་ནས། རྩོམ་པ་ མཐར་ཕྱིན་པའི་ཆེད་དུ་མཆོད་བརྗོད་མཛད་པ་སྟེ། དབུས་མཐའི་འགྲེལ་བཤད་དུ། བསོད་ ནམས་འཕེལ་ནས་རྩོམ་པ་ལ་བར་ཆད་དང་བགེགས་ཀྱིས་མི་ཚུགས་པར་ཚེགས་ཆུང་ངུས་ རྫོགས་པར་འགྱུར་རོ། །ཞེས་ཏེ་མདོར་བསྡུས་པ་ཙམ་མོ། ། གཉིས་པ་ལ་བརྒྱད་དེ། ༡ བཀའ་འཁོར་ལོ་རིམ་པ་གསུམ་གྱི་སོ་སོའི་དགོངས་དོན་ཕྱིན་ ཅི་མ་ལོག་པར་རྟོགས་ནས་སྟོན་པའི་རྒྱུ་མཚན་གྱིས་བླ་མ་ལ་གུས་པས་འདུད་པ། ༢ དུས་ ཀྱི་འཁོར་ལོའི་རྒྱུད་ཀྱི་བརྗོད་བྱ་གཙོ་བོར་བྱས་པའི་རྒྱུད་ཀྱི་དོན་ཕྱིན་ཅི་མ་ལོག་པར་རྟོགས་ ནས་སྟོན་པའི་རྒྱུ་མཚན་གྱིས་བླ་མ་ལ་གུས་པས་འདུད་པ། ༣འཁོར་ལོ་གསུམ་ཀའི་དགོངས་ དོན་ཕྱིན་ཅི་མ་ལོག་པར་རྟོགས་ནས་སྟོན་པའི་རྒྱུ་མཚན་གྱིས་བླ་མ་ལ་གུས་པས་འདུད་པ། ༤མདོ་སྔགས་གཉིས་ཀའི་དགོངས་དོན་ཕྱིན་ཅི་མ་ལོག་པར་རྟོགས་ནས་སྟོན་པའི་རྒྱུ་མཚན་ གྱིས་བླ་མ་ལ་གུས་པས་འདུད་པ། ༥ ཁྱད་པར་སྔགས་ཀྱི་དགོངས་དོན་ཕྱིན་ཅི་མ་ལོག་པར་ རྟོགས་ནས་སྟོན་པའི་རྒྱུ་མཚན་གྱིས་བླ་མ་ལ་གུས་པས་འདུད་པ། ༦ གཞི་ལམ་འབྲས་གསུམ་ གྱི་དགོངས་དོན་ཕྱིན་ཅི་མ་ལོག་པར་རྟོགས་ནས་སྟོན་པའི་རྒྱུ་མཚན་གྱིས་བླ་མ་ལ་གུས་པས་ འདུད་པ། ༧ ཚོགས་གཉིས་ཀྱི་འབྲས་བུ་སྐུ་གཉིས་འཕྲིན་ལས་དང་བཅས་པ་ཕྱིན་ཅི་མ་ལོག་ པར་རྟོགས་ནས་སྟོན་པའི་རྒྱུ་མཚན་གྱིས་བླ་མ་ལ་གུས་པས་འདུད་པ། ༨ འཁོར་ལོ་རིམ་ 3-1-66 གསུམ་སོགས་ཐམས་ཅད་ཀྱི་མཐར་ཐུག་ཕྱིན་ཅི་མ་ལོག་པར་རྟོགས་ནས་སྟོན་པའི་རྒྱུ་མཚན་ གྱིས་བླ་མ་ལ་གུས་པས་འདུད་པའོ། ། དང་པོ་ལ་གསུམ་སྟེ། ཆོས་འཁོར་དང་པོའི། ཆོས་འཁོར་གཉིས་པའི། ཆོས་འཁོར་ གསུམ་པའི་དགོངས་དོན་ཕྱིན་ཅི་མ་ལོག་པར་རྟོགས་ནས་སྟོན་པའི་རྒྱུ་མཚན་གྱིས་བླ་མ་ལ་ གུས་པས་འདུད་པའོ། ། དང་པོ་ནི། འདུས་བྱས་ཆོས་རྣམས་སོགས་ཏེ། དེ་ཡང་དགོངས་པ་ངེས་པར་འགྲེལ་བའི་ མདོར། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་དང་བོར་ཡུལ་ཝཱ་རཱ་ཎ་སཱིའི་དྲང་སྲོང་ སྨྲ་བའི་རི་དྭགས་ཀྱི་ནགས་སུ། ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་རྣམས་ལ་ འཕགས་པའི་བདེན་པ་བཞི་རྣམ་པར་བསྟན་པས། ཆོས་ཀྱི་འཁོར་ལོ་ངོ་མཚར་རྨད་དུ་བྱུང་བ་ སྔོན་ལྷར་གྱུར་པའམ། མིར་གྱུར་བ་སུས་ཀྱང་ཆོས་དང་མཐུན་པར་འཇིག་རྟེན་དུ་མ་བསྐོར་ པ་གཅིག་རབ་ཏུ་བསྐོར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་དང་པོ་བསྐོར་བ་དེ་ནི་ བླ་ན་མཆིས་པ། སྐབས་མཆིས་པ། དྲང་བའི་དོན། རྩོད་པའི་ཚིག་གི་གནས་སུ་གྱུར་བ་ལགས་ ལ། བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས། སྐྱེ་བ་ མ་མཆིས་པ་དང༌། འགག་པ་མ་མཆིས་པ་དང༌། གཟོད་མ་ནས་ཞི་བ་དང༌། རང་བཞིན་གྱིས་ ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ཏེ། ཐེག་པ་ཆེན་པོ་ལ་ཡང་དག་པར་ ཞུགས་པ་རྣམས་ལ་སྟོང་བ་ཉིད་སྨོས་པའི་རྣམ་པས་ཆེས་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་ འཁོར་ལོ་གཉིས་པ་བསྐོར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་ བ་དེ་ཡང་བླ་ན་མཆིས་པ། སྐབས་མཆིས་པ་དྲང་བའི་དོན་རྩོད་པའི་ཚིག་གི་གནས་སུ་གྱུར་པ་ ལགས་ཀྱི། བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས། 3-1-67 སྐྱེ་བ་མ་མཆིས་པ་ཉིད་དང༌། འགག་པ་མ་མཆིས་པ་ཉིད་དང༌། གཟོད་མ་ནས་ཞི་བ་ཉིད་དང༌། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ཏེ། ཐེག་པ་ཐམས་ཅད་ ལ་ཡང་དག་པར་ཞུགས་པ་རྣམས་ལ། ལེགས་པར་རྣམ་པ་ཕྱེ་བ་དང་ལྡན་པ་ཤིན་ཏུ་ངོ་མཚར་ རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གསུམ་པ་བསྐོར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་ འཁོར་ལོ་གསུམ་པ་བསྐོར་བ་འདི་ནི་བླ་ན་མ་མཆིས་པ། སྐབས་མ་མཆིས་པ། ངེས་པའི་དོན་ ལགས་ཏེ། རྩོད་པའི་ཚིག་གི་གནས་སུ་གྱུར་པ་མ་ལགས་སོ། །ཞེས་གསུངས་པས་འཁོར་ལོ་ རིམ་པ་གསུམ་གྱི་དང་པོ་འཕགས་པའི་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་ཏེ། བདེན་ པ་བཞི་ནི། སྡུག་བསྔལ་དང༌། སྡུག་བསྔལ་ཀུན་འབྱུང་བ་དང༌། སྡུག་བསྔལ་འགོག་པ་དང༌། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པའོ། ། དང་པོའི་མཚན་ཉིད་ནི། ཉོན་མོངས་པའི་ཟག་བཅས་འབྲས་བུའི་བསྡུས་པའི་ཆའོ། ། མཚན་གཞི་ནི། ལས་ཉོན་གྱི་དབང་གིས་བྱུང་བའི་སྣོད་དང་བཅུད་ཀྱི་འཇིག་རྟེན་ཏེ། མངོན་ པ་ཀུན་བཏུས་ལས། སྡུག་བསྔལ་གྱི་བདེན་པ་གང་ཞེ་ན། སེམས་ཅན་སྐྱེ་བ་དང་སྐྱེ་བའི་ གནས་ཀྱིས་ཀྱང་རིག་པར་བྱའོ། །ཞེས་སོ། །དེ་འདྲའི་སྣོད་བཅུད་འདི་ཐམས་ཅད་ཟག་བཅས་ ཀྱི་ལས་དང་ཉོན་མོངས་པའི་གཞན་དབང་དུ་གྱུར་པས་སྡུག་བསྔལ་བ་སྟེ། དེ་ཡང་སྡུག་ བསྔལ་གསུམ་མམ་བརྒྱད་ཀྱིས་ཅི་རིགས་པར་རོ། །སྡུག་བསྔལ་ཡང་བསྡུ་ན་སྡུག་བསྔལ་གྱི་ སྡུག་བསྔལ་དང༌། འགྱུར་བའི་སྡུག་བསྔལ་དང༌། འདུ་བྱེད་ཀྱི་སྡུག་བསྔལ་གསུམ་དུ་འདུ་ ལ། ཕྱེ་ན་སྐྱེ་རྒ་ན་འཆི་མི་སྡུག་པ་དང་ཕྲད་པ་ལྔ་ནི་སྡུག་བསྔལ་གྱི་སྡུག་བསྔལ་ལོ། །སྡུག་པ་ དང་བྲལ་བ། འདོད་པ་བཙལ་ཏེ་མ་རྙེད་པ་གཉིས་ནི་འགྱུར་བའི་སྡུག་བསྔལ་ལོ། །མདོར་ན་ ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་སྡུག་བསྔལ་ལོ། །ཞེས་པ་འདུ་བྱེད་ཀྱི་སྡུག་བསྔལ་ཞིབ་ཏུ་ཀུན་ བཏུས་ལས་བཤད་དོ། །རྐང་གྲངས་བརྒྱད་དོ། ། 3-1-68 གཉིས་པའི་མཚན་ཉིད་ནི། ཉོན་མོངས་པའི་ཟག་བཅས་རྒྱུས་བསྡུས་པའི་ཆའོ། །མཚན་ གཞི་ནི། ཟག་བཅས་ཀྱི་ལས་དང་ཉོན་མོངས་པ་སྟེ། མངོན་པ་ཀུན་བཏུས་ལས། ཀུན་འབྱུང་ བའི་བདེན་པ་གང་ཞེ་ན། ཉོན་མོངས་པ་དང་ཉོན་མོངས་པའི་དབང་གིས་བྱུང་བའི་ལས་སོ་ ཞེས་སོ། །ཉོན་མོངས་པ་ལ་རྩ་ཉོན་དྲུག་ཉེ་ཉོན་ཉི་ཤུ། ཟག་བཅས་ཀྱི་ལས་ལ་འདོད་ཁམས་ ཀྱི་བདེ་འགྲོའི་རྒྱུ་བསོད་ནམས་དང༌། ངན་འགྲོའི་རྒྱུ་བསོད་ནམས་མ་ཡིན་པ་དང༌། ཁམས་ གོང་དུ་སྐྱེ་བའི་རྒྱུ་མི་གཡོ་བའི་ལས་ཏེ། ཞིབ་ཏུ་ཆོས་མངོན་པ་གཉིས་ལས་ཤེས་དགོས་སོ། ། གསུམ་པ་འགོག་བདེན་ལ། མངོན་པ་མཛོད་དུ། ཆོས་སྐྱེ་བའི་གེགས་བྱེད་པ་མིན་གྱི་ ཆོས་ད་ལྟར་གནས་པའི་གེགས་བྱེད་པ་མི་རྟག་པའི་འགོག་པ་དང༌། དགག་བྱ་སེམས་སེམས་ བྱུང་སྐྱེ་བ་ལ་གེགས་བྱེད་ཀྱང་རེ་ཤིག་ཡིན་གྱི་གཏན་དུ་མིན་པ་སྐྱེ་བའི་འགོག་པ་འདུ་ཤེས་ མེད་པ་དང༌། སྙོམས་འཇུག་གི་འགོག་པ་སྙོམས་འཇུག་གཉིས་དང༌། དགག་བྱ་ད་ལྟར་དུ་ སྐྱེ་བ་ལ་གཏན་དུ་གེགས་བྱེད་པ་སོ་སོར་བརྟགས་མིན་གྱི་འགོག་པ་དང༌། སོ་སོར་བརྟགས་ འགོག་སྟེ་ལྔ་ཆར་འགོག་བདེན་མཚན་ཉིད་པར་བྱེ་བྲག་སྨྲ་བ་འདོད་ལ། མདོ་སྡེ་བ་ནི། སོ་ སོར་བརྟགས་འགོག་འགོག་བདེན་མཚན་ཉིད་པ་དང༌། གཞན་བཞི་ནི་བཏགས་པ་པར་ འདོད་དོ། ། སོ་སོར་བརྟགས་འགོག་གི་མཚན་ཉིད་ནི། འདུས་མ་བྱས་གང་ཞིག ཉོན་མོངས་པའི་ ཟག་མེད་འབྲས་བུས་བསྡུས་པའི་ཆའོ། །མཚན་གཞི་ནི། འཇིག་རྟེན་པའི་ལམ་གྱི་སྤང་བྱ་ ཉོན་མོངས་པའམ་དེའི་ས་བོན་ཅི་རིགས་པ་ཉམས་སྨད་པས་བཀག་པའི་འགོག་པ་ནི་བརྡའི་ འགོག་པ་སྟེ་བཏགས་པ་བ་ཡིན་ལ། མཚན་ཉིད་པ་ནི་ཟག་པ་མེད་པའི་ཤེས་རབ་ཀྱིས་སྤང་ བྱ་ཉོན་མོངས་པའམ་དེའི་ས་བོན་ཅི་རིགས་པའམ་མཐའ་དག་འགགས་པས་ཐོབ་པའི་བྲལ་ འབྲས་སུ་གྱུར་པའི་འདུས་མ་བྱས་ཀྱི་དགེ་བ་ཐམས་ཅད་དོ། །མཛོད་ལས། སོ་སོར་བརྟགས་ 3-1-69 པས་འགོག་པ་གང༌། །བྲལ་བའོ་ཞེས་དང༌། ཀུན་བཏུས་ལས། དེ་བཞིན་ཉིད་ལ་དམིགས་ པས་གང་དུ་ཟག་པ་དང་བཅས་པའི་དངོས་པོ་འགགས་པ་ནི་འགོག་པའོ། །ཞེས་སོ། ། བཞི་པ་ལམ་བདེན་གྱི་མཚན་ཉིད་ནི། འདུས་བྱས་གང་ཞིག ཉོན་མོངས་པའི་ཟག་མེད་ རྒྱུས་བསྡུས་པའི་ཆའོ། །མཚན་གཞི་ནི། ཀུན་བཏུས་ལས། ཐར་པའི་ལམ་ལྔ་ཀ་ལ་བཤད་ ཅིང༌། དེའི་འགྲེལ་བར་རྒྱལ་བའི་སྲས་ཀྱིས་ལམ་གྱི་བདེན་པ་འཁོར་དང་བཅས་པ་ཞེས་དང༌། དེའི་འགྲེལ་བཤད་དུ། ཚོགས་སྦྱོར་ནི་འཇིག་རྟེན་པ་ཉིད་ཀྱི་ཕྱིར། ལམ་གྱི་བདེན་པ་མིན་ གྱི་ལམ་གྱི་འཁོར་ཏེ་དེ་འབྱུང་བར་བྱེད་པའི་ཕྱིར་རོ། །ཞེས་གསུངས་མོད། དཔྱད་པར་བྱ་བ་ ཡོད་དེ་མང་དོགས་སོ། ། བདེན་བཞིའི་སྒྲ་དོན་ནི། ཁམས་གསུམ་སོགས་ཟག་བཅས་འབྲས་བསྡུས་འདི་རྣམས་ ཅི་རིགས་པ་སྡུག་བསྔལ་ཉིད་དུ་བདེན་པས་ན་སྡུག་བསྔལ་གྱི་བདེན་པ། དེར་འཕགས་པ་ རྣམས་ཀྱིས་མངོན་སུམ་དུ་གཟིགས་པས་སྡུག་བསྔལ་འཕགས་པའི་བདེན་པ་ཞེས་བྱ་ལ། སོ་ སྐྱེས་རྣམས་ཀྱིས་སྡུག་བསྔལ་དུ་མ་མཐོང་བར་བདེ་བར་བཟུང་བས་སོ་སྐྱེའི་བདེན་པ་ཞེས་ མ་སྨོས་པར། ཆོས་མངོན་པ་ལས་བཤད་དོ། །ཟག་བཅས་རྒྱུས་བསྡུས་འདི་རྣམས་འབྲས་བུ་ སྡུག་བསྔལ་སྐྱེད་བྱེད་དུ་བདེན་པས་ཀུན་འབྱུང་གི་བདེན་པ། དེར་འཕགས་པས་མངོན་སུམ་ དུ་གཟིགས་ཞེས་སོགས་འདོན་པ་བསྒྱུར་རོ། ། སྡུག་བསྔལ་ཀུན་འབྱུང་ཞེས་པ་ནི། ཟག་བཅས་ཀྱི་ལས་ཉོན་སྤྱིར་བཏང་གི་དབང་དུ་ བྱས་ཀྱི་སོ་སོ་རེ་རེ་དེར་བཤད་དུ་མི་རུང་ངོ་། །སྡུག་བདེན་སོགས་ལ་སོ་སོར་རྟོགས་པའི་ ཤེས་རབ་ནི། སོ་སོར་བརྟགས་པ་སྟེ། གཙོ་བོ་ཟག་མེད་ཀྱི་ཤེས་རབ་ཞིག་ཡིན་ལ་དེའི་བྱེ་བྲག་བར་ ཆད་མེད་པའི་ལམ་གྱིས་ཐོབ་པར་བྱ་བའི་འགོག་པ་ཡིན་པས་སོ་སོར་བརྟགས་པའི་འགོག་ 3-1-70 པ་ཞེས་བར་གྱི་ཚིག་མི་མངོན་པར་བྱས་པ་སྟེ་བ་གླང་གི་ཤིང་རྟ་ཞེས་པ་བཞིན། ཞེས་མཛོད་ འགྲེལ་ལ་སོགས་པ་ལས་བཤད་དོ། །དེར་འཕགས་པས་གཟིགས་ཞེས་སོགས་འདུན་པ་ བསྒྱུར་རོ། །རང་གི་བྱང་ཆུབ་ཏུ་ཕྱིན་བྱེད་དམ་ཐར་ལམ་དུ་བདེན་པས་ལམ་གྱི་བདེན་པ། དེར་འཕགས་པས་མངོན་སུམ་དུ་གཟིགས་ཞེས་སོགས་འདོན་པ་བསྒྱུར་རོ། །དེ་ཕྱིར་ཚོགས་ ལམ་ཡང་ལམ་བདེན་དུ་འཐད་པར་མངོན་ནོ། ། དེ་ལྟ་བུའི་བརྗོད་བྱ་བདེན་པ་བཞི་ལས་བརྩམས་ཏེ་འཁོར་ལོ་དང་པོ་བསྐོར་ཏེ། དེ་ཡང་ འཕགས་པའི་བདེན་བཞི་ལ་ལན་གསུམ་དུ་བཟླས་པ་རྣམ་པ་བཅུ་གཉིས་ཀྱི་ཆོས་ཀྱི་འཁོར་ ལོ་བསྐོར། ཞེས་འདུལ་བ་ལུང་ལས་འབྱུང་སྟེ། དགེ་སློང་དག་སྔོན་མ་ཐོས་པའི་ཆོས་རྣམས་ ལ་འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ་ཞེས་ཚུལ་བཞིན་དུ་ཡིད་ལ་བྱེད་ན་མིག་ སྐྱེས་སོ། །ཤེས་པ་དང༌། རིག་པ་དང༌། བློ་སྐྱེས་སོ་འདི་ནི་སྡུག་བསྔལ་ཀུན་འབྱུང་བའོ། །འདི་ ནི་སྡུག་བསྔལ་འགོག་པའོ། །འདི་ནི་སྡུག་བསྔལ་འགོག་པའི་འགྲོ་བའི་ལམ་འཕགས་པའི་ བདེན་པའོ། །ཞེས་ཚུལ་བཞིན་དུ་ཡིད་ལ་བྱེད་པ་ཞེས་སོགས་དང༌། སྔོན་མ་མཐོང་པའི་ཆོས་ རྣམས་ལ་སྡུག་བསྔལ་འཕགས་པའི་བདེན་པ་དེ་བདག་གིས་མངོན་པར་ཤེས་པས་ཡོངས་སུ་ ཤེས་པར་བྱའོ། །ཞེས་ཚུལ་བཞིན་དུ་ཞེས་སོགས་དང༌། སྔོན་མ་ཐོས་པའི་ཆོས་རྣམས་ལ་སྡུག་ བསྔལ་འཕགས་པའི་བདེན་པ་དེ་བདག་གིས་མངོན་པར་ཤེས་པས་ཡོངས་སུ་ཤེས་སོ། །ཞེས་ ཚུལ་བཞིན་དུ་ཞེས་སོགས་སོ། །དེ་ལ་ལན་གསུམ་ནི་ངོ་བོ་དང་བྱ་བ་དང་མཐར་ཐུག་པ་ལ་ བཟླས་པ་དང༌། རྣམ་པ་བཅུ་ནི་བཟླས་པ་རེ་རེ་ལ་ཟག་མེད་ཀྱི་ཤེས་རབ་ཀྱིས་མངོན་སུམ་དུ་ གྱུར་པའི་ཕྱིར་མིག་དང༌། ཐེ་ཚོམ་དང་བྲལ་བས་ན་ཤེས་པ་དང༌། ཡང་དག་པའི་དོན་རྟོགས་ པས་ན་རིག་པ་དང༌། བློ་རྣམ་པར་དག་པས་ན་བློ་སྐྱེས་སོ། །ཞེས་པའོ། ། དེ་དག་ཀྱང་གསུམ་ཚན་དང་བཅུ་གཉིས་ཚན་དུ་ཆོས་མཐུན་པས་ན་དེ་ལྟར་བཤད་དེ་ 3-1-71 གཉིས་དང་གནས་བདུན་ལ་མཁས་པར་བསྟན་པ་བཞིན་ནོ། །གཞན་ཡང་བཟླས་པ་འདི་ དག་གི་གྲངས་བཞིན་དུ་ལམ་གསུམ་བསྟན་ཏོ། །ཞེས་ཀྱང་ཟེར་རོ། ། བྱེ་བྲག་ཏུ་སྨྲ་བ་ནི། མཐོང་ལམ་པ་ཁོ་ན་ཆོས་འཁོར་དུ་འདོད་པའི་རྒྱུ་མཚན་དང་བཅས་ པ་མཛོད་དུ་བཤད་ལ། དབྱིག་གཉེན་ནི་སྔར་བཤད་པ་ལྟར་གྱི་ལན་གསུམ་དུ་བཟླས་པའི་ གསུང་རབ་ལུང་གི་ཆོས་དེ་ཉིད་བདེན་བཞི་ལན་གསུམ་དུ་བཟླས་པ་རྣམ་པ་བཅུ་གཉིས་ཀྱི་ ཆོས་འཁོར་ཡིན་ནོ་གསུངས། ངེས་དོན་དུ་རྗོད་བྱེད་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་བརྗོད་ བྱ་ལམ་ལྔ་ཐམས་ཅད་ཆོས་འཁོར་དུ་སངས་རྒྱས་གཉིས་པ་དབྱིག་གཉེན་ལ་སོགས་པས་ བཞེད་དོ། །བརྗོད་བྱ་བདེན་པ་བཞི་པོ་རེ་རེ་ལ་ཡང་དོན་རྣམ་པ་བཞི་བཞི་སྟེ། རེས་འགའ་སྐྱེ་ བས་མི་རྟག་པ། ཆགས་སོགས་ཀྱི་རྟེན་བྱེད་ཅིང་ཟག་བཅས་ལས་ཉོན་གྱི་གཞན་དབང་གྱུར་ པས་སྡུག་བསྔལ་བ་གང་ཟག་གི་བདག་རྟག་པས་བདག་གིར་བཟུང་བྱའི་བདག་གི་བས་སྟོང་ པས་སྟོང་པའམ། དོན་གཞན་གྱུར་གྱི་གང་ཟག་གི་བདག་གིས་སྟོང་པས་སྟོང་པ། རང་ཉིད་ གང་ཟག་བདག་དང་གཅིག་ཏུ་མེད་པས་བདག་མེད་པའི་རྣམ་པ་བཞི་ནི་སྡུག་བདེན་གྱི་རྣམ་ པའོ། །ཡང་སྲིད་འབྱུང་བའི་བྱེད་རྒྱུ་ཡིན་པས་རྒྱུ། སྡུག་བསྔལ་གྱི་རྫས་རིགས་ཀུན་འབྱུང་ བས་ཀུན་འབྱུང་བ། སྡུག་བསྔལ་དྲག་ཏུ་བསྐྱེད་པས་རབ་སྐྱེ། སྡུག་བསྔལ་བརྒྱུད་མར་འབྱུང་ བྱེད་ཡིན་པས་རྐྱེན་གྱི་རྣམ་པ་དེ་བཞིན་ནི་ཀུན་འབྱུང་གིའོ། ། སྡུག་བསྔལ་འགགས་པས་འགོག་པ། རྒྱུ་ཆགས་སོགས་ཞི་བས་ཞི་བ། གང་ཟག་གི་ བདག་མེད་པས་གྱ་ནོམ་པའི་རྣམ་པ། སྤང་བྱ་ཆགས་སོགས་སླར་མི་ལྡོག་པར་སོང་བས་ངེས་ པར་འབྱུང་བའི་རྣམ་པ་བཞི་ནི། འགོག་བདེན་གྱི་རྣམ་པར་ཚད་མ་རྒྱན་མཁན་པོ་སོགས་ཆོས་ ཀྱི་གྲགས་པའི་དགོངས་པར་འཆད་དོ། །ཀུན་བཏུས་ལྟར་ན། རྒྱུ་ཉོན་མོངས་དང་བྲལ་བས་ འགོག་པ། འབྲས་བུ་སྡུག་བསྔལ་དང་བྲལ་བའི་ཞི་བ། ཉོམ་མོངས་དང་བྲལ་བའི་གཙང་བ། 3-1-72 སྡུག་བསྔལ་དང་བྲལ་བས་བདེ་བའི་རང་བཞིན་གྱ་ནོམ་པ། སླར་མི་ལྡོག་པར་སོང་པས་རྟག་ པ། དོན་དམ་པར་དགེ་བའི་རང་གཞན་ལ་ཕན་པའི་གཞི་ཡིན་པ་བཞིན་ཡིན་པས་ངེས་འབྱུང་ གི་རྣམ་པ་ཞེས་སོ། ། བྱང་ཆུབ་དུ་བགྲོད་པར་བྱེད་པའི་ལམ། མ་རིག་པ་ཆགས་སོགས་ཀྱི་གཉེན་པོ་བྱེད་པས་ རིག་པ། སེམས་ཕྱིན་ཅི་མ་ལོག་པར་བསྒྲུབས་པས་སྒྲུབ་པ། རྟག་{ཕན[ཆད་]ཀྱི་གནས་ སུ་འབྱུང་བར་བྱེད་པས་ངེས་འབྱིན་གྱི་རྣམ་པ་བཞི་ནི་ལམ་བདེན་གྱི་རྣམ་པ་སྟེ། དེ་རྣམས་ རྣམ་འགྲེལ་མངོན་པ་གོང་འོག་སོགས་ཀྱི་དགོངས་པའོ། །ལུང་མང་དོགས་པས་བཞག་ གོ །དམིགས་ཡུལ་བདེན་བཞི་ལ་དམིགས་ནས་མི་རྟག་སོགས་བཅུ་དྲུག་གི་རྣམ་པ་ཅན་གྱི་ ཚོགས་སྦྱོར་ལ་སོགས་པའི་ལམ་ལྔ་བསྒོམ་པའི་ཚུལ་ལ་སོགས་པ་མངོན་པ་གོང་འོག་སོགས་ ལས་ཤེས་པར་བྱའོ། ། ཡང་ཆོས་ཀྱི་སྡོམ་མམ། ཆོས་ཀྱི་{བདག་[རྒྱན་]རྣམ་པ་བཞི་བཀའ་སྩལ་ཏེ། འདུས་བྱས་ (ཐམས་ཅད་)མི་རྟག ཟག་ (པ་དང་)བཅས་ (པ་ཐམས་ཅད་)སྡུག་བསྔལ། ཆོས་ (ཐམས་ཅད་)བདག་ མེད་ (པ)། མྱ་ (ངན་ལས་)འདས་ (པ་ཐམས་ཅད་)ཞི་བའོ། །ལམ་མངོན་པར་རྟོགས་པའི་ཚུལ་ཡང་ གསུངས་ཏེ། དགེ་སློང་དག་གཟུགས་རྟག་པ་ཡིན་ནམ། མི་རྟག་པ་ཡིན། བཙུན་པ་མི་རྟག་ པ་ལགས་སོ། །གང་མི་རྟག་པ་དེ་བདེ་འམ་སྡུག་བསྔལ་བ་ཡིན། བཙུན་པ་སྡུག་བསྔལ་བ་ ལགས་སོ། །གང་མི་རྟག་པ་རྣམ་པར་འགྱུར་བའི་ཆོས་ཅན་དེ་ལ་འདི་ནི་ངའོ་འདི་ནི་ངའི་འོ། ། ཞེས་པ་ལྟར་རུང་ངམ། བཙུན་པ་མ་ལགས་སོ། །ཞེས་སོགས་ཏེ་ཟག་བཅས་མི་རྟག་པར་ རྟོགས་པ་ལས་སྡུག་བསྔལ་དུ་རྟོགས་པ་དང༌། དེ་ལས་བདག་མེད་དུ་རྟོགས་པར་འབྱུང་ཏེ། རྣམ་འགྲེལ་ལས། སྟོང་ཉིད་ལྟ་བས་གྲོལ་བར་འགྱུར། །སྒོམ་པ་ལྷག་མ་དེ་དོན་ཡིན། །དེ་ ཕྱིར་མི་རྟག་ལས་སྡུག་བསྔལ། །སྡུག་བསྔལ་ལས་ནི་བདག་མེད་གསུངས། །ཞེས་སོགས་ 3-1-73 རྒྱས་པར་རྟོགས་དགོས་སོ། ། དེ་ལྟ་བུའི་ཆོས་འཁོར་གྱི་དགོངས་པའི་དོན་ཇི་བཞིན་རྟོགས་ནས་སྟོན་པའི་རྒྱུ་མཚན་ གྱིས་བླ་མ་ལ་གུས་པས་འདུད་ཅེས་སྟོན་པ་ནི། འདུས་བྱས་ཆོས་རྣམས་ཞེས་སོགས་ཏེ་རྒྱུ་དང་ རྐྱེན་དུ་འདུས་པའམ་ཚོགས་ནས་བསྐྱེད་པས་འདུས་བྱས་ཏེ་ཟག་བཅས་ཟག་མེད་ཀྱི་དངོས་ པོ་ཐམས་ཅད་རྣམས་ཞེས་མང་ཚིག་སྨོས་པའི་བསྟན་ཏོ། །དེ་ཐམས་ཅད་རང་གི་མཚན་ཉིད་ འཛིན་པས་ཆོས་ཏེ་དེའི་དོན་ནི་རང་རང་ཇི་ལྟར་གནས་པ་ལྟར་མཚོན་པར་བྱེད་པའམ་རྟོགས་ པར་བྱེད་པའི་དོན་རྣམས་ལ་འདིར་མཚན་ཉིད་ཅེས་ཟེར་ལ་རང་གྲུབ་ཙམ་ནས་དེར་གནས་ པས་ན་དེ་འཛིན་པ་ཞེས་བརྗོད་དོ། །དེ་ལྟར་ན་རྒྱུ་རྐྱེན་འབྲས་བུ་གསུམ་ཏེ་མཛོད་སོགས་ ལས་རྒྱུ་དྲུག་རྐྱེན་བཞི་འབྲས་བུ་ལྔ་ཞེས་བཤད་དེ། བྱེད་རྒྱུ་ལྷན་ཅིག་འབྱུང་བ་དང༌། །སྐལ་ མཉམ་མཚུངས་པར་ལྡན་པ་དང༌། །ཀུན་ཏུ་འགྲོ་དང་རྣམ་སྨིན་སྟེ། །རྒྱུ་ནི་རྣམ་པ་དྲུག་ཏུ་ འདོད། །རང་ལས་གཞན་པ་བྱེད་རྒྱུའི་རྒྱུ། །ལྷན་ཅིག་འབྱུང་གང་ཕན་ཚུན་འབྲས། །འབྱུང་ བཞི་སེམས་ཀྱི་རྗེས་འཇུག་དང༌། །སེམས་དང་མཚན་ཉིད་མཚན་གཞི་བཞིན། །སྐལ་མཉམ་ རྒྱུ་ནི་འདྲ་བའོ། །རང་རིས་པའོ་སྔར་སྐྱེས་རྣམས། །མཚུངས་ལྡན་རྒྱུ་ནི་སེམས་དག་དང༌། ། སེམས་བྱུང་རྟེན་མཚུངས་ཅན་རྣམས་སོ། །ཀུན་འགྲོ་ཞེས་བྱ་ཉོན་མོངས་ཅན། །རྣམས་ཀྱིས་ རང་ས་ཀུན་འགྲོ་ལྔ། །རྣམ་སྨིན་རྒྱུ་ནི་མི་དགེ་དང༌། །དགེ་བ་ཟག་བཅས་རྣམས་ཁོ་ན། །ཞེས་ དང༌། རྐྱེན་ནི་བཞི་པོ་དག་ཏུ་གསུངས། ཞེས་ཏེ་མདོ་ལས། རྐྱེན་ཉིད་ནི་བཞི་སྟེ། རྒྱུའི་རྐྱེན་ དང༌། དེ་མ་ཐག་པ་དང༌། དམིགས་པ་དང༌། བདག་པོའི་རྐྱེན་ཉིད་དོ། །ཞེས་སོ། །དེ་བཞིན་ རིམ་བཞིན་རྒྱུ་ཞེས་བྱ་བ་རྒྱུ་ལྔ་ཡིན། སེམས་དང་སེམས་བྱུང་སྐྱེས་པ་རྣམས། ཐ་མ་མིན་ མཚུངས་དེ་མ་ཐག དམིགས་པ་ཆོས་རྣམས་ཐམས་ཅད་དོ། །བྱེད་རྒྱུ་ཞེས་བྱ་བདག་པོར་ བཤད། །ཅེས་དང༌། འདུས་བྱས་བྲལ་བཅས་འབྲས་བུ་ཡིན། །འདུས་མ་བྱས་ལ་དེ་དག་མེད། 3-1-74 ། ཅེས་ཏེ་འབྲས་བུ་ལྔ་ནི། རྣམ་སྨིན་གྱི། རྒྱུ་མཐུན་གྱི། བྲལ་བའི། སྐྱེས་བུ་བྱེད་པའི། བདག་ པོའི་འབྲས་བུ་རྣམས་སོ། །རྣམ་སྨིན་ལུང་དུ་མ་བསྟན་ཆོས། །སེམས་ཅན་བརྗོད་ལུང་བསྟན་ ཕྱིས་འབྱུང༌། །རྒྱུ་མཐུན་རྒྱུ་དང་འདྲ་བའོ། །བྲལ་བ་བློ་ཡིས་ཟད་པའོ། །གང་གི་སྟོབས་ཀྱིས་ གང་སྐྱེ་བ། །འབྲས་དེ་སྐྱེས་བུའི་ཕྱེད་ལས་སྐྱེ། །སྔོན་བྱུང་མ་ཡིན་འདུས་བྱས་ནི། །འདུས་བྱས་ ཁོ་ནའི་བདག་པོའི་འབྲས། །ཞེས་དང༌། བཞི་ཡིས་སེམས་དང་སེམས་བྱུང་རྣམས། །གསུམ་ གྱིས་སྙོམས་པར་འཇུག་རྣམ་གཉིས། །གཞན་ནི་གཉིས་པོ་དག་ལས་སྐྱེས། །ཞེས་ཏེ་བརྗོད་ པར་བྱ་བ་མང་སྟེ། ཕལ་ཆེར་བྱེ་བྲག་སྨྲ་བའི་ལུགས་ཡིན་ལ། མདོ་སེམས་དབུ་མ་པའི་འདོད་ ཚུལ་ཤེས་པར་བྱ་དགོས་ཏེ། འདིར་མང་དོགས་པས་མ་བྲིས་སོ། ། དེ་ལྟར་ན་འདུ༷ས་བྱ༷ས་ཀྱི་དངོས་པོ་ཐ༷མས་ཅ༷ད་རེ་འགའ་བ་ཡིན་པས་མི་རྟག་སྟེ། རི་ གཟར་བོའི་ངོས་ལ་ཆུ་ཐོག་སོགས་ལས་གསར་དུ་བྱུང་བའི་འབབ་ཆུ་བཞིན་ནམ། དུས་ མཐའི་སྐད་ཅིག་གིས་སྐྱེ་འགག་བྱེད་པས་མི་རྟག་སྟེ། རི༷་གཟ༷ར་པོའི་ངོས་ཀྱི་འབ༷བ་ཆུ༷་ཐུར་ དུ་མགྱོགས་པར་འགྲོ་བ་བཞི༵ན། རྫས་ཡོད་ཀྱི་འདུས་བྱས་རྣམས་དུས་མཐའི་སྐད་ཅིག་གིས་ སྐྱེ་འགག་བྱེད་པས་ན་དུས་མཐའི་སྐད་ཅིག་གཉིས་ཙམ་ཡང་མི་སྡོད་པས་མི་བརྟན་ཏེ་དུས་ མཐའི་སྐད་ཅིག་གཉིས་ཙམ་མ་ཞིག་པར་སྡོད་ནའང་རྟག་པར་འགྱུར་བས་སྡུག་བདེན་གྱི་ ཕྱིན་ཅི་ལོག་གི་རྣམ་པ་སྟོན་པ་ན་[མི་]བརྟན་པ་ཞེས་སློབ་དཔོན་ཆོས་གྲགས་ཀྱིས་སྨོས་པར་ པཎྜིཏ་ཤཱཀྱ་བློས་བཤད་དོ། ། ཡང་ན་རྒྱུན་གྱིས་འཇིག་པས་མི་རྟག་སྐད་ཅིག་གིས་འགྱུར་བ་སྟེ་དཔེར་ན་བར་སྣང་དུ་ གསར་དུ་བྱུང་ཞིང་དེ་མ་ཐག་ཡལ་བར་འགྱུར་བའི་སྤྲི༷ན་བཞི༷ན་དང་དེ་འདྲའི་གློ༷ག་བཞི༷ན་ དང༌། རྩྭ༷་རྩེ༷འི་ཟི༷ལ་བ༷་ཡུན་རིང་དུ་མི་གནས་པ་བཞི༵ན། ཡང་ན་འདུས་བྱས་ཐམས་ཅད་ གསར་དུ་སྐྱེ་བའི་ཆོས་ཅན་ཡིན་པས་མི་རྟག་ཞེས་སྤྱིར་བསྟན་ནས་སྐད་ཅིག་གིས་མི༷་བརྟ༷ན་ 3-1-75 པ་སྟེ་འགག་རྒྱུན་གྱིས་འགྱུར་བའི་ཆོས་ཅན་ཏེ། དཔེར་ན་ཞེས་པ་དཔེ་རྣམས་སྦྱར་རོ། །འདིར་ ཆོས་ཅན་ནི་མཚན་ཉིད་དམ་རང་བཞིན་ཏེ་རང་ཉིད་ཇི་ལྟར་གནས་པ་ལྟར་གྱི་ངང་ཚུལ་ ལོ། །དེ་ལྟར་ན་འདུས་བྱས་ཐམས་ཅད་མི༷་རྟ༷ག་ཅིང་མི་བརྟན་པའམ་འགྱུ༷ར་བ༷འི་ངང་ཚུལ་ ཅན་ཡིན་པས་དེ་རྣམས་ཀྱི་ཆོ༷ས་ཅ༷ན་ཞེས་སྨོས་པ་སྟེ། ཆུ་ཐུར་དུ༵་ལྷུང་བའི་ཆོས་ཅན་ཞེས་པ་ བཞིན་ནོ། ། རྒྱ་ཆེར་རོལ་པའི་མདོ་ལས། འདུ་བྱེད་མི་རྟག་བརྟན་པ་མ་ཡིན་ཏེ། །རྫ་སོ་མ་བཏང་ལྟ་ བུར་འཇིག་པའི་བདག །གཞན་གྱི་རྫས་ནི་བརྙན་པོ་བྱས་དང་མཚུངས། །བྱེ་མའི་གྲོང་ཁྱེར་ ལྟ་བུར་རིང་མི་ཐོགས། །འདུ་བྱེད་འདི་དག་འཇིག་པའི་ཆོས་ཅན་ཏེ། །དབྱར་གྱི་ཞལ་ཞལ་ ཇི་ལྟར་འགོག་པ་བཞིན། །ཆུ་ངོགས་བྱེ་མ་ཡོད་པ་འདྲ་བ་སྟེ། །རྐྱེན་ལ་རག་ལས་རང་བཞིན་ ཉམ་ཆུང་བ། །འདུ་བྱེད་མར་མེའི་འོད་འཕྲོ་འདྲ་བ་སྟེ། །མྱུར་དུ་འབྱུང་ཞིང་འགག་པའི་ཆོས་ ཅན་ཡིན། །རླུང་དང་མཚུངས་པར་རིང་དུ་མི་གནས་ལ། །སྦུ་བ་ལྟ་བུར་ཉམ་ཆུང་སྙིང་པོ་ མེད། །འདུ་བྱེད་གཡོ་བ་མེད་ཅིང་སྟོང་པ་སྟེ། །བརྟགས་ན་ཆུ་ཤིང་དག་གི་སྙིང་པོ་འདྲ༌། །སྒྱུ་ མ་ལྟ་བུར་སེམས་ནི་རྨོངས་པར་བྱེད། །ལག་བཅངས་སྟོང་བའི་བྱིས་པ་འབྲིད་དང་མཚུངས། ། འདུས་བྱས་གྱུར་བ་ཐམས་ཅད་རྒྱུ་དག་དང༌། །རྐྱེན་རྣམས་ཀྱིས་ནི་རབ་ཏུ་འབྱུང་བ་སྟེ། །ཞེས་ སོགས་དང༌། འདུལ་བ་ལུང་ལ་སོགས་པར། ཀྱེ་མ་འདུས་བྱས་རྣམས་མི་རྟག །སྐྱེ་ཞིང་འཇིག་ པའི་ཆོས་ཅན་ཡིན། །སྐྱེས་ནས་འཇིག་པར་འགྱུར་བ་སྟེ། །དེ་བས་མྱུར་དུ་ཞི་བར་བདེ། །ཞེས་ སོ། །ཁྱད་པར་དུ། ལས་ཉོན་གྱིས་འདུས་བྱས་པའི་ཁམས་གསུམ་པོ་འདི་མི་རྟག་འཇིག་པའི་ ཆོས་ཅན་ཏེ། རྒྱ་ཆེར་རོལ་པར། སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །འགྲོ་བའི་སྐྱེ་ འཆི་གར་ལ་ལྟ་དང་མཚུངས། །འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ། །རི་གཟར་འབབ་ ཆུ་བཞིན་དུ་མྱུར་མགྱོགས་འགྲོ། ཞེས་སོགས་མང་དུ་བཤད་དེ། དེ་ལྟར་ན་སྤྱི་དང་བྱེ་བྲག་ 3-1-76 {གི}འདུས་བྱས་ཐམས་ཅད་མི་རྟག་སོགས་ཀྱི་ངང་ཚུལ་ཅན་དུ་ལེ༷གས་པ༷ར་ཏེ་ཕྱིན་ཅི་མ་ ལོག་པར་རྟོགས་ནས་སྟོ༷ན་པར་མཛ༷ད་པས་བཀའ་དྲིན་ལྕི་བའི་ཕྱིར་དེ་ལྟར་སྟོན་པའི་བླ༷་མ༷་ དམ་པའི་ཞ༷བས་ཀྱི་པད་མ་ལ༷་གུས་པས་འདུ༵ད་པ་སྟེ་རང་གི་ཡན་ལག་མཆོག་མགོ་བོས་བླ་ མའི་སྐུའི་དམན་ཤོས་ཞབས་ལ་གཏུགས་ཏེ། ངག་གི་ཡོན་ཏན་བརྗོད་པའི་སྒོ་ནས་ཡིད་རབ་ ཏུ་དད་ཅིང་མོས་པར་བྱེད་པའོ། །བླ་མ་ནི་ཁམས་གསུམ་གྱི་བླ་མ་ཐུབ་པའི་དབང་པོ་དང༌། ཁྱད་པར་དུ་མཁས་བཙུན་ཡོན་ཏན་རྒྱ་མཚོ་དང༌། སྐྱི་སྟོན་འཇམ་པའི་དབྱངས་གྲགས་པ་ རྒྱལ་མཚན་ནོ། ། དེ་ལྟར་འདུས་བྱས་མི་རྟག་པར་རྟོགས་པ་ལས་ཟག་བཅས་སྡུག་བསྔལ་དུ་རྟོགས་པ་ འབྱུང་བའི་ཕྱིར་འདུས་བྱས་མི་རྟག་པར་བསྟན་ནས་ཟག་བཅས་སྡུག་བསྔལ་དུ་སྟོན་པར་ མཛད་དེ། དེ་ཡང་འདོད་པའི་ཡོན་ཏན་ལྔ་ལ་ཆགས་པ་མངོན་གྱུར་དང་བཅས་པ་འདོད་ པའི་ཁམས། དེ་འདྲ་བའི་ཆགས་པ་མངོན་དུ་གྱུར་དེ་མེད་ཀྱང་གཟུགས་ལ་ཆགས་པ་མངོན་ གྱུར་དང་བཅས་པ་གཟུགས་ཀྱི་ཁམས། དེ་ལྟའི་ཆགས་པ་མངོན་གྱུར་གཉིས་ཀ་མེད་ཀྱང་ གཟུགས་མེད་མིང་བཞིའི་ཕུང་པོ་ལ་ཆགས་པ་མངོན་གྱུར་དང་བཅས་པ་གཟུགས་མེད་པའི་ ཁམས་ཞེས་མཁས་མཆོག་བློ་བརྟན་སོགས་ཀྱིས་བཤད་དོ། །དེ་ལྟ་བུའི་ཁམས་གསུམ་འཁོར་ བ་མཐའ་དག་གི་རང་བཞིན་ནམ། གནས་ལུགས་ནི་སྡུག་བསྔལ་ཡིན་པའི་ཕྱིར་ན་ཅི་རིགས་ པར་སྡུག་བསྔལ་གསུམ་མམ་བརྒྱད་ཀྱི་རང་བཞིན་ཅན་དུ་མཚུངས་ཏེ། དཔེར་ན། དྲག་ཏུ་ འབར་བཞིན་པའི་མེ༷་ཡི༷་འོ༷བས་ཀྱི་ནང་དུ་ཚུད་པ་བཞིན་ད༷ང་དུག་སྦྲུ༷ལ་གདུ༷ག་པའི་ཁ༷ར་ ཆུ༷ད་པ་བཞི༵ན། བུ༷མ་པ༷འི་ན༷ང་དུ༷་ཚུད་པའི་སྦྲ༷ང་མ༷་ཕྱིར་འཐོན་མ་ཤེས་པར་བུམ་པའི་ལྟོ་ བའི་ནང་དུ་འཁོ༷ར་ནས་སྡུག་བསྔལ་བ༷་བཞི༵ན། ཁ༷མས་གསུ༷མ་མཐ༷འ་ད༷ག་སྡུ༷ག་བསྔ༷ལ་ ར༷ང་བཞི༷ན་དུ༵། དཔེ་དང་པོ་གཉིས་ཀྱིས་དངོས་སུ་སྡུག་བསྔལ་གྱི་སྡུག་བསྔལ་བསྟན་ནས་ 3-1-77 ཞར་ལ་འགྱུར་བའི་སྡུག་བསྔལ་བསྟན་ལ། དཔེ་གསུམ་པས་འདུ་བྱེད་ཀྱི་སྡུག་བསྔལ་བསྟན་ ཏོ། །རྣམ་པ་གཅིག་ཏུ་ན་དོན་རེ་རེ་ལ་དཔེ་མང་པོ་སྦྱོར་བ་ནི་སྐབས་ཀྱི་དོན་དེ་མཐའ་གཅིག་ ཏུ་ངེས་པ་གཏིང་ཚུགས་པའི་ཡིད་ཆེས་བསྐྱེད་པའི་ཆེད་ཡིན་པར་མཛོད་ཀྱི་འགྲེལ་བཤད་ སོགས་ལས་བཤད་དོ། །དེ་ལྟར་མཚུ༷ངས་པ༷ར་སྟོ༷ན་པར་མཛ༷ད་པས་བཀའ་དྲིན་ལྕི་བའི་ཕྱིར་ བླ༷་མ༷་དམ་པའི་ཞ༷བས་ལ༷་གུས་པས་འདུ༵ད། །ཅེས་པའོ། ། རྒྱུ་ཆེར་རོལ་བར། སྲིད་གསུམ་རྒ་དང་ནད་ཀྱི་སྡུག་བསྔལ་འབར། །འཆི་མེ་རབ་འབར་ འདི་ན་མགོན་མེད་པར། །སྲིད་ལས་འབྱུང་ལ་འགྲོ་བ་རྟག་ཏུ་རྨོངས། །བུམ་པར་ཚུད་པའི་ བུང་བ་འཁོར་བ་བཞིན། །ཞེས་དང༌། སྲིད་སྲེད་མ་རིག་དབང་གིས་སྐྱེ་བོ་རྣམས། །མི་དང་ ལྷ་གནས་ངན་སོང་གནས་གསུམ་པོ། །འགྲོ་བ་ལྔ་པོ་དག་ཏུ་མི་མཁས་འཁོར། །དཔེར་ན་རྫ་ མཁན་འཕང་ལོ་འཁོར་བ་བཞིན། །རྟག་ཏུ་གཟུགས་སྡུག་མཆོག་དང་སྒྲ་སྙན་དང༌། །དྲི་ཞིམ་ རོ་མཆོག་རེག་པ་བདེ་བྱེད་པ། །དུས་ངན་རྙི་ལ་འགྲོ་བ་འདི་དག་ཐོགས། །དཔེར་ན་རྔོན་པའི་ རྙི་ལ་སྤྲེའུ་ཐོགས་པ་བཞིན། །འདོད་པའི་ཡོན་ཏན་གནོད་པའི་མྱ་ངན་མང༌། །འཇིག་བཅས་ རྟག་ཏུ་དགྲ་བྱེད་ཉོན་མོངས་བཅས། །རལ་གྲིའི་སོ་འདྲ་དུག་སྡོང་ལོ་མ་མཚུངས། །ངན་ སྐྱུགས་སྣོད་ལྟར་འཕགས་པའི་སྐྱེ་བོས་སྤངས། །འདོད་པའི་ཡོན་ཏན་འཇིགས་བཅས་ཉོན་ མོངས་བཅས། །རྟག་ཏུ་དྲན་པ་རྗེད་བྱེད་མུན་པ་བྱེད། །རྟག་ཏུ་འཇིགས་པའི་རྒྱུ་བྱེད་སྡུག་ བསྔལ་རྩ། །སྲིད་པའི་སྲེད་པའི་འཁྲི་ཤིང་འཕེལ་བར་བྱེད། །ཇི་ལྟར་མེ་འབར་འོབས་ནང་ འཇིགས་བཅས་པ། །དེ་ལྟར་འདོད་འདི་འཕགས་པའི་སྐྱེ་བོས་རིག །འདམ་རྫབ་ཆེ་འདྲ་ རལ་གྲིས་གཤེགས་གནས་འདྲ། །རལ་གྲིའི་སོ་ལ་སྦྲང་རྩི་བསྐུས་དང་མཚུངས། །ཇི་ལྟར་ སྦྲུལ་གྱི་མགོ་དང་ངན་སྐྱུགས་སྣོད། །དེ་ལྟར་འདོད་འདི་མཁས་པ་རྣམས་ཀྱིས་རིག །བྱ་ཤ་ ཁམ་བུ་འདྲ་ཞིང་གསལ་ཤིང་འདྲ། །རོ་ལ་ཁྱི་ལྟར་དགྲ་དང་བཅས་པ་ཡིན། །འདོད་པའི་ཡོན་ 3-1-78 ཏན་འདི་དག་ཆུ་ཟླ་འདྲ། །གཟུགས་བརྙན་མཚུངས་ཤིང་བྲག་ཆ་འདྲ་བ་དང༌། །མིག་ཡོར་ འདྲ་ཞིང་གར་ལ་ལྟ་འདྲ་དང༌། །རྨི་ལམ་མཉམ་པར་འཕགས་པའི་སྐྱེ་བོས་རིག །འདོད་པའི་ ཡོན་ཏན་སྐད་ཅིག་ཡ་མ་བརླ། །སྒྱུ་མ་སྨིག་རྒྱུ་འདྲ་ཞིང་བརྫུན་པ་ཅན། །ཆུ་བུར་དབུ་བ་ལྟ་ བུར་ཡང་དག་མིན། །ཡོངས་སུ་བརྟགས་ལས་བྱུང་བར་མཁས་པས་རིག །ན་ཚོད་ཐོག་མར་ གཟུགས་མཆོག་འཛིན་པའི་ཚེ། །ཕངས་ཤིང་སྡུག་འདོད་འདི་ནི་བྱིས་པས་སྤྱོད། །རྒ་ན་སྡུག་ བསྔལ་གཟི་བརྗིད་ལུས་བཅོམ་ནས། །རྣམ་པར་སྤོང་ཏེ་རི་དྭགས་ཀླུང་སྐམ་བཞིན། །ནོར་ འབྲུ་དམ་པ་རྫས་མང་སྟོབས་ལྡན་ཚེ། །ཕངས་ཤིང་སྡུག་འདོད་འདི་ནི་བྱིས་པས་སྤྱོད། །ནོར་ ཉམས་སྡུག་བསྔལ་བར་ནི་གྱུར་པའི་ཚེ། །རྣམ་པར་སྤོང་སྟེ་མི་ཡི་འབྲོག་སྟོང་བཞིན། །ཇི་ ལྟར་མེ་ཏོག་ཤིང་དང་འབྲས་བཅས་ཤིང༌། །དེ་ལྟར་སྦྱིན་འདོད་མི་ལ་དགའ་བར་བྱེད། །ནོར་ ཉམས་རྒ་བས་ཉེན་ཅིང་ཕོངས་པ་ན། །དེ་ཚེ་དགའ་བར་མི་འགྱུར་བྱ་རྒོད་བཞིན། །རྫས་ {བཞིན་[ལྡན་]གཟུགས་མཆོག་ལྡན་ཚེ་དཔོན་པོ་བཞིན། །ཕྲད་ན་སྡུག་ཅིང་དབངཔོ་དགའ་ བར་བྱེད། །རྒ་ན་སྡུག་བསྔལ་ཉེན་ཅིང་ནོར་ཟད་ན། །དེ་ཚེ་འདོད་པར་མི་འགྱུར་འཆི་བདག་ བཞིན། །རྒ་བས་རྒ་བྱས་ན་ཚོད་ཡོལ་གྱུར་ན། །སྡོང་པོ་གནམ་ལྕགས་ཀྱི་ནི་བཅོམ་པ་ བཞིན། །རྒ་བས་འཁོགས་ནས་འཇིགས་བཅས་ཁང་རུལ་འདྲ། །རྒ་ལས་འབྱུང་བ་ཐུབ་པ་ མྱུར་དུ་སྨྲོས། །བུད་མེད་སྐྱེས་པའི་ཚོགས་རྣམས་རྒ་བས་སྐེམས། །ས་ལུའི་འཁྲི་ཤིང་ས་ལའི་ ནགས་སྡུག་བཞིན། །རྒ་བས་བརྩོན་འགྲུས་རྩལ་དང་ཤུགས་འཕྲོག་སྟེ། །དཔེར་ན་སྐྱེས་བུ་ འདམ་དུ་བྱིང་བ་བཞིན། །རྒ་བས་གཟུགས་སྡུག་གཟུགས་ནི་མི་སྡུག་བྱེད། །རྒ་བས་གཟི་ བརྗིད་འཕྲོག་ཅིང་མཐུ་སྟོབས་འཕྲོག །རྒ་བས་བདེ་བ་འཕྲོག་ཅིང་བརྙས་པར་བྱེད། །རྒ་བས་ འཆི་བྱེད་རྒ་བས་མདངས་ཀྱང་འཕྲོག །ཅེས་དང༌། །འཆི་དང་འཕོ་དང་འཆི་འཕོ་འདུ་བྱེད་པ། ། ཕངས་ཤིང་སྡུག་པའི་སྐྱེ་བོ་རྟག་ཏུ་བྲལ། ཕྱིར་མི་འོང་ཞིང་ཕྲད་པར་འགྱུར་མ་ཡིན། །ཤིང་ 3-1-79 ལོ་འབྲུལ་འདྲ་རླུང་གི་རྒྱུན་དང་མཚུངས། །འཆི་བ་དབང་ཡོད་པ་དག་དབང་མེད་བྱེད། །འཆི་ བ་འཕྲོག་བྱེད་ཆུ་བོས་ཤིང་དེད་བཞིན། མི་ནི་གཉིས་མིན་གྲོགས་མེད་གཅིག་པུར་འགྲོ། རང་ ལུས་འབྲས་བུར་ལྡན་པའི་དབང་ཡང་མེད། །འཆི་བས་སྲོག་ཆགས་བརྒྱ་ཕྲག་མང་འཛིན་ ཏེ། །འབྱུང་པོའི་ཚོགས་ལ་རྒྱ་མཚོའི་ཆུ་སྲིན་བཞིན། །ཀླུ་ལ་མཁའ་ལྡིང་གླང་ཆེན་སེང་གེ་ འདྲ། །རྩྭ་རྩི་འབྱུང་བོའི་ཚོགས་ལ་མེ་དང་མཚུངས། །ཞེས་སོ། །དེ་ལྟར་ན་ཟག་བཅས་ཐམས་ ཅད་སྡུག་བསྔལ་ཡིན་པས་ཆགས་པར་བྱ་བའི་འོས་པ་མ་ཡིན་ནོ། །ཞེས་བསྟན་པའི་དོན་དུ་ སྤྱིར་ཟག་བཅས་སྡུག་བསྔལ་དུ་བསྒོམ་པ་གསུངས་ཞེས་འདུ་བྱེད་སྡུག་བསྔལ་ལ་དགོངས་ ནས། སྡུག་བསྔལ་བསྒོམ་པར་གསུངས་པ་ཡིན་ཞེས་ཚད་མ་རྣམ་འགྲེལ་ལས་གསུངས་ སོ། །ཁྱད་པར་དུ་འདོད་ཁམས་པའི་སྐྱེས་བུ་རྣམས་ཀྱིས་རང་གཞན་གྱི་ལུས་འདི་ལ་ཆགས་ པའི་འོས་མ་ཡིན་ཞེས་སྟོན་ཏེ་འདོད་པར་སྐྱེ་པའི་འཆིང་བ་ཀུན་ལྡན་གྱི་སྐྱེ་བོ་ཕལ་ཆེར་མི༷་ གཙ༷ང་བའི་རྫས་དུ་མ་འདུས་པའི་རང་དང་བུད་མེད་སོགས་ཀྱི་ལུ༷ས་ལ༷་ཁྲུས་དང་དྲིལ་ཕྱིས་ བྱས་ཤིང་རྒྱན་དང་གོས་བཟང་པོ་གྱོན་པ་སོགས་ཀྱིས་འཁྲུལ་རྒྱུ་བྱས་ནས་གཙ༷ང་ཞིང་ཤིན་ ཏུ་ཡིད་དུ་འོང་བ༷ར་འཛི༷ན་ཞིང་ཆགས་པ༷་རྣ༵མས་ནི་མི་གཙང་པ་འབའ་ཞིག་འདུས་པའི་ལུས་ ལ་དཔེར་ན་ང༷ན་སྐྱུ༷གས་སམ་ཕྱི་སས་གང་བའི་བུ༷མ་པ༷་ཕྱི་བསྐྲུས་ཤིང་དྲི་བཟང་པོས་བྱུགས་ ཏེ་གོས་བཟང་པོས་དཀྲིས་ཤིང་རིན་པོ་ཆེའི་རྒྱ༷ན་གྱི༷་བྱེ་བྲག་མང་པོས་བརྒྱ༷ན་པ༷་ལ༵་བུམ་ནང་ ངན་སྐྱུགས་སམ་ཕྱི་སས་གང་བར་མི༷་ཤེ༷ས་པའི་བྱི༷ས་པ༷་བླུན་པོ་རྣམས་དེ་མཐོང་བ་ན་ཡིད་ དག༷འ་ཞི༷ང་ཆ༷གས་པ༷་ད༵ང་ཆགས་བྱའི་གནས་ཡིན་པ་ལ་ཆགས་པར་མཚུ༷ངས་པ༷ས་མི་གཙང་ བ་འབའ་ཞིག་འདུས་པའི་བུད་མེད་སོགས་རང་གཞན་གྱི་ལུས་འདི་ལ་ཆགས་པར་མི་བྱ་སྟེ། ངན་སོང་སོགས་འཁོར་བའི་སྡུག་བསྔལ་གྱི་རྒྱུ་འབའ་ཞིག་ཡིན་པའི་ཕྱིར་རོ་ཞེས་པར་སྟོ༷ན་ པར་མཛ༷ད་པའི་བླ༷་མ༷འི་ཞ༷བས་ལ༷་འདུ༵ད་དོ། ། 3-1-80 བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མདོར། བུད་མེད་ངན་སོང་རྩ་བ་སྟེ། །རྣམ་པ་ཀུན་ཏུ་ ནོར་ཟད་བྱེད། །མི་གང་བུད་མེད་ངག་ཉན་པ། །ཚོགས་པ་རུ་ནི་བཞད་གད་རྒྱུ། །ཇི་ལྟར་བུང་ བ་མེ་ཏོག་གི ། བཅུད་ཟད་ནས་ནི་སྤོངས་པ་ལྟར། །དེ་བཞིན་སྐྱེས་པ་ནོར་ཟད་ནས། །བུད་ མེད་རྣམས་ཀྱིས་སྤོང་བར་བྱེད། །ཅེས་དང༌། ཙནྟྲགོ་མིས་མཛད་པའི་སློབ་སྤྲིང་ལས། །བུད་ མེད་ཡན་ལག་དྲི་ང་རུལ་པ་མི་སྡུག་པ། །པདྨ་ཟླ་བ་ཨུཏྤལ་དག་ཏུ་སྙོམས་བྱེད་པ། །སྙན་ངག་ མཁན་གྱི་བརྫུན་དེའི་འབྲས་བུ་མི་ཟད་པ། །དེ་དག་དེ་ཡི་མངལ་གནས་འཇུག་པ་དེ་ཡིན་ནོ། ། ཞེས་དང༌། འཛེ་ཏ་རིས། ཤིན་ཏུ་ཡིད་འོང་ཚེར་མའི་གནོད་པའང་མི་བཟོད་ལུས་འདི་ནི། ། བུད་མེད་བསྟེན་པའི་རྒྱུ་ལས་འདི་དང་སླད་མར་མགོ་གཅོད་སོགས། །རབ་ཏུ་བཟོད་དཀའི་ སྡུག་བསྔལ་རབ་བྱུང་འདི་ཉིད་མངོན་སུམ་ན། །ཞེས་སོགས་བུད་མེད་ཀྱི་སྐྱོན་ཤེས་ནས་ ཆགས་པ་སྤང་ངོ༌། །ཁྱིམ་བདག་དཔལ་སྦྱིན་གྱིས་ཞུས་པའི་མདོ་ལས། འདི་ལྟ་སྟེ། ལུས་འདི་ མཐར་གྱིས་གྲུབ་པ་དང༌། མཐར་གྱིས་འཇིག་པ་དང༌། རྡུལ་ཕྲ་རབ་བསགས་པ་དང༌། ཁོང་ སྟོང་དང༌། གྱེ་གུ་ཅན་དང༌། བུ་ག་དགུ་དང༌། སྤུའི་ཁོང་[བུ་]ནས་ཟག་པ་དང༌། གྲོག་མཁར་ ལྟར་སྦྲུལ་གདུག་པའི་གནས་སུ་གྱུར་པ་དང༌། མ་སྐྱེས་དགྲའི་སྤྲེའུ་ལྟར་གྲོགས་ལ་འཁུ་བ་ དང༌། བཤེས་གཉེན་ངན་པ་ལྟར་འདྲིད་པའི་བདག་ཉིད་ཅན་དང༌། དབུ་བ་རྡོས་པ་ལྟར་རང་ བཞིན་གྱིས་ཉམས་ཆུང་བ་དང༌། ཆུའི་ཆུ་བུར་ལྟར་བྱུང་ནས་འཇིག་ཅིང་འཇུ་བ་དང༌། སྨིག་ རྒྱུ་ལྟར་བསླུ་བའི་བདག་ཉིད་ཅན་དང༌། ཆུ་ཤིང་ལྟར་སྙིང་པོ་མེད་པ་དང༌། སྒྱུ་མ་ལྟར་བསླུ་ བའི་བདག་ཉིད་ཅན་དང༌། རྒྱལ་པོ་ལྟར་བསྒོ་བླག་མང་བ་དང༌། དགྲ་ལྟར་གླགས་ལྟ་བ་དང༌། རྐུན་པོ་ལྟར་ཡིད་བརྟན་དུ་མི་རུང་བ་དང༌། གཤེད་མ་ལྟར་རྗེས་སུ་ཆགས་པ་མེད་པ་དང༌། མི་ འཛའ་བ་ལྟར་མི་ཕན་པར་འདོད་པ་དང༌། གསོད་པ་ལྟར་ཤེས་རབ་ཀྱི་ནོར་སྲོག་ལ་བར་ཆད་ བྱེད་པ་དང༌། གྲོང་སྟོང་ལྟར་བདག་དང་བྲལ་པ་དང༌། རྫ་མཁན་གྱི་སྣོད་ལྟར་མཐར་འཇིག་ 3-1-81 པ་དང༌། ས་བང་ལྟར་མི་གཙང་བ་སྣ་ཚོགས་ཀྱིས་གང་བ་དང༌། སྤང་མའི་སྣོད་ལྟར་མི་གཙང་ བ་ཟག་པ་དང༌། དེ་བཞིན་དུ་སྦྱར་ཏེ། རྨ་ལྟར་སྐྱོད་མི་བཟོད་པ་དང༌། ཟུག་རྔུ་ལྟར་གནོད་ པའི་བདག་ཉིད་ཅན་དང༌། ཁང་རྙིང་ལྟར་བཅོས་ལེགས་བྱ་ཞིང་བསྟེན་པ་དང༌། གྲུ་རྙིང་ལྟར་ བཅོས་ལེགས་བྱས་ཞིང་སྤྱད་པ་དང༌། བུམ་པ་སོ་མ་བཏང་བ་ལྟར་ནན་ཏན་བྱ་དགོས་པ་དང༌། དེ་བཞིན་དུ་སྦྱར་ཏེ། ཆུ་འགྲམ་གྱི་ཤིང་ལྟར་གཡོ་ཞིང་འགུལ་པ་དང༌། ཆུ་ཀླུང་ཆེན་པོའི་རྒྱུན་ ལྟར་མཐར་འཆི་བའི་རྒྱ་མཚོ་ལ་ཐུག་པ་དང༌། གློ་བུར་བའི་ཁྱིམ་ལྟར་སྡུག་བསྔལ་ཐམས་ཅད་ ཀྱི་གནས་སུ་གྱུར་པ་དང༌། མགོན་མེད་པའི་གནས་ཁང་ལྟར་ཡོངས་སུ་བཟུང་པ་མེད་པ་དང༌། བཙོན་སྲུང་ལྟར་གསུང་གིས་སྒྲུབ་པར་བྱ་བ་དང༌། དེ་བཞིན་དུ་སྦྱར་ཏེ། བྱིས་པ་ཆུང་ངུ་ལྟར་ རྟག་ཏུ་ཡོངས་སུ་བསྐྱང་དགོས་པ་ཞེས་འབྱུང་ངོ༌། །ཡང་གསུངས་པ། འདི་ལྟར་མི་གཙང་ཕུང་ པོའི་ལུས་ལ་ནི། །གཟུགས་མངོན་ང་རྒྱལ་གང་དག་གུས་བྱེད་པ། །བྱིས་པའི་བློ་ཅན་དེ་ནི་ མངོན་བཞིན་དུ། །མི་ཤེས་ངན་སྐྱུགས་བུམ་པ་ཐོགས་ཤིང་འགྲོ། དེ་ཡི་སྣ་ནས་རྣག་གི་རྣམ་ པ་འཛག །ཁ་ནས་དྲི་མི་ཞིམ་པ་རྟག་ཏུ་འབྱུང༌། །མིག་དྲི་ཆགས་ཤིང་སྐྱེ་བོ་སྲིན་བུ་ཅན། །དེ་ ལ་སུ་ཞིག་ཆགས་ཤིང་གུས་པར་བྱེད། །དཔེར་ན་བྱིས་པ་སོལ་བ་ཐོགས་ནས་སུ། །འདི་ནི་ དཀར་པོར་བྱ་ཞེས་འདར་བྱེད་ཀྱང༌། །དཀར་པོའི་དངོས་པོར་མི་འགྱུར་ཟད་པར་འགྱུར། ། བྱིས་བློ་ཕྱིན་ཅི་ལོག་གི་ང་རྒྱལ་ཅན། །དེ་ལྟར་མི་གང་གཙང་སྦྲའི་བློ་གྲོས་ལྡན། །ང་ཡི་ལུས་ འདི་གཙང་མར་བྱ་ཞེས་ཏེ། །བསྐུས་ཕྱིས་འབབ་སྟེགས་བརྒྱར་ནི་ཁྲུས་བྱས་ཀྱང༌། །འཆི་ བདག་དབང་གིས་ཟད་འགྱུར་གཙང་མི་འགྱུར། །བྱང་ཆུབ་སེམས་དཔའ་དེ་ལྟར་ལུས་ལ་ འཇིག་པ་དང༌། །བུ་ག་དགུའི་སྒོ་ནས་འཛག་པར་བརྟག་པར་བྱ་བ་ནས། །བྱང་ཆུབ་སེམས་ དཔའ་ལུས་ལ་སྲིན་བུའི་རིགས་བརྒྱད་ཁྲི་བཞི་སྟོང་གི་གནས་སུ་བརྟག་པར་བྱ་བའི་བར་དུའོ། ། དེ་བཞིན་དུ་སྦྱར་ཏེ། བྱང་ཆུབ་སེམས་དཔའ་ལུས་ལ་སྤྱང་ཁུ་དང༌། ལྕེ་སྤྱང༌། ཁྱི་རྗེན་ཤ་ཟ་ 3-1-82 བ་གཞན་གྱི་ཟས་སུ་བརྟག་པར་བྱ། བྱང་ཆུབ་སེམས་དཔའ་ལུས་ལ་རུས་པ་དང༌། རྒྱུས་པའི་ བོག་རེས་[ཚིགས་མཚམས་]སྦྲེལ་བས་འཁྲུལ་འཁོར་ལྟར་བརྟག་པར་བྱ། བྱང་ཆུབ་སེམས་ དཔའ་ལུས་ཟས་དང་སྐོམ་ལས་བྱུང་བ་སྟེ། རང་གི་ཁ་ན་ལས་པ་མ་ཡིན་པར་བརྟག་པར་ བྱའོ་ཞེས་སོགས་རྒྱ་ཆེར་ཤེས་པར་བྱའོ། །ཆོས་ཡང་དག་པར་སྡུད་པའི་མདོ་ལས། ལུས་འདི་ ནི་སྙིང་པོ་མེད་པ་སྟེ། ཕ་མའི་ཁུ་བ་དང་ཁྲག་ལས་བྱུང་བ་མི་གཙང་བ། རུལ་པ། དྲི་མི་ཞིམ་ པ། འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་དང༌། འཇིག་པ་དང༌། སྒྱིད་ལུག་པའི་རྐུན་ པོས་བཀྲུགས་པ་རྟག་ཏུ་འཇིགས་པ། འབྲུལ་བ། འབྲལ་བ། རྣམ་པར་འཐོར་བ། རྣམ་པར་ འཇིགས་པའི་ཆོས་ཅན། ནད་ཐམས་ཅད་ཚང་བ་ཞེས་དང་མི་གཙང་བའི་རྫས་ཡང་མདོ་དེ་ ཉིད་ལས། སྐྲ་དང༌། སྤུ་དང༌། སེན་མོ་དང༌། སོ་དང༌། རུས་པ་དང༌། ལྤགས་པ་དང༌། ཤ་དང༌། ཤ་སྤྲི་དང༌། རྒྱུས་པ་དང༌། ཚིལ་དང༌། ཞག་དང༌། ཆུ་སེར་དང༌། འཚེར་བ་དང༌། གཅིན་དང༌། ཕྱི་ས་དང༌། ཕོ་བ་དང༌། ལོང་ཀ་དང༌། ཁྲག་དང༌། སྣབས་དང༌། མཁྲིས་པ་དང༌། པད་ཀན་ དང༌། རྣག་དང༌། མཆིལ་མ་དང༌། ཀླད་པ་དང༌། ཀླད་རྒྱས་དང༌། ཞེས་སོ། །དེ་ལྟར་ཁམས་ གསུམ་འཁོར་བའི་རང་བཞིན་ལ་སོགས་པ་བསྟན་ནས་འཁོར་བ་ལས་ཐར་བའི་ཐབས་ བསྟན་པའི་སྒོ་ནས་བསྟོད་ཅིང་འདུད་པ་ནི། ལས་དང་ཉོན་མོངས་པའི་དབང་གིས་སྐྱེ་བ་དང་ འཆི་བའི་རྒྱུ་ནི་འཁོ༷ར་བ༷་སྟེ། དེའི་བདེ་པ་དམན་པ་ཟག་པ་དང་བཅས་པ་ཉི༷ད་ལ༷་དག༷འ་ཞིང་ དོན་དུ་གཉེར་གྱི་དམ་པའི་ཆོས་སྒྲུབ་པའི་བློ་དང་བྲལ་བ༷འི་སེ༷མས་ཅ༷ན་རྣ༵མས་ལ་འདི་ལྟར་ བསྟན་ཏེ་ཇི་ལྟར་ན་སྤྱིར་ཁམས་གསུམ་ཐམས་ཅད་མི༷་རྟ༷ག་བྱེ་བྲག་སྐྱེས་བུའི་ཚེ་མི་རྟག་ཅིང་ མི༷་བརྟ༷ན་ཏེ། ཆོས་བཞི་བའི་མདོར། སྲོག་ནི་ཆུ་བུར་འདྲ་བ་ཡིན། ཞེས་དང༌། རྒྱ་ཆེར་རོལ་ བའི་མདོ་སྔར་དྲངས་པ་ལྟར་དང༌། བཤེས་སྤྲིངས་ལས། ཚེ་ནི་གནོད་མང་རླུང་གིས་བཏབ་པ་ ཡི། །ཆུ་ཡི་ཆུ་བུར་བས་ཀྱང་མི་རྟག་ན། །དབུགས་རྔུབ་དབུགས་འབྱུང་གཉིས་ཀྱིས་ལོག་པ་ 3-1-83 ལས། །སད་ཁོམས་གང་ལགས་དེ་ནི་ངོ་མཚར་ཆེ། །ཞེས་དང༌། སྤྱོད་འཇུག་ལས། དེ་རིང་ཁོ་ ན་མི་འཆི་ཞེས། །བདེ་བར་འདུག་པ་རིགས་མ་ཡིན། །བདག་ནི་མེད་པར་གྱུར་པའི་དུས། །དེ་ ནི་གདོན་མི་ཟ་བར་འབྱུང༌། །བདག་ལ་མི་འཇིགས་སུ་ཡིས་བྱིན། །འདི་ལ་ཇི་ལྟར་ངེས་ཐར་ འགྱུར། །གདོན་མི་ཟ་བར་མེད་འགྱུར་ན། །ཇི་ལྟར་བདག་ཡིད་བདེ་བར་འདུག །ཅེས་དང༌། ཉིན་མཚན་སྡོད་པ་ཡོད་མེད་པར། །ཚེ་འདི་རྟག་ཏུ་གོད་འགྱུར་ཞིང༌། །སྣོན་པ་འང་གུད་ན་ འོང་མེད་ན། །བདག་ལྟ་འཆི་བར་ཅིས་མི་འགྱུར། །བདག་ནི་མལ་ནས་འདུག་བཞིན་དུ། ། གཉེན་བཤེས་ཀུན་གྱི་མཐའ་བསྐོར་ཡང༌། །སྲོག་དག་འཆད་པའི་འཚོ་བ་དག །བདག་ཉིད་ གཅིག་པུས་མྱོང་བར་འགྱུར། །(ཞེས་དང༌། ) ཡིད་བརྟན་མི་རུང་འཆི་བདག་འདི། །བྱས་དང་མ་ བྱས་མི་སྡོད་པས། །ན་དང་མི་ན་ཀུན་གྱིས་ཀྱང༌། །གློ་བུར་ཚེ་ལ་ཡིད་མི་བརྟན། །ཐམས་ཅད་ བོར་ཏེ་འཆི་དགོས་པར། །བདག་གིས་དེ་ལྟར་མ་ཤེས་ནས། །མཛའ་དང་མི་མཛའི་དོན་གྱི་ ཕྱིར། །སྡིག་པ་རྣམ་པ་སྣ་ཚོགས་བྱས། །མི་མཛའ་རྣམས་ཀྱང་མེད་འགྱུར་ཞིང༌། །མཛའ་པ་ རྣམས་ཀྱང་མེད་པར་འགྱུར། །བདག་ཀྱང་མེད་པར་འགྱུར་བ་སྟེ། །དེ་བཞིན་ཐམས་ཅད་མེད་ པར་འགྱུར། །ཅེས་སོགས་ལུང་མང་ངོ༌། ། ཡང་སྔར་བཤད་པ་ལྟར། འདོད་པའི་ལུས་མི་གཙང་བའི་རྫས་ཉིད་ཡིན་པའི་ཕྱིར། ཆགས་པའི་གནས་མ་ཡིན་ཞེས་ཏེ། མདོར་ན། འདོད་པའི་ཡོན་ཏན་གཟུགས་སོགས་ལུས་ ལོངས་སྤྱོད་ཚོར་བ་བདེ་བ་སོགས་མི་རྟག་མི་བརྟན་ཆུ་ཤིང་ལྟར་སྙིང་པོ་མེད་པ་བརྫུན་པ་ བསླུ་པའི་ཆོས་ཅན་ཡིན་པར་བསྟན་ནས་དེ་རྣམས་ལ་ཡི༷ད་འབྱུ༷ང་བའམ་སྐྱུགས་ལོག་ཅིང་ རྒྱབ་ཀྱིས་ཕྱོགས་པ་ནི་སྐྱོ༷་བ་སྟེ་དེ་ལྟར་རྟོགས་པའི་བློ་རྒྱུད་ལ་བསྐྱེ༷ད་པར་མཛད་ན༵ས་ཆོས་ ཐམས་ཅད་རང་དང་ངོ་བོ་གཅིག་པའི་གང་ཟག་གི་བད༷ག་མེ༷ད། དོན་གཞན་གྱི་གང་ཟག་ གི་བདག་གིས་སྟོ༷ང་པ༷་འམ་དབང་བསྒྱུར་བྱེད་གང་ཟག་གི་བདག་མེད། དེས་དབང་བསྒྱུར་ 3-1-84 བྱའི་བདག་གི་བས་སྟོང་པར་ཐོས་བསམ་གྱི་ཤེས་རབ་ཀྱིས་རྟོགས་ནས་བསྒོམས་པའི་སྟོབས་ ཀྱིས་དེ་ལྟར་མངོན་སུམ་དུ་རྟོགས་པའི་སྒོམ་བྱུང་གི་ཤེས་རབ་རྣམས་ནི་སྡུག་ཀུན་ཅི་རིགས་ པའམ་མཐའ་དག་ཞི༷་བ༷་འགོག་པའི་བདེན་པར་འཇུག་པའི་ལ༷མ་སྟེ། དེར་འཇུ༷ག་པ༵་སྟེ་ རྒྱུད་ལས་བསྐྱེད་པའི་ཐབས་སུ་འཕགས་པའི་བདེ༷ན་པ་བཞི༷་སྟོ༷ན་པར་མཛ༷ད་དེ། ཇི་ལྟར་ སྟོན་ན་ཁམས་གསུམ་ཐམས་ཅད་སྡུག་བསྔལ་དང༌། ཟག་བཅས་ཀྱི་ལས་ཉོན་ཐམས་ཅད་ སྡུག་བསྔལ་སྐྱེད་བྱེད་ཡིན་པས་འཁོར་བ་སྡུག་ཀུན་སྤང་བྱར་བསྟན། སྡུག་ཀུན་འགོག་པའི་ འགོག་བདེན་ཐོབ་བྱ་དང༌། དེ་ཐོབ་བྱེད་ཀྱི་ཐབས་ལམ་བདེན་བསྟེན་བྱ་ཡིན་པས་རྣམ་བྱང་ རྒྱུ་འབྲས་བླང་བྱར་ལེགས་པར་སྟོན་པའི་བླ༷་མ༷་དམ་པའི་ཞ༷བས་ལ༷་འདུ༵ད། ཅེས་པའོ། ། ཚིགས་སུ་བཅད་པ་དེའི་དོན་ཅུང་ཟད་བཤད་ན། འདོད་པའི་ཡོན་ཏན་ལྔ་ལ་སོགས་པ་ འཁོར་བའི་བདེ་བ་འབའ་ཞིག་ལ་ཆགས་པའི་སེམས་ཅན་གྱི་རིགས་དང༌། ཐར་བ་ལ་བདེ་ བའི་གནས་སུ་མཐོང་ནས་ཐོབ་འདོད་ཀྱི་བློ་ཡོད་ཀྱང་ལམ་ལོག་པར་ཞུགས་པའི་གང་ཟག་ གི་རིགས་དང༌། འཁོར་བ་དང་ཐར་བའི་སྐྱོན་ཡོན་ཐོས་ནས་ཐར་པའི་ཐབས་ཅུང་ཟད་བསྒྲུབ་ ཀྱང་གཙོ་བོར་ཚེ་འདིའི་བདེ་བ་ཙམ་ལ་ཆགས་པའི་གང་ཟག་གི་རིགས་དང༌། ཁམས་གསུམ་ འཁོར་བ་མཐའ་དག་སྡུག་བསྔལ་གྱི་རང་བཞིན་དུ་མཐོང་སྟེ། དེས་སྐྲག་ནས་རང་གཅིག་པུ་ ཞི་བ་དོན་དུ་གཉེར་བའི་གང་ཟག་གི་རིགས་དང༌། འཁོར་བའི་སེམས་ཅན་ཐམས་ཅད་སྡུག་ བསྔལ་པའང་ཐུགས་ཀྱིས་མ་བཟོད་དེ་མཁའ་ ཁྱབ་ཀྱི་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་སྒྲོལ་བར་བཞེད་པའི་གང་ཟག་གི་ རིགས་སོ། ། དང་པོ་ནི། རྒྱུད་བླ་མར་འདོད་ཆེན་པའི་གང་ཟག་ཅེས་གསུངས་པ་དེར་གསལ་ཞིང་ འཁོར་བ་སྤྱི་ཕྱི་མཐའ་མེད་པར་འདོད་པའི་ལུགས་ལྟར་ན། གཏན་ཡོངས་སུ་མྱ་ངན་ལས་མི་ 3-1-85 འདའ་བའི་ཆོས་ཅན་ཞེས་གསུངས་པ་སྟེ། འདིར་ནི་འཁོར་བ་ཉིད་ལ་དགའ་བའི་སྐྱེ་བོ་རྣམས་ མི་རྟག་སྐྱོ་བ་བསྐྱེད་ནས་ཞི་བའི་ལམ་ལ་འཇུག་ཅེས་གསུངས་པ་ལྟར་ན་འཁོར་བ་མཐའ་ {ཡོངས་སུ་[ཡོད་དུ་]བཞེད་པར་མངོན་མོད། འོན་ཀྱང་ཤིན་ཏུ་འདོན་པར་དཀའ་བའི་འཁོར་ བ་ཉིད་ལ་དགའ་བའི་འདོད་ཆེན་པ་རྣམས་ཀྱང་འཁོར་པ་ལས་འདོན་པར་བཞེད་ན་གཞན་ ལྟ་ཅི་སྨོས་ཞེས་བླ་མའི་ཕྲིན་ལས་བསམ་གྱིས་མི་ཁྱབ་པར་བསྟན་པའི་ཆེད་དུ་དེ་སྐད་སྨོས་ སོ། །ཞེས་བཤད་པར་བྱའོ། ། གཉིས་པ་ནི། མུ་སྟེགས་ཅན་དང༌། གསུམ་པ་ནི། སྐྱེ་མཆེད་དྲུག་གི་ཁྱད་པར་དུ་གྱུར་པའི་ རང་བཞིན་གྱི་རིགས་ཞིག་འཕགས་པ་ཐོགས་མེད་ཀྱི་ཉན་ཐོས་ཀྱི་ས་དང༌། བྱང་ཆུབ་སེམས་ དཔའི་ས་དང༌། རྒྱུད་བླ་མའི་འགྲེལ་པར་གསུངས་ཤིང༌། རྒྱ་མཚོ་སྤྲིན་གྱིས་ཀྱང༌། དེ་འདྲའི་ སྐྱེ་མཆེད་དྲུག་གི་ཁྱད་པར་འདུས་བྱས་ཞིག་ལ་བཤད་ཅིང༌། བློ་བརྟན་གྱིས་ཀྱང༌། ཐེག་པ་ གསུམ་གྱི་རིགས་སུ་སོ་སོར་ངེས་པའི་སྐྱེ་མཆེད་དྲུག་གི་ཁྱད་པར་ཐོག་མེད་ནས་གནས་པ་ ཞིག་ཡོད་པར་བཤད་པ་ལྟར་སྤྱིར་ཐར་བའི་བློ་ཡོད་པའི་སེམས་ཅན་གྱི་རིགས་སོ། །བཞི་པ་ ནི། བྱེ་བྲག་ཐེག་དམན་གྱི་རིགས་ཅན་ནོ། ། ལྔ་པ་ནི། ཐེག་པ་ཆེན་པོའི་རིགས་ཅན་ནོ། །ཡང་སེམས་ཅན་གྱི་རིགས་གསུམ་བཤད་ དེ། མཛོད་ལས། འཕགས་དང་འཚམས་མེད་བྱེད་པ་དག །ཡང་དག་ལོག་པ་ཉིད་དུ་ངེས། ། ཞེས་ཏེ། ཡང་དག་པ་ཉིད་དུ་ངེས་པའི། ལོག་པ་ཉིད་དུ་ངེས་པའི། མ་ངེས་པའི་སེམས་ཅན་ ནོ། །དང་པོ་ནི། འཕགས་པ། གཉིས་པ་འཚམས་མེད་བྱེད་པ། གསུམ་པ་ནི། དེ་གཉིས་གང་ ཡང་མིན་པའི་སེམས་ཅན་ནོ། ། དེ་རྣམས་ཀྱི་ནང་ནས་འཁོར་བ་ཉིད་ལ་དགའ་{བའི་སེམས་ཅན་[བ་དེ་]རྣམས་ཡིད་ འབྱུང་སྐྱོ་བ་བསྐྱེད་ཅེས་པའི་དོན་ནོ། །འཁོར་བ་ལས་ཡིད་མ་བྱུང་པའི། །སེམས་ཅན་ཐར་ 3-1-86 པའི་དོན་གཉེར་མིན། །སྡུག་བསྔལ་གྱིས་གདུངས་མེད་པར་ཡང༌། །སྐྱེ་བོ་སྐྱོ་བ་སྐྱེ་མ་ཡིན། ། ཞེས་ཚད་མ་རྒྱན་དུ་དྲངས་པ་ལྟར། སོ་སོའི་སྐྱེ་བོ་དག་འཁོར་བའི་སྡུག་བསྔལ་གྱིས་གདུངས་ བས་ཡིད་འབྱུང་སྟེ། ཐར་བ་ཐོབ་འདོད་ཀྱི་བློ་སྐྱེས་ཏེ། མདོ་ལས། དགེ་སློང་དག་ཁྱེད་སྐྱོ་བར་ བྱ། ཡིད་དབྱུང་བར་བྱའོ། །ཞེས་དང༌། བསླབ་བཏུས་ལས། འདོད་པ་ནི་གནོད་པ་ཐམས་ཅད་ ཀྱི་རྩ་བ་སྟེ་དེ་དག་གིས་ཤིན་ཏུ་ཡིད་དབྱུང་བར་བྱའོ། །ཞེས་དང༌། འདོད་པ་ལ་གདམས་པའི་ མདོ་ལས་ཀྱང༌། དགེ་སློང་འདོད་པ་རྣམས་ལས་སེམས་ཟློག་ཤིག ལམ་འདི་ནི་འཇིགས་པ་ དང་བཅས་པའོ། །རབ་ཏུ་འཇིགས་པ་དང་བཅས་པའོ། །ཚེར་མ་དང་བཅས་པའོ། །ཐིབས་ པོ་དང་བཅས་པའོ། །ལམ་གོལ་པའོ། །ལམ་ངན་པའོ། །ལམ་ཁ་བྲག་གོ ། སྐྱེས་བུ་དམ་པ་ མ་ཡིན་པས་བསྟེན་པའོ། །ཞེས་སོགས་དང༌། དགེ་སློང་དག་འདོད་པ་རྣམས་ནི་ནད་དང༌། འབྲས་དང༌། ཟུག་རྔུ་དང༌། སྡིག་པ་དང༌། སྡིག་པའི་རྩ་བ་དང༌། ཤ་དང་བཅས་པའི་མཆིལ་མ་ ལྟ་བུ་སྟེ། འདོད་པ་དག་ནི་འཆི་བ་མི་རྟག་པ་གསོག བརྫུན་པ་བསླུ་བའི་ཆོས་ཅན་ཏེ། འདོད་ པ་རྣམས་ནི་རྨི་ལམ་ལྟ་བུ་ཡིན་ཞིང་འདི་དག་ནི་བྱིས་པ་འབྲིད་པའོ། །ཞེས་སོགས་འདོད་ པའི་ཡོན་ཏན་དང་འདོད་པ་ཚོལ་བའི་ཉེས་དམིགས་མང་དུ་གསུངས་ནས་དགེ་སློང་{གཅིག་ [དག་]གིས་འདོད་པ་རྣམས་ལས་སེམས་ཟློག་ཤིག འདི་ནི་འདོད་པ་བཙལ་བའི་དུས་མ་ ཡིན་གྱི་ཆོས་བཙལ་བའི་དུས་ཡིན་ནོ། །ཞེས་སོ། །གཞན་ཡང་སྔར་ལུང་དྲངས་པའི་རྒྱ་ཆེར་ རོལ་པའི་ལུང་སོགས་ཀྱིས་ཀྱང་འདོད་པའི་ཡོན་ཏན་ལ་ཆགས་པ་སྤང་ཞིང༌། ཆོས་བཞི་པའི་ མདོར། རྒྱལ་པོའི་ཕོ་བྲང་ག་ལ་དགའ། །ལྦུ་བའི་སྙིང་བོ་ག་ལ་ཡོད། །ལོངས་སྤྱོད་རྟག་པ་ག་ ལ་ཡིན། །ལོངས་སྤྱོད་དག་ནི་འབབ་ཆུ་བཞིན། གྲུ་དེ་འདྲ་བར་ཁྱིམ་དེ་འདྲ། །མེ་ཏོག་ཅི་འདྲ་ གཟུགས་དེ་བཞིན། །སྲོག་ནི་ཆུ་བུར་འདྲ་བ་ཡིན། །ཞེས་སོགས་དང༌། རྒྱལ་པོ་ལ་གདམས་ པའི་མདོ་ལས་ཀྱང༌། དཔེ་སྔོན་དུ་བཏང་སྟེ། རྒྱལ་བོ་ཆེན་པོ་དེ་བཞིན་དུ་འཇིགས་ 3-1-87 པ་ཆེན་པོ་བཞི་བོ་འདི་དག་འོངས་ཏེ། དེ་དག་ལ་མགྱོགས་པས་བྲོས་པའམ། སྟོབས་ ཀྱིས་བཟློག་པའམ། ནོར་གྱིས་བཟློག་པའམ། རྫས་དང་སྔགས་དང་སྨན་རྣམས་ཀྱིས་བཟློག་ པར་སླ་བ་མ་ཡིན་ནོ། །བཞི་གང་ཞེ་ན། རྒ་བ་དང༌། ན་བ་དང༌། འཆི་བ་དང༌། རྒུད་པའོ། ། རྒྱལ་བོ་ཆེན་པོ་རྒ་བ་ནི་དར་ལ་བབ་པ་འཇོམས་ཤིང་འོང༌། ནད་ནི་ནད་མེད་པ་འཇོམས་ ཤིང་འོང༌། རྒུད་པ་ནི་ཕུན་སུམ་ཚོགས་པ་ཐམས་ཅད་འཇོམས་ཤིང་འོང༌། འཆི་བ་ནི་སྲོག་ འཇོམས་ཤིང་འོང་སྟེ། དེ་དག་ལ་ནི་[མགྱོགས་པས་བྲོས་པའམ། ]སྟོབས་ཀྱིས་བཟློག་པའམ། ནོར་གྱིས་བཟློག་པའམ། རྫས་དང་སྔགས་དང་སྨན་རྣམས་ཀྱིས་ཞི་བར་བྱ་བར་སླ་བ་མ་ཡིན་ ནོ། །ཞེས་དང༌། རྒྱལ་བོ་ཆེན་པོ་འཆི་བདག་གི་གསལ་ཤིང་གིས་ཕུག་སྟེ། རྒྱགས་པ་དང་ནི་ བྲལ། མགོན་ནི་མེད། སྐྱབས་ནི་མེད། དཔུང་གཉེན་ནི་མེད། བཤེས་ནི་མེད། ཚིགས་ནི་ འབྱེད་འབྲལ། ཤ་དང་ཁྲག་ནི་སྐམས། ལུས་ནི་ནད་ཀྱིས་གདུངས། སྐོམ་ནི་སྐོམ། བཞིན་ནི་ འགྱུར། རྐང་ལག་ནི་གཡོབ། ལས་ནི་མི་ནུས། མཐུ་ནི་མེད། ཁ་ཆུ་དང༌། གཅིན་དང༌། ངན་ སྐྱུགས་ཀྱིས་ནི་ལུས་ལ་གོས། མིག་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་ཀྱི་དབང་པོ་ དག་ནི་འགག སྐྱིགས་བུ་ནི་འབྱུང༌། སྒྲ་ངར་ངར་པོ་ནི་འདོན། སྨན་པས་ནི་བོར། སྨན་དང༌། ཁ་ཟས་དང༌། བཟའ་བ་དང༌། ཟས་དང༌། {ཐུག་པ་ཐམས་ཅད་[བྱུག་རྣམས་]ཀྱིས་ནི་གླེས་ལ་ བོར་ཏེ། འགྲོ་བ་གཞན་དག་ཏུ་ནི་འགྲོ་བར་ཆས། མལ་གྱི་ཐ་མ་ལ་ནི་ཉལ། ཐོག་མ་མེད་པའི་ སྐྱེ་བ་དང༌། རྒ་བ་དང༌། འཆི་བའི་འཁོར་བའི་རྒྱུད་དུ་ནུབ་སྲོག་ནི་ཅུང་ཟད་ཅིག་ལུས། གཤིན་ རྗེའི་མིས་ནི་འཇིགས། སྐྲག་བྱུར་གྱི་དབང་དུ་ནི་སོང༌། དབུགས་རྒྱུ་བ་ནི་ཆད། ཁ་དང་སྣ་ནི་ གདངས། སོ་ནི་གཙིགས། སྦྱིན་པ་སྦྱིན་ནོ་ཞེས་དེ་སྐད་གསོལ་བ་ནི་འདེབས། ལས་ཀྱི་སྲིད་ པ་ནས་ཡང་སྲིད་པ་ལ་ནི་འཇུག གཅིག་པུ་ལས་གཉིས་སུ་མེད་དེ། འཇིག་རྟེན་འདི་ནི་འདོར། འཇིག་རྟེན་ཕ་རོལ་ཏུ་ནི་འགྲོསྐྱབས་ཆེན་པོ་ནི་འདེགས། མུན་པ་ཆེན་པོར་ནི་ཞུགས། གཡང་ 3-1-88 ས་ཆེན་པོར་ནི་ལྷུང༌། ཁྲོད་སྟུག་པོར་ནི་འཇུག །དགོན་པ་ཆེན་པོར་ནི་འགྲོརྒྱ་མཚོ་ཆེན་པོས་ ནི་འཁྱེར། ལས་ཀྱི་རླུང་གིས་ནི་བདས། ས་ཚུགས་མེད་པའི་ཕྱོགས་སུ་ནི་འགྲོ་བ་ན། ཆོས་མ་ གཏོགས་པ་མགོན་གཞན་མེད། སྐྱབས་གཞན་མེད། དཔུང་གཉེན་གཞན་མེད་དོ། །རྒྱལ་པོ་ ཆེན་པོ་[ཆོས་]ནི་དེའི་ཚེ་དེའི་དུས་ན། གླིང་ཆེན་པོ་དང༌། གནས་དང༌། མགོན་དང༌། སྐྱབས་ དང༌། དཔུང་གཉེན་དང༌། སྟོན་པར་འགྱུར་རོ། །རྒྱལ་པོ་ཆེན་པོ་དེའི་ཚེ་འདི་སྙམ་དུ་སེམས་ ཏེ། ཀྱེ་ཧུད་གང་དུ་འགྲོ་བར་འགྱུར། ཕྱོགས་གར་འགྲོ་བར་འགྱུར། གང་དུ་ཡོངས་སུ་འཛིན་ པར་བྱེད་པར་འགྱུར། བདག་གི་མར་ནི་སུ་ཞིག་འགྱུར་སྙམ་པ་ལས། དེས་སེམས་ཅན་ དམྱལ་བར་སྐྱེ་བ་མཐོང་བར་འགྱུར་ན། འདི་ལྟ་སྟེ། མནར་མེད་པ་དང༌། ཚ་བ་དང༌། རབ་ ཏུ་ཚ་བ་ལ་སོགས་པའི་སེམས་ཅན་དམྱལ་བ་རྣམས་སུ་ལོ་མང་པོ། ལོ་བརྒྱ་ཕྲག་མང་པོ། ལོ་ སྟོང་ཕྲག་མང་པོར་སྡུག་བསྔལ་ཆེན་པོ། སྡུག་བསྔལ་མི་ཟད་པ། དྲག་པ། རྩུབ་པ། ཡིད་དུ་ མི་འོང་བའི་ཚོར་བ་མྱོང་སྟེ་ཞེས་སོགས་ནས་རྒྱལ་པོ་ཆེན་པོ་དེ་ལྟ་བས་ན། ཁྱོད་ཀྱིས་མི་རྟག་ པར་ལྟ་ཞིང༌། ཟད་པ་དང༌། {ངེས་[དེངས་]པར་ལྟ་བར་བྱ་སྟེ། འཆི་བས་འཇིགས་ཤིང་སྐྲག་ པར་བྱའོ། །ཆོས་ཀྱི་རྒྱལ་སྲིད་གྱིས་ཤིག ཆོས་མ་ཡིན་པ་ནི་མི་བྱའོ། །ཁྱོད་ཆོས་དང་མཐུན་ པར་གྱིས་ཤིག ཆོས་མ་ཡིན་པ་དང་མཐུན་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རྒྱལ་པོ་ཆེན་ པོ་ཁྱོད་ཀྱིས་ལུས་འདི་ལྟར་ལེགས་པར་ཡོངས་སུ་བསྲུང༌། ལེགས་པར་ཡོངས་སུ་བཙས་པ་ ཡང་འཆི་བའི་དུས་བྱེད་པར་འགྱུར་རོ། །ཡོན་ཏན་ཐམས་ཅད་དང་ལྡན་ཞིང༌། ཤིན་ཏུ་ཡུན་ རིང་བོར་བཟའ་བ་དང་བཅའ་བ་དང་མྱང་པ་དང༌། ངོམས་པར་འགྱུར་བ་{གསོད་[བསོད་ ]པ་དང་གཙང་མ་མང་པོས་ཚིམ་པར་{བྱས་ཏེ[བྱ་སྟེ]། སྐྱེད་བསྐྱེད་པ་ཡང་ཐ་མའི་མལ་ན་ འདུག་པའི་ཚེ་སྨན་པས་བོར་ཞིང་སྨན་དང་ཁ་ཟས་དང༌། བཟའ་བ་དང་{ཐུག་[བྱུག་]པས་ ཀྱང་གླེས་ལ་བོར་ནས་བཀྲེས་པ་དང་སྐོམ་པས་ཉེན་ཅིང་ཡིད་མི་བདེ་བར་འཆི་བའི་དུས་བྱེད་ 3-1-89 པར་འགྱུར་རོ། །ཞེས་སོགས་ནས་རྒྱལ་པོ་ཆེན་པོ་འདུ་བྱེད་ཐམས་ཅད་ནི་དེ་ལྟར་མི་རྟག་པ་ དེ་ལྟར་མི་བརྟན་པ་ཞེས་སོགས་རྒྱ་ཆེར་འབྱུང་ངོ༌། །འདུལ་བ་ལུང་སོགས་ལས། བསགས་ པ་ཀུན་གྱི་མཐར་ཟད་ཅིང༌། །མཐོན་པོའི་མཐའ་ནི་དམའ་བ་ཡིན། །འདུས་པའི་མཐའ་ནི་ འབྲལ་བ་སྟེ། །སྐྱེས་པའི་མཐའ་ནི་འཆི་བ་ཡིན། །ཞེས་སོགས་དང༌། སྤྱོད་འཇུག་ལས། བུད་ མེད་སོགས་རང་གཞན་གྱི་ལུས་མི་གཙང་བའི་རྫས་ལ་ཆགས་པར་མི་རིགས་ཞེས་[གསུང་པ་ ལྟར་]འཁོར་བ་ལས་ཡིད་འབྱུང་བའི་རྒྱུ་མཚན་སོགས་མཐའ་ཡས་པར་ཤེས་པར་བྱས་ནས་ མ་ཆགས་པར་བྱ་སྟེ། ཐར་པའི་ལམ་ལ་འབད་པར་བྱའོ། །ལམ་གྱི་རིམ་པ་ཡང་མཛོད་ལས། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་ཏེ། སོ་སོར་ཐར་ བའི་སྡོམ་པ་ལ་གནས་ནས་བདེན་པ་མཐོང་བ་དང་མཐུན་པའི་ཐོས་བསམ་སྒོམ་པ་ལ་བརྩོན་ པར་བྱ་སྟེ། མདོ་ལས། དགེ་སློང་བརྟུན་ཅིང་རྟག་འགྲུས་པས། །ཚུལ་ཁྲིམས་ཡང་དག་བླངས་ བྱས་ནས། །སེམས་དང་ཤེས་རབ་སྒོམ་བྱེད་པ། །སྡུག་བསྔལ་ཟད་པ་ཐོབ་པར་འགྱུར། །ཞེས་ སོ། །འདིར་ཚུལ་ཁྲིམས་ནི་གཙོ་བོར་སོ་སོར་ཐར་པ་རིགས་བདུན་ལ་བཤད་དེ། དགེ་བསྙེན་ ཕ་མ། དགེ་ཚུལ་ཕ་མ། དགེ་ཚུལ་མ་དགེ་སློང་མར་བསྒྲུབ་པའི་སྔོན་དུ་ལོ་གཉིས་ཀྱི་བར་ལ་ ཆོས་དྲུག་དང་རྗེས་སུ་མཐུན་པའི་ཆོས་དྲུག་ལ་སློབ་པའི་དགེ་སློབ་མ་དང༌། དགེ་སློང་ཕ་མ་ རྣམས་སོ། །བསྙེན་གནས་ཀྱི་སྡོམ་པ་བསྣན་ནས། མཛོད་དུ། སོ་སོ་ཐར་པ་བརྒྱད་ཅེས་སོ། ། དགེ་སློང་མ་དགེ་ཚུལ་མར་བསྡུས་ཏེ། །རྗེས་སུ་མཐུན་པ་རྣམ་པ་བཞི་ཡིན་ནོ། །ཞེས་སོ། ། ཐོས་སོགས་ལས་བྱུང་བློ་རྣམས་ནི། །མིང་དང་གཉིས་ཀ་དོན་ཡུལ་ཅན། །ཞེས་ཏེ་མིང་དང་ མིང་དོན་གཉིས་ཀ་དང་དོན་ཁོ་ནའི་ཡུལ་ཅན་གྱི་ཤེས་རབ་གསུམ་ཐོས་བསམ་སྒོམ་གསུམ་ གྱི་ཤེས་རབ་ཏུ་མཛོད་ལས་བཤད་ཅིང༌། དབྱིག་གཉེན་གྱིས་དེ་ལྟ་ན་བསམ་བྱུང་གི་ཤེས་ རབ་སོགས་མི་འགྲུབ་པས་ཡིད་ཆེས་པའི་ལུང་ཚད་མ་ལས་སྐྱེས་པ་དང༌། རིགས་པས་ངེས་ 3-1-90 པར་བརྟགས་པ་ལས་སྐྱེས་པ་དང༌། ཏིང་ངེ་འཛིན་ལས་སྐྱེས་པའི་ཤེས་རབ་གསུམ་ལ་རིམ་པ་ བཞིན་བཤད་དོ། །སྒོམ་པ་ལ་རབ་ཏུ་སྦྱོར་བའི་ཚུལ་ནི། དབུགས་འབྱུང་རྔུབ་དྲན་པ་བསྒོམ་ པ་དང༌། མི་སྡུག་པ་བསྒོམ་པ་སོགས་སྔོན་དུ་བཏང་སྟེ་ཞི་གནས་དང༌། ཚོགས་ལམ་ནས་དྲན་ པ་ཉེ་བར་བཞག་བསྒོམ་པ་སོགས་ལམ་ལྔའི་ལྷག་མཐོང་གི་ལམ་རྣམས་མཛོད་ལས་བཤད་ པ་ལྟར་ཤེས་པར་བྱའོ། །བསླབ་བཏུས་ལས། བཟོད་བྱ་ཐོས་པ་བཙལ་བར་བྱ། །དེ་ནས་ ནགས་སུ་གནས་པར་བྱ། །མི་སྡུག་ལ་སོགས་བསྒོམ་བྱ་ཞིང༌། །མཉམ་པར་བཞག་ལ་བརྩོན་ པར་བྱ། །ཞེས་སོགས་ལྟར་བསླབ་སྟེ། བཀའ་ལུང་རྒྱ་ཆེན་པོ་ལས་ཤེས་པར་བྱའོ། །འདིར་ མངས་དོགས་པས་མ་བྲིས་སོ། །འཁོར་ལོ་དང་བོ་དང་མཐུན་པར་བསྟོད་པའོ། །ཞེས་ཆོས་ རྗེ་ཉིད་ཀྱིས་འདིའི་མཆན་བུར་བཀོད་དོ། །(ཞེས་མཆན་བུར་བྱུང་བ་ནི་གསོལ་འདེབས་པ་རྣམས་ཚིགས་བཅད་ ཕྱོགས་གཅིག་ཏུ་བྱེད་འདོད་ནས་བྱས་པ་སྟེ་དོན་ལ་དཀྱུས་ན་ཡོད་དོ། མཆན། ) གཉིས་པ་ནི། ཆོས་རྣམས་ཐམས་ཅད་ཅེས་སོགས་ཏེ། སྔར་བཤད་པའི་ཚུལ་ལྟར། ཆོས་འཁོར་དང་པོས་ཕུང་[པོ་]སོགས་ཆོས་ཐམས་ཅད་གང་ཟག་གི་བདག་གིས་སྟོང་ཞིང་ གཟུགས་སོགས་ཕྱིའི་རགས་པ་འདི་དག་འབྱུང་བ་བཞི་དང༌། འབྱུང་འགྱུར་བཞི་སྟེ། རྡུལ་ རྫས་བརྒྱད་འདུས་སམ། རྡུལ་ཕྲན་ཚོགས་པའི་ཆོས་ཙམ་དུ་བདེན་པར་གསུངས་ཏེ། མཛོད་ དུ། བདག་མེད་ཕུང་པོ་ཙམ་ཉིད་དོ། །ཞེས་པ་ལྟར་རོ། །བྱེ་བྲག་ཏུ་སྨྲ་བ་དེར་མཐའ་གཅིག་ ཏུ་ཁས་ལེན་ལ། {ཉན་ཐོས་}མདོ་སྡེ་བས་ནི། ཕལ་ཆེར་དེ་ལྟར་ཡིན་ཡང་མཐའ་གཅིག་ཏུ་མ་ ངེས་ཏེ། ས་རྡོག་སྐམ་པོ་ལྟ་བུ་འབྱུང་པ་གཅིག་ལས་གྱུར་པ་དང༌། ས་རྡོག་དེ་ཉིད་བརླན་དང་ བཅས་པ་འབྱུང་བ་གཉིས་ལས་གྱུར་པ། ས་རྡོག་བརླན་ཞིང་དྲོད་དང་བཅས་པ་ལྟ་བུ་གསུམ་ ལས་གྱུར་པ། ས་རྡོག་བརླན་ཅན་དྲོད་{ལས[བཅས་]དེ་ཉིད་འདྲིལ་ཞིང་འགྲོ་བ་ལྟ་བུ་འབྱུང་ བ་བཞི་ལས་གྱུར་པ་དང༌། ཡང་འོད་ལྟ་བུ་འབྱུང་འགྱུར་གཅིག་པ། སྒྲའམ་དྲི་དང་བཅས་པའི་ 3-1-91 རླུང་ལྟ་བུ་འབྱུང་འགྱུར་གཉིས་པ། དུ་བ་ལྟ་བུ་འབྱུང་འགྱུར་གསུམ་པ་སྟེ། གཟུགས་དང་དྲི་ དང་རེག་བྱའོ། །བུར་རྡོག་ལྟ་བུ་བཞི་ལྡན། དེ་ཉིད་སྒྲ་དང་བཅས་པ་ན་ལྔ་བའོ། །དེ་བཞིན་ དུ་གཞན་ལའང་འབྱུང་བ་དང་འབྱུང་འགྱུར་གང་དམིགས་པ་དེ་དེ་ན་ཡོད་ཀྱི་གཞན་དུ་མིན་ ནོ། །ཞེས་སློབ་དཔོན་རྒྱལ་པོའི་སྲས་ཀྱིས་བཤད་དེ། མངོན་པ་ཀུན་ལས་བཏུས་ཀྱི་དོན་ ནོ། །དེ་ལྟར་འཁོར་ལོ་དང་པོའི་རྗེས་སུ་འབྲང་བའི་ཉན་ཐོས་སྡེ་བ་དག ལས་དགེ་བ་ལས་ འབྲས་བུ་བདེ་བ། ལས་མི་དགེ་བ་ལས་འབྲས་བུ་སྡུག་བསྔལ་འབྱུང་སྟེ། འབྲས་ས་ལུའི་ ས་བོན་ལས་དེའི་མྱུ་གུ་འབྱུང་བ། ཀོ་ཏྲ་བའི་ས་བོན་ལས་ཀོ་ཏྲ་བའི་མྱུ་གུ་འབྱུང་བ་བཞིན། དེའི་ཕྱིར་ལས་ཡོད་ཅིང་ལས་ཀྱིས་རྣམ་པར་སྨིན་པའང་ཡོད་པས་འཁོར་བར་འཁོར་བའང་ ཡོད་ཅིང་འཁོར་བ་ལས་ཐར་བའང་ཡོད་དོ། །ཞེས་སྟོན་པའི་གསུང་བཞིན་ཁས་བླངས་ནས་ རྒྱང་འཕེན་ལ་སོགས་ལས་དང་ལས་ཀྱི་རྣམ་སྨིན་མེད་པའི་ཕྱིར་འཁོར་ཐར་མེད་དོ། །ཞེས་ ཆད་པར་སྨྲ་བ་བཀག་གོ །རིགས་པས་ལེགས་པར་བརྟགས་ཤིང་དཔྱད་པའི་མཐར་ཐུག་ གི་དོན་དམ་དུ་ཕྱིའི་རྡུལ་ཕྲན་ཆ་མེད་རེ་རེ་བ་དང་ནང་སེམས་ཀྱི་{ཡིད་[ཡང་]སྐད་ཅིག་ཆ་ མེད་རེ་རེ་བ་བདེན་པར་ཡོད། ཕྱིའི་རགས་པ་དང་ཕྱི་ནང་གི་དངོས་པོའི་རྒྱུན་ནི་བརྟགས་ ཤིང་དཔྱད་པའི་མཐར་ཐུག་གི་དོན་དམ་དུ་མེད་དེ། རྫ་བུམ་སོགས་རྣམས་ཐོ་བ་སོགས་ཀྱིས་ བཅོམ་ཞིང་ཕྱེ་མར་བཏང་བ་ན། ཞིག་པའི་ཕྱིར་བུམ་པའི་བློ་མི་འཇུག་པ་བཞིན་དང༌། ཆུ་ལྟ་ བུ་ཡང་གཟུགས་དྲི་སོགས་རེ་རེ་བ་རྣམས་ཆུ་དངོས་མ་ཡིན་པའི་ཕྱིར། གཟུགས་དྲི་སོགས་ རེ་རེ་ནས་བློས་ཕྱེ་ཞིང་བསལ་ན་ཆུའི་བློ་མི་འཇུག་པ་སོགས་བཞིན། རྡུལ་ཕྲན་ཆ་མེད་རེ་ རེ་བ་ནི་བཅོམ་དང་བློ་ཡི་གཞན་བསལ་ཡང་དེའི་བློ་མི་འདོར་བས་དོན་དམ་དུ་བདེན་ཞེས་ ཏེ། མཛོད་ལས། གང་ལ་བཅོམ་དང་བློ་ཡི་གཞན། །བསལ་ན་དེ་བློ་མི་འཇུག་པ། །བུམ་ཆུ་ བཞིན་དུ་ཀུན་རྫོབ་ཏུ། །ཡོད་དེ་དོན་དམ་ཡོད་གཞན་ནོ། །ཞེས་སོ། །སེམས་ཙམ་པ་ཡང༌། 3-1-92 ཕྱིའི་གཟུང་འཛིན་གཉིས་མེད་ཀྱི་ཚོགས་བརྒྱད་སོགས་རྣམ་ཤེས་རང་རིག་རང་གསལ་སྐད་ ཅིག་ཆ་མེད་རེ་རེ་བ་བརྟགས་ཤིང་དཔྱད་པའི་མཐར་ཐུག་གི་དོན་དམ་པར་བདེན་པར་འདོད་ དེ། འཕགས་པ་ལྷ་སོགས་ཀྱིས། གཟུང་དང་འཛིན་པ་ལས་གྲོལ་བའི། །རྣམ་པར་ཤེས་པ་ དོན་དམ་ཡོད། །འདི་ནི་རྣལ་འབྱོར་སྤྱོད་པའི་གཞུང༌། །རྒྱ་མཚོའི་ཕ་རོལ་ཕྱིན་རྣམས་སྒྲོགས། ། ཞེས་སོ། །དེ་ཡང་ལེགས་པར་བརྟགས་ཤིང་དཔྱད་པའི་མཐར་ཐུག་གི་དོན་དམ་དུ་བདེན་ པའི་དངོས་པོ་དགག་པའི་ཕྱིར་ཆོས་འཁོར་གཉིས་པ་གསུངས་པ། འཕགས་པ་ཀླུ་སྒྲུབ་ཀྱི་ དགོངས་པ་སྟེ། རིགས་པ་དྲུག་ཅུ་བར། རེ་ཤིག་ཉེས་ཀུན་འབྱུང་བའི་གནས། །མེད་ཉིད་ རྣམ་པར་བཟློག་ཟིན་གྱི། །རིགས་པ་གང་གིས་ཡོད་ཉིད་ཀྱང༌། །བཟློག་པར་འགྱུར་བ་ཉན་ པར་གྱིས། །ཞེས་ཏེ། ལྟ་བའི་ཐ་ཆད་གཉིས་ཏེ། མ་ཆད་པ་ལ་ཆད་པར་ལྟ་བ་དང༌། །མི་རྟག་ པ་ལ་རྟག་པར་ལྟ་བ་སྟེ། །འཁོར་ལོ་དང་པོས་ཆད་ལྟ་དེ་བསལ་ནས༌། །འཁོར་ལོ་གཉིས་ པས་རྟག་ལྟ་དེ་བསལ་ལོ། །ཞེས་པའོ། །དེ་ལྟ་ན། འཁོར་ལོ་གཉིས་པས་གང་ཟག་གི་བདག་ མེད་པར་མ་ཟད། ཕྱིའི་གཟུང་འཛིན་སོགས་ཆོས་ཀྱི་བདག་ཀྱང་མེད་པར་བསྟན་པ་ཇི་ལྟ་བ་ བཞིན་མཁྱེན་ནས་ལེགས་པར་སྟོན་པའི་དཔལ་ལྡན་བླ་མ་ལ་གུས་པས་འདུད་པར་སྟོན་ཏེ། ཆོ༷ས་རྣ༷མས་ཐ༷མས་ཅ༷ད་ཅེས་ཤེས་བྱ་ཡིན་ནོ་ཅོག་སྡུད་པའི་ལྷག་མ་མེད་པའི་ཚིག་མ་ཡིན་གྱི་ རྐྱེན་ལས་བྱུང་ཞེས་པའི་ཁྱད་པར་གྱི་ཚིག་དང་འབྲེལ་བས་འདུས་བྱས་ཀྱི་ཆོས་ལ་གོ་བར་བྱ་ སྟེ། དེ་ཐམས་ཅད་རང་རང་གི་རྒྱུ་དང་རྐྱེ༷ན་དུ་འཚམ་པ་ལ༷ས་བྱུ༷ང་བ༷་ཡིན་གྱི་རྒྱུ་མེད་དུ་བྱུང་ བ་མ་ཡིན་ལ་ཙ༵མ་ཞེས་པ་ཚོད་འཛིན་ལྷག་མ་འགོག་པའི་ཚིག་ཏེ་ང་རྒྱལ་བས་བད༷ག་ད༷ང༌། སེམས་པར་བྱེད་པས་སེ༷མས་ཅ༷ན་དང༌། སྐལ་བ་མཉམ་པའི་རིས་རྫོགས་ཀྱི་བར་དུ་གནས་ པས་སྲོ༷ག་ད༷ང་ཞེས་སོགས་བྱེ༷ད་པོ༷འི་སྐྱེས་བུ་བཅུ་གཉིས་ཀྱི་སྒྲ་དོན་རྒྱ་གར་བ་དག་འཆད་ ལ། ཕྱི་རོལ་མུ་སྟེགས་བྱེད་ཕལ་ཆེར་དེ་ཐམས་ཅད་གང་ཟག་གི་བདག་དང་དོན་གཅིག་ཏུ་ 3-1-93 འདོད་དོ། །དེ་ལྟར་ན་ཕྱི་ནང་གི་དངོས་པོ་འདི་རྣམས་སྐྱེད་བྱེད་ཀྱི་གང་ཟག་གི་བདག་རྟག་པ་ མེད། {བདག་[རྟག་]གཅིག་གི་སེམས་ཅན་ཡང་མེད། {བདག་[རྟག་]གཅིག་གི་སྲོག་ཀྱང་ མེ༵ད་དེ། གལ་ཏེ་དེ་འདྲ་ཡོད་ན། གང་ཟག་གི་བདག་སོགས་གསུམ་པོ་དེས། དབྱར་དགུན་ སོགས་ཕྱི་དང༌། བདེ་སྡུག་དང་སྐྱེ་འཆི་སོགས་ནང་གི་དངོས་པོ་རྫས་ཡོད་རེ་རེ་བ་འདི་རྣམས་ དུས་རྟག་ཏུ་བསྐྱེད་པར་འགྱུར་ཏེ། དེས་བསྐྱེད་ཅིང་རྟག་པའི་ཕྱིར། རྟགས་ཁས་བླངས་འདོད་ ན། རེས་འགའ་དམིག་པས་བསལ། གལ་ཏེ་ཁྱབ་པ་མེད་དེ། བསྐྱེད་ཅིང་རྟག་ཀྱང་རྟག་ཏུ་ མི་བསྐྱེད་ཅེ་ན་འབྲས་བུ་དེ་རྣམས་གཏན་ནས་མི་བསྐྱེད་པར་ཐལ་བར་འགྱུར་རོ། །དེ་རྣམས་ རྟག་ཏུ་མི་བསྐྱེད་ཅིང་རྟག་པའི་ཕྱིར། རྟག་གསལ་ཁས་བླངས། གལ་ཏེ་རྟག་ཀྱང་དེས་འབྲས་ བུ་དེ་རྣམས་རེ་འགའ་བསྐྱེད་རེ་འགའ་མི་བསྐྱེད་ན། འོ་ན་དེ་མི་རྟག་པར་ཐལ་བར་འགྱུར་རོ། ། ཞེས་པ་རྣམས་དཔལ་ཆོས་ཀྱི་གྲགས་པའི་རིགས་པའོ། ། དེ་ཡང་མུ་སྟེགས་བྱེད་འགའ་ཞིག གང་ཟག་གི་བདག་གཅིག་ཉིད་འཁོར་ཐར་གྱི་བྱེད་ པ་པོར་འདོད་པར་རྣམ་འགྲེལ་སོགས་ལས་བཤད་ཅིང༌། མུ་སྟེགས་བྱེ་བྲག་པ་ནི་བདག་བེམ་ པོར་འདོད་དེ། གཞན་དག་ཀྱང་ནི་འདིར་བདག་ཉིད། །འདོད་དང་སྡང་སོགས་ཡོན་ཏན་ཅན། ། རྟེན་དང་ཀུན་འཇུག་ཟ་བྱེད་པའོ། །རང་ཉིད་བེམ་པོའི་ངོ་བོར་འདོད། །ཅེས་སོ། །མུ་སྟེགས་ གཅེར་བུ་པ་ཡང་གང་ཟག་གི་བདག་བེམ་པོར་འདོད་དེ། ཁྱད་པར་དུ་འཕགས་པའི་བསྟོད་ པ་ལས། གཅེར་བུ་ལུས་ཀྱི་ཚད་བཞིན་དུ། །སྲོག་ནི་ཞུམ་དང་རྒྱས་པར་སྨྲ། །ཞེས་སོ། །མུ་ སྟེགས་གྲངས་ཅན་པ་ནི། བདག་ཤེས་རིག་གི་སྐྱེས་བུ་ཞེས་བདག་ཤེས་པར་འདོད་ལ། དེ་ ཡང་མཚན་ཉིད་ལྔ་ལྡན་ཏེ། ཟ་བོ་རྟག་དངོས་བྱེད་པོ་མིན་པའི་བདག །ཡོན་ཏན་བྱར་ མེད་གྲངས་ཅན་རྣམས་ཀྱིས་བརྟགས། །དེ་དབྱེ་ཅུང་ཟད་ཅུང་ཟད་ལ་བརྟེན་ནས། །མུ་སྟེགས་ ཅན་རྣམས་ལུགས་ནི་ཐ་དད་འགྱུར། །ཅེས་སོ། །རིག་བྱེད་མཐའ་བའམ་གསང་བ་པ་ཞེས་ 3-1-94 པ་དང་མུ་སྟེགས་རིག་པ་ཅན་ཡང་བདག་ཤེས་པར་འདོད་པར་བཤད་དོ། །མུ་སྟེགས་རིག་པ་ ཅན་དག །སྐྱེ་བ་པོ་འདི་ཤེས་པ་ཡོད་མིན་ཏེ། །བདག་གི་བདེ་སྡུག་བདག་ལ་རང་དབང་མེད། ། དབང་ཕྱུག་གི་བཏང་ཡང་ན་མཐོ་རིས་སམ། །གཡང་ས་དག་ཏུ་འགྲོ་བ་ཁོ་ནར་འགྱུར། །ཞེས་ ཏེ། ཡན་ལག་ཐམས་ཅད་ཀྱིས་འགྲོ་བ་མང་བོ་བསྐྱེད་ཅིང་འཇིག་པར་བྱེད་པས་ཕྲ་བ་དང༌། ནམ་མཁའ་ལ་སོགས་པའི་འབྱུང་བ་གནས་དང་སྡུད་པ་དང་རྒྱས་པར་བྱེད་པས་ཡང་བ་དང༌། འཇིག་རྟེན་གསུམ་གྱིས་བརྗོད་པར་བྱ་བས་ན་མཆོད་པ་དང༌། སྣོད་དང་བཅུད་ཐམས་ཅད་ཇི་ ལྟར་འདོད་པ་བཞིན་དུ་ཐམས་ཅད་བདག་ལ་རག་ལས་པའི་རང་དབང་ཅན་ཡིན་པས་དབང་ དུ་གྱུར་པ་དང༌། ཐམས་ཅད་ལ་ཁྱབ་པས་གར་ཡང་ཕྱིན་པ་དང༌། ཐམས་ཅད་འདོད་པ་ཙམ་ གྱིས་མིག་འབྱེད་པའི་དུས་ཙམ་ལ་བྱེད་པས་འདོད་དགུར་འབྱུང་བ་དང༌། ཐར་པ་དང་ལྷ་ལ་ སོགས་པ་ཐམས་ཅད་འདོད་པ་ཙམ་གྱིས་ཐོབ་པར་དགའ་མགུར་གནས་པ་ཞེས་བྱའོ། །ཞེས་ ཡོན་ཏན་བརྒྱད་དང་ལྡན་པའི་དབང་ཕྱུག་རྟག་པ་གཅིག་པུ་བ་སྣོད་བཅུད་ཐམས་ཅད་ཀྱི་བྱེད་ པ་པོར་སྨྲ་ལ། དབང་ཕྱུག་ལྷར་འཛིན་པའི་གྲངས་ཅན་ཡང༌། དེ་ལྟར་འདོད་པར་བཤད་དོ། ། སྤྱོད་འཇུག་ལས། གཙོ་བོ་རྟག་པ་འགྲོ་བ་ཡི། །རྒྱུ་ཡིན་པར་ནི་གྲངས་ཅན་འདོད། །ཅེས་ དང༌། སྙིང་སྟོབས་རྡུལ་དང་མུན་པ་ཞེས། །བྱ་བའི་ཡོན་ཏན་མཉམ་གནས་པ། །གཙོ་བོ་ཞེས་ བྱར་རབ་བརྗོད་དེ། །མི་མཉམ་འགྲོ་བ་ཡིན་པར་བརྗོད། །ཅེས་ཏེ། སྙིང་སྟོབས་རྡུལ་མུན་པ་ གསུམ་མམ་ཆགས་སྡང་རྨོངས་གསུམ་མམ། བདེ་སྡུག་གཏི་མུག་གསུམ་ཆ་མཉམ་པའི་བེམ་ པོ་རྟག་དངོས་གཅིག་པུ་བ་ནི། རང་བཞིན་རྒྱུའི་གཙོ་བོ་ཡིན་ལ། དེ་གསུམ་ཆ་མི་མཉམ་པ་ ལས་འགྲོ་བ་སྟེ་རྣམ་འགྱུར་འབྱུང་སྟེ་བློའམ་ཆེན་པོ་ཞེས་པའི་བེམ་པོ་ཤེལ་གྱི་མེ་ལོང་ངོས་ གཉིས་པ་ལྟ་བུའི་ནང་ནས་བདག་ཤེས་རིག་གི་གཟུགས་བརྙན་འཆར་བ་ཕྱི་ནས་གཟུགས་ སོགས་ཀྱི་གཟུགས་བརྙན་འཆར་བ་ཞིག རང་བཞིན་རྒྱུའི་གཙོ་བོ་ལས་ཐོག་མར་སྐྱེ་ལ། དེ་ 3-1-95 ལས་སྙིང་སྟོབས་ལས་གྱུར་པའི་ང་རྒྱལ། རྡུལ་ལས་གྱུར་པའི་ང་རྒྱལ། མུན་པ་ལས་གྱུར་པའི་ ང་རྒྱལ་གསུམ་འབྱུང༌། ང་རྒྱལ་དང་པོ་གཉིས་ལས་མིག་ལ་སོགས་པའི་ནང་གི་དབང་པོ་ལྔ། ཁ་ལག་རྐང་པ་བཤང་ལམ་གཅི་བའི་ལམ་སྟེ་ལས་ཀྱི་དབང་པོ་ལྔ། གཉིས་ཀའི་ དབང་པོ་ཡིད་དེ་དབང་པོ་བཅུ་གཅིག་དང༌། གཟུགས་སྒྲ་དྲི་རོ་རེག་བྱ་སྟེ། དེ་ཙམ་ལྔ་ དང་བཅས་པས་བཅུ་དྲུག་འབྱུང་ལ། དེ་ཙམ་ལྔ་ལས་ས་ཆུ་མེ་རླུང་ནམ་མཁའ་སྟེ་འབྱུང་བ་ལྔ་ སྐྱེའོ་ཞེས། དབང་ཕྱུག་ནག་པོའི་གཞུང་ལས། རང་བཞིན་ལས་ཆེན་དེ་ལས་ང་རྒྱལ་ཏེ། །དེ་ ལས་ཚོགས་ནི་རྣམ་པ་བཅུ་དྲུག་འབྱུང༌། །དེ་ལྟར་བཅུ་དྲུག་འབྱུང་བ་དེ་ལ་ཡང༌། །དེ་ཙམ་ལྔ་ ལས་འབྱུང་བ་རྣམ་ལྔ་འབྱུང༌། །ཞེས་སོ། །དེ་ལྟར་ཉི་ཤུ་རྩ་བཞི་པོ་བེམ་པོ་དང༌། ཉེར་ལྔ་བ་ བདག་ནི་ཤེས་པ་སྟེ། ཤེས་རིག་གི་སྐྱེས་བུ་ཞེས་འདོགས་སོ། །དེ་བཞིན་དུ་གསུམ་ཆ་མཉམ་ པའི་གཙོ་བོ་ནིརྒྱུ་ཁོ་ན་ཡིན་ཅིང་འབྲས་བུ་མ་ཡིན་པའི་མུ། བློའམ་ཆེན་པོ་དང་ང་རྒྱལ་དང༌། དེ་ཙམ་ལྔ་སྟེ་བདུན་པོ་རྒྱུ་འབྲས་གཉིས་ཀ་ཡིན་པའི་མུ། གཞན་བཅུ་དྲུག་པོ་འབྲས་བུ་ཁོ་ ན་ཡིན་པའི་མུ། བདག་ཤེས་རིག་གི་སྐྱེས་བུ་གཉིས་ཀ་མ་ཡིན་པའི་མུ་སྟེ། དབང་ཕྱུག་ནག་ པོའི་གཞུང་ལས། གཙོ་བོའི་རང་བཞིན་རྣམ་པར་འགྱུར་མིན་ལ། །ཆེན་པོ་སོགས་བདུན་རང་ བཞིན་རྣམ་འགྱུར་ཡིན། །འགྱུར་བ་བཅུ་དྲུག་རྣམ་པར་འགྱུར་བ་སྟེ། །སྐྱེས་བུ་རང་བཞིན་མ་ ཡིན་རྣམ་འགྱུར་མིན། །ཞེས་ཟེར་རོ། །ཡང༌། ཡོན་ཏན་གསུམ་གྱི་རང་བཞིན་མཆོག །མཐོང་ བའི་ཡུལ་དུ་གྱུར་མ་ཡིན། །མཐོང་བའི་ཡུལ་དུ་གང་གྱུར་པ། །སྒྱུ་མ་བཞིན་དུ་ཤིན་ཏུ་གསོག ། ཅེས་གྲངས་ཅན་འདོད་པར་ཚད་མ་ཀུན་ལས་བཏུས་སུ་བཤད་དེ། དེ་ལྟར་ན། རང་བཞིན་ རྒྱུའི་གཙོ་བོ་དང༌། བདག་ཤེས་རིག་གཉིས་དོན་དམ་པའི་བདེན་པ། གཞན་ཉེར་གསུམ་ ཀུན་རྫོབ་ཏུ་འདོད་པར་བཤད་དོ། །མུ་སྟེགས་ཁྱབ་འཇུག་པ་རྣམས་ནི། ལྷ་ཁྱབ་འཇུག་ཆེན་ པོ་ཞེས་པ་རྟག་དངོས་གཅིག་པུ་བ་ཞིག་བྱེད་པ་པོར་སྨྲ་ཞིང༌། དེ་ཡང་ཁྱབ་འཇུག་གི་འཇུག་ 3-1-96 པ་བཅུ་བཤད་དེ། ཉ་དང་རུས་སྦལ་ཕག་རྒོད་དང༌། །མི་ཡི་སེང་གེ་མིའུ་ཐུང་དང༌། རཱ་མ་ན་ གཉིས(ལྷ་རཱ་མ་ན་དང༌། དགྲ་སྟ་རཱ་མ་ན། )ནག་པ་དང༌། །སངས་རྒྱས་ (དུས་འཁོར་རིགས་ལྡན་དུ་བསྒྱུར་)ཀརྐི་ ཅན་དེ་བཅུ། །མཛད་པ་བཅུ་ནི། རིག་བྱེད་བཞི་རྒྱ་མཚོ་ཆེན་པོར་ལྷུང་བ་ན་ཁྱབ་འཇུག་གིས་ ཉར་སྤྲུལ་ནས་བཏོན་ནས་ལྷ་རྣམས་ལ་བྱིན་པ་དང༌། རུས་སྦལ་དུ་སྤྲུལ་ནས་སྣོད་ཀྱི་འཇིག་ རྟེན་དུ་འདེགས་པ་དང༌། ཕག་རྒོད་དུ་སྤྲུལ་ནས་སྣོད་ཀྱི་འཇིག་རྟེན་མནན་པ་དང༌། ཛ་མད་ ཨགྣིའི་བུ་རཱ་མར་སྤྲུལ་ནས་རྒྱལ་པོ་སྲིད་སྒྲུབ་ལ་སོགས་པ་བསད་པ་དང༌། ཤིང་རྟ་བཅུ་པའི་ བུ་རཱ་མར་སྤྲུལ་ནས་སྲིན་པོའི་ཚོགས་བསད་པ་དང༌། རྒྱལ་བོ་ནག་པ་སྤྲུལ་ནས་སེམས་ཅན་ གྱི་དོན་བྱས་པ་དང༌། མི་ཡིས་སེང་གེར་སྤྲུལ་ནས་ལྷ་མ་ཡིན་གྱི་དབང་པོ་འགྲོ་སྐྱོབ་གསེར་ ཅན་བསད་པ་དང༌། མེའུ་ཐུང་གི་གཟུགས་སུ་སྤྲུལ་ནས་ལྷ་མ་ཡིན་གྱི་རྒྱལ་པོ་སྟོབས་ཅན་ བསླུས་པ་དང༌། སངས་རྒྱས་སུ་སྤྲུལ་ནས་སེམས་ཅན་གྱི་དོན་བྱས་པ་དང༌། བྲམ་ཟེ་གྲགས་ པའི་བུ་ཀར་ཀེ་ཙེ་ཞེས་བྱ་བར་གྱུར་ནས་སེམས་ཅན་གྱི་དོན་བྱེད་དེ། དེ་ནས་དུས་ལྡོག་པར་ འགྱུར་རོ་ཞེས་ཏེ། ཀལ་ཀི་ཞེས་པ། ལ་ལས་ངང་པ་ཅན་དུ་བསྒྱུར། ལ་ལས་རྩོད་པ་ཅན་དུ་ བསྒྱུར་ཏེ། དུས་འཁོར་འགྲེལ་ཆེན་དུ། ཀླ་ཀློ་འཇོམས་བྱེད་རིགས་ལྡན་དྲག་པོ་འབྱུང་བར་ གསུངས་པ་དེ་ཁྱབ་འཇུག་གི་མཛད་པ་བཅུ་པའི་སྒྲོ་བཏགས་གཞིར་བཞེད་པར་མངོན་ནོ། ། མུ་སྟེགས་ཚངས་པ་བ་རྣམས་ནི། ཚངས་པའི་སྒོ་ང་གཅིག་ནི་དཔག་ཚད་བྱེ་བའི་ཁྱོན་ནོ་ཞེས་ སྣོད་བཅུད་ཐམས་ཅད་ཚངས་པའི་བྱས་པས་རྟག་པར་འདོད་དོ། །ཡང་མུ་སྟེགས་འགའ་ཞིག་ སྔོན་གྱི་ལས་ཁོ་ན་བདེ་སྡུག་དང༌། སྐྱེ་འཆི་ལ་སོགས་པ་ཐམས་ཅད་ཀྱི་བྱེད་པ་པོ་ཡིན་གྱི་རྐྱེན་ ལ་མི་ལྟོས་པར་འདོད་པའི་ལུགས་སྐྱེས་རབས་སུ་བཤད་དེ། དེ་ནི་མུ་སྟེགས་གཅེར་བུ་པར་ མངོན་ཏེ། ལས་ཐམས་ཅད་ཟད་པར་བྱས་ནས། འཇིག་རྟེན་ཐམས་ཅད་ཀྱི་སྟེང་ན་གདུགས་ བཀན་ནས་བཟུང་བའི་དབྱིབས་ལྟ་བུས་ཐར་བའི་གནས་བ་ཞོ་འམ་ཀུ་མུ་ད་ལྟ་བུའི་ཁ་དོག་ 3-1-97 ཅན་གྱི་ཐར་བའི་གནས་སུ་ཐར་པ་ཐོབ་ཅེས་ཁོ་འདོད་པར་བཤད་དོ། ། མུ་སྟེགས་བྱེ་བྲག་པ་རྣམས་རྡུལ་ཕྲན་རྟག་པས་སྣོད་བཅུད་སོགས་བསྐྱེད་པར་འདོད། མུ་ སྟེགས་གསང་བ་པ་དག་ས་འོག་རིམ་པ་བདུན་ན་གནས་པའི་སྐྱེས་བུ་ཆེན་པོ་ཉི་མའི་མདོག་ ཐམས་ཅད་ཀྱི་བྱེད་པ་པོར་སྨྲའོ། །ཡང་ཕུང་པོ་དང༌། དེ་ཉིད་དང་གཞན་དུ་བརྗོད་དུ་མེད་ པའམ། རྟག་མི་རྟག་ཏུ་བརྗོད་དུ་མེད་པའི་གང་ཟག་གི་བདག་འཁོར་ཐར་གྱི་བྱེད་པ་པོར་ འདོད་པ་དགག་པའི་གཞུང་འབྱུང་སྟེ། ཕྱོགས་སྔ་དེ་གནས་མའི་བུའི་སྡེ་པ་འདོད་པར་ཀ་མ་ ལ་ཤི་ལ་ལ་སོགས་ཀྱིས་བཤད་དོ། ། དེ་ལྟར་ན་སྣོད་བཅུད་སོགས་ཀྱི་འབྲས་བུ་འདི་རྣམས་གང་ཡང༌། དབང་ཕྱུག་རྟག་དངོས་ གཅིག་པུ་བ་སོགས་སྔར་རྣམ་འགྲེལ་དུ་སྔར་བཤད་པ་ལྟར་གྱི་སྐྱེད་པར་བྱེད་པ་པོའི་རྒྱུ་ཅུང་ ཟད་ཀྱང་མེད་དོ། །དེ་ཡང་གང་ཟག་གི་བདག་རྟག་དངོས་ཐམས་ཅད་ཀྱི་སྐྱེད་བྱེད་དུ་འདོད་ པ། དགག་པའི་རིགས་པ་གོང་དུ་བཀོད་པའི་རིགས་པ་དེ་ཐམས་ཅད་ལ་ཅི་རིགས་པར་སྦྱར་ བར་བྱ་ཞིང༌། སོ་སོར་དགག་པ་ནི། དབུ་ཚད་དང་སྐྱེ་རབས་ལ་སོགས་ལས་ཤེས་པར་བྱའོ། ། འདིར་མང་དོགས་ནས་མ་བྲིས་སོ། །གལ་ཏེ་འབྲས་བུའི་དངོས་པོ་འདི་རྣམས་བྱེད་པ་པོའི་ བདག་རྟག་པ་སོགས་མེད་མོད། རྒྱུ་རྐྱེན་ལས་བྱུང་བའི་དོན་དམ་པའི་བདེན་དངོས་སུ་{ཡོད་ }སྙམ་ན། དངོས་པོ་འདི་རྣམས་ཐམས་ཅད་དོན་དམ་དཔྱོད་པའི་རིགས་པས་དཔྱད་བཟོད་ཀྱི་ དོན་དམ་གྱི་དངོས་པོ[ར་བདེན་པ་མེད་ཅིང་རང་དང་ངོ་བོ་]གཅིག་པའི་གང་ཟག་གི་བདག་ རྟག་པ་དང༌། རྟག་གཅིག་གི་སེམས་ཅན་དང༌། སྲོག རྟག་པ་མེད་ལ། སྔར་བཤད་པ་ལྟར་གྱི་ བྱེད་པ་པོ་རྟག་པའང་ཅུང་ཟད་ཀྱང་མེད་དེ། རྒྱུ་རྐྱེན་ཚོགས་པའི་སྣང་བ་ཙམ་ཡིན་པའི་ཕྱིར་ རོ། །དཔེར་ན། གཉིད་དང་བག་ཆགས་ཚོགས་པའི་སྣང་བ་རྨི༷་ལ༷མ་བཞིན། སྒྱུ༷་མ༷འི་སྔགས་ དང་སྨན་དང་སྤྲུལ་གཞི་འཇིམ་དུམ་སོགས་ཚོགས་པའི་སྣང་བ་སྒྱུ་མའི་རྟ་གླང་སོགས་བཞིན། 3-1-98 སའི་རླངས་པ་རླུང་ཕྲ་མོས་བསྐྱོད་པ་ལ་ཉི་མའི་འོད་ཕོག་པས་སྨིག་རྒྱུ་གཡོ་བ་མཐོང་བ་སྟེ། དེ་གསུམ་ཚོགས་པའི་སྣང་བ་སྨི༷ག་རྒྱུ༷་བཞིན། སྒྲ་དང་བྲག་ཆ་ལྟ་བུའི་གནས་ཀྱི་རྐྱེན་ཚོགས་ པའི་སྣང་བ་སྒྲ༷་བརྙ༷ན་བཞིན། ཞེས་དེ་འདྲའི་དཔེ་ད༵ང་། དོན་མཚུ༷ངས་པ༷ར་སྟོ༷ན་པར་མཛ༷ད་ པའི་བླ༷་མ༷་དམ་པའི་ཞ༷བས་ལ༷་གུས་པས་འདུ༵ད་དོ། །དེ་བཞིན་གཤེགས་པའི་མཛོད་ཀྱི་མདོ་ ལས། འོད་སྲུང་གལ་ཏེ་སེམས་ཅན་གཅིག་གཅིག་མི་དགེ་བ་བཅུའི་ལས་ཀྱི་ལམ། ཁ་ན་མ་ ཐོ་བ་དང་བཅས་པ་འདི་དག་དང་ལྡན་པར་གྱུར་ལ། དེ་ཡང༌། དེ་བཞིན་གཤེགས་པས་རྒྱུ་དང་ རྐྱེན་དུ་ལྡན་པའི་ཆོས་བསྟན་པ་ལ་འཇུག་སྟེ། འདི་ལ་བདག་གམ། སེམས་ཅན་ནམ། སྲོག་ གམ། གང་ཟག་གམ། གང་བྱེད་པའམ། གང་མྱོང་བ་དེ་ནི་གང་ཡང་མེད་དོ་སྙམ་ནས། ཆོས་ ཐམས་ཅད་ཀྱི་བྱས་པ་མེད་པ་དང༌། མངོན་པར་འདུ་བྱེད་པ་མེད་པ་དང༌། སྒྱུ་མ་ལྟ་བུའི་ཆོས་ ཉིད་དང༌། ཀུན་ནས་ཉོན་མོངས་པ་མེད་པའི་ཆོས་ཉིད་དང༌། རང་བཞིན་གྱིས་འོད་གསལ་ བའི་ཆོས་ཉིད་ལ་འཇུག་ཅིང༌། ཆོས་ཐམས་ཅད་གདོད་མ་ནས་དག་པར་ཡིད་ཆེས་ཏེ་མོས་ན། སེམས་ཅན་དེ་ངན་སོང་དུ་འགྲོ་བར་ང་མི་སྨྲའོ། །ཞེས་སོ། །གཟུགས་ནི་གཟུགས་ཀྱིས་སྟོང་ ནས། རྣམ་པར་ཤེས་པའི་བར་དུའོ། །དེ་དག་ནི་ཐ་སྙད་ཙམ། མིང་ཙམ་བརྡ་ཙམ་ཀུན་རྫོབ་ ཙམ་བརྗོད་པ་ཙམ། གདགས་པ་ཙམ་སྟེ། དེ་ལ་མཁས་པ་རྣམས་ཀྱིས་[མངོན་པར་]ཞེན་པར་ བྱ་བའི་མི་འཆད་པའོ། །ཞེས་ཡབ་སྲས་མཇལ་བའི་མདོ་ལས་སོ། །དེ་རྣམས་ཀྱིས་དངོས་པོ་ ཐམས་ཅད་དོན་དམ་པར་བདེན་པའི་རང་བཞིན་མེད་པར་བསྟན་ནས། ད་ནི་ཕྱི་རོལ་གྱི་དོན་ ལ་ལྟོས་པའི་གཟུང་འཛིན་དོན་དམ་པར་བདེན་པའི་རང་བཞིན་མེད་པར་སྟོན་ཏེ། རི་ཁང་ ཁྱིམ་དང་སྐྱེས་བུའི་ལུས་ལ་སོགས་པ་སྒོ་ལྔའི་དབང་ཤེས་ལ་ཕྱི་རོལ་གྱི་དོ༷ན་དུ༷་སྣ ༷ང་ཡ༷ང་ དོན་དམ་དཔྱོད་པའི་རིགས་པས་དཔྱད་བཟོད་ཀྱི་ཕྱི་དོན་བདེན་པ་བ་མ་ཡིན་གྱི་སྣང་བ་ལ་ཕྱི་ རོལ་གྱི་དོན་དུ་འཁྲུལ་པའི་གཟུང་འཛིན་གཉིས་སྣང་གི་བ༷ག་ཆ༷གས་ཀྱིས་བསླད་པའི་སེ༷མས་ 3-1-99 སམ་རྣམ་པར་ཤེས་པ་འཁྲུལ་བ་ཉིད་ཀྱི༷་སྣང་བ་ཙ༵མ་ཡིན་ཏེ། རབ་རིབ་ཀྱིས་མིག་བསླད་ པས་སྐྲ་ཤད་འཛག་པར་སྣང་བ་བཞིན། དེ་ལྟར་གཟུང་བྱ་ཕྱི་རོལ་གྱི་དོན་མེད་པས་གཟུང་བ་ ཕྱི་རོལ་གྱི་དོན་ཇི་བཞིན་རྗེན་ཆར་དུ་སྣང་ནས་འཛིན་པའི་ནང་གི་སེ༷མས་ད༷ང་ཡི༷ད་ད༷ང་རྣ༷མ་ པ༷ར་ཤེ༷ས་པ༷་མ་འཁྲུལ་པ་ཡ༵ང་མེད་ལ། [དེ་འདྲ་ཡོད་པ་བྱེ་བྲག་སྨྲ་བ་འདོད། ] གཟུང་བྱ་ཕྱི་ རོལ་མེད་པས། གཟུང་བ་ཕྱི་རོལ་གྱི་དོན་གྱིས་རང་ཇི་ལྟ་བའི་རྣམ་པ་དངོས་སུ་གཏད་པའི་ ཚུལ་གྱིས་གཟུང་བ་ཕྱིའི་དོན་ཇི་ལྟ་བ་བཞིན་དུ་གཟུང་ཡུལ་དུ་བྱས་ནས་འཛིན་པའི་ནང་གི་ སེམས་དང་ཡིད་དང་རྣམ་པར་ཤེས་པ་མ་འཁྲུལ་བ་ཡང་མེད་དེ། ཚད་མ་རྣམ་འགྲེལ་ལས། རིག་བྱ་རིག་བྱེད་རྣམ་པ་མེད། །སྒྲ་སོགས་ཤེས་པའི་ཐ་དད་བཞིན། །གང་ཚེ་གཟུང་འཛིན་ རྣམ་ཕྱེ་བའི། །མཚན་ཉིད་རྣམ་པར་བསླད་པ་ཅན། །ཇི་ལྟར་འཁྲུལ་བས་མཐོང་གྱུར་པ། །དེ་ ལྟར་འདི་རྣམས་བཞག་བྱས་པ། །ཞེས་སོ། ། དེ་ཡང་སྒོ་ལྔའི་དབང་ཤེས་ཀྱིས་གཟུང་བ་ཕྱི་དོན་བདེན་པ་བ་རྗེན་ཆར་གྱི་སྣང་ནས་ འཛིན་གྱི། བག་ཆགས་ཀྱི་དབང་གིས་རང་ཉིད་ཕྱི་རོལ་དོན་དུ་སྣང་བའི་རྣམ་པ་མེད་པར་བྱེ་ བྲག་ཏུ་སྨྲ་བ་འདོད། ཅེས་སོ། །དབང་སྐྱེས་བློ་ནི་རྣམ་མེད་ཀྱིས། །ཕྲ་རབ་བསགས་པ་དངོས་ སུ་རིག །ཁ་ཆེའི་གཞུང་གི་ཆུ་གཏེར་གྱིས། །བྱེ་བྲག་སྨྲ་བའི་གཞུང་འདོད་འགྱུར། །ཞེས་ འཕགས་པ་ལྷ་སོགས་ཀྱིས་བཤད་དོ། ། མདོ་སྡེ་བ་ནི། སྒོ་ལྔའི་དབང་ཤེས་ཀྱིས་གཟུང་དོན་ཕྱི་རོལ་རྗེན་ཆར་གྱི་དངོས་སུ་སྣང་ ནས་མི་འཛིན་གྱི་དེས་རང་འདྲའི་རྣམ་པ་གཏད་པས། བློ་རང་ཉིད་དེའི་རྣམ་པར་སྐྱེས་པའི་ ཕྱིར། དེ་དང་འདྲ་བའམ་དེའི་རྣམ་པ་གཟུང་བ་ལ་དེའི་དངོས་པོ་ཉིད་རྗེན་ཆར་སྣང་ནས་ འཛིན་ཞེས་བཏགས་པ་སྟེ། བུས་ཕའི་གཟུགས་བཟུང་ཞེས་པ་བཞིན། ཚད་མ་རྣམ་འགྲེལ་ སོགས་ལས་བཤད་དོ། །དེ་ལྟར་ན་གཟུང་བ་ཕྱི་རོལ་གྱི་གཟུགས་སོགས་ཞེས་དང༌། གཟུང་ 3-1-100 དོན་ཕྱི་རོལ་འཛིན་པའི་སེམས་ཡིད་རྣམ་ཤེས་ཞེས་མི༷ང་བཏགས་པ་ཙ༷མ་མམ། དང་པོ་ བརྡ༷ར་བཏགས་པ་ཙ༷མ་ཙམ་དུ་ཟད་ཀྱི་ཕྱི་རོལ་གྱི་དོན་ལ་ལྟོས་པའི་གཟུང་འཛིན་བདེན་པ་ བས་སྟོང་སྟེ། དཔེར་ན། འདུས་མ་བྱས་ནམ་མཁ༷འ་ལྟ༷ར་རོ། །དེར་མ་ཟད་ཕྱིའི་རྡུལ་ཕྲན་ ཆ་མེད་དང་ནང་གི་སེམས་ཡིད་རྣམ་ཤེས་སྐད་ཅིག་ཆ་མེད་བདེན་པ་བས་སྟོ༷ང་སྟེ། དེ་ཡང་ རགས་པ་རྩོམ་པ་ན་ཕྱོགས་དྲུག་གི་རྡུལ་གྱིས་དབུས་རྡུལ་ལ་གཅིག་ཆར་སྦྱར་ན། དབུས་ རྡུལ་ལ་ཆ་དྲུག་བྱུང་བས་ཆ་མེད་ཡིན་པ་ཉམས་ལ། དྲུག་པོ་གོ་ས་གཅིག་ནས་དབུས་རྡུལ་ ལ་སྦྱར་ན་དེ་རྣམས་འདུས་པའི་གོང་དུ་དེ་རྡུལ་ཕྲན་ཙམ་དུ་འགྱུར་རོ། །ཉི་ཤུ་བའི་རབ་བྱེད་ ལས། དྲུག་གིས་གཅིག་ཆར་སྦྱར་བ་ན། །ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར། །དྲུག་པོ་དག་ནི་ གོ་གཅིག་ན། །གོང་བུའང་རྡུལ་ཕྲན་ཙམ་དུ་འགྱུར། །ཞེས་སོ། །ཞི་བ་འཚོས་དབུ་མ་རྒྱན་དུ་ ཡང༌། འབྱར་བའམ་ནི་བསྐོར་བའམ། །བར་མེད་རྣམ་པར་གནས་ཀྱང་རུང༌། །དབུས་གནས་ རྡུལ་ཕྲན་རྡུལ་གཅིག་ལ། །ལྟ་བའི་རང་བཞིན་གང་ཡིན་པ། །གལ་ཏེ་དེ་ཉིད་ཡིན་བརྗོད་ ན། །ཇི་ལྟར་ས་ཆུ་མེ་རླུང་སོགས། །ཅི་སྟེ་རྒྱས་འགྱུར་མ་ཡིན་ནམ། །གལ་ཏེ་གཞན་ཉིད་ཡིན་ བརྗོད་ན། །རབ་ཏུ་ཕྲ་རྡུལ་ཇི་ལྟ་བུར། །གཅིག་པུ་ཆ་ཤས་མེད་མི་འགྱུར། །ཞེས་ཏེ་རགས་ པ་{བཅོམ་[རྩོམ་]པ་ན། ཕྱོགས་བཅུའི་རྡུལ་གྱིས་དབུས་རྡུལ་གྱི་དངོས་པོ་སོ་སོ་ལ་ལྟའམ། ཤར་ཕྱོགས་ལྟ་བུའི་ངོས་གཅིག་ཁོ་ན་ལ་བལྟ་བ་བརྟགས་ཏེ། དགག་པ་སྔ་མ་ལྟར་ཤེས་པར་ བྱའོ། །དེ་ལྟར་བསོག་བྱེད་ཕྱིའི་རྡུལ་ཕྲན་བདེན་པ་བ་མེད་པའི་ཕྱིར། དེ་བསགས་པའི་ཕྱི་ རོལ་གྱི་རགས་པ་བདེན་པ་བ་མེད་པར་གྲུབ་པོ། །སྐད་ཅིག་ཆ་མེད་ཀྱི་དངོས་པོ་བདེན་པ་བ་ མེད་དེ། སྐད་ཅིག་མ་ཞེས་པ་ལ་དུས་མཐའི་སྐད་ཅིག་མ་དང༌། དེ་བརྒྱ་ཉི་ཤུ་ལ་དེའི་སྐད་ཅིག་ མ། དེ་དྲུག་ཅུ་ལ་ཐང་ཅིག དེ་སུམ་ཅུ་ལ་ཡུད་ཙམ། དེ་སུམ་ཅུ་ལ་ཉིན་ཞག དེ་སུམ་ཅུ་ལ་ཟླ་ བ་གཅིག་སྟེ། མཛོད་ལས། སྐད་ཅིག་མ་བརྒྱ་ཉི་ཤུ་ལ། །དེ་ཡི་སྐད་ཅིག་དེ་དག་ཀྱང༌། །དྲུག་ 3-1-101 ཅུ་ལ་ནི་ཐང་གཅིག་གོ །ཡུད་ཙམ་ཉིན་ཞག་ཟླ་རྣམས་ནི། །གོང་ནས་གོང་དུ་སུམ་ཅུར་བསྒྱུར། ། ཞེས་སོ། །དེ་ལ་དུས་མཐའི་སྐད་ཅིག་གཅིག་གི་ཚད་ནི། རྐྱེན་རྣམས་ཚོགས་ནས་ཇི་སྲིད་ ཆོས་བདག་{གིས[ཉིད་] ཐོབ་པའམ། ཇི་སྲིད་རྡུལ་ཕྲ་རབ་ནས་རྡུལ་ཕྲ་རབ་གཞན་དུ་འགྲོ་ བའི་ཡུན་ཙམ་མོ་ཞེས་དང༌། ཆོས་མངོན་པ་བ་རྣམས་ནི། སྐྱེས་བུ་སྟོབས་དང་ལྡན་པའི་སོ་ གོལ་གཏོག་པ་ཙམ་གྱིས་སྐད་ཅིག་མ་དྲུག་ཅུ་རྩ་ལྔ་འདའ་འོ། །ཞེས་ཟེར་རོ། །དང་པོའི་དོན་ ནི་དངོས་རྒྱུ་ཚོགས་པ་ལས། དངོས་འབྲས་ཐོལ་གྱིས་སྐྱེས་ཙམ་གྱི་ཡུན་ལ་ཚད་མ་རྣམ་འགྲེལ་ སོགས་ལས་བཤད་དོ། ། གཉིས་པའི་དོན་ནི། ཚད་མ་རྣམ་འགྲེལ་ལས། རྡུལ་གཅིག་བསྒྲེས་དུས་ཆུང་བ་ཡི། ། མཐར་ཐུག་དུས་ཀྱང་སྐད་ཅིག་འདོད། །ཅེས་ཏེ། རྡུལ་ཤིན་ཏུ་ཕྲ་བའི་མཐར་ཐུག་པ་གཅིག་ གོ་ས་གཅིག་ནས་ལན་གཅིག་གོ་ས་གཞན་གཅིག་ཏུ་འཕོས་ཙམ་གྱི་ཡུན་དེ་དུས་མཐའི་སྐད་ ཅིག་གཅིག་གི་ཚད་དེ། དུས་སམ་སྐད་ཅིག་གི་ཐུང་མཐའ་ཡིན་པའི་ཕྱིར་རོ། །ཞེས་པའི་དོན་ ནོ། །ཡང་ན་རྡུལ་ཤིན་ཏུ་ཕྲ་བའི་མཐར་ཐུག་པ་གཉིས། ཤར་ནུབ་ལྟ་བུར་ལན་གཅིག་ལམ་ བསྣོལ་བའི་དུས་ཙམ་གྱི་ཡུན་དེ་དུས་མཐའི་སྐད་ཅིག་གི་ཚད་དུ། ཉི་མ་སྦས་པས་བཤད་དོ། ། ཡང་རྣམ་འགྲེལ་ལས། ཡི་གེའི་བདག་ཉིད་ཀུན་མཐའ་ཡང༌། །མིག་འཛུམས་ཚད་དུ་གནས་ པ་ཡིན། །དེ་ཡང་རིམ་གྱིས་རྡུལ་ཕྲན་ནི། །དུ་མ་དག་ཏུ་འབྲེལ་བས་རྫོགས། །ཞེས་ཏེ། ཨ་ ཐུང་ལྟ་བུའི་ཡི་གེ་ཐུང་ཤོས་རེ་རེ་ཡང་རྩོད་དུས་ཀྱི་ཐ་མལ་བའི་མིག་ལན་གཅིག་འཛུམས་ པའི་ཡུན་ཙམ་གྱིས་རྫོགས་པར་འགྲུབ་ཀྱི་དེ་ལས་མྱུར་བར་མ་ཡིན་ལ་མིག་ལན་གཅིག་ འཛུམས་པའི་ཡུན་དེ་ཡང་གཟུགས་ཆུང་བའི་མཐར་ཐུག་པའི་རྡུལ་ཤིན་ཏུ་ཕྲ་བ་གཅིག་གོ་ས་ གཅིག་ནས་གོ་ས་གཞན་གཅིག་ཏུ་འཕོས་པའི་ཡུན་དུ་མས་རྫོགས་དགོས་ཞེས་ཏེ། དེ་ལྟའི་ མིག་ལན་གཅིག་འཛུམས་པའི་ཡུན་དེ་དང་ཐ་མལ་པའི་མི་སྟོབས་ཅན་གྱིས་སེ་གོལ་ལན་ 3-1-102 གཅིག་གཏོགས་པའི་ཡུན་དང་མཉམ་ཞིང༌། དེའི་བར་ལ་དུས་མཐའི་སྐད་ཅིག་དྲུག་ཅུ་རྩ་ལྔ་ འདའ་བར་མཛོད་འགྲེལ་ལས་སོ། །པཎྜི་ཏ་ཆོས་བཤེས་ནི། དེའི་ཡུན་གྱི་བར་ལ་སྐད་ཅིག་མ་ སུམ་བརྒྱ་དྲུག་ཅུ་རྩ་བརྒྱད་འདའ་འོ། །ཟེར་རོ། ། ཡང་མངོན་པ་ཀུན་ལས་བཏུས་སོགས་ལས། བྱ་རྫོགས་ཀྱི་སྐད་ཅིག་མ་ཞེས་པའང་ བཤད་དེ། མཐོང་ལམ་སྐད་ཅིག་མ་བཅུ་དྲུག་བཤད་རྗེས་སུ་སེམས་ཀྱི་སྐད་ཅིག་ནི་ཤེས་བྱ་ ལ་ཤེས་པ་འབྱུང་བ་ཡོངས་སུ་རྫོགས་པར་རིག་པར་བྱའོ། །ཞེས་ཏེ། དཔེར་བརྗོད་ན། སྡུག་ བསྔལ་ཤེས་པར་བྱའོ། །ཞེས་བརྩམས་ནས་སྡུག་བསྔལ་ལེགས་པར་ཡོངས་སུ་ཤེས་པའི་ བར་གྱི་ཡུན་ལྟ་བུ་སྟེ། དོན་གང་སྒྲུབ་པའི་བྱ་བ་བརྩམས་ནས་དོན་དེ་གྲུབ་ཙམ་གྱི་ཡུན་ནོ། ། དེ་ལྟར་ན་འདུས་བྱས་ཀྱི་དངོས་པོ་རྫས་ཡོད་རྣམས་དུས་མཐའི་སྐད་ཅིག་གིས་སྐྱེ་འགག་ བྱེད་པར་གནས་མ་བུའི་སྡེ་བ་མ་གཏོགས་བྱེ་བྲག་ཏུ་སྨྲ་བ་དང༌། མདོ་སེམས་དབུ་མ་བ་ཕལ་ ཆེར་ཡང་འདོད་ཅིང༌། འདུས་བྱས་རྫས་ཡོད་གྲུབ་ཙམ་ནས་འཇིག་གི རང་འཇིག་པ་རང་ རྒྱུ་མ་ཡིན་པའི་རང་ལས་ཕྱིས་འབྱུང་དོན་གཞན་གྱིས་བསྐྱེད་མི་དགོས་ལ་དེའི་ཕྱིར་འཇིག་ པའམ་མི་རྟག་པ་དེ་འདུས་བྱས་རྣམས་ཀྱི་རང་བཞིན་ནམ་གནས་ལུགས་སུ་འདོད་དོ། །དེའི་ ཕྱིར་འདུས་བྱས་ཀྱི་དངོས་པོ་རྫས་ཡོད་རེ་རེ་ལ་ཡང༌། སྐྱེ་འགག་གནས་གསུམ་གྱི་སྐབས་ ཅིག་ཆར་དུ་ཚང་བར་སྔར་སྨོས་པའི་དངོས་སྨྲ་དེ་རྣམས་ཀྱིས་འདོད་དགོས་ཏེ། ཞིག་པའམ་ འགགས་ནས་མེད་པ་ནི། འཇིག་པའམ་མི་རྟག་པའི་དོན་མ་ཡིན་གྱི། སྐད་ཅིག་གིས་སྐྱེ་ཞིང་ འགག་པའི་རྫས་ཀྱི་དངོས་པོ་ཉིད་འཇིག་པའི། མི་རྟག་པའི་དོན་དུ་འདོད་པའི་ཕྱིར་རོ། །དེས་ ན་ནང་སེམས་སོགས་ཀྱི་དངོས་པོ་དུས་མཐའི་སྐད་ཅིག་རེ་རེ་བ་རྣམས་ཀྱང་དངོས་པོ་ཆ་མེད་ བདེན་པ་བར་མི་འགྲུབ་པར་ཐལ་བར་འགྱུར་ཏེ། སྐྱེ་འགག་གནས་པའི་ཆ་གསུམ་ཅིག་ཆར་ ཚང་བའི་ཕྱིར། རྟགས་ཁས་བླངས་སོ། ། 3-1-103 གཞན་ཡང༌། ནང་སེམས་སོགས་ཀྱི་དུས་མཐའི་སྐད་ཅིག་རེ་རེ་བའི་དངོས་པོ་དེ་ཆ་མེད་ ཀྱི་དངོས་པོ་བདེན་པ་བར་མི་འགྲུབ་སྟེ། མ་སྐྱེས་ན་རྒྱུ་མེད་དུ་འགྱུར་ཞིང་དུས་མཐའི་སྐད་ ཅིག་ཙམ་དུའང་མི་གནས་ན། གཏན་ནས་རྫས་སུ་ཡོད་པར་ཡང་མི་འགྲུབ་ཅིང༌། འདོད་ན། གཏན་ནས་དོན་བྱེད་མི་ནུས་པར་འགྱུར་རོ། །སྐྱེས་ཙམ་ནས་མི་འགག་ན་རྟག་པར་འགྱུར་ བས་དངོས་པོ་རྫས་ཡོད་སྐྱེས་ཙམ་དེ་ཉིད་གནས་པ་དང་འགག་པ་ཡང་ཡིན་པས་སྐད་ཅིག་ གི་དངོས་པོ་རྫས་ཡོད་རེ་རེ་ཡང་སྐྱེ་འགག་གནས་གསུམ་གྱི་བདག་ཉིད་དུ་གནས་པའི་ཕྱིར་ རོ། །དབུ་མ་རིན་ཆེན་ཕྲེང་བར། ཇི་ལྟར་སྐད་ཅིག་མཐའ་ཡོད་ལྟར། །ཐོག་མ་དབུས་ཀྱང་ བརྟག་པར་གྱིས། །དེ་ལྟར་སྐད་ཅིག་གསུམ་བདག་ཕྱིར། །འཇིག་རྟེན་སྐད་ཅིག་གནས་མ་ ཡིན། །ཞེས་སོ། །དེ་ཡང་འགག་པ་དང༌། འགགས་པ། ཞིག་པ་དང༌། འཇིག་པ། ཤི་བ་དང་ འཆི་བ་ཁྱད་པར་ཆེ་སྟེ། ད་ལྟའི་སེམས་ཅན་འདི་རྣམས་འཆི་བ་ཡིན་ཡང་ཤི་བ་མ་ཡིན་པ་ བཞིན་དུ་ད་ལྟའི་དངོས་པོ་རྫས་ཡོད་རྣམས་ཀྱང་འཇིག་པ་ཡིན་གྱི་ཞིག་པ་མ་ཡིན། འགག་པ་ ཡིན་གྱི་འགགས་པ་མ་ཡིན་ཏེ། འདུས་བྱས་ཐམས་ཅད་སྐད་ཅིག་མར་སྨྲ་བའི་ལུགས་ལའོ། ། སྐད་ཅིག་ཆ་མེད་ཀྱི་བདེན་པའི་དངོས་པོ་འགག་པའི་ཚུལ་གཞན་ཡང་ཡོད་དེ་འདིར་མ་སྨོས་ སོ། །དེ་ལྟར་ན་ཕྱི་ནང་གི་དངོས་པོ་མཐའ་དག་དོན་དམ་པར་དཔྱད་བཟོད་ཀྱིས་བདེན་པའི་ རང་བཞིན་མེད་པ་ཉི༷ད་དུ༵་གས༷ལ་བ༷ར་ཏེ་མཐའ་གཅིག་ཏུ་བྱེ་བྲག་ཕྱེད་པར་སྟོ༷ན་པར་མཛ༷ད་ པའི་བླ༷་མ༷་དམ་པའི་ཞ༷བས་ལ༷་གུས་པས་འདུ༵ད་དོ། །གལ་ཏེ་དོན་དུ་སྣང་ཡང་སེམས་ཀྱི་ བག་ཆགས་ཙམ་ཞེས་པ་འདི་ལྟ་བུ་ནི་སེམས་ཙམ་པའི་ཆོས་སྐད་ཡིན་པའི་ཕྱིར། ཆོས་འཁོར་ གཉིས་པ་དང་མཐུན་པར་བསྟོད་པའི་སྐབས་སུ་མ་བབ་པོ་སྙམ་ན། འདི་ལ་བོད་ཀྱིས་མཁས་ པ་སྔ་མ་མང་པོས། དབུ་མ་ཚིག་གསལ་ལས། དབུ་མ་བ་ཡིན་ན་ནི་རང་གི་རྒྱུད་ཀྱི་རྗེས་སུ་ དཔག་པར་འདོད་པ་མ་ཡིན་ཏེ། ཕྱོགས་གཞན་ཁས་བླངས་པ་མེད་པའི་ཕྱིར་རོ། །ཞེས་པ་ 3-1-104 དང་ཐལ་འགྱུར་ཙམ་གྱིས་དངོས་པོ་སྨྲ་བའི་ལོག་རྟོག་འགོག་པར་ཀླུ་སྒྲུབ་བཞེད་ཅེས་ཟླ་ གྲགས་གསུངས་བ་ལ་བརྟེན་ནས་དབུ་མ་བ་ལ་ཐལ་འགྱུར་བ་དང་རང་རྒྱུད་པ་གཉིས་སུ་ འབྱེད་ཅིང༌། ཡང་གསུམ་དུ་ཡང་འབྱེད་དེ། འཇིག་རྟེན་གྲགས་སྡེ་སྤྱོད་པའི་དབུ་མ་བ། མདོ་ སྡེ་སྤྱོད་པའི་དབུ་མ་བ། རྣལ་འབྱོར་སྤྱོད་པའི་དབུ་མ་བའོ། །འབྱེད་ཚུལ་གཞན་ཡང་བཤད་ དོ། །དང་པོ་ནི། ཐལ་འགྱུར་བ་སྟེ་ཟླ་གྲགས་སོགས་ལ་ཟེར་ཞིང༌། ཕྱི་མ་གཉིས་ལ་རང་རྒྱུད་ པ་ཟེར་རོ། ། དེ་ཡང་རང་ལུགས་ལ་རང་རྒྱུད་ཀྱི་རྟགས་ཁས་མི་ལེན་པར། ཐལ་འགྱུར་ཙམ་གྱིས་ གཞན་གྱི་ལོག་རྟོག་འགོག་པའི་དབུ་མ་བ་ནི། དབུ་མ་ཐལ་འགྱུར་བ་དང༌། རང་ལུགས་ལ་ རང་རྒྱུད་ཀྱི་རྟགས་ཁས་བླངས་ནས་གཞན་གྱི་ལོག་རྟོག་འགོག་པ་དབུ་མ་རང་རྒྱུད་པར་ འདོད་དོ། །དབུ་མ་རང་རྒྱུད་པ་ལའང༌། ཀུན་རྫོབ་ཏུ་ཕྱི་རོལ་གྱི་དོན་གྲུབ་པར་འདོད་པའི་ དབུ་མ་རང་རྒྱུད་པ་ལ། མདོ་སྡེ་སྤྱོད་པའི་དབུ་མ་པ་ཟེར་ཏེ་སློབ་དཔོན་ལེགས་ལྡན་འབྱེད་ རྗེས་འབྲང་དང་བཅས་པའོ། །ཡང་དག་ཀུན་རྫོབ་ཙམ་དུ་ཡང་ཕྱི་རོལ་གྱི་དོན་གྲུབ་པ་མེད་ ཀྱི་ཕྱི་རོལ་དོན་དུ་སྣང་བ་ཐམས་ཅད་སེམས་ཙམ་གྱི་བདག་ཉིད་དམ་སེམས་ཀྱི་སྣང་བ་ཙམ་ ཡིན་ཞེས་འདོད་པའི་དབུ་མ་རང་རྒྱུད་པ་ལ་རྣལ་འབྱོར་སྤྱོད་པའི་དབུ་མ་པ་ཞེས་བཤད་དོ། ། དེ་ནི་སློབ་དཔོན་ཞི་བ་འཚོ། སེང་བཟང་ལ་སོགས་པའོ། །དབུ་མ་བ་འདི་རྣམས་ཀྱང་ཀླུ་ སྒྲུབ་ཡབ་སྲས་ནི་རང་རང་གི་གྲུབ་མཐའ་དང་མཐུན་པའི་དབུ་མ་བར་བཞེད་མོད། འཕགས་ པ་ཀླུ་སྒྲུབ་ཀྱི་བསྟན་བཅོས་རྣམས་ལ་ནི། ཀུན་རྫོབ་ཀྱི་རྣམ་བཞག་འཇིག་རྟེན་ན་གྲགས་པ་ ཁོ་ན་ལྟར་མཛད་པ་མི་སྣང་ཞིང༌། མཐོ་རིས་དང་ཐར་བ་ཐོབ་པའི་ཐབས་སུ་གྱུར་བའི་ཀུན་ རྫོབ་ཀྱི་རྣམ་བཞག་{མངོན་པར་[མ་ནོར་བར་]མཛད་{པ་[ན་]ནི། སངས་རྒྱས་པའི་གྲུབ་ མཐའ་སྨྲ་བ་དག་གི་ལུགས་ལ་བརྟེན་དགོས་ཏེ། འཕགས་པ་ལྷས། སངས་རྒྱས་ཆོས་ནི་ 3-1-105 རྣམ་པ་བཞིར། །ཡིད་འདོད་རྣམས་ཀྱིས་མངོན་མཐོང་སྟེ། །བྱེ་བྲག་སྨྲ་ལ་སོགས་པའི་ལམ། ། བསྟན་པས་དེ་ཉིད་སྒྲུབ་པའོ། །ཞེས་སོ། །དེའི་ཕྱིར་དབུ་མ་བར་རློམ་པ་ཁ་ཅིག་ན་རེ། དབུ་ མ་བ་ལ་རང་ལུགས་ཀྱི་ཀུན་རྫོབ་ཀྱི་རྣམ་བཞག་ཅི་ཡང་བྱར་མེད་པས། དེ་ལྟར་རྣམ་བཞག་ བྱེད་པ་བོ་རྣམས་ནི་དབུ་མ་བ་བཏགས་པ་བའམ། ཕལ་པ་ཡིན་ཞིང༌། སློབ་དཔོན་ཟླ་གྲགས་ སོགས་དབུ་མ་ཐལ་འགྱུར་བ་རྣམས་ནི། ཀུན་རྫོབ་རྣམ་བཞག་འཇིག་རྟེན་ན་གྲགས་པ་ཁོ་ན་ ལྟར་འཇོག་པས་འཇིག་རྟེན་གྲགས་སྡེ་སྤྱོད་པའི་དབུ་མ་བ་དབུ་མའི་མཆོག་ཡིན་ཞེས་ཟེར་ ཞིང༌། དགག་སྒྲུབ་མང་དུ་བྱེད་པ་རྣམས་ཀྱི་ལུགས་ལ་བརྟག་དཔྱད་བྱ་བ་ཡོད་མོད་ཀྱི་རེ་ ཤིག་བཞག་གོ །དེ་ལ་འཕགས་པ་ཀླུ་སྒྲུབ་ནི། རྣལ་འབྱོར་སྤྱོད་པའི་དབུ་མ་བ་ལྟར་ཀུན་རྫོབ་ ཀྱི་རྣམ་བཞག་མཛད་པར་གསལ་ཏེ། རིགས་པ་དྲུག་ཅུ་བ་ལས། དགོས་པའི་དབང་གིས་ རྒྱལ་བ་རྣམས། །ང་དང་ངའི་ཞེས་གསུངས་པ་ལྟར། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། ། དེ་བཞིན་དགོས་པའི་དབང་གིས་གསུངས། །འབྱུང་བ་ཆེ་ལ་སོགས་བཤད་པ། །རྣམ་པར་ ཤེས་སུ་ཡང་དག་འདུ། །ཞེས་དང༌། བྱང་ཆུབ་སེམས་འགྲེལ་ལས། རང་ལུགས་ལ་ཀུན་ གཞིའི་རྣམ་ཤེས་ཀྱང་ཡོད་པར་བཤད་དོ། །དེ་ལྟར་ཕྱི་རོལ་དོན་ལ་ལྟོས་པའི་གཟུང་འཛིན་ དོན་དམ་པར་བདེན་པའི་དངོས་པོ་མེད་པར་བསྟན་ནས། ཕུང་བོ་ཁམས་སྐྱེ་མཆེད་རྣམས་ དོན་དམ་པར་བདེན་པའི་དངོས་པོ་མེད་པར་སྟོན་ཏེ། གཟུ༷གས་སོ༷གས་ཕུ༷ང་པོ༷་ཞེས་པ་ལ་ སོགས་པ་སྨོས་ཏེ། ཆོས་མངོན་པའི་མདོ་ལས། འདུས་བྱས་གང་ཞེ་ན་ཕུང་པོ་ལྔའོ། །ཞེས་ གསུངས་ལ། མཛོད་ལས་ཀྱང༌། འདུས་བྱས་ཆོས་རྣམས་དེ་དག་ཀྱང༌། །གཟུགས་ལ་སོགས་ པ་ཕུང་པོ་ལྔ། །ཞེས་ཏེ། གཞིག་ཅིང་གཞོམ་དུ་རུང་པའམ། མིག་གམ་མིག་ཤེས་ཀྱིས་ལྟ་བར་ བྱ་བ་ཡིན་པས། གཟུགས་སོགས་དེ་ཡང་ཡིན་ལ་སྔོན་པོ་ལ་སོགས་པའི་གཟུགས་ཐམས་ཅད་ སྤུངས་པའམ་འདུས་པས་གཟུགས་ཀྱི་ཕུང་པོ་སྟེ། ཕུང་པོ་ནི་སྤུངས་པའི་དོན་ཏོ། །ཞེས་མཛོད་ 3-1-106 སོགས་ལས་སོ། །ཡང་གཟུགས་སུ་རུང་བས་ན་གཟུགས་ཏེ། དེར་རུང་བའི་དོན་ནི། གནོད་ པར་བྱ་རུང་བ་དང༌། ཡུལ་བརྟག་ཏུ་རུང་བ་གཉིས་ལས། དང་པོ་ནི། གཟུགས་ཅན་ནང་ ཕྲད་པས་རྣམ་འགྱུར་སྔར་དང་མི་འདྲ་བ་སྐྱེ་བ་ཡིན་ལ། གཉིས་པ་ནི། བློའི་ཡུལ་དུ་མདོག་ དབྱིབས་སོགས་ཀྱི་རྣམ་པ་འཆར་བ་སྟེ། དེ་གཉིས་རིམ་པ་བཞིན། རེག་པས་གཟུགས་སུ་ ཡོད་པ་དང༌། ཡུལ་དཔྱད་པས་གཟུགས་སུ་རུང་བ་ཞེས་པ། མངོན་པ་ཀུན་བཏུས་ལས་བཤད་ དེ། དེར་ཞིབ་ཏུ་བལྟའོ། ། རྩ་བའི་སོགས་ཞེས་པས། རང་སྟོབས་ཀྱིས་ཉམས་སུ་མྱོང་བས་ཚོར་བ་སྟེ། དེའི་རིགས་ ཅན་ཐམས་ཅད་སྤུངས་པའམ་འདུས་པས་ཚོར་བའི་ཕུང་བོའོ། ། དབྱེ་ན། ཚོར་བ་བདེ་སྡུག་ བཏང་སྙོམས་གསུམ་མོ། །རྐྱེན་རྣམས་འདུས་པ་ལས་གང་དམིགས་པའི་ཡུལ་རྣམས་ཀྱི་སྤུ་ རིས་སམ། མཚན་མར་འཛིན་པའི་སྟོབས་ཀྱིས་མཚུངས་ལྡན་ནམ་རྗེས་སུ་སྐྱེས་པའི་རྣམ་རྟོག་ གི་དམིགས་ཡུལ་གྱི་ཆོས་རྣམས་སོ་སོར་འབྱེད་ཅིང་འཛིན་པའི་སེམས་བྱུང་ནི་འདུ་ཤེས་ཏེ་དེ་ ཐམས་ཅད་སྤུངས་སམ་འདུས་པས་འདུ་ཤེས་ཀྱི་ཕུང་བོའོ། །རང་སྟོབས་ཀྱིས་དམིགས་པ་ལ་ སེམས་མངོན་པར་འདུ་བྱེད་[པའི་སེམས་བྱུང་ནི་འདུ་བྱེད་]དེ། དེའི་རིགས་ཅན་ཐམས་ཅད་ སྤུངས་པའམ་འདུས་པས་ཕུང་བོའོ། ། རང་སྟོབས་ཀྱིས་ཡུལ་གྱི་ངོ་བོ་རྣམ་པར་རིག་ཅིང་ཤེས་ པར་བྱེད་པས་རྣམ་པར་ཤེས་པའི་ཕུང་བོའོ། །དབྱེ་ན་རྣམ་ཤེས་ཚོགས་བརྒྱད་དུ་སེམས་ཙམ་ པས་འདོད་ཅིང༌། བརྒྱད་ནི། དབང་ཤེས་ལྔ། ཡིད་ཀྱི་རྣམ་ཤེས། ཉོན་མོངས་པ་ཅན་གྱི་ཡིད། ཀུན་གཞིའི་རྣམ་ཤེས་སོ། །གཙོ་བོ་རྣམ་ཤེས་གང་ཞིག རང་ཡུལ་དུ་གྱུར་པའི་གཟུགས་ཀྱི་སྐྱེ་ མཆེད་རང་སྟོབས་ཀྱིས་རིག་པ་ནི། གཙོ་བོ་མིག་གི་རྣམ་ཤེས་ཀྱི་མཚན་ཉིད་དོ། །གང་ཞིག་ སྒྲའི་སྐྱེ་མཆེད། གང་ཞིག དྲིའི་སྐྱེ་མཆེད། གང་ཞིག་རོའི་སྐྱེ་མཆེད། གང་ཞིག་རེག་བྱའི་སྐྱེ་ མཆེད་ཅེས་འདུན་པ་བསྒྱུར་ཏེ། གཙོ་བོ་རྣ་བ། སྣ། ལྕེ། ལུས་ཀྱི་རྣམ་པར་ཤེས་པའི་མཚན་ 3-1-107 ཉིད་དོ། །[གང་ཞིག ཆོས་ཀྱི་སྐྱེ་མཆེད་རང་སྟོབས་ཀྱིས་རིག་པ་ཡིད་ཀྱི་རྣམ་ཤེས་ཀྱི་མཚན་ ཉིད་དོ། །]གང་ཞིག་ནང་དུ་ཀུན་གཞིའི་རྣམ་པར་ཤེས་པ་ཉིད་ལ་དམིགས་ནས་བདག་ཏུ་ རློམ་སེམས་པ་ནི་ཉོན་ཡིད་ཀྱི་མཚན་ཉིད་དོ། །གང་ཞིག་ཡིད་ཀྱི་ས་བའི་ཉོན་མོངས་པ་གློ་ བུར་བ་རྣམས་ཀྱིས་མ་བསྒྲིབས་ལ་ལུང་དུ་མ་བསྟན་ཞིང་བག་ཆགས་བགོ་བའི་གཞིར་གྱུར་ བ་ནི་ཀུན་གཞིའི་རྣམ་པར་ཤེས་པའི་མཚན་ཉིད་དོ། ། ཉན་ཐོས་སྡེ་བ་དག་ནི་རྣམ་ཤེས་ཚོགས་སྔ་མ་དྲུག་པོ་དག་ཏུ་འདོད་དེ་མཚན་ཉིད་ནི་ སྔར་ལྟར་རོ། །དེ་ལྟར་ཕུང་པོ་ལྔ་ལས། གཟུགས་ཀྱི་ཕུང་བོ་ནི་ལྦུ༷་བ༷་གདོ༷ས་པ༷་སྟེ། ལྦུ་པའི་ ཕུང་པོ་ལྟ་བུ་ (ད༵ང་)། ཚོར་བ་ནི། ཆུ༷་ཡི༷་ཆུ༷་བུ༷ར་ལྟ་བུ། འདུ་ཤེས་ནི་སྨི༷ག་རྒྱུ༷་ལྟ་བུ་སོ༷གས་ཞེས་ པས་འདུ་བྱེད་རྣམས་ནི་སྙིང་པོ་མེད་པ་ཆུ་ཤིང་ལྟ་བུ། རྣམ་པར་ཤེས་པ་རྣམས་ནི་སྒྱུ་མ་ལྟ་ བུའོ། །ཞེས་གཟུགས་སོགས་ཕུང་པོ་ལྔ་ལྦུ་བའི་ཕུང་པོ་ལ་སོགས་པ་ལྔ་དང་འདྲ༷་བར་དཔྱད་ ནས་གང་ཟག་གི་བདག་དང༌། གསོ་བ་དང༌། སེམས་ཅན་ལ་སོགས་པ་མེད་པས། མེད་པར་ སྣང་བ་དང༌། རུལ་པ་དང༌། ཉོན་མོངས་སོགས་ཀྱི་མི་གཙང་པར་གྱུར་པས་གསོབ་ཏུ་སྣང་བ་ དང༌། བདེ་བ་ལ་སོགས་པའི་རོ་བྲོ་བ་ཆུང་བས་གསོག་ཏུ་སྣང་བ་དང༌། སྐྱེས་མ་ཐག་འཇིག་ པས་མི་བརྟན་ཞིང༌། བདེན་པར་གྲུབ་པའི་སྙིང་བོ་མེད་པས་སྙིང་བོ་མེད་པར་སྣང་བའོ། ། ཞེས་སྟོ༵ན་པར་མཛད་པའི་བླ་མ་དམ་པའི་ཞབས་ལ་འདུད་དོ། །མདོ་ལས། དཔེར་ན། མིག་ དང་ལྡན་པའི་སྐྱེས་བུས་ཆུ་བོ་གཱངྒ་ལ་ལྦུ་བ་གདོས་པ་གནས་བཞིན་པ་མཐོང་སྟེ། དེས་དེ་ལ་ ཚུལ་བཞིན་དུ་བརྟགས་པ་ན་མེད་པ་དང༌། གསོབ་དང༌། གསོག་དང༌། སྙིང་པོ་མེད་པར་སྣང་ ངོ༌། །དེ་བཞིན་དུ་འཕགས་པ་ཉན་ཐོས་རྣམས་ཀྱིས་གཟུགས་ལ་ཚུལ་བཞིན་དུ་བརྟགས་པ་ ན་དེ་ནི་མེད་པར་སྣང༌། གསོབ་ཏུ་སྣང༌། གསོག་ཏུ་སྣང༌། སྙིང་པོ་མེད་པར་སྣང་ངོ་ཞེས་ཏེ། ཕུང་བོ་གཞན་བཞི་ལའང་སྦྱར་ནས་གསུངས་སོ། །ཞེས་མངོན་པ་ཀུན་ལས་བཏུས་ཀྱི་འགྲེལ་ 3-1-108 བཤད་དུ། སློབ་དཔོན་ཡེ་ཤེས་བཤེས་གཉེན་གྱིས་དྲངས་སོ། །ཡང་འབྲས་བུ་རྣམ་པར་ཤེས་ པ་སྐྱེ་ཞིང་མཆེད་པའི་སྒོར་གྱུར་པས་སྐྱེ༷་མཆེ༷ད་དེ་དབྱེ་ན་བཅུ་གཉིས་ཏེ། མིག་སོགས་དབང་ པོ་དྲུག གཟུགས་སོགས་ཡུལ་དྲུག་སྟེ། མིག་གི་སྐྱེ་མཆེད་ནས་ཡིད་ཀྱི་སྐྱེ་མཆེད་ཀྱི་བར་དང༌། གཟུགས་ཀྱི་སྐྱེ་མཆེད་ནས་ཆོས་ཀྱི་སྐྱེ་མཆེད་ཀྱི་བར་རོ། །དེ་རྣམས་ནི་བདག་གིར་བཟུང་ སྟེ། ནང་དུ་གནས་བཅས་ཏེ་བསྡད་ནས་འཛིན་མི་མེད་པའི་གྲོ༷ང་སྟོ༷ང་པ་ལྟ་བུ་ (མདོར་གྲོང་པ་ ལྟར་བདག་དང་བྲལ་ཞེས་གསུང་པའི་དོན་ནོ)སྟེ་དབང་བོ་དེ་རྣམས་ཀྱི་སྒོ་ནས་རྣམ་པར་ཤེས་པས་ཡུལ་ འཛིན་པ་ན། རྣམ་ཤེས་དེ་རྣམས་གནས་དབང་བོའི་ནང་ནས་ཕྱིར་འཐོན་པ་ལྟ་བུར་སྣང་ཡང་ བདག་གིར་བཟུང་སྟེ་དབང་བོའི་སྒོ་རྣམས་ཀྱི་ནང་དུ་གནས་ནས་{དྲན་པས་}དབང་བོ་རྣམས་ ཉིད་བདག་གིར་འཛིན་པའི་རྣམ་ཤེས་མེད་པས་སོ། །དཔལ་སྦྱིན་གྱིས་ཞུས་པའི་མདོར། གྲོང་ སྟོང་ལྟར་བདག་དང་བྲལ་བ་ཞེས་ཏེ་བདག་ཅེས་པ་བདག་པོ་ལ་ཟེར་རོ། །མདོར། སྐྱེ་མཆེད་ རྣམས་ནི་གྲོང་སྟོང་པ་ལྟ་བུའོ། །ཞེས་གསུངས་སོ། །ཡང་རིགས་ཀྱི་དོན་གྱིས་ཁ༷མས་[ཞེས་ མཛོད་དེ། ]རིགས་ཀྱི་དོན་ནི་རྒྱུའི་དོན་དེ། འབྲས་བུ་རྣམ་ཤེས་ཀྱི་འབྱུང་ཁུངས་སུ་གྱུར་པས་ ཁམས་དེ། དབྱེ་ན། བཅོ་བརྒྱད་དེ། མིག་ནས་ཡིད་ཀྱི་བར་གྱི་ཁམས་དྲུག་དང༌། གཟུགས་ ནས་ཆོས་ཀྱི་ཁམས་ཀྱི་བར་དྲུག་དང༌། མིག་གི་རྣམ་ཤེས་ནས་ཡིད་ཀྱི་རྣམ་པར་ཤེས་པའི་ ཁམས་ཀྱི་བར་དྲུག་སྟེ། བདག་རྐྱེན་དྲུག དམིགས་རྐྱེན་དྲུག འབྲས་བུ་རྣམ་ཤེས་དྲུག་སྟེ་བཅོ་ བརྒྱད་དོ། །དེ་རྣ༷མས་ནི་དངོས་སམ་བརྒྱུད་པའི་སྒོ་ནས་སྡུག་བསྔལ་བསྐྱེད་པའི་ཕྱིར། གནོད་ པ་སྣ་ཚོགས་བྱེད་པས་དུག་སྦྲུ༷ལ་གདུ༷ག་པ་ཅན་ད༵ང༌། མཚུ༷ངས་པ༷ར་སྟོ༷ན་པར་མཛ༷ད་པའི་ བླ༷་མ༷་དམ་པའི་ཞ༷བས་ལ༷་འདུ༵ད་དོ། །མདོར། ཁམས་རྣམས་ནི་སྦྲུལ་གདུག་པ་ཅན་ལྟ་བུའོ། ། ཞེས་གསུངས་སོ།། །། ད་ནི་འཁོར་འདས་ཀྱིས་[བསྡུས་པའི་]ཆོས་ཐམས་ཅད་བདེན་པའི་དངོས་པོ་མེད་པར་ 3-1-109 བསྟན་པའི་སྒོ་ནས་བསྟོད་ཅིང་ཕྱག་འཚལ་བ་ནི། སྲིད་དང་ཞེས་སོགས་ཏེ་ཟག་བཅས་ཀྱི་ ལས་དང༌། ཉོན་མོངས་པའི་དབང་གིས་སྐྱེ་གནས་བཞིར་སྲི༷ད་པའམ་འཁོར་བ་ད༷ང་མྱ༷་ང༷ན་ ནི་འདིར་ཉམ་ཐག་ཅིང་ཡོངས་སུ་གདུངས་པས་ན་སྡུག་བསྔལ་ཏེ། འཁོར་བ་སྡུག་བསྔལ་ ལས་འད༷ས་པ༷འི་ཐེག་པ་གསུམ་གྱི་འབྲས་བུ་མྱ་ངན་ལས་འདས་པའི་ཆོ༷ས་རྣ༷མས་ཀུ༵ན་ཏེ། ཐམས་ཅད་དོན་དམ་དཔྱོད་བྱེད་ཀྱི་རིགས་པས་དཔྱད་བཟོད་ཀྱིས་བདེན་པའི་ངོ་བོ་ཉིད་ མེད་པས་མཐར་ཐུག་གི་དེ་ཁོ་ན་ཉིད་དུ་མ༷་སྐྱེ༷ས། དེ་ཉིད་ཀྱི་ཕྱིར་དེ་འདྲའི་འགག་པ་མེད་ པས་དེ་ཁོ་ན་ཉིད་ཀྱི་དོན་དམ་དུ་མ༷་འག༷ག་པ་དེ་ཉིད་ཀྱི་ཕྱིར་དེ་ཁོ་ན་ཉིད་ཀྱི་དོན་དམ་པར་ གདོད་ནས་ཞི་བ་སྟེ་མ་གྲུབ། དེ་ཉིད་ཀྱི་ཕྱིར་མཐར་ཐུག་གི་དེ་ཁོ་ན་ཉིད་དུ་རང་བཞིན་གྱིས་ མྱ་ངན་ལས་འདས་པ་སྟེ། [དེ་ཉིད་ཀྱི་ཕྱིར་]སྟོང་ཞིང་བདག་མེད་པ་ཞེས་མདོའི་ཚིག་ལྔ་བོ་ སྔ་མ་སྔ་མ་ཕྱི་མ་ཕྱི་མའི་རྒྱུ་མཚན་དུ་མདོ་སྡེ་རྒྱན་ནོ། །དོན་དམ་དཔྱོད་བྱེད་ཀྱི་རིགས་པས་ དཔྱད་པ་ན་འདི་ནས་གཞན་དུ་འགྲོ༷་བ་དང༌། གཞན་ནས་འདིར་འོ༷ང་བ་ལྟ་བུ་དང༌། འདུས་ མ་བྱས་ནམ་མཁའ་ལྟར་གན༷ས་པ་དང་བྲ༷ལ་ལོ་ཞེས་པའམ་ཡང་ན་འགྲོ་བ་ནི་འཇིག་པའམ་ ཞིག་པ། འོང་བ་ནི་སྐྱེ་བ། གནས་པ་ནི་རྟག་ཏུ་སྡོད་པ་སྟེ། དང་བོར་སྐྱེ། སྐྱེས་ནས་བར་དུ་མི་ འཇིག་པར་གནས་མཐར་ཞིག་ནས་འགྲོ་བ་སྟེ། དེ་རྣམས་དང་ཡང་ལེགས་པར་དཔྱད་པའི་ མཐར་ཐུག་གི་དོན་དམ་དུ་ཕྲལ་ཞི༵ང༌། མཐ༷འ་ད༷ང་དབུ༷ས་ནི་ཕན་ཚུན་ལྟོས་ནས་བཞག་པའི་ ཕྱིར། དེ་ཁོ་ན་ཉིད་ཀྱི་དོན་དམ་དུ་སྔོན་དང་ཕྱི་མའི་མཐའ་མེ༷ད་པའི་ཕྱིར་ན་མཐའ་གཉིས་ཀྱི་ བར་རམ་དབུས་ཞེས་བྱ་བའི་ཆོས་སུ་ཡང་བདེན་པར་མེད་དོ། །སྔོན་མཐའ་ནི་འཁོར་བ། ཕྱི་ མཐའ་ནི་མྱང་འདས། དེ་གཉིས་ཀྱི་དབུས་སམ་བར་ཞེས་སམ། ཡང་ན་འཁོར་བའི་སྔོན་དང་ ཕྱི་མའི་མཐའ་དང་དེ་གཉིས་ཀྱི་ཁྱད་པར་དུ་བྱས་པའི་དབུས་སམ་བར་དོན་དམ་པར་མེད་ པའོ། ། ཞེས་པའོ། །མདོར་ན་འཁོར་འདས་ཀྱི་ཆོས་ཐམས་ཅད་དོན་དམ་པར་ར༷ང་ར༷ང་ངོ༷་ 3-1-110 བོ༷་བདེན་པ་བ་ཡི༵ས་སྟོ༷ང་པ༷ར་སྟོ༷ན་པར་མཛ༷ད་པའི་བླ༷་མ༷་དམ་པའི་ཞ༷བས་ལ༷་ (གུས་པས་) འདུ༵ད་དོ། ། དེ་ཡང་སྔར་དགོངས་འགྲེལ་གྱི་ལུང་དྲངས་པའི་ཆོས་འཁོར་གཉིས་པའི་སྐབས་སུ་ཆོས་ རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ལས་བརྩམས། སྐྱེ་བ་མ་མཆིས་པ་དང༌། འགག་པ་མ་མཆིས་ པ་དང༌། གཟོད་མ་ནས་ཞི་བ་དང༌། རང་བཞིན་གྱིས་མྱ་ངན་ལས་འདས་པ་ལས་བརྩམས་ཏེ། སྟོང་པ་ཉིད་སྨོས་པའི་རྣམ་པས་ཞེས་གསུངས་ཤིང༌། ཡུམ་གྱི་མདོ་རྣམས་སུ། གཟུགས་ལ་ རང་བཞིན་མེད་དོ། ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། ཞེས་སོགས་རྣམ་མཁྱེན་གྱི་བར་ རོ། །གཟུགས་ལ་སྐྱེ་བ་མེད་དོ། །གང་ལ་སྐྱེ་བ་མེད་པ་དེ་ལ་གནས་པ་དང་གནས་པ་ལས་ གཞན་དུ་གྱུར་པ་མི་དམིགས་ཞེས་སོགས་དང༌། གཟུགས་ཀྱི་འདུ་བ་དང་འགོད་པ་མ་འཚལ་ མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ཞེས་སོགས་རྣམ་མཁྱེན་གྱི་བར་རོ། །གཟུགས་ ནི་གང་ནས་ཀྱང་མ་འོངས་གང་དུ་ཡང་མི་འགྲོ་ཞེས་སོགས་རྣམ་མཁྱེན་གྱི་བར་རོ། །གཟུགས་ ཀྱི་སྔོན་གྱི་མཐའ་མི་དམིགས། ཕྱི་མའི་མཐའ་མི་དམིགས། ད་ལྟར་བྱུང་བ་མི་དམིགས་ཞེས་ སོགས་དང༌། གཟུགས་ནི་གཟུགས་ཀྱིས་སྟོང་ངོ༌། །ཞེས་སོགས་ནས་རྣམ་མཁྱེན་གྱི་བར་དང༌། དེ་བཞིན་ཉིད་ཀྱང་དེ་བཞིན་ཉིད་ཀྱིས་སྟོང་ངོ༌། །ཞེས་སོགས་རྒྱས་པར་གསུངས་སོ། ། གལ་ཏེ་ཆོས་འཁོར་གཉིས་པས་ཚུལ་དེ་ལྟར་བསྟན་པའི་ཕྱིར་ངེས་དོན་ཡིན་པས་མདོ་ དགོངས་འགྲེལ་དུ་དྲང་དོན་དུ་གསུངས་པ་ཅིའི་ཕྱིར་ཞེ་ན། ཡུམ་གྱི་མདོ་ལ་སོགས་པ་འཁོར་ ལོ་བར་བའི་མདོ་རྣམས་སུ། གཟུགས་མེད་པ་ནས་རྣམ་མཁྱེན་གྱི་བར་མེད་ཅེས་དང༌། གཟུགས་གཟུགས་ཀྱིས་སྟོང་ཞེས་པ་ནས། ཆོས་ཀྱི་དབྱིངས་ཀྱང་ཆོས་ཀྱི་དབྱིངས་ཀྱིས་སྟོང་ ཞེས་སོགས་དང༌། ཆོས་ཐམས་ཅད་ནི་དགེ་བའོ། །ཆོས་ཐམས་ཅད་ནི་མི་དགེ་བའོ། །ཆོས་ 3-1-111 ཐམས་ཅད་ཀྱི་ལུང་དུ་མ་བསྟན་པའོ། ། ཞེས་སོགས་དྲང་དོན་དགོངས་པ་ཅན་གྱི་གསུང་ཤིན་ཏུ་མང་བོ་ཡོད་པས། འཁོར་ལོ་ གཉིས་པ་དྲང་དོན་དགོངས་པ་ཅན་དུ་གསུངས་པ་སྟེ། གཟུགས་མེད་དམ་སྟོང་ཞེས་སོགས་ ཐམས་ཅད་བརྟགས་ཤིང་དཔྱད་ན་དོན་དམ་པར་བདེན་པའི་རང་བཞིན་ནམ་དངོས་པོ་མེད་ པ་ལ་དགོངས་ཞེས་མཁས་མཆོག་ཞི་བ་འཚོ་སོགས་འཆད་ཅིང༌། དེ་དག་སྒྲ་ཇི་བཞིན་པ་ཡིན་ ན། དཀོན་མཆོག་གསུམ་སོགས་མེད་པའི་སྐྱོན་ཡོད་པས་བདེན་པ་གཉིས་ལ་མཁས་དགོས་ ཞེས། དབུ་མ་རྩ་ཤེས་སོགས་ལས་གསུངས། ཤེར་ཕྱིན་ཉི་ཁྲི་ལྔ་སྟོང་བ་དང༌། ཁྲི་བརྒྱད་ སྟོང་བར་བྱང་ཆུབ་སེམས་དཔའི་བསླབ་པ་རབ་ཏུ་དབྱེ་བའི་ལེའུ་ལས། གཟུགས་ནི་རྣམ་པ་ གསུམ་ཏེ། ཀུན་བཏགས་པའི་གཟུགས། རྣམ་པར་བཏགས་པའི་གཟུགས། ཆོས་ཉིད་ཀྱི་ གཟུགས་སོ། ། གཟུགས་གཟུགས་ཀྱིས་སྟོང་ཞེས་སོགས་ཀྱི་དོན་ཆོས་ཉིད་ཀྱི་གཟུགས་སོགས་ནི། ཀུན་བཏགས་དང་རྣམ་བཏགས་ཀྱི་གཟུགས་སོགས་ཀྱིས་སྟོང་ཞེས་སོགས་སུ་བཤད་ཅིང༌། དེ་ལྟར་ན་ཆོས་དབྱིངས་མཚན་ཉིད་པ་ནི་ཀུན་བཏགས་དང་རྣམ་བཏགས་ཀྱི་ཆོས་དབྱིངས་ ཀྱིས་སྟོང་ཞེས་པའི་དོན་ཡིན་ལ། ཤེར་ཕྱིན་ལྔ་བརྒྱ་བར་ཡང༌། དངོས་པོ་མེད་པའི་གཟུགས། དངོས་པོ་ངན་པའི་གཟུགས། དངོས་པོ་ཡོད་པའི་གཟུགས་ཞེས་སོགས་གསུམ་གསུམ་དུ་ཕྱེ་ ནས་གསུངས་ཤིང༌། ཡུམ་གསུམ་གྱི་གཞུང་འགྲེལ་དང༌། འབུམ་ཊིཀ་ཏུ། ཆོས་ཐམས་ཅད་ནི་ གཉིས་ཏེ། ཀུན་བཏགས་པ་དང་ཡོངས་སུ་གྲུབ་པའོ། །ཞེས་གཉིས་སུ་བསྡུས་ནས། གཟུགས་ ནས་སངས་རྒྱས་ཀྱི་ཆོས་ཀྱི་བར་གཉིས་གཉིས་སུ་ཕྱེ་ཞིང་བསྡུས། གཉིས་སུ་ཕྱེ་བའི་ཡ་གྱལ་ གྱི་ཡོངས་སུ་གྲུབ་པ་མཚན་ཉིད་པ་ནི། ཆོས་དབྱིངས་དེ་བཞིན་ཉིད་ཁོ་ན་ལ་མཛད་ནས། དེ་ མ་གཏོགས་པའི་ཆོས་ཐམས་ཅད་དུ་ཀུན་བཏགས་སུ་བསྡུས་ཏེ། སངས་རྒྱས་རྣམས་ཀྱི་ཆོས་ 3-1-112 བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །འཇིག་རྟེན་ཀུན་རྫོབ་བདེན་པ་དང༌། ། དམ་པའི་དོན་གྱི་བདེན་པའོ། །ཞེས་དབུ་མ་རྩ་ཤེར་གསུངས་པ་དང་དགོངས་དོན་ཤིན་ཏུ་ མཐུན་ལ། འཕགས་པ་ཐོགས་མེད་ཀྱི་གསུང་རབ་རྣམས་སུ་ཡང་ངོ་བོ་ཉིད་གསུམ་དུ་ཕྱེ་བའི་ ཡོངས་གྲུབ་མཚན་ཉིད་པ་ནི་འགྱུར་མེད་ཡོངས་གྲུབ་ཉིད། རྒྱུ་རྐྱེན་ལས་སྐྱེས་པ་ཐམས་ཅད་ གཞན་དབང་དུ་གསུངས། ཤན་ཏི་བས་མཛད་པའི་དབུ་མ་རྒྱུན་རྩ་འགྲེལ་ལས། ངོ་བོ་ཉིད་ གསུམ་སྟོན་པའི་སྐབས་སུ། བཏགས་དང་རྒྱུ་ལས་སྐྱེས་པ་དང༌། །མི་འགྱུར་ཕྱིར་ན་གོ་རིམ་ བཞིན། །མེད་པ་ལ་སྒྲོ་བཏགས་པའི་ཕྱིར་དང༌། རྒྱུ་ལས་སྐྱེས་པའི་ཕྱིར་དང༌། མི་འགྱུར་པའི་ ཕྱིར་ཏེ་གོ་རིམ་བཞིན་ནོ། །ཞེས་རྒྱུ་རྐྱེན་ལས་སྐྱེས་པ་ཐམས་ཅད་གཞན་དབང་དུ་བཤད་དེ། དབུ་མའི་ལུགས་སོ། །གལ་ཏེ་དབུས་མཐའ་ལས། དོན་དང་ཐོབ་དང་བསྒྲུབ་པ་ནི། །དོན་ དམ་རྣམ་པ་གསུམ་དུ་འདོད། །འགྱུར་མེད་ཕྱིན་ཅི་མ་ལོག་པའི། །ཡོངས་སུ་གྲུབ་པ་རྣམ་པ་ གཉིས། །ཞེས་དང༌། དེའི་འགྲེལ་བར། ཡོངས་སུ་གྲུབ་པ་ནི་རྣམ་པ་གཉིས་ཏེ། རྟག་པ་དང་ མི་རྟག་པའོ། །ཞེས་འཕགས་པ་རྣམས་ཀྱིས་ཡང་དག་པའི་ཡེ་ཤེས་འདུས་བྱས་ཐམས་ཅད་ ཡོངས་གྲུབ་ཏུ་བཤད་པ་དང་འགལ་ལོ་ཞེ་ན། དབུ་མའི་བཀའ་བསྟན་བཅོས་རྣམས་སུ། དོན་ དམ་པ་ཞེས་སྨོས་པ་ཐམས་ཅད་བདེན་པ་གཉིས་སུ་ཕྱེ་བའི་དོན་དམ་བདེན་པ་ཁོ་ན་མ་ཡིན་ ཏེ། རྣམ་གྲངས་པའི་དོན་དམ་དང་རྣམ་གྲངས་མ་ཡིན་པའི་དོན་དམ་གཉིས་བཤད་དེ། དབུ་ མ་བདེན་གཉིས་ལས། སྐྱེ་བ་ལ་སོགས་བཀག་པ་ཡང༌། །དོན་དམ་པ་དང་མཐུན་བྱའི་ཕྱིར། ། དོན་དམ་ཡིན་པར་ཁོ་བོས་འདོད། །ཅེས་དོན་དམ་པར་བདེན་པའི་སྐྱེ་བ་མེད་པ་དང༌། རང་ བཞིན་མེད་པ་ལ་སོགས་རྣམ་གྲངས་པའི་དོན་དམ་དུ་བཤད་པ་ལྟར། དབུས་མཐར་ཡང༌། དོན་དམ་རྣམ་པ་གསུམ་དུ་ཕྱེ་བ་དེ་ཡང་རྣམ་གྲངས་པའི་དོན་དམ་དང་རྣམ་གྲངས་མ་ཡིན་ པའི་དོན་དམ་གཉིས་ཀའི་དབང་དུ་མཛད་པ་སྟེ། འགྲེལ་བར་དོན་དམ་པར་ནི་དེ་བཞིན་ཉིད་ 3-1-113 དོ། །ཐོབ་པ་དོན་དམ་པ་ནི་མྱ་ངན་ལས་འདས་པའོ། །སྒྲུབ་པ་དོན་དམ་པ་ནི་ལམ་མོ། །ཞེས་ ཏེ། དོན་གྱི་སྒྲ་ནི་མང་པོ་ལ་འཇུག་སྟེ། དེ་བཞིན་ཉིད་ནི་དོན་དམ་པ་ཞེས་གསུངས་པའི་དོན། འདིར་དོན་ནི་ཡུལ་ཏེ་ཡེ་ཤེས་དམ་པའི་ཡུལ་ཡིན་པས་དམ་པའི་དོན་ནི་ཞེས་པ་སྟེ། སྔར་ བཤད་པ་ལྟར་གསུམ་མམ་གཉིས་སུ་ཕྱེ་བའི་ཡོངས་གྲུབ་མཚན་ཉིད་པ་སྟེ། བདེན་པ་གཉིས་ སུ་ཕྱེ་བའི་དོན་དམ་བདེན་པ་མཚན་ཉིད་པའོ། །ཐོབ་པ་དོན་དམ་པ་ཞེས་པའི་སྐབས་འདིར་ དོན་ཞེས་པ་དགོས་པ་སྟེ། ལམ་བསྒོམས་པའི་སྟོབས་ཀྱིས་ཐོབ་བྱའི་འབྲས་བུའོ། །དེ་ཡང་ ཡང་སངས་རྒྱས་ཀྱི་སྐུ་གསུམ་གྱིས་བསྡུས་པའི་མྱ་ངན་ལས་འདས་པའོ། །དེ་ཡང་གཙོ་བོ་ནི། དོན་དམ་ཆོས་ཉིད་ཀྱི་སྐུ་དེ་ཡིན་ལ། ཕལ་བ་ནི་སངས་རྒྱས་ཀྱི་གཟུགས་སྐུ་རྣམ་པ་གཉིས་ སོ། །གསེར་འོད་དམ་པའི་མདོར་སྐུ་གཉིས་ནི་ལྷག་མ་དང་བཅས་པའོ། །ཆོས་ཀྱི་སྐུ་ནི་ལྷག་ མ་མེད་པའོ། །ཞེས་དང༌། སློབ་དཔོན་ཀླུའི་བཤེས་གཉེན་གྱིས་མཛད་པའི་སྐུ་གསུམ་ལ་ འཇུག་པའི་སྒོ་ལས། ཕུང་པོར་བཅས་པའི་མྱ་ངན་འདས། །ཐུབ་སྐུ་གཉིས་ལ་བཞག་པ་སྟེ། ། ཕུང་པོ་ཀུན་དང་བྲལ་བའི་ཕྱིར། །ཆོས་ཀྱི་སྐུ་ལ་ཕུང་པོ་མེད། །ཅེས་སོ། །སྒྲུབ་པ་དོན་དམ་ པ་ནི་ལམ་མོ་ཞེས་པའི་དོན་ཡང་སྔར་བཤད་ཀྱི་འབྲས་བུ་མྱང་འདས་དེ་དོན་ནམ་དགོས་པ་ སྟེ། དགོས་པའམ་ཐོབ་བྱའི་འབྲས་བུ་དེ་སྒྲུབ་པར་བྱེད་པའི་སྒྲུབ་པ་དོན་དམ་པ་སྟེ། ཐེག་པ་ ཆེན་པོའི་ལམ་གྱི་བདེན་པའོ། །དེ་ལྟར་ན། ཡུལ་དོན་དམ་པ་ན་དེ་བཞིན་ཉིད་ལ་དམིགས་ ཤིང༌། དགོས་པ་དོན་དམ་པ་མྱང་འདས་སྒྲུབ་པར་བྱེད་པས་ན་ཐེག་ཆེན་གྱི་ལམ་བདེན་ཟག་ མེད་ཀྱི་ཡེ་ཤེས་རྣམས་ནི། རྣམ་གྲངས་པའི་དོན་དམ་ཡིན་པས་དོན་དམ་དུ་གསུངས་ལ་དེའི་ ཕྱིར་ཡོངས་གྲུབ་རྗེས་མཐུན་པ་ཡིན་པས་ཡོངས་གྲུབ་ཏུ་གསུངས་ཤིང༌། སངས་རྒྱས་ཀྱི་ གཟུགས་སྐུ་གཉིས་ཀྱང་དོན་ཏེ་དགོས་པའམ། ཐོབ་བྱའི་འབྲས་བུ་དམ་པ་ཡིན་པས་ཡོངས་ གྲུབ་ཏུ་གསུངས་ཀྱི་དེ་ལྟར་མ་ཡིན་ན། དབུས་མཐར། དམ་པའི་དོན་ནི་གཅིག་པུའོ། །ཞེས་ 3-1-114 དང༌། འགྲེལ་བར། དོན་དམ་པའི་བདེན་པ་ནི། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་གཅིག་པུར་ རིག་པར་བྱའོ། །ཞེས་དང༌། འགྲེལ་བཤད་དུ་བཏགས་པ་དང༌། གཞན་གྱི་དབང་གཉིས་ནི་ དོན་དམ་པར་མི་སྲིད་པའི་ཕྱིར། ཞེས་དེའི་རྒྱུ་མཚན་དུ་བློ་བརྟན་གྱིས་བཤད་ལ། སྔར་བཤད་ ལྟར་འཕགས་པ་ཐོགས་མེད་ཀྱིས། ཡོངས་གྲུབ་མཚན་ཉིད་པ་འགྱུར་མེད་ཡོངས་གྲུབ་ཉིད་ ལ་བཤད་པས། ཐོགས་མེད་སྐུ་མཆེད་སོགས་ཀྱིས་རྗེ་བཙུན་བྱམས་པའི་དགོངས་པ་མ་ཤེས་ པར་འགྱུར་རོ། །གལ་ཏེ་ངོ་བོ་ཉིད་གསུམ་དུ་རྣམ་བཞག་བྱས་པའི་མདོ་འམ་བསྟན་བཅོས་ ཐམས་ཅད་སེམས་ཙམ་གྱི་ལུགས་ཡིན་ནོ། །ཞེ་ན། ཤེར་ཕྱིན་གྱི་མདོ་སྟོང་ཕྲག་ཉི་ཤུ་ལྔ་པ་ དང༌། ཁྲི་བརྒྱད་སྟོང་བ་དང༌། ཤེར་ཕྱིན་ལྔ་བརྒྱ་པ་ཡང་སེམས་ཙམ་གྱི་མདོ་ཡིན་པར་འགྱུར་ རོ། ། ཡང་མདོ་སྡེ་རྒྱན་དང༌། ཡུམ་གསུམ་གཞུང་འགྲེལ་སོགས་སུ། ཆོས་ཉིད་ཀྱི་གཟུགས། ཆོས་ཉིད་ཀྱིས་སེམས་ཞེས་སོགས་བཤད་པའི་ཕྱིར། སེམས་ཙམ་གྱི་གཞུང༌། །ཞེ་ན། སློབ་ དཔོན་སེང་བཟང་གི་བརྒྱད་སྟོང་འགྲེལ་ཆེན་ཡང༌། སེམས་ཙམ་གྱི་གཞུང་དུ་འགྱུར་ཏེ། དེ་ ལྟར་བཤད་པའི་ཕྱིར། ཤེར་ཕྱིན་གྱི་མདོར། གཟུགས་རྫོགས་མ་རྫོགས་ཞེས་པའི་དོན་འཆད་ པ་ན། གཟུགས་མ་རྫོགས་པ་ནི་ཀུན་བཏགས་པའི་གཟུགས་ཏེ། བཏགས་པ་ལྟར་ངོ་བོས་ སྟོང་བའི་ཕྱིར། ཡོན་ཏན་གྱི་རྟེན་དུ་མ་རྫོགས་པའོ། །རྫོགས་པ་ནི་ཆོས་ཉིད་ཀྱི་གཟུགས་ཏེ། ཞེས་སོ། །གལ་ཏེ་སྟོང་ཉིད་མཐར་ཐུག་པའམ་མཚན་ཉིད་པ་ནི། རང་རང་ངོ་བོས་སྟོང་པའི་ ཕྱིར། །ཞེས་སློབ་དཔོན་སེང་བཟང་གིས་བཤད་པ་ལྟར་གྱི་རང་སྟོང་ཉིད་ཡིན་ལ། མདོའམ་ བསྟན་བཅོས་གང་དུ་ཆོས་ཉིད་ཀྱི་གཟུགས་སོགས་ནི་ཀུན་བཏགས་ཀྱི་གཟུགས་སོགས་ཀྱིས་ སྟོང་ཞེས་པ་དང༌། ཡོངས་གྲུབ་ནི་གཞན་དབང་ཀུན་བཏགས་ཀྱིས་སྟོང་པའོ། །ཞེས་སོགས་ སུ་འཆད་པའི་གཞུང་ཐམས་ཅད་ནི་སེམས་ཙམ་གྱི་གཞུང་སྟེ། དབུ་མ་བའི་ལུགས་ལྟར་ན། 3-1-115 གཞན་གཞན་གྱིས་སྟོང་པའི་སྟོང་པ་ཉིད་ནི་སྟོང་ཉིད་ཐ་ཤལ་ཏེ། ཉི་ཚེ་བའི་སྟོང་ཉིད་ཡིན་ པས་སོ། །ཏིང་ངེ་འཛིན་རྒྱལ་བོའི་མདོར། ཉི་ཚེའི་སྟོང་པ་མུ་སྟེགས་ཅན་རྣམས་ཀྱི་ཞེས་དང༌། ལང་ཀར་གཤེགས་པའི་མདོར། གཅིག་གི་གཅིག་སྟོང་པའི་སྟོང་ཉིད་ཐ་ཤལ་དུ་གསུངས་སོ། ། བཀའ་ཐ་མའི་མདོ་ཐམས་ཅད་སེམས་ཙམ་གྱི་མདོ་དང༌། དེའི་དགོངས་འགྲེལ་བྱམས་ཆོས་ ཕྱི་མ་སོགས་དང༌། ཡུམ་གསུམ་གཞུང་འགྲེལ་དང༌། འབུམ་ཊིཀ་དང༌། སློབ་དཔོན་ཕྱོགས་ གླང་གིས་མཛད་པའི་བརྒྱད་སྟོང་དོན་བསྡུས་སོགས་ཀྱང་སེམས་ཙམ་གྱི་གཞུང་དུ་མང་བོ་ འདོད་དོ། །གལ་ཏེ་ཆོས་ཐམས་ཅད་རང་རང་ངོ་བོས་སྟོང་ཞེས་ཁྱད་པར་གྱི་ཚིག་གང་ཡང་ མ་སྦྱར་བར་སྤྱིར་དེ་སྐད་འདོད་དམ་བརྟགས་ཤིང་དཔྱད་པའི་དེ་ཁོ་ན་ཉིད་ཀྱི་དོན་དམ་པར་ ཞེས་དེ་སྐད་འདོད། དེ་ལྟར་ན་བདེན་པ་གཉིས་སུ་རྣམ་དབྱེ་བྱས་པའི་བཀའ་བསྟན་བཅོས་ ཐམས་ཅད་ནོར་བ་ཁོ་ནར་འགྱུར་ཞིང༌། གཞི་གྲུབ་ཅུང་ཟད་ཀྱང་མེད་པར་འགྱུར་རོ། ། གཉིས་པ་ལྟར་ན། གཟུགས་སོགས་ནི་གཟུགས་སོགས་རང་བཞིན་གྱིས་མི་སྟོང་གི་དེ་ ཁོ་ན་ཉིད་ཀྱི་དོན་དམ་པར་བདེན་པའི་གཟུགས་སོགས་ཀྱིས་སྟོང་ཞེས་པའི་དོན་ཉིད་དུ་སོང་ བའི་ཕྱིར། ཀུན་རྫོབ་ཏུ་གྲུབ་པའི་ཕྱིར་གཟུགས་སོགས་ནི། དོན་དམ་པ་བདེན་པར་གྲུབ་པའི་ གཟུགས་སོགས་ཀྱིས་སྟོང་ཞེས་པ་གཞན་སྟོང་ཡིན་མོད། ཆོས་ཉིད་ཡིན་པའི་གཟུགས་སོགས་ ནི་ཁྱེད་མི་འདོད་ཅིང་དོན་དམ་པར་གྲུབ་པའི་ཆོས་ནི་གཏན་ནས་མེད་པར་ཁས་བླངས་{ནས་ [ན]གང་གྲུབ་པ་ཐམས་ཅད་ཀུན་རྫོབ་ཁོ་ནར་གྲུབ་པ་ཡིན་ཞེས་པས་རྩ་བའི་གྲུབ་མཐར་སྨྲ་ པས་གཟུགས་གཟུགས་ཀྱིས་སྟོང་ཞེས་སོགས་ཀྱི་དོན། ཀུན་རྫོབ་འདི་དག་དོན་དམ་བདེན་ པ་ཡིན་པས་སྟོང་ཞིང་དོན་དམ་བདེན་པའང་ཀུན་རྫོབ་ཡིན་པས་སྟོང་པ་སྟེ། དེ་གཉིས་ཕན་ ཚུན་གཅིག་གཅིག་མ་ཡིན་ཞེས་པ་ཞེ་འདོད་ཡིན་ཞིང༌། ཆོས་ཉིད་ཀྱི་གཟུགས་སོགས་རྣམས་ ཀུན་བཏགས་ཀྱི་གཟུགས་སོགས་ཀྱིས་སྟོང་ཞེས་པའི་དོན་ཡང༌། ཀུན་རྫོབ་ཀྱི་གཟུགས་ 3-1-116 སོགས་འདི་རྣམས་དོན་དམ་པར་བདེན་པའི་གཟུགས་སོགས་ཡིན་པས་སྟོང་ཞིང༌། ཆོས་ཉིད་ ཀྱི་གཟུགས་སོགས་ཀྱང་ཀུན་རྫོབ་ཀྱི་གཟུགས་སོགས་ཡིན་པས་སྟོང་པ་སྟེ། དེ་གཉིས་ཕན་ ཚུན་གཅིག་གཅིག་མ་ཡིན་ཞེས་འདོད་པའི་ཕྱིར། དོན་ལ་བསམ་ན་མཐུན་པར་ཡོད་ལ་ཕ་ རོལ་བོ་ཅི་འདོད་དང་རང་གིས་སྨྲས་པའི་ཚིག་གི་དོན་ལའང་མི་དཔྱད་པར། རང་སྟོང་དང་ གཞན་སྟོང་ཞེས་པའི་ཚིག་ཙམ་ཐོས་ཤིང༌། རང་རང་ངོ་བོས་སྟོང་པའི་ཕྱིར། །ཞེས་པའི་གཞུང་ གྲགས་ཆེ་བ་ལ་བརྟེན་ནས་རང་སྟོང་མཆོག་ཡིན་གཞན་སྟོང་འདོད་པ་བཞད་གད་ཀྱི་གནས་ ཡིན་ཞེས་ཁྱི་སྐད་ལ་རྒྱུག་དང་རི་བོང་ཆལ་གྱི་ཚུལ་བྱེད་པ་མང་པོ་ཡོད་པ་གྲགས་ཏེ། མངོན་ པའི་ང་རྒྱལ་གྱིས་ཆོས་ལ་དབང་ཟ་བ་ཙམ་དུ་ཟད་དོ། །དེ་ལྟ་མོད་ཀྱི་རང་སྟོང་མཆོག་དང་ གཞན་སྟོང་དམན་པར་འདོད་པ་རྣམས་ཀྱི་ལུགས་ལ། དེ་བཞིན་ཉིད་དང་དེ་བཞིན་ཉིད་ཀྱིས་ སྟོང༌། ཡང་དག་པའི་མཐའ་ཡང་དག་པའི་མཐས་སྟོང་ཞེས་པའི་མདོའི་དགོངས་དོན་ཅི། ཁྱད་ པར་གྱི་ཚིག་གང་ཡང་མ་སྦྱར་བར་སྒྲ་ཇི་བཞིན་པར་འདོད་པ་ནི་མི་འཐད་དེ། དེ་བཞིན་ཉིད་ དེ་བཞིན་ཉིད་ཡིན་པའམ་དེ་བཞིན་ཉིད་ཡོད་པ་གང་གིས་ཀྱང་མི་སྟོང་པའི་ཕྱིར་ཏེ། དོན་དམ་ པ་བདེན་པ་མཚན་ཉིད་པ་ཡིན་པའི་ཕྱིར། ཁྱབ་རྟགས་གྲུབ་སྟེ། འཕགས་པ་ཀླུ་སྒྲུབ་ཀྱིས། དེ་ བཞིན་ཉིད་དང་ཡང་དག་མཐའ། །མཚན་མ་མེད་པ་དོན་དམ་ཉིད། །བྱང་ཆུབ་སེམས་མཆོག་ དེ་ཉིད་དང༌། །སྟོང་པ་ཉིད་དུའང་བཤད་པ་ཡིན། །ཞེས་དང༌། དབུས་མཐའ་ལས། སྟོང་པ་ ཉིད་དེ་མདོར་བསྡུས་ན། །དེ་བཞིན་ཉིད་དང་ཡང་དག་མཐའ། །མཚན་མ་མེད་དང་དོན་དམ་ དང༌། །ཆོས་ཀྱི་དབྱིངས་ནི་རྣམ་གྲངས་སོ། །ཞེས་སོགས་གསུངས་ཤིང༌། རང་ཉིད་རང་ཉིད་ མ་ཡིན་པའམ། རང་ཉིད་ལ་རང་ཉིད་མེད་པའི་དོན་དམ་བདེན་པ་ཅི་ལྟར་འཐད། གལ་ཏེ་ དེ་བཞིན་ཉིད་སོགས་དོན་དམ་བདེན་པ་མིན་ནོ་ཞེ་ན། ལུང་རྣམ་དག་དུ་མ་དང་འགལ་བར་ མ་ཟད་དོན་དམ་བདེན་པ་ཡིན་པ་མེད་པར་འགྱུར་པའི་སྐྱོན་ཡང་ཡོད་དོ། །གལ་ཏེ་དོན་དམ་ 3-1-117 པར་ཞེས་སོགས་ཁྱད་པར་གྱི་ཚིག་སྦྱོར་ཞེ་ན། འོ་ན་དོན་དམ་དུ་གྲུབ་པ་ཅུང་ཟད་ཀྱང་མེད་ པས་གང་གྲུབ་པ་ཐམས་ཅད་ཀུན་རྫོབ་ཏུ་གྲུབ་པ་ཡིན་ཞེས་འདོད་པའི་ཕྱིར། ཀུན་རྫོབ་ཏུ་ གྲུབ་པའི་དེ་བཞིན་ཉིད་སོགས་དོན་དམ་པར་གྲུབ་པའི་དེ་བཞིན་ཉིད་སོགས་ཀྱིས་སྟོང་ཞེས་ པར་སོང་ཞིང་དོན་དམ་པར་གྲུབ་པ་ཅུང་ཟད་ཀྱང་མེད་པར་ཁས་བླངས་ནས་དོན་དམ་པར་ གྲུབ་པའི་དེ་བཞིན་ཉིད་ཀྱང་མེད་པར་ཁྱེད་འདོད་པའི་ཕྱིར། ཀུན་རྫོབ་ཏུ་གྲུབ་པའི་དེ་བཞིན་ ཉིད་སོགས་དེ། དོན་དམ་པར་གྲུབ་པའི་དེ་བཞིན་ཉིད་སོགས་རི་བོང་གི་རྭ་ལྟར་ཤེས་བྱ་ལ་ མི་སྲིད་པ་དེས་སྟོང་ཞིང་དེར་ཁས་བླངས་པར་ཡང་སོང་བའི་ཕྱིར་གཞན་སྟོང་དང༌། དེར་ཁས་ བླངས་པ་ཁོ་ན་སྟེ། དོན་དམ་དུ་གྲུབ་པའི་དེ་བཞིན་ཉིད་དེས་ཀུན་རྫོབ་ཏུ་གྲུབ་པའི་དེ་བཞིན་ ཉིད་སྟོང་ཞེས་པར་སོང་འདུག་པའི་ཕྱིར། དེ་ལྟ་བུ་ལས་མ་གཏོགས་པའི་གཞན་སྟོང་ཞེས་ པའི་{རི་བོང་གི་རྭ་ཟེར་བ་[རྭ་ཟེད་དེ་]ལྟ་བུ་གཞན་སུ་ཞིག་འདོད། གཞན་ཡང་དེ་བཞིན་ ཉིད་སོགས་ཏེ། དོན་དམ་པར་གྲུབ་པའི་དེ་བཞིན་ཉིད་སོགས་ཀྱིས་སྟོང་ཞེས་པ་དང༌། དོན་ དམ་པར་གྲུབ་པ་མེད་ཅེས་པའང་དོན་ལ་མི་འཐད་དེ། དེ་བཞིན་ཉིད་དེ་དོན་དམ་པར་གྲུབ་ པར་ཐལ་བར་འགྱུར་ཏེ་དོན་དམ་རང་དུ་གནས་པའི་ཕྱིར་ཏེ། ཆོས་ཀྱི་དབྱིངས་སུ་གྲུབ་པའི་ ཕྱིར་ཏེ་སྔར་དྲངས་པ་ལྟར་དེ་རྣམས་དོན་གཅིག་ཡིན་པའི་ཕྱིར་རོ། ། ཡང་དེ་བཞིན་ཉིད་སོགས་དེ་དོན་དམ་པར་གྲུབ་པའི་དེ་བཞིན་ཉིད་སོགས་ཀྱིས་ཀྱང་མི་ སྟོང་པར་ཐལ་ཏེ། དེ་ཡིན་པའམ་ཡོད་པ་གང་གིས་ཀྱང་མི་སྟོང་པའི་ཕྱིར་ཏེ། ཡང་དག་པའི་ མཐའ་དང་ཆོས་ཀྱི་དབྱིངས་ཡིན་པའམ་ཡོད་པ་གང་གིས་ཀྱང་མི་སྟོང་པའི་ཕྱིར་ཏེ། དོན་དམ་ པའི་བདེན་པ་དང་ཆོས་ཉིད་དེ་བཞིན་ཉིད་མ་ཡིན་པ་མེད་པའི་ཕྱིར་ཏེ། དེ་རྣམས་དོན་གཅིག་ ཏུ་གསུངས་པའི་ཕྱིར། དེ་ལྟར་ན་དོན་དམ་བདེན་པ་དང༌། དེ་བཞིན་ཉིད་སོགས་གང་ཡང་ དོན་དམ་པར་གྲུབ་པ་མེད་ཅེས་སྨྲ་བ་རྣམས་དོན་དམ་པ་ཞེས་སམ། དོན་དམ་པར་ཞེས་པའི་ 3-1-118 ཚིག་དོན་ཅི་ཞེས་མིག་ཚུམས་ལ་སོམས་ཤིག དེ་ལྟར་ན་དགོངས་པ་ངེས་པར་འགྲེལ་གྱི་མདོར། འཁོར་ལོ་བར་བ་དྲང་དོན་དུ་ གསུངས་པའི་དགོངས་པ་ཡང༌། འཁོར་ལོ་བར་བར་གཟུགས་སོགས་མེད་པ་དང༌། མ་སྐྱེས་ པ་ལ་སོགས་པ་གསུངས་པ་ཡང་དོན་དམ་དཔྱོད་པའི་རིགས་པས་དཔྱད་བཟོད་ཀྱི་དོན་དམ་ དུ་མེད་པ་ལ་སོགས་ལ་དགོངས་ཀྱི་སྒྲ་ཇི་བཞིན་པ་མ་ཡིན་པའི་ཕྱིར་དང༌། ཁྱད་པར་གྱི་ཚིག་ སྦྱར་བའམ་མ་སྦྱར་ཡང་རུང་སྟེ། དེ་བཞིན་ཉིད་སོགས་དེ་བཞིན་ཉིད་སོགས་ཀྱིས་མི་སྟོང་ པའི་ཕྱིར། དེ་དེས་སྟོང་ཞེས་གསུངས་པ་རྣམས་དྲང་དོན་ཡིན་པས་དྲང་དོན་དུ་གསུངས་པ་ སྟེ། སྟོང་པ་ཉིད་སྨོས་པའི་རྣམ་པས་ཞེས་གསུངས་བའི་དོན་དེ་ཡིན་ཏེ། སྟོང་པ་ཉིད་སྨོས་པ་ ཞེས་པ་དེ་དགོངས་འགྲེལ་གྱི་འགྲེལ་ཆེན་རྒྱའི་མཁན་པོ་ཝེན་ཚེག་གིས་མཛད་པར་སྦས་པའི་ རྣམ་པས་ཞེས་བསྒྱུར་ཏེ། དེ་བཞིན་ཉིད་སོགས་དེ་བཞིན་ཉིད་སོགས་ཀྱིས་མི་སྟོང་པ་ཡིན་ པ་ལ། དེ་སྦས་ཏེ་དེ་དེས་སྟོང་ཞེས་བསྟན། གཟུགས་སོགས་ཀུན་རྫོབ་འདི་རྣམས་བརྟགས་ ཤིང་དཔྱད་པའི་དོན་དམ་དུ་མེད་ཅེས་གསུང་རྒྱུ་ཡིན་པ་ལ་གཟུགས་སོགས་མེད་དོ་ཞེས་ གསུངས། མདོར་ན་དངོས་སྨྲ་དགག་པའི་ཕྱིར། ཆོས་ཐམས་ཅད་བདེན་པའི་རང་བཞིན་མེད་ ཅེས་གསུངས་ཏེ། ཐམས་ཅད་ཅེས་པ་སྤྱི་སྒྲ་ཡིན་ཡང་སྐབས་ཀྱི་སྟོབས་ཀྱིས་ཀུན་རྫོབ་ཐམས་ ཅད་ཅེས་དགོངས་པ་ཡིན་ཏེ། དོན་དམ་པའི་བདེན་པ་ནི་དོན་དམ་ཉིད་དུ་གྲུབ་པའི་ཕྱིར་ཞེས་ སོགས་སྔར་བཤད་པ་ལྟར་རོ། ། དེ་ལྟར་ན་ཁོ་བོ་ཅག་དོན་དམ་ཆོས་ཀྱི་སྐུ་ནི་ཇི་ལྟར་བརྟགས་ཤིང་དཔྱད་ཀྱང་རང་གི་ རང་བཞིན་མི་འདོད་ཅིང༌། རང་སྟོང་བ་ཡིན་ལ་རང་གི་ངོ་བོ་ཆགས་སོགས་དྲི་མ་གློ་བུར་བ་ རྣམས་ཀྱིས་གདོད་{ནས་སྟོང་ཞིང་[མ་ནས་སྟོང་ཞེ་ན། ] སངས་རྒྱས་ཐོབ་པའི་ཚེ་ན་ལམ་ བསྒོམས་པའི་སྟོབས་ཀྱིས་ཀྱང་གློ་བུར་དྲི་མ་གང་ཟག་དེའི་རྒྱུད་ལ་མེད་པས། རང་གི་ངོ་བོ་ 3-1-119 དང་ཕྱིས་སངས་རྒྱས་ཐོབ་པའི་གང་ཟག་གི་རྒྱུད་ཀྱི་དབང་དུ་བྱས་པ་གཉིས་ཀའི་སྐབས་སུ་ ཡང་གློ་བུར་དྲི་མས་སྟོང་བས་གཞན་སྟོང་ཞེས་འདོད་པ་སྟེ། རྒྱུད་བླར། རྣམ་དབྱེར་བཅས་ པའི་མཚན་ཉིད་ཅན། །གློ་བུར་དག་གིས་ཁམས་སྟོང་གིས། །ཞེས་དང༌། སྟོང་ཉིད་ཆེན་པོའི་ མདོ་ལས། གང་ཞིག་གང་ན་མེད་པ་དེ་ནི་དེས་སྟོང་པ་ཡིན་ལ། ཞེས་སོགས་དང༌། ལང་ ཀར་གཤེགས་པ་ལས། བློ་གྲོས་ཆེན་པོ་འཕགས་པའི་ཡེ་ཤེས་སྟོང་པ་ཉིད་ཆེན་པོ་གང་ཞེ་ ན། བདག་གི་སོ་སོ་རང་{རིག་}གིས་འཕགས་པའི་ཡེ་ཤེས་ཁོང་དུ་ཆུད་པ་ནི་ལྟ་བ་དང་ཉེས་ པའི་བག་ཆགས་ཐམས་ཅད་ཀྱིས་སྟོང་སྟེ། དེའི་ཕྱིར་དོན་དམ་པ་འཕགས་པའི་ཡེ་ཤེས་སྟོང་ བ་ཆེན་པོ་ཉིད་ཅེས་བྱའོ། །ཞེས་དང༌། སོར་ཕྲེང་གི་མདོར། འཇམ་དཔལ་གང་གྲོང་ཁྱེར་ བརྩིགས་པའི་ཁྱིམ་སྟོང་པ་ནི་མི་མེད་པས་སྟོང་ངོ༌། །བུམ་པ་ནི་ཆུ་མེད་པས་སྟོང་ངོ༌། །ཀླུང་ ནི་ཆུ་མི་འབབ་པས་སྟོང་ངོ༌། །ཅི་གྲོང་གི་བར་སྐབས་ཁྱིམ་མེད་པ་ལ་སྟོང་པ་ཞེས་བྱའམ། ཅི་ ཁྱིམ་ཐམས་ཅད་སྟོང་པ་ཡིན་ནམ། ཐམས་ཅད་སྟོང་བ་མ་ཡིན་གྱི་མི་མེད་པས་སྟོང་པ་ཞེས་ བྱའོ། །ཞེས་སོགས་ཏེ་དེ་བཞིན་དུ་ཐར་བ་ཐམས་ཅད་ཀྱིས་སྟོང་པ་མ་ཡིན་གྱི་ཉེས་པ་ཐམས་ ཅད་དང་བྲལ་བའི་ཕྱིར་ཐར་བ་སྟོང་པ་ཞེས་བྱའོ། །སངས་རྒྱས་བཅོམ་ལྡན་འདས་ནི་སྟོང་པ་ མ་ཡིན་ཏེ། ཉེས་པ་ཐམས་ཅད་དང་བྲལ་ཞིང༌། ཉོན་མོངས་བྱ་བའི་མི་དང་ལྷ་མེད་པའི་ཕྱིར་ སྟོང་པ་ཞེས་བྱའོ། །ཞེས་སོགས་མཐའ་ཡས་པ་གསུངས་ཤིང༌། ཡུམ་རྒྱས་འབྲིང་དུ། དེ་ལ་ གཞན་གྱི་དངོས་པོ་ནི་སྟོང་བ་ཉིད་གང་ཞེ་ན། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང༌། དེ་ བཞིན་གཤེགས་པ་རྣམས་མ་བྱུང་ཡང་རུང་སྟེ། ཆོས་ཉིད་དང༌། དེ་བཞིན་ཉིད་དང༌། མ་ནོར་ བ་དེ་བཞིན་ཉིད་དང༌། གཞན་མ་ཡིན་པ་དེ་བཞིན་ཉིད་དང༌། ཡང་དག་པའི་མཐའ་དང༌། ཆོས་ཀྱི་དབྱིངས་ཉིད་དང་ཆོས་གནས་པ་ཉིད་དང༌། ཆོས་སྐྱོན་མེད་པ་ཉིད་རྣམས་ནི་དེ་བཞིན་ དུ་གནས་པ་སྟེ། དེ་ལྟར་ཆོས་དེ་དག་གི་གཞན་གྱི་སྟོང་པ་ཉིད་གང་ཡིན་པ་དེ་ནི། གཞན་གྱི་ 3-1-120 དངོས་པོ་སྟོང་བ་ཉིད་ཅེས་བྱ་སྟེ། ཞེས་ཏེ། གཞན་ཞེས་པ་ནི། འཕགས་པ་གྲོལ་སྡེས་བྱེད་ པ་བོ་གཞན་གྱི་སྟོང་པ་ཉིད་ཡིན་པའི་ཕྱིར། གཞན་གྱི་དངོས་པོ་སྟོང་བ་ཉིད་ཅེས་སོ། །དབུ་ མ་ལ་འཇུག་པར་ཡང༌། སངས་རྒྱས་རྣམས་ནི་འབྱུང་པའམ། །མ་བྱུང་ཡང་རུང་དངོས་སུ་ན། ། དངོས་པོ་ཀུན་གྱི་སྟོང་པ་ཉིད། །གཞན་གྱི་དངོས་པོར་རབ་ཏུ་བསྒྲགས། །ཡང་དག་མཐའ་ དང་དེ་བཞིན་ཉིད། །དེ་གཞན་དངོས་པོའི་སྟོང་ཉིད་དོ། །གཞན་གྱི་དངོས་པོ་ནི་མཆོག་ཏུ་གྱུར་ པའི་དེ་ཁོ་ན་ཉིད་དོ། །དེའི་མཆོག་ཏུ་བྱུང་བ་རྟག་ཏུ་ཡོད་པ་ཉིད་དོ། །ཞེས་སོ། །དེ་སོགས་ གཞན་སྟོང་གི་ཚུལ་བཤད་པའི་མདོ་བསྟན་བཅོས་ཤིན་ཏུ་མང་ངོ༌། ། དེས་ན་ཀུན་རྫོབ་ཐམས་ཅད་རང་སྟོང་དང༌། དོན་དམ་ཐམས་ཅད་གཞན་སྟོང་ཡིན་ཞེས་ པའི་རྣམ་བཞག་འདི་ཡང་སློབ་དཔོན་སེང་བཟང་གིས་རང་རང་ངོ་བོས་སྟོང་པའི་ཕྱིར་ཞེས་ པའི་རྗེས་སུ་འབྲང་བའི་དབུ་མ་བར་ཁས་ཆེ་བ་རྣམས་ཆོས་ཅན་དང་ཆོས་ཉིད་ཐམས་ཅད་ དོན་དམ་པར་རང་རང་གི་ངོ་བོས་བདེན་པས་སྟོང་བས་རང་སྟོང་ཞེས་སྨྲ་བ་ལ། ཀུན་རྫོབ་ ཐམས་ཅད་དོན་དམ་པར་རང་རང་ངོ་བོས་བདེན་པས་སྟོང་བས་རང་སྟོང་ཡིན་དུ་ཆུག དེ་ བཞིན་ཉིད་སོགས་དོན་དམ་པའི་བདེན་པ་ནི་དོན་དམ་པ་རང་དུ་བདེན་པས་མི་སྟོང་བས་ དོན་དམ་པར་རང་གི་ངོ་བོ་བདེན་པས་མི་སྟོང་བའི་ཕྱིར་རང་སྟོང་མ་ཡིན་ཞིང༌། ཀུན་རྫོབ་ ཀྱི་ཆོས་རྣམས་དེ་ཁོ་ན་ཉིད་ཀྱི་དོན་དམ་དུ་མ་གྲུབ་པས་ཀུན་རྫོབ་པ་རྣམས་དོན་དམ་དུ་གྲུབ་ པས་སྟོང་བའི་ཕྱིར་ན་དོན་དམ་བདེན་པ་གཞན་སྟོང་ཡིན་ཞེས་གཞན་སྟོང་དུ་ཁས་ལེན་པ་ ཡིན་ནོ། །དེས་ན་སྔ་རབས་པ་རྣམས་ཀྱི་རང་སྟོང་གི་འཆད་ཚུལ་དེ་ཐད་སོར་བཞག་ནས་ཀུན་ རྫོབ་ཐམས་ཅད་རང་སྟོང་ཞེས་བཞེད་ཀྱི། དོན་ལ་ཀུན་རྫོབ་ཐམས་ཅད་གཞན་སྟོང་དུ་བཞེད་ དེ། སྔར་གྱི་སྟོང་ཚུལ་དེ་ཉིད་གཞན་སྟོང་དངོས་ཡིན་པའི་ཕྱིར་རོ། །དེས་ན་དོན་དམ་ཐམས་ ཅད་གཞན་སྟོང་ཡིན་གྱི་རང་སྟོང་མིན་ལ། ཀུན་རྫོབ་ཐམས་ཅད་ནི་སྔ་རབས་པའི་འཆད་ཚུལ་ 3-1-121 དང་བསྟུན་ནས་རང་སྟོང་དང་དོན་ལ་གཞན་སྟོང་ཏེ་གཉིས་ཀའོ། །དེའི་ཕྱིར་ཁོ་བོ་ཅག་འཆད་ པ་ལྟར་གྱི་གཞན་སྟོང་ལ་བསྐུར་བ་བཏབ་ནས་རང་སྟོང་སྟོང་ཉིད་མཆོག་ཏུ་སྨྲ་བ་རྣམས་ཀྱིས་ ནི་དགེ་བ་དགེ་བས་སྟོང༌། སྡིག་པ་སྡིག་པས་སྟོང་ཞེས་སོགས་སྒྲ་ཇི་བཞིན་པར་ཆོས་ཐམས་ ཅད་རང་གིས་སྟོང་བར་ཁས་བླངས་དགོས་སོ། །དེ་ལྟར་ཁས་ལེན་ན་ཆད་ལྟ་ལས་ཀྱང་ཆེས་ ཆད་ལྟར་འགྱུར་རོ། །འཁོར་ལོ་བར་བ་དང་མཐུན་པར་བསྟོད་པའོ། །ཞེས་མཆན་བུ་ལས་ ཀྱང་བྱུང་ངོ༌།། །། ༈ གསུམ་པ་ནི། བུམ་ནང་མར་མེ་ཞེས་སོགས་ཏེ། བདེ་བར་གཤེགས་པ་ཞེས་པའི་སྐད་ དོད་སུ་ག་ཏ་ཞེས་ཏེ་སྤངས་རྟོགས་གཉིས་ལ་འཇུག་ཅིང༌། སུའི་སྒྲ་མཛེས་པའམ། ལེགས་ པའམ། བསྔགས་པ་ལ་འཇུག་ལ། ག་ཏ་ནི། གཤེགས་པ། སོང་བ། ཕྱིན་པ་སོགས་ལ་འཇུག་ གོ །དེ་ཡང་འཇིག་རྟེན་ན་སྡུག་བསྔལ་ནི་མི་མཛེས་ཤིང་མི་བསྔགས་ལ། གང་བདེ་བ་ནི་ མཛེས་ཤིང་བསྔགས་པས་མཛེས་སམ་བསྔགས་པར་གཤེགས་པས་བདེ་བར་གཤེགས་པ་ སྟེ། མི་མཛེས་པ་ཁམས་གསུམ་གྱི་སྡུག་བསྔལ་ལེགས་པར་སྤངས་པས། བདེ་བར་གཤེགས་ པའམ་སྤངས་པ་སྟེ། སྐྱེས་བུ་གཟུགས་མཛེས་པ་བཞིན་ནོ། །ཟག་བཅས་ཀྱི་ལས་དང་ཉོན་ མོངས་པ་སླར་མི་ལྡོག་པར་སྤངས་པས་བདེ་གཤེགས་ཏེ་རིམས་ནད་ལེགས་པར་བྱ་བ་བཞིན་ ནོ། །སྡུག་ཀུན་མ་ལུས་པར་སྤངས་པས་བདེ་གཤེགས་ཏེ་བུམ་པ་ལེགས་པར་གང་བ་བཞིན་ ནོ། །ཡང་ག་ཏ་ཞེས་པ་མཁྱེན་པ་ལ་ཡང་འཇུག་པས་རྟོགས་པའི་དོན་དུ་སྦྱར་ན། བདེན་བཞི་ སོགས་ཀྱི་དེ་ཁོ་ན་ཉིད་མཁྱེན་པ་དང༌། རྟོགས་པ་སླར་མི་ལྡོག་པས་བརྟན་པའི་མཁྱེན་པ་དང༌། ཤེས་བྱ་ཇི་ལྟ་ཇི་སྙེད་མ་ལུས་པར་མཁྱེན་པས་བདེ་བར་གཤེགས་པ་ཞེས། ཚད་མ་ཀུན་ལས་ བཏུས་ཀྱི་རང་འགྲེལ་དང༌། ཚད་མ་རྣམ་འགྲེལ་ལ་སོགས་འཆད་དོ། །དེ་ལྟར་ན་བདེ༷་བར་ གཤེ༷གས་པ་ནི་རྫོགས་པའི་སངས་རྒྱས་ཏེ་དེའི་སྙི༷ང་བོ༷་ནི་སེམས་ཀྱི་རང་བཞིན་འོ༷ད་གས༷ལ་ 3-1-122 ཏེ་དེ་ཉིད་རྟེན་གང་ཟག་འཆིང་བ་ཀུན་ལྡན་གྱི་སྐབས་སུ་ནི་དེ་བཞིན་གཤེགས་པའི་སྙིང་པོ་ ཞེས་བརྗོད་ལ། རྟེན་གང་ཟག་གློ་བུར་དྲི་མ་ཐམས་ཅད་དང་བྲལ་བའི་སྐབས་སུ་ནི་དོན་དམ་ ཆོ༷ས་ཀྱི༷་སྐུ༵། ཞེས་བརྗོད་དེ། དཔལ་ཕྲེང་གི་མདོར། བཅོམ་ལྡན་འདས་སྡུག་བསྔལ་འགོག་ པ་ཞེས་བྱ་བ་ནི། ཐོག་མ་མེད་པའི་དུས་ཅན་མ་བྱས་པ་མ་སྐྱེས་པ་མ་བྱུང་བ་ཟད་པ་མེད་པ་ ཟད་པ་དང་བྲལ་བ། རྟག་པ་བརྟན་པ་ཞི་བ་མི་འཇིག་པ་རང་བཞིན་གྱིས་ཡོངས་སུ་དག་པ་ ཉོན་མོངས་པའི་སྦུབས་ཐམས་ཅད་ལས་གྲོལ་བ་རྣམ་པར་དབྱེར་མེད་ལ་བསམ་གྱིས་མི་ཁྱབ་ པའི་སངས་རྒྱས་ཀྱི་ཆོས་ག་གངྒཱའི་ཀླུང་གི་བྱེ་མ་སྙེད་ལས་འདས་པ་དང་ལྡན་པའི་དེ་བཞིན་ གཤེགས་པའི་ཆོས་ཀྱི་སྐུར་བསྟན་པ་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་ཆོས་ཀྱི་ སྐུ་འདི་ཉིད་ཉོན་མོངས་པའི་སྦུབས་ལས་མ་གྲོལ་བ་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་ བགྱིའོ། །ཞེས་སོ། །དེ་ལྟར་སངས་རྒྱས་ཀྱི་སྙིང་པོ་དོན་དམ་ཆོས་ཀྱི་སྐུ་སེམས་ཅན་ཐམས་ ཅད་ཀྱི་སེམས་ཀྱི་རང་བཞིན་འོད་གསལ་འདུས་མ་བྱས་ནམ་མཁའ་རང་བཞིན་འགྱུར་མེད་ དུ་གནས་པའི་ཕྱིར་ན་རང་བཞིན་འོད་གསལ་མངོན་སུམ་དུ་མཐོང་བ་ལ་སྒྲིབ་ཅིང་འགེབས་ པར་བྱེད་པས་ཀུ༷ན་རྫོབ༷་སྟེ། རྒྱུ་རྐྱེན་གྱིས་མ་བསྐྱེད་པར་གདོད་ནས་རང་བཞིན་གྱིས་གནས་ པ་ཡིན་གྱི་གསར་དུ་བྱུང་བས་གློ་བུར་བ། [དྲི་མའི་]ཆོས་དུ་མ་སྤུངས་པས་ཕུང་བོ་སྟེ། དེའི་ སྤུབས་ནང་ན་གནས་ཞེས་པ་སྟེ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཡོད་དོ། །ཉོན་མོངས་ཅན་ གྱི་སེམས་ཅན་གྱི་སེམས་ཀྱི་ངོ་བོ་ཉིད་དུ་གནས་པས། གློ༷་བུ༷ར་ཕུང༷་པོ༷འམ་གློ་བུར་དྲི་མའི་ སྦུ༷བས་ན༷ང་ན༵་གནས་ཞེས་པ་སྟེ། དཔེར་ན་བུ༷མ་པའི་ནང༷་དུ་བཅུག་པའི་མ༷ར་མེ༷་བཞིན། མི་ དབུ༷ལ་བོ༷འི་རང་དབང་པའི་ཁང་བའི་ནང་གི་ས་འོག་གི་གཏེ༷ར་སོ༷གས་བཞི༵ན། སོགས་ཞེས་ པ་དྲི་མ་དང་སྙིང་པོའི་དཔེ་དགུ་དང༌། དེ་བཞིན་གཤེགས་པའི་སྙིང་པོའི་མདོ་དང༌། ཕལ་བོ་ ཆེའི་མདོར་དར་ཡུག་ཆེན་པོའི་དཔེ་སོགས་གསུངས་པ་བསྡུད་དོ། །ཇི་སྐད་དུ། ཆོས་དབྱིངས་ 3-1-123 བསྟོད་པ་ལས། ཇི་ལྟར་མར་མེ་བུམ་ནང་གནས། །ཅུང་ཞིག་སྣང་བར་མི་འགྱུར་བ། །དེ་ བཞིན་ཉོན་མོངས་སྦུབས་ནང་གནས། །ཆོས་ཀྱི་དབྱིངས་ཀྱང་མི་མཐོང་ངོ༌། །ཕྱོགས་ནི་གང་ དང་གང་དག་ནས། །བུམ་པ་བུ་ག་གཏོད་གྱུར་པ། །དེ་དང་དེ་ཡི་ཕྱོགས་ཉིད་ནས། །འོད་ཀྱི་ རང་བཞིན་འབྱུང་བར་འགྱུར། །གང་ཚེ་ཏིང་འཛིན་རྡོ་རྗེ་ཡིས། །བུམ་པ་དེ་ཉིད་བཅག་གྱུར་ ན། །དེ་ཚེ་དེ་ནི་ནམ་མཁའ་ཡི། །མཐར་ཐུག་བར་དུ་སྣང་བར་བྱེད། །ཆོས་ཀྱི་དབྱིངས་ནི་སྐྱེ་ མ་ཡིན། །ནམ་ཡང་འགག་པར་འགྱུར་བ་མེད། །དུས་རྣམས་ཀུན་ཏུ་ཉོན་མོངས་མེད། །ཐོག་ མ་བར་མཐར་དྲི་མ་བྲལ། །ཞེས་སོ། །དེ་བཞིན་གཤེགས་པའི་སྙིང་བོའི་མདོར། རིགས་ཀྱི་ བུ་དག་གཞན་ཡང་འདི་ལྟ་སྟེ། དཔེར་ན་མི་དབུལ་བོ་ཞིག་གི་ཁྱིམ་གྱི་ནང་གི་མཛོད་ཀྱི་འོག་ གི་ས་ལ་གཏེར་ཆེན་པོ་དབྱིག་དང་གསེར་གྱིས་གང་བ་མཛོད་ཀྱི་ཚད་ཙམ་ཞིག་མི་བདུན་སྲིད་ ཀྱི་སས་གཡོགས་པའི་འོག་ན་ཡོད་ལ། གཏེར་ཆེན་པོ་དེས་མི་དབུལ་བོ་དེ་ལ་འདི་སྐད་དུ། ཀྱེ་མི་ང་ནི་གཏེར་ཆེན་པོ་སྟེ། སས་ཡོག་ཅིང་འདུག་གོ་ཞེས་མི་སྨྲ་སྟེ། འདི་ལྟ་སྟེ། གཏེར་ཆེན་ པོ་ནི་སེམས་ཀྱི་ངོ་བོ་ཉིད་ཀྱིས་སེམས་ཅན་མ་ཡིན་པའོ། །མི་དབུལ་པོ་ཁྱིམ་གྱི་བདག་པོ་དེ་ ནི་དབུལ་བོའི་སེམས་ཀྱི་རྗེས་སུ་སེམས་ཤིང་དེ་ཉིད་ཀྱི་སྟེང་ན་རྣམ་པར་རྒྱུ་ཡང་ས་ཡི་འོག་ ན་གཏེར་ཆེན་པོ་[ཡོད་པ་]དེ་མ་ཐོས་མི་ཤེས་མ་མཐོང་ངོ༌། །རིགས་ཀྱི་བུ་དག་དེ་བཞིན་དུ་ སེམས་ཅན་ཐམས་ཅད་ཀྱི་མངོན་པར་ཞེན་པའི་ཡིད་ལ་བྱེད་པ་ཁྱིམ་ལྟ་བུར་གྱུར་པའི་འོག་ ན། དེ་བཞིན་གཤེགས་པའི་སྙིང་པོ་སྟོབས་དང༌། མི་འཇིགས་པ་དང༌། མ་འདྲེས་པ་དང༌། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་མཛོད་ཀྱི་གཏེར་ཆེན་པོ་ཡོད་ཀྱང༌། སེམས་ཅན་དེ་དག་ གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་དང་རེག་པ་ལ་ཆགས་པས་སྡུག་བསྔལ་བས་འཁོར་བ་ ན་འཁོར་ཏེ། ཆོས་ཀྱི་གཏེར་ཆེན་པོ་དེ་མ་མཐོང་བ་{མ་}ཐོབ་པར་མ་གྱུར་ཅིང༌། ཡོངས་སུ་ སྦྱང་བའི་ཕྱིར་བརྩོན་པར་ཡང་མི་བྱེད་དོ། །རིགས་ཀྱི་བུ་དག་དེ་ནས་དེ་བཞིན་གཤེགས་པ་ 3-1-124 འཇིག་རྟེན་དུ་བྱུང་སྟེ། བྱང་ཆུབ་སེམས་དཔའི་ནང་དུ་འདི་ལྟ་བུའི་ཆོས་ཀྱི་གཏེར་ཆེན་པོ་ཡང་ དག་པར་རབ་ཏུ་སྟོན་ཏོ། །དེ་དག་ཀྱང་ཆོས་ཀྱི་གཏེར་ཆེན་པོ་དེ་ལ་མོས་ནས་བརྐོ་སྟེ་དེའི་ ཕྱིར་འཇིག་རྟེན་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་ རྒྱས་རྣམས་ཤེས་བྱ་སྟེ། ཆོས་ཀྱི་གཏེར་ཆེན་པོར་ལྟ་བུར་གྱུར་ནས། སེམས་ཅན་རྣམས་ལ་ སྔོན་མ་བྱུང་བའི་གཏན་ཚིགས་ཀྱི་རྣམ་པ་དང་དཔེ་དང་བྱེད་པའི་གཏན་ཚིགས་དང་བྱ་བ་ རྣམས་སྟོན་པ་གཏེར་ཆེན་པོའི་མཛོད་ཀྱི་སྦྱིན་བདག་ཆགས་པ་མེད་པའི་སྤོབས་པ་དང་ལྡན་ ཞིང༌། སྟོབས་དང༌། མི་འཇིགས་པ་དང༌། སངས་རྒྱས་ཀྱི་ཆོས་མང་པོའི་མཛོད་དུ་གྱུར་པ་ཡིན་ ནོ། །རིགས་ཀྱི་བུ་དག་དེ་ལྟར། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་ པའི་སངས་རྒྱས་ཀྱང་དེ་བཞིན་གཤེགས་པའི་མིག་ཡོངས་སུ་དག་པས་སེམས་ཅན་ཐམས་ ཅད་དེ་ལྟ་བུར་མཐོང་ནས་དེ་བཞིན་གཤེགས་པའི་ཡེ་ཤེས་དང༌། སྟོབས་དང༌། མི་འཇིགས་ པ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་མཛོད་ཡོངས་སུ་སྦྱོང་བའི་ཕྱིར་བྱང་ཆུབ་སེམས་ དཔའ་རྣམས་ལ་ཆོས་སྟོན་ཏོ། །ཞེས་དང༌། མདོ་མྱང་འདས་སོགས་སུ་ཡང་གསུངས་སོ། ། རྒྱུད་བླ་མར་ཡང༌། སངས་རྒྱས་པད་ངན་སྦྲང་རྩི་སྦྲང་མ་ལ། །ན་ལ་སྙིང་པོ་མི་གཙང་ནང་ན་ གསེར། །ས་ལ་གཏེར་དང་མྱུག་སོགས་འབྲས་ཆུང་དང༌། །གོས་ཧྲུལ་ནང་ན་རྒྱལ་བའི་སྐུ་དང་ ནི། །བུད་མེད་ངན་པའི་ལྟོ་ན་མི་བདག་དང༌། །ས་ལ་རིན་ཆེན་གཟུགས་ཡོད་ཇི་ལྟ་བར། །གློ་ བུར་ཉོན་མོངས་དྲི་མས་བསྒྲིབས་པ་ཡི། །སེམས་ཅན་རྣམས་ལ་དེ་བཞིན་ཁམས་འདི་གནས། ། དྲི་མ་ངན་པ་སྲོག་ཆགས་སྦུན་པ་མི་གཙང་ས་འབྲས་གོས་ཧྲུལ་དང༌། །སྡུག་བསྔལ་འབར་ བས་མངོན་པར་གདུངས་པའི་བུད་མེད་ས་ཡི་ཁམས་དང་མཚུངས། །སངས་རྒྱས་སྦྲང་རྩི་སྙིང་ བོ་གསེར་དང་གཏེར་དང་ནྱེ་གྲོ་རིན་ཆེན་སྐུ། །གླིང་བདག་མཆོག་དང་རིན་ཆེན་གཟུགས་ དང་དྲི་མེད་ཁམས་མཆོག་མཚུངས་པ་ཉིད། །ཅེས་དང༌། སེམས་ཅན་ཁམས་ཀྱི་ཉོན་མོངས་ 3-1-125 སྦུབས། །མ་འབྲེལ་ཐོག་མ་མེད་པ་ནའོ། །སེམས་ཀྱི་རང་བཞིན་དྲི་མེད་ནི། །ཐོག་མ་མེད་པ་ ཡིན་པར་བརྗོད། །ཅེས་སོ། །མདོ་རྒྱུད་ཀྱི་ལུང་མཐའ་ཡས་པ་ཡོད་དེ་འདིར་མང་དོགས་པས་ མ་བྲིས་ཀྱི་བཀའ་ལུང་རྒྱ་ཆེན་པོར་བལྟས་ནས་ཡིད་ཆེས་པར་བྱ་ཞིང༌། མདོར་བསྡུས་པ་ཆོས་ རྗེ་བླ་མས། ངེས་དོན་རྒྱ་མཚོར་གསལ་བར་མཛད་དོ། །དེ་ལྟར་ན་དཔེ་དང་དོན་དེ་ལྟར་མདོ་ ལས་གསུངས་པ་བཞིན་ལེ༷གས་པ༷ར་སྟོན༷་པར་མཛ༷ད་པའི་བླ༷་མ༷་དམ་པའི་ཞ༷བས་ལ༷་འདུ༵ད་ དོ། །ཞེས་པའོ། ། ཁ་ཅིག་ན་རེ། བདེ་གཤེགས་སྙིང་བོ་མཚན་ཉིད་པ་ནི་སངས་རྒྱས་ཐོབ་པའི་རྒྱུད་ཀྱི་ངོ་ བོ་ཉིད་སྐུ་དེ་ཡིན་ལ། དེ་ནི་དག་པ་གཉིས་ལྡན་ནོ། །སེམས་ཅན་ལ་ཡོད་པར་བཤད་པའི་ སྙིང་བོ་ནི། སེམས་ཅན་གྱི་ཆོས་ཉིད་ལ་དགོངས་ཤིང༌། དེ་ནི་དག་པ་གཅིག་ལྡན་ཡིན་པས་ སྙིང་བོ་དངོས་མིན་ཞེས་པ་དང༌། ཁ་ཅིག་སངས་རྒྱས་པའི་འདུས་བྱས་དང་འདུས་མ་བྱས་ཀྱི་ ཆོས་ཐམས་ཅད་བདེ་སྙིང་ཡིན་ཅིང༌། དེར་ཆོས་རྗེ་ཆེན་པོ་བུ་སྟོན་རིན་པོ་ཆེས་བཞེད་ཅེས་ པ་དང༌། (གང་ཕྱག་ཆེན་པ་)གཞན་དག་ནི་སེམས་རིག་ཅིང་གསལ་ཙམ་འདི་ཉིད་དོན་དམ་ཆོས་ སྐུ་དངོས་ཡིན་ཅིང་སེམས་ཅན་གྱི་དུས་ན་ངན་པར་སོང་བ་མེད་ཅིང་སངས་རྒྱས་ཀྱི་དུས་ན་ བཟང་དུ་སོང་བ་མེད་ཅེས་སོགས་དང༌། ལ་ལས་ནི་བདེ་གཤེགས་སྙིང་པོ་ནི་སེམས་ཅན་གྱི་ སེམས་རྒྱུད་ལ་ཡོད་པའི་ཟག་མེད་ཀྱི་ས་བོན་ལ་ཟེར་གྱི་དོན་དམ་ཆོས་སྐུ་སོགས་ནི་དེ་མིན་ ཞེས་སོགས་དང༌། གཞན་དག་ནི་བདེ་གཤེགས་སྙིང་བོ་ཞེས་པའི་ཆོས་མཚན་ཉིད་པ་གཏན་ མེད་ཅེས་སོགས་ལྟ་ངན་སྣ་ཚོགས་པ་གྲག་སྟེ། ཕལ་ཆེར་ངེས་དོན་རྒྱ་མཚོར་བཀག་ཅིང༌། ཁོ་བོས་ཀྱང་ཅི་རིགས་པར་དགག་པ་བཀོད་ཡོད་ལ། ཞིབ་ཏུ་བཀོད་པ་ཞིག་རྩོམ་པའི་སྤྲོ་བ་ ཡོད་པ་འགྲུབ་པར་གྱུར་ཅིག དེ་དག་གིས་བསྟན་པའི་ཆོས་ཀྱི་སྙིང་བོ་ལེགས་པར་གཏན་ ལ་ཕབ་པའི་སྒོ་ནས་འདུད་པར་བསྟན་ནས། ད་ནི་ཡོད་མེད་ལེགས་པར་ཕྱེ་ནས་བསྟན་པར་ 3-1-126 བསྟོད་ཅིང་འདུད་པ་ནི། ཀུན་བཏགས་པ་ཞེས་སོགས་ཏེ། ངོ་བོ་ཉིད་གསུམ་མམ་མཚན་ཉིད་ གསུམ། རང་བཞིན་གསུམ་ཞེས་པ་ནི་མིང་གི་རྣམ་གྲངས་ཡིན་ཞིང༌། མདོ་སྡེ་དགོངས་འགྲེལ་ དུ། ངོ་བོ་ཉིད་མེད་རྣམ་པ་གསུམ་ཞེས་ཀྱང་གསུངས་ཏེ། གསུམ་ནི་མཚན་ཉིད་ངོ་བོ་ཉིད་མེད་ པ། སྐྱེ་བ་ངོ་བོ་ཉིད་མེད་པ། དོན་དམ་པ་ངོ་བོ་ཉིད་མེད་པ། ཞེས་ཏེ། དང་པོ་ཀུན་བཏགས། གཉིས་པ་གཞན་དབང༌། གསུམ་པ་ཡོངས་གྲུབ་ལ་བཤད་དོ། །དེ་ཡང་དབུས་མཐར། ངོ་བོ་ ཉིད་གསུམ་རྟག་མེད་དང༌། །ཡོད་ཀྱང་ཁོ་ན་མ་ཡིན་དང༌། །ཡོད་དང་མེད་དེ་ཁོ་ན་སྟེ། །ཞེས་ ཏེ། ཡང་དག་མིན་པའི་རྣམ་རྟོག་གིས་གཟུང་བ་ཙམ་ཡིན་གྱི་དཔྱད་མི་བཟོད་ཅིང་རྫས་སུ་ ཡང་མེད་པ་ནི་ཀུ༷ན་བཏ༷གས་ཏེ། དེ་ལ་ཡང་གང་ཟག་གི་བདག་དང་ཡོན་ཏན་གསུམ་ཆ་ མཉམ་པའི་གཙོ་བོ་རྟག་དངོས་གཅིག་པུ་བ་སོགས་རྣམས་ནི་མཚན་ཉིད་ཡོངས་སུ་ཆད་པའི་ ཀུན་བཏགས་ཞེས་ཟེར་ཞིང༌། ཕྱི་རོལ་གྱི་གཟུང་འཛིན་བདེན་པ་སོགས་ཀྱང་དེ་ཡིན་ནོ། །དེ་ ལྟ་བུ་ལ་དགོངས་ནས་ཀུན་བཏགས་ནི་རི་བོང་གི་རྭ་ལྟར་གཏན་ནས་མེད་པའོ། །ཞེས་སངས་ རྒྱས་གཉིས་པ་དབྱིག་གཉེན་སོགས་ཀྱིས་གསུངས། སྒོ་ལྔའི་དབང་ཤེས་ལ་ཕྱི་རོལ་གྱི་དོན་ དུ་སྣང་བ་ནི། རྫས་སུ་ཡོད་པས་ཀུན་བཏགས་མཚན་ཉིད་པ་མ་ཡིན་གྱི། དེའི་གདགས་གཞི་ ཡིན་པས། རྣམ་གྲངས་པའི་ཀུན་བཏགས་ཞེས་བྱ་སྟེ་སེམས་ཙམ་རྣམ་བདེན་པའི་ལུགས་ཏེ། སེམས་ཙམ་རྣམ་རྫུན་ལྟར་ན་{ཀུན་བཏགས་}ནི་ཅུང་ཟད་ཀྱང་དཔྱད་མི་བཟོད་པའི་རྫུན་པ་ ཡིན་པའི་ཕྱིར་ན་ཀུན་བཏགས་མཚན་ཉིད་པ་ཡིན་ནོ། ། གཞུང་འགྲེལ་གནོད་འཇོམས་སུ། ཆོས་ཐམས་ཅད་གཉིས་སུ་བསྡུས་པ་ལྟར་ནའང་ཀུན་ བཏགས་མཚན་ཉིད་པ་ཡིན་ཞིང༌། རྣལ་འབྱོར་སྤྱོད་པའི་དབུ་མ་བ་ལྟར་ན་རྣམ་གྲངས་པའི་ ཀུན་བཏགས་ཏེ། འབྱུང་བ་ཆེ་ལ་སོགས་བཤད་པ། །རྣམ་པར་ཤེས་སུ་ཡང་དག་འདུ། །ཞེས་ ཀླུ་སྒྲུབ་ཀྱིས་གསུངས་ཤིང༌། ཕྱི་རོལ་དོན་དུ་གྱུར་པའི་འབྱུང་བ་དང་འབྱུང་འགྱུར་ནི་མེད། 3-1-127 རྣམ་ཤེས་ཡིན་པའི་འབྱུང་བ་སོགས་ཁས་བླངས་བས། རྣམ་ཤེས་ལ་འབྱུང་བ་དང་འབྱུང་ འགྱུར་དུ་སྣང་བ་ཉིད་འབྱུང་བ་དང་འབྱུང་འགྱུར་དུ་བཞག་དགོས་ལ། དེ་ལྟར་ན་སྣང་མཁན་ ཀྱི་རྣམ་ཤེས་དེའི་བདག་ཉིད་དུ་འདོད་དགོས་པས་རྫས་སུ་ཡོད་དགོས་པའི་ཕྱིར་རོ། །དེས་ ན་ཀུན་བཏགས་མཚན་ཉིད་པ་ལ་རི་བོང་གི་རྭ་ལྟར་གཏན་ནས་མེད་པ་དང༌། སྒོ་ལྔའི་དབང་ ཤེས་ལ་ཕྱི་རོལ་དོན་དུ་སྣང་བའི་{རྫས[རྗེས་]སུ་སྐྱེས་པའི་སྒྲ་རྟོག་གིས་ཕྱི་རོལ་དོན་དུ་སྒྲོ་ བཏགས་པ་ལྟ་བུ་ཐ་སྙད་ཙམ་དུ་ཡོད་པའི་ཀུན་བཏགས་ཡིན་ནོ། །ཞེས་ཆོས་རྗེ་ཆེན་པོས་ བཞེད་དོ། །དེ་ནི་སྒྲ་དོན་འཛིན་པའི་རྣམ་རྟོག་གི་སྣང་ཡུལ་དང༌། རྗོད་བྱེད་སྒྲའི་དངོས་ཀྱི་ བརྗོད་བྱ་ཡིན་པས། ཆོས་རྗེ་ཆེན་པོའི་བཞེད་པ་ལྟར་འཐད་དོ། ། གཞ༷ན་དབ༷ང་ནི་རྫས་སུ་ཡོད་ཅིང་གཟུང་འཛིན་གཉིས་སྟོང་གི་དེ་ཁོ་ན་ཉིད་དམ་དེ་ བཞིན་ཉིད་མ་ཡིན་པ་སྟེ། དེ་ལ་མ་དག་པ་གཞན་དབང་དང༌། དག་པ་གཞན་དབང་གཉིས་ སོ། །དང་པོ་ནི། ཡང་དག་པ་མ་ཡིན་པའི་རྟོག་པ་ཁམས་གསུམ་གྱི་སེམས་སེམས་བྱུང་ཐམས་ ཅད་དེ། སུམ་ཅུ་བར། གཞན་གྱི་དབང་གི་ངོ་བོ་ནི། །རྣམ་རྟོག་ཡིན་ཏེ་རྐྱེན་ལས་བྱུང༌། །ཞེས་ དང༌། དབུས་མཐར། ཡང་དག་མ་ཡིན་ཀུན་རྟོག་ནི། །སེམས་དང་སེམས་བྱུང་ཁམས་གསུམ་ པ། །ཞེས་དང༌། དབུ་མ་བདེན་གཉིས་སུ། སེམས་དང་སེམས་བྱུང་ཁམས་གསུམ་པ། །སྒྲོ་ བཏགས་རྣམ་པ་ཅན་རྟོག་ཡིན། །ཞེས་སོ། ། གཉིས་པ་ནི། གང་ཟག་གི་བདག་མེད་དམ་བདག་མེད་གཉིས་མངོན་སུམ་དུ་རྟོག་པའི་ ཡེ་ཤེས་འདུས་བྱས་ཐམས་ཅད་དང༌། རྗེས་ཐོབ་དག་པ་འཇིག་རྟེན་པའི་ཡེ་ཤེས་ཐམས་ཅད་ དེ། རྒྱུ་རྐྱེན་ལས་སྐྱེས་པས་གཞན་དབང་ཡིན་ཅིང༌། མ་དག་པ་གཞན་དབང་དུ་མི་འཐད་པའི་ ཕྱིར། གཉིས་སུ་ཐེག་བསྡུས་སོགས་ལས་བཤད་དོ། ། གསུམ་པ་ཡོངས་གྲུབ་མཚན་ཉིད་པ་ནི་དོན་དམ་དཔྱོད་བྱེད་ཀྱི་རིགས་པས་དཔྱད་ 3-1-128 བཟོད་ཀྱི་དེ་ཁོ་ན་ཉིད་དམ། གཞན་དབང་ཀུན་བཏགས་ཀྱིས་སྟོང་བའི་དེ་བཞིན་ཉིད་དོ། ། སུམ་ཅུ་པ་ལས། ཡོངས་གྲུབ་དེ་ལ་སྔ་མའོ། །རྟག་ཏུ་མེད་པར་གྱུར་པ་གང༌། །ཞེས་སོ། །དེ་ དག་ནི་ཐོགས་མེད་སྐུ་མཆེད་ཀྱི་བཞེད་པ་མཐར་ཐུག་པ་སྟེ། དབུ་མ་པའི་ལུགས་ཡིན་གྱི་ དངོས་པོ་སྨྲ་བ་དང་ཤིན་ཏུ་མི་མཐུན་ནོ། །དེ་ལྟར་ན་ཀུན་བཏགས་དང་གཞན་དབང་གི་ཆོ༷ས་ (ཀུ༷ན་)ཐམས་ཅད་དོན་དམ་དཔྱོད་བྱེད་ཀྱི་རིགས་པས་དཔྱད་བཟོད་ཀྱི་དེ་ཁོ་ན་ཉིད་དུ་ཡོ༷ད་ པ་མི༷ན་ཏེ་ཀུན་རྫོབ་ཡིན་པའི་ཕྱིར་རོ། །ཞེས་སྟོན་ལ་ཞི༵ང་ཞེས་པ་སྦྲེལ་ཚིག་དེ། རིགས་པས་ དཔྱད་བཟོད་ཀྱི་དེ་ཁོ་ན་ཉིད་དུ་ཡོ༷ངས་སུ་གྲུ༷བ་པའི་ཕྱིར་ཆོ༷ས་རྣམས་ཀྱི་ཆོས་ཉི༷ད་དེ་བཞིན་ ཉིད་སོགས་རྣམས་ནི་དུས་ན༷མ་ཡ༷ང་མེ༷ད་པ་མི༷ན་པ་སྟེ། རྟག་ཏུ་བདེན་པར་ཡོད་ཞེ༵ས་མཐར་ ཐུག་གི་དེ་ཁོ་ན་ཉིད་དུ་ཡོད་མེད་དང་དང་པོ་གཉིས་དོན་དམ་དུ་ (ཁཡོ༷ད་ན་རྟག་པའི་མཐའ་ དང༌། གསུམ་པ་དོན་དམ་དུ་མེ༷ད་ན་ཆད་པའི་མཐར་ལྷུང་ངོ་ཞེས་རྟ༷ག་ཆ༷ད་)ཀྱི་མཐའ་ཡང་ (ཀལེ༷གས་པ༷ར་ཕྱེ༷་སྟེ༷་)མཐའ་དེ་གཉིས་ལ༵ས་འད༷ས་པ༷་ཡི་དབུ་མ་མཐར་ཐུག་སྟོ༷ན་པར་ མཛ༷ད་པའི་བླ༷་མ༷་དམ་པའི་ཞ༷བས་ལ༷་འདུ༵ད་དོ། ། དེས་ན་དོན་དམ་ཆོས་སྐུ་སོགས་དོན་དམ་དུ་མེད་ཀྱི་ཀུན་རྫོབ་ཏུ་ཡོད་ཅེས་སྨྲ་བ་རྣམས་ ནི་ཧ་ཅང་མི་རིགས་པ་ཆེན་པོ་སྟེ། རྟ་འདི་རྟ་རུ་མེད་ཀྱི་བོང་བུ་རུ་ཡོད་ཅེས་པ་དང་ཁྱད་པར་ མེད་དོ། །དེ་ཡང་མདོ་དགོངས་འགྲེལ་ལས། མཚན་ཉིད་ངོ་བོ་ཉིད་མེད་པ་ནི་ནམ་མཁའི་མེ་ ཏོག་ལྟ་བུར་ལྟའོ། ། སྐྱེ་བ་ངོ་བོ་ཉིད་མེད་པ་ནི་སྒྱུ་མ་བྱས་པ་ལྟ་བུར་ལྟ་སྟེ། ཞེས་དང་ཆོས་ལ་བདག་མེད་པས་ རབ་ཏུ་ཕྱེ་བ་དོན་དམ་པ་ངོ་བོ་ཉིད་མེད་པ་ལ་དགོངས་ནས་ཆོས་ཐམས་ཅད་མ་སྐྱེས་པ་ཆོས་ ཐམས་ཅད་མ་འགགས་པ་གཟོད་མ་ནས་ཞི་བ་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་ པའོ། །ཞེས་ངས་བཤད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་ལ་བདག་མེད་པས་རབ་ཏུ་ 3-1-129 བྱེ་བ་དོན་དམ་པ་ངོ་བོ་ཉིད་མེད་པ་ཆོས་རྣམས་ཀྱི་ཆོས་ཉིད་འདུས་མ་བྱས་པ་ཉིད་ཉོན་མོངས་ པ་ཐམས་ཅད་དང་བྲལ་བ་ཉིད་དེ་ནི། རྟག་པ་རྟག་པའི་དུས་དང་ཐེར་ཟུག་ཐེར་ཟུག་གི་དུས་ སུ་རྣམ་པར་གནས་སོ། །གང་རྟག་པར་རྟག་པའི་དུས་དང་ཐེར་ཟུག་ཐེར་ཟུག་གི་དུས་སུ་ཆོས་ ཉིད་དེ་ཉིད་ཀྱི་གནས་པ་ནི་འདུས་མ་བྱས་པ་སྟེ་འདུས་མ་བྱས་པའི་ཕྱིར་མ་སྐྱེས་པའོ། །མ་ འགགས་པའོ། །ཉོན་མོངས་པ་ཐམས་ཅད་དང་བྲལ་བའི་ཕྱིར་གཟོད་མ་ནས་ཞི་བའོ། །དེ་ རང་བཞིན་གྱིས་མྱ་ངན་ལས་འདས་པའོ། །ཞེས་སོ། ། བཀའ་ཐ་མའི་དགོངས་འགྲེལ་མདོ་སྡེ་རྒྱན་དབུས་མཐའ་སོགས་སུ། དང་པོ་གཉིས་དོན་ དམ་དུ་མེད་ཅིང༌། གསུམ་པ་དོན་དམ་དུ་ཡོད་པར་རྒྱས་པར་གསུངས་སོ།། །། ད་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་དང་དེ་མིན་པའི་ཚུལ་ཡང་ལེགས་པར་ཕྱེ་ནས་སྟོན་ པར་བསྟོད་ནས་འདུད་པ་ནི། ཀུན་རྫོབ་ཆོས་ཀུན་ཅེས་སོགས་ཏེ། འདུས་བྱས་ཀུ༷ན་རྫོ༷བ་ ཀྱི་ཆོ༷ས་ཀུ༷ན་རང་གི་རྒྱུ༷་རྐྱེན་གྱིས་བསྐྱེད་པའི་འབྲ༷ས་བུ་ཡིན་པའི་ཕྱིར་ན། རྟེ༷ན་ཅིང་འབྲེ༷ལ་ འབྱུང་ཙ༵མ་ཡིན་ལ་དོ༷ན་ད༷མ་ཆོས་སྐུ་ནི་རྒྱུ་རྐྱེན་གྱིས་མ་བསྐྱེད་པས་ར༷ང་བྱུ༷ང་བ་སྟེ་གདོད་ ནས་རང་བཞིན་གྱིས་འགྲུབ་པའི་ཆོས་དབྱིངས་ཡེ་ཤེས་ཡིན་པའི་ཕྱིར་ན་རྟེ༷ན་ཅིང་འབྲེ༷ལ་ བར་འབྱུང་བ་ཡིན་པ་ལ༷ས་འད༷ས་པ་སྟེ་དེ་མིན་ནོ། །ཞེ༵ས་རྒྱུ་རྐྱེ༷ན་ལ༷ས་གསར་དུ་བྱུ༷ང་བའི་ ཡེ་ཤེས་ད༷ང༌། དེ་མིན་པའི་ར༷ང་བྱུ༷ང་ཡེ༷་ཤེ༷ས་གཉིས་ཀྱི༵་ཁྱ༷ད་པ༷ར་ལེགས་པར་ཕྱེ་ནས་སྟོ༷ན་ པར་མཛ༷ད་པའི་བླ༷་མ༷་དམ་པའི་ཞ༷བས་ལ༷་འདུ༵ད་དོ། །ཞེས་པའོ། ། མདོ་ཕལ་བོ་ཆེ་ལས། འཇིག་རྟེན་ཁམས་ནི་ལ་ལ་དག །བསམ་གྱིས་མི་ཁྱབ་ཚིག་གྱུར་ ཀྱང༌། །ནམ་མཁའ་ཚིག་པར་འགྱུར་བ་མེད། །རང་བྱུང་ཡེ་ཤེས་དེ་བཞིན་ནོ། །ཞེས་སོ། ། གཞན་ཡང་རྩ་ཤེར། གང་འགི་རྟེན་ཅིང་འབྲེལ་བར་འབྱུང༌། །ཞེས་འཆད་པའི་དབུ་མ་ཚིག་ གསལ་གྱི་སྐབས་སུ་ཡང་རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་འདུས་བྱས་ཉིད་ལས་བཤད་ 3-1-130 ཅིང༌། རྟེན་ཅིང་འབྲེལ་འབྱུང་མ་གཏོགས་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་ ཀླུ་སྒྲུབ་ཀྱིས་གསུངས་པ་ཡང་འདུས་བྱས་ཀྱི་ཆོས་ལ་དགོངས་ཏེ་བདེན་དངོས་དགག་པའི་ སྐབས་ཡིན་གྱི་འདུས་མ་བྱས་ཀྱི་ཆོས་བདེན་པ་དགག་པའི་སྐབས་མ་ཡིན་ནོ། །རྟེན་ཅིང་ འབྲེལ་འབྱུང་གི་ཆོས་ཡིན་ན་རྒྱུ་རྐྱེན་གྱིས་བསྐྱེད་དགོས་ཏེ་འདུས་བྱས་ཡིན་པས་སོ། ། དེས་ན་ངོ་བོ་ཉིད་སྐུ་སོགས་རྟེན་འབྲེལ་མ་ཡིན་པར་སྤྱན་རས་གཟིགས་ཀྱིས་གསུངས་ སོ། །གཞན་ཡང་མདོ་དགོངས་འགྲེལ་ལས། རབ་འབྱོར་འདི་ལྟ་སྟེ། དེ་བཞིན་ཉིད་ནི་དོན་ དམ་པའི་ཆོས་ལ་བདག་མེད་པ་ནི་རྒྱུ་ལས་འབྲེལ་ཏེ་བྱུང་བ་མ་ཡིན་འདུས་བྱས་མ་ཡིན་ཏེ། དོན་དམ་པ་མ་ཡིན་པར་ཡང་མི་འགྱུར་ལ། དོན་དམ་པ་དེ་ལས་དོན་དམ་པ་གཞན་ཡོངས་ སུ་བཙལ་བར་མི་བྱ་སྟེ། རྟག་པ་རྟག་པའི་དུས་དང་ཐེར་ཟུག་ཐེར་ཟུག་གི་དུས་སུ་དེ་བཞིན་ གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་ཆོས་རྣམས་ཀྱི་ཆོས་ཉིད་ཆོས་གནས་པའི་ དབྱིངས་དེ་ནི་འདུག་པ་ཡིན་གྱི་གཞན་དུ་མ་ཡིན་ནོ་ཞེས་སོ། །འཁོར་ལོ་ཐ་མ་དང་མཐུན་པར་ བསྟོད་པའོ། །ཞེས་མཆན་བུར་བཀོད་དོ།། །། ༈ གཉིས་པ་ནི། ཕྱི་ནང་ཞེས་སོགས་ཏེ། དུས་འཁོར་རྩ་རྒྱུད་ལས། ཇི་ལྟར་ཕྱི་རོལ་དེ་ བཞིན་ནང༌། །ཇི་ལྟར་ནང་ལ་དེ་བཞིན་གཞན། །ཞེས་གསུངས་ཏེ། ཕྱི་སྣོད་དང༌། ནང་སེམས་ ཅན་གྱི་ལུས། གཞན་གྱི་གཙོ་བོ་ངོ་བོ་ཉིད་སྐུའམ་ལྷན་གཅིག་སྐྱེས་པའི་སྐུ་ལ་གསུངས་སོ། ། དེ་ལྟར་ན་ཕྱི༷་ན༷ང་སྣོད་བཅུད་ཀྱིས་བསྡུས་པའི་འཁོར་བའི་ཆོ༷ས་འདི་རྣམས་ཀུ༷ན་ཐོག་མ་ མེད་པ་ནས་བརྒྱུད་པའི་མ༷་རི༷ག་པས་སྤྲུལ་པའི་རྣམ་ཤེས་[འཁྲུལ་པའི་སྣང་བ་ཡིན་པས་] འཁྲུ༷ལ་པའི་འཁོ༷ར་ལོ་ཙ༵མ་ཡིན་པས་ལེགས་པར་དཔྱད་ན་བདེན་པར་གྲུབ་པ་ཅུང་ཟད་ཀྱང་ མེད་དོ། །སྡུད་པར། མ་རིག་འཁྲུལ་འཁོར་འདི་ནི་ཟད་མེད་འཕེལ་བ་མེད། །ཅེས་པ་ལྟར་ རོ། །(གཞ༷ན་ནི༷་)ཆོ༷ས་ཉི༷ད་དུ་གྱུར་པའི་ར༷ང་བྱུ༷ང་ཡེ༷་ཤེ༷ས་ནི་ཕྱི་ནང་འཁྲུལ་འཁོར་དེ་ལས་ 3-1-131 གཞན་ནམ་མཆོག་ཏུ་ཕུལ་དུ་བྱུང་བ་སྟེ་རྒྱུ་རྐྱེན་གྱིས་མ་བསྐྱེད་པར་དང་པོར་སངས་རྒྱས་པ་ ཡིན་པའི་ཕྱིར། འགྲེལ་ཆེན་དུ། དང་པོའི་སྒྲ་ནི་ཐོག་མ་དང་ཐ་མ་མེད་པའི་དོན་ཏོ། །ཞེ༵ས་ སོགས་དེས་ན་ཚོགས་བརྒྱད་སོགས་རྣ༷མ་ཤེ༷ས་ནི་ཡང་དག་མ་ཡིན་པའི་རྣམ་རྟོག་ཡིན་པས་ མ་རིག་པ་དང་འཁྲུལ་བ་སྟེ། དབུ་མ་བདེན་གཉིས་ལས། སེམས་དང་སེམས་བྱུང་ཁམས་ གསུམ་པ། །སྒྲོ་བཏགས་རྣམ་པ་ཅན་རྟོག་ཡིན། །ཞེས་དང༌། དབུས་མཐར། ཡང་དག་མ་ཡིན་ ཀུན་རྟོག་ནི། །སེམས་དང་སེམས་བྱུང་ཁམས་གསུམ་པ། །ཞེས་དང༌། སམ་བྷུ་ཊིར། རྣམ་ རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །ཞེས་སོགས་དེ་ནས་ཡང་ དག་པའི་གནས་ལུགས་ལྟ་བ་ལ་དམུས་ལོང་ལྟ་བུ་སྟེ། རྒྱུད་བླ་མར། གང་ཕྱིར་གཟུགས་ལ་ དམུས་ལོང་བཞིན། །བྱིས་པས་དེ་སྔོན་མཐོང་མ་མྱོང༌། །ཞེས་སོ། །ས་བཅུའི་མཉམ་གཞག་གི་ ཡེ༷་ཤེ༷ས་དང༌། སངས་རྒྱས་ཀྱི་འདུས་བྱས་ཡེ་ཤེས་རྣམས་ཀྱང་ཡང་དག་པའི་གནས་ལུགས་ མངོན་སུམ་དུ་མཐོང་ཞིང་ཕྱི་ནང་གང་ཡང་མིན་པས་གཞན་མཚན་ཉིད་པ་ཡིན་ལ། གཞན་ གྱི་གཙོ་བོ་སྔར་བཤད་པ་ཡིན་ཏེ། རྒྱལ་པོ་མིའི་གཙོ་བོ་ཡིན་མོད། མི་ཕལ་པ་འདི་རྣམས་ ཀྱང་མཚན་ཉིད་པ་ཡིན་པ་བཞིན་ནོ། །དེས་ན་རྣམ་ཤེས་ནི་གནས་ལུགས་ཡང་དག་པའི་དོན་ ལྟ་བ་ལ་དམུས་ལོང་ལྟ་བུ་དང༌། སྔར་སྨྲོས་རང་བྱུང་ཡེ་ཤེས་དང་ས་བཅུ་སོགས་ཀྱི་འདུས་ བྱས་ཀྱི་ཡང་དག་ཡེ་ཤེས་དེ་རྣམས་ནི་གནས་ལུགས་ཡང་དག་པའི་དོན་མངོན་སུམ་དུ་མཐོང་ བའི་ཕྱིར་ན་རིམ་བཞིན་དུ་མ་རིག་པ་དང་རིག་པ་ཡེ་ཤེས་ཀྱི་ཁྱད་པར་ལེགས་པར་ཕྱེ་ནས་ སྟོན་ཅིང༌། དེར་མ་ཟད་མ་རིག་པས་སྤྲུལ་པའི་ཕྱི་ནང་སྣོད་བཅུད་ཀྱིས་བསྡུས་པའི་ཆོས་འདི་ ཐམས་ཅད་འཁྲུལ་བའི་སྣང་བ་ཡིན་པའི་འཁོ༷ར་བ་བསྡུས་པའི་ཆོས་ཡིན་ཞིང་སྔར་བཤད་ པའི་གཞན་གཙོ་བོ་དང་ཕལ་པའི་ཡེ་ཤེས་དེ་རྣམས་ནི་མྱ་ངན་ལས་འད༷ས་པས་ཅི་རིགས་ པར་བསྡུས་པའི་ཆོས་ཡིན་གྱི་འཁོར་བས་བསྡུས་པ་མིན་ནོ། །ཞེས་འཁོར་འདས་ཀྱི་ཁྱད་པར་ 3-1-132 ཡང་ཕྱེ་ནས་ལེགས་པར་སྟོན་ནོ། །སྤྱིར་འཁོར་འདས་ལ། ཆགས་སོགས་དྲི་མས་བགོས་པའི་ སེམས་འཁོར་བ་དང༌། དེ་དང་བྲལ་བའི་སེམས་མྱང་འདས་སུ། དཔུང་བཟང་གི་རྒྱུད་སོགས་ ལས་བཤད་པ་སོགས་ཚུལ་མང་སྟེ་མང་དུ་དོགས་ནས་མ་བྲིས་སོ། །བསྐྱེད་རིམ་ཀྱི་བསྒོམ་ པ་སོགས་ཀུན་རྫོབ་དང༌། རྫོགས་རིམ་ཟབ་མོ་ལ་སོགས་དོན་དམ་དུ་གསུངས། ཡང་དག་ པའི་ལྷ་མིན་པ་ལ་ལྷར་བཏགས་པ་ལོག་པའི་ཀུན་རྫོབ་དང༌། དེར་མོས་པ་ཡིད་ལ་བྱེད་པའི་ སོ་སྐྱེའི་བསྒོམ་ནི་ཡང་དག་ཀུན་རྫོབ་ཡིན་ཞིང༌། སོར་སྡུད་སོགས་རྫོགས་རིམ་ཟབ་མོའི་ དངོས་ཡུལ་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་རྣམས་དོན་དམ་བདེན་པ་མཚན་ཉིད་པ་དང༌། བསྒོམས་པའི་སྟོབས་ཀྱིས་སྟོང་ཉིད་མཆོག་དེ་མངོན་སུམ་དུ་མཐོང་བའི་གཞན་བྱུང་ཡེ་ཤེས་ ནི་རྣམ་གྲངས་པའི་དོན་དམ་སྟཻ། མཐར་ཐུག་གི་དོན་དམ་བདེན་པ་དངོས་པོ་མིན་ནོ། །ཞེས་ བདེ༷ན་པ་གཉི༷ས་ཀྱི༵་རྣ༷མ་དབྱེ༷་ལེགས་པར་ཕྱེ་ནས་སྟོ༷ན་པར་མཛ༷ད་པའི་བླ༷་མ༷་དམ་པའི་ ཞ༷བས་ལ༷་འདུ༵ད་དོ། ། དེ་དག་གིས་ཕྱི་ནང་གཞན་གསུམ་ལ་བདེན་གཉིས་སོགས་ཀྱི་རྣམ་དབྱེ་བསྟན་ནས་ སྲིད་གསུམ་ཞེས་པའི་ཚིག་དོན་ལའང་བདེན་གཉིས་ཀྱི་རྣམ་དབྱེ་སྟོན་ཏེ་ཀུ༷ན་རྫོ༷བ་ཀྱི་སྲི༷ད་ པ་གསུ༷མ་ནི་འཁོར་བས་བསྡུས་པའི་ཁམས་གསུམ་སྟེ། དེ་ནི་མ་རིག་པས་སྤྲུལ་པའི་འཁྲུ༷ལ་ སྣ༷ང་ཡིན་པའི་ཕྱིར་དོན་ལ་སྒྲོ༷་བཏ༷གས་པ་ཙ༵མ་ཡིན་པའི་ཕྱིར་ན་གཉེན་པོ་ཡང་དག་ཡེ་ཤེས་ ཀྱིས་གཞོམ་དུ་{མེད་[ཡོད་]ཅིང༌། རྣལ་འབྱོར་པའི་མངོན་སུམ་ལ་སྣང་བའི་སྲིད་གསུམ་གྱིས་ རྣམ་པར་གསལ་བའི་སྟོང་གཟུགས་སོགས་ནི་དོ༷ན་ད༷མ་པའི་སྲི༷ད་གསུ༷མ་སྟེ། དེ་ཉིད་སེམས་ ཀྱི་རང་བཞིན་འོད་གསལ་ཡིན་པས་བདེ༷་བར་གཤེ༷གས་པའི་སྙི༷ང་པོ༷་ཡང་ཡིན་ལ། དེ་ཉིད་ ནི༵་གཉེན་པོས་གཞོ༷མ་དུ་མེ༷ད་དེ་ཡང་དག་པའི་སྙིང་བོ་མཐར་ཐུག་པ་ཡིན་པའི་ཕྱིར། སྒོམ་ པ་པོའི་རྣལ་འབྱོར་བ་སོགས་ཀྱིས་རྟོག་པས་མ༷་བརྟ༷གས་ཤིང་ཤེས་པ་མ༷་འཁྲུ༷ལ་བའི་སྣ༷ང་ 3-1-133 བ༷་ཡིན་ནོ་ཞེ༵ས་ལེགས་པར་ཕྱེ༷་སྟེ༷་སྟོ༷ན་པར་མཛ༷ད་པའི་བླ༷་མ༷་དམ་པའི་ཞ༷བས་ལ༷་འདུ༵ད་དོ། ། དུས་འཁོར་རྩ་རྒྱུད་ལས། འཁོར་ལོ་སྲིད་གསུམ་ཀུན་ནས་དྭངས་པའོ། །ཞེས་པའོ། །ཞེས་ དང༌། འགྲེལ་ཆེན་དྲི་མེད་འོད་དུ། སྲིད་པ་གསུམ་དང་དུས་གསུམ་པྲ་ཕབ་པ་དང་མཚུངས་ པའོ། །ཞེས་སོགས་ཀྱིས་དོན་དམ་གྱི་སྲིད་གསུམ་བསྟན་ཅིང༌། ཡང་དེ་ཉིད་ལས། དེ་ལྟར་ རྒྱུད་དང་རྒྱུད་གཞན་ཐམས་ཅད་ལས་བརྗོད་པར་བྱ་བ་རྣམ་པ་གཉིས་ཏེ། གཅིག་ནི་འཇིག་ རྟེན་ཀུན་རྫོབ་ཀྱིས་ཡིན་ལ། གཉིས་པ་ནི་དོན་དམ་པའཽ། །གང་འཇིག་རྟེན་ཀུན་རྫོབ་ཀྱིས་ ཡིན་པ་དེ་ནི་ཁ་དོག་དང་ཕྱག་དང་མཚན་མ་དང་དབྱིབས་ཀྱི་མཚན་ཉིད་ཅན་ནོ། །གང་དོན་ དམ་པའི་བདེན་པས་བསྟན་པ་དེ་ནི། ཁ་དོག་དང་ཕྱག་དང་མཚན་མ་དང་དབྱིབས་དང་བྲལ་ བའོ། །འདི་དག་ལས་གང་འཇིག་རྟེན་ཀུན་རྫོབ་ཀྱིས་བསྟན་པ་དེ་ནི་ཕྱི་དང་ནང་ལ་འཇིག་ རྟེན་པའི་དངོས་གྲུབ་སྒྲུབ་པའི་སླད་དུ་རང་གི་སེམས་ཀྱིས་ཡོངས་སུ་བརྟགས་པའི་ཆོས་ཏེ་ འཇིག་རྟེན་པའི་དངོས་གྲུབ་ཀྱི་འབྲས་བུ་སྟེར་བར་བྱེད་པའོ། །གང་དོན་དམ་པའི་བདེན་ པས་བསྟན་པ་དེ་ནི་འཇིག་རྟེན་ལས་འདས་པ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཕྱག་ རྒྱ་ཆེན་པོའི་དངོས་གྲུབ་སྒྲུབ་པའི་སླད་དུ་རང་གི་སེམས་ཀྱིས་ཡོངས་སུ་{བརྟགས[བཏགས་ ]པའི་ཆོས་དང་བྲལ་བ་གཞོན་ནུ་མ་རྣམས་ཀྱིས་མེ་ལོང་ལ་སོགས་པ་ལ་པྲ་ཕབ་པ་བཞིན་ དུ་རྣལ་འབྱོར་བ་རྣམས་ཀྱི་རང་གི་སེམས་ཀྱི་འོད་གསལ་མངོན་སུམ་དུ་ནམ་མཁའ་ལ་སྣང་ བ་འདོད་པའི་དོན་གྱི་འབྲས་བུ་སྟེར་བ་སྟེ་འབྲས་བུ་ནི་འགྱུར་བ་མེད་པའི་བདེ་བ་ཡེ་ཤེས་ ཀྱི་སེམས་སོ། །ཞེས་སོགས་མང་ངོ༌། །ཁྱད་པར་སྔགས་དང་མཐུན་པར་བསྟོད་པའོ། །ཞེས་ མཆན་བུར་ཡོད་དོ།། །། ༈ གསུམ་པ་ནི། སྔར་ཆོས་འཁོར་གསུམ་པོ་སོ་སོའི་དགོངས་དོན་བསྟན་པར་བཤད་པ་ ལྟར། མྱང་འདས་ཆེན་པོའི་མདོར་རིགས་ཀྱི་བུ་གཞན་ཡང་སྔོན་ཝཱ་རཱ་ཎ་སཱིར་ཆོས་ཀྱི་འཁོར་ 3-1-134 ལོ་བསྐོར་བ་ན། མི་རྟག་པ་དང༌། སྡུག་བསྔལ་བ་དང༌། སྟོང་བ་དང༌། བདག་མེད་པ་བསྟན་ ཏོ། །ཞེས་གསུངས་ཏེ། དེས་ན་འདུས་བྱས་ཐམས་ཅད་མི་རྟག་པ་ཟག་བཅས་ཐམས་ཅད་ སྡུག་བསྔལ། ཆོས་ཐམས་ཅད་རྟག་པ་གཅིག་པུའི་གང་ཟག་གི་བདག་མེད་ཅིང༌། དེས་དབང་ བསྒྱུར་བྱའི་བདག་གི་བས་ཀྱང་སྟོང་ཞེས་སོགས་ཆོས་འཁོར་དང་པོ་བདེ༷ན་པ༷་བཞི༷་ཡི༷་ཆོ༷ས་ ཀྱི༷་འཁོ༷ར་ལོ༷འི་དགོངས་དོན་སྟོན་པར་མཛད་པ་ད༵ང༌། ཆོས་ཐམས་ཅད་དོན་དམ་པར་ངོ་བོ་ ཉིད་མེད་ཅིང་མ་སྐྱེས་མ་འགགས་ཞེས་སོགས་ཆོས་རྣམས་ཀྱི་རང་དང་སྤྱིའི་མཚ༷ན་ཉི༷ད་དོན་ དམ་དུ་བདེན་པ་མེ༷ད་པར་སྟོན་པ༷འི་ཆོ༷ས་ཀྱི༷་འཁོ༷ར་ལོ༷་གཉིས་པའི་དགོངས་དོན་སྟོན་པར་ མཛད་པ་ད༵ང༌། ཀུན་རྫོབ་ཐམས་ཅད་དེ་ཁོ་ན་ཉིད་ཀྱི་དོན་དམ་དུ་མེད་ལ། ཆོས་རྣམས་ཀྱི་དེ་ བཞིན་ཉིད་སོགས་དེ་ཁོ་ན་ཉིད་ཀྱི་དོ༷ན་ད༷མ་དུ་བདེན་པར་ཡོད་དོ་ཞེས་རྣ༷མ་པར་ངེ༷ས་པ་སྟེ་ བྱེ་བྲག་ཏུ་ཕྱེ་ནས་གསལ་བར་གཏན་ལ་ཕབ་པའི་ཆོ༷ས་ཀྱི༷་འཁོ༷ར་ལོ༷་གསུམ་པ་ཡི༵་དགོ༷ངས་ པ༷འི་དོན་ལེགས་པར་སྟོ༷ན་པར་མཛ༷ད་པའི་བླ༷་མ༷་དམ་པའི་ཞ༷བས་ལ༷་གུས་པར་འདུ༵ད་དོ། ། ཡང་ཉོན་མོངས་པའི་ནད་སེལ་བའི་{བཀའ་}འཁོ༷ར་ལོ༷་རི༷མ་པ་གསུ༷མ་གྱི་བདུ༷ད་རྩི༷འི་ཆུ༷་ རྒྱུ༷ན་གྱི༵ས་སྐལ་བ་དང་ལྡན་པའི་གདུལ་བྱའི་སེམས་རྒྱུད་ཀྱི་ར༷གས་པ༷་དང་ཕྲ༷་བ༷་དང་ཤི༷ན་ ཏུ༷་ཕྲ༷་བ༷་ཡི༵་དྲི༷་མ༷་གསུ༷མ་སྦྱ༷ངས་ནས་དྲི་མ་ཐམས་ཅད་དང་བྲལ་བའི་ཆོ༷ས་ཀྱི་སྐུ༷འི་རི༷ན་ཆེ༷ན་ མཆོ༵ག (དྲི༷་བྲ༷ལ་)ཐོ༷བ་པར་མཛ༷ད་པའི་བླ༷་མ༷་དམ་པའི་ཞ༷བས་ལ༷་འདུ༵ད་དོ།། །། ༈ དྲི་མ་གསུམ་སེལ་ཚུལ་ནི། འཁོར་ལོ་དང་བོས་གང་ཟག་གི་བདག་ཏུ་རྨོངས་པའི་དྲི་ མ་སེལ། གཉིས་པས་གཟུང་འཛིན་སོགས་འདུས་བྱས་ཀྱི་དངོས་པོ་བདེན་པར་[ཡོད་པར་] རྨོངས་པའི་དྲི་མ་སེལ། གསུམ་པ་དོན་དམ་དུ་ཡོད་མེད་དུ་ལེགས་པར་ཕྱེ་ནས་བསྟན་པས་ དོན་དམ་པར་ཅི་ཡང་མེད་པར་རྨོངས་པའི་དྲི་མ་སེལ་ལོ། ། ཡང་རྡུལ་ཕྲ་རབ་སོགས་ཕྱི་རོལ་གྱི་དོ༷ན་བདེན་པར་སྨྲ༷་བའི་གང་ཟག་རྣ༷མས་ལ༷་ཐོས་ 3-1-135 བསམ་གྱི་རིགས་པས་དཔྱད་ན་ཕྱི་རོལ་གྱི་དོན་མེད་ཀྱི་ཁམས་གསུམ་པོ་སེམས་ཙམ་མོ་ཞེས་ {ཁམས་གསུམ་}ཐ༷མས་ཅ༷ད་སེ༷མས་སུ༷་སྟེ་རྣམ་ཤེས་སམ་རྣམ་ཤེས་ཀྱི་སྣང་བ་ཙམ་དུ་སྟོ༵ན་ ཏེ། ས་བཅུ་བའི་མདོ་ལས་ཀྱང༌། ཀྱེ་རྒྱལ་བའི་སྲས་དག་ཁམས་གསུམ་པོ་འདི་དག་ནི་སེམས་ ཙམ་མོ། །ཞེས་ཏེ། དེའི་འགྲེལ་བར། དབྱིག་གཉེན་གྱིས། སེམས་དེ་ཡང་འདིར་མཚུངས་ པར་ལྡན་པ་དང་བཅས་པའོ། །ཙམ་ཞེས་སྨོས་པ་ནི་དོན་དགག་པའི་ཕྱིར་རོ། །ཞེས་སོ། །དེ་ ལྟར་བསྟན་པས་ཕྱི་རོལ་གྱི་[དོན་མེད་ཀྱང་]དོན་དུ་སྣང་བ་ན་སེ༷མས་སུ༷་བདེན་པར་ཞེ༷ན་ པར་གྱུར་པའི་གང་ཟག་ལ་ཕྱི་ནང་གི་དངོས་པོ་ཐམས་ཅད་དོན་དམ་པར་སྟོང་བ་ཡིན་པས་ དོན་དམ་པར་ཅི་ཡང་མ་གྲུབ་པ་མེད་པས། མཉམ་བཞག་གི་ངོ་ལ༷་སྣང་བ་གང་ཡང་མེད་ ཅིང་འགའ་ཡང་མཐོང་བ་མེད་ཅེས་སྣ༷ང་མེ༷ད་དབུ༷་མ༷་སྟོ༵ན་ཏེ། ཇི་སྐད་དུ་གཟུགས་ནས་རྣམ་ མཁྱེན་གྱི་བར་མེད་ཅེས་སོགས་དང༌། འགག་པ་མཐོང་བ་མེད་པ་ནི་དེ་ཁོ་ན་ཉིད་མཐོང་བའོ། ། ཞེས་དང༌། ཀླུ་སྒྲུབ་ཀྱིས། མ་མཐོང་བ་ཉིད་དེ་མཐོང་བར། །ཤིན་ཏུ་ཟབ་པའི་མདོ་ལས་ གསུངས། །ཞེས་ཏེ། དེ་དག་ནི་དགོངས་པ་ཅན་ཏེ་རེ་ཞིག་གདུལ་བྱ་དྲང་བའི་དོན་ཏོ། །དེ་ ལྟར་བསྟན་པ་ལ་བརྟེན་ནས་དོན་དམ་པར་ཅི་ཡང་གྲུབ་པ་མེད་ཅིང་ཐེག་ཆེན་འཕགས་པའི་ མཉམ་བཞག་གི་ངོ་ན་སྣ༷ང་བ་ཅི་ཡང་མེ༷ད་དེ། སྤྲོས་བྲལ་ཙམ་ཡིན་ནོ་ཞེས་ཞེན་ཅིང་སྨྲ༷་བའི་ གང་ཟག་རྣམས་ལ༷་ཐེག་ཆེན་གྱི་མཉམ་བཞག་གི་སོ་སོར་རང་རིག་ཡེ་ཤེས་ཀྱི་སྒྲོ་སྐུར་དང་ བྲལ་བའི་ཡང་དག་པའི་དེ་བཞིན་ཉིད་མངོན་སུམ་དུ་སྣང་ནས་གཟིགས་པའི་ཕྱིར་ན་ཡ༷ང་ ད༷ག་སྣ༷ང་བ༷་ཡི༵་དབུ༷་མ༷་མཚན་ཉིད་པའམ་དམིགས་བཅས་ཀྱི་སྟོང་ཉིད་ཟབ་མོ་སྟོ༷ན་པར་ མཛ༷ད་པའི་བླ༷་མ༷་དམ་པའི་ཞ༷བས་ལ༷་འདུ༵ད་དོ། །མངོན་རྟོགས་རྒྱན་ལས། འདི་ལ་བསལ་ བྱ་ཅི་ཡང་མེད། །གཞག་པར་བྱ་བ་ཅུང་ཟད་མེད། ། ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་དང༌། ཆོས་ 3-1-136 དབྱིངས་རང་བཞིན་གང་ཡིན་དེ་རྟོགས་པ། །མཉམ་པར་བཞག་པའི་རྣལ་འབྱོར་པ་ཡིས་ མཐོང༌། །ཞེས་དང༌། སོ་སོར་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ ཕྱག་འཚལ་ལོ། །ཞེས་སོགས་སོ། །རྗེ་བཙུན་འཇམ་དཔལ་གྱིས་མཛད་པའི་རང་གི་ལྟ་བའི་ འདོད་པ་མདོར་བསྟན་པར། ཕུང་པོ་རྣམ་དཔྱད་སྟོང་ཉིད་ནི། །ཆུ་ཤིང་ཇི་བཞིན་སྙིང་བོ་མེད། ། རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སྟོང་ཉིད་དེ་ལྟར་འགྱུར་མ་ཡིན། །སྐྱེ་བ་མེད་ཅིང་འགག་ མེད་པའི། །ཤེས་བྱ་གང་ཞིག་འདིར་མཐོང་བ། །སྟོང་ཉིད་མཐོང་བའི་སྟོང་པ་ཉིད། །ཕུང་ རྣམས་རྣམ་པར་དཔྱད་པ་མིན། །ཞེས་སོ། །གཞན་ཡང༌། འབྲས་བུ་བདེ་བ་དང་སྡུག་བསྔལ་ ལ་སོགས་པ་འདི་རྣམས་བྱེད་པ་པོ་གང་ཟག་གི་བདག་གམ་གཙོ་བོའམ་དབང་ཕྱུག་སོགས་ ཁོ་ནས་བྱས་པར་འདོད་པ་རྣམས་དང་ཕྱི་དང་ནང་ལ་སོགས་པ་ཁོ་ནས་བྱས་པར་འཛིན་པའི་ གདུལ་བྱ་དབང་པོ་དམ༷ན་པ༷་རྣ༷མས་ལ༷་ལས་དཀར་བ་ལས་འབྲས་བུ་དཀར་བ། ལས་ནག་ པ་ལས་འབྲས་བུ་ནག་པ། ལས་འདྲེས་མ་ལས་འབྲས་བུ་འདྲེས་མར་འབྱུང་བའི་ཕྱིར། ལས་ རྒྱུ༷་འབྲ༷ས་བདེན་ཞིང་བསླུ་བ་མེད་པའི་ཆོས་སྟོན་པར་མཛད་དེ། ལས་དགེ་བ་བསྒྲུབ་ཅིང་ མི་དགེ་བ་སྤོང་བ་ལ་སྦྱོར་བར་མཛད་དོ། །ཙམ་ཞེས་པ་ནི་གང་ཟག་གི་བདག་དང་གཙོ་བོའི་ སོགས་བྱེད་པ་པོ་མེད་ཀྱི་རྒྱུ་འབྲས་ལ་སོགས་པའི་ཆོ༷ས་ཙ༷མ་མོ་ཞེས་སྟོ༵ན་པའམ། ཡང་ན་ ཙམ་ཞེས་པས་ལས་རྒྱུ་འབྲས་སོགས་ཆོས་ཐམས་ཅད་བདེན་པའི་རང་བཞིན་མེད་ཅེས་མ་ བསྟན་ཏེ་རེ་ཞིག་དོན་དུ་མི་འགྱུར་བའི་ཕྱིར་རོ། །ཇི་ལྟར་བསྟན་ན་མཚམས་མེད་ཉེ་བའི་ མཚམས་མེད་སོགས་ནི་རྣམ་སྨིན་མྱོང་བར་ངེས་པའི་ལས་ཡིན་པས། དེའི་རྣམ་སྨིན་གྱི་ འབྲས་བུ་ཉམས་སུ་མྱོང་བར་རྐྱེན་གང་གིས་ཀྱང་མི་འཛད་དེ། བཅོམ་ལྡན་འདས་ཀྱིས་ཀྱང་ སྔོན་མི་ནག་མདུང་ཐུང་ཅན་བསད་པས་སངས་རྒྱས་ནས་ཀྱང་ཞབས་ལ་སེང་ལྡེང་གི་ཚལ་བ་ ཟུག་པ་དང༌། སྔོན་དྲང་སྲོང་ཞིག་གི་འཁོར་ཕྱེ་བས་སངས་རྒྱས་ནས་ཀྱང་དགེ་འདུན་གྱི་དབྱེན་ 3-1-137 བྱུང་བ་ལ་སོགས་པ་རྒྱ་ཆེར་གསུངས་པ་ལྟར་རོ། །དེ་ལྟར་བསྟན་པ་ལ་བརྟེན་ནས་རྒྱུ་འབྲས་ ལ་སོགས་པའི་ཆོས་ཐམས་ཅད་དོན་དམ་དུ་བདེན་པར་ཡོ༷ད་པར་འཛི༷ན་པ་ཅ༷ན་གྱི་གང་ ཟག་རྣམས་ལ༷་དེ་འདྲའི་ཆོས་ཐ༷མས་ཅ༷ད་དེ་ཁོ་ན་ཉིད་ཀྱི་དོན་དམ་པར་བདེན་པའི་ངོ་བོས་ སྟོ༷ང་པ༷འི་ཕྱིར་ན། དེ་ཁོ་ན་ཉིད་ཀྱི་དོན་དམ་པར་བདེན་པའི་རང་བཞིན་མེད་དོ་ཞེས་སྟོ༵ན་ཏེ། གཟུགས་སྟོང་པ་ཉིད་དོ། །ཞེས་སོགས་ནས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྒྱ་ཆེར་བསྟན་པ་ ལྟར་རོ། །དེ་དག་གི་དོན་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་དོན་དམ་པར་བདེན་པའི་རང་བཞིན་ མེད་པ་ལ་དགོངས་པ་ཡིན་ན་ཡང༌། དེ་ཁོང་དུ་མ་ཆུད་དེ་ཐམས་ཅད་སྤྲོས་བྲལ་ཡིན་པས་ཅི་ ཡང་གྲུབ་པ་མེད་ཅེས། ཁྱད་པར་གྱི་ཚིག་གང་ཡང་མ་སྦྱར་བར་ཅི་ཡང་གྲུབ་པ་མེད་ཅེས་ཅང་ མེད་དུ་སྨྲ་བའམ། དོན་དམ་ཆོས་སྐུ་དང་དེ་བཞིན་ཉིད་སོགས་ཀྱང་དོན་དམ་དུ་གྲུབ་པ་མེད་ པས་ན་ཅི་ཡང་གྲུབ་པ་མེད་ཅེས་དོན་དམ་ཅ༷ང་མེ༷ད་སྨྲ༷་བའི་གང་ཟག་རྣམས་ལ༷་རང་བཞིན་ འགྱུར་མེད་འོ༷ད་གས༷ལ་བདེ༷་གཤེ༷གས་ཀྱི༵་སྙི༷ང་པོ༷་དོན་དམ་ཆོས་སྐུ་ནི་རྟག་ཏུ་གནས་སོ་ཞེས་ ལེགས་པར་སྟོ༷ན་པར་མཛ༷ད་པའི་བླ༷་མ༷་དམ་པའི་ཞ༷བས་ལ༷་འདུ༵ད་དོ། །དེ་ཡང་གསེར་འོད་ དམ་པའི་མདོར། ཆོས་ཀྱི་སྐུ་འདི་རང་གི་ངོ་བོ་ཉིད་ལ་བརྟེན་པས་རྟག་པ་ཞེས་བྱའོ། །བདག་ ཅེས་བྱའོ། །ཏིང་ངེ་འཛིན་ཆེན་པོ་ལ་བརྟེན་པས་ན་བདེ་བ་ཞེས་བྱའོ། །ཡེ་ཤེས་ཆེན་པོ་ལ་ བརྟེན་པས་ན་རྣམ་པར་དག་པ་ཞེས་བྱ་སྟེ། དེའི་ཕྱིར་དེ་བཞིན་གཤེགས་པ་རྟག་པར་བདེ་བ་ དང་རྣམ་པར་དག་པ་ལ་མངའ་བརྙེས་ཤིང་བཞུགས་པ་ཞེས་སོགས་དང༌། སྙིང་པོའི་མདོར། རིགས་ཀྱི་བུ་དག་འདི་ནི་ཆོས་རྣམས་ཀྱི་ཆོས་ཉིད་དེ། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་ རུང་མ་བྱུང་ཡང་རུང༌། སེམས་ཅན་འདི་དག་ནི་རྟག་ཏུ་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ ནོ། །ཞེས་སོགས་སོ། །དེ་ལྟར་འཁོར་ལོ་གསུམ་གྱི་སྟོན་ཚུལ་སྨོས་པ་དེ་རྣམས་ནི་བརྗོད་བྱའི་ གཙོ་བོ་བསྡུས་པའམ། དངོས་སུ་སྟོན་ཚུལ་གྱི་གཙོ་བོ་བསྡུས་པའོ། །འཁོར་ལོ་གསུམ་ཀ་དང་ 3-1-138 མཐུན་པར་བསྟོད་པའོ། །ཞེས་མཆན་བུར་རོ།། །། ༈ བཞི་པ་ནི་གདུལ་བྱའི་དབང་པོའི་རིམ་པ་དང་འཚམ་པར་ཆོས་སྟོན་པར་བསྟོད་དེ། ཐར་བ་དོན་དུ་གཉེར་བའི་རིགས་ཅན་གྱི་གང་ཟག་ལ་རང་བཞིན་གྱི་དབང་པོ་རྟུལ་འབྲིང་ རྣོ་གསུམ་ཡོད་པ་ལས་གདུལ་བྱ་རང་བཞིན་གྱི་དབ༷ང་པོ༷་དམ༷ན་ཞིང་རྟུལ་བ་རྣམས་ལ༷་ཉ༷ན་ ཐོ༷ས་ཀྱི་ཐེ༷ག་པ༷་བསྟན་ནས་འཁོར་བ་ལས་སྒྲོལ་བར་མཛད་པ་ད༵ང༌། གདུལ་བྱ་རང་བཞིན་ གྱི་དབ༷ང་པོ༷་འབྲི༷ང་པོ་རྣམས་ལ༷་ར༷ང་རྒྱ༷ལ་ཐེ༷ག་པ༷འི་ཆོས་བསྟན་ནས་འཁོར་བ་ལས་སྒྲོལ་ བར་མཛད་པ་ད༵ང༌། གདུལ་བྱ་རང་བཞིན་གྱི་དབང་པོ་མཆོ༷ག་གམ། རྣོ་བ་རྣམས་ལ༷་ཐེ༷ག་ པ་མཆོ༷ག་གམ་ཆེན་པོ་སྟོན་ཏེ། དེའི་དབང་པོ་རྟུལ་བ་རྣམས་ལ་རྒྱུ༷་སྟོང་ཉིད་ལམ་དུ་བྱེད་པ་ ཕ་རོལ་དུ་ཕྱིན་པའི་ཐེག་པ་ད༷ང༌། དབང་པོ་རྣོ་བ་རྣམས་ལ་འབྲ༷ས་བུ༷་བདེ་བ་ལམ་དུ་བྱེད་པ་ སྔགས་ཀྱི་ཐེག་པ་སྟེ་ཐེག་པ་ཆེན་པོའི་ཚུ༵ལ་ལམ་ལུགས་རྣམ་པར་བཞག་པའི་མདོ༷་སྔ༷གས་ སྟོ༷ན་པར་མཛ༷ད་པའི་བླ༷་མ༷་དམ་པའི་ཞ༷བས་ལ༷་འདུ༵ད་དོ། །དེ་ཡང༌། ཤྲ་བ་ཀཱ་ཞེས་པའི་ ཤྲ་བ་ཐོས་པ་ཀ་ཡ་སྒྲོགས་སམ་སྟོན་པ་ལ་འཇུག་སྟེ། དང་པོ་ལམ་གྱི་སྐབས་ནས་བཟུང་སྟེ། སྲིད་པ་ཐ་མ་བའི་བར་དུ་སངས་རྒྱས་ལ་སོགས་པའི་ཆོས་གསུངས་པའི་སྒྲ་ཉན་ཅིང་ཐོས་ ནས་ཉམས་སུ་བླངས་ཏེ་ཕྱིས་རང་གི་ཐེག་པའི་འབྲས་བུ་དགྲ་བཅོམ་ཐོབ་ནས་ཀྱང་རང་གིས་ ཇི་ལྟར་རྟོགས་པ་ལྟར་གྱི་ཆོས་ཀྱི་དོན་ངག་གི་སྒྲར་བརྗོད་པའི་སྒོ་ནས་གཞན་ལ་སྟོན་པས་ ཉན་ཐོས་སམ་སློབ་མ་ཞེས་ཀྱང་བཤད་ལ། ཡང་ན་སངས་རྒྱས་ལ་སོགས་པ་ལས་ཐེག་ཆེན་ གྱི་ཆོས་ཉན་ཅིང་ཐོས་ནས་དེའི་དོན་གྱི་རྟོགས་པ་མངོན་དུ་མ་གྱུར་བཞིན་དུ་ངག་ཏུ་བརྗོད་ པ་ཙམ་གྱི་སྒོ་ནས་གཞན་ལ་སྒྲོགས་པས་ཐོས་སྒྲོགས་ཏེ། པད་མ་དཀར་པོའི་མདོར། མགོན་ པོ་བདག་ཅག་དེ་རིང་ཉན་ཐོས་གྱུར། །བྱང་ཆུབ་དམ་པ་ཡང་དག་བསྒྲག་པར་བགྱི། །བྱང་ ཆུབ་སེམས་དཔའི་སྒྲ་ཡང་རབ་ཏུ་བརྗོད། །དེ་བས་བདག་ཅག་ཉན་ཐོས་མི་ཟད་འདྲ། །ཞེས་ 3-1-139 པ་ལྟར་རོ། །རང་རྒྱལ་ཞེས་པ་ནི། བདག་ཉིད་གཅིག་བུའི་དོན་ནམ་རྒྱུ་མཚན་དུ་འགྱུར་བར་ བྱས་ནས་དགྲ་བཅོམ་ཐོབ་པས་རང་རྒྱལ་ལམ་རང་སངས་རྒྱས་ཞེས་འཕགས་པ་གྲོལ་སོགས་ ཀྱིས་བཤད་ཅིང༌། མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་སོགས་རྐྱེན་ལས་བྱུང་པའི་དོན་སྲིད་ པ་ཐ་མ་པའི་ཚེ་སངས་རྒྱས་ལ་སོགས་པའི་ངག་གི་སྒྲས་ཆོས་བསྟན་པ་ལ་མི་ལྟོས་པར་བསམ་ གཏན་བཞི་པའི་དངོས་གཞི་ལ་བརྟེན་ནས་རང་ཉིད་ཀྱིས་མངོན་སུམ་དུ་རྟོགས་ནས་དགྲ་ བཅོམ་ཐོབ་པས་ན་རྐྱེན་རྟོགས་ཞེས། བློ་གྲོས་མི་ཟད་པའི་མདོ་འགྲེལ་སོགས་ལས་བཤད་ དོ། ། ཐེག་པ་ཞེས་པ་ནི་ཤིང་རྟ་དང་གླང་པོ་ཆེ་ལ་སོགས་པ་ལྟ་བུའི་གཞོན་པ་རྣམས་ཏེ། ཡུལ་ གཞན་དུ་བགྲོད་བྱེད་དེ། དེས་ན་འདིར་ཡང་རང་རང་གི་འབྲས་བུ་བྱང་ཆུབ་ཏུ་ཕྱིན་པར་བྱེད་ པའམ་བགྲོད་པར་བྱེད་པའི་ཐབས་ཁྱད་པར་ཅན་རྣམས་ཏེ། རྒྱུའི་ཐེག་པ་ཡིན་ལ་རང་རང་ གི་འབྲས་བུ་མཐར་ཐུག་ནི་འབྲས་བུའི་ཐེག་པ་སྟེ་བགྲོད་བྱ་མཐར་ཐུག་པ་ཡིན་པའི་ཕྱིར། དེའི་ནང་ནས་ཐེག་པ་ཆེན་པོ་ནི་ཆེན་པོ་བདུན་དང་ལྡན་པས་ཐེག་ཆེན་ཏེ། མདོ་སྡེ་རྒྱན་ལས། དམིགས་པ་ཆེན་པོ་ཉིད་དང་ནི། །དེ་བཞིན་སྒྲུབ་པ་གཉིས་དག་དང༌། །ཡེ་ཤེས་བརྩོན་འགྲུས་ རྩོམ་པ་དང༌། །ཐབས་ལ་མཁས་པར་གྱུར་པ་དང༌། །ཡང་དག་སྒྲུབ་པ་ཆེན་པོ་དང༌། །སངས་ རྒྱས་ཕྲིན་ལས་ཆེན་པོ་སྟེ། །ཆེན་པོ་འདི་རྣམས་དང་ལྡན་པས། །ཐེག་ཆེན་ཞེས་ནི་མངོན་ པར་བརྗོད། །ཅེས་པ་ལྟར་རོ། །རྒྱུ་འབྲས་ཀྱི་ཐེག་པ་ཞེས་པ་ནི། རྒྱུ་ལ་མོས་པ་རྒྱུ་ཆོས་ཀྱི། ། འཁོར་ལོ་རབ་ཏུ་བསྐོར་བྱས་ནས། །རྡོ་རྗེ་ཐེག་པའི་ཉེ་ལམ་ཞིག །མ་འོངས་དུས་ན་འབྱུང་ བར་འགྱུར། །ཞེས་མདོ་སྡེ་གདམ་ངག་འབོགས་པའི་རྒྱལ་པ་ལས་བཤད་གསུང་ངོ༌། །མཚན་ ཉིད་ཐེག་པའི་མཆོག་ཕར་ཕྱིན་ཐེག་པའི་ལམ་བསྒོམས་པས་བསྐལ་བ་གྲངས་མེད་གསུམ་ ལ་སོགས་པས་འཚང་རྒྱ་ཞིང༌། རྡོ་རྗེ་ཐེག་པའི་མཐར་ཐུག་གི་ལམ་གྱིས་རབ་ཚེ་འདི། འབྲིང་ 3-1-140 ཕྱི་མའམ་བར་དོ། ཐ་མའང་སྐྱེ་བ་བདུན་གྱི་མཐར་ནི་ངེས་པའོ། །ཞེས་སེམས་འགྲེལ་ལས་ གསུངས་ཤིང༌། སྐྱེ་བ་བཅུ་དྲུག་ན་མཆོག་འགྲུབ་པར་རྒྱུད་སྡེ་གཞན་ལས་བཤད་དོ། །དེས་ ན་ཐབས་ཀྱི་སྒོ་ནས་སྔགས་ཀྱི་ཐེག་པ་ལྷག་པར་མ་ཟད་ཀྱི་མཐའ་བྲལ་གྱི་སྟོང་པ་ཉིད་ཀྱི་ངོ་ བོ་ཙམ་སྟོན་པར་འདྲ་ཡང་དེའི་ཆོས་རྫོགས་པར་སྟོན་མི་སྟོན་གྱིས་རྡོ་རྗེ་ཐེག་པ་ལྷག་སྟེ་འོག་ ཏུ་འཆད་དོ། །དེ་ལྟར་གདུལ་བྱའི་རང་བཞིན་གྱི་དབང་པོའི་རིམ་པས་ཐེག་པ་གསུམ་བསྟན་ པར་བསྟོད་ནས། གདུལ་བྱའི་སྣོད་ཀྱི་རིམ་པ་དང་མཐུན་པར་སྐྱོང་བར་བསྟོད་པ་ནི། ཇི་ལྟར་ བུ་ཆུང་ཞེས་སོགས་ཏེ། ཇི༷་ལྟ༷ར་ཏེ་དཔེར་ན། མིའི་འཇིག་རྟེན་འདིར་བུ༷་ཆུ༷ང་ནི་སྐྱེས་མ་ཐག་ ནས་སྨྲ་མི་ཤེས་ཀྱི་བར་དང༌། སྨྲ་ཤེས་ནས་ཀྱང་ལོ་འགའ་ཞིག་ལོན་གྱི་བར་དང༌། ལོ་བཅུ་ ཚུན་ཆད་ཙམ་བྱིས་པ་དང༌། ལོ་བཅུ་དྲུག་ཙམ་གཞོ༷ན་ནུ༷། བཞི་བཅུ་ཚུན་དར་མ། དྲུག་ཅུ་ ཚུན་དར་ཡོལ། བདུན་ཅུ་ཚུན་རྒད་པོ། བརྒྱད་ཅུ་ལོན་ནས་རྒས་འཁོགས་པ་ཞེས་རྒྱ་གར་བ་ དག་འཆད་དེ། དེ་ལྟར་བུ་ཆུང་ནས་གཞོན་ནུ་དང་ལ༷ང་ཚོ༷འི་བར་ཅི་རིགས་པ་རྣ༵མས་ཀྱི་སྣོ༷ད་ དེ་ལུས་སེམས་བརྟས་པར་འགྱུར་བའི་ཚུལ་ད༷ང་འཚ༷མ་པ༷ར་བཟའ་བཏུང་དང་གོས་ལྷམ་ལ་ སོགས་ཀྱི་སྒོ་ནས་མཛངས་པའི་ཕ༷་དང་མ༷ས་སྐྱོ༷ང་བ༷་ལྟ༵ར་ཆོས་ཀྱི་འཁོ༷ར་ལོ༷་རི༷མ་པ་གསུ༷མ་ པ་དང་ཁྱ༷ད་པ༷ར་དུ་གས༷ང་སྔ༷གས་སམ་རྡོ་རྗེ་ཐེག་པའི་གསུང་རབ་ཀྱི༵་སྒོ་ནས་གདུ༷ལ་བྱ༷འི་ བསམ་པ་དང་ཁམས་དང་བག་ལ་ཉལ་དང་དབང་པོ་ལ་སོགས་པའི་རི༷མ་པ་བཞི༷ན་སྐྱོ༷ང་ཞིང་ ཕན་འདོགས་པར་མཛ༷ད་པའི་བླ་མ་དམ་པའི་ཞབས་ལ་ཁྱེ༷ད་ལ༷་འདུ༵ད་དོ། ། ད་ནི་མངོན་མཐོ་ངེས་ལེགས་ཀྱི་འབྲས་བུ་གང་དང་གང་བསྒྲུབ་པ་ནུས་པའི་གདུལ་བྱའི་ བློ་ནུས་དང་སྦྱར་ནས་གདུལ་བྱ་ཁྲིད་པར་བསྟོད་དོ། །སྔར་གྱི་འཆད་ཚུལ་དེ་ལས་གཞན་དུ་ སྟོན་པས། ཡ༷ང་ན༷་ཞེས་ཏེ། དབང་པོའམ་བློ་དམ༷ན་པ༷་དང་འབྲི༷ང་ད༷ང་མཆོ༷ག་གི༷་བུ༵་རྣམས་ རང་རང་གི་རྒྱུ༷ད་དམ་བློ་གྲོས་ཀྱི་ནུས་པ་ད༷ང་འཚ༷མས་པ༷འི་འཇིག་རྟེན་སོགས་ཀྱི་བྱ་བའི་ 3-1-141 ལ༷ས་ལ༷་སྦྱོ༷ར་བ༷་ལྟ༵ར་ཆོས་ཀྱི་འཁོ༷ར་ལོ༷་རི༷མ་པ་གསུ༷མ་དང་ཁྱ༷ད་པ༷ར་གསང་སྔ༷གས་ཀྱི༷་ ཚུ༵ལ་ལམ་ལུགས་ཏེ་ལྟ་སྒོམ་སྤྱོད་འབྲས་ལ་སོགས་པའི་རྣམ་བཞག་རྣམས་གདུ༷ལ་བྱ༷འི་རྒྱུ༷ད་ དང་སྟེ་བློ་ནུས་སམ་སྐལ་པ་ད༷ང་འཚ༷མས་པ༷ར་སྟོ༷ན་པར་སྟོན་པ་སྟེ། རྒྱ་ཆེན་ཆོས་ཀྱི་སྣོད་ གྱུར་པ། །དམན་པའི་ཆོས་ལ་སྦྱར་མི་བྱ། །ཞེས་སོགས་ལྟར་གང་ལ་གང་འོས་པ་བཞིན་སྟོན་ པར་མཛད་པའི་བླ་མ་དམ་པ་ལ༷་འདུ༵ད་དོ། ། དེ་ཡང་ལྡེམ་པོར་དགོངས་པ་བཞི་དང་དགོངས་པ་བཞིའི་སྒོ་ནས་སྟོན་ཏེ། ཉན་ཐོས་དང་ ནི་ངོ་བོ་ཉིད། །དེ་བཞིན་ཉེས་པ་འདུལ་བ་དང༌། །བརྗོད་པ་ཟབ་པ་ཉིད་ལ་ནི། །ལྡེམ་པོར་ དགོངས་པ་རྣམ་པ་བཞི། །ཞེས་ཏེ། གཞུག་པ་ལ། མཚན་ཉིད་ལ། གཉེན་པོ་ལ། བསྒྱུར་བ་ ལ་ལྡེམ་པོར་དགོངས་པ་བཞི་སྟེ། རིམ་བཞིན་ཉན་ཐོས་ཏེ་ཕྱི་དོན་སྨྲ་བ་གཞུག་པའི་ཕྱིར། ཕྱི་ རོལ་ཡོད་པར་གསུངས་པ་ལྟ་བུ། ངོ་བོ་ཉིད་གསུམ་ལ་དགོངས་ནས་མེད་དོ་ཡོད་དོ། །རང་ བཞིན་གྱིས་མྱ་ངན་ལས་འདས་སོ། །སྦྱིན་པ་ཙམ་གྱིས་ང་རྒྱལ་བའི་གཉེན་པོར་དེ་ལ་སྨད་ ནས་ཚུལ་ཁྲིམས་བསྔགས་པ་ལྟ་བུ། ཕ་དང་མ་བསད་ནས་མཐོ་རིས་སུ་འགྲོ་ཞེས་གསུངས་ པ་ལྟ་བུ་བསྒྱུར་བ་ལ་ལྡེམ་པོར་དགོངས་སོ། །ཕ་མ་ནི་སྲེད་ལེན་ལ་བཤད་དོ། །མཉམ་པ་ ཉིད་དང་དོན་གཞན་དང༌། །དེ་བཞིན་དུ་ནི་དུས་གཞན་དང༌། །གང་ཟག་གི་ནི་བསམ་པ་ལ། ། དགོངས་པ་རྣམ་པ་བཞིར་ཤེས་བྱ། །ཆོས་སྐུ་མཉམ་པ་ལ་དགོངས་ནས་ང་སངས་རྒྱས་རྣམ་ གཟིགས་སུ་གྱུར་ཏེ་ཞེས་སོགས་བསྒྱུར་བ་ལ་ལྡེམ་དགོངས་ལྟ་བུ། དོན་གཞན་ལ་དགོངས་ པ། བདེ་བ་ཅན་དུ་སྐྱེ་བར་སྨོན་ལམ་བཏབ་ན་དེར་སྐྱེའོ་ཞེས་སོགས་དུས་གཞན་ལ་དགོངས་ པ། སྦྱིན་པ་ལ་བསྟོད་སྨད་ལྟ་བུ་གང་ཟག་གི་བསམ་པ་ལ་དགོངས་པ་སྟེ། དགོངས་པ་བཞི་ བོ་གཉེན་པོ་ལ་ལྡེམ་དགོངས་ཀྱི་བྱེ་བྲག་གོ །ཁྱད་པར་ནི་དགོངས་གཞི་གཙོ་བོར་བྱས་པའི་ ངག་ལྡེམ་དགོངས་སྐབས་ཀྱི་དགོངས་པ་གཙོ་བོར་བྱས་པའི་ངག་དགོངས་པ་སྟེ་ངོ་བོ་གཅིག་ 3-1-142 གོ །འཕགས་པ་ཐོགས་མེད་ཀྱིས། དགོངས་པ་བཞི་དང་ལྡེམ་པོར་དགོངས་པ་བཞིས་སངས་ རྒྱས་ཀྱི་གསུང་ཐམས་ཅད་ཁོངས་དུ་ཆུད་པར་བྱའོ། །ཞེས་ཐེག་བསྡུས་སུ་བཤད་པ་ལྟར་ ལེགས་ཀྱི་བརྒྱད་ཀ་དྲང་དོན་ཁོ་ནར་འདོད་པ་མི་ལེགས་ཤིང་དཔྱད་རྒྱུ་མང་སྟེ་མང་དོགས་ སོ། ། ད་ནི་མཚན་ཉིད་ཐེག་པའི་འཁོར་ལོ་རིམ་པ་གསུམ་དང༌། སྔགས་ཀྱི་ཐེག་པའི་དམན་ མཆོག་གི་རིམ་པ་བསྟན་ནས་གོང་མ་གོང་མར་བགྲོད་པར་རིགས་སོ། །ཞེས་སྟོན་ཏེ། དཔེར་ ན་རྒྱལ་བློན་ལ་སོགས་པ་ཁ༷ང་བཟ༷ང་སུ༷མ་བརྩེ༷གས་ཕུན་སུམ་ཚོགས་པའི་སྟེ༷ང་དུ༷་འཛེ༷ག་ ཅིང་ཁང་རྩེགས་སྟེང་མ་ལ་ལོངས་སྤྱོད་པ༷་ལྟ༵ར་ཆོས་ཀྱི་འཁོ༷ར་ལོ༷་རི༷མ་གསུ༷མ་དང་ཁྱ༷ད་པ༷ར་ གས༷ང་སྔ༷གས་ཀྱི༵་ཆོས་འཁོར་རྣམས་ཀྱི་རིམ་པས་ས༷ངས་རྒྱ༷ས་ཀྱི་བསྟ༷ན་པ་ལུང་དང་རྟོགས་ པ༷འི་ཆོས་ཀྱི་ཁ༷ང་བཟ༷ང་སུ༷མ་བརྩེ༷གས་ལ༵་རི༷མ་པ་བཞི༷ན་དུ་འཛེ༷ག་ཅིང་ཁང་བརྩེགས་སྟེང་ མ་ལྟ་བུའི་ཐེག་ཆེན་དང༌། དེའི་ནང་ནས་རྡོ་རྗེ་ཐེག་པ་ལ་ལོངས་སྤྱོད་པ༷ར་བྱའོ། །ཞེས་སྟོ༷ན་ པར་མཛ༷ད་ནས་མཐར་གདུལ་བྱ་འབྲས་བུ་མཆོག་ལ་མྱུར་དུ་སྦྱོར་བའི་བླ་མ་དམ་པ་ཁྱེ༷ད་ལ༷་ འདུ༵ད་དོ། ། དེས་ན་སྔགས་ཀྱི་ཐེག་པ་འདི་ནི་སེམས་ཙམ་ལུགས་ཡིན་གྱི་དབུ་མ་པ་ལྟར་གྱི་ལྟ་ སྒོམ་སོགས་འདི་བས་ལྷག་ཅེས་སོགས་སྨྲ་བ་ནི་ཆད་སྟོང་མཆོག་ཏུ་རློམ་པ་ཆོས་ཟབ་མོའི་ ཉམས་ལེན་དང་བྲལ་བ་ལོག་པའི་སྤོབས་པ་ཧ་ཅང་མྱུར་བ་རྣམས་ཀྱི་མུན་སྤྲུལ་ལོ། །དེ་ལྟར་ གདུལ་བྱ་དམན་མཆོག་གི་རིམ་པས་ཁྲིད་པར་བསྟན་པ་ལ་གལ་ཏེ་སེམས་ཅན་ཐམས་ཅད་ བདེ་གཤེགས་སྙིང་པོ་ཅན་ཡིན་ན་གདུལ་བྱ་མཆོག་དམན་ཡང་མི་རིགས་ཤིང༌། སེམས་ ཅན་རྣམས་ཀྱང་སྔོན་ནས་སངས་རྒྱས་ཟིན་པར་འགྱུར་རོ་ཞེ་ན། དཔལ་བརྟག་པ་གཉིས་ པ་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དེ་ 3-1-143 བསལ་ན་ནི་སངས་རྒྱས་ཉིད། །ཅེས་སོགས་དང༌། དུས་འཁོར་བསྡུས་རྒྱུད་དུ། སེམས་ཅན་ རྣམས་ནི་སངས་རྒྱས་ཉིད་དེ་འཇིག་རྟེན་ཁམས་འདིར་ཆེན་པོའི་སངས་རྒྱས་གཞན་ནི་ཡོད་ མ་ཡིན། །དེ་རྣམས་རྣམ་པར་མི་རྟོག་པ་ཡིས་མཉེས་པར་བྱས་ནས་དཔག་མེད་སྲིད་པ་དག་ ནི་གཅོད་པར་བྱེད། །ཅེས་དང༌། རྣལ་འབྱོར་དབང་ཕྱུག་བིར་ཝ་པས། རང་གི་ལུས་ལ་སངས་ རྒྱས་བཞུགས། །གཞན་དུ་གང་དུ་འང་སངས་རྒྱས་མེད། །སངས་རྒྱས་རྣམས་ནི་ཡེ་ཤེས་ སྐུ། །གཞན་དུ་བཙལ་བས་རྙེད་མི་འགྱུར། །ཞེས་སོགས་མདོ་རྒྱུད་ཀྱི་ལུང་ཤིན་ཏུ་མང་པོར་ སེམས་ཅན་ཐམས་ཅད་བདེ་གཤེགས་སྙིང་པོ་ཅན་དུ་ངེས་དོན་དུ་གསུངས་ཤིང༌། དེ་ཡང་ སེམས་ཀྱི་རང་བཞིན་འོད་གསལ་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ཡིན་ལ། དེ་ཉིད་དོན་ དམ་ཆོས་སྐུ་ཡང་ཡིན་པས། སེམས་ཅན་ཐམས་ཅད་ལ་དོན་དམ་ཆོས་སྐུ་ཡོད་ཅིང༌། དེ་ཡང་ ཐོབ་པའམ་དེའི་རྒྱུད་ཀྱིས་བསྡུས་པའི་ཚུལ་གྱིས་ཡོད་པ་མིན་གྱི་སེམས་ཅན་ཐམས་ཅད་ཀྱི་ སེམས་ཀྱི་ཆོས་ཉིད་དེ་བཞིན་ཉིད་དུ་ཡོད་པ་སྟེ། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་གཅིག་བུ་ ཡིན་པར་མདོ་རྒྱུད་ཐམས་ཅད་ལས་གསུངས་སོ། །དེ་ལྟར་ཡིན་ན་ཡང་ཆགས་སོགས་གློ་བུར་ དྲི་མས་བསྒྲིབས་པས་མ་ཐོབ་ཅིང་མ་མཐོང་བས་འཁོར་བར་འཁོར་ཞིང་དེ་ལས་ཐར་བ་ལ་དྲི་ མ་བསལ་དགོས་པའི་རང་བཞིན། དེ་སེལ་བའི་ཐབས་རྒྱས་པར་བསྟན་པའི་སྒོ་ནས་བསྟོད་ དེ། ཇི༷་ལྟ༷ར་ཏེ་དཔེར་ན་ནོ༷ར་བུ༷འི་དྲི་མ་སྦྱོང་མཁ༷ན་གྱི༷་སྐྱེ་བོ་མཁས་པས་ནོ༷ར་བུ༷་བཻཌཱུརྱ་ཆེན་ པོ་ལ་གོས་པ་ཡི༵་དྲི༷་མ༷་རགས་པ་ཕྲ་བ་ཤིན་ཏུ་ཕྲ་བའི་རི༷མ་པ་གསུ༷མ་རི༷མ་བཞི༷ན་སྦྱོ༷ང་བ༷་ ལྟ༵ར་སེམས་ཅན་གྱི་རྒྱུད་ལ་བདེ་སྙིང་ཆོས་སྐུ་དེ་བཞིན་ཉིད་དུ་ཡོད་ཀྱང་གློ་བུར་དྲི་མའི་སྒྲིབ་ གཡོགས་ཀྱིས་བསྒྲིབས་པས་ཆོས་ཀྱི་འཁོ༷ར་ལོ༷་རི༷མ་པ་གསུ༷མ་དང་ཁྱ༷ད་པ༷ར་གས༷ང་སྔ༷གས་ ཀྱི༵་ཆོས་ཀྱི་འཁོར་ལོའི་དོན་ལ་བསླབས་པས་རང་རང་གི་རྒྱུད་ལ་ཡོད་པའི་བདེ༷་གཤེ༷གས་ སྙི༷ང་པོ༷འི་སྒྲིབ་གཡོགས་ཀྱི་གློ་བུར་དྲི་མ་རགས་པ་ཕྲ་ཤིན་ཏུ་ཕྲ་བ་གསུམ་རིམ་པ་བཞིན་ 3-1-144 དུ་སྦྱོ༷ང་དགོས་སོ་ཞེས་ཆོས་ཀྱི་འཁོར་ལོ་མཐའ་དག་གི་བརྗོད་པར་བྱ་བའི་དོན་གྱི་གཙོ་བོ་ རྫོགས་པ༷ར་སྟོ༷ན་པར་མཛད་པའི་བླ་མ་དམ་པའི་ཞབས་ལ༷་འདུ༵ད་དོ། །དེ་ལ་འཁོར་ལོ་ གསུམ་གྱིས་བདེ་གཤེགས་སྙིང་པོའི་དྲི་མ་རྣམས་རིམ་པ་ལྟར་སྦྱོང་བ་ནི་དེ་བཞིན་གཤེགས་ པའི་ཐུགས་རྗེ་ཆེན་པོ་བསྟན་པའི་མདོར་རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་ནོར་བུ་མཁན་ མཁས་པ་ནོར་བུ་སྦྱོང་བའི་ཚུལ་ལེགས་པར་ཤེས་པ་དེས། ནོར་བུ་རིན་པོ་ཆེའི་རིགས་ནས་ ཡོངས་སུ་མ་དག་པའི་ནོར་བུ་རིན་པོ་ཆེ་བླངས་ཏེ། ལན་ཚྭའི་ཆུ་རྣོན་པོས་སྦངས་ནས་སྐྲའི་ རེ་བའི་ཡོངས་སུ་སྦྱོང་པས་ཡོངས་སུ་སྦྱོང་པར་བྱེད་དོ། །དེ་ཙམ་གྱིས་བརྩོན་པ་འདོར་བ་མ་ ཡིན་གྱི། དེའི་འོག་ཏུ་ཟས་ཀྱི་ཁུ་བ་རྣོན་པོས་སྦངས་ནས་བལ་གྱི་ལྭ་བའི་ཡོངས་སུ་སྦྱོང་བས་ ཡོངས་སུ་སྦྱོང་བར་བྱེད་དོ། །དེ་ཙམ་གྱིས་བརྩོན་པ་འདོར་བ་མ་ཡིན་ཏེ། དེའི་འོག་ཏུ་སྨན་ ཆེན་པོའི་ཁུ་བ་ལ་སྦངས་ནས་རས་སྲབ་མོའི་ཡོངས་སུ་སྦྱོང་བས་ཡོངས་སུ་སྦྱོང་བར་བྱེད་དོ། ། ཡོངས་སུ་སྦྱངས་ཏེ་དྲི་མ་དང་བྲལ་བ་ནི་བཻཌཱུརྱའི་རིགས་ཆེན་པོ་ཞེས་བརྗོད་དོ། །རིགས་ ཀྱི་བུ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་ཡོངས་སུ་མ་དག་པའི་སེམས་ཅན་གྱི་ཁམས་ མཁྱེན་ནས། མི་རྟག་པ་དང༌། སྡུག་བསྔལ་བ་དང༌། བདག་མེད་པ་དང༌། མི་གཙང་བ་ཡིད་ འབྱུང་བའི་གཏམ་གྱིས་འཁོར་བ་ལ་དགའ་བའི་སེམས་ཅན་རྣམས་སྐྱོ་བ་བསྐྱེད་པར་མཛད་ དེ། འཕགས་པའི་ཆོས་འདུལ་བ་ལ་འཛུད་པར་མཛད་དོ། །དེ་ཙམ་གྱིས་དེ་བཞིན་གཤེགས་ པ་བརྩོན་པ་འདོར་བ་མ་ཡིན་ཏེ། དེའི་འོག་ཏུ་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་ པ་མེད་པའི་གཏམ་གྱིས་དེ་བཞིན་གཤེགས་པའི་ཚུལ་རྟོགས་པར་མཛད་དོ། །དེ་ཙམ་གྱིས་ དེ་བཞིན་གཤེགས་པ་བརྩོན་པ་འདོར་བ་མ་ཡིན་ཏེ། དེའི་འོག་ཏུ་ཕྱིར་མི་ལྡོག་པའི་ཆོས་ཀྱི་ འཁོར་ལོའི་གཏམ་འཁོར་གསུམ་ཡོངས་སུ་དག་པའི་གཏམ་གྱིས་རང་བཞིན་སྣ་ཚོགས་ཀྱི་རྒྱུ་ ཅན་གྱི་སེམས་ཅན་དེ་དག་དེ་བཞིན་གཤེགས་པའི་ཡུལ་ལ་འཛུད་པར་མཛད་དོ། །ཞུགས་ 3-1-145 པར་གྱུར་ཅིང་དེ་བཞིན་གཤེགས་པའི་ཆོས་ཉིད་རྟོགས་ན་ནི་བླ་ན་མེད་པའི་ཡོན་གནས་ཞེས་ བརྗོད་དོ། །ཞེས་སོ། ། ལྔ་པ་ལ་བཞི་སྟེ། མཐར་ཐུག་གི་བདེ་སྟོང་དཔེས་བསྟན་པ། མཐར་ཐུག་གི་སྟོང་ཉིད་ ཀྱི་མཚན་གྱི་རྣམ་གྲངས། མཐར་ཐུག་གི་བདེ་ཆེན་གྱི་མཚན་གྱི་རྣམ་གྲངས། བདེ་སྟོང་ཟུང་ འཇུག་གི་མཚན་གྱི་རྣམ་གྲངས་བསྟན་པའི་སྒོ་ནས་བསྟོད་པའོ། ། དང་པོ་ནི། མདོ་རྒྱུད་མང་པོར་སེམས་ཅན་ཐམས་ཅད་གྱི་དེ་བཞིན་གཤེགས་པའི་སྙིང་པོ་ ཅན་ནོ། །ཞེས་གསུངས་པ་ལྟར་གྱི། བདེ༷་གཤེ༷གས་སྙི༷ང་པོ༷་དེ་རྒྱུ༷་ད༷ང་འབྲ༷ས་བུ༷ར་ (གཞ༵ན) ཡང་གསུངས་ཤིང༌། དེ་ཡང་ས་བོན་དང་མྱུ་གུ་ལྟ་བུའི་སྐྱེད་བྱེད་དང་བསྐྱེད་བྱའི་རྒྱུ་འབྲས་ འདི་མ་ཡིན་གྱི། དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་ལས་གསུངས་པ་ལྟར་རྒྱུ༷་གཞ༷ན་དང་འབྲས་ བུ་གཞན་ཏེ། འདུས་མ་བྱས་པའི་རྒྱུ་དང་འབྲས་བུའོ། །དེ་ཡང་རང་བཞིན་གྱིས་འོ༷ད་གས༷ལ་ བའི་རྣམ་ཀུན་མཆོག་ལྡན་གྱི་སྟོ༷ང་བ་ཉི༷ད་དེ་རྒྱུ་གཞན་ཡིན་ལ་དེ་ཡང་གང་ཡིན་ན་སྟོང་ཉིད་ གཟུ༷གས་བརྙ༷ན་ཏེ༵་སོ་སོར་བསྡུད་ལ་སོགས་པའི་རྣལ་འབྱོར་གྱིས་མངོན་སུམ་དུ་མཐོང་ བའི་སྟོང་གཟུགས་ཏེ། དེ་ཉིད་ཤེར་ཕྱིན་གྱི་མདོ་ལ་སོགས་པར། ཆོས་ཉིད་ཀྱི་གཟུགས་ཞེས་ སོགས་གསུངས་པ་དང་དོན་གཅིག་ཡིན་ལ་དེས་མཚོན་ནས་སྟོང་ཉིད་ཀྱི་སྒྲ་བརྙན་སོགས་ ཀྱང་ཆོས་ཉིད་ཀྱི་སྒྲ་ལ་སོགས་པའོ། །ཞུ་བདེ་འགྱུར་མེད་ཀྱི་བདེ་བ་ཙམ་མིན་པའི་རང་བཞིན་ {གའགྱུ༷ར་མེ༷ད་ཀྱི་བདེ༷་བ༷་ཆེ༵)ན་པོ་[ཁནི༷་]ཀའབྲ༷ས་བུ༷་གཞ༷ན་)ཏེ། རྒྱུ་གཞན་འོད་གསལ་ སྟོང་ཉིད་བསྒོམ་པ་མཐར་ཐུག་པས་མངོན་དུ་གྱུར་པ་ཙམ་ལ་བྲལ་བའི་འབྲས་བུ་ཞེས་བཞག་ པའོ། །དུས་འཁོར་རྩ་རྒྱུད་ལས། སྟོང་ཉིད་གཟུགས་བརྙན་འཛིན་པ་རྒྱུ། །སྙིང་རྗེ་འགྱུར་མེད་ འཛིན་པ་འབྲས། །ཞེས་སོ། །དེ་ལྟ་བུའི་འདུས་མ་བྱས་ཀྱི་བདེ་སྟོང་དེ་ཉིད་བདེ་གཤེགས་སྙིང་ པོ་དང་དོན་དམ་ཆོས་ཀྱི་སྐུ་དང་དོན་གཅིག་པ་ཡིན་ནོ། །དེ་ཉིད་ཆོས་རྣམས་ཀྱི་ཆོས་ཉིད་དང་ 3-1-146 དེ་བཞིན་ཉིད་ལ་སོགས་པའང་ཡིན་ནོ། །དེ་ཡང་མཚན་ཉིད་ཐེག་པར་གྲགས་པའི་སྤྲོས་བྲལ་ ཞེས་པ་དགག་བྱ་རྣམ་པར་བཅད་པ་ཙམ་གྱི་སྟོང་ཉིད་མ་ཡིན་ཏེ། གཞོན་ནུ་མས་མེ་ལོང་ལ་ སོགས་ལ་པྲ༷་ཕ༷བ་བརྒྱ༷ད་འབེབས་ཚུལ་གྱིས་ཕབ་པའི་སྣང་བ་ལ་རྐུན་པོ་སོགས་ཀྱི་གཟུགས་ བརྙན་མངོན་སུམ་དུ་ཤར་བ་ད༷ང་མཚུ༷ངས་པ༷ར་རྣལ་འབྱོར་པའི་སོ་སོ་རང་རིག་པའི་ཡེ་ཤེས་ ལ་མངོན་སུམ་དུ་གསལ་བར་ཤར་བའི་ཕྱིར་སྤྲོས་པ་དང་བྲལ་ཙམ་མམ་དགག་བྱ་རྣམ་པར་ བཅད་པ་ཙམ་གྱི་སྟོང་ཉིད་ཡིན་ན། སེམས་ཅན་ནས་སངས་རྒྱས་ཀྱི་བར་སུ་ལ་ཡང་མངོན་ སུམ་དུ་གསལ་བར་སྣང་མི་སྲིད་པའི་ཕྱིར། ཞེས་ལེགས་པར་སྟོ༷ན་པའི་བླ་མ་དམ་པའི་ཞབས་ ལ༷་འདུ༵ད་དོ། ། ༈ དེ་ལྟར་ན་རང་སྟོང་ཁོ་ན་སྟོང་ཉིད་མཆོག་ཏུ་རློམ་པ་རྣམས་ཀྱི་ལུགས་ལ་ཆོས་རྣམས་ ཀྱི་ཆོས་ཉིད་དམ་དེ་བཞིན་ཉིད་མངོན་སུམ་དུ་རྟོགས་པའི་སྣང་བ་ཤེས་བྱ་ལ་མི་སྲིད་པའི་ སྐྱོན་ཡོད་དོ། །པྲ་ཕབ་བརྒྱད་ནི། མེ་ལོང་མཐེ་བོང་སྒྲོན་མེ་ཟླ། །ཉི་མ་ཆུ་དང་རལ་གྲི་མིག །པྲ་ འབེབས་འཇུག་པ་བརྒྱད་རྣམས་ནི། །རྒྱལ་བ་རྣམས་ཀྱིས་པྲ་འབེབས་གསུངས། །ཞེས་སོ། ། གཉིས་པ་ནི། སྟོང་ཉིད་མཐར་ཐུག་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་དེ་ཉིད་རྒྱུད་སྡེ་ ཟབ་མོ་རྣམས་སུ་མཚན་གྱི་རྣམ་གྲངས་མང་པོ་གསུངས་ཏེ། བདེ་མཆོག་རྩ་རྒྱུད་ལས། ཕོ་ཉ་ ཀུན་གྱི་གསང་བ་ལ། །སེམས་དཔའ་ཀུན་གྱི་བདག་ཉིད་གནས། །ཞེས་དང༌། བདེ་མཆོག་ བསྡུས་རྒྱུད་ལས། གསང་བ་མཆོག་གི་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། ། ཞེས་གས༷ང་བ༷་ཞེས་དང་གས༷ང་ཆེ༷ན་ཏེ་གསང་བ་མཆོག་ཞེས་གསུངས་ཤིང༌། རྡོ་རྗེ་གུར་ སོགས་སུ། ནམ་མཁའ་བེམ་མིན་དང་བ་དང༌། །ཞེས་ནམ་མཁ༷འི་ཁ༷མས་ཞེས་པར་ཡང་ གསུངས་ཤིང༌། ཤེར་ཕྱིན་གྱི་མདོར་ཡང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནི་ནམ་ མཁའ་བསྒོམ་པའོ་ཞེས་དང༌། དུས་འཁོར་གྱི་རྒྱུད་དུ། སྣ༷་ཚོ༷གས་ཡུ༵མ་ཞེས་གསུངས་ཏེ། རྣམ་ 3-1-147 ཀུན་མཆོག་ལྡན་གྱི་སྟོང་པའང་ཡིན་ཕྱག་རྒྱ་ཆེན་མོའང་ཡིན་པས་དེ་སྐད་དོ། །བརྟག་གཉིས་ སོགས་སུ་ཆོ༷ས་འབྱུ༷ང་དང་བྷ༷་ག༷་ཞེས་ཀྱང་གསུངས་ཏེ། འདི་བསྒོམ་པ་མཐར་ཐུག་ཅིང་ མངོན་དུ་གྱུར་པའི་གང་ཟག་གི་རྒྱུད་ལ་སྟོབས་བཅུ་ལ་སོགས་པའི་གཞན་བྱུང་གི་ཡོན་ཏན་ རྣམས་གསར་དུ་འབྱུང་ཞིང་འདུས་མ་བྱས་པའི་ཆོས་སྐུའི་ཡོན་ཏན་མཐའ་ཡས་པ་རྣམས་རང་ བཞིན་གྱི་ལྡན་པས་དེ་སྐད་དོ། །རྣལ་འབྱོར་རྗེས་སུ་རིག་པའི་རྒྱུད་དུ། (དུས་འཁོར་འགྲེལ་ཆེན་ལས་ བཤད་)ལྷག་པའི་ལྷ་ནི་གཅིག་པུ་འདི། །རྡོ་རྗེ་མཁའ་འགྲོའི་པདྨར་གནས། །ཞེས་ཆུ༷་སྐྱེ༷ས་སམ་ པད་མ་ཞེས་ཀྱང་གསུངས། དུས་ཀྱི་འཁོར་ལོར་སེ༷ང་གེ༷འི་ཁྲི༵་ཞེས་ཀྱང་གསུངས་ཏེ། སྒྲིབ་ གཉིས་ཀྱི་རི་དྭགས་ཀྱི་ཚོགས་ཐམས་ཅད་གདོད་མ་ནས་རང་བཞིན་གྱིས་བཅོམ་པས་སེང་གེ་ སྟེ་རང་བཞིན་འགྱུར་མེད་ཀྱི་བདེ་བ་ཆེན་པོ་དེ་རང་དང་དབྱེར་མེད་དུ་གནས་པའི་ཆ་ནས་ཁྲི་ ཞེས་སྦྱར་བའོ། །དེ་བཞིན་དུ་བདག་གཉིས་ཀྱིས་སྟོང་པས་རྡོ་རྗེ་བད༷ག་མེ༷ད་མ་དང༌། གཙང་ མི་གཙང་ལ་སོགས་པའི་རྣམ་རྟོག་ཐམས་ཅད་དང་བྲལ་བས་རྡོ་རྗེ་ཕ༷ག་མོ༷་དང་ཤི་བ་ལྟར་ ལས་རླུང་གི་འགྲོ་འོང་དང་བྲལ་ཞིང་ཤིན་ཏུ་རྣམ་དག་གི་སེམས་དང་བཅས་པས། རྡོ་རྗེ་རོ་ ལངས་མ་ལ༷་སོ༷གས་པ་སྣ༷་ཚོ༷གས་པའི་མི༵ང་དུ༷་མ༷་བཏགས་ཀྱང་དོ༷ན་རྣམ་ཀུན་མཆོག་ལྡན་ གྱི་སྟོང་པ་ཉིད་དུ་གཅི༷ག་གོ་ཞེས་མཐར་ཐུག་གི་སྟོ༷ང་ཉི༷ད་སྟོ༷ན་པར་མཛད་པའི་བླ་མ་དམ་ པའི་ཞབས་ལ༷་འདུ༵ད་དོ། ། དེ་ཡང་དུས་འཁོར་རྩ་རྒྱུད་ལས། ཨེ་གསང་མཁའ་དབྱིངས་བྷ་གའམ། །ཆོས་འབྱུང་ཆུ་ སྐྱེས་སེང་གེའི་ཁྲིར། །ཞེས་སོགས་དང༌། འཁོར་ལོ་སྡོམ་པའི་རྒྱུད་འགྲེལ་པར། ཨེ་དང་བྷ་ ག་བདྨ་དང༌། །བདག་དང་བདེ་གནས་བདེ་བ་ཅན། །སེང་གེའི་ཁྲི་དང་དམིགས་པ་མེད། །དེ་ བཞིན་ཉིད་དང་ཕ་རོལ་ཕྱིན། །ཞེས་དང༌། རྡོ་རྗེ་གུར་དུ་ཡང༌། མཁའ་དབྱིངས་བེམ་མིན་དང་ བ་དང༌། །གོ་འབྱེད་རབ་ཏུ་གསལ་བ་དང༌། །ཞེས་སོགས་སོ། ། 3-1-148 གསུམ་པ་ནི། དེ་ལྟའི་སྟོང་ཉིད་ཟབ་མོ་དེ༷་ཉི༷ད་དོན་དམ་མཐར་ཐུག་གི་བདེ་བ་ཆེན་ པོའང་ཡིན་ཏེ། དེ་ལ་ཡང་མཚན་གྱི་རྣམ་གྲངས་དུ་མ་གསུངས་ཏེ། རྡོ་རྗེ་མི་ཕྱེད་ཅེས་བྱར་ བརྗོད། །ཅེས་པ་ལྟར། རྣམ་པར་རྟོག་པའི་མཚོན་ཀྱིས་མི་ཆོད་ཅིང་མི་ཤིགས་ལ། འཇོམས་ ཕྱིར་རྡོ་རྗེ་ཞེས་པར་བརྗོད། །ཅེས་པ་ལྟར། མཚན་མ་དང་རྣམ་རྟོག་སོགས་འཇོམས་པར་ནུས་ པས་ན་རྡོ༷་རྗེ༷། ཞེས་སོགས་དང༌། བདེ་བ་ཆེན་པོའི་རང་བཞིན་ཡིན་པས་ཐི༷ག་ལེ༷་ཞེས་དང༌། ཧེ་ནི་རྒྱུ་སོགས་སྟོང་པ་ཉིད། །རུ་ནི་ཚོགས་དང་བྲལ་བ་སྟེ། །ཀ་ནི་གང་དུའང་མི་གནས་པའོ། ། ཞེས་པ་ལྟར་གྱི་དོན་དང་ལྡན་པས་ཧེ༷་རུ༷་ཀ༵་ཞེས་དང༌། སངས་རྒྱས་ཐམས་ཅད་ཀྱི་བདེ་བ་ ཆེན་པོ་འདུས་པས་འདུ༷ས་པ༷་ཞེས་དང༌། འཕོ་བའི་བག་ཆགས་སྤངས་པས་སྡོ༷མ་པ༷་སྟེ། རང་ བཞིན་འགྱུར་མེད་ཀྱི་བདེ་བ་ཡིན་པས་བདེ་མཆོག ཞེས་དང༌། ཧེ་ནི་སྙིང་རྗེ་ཆེན་པོ་སྟེ། །ཞེས་ པ་ལྟར། ཧེ༷་ཞེས་པ་ད༷ང༌། སྙི༷ང་རྗེ༷་ཆེ༵ན་པོ་ཞེས་དང༌། ལམ་བསྒོམས་པའི་སྟོབས་ཀྱིས་མིན་ གྱི་གདོད་ནས་རང་བཞིན་གྱིས་སྒྲིབ་པ་ཐམས་ཅད་སྤངས་ཤིང༌། བདག་རིག་གཞན་རིག་ ཐམས་ཅད་པའི་ཆོས་དབྱིངས་ཡེ་ཤེས་སུ་གནས་པས་སངས་རྒྱས་ཏེ་ད༷ང་པོ༷འི་ས༷ངས་རྒྱ༷ས་ ཞེས་ཏེ། འགྲེལ་ཆེན་དྲི་མ་མེད་པའི་འོད་དུ། དང་པོའི་སྒྲ་ནི་ཐོག་མ་དང་ཐ་མ་མེད་པའི་དོན་ ཏེ། ཞེས་སོ་དོན་དམ་བྱ༷ང་ཆུ༷བ་སེ༷མས་ཞེས་ཏེ། རྡོ་རྗེ་ཕྲེང་བའི་རྒྱུད་དུ། དབྱིངས་ནི་བྱང་ཆུབ་ སེམས་སུ་གསུངས། །ཞེས་དང༌། སམ་བུ་ཊིར། དྲི་མེད་ཤེལ་དང་མཚུངས་པའི་འོད། །བྱང་ ཆུབ་སེམས་ནི་འོད་གསལ་བ། །ཡེ་ཤེས་ལྔ་ཡི་དངོས་པོ་ཉིད། །ཅེས་དང༌། བྱང་ཆུབ་སེམས་ འགྲེལ་ལས། དེ་བཞིན་ཉིད་དང་ཡང་དག་མཐའ། །མཚན་མ་མེད་དང་དོན་དམ་ཉིད། །བྱང་ ཆུབ་སེམས་མཆོག་དེ་ཉིད་དང༌། །སྟོང་པ་ཉིད་དུ་འང་བཤད་པ་ཡིན། །ཞེས་སོགས་དང༌། སོགས་པ་ལྷན་ཅིག་སྐྱེས་པའི་དགའ་བ་སོ༷གས་མི༵ང་དུ༷་མ༷་བཏགས་ཀྱང་དོ༷ན་རང་བཞིན་ འགྱུར་མེད་ཀྱི་བདེ༷་བ་ཆེ༷ན་པོར་གཅི༷ག་{གོ} ། ཞེས་སྟོ༷ན་པར་མཛད་པའི་བླ་མ་དམ་པའི་ 3-1-149 ཞབས་ལ༷་འདུ༵ད་དོ། ། འགྲེལ་ཆེན་ལས། དེ་བཞིན་དུ་ཝཾ་ཡིག་དང༌། བདེ་བ་ཆེན་པོ་དང༌། ཆགས་པ་ཆེན་པོ་ དང༌། ལྷན་ཅིག་སྐྱེས་པ་དང༌། མཆོག་ཏུ་མི་འགྱུར་བ་དང༌། ཐིག་ལེ་དང༌། དེ་ཁོ་ན་ཉིད་དང༌། ཡེ་ཤེས་དང༌། རྣམ་པར་དག་པའི་སེམས་ཀྱི་མིང་རྣམས་ཀྱི་ནང་ནས་ཝཾ་ཡིག་གཅིག་པུ་གཙོ་ བོའི་མིང་མ་ཡིན་ཏེ། ཐམས་ཅད་ཀྱིས་ཀྱང་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་པའི་དགའ་བ་ འགྱུར་བ་མེད་པའི་བདེ་བ་གོ་བར་བྱེད་པའི་ཕྱིར་ཏེ། ཞེས་སོ། ། བཞི་པ་ནི། དེ་ལྟ་བུའི་མཐར་ཐུག་གི་བདེ་བ་ཆེན་པོ་དེ་བདག་རིག་གཞན་རིག་ཐམས་ ཅད་པ་ཡིན་པས་ཤེས་པ་དང༌། སྟོང་ཉིད་ཟབ་མོ་དེ་མངོན་སུམ་དུ་རྟོགས་བྱ་ཡིན་པས་ཤེས་ བྱའི་མཆོག་ཏེ། དེ་འདྲའི་ཤེས་དང་ཤེས་བྱ་གཅིག་པའི་སྐུ་དེ་ཉིད་སྔར་བཤད་མ་ཐག་པ་ ལྟར་གྱིས་བདེ་སྟོང་གཉིས་ཀ་ཡིན་པས་རྡོ༷་རྗེ༷་སེ༷མས་དཔ༷འ་དང༌། ཨེ༷་ཝ༷ཾ་ཞེས་དང༌། དུ༷ས་ ཀྱི་འཁོ༷ར་ལོ༵་དང༌། འཁོ༷ར་ལོ༷་སྡོ༷མ་པ༷་དང༌། དགྱེ༷ས་པ༷་རྡོ༷་རྗེ༷་ད༵ང༌། སྒྱུ༷་འཕྲུ༷ལ་དྲ༷་བ༷་དང་ གས༷ང་བ་འདུ༷ས་པ་དང༌། སངས་རྒྱས་རིན་ཆེན་ཟ་མ་ཏོག་ཅེས་པ་ལ༷་སོ༷གས་ཀྱི་མི༵ང་དུ༷་མ༷་ བཏགས་ཀྱང་དོན་སྔར་བཤད་ལྟར་གྱི་བདེ་སྟོང་ཟུ༷ང་འཇུ༷ག་ཏུ་དོ༷ན་གཅི༷ག་པར་སྟོ༷ན་པའི་བླ་ མ་དམ་པའི་ཞབས་ལ༷་འདུ༵ད་དོ། ། ༈ དུས་འཁོར་རྩ་རྒྱུད་ལས། རྡོ་རྗེ་ཅན་དང་ཨེ་ཝཾ་དང༌། །རྡོ་རྗེ་ཅན་དང་རྡོ་རྗེ་སེམས། ། རྡོ་རྗེ་འཇིགས་བྱེད་དབང་ཕྱུག་དང༌། །ཧེ་རུ་ཀ་དང་དུས་འཁོར་དང༌། །དང་པོའི་སངས་རྒྱས་ ལ་སོགས་མིང༌། །སྣ་ཚོགས་ཡུམ་གྱི་ཐ་སྙད་ཀྱིས། །རྒྱུད་གཞན་དག་ཏུ་བདག་གིས་བརྗོད། ། ཅེས་སོ། ། དྲུག་པ་ནི། སྤྱིར་གསུང་རབ་ལས། གཞི་དང་ལམ་དང་འབྲས་བུ་གསུམ་གསུངས་ཤིང༌། དེའི་ནང་ནས་འདིར་དོན་དམ་མཐར་ཐུག་གི་ཀུན་གཞི་སྟོན་ཏེ། སྔར་བསྟན་མ་ཐག་པའི་ 3-1-150 མཐར་ཐུག་གི་བདེ་སྟོང་ཟུ༷ང་དུ་འཇུ༷ག་ཅིང་སོ་སོར་དབྱེ༷ར་མེ༷ད་ལ་གཅིག་ཉིད་ཡིན་པས་རོ༷་ མཉ༷མ་ཞིང་རྣམ་རྟོག་སོགས་ཀྱིས་མི༷་ཤི༷གས་ཤིང་འཇོམས་པར་མི་ནུས་པ༵་དང༌། རྒྱུ་རྐྱེན་ གྱིས་མ་བསྐྱེད་པར་བདག་རིག་གཞན་རིག་ཐམས་ཅད་པ་ཡིན་པས་ར༷ང་བྱུ༷ང་གི་ཡེ༷་ཤེ༷ས་ དང༌། གདོད་ནས་དང་པོར་རམ་རང་བཞིན་གྱིས་སངས་རྒྱས་པ་ན་ད༷ང་པོ༷འི་ས༷ངས་རྒྱ༷ས་ ཞེས་པའི་མིང་གི་རྣམ་གྲངས་ཅན་གྱི་དོན་དམ་ཆོས་སྐུ་ནི༵་མ་དག་པ་དང་མ་དག་དག་པའི་ གནས་སྐབས་ཀྱི་གང་ཟག་གི་རྒྱུད་ཀྱི་སེམས་ཀྱི་ཆོས་ཉིད་དུ་ཡོད་ཅིང༌། གློ་བུར་དྲི་མའང་དེའི་ རྒྱུད་ལ་གནས་པས་རྒྱུད་དྲི་མ་ཅན་ལ་ཡོད་པའི་ཆོས་ཉིད་ཡིན་པས་དྲི༷་བཅ༷ས་དེ༷་བཞི༷ན་ཉི༷ད་ (ནི་)ཅེས་རྣམ་བཞག་བྱས་པ་སྟེ། དེ་ལྟར་ན་སེམས་ཅན་ཐ༷མས་ཅ༷ད་ཀྱི་སེམས་ཀྱི་རྒྱུད་ལ༵་ ཆོས་ཉིད་དུ་ཡོད་ཅིང་མཁ༷འ་ལ་རླུང་རྟེན་པ་བཞི༷ན་དེ་ལ་བརྟེན་ནས་ཐར་ལམ་ལ་འབད་པས་ ཐར་པ་འཐོབ་ལ། སྡིག་པ་བསགས་པས་ངན་སོང་དུ་འགྲོ་བའི་ཕྱིར་ཀུ༷ན་གྱི་གཞི༷ར་ཡོ༷ད་ པ༷ར་སྟོ༷ན་པའི་བླ་མ་དམ་པའི་ཞབས་ལ༷་འདུ༵ད། ། གལ་ཏེ་ཀུན་གཞི་ཞེས་པ་རྣམ་ཤེས་ཚོགས་བརྒྱད་ཀྱི་ཡ་གྱལ་དེ་ཁོ་ན་མིན་ནམ་སྙམ་ན། སེམས་ཀྱི་རང་བཞིན་འོད་གསལ་ཞེས་བཤད་པའི་ཆོས་ཉིད་དེ་ཀུན་གཞིའི་རྣམ་ཤེས་ཀྱིའང་ རྟེན་ཡིན་ཏེ། དེའི་ཡང་དེ་བཞིན་ཉིད་ཡིན་པའི་ཕྱིར། རྒྱུད་བླ་མའི་འགྲེལ་བར་མདོའི་ལུང་ དྲངས་པར། ཐོག་མ་མེད་དུས་ཅན་གྱི་དབྱིངས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །དེ་ ཡོད་པས་ན་འགྲོ་ཀུན་དང༌། །མྱ་ངན་འདས་པ་འཐོབ་པར་འགྱུར། །ཞེས་དང༌། རྒྱུད་བླར། ས་ ནི་ཆུ་དང་ཆུ་རླུང་ལ། །རླུང་ནི་མཁའ་ལ་རབ་ཏུ་གནས། །མཁའ་ནི་རླུང་དང་ཆུ་དག་དང༌། །ས་ ཡི་ཁམས་ལ་གནས་མ་ཡིན། །དེ་བཞིན་ཕུང་པོ་ཁམས་དབང་རྣམས། །ལས་དང་ཉོན་མོངས་ དག་ལ་གནས། །ལས་དང་ཉོན་མོངས་ཚུལ་བཞིན་མིན། །ཡིད་ལ་བྱེད་ལ་རྟག་ཏུ་གནས། ། ཚུལ་བཞིན་མ་ཡིན་ཡིད་བྱེད་ནི། །སེམས་ཀྱི་དག་པ་ལ་རབ་གནས། །སེམས་ཀྱི་རང་བཞིན་ 3-1-151 ཆོས་རྣམས་ནི། །ཐམས་ཅད་ལ་ཡང་གནས་པ་མེད། །ཅེས་སོ། །དེ་མངོན་དུ་བྱེད་པའི་ལམ་ མཐར་ཐུག་ནི། སྔར་བཤད་ལྟར་དྲི་བཅས་སུ་བཞག་པའི་དེ་བཞིན་ཉིད་དང་པོའི་སངས་རྒྱས་ དེ༷་ཉི༷ད་རང་རང་གི་ངོ་བོ་གློ་བུར་དྲི༷་མ༷འི་སྦུ༷བས་ལ༷ས་གདོད་ནས་གྲོལ་ཡང༌། དེ་[ཅན་གྱི་ ]སེམས་ཅན་གྱི་སེམས་རྒྱུད་གློ་བུར་དྲི་མས་བཅིངས་པ་ལས་གྲོ༷ལ་བ༷འི་ཐ༵བས་སུ་ལམ་རྡོ༷་ རྗེ༷འི་རྣ༷ལ་འབྱོ༷ར། ཞེས་དང༌། ལམ་ཤེ༷ས་ར༷བ་ཀྱི་ཕ༷་རོ༷ལ་ཏུ་ཕྱ ༵ ིན་པ་དང་ལམ་ཤི༷ན་ཏུ༷་རྣ༷ལ་ འབྱོ༷ར་དང༌། ཕྱ༷ག་རྒྱ༷་ཆེ༷ན་པོ་སྒོ༷མ་པ༵འི་ལམ་ཡ༷ན་ལ༷ག་དྲུག་ད༷ང་བཅ༷ས་པ་འབྲས་བུ་མཐར་ ཐུག་གི་ཉེ་ལ༷མ་དུ༷་སྟོ༷ན་པའི་བླ་མ་དམ་པའི་ཞབས་ལ༷་འདུ༵ད། ། ཡང་ན་དོན་དམ་གྱི་རྡོ་རྗེའི་རྣལ་འབྱོར་ནས་ཕྱག་རྒྱ་ཆེན་པོའི་[བར་]བསྒོམ་བྱ་ལ་སྦྱོར་ རོ། །མངོན་དུ་གྱུར་པའི་འབྲས་བུ་ནི། གདོད་ནས་གཞི༷་ལ༷་བཞུ༷གས་པ༷འི་དང་པོའི་སངས་ རྒྱས་དེ་རྣམ་པར་མི་རྟོག་པའི་ལ༷མ་གྱི༷་ཐ༷བས་མཆོ༷ག་གི༵ས་ཏེ་ཕྱག་རྒྱ་ཆེན་པོ་སྒོམ་པའི་ལམ་ རྣམ་པར་མི་རྟོག་པའི་ཞི་ལྷག་ཟུང་འཇུག་བསྒོམས་པའི་སྟོབས་ཀྱིས་རང་གི་ངོ་བོ་གདོད་ནས་ རང་བཞིན་གྱི་དྲི་མ་མེད་པར་མ་ཟད་ལམ་བསྒོམ་པ་མཐར་ཐུག་པའི་གང་ཟག་གི་རྒྱུད་ལ་ ཡང་གློ་བུར་དྲི༷་མ༷་ཀུ༷ན་སྤ༷ངས་སམ་མེད་པར་གྱུར་པའི་དྲི༷་མེ༷ད་དེ༷་བཞི༷ན་ཉི༵ད་དག་པ་གཉིས་ ལྡན་ཞེས་གྲགས་པ་དེ་མཐར་ཐུག་གི་འབྲས་བུའི་གཙོ་བོ་ཡིན་ལ་དེ་ཡང་སྔར་མེད་གསར་དུ་ སྐྱེས་པ་མ་ཡིན་གྱིས་ལམ་བསྒོམ་པ་མཐར་ཐུག་པའི་སྟོབས་ཀྱིས་མངོ༷ན་དུ༷་གྱུ༷ར་པ་ཙ༷མ་མམ་ ཐོབ་པ་ཙམ་ལ་འབྲ༷ས་བུ༷ར་[བཞག་གོ །]ཞེས་དང༌། སྐྱེད་འབྲས་གཟུགས་སྐུ་རྣམ་གཉིས་ གཞན་བྱུང་ཡེ་ཤེས་བཞི་དང་བཅས་པ་ཐོབ་བྱའི་འབྲས་བུ་ཕུན་སུམ་ཚོགས་པ་སྟེ། དཔེར་ན་ ནམ་མཁར་སྤྲི༷ན་ད༷ང་རྡུ༷ལ་དང་ཁུག་རྣ་སོ༷གས་ཡོད་པ་ཡང་འཐོར་བྱེད་རླུང་དྲག་པོའི་སྟོབས་ ཀྱིས་སྤྲོན་སོགས་ས༷ངས་པ༷འི་འདུས་མ་བྱས་ན༷མ་མཁ༷འ་བཞི༵ན་ཏེ་སྤྲིན་སོགས་ཀྱིས་འདུས་ མ་བྱས་ནམ་མཁའི་ངོ་བོ་ལ་ཕན་གནོད་སོགས་ཅི་ཡང་མ་བྱས་པ་ལྟར་གློ་བུར་དྲི་མས་ཀྱང་ 3-1-152 གཞི་ལ་ཡོད་པའི་དོན་དམ་ཆོས་སྐུའི་ངོ་བོ་ལ་ཕན་གནོད་ཅི་ཡང་མ་བྱས་[ལ་གློ་བུར་དྲི་མས་] དེ་ཇི་ལྟ་བ་བཞིན་གཞན་བྱུང་ཡེ་ཤེས་ཀྱིས་མངོན་སུམ་དུ་མཐོང་བའི་གེགས་བྱས་ཤིང་བསྐྱེད་ འབྲས་མཐར་ཐུག་འབྱུང་བའི་གེགས་བྱེད་པ་ཡིན་ནོ། །ཞེས་སྟོ༷ན་པའི་བླ་མའི་ཞབས་ལ༷་ འདུ༵ད་དོ། །གཞི་ལམ་འབྲས་བུ་དང་མཐུན་པར་བསྟོད་པའོ། །ཞེས་མཆན་བུར་རོ། ། བདུན་པ་ནི། ལམ་བསྒོམ་པ་མཐར་ཐུག་པའི་ཐོབ་བྱའི་འབྲས་བུ་དེ་ཡང་དོན་གཉིས་ ཕུན་སུམ་ཚོགས་པ་ཞིག་སྟེ་བསྒོམ་བྱ་རང་བཞིན་འགྱུ༷ར་མེ༷ད་འོ༷ད་གས༷ལ་ཕྱག་རྒྱ་ཆེན་པོ་ བསྒོམ་པའི་རྣ༷མ་པ༷ར་མི༷་རྟོ༷ག་པ༵འི་གཞན་བྱུང་ཡེ༷་ཤེ༷ས་ཀྱི་ཚོ༷གས་བསྒོམ་པ་མཐར་ཐུག་པའི་ སྟོབས་ཀྱི༷ས་ར༷ང་བྱུ༷ང་གི་ཡེ༷་ཤེ༷ས་སྒྲིབ་བྱེད་ཀྱི༵་གློ་བུར་དྲི༷་མ༷འི་སྦུ༷བས་བཅོ༷མ་པའི་སྟོབས་ ཀྱིས་འདུས་མ་བྱས་པའི་ཡོན་ཏན་མཐའ་ཡས་པ་ཅན་གྱི་དོ༷ན་ད༷མ་ཆོ༷ས་སྐུ༷། མངོན་དུ་གྱུར་པ་ ཡི༵་སྒོ་ནས་ར༷ང་དོ༷ན་ཕུ༷ན་སུམ་ཚོ༷གས་པ་གྲུ༷བ་པ༷ར་སྟོ༷ན་པའི་བླ་མའི་ཞབས་ལ༷་འདུ༵ད། ། ཡང་སེམས་ཅན་ཐམས་ཅད་ལ་སེམས་ཀྱི་རང་བཞིན་འོད་གསལ་དོན་དམ་ཆོས་སྐུ་ཡོད་ ཀྱང༌། མ་རིག་པས་བསྒྲིབས་པས་དེ་མི་མཐོང་ཞིང་མ༷་རྟོ༷གས་པར་ཟག་བཅས་ལས་ཉོན་གྱི་ དབང་གིས་ཁམས་གསུམ་འཁོར་བར་འགྲོ༷་ཞིང་འཁོར་བས་སྡུག་བསྔལ་བའི་སེམས་ཅན་ རྣམས་ལ༷་སྡུག་བསྔལ་རྒྱུ་བཅས་དང་བྲལ་བར་བྱེད་པའི་བརྩེ༷་བ་ཆེ༷ན་པོའི་ལྷ༷ག་བས༷མ་གྱི༵ས་ བསྐུལ་ཏེ་ཚེ་འདིར་ཕ༷ན་པ་ད༷ང༌། ཕྱི་མར་བདེ༷་བའམ་གནས་སྐབས་སུ་ཕན་པ་མངོན་མཐོ་ དང་གཏན་དུ་ཕན་པ་ངེས་ལེགས་ཀྱི་བདེ་བ་ཆེན་བོ་སྒྲུ༷བ་བྱེད་ཀྱི་བསོ༷ད་ན༷མས་ཀྱི་ཚོ༷གས་ བསགས་པའི་སྟོབས་ཀྱི༷ས་ནི༵་ཀུ༷ན་རྫོ༷བ་ཀྱི་གཟུ༷གས་སྐུ༷་ཕུ༷ན་སུམ་ཚོ༷གས་པ་མཐར་ཐུག་པ་ གཉིས་ར༷བ་ཏུ་བསྐྱེ༷ད་ན༵ས་ཐོབ་པར་བྱ་བའི་སྟོབས་ཀྱིས་གཞ༷ན་དོ༷ན་ཕུ༷ན་སུམ་ཚོ༷གས་པ་ མཐར་ཐུག་པ་གྲུ༷བ་པ༷ར་སྟོ༷ན་པའི་བླ་མ་{དམ་པའི་}ཞབས་ལ༷་འདུ༵ད་དོ། །དེ་ཡང་རྒྱུད་བླ་ མར། རང་དོན་གཞན་དོན་དོན་དམ་སྐུ་དང་ནི། །དེ་ལ་བརྟེན་པ་ཀུན་རྫོབ་སྐུ་ཉིད་དོ། །བྲལ་ 3-1-153 དང་རྣམ་པར་སྨིན་པའི་འབྲས་བུ་ཡི། །ཡོན་ཏན་དབྱེ་བ་དྲུག་ཅུ་བཞི་འདི་དག །ཅེས་སོགས་ སོ། །གལ་ཏེ་འདུས་མ་བྱས་པའི་དོན་དམ་ཆོས་སྐུ་རང་ལ་ཡོད་ན། རྫོགས་སྨིན་སྦྱང་བ་བྱ་མི་ དགོས་པར་འགྱུར་རོ་ཞེ་ན། དེ་ཡོད་ཀྱང་དེ་ཐོབ་པ་ལ་རྫོགས་སྨིན་སྦྱང་དགོས་སོ་ཞེས་སྟོན་ ཏེ། སེམས་ཅན་མ་བསྒྲལ་བ་བསྒྲལ་ཞེས་སོགས་སྨོ༷ན་ལ༷མ་རྒྱ༷་མཚོ༷་སྟེ་མཐའ་ཡས་པ་ཡོ༷ངས་ སུ༷་རྫོ༷གས་པའམ་གྲུབ་ཅིང་མཐར་ཕྱིན་པ༷་ད༵ང༌། སེ༷མས་ཅ༷ན་རྒྱ༷་མཚོ༷་སྟེ་མཐའ་ཡས་པ་ ཡོ༷ངས་སུ༷་སྨི༷ན་པ༷་སྟེ། སྤང་བྱ་ཅི་རིགས་པ་སྤང་རུང་ད༵ང་གཉེན་པོ་སྐྱེ་རུང་དུ་བྱས་པ་སྟེ། མདོ་ སྡེ་རྒྱན་ལས། ཇི་ལྟར་རྨ་དང་ཟས་ལ་དེ་དག་གི ། གཟག་དང་སྤྱད་དུ་རུང་བ་སྨིན་འདོད་ལྟར། ། དེ་བཞིན་རྟེན་འདིར་ཕྱོགས་གཉིས་ཞི་བ་དང༌། །ཡོངས་སུ་སྤྱད་པ་སྨིན་པ་ཉིད་དུ་བསྟན། ། ཞེས་པ་ལྟར། སྐལ་པ་དང་ལྡན་པའི་སེམས་ཅན་རྣམ་པར་དག་པའི་ལམ་སྐྱེ་རུང་དུ་བྱས་པ་ དང༌། སངས་རྒྱས་ཀྱི་ཞི༷ང་ཁ༷མས་རྒྱ༷་མཚོ༷་སྟེ་མཐའ་ཡས་པ་ཡོ༷ངས་སུ༷་ད༷ག་པར་བྱ༷ས་པ་ནི་ སྦྱངས་པ་སྟེ། དེ་ལྟར་རྫོགས་སྨིན་སྦྱངས་ན༵ས་རྫུན་པ་བསླུ་བའི་ཆོས་ཅན་མ་ཡིན་གྱི་ཡ༷ང་ ད༷ག་པར་བདེན་ཅིང་བརྟན་པས་མི་བསླུ་བའི་མཐ༷འ་དོན་དམ་ཆོས་ཉིད་ཀྱི་སྐུ་ལ༷་ཐི༷མ་པ༷ར་ ཏེ། མངོན་དུ་གྱུར་ཀྱང་ནམ་ཡང་འབྲལ་མི་རུང་བར་གྱུར་པའི་ཡེ་ཤེས་བཞིའི་བདག་ཉིད་ཀྱི་ གཟུགས་ཀྱི་སྐུར་འཚང་རྒྱ་བ་སྟོ༷ན་པའི་བླ་མ་དམ་པའི་ཞབས་ལ༷་འདུ༵ད་དོ། ། དེ་ཡང་སྨོན་ལམ་རྒྱ་མཚོ་ཞེས་པ་བཟང་པོ་སྤྱོད་པའི་མདོ་ལ་སོགས་པར་གསུངས་པ་ ལྟར་ཏེ་དེ་ཡོངས་སུ་རྫོགས་པའི་དོན་ནི་འཁོར་བ་སྤྱི་ཙམ་མཐའ་ཡོད་ལྟར་ན་མཐར་འཁོར་ བའི་སེམས་ཅན་ཐམས་ཅད་སངས་རྒྱས་ལ་དགོངས་པ་ཡིན་ལ། མཐའ་མེད་ལྟར་ན་ཕྲིན་ ལས་ལྷུན་གྱིས་གྲུབ་ཅིང་རྒྱུན་མི་འཆད་པ་མངའ་བས་གེགས་མེད་ན་སེམས་ཅན་ཐམས་ ཅད་མྱང་འདས་ལ་འགོད་པར་ནུས་པའི་རྒྱུ་ཚང་བ་ཙམ་ལ་དགོངས་སོ། །ཞིང་ཡོངས་སུ་དག་ པའམ་ཞིང་ཡོངས་སུ་སྦྱངས་པ་ནི་དྲི་མ་མེད་པར་གྲགས་པས་བསྟན་པའི་མདོར། སངས་རྒྱས་ 3-1-154 ཀྱི་ཞིང་ཡོངས་སུ་སྦྱོང་བ་ནི། རང་གི་སེམས་ཡོངས་སུ་སྦྱོང་བའོ། །ཞེས་པ་ལྟར་ཡང་ཡིན་ལ། རང་ཞིང་གང་དུ་སངས་རྒྱས་ནས་མཐའ་ཡས་པའི་སེམས་ཅན་མངོན་མཐོ་དང་ངེས་ལེགས་ ལ་འགོད་ནུས་པའི་ཞིང་དུ་བྱས་པ་ཡིན་གྱི་གསེར་ལ་སོགས་པ་ལས་གྲུབ་པའི་ཞིང་དུ་བྱས་པ་ ཁོ་ན་མི་དགོས་ཏེ། སྟོན་པ་ཤཱཀྱའི་རྒྱལ་པོ་འདི་ལྟ་བུས་སངས་རྒྱས་ཀྱི་ཞིང་{ལ[མ་]སྦྱངས་ པའི་སྐྱོན་དུ་འགྱུར་རོ། །ཞིང་ཁམས་རྒྱ་མཚོ་ཞེས་པ་ནི་འཇིག་རྟེན་གྱི་ཁམས་ལ་མཐའ་མེད་ ཅིང་བྱང་ཆུབ་སེམས་དཔའ་རེ་རེ་ཡང་ལོངས་སྤྱོད་རྫོགས་སྐུར་སངས་རྒྱས་ནས་སྔོན་ངས་ བསྒྲལ་ལོ་ཞེས་སྨོན་ལམ་བཏབ་པའི་སེམས་ཅན་མཐའ་ཡས་པ་ཞིང་མཐའ་ཡས་པ་[རྣམས་] ན་ཡོད་པ་རྣམས་རྗེས་སུ་བཟུང་བའི་དོན་དུ་སྤྲུལ་པའི་སྐུ་མཐའ་ཡས་པར་འཚང་རྒྱ་བར་སྟོན་ པའམ། འཇམ་དཔལ་གྱི་ཞིང་ལྟ་བུ་ལ་ད་ལྟའི་བདེ་བ་ཅན་གྱི་ཞིང་ཡང་སྟོང་གསུམ་གྱི་ཆུ་ཞིང་ གི་ནང་དུ་ལག་འཐིལ་བཞག་པ་ལྟ་བུར་ཞིང་དེའི་ནང་གི་ཆ་ཅུང་ཟད་ཙམ་དུ་གསུངས་པ་ལྟར་ མཐའ་ཡས་པ་ལ་དགོངས་པའམ། སྟོན་པ་འདིའི་ཞིང་འདི་ལྟ་བུ་མཚོན་ན། འཛམ་བུའི་གླིང་ བྱེ་བ་ཕྲག་བརྒྱ་ལ་སོགས་པ་ཡོད་པ་ལ་དགོངས་སོ། །གལ་ཏེ་སངས་རྒྱས་ཐོབ་པའི་ཚེ་ཡང་ དག་པའི་མཐའ་ལ་ཐིམ་ན་ཡེ་ཤེས་མེད་པར་འགྱུར་ཞིང་དེ་ལྟར་འདོད་ན་ནི་ཤིན་ཏུ་ལེགས་ ཏེ། ཀླུ་སྒྲུབ་ཡབ་སྲས་ཟླ་གྲགས་ཞི་བ་ལྷ་ལ་སོགས་པའི་དབུ་མ་པའི་བཞེད་པའོ། །ཞེ་ན། ཟས་གོས་ལོངས་སྤྱོད་ལ་སོགས་པའི་དགོས་པའི་དོན་སྟེར་བའི་བུ༷མ་པ་བཟ༷ང་བོ་དང༌། ཉི༷་ མ༷འི་དཀྱིལ་འཁོར་དང༌། ཡིད་བཞིན་གྱི་ནོ༷ར་བུ༷་དང༌། དཔ༷ག་བས༷མ་གྱི་ཤི༵ང་དང༌། སུམ་ཅུ་ རྩ་གསུམ་པའི་ལྷ༷་ཡི༷་རྔ༷་བོ་ཆེ་བཞི༷ན་དུ་སེམས་ཅན་གྱི་དོན་བསྒྲུབ་པར་མི༷་འབ༷ད་པ་སྟེ། དེ་ བསྒྲུབ་པའི་འབད་རྩོལ་མེད་ཅིང་འདི་དང་འདི་ལ་ཕན་པ་འདི་བྱའོ་ཞེས་མི༷་རྟོ༷ག་པ་སྟེ། འདི་ ལྟར་བྱའོ་སྙམ་པའི་རྣམ་རྟོག་མེད་ཀྱ༵ང་བདག་ལ་བརྟེན་ནས་སེམས་ཅན་རྣམས་ཀྱིས་དཔག་ བསམ་པའི་འདོད་དོན་ཐམས་ཅད་བསམ་པ་ཙམ་གྱིས་འབྱུང་བར་གྱུར་ཅིག་ཅེས་སོགས་ 3-1-155 ཀྱི་སྔོ༷ན་གྱི་སྨོན་ལམ་གྱི༷་འཕེ༷ན་པ༷་ཡོངས་སུ་རྫོགས་པའི་སྟོབས་ཀྱིས་གཞ༷ན་ཕ༷ན་ནམ་ཕྲིན་ ལས་འབད་མེད་ལྷུ༷ན་གྲུ༷བ་ཏུ༵་ཕྱོ༷གས་དུ༷ས་ཀུ༷ན་ཏུ༷་འབྱུ༷ང་བ༷ར་སྟོ༷ན་པའི་བླ་མ་དམ་པའི་ ཞབས་ལ༷་འདུ༵ད་དོ། ། དེ་ལྟར་ན་ནོར་བུ་དང་དཔག་བསམ་གྱི་ཤིང་ལྟ་བུ་ལས་དགོས་འདོད་འབྱུང་བ་དཔེར་ མཛད་ནས་སངས་རྒྱས་ཀྱི་ཕྲིན་ལས་འབྱུང་བར་ཞི་བ་ལྷ་དང་ཟླ་གྲགས་ཀྱིས་གསུངས་པའི་ དགོངས་དོན་ཡང་ཡང་ཡེ་ཤེས་མེད་བཞིན་དུ་ཕྲིན་ལས་འབྱུང་བ་ལ་དགོངས་པ་མིན་གྱི་རྣམ་ རྟོག་མེད་བཞིན་དུ་གཞན་ཕན་འབྱུང་བ་ལ་དགོངས་པ་ཁོ་ན་སྟེ་དེ་དག་གི་གསུང་རབ་བལྟས་ པས་ཤེས་སོ། །འདིར་མང་དོགས་པས་མ་བྲིས་སོ། ། བརྒྱད་པ་ནི། སྔར་དགོངས་པ་ངེས་འགྲེལ་གྱི་མདོ་དྲངས་པ་ལྟར། ཆོ༷ས་འཁོ༷ར་གསུམ་ པ་ལས་ངེས་དོན་མཐ༷ར་ཐུ༷ག་པ་ལེགས་པར་རྣམ་པར་ཕྱེ་ནས་གསལ་པོར་སྟོན་གྱི་སྦས་པའི་ རྣམ་པས་བསྟན་པ་མ་ཡིན་པས་འཁོ༷ར་ལོ༷་ཐ༷་མ༷་འམ་གསུམ་པ་ནི། ཆོས་ཀྱི་འཁོར་ལོ་མཐར་ ཐུག་པ་ཡིན་ཅིང་དེའི་དགོངས་{འགྲེལ་ཟབ}དོན་ཇི་ལྟ་བ་བཞིན་སྟོན་པ་ད༵ང༌། ཐེ༷ག་པ་ གསུམ་ལས་ཐེག་པ༷འི་མཐ༷ར་ཐུ༷ག་པའམ་རབ་ཀྱི་མཐར་ཕྱིན་པའི་ཐེག་པ་ནི་ཐེ༷ག་པ༷་ཆེ༷ན་པོ༷་ སྟེ་དེའི་དགོངས་དོན་ཇི་བཞིན་སྟོན་པ་ད༵ང༌། ཐེ༷ག་པ་ཆེ༷ན་པོའི་ཡང་རབ་ཀྱི་མཐ༷ར་ཐུ༷ག་པ་ནི་ གཙང་བདག་བདེ་དང་རྟག་པའི་བདེ་བར་གཤེགས་པའི་སྙི༷ང་པོ༷་དངོས་སུ་གསལ་བར་སྟོན་ པའི་ཐེ༷ག་པ༷་ད༵ང༌། བདེ་གཤེགས་སྙི༷ང་པོ༷འི་མཐ༷ར་ཐུ༷ག་པ་ནི་གཙང་ཞིང་རྟག་ལ་བདེ༷་བ་ ཆེ༷ན་པོའོ། ། ཞེས་སྟོ༷ན་པའི་བླ་མ་དམ་པའི་ཞབས་ལ༷་འདུད༵ ་དོ། ། དེ་ཡང་ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་ སོགས་སོ། །དེ་ཡང་གཙང་ཞིང་རྟག་ལ་བདེ་བ་མ་ཡིན་པའི་བདེ་གཤེགས་སྙིང་པོ་མཚན་ ཉིད་པ་མེད་མོད་ཀྱི་འདི་ན་ལ་ལ་ཆོས་ཉིད་སྤྲོས་བྲལ་ཙམ་བདེ་གཤེགས་སྙིང་པོའོ་ཞེས་ཆད་ 3-1-156 སྟོང་ལ་བདེ་གཤེགས་སྙིང་པོ་ཞེས་སྨྲ་ཞིང༌། ལ་ལ་ད་ལྟའི་སེམས་རིག་ཅིང་གསལ་ཙམ་འདི་ བདེ་གཤེགས་སྙིང་པོར་འདོད་པ་དང༌། འགའ་ཞིག་ཀུན་གཞིའི་རྣམ་ཤེས་ལ་དེར་འདོད་པ་ དང༌། གཞན་དག་ནི་འདུས་བྱས་སམ་འདུས་མ་བྱས་སམ་ཟག་བཅས་ཟག་མེད་གང་དུ་ཡང་ ངོས་གཟུང་རྒྱུ་མེད་པར་ཀུན་གཞི་རྣམ་ཤེས་ཀྱི་སྟེང་དུ་ཡོད་པའི་སངས་རྒྱས་ཀྱི་ས་བོན་ཙམ་ ལ་དེར་འདོད་པ་སོགས་ཕྱིན་ཅི་ལོག་ཏུ་འདོད་པ་དགག་པའི་ཕྱིར་སྙིང་པོའི་མཐར་ཐུག་བདེ་ ཆེན་ཞེས་སྨོས་སོ། ། ཡང་སངས་རྒྱས་ཀྱི་བསྟ༷ན་པ་ལུང་དང་རྟོགས་པ༷འི་མཐ༷ར་ཐུ༷ག་པ་ཐེ༷ག་པ༷་ཆེ༷ན་པོ༷འི་ ལུང་དང་རྟོགས་པའི་ཆོས་ད༵ང༌། ཐེ༷ག་པ་ཆེ༷ན་པོའི་ལུང་རྟོགས་ཀྱི་མཐ༷ར་ཐུ༷ག་པ་སྔ༷གས་ ཀྱི༷་ཐེ༷ག་པ༷འི་ལུང་རྟོགས་ད༵ང༌། སྔ༷གས་ཀྱི༷་ཐེག་པའི་ལུང་རྟོགས་ཀྱི་མཐ༷ར་ཐུ༷ག་པ་དུ༷ས་ཀྱི༷་ འཁོ༷ར་ལོ༷འི་ལུང་དང་རྟོགས་པའི་ཆོས་ད༵ང༌། དུ༷ས་ཀྱི་འཁོ༷ར་ལོའི་ལུང་རྟོགས་ཀྱི་ཆོས་ཀྱི་ མཐ༷ར་ཐུ༷ག་པ་རང་བཞིན་འགྱུར་མེད་ཀྱི་བདེ༷་བ་ཆེན་པོ་དང་རྣམ་ཀུན་མཆོག་ལྡན་གྱི་སྟོ༷ང་པ་ ཉིད་སྟོན་པའི་ལུང་རྟོགས་ཀྱི་ཆོས་དང་བརྗོད་བྱ་དེ་དང་འདྲ་བའི་བདེ་བ་དང་སྟོང་ཉིད་ཟབ་ མོ་སྟེ་དེ་ལྟར་ལེགས་པར་སྟོ༷ན་པའི་བླ་མ་དམ་པའི་ཞབས་ལ༷་འདུ༵ད་དོ། ། དེ་ཡང་ཁ་ཅིག་ཕྱི་དུས་ཀྱི་འཁོར་ལོ་ནང་དུས་ཀྱི་འཁོར་ལོ་ཞེས་དང༌། ལ་ལ་དུས་འཁོར་ མཐར་ཐུག་འདུས་བྱས་ཁོ་ནར་འདོད་པ་ལ་སོགས་བསལ་བའི་ཕྱིར། དུས་འཁོར་མཐར་ ཐུག་དེ་འདྲའི་བདེ་སྟོང་ཟུང་འཇུག་གོ་ཞེས་སྨོས་པའོ། །འགྲེལ་ཆེན་དྲི་མེད་འོད་ལས། དེའི་ ཕྱིར་གང་གི་མཆོག་གི་དང་པོའི་སངས་རྒྱས་མི་ཤེས་པ་དེས། མཚན་ཡང་དག་པར་བརྗོད་པ་ མི་ཤེས་སོ། །གང་གིས་མཚན་ཡང་དག་པར་བརྗོད་པ་མི་ཤེས་པ་དེས། རྡོ་རྗེ་འཛིན་པའི་ཡེ་ ཤེས་ཀྱི་སྐུ་མི་ཤེས་སོ། །གང་གིས་རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་སྐུ་མི་ཤེས་པ་དེས། སྔགས་ཀྱི་ ཐེག་པ་མི་ཤེས་སོ། །གང་གིས་སྔགས་ཀྱི་ཐེག་པ་མི་ཤེས་པ་དེ་ཐམས་ཅད་ཀྱི་ནི་འཁོར་བ་པ་ 3-1-157 སྟེ་བཅོམ་ལྡན་འདས་རྡོ་རྗེ་འཛིན་པའི་ལམ་དང་བྲལ་བའོ། །དེ་ལྟ་བས་ན་མཆོག་གི་དང་པོའི་ སངས་རྒྱས་ནི། བླ་མ་དམ་པ་རྣམས་ཀྱིས་བསྟན་པར་བྱ་ཞིང༌། ཐར་པ་དོན་དུ་གཉེར་བའི་ སློབ་མ་དམ་པ་རྣམས་ཀྱིས་མཉན་པར་བྱའོ། །ཞེས་སོ། ། གཞན་ཡང་སངས་རྒྱས་པའི་གྲུ༷བ་མཐ༷འ་བཞིའི་ནང་ནས་མཐ༷ར་ཐུ༷ག་པའི་གྲུབ་མཐའ་ ནི་དབུ༷་མ༷་ཆེ༷ན་པོ༷འི་གྲུབ་པའི་མཐའ་ད༵ང༌། དབུ༷་མ༷འི་མཐ༷ར་ཐུ༷ག་པ་དོན་དམ་པར་སྐྱེ༷་མེ༷ད་ ནི། རྩ་ཤེས་ལས། འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་ པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞེས་པ་ལྟར། སྤྲོས་པའི་ མཐའ་བརྒྱད་དམ་[པ་ནི]། ཡོད་མིན་མེད་མིན་ཡོད་མེད་མིན། །གཉིས་ཀའི་བདག་ཉིད་ མིན་པའང་མིན། །ཞེས་པའི་མཐའ་བཞི་འམ། རྟག་ཆད་ཀྱི་མཐ༷འ་དང་བྲ༷ལ་བར་སྟོན་པར་ མཛད་པ་ད༵ང༌། མཐ༷འ་བྲ༷ལ་གྱི་མཐ༷ར་ཐུ༷ག་{བཞི་[པ་]ནི་བྲལ་ཙམ་མ་ཡིན་གྱི་སེམས་ཀྱི་ ར༷ང་བཞི༷ན་འོ༷ད་གས༷ལ་བ་ཡིན་ནོ། །ཞེས་སྟོན་པར་མཛད་པ་ད༵ང༌། འོ༷ད་གས༷ལ་གྱི་མཐ༷ར་ ཐུ༷ག་པ་ནི་རང་བཞིན་འགྱུར་མེད་ཀྱི་བདེ༷་བ་ཆེ༷ན་པོའོ་ཞེས་སྟོ༷ན་པར་མཛད་པའི་བླ་མ་དམ་ པའི་ཞབས་ལ༷་འདུ༵ད་དོ། ། དེ་ཡང་རང་བཞིན་འགྱུར་མེད་ཀྱི་བདེ་ཆེན་མ་ཡིན་པའི་སེམས་ཀྱི་རང་བཞིན་ནམ་ཆོས་ ཉིད་འོད་གསལ་མེད་མོད་ཀྱི་གསང་སྔགས་པ་འགའ་ཞིག་གཟུང་འཛིན་སོགས་ཅི་ཡང་མ་ གྲུབ་པ་ཙམ་མམ་མཆོད་བྱ་མཆོད་བྱེད་སོགས་ཅི་ཡང་མི་དམིགས་པ་ཙམ་ཆོས་ཉིད་དུ་{འོད་ གསལ་[འདོད་པ་བསལ་]བའི་ཕྱིར་འོད་གསལ་མཐར་ཐུག་བདེ་ཆེན་ཞེས་སྨོས་པའོ། ། ཡང་ན་རྟག་ཆད་དུ་ལྟ་བ་སོགས་ཕྱིན་ཅི་ལོག་གི་ལྟ་བ་དང༌། ཡང་དག་པའི་ལྟ་བ་གཉིས་ ཡོད་ཅིང་དེ་ལ་ཡང༌། དགེ་སྡིག་གི་ལས་སྤྱད་པས་འབྲས་བུ་བདེ་སྡུག་འབྱུང་པར་ལྟ་བ་འཇིག་ རྟེན་པའི་ཡང་དག་པའི་ལྟ་བ་དང༌། སངས་རྒྱས་པའི་གྲུབ་མཐའི་ཡང་དག་པའི་ལྟ་བ་གཉིས་ 3-1-158 ཡོད་ཅིང་ལྟ་བའི་གཙོ་བོ་ཀུན་རྫོབ་པའམ་དོན་དམ་པའི་ཆོས་ལ་ཅི་རིགས་པར་དཔྱོད་པའི་ ཤེས་རབ་གཙོ་བོར་གྱུར་པ་གཅིག་ཡིན་ནོ། །དེ་ལྟར་ན་ལྟ༷་བ༷འི་ཡུལ་གྱི་མཐ༷ར་ཐུ༷ག་པ་ནི་ སྔར་བཤད་ལྟར་གྱི་མཐ༷འ་བྲ༷ལ་གྱི་སྟོ༷ང་ཉི༷ད་དེ་དེ་སྟོན་པར་མཛད་པ་ད༵ང༌། མཐའ་བྲལ་གྱི་ སྟོ༷ང་ཉི༷ད་མཐ༷ར་ཐུ༷ག་པ་དང༌། ཡང་དག་པའི་སོ་སོ་རང་རིག་ཡེ་ཤེས་ཀྱི་དམི༷གས་བཅ༷ས་ སམ་མངོན་སུམ་དུ་གསལ་བར་གཟིགས་པའི་སྟོ༷ང་ཉི༷ད་ཟབ་མོ་དེ་སྟོན་པར་མཛད་པ་ད༵ང༌། བྱང་ཆུབ་ཀྱི་ཐབས་སུ་གྱུར་པའི་སྤྱོ༷ད་པ༷འི་མཐ༷ར་ཐུ༷ག་པ་ནི་སེམས་ཅན་ཐམས་ཅད་སྡུག་ བསྔལ་རྒྱུ་བཅས་ལས་སྒྲོལ་བར་བཞེད་པའི་སྙི༷ང་རྗེ༷་ཆེ༷ན་པོ༷་ད༵ང༌། སྙི༷ང་རྗེ༷འི་རབ་ཀྱི་མཐ༷ར་ ཐུ༷ག་པ་ནི་སྙིང་རྗེ་ཡུལ་དང་རྗེ་བ་པོ་སོགས་སུ་དམི༷གས་པའམ་འཛིན་པའི་རྣམ་རྟོག་མེ༷ད་ པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་མཐར་ཐུག་པའི་བདག་ཉིད་དུ་སྟོ༷ན་པར་མཛད་པའི་བླ་མ་ དམ་པའི་ཞབས་ལ༷་འདུ༵ད་དོ། ། གཞན་ཡང་རྒྱུད་སྡེ་རྣམས་ལས་ཕལ་ཆེ་བར་བུམ་དབང་ལ་སོགས་པ་དབང་བཞིར་ གསུངས་ཤིང༌། དུས་འཁོར་སོགས་ཀྱི་རྩ་བའི་རྒྱུད་དང་རྡོ་རྗེ་གུར་ལ་སོགས་པར་དབང་བཅུ་ གཅིག་གསུངས། དེ་ཡང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དབང་གཉིས་སུ་ཕྱེ་ ཞིང༌། དེ་ཡང་དངོས་དང་བརྒྱུད་པའི་སྒོ་ནས་ཅི་རིགས་པར་གྲོལ་བར་བྱེད་པའི་རིམ་གཉིས་ ཀྱི་རྣལ་འབྱོར་ཉམས་སུ་ལེན་པ་ལ་དབང་བར་བྱེད་པས་ན་དབང་བསྐུར་བ་ཞེས་བྱ་ལ། དེ་ དག་གི་ནང་ནས་དབ༷ང་གི༷་མཐ༷ར་ཐུ༷ག་པ་ནི་འཇི༷ག་རྟེ༷ན་ལས་འད༷ས་པ༷འི་དབ༵ང་སྟེ་དེ་ཡང་ དབང་བཞི་པ་ཉིད་དོ། ། དེ་ཡང་བསྡུས་རྒྱུད་ཕལ་ཆེ་བ་དང༌། རྒྱ་གར་གྱི་པཎྜི་ཏས་མཛད་པའི་འགྲེལ་པ་ཕལ་ཆེ་ བར། བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་བརྟག་གཉིས་ལ་སོགས་ལས་གསུངས་པ་ལྟར། གསུམ་པ་ཤེས་རབ་ཡེ་ཤེས་དེ་ཉིད་ཀྱི་དབང་བཞི་པ་ཡིན་ཞེས་འཆད་ཅིང་བཞི་པ་ལ་སྒོས་ 3-1-159 མིང་ལ་སོགས་པའི་མི་སྣང་ངོ༌། །སེམས་འགྲེལ་ལྟར་ན། བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་ པས་དབང་གསུམ་པའི་མིང་ཤེས་རབ་ཡེ་ཤེས་ཞེས་པ་དེ་བཞིན་དུ་བཞི་པའི་མིང་ཡང་ཤེས་ རབ་ཡེ་ཤེས་སོ། །ཞེས་བསྟན་པར་གསུངས་ཤིང་དབང་བཞི་བའི་གསོལ་འདེབས་ཀྱི་ཐད་དུ་ བཛྲ་ས་ཏྭ་མ་ཧཱ་མུ་ཏྲ་ཛྙཱ་ན་ཨ་བྷི་ཥེ་ཀཾ་ཞེས་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོའི་དབང་ཞེས་ གསུངས་པས་བཞི་བ་ལ་ཤེས་རབ་ཡེ་ཤེས་ཆེན་པོའི་དབང་ངམ། ཕྱག་རྒྱ་ཆེན་པོ་ཡེ་ཤེས་ཀྱི་ དབང་ཞེས་བྱའོ། ། དེ་ལྟར་དུ་སྟོན་པར་མཛད་པ་དང༌། འབྲས་བུ་བྱང་ཆུབ་སྒྲུ༷བ་ཅིང་འཐོབ་པ༷འི་ཐབས་ ཀྱི་མཐ༷ར་ཐུ༷ག་པ་ནི་རྫོ༷གས་རི༷མ་ཟབ་མོ་སྤྲོས་པ་མེད་པ་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་ཏེ་དེ་ གཅིག་པུ་རྫོགས་པའི་བྱང་ཆུབ་ཀྱི་ལམ་དུ་གསུངས་པ་ནི་རབ་ཚེ་འདིའམ་སྐྱེ་བ་བདུན་ནམ་ བཅུ་དྲུག་ཚུན་ལ་སངས་རྒྱས་ཐོབ་བྱེད་ཀྱི་ལམ་གྱི་དབང་དུ་བྱས་པའི་ངེ༷ས་པ༷འི་དོ༵ན་ཡིན་ ལ། བསྐྱེད་རིམ་སོགས་རྟོག་བསྒོམ་གྱི་ལམ་རྣམས་ནི་དེ་ལྟར་རྫོགས་པའི་བྱང་ཆུབ་མྱུར་དུ་ ཐོབ་པའི་ཉེ་ལམ་མ་ཡིན་པས་ན་དེ་དེ་ལྟར་དུ་བསྟན་པ་རྣམས་ནི་དྲང་དོན་དགོངས་པ་ཅན་ནོ། ། དགོངས་གཞི་ནི་སྡུག་བསྔལ་གྱི་རྒྱུ་བྱེད་པའི་ངན་རྟོག་མང་པོའི་གཉེན་པོ་བྱེད་ཅིང༌། བརྒྱུད་ ནས་སངས་རྒྱས་ཀྱི་རྒྱུར་གྱུར་པ་ཙམ་ལ་དགོངས་སོ། །དུས་འཁོར་ལས། དཔའ་བོའི་རིམ་ པ་བདག་བྱིན་བརླབས་པ་ཡི། །རིམ་པ་དག་ཀྱང་ཐར་པའི་ལམ་མ་ཡིན། །ཤིན་ཏུ་རྣམ་དག་ རིམ་པ་གཅིག་པུ་ནི། །ཐར་པའི་སླད་དུ་སངས་རྒྱས་རྣམས་ཀྱིས་གསུངས། །ཞེས་སོགས་ སོ། །{འགྲེལ་ཆེན་དུ་}རྒྱུའི་དབང་བསྐུར་བའི་དགོས་པ་ནི་དངོས་གྲུབ་ཐོབ་པར་བྱེད་པའི་ ཆེད་ཡིན་ལ། དེ་ལ་ཡང་གཉིས་ལས། གྲུབ་པ་བརྒྱད་ལ་སོགས་པའི་དངོས་གྲུབ་ནི། གནས་ སྐབས་ཙམ་ཡིན་གྱི་དངོ༷ས་གྲུ༷བ་ཀྱི་མཐ༷ར་ཐུ༷ག་པ་ནི་མཆོ༷ག་གི༷་དངོ༷ས་གྲུ༷བ་ཆེ༵ན་པོ་ཡིན་ནོ་ ཞེས་སྟོན་པར་མཛད་པ་དང༌། དེ་འདྲའི་དབང་དང་རྫོགས་རིམ་དང༌། དངོས་གྲུབ་ཆེན་པོ་དེ་ 3-1-160 རྣམས་ཡང་སློ༷བ་མ༷འི་མཐ༷ར་ཐུ༷ག་པ་སྟེ་འཇིག་རྟེན་པའི་དངོས་གྲུབ་ལ་མ་ཆགས་ཤིང་ལྟོས་ མེད་རྣམ་པ་བཞིའི་སྒོ་ནས་རྫོགས་རིམ་ཟབ་མོ་སྤྲོས་མེད་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་ཉིད་རྩེ་ གཅིག་ཏུ་བསྒྲུབ་པ་ཉམས་ལེན་མཛད་པ་རྣམས་ཀྱི་དོ༷ན་དུ༷་སྟོ༷ན་བར་མཛད་པའི་བླ་མ་དམ་ པའི་ཞབས་ལ༷་འདུ༵ད་དོ། ། དེ་ཡང་དྲི་མེད་འོད་ལས། རྣལ་འབྱོར་བ་མཆོག་ཏུ་མི་འགྱུར་བའི་བདེ་བ་བསྒྲུབ་པ་ལ་ མངོན་པར་དགའ་བ། བླ་མ་དམ་པའི་མན་ངག་ཐོབ་པ། གདུག་པའི་གྲོགས་ཡོངས་སུ་སྤངས་ པ། དུ་བ་ལ་སོགས་པའི་མཚན་མ་བསྒོམ་པ། ལས་དང་པོ་པ་དབུ་མ་རྣམ་པར་སྦྱངས་པ། སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་ལྟ་བུར་མཆོག་ཏུ་བརྩེ་བའི་སེམས་རྗེས་སུ་བཅིངས་ པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེན་པ་ལ་རྟེན་པ་ཞེས་སོགས་དང༌། ལུས་ ཀྱི་ལོངས་སྤྱོད་ལ་ལྟོས་པ་མེད་པ་དང༌། ངག་གི་ལོངས་སྤྱོད་ལ་ལྟོས་པ་མེད་པ་དང༌། སེམས་ ཀྱི་ལོངས་སྤྱོད་ལ་ལྟོས་པ་མེད་པ་དང༌། འཕོ་བའི་བདེ་བ་ལ་ལྟོས་པ་མེད་པ་ནི་བསྙེན་པ་སྟེ། ལུས་དང་ངག་དང་སེམས་དང་ཚངས་པར་སྤྱོད་པའི་སྡོམ་པའོ་ཞེས་སོགས་སོ། ། ཡང་གྲུབ་ཆེན་རྡོ་རྗེ་དྲིལ་བུ་པས། བདེ་མཆོག་གི་དབང་གི་ཆོ་གར། དབང་བསྐུར་ དཀྱིལ་འཁོར་སྔོན་འགྲོ་བར། །རྡོ་རྗེ་འཆང་གིས་བཤད་པ་སྟེ། །འོན་ཀྱང་དཀྱིལ་འཁོར་དེ་ རང་བཞིན། །ཅི་ཡིན་དེ་ནི་འདི་ལྟར་བཤད། །རི་མོར་གནས་པའི་ལས་དང་ནི། །ཐིག་ལས་ ཚོན་དགྱེའི་རིམ་པས་བསྟན། །འགྲོ་བ་འདི་ཉིད་རང་བཞིན་གྱིས། །གྲུབ་པའི་དཀྱིལ་འཁོར་ གཉིས་མེད་པའོ། །ཞེས་པ་ལྟར་རས་བྲིས། རྡུལ་ཚོན། རང་བཞིན་གྱིས་གྲུབ་པའི་དཀྱིལ་ འཁོར་རམ། ལུས་{ཀྱི་དཀྱིལ་འཁོར་དེ་[དཀྱིལ་ཀུན་རྫོབ་ཏེ]གསུམ་དང༌། རྒྱུད་མངོན་ བརྗོད་བླ་མར། མེ་ཏོག་ཚོམ་བུའི་དཀྱིལ་འཁོར་དང་བཞི་གསུངས། རྒྱུད་ལ་ལར་བདུན་ དུའང་བཤད། སྤྱིར་རྒྱུད་སྡེ་རྣམས་སུ་དཀྱིལ་འཁོར་དང་ལྷ་དང་སྔགས་དང་ཕྱག་རྒྱ་དང་ཞེས་ 3-1-161 གསུངས་པ་ལས། དཀྱི༷ལ་འཁོ༷ར་གྱི་མཆོག་གི་མཐ༷ར་ཐུ༷ག་པ་ནི་ར༷ང་བཞི༷ན་འོ༷ད་གས༷ལ་ རྣམ་ཀུན་མཆོ༵ག་ལྡན་གྱི་སྟོང་པ་ཉིད་དེ་རྒྱུད་སྡེ་རྣམས་སུ་དཀྱིལ་འཁོར་ནི་སྙིང་པོ་ཞེས་བརྗོད་ དེ། ཞེས་སོགས་དང༌། དབང་བཞི་བའི་སྐབས་སུ་དོན་དམ་བྱང་ཆུབ་ཀྱི་སེམས་ཀྱི་དཀྱིལ་ འཁོར་ཞེས་སོགས་གསུངས་པ་ལྟར་རོ། །ལྷ༷་ཡི༷་མཐ༷ར་ཐུ༷ག་པ་ནི་རང་བཞིན་འགྱུར་མེད་ ཀྱི་བདེ༷་བ་དང་རྣམ་ཀུན་མཆོག་ལྡན་གྱི་སྟོ༷ང་པ་ཉིད་ཟུང་དུ་འཇུག་པའི་ཡེ༷་ཤེ༷ས་ཀྱི་སྐུ༵་སྟེ། འགྲེལ་ཆེན་ལས། སྟོང་ཉིད་སྙིང་རྗེའི་བདག་ཉིད་ཅན། །སྲིད་གསུམ་སྐྱེ་འཇིག་མེད་པའི་ དངོས། །ཤེས་དང་ཤེས་བྱ་གཅིག་པའི་སྐུ ། དཔལ་ལྡན་དུས་འཁོར་ལ་ཕྱག་འཚལ། །ཞེས་ པ་ལྟར་རོ། །རྒྱས་འདེབས་པར་བྱེད་པས་ན་ཕྱག་རྒྱ་སྟེ་ཕྱ༷ག་རྒྱ༷འི་མཆོག་གི་མཐ༷ར་ཐུ༷ག་པ་ ནི་རང་བཞིན་འོ༷ད་གས༷ལ་ཕྱ༷ག་རྒྱ༷་ཆེ༵ན་པོ་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་དེ། དྲི་མེད་ འོད་ལས། ཕྲ་རབ་རྡུལ་གྱི་ཆོས་ཉིད་འདས། །པྲ་ཕབ་པ་ཡི་རང་བཞིན་ཅན། །རྣམ་པ་ཀུན་གྱི་ མཆོག་ལྡན་མ། །ཕྱག་རྒྱ་ཆེན་པོ་དེ་ལ་འདུད། །ཅེས་པ་ལྟར་རོ། །སྔགས་ཞེས་པ་ལ་ཡིད་ཀྱི་ བཟླས་པ་ལྟ་བུ་རྣམ་རྟོག་ལ་སྣང་བ་དང༌། ངག་ཏུ་བརྗོད་པའི་སྒྲ་སོགས་ལའང་བཤད་མོད། འདིར་གསང་སྔ༷གས་ཀྱི༷་མཆོག་གི་མཐ༷ར་ཐུ༷ག་ནི། དམིགས་མེད་སྙིང་རྗེ་ཆེན་པོ་དང༌། སྟོང་ ཉིད་ཟབ་མོ་སོ་སོར་རང་རིག་པའི་ཚུལ་གྱིས་མངོན་སུམ་དུ་གཟིགས་པའི་ཡེ་ཤེས་ཏེ། ཉོན་ མོངས་པ་དང་མཚན་མ་དང་རྣམ་རྟོག་ལས་ཡི༷ད་སྐྱོ༷བ་པའི་དོན་གྱིས་སོ། །ཞེས་སྟོ༷ན་པའི་བླ་ མ་དམ་པའི་ཞབས་ལ༷་འདུ༵ད་དོ། ། དེ་ཡང་སྔགས་ཀྱི་སྐད་དོད་མཱན་ཏྲ་ཞེས་པ། མཱ་ནི་ཡིད་ཅེས་བྱ་བར་བཤད། ཏྲ་ནི་སྐྱོབ་ པར་བྱེད་པའི་དོན། ཞེས་རྒྱུད་ལས་སོ། །ཡང་མདོ་རྒྱུད་རྣམས་སུ་གཞི་ལམ་འབྲས་བུ་ཞེས་ གསུངས་ཤིང་གཞི་ལ་ཡང་ཀུན་གཞིའི་རྣམ་ཤེས་སོགས་མང་དུ་གསུང་མོད། གཞི༷་ཡི༷་རབ་ ཀྱི་མཐ༷ར་ཐུ༷ག་པ་ནི་སྔར་བཤད་པ་ལྟར་གྱི་དྲི༷་བཅ༷ས་དེ༷་བཞི༷ན་ཉི༵ད་ཡིན་ལ། མཐོ་རིས་དང་ 3-1-162 ཐར་པའི་ལམ་མང་དུ་གསུངས་པ་ལས་ཀྱང༌། ལ༷མ་གྱི༷་མཆོག་གི་མཐ༷ར་ཐུ༷ག་པ་ནི་སྦྱོ༷ར་ བ༷་ཡ༷ན་ལ༷ག་དྲུ༵ག་ཡིན་ཞིང༌། འགྲེལ་ཆེན་ལས། ཇི་ལྟར་མེ་ནི་ཤིང་ལ་རྟག་གནས་ཀྱང༌། ། བཅད་དང་དབྱེ་བའི་ཐབས་ཀྱིས་མི་མཐོང་སྟེ། །གཙུབ་ཤིང་གཙུབ་སྟན་ལག་པས་སྲུབས་པ་ ལས། །དེ་ལ་གནས་པ་དག་ཀྱང་མཐོང་འགྱུར་བ། །དེ་བཞིན་སེམས་ཀྱི་འོད་གསལ་རྟོག་པ་ ཡི། །སྒོམ་པའི་ཐབས་རྣམས་དག་གིས་མི་མཐོང་སྟེ། །འདི་ཉིད་དུ་ནི་རྐྱང་མ་དག་དང་ནི། །རོ་ མ་གཅིག་ཏུ་སྦྱོར་བས་མཐོང་བར་འགྱུར། །དུ་བ་ལ་སོགས་མཚན་མ་རྣམས་དང་ནི། །སྲོག་ རྩོལ་གྱིས་ནི་དབུ་མར་འབབ་པ་དང༌། །ཞེས་སོགས་དང༌། གྲུབ་ཆེན་ནཱ་རོ་པས། དེའི་ཕྱིར་ སངས་རྒྱས་ཉིད་དོན་དུ་གཉེར་བས་ཐེ་ཚོམ་མེད་པར་དུ་བ་ལ་སོགས་པའི་ལམ་བསྒོམ་པར་ བྱའོ། །ཞེས་སོགས་དང་བརྟག་གཉིས་སོགས་སུ། ཡན་ལག་དྲུག་བསྒོམ་རྣལ་འབྱོར་པས། ། དགའ་བྲལ་མཐར་ཡང་དེ་བཞིན་ནོ། །ཞེས་སོགས་སོ། །སྔར་བཤད་པ་ལྟར་བདག་འབྲས་ དང་བྲལ་འབྲས་སོགས་འབྲས་བུ་དུ་མ་གསུངས་པ་ལས། འབྲ༷ས་བུ༷འི་མཆོག་གི་མཐ༷ར་ཐུ༷ག་ པའི་གཙོ་བོ་ནི་སྔར་བཤད་པ་ལྟར་བྲ༷ལ་འབྲ༷ས་དེ༷་བཞི༷ན་ཉི༵ད་དོན་དམ་ཆོས་སྐུ་སྟེ་དེ་ལྟར་ན་ གོང་དུ་ཆོས་འཁོར་མཐར་ཐུག་འཁོར་ལོ་ཐ་མ་དང་ཞེས་པ་ནས་བཟུང་ཏེ། འབྲས་བུའི་མཐར་ ཐུག་བྲལ་འབྲས་དེ་བཞིན་ཉིད། ཅེས་པའི་བར་དུ་བསྟན་པ་ལྟར་གྱི་ཆོ༷ས་ཀྱི༷་མཐ༷ར་ཐུ༷ག་ རྫོ༷གས་པ༷ར་སྟོ༷ན་པའི་བླ་མ་དམ་པའི་ཞབས་ལ༷་འདུ༵ད་དོ། ཞེས་ཐམས་ཅད་ཀྱི་མཐར་ཐུག་ པ་དང་མཐུན་པར་བསྟོད་པའོ། །ཞེས་མཆན་བུར་ཡོད་དོ། ། བསྟ༷ན་པ༷་སྤྱི༷་འགྲེ༷ལ་ཞེ༷ས་བྱ༷་བ༷འི་གསོ༷ལ་འདེ༷བས་འདི༷་ཆོ༷ས་རྗེ༷་བླ༷་མ༷་རྣ༷མས་ཀྱི༷་ བཀ༷འི་བྲ༷ན་དུ༷་སྟེ༷་འབ༷ངས་སུ༷་གྱུ༷ར་པ༷་ཤེ༷ས་ར༷བ་རྒྱ༷ལ་མཚ༷ན་དཔ༷ལ་བཟ༷ང་པོ༷་ཞེས་བྱ་བ་ འཇིག་རྟེན་ན་ཀུན་མཁྱེན་དོལ་པོ་བ་ཞེས་གྲགས་པས༷་བསྡེ༷བས་པ༷འོ༵། ། དགེ༷་བ༷་འདི༷་ཡི༷ས་བད༷ག་ད༷ང་སེ༷མས་ཅ༷ན་ཀུ༵ན། །བྲ༷ལ་འབྲ༷ས་དོ༷ན་ད༷མ་ཆོ༷ས་སྐུ༷་ 3-1-163 མངོ༷ན་གྱུ༷ར་ན༵ས། །བསྐྱེ༷ད་འབྲ༷ས་ཀུ༷ན་རྫོ༷བ་གཟུ༷གས་སྐུ༷་རྣ༷མ་གཉི༷ས་ཀྱི༵ས། །འཁོ༷ར་བ༷་ སྲི༷ད་དུ༷་གཞ༷ན་དོ༷ན་བྱེ༷ད་པ༷ར་ཤོ༵ག །ཇི༷་སྲི༷ད་དེ༷་མ༷་ཐོ༷བ་པ༷་དེ༷་སྲི༷ད་དུ༵། །འཁོ༷ར་ལོ༷་རི༷མ་ གསུ༷མ་ཁྱ༷ད་པ༷ར་གས༷ང་སྔ༷གས་ཀྱི༵ས། །ར༷ང་གཞ༷ན་བདེ༷་གཤེ༷གས་སྙི༷ང་པོ༷འི་དྲི༷་མ༷་རྣ༵མས། ། རི༷མ་བཞི༷ན་སྦྱོ༷ང་ལ༷་རྟ༷ག་ཏུ༷་བརྩོ༷ན་པ༷ར་ཤོ༵ག །མངྒལཾ་བྷ་ཝནྟུ་ཤུབྷཾ། ཅེས་པའི་བསྔོ་བ་འདི་ ཡང་ཆོས་རྗེ་ཉིད་ཀྱིས་མཛད་པའོ། ། རྗོད་བྱེད་ངག་ཚིག་ཤིན་ཏུ་དྲི་མ་མེད། ། བརྗོད་བྱ་མདོ་རྒྱུད་ངེས་དོན་རྫོགས་པར་སྟོན། ། ཐོས་བསམ་སྒོམ་པའི་ཤེས་རབ་རྣམ་དག་བསྒྲུབ། ། མདོ་རྒྱུད་རྡོ་རྗེའི་ཚིག་གི་མདུད་པ་བཀྲོལ། ། ཐོས་པ་ཙམ་གྱིས་རབ་ཏུ་དང་བ་བསྐྱེད། ། བསམ་པར་གྱུར་ན་བདེན་གཉིས་གནས་ལུགས་རྟོགས། ། བཤད་བཞིན་བསྒོམ་ན་མཆོག་གི་དངོས་གྲུབ་འཐོབ། ། སྡེབས་ལེགས་རྣར་སྙན་ཚིག་བསྡུས་དོན་རྒྱས་པ། ། བསྟན་པ་སྤྱི་འགྲེལ་ཞེས་བྱའི་གསོལ་འདེབས་ཀྱི། ། རྣམ་བཤད་རྣམ་དག་ལུང་གིས་བརྒྱན་པ་ཞིག ། བརྩོམས་ལ་བསྐུར་ཞེས་ཏ་མིའི་རྒྱལ་པོ་ཞེས། ། རྣམ་པར་གྲགས་པའི་ས་བདག་ཆེན་པོ་ཡི། ། སྲས་མཆོག་བསོད་ནམས་ཆེན་པོའི་དཔལ་གྱིས་བརྗིད། ། སངས་རྒྱས་བསྟན་ལ་མངོན་པར་དད་གྱུར་པའི། ། བླ་ཡི་མཆོད་གནས་ཤཱཀྱའི་དགེ་སྦྱོང་མཆོག ། 3-1-164 ཕུན་ཚོགས་ཡོན་ཏན་དུ་མས་འབྱོར་བ་ཡི། ། བློ་ལྡན་བཀྲ་ཤིས་རྡོ་རྗེ་ཞེས་གྲགས་པས། ། ཐུབ་དབང་ན་བཟའ་འོས་པའི་སྣམ་སྦྱར་མཆོག ། སྐྱེས་སུ་བསྐུར་ཏེ་རིང་ནས་བསྐུལ་བའི་ངོར། ། རྣམ་བཤད་ཡིད་ཀྱི་མུན་སེལ་མཆོག་འདི་སྦྱར། ། ཤིན་ཏུ་བསྡུས་ན་ཚིག་དོན་མི་ཁྲོལ་ཞིང༌། ། མང་ན་ཉན་འདོད་སྐྱེ་བོའི་བློ་འཁྲུགས་འགྱུར། ། དེ་ཕྱིར་རྒྱས་བསྡུས་འཚམས་པར་བཀྲོལ་བ་ལ། ། ནོངས་པ་མཆིས་ན་མཁས་རྣམས་བཟོད་པར་དགོངས། ། འདི་སྦྱར་དགེ་བའི་ཉི་མའི་འོད་ཟེར་གྱིས། ། དོན་གཉེར་བློ་གྲོས་པད་འདབ་རྒྱས་བྱས་ཤིང༌། ། ལོག་པར་རྟོག་པའི་མུན་པ་ཀུན་བསལ་ཏེ། ། རྣམ་ཀུན་མཁྱེན་པའི་སྣང་བ་རྒྱས་གྱུར་ཅིག ། ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རིགས་ལྡན་སྤྲུལ་བའི་སྐུ་ཐམས་ཅད་མཁྱེན་པ་ཤེས་ རབ་རྒྱལ་མཚན་དཔལ་བཟང་པོ་མཚན་གཞན་ཀུན་མཁྱེན་དོལ་པོ་པ་ཞེས་གྲགས་པས་ མཛད་པས་བསྟན་པ་སྤྱི་འགྲེལ་ཞེས་བྱ་བའི་གསོལ་འདེབས་ཀྱི་རྣམ་བཤད་དགོངས་པ་རྣམ་ གསལ་ཡིད་ཀྱི་མུན་སེལ་ཞེས་བྱ་བ་ཆོས་རྗེ་དེ་ཉིད་ཀྱི་ཞབས་རྡུལ་ལ་སྤྱི་བོས་གཏུགས་ཤིང་ གསུང་གི་བདུད་རྩི་མྱངས་པའི་མཐུས་མདོ་རྒྱུད་ཀྱི་ཚིག་དོན་རྣམས་ལ་བློ་གྲོས་ཀྱི་སྣང་བ་ རྒྱ་ཆེར་རྒྱས་པ་ཀུན་དགའ་དཔལ་ཞེས་བྱ་བ་མིང་གཞན་ཉ་དབོན་ཀུན་དགའ་ཞེས་གྲགས་ པས་འཇིག་རྟེན་བློས་བཏང་གི་བསམ་པ་དུ་མས་རྣམ་པར་བརྒྱན་ཞིང་མཁས་པའི་སྐྱེ་བོ་མང་ 3-1-165 དུ་འདུ་བའི་དབེན་གནས་ཆེན་པོ་ཇོ་ནང་དཔལ་གྱི་རི་ཁྲོད་ཆེན་པོར་ཆུ་མོ་བྱའི་ལོ་དབྱར་ཟླ་ འབྲིང་པོའི་ཚེས་པ་བཅོ་ལྔ་ལ་རྫོགས་པར་སྦྱར་བའི་ཡི་གེ་པ་ནི་དུས་ཀྱི་འཁོར་ལོ་པ་ཨ་མོ་གྷ་ དང༌། ལུང་གི་སྟོན་པ་ཡོན་ཏན་རྡོ་རྗེའོ། །འདིས་ཀྱང་བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ ཆེན་པོ་འབྱུང་བར་གྱུར་ཅིག མངྒ་ལཾ། བྷ་ལྭནྟུ། མ་ཡིག་ནི་ཀུན་དགའ་སྲི་གཅོད་ཀྱི་ཡིག་རྙིང་བྲིས་མ་རྟགས་འདི་དང༌། {} ཤིང་པར་ཡིག་རྙིང་སྤུས་དག་ཞིག་ཡོད་ཀྱང་ལག་ཏུ་མ་རྙེད་ཀྱང་དེའི་དཔེ་བྱས་པའི་དེབ་ཞིག་ཡོད་པ་རྟགས་འདི་དང༌། [] དཔེ་གཉིས་མ་འདྲ་མང་བས། ཉུང་ཤས་ཞིག་ལ་{[]འདི་གཉིས་ཀྱིས་བསྐོར་ནས་ཡོད། རྩ་ཚིག་གོང་འོག་བསྣོལ་ནས་འགྲེལ་བཤད་བྱས་པ་དང༌། རྩ་ཚིག་གི་ཚིག་རྡོག་ཁ་ཤས་མེད་པ་གསར་དུ་རྟགས་ ()འདིར་བཞག་ཡོད་པས་གང་བདེར་དཔྱད་དགོས། 3-1-166 ༄༅། །གཞི་ལམ་འབྲས་གསུམ་ལས་བརྩམས་པའི་དྲིས་ལན་ ཡིད་ཀྱི་མུན་སེལ་ཞེས་བྱ་བ་ བཞུགས་སོ། ། ༄༅། །ལྟ་སྒོམ་སྤྱོད་འབྲས་གཞི་ལམ་འབྲས་བུ་གཞི་དབུ་མ་ལམ་དབུ་མ་འབྲས་བུ་དབུ་ མ་ལས་བརྩམས་པའི། དྲིས་ལན་ཡིད་ཀྱི་མུན་པ་སེལ་བྱེད་བཀླག་པའི་དོན་གྲུབ་ཅེས་བྱ་བ། རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། ། ལྟ་ཡུལ་བདེན་གཉིས་གནས་ཚུལ་ལེགས་མཁྱེན་པའི། ། ཡང་དག་ལྟ་དང་རྣམ་དག་ལེགས་པའི་ལམ། ། སྒོམ་པའི་ལྷག་མཐོང་ཞི་གནས་མཐར་ཕྱིན་པའི། ། ཐུབ་དབང་སྲས་དང་བཅས་ལ་ཕྱག་འཚལ་ལོ། ། རྒྱལ་བའི་བཀའ་དང་དྲི་མེད་བསྟན་བཅོས་ལས། ། ཇི་ལྟར་གསུང་བཞིན་གཞི་ལམ་འབྲས་བུ་སོགས། ། ལེགས་པར་འབྱེད་ཅིང་མཁས་པའི་བཞེད་ཚུལ་རྣམས། ། བཀོད་དེ་འཐད་དང་མི་འཐད་དཔྱད་པའང་བྱ། ། བཤེས་གཉེན་དམ་པའི་དྲི་བར། གཞི་ལམ་འབྲས་བུའི་རྣམ་བཞག་ངོས་འཛིན། ཇོ་ནང་ པ་དང༌། ཞ་ལུ་པའི་ལུགས་ཐ་དད། ལྟ་སྒོམ་སྤྱོད་འབྲས་ཞེས་པའང་དང་ཁྱད་པར་ཡོད་མེད། 3-1-167 གཞི་དབུ་མ། ལམ་དབུ་མ། འབྲས་བུ་དབུ་མ་རྣམས་དང་གཅིག་མི་གཅིག་རྣམས་ཡི་གེར་ བྲིས་ནས་མཚན་ཉིད་ལུང་དང་བཅས་པ་བསྐུར་གསུང་པ་ལ། འདི་ལ་བཞི། ཐོག་མར་གཞི་ལམ་འབྲས་བུ་སོགས་ངོས་བཟུང་པ། དེ་ལ་མ་རྟོགས་ལོག་ རྟོག་ཐེ་ཚོམ་གྱི་འཁྲུལ་བ་དགག མཁས་པའི་བཞེད་ཚུལ་མདོ་ཙམ་སྨོས་ཏེ། རྒྱས་པར་གཞན་ ལས་ཤེས་བྱར་བསྟན། བརྟགས་དཔྱད་བྱས་ནས་ཆོས་ལ་འཇུག་གི་ལྷག་དད་ཙམ་གྱིས་ འཇུག་པ་མི་འཐད་པའི་ཚུལ་ལོ། ། དང་པོ་ནི། སྤྱིར་གསུང་རབ་ལས། དོན་མང་པོ་ལ་གཞི་ཞེས་པའི་ཐ་སྙད་སྦྱར་ཏེ། མངོན་ པ་མཛོད་དུ། དེ་དག་ཉིད་དུ་གཏམ་གཞི་དང༌། །ངེས་པར་འབྱུང་བཅས་གཞི་དང་བཅས། ། ཞེས་དང༌། རྣམ་འགྲེལ་ངེས་སུ། ངེས་པར་འདི་ལ་གཞི་མི་འདོད། །ཅེས་པའི་སྐབས་སུ། འདུས་བྱས་ཀྱི་མིང་གི་རྣམ་གྲངས་སུ་བཤད་དེ། དོན་བྱེད་ནུས་པའི་རྫས་སུ་ཡོད་པའི་ཕྱིར་ རོ། །ཡུམ་གྱི་མདོ་དང༌། མངོན་རྟོགས་རྒྱན་དུ། ཐམས་ཅད་ཤེས་པ་ཉིད་ཅེས་པ་འཕགས་སེང་ སོགས་ཀྱིས་གཞི་ཐམས་ཅད་ཤེས་པ་སྟེ། །གཞི་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་ཅེས་ འཆད་དེ། །མི་རྟག་སྟོང་བདག་མེད་སོགས་ཁྱད་ཆོས་རྣམས་ཀྱི་རྟེན་ནམ་ཆོས་ཅན་ཡིན་པས་ གཞི་ཞེས་དགོངས་སོ། །ཡང་མངོན་རྟོགས་རྒྱན་དུ། གཞི་ཤེས་པ་ཡི་བྱེ་བྲག་རྣམས། །ཞེས་ པར་གཞི་ནི་དམིགས་པ་སྟེ། འཕགས་པའི་བདེན་པ་བཞི་ལ་སོགས་པའོ། །ཞེས་ཤཱནྟི་པ་ སོགས་འཆད་དེ། རྟོག་པས་རྟག་སོགས་སུ་སྒྲོ་འདོགས་པའི་གཞི། མི་རྟག་སོགས་སུ་ཤེས་ པར་བྱ་བའི་གཞི། མི་རྟག་བདག་མེད་སོགས་ཁྱད་ཆོས་རྣམས་ཀྱི་རྟེན་ནམ་ཆོས་ཅན་རྣམས་ ཀྱི་རྟེན་ཡིན་པས་གཞི་ཞེས་བྱའོ། །རྒྱུད་བླ་མའི་འགྲེལ་བར། ཆོས་མངོན་པའི་མདོའི་ལུང་ དྲངས་པར། ཐོག་མ་མེད་དུས་ཅན་གྱི་ཁམས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །དེ་ཡོད་ པས་ན་འགྲོ་ཀུན་དང༌། །མྱ་ངན་འདས་པ་ཐོབ་པ་ཡིན། །ཞེས་པའི་དོན། ཐོག་མ་མེད་པའི་ 3-1-168 དུས་ཅན་ཁམས་ནི་དེ་བཞིན་གཤེགས་པའི་སྙིང་པོ་ལ་བཤད་ནས། གནས་ཞེས་པ་གཞི་དང་ རྟེན་ལ་གསུངས་ཏེ། འགྲེལ་བར། ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ་ཞེས་བྱ་བ་ནི། ཇི་སྐད་ དུ། བཅོམ་ལྡན་འདས་དེའི་སླད་དུ་དེ་བཞིན་གཤེགས་པའི་སྙིང་པོ་ནི། འབྲེལ་བ་རྣམ་པར་ དབྱེ་བ་མེད་པ་བྲལ་མི་ཤེས་པ། འདུས་མ་བྱས་པའི་ཆོས་རྣམས་ཀྱི་གནས་དང་གཞི་དང་རྟེན་ ལགས་ལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་ནི། མ་འབྲེལ་པ་རྣམ་པར་ དབྱེ་བ་དང་བཅས་པའི་ཆོས་ཅན་བྲལ་ཤེས་པ། འདུས་བྱས་ཀྱི་ཆོས་རྣམས་ཀྱི་ཡང་གཞི་དང་ གནས་དང་རྟེན་ལགས་སོ། །ཞེས་གསུངས་པས་སོ་ཞེས་དཔལ་ཕྲེང་གི་མདོའི་ལུང་དྲངས་ སོ། །ལང་ཀར་གཤེགས་པར། ས་རྣམས་སྣ་ཚོགས་ཀུན་གཞི་སྟེ། །བདེ་གཤེགས་སྙིང་པོ་ དགེ་བའང་དེ། །སྙིང་པོ་དེ་ལ་ཀུན་གཞིའི་སྒྲས། །དེ་བཞིན་གཤེགས་རྣམས་སྟོན་པར་མཛད། ། སྙིང་པོ་ཀུན་གཞིར་བསྟན་པ་ཡང༌། །བློ་ཞན་རྣམས་ཀྱིས་མི་ཤེས་སོ། །ཞེས་བདེ་གཤེགས་ སྙིང་པོ་ཀུན་གཞིར་གསུངས། ཡང་སྔར་གྱི་མདོ་ལུང་དེའི་དོན་ཐེག་བསྡུས་སུ། ཁམས་ཀྱི་ དོན་རྒྱུའམ་རྟེན་དུ་མཛད་ནས། ཚོགས་བརྒྱད་ཀྱི་ཡ་གྱལ་མ་བསྒྲིབ་ལུང་མ་བསྟན་རྣམ་པར་ སྨིན་པའི་རྣམ་ཤེས་ས་བོན་ཐམས་ཅད་པ་དེ་ལ་ཀུན་གཞིར་གསུངས་ཏེ། དེ་དགེ་མི་དགེའི་ བག་ཆགས་བསྒོ་བའི་གཞི་ཡིན་པ་དང༌། ཉོན་མོངས་དང་རྣམ་བྱང་གི་ས་བོན་ཐམས་ཅད་ཀྱི་ རྟེན་ཡིན་པའི་ཕྱིར་རོ། །རྣམ་འགྲེལ་དུ། བརྡའི་བྱེ་བྲག་རྟོགས་པ་པོའི། །འདོད་པའི་རྗེས་ སུ་བྱེད་པའི་གཞི། །ཞེས་སྒྲའི་བརྗོད་བྱ་ལའང་གཞིར་བཤད་དེ། སྒྲ་འཇུག་པའི་རྟེན་ཡིན་ པའི་ཕྱིར་དང༌། བརྡ་ལ་བརྟེན་ནས་སྒྲས་གོ་བར་བྱེད་པའི་གནས་ཡིན་པས་སོ། །ཡང་གང་ ལས་ཡན་ལག་རྣམས་གྱེས་ཤིང་འབྱུང་བའི་རྟེན་ནམ་རྩ་བ་ལྟ་བུ་ལ་ཡང་གཞི་ཞེས་བཤད་ དེ། དབུས་མཐར་གནས་ཀྱི་གཞིའི་སྟོང་པ་ཉིད་ཅེས་ལག་པ་ལ་སོགས་པ་ཡན་ལག་གི་རྟེན་ ཁོག་པ་ལ་གཞིར་བཤད་པ་དང༌། འདུལ་བ་འོད་ལྡན་ལས། གཞི་ཐམས་ཅད་ཡོད་པར་སྨྲ་ 3-1-169 བའི་སྡེ་བ་ཞེས་པའི་དོན་འཆད་པའི་སྐབས་སུ་སྡེ་བ་གཞན་རྣམས་སྡེ་བ་དེ་ལས་གྱེས་པས་ གཞི་ཞེས་བཤད་པ་ལྟར་དང༌། ཡང་བོད་དུ་འགྱུར་བའི་ལུང་སྡེ་བཞིར་གྲགས་པའི་འདུལ་བ་ གཞི་ལྟ་བུ། དེའི་ནང་གི་གནས་སྐབས་ཀྱི་ཆོས་ཅི་རིགས་པ་གཏན་ལ་འབེབས་པ་རྣམ་འབྱེད་ དང་ཕྲན་ཚེགས་ལྟ་བུ་དེ་ལས་འཕྲོས་པའི་ཡན་ལག་དང༌། དེ་འདུལ་བའི་གཞིའམ་མ་མོ་ཡིན་ པས་འདུལ་བ་གཞི་ཞེས་བཤད་པ་ལྟ་བུའོ། །དེས་ན་གནས་དང་གཞི་དང་རྟེན་གྱི་མིང་གི་རྣམ་ གྲངས་སུ་དཔལ་ཕྲེང་གི་མདོ་དང༌། ཐེག་བསྡུས་སོགས་སུ་བཤད་དོ། །གསང་བ་འདུས་པའི་ རྒྱུད་སོགས་སུ། རྒྱུད་ནི་རྒྱུན་ཆགས་ཞེས་བྱ་སྟེ། །རྒྱུད་དེ་རྣམ་པ་གསུམ་དུ་འགྱུར། །གཞི་དང་ རང་བཞིན་ཉིད་དང་ནི། །མི་འཕྲོག་པ་ཡི་རབ་དབྱེ་ལས། །རང་བཞིན་རྣམ་པ་རྒྱུ་ཡིན་ཏེ། ། དེ་བཞིན་མི་འཕྲོག་འབྲས་བུའོ། །གཞི་ནི་ཐབས་ཞེས་བྱ་བ་སྟེ། །གསུམ་གྱིས་རྒྱུད་ཀྱི་དོན་ བསྡུས་པའོ། །ཞེས་རྒྱུའི་རྒྱུད་གཞིའམ་ཐབས་ཀྱི་རྒྱུད། འབྲས་བུའི་རྒྱུད་གསུམ་དུ་བཤད་དོ། ། བླ་མའི་མན་ངག་ལ་ལྟོས་ཏེ་དང་པོ་གཉིས་གོ་ལོག་སྟེ་བསྟན་པའམ་སྒྲ་ཇི་བཞིན་པ་ལྟར་ན། ཐབས་སམ་ལམ་དེ་འབྲས་རྒྱུད་ཀྱི་རྒྱུ་བྱེད་པས་གཞིའི་རྒྱུད་ཅེས་བཤད་དུ་རུང་ངོ༌། ། དེ་ལྟར་ན་སྔར་གཞི་ཞེས་བཤད་པ་ཐམས་ཅད་ཀྱིས་ཀྱང༌། ཐད་ཀ་ཐད་ཀར་གཞིའི་ གོ་ཆོད་ལ་དབུ་མ་པའི་གྲུབ་མཐའི་སྐབས་སུ་བསྟན་པའི་མཐར་ཐུག་གི་གཞི་དང༌། རྒྱུད་དུ་ གསུངས་པའི་རྒྱུའི་རྒྱུད་མཐར་ཐུག་པ་ནི། སེམས་ཀྱི་ཆོས་ཉིད་དྲི་བཅས་དེ་བཞིན་ཉིད་ལ་ དགོངས་ཏེ། རྡོ་རྗེ་རྩེ་མོ་ལས། རྒྱུད་ནི་རྒྱུན་ཆགས་ཞེས་བྱ་སྟེ། །འཁོར་བ་རྒྱུད་དུ་བརྗོད་པར་ བྱ། །ཞེས་ཏེ། འདིར་འཁོར་བ་མཚན་ཉིད་པ་མ་ཡིན་ཏེ། འཁོར་བའི་ཆོས་ཉིད་དྲི་བཅས་དེ་ བཞིན་ཉིད་ལ་དགོངས་ཏེ་འདི་ལྟ་བུ་གསུངས་པ་གཞན་ཡང་ཡོད་དེ། མདོ་ལས། མ་རིག་པ་ ནི་བྱང་ཆུབ་པོ་ཞེས་སོགས་གསུངས་པའི་དོན་མདོ་རྒྱན་དུ། མ་རིག་པའི་དེ་བཞིན་ཉིད་ནི་ བྱང་ཆུབ་པོ་ཞེས་སོགས་སུ་དགོངས་པ་བླངས་ནས་གསུངས་པ་ལྟར་རོ། །དེ་ལྟར་ན་སེམས་ 3-1-170 གྱི་ཆོས་ཉིད་དྲི་བཅས་དེ་བཞིན་ཉིད་དེ་ཀུན་གཞི་ཡིན་ཏེ། ཁོ་རྒྱུའམ་རྟེན་དུ་ཡོད་པའི་སྟོབས་ ཀྱིས་འདུས་བྱས་མ་བྱས་ཀྱི་ཟག་མེད་ཀྱི་ཡོན་ཏན་ཐོབ་ཅིང་འཐོབ་པའི་ཕྱིར་དང༌། ཀུན་ནས་ ཉོན་མོངས་པ་དང་མི་དགེ་བའི་བག་ཆགས་ཐམས་ཅད་ཀུན་གཞི་རྣམ་ཤེས་ལ་བསྒོས་ཤིང་ གནས་ལ་ཀུན་གཞིའི་རྣམ་ཤེས་ཡང་དྲི་བཅས་དེ་བཞིན་ཉིད་ལ་བརྟེན་ཏེ། དེའི་དེ་བཞིན་ཉིད་ དེ་ཡིན་པའི་ཕྱིར་དང༌། ཟག་བཅས་ཀྱི་ལས་ཉོན་ཐམས་ཅད་ཚུལ་མིན་ཡིད་བྱེད་ལ་བརྟེན། ཚུལ་མིན་ཡིད་བྱེད་དེ་དྲི་བཅས་དེ་བཞིན་ཉིད་ལ་བརྟེན་པའི་ཕྱིར་རོ། །རྒྱུད་བླ་ལས། དེ་ བཞིན་ཕུང་པོ་ཁམས་དབང་རྣམས། །ལས་དང་ཉོན་མོངས་དག་ལ་གནས། །ལས་དང་ཉོན་ མོངས་ཚུལ་བཞིན་མིན། །ཡིད་ལ་བྱེད་ལ་རྟག་ཏུ་གནས། །ཚུལ་བཞིན་མ་ཡིན་ཡིད་བྱེད་ནི། ། སེམས་ཀྱི་དག་པ་ལ་རབ་གནས། །ཞེས་སོ། །གནས་ཞེས་པའི་དོན་ནི་རྟེན་དུ་གྱུར་པས་དེ་ མེད་ན་མི་འབྱུང་བའི་རྟེན་ཡིན་གྱི། སྔར་མེད་གསར་དུ་བསྐྱེད་པ་ལྟ་བུ་ནི་མ་ཡིན་ཏེ། མཁའ་ ལ་རླུང་བརྟེན་དེ་ལ་ཆུ་ཡི་ཕུང་པོ་བརྟེན། །ཞེས་སོགས་གསུངས་པ་ལྟར་རོ། །དེ་བཞིན་དུ་དྲི་ བཅས་དེ་བཞིན་ཉིད་དེ་རྒྱུད་སྡེར་གསུངས་པའི་རྒྱུའི་རྒྱུད་ཀྱང་ཡང་ཡིན་ཏེ། རྣམ་པར་དག་ པའི་ལམ་གྱི་རྟོགས་པ་གོང་ནས་གོང་དུ་འཕེལ་བའི་རྟེན་བྱེད་ཅིང༌། བྲལ་འབྲས་ཆོས་སྐུ་ འཐོབ་པའི་རྒྱུ་བྱེད་པས་རྒྱུ་ཡང་ཡིན། དུས་ནམ་ཡང་རྒྱུན་ཆད་མེད་པར་རང་བཞིན་འགྱུར་ མེད་དུ་གནས་པའི་ཕྱིར་རྒྱུད་དེ། རྒྱུད་ཀྱི་དོན་ནི་རྒྱུན་ཆད་མེད་པར་འཇུག་པའི་དོན་ལ། རྒྱུད་ དང་རྒྱ་འགྲེལ་དྲི་མེད་རྣམས་ལས་གསུངས་སོ། །དེ་ཉིད་རང་བཞིན་དུ་གནས་པའི་རིགས་ ཀྱང་ཡིན་ཏེ། སྔར་བཤད་པ་ལྟར་གྱི་རྒྱུ་ཡིན་པས་རིགས་ཞེས་བྱ་སྟེ། རིགས་ཀྱི་སྒྲ་ནི་འདིར་ རྒྱུའི་དོན་ལ་བཤད་དེ། མང་དོགས་པས་མདོར་བསྡུས་པའོ། །གཞིའི་སྐབས་སོ།། །། ལམ་ལ་སྤྱིར་ཡང་དག་པ་ཉིད་དུ་ངེས་པའི་ལམ། ལོག་པ་ཉིད་དུ་ངེས་པའི་ལམ། མ་ ངེས་པའི་ལམ་སོགས་དུ་མ་བཤད་ཀྱང༌། འདིར་བྱང་ཆུབ་གསུམ་གྱི་རྒྱུར་གྱུར་པའི་ལམ་རྣམ་ 3-1-171 དག་ངོས་བཟུང་ན། ཐེག་པ་གསུམ་ཀྱི་ཐར་བ་ཆ་མཐུན་གྱི་དགེ་བའི་ངོ་བོར་གྱུར་བའི་ཚོགས་ ཀྱི་ལམ་ལ་སོགས་པ་ལྔ་དང༌། རྒྱུད་སྡེ་ཟབ་མོར་བསྟན་པའི་རིམ་གཉིས་ཀྱི་རྣལ་འབྱོར་ཡན་ ལག་དང་བཅས་པ་རྣམས་ཏེ། འདིར་བྲི་བའི་སྤོབས་པ་ཡོད་མོད་ཀྱིས་གྲགས་ཆེ་བས་མ་ བཀོད་དོ། ། འབྲས་བུ་ལ་རྣམ་པར་དག་པའི་ལམ་བསྒོམ་པའི་གནས་སྐབས་ཀྱི་འབྲས་བུ་ཡོན་ཏན་ བརྒྱ་ཕྲག་བཅུ་གཉིས་སོགས་དང༌། མཐར་ཐུག་གི་འབྲས་བུ་སངས་རྒྱས་ཀྱི་སྤངས་རྟོགས་ མཛད་པ་དང་བཅས་པ་རྣམས་ཏེ་གྲགས་ཆེ་བས་མ་བཀོད་དོ། ། དེ་ལྟར་ན་གཞི་ལམ་འབྲས་བུའི་མཚན་ཉིད་ལུང་དང་བཅས་པ་དགོས་གསུངས་པ་ལ། གསུང་རབ་དགོངས་འགྲེལ་དང་བཅས་པ་རྣམས་སུ་རང་གི་མཚན་ཉིད་དང༌། སྤྱིའི་མཚན་ ཉིད་ཞེས་དང༌། རང་བཞིན་གྱི་མཚན་ཉིད་དང༌། རྣམ་པར་དབྱེ་བའི་མཚན་ཉིད་ཞེས་དང༌། རིགས་པའི་བསྟན་འཆོས་སུ་མ་{ཁྱབ་}ཁྱབ་ཆེས་མི་སྲིད་གསུམ་དང་བྲལ་བའི་མཚན་ཉིད་ བཤད། དེ་རྣམས་ནི་མཚོན་པར་བྱེད་པས་མཚན་ཉིད་ཅེས་བྱ་ཞིང༌། དེ་རྣམས་ཀྱིས་མཚོན་ པའི་གཞིའི་མཚོན་པར་བྱ་བས་མཚོན་བྱའམ་མཚན་གཞི་ཞེས་སྐད་དོད་གཅིག་ལོ་ཙཱ་བས་ གཉིས་སུ་བསྒྱུར་བར་སྣང་ནའང༌། བོད་སྔ་རབས་པ་མང་པོས་མཚོན་བྱ་དང་མཚན་གཞི་ལ་ སྤྱི་བྱེ་བྲག་གི་ཁྱད་ཕྱེད། མཚན་ཉིད་ཅེས་པ་སྐྱོན་གསུམ་དང་བྲལ་བའམ་རིགས་མི་མཐུན་ ལས་འབྱེད་པའི་མཚན་ཉིད་ཁོ་ན་ལ་བྱས། མཚན་མཚོན་གྱི་སྦྱོར་བ་ཞེས་པ་ཐལ་རང་གི་ སྦྱོར་བ་ལས་མ་གཏོགས་པའི་གསུམ་པ་བཟོས། མཚོན་བྱ་ལ་ཐ་སྙད་དམ་ཐ་སྙད་བྱར་རུང་ ངེས་པར་སྦྱོར་དགོས་ཞེས་པ་ལ་སོགས་ཀྱི་རྣམ་བཞག་མཛད་པས་དེང་སང་བར་དུ་ཡང་ཕལ་ ཆེར་དེ་བཞིན་དུ་འདོད་མོད། མཚན་ཉིད་ཅེས་པ་དང༌། མཚོན་བྱེད་ཅེས་པ་དང༌། མཚོན་བྱ་ མཚན་གཞི་ཐ་སྙད་ཅེས་དང༌། མཚོན་ཞེས་སོགས་ཀྱི་ཚིག་གི་དོན་ལ་བློ་རྩེ་གཏད་ས་ཅུང་ཟད་ 3-1-172 ཙམ་ཡང་མེད་པར་ཁྱི་སྐད་ལ་རྒྱུག་པ་འབའ་ཞིག་སྣང་སྟེ། མཚན་ཉིད་པར་ཁས་འཆེ་བ་ཕལ་ ཆེར་གྱིས། མཚན་ཉིད་མི་ཤེས་པར་གྲགས་པ་འདི་ཨེ་མའོ། །དེ་བཞིན་དུ་མི་རྟག་བདག་མེད་ སོགས་སྤྱི་མཚན་ཡིན་སྤྱིའི་མཚན་ཉིད་མ་ཡིན་ཞེས་དང༌། དོན་བྱེད་ནུས་ཤིང་རང་རྐྱ་ཐུབ་ པའི་བུམ་པ་ལྟ་བུ་རང་མཚན་ཡིན་རང་གི་མཚན་ཉིད་མ་ཡིན་ཞེས་འདོད་པའང་བཞད་གད་ ཀྱི་གནས་སོ། །དེས་ན་བདེན་པ་གཉིས་ཀྱི་དབང་དུ་བྱས་ཏེ། གཞི་དེ་ཇི་ལྟར་གནས་པ་ལྟར་ གྱི་གནས་ལུགས་གཞི་དེའི་རང་བཞིན་ཡིན་པས་དེའི་མཚན་ཉིད་དེ། མི་རྟག་པ་འདུས་བྱས་ སྤྱིའི་མཚན་ཉིད་དུ་བཤད་པ་ལྟ་བུ་རང་བཞིན་གྱི་མཚན་ཉིད་དོ། །བུམ་པ་ལྟ་བུའི་ཆོས་གཅིག་ ཀ་བ་ལ་སོགས་པའི་བུམ་པ་མ་ཡིན་{པ}ཐམས་ཅད་ལས་ལྡོག་པའི་ལྡོག་པ་ཐ་དད་པ་དུ་མ་ ལྟ་བུ། རྣམ་པར་དབྱེ་བའི་མཚན་ཉིད་དེ་སྒྲས་བརྗོད་ཚུལ་རྣམ་རྟོག་གི་ཞེན་ཚུལ་ལ་ལྟོས་ནས་ བཞག་པ་ཡིན་པས་རྟོག་ངོར་ཤེས་བྱ་ཡིན་ནོ། ། ཡང་བདག་མེད་སོགས་ཆོས་ཅན་ཐམས་ཅད་ ལ་སྤྱི་ཁྱབ་ཏུ་ཡོད་པའི་ཆོས་ཡིན་པས་སྤྱིའི་མཚན་ཉིད་དམ་རང་བཞིན་ཏེ་ཆོས་ཅན་ཐམས་ ཅད་ཀྱི་གནས་ལུགས་ཡིན་པས་རང་བཞིན་གྱི་མཚན་ཉིད་ཡང་ཡིན་ནོ། །རླན་ཞིང་གཤེར་བ་ ཆུ་ཁོ་ན་ལ་ཡོད་པས་ཆུའི་རང་གི་མཚན་ཉིད་དེ་སྔར་ལྟར་རང་བཞིན་གྱི་མཚན་ཉིད་ཀྱང་ཡིན་ ནོ། །དེ་ཉིད་དེའི་རིགས་མི་མཐུན་ལས་འབྱེད་པའི་མཚན་ཉིད་དམ་སྐྱོན་གསུམ་ལས་གྲོལ་ བའི་མཚན་ཉིད་ཀྱང་ཡིན་ནོ། །དེ་བཞིན་དུ་མཚོན་པར་བྱེད་པས་མཚན་ཉིད་དེ། མཚོན་ཞེས་ པ་གོ་བའམ་རྟོགས་སམ་ཤེས་ཟེར་བའི་དོན་ཡིན། དཔེར་ན་ཤེས་པར་བྱེད། གོ་བར་བྱེད། རྟོགས་པར་བྱེད་པས་མཚན་ཉིད་ཅེས་པའི་བརྡ་བྱས་པ་ཡིན། གོ་བའམ་ཤེས་པར་བྱེད་ཚུལ་ མང་བོ་ཡོད་པས་མཚན་ཉིད་ཅེས་པ་མང་པོ་ལ་བཤད་དེ། ཆོས་ཐ་དད་པ་མང་པོ་ཐུན་མོང་ དུ་ཤེས་པར་བྱེད་པས་སྤྱིའི་མཚན་ཉིད། ཆོས་སོ་སོ་བ་རང་རང་ཐུན་མོང་མ་ཡིན་པར་བྱེད་པ་ རང་གི་མཚན་ཉིད། རང་རང་གནས་ཚུལ་ལྟར་གྱི་གནས་ལུགས་དེ་དང་དེར་ཤེས་པར་བྱེད་ 3-1-173 པ་རང་བཞིན་གྱི་མཚན་ཉིད། ཆོས་ཅན་རེ་རེའང་རིགས་མ་ཡིན་དུ་མ་ལས་ལོག་པའི་ཆོས་དུ་ མར་ཤེས་པར་བྱེད་པ་རྣམ་པར་དབྱེ་བའི་མཚན་ཉིད་དེ། ཆོས་ཅན་སྒྲ་ལྟ་བུ་གཅིག་མ་བྱས་པ་ དང་རྟག་པ་དང་ཀ་བ་བུམ་པ་སོགས་སྒྲ་མ་ཡིན་མཐའ་ཡས་པ་ལས་ལོག་པའི་ལྡོག་པ་དུ་མའི་ ཆོས་ཅན་སྒྲ་ལྟ་བུ་གཅིག་བྱས་མི་རྟག་བུམ་མིན་སོགས་སུ་ཤེས་པར་བྱེད་པ་བཞིན་ནོ། །རྒྱས་ པར་ངག་ལས་ཤེས་དགོས་སོ། ། འདིར་གཞི་ཙམ་གྱི་རིགས་མི་མཐུན་ལས་འབྱེད་པའི་མཚན་ཉིད། རང་གི་རྟེན་ཆོས་ རྣམས་ཀྱི་རྟེན་དུ་གྱུར་བ། ཐེག་ཆེན་དབུ་མ་བའི་སྐབས་ཀྱི་གཞི་ལམ་འབྲས་གསུམ་གྱི་རང་ ལུགས་མཐར་ཐུག་གི་གཞིའི་རིགས་མི་མཐུན་ལས་འབྱེད་པའི་མཚན་ཉིད་ནི། གང་ལ་བརྟེན་ ནས་རྣམ་དག་ལེགས་པའི་ལམ་བསྒོམས་པས་འབྲས་བུ་མི་གནས་པའི་མྱང་འདས་ཐོབ་ཅིང་ འཐོབ་པར་འགྱུར་བའི་དེ་བཞིན་ཉིད་ཅེས་བྱ་སྟེ། ཐོག་མ་མེད་དུས་ཅན་གྱིས་ཁམས་ཞེས་ སོགས་སྔར་དྲངས་པ་རྣམས་དྲན་པར་བྱའོ། ། ལམ་ཙམ་གྱི་རིགས་མི་མཐུན་སེལ་བའི་མཚན་ཉིད། གང་དུ་བགྲོད་པར་འགྱུར་བའི་ སར་ཕྱིན་བྱེད་དམ་ཕྱིན་པ། དབུ་མ་བའི་གྲུབ་མཐའི་སྐབས་ཀྱི་རང་ལུགས་ཀྱི་གཞི་ལམ་ འབྲས་གསུམ་གྱི་ལམ་རྣམ་དག་གི་རིགས་མི་མཐུན་ལས་འབྱེད་པའི་མཚན་ཉིད་ནི། གང་ རྒྱུད་ལ་བརྟེན་ཅིང་བསྒོམས་པ་གོམས་པར་བྱས་པས་སམ་གང་ལ་ཡང་དག་པའི་མཉམ་ བཞག་གམ་རྗེས་ཐོབ་ཀྱིས་ལེགས་པར་བསླབས་པས་མི་གནས་པའི་མྱང་འདས་སུ་ཕྱིན་བྱེད་ དོ། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་དང༌། སྡོང་ པོ་བཀོད་པར། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་ བོན་ལྟ་བུའོ། །ཞེས་སོགས་དང༌། སྦྱོར་བ་བཞིའི་བདག་ཉིད་ཅེས་སོགས་དྲན་པར་བྱའོ། ། དབུ་མ་བའི་གྲུབ་མཐའི་སྐབས་ཀྱི་གཞི་ལམ་འབྲས་གསུམ་གྱི་ཡ་གྱལ་མཐར་ཐུག་གི་ 3-1-174 འབྲས་བུའི་རིགས་མི་མཐུན་ལས་བྱེད་པའི་མཚན་ཉིད། རྣམ་པར་དག་པའི་མཉམ་རྗེས་ཀྱི་ ལམ་བསྒོམས་པའི་སྟོབས་ཀྱིས་ཐོབ་བྱ་མཐར་ཐུག་པ། ཆོས་སྐུ་འཕྲིན་ལས་འབྲས་བུ་ནི་ཞེས་ སོགས་དྲན་པར་བྱའོ། ། ཡང་ལྟ་སྒོམ་སྤྱོད་འབྲས་ཞེས་པ་དང༌། གཞི་ལམ་འབྲས་གསུམ་ཁྱད་ཡོད་དམ་མེད་ གསུངས་པ་ལ། སྤྱིར་གཞི་ལམ་འབྲས་གསུམ་ལྟ་སྒོམ་སྤྱོད་འབྲས། གཞི་དབུ་མ། ལམ་དབུ་ མ། འབྲས་བུ་དབུ་མ་ཞེས་ཕྱོགས་གཅིག་ཏུ་བསྡུས་པའི་བརྡ་ཆད་འདི་རྣམས་བོད་ཀྱི་སློབ་ དཔོན་སྔ་མ་རྣམས་ཀྱིས་མཛད་སྣང༌། མཚན་ཉིད་ཐེག་པའི་གཞུང་ཁུངས་མ་ལས་བཤད་པ་ མ་མཐོང༌། འདི་འདྲའི་བརྡ་ཆད་མཛད་པའི་བོད་སྔ་མ་རྣམས་ཀྱི་ཐུགས་དགོངས་ལ་ནི། སྤྱོད་ པ་ཞེས་པ་འདི་མ་གཏོགས་གཞན་གསུམ་ཚན་གསུམ་པོ་ཐད་ཀ་ཐད་ཀར་དོན་གཅིག་ཏུ་ བཞེད་པར་མངོན་ཞིང༌། ལྟ་བ་ཞེས་པ་ཡུལ་སྟོང་ཉིད་དང་སྒོམ་པ་ཞེས་པ་མཉམ་བཞག་དང༌། སྤྱོད་པ་ཞེས་པ་རྗེས་ཐོབ་ཀྱི་ཉམས་ལེན་ལ་བཞེད་པ་དང༌། གཞན་ཡང་རྗེ་བཙུན་མི་ལ་རས་ པ་ལ་སོགས་པའི་བོད་ཀྱི་རྣལ་འབྱོར་བ་རྣམས་ཀྱིས་མང་དུ་བཀོད་པའང་སྣང་སྟེ། དེ་དང་དེ་ དག་ཏུ་ཤེས་པར་བྱའོ། ། འདིར་སྤྱིར་ལྟ་བ་ལ། ལོག་པའི་ལྟ་བ་དང༌། ཡང་དག་པའི་ལྟ་བ་གཉིས་ཡོད་ཅིང༌། དང་ བོ་ནི། ཀུན་རྫོབ་བམ། དོན་དམ་གྱི་གནས་ཚུལ་ལས་ཕྱིན་ཅི་ལོག་ཏུ་འབྱེད་ཅིང༌། འཛིན་ པའི་ལོག་པའི་ཤེས་རབ་གཙོ་བོར་གྱུར་བ་སྟེ། དེའི་སྟོབས་ཀྱིས་དེ་དང་མཚུངས་ལྡན་གྱི་ཡིད་ ཤེས་དང༌། ཡུལ་གྱི་ངོ་བོ་ཙམ་འཛིན་པ་རྟོག་པ་དང༌། ཁྱད་པར་ལ་དཔྱོད་པའི་དཔྱོད་པ་གང་ རུང་གྲོགས་སུ་ཡོད་པས་ཀྱང་དེ་ལྟར་འཛིན་ནོ། །དེ་ལ་དགེ་སྡིག་མེད་པར་ལྟ་བ་སོགས་ཆད་ ལྟ་དང༌། གང་ཟག་གི་བདག་དང་དབང་ཕྱུག་སོགས་རྟག་པར་ལྟ་བ་དང༌། འདུས་བྱས་ཀྱི་སྒྲ་ སོགས་རྟག་པར་ལྟ་བ་སོགས་དང༌། ། 3-1-175 མཐོ་རིས་ཀྱི་ཐབས་སུ་སྲོག་གིས་མཆོད་སྦྱིན་སྣ་ཚོགས་བྱེད་པའམ། སྲོག་བཅད་པས་ འཁོར་བ་ལས་གྲོལ་བར་འདོད་པའི་ལྟ་བ་སོགས་དང༌། བོད་ཀྱི་གྲུབ་ཐོབ་ཏུ་རློམ་པའི་སློབ་ དཔོན་མང་བོའི་འདྲེན་པར་བཀུར་བ་མང་བོ་དག ཁོང་གི་ཁྲིད་ཐོབ་དེ་ལུགས་ཀྱི་ངོ་སྤྲོད་ཐོབ་ པའི་སློབ་མ་རྣམས་སངས་རྒྱས་ཐོབ་ཟིན། ལུས་རྒྱས་བཅིངས་པས་རྫུ་འཕྲུལ་སོགས་སྟོན་མ་ ནུས་པ་ཡིན། ཤི་ནས་ལུས་འདི་དང་བྲལ་མ་ཐག་དཔལ་ཀུན་ཏུ་བཟང་བོ་ཉིད་དུ་འགྱུར་ཞིང་ མགོ་ལ་ཐོད་པ་མི་འགེལ་བར་འདོད་པའི་ལྟ་བ་ཁམས་པོ་ཆེ་སོགས་མཐའ་ཡས་སོ། །དེ་ལྟར་ ན་མཐོ་རིས་དང་ཐར་བ་དོན་དུ་གཉེར་བ་རྣམས་ཀྱིས་ལྟ་བ་ངན་པ་སྤངས་ནས་ཡང་དག་པའི་ ལྟ་བ་ལ་འཇུག་པར་བྱ་དགོས་ཏེ། བཤེས་སྤྲིང་དུ། གལ་ཏེ་མཐོ་རིས་ཐར་བ་མངོན་བཞེད་ ན། །ཡང་དག་ལྟ་ལ་གོམས་པ་དག་ཏུ་མཛོད། །གང་ཟག་ལོག་པར་ལྟ་བས་ལེགས་སྤྱད་ཀྱང༌། ། ཐམས་ཅད་རྣམ་པར་སྨིན་པ་མི་བཟད་ལྡན། །ཞེས་སོ། ། ཡང་དག་པའི་ལྟ་བ་ལའང་གཉིས་ལས། འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ལ། དགེ་ སྡིག་གི་ལས་དང༌། དེའི་འབྲས་བུ་བདེ་བ་དང་སྡུག་བསྔལ་འབྱུང་བར་ཡིད་ཆེས་ཤིང་དེ་ལྟར་ འཛིན་ཅིང་རྟོགས་པའི་ཤེས་རབ་གཙོ་བོར་གྱུར་བ་ཞིག་ནི་གཙོ་བོ་ཡིན་ལ། ཕ་མ་དང་རིགས་ དང་ཡོན་ཏན་གྱི་རྒན་པ་བཀུར་བའི་འོས་སུ་ལྟ་བ་སོགས་འཇིག་རྟེན་ཡ་རབས་རྣམས་ཀྱི་ སྤྱོད་ཚུལ་ཀུན་ནས་སློང་བའི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཁྱད་པར་རྣམས་ཀྱང་ངོ༌། །ཇི་སྐད་ དུ། འཇིག་རྟེན་པ་ཡི་ཡང་དག་ལྟ། །ཆེན་པོ་སུ་ལ་ཡོད་གྱུར་བ། །དེ་ནི་བསྐལ་བ་སྟོང་དུ་ཡང༌། ། ངན་འགྲོར་འགྲོ་བར་མི་འགྱུར་རོ། །ཞེས་དང༌། དབུ་མ་བཞི་བརྒྱ་བ་ལས། །འཇིག་རྟེན་ཚུལ་ ལུགས་གང་དང་གང༌། །དེ་དང་དེ་ལ་ཆོས་རྗེས་འཇུག །དེ་ཡི་ཕྱིར་ན་ཆོས་པས་ཀྱང༌། །འཇིག་ རྟེན་སྟོབས་ལྡན་ལྟ་བུར་སྣང༌། །ཞེས་དང༌། གནས་བརྟན་བྱང་བཟང་གིས། འཇིག་རྟེན་པའི་ ཡང་དག་པའི་ལྟ་བ་ལས་གུད་དུ་སོང་བས་རྒྱང་འཕེན་པ་ཞེས་བཤད་པ་ལྟར་རོ། །གྲུབ་མཐའི་ 3-1-176 ཡང་དག་པའི་ལྟ་བ་ལ། ཕྱི་རོལ་མུ་སྟེགས་བྱེད་རྣམས་ལའང་ཅི་རིགས་སུ་ཡོད་པ་ཤེས་པར་ བྱ་ཞིང༌། ནང་བ་སངས་རྒྱས་པའི་ལྟ་བ་ལའང་གྲུབ་མཐའ་བཞིའི་སྒོ་ནས་ཅི་རིགས་སུ་ཡོད་ ཅིང༌། ཁོ་བོས་གྲུབ་མཐའ་རྣམ་འབྱེད་དུ་ལུང་རིགས་ཀྱི་སྒོ་ནས་དཔྱིས་ཕྱིན་པར་བཀོད་ཡོད་ པ་དེར་བལྟ་བར་བྱའོ། ། འདིར་སྐབས་སུ་བབ་པ་ཐེག་ཆེན་གྱི་ལྟ་སྒོམ་སོགས་བསྟན་ན། ལྟ་བའི་ཡུལ་དང་ལྟ་བ་ གཉིས་སུ་དབྱེ་དགོས་ཏེ། ལྟ་བ་དངོས་ཤེས་རབ་གཙོ་བོར་གྱུར་བ་ཞིག་ཡིན་ཅིང༌། བདེན་ པ་གཉིས་ཀུན་རྫོབ་བམ་དོན་དམ་དུ་ཇི་ལྟར་གནས་ཚུལ་ལྟར་གྱི་གནས་ལུགས་ནི་ལྟ་བའི་ ཡུལ་ཡིན་པའི་ཕྱིར། དེ་ལྟ་བུའི་ཡུལ་དེ་བལྟ་བར་བྱ་བ་ཡིན་པས་ལྟ་བ་ཞེས་བཏགས་ཀྱི་ལྟ་ བ་དངོས་མིན་ཏེ། ལྟ་བ། མཐོང་བ། རྟོགས་པ། ཤེས་པ། གོ་བ། དམིགས་པ་ཞེས་སོགས་ བློའི་འཛིན་སྟངས་ཉིད་ལ་རྒྱ་གར་མཁས་མང་གིས་བཤད། ལྟ་བ་ཞེས་པ་ས་སྐྱ་པཎ་ཆེན་ གྱིས་མཐོང་བ་ཞེས་པར་བསྒྱུར་རོ། །དེས་ན་ཡུལ་གཟུགས་སོགས་རྣམས་དམིགས་པར་བྱ་ བ་ཡིན་པས་དམིགས་པ་ཞེས་བརྗོད་དེ། དམིགས་པ་བཏགས་པ་བ། མིག་ཤེས་སོགས་ནི་ ཡུལ་དམིགས་པར་བྱེད་པ་ཡིན་པས་དམིགས་པ་ཞེས་བརྗོད་དེ། དམིགས་པ་མཚན་ཉིད་ དཔལ་ཆོས་ཀྱི་གྲགས་པས་གཏན་ཚིགས་ཐིགས་པར་གསུངས་ཤིང༌། ལྷ་དབང་ཆོས་མཆོག་ སོགས་ཀྱིས་བཤད་པ་ལྟར་རོ། །བརྗོད་པར་བྱ་བ་མང་ནའང་དབུ་མ་པའི་གྲུབ་མཐའི་སྐབས་ གཞིར་བཞག་ནས་མདོར་བསྡུས་ཏེ་བརྗོད་ན། རྟག་ཆད་སོགས་སྤྲོས་པའི་མཐའ་དང་གྲོལ་ བའི་སྟོང་ཉིད་དམ་ཆོས་ཉིད་དེ་ལྟ་བའི་ཡུལ་མཐར་ཐུག་པ་ཡིན་ཞིང༌། ཐེག་པ་ཆེན་པོའི་ལམ་ ལྔའི་མངོན་པར་རྟོགས་པ་རྣམས་ཀྱིས་ཇི་ལྟར་རྟོགས་ཚུལ་གྱི་རྣམ་པའམ་ཆོས་རྣམས་ཀྱང་ལྟ་ ཡུལ་མཚན་ཉིད་པ་ཡིན་ནོ། །ལུང་རིགས་རྣམ་དག་གིས་ཆོས་ཀུན་དེ་ཁོ་ན་ཉིད་དུ་སྤྲོས་བྲལ་ དུ་སྤྱིའི་ཚུལ་གྱིས་རྟོགས་པའི་ཤེས་རབ་གཙོ་བོར་གྱུར་བ་དང༌། དེ་འདྲའི་སྤྲོས་བྲལ་ལམ་སྟོང་ 3-1-177 ཉིད་ལ་གསལ་སྣང་སྐྱེས་པའི་འཇིག་རྟེན་པའི་སྒོམ་བྱུང་གི་ཤེས་རབ་གཙོ་བོར་གྱུར་བ་དང༌། དེ་འདྲའི་སྤྲོས་བྲལ་ལམ་སྟོང་{ཉིད་མངོན}གསུམ་དུ་རྟོགས་པའི་འཕགས་པ་སློབ་པའི་ཤེས་ རབ་གཙོ་བོར་གྱུར་བ་དེ་རྣམས་ཀྱང་ཡང་དག་པའི་ལྟ་བ་མཚན་ཉིད་པ་ཡིན་ཞིང༌། དེ་བཞིན་ དུ། ཀུན་རྫོབ་བདེན་པས་འཇུས་[བསྡུས་]པའི་ཆོས་རྣམས་ཀུན་རྫོབ་ཏུ་ཇི་ལྟར་གནས་ཚུལ་ ལྟར་ལུང་རིགས་ཀྱི་སྒོ་ནས་རྟོགས་པའི་ཤེས་རབ་གཙོ་བོར་གྱུར་བ་སོགས་གསུམ་ཡང་ཡང་ དག་པའི་ལྟ་བ་མཚན་ཉིད་པ་ཡིན་ཞིང༌། དེ་རྣམས་སྔར་བཤད་པ་ལྟར་དེ་དང་དེར་རྟོགས་ པའི་རྫོགས་སངས་རྒྱས་ཀྱི་ཤེས་རབ་གཙོ་བོར་གྱུར་བ་རྣམས་ནི་མཐར་ཐུག་གི་ཡང་དག་ པའི་ལྟ་བ་སྟེ་གཙོ་བོའོ། ། ཇི་སྐད་དུ། འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཞེས་རྒྱུད་བླ་དང༌། མངོན་རྟོགས་རྒྱན་དུ་ གསུངས་ཤིང༌། ཡང་མངོན་རྟོགས་རྒྱན་དུ། ཟབ་མོ་སྟོང་བ་ཉིད་ལ་སོགས། །ཟབ་པ་དེ་ནི་སྒྲོ་ འདོགས་དང༌། །བསྐུར་བའི་མཐའ་ལས་གྲོལ་བ་ཉིད། །ཅེས་སོ། །རྣམ་འགྲེལ་དུ། སྟོང་ཉིད་ ལྟ་དང་དེ་འགལ་ཕྱིར། །ཞེས་དང༌། སྟོང་ཉིད་ལྟ་བས་གྲོལ་འགྱུར་གྱིས། །བསྒོམས་པ་ལྷག་ མ་དེ་དོན་ཡིན། །ཞེས་ཏེ། ཚིག་རྐང་འདི་གཉིས་ཇོ་བོ་རྗེས་ལམ་སྒྲོན་དུའང་བཀོད་དོ། །ཡང་ རྣམ་འགྲེལ་དུ། དེ་ཉིད་ལ་ནི་དེ་འགལ་དོན། །དེ་ཉིད་རྣམ་པ་རྗེས་རྟོགས་ཅན། །ལེགས་ བསྒོམ་ཡང་དག་ལྟ་བ་ཡིན། །སྲིད་པ་རྗེས་འབྲང་བཅས་འཇོམས་བྱེད། །ཅེས་ཏེ། དེ་རྣམས་ ཀྱིས་ལྟ་བ་དང་ལྟ་བའི་ཡུལ་སོ་སོར་ཕྱེ་ནས་བསྟན་ཅིང༌། སྟོང་ཆེན་རབ་འཇོམས་སུ། ལྟ་བ་ འདི་ལ་སྦྱར་མ་ཐག་ཏུ་ནི། །འཇིགས་ཚོགས་ལྟ་དང་ཚུལ་ཁྲིམས་བརྟུལ་ཞུགས་དང༌། །ཐེ་ ཚོམ་དང་ནི་ཉོན་མོངས་གསུམ་པོ་དག །ཅིག་ཆར་སྤངས་ཏེ་འཕགས་པའི་བདེན་མཐོང་བ། ། དེ་བས་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས། །ཞེས་སོ། །དེས་མཚོན་ནས་ལུགས་གཞན་ ཡང་ཤེས་པར་བྱའོ། ། 3-1-178 ཡང་ལྟ་བ་དང༌། གྲུབ་མཐའ་དང༌། གཞུང་ལུགས་དང༌། ཡིད་ཀྱི་དམ་བཅའ་ཞེས་པ་ རྣམས་ཕལ་ཆེར་རྣམ་གྲངས་སུ་བཤད་པའང་སྣང་སྟེ། དུས་འཁོར་འགྲེལ་ཆེན་དུ། རང་ གཞན་ལྟ་བ་དག་ལ་གཞུང༌། །ཅུང་ཟད་གསུང་པ་རྣམ་རྒྱས་བྱ། །ཞེས་གསུངས་ནས། གྲུབ་ མཐའ་བཞི་སོགས་བསྟན་ཅིང༌། ཛེ་ཏ་རིས། བདེར་གཤེགས་གཞུང་གི་རབ་དབྱེ་ཞེས་བསྟན་ བཅོས་ཀྱི་མིང་བཏགས་ནས་སངས་རྒྱས་པའི་ལྟ་བ་དང༌། གྲུབ་མཐའ་བཞི་གཏན་ལ་ཕབ་ པའི་ཕྱིར་དང༌། ཚད་མ་རྒྱན་དུ། གྲུབ་མཐའ་དང༌། དམ་བཅའ་བ་ནི་རྣམ་གྲངས་ཙམ་ཡིན་ པའི་ཕྱིར་རོ། །ཞེས་སོ། །གང་ལྟར་ཡང་ལྟ་བ་དང་གྲུབ་མཐའ་ནི་ཤེས་རབ་གཙོ་བོར་གྱུར་བ་ ཡིན་པར་རྒྱ་བོད་ཀྱི་མཁས་པ་རྣམས་བཞེད་དོ། ། ལྟ་བ་སོགས་བཞིར་ཕྱེ་བའི་སྒོམ་པ་ལ། སྤྱིར་དམིགས་པ་གང་དང་གང་ལ་སེམས་གཏོད་ ཅིང་འཛིན་པའི་སེམས་རྩེ་གཅིག་པ་སྟེ། མཉམ་རྗེས་སམ་རིམ་གཉིས་ཀྱི་བསྒོམ་པ་སོགས་ སྔར་མཚན་ཉིད་ལས་འབྱུང་བ་རྣམས་སོ། །འདིར་ཐེག་ཆེན་དབུ་མ་བའི་ལུགས་ཀྱི་རྣམ་པར་ དག་པའི་སྒོམ་པ་མཐར་ཐུག་པ་ནི། ལྟ་བ་གཏན་ལ་ཕེབས་པའི་སྤྲོས་བྲལ་ཟབ་མོའི་ངང་དུ་ མཉམ་པར་བཞག་པའི་གསལ་སྣང་ཁྱད་པར་ཅན་གྱི་སེམས་རྩེ་གཅིག་པ་ཡིན་ལ། འདིར་སྤྱོད་པ་ཡང༌། དེ་འདྲའི་མཉམ་བཞག་གིས་ཟིན་པའམ། དེ་དང་རྗེས་སུ་མཐུན་ པའི་ཞེན་མེད་དང༌། སྒྱུ་མ་ལྟར་རང་བཞིན་མེད་པར་རྟོགས་པའི་ངང་ནས་ལུས་ངག་ཡིད་ གསུམ་གྱི་བྱ་བ་ཅི་བྱེད་ཀྱང་ལྟ་སྒོམ་རྣམ་དག་འཕེལ་བའི་གྲོགས་སུ་འགྱུར་བའི་བྱ་བ་ཐམས་ ཅད་དོ། །འབྲས་བུ་མདོར་བསྡུ་ན་སྔར་བཤད་པ་ལྟར་རོ། ། ཡང་གཞི་ལམ་འབྲས་བུའི་དབུ་མ་ཞེས་པ་དང༌། གཞི་ལམ་འབྲས་གསུམ། ལྟ་སྒོམ་ འབྲས་གསུམ་དག་གཅིག་མི་གཅིག་གསུང་བ་ལ། སྔར་བཤད་ལྟར། གཞི་དབུ་མ་སོགས་ གསུམ་གྱི་བརྡ་ཆད་འདི་བོད་སྔ་རབས་མང་པོས་མཛད་ཅིང༌། ཁོང་རང་རྣམས་ཀྱི་ལུགས་ 3-1-179 བཀོད་པའི་བསྟན་བཅོས་མང་པོ་ཡོད་པས་དེར་བལྟ་བར་བྱ་ཞིང༌། ཁོ་བོ་ལྟར་ན། སྔར་ བཤད་པའི་མཐར་ཐུག་གི་གཞི་དང༌། ལྟ་བའི་ཡུལ་མཐར་ཐུག་པ་དང༌། མཐར་ཐུག་གི་གཞི་ དབུ་མ་མཚན་ཉིད་པ་དོན་གཅིག་སྟེ། གཞི་ཡིན་པའི་སྒྲུབ་བྱེད་སྔར་བཤད་པ་ལྟར་ཤེས་པར་ བྱ་ཞིང༌། དབུ་མ་མཚན་ཉིད་པ་ཡིན་ཏེ། མཐའ་དང་བྲལ་བའི་ཆོས་ཉིད་ཡིན་པའི་ཕྱིར་རོ། ། ཡང་ལམ་དབུ་མ་རྗེས་མཐུན་པ་ནི། དབུ་མའི་གཞུང་ལུགས་སུ་གསུངས་པ་ལྟར་གྱི་ བྱང་ཆེན་གྱི་རྒྱུར་འགྱུར་རུང་གི་རྟོག་བསྒོམ་དང་བསོད་ནམས་ཀྱི་ཚོགས་ཅི་རིགས་པ་རྣམས་ ཀྱང་ཡིན་ལ། ལམ་དབུ་མ་མཐར་ཐུག་པ་ནི་སྔར་བཤད་པ་ལྟར་གྱི་གཞི་ལམ་འབྲས་གསུམ་ གྱི་ལམ་མཐར་ཐུག་དང་ལྟ་སྒོམ་སྤྱོད་འབྲས་ཀྱི་སྒོམ་མཐར་ཐུག་ཏུ་བཤད་པ་དེ་རྣམས་དོན་ གཅིག་སྟེ། ཅིར་ཡང་འཛིན་མེད་ཀྱི་རྣམ་པར་མི་རྟོག་པའི་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་ ནི་ཡུམ་གྱི་མདོ་དང་སེམས་འགྲེལ་སྐོར་གསུམ། ནཱ་རོ་འགྲེལ་ཆེན་རྣམ་གཉིས་སུ་གསུངས་ པའི་གསལ་སྣང་ཁྱད་པར་ཅན་དང་ལྡན་པའི་རྣལ་འབྱོར་ཞིག་དགོས་ཀྱི་དེ་ལས་གཞན་པའི་ རྟོག་བསྒོམ་སོགས་དང༌། ཆད་བསྒོམ་སོགས་ཀྱི་ལམ་དབུ་མ་མཐར་ཐུག་གི་གོ་མི་ཆོད་དེ། དགག་སྒྲུབ་འོག་ཏུ་སྟོན་ཏོ། ། ཡང་མཐར་ཐུག་གི་འབྲས་བུ་དབུ་མ་མཚན་ཉིད་པ་སློབ་ལམ་{དུ}ཐོབ་པ་མེད་ལ། སངས་རྒྱས་པའི་རྟོགས་པ་འདུས་བྱས་ཀྱི་ཆ་རྣམས་འབྲས་བུ་དབུ་མ་རྗེས་མཐུན་པ་ཡིན་ ཞིང༌། བྲལ་འབྲས་ཆོས་སྐུ་ནི་འབྲས་བུ་དབུ་མའི་གཙོ་བོར་ཞེས་ཤེས་པར་བྱ་སྟེ། དབུ་མ་ མཚན་ཉིད་པ་ཡིན་ན་མཐའ་བྲལ་གྱི་ཆོས་ཉིད་ཡིན་དགོས་པའི་ཕྱིར་རོ། །ཆོས་ཅན་ཀུན་རྫོབ་ པ་གང་ཡང་དབུ་མ་མཚན་ཉིད་པར་མི་རུང་ངོ༌། ། དེས་ན་གཞི་ལམ་འབྲས་གསུམ་གྱི་འབྲས་བུ་མཚན་ཉིད་པ། ལྟ་སྒོམ་སྤྱོད་འབྲས་ཀྱི་ འབྲས་བུ་མཚན་ཉིད་པ་དོན་གཅིག་ཅིང་ཁྱབ་ཆེ་ལ་འབྲས་བུ་དབུ་མ་མཚན་ཉིད་པ་དེ་གཉིས་ 3-1-180 ཀྱི་བྱེ་བྲག་གོ ། རྒྱུ་མཚན་ངག་ལས་ཤེས་དགོས་ཤིང་མང་དོགས་པས་མ་བྲིས་སོ། ། གཉིས་པ་ནི། འདིར་ཁ་ཅིག་ཇི་ལྟར་མཐོང་བ་དང་ཐོས་པ་དང་རྣམ་པར་ཤེས་པ་ཙམ་ གྱི་སྣང་བ་འདི་གཞི་དབུ་མ་ཡིན་དེ། སྣང་བ་ཙམ་དུ་ཡོད་པས་ཆད་པ་མ་ཡིན། འགྱུར་བའི་ ཆོས་ཅན་ཡིན་པས་རྟག་པའང་མ་ཡིན་ལ། འདིར་བཀག་ཀྱང་མི་དགོས་ཏེ། འདི་ལ་བདེན་ ཞེན་མེད་ན་འཁོར་བའི་རྒྱུར་ཡང་མི་འགྱུར། འདི་བཀག་ན་ཆད་ལྟར་ལྟུང་སྟེ་མཐོ་རིས་དང་ ཐར་བའི་རྒྱུ་འབྲས་ཐམས་ཅད་བཀག་པར་འགྱུར་བའི་ཕྱིར་རོ་སྙམ་དུ་སེམས་ན། རྒྱུ་མཚན་ བཀོད་པ་དེ་རྣམས་ཕལ་ཆེར་དེར་ལྟར་ཡིན་ན་ཡང་དེ་ཙམ་གྱི་གཞི་དབུ་མ་མཚན་ཉིད་པར་མི་ འགྲུབ་སྟེ། གལ་ཏེ་འགྲུབ་ན་དབུ་མ་མིན་པའི་ཆོས་མི་སྲིད་པར་འགྱུར་རོ། ། དེས་ན་ཇི་ལྟར་མཐོང་ཞིང་ཐོས་པ་ལ་སོགས་པའི་ད་ལྟའི་སྣང་བ་འདི་རྣམས་གཞི་དབུ་མ་ མཚན་ཉིད་པ་མ་ཡིན་ཏེ། སྤྲོས་པར་གྱུར་བའི་མཐའ་ཡིན་པའི་ཕྱིར་ཏེ། ཕལ་ཆེར་འགྱུར་བའི་ ཆོས་ཅན་ཡིན་པའི་ཕྱིར་དང༌། སོ་སྐྱེས་རྣམས་ཀྱི་དངོས་སུ་ཡུལ་དུ་གྱུར་བའི་ཕྱིར་རོ། །དབུ་མ་ མཚན་ཉིད་པ་ཡིན་ན་མཐའ་བྲལ་གྱི་དེ་བཞིན་ཉིད་ཡིན་དགོས་ཏེ། མདོ་རྒྱུད་དྲི་མེད་རྣམས་ གཟུ་བོའི་བློས་བལྟས་པས་ཤེས་སོ། ། ཁ་ཅིག་ན་རེ། ད་ལྟའི་སྣང་བ་ཟང་ཐལ་ལེ་བ་འདི་དག་སངས་རྒྱས་ཀྱི་ཆོས་ཀྱི་སྐུ་ཡིན་ ཞེས་དང༌། ཡང་ཁ་ཅིག་ད་ལྟར་གྱི་རིག་རིག་པོའི་སེམས་རིག་ཅིང་གསལ་ཙམ་འདི་ག་སངས་ རྒྱས་ཡིན། འདི་ལ་རྣམ་པར་རྟོག་པས་བཟོ་བཅོས་བྱས་ན། འཁོར་བ་ལས་མི་ཐར་ཡང༌། རྣམ་ རྟོག་གི་བཟོ་བཅོས་མ་བྱས་ན་ཆོས་སྐུ་ཟང་ཐལ་རང་ཡིན་དེ། བརྟག་གཉིས་ལས། འདི་ཉིད་ འཁོར་བ་ཞེས་བྱ་སྟེ། །འདི་ཉིད་མྱ་ངན་འདས་པའང་ཡིན། །འཁོར་བ་སྤངས་ནས་གཞན་དུ་ ནི། །མྱ་ངན་འདས་པ་རྟོགས་མི་འགྱུར། །ཞེས་དང༌། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། ། འོན་ཀྱང་གློ་བུར་དྲི་མས་བསྒྲིབས། ། 3-1-181 ཞེས་སོགས་ཀྱི་དོན་ཡང་དེ་ཉིད་ཡིན་པར་འདོད་ཅིང༌། དེའི་ཕྱིར་ད་ལྟར་གྱི་རིག་རིག་ པོའི་རིག་པ་གསལ་ཙམ་འདི་དང༌། སྣང་བ་འདི་དབྱེར་མེད་པས་ཡུལ་ཡུལ་ཅན་གཉིས་སུ་ དབྱེ་བ་མེད་ཅིང༌། དེ་ལྟར་འབྱེད་པ་ནི་བསྒོམ་པའི་ཉམས་མྱོང་རྒྱུད་ལ་མ་སྐྱེས་པ་དང༌། མན་ ངག་ཟབ་མོའི་གནད་མ་ཤེས་པར་ཚིག་སྐམ་ལ་ཞེན་པ་སྙིང་རྗེས་གནས་ཡིན་ཞེས་ཟེར་བའི་ སྙིང་རྗེ་ཅན་གྱི་སྐྱེ་བོ་མང་བོ་ཡོད་གྲགས་སོ། །སྣང་བ་ཆོས་སྐུ་ཡིན་ན་བྱས་ཤིང་བསགས་པའི་ དགེ་སྡིག་གི་ལས་མེད་པར་འགྱུར་ཞིང༌། འདོད་ན་མཐོ་རིས་དང་ངན་སོང་སོགས་ཀྱི་འཁོར་ བ་དང༌། མྱང་འདས་ཐོབ་པ་མི་སྲིད་པར་འགྱུར་ཞིང༌། འདོད་ན་ལས་བྱས་པ་ཆུད་ཟོས་པར་ འགྱུར་རོ། །འདོད་མི་ནུས་ཏེ། འདུལ་བ་ལུང་སོགས་སུ། ལས་རྣམས་བསྐལ་བ་བརྒྱར་ཡང་ ནི། །ཆུད་མི་ཟ་ཞེས་སོགས་མདོ་བསྟན་བཅོས་མཐའ་ཡས་སོ། །གལ་ཏེ་སྣང་བ་འདི་ཆོས་སྐུ་ ཡིན་ཡང་རྟོགས་ན་སངས་རྒྱས། མ་རྟོགས་ན་འཁོར་བ་ཡིན་པས་ལས་དགེ་སྡིག་མེད་པ་དང༌། འཁོར་འདས་མེད་པའི་སྐྱོན་དུ་མི་འགྱུར་སྙམ་ན། རྟོགས་མ་རྟོགས་ཀྱི་དོན་དེ་ཡང་ཅི་ཞིག་ རྟོགས་མ་རྟོགས་ཡིན། སྣང་བ་འདི་ཉིད་ཆོས་སྐུར་རྗེན་ཆར་དུ་རྟོགས་མ་རྟོགས་སམ། སྣང་ བ་འདི་བདེན་པའི་རང་བཞིན་མེད་པར་མངོན་སུམ་དུ་རྟོགས་མ་རྟོགས་སམ་ཡང་ན་སངས་ རྒྱས་ཐོབ་མ་ཐོབ་ཀྱིས་འཇོག འདི་རྣམས་ལས་མི་འདའོ། །དང་པོ་ལྟར་ན་ད་ལྟའི་སྣང་བ་སྣ་ ཚོགས་འདི་སངས་རྒྱས་ཀྱི་ཆོས་ཉིད་ཀྱི་སྐུར་མི་འཐད་དེ། སོ་སྐྱེས་རྣམ་ཤེས་ཀྱི་དངོས་ཡུལ་ ཡིན་པའི་ཕྱིར། རྒྱུད་བླར། ཕྲ་ཕྱིར་ཐོས་པའི་ཡུལ་མིན་ཏེ། །དོན་དམ་ཡིན་ཕྱིར་བསམ་བྱའི་ མིན། །ཆོས་ཉིད་ཟབ་ཕྱིར་འཇིག་རྟེན་པའི། །བསྒོམ་པ་ལ་སོགས་ཡུལ་མ་ཡིན། །གང་ཕྱིར་ གཟུགས་ལ་དམུས་ལོང་བཞིན། །བྱིས་པས་དེ་སྔོན་མཐོང་མ་མྱོང༌། །བཙས་པའི་ཁྱིམ་གནས་ བུ་ཆུང་གིས། ། ཉི་མའི་གཟུགས་བཞིན་འཕགས་པས་ཀྱང༌། །ཞེས་དང༌། རང་བྱུང་རྣམས་ཀྱི་དོན་དམ་ 3-1-182 དེ། །དད་པ་ཉིད་ཀྱིས་རྟོགས་བྱ་ཡིན། །ཉི་མའི་དཀྱིལ་འཁོར་འོད་འབར་བ། །མིག་མེད་པས་ ནི་མཐོང་བ་མེད། །ཅེས་དང༌། འཕགས་པ་ཀླུ་སྒྲུབ་ཀྱི་ཆོས་དབྱིངས་བསྟོད་པར་ཡང༌། ཉོན་ མོངས་ཅན་གྱི་སེམས་ཅན་གྱིས། །དེ་བཞིན་གཤེགས་པ་མི་མཐོང་ངོ༌། །ཇི་ལྟར་ཡི་དྭགས་ རྣམས་ཀྱིས་ནི། །རྒྱ་མཚོ་སྐམ་པར་མཐོང་བ་ལྟར། །དེ་བཞིན་མི་ཤེས་པས་བསྲེགས་པས། ། སངས་རྒྱས་རྣམས་ནི་མེད་པར་བརྟགས། ། དམན་དང་བསོད་ནམས་དམན་པ་ལ། །བཅོམ་ལྡན་འདས་ཀྱིས་ཅི་བགྱིར་མཆིས། །ཇི་ ལྟར་དམུས་ལོང་ལག་པ་རུ། །རིན་ཆེན་མཆོག་ནི་བཞག་པ་འདྲ། །ཞེས་སོགས་དང༌། རྒྱུད་ བླའི་འགྲེལ་བར་མདོའི་ལུང་དྲངས་པར། སྤྲིན་མཐོང་མཁའ་ལ་ཉི་བཞིན་འདིར་ཁྱོད་ཕྱོགས་ གཅིག་བློ་གྲོས་ཅན། ། བློ་མིག་དག་པའི་འཕགས་རྣམས་ཀྱིས་ཀྱང་ཐམས་ཅད་མཐོང་མ་ལགས། །བཅོམ་ལྡན་ འདས་ཁྱོད་ཆོས་སྐུ་གང་དག་བློ་གྲོས་མཐའ་ཡས་པ། །ཤེས་བྱ་མཐའ་མེད་མཁའ་དབྱིངས་ ཁྱབ་པ་དེ་དག་གིས་ཀུན་མཐོང༌། །ཞེས་སོགས་ཏེ། བྱང་སེམས་ས་བཅུ་པས་ཀྱང་སངས་རྒྱས་ ཀྱི་ཆོས་སྐུ་ཇི་བཞིན་དངོས་སུ་མི་མཐོང་བར་གསུངས་ན་སོ་སྐྱེ་ལྟ་སྨོས་ཀྱང་ཅི་དགོས། རྣམ་ དག་གི་ལམ་མ་བསྒོམས་པའི་སོ་སྐྱེ་ཐམས་ཅད་ཀྱང་འཕགས་པའི་གང་ཟག་ཆེན་པོར་འགྱུར་ ཏེ། སངས་རྒྱས་ཆོས་སྐུ་མངོན་སུམ་དུ་མཐོང་ཞིང་ཐོབ་པའི་ཕྱིར་ཏེ། ཇི་ལྟར་མཐོང་ཞིང་ཐོས་ པ་ལ་སོགས་པ་འདི་དག་མངོན་སུམ་དུ་མཐོང་ཞིང་སྣང་སེམས་དབྱེར་མེད་གཅིག་ཏུ་ཁས་ བླངས་པའི་ཕྱིར། ཁྱབ་པ་ཁས་བླངས་པ་དེ། དེ་ལྟའི་སྣང་བ་སྣ་ཚོགས་པ་འདི་སངས་རྒྱས་ ཀྱི་ཆོས་ཉིད་ཀྱི་སྐུར་ཁས་བླངས་པའི་ཕྱིར་རོ། །དེས་ན་ད་ལྟའི་སྣང་བ་འདི་ཆོས་སྐུར་རྟོགས་ པའི་འཛིན་པའི་བློ་ཡིན་ན་ལོག་ཤེས་ཡིན་ཅིང༌། འཕགས་པ་རྣམས་ཀྱིས་དེ་ལྟར་རྟོགས་པ་ མི་སྲིད་ཅིང༌། སོ་སྐྱེ་རྣམས་ལ་ཡང་དེ་ལྟར་རྟོགས་པའི་ཡང་དག་ཤེས་པ་མེད་དོ། །གལ་ཏེ་དྲི་ 3-1-183 བ་གཉིས་པ་དང་གསུམ་པ་ལྟར་འདོད་ན་ཡང་སྣང་བ་འདི་བདེན་པའི་རང་བཞིན་མེད་པར་ རྟོགས་པའི་འདིའི་སྟོང་ཉིད་རྟོགས་པའམ། སངས་རྒྱས་ཐོབ་པ་སོགས་ཇི་ལྟར་གྱུར་ཡང་རུང་ སྟེ། འཁོར་བ་པ་རྣམས་ཀྱིས་ད་ལྟའི་ཟང་ཐལ་ལེའི་སྣང་བ་འདི་ཉིད་སངས་རྒྱས་ཆོས་སྐུར་ འགྱུར་མི་སྲིད་དེ། སྒྲིབ་གཉིས་མ་སྤངས་པའི་གང་ཟག་གི་རྣམ་ཤེས་ཀྱི་སྣང་བ་ཡིན་པའི་ ཕྱིར། མཚན་བརྗོད་དུ། རྣམ་པར་ཤེས་པའི་ཆོས་ཉིད་འདས། །ཞེས་དང༌། མི་མངོན་མི་སྣང་ གསལ་བྱེད་མིན། །ཞེས་དང༌། རྒྱུད་བླར། སངས་རྒྱས་ཁམས་དང་སངས་རྒྱས་བྱང་ཆུབ་དང༌། ། སངས་རྒྱསཆོས་དང་སངས་རྒྱས་འཕྲིན་ལས་དེ། །དག་པའི་སེམས་ཅན་གྱིས་ཀྱང་བསམ་བྱ་ མིན། །འདི་ནི་འདྲེན་པ་རྣམས་ཀྱི་སྤྱོད་ཡུལ་ཡིན། །ཞེས་སོ། །གཞན་ཡང་སྣང་བ་འདི་ཆོས་སྐུ་ ཡིན་ན། ཁ་ཅིག་གིས་འདོད་པ་ལྟར་སེམས་ཅན་འདི་རྣམས་ཀྱི་ཕུང་བོ་ལྔ་རྒྱལ་བ་རིགས་ལྔ། ཉོན་མོངས་ལྔ་ཡེ་ཤེས་ལྔ་ཡིན་པར་ཡང་འགྱུར་ཞིང༌། དེ་ལྟར་འདོད་ན། འཁོར་བའི་སེམས་ ཅན་རྣམས་ཀྱིས་སངས་རྒྱས་ཐོབ་ཟིན་པར་འགྱུར་ཏེ། རང་ཕུང་བོ་ལྔ་དང་ཉོན་མོངས་དུག་ ལྔ་རང་རྒྱུད་ལ་སྐྱེས་ཤིང་ཐོབ་ཟིན་པའི་ཕྱིར། མདོར་ན་སྔར་སྨོས་པ་ལྟར་རང་ཉིད་ཞེ་བས་ འདོད་ཅིང་འཁོར་ཚོགས་རྒྱ་ཆེན་པོ་ལ་སྟོན། དེའི་སྒོ་ནས་མང་བོའི་བཀུར་ཞིང༌། སངས་རྒྱས་ སུ་འཛིན་པའི་རྡོ་རྗེ་འཛིན་པར་རློམ་པའི་འུད་པོ་ཆེ་ཁྱེད་རྣམས་ཀྱང་རྫོགས་པའི་སངས་རྒྱས་ ཐོབ་ཟིན་པར་འགྱུར་ཏེ། རང་རང་གི་ཕུང་བོ་ལྔ་རྫོགས་པར་ཐོབ་ཟིན་ཅིང༌། ཁྱེད་རང་རྣམས་ ཀྱིས་ཇི་ལྟར་མཐོང་ཞིང་ཐོས་པ་ལ་སོགས་པའི་ཟང་ཐལ་ལེ་བའི་སེམས་ཀྱི་སྣང་བ་འདི་ཁྱེད་ རང་རྣམས་ཀྱི་སེམས་ཡིན། དེ་ལྟར་སྣང་བའི་ཁྱེད་རང་རྣམས་ཀྱི་སེམས་རིག་ཅིང་གསལ་ ཙམ་འདི། རང་རྒྱུད་ལ་སྐྱེས་ཤིང་ཐོབ་ཟིན་པའི་ཕྱིར་ཞེས་པའི་སྐྱོན་དུ་འགྱུར་ཏེ། ཁྱབ་པ་ཁས་ བླངས་ཏེ། དེ་དག་རྫོགས་པའི་སངས་རྒྱས་ཀྱི་ཆོས་སྐུར་ཁས་བླངས་པའི་ཕྱིར་རོ། །མི་དགེ་བ་ སྣ་ཚོགས་སྤྱོད་པའི་སེམས་ཅན་འདི་རྣམས་ཀྱང་སངས་རྒྱས་ཐོབ་ཟིན་པའི་སྐྱོན་དུ་འགྱུར་ཏེ། 3-1-184 རྒྱུ་མཚན་སྔར་ལྟར་རོ། །ཡང་ཚོགས་དྲུག་གི་སྣང་བ་སྣ་ཚོགས་འདི་བདེན་པའི་རང་བཞིན་ མེད་པའི་སྟོང་པ་ཡིན་པས་ཆོས་སྐུ་ཡིན་དེ། སྣང་བ་བདེན་པའི་རང་བཞིན་མེད་པའི་སྟོང་བ་ དེ་ཉིད་ཀ་ཆོས་སྐུ་ཡིན་གྱི་དེ་མ་ཡིན་པའི་ཆོས་སྐུ་བྱ་བ་ཅུང་ཟད་ཀྱང་མེད་པའི་ཕྱིར་རོ་ཞེ་ན། རྣམ་ཤེས་ཚོགས་དྲུག་གི་མ་དག་པའི་སྣང་བ་འདི་ཆོས་སྐུ་ཡིན་ན། རྣམ་ཤེས་ཚོགས་དྲུག་ཡང་ ཆོས་སྐུར་འགྱུར་ཏེ། རྒྱུ་མཚན་མཚུངས་པའི་ཕྱིར་རོ། །དེ་ལྟར་འདོད་ན། སངས་རྒྱས་ཀྱི་ཆོས་ སྐུ་མ་ཡིན་པའི་སེམས་ཅན་མི་སྲིད་པར་འགྱུར་ཏེ། དེ་ལྟར་འདོད་ན། ངན་སོང་དུ་སྐྱེ་ཞིང་སྡུག་ བསྔལ་སྣ་ཚོགས་མྱོང་བ་མི་སྲིད་པར་འགྱུར་ཏེ། སངས་རྒྱས་ཆོས་སྐུ་ངན་སོང་དུ་སྐྱེ་བའམ་ སྡུག་བསྔལ་མྱོང་བ་མི་སྲིད་པའི་ཕྱིར་རོ། ། སྣང་བ་བདེན་པས་སྟོང་ཙམ་གྱི་སྟོང་བ་དེ་ཡང་སངས་རྒྱས་ཀྱི་ཆོས་སྐུ་མཚན་ཉིད་པ་མ་ ཡིན་ཏེ། རྣམ་བཅད་ཙམ་དུ་ཤེས་པར་བྱ་བའི་མེད་དགག་ཡིན་པའི་ཕྱིར། དེ་སྟོང་པ་ཡིན་ ཡང་སྙིང་བོ་མེད་པའི་སྟོང་པ་ཉིད་མཆོག་མ་ཡིན་པའི་ཡང་ཕྱིར། འཕགས་པ་འཇམ་དཔལ་ གྱིས་མཛད་པའི་རང་གི་ལྟ་བའི་འདོད་པ་མདོར་བསྟན་པ་ལས། ཕུང་བོ་རྣམ་དཔྱད་སྟོང་ ཉིད་ནི། །ཆུ་ཤིང་ཇི་བཞིན་སྙིང་བོ་མེད། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སྟོང་ཉིད་དེ་ ལྟར་འགྱུར་མ་ཡིན། །ཞེས་དང༌། དུས་འཁོར་འགྲེལ་ཆེན་དུ། འཁོར་བ་སྙིང་བོ་མེད་དེ་ཟད་ གྱུར་པ། །དེ་ལས་སྐྱེས་བུའི་སངས་རྒྱས་ཉིད་འབྲས་མེད། །ཆུ་ཤིང་གི་ནི་འབྲས་བུ་སྨིན་པ་ རྣམས། །ཆུ་ཤིང་ཉམས་པས་ཡང་དག་འབྱུང་བ་བཞིན། །ཞེས་པས་སྙིང་བོ་མེད་པ་ཆོས་སྐུར་ མི་འཐད་པས་ཆོས་སྐུ་མཐར་ཐུག་གི་སྙིང་བོར་བསྟན་ཏོ། །གཞན་ཡང་དབུ་མའི་གཙུག་ལག་ ཏུ། ཆོས་ཀུན་བདེན་པའི་རང་བཞིན་མེད་ཙམ་དེ་བདེན་པའི་སྐྱེ་བ་མེད་པ་ཙམ་ལ་སོགས་པ་ རྣམ་གྲངས་པའི་དོན་དམ་ཡིན་གྱི། དོན་དམ་བདེན་པ་མཚན་ཉིད་པ་མ་ཡིན་ནོ། །ཞེས་དབུ་ མ་བདེན་གཉིས་རྩ་འགྲེལ་ལས། སྐྱེ་ལ་སོགས་པ་བཀག་པ་ཡང༌། །ཡང་དག་པ་དང་མཐུན་ 3-1-185 བྱའི་ཕྱིར། །དོན་དམ་ཡིན་པར་ཁོ་ཅག་འདོད། །ཅེས་དང༌། དེ་ཡང་རིགས་པས་དཔྱད་ན་ ཀུན་རྫོབ་ཁོ་ན་སྟེ། ཞེས་དང༌། དེ་ནས་འདི་ནི་ཀུན་རྫོབ་སྟེ། ཡང་དག་པར་སྐྱེ་བ་མེད་པ་ ཞེས་བྱ་བ་ལ་སོགས་པའོ། །ཞེས་དང༌། འཕགས་པ་ཀླུ་སྒྲུབ་ཀྱིས། བྱང་ཆུབ་སེམས་འགྲེལ་ ལས། སྐྱེ་མེད་དང་ནི་སྟོང་ཉིད་དང༌། །བདག་མེད་ཅེས་བྱར་སྟོང་པ་ཉིད། །བདག་ཉིད་དམན་ པ་གང་བསྒོམ་པ། །དེ་དེ་སྒོམ་པར་བྱེད་པ་མིན། །དགེ་དང་མི་དགེའི་རྣམ་རྟོག་ནི། །རྒྱུན་མི་ ཆད་པའི་མཚན་ཉིད་ཅན། །སྟོང་ཉིད་སངས་རྒྱས་ཀྱིས་གསུངས་གཞན། །དེ་དག་སྟོང་པ་ཉིད་ མི་བཞེད། །ཅེས་ཏེ། གཞན་དགེ་ཞེས་པ་ནི། སྐྱེ་མེད་དང་དགག་བྱ་བཀག་པའི་སྟོང་ཉིད་ དང༌། བདག་མེད་སོགས་ལ་བཤད་པའི་ཕྱིར། དེ་རྣམས་སངས་རྒྱས་ཀྱི་ཆོས་ཉིད་ཀྱི་སྐུར་མི་ འཐད་དེ། སངས་རྒྱས་ཀྱི་ཆོས་ཉིད་ཀྱི་སྐུ་དེ་ནི་ཡང་དག་པའི་མཐའ་དང་དོན་དམ་བདེན་པ་ མཚན་ཉིད་པ་ཡིན་པའི་ཕྱིར། ཡུམ་རྒྱས་འབྲིང་བསྡུས་གསུམ་གྱི་མདོ་ལ་སོགས་པར་གཅིག་ ཁོ་ན་དོན་དམ་པའི་བདེན་པ་སྟེ། མ་རྨོངས་ (མ་སྤྲུལ་བ་ཞེས་པའང་ཡོད)པའི་ཆོས་ཅན་གྱི་མྱ་ ངན་ལས་འདས་པའོ། །ཞེས་དང༌། རིགས་པ་དྲུག་ཅུ་པར། མྱ་ངན་འདས་པ་བདེན་གཅིག་ པུར། །རྒྱལ་བ་རྣམས་ཀྱིས་གང་གསུངས་པ། །དེ་ཚེ་ལྷག་མ་ལོག་པ་ཞེས། །མཁས་པ་སུ་ ཞིག་རྟོགས་ (ཟླ་གྲགས་ཀྱི་འགྲེལ་བའི་ནང་དུ་འདི་བཞིན་བསྒྱུར་བར་སྣང་)མི་བྱེད། །ཅེས་ གསུངས་ཏེ། འདིར་བཤད་མི་གནས་པའི་མྱང་འདས་དེ་དང༌། སངས་རྒྱས་ཀྱི་ཆོས་ཉིད་ཀྱི་ སྐུ་དོན་གཅིག་པའི་ཕྱིར་རོ། །ཡང་ (ཕྱག་ཆེན་པ་)ཁ་ཅིག སྦྱོར་དྲུག་བསྒོམས་པའི་ཉམས་ སྣང་གི་འོད་གསལ་རྣམས་དང་བོར་འབྱུང་བའི་ཉམས་སྣང་རྣམས་གློ་བུར་བ་ཆུ་ནང་གི་ཟླ་ བ་ལྟ་བུ་ཀུན་རྫོབ་པ་གཅིག་ཡིན་གྱི་ཡང་དག་པའི་དོན་མ་ཡིན་ཞིང༌། ལྷན་ཅིག་སྐྱེས་སྦྱོར་ ལ་སོགས་པའི་སྒོམ་རྣམ་དག་སྐྱེས་པ་ཡིན་ན། དེ་འདྲའི་ཉམས་སྣང་མེད་པ་གསལ་སྟོང་གི་ ཏིང་ངེ་འཛིན་ནམ་མཁའ་དག་པ་ལྟ་བུ་གཅིག་འོང་ཟེར་བ་གྲགས་ཏེ། ལང་ཀར་གཤེགས་ 3-1-186 པའི་མདོ་དང༌། དུས་འཁོར། གསང་འདུས། རྡོ་རྗེ་གུར། སེམས་འགྲེལ་སྐོར་གསུམ། ནཱ་རོ་ འགྲེལ་ཆེན་རྣམ་གཉིས་སོགས་སུ་གསུངས་པའི་ལམ་རྣམ་པར་དག་པ་བསྒོམས་པའི་ཉམས་ སྣང་གི་འོད་གསལ་ཆུ་ཟླ་ལྟ་བུར་གློ་བུར་བ་ཀུན་རྫོབ་པར་འདོད་ཅིང་འཁོར་ཚོགས་རྒྱ་ཆེན་ པོ་ལ་སྒྲོགས་པ་དང༌། འཁོར་བ་བའི་སེམས་ཅན་གྱི་སྣང་བ་དོན་དམ་ཆོས་སྐུར་འདོད་པའང་ ངེས་དོན་གྱི་གསུང་རབ་ཀུན་དང་རྒྱབ་ལོག་འདི་འདྲའི་འགལ་བ་ཁས་ལེན་པ་ཡང་ལེགས་ པར་མ་བརྟགས་པ་འབའ་ཞིག་ཏུ་ཟད་དོ། །དེས་ན་སྔར་བཤད་འོད་གསལ་གྱི་སྣང་བ་འདི་ ཇི་ལྟར་ཡིན་པའི་ཚུལ་རྣམས་དབང་མདོར་བསྟན་གྱི་འགྲེལ་བ་རྗེ་ནཱ་རོ་པཎ་ཆེན་གྱིས་མཛད་ པར་ལྟོས་ཤིག་དང༌། ཉམས་སྣང་འདི་དགག་དགོས་མི་དགོས་དང༌། ཀླུ་སྒྲུབ་ཡབ་སྲས་བྲམ་ ཟེ་ཆེན་པོ། རྒྱལ་བོ་ཨིནྡྲ་བྷོ་ཏི། ཞི་བ་ལྷ། ལྭ་བ་པ། ནག་པོ་སྤྱོད་པ་སོགས་ཀྱི་ཐུགས་ཉམས་ སུ་གང་བཞེས་དང་ཉམས་སྣང་འདི་བཀག་མ་བཀག་གསལ་བར་འགྱུར་ཞིང༌། ཁོ་བོས་ཀྱང་ འོད་གསལ་རྒྱན་དུ་བཀོད་ཟིན་ཏོ། ། ལང་ཀར་གཤེགས་པའི་མདོར་མཚན་མ་སྣ་ཚོགས་རྣལ་འབྱོར་བའི་ཉམས་སྣང་ལ་ འབྱུང་བར་གསུངས་པ་ལ་ཁྱོད་ལྟར་ལོག་པར་རྟོག་པའི་ཚུལ་གྱིས་དགག་པ་ཆོས་རྗེ་ཐམས་ ཅད་མཁྱེན་པ་བུ་སྟོན་ཞལ་སྔ་ནས། འགྲེལ་ཆེན་གྱི་མདོར་བསྡུས་དང་པོའི་རྣམ་བཤད་དུ་ གསུངས་པ་ལྟ་བར་བྱའོ། །སངས་རྒྱས་ཆོས་སྐུ་ཡང་མིང་ཙམ་ཡིན་ནོ་ཟེར་བའང་ཤིན་ཏུ་ནོར་ ཏེ་སངས་རྒྱས་ཐོབ་པའི་སྐབས་ཀྱི་སངས་རྒྱས་ཀྱི་ཆོས་སྐུའམ། ངོ་བོ་ཉིད་ཀྱི་སྐུ་དེ་སངས་ རྒྱས་ཀྱི་རང་དོན་ཕུན་ཚོགས་མཐར་ཐུག་དང༌། སྟོབས་སོགས་བྲལ་བའི་ཡོན་ཏན་སུམ་ཅུ་རྩ་ གཉིས་འབྲལ་མི་རུང་དུ་ལྡན་པ་ཅན་དང༌། བྱང་ཆུབ་ཕྱོགས་མཐུན་ལ་སོགས་པའི་ཟག་མེད་ ཀྱི་ཆོས་སྡེ་ཉི་ཤུ་རྩ་གཅིག་གི་ཡན་ལག་ཅན་དུ་གསུངས་པ་རྣམས་མི་འཐད་པར་འགྱུར་དེ། མིང་སྟོང་ཙམ་ཡིན་གྱི་གང་དུའང་མི་གནས་ཤིང་ཅིར་ཡང་གྲུབ་པ་མིན་པའི་ཕྱིར་རོ། །འདོད་ 3-1-187 མི་ནུས་ཏེ། རྒྱུད་བླར། རང་དོན་གཞན་དོན་དོན་དམ་སྐུ་དང་ནི། །དེ་ལ་བརྟེན་པ་ཀུན་རྫོབ་སྐུ་ ཉིད་དོ། །བྲལ་དང་རྣམ་པར་སྨིན་པའི་འབྲས་བུ་ནི། །ཡོན་ཏན་དབྱེ་བ་དྲུག་ཅུ་བཞི་འདི་དག ། བདག་ཉིད་ཀྱི་ནི་འབྱོར་བའི་གནས། །དམ་པའི་དོན་གྱི་སྐུ་ཡིན་ཏེ། །དྲང་སྲོང་རྣམས་ཀྱི་བརྡ་ ཡི་སྐུ། །ཕ་རོལ་ཕུན་སུམ་ཚོགས་པའི་གནས། །དང་པོའི་སྐུ་ནི་སྟོབས་ལ་སོགས། །བྲལ་བའི་ ཡོན་ཏན་རྣམས་དང་ལྡན། །གཉིས་པ་སྐྱེས་བུ་ཆེན་པོའི་མཚན། །རྣམ་སྨིན་ཡོན་ཏན་དག་དང་ ལྡན། །ཞེས་དང༌། མངོན་རྟོགས་རྒྱན་དུ། ཐུབ་པའི་ངོ་བོ་ཉིད་སྐུ་ནི། །ཟག་པ་མེད་པའི་ཆོས་ གང་དག །ཐོབ་གྱུར་རྣམ་ཀུན་རྣམ་དག་པ། །དེ་དག་རང་བཞིན་མཚན་ཉིད་ཅན། །བྱང་ཆུབ་ ཕྱོགས་མཐུན་ཚད་མེད་དང༌། ཞེས་སོགས་དང༌། རྒྱུད་བླར། གཞལ་མེད་གངྒཱའི་བྱེ་མ་ལས་ འདས་པ། །བསམ་མེད་མཉམ་མེད་ཡོན་ཏན་རྣམས་དང་ལྡན། །དེ་བཞིན་གཤེགས་པའི་དྲི་ མེད་དབྱིངས་དེ་ནི། །བག་ཆགས་བཅས་པའི་ཉེས་པ་གཏན་སྤངས་པ། །ཞེས་སོགས་མཐའ་ ཡས་སོ། ། ཡང་ཁ་ཅིག སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡེ་ཤེས་ཀྱང་མིང་ཙམ་དུ་ཟད་དེ་བར་ ཆད་མེད་པའི་ཏིང་ངེ་འཛིན་གྱི་རྗེས་ལ་ཡེ་ཤེས་ནི་དངོས་སུ་མེད་ཅིང༌། དེ་བཞིན་ཉིད་རྣམ་ པར་དག་པ་ཙམ་དུ་གྱུར་རོ་ཞེས་པཎྜི་ཏ་ཁ་ཅིག་ཟེར་བར་ཆོས་བཤེས་ཀྱི་འགྲེལ་བར་བཀོད་ པ་ལྟར། སངས་རྒྱས་ལ་ཡེ་ཤེས་མེད་ཅིང་སྐུ་དང་ཡེ་ཤེས་སོགས་གཞན་སྐྲག་པ་སྤངས་པའི་ ཕྱིར་བསྟན་པ་ཙམ་དུ་ཟད་དོ་ཞེས་རྒྱ་བོད་ཀྱི་བླུན་པོ་མང་བོས་འདོད་དེ། བསྐལ་བ་དུ་མར་ ཕ་རོལ་ཏུ་ཕྱིན་པ་བཅུས་བསྡུས་པའི་ཚོགས་གཉིས་བསགས་པའི་ལས་བྱས་པ་ཆུད་ཟོས་པར་ འགྱུར་ཏེ། དེ་ཙམ་དུ་འབད་པའི་འབྲས་བུ་གཏན་མེད་པའི་ཕྱིར་རོ། །བྱེ་མ་བཙིར་བས་མར་ ཁུ་མི་འབྱུང་བ་བཞིན་ནོ། །འདོད་མི་ནུས་ཏེ། མངོན་རྟོགས་རྒྱན་དུ། ལས་རྣམས་ནི། ཆུད་ མི་ཟ་དང༌། ཞེས་སོགས། གཞན་ཡང་ས་བཅུ་བའི་སེམས་དཔའ་ཆེན་པོ་དེ་རྣམས་ཀྱང༌། 3-1-188 མཛངས་པ། མཁས་པ། ཡིད་གསལ་བ་ལ་སོགས་པའི་ཡོན་ཏན་ཅན་གྱི་སྐྱེས་བུ་མ་ཡིན་པར་ འགྱུར་ཏེ། འབྲས་མེད་ཀྱི་ལས་ལ་བསྐལ་བ་དུ་མར་འབད་པ་བྱེད་པའི་ཕྱིར་རོ། །འདོད་ན། ཡུམ་འབུམ་པ་ལ་སོགས་པར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཞི་ཞིང་ཕྲ་བ། མཁས་པ། མཛངས་པ། ཡིད་གསལ་བས་འཚལ་བར་བགྱིའོ། །ཞེས་མཐོང་ལམ་སྟོན་པའི་མདོའི་སྐབས་ སུ་བཤད་པ་དང་འགལ་ལོ། །གལ་ཏེ་འབྲས་མེད་མ་ཡིན་ཏེ། གློ་བུར་དྲི་མ་ཐམས་ཅད་ སྤངས་པའི་དེ་བཞིན་ཉིད་དག་པ་ཙམ་དེ་འབྲས་བུའོ་ཞེ་ན། དེ་འདྲའི་དེ་བཞིན་ཉིད་དེ་གང༌། ལམ་བསྒོམས་པས་གློ་བུར་དྲི་མ་དང་བྲལ་ཙམ་གྱི་ཅིར་ཡང་གྲུབ་པ་མེད་པ་དེ་འདྲ་ཞིག་ཡིན་ ནམ། སྟོབས་ལ་སོགས་པའི་སངས་རྒྱས་ཀྱི་ཡོན་ཏན་དཔག་མེད་འབྲལ་མི་ཤེས་སུ་ལྡན་ པའི་དེ་བཞིན་ཉིད་གཅིག་ཡིན། དེ་གཉིས་གང་གཅིག་ལས་མི་འདའ་འོ། །གཉིས་པ་ལྟར་ན། སངས་རྒྱས་ཀྱི་ས་ན་སྐུ་དང་ཡེ་ཤེས་སོགས་མེད་པ་འགལ་ལོ། །དང་པོ་ལྟར་ན། ས་བཅུའི་ བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཐོབ་བྱའི་མྱང་འདས་མཐར་ཐུག་དེ། ཐེག་དམན་ པའི་ལྷག་མེད་ཀྱི་མྱང་འདས་དང་ཁྱད་པར་མེད་པར་འགྱུར་ཏེ། དེ་ཡང་འདོད་ན། ས་བཅུའི་ སེམས་དཔའ་སངས་རྒྱས་ཐོབ་པའི་ཚེ་སྤང་བྱ་སྒྲིབ་པ་དང་བྲལ་ཙམ་དུ་འགྱུར་གྱི། མར་མེ་ཤི་ བ་ལྟར་རྟོགས་པ་ཡེ་ཤེས་གཏན་ནས་མེད་པའི་ཕྱིར། འདོད་ན། ཐེག་ཆེན་གྱི་ཐར་ལམ་དང་ ཐེག་དམན་གྱི་ཐར་ལམ་ལ་མཆོག་དང་དམན་པའི་ཁྱད་པར་མེད་པར་འགྱུར་རོ། །དེ་ཡང་ འདོད་ན། ས་བཅུའི་སེམས་དཔའ་ཆེན་པོ་རྣམས་དང༌། ཐེག་དམན་གྱི་འཕགས་པའི་གང་ ཟག་རྣམས་ལའང་མཆོག་དམན་གྱི་ཁྱད་པར་མེད་པར་འགྱུར་རོ། །དེ་འདོད་ན། ས་བཅུའི་ མདོར། སེངྒེའི་ཕྲུ་གུ་ཆུང་ངུས་ཀྱང་གཅན་ཟན་རྒན་པོ་ཟིལ་གྱིས་གནོན་པ་སོགས་དཔེར་ མཛད་ནས། སེམས་དང་བོ་བསྐྱེད་པའི་བྱང་ཆུབ་སེམས་དཔས་ཀྱང་ལྷག་པའི་བསམ་པ་ཆེ་ བའི་མཐུས། ཉན་ཐོས་དང་རང་སངས་རྒྱས་རྣམས་ཟིལ་གྱིས་གནོན་ཞེས་སོགས་རྒྱས་པར་ 3-1-189 བཀའ་བསྩལ་ཞིང༌། མངོན་རྟོགས་རྒྱན་དུ། དམིགས་པ་དང་ནི་རྣམ་པ་དང༌། །ཞེས་སོགས་ ནས། ཉན་ཐོས་བསེ་རུ་ལྟ་བུ་དང༌། །བཅས་པ་དག་ལས་ཁྱད་པར་འཕགས། །ཞེས་སོགས་ མཐའ་ཡས་སོ། །གཞན་ཡང༌། མངོན་རྟོགས་རྒྱན་དུ་བཤད་པའི་ཆོས་སྐུའི་འཕྲིན་ལས་ཉི་ཤུ་ རྩ་བདུན་ཡང་སངས་རྒྱས་ཀྱི་འཕྲིན་ལས་སུ་མི་འགྱུར་དེ། སངས་རྒྱས་པའི་ཚེ་སྒྲིབ་པ་ཐམས་ ཅད་དང་བྲལ་ཙམ་གྱི་དེ་བཞིན་ཉིད་ཙམ་ལ་གནས་ཤིང་ཡེ་ཤེས་མེད་པའི་ཕྱིར་རོ། །འདོད་ ན། ཆོས་ཀྱི་སྐུའི་འཕྲིན་ལས་ནི། །རྣམ་པ་ཉི་ཤུ་བདུན་དུ་བཞེད། །ཅེས་དང༌། ཆོས་སྐུ་འཕྲིན་ ལས་འབྲས་བུ་ནི། །ཞེས་པ་དང་འགལ། ཡང་རྫོགས་པའི་སངས་རྒྱས་ལ་ལྷུན་གྲུབ་རྒྱུན་མི་ འཆད་ཀྱི་འཕྲིན་ལས་ཀྱང་མེད་པར་འགྱུར་ཏེ། རྒྱུ་མཚན་སྔར་ལྟར་རོ། །འདོད་ན། མངོན་ རྟོགས་རྒྱན་དུ། དེ་བཞིན་འཁོར་བ་ཇི་སྲིད་འདིའི། །ལས་ནི་རྒྱུན་མི་འཆད་པར་འདོད། །ཅེས་ དང༌། རྒྱུད་བླར། གདུལ་བྱའི་ཁམས་དང་འདུལ་བའི་ཐབས་དང་ནི། །གདུལ་བྱའི་ཁམས་ དང་འདུལ་བའི་བྱ་བ་དང༌། དེ་ཡི་ཡུལ་དང་དུས་སུ་གཤེགས་པ་ལ། །ཁྱབ་བདག་རྟག་ཏུ་ལྷུན་ གྱིས་འགྲུབ་པར་འཇུག །ཅེས་སོགས་མཐའ་ཡས་སོ། །གལ་ཏེ་ས་བཅུ་རྒྱུན་གྱི་ཐ་མའི་ཚེ། ལོངས་སྤྱོད་རྫོགས་པའི་སྐུ་འབྱུང་བར་གྱུར་ཅིག ཅེས་སྨོན་ལམ་བཏབ་ནས་མཚན་མ་མེད་ པའི་དབྱིངས་སུ་མྱ་ངན་ལས་འདས་སོ། །སྐུ་དང་ཡེ་ཤེས་དང་རང་རིག་པ་ལ་སོགས་གཞན་ སྐྲག་པར་སྤང་བའི་ཕྱིར་བསྟན་པ་ཁོ་ནའོ། །ཞེས་ཇོ་བོ་རྗེའི་སློབ་མ་དབུ་མ་སེངྒེས་བཤད་པ་ ལྟར་སངས་རྒྱས་པའི་ཚེ་ཡེ་ཤེས་མེད་ཀྱང་ལོངས་སྤྱོད་རྫོགས་སྐུ་འབྱུང་བས་དེ་ལས་འཕྲིན་ ལས་རྣམས་འབྱུང་ངོ་ཞེ་ན། སངས་རྒྱས་ཀྱི་ལོངས་སྐུ་དེ། ས་རྡོ་སོགས་ལྟར་སེམས་མེད་བེམ་ པོ་འབའ་ཞིག་པར་ཐལ་བར་འགྱུར་ཏེ། རང་རྒྱུད་ལ་རིག་པ་མེད་པའི་གཟུགས་སྐུ་ཡིན་པའི་ ཕྱིར། ཡེ་ཤེས་གཏན་མེད་པའི་སངས་རྒྱས་ཀྱི་གཟུགས་སྐུ་ཡིན་པའི་ཕྱིར་རོ། །སྔ་མ་འདོད་ ན། གནས་འོག་མིན་ཆེན་པོར་ཐེག་ཆེན་གྱི་ས་བཅུ་བའམ་ས་བཅུའི་བྱང་ཆུབ་སེམས་དཔེའི་ 3-1-190 འཁོར་དང་ཐབས་གཅིག་ཏུ་ཐེག་ཆེན་གྱི་ཆོས་ལ་རྫོགས་པར་ལོངས་སྤྱོད་པའི་སྐུ་མིན་པར་ ཐལ་བར་འགྱུར་རོ། །འདོད་མི་ནུས་ཏེ། མངོན་རྟོགས་རྒྱན་དུ། ཐེག་ཆེན་ཉེ་བར་ལོངས་སྤྱོད་ ཕྱིར། །ཞེས་སོགས་དང༌། ཟླ་གྲགས་ཀྱི་སྐྱབས་གསུམ་བདུན་ཅུ་པར། ཆོས་རྣམས་རང་བཞིན་ ཁོ་ན་ལ། །གནས་པའི་བློ་ལ་སངས་རྒྱས་བརྗོད། འོག་མིན་གཞལ་ཡས་ཁང་དུ་ནི། །དེ་ཉིད་ མངོན་སུམ་བྱ་བར་བཞེད། །ཅེས་སོགས་མཐའ་ཡས་ (ཐུབ་དགོངས་སུ་དྲངས)སོ། །གཞན་ ཡང་རྫོགས་པའི་སངས་རྒྱས་ཀྱི་བསྟན་པ་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་ལུང་གི་ཆོས་ མེད་པར་ཐལ་བར་འགྱུར་ཏེ། གསུང་བ་པོ་རྫོགས་པའི་སངས་རྒྱས་མེད་པའི་ཕྱིར་ཏེ། སངས་ རྒྱས་ལ་ཡེ་ཤེས་མེད་ཅིང་ཐུགས་རྒྱུད་ལ་ཡེ་ཤེས་མེད་པའི་སངས་རྒྱས་མི་སྲིད་པའི་ཕྱིར། འདོད་ན་སྟོན་པ་སངས་རྒྱས་ཀྱི་བཀའ་བཞིན་ཉམས་སུ་བླངས་པས་རིག་གྲོལ་གྱི་ཡོན་ཏན་ གྱི་དགེ་འདུན་དཀོན་མཆོག་མེད་པར་འགྱུར། འདོད་ན་དཀོན་མཆོག་གསུམ་མེད་པར་ཁས་ ལེན་པའི་ཐེག་ཆེན་པ་ཁྱེད་ལྟ་བུ་སྔོན་མེད་པའི་ཐེག་ཆེན་པ་ཞིག་འཇིག་རྟེན་གྱི་འདྲེན་པར་ བྱོན་པ་ངོ་མཚར་ཆེ། ཡང་སངས་རྒྱས་པའི་མདོ་ནས། ཆོས་ལྔས་སངས་རྒྱས་ཀྱིས་ས་བསྡུས་ ཏེ། དེ་བཞིན་ཉིད་རྣམ་པར་དག་པ་དང༌། མེ་ལོང་ལྟ་བུའི་ཡེ་ཤེས་དང༌། མཉམ་པ་ཉིད་ཀྱི་ཡེ་ ཤེས་དང༌། སོ་སོར་རྟོག་པའི་ཡེ་ཤེས་དང༌། བྱ་བ་གྲུབ་པའི་ཡེ་ཤེས་སོ། །ཞེས་སོགས། ཤིན་ ཏུ་རྒྱས་པར་བཀའ་བསྩལ་བ་དང༌། ཡུམ་གྱི་མདོ་རྣམས་སུ། བྱང་ཕྱོགས་སོ་བདུན། ཚད་ མེད་རྣམ་ཐར་མཐར་གནས་ཟིལ་གནོན་སོགས། སྟོབས་བཅུ་སོགས། མངོན་ཤེས་དྲུག་རྣམ་ མཁྱེན་སོགས་མཐའ་ཡས་པ་སངས་རྒྱས་ཀྱི་ས་ན་ཡོད་པར་གསུངས། མངོན་རྟོགས་རྒྱན་ མདོ་སྡེ་རྒྱན་རྒྱུད་བླ་སོགས་དྲི་མ་མེད་པའི་བཀའ་བསྟན་ཆོས་མཐའ་ཡས་པར། སངས་རྒྱས་ ཀྱི་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ་སྐུ་གསུང་ཐུགས་ཀྱི་གསང་བ་བསམ་གྱིས་མི་ ཁྱབ་པ་བསྟན་པ་ཐམས་ཅད་ཀྱང་ནོར་བ་ཁོ་ནར་འགྱུར་ཏེ། སངས་རྒྱས་ཀྱི་ས་ན་ཡེ་ཤེས་མེད་ 3-1-191 པའི་ཕྱིར་རོ། ། གལ་ཏེ་དབུ་མ་འཇུག་པར། ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པ། །སྲེག་པས་ཞི་དེ་ རྒྱལ་རྣམས་ཆོས་སྐུ་སྟེ། དེ་ཚེ་སྐྱེ་བ་མེད་པ་འགག་མེད་པ། །སེམས་འགག་པ་དེ་སྐུ་ཡིས་ མངོན་སུམ་མཛད། །ཅེས་སོགས་རྩ་འགྲེལ་གྱིས་ཡེ་ཤེས་མེད་པར་བཤད་ཅིང༌། སྤྱོད་འཇུག་ ལས། གང་ཚེ་དངོས་དང་དངོས་མེད་དག །བློ་ཡིས་མདུན་ན་མི་གནས་པ་དེ་ཚེ་རྣམ་པ་ གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་དང༌། ཡིད་བཞིན་ནོར་བུ་དཔག་ བསམ་ཤིང༌། །ཇི་ལྟར་རེ་བ་ཡོངས་བསྐོང་བ། །དེ་བཞིན་གདུལ་བྱའི་སྨོན་ལམ་གྱི། །དབང་ གིས་རྒྱལ་བའི་སྐུར་སྣང་ངོ༌། །ཞེས་སོགས། ནམ་མཁའ་ལྡིང་གི་མཆོད་སྡོང་དང༌། ནོར་བུ་ དང་དཔག་བསམ་གྱི་ཤིང་སོགས་སེམས་མེད་ཀྱང་དགོས་འདོད་འབྱུང་བ་བཞིན་དུ། སངས་ རྒྱས་ལའང་ཡེ་ཤེས་མེད་ཀྱང་སྔོན་གྱི་སྨོན་ལམ་གྱི་དབང་ལས་འཕྲིན་ལས་འབྱུང་བས་སངས་ རྒྱས་ལ་ཡེ་ཤེས་མེད་པ། ཟླ་གྲགས། ཞི་བ་ལྷ། ཇོ་བོ་རྗེ་ལ་སོགས་པའི་བཞེད་པ་ཡིན་ནོ་ཞེ་ ན། སློབ་དཔོན་ཟླ་གྲགས་ཀྱིས་སངས་རྒྱས་ལ་ཡེ་ཤེས་མེད་པར་མི་བཞེད་དེ། དེ་ཉིད་ཀྱིས་ མཛད་པའི་སྐྱབས་གསུམ་བདུན་ཅུ་པར། ཆོས་རྣམས་རང་བཞིན་ཁོ་ན་ལ། །གནས་པའི་བློ་ ལ་སངས་རྒྱས་བརྗོད། །འོག་མིན་གཞལ་ཡས་ཁང་དུ་ནི། །དེ་ཉིད་མངོན་སུམ་བྱ་བར་བཞེད། ། ཞེས་དང༌། ཡེ་ཤེས་བླ་ན་མེད་པ་ཡིས། །ཡང་ན་དེ་ཉིད་ཐུགས་ཆུད་པའམ། །ཞི་བ་ཉིད་ཀྱིས་ རྟོགས་སངས་རྒྱས། །དེ་ཕྱིར་སངས་རྒྱས་སངས་རྒྱས་བརྗོད། །སངས་རྒྱས་རྣམས་ཀྱི་སྟོབས་ སོགས་ཀྱིས། །ཡེ་ཤེས་དེ་ནི་རྣམ་པར་བརྒྱན། །ཞེས་དང༌། དབུ་མ་འཇུག་པར། སངས་རྒྱས་ ཀྱི་ས་ནི་སྟོབས་བཅུས་རབ་ཏུ་ཕྱེ་བ་ཡིན་པའི་ཕྱིར། དེ་རྣམ་པར་དབྱེ་བ་ཆ་ཙམ་ཞིག་བསྟན་ པར་བྱ་བའི་ཕྱིར་བཤད་ཅེས་པ་ནས་བརྩམས་ཏེ་སྟོབས་བཅུའི་གྲངས་མདོར་བསྟན་པ་དང༌། རེ་རེ་ནས་མང་བོ་དང་སྦྱར་ཏེ་རྒྱས་པར་བཤད་དེ། འདིར་མང་དོགས་པས་མ་བྲིས་ཤིང་ཁྱི་ 3-1-192 སྐད་ལ་རྒྱུག་གི་ཚུལ་སྤོངས་ལ་དེ་ཉིད་དུ་ལྟོས་དང་གསལ་བར་འགྱུར་ཞིང་རྒྱས་པར་བསྟན་ པའི་མཇུག་ཏུ། དེ་ལྟར་གང་དག་རྣམ་པ་ཐམས་ཅད་དུ་ཡོངས་སུ་རྫོགས་པ་ཉིད་ལས། དེ་ བཞིན་གཤེགས་པ་ཡེ་ཤེས་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པ་མངའ་བ་དེ་དག་ལས། གཞན་ པའི་དུས་ཡོན་ཏན་མཐའ་ཡས་པ་དག་དང་ལྡན་པ་ཆོས་ཀྱི་སྐུ་དང་ཐ་མི་དད་པར་བཞུགས་ པ། ཡོན་ཏན་རྒྱས་པ་རེ་རེ་ཞིང་དཔེས་ནམ་མཁའ་གཅིག་པུས་ཉེ་བར་བཞག་པ་རྣམས་ཞེས་ སོགས་དང༌། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་གཟུགས་ཀྱི་སྐུ་ནི་བ་སྤུའི་བུ་ག་རེ་རེ་ དང༌། སྐྱེས་བུ་ཆེན་པོའི་མཚན་དང་དཔེ་བྱད་དང༌། སྟོབས་དང་མི་འཇིགས་པ་དང་སངས་ རྒྱས་ཀྱི་ཆོས་མ་འདྲེས་པ་ལ་སོགས་པ་ཡོན་ཏན་གྱི་ཁྱད་པར་ཡོངས་སུ་རྟོགས་ཟེར་བ་ནི་ སངས་རྒྱས་ཁོ་ནས་སྤྱོད་ལ། གལ་ཏེ་གསུང་ན་ནི་རང་ཉིད་ཀྱི་ཡེ་ཤེས་ཀྱི་ཡུལ་དུ་གྱུར་བས། བསྐལ་བ་གྲངས་མེད་པར་བསམ་གྱིས་མི་ཁྱབ་པར་སྐུ་ཚེའི་ཚད་བྱིན་གྱིས་བརླབས་ཤིང་ འཕྲིན་ལས་གཞན་མི་མངའ་བར། སྐྱེན་པ་སྐྱེན་པར་གསུངས་པ་དེ་ལྟར་ན་ཡང་ཡོན་ཏན་ དག་ཡོངས་སུ་རྫོགས་པར་མི་འགྱུར་ན། བྱང་ཆུབ་སེམས་དཔའ་ལྟ་ཅི་སྨོས་ཏེ། རང་སངས་ རྒྱས་དང་ཉན་ཐོས་རྣམས་ཀྱི་སངས་རྒྱས་ཀྱི་ཡོན་ཏན་མཐར་ཕྱིན་པར་ཤེས་པའི་བརྗོད་པར་ ནུས་པར་འགྱུར་བ་ལྟ་ཅི་སྨོས་ཀྱང་ཅི་དགོས་ཞེས་དང༌། མཁྱེན་བཟང་ཁྱེད་ཀྱི་སྐད་ཅིག་གིས་ ནི་ཤེས་བྱ་མ་ལུས་ཁྱབ། ཞེས་སོགས་མཁྱེན་བརྩེ་ནུས་མཐུ་བསམ་གྱིས་མི་ཁྱབ་པ་མངའ་བ་ རྒྱ་ཆེར་བཤད་དོ། །དེ་ལྟར་ན། སངས་རྒྱས་ལ་ཡེ་ཤེས་མེད་པ་ཟླ་བ་གྲགས་པའི་དགོངས་པ་ གཏན་མ་ཡིན་ནོ། །ཡེ་ཤེས་མེད་པ་འཕགས་པ་ཞི་བ་ལྟའི་ཡང་དགོངས་པ་གཏན་མ་ཡིན་ཏེ། སྤྱོད་འཇུག་ལས། སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །ཀུན་དུ་ཐོགས་མེད་གཟིགས་ པར་ལྡན། །ཞེས་དང༌། བསྐལ་བ་དུ་མར་རབ་དགོངས་མཛད་པ་ཡི། །ཐུབ་དབང་རྣམས་ཀྱིས་ འདི་ཉིད་ཕན་པར་གཟིགས། །ཞེས་དང༌། བདེ་བར་གཤེགས་ཀྱི་བདེ་བ་བླ་ན་མེད། །ཡིད་ལ་ 3-1-193 བསམ་པ་མཐའ་དག་རྫོགས་བྱེད་པ། །ཞེས་དང༌། དེ་བས་རྒྱལ་བ་འགྲོ་བའི་མགོན། །འགྲོ་བ་ སྐྱོབས་པའི་དོན་བརྩོན་པ། །སྟོབས་ཆེན་འཇིགས་པ་ཀུན་སེལ་བ། །དེ་རིང་ཉིད་ནས་སྐྱབས་ སུ་མཆི། །དེ་ཡི་ཐུགས་སུ་ཆུད་པའི་ཆོས། །ཞེས་སོགས་དང༌། རྫོགས་སངས་རྒྱས་དང་བྱང་ ཆུབ་སེམས། །ཐུགས་རྗེ་ཆེན་པོ་མངའ་རྣམས་ལ། །ཞེས་སོགས་མང་ངོ༌། ། ཡང་ཇོ་བོ་རྗེའི་དབུ་མའི་མན་ངག་ཆེ་བར། སངས་རྒྱས་ལ་ཡེ་ཤེས་མེད་པར་བཤད་པ་ ལྟ་བུ་གཅིག་སྣང་ཞིང་བོད་ནའང་སངས་རྒྱས་ལ་ཡེ་ཤེས་མེད་པར་ཇོ་བོ་རྗེས་བཞེད་ཅེས་ གྲགས་སྣང་སྟེ། དོན་དམ་པར་ཡེ་ཤེས་མེད་པར་བཞེད་ཀྱི་ཀུན་རྫོབ་ཏུ་མེད་པར་མི་བཞེད་ པར་མངོན་ཏེ། དབུ་མའི་མན་ངག་ཆུང་བར། ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ནི་ རྗེས་ལས་ཐོབ་པ་མི་མངའ་སྟེ། དུས་ཐམས་ཅད་དུ་མཉམ་པར་བཞག་པའོ། །དེ་ལྟ་མ་ཡིན་ ན། བྱང་ཆུབ་སེམས་དཔའ་དང་ཁྱད་པར་ཅི་ཡོད་ཅེས་དང༌། དབུ་མའི་མན་ངག་ཆེ་བར། འདིར་སློབ་དཔོན་འདི་ཡང་དག་པར་ན་གཉིས་སུ་མེད་པའི་ཡེ་ཤེས་ཀྱང་མི་བཞེད་ལ། རྣམ་ པར་མི་རྟོག་པའི་ཡེ་ཤེས་ཀྱི་རྗེས་ལས་ཐོབ་པ་ཡང་མི་བཞེད་དོ། །ས་གསུམ་པ་འོད་བྱེད་པ་ བརྙེས་པས་ཆོས་ཐམས་ཅད་སྐྱེ་བ་མེད་པར་ཐུགས་སུ་ཆུད་པའི་ཕྱིར་རོ། །ཞེས་སོགས་བཤད་ པའི་ཕྱིར་རོ། །འདིར་སློབ་དཔོན་ཞེས་པ་ནི་འཕགས་པ་ཐོགས་མེད་དོ། །སློབ་དཔོན་དབུ་ མ་སེངྒེའི་ཀྱང་ཡེ་ཤེས་མེད་པར་བཞེད་པ་ཡིན་མིན་དཔྱད་དགོས་པར་སྣང་སྟེ། ཁོ་རང་གིས་ མཛད་པའི་ལྟ་བའི་རིམ་པ་ཕྱེ་བར། ས་བཅུའི་དབང་ཕྱུག་ཏུ་གྱུར་པ་རྒྱལ་བའི་ཐུགས་ཀྱི་སྲས་ ཞེས་སོགས་བཤད་པས་དཔྱད་དགོས་སོ། །དེས་ན་སློབ་དཔོན་ཆོས་བཤེས་ཀྱིས་སངས་རྒྱས་ ལ་ཡེ་ཤེས་མེད་པ་དགག་པའི་སྐབས་སུ། དེའི་ཕྱིར་བདག་དང་གཞན་ཕུང་བའི་ཐབས་སུ་ གྱུར་བ་ལྟ་བ་ངན་པའི་དགོན་པ་ཆེན་པོ་འདི་ལྟ་བུ་ནི། མཁས་པ་རྣམས་ཀྱིས་མཉན་པའི་ཡུལ་ དུའང་མི་འོས་པར་སྤོངས་ཞེས་བཤད་པ་ཡང་མད་ལ། གངས་ཅན་གྱི་མཁས་པའི་དབང་བོ་ 3-1-194 བཅོམ་ལྡན་རལ་གྲིས་ཀྱང༌། སངས་རྒྱས་ལ་ཡེ་ཤེས་མེད་པར་སྨྲ་བའི་སྐྱེ་བོ་དེ་དང་ལྷན་ཅིག་ ཏུ་འདུག་པ་ལྟ་ཅི་སྨོས་ཏེ་ལུང་པ་གཅིག་གི་ཆུའང་མི་བཏུང་སྟེ། ལྷ་དང་བཅས་པའི་བླ་མ་ལ་ སྐུར་བ་བཏབ་པའི་ཕྱིར་རོ། །གསུང་བའང་ཤིན་ཏུ་མད་པར་སྣང་ཞིང༌། གནས་བརྟན་བྱང་ བཟང་གིས། ལྟ་བ་རྣམས་ཀྱི་ཐ་ཆད། ཆད་པར་ལྟ་བ་གསུམ་བཤད་པའི་ཀུན་རྫོབ་ཏུའང་ སངས་རྒྱས་ལ་ཡེ་ཤེས་མེད་པར་ལྟ་བ་ནི་ཆད་ལྟ་མི་བཟད་པར་ཡེ་ཤེས་སྙིང་བོ་ཀུན་ལས་ བཏུས་ཀྱི་འགྲེལ་བར་བཤད་དོ། །དེས་ན་ལྟ་ངན་འདི་ལྟ་བུའི་རྗེས་སུ་འབྲང་བ་ལྟ་ཅི་སྨོས་ ཏེ་ཚིག་ཙམ་ལའང་རྣ་བ་གབ་པོ། །འཕགས་པ་ཞི་བ་ལྷ་སོགས་ཀྱི་ནོར་བུ་དང་དཔག་བསམ་ གྱི་ཤིང་སོགས་དཔེར་བྱས་ནས། སངས་རྒྱས་ལ་ཡེ་ཤེས་མེད་ཅེས་དཔེ་དོན་སྦྱོར་བའང་ དགོངས་པ་གཏན་མ་ཡིན་ཏེ། འདི་དང་འདི་ལ་ཕན་པ་འདི་ལྟ་བུ་བྱའོ་སྙམ་པའི་རྣམ་རྟོག་དང་ འབད་རྩོལ་མེད་བཞིན་དུ་གཞན་དོན་ལྷུན་གྲུབ་ཏུ་འབྱུང་བའི་དཔེ་དོན་སྦྱོར་བ་མིན་ཏེ། དབུ་ མ་འཇུག་པར། ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་འདི་དག་དེ་ལྟར་རྣམ་པར་རྟོག་པ་ མི་མངའ་ཞིང་ཡིད་བཞིན་གྱི་ནོར་བུ་དང་དཔག་བསམ་གྱི་ཤིང་དང་འདྲ་བར་ཇི་ལྟར་འཚམ་ པའི་སེམས་ཅན་གྱི་དོན་བསྒྲུབ་པ་ལྷུར་མཛད་ཅིང༌། ཆོས་ཀྱི་དབྱིངས་ལས་སྐད་ཅིག་ཀྱང་མི་ བསྐྱོད་ལ་སེམས་ཅན་འདུལ་བའི་དུས་ལས་ཀྱང་མི་འདའ་བ་བཞིན་དུ་བདག་ཀྱང་གྱུར་ཅིག་ ཅེས་བྱང་ཆུབ་སེམས་དཔའ་སྔར་སྨོན་ལམ་གང་བཏབ་པའི་སྨོན་ལམ་དེའི་ཤུགས་དང་ཞེས་ སོགས་བཤད་པ་ལྟར་ཤེས་པར་བྱའོ། །རྣམ་རྟོག་དང་བཅས་པ་མེད་བཞིན་དུ་ཆོས་བསྟན་ པའི་འཕྲིན་ལས་འབྱུང་བར་གསང་བ་བསམ་གྱིས་མི་ཁྱབ་པ་དང༌། རྒྱུད་བླ་སོགས་མཐའ་ ཡས་པར་བཤད་དོ། ། ཁ་ཅིག་ན་རེ། སངས་རྒྱས་ལ་ཡེ་ཤེས་ཡོད་མོད་རང་རྒྱུད་ཀྱིས་བསྡུས་པའི་ཡེ་ཤེས་མེད་ དེ། སྐུ་དང་ཡེ་ཤེས་སོགས་གཞན་སྣང་འབའ་ཞིག་ཡིན་ནོ་ཟེར་བ་ནི། མི་དབུལ་བོ་ཞིག་ན་རེ། 3-1-195 ང་ཕྱུག་པོ་ཡིན་ང་རང་ལ་ནོར་ཅི་ཡང་མེད། གསེར་དང་འབྲུ་ལ་སོགས་པའི་ནོར་རྣམས་ནི་ རྒྱལ་བོ་དང་བློན་པོ་ལ་སོགས་པ་རྣམས་ཀྱི་ཡིན་ནོ་ཟེར་བ་དང་འདྲ་བར་ཟད་དོ། །ཞིབ་ཞིབ་ འདྲ་བའི་ཐ་སྙད་རྨོངས་པ་མགོ་བསྐོར་བར་བྱེད་པའི་རྣམ་འགྱུར་འདི་ལ་རྟོགས་ལྡན་སུ་ཞིག་ ཡིད་ཆེས་པར་བྱེད། ཡང་ཁ་ཅིག སངས་རྒྱས་ལ་ཡེ་ཤེས་མེད་པར་མ་ཟད་འཕགས་པའི་མཉམ་བཞག་ ནའང་བློ་མེད་འཕགས་པའི་རྗེས་ཐོབ་དང་ཞི་གནས་ལ་སོགས་པའང་ལམ་མ་ཡིན་ཞེས་ འདོད་པ་ནི་ཆེས་རྣམ་པར་འཁྱམས་ཏེ། ས་བཅུ་པ་ལ་སོགས་པའི་མདོ་དུ་མ་དང༌། དབུས་ མཐའ་རྣམ་འབྱེད་དང༌། དབུ་མ་འཇུག་པ་ལ་སོགས་པ་རབ་དགའ་ལ་སོགས་པའི་ས་བཅུ་ལ་ རིམ་བཞིན་ཕ་རོལ་ཏུ་ཕྱིན་པ་བཅུ་སྦྱར་ནས་བཤད་པ་དང་འགལ་ཏེ། བློ་མེད་ན་ཤེས་རབ་ གཏན་ནས་མི་སྲིད་པའི་ཕྱིར་རོ། །སྔོན་མ་མཐོང་བའི་ཆོས་ཉིད་མཐོང་བའི་རྟོགས་པ་སྐྱེས་ པས་ས་རབ་ཏུ་དགའ་བ་ཞེས་བཤད་པ་དང་ཡང་འགལ་ཏེ། དབུ་མ་རིན་ཆེན་འཕྲེང་བར། ཡེ་ ཤེས་ཞི་བའི་འོད་འབྱུང་ཕྱིར། །ས་འོད་བྱེད་པ་ཞིག་སོགས་དང༌། །མདོ་རྒྱན་དུ། སོ་སོ་ཡང་ དག་རིག་བློ་བཟང༌། །ས་དེ་ལེགས་པའི་བློ་གྲོས་ཡིན། །ཞེས་སོགས་དང༌། མངོན་རྟོགས་ རྒྱན་དུ། ས་དགུ་འདས་ནས་ཡེ་ཤེས་ནི། །གང་གི་སངས་རྒྱས་སར་གནས་པ། །དེ་ནི་བྱང་ཆུབ་ སེམས་དཔའི་ས། །བཅུ་བ་ཡིན་པར་ཤེས་པར་བྱ། །ཞེས་དང༌། ས་བདུན་པའི་ཡོངས་སྦྱོང་དུ། རྣམ་ཐར་སྒོ་གསུམ་ཤེས་པ་དང༌། ཞེས་དང༌། ཆོས་མཉམ་ཉིད་དང་ཚུལ་གཅིག་ཤེས། །མི་ སྐྱེ་བ་དང་གཟོད་ཤེས་དང༌། །ཞེས་སོགས་དང༌། ཞི་གནས་ངེས་པར་སེམས་པ་དང༌། །ལྷག་ མཐོང་ལ་ནི་མཁས་པ་དང༌། །སེམས་དུལ་བ་དང་ཐམས་ཅད་ལ། །ཐོགས་པ་མེད་པའི་ཡེ་ ཤེས་དང༌། །ཞེས་སོགས་ཤིན་ཏུ་མང་བོ་དང་ཆེས་འགལ་ཞིང༌། ས་བཅུའི་མཉམ་བཞག་ན་ བློ་མེད་ཅིང༌། འཕགས་པའི་ཞི་གནས་རྗེས་ཐོབ་ལམ་མིན་ན་ཡུམ་གྱི་མདོ་དང་མངོན་རྟོགས་ 3-1-196 རྒྱན་རྩ་འགྲེལ་སོགས་མང་པོར་ས་བཅུའི་ཡོངས་སྦྱོང་གི་ཆོས་རྒྱས་པར་བཤད་པ་རྣམས་དོན་ མེད་པར་འགྱུར་ཞིང༌། བྱང་སེམས་ཀྱི་མཐོང་ལམ་སྐབས་བཅུ་དྲུག་གི་དམིགས་རྣམ་དུ་མ་ བཤད་པ་དང༌། མདོ་རྒྱན་དུ། ས་རྣམས་ཀུན་ལ་རྣམ་ཀུན་ཏུ། །བློ་ལྡན་རྣམས་ཀྱི་ཕན་ཡོན་ནི། ། ཞི་གནས་ལྷག་མཐོང་གཉིས་ཀ་ལ། །ལྔ་བོའི་བདག་ཉིད་དག་ཏུ་འདོད། །ཅེས་ས་བཅུ་བོ་ རེ་རེ་ལ་ཞི་ལྷག་གཉིས་གཉིས་དང་དེ་གཉིས་ཀྱི་ཡོན་ཏན་ལྔ་ལྔ་བཤད་པའང་མི་འཐད་པར་ འགྱུར་རོ། ། ཡང་མཉམ་བཞག་ན་བློ་མེད་ཅིང་བྱང་ཆུབ་ཀྱི་ལམ་དུ་འགྱུར་བའི་རྗེས་ཐོབ་མེད་ན། ཡུམ་གྱི་མདོ་སོགས་ཐེག་ཆེན་གྱི་མདོ་མང་བོ་དང༌། རྒྱན་གཉིས་ལ་སོགས་པར་ཐེག་ཆེན་གྱི་ སེམས་བསྐྱེད་ཉི་ཤུ་རྩ་གཉིས་གྲོགས་ཕྱིན་དྲུག་བྱང་ཕྱོགས་སོ་བདུན། མངོན་ཤེས་ཚད་མེད། ཞི་ལྷག་གཟུང་སྤོབས་ལ་སོགས་མཚུངས་ལྡན་དུ་བཤད་ཅིང༌། དེ་རྣམས་ཀྱིས་ཚོགས་ལམ་ ནས་སངས་རྒྱས་ཀྱི་སའི་བར་བསྡུས་པ་སོགས་བཤད་པ་ཐམས་ཅད་ནོར་བ་ཁོ་ནར་འགྱུར་ བའི་སྐྱོན་ལ་སོགས་པ་མཐའ་ཡས་པས་དེ་འདྲའི་གྲུབ་མཐའི་རྗེས་སུ་མ་འབྲང་ཅིག་འཕུང་ བར་འགྱུར་རོ། ། ཡང་ཁ་ཅིག(ཕྱག་ཆེན་པ)། ཟབ་མོའི་རྣལ་འབྱོར་བསྒོམ་པའི་ཚེ་ན། རྣམ་རྟོག་འདི་འགོག་ པ་མི་འཐད་དེ། འདི་བཀག་ན་ལྷག་མཐོང་མེད་པར་འགྱུར་ཏེ་འདི་ཉིད་ཀ་སྒོམ་གྱི་གསལ་ ཆ་ཡིན་པས་རྣམ་རྟོག་སྤྲོས་ཤིག་གསུངས་ཏེ། རྟོག་པ་ཁ་ཆོམ་གྱི་ཞི་གནས་ལྟེངས་པོར་སོང་ ནས་གསལ་ཆ་མེད་པའི་བྱིང་རྨུགས་སུ་ཤོར་བ་སེལ་བའི་སྐབས་འགའ་རེར་རྣམ་རྟོག་འཕྲོ་ རུ་བཅུག་ནས། སྒོམ་གྱི་གེགས་བྱིང་རྨུགས་སེལ་བའི་ཐབས་སུ་རེས་འགའ་འགྱུར་སྲིད་པ་ ཙམ་ལ་དགོངས་པ། ཡིན་ན་ནི་དགོས་པ་དེ་ལ་ལྟོས་ནས་རུང་ཙམ་དུ་མངོན་མོད། དོན་ལ་ དེ་ལྟར་མི་འཐད་དེ། ནང་སེམས་ཅན་དང་ཕྱི་རོལ་ཡོ་བྱད་སོགས་ལ་ཆགས་པ་དང་སྡང་བ་ 3-1-197 དང་བདག་ཏུ་རྨོངས་པ་ལ་སོགས་པའི་རྣམ་རྟོག་འདི་རྣམས་ནི་ཉོན་མོངས་ཅན་གཏི་མུག་ ཡིན་པས། འཁོར་བ་དང་ངན་སོང་ལ་སོགས་པ་སྡུག་བསྔལ་སྣ་ཚོགས་ཀྱི་རྒྱུ་ཡིན་པས་རྗེས་ ཐོབ་ཀྱི་གནས་སྐབས་སུའང་སྤང་དགོས་ན་མཉམ་བཞག་ཟབ་མོའི་སྐབས་སུ་ལྟ་སྨོས་ཀྱང་ ཅི་དགོས། སམ་བྷུ་ཊིར། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ ཡིན། །ཞེས་དང༌། ཕྱོགས་ཀྱི་གླང་བོའི་འཇམ་དབྱངས་ལ་བསྟོད་པར། །རྣམ་པར་རྟོག་ལས་ མ་གཏོགས་པའི། །འཁོར་བ་ཞེས་བྱ་ཅི་ཡང་མེད། །ཅེས་དང༌། མདོ་སྡེ་དུ་མར་མ་རིག་པའི་ རྐྱེན་གྱིས་འདུ་བྱེད་ཅེས་སོགས་ནས་སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་ཞེས་པ་ནས་སྡུག་བསྔལ་ གྱི་ཕུང་བོ་ཆེན་པོ་འབའ་ཞིག་འབྱུང་བར་འགྱུར་རོ། །ཞེས་ཡང་ཡང་གསུངས་ཤིང་གཞན་ ཡང་ལུང་རྣམ་དག་དུ་མ་ཡོད་དོ། །ཡང་ནཱ་རོ་པས། ས་ར་ཧ་ལ་སོགས་པའི་གྲུབ་ཐོབ་ཆེན་པོ་ རྣམས་ཀྱིས། རྡོ་རྗེའི་གླུ་དྲངས་པར། རྟོགས་པ་ཉམས་པས་བློ་ཉམས་ཞེས། །བློ་ངན་རྗེས་སུ་ རྟོག་བྱེད་ལོ། །འདི་ཉིད་ལས་ནི་བློ་བཟང་ལ། །ནམ་མཁའ་ལས་ལྷག་ཅི་ཡང་འབྱུང༌། །ཞེས་ ཏེ། བློ་ངན་ཞེས་པ་ཤེས་རབ་དམན་པའི་གང་ཟག་འབའ་ཞིག་ལ་ཟེར་ཞིང་དེ་རྣམས་ན་རེ། རྣམ་རྟོག་ཉམས་ན་བློ་ཉམས་པའམ། །བློའི་གསལ་ཆ་ཉམས་པར་རྣམ་རྟོག་གཅིག་རྗེས་སུ་ གཅིག་རྟོག་ཅིང་སྤྲོས་ཤིག་ཅེས་ཟེར་ལོ་ཞེས་པ་སྟེ། ལོ་ཞེས་པའི་ཚིག་ནི་རྣམ་རྟོག་བཀག་ན་ སྐྱོན་ཡོད་པས། རྣམ་རྟོག་སྤྲོས་དགོས་ཞེས་པ་འདི་བློ་ངན་གྱི་སྐྱེ་བོའི་ལུགས་ཡིན་པར་སྟོན་ པའི་དེ་སྐད་སྨྲ་བ་ལ་མ་རངས་པའི་ཚིག་གོ །འདི་ཉིད་ལས་ཞེས་པ་ནི་རྣམ་རྟོག་ཉམས་ཏེ་ རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ཁྱད་པར་ཅན་མངོན་དུ་གྱུར་བ་ལས་ལྷག་ཅེས་པ་ཉམས་ རྟོགས་ཁྱད་པར་ཅན་མཐའ་ཡས་པ་འབྱུང་ཞེས་པའི་དོན་ཏོ། །ཐེག་ཆེན་ཐུན་མོང་མ་ཡིན་ པའི་མཉམ་བཞག་ཟབ་མོ་ཁྱད་པར་ཅན་བསྒོམ་པའི་སྐབས་སུ་ན་གང་ཟག་ཏུ་རྟོག་པ་འགོག་ པ་ལྟ་ཅི་སྨོས་ཏེ། གཞི་ལམ་འབྲས་བུ་སོགས་ཆོས་སུ་འཛིན་པའི་མངོན་ཞེན་ཐམས་ཅད་ཀྱང་ 3-1-198 སྤང་དགོས་པར་གསུངས་ཏེ། ཡུམ་གྱི་མདོར། ཡིད་ལ་བྱེད་པ་ནི་མི་དགེ་བའོ། །ཡིད་ལ་མི་ བྱེད་པ་ནི་དགེ་བའོ། །ཡིད་ལ་བྱེད་པས་ནི་ཁམས་གསུམ་དུ་འདྲེ་བར་འགྱུར་གྱི། ཡིད་ལ་མི་ བྱེད་པས་ནི་ཁམས་གསུམ་དུ་འདྲེ་བར་མི་འགྱུར་རོ། །ཞེས་དང༌། གཟུགས་སོ་ཞེས་སྤྱོད་ན་ མཚན་མ་ལ་སྤྱོད་དོ། །གཟུགས་སྟོང་བའོ་ཞེས་སྤྱོད་ན་མཚན་མ་ལ་སྤྱོད་དོ། །ཞེས་སོགས་ དང༌། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་སྤྱོད་ན་མཚན་མ་ལ་སྤྱོད་དོ་ཞེས་སོགས་རྒྱ་ཆེར་ བཀའ་བསྩལ་ཞིང༌། མངོན་རྟོགས་རྒྱན་དུ། གཟུགས་སོགས་ཕུང་བོ་སྟོང་ཉིད་དང༌། །དུས་ གསུམ་གཏོགས་པའི་ཆོས་རྣམས་དང༌། །སྦྱིན་སོགས་བྱང་ཆུབ་ཕྱོགས་རྣམས་ལ། །སྤྱོད་པའི་ འདུ་ཤེས་མི་མཐུན་ཕྱོགས། །ཞེས་སོགས་མཚན་འཛིན་དང་མངོན་ཞེན་ཐམས་ཅད་ཡུམ་ བསྒོམ་པའི་མཉམ་བཞག་ཟབ་མོའི་སྐབས་སུ་ངེས་པར་སྤང་དགོས་པར་ཡང་ཡང་གསུངས་ སོ། ། ཡང་སམ་བྷུ་ཊིར། སྟོང་པ་བསྒོམ་པར་མི་བྱ་ཞིང༌། །སྟོང་མིན་བསྒོམ་པར་མི་བྱའོ། །སྟོང་ པ་མི་སྤང་རྣལ་འབྱོར་བས། །སྟོང་མིན་ཡོངས་སུ་མི་སྤང་ངོ༌། །སྟོང་དང་མི་སྟོང་ཡོངས་བཟུང་ ལས། །རྟོག་པ་ཉུང་ (གཉུག་དམན་ཞེས་པ་ཡང་སྣང༌། )མིན་སྐྱེ་བར་འགྱུར། །ཡོངས་སུ་བཟུང་ན་ཀུན་ རྟོག་སྟེ། །དེ་ཕྱིར་དེ་གཉིས་ཡོངས་སུ་སྤངས། །ཞེས་དང༌། གྲུབ་ཆེན་ས་ར་ཧས། འཇུར་བུས་ བཅིངས་པའི་སེམས་ཉིད་འདི། །གློད་ན་གྲོལ་བར་ཐེ་ཚོམ་མེད། །ཅེས་གསུངས་ཏེ། འཇུར་ བུའི་ཞེས་པ་ནི་སྣ་ཚོགས་སུ་འཕྲོ་བའི་རྣམ་རྟོག་ལ་བཞེད་དེ། རྣམ་པར་མི་རྟོག་པར་འཇུག་ པའི་གཟུངས་ལས་ཀྱང༌། དམ་ཆོས་འདི་ལ་རྒྱལ་བའི་སྲས། རྣམ་པར་མི་རྟོག་བསམ་གྱུར་ ནས། །རྣམ་རྟོག་བགྲོད་དཀའ་ལས་འདས་ཏེ། །རིམ་གྱིས་མི་རྟོག་ཐོབ་པར་འགྱུར། །དེ་ལས་ རབ་ཞི་མི་གཡོ་མཆོག །དབང་བྱེད་མཉམ་ལ་མི་མཉམ་པ། །རྣམ་པར་མི་རྟོག་བདེ་བ་ནི། ། བྱང་ཆུབ་སེམས་དཔའ་ཐོབ་པར་འགྱུར། །ཞེས་སོ། ། 3-1-199 ཡང་ཕྱི་ནང་གི་དངོས་པོ་བདེན་པར་འཛིན་པའི་རྣམ་རྟོག་གི་གཉེན་པོར་དེ་རྣམས་ཕྱི་ནང་ གི་དངོས་པོ་གང་ཅི་ཞིག་ཏུ་བདེན་ཞེས་བརྟགས་ཤིང་དཔྱད་ནས། བདེན་མེད་དུ་རྟོགས་ནས་ གཏན་ལ་འབེབས་པའི་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དེ་གཏན་ལ་ཕེབས་པ་བཞིན། སྤྲོས་ བྲལ་གྱི་ངང་ལ་མཉམ་པར་བཞག་ཅིང་བསྒོམས་པས་འཇིག་རྟེན་ལས་འདས་པའི་རྣམ་པར་ མི་རྟོག་པའི་ཡེ་ཤེས་སྐྱེ། དེ་བྱུང་མ་ཐག་ཏུ་སྔར་གྱི་སོ་སོར་རྟོག་པའི་ཤེས་རབ་དེ་ཡང་སྤང་ངོ་ ཞེས་དཀོན་བརྩེགས་འོད་སྲུང་གི་ལེའུར། འོད་སྲུང་ཤིང་གཉིས་རླུང་གིས་གཙུབ་པ་ལས་མེ་ འབྱུང་སྟེ། དེ་བྱུང་མ་ཐག་ཏུ་ཤིང་དེ་ཚིག་པར་བྱེད་དོ། །འོད་སྲུང་དེ་བཞིན་དུ་འཇིག་རྟེན་པའི་ སོ་སོར་རྟོག་པའི་ཤེས་རབ་ལས་འཕགས་པའི་ཡེ་ཤེས་ཤེས་རབ་ཀྱི་དབང་བོར་སྐྱེས་ཏེ། དེ་ སྐྱེས་མ་ཐག་ཏུ་འཇིག་རྟེན་པའི་སོ་སོར་རྟོག་པའི་ཤེས་རབ་དེ་གཉིས་འགག་པར་འགྱུར་རོ། ། ཞེས་སོགས་དང༌། དུས་འཁོར་འགྲེལ་ཆེན་དུ། བསྐྱེད་པའི་རིམ་པར་གསུངས་པའི་ཧཱུཾ་དང་ ནི། །ཕཊ་ཡིག་ལ་སོགས་རྟོག་པ་དང་བྲལ་བ། །རྫོགས་པའི་རིམ་པའི་རྣལ་འབྱོར་དེ་ཉིད་ དེ། །དེ་ཉིད་ཀྱིས་ནི་སྒྲུབ་ཐབས་གཞན་ཡོད་མིན། །ཞེས་སོགས་མཉམ་བཞག་ཟབ་མོ་མཐར་ ཐུག་གི་སྐབས་སུ་རྟོག་པ་ཐམས་ཅད་སྤང་དགོས་པར་ཡང་ཡང་གསུངས་ཤིང༌། མདོ་སྡེ་རྒྱན་ ལས། བློ་ངན་པ་ཡི་མི་རྟོག་ཡེ་ཤེས་སྟོབས། །རྟག་ཏུ་ཀུན་ནས་མཉམ་པར་སོང་བ་ཡི། །དེ་ ལ་བརྟེན་པའི་ཉེས་ཚོགས་ཚང་ཚིང་དག །དུག་སྨན་ཆེན་པོས་དུག་བཞིན་སེལ་བར་བྱེད། ། ཅེས་དང༌། རྣམ་འགྲེལ་དུ། རྣལ་འབྱོར་མངོན་སུམ་སྟོན་པའི་སྐབས་སུ། རྟོག་བས་དྲ་བ་རྣམ་ བསལ་བས། །བསལ་བ་ཉིད་དུ་སྣང་བ་ཡིན། །ཞེས་དང༌། རྣམ་པར་རྟོག་དང་རྗེས་འབྲེལ་ནི། ། དོན་གསལ་སྣང་བ་ཅན་མ་ཡིན། །ཞེས་རྣམ་རྟོག་ཡིན་ན་ཡུལ་གསལ་སྣང་ཅན་དུ་འགལ་ བར་བཤད་པས་རྣམ་རྟོག་ཡང་དག་པའི་སྒོམ་ལྷག་མཐོང་གི་གསལ་ཆ་དང་དྭངས་ཆར་འདོད་ པ་ཤིན་ཏུ་ནོར་རོ། ། 3-1-200 ཡང་ཁ་ཅིག ད་ལྟར་གྱི་རྣམ་རྟོག་འདི་ཀ་སངས་རྒྱས་ཀྱི་ཆོས་སྐུ་ཡིན་ཞེས་སྨྲ་བ་ནི་སྔར་ སྣང་བ་ཆོས་སྐུ་ཡིན་པ་དང་རྣམ་རྟོག་ཡང་དག་པའི་སྒོམ་ལྷག་མཐོང་གི་གསལ་ཆར་འདོད་པ་ དང་ཕུག་གནད་གཅིག་ཅིང༌། དེ་རྣམས་བཀག་པའི་ལུང་རིགས་རྣམས་ཀྱིས་གནོད་དེ། གཞན་ ཡང་སྣ་ཚོགས་སུ་སྣང་བའི་ད་ལྟར་གྱི་རྣམ་རྟོག་འདི་འཁོར་བ་བའི་སེམས་ཅན་རྣམས་འཁོར་ བར་འཆིང་བྱེད་མ་ཡིན་པར་འགྱུར། སངས་རྒྱས་ཀྱི་ཆོས་སྐུ་ཡིན་པའི་ཕྱིར་དང༌། སངས་རྒྱས་ ཀྱི་ཆོས་སྐུའམ་ངོ་བོ་ཉིད་{སྐུ་}འཐོབ་པ་ལ་སྣ་ཚོགས་ཀྱི་རྣམ་རྟོག་འདི་སྤང་དགོས་པ་མ་ཡིན་ པར་འགྱུར་ཏེ། རྣམ་རྟོག་འདི་སངས་རྒྱས་ཀྱི་ཆོས་སྐུ་ཉིད་ཡིན་པའི་ཕྱིར་རོ། །འདོད་པར་མི་ ནུས་ཏེ། ཚད་མ་རྣམ་འགྲེལ་གྱི་མཆོད་བརྗོད་དུ། རྟོག་པའི་དྲ་བ་རྣམ་བསལ་ཅིང༌། །ཞེས་དེ་ རྣམ་རྟོག་ཉིད་སེམས་ཅན་འཁོར་བར་བཅིངས་བྱེད་ཡིན་པས་རྟོག་པའི་དྲ་བ་ཞེས་དང༌། རྟོག་ པའི་དྲ་བ་བསལ་བ་ངོ་བོ་ཉིད་ཀྱི་སྐུ་ཞེས་རྒྱ་གར་མཁས་པས་བཤད་ཅིང༌། དབུ་མ་བདེན་ གཉིས་སུ་སློབ་དཔོན་ཡེ་ཤེས་སྙིང་པོས། སེམས་དང་སེམས་འབྱུང་ཁམས་གསུམ་པ། །སྒྲོ་ བཏགས་རྣམ་པ་ཅན་རྟོག་ཡིན། །དེ་དག་འཆིང་བའི་རྒྱུད་ཉིད་དུ། །ཇི་ལྟར་གཟིགས་པས་དེ་ བཞིན་གསུངས། །ཞེས་སོ། །རྒྱུད་བླར། ཉོན་མོངས་ཤེས་བྱ་སྙོམས་འཇུག་གི། བསྒྲིབ་གསུམ་ ལས་ནི་ངེས་གྲོལ་ཏེ། །ཞེས་སོགས་མང་ངོ༌། ། ཡང་སྔར་བཤད་ལྟར་གྱི་རྣམ་རྟོག་འདི། འདུས་བྱས་མ་ཡིན་པར་འགྱུར་དེ། སངས་རྒྱས་ ཀྱི་དོན་དམ་ཆོས་སྐུའམ་ངོ་བོ་ཉིད་སྐུ་ཡིན་པའི་ཕྱིར་རོ། །རྒྱུད་བླར། སངས་རྒྱས་ཆོས་སྐུའམ་ ངོ་བོ་ཉིད་སྐུ་ངོས་འཛིན་པའི་སྐབས་སུ། འདུས་མ་བྱས་ཤིང་ཞེས་དང༌། །ཐོག་མ་དབུས་ མཐའ་མེད་པ་ཡི། །རང་བཞིན་ཡིན་ཕྱིར་འདུས་མ་བྱས། །ཞེས་སོགས་ཀྱིས་སྐྱེ་འཇིག་གནས་ གསུམ་གྱིས་སྟོང་བར་བཤད་དོ། །འདོད་མི་ནུས་དེ། རྣམ་རྟོག་སྔ་མ་འགགས་ཤིང་ཕྱི་མ་སྐྱེ་ བར་གང་ཟག་རང་རང་གི་མྱོང་བས་འགྲུབ་ཅིང༌། ཚད་མ་རྣམ་ངེས་སུ། སྐྱེ་བ་དང་འགག་ 3-1-201 པར་རིག་པའི་རྣམ་པར་རྟོག་པ་འདི་ཞེས་དང༌། ལང་ཀར་གཤེགས་པ་སོགས་བཀའ་བསྟན་ བཅོས་དུ་མར་རྣམ་པར་ཤེས་པ་ཚོགས་བརྒྱད་ལ་སོགས་སེམས་སེམས་བྱུང་ཐམས་ཅད་སྐྱེ་ འཇིག་ཅན་དུ་རྒྱ་ཆེར་བཤད་དོ། ། ཡང་སྔར་བཤད་ལྟར་གྱི་རྣམ་རྟོག་འདི་ཁམས་གསུམ་གྱིས་བསྡུས་པའི་རྣམ་ཤེས་མིན་ པར་འགྱུར། རྟགས་སྔར་དང་འདྲ། མཚན་བརྗོད་དུ། རྣམ་པར་ཤེས་པའི་ཆོས་ཉིད་འདས། ། ཞེས་དང༌། ཕྱོགས་ཀྱི་གླང་བོས། །རྣམ་རྟོག་དེ་དང་བྲལ་བས་ན། །ཁྱོད་ནི་རྟག་ཏུ་མྱ་ངན་ འདས། །ཞེས་སོགས་མང་ངོ༌། །འདོད་མི་ནུས་ཏེ། དབུས་མཐའ་རྣམ་འབྱེད་དུ། ཡང་དག་མ་ ཡིན་ཀུན་རྟོག་ནི། །སེམས་དང་སེམས་འབྱུང་ཁམས་གསུམ་པ། །ཞེས་དང༌། དབུ་མ་བདེན་ གཉིས་སུ། སེམས་དང་སེམས་འབྱུང་ཁམས་གསུམ་པ། །སྒྲོ་བཏགས་རྣམ་པ་ཅན་རྟོག་ཡིན། ། ཞེས་སོགས་ནས་མང་ངོ༌། །ཡང་དེ་འདྲའི་རྣམ་རྟོག་དེ་ཟག་མེད་དུ་ཡང་ཐལ་བར་འགྱུར་ཏེ། རྟགས་སྔར་དང་འདྲ། མངོན་རྟོགས་རྒྱན་དུ། །ཐུབ་པའི་ངོ་བོ་ཉིད་སྐུ་ནི། །ཟག་པ་མེད་པའི་ ཆོས་གང་དག །ཐོབ་འགྱུར་རྣམ་ཀུན་རྣམ་དག་པ། །ཞེས་དང༌། མངོན་པ་གོང་འོག་ཏུ། སོ་ སོར་བརྟགས་འགོག་དང་དེ་བཞིན་ཉིད་ཟག་མེད་དུ་བཤད་པ་སོགས་མང་ངོ༌། །འདོད་ན། དེ་ འདྲའི་རྣམ་རྟོག་འདི་སྤང་བྱ་མ་ཡིན་པར་ཐལ་བར་འགྱུར་ཏེ། མངོན་པ་ཀུན་ལས་བཏུས་སུ། ཟག་པ་མེད་པ་ནི་སྤང་བར་བྱ་བ་མ་ཡིན་པར་བལྟ་བར་བྱའོ། །ཞེས་སོ། །འདོད་མི་ནུས་ཏེ། སྤངས་དགོས་པར་སྔར་བཤད་རྒྱས་པར་བཤད་ཟིན་ཏོ། །གཞན་ཡང་འདི་ཟག་མེད་ཡིན་ན། ཟག་བཅས་མི་སྲིད་པ་ལ་སོགས་པའི་སྐྱོན་དུ་མར་འགྱུར་ཞིང༌། འཕགས་སེང་སོགས་ཀྱིས་ གཟུང་འཛིན་གྱི་རྣམ་རྟོག་ཐམས་ཅད་ཟག་བཅས་སུ་བཤད་དོ། །ཡང་སྔར་བཤད་ལྟར་གྱི་ རྣམ་རྟོག་འདི་རང་བཞིན་གྱི་འོད་གསལ་བའི་ཆོས་དབྱིངས་ཡིན་པར་འགྱུར་ཏེ། རྟགས་སྔར་ དང་འདྲ། རྒྱུད་བླར་ཆོས་སྐུའམ་ངོ་བོ་ཉིད་སྐུ་ངོས་འཛིན་པར། ཆོས་དབྱིངས་ངོ་བོ་ཉིད་ཀྱིས་ 3-1-202 ནི། །དག་པའི་ཕྱིར་ན་འོད་གསལ་བ། །ཞེས་དང༌། ཆོས་སྐུ་རྣམ་གཉིས་ཤེས་བྱ་སྟེ། །ཆོས་ དབྱིངས་ཤིན་ཏུ་དྲི་མེད་དང༌། །ཞེས་སོགས་མང་ངོ༌། །འདོད་མི་ནུས་ཏེ། ཚད་མ་རྣམ་འགྲེལ་ དུ། སེམས་འདིའི་རང་བཞིན་འོད་གསལ་དེ། །དྲི་མ་རྣམས་ནི་གློ་བུར་བ། །ཞེས་སོགས་ བཀའ་བསྟན་བཅོས་ཀྱི་ལུང་མང་ཞིང༌། དེ་འདྲའི་རྣམ་རྟོག་འདི་ཡང་དག་པའི་དོན་བལྟ་བ་ ལ་དམུས་ལོང་ལྟ་བུ་དང༌། མ་རིག་པ་དང་འགྱུར་བའི་ཆོས་ཅན་དུ་བཤད་པས། རིང་བཞིན་ གྱི་འོད་གསལ་བའི་ཆོས་ཉིད་མ་ཡིན་པར་གྲུབ་པོ། །ཡང་དེ་ལྟའི་རྣམ་རྟོག་འདི་བསྐལ་བ་དུ་ མར་ཡེ་ཤེས་ཀྱི་ཚོགས་བསགས་པ་ལས་འཐོབ་དགོས་པར་ཐལ་བར་འགྱུར་ཏེ། རྟགས་སྔར་ དང་འདྲའོ། །དབུ་མ་རིན་ཆེན་ཕྲེང་བར། ཆོས་ཀྱི་སྐུ་དེ་མདོར་བསྡུས་ན། །རྒྱལ་བོ་ཡེ་ཤེས་ ཚོགས་ལས་འཁྲུངས། །ཞེས་དང༌། རིགས་པ་དྲུག་ཅུ་བའི་བསྔོ་བར། །བསོད་ནམས་ཡེ་ཤེས་ ལས་བྱུང་བའི། །དམ་པ་གཉིས་ནི་ཐོབ་པར་ཤོག ཅེས་སོ། །འདོད་ན་འཁོར་བ་བའི་སེམས་ ཅན་ཐམས་ཅད་ཡེ་ཤེས་ཀྱི་ཚོགས་རྫོགས་པའི་སྐྱེས་བུར་ཐལ་བར་འགྱུར་ཏེ། སྔར་བཤད་ ལྟར་གྱི་རྣམ་རྟོག་འདི་རྒྱུད་ལ་སྐྱེས་ཤིང་ཐོབ་པའི་ཕྱིར་རོ། །དེ་ལྟར་ན་རྣམ་རྟོག་འདི་ཆོས་སྐུ་ ཡིན་པ་ལ་གནོད་བྱེད་ཀྱི་ལུང་རིགས་ཤིན་ཏུ་མང་བར་ཡོད་ནའང་མང་བས་འཇིགས་ནས་མ་ བྲིས་སོ། ། ཁ་ཅིག་ན་རེ། གལ་ཏེ་རྣམ་རྟོག་འདི་ཆོས་སྐུར་མི་སྨྲ་བའི་འདིའི་ངོ་བོ་ཆོས་སྐུ་ཡིན་ནོ། ། ཞེ་ན། འདིའི་ངོ་བོ་གང་འདིའི་ངོ་བོ་སྣ་ཚོགས་སུ་འཕྲོ་ཞིང་རྟོག་པའི་རིག་རིག་པོ་འདིའམ་ འདི་དཔྱད་ན་བདེན་པའི་རང་བཞིན་མེད་ཙམ་གྱི་སྟོང་བ་དེའམ། འདི་བདེན་པའི་རང་བཞིན་ མེད་པར་འགྱུར་བའི་ཆོས་ཉིད་དེ་བཞིན་ཉིད་དེ་ཡིན། དང་པོ་ལྟར་ན། རྣམ་རྟོག་འདི་ག་ཆོས་ སྐུར་ཐལ་བར་འགྱུར་ཏེ། དེ་ལྟའི་རིག་རིག་པོ་དེ་ཉིད་ཀྱང་རྣམ་རྟོག་འདི་ག་ཡིན། རྣམ་རྟོག་ འདི་ག་དེ་ཡིན་པས་དེ་གཉིས་དོན་གཅིག་པའི་ཕྱིར་རོ། །གཉིས་པ་ལྟར་ན། རྣམ་རྟོག་གི་ངོ་ 3-1-203 བོར་རིགས་པས་དཔྱད་ན་བདེན་པའི་རང་བཞིན་མེད་ཙམ་གྱི་སྟོང་བ་དེ་ཆོས་སྐུ་མ་ཡིན་པར་ ཐལ་བར་འགྱུར་ཏེ། རྣམ་རྟོག་བདེན་པའི་རང་བཞིན་མེད་ཙམ་གྱི་མེད་དགག་ཡིན་པའི་ཕྱིར། དེ་ལ་ཁྱབ་པ་ཡོད་པའི་རྒྱུ་མཚན་སོགས་སྔར་བཤད་ཟིན་ཅིང༌། གསུམ་པ་ལྟར་ན། དེ་འདྲའི་ དེ་བཞིན་ཉིད་དེ་དོན་དམ་ཆོས་སྐུ་ཡིན་པ་འཐད་མོད། དེང་ཕྱིན་ཆད་དེ་སྐད་ངག་ཏུ་ཐོན་པ་ སྨྲོས་ལ་རྣམ་རྟོག་གི་ངོ་བོ་ཆོས་སྐུ་ཡིན་ཞེས་དམིགས་ཀྱིས་མ་ཕྱེ་བའི་ཚིག་དང༌། རྣམ་རྟོག་ ཆོས་སྐུ་ཡིན། སྣང་བ་ཆོས་སྐུ་ཡིན། རྣམ་རྟོག་བསྒོམ་ལྷག་མཐོང་གི་གསལ་ཆའམ་དྭངས་ཆ་ ཡིན་ཞེས་སོགས་མུན་སྤྲུལ་དུ་མ་སྨྲ་ཨང༌། ཡང་ཁ་ཅིག་ (ཕྱག་ཆེན)ན་རེ། རྣམ་རྟོག་འདི་རང་ངོ་ཤེས་ན་ཆོས་སྐུ་ཡིན། རང་ངོ་མ་ཤེས་ ན་ཆོས་སྐུ་མིན་ཞེ་ན། སྔར་དཔྱད་པ་ལྟར་རང་ངོ་ཤེས་པའི་དོན་ཅི། སྣ་ཚོགས་སུ་འཕྲོ་ཞིང་ རྟོག་པའི་རིག་རིག་པོར་ཤེས་པའམ། བརྟགས་ན་རྣམ་རྟོག་འདི་བདེན་པའི་རང་བཞིན་མེད་ ཙམ་གྱི་སྟོང་བར་ཤེས་པའམ། དེ་བདེན་མེད་ཀྱི་དེ་བཞིན་ཉིད་ཤེས་པ་ལ་འདོད། དང་བོ་ ལྟར་ན། དེ་ལྟར་ཤེས་པའི་རྣམ་རྟོག་ཅན་གྱི་སྐྱེས་བུ་དེའི་བློ་དེ་སངས་རྒྱས་གྱི་ཆོས་སྐུ་མ་ཡིན་ པར་ཐལ་བར་འགྱུར་ཏེ། དེ་ལྟའི་རྣམ་རྟོག་དེའི་རྗེས་སུ་སྐྱེས་པའི་རྣམ་རྟོག་ཕྱི་མ་ཞིག་ཡིན་ པའི་ཕྱིར་དང༌། འདུས་བྱས་ཡིན་པའི་ཕྱིར་རོ། །གཉིས་པ་ལྟར་ན། ཡིད་ཆེས་པའི་ལུང་[མ་ བརྟན་[ལ་བརྟེན་]ནས་དེ་ལྟའི་རྣམ་རྟོག་བདེན་པའི་རང་བཞིན་མེད་པར་ཤེས་པའི་རྣམ་རྟོག་ དེ་ཅན་གྱི། སྐྱེས་བུའི་རྒྱུད་ཀྱི་བློ་དེའམ། དེ་ལྟའི་རྣམ་རྟོག་དེ་འགྱུས་མ་ཐག་ཏུ་སྐྱེས་བུ་དེས་ རྣམ་རྟོག་དེའི་ངོ་བོ་ལ་ཅེར་གྱིས་བལྟས་པས། རྣམ་རྟོག་དེའི་ངོ་བོ་ཅི་ཡང་མ་རྙེད་པས་རྣམ་ རྟོག་དེ་བདེན་པའི་རང་བཞིན་མེད་པ་ཞིག་གོ །སྙམ་པའི་བློ་དེའམ། ཡང་དེ་ལྟར་བལྟས་པས་ རྣམ་རྟོག་དེ་ངོས་བཟུང་ཅི་ཡང་མ་རྙེད་པར་འདི་མིན་འདི་བསམ་ཙམ་མེད་པའི་ངང་དུ་སེམས་ ཞི་མལ་གྱིས་གནས་པ་ཙམ་དེ་ཡིན་ནམ། ཡང་དེ་ལྟར་བལྟས་པས་རྣམ་རྟོག་དེའི་ངོས་བཟུང་ 3-1-204 ཅི་ཡང་མ་རྙེད་པར་ཅིར་ཡང་འཛིན་མེད་ཀྱི་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ཉམས་སྣང་ ཁྱད་པར་ཅན་དང་བཅས་པའི་བློ་ཞིག་ཡིན་བརྟགས་གྲགས། དང་བོ་ལྟར་ན། དེ་ཡང་ཆོས་སྐུ་ མ་ཡིན་པར་ཐལ་བར་འགྱུར་ཏེ། ཡིད་ཆེས་པའི་རྗེས་དཔག་ཞེས་དཔག་ཞེས་པའི་རྣམ་རྟོག་ ཡིན་པའི་ཕྱིར་དང༌། འདུས་བྱས་ཡིན་པའི་ཕྱིར་རོ། །གཉིས་པ་ལྟར་ན། དེ་ཡང་ཆོས་སྐུར་མི་ འཐད་དེ། དགག་པའི་རྣམ་པ་ཅན་གྱི་རྣམ་རྟོག་ཕྱི་མ་ཞིག་ཡིན་པའི་ཕྱིར་རོ། །གསུམ་པ་ལྟར་ ན། དེ་ཡང་ཆོས་སྐུར་མི་འཐད་དེ། རྣམ་རྟོག་རགས་པ་ཅུང་ཟད་ཙམ་འགགས་པའི་གནས་ སྐབས་རྟོག་པ་ཁ་འཆོམ་པའི་ཞི་གནས་ལྟེངས་པོ་ཞིག་ཡིན་པའི་ཕྱིར་རོ། ། བོད་དུ་བྱོན་པའི་སྒོམ་ཆེན་པ་མང་བོ་ཞིག དེ་འདྲའི་ཉམས་མྱོང་ཞིག་རྒྱུད་ལ་སྐྱེས་པ་ ན་རང་ཉིད་ཀྱིས་མདོ་རྒྱུད་དྲི་མ་མེད་པ་དང་ལུང་རིགས་རྣམ་དག་ལ་ཐོས་བསམ་མ་བྱས། དེ་ ལྟར་ཐོས་བསམ་བྱས་ཤིང་གསུང་རབ་ཀྱི་ཟབ་དོན་གྱི་གནད་ཤེས་ནས་སྟོན་པའི་བླ་མ་ཡང་ མེད། སྐྱེས་སྟོབས་ཀྱི་ཤེས་རབ་ཡོད་ཅིང༌། ཟབ་ཟབ་པོར་གྲགས་པའི་གདམས་ངག་བསྒོམ་ སྟན་ཡུན་རིང་པོར་བྱས་པའི་སྟོབས་ཀྱིས་གོང་དུ་སྨོས་པའི་སྟོང་ཉམས་ཅན་གྱི་ཞི་གནས་ ལྡེངས་པོ་རྒྱུད་ལ་སྐྱེས་པ་ན། ཆོས་སྐུའམ་དེ་ཉིད་དེ་ག་རུ་འདུག་གམ་སྙམ་ནས་རང་ཡང་དེ་ ལ་བློ་གདེང་འཆའ། གཞན་ལ་ཡང་སྟོན་ངོ་སྤྲོད་གླུ་ལེན། རྗེས་འཇུག་རྣམས་ཀྱང་གླུ་དེ་སྒྱུར་ སྤྲང་ལ་འགྲོ་བའི་ལག་ཆར་ཁྱེར་རོ། །ཕ་བླ་མ་བཀའ་དྲིན་ཅན་ཟེར་གྱིན་བྲོ་བརྡུངས་ཡང་ འགའ་ཞིག་ཕུང་བོ་སྙེད་པ་དང་བཀུར་སྟི་ལ་བརྐམ་པས། མ་ཐོབ་པར་ཐོབ་པོ། །མ་རྟོགས་ པར་རྟོགས་སོ། །མ་མཐོང་བར་མཐོང་ངོ་ཞེས་མི་ཆོས་བླ་མའི་བརྫུན་སྨྲ་ཞིང་ཟབ་མོའི་ཆོས་ ཀྱི་སྐལ་བ་མེད་པའི་བླུན་པོ་འཇིགས་སྐྱོབ་དང༌། ལེགས་སྨོན་ཙམ་དོན་དུ་གཉེར་བ་རྣམས་ ཀྱིས་བླ་མར་བཀུར་ཞིང་ཆོས་སྐྱོང་ཡེ་ཤེས་པའི་ཕྱིར་འབྲངས་པའི་ཕོ་ཉ་གཏུམ་པོའི་དཀོར་ བདག་གཏུམ་པོ་རྣམས་མཆོད་ཅིང་བརྟེན་པའི་སྟོབས་ཀྱིས། དེ་དག་གིས་གྲོགས་བྱས་པས་ 3-1-205 གནས་སྐབས་སུ་ཕན་པ་ཅུང་ཟད་འབྱུང་བ་ལ་བརྟེན་ནས། བླུན་པོ་རྣམས་ཀྱིས་འདི་ནི་གྲུབ་ ཐོབ་པོ་བྱིན་རླབས་ཅན་ནོ་ཞེས་ཟེར་ཞིང་བཀུར་སྟི་ཆེར་བྱས་ཏེ། ཟས་ནོར་ཆར་ལྟར་ཕབ། ཟང་ཟིང་ནོར་གྱིས་འབྱོར་བའི་རྒྱུ་མཚན་གྱིས་ཕོངས་པ་ཟས་ཚོལ་གྱི་སློབ་བུ་མང་བོའང་ འདུ། ཁོང་རང་ཡང་གྲུབ་ཐོབ་བྱིན་རླབས་ཅན་ཁྲོ་བོ་ཆེན་པོའི་རྣལ་འབྱོར་པ་ཡིན་ཟེར་ཞིང༌། གསུང་རབ་ཀྱི་དྲང་དོན་དང་ངེས་དོན་གཏན་ལ་འབེབས་པའི་ཚེ་ལུང་བསྟན་བསྟན་བཅོས། སྟོང་སྐད་དང་མི་ཆོས་ཕོ་པོའི་ནམ་ལངས། མདོ་རྒྱུད་རྣམ་དག་ནས་བཤད་པའི་དབང་རབ་ གནས་དང་གཤིན་ཆོག་ལེགས་པ་རྣམས་བོར། གང་ནས་བཤད་ཆ་མེད་པའི་བོན་ཆོག་དང་ ཁྱད་མེད་པའི་དབང་བྱིན་རླབས་གཤིན་ཆོག་ལ་སོགས་བྱེད་ཅིང༌། བཟང་ལ་མང་བའི་ལན་ དོན་དུ་གཉེར་བའི་སྦྱིན་གཏོང་དང་ཐབ་ཁ་ལ་སོགས་པའི་རྣམ་གཡེང་རྐྱང་པས་དུས་འདའ་ བའི། ཆུ་ནང་གི་ཟླ་བ་ལྟ་བུའི་བླ་མ་ཆེན་པོར་རློམ་པ་མང་པོས་དབུས་གཙང་འདི་ཁེངས་པ་ལྟ་ བུར་འགྱུར་ཞིང༌། མདོ་རྒྱུད་མན་ངག་གི་ཚིག་དང་དོན་གྱི་གནད་ཤེས། རྒྱུད་སྡེ་རྣམ་དག་ནས་ འབྱུང་བ་བཞིན་དུ་ཆོ་ག་རྣམ་དག་ཀྱང་བྱེད། ཡང་དག་པའི་རྟོགས་པ་ནང་ནས་མ་ཤར་བཞིན་ བླུན་པོ་མང་བོའི་ནང་དུ་ཉམས་རྟོགས་ཀྱི་སྟོང་འུད་ཀྱང་མི་སྒྲོགས། གཞན་མཐོང་བསྐོར་བའི་ མི་ཆོས་དང་ཁ་གསག་མི་མཁས། བསྟན་པ་རིན་པོ་ཆེ་ལ་ཕན་པའི་ཐོས་བསམ་སྒོམ་པ་ཅི་ ནུས་བྱེད་པའི་སྐྱེ་བོ་ནི་ཤིན་ཏུ་ཉུང་ངུར་གྱུར། འགའ་ཞིག་ཡོད་ཀྱང་ཉིན་མོའི་སྐར་མ་ལྟར་མི་ མཐོང༌། ཐོས་བསམ་སྒོམ་གསུམ་ལ་ཞུགས་པར་རློམ་པའི་རྟོགས་ལྡན་དུ་རློམ་པ་དག་ཀྱང་ ཕྱོགས་ཆ་དང་གཟུ་ལུམ་དང༌། སྐྱོ་མ་སྔ་བཙན་ཁྱི་སྐད་ལ་རྒྱུག་གམ་རི་བོང་ཆལ་གྱི་རྣམ་ཐར་ ལ་སྤྱོད་པ་མང་སྟེ། ཀྱེ་མ་དགེ་ལེགས་ཐམས་ཅད་ཀྱི་འབྱུང་གནས་བསྟན་པ་རིན་པོ་ཆེ་མེ་ཤི་ བའི་དུད་པ་ལྟར་རིང་དུ་མི་གནས་ཤིང་གཟུགས་བརྙན་ཙམ་དུ་གྱུར་རོ། ། ཀྱེ་ཧུད། ཡང་བཞི་པ་ལྟར་ན་དེ་འདྲའི་གསལ་ལ་དྭངས་བའི་བློ་དེ་ཡང་སངས་རྒྱས་ཀྱི་ 3-1-206 ཆོས་ཉིད་ཀྱི་སྐུ་མ་ཡིན་ཏེ། བསྒོམས་པས་སྟོབས་ལས་སྐྱེས་པའི་ལམ་འདུ་བྱས་ཞིག་ཡིན་ པའི་ཕྱིར་རོ། །དེས་ན་དེ་འདྲའི་བློ་དེ་གཞི་ལམ་འབྲས་གསུམ་མམ། ལྟ་སྒོམ་སྤྱོད་འབྲས་ཟེར་ བའི་ལུགས་ཀྱི་ལམ་མམ་སྒོམ་ཕུན་སུམ་ཚོགས་པ་ཞིག་ཡིན་གྱི། དེ་རྣམས་ཀྱི་ནང་ཚན་ཀྱི་ གཞི་དེ་བཞིན་ཉིད་མ་ཡིན་དེ། སྐྱེ་འགག་བྱེད་པའི་ཕྱིར་རོ། །དེ་རྣམས་ཀྱི་ནང་ཚན་གྱི་ལམ་ བསྒོམས་པས་བྱུང་བའི་འབྲས་བུ་མཐར་ཐུག་མ་ཡིན་ཏེ། དེ་རྒྱུད་ལ་སྐྱེས་པའི་རྣལ་འབྱོར་པ་ དེས་སངས་རྒྱས་ཐོབ་ཟིན་པའི་ངེས་པ་མེད་པའི་ཕྱིར་རོ། ། ཡང་ཁ་ཅིག་ན་རེ། དེ་འདྲའི་གསལ་ལ་དྭངས་པའི་བློ་དེ་ག་གཞི་ཆོས་ཉིད་དང་འབྲས་བུ་ ཆོས་སྐུ་ཡང་ཡིན། དེ་ཉིད་ཡུལ་ཡང་ཡིན་ཡུལ་ཅན་ཡང་ཡིན་གྱི་ཡུལ་ཡུལ་ཅན་གཉིས་མེད། དེའི་ཚེ་ཡུལ་ཡུལ་ཅན་གཉིས་སུ་འབྱེད་པ་ནི་རྟོག་གེ་སྐམ་པོའི་ཆོས་སྐད་དོ་ཞེ་ན། འོ་ན་ས་ དང་བོ་རབ་ཏུ་དགའ་བ་ནས་བཟུང་སྟེ་སངས་རྒྱས་ཀྱི་སའི་བར་གྱི་བསྒོམས་པའི་སྟོབས་ཀྱིས་ བྱུང་བའི་བློ་ཐམས་ཅད་གཞི་དེ་བཞིན་ཉིད་དང་འབྲས་བུ་ཆོས་ཉིད་ཀྱི་སྐུ་ཡིན་པར་ཐལ་བར་ འགྱུར་ཏེ། རྣམ་རྟོག་སྣ་ཚོགས་འབྱུང་བའི་སྒོམ་ཆེན་པ་དེས་རྣམ་རྟོག་དེའི་ངོ་བོ་ལ་ཅེར་གྱིས་ བལྟས་པས་རྣམ་རྟོག་དེའི་ངོས་བཟུང་ཅིར་ཡང་མ་རྙེད་པར། ཅིར་ཡང་འཛིན་མེད་ཀྱི་རྣམ་ པར་མི་རྟོག་པའི་ཏིང་ངེ་འཛིན་ཉམས་སྣང་ཁྱད་པར་ཅན་དང་བཅས་པའི་གསལ་ལ་དྭངས་ བའི་བློ་དེ། གཞི་དེ་བཞིན་ཉིད་དང་འབྲས་བུ་ཆོས་ཉིད་ཀྱི་སྐུ་ཡིན་པར་ཁྱེད་འདོད་ཅིང་དེ་ དང་རྒྱུ་མཚན་མཚུངས་པའི་ཕྱིར་རོ། །འདོད་ན་རྒྱུ་སྐྱེན་གྱིས་བྱས་པའི་འཕགས་པའི་ས་དང་ ལམ་དང་འབྲས་བུ་གཏན་མི་སྲིད་པར་ཐལ་བར་འགྱུར་ཏེ། གལ་ཏེ་འདོད་དེ། ཕྱག་རྒྱ་ཆེན་ པོ་གཅིག་ཆོད་ལ། །ས་ལམ་རྩི་བའི་རྨོངས་པ་འཁྲུལ། །ཞེས་བླ་མ་ཞང་གིས་གསུངས་པ་ལྟར་ ཡིན་ནོ། །ཞེ་ན། མདོ་རྒྱུད་བསྟན་བཅོས་དྲི་མ་མེད་པའི་ལུང་ལ་ཡིད་ཆེས་བྱེད་པར་རིགས་ཀྱི། བླ་མ་ཞང་ལྟ་བུ་གང་ཟག་ཕུན་སུམ་ཚོགས་པ་ཡིན་མཆིས་མོད། དེ་དང་དེའི་རིགས་ཅན་གྱི་ 3-1-207 ལུང་ཚད་མར་བཞག་དཀའ་སྟེ། ཆོས་བཅུ་བའི་མདོར། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །མཁས་པ་རྣམས་ ཀྱིས་ཡོངས་བརྟགས་ནས། །བདག་གསུང་བླང་བྱ་དགེ་སློང་དག །གུས་པའི་ཕྱིར་ནི་མ་ཡིན་ ནོ། །ཞེས་ལུང་དེའི་དོན་ལ་གནོད་པ་མེད་ཅིང༌། །ལུང་དོན་སོ་སྐྱེའི་འཕགས་པའི་ཚད་མས་ གྲུབ་པའི་ལུང་ཞིག་ལུང་ཚད་མར་ཁས་བླངས་བར་བྱའོ། །མ་བརྟགས་པར་གུས་པ་ཙམ་གྱིས་ ལུང་ལ་འཇུག་པར་བྱ་བ་མ་ཡིན་པར་གསུངས་ཏེ། དེ་ལྟར་ཞུགས་ན་ལྟ་སྒོམ་སྤྱོད་འབྲས་ཕྱིན་ ཅི་ལོག་ཏུ་འགྱུར་སྲིད་པའི་ཕྱིར་ཞེས་དགོངས་སོ། །བཀའ་མདོ་རྒྱུད་རྣམ་པར་དག་པ་དུ་མར། ས་ལམ་གྱི་རྣམ་བཞག་མངོན་པར་རྟོགས་པའི་རིམ་པ་དུ་མ་བསྟན་པའང་ཡིད་ཆེས་པར་བྱ་ དགོས་སོ། །ས་སྐྱ་པཎ་ཆེན་གྱི་སྡོམ་གསུམ་རབ་དབྱེར། ཕྱག་རྒྱ་ཆེན་པོ་ཆིག་ཆོད་ལ། །ས་ ལམ་རྩི་བའི་རྨོངས་པ་འཁྲུལ། །དེ་སྐད་ཟེར་བ་བསྟན་པ་ཡིན། །བདུད་ཚིག་ཡིན་པས་རྣ་བ་ དགབ། །ཞེས་གསུངས་པ་ལྟར་དཔྱད་དགོས་སོ། །དེས་ན་ལམ་བགྲོད་པ་མྱུར་བུལ་གྱི་ཁྱད་ མ་གཏོགས། ས་ལམ་རིམ་གྱིས་བགྲོད་དགོས་པ་མདོ་རྒྱུད་མང་པོར་གསུངས་ཤིང༌། འཕགས་ པ་ཀླུ་སྒྲུབ་ཀྱི། དབུ་མ་རིན་ཆེན་ཕྲེང་བ་སོགས་དང༌། ཟླ་གྲགས་སོགས་ཀྱི་དབུ་མ་འཇུག་པ་ ལ་སོགས་དབུ་མའི་བསྟན་བཅོས་མང་བོ་དང༌། བྱམས་ཆོས་ལྔ་ལ་སོགས་པའི་ཆོས་སྡེ་ཉི་ཤུ་ སོགས་དང༌། གསང་འདུས་རིམ་ལྔ། སེམས་འགྲེལ་སྐོར་གསུམ། ལམ་འབྲས་ལ་སོགས་ པའི་མན་ངག་དུ་མར་ས་ལམ་རིམ་གྱིས་བགྲོད་དགོས་པར་བཤད་དོ། ། ཡང་དེ་འདྲའི་གནས་སྐབས་སུ་ཡུལ་ཡུལ་ཅན་གཉིས་མེད་ཟེར་བའང་མི་འཐད་དེ། དེ་ འདྲའི་རྣལ་འབྱོར་དེའི་རྒྱུད་ལ་དེའི་དུས་ན་ཡུལ་ཡུལ་ཅན་གཉིས་སུ་འཛིན་པའི་རྣམ་རྟོག་ མངོན་འགྱུར་བ་མེད་པར་ཟད་ཀྱིས་ཡུལ་ཡུལ་ཅན་གཉིས་མེད་པ་མ་ཡིན་ཏེ། དེའི་ཡུལ་དེ་ བཞིན་ཉིད་ཡིན་པར་ཁྱོད་འདོད་ཅིང༌། རྒྱུད་བླར། ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་ 3-1-208 བ་མེད་པའི་ཆོས་ཉིད་དོ། ། ཞེས་པས། དེ་བཞིན་ཉིད་ནི་སྔར་ནས་ཡོད། །དེ་འདྲའི་གསལ་ ལ་དྭངས་པའི་བློ་དེ་རྣམ་པར་མི་རྟོག་པའི་བསྒོམ་ཏིང་ངེ་འཛིན་ཡིན་པར་ཁྱེད་ཀྱང་འདོད་ ཅིང་དོན་ལའང་དེ་ལྟར་ཡིན་པས་གསར་བྱུང་ཡིན་པའི་ཕྱིར་རོ། །ཡང་དེའི་ཚེ་ཡུལ་ཡུལ་ཅན་ གཉིས་སུ་མེད་ན། ས་བཅུ་ལམ་ལྔའི་གནས་སྐབས་ཐམས་ཅད་དུ་ཡུལ་ཡུལ་ཅན་གཉིས་སུ་ མེད་པར་འགྱུར་རོ། །འདོད་ན་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་རྣམ་དབྱེ་མེད་པར་འགྱུར། སངས་རྒྱས་པའི་མདོར། ཆོས་ལྔས་སངས་རྒྱས་ཀྱིས་བསྡུས་ཏེ། དེ་བཞིན་ཉིད་རྣམ་པར་དག་ པ་དང༌། མེ་ལོང་ལྟ་བུའི་ཡེ་ཤེས་དང༌། ཞེས་སོགས་ཀྱི་རྣམ་དབྱེ་མཛད་པའང་མི་འཐད་པར་ འགྱུར། མངོན་པ་ཀུན་ལས་བཏུས་ཀྱི་འགྲེལ་བར། ཡེ་ཤེས་ཀྱི་ཡུལ་ནི་རྣམ་པ་གཉིས་ཏེ། དེ་ བཞིན་ཉིད་དང༌། ཡང་དག་པའི་ཡེ་ཤེས་སོ་ཞེས་སོགས་ལུང་རིགས་མཐའ་ཡས་པས་གནོད་ དེ། དེས་ན་དེ་སྐད་སྨྲ་བའི་སློབ་དཔོན་དེ་དག་གིས། གཉིས་འཛིན་གྱི་རྣམ་རྟོག་མེད་པ་དང༌། གཉིས་མེད་ཀྱི་ཁྱད་མ་ཕྱེ། ཡུལ་དེ་བཞིན་ཉིད་དང༌། ཡུལ་ཅན་ཡང་དག་པའི་སྒོམ་བྱུང་གི་ ཡེ་ཤེས་རྣལ་འབྱོར་བའི་རྒྱུད་ལ་རིམ་བཞིན་འབྱུང་བར་མདོ་རྒྱུད་བསྟན་བཅོས་དུ་མ་ལས་ བཤད་པ་མ་མཐོང་ཞིང༌། ཅུང་ཟད་མཐོང་ཡང་རང་རིགས་རྒན་པོའི་ཚིག་རྒྱུན་ལ་ཡིད་ཆེས་ བྱེད་ཀྱི། མདོ་རྒྱུད་བསྟན་བཅོས་ཀུན་བཤད་པ་ཚིག་སྐམ་ཙམ་ཡིན་ཟེར་རས་སུ་བོར་རོ། ། བདེན་པ་གཉིས་ལ་བདེན་ལུགས་སྣང་ལུགས་འཁྲུལ་ལུགས་ཀྱི་ཁྱད་མ་ཕྱཻད་རང་བཞིན་ དང་བཅོས་མ། གཉུག་མ་དང་གློ་བུར་བ། མཉམ་བཞག་དང་རྗེས་ཐོབ། ཆོས་ཅན་དང་ཆོས་ ཉིད། རྟོག་པ་དང་རྟོག་མེད། འདུས་བྱས་དང་འདུས་མ་བྱས། རྟག་མི་རྟག རྣམ་ཤེས་དང་ ཡེ་ཤེས། དྲང་དོན་དང་ངེས་དོན་ལ་སོགས་གསུང་རབ་ཀྱི་དོན་ལ་བློ་ཁ་མི་ཕྱོགས་པའི་བླུན་ གཏམ་དུ་ཟད་དོ། །རྣམ་རྟོག་རང་ངོ་ཤེས་པའི་ཆོས་སྐུར་འདོད་པའི་དྲི་བ་གཉིས་བཀག་ནས། གསུམ་པ་དེ་བདེན་མེད་ཀྱི་དེ་བཞིན་ཉིད་ཤེས་པ་ལ་འདོད་ན། ཡིད་ཆེས་པའི་ལུང་ལ་བརྟཻན་ 3-1-209 ནས་རྣམ་རྟོག་བདེན་མེད་ཀྱི་དེ་བཞིན་ཉིད་དོན་སྤྱིའི་ཚུལ་གྱིས་ཤེས་པའི་བློའམ། དེ་འདྲའི་དེ་ བཞིན་ཉིད་མངོན་སུམ་དུ་ཤེས་པའི་ཡེ་ཤེས་ལ་འདོད། དང་བོ་ལྟར་ན་དེ་འདྲའི་བློ་དེ་སངས་ རྒྱས་ཀྱི་ཆོས་ཀྱི་སྐུ་མ་ཡིན་པར་ཐལ་བར་འགྱུར་ཏེ། རྣམ་རྟོག་ཉིད་ཡིན་པའི་ཕྱིར་རོ་ཞེས་ བཤད་ཟིན་ཏོ། །གཉིས་པ་ལྟར་ན་དེ་ལྟར་ཤེས་པའི་འདུས་བྱས་ཀྱི་ཡེ་ཤེས་ཞིག་འདུས་མ་ བྱས་ཀྱི་ཡེ་ཤེས་ཞིག་ཡིན། དང་བོ་ལྟར་ན་དེ་ཡང་ཆོས་ཉིད་ཀྱི་སྐུ་མིན་པར་ཐལ་བར་འགྱུར་ ཏེ། འདུས་བྱས་ཡིན་པའི་ཕྱིར། མདོ་རྒྱན་དུ། རང་བཞིན་དང་ནི་རྒྱུན་མི་འཆད། །རྒྱུན་གྱིས་ དེ་དག་རྟག་པ་ཉིད། །ཅེས་ཆོས་ཉིད་ཀྱི་སྐུ་རང་བཞིན་གྱིས་རྟག་པར་བཤད་དོ། །གང་ལྟར་ ཡང་དོན་དམ་ཆོས་སྐུ་འདུས་བྱས་མིན་པར་བཀའ་བསྟན་བཅོས་དྲི་མ་མེད་པ་དུ་མ་ལས་ བཤད་དོ། །གལ་ཏེ་དེ་འདྲའི་འདུས་བྱས་ཀྱི་ཡེ་ཤེས་དེ་སངས་རྒྱས་ཀྱི་ཆོས་སྐུ་དངོས་ཡིན་ ན། དེ་འདྲའི་སྒོམ་ཆེན་པ་དེ་སངས་རྒྱས་ཐོབ་ཟིན་པར་མཐའ་གཅིག་ཏུ་ཁས་བླངས་དགོས་ སོ། །དེ་ལྟར་ཡིན་ནོ་ཞེ་ན། འོ་ན་སྟོབས་བཅུ་མི་འཇིགས་པ་བཞི། མངོན་ཤེས་དྲུག་སོགས་ཀྱི་ མཐར་ཕྱིན་པར་ཐོབ་པར་འགྱུར་ཞིང་ཤེས་བྱ་ཐམས་ཅད་མངོན་སུམ་དུ་གཟིགས་པར་འགྱུར་ རོ། །དེ་ལྟར་ཡིན་ནོ་ཞེ་ན་ཤིན་ཏུ་ལེགས་ཏེ། མངོན་པའི་ང་རྒྱལ་ལམ་སྟོང་འུད་དུ་མ་གྱུར་ ཅིག དུས་འཁོར་འགྲེལ་ཆེན་དུ། དེའི་ཕྱིར་སྒྲིབ་པ་མེད་པའི་ཆོས་མངོན་སུམ་དུ་བྱས་པར་ གྱུར་ན་རྣལ་འབྱོར་བའི་ཐམས་ཅད་མཁྱེན་པར་འགྱུར་ཏེ་ཞེས་སོ། །གལ་ཏེ་རྟག་པ་གཉིས་པ་ ལྟར་ན། དེ་འདྲ་དེ་དེ་ལྟར་ཤེས་པའི་འདུས་མ་བྱས་ཀྱི་ཡེ་ཤེས་ཡིན་ན། སངས་རྒྱས་ཀྱི་ཆོས་ སྐུ་ཡིན་པར་འགྲུབ་མོད། དེ་འདྲའི་ཡེ་ཤེས་དེ་བསྒོམ་པའི་སྟོབས་ཀྱིས་བྱུང་བའི་ཡེ་ཤེས་མ་ ཡིན་པར་ཐལ་བར་འགྱུར། འདུས་བྱས་ཡིན་པའི་ཕྱིར། འདོད་ན། རབ་དགའ་ལ་སོགས་ པའི་ས་བཅུ་དང༌། ལམ་ལྔའི་མངོན་རྟོགས་ཐམས་ཅད་ཀྱང་བསྒོམ་པའི་སྟོབས་ཀྱིས་སྐྱེ་བ་མ་ ཡིན་པར་འགྱུར་བ་སོགས་ཀྱི་སྐྱོན་གོང་དུ་བརྗོད་ཟིན་ཏོ། །གཞན་ཡང་དེ་འདྲའི་ཡེ་ཤེས་དེ་ 3-1-210 འདུས་བྱས་མ་ཡིན་ན། འདུས་བྱས་ཡིན་པ་གཏན་མི་སྲིད་པར་ཐལ་བར་འགྱུར་ཏེ། རྒྱུ་མཚན་ མཚུངས་པའི་ཕྱིར་རོ། །མདོར་ན་སྣང་བ་ཆོས་སྐུ་ཞེའམ། རྣམ་རྟོག་ཆོས་སྐུ་ཞེས་པའམ། རྣམ་ རྟོག་གི་ངོ་བོ་ཆོས་སྐུ་ཞེས་འདོད་པ་རྣམས་ཕུགས་གནད་གཅིག་པས་གཅིག་ལ་གནོད་བྱེད་ བཀོད་པའི་ལུང་རིགས་རྣམས་གཞན་ལའང་ཅི་རིགས་པར་སྦྱར་རོ། །ཡང་ཁ་ཅིག་སེམས་ ཅན་གྱི་ཕུང་བོ་ལྔ་རྒྱལ་བ་རིགས་ལྔ་ཡིན། ཉོན་མོངས་ལྔ་ཡེ་ཤེས་ལྔ་ཡིན་ཏེ། རྒྱུད་སྡེ་དུ་ མར། གཟུགས་རྣམ་སྣང༌། ཚོར་བ་རིན་འབྱུང༌། ཞེས་སོགས་ལན་དུ་མར་འགྱུར་ཞིང༌། འདོད་ ཆགས་སོ་སོར་རྟོག་པའི་ཡེ་ཤེས་སོགས་མང་དུ་གསུངས་པའི་ཕྱིར་ཞེ་ན། སེམས་ཅན་གྱི་ཕུང་ བོ་ལྔ་དང༌། ཉོན་མོངས་པ་ལྔ་མོས་པ་ཡིད་བྱེད་ཀྱིས་བསྐྱེད་པའི་རིམ་པ་དང༌། དེ་ཁོ་ན་ཉིད་ ཡིད་བྱེད་ཀྱིས་རྫོགས་པའི་རིམ་པའི་རྣལ་འབྱོར་རྣམས་ཀྱིས་རིམ་གྱིས་སྦྱངས་ཤིང་སྤངས་པ་ ལས་རྒྱལ་བ་རིགས་ལྔ་དང༌། ཡེ་ཤེས་ལྔ་མངོན་དུ་འགྱུར་བ་ལ་དགོངས་པས། གསུངས་དེ་ དག་དྲང་དོན་དགོངས་པ་ཅན་ཡིན་གྱི། སྒྲ་ཅི་བཞིན་པའི་ངེས་པའི་དོན་མ་ཡིན་དེ། དགོངས་ གཞི་ཕུང་བོ་ལྔའི་དེ་བཞིན་ཉིད། རྒྱལ་བ་རིགས་ལྔའི་དེ་བཞིན་ཉིད། ཉོན་མོངས་ལྔའི་དེ་ བཞིན་ཉིད་ཡེ་ཤེས་ལྔའི་དེ་བཞིན་ཉིད་ཡིན་པ་ལ་དགོངས་པའམ། སེམས་ཅན་གྱི་ཕུང་བོ་ ལྔ་དང་ཉོན་མོངས་ལྔ་པོ་རིམ་པ་བཞིན། རྒྱལ་བ་རིགས་ལྔ་དང༌། ཡེ་ཤེས་རྣམ་པ་ལྔ་མངོན་ དུ་བྱེད་པའི་སྦྱང་བྱའི་དྲི་མ་ཡིན་པ་ལ་དགོངས། དགོས་པ་ནི་སེམས་ཅན་ཕུང་བོ་ལྔ་དང་ཉོན་ མོངས་ལྔའི་དེ་བཞིན་ཉིད་རྒྱལ་བ་རིགས་ལྔའི་དེ་བཞིན་ཉིད་ཡིན་པས་རང་གི་ངོ་བོ་ལ་གོས་ པའི་དྲི་མ་སྔར་མེད། བསལ་བྱ་མེད་པས་རང་བཞིན་གྱིས་རྣམ་པར་དག་པའི་ཟབ་མོའོ་ཞེས་ རྟོགས་པའི་ཆེད་ཡིན། དངོས་ལ་གནོད་བྱེད་ནི་སེམས་ཅན་འདི་ཐམས་ཅད་ཀྱིས་མི་གནས་ པའི་མྱང་འདས་ཐོབ་ཟིན་པར་ཐལ་བ་དང༌། རྫོགས་པའི་སངས་རྒྱས་ཐོབ་པའི་དོན་དུ་ཚོགས་ གཉིས་བསགས་མི་དགོས་པར་ཐལ་བ་དང༌། སྟོང་ཉིད་སྙིང་རྗེའི་སྙིང་བོ་ཅན་གྱི་བྱང་ཆུབ་ཀྱི་ 3-1-211 སེམས་དང༌། ཚོགས་སྦྱོར་མཐོང་སྒོམ་གྱི་ལམ་དང༌། བྱང་ཕྱོགས་སོ་བདུན་རིམ་གཉིས་ཀྱི་ རྣལ་འབྱོར་སོགས་ལ་ནན་ཏན་བྱ་མི་དགོས་པ་སོགས་སྐྱོན་མཐའ་ཡས་སོ། ། དེའི་ཕྱིར་ངེས་དོན་གྱི་ལུང་རྣམ་དག་དང་ཡང་ཤིན་ཏུ་འགལ་ཏེ། མཚན་བརྗོད་དུ། ཉོན་ མོངས་མ་ལུས་བསལ་བ་དང༌། །མི་ཤེས་མ་ལུས་སྤང་བའི་ཕྱིར། །ཞེས་དང༌། ཉོན་མོངས་ ཉེ་བའི་ཀུན་ཉོན་མོངས། །བག་ཆགས་བཅས་པ་གཏན་སྤངས་པ། །ཞེས་དུ་མ་དང༌། དུས་ འཁོར་བསྡུས་རྒྱུད་དུ། གང་དུ་ངེས་པར་རིགས་ཀྱི་གཟུགས་ནི་མཉམ་པ་ཉིད་དུ་གྱུར་པ་དེ་ནི་ ཆེན་པོའི་གཟུགས་སུ་གསུངས། །གང་དུ་འཁོར་བའི་སྡུག་བསྔལ་མཉམ་པ་ཉིད་དུ་གྱུར་པ་དེ་ ནི་ཚོར་བ་ཆེན་པོར་གསུངས་པ་སྟེ། །གང་དུ་འཁོར་བའི་འདུ་ཤེས་མཉམ་པ་ཉིད་དུ་གྱུར་བ་ དེ་ནི་རྡོ་རྗེའི་འདུ་ཤེས་ཆེན་པོའོ། །གང་དུ་འཁོར་བ་འཕེལ་བ་མཉམ་པ་ཉིད་དུ་གྱུར་བ་དེ་ནི་ རྡོ་རྗེའི་འདུ་བྱེད་ཁོ་ནའོ། །ཞེས་སོགས་དང༌། གཏི་མུག་མཐའ་དག་མཉམ་པ་ཉིད་དུ་གྱུར་བ་ སྤྱན་མ་ཡིན་ཏེ་དེ་ནི་འཛིན་མ་ལའོ། །གང་དུ་ང་རྒྱལ་མཐའ་དག་མཉམ་པ་ཉིད་དུ་གྱུར་བ་མ་ མཱ་ཀི་སྟེ་དེ་ནི་ཆུ་ཉིད་དོ། །གང་དུ་ཆགས་པ་མཐའ་དག་མཉམ་པ་ཉིད་དུ་གྱུར་བ་གོས་དཀར་ མོ་སྟེ་དེ་ནི་མེ་ཉིད་དོ། །གང་དུ་ཕྲག་དོག་མཐའ་དག་མཉམ་པ་ཉིད་དུ་གྱུར་བ་དེ་ནི་སྒྲོལ་མ་ ཡིན་དེ་དེ་ནི་རླུང་ཡང་ངོ༌། །གང་དུ་ཞེ་སྡང་མཐའ་དག་མཉམ་པ་ཉིད་དུ་གྱུར་བ་རྡོ་རྗེ་དབྱིངས་ ཀྱི་དབང་ཕྱུག་མ་སྟེ་མཁའ། །གང་དུ་སེར་སྣ་ཐམས་ཅད་མཉམ་པ་ཉིད་དུ་གྱུར་པ་སྣ་ཚོགས་ ཡུམ་སྟེ་དེ་ནི་འགྱུར་མེད་དོ། །ཞེས་དང༌། འགྲེལ་ཆེན་དུ། འདིར་ཐ་མལ་བའི་ཞེ་སྡང་ཟད་ པའི་ཞེ་སྡང་ཆེན་པོ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སྟོང་པ་ཉིད་རྣམ་པ་ཐམས་ཅད་པ་ སྣ་ཚོགས་ཡུམ་ཞེས་པ་དང༌། དེ་བཞིན་གཏི་མུག་ཟད་པའི་གཏི་མུག་ཆེན་པོ་ལས་སྤྱན་མའོ། ། མཆོག་གི་སྙིང་རྗེ་མ་མཱ་ཀི་ནི་ང་རྒྱལ་ཟད་པའི་ང་རྒྱལ་ཆེན་པོའི་རྒྱུ་ལས་བྱུང་བར་གྱུར་ཏོ། ། ཆགས་པ་ཟད་པའི་ཆགས་པ་ཆེན་པོ་ལས་དེ་ནི་གོས་དཀར་མོའོ། ། ཕྲག་དོག་ཟད་པའི་ཕྲག་ 3-1-212 དོག་ཆེན་པོ་ལས་དེ་ནི་མཐའ་དག་ཡོན་ཏན་གཏེར་སྒྲོལ་མར་བྱུང་བར་གྱུར་ཏོ། །ཞེས་དང༌། ཡང་འདིར་ཀུན་རྫོབ་ཀྱི་ཆོས་འགག་པར་གྱུར་བ་ན་འདུ་བྱེད་གཞན་ལ་སོགས་པ་དེ་རྣམས་ སོ། །དེས་ན་རྣམ་པར་དག་པའི་འདུ་བྱེད་ནི་དོན་ཡོད་གྲུབ་པ་སྟེ་འདུ་བྱེད་ཀྱི་སྒྲིབ་པ་ཟད་ པས་སོ། །ཞེས་ནས་སླར་ཡང་མི་བསྐྱོད་པ་ལ་སོགས་པ་འདི་རྣམས་ནི་རི་བོང་ཅན་ཞེས་པ་ཁུ་ བ་དང༌། སྟོབས་ཞེས་པ་ཤ་དང་ཁྲག་དང་གཅི་བ་དང་བཤང་བ་སྟེ། འདི་རྣམས་རྣམ་པར་དག་ ཅིང་སྒྲིབ་པ་མེད་པས་རྣམ་པར་ཤེས་པ་ལ་སོགས་པའི་ཕུང་བོ་ལྔ་རྣམ་པར་དག་པར་འགྱུར་ རོ་ཞེས་དང༌། དེ་བཞིན་དུ་ཉོན་མོངས་པ་བཞི་ཟད་པས་ཞབས་གཡོན་པའི་འོག་ཏུ་དྲག་པོ་ དག་པའོ། །བདུད་ཀྱི་ཚོགས་ཟད་པས་ཞབས་གཡས་པས་འོག་ཏུ་བདུད་དག་པའོ། །ལུས་གྱི་ སྒྲིབ་པ་ཟད་པས་དུང་དག་པའོ། །ངག་གི་སྒྲུབ་པ་ཟད་པས་གཎྜི་དག་པའོ། །སེམས་ཀྱི་སྒྲིབ་ པ་ཟད་པས་ནོར་བུ་དག་པའོ། །ཡེ་ཤེས་ཀྱི་སྒྲིབ་པ་ཟད་པས་དཔག་བསམ་གྱི་ཤིང་དག་པ་སྟེ་ སྐུའི་རྡོ་རྗེ་ལ་སོགས་ཀྱིས་སོགས་ཞེས་དང༌། ཡན་ལག་བཅུ་གཉིས་ཀྱི་བདག་ཉིད་ནི་རྒྱུ་དང་ འབྲས་བུ་སའི་བདག་ཉིད་དེ། དེ་ལ་ལྔ་ནི་རྒྱུའི་ཆོས་སོ། །བདུན་ནི་འབྲས་བུའི་ཆོས་སོ། །རྒྱུའི་ ཆོས་ནི། ཉོན་མོངས་པ་དང༌། ལས་ཀྱི་བདག་ཉིད་དོ། །འབྲས་བུའི་ཆོས་ནི་སྡུག་བསྔལ་གྱི་ བདག་ཉིད་དེ། འཇིག་རྟེན་ཁམས་ཀྱི་ལེའུར་གསུངས་སོ། །རྒྱུ་དང་འབྲས་བུ་ཆོས་དེ་རྣམས་ ཀྱི་དག་པ་ནི། དུས་ཀྱི་དག་པ་སྟེ་རྒྱུ་དང་འབྲས་བུ་འགགས་པའི་དག་པའི་རྡོ་རྗེ་ཅན་ཏེ། དལ་ གྱི་དབང་བོ་དུས་ཀྱི་འཁོར་ལོ་རྣམ་པར་དག་པའོ། །ཞེས་སོགས་དང༌། འདིར་རྨོངས་པ་རྣམས་ ཀྱིས་སེམས་ཅན་རྣམས་ཀྱིས་ལུས་ནི་སངས་རྒྱས་ཀྱི་སྤྲུལ་བའི་སྐུའོ་ཞེས་བརྗོད་པར་བྱ་བ་ གང་ཡིན་པ། གང་ཞིག་ཡོངས་སུ་བརྟགས་ན་མི་འགྲིགས་པ་འདི་ནི་དེ་བཞིན་གཤེགས་པའི་ གསུང་མ་ཡིན་ནོ། །གལ་ཏེ་དོན་དམ་པའི་བདེན་པར་སེམས་ཅན་རྣམས་ཀྱི་ལུས་སངས་རྒྱས་ ཀྱི་སྤྲུལ་པའི་སྐུ་ཡིན་ན་དེའི་ཚེ་ཁམས་གསུམ་ན་གནས་པའི་སེམས་ཅན་ཐམས་ཅད་སྔོན་དུ་ 3-1-213 ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྲུབ་པར་འགྱུར་ཏེ། སྔོན་དུ་རྫོགས་པའི་སངས་ རྒྱས་ཉིད་ཡིན་པའི་ཕྱིར། སངས་རྒྱས་ཉིད་ཀྱི་སླད་དུ་ཐོས་པ་དང་བསམ་པ་དང་སྒོམ་པ་དང་ སྦྱིན་པ་ལ་སོགས་པའི་བྱ་བ་དོན་མེད་པར་འགྱུར་རོ། །སེམས་ཅན་ཐམས་ཅད་ལ་ (ལས་ཉོན་ གྱི་དབང་གིས། )སྐྱེ་བ་དང་འགག་པ་ (སྟེ་འཆི་བ། )མེད་པར་འགྱུར་རོ། །འཁོར་བ་བདེ་བ་དང་སྡུག་ བསྔལ་བཀྲེས་པ་དང་སྐོམ་པ་ལ་སོགས་པའི་གནོད་པ་མེད་པར་འགྱུར་རོ། །མངོན་པར་ཤེས་ པ་དྲུག་ལ་སོགས་པ་སངས་རྒྱས་ཀྱི་ཡོན་ཏན་གྱི་འབྱོར་བ་རྣམས་དང་ལྡན་པར་འགྱུར་རོ། ། འདི་ནི་མཐོང་བ་དང་ཐོས་པ་དང་རྗེས་སུ་དཔག་པ་དང་དེ་བཞིན་གཤེགས་པ་ལུང་བསྟན་ པ་ཡང་མེད་དོ། །དེའི་ཕྱིར་སེམས་ཅན་རྣམས་ནི་སངས་རྒྱས་སུ་མི་འགྱུར་ཏེ། སངས་རྒྱས་ཀྱི་ ཡོན་ཏན་མེད་པའི་ཕྱིར་དང༌། འཁོར་བར་རྣམ་པར་གནས་པ་ཉིད་ཀྱི་ཕྱིར་རོ། །ཞེས་སོགས་ དུ་མ་དང༌། འཕགས་པ་ཀླུ་སྒྲུབ་ཀྱི་ཆོས་དབྱིངས་བསྟོད་པར། འདོད་ཆགས་ཟད་པས་མྱ་ངན་ འདས། །ཞེ་སྡང་གཏི་མུག་ཟད་པ་དང༌། །དེ་དག་འགགས་པས་སངས་རྒྱས་ཉིད། །ལུས་ཅན་ ཀུན་གྱི་སྐྱབས་ཉིད་དོ། །ཞེས་སོགས་མཐའ་ཡས་པ་གསུངས་སོ། ། གལ་ཏེ་བསྒོམ་པའི་སྟོབས་ཀྱིས་ཕུང་བོ་ལྔ་རིགས་ལྔར་འགྱུར་ཏེ། དང་བོར་མངོན་བྱང་ ལྔ་ལ་སོགས་པའི་སྒོ་ནས་ལྷའི་སྐུ་ཡོངས་སུ་རྫོགས་པར་བསྒོམས་ཤིང༌། དེ་ཉིད་ཤིན་ཏུ་ གོམས་པར་བྱས་པའི་དབང་གིས་སྒོམ་པ་པོའི་ལུས་འདི་ཉིད་རྣམ་སྣང་ལ་སོགས་པའི་སྐུར་ འགྱུར་ཏེ། གསེར་འགྱུར་གྱི་རྩིས་ལྕགས་གསེར་དུ་བྱེད་པ་བཞིན་ཞེས་པ་རྡོ་རྗེ་ཐེག་པའི་ དགོངས་པ་ཡིན་ཞིང༌། སྤྱོད་འཇུག་ལས་ཀྱང༌། གསེར་འགྱུར་རྩིའི་རྣམ་པ་མཆོག་ལྟ་བུ། །མི་ གཙང་ལུས་འདི་བླངས་ནས་རྒྱལ་བའི་སྐུ། །རིན་ཆེན་རིན་ཐང་མེད་པར་བསྒྱུར་བས་ན། ། ཞེས་པ་ལྟར་རོ། །ཞེ་ན། འོ་ན་མངོན་བྱང་ལྔ་ལ་སོགས་པའི་སྒོ་ནས་དཀྱིལ་འཁོར་གྱི་འཁོར་ ལོ་བསྒོམ་པའི་བསྐྱེད་རིམ་རྣམ་པར་རྟོག་པའི་བསྒོམ་པ་ཙམ་ཉིད་ཀྱིས་རྫོགས་པའི་སངས་ 3-1-214 རྒྱས་ཐོབ་པར་འགྱུར་བ་ལས། དེ་ལྟར་ཡང་མ་ཡིན་ཏེ། དཀྱིལ་འཁོར་གྱི་འཁོར་ལོ་བསྒོམས་ པའི་བསྐྱེད་རིམ་རྣམ་པར་རྟོག་པའི་བསྒོམ་པ་གོམས་པ་ཙམ་ནི་བསོད་ནམས་ཀྱི་ཚོགས་ཡིན་ གྱི་ཡེ་ཤེས་ཀྱི་ཚོགས་མ་ཡིན་པས་འཇིག་རྟེན་པའི་དངོས་གྲུབ་ཀྱི་རྒྱུ་ཙམ་ཡིན་གྱི། དེ་ཙམ་ ལས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་མི་ཐོབ་ཅིང་མཆོག་གི་དངོས་གྲུབ་འཐོབ་པ་ལ་ཡེ་ཤེས་ ཀྱི་ཚོགས་རྫོགས་རིམ་ཟབ་མོ་དགོས་སོ། །ཞེས་དུས་འཁོར་བསྡུས་རྒྱུད་དུ། ལྷའི་དམིགས་ པ་གང་ཡིན་མངོན་སུམ་དང་ནི་རྗེས་སུ་དཔག་པ་རྣམ་པ་གཉིས་སུ་འགྱུར་བ་སྟེ། ། ཞེས་དང༌། མངོན་སུམ་མིན་ན་རྗེས་སུ་དཔག་པའི་ཤི་པའི་ལུས་བཞིན་དེ་བཞིན་མིན་པ་ཡིས་ནི་བརྟག་ པ་གང༌། །ཞེས་སོགས་ཏེ། འདིར་རྗེས་སུ་དཔག་པའི་བསྒོམ་པ་ཞེས་བསྐྱེད་རིམ་རྟོག་བསྒོམ་ ལ་བཤད་དོ། །འགྲེལ་ཆེན་དུ། མངོན་པར་དབང་བསྐུར་བ་སྔོན་དུ་འགྲོ་བ་ནི་བསོད་ནམས་ ཀྱི་ཚོགས་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་གོམས་པས་འོག་མིན་གྱི་སྲིད་པའི་མཐར་ ཐུག་པ་འཇིག་རྟེན་པའི་དངོས་གྲུབ་བསྒྲུབ་པའོ། །ཞེས་དང༌། གཟུགས་ལ་སོགས་པར་རྟོག་ པ་དཀྱིལ་འཁོར་གྱི། །འཁོར་ལོ་བསྒོམ་པ་གོམས་པར་གྱུར་བས་ནི། །གྲུབ་པ་འཇིག་རྟེན་ པ་རྣམས་འགྲུབ་འགྱུར་གྱི། །འདོད་པའི་དངོས་གྲུབ་ཆེན་པོ་ག་ལ་ཞིག །ཅེས་དང༌། བསྐྱེད་ པའི་རིམ་པར་གསུངས་པའི་ཧཱུཾ་དང་ནི། །ཕཊ་ཡིག་ལ་སོགས་རྟོག་པ་དང་བྲལ་བ། །རྫོགས་ པའི་རིམ་པའི་རྣལ་འབྱོར་དེ་ཉིད་དེ། །དེ་ཉིད་ཀྱི་ནི་སྒྲུབ་ཐབས་གཞན་ཡོད་མིན། །ཞེས་དང༌། ཨ་ལི་ཀཱ་ལི་སྙོམས་འཇུག་དང༌། །ཧཱུཾ་ཕཊ་ཡི་གེ་སོགས་སྤངས་ཀྱང། །འགྱུར་བ་མེད་ལས་ འཁྲུངས་པའི་སྐུ། །དུས་ཀྱི་འཁོར་ལོ་དེ་ལ་འདུད། །ཅེས་དང༌། དཔའ་བོའི་རིམ་པ་བདག་བྱིན་ རླབས་པ་ཡི། །རིམ་པ་དག་ཅིང་ཐར་བའི་ལམ་མ་ཡིན། །ཤིན་ཏུ་རྣམ་དག་རིམ་པ་གཅིག་པུ་ ནི། །ཐར་བའི་དོན་དུ་སངས་རྒྱས་རྣམས་ཀྱིས་གསུངས། །ཞེས་དང༌། འོན་ཏེ་བསྒོམ་པ་གོམས་ པའི་དབང་གིས་ཕུང་བོ་དང་ཁམས་སྐྱེ་མཆེད་མང་བོ་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པར་ 3-1-215 (འདིར་རྣམ་པ་ཞེས་པ་ནི་ངོ་བོའམ་དངོས་པོ་ཉིད་ལ་ཟེར། )འགྱུར་ཏེ། དེ་ཉིད་ཀྱིས་ན་སངས་རྒྱས་ཉིད་དུ་ཡང་ དེ་བཞིན་གཤེགས་པས་གསུངས་པ་མ་ཡིན་ནམ། ཞེས་པ་འགའ་ཞིག་གི་བསམ་པ་འབྱུང་ བར་འགྱུར་ཏེ། དེའི་ཕྱིར་བརྗོད་པར་བྱའོ། །འདིར་བྱིས་པའི་སྐྱེ་བོ་རྣམས་ཀྱིས་བརྗོད་པར་བྱ་ བ་གང་ཡིན་པ་གོམས་པའི་དབང་གིས་ཕུང་བོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་དཀྱིལ་ འཁོར་གྱི་འཁོར་ལོའི་རྣམ་པར་ (ཏེ་དངོས་པོར)འགྱུར་ལ། དེ་ཉིད་ཀྱིས་ན་སངས་རྒྱས་ཉིད་དུ་ ཡང་དེ་བས་གསུངས་པ་དེ་ནི་མ་ཡིན་ཏེ། གང་གི་ཕྱིར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ མེད་པའི་ཕྱིར་རོ། །འདིར་གལ་ཏེ་རྣལ་འབྱོར་བ་རྣམས་ཀྱིས་བསོད་ནམས་དང་ཡེ་ཤེས་ཀྱི་ ཚོགས་མ་གཏོགས་པར་བསྒོམ་པ་གོམས་པའི་དབང་གིས། ཕུང་བོ་དང་ཁམས་དང་སྐྱེ་མཆེད་ ལ་སོགས་པ་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པར་འགྱུར་ཞིང་རྣམ་པར་རྟོག་པའི་བསྒོམ་ པའི་དབང་གིས་སངས་རྒྱས་ཉིད་དུ་ཡང་འགྱུར་ན། དེའི་ཚེ་བསོད་ནམས་དམན་པ་གཞན་ ཞིག་ང་ནི་རྒྱལ་བོ་ཞེས་སེམས་པར་བྱེད་པ་དེ་ཡང་གོམས་པ་ལས་བསོད་ནམས་ཀྱི་ཚོགས་ མ་གཏོགས་པར་རྒྱལ་བོར་འགྱུར་ཏེ། འདི་ནི་མཐོང་བ་ཡང་མེད་དོ། །ཇི་ལྟར་ལོག་པའི་རྣམ་ པར་རྟོག་པས་བསོད་ནམས་ཀྱི་ཚོགས་དང་བྲལ་བ་རྣམ་པར་རྟོག་པའི་རང་བཞིན་བསྒོམ་པ་ གོམས་པའི་དབང་གིས། རྒྱལ་བོར་མི་འགྱུར་བ་དེ་བཞིན་དུ་བསོད་ནམས་དང་ཡེ་ཤེས་ཀྱིས་ དམན་པའི་རྣལ་འབྱོར་བ་རྣམ་པར་རྟོག་པ་གོམས་པའི་དབང་གིས། བསྐལ་བ་དུ་མ་རྣམས་ ཀྱིས་ཀྱང་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་མི་འགྱུར་ཏེ། བསོད་ནམས་དང་ཡེ་ཤེས་ མེད་པའི་ཕྱིར་རོ། །ཞེས་སོགས་དང༌། དེ་ཕྱིར་རུལ་བའི་ལུས་འདི་ནི་ལྷའི་སྐུར་བརྗོད་པར་ མི་ནུས་ཏེ། སྙིང་བོ་མེད་པ་ཉིད་ཀྱི་ཕྱིར་རོ་ཞེས་སོགས་མང་ངོ༌། །དེ་ལྟ་ནའང་སེམས་ཅན་ རྣམས་ནི་བཅོམ་ལྡན་འདས་ཀྱིས་གསུངས་པ། ཟབ་ཅིང་རྒྱ་ཆེ་བའི་ཆོས་ཡོངས་སུ་བརྟགས་ ནས་ཡོངས་སུ་མི་འཛིན་ཅིང་སངས་རྒྱས་ཉིད་ཀྱི་སླད་དུ་བླ་མ་ཡང་ཡོངས་སུ་བརྟགས་ནས་ 3-1-216 མི་བསྟེན་ཏེ། རྨོངས་པ་ཆེན་པོ་ཆགས་པས་ཟིལ་གྱིས་མནན་པར་གྱུར་བ་སྐྱེ་བ་འདི་ཉིད་ལ་ བདག་ཅག་རྣམས་ཀྱི་རུལ་བའི་ལུས་སངས་རྒྱས་ཀྱི་སྐུར་འགྱུར་རོ། །ཞེས་པའི་བསམ་པ་ བརྐམ་ཆགས་ཅན་རྣམས་ཞེས་སོགས་མང་ངོ༌། ། གཞན་ཡང་བསྐྱེད་རིམ་རྣམ་རྟོག་གི་བསྒོམ་པ་གོམས་པ་ཙམ་གྱིས་ཅིག་ཆར་དཀྱིལ་ འཁོར་གྱི་འཁོར་ལོ་རྫོགས་པར་སྣང་བ་ཡང་མེད་ཅིང༌། འཇིག་རྟེན་པའི་དངོས་གྲུབ་ཉི་ཚེ་བ་ ཙམ་གྱི་རྒྱུ་ཡིན་ཞེས་གསུངས་ཏེ། གཞན་ཡང་རྣམ་པར་རྟོག་པའི་སེམས་ལ་དཀྱིལ་འཁོར་གྱི་ འཁོར་ལོ་གནས་པ་མེད་དེ་གང་གི་ཕྱིར། སྐྱེ་བ་དང་འགག་པའི་ཆོས་ཉིད་ཀྱི་ཕྱིར་རོ། །འདིར་ སྐད་ཅིག་གང་ལ་རྣལ་འབྱོར་བས་གཙོ་པོ་བསྒོམ་པར་བྱེད་པའི་སྐད་ཅིག་དེ་ལ་ཤར་ལ་ སོགས་པའི་ལྷ་རྣམས་མེད་ཅིང༌། སྐད་ཅིག་གང་ལ་ཤར་གྱི་ལྷ་བསྒོམ་པར་བྱེད་པའི་སྐད་ཅིག་ དེ་ལ་གཙོ་བོ་ལ་སོགས་པ་མེད་དེ། དེ་ལྟར་རིམ་པས་ལྷ་རྣམས་ཐམས་ཅད་མེད་དོ། །གང་གི་ ཚེ་སྔོན་པོའི་ཞལ་བསྒོམ་པར་བྱེད་པ་དེའི་ཚེ་དམར་བོ་ལ་སོགས་པའི་ཞལ་རྣམས་མེད་ཅིང༌། གང་གི་ཚེ་དམར་བོའི་ཞལ་བསྒོམ་པར་བྱེད་པ་དེའི་ཚེ་སྔོན་པོ་ལ་སོགས་པ་རྣམས་མེད་དོ། ། དེ་ལྟར་རིམ་པས་ཞལ་ཐམས་ཅད་མེད་དོ། །གང་གི་དུས་ན་རྡོ་རྗེའི་མཚན་མ་བསྒོམ་པར་ བྱེད་པ་དེའི་དུས་ན་རལ་གྲི་ལ་སོགས་པའི་མཚན་མ་རྣམས་མེད་ཅིང༌། གང་གི་ཚེ་རལ་གྲིའི་ མཚན་མ་བསྒོམ་པར་བྱེད་པ་དེའི་ཚེ་རྡོ་རྗེ་ལ་སོགས་པའི་མཚན་{མ}རྣམས་མེད་དོ། །དེ་ ལྟར་རིམ་པས་མཚན་མ་ཐམས་ཅད་མེད་པར་འགྱུར་བའི་ཕྱིར་ཅི་ལྟར་ཡོད། བུམ་པའི་ཤེས་ པ་འགགས་པར་གྱུར་བ་ན་རྣམ་བུའི་ཤེས་པ་སྐྱེ་བར་འགྱུར་བ་ཇི་ལྟ་བ་དེ་བཞིན་དུ། དཀྱིལ་ འཁོར་གྱི་གཙོ་བོའི་ཤེས་པ་འགགས་པ་ན་ཤར་གྱི་ལྷའི་ཤེས་པ་སྐྱེ་བར་འགྱུར་ན། དེ་ལྟར་ སྐྱེས་པ་རྣམས་ནི་སྐྱེས་པ་འགགས་པའི་ཕྱིར་མེད་ཅིང༌། མ་སྐྱེས་པ་རྣམས་ནི་མ་སྐྱེས་པའི་ ཕྱིར་མེད་དེ། སྐྱེས་པ་དང་མ་སྐྱེས་པ་དག་མེད་པའི་ཕྱིར་ཐམས་ཅད་མེད་དོ། །དེའི་ཕྱིར་རྣལ་ 3-1-217 འབྱོར་བས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་དོན་དུ་རྣམ་པར་རྟོག་པའི་བསྒོམ་པ་མི་བྱའོ། ། ཞེས་དེ། འདི་དག་གིས་རྣམ་རྟོག་ཆོས་སྐུ་ཡིན་པ་དང་རྣམ་རྟོག་བསྒོམ་ལྷག་མཐོང་གི་གསལ་ ཆ་ཡིན་པ་དང༌། རྣམ་རྟོག་གི་སྣང་བ་ཆོས་སྐུ་ཡིན་པ་ལ་སོགས་པའི་ངན་རྟོག་རྣམས་ཀྱང་རྨེག་ མེད་པར་བྱས་སོ། ། འོ་ན་རྫོགས་པའི་བྱང་ཆུབ་ཀྱི་ལམ་གཏན་ལ་འབེབ་པར་བསྐྱེད་རིམ་གསུངས་པ་དོན་ མེད་དོ་ཞེ་ན། རྣལ་འབྱོར་བ་འགའ་ཞིག་མི་གཙང་བའི་ལུས་ཀྱིས་དྲེགས་ཤིང་ང་རྒྱལ། ཕུང་ བོ་བདག་མེད་ཡིན་པ་ལ་བདག་གམ་བདག་གི་ལ་སོགས་པར་ཆགས་ཤིང་འཛིན་པའི་ངན་ རྟོགས་རྣམས་སྤངས་བའི་དོན་དུ། མངོན་བྱང་ལྔ་ལ་སོགས་པའི་སྒོ་ནས་ལྷའི་སྐུ་རྫོགས་པར་ བསྐྱེད་པའི་བསྐྱེད་རིམ་དཀྱིལ་འཁོར་གྱི་འཁོར་ལོ་ཁྱད་པར་ཅན་གྱི་ལྷ་བསྒོམ་པ་དང་སྔགས་ བཟླས་པ་ལ་སོགས་པ། ཐབས་ཁྱད་པར་ཅན་གྱིས་སྒོ་གསུམ་གྱི་དྲི་མ་ཅི་རིགས་པ་སྦྱོང་ཞིང་ དེའི་ངང་ནས་མི་འགྱུར་བའི་བདེ་བ་ལམ་དུ་བྱེད་པའི་རྣལ་འབྱོར་དང༌། སྦྲོས་མེད་ཀྱི་རྫོགས་ རིམ་སྒོམ་པས་འཚང་རྒྱ་བའི་ཕྱིར། དཀྱིལ་འཁོར་གྱི་འཁོར་ལོ་ཁྱད་པར་ཅན་བསྒོམ་པའི་ བསྐྱེད་རིམ་ཡང་རྫོགས་པའི་བྱང་ཆུབ་ཀྱི་ལམ་ཙམ་དུ་འགྱུར་དེ། འགྲེལ་ཆེན་དུ། འདིར་ སེམས་ཅན་ཐམས་ཅད་ཤི་བའི་མཐར་ཤི་བའི་མཐའི་ཕུང་བོ་རྣམས་སྟོང་པ་ཉིད་དུ་འགྱུར་ བ་ཇི་ལྟ་བ་དེ་བཞིན་དུ། རྣལ་འབྱོར་བ་རྣམས་ཀྱིས་མིའི་ཕུང་བོའི་ང་རྒྱལ་ཡོངས་སུ་སྤང་ བའི་དོན་དང༌། ལྷའི་ཕུང་བོ་ཡོངས་སུ་རྫོགས་པར་བྱ་བའི་དོན་དུ་ཞེས་པ་ནས། འདིར་ཉེ་ བར་བསྐྱེད་པའི་ཆ་ཤས་ཅན་གྱི་ཕུང་བོ་ལྔས། མངལ་དུ་བྱིས་པའི་ལུས་རྫོགས་པ་ཇི་ལྟ་བ་དེ་ བཞིན་དུ། དཀྱིལ་འཁོར་ལ་མེ་ལོང་ལྟ་བུ་ལ་སོགས་པ་རྣམ་པ་ལྔས་ལྷའི་སྐུ་ཡོངས་སུ་རྫོགས་ པའོ། །ཞེས་དང༌། ཀླུ་སྒྲུབ་ཀྱིས། བསྐྱེད་པའི་རིམ་ལ་ལེགས་གནས་ནས། །རྫོགས་པའི་རིམ་ པ་འདོད་རྣམས་ལ། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་གདངས་བུ་ལྟ་བུར་ 3-1-218 གསུངས། །ཞེས་དང༌། རྡོ་རྗེ་གུར་ལས། ཐ་མལ་རྣམ་རྟོག་གཞོམ་པའི་ཕྱིར། །བསྒོམ་པ་ཡང་ དག་རབ་ཏུ་བསྒྲགས། །ཞེས་དང༌། རྡོ་རྗེ་སྙིང་འགྲེལ་ལས། རྣམ་རྟོག་རྒྱ་རུ་ཆུད་པ་ཡི། །འགྲོ་ བ་གསུམ་པོ་རྣམ་གཟིགས་ནས། །ཇི་ལྟ་ཇི་ལྟར་གྲོལ་གྱུར་བའི། །དེ་དང་དེ་ཡི་ཐབས་བསྟན་ ཏོ། །རྣམ་རྟོག་བག་ཆགས་ཀྱིས་བཅིངས་ལ། །ཐོག་མར་རྟོག་པའི་ཆོ་ག་བསྟན། །རྣམ་རྟོག་ རང་བཞིན་ཤེས་པ་་་་ན། །མི་རྟོག་པ་ལ་འཇུག་པར་བྱ། །ཞེས་སོ། །གལ་ཏེ་དེ་འདྲའི་བསྐྱེད་ རིམ་ལྷའི་སྐུར་བསྒོམ་པ་གོམས་པས་གསེར་འགྱུར་གྱི་རྩིའི་སྟོབས་ཀྱིས་ལྕགས་གསེར་དུ་ གྱུར་{པ}བཞིན་དུ། ཐ་མལ་གྱི་ལུས་འདི་ཉིད་རྣམ་སྣང་ལ་སོགས་པའི་ལྷའི་སྐུར་གྱུར་བས་ ལྷ་ཁྱད་པར་ཅན་བསྐྱེད་རིམ་བསྒོམ་པ་ཡང་འཚང་རྒྱ་བའི་ལམ་དུ་འདོད་པ་ཡིན་ནོ། །ཞེ་ ན། འབྱུང་བའི་ལུས་མི་གཙང་བའི་རྫས་སུམ་ཅུ་རྩ་དྲུག་ཅན་དུ་མདོ་ལས་གསུངས་པ་ལྟར་ གྱི་ཁམས་དྲུག་ལྡན་པའི་ལུས་ཅན་གྱི་རྣལ་འབྱོར་བ་འགའ་ཞིག་ཚེ་གཅིག་ལུས་གཅིག་གིས་ སངས་རྒྱས་ཐོབ་པའི་དབང་དུ་བྱས་ན། གོང་དུ་སྨོས་པ་ལྟར་མི་གཙང་བའི་ཕུང་བོའི་ང་རྒྱལ་ གཞོམ་པ་དང༌། རྣམ་སྣང་ལ་སོགས་པ་ལྷའི་ཕུང་བོ་རྫོགས་པའི་དོན་དུ་དཀྱིལ་འཁོར་གྱི་ འཁོར་ལོ་ཁྱད་པར་ཅན་གྱི་བསྐྱེད་རིམ་དང་བསྒོམ་པ་གོམས་པར་བྱས་པས་མི་གཙང་བའི་ ཕུང་བོས་ང་རྒྱལ་ཞིང་ཆགས་པའི་ངན་རྟོག་ཅི་རིགས་པ་འགོག དེ་འདྲའི་བསྐྱེད་རིམ་ལ་ གནས་ནས་བསྐྱེད་རིམ་གྱི་ཡན་ལག་ཏུ་འགའ་ཞིག་བཞེད་པའི་ཕྲ་མོ་དང་ཐིག་ལེའི་རྣལ་ འབྱོར་བསྒོམ་ཞིང༌། གཙོ་བོར་རྫོགས་རིམ་ཤིན་ཏུ་སྤྲོས་མེད་ཀྱི་རྣལ་འབྱོར་བསྒོམ་པ་མཐར་ ཐུག་པར་བྱས་པས། མི་གཙང་བའི་ལུས་ཤིན་ཏུ་ལྕི་ཞིང་རྣག་ཁྲག་ཤ་ཁྲག་ཤ་རུས་བརྡོས་ བཅས་མ་དག་པའི་འཆི་རྫས་རྣམས་འགགས། རིམ་གཉིས་ཀྱི་རྣལ་འབྱོར་ཁྱད་པར་ཅན་ བསྒོམས་པའི་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཉིད་ཀྱི་སྟོབས་ཀྱིས་ཡང་ཞིང་དྭངས་ལ་ ཐོགས་པ་མེད་ཅིང༌། ལུས་ཤིན་ཏུ་སྦྱངས་བའི་བདེ་བ་དང་ལྡན་པའི་ལུས་ཁྱད་པར་ཅན་ཞིག་ 3-1-219 གྲུབ་ཅིང་ཕྱིའི་དབྱིབས་སམ་ཤ་ཚུགས་སྔར་ཀྱི་ལུས་དེ་ལྟ་བུར་མངོན་པའི་སངས་རྒྱས་ཞིག་ གི། དེ་ལྟའི་རིམ་གཉིས་ཀྱི་རྣལ་འབྱོར་ཤིན་ཏུ་བསྒོམ་སྟོབས་ཀྱིས་རིམ་གྱིས་མ་དག་པའི་ རྣམ་རྟོག་འགག་ཅིང་མཐར་མ་དག་པའི་རྣམ་རྟོག་ཐམས་ཅད་ཟད་པར་འགྱུར་ལ། མི་གཙང་ བའི་ལུས་འདི་ཡང་མ་དག་པའི་སེམས་ཀྱི་སྣང་བ་ཙམ་ཡིན་གྱི་དེ་ལས་མ་རྟོགས་པའི་དེ་ཁོ་ ན་ཉིད་ཀྱི་ཕྱིའི་དོན་བདེན་པར་གྲུབ་པ་མེད་པས་མཐར་སྔགས་ཀྱི་རྣལ་འབྱོར་བ་དེའི་མ་དག་ པའི་ལུས་སེམས་ཐམས་ཅད་འགགས་ནས་འོག་མིན་དུ་ལོང་སྤྱོད་རྫོགས་པའི་སྐུ་རུ་སངས་ རྒྱས་པ་སྟེ། དེ་ཙམ་ལ་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་འཐོབ་པ་ཞེས་བཞེད་པར་མངོན་ གྱི། མི་གཙང་བའི་ལུས་ཀྱི་རྫས་མ་སྤངས་བཞིན་དུ་ལུས་འདི་ཉིད་རྣམ་སྣང་ལ་སོགས་པའི་ སྐུར་དངོས་སུ་འགྱུར་མི་སྲིད་ཅིང༌། སྤྱོད་འཇུག་གི་ལུང་དོན་ཡང༌། སྟོང་ཉིད་སྙིང་རྗེའི་སྙིང་ བོ་ཅན་གྱི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དེ་རྒྱུད་ལ་མ་སྐྱེས་ན། འཁོར་བར་མི་གཙང་བའི་ ལུས་བརྒྱུད་མར་ལེན་ཅིང་སྡུག་བསྔལ་རྒྱུན་མི་འཆད་ལ། སེམས་རིན་པོ་ཆེ་དེ་རྒྱུད་ལ་ལན་ ཅིག་ཙམ་སྐྱེས་ནའང༌། འཁོར་བ་ལས་མྱུར་པོར་ཐར་བར་འགྱུར་ན་རྒྱུན་དུ་གོམས་པར་བྱེད་ ན་ལྟ་ཅི་སྨོས་དེས་ན་མི་གཙང་བའི་ལུས་འདིའི་རྟེན་ལ་དེ་འདྲའི་སེམས་རིན་པོ་ཆེ་འདི་བསྐྱེད་ ཅིང་གོམས་པར་བྱས་ན། དགོས་འདོད་འབྱུང་བའི་སངས་རྒྱས་ཀྱི་སྐུ་ཐོབ་པ་ལ་དགོངས་ཀྱི། སེམས་འདི་སྐྱེས་མ་ཐག་ནས་མི་གཙང་བའི་ལུས་འདི་སངས་རྒྱས་ཀྱི་སྐུར་དངོས་སུ་གྱུར་བར་ དགོངས་པ་མིན་ནོ། །གསེར་འགྱུར་རྩིས་ལྕགས་གསེར་དུ་བསྒྱུར་ནས་ད་ལྕགས་སུ་གཏན་མི་ འདོགས་པའི་དབང་དུ་བྱས་ན། གསེར་འགྱུར་རྩིའི་རྟེན་འབྲེལ་གྱི་ཆོས་ཉིད་ཀྱིས་ལྕགས་ཀྱི་ རྫས་ཀྱི་གནས་སྐབས་འགགས་ནས། གསེར་གྱི་རྫས་ཀྱི་གནས་སྐབས་སྐྱེས་པ་ཡིན་གྱི། དེ་ མ་འགགས་བཞིན་དུ་དེར་གྱུར་བ་མ་ཡིན་ནོ། །གལ་ཏེ་བསྐྱེད་རིམ་བསྒོམ་པས་མི་གཙང་བའི་ ལུས་འདི་ཉིད་ཀ་སངས་རྒྱས་ཀྱི་སྐུར་འགྱུར་བ་དང༌། རྣམ་རྟོག་ཆོས་སྐུ་དང༌། སྣང་བ་ཆོས་ 3-1-220 སྐུར་འདོད་པ་དང༌། ལྕགས་ཀྱི་རྫས་ཀྱི་གནས་སྐབས་མ་འགག་བཞིན་དུ། གསེར་འགྱུར་གྱི་ རྩིའི་སྟོབས་ཀྱིས་ལྕགས་གསེར་དུ་གྱུར་བར་འདོད་པ་རྣམས་ཀྱིས་ནི། ཡུམ་གྱི་མདོར། འཇིག་ ཅིང་རབ་ཏུ་འཇིག་པས་འཇིག་རྟེན་ཞེས་བྱའོ། །ཞེས་སོགས་དང༌། མདོ་གཞན་ལས་འདུ་ བྱེད་ཐམས་ཅད་སྐད་ཅིག་མ་ཞེས་སོགས་གསུངས་པའི་དོན་ཡང་མ་གོ་ཞིང༌། བཀའ་བསྟན་ བཅོས་དུ་མར་འདུས་བྱས་སྐད་ཅིག་མ་རྒྱུན་གྱིས་མི་རྟག་པར་བཤད་པའི་དོན་གཏན་ནས་མ་ གོ་བར་ཟད་དོ། །དེ་ལྟར་ན་སངས་རྒྱས་ཐོབ་པ་ལ་སྔར་གྱི་མ་དག་པའི་ཕུང་ཁམས་སྐྱེ་མཆེད་ ཐམས་ཅད་འགག་དགོས་ཏེ། དབུས་མཐའ་རྣམ་འབྱེད་དུ། ཉོན་མོངས་པ་ཡི་སྒྲིབ་པ་དང༌། ། ཤེས་བྱའི་སྒྲིབ་པ་ཉིད་དུ་བསྟན། །དེ་ནི་སྒྲིབ་པ་ཐམས་ཅད་དེ། །དེ་ཟད་ནས་ནི་གྲོལ་བར་ འདོད། །ཅེས་སོགས་སྔར་རྒྱས་པར་ལུང་གིས་བསྒྲུབས་ཟིན་ཏོ། ། ཁ་ཅིག(དུས་འཁོར་བ་)ན་རེ། ལྷ་ཁྱད་པར་ཅན་གྱི་བསྐྱེད་རིམ་བསྒོམ་པ་འཚང་རྒྱ་བའི་ལམ་ ཡིན་ན། སེམས་འགྲེལ་སྐོར་གསུམ་ལ་སོགས་པའི་སྔགས་ཀྱི་གཞུང་མང་བོར་བསྐྱེད་རིམ་ ཀྱི་ཐུན་མོང་གི་དངོས་གྲུབ་ཀྱི་མཆོག་མི་འཐོབ་པར་བཤད་པ་དང་འགལ་ལོ་ཞེ་ན། དེ་ལྟར་ གསུངས་པ་ཐམས་ཅད་ཀྱང་རྫོགས་རིམ་ཟབ་མོ་ཡེ་ཤེས་ཀྱི་ཚོགས་ཀྱིས་མ་ཟིན་པའི་བསྐྱེད་ རིམ་ཙམ་ཁོ་ནས་སངས་རྒྱས་མི་འཐོབ་པ་ལ་དགོངས་པ་དང༌། ལུང་ལ་ལར་བསྐྱེད་རིམ་ ཙམ་གྱིས་ཚེ་གཅིག་ལུས་གཅིག་གིས་སངས་རྒྱས་མི་འཐོབ་པ་ལ་དགོངས་ཀྱི། ཐེག་དམན་ རང་རྒྱུད་པའི་ལམ་ལྟར་གཏན་ནས་སངས་རྒྱས་ཀྱི་ལམ་དུ་འགྱུར་མི་སྲིད་པ་ལ་དགོངས་པ་ མ་ཡིན་ནོ། །དེས་ན་རྒྱུད་འགྲེལ་དེ་དག་ཏུ་བསྐྱེད་རིམ་སངས་རྒྱས་ཀྱི་ལམ་ཡིན་པ་དགག་ པའི་གཞུང་གི་སྐབས་རྣམས་སུ་བསྐྱེད་རིམ་ཙམ་ཞེས་ཚིག་གཅིག་དགོངས་པ་ལ་ངེས་པར་ གནས་ཏེ། དཔལ་ཆོས་ཀྱི་གྲགས་པས། དེར་སྦྱོར་ (ཁོ་ན་ཞེས་བའི་ཚིག)མོད་ཀྱང་བརྗོད་འདོད་ ལས། །དེ་དོན་ཉིད་ནི་རྟོགས་པར་འགྱུར། །ཞེས་དང༌། བློ་དོན་འགའ་ལས་རྣམ་བཟློག་ནས། 3-1-221 ། དོན་འགའ་ཞིག་ལ་འཇུག་བྱའི་ཕྱིར། །སྒྲ་ནི་རབ་ཏུ་སྦྱོར་བྱེད་དེ། །དེ་དོན་ངེས་པར་བཟུང་ ཕྱིར་རོ། །ཞེས་བུམ་པ་ཁོ་ནར་ཆུ་ཁོ་ན་ཁྱེར་འོང་བ་ཁོ་ན་ཞེས་དངོས་སུ་མ་བརྗོད་ཀྱང་དེ་ལྟར་ བརྗོད་པར་འདོད་ནས་བུམ་པར་ཆུ་འོང་ཞིག་ཞེས་སྨྲས་པས་བུམ་པ་ཁོ་ནར་ཆུ་ཁོ་ན་ཁྱེར་འོང་ བ་ཁོ་ནར་སྟོན་ཅིང་གོ་ཞེས་སོགས་བཤད་པ་ལྟར་རོ། །དངོས་སུ་མ་སྦྱར་ཡང༌། ཚིག་ཀུན་ ངེས་བཟུང་སྙིང་བོ་ཅན་ཡིན་པས་རྩོམ་པ་པོའི་འཆད་ལུགས་ཀྱི་སྐབས་ཀྱི་སྟོབས་ཀྱིས་སོ། ། གཞན་དུ་ན་ནང་འགལ་དང་ལུང་རྣམ་དག་གི་གནོད་པ་དུ་མ་བྱུང་བའི་ཕྱིར་རོ། །ཇི་ལྟར་ཞེ་ ན། གལ་ཏེ་སྒྲ་ཇི་བཞིན་དུ་རྣམ་པར་དག་པའི་རྒྱུད་དང་དྲི་མ་མེད་པའི་འགྲེལ་བ་རྣམས་ལས་ གསུངས་པའི་ཁྱད་པར་ཅན་གྱི་དཀྱིལ་འཁོར་ཀྱི་འཁོར་ལོའི་བསྐྱེད་རིམ་བསྒོམ་པ་རྫོགས་ པའི་སངས་རྒྱས་ཀྱི་རྒྱུའམ་ཐབས་གཏད་ནས་མིན་ན། དྲི་མ་མེད་པའི་རྒྱུད་དང་འབྲེལ་བ་ མན་ངག་སོགས་ལས་གསུང་བའི་རྫོགས་རིམ་གྱི་རྣལ་འབྱོར་ཁྱད་པར་ཅན་དང༌། ཟུང་དུ་ འཇུག་པའི་བསྐྱེད་རིམ་ཀྱི་སྒོམ་པ་སངས་རྒྱས་ཀྱི་ལམ་མ་ཡིན་པར་འགྱུར། གལ་ཏེ་དེ་འདྲ་ དེ་བསྐྱེད་རིམ་ཡིན་ཡང་རྫོགས་རིམ་ཟབ་མོ་དེས་ཟིན་པས་སངས་རྒྱས་ཀྱི་ལམ་མོ་ཞེ་ན། དེ་ ལྟར་ཡིན་མོད་དེའི་ཕྱིར་བསྐྱེད་རིམ་ཙམ་ཁོ་ནས་ཞེས་པ་དགོངས་པ་ཡིན་པར་འགྲུབ་པོ། ། དེས་ན་རྒྱུད་འགའ་ཞིག་དང་སེམས་འགྲེལ་སྐོར་གསུམ་སོགས་སུ་བསྐྱེད་རིམ་གྱི་བསྒོམ་ པ་མཆོག་གི་དངོས་གྲུབ་ཀྱི་ལམ་མ་ཡིན་ཞེས་པའི་སྒྲུབ་བྱེད་མཐར་ཐུག་པ་དེ་རྣམ་རྟོག་གི་ བསྒོམ་པ་ཡིན་པ་ཙམ་གསུངས་ཤིང༌། དེ་སྐད་གསུངས་པས་ཀྱང་བསྐྱེད་རིམ་ཙམ་ཁོ་ན་ སངས་རྒྱ་བའི་ལམ་མིན་པའམ། བསྐྱེད་རིམ་ཀྱི་བསྒོམ་པ་སངས་རྒྱ་བའི་ལམ་གྱི་གཙོ་བོ་མ་ ཡིན་པར་བསྟན་ཏེ། དེ་ལས་གཞན་དུ་རྣམ་རྟོག་གི་བསྒོམ་པ་ཡིན་པས་སངས་རྒྱས་ཀྱི་ལམ་ དུ་གཏན་མི་འགྱུར་ན། སོ་སྐྱེ་རྣལ་འབྱོར་པ་རྣམས་ཀྱིས་བདག་གཞན་བརྗེ་བ་བྱང་ཆུབ་ཀྱི་ སེམས་བསྒོམ་པ་ཡང་འཚང་རྒྱ་བའི་ལམ་མ་ཡིན་པར་འགྱུར་ཏེ། རྟོག་བསྒོམ་ཡིན་པའི་ཕྱིར་ 3-1-222 རོ། །འདོད་མི་ནུས་{ཏེ}། འཕགས་པ་ཀླུས། སེམས་ཅན་སྡུག་བསྔལ་བདག་སྨིན་ཞིང༌། ། བདག་བདེ་མ་ལུས་དེར་སྨིན་ཤོག །ཅེས་བརྗོད་ཅིང་བསྒོམ་པ་ལ་བསོད་ནམས་ཚད་མེད་ ཅིང་སངས་རྒྱས་ཀྱི་རྒྱུ་རུ་གསུངས་པ་དང༌། ཡུམ་གྱི་མདོ་དང་མངོན་རྟོགས་རྒྱན་དུ། གཞན་ གྱི་རྟེན་ཅན་སྦྱིན་སོགས་དང་ཞེས་རྣམ་སྨིན་གྱི་འབྲས་བུ་སེམས་ཅན་ཐམས་ཅད་ལ་ཡོངས་སུ་ སྨིན་པར་བསྔོས་པའི། སྦྱིན་སོགས་ལ་སྤྱོད་པ་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་གི་རྟག་ སུ་བསྒྲུབས་ཤིང༌། སྤྱོད་འཇུག་ཏུ། བདག་བདེ་གཞན་གྱི་སྡུག་བསྔལ་དག །ཡང་དག་བརྗེ་ བར་མ་བྱས་ན། །སངས་རྒྱས་ཉིད་དུ་མི་འགྲུབ་ཅིང༌། །འཁོར་བ་ན་ཡང་བདེ་བ་མེད། །ཞེས་ སོགས་དང་འགལ་ལོ། །གཞན་ཡང་བྱང་སེམས་སོ་སྐྱེ་རྣམས་ཀྱིས་ཚད་མེད་བཞིའི་བསྒོམ་ པ་ཕལ་ཆེ་བ་དང༌། སྨོན་འཇུག་གི་སེམས་བསྐྱེད་ཕལ་ཆེ་བའང་འཚང་རྒྱ་བའི་ལམ་མ་ཡིན་ པར་ཐལ་བར་འགྱུར་ཏེ། གཙོ་ཆེར་རྣམ་རྟོག་གི་བསྒོམ་པའམ་སྤྱོད་པའི་བྱ་བ་ལས་མ་འདས་ པའི་ཕྱིར་རོ། །འདོད་མི་ནུས་ཏེ། ཚད་མ་ཀུན་ལས་བཏུས་ཀྱི་མཆོད་བརྗོད་ཀྱི་རང་འགྲེལ་ དུ། རྒྱུ་དང་འབྲས་བུ་ཕུན་སུམ་ཚོགས་པ་ལས་ཚད་མར་གྱུར་བ་སྟེ། རྒྱུ་ནི་བསམ་པ་དང་སྦྱོར་ བ་ཕུན་སུམ་ཚོགས་པའོ། །འབྲས་བུ་ནི་རང་གི་དོན་བདེ་གཤེགས་དང༌། གཞན་དོན་སྐྱོབ་པ་ ལ་བཤད་ཅིང༌། བསམ་པ་ནི་འགྲོ་བ་ལ་ཕན་པར་བཞེད་པའོ་ཞེས་པའི་དོན། དཔལ་ཆོས་ཀྱི་ གྲགས་པས། སྒྲུབ་བྱེད་ (ཚད་མའི་སྐྱེས་བུ)། ཐུགས་རྗེ་ (སྟེ་སྙིང་རྗེ་སྐྱེ་བ་དུ་མར་)གོམས་ལས་དེ་ (ཐུགས་ རྗེ་འབྱུང་ངོ་)ཞེས་ཕན་བཞེད་པ་ཞེས་པ་ཐུགས་རྗེ་ལ་བཤད་ཅིང༌། ལྷ་དབང་བློ་གྲོས་སོགས་ ཀྱིས། སེམས་ཅན་ཐམས་ཅད་ལ་མཉམ་པར་སྙོམས་པར་ཤིན་ཏུ་སྡུག་བསྔལ་དང་བྲལ་བར་ འདོད་པའི་རྣམ་པ་ཅན་གྱི་ཞེ་སྡང་མེད་པའི་དགེ་བ་སྟེ། དེ་སངས་རྒྱས་ཀྱི་རྒྱུར་བཤད་ཅིང༌། བཤེས་སྤྲིངས་སུ། བྱམས་དང་སྙིང་རྗེ་དག་དང་དགའ་བ་དང༌། །བཏང་སྙོམས་ཡང་དག་རྟག་ ཏུ་སྒོམས་མཛོད་ཅིག །གོང་མ་བསྙེས་པ་མ་གྱུར་དེ་ལྟ་ནའང༌། །ཚངས་པའི་འཇིག་རྟེན་བདེ་ 3-1-223 བ་ཐོབ་པར་འགྱུར། །ཞེས་པའི་འགྲེལ་བར་བྱམས་པ་ལ་སོགས་པ་དེ་ལྟར་བསྒོམ་པས་ནི་མྱ་ ངན་ལས་འདས་པ་འཐོབ་པར་འགྱུར་རོ། །འོ་ན་དེ་ཅི་ཞིག་ལྟར་མྱ་ངན་ལས་འདས་པ་མ་ཐོབ་ ན། འོན་ཀྱང་ཚངས་པའི་འཇིག་རྟེན་བདེ་བ་ཐོབ་པར་འགྱུར་ཞེས་དང༌། སྡོང་བོ་བཀོད་པར། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ལྟ་ བུའོ། །ཉེས་པ་ཐམས་ཅད་བསྲེག་པས་བསྐལ་བའི་མེ་ལྟ་བུའོ་ཞེས་སོགས་མཐའ་ཡས་པ་ དང༌། སྤྱོད་འཇུག་བསླབ་བཏུས་མདོ་ཀུན་བཏུས་སོགས་བསྟན་བཅོས་དུ་མ་དང༌། མདོ་རྒྱུད་ ཀྱི་ལུང་དུ་མ་ཡོད་པས་མང་བས་འཇིགས་པས་མ་བྲིས་སོ། ། ཡང་རྩ་བའི་རྒྱུད་དང་བསྡུས་པའི་རྒྱུད་མང་བོར་གསུངས་པའི་བྱིས་པ་འཇུག་པའི་དབང་ བདུན་དང༌། རྒྱ་གར་གྱི་པཎྜི་ཏ་ཕལ་ཆེ་བའི་བསྡུས་པའི་རྒྱུད་ལ་བརྟེན་ནས་མཛད་པའི་དབང་ གི་ཆོ་ག་དང༌། འཕགས་པའི་ས་མ་ཐོབ་པའི་རྡོ་རྗེ་སློབ་དཔོན་གྱིས་གདུལ་བྱ་སོ་སྐྱེ་སློབ་མ་ལ་ བླ་མེད་ཀྱི་དབང་བཞི་ལ་སོགས་པ་དབང་སྐུར་བའི་ཆོ་ག་དང༌། ཆོས་སྤྱོད་བཅུའི་ཉམས་ལེན་ ལ་སོགས་པ་ཕལ་ཆེ་བའང་འཚང་རྒྱ་བའི་ལམ་མ་ཡིན་པར་འགྱུར་ཏེ། གཙོ་ཆེར་རྣམ་རྟོག་གི་ བྱ་བ་ལས་མ་འདས་པའི་ཕྱིར་དང༌། བདེ་དགྱེས་ལ་སོགས་པའི་བསྐྱེད་རིམ་བསྒོམ་པའི་སྔོན་ དུ། བྱིས་པ་འཇུག་པའི་དབང་བདུན་ནམ་རིག་པའི་དབང་ལྔ་སོགས་བུམ་དབང་སྔོན་དུ་ངེས་ པར་འགྲོ་དགོས་པར་གསུངས་ཤིང༌། ལྷ་ཁྱད་པར་ཅན་གྱི་བསྐྱེད་རིམ་གྱི་བསྒོམ་པ་སངས་རྒྱ་ བའི་ལམ་གཏན་ནས་མ་ཡིན་པར་ཁས་བླངས་པའི་ཕྱིར་རོ། །དེ་བས་ན་དུས་འཁོར་འགྲེལ་ ཆེན་དུ། བཅོམ་ལྡན་འདས་ཀྱི་གསུངས་འདིའི་ཕྱིར་བསོད་ནམས་དང་ཡེ་ཤེས་ཀྱིས་དམན་ པ་ནི་རྣམ་པར་རྟོག་པའི་གཟུགས་བསྒོམ་པ་གོམས་པའི་དབང་གིས་སངས་རྒྱས་སུ་མི་འགྱུར་ རོ། །འདིར་གལ་ཏེ་རྣལ་འབྱོར་བ་རྣམས་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མ་གཏོགས་ པར། བསྒོམ་པ་གོམས་པའི་དབང་གིས་ཕུང་བོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་ 3-1-224 དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པར་འགྱུར་ཞིང་རྣམ་པར་རྟོག་པའི་བསྒོམ་པའི་དབང་གིས་ སངས་རྒྱས་ཉིད་དུ་ཡང་འགྱུར་ན། དེའི་ཚེ་བསོད་ནམས་དམན་པ་གཞན་ཞིག་ང་ནི་རྒྱལ་ བོ་ཞེས་སེམས་པར་བྱེད་པ་དེ་ཡང་བསོད་ནམས་ཀྱི་ཚོགས་མ་གཏོགས་པར་ཡང་རྒྱལ་བོར་ འགྱུར་ཏེ་འདི་ནི་མཐོང་བ་ཡང་མེད་དོ། །ཇི་ལྟར་ལོག་པའི་རྣམ་པར་རྟོག་པའི་བསོད་ནམས་ ཀྱི་ཚོགས་དང་བྲལ་བར་རྣམ་པར་རྟོག་པའི་རང་བཞིན་བསྒོམ་པ་གོམས་པའི་དབང་གིས་ རྒྱལ་བོར་མི་འགྱུར་བ་དེ་བཞིན་དུ། བསོད་ནམས་དང་ཡེ་ཤེས་ཀྱིས་དམན་པའི་རྣལ་འབྱོར་ བ་རྣམ་པར་རྟོག་པའི་གོམས་པའི་དབང་གིས་བསྐལ་བ་དུ་མ་རྣམས་ཀྱིས་ཀྱང་ཡང་དག་པར་ རྫོགས་པའི་སངས་རྒྱས་སུ་མི་འགྱུར་དེ། བསོད་ནམས་དང་ཡེ་ཤེས་མེད་པའི་ཕྱིར་རོ་ཞེས་ ཚོགས་གཉིས་མ་གཏོགས་པར་ཞེས་དང༌། ཚོགས་གཉིས་ཀྱིས་དམན་ཞེས་སོགས་དམིགས་ བསལ་གྱི་ཚིག་ཡང་ཡང་གསུངས་པ་འདིའི་བསྐྱེད་རིམ་སོགས་རྣམ་རྟོག་གི་བསྒོམ་པ་ཙམ་ཁོ་ ནའམ། དེ་རྐྱང་བས་སངས་རྒྱས་མི་འཐོབ་ཅེས་དགོངས་པར་ངེས་སོ། །དེས་ན་སེམས་དཔའི་ འགྲེལ་བ་སྐོར་གསུམ་ལ་ནི་ནོར་བ་ཅུང་ཟད་ཙམ་ཡང་མི་སྲིད་པས། དགོངས་པ་ཟབ་མོའི་ དོན་ལ་ཀུ་ཤའི་རྩེ་མོ་ལྟར་ཕྲ་བའི་བློ་གྲོས་རྣམ་དག་གིས་དཔྱད་པར་བྱའོ། ། ཡང་ཁ་ཅིག(རྫོགས་ཆེན་པ)སྣང་བ་འདི་ཀ་གཞི་མ་བཅོས་པའི་ཆོས་ཉིད་ཡིན་སེམས་ཅན་ གྱིས་ངན་པར་བཏང་དུ་མེད། སངས་རྒྱས་ཀྱིས་བཟང་བོར་བསྒྱུར་དུ་མེད་ཞེས་པ་ལས་ བརྩམས་ནས་པཎ་ཆེན་བྷི་མ་ལ་དང༌། ལོ་ཙྪ་བ་བེ་རོ་ཙ་ན་ལ་སོགས་པའི་ཐུགས་ཀྱི་ཉིང་ཁུ་ ཡིན་ཟེར་བའི་ཁྲིད་ཟབ་ཟབ་པོར་འདོད་པ་རང་ཡང་བསྒོམ་ཞིང་ངོ་སྤྲོད་གཞན་ཡང་བསྒོམ་དུ་ བཅུག་ནས་ངོ་སྤྲོད། དེ་འདྲའི་སྒོམ་རྒྱུད་ལ་སྐྱེས་ཤིང་ངོ་འཕྲོད་པའི་རྣལ་འབྱོར་བ་དེ་ཀུན་ཏུ་ བཟང་བོར་སངས་རྒྱས་ཟིན་ཅིང༌། རྫུ་འཕྲུལ་རླབས་པོ་ཆེ་སྟོབས་ལ་སོགས་པའི་ནུས་པ་མེད་ པ་ནི་ལུས་རྒྱས་བཅིངས་པ་ཡིན་ཏེ། ཁྱུང་སྒོ་ངའི་ནང་དུ་གཤོག་སྒྲོ་རྒྱས་ཡོད་ཀྱང་སྒོང་རྒྱས་ 3-1-225 བཅིངས་པས་འཕུར་མ་ནུས་པ་བཞིན་ནོ་ཞེས་ཟེར་རོ། ། ཚོགས་གཉིས་ཡོངས་སུ་མ་རྫོགས་པར་སྐྱེས་བུ་སུས་ཀྱང་རྫོགས་པའི་སངས་རྒྱས་ འཐོབ་མི་སྲིད་ཅིང༌། དེ་ཐོབ་ཟིན་པའི་སྐྱེས་བུ་ཡིན་ན་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ མཐའ་ཡས་པར་སྤྲུལ་བ་མཐའ་ཡས་པ་སྟོན་པར་འགྱུར། སེམས་ཅན་ཐམས་ཅད་ཀྱི་སྐད་དུ་ ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་སྟོན་པར་ནུས། བ་སྤུའི་ཁུང་བུ་རེ་རེ་ཡང་སངས་རྒྱས་ཀྱི་ཞིང་ དཔག་ཏུ་མེད་པའི་བཀོད་པ་སྟོན། སྐད་ཅིག་རེ་རེ་ལའང་དཔའ་བར་འགྲོ་བ་ལ་སོགས་པའི་ ཏིང་ངེ་འཛིན་གྲངས་མེད་པ་ལ་སྙོམས་པར་འཇུག ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པ་ཐམས་ ཅད་ལག་མཐིལ་དུ་ཤིང་ཐོག་བཞག་པ་ལྟར་མངོན་སུམ་དུ་མཁྱེན། རྡུལ་ཤིན་ཏུ་ཕྲ་བ་གཅིག་ གི་ནང་དུ་ཡང་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་འཛུད་པར་ནུས་ལ། རྡུལ་ཕྲན་ཆེར་མ་ སོང་སྟོང་གསུམ་ཆུང་ངུར་མ་སོང་བ་ལ་སོགས་པ་དང༌། འཇིག་རྟེན་གྱི་ཁམས་བརྗོད་དུ་མེད་ པ་གཅིག་ཆར་དུ་གཡོ་བར་བྱེད་ཅིང་འོད་ཀྱིས་སྣང་བར་ཡང་བྱེད་པ་སོགས་དང༌། བསྐལ་ བའི་མེ་དབུགས་གཅིག་གིས་ཞི་བར་ནུས་པ་དང༌། རྣམ་པར་འཐོར་རླུང་སེན་མོ་གཅིག་གིས་ ཁེབ་པར་ནུས་པ་ལ་སོགས་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པ་སྟོན་ནུས། རིའི་རྒྱལ་བོ་རི་རབ་ ཀྱང་རྡུལ་ཕྲན་ཙམ་དུ་ཕྱེ་མར་གཏོང་ནུས་པ་ལ་སོགས་པ་བསམ་གྱིས་མི་ཁྱབ་ཅིང༌། བརྗོད་ དུ་མེད་པའི་ཡོན་ཏན་འཐོབ་པར་མདོ་རྒྱུད་རྣམ་དག་དུ་མ་ལས་གསུངས་པའི་ཕྱིར། རྫོགས་ པའི་སངས་རྒྱས་ཀུན་ཏུ་བཟང་བོ་ཡེ་ཤེས་ལྔའི་བདག་ཉིད་ཐོབ་པའི་གང་ཟག་མི་གཙང་བའི་ ལུས་རྒྱ་འདིས་བཅིངས་ནས་རི་དྭགས་རྒྱར་འཐུམས་པ་བཞིན་ཕྱིར་འཐོན་པའི་ནུས་པ་ཉམས་ སྟེ། བློས་མི་ལོངས་བཞིན་དུ་མི་གཙང་བའི་ལུས་ཀྱི་ནང་དུ་སྡོད་དགོས་པའི་བསྒོམ་འབྱུང་ གིས་སངས་རྒྱས་དེ་བསྙུན་མི་མངའ་བའམ། གནོད་པ་མ་མཆིས་སམ། ཟོ་མདོག་བདེའམ། སྐུ་ཉམས་དང་ལྡན་ནམ། བདེ་བ་དང་དགྱེས་པར་སྤྱོད་དམ། རྗེ་བཙུན་སྤྱན་རས་གཟིགས་ 3-1-226 ཀྱིས་ཀྱང༌། འདིར་གལ་ཏེ་གདུག་པ་ཆེན་པོ་ཕ་རོལ་བསླུ་བར་བྱེད་པ་ཐམས་ཅད་མཁྱེན་ པའི་བསྟན་པ་ལ་ཅོ་འདྲི་བར་བྱེད་པ། དམ་ཚིག་ཆེན་པོ་འདྲལ་བར་བྱེད་པ་མནར་མེད་པའི་ དམྱལ་བར་འགྲོ་བ། མ་དག་པའི་སེམས་དང་ལྡན་པ་རྣམས་ཀྱི་སེམས་རྣམ་པར་དག་པ་ཡིན་ ན་དེའི་ཚེ་དེ་རྣམས་རྣལ་འབྱོར་པའི་བྱ་བ་ཅིའི་ཕྱིར་མི་བྱེད་ཅེས་གསུངས་ཏེ། རྣལ་འབྱོར་བའི་ བྱ་བ་མེར་ཞུགས་ཀྱང་མི་ཚུགས་པ་སོགས་ལ་བཤད་དོ། ། དེས་ན་དེ་འདྲའི་སྒོམ་དང་ངོ་སྤྲོད་ ལ་གཏིང་ཚུགས་པའི་ཡིད་ཆེས་བྱེད་པ་ཀྱེ་མ་འཇིག་རྟེན་མུན་པར་གྱུར་ཏོ། ། ཡང་དཔེ་དེ་ཡང་ནོར་ཏེ། གཤོག་སྒྲོ་ཡོངས་སུ་རྒྱས་པའི་ནམ་མཁའ་ལྡང་གི་ལུས་སྟོབས་ ལ་ལྷ་ཆེན་པོ་ཁྱབ་འཇུག་གིས་འགྲན་མ་ནུས་པར་གྲགས་པ་དང༌། ཁོ་གཤོག་པ་བརྡབ་པའི་ རླུང་གི་ནུས་པས་རི་བོ་གངས་ཅན་གྱི་རྩེའི་ཁ་བའི་ཚོགས་བརྙིལ་པར་ནུས་པ་དང༌། རི་དྭགས་ ཀྱི་རྒྱལ་བོ་སེངྒེ་ཡང་འཇོམས་པར་བྱེད་ནུས་པ་ལ་སོགས་པའི་ལུས་སྟོབས་ཅན་གཤོག་སྒྲོ་ ལེགས་པར་རྒྱས་པར་དེ་ཕྱི་ཤིན་ཏུ་གྱུར་བའི་སྒོང་ངའི་སྦུབས་ཅུང་ཟད་ཙམ་དེས་དགག་པར་ ག་ལ་ནུས། དེའི་ཕྱིར་ཁྱུང་སྒོང་ངའི་ནང་དུ་གཤོག་སྒྲོ་རྫོགས་པར་རྒྱས་པར་འདོད་པ་མི་ བདེན་དེ་བྱ་གཞན་རྣམས་དང་ལུས་རྫོགས་ཚུལ་འདྲ་བས་སོ། ། སྐྱེས་རབས་སུ། བཅོམ་ལྡན་འདས་སུམ་ཅུ་རྩ་གསུམ་པའི་ལྷའི་དབང་བོར་གྱུར་བའི་ སྐབས་སུ། ཤལ་མ་ལའི་ཤིང་ལ་བྱ་ཚང་དག བཅས་པའི་ནང་དུ་བྱ་ཕྲུག་འཕུར་མ་ཚར་བ། འཁོད་པ་འདི་དག་ཤིང་རྟའི་གཉའ་ཤིང་གིས། ཕོག་ནས་མི་ལྟུང་བར་ནི་ཤིང་རྟ་དྲོངས། མ་ ཏི་ལིས་སྨྲས་པ། འཕགས་པ་ལྷ་མ་ཡིན་གྱི་འདི་དག་ད་དུང་ཡང་སླར་མི་ལྡོག་གོ །བརྒྱ་བྱིན་ གྱིས་སྨྲས་པ། འོ་ན་ཅི་ཉེས་ནམ་མཁའ་ལྡིང་གི་ཚང་འདི་ལས་ལེགས་པར་ཟུར་ཅིག མ་ཏི་ ལིས་སྨྲས་པ། ཤིང་རྟ་འདི་ནི་སླད་དུ་བཟློག་ན་གདོད། །བྱ་རྣམས་ལ་ནི་རབ་ཏུ་ཕན་གྱུར་ན། ། ཞེས་སོགས་དང༌། སེམས་ཅན་འཇིགས་པས་ཉེན་པ་འདི་བསད་ཕྱིར། །སྨོད་པའི་གཏམ་ 3-1-227 ངན་ཕོག་ཅིང་གསོན་པ་བས། །ལྷ་མིན་མཚོན་གྱིས་ཕོག་སྟེ་ཤི་ཡང་སླའི། །དེ་བས་ཤིང་རྟ་ སླད་དུ་བཟློག་པར་བྱོས། །ཞེས་ནམ་མཁའ་ལྡིང་གི་བྱ་ཕྲུག་སྒོང་ངའི་ནང་ནས་འཐོན་ཡང་ འདབ་གཤོག་མ་རྫོགས་པར་ཡོད་པར་བཤད་དོ། །དེ་བཞིན་དུ་སྟོང་ཉིད་རྟོགས་པའི་རྦད་ ཁམ་ཆེན་པོ་བྱེད་ཅིང༌། འདི་ཐམས་ཅད་ཁྱབ་ལ་ཕྱལ་ཡུག་རང་བྱུང་ལྷན་ཅིག་སྐྱེས་པའི་ཀུན་ བཟང་ཡབ་ཡུམ་ཀྱི་རྣལ་འབྱོར་བ་ཡིན་ཞེས་ཟེར་ཞིང༌། ཆད་སྒོམ་ཕོག་ཅིང་ཉམས་སུ་ལེན་པ་ པོ་རྣམས་ཀྱང་བླ་མའི་བཀའ་དྲིན་གྱིས་གྲོལ་ལོ། ། ཆོས་ཐམས་ཅད་མཉམ་པ་ཉིད་ཡིན་པས་གཙང་མི་གཙང་ལ་སོགས་མེད་ཟེར་ནས་མི་ གཙང་བ་ཟ་བ་ལ་སོགས་པ་དང༌། གཅེར་རྒྱུག་བྱེད་པ་སོགས་རྣམས་ཀྱང་ལྟ་ལོག་ལ་བརྟེན་ པའི་སྤྱོད་ལོག་ཡིན་པས་སྤངས་དགོས་ཏེ། རྗེ་བཙུན་སྤྱན་རིས་གཟིགས་ཀྱི་དུས་འཁོར་ འགྲེལ་ཆེན་དུ། དེ་ལྟར་ནའང་སེམས་ཅན་རྣམས་ནི་བཅོམ་ལྡན་འདས་ཀྱིས་གསུངས་པ་ ཟབ་ཅིང་རྒྱ་ཆེ་བའི་ཆོས་ཡོངས་སུ་བརྟགས་ནས་མི་འཛིན་ཅིང༌། སངས་རྒྱས་ཉིད་ཀྱི་སླད་ དུ། བླ་མ་ཡང་ཡོངས་སུ་བརྟགས་ནས་མི་བསྟེན་ཏེ། རྨོངས་པ་ཆེན་པོ་ཆགས་པས་ཟིལ་གྱིས་ མནན་པར་གྱུར་བ་སྐྱེ་བ་འདི་ཉིད་ལ་བདག་ཅག་རྣམས་ཀྱི་རུལ་བའི་ལུས་སངས་རྒྱས་ཉིད་ ཀྱི་སྐུར་འགྱུར་རོ། །ཞེས་པའི་བསམ་པ་བརྐམ་ཆགས་ཅན་རྣམས་མི་དགེ་བའི་བཤེས་གཉེན་ དང་འཕྲད་པ་དང༌། བླ་མ་དམ་པ་མ་ཡིན་པའི་མན་ངག་ལས་འདིར་རྣམ་པར་སྣང་མཛད་ ལ་སོགས་པའི་བདུད་རྩི་ལྔ་དང་གོ་ཀུ་ད་ཧ་ན་ལ་སོགས་པའི་ཤ་རྣམས་ནི་བཟའ་བ་རང་ བཞིན་གྱིས་དག་པར་དེ་བཞིན་གཤེགས་པས་གསུངས་པས་ཏེ། འདི་རྣམས་ཟོས་པས་རྒས་ པ་དང་འཆི་བ་མེད་པའི་ལུས་སུ་འགྱུར་ཞིང་རྡོ་རྗེ་སེམས་དཔའ་ཡང་མཆོག་སྦྱིན་པར་འགྱུར་ རོ། །ཞེས་པ་དང༌། གཞན་ཡང་རྡོ་རྗེའི་རིགས་ལ་ཁྲོ་བོའི་རྒྱལ་བོའི་ཏིང་ངེ་འཛིན་གྱིས་སྲོག་ ཆགས་རྣམས་བསད་པར་བྱའོ་ཞེས་སོགས་ནས། དེ་ལྟར་གདུག་པའི་སློབ་དཔོན་གྱི་ཚིག་ 3-1-228 ཚད་མར་བྱས་ནས་མི་དགེ་བཅུའི་ལས་ཀྱི་ལམ་རྣམ་པར་བྱེད་དོ། །སྦྱང་བ་མ་བྱས་པ་དང༌། རྒྱས་པ་མ་བྱས་པ་དང༌། སྦར་བར་མ་བྱས་པ་དང༌། བདུད་རྩིར་མ་བྱས་པའི་རྣམ་པར་སྣང་ མཛད་ལ་སོགས་པ་རྣམས་ཟ་བར་བྱེད་དོ། །བདུད་རྩི་ལྔ་བོ་དེ་རྣམས་ནི་ཟ་བ་བོ་དེ་ལ་སངས་ རྒྱས་ཀྱི་ཡོན་ཏན་སྟེར་བར་བྱེད་པར་མི་འགྱུར་ཏེ། སངས་རྒྱས་ཀྱི་གསུང་མ་རྟོགས་པའི་ཕྱིར་ རོ། །འོ་ན་དེ་བཞིན་གཤེགས་པའི་རྒྱུད་ཀྱི་རྒྱལ་བོ་ཐམས་ཅད་ལས་བདུད་རྩི་ལྔ་རྣམས་རྣལ་ འབྱོར་བས་བཟའ་བར་བྱ་བར་གསུངས་པ་མ་ཡིན་ནམ། འདིར་ཇི་ལྟར་འདི་རྣམས་བཀག་ ཅེས་པ་འགའ་ཞིག་གི་བསམ་པ་འབྱུང་བར་འགྱུར་ཏེ་དེའི་ཕྱིར་བརྗོད་པར་བྱའོ། ། འདིར་བྱིས་པའི་སྐྱེ་བོ་རྣམས་ཀྱིས་བརྗོད་པར་བྱ་བ་གང་ཡིན་པ་དེ་བཞིན་གཤེགས་པའི་ རྒྱུད་ཀྱི་རྒྱལ་བོ་ཐམས་ཅད་ལས་བདུད་རྩི་ལྔ་བོ་ལ་སོགས་པ་རྣམས་བཟའ་བར་གསུངས་པ་ ནི་བདེན་ཏེ། འོན་ཀྱང་རྣལ་འབྱོར་བ་རྣམས་ཀྱི་ཡིན་གྱི་ཐ་མལ་བའི་སེམས་ཅན་རྣམས་ཀྱིས་ ནི་མ་ཡིན་ནོ། ། གང་དག་གི་སྔགས་ཀྱི་སྟོབས་སམ་བསམ་གཏན་གྱི་སྟོབས་ཀྱིས་སྦྱངས་བ་བྱས་པ་དང་ རབ་ཏུ་འབར་བ་བྱས་པ་དང༌། བདུད་རྩིར་བྱས་པའི་དུག་རྣམས་ནི་དུག་མེད་པར་འགྱུར་བ་ དང་ཆང་རྣམས་ནི་འོ་མར་འགྱུར་བ་དང༌། དུག་གི་ཆུ་ལ་སོགས་པའི་གདུག་པ་རྣམས་དང་ སེམས་ཅན་རྣམས་ལ་འཆི་བ་སྟེར་བར་བྱེད་པ་ལ་སོགས་པ་རྣམས་ནི་བཅུད་ལེན་དུ་འགྱུར་ བ་དང༌། རུས་པ་རྣམས་ནི་མེ་ཏོག་ཏུ་འགྱུར་བ་དང༌། སོ་རྣམས་ནི་མུ་ཏིག་གི་རྡོག་པར་འགྱུར་ བ་དང༌། ཐོད་པ་ནི་པད་མར་འགྱུར་བ་དང༌། ཤ་ནི་པུ་དྲ་ཀེ་ཤར་འགྱུར་བ་དང༌། ཁྲག་ནི་སི་ ཧླ་ཀར་འགྱུར་བ་དང༌། གཅི་བ་ནི་གླ་རྩིར་འགྱུར་བ་དང༌། ཁུ་བ་ནི་ག་པུར་དུ་འགྱུར་བ་དང༌། བཤང་བ་ནི་བཞི་མཉམ་དུ་འགྱུར་བ་དང༌། བ་སྤུ་རྣམས་ནི་གུར་ཀུམ་གྱི་གེ་སར་དུ་འགྱུར་བ་ སྟེ། དེ་ལ་གདུག་པའི་རྫས་དུ་མ་རྣམས་ནི་གདུག་པའི་རང་བཞིན་ཡོངས་སུ་དོར་བའི་ཕྱིར། 3-1-229 སྦྱང་བ་བྱས་པ་དང༌། རྒྱས་པར་བྱས་པ་དང༌། འབར་བ་བྱས་པ་དང༌། བདུད་རྩིར་བྱས་པ་ རྣམས་དག་པའི་རང་བཞིན་དུ་དེ་བཞིན་གཤེགས་པས་རྒྱུད་ཀྱི་རྒྱལ་བོ་ཐམས་ཅད་ལས་ བཤད་པ་དེ་ནི་བདེན་ནོ། ། དུག་ལ་སོགས་པ་དག་པའི་རང་བཞིན་ཅན་བདུད་རྩིར་བྱས་པ་དེ་རྣམས་རྣལ་འབྱོར་བ་ རྣམས་ཀྱིས་ཟོས་པ་ཡང་ལུས་ལ་སྟོབས་ཆེན་པོ་རྒྱས་པར་འགྱུར་རོ། །བཤང་བ་ལ་སོགས་ པ་དག་པའི་རང་བཞིན་རྣམས་ལུས་ལ་བྱུགས་པས་ནི་མཆོག་གི་དྲི་རབ་ཏུ་ལྡང་བར་བྱེད་དོ། ། དེའི་ཕྱིར་དེ་བཞིན་གཤེགས་པས་གསུངས་པ་རྣམས་ནི་རྣལ་འབྱོར་བ་རྣམས་ཀྱིས་ཡིན་ནོ། ། གཞན་ལྷ་དང་སྔགས་མ་འགྲུབ་པའི་ཀླག་པའི་རྨོངས་པ་མཁས་པའི་མངོན་པའི་ང་རྒྱལ་དང་ ལྡན་པ་ཆུ་སྐྱར་གྱི་རྒྱུ་འཛིན་པ། ཚོགས་ཁང་དང་གཙུག་ལག་གི་རྫས་ལ་མངོན་པར་ཆགས་ པ་དང་ལྡན་པ། ཡི་དྭགས་དང་དམྱལ་བའི་སྐྱེ་བ་འབྱུང་བ་ངེས་པར་བཅིངས་པ། རང་གི་དོན་ དང་གཞན་གྱི་དོན་ཉམས་པ་རྒྱུད་ལས་གསུངས་པའི་དོན་ལས་ཕྱིན་ཅི་ལོག་གི་དོན་སྟོན་པ་ པོ། ཡོངས་སུ་བརྟགས་པ་མི་བྱེད་པའི་སྐྱེ་བོ་བདུད་ཀྱི་རིས་ཆེན་པོ་རྣམས་ཀྱིས་བཟའ་བ་ནི་ བཅོམ་ལྡན་འདས་ཀྱིས་གསུངས་པ་རྣམས་སུ་མི་འགྱུར་རོ། །གདུག་པའི་སེམས་དང་ལྡན་པ་ དེ་རྣམས་ཀྱིས་དུག་ལ་སོགས་པ་གདུག་པའི་རྫས་རྣམས་དང་བདུད་རྩི་ལྔ་བོ་དེ་རྣམས་སྦྱང་བ་ བྱས་པ་དང༌། རྒྱས་པར་བྱས་པ་དང༌། འབར་བ་བྱས་པ་དང༌། བདུད་རྩིར་བྱས་ཀྱང་བསྐལ་བ་ དུ་མར་རྣམས་ཀྱིས་ཀྱང་གདུག་པའི་རང་བཞིན་ཡོངས་སུ་འདོར་བར་མི་འགྱུར་ཞིང༌། གདུག་ པའི་རང་བཞིན་ཡོངས་སུ་མ་དོར་བའི་ཕྱིར་དག་པའི་རང་བཞིན་དུ་མི་འགྱུར་རོ་ཞེས་སོགས་ དང༌། དེའི་ཕྱིར་ལས་དང་པོ་པས་རྣལ་འབྱོར་བའི་བྱ་བ་མི་བྱའོ། །རྣལ་འབྱོར་བས་གྲུབ་པས་ བྱ་བ་མི་བྱའོ། །གྲུབ་པས་ཐམས་ཅད་མཁྱེན་པའི་བྱ་བ་མི་བྱའོ། །ཞེས་སོགས་དང༌། དེ་ལྟར་ ན་བཻ་རོ་ཙ་ནས་རྒྱ་གར་དུ་ཕྱིན་ཏེ་དེ་འདྲའི་ཟབ་ཆོས་དེ་བླངས་ནས་བོད་དུ་འོངས་པའི་ཚེ་རྒྱ་ 3-1-230 གར་གྱི་པཎྜི་ཏ་རྣམས་ཀྱི་རྨི་ལམ་དུ་རྒྱ་གར་གྱི་ཉི་མ་བོད་ལ་ཤར་བ་ལ་སོགས་པ་རྨིས་ཤིང༌། རྒྱ་གར་གྱི་ལྗོན་ཤིང་རྣམས་ཀྱི་མགོ་བོད་ལ་བལྟས་པ་ལ་སོགས་པ་བྱུང་ནས། གཤེད་མ་བཀྱེ་ བས་མ་ཟིན་ནས་ཞེས་སོགས་དང༌། བཱཻ་རོ་ཙ་ནས་རྒྱལ་བོ་ཁྲི་སྲོང་སྡེ་བཙན་ལ་ཆོས་དེ་བསྟན་ པ་ལ་བློན་པོ་རྣམས་ཀྱིས་ཕྲག་དོག་བྱས་ནས། ཁོང་རྒྱལ་མོ་ཚ་བ་རོང་ལ་བཅུང་[སྤྱུག]ཞེས་ ཏེ་རྒྱལ་མོ་རོང་ནི་འཇང་ཡུལ་དང་ཉེ་ཞིང་དམན་བརྩེ་ལ་ཐག་ཉེ་བ་ན་ཡོད། ཚ་བ་རོང་ནི་ མདོ་ཁམས་ཀྱི་ལྷོ་སྟོད་ན་ཡོད་པས་བར་ན་ཐག་ཤིན་ཏུ་རིང་བར་ཡོད་པའི་ཁྱད་ཡང་མ་ཕྱེད་ སྣང་ན་ལེགས་བཤད་ཉེས་བཤད་ཀྱི་ཁྱད་ཕྱེད་པ་ལྟ་ཅི་སྨོས། གལ་ཏེ་དེ་ལྟ་ན་མཁན་པོ་བོ་ དྷི་ས་ཏྭ། སློབ་དཔོན་པདྨ་འབྱུང་གནས་མཁས་མཆོག་ཀཱ་མ་ལ་ཤི་ལ། པཎ་ཆེན་བི་མ་ལ་མི་ ཏྲ་ལ་སོགས་པ་བོད་དུ་བསྟན་པ་གཞི་ནས་འཛུགས་ཤིང༌། གསུང་རབ་རྒྱ་མཚོའི་ཚོགས་ཁྱེར་ ནས་བྱོན་པ་རྣམས་ལའང་ལྟས་སྣ་ཚོགས་དེ་དག་བྱུང་ནས་གཤེད་མ་བཀྱེའམ། ཇོ་བོ་ཆེན་ པོ་རྗེ་གྲུབ་ཆེན་མི་དྲ་ཛོ་ཀི་པཎ་ཆེན་ཤཱཀྱ་ཤྲི་ལ་སོགས་པ་པཎྜི་ཏ་མང་བོ་དང༌། ལོ་ཆེན་རིན་ ཆེན་བཟང་བོ། རྔོག་བློ་ལྡན་ཤེས་རབ། འབྲོག་མི་ཤཱཀྱ་ཡེ་ཤེས། མར་བ་ཆོས་ཀྱི་བློ་གྲོས་ལ་ སོགས་པའི་ལོ་ཙཱ་བ་མང་བོས་ཟབ་ཅིང་རྒྱ་ཆེ་བར་རང་བཟོ་ཅན་སྐྱེ་བོས་བསྲེ་བསླད་མ་བྱས་ པའི་གསུང་རབ་འདི་ཙམ་ཞིག་ཁྱེར། མདོ་རྒྱུད་མན་ངག་འདི་ཙམ་ཞིག་བསྣམས་ནས་བྱོན་ པ་ལའང་ལྟས་སོགས་དེ་དག་བྱུང་ནས་གཤེད་མ་བཀྱེའམ། དེའི་ཕྱིར་རྫུན་ལ་རྫུན་བརྟེན་ གྱི་གཏམ་རྒྱུད་མང་བོ་བསྒྲིགས་ནས་རྒྱལ་བ་སྲས་དང་བཅས་པའི་དགོངས་པ་ཡིན་མིན་ཐེ་ ཚོམ་ཟ་ཞིང་དྲི་མ་མེད་པའི་མདོ་རྒྱུད་དང༌། རྒྱ་གར་མཁས་མང་གི་བསྟན་བཅོས་ཆེས་མང་ འདི་ཙམ་ཞིག་གི་ནང་ན་མིང་ཙམ་ཡང་མི་སྣང་བའི་མདོ་རྒྱུད་མན་ངག་ལ་མཁས་པ་སུ་ཞིག་ ཡིད་ཆེས་བྱེད། གཞན་ཡང་དྭགས་པོ་ལྷ་རྗེ་ལ་སོགས་པའི་གྲུབ་ཐོབ་རྣམས་ཀྱིས་ཐུགས་ ཉམས་སུ་བཞེས་པ་ཉུང་ལ་དྲིལ་བ་ཟབ་ལ་གོ་སླ་བའི། སངས་རྒྱས་ལག་བཅངས་སུ་གཏོད་ 3-1-231 པའི་གདམས་པ་ཞིག་རེ་ཞིག་སྐལ་བ་དང་ལྡན་པ་མེད་པ་དང༌། ནཱ་རོ་ཆོས་དྲུག་གི་བསྟན་པ་ ལ་གནོད་པར་མཐོང་ནས་དྭགས་པོའི་སློབ་མ་ཆེན་པོ་ཞིག་གིས་གཏེར་དུ་སྦས། དུས་ཕྱིས་ ཁོང་རང་སྦེད་མཁན་ཉིད་ཀྱིས་སྐལ་ལྡན་གྱི་སློབ་མ་མང་བོ་མཐོང་ནས་གཏེར་ནས་བཏོན་ ཏེ། སྐལ་ལྡན་རྣམས་ལ་ཕོག་ནས་རིམ་པར་བརྒྱུད་པའི་གདམས་ངག་ (སེམས་ཉིད་ཡིད་བཞིན་ནོར་ བུ་ཟེར་)ཡོད་པར་གྲགས་ཏེ། དེ་དེ་ཙམ་དུ་ཟབ་ཅིང་སངས་རྒྱས་ལག་བཅངས་སུ་གཏོད་པ་ ཡིན་ན། དེ་འབོགས་པར་རིགས་ཀྱི་ཚོགས་ཆེན་པོ་ནས་བསྒྲུབ་དགོས་པའི་ནཱ་རོ་ཆོས་དྲུག་ གིས་ཅི་བྱེད། དྭགས་པོ་ལྷ་རྗེའི་ཀརྨ་བ་དུས་གསུམ་མཁྱེན་པ་དང༌། རྣལ་འབྱོར་ཆོས་གཡུང་ ལ་སོགས་པ་དང༌། ཁམས་པ་རྡོར་རྒྱལ། དེའི་བུ་ཆེ་བཞི་ཆུང་བརྒྱད། རྩང་པ་རྒྱ། རྒོད་ཚང་ པ། ཡང་དགོན་པ་ལ་སོགས་པ་རྣམས་སྐལ་བ་དམན་ལ། མདོ་ཤེས་རབ་སྙིང་བོ་ཙམ(རྙིང་མ་བ་ གི་རུ་བ་)ཡང་དག་པར་མི་ཤེས་པའི་བཙུན་པའི་གཟུགས་ཅན་གྱི་སྐྱེ་བོ་དང༌། ཡུལ་མིའི་ཚོགས་ བླུན་པོ་རྣམས་སྐལ་བ་མཆོག་ཏུ་བཟང་བའི་བླུན་པོ་འགའ་ཞིག་འཇུག་ཡུལ་དུ་གྱུར་བའི་ཁྲིད་ ཟབ་མོ་དེ་ངོ་མཚར་ཆེ། ཡང་ཁ་ཅིག བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་བས་སློབ་དཔོན་པདྨ་ཁྱད་པར་མང་བོའི་ སྒོ་ནས་ཆེས་ལྷག་སྟེ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་མངལ་སྐྱེས་ཡིན། དགོངས་ལོ་བརྒྱད་ཅུ་ ལས་མ་ཐུབ་བོད་སྲིན་པོ་གདོང་དམར་གྱི་མི་དང་མི་མ་ཡིན་མ་ཐུལ། སློབ་དཔོན་རྫུས་སྐྱེས་ ཡིན་ཅིང་སྐུ་ཚེ་ཉི་ཟླ་དང་མཉམ་བོད་སྲིན་པོ་གདོང་དམར་གྱི་མི་དང་མི་མ་ཡིན་རྣམས་ཐུལ་ ཞེས་སོགས་སྨྲ་ཞིང༌། རྔ་ཡབ་སྲིན་པོའི་གླིང་དུ་སློབ་དཔོན་པདྨ་ཉིད་ཀྱི་ཕོ་བྲང་དུ་ཕྱིན་ཏེ་ སློབ་དཔོན་དེ་ཉིད་ཀྱིས་གནང་ནས་ཁྱེར་འོངས་ཟེར་བའི་དཀྱིལ་འཁོར་མང་བོའི་ཆོ་ག་དང་ མན་ངག་དང༌། ཟླ་བ་བྱུང་ངོ་ཅོག་གི་ཚེས་བཅུ་ལ་སློབ་དཔོན་པདྨ་བོད་དུ་འབྱོན་པ་ཡིན་པས། མཆོད་པ་འབུལ་ཟེར་ནས་བླུན་པོ་མང་པོ་འཚོགས་ཏཻ་གར་མཁན་གྱི་སྤྱོད་ཚུལ་ལྟ་བུ་བྱེད་པ་ 3-1-232 མང་བོ་སྣང་ངོ༌། ། གལ་ཏེ་སངས་རྒྱས་ཀྱི་བཀའ་ལས་འཇིག་རྟེན་གྱི་ཁམས་གཅིག་ཏུ་སངས་རྒྱས་གཉིས་ འབྱུང་བ་གནས་མ་ཡིན་ཞིང་གོ་སྐབས་མེད་དོ་ཞེས་གསུངས་ཏེ། ཞིང་ཁམས་འདི་ལྟ་བུ་ཞིག་ ཏུ་རྒྱུད་ཐ་དད་པའི་སངས་རྒྱས་སྤྲུལ་པའི་སྐུ་མཛད་པ་བཅུ་གཉིས་བསྟན་པ་སངས་རྒྱ་བའི་ སངས་རྒྱས་མཉམ་པོ་གཉིས་ཡང་གཅིག་ཆར་མི་འབྱུང་བར་བཤད་པ་ལ། བསྟན་པ་འདིའི་ བདག་པོ་སངས་རྒྱས་ཤཱཀྱ་ཐུབ་པ་འཁྲུངས་ཤིང་སངས་རྒྱས་པའི་ཡུལ་དེའམ། དེ་དང་ཉེ་བའི་ ཡུལ་ཕྱོགས་སུ་བསྟན་པའི་བདག་པོ་དེ་ལས་ལྷག་པའི་སྟོན་པ་འབྱུང་བར་འདོད་པ་ནི་བླུན་ པོ་སྟེ། དམྱལ་བ་ཐམས་ཅད་དང་ཡི་དྭགས་ཕལ་ཆེ་བའང་རྫུས་སྐྱེས་དང་ཚེ་ཤིན་ཏུ་རིང་བོར་ ཐུབ་པའི་ཕྱིར། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་བས་ཁྱད་པར་དུ་འཕགས་པར་འགྱུར་ལ་ སློབ་དཔོན་པདྨས་བོད་ཡུལ་གྱི་མི་དང༌། མི་མ་ཡིན་མ་རུང་པ་ཐུལ་བ་ཡང་བཅོམ་ལྡན་འདས་ ཉིད་ཀྱིས་བྱིན་ཀྱིས་བརླབས་པའི་འཕྲིན་ལས་ཁོ་ན་སྟེ། དཔལ་ཆོས་ཀྱི་གྲགས་པས། གང་ ཡང་རྒྱུད་རིག་འགའ་ཞིག་གིས། །གསང་སྔགས་འགའ་ཞིག་བྱེད་འགྱུར་བ། །དེ་དག་གིས་ དེ་གཙོ་བོའི་མཐུ། །དེས་བཤད་རིགས་པ་འཇུག་ཕྱིར་རོ། །ཞེས་དང༌། མཐུ་དང་ལྡན་པས་ བྱིན་གྱིས་བརླབས་པའི་ཕྱིར་ཞེས་བཤད་པ་ལྟར་རོ། །གར་ཏེ་བཅོམ་ལྡན་འདས་ཀྱིས་བོད་ ཡུལ་གྱི་མི་དང་མི་མ་ཡིན་ཐུལ་ན་ཡུལ་འདིར་དངོས་སུ་བྱོན་ཏེ་ཅིའི་ཕྱིར་ཆོས་མི་གསུངས། དེ་ ལྟར་མཛད་པའི་ཕྱིར་སློབ་དཔོན་པདྨ་ལྷག་པར་བསྒྲུབ་པོ་ཞེ་ན། འོ་ན་དེ་སྐད་སྨྲ་བའི་སྐྱེས་བུ་ དེ་ཡང་སློབ་དཔོན་པདྨ་བས་ཡང་ལྷག་པར་འགྱུར་དེ། སློབ་དཔོན་པདྨ་དངོས་སུ་བྱོན་ནས་ མ་བཏུལ་ཞིང་དངོས་སུ་ཆོས་མ་གསུངས་པའི་སྐྱེ་བོ་མང་བོ་ཁྱོད་ཀྱིས་བཏུལ་ཞིང་ཟབ་ཆོས་ བསྟན་པར་ཁས་ལེན་པའི་ཕྱིར་རོ། །དེས་ན་དེ་སྐད་སྨྲ་བའི་སྐྱེས་བུ་དེས་རྔ་ཡབ་གླིང་ནས་ ཁྱེར་འོངས་ཟེར་བའི་རྒྱུད་དང་དཀྱིལ་འཁོར་མང་བོའི་ཆོ་ག་དང༌། མན་ངག་ (སྒྲུབ་པ་བཀའ་བརྒྱད་ 3-1-233 སོགས་)དེ་རྣམས་འཛམ་བུའི་གླིང་ན་མེད་པར་མཐོང་ནས་གླིང་ཕྲན་རྔ་ཡབ་ནས་བླང་ཞེས་རྫུན་ སྒྲོགས་པ་མ་ཡིན་པར་གྱུར་ཅིག ཡང་ཚེས་བཅུའི་མཆོད་པ་ཞེས་པ་བདེ་མཆོག་དང༌། རྡོ་རྗེ་རྣལ་འབྱོར་མའི་ཆོས་སྐོར་ ཁུངས་མ་ལས་བཤད་པ་ནི་ཡོད་ལ། སློབ་དཔོན་པདྨ་ཕྱག་རྒྱ་ཆེན་པོའི་གྲུབ་པ་བརྙེས་ཤིང་ བོད་ཁ་བ་ཅན་པ་ལ་ཤིན་ཏུ་བཀའ་དྲིན་ཆེ་བའི་ཕྱིར། དེ་ལ་མཆོད་པ་འབུལ་བ་འཐད་ནའང་ ཚེས་བཅུ་ཁོ་ན་ལ་འབྱོན་ཞེས་པ་ལ་སྒྲུབ་བྱེད་ཡང་དག་མེད་དེ། གདུལ་བྱ་འདུལ་བའི་དབང་ གིས་ངེས་པ་མེད་པའི་ཕྱིར་རོ། ། དེ་དུས་འབྱོན་པ་ཁོང་རང་ཉིད་ཀྱིས་ཞལ་གྱིས་བཞེས་སོ་ཞེ་ན་རྫུན་སྨྲ་བ་མ་ཡིན་པར་ གྱུར་ཅིག ཡང་མ་ཎིའི་ཆོས་སྐོར་མང་བོ་གཏེར་ནས་ཐོན་པ་ཡིན་ཟེར་བ་སྣང་སྟེ། མདོ་ཟ་ མ་ཏོག་བཀོད་པ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་དུས་ནས་འགྱུར་ཞིང་དེ་གཏེར་དུ་སྦས་པ་ མེད་ལ། དེ་བས་གཏེར་ནས་ཐོན་པར་རློམ་པ་དེ་རྣམས་མི་ལྷག་པའི་ཕྱིར་གཏེར་དུ་སྦས་བ་ མི་བདེན་ཞིང་སཾ་སྐྲི་ཏིའི་སྐད་ཀྱི་ཡི་གེ་རྣམས་འཕྲལ་ཏེ། བོད་སྐད་ཀྱི་འབྲུ་ནོན་བྱས་པ་ལ་ སོགས་པ་ནོར་བ་མང་བོ་སྣང་བའི་ཕྱིར་གཏེར་འདོན་མཁན་དུ་རློམ་པ་དེ་ཉིད་ཀྱིས་བྱས་པ་ ཡིན་མཆི་མོད། དེ་ལྟ་ནའང་ཆོས་ཟབ་མོ་འདི་དར་བར་བྱས་པའི་ཆ་ནས་རྗེས་སུ་ཡི་རང༌། གཞན་ཡང་སངས་རྒྱས་ཞག་བདུན་མ་ཟེར་བའི་ཆོས་ཟབ་ཏུ་རློམ་པ་གྲག་སྟཻ། དོན་ལ་ ཆོས་ཟབ་མོ་ཁྱད་པར་ཅན་གཅིག་ཡིན་ཅིང༌། དེས་སྐྱེ་བོ་མང་བོ་ལ་ཕན་ཐོགས་ན་ཅི་མ་རུང་ སྙམ་ནས་གཞན་སྤྲོ་བ་བསྐྱེད་པའི་ཕྱིར་དེ་ལྟའི་མིང་འདོག་ཆེན་པོ་བྱས་པ་ཡིན་ན་ལེགས་ ཀྱི། གཞན་དུ་ན་ས་བཅུ་ཐོབ་པ་རྣམས་ལ་སྟོན་མཛོད། དེ་འབོགས་མཁན་ཁྱེད་རང་ཉིད་ སངས་རྒྱས་ལགས་སམ་བླུན་པོ་མགོ་བོ་མ་སྐོར་མཛོད། གཞན་ཡང་གཏུམ་མོ་ཞག་བདུན་ མ་ཞེས་པ་བསྒོམས་པས་ཞག་བདུན་ལ་དྲོད་ཆེན་པོ་སྐྱེ་ཞིང་རས་རྐྱང་ཐུབ་པའི་སངས་རྒྱས་ 3-1-234 ཀྱི་ཉེ་ལམ་ཁྱད་པར་ཅན་དུ་རློམ་པ་གྲག་སྟེ། དྲི་མ་མེད་པའི་རྒྱུད་སྡེ་དང་མན་ངག་ཅན་ནས་ གསུངས་པའི་གཏུམ་མོའི་ལམ་ཞེས་པ་ནི་རྡོ་རྗེ་འཆང་གིས་རྒྱུད་སྡེ་རྣམ་དག་དུ་གསུངས་པ་ བཞིན། རྣལ་འབྱོར་དབང་ཕྱུག་རྣམས་ཀྱིས་ཐུགས་ཉམས་སུ་བཞེས་པའི་རླུང་གི་རྣལ་འབྱོར་ ཁྱད་པར་ཅན་དང་དམིགས་པ་ཁྱད་པར་ཅན་ནམ། འཛིན་མེད་ཀྱི་ལམ་བསྒོམས་པས་གཏུམ་ མོའི་མེ་འབར་ཏེ་སྤྱི་བོའི་ཧཾ་ཡིག་ཞུ་བའི་བདེ་དྲོད་ཁྱད་པར་ཅན་རྒྱུད་ལ་སྐྱེས་ནས་རས་རྐྱང་ ཐུབ་པ་ཡིན་ན་སངས་རྒྱས་ཀྱི་རྒྱུར་འགྱུར་བའི་གཏུམ་མོའི་ལམ་ཡིན་མོད། དེ་ལས་གཞན་ པའི་རླུང་སྦྱོར་དང་དམིགས་པ་ཕྲན་ཚེགས་རྣོན་པོ་འགའ་རེས་དྲོད་འཕྲལ་དུ་སྐྱེ་བ་ཕྱི་རོལ་མུ་ སྟེགས་ཅན་ལའང་ཡོད་པའི་ཕྱིར། བདེ་དྲོད་དང་བདེ་སྟོང་གི་ཉམས་ཀྱིས་མ་བརྒྱན་པའི་རེ་ ཞིག་རས་རྐྱང་ཐུབ་པ་ཙམ་ལ་སྙིང་བོ་མེད་དོ། །དེས་ན་ཅི་འདྲ་ཡིན་མི་ཤེས་པའི་ཉམས་ལེན་ དེ་འདྲ་བོར་ནས་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཤྲཱི་ཛ་ལན་དྷ་ར་བའི་མན་ངག་ལ་བརྟེན་ ནས། བརྟུལ་ཞུགས་སྤྱོད་པ་ནག་པོ་པའི་གཏུམ་མོའི་ལམ་ཡོངས་སུ་རྫོགས་པ་ཞེས་བྱ་བའི་ ལམ་བསྒོམས་ན་ཁེ་ཆེའོ། ། གཞན་ཡང་ནང་བ་སངས་རྒྱས་པའི་ཐེག་པ་ལ་ཐེག་པ་རིམ་པ་དགུར་བྱས་ནས། དུས་ འཁོར་བདེ་དགྱེས་ལ་སོགས་པ་ཐེག་པ་འོག་མར་བྱས་ཏེ་དེ་བས་གོང་ནས་གོང་དུ་ཆེས་ཁྱད་ པར་དུ་འཕགས་པའི་ཐེག་པ་ཨ་ནུ་ཡོ་ག ཨ་ཏི་ཡོ་ག མཧཱ་ཡོ་ག ཞེས་པ་ཡོད་པར་འདོད་ཅིང༌། ཀུན་བྱེད་རིག་པའི་རྒྱལ་བོ་རྫོགས་པ་ཆེན་པོའི་དོན་མ་བསྟན་པས་བདེ་དགྱེས་སོགས་ཐེག་ པ་དམའ་འོ་ཟེར་ཏེ། སྤྱིར་བོད་ཡུལ་འདི་ན་གསང་སྔགས་ལ་གསར་རྙིང་གཉིས་ཞེས་གྲགས་ ཤིང༌། གསང་སྔགས་རྙིང་མ་ཞེས་སློབ་དཔོན་པདྨ་དང་པཎྜི་ཏ་བི་མ་ལ་མི་ཏྲ། རྒྱལ་བོ་ཁྲི་ སྲོང་ལྡེ་བཙན་གྱིས་སྤྱན་དྲངས་ཏེ་ལོ་ཙཱ་བ་བཻ་རོ་ཙ་ན་གཉགས་ཛྙཱ་ན་ཀུ་མཱ་ར་ལ་སོགས་པའི་ བསྒྱུར་ཟེར་བ་དང༌། ལ་ལ་འབྲུ་ཤའི་ཡུལ་དུ་བསྒྱུར་ཟེར་བ་དང༌། རིག་འཛིན་དགའ་རབ་ 3-1-235 རྡོ་རྗེ་མཁས་པ་ཤྲཱི་སིང་ཧ་ལ་སོགས་པ་ལ་བརྟེན་ནས་བསྒྱུར་ཟེར་བའི་རྒྱུད་དང༌། རྒྱ་གར་གྱི་ མཁས་པ་སྒེག་པ་རྡོ་རྗེ་ལ་སོགས་པས་བྱས་ཟེར་བའི་འགྲེལ་བ་མང་བོ་སྣང་ངོ༌། །སྔོན་རྒྱལ་ བོ་ཁྲི་སྲོང་ལྡེ་བཙན་གྱིས་བོད་དུ་སངས་རྒྱས་ཀྱི་བསྟན་པ་འཛུག་པའི་དུས་སུ། དམ་པའི་ཆོས་ འདུལ་བ་བསྟན་བའི་གཞི་མ་ཡིན་པས། མཁན་པོ་བྷོ་ཏི་ས་ཏྭ་སྤྱན་དྲངས་ཏེ། བོད་ལ་བཙུན་ པ་འོང་མི་འོང་{ཚད་དོ་ཞེས་ཚད་མི་{ཞེས་སད་དེ་སད་མི་མི}བདུན་རབ་ཏུ་བྱུང་སྟེ། རིམ་གྱིས་པཎྜི་ཏ་དང་ལོ་ཙཱ་བ་མང་པོས་སྡེ་སྣོད་གསུམ་བསྒྱུར། སྔགས་ཀྱི་ཡང་རྣལ་ འབྱོར་རྒྱུད་མན་ཆད་ཅི་རིགས་སུ་བསྒྱུར་ལ། བླ་མེད་ཀྱི་རྒྱུད་ནི་དབང་བོ་དམན་པ་རྣམས་ ལ་གསང་དགོས་པས་ཐབས་དང་ཤེས་རབ་ཟབ་མོའི་ལམ་དགོངས་པའི་སྐད་ཀྱིས་གསུངས་ པ་མང་ཞིང༌། དེར་བཤད་པའི་སྲོག་ཆགས་གསོད་པ་དང༌། བུད་མེད་བསྟེན་པ་ལ་སོགས་པ་ སྒྲ་ཇི་བཞིན་པར་བཟུང་སྟཻ་རབ་བྱུང་གི་བསྟན་པ་ཉམས་ཀྱིས་དོགས་ནས། བླ་མེད་ཀྱི་རྒྱུད་ གཏན་ནས་མ་བསྒྱུར་ཅིག་ཅེས་བཀས་བཅད་ཅེས་བཀས་བཅད་ཁུངས་མ་ལས་བྱུང་ཞིང༌། སྤྱིར་བཀའ་ཆེམས་དང་བཀས་བཅད་རྣམས་ལ་ཡང་སྐྱེ་བོ་རང་བཟོ་ཅན་མང་པོས་བསྲེ་ བསླད་བྱས་པའི་སྟོབས་ཀྱིས་མི་མཐུན་{པ}སྣ་ཚོགས་སྣང་སྟེ། དཔེ་ལ་ལར་རྒྱུད་སྡེ་འོག་མ་ གསུམ་བསྒྱུར་ཞིང་བླ་མེད་མ་བསྒྱུར་ཅིག་ཅེས་བཀས་བཅད་པར་བཤད་ལ། ལ་ལར་བྱ་སྤྱོད་ བསྒྱུར་ཞིང་གོང་མ་གཉིས་མ་བསྒྱུར་ཞེས་པ་དང༌། ལ་ལར་བྱ་རྒྱུད་དང་ཤེས་རབ་ཀྱི་རྒྱུད་མ་ བསྒྱུར་ཞིང་ཐབས་རྒྱུད་བསྒྱུར་ཟེར་དེ། ལོ་ཙཱ་བ་མགོས་ཁུག་པའི་སྔགས་ལོག་སུན་འབྱིན་ དུ། རྒྱལ་བོ་ཁྲི་སྲུང་ལྡེ་བཙན་གྱི་དུས་སུ་རྒྱུད་སྡེ་འོག་མ་གསུམ་བསྒྱུར་བླ་མེད་མ་བསྒྱུར། དེ་ནས་མི་རབས་གཅིག་ན་ལོ་ཙྪ་བ་སྐ་བ་དཔལ་བརྩེགས་དང༌། ལྕེ་བཀྲ་ཤིས་ཀྱི་གསང་ འདུས་ཟླ་གསང་ཐིག་ལེ་སངས་རྒྱས་མཉམ་སྦྱོར་སྒྱུ་འཕྲུལ་དྲྭ་བ་རྣམས་བསྒྱུར་ཞེས་འབྱུང་ ཞིང༌། བདག་ཉིད་ཆེན་པོ་རིན་ཆེན་བཟང་བོའི་སྔགས་ལོག་སུན་འབྱིན་ལས། རྒྱུད་སྡེ་འོག་ 3-1-236 མ་གསུམ་བསྒྱུར་བ་བཀག་པའི་གསལ་ཀ་མ་མཛད་ཅིང༌། བླ་མེད་བསྒྱུར་བ་དང་སྤྱོད་པའང་ གཏན་ནས་བཀག་ཅེས་གསུངས། མངའ་བདག་ཁྲི་རལ་གྱིས་བཀས་བཅད་དུ་གསང་སྔགས་ གཏན་ནས་མ་བསྒྱུར་ཅིག་ཅེས་བཤད་དོ། །གསང་སྔགས་སྔ་འགྱུར་དུ་གྲགས་པའི་རྒྱུད་དང་ མན་ངག་དང་སྒྲུབ་ཐབས་ལ་སོགས་པ་ཕལ་ཆེར་ནི་བླ་མེད་ཀྱི་ལུགས་འབའ་ཞིག་ལ་བརྟེན་ པར་སྣང་ཞིང༌། རྒྱལ་བོ་ཁྲོ་སྲུང་ལྡེ་བཙན་གྱི་དུས་སུ་རྒྱ་གར་དང་རྒྱ་ནག་ནས་བསྒྱུར་བའི་ མདོ་རྒྱུད་བསྟན་བཅོས་འགྱུར་རོ་ཚལ་དཀར་ཆག་དུ་བཏབ་པའི་དཀར་ཆག་ཆེན་མོ་ལྡན་ དཀར་མ་དང༌། འཆིམས་ཕུ་མ་དང༌། འཕང་ཐང་མ་དང༌། མངའ་བདག་ཁྲི་རལ་གྱིས་བཀའ་ བསྩལ་ཏེ། བོད་ཀྱི་མཁན་པོ་རཏྣ་རཀྵི་ཏི་སོགས་དང་ལོ་ཆེན་ཡེ་ཤེས་སྡེ་ལ་སོགས་པས་སྔར་ བསྒྱུར་བ་དང༌། ཞུ་ཆེན་བྱས་པ་ཐམས་ཅད་དཀར་ཆག་ཏུ་བྲིས་ཤིག་ཅེས་གསུངས་བ་བཞིན་ སྐད་གསར་བཅད་ཀྱིས་བཅོས་པ་རྣམས་གང་ན་ཡང་རྙིང་མའི་རྒྱུད་དང་འགྲེལ་བ་ལ་སོགས་ པའི་མིང་མི་སྣང་ཞིང༌། ལོ་ཙཱ་བ་རིན་ཆེན་བཟང་བོས་མཛད་པའི་སྔགས་ལོག་སུན་འབྱིན་ ལས། དེ་ལྟར་གསང་སྔགས་ཀྱི་སྒོ་བཞི་གསུངས་པ་ལས། རྣལ་འབྱོར་ཆེན་པོའི་རྒྱུད་ནི་སྟོན་ པས་ཀྱང་དུས་ཐམས་ཅད་ལ་སྟོན་པར་མ་མཛད་ཤིན་ཏུ་གསང་བ་ཉིད་དུ་གསུངས་པ། ཤེས་ རབ་ཤིན་ཏུ་ཆེ་བ་དང་ལྡན་པའི་སྤྱོད་ཡུལ་དུ་གསུངས་ཤིང༌། གསང་པའི་དོན་སྦས་ཏེ་བཀའ་ བསྩལ་བས་དགོངས་པས་གསུངས་པ་ཡང་ཤིན་ཏུ་མང་བའི་ཕྱིར་ཀུན་གྱི་ཐུན་མོང་མ་ཡིན་ ཞིང༌། རྟོགས་པར་དཀའ་ལ་དགོངས་པའི་དོན་མ་ཤེས་ཏེ་སྒྲ་ཇི་བཞིན་པའི་རྗེས་སུ་འབྲང་ ནས་འཕགས་པའི་ལམ་དང་གོལ་ཞིང་ལོག་པར་སྤྱོད་པར་འགྱུར་བའི་ཉེས་པ་ཡང་ཆེན་པོ་ ཡོད་པས། དམ་པའི་ཆོས་བོད་དུ་བསྒྱུར་བའི་དུས་སྐབས་སུ་ཡང༌། རྣལ་འབྱོར་ཆེན་པོའི་རྒྱུད་ བསྒྱུར་བ་དང་སྤྱོད་པ་ཡང་གཏན་བཀག་པ་ལས་ཕྱིའི་བསྟན་པ་གནས་པའི་ཆ་ཉམས་ཤིང་ལྷ་ དང་མིའི་གཞུང་ལུགས་བཟང་བོ་ཕལ་ཆེར་ནུས་[ནུབ་]པའི་སྐབས་སུ་ཡང་སྔར་གསུངས་ཏེ། 3-1-237 རྒྱུད་ཀྱི་རྩ་བ་འགའ་ཙམ་བསྒྱུར་ནས་སྦས་པ་འཕེལ་བ་ལ་ལུང་དང་མན་ངག་མེད་པར་སྒྲ་ཇི་ བཞིན་དུ་བཟུང་བ་དང༌། ལོག་པར་སྤྱོད་པའི་གང་ཟག་གཞན་གྱིས་རང་བཟོར་བརྩམས་པ་ དུ་མས་ཀྱང་བསླད་པར་གྱུར་བའི༌། གསང་སྔགས་ཀྱི་སྤྱོད་པ་སྐྱོན་མེད་པ་ལམ་གྱི་དམ་པར་ གྱུར་བ་དེ་ཚུལ་མ་ཡིན་པར་སྤྱད་པའི་རྒྱུས་འགྲོ་བ་མང་པོ་ཆུད་ཟ་ཞིང་གསང་སྔགས་ལའང་ ལོག་པར་སྤྱོད་པར་འགྱུར་བ་དང༌། ཁ་ཅིག་ནི་ཚིག་གི་ཚུལ་འདིའི་ནི། འདི་ནི་སངས་རྒྱས་ ཀྱི་བཀའ་མ་ཡིན་ནོ་ཞེས་སྐུར་བ་འདེབས་པའི་གཞིར་གྱུར་བ་ཡིན་ལ། དེ་དག་ཀྱང་དགོངས་ པའི་དོན་མ་ཤེས་ཤིང་སྒྲ་ཇི་བཞིན་དུ་བཟུང་བ་ཁོ་ན་ལས་གྱུར་བ་ཡིན་ནོ། །དེ་བས་ན་ཉེས་ པ་དེ་དག་བསལ་བའི་ཕྱིར་ཐེག་པའི་ཁྱད་པར་ལེགས་པར་རྟོགས་ཤིང་ལུང་དང་མན་ངག་ ཕྱིན་ཅི་མ་ལོག་པར་ཐོབ་པའི་མཁས་པས་འབད་པར་བྱ་བ་ཡིན་པས། བདག་ཅག་གི་བླ་མ་ དམ་པའི་ཞལ་སྔ་ནས་ཀྱི་ལུང་དང་རིགས་པའི་གཙུག་ལག་ལ་བརྟེན་ནས་མདོ་ཙམ་དུ་མཛད་ ཅེས་སོགས་གསུངས་ཏེ། བླ་མ་དམ་པ་ཞེས་པ་ནི་ལྷ་བླ་མ་ཡེ་ཤེས་འོད་དེ། དེ་ལ་སྔར་གསང་ སྟེ་རྒྱུད་ཀྱི་རྩ་བ་འགའ་བསྒྱུར་ནས་སྤས་པ་འཕེལ་བ་ལ་ཕྱིས་རང་བཟོར་བརྩམས་པ་དུ་མས་ སླད་པར་གྱུར་བ་ཤེས་པར་བྱ་བའི་ཕྱིར། ལོ་ཆེན་དེ་ཉིད་ཀྱིས་སློབ་མ་པུ་རངས་ཀྱི་རྒྱལ་བོ་ལོ་ ཙཱ་བ་ལྷ་བླ་མ་ཞི་བ་འོད་ཀྱིས་རྙིང་མར་གྲགས་པའི་རྒྱུད་འགྲེལ་སྒྲུབ་ཐབས་སོགས་འདི་དང་ འདི་དག བོད་ཀྱིས་རང་བཟོར་བརྩམས་ཞེས་པའི་སྔགས་ལོག་སུན་འབྱིན་མཛད། ལོ་ཙཱ་ བ་ཆེན་པོ་མགོས་ཁུག་པ་ལྷས་བཙས་ཀྱིས་ཀྱང་སྔགས་ལོག་སུན་འབྱིན་མཛད། ཆོས་རྗེ་ས་ སྐྱ་པཎྜི་ཏས་ཀྱང༌། གོང་དུ་སྨོས་པའི་ལོ་ཆེན་སོགས་བཞི་བོ་དེས་སྔགས་ལོག་སུན་འབྱིན་གྱི་ བསྟན་བཅོས་མཛད་པའི་སྟོབས་ཀྱིས། ས་སྐྱ་བ་ཆེན་བོ་ཡན་ཆད་དུ་ཆོས་ལོག་སྤྱོད་པ་ཅུང་ ཟད་ཉུང་ཞེས་གསུངས། དེ་ལྟར་ན་གསུང་རབ་རྒྱ་མཚོ་ལྟ་བུ་ལ་སྦྱངས་ཤིང་མཁས་པའི་གོ་ འཕང་ཐོབ་པའི་བོད་ཀྱི་མཁས་པ་ཕལ་ཆེར་རྙིང་མ་ཞེས་པའི་རྒྱུད་འདི་རྣམས་རྒྱུད་རྣམ་དག་ 3-1-238 མ་ཡིན་ཞིང༌། དེ་ལ་བརྟེན་པའི་རྒྱུད་འགྲེལ་མན་ངག་སྒྲུབ་ཐབས་སོགས་ཕལ་ཆེ་བའང་རྫུན་ ལ་རྫུན་བརྟེན་ཡིན་ཏེ། སློབ་དཔོན་པདྨ་དང་པཎ་ཆེན་བི་མ་ལ་མི་ཏྲ་སོགས་ཀྱིས་པཎྜི་ཏ་བྱས་ ནས་བསྒྱུར་བའི་རྒྱུད་འགྲེལ་མན་ངག་སྒྲུབ་ཐབས་སོགས་ཡིན་ན། མངའ་བདག་ཁྲི་རལ་བ་ ཡན་ཆད་ཀྱི་དཀར་ཆག་བོད་ཁམས་སུ་དམ་པའི་ཆོས་འགྱུར་རོ་ཚལ་གྱི་མཚན་སྨོས་པའི་ནང་ དུའང་འོང་བར་རིགས་ལ། གལ་ཏེ་རྒྱལ་པོས་བཀས་བཅད་དེ་བསྒྱུར་དུ་མ་གནང་བས་དེ་ དུས་མ་བསྒྱུར་ཞིང༌། པཎ་ཆེན་དེ་དག་གི་ཕྱག་ན་རྙིང་མར་གྲགས་པ་འདི་རྣམས་ཀྱི་རྒྱ་དཔེ་ ཡོད་དོ་ཞེ་ན། འོ་ན་བསམ་ཡས་སོགས་སུ་ཡོད་དགོས་ཤིང་སྐྱེ་བོ་གཞན་གྱིས་ཀྱང་མཐོང་ སྲིད་པ་ལས། བོད་ཀྱི་རྒྱལ་ཁམས་སུ་གང་ནའང་རྙིང་མར་གྲགས་པའི་རྒྱུད་འགྲེལ་མན་ངག་ སྒྲུབ་ཐབས་སོགས་མདོ་འདིའི་རྒྱ་དཔེ་སུས་ཀྱང་མཐོང་བ་ནི་མི་སྣང་ངོ༌། ། དེ་ལྟར་ན་འདི་རྣམས་མངའ་བདག་ཁྲི་རལ་ཡན་ཆད་ཀྱི་དུས་སུ་མེད་ཅིང༌། གླང་དར་ མས་བསྟན་པ་བསྣུབས་དུས་བསྒྱུར་བར་ནི་ཁྱེད་རང་ཡང་ཁས་མི་ལེན་ཏེ། ཕྱིས་ལོ་སྟོན་ལ་ སོགས་པས་དབུས་གཙང་དུ་བསྟན་པ་བཙུག་པའི་དུས་མན་ཆད་དུ་ནི། རྙིང་མའི་སྒྱུར་བྱེད་ དུ་འདོད་པའི་ལོ་པཎ་དེ་རྣམས་མི་བཞུགས་པ་ལ་སོགས་པ་རྒྱུ་མཚན་མང་བོ་ཡོད་པའི་ཕྱིར་ རོ། །འདི་དག་བོད་རྒད་པོ་རྡོ་རྗེ་འཛིན་པ་ཆེན་པོར་རློམ་པ་འགའ་ཞིག་གིས། རྒྱུད་འགྲེལ་ མན་ངག་སྒྲུབ་ཐབས་རྣམ་པར་དག་པ་འགའ་ཞིག་ལ་བརྟེན་ནས་རང་བཟོར་བརྩམས་པའོ་ ཞེས་གསུངས་སོ། །བཅོམ་ལྡན་རལ་གྲིས་ཐོག་མར་རྙིང་མ་ཆོས་ནོར་བ་ཡིན་ཞེས་གསུང་ཞིང་ ཕྱིས་བསམ་ཡས་ནས་གསར་རྙིང་ (གསང་སྙིང་)གི་རྒྱ་དཔེ་རྙེད་པས་ཡང་དག་ཡིན་པར་འདུག་ ཅེས་གསུངས་ལ། མཁན་ཆེན་ཐར་བ་ལོ་ཙཱ་བའི་གསུང་གི་ཕུར་བ་རྩ་དུམ་གྱི་རྒྱ་དཔེ་བལ་ བོར་སྣང་བས་རྙིང་མའི་རྒྱུད་ཡང་དག་ཡིན་པར་འདུག་ཅེས་གསུང་བ་ལ་མཁས་པ་དག་ན་ རེ། རྙིང་མའི་རྒྱུད་འགྲེལ་རྣམས་བཀའ་རྣམ་དག་མིན་ཟེར་བ་མ་བཟོད་ནས་རྙིང་མའི་ཕྱོགས་ 3-1-239 འཛིན་ཅན་གཅིག་གིས་རྒྱ་བལ་དུ་ཕྱིན་ཏེ། གསར་རྙིང་ (གསང་སྙིང་)རྒྱ་དཔེར་བྲིས་ཏེ་བསམ་ ཡས་སུ་བཞག་པ་ཡིན་ཅིང་ཕུར་བ་རྩ་དུམ་ཡང་རྒྱ་དཔེར་བྲིས་ཏེ། བལ་བོར་བཞག་པ་ཡིན་ནོ་ཞེས་གསུངས་ཤིང་མའི་མིང་དོན་རྟགས་དང་བཅས་པ་ གསུང་ཞིང༌། བཅོམ་རལ་ཡང་ཐུགས་ཆུང་རྩིང་ཞིང་ཞིབ་དུ་མ་བརྟགས་པར་ཁ་ཚོན་གཅོད་ སྔ་མཛད་པ་ཞིག་ཡོད་པར་འདུག་སྟེ། སྔར་དུས་འཁོར་ཡང་ཆོས་མིན་ཞེས་རེ་ཞིག་བསྐུར་བ་ བཏབ་གདའ། མཁན་ཆེན་ཐར་ལོ་པ་ཡང་རེ་འགའ་སྐད་དོད་ཐད་གཟིགས་པ་གཅིག་ཐུགས་ ལ་མ་ཤར་བ་དང་མང་པོའི་བརྟགས་དཔྱད་མི་མཛད་པའང་སྲིད་ཀྱིན་ཡོད་པར་སྣང་སྟེ། ཁོང་ པ་དང་དཔང་ལོ་ཙཱ་བ་བལ་བོར་དུས་མཉམ་དུ་བཞུགས་དུས་ངས་བོད་དུ་སྔར་མ་འགྱུར་བའི་ རྒྱུད་གཅིག་རྙེད་གསུང་ཟེར། དཔང་ལོ་ཙཱ་བས་མིང་ཅི་འདྲ་ཞིག་གདའ་གསུངས་བ་རྡོ་རྗེའི་ གནས་བཞི་བ་ཟེར་བ་གཅིག་འདུག་གསུངས། རྡོ་རྗེ་གདན་མིན་པར་གདའ་འམ་གསུངས་ པས། ག་རེ་གནས་དང་གདན་འདོན་བལྟ་དགོས་གསུང་ནས་བཞུད་སོང༌། ནང་པར་རྡོ་རྗེ་ གདན་བཞི་ཡིན་པར་འདུག་ཞེས་མཁས་པའི་དབང་བོ་དཔང་ལོ་ཙཱ་བ་གསུང་ཞེས་བླ་མ་དག་ གསུང་ངོ༌། །གལ་ཏེ་རྒྱ་དཔེ་དེ་གཉིས་རྣམ་དག་ཡིན་དུ་ཆུག་ནའང་གཞན་རྙིང་མའི་རྒྱུད་མང་ བོ་འདི་རྣམས་དང༌། རྒྱ་བལ་གྱི་མཁས་པའི་བྱས་པར་འདོད་པའི་འགྲེལ་བ་སྒྲུབ་ཐབས་ལ་ སོགས་པའི་རྒྱ་དཔེ་རེ་རེ་ཙམ་ཡང་རྒྱ་བལ་དུ་འོང་བར་རིགས་ཏེ། རྒྱལ་བོའི་བློན་པོ་གང་ཡང་ རུང་བའི་རྙིང་མའི་ཆོས་འདི་རྣམས་དགོས་སུ་བསྲེགས་ཤིང་ཉམས་པར་བྱས་པ་ལ་སོགས་ པའི་གཏམ་ནི་མི་སྣང་ངོ༌། །དེ་ལྟར་ན་རྙིང་མའི་རྒྱུད་སོགས་མང་པོ་འདི་ཙམ་ཞིག་སྔར་བསྒྱུར་ ངེས་ཡིན་ན་མངའ་བདག་ཁྲི་རལ་གྱི་དུས་ཡན་ཆད་དུ་འགྱུར་དགོས་ཏེ། ཁྲི་རལ་གཤེགས་མ་ ཐག་གླང་དར་མས་བོད་དུ་བསྟན་པ་བསྣུབས་ཅིང༌། དེ་རྗེས་སུ་ལོ་སྟོན་ལ་སོགས་པའི་འདིར་ བསྟན་པ་བཙུགས་པ་མན་ཆད་ནི་བསྟན་པ་ཕྱི་དར་ཡིན་པའི་སྔ་འགྱུར་གྱི་དོན་མེད་པའི་ཕྱིར་ 3-1-240 རོ། །དེས་ན་སྔར་བཤད་པ་ལྟར་སློབ་དཔོན་པདྨ་སོགས་གདན་དྲངས་ནས་ཆོས་བཙུགས་ པའི་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་ནས་ཆོས་རྒྱལ་ཁྲི་རལ་གྱི་བར་དུ་རྒྱ་གར་དང༌། རྒྱ་ནག་ནས་ བསྒྱུར་བས་དམ་པའི་ཆོས་འགྱུར་རོ་ཅོག་དཀར་ཆག་ཏུ་བྲིས་པ་རྣམས་ནའང་མིང་ཙམ་ཡང་ མི་སྣང༌། བསྟན་པའི་གཞི་བསམ་ཡས་སོགས་བོད་ཡུལ་གང་ནའང་རྩོད་མེད་ཀྱི་རྒྱ་དཔེ་ཡོད་ པར་མི་གྲགས་ཤིང༌། འགོས་ལོ་ཙཱ་བས་ལན་གསུམ་རྒྱ་གར་དུ་ཕྱིན་ཏེ། ངེད་བོད་ན་རྙིང་མ་ ཟེར་བའི་རྒྱུད་འགྲེལ་སོགས་འདི་འདྲ་ཡོད་རྒྱ་གར་ན་ཨེ་ཡོད། རྒྱུད་རྣམ་དག་ཨེ་ཡིན་དྲིས་ པས་རྒྱ་གར་ནའང་མེད་རྒྱུད་རྣམ་དག་མིན་གསུང་ཟེར། རྒྱ་གར་ན་རྙིང་མའི་རྒྱུད་འགྲེལ་སྒྲུབ་ ཐབས་སོགས་མདོ་འདིའི་རྒྱ་དཔེ་ཡོད་ན། བོད་ནས་སྔ་ཕྱི་རྒྱ་བལ་དུ་བྱོན་པའི་ལོ་ཙཱ་བ་མང་བོ་ དེ་སྙེད་ཀྱིས་རེ་རེ་ཙམ་ཅིའི་ཕྱིར་མི་སྙེད། དེས་ན་རྒྱ་གར་བས་བསྟན་བཅོས་བརྩམ། རྒྱ་ནག་ པ་མདོ་བརྩམ། བོད་རྒྱུད་རྩོམ་ཞེས་པ་ལྟར་བོད་རྒན་རྣམས་ཀྱིས་བྱས་པ་ཡིན་ནོ་ཞེས་གསུང་ ངོ༌། །དེ་ལྟར་ན་མཁས་པ་དག་གསུང་བའི་རྒྱུ་མཚན་དེ་རྣམས་ཀྱང༌། རྒྱུ་མཚན་ཤིན་ཏུ་རླིང་ པོ་སྣང་ཞིང་གཞན་ཡང་དཔྱད་པ་འདི་ཡང་ཡོད་དེ། རྒྱ་བལ་དང་རྒྱ་ནག་ནས་ལོ་པན་གྱིས་ བསྒྱུར་ངེས་པའི་མདོ་རྒྱུད་འགྲེལ་བ་འགྲེལ་བཤད་མང་བོ་མཐའ་ཡས་པ་འདི་ཙམ་གཅིག་གི་ ནང་ན། རྙིང་མར་གྲགས་པའི་རྒྱུད་འགྲེལ་སོགས་ཀྱི་མིང་ཙམ་ཡང་མི་སྣང་བ་འདི་མཚང་ཆེ་ ཤོས་སུ་འདུག་སྙམ་སྟེ་དཔྱད་པར་བྱའོ། །གང་ལྟར་ཡང་ཐེག་པ་རིམ་དགུའི་རྣམ་བཞག་བྱས་ ནས་ཐེག་པ་རིམ་པ་དགུའི་དབང་བསྐུར་བའི་ཆོ་ག་དང༌། དུས་འཁོར་བདེ་དགྱེས་སོགས་ཀྱི་ ཆོ་ག་དང༌། རིམ་གཉིས་ཀྱི་ཉམས་ལེན་སོགས་དམན་ཞིང༌། དེ་བས་ཨ་ཏི་ཡོ་ག་སོགས་རྒྱུད་ སྡེ་གོང་མ་མང་བོའི་རྣམ་བཞག་བྱས་པ་སོགས་ཤིན་ཏུ་ནོར་དེ། ཁྱེད་དང་ངེད་གཉིས་ཀ་ལ་ མཐུན་སྣང་དུ་གྲུབ་པའི་བརྟག་གཉིས་སོགས་རྒྱུད་སྡེ་རྣམ་དག་ཏུ། དང་བོ་གསོ་སྦྱོངས་ནས་ བརྩམས་ནས་རྣལ་འབྱོར་ཆེན་པོའི་རྒྱུད་གཞན་ཐམས་ཅད་ཤེས་པར་བྱས་ནས་དེ་རྗེས་ཀྱེ་ 3-1-241 རྡོ་རྗེ་བསྟན་ཞེས་དང༌། རྡོ་རྗེ་སྙིང་འགྲེལ་དུ་ཡང་དེ་བཞིན་དུ་གསུངས་ཤིང༌། རིགས་གསུམ་ མགོན་པོ་འཕགས་པ་ཀླུ་སྒྲུབ་ལ་སོགས་པའི་གྲུབ་ཆེན་བརྒྱད། རྣལ་འབྱོར་དབང་ཕྱུག་བིརྺ་ པ། སངས་རྒྱས་ཡེ་ཤེས་ཞབས་ལ་སོགས་པའི་རྒྱ་གར་གྱི་མཁས་གྲུབ་ཆེ་མང་གིས་དུས་ འཁོར་བདེ་དགྱེས་གསང་འདུས་ལ་སོགས་ལས་ལྷག་པའི་རྒྱུད་སྡེ་མ་རྙེད་པར། དེ་རྣམས་ཀྱི་ འགྲེལ་བ་སྒྲུབ་ཐབས་མན་ངག་ལ་སོགས་ཐུགས་ཉམས་སུ་བཞེས་ཤིང་བསྟན་པ་དང་སེམས་ ཅན་གྱི་དོན་རྒྱ་ཆེན་པོ་མཛད་དོ། །རྒྱ་ནག་དང་བོད་ཀྱི་མཁས་གྲུབ་དུ་མས་ཀྱང་དེ་ལྟར་མཛད་ པའི་ཕྱིར་དང༌། ཐེག་པ་རིམ་དགུའི་དབང་བྱེད་དུས་ཆོས་གོས་གཉིས་གདིང་བ་ཆུ་ཚག་ལྷུང་ བཟེད་གཏད་ནས་དགེ་ཚུལ་དུ་སྒྲུབ་པར་བྱེད། ཆོས་གོས་རྣམ་གསུམ་མཁར་བསིལ་སོགས་ གཏད་ནས་དགེ་སློང་དུ་སྒྲུབ་པར་བྱེད་པའི་དབང་བསྐུར་བྱེད་པར་གྲགས་ཏེ། དགེ་བསྙེན་ གྱི་སྡོམ་པ་ཙམ་ཡང་མི་འཛིན་པའི་ཁྱིམ་པའི་གོས་དཀར་ཅན་གྱི་སློབ་མ་དགེ་ཚུལ་དང་དགེ་ སློང་དུ་སྒྲུབ་པའི་ཆོ་ག་དང༌། འདུལ་བའི་སྡེ་སྣོད་དང་རྒྱབ་ལོག་པས་བསྟན་པའི་ཆོམ་རྐུན་དུ་ མངོན་ནོ། ། གཞན་ཡང་རིག་འཛིན་གྱི་སྡོམ་ལྡན་སྔགས་པ་རྡོ་རྗེ་སློབ་དཔོན་གྱིས། རྡོ་རྗེ་སློབ་མ་ལ་ ཐེག་ཆེན་གསང་སྔགས་ཀྱི་དབང་བསྐུར་བའི་ཚུལ་བཤད་པའི་དྲི་མ་མེད་པའི་རྒྱུད་འགྲེལ་ སྒྲུབ་ཐབས་གང་ན་ཡང་ཐེག་པ་རིམ་དགུའི་དབང་བྱ་བ་བཤད་པ་མི་སྣང་ཞིང༌། ཁྱོད་ཀྱི་ ལུགས་ལྟར་ན། རིགས་གསུམ་མགོན་པོ་སོགས་དང་གྲུབ་ཆེན་བརྒྱད་སོགས་རྒྱ་བོད་ཀྱི་ མཁས་གྲུབ་ཆེས་མང་དེ་རྣམས་ཀྱིས་གསང་སྔགས་ཀྱི་དབང་ཡོངས་སུ་རྫོགས་པ་མ་ཐོབ་ པར་འགྱུར་ཏེ། ཐེག་པ་རིམ་དགུའི་དབང་ཁྱེད་རྣམས་ཀྱི་བསྐུར་ཚུལ་ལྟར་འདི་ཐོབ་པའི་སྒྲུབ་ བྱེད་མེད་པའི་ཕྱིར་ཏེ། མདོ་རྒྱུད་འགྲེལ་མན་ངག་སྒྲུབ་ཐབས་དྲི་མ་མེད་པ་གང་དུ་ཡང་ཐེག་ པ་རིམ་དགུ་ཞེས་པའི་མིང་ཙམ་ཡང་མི་སྣང་བའི་ཕྱིར་རོ། །གཞན་ཡང་ཐེག་པ་རིམ་དགུའི་ 3-1-242 རྣམ་བཞག་འདི་རྣམས་ཀྱི་ཚིག་དང་དོན་གྱི་ཆ་ལ་རྒྱལ་བའི་བཀའ་དང་དྲི་མ་མེད་པའི་བསྟན་ བཅོས་དང་འགལ་བ་དུ་མར་སྣང་ཞིང༌། རྙིང་མ་གྲགས་པའི་རྒྱུད་འགྲེལ་སྒྲུབ་ཐབས་སོགས་ རྣམས་ལ་ཡང་ངོ༌། །དེ་ལྟར་ན་ཆོས་རྒྱལ་ཁྲི་སྲོང་སྡེ་བཙན་གྱི་དུས་སུ་མཁན་པོ་བྷོ་ཏི་ས་ཏྭའི་ ཞལ་ནས་རྒྱལ་བོ་ཁྱོད་ཀྱི་རྒྱལ་ཁམས་འདིར་ཐུབ་པའི་བསྟན་པ་དང་བོན་གྱི་བསྟན་པ་གཉིས་ མི་འཐད་པའི་དེ་གཉིས་ཤགས་བཀྱེ་ནས་རྒྱུ་མཚན་གང་བཟང་བའི་བསྟན་པ་ཚུགས་ཞེས་ གསོལ་དེ་ཤགས་བཀྱེ་བས་སློབ་དཔོན་ཤགས་རྒྱལ་ཏེ། སྣང་གཤིན་ཟེར་བའི་རིམ་གྲོ་མཁན་ འདི་མ་གཏོགས་བོན་ཐམས་ཅད་བསྣུབ་པར་བཤད་པའི་བོན་པོ་རྣམས་ཀྱིས་སྙིང་གནད་ བྱས་ཏེ། ཤཱཀྱ་ཐུབ་པའི་བསྟན་པ་འདི་ལ་ཐེག་པ་གསུམ་དང༌། རྒྱུད་སྡེ་བཞིར་བསྡུས་ནས་ ལྟ་བསྒོམ་སྤྱོད་འབྲས་རྣམ་པར་དག་པའི་བསྟན་པ་ལ་གནོད་པར་བྱ་བའི་ཕྱིར། རྡོ་རྗེ་འཛིན་ པར་རློམ་པའི་སྔགས་པ་འགའ་ལ་སུན་འབྱིན་ཏེ། སངས་རྒྱས་པའི་སྔགས་ཀྱི་ཐེག་པར་ཐེག་ པ་རིམ་པ་དགུ་དང༌། དེའི་རིམ་པ་ལྟ་བུ་དབང་བསྐུར་མན་ངག་སོགས་འབྲི་བ་དང༌། ཁོང་ གི་གྲུབ་མཐའ་མཆོག་ཏུ་འདོད་པའི་དབུ་མ་དང༌། རྒྱུད་སྡེ་མཆོག་ཏུ་འདོད་པའི་བདེ་དགྱེས་ གསང་འདུས་དུས་འཁོར་སོགས་ལས་ཆེས་ལྷག་པའི་རྒྱུད་བརྩོམས་ཞེས་བསྐུལ་བ་ཡིན་ནམ། ཡང་ན་རྒྱལ་བོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་རྒྱའི་ཧྭ་ཤང་མ་ཧཱ་ཡ་ན་ཞེས་པ་འབྱུང་སྟེ། ཕར་ ཕྱིན་བཅུ་ལ་སོགས་པ་ཆོས་སྤྱོད་རྣམ་པ་བཅུའི་སྒོ་ནས་བསྒྲུབ་ཅིང༌། ས་ལམ་རིམ་གྱིས་བགྲོད་ ནས་སངས་རྒྱས་ཐོབ་པར་འདོད་པའི་ལམ་འདི་ལམ་རྣམ་དག་མ་ཡིན་ཏེ། སྤྲིན་དཀར་ནག་ གིས་ཀྱང་ཉི་མ་སྒྲིབ་པ་ལྟར་སངས་རྒྱས་པ་ལ་གེགས་ཡིན། དེས་ན་ཆོས་སྤྱོད་བཅུ་ལ་སོགས་ པའི་ཆོས་བྱ་མི་དགོས་གང་ཡང་ཡིད་ལ་མི་བྱེད་པས་ཆོས་འདི་ལ་གནས་ན་ཉལ་ནས་སྡོད་པ་ གཅིག་འཚང་རྒྱ་སྟེ། འདི་ནི་ཁྱུང་ནམ་མཁའ་ནས་འབབ་པ་དང་འདྲ་བར་ཅིག་ཆར་དུ་འཇུག་ པའོ་ཞེས་ཟེར། དེའི་རྗེས་སུ་བཙུན་མོ་བློན་པོ་འབངས་ཕལ་ཆེ་བ་ཞུགས། མཁན་པོ་བྷོ་ཏི་ 3-1-243 ས་ཏྭའི་བཞེད་པ་ཆོས་སྤྱོད་བཅུ་སོགས་དགེ་བའི་ཆོས་བསྒྲུབ་ཅིང༌། ས་ལམ་རིམ་གྱིས་བགྲོད་ ནས་འཚང་རྒྱ་བའི་ལུགས་ཀྱི་རྗེས་སུ་འབྲང་བ་རྒྱལ་བློན་དང་ལོ་ཙཱ་བ་ཉུང་ཤས་གཅིག་ལས་ མ་བྱུང་སྟེ། རྒྱལ་བོས་མཁན་པོ་བྷོ་ཏི་ས་ཏྭའི་ཆོས་ལུགས་སྤྱོད་གསུང་ཡང་ཉན་དུ་མ་འདོད་ ཅིང༌། ཅིག་ཆར་བ་རྣམས་ཀྱིས་རིམ་གྱིས་པ་ལ་རིལ་གསོད་པ་ཡིན་ཟེར། དེའི་སྐབས་སུ་རྒྱ་ གར་ནས་མཁས་མཆོག་ཀ་མ་ལ་ཤཱི་ལ་སྤྱན་དྲངས་ཏེ། རྒྱལ་བོའི་ཞལ་ནས་ཅིག་ཅར་བ་དང་ རིམ་གྱིས་པའི་ལྟ་སྒོམ་སྤྱོད་འབྲས་མ་མཐུན་པ་འདི་ལ། རྒྱའི་མཁན་པོ་དང་ཁྱེད་གཉིས་རྩོད་ པ་གྱིས་ལ་གང་ཕམ་པ་དེས་རྒྱལ་བ་དེ་ལ་མེ་ཏོག་ཕུལ། གང་ཕམ་པ་དེའི་ངའི་ཡུལ་དུ་མ་ འདུག་ཅིང་དེའི་ཆོས་ལུགས་ཡང་ངའི་ཡུལ་དུ་སྤྱད་དུ་མེད་དོ་ཞེས་བཀས་བཅད། དེར་རྩོད་ པ་བྱས་པས་ཧྭ་ཤང་ཕམ་སྟེ་ཧྭ་ཤང་རྒྱ་ཡུལ་དུ་བརྫངས་ཁོའི་ཆོས་ལུགས་རྣམས་བསྣུབས་ ཏེ། རྒྱལ་བོའི་ཞལ་ནས་ཧྭ་ཤང་གི་ཆོས་ཅིག་ཆར་འཇུག་མཆི་བ་དེས་ཆོས་སྤྱོད་བཅུ་ལ་སྐྱོན་ བཀལ་སེམས་ནི་བྱིང༌། ཚོགས་ནི་མི་བསོགས་གཞན་གྱི་བློར་སྦྱོང་འཕྲོ་བཅད་པས་ཆོས་ཀྱང་ ནུབ་པར་གྱུར་བས་འཕྲོ་ཆོད་ལ་དེང་སླན་ཆད་ལྟ་བ་ཀླུ་སྒྲུབ་ཀྱི་ལུགས་སུ་བཟུང༌། སྤྱོད་པ་ ཕར་ཕྱིན་བཅུ་ལ་ཆོས་སྤྱོད་བཅུས་ཉམས་སུ་ལོངས། སྒོམ་པ་ཤེས་རབ་རྣམ་གསུམ་གྱིས་བློ་ སྦྱོངས་ལ་ཐབས་ཤེས་རབ་ཟུང་དུ་འབྲེལ་བར་སྒོམས། ད་སླན་ཆད་ངའི་བོད་འབངས་རྗེ་བློན་ གང་གིས་ཀྱང་ཧྭ་ཤང་གི་ཆོས་ལུགས་སྤྱོད་པར་མི་དབང་ངོ༌། །ངའི་བོད་ཁམས་འདི་མཐའ་ འཁོབ་ཏུ་གྱུར་བ་དང༌། རིག་པ་བླུན་ཞིང་རང་དགའ་མང་སྟེ། ཆོས་བརྟགས་པར་དཀའ་ཞིང་ ཟབ་པར་གྱུར་བས་རྒྱ་གར་གྱི་མཁས་པ་རབ་ཏུ་གྲགས་པ་རྒྱལ་པོས་སྤྱན་དྲངས་ཏེ། ལོ་ཙཱ་བ་ མཁས་པས་གཏན་ལ་ཕབ་པ་དེ་ལ་འཇུག་པར་བྱའོ། །རྒྱལ་བོས་ཡོན་བདག་མ་བྱས་ལོ་ཙཱ་བ་ མཁས་པས་གཏན་ལ་མ་ཕབ་པའི་ཆོས་གང་ལ་ཡང་འཇུག་པར་མི་བྱ་བར་བཀའ་ནན་དྲག་ཏུ་ སྩལ་ཞེས་བཤད་དོ། །དེ་ལ་ཧཱ་ཤང་གི་རྗེས་འཇུག་ཤིན་ཏུ་མང་བོ་རྣམས་ཀྱིས། རྡོ་རྗེ་འཛིན་ 3-1-244 པར་རློམ་པའི་སྔགས་པ་གྲགས་པ་ཅན་འགའ་ཞིག་ལ་ཁ་ལོག་བཅུག་སྟེ། ཕར་ཕྱིན་བཅུ་ སོགས་ལ་ཆོས་སྤྱོད་བཅུའི་སྒོ་ནས་སློབ་ཅིང༌། ཞི་ལྷག་རིམ་གཉིས་ཀྱི་རྣལ་འབྱོར་གྱི་སྒོ་ནས་ ས་ལམ་རིམ་གྱིས་བགྲོད་པའི་གྲུབ་མཐའ་སུན་དབྱུང་བའི་ཕྱིར། དེ་ལྟར་སྟོན་པའི་མདོ་རྒྱུད་ ཐེག་པ་དམའ་མོར་ཞོག་ལ། བྱ་རྩོལ་དང་བྲལ་བའི་སྤྱོད་ལམ་གྱིས་བྱར་མེད་ཀྱི་ངང་དུ་ཞོག དེ་ལྟར་བྱས་ན་ཁྱུང་ནམ་མཁའ་ནས་བབས་པ་དང་འདྲ་བར་སྐད་ཅིག་གིས་སངས་རྒྱའོ་ཞེས་ དང༌། ཡང་དེ་ལྟའི་ལམ་དེ་བསྒོམ་ཤིང་ངོ་འཕྲོད་ན་རྣལ་འབྱོར་བ་ཀུན་ཏུ་བཟང་བོར་སངས་ རྒྱས་ཟིན་ཡང་ཁྱུང་རྒོང་རྒྱས་བཅིངས་པ་ལྟར་ལུས་རྒྱས་བཅིངས་པར་ཟད་ཅེས་སྟོན་ལ། དེའི་ ལུགས་ཀྱི་རྒྱུད་དང་མན་ངག་སོགས་ཀྱིས་ལ་དར་བར་གྱིས་ཤིག་ཅེས་བསྐུལ་བ་བཞིན་བྱས་ ཏེ། ལམ་རིམ་གྱིས་བར་སྟོན་པའི་མདོ་རྒྱུད་རྣམས་ཐེག་པ་དམའ་ཞིང༌། བྱ་རྩོལ་དང་བྲལ་ བའི་སྤྱོད་ལམ་གྱིས་བྱར་མེད་ཀྱི་ངང་དུ་འཇོག་པར་སྟོན་པའི་རྒྱུད་དང་མན་ངག་རྒྱ་ཆེར་སྤེལ་ བ་མ་ཡིན་ནམ་སྙམ་སྟེ། བདག་བདེ་ལེགས་སུ་འདོད་པ་དག་དེ་ལ་མ་ཞུགས་ན་འཐད་དོ། ། ཡང་ཁ་ཅིག་ (ཕྱག་ཆེན་བ་འགའ་དང་དབུ་མ་པར་རློམ་བ་འགས་)མདོ་རྒྱུད་ལ་ཆོས་ཐམས་ཅད་རྨི་ ལམ་ལྟ་བུ་སྒྱུ་མ་ལྟ་བུ་ཞེས་ཡང་ཡང་བཤད་ཅིང་བསྟན་བཅོས་དུ་མར་ཡང་བཤད་ལ། ཁྱད་ པར་དུ་བྱང་ཆུབ་སེམས་འགྲེལ་ལས། །རྨི་ལམ་སད་པའི་གནས་སྐབས་ལ། །དོན་བྱེད་པ་ལ་ ཁྱད་པར་མེད། །ཅེས་སོགས་གསུངས་པའི་ཕྱིར། རྨི་ལམ་དང་སད་པའི་གནས་སྐབས་ལ་ཁྱད་ པར་ཅུང་ཟད་ཀྱང་མེད་དོ་ཞེས་མཐའ་གཅིག་ཏུ་སྨྲའོ། །འོ་ན་དགེ་སློང་ཞིག་གིས་རྨི་ལམ་དུ་ཞེ་ སྡང་དྲག་པོས་མི་བསད་པ་རྨིས་ན་ངས་བསད་དོ། །ལེགས་པར་སོད་དོ་ཞེས་དགའ་བ་ཆེན་པོ་ དང་བཅས་པ་རྨིས་པས་དགེ་སློང་གི་སྡོམ་པ་གཏོང་བར་འགྱུར་ཏེ། གཉིད་སད་པའི་གནས་ སྐབས་སུ་སྦྱོར་དངོས་རྗེས་གསུམ་ཚང་བས་མི་བསད་པས་དེ་གཏོང་བའི་ཕྱིར་རོ། །ཁྱབ་པ་ ཁས་བླངས་ཤིང༌། རྟགས་མ་གྲུབ་ན་འདུལ་བ་ལུང་སོགས་ལྟ་བ་མ་འགྲུབ་ནའང་ལས་ཆོག་ 3-1-245 ཀློགས་ཤིག འདོད་མི་ནུས་ཏེ། འདུལ་བའི་མདོ་བསྟན་བཅོས་རྣམས་སུ་འདི་འདྲའི་རིགས་ ཅན་ཐམས་ཅད་ལ་རྨི་ལམ་མ་གཏོགས་ཏེ། ཞེས་ཡང་ཡང་གསུངས་པའི་ཕྱིར་རོ། ། གཞན་ཡང་ཡང་དག་ཀུན་རྫོབ་དང་ལོག་པའི་ཀུན་རྫོབ་ཀྱི་རྣམ་དབྱེ་མེད་པར་འགྱུར། གཉིད་ལོག་མ་ལོག་གི་རྣམ་དབྱེའང་མེད་པར་འགྱུར་བ་ལས་དེ་ལྟར་ཡང་མ་ཡིན་ནོ། །སློབ་ དཔོན་ཟླ་བ་གྲགས་པས། གནོད་པ་མེད་པའི་དབང་བོ་དྲུག་རྣམས་ཀྱིས། །གཟུང་བ་གང་ ཡིན་འཇིག་རྟེན་གྱིས་རྟོགས་ཏེ། །འཇིག་རྟེན་ཉིད་ལས་བདེན་ཡིན་ལྷག་མ་ནི། །འཇིག་རྟེན་ ཉིད་ལ་ལོག་པར་རྣམ་པར་བཞག །ཅེས་དང༌། དབུ་མ་བདེན་གཉིས་ལས། སྣང་དུ་འདྲ་ཡང་ དོན་བྱེད་དག །ནུས་པའི་ཕྱིར་དང་མི་ནུས་ཕྱིར། །ཡང་དག་ཡང་དག་མ་ཡིན་པའི། །ཀུན་ རྫོབ་ཀྱི་ནི་དབྱེ་བ་བྱས། །ཞེས་སོགས་མང་ངོ༌། །ཡང་རྨི་ལམ་དུ་ཞེ་སྡང་དྲག་པོ་སོགས་ཀྱིས་ ཕའམ་མ་བསད་ཅིང༌། བསད་རྗེས་དགའ་བ་ཆེན་པོ་དང་བཅས་པ་རྨིས་པས་ཕ་མ་བསད་ པའི་མཚམས་མེད་ཀྱི་ལས་བྱས་པར་འགྱུར་ཏེ། གཉིད་སད་པའི་གནས་སྐབས་སུ་དེ་ལྟར་ བྱས་པ་དེར་འགྱུར་བའི་ཕྱིར་རོ། །ཁྱབ་པ་ཁས་བླངས་ལ། འདོད་མི་ནུས་ཤིང༌། རྟགས་མ་ གྲུབ་པ་ཡང་མ་ཡིན་ཏེ། སྤྱོད་འཇུག་ལས། སྒྱུ་མའི་སྐྱེས་བུ་བསད་ལ་སོགས། །སེམས་མེད་ ཕྱིར་ན་སྡིག་མེད་དོ། །སྒྱུ་མའི་སེམས་དང་ལྡན་པ་ལ། །བསོད་ནམས་དང་ནི་སྡིག་པ་འབྱུང༌། ། ཞེས་ཏེ། སྒྱུ་ལ་མཁན་གྱིས་སྤྲུལ་བའི་སྒྱུ་མའི་མི་དང༌། རྨི་ལམ་གྱི་མི་སོགས་སེམས་མེད་ ཡིན་པས་དེ་བསད་ཡང་མི་བསད་པའི་དངོས་གཞིའི་སྡིག་པ་མི་འབྱུང༌། དོན་དམ་པར་བདེན་ མེད་སྒྱུ་མ་ལྟ་བུའི་སེམས་དང་ལྡན་པའི་སེམས་ཡོད་ཀྱིས་མི་སོགས་ལ་ཕན་པ་དང་གནོད་པ་ བྱས་ན། རིམ་པ་བཞིན་བསོད་ནམས་དང་སྡིག་པ་འབྱུང་ངོ་ཞེས་པའི་དོན་ནོ། །ལུང་གཞན་ ཡང་ཤེས་པར་བྱ་སྟེ་སླའོ། །གཞན་ཡང་ཐ་མལ་བའི་རྨི་ལམ་དང་སད་དུས་ལས་བྱས་པའི་ འབྲས་བུ་ཡང་ཁྱད་པར་མེད་པར་འགྱུར་ཏེ། རྨི་ལམ་དང་སད་དུས་ཁྱད་པར་མེད་པའི་ཕྱིར་ 3-1-246 རོ། །འདོད་ན་དབྱིག་གཉེན་གྱིས། རྨི་ལམ་སེམས་ནི་གཉིད་ཀྱིས་ཉམས། །དེས་ན་འབྲས་བུ་ འདྲ་མ་ཡིན། །ཞེས་དང་འགལ་ལོ། ། ཡང་འཁོར་བ་དང་མྱ་ངན་ལས་འདས་པའི་རྣམ་དབྱེའང་མེད་པར་འགྱུར་ཏེ། རྨི་ལམ་ དང་སད་དུས་ཀྱི་གནས་སྐབས་ཁྱད་པར་མེད་པའི་ཕྱིར་རོ། །གལ་ཏེ་འདོད་དེ། འཁོར་འདས་ དབྱེར་མེད་མཉམ་ཉིད་ཡིན་པའི་ཕྱིར་ཇི་སྐད་དུ་ཡང་ཡུམ་གྱི་མདོ་ལ་སོགས་པར། སྲིད་ཞི་ལ་ སོགས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་གསུངས་པའི་ཕྱིར་དང༌། བརྟག་གཉིས་ལས། འདི་ ཉིད་འཁོར་བ་ཞེས་བྱ་སྟེ། །འདི་ཉིད་མྱ་ངན་འདས་པ་ཡིན། །འཁོར་བ་སྤངས་ནས་གཞན་དུ་ ནི། །མྱ་ངན་འདས་པ་རྟོགས་མི་འགྱུར། །ཞེས་དང༌། རིགས་པ་དྲུག་ཅུ་བར། སྲིད་པ་དང་ནི་མྱ་ ངན་འདས། །གཉིས་པོ་འདི་ནི་ཡོད་མ་ཡིན། །སྲིད་པ་ཡོངས་སུ་ཤེས་པ་ཉིད། །མྱ་ངན་འདས་ ཞེས་བྱ་བར་བརྗོད། །ཅེས་སོགས་བཤད་དོ་ཞེ་ན། འཁོར་འདས་མཉམ་ཉིད་དབྱེར་མེད་ཅེས་ པ། འཁོར་འདས་ཁྱད་མེད་ཀྱི་དོན་དུ་འདོད་ན་ནི་ཤིན་ཏུ་འཁྲུལ་ཏེ། སངས་རྒྱས་ལ་སོགས་ པའི་འཕགས་པ་རྣམས་ལས་ཉོན་གྱི་དབང་གིས་སྐྱེ་བ་དང་འཆི་བ་རྒྱུད་མར་ལེན་དགོས་ པར་འགྱུར། ངན་སོང་གསུམ་གྱི་སྡུག་བསྔལ་དྲག་པོས་ཡོངས་སུ་གདུང་བར་ཡང་འགྱུར་ བ་སོགས་ཀྱི་སྐྱོན་དུ་མ་ཡོད་པར་ཤེས་པར་བྱ་ཞིང༌། ཐར་བ་དོན་གཉེར་གྱི་སྐྱེས་བུ་རྣམས་ འཁོར་བ་ལས་ཐར་བར་བྱ་བའི་ཕྱིར་དུ་འབད་པ་བྱེད་པའང་དོན་མེད་པར་འགྱུར། ཐར་ ལམ་ལ་འབད་པ་འཐད་པ་བཞིན་ཏུ་འཁོར་བའི་ཐབས་ལའང་འབད་ལ་འཐད་པར་འགྱུར། དཀོན་མཆོག་གསུམ་སེམས་ཅན་རྣམས་ཀྱི་མགོན་སྐྱབས་ཡིན་པ་བཞིན་དུ། ངན་སོང་གསུམ་ པོ་ཡང་སེམས་ཅན་རྣམས་ཀྱི་མགོན་སྐྱབས་དང་དཔུང་གཉེན་སོགས་སུ་ཐལ་བར་འགྱུར། དེ་བཞིན་དུ་སྤངས་བྱ་དང་གཉེས་པོ། བདེ་བ་དང་སྡུག་བསྔལ། ཟག་བཅས་དང་ཟག་མེད་ སོགས་ཁྱད་པར་མེད་པར་ཐལ་བར་འགྱུར་བ་ལ་སོགས་པའི་སྐྱོན་མཐའ་ཡས་པ་ཡོད་པས་ 3-1-247 ཤེས་པར་བྱའོ། །དེ་ལྟར་ན་འཁོར་འདས་ཞེས་པའི་ཐ་སྙད་འདི་སྒྲ་ཇི་བཞིན་པ་དང་ཇི་བཞིན་ མ་ཡིན་པའི་སྒོ་ནས་ཚུལ་དུ་མ་གསུངས་ཏེ། དཔལ་འཕྲེང་གི་མདོར། ཤ་རིའི་བུ་ཆོས་ཀྱི་སྐུ་དེ་ ཉིད་ཉོན་མོངས་པའི་སྤུབས་བྱེ་བ་མཐའ་ཡས་པས་བཏུམས་པའི་འཁོར་བའི་རྒྱུན་གྱིས་ཁྱེར་ བ། ཐོག་མ་དང་ཐ་མ་མེད་པའི་འཁོར་བའི་འགྲོ་བར་འཆི་བ་དང་སྐྱེ་བ་དག་ཏུ་འཁོར་བ་ནི་ སེམས་ཅན་གྱི་ཁམས་ཞེས་བརྗོད་དེ་ཞེས་དང༌། བརྟག་གཉིས་ལས། འདི་{ཉིད}འཁོར་བ་ ཞེས་བྱ་སྟེ། །ཞེས་སེམས་ཅན་གྱི་ཁམས་སམ་དྲི་བཅས་དེ་བཞིན་ཉིད་ལ་འཁོར་བ་ཞེས་པའི་ ཐ་སྙད་མཛད། དེ་བཞིན་དུ་མྱ་ངན་ལས་འདས་པ་ཞེས་པའང་གཞན་ནོ། ། རྒྱུན་ཆད་པའི་དམན་པའི་མྱ་ངན་འདས་ལའང་ཐ་སྙད་མཛད་པ་ཡོད་མོད། དེ་ལྟར་ གསུངས་པའི་ཚུལ་དེ་གཉིས་ཀྱང་དགོངས་པ་ཅན་ཡིན་གྱི་དེའི་དོན་སྒྲ་ཇི་བཞིན་པར་མི་ བཟུང་སྟེ། དང་པོའི་དགོངས་གཞི་རྒྱུན་མ་ཆད་པར་འཇུག་པ་ལ་དགོངས་ཤིང་དེ་ལ་འཁོར་ {བ}ཞེས་པའི་ཐ་སྙད་འདོག་པའི་རྒྱུ་མཚན་ནི། སྤྱིར་འཁོར་བ་ཞེས་པའི་ཐ་སྙད་ཀྱི་དོན་སྐྱེ་ འཆིའི་རྒྱུན་གྱིས་འཇུག་པ་ལ་བཤད་པས་རྒྱུན་མ་ཆད་པར་འཇུག་པར་འདྲ་བའི་རྒྱུ་མཚན་གྱི་ སྒོ་ནས་བརྗོད། དངོས་ལ་གནོད་བྱེད་འཁོར་བ་མཚན་ཉིད་པ་མ་ཡིན་ཏེ་འདུས་བྱས་མ་ཡིན་ པའི་ཕྱིར་རོ། །གཉིས་པའི་དགོངས་གཞི་རེ་ཞིག་འཁོར་བའི་སྡུག་བསྔལ་དྲག་པོ་ཞི་བ་ཙམ་ ལ་དགོངས། དགོས་པ་འཁོར་བ་ཉིད་ལ་དགའ་ཞིང་ཞེན་པའི་སྐྱེས་བུ་རྣམས་དྲངས་པའི་ ཕྱིར་རེ་ཞིག་ངལ་གསོ་བའི་ཆེད་ཡིན་ནོ། །དངོས་ལ་གནོད་བྱེད་མཐར་ཐུག་གི་མྱང་འདས་མ་ ཡིན་ཏེ། རྒྱུད་བླར། ཇི་སྲིད་སངས་རྒྱས་མ་ཐོབ་པར། །མྱ་ངན་འདས་པ་མི་འཐོབ་སྟེ། །ཞེས་ སོགས་བཤད་པས་སོ། །དོན་དེ་རྣམས་ཚིག་གསལ་འཇུག་དང་དབུ་མ་སྣང་བ་ལ་སོགས་པར་ རྒྱས་པར་གསུངས་ཏེ་མང་དོགས་པས་མ་བྲིས་སོ། ། དེས་ན་ཟག་བཅས་ཀྱི་ལས་དང་ཉོན་མོངས་པའི་ཀུན་འབྱུང་གི་དབང་གིས་སྡུག་བསྔལ་ 3-1-248 རྒྱུད་མར་འཇུག་པ་ནི་འཁོར་བ་ཞེས་པའི་དོན་གྱི་གཙོ་བོ་ཡིན་ཞིང༌། ཀུན་གཞིའི་རྣམ་ཤེས་ ཡང་འཁོར་བ་ཙམ་དུ་རུང་སྟེ། ཉན་ཐོས་སྡེ་བའི་མདོར། འཁོར་བ་ཇི་སྲིད་པའི་ཕུང་བོ་ཞེས་ གསུངས་པའི་དོན་ཀུན་གཞིའི་རྣམ་ཤེས་ལ་དགོངས་ཞེས་འཕགས་པ་ཐོགས་མེད་གསུངས་ སོ། །དེ་ཡང་ཀུན་གཞིའི་རྣམ་ཤེས་དེ་ས་བདུན་པ་མན་ཆད་ཟག་པས་བཅིངས་པས་ཟག་ བཅས་དང༌། ཉན་རང་དགྲ་བཅོམ་དང༌། དག་པ་ས་གསུམ་གྱི་སྐབས་སུ་ཉོན་མོངས་པའི་ བག་ཆགས་ཀྱི་དྲི་ང་བ་ཐམས་ཅད་དང་ལྡན་ཞེས་དཔལ་འཕྲེང་གི་མདོར་གསུངས་པས། དེ་ རྣམས་ཀྱི་རྒྱུད་ཀྱི་ཀུན་གཞིའི་རྣམ་ཤེས་དེ་ཡང་ཉོན་མོངས་པའི་བག་ཆགས་ཀྱི་དྲི་མའི་དྲི་ང་ བས་བཅིངས་པས་ཟག་བཅས་ཡིན་གྱི། ཀུན་གཞིའི་རྣམ་ཤེས་ཟག་མེད་མི་སྲིད་པས་དེ་ཡོད་ པར་བཞེད་ (བུ་སྟོན་སོགས་)པའང་ལུང་ཅུང་མི་མཐུན་ནོ། །མྱང་འདས་མཐར་ཐུག་པ་མི་གནས་ པའི་མྱང་འདས་དེ། འཁོར་བ་རྟག་པའི་མཐའ་མྱང་འདས་ཆད་པའི་མཐར་མ་ལྟུང་བའི་དོན་ དམ་ཆོས་ཀྱི་སྐུའོ། །དེ་ལྟར་ན་འཁོར་འདས་དབྱེར་མེད་སྲིད་ཞི་མཉམ་ཉིད་ཞེས་པ་འཁོར་ འདས་ཐམས་ཅད་གདོད་ནས་རང་བཞིན་གྱིས་དབེན་པའི་དངོས་པོ་མེད་པའམ། བདེན་ པའི་སྐྱེ་འགག་མེད་པར་དབྱེར་མེད་པས་ཏེ་ཁྱད་མེད་པའམ་དེར་མཉམ་པ་ཉིད་ཡིན་པ་དང༌། འཁོར་བ་འདིའི་དེ་བཞིན་ཉིད་དང་ཆད་པའི་མྱང་འདས་ཀྱི་དེ་བཞིན་ཉིད་དབྱེར་མེད་ཡིན་པ་ དང༌། སྐབས་ལ་ལར་འཁོར་བའི་དེ་བཞིན་ཉིད་ཀ་རང་གི་ངོ་བོ་གློ་བུར་དྲི་མ་ཐམས་ཅད་ཀྱིས་ གདོད་ནས་རྣམ་པར་གནས་པའི་ཕྱིར། འཁོར་འདས་ཀྱི་མཐར་མ་ལྟུང་བའི་མྱང་འདས་ཡིན་ པ་མ་དགོངས་ནས་འཁོར་འདས་དབྱེར་མེད་དང་སྲིད་ཞི་མཉམ་ཉིད་ཅེས་གསུངས་པ་ཡིན་ ནོ། །དོན་དེ་རྣམས་ཀྱང་ཚིག་གསལ་འཇུག་དབུ་མ་སྣང་བ་སོགས་སུ་རྒྱས་པར་གསུངས་པར་ བལྟའོ། །དེའི་ཕྱིར་མདོ་རྒྱུད་བསྟན་བཅོས་ལས་ཆོས་ཐམས་ཅད་རྨི་ལམ་ལྟ་བུ་ལ་སོགས་ པར་གསུངས་པའི་དོན་ཡང༌། གནས་ལུགས་དཔྱོད་པའི་རིགས་པས་བརྟགས་ན་བདེན་པའི་ 3-1-249 དངོས་པོ་མེད་པ་སྟེ་རྨི་ལམ་སྒྱུ་མ་སོགས་བཞིན་ཞེས་སྟོན་པ་ཡིན་ལ། ཁྱད་པར་འཕགས་པ་ ཀླུའི་ལུང༌། རྨི་ལམ་སད་པའི་གནས་སྐབས་ལ། །དོན་བྱེད་པ་ལ་ཁྱད་པར་མེད། །ཅེས་པ་ནི། དངོས་སྨྲས་ནང་ནས་ཕྱི་རོལ་དོན་སྨྲ་ཕྱི་དོན་བདེན་པ་འདོད་པ་དགག་པའི་གཞུང་དུ་སྣང་སྟེ་ དེ་ཉིད་བལྟས་པས་ཤེས་པར་འགྱུར་རོ། ། ཡང་བརྟག་གཉིས་ཀྱི་ལུང་དུ། འདི་ཉིད་འཁོར་བ་ཞེས་བྱ་སྟེ། །ཞེས་སོགས་ནས། རྨོངས་མེད་འཁོར་བ་དག་པས་ནི། །འཁོར་བ་མྱ་ངན་འདས་པར་འགྱུར། །ཞེས་པའི་བར་ གྱི་དགོངས་དོན་འཁོར་བ་འདི་ཉིད་མྱ་ངན་ལས་འདས་པ་མཆོག་ཡིན་པར་བསྟན་པ་མ་ཡིན་ གྱི། སེམས་ཅན་གྱི་སེམས་ཀྱི་རང་བཞིན་ནམ་དེ་བཞིན་ཉིད་དེ་གདོད་ནས་དྲི་མས་མ་གོས་ པ་གཅིག་ཡིན་ཡང༌། ཁོ་ཁྱབ་བྱེད་དུ་ཡོད་པའི་རྟེན་སེམས་ཅན་གྱི་སེམས་རྒྱུད་ལ་ཡང་ཡོད་ མ་ཐག་པའི་བདག་གཉིས་སུ་འཛིན་པ་སོགས་ཀྱི་མ་རིག་པ་བྱུང་བའི་སྟོབས་ཀྱིས་རྨོངས་པར་ གྱུར་བས། རྟེན་སེམས་ཅན་གྱི་རྣམ་ཤེས་འཁོར་བར་འཁོར་ཞིང་རྣམ་པར་དག་པའི་ལམ་ བསྒོམ་པའི་སྟོབས་ཀྱིས་མ་རིག་པ་འགགས་ཏེ། ཡེ་ཤེས་ལྔ་མངོན་དུ་གྱུར་བས་མྱང་འདས་ མཆོག་ཐོབ་པའི་ཕྱིར། རྨོངས་པའི་སྟོབས་ཀྱིས་འཁོར་བ་དང༌། །རྨོངས་མེད་འཁོར་བ་དག་ པ་སྟེ། །མྱང་འདས་མཆོག་ཏུ་འགྱུར་བས་ནི། །རིམ་པ་བཞིན་དུ་འཁོར་བ་དང༌། །མྱ་ངན་ལས་ {ནི}འདས་པར་འགྱུར། །ཞེས་པའམ། མ་རིག་པའི་དེ་བཞིན་ཉིད་ལ་དགོངས་ནས་མ་རིག་ པ་ནི་བྱང་ཆུབ་པོ་ཞེས་པ་ལྟར། འཁོར་བའི་དེ་བཞིན་ཉིད་ལ་དགོངས་ནས་འཁོར་བ་མྱ་ངན་ ལས་འདས་པར་འགྱུར་ཞེས་གསུངས་པའོ། །ཡང༌། སྲིད་པ་ཡོངས་སུ་ཤེས་པ་ཉིད། །མྱ་ངན་ འདས་ཞེས་བྱ་བར་བརྗོད། །ཞེས་པ་ལ་སྲིད་པ་ཡོངས་སུ་ཤེས་པ་ཞེས་པའི་དོན་སྲིད་པ་རང་ བཞིན་གྱིས་བདེན་པའི་སྐྱེ་བ་མེད་པར་རྣམ་པར་མི་རྟོག་པའི་ཚུལ་གྱིས་མངོན་སུམ་གྱིས་ཤེས་ པ་སྟེ། དེ་ལ་རབ་ཀྱི་བསྒོམ་པ་གོམས་པ་མཐར་ཐུག་པའི་སྐྱེས་བུ་མི་གནས་པའི་མྱང་འདས་ 3-1-250 འཐོབ་ཅེས་དགོངས་པ་སྟེ། དེ་ཉིད་ཀྱི་འགྲེལ་བར་སློབ་དཔོན་ཟླ་བ་གྲགས་པས། སྲིད་པ་དེ་ ཉིད་ཀྱི་ངོ་བོ་ཉིད་སྐྱེ་བ་མེད་པར་ཡོངས་སུ་མི་ཤེས་པའི་ཚུལ་གྱིས་ཡོངས་སུ་ཤེས་པ་ཉིད་གང་ ཡིན་པ་དེ་ཉིད་མཚན་མ་ཐམས་ཅད་རབ་ཏུ་ཞི་བའི་ངོ་བོ་ཡིན་པས། ཐ་སྙད་ཀྱི་བདེན་པ་དང་ སྦྱར་ནས་མྱ་ངན་ལས་འདས་པ་ཞེས་རྣམ་པར་བཞག་ཅེས་བཤད་དོ། །སྲིད་པ་ཡོངས་སུ་ཤེས་ པའི་འདུས་བྱས་ཀྱི་བློ་དེ་ཉིད་མི་གནས་པའི་མྱང་འདས་མཚན་ཉིད་པར་མི་བཟུང་སྟེ། དེ་ འདྲའི་བློ་དེ་འདུས་བྱས་ཡིན་ཞིང་མི་གནས་པའི་མྱང་འདས་མཚན་ཉིད་པ་དེ་འདུས་མ་བྱས་ ཡིན་པའི་ཕྱིར་རོ། །གནས་འདི་རྒྱ་ཆེར་གཏན་ལ་དབབ་དགོས་པ་ཡིན་ནའང་མང་དོགས་ པས་མ་བྲིས་སོ། །མདོར་བསྡུས་པ་མངོན་རྟོགས་རྒྱན་གྱི་འགྲེལ་བཤད་དང་གྲུབ་མཐའ་རྣམ་ འབྱེད་དུ་བཀོད་ཡོད་པས་བལྟ་བར་བྱའོ། །གལ་ཏེ་འཁོར་བ་འདི་རྟོགས་མ་རྟོགས་ཀྱི་འཁོར་ འདས་སུ་འཇོག་གོ་ཞེ་ན། སྣང་བ་འདི་རྟོགས་ན་ཆོས་སྐུ་མ་རྟོགས་ན་འཁོར་བ་ཞེས་འདོད་ པ་བཀག་པ་ལྟར་དགག་པ་འདིར་ཡང་བརྗོད་དོ། །འདི་རྣམས་ཀྱི་རྩོད་ལན་ལུང་དོན་དང་ བཅས་པ་རྒྱས་པར། ཆོས་རྗེ་ཀུན་མཁྱེན་ཆེན་པོ་ལ་ཤངས་ཀྱི་བླ་མར་འབའ་ར་བས་ཞུས་པའི་ དྲིས་ལན་ཁོ་བོའི་བཀོད་ཡོད་པས་དེར་བལྟ་བར་བྱའོ། ། ཡང་སློབ་དཔོན་ཆུ་མིག་པ་ (སེངྒེ་པ་ལ་)སོགས་ཀྱི་བཤེས་གཉེས་མང་བོ་ན་རེ། ཐེག་ཆེན་ འཕགས་པའི་མཉམ་བཞག་གི་བློ་ལ་སྣང་བ་གཏན་ནས་མེད་དེ། མདོ་ལང་གཤེགས་ལས། སྣང་མེད་གནས་པའི་རྣལ་འབྱོར་བ། །དེ་ཡིས་ཐེག་པ་ཆེན་པོ་མཐོང༌། །ཞེས་སོགས་དང༌། ཡང་མདོ་ལས། འགའ་ཡང་མཐོང་བ་མེད་པ་ཉིད་དེ་ཁོ་ན་མཐོང་བའོ། །ཞེས་དང༌། འཕགས་ པ་ཀླུ་སྒྲུབ་ཀྱིས། རང་བཞིན་མེད་པའི་རང་བཞིན་ལ། །ཇི་ལྟ་བུ་ཞིག་གཟིགས་པར་འགྱུར། ། ཞེས་སོགས་བཤད་པའི་ཕྱིར་གསུངས་སོ། །འོ་ན་ཐེག་ཆེན་འཕགས་པའི་མཉམ་བཞག་གི་ བློ་དེ་ཇི་ལྟ་བ་མངོན་སུམ་དུ་རྟོགས་པ་མ་ཡིན་པར་ཐལ་བར་འགྱུར་ཏེ། ཅི་ཡང་སྣང་བ་མེད་ 3-1-251 པའི་ཕྱིར། རང་བཞིན་གྱི་ཤེར་ཕྱིན་ཡང་མངོན་སུམ་དུ་མི་རིག་པར་འགྱུར་བ་ལས་དེ་ལྟར་ ཡང་མ་ཡིན་ཏེ། སློབ་དཔོན་སྒྲ་གཅན་འཛིན་གྱི་ཤེར་ཕྱིན་གྱི་བསྟོད་པར། སྨྲ་བསམ་བརྗོད་ མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མ་འགགས་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །ཞེས་བཤད་པ་དང་ འགལ། ཅི་ཡང་སྣང་བ་མ་ཡིན་ན་ཤེས་པ་མ་ཡིན་པར་ཡང་འགྱུར་ཏེ། ཤེས་པ་ཞིག་ཡིན་ན་ རང་ངམ་ཡུལ་ལམ་ཡུལ་གྱི་རྣམ་པ་ཞིག་སྣང་དགོས་པའི་ཕྱིར་རོ། །ཆོས་{དང་}ཆོས་ཉིད་རྣམ་ འབྱེད་དུ། དེ་སྣང་བས་ཆོས་ཉིད་མི་སྣང་ཞིང༌། དེ་མི་སྣང་བའི་ཆོས་ཉིད་སྣང་ངོ༌། །ཞེས་པ་ དང་ཡང་འགལ་ཞིང༌། དེ་ཞེས་པ་གཟུང་འཛིན་ནོ། །དེས་ན་སྔར་གྱི་ལང་གཤེགས་ཀྱི་ལུང་ དེའི་དོན་ནི། ཤནྟི་བས། སྣང་བ་མེད་པ་ཞེས་བྱ་བ་ནི་ཆོས་རྣམས་ཀྱི་མཚན་མ་མི་སྣང་སྟེ། དེ་ བཞིན་ཉིད་ལ་དམིགས་པ་ཞེས་བྱ་བའི་དོན་ཏེ། ཞེས་ཤེར་ཕྱིན་མན་ངག་དུ་བཤད། ཡང་ ཤནྟི་པས་དབུ་མ་རྒྱན་གྱི་རང་འགྲེལ་དུ། གང་དུ་མིང་དང་མཚན་མ་བཟུང་བ་དང་འཛིན་པ་ ཐམས་ཅད་ནུབ་པ་དེ་ནི་ཤིན་ཏུ་སྣང་བ་མེད་པའི་ཡེ་ཤེས་ཏེ་དེ་ལས་གནས་པར་གྱུར་བ་ཡིན་ ནོ་ཞེས་དང༌། ཐེག་པ་ཆེན་པོ་མཐོང་ངོ་ཞེས་པ་ནི་ཐེག་པ་ཆེན་པོ་མངོན་སུམ་དུ་བྱས་པའི་ཕྱིར་ རོ། །ཞེས་དང༌། ཆོས་ཀྱི་བཤེས་གཉེས་གྱིས། དེས་ན་མིག་བཙུམས་པ་ལྟར་ཅི་ཡང་མི་མཐོང་ བ་ནི་མཐོང་ལམ་མིན་གྱི་སྣ་ཚོགས་མཐོང་ཡང་སྒྲོ་སྐུར་མི་མཐོང་བ་ཞེས་མ་ཡིན་དགག་དུ་ བཟུང་ངོ༌། །ཞེས་པ་ལྟར་འགའ་ཡང་མཐོང་བ་མེད་པའི་ནི་དེ་ཁོ་ན་མཐོང་བ་ཞེས་པའི་སྒྲོ་ སྐུར་འགའ་ཡང་མཐོང་བ་མེད་པ་ལ་བཤད་དོ། །མདོར་ན་དཔྱད་ན་གྲུབ་པའི་བདེན་དངོས་ འགའ་ཡང་མཐོང་བ་མེད་པའི་སྤྲོས་བྲལ་དེ་བཞིན་ཉིད་མཐོང་བའི་ཡེ་ཤེས་དེ་གནས་ལུགས་ དེ་ཁོ་ན་ཉིད་མཐོང་བ་ཞེས་བའི་དོན་ཡིན་གྱི་ཅི་ཡང་སྣང་བ་གཏན་མེད་པ་ལ་དགོངས་པ་མ་ ཡིན་ནོ། །ཆོས་བཤེས་ཀྱིས་མཛད་པའི་འགྲེལ་བར། ས་བརྒྱད་པ་ཡན་ཆད་སྣང་བ་མེད་པར་ 3-1-252 འདོད་པའི་ལུགས་བཀོད་པ་ཡང་གཟུང་འཛིན་གཉིས་སྣང་མེད་པ་སྟེ། འཕགས་སེང་གཉིས་ ཀྱིས། ཐེག་ཆེན་འཕགས་པའི་སྒོམ་ལམ་ལ་ཟག་བཅས་ཟག་མེད་གཉིས་བཤད་པའི་དོན་ ཆོས་བཤེས་ཀྱིས་རྣམ་པར་རྟོག་པ་དང་བཅས་པ་དང༌། དེ་དང་བྲལ་བ་གཙོ་བོར་གྱུར་བའོ་ ཞེས་ཏེ། འདིར་རྟོག་པ་ནི་གཟུང་འཛིན་སོགས་གཉིས་སྣང་ཅན་གྱི་བློ་ལ་བཞེད་པར་བོད་ མཁས་པ་སྔ་མ་རྣམས་འཆད་དེ་དཔྱད་པར་བྱ་བ་ཡོད་དོ། །དེ་ལྟ་ན་མདོ་བསྟན་བཅོས་དྲི་མ་ མེད་པ་གང་དུ་ཐེག་ཆེན་འཕགས་པའི་མཉམ་བཞག་བློ་མེད་དང་དམིགས་མེད་དུ་བཤད་པ་ ཐམས་ཅད། མིང་དང་མཚན་མ་དང་གཟུང་འཛིན་སོགས་སྣ་ཚོགས་སུ་སྣང་བའི་མངོན་ཞེན་ མེད་པ་སྟེ་ཅིར་ཡང་འཛིན་པ་མེད་པའི་ཞི་ལྷག་ཟུང་འཇུག་གི་རྣལ་འབྱོར་ངོས་བཟུང་བ་ཡིན་ གྱི། མིག་བཙུམས་པའི་གཟུགས་མི་མཐོང་བ་ལྟར་རམ་མར་མེ་ཤི་བ་ལྟ་བུར་མཉམ་བཞག་ སྣང་བ་གཏན་མེད་དམ། མཉམ་བཞག་བློ་མེད་དུ་སྟོན་པ་ཡང་གཏན་མ་ཡིན་ནོ། །དེས་ན་ མཉམ་བཞག་སྣང་བ་གཏན་མེད་དུ་འདོད་པ་ནི་མཉམ་བཞག་བློ་མེད། སངས་རྒྱས་ཐོབ་ཚེ་ འདུས་བྱས་ཀྱི་ཡེ་ཤེས་མེད་པར་འདོད་པ་དང་དོན་ཁྱད་མེད་ཀྱི་ཚིག་གིས་བརྗོད་ཚུལ་ཙམ་དུ་ ཟད་དོ། ། ཡང་ལུང་ཆོས་པར་ཁས་འཆེ་བ་མང་བོ་དག་ན་རེ། སློབ་དཔོན་སེང་བཟང་གིས་སྐུ་ བཞིར་བཤད་པའི་རྟོགས་པ་ཡེ་ཤེས་ཆོས་སྐུ་དང་ངོ་བོ་ཉིད་ཀྱི་སྐུ་གཉིས་སངས་རྒྱས་མཚན་ ཉིད་པ་ཡིན་གྱི། གཟུགས་སྐུ་གཉིས་པོ་སངས་རྒྱས་མཚན་ཉིད་པ་མ་ཡིན་ཏེ་གདུལ་བྱའི་སྣང་ བར་བཤད་པའི་ཕྱིར་ཏེ། ཇི་སྐད་དུ། རྒྱུད་བླར། དེ་བཞིན་དད་སོགས་དྲི་མེད་ཅན། །དད་ སོགས་ཡོན་ཏན་བསྒོམས་པ་ཡིན། །རང་སེམས་ལས་སྣང་རྫོགས་སངས་རྒྱས། །མཚན་དང་ དཔེ་བྱད་ལྡན་པ་དང༌། །ཞེས་སོགས་ནས། འདི་ནི་རང་སེམས་སྣང་བ་ཞེས། །སོ་སོ་སྐྱེ་བོས་ མི་ཤེས་མོད། །དེ་ལྟར་ནའང་གཟུགས་མཐོང་སྟེ། །དེ་དག་ལ་ནི་དོན་ཡོད་འགྱུར། །ཞེས་ 3-1-253 སོགས་དང༌། ཇི་ལྟར་བཻཌཱུར་ས་གཞི་གཙང་མ་ལ། ། ལྷ་དབང་ལུས་ཀྱི་གཟུགས་བརྙན་སྣང་བ་ལྟར། །དེ་བཞིན་འགྲོ་སེམས་ས་གཞི་གཙང་ མ་ལ། །ཐུབ་པའི་དབང་བོའི་སྐུ་ཡི་གཟུགས་བརྙན་འཆར། །ཞེས་སོགས་དཔེ་དོན་རྒྱས་པར་ སྦྱར་བ་དང༌། སློབ་དཔོན་སེངྒེ་བཟང་བོས། སྐུ་ལྷག་མ་གསུམ་པོ་དོན་དམ་ཆོས་ཉིད་ཀྱི་ངོ་བོ་ ཡང་དག་པའི་ཀུན་རྫོབ་ཏུ་སྣང་བ་ཇི་ལྟར་མོས་པས་རབ་ཏུ་ཕྱེ་བ་ནི་སངས་རྒྱས་དང་བྱང་ཆུབ་ སེམས་དཔའ་དང༌། ཉན་ཐོས་ལ་སོགས་པའི་སྤྱོད་ཡུལ་དུ་རྣམ་པར་བཞག་པ་ཡིན་ནོ་ཞེས་ བཤད་པ་དང༌། ཤེར་ཕྱིན་སུམ་བརྒྱ་པ་ལ་སོགས་པར། དགེ་སློང་དག་ང་ལ་འཇིག་ཚོགས་ཀྱི་ སྐུར་མ་ལྟ་བར་ཆོས་ཀྱི་སྐུར་ཡོངས་སུ་རྫོགས་པར་ལྟོས་ཤིག་ཅེས་སོགས་རྒྱས་པར་བཤད་པ་ དང༌། གསེར་འོད་དམ་པ་ལས། སངས་རྒྱས་མྱ་ངན་ཡོང་མི་འདའ། །ཞེས་སོགས་ལུང་མང་ ངོ་ཞེ་ན་བཅོམ་ལྡན་འདས་ཀྱིས་དོན་ལ་རྟོན་པར་བྱ་ཡི་ཚིག་འབྲུ་ལ་རྟོན་པར་མི་བྱའོ། །ཞེས་ བཀའ་བསྩལ་བ་ལྟར་དགོངས་པ་ཟབ་མོ་གང་ཡིན་དཔྱད་ནས་དེ་དང་མི་འགལ་བ་ཁས་ བླངས་ཀྱི་སྒྲ་ཇི་བཞིན་པ་མ་ཡིན་ཏེ། ཧ་ཅིང་ཐལ་བར་འགྱུར་བའི་ཕྱིར་རོ། ། དེས་ན་རྒྱུད་བླ་མའི་ལུང་དོན་སྒྲ་ཇི་བཞིན་པར་བྱས་ནས་མཆོག་གི་སྤྲུལ་བའི་སྐུ་གདུལ་ བྱ་སོ་སྐྱེའི་རང་སེམས་ཀྱི་སྣང་བ་ཡིན་གྱི་སངས་རྒྱས་སས་བསྡུས་ཀྱི་སྐུ་མཚན་ཉིད་པ་མིན་ ན། ཆུ་ནང་གི་ཟླ་གཉིས་ལྟ་བུ་མེད་པ་སྣང་བ་གཅིག་ཡིན་ནམ་རྫས་སུ་ཡོད་པས་སྣང་བ་ཡིན། དང་པོ་ལྟར་ན་ཤཱཀྱ་ཐུབ་པ་ལྟ་བུ་མཆོག་གི་སྤྲུལ་བའི་སྐུ་དེས་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ གིས་ཆོས་འཁོར་བསྐོར་བའང་མིན་པར་འགྱུར་རོ། །ཆུ་ནང་གི་ཟླ་གཉིས་ལྟ་བུ་མེད་པའི་སྣང་ བ་ཡིན་པའི་ཕྱིར་རོ། །འདོད་མི་ནུས་ཏེ་མཛོད་ལས། ཆོས་ཀྱི་ཕུང་བོ་བརྒྱད་ཁྲི་དག །གང་ རྣམས་ཐུབ་པའི་གསུངས་དེ་དག ། ཅེས་སོགས་དང༌། མངོན་རྟོགས་རྒྱན་དུ། གང་དང་ཡང་དག་ལྡན་པའི་ཐུབ་རྣམས་རྣམ་ 3-1-254 པ་ཀུན་ལྡན་སྣ་ཚོགས་འདི་གསུང་བ། །ཞེས་སོགས་མདོ་རྒྱུད་བསྟན་བཅོས་ཀྱི་ལུང་མཐའ་ ཡས་སོ། །གཉིས་པ་ལྟར་ན། མཐའ་གཞན་བཀག་པའི་ལུང་རིགས་ཀྱིས་གདུལ་བྱ་སོ་སྐྱེ་རང་ ཉིད་ཀྱི་རྣམ་ཤེས་ཀྱིས་བསྡུས་པའི་དངོས་པོ་ཞིག་ཏུ་ཁས་ལེན་དགོས་པར་འགྱུར་བ་ལས་མ་ འདས་ལ། དེ་ལྟར་ན་དེས་གསུངས་པའི་འཁོར་ལོ་རིམ་གསུམ། གསུང་རབ་ཡན་ལག་བཅུ་ གཉིས་རྫོགས་པའི་སངས་རྒྱས་ཀྱི་གསུང་རབ་མ་ཡིན་པར་འགྱུར། དེ་གསུང་བ་པོ་སངས་ རྒྱས་ཡིན་པའི་གཟུགས་སྐུ་མེད་ཀྱི་དེ་གསུངས་པ་པོར་འདོད་པའི་གཟུགས་སྐུ་དེ་ནི་གདུལ་ བྱ་སོ་སྐྱེའི་རྣམ་ཤེས་ཀྱི་བདག་ཉིད་ཡིན་པའི་ཕྱིར། འདོད་ན་བཀའ་འཁོར་ལོ་རིན་པ་གསུམ་ དང༌། གསུང་རབ་ཡན་ལག་བཅུ་གཉིས་སངས་རྒྱས་ཀྱི་བཀའ་མཚན་ཉིད་པ་མ་ཡིན་པར་ ཐལ་བར་འགྱུར། དེ་ཡང་འདོད་ན་དེ་རྣམས་སྟོན་པ་སངས་རྒྱས་ཀྱིས་བཀར་མཛད་དེ་སེམས་ དཔའ་ཆེན་པོ་རྣམས་དང་དགྲ་བཅོམ་ཆེན་པོ་རྣམས་ཀྱིས་བཀའ་བསྡུ་བ་རིམ་པར་མཛད་ པ་མི་འཐད་པར་ཐལ་བ་དང༌། རྒྱན་དྲུག་ལ་སོགས་པའི་ཤིང་རྟ་ཆེན་པོ་རྣམས་ཀྱི་བཀའི་ དགོངས་འགྲེལ་མཛད་དེ་བསྟན་པ་རྒྱས་པར་མཛད་པ་མི་འཐད་པར་ཐལ་བ་ལ་སོགས་སྐྱོན་ དུ་མ་ཡོད་ཅིང༌། གཞན་ཡང་སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་ནས་ལུང་དང་རྟོགས་པའི་ དམ་པའི་ཆོས་ལ་འཇུག་ཅིང༌། བསྒྲུབ་པ་ནན་ཏན་དུ་བྱེད་པའི་སོ་སྐྱེ་དང་འཕགས་པའི་གང་ ཟག་སློབ་ལམ་པ་མེད་པར་འགྱུར་དེ། ཆོས་གསུང་བ་བོའི་སངས་རྒྱས་གཟུགས་སྐུ་མེད་ཅིང༌། སྔར་བཤད་ཀྱི་རྟོགས་པ་ཡེ་ཤེས་ཆོས་སྐུ་དང༌། ངོ་བོ་ཉིད་སྐུ་ནི་གང་ཟག་དེ་དག་ལ་དངོས་སུ་ ཆོས་སྟོན་པར་ཁྱེད་ཀྱིས་ཁས་ལེན་པར་མི་ནུས་ཏེ། དེ་གཉིས་ནི་སངས་རྒྱས་ཁོ་ནའི་སྤྱོད་ཡུལ་ ཡིན་གྱི། གང་ཟག་དེ་དག་གི་སྤྱོད་ཡུལ་མ་ཡིན་པར་ཁྱེད་ཀྱིས་ཁས་བླངས་པའི་ཕྱིར་རོ། ། གཞན་ཡང་གདུལ་བྱ་སོ་སྐྱེ་རྣམས་ཀྱིས་མཚན་བཟང་སུམ་ཅུ་རྩ་གཉིས་དང་དཔེ་བྱད་ བཟང་བོ་བརྒྱད་ཅུའང་ཐོབ་པར་འགྱུར། སངས་རྒྱས་མཆོག་གི་སྤྲུལ་བའི་སྐུ་དེ་རང་སེམས་ 3-1-255 ཀྱི་རྫས་ཡིན་ཅིང༌། རང་སེམས་དེ་རང་རྒྱུད་ལ་རྫས་སུ་མེད་ཀྱིས་བསྙོན་དུ་མེད་པའི་སྐྱེས་བུ་ ཡིན་པའི་ཕྱིར། ཡང་ལོངས་སྐུ་བྱང་སེམས་འཕགས་པའི་རང་སྣང་ཡིན་གྱི་སངས་རྒྱས་མཚན་ ཉིད་པ་མ་ཡིན་ན། གནས་འོག་མིན་ཆེན་པོ་ཁོ་ནར་བཞུགས་པ་ལ་སོགས་པའི་ངེས་པ་ལྔ་ ལྡན་གྱི་གཟུགས་སྐུ་དེ། གནས་མ་ལུས་པར་གྱུར་བའི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་བདག་ཉིད་ དུ་བྱམས་པས་གསུངས་པ་མི་འཐད་པར་ཐལ་བར་འགྱུར་དེ། གདུལ་བྱ་སློབ་ལམ་པ་འགའ་ ཞིག་གི་སེམས་ཀྱི་རང་སྣང་ཡིན་གྱི་སངས་རྒྱས་མིན་པའི་ཕྱིར། འདོད་མི་ནུས་ཏེ། མདོ་སྡེ་ རྒྱན་དུ། ཡེ་ཤེས་ཀུན་གྱི་རྒྱུ་མཚན་ཕྱིར། །ཡེ་ཤེས་འབྱུང་གནས་ཆེན་པོ་འདྲ། །ལོངས་སྤྱོད་ རྫོགས་པའི་སངས་རྒྱས་ཉིད། །ཡེ་ཤེས་གཟུགས་བརྙན་འབྱུང་ཕྱིར་རོ། །ཞེས་སོ། །བྱང་ སེམས་འཕགས་པ་སློབ་ལམ་པ་དེ་རྣམས་ཀྱང་གནས་འོག་མིན་ཆེན་པོར་སངས་རྒྱས་ཟིན་ པར་འགྱུར་ཏེ། མདོ་བསྟན་ཆོས་རྣམས་སུ་གསུངས་པའི་སྐུ་གསུམ་པ་ལོངས་སྤྱོད་རྫོགས་ པའི་སྐུ་དེ། དེའི་རང་སེམས་ཀྱི་རང་སྣང་གི་རྫས་ཉིད་ཡིན་པའི་ཕྱིར། ཇི་སྐད་དུ་ལངས་ཀར་ གཤེགས་མདོར། གཙང་མའི་གནས་དག་སྤངས་པ་ཡི། །འོག་མིན་གནས་ནི་ཉམས་དགའ་ བ། །ཡང་དག་སངས་རྒྱས་དེར་སངས་རྒྱས། །སྤྲུལ་བ་པོ་ནི་འདིར་འཚང་རྒྱ། །ཞེས་བཤད་ དེ། རྐང་བ་ཕྱི་མ་འདིས་མཆོག་གི་སྤྲུལ་སྐུ་ཡང་སངས་རྒྱས་སུ་འགྲུབ་པོ། །སོ་སྐྱེའི་སྤྱོད་ཡུལ་ དུ་གྱུར་བའི་སྤྲུལ་སྐུ་ཐམས་ཅད་སོ་སྐྱེའི་རང་སྣང་དང༌། ལོང་སྐུ་ཐམས་ཅད་བྱང་འཕགས་ སློབ་ལམ་པའི་རང་སྣང་དུ་འདོད་པ། དེ་དག་གཉིས་ཀ་ལྟར་ན། རྟོགས་པ་ཡེ་ཤེས་ཆོས་སྐུར་ མིང་བཏགས་པའི་ཟག་མེད་ཀྱི་ཆོས་སྡེ་ཉི་ཤུ་རྩ་གཅིག་པོ་དེ་གང་ཟག་གང་གི་ཡང་རྒྱུད་ལ་མི་ གནས་པར་ཐལ་བར་འགྱུར། སངས་རྒྱས་ཡིན་པའི་གཟིགས་སྐུ་མེད་པའི་ཕྱིར། ཟག་པ་མེད་ པའི་ཡེ་ཤེས་དེ་རྣམས་བྱང་འཕགས་སློབ་ལམ་པའི་རྒྱུད་ལ་གནས་སོ། །ཞེས་ནི་བརྗོད་པར་ མི་ནུས་ཏེ། དེ་རྣམས་རྟོགས་པ་ཡེ་ཤེས་ཆོས་སྐུ་ཡིན་པའི་སངས་རྒྱས་ཁོ་ན་ལ་ཡོད་ཅེས་ཁས་ 3-1-256 བླངས་པའི་ཕྱིར་རོ། ། ཁ་ཅིག་ན་རེ། སངས་རྒྱས་ཡིན་པའི་ལོངས་སྐུ་མེད་པར་ཁས་བླངས་ན། ཁྱོད་ཀྱི་སྐྱོན་ ཕྱི་མ་དེ་འོང་བ་བདེན་མོད། དེ་བས་ན་སྤྲུལ་སྐུ་ཐམས་ཅད་གདུལ་བྱའི་རང་སྣང་གི་བསྡུས་ པ་ཡིན་གྱི། སངས་རྒྱས་ཡིན་པའི་ལོངས་སྐུ་ཡོད་དོ་ཞེ་ན། འོ་ན་ལོངས་སྐུ་ཐམས་ཅད་ཀྱང་ གདུལ་བྱའི་སེམས་ཀྱི་རང་སྣང་གིས་བསྡུས་པར་ཐལ་བར་འགྱུར་ཏེ། སྤྲུལ་སྐུ་ཐམས་ཅད་ དེ་ལྟར་ཡིན་པ་དང་སྒྲུབ་བྱེད་དང་གནོད་བྱེད་ཀྱི་ལུང་རིགས་ལ་སོགས་རྒྱུ་མཚན་ཤིན་ཏུ་ མཚུངས་པའི་ཕྱིར་རོ། །གཞན་ཡང་སྤྲུལ་སྐུ་དེ་ལྟར་འདོད་པ་ལ་ལུང་རིགས་ཀྱི་གནོད་བྱེད་ བརྗོད་ཟིན་ཅིང་སྐྱོན་གཞན་ཡང་ཡོད་ནའང་མང་དོགས་པས་མ་བྲིས་སོ། ། དེ་ལྟར་ན་[སྔགས་ཀྱི་[སྔར་གྱི]རྒྱུད་བླ་མའི་ལུང་དེ་དག་གི་དགོངས་པའི་དོན་ནི། སངས་རྒྱས་ཀྱི་སྐུ་ལ་རང་དོན་དོན་དམ་པའི་སྐུ། གཞན་དོན་ཀུན་རྫོབ་པའམ་བརྡའི་སྐུ་ གཉིས་གསུངས་ཤིང༌། སངས་རྒྱས་རྣམས་ཀྱི་སྔོན་གྱི་སྨོན་ལམ་དང༌། གདུལ་བྱ་རང་གི་ དགེ་བའི་རྩ་བ་ཕུན་སུམ་ཚོགས་པ་བསགས་པ་ལ་བརྟེན་ནས། འོ་སྐོལ་རྣམས་ཀྱི་སྟོན་པ་ ཤཱཀྱ་ཐུབ་པ་ལྟ་བུའི་མཆོག་གི་སྤྲུལ་བའི་སྐུ་མཐོང་ཞིང་གསུང་ཐོས་པའི་དད་ལྡན་གྱི་གདུལ་ བྱ་སོ་སོ་སྐྱེ་བོ་དེ་རྣམས་ཀྱིས་བདག་ཅག་གིས་མཐོང་ཞིང་བསྙེན་བཀུར་བའི་མཚན་དཔེས་ བརྒྱན་པའི་སངས་རྒྱས་ཀྱི་སྐུ་འདི་ཉིད་ཁོ་ན་ཡིན་ནོ་ཞེས་སེམས་ཤིང༌། དོན་དམ་པའི་སངས་ རྒྱས་ཆོས་སྐུ་ཡོད་པར་མི་ཤེས་ཡང་རང་གི་སྤྱོད་ཡུལ་དུ་གྱུར་བའི་གཟུགས་སྐུ་མཐོང་བ་ལ་ བརྟེན་ནས། བདག་ཀྱང་འདི་འདྲར་གྱུར་ཅིག་སྙམ་ནས་དད་པས་དགེ་བ་བསྒྲུབ་ཅིང་རིམ་ ཀྱིས་ཚོགས་གཉིས་སྤེལ་ཏེ་མེ་ལོང་ལྟ་བུ་ལ་སོགས་པའི་ཤེས་རབ་ཀྱི་མིག་སྐྱེས་པ་ན། དོན་ དམ་པའི་སངས་རྒྱས་ཆོས་སྐུ་མཐོང་ཞིང་འཐོབ་ལ་མངོན་དུ་བྱེད་པར་འགྱུར་ཞེས་པའི་དོན་ དེ། རྒྱུད་བླར། འདི་ནི་རང་སེམས་སྣང་བ་ཞེས། །སོ་སོ་སྐྱེ་བོས་མི་ཤེས་མོད། །དེ་ལྟར་ན་ 3-1-257 ཡང་གཟུགས་མཐོང་སྟེ། །དེ་དག་རྣམས་ལ་དོན་ཆེན་འགྱུར། །རིམ་ཀྱིས་དེ་མཐོང་ལ་བརྟེན་ ནས། །ནང་གི་དམ་པ་ཆོས་སྐུ་ནི། །ཤེས་རབ་མིག་གིས་མཐོང་བར་འགྱུར། །ཞེས་གསུངས་ ཏེ། མདོར་ན་བྱིས་པ་སོ་སོ་སྐྱེ་བོ་རྣམས་ཀྱིས་རང་གི་སེམས་ཀྱི་ཆོས་ཉིད་རང་གི་ངོ་བོ་གདོད་ ནས་དྲི་མ་ཐམས་ཅད་དང་བྲལ་བས། རང་བཞིན་གྱི་འོད་གསལ་བའི་ཆོས་སྐུ་དེ་རང་སེམས་ ཀྱི་ཆོས་ཉིད་དུ་ཡོད་པར་མི་ཤེས་པར། མཛད་པ་བཅུ་གཉིས་ཀྱི་ཚུལ་དུ་སངས་རྒྱས་པའི་ མཚན་དཔེས་བརྒྱན་པའི་སྐུ་ཁོ་ན་དོན་དམ་པའི་སངས་རྒྱས་སུ་བཟུང་བའི་ཆ་ནས་བློ་དོན་ དང་ཅུང་མི་མཐུན་པ་ཡིན་ཡང༌། དེ་ལ་བརྟེན་ནས་སྐལ་ལྡན་གྱི་སྐྱེས་བུས་དེ་འདྲར་གྱུར་ཅིག་ ཅེས་སྨོན་ལམ་བཏབ་ཅིང་ཚོགས་གཉིས་བསགས་པས་དོན་དམ་པའི་ནང་གི་ཆོས་སྐུ་ཐོབ་ སྟེ། དཔེར་ན་བཻཌཱུརྱ་ས་གཞི་གཙང་མའམ་དྭངས་པ་ལ་ལྷའི་དབང་བོ་བརྒྱ་བྱིན་གྱི་གཟུགས་ ཤར་བ་མཐོང་སྟེ། དེ་ཉིད་བརྒྱ་བྱིན་ནོ་སྙམ་དུ་བཟུང་སྟེ་བདག་ཀྱང་འདི་ལྟ་བུར་གྱུར་ཅིག་ ཅེས་སྨོན་ཞིང་ཚོགས་བསགས་པས་ཕྱིས་བརྒྱ་བྱིན་གྱི་གོ་འཕང་ཐོབ་པ་བཞིན་ཞེས་པ་སྟེ། ས་ གཞི་དྭངས་པ་ལ་ཤར་བའི་བརྒྱ་བྱིན་གྱི་གཟུགས་བརྙན་དེ་བརྒྱ་བྱིན་དངོས་མ་ཡིན་པ་བཞིན། འགྲོ་སེམས་དག་པས་མཐོང་བའི་མཚན་དཔེས་བརྒྱན་པའི་སྐུ་དེ་དོན་དམ་ཆོས་སྐུ་མིན་ ཞེས་བསྟན་པ་ཙམ་ཡིན་གྱི། སངས་རྒྱས་ཀྱི་གཟུགས་སྐུ་སངས་རྒྱས་ཀྱི་སས་མ་བསྡུས་པར་ གདུལ་བྱའི་སེམས་ཀྱི་སྣང་བ་ཙམ་དུ་སྟོན་པ་མ་ཡིན་ནོ། །དེ་ལྟར་མ་ཡིན་པར་གཟུགས་སྐུ་ གདུལ་བྱའི་རང་སྣང་ཁོ་ན་ཡིན་ན། དབུ་མ་རིན་ཆེན་འཕྲེང་བ་ལས། །སངས་རྒྱས་རྣམས་ཀྱི་ གཟུགས་སྐུ་ནི། །བསོད་ནམས་ཚོགས་ལས་འཁྲུངས་པ་སྟེ། །ཆོས་ཀྱི་སྐུ་དེ་མདོར་བསྡུས་ན། ། རྒྱལ་བོ་ཡེ་ཤེས་ཚོགས་ལས་འཁྲུངས། །ཞེས་གསུངས་པས་གང་ཟག་ལྷས་སྦྱིན་གྱིས་བསྐལ་ བ་གྲངས་མེད་དུ་མར་བསོད་ནམས་ཀྱི་ཚོགས་རབ་ཀྱི་མཐར་ཕྱིན་པར་བསགས་པའི་འབྲས་ བུ་དངོས་དེ། ཁོང་གི་མ་ཐོབ་པར་གདུལ་བྱ་མཆོད་སྦྱིན་གྱིས་ཐོབ་པར་འགྱུར་ཞིང༌། འདོད་ན་ 3-1-258 ལས་བྱས་པ་ཆུད་ཟོས་ཤིང་མ་བྱས་པ་དང་འཕྲད་པར་འགྱུར་རོ། ། གཞན་ཡང་མདོ་གསེར་འོད་དམ་པ་ལས། དཔེར་ན་ནམ་མཁའ་ལ་བརྟེན་ནས་གློག་ བྱུང་ངོ་གློག་ལ་བརྟན་ནས་འོད་འབྱུང་ངོ༌། །དེ་བཞིན་དུ་ཆོས་ཀྱི་སྐུ་ལ་བརྟེན་ནས་ལོངས་སྤྱོད་ རྫོགས་པའི་སྐུ་འབྱུང་ངོ༌། །ལོངས་སྤྱོད་རྫོགས་པའི་སྐུ་ལ་བརྟེན་ནས་སྤྲུལ་བའི་སྐུ་འབྱུར་ངོ་ ཞེས་གསུངས་ཏེ། དཔེ་དོན་རྣམ་པ་ཐམས་ཅད་དུ་མཚུངས་དགོས་པ་མ་ཡིན་མོད། སྐབས་སུ་ བབ་པའི་མཚུངས་ཆོས་ངེས་པར་སྦྱོར་དགོས་པས་འདིར་གློག་གི་འོད་དེ་གློག་དེ་ཉིད་ཀྱི་རང་ གི་མདངས་གསལ་བའི་ཆ་གཅིག་ཡིན་ལ། གློག་དང་བྲལ་མི་ཤེས་པ་ཡིན་ཞིང་དེ་གཉིས་ལ་ མཆོག་དམན་གྱི་ཁྱད་མེད་པ་དེ་བཞིན་དུ་སངས་རྒྱས་ཀྱི་ལོངས་སྐུ་དང༌། སངས་རྒྱས་རང་ ཉིད་ཀྱིས་སྤྲུལ་བའི་སྤྲུལ་སྐུ་དང༌། སངས་རྒྱས་ཀྱི་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་གདུལ་ བྱའི་སྤྱོད་ཡུལ་དུ་གསལ་བའི་ཡེ་ཤེས་ཀྱི་རྣམ་འགྱུར་ཉིད་ཡིན་པས། སངས་རྒྱས་ཀྱི་ས་ཉིད་ ཀྱིས་བསྡུས་པའི་ཕྱིར་དེ་གཉིས་ལ་བཟང་ངན་གྱི་ཁྱད་མེད་ཅིང་གདུལ་བྱའི་སེམས་རྒྱུད་ཀྱིས་ བསྡུས་པའང་མ་ཡིན་ནོ། །གལ་ཏེ་སྔར་བཤད་ལྟར་གདུལ་བྱའི་སེམས་རྒྱུད་ཀྱིས་བསྡུས་པ་ ཡིན་ན་སྐུ་དེ་གཉིས་ལ་ཆོས་བཟང་ངན་གྱི་ཁྱད་ཡོད་པར་འགྱུར་ཏེ། ལོངས་སྐུའི་གདུལ་བྱ་ བྱང་འཕགས་དང༌། སྤྲུལ་སྐུའི་གདུལ་བྱར་གྱུར་བའི་སོ་སྐྱེ་རྣམས་ལ་བཟང་ངན་གྱི་ཁྱད་ཤིན་ ཏུ་ཆེ་བའི་ཕྱིར་རོ། །དེ་བཞིན་དུ་རྒྱུད་བླར། ཤེས་རབ་ཡེ་ཤེས་རྣམ་གྲོལ་རྣམས། ། གསལ་དང་འཕྲོ་དང་དག་ཕྱིར་དང༌། །ཐ་དད་མེད་ཕྱིར་འོད་དང་ཟེར། །ཉི་མའི་དཀྱིལ་ འཁོར་དག་དང་མཚུངས། །ཞེས་ཉི་མའི་དཀྱིལ་འཁོར་དང་དེའི་འོད་དང་ཟེར་རྣམས་མེད་ན་ མི་འབྱུང་བའི་འབྲེལ་བ་ཅན་གྱི་འབྲལ་མི་རུང་ཡིན་པ་ལྟར། སངས་རྒྱས་ཐོབ་པའི་ཚེ་སྒྲིབ་པ་ ཐམས་ཅད་ལས་རྣམ་པར་གྲོལ་བའི་ཆོས་ཉིད་ཀྱི་སྐུ་དང་ཇི་ལྟ་བ་མཁྱེན་པའི་མི་རྟོག་ཡེ་ཤེས། ཇི་སྙེད་པ་མཁྱེན་པའི་རྗེས་ཐོབ་དག་པའི་ཡེ་ཤེས་རྣམས་མེད་ན་མི་འབྱུང་བའི་འབྲེལ་བ་ཅན་ 3-1-259 གྱི་འབྲལ་མི་རུང་ཡིན་པར་བསྟན་ཅིང༌། དེ་ལྟར་བསྟན་པས་སྔར་བཤད་ལྟར་གྱི་ལོངས་སྐུ་ ཡང་མཉམ་རྗེས་ཀྱི་ཡེ་ཤེས་དེ་དག་གི་རྣམ་འགྱུར་ཡིན་པས་སངས་རྒྱས་ཀྱི་སས་བསྡུས་པར་ འགྲུབ་པོ། ། ཡང་དུས་འཁོར་འགྲེལ་ཆེན་དུ། སྲོག་གིས་བསྐྱེད་པ་ཡོད་པ་དང་མེད་པའི་རྨི་ལམ་གྱི་ སེམས་ཀྱི་དངོས་པོ་མེད་པའི་སེམས་ནི་ལོངས་སྤྱོད་རྫོགས་པའི་སྐུ་དེ་ཉིན་མོར་བྱེད་པའི་སྐུ་ ཞེས་པའོ། ། རྣམ་པར་རྟོག་པ་དུ་མའི་དངོས་པོའི་འདུ་ཤེས་སད་པའི་སེམས་ཀྱི་དངོས་པོ་མེད་ པའི་སེམས་ནི་སྤྲུལ་བའི་སྐུ་སྟེ་པདྨའི་འདབ་མ་རྒྱས་པའི་སྤྱན་ནོ། །ཞེས་ཏེ་གཉིས་སུ་ཕྱེ་བའི་ རྣམ་ཤེས་ནི་ཡེ་ཤེས་ཀྱི་སྐུ་སོགས་སུ་མི་འཐད་པས་དེ་གཉིས་སངས་རྒྱས་ཀྱི་སས་བསྡུས་པར་ གྲུབ་པོ། །དེ་བཞིན་དུ་མདོ་སྡེ་སངས་རྒྱས་ཀྱི་སར། རང་བཞིན་ཆོས་རྫོགས་ལོངས་སྤྱོད་དང༌། ། སྤྲུལ་པ་ཐ་དད་འཇུག་པ་ཅན། །ཞེས་པའི་འགྲེལ་བར། དེ་ལ་རང་བཞིན་པ་ནི་ཆོས་ཀྱི་སྐུ་ སྟེ་ཞེས་པ་ནས། ལོངས་སྤྱོད་རྫོགས་པ་ནི་དེའི་དབང་གིས་འབྱུང་བའི་ཤེས་རབ་རྣམ་པར་ མི་རྟོག་པའི་ཡེ་ཤེས་ཀྱི་རྗེས་ལ་ཐོབ་པ་སྟེ། ཤེས་རབ་ལ་སོགས་པའི་རང་བཞིན་གྱིས་ཞིང་ རྣམས་སུ་འཁོར་གྱི་དཀྱིལ་འཁོར་ནང་དག་ཏུ། སར་ཞུགས་པའི་བྱང་ཆུབ་སེམས་དཔའ་ཆེན་ པོ་རྣམས་དང་ཆོས་ལ་རྫོགས་པར་ལོངས་སྤྱོད་པའི་རྒྱུ་མཚན་ཡིན་ནོ། །སྤྲུལ་བ་བོ་ནི་གདུལ་ བྱའི་སེམས་ཅན་རྣམས་ཇི་ལྟ་བ་རྣམས་ལ་གཟུགས་ཀྱི་སྐུ་ལ་སོགས་པ་ཀུན་ཏུ་བསྟན་པས་ ཡོངས་སུ་སྨིན་པར་འགྱུར་བ་དང་མཐུན་པ་སྟེ། དེའི་རྗེས་ལ་ཐོབ་པའི་ཤེས་རབ་ཁོ་ན་ཡིན་ ནོ་ཞེས་ཤིང་རྟ་ཆེན་པོ་ངང་ཚུལ་བཟང་བོས་བཤད་དེ། དེས་ན་རྫོགས་པའི་སངས་རྒྱས་ཀྱི་ ལོངས་སྤྲུལ་གཉིས་པོ་ཡང་སངས་རྒྱས་ཀྱི་སས་བསྡུས་ཀྱི་ཡོན་ཏན་ཁོ་ནར་ངེས་སོ། །གལ་ཏེ་ སྐུ་དེ་གཉིས་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་བདག་ཉིད་ཡིན་ན་དྲི་བཅས་ཀྱི་སྐྱེ་བོ་དངོས་སུ་ཇི་ལྟར་ མཐོང་ཞེ་ན། སངས་རྒྱས་རྣམས་ཀྱི་སྨོན་ལམ་ལ་སོགས་པའི་ཚོགས་གཉིས་ཡོངས་སུ་རྫོགས་ 3-1-260 པའི་བྱིན་གྱིས་བརླབས་པའི་མཐུས་གདུལ་བྱས་ཀྱང་མཐོང་བ་ཡིན་ཏེ། དཔེར་ན་སངས་རྒྱས་ ཀྱིས་འཇིག་རྟེན་པའི་ཐུགས་བསྐྱེད་པ་ན་གྲོག་བུར་གྱིས་ཀྱང་དེའི་ཐུགས་ཤེས་པར་བཤད་ དེ་དེ་ཡང་དེས་དེ་ལྟར་ཤེས་པར་བྱིན་གྱིས་བརླབས་པའི་མཐུ་ཁོ་ན་ཡིན་པ་བཞིན་དང༌། དེ་ བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་བརླབས་པ་ལས་བྱང་ཆུབ་སེམས་ དཔའ་དང་ཉན་ཐོས་དགྲ་བཅོམ་པ་སོགས་ཀྱིས་ཀྱང༌། ཕལ་པོ་ཆེའི་སྐབས་ཅི་རིགས་པ་དང་ མདོ་ཤེར་སྙིང་ལ་སོགས་པ་སྟོན་ནུས་པ་བཞིན་ནོ། ། ཡང་བདག་ཉིད་ (བུ་སྟོན་)ཆེན་པོ་འགའ་ཞིག་སངས་རྒྱས་ཀྱི་ངོ་བོ་ཉིད་ཀྱི་སྐུ་དེ་ཆོས་ ཉིད་ཡིན་ཡང༌། ཆོས་ཉིད་དག་པ་གཉིས་ལྡན་ཡིན་པས་སངས་རྒྱས་ཀྱི་ས་ཁོ་ན་ན་ཡོད་ཀྱིས་ གཞན་གང་ན་ཡང་མེད་པར་བཞེད་པ་དང༌། ཆོས་ཅན་ཐམས་ཅད་ཀྱི་ཆོས་ཉིད་གཅིག་ཏུ་ བཞེད་པ་ནང་འགལ་བའི་སྐྱོན་ཡོད་པར་མངོན་ཏེ། ཆོས་རྗེ་རྣམ་གཉིས་སོགས་ཀྱིས་བཞེད་ ཚུལ་རྣམ་པར་བཞག་པའི་བསྟན་བཅོས་རྒྱས་པ་ལོགས་སུ་རྩོམ་པར་འདོད་པས་དེར་བཤད་ པར་བྱའོ། །དེང་སང་མཁས་པར་རློམ་པ་དག་ན་རེ། ཁོ་བོ་ཅག་དབུ་མ་བའི་ལུགས་ལ་ཆོས་ ཅན་རྣམས་སོ་སོ་ཐ་དད་པ་ཡིན་པ་བཞིན་དུ། དེ་རྣམས་ཀྱི་ཆོས་ཉིད་དམ་དེ་བཞིན་ཉིད་ཡང་ སོ་སོ་ཐ་དད་ཁོ་ན་ཡིན་པས། ཆོས་སོ་སོ་ཁོ་ན་ལ་ཡོད་ཀྱིས་གཞན་ལ་ཡང་མེད་ཅིང་ཆོས་ཅན་ སོ་སོ་བ་དེ་དག་མེད་ན་དེའི་ཆོས་ཉིད་ཡང་གཏན་ནས་མེད་པར་འགྱུར་རོ། །ངོ་བོ་ཉིད་ཀྱི་སྐུ་ ཡང་སངས་རྒྱས་ཀྱི་ཆོས་ཉིད་ཡིན་པས་སངས་རྒྱས་ཀྱི་ས་ཁོ་ན་ལ་ཡོད་ཀྱི་གཞན་གང་ན་ཡང་ མེད་དོ། །དེས་ན་ངོ་བོ་ཉིད་སྐུ་དང་བདེ་གཤེགས་སྙིང་པོ་གཅིག་ཡིན་པས་སེམས་ཅན་ཐམས་ ཅད་བདེ་གཤེགས་སྙིང་བོ་ཅན་དུ་འདོད་པ་བཞད་གད་ཀྱི་གནས་ཡིན་ཟེར་བ་གྲག་གོ །དུས་ ད་ལྟ་ལྟ་བའི་སྙིགས་མ་ཡང་སྙིགས་མར་གྱུར་རོ། །ཞེས་མཚོན་པར་བྱེད་པའི་ལྟ་ངན་འདི་ ལྟ་བུ་བཟུང་ནས་མཁས་པར་རློམ་པ་ཡང་བཞད་གད་ཀྱི་གནས་ཏེ། བཀའ་བསྟན་བཅོས་དྲི་ 3-1-261 མ་མེད་པ་དུ་མ་དང་འགལ་བའི་ཕྱིར་རོ། །གལ་ཏེ་དེ་ལྟ་ན་བུམ་པ་ལྟ་བུའི་ཆོས་ཉིད་དམ་དེ་ བཞིན་ཉིད་དེ་གང༌། དོན་དམ་པར་བུམ་སོགས་བདེན་པའི་རང་བཞིན་མེད་ཙམ་མམ། དེ་ ལྟར་མེད་པའི་དེ་བཞིན་ཉིད་ཅིག བུམ་སོགས་ཀྱི་ཆོས་ཉིད་དམ་དེ་བཞིན་ཉིད་ཡིན། དང་ བོ་ལྟར་ན་དེ་དོན་དམ་བདེན་པ་མཚན་ཉིད་པ་ཡིན་པར་ཐལ་བར་འགྱུར། བུམ་སོགས་ཀྱི་ ཆོས་ཉིད་དམ་དེ་བཞིན་ཉིད་ཡིན་པའི་ཕྱིར། མ་ཁྱབ་པ་མ་ཡིན་ཏེ། དབུས་མཐའ་རྣམ་འབྱེད་ དུ། སྟོང་པ་ཉིད་དེ་མདོར་བསྡུ་ན། །དེ་བཞིན་ཉིད་དང་ཡང་དག་མཐའ། །མཚན་མ་མེད་དང་ དོན་དམ་དང༌། །ཆོས་ཀྱི་དབྱིངས་ནི་རྣམ་གྲངས་སོ། །ཞེས་དང༌། ཀླུའི། བྱང་ཆུབ་སེམས་ འགྲེལ་དུ། དེ་བཞིན་ཉིད་དང་ཡང་དག་མཐའ། །མཚན་མ་མེད་དང་དོན་དམ་ཉིད། །བྱང་ ཆུབ་སེམས་མཆོག་དེ་ཉིད་དང༌། །སྟོང་པ་ཉིད་དུ་བཤད་པའང་ཡིན། །ཞེས་དང༌། མདོ་རྒྱུད་ དུ་མར་ཡང་དོན་དེ་ཉིད་གསུངས་ཏེ། གཟུ་བོའི་བློས་ལྟོས་ཤིག་དང་གསལ་བར་འགྱུར་རོ། ། གལ་ཏེ་ཆོས་ཉིད་དམ་དེ་བཞིན་ཉིད་ཡིན་ཡང་དོན་དམ་པའི་བདེན་པ་མ་ཡིན་ན། དེ་ལས་ གཞན་གང་ཡང་དོན་དམ་པའི་བདེན་པར་མི་རུང་བས་དོན་དམ་བདེན་པ་ཡིན་པ་མེད་པར་ འགྱུར་ཞིང༌། འདོད་ན་མདོ་རྒྱུད་བསྟན་བཅོས་དྲི་མ་མེད་པ་དུ་མར་བདེན་གཉིས་ཀྱི་ཚུལ་རྒྱ་ ཆེར་རྣམ་པར་བཞག་པ་ཐམས་ཅད་ལོག་པར་འགྱུར་རོ། །གལ་ཏེ་ཆོས་ཐམས་ཅད་སྤྲོས་བྲལ་ ཡིན་པས་གང་ཅིར་ཡང་གྲུབ་པ་མེད་པའི་ཕྱིར་དོན་དམ་པའི་བདེན་པ་ཞེས་བྱ་བའང་གྲུབ་པ་ མེད་ཀྱི་མིང་ཙམ་མོ་ཞེ་ན། ལས་རྒྱུ་འབྲས་དང༌། དཀོན་མཆོག་གསུམ་པོར་གྲུབ་པ་མེད་པར་ འདོད་པའི་དབུ་མའི་ལུགས་ཞེས་མིང་བཟང་བཏགས་པའི་རྒྱང་འཕེན་པའི་ལྟ་བ་འདི་དོར་ ཅིག བདག་བདེ་ལེགས་སུ་འདོད་པ་དག་དེ་ཁས་ལེན་པར་མི་རིགས་ཏེ་ཕོང་བར་འགྱུར་ པའི་ཕྱིར་རོ། །ཇི་སྐད་དུ། དབུ་མ་རིན་ཆེན་འཕྲེང་བར། མེད་པ་བོ་ནི་ངན་འགྲོར་འགྲོ། །ཞེས་ སོ། །གཞན་ཡང༌། མེད་པར་ལྟ་བས་རྩ་བ་གཅོད། ཞེས་སོགས་དུ་མ་བཤད་དེ། གལ་ཏེ་དོན་ 3-1-262 དམ་པར་སྤྲོས་བྲལ་དང༌། དོམ་དམ་པར་ཅིར་ཡང་གྲུབ་པ་མེད་ཅེས་ཁྱད་པར་གྱི་ཚིག་སྦྱོར་ཞེ་ ན། དེ་ལྟར་སྦྱར་ནས་ལྟ་སྒོམ་སྤྱོད་འབྲས་ཀྱི་མདོ་དོན་རྒྱས་པར་གཏན་ལ་འབེབས་པ་མཁས་ མཆོག་ཀ་ལ་ཤཱི་ལས་མཛད་པའི་དབུ་མ་སྣང་བ་དང༌། སྒོམ་རིམ་རྣམ་པ་གསུམ་སོགས་དང༌། ལེགས་ལྡན་འབྱེད། དཔལ་སྦས། ཡེ་ཤེས་སྙིང་བོ། ཞི་བ་འཚོ་སོགས་ཀྱིས་རྒྱས་པར་གཏན་ ལ་ཕབ་མོད་ཀྱིས་དེ་དག་དབུ་མ་རང་རྒྱུད་པའི་ལུགས་ནོར་བ་ཡིན་ཏེ། དོན་དམ་པར་ཞེས་ པའི་ཁྱད་པར་གྱི་ཚིག་སྦྱར་བ་དོན་མེད་ཞེས་དམ་འཆའ་ཞིང་ཁས་ལེན་ལ། འདི་སློབ་དཔོན་ ཟླ་བ་གྲགས་པའི་དགོངས་དོན་ཡིན་ལ་ཁོང་ཁོ་ནས་ཀླུ་སྒྲུབ་ཡབ་སྲས་ཀྱི་དགོངས་པ་རྟོགས་ ཀྱི། གཞན་གྱིས་མིན་ནོ་ཞེས་ཁྱོད་ཁས་ལེན་པ་མིན་ནམ། དེ་ལྟའི་ཚུལ་འདི་རྟོགས་དཀའ་ བའི་ཕྱིར་ལེགས་པར་རྣམ་པར་ཕྱེ་བའི་བསྟན་བཅོས་ཞིག་ལོགས་སུ་རྩོམ་པའི་སྤྲོ་བ་ཡོད་ དོ། །གལ་ཏེ་དེ་འདྲ་དེ་དོན་དམ་པའི་བདེན་པ་མཚན་ཉིད་ཡིན་པར་ཐལ་བ་འདོད་དོ་ཞེ་ན། འདི་དོན་དམ་བདེན་པ་རྗེས་མཐུན་པ་ཡིན་གྱི་མཚན་ཉིད་པ་མིན་ནོ་ཞེས་སྔར་ལུང་རིགས་ཀྱི་ སྒོ་ནས་བསྟན་ཟིན་ཞིང༌། གཞན་ཡང་དབུ་མ་སོགས་དོན་དམ་པར་བདེན་པའི་རང་བཞིན་ མེད་ཙམ་དོན་དམ་བདེན་པ་མཚན་ཉིད་པ་ཡིན་ན་རྫུན་པ་བསླུ་བའི་ཆོས་ཅན་ཐམས་ཅད་དེ་ མ་ཡིན་པར་ཐལ་བར་འགྱུར་རོ། །འདོད་མི་ནུས་ཏེ། དགག་བྱ་དབུ་མ་སོགས་བདེན་དངོས་ མེད་པའི་དོན་དམ་པར་བུམ་སོགས་བདེན་པའི་རང་བཞིན་མེད་པ་དེ་ཤེས་བྱ་ཐམས་ཅད་ལ་ སྤྱི་ཁྱབ་དུ་སྒྲུབ་པའི་ཕྱིར་ཏེ་རི་བོང་རྭ་མེད་བཞིན་ནོ། །གཞན་ཡང་དེ་འདྲའི་རང་བཞིན་མེད་ པ་དེ་ཡིན་ན། དེ་བཞིན་ཉིད་དང་ཡང་དག་པའི་མཐའ་སོགས་ཡིན་པས་ཁྱབ་པར་ཐལ་བར་ འགྱུར་ཏེ། དོན་དམ་པའི་བདེན་པ་མཚན་ཉིད་པ་ཡིན་པའི་ཕྱིར། ཞེས་པའི་སྐྱོན་སྤྱི་བོར་ཐོག་ ལྷུང་བ་བཞིན་འབྱུང་བར་ཡང་མ་གོའམ་བུ་ཆེན་པ། དེ་འདོད་ན་ཀུན་རྫོབ་ཐམས་ཅད་དང་ རི་བོང་རྭ་སོགས་ཐམས་ཅད་དེ་བཞིན་ཉིད་དང་ཡང་དག་པའི་མཐའ་ཡིན་པར་ཐལ་བར་ 3-1-263 འགྱུར་ཏེ། དེ་ཐམས་ཅད་ཡང་བུམ་སོགས་དོན་དམ་པར་བདེན་པའི་རང་བཞིན་མེད་པའི་ ཕྱིར་རོ། །གལ་ཏེ་བུམ་སོགས་དོན་དམ་པར་བདེན་པའི་རང་བཞིན་མེད་པ་ཞེས་པ་ཆོས་ཅན་ བུམ་སོགས་རྣམས་དོན་དམ་པར་བདེན་པའི་རང་བཞིན་ཡོད་པ་ལ་ལོག་ཙམ་གྱི་ལྡོག་པའི་ཆ་ གཅིག་པོ་དེ་ཉིད་ལ་འདོད་པའི་ཕྱིར། ཀུན་རྫོབ་པ་རྣམས་དེར་ཐལ་བའི་སྐྱོན་མེད་དོ་ཞེ་ན། དེ་ ལྟར་ཡིན་པ་དེ། དེ་བཞིན་ཉིད་དམ་དོན་དམ་པའི་བདེན་པ་མཚན་ཉིད་པ་ཡིན་པ་ཉམས་ཏེ། དེ་ནི་ཆོས་ཅན་གཅིག་ལོག་པ་དུ་མ་ལས་ལོག་པའི་ལྡོག་པ་ཐ་དད་ཅེས་པའི་སྒྲོ་བཏགས་པ་ གཅིག་ཡིན་པར་ལུང་རིགས་ཀྱི་གཙུག་ལག་ཏུ་མར་བཤད་ཅིང༌། འཕགས་སེང་ཆོས་བཤེས་ སོགས་ཀྱིས་ཀྱང་སྤྱིའི་མཚན་ཉིད་ཀྱི་ཐ་དད་ཅེས་དང༌། རྣམ་པར་དབྱེ་བའི་མཚན་ཉིད་ཅེས་ དང༌། ལྡོག་པ་ལ་ལྟོས་ནས་ཉེ་བར་བསྐྱེད་པའི་ཐ་སྙད་ཅེས་སོགས་ཀྱིས་ཀྱང༌། སྒྲོ་བཏགས་ སུ་གསལ་བོར་བསྟན་པས་ཞིབ་ཞིབ་འདྲ་བའི་ཁྱོད་ཀྱི་ཐ་སྙད་དེས་རྨོངས་པ་མགོ་མ་སྐོར་ཅིག གལ་ཏེ་བུམ་སོགས་དོན་དམ་པར་བདེན་པའི་རང་བཞིན་མེད་པའི་དེ་བཞིན་ཉིད་ཅིག་བུམ་ སོགས་ཀྱི་ཆོས་ཉིད་དེ་བཞིན་ཉིད་དོ་ཞེས་བརྟགས་པ་གཉིས་པ་ཁས་ལེན་ན། ཁྱེད་རྣམས་ ཀྱི་རང་ལུགས་ལ་ཆོས་ཅན་རྣམས་ཀྱི་ཆོས་ཉིད་དམ་དེ་བཞིན་ཉིད་གང་ཞེ་ན་མཐའ་དཔྱད་ ན། ཚངས་ཆེན་ལྟར་གཡོ་རྒྱུའམ་བརྫུན་རིས་བྱེད་པ་མ་གཏོགས་ཆོས་ཀུན་བདེན་པའི་རང་ བཞིན་མེད་ཙམ་ལས་མ་འདས་ཏེ། ཀུན་རྫོབ་འདི་ལྟར་སྣང་བ་འདི། །རིགས་པས་བརྟགས་ན་ འགའ་མི་རྙེད། །མ་རྙེད་པ་དེ་དོན་དམ་སྟེ། །ཡེ་ནས་གནས་པའི་ཆོས་ཉིད་དོ། །ཞེས་པའི་ལུང་ སྒྲ་ཇི་བཞིན་ཉིད་དུ་ཁས་བླངས་ནས་རྣམ་བཞག་བྱེད་པའི་ཕྱིར་རོ། །དེས་ན་བཀའ་བསྟན་ བཅོས་ཚད་མར་བྱས་ནས་ཆོས་ཀུན་དོན་དམ་པར་བདེན་པའི་རང་བཞིན་མེད་ཙམ་དང༌། དེ་ ལྟར་མེད་པའི་དེ་བཞིན་ཉིད་ལ་སྒྲུབ་ཆོས་ཅི་ཡང་མེད་པའི་མེད་དགག་དང་སྒྲུབ་ཆོས་བསྟན་ པའི་མ་ཡིན་དགག་གི་ཁྱད་ཡོད་དེ། མངོན་ཞེན་མེད་ཙམ་མེད་དགག་དང༌། མངོན་ཞེན་མེད་ 3-1-264 པའི་ཡེ་ཤེས་མ་ཡིན་དགག་ཞེས་འཕགས་སེང་ཤནྟི་སོགས་ཀྱིས་བཤད་ཅིང༌། དེས་དཔེ་བུམ་ པ་མེད་ཙམ་དང་བུམ་པ་མེད་པའི་ས་ཕྱོགས་བཞིན་ཞེས་ཤནྟི་བས་བཤད་པ་ལྟར་རོ། །དེས་ ན་དེ་འདྲའི་རང་བཞིན་མེད་ཙམ་དེ་ཆོས་ཉིད་དང་དེ་བཞིན་ཉིད་མ་ཡིན་ཡང༌། དེ་འདྲའི་རང་ བཞིན་མེད་པའི་དེ་བཞིན་ཉིད་དེ་ཆོས་ཉིད་དམ་དེ་བཞིན་ཉིད་དུ་འཐད་མོད། དེ་ཆོས་ཅན་ སོ་སོ་རེ་རེ་ཁོ་ན་ལ་ཡོད་ཀྱི་གཞན་ལ་མེད་ཅིང་ཆོས་ཅན་སོ་སོ་བ་དེ་དག་མེད་ན་དེའི་ཆོས་ ཉིད་ཀྱང་གཏན་ནས་མེད་པར་འགྱུར་རོ་ཞེས་ཟེར་ན་ཤིན་ཏུ་མི་འཐད་དེ། འོ་ན་བུམ་པ་ལྟ་ བུ་དངོས་པོ་རང་མཚན་གཅིག་གི་ཆོས་ཉིད་དམ་དེ་བཞིན་ཉིད་དེ་དངོས་པོ་རྫས་གྲུབ་ཞིག་ཏུ་ ཐལ་བར་འགྱུར་ཏེ། དེ་ལྟའི་དངོས་པོ་གཅིག་པོ་དེ་ཁོ་ན་ལ་གནས་པའི་ཆོས་ཉིད་ཡིན་ཞིང་དེ་ ལས་གཞན་གང་ནའང་མེད། དེ་ལྟའི་དངོས་པོ་གཅིག་པོ་དེ་ཞིག་པར་གྱུར་བ་ན་དེ་ཡང་མེད་ པར་སོང་བའི་ཕྱིར་རོ། ། དཔེར་ན་བུམ་པ་ལྟ་བུ་དངོས་པོ་གཅིག་པོ་དེའི་གཟུགས་དྲི་སོ་བཞིན་ནོ། །འདོད་ན་ མི་རྟག་པར་ཐལ་བར་འགྱུར་ཞིང་དེ་ཡང་འདོད་ན། འདུས་མ་བྱས་མ་ཡིན་པར་འགྱུར་བ་ ལས་དེ་ལྟར་ཡང་མ་ཡིན་ཏེ། མདོ་སེམས་དབུ་མའི་གཙུག་ལག་ལ་ཐམས་ཅད་དུ་དེ་བཞིན་ ཉིད་འདུས་མ་བྱས་ཁོ་ནར་བཤད་ཅིང༌། ཉི་འོག་བྱེ་བྲག་སྨྲ་བའང་འདུས་མ་བྱས་དེ་བཞིན་ ཉིད་འདུས་མ་བྱས་སུ་བཤད་པས་སོ། །ཡང་དེ་ལྟའི་དེ་བཞིན་ཉིད་དེ་སྔར་བཤད་ལྟར་གྱི་ ཆོས་ཅན་རེ་རེ་བ་དང་རྫས་ཐ་དད་དམ་དོན་གཅིག་ཡིན་པ་གང་རུང་དུ་ཐལ་བར་འགྱུར་ཏེ། རྟགས་སྔར་དང་འདྲ། འདོད་ན་སྔར་ལྟར་འདུས་མ་བྱས་མིན་པར་འགྱུར་ཞིང་ལུང་རྣམ་དག་ དུ་མ་དང་ཡང་འགལ་ཏེ། དགོངས་འགྲེལ་ལས། འདུ་བྱེད་ཁམས་དང་དོན་དམ་མཚན་ཉིད་ ནི། །གཅིག་དང་ཐ་དད་བྲལ་བའི་མཚན་ཉིད་དེ། །གཅིག་དང་ཐ་དད་ཉིད་དུ་གང་རྟོགས་པ། ། དེ་ནི་ཚུལ་བཞིན་མ་ཡིན་ཞུགས་པ་ཡིན། །ཞེས་སོགས་བཀའ་བསྟན་བཅོས་ཀྱི་ལུང་ཤིན་ཏུ་ 3-1-265 མང་བར་ཡོད་ནའང་གྲགས་ཆེ་བས་མ་བཀོད་དོ། །ཡང་བུམ་པ་ལྟ་བུའི་དངོས་པོ་རང་མཚན་ པ་གཅིག་གི་ཆོས་ཉིད་དེ་བཞིན་ཉིད་དེ་རྒྱ་དང་དཔངས་ཀྱི་ཚད་ཅན་དུ་ཡང་ཐལ་བར་འགྱུར་ ཏེ། བུམ་སོགས་དངོས་པོ་རང་མཚན་གཅིག་པོ་དེའི་རྡུལ་ཕྲ་རབ་དང་དེ་འདུས་པའི་རགས་པ་ གང་ན་གནས་པ་ཙམ་གྱི་འགོག་པ་དེ་ཁོ་ན་ཡོད་པའི་དེའི་ཆོས་ཉིད་ཡིན་གྱི། དེ་ལས་སྐྲའི་རྩེ་ མོ་བརྒྱར་བྱས་པའི་ཆའི་ཚད་ཙམ་གྱིས་གཞལ་བ་ཕན་ཆད་གང་ནའང་མེད་པའི་རྟགས་ ཁས་བླངས། འདོད་པར་མི་ནུས་ཏེ་མངོན་རྟོགས་རྒྱན་དུ། ཚད་མེད་པ་དང་མཐའ་མེད་ ཞེས་པ་དང༌། ཉི་ཁྲི་སྣང་བར། གཟུགས་ཅན་མ་ཡིན་པ་ལ་ནི་ཚད་ཀྱི་ཆོས་ཉིད་ཡོད་པ་མ་ཡིན་ ནོ་ཞེས་དང༌། མདོ་དང་མངོན་རྟོགས་རྒྱན་དུ། གཞལ་དུ་མེད་པའམ། གཞལ་དང་བགྲངས་ ལས་ཡང་དག་འདས་ཞེས་པར་ཤནྟི་ཀིར་སོགས་ཀྱིས་འདི་ཙམ་མོ་ཞེས་ཚད་ཀྱིས་གཞལ་བ་ ལས་འདས་པ་ཞེས་དང༌། སེང་བཟང་གིས་ཀྱང་ནམ་མཁའ་ཚད་མེད་པ་ཉིད་ཀྱིས་འདི་དག་ ཚད་མེད་པ་ཞེས་སོགས་ལུང་མང་ངོ༌། །བྱང་སེམས་ས་དང་བོ་པས་ཆོས་དབྱིངས་ཀུན་འགྲོ་ མངོན་སུམ་དུ་བྱས་པ་མ་ཡིན་པར་འགྱུར་དེ། ཆོས་ཅན་འདི་རྣམས་སོ་སོ་བ་ཡིན་པ་བཞིན་དུ་ འདི་རྣམས་ཀྱི་ཆོས་དབྱིངས་ཀྱང་སོ་སོ་བ་ཁོ་ན་ཡིན་གྱི། འདི་རྣམས་ཀྱི་ཆོས་དབྱིངས་གཅིག་ ནི་མ་ཡིན་ལ་དེ་ལྟར་ན་ཆོས་ཅན་སོ་སོ་བ་རྣམས་མངོན་སུམ་དུ་མ་མཐོང་བར་ཆོས་ཅན་ རྣམས་ཀྱི་ཆོས་ཉིད་མངོན་སུམ་དུ་མི་མཐོང་བར་འགྱུར་ཞིང༌། ས་དང་པོ་པས་ཆོས་ཅན་ཇི་ སྙེད་པ་ཅིག་ཆར་མངོན་སུམ་དུ་མཐོང་མི་སྲིད་པའི་ཕྱིར་རོ། །འདོད་མི་ནུས་ཏེ། དབུས་མཐའ་ སོགས་སུ། ཀུན་ཀྱང་འགྲོ་དང་ཞེས་སོགས་དང༌། །སེང་བཟང་སོགས་ཀྱིས་ཆོས་ཀྱི་དབྱིངས་ ཀུན་ཏུ་འགྲོ་བ་རྟོགས་པའི་མཚན་ཉིད་ས་དང་བོ་རབ་ཏུ་དགའ་བ་ལ་སོགས་པ་རྟོགས་པའི་ མཚན་ཉིད་ཞེས་སོགས་ལུང་མང་ངོ༌། ། འདིར་ཆོས་ཀྱི་དབྱིངས་ཀུན་འགྲོ་ཞེས་པའི་དོན་བྱང་སེམས་ཀྱི་སྡུག་བསྔལ་ཆོས་བཟོད་ 3-1-266 ལྟ་བུའི་མཉམ་བཞག་གི་ཡེ་ཤེས་གཅིག་གིས་སྡུག་བདེན་གྱི་ཆོས་ཉིད་དེ། ཆོས་ཅན་ཇི་སྙེད་ པ་ཐམས་ཅད་དུ་འགྲོ་བའམ་ཐམས་ཅད་དུ་ཁྱབ་པར་མངོན་སུམ་དུ་རྟོགས་ཞེས་པའི་དོན་ མ་ཡིན་གྱི་སྡུག་བདེན་གྱི་ཆོས་ཉིད་དེ་ཆོས་ཅན་ཐམས་ཅད་ཀྱི་དེ་བཞིན་ཉིད་ཡིན་པས། དེ་ བཞིན་ཉིད་ཆོས་དབྱིངས་ཀུན་འགྲོ་ཡིན་པའི་རང་བཞིན་དེ་མངོན་སུམ་དུ་མཐོང་བས་ཆོས་ དབྱིངས་ཀུན་འགྲོ་མངོན་སུམ་དུ་མཐོང་ཞེས་དགོངས་པའོ། །དེ་ལྟར་ན་ཆོས་ཅན་རྣམས་ཀྱི་ ཆོས་དབྱིངས་སོ་སོ་ཁོ་ན་ཆོས་དབྱིངས་ཀུན་འགྲོ་གཏན་མེད་པར་འགྱུར་བ་ལས་ཡིད་ཆེས་ པའི་ལུང་དུ་མ་དང་འགལ་ལོ། ། གཞན་ཡང་བུམ་པའི་ཆོས་ཉིད་དེ་བཞིན་ཉིད་དེ་ཉི་ཚེ་བའི་སྟོང་ཉིད་དུ་ཐལ་བར་འགྱུར། བུམ་པ་ཁོ་ན་ལ་ཡོད་ཀྱི་དེ་ལས་གཞན་གང་ནའང་མེད་པའི་ཆོས་ཉིད་ཡིན་པའི་ཕྱིར་རོ། ། འདོད་ན་ཐེག་ཆེན་དབུ་མ་བས་བཞེད་པའི་ཆོས་ཉིད་དེ་བཞིན་ཉིད་མ་ཡིན་པར་འགྱུར་ཏེ། ཏིང་མཛིན་རྒྱལ་བོ་ལས། ཉི་ཚེའི་སྟོང་པ་མུ་སྟེགས་ཅན་རྣམས་ཀྱི། །ཞེས་གསུངས་པས་སོ། ། དེ་ལྟར་ན་སྒྲོ་བསྐུར་གྱི་མཐར་བྲལ་མ་ཡིན་པའི་ཕྱིར་ཏེ། དབུ་མ་བས་བཞེད་པའི་སྟོང་ཉིད་ ཟབ་མོ་ཡིན་ན་མཐའ་བྲལ་ཡིན་པའི་ཕྱིར། འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ ཅུང་ཟད་མེད། །ཅེས་སོགས་དང༌། ཟབ་མོ་སྟོང་པ་ཉིད་ལ་སོགས། །ཟབ་པ་དེ་ནི་སྒྲོ་འདོགས་ དང༌། །བསྐུར་བའི་མཐའ་ལས་གྲོལ་བ་ཉིད། །ཅེས་སོགས་དང་འགལ། དེ་བཞིན་དུ་ཆོས་ ཅན་རྣམས་ཀྱི་ཆོས་དབྱིངས་སོ་སོ་ཁོ་ན་ཡིན་ན་རྫོགས་པའི་སངས་རྒྱས་མ་གཏོགས་ས་བཅུ་ བ་མན་ཆད་གང་གིས་ཡང་ཁྱབ་པའི་སྟོང་པ་ཉིད་མངོན་སུམ་དུ་མ་བྱས་པར་ཉི་ཚེ་བའི་སྟོང་ ཉིད་ཁོ་ན་མངོན་སུམ་དུ་བྱས་པར་འགྱུར་བ་གསུང་རབས་ཀུན་དང་རྒྱབ་ལོག་གོ ། གཞན་ཡང་ཆོས་ཅན་བུམ་པའི་ཆོས་ཉིད་དེ་བུམ་པས[པར]་འདོད་པའི་ཆོས་ཉིད་ཐམས་ ཅད་ཀྱི་སྟོང་ཉིད་དང་དོན་གཅིག་པར་ལུང་གིས་བསྒྲུབས་ཟིན་ཏོ། །ཁྱེད་ལྟར་ན། རང་ལུགས་ 3-1-267 ཀྱི་བུམ་པའི་ཆོས་ཉིད་དམ་སྟོང་ཉིད་དེ་བུམ་པ་ཙམ་ཁོ་ན་དོན་དམ་པར་བདེན་པའི་རང་ བཞིན་མེད་པས་རབ་ཏུ་ཕྱེ་བ་ཡིན་ནམ། འོན་ཏེ་ཆོས་ཐམས་ཅད་བདེན་པའི་རང་བཞིན་མེད་ པས་རབ་ཏུ་ཕྱེ་བ་ཡིན། དང་བོ་ལྟར་ན་ཉི་ཚེ་བའི་སྟོང་ཉིད་ཁོ་ནར་འགྱུར། འདིའི་འཁོར་ གསུམ་ག་ཁྱེད་ཀྱིས་ཁས་བླངས་ཏེ། ཆོས་དབྱིངས་དེ་བཞིན་ཉིད་དེ་དོན་དམ་པར་ཆོས་ཅན་ ཀུན་རྫོབ་པ་རྣམས་ཀྱིས་སྟོང་གི་ཆོས་དབྱིངས་ཁོ་རང་ཉིད་ཀྱིས་དོན་དམ་པར་མི་སྟོང་བར་ ཁས་བླངས་བ་ལ། དེ་ལྟ་བུ་དེ་ཉི་ཚེ་བའི་སྟོང་ཉིད་ཡིན་པས་སྟོང་ཉིད་ཐ་ཆད་ཡིན་ཞེས་གྲུབ་ མཐའ་དང་གང་ཟག་ལ་རྣམ་པ་བརྒྱར་སྨོད་པ་མ་དྲན་ནམ། གཉིས་པ་ལྟར་ན། བུམ་པའི་ཆོས་ ཉིད་དམ་སྟོང་ཉིད་དེ་བུམ་པ་ཁོ་ན་ལ་ཡོད་ཀྱི་གཞན་གང་ལ་ཡང་གཏན་ནས་མེད་ཅེས་པ་དེ་ མི་འཐད་པར་འགྱུར་རོ། །ཆོས་ཐམས་ཅད་དོན་དམ་པར་བདེན་པའི་རང་བཞིན་གྲུབ་པ་མེད་ པས་རབ་ཏུ་ཕྱེ་བའི་ཆོས་ཉིད་དམ་དེ་བཞིན་ཉིད་གང་ཞིག དེ་འདྲའི་བདེན་མེད་དེ་ཆོས་ཅན་ ཐམས་ཅད་ལ་སྤྱི་ཁྱབ་ཐམས་ཅད་དུ་གྲུབ་ཅིང༌། དེ་འདྲའི་བདེན་མེད་ཀྱི་སྟོང་ཉིད་ཙམ་དེ་ ལས་གཞན་ཁྱེད་རྣམས་ཀྱི་རང་ལུགས་ལ་བུམ་སོགས་ཀྱི་ཆོས་ཉིད་དམ་སྟོང་ཉིད་ཟབ་དོན་ མི་རྙེད་ཅིང་མི་འདོད་པའི་ཕྱིར། རྙེད་དོ་ཞེ་ན། ཚངས་ཆེན་གྱི་ཚུལ་མ་བྱེད་ཅིག ཡང༌། ཀུན་ རྫོབ་འདི་ལྟར་སྣང་བ་འདི། །རིགས་པས་བརྟགས་ན་འགའ་མི་རྙེད། །མ་རྙེད་པ་དེ་དོན་དམ་ དེ། །ཡེ་ནས་གནས་པའི་ཆོས་ཉིད་དོ། །ཞེས་དང༌། ཆོས་ཉིད་ཤེས་བྱ་མ་ཡིན་ཏེ། །དེ་ནི་རྣམ་ པར་ཤེས་མི་ནུས། །ཞེས་སོགས་བཤད་པ་ལ་བརྟེན་ནས། དབུ་མ་རང་ལུགས་ཀྱི་མཐར་ཐུག་ གི་སྟོང་ཉིད་དམ་ཆོས་ཉིད་ཡང་དགག་བྱ་བདེན་དངོས་སོགས་ཀྱིས་སྟོང་པ་ཡིན་པས་རྣམ་ བཅད་ཙམ་དུ་ཤེས་བྱ་ཡིན་གྱི། ཡོངས་གཅོད་དུ་ཤེས་བྱ་མ་ཡིན་ཞེས་པ་ཁྱེད་རྣམས་ཀྱི་རྩ་ བའི་གྲུབ་མཐར་བཀོད་ཅིང༌། འདོད་ལ། དེའི་མཐའ་དཔྱད་པ་དང་གཞུང་འཇུག་པའི་ཕྱིར་དུ། ཡུམ་གྱི་མདོ་ལ་སོགས་པ་དང༌། དབུ་མ་རིགས་ཚོགས་ལ་སོགས་པའི་དགོངས་དོན་གྱི་སྟོང་ 3-1-268 ཉིད་ནི་དོན་དམ་པར་ཡོད་མེད་ལ་སོགས་པ་སྤྲོས་པ་ཐམས་ཅད་ཀྱིས་དབེན་པའི་སྤྲོས་བྲལ་ དེ་ཁོ་ན་ཡིན་ཏེ། ཡོད་མིན་མེད་མིན་ཡོད་མེད་མིན༌། །གཉིས་ཀའི་བདག་ཉིད་མིན་པའང་ མིན། །མཐའ་བཞི་ལས་ནི་རྣམ་གྲོལ་བ། །དེ་ཉིད་དབུ་མ་པ་ཡིས་རིག །ཅེས་དང༌། རྒྱུད་ བླར། བདག་དང་བདག་མེད་སྤྲོས་པ་དག །ཉེ་བར་ཞི་བས་དམ་པའི་བདག །ཅེས་སོགས་ ཀྱི་དགོངས་དོན་ཡིན་ཞེས་པའི་འདོད་པ་བདེན་ཞེན་གཏིང་ཚུགས་པར་ཡོད་པ་ལ་བསྙོན་དུ་ མེད་དོ། །དེ་ལྟར་འདོད་བཞིན་དུ་ཆོས་ཅན་སོ་སོ་ཡིན་པ་བཞིན་དུ་དེའི་ཆོས་ཉིད་ནམ་ཡང་ སོ་སོ་ཁོ་ན་ཡིན་པའི་ཆོས་ཅན་སོ་སོ་ཁོ་ན་ལ་ཡོད་ཀྱི་དེ་ལས་གཞན་གཏན་ནས་མེད། ཆོས་ ཅན་སོ་སོ་བ་མེད་པར་གྱུར་བ་ན་དེ་དང་དེའི་ཆོས་ཉིད་ཡང་མེད་པར་འགྱུར་ཏེ། དབུ་ཚད་ཀྱི་ བསྟན་བཅོས་རྣམས་སུ། ཆོས་ཅན་མེད་པར་དེའི་ཆོས་མེད་ཅེས་སྒྲ་བྱས་མི་རྟག་པ་ལྟ་བུ། སྒྲ་ སོགས་ཆོས་ཅན་དང་དེའི་ཆོས་ཉིད་དམ་དེ་བཞིན་ཉིད་རྣམས་སྒྲུབ་ཆོས་འབའ་ཞིག་ཏུ་བསམ་ ནས་སྨྲ་བ་ནི་ནང་འགལ་ཏེ། མཐར་ཐུག་གི་སྟོང་ཉིད་དམ་ཆོས་ཉིད་དེ་དགག་བྱ་རྣམ་བཅད་ ཙམ་དུ་ཤེས་བྱ་ཡིན་གྱི་ཡོངས་གཅོད་དུ་ཤེས་བྱ་མ་ཡིན་པར་ཁས་བླངས་ལ། རྣམ་བཅད་ནི་ མེད་དགག་དང་ཡོངས་གཅོད་ནི་སྒྲུབ་ཆོས་ཡིན་པར་ཐེག་པ་ཆེ་ཆུང་གི་གཞུང་ལུགས་ཐམས་ ཅད་ལས་བཤད་པའི་ཕྱིར་དང༌། དོན་དམ་པར་ཡོད་མེད་ལ་སོགས་སྤྲོས་པ་ཐམས་ཅད་དང་ བྲལ་བའི་སྤྲོས་བྲལ་དེ་ཉིད་དབུ་མ་བའི་ཡང་ཆོས་ཉིད་དམ་སྟོང་ཉིད་དེ་ཁོ་ན་ཉིད་ཡིན། དེ་ ཉིད་ཆོས་ཅན་གཞན་ཐམས་ཅད་ཀྱི་ཡང་དེ་བཞིན་ཉིད་དམ་ཆོས་ཉིད་ཡིན་པའི་ཕྱིར། དེ་ལྟར་ ན་རྣམ་བཅད་ཙམ་དུ་ཤེས་བྱ་ཡིན་གྱི་ཡོངས་གཅོད་དུ་ཤེས་བྱ་མ་ཡིན་པའི་སྟོང་ཉིད་དེ་དང༌། ཡོད་མེད་སོགས་སྤྲོས་པ་ཐམས་ཅད་ཀྱིས་དབེན་པའི་སྤྲོས་བྲལ་དེ་ཆོས་ཅན་གཅིག་ཁོ་ན་ལ་ ཡོད་ཀྱི། དེ་ལས་གཞན་ལ་མེད་ཅེས་སུ་ཞིག་གིས་དགག་ནུས་འདུས་མ་བྱས་ནམ་མཁའ་ བཞིན་ནོ། །མདོར་ན་དགག་བྱ་ཤེས་བྱ་ལ་མི་སྲིད་ན་དེ་བཀག་ཤེས་བྱའི་ཁྱབ་བྱེད་དུ་འོང་དུ་ 3-1-269 ཞེས་དྲན་པར་གྱིས་ཤིག་དང༌། ཆོས་ཅན་སོ་སོའི་སྟོང་ཉིད་ཁོ་ན་ཡིན་མིན་གསལ་བར་འགྱུར་ རོ། །དེ་ལྟར་ན་དབུ་མ་ཆེན་པོ་བའི་ལུགས་ལ་ཕུང་ཁམས་སྐྱེ་མཆེད་ལ་སོགས་བའི་ཆོས་ཅན་ ཇི་སྙེད་པའི་རང་བཞིན་ནམ་གནས་ལུགས་སམ། དེ་ཁོ་ན་ཉིད་ཅེས་པའི་དོན་ནི་ཕུང་སོགས་ ཆོས་ཐམས་ཅད་དོན་དམ་པར་བདེན་པའི་དངོས་པོ་ཅིར་ཡང་གྲུབ་པ་མེད་པའི་དེ་བཞིན་ཉིད་ སྤྲོས་བྲལ་དེ་ཉིད་ཡིན་ཞིང༌། དེ་ཕུང་སོགས་ཆོས་ཅན་ཐམས་ཅད་ཀྱི་ཆོས་ཉིད་ཡིན་ཞིང་དེ་ ལྟར་སྟོན་པའི་ཆེད་དུ་བུམ་པའི་ཆོས་ཉིད་རྣམ་བུའི་ཆོས་ཉིད་ཅེས་སོགས་ཀྱི་ཐ་སྙད་སྦྱར་པ་ ཡིན་གྱི། ཆོས་ཅན་རྣམས་ཀྱི་ཆོས་ཉིད་དེ་ཁོ་ན་ཉིད་དེ་ཆོས་ཅན་སོ་སོ་བ་བཞིན་དུ་སོ་སོ་ཐ་ དད་དུ་དགོངས་པ་མིན་ཏེ། ཡུམ་གསུམ་འགྲེལ་བ་གནོད་འཇོམས་སུ། ནང་སྟོང་པ་ཉིད་ལ་ གནས་པར་འདོད་པས་ཞེས་བྱ་བ་ལ་སོགས་པས་སྟོང་བ་ཉིད་བཅུ་དྲུག་སྟོན་ཏེ། སྟོང་བ་ཉིད་ ཀྱི་ངོ་བོ་ཉིད་ནི་གཅིག་ཏུ་ཟད་མོད་ཀྱི། འོན་ཀྱང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ དང་ཡིད་ལ་བྱེད་པ་ཐ་དད་པས་རྣམ་པ་མང་པོར་ཕྱེའོ་ཞེས་དང༌། འོན་ཀྱང་མིག་ལ་སོགས་པ་ དང་གཟུགས་དང་སྒྲ་ལ་སོགས་པ་འདུས་བྱས་ཀྱི་ཆོས་གང་ཡིན་པ་དེ་ཐམས་ཅད་གྱུར་བའི་ ཚུལ་གྱིས་ཡོངས་སུ་གྲུབ་བའི་རྣམ་པ་ལ་ནི་ཐ་དད་དུ་དབྱེ་བ་མེད་དོ། །རྣམ་པ་གཅིག་ཉིད་ ཡིན་དུ་ཟིན་ཀྱང་གང་གི་ཚེ་རབ་ཏུ་བསྟན་པར་བྱ་བའི་ཕྱིར་རྣམ་པར་ཕྱེ་སྟེ་སྨྲ་བར་འདོད་པར་ གྱུར་བ་དེའི་ཚེ་ཐབས་གཞན་མེད་པས། གཟུགས་ཀྱི་དེ་བཞིན་ཉིད་སྒྲའི་དེ་བཞིན་ཉིད་དྲིའི་ དེ་བཞིན་ཉིད་ཅེས་བྱ་བ་ལ་སོགས་པའི་སྒྲ་རྣམས་ཀྱིས་སོ་སོར་ཕྱེ་སྟེ་བསྟན་པ་ཙམ་དུ་ཟད་ཀྱི། དེ་བཞིན་ཉིད་དེ་ནི་དེ་དག་གི་རྣམ་པ་དང་དེ་དག་ཏུ་བརྗོད་པར་གྱུར་བ་མ་ཡིན་ནོ་ཞེས་དང༌། དཔེར་ན་ནམ་མཁའ་གཅིག་པུའི་ངོ་བོ་ཉིད་ཡིན་པས་ངོ་བོ་ཉིད་ལ་ཐ་དད་དུ་དབྱེ་བ་མེད་པ་ དེ་བཞིན་དུ་དེ་བཞིན་ཉིད་ཀྱང་རྣམ་པ་གཅིག་པའི་ཕྱིར། ཡོད་པ་དང་མེད་པ་དང༌། ཆོས་དང་ ཆོས་མ་ཡིན་པ་དང༌། རྟག་པ་དང་མི་རྟག་པ་ལ་སོགས་པའི་ཆོས་གཉིས་ལ་ཀུན་ཏུ་སྤྱོད་པ་ 3-1-270 མེད་པས་ཚུལ་གཅིག་ཏུ་བསྟན་ཏེ། ཞེས་སོགས་མང་ཞིང་དེ་བཞིན་ཉིད་དེ་མིང་ཐ་དད་པ་མ་ ཡིན་ཏེ། གཟུགས་ལ་སོགས་པ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དང་རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་ཀྱི་དེ་བཞིན་ཞིད་ཀྱང་གཅིག་གོ །དེ་བས་ན་དེ་བཞིན་ཉིད་གཅིག་པའི་ཕྱིར་ ཅེས་སོགས་མང་ངོ༌། ། ཡང་ཡུམ་གྱི་མདོར། བདག་དང་གཟུགས་སོགས་རྣམ་པར་དག་པ་ནས་རྣམ་མཁྱེན་གྱི་ བར་གྱི་རྣམ་པར་དག་པ་འདི་དག་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དེ་ཐ་མི་དད་དོ་ གཅད་དུ་མེད་དོ། །ཞེས་རྒྱ་ཆེར་གསུངས་ཤིང༌། འདིར་རྣམ་པར་དག་པ་ཞེས་པ་ཆོས་ཐམས་ ཅད་ཀྱི་དེ་བཞིན་ཉིད་ལ་དགོངས་ཤིང་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཡང་གཅིག་ཏུ་ བསྟན་པ་སྟེ། གནོད་འཇོམས་སུ། གཟུགས་ཀྱི་ཆོས་ཉིད་གནས་སྐབས་ལ་ནི་གཟུགས་རྣམ་ པར་དག་པ་ཞེས་བྱའོ། །མྱ་ངན་ལས་འདས་པ་ཞེས་བྱ་བ་ཡང་དག་པའི་མཐའི་གནས་སྐབས་ ལ་ནི་འབྲས་བུ་རྣམ་པར་དག་པ་ཞེས་བྱའོ། ། ཆོས་ཀྱི་སྐུའི་གནས་སྐབས་ལ་ནི་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་ཞེས་བྱའོ། །དེ་ལ་གཟུགས་ཀྱི་རྣམ་པར་དག་པ་དེ་བཞིན་ ཉིད་གང་ཡིན་པ་དེ་འབྲས་བུ་རྣམ་པར་དག་པ་སྟེ་རྣམ་པར་གྲོལ་བའོ། །རྣམ་པར་གྲོལ་པ་ གང་ཡིན་པ་དེ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་སྟེ་ཆོས་ཀྱི་སྐུའོ། །ཆོས་ཀྱི་ སྐུ་གང་ཡིན་པ་དེ་ཉིད་གཟུགས་རྣམ་པར་དག་པ་སྟེ་དེ་བཞིན་ཉིད་ཅེས་བྱ་བའི་ཐ་ཚིག་གོ །དེ་ བས་ན་དེ་བཞིན་ཉིད་དང་རྣམ་པར་གྲོལ་བ་དང་ཆོས་ཀྱི་སྐུ་ནི་དོན་དམ་པར་ཐ་དད་པར་མེད་ དེ་གཅིག་གོ །དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པའི་བར་དུ་ཡང་ སྦྱར་བར་བྱའོ། །དེ་ལྟར་ཆོས་ཐམས་ཅད་ཀྱི་རྣམ་པར་དག་པ་གཅིག་གོ་ཞེས་དང༌། གཅིག་པ་ ཉིད་ཀྱི་ཕྱིར་གཉིས་སུ་མེད་པའོ། །ཐ་དད་དུ་དབྱེར་མི་རུང་བའི་ཕྱིར་གཉིས་སུ་བྱར་མེད་པའོ། ། བྱེ་བྲག་མེད་པའི་ཕྱིར་སོ་སོ་མ་ཡིན་པའོ། །བར་མེད་པའི་ཕྱིར་རམ་རྟག་པའི་ཕྱིར་ཐ་མི་དད་ 3-1-271 པའོ་ཞེས་དང༌། འགྲེས་འདི་གཉིས་ཀྱི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་རྣམ་པར་དག་ པ་དང༌། དེ་བཞིན་གཤེགས་པའི་རྣམ་པར་དག་པ་གཅིག་གོ་ཞེས་བསྟན་པ་ཡིན་ནོ། །ཞེས་ སོགས་ཆོས་ཐམས་ཅད་ཀྱི་རྣམ་དག་གཅིག་ཉིད་དུ་རྒྱས་པར་བསྟན་ནོ། །ཡུམ་གྱི་མདོའི་དོན་ མངོན་རྟོགས་རྒྱན་དུ། འབྲས་བུ་དག་པ་གཟུགས་ལ་སོགས། །དག་པ་ཉིད་དེ་གང་གི་ཕྱིར། ། དེ་གཉིས་ཐ་དད་མ་ཡིན་ཞིང༌། །གཅད་དུ་མེད་པས་དག་པར་བརྗོད། །དེའི་དོན་འཕགས་ སེང་གཉིས་ཀྱིས། །དགེ་སྦྱོང་ཚུལ་གྱི་འབྲས་བུའི་རྣམ་དག་དང་གཟུགས་སོགས་ཀྱི་རྣམ་དག་ རང་གི་མཚན་ཉིད་ཀྱིས་ཐ་དད་པ་མ་ཡིན་ཞིང༌། སྤྱིའི་མཚན་ཉིད་ཀྱིས་གཅད་དུ་མེད་ཞེས་ཏེ། རང་གི་མཚན་ཉིད་ཀྱིས་ཐ་དད་ཞེས་པ་དངོས་པོ་རྫས་ཐ་དད་དང་སྤྱིའི་མཚན་ཉིད་ཀྱིས་ཐ་ དད་ཞེས་པ་ལྡོག་པ་ཐ་དད་ལ་རྒྱ་གར་མཁས་པའི་གཞུང་ལུགས་ཀུན་ལ་བཤད་ཅིང༌། འདིར་ འཕགས་གྲོལ་གྱི་དབྱེ་བ་ནི་མཚན་ཉིད་སྣ་ཚོགས་པ་ཉིད་དོ། །གཅད་པ་ནི་སོ་སོ་ཐ་དད་པར་ ཡན་ལག་སོ་སོར་བྱེད་པའོ་ཞེས་པ་དང༌། གསེར་གླིང་བས་སྣ་ཚོགས་པའི་མཚན་ཉིད་ཀྱིས་ ཐ་མི་དད་ཅིང་རབ་ཏུ་དབྱེ་བའི་མཚན་ཉིད་ཀྱིས་གཅད་དུ་མེད་ཅེས་ཏེ། རབ་ཏུ་དབྱེ་བ་ཞེས་ པ་ལྡོག་པ་ཐ་དད་དོ། །ཡང་འཕགས་གྲོལ་གྱིས་གཟུང་འཛིན་གཉིས་སུ་མེད་ཅིང་ལྡེམ་པོ་ངག་ གིས་ཀྱང་གཉིས་སུ་བྱར་མེད་མཚན་ཉིད་སོ་སོ་མ་ཡིན་ཡན་ལག་སོ་སོ་ཐ་མི་དད་དོ། །ཞེས་ མདོ་བཀྲལ་ཞིང་འགྲེལ་མཛད་ཀུན་དགོངས་པ་མཐུན་ནོ། །འཕགས་པ་ཐོགས་མེད་ཞབས་ ཀྱི་རྒྱུད་བླ་མའི་འགྲེལ་བར། སེམས་ཀྱི་རང་བཞིན་རྣམ་པར་དག་པ་གཉིས་སུ་མེད་པའི་ཆོས་ ཉིད་ཉེ་བར་བཟུང་ནས་བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་བཀའ་བསྩལ་པ་ནི། འཇམ་དཔལ་ དེ་ལ་དེ་བཞིན་གཤེགས་པ་ནི་བདག་གི་ཉེ་བར་ལེན་པའི་གཞི་རྩ་ཡོངས་སུ་མཁྱེན་པ་བསྲུང་ བར་མཛད་དེ། བདག་རྣམ་པར་དག་པས་སེམས་ཅན་རྣམ་པར་དག་པར་རྟོགས་སོ། །བདག་ རྣམ་པར་དག་པ་གང་ཡིན་པ་དང༌། སེམས་ཅནརྣམ་པར་དག་པ་གང་ཡིན་པ་འདི་ནི་གཉིས་ 3-1-272 སུ་བྱར་མེད་དོ་ཞེས་གསུངས་སོ་ཞེས་བཤད་དོ། །འབུམ་གྱིས་རྣམ་དག་ཐམས་ཅད་ཀྱི་དོན་ ཡང་དེས་བཀྲལ་བ་ཡིན་ནོ། ། ཁ་ཅིག་ (ཕར་ཕྱིན་པ)ན་རེ། སྐབས་འདིར་རྣམ་དག་ཞེས་པ་འབྲས་བུ་རྣམ་གྲོལ་གྱི་ལམ་ བཅུ་བདུན་ལ་སོགས་པའི་ལམ་ཡིན་པའི་རྣམ་དག་གམ། ཟག་མེད་བསྒོམ་ལམ་གཉིས་ཀྱི་ ཡ་གྱལ་རྣམ་དག་བསྒོམ་ལམ་ཡིན་གྱི་ཆོས་ཉིད་བསྟན་པ་མ་ཡིན་ནོ་ཞེ་ན། འོ་ན་རྣམ་གྲོལ་ ལམ་བཅུ་བདུན་ལ་སོགས་པ་རྫས་ཐ་དད་ཡིན་པའི་ཕྱིར། རང་དང་སྤྱིའི་མཚན་ཉིད་ཀྱིས་ཐ་ དད་མ་ཡིན་ཞེས་པ་ཇི་ལྟར་སྦྱོར་ཡང༌། འདིར་རྣམ་དག་ཞེས་པ་སྔར་བཤད་ལམ་དེ་རྣམས་ རང་རང་གི་སྤང་བྱ་དྲི་མས་དག་པའི་ཆ་ལ་ཟེར་སྙམ་ན། དེའི་ཆ་ཞེས་པ་ལམ་དེ་རྣམས་རང་ གི་སྤང་བྱ་དྲི་མ་དག་པར་གྱུར་བའི་ལམ་ཁོ་རང་རྣམས་ཀྱི་དངོས་པོ་ཡིན་ན་ནི་རྫས་ཐ་དད་པ་ དུ་མ་ཡིན་པའི་ཕྱིར་རང་གི་མཚན་ཉིད་ཀྱིས་ཐ་དད་མ་ཡིན་པར་མི་འགྲུབ་ཅིང༌། དེ་རྣམས་ རང་གི་སྤང་བྱ་དྲི་མས་སྟོང་པའི་ཆ་ལ་ཟེར་ན་ནི་སྤྱིའི་མཚན་ཉིད་ཀྱིས་ཐ་དད་མ་ཡིན་པར་མི་ འགྲུབ་སྟེ། ལྡོག་པ་ཐ་དད་དུ་མ་ཡིན་པའི་ཕྱིར་རོ། །དེས་ན་སྐབས་འདིར་ཡུམ་གྱི་མདོ་བསྟན་ བཅོས་སུ་གསུངས་པའི་རྣམ་དག་ཕལ་ཆེར་རང་བཞིན་རྣམ་དག་གི་དེ་བཞིན་ཉིད་དང༌། ལ་ ལ་གློ་བུར་རྣམ་དག་གི་དེ་བཞིན་ཉིད་ལ་དགོངས་པ་ཁོ་ནའོ། །ཞིབ་དུ་བཤད་དགོས་ནའང་ མང་དོགས་ནས་བཞག་གོ ། མངོན་རྟོགས་རྒྱན་དུ་ཡང༌། སྒྲུབ་པ་ཡི་ནི་རྟེན་གྱུར་པ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ དང༌། །ཞེས་ཆོས་དབྱིངས་སྒྲུབ་པ་བཅུ་གསུམ་གྱི་རིགས་སུ་བསྟན་ནས། ཆོས་ཀྱི་དབྱིངས་ལ་ དབྱེར་མེད་ཕྱིར། །རིགས་ནི་ཐ་དད་རུང་མ་ཡིན། །རྟེན་པའི་ཆོས་ཀྱི་བྱེ་བྲག་གིས། །དེ་ཡི་དབྱེ་ བ་ཡོངས་སུ་བརྗོད། །ཞེས་ཆོས་ཀྱི་དབྱིངས་གཅིག་ཉིད་ཡིན་པས་ངོ་བོའི་དབྱེ་བ་དུ་མ་མེད་ ཀྱང་རྟེན་ཆོས་དུ་མའི་དབང་གིས་ཆོས་དབྱིངས་གཅིག་པོ་དེ་ཉིད་ལ་རིགས་གསུམ་མམ་བཅུ་ 3-1-273 གསུམ་ལ་སོགས་པར་ཕྱེ་ཞེས་གསུངས་ཤིང༌། དེའི་དཔེར་བརྗོད་དུ། འདུས་མ་བྱས་ཀྱི་ནམ་ མཁའ་གཅིག་ཉིད་ལ་ཉི་མའི་ལམ་བྱའི་ལམ་ཕྱེ་མ་ལེབ་ཀྱི་ལམ་ཞེས་གསུམ་ཕྱེ་བ་བཞིན་ཨ་ བྷ་ཡ་སོགས་ཀྱིས་བཤད་པ་ལྟར་རོ། །འཕགས་པ་ཀླུ་སྒྲུབ་ཀྱི། ཆོས་ཀྱི་དབྱིངས་ལ་དབྱེར་ མེད་ཕྱིར། །གཙོ་བོ་ཐེག་དབྱེ་མ་མཆིས་ཀྱང༌། །ཁྱོད་ཀྱིས་ཐེག་པ་གསུམ་བསྟན་པ། །སེམས་ ཅན་གཞུག་པའི་ཆེད་དུ་ལགས། །ཞེས་དང༌། ཁྱོད་ཀྱིས་ཀུན་ནས་ཉོན་མོངས་དང༌། །རྣམ་ བྱང་རོ་གཅིག་གྱུར་རིག་པས། །ཆོས་དབྱིངས་མངོན་པར་དབྱེར་མེད་པ། །ཀུན་ཏུ་རྣམ་པར་ དག་པར་གྱུར། །ཞེས་དཔེ་མེད་པར་བསྟོད་པ་ལས་གསུངས་སོ། ། ཡུམ་གྱི་མདོའི་དེ་བཞིན་ ཉིད་ཀྱི་ལེའུར། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ཉིད་ཆོས་ཐམས་ཅད་ ཀྱི་དེ་བཞིན་ཉིད་དོ། །ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་རབ་འབྱོར་གྱི་དེ་ བཞིན་ཉིད་དོ་ཞེས་དེའི་དེའི་དོན་གནོད་འཇོམས་སུ། དེ་བཞིན་ཉིད་གཅིག་པའི་ཕྱིར་གཅིག་ གོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་དང༌། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ ནི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡོད་པ་མ་ཡིན་ཏེ། ཆོས་ཐམས་ཅད་ཀྱི་དེ་ བཞིན་ཉིད་ལས་གུད་ན་ཡོད་པ་མ་ཡིན་པ་གང་ཡིན་པ་དེ་ནི་དེ་བཞིན་ཉིད་མ་ཡིན་པ་མ་ཡིན་ ཞིང་དེ་ནི་རྟག་ཏུ་དེ་བཞིན་ཉིད་དོ། །གནས་བརྟན་རབ་འབྱོར་གྱི་དེ་བཞིན་ཉིད་ཀྱང་དེ་ལྟ་བུ་ སྟེ། དེའི་རྣམ་པ་གཞན་མ་ཡིན་པས་དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་ཀྱང་གང་དུ་ཡང་ རྗེས་སུ་སྐྱེས་པ་མེད་དོ། །ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལས་གཞན་མ་ཡིན་ལ། གང་ཆོས་ཐམས་ཅད་ཀྱི་དེ་བཞིན་ ཉིད་ལས་གཞན་པ་མ་ཡིན་པ་དེ་ཡང་དེ་བཞིན་ཉིད་མ་ཡིན་པ་མ་ཡིན་ཏེ། ཆོས་ཐམས་ཅད་ ཀྱི་དེ་བཞིན་ཉིད་ནི་དུས་ཐམས་ཅད་དུ་ཡོད་པའི་ཕྱིར། དེ་བཞིན་གཤེགས་པའི་དེ་བཞིན་ ཉིད་ཀྱང་དེ་ལས་གཞན་པ་མ་ཡིན་པའི་ཕྱིར་དུས་ཐམས་ཅད་དུ་ཡོད་དོ། །དེ་བཞིན་དུ་གནས་ 3-1-274 བརྟན་རབ་འབྱོར་གྱི་དེ་བཞིན་ཉིད་ཀྱང་དེ་བཞིན་ཉིད་ལས་གཞན་པ་མ་ཡིན་པའི་ཕྱིར་དུས་ ཐམས་ཅད་དུ་ཡོད་དོ། །ཞེས་སོ། །ཡང་མདོར་གང་གི་དེ་བཞིན་ཉིད་དུ་མ་གྱུར་བ་ཡང་མེད་ དོ། །ཞེས་དང༌། འགྲེལ་བར་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱང་ཡིན་ནོ་ཞེས་བྱ་བའི་ཐ་ ཚིག་གོ་ཞེས་དང༌། གཉིས་སུ་མེད་ཅེས་བྱ་བ་ནི་ངོ་བོ་ཉིད་གཅིག་པའོ། ། གཉིས་སུ་བྱར་མེད་ ཅེས་བྱ་བ་ནི་རྣམ་པ་གཉིས་སུ་དབྱེར་མི་ནུས་པའོ། །ཡང་མདོར་ལྷའི་བུ་དག་འདི་ལ་འདས་ པའི་དེ་བཞིན་ཉིད་མཉམ་པ་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་མཉམ་ཉིད་ དུ་རིག་པར་བྱའོ། །གཟུགས་ཀྱི་ཆོས་མཉམ་པ་ཉིད་ཀྱིས་ཞེས་སོགས་རྒྱས་པར་རྒྱང་ནས་ གསུངས་ཤིང་གནོད་འཇོམས་སུ་འདི་ལྟར་འདས་པའི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ནི། ངོ་བོ་ཉིད་གཅིག་པའི་ཕྱིར་མཉམ་པས་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་མཉམ་མོ། ། དེ་ཡང་དེ་བཞིན་ཉིད་དེ་དང་བདག་ཉིད་གཅིག་པའི་ཕྱིར་མཉམ་མོ། །གང་གི་ཕྱིར་དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི་དེ་བཞིན་ཉིད་མཉམ་པ་དེ་ཉིད་ཀྱི་ཕྱིར་འདས་པའི་ཆོས་རྣམས་ ཀྱི་དེ་བཞིན་ཉིད་ཀྱང་མཉམ་མོ། །ཅིས་ཕྱིར་ཞེ་ན་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དང་ ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་གཅིག་པའི་ཕྱིར་རོ། །ཞེས་སོགས་མདོ་དང་འགྲེལ་བར་ ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་གཅིག་ཏུ་རྒྱ་ཆེར་བསྟན་ཏེ། གཞན་ཡང་ཆོས་ཅན་རྣམས་ ཀྱི་ཆོས་ཉིད་སོ་སོ་ཐ་དད་ཡིན་ན་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་སྐུ་ཡང་སོ་སོ་ཐ་དད་དུ་འགྱུར་ བ་ལས། དེ་ལྟར་ཡང་མ་ཡིན་ཏེ་མདོ་རྒྱན་ལས། ཟག་མེད་དབྱིངས་ན་སངས་རྒྱས་རྣམས། ། མཁའ་ལྟར་ལུས་ནི་མེད་ཕྱིར་དང༌། །སྔོན་ཀྱི་ལུས་རྗེས་འབྲང་བའི་ཕྱིར། །གཅིག་མིན་མང་ བོ་ཉིད་མ་ཡིན། །ཞེས་གཟུགས་སྐུ་གཅིག་མ་ཡིན། ཆོས་སྐུ་དུ་མ་མིན་པར་གསུངས་པའི་ཕྱིར་ རོ། །གཞན་ཡང་གནས་དད་པ་མ་ཡིན་པ་དག་ (སངས་རྒྱས་པའི་མདོ་)སྟེ། དེ་བཞིན་གཤེགས་ པ་ཐམས་ཅད་ཀྱི་གནས་དེ་བཞིན་ཉིད་ཡོངས་སུ་དག་པ་ལ་ཐ་དད་པ་མེད་པའི་ཕྱིར་ཏེ། དེ་ 3-1-275 ཉིད་ཀྱི་ཕྱིར་ཟག་པ་མེད་པའི་དབྱིངས་ལ་སངས་རྒྱས་རྣམས་དུ་མ་ཉིད་དུ་རྣམ་པར་མི་བཞག་ གོ ། ཞེས་སངས་རྒྱས་སའི་འགྲེལ་བ་ངང་ཚུལ་བཟང་པོས་མཛད་པ་ལས་སོ། །དེ་བཞིན་དུ་ ཆོས་སྐུ་མཉམ་པ་ཉིད་ལ་དགོངས་ནས། སངས་རྒྱས་རྣམ་པར་གཟིགས་ཀྱི་བར་དུ་འགྱུར་ རོ་ཞེས་གསུངས་པ་ཡིན་པར་མདོ་རྒྱན་འགྲེལ་བ་དང་བཅས་པ་ནས་གསུངས་ཏེ། དེས་ཀྱང་ སངས་རྒྱས་རྣམས་ཀྱི་ཆོས་ཉིད་ཀྱི་སྐུ་གཅིག་ཉིད་དུ་གསལ་བོར་བསྟན་ནོ། །གལ་ཏེ་སངས་ རྒྱས་རྣམས་ཀྱི་ཆོས་སྐུ་རྣམས་བཟང་ངན་ནམ་ཡོན་ཏན་གྱི་ཁྱད་པར་མེད་པའི་མཉམ་ཉིད་ ཙམ་ལ་དགོངས་སོ། །ཞེས་ཀྱང་བརྗོད་པར་མི་བྱ་སྟེ་སྔར་དྲངས་བའི་མདོ་དེ། སངས་རྒྱས་ རྣམས་ཀྱི་གཟུགས་སྐུ་མཉམ་པ་ཉིད་ལ་དགོངས་ཞེས་པར་ཡང་མཚུངས་ཏེ། དེ་རྣམས་བཟང་ ངན་ནམ་ཡོན་ཏན་ཆེ་འབྲིང་ལ་སོགས་ཀྱི་ཁྱད་པར་མེད་པར་མཉམ་པ་ཉིད་ཡིན་པའི་ཕྱིར་ རོ། །ཡང་ཆོས་ཅན་གཅིག་གི་ཆོས་ཉིད་དམ་དེ་ཁོ་ན་ཉིད་མངོན་སུམ་དུ་མཐོང་ན་ཆོས་ཐམས་ ཅད་ཀྱི་གནས་ལུགས་དེ་ཁོ་ན་ཉིད་མངོན་སུམ་དུ་མཐོང་དགོས་པ་མ་ཡིན་པར་ཐལ་བར་ འགྱུར། ཆོས་རྣམས་སོ་སོ་ཐ་དད་ཡིན་པ་བཞིན་དུ་དེ་རྣམས་ཀྱི་ཆོས་དབྱིངས་དེ་བཞིན་ཉིད་ ཀྱང་སོ་སོ་ཁོ་ན་ཡིན་པའི་ཕྱིར་སྣང་བ་དང་མུན་པ་བཞིན་ནོ། །འདོད་མི་ནུས་ཏེ་ཨཱརྱ་དེ་ཝས། དངོས་གཅིག་དངོས་པོ་ཀུན་གྱི་ངོ་བོ་ཉིད། །དངོས་ཀུན་དངོས་པོ་གཅིག་གི་ངོ་བོ་ཉིད། །གང་ གིས་དངོས་གཅིག་དེ་བཞིན་ཉིད་མཐོང་བ། །དེ་ཡིས་དངོས་ཀུན་དེ་བཞིན་ཉིད་དུ་མཐོང༌། ། ཞེས་གསུངས་ཤིང་སེང་བཟང་གིས་བཤད་དོ། །གལ་ཏེ་འདོད་ན་སྔར་བཤད་པ་ལྟར། བྱང་ འཕགས་མཉམ་བཞག་རྣམས་ཀྱིས་ཉི་ཚེ་བའི་སྟོང་ཉིད་ཁོ་ན་མངོན་སུམ་དུ་བྱས་པར་འགྱུར་ ཏེ། འདོད་པ་དེའི་ཕྱིར་དང༌། ཆོས་ཅན་མེད་པར་འགྱུར་བའི་ཚེ་ཆོས་ཉིད་མེད་པར་འགྱུར་ན་ ཆོས་ཅན་མ་མཐོང་བར་དེའི་ཆོས་ཉིད་མི་མཐོང་བར་ཡང་རྒྱུ་མཚན་ཐམས་ཅད་དུ་མཚུངས་ ལ། བྱང་འཕགས་སློབ་པས་ཆོས་ཅན་ཇི་སྙེད་པ་ཐམས་ཅད་མངོན་སུམ་དུ་མཐོང་བ་ནི་མི་ 3-1-276 འཐད་པའི་ཕྱིར་རོ། །གལ་ཏེ་བྱང་སེམས་མཐོང་ལམ་པ་སོགས་ཀྱིས་ཀྱང་ཆོས་ཅན་ཇི་སྙེད་པ་ ཐམས་ཅད་མངོན་སུམ་དུ་མཐོང་བར་འདོད་དོ་ཞེ་ན་འདོད་ལ་རག་མོད། ནོར་བ་ཉུང་འདུག་ སྙམ་ནས་སྣོན་པ་འདེབས་པར་ཟད་དོ། ། ཡང་ཁ་ཅིག་ (ལོ་ཙྪ་བ་ཤག་བཟང་སོགས་)ན་རེ། བྱང་ཆུབ་སེམས་འགྲེལ་ལས། ཀུན་རྫོབ་ལས་ ནི་ཐ་དད་པར། །དེ་ཉིད་དམིགས་པ་མ་ཡིན་ཏེ། །ཀུན་རྫོབ་སྟོང་པ་ཉིད་དུ་བཤད། །སྟོང་ཉིད་ ཁོ་ན་ཀུན་རྫོབ་སྟེ། །མེད་ན་མི་འབྱུང་ངེས་པའི་ཕྱིར། །བྱས་དང་མི་རྟག་དག་བཞིན་ནོ། །ཞེས་ དང་རྣམ་འགྲེལ་སོགས་སུ། ཀུན་རྫོབ་པ་ཡི་དངོས་རྣམས་ལ། །དེ་ཉིད་གཞན་ཉིད་འགོག་ པར་བྱེད། །ཞེས་ཆོས་ཅན་སྒྲ་སོགས་དང་ཆོས་བྱས་མི་རྟག་སོགས་དེ་ཉིད་དང་གཞན་དུ་ བརྗོད་དུ་མེད་ཅེས་གསུངས་ཤིང༌། རིགས་པ་འདིས་དབུ་མའི་མདོ་བསྟན་བཅོས་རྣམས་སུ་ བདེན་གཉིས་དེ་ཉིད་དང་གཞན་ཉིད་དུ་བརྗོད་དུ་མེད་པར་གསུངས་པའི་དགོངས་དོན་ཡང༌། ཆོས་ཅན་རྣམས་དང༌། དེའི་ཆོས་ཉིད་ (འདི་འཕགས་པའང་བཞེད་)ངོ་བོ་ཉིད་གཅིག་ལ་ལྡོག་པ་ཐ་ དད་པ་ཡིན་ཏེ་སྒྲ་བྱས་མི་རྟག་པ་བཞིན་ནོ། །ཞེས་ཟེར་ཞིང་ཆོས་ཅན་རྣམས་ཀྱི་ཆོས་ཉིད་ ཡང་སོ་སོ་ཁོ་ན་ཡིན་གྱི་གཅིག་ཏུ་འདོད་པ་བཞད་གད་ཀྱི་གནས་ཡིན་ལ། སྐུ་བཞིར་བྱས་ པའི་ལུགས་ཀྱི་སངས་རྒྱས་གཅིག་གི་ཆོས་ལོངས་སྤྲུལ་བའི་སྐུ་གསུམ་སོ་སོར་འདོད་པའང་ བཞད་གད་ཀྱི་གནས་ཏེ། སྔར་སེམས་ཅན་རྒྱུད་གཅིག་ཡིན་པ་ཕྱིས་རྒྱུད་དུ་མར་འགྱུར་བའི་ སྐྱོན་ཡོད་ཞེས་སོགས་ཟེར་བ་གྲག་གོ །འོ་ན་ཆོས་ཅན་སྒྲ་རང་མཚན་གཅིག་དང་དེའི་བྱས་མི་ རྟག་ངོ་བོ་གཅིག་པའི་དོན། རང་མཚན་གཅིག་པའམ་དོན་གཅིག་ཉིད་ཡིན་པ་ལ་གསུངས་ པས་སྒྲ་སོགས་ཆོས་ཅན་རེ་རེ་བ་དང༌། དེའི་དེ་བཞིན་ཉིད་ཀྱང་རྫས་སམ་རང་མཚན་གཅིག་ གམ་དོན་གཅིག་ཉིད་དུ་ཐལ་བར་འགྱུར། དེ་དག་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པ་བཞིན་ དུ་དེ་དང་དེའི་དེ་བཞིན་ཉིད་ཀྱང་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཡིན་བའི་ཕྱིར་རོ། །འདོད་ན་ 3-1-277 དེ་རྣམས་ཀྱི་ཆོས་ཉིད་དམ་དེ་བཞིན་ཉིད་ཀྱང་མི་རྟག་པར་ཐལ་བར་འགྱུར། འདོད་མི་ནུས་ ཏེ་ཡུམ་གྱི་མདོ་དང་རྒྱུད་བླ་དབུས་མཐའ་སོགས་དང་དེ་དག་འགྲེལ་ཞིང་རྗེས་སུ་འབྲང་བའི་ ཐོགས་མེད་སྐུ་མཆེད་ཀྱི་གཞུང་རྣམས་དང༌། འགྲེལ་བ་གནོད་འཇོམས་སོགས་མདོ་བསྟན་ བཅོས་དུ་མར་གཞན་དུ་མི་འགྱུར་བའི་ཕྱིར་དེ་བཞིན་ཉིད་ཞེས་དང༌། སྔར་ཇི་ལྟར་གནས་པ་ དེ་བཞིན་ཕྱིས་ཀྱང་གནས་པ་ཉིད་ཀྱི་དེ་བཞིན་ཉིད་ཞེས་བཤད་ཅིང༌། ཇི་ལྟར་སྔར་བཞིན་ ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་རྒྱུད་བླར་གསུངས་པ་ལྟར་མདོ་ བསྟན་བཅོས་དྲི་མེད་ཐམས་ཅད་དུ་དགོངས་པ་གཅིག་དང་དབྱངས་གཅིག་གིས་གསུངས་པ་ དང་འགལ་ལོ། ། ཡང་ཆོས་ཅན་སྒྲ་རང་མཚན་གཅིག་འཛིན་བའི་སོ་སྐྱེའི་མངོན་སུམ་དེས་ཆོས་ཅན་སྒྲ་ རང་མཚན་དེའི་ཆོས་ཉིད་དམ་དེ་བཞིན་ཉིད་མངོན་སུམ་དུ་མཐོང་བར་འགྱུར། དེའི་ཆོས་ ཉིད་དང་ཁྱབ་མཉམ་དོན་གཅིག་པའི་ཆོས་ཅན་སྒྲ་རང་མཚན་དེ་མངོན་སུམ་དུ་མཐོང་བའི་ ཕྱིར། དཔལ་ཆོས་ཀྱི་གྲགས་པས། དོན་གྱི་རང་གི་ངོ་བོ་གཅིག །བདག་ཉིད་མངོན་སུམ་ ཡིན་པ་ལ། །ཞེས་སོགས་གསུངས་པ་ལྟར་ཏེ། ཁྱེད་ཀྱིས་ཀྱང་སློབ་དཔོན་དེའི་ལུགས་ཉིད་ གཙོ་བོར་བྱས་ཏེ་སྔར་རྣམ་བཞག་བྱས་པ་དྲན་པར་བྱོས་ཤིག འདོད་ན་ཆོས་ཅན་དང་ཆོས་ ཉིད་དམ་བདེན་གཉིས་རྫས་སམ་ངོ་བོ་གཅིག་པ་དེ་བས་ཀྱང་ཕྱུགས་རྫི་སོགས་སོ་སོ་སྐྱེ་བོ་ རྣམས་ཀྱིས་ཡུལ་ཕྱི་རོལ་འཛིན་བའི་ཁ་ཕྱིར་བསྟན་ཀྱི་རྣམ་ཤེས་ཀྱི་ཆོས་ཉིད་མངོན་སུམ་དུ་ མཐོང་བ་ངོ་མཚར་ཆེའོ། །ཨ་རོག་ཀྵ་ནད་མེད་པར་གྱུར་ཅིག ཡང་སློབ་དཔོན་སེང་བཟང་གིས་བཤད་པ་ལྟར་གྱི་སངས་རྒྱས་པའི་འདུས་བྱས་སྐུ་ གསུམ་པོ་རྫས་ཐ་དད་མ་ཡིན་ཞེས་སོགས་ལའང་དཔྱད་པ་འདི་ཡོད་དོ། །སངས་རྒྱས་རྒྱུད་ གཅིག་གི་མཆོག་གི་སྤྲུལ་སྐུ་དང་ལོངས་སྐུ་དང་འདུས་བྱས་རྟོགས་པ་ཡེ་ཤེས་ཆོས་སྐུ་རང་ 3-1-278 མཚན་པ་དེ་དག་རང་མཚན་གཅིག་ཡིན་པར་ཐལ་བར་འགྱུར་ཏེ། འདུས་བྱས་ཀྱི་དངོས་ པོ་རང་མཚན་པ་ཡིན་ཞིང་རང་མཚན་ཐ་དད་མ་ཡིན་པའི་ཕྱིར་མ་ཁྱབ་པ་མ་ཡིན་ཏེ། ལང་ ཀར་གཤེགས་པ་ལས། ཇི་ལྟར་མེ་ལོང་ངོས་རྣམས་ལ། །གཅིག་དང་གཞན་ཉིད་སྤངས་པའི་ གཟུགས། །སྣང་ཡང་དེ་ན་ཡོད་མ་ཡིན། །དེ་བཞིན་དངོས་རྣམས་རང་བཞིན་མེད། །ཅེས་ སོགས་དང༌། དཔལ་ཆོས་ཀྱི་གྲགས་པའི། འདི་ལས་གཞན་དངོས་ཡོད་མ་ཡིན། །ཞེས་ སོགས་ཡང་ཡང་དང༌། དབུ་མ་རྒྱན་དུ། གཅིག་དང་དུ་མ་གཏོགས་པ་ཡི། །རྣམ་པ་གཞན་ དང་ལྡན་པ་ཡི། །དངོས་པོ་མི་རུང་འདི་གཉིས་ནི། །ཕན་ཚུན་སྤངས་ཏེ་གནས་ཕྱིར་རོ། །ཞེས་ སོགས་མདོ་བསྟན་བཅོས་དུ་མ་ལས་གསུངས་སོ། །ཐལ་བ་དེ་འདོད་ན་མཆོག་གི་སྤྲུལ་སྐུའི་ སྐུ་དངོས་ཀྱི་གདུལ་བྱར་གྱུར་བའི་སོ་སོ་སྐྱེ་བོ་ཉན་ཐོས་འཕགས་པ་རྣམས་ཀྱི་སངས་རྒྱས་ཀྱི་ ཆོས་ལོངས་མངོན་སུམ་དུ་མཐོང་བར་ཐལ་བར་འགྱུར་ཏེ། རང་རང་གི་སྟོན་པར་གྱུར་བའི་ སྤྲུལ་བའི་གཟུགས་སྐུ་མངོན་སུམ་དུ་མཐོང་བའི་ཕྱིར་རོ། །འདོད་ན་སངས་རྒྱས་པའི་ལོངས་ སྐུ་ངེས་པ་ལྔ་ལྡན་དུ་བཤད་པ་དང་འགལ་ཞིང༌། རྣམ་འགྲེལ་མཆོད་བརྗོད་རྩ་འགྲེལ་དུ་ཉན་ རང་དང་སོ་སྐྱེའི་ཡུལ་མིན་པས་ཟབ་པ་ཞེས་སོགས་མདོ་བསྟན་བཅོས་དྲི་མེད་ཀྱི་ལུང་མང་སྟེ་ གྲགས་ཆེ་བས་མ་བྲིས་སོ། །གལ་ཏེ་གདུལ་བྱ་སོ་སྐྱེ་དང་ཉན་ཐོས་རྣམས་ཀྱིས་མངོན་སུམ་དུ་ མཐོང་བའི་གཟུགས་སྐུ་དེ་ཁོ་རང་རྣམས་ཀྱི་རང་སེམས་ཀྱི་སྣང་བ་ཡིན་གྱི་སངས་རྒྱས་སས་ བསྡུས་ཀྱི་གཟུགས་སྐུ་མིན་ནོ་ཞེ་ན། དེ་དང་དེ་ལྟ་བུ་ལས་མ་གཏོགས་པའི་སངས་རྒྱས་སའི་ སྤྲུལ་སྐུ་ཅི་འདྲ་ཡོད་སེམས་ཤིག་ཚུལ་འདི་སྔར་བཀག་ཟིན་པ་ལས་ཤེས་པར་བྱའོ། ། གཞན་ཡང་དེ་གསུམ་རྫས་ཐ་དད་ཡིན་ཀྱང་སངས་རྒྱས་གཅིག་རྒྱུད་དུ་མར་ཐལ་བའི་ སྐྱོན་མེད་དེ། ཀླུ་རྒྱལ་གཅིག་གི་སྦྲུལ་མགོའི་གདེངས་ཀ་སྟོང་པོ་དེ་རྫས་ཐ་དད་ཅིང་སེམས་ བཅས་ཡིན་ཡང་ཀླུའི་རྒྱལ་པོ་གཅིག་པོ་དེ་རྒྱུད་དུ་མ་མ་ཡིན་པ་བཞིན་དང༌། ཉི་མའི་དཀྱིལ་ 3-1-279 འཁོར་གཅིག་འཆར་བ་ཐ་དད་པའི་དབང་གིས་དུས་ཅིག་ཆར་དུ་འཆར་ཚུལ་དུ་མར་ཤར་ ཡང་ཉི་མའི་དཀྱིལ་འཁོར་གཅིག་པོ་དེ། དུས་ཅིག་ཆར་རྫས་དུ་མར་མི་འགྱུར་བ་བཞིན་ དེ་ལྟ་བུའི་སྦྲུལ་མགོ་སྟོང་པོ་དེ་རྫས་ཐ་དད་པ་མ་ཡིན་ཞེས་ནི་བརྗོད་པར་མི་ནུས་ཏེ། རྩོམ་ བྱེད་རྡུལ་ཕྲ་རབ་རྫས་ཐ་དད་དུ་མས་བརྩམས་ཤིང་གོག་པའི་ཡུལ་སོ་སོར་གནས་པའི་དུད་ འགྲོའི་ལུས་ཅན་ཡིན་པའི་ཕྱིར་ཀ་བུམ་སོགས་བཞིན་ནོ། ། འོན་ཀྱང་སངས་རྒྱས་པའི་འདུས་བྱས་ཀྱི་ཡེ་ཤེས་ཐམས་ཅད་ཕྱོགས་གཅིག་ཏུ་བསྡུས་ ཏེ་ཆོས་སྐུར་བཞག སངས་རྒྱས་པའི་ལོངས་སྤྲུལ་གཉིས་དེ་ལས་རྫས་ཐ་དད་ཅིང་ཁོང་རང་ གཉིས་ཡང་རྫས་ཐ་དད་དུ༌། སློབ་དཔོན་སེངྒེ་བཟང་བོས་མངོན་རྟོགས་རྒྱན་གྱི་དགོངས་ དོན་དུ་འཆད་པ་ནི་དགོངས་པ་གཏན་ནས་མ་ཡིན་ཏེ། དེ་ལྟར་ན་ལོངས་སྤྲུལ་གཉིས་བེམ་པོ་ འབའ་ཞིག་པར་ཐལ་བར་འགྱུར་པའི་སྐྱོན་འོང་བར་མངོན་ཞིང༌། ཆོས་སྐུར་མཛད་པ་དང་ བཅས་པ་ཞེས་པའི་ཆོས་སྐུ་ཞེས་པ་བཞིའི་ཡ་གྱལ་དུ་བྱས་ནས་གཞུང་དེས་རྣམ་པ་གཞིར་ བརྗོད་ཞེས་པའི་དབྱེ་གཞི་ཚིག་གིས་མ་ཟིན་པས་དབྱེ་གཞི་མེད་པའི་དབྱེ་བ་བྱས་པར་འགྱུར། ཐེག་ཆེན་གྱི་མཚན་ཉིད་ཐེག་པའི་མདོ་བསྟན་བཅོས་ཐམས་ཅད་དུ་སྐུ་གསུམ་དུ་བསྟན་པ་ ཆོས་སྐུ་མཚན་ཉིད་པ་ཆོས་ཉིད་ཀྱི་སྐུའམ་ངོ་བོ་ཉིད་ཀྱི་སྐུ་ཁོ་ན་ལ་བཤད་ཅིང༌། སྔགས་ཀྱི་ ཐེག་པར་ཆོས་ལོངས་སྤྲུལ་བ་ངོ་བོ་ཉིད་སྐུ་ཞེས་གསུངས་པ་རྣམས་ནི་སློབ་དཔོན་སེང་བཟང་ གིས་འདིར་ངོས་བཟུང་བའི་སྐུ་བཞི་དང་མིང་འདྲ་ཡང་དོན་མི་འདྲ་བར་སྣང་ངོ༌། ། དེས་ན་སློབ་དཔོན་སེང་བཟང་སོགས་ཀྱིས་བཤད་པ་འདི་ལྟ་བུ་འོང་བར་མཁྱེན་ནས་ དེ་དགག་པའི་ཕྱིར་དུ་དུས་འཁོར་འགྲེལ་ཆེན་དུ་མཛད་པ་དང་བཞིར་ངེས་པར་བྱམས་པས་ གསུངས་བ། ངོ་བོ་ཉིད་ལོངས་རྫོགས་བཅས་དང༌། །དེ་བཞིན་གཞན་པ་སྤྲུལ་པ་ནི། །ཆོས་སྐུ་ མཛད་པ་དང་བཅས་པ། །རྣམ་པ་བཞིར་ནི་ཡང་དག་བརྗོད། །ཅེས་སོ། །ཞེས་རྗེ་བཙུན་སྤྱན་ 3-1-280 རས་གཟིགས་ཀྱིས་གསུངས་སོ། །འོ་ན་རྒྱུད་བླར། ཆོས་སྐུ་རྣམ་གཉིས་ཤེས་བྱ་སྟེ། །ཞེས་ སོགས་ཀྱིས་གསུང་རབ་ཡན་ལག་བཅུ་གཉིས་ཆོས་སྐུར་བཤད་པ་དང་འགལ་ཞེ་ན། ཆོས་སྐུ་ འཐོབ་པའི་རྒྱུ་ཡིན་པ་དང་དེ་སྟོན་པའི་རྗོད་བྱེད་ཀྱི་ཚིག་ཡིན་པས་ཆོས་སྐུ་ཞེས་བཏགས་པ་ ཙམ་མོ། ། དགེ་བའི་བཤེས་གཉེན་ཕྱ་གཙང་ལ་སོགས་པ་བོད་དུ་བྱོན་པའི་དབུ་ཚད་སྨྲ་བའི་སྔ་ རབས་པ་ཕལ་ཆེར་གྱིས་དབུ་མ་བའི་ལུགས་ལ་བདེན་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ ཅེས་གསུངས་ཤིང༌། དེ་ཡང་ཇི་ལྟར་སྣང་ཞིང་གྲགས་པའི་ཆོས་འདི་རྣམས་ཀུན་རྫོབ་དང༌། དེ་ལྟར་བརྟགས་ཤིང་དཔྱད་ན་བདེན་པའི་རང་བཞིན་མེད་པ་ཙམ་དེ་ཆོས་ཉིད་དམ་དེ་ཁོ་ན་ ཉིད་དེ་དོན་དམ་པའི་བདེན་པ་ཡིན་ལ། སྣང་གྲགས་ཀྱི་ཆོས་འདི་རྣམས་ནི་ཁོ་རང་རྣམས་ བརྟགས་ཤིང་དཔྱད་ན་བདེན་པའི་རང་བཞིན་མེད་པ་དེ་ཉིད་ཡང་ཡིན་ཞིང་དཔྱད་ན་བདེན་ པའི་རང་བཞིན་མེད་བཞིན་དུ་སྣང་བ་ཡང་མ་འགགས་པས་སྣང་སྟོང་ཟུང་འཇུག་སྟེ། དེས་ ན་བདེན་གཉིས་ངོ་བོ་གཅིག་ཡིན་ཞིང་དེ་འདྲའི་རང་བཞིན་མེད་ཙམ་དེ་དགག་བྱ་བདེན་པའི་ རང་བཞིན་མེད་ཙམ་ཡིན་པས་མེད་དགག་ཡིན་ལ། མེད་དགག་ཡིན་ན་སྒྲུབ་ཆོས་ཅི་ཡང་མི་ ལྡན་པས་བསྒྲུབ་ཆོས་ཙམ་གྱིས་དོར་བ་ཡིན་པའི་ཕྱིར། སྟོང་ཉིད་དགག་པའི་ཐ་སྙད་བྱ་རུང་ དུ་བསྒྲུབ་པ་ལ་བསྒྲུབ་ཆོས་ཙམ་གྱིས་དོར་བ་རྟགས་ཡང་དག་དུ་འགྱུར་ཏེ་གསུངས་ཏེ། དེ་ དག་ཡུམ་གྱི་མདོ་ལ་སོགས་པ་དབུ་མའི་མདོ་བསྟན་བཅོས་ཀྱི་དགོངས་དོན་བདེན་པ་གཉིས་ ཀྱི་ཚུལ་ཇི་ལྟ་བ་མཁྱེན་པར་ཞལ་གྱིས་བཞེས་པ་སྐྱེས་བུ་དྲང་བོའི་རང་བཞིན་ཅན་ཡིན་ལ། ཡང་ཆོས་རྣམས་ཀྱི་ཆོས་ཉིད་དམ་སྟོང་ཉིད་རྣམ་བཅད་ཙམ་དུ་ཤེས་བྱ་ཡིན་གྱི་ཡོངས་ གཅོད་དུ་ཤེས་བྱ་མིན་པར་འདོད་བཞིན་དུ། མེད་དགག་དང་བསྒྲུབ་ཆོས་ཙམ་དོན་དམ་ དུ་ཁས་མི་ལེན་ཟེར་ཞིང༌། དབུ་མ་བའི་ལུགས་ལ་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་དམ་གནས་ 3-1-281 ལུགས་སྟོང་ཉིད་ཟབ་མོ་ནི་རང་བཞིན་ཡོད་དེ། དགག་སྒྲུབ་སོགས་སྤྲོས་པ་དང་བྲལ་བ་ཞིག་ ཡིན་ཞེས་འདོད་པ་རྣམས་ནི་ལ་ལ་ཚངས་ཆེན་ཚུལ་བྱེད་པ་ཡིན་ལ། འགའ་ཞིག གཞན་ ལ་བལྟ་བའི་མིག་གིས་ཀྱང༌། །རང་ཉིད་བལྟ་ན་མེ་ལོང་དགོས། །ཞེས་པའི་ཚུལ་དུ་གཞན་ ལུགས་ལ་སྐྱོན་ཁོ་ན་རྟོག་[བརྟག]ཅིང༌། རང་ལུགས་ལ་སྐྱོན་ཡོན་མ་དཔྱད་པར་མངོན་ཏེ། རང་བཞིན་ཡོད་དེ་དགག་སྒྲུབ་སོགས་སྤྲོས་པ་ཐམས་ཅད་དང་བྲལ་བ་ཡང་ཆོས་རྣམས་ཀྱི་དེ་ ཁོ་ན་ཉིད་དམ། སྟོང་ཉིད་ཟབ་མོའམ་ཆོས་ཉིད་དུ་མི་འཐད་པར་འགྱུར་དེ། དེ་ཡང་དགག་ བྱ་སྤྲོས་པ་བཀག་པ་ཙམ་ཡིན་པས་མེད་དགག་ལས་མ་འདས་པའི་ཕྱིར་རོ། །མདོར་བསྡུས་ པའོ། ། འོ་ན་ཁྱེད་ཀྱི་ལུགས་ལ་ཐེག་ཆེན་དབུ་མ་བས་བཞེད་པའི་བདེན་པ་གཉིས་དང་ཆོས་ རྣམས་ཀྱི་དེ་ཁོ་ན་ཉིད་ཇི་ལྟ་བུ་ཞིག་ཡིན་ཞེ་ན། མཚན་ཉིད་ཐེག་པའི་དབུ་མ་ཆེན་པོའི་དབུ་ མའི་ཐེག་པ་ནི་ཟབ་པ་དང་ལྡན་ཞིང་སྔགས་ཀྱི་ཐེག་པ་ནི་ཟབ་པ་དང་རྒྱ་ཆེ་པ་གཉིས་ཀ་དང་ ལྡན་ཞེས་མཆོག་དམན་གྱི་ཁྱད་པར་རྒྱ་གར་མཁས་པའི་གསུངས་ཤནྟི་སོགས་ལ། འདིར་ ཟབ་པ་ཞེས་པ་དབུ་མའི་གཞུང་ལུགས་སུ་བསྟན་པའི་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་སྟོང་ཉིད་ དམ་ཆོས་ཉིད་ལ་གཙོ་བོར་གསུངས་ཤིང༌། ཡུམ་གྱི་མདོ་དང༌། དབུ་མ་རིགས་ཚོགས་སོགས་ སུ་ཕྱི་རོལ་མུ་སྟེགས་པའི་རྟག་ལྟ་སྡེ་བཞི་དང༌། རྡུལ་ཕྲ་རབ་དང་རྣམ་ཤེས་སྐད་ཅིག་རེ་རེ་བ་ དོན་དམ་བདེན་པར་འདོད་པའི་ནང་པ་སངས་རྒྱས་པའི་དངོས་སྨྲ་རྣམས་རྟག་ལྟའམ་ཡོད་ལྟ་ སྟེ། དེ་རྣམས་དགག་པ་གཙོ་བོར་མཛད་པ་སྟེ་ (ཟླ་བ་གྲགས་པའི་བཞི་བརྒྱ་བའི་འགྲེལ་བར་བཤད་)དངོས་ པོར་བདེན་འཛིན་གཞོམ་པའི་དོན་དུ། ཕྱི་ནང་གི་ཆོས་འདི་ཐམས་ཅད་བརྟགས་ཤིང་དཔྱད་ ན་བདེན་པའི་རང་བཞིན་མེད་དེ་སྒྱུ་མ་སོགས་བཞིན་ཞེས་བསྟན་བྱའི་གཙོ་བོར་མཛད་དེ། རིགས་པ་དྲུག་ཅུ་བར། རེ་ཞིག་ཉེས་ཀུན་འབྱུང་པའི་གནས། །མེད་ཉིད་རྣམ་པར་བཟློག་ཟིན་ 3-1-282 གྱི། །རིགས་པ་གང་གིས་ཡོད་ཉིད་ཀྱང༌། །བཟློག་པར་འགྱུར་བ་མཉན་པར་གྱིས། །ཞེས་སོ། ། དེ་ཙམ་ལ་སྟོང་ཉིད་ཆོས་ཉིད་དེ་བཞིན་ཉིད་ཡང་དག་པའི་མཐའ་ཞེས་སོགས་སུ་སྐབས་ལ་ ལར་ཐ་སྙད་མཛད། སྐབས་གཞན་དུ་སེམས་ནི་སེམས་མ་མཆིས་པ་སྟེ་སེམས་ཀྱི་རང་བཞིན་ ནི་འོད་གསལ་བའོ་ཞེས་ཏེ། སེམས་འགྲེལ་སྐོར་གསུམ་ནཱ་རོ་འགྲེལ་ཆེན་གཉིས་སུ་སེམས་ གང་ཡོང་པའི་སེམས་དེ་ནི་སེམས་མ་ཡིན་ཏེ་སེམས་ཀྱི་རང་བཞིན་འོད་གསལ་བའོ་ཞེས་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་སོ། ། ཡང་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་ཆོས་རྣམས་ཀྱི་ཆོས་ཉིད་ ནི་གནས་པ་ཉིད་དོ་ཞེས་དང༌། གཅིག་ཁོ་ན་དོན་དམ་པའི་བདེན་པ་སྟེ་ (མ་རྨོངས་ཞེས་པ་ལ་ལར་སྣང་ )མ་སྤྲུལ་བའི་ཆོས་ཅན་གྱི་མྱ་ངན་ལས་འདས་པའོ་ཞེས་སོགས་ཡང་གསུངས་སོ། །འདི་དག་ གི་དོན་ལ་བོད་ཀྱི་མཁས་པ་ (བུ་སྟོན་སོགས)མང་བོ་དག ལུང་སྔ་མ་རྣམས་ངེས་དོན་དང་ཕྱི་ མ་རྣམས་དྲང་དོན་དགོངས་པ་ཅན་ཡིན་གསུངས། དེ་གསུངས་བའི་རྒྱུ་མཚན་འཁོར་ལོ་བར་ བ་དབུ་མའི་མདོ་དང་འཁོར་ལོ་ཐ་མ་སེམས་ཙམ་ཀྱི་མདོ་ཡིན་ཞེས་བཞེད་པར་སྣང་ངོ༌། །དེ་ དག་དྲི་མ་མེད་པའི་མདོ་བསྟན་བཅོས་ལ་བརྟེན་ནས་གཟུ་བོའི་བློས་དཔྱད་ན་ཕྱི་ནང་གི་ཆོས་ ཀུན་དང་དེའི་སྟོང་ཉིད་དེ་བཞིན་ཉིད་སོགས་ཡང༌། སྟོང་ངོ་མེད་དོ་ཞེས་སོགས་ཡང་དྲང་དོན་ དགོངས་པ་ཅན་ཡིན་གྱི་སྒྲ་ཇི་བཞིན་པ་མིན་ཏེ། བརྟགས་ཤིང་དཔྱད་ན་བདེན་པའི་རྫས་ཅིར་ ཡང་གྲུབ་པ་མེད་པ་ལ་དགོངས་ཀྱི། སྒྲ་ཇི་བཞིན་དུ་དེ་དག་གཏན་མེད་པ་མ་ཡིན་ཏེ། དགེ་ སྡིག་སོགས་ལས་རྒྱུ་འབྲས་ལ་བསྐུར་བ་བཏབ་པར་འགྱུར་བའོ། །མཁས་མཆོག་ཞི་བ་འཚོ་ དང་ཀཱ་མ་ལ་སོགས་ཀྱིས་ཚུལ་དེ་ལྟར་རྒྱས་བར་བཤད་པ་བལྟ་བར་བྱའོ། །སློབ་དཔོན་ཟླ་ གྲགས་ཀྱི་དགོངས་པ་ལའང་དེ་ལྟར་ཡིན་ནོ། ། ཡང་དེ་འདྲའི་རང་བཞིན་མེད་པ་དེ་ཆོས་ཉིད་དེ་བཞིན་ཉིད་ཡང་དག་པའི་མཐའ་སོགས་ 3-1-283 ཡིན་པ་ལྟ་བུར་གསུངས་པ་ཡང་དྲང་དོན་དགོངས་པ་ཅན་ཡིན་གྱི་སྒྲ་ཇི་བཞིན་པ་མ་ཡིན་ཏེ། དེ་བཞིན་ཉིད་དང་ཡང་དག་པའི་མཐའ་དང་དོན་དམ་པའི་བདེན་པ་སོགས་རྣམ་གྲངས་སུ་ གསུངས་པའི་ཕྱིར་དེ་དོན་དམ་པའི་བདེན་པ་མ་ཡིན་ཏེ། ཤེས་བྱ་ཡིན་མིན་ཐམས་ཅད་དེ་ ཡིན་པའི་ཕྱིར་དང་མེད་དགག་ཡིན་པས་སྤྲོས་པ་ཡིན་པའི་ཕྱིར་རོ། །ཞེས་སོགས་ཀྱི་ལུང་དང་ རིགས་པ་སྔར་བཤད་པ་རྣམས་ཀྱང་དྲན་པར་བྱའོ། །དེ་ལྟར་ན་འཕགས་པ་ཀླུ་སྒྲུབ་ཀྱིས་སྟོང་ ཉིད་ཀུན་རྫོབ་ཀུན་རྫོབ་སྟོང་ཉིད་བྱས་མི་རྟག་བཞིན་དུ་མེད་ན་མི་འབྱུང་ཞེས་པའི་དགོངས་ དོན་དུ་རློམ་སྟེ། ཕུང་སོགས་ཆོས་ཅན་རྣམས་དང་དེའི་ཆོས་ཉིད་དག་བྱས་མི་རྟག་བཞིན་དུ་ ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དུ་སྨྲ་བ་དང༌། ཕྱ་གཙང་སོགས་ཀྱིས་བཞེད་པ་ལྟར་བདེན་ གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཡིན་ན་བདེན་གཉིས་ཀྱི་རྣམ་དབྱེ་མ་ནོར་བ་བྱར་མེད་ པར་འགྱུར་ཏེ། ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་དུ་གྱུར་བའི་སྟོང་ཉིད་དམ་ཆོས་ཉིད་ལས་གཞན་ དུ་གྱུར་བའི་དོན་དམ་བདེན་པ་ནི་མེད་སྔར་བཤད་ལྟར་གྱི་དགག་བྱ་རྣམ་པར་བཅད་པ་ཙམ་ ཁོ་ན་ཆོས་རྣམས་ཀྱི་སྟོང་ཉིད་དམ་ཆོས་ཉིད་མ་ཡིན་དེ། དེ་འདྲའི་རྣམ་བཅད་ཙམ་དེ་ནི་ཆོས་ ཐམས་ཅད་ཀྱི་སྤྱིའི་ཆོས་ཡིན་པའི་ཕྱིར། འདོད་པར་མི་ནུས་ཏེ་འཕགས་པ་ཀླུ་སྒྲུབ་ཀྱིས། གང་ དག་བདེན་པ་འདི་གཉིས་ཀྱི། །རྣམ་དབྱེ་རྣམ་པར་མི་ཤེས་པ། །དེ་དག་སངས་རྒྱས་བསྟན་ པ་ཡི། །ཟབ་མོའི་དེ་ཉིད་རྣམ་མི་ཤེས། །ཞེས་དང༌། དབུ་མ་རྩ་ཤེར། སངས་རྒྱས་རྣམས་ ཀྱི་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །འཇིག་རྟེན་ཀུན་རྫུབ་བདེན་པ་ དང༌། །དམ་པའི་དོན་གྱི་བདེན་པའོ། །ཞེས་དང༌། བདེན་གཉིས་ལས། བདེན་གཉིས་རྣམ་ དབྱེ་ཤེས་པ་དག །ཅེས་སོགས་མང་ངོ༌། །དེ་དག་གི་ལུགས་ལྟར་ན་ཐམས་ཅད་ཀུན་རྫོབ་ཏུ་ འགྱུར་བའམ་ཡང་ན་ཆོས་ཐམས་ཅད་དོན་དམ་བདེན་པར་འགྱུར་ཏེ། སྣང་གྲགས་ཀྱི་ཆོས་ འདི་རྣམས་དང་དེ་རྣམས་ཀྱི་གནས་ལུགས་སྟོང་ཉིད་དམ་ཆོས་ཉིད་དེ་བྱས་མི་རྟག་བཞིན་དུ། 3-1-284 ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཙམ་ཡིན་པའི་ཕྱིར་དང༌། ཕྱོགས་སྔ་ལ་ལའི་ལྟར་ན་ཆོས་ཅན་ སོ་སོའི་ཆོས་ཉིད་རྣམས་ཆོས་ཅན་སོ་སོ་ཁོ་ན་ལ་ཡོད་ཅིང་དེ་མེད་པར་གྱུར་བའི་ཚེ་མེད་པར་ འགྱུར་བའི་ཕྱིར་རོ། །འདོད་པར་མི་ནུས་ཏེ་ལུང་རིགས་ཐམས་ཅད་དང་འགལ་ཞིང༌། དེ་ལྟ་ བུ་དེ་བདེན་གཉིས་ལ་ལོག་པར་རྟོག་པའི་ལོག་རྟོག་དུ་མངོན་རྟོགས་རྒྱན་དུ་བཤད་པའི་ཕྱིར་ རོ། །དེའི་ཕྱིར་དེ་རྣམས་ཀྱིས་དབུ་མ་བའི་ལུགས་ཀྱི་བདེན་པ་གཉིས་ཇི་བཞིན་མ་དགོངས་ པར་ཟད་དོ། ། ཡང་སེམས་ཀྱི་རང་བཞིན་འོད་གསལ་བའོ་ཞེས་སོགས་ལུང་ཕྱི་མ་དེ་རྣམས་དྲང་དོན་ དགོངས་པ་ཅན་དུའང་མི་འཐད་དེ། ལུང་དང་པོ་སེམས་གང་ཞིག་ཡོད་པའི་སེམས་ཞེས་ སོགས་ངེས་པའི་དོན་དུ་སེམས་འགྲེལ་སྐོར་གསུམ་དང༌། ནཱ་རོ་འགྲེལ་ཆེན་གཉིས་སོགས་སུ་ གསལ་བོར་གསུངས་པ་བལྟ་བར་བྱ་ཞིང༌། རྒྱུད་བླར། སེམས་ཀྱི་རང་བཞིན་འོད་གསལ་གང་ ཡིན་པ། །དེ་ནི་ནམ་མཁའ་བཞིན་དུ་འགྱུར་མེད་དེ། །ཡང་དག་མིན་རྟོག་ལས་བྱུང་འདོད་ ཆགས་སོགས། །གློ་བུར་དྲི་མས་དེ་ཉོན་མོངས་མི་འགྱུར། །ཞེས་དང༌། འོད་གསལ་བྱས་ མིན་དབྱེར་མེད་པར། །འཇུག་ཅན་གངྒཱའི་ཀླུང་གི་ནི། །རྡུལ་ལས་འདས་པའི་སངས་རྒྱས་ཀྱི། ། ཡོན་ཏན་རྣམས་དང་ལྡན་པ་ཉིད། །ཅེས་སོགས་དང༌། སེམས་དེའི་རང་བཞིན་འོད་གསལ་ བས་ན་ཉོན་མོངས་ངོ་བོ་མེད་གཟིགས་ཤིང༌། །གང་དག་འགྲོ་ཀུན་བདག་མེད་མཐའ་ཞི་ཡང་ དག་རྟོགས་ནས་ཐམས་ཅད་ལ། །རྫོགས་པའི་སངས་རྒྱས་རྗེས་ཞུགས་གཟིགས་པ་ཞེས་ སོགས་དང༌། རྒྱུད་བླའི་འགྲེལ་བར། ཆོས་ཉིད་ཀྱི་སེམས་གང་ཡིན་པ་ནི་ཉོན་མོངས་པ་དང་ སྡུག་བསྔལ་མཐའ་ཡས་པ་དང༌། རྗེས་སུ་ (ས་སྡེ་རྣམས་ཀྱི་རྟེན་ཡིན་)འགྲེལ་ཀྱང་རང་བཞིན་ (དེའི་ངོ་ བོར་གདོད་ནས་)གྱིས་འོད་གསལ་བ་ཉིད་ཀྱི་ (ལས་ཉོན་སོགས་ཀྱིས་གཞན་དང་གཞན་དུ་)རྣམ་པར་འགྱུར་ བ་ལ་མི་སྟོན་པ་དེའི་ཕྱིར་གསེར་བཟང་བོ་བཞིན་དུ་མི་འགྱུར་བའི་དོན་གྱི་དེ་བཞིན་ཉིད་ཞེས་ 3-1-285 བརྗོད་དོ། །ཞེས་སོགས་མང་ངོ༌། །མདོ་སྡེ་རྒྱན་དུ། སེམས་ནི་རྟག་ཏུ་རང་བཞིན་འོད་གསལ་ འདོད། །དེ་ནི་གློ་བུར་དྲི་མས་མ་རུངས་བྱས། །ཆོས་ཉིད་སེམས་ལས་གཞན་པའི་སེམས་ གཞན་ནི། །འོད་གསལ་མ་ཡིན་རང་བཞིན་ལ་བརྗོད་དོ། །ཞེས་དང༌། ཇི་ལྟར་ཆུ་སྙོགས་པ་ ལས་དྭངས་བས་ནི། །དྭངས་བ་ཉིད་དེ་དེ་ལས་སྐྱེ་མིན་ཏེ། །དེ་ནི་དེ་ལ་དྲི་མ་བྲལ་བར་ཟད། ། དེ་བཞིན་རང་སེམས་དག་ལ་ཚུལ་དེ་ཉིད། །ཅེས་སོ། །ཀླུ་སྒྲུབ་ཀྱི་ཆོས་དབྱིངས་བསྟོད་པར། དྲི་མེད་ཉི་མ་ཟླ་བ་ཡང༌། །སྤྲིན་དང་ཁུག་སྣ་དུ་བ་དང༌། །སྒྲ་གཅན་གདོང་དང་རྡུལ་ལ་སོགས༌། ། སྒྲིབ་པ་ལྔ་ཡིས་བསྒྲིབ་པར་འགྱུར། །དེ་བཞིན་འོད་གསལ་བ་ཡི་སེམས། །འདོད་དང་གནོད་ སེམས་ལེ་ལོ་དང༌། །རྒོད་པ་དང་ནི་ཐེ་ཚོམ་སྟེ། །སྒྲིབ་པ་ལྔ་ཡིས་བསྒྲིབ་པར་འགྱུར། །ཇི་ལྟར་ མེ་ཡིས་དག་པའི་གོས། །སྣ་ཚོགས་དྲི་མས་དྲི་མ་ཅན། །ཇི་ལྟར་མེ་ཡི་ནང་བཅུག་ན། །དྲི་མ་ ཚིག་འགྱུར་གོས་མིན་ལྟར། །དེ་བཞིན་འོད་གསལ་བ་ཡི་སེམས། །འདོད་ཆགས་ལ་སོགས་ དྲི་མ་ཅན། །ཡེ་ཤེས་མེ་ཡིས་དྲི་མ་བསྲེགས། །དེ་ཉིད་འོད་གསལ་མ་ཡིན་ནོ། །སྟོང་པ་ཉིད་ ནི་སྟོན་པའི་མདོ། །རྒྱལ་བའི་ཇི་སྙེད་གསུངས་པ་གང༌། །དེ་དག་ཀུན་གྱིས་ཉོན་མོངས་ལྡོག ། ཁམས་དེ་ཉམས་པར་བྱེད་མ་ཡིན། །ས་ཡི་དཀྱིལ་ན་ཡོད་པའི་ཆུ། །དྲི་མ་མེད་པར་གནས་པ་ ལྟར། །ཉོན་མོངས་ནང་ན་ཡེ་ཤེས་ཀྱང༌། །དེ་བཞིན་དྲི་མ་མེད་པར་གནས། །ཞེས་དང༌། དུས་ འཁོར་འགྲེལ་ཆེན་དུ། གང་གི་ཡོད་པ་དེ་ནི་མེད་པར་མི་འགྱུར་ཞིང༌། གང་མེད་པ་དེ་ནི་ཡོད་ པར་མི་འགྱུར་ཏེ། དངོས་པོ་དང་དངོས་པོ་མེད་པའི་རང་བཞིན་ལས་སོ། །གང་གིས་ཡོད་ པའི་མཚན་ཉིད་ཀྱི་སེམས་སུ་འགྱུར་བ་དེ་མེད་པའི་མཚན་ཉིད་དུ་མི་འགྱུར་རོ། །གང་གིས་ མེད་པའི་མཚན་ཉིད་ཀྱི་སེམས་སུ་འགྱུར་བ་དེ་ཡོད་པའི་མཚན་ཉིད་དུ་མི་འགྱུར་ཏེ་འགལ་ བའི་ཕྱིར་རོ་ཞེས་དང༌། སེམས་གང་ཡོད་པའི་སེམས་དེ་ནི་སེམས་མེད་པ་རྟག་པ་དང་ཆད་ པའི་ཆོས་ཉིད་ཀྱི་མཚན་ཉིད་དང་བྲལ་བ་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའོ་ཞེས་དང༌། 3-1-286 སེམས་གང་ཞིག་ཡོད་པའི་སེམས་དེ་ནི་སེམས་མ་ཡིན་ནོ་ཞེས་པ་སྟེ། སེམས་ནི་རང་བཞིན་ གྱིས་འོད་གསལ་བའོ་ཞེས་བྱའོ་ཞེས་དང༌། ཇི་ལྟར་མེ་ནི་ཤིང་ལ་རྟག་གནས་ཀྱང༌། །གཅད་ དང་དབྱེ་བའི་ཐབས་ཀྱིས་མི་མཐོང་སྟེ། །གཙུབ་ཤིང་གཙུབ་གཏན་ལག་པས་བསྲུབས་པ་ ལས། །དེ་ལ་གནས་པ་དག་ཀྱང་མཐོང་བར་འགྱུར། །དེ་བཞིན་སེམས་ཀྱི་འོད་གསལ་རྟོག་ པ་ཡིས། །བསྒོམ་པའི་ཐབས་རྣམས་དག་གིས་མི་མཐོང་སྟེ། །དེ་ཉིད་དུ་ནི་རྐྱང་མ་དག་དང་ ནི། །རོ་མ་གཅིག་ཏུ་སྦྱོར་བས་མཐོང་བར་འགྱུར། །ཞེས་སོགས་དང༌། དཔལ་ཆོས་ཀྱི་གྲགས་ པས། སེམས་འདིའི་རང་བཞིན་འོད་གསལ་ཏེ། །དྲི་མ་རྣམས་ནི་གློ་བུར་བ། །ཞེས་དང༌། རང་ བཞིན་འདི་ཡིན་འདི་ལས་དེ། །རྐྱེན་གཞན་གྱིས་ནི་གོལ་འགྱུར་ཞིང༌། །ལྡོག་པ་ལ་ནི་རྐྱེན་ལ་ ལྟོས། །མི་བརྟན་སྦྲུལ་གྱི་བློ་བཞིན་ནོ། །ཞེས་སོ། ། སློབ་དཔོན་ངང་ཚུལ་བཟང་པོས། མདོ་སྡེ་སངས་རྒྱས་ཀྱི་སའི་འགྲེལ་བར་སེམས་ཅན་ ཐམས་ཅད་དང་སེམས་མཉམ་པ་ཉིད་ཀྱིས་ཡོངས་སུ་གྲུབ་པས་ཐ་མི་དད་པར་ཞུགས་ (མདོ་ ཚིག)པ་ཞེས་བྱ་བ་ནི། རང་ (སངས་རྒྱས)གི་སེམས་ཀྱི་ཡོངས་སུ་གྲུབ་པ་རྣམ་པར་དག་པ་རྟག་ཏུ་ རང་བཞིན་གྱིས་འོད་གསལ་ཞིང་རང་བཞིན་ཡོངས་སུ་དག་པ་ཅི་འདྲ་བ་སེམས་ཅན་ཐམས་ ཅད་ཀྱི་སེམས་གྱུར་བ་རང་བཞིན་གྱིས་ཡོངས་སུ་དག་པ་ཡང༌། དེ་དང་འདྲ་བ་སྟེ་སེམས་ཀྱི་ རང་བཞིན་དེ་ནི་དེ་བཞིན་ཉིད་དོ། ། དེས་དེ་དག་མཉམ་པ་ཡིན་ཏེ་ཇི་སྐད་དུ། འདི་གང་གི་མཉམ་ཞེ་ན་སྟོང་པ་ཉིད་དུ་མཉམ་ པས་འདི་མཉམ་མོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །སེམས་ཀྱི་རང་བཞིན་ཡང་ སེམས་ཀྱི་ཆོས་ཉིད་ཡིན་ཏེ་དེ་ཉིད་ཀྱི་ཕྱིར་འདི་ཆོས་ཉིད་ཡིན་པར་བསྟན་པའི་ཕྱིར། སེམས་ མཉམ་པ་ཉིད་ཅེས་ངོ་བོའི་རྐྱེན་དུ་བྱས་པ་ཡིན་ནོ། །དེའི་གྱུར་པ་ནི་ཡོངས་སུ་གྲུབ་པ་སྟེ་ ཡོངས་སུ་དག་པ་ཡིན་ནོ། །དེ་ནི་རང་བཞིན་གྱིས་ཡོངས་སུ་དག་པ་ཡིན་མོད་ཀྱི་དེའི་ཚེ་གློ་ 3-1-287 བུར་གྱི་དྲི་མ་དང་བྲལ་བ་ལས་རྣམ་པར་བཞག་གོ་ཞེས་དང༌། རང་བཞིན་སྤང་བར་མི་ནུས་ པའི་ཕྱིར་རོ། །དེ་ཉིད་ལ་དགོངས་དེ་ཆོས་ཉིད་ཀྱི་སེམས་ལ་སེམས་ཀྱི་སྒྲར་བཏགས་ནས་ སེམས་འདི་ནི་རང་བཞིན་གྱིས་འོད་གསལ་བའོ་ཞེས་གསུངས་ཏེ། ཆོས་ཉིད་ཀྱི་སེམས་མ་ གཏོགས་པར་རང་བཞིན་གྱིས་འོད་གསལ་བའི་སེམས་མེད་པའི་ཕྱིར་རོ། །འོ་ན་ཇི་ལྟར་ སེམས་ཅན་དག་ལ་འདོད་ཆགས་ལ་སོགས་པ་ཡོད་ཅེ་ན་རང་གི་རྟོག་པའི་སྟོབས་བསྐྱེད་ པའི་ཕྱིར་ཏེ། དེ་ཡང་ཕྱིན་ཅི་ལོག་མ་སྤངས་པའི་ཕྱིར་ལ་དེ་ཡང་མ་རིག་པའི་དབང་གིས་སོ། ། ཞེས་སོགས་ནས་ཆོས་དབྱིངས་རྣམ་པར་དག་པ་རྣམ་པར་དག་པ་དེ་ཡང་རྣམ་པ་ཐམས་ཅད་ དུ་ཡོངས་སུ་དག་ཅིང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁྱད་པར་མེད་པས་ཆོས་སྐུར་ བརྗོད་པར་བྱ་སྟེ། དེ་ཉིད་དུས་ཐམས་ཅད་དུ་དེ་ཁོ་ན་བཞིན་དུ་ཡོད་པའི་ཕྱིར་དོན་དམ་པར་ དེ་བཞིན་གཤེགས་པ་ཞེས་བྱའོ། །དེ་ཉིད་ཀྱི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཡང་ ཡོད་པས་སེམས་ཅན་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ་ཞེས་གསུངས་ སོ། །དེ་ནི་ཐམས་ཅད་ལ་ཡོད་ཀྱང་སེམས་ཅན་རྣམས་ཀྱི་རང་གི་བསྒྲིབ་པའི་སྟོབས་བསྐྱེད་ པའི་དམུས་ལོང་གི་ཉི་མ་བཞིན་མི་མཐོང་སྟེ། ཇི་སྐད་དུ་མདོ་སྡེ་རྒྱན་ལས། སྣོད་ཆགས་ པའི་ཟླ་བ་བཞིན། སེམས་ཅན་ཉེས་པས་མི་སྣང་ངོ༌། །ཞེས་གསུངས་པ་ལྟ་བུའོ་ཞེས་སོགས་ གསུངས་ཤིང༌། གལ་ཏེ་ཆོས་ཉིད་ཀྱི་སེམས་ཞེས་པའི་ཐ་སྙད་འདི་ལྟ་བུ་རྣམས་སེམས་ཙམ་ པ་ཁོ་ནའི་ཆོས་སྐད་ཡིན་ཏེ། དེའི་ཕྱིར་དབུ་མའི་གྲུབ་མཐའ་གཏན་ལ་འབེབས་པའི་སྐབས་ སུ་ལུང་དེ་དག་ངེས་དོན་དུ་རློམ་ནས་དྲངས་པ་ནི་བཞད་གད་གྱི་གནས་སོ་ཞེ་ན། བཞད་གད་ དེ་ནི་མུ་སྟེགས་གསལ་བྱེད་པའི་བཞད་གད་དང་མཚུངས་པ་སྟེ། རྒྱལ་བའི་ཡུམ་ཉི་ཁྲི་ལྔ་སྟོང་ པ་དང་ཁྲི་བརྒྱད་སྟོང་བར་འགྲེས་མགོ་གཟུགས་ནས་སངས་རྒྱས་ཀྱི་ཆོས་ཀྱི་བར་ཐམས་ཅད་ ལ་ཀུན་བཏགས་པའི་གཟུགས། རྣམ་པར་བརྟགས་པའི་གཟུགས་ལ་ཆོས་ཉིད་ཀྱི་གཟུགས་ 3-1-288 སོགས་གསུམ་གསུམ་དུ་ཕྱེ་ནས་གསུངས་ཤིང༌། ཤེར་ཕྱིན་ལྔ་བརྒྱ་བར་ཡང༌། དངོས་པོ་ མེད་པའི་གཟུགས་སོགས་དངོས་པོ་ངན་པའི་གཟུགས་སོགས། དངོས་པོ་ཡོད་པའི་གཟུགས་ སོགས་ཞེས་གསུམ་གསུམ་དུ་ཕྱེ་ནས་གསུངས་པའི་རྗེས་སུ་འབྲངས་ཏེ། མདོ་རྒྱན་སོགས་ སུ་ཆོས་ཉིད་ཀྱི་སེམས་ཞེས་སོགས་ཀྱི་ཐ་སྙད་མཛད་པ་ཡིན་ཞིང༌། མངོན་རྟོགས་རྒྱན་དུ། དེ་ མ་རྫོགས་དང་རབ་རྫོགས་དང་ཞེས་པའི་དོན་ལ་སློབ་དཔོན་སེང་བཟང་གིས་བརྒྱད་སྟོང་ འགྲེལ་ཆེན་དུ། མ་རྫོགས་པ་ནི་ཀུན་བརྟག་པའི་གཟུགས་དང་རྫོགས་པ་ནི་ཆོས་ཉིད་ཀྱི་ གཟུགས་སུ་དེ་ཞེས་བཤད་ལ། སྐབས་འདིའི་མདོར་གཟུགས་ནས་རྣམ་མཁྱེན་གྱི་བར་ལ་ རྫོགས་མ་རྫོགས་སྦྱར་ནས་བཤད་དོ། ། དེའི་ཕྱིར་ཉི་ཁྲི་ལྔ་སྟོང་བ་སོགས་སེམས་ཙམ་པའི་མདོར་འགྱུར་ཞིང༌། བརྒྱད་སྟོང་ འགྲེལ་ཆེན་ན་སེམས་ཙམ་པའི་བསྟན་བཅོས་སུ་ཐལ་བར་འགྱུར་བ་ལས། དེ་ལྟར་ཁས་ ལེན་པ་མི་འཐད་དེ། ལུང་རིགས་ཀྱི་གནོད་པ་འབབ་པར་མ་ཟད་ཁས་བླངས་དང་ཡང་ཤིན་ ཏུ་འགལ་བ་ཡིན་ནོ། །དེ་ལྟར་སྔར་བཤད་པ་ལྟར་གྱི་མདོ་བསྟན་བཅོས་ཀྱི་དོན་སེམས་རང་ བཞིན་གྱིས་འོད་གསལ་བའམ་རང་བཞིན་གྱིས་འོད་གསལ་བའི་སེམས་ཞེས་པ་འདི་ཉིད་ལ། ཕ་རོལ་ཏུ་ཕྱིན་པའི་ཐེག་པར་ངོ་བོ་ཉིད་སྐུའམ་ཆོས་ཉིད་ཀྱི་སྐུ་ཞེས་གསུངས་ཤིང༌། སྔགས་ཀྱི་ ཐེག་པ་དང་བོའི་སངས་རྒྱས་དང་ལྷན་ཅིག་སྐྱེས་པའི་སྐུ། ལྷན་ཅིག་སྐྱེས་པའི་དགའ་བ་ཞེས་ ཀྱང་གསུངས་ཏེ་དྲི་མེད་འོད་སོགས་ལས་ཤེས་པར་བྱ་ཞིང༌། རྒྱལ་པོ་ཨིནྟྲ་བྷོ་ཏིས་མཛད་ པའི་ལྷན་ཅིག་སྐྱེས་པ་གྲུབ་པའི་འགྲེལ་བ་རྗེ་བཙུན་མ་དཔལ་མོས་མཛད་པ་ལས། འགྱུར་བ་བའི་ དོན་ཏོ་ཞེས་དང༌། རྩ་བར། ཁྱབ་བྱ་ཁྱབ་བྱེད་ཚུལ་གྱིས་ནི། །དངོས་པོ་ཀུན་ལས་ཡང་དག་ གནས། །ཞེས་བྱ་བ་ནི་རྒྱུ་བ་དང་མི་རྒྱུ་བའི་དངོས་པོ་ཁྱབ་པར་བྱ་བ་ལ་ལྷན་ཅིག་ མེད་པའི་ལྷན་ཅིག་སྐྱེས་པ་ཆེན་པོ་ཕྱིན་ཅི་མ་ལོག་པ་ནམ་མཁའ་མཛོད་ཀྱི་གཏེར་ཞེས་དང༌། ལྷན་ཅིག་སྐྱེས་པའི་རང་བཞིན་ནི་དངོས་པོ་ཀུན་ལ་ཡོད་དེ་འོན་ཀྱང་རྡོ་བ་དང་ཤིང་དག་ལ་ མེ་གནས་ཀྱང་མ་གཙུབ་པར་མངོན་དུ་མི་འགྱུར་བ་ལྟར། ལྷན་ཅིག་སྐྱེས་པ་གསལ་མ་བྱས། 3-1-289 ། ཞེས་བྱ་བ་ནི་དེ་ལྟར་གནས་ཀྱང་སྐྱེ་བོ་ཀུན་གྱིས་ཐོབ་པའི་སྐལ་བ་ལས་འདས་ཞེས་བྱ་སྐྱེས་པའི་ ངོ་བོས་ཁྱབ་ནས་གནས་ཞེས་བྱ་བའི་དོན་ཏོ། །ཞེས་སོགས་མང་དུ་གསུངས་ཏེ་དེ་ཉིད་དུ་བལྟ་ བར་བྱའོ། ། དེ་ལྟར་ཇི་སྐད་པའི་ཚུལ་འདི་རྣམས་དཔལ་ས་ར་ཧས་མཛད་པའི་དོ་ཧ་མཛོད་ཅེས་བྱ་ བ་པཎྜི་ཏ་ཐར་བ་འབྱུང་གནས་སྤས་པ་མཻ་ཏྲི་བའི་རྒྱ་འགྲེལ་ཡོད་ངེས་ཅན་དེ་དང༌། རྒྱལ་པོ་ ཨིནྟྲ་བྷོ་ཏཱའི་མཛད་པའི་ཡེ་ཤེས་གྲུབ་པ་ལ་སོགས་པའི་གྲུབ་པ་སྡེ་བརྒྱད་སོགས་མང་བོ་ལས་ བཤད་དེ་འདིར་ཆེ་ལོང་ཙམ་བཀོད་པའོ། །དེ་ལྟར་ན་སྔར་བཀོད་པའི་ལུང་དེ་རྣམས་ངེས་ པའི་དོན་ཅན་དུ་གྲུབ་པའི་ཕྱིར། གསལ་བའི་ཡུམ་གྱི་མདོར། དེ་བཞིན་གཤེགས་པ་རྣམས་ བྱུང་ཡང་རུང་མ་བྱུང་ཡང་རུང་ཆོས་རྣམས་ཀྱི་ཆོས་ཉིད་ནི་རྟག་ཏུ་གནས་པའོ། །ཞེས་པའང་ ངེས་པའི་དོན་ཅན་ཡིན་གྱི་དྲང་དོན་མ་ཡིན་ཏེ། དེ་བཞིན་ཉིད་དང་མ་ནོར་བ་དེ་བཞིན་ཉིད་ དང་གཞན་མ་ཡིན་པའི་དེ་བཞིན་ཉིད་དང༌། ཆོས་ཉིད་དང༌། ཆོས་ཀྱི་དབྱིངས་དང༌། ཆོས་ གནས་པ་ཉིད་དང༌། ཆོས་སྐྱོན་མེད་པ་ཉིད་དང༌། ཡང་དག་པའི་མཐའ་བསམ་གྱིས་མི་ཁྱབ་ པའི་དབྱིངས་ཞེས་སོགས་རྣམས་ནི་གཟུགས་སྐུའི་དེ་བཞིན་གཤེགས་པ་འཇིག་རྟེན་དུ་བྱོན་ རུང་མ་བྱོན་རུང་སྔ་ཕྱི་ཁྱད་པར་མེད་པར་ཐམས་ཅད་དུ་གནས་པ་ཁོ་ན་ཡིན་ཏེ། འདུས་མ་ བྱས་ཀྱི་དབྱིངས་ཡིན་པའི་ཕྱིར་རོ། །གནོད་འཇོམས་ལས། རྣམ་པར་འཇིག་པ་མེད་པར་ ཡོངས་སུ་གྲུབ་པ་ནི་དེ་བཞིན་ཉིད་ཅེས་གསུངས་པ་སྟེ། རྟག་ཏུ་དེ་བཞིན་ཉིད་དུ་གནས་ ཤིང་རྣམ་པར་མི་འཇིག་པའི་ཕྱིར་རོ། །ཕྱིན་ཅི་མ་ལོག་པར་ཡོངས་སུ་གྲུབ་པ་ནི་མ་ནོར་བ་ དེ་བཞིན་ཉིད་ཅེས་གསུངས་པ་སྟེ། ནོར་བ་དང་ཕྱིན་ཅི་ལོག་ཏུ་གྱུར་བ་མེད་པའི་ཕྱིར་རོ། 3-1-290 ། འགྱུར་བ་མེད་པར་ཡོངས་སུ་གྲུབ་པ་ནི་གཞན་མ་ཡིན་པ་དེ་བཞིན་ཉིད་ཅེས་གསུངས་པ་སྟེ། གཞན་དུ་འགྱུར་བ་མེད་པའི་ཕྱིར་རོ། །ངོ་བོ་ཉིད་ཡོངས་སུ་གྲུབ་པ་ནི་ཆོས་ཉིད་ཅེས་གསུངས་ པ་སྟེ། ཆོས་ཐམས་ཅད་སྤྱིའི་མཚན་ཉིད་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ཞེས་ སོགས་རྒྱས་པར་བཤད་པར་བལྟ་བར་བྱའོ། །གལ་ཏེ་ཆོས་རྣམས་ཀྱི་ཆོས་ཉིད་དམ་དེ་བཞིན་ ཉིད་སོགས་རྟག་ཏུ་གནས་པའམ་དུས་ཐམས་ཅད་དུ་གནས་པ་ཡིན་ན་རྟག་པར་འགྱུར་ཞིང༌། དེ་ལྟ་ན་རྟག་པའི་མཐར་ལྟུང་བར་འགྱུར་ལ། དེ་ལྟར་ཁས་ལེན་པ་རྣམས་ཀྱང་རྟག་ལྟ་བ་ཞེས་ བྱ་བའི་ལྟ་ངན་ཅན་དུ་འགྱུར་རོ་ཞེ་ན་ལེགས་པར་རྣམ་པར་ཕྱེ་ནས་བསྟན་པར་བྱ་ཡི། གཟུ་ བོར་མི་གནས་པའི་ལོག་པའི་སྐྱོན་དང་རི་བོང་ཆལ་དང་མུ་སྟེགས་པ་གསལ་བྱེད་པའི་བཞད་ གད་དང༌། གཟི་འབུགས་པའི་ཚུལ་སོགས་སྤོངས་ལ་ཉན་པར་མཛོད་ཅིག དེ་ལ་མི་རྟག་ པ་ཞེས་པ་བརྗོད་པའི་ཐ་སྙད་དེ། ཆོས་གང་གི་རང་གི་སྐད་ཅིག་དང༌། རྒྱུན་གྱིས་ཡོངས་སུ་ འགྱུར་བ་ཅན་དེའི་མིང་གི་ཐ་སྙད་ཟོར་ཡང་བར་བྱ་བ་དང༌། དོན་དེ་བདེ་བླག་ཏུ་རྟོགས་པར་ བྱ་པའི་ཕྱིར་དེའི་ཐུན་མོང་མ་ཡིན་པའི་དངོས་མིང་དུ་བརྡ་སྦྱོར་མཁན་པོ་རྣམས་ཀྱིས་འདོད་ རྒྱལ་དང་པོར་བརྡ་མཐུན་པར་སྦྱར་ཞིང༌། རྟག་པ་ཞེས་པ་བརྗོད་པའི་ཐ་སྙད་དེ་ཆོས་གང་གི་ རང་གི་ངོ་བོ་འཇིག་མེད་དམ་འགྱུར་མེད་དུ་གནས་པ་དེའི་མིང་ནི་ཐ་སྙད་ཟོར་ཡང་བར་བྱ་བ་ དང༌། དོན་དེ་བདེ་བླག་ཏུ་རྟོག་བར་བྱ་བའི་ཕྱིར་དེའི་ཐུན་མོང་མ་ཡིན་པའི་དངོས་མིང་དུ་བརྡ་ སྦྱོར་རྒན་པོ་རྣམས་ཀྱིས་འདོད་རྒྱལ་དང་པོར་བརྡ་མཐུན་པར་སྦྱར་བའི་ཕྱིར། མིང་དེ་དང་དེ་ ལས་མིང་དེ་དང་དེ་ཐུན་མོང་མ་ཡིན་པར་གོ་ཞིང༌། དོན་དེ་ལས་བློ་དྲང་བོར་འཇུག་པར་བྱེད་ པ་ཡིན་ཏེ། ནོག་སོགས་འདུས་པ་བ་གླང་ཞེས་པའི་ཐ་སྙད་སྦྱར་བ་བཞིན་ནོ། །དཔལ་ཆོས་ ཀྱི་གྲགས་པས། འཁྲུལ་མེད་ཅན་ཤེས་དང་བོ་ཡིས། །བརྡ་ཡི་སྦྱོད་ཡུལ་གང་ཡིན་དངོས། ། ཞེས་སོགས་སོ། །ཚུལ་དེས་མཚོན་ནས་དོན་མཐའ་ཡས་པ་དེ་དང་དེ་རྣམས་ལ་བརྡ་སྦྱོར་བ་ 3-1-291 པོ་རྣམས་ཀྱིས་མིང་དེ་དང་དེ་མཐའ་ཡས་པ་སྦྱར་བའི་དགོས་པ་ཡང་སྐྱེ་བོ་རྣམས་བླང་དོར་ འཇུག་ལྡོག་གི་གནས་ལ་རྨོངས་པ་མེད་པར་བྱ་བའི་ཆེད་ཡིན་ཏེ། ལང་ཀར་གཤེགས་པར། མིང་དུ་གདགས་པ་མ་མཛད་ན། །འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར། །དེ་བས་རྨོངས་ བ་བསལ་བའི་ཕྱིར། །མགོན་པོས་མིང་དུ་གདགས་པ་མཛད། །ཅེས་གསུངས་ཤིང༌། རྣམ་ ངེས་སུ། བརྡ་སྦྱར་བ་ཡང་དོན་རྟོགས་པར་བྱ་བའི་ཕྱིར་ཡིན་ལ། ཞེས་དང༌། རྣམ་འགྲེལ་དུ་ ཡང༌། སྒྲ་རྣམས་ཀྱི་ནི་བརྡར་བཏང་སྟོན། །དེ་ནི་ཐ་སྙད་ཆེད་དུ་བྱས། །ཞེས་སོགས་ལྟར་རོ། ། དེའི་ཕྱིར་ཆོས་རྣམས་ཀྱི་ཆོས་ཉིད་དམ་དེ་བཞིན་ཉིད་སོགས་དེ་རྣམས་ནི་རང་གི་ངོ་བོ་ནམ་ ཡང་འཇིག་མེད་དམ་འགྱུར་མེད་དུ་གནས་པ་དེ་ལ་བསྙོན་དུ་མེད་དོ། ། དེའི་ཕྱིར་རྟག་པ་སྟེ། རྟག་པ་ཞེས་དངོས་མིང་འཇུག་པའི་ཐུན་མོང་མ་ཡིན་པའི་དོན་ཆོས་གང་གི་རང་གི་ངོ་བོ་ནམ་ ཡང་འཇིག་མེད་དམ་འགྱུར་མེད་དུ་གནས་པ་དེ་ཙམ་ཉིད་ཡིན་པའི་ཕྱིར་རོ། །ཁོ་བོ་ཅག་ཀྱང་ དེ་ཙམ་ལ་རྟག་པ་ཞེས་འདོད་ཀྱི། དེ་ལས་མ་གཏོགས་པའི་རྟག་པ་ཞེས་པའི་དོན་ཅི་ཡང་ཁས་ ལེན་པ་མེད་དོ། །དཔལ་ཆོས་ཀྱི་གྲགས་པའི་ཞལ་སྔ་ནས། གང་གིས་རང་བཞིན་འཇིག་མེད་ པ། །དེ་ལ་མཁས་རྣམས་རྟག་ཅེས་བརྗོད། །དེས་ན་ངོ་ཚའི་ལྟ་བ་འདི། །སྤོངས་ལ་དེ་ནི་རྟག་ པར་སྨོས། །ཞེས་གསུངས་ཏེ། མཁས་པའི་གསུང་རབ་གཞན་མང་བོར་ཡང་དེ་དང་མཐུན་ པར་འབྱུང་ངོ༌། ། ཡང་སྔར་ཡུམ་གྱི་མདོའི་ལུང་དྲངས་པ་ལྟར་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་གང་ ཡིན་པ་དེ་ནི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡོད་པ་མ་ཡིན་ཏེ། ཆོས་ཐམས་ ཅད་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡོད་པ་མ་ཡིན་པ་དེ་ནི་ནམ་ཡང་དེ་བཞིན་ཉིད་མ་ཡིན་ པ་མ་ཡིན་ཞིང་དེ་ནི་རྟག་ཏུ་དེ་བཞིན་ཉིད་དོ་ཞེས་དང༌། དེའི་འགྲེལ་བར། ཆོས་ཉིད་ཀྱི་དེ་ བཞིན་ཉིད་ནི་དུས་ཐམས་ཅད་དུ་ཡོད་པའི་ཕྱིར་རོ། །ཞེས་པ་ནས། དེ་བཞིན་གཤེགས་པའི་ 3-1-292 དེ་བཞིན་ཉིད་ཉིད་ཀྱང་དུས་ཐམས་ཅད་དུ་ཡོད་དོ། །གནས་བརྟན་རབ་འབྱོར་གྱི་དེ་བཞིན་ ཉིད་ཀྱང་དུས་ཐམས་ཅད་དུ་ཡོད་ཅེས་སོགས་རྒྱས་པར་གསུངས་པའི་མདོ་འགྲེལ་བཅས་ དེས་ཀྱང་ཆོས་རྣམས་ཀྱི་དེ་བཞིན་ཉིད་གཅིག་པ་དང་རྟག་ཏུ་གནས་ཞེས་པའི་མདོ་དེའི་དོན་ དངོས་སུ་གསུངས་སོ། ། གཞན་ཡང་ཡུམ་གྱི་མདོ་དེའི་ནང་ན་དེ་དང་མཐུན་པ་མང་དུ་བཞུགས་པ་རྣམས་བལྟ་ བར་བྱའོ། །དེ་ལྟར་ན་ཆོས་རྣམས་ཀྱི་ཆོས་དབྱིངས་དེ་བཞིན་ཉིད་དེ་རྟག་པར་ཁས་བླངས་ ན་རྟག་པའི་མཐར་ལྟུང་ཞིང་རྟག་ལྟ་ཞེས་པའི་ལྟ་ངན་དུ་འགྱུར་ཞེས་པའི་སྐྱོན་མེད་དེ། དེའི་ རང་གི་ངོ་བོ་འཇིག་མེད་དམ་འགྱུར་མེད་དུ་གནས་པ་ཡིན་པས་རྟག་པ་ཞེས་པའི་ཐ་སྙད་ ཀྱིས་དོན་དངོས་ཡིན་པའི་ཕྱིར་ན། རང་གི་ངོ་བོ་འགྱུར་མེད་དུ་གནས་པ་ལ་རང་གི་ངོ་བོ་ འགྱུར་མེད་ཉིད་དུ་ཁས་བླངས་པ་ནི་དོན་དང་མཐུན་པའི་ཁས་བླངས་ཡིན་པའི་ཕྱིར། རྟག་ པའི་མཐར་ལྟུང་བའི་སྐྱོན་ཅན་ནམ་རྟག་ལྟ་ཞེས་པའི་ལྟ་ངན་དུ་འགྱུར་བའི་སྐྱོན་ག་ལ་ཡོད། དཔེར་ན་འདུས་མ་བྱས་ནམ་མཁའ་རང་གི་རང་བཞིན་ནམ་ཡང་འཇིག་མེད་དུ་གནས་པའི་ ཆ་ནས་རྟག་གོ་ཞེས་ཁས་བླངས་པ་བཞིན་དང༌། ནོག་སོགས་འདུས་པ་དེ་བ་ལང་ཞེས་པའི་ ཐ་སྙད་ཀྱི་དོན་དངོས་ཡིན་པས་བ་ལང་དུ་ཁས་བླངས་པ་བཞིན་ནོ། །དེ་ཡང་སྤྱི་རིགས་ནས་ སྒྲོ་འདོགས་སྐུར་འདེབས་སམ་རྟག་ཆད་ཀྱི་མཐར་ལྟུང་ཞེས་པ་དང༌། རྟག་ཆད་དུ་ལྟ་བ་ཞེས་ པའི་ལྟ་ངན་དུ་འགྱུར་བའི་དོན་ཡང་ཡོད་པ་ལ་མེད་ཞེས་པ་བསྐུར་འདེབས་སམ་ཆད་པར་ལྟ་ བའི་སྐྱོན་ཅན་དང༌། རྟག་ཆད་ཀྱི་མཐའ་མེད་པ་ལ་ཡོད་ཞེས་པ་སྒྲོ་འདོགས་ཕལ་ཆེར་རྟག་ པར་ལྟ་བའི་སྐྱོན་ཅན་ཡིན་ཏེ། ལས་དགེ་སྡིག་མེད་པར་བལྟ་བ་དང་གང་ཟག་གི་བདག་ དང་གཙོ་བོ་སོགས་ཡོད་པར་ལྟ་བ་བཞིན། དེ་ཡང་མདོའི་སྐབས་མང་བོར་བྲི་བ་དང་སྣན་ པ་འགྲིབ་པ་དང་འཕེལ་བ་དང་འགོད་པའམ་འགོད་པ་དང་འདུ་བ་ཞེས་སོགས་ཀྱི་ཐ་སྙད་ 3-1-293 རྣམས་ཀྱི་དོན་ཡང་བཤད་མ་ཐག་པ་ལྟར་གྱི་སྐུར་འདེབས་དང་སྒྲོ་འདོགས་དེ་ཉིད་ལ་བཤད་ དེ། གནོད་འཇོམས་སུ། ཡོད་པ་ལ་སྐུར་བ་མི་འདེབས་པ་ནི་བྲི་བ་མེད་པའོ། །མེད་པ་ལ་ སྒྲོ་མི་འདོགས་པ་ནི་བསྣན་པ་མེད་པའོ། །ཡང་དག་པར་ཡོད་པ་ལ་སྐུར་བ་མི་འདེབས་ཡང་ དག་པར་མེད་པ་ལ་སྒྲོ་མི་འདོགས་པས་མཉམ་པ་ཉིད་དུ་མཐོང་ཞེས་པའི་ཐ་ཚིག་གོ་ཞེས་ དང༌། ཡང་དག་པར་ཡོད་པ་མ་ཡིན་པ་ལ་སྒྲོ་བཏགས་པ་ལ་འཕེལ་བ་ཞེས་བྱའོ། །ཡང་དག་ པར་ཡོད་པ་ལ་བསྐུར་བ་བཏབ་པ་ནི་འགྲིབ་པ་ཞེས་བྱའོ་ཞེས་དང༌། བརྒྱད་སྟོང་འགྲེལ་བ་ མན་ངག་རྗེས་འབྲང་དུ་མེད་པ་ལ་སྒྲོ་འདོགས་པ་ནི་འདུ་བའོ། །ཡོད་པ་ལ་སྐུར་བ་འདེབས་ པ་ནི་འགོད་པའོ། །ཀུན་བཏགས་དང་གཞན་དབང་དོན་དམ་པར་ཡོད་པར་བརྗོད་ན་སྒྲོ་ འདོགས་པའོ། །ཡོངས་གྲུབ་ཆོས་ཉིད་དོན་དམ་པར་མེད་པར་བརྗོད་པས་སྐུར་འདེབས་ཀྱི་ མཐར་ལྟུང་ངོ་ཞེས་སོ། །དེ་ལྟར་ན་ལྟ་ངན་རྣམས་ཀྱི་ཐ་ཆད་དུ་གྱུར་བའི་ཆད་ལྟ་ནི། དགེ་སྡིག་ གི་ལས་དང་དེའི་འབྲས་བུ་མེད་ཅེས་པའི་སྐུར་འདེབས་ཀྱི་ལྟ་བ་སྟེ། མེད་པར་ལྟ་བས་རྩ་བ་ གཅོད། །ཅེས་པ་ལྟར་འདུས་བྱས་ཀྱི་དགེ་རྩ་གཅོད་པའི་ཕྱིར་རོ་དེ་ལྟར་གྱུར་བའི་རྟག་ལྟ་ཡང་ ཉེར་ལེན་གྱི་ཕུང་བོ་ཁམས་སྐྱེ་མཆེད་སོགས་རྟག་གཅིག་ལ་སོགས་པའི་གང་ཟག་གི་བདག་ ཏུ་སྒྲོ་འདོགས་པ་སྟེ། གྲུབ་མཐའ་ལ་ཞུགས་པའི་དབང་དུ་བྱས་པ་ཡིན་ལ། འཁོར་བ་པ་ རྣམས་ཀྱིས་རང་བཞིན་གྱི་ཕུང་བོ་བླངས་དོར་དུ་བྱ་བའི་དངོས་པོར་བདེན་པར་སྒྲོ་འདོགས་ པའི་བློ་ཡང༌། ཉེས་པ་ཆེན་པོ་ཅན་གྱི་རྟག་ལྟ་སྟེ་སྡུག་བསྔལ་དྲག་པོ་ཅན་གྱི་འཁོར་བ་པར་ རྒྱུན་{དུ}འཁོར་བྱེད་ཡིན་པའི་ཕྱིར་རོ། །དེས་མཚོན་ནས་ཀུན་རྫོབ་ཀྱི་ཆོས་འདི་རྣམས་དོན་ དམ་པར་ཡོད་ཅེས་སམ་དོན་དམ་པར་བདེན་ཞེས་པ་སྒྲོ་འདོགས་ཏེ། རྟག་ལྟར་ཡང་འགྱུར་ ལ་འདི་རྣམས་ཀུན་རྫོབ་ཏུ་མེད་ཅེས་པ་སྐུར་འདེབས་སུ་དབུ་མ་སྣང་བ་སོགས་དུ་མ་ལས་ བཤད་དོ། །དེས་ན་མེད་པ་ལ་མེད་དོ་ཞེས་བརྗོད་པའི་མཐར་ལྷུང་པའི་ལྟ་ངན་གྱི་ཆད་ལྟར་ 3-1-294 མི་འགྱུར་ཞིང༌། སྔར་ལྟར་བཤད་ཀྱི་རྟག་པ་ལ་རྟག་ཞེས་བརྗོད་པས་མཐར་ལྷུང་བའི་ལྟ་ངན་ གྱི་རྟག་ལྟར་མི་འགྱུར་ཏེ་དོན་དང་མཐུན་པའི་ཕྱིར་རོ། །རྣམ་བཞག་དེ་དག་ནི་རྗེས་ཐོབ་ཀྱི་ སྐབས་སུ་བདེན་པ་གཉིས་ཀྱི་གནས་ཚུལ་ལེགས་པར་རྣམ་པར་ཕྱེ་ནས་སྟོན་པའི་དབང་དུ་ བྱས་པ་ཡིན་ལ། སྤྲོས་མེད་རྣམ་པར་མི་རྟོག་པའི་མཉམ་བཞག་ཟབ་མོའི་སྐབས་སུ་ནི་ཆོས་ དང་གང་ཟག་གང་གི་ཡང་མཚན་མར་ཅུང་ཟད་ཀྱང་མི་འཛིན་པས་དེའི་སྐབས་སུ་ནི་མངོན་ ཞེན་ནམ་མཚན་འཛིན་ཕྲ་མོ་ཡང་དགོས་པའི་ཕྱིར། དེ་འདྲའི་མཉམ་བཞག་ཟབ་མོའི་སྐབས་ སུ་ཡོད་མེད་ཡིན་མིན་རྟག་མི་རྟག་སོགས་གང་དུ་ཡང་འཛིན་པའི་རྣམ་རྟོག་མེད་པ་དགོངས་ དོན་དུ་མཛད་ནས་གཟུགས་ནས་རྣམ་མཁྱེན་གྱི་བར་མེད་དོ་སྟོང་ངོ་ཞེས་སོགས། དེ་བཞིན་ ཉིད་ཀྱང་དེ་བཞིན་ཉིད་ཀྱིས་སྟོང་ཞེས་སོགས་མང་དུ་གསུངས་ཤིང༌། ཡོད་མིན་མེད་མིན་ ཡོན་མེད་མིན། །གཉིས་ཀའི་བདག་ཉིད་མིན་པའང་མིན། །མཐའ་བཞི་ལས་ནི་རྣམ་གྲོལ་ བའི། །དེ་ཉིད་དབུ་མ་བ་ཡིས་རིག །ཅེས་དང༌། ཨཱརྱ་དེ་ཝ་སོགས་ཀྱིས་བཤད་པ་དང༌། དབུ་ མ་རྩ་ཤེར། གང་གིས་རྟེན་ཅིང་འབྲེལ་བར་འབྱུང༌། །འགག་པ་མེད་པ་སྐྱེ་མེད་པ། །སོགས་ ནས་སྤྲོས་པ་ཉེར་ཞི་ཞེས་སོགས་གསུངས་པ་དང༌། རྒྱུད་སྡེ་རྣམས་སུ་ཡང༌། བྱང་ཆུབ་མེད་ ཅིང་མངོན་རྟོགས་མེད། །ཁམས་མེད་རྣམ་པར་ཤེས་པ་མེད། །ཅེས་སོགས་དང༌། སྒོམ་མེད་ བསྒོམ་པ་པོ་ཡང་མེད། །ལྷ་མེད་སྔགས་ཀྱང་ཡོད་མ་ཡིན། །ཞེས་སོགས་གསུངས་པ་སྟེ། ཡུམ་གྱི་མདོའི་དགོངས་པ་མངོན་རྟོགས་རྒྱན་དུ། དམིགས་པ་མི་རྟག་ལ་སོགས་པ། །བདེན་ པའི་རྟེན་ཅན་དེ་ཡིས་ནི། །རྣམ་པ་མངོན་ཞེན་ལ་སོགས་འགོག །ཅེས་དང༌། གཟུགས་སོགས་ འདུ་འགོད་གནས་བྲལ་དང་གནས་དག་བརྟགས་དང་བརྗོད་དུ་མེད། །ཅེས་བྱང་སེམས་ཀྱི་ སྦྱོར་ལམ་མཉམ་བཞག་ཟབ་མོའི་སྐབས་སུ་ཡང༌། བདེན་བཞི་མི་རྟག་སོགས་སུའང་མངོན་ ཞེན་དང་འདུ་འགོད་སོགས་སུ་འཛིན་རྟོག་མེད་པའི་ཤེས་རྣམ་ཅན་དུ་བསྟན་པ་སོགས་བྱང་ 3-1-295 སེམས་ཀྱི་སྦྱོར་མཐོང་སྒོམ་ལམ་མཉམ་བཞག་ཟབ་མོའི་སྐབས་ཐམས་ཅད་དུ་གང་གི་ཡང༌། མཚན་མར་ཅུང་ཟད་ཀྱང་མི་འཛིན་པའི་ཤེས་རྣམ་ཅན་ཡིན་པ་དེ་ཡུམ་གྱི་མདོའི་ཟབ་མོ་སྟོང་ བ་ཉིད་བསྟན་པ་ཐམས་ཅད་ཀྱི་མན་ངག་ཏུ་གསུངས་སོ། །འཕགས་པ་ཀླུས་ཀྱང༌། དགེ་དང་ མི་དགེའི་རྣམ་རྟོག་གང༌། །རྒྱུན་ཆད་པ་ཡི་མཚན་ཉིད་ཅན། །རྒྱལ་བ་རྣམས་ཀྱིས་སྟོང་ཉིད་ གསུངས། །གཞན་པ་སྟོང་ཉིད་འདོད་པ་མིན། །ཞེས་གསུངས་ཏེ། ཆོས་ཐམས་ཅད་སྟོང་ངོ་ ཞེས་གསུངས་པའི་དགོངས་དོན་བྱང་སེམས་ཀྱི་སྦྱོར་མཐོང་སོགས་དེ་ཁོ་ན་ཉིད་ལ་མཉམ་ པར་བཞག་པའི་མཉམ་བཞག་ཟབ་མོའི་སྐབས་སུ་དེ་དང་དེར་འཛིན་པའི་རྣམ་རྟོག་གིས་ སྟོང་པས། རྣམ་རྟོག་བྲལ་བའི་མཉམ་བཞག་ཟབ་མོའི་སྐབས་སྟོན་པར་བྱེད་ཀྱི་སྟོང་ཉིད་ ཅེས་པ་དོན་དམ་པར་ཅིར་ཡང་གྲུབ་པ་མེད་པའམ། ཡོད་མིན་མེད་མིན་སོགས་ཅི་ཡང་གྲུབ་ པ་མེད་པའི་སྤྲོས་བྲལ་རྣམ་གཅོད་ཙམ་ནི་སྟོང་ཉིད་མཆོག་ཏུ་དགོངས་ནས་ཆོས་ཐམས་ཅད་ སྟོང་པ་ཉིད་དུ་གསུངས་པ་མ་ཡིན་ཞེས་པའི་དོན་ཏོ། ། ཡེ་ཤེས་སྣང་པ་རྒྱན་གྱི་མདོར། འཇམ་དཔལ་སྟོང་པ་ཞེས་བྱ་བ་དེ་ནི་མངོན་པར་ཞེན་ པའི་འཛིན་པ་མེད་པའི་ཚིག་བླ་དྭགས་ཡིན་གྱི། འཇམ་དཔལ་འདི་ལ་དོན་དམ་པར་གང་སྟོང་ པ་ཞེས་བྱ་བའི་ཆོས་ནི་འགའ་ཡང་མི་དམིགས་སོ་ཞེས་གསུངས་སོ། །ལུང་ཕྱི་མ་དེས་དགག་ བྱ་རྣམ་པར་བཅད་པ་ཙམ་གྱི་སྟོང་པ་དེ་དོན་དམ་མེད་པར་སྟོན་གྱི་ཆོས་སྐུ་དེ་བཞིན་ཉིད་མེད་ པར་སྟོན་པ་མ་ཡིན་ནོ། །ཆོས་དབྱིངས་བསྟོད་པར་ཡང༌། །སྟོང་པ་ཉིད་ནི་སྟོན་པའི་མདོ། ། རྒྱལ་བའི་ཇི་སྙེད་གསུངས་པ་གང༌། །དེ་དག་ཀུན་གྱིས་ཉོན་མོངས་ལྡོག །ཁམས་དེ་ཉམས་ པར་བྱེད་མ་ཡིན། །ཞེས་ཐམས་ཅད་སྟོང་ཉིད་དུ་གསུངས་པའི་མདོའི་དགོངས་པ་བླངས་ཏེ། འདིར་ཉོན་མོངས་ཞེས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉོན་མོངས་པ་ནི་རྣམ་པར་རྟོག་ པའོ། །ཞེས་གསུངས་པ་ལྟར་ཡང་དག་པ་མ་ཡིན་པའི་ཀུན་རྟོག་ཏུ་གྱུར་བའི་གཟུང་འཛིན་གྱི་ 3-1-296 རྣམ་པར་རྟོག་པ་གཙོ་བོར་གྱུར་བ་སྟེ། དེ་རྣམས་ལྡོག་ཞེས་པ་དེ་རྣམས་ཀྱིས་སྟོང་ཉིད་ཅེས་ པ་སྟེ། སྔར་བཤད་ལྟར་གྱི་མཉམ་བཞག་ཟབ་མོའི་སྐབས་བསྟན་ནས་སེམས་ཅན་གྱི་ཁམས་ སྐབས་ལ་ལར་སངས་རྒྱས་ཀྱི་ཁམས་ཞེས་ཀྱང་གསུངས་ཏེ། རང་བཞིན་གྱིས་འོད་གསལ་ བའི་ཆོས་དབྱིངས་དེ་བཞིན་ཉིད་མེད་པར་སྟོན་པ་མ་ཡིན་ཞེས་པའི་དོན་དུ་སྣང་ངོ༌། ། ཡང་ཡུམ་གྱི་མདོ་སོགས་སུ་གཅིག་ཁོ་ན་དོན་དམ་པའི་བདེན་པ་སྟེ་མ་སྤྲུལ་བའི་ཆོས་ ཅན་གྱི་མྱ་ངན་ལས་འདས་པའོ། །ཞེས་པ་དྲང་དོན་དགོངས་པ་ཅན་ཡིན་པའང་མི་འཐད་དེ། མི་གནས་པའི་མྱང་འདས་མཐར་ཐུག་པ་དེ་དོན་དམ་པའི་བདེན་པའོ། །མ་རྨོངས་པའམ་མ་ སྤྲུལ་བ་གང་མ་ཡིན་པས་དྲང་དོན་དུ་འགྱུར། དང་པོ་མི་འཐད་དེ། དེ་དོན་དམ་པའི་བདེན་ པ་ཡིན་ཏེ་མཐར་ཐུག་གི་ཆོས་ཉིད་ཀྱི་སྐུའམ་ངོ་བོ་ཉིད་སྐུ་ཡིན་པའི་ཕྱིར་དང༌། ཆོས་ཉིད་ཡང་ དག་པའི་མཐའ་ཡིན་པའི་ཕྱིར་ཞེས་སོགས་མིང་གི་རྣམ་གྲངས་གཞན་རྣམས་ཀྱང་དྲན་པར་ བྱའོ། །མ་ཁྱབ་པ་མ་ཡིན་ཏེ་འཕགས་པ་ཀླུས། གང་ཞིག་འཁོར་བའི་རྒྱུར་གྱུར་བ། །དེ་ཉིད་ སྦྱང་བ་བྱས་པ་ལས། །དག་པ་དེ་ཉིད་མྱ་ངན་འདས། །ཆོས་ཀྱི་སྐུ་ཡང་དེ་ཉིད་དོ། །ཞེས་སོགས་ ཆོས་དབྱིངས་བསྟོད་པར་གསུངས་ཤིང༌། བྱང་ཆུབ་སེམས་འགྲེལ་ལས། དེ་བཞིན་ཉིད་དང་ ཡང་དག་མཐའ། །མཚན་མ་མེད་དང་དོན་དམ་ཉིད། །བྱང་ཆུབ་སེམས་མཆོག་དེ་ཉིད་དང༌། ། སྟོང་པ་ཉིད་དུ་བཤད་པའང་ཡིན། །ཞེས་མིང་གི་རྣམ་གྲངས་སུ་གསུངས་ལ། རྒྱུད་བླར། མདོར་ན་ཟག་མེད་དབྱིངས་ལ་ནི། །དོན་གྱི་རབ་ཏུ་དབྱེ་བ་བཞིས། །ཆོས་ཀྱི་སྐུ་ལ་སོགས་ པ་ཡི། །རྣམ་གྲངས་བཞིར་ནི་རིག་པར་བྱ། །ཞེས་པའི་འགྲེལ་བར། འཕགས་པ་ཐོགས་མེད་ ཀྱིས་མདོར་བསྡུ་ན། ཟག་པ་མེད་པའི་དབྱིངས་དེ་བཞིན་གཤེགས་པའི་སྙིང་པོ་ལ། དོན་ བཞིའི་དབང་དུ་བྱས་ནས་མིང་གི་རྣམ་གྲངས་བཞི་རིག་པར་བྱའོ་ཞེས་དང༌། འདི་ལྟ་སྟེ་ཆོས་ ཀྱི་སྐུ་དང༌། དེ་བཞིན་གཤེགས་པ་དང༌། དོན་དམ་པའི་བདེན་པ་དང༌། མྱ་ངན་ལས་འདས་ 3-1-297 པ་ཞེས་བྱ་བ་སྟེ་ཞེས་མདོ་དང་སྦྱར་རོ། །ཚུལ་འདི་རྒྱུད་བླ་རྩ་འགྲེལ་གྱི་གོང་འོག་ཏུ་རྒྱས་པར་ འཕགས་པ་ཀླུས། བཅོམ་ལྡན་འདས་ཀྱི་ཆོས་གང་ཞིག །སླུ་བ་དེ་ནི་རྫུན་ཞེས་གསུངས། ། འདུ་བྱེད་ཐམས་ཅད་བསླུ་བའི་ཆོས། །དེས་ན་དེ་དག་བརྫུན་པ་ཡིན། །ཞེས་དང༌། རིགས་ པ་དྲུག་ཅུ་པར། མྱ་ངན་འདས་པ་བདེན་གཅིག་པུར། །རྒྱལ་བ་རྣམས་གྱིས་གང་གསུངས་པ། ། དེ་ཚེ་ལྷག་མ་ལོག་པ་ཞེས། །མཁས་པ་སུ་ཞིག་རྟོགས་མི་བྱེད། །ཅེས་དང༌། དེའི་འགྲེལ་བར་ ཟླ་གྲགས་ཀྱིས། བཅོམ་ལྡན་འདས་ཀྱི་དགེ་སློང་དག་འདི་ལྟ་སྟེ། མི་སླུ་བའི་ཆོས་ཅན་མྱ་ངན་ ལས་འདས་པ་འདི་ནི་བདེན་པ་མཆོག་གཅིག་པུའོ་ཞེས་གསུངས་ཏེ། ལུང་འདིས་དོན་གྱིས་ནི་ ཤེས་རབ་ཅན་སུ་ཞིག་ཕུང་བོ་ལ་སོགས་པ་བརྫུན་པའི་དོན་ཁོང་དུ་ཆུད་པར་མི་འགྱུར་ཞེས་ སོ། །གལ་ཏེ་འཕགས་ཀླུའི་ལུང་དེ་ཡང་དྲང་དོན་ཡིན་ནོ་ཞེ་ན། ཟབ་མོ་མཐར་ཐུག་སྟོན་པའི་ དབུ་མའི་མདོ་བསྟན་བཅོས་ཐམས་ཅད་དྲང་དོན་ཁོ་ནར་ཧ་ཅང་ཐལ་བར་འགྱུར་རོ། །རྒྱུད་ བླའི་འགྲེལ་བར། བརྫུན་པ་མེད་པ་དང་བསླུ་བ་མེད་པའི་དོན་ནི་གང་གིས་དབང་དུ་མཛད་ ནས། དེ་ལ་དོན་དམ་པའི་བདེན་པ་ནི་མི་བསླུ་བའི་ཆོས་ཅན་གྱིས་མྱ་ངན་ལས་འདས་པ་གང་ ཡིན་པ་དེ། དེ་ཅེས་ཕྱིར་ཞེ་ན་རིགས་དེ་ནི་གཏན་དུ་བའི་ཆོས་ཉིད་ཀྱིས་ན་རྟག་པའོ་ཞེས་ གསུངས་པ་ཡིན་ནོ་ཞེས་སོ། །དེ་བཞིན་དུ་མ་རྨོངས་པའམ་མ་སྤྲུལ་བ་མ་ཡིན་པར་ཡང་མི་ འཐད་དོ། །སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་པ་ལས། ཐོབ་བྱ་མཐར་ཐུག་ཡིན་ པའི་ཕྱིར་དང་རྗོད་བྱེད་ཀྱི་སྒྲ་དང༌། རྣམ་རྟོག་ལ་སོགས་རྣམ་ཤེས་ཀྱི་དངོས་ཡུལ་ལས་འདས་ པའི་འགོག་བདེན་མཐར་ཐུག་ཡིན་པའི་ཕྱིར། རྒྱུད་བླར། དེས་ན་སངས་རྒྱས་མ་ཐོབ་པར། ། མྱ་ངན་འདས་པ་མི་འཐོབ་སྟེ། །ཞེས་མང་དུ་གསུངས་ཤིང༌། བཅོམ་ལྡན་འདས་རྡུལ་འགོག་ པ་ཞེས་བགྱི་བ་ཡོན་ཏན་འདི་ལྟ་བུ་དང་ལྡན་པ་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུར་བསྟན་ ཏེ། ཞེས་མདོའི་ལུང་རྒྱུད་བླའི་འགྲེལ་བར་དྲངས་ཤིང༌། དཔལ་འཕྲེང་གི་མདོ་དང༌། རྒྱུད་བླ་ 3-1-298 རྩ་འགྲེལ་སོགས་བཀའ་བསྟན་བཅོས་མང་བོར་དེ་ལྟར་གསུངས་པ་བལྟ་བར་བྱའོ། །གལ་ཏེ་ སྔར་གྱི་མདོ་དེས་ཆོས་སྐུ་མི་གནས་པའི་མྱང་འདས་དེ་ཁོ་ན་དོན་དམ་པའི་བདེན་པ་སྟེ་ཞེས་ བསྟན་པ་དེ་དོན་དམ་དུ་གྲུབ་པར་ཡང་བསྟན་པའི་ཕྱིར་ན། མདོ་དྲང་དོན་དེ་དོན་དམ་པར་ གྲུབ་པ་ནི་ཅུང་ཟད་ཀྱང་མེད་པའི་ཕྱིར་ཞེ་ན། འོ་ན་དེ་ལྟ་བུའི་མྱང་འདས་དེ་དོན་དམ་པའི་ བདེན་པ་ཡིན་ན་དེ་དོན་དམ་དུ་གྲུབ་པར་ཡང་ཐལ་བར་འགྱུར་དེ། མདོ་དེས་དེ་ལྟར་བསྟན་ ཅིང་དེ་ལྟར་ན་རྒྱུ་མཚན་ངེས་པར་མཚུངས་པའི་ཕྱིར་རོ། །འདོད་ན་དེ་འདྲའི་མྱང་འདས་དེ་ དོན་དམ་དུ་གྲུབ་པར་ཐལ་བར་འགྱུར་ཏེ་དེ་དོན་དམ་པའི་བདེན་པ་ཡིན་པའི་ཕྱིར། རྟགས་ མ་གྲུབ་ན་དོན་དམ་པའི་བདེན་པ་ཡིན་པ་མི་སྲིད་པར་ཐལ་བར་འགྱུར་ཞིང༌། འདོད་ན་མདོ་ རྒྱུད་དུ་མ་དང་རྒྱན་དྲུག་སོགས་ཤིང་རྟ་ཆེན་པོ་རྣམས་ཀྱིས་བདེན་པ་གཉིས་ཀྱི་རྣམ་དབྱེ་ངོས་ འཛིན་སོགས་རྒྱས་པར་བསྟན་པ་ཐམས་ཅད་ལོག་པ་ཁོ་ནར་ཐལ་བར་འགྱུར་རོ། ། གལ་ཏེ་དེ་ལྟའི་མྱང་འདས་དེ་དོན་དམ་པར་བདེན་པའམ་དོན་དམ་དུ་གྲུབ་ན་རྟག་པའི་ མཐར་ལྷུང་ཞིང་རྟག་ལྟ་ཞེས་པའི་ལྟ་ངན་ཅན་དུ་འགྱུར་ཏེ། རྒྱུད་བླའི་འགྲེལ་བར་དཔལ་ འཕྲེང་གི་མདོའི་ལུང་དྲངས་པར། བཅོམ་ལྡན་འདས་གལ་ཏེ་འདུ་བྱེད་མི་རྟག་གོ་ཞེས་བགྱི་ བར་བལྟ་ན་དེ་ནི་དེའི་ཆད་པར་ལྟ་བར་འགྱུར་ལ། དེ་ནི་དེའི་ཡང་དག་པ་མ་ལགས་པའི་ལྟ་ བར་འགྱུར་རོ། །བཅོམ་ལྡན་འདས་གལ་ཏེ་མྱ་ངན་འདས་པ་རྟག་པ་ཞེས་བགྱི་བར་བལྟ་ན། དེ་ནི་དེའི་རྟག་པར་ལྟ་བར་འགྱུར་ལ། དེ་ནི་དེའི་ཡང་དག་པ་མ་ལགས་པའི་ལྟ་བར་འགྱུར་ རོ་ཞེས་དྲངས་པ་ལྟར་རོ། །ཞེ་ན། མདོའི་དུམ་བུ་འདི་ལ། དཔལ་འཕྲེང་གི་མདོ་ཉིད་དུ་ལོ་ ཙཱ་བ་ཆེན་པོ་ཡེ་ཤེས་སྡེའི་འགྱུར་ལ། འདུ་བྱེད་མི་རྟག་པར་ལྟ་བ་ཆད་ལྟ་མིན་གྱི་ཡང་དག་ པའི་ལྟ་བ། མྱང་འདས་རྟག་པར་ལྟ་ན་རྟག་ལྟ་མིན་གྱི་ཡང་དག་པའི་ལྟ་བ་ཞེས་བསྒྱུར་ཞིང༌། ཆོས་རྗེ་བུ་སྟོན་རིན་པོ་ཆེ་ནི་ལོ་ཆེན་ཡེ་ཤེས་སྡེའི་མདོའི་འགྱུར་མ་དག་གསུངས་ལ། ཆོས་རྗེ་ 3-1-299 ཀུན་མཁྱེན་ཆེན་པོས་ནི། རྒྱུད་བླའི་འགྲེལ་བར་བསྒྱུར་བ་ལྟར་གྱི་རྔོག་འགྱུར་མ་དག་ཞེས་ གསུངས་ཏེ། བསྒྱུར་བྱེད་ཀྱི་མཆོག་གཉིས་དང༌། འཆད་བྱེད་ཀྱི་མཁས་པའི་མཆོག་གཉིས་ བཞེད་ཚུལ་རྒྱབ་ལོག་ཏུ་སོང་བས་ཚུལ་འདི་ལ་མཐའ་གཅིག་ཏུ་རྣམ་པར་བཞག་དཀའ་མོད། ཆོས་ཅན་གཅིག་ལ་ཆོས་དངོས་འགལ་གཉིས་གཞི་མཐུན་པ་ནི་མི་སྲིད་ཅིང༌། སངས་རྒྱས་ཀྱི་ གསུང་ལ་བརྫུན་དང་ནོར་འཁྲུལ་ནི་ག་ལ་སྲིད། དེ་བས་ན་དེའི་སྐབས་ཀྱི་རྒྱུད་བླར། ཆོས་སྐུ་ གཙང་བདེ་བདག་རྟག་པའི་ཕ་རོལ་ཏུ་ཕྱིན་པར་སྟོན་པའི་ནང་ནས། འཁོར་བ་དང་ནི་མྱ་ངན་ འདས། །མཉམ་པ་ཉིད་དུ་རྟོགས་ཕྱིར་རྟག །ཞེས་པའི་འགྲེལ་བར། རྒྱུ་གཉིས་ཀྱིས་རྟག་པའི་ ཕ་རོལ་ཏུ་ཕྱིན་པར་རིག་པར་བྱ་སྟེ། འཁོར་བ་མི་རྟག་པ་མི་འབྲིད་པས་ཆད་པའི་མཐར་མི་ ལྷུང་བའི་ཕྱིར་དང༌། མྱ་ངན་ལས་འདས་པ་རྟག་པ་མི་སྣོན་པས་རྟག་པའི་མཐར་མ་ལྷུང་བའི་ ཕྱིར་རོ། །ཇི་སྐད་དུ། བཅོམ་ལྡན་འདས་གལ་ཏེ་འདུ་བྱེད་མི་རྟག་གོ་ཞེས་བགྱི་བར་བལྟ་ན་ ཞེས་སོགས་སྔར་ལྟར་དྲངས་ནས་མཐར་ཞེས་གསུངས་པ་བཞིན་ནོ་ཞེས་སོ། །དེ་ལ་འཁོར་བ་ མི་རྟག་པ་མི་འབྲིད་པས་ཆད་མཐར་མ་ལྷུང་ཞེས་པའི་དོན་གྱི་ཤུགས་ཀྱིས་འཁོར་བ་མི་རྟག་ པ་ཕྲི་ན་ཆད་པའི་མཐར་ལྷུང༌། མྱང་འདས་རྟག་པ་མི་སྣོན་པས་རྟག་པའི་མཐར་ལྷུང་ཞེས་ པའི་དོན་གྱི་ཤུགས་ཀྱིས། མྱང་འདས་རྟག་པ་སྣོན་པས་རྟག་པའི་མཐར་ལྷུང་ཞེས་བསྟན་ པར་མངོན་ཞིང༌། དེ་ལྟར་ན་འདུ་བྱེད་མི་རྟག་པར་ལྟ་བ་ཆད་ལྟ་མ་ཡིན་ཞིང་ཡང་དག་པའི་ལྟ་ བ་ལགས། མྱང་འདས་རྟག་པར་ལྟ་ན་རྟག་ལྟ་མ་ལགས་ཀྱི་ཡང་དག་པའི་ལྟ་བ་ལགས་ཞེས་ བསྒྱུར་དགོས་པར་གསལ་ནའང༌། གོང་དུ། བདག་དང་བདག་མེད་སྤྲོས་པ་དག །ཉེ་བར་ ཞི་བས་དམ་པའི་བདག །ཅེས་པའི་འགྲེལ་བར་རྒྱུ་རྣམ་པ་གཉིས་ཀྱི་བདག་ཉིད་ཕ་རོལ་དུ་ ཕྱིན་པར་རིག་པར་བྱ་སྟེ། མུ་སྟེགས་ཀྱི་མཐའ་དང་བྲལ་བས་བདག་གིས་སྤྲོས་པ་དང་བྲལ་ བའི་ཕྱིར། ཉན་ཐོས་ཀྱི་མཐའ་སྤངས་པའི་བདག་མེད་པའི་སྤྲོས་པ་དང་བྲལ་བའི་ཕྱིར་རོ། 3-1-300 ། ཞེས་བཤད་པ་ལྟར་ན་ལས་ཉོན་གྱི་འདུ་བྱེད་པའམ་བསྐྱེད་ཅིང༌། སྐད་ཅིག་གིས་འཇིག་པས་ མི་རྟག་ལ་རྒྱུན་མ་ཆད་པས་འཇུག་པས་འཁོར་བ་སྟེ། ལས་ཉོན་ཀྱི་དབང་གིས་སྐྱེ་ཤིའི་རྒྱུན་ ཕྲི་ནས་རེ[རོ་]མེད་པར་ལྟ་ན་མུ་སྟེགས་རྒྱང་འཕེན་གྱི་འདོད་པ་ལྟར་ཆད་ལྟ་ཡིན་ལ། ཉན་ ཐོས་སྡེ་བ་འདོད་པ་ལྟར་མཐར་ཐུག་གི་མྱང་འདས་ཟད་པ་དང་མི་སྐྱེ་བ་ཞེས་པའི་འདུས་མ་ བྱས་ཀྱི་རྫས་སུ་ལྟ་ན་རྟག་ལྟ་ལགས་ཞེས་བཤད་ནས། དེ་འདྲའི་འཁོར་བ་མེད་པར་མི་བལྟ་ བས་ཆད་པའི་མཐར་མ་ལྷུང༌། དེ་འདྲའི་མྱང་འདས་ཁས་མི་ལེན་པས་རྟག་པའི་མཐར་མ་ ལྷུང་བས་དེ་འདྲའི་སྒྲོ་འདོགས་བསྐུར་འདེབས་ཀྱི་མཐའ་དང་བྲལ་བའི་དབྱིངས་ཡིན་པས་དེ་ ཙམ་ལ་འཁོར་འདས་མཉམ་པ་ཉིད་ཅེས་བྱ་སྟེ། དེས་ན་རྟག་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། ། ཞེས་བཤད་དགོས་ཀྱི་འདིར་མྱང་འདས་ཞེས་པ་མི་གནས་པའི་མྱང་འདས་མཐར་ཐུག་ལ་ གནས་ཤིང༌། འདུ་བྱེད་ཅེས་པ་འདུས་མ་བྱས་སམ་འཁོར་བ་འདི་ཉིད་བྱས་ན་ཡེ་ཤེས་སྡེའི་ འགྱུར་ལེགས་ཤིང༌། རྔོག་གི་འགྱུར་ཉེས་པར་མངོན་ཏེ། འདུས་བྱས་སམ་འཁོར་བ་འདི་མི་ རྟག་པར་ཐེག་པ་ཆེ་ཆུང་གི་གསུང་རབ་ཐམས་ཅད་ལས་གསུངས་ཞིང་དོན་དང་མཐུན་ལ། མི་ གནས་པའི་མྱང་འདས་མཐར་ཐུག་དང་བརྫུན་མེད་བསླུ་མེད་ཀྱི་ཆོས་ཉིད་དུ་ནམ་ཡང་འགྱུར་ མེད་དུ་གནས་པའི་ཐོབ་བྱ་ཡིན་པས། སྔར་བཤད་པ་ལྟར་རྟག་པ་ཞེས་པའི་ཐ་སྙད་ཀྱི་དོན་ ཚང་བའི་ཕྱིར། རྟག་མི་རྟག་ཡོད་མེད་སོགས་ལེགས་པར་འབྱེད་པའི་རྗེས་ཐོབ་ཀྱི་སྐབས་ སུ་དེ་འདྲའི་མྱང་འདས་རྟག་པར་ལྟ་བའང་རྟག་ལྟ་ཞེས་པའི་ལྟ་ངན་དུ་མི་འགྱུར་ཏེ། དོན་ དང་མཐུན་པའི་ཕྱིར་ཞིབ་ཏུ་སྔར་བཤད་པ་ལྟར་དྲན་པར་བྱའོ། །དེའི་ཕྱིར་རྟག་པ་ཞེས་པའི་ མིང་ཙམ་ལ་འཁྲུལ་བ་དང་སྐྲག་པར་མི་བྱ་སྟེ། དོན་ལ་རྟོན་གྱི་ཚིག་འབྲུ་ལ་རྟོན་པར་མི་བྱའོ། ། ཞེས་བཀའ་བསྩལ་བའི་ཕྱིར་རོ། ། མདོ་བསྟན་བཅོས་ཀྱི་སྐབས་ཕལ་བོ་ཆེར་འཁོར་འདས་ཞེས་པའི་མྱང་འདས་དེ་དམན་ 3-1-301 པའི་མྱང་འདས་ཀྱི་དབང་དུ་བྱས་པ་མང་བར་སྣང་སྟེ། རྒྱུད་བླའི་འགྲེལ་བར། ཇི་སྐད་དུ། དགྲ་བཅོམ་པ་དང་རང་སངས་རྒྱས་ཀྱི་མྱ་ངན་ལས་འདས་པའི་དབང་དུ་མཛད་ནས། བཅོས་ ལྡན་འདས་མྱ་ངན་ལས་འདས་པ་ཞེས་བགྱི་བ་འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཐབས་ ལགས་སོ་ཞེས་གསུངས་པ་ཡིན་ཏེ། འདིས་ནི་ལམ་རིང་བོས་དུབ་པ་རྣམས་ལ་འབྲོག་དགོན་ པའི་དབུས་སུ་གྲོང་ཁྱེར་སྤྲུལ་བ་བཞིན་དུ། འདི་ནི་ཆོས་ཀྱི་དབང་ཕྱུག་དམ་པ་ཡང་དག་པར་ རྫོགས་པའི་སངས་རྒྱས་རྣམས་ཀྱིས་མི་ལྡོག་པའི་ཐབས་ཡིན་ནོ་ཞེས་བསྟན་པ་ཡིན་ནོ་ཞེས་ དང༌། དབུ་མ་སྙིང་བོར། སྐྱོན་མཐོང་ཕྱིར་ནི་སྲིད་པར་མིན། །བརྩེ་ཕྱིར་མྱ་ངན་འདས་པར་ མིན། །ཞེས་དང༌། དབྱིག་གཉེན་འཕགས་སེང་སོགས་ཀྱིས་འཁོར་བ་དང་མྱ་ངན་ལས་འདས་ པ་གང་དུ་ཡང་མི་ལྟུང་བར་བདེ་བླག་ཏུ་འགྲོ་བ་དང༌། ཞེས་སོགས་བཀའ་བསྟན་བཅོས་ཀྱི་ ལུང་ཤིན་ཏུ་མང་སྟེ། སྐབས་ཀྱི་སྟོབས་དང་དོན་གྱི་ཤུགས་ལ་སོགས་པའི་འགྲེལ་བསྒྲིགས་ ནས་ཤེས་པར་བྱ་དགོས་ཀྱི། བྲག་རིའི་དྲུང་དུ་སྙན་ངག་སོགས་འདོན་པའི་བྲག་ཆ་ལྟར་དང་ ཁྱི་སྐད་ལ་རྒྱུག་པ་ལྟར་མི་བྱའོ། །གལ་ཏེ་མི་གནས་པའི་མྱང་འདས་དོན་དམ་པར་ཡོད་ཅིང་ བདེན་ན་མེད་ལྟའི་ཟླས་དྲངས་པའི་ཡོད་ལྟར་འགྱུར་ཏེ། རིགས་པ་དྲུག་ཅུ་བར། རིགས་པ་ གང་གིས་ཡོད་ཉིད་ཀྱང༌། །བཟློག་པར་འགྱུར་བ་མཉན་པར་གྱིས། །ཞེས་པའི་འགྲེལ་བར་ སློབ་དཔོན་ཟླ་གྲགས་ཀྱིས། ཡོད་པ་བཟློག་པ་ནི། དགེ་སློང་དག་འདི་ལྟ་སྟེ་མི་བསླུ་བའི་ ཆོས་ཅན་མྱ་ངན་ལས་འདས་པ་འདི་ནི་བདེན་པའི་མཆོག་གཅིག་པུའོ། །འདུ་བྱེད་ཐམས་ཅན་ དང་སྣོད་ཀྱི་འཇིག་རྟེན་ནི་སླུ་བའི་ཆོས་ཅན་ཏེ། ཀྱེ་མ་འདུས་བྱས་རྣམས་མི་རྟག་ཞེས་བྱ་བ་ ལ་སོགས་པ་བཤད་པ་བཅོམ་ལྡན་འདས་ཀྱིས་གསུངས་སོ། །ཞེས་བཤད་པའོ་ཞེ་ན་ཤེས་པ་ བས་སྨྲ་བ་རེངས་པའི་གཏམ་སྟེ། ཡོད་ལྟ་བཟློག་བྱེད་ཀྱི་ཁུངས་སུ་དྲངས་ནས་བཤད་པ་སྟེ་ འགྲེལ་བ་ཉིད་བལྟས་པས་གསལ་ལོ། ། 3-1-302 གལ་ཏེ་རང་བཞིན་གྱིས་འོད་གསལ་བའི་སེམས་དང་ཆོས་ཉིད་དེ་བཞིན་ཉིད་དང་མི་ གནས་པའི་མྱང་འདས་མཆོག་དོན་དམ་དུ་ཡོད་པའམ་དོན་དམ་པར་བདེན་ཞེས་འདོད་པ་མི་ འཐད་དེ། ཡུམ་གྱི་མདོར། གཟུགས་ནས་རྣམ་མཁྱེན་གྱི་བར་མེད་ཅིང་སྟོང་པ་དང༌། ཆོས་ ཐམས་ཅད་རང་བཞིན་མེད་པར་རྒྱ་ཆེར་གསུངས་ཤིང༌། ལང་ཀར་གཤེགས་པ་སོགས་སུ། ཀུན་རྫོབ་དུ་ནི་ཐམས་ཅད་ཡོད། །དམ་པའི་དོན་དུ་ཡོད་མ་ཡིན། །ཞེས་སོགས་མཐའ་ཡས་ ཤིང་མྱང་ངན་ལས་འདས་པ་ཡང་སྒྱུ་མ་ལྟ་བུ་དེ་ལས་ལྷག་པའི་ཆོས་གཅིག་ཡོད་ན་ཡང་སྒྱུ་ མ་ལྟ་བུ་ཞེས་སོགས་གསུངས་པའི་ཕྱིར་རོ། །དེས་ན་དེ་དག་ཀྱང་དོན་དམ་དུ་ཡོད་པ་མ་ཡིན་ གྱི་ཀུན་རྫོབ་དུ་ཡོད་དོ་ཞེ་ན། འདི་ལ་ཀུན་རྫོབ་དུ་ཡོད་ཅེས་སམ་ཀུན་རྫོབ་བདེན་པ་ཞེས་ དང༌། དོན་དམ་པར་རམ་དོན་དམ་དུ་ཡོད་ཅེས་དང་དོན་དམ་བདེན་པ་ཞེས་པའི་ཐ་སྙད་ཀྱི་ དོན་ནི། གཟུགས་ནས་རྣམ་མཁྱེན་བར་གྱི་ཆོས་རྣམས་ཀྱི་གནས་ལུགས་དེ་ཁོ་ན་ཉིད་མངོན་ སུམ་དུ་མཐོང་བ་ལ་སྒྲིབ་ཅིང་འགོག་པར་བྱེད་པས་ཀུན་རྫོབ་སྟེ། བདེན་གཉིས་ལས། གང་ ཞིག་གང་གིས་གང་ཞིག་ལ། །ཡང་དག་སྒྲིབ་བྱེད་ཀུན་རྫོབ་འདོད། །ཅེས་པ་ལྟར་ཏེ་ཁམས་ གསུམ་གྱི་སེམས་དང་སེམས་ལས་བྱུང་བ་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་རྣམས་ནི་ ཀུན་རྫོབ་སྟཻ། དེ་དག་གིས་བརྟགས་ཤིང་རྣམ་པར་བཞག་ལ་དངོས་ཀྱི་སྤྱོད་ཡུལ་དུ་གྱུར་བ་ ནི་ཀུན་རྫོབ་པ་སྟེ། མཐར་ཐུག་གི་གནས་ལུགས་སྤྱོད་པའི་རིགས་པས་བརྟགས་ཤིང་དཔྱད་ ན་མི་རྙེད་པས་གནས་ལུགས་ཟབ་མོའི་དབང་དུ་བྱས་ཏེ། གསོག་གསོབ་བརྫུན་པ་ཡིན་པས་ ཀུན་རྫོབ་པ་ཞེས་བྱ་ཞིང་དེ་ཡིན་པའམ་ཀུན་རྫོབ་རང་ཉིད་ཡོད་པས་ཞེས་བརྗོད་དོ། །ཐོག་མ་ མེད་པ་ནས་སྤྲོས་པའི་བག་ཆགས་བརྟན་པའི་སྐྱེ་བོ་རྣམས་མི་སླུ་བའམ་མ་སླུས་པས་བདེན་ པ་སྟེ་བག་ཆགས་ཇི་ལྟ་བ་བཞིན་དུ་བླངས་བྱ་དང༌། དོར་བྱ་དང་བཏང་སྙོམས་སུ་བཞག་བྱར་ གནས་པས་དེ་འདྲའི་སྐྱེ་བོ་རྣམས་རིམ་པ་བཞིན་དུ་ལེན་དོར་བཏང་སྙོམས་འཇོག་པ་རྣམས་ 3-1-303 མ་འཆོལ་བར་བྱེད་པའི་ཕྱིར་རོ། །དེ་བཞིན་དུ་བག་ཆགས་མི་བརྟན་པའི་རྣམ་ཤེས་ཀྱི་དངོས་ ཡུལ་ཆུ་ཟླ་སོགས་ནི་བག་ཆགས་མི་བརྟན་པའི་འཁྲུལ་སྣང་ཡིན་པས་ལོག་པའི་ཀུན་རྫོབ་ དེ། ཐ་སྙད་དུ་ཡང་ཟླ་བའི་དཀྱིལ་འཁོར་ལ་སོགས་པའི་རྫས་སུ་མེད་པའི་ཀུན་རྫོབ་ཏུ་ཡང་ སླུ་བའི་ཕྱིར་མི་བདེན་པར་བཞག་གོ །དེ་བས་ན་ཀུན་རྫོབ་དང་ཀུན་རྫོབ་པ་ཞེས་པ་ཚིག་ གཉིས་ནི་རིམ་པ་ལྟར་སྒྲོ་འདོགས་པ་པོ་དང༌། །དེས་སྒྲོ་བཏགས་པ་དང་རྗོད་བྱེད་དངོས་ཀྱི་ བརྗོད་བྱ་སྟེ། ཆོས་ཀྱི་གྲགས་པའི་གཞུང་དུ་བཀོད་པའི་དངོས་ཞེས་པའི་འགྲེལ་བར། པཎྜི་ ཏ་ཤཱཀྱ་བློས་ཀུན་རྫོབ་ནི་ཆོས་ཆོས་ཅན་ཐ་དད་དུ་འབྱེད་པའི་རྣམ་རྟོག་དང་དེས་ཐ་དད་དུ་ ཕྱེ་བའི་ལྡོག་པ་ཐ་དད་དུ་མ་ནི་ཀུན་རྫོབ་པ་སྟེ། རྣམ་རྟོག་དེའི་ཡུལ་ཉིད་ལ་བཤད་དེ། རྣམ་ འགྲེལ་དུ། ཀུན་རྫོབ་དེས་བདག་ཐ་དད་ཀྱང༌། །ཞེས་པ་ལན་གྱིས་བསྒྱུར་ཅིང་རང་འགྲེལ་ དུ་སྒྲིབ་བྱེད་དེས་བདག་ཐ་དད་ཀྱང༌། ཞེས་རྨ་དགེ་བློས་བསྒྱུར་དེ་ཀུན་རྫོབ་བམ་སྒྲིབ་བྱེད་ནི་ དངོས་པོ་རིགས་མཐུན་རིགས་གཅིག་ཏུ་འཛིན་པའི་སྤྱི་འཛིན་གྱི་བློ་ཞེས་པའི་རྣམ་རྟོག་ཉིད་ ལ་བཤད་དོ། །བོད་ཀྱི་སློབ་དཔོན་སྔ་བ་ཕལ་ཆེར་གྱིས་འདི་ཙམ་ཡང་མ་དགོངས་སྣང་ངོ༌། ། དེ་ལྟར་ན་ཀུན་རྫོབ་ཏུ་ཡོད་ཅེས་སམ་ཀུན་རྫོབ་ཉིད་ཡིན་པའི་ཚུལ་གྱིས་ཡོད་ཀྱི། དོན་དམ་ ཡིན་པའི་ཚུལ་གྱིས་ཡོད་པ་ནི་མིན་ནོ་ཞེས་པའི་དོན་དང་ཀུན་རྫོབ་བདེན་པ་ཞེས་པ་ནི། ཀུན་ རྫོབ་ཏུ་བདེན་པའམ་ཀུན་རྫོབ་པར་བདེན་པ་སྟེ། ཀུན་རྫོབ་ཡང་ཡིན་ལ་སྔར་བཤད་པ་ལྟར། ཀུན་རྫོབ་ཏུ་མི་སླུ་བས་བདེན་པ་ཡང་ཡིན་པས་ཀུན་རྫོབ་ཀྱི་བདེན་པ་ཞེས་སམ་ཀུན་རྫོབ་ཏུ་ བདེན་པ་ཞེས་བཞག་པའོ། ། དེ་བཞིན་དུ་དོན་དམ་དང་དོན་དམ་བདེན་པ་ཞེས་མིང་གཉིས་སུ་འབྱུང་སྟེ། དོན་དམ་ལ་ ཡང་དབུས་མཐའ་རྣམ་འབྱེད་དུ། དོན་དང་ཐོབ་དང་སྒྲུབ་པ་ནི། །དོན་དམ་རྣམ་པ་གསུམ་དུ་ འདོད། །ཞེས་དང༌། འགྲེལ་བར། དོན་དམ་པ་ནི་དེ་བཞིན་ཉིད་དེ་ཡེ་ཤེས་དམ་པའི་དོན་ཡིན་ 3-1-304 པའི་ཕྱིར་རོ། ། ཐོབ་པར་བྱ་བ་དོན་དམ་པའི་མྱ་ངན་ལས་འདས་པ་སྟེ་དོན་གྱི་དམ་པ་ཡིན་པའི་ ཕྱིར་རོ། །སྒྲུབ་པ་དོན་དམ་པ་ནི་ལམ་སྟེ་དོན་ནི་དམ་པ་ཡིན་པའི་ཕྱིར་རོ་ཞེས་དབྱིག་གཉེན་ སངས་རྒྱས་གཉིས་པས་བཤད་དེ། ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་དེ་བཞིན་ཉིད་དེ་ནི་དོན་དམ་ པ་ཞེས་བཞག་སྟེ། འདིར་དོན་ཞེས་པ་ཡུལ་ལ་ཟེར་ཞིང་སུའི་ཡུལ་སྙམ་ན་དམ་པའི་དོན་དེ་ དམ་པའི་ཡུལ་ལོ། །དམ་པ་གང་ན་འགྲེལ་བར་ཡེ་ཤེས་དམ་པ་ཞེས་ཏེ། ཐེག་ཆེན་འཕགས་ པ་རྣམས་ཀྱི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་མཉམ་བཞག་རྣམ་པར་མི་རྟོག་པའི་བློ་སྟེ། དེའི་དངོས་ཀྱི་དམིགས་ཡུལ་ཡིན་པས་དམ་པའི་དོན་ཞེས་བློ་བརྟན་སོགས་མཁས་མང་དུ་ མས་བཤད་དོ། ། དེ་ཡང་རྣམ་རྟོག་གི་སྤྲོས་པ་ཐམས་ཅད་དང་བྲལ་བར་བྱས་ནས་ཆོས་རྣམས་ཀྱི་གནས་ ལུགས་དེ་བཞིན་ཉིད་ལ་བསྒོམ་པ་གོམས་པའི་སྟོབས་ཀྱིས། གོམས་བྱ་གནས་ལུགས་དེ་ བཞིན་ཉིད་མངོན་སུམ་དུ་གསལ་བར་སྣང་བས་སོ་སོ་རང་རིག་པའི་ཡེ་ཤེས་འབྱུང་བས་དེ་ དེའི་དམིགས་རྐྱེན་དང་དངོས་ཀྱི་དམིགས་ཡུལ་དུ་འཐད་ལ། ཆོས་རྣམས་ཀྱི་གནས་ལུགས་ ལས་ཕྱིན་ཅི་ལོག་ཏུ་འཛིན་པ་ཤིན་ཏུ་གོམས་པར་བྱས་ཀྱང་དེས་སྟོབས་ཀྱི་ཡེ་ཤེས་དེ་མི་ འབྱུང་བས། སྐབས་འདིར་ཆོས་བརྫུན་པ་ཀུན་རྫོབ་པ་རྣམས་ཡེ་ཤེས་དེའི་དངོས་ཀྱི་སྤྱོད་ ཡུལ་དུ་མི་འཆད་པའི་རྒྱུ་མཚན་དེ་ཡིན་ཞིང༌། དེ་ལྟར་མ་ཡིན་ན་སངས་རྒྱས་རྣམས་ཀྱི་འཇིག་ རྟེན་ལས་འདས་པའི་ཡེ་ཤེས་ཀྱི་ཤེས་བྱ་ཐམས་ཅད་མཁྱེན་པར་བཤད་པ་དང་འགལ་བར་ འགྱུར་བ་སོགས་བརྗོད་པར་བྱ་བ་ལ་མང་སྟེ་ངག་ལས་ཤེས་དགོས་སོ། ། ཡང་ཐོབ་པ་དོན་དམ་པ་ནི་མྱ་ངན་ལས་འདས་པ་ཞེས་པ་ལ་སྤྱིར་ཐོབ་བྱའི་མྱང་འདས་ ནི་གནས་སྐབས་དང་མཐར་ཐུག་གི་ཐོབ་བྱ་ལ་དགོངས་ནས་ཐེག་པ་གསུམ་གྱི་མྱང་འདས་སུ་ གསུངས་ཀྱང༌། སྐབས་འདིར་སྒྲིབ་པ་ཐམས་ཅད་སྤངས་པའི་ཤིན་ཏུ་དྲི་མ་མེད་པའི་དེ་བཞིན་ 3-1-305 ཉིད་མི་གནས་པའི་མྱང་འདས་ཏེ། དེ་ནི་ཐོབ་པ་དོན་དམ་པ་ཡིན་ཏེ། དེ་དོན་དམ་ཆེད་དུ་བྱ་ བའི་ཡུལ་དུ་བྱས་ཏེ་གྲངས་མེད་གསུམ་ལ་སོགས་པར་ལམ་བསྒོམ་པས་ཐོབ་བྱའི་དོན་དུ་ གཉེར་བྱའམ་དགོས་པ་ཡང་ཡིན་ལ། འདུས་བྱས་མ་བྱས་ཀྱི་ཆོས་རྣམས་ཀྱི་མཆོག་ཡིན་པས་ དམ་པ་ཡང་ཡིན་པའི་ཕྱིར་རོ། ། དེ་འདྲའི་མྱང་འདས་དེ་སྒྲུབ་བྱེད་དུ་གྱུར་བའི་ལམ་གྱི་བདེན་པ་ནི། སྒྲུབ་པ་དོན་དམ་པ་ སྟེ་དེའི་དོན་ཏེ་ཡུལ་དུ་ཞུགས་པའི་དེ་བཞིན་ཉིད་དེ། ཆོས་ཐམས་ཅད་ཀྱི་གནས་ལུགས་དེ་ཁོ་ ན་ཉིད་ཡིན་པས་དམ་པ་ཡིན་ཞིང༌། དེ་ཇི་ལྟ་བ་བཞིན་མཐོང་བར་བསྒྲུབ་པས་སྒྲུབ་པ་དོན་ དམ་པའི་བརྗོད་པའམ། སྔར་བཤད་པའི་མྱང་འདས་དེ་མཐར་ཐུག་གི་ཆེད་དུ་བྱ་བའི་དོན་ རྣམས་ཡུལ་དེ་དགོས་པའམ་ཐོབ་བྱ་དང༌། སྔར་བཤད་ལྟར་མཆོག་ཡང་ཡིན་ཞིང་དེས་སྒྲུབ་ པར་བྱེད་པས་སྒྲུབ་པ་དོན་དམ་པར་བཤད་པ་སྟེ་མཁས་མཆོག་བློ་བརྟན་གྱི་དགོངས་པའོ། ། རྣམ་གྲངས་མ་ཡིན་པའི་བདེན་པ་གཉིས་ཀྱི་དབང་དུ་བྱས་ན། དང་བོ་གཉིས་དོན་དམ་ པའི་བདེན་པ་མཚན་ཉིད་པ་ཡིན་ཞིང༌། གསུམ་པ་ནི་རྣམ་གྲངས་པའི་དོན་དམ་པ་སྟེ་ཡང་ དག་པའི་ཀུན་རྫོབ་པོ། དབུ་མ་སྣང་བར་འདི་ལྟར་ཆོས་དང་གང་ཟག་ལ་བདག་མེད་པའི་ མཚན་ཉིད་ཀྱིས་དེ་ཁོ་ན་ཉིད་ནི་རིགས་པ་དང་ལྡན་པས་དམ་པ་ཡིན་ཞིང་དོན་ཀྱང་དེ་ཡིན་ཏེ། སྒྲིབ་པ་སྤོང་བ་དོན་དུ་གཉེར་བ་རྣམས་ཀྱིས་རྟོགས་པར་བྱ་བའི་ཆེད་དུ། དོན་དུ་གཉེར་བར་ བྱ་བ་ཡིན་པའི་ཕྱིར་དང་ཡེ་ཤེས་དམ་པ་ཕྱིན་ཅི་མ་ལོག་པའི་དོན་ཏེ་ཡུལ་ཡིན་པའི་ཕྱིར་དོན་ དམ་པ་ཞེས་བྱའོ། །དེའི་ཡུལ་ཅན་འཇིག་རྟེན་ལས་འདས་པའི་ཡེ་ཤེས་གང་ཡིན་པ་དེ་ཡང་ ཚིག་གི་དོན་དེ་གཞན་དུ་སྦྱར་བའི་སྒོ་ནས། དེར་ཐ་སྙད་གདགས་སོ་ཞེས་པ་ནས་དོན་ཆེན་པོ་ སྒྲུབ་པར་བྱེད་པས་དམ་པའི་སྒྲར་བརྗོད་པར་བྱ་བར་འོས་པ་ཉིད་དོ་ཞེས་སོ། ། དེ་ལྟར་ན་སྐབས་འདིར་དོན་དམ་དུ་ཡོད་ཞེས་པའི་དོན་ནི། དོན་དམ་དེ་ཉིད་དུ་གནས་ཀྱི་ 3-1-306 ཀུན་རྫོབ་མ་ཡིན་ཞེས་པ་དང༌། དོན་དམ་པའི་བདེན་པ་ཞེས་པའི་དོན་ཡང་དོན་དམ་པ་ཉིད་ ཡིན་པར་བདེན་པས་དེ་ལྟར་བརྗོད་པ་སྟེ། དབུ་མ་བདེན་གཉིས་སུ། དོན་དམ་པར་བདེན་པ་ ནི་དོན་དམ་པར་བདེན་པས་ཏེ། དེ་ནི་རིགས་པའི་རྗེས་སུ་འགྲོ་བ་ཅན་གྱི་བདེན་པ་ཉིད་ཅེས་ བྱ་བའི་ཐ་ཚིག་གོ་ཞེས་པ་ལྟར་རོ། །དེས་ན་དཔྱད་ན་དོན་དམ་པར་མ་གྲུབ་ཡང་ཆོས་རྣམས་ ཀྱི་གནས་ལུགས་དེ་ཁོ་ན་ཉིད་མངོན་དུ་མ་གྱུར་གྱི་བར་དུ་སྐྱེས་བུ་མི་སླུ་བས་སམ། དེ་མངོན་ སུམ་དུ་གྱུར་རྗེས་སུའང་ས་བོན་གྱིས་མྱུ་གུ་སྐྱེས་པ་ལྟ་བུའི་རྒྱུ་འབྲས་བུ་བསྐྱེད་པར་བྱ་བ་བྱེད་ པའི་རིགས་པ། མྱུ་གུ་དེ་ས་བོན་རྒྱུ་རུ་ཡོད་པ་ལ་ལྟོས་ནས་འབྱུང་བ་ལྟ་བུ་ལྟོས་པའི་རིགས་པ། སྒྲ་མི་རྟག་སྟེ་བྱས་པའི་ཕྱིར་བུམ་པ་བཞིན་ཞེས་པའི་རྟགས་དང་དཔེ་ལྟ་བུ་འཐད་པ་སྒྲུབ་པའི་ རིགས་པ་དང༌། མེ་ཚ་བ་ལྟ་བུ་ཆོས་ཉིད་ཀྱི་རིགས་པ་སྟེ། རིགས་པ་རྣམ་པ་བཞིས་བསྒྲུབ་པའི་ ཀུན་རྫོབ་པའི་ཆོས་དེ་རྣམས་ཀྱང་རིགས་པའི་སྒྲུབ་པ་ལྟར་གནས་པའི་ཀུན་རྫོབ་ཏུ་བདེན་ པའམ་ཀུན་རྫོབ་ཀྱི་བདེན་པ་ཡིན་ཞིང༌། ཆོས་རྣམས་ཀྱི་གནས་ལུགས་དེ་ཁོ་ན་ཉིད་དཔྱོད་ པའི་རིགས་པ་རྣམ་དག་གིས་དཔྱད་བཟོད་ཀྱི་དོན་ནི་དོན་དམ་པའི་བདེན་པ་སྟེ། འཇིག་རྟེན་ ལས་འདས་པའི་ཡེ་ཤེས་དམ་པས་མངོན་དུ་བྱེད་པའི་དེ་ཁོ་ན་ཉིད་མཐར་ཐུག་པ་ཡིན་པའི་ ཕྱིར་རོ། ། གལ་ཏེ་དོན་དམ་པའི་བདེན་པ་དེ་དོན་དམ་དཔྱོད་བྱེད་ཀྱི་རིགས་པས་དཔྱད་བཟོད་ ཡིན་ན་བློའི་ཡུལ་དུ་གྲུབ་པར་ཐལ་བར་གྱུར་བ་ལས། དེ་ལྟར་ཡང་མ་ཡིན་ཏེ་བདེན་པ་ གཉིས་བསྟན་པའི་མདོ་ལས། དོན་དམ་པའི་བདེན་པ་ནི་ཅི་ཙམ་དུ་ཐམས་ཅད་མཁྱེན་པའི་ཡེ་ ཤེས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ཡུལ་ལས་འདས་པ་ཡིན་ནོ་ཞེས་དང༌། ཤེར་ ཕྱིན་སུམ་བརྒྱ་བར། ཆོས་ཉིད་ཤེས་བྱ་མ་ཡིན་ཏེ། །དེ་ནི་རྣམ་པར་ཤེས་མི་ནུས། །ཞེས་དང༌། དབུ་མ་རྩ་ཤེར། སེམས་ཀྱི་སྤྱོད་ཡུལ་ལྡོག་པས་སོ། །ཞེས་སོགས་དང༌། སྤྱོད་འཇུག་ཏུ། དོན་ 3-1-307 དམ་བློ་ཡི་སྤྱོད་ཡུལ་མིན། །བློ་ནི་ཀུན་རྫོབ་ཡིན་པར་འདོད། །ཅེས་སོགས་དུ་མ་དང་འགལ་ ལོ་ཞེ་ན། ལུང་གི་དོན་སྒྲ་ཇི་བཞིན་པར་ཁས་ལེན་ཅིང་དབུ་མ་བའི་མཆོག་འདི་དབུ་མ་ཐལ་ འགྱུར་བ་ཡིན་ཞེས་སྨྲ་བ་མོད་[མང་པོ]ཞིག་ན་རེ། རིགས་པས་དཔྱད་པ་ན་ཅིར་ཡང་གྲུབ་པ་ མེད་པས་དོན་དམ་དཔྱོད་བྱེད་ཀྱི་རིགས་པས་དཔྱད་བཟོད་བྱ་བ་གཏན་ནས་མེད་དོ། །བློའི་ ཡུལ་དུ་གྱུར་ན་ནི་སྤྲོས་པར་འགྱུར་ཏེ་སྤྲོས་པས་ཡུལ་དུ་བྱས་པའི་ཕྱིར་རོ། །ཁྱབ་སྟེ་ཡུལ་ཡུལ་ ཅན་ལྟོས་ནས་བཞག་པ་ཡིན་ལ་ལྟོས་ཆོས་ཐམས་ཅད་རང་བཞིན་མེད་པའི་ཕྱིར་རོ། །དེའི་ ཕྱིར་དོམ་དམ་པའི་བདེན་པ་ཡང་ཀུན་རྫོབ་དུ་ཡོད་ཀྱི་དོན་དམ་པར་གྲུབ་པ་མེད་དོ། ། དེས་ན་ཡུལ་ཅིར་ཡང་མ་གྲུབ་པ་ལ་བློས་ཅིར་ཡང་མི་འཛིན་པ་ཙམ་ལ་མཉམ་བཞག་ ཏུ་བརྗོད་ཅིང་འགའ་ཡང་མཐོང་བ་མེད་པ་ལ་དེ་ཁོ་ན་མཐོང་བ་ཞེས་བཏགས་ཀྱི། དེ་ཁོ་ན་ ཉིད་ཞེས་བྱ་བའི་མཐོང་རྒྱུ་ཞིག་ཡོད་ནས་དེ་མཐོང་བར་གསུངས་པ་མ་ཡིན་ནོ། །དེ་ལྟར་ན་ ཀུན་རྫོབ་པའམ་དོམ་དམ་གང་དུ་ཡང་རུང་བདེན་པ་ཞེས་བྱ་བ་ཅུང་ཟད་ཀྱང་གྲུབ་པ་མེད་དེ། ཆོས་ཐམས་ཅད་སྤྲོས་བྲལ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་སྔར་དྲངས་པའི་ལུང་དེ་རྣམས་དང་ བདེན་པ་གཉིས་བསྟན་པའི་མདོར། དོན་དམ་པའི་བདེན་པ་ནི་གང་ལ་སེམས་ཀྱི་རྒྱུ་བ་ཡང་ མེད་ན་ཡི་གེ་རྣམས་ལྟ་ཅི་སྨོས་ཞེས་དང༌། མདོ་ལས། ཇི་སྲིད་སེམས་ནི་འཇུག་གི་བར། །དེ་ སྲིད་བདུད་ཀྱི་སྤྱོད་ཡུལ་ལོ། །ཞེས་སོགས་མཐའ་ཡས་པར་གསུངས་པ་རྣམས་ཀྱིས་དོན་དམ་ པའི་བདེན་པ་བློའི་ཡུལ་ལས་འདས་པར་གྲུབ་པོ་ཞེ་ན། དེ་ལྟར་ན་དོན་དམ་པའི་བདེན་པ་ གཏན་ནས་མེད་པར་ཐལ་བར་འགྱུར་ཏེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་མ་གཟིགས་ པའི་ཕྱིར་ཏེ། མདོ་ལུང་གསེར་གླིང་བས་དྲངས་པར། སངས་རྒྱས་རྣམས་ལ་ནི་མ་གཟིགས་ པའམ་མ་མཁྱེན་པ་ཅི་ཡང་མི་མངའོ། །ཞེས་སོགས་ཤིན་ཏུ་མང་ཞིང༌། དཔལ་ཆོས་ཀྱི་གྲགས་ པས། ཐམས་ཅད་གཟིགས་པའི་གཟིགས་པ་ལོག་པས་ནི། །ཐམས་ཅད་དུ་མེད་པར་གོ་བར་ 3-1-308 བྱེད་དོ། །ཞེས་སོགས་ཡིད་ཆེས་པའི་ལུང་མང་ངོ༌། ། མི་གནས་པའི་མྱང་འདས་མཐར་ཐུག་ཀྱང་མེད་པར་ཐལ་བར་འགྱུར་རོ། །ཁྱབ་སྟེ། གཅིག་ཁོ་ན་དོན་དམ་པའི་བདེན་པ་སྟེ་མི་བསླུ་བའི་ཆོས་ཅན་གྱི་མྱ་ངན་ལས་འདས་པའོ། ། ཞེས་བཤད་དོ། ། དེ་ཡང་འདོད་ན་རྫོགས་པའི་སངས་རྒྱས་ཡང་མེད་པར་འགྱུར་ཞིང༌། འདོད་ན་ཆོས་དང་ དགེ་འདུན་དཀོན་མཆོག་ཡང་མེད་པར་འགྱུར་བ་སོགས་མཐའ་ཡས་སོ། །གཞན་ཡང་བརྫུན་ པ་ཀུན་རྫོབ་པ་ཡང་མེད་པར་ཐལ་བར་འགྱུར་ཏེ། བདེན་པ་དོན་དམ་པ་ཞེས་བྱ་བ་ཅུང་ཟད་ ཀྱང་གྲུབ་པ་མེད་ཅིང་བདེན་བརྫུན་དང༌། དོན་དམ་ཀུན་རྫོབ་ཅེས་པའང་ཕན་ཚུན་ལྟོས་ནས་ བཞག་ཅིང༌། ལྟོས་ཆོས་ཐམས་ཅད་ཅིར་ཡང་གྲུབ་པ་མེད་ཅེས་པ་འདི་རྣམས་ཁྱེད་ཀྱི་རྩ་བའི་ གྲུབ་མཐའ་ཡིན་པའི་ཕྱིར་རོ། ། ཞེས་ཁས་བླངས་འགལ་བའི་སྐྱོན་དང་ངེས་པའི་དོན་གྱི་ལུང་ རིགས་ཀྱི་གནོད་པ་དུ་མ་ཡོད་དོ། ། ཡང་དོན་དམ་ཡང་རིགས་པས་དཔྱད་མི་བཟོད་ཅིང་རིགས་པས་དཔྱད་བཟོད་པའི་ ཆོས་མེད་ཅེས་པ་མི་འཐད་དེ། ཕྱི་དང་ནང་གི་དངོས་པོ་འདི་རྣམས་གཅིག་དང་དུ་བྲལ་རྡོ་རྗེ་ གཟེགས་མ་ལ་སོགས་པའི་ཐལ་རང་གི་རིགས་པའམ་རྒྱུ་མཚན་མཚུངས་པའི་མགོ་སྙོམས་ལ་ སོགས་པའི་ཐལ་འགྱུར་གྱི་རིགས་པའི་སྟོབས་མི་བཟོད་པས། དེ་དག་གིས་དཔྱད་ན་བདེན་ པའི་དངོས་པོའམ་རང་བཞིན་མེད་པའི་ཕྱིར་ཀུན་རྫོབ་རིགས་པས་དཔྱད་པའི་མི་བཟོད་ཞེས་ བྱ་ལ། ཆོས་རྣམས་ཀྱི་གནས་ལུགས་དེ་ཁོ་ན་ཉིད་དེ་ལ་ནི་རིགས་པ་གང་གིས་ཀྱང་གནོད་པ་ མི་འབབ་ཅིང༌། འཇིག་རྟེན་ལས་འདས་པའི་ཡེ་ཤེས་དམ་པས་ཇི་ལྟ་བ་བཞིན་གཟིགས་པའི་ ཆོས་ཉིད་ཡིན་པས། དེ་ཙམ་ལ་དོན་དམ་རིགས་པས་དཔྱད་བཟོད་དུ་འདོད་ཀྱི་དེ་ལས་མ་ གཏོགས་པའི་རིགས་པས་དཔྱད་བཟོད་ཀྱི་དོན་དམ་ཅི་ཡང་ཁས་མི་ལེན་ནོ། །དེ་ཙམ་ཞིག་ལ་ 3-1-309 ཁྱོད་བསྙོན་འདེབས་ན་ནི་འདེབས་ལ་རག་ལས་ཏེ་གནོད་བྱེད་ནི་ཤིན་ཏུ་མང་ངོ༌། ། གཞན་ཡང་བློའི་ཡུལ་དུ་གྱུར་བས་སྤྲོས་པ་ཡིན་ན་སངས་རྒྱས་ཀྱི་ངོ་བོ་ཉིད་སྐུ་ཡང་སྤྲོས་ པར་འགྱུར་ལ། འདོད་ན་དེ་ཁོ་ན་ཉིད་དམ་ཆོས་ཉིད་སྤྲོས་བྲལ་ཡིན་པར་འདོད་པའང་ཉམས་ སོ། །ངོ་བོ་ཉིད་ཀྱི་སྐུ་སངས་རྒྱས་ཀྱིའང་ཡུལ་མ་ཡིན་ན་གཏན་ནས་མེད་པར་འགྱུར་ཞིང༌། འདོད་ན་སྐུ་གཞན་རྣམས་ཡང་མེད་པར་འགྱུར་ལ་ཡོད་ཀྱང་མ་མཁྱེན་ན། དེས་མ་མཁྱེན་ པའམ་མ་གཟིགས་པ་མེད་ཅིང་བཤད་པ་དང་འགལ་ཞེས་བླ་མ་གསེར་གླིང་བས་བཀོད་པ་ ལྟར་གྱི་སྐྱོན་འབྱུང་ངོ༌། །ཡང་ལྟོས་ཆོས་ཐམས་ཅད་ཅིར་ཡང་གྲུབ་པ་མེད་པ་ཡིན་ན། ལས་ དགེ་སྡིག་སོགས་ཀྱི་རྒྱུ་དང་ཚོར་བ་བདེ་སྡུག་སོགས་ཀྱི་འབྲས་བུ་ཅིར་ཡང་གྲུབ་པ་མེད་པར་ ཐལ་བར་འགྱུར་ཏེ། རྒྱུ་འབྲས་སམ་བྱ་བྱེད་སོགས་ཐམས་ཅད་ཡང་ལྟོས་ནས་བཞག་པའི་ ཕྱིར་རོ། །གསུམ་ག་ཁྱེད་ཀྱིས་ཁས་བླངས་སོ། ། གལ་ཏེ་དོན་དམ་པར་ཞེས་པའི་ཁྱད་པར་གྱི་ཚིག་ལ་ལྟོས་ནས་དེ་ལྟར་འདོད་དོ་ཞེ་ན། དེ་ནི་དབུ་མ་རང་རྒྱུད་པའི་ལུགས་ཡིན་པས་དམན་ཞིང་དབུ་མའི་མཆོག་ཁྱེད་ཐལ་འགྱུར་བ་ དེ་ལྟར་མི་འདོད་ཅེས་སྨྲ་བ་མ་ཡིན་ནམ། ཡང་དོན་དམ་མམ་དོན་དམ་པའི་བདེན་པ་དེ་ཀུན་ རྫོབ་ཏུ་ཡོད་ཀྱི་དོན་དམ་དུ་ཡོད་པ་མ་ཡིན་ཞེས་པའང་མི་འཐད་དེ། སྔར་བཤད་པ་ལྟར་ཡང་ དག་པ་མ་ཡིན་པའི་རྣམ་རྟོག་དུ་གྱུར་བའི་ཁམས་གསུམ་གྱིས་བསྡུས་པའི་སེམས་སེམས་བྱུང་ དང༌། མིང་ཚིག་ཡི་གེའི་ཚོགས་ཀྱི་སྒྲས་དེ་དེ་འདྲའི་ཤེས་བརྗོད་དང༌། དེ་དག་གིས་བརྟགས་ ཤིང་བཞག་པའི་སྤྱོད་ཡུལ་ཏེ། དེ་རྣམས་གང་རུང་ཡོད་པར་འགྱུར་ཏེ། དོན་དམ་དུ་མེད་ཀྱི་ ཀུན་རྫོབ་ཏུ་ཡོད་པའི་ཕྱིར་ཏེ། དེ་དག་ལས་མ་གཏོགས་པའི་ཀུན་རྫོབ་བམ་ཀུན་རྫོབ་པ་ གཞན་མི་རྙེད་པའི་ཕྱིར་རོ། ། དེ་བས་ན་ཕྱོགས་སྔ་དེའི་བློ་རྩེ་གཏད་པའི་དོན་ལ་ཞིབ་ཏུ་དཔྱད་ན་དོན་དམ་པར་གྲུབ་ 3-1-310 པ་ནི་ཅི་ཡང་མེད་སྙམ་དུ་བསམས་ཤིང༌། དོན་དམ་པ་ཞེས་སམ་དོན་དམ་པའི་བདེན་པ་ཞེས་ པའི་ཐ་སྙད་འཇུག་པ་ལ་བསྙོན་མ་ནུས་ཏེ། རྒྱུ་མཚན་དེ་ཙམ་ཞིག་བློ་ཡུལ་དུ་བཞག་ནས་དོན་ དམ་མམ་དོན་དམ་པའི་བདེན་པ་ཀུན་རྫོབ་ཏུ་ཡོད་ཅེས་ཁས་ལེན་པར་ཟད་མོད། དེ་ལྟའོ་ཞེ་ ན་དེའི་ཕྱིར་དོན་དམ་མམ་དོན་དམ་པའི་བདེན་པ་ཞེས་འཛིན་པའི་རྣམ་རྟོག་དང༌། བརྗོད་ པའི་ཐ་སྙད་རྣམས་ཀུན་རྫོབ་ཏུ་ཡོད་ཀྱི་དོན་དམ་དུ་ཡོད་པ་མ་ཡིན་ནོ་ཞེས་པའི་དོན་ཉིད་དུ་ འགྱུར་གྱི། དོན་དམ་མམ་དོན་དམ་པའི་བདེན་པ་ཉིད་ཀུན་རྫོབ་ཏུ་ཡོད་ལ་དོན་དམ་དུ་མེད་ ཞེས་པའི་དོན་དུ་མ་སོང་བས་སྨྲས་པའི་ཚིག་དོན་མ་གོ་བའི་ཡུས་མ་ཆེ་ཨང༌། དེ་ལྟར་མ་ཡིན་ པར་དོན་དམ་མམ་ཆོས་ཉིད་དེ་བཞིན་ཉིད་སོགས་དེ་ཡིན་ཚུལ་ལ་དོན་དམ་བདེན་པ་ཡིན་ མོད་ཡོད་ཚུལ་ནི་དོན་དམ་དུ་གྲུབ་པ་མ་ཡིན་གྱི་ཀུན་རྫོབ་ཏུ་ཡོད་པ་ཙམ་ཡིན་ན། ཆོས་ཅན་ ཀུན་རྫོབ་པ་རྣམས་ཀྱང་ཡིན་ཚུལ་ལ་ཀུན་རྫོབ་པ་ཡིན་ཞིང་ཡོད་ཚུལ་ལ་དོན་དམ་དུ་ཡོད་ པར་ཐལ་བར་འགྱུར་ཏེ། དོན་དམ་མམ་དེ་བཞིན་ཉིད་སོགས་དེ་ཡིན་ཚུལ་དོན་དམ་བདེན་པ་ ཡིན་པ་ལ་ཡོད་ཚུལ་ཀུན་རྫོབ་ཏུ་ཡོད་ཅིང༌། དེ་ལྟར་ན་རྒྱུ་མཚན་ངེས་པར་མཚུངས་པའི་ཕྱིར་ རོ། །འདོད་པར་མི་ནུས་ཏེ། ཁས་བླང་བ་དང་ཡང་འགལ་ཞིང་ལུང་རིགས་ཀྱི་གནོད་བྱེད་ ཤིན་ཏུ་མང་ངོ༌། ། དེས་ན་དོན་དམ་དོན་དམ་དུ་ཡོད། ཀུན་རྫོབ་ཀུན་རྫོབ་དུ་ཡོད། དོན་དམ་པའི་བདེན་པ་ དོན་དམ་པར་བདེན་ཀུན་རྫོབ་ཀྱི་བདེན་པ་ཀུན་རྫོབ་པར་བདེན་དེ། སྔར་བཤད་པ་ལྟར་ཇི་ ལྟ་བར་སྐྱེ་བོ་རྣམས་མ་བསླུས་ཤིང་སླུ་བར་མི་བྱེད་པས་བདེན་ཞེས་པ་སྟེ། བདེན་ཞེས་པའི་ མིང་ཙམ་ལ་སྐྲག་པར་མི་བྱའོ། །དེའི་ཀུན་རྫོབ་ཏུ་ཡང་བདེན་པ་མེད་ན་འབྲས་བུ་དོན་གཉེར་ གྱི་སྐྱེ་བོ་གང་གིས་ཀྱང་འདོད་བྱའི་དོན་ཐོག་པ་མེད་པར་ཐལ་བར་འགྱུར་བ་དང༌། སོ་སྐྱེའི་ ཤེས་པ་ཐམས་ཅད་འཛིན་སྟངས་དོན་དང་མི་མཐུན་པ་ཁོ་ནར་འགྱུར་ཞིང༌། དེ་ལྟར་འདོད་ན་ 3-1-311 མཐོ་རིས་དང་ཐར་བ་དོན་གཉེར་གྱི་སོ་སྐྱེ་གང་གིས་ཀྱང་མཐོ་རིས་དང་ཐར་བའི་ཐབས་དང་ ཐབས་མིན་ལ་བླང་དོར་མ་འཆོལ་བར་འཇུག་པའང་མེད་པར་འགྱུར་རོ། ། ཡང་སོ་སོའི་སྐྱེ་བོ་རྣམས་ལ་ཀུན་རྫོབ་ཙམ་དུ་ཡང་མ་རྨོངས་པར་སེམས་རང་བཞིན་པར་ གནས་མི་གནས་ཀྱི་ཁྱད་པར་ཡང་མེད་པར་འགྱུར། མིང་ཚིག་ཡི་གེ་སོགས་ཀྱི་སྒྲ་སོགས་ ཀྱིས་བདེན་ཚིག་མི་སྲིད་པར་འགྱུར་ཞིང༌། འདོད་ན་སྨྲ་བ་ཐམས་ཅད་བརྫུན་དུ་ཐལ་བར་ འགྱུར་བ་སོགས་སྐྱོན་མཐའ་ཡས་སོ། །གལ་ཏེ་མདོ་བསྟན་བཅོས་དུ་མར་འདུ་བྱེད་ཐམས་ ཅད་བརྫུན་པ་མི་བདེན་པ་སླུ་བའི་ཆོས་ཅན་གསོག་གསོབ་ཅེས་སོགས་གསུངས་པ་དང་ འགལ་ལོ་ཞེ་ན། དོན་བྱེད་ནུས་པའི་དངོས་པོ་འདི་རྣམས་ཀུན་རྫོབ་ཏུ་ཡང་བརྫུན་པ་སླུ་བ་ ལ་སོགས་ལ་དགོངས་པ་མིན་གྱི་དོན་དམ་པར་དཔྱད་ན་མི་བདེན་པས་དོན་དམ་པའི་གནས་ ཚུལ་གྱི་དབང་དུ་མཛད་ནས་དེ་སྐད་གསུངས་པ་སྟེ། དབུ་མ་སྣང་བར། འོན་ཏེ་མི་བདེན་པའི་ དོན་ཀུན་རྫོབ་ཡིན་ནོ་ཞེ་ན་ཞེས་པའི་རྩོད་ལན་གྱི་སྐབས་སུ། དེ་ཡང་བདེན་པའི་སྒྲའི་དོན་ མངོན་པར་མི་ཤེས་པ་ཁོ་ནས་གླེངས་པ་ཡིན་ཏེ། འདི་ལྟར་འཁྲུལ་བའི་བློ་ནི་ཀུན་རྫོབ་ཡིན་ ནོ། །ཞེས་སྔར་བསྟན་ཟིན་ཏོ། །དེ་ནི་བརྫུན་པའི་རྣམ་པས་ཉེ་བར་འཛིན་པ་སྣང་བའི་ཕྱིར་མི་ བདེན་པ་ཞེས་བྱའོ། ། དེ་ཡང་ཡང་དག་པར་བདེན་པ་མ་ཡིན་ཡང༌། བདེན་པའི་ངོ་བོ་ལྟ་བུར་གྲགས་པས་དེའི་ ཕྱིར་དེ་དག་གི་བསམ་པའི་དབང་གིས་དེ་ལ་བདེན་པའོ། །ཞེས་དེ་ལ་མིང་དུ་འདོགས་པར་ མཛད་དེ། གང་གི་ཚེ་ཤེས་པ་དང་ཤེས་བྱ་ལ་སོགས་པ་ཐམས་ཅད་ཀུན་རྫོབ་པོ་ཞེས་བརྗོད་ པ་དེའི་ཚེ་ཡང་འཇིག་རྟེན་ལ་གྲགས་པའམ་ངོ་བོར་བདེན་པ་ཞེས་བྱ་ཡི། ཡང་དག་པའི་ཡེ་ ཤེས་ཀྱི་ངོ་བོར་ནི་མ་ཡིན་ཏེ། དེའི་ཕྱིར་ལྟོས་པའི་བྱེ་བྲག་གིས་སྒྲ་ཙམ་བཀོད་པའི་ཕྱིར་བདེན་ པ་མ་ཡིན་པར་ཕན་ཚུན་འགལ་བ་ཉིད་ནི་མ་ཡིན་ནོ་ཞེས་ཏེ། ཀུན་རྫོབ་ཏུ་བདེན་པ་དང་དོན་ 3-1-312 དམ་པར་བདེན་པ་མ་ཡིན་ཞེས་ལེགས་པར་ཕྱེས་ནས་གསུངས་སྣང་ངོ༌། །དབུ་མ་བདེན་ གཉིས་སུ། སྣང་དུ་འདྲ་ཡང་དོན་བྱེད་དག །ནུས་པའི་ཕྱིར་དང་མི་ནུས་ཕྱིར། །ཡང་དག་ ཡང་དག་མ་ཡིན་པའི། །ཀུན་རྫོབ་ཀྱི་ནི་དབྱེ་བ་བྱས། །ཞེས་སོགས་རང་འགྲེལ་དང་འགྲེལ་ བཤད་ཞི་འཚོས་མཛད་པར་གསལ་བར་བཤད་པ་དང༌། དབུ་མ་འཇུག་པར། གནོད་པ་མེད་ པའི་དབང་བོ་དྲུག་རྣམས་ཀྱིས། །གཟུང་བ་གང་ཡིན་འཇིག་རྟེན་གྱིས་རྟོགས་ཏེ། །འཇིག་རྟེན་ ཉིད་ལ་བདེན་ཡིན་ལྷག་མ་ནི། །འཇིག་རྟེན་ཉིད་ལ་ལོག་པར་རྣམ་པར་བཞག །ཅེས་སྣང་བ་ ལྟར་དོན་བྱེད་ནུས་པའི་དངོས་པོ་འདི་རྣམས་འཇིག་རྟེན་ཀུན་རྫོབ་ཏུ་བདེན་བར་གསུངས་སོ། ། ལུང་གཞན་ཡང་ཡོད་མོད་མང་བས་འཇིགས་སོ། ། ཡང་ཡུལ་ཅིར་ཡང་མ་གྲུབ་པ་ལ་བློས་ཅིར་ཡང་མི་འཛིན་པ་ཙམ་ལ་མཉམ་བཞག་ཏུ་ བརྗོད་ཅེས་པའང་དཔྱད་དགོས་ཏེ། ཡུལ་ཀུན་རྫོབ་པ་རྣམས་དོན་དམ་པར་ཅིར་ཡང་གྲུབ་པ་ མེད་པར་སོ་སོར་རྟོགས་པའི་ཤེས་རབ་ཀྱིས་གཏན་ལ་ཕབ་ནས་རྣམ་རྟོག་གི་འཛིན་པ་མེད་ པའི་ཏིང་ངེ་འཛིན་ཁྱད་པར་ཅན་སྔར་བཤད་ཟིན་པ་དེ་ལྟ་བུ་ཞིག་རྣམ་དག་ལེགས་པའི་ལམ་ དུ་གྱུར་བའི་མཉམ་བཞག་ཡིན་ཞིང༌། འགའ་ཡང་མཐོང་བ་མེད་པ་ནི་དེ་ཁོ་ན་ཉིད་མཐོང་ བའི་ངོ་ཞེས་པའི་དོན་ཡང་ཁོ་བོས་སྔར་གཏན་ལ་ཕབ་ཟིན་པ་ལྟར་ཡིན་གྱི། བློ་རྩེ་གཏད་ས་ མེད་པའི་ཁྱི་སྐད་ལ་རྒྱུག་གི་ཕྱོགས་སྔ་འདི་ལྟར་ཡུལ་ཅིར་ཡང་མ་གྲུབ་ན་ལས་རྒྱུ་འབྲས་མ་ གྲུབ་པར་ཐལ་བ་སོགས་སྐྱོན་དུ་མ་བཤད་ཟིན་ཅིང༌། བློས་ཅིར་ཡང་མི་འཛིན་པ་ཙམ་འདུ་ ཤེས་མེད་པའི་སྙོམས་འཇུག་སོགས་ལམ་གོལ་བ་ཞི་གནས་ལྟེངས་པོ་འགའ་ཞིག་ལའང་ ཡོད་པས་དེ་དག་ཀྱང་ཡང་དག་པའི་མཉམ་བཞག་ཏུ་འགྱུར་ལ། འགའ་ཡང་མཐོང་བ་མེད་པ་ ཙམ་དེ་ཁོ་ན་ཉིད་མཐོང་བ་ཡིན་ན་རི་བོང་རྭ་སོགས་ཀྱིས་མ་ངེས་ཞིང༌། མཐོང་བ་ལས་གཞན་ པ་དེ་ཙམ་དེ་ཁོ་ན་ཉིད་མཐོང་བ་ཡིན་ན་ནི་བུམ་སོགས་ཀྱིས་མ་ངེས་སོ། །ཡང་ཕྱིན་ཅི་ལོག་ 3-1-313 གམ་ཕྱིན་ཅི་མ་ལོག་པ་ཅི་ཡང་མི་འཛིན་པའམ། གང་ཡང་མ་མཐོང་བའི་བློ་མི་སྲིད་པའི་ཕྱིར་ ན་རྟོག་དཔྱོད་ཅུང་ཟད་ཙམ་སྔོན་དུ་བཏང་ནས་གྲུབ་མཐའ་འཇོག་པ་འཐད་དེ། ཡུག་པ་རྐྱང་ གི་འདིར་མི་རིགས་སོ། །ཡང་མཐོང་རྒྱུ་གཅིག་ཡོད་ནས་དེ་ཁོ་ན་ཉིད་མཐོང་བར་གསུངས་པ་ མ་ཡིན་ཟེར་བའང་དཔྱད་དགོས་ཏེ། ཡུལ་ཀུན་རྫོབ་པ་རྣམས་དོན་དམ་པར་མཐོང་རྒྱུ་མེད་ མོད། དེ་ཙམ་གྱིས་མཐོང་བྱ་གཏན་ནས་མེད་པར་མི་འགྱུར་ཏེ། ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ རང་བཞིན་གྱིས་འོད་གསལ་བའི་ཆོས་དབྱིངས་དེ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་དམ་ པས་ལག་མཐིལ་དུ་སྐྱུ་རུ་ར་ལྟར་མངོན་སུམ་དུ་གསལ་བར་གཟིགས་པའི་ཕྱིར། རི་བོང་གི་ རྭ་མཐོང་ཀྱང་མེད་པས་རྭ་དེས་དབེན་པའི་མགོ་བོ་མཐོང་བྱར་མེད་པར་མི་འགྱུར་བ་བཞིན། སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །ཞེས་སོགས་དང་རྒྱུ་བླར། ཆོས་དབྱིངས་རང་བཞིན་ གང་ཡིན་དེ་རྟོགས་པ། །མཉམ་པར་བཞག་པའི་རྣལ་འབྱོར་བ་ཡི་མཐོང༌། །ཞེས་སོགས་ལུང་ མང་ངོ༌། ། གལ་ཏེ་དོན་དམ་པར་ཅིར་ཡང་མ་མཐོང་བའི་བློ་ཙམ་དེ་ཁོ་ན་ཉིད་མཐོང་བར་འདོད་ དོ་ཞེ་ན། ལོག་ཤེས་ཐམས་ཅད་ཀྱང་དེ་ཁོ་ན་ཉིད་མཐོང་བར་ཐལ་བར་འགྱུར་རོ། །དེ་བས་ ན་སྔར་གཏན་ལ་ཕབ་པ་ལྟར་ཤེས་པར་བྱའོ། །དེའི་ཕྱིར་དོན་དམ་བློའི་ཡུལ་ལས་འདས་ པར་སྟོན་པ་ལྟ་བུའི་ལུང་དང་པོ་དོན་དམ་པའི་བདེན་པ་རྣམ་མཁྱེན་གྱི་ཡུལ་ལས་འདས་པར་ བསྟན་པ་དེ་ཡང་སྒྲ་ཇི་བཞིན་པ་མ་ཡིན་ཏེ། སྒོ་ལྔའི་དབང་ཤེས་ཀྱི་ཡུལ་གཟུགས་སོགས་ གཟུང་ཡུལ་དུ་བྱས་ནས་འཛིན་པ་ལྟར། དོན་དམ་པའི་བདེན་པ་དེ་རྣམ་མཁྱེན་གྱི་གཟུང་ ཡུལ་གྱི་དངོས་པོར་ཡོད་པ་ལས་འདས་ཞེས་པའི་དོན་ཏེ། དབུ་མ་སྣང་བར་དེ་ཡང་འཇིག་ རྟེན་ལས་འདས་པའི་ཡེ་ཤེས་དམ་པ་རྟོག་པའི་དྲྭ་བ་མ་ལུས་པ་དང་བྲལ་བའི། ཆོས་ཐམས་ ཅད་སྣང་བ་མེད་པས་མི་དམིགས་པར་སོ་སོ་རང་གིས་རིག་པར་འགྱུར་གྱི་དམིགས་པ་ནི་ 3-1-314 མ་ཡིན་ཏེ། ཇི་སྐད་དུ་ལྷའི་བུ་དོན་དམ་པ་ནི་ཅི་ཙམ་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྣམ་ པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ཡུལ་ལས་ཀྱང་འདས་པ་ཡིན་ནོ། །ཞེས་གསུངས་ པ་ལྟ་བུའོ། །འདིས་ནི་ཡུལ་གྱི་དངོས་པོ་ལས་ཡང་དག་པར་འདས་པ་ཉིད་དུ་བསྟན་པའི་ ཕྱིར་དམིགས་པས་མཐོང་བ་འགོག་པར་བྱེད་དོ་ཞེས་ཏེ། ཡུལ་ཞེས་པ་གཟུང་བྱའི་དོན་དང་ དམིགས་པ་ཞེས་པ་དེ་བཟུང་ཡུལ་དུ་བྱས་ནས་འཛིན་པ་ལ་ཟེར་རོ། །དེ་བཞིན་དུ་སེམས་ཀྱི་ སྤྱོད་ཡུལ་ལྡོག་པའོ་ཞེས་དང༌། སེམས་རྒྱུ་བ་ཡང་མེད་ཅེས་སོགས་དང༌། དོན་དམ་བློའི་སྤྱོད་ ཡུལ་མིན་ཞེས་སོགས་འདི་ལྟ་བུའི་སེམས་དང་བློ་ཞེས་པ་རྣམས་ནི་ཡེ་ཤེས་རྣམ་ཤེས་སུ་ཕྱེ་ བའི་རྣམ་ཤེས་ཀྱི་དབང་དུ་བྱས་ནས། དེའི་དངོས་ཀྱི་སྤྱོད་ཡུལ་མིན་པར་བསྟན་པ་ཡིན་གྱི་ ཡེ་ཤེས་ལ་སོགས་བློ་སྤྱིའི་དབང་དུ་བྱས་ནས་བསྟན་པ་ནི་མ་ཡིན་ཏེ། རྩ་ཤེར། བརྗོད་བར་ བྱ་བ་ལྡོག་པ་སྟེ། །སེམས་ཀྱི་སྤྱོད་ཡུལ་ལྡོག་པའོ། །ཞེས་ཏེ་ཟླ་གྲགས་ཀྱིས། དེ་ཁོ་ན་ཉིད་དེ་ ལ་ཞེས་པ་ནི། ཚིག་གི་ལྷག་མའོ་ཞེས་དང་ཡང་རྩ་ཤེར། གཞན་ལས་ཤེས་མིན་ཞི་བ་དང༌། ། སྤྲོས་པ་རྣམས་ཀྱིས་མ་སྤྲོས་ལ། །རྣམ་རྟོག་མེད་དོན་ཐ་དད་མིན། །དེ་དེ་ཁོ་ནའི་མཚན་ཉིད་ དོ། །ཞེས་ཏེ་འགྲེལ་བ་ཟླ་བ་གྲགས་པས། གང་གིས་ཕྱིར་མ་སྐྱེས་པ་དང་མ་འགགས་པའི་ ཆོས་ཉིད་དེ་ཆོས་ཀྱི་ངོ་བོ་དང༌། ཆོས་ཀྱི་རང་བཞིན་མྱ་ངན་ལས་འདས་པ་དང་མཚུངས་པར་ བཞག་པ་དེའི་ཕྱིར་དེ་ལ་སེམས་མི་འཇུག་གོ །སེམས་མི་འཇུག་ན་རྒྱུ་མཚན་སྒྲོ་འདོགས་པར་ ག་ལ་འགྱུར་དེ་མེད་པའི་ཕྱིར་ཚིག་དག་འཇུག་པར་ག་ལ་འགྱུར་ཞེས་དང༌། གཞན་ལས་ཤེས་ མིན་ཏེ་གཞན་གྱིས་བསྟན་པས་རྟོགས་པར་བྱ་བ་མ་ཡིན་གྱི། རང་ཉིད་ཀྱི་རྟོགས་པར་བྱ་བ་ ཡིན་ནོ་ཞེས་པའི་དོན་དེ་ཞེས་སོགས་དང༌། སྤྲོས་པ་ནི་ངག་སྟེ་དོན་རྣམས་སྤྲོ་བར་བྱེད་པའི་ ཕྱིར་རོ། །སྤྲོས་པ་རྣམས་ཀྱི་མ་སྤྲོས་པ་ནི། ངག་གིས་མ་བརྗོད་པའོ། །དེ་ནི་རྣམ་པར་རྟོག་པ་ མེད་པའང་ཡིན་ཏེ། རྣམ་པར་རྟོག་པ་ནི་སེམས་ཀྱི་རྒྱུ་བ་ཡིན་ན། དེ་དང་བྲལ་བའི་ཕྱིར་དེ་ཁོ་ 3-1-315 ན་ཉིད་དེ་ནི་རྣམ་པར་རྟོག་པ་མེད་པ་ཡིན་ནོ། །ཇི་སྐད་དུ། མདོ་ལས། དོན་དམ་པའི་བདེན་ པ་གང་ཞེ་ན། གང་ལ་སེམས་ཀྱི་རྒྱུ་བ་ཡང་མེད་ན། ཡི་གེ་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཞེས་ གསུངས་སོ། །ཞེས་དང༌། རྒྱུད་བླར། ཕྲ་ཕྱིར་ཐོས་པའི་ཡུལ་མིན་ཏེ། །དོན་དམ་ཡིན་ཕྱིར་ བསམ་པའི་མིན། །ཆོས་ཉིད་ཟབ་ཕྱིར་འཇིག་རྟེན་པའི། །བསྒོམ་པ་ལ་སོགས་ཡུལ་མ་ཡིན། ། གང་ཕྱིར་གཟུགས་ལ་དམུས་ལོང་བཞིན། །བྱིས་པས་དེ་སྔོན་མཐོང་མ་མྱོང༌། །ཞེས་སོགས་ དང༌། བསམ་མེད་བརྗོད་དུ་མེད་ཕྱིར་དེ། །བརྗོད་མེད་དོན་དམ་ཡིན་ཕྱིར་རོ། །དོན་དམ་ བཏགས་བྱ་མིན་ཕྱིར་དེ། །བརྟག་མིན་རྗེས་དཔག་བྱ་མིན་ཕྱིར། །ཞེས་དང་སློབ་དཔོན་སྒྲ་ གཅན་འཛིན་གྱི་ཤེར་ཕྱིན་བསྟོད་པར། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་ སྐྱེས་མ་འགགས་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་ རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །ཞེས་དང༌། དབུ་མ་བདེན་གཉིས་སུ། དེ་ནི་སྤྲོས་པ་མེད་ པ་ཡིན། དེ་ཁོ་ན་ཉིད་ནི་རྟོག་པའི་དྲྭ་བ་ཐམས་ཅད་དང་བྲལ་བའོ་ཞེས་དང༌། དེའི་འགྲེལ་ བཤད་དུ། མཁས་མཆོག་ཞི་བ་འཚོས། འདིར་སྤྲོས་པ་ནི་རྟོག་པའི་དྲྭ་བ་ཡིན་ནོ་ཞེས་བརྗོད་ དོ། །རྣམ་པ་གཅིག་ཏུ་སྤྲོས་པ་ནི་ངག་གི་རྒྱུ་བ་སྟེ། དེ་ཡང་རྟོག་པའི་དྲྭ་བས་ཀུན་ནས་བསླངས་ པ་ཡིན་ནོ། །ཞེས་པ་ལ་སོགས་པའི་ཡིད་ཆེས་པའི་ལུང་མང་པོས་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ དོན་དམ་པའི་བདེན་པ་བརྗོད་པའི་སྒྲ་དང་རྣམ་ཤེས་ཀྱི་དངོས་ཡུལ་ལས་འདས་ཤིང་ཡེ་ཤེས་ དམ་པའི་སྤྱོད་ཡུལ་ཏུ་གསལ་བར་བསྟན་ཏོ། །ཁྱད་པར་དུ་སྤྱོད་འཇུག་གི་ལུང་གི་དོན་ནི་དོན་ དམ་པའི་བདེན་པ་དེ་བློ་རྣམ་ཤེས་ཀྱི་དངོས་ཀྱི་སྤྱོད་ཡུལ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། བློ་ནི་ ཀུན་རྫོབ་ཡིན་པར་འདོད། ཞེས་ཏེ་བློ་རྣམ་ཤེས་དེ་ནི་ཀུན་རྫོབ་སྟཻ། གནས་ལུགས་ཀྱི་དེ་ཁོ་ན་ ཉིད་མཐོང་བ་ལ་སྒྲིབ་བྱེད་ཡིན་པའི་ཕྱིར་ཞེས་པའི་དོན་དེ། བདེན་གཉིས་སུ། གང་ཞིག་གིས་ སམ་གང་ཞིག་ལ། །ཡང་དག་སྒྲིབ་བྱེད་ཀུན་རྫོབ་འདོད། །ཅེས་སོགས་སྔར་དྲངས་པ་ལྟར་ 3-1-316 རོ། ། འཕགས་པ་བརྒྱད་སྟོང་པ་ཆོས་འཕགས་ཀྱི་ལེའུར། རིགས་ཀྱི་བུ་དེ་བཞིན་གཤེགས་པ་ རྣམས་ནི་ངེས་པར་འགའ་ཞིག་ནས་བྱོན་པའམ་བཞུད་པ་མེད་དོ། །དེ་བཞིན་ཉིད་ནི་གཡོ་བ་ མེད་པ་སྟེ། གང་དེ་བཞིན་ཉིད་དེ་ནི་དེ་བཞིན་གཤེགས་པའོ། །རིགས་ཀྱི་བུ་སྐྱེ་བ་མེད་པ་ལ་ ནི་འགྲོ་བའི་འོང་བ་མེད་དེ། གང་སྐྱེ་བ་མེད་པ་དེ་ནི་དེ་བཞིན་གཤེགས་པའོ། །རིགས་ཀྱི་བུ་ ཡང་དག་པའི་མཐའ་ལ་ནི་འོང་བའམ་འགྲོ་བར་རབ་ཏུ་ཤེས་པ་མ་ཡིན་ཏེ། ཞེས་སོགས། དེ་ དག་གིས་ནི་ངོ་བོ་ཉིད་སྐུ་སངས་རྒྱས་ཡིན་པ་དང༌། ཆོས་ཉིད་དུ་གསལ་བོར་བསྟན་ཏོ། ། ཡང་རྡོ་རྗེ་གཅོད་པར། གང་དག་ང་ལ་གཟུགས་སུ་མཐོང༌། །གང་དག་ང་ལ་སྒྲར་རྟོག་པ། ། ལོག་པས་བཅོམ་པར་ཞུགས་པ་ཡིས། །སྐྱེ་བོ་དེས་ནི་ང་མི་མཐོང༌། །འདྲེན་པ་རྣམས་ནི་ཆོས་ ཀྱི་སྐུ། །ཆོས་ཉིད་སངས་རྒྱས་བལྟ་བར་བྱ། །ཆོས་ཉིད་ཤེས་བྱ་མ་ཡིན་ཏེ། །དེ་ནི་རྣམ་པར་ ཤེས་མི་ནུས། །ཞེས་པའི་དོན་ཡང་དེ་བཞིན་ཉིད་དེ་རྣམ་ཤེས་ཀྱི་དངོས་ཀྱི་ཤེས་བྱ་མིན་པ་ལ་ དགོངས་པ་སྟེ། དེའི་འགྲེལ་བ་སངས་རྒྱས་གཉིས་པ་དབྱིག་གཉེན་གྱིས་མཛད་པར་གྲགས་ པ་ལས། ཆོས་སྐུ་དེ་བཞིན་ཉིད་ཡིན་ཏེ། །རྣམ་ཤེས་སྤྱོད་ཡུལ་མིན་པའི་ཕྱིར། །གཟུགས་ རྣམས་དང་ནི་སྒྲ་ཙམ་ལས། །སྐྱེ་བོས་སངས་རྒྱས་མི་རྟོགས་སོ། །དེས་ནི་གཟུགས་དང་སྒྲའི་ སྒོ་ནས་དེ་བཞིན་གཤེགས་པར་མི་བལྟ་བ་དང༌། སོ་སོའི་སྐྱེ་བོ་གང་དག་གིས་མི་བལྟ་བ་དེ་ བསྟན་ཏོ། །གང་དག་ལོག་པས་སོང་བར་ཞུགས་པའི་སོ་སོའི་སྐྱེ་བོ་དེ་དག་གིས་བལྟ་བར་བྱ་ བ་མ་ཡིན་ནོ། །ཆོས་ཉིད་ནི་འདིར་དེ་བཞིན་ཉིད་ཡིན་པར་རིག་པར་བྱའོ་ཞེས་ཤིན་ཏུ་གསལ་ བོར་བཤད་དོ། །གཞན་ཡང་སློབ་དཔོན་ངང་ཚུལ་བཟང་བོས་ཆོས་ཀྱི་དབྱིངས་རྣམ་པར་དག་ པ་དེ་ཡང་རྣམ་པ་ཐམས་ཅད་དུ་ཡོངས་སུ་དག་ཅིང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁྱད་ པར་མེད་པས་ཆོས་སྐུ་བརྗོད་པར་བྱ་བ་སྟེ། དེ་ཉིད་དུས་ཐམས་ཅད་དེ་ཁོ་ན་བཞིན་དུ་ཡོད་ པའི་ཕྱིར་དོན་དམ་པར་དེ་བཞིན་གཤེགས་པ་ཞེས་བྱའོ། །དེ་ཉིད་ཀྱི་ཕྱིར་སེམས་ཅན་ཐམས་ 3-1-317 ཅད་ཀྱི་རྒྱུད་ལ་ཡང་ཡོད་པས་སེམས་ཅན་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ ནོ་ཞེས་གསུངས་སོ། །དེ་ལྟ་མ་ཡིན་པར་ཆོས་ཉིད་ཤེས་བྱ་གཏན་མ་ཡིན་པའམ། ཡོངས་ གཅོད་དུ་ཤེས་བྱ་མ་ཡིན་པ་ལ་ནི་ལུང་རིགས་ཀྱི་གནོད་བྱེད་དུ་མ་བརྗོད་ཟིན་ཏོ། ། ཡང་ཁ་ཅིག་ན་རེ། ངོ་བོ་ཉིད་ཀྱི་སྐུ་ཆོས་ཉིད་ཡིན་ན་དེ་འདུས་མ་བྱས་ཡིན་པས་སྔོན་སོ་ སོ་སྐྱེ་བོའི་གནས་སྐབས་ཉིད་ནས་ཡོད་པ་བདེན་ཞིང༌། དེ་ཉིད་བདེ་གཤེགས་སྙིང་པོ་ཡིན་ པས་སེམས་ཅན་ཐམས་ཅད་བདེ་གཤེགས་སྙིང་པོ་ཅན་ཡིན་པ་བདེན་ནའང༌། ངོ་བོ་ཉིད་ ཀྱི་སྐུ་ནི་ཆོས་ཉིད་མ་ཡིན་གྱི་རྣམ་པར་དག་པའི་ལམ་བསྒོམ་པས་མཐར་ཐུག་པར་བྱས་པའི་ སྟོབས་ཀྱིས། སྒྲིབ་གཉིས་མཐའ་དག་སྤངས་པའི་སྤང་བྱ་སྒྲིབ་གཉིས་དང་བྲལ་བ་ཙམ་དེ་ ཡིན་ནོ་ཟེར་བ་གྲགས་སོ། ། དེ་ལྟ་ན་སྒྲིབ་གཉིས་དང་བྲལ་ཙམ་མམ། གང་ལ་སྒྲིབ་གཉིས་མེད་པའི་ཤེས་རྒྱུད་ལ་ འདོད། དང་པོ་ལྟར་ན་དེ་རྫོགས་པའི་སངས་རྒྱས་ཐོབ་ཟིན་པའི་སྐྱེས་བུའི་ཐོབ་པའི་ངོ་བོ་ ཉིད་སྐུ་མཚན་ཉིད་པར་མི་རུང་བར་འགྱུར་ཏེ། དེའི་མཐུ་དང་བྱིན་རླབས་དང་འཕྲིན་ལས་ལ་ སོགས་པ་ཡོན་ཏན་ཅི་ཡང་མེད་པའི་ཕྱིར་ཏེ། མེད་དགག་ཡིན་པའི་ཕྱིར་རོ། །རི་བོང་རྭ་མེད་ བཞིན་ཐལ་བ་སྔ་མ་ཁྱབ་པ་མ་ཡིན་ཏེ། འཕགས་པ་རྣམ་པར་གྲོལ་བའི་སྡེ་ལ་སོགས་པ་སྐུ་ གསུམ་དུ་བཞེད་པ་རྣམས་ཀྱི་ལུགས་བཀོད་པའི་སྐབས་སུ། ཐུབ་པའི་ངོ་བོ་ཉིད་སྐུ་ནི། །ཟག་ པ་མེད་པའི་ཆོས་གང་དག །ཐོབ་གྱུར་ཞེས་སོགས་ཀྱིས་ངོ་བོ་ཉིད་སྐུ་དེ་ཟག་པ་མེད་པའི་ ཆོས་རྣམས་ཀྱི་རང་བཞིན་ཀྱི་མཚན་ཉིད་ཅན་དུ་བསྟན་ནས། ཟག་པ་མེད་པའི་ཆོས་དེ་རྣམས་ གང་ཡིན་ཞེས། བྱང་ཆུབ་ཕྱོགས་མཐུན་ཚད་མེད་དང༌། །ཞེས་སོགས་ནས། རྣམ་པ་ཐམས་ ཅད་མཁྱེན་ཉིད་དང༌། །ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །ཞེས་ཏེ། དེའི་དོན་སངས་རྒྱས་པའི་ དྲན་པ་ཉེར་བཞག་ནས་རྣམ་མཁྱེན་གྱི་བར་དེ་རྣམས་ཀྱི་ངོ་བོ་ཉིད་དམ་རང་བཞིན་གྱི་སྐུ་ཞེས་ 3-1-318 བརྗོད་པ་ཡིན་གསུང་རྒྱུ་ལ། སྡེབ་སྦྱོར་གྱི་ངོར་ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། ཞེས་སྨོས་པ་ སྟེ། དེ་ཉིད་ཀྱང་ཆོས་ཉིད་ཀྱི་སྐུའོ་ཞེས་བརྗོད་པར་བྱ་བ་ཡིན་པ་ལ་ཆོས་ཀྱི་སྐུ་ཞེས་ངོ་བོའི་ རྐྱེན་མི་མངོན་པར་བྱས་ནས་བསྟན་ཏོ་ཞེས་དང༌། དེ་བཞིན་འཁོར་བ་ཇི་སྲིད་འདས། །ལས་ ནི་རྒྱུན་མི་འཆད་པར་འདོད། །ཅེས་པའི་བར་ཆོས་ཀྱི་སྐུ་འདིའི་འཕྲིན་ལས་རྒྱུན་མི་འཆད་ ཅེས་འཆད་དེ་ཉེར་བདུན་ངོ་བོ་ཉིད་སྐུའི་འཕྲིན་ལས་སུ་བཤད་ཅིང༌། གསེར་འོད་དམ་པར། ནམ་མཁའ་ལ་བརྟེན་ནས་གློག་འབྱུང་ངོ༌། །གློག་ལ་བརྟེན་ནས་འོད་འབྱུང་ངོ༌། །དེ་བཞིན་ དུ་ཆོས་ཀྱི་སྐུ་ལ་བརྟེན་ནས་ལོངས་སྤྱོད་རྫོགས་པའི་སྐུ་སྣང་ངོ༌། །ལོངས་སྤྱོད་རྫོགས་པའི་སྐུ་ ལ་བརྟེན་ནས་སྤྲུལ་བའི་{སྐུ}སྣང་ངོ་ཞེས་དང༌། མདོ་སྡེ་རྒྱན་དུ། རང་བཞིན་སྐུ་ནི་མཉམ་པ་ དང༌། །ཕྲ་ཞིང་དེ་དང་འབྲེལ་བ་དང༌། །དགྱེས་དགུར་ལོངས་སྤྱོད་བསྟན་པ་ལ། །ལོངས་སྤྱོད་ རྫོགས་འབྱོར་རྒྱུར་འདོད་དོ། །ཞེས་ངོ་བོ་ཉིད་ཀྱི་སྐུ་དེ་ལོངས་སྤྱོད་པའི་ཕུན་སུམ་ཚོགས་པའི་ རྒྱུར་བཤད། རྒྱུད་བླར། ཐོག་མ་དབུས་མཐར་མེད་ཅིང་རྣམ་དབྱེར་མེད། །ཅེས་སོགས་ནས། གཞལ་མེད་གཱངྒའི་བྱེ་མ་ལས་འདས་པ། །བསམ་མེད་མཉམ་མེད་ཡོན་ཏན་རྣམས་དང་ལྡན། ། ཞེས་དང༌། དེ་ལ་སངས་རྒྱས་རྣམས་ཀྱི་ནི། །ངོ་བོ་ཉིད་སྐུ་མཚན་ཉིད་ལྔ། །མདོར་ན་ཡོན་ ཏན་ལྔ་དང་ནི། །ལྡན་པ་ཉིད་དུ་རིག་པར་བྱ། །ཞེས་སོགས་རྒྱས་པར་གསུངས་ཏེ་མེད་དགག་ ལ་རྒྱ་ཆེ་བ་ལ་སོགས་པའི་ཡོན་ཏན་ཅི་ཞིག་ཡོད། མེད་དགག་ཡིན་ན་སྒྲ་རྟོག་གི་དངོས་ཡུལ་ ཡིན་པའི་རྟོག་གེའི་ཡུལ་ནི་མིན་ཕྱིར་དང་ཞེས་པའི་ཡོན་ཏན་ཡང་ག་ལ་ཡོད། སྔར་རྒྱས་པར་ ཡང་ཡང་བཤད་པ་ལྟར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་རང་དོན་ཕུན་སུམ་ཚོགས་པ་ ཅི་ཡང་མེད་པར་ཐལ་བར་འགྱུར་ཏེ། སངས་རྒྱས་པའི་ངོ་བོ་ཉིད་ཀྱི་སྐུ་དེ་མེད་དགག་རྣམ་ གཅོད་ཙམ་ཡིན་གྱི་སྒྲུབ་ཆོས་གང་ཡང་མ་ཡིན་པའི་ཕྱིར། ཁྱབ་པ་མེད་པ་མ་ཡིན་ཏེ། མེད་ དགག་ཐོབ་ཅེས་པ་ནི་ཅི་ཡང་ཐོབ་པ་མེད་ཅེས་པའི་དོན་དེ་མཛོད་དངོས་མེད་ཀྱིས་ཁེངས་ 3-1-319 ཡོད་ཅེས་བརྗོད་ན། མཛོད་ན་རྫས་ཀྱི་དངོས་པོ་ཅི་ཡང་མེད་ཅེས་པར་འགྱུར་བ་བཞིན་དང༌། དཔལ་ཆོས་ཀྱི་གྲགས་པས། འཇིག་ཏུ་[རྒྱུ]དོན་བྱེད་གཞན་གྱིས་འབྲས་བུ་དངོས་མེད་ བསྐྱེད་ན་འབྲས་བུ་ཅི་ཡང་མི་བྱེད་དོ་ཞེས་རྒྱུ་འབྲས་བསྐྱེད་པའི་བྱ་བ་བཀག་པར་འགྱུར་རོ་ ཞེས་གསུངས་པ་བཞིན་ནོ། ། གཞན་ཡང་སངས་རྒྱས་སའི་ངོ་བོ་ཉིད་ཀྱི་སྐུ་དེ་རྫོགས་སངས་རྒྱས་ཀྱི་མཉམ་བཞག་ སོ་སོ་རང་རིག་ཡེ་ཤེས་ཀྱིས་མངོན་སུམ་དུ་གསལ་བར་སྣང་བ་མ་ཡིན་པར་འགྱུར་ཏེ། མེད་ དགག་ཡིན་པའི་ཕྱིར། མ་ཁྱབ་པ་མ་ཡིན་ཏེ། རྣམ་གཅོད་མེད་དགག་ཙམ་ཡིན་ན་གང་ལ་ ཅི་ཞིག་གསལ་བར་སྣང་སྟེ། ཐེག་ཆེན་འཕགས་པའི་མཉམ་བཞག་སོ་སོ་རང་རིག་ཡེ་ཤེས་ ཀྱི་དངོས་ཡུལ་དུ་གྱུར་བའི་འདུས་མ་བྱས་ཞིག་ཡིན་ན། ཆོས་ཉིད་དམ་དེ་བཞིན་ཉིད་ཡིན་ དགོས་པའི་ཕྱིར་དང༌། དེ་བཞིན་ཉིད་ཡིན་ན་མེད་དགག་ཏུ་འགལ་བའི་ཕྱིར་རོ། །ཞེས་སྔར་ རྒྱས་པར་བཤད་ཟིན་པ་ལྟར་རོ། ། ཇི་སྐད་དུ་དུས་འཁོར་འགྲེལ་ཆེན་དུ། ཐམས་ཅད་དངོས་པོ་མེད་པ་ནི་མ་ཡིན་ཏེ། རྣལ་ འབྱོར་བའི་སོ་སོ་རང་རིག་པ་ཉིད་ཀྱི་ཕྱིར་རོ། །ཞེས་སོགས་དུ་མ་བཤད་ཅིང༌། རྗེ་བཙུན་ བྱམས་པའི་དགོངས་པ། འཕགས་སེང་གིས་བཤད་པར། སངས་རྒྱས་ཐམས་ཅད་ཀྱིས་ བཤད་པའི་དེ་བཞིན་ཉིད་དང༌། ཆོས་ཐམས་ཅད་ལ་མངའ་བསྒྱུར་བའི་རང་བྱུང་དང་ཞེས་ པའི་ཐད་དུ་ཆོས་ཀྱི་བཤེས་གཉེན་གྱིས། རང་བྱུང་དང་བོའི་སངས་རྒྱས་ཐམས་ཅད་ཀྱིས་ བཤད་པའི་དེ་བཞིན་ཉིད་དེ་ཡིན་ཞིང༌། དེ་ཇི་ལྟ་བ་བཞིན་ཐུགས་སུ་ཆུད་པའི་སྲིད་པ་ཐ་མ་ བའི་ཐོབ་པའི་རྣམ་མཁྱེན་གྱི་ཡེ་ཤེས་ནི་རང་བྱུང་གཉིས་པ་ཡིན་ཞེས་འཆད་དེ་ལེགས་བཤད་ དུ་སྣང་ངོ༌། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་ འཚལ་ལོ། །ཞེས་པས་ཀྱང་དོན་དེ་བསྟན་ནོ། །རྒྱུད་བླར། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། 3-1-320 ། ཅེས་དང་འགྲེལ་བར་འཕགས་པ་ཐོགས་མེད་ཀྱིས། སྤྲོས་པ་དང་རྣམ་པར་རྟོག་པ་ཐམས་ ཅད་ཉེ་བར་ཞི་བའི་ཕྱིར་ལྷུན་གྱིས་གྲུབ་ཅེས་དེ་མེད་དགག་ཡིན་ན་ཅི་ཞིག་ལྷུན་གྱིས་གྲུབ། ཡང་སྔར་དྲངས་པ་ལྟར། ཅི་ཡང་མི་མཐོང་བ་མཐོང་ལམ་མ་ཡིན་གྱི་ཞེས་བཤད་པ་ལྟར་ མེད་དགག་ཡིན་ན་མངོན་སུམ་དུ་གང་གིས་ཀྱང་གསལ་བར་མཐོང་བ་མི་སྲིད་པར་དབུ་མའི་ བསྟན་བཅོས་དུ་མ་ལས་བཤད་དོ། །འདིར་མང་དོགས་པས་མ་བྲིས་ཀྱི་བློ་རྣལ་དུ་ཕབ་ནས། བཀའ་ལུང་རྒྱ་ཆེན་པོ་ལྟོས་དང་གསལ་བར་འགྱུར་རོ། ། གཞན་ཡང་སངས་རྒྱས་ཀྱི་ངོ་བོ་ཉིད་ཀྱི་སྐུ་དེ་ཆོས་དབྱིངས་ཡེ་ཤེས་མ་ཡིན་པར་འགྱུར་ དེ། མེད་དགག་རྣམ་གཅོད་ཙམ་ཡིན་པའི་ཕྱིར། འདིའི་ཁྱབ་པ་དོན་ལའང་ཡོད་ཅིང་ཁས་ བླངས་ཏེ། ཡེ་ཤེས་ཡིན་ན་དངོས་པོ་ཡིན་ཅིང་དངོས་པོ་ཡིན་ན་བསྒྲུབ་ཆོས་ཁོ་ན་ཡིན་ཞེས་ པ་ཁྱེད་རྣམས་ཀྱི་རྩ་བའི་གྲུབ་མཐའ་ཡིན་པའི་ཕྱིར། ཐལ་བ་དེ་འདོད་ན་ཆོས་དབྱིངས་ཡེ་ ཤེས་ཡིན་པ་མེད་པར་འགྱུར་དེ། སངས་རྒྱས་ཀྱི་ངོ་བོ་ཉིད་སྐུ་དེ་དེ་མིན་ཅིང༌། དེ་དེ་མིན་ན་དེ་ ལས་གཞན་གང་ཡང་དེ་ཡིན་པ་མེད་པའི་ཕྱིར། འདོད་ན་མདོ་རྒྱུད་བསྟན་བཅོས་དྲི་མ་མེད་ པ་དུ་མར་ཡེ་ཤེས་རྣམ་པ་ལྔའི་ཚུལ་རྒྱས་པར་གསུངས་ཏེ། མཚན་བརྗོད་དུ། ཁྱབ་བདག་ཡེ་ ཤེས་ལྔའི་བདག །ཅེས་སོགས་དང༌། རྒྱུད་ཀྱི་ལུང་རྡོ་རྗེ་འཕྲེང་བར་དྲངས་པར། མི་རྟག་པ་ནི་ སྤངས་ནས་སུ། །ཡེ་ཤེས་ལྔ་ནི་ཐོབ་པར་འགྱུར། །ཞེས་དང༌། ཡོ་གའི་རྒྱུད་དུ། ཆོས་དབྱིངས་ ཡེ་ཤེས་རྣམ་པར་དག །ཞེས་སོགས་རྒྱུད་དུ་མ་ལས་ཡེ་ཤེས་ལྔར་གསུངས་ཤིང༌། སངས་རྒྱས་ ཡེ་ཤེས་ཞབས་ཀྱིས་ཆོས་དབྱིངས་ཀྱི་ཡེ་ཤེས་ཞེས་འདུས་པའི་འགྲེལ་བར་ཡང་བཤད་ཅིང༌། ཐུབ་དགོངས་སུ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ནི། བག་ཆགས་དང་བཅས་པའི་སྒྲིབ་པ་སྤངས་ པ་ཤེས་རབ་དང་སྙིང་རྗེ་གཉིས་སུ་མེད་པ་གནས་མ་ལུས་པར་གྱུར་བའི་ཆོས་ཉིད་དོ། །ཞེས་ དང༌། འཇུག་པའི་འགྲེལ་བཤད་དུ། བཅོམ་ལྡན་འདས་ལ་ཆོས་ཀྱི་སྐུའི་རྒྱུ་ཅན་ཡེ་ཤེས་རྣམ་ 3-1-321 པ་ལྔ་མངའ་བ་ཡིན་པས་ཡེ་ཤེས་མེད་པར་ཐལ་བར་མི་འགྱུར་རོ་ཞེས་སོ། །འདིས་ནི་ཁ་ཅིག་ ན་རེ། ཡེ་ཤེས་ལྔ་དང་ཆོས་དབྱིངས་ཡེ་ཤེས་ཞེས་པ་སྔགས་ཀྱི་ཆོས་སྐད་ཡིན་གྱི་མཚན་ཉིད་ ཐེག་པ་ལས་མ་བཤད་ཟེར་བའང་བཀག་གོ ། ཡང་ཆོས་དབྱིངས་ཡེ་ཤེས་ཞེས་པའང་ཡེ་ཤེས་བཏགས་པ་བ་ཡིན་གྱི་ཡེ་ཤེས་དངོས་ པོ་མ་ཡིན་ཞེས་སྨྲ་བ་གྲགས་ཏེ། དེ་ལྟ་ན་སངས་རྒྱས་རྣམ་པར་སྣང་མཛད་དམ་མི་བསྐྱོད་པ་ གང་རུང་གཅིག་སངས་རྒྱས་དངོས་མ་ཡིན་པར་ཐལ་བར་འགྱུར་ཏེ། ཡོ་གའི་རྒྱུད་དུ། ཆོས་ དབྱིངས་ཡེ་ཤེས་རྣམ་པར་དག །རྣམ་པར་སྣང་མཛད་བཅོམ་ལྡན་འདས། །ཞེས་དང༌། སྣང་ སྟོང་རྡོ་རྗེ་ནམ་མཁའི་དབྱིངས། །ཆོས་དབྱིངས་ཡེ་ཤེས་རྡོ་རྗེའི་སྐུ། །བྱང་ཆུབ་མཆོག་གི་ཕྱག་ རྒྱ་ཅན། །ཕྱག་འཚལ་རྣམ་པར་སྣང་མཛད་ལའོ། །ཞེས་སོགས་ཀྱིས་རྣམ་སྣང་ཆོས་དབྱིངས་ ཡེ་ཤེས་སུ་གསུངས་ཤིང༌། ཡང་མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁའ་ཆེན་པོ། ། ཞེས་སོགས་དང༌། བདེ་དགྱེས་ལ་སོགས་པའི་རྒྱུད་རྒྱ་འགྲེལ་དང་དཀྱིལ་ཆོག་མང་བོར་མི་ བསྐྱོད་པ་ཆོས་དབྱིངས་ཡེ་ཤེས་སུ་གསུངས་པ་མང་ངོ༌། ། དེས་ན་ཆོས་དབྱིངས་ཡེ་ཤེས་ཡིན་པ་ཡོད་ན། སངས་རྒྱས་ཀྱི་ངོ་བོ་ཉིད་སྐུ་ལས་གཞན་ གཏན་ནས་མེད་ཅིང་དེ་ལྟ་ན་ངོ་བོ་ཉིད་སྐུ་མེད་དགག་ཏུ་འགལ་ལོ། ། གལ་ཏེ་ཆོས་དབྱིངས་ཡེ་ཤེས་ཡོད་དུ་ཆུག་ངོ་བོ་ཉིད་སྐུ་ནི་ཡེ་ཤེས་གཏན་ནས་མིན་ ཏེ། འདུས་བྱས་ཡིན་པའི་ཕྱིར་ཡེ་ཤེས་ཡིན་ན་དངོས་པོ་ཡིན་པས་འདུས་བྱས་དང་མི་རྟག་ པ་ཁོ་ནའོ་ཞེ་ན། །ཆོས་དབྱིངས་ཡེ་ཤེས་ཡོད་ན་ངོ་བོ་ཉིད་སྐུ་ཡེ་ཤེས་མིན་པ་འགལ། དུས་ འཁོར་རྒྱུད་ཀྱི་གླེང་གཞིར། ཐམས་ཅད་མཁྱེན་པ་ཡེ་ཤེས་སྐུ་དང་ཞེས་པའི་འགྲེལ་ཆེན་དུ། ཐམས་ཅད་མཁྱེན་པ་ནི་ལྷན་ཅིག་སྐྱེས་པའི་སྐུ་སྟེ། མཚན་ཉིད་ཐེག་པར་ངོ་བོ་ཉིད་ཀྱི་སྐུ་ཞེས་ དང༌། མཁྱེན་པ་བཞི་དང་སྐུ་བཞི་སྦྱར་བར་ཡང་ངོ་བོ་ཉིད་ཀྱི་སྐུ་དེ་ཐམས་ཅད་མཁྱེན་པ་ཡིན་ 3-1-322 པར་གསུངས་ཤིང༌། མཚན་བརྗོད་དུ། དོན་དམ་པའི་འཇམ་དཔལ་དེ། བདག་རིག་གཞན་ རིག་ཐམས་ཅད་པ། །ཞེས་དང༌། ཐམས་ཅད་མཁྱེན་པ་ཡེ་ཤེས་མཚོ། །ཞེས་སོགས་དུ་མ་ གསུངས་ཏེ། དོན་དམ་པའི་འཇམ་དཔལ་ནི་ངོ་བོ་ཉིད་ཀྱི་སྐུ་ཁོ་ན་ཡིན་པའི་ཕྱིར་རོ། །མདོ་ ལས། འཇིག་རྟེན་ཁམས་ནི་ལ་ལ་དག །བསམ་གྱིས་མི་ཁྱབ་ཚིག་གྱུར་ཀྱང༌། །ནམ་མཁའ་ འཇིག་པར་འགྱུར་བ་མེད། །རང་བྱུང་ཡེ་ཤེས་དེ་བཞིན་ནོ། །ཞེས་པས་ཀྱང་ངོ་བོ་ཉིད་ཀྱི་སྐུ་ ཡེ་ཤེས་སུ་གསུངས་པ་ལ། གསེར་གླིང་བས་ཀྱང༌། ངོ་བོ་ཉིད་ཀྱི་སྐུ་ཡེ་ཤེས་ཀྱི་བདག་ཉིད་ ཡིན་པ་དེ་བཞིན་དུ་སྐུ་གཞན་ཡང་ཡེ་ཤེས་ཀྱི་མིག་ཏུ་བལྟ་བར་བྱའོ་ཞེས་དང༌། སྔར་དྲངས་ པའི་ཐུབ་དགོངས་ཀྱི་ལུང་དེས་ཀྱང་ངོ་བོ་ཉིད་ཀྱི་སྐུ་ཡེ་ཤེས་སུ་བསྟན་ཏེ། སྒྲིབ་གཉིས་བག་ ཆགས་དང་བཅས་པ་སྤངས་ཤིང་ཤེས་རབ་དང་སྙིང་རྗེ་གཉིས་སུ་མེད་པ་གནས་མ་ལུས་པར་ གྱུར་བའི་ཆོས་དབྱིངས་ཡེ་ཤེས་ནི་ངོ་བོ་ཉིད་ཀྱི་སྐུ་ཁོ་ན་ཡིན་པའི་ཕྱིར་རོ། །གལ་ཏེ་ངོ་བོ་ཉིད་ སྐུ་ཡེ་ཤེས་མ་ཡིན་ན། འགྱུར་མེད་དམ་མཆོག་གི་སྐུ་མ་ཡིན་པའམ་སྐུ་བཞི་པ་ལྷན་ཅིག་སྐྱེས་ པའི་སྐུ་མ་ཡིན་པར་ཐལ་བར་འགྱུར་བ་ལས། དེ་ལྟར་ཡང་མ་ཡིན་ཏེ་དུས་འཁོར་འགྲེལ་ཆེན་ དུ། གང་དོན་དམ་པའི་བདེན་པའི་བསྟན་པ་དེ་ནི་འཇིག་རྟེན་ལས་འདས་པ་རྣམ་པ་ཐམས་ ཅད་ཀྱི་མཆོག་དང་ལྡན་པ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྒྲུབ་པས་སླད་དུ། རང་གི་སེམས་ ཀྱིས་ཡོངས་སུ་བརྟགས་པའི་ཆོས་དང་བྲལ་བ་གཞོན་ནུ་མ་རྣམས་ཀྱིས་མེ་ལོང་ལ་སོགས་པ་ རྣམས་ལ་པྲ་ཕབ་པ་བཞིན་དུ། རྣལ་འབྱོར་བ་རྣམས་ཀྱིས་ཤེས་རབ་དང་ཐབས་ཀྱི་བདག་ ཉིད་རྡོ་རྗེའི་རྣལ་འབྱོར་དོན་ཆེན་པོ་མཆོག་ཏུ་མི་འགྱུར་བ། དང་པོའི་སངས་རྒྱས་རིས་མེད་ པ་དུས་ཀྱི་འཁོར་ལོ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔར་རྒྱུད་གཞན་ཐམས་ཅད་དུ་རབ་ཏུ་ གྲགས་སོ། །བཅོམ་ལྡན་འདས་དེ་ཉིད་རྒྱུའི་མཚན་ཉིད་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལ་ནི། ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ངོ་བོ་ཉིད་ཀྱི་སྐུ་ཞེས་གསུངས་ཏེ་དེ་སྐད་དུ་མངོན་པར་རྟོགས་ 3-1-323 པའི་རྒྱན་གྱི་ཚིག་ལེའུར་བྱས་པར་མཛད་པ་དང་བཞིར་ངེས་པར་བྱམས་པས་གསུངས་པ། ངོ་བོ་ཉིད་ལོངས་རྫོགས་བཅས་དང༌། །དེ་བཞིན་གཞན་པ་སྤྲུལ་བ་ནི། །ཆོས་སྐུ་མཛད་པར་ བཅས་པ་སྟེ། །རྣམ་པ་བཞིར་ནི་ཡང་དག་བརྗོད། །ཅེས་སོ། །བཅོམ་ལྡན་འདས་དེ་ཉིད་ འབྲས་བུའི་མཚན་ཉིད་ཀྱི་ཚུལ་ལ་ལྷན་ཅིག་སྐྱེས་པའི་དགའ་བ་དང་ལྷན་ཅིག་སྐྱེས་པའི་སྐུ་ ཞེས་གསུངས་ཏེ། གཟུང་བ་དང་འཛིན་པ་སྤངས་པ་རྣམ་པར་ཤེས་པའི་ཆོས་ཉིད་ལས་འདས་ {པ}སྲིད་པ་དང་མྱ་ངན་ལས་འདས་པ་ལ་རབ་ཏུ་མི་གནས་པ་སངས་རྒྱས་རྣམས་ཀྱིས་འདུས་ པ་དང་ལྷ་མོ་རྣམས་ཀྱིས་སྡོམ་པ་ཡང་སྟེ། འདི་ནི་ཡེ་ཤེས་ཀྱི་སྐུ་དང་ལྷན་ཅིག་རོ་མཉམ་པ་ ཉིད་དོ་ཞེས་པ་ངེས་པའི་དོན་ཏོ། །ཞེས་གསུངས་པས་སངས་རྒྱས་ཀྱི་ངོ་བོ་ཉིད་ཀྱི་སྐུ་དེ་དང་ པོའི་སངས་རྒྱས་རྡོ་རྗེ་སེམས་དཔའ་མི་འགྱུར་བའི་ཡེ་ཤེས་དང༌། ལྷན་ཅིག་སྐྱེས་པའི་དགའ་ བ་དང༌། ལྷན་ཅིག་སྐྱེས་ཀྱི་སྐུར་གསུངས་པས་མེད་དགག་དང་ཡེ་ཤེས་མིན་པར་འདོད་པ་ ཆེས་མི་རིགས་ཤིང༌། གཞན་ཡང་འགྲེལ་ཆེན་དུ། སྐད་ཅིག་གཅིག་དང་དུ་མ་དང་བྲལ་བའི་ ཡེ་ཤེས་ནི་རྒྱལ་བ་རྣམས་ཀྱིས་དེ་ཁོ་ན་ཉིད་དོ་ཞེས་གསུངས་སོ་ཞེས་ཏེ། དེ་འདྲའི་དེ་ཁོ་ན་ ཉིད་ཀྱི་ཡེ་ཤེས་དེ་ངོ་བོ་ཉིད་སྐུ་ལས་གཞན་སུ་ཡོད། ཡང་དེ་ཉིད་དུ། བཟློག་པར་དཀའ་ བའི་འདོད་ཆགས་ཀྱི་དྲི་མས་ཀུན་ནས་བསྒོས་པ་བྷ་ག་དང་དབང་བོའི་བདག་ཉིད་བཞི་བའི་ སེམས་ཀྱི་དངོས་པོ་མེད་པའི་སེམས་ནི་ངོ་བོ་ཉིད་ཀྱི་སྐུ་སྟེ་ཐམས་ཅད་མཁྱེན་པ་ཞེས་པའོ་ ཞེས་ཏེ། འདིར་སེམས་ཞེས་པ་གཉིས་སུ་ཕྱེ་བའི་རྣམ་ཤེས་ནི་སངས་རྒྱས་ཀྱི་ས་ན་མེད་པས་ ངོ་བོ་ཉིད་སྐུ་དེ་ཡེ་ཤེས་སུ་གྲུབ་པོ། ། དེ་ལྟར་ན་ངོ་བོ་ཉིད་སྐུ་ཡེ་ཤེས་སུ་མི་འཐད་ཅིང་ཆོས་ཉིད་ཡང་མ་ཡིན་ཟེར་བའང་ཤིན་ ཏུ་མི་འཐད་དེ། རྡོ་རྗེ་གཅོད་པར་འདྲེན་པ་རྣམས་ཀྱི་ཆོས་ཀྱི་སྐུ། །ཆོས་ཉིད་སངས་རྒྱས་བལྟ་ བར་བྱ། །ཞེས་དང༌། དེའི་འགྲེལ་བ་དབྱིག་གཉེན་གྱིས་མཛད་པར་གྲགས་པར་ཆོས་ཉིད་ནི་ 3-1-324 འདིར་དེ་བཞིན་ཉིད་དོ། །ཞེས་བཤད་ཅིང་འདིར་ཆོས་སྐུ་ཞེས་པ་ནི། སྐུ་གསུམ་གྱི་ཡ་གྱལ་ གྱི་ཆོས་སྐུ་སྟེ་དེ་ཡང་ངོ་བོ་ཉིད་སྐུ་ཁོ་ནའོ། །ཡང་སྔར་དྲངས་པ་ལྟར་སྐད་ཅིག་གཅིག་དང་དུ་ མ་དང་བྲལ་བའི་ཡེ་ཤེས་ནི་རྒྱལ་བ་རྣམས་ཀྱིས་དེ་ཁོ་ན་ཉིད་དོ་ཞེས་གསུངས་སོ་ཞེས་ཏེ། དེ་ འདྲའི་ཡེ་ཤེས་ནི་ངོ་བོ་ཉིད་སྐུའམ་ལྷན་ཅིག་སྐྱེས་པའི་སྐུ་སྟེ་དེ་ཁོ་ན་ཉིད་དོ་ཞེས་པའི་ལུང་ གིས་དེ་བཞིན་དུ་བསྟན་ནོ། །རྒྱུད་བླར། ངོ་བོ་ཉིད་སྐུའི་མཚན་ཉིད་ལྔ་སྟོན་པའི་སྐབས་སུ། ཆོས་དབྱིངས་ངོ་བོ་ཉིད་ཀྱིས་ནི། །དག་པའི་ཕྱིར་ན་འོད་གསལ་བ། །ཞེས་ཤིན་ཏུ་རྣམ་དག་ གི་ཆོས་དབྱིངས་དངོས་སུ་གསུངས་ནས་ཤིན་ཏུ་རྣམ་དག་གི་ཆོས་དབྱིངས་ཡིན་པ་དེ། དེའི་ མཚན་ཉིད་ལྔའི་གཅིག་ཏུ་གསུངས་སོ། ། འཕགས་པ་གྲོལ་སྡེའི་ཀྱང༌། དེ་ཉིད་ཀྱང་ཆོས་ཉིད་ཀྱི་སྐུ་ཡིན་པ་ལ་ཆོས་ཀྱི་སྐུ་འོ་ཞེས་ ངོ་བོའི་རྐྱེན་མི་མངོན་པར་བྱས་ནས་བསྟན་ཏོ། །ངོ་བོ་ཉིད་སྐུ་དེ་སངས་རྒྱས་སའི་འདུས་བྱས་ སུ་གྱུར་བའི་ཟག་མེད་ཀྱི་ཆོས་སྡེ་ཉེར་གཅིག་གི་ངོ་བོ་ཉིད་དམ་ཆོས་ཉིད་ཀྱི་སྐུ་ཡིན་ཞེས་པའི་ དོན་ཏོ། །འདིར་ནི་འགྲེལ་ཚིག་འདིའི་སྔ་ཕྱིའི་འབྲེལ་བསྒྲིག་མ་ཤེས་པར་ཕར་ཕྱིན་མཁས་ པར་ཁས་འཆེ་བ་མང་པོས། ངོ་བོ་ཉིད་སྐུ་ལ་འདུས་བྱས་མ་བྱས་གཉིས་ཡོད་པ་སོགས་ནོར་ བ་ཇི་སྙེད་གཅིག་སྨྲ་བ་གྲགས་ཏེ། དེ་བཞིན་ཉིད་ཡིན་པའི་འདུས་བྱས་ག་ལ་སྲིད་དེ་རྒྱས་པར་ ངག་ལས་ཤེས་པར་བྱའོ། །ཡང་ངོ་བོ་ཉིད་སྐུ་དེ་ཆོས་ཉིད་མིན་པར་མེད་དགག་ཡིན་ན་སངས་ རྒྱས་པའི་ཟག་མེད་ཀྱི་ཡེ་ཤེས་འདུས་བྱས་དེ་རྣམས་ཀྱི་ཆོས་ཉིད་ཞིག་ཡོད་དམ་མེད། གལ་ ཏེ་ཡོད་ན་ངོ་བོ་ཉིད་ཀྱི་སྐུ་དེ་དེ་ཉིད་རྣམས་ཀྱི་ཆོས་ཉིད་ཡིན་དགོས་ཏེ། དེ་ལས་གཞན་དེའི་ ཆོས་ཉིད་ཡིན་པ་གཏན་ནས་མེད་པའི་ཕྱིར་རོ། །ཡོད་དོ་ཞེ་ན་དེ་གང་ཡིན་སྨྲོས་ཤིག བརྟགས་ པ་གཉིས་པ་ལྟར་འདོད་ན་དེ་འདྲའི་ཡེ་ཤེས་དེ་རྣམས་ཆོས་ཅན་ཁྱད་པར་ཅན་དུ་བཤད་པ་ མི་འཐད་པར་འགྱུར་དེ་ཆོས་ཉིད་མེད་པའི་ཕྱིར། ཇི་སྐད་དུ་མདོ་རྒྱན་སོགས་སུ། ཆོས་ཀྱི་ 3-1-325 དབྱིངས་ལས་མ་གཏོགས་པའི། །འདི་ལྟར་ཆོས་ཡོད་མ་ཡིན་ཏེ། །ཞེས་ཏེ། སེངྒེ་བཟང་བོས་ ཀྱང་དེ་དྲངས་ནས་ཆོས་ཉིད་དང་བྲལ་བའི་ཆོས་ཅན་མི་སྲིད་པར་བཤད་ཅིང༌། མདོ་རྒྱུད་ བསྟན་བཅོས་དྲི་མེད་ཀུན་ལས་དེ་སྐད་གསུངས་ཏེ་གྲགས་ཆེ་བས་མ་བཀོད་དོ། །གལ་ཏེ་དེ་ འདྲའི་ཡེ་ཤེས་དེ་རྣམས་ཀྱི་ཆོས་ཉིད་ཡོད་མོད། ངོ་བོ་ཉིད་སྐུ་དེར་མི་འཐད་དེ་མེད་དགག་ ཙམ་མོ་ཞེ་ན། འོ་ན་མཚན་ཉིད་ཐེག་པའི་མདོ་དུ་མ་དང་མདོ་རྒྱན་རྒྱུད་བླ་སོགས་བྱམས་པའི་ ཆོས་སྡེ་མང་བོ་དང༌། འཕགས་པ་ཀླུ་སྒྲུབ་རྗེས་འབྲང་དང་བཅས་པའི་བསྟན་བཅོས་མང་བོར་ སངས་རྒྱས་ཀྱི་སྐུའི་དབྱེ་བསྡུ་ལ་ཆོས་ལོངས་སྤྲུལ་པ་གསུམ་མམ། ངོ་བོ་ཉིད་རང་བཞིན་པའི་ སྐུ་དང༌། ལོངས་སྤྲུལ་གཉིས་ཏེ་གསུམ་ཁོ་ནར་མཛད་པ་ནོར་བར་འགྱུར་ཏེ། ཆོས་ཉིད་མ་ ཡིན་པར་མེད་དགག་ཡིན་པའི་ངོ་བོ་ཉིད་སྐུ་དང་མེད་དགག་མ་ཡིན་ཅིང་ངོ་བོ་ཉིད་སྐུའང་མ་ ཡིན་པའི་ཆོས་ཉིད་ཀྱི་སྐུ་ཞེས་པའི་འདུས་མ་བྱས་ཀྱི་སྐུ་གཉིས་ཡོད་པའི་ཕྱིར་རོ། ། དེ་བཞིན་དུ་ཁྱེད་རང་རྣམས་ཀྱིས་ཚད་མའི་སྐྱེས་བུར་འཛིན་པའི་སློབ་དཔོན་སེངྒེ་བཟང་ པོས་ངོ་བོ་ཉིད་སྐུ་ཆོས་ལོངས་སྤྲུལ་བའི་སྐུ་དང་བཞིར་གྲངས་ངེས་མཛད་པའང་མི་འཐད་ པར་འགྱུར། སངས་རྒྱས་ཀྱི་སྐུ་ལ་ངོ་བོ་ཉིད་སྐུ་ལས་མ་གཏོགས་པའི་ཆོས་ཉིད་ཀྱི་སྐུ་ཡང་ ཡོད་པའི་ཕྱིར་རོ། །ཞེས་པའི་ཐལ་བ་རྣམས་དོན་དང་མཐུན་པའི་ཕྱིར་ལན་གྱིས་བཟློག་པར་ ནུས་རེ་སྐན། གལ་ཏེ་ངོ་བོ་ཉིད་སྐུ་ལ་མེད་དགག་ཡིན་པ་དང་མ་ཡིན་པ་གཉིས་སུ་འབྱེད་ པས་གྲངས་ངེས་མི་འཇོག་གོ་ཞེ་ན། དྲི་མ་མེད་པའི་མདོ་རྒྱུད་བསྟན་བཅོས་གང་ལའང་དེ་ འདྲའི་རྣམ་དབྱེ་བཤད་པ་མེད་ངེས་པའི་ཕྱིར། དེ་ལྟའི་རྣམ་དབྱེ་འདི་ནི་ཁྱེད་ཉིད་ཀྱི་ངན་རྟོག་ གིས་སྦྱར་བར་ཟད་དེ། དཔལ་ཆོས་ཀྱི་གྲགས་པས། རྣལ་མ་འདི་ལ་རྣམ་བུ་ཞེས། །སྒྲ་འདི་ དག་ཀྱང་རང་གིས་བྱས། །ཞེས་མུ་སྟེགས་རིག་པ་ཅན་བཀག་པ་ལྟར་རོ། ། དེས་ན་སངས་རྒྱས་ཀྱི་དོན་དམ་ངོ་བོ་ཉིད་སྐུ་དེ་སྔར་བཤད་ལྟར་གྱི་མེད་དགག་ཡིན་གྱི། 3-1-326 ཆོས་ཉིད་མིན་པས་སྔོན་སོ་སྐྱེའི་དུས་ན་མེད་ཅིང་དེས་ན་སེམས་ཅན་ལ་བདེ་གཤེགས་སྙིང་ བོ་ཡང་མེད་དོ་ཞེས་སྨྲ་བའི་སྐྱེས་བུ་དེས་ནི། སེམས་ཅན་རྣམས་བདེ་གཤེགས་སྙིང་བོ་ཅན་ ཡིན་པ་སེལ་བའི་ཆེད་དུ་ངོ་བོ་ཉིད་སྐུ་དེ་ཆོས་ཉིད་དུ་འདོད་པའི་དྲི་མ་སེམས་ལ་མེད་པར་ བྱས་ནས། ཆོས་ཉིད་མེད་པའི་ཆོས་ཅན་མི་སྲིད་པས་སངས་རྒྱས་པའི་ཟག་མེད་ཀྱི་ཡེ་ཤེས་ འདུས་བྱས་རྣམས་ཀྱི་ཆོས་ཉིད་ཞིག་ཡོད་པར་ཁས་བླངས་པས། ངོ་བོ་ཉིད་སྐུ་ཆོས་ཉིད་དུ་མི་ འདོད་པའི་དྲི་མ་སེམས་ལ་འཇོག་པར་བྱེད་པའི་ཕྱིར། གླང་བོ་ཆེའི་གྲུས་དང་འདྲ་བར་འགྱུར་ རོ། །གཞན་ཡང་དེ་སྐད་སྨྲ་བའི་སྐྱེས་བུ་དེ་རི་བོང་བཞིན་སྐྲག་པའི་གནས་མ་ཡིན་པ་རང་ཉིད་ སྐྲག་སྟེ་གྲགས་པ་སྐམ་པོའི་ཚིག་ཙམ་གྱི་རྗེས་སུ་འབྲང་བའི་སྒྲིམ་པོར་རློམ་པའི་གླེན་པ་མང་ བོ་བསླུས་པར་གྱུར་ཏ་རེ། ཡང་ངོ་བོ་ཉིད་སྐུ་དེ་འདུས་མ་བྱས་དང་དག་པ་གཉིས་ལྡན་ཀྱི་ཆོས་ཉིད་དུ་འདོད་བཞིན་ དུ། སྔར་མེད་པར་ཕྱིས་སངས་རྒྱས་ཐོབ་པའི་ཚེ་བྱུང་བར་འདོད་ན་ནི། མི་རྟག་པ་དང་འདུས་ བྱས་སུ་ཐལ་བའི་སྐྱོན་བཟློག་པར་དཀའོ། །འོ་ན་འདུས་མ་བྱས་ནམ་མཁའ་ཡང་མི་རྟག་ པ་དང་འདུས་བྱས་སུ་ཐལ་ཏེ། དེ་ལ་སྤྲིན་སྔར་མེད་པ་ཕྱིས་བྱུང་བའི་ཕྱིར་ཟེར་བ་གྲགས་ཏེ། འདུས་མ་བྱས་ནམ་མཁའ་ཉིད་སྔར་མེད་ཕྱིས་འབྱུང་བའི་ཕྱིར་ན། དེར་ཐལ་ཟེར་ན་ཁྱབ་པ་ ཁས་བླངས་ཡང་རྟགས་མ་གྲུབ་པས་དཔའ་བོ་ལག་རྡུམ་ལྟ་བུའི་ཐལ་འགྱུར་རོ། །དེས་ན་ དེ་ལྟ་བུའི་ཁྱབ་པ་ཁས་ནི་མི་བླངས་ཏེ། དོན་ཤིན་ཏུ་མི་མཚུངས་པའི་ཕྱིར། ཚད་མས་ནི་མ་ གྲུབ་སྟེ་ཁྱབ་པ་དེ་མེད་པས་སོ། །དེས་ན་ཁྱབ་པ་དོན་ཤིན་ཏུ་མི་མཚུངས་ཤིང་ཐལ་ཆོས་སོར་ བཞག་ནས་རྟགས་ལ་ལན་རུལ་བཏབ་པའི་ཕྱིར་ཁས་ལེན་ལ་མི་འགྲོ་བར་སྙམ་པས་ཀྱང་ ཤེས་པར་ཟད་དོ། ། དེས་ན་མཁས་པའི་ཚོགས་སུ་དེ་འདྲའི་ཐལ་འགྱུར་འཕེན་པར་མི་འོས་པ་ལྟ་ཅི་སྨོས་ 3-1-327 ཏེ། བླུན་པོའི་ནང་དུ་འཕེན་ན་མི་ཉུང་བ་དང་སྐད་ཆུང་ངུ་མཛོད་ཅིག གལ་ཏེ་སྔར་མེད་ཕྱིས་ འབྱུང་བ་མིན་ཏེ། ཕྱིས་སྒྲིབ་པ་ཐམས་ཅད་བྲལ་བས་མངོན་དུ་གྱུར་བ་ཙམ་མོ་ཞེ་ན། གསར་ དུ་བྱུང་བ་མ་ཡིན་པར་སྒྲིབ་གཡོགས་དང་བྲལ་བས་མངོན་དུ་གྱུར་བ་ཙམ་ཡིན་ན་སྔོན་ནས་ མེད་པ་འགལ། ཡོལ་བ་སོགས་ཀྱིས་སྒྲིབ་གཡོགས་བསལ་བས་སྔར་ཡོད་ཀྱི་བུམ་སོགས་ མཐོང་བ་བཞིན་ནོ། །གལ་ཏེ་ཕྱིས་སངས་རྒྱས་ཐོབ་པའི་སྐྱེས་བུ་རྣམས་སོ་སྐྱེའི་ཀྱི་དུས་ཉིད་ ནས་རང་གི་སེམས་རྒྱུད་ལ་ངོ་བོ་ཉིད་ཀྱི་སྐུ་ཡོད་ན་དེའི་དུས་སུ་ཡང་ཅིའི་ཕྱིར་དེ་རྣམས་ཀྱིས་ མངོན་སུམ་གྱིས་མི་མཐོང་ཞེ་ན། བདག་གཉིས་སུ་འཛིན་པ་ལ་སོགས་པའི་མ་རིག་པའི་ལིང་ ཐོག་གིས་བསྒྲིབས་པས་དེ་རྣམས་ཀྱིས་མངོན་སུམ་གྱིས་མི་མཐོང་བའི་སྟེ། མདོ་རྒྱན་ལས། གང་ཞིག་ཡོད་པ་མི་མཐོང་མེད་མཐོང་བ། །འདི་འདྲའི་མུན་ནག་རྣམ་པ་དེ་གང་ཞིག །ཅེས་ དང༌། ཡོད་པ་ཀུན་ནས་མི་མཐོང་མེད་ལ་མངོན་ཞེན་གང་ཡིན་པ། །འཇིག་རྟེན་རྨོངས་པའི་ རྣམ་པ་ཚབས་ཆེན་འདི་ཀོ་ཇི་ལྟ་བུ། །ཞེས་དང༌། རྒྱུད་བླར། རང་བྱུང་རྣམས་ཀྱི་དོན་དམ་ སྟེ། །དད་པ་ཉིད་ཀྱིས་རྟོགས་བྱ་ཡིན། །ཉི་མའི་དཀྱིལ་འཁོར་འོད་འབར་བ། །མིག་མེད་ པས་ནི་མཐོང་བ་མེད། །ཅེས་དང༌། དཔལ་འཕྲེང་གི་མདོར། དེ་བཞིན་གཤེགས་པའི་སྙིང་ བོ་འདི་ནི་འཇིག་ཚོགས་ལ་ལྟ་བར་ལྟུང་བ་རྣམས་དང༌། ཕྱིན་ཅི་ལོག་ལ་མངོན་པར་དགའ་ བ་རྣམས་དང༌། སྟོང་པ་ཉིད་ལ་སེམས་རྣམ་པར་གཡེངས་པ་རྣམས་ཀྱི་སྤྱོད་ཡུལ་མ་ལགས་ སོ་ཞེས་ཏེ། དང་བོ་སོ་སོ་སྐྱེ་པོ་དང༌། གཉིས་པ་ཉན་རང་དང༌། གསུམ་པ་ཐེག་པ་ལ་གསར་ ཞུགས་ཀྱི་བྱང་སེམས་སུ་ཐོགས་མེད་ཀྱིས་བཀྲལ་ལོ། །འདིར་དད་པས་རྟོགས་བྱ་ཡིན་ཞེས་ གསུངས་པ་འདི་འདྲའི་རིགས་ཅན་རྣམས་ཀྱི་དོན་ཡང་བདག་ཅག་རྣམས་ཀྱི་ད་ལྟ་མངོན་ སུམ་དུ་མ་མཐོང་ཡང༌། བརྫུན་གྱི་རྒྱུར་སྤངས་པས་བདེན་པ་ཁོ་ན་གསུངས་པའི་རྫོགས་པའི་ སངས་རྒྱས་རྣམས་ཀྱིས་ཇི་ལྟ་བ་བཞིན་མངོན་སུམ་གྱིས་གཟིགས་ནས་གསུངས་པ་ཡིན་སྙམ་ 3-1-328 དུ། སངས་རྒྱས་ལ་དད་ཅིང་ཡིད་ཆེས་པའི་སྒོ་ནས་དེ་ཡོད་པ་ལ་ཡོད་པར་རྟོགས་པར་བྱ་ བ་ཡིན་གྱི། སོ་སྐྱེའི་མངོན་སུམ་དུ་རྟོགས་བྱ་མིན་ཞེས་པའི་དོན་ཆང་[ཆངས་]བ་སྟོང་བས་ འབྲིད་པ་ལྟ་བུའི་གསུང་དུ་གོ་བར་མི་བྱ་སྟེ། དེ་ལྟར་བཟུང་ན་རྣམ་པར་འཁྱམས་པར་འགྱུར་ བའི་ཕྱིར་རོ། །དེས་ན་ཡོད་བཞིན་དུ་སོ་སྐྱེའི་མངོན་སུམ་གྱིས་མ་མཐོང་བ་ཡིན་གྱི། དད་པས་ རྟོགས་ཞེས་པས་མེད་ནས་སོ་སྐྱེའི་མངོན་སུམ་གྱིས་མ་མཐོང་བར་སྟོན་པ་མ་ཡིན་ཏེ། ལྷའི་ མིག་མ་ཐོབ་པའི་མིའི་མིག་ཐ་མལ་བ་འདིས་བར་སྲིད་ཀྱི་ལུས་ཡོད་བཞིན་དུ་མ་མཐོང་བ་ བཞིན་དང༌། མིག་མི་གསལ་བས་དུ་བ་པྲ་མོ་ཡོད་ཀྱང་མི་མཐོང་བ་བཞིན་ཏེ། དཔལ་ཆོས་ ཀྱི་གྲགས་པས། དབང་བོ་མི་གསལ་ཕྱིར་མ་མཐོང༌། །དཔེར་ན་མིག་མི་གསལ་བ་ཡིས། །དུ་ བ་ཆུང་ངུ་མི་མཐོང་བཞིན། །ཞེས་གསུངས་པ་ལྟར་རོ། །གལ་ཏེ་སོ་སྐྱེའི་རྒྱུད་ལ་ངོ་བོ་ཉིད་ ཀྱི་སྐུ་ཡོད་ན་སོ་སྐྱེ་རྣམས་ཀྱིས་སངས་རྒྱས་ཐོབ་ཟིན་པར་འགྱུར་རོ། །ཞེ་ན། དེའི་རྒྱུད་ལ་དེ་ ཡོད་ཀྱང་གློ་བུར་དྲི་མ་མ་སྤངས་པས་མངོན་དུ་མ་འགྱུར་ཞིང༌། མ་ཐོབ་པའི་ཕྱིར་སྐྱོན་དེར་མི་ འགྱུར་རོ། །གལ་ཏེ་དེའི་རྒྱུད་ལ་ཡོད་ན་དེས་མ་ཐོབ་པ་འགལ་ལོ་ཞེ་ན། ཞིབ་ཏུ་ལེགས་པར་ ཕྱེ་ནས་བསྟན་པར་བྱ་སྟེ། སྐྱེས་བུའི་སེམས་རྒྱུད་ཀྱིས་བསྡུས་ནས་དེ་ལ་ཡོད་པའི་འདུས་བྱས་ ཀྱི་དངོས་པོ་ཞིག་ཡིན་ན་དེས་མ་ཐོབ་པར་འགལ་བ་བདེན་མོད། འདིར་སེམས་ཅན་གྱི་རྒྱུད་ ལ་ངོ་བོ་ཉིད་སྐུ་ཡོད་ཅེས་པའི་དོན་དེ་དེའི་སེམས་རྒྱུད་ཀྱིས་བསྡུས་པའམ། དེའི་སེམས་རྒྱུད་ ལ་ཡོད་པའི་རྫས་ཀྱི་དངོས་པོ་ཞིག་ཏུ་ཁས་བླངས་ན་སྐྱོན་དེར་འགྱུར་བ་ལས་དེ་ལྟར་གཏན་ ནས་ཁས་མི་ལེན་ནོ། །འོ་ན་ཅི་ཞེ་ན་ངོ་བོ་ཉིད་ཀྱི་སྐུ་དེ་སྔར་ལུང་རིགས་དུ་མས་སྒྲུབ་པ་ལྟར་ ཆོས་ཉིད་དམ་དེ་བཞིན་ཉིད་ཡིན་ཞིང༌། སྔར་རྒྱས་པར་བཤད་པ་ལྟར་ཆོས་རྣམས་ཀྱི་དེ་ཁོ་ ན་ཉིད་དམ་དེ་བཞིན་ཉིད་ནི་གཅིག་ཁོ་ན་ཡིན་པས་ངོ་བོ་ཉིད་སྐུ་ནི་སངས་རྒྱས་ཀྱི་ཆོས་ཉིད་ ཡིན་པས། སེམས་ཅན་གྱིས་སེམས་ཀྱི་ཆོས་ཉིད་དང་གཅིག་ཡིན་ལ་སེམས་ཅན་གྱི་སེམས་ 3-1-329 ཀྱི་ཆོས་ཉིད་སེམས་ཅན་གྱི་སེམས་རྒྱུད་ལ་ཡོད་པ་ལ་བསྙོན་དུ་མེད་པས། སེམས་ཅན་གྱི་ སེམས་རྒྱུད་ལ་ངོ་བོ་ཉིད་སྐུ་ཡོད་པར་འདོད་པ་ཡིན་ནོ། ། དེ་དེའི་རྒྱུད་ལ་ཡོད་ཚུལ་ཡང་ཆོས་ཉིད་ངོ་བོ་ཉིད་ཀྱི་སྐུ་དེ་སེམས་ཅན་གྱི་སེམས་ཀྱི་དེ་ ཁོ་ན་ཉིད་དམ་དེ་བཞིན་ཉིད་དུ་ཡོད་པའི་ཆ་ནས་སེམས་ཅན་གྱི་རྒྱུད་ལ་ངོ་བོ་ཉིད་སྐུ་ཡོད་པ་ ཡིན་གྱི། དེའི་རྒྱུད་ཀྱིས་བསྡུས་པའམ་དེའི་རྒྱུད་ལ་ཡོད་པའི་ལས་ཉོན་ལྟ་བུའི་དངོས་པོ་མ་ ཡིན་ཏེ། དེས་ན་ངོ་བོ་ཉིད་སྐུ་ཆོས་ཉིད་ཡིན་ཞིང་སྔར་བཤད་པ་ལྟར་ཆོས་ཅན་རེ་རེ་བའི་ཆོས་ ཉིད་ཡང་ཆོས་དབྱིངས་ཀུན་འགྲོ་ཡིན་པས་སེམས་ཅན་ཐམས་ཅད་ལ་ཁྱབ་བྱེད་དུ་ཡོད་པ་སྟེ། འདུས་མ་བྱས་ནམ་མཁའ་གཟུགས་ཅན་ཀུན་ལ་ཁྱབ་བྱེད་དུ་ཡོད་པ་བཞིན་ནོ། །མདོ་རྒྱན་ དུ། ཇི་ལྟར་ནམ་མཁའ་རྟག་ཏུ་ཀུན་སོང་འདོད། །དེ་བཞིན་འདི་ཡང་རྟག་ཏུ་ཀུན་སོང་འདོད། ། ཇི་ལྟར་ནམ་མཁའ་གཟུགས་གྱུར་ཀུན་ཏུ་སོང༌། །དེ་བཞིན་དེ་ཡང་སེམས་ཅན་ཚོགས་ཀུན་ སོང༌། །ཞེས་སོགས་དང༌། རྒྱུད་བླར། ཇི་ལྟར་རྟོག་མེད་བདག་ཉིད་ཅན། །ནམ་མཁའ་ ཀུན་ཏུ་རྗེས་སོང་ལྟར། །སེམས་ཀྱི་རང་བཞིན་དྲི་མེད་དབྱིངས། །དེ་བཞིན་ཀུན་ཏུ་འགྲོ་བ་ ཉིད། །དེ་ཡི་མཚན་ཉིད་ཉེས་པ་དང༌། །ཡོན་ཏན་མཐར་ཐུག་ཁྱབ་པ་སྟེ། །གཟུགས་ཀྱི་རྣམ་ པ་དམན་པ་ (ས་)དང༌། །བར་ (ཟངས་)མ་མཆོག་ (གསེར་)ལ་ནམ་མཁའ་བཞིན། །ཞེས་སོགས་ འགྲེལ་བར་ཡང༌། སོ་སོའི་སྐྱེས་བོ་དང་འཕགས་པ་དང༌། ཡང་དག་པར་རྫོགས་པའི་སངས་ རྒྱས་རྣམས་ཀྱིས་སེམས་ཀྱི་རང་བཞིན་རྣམ་པར་མི་རྟོག་པ་གང་ཡིན་པ་དེ་ནི་སྤྱིའི་མཚན་ ཉིད་ཡིན་པའི་ཕྱིར། ཉེས་པ་དང་ཡོན་ཏན་དང་ཡོན་ཏན་རྣམ་པར་དག་པར་མཐར་ཐུག་པའི་ གནས་སྐབས་གསུམ་གར་ཡང་རྗེས་སུ་སོང་བ། རྗེས་སུ་ཞུགས་པ་མཚུངས་པ། དུས་ཐམས་ ཅད་དུ་ཁྱད་པར་མེད་པར་གྱུར་བ་སྟེ། གོ་རིམ་ཇི་ལྟ་བ་བཞིན་ས་དང་ཟངས་དང་གསེར་གྱི་ སྣོད་ལ་ནམ་མཁའ་བཞིན་ནོ། །ཞེས་དང༌། ཤ་རིའི་བུ། སེམས་ཅན་གྱི་ཁམས་ཀྱང་གཞན་ 3-1-330 ལ་ཆོས་ཀྱི་སྐུ་ཡང་གཞན་པ་ནི་མ་ཡིན་ཏེ། སེམས་ཅན་གྱི་ཁམས་ཉིད་ཆོས་ཀྱི་སྐུའོ། །ཆོས་ ཀྱི་སྐུ་ཉིད་སེམས་ཅན་གྱི་ཁམས་ཏེ། འདི་ནི་དོན་གྱི་གཉིས་སུ་མེད་དེ་ཡི་གེ་ཙམ་ཐ་དད་པ་ ཡིན་ནོ། །ཞེས་འཕེལ་བ་དང་འགྲིབ་པ་མེད་པའི་མདོའི་ལུང་དྲངས་སོ། །དེ་ལྟར་ན་ས་ཟངས་ གསེར་གྱི་སྣོད་གསུམ་བཟང་ངན་བར་མ་གསུམ་གྱི་ཁྱད་ཡོད་ཀྱང༌། དེ་གསུམ་གྱི་ནམ་མཁའ་ ལ་བཟང་ངན་མེད་པ་ལྟར་སོ་སྐྱེ་དང་འཕགས་པ་སློབ་པ་དང་སངས་རྒྱས་རྣམས་ལ་བཟང་ ངན་བར་མ་གསུམ་གྱི་ཁྱད་ཡོད་ཀྱང༌། དེ་རྣམས་ཀྱི་སེམས་ཀྱི་ཆོས་ཉིད་ལ་བཟང་ངན་བར་མ་ གསུམ་གྱི་ཁྱད་པར་མེད་པར་ཆེས་ཤིན་ཏུ་གསལ་བར་བསྟན་ཏོ། །ཀྱོག་བཤད་ལ་མཐའ་མེད་ དེ་རྐུན་མ་ལའང་ཤགས་ཡོད་དེ་ཟེར་བ་བཞིན། དེ་ལྟར་ན་དེའི་ཆོས་ཉིད་དུ་ཡོད་ཙམ་གྱིས་དེ་ ལ་ཡོད་པར་མི་འགྲུབ་ན་ནི་ཆོས་ཅན་རྣམས་ཀྱི་ཆོས་ཉིད་དེ་ཡང་ཆོས་རྣམས་ལ་ཚུལ་ཇི་ལྟར་ ཡོད་མིག་ཚུམས་ལ་སོམས་ཤིག དེ་ལྟར་ཁ་ཅིག་གསུང་རབ་ཀྱི་ངེས་དོན་གཏན་ལ་འབེབས་ པའི་ཚུལ་འདི་མི་རྟོགས་པར་སེམས་ཅན་ལ་ཆོས་ཉིད་ངོ་བོ་ཉིད་སྐུ་ཡོད་པ་དང༌། སེམས་ཅན་ ཐམས་ཅད་བདེ་གཤེགས་སྙིང་པོ་ཅན་དུ་འདོད་པའི་ལུགས་ཀྱི་ཕྱོགས་སྔ་ཤེས་པའི་ནམ་མ་ ལངས་པར་དགག་པ་ལྟར་སྣང་གི་ཉི་མ་ཤར་བར་བྱས་ནས་ཁྱི་སྐད་ལ་རྒྱུག་པ་དང༌། རི་བོང་ ཆལ་དང་ཁྲོན་པའི་རུས་སྦལ་གྱི་རྣམ་ཐར་འཛིན་པ་དུ་མ་ཞིག་གྲག་གོ །དེ་ལྟར་ན་སངས་རྒྱས་ ཀྱི་ངོ་བོ་ཉིད་ཀྱི་སྐུ་དེ་དེ་བཞིན་གཤེགས་པའི་སྙིང་པོ་ཡིན་ཏེ། དོན་དམ་ཆོས་སྐུ་ཡིན་པའི་ ཕྱིར་ཞེས་པའི་དོན་འདི། མདོ་རྒྱུད། རྒྱུད་བླ་རྩ་འགྲེལ་སོགས་དུ་མ་ལས་ལེགས་པར་གཏན་ ལ་ཕབ་ནས་གསུངས་ཤིང༌། རྒྱ་བོད་ཀྱི་མཁས་པ་དུ་མས་ཀྱང་བཞེད་དོ། །དོན་དམ་ཆོས་སྐུ་ དེ་ཆོས་ཉིད་དམ་དེ་བཞིན་ཉིད་ཡིན་ལ་སྔར་བཤད་ཟིན་པ་ལྟར་ཆོས་ཅན་རྣམས་ཀྱི་དེ་ཁོ་ན་ ཉིད་དམ་ཆོས་ཉིད་གཅིག་ཡིན་པས་སེམས་ཅན་ཐམས་ཅད་བདེ་གཤེགས་སྙིང་པོ་ཅན་དུ་ འཐད་དེ། དེ་ལྟ་མ་ཡིན་ན། ཆོས་ཅན་རྣམས་སོ་སོ་བཞིན་དུ་དེ་རྣམས་ཀྱི་ཆོས་ཉིད་ཀྱང་སོ་སོ་ 3-1-331 ཁོ་ནར་འགྱུར་བའི་སྐྱོན་ཡོད་པ་ལས་སྔར་ལུང་རིགས་དུ་མས་གཅིག་ཏུ་བསྒྲུབས་ཟིན་ཅིང༌། མཁས་པ་ཕལ་ཆེར་ཡང་གཅིག་ཏུ་བཞེད་པའི་ཕྱིར། བརྒྱད་སྟོང་པ་ལ་སོགས་པ་ཡུམ་གྱི་ མདོར། སེམས་ནི་སེམས་མ་མཆིས་པ་སྟེ་སེམས་ཀྱི་རང་བཞིན་འོད་གསལ་བའོ། །ཞེས་པའི་ དོན་རྣམ་ཤེས་ཚོགས་བརྒྱད་ལ་སོགས་པའི་སེམས་འདི་རྣམས་རང་བཞིན་གྱིས་འོད་གསལ་ བ་སྟེ། དོན་དམ་པར་སྟོང་ཞིང་བདག་མེད་པའི་ཕྱིར་ཞེས་འོད་གསལ་བའི་དོན་བདེན་པའི་ རང་བཞིན་མེད་པ་ཉིད་ལ་འཆད་པ་རྣམས་ནི་དགོངས་དོན་མ་ཡིན་ཏེ། མདོ་ཉིད་དུ། སེམས་ ཀྱི་རང་བཞིན་འོད་གསལ་ཏེ། ཞེས་གསུངས་ཀྱི་སེམས་ནི་རང་བཞིན་གྱིས་འོད་གསལ་བའོ་ ཞེས་མ་གསུངས་པའི་ཕྱིར། གསུངས་སུ་བཅུག་ནའང་རང་བཞིན་གྱིས་འོད་གསལ་བའི་ སེམས་ཞེས་པ་སྔར་རྒྱས་པར་བཤད་ཟིན་པ་ལྟར་ཆོས་ཉིད་ཀྱི་སེམས་དང་རང་བྱུང་ཡེ་ཤེས་ ཞེས་མདོ་ལས་གསུངས་པ་དེ་ཡིན་ཏེ། རྗེ་བཙུན་སྤྱན་རས་གཟིགས་དང༌། གསང་བདག་ཕྱག་ ན་རྡོ་རྗེས་སྔར་གྱི་ཡུམ་གྱི་མདོའི་ལུང་དེ་འདི་ལྟར་དྲངས་ཏེ། སེམས་གང་ཡོད་པའི་སེམས་ དེ་ནི་སེམས་མ་ཡིན་པའོ། །ཞེས་སེམས་ཀྱི་རང་བཞིན་འོད་གསལ་བར་གསུངས་སོ་ཞེས་སོ། ། སེམས་རྣམ་ཤེས་འཁོར་དང་བཅས་པ་འདི་རྣམས་ནི་སྐབས་འདིར་གསུངས་པའི་སེམས་ཀྱི་ རང་བཞིན་དུ་མི་རུང་སྟེ་སེམས་ཀྱི་གནས་ལུགས་མ་ཡིན་པའི་ཕྱིར། གནས་ལུགས་མངོན་ སུམ་དུ་མཐོང་བའང་མ་ཡིན་པའི་ཕྱིར་ཏེ། ཡོད་པའི་ཆོས་ཉིད་མ་མཐོང་བར་མེད་པའི་གཟུང་ འཛིན་སོགས་སུ་འཁྲུལ་བ་ཡིན་པའི་ཕྱིར་དུང་དཀར་སེར་འཛིན་སོགས་བཞིན། འོད་གསལ་ བའི་སེམས་ཡང་མ་ཡིན་ཏེ་རྨོངས་ཤིང་མི་གསལ་བའི་མ་རིག་པ་ཡིན་པའི་ཕྱིར་ཏེ། མུན་ པ་བཞིན། སཾ་བྷུ་ཊིར། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། ། ཞེས་དང་དབུས་མཐའ་རྣམ་འབྱེད་དུ། ཡང་དག་མ་ཡིན་ཀུན་རྟོག་ནི། །སེམས་དང་སེམས་ བྱུང་ཁམས་གསུམ་པ། །ཞེས་དང༌། བདེན་གཉིས་སུ། སེམས་དང་སེམས་བྱུང་ཁམས་གསུམ་ 3-1-332 པ། །སྒྲོ་བཏགས་རྣམ་པ་ཅན་རྟོག་ཡིན། ། ཞེས་སོ། །སྔར་རྒྱུད་བླ་རྣམ་འགྲེལ་གྱི་ལུང་དྲངས་པ་སོགས་དྲི་མ་མེད་པའི་ལུང་ཤིན་ཏུ་ མང་ངོ༌། །སེམས་སྟོང་ཞིང་བདག་མེད་པ་ཙམ་སེམས་རང་བཞིན་འོད་གསལ་གྱི་དོན་དུ་མི་ འཐད་དེ། མེད་དགག་ཡིན་པས་གསལ་བའི་དོན་ཅི་ཡང་མ་ཚང་པའི་ཕྱིར། དེ་ལྟར་ན་འདིར་ བཤད་ཀྱི་རང་བཞིན་ནི་སྤྲིན་དང་རྡུལ་དང་ཁུག་རྣ་སོགས་མེད་པའི་སྟོན་དུས་ཀྱི་ནམ་མཁའ་ དྭངས་པ་བཞིན་དང༌། ཁ་ཕྱིར་བལྟས་ཀྱི་རྣམ་ཤེས་གཟུང་འཛིན་སོགས་སྣ་ཚོགས་སུ་སྣང་བ་ འདི་རྣམས་རྡུལ་དང་སྤྲིན་ལ་སོགས་པ་ལྟར། ཐོག་མ་མེད་པ་ནས་འཁྲུལ་བར་གྱུར་པའི་གློ་ བུར་བ་ཡིན་ནོ་ཞེས་དྲི་མ་མེད་པའི་གསུང་རབ་དུ་མ་ལས་གསུངས་པའང་ཡིད་ཆེས་པར་བྱའོ། ། ཡང་ཁ་ཅིག་ན་རེ། སངས་རྒྱས་ཀྱི་སའི་འདུས་བྱས་འདུས་མ་བྱས་ཀྱི་ཆོས་ཇི་སྙེད་ཡོད་ པ་ཐམས་ཅད་བདེ་གཤེགས་སྙིང་པོ་ཡིན་པར་ཆོས་རྗེས་ཐམས་ཅད་མཁྱེན་པ་བུ་སྟོན་རིན་ པོ་ཆེ་བཞེད་ཟེར་བ་གྲགས་ཏེ། དེའི་གསུང་རབ་གང་ན་ཡང་དེ་ལྟར་བཤད་པ་མ་མཐོང་ཞིང་ གལ་ཏེ་དེ་ལྟར་བཞེད་ན། བདེ་གཤེགས་སྙིང་པོའི་ཚུལ་དགག་གཞག་སྤང་གསུམ་རྒྱས་པར་ བསྟན་པའི་བདེ་གཤེགས་སྙིང་པོའི་མཛེས་རྒྱན་དུ་འོང་བར་རིགས་པ་ལ་དེར་ཟུར་ཙམ་ཡང་ མ་གསུངས་པར་སྣང་པའི་ཕྱིར་རོ། །བསྟན་བཅོས་དེར་ནི་ཆོས་རྗེ་ཇོ་ནང་བ་ཆེན་པོ་དོན་དམ་ ཆོས་སྐུ་ཁོ་ན་བདེ་གཤེགས་སྙིང་པོར་བཞེད་ཅིང་དེ་ཉིད་སེམས་ཅན་ཐམས་ཅད་ལ་ཁྱབ་ བྱེད་དུ་ཡོད་པར་བཞེད་པ་ལ་དགག་པ་མཛད་སྣང་གི ། དོན་དམ་ཆོས་སྐུ་ལས་གཞན་བདེ་ གཤེགས་སྙིང་པོ་མཚན་ཉིད་པར་བཤད་པ་མེད་དོ། །རྒྱུ་མཚན་དེའི་ཕྱིར་དོན་དམ་ཆོས་སྐུ་དེ་ སྒྲིབ་པ་ཐམས་ཅད་ལས་གྲོལ་བ་ཡིན་ཅིང་དེ་ཉིད་བདེ་གཤེགས་སྙིང་པོ་ཡིན་པས་དྲི་བཅས་ ཀྱི་སྐབས་ན་མེད་ཅིང་སངས་རྒྱས་ཀྱི་ས་ཁོ་ན་ན་ཡོད་པར་ཆོས་རྗེ་བུ་རིན་བརྗོད་དོ། །མདོར་ 3-1-333 བསྡུས་པ་ཙམ་མོ།། །། ཡང་ཁ་ཅིག་བདེ་གཤེགས་སྙིང་པོ་དེ་སེམས་ཅན་ཐམས་ཅད་ལ་ཡོད་པ་འཐད་ཅིང༌། དོན་དམ་ཆོས་སྐུ་དང་ཆོས་རྣམས་ཀྱི་དེ་བཞིན་ཉིད་དུ་རང་བཞིན་དུ་གནས་པའི་རིགས་ཆོས་ ཉིད་སོགས་འདུས་མ་བྱས་ཁོ་ན་བདེ་གཤེགས་སྙིང་པོ་ཡིན་པའང་མི་འཐད་དེ། ངེས་དོན་གྱི་ གསུང་རབ་དུ་མར་སེམས་ཅན་ཐམས་ཅད་བདེ་གཤེགས་སྙིང་པོ་ཅན་དུ་ཆེས་གསལ་བར་ གཏན་ལ་ཕབ་པའི་ཕྱིར་དང༌། རྒྱུད་བླ་རྩ་འགྲེལ་དུ་སེམས་ཀྱི་རྣམ་པར་བྱང་བའི་ཁམས་དེ་ བཞིན་གཤེགས་པའི་སྙིང་པོ་རང་བཞིན་རྣམ་པ་གསུམ་གྱི་དབང་དུ་བྱས་ཏེ། སངས་རྒྱས་ཀྱི་ གཟུགས་ལ་སོགས་པ་རྣམ་དགུ་དང་ཆོས་མཐུན་པར་རྟོགས་པར་བྱའོ། །རང་བཞིན་རྣམ་ པ་གསུམ་གང་ཞེ་ན། འདིའི་རང་བཞིན་ཆོས་སྐུ་དང༌། །དེ་བཞིན་ཉིད་དང་རིགས་ཀྱང་སྟེ། ། ཞེས་སོགས་མདོར་བསྟན་ནས་རིགས་ཞེས་པའི་རྒྱས་བཤད་དུ། གཏེར་དང་འབྲས་བུའི་ ཤིང་བཞིན་དུ། །རིགས་དེ་རྣམ་གཉིས་ཤེས་བྱ་སྟཻ། །ཐོག་མེད་རང་བཞིན་གནས་པ་དང༌། ། ཡང་དག་བླངས་པ་མཆོག་ཉིད་དོ། །ཞེས་རྒྱས་པའི་རིགས་ཀྱང་དེ་བཞིན་གཤེགས་པའི་ སྙིང་པོར་གསུངས་ཤིང་གཞན་ཡང་འདུས་བྱས་ཡིན་པའི་བདེ་གཤེགས་སྙིང་པོར་གསུངས་ པའི་ཚུལ་མང་ངོ་ཞེས་ཟེར་བ་གྲག་གོ །སྐབས་དེར་ནི་རང་བཞིན་གྱིས་གནས་པའི་རིགས་ དེ་ཉིད་སྐབས་སུ་བབ་པའི་བསྟན་བྱའི་གཙོ་བོ་ཡིན་ཏེ། རྩ་འགྲེལ་དུ། མདོར་བསྡུས་ན་ཟག་ པ་མེད་པའི་དབྱིངས་དེ་བཞིན་གཤེགས་པའི་སྙིང་པོ་ལ་དོན་བཞིའི་དབང་དུ་བྱས་ནས་མིང་ གི་རྣམ་གྲངས་བཞིར་རིག་པར་བྱའོ། །དོན་བཞི་གང་ཞེ་ན། སངས་རྒྱས་ཆོས་དབྱེར་མེད་པ་ དང༌། །དེ་རིགས་དེ་བཞིན་ཐོབ་པ་དང༌། །ཞེས་སོགས་ནས་དེ་རིགས་རང་བཞིན་གྱི་བསམ་ གྱིས་མི་ཁྱབ་པའི་རྣམ་པ་ཐོབ་པའི་དོན་ནི་གང་གི་དབང་དུ་མཛད་ནས་བརྒྱུད་ནས་འོངས་པ་ ཐོག་མ་མེད་པའི་ཆོས་ཉིད་ཀྱིས་ཐོབ་པ་དེ་ནི་སྐྱེ་མཆེད་དྲུག་གི་ཁྱད་པར་དེ་འདྲ་བ་ཡིན་ནོ་ 3-1-334 ཞེས་གསུངས་སོ། །ཞེས་སོགས་གོང་འོག་ཐམས་ཅད་དུ་བདེ་གཤེགས་སྙིང་པོ་གསུངས་པའི་ རིགས་ནི་རང་བཞིན་གྱི་གནས་པའི་རིགས་ཁོ་ན་ལ་གསུངས་ཤིང༌། སྐབས་འདིར་ནི་ཐོག་ མར་འབྲས་བུ་སྐུ་གསུམ་གྱི་རྒྱུ་བསྟན་ནས་སྐུ་གསུམ་རྒྱས་པར་བསྟན་པར་དགོངས་ཏེ་རྒྱས་ པའི་རིགས་ཞར་ལ་བསྟན་པ་ཙམ་དུ་ཟད་དོ། །དེ་ལྟར་མ་ཡིན་པར་སྒྲ་ཇི་བཞིན་པར་འདོད་ན། གོང་དེ་མ་ཐག་ཏུ་རང་བཞིན་རྣམ་པ་གསུམ་གང་ཞེ་ན། འདིའི་རང་བཞིན་ཆོས་སྐུ་དང་ཞེས་ པའི་རྒྱས་བཤད་དུ། ཆོས་སྐུ་རྣམ་གཉིས་ཤེས་བྱ་སྟེ། །ཆོས་དབྱིངས་ཤིན་ཏུ་དྲི་མེད་དང༌། །དེ་ ཡི་རྒྱུ་མཐུན་ཟབ་པ་དང༌། །སྣ་ཚོགས་ཚུལ་ནི་སྟོན་པའོ། །ཞེས་བསྟན་པའི་ཆོས་གསུང་རབ་ ཡན་ལག་བཅུ་གཉིས་ཡང་བདེ་གཤེགས་སྙིང་པོའི་མིང་གི་རྣམ་གྲངས་ཀྱི་དོན་དམ་ཆོས་སྐུ་ ཡིན་པར་འདོད་དགོས་ཏེ་རྒྱུ་མཚན་ཤིན་ཏུ་མཚུངས་པའི་ཕྱིར་རོ། །འདོད་དོ་ཞེ་ན་འདོད་ལ་ རག་སྟེ་གནོད་བྱེད་ནི་ཤིན་ཏུ་མང་ངོ༌། །དེས་ན་སྐབས་དེར་ཡང་བསྟན་པའི་ཆོས་ཀྱི་ཚོགས་ རྣམས་དོན་དམ་ཆོས་སྐུ་འཐོབ་བྱེད་ཀྱི་ཆོས་ཀྱི་ཚོགས་ཡིན་པས་ཆོས་སྐུ་ཞེས་ཞར་ལ་བསྟན་ པ་ལྟར། རྒྱས་པའི་རིགས་ཡང་གཟུགས་སྐུའི་རྒྱུར་འགྱུར་བའི་རིགས་ཡིན་པས་སྐབས་དེར་ ཞར་ལ་བསྟན་པ་ཙམ་དུ་ཤེས་པར་བྱའོ། ། སོར་ཕྲེང་གི་མདོར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ནན་ཏན་དུ་བཙལ་ཡང་ དེ་བཞིན་གཤེགས་པའི་སྙིང་པོ་སྐྱེས་པ་མ་རྙེད་དེ་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་ དབྱིངས་མ་སྐྱེས་པ་མཚན་དང་དཔེ་བྱད་བཟང་བོ་མཐའ་ཡས་པས་བརྒྱན་པའི་དབྱིངས་ཡོད། ཅེས་སོགས་ནས་གཞིག་ཏུ་རུང་བ་མ་རྙེད་པའི་བར་དུ་རྒྱས་པར་གསུངས་ཤིང༌། གཞན་ཡང་ སངས་རྒྱས་རྣམས་ཀྱིས་གང་མ་རྙེད་པའི་ཞེས་བྱ་བ་དེ་ནི་འདས་པའི་སངས་རྒྱས་བཅོམ་ལྡན་ འདས་རྣམས་ཀྱིས་དེ་བཞིན་གཤེགས་པའི་སྙིང་པོ་བྱས་པ་མ་བརྙེས་ནས་འདས་ཏཻ། མ་བྱས་ པའི་སངས་རྒྱས་ཀྱི་ཁམས་མཚན་དང་དཔེ་བྱད་བཟང་བོ་མཐའ་ཡས་པས་བརྒྱན་པ་སེམས་ 3-1-335 ཅན་རྣམས་ལ་ཡོད་དོ། །ཞེས་སོགས་ནས་སྔོན་གྱི་ཡང་དག་པར་རྫོགས་པའི་སངས་རྒྱས་ མང་པོའི་དྲུང་དུ་གང་གིས་དེ་བཞིན་གཤེགས་པའི་སྙིང་པོ་ལ་བསྒོམས་ཤིང་མང་དུ་བྱས་པའི་ སེམས་ཅན་དེ་དག་ནི་ད་དུང་ཡང་དེ་བཞིན་གཤེགས་པའི་སྙིང་པོ་ལ་ཡིད་ཆེས་ཏེ། སེམས་ ཅན་དེ་དག་ནི་ཡུན་རིང་བོ་ནས་བསྒོམས་ཤིང་དེ་བཞིན་གཤེགས་པ་ལ་བྱས་པ་གཟོ་ལ་སྟེ་ གཞན་མ་ཡིན་ནོ། །མ་འོངས་པའི་དུས་ཡང་སེམས་ཅན་གང་དེ་བཞིན་གཤེགས་པའི་སྙིང་པོ་ སྟོན་པ་དང་ཐོས་ནས་ཡིད་ཆེས་པར་འགྱུར་བའི་སེམས་ཅན་དེ་དག་ནི་གཞན་མ་ཡིན་ཏེ། དེ་ བཞིན་གཤེགས་པས་སྲས་སམ་ས་ལ་ཟ་བ་ལྟ་བུ་དེ་བཞིན་གཤེགས་པ་ལ་བྱས་པ་གཟོ་བ་ ལགས་སོ། །ཞེས་སོགས་དཔལ་འཕྲེང་གི་མདོ་དང་མྱང་འདས་ཆེན་པོ་ལ་སོགས་མདོ་དུ་མ་ དང་རྒྱུད་བླ་སོགས་ངེས་དོན་བསྟན་བཅོས་དུ་མར་དེ་བཞིན་གཤེགས་པའི་སྙིང་པོ་མཚན་ ཉིད་པ་ནི་འདུས་མ་བྱས་ཁོ་ནར་གཏན་ལ་ཕབ་པས་དེ་ཡིད་ཆེས་པར་བྱའོ། །ཚུལ་འདི་རྣམས་ རྒྱས་པར་གཞན་དུ་བསྟན་ཏོ། ། ཡང་ཁ་ཅིག་ན་རེ། སེམས་ཅན་རྣམས་ཀྱི་སེམས་ཀྱི་ཆོས་ཉིད་དམ་དེ་བཞིན་ཉིད་དེའི་ངོ་ བོ་དག་པ་གཉིས་ལྡན་ཡིན་ན་རིགས་པ་མཚུངས་པས༌། དག་པ་གསུམ་ལྡན་ལ་སོགས་པར་ ཡང་ཐལ་བར་འགྱུར་རོ་ཞེས་ཟེར་བ་གྲགས་སོ། །ཁོ་བོས་སྔར་འདི་སྐད་དུ་སློབ་མ་རྣམས་ལ་ བཤད་པ་ཡིན་ཏེ། རྒྱུད་བླར། དྲི་བཅས་དེ་བཞིན་ཉིད་དང་དྲི་མ་མེད། །སོགས་དེ་བཞིན་ཉིད་ ལ་དྲི་བཅས་དྲི་མེད་ཤིན་ཏུ་དྲི་མེད་ཅེས་གནས་སྐབས་གསུམ་གསུངས་པའི་དགོངས་དོན་ནི། སོ་སོ་སྐྱེ་བོ་དང་ཉན་རང་དགྲ་བཅོམ་དང་བཅས་པའི་འཕགས་པ་སློབ་པ་དང༌། རྫོགས་པའི་ སངས་རྒྱས་ཐོབ་པའི་གང་ཟག་གསུམ་གྱི་དབང་དུ་མཛད་པས་ཏེ། རྟེན་ནམ་རྒྱུད་དེ་དག་ལ་ མ་དག་པ་དང་དག་པ་དང་ཤིན་ཏུ་རྣམ་དག་གི་གནས་སྐབས་གསུམ་དུ་ཡོད་པས། དེ་རྣམས་ ལ་ཁྱབ་བྱེད་དུ་ཡོད་པས་དེ་རྣམས་ཀྱི་དེ་བཞིན་ཉིད་ལ་ཡང་གནས་སྐབས་གསུམ་ཡོད་པ་ལྟ་ 3-1-336 བུར་གསུངས་པ་ཡིན་གྱི། དེ་བཞིན་ཉིད་ཁོ་རང་ཉིད་ཀྱི་ངོ་བོ་རང་ལ་གནས་སྐབས་གསུམ་ ཡོད་པ་མིན་ཏེ། དེ་ཉིད་ཀྱི་ངོ་བོ་གདོད་ནས་གློ་བུར་དྲི་མ་ཐམས་ཅད་ཀྱིས་རྣམ་པར་དག་པའི་ ཕྱིར་དེ་ལྟ་མ་ཡིན་ན་རང་བཞིན་རྣམ་དག་གི་ཆོས་དབྱིངས་སུ་འགལ་བས། ཆོས་དབྱིངས་ དག་པ་གཅིག་ལྡན་དུ་ཡང་མི་འགྲུབ་པོ། །དེའི་ཕྱིར་ཆོས་དབྱིངས་དེ་བཞིན་ཉིད་དེ་རང་གི་ངོ་ བོའི་དབང་དུ་བྱས་ཏེ། གློ་བུར་དྲི་མ་ཐམས་ཅད་ཀྱིས་གདོད་ནས་དག་པ་ལ་དག་པ་གཅིག་ ལྡན་ཞེས་དང༌། རྟེན་ནམ་རྒྱུད་དབང་བཙན་པར་བྱས་ཏེ། སངས་རྒྱས་ཐོབ་པའི་ཚེ་གང་ཟག་ དེའི་རྒྱུད་ལ་ཡང་དྲི་མ་ཐམས་ཅད་མེད་པས་དེའི་ཆོས་ཉིད་ལ་དག་པ་གཉིས་ལྡན་ཞེས་དོན་ དེ་གཉིས་ལ། རིམ་པ་བཞིན་དག་པ་གཅིག་ལྡན་དང་གཉིས་ལྡན་གྱི་བརྡ་ཆད་བོད་རྣམས་ ཀྱིས་བྱས་པ་སྟེ། བརྡ་ཆད་དེའི་དབང་དུ་བྱས་ན་སེམས་ཅན་གྱི་སེམས་ཀྱི་ཆོས་ཉིད་ཡང་རང་ ཉིད་ཀྱི་ངོ་བོ་ཡང་དག་པ་གཉིས་ལྡན་དུ་བཞག་པར་བྱ་སྟེ། གདོད་ནས་རང་བཞིན་གྱིས་རང་ གི་ངོ་བོ་དྲི་མ་རྣམས་ཀྱིས་དག་ཅིང༌། ཁོ་རང་གི་རང་གི་ངོ་བོ་ལ་རྒྱུད་ཀྱི་དབང་བཙན་དུ་བྱས་ པའི་དྲི་མ་གང་གིས་ཀྱང༌། མ་གོས་པའི་དེ་བཞིན་ཉིད་ཡིན་པའི་ཕྱིར་ཞེས་རྒྱུ་མཚན་དེ་ལས་ བོད་ཀྱི་སློབ་དཔོན་སྔ་མའི་བརྡ་ཆད་དང་བསྟུན་ན། སེམས་ཀྱི་ཆོས་ཉིད་ཀྱི་རང་གི་ངོ་བོ་དག་ པ་གཉིས་ལྡན་དུ་ཡང་བཞག་པས་ཆོག་ཅེས་འདོད་པ་ཡིན་པས་བརྡ་ཆད་དེའི་དབང་དུ་བྱས་ ན། སེམས་ཅན་གྱི་སེམས་ཀྱི་ཆོས་ཉིད་ཀྱི་རང་གི་ངོ་བོ་དག་པ་གསུམ་ལྡན་ལ་སོགས་པར་ ཡང་བཞག་པས་ཆོག་སྟེ། དེའི་རང་གི་ངོ་བོ་འཇིག་རྟེན་གྱི་ཁམས་ན་གློ་བུར་དྲི་མ་ཇི་སྙེད་ཡོད་ པ་དེ་སྙེད་ཀྱིས་དག་པའི་ཕྱིར། དེ་ལྟར་ན་སྔར་གྱི་བརྡ་ཆད་དེ་དང་བསྟུན་ན། དག་རྒྱུའི་དྲི་མ་ བརྗོད་དུ་མེད་པས་རྣམ་པར་དག་པའི་ཕྱིར། དག་པ་བརྗོད་མེད་ལྡན་དུ་ཡང་བཞག་པས་ཆོག་ གོ་ཞེས་ཁོ་བོས་འཆད་པ་མ་ཚོར་བ་ཟད་དོ། ། དེས་ན་དག་པ་གཉིས་ལྡན་ཞེས་པ་དག་ཚུལ་གྱི་རིགས་བསྡུས་པའི་བརྡ་ཆད་ཡིན་ལ། 3-1-337 དག་རྒྱུ་དང་དག་ཚུལ་གྱིས་གསལ་བའི་དབྱེ་བས་ཕྱེ་ན་གྲངས་མེད་པར་ཡང་འགྱུར་པས། བོད་སྔ་མའི་བརྡ་ཆད་དང་རིགས་བསྡུ་བ་དང་གསལ་པའི་དབྱེ་བ་མ་ཕྱེད་པར་སྙམ་དེ་སྐྱོན་ མིན་སྐྱོན་དུ་བཟུང་སྟེ། བྱ་འུར་བ་གནམ་རྡིབ་ཀྱིས་དོགས་པའི་ཚུལ་སྟོན་པར་ཟད་དོ། ། ཡང་ཁ་ཅིག་ན་རེ། །དབུ་མ་པ་ལ་རང་ལུགས་ཀྱིས་ཁས་ལེན་གཏན་ནས་མེད་དེ། རྩོད་ བཟློག་ལས། གལ་ཏེ་ངས་དམ་བཅས་འགའ་ཡོད། །དེས་ན་ང་ལ་སྐྱོན་དེ་ཡོད། །ང་ལ་དམ་ བཅའ་མེད་པས་ན། །ང་ནི་སྐྱོན་མེད་ཁོ་ན་ཡིན། །ཞེས་སོགས་དང་དབུ་མ་ཚིག་གསལ་དུ་དབུ་ མ་པ་ཡིན་ན་ནི། རང་གི་རྗེས་སུ་དཔག་པ་འདོད་པ་མ་ཡིན་ཏེ། ཕྱོགས་གཞན་ཁས་བླངས་པ་ མེད་པའི་ཕྱིར་རོ་ཞེས་བཤད་པས་སོ་ཟེར་རོ། །དེའི་ལན་དུ་དོན་དམ་དུ་ཁས་ལེན་པ་མེད་པ་ ལ་དགོངས་ནས་དམ་བཅའ་མེད་པར་གསུངས་པ་ཡིན་གྱི། ཀུན་རྫོབ་ཏུ་ཁས་ལེན་ཡོད་ (རྨ་ བྱང་བརྩོན་སོགས་ཀྱི)ཞེས་གསུངས། སྔར་གྱི་ལུང༌། ང་ལ་དམ་བཅའ་མེད་པས་ན། །ཞེས་སོགས་ ཀྱི་འགྲེལ་བའི་སྐབས་སུ་དེའི་ཕྱིར་དངོས་པོ་ཐམས་ཅད་སྟོང་པ་གཏན་དུ་ཉེ་བར་ཞི་བ། རང་ བཞིན་གྱིས་དབེན་པ་དག་ལ་དམ་བཅའ་པ་ཡང་ག་ལ་ཡོད། དམ་བཅས་པའི་མཚན་ཉིད་ ཀྱང་ག་ལ་ཡོད། དམ་བཅས་པའི་མཚན་ཉིད་ལས་བྱུང་བའི་སྐྱོན་ཡང་ག་ལ་ཡོད་ཅེས་པའི་ དགོངས་དོན་དུ་བསམ་པར་སྣང་ངོ༌། ། འོན་ཀྱང་སྔར་གྱི་ལུང་དེའི་ཐོག་མར་ཕྱོགས་སྔ་འདི་ལྟར་བཀོད་དེ། འགོག་པའི་འགོག་ པའང་དེ་ལྟ་ཞེས། །འདོད་ན་དེ་ཡང་བཟང་མིན་ཏེ། །དེ་ལྟ་ན་ཡང་ཁྱོད་དམ་བཅས། །མཚན་ ཉིད་སྐྱོན་ཡོད་དེ་དེ་དཔྱད་ལ་མེད། །ཁྱོད་ཀྱི་བློ་རྣམ་པ་འདི་ཉིད་ཀྱིས་འགོག་པའི་འགོག་ པ་ཡང་མི་འཐད་དེ། དེ་ལ་ཁྱོད་ཀྱིས་དངོས་པོ་ཐམས་ཅད་ཀྱི་རང་བཞིན་འགོག་པའི་ཚིག་ འགོག་པར་བྱེད་པ་གང་ཡིན་པ་དེ་ཡང་མི་འཐད་དོ་སྙམ་དུ་སེམས་ན་འདིར་སྨྲ་བར་བྱ་སྟེ། དེ་ ཡང་བཟང་བོ་མ་ཡིན་ཏེ་ཅིའི་ཕྱིར་ཞེ་ན་ཁྱོད་ལ་དམ་བཅའ་བའི་མཚན་ཉིད་ཀྱིས་འདི་འཐོབ་ 3-1-338 ཀྱིས། ངེད་ལ་ནི་མེད་པས་དེ་ལ་དེ་ལྟ་ཡིན་ན་ནི། འགོག་པའི་འགོག་པ་ཡང་འཐད་པ་མ་ཡིན་ ནོ་ཞེས་སྨྲ་བ་གང་ཡིན་པ་དེ་ནི་མི་རུང་ངོ༌། ། ཞེས་པ་རྣམས་ཕྱོགས་སྔ་སྟེ། དེའི་དོན་མདོར་བསྡུས་ན། དབུ་མ་པས་དངོས་པོ་ཐམས་ ཅད་རང་བཞིན་མེད་ཞེས་སྨྲས་པ་ལ། དངོས་སྨྲ་ན་རེ། དངོས་པོ་ཐམས་ཅད་རང་བཞིན་མེད་ ན། དངོས་པོ་ཐམས་ཅད་རང་བཞིན་མེད་དོ་ཞེས་དངོས་པོ་ཐམས་ཅད་ཀྱི་རང་བཞིན་འགོག་ པའི་ཚིག་དེ་ཡང་འགོག་པ་སྟེ། རང་བཞིན་མེད་པར་འདོད་དགོས་པ་ལས་དེ་ལྟར་འདོད་པ་ ཡང་བཟང་བོ་མིན་ཏེ། ཁྱེད་དབུ་མ་པས་དེ་འདྲའི་ཚིག་གིས་སྨྲས་པ་ཉིད་ཀྱིས་ཚིག་དེ་དངོས་ པོའམ་རང་བཞིན་ཡོད་པར་དམ་བཅས་པར་སོང་སྟེ། དེར་དམ་བཅའ་ན་དེ་སྐད་སྨྲ་བར་མི་ རུང་བའི་ཕྱིར་དེས་ན་ཚིག་དེ་རང་བཞིན་ཡོད་ན་དངོས་པོ་ཐམས་ཅད་རང་བཞིན་མེད་པའི་ དམ་བཅའ་ཉམས་ཤིང༌། ཚིག་དེ་རང་བཞིན་མེད་ན་ཚིག་དེས་དངོས་པོ་ཐམས་ཅད་རང་ བཞིན་ཡོད་པའི་དམ་བཅའ་བཟློག་མི་ནུས་པར་འགྱུར་ཞེ་ན། དེའི་ལན་དུ་གལ་ཏེ་ངས་དམ་ བཅས་འགའ་ཞེས་སོགས་ཏེ། གལ་ཏེ་དབུ་མ་པ་ངས་དངོས་པོ་ཐམས་ཅད་རང་བཞིན་ཡོད་ པ་འགོག་པའི་ཚིག་སྟེ། རང་བཞིན་ཡོད་པར་དམ་བཅས་ན། དངོས་པོ་ཐམས་ཅད་རང་བཞིན་ མེད་པའི་དམ་བཅའ་ཉམས་པའི་སྐྱོན་དེ་ཡོད་མོད། ང་ལ་དེ་འདྲའི་དམ་བཅའ་མེད་པས་དེ་ འདྲའི་སྐྱོན་མེད་པ་ཁོ་ནའོ། །ཞེས་པ་དངོས་ཀྱི་དོན་དེ། རང་འགྲེལ་དུ། སྔར་གྱི་ཕྱོགས་སྔ་དེ་ སྨོས་ནས་རྩ་བ་དེ་བཀོད་རྗེས་སུ་གལ་ཏེ་དམ་བཅའ་འགའ་ཞིག་ཡོད་ན་ནི། དེས་ན་ཁྱོད་ཀྱི་ ཇི་སྐད་སྨྲས་པ་བཞིན་དུ། ང་ལ་དམ་བཅའ་བའི་མཚན་ཉིད་ཁས་བླངས་པ་སྔོན་དུ་སོང་བའི་ སྐྱོན་ཡོད་པ་ཞིག་ན། ང་ལ་དམ་བཅས་པ་འགའ་ཡང་མེད་དོ། །ཞེས་པའི་རྗེས་སུ་སྔར་དྲངས་ པ་དེ་བཀོད་སྣང་ངོ༌། ། དེ་ལྟར་ན་ང་ལ་སྐྱོན་དེ་ཡོད་ཅེས་པའི་སྐྱོན་ནི་ཁྱོད་ཀྱིས་ཇི་སྐད་སྨྲས་པ་བཞིན་དུ་ཞེས་ 3-1-339 སོགས་གསུངས་ཏེ། དེའང་གོང་དུ་འགོག་པའི་འགོག་པའང་དེ་ལྟར་ཞེས་པའི་ཕྱོགས་སྔ་དེ་ ལ་ཟེར་རོ། །བདག་ཉིད་ཆེན་པོའི་གཞུང་གི་དངོས་དོན་ནི་དེར་སྣང་ལ། ཞར་ལ་དབུ་མ་པ་ལ་ དོན་དང་མི་མཐུན་པའི་དམ་བཅའ་ཡོད་ན་སྐྱོན་འབྱུང་མོད། ངེད་ལ་དོན་དང་མི་མཐུན་པའི་ དམ་བཅའ་ཅུང་ཟད་ཙམ་མེད་པས། གནོད་བྱེད་སྐྱོན་མི་འགྱུར་བར་བསྟན་ཅིང༌། དངོས་པོ་ ཐམས་ཅད་དོན་དམ་པར་རང་བཞིན་གྱིས་སྟོང་པ་ཡིན་པས་དེ་རྣམས་གང་ཡང་དོན་དམ་དུ་ གྲུབ་པར་འདོད་པའི་དམ་བཅའ་ཡོད་ན་དེ་ལ་སྐྱོན་ཡོད་ཅིང༌། ང་ལ་དེ་འདྲའི་དམ་བཅའ་མེད་ པས། དེ་ལྟར་དམ་བཅས་པ་ལས་བྱུང་བའི་སྐྱོན་མེད་པ་ཁོ་ནའོ་ཞེས་ཀྱང་བསྟན་ཏོ། ། དེ་ལྟ་མ་ཡིན་པར་ལུང་གི་སྒྲ་ཇི་བཞིན་པར་འདོད་ན། སྐབས་ཀྱི་ཕྱོགས་སྔ་རང་འགྲེལ་ གྱི་བཤད་པར་བཅས་པ་དང་འགལ་ཞིང༌། རྩོད་བཟློག་ལས། ཐ་སྙད་ཁས་ནི་མ་བླངས་པར། ། ངེད་ཅག་འཆད་པར་མི་བྱེད་དོ། །ཞེས་དང༌། དེ་ཉིད་ཀྱི་འགྲེལ་བར། གཞན་ཡང་ངེད་ཅག་ ཐ་སྙད་ཀྱི་བདེན་པ་ཁས་མ་བླངས་ཤིང༌། མ་བརྟེན་པར་དངོས་པོ་ཐམས་ཅད་སྟོང་པའོ་ཞེས་ མི་འཆད་དེ། ཐ་སྙད་བདེན་པ་ཁས་མ་བླངས་བར་ནི། ཆོས་སྟོན་པར་མི་ནུས་ཏེ། ཇི་སྐད་དུ། ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་མི་སྟོན་ལ། །དམ་པའི་དོན་ལ་མ་བརྟེན་པར། ། མྱ་ངན་འདས་པ་མི་རྟོགས་སོ། །ཞེས་གསུངས་པ་ལྟ་བུའོ། ། དེ་བས་ན་དངོས་པོ་ཐམས་ཅད་ཀྱི་རང་བཞིན་མེད་པ་ཉིད་དུ་གཉིས་ཀ་འཐད་པ་ན། ངའི་ཚིག་བཞིན་དུ་དངོས་པོ་ཐམས་ཅད་སྟོང་བ་ཡིན་ཏེ་ཞེས་ཏེ། ཕྱི་མ་འདི་ངའི་ཚིག་བཞིན་ དུ་དངོས་པོ་ཐམས་ཅད་སྟོང་བ་དང༌། རང་བཞིན་མེད་པ་ཉིད་གཉིས་ཀ་འཐད་པ་ཡིན་ནོ། ། ཞེས་བསྒྱུར་ན་ལེགས་སོ། །གཞན་དངོས་པོ་ཐམས་ཅད་ནི་རང་བཞིན་མེད་པ་ཉིད་དུ་ཁྱད་ པར་མེད་པའི་ཕྱིར། སྒྲ་དེ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ཉིད་ཡིན་པའི་ཕྱིར། རང་བཞིན་ ཡོད་པ་མ་ཡིན་ནོ་ཞེས་སོགས་དབུ་མ་རིགས་ཚོགས་རྣམས་སུ་ཆོས་ཐམས་ཅད་བདེན་པའི་ 3-1-340 རང་བཞིན་མེད་པར་སྒྲུབ་པའི་རིགས་པའི་ཚུལ་དུ་མ་གསུངས་པའི་སྐབས་སུ་ཡང༌། དབུ་ མའི་བཞེད་གཞུང་དུ་མ་གསུངས་པའི་ཕྱིར། དབུ་མ་པ་ལ་ཡང༌། ཁས་ལེན་དམ་བཅའ་ཡོད་ པར་གྲུབ་སྟེ། སློབ་དཔོན་ཟླ་བ་གྲགས་པས་ཀྱང༌། དབུ་མ་པ་དག་ནི་རྟེན་འབྲེལ་བར་འབྱུང་ བ་སྨྲ་བ་ཡིན་ལ་རྟེན་ཅིང་འབྲེལ་བར་འབྱུང་བའི་ཕྱིར། འཇིག་རྟེན་འདི་དང་འཇིག་རྟེན་ཕ་ རོལ་ལ་སོགས་པ་ཐམས་ཅད་རང་བཞིན་མེད་པར་སྨྲ་བར་བྱེད་དོ་ཞེས་དང༌། ཕྱིན་ཅི་ལོག་ ཏུ་གྱུར་བ་རྣམས་ལོག་པར་མངོན་པར་ཞེན་པ་བཟློག་པར་བྱ་བའི་ཕྱིར། རབ་རིབ་མེད་པ་ རྣམས་ལྟར། དངོས་པོ་ཐམས་ཅད་ཡོད་པ་མ་ཡིན་ནོ། །ཞེས་ཁོ་བོ་ཅག་སྨྲ་མོད་ཀྱིས། དེ་ སྐད་སྨྲས་པ་ནི་ཁོ་བོ་ཅག་ལ་ཆད་པར་ལྟ་བར་ཐལ་བར་འགྱུར་བ་ནི་མ་ཡིན་ནོ། །ཞེས་དང༌། འཕགས་པ་རྣམས་ནི་འཇིག་རྟེན་གྱི་ཐ་སྙད་ཀྱི་འཐད་པ་མི་གསུང་གི་འོན་ཀྱང་འཇིག་རྟེན་ཁོ་ ན་ལ་རབ་ཏུ་གྲགས་པའི་འཐད་པ་གང་ཡིན་པ་དག་གཞན་རྟོགས་པར་བྱ་བའི་ཕྱིར། ཞལ་ གྱིས་བཞེས་ནས་དེ་ཉིད་ཀྱིས་འཇིག་རྟེན་ཁོང་དུ་ཆུད་པར་མཛད་དོ་ཞེས་དང༌། དེ་ནི་དེ་ལྟར་ བདེན་མོད་ཀྱི་འོན་ཀྱང་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པ་དང༌། ཤེས་པ་དང་ཤེས་བྱ་ལ་ སོགས་པའི་མཚན་ཅན་འཇིག་རྟེན་པའི་དོན་དམ་པའི་ཁས་མ་བླངས་པར་དོན་དམ་པར་སྟོན་ པར་མི་ནུས་ལ། མ་བསྟན་ན་ཡང་རྟོགས་པར་མི་ནུས་ཤིང༌། དོན་དམ་པ་མ་རྟོགས་པར་ཡང་ མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་ཕྱིན་པར་མི་ནུས་སོ་ཞེས་བསྟན་པའི་ཕྱིར་རོ། །ཐ་སྙད་ ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་བསྟན་མི་ནུས། །དམ་པའི་དོན་ནི་མ་རྟོགས་པར། །མྱ་ ངན་འདས་པ་ཐོབ་མི་འགྱུར། ། ཞེས་གསུངས་ཏེ། དེའི་ཕྱིར་མྱ་ངན་ལས་འདས་པ་ཐོབ་པའི་ ཐབས་ཡིན་པའི་ཕྱིར། ཆུ་འདོད་པའི་སྣོད་ལྟར་ཐོག་མར་གདོད་མི་ཟ་བར་ཀུན་རྫོབ་ཇི་ལྟར་ གནས་པ་ཁས་བླངས་པར་བྱའོ། །ཞེས་སོགས་དུ་མ་གསུངས་པས་དབུ་མ་པ་ལའང་ཁས་ལེན་ ནམ་དམ་བཅའ་ཡོད་པར་གྲུབ་པོ། །ཁས་ལེན་ནམ་དམ་བཅའ་ཞེས་པ་ཟད་དེ་ལྟ་བུ་གཞན་ཅི་ 3-1-341 ཞིག་ཡོད། ཚིག་གསལ་དུ། ཕྱོགས་གཞན་ཁས་བླངས་པ་མེད་པའི་ཕྱིར་རོ་ཞེས་པས། དབུ་མ་ པ་ལ་ཁས་ལེན་ནམ་དམ་བཅའ་གཏན་ནས་མེད་པར་འདོད་པའང་དགོངས་དོན་མ་ཡིན་ཏེ། སློབ་དཔོན་འདིའི་གསུང་ལ་ནོར་བ་གཏན་ནས་མེད་པར་ཁྱེད་རྣམས་ཁས་ལེན་ལ། གོང་དུ་ ཚིག་གསལ་གྱི་ལུང་དྲངས་པ་ལྟར་གྱི་དབུ་མ་པ་ལ་ཁས་ལེན་ཡོད་པའི་ལུང་དུ་མ་ཚིག་གསལ་ འཇུག་རྣམས་ན་སྣང་བའི་ཕྱིར་དང༌། དབུ་མ་པ་ལ་ཁས་ལེན་གཏན་ནས་མེད་ན། དབུ་མ་ བའི་སློབ་དཔོན་དེ་རྣམས་ཀྱིས་དབུ་མ་པ་ལ་ཁས་ལེན་མེད་དོ་ཞེས་དེ་ཞེས་ཁས་བླངས་པའི་ ཕྱིར་ན། རང་ཚིག་འགལ་བའི་སྐྱོན་དུ་འགྱུར་བའི་ཕྱིར་དང༌། དངོས་པོ་ཐམས་ཅད་རང་ བཞིན་མེད་པར་ཁས་མི་ལེན་པར་ཡང་འགྱུར་ལ་དེ་ལྟར་འདོད་ན་དབུ་མའི་གཞུང་ལུགས་སུ། དངོས་པོ་རྣམས་རང་བཞིན་མེད་པར་གཏན་ལ་འབེབས་པའི་ཚུལ་འདི་རྣམས་དབུ་མ་བས་ནི་ ཁས་མི་ལེན་པའི་ཕྱིར་སུ་ཞིག་གིས་ཁས་ཡང་ལེན་ཅིང་སུ་ཞིག་གི་ལུགས་སྨྲ་དགོས་སོ། །སྒྲ་ ཇི་བཞིན་པར་དམ་བཅའ་ཡེ་མེད་ན་དབུ་མ་པས་གསུང་རབ་ཀྱི་དོན་རྣམ་པར་འབྱེད་པའི་ཚེ་ དགག་གཞག་སྤང་གསུམ་ཅི་ཡང་བྱར་མེད་པར་ཡང་འགྱུར་བ་སོགས་སྐྱོན་མཐའ་ཡས་སོ། ། དེས་ན་དབུ་མ་པ་དེ་ཕྱོགས་གཞན་ཁས་བླངས་པ་མེད་ཅེས་པའི་དོན་དཔྱད་ན་འཐད་པས་ གྲུབ་པའི་ཕྱོགས་གཞན་ཁས་བླངས་པ་མེད་ཅེས་པར་དགོངས་པར་ཡིན་ནམ་སྙམ་སྟེ། གཞན་ དུ་ན་ནང་འགལ་ཅན་དུ་འགྱུར་རམ་སྙམ་སྟེ་དཔྱད་པར་བྱའོ། ། ཆོས་རྗེ་ཀུན་མཁྱེན་ཆེན་པོའི་ཞལ་ནས། ང་ལ་དམ་བཅའ་མེད་པས་ན། །ཞེས་སོགས་ འཕགས་པ་ཀླུའི་དགོངས་པ་ནི་རྣམ་པར་མི་རྟོག་པའི་མཉམ་བཞག་ཟབ་མོ་ལ་ལ་བཟློ་བའི་ སྐབས་སུ་ནི་འདི་དང་འདི་ལྟ་བུའོ་ཞེས་པའི་ཁས་ལེན་ནམ་དམ་བཅའ་གཏན་ནས་མེད་ལ། རྗེས་ཐོབ་ཤན་འབྱེད་པའི་སྐབས་སུ་ནི་བདེན་པ་གཉིས་ཀར་གཏན་ལ་འབེབས་ཀྱང་རུང་ དོན་དང་མི་མཐུན་པའི་ཁས་ལེན་མེད་ཞེས་པ་ཡིན་གྱི་སྒྲ་ཇི་བཞིན་པར་འཆད་པ་ནོར་རོ་ 3-1-342 གསུངས། གཞན་ཡང་དབུ་མ་པའི་ལུགས་ནི་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ང་སངས་ རྒྱས་སོ་ཞེས་ཞལ་གྱིས་བཞེས་པ་དང་ངའི་ཟག་པ་རྣམས་ཟད་དོ་ཞེས་ཞལ་གྱིས་བཞེས་པ་ དང༌། ཁྱུ་མཆོག་རླབས་པོ་ཆེའི་གནས་སུ་དམ་འཆའོ་ཞེས་སོགས་ཡང་མི་འཐད་པར་འགྱུར་ དེ་རྫོགས་པའི་སངས་རྒྱས་རྣམས་དབུ་མ་པ་ཡིན་པའི་ཕྱིར་རོ་ཞེས་བརྗོད་ན། ཚངས་ཆེན་གྱི་ ཚུལ་འཛིན་པ་མ་གཏོགས་ཆོས་དང་མཐུན་པའི་ལན་གདབ་མི་ནུས་སོ། ། གཞན་ཡང་དབུ་མ་བས་དངོས་པོར་སྨྲ་བ་རྣམས་ཀྱིས་བཏགས་པའི་གཞན་ཕྱོགས་ འགོག་པ་ལ་བསྙོན་དུ་མེད་ཅིང༌། ཁྱེད་རང་ཇི་ལྟར་འདོད་ཅེས་དྲིས་པ་ན་ང་ལ་འདོད་གང་ ཡང་མེད་དོ། །རང་ལུགས་རྣམ་པར་བཞག་པ་ཅུང་ཟད་ཀྱང་མེད་ཅེས་བརྗོད་དགོས་པར་ འགྱུར་ཏེ། དྲི་བ་དེ་ལ་ལན་གཅིག་བརྗོད་ནི་དགོས། དམ་བཅའ་འམ་ཁས་ལེན་གཏན་ནས་ མེད་པའི་ཕྱིར། དེ་ལྟར་འདོད་ན་རང་ཚིག་འགལ་བའི་སྐྱོན་ཡང་ཡོད་ཅིང༌། དབུ་མ་རྩ་ཤེས་ དང་རིགས་པ་དྲུག་ཅུ་བ་ལ་སོགས་པར་དངོས་སྨྲའི་གྲུབ་མཐའ་འགོག་པའི་རིགས་ཚུལ་འདི་ རྣམས་དངོས་སྨྲའི་གྲུབ་མཐའི་ལུགས་སུ་འགྱུར་དེ། དེའི་ལུགས་ཡིན་པའམ་དབུ་མ་པའི་གྲུབ་ མཐའི་ལུང་གང་རུང་གཅིག་ནི་ཡིན་དགོས། དབུ་མ་བའི་གྲུབ་མཐའི་ལུགས་མིན་པའི་ཕྱིར་ ཏེ། དབུ་མ་བ་ལ་རང་ལུགས་རྣམ་པར་བཞག་པ་གཏན་ནས་མེད་དབུ་མ་བ་ལ་འདི་འདོད་ དང་དམ་བཅའ་འམ་ཁས་ལེན་གཏན་ནས་མེད་པའི་ཕྱིར་རོ། །གཞན་ཡང་ཕ་རོལ་བོའི་གྲུབ་ པའི་མཐའ་རྣམས་རྣམ་གྲངས་དུ་མས་འགོག་ཅིང༌། རང་ལུགས་ཀྱི་རྣམ་བཞག་དྲིས་ལན་ཅི་ ཡང་ཁས་མི་ལེན་དམ་བཅའ་མེད་ཅེས་པ་ནི་ལྟ་ངན་ཉི་ཤུ་རྩ་བརྒྱད་ཀྱི་ནང་ནས་ཁས་མི་ལེན་ པའི་ལྟ་བ་ཞེས་པའི་ལྟ་བ་ངན་པ་ཅན་དུ་གསུངས་ཤིང༌། དེ་བཞིན་དུ་ཚིག་དང་དོན་འདི་དང་ འདི་ལྟ་བུ་རྣམས་ལ་ཁྱོད་ཇི་ལྟར་འདོད་ཅེས་གཞན་གྱིས་དྲིས་པ་ན། ལན་དུ་དེ་རྣམས་ལ་ཁྱོད་ རང་ཇི་ལྟར་འདོད་ཅེས་ཕར་དྲིས་ནས་སྔར་གྱི་འདྲི་བ་པོ་དེས་ང་འདི་དང་འདི་ལྟ་བུ་འདོད་ 3-1-343 ཅེས་བཞག་པའི་རྗེས་སུ་ང་ཡང་དེ་དང་དེ་ལྟ་བུར་འདོད་ཅེས་རྣམ་པར་འཇོག་པ་ཡང༌། ངན་ གཡོའི་ལྟ་བ་ཞེས་པའི་ལྟ་ངན་དུ་གསུངས་པའང་དྲན་པར་བྱའོ། ། དུས་ད་ལྟ་ནི་དབུ་མ་ཆེན་པོ་པར་ཁས་འཆེ་བ་མང་པོ་རྣམས་བདག་ཉིད་ཆེན་པོ་ཀླུ་སྒྲུབ་ ཡབ་སྲས་ཀྱི་བདེན་པ་གཉིས་ཀྱི་ཚུལ་རྒྱ་ཆེར་གཏན་ལ་ཕབ་པ་དང༌། སློབ་དཔོན་སངས་རྒྱས་ བསྐྱང་དང༌། སློབ་དཔོན་ཟླ་བ་གྲགས་པ་ལ་སོགས་པའི་དགོངས་པའི་དོན་མི་ཤེས་བཞིན་ དུ་ཤེས་སོ་སྙམ་པའི་མངོན་རློམ་ཀྱིས་ཁེངས་ཏེ། བཤད་མ་ཐག་པའི་ཁས་མི་ལེན་པའི་ལྟ་བ་ དང་ངན་གཡོའི་ལྟ་བ་ལ་ལྟ་བ་མཆོག་ཏུ་བཟུང་སྟེ། རང་གི་ལྟ་བ་དང་མ་མཐུན་པའི་མདོ་རྒྱུད་ བསྟན་བཅོས་ཁྱད་པར་ཅན་མང་པོ་སེམས་ཙམ་གྱི་གཞུང་དུ་ཕབ་ཅིང༌། ཕུང་བོ་རྣམ་དཔྱད་ ཀྱི་སྟོང་པ་རྣམ་གཅོད་ཙམ་དེ་ཁོ་ན་མཐར་ཐུག་གི་སྟོང་ཉིད་ཟབ་མོ་རློམ་སྟེ། མདོ་རྒྱུད་མན་ ངག་གི་གནད་ཟབ་མོ་ཤེས་ནས་སྟོན་པའི་ཆོས་དང་གང་ཟག་ལ་རྣམ་གྲངས་དུ་མས་སྨོད་ཅིང་ ཚངས་ཆེན་གྱི་ཚུལ་དང༌། གནས་མ་ཡིན་པ་ལ་སྐྲག་པ་རི་བོང་གི་ཆལ་དང༌། རང་ལ་འདི་ལྟར་ ཡིན་ངེས་པ་མེད་པའི་ཁྱི་སྐད་ལ་རྒྱུག་པ་དང༌། རྒྱ་གར་མཁས་པའི་བཤད་པ་བོར་ཏེ་རང་གི་ བསམ་བློ་མགོ་ཕུར་གྱིས་བཀྲལ། བོད་ཊཱིཀྐ་རེ་རེ་དང་བཅས་པའི་བོད་རྐྱང་རེ་ལ་འདོན་པ་ གོམས་པ་ཙམ་གྱི་གཟི་འབུགས་པའི་ཚུལ་ཅན་མང་བོ་ལོག་བསམ་ལ་སྦྱོར་བ་མང་བོ་ཡོད་ པར་གྲགས་ཏེ། རྒྱལ་བ་སྲས་དང་བཅས་པའི་བྱིན་རླབས་ཆེན་པོའི་མཐུས་དེ་དག་ཐམས་ ཅད་ཡང་དག་པའི་ལྟ་སྒོམ་སྤྱོད་འབྲས་ལ་བདག་གིས་ལེགས་པར་འགོད་ནུས་པར་གྱུར་ཅིག གལ་ཏེ་ཁྱོད་ཀྱིས་སྔར་ཕུང་བོ་རྣམ་དཔྱད་ཀྱི་སྟོང་ཉིད་མེད་དགག་དང༌། ཆོས་རྣམས་ ཀྱི་གནས་ལུགས་དེ་བཞིན་ཉིད་ནི། སྒྲུབ་ཆོས་ཅན་གྱི་མ་ཡིན་དགག་ཡིན་ནོ་ཞེས་པ་ ཆོས་ཀུན་རྫོབ་པ་འདི་རྣམས་དོན་དམ་པར་མ་གྲུབ་ཅིང༌། ཆོས་དབྱིངས་དེ་བཞིན་ཉིད་དང་ སངས་རྒྱས་ཀྱི་ངོ་བོ་ཉིད་སྐུ་སོགས་དོན་དམ་དུ་ཡོད་ཅེས་དང༌། ལང་གཤེགས་སོགས་འཁོར་ 3-1-344 ལོ་ཐ་མའི་མདོ་དང༌། བྱམས་ཆོས་ཕྱི་མ་བཞི་སོགས་དབུ་མའི་བསྟན་བཅོས་ཡིན་ཞེས་དང༌། ཀུན་བཏགས་གཞན་དབང་ཡོངས་གྲུབ་ཀྱི་རྣམ་བཞག་ལ་སོགས་པ་འདི་ལྟ་བུའི་རྣམ་བཞག་ རྣམས། ཐོགས་མེད་སྐུ་མཆེད་རྗེས་འབྲང་དང་བཅས་པའི་ལུགས་སེམས་ཙམ་གྱི་གྲུབ་མཐའ་ ཡིན་གྱི་དབུ་མའི་གཞུང་ལུགས་ལས་མ་བཤད་ཅིང་དོན་དང་མི་མཐུན་ནོ་ཞེ་ན། སྤྱིར་གསུང་ རབ་རྣམས་སུ་སྟོང་པ་ཞེས་དང་སྟོང་པ་ཉིད་དེ་ཞེས་དེ་གཉིས་ཁྱད་མེད་པ་ལྟ་བུར་བསྒྱུར་བ་ མང་བར་སྣང་སྟེ། ཞིབ་ཏུ་དཔྱད་ན་དེ་གཉིས་སྐད་དོད་ཀྱང་མི་གཅིག་སྟེ། ཤུ་ནྱཱ་ཞེས་པ་སྟོང་ པའི་སྐད་དོད་དང་ཤུ་ནྱཱཏཱ་ཞེས་པ་སྟོང་པ་ཉིད་ཀྱི་སྐད་དོད་དེ་ཏཱ་ཞེས་པ་ངོ་བོའི་སྐྱོན་ཡོད་མེད་ ཀྱི་ཁྱད་ཡོད་ཅིང་དེའི་ཕྱིར་དོན་ལའང་ཁྱད་ཡོད་དོ། །ཀུན་རྫོབ་ཐམས་ཅད་ཀྱང་བརྟགས་ན་ བདེན་པའི་རང་བཞིན་གྱིས་སྟོང་བའི་སྟོང་པ་ཡིན་པར་སྔར་གཏན་ལ་ཕབ་ཟིན་ཅིང༌། ཀུན་ རྫོབ་རྣམས་བརྟགས་ན་བདེན་པའི་སྟོང་པའི་སྟོང་པ་ཉིད་མ་ཡིན་ཏེ། དེ་བཞིན་ཉིད་མ་ཡིན་ པའི་ཕྱིར་ཏེ། སྟོང་པ་ཉིད་དེ་མདོར་བསྡུས་ན། །དེ་བཞིན་ཉིད་དང་ཡང་དག་མཐའ། །ཞེས་ སོགས་འཕགས་ཀླུའི་ལུང་དང་བཅས་པ་སྔར་བསྟན་པ་ལྟར་རོ། །གསུང་རབ་དྲི་མ་མེད་པ་ གང་དུ་ཆོས་ཐམས་ཅད་སྟོང་པ་ཉིད་དོ་ཞེས་གསུངས་པ་ཐམས་ཅད་ཀྱི་དགོངས་དོན་ཡང༌། རྩ་ཤེར། རང་བཞིན་དག་ནི་བཅོས་མིན་དང༌། རྐྱེན་ལ་ལྟོས་པ་མེད་པའང་ཡིན། །རང་བཞིན་ གཞན་དུ་འགྱུར་བར་ནི། །ནམ་ཡང་འཐད་པ་མ་ཡིན་ནོ། །ཞེས་གསུངས་པ་ལྟར་ཆོས་རྣམས་ ཀྱི་རང་བཞིན་ནམ་དེ་ཁོ་ན་ཉིད་དེ་སྟོང་པ་ཉིད་ཡིན་པ་ལ་དགོངས་པ་ཁོ་ནར་ཤེས་པར་བྱ་ ཞིང༌། དེ་ལྟར་སྟོང་པ་དང་སྟོང་ཉིད་ཅེས་པ་སྐད་དོད་དང་དོན་གཉིས་ཀ་མི་གཅིག་པས་ཁྱད་ ཕྱེ་ན་ལེགས་ཏེ། ཆོས་དང་ཆོས་ཉིད་གཉིས་བཞིན་ཏེ། དྷརྨཱ་ཞེས་དང་དྷརྨཱ་ཏཱ་ཞེས་སྐད་དོད་སོ་ སོར་ཡོད་ཅིང་ཆོས་ཞེས་པ་ཀུན་རྫོབ་པ་དང་ཆོས་ཉིད་ཞེས་པ་དོན་དམ་གྱི་ཁྱད་ཡོད་པ་བཞིན་ ལོ་ཙྪ་བ་མང་བོས་དེ་འདྲའི་ཁྱད་མ་ཕྱེད་པར་བསྒྱུར་སྣང་ནའང༌། ལ་ལས་མ་དགོངས་པའམ། 3-1-345 སླ་ཆོས་མཛད་པ་སྟེ། དཔེར་ན་དག་ཅེས་པ་དང་རྣམས་ཞེས་པ་གཉིས་ཀྱི་སྐད་དོད་ལ་ཡང་ སོ་སོར་ཡོད་དེ་དག་ཞེས་པ་གཉིས་ཚིག་དང༌། རྣམས་ཞེས་པའི་སྐད་དོད་མང་ཚིག་ཡོད་པས་ གསུམ་ཕན་ཆད་ལ་འཇུག་པ་བཞིན་ནོ། ། ཡང་ཕུང་བོ་རྣམ་དཔྱད་ཀྱི་སྟོང་བ་ཞེས་པ་དབུ་མའི་གཞུང་ལུགས་ལས་མི་འབྱུང་ཞེས་ ཟེར་བའང་མུན་སྤྲུལ་ཏེ། དབུ་མའི་གཞུང་ལུགས་ཀྱི་མཆོག་རིག་པ་འཛིན་པའི་སྡེ་སྣོད་དམ་ རྒྱུད་སྡེ་བཞི་དང༌། དེའི་ཡང་མཐར་ཐུག་པ་རྣལ་འབྱོར་བླ་ན་མེད་པའི་རྒྱུད་ལས་གསུངས་ དགོངས་པ་རྗེ་བཙུན་འཇམ་དཔལ་གྱིས་གསུངས་པའི་རང་གི་ལྟ་བའི་འདོད་པ་མདོར་ བསྟན་པ་ལས། ཕུང་བོ་རྣམ་དཔྱད་སྟོང་ཉིད་ནི། །ཆུ་ཤིང་ཇི་བཞིན་སྙིང་པོ་མེད། །རྣམ་པ་ ཀུན་གྱི་མཆོག་ལྡན་པའི། །སྟོང་ཉིད་དེ་ལྟར་འགྱུར་མ་ཡིན། །སྐྱེས་པ་མེད་པ་འགགས་མེད་ པའི། །ཤེས་བྱ་གང་ཞིག་འདིར་མཐོང་བ། །སྟོང་ཉིད་མཐོང་བའི་སྟོང་ཉིད་པའི། །ཕུང་པོ་ རྣམས་རྣམ་དཔྱད་པ་མིན། །ཞེས་གསུངས་ཏེ་ཕུང་བོ་རྣམ་དཔྱད་ཀྱི་སྟོང་པ་ནི། ཕུང་ཁམས་སྐྱེ་ མཆེད་རྣམས་རིགས་པས་བརྟགས་ཤིང་དཔྱད་པས་བདེན་པའི་རང་བཞིན་མེད་པའི་སྟོང་པ་ ཙམ་སྟེ། དེ་ནི་མེད་དགག་ཡིན་པས་རིགས་པས་དཔྱད་མི་བཟོད་པའི་ཕྱིར་ཆུ་ཤིང་བཞིན་དུ་ བརྟགས་ན་སྙིང་པོ་ཙམ་ཡང་མེད་ཅེས་པ་སྟེ། སྙིང་{པོ་}ནི་འདིར་རིགས་པས་དཔྱད་བཟོད་ ཀྱི་རང་བཞིན་ནོ། །རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ནི་སྙིང་{བོ་}མེད་པ་དེ་ལྟར་འགྱུར་བ་ མ་ཡིན་ཏེ། རིགས་པས་དཔྱད་བཟོད་ཀྱི་དོན་དམ་བདེན་པ་ཡིན་པའི་ཕྱིར་དང༌། སྐྱེ་འཇིག་ མེད་པའི་ཤེས་བྱ་ཡང་ཡིན་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་དམ་པས་མངོན་སུམ་དུ་གསལ་ བོར་མཐོང་བའི་སྟོང་པ་ཉིད་ཅེས་བྱ་ཞིང༌། ཕུང་བོ་རྣམ་པར་དཔྱད་པའི་སྟོང་པ་དེ་ནི་སྟོང་པ་ དེ་ནི་རྣལ་འབྱོར་བའི་མཉམ་བཞག་མི་རྟོག་ཡེ་ཤེས་ལ་གསལ་བར་སྣང་བ་མིན་པས་སྐབས་ འདིར་མཐོང་བའི་སྟོང་བ་ཉིད་མིན་ཞེས་པའི་དོན་དེ། རྣམ་གཅོད་མེད་དགག་ཙམ་ཡིན་པའི་ 3-1-346 ཕྱིར་རོ་ཞེས་པའི་དོན་ནོ། །དེ་ལྟར་ན་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་དང་སེམས་འགྲེལ་སྐོར་ གསུམ་དང༌། རྗེ་བཙུན་འཇམ་དཔལ་གྱིས་མཛད་པའི་རང་གི་ལྟ་བའི་འདོད་པ་མདོར་བསྟན། རྗེ་བཙུན་སྤྱན་རས་གཟིགས་ཀྱིས་མཛད་པའི་དཔལ་དོན་དམ་པའི་བསྙེན་པ། མཁས་གྲུབ་ནཱ་ རོ་བས་མཛད་པས་འགྲེལ་ཆེན་རྣམ་གཉིས། དཔེ་མེད་[མཆོག་གི་[འཚོའི་]སྦྱོར་དྲུག་འབྲེལ་ བ་དང་བཅས་པ་དང༌། གྲུབ་ཐོབ་ཉི་མ་དཔལ་གྱིས་མཛད་པའི་མཚན་བརྗོད་འགྲེལ་བ་ལ་ སོགས་པར། ཆེན་པོ་སྟོང་བ་ཉིད་ཅེས་དང༌། དམིགས་པ་དང་བཅས་པའི་སྟོང་པ་ཉིད་ཅེས་ དང༌། རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་དང༌། མཐོང་བའི་སྟོང་པ་ཉིད་ཅེས་པ་རྣམས་ཕུང་ བོ་རྣམ་དཔྱད་ཀྱི་སྟོང་པ་ལས་མཆོག་དང༌། ཕུང་བོ་རྣམ་དཔྱད་ཀྱི་སྟོང་བ་ནི་དེ་བས་དམན་ པར་ལེགས་པར་རྣམ་པར་ཕྱེ་ནས་གསུངས། བྱམས་ཆོས་ཕྱི་མ་རྣམས་དང་རྒྱལ་བོ་ཨིནྟྲ་བྷོ་ ཏིས་མཛད་པའི་དཔལ་ཡེ་ཤེས་གྲུབ་པ་ལ་སོགས་པའི་གྲུབ་པ་དང་སྙིང་པོ་སྐོར་གསུམ་དུ་ གྲགས་པ་རྣམས་ལས་ཀྱང་དེ་དང་མཐུན་པར་གསུངས་པས། དེ་རྣམས་ལ་བལྟ་ཞིང་མཉན་ ནས་ཡིད་ཆེས་པར་བྱ་དགོས་ཤིང༌། ཕུང་བོ་རྣམ་དཔྱད་ཀྱི་སྟོང་ཉིད་ཙམ་ཚིག་ཟིན་གྱི་བརྗོད་ བྱའི་གཙོ་བོར་སྟོན་པའི་བཀའ་འམ་བསྟན་བཅོས་ཙམ་ངེས་དོན་མཐར་ཐུག་ཏུ་རློམ་སྟེ། འདི་ ཉིད་བདེན་གྱི་གཞན་གྱི་གཏུ་མིག་གོ་ཞེས་འདོད་པ་རྣམས་ཀྱིས་ནི། མཐར་ཐུག་གི་དགོངས་ པ་ཟབ་མོའི་དོན་ཇི་ལྟ་བ་བཞིན་མ་རྟོགས་པར་ཟད་དེ། ཆད་སྟོང་སྟོང་ཉིད་མཆོག་ཏུ་འདོད་ པའི་ཕྱིར་རོ། ། ཡང་འཁོར་ལོ་ཐ་མ་སེམས་ཙམ་གྱི་མདོ་དང་བྱམས་ཆོས་ཕྱི་མ་བཞི་སོགས། སེམས་ཙམ་ གྱི་བསྟན་བཅོས་སུ་འདོད་པ་རྣམས་ཁས་བླངས་འགལ་བས་དགག་པ་དང༌། ལུང་རིགས་ཀྱི་ གནོད་བྱེད་དུ་མ་ཡོད་དེ་འདིར་མང་བས་འཇིགས་ནས་མ་བཀོད་ཅིང༌། སྔར་ཅུང་ཟད་བཀོད་ ཅིང་ད་དུང་བསྟན་བཅོས་ལོགས་ཤིག་ཏུ་རྩོམས་པར་འདོད་པ་ལས་ཤེས་པར་བྱའོ།། །། 3-1-347 གསུམ་པ་མཁས་པའི་བཞེད་ཚུལ་མདོ་ཙམ་སྨོས་ཏེ། རྒྱས་པར་གཞན་དུ་ཤེས་བྱར་ བསྟན་པ་ནི། བོད་ཀྱི་སློབ་དཔོན་སྔ་མ་ཕལ་ཆེར་གྱིས་གཞི་ལམ་འབྲས་གསུམ་ལས། གཞི་ ནི་བདེན་པ་གཉིས་དང་ལམ་ནི་ལམ་ལྔའི་སྤྲོས་བྲལ་རྟོགས་པའི་མཉམ་བཞག་དང༌། བདེན་ མེད་སྒྱུ་མ་ལྟ་བུར་རྟོགས་པའི་རྗེས་ཐོབ་དང༌། འབྲས་བུ་ནི་སྐུ་གསུམ་འཕྲིན་ལས་དང་བཅས་ པ་ལ་བཤད་ཅིང༌། བུ་སྟོན་རིན་པོ་ཆེས་ཡང་ཕྱི་མཚན་ཉིད་ཐེག་པའི་སྐབས་སུ་དེ་ལྟར་བཞེད་ པར་གསལ་ལོ། །མཚན་ཉིད་ཐེག་པའི་སྐབས་སུ། གཞི་ལམ་འབྲས་གསུམ་ཞེས་གྲགས་ཤིང་ སྔགས་ཀྱི་ཐེག་པར་རྒྱུའི་རྒྱུད། ཐབས་ཀྱི་རྒྱུད། འབྲས་བུའི་རྒྱུད་ཞེས་གསུངས་པའི་དོན་ལ། སེམས་ཀྱི་རང་བཞིན་འོད་གསལ་བ་ནི་རྒྱུའི་རྒྱུད། ཡང་མ་རིག་པ་གཞོམ་མེད་ནི་རྒྱུའི་རྒྱུད་དེ་ མི་རྟག་པ་གཞོམ་མེད་ཡང་ཀུན་གཞིའི་རྣམ་ཤེས་ལ་འཆད་ཅིང༌། ཐབས་རྒྱུད་ནི་རིམ་གཉིས་ ཀྱི་རྣལ་འབྱོར་སྦྱོར་བ་ཡན་ལག་དྲུག་དང༌། འབྲས་བུའི་རྒྱུད་ནི་ཀུན་གཞི་ཡེ་ཤེས་ལྔའོ། །ཞེས་ བུ་སྟོན་ཆོས་རྗེ་རིན་པོ་ཆེས་གསུངས་སོ། ། ཡང་ཆོས་རྗེ་ཀུན་མཁྱེན་ཆེན་པོ་ནི། གཞིའི་མཐར་ཐུག་དྲི་བཅས་དེ་བཞིན་ཉིད། །ལམ་ གྱི་མཐར་ཐུག་སྦྱོར་བ་ཡན་ལག་དྲུག །འབྲས་བུའི་མཐར་ཐུག་བྲལ་འབྲས་ཆོས་ཀྱི་སྐུ། ། སློབ་མའི་མཐར་ཐུག་དོན་དུ་སྟོན་ལ་འདུད། །ཅེས་དང༌། གནས་ལུགས་ཇི་བཞིན་རྟོགས་པ་ ལྟ་བ་སྟེ། །སྤྲོས་བྲལ་ངང་དུ་འཇོག་པ་བསྒོམ་པའི་མཆོག །དེ་དག་གྲོགས་སུ་འགྱུར་བ་སྤྱོད་ པའི་མཆོག །དེ་ལས་གཤིས་ལུགས་ཐོབ་པ་འབྲས་བུའི་མཆོག །ཅེས་གསུངས་སོ། །མདོར་ བསྡུས་པ་སྟེ། ཆོས་རྗེ་རྣམ་པ་གཉིས་ཀྱི་བཞེད་ཚུལ་གནད་ཆེ་བ་མང་བོ་ནི་རྗེ་རྣམ་པ་གཉིས་ ཀྱིས་དགག་གཞག་སྤང་གསུམ་མཛད་པའི་ཚུལ་དང༌། དེ་ལས་གཞན་པའི་ཆོས་རྗེ་རྣམ་ གཉིས་ཀྱི་བཞེད་ཚུལ་གནད་ཆེ་བའི་རིགས་སྨོས་པ་དེ་དེ་དག་ལས་འཐད་པ་དང་མི་འཐད་ པའི་ཚུལ་དཔྱད་པ་དང༌། གཞན་ཡང་རྒྱ་བོད་མཁས་པར་གྲགས་པའི་བཞེད་ཚུལ་ལེགས་ 3-1-348 པར་དཔྱད་ནས་གཏན་ལ་འབེབས་པའི་བསྟན་བཅོས་རྩོམ་པའི་ཁུར་བླངས་ཡོད་པའང་ འགྲུབ་པར་གྱུར་ཅིག། །། བཞི་བ་བརྟགས་དཔྱོད་བྱས་ནས་ཆོས་ལ་འཇུག་གི་ལྷག་དད་ཙམ་ཀྱིས་འཇུག་པ་མི་ འཐད་པའི་ཚུལ་ནི། དཀོན་བརྩེགས་ཆོས་བཅུ་བའི་མདོར། བསྲེགས་བཅད་བརྡར་བའི་ གསེར་བཞིན་དུ། ། མཁས་པ་རྣམས་ཀྱིས་ཡོངས་བརྟགས་ནས། །བདག་གསུང་བླང་བྱ་དགེ་ སློང་དག །གུས་པའི་ཕྱིར་ནི་མ་ཡིན་ནོ། །ཞེས་གསུངས་ཏེ་ལུང་གི་བརྗོད་བྱ་ལ་གསུམ་སྟེ། མངོན་གྱུར། ལྐོག་གྱུར། ཤིན་ཏུ་ལྐོག་གྱུར་རོ། །དེ་ཡང་སོ་སོ་སྐྱེ་བོའི་བློའི་དབང་དུ་བྱས་ནས་ དེ་ལྟར་ཕྱེ་བ་ཡིན་གྱི་རྫོགས་པའི་སངས་རྒྱས་ལ་ལྟོས་ན་ནི་མངོན་གྱུར་འབའ་ཞིག་གོ །དེ་ ལ་གསེར་བསྲེགས་པའི་སྒོ་ནས་བརྟགས་པ་བཞིན་དུ། ལུང་དེ་ཡང་མངོན་གྱུར་སྟོན་པ་ན། མངོན་སུམ་གྱིས་མི་གནོད་ཅིང་བསྟན་པ་ལྟར་མངོན་སུམ་གྱིས་གྲུབ་པ་དང༌། གསེར་ཀ་ཤིའི་ རྡོ་ལ་བརྡར་བའི་སྒོ་ནས་བརྟགས་པ་དང་འདྲ་བར་ལྐོག་གྱུར་སྟོན་པ་ལ། དངོས་སྟོབས་ཀྱིས་ ཞུགས་པའི་རྗེས་དཔག་གིས་མི་གནོད་ཅིང༌། བསྟན་པ་ལྟར་དངོས་པོའི་སྟོབས་ཀྱིས་ཞུགས་ པའི་རྗེས་དཔག་གིས་གྲུབ་པ་དང༌། གསེར་དུམ་བུར་བཅད་པའི་སྒོ་ནས་བརྟགས་པ་བཞིན་ དུ། ཤིན་ཏུ་ལྐོག་གྱུར་སྟོན་པ་ན་ཡིད་ཆེས་པའི་ལུང་གིས་མི་གནོད་ཅིང༌། བསྟན་པ་ལྟར་ལུང་ ཚད་མས་གྲུབ་པའི་དོན་ཅན་གྱི་ལུང་གང་ཡིན་པ་དེ་ཡིད་ཆེས་ཀྱི་གནས་སུ་བཟུང་བར་བྱའོ། ། དེ་རྣམས་གང་ཡང་མེད་པར་གང་ཟག་ཚད་མར་བྱས་ཏེ་གུས་པ་ཙམ་གྱིས་ལུང་ལ་ འཇུག་པ་འཐད་པ་མ་ཡིན་ཏེ། དེ་ལྟར་འཇུག་ན་མཐོ་རིས་དང་ཐར་བ་དོན་གཉེར་གྱི་སྐྱེས་ བུའི་འདོད་དོན་མི་འཐོབ་པས་བསླུས་པར་འགྱུར་བའི་ཕྱིར་རོ། །མཐོ་རིས་དང་ཐར་བའི་ དོན་དུ་སྲོག་གི་མཆོད་སྦྱིན་བྱེད་པའི་བསྟན་བཅོས་བཞིན་ནོ། །དེ་ལྟར་མཐོ་རིས་དང་ཐར་བ་ དོན་གཉེར་གྱིས་རྟོགས་ལྡན་རྣམས་དཔྱད་པ་གསུམ་གྱིས་དག་པའི་ལུང་ལ་འཇུག་པར་བྱ་ 3-1-349 ཡི། ལུང་གང་རུང་རུང་ལ་འཇུག་པ་མི་འཐད་དོ་ཞེས་པ་སྟེ་དོན་དེ་ཉིད་ཚད་མ་རྣམ་འགྲེལ་དུ། མཐོང་དང་མ་མཐོང་པ་དག་ལ། །རིགས་པས་གྲུབ་དང་རང་ཚིག་གིས། །མི་གནོད་བསྟན་ བཅོས་གང་ཡིན་དེ། །གཟུང་བར་བྱ་ཕྱིར་དཔྱོད་འཇུག་འགྱུར། །ཞེས་དང༌། མཐོང་དང་མ་ མཐོང་དངོས་པོ་ཡིས། །དོན་དེ་དག་ལ་མངོན་སུམ་དང༌། ། རྗེས་སུ་དཔག་རྣམ་གཉིས་ཀྱིས་ཀྱང༌། །གནོད་མེད་འདི་ཡིས་མི་བསླུ་བའོ། ། ཞེས་ གསུངས་ཤིང༌། གཞན་ཡང་མཐོ་རིས་དང་ཐར་བ་དོན་གཉེར་གྱི་རྟོགས་ལྡན་རྣམས་ཀྱིས་བླང་ དོར་བཏང་སྙོམས་སུ་བཞག་བྱའི་དོན་རྣམས་བླང་བྱ་སོགས་སུ་བསྟན་པ་ལྟར་བླང་བྱ་སོགས་ སུ་གནས་པ་དང༌། དེ་འདྲའི་སྐྱེས་བུ་ལ་ཉེ་བར་མཁོ་ཞིང་དགོས་པའི་དོན་དང༌། སྐྱེས་བུ་དེ་ དག་གིས་དགོས་པ་དེ་སྒྲུབ་ནུས་པའི་དོན་ཅན་གྱི་བསྟན་བཅོས་ལ་རྟོགས་ལྡན་འཇུག་པར་བྱ་ ཡི། དེ་རྣམས་དང་བྲལ་པའི་བསྟན་བཅོས་ལ་གུས་པ་ཙམ་གྱིས་འཇུག་ན་འཐད་པ་མ་ཡིན་ ཞེས་ཚད་མ་རྣམ་འགྲེལ་དུ་གསུངས་ཏེ། འབྲེལ་བ་དང་ནི་རྗེས་མཐུན་ཐབས། །སྐྱེས་བུ་དོན་ ནི་རྗོད་བྱེད་དག །ཡོངས་བརྟགས་དབང་དུ་བྱས་ཡིན་གྱི། །དེ་ལས་གཞན་པའི་དབང་བྱས་ མིན། །ཞེས་སོ། །མཁས་མཆོག་ཞི་བ་འཚོས་ཀྱང༌། དེ་ལ་དངོས་པོའི་སྟོབས་ཀྱིས་ཞུགས་ པའི་རྗེས་སུ་དཔག་པ་དང་བྲལ་བ་ནི། དད་པས་རྗེས་སུ་འབྲང་བ་རྣམས་ཀྱང་ཤིན་ཏུ་ཡོངས་ སུ་ཚིམ་པར་མི་འགྱུར་བས་རིགས་པ་དེ་བརྗོད་པར་བྱའོ། །ཞེས་རྒྱབ་རྟེན་རིགས་པ་རྣམ་དག་ མེད་པའི་ལུང་ཐམས་ཅད་ལ་ཆུ་ཤིང་བཞིན་དུ་སྙིང་བོ་མེད་པས་རྟོགས་ལྡན་འཇུག་པར་བྱ་བ་ མ་ཡིན་ནོ་ཞེས་དགོངས་པའོ། ། སྙིགས་མའི་དུས་ཀྱི་ཐམས་ཅད་མཁྱེན་པ་གཉིས་པ་ལྟ་བུར་གྱུར་བ་ཤནྟི་བས་ཀྱང༌། དད་ པ་མེད་པ་གཙོ་བོའི་དགྲ། །ལྷག་དད་ཤིན་ཏུ་གོལ་བའི་གནས། །གང་ཕྱིར་ཀུན་མཁྱེན་ཚད་ མས་གྲུབ། །གུས་པས་ཀུན་མཁྱེན་འགྱུར་བ་མིན། །ཞེས་གསུངས་པའི་དོན་ཡང་སྐབས་ 3-1-350 ཐམས་ཅད་དུ་དྲན་པར་བྱ་དགོས་སོ། ། མཁས་མཆོག་ཀཱ་མ་ཤི་ལས་དབུ་མ་སྣང་བར། དེ་ལ་གལ་ཏེ་ཤེས་རབ་ཉམས་ཆུང་བའི་ ཕྱིར། དེ་ལྟ་བུའི་ཆོས་ཉིད་ཟབ་མོ་ལ་བདག་ཉིད་ཀྱིས་མོས་པར་མི་ནུས་སུ་ཟིན་ཀྱང༌། འོན་ ཀྱང་རྟོག་པ་ངན་པ་རང་གི་བློ་གྲོས་ཉམས་ཆུང་བའི་ཉེས་པ་མཐོང་བ་རྣམས་ཀྱིས་དེ་སྤང་བར་ ཡང་རིགས་པ་མ་ཡིན་ལ། བདག་ཉིད་ཕོངས་པས་གཞན་དག་ཀྱང་དོན་ཆེན་པོ་ལས་ཉམས་ པར་བྱས་ཏེ་བརླག་པར་བྱ་བར་ནི་རིགས་པ་མ་ཡིན་ནོ། །དེ་ལྟར་ན་ནི་རང་དང་གཞན་ལ་ འཁུ་བ་བྱས་པ་ཁོ་ནར་འགྱུར་རོ། ། དེ་ལྟ་བས་ན་བློ་གྲོས་དང་ལྡན་པ་དད་པ་ཅན་གྱིས་ཆོས་ ཟབ་མོ་དག་སྤོང་བའི་ལྟ་བ་བོར་ཏེ། དེ་ལ་ཡང་བཅོམ་ལྡན་འདས་ཉིད་ཚད་མར་བྱས་ཤིང་ བདག་ཉིད་མི་ཤེས་པའི་ཉེས་པས་དེ་ཁུང་དུ་མི་ཆུད་སྲིད་དོ་སྙམ་དུ་བསམ་ནས། མདོ་ཟབ་མོ་ དག་ལ་མོས་པ་བསྐྱེད་དེ། མཉན་པ་དང་གཟུང་བ་དང་བསྒོམ་པ་ལ་སོགས་པ་ལ་མངོན་པར་ བརྩོན་པར་བྱའོ། ། གཞན་དག་ཀྱང་ཡང་དག་པར་ལེན་དུ་གཞུག་གོ །བདག་ཉིད་དེ་ལ་མོས་པར་བྱ་བའི་ ཕྱིར་སྨོན་ལམ་གདབ་པར་བྱའོ། །དེ་ཉིད་ཀྱི་ཕྱིར་འཕགས་པ་དཀོན་མཆོག་བརྩེགས་པ་ལས། ཆོས་ཟབ་མོ་གང་དག་ལ་འདི་ཡི་བློས་གཏིང་མི་དཔོག་པ་དེ་ལ་དེ་བཞིན་གཤེགས་པ་ཁོ་ནར་ ཚད་མར་བྱས་ནས། སངས་རྒྱས་ཀྱི་བྱང་ཆུབ་ནི་མཐའ་ཡས་ཏེ། མོས་པ་སྣ་ཚོགས་ཀྱི་སྒོ་ནས་ དེ་བཞིན་གཤེགས་པ་རྣམས་ཀྱིས་ཆོས་བསྟན་པ་ལ་འཇུག་པས་དེ་བཞིན་གཤེགས་པ་ཉིད་ ཀྱིས་མཁྱེན་གྱི། བདག་གིས་ནི་མི་ཤེས་སོ་སྙམ་ནས་སྤོང་བར་ནི་མི་བྱེད་དོ་ཞེས་གསུངས་སོ། ། ཞེས་བཤད་དེ་རང་གཞན་ལེགས་པའི་ལམ་ལ་འཇུག་པར་འདོད་པའི་རྟོགས་ལྡན་རྣམས་ ཀྱིས་དེ་ལྟ་བུའི་ལུང་རྣམས་ཚིག་ཁ་དོན་དུ་བྱས་ཤིང༌། དོན་རྟག་དུ་དྲན་པར་བྱ་བ་ཤིན་ཏུ་ གཅེས་སོ། །དེ་ལྟར་ན་ཁོ་བོས་སྐབས་གཞན་དུ་བཀོད་པའི་ཚིག་བཅད་འདི་དག་ཀྱང་དྲན་ 3-1-351 པར་བྱ་བའི་ཕྱིར་བརྗོད་དོ། ། ཁ་ཅིག་གཞུང་ལུགས་ཆེ་དང་མི་མཐུན་ཡང༌། །མི་མཐུན་པར་ཟད་གྲུབ་ཐོབ་འདི་དང་ འདིའི། ། ཆོས་འདི་ཉམས་སུ་བླངས་པས་གྲོལ་འགྱུར་བས། ཁོ་བོས་ཆོས་ལ་འདི་ཡིས་ཆོག་ཅེས་ ཟེར། །དེ་ནི་གྲུབ་ཐོབ་ཡིན་པའི་སྒྲུབ་བྱེད་གང༌། །ཉམས་ལེན་དེ་ཡིས་གྲོལ་བའི་རྒྱུ་མཚན་ ཅི། །ཁྱོད་ལ་དེ་ཡིས་ཆོག་པ་བདེན་དུ་ཆུག །སངས་རྒྱས་ཐོབ་ལ་དེ་ཡིས་ཆོག་པ་མེད། །ཞེས་ དང༌། རང་ལ་ལུང་རིགས་སྒྲུབ་བྱེད་མེད་བཞིན་དུ། །མཁས་པ་ཆེ་གེ་དེ་ལྟར་འདོད་པའི་ཕྱིར། ། དེ་ཉིད་ཡིན་ནོ་དེ་བས་ཁྱོད་མི་མཁས། །ཞེས་དེ་བཞིན་བསྒྱུར་ནས་ནི་ང་རོ་སྨྲ། །དེ་ལྟ་ན་ནི་ ཆོས་ཉིད་དེ་བཞིན་ཉིད། །དོན་དམ་དུ་ནི་གྲུབ་པར་ཐལ་འགྱུར་ཏེ། །རྒྱལ་དང་བྱམས་མགོན་ ཐོགས་མེད་དབྱིག་གཉེན་སོགས། །དེ་དག་གིས་ནི་དེ་ལྟར་བཞེད་ཕྱིར་དང༌། །ཕྱོགས་གླིང་ གྲགས་པ་རིན་ཆེན་འབྱུང་གནས་སོགས། །དེ་དག་གིས་ཀྱང་དེ་ལྟར་བཞེད་ཕྱིར་དེ། །དེ་དག་ རྣམས་ལས་ཁྱེད་རྣམས་མི་མཁས་ཕྱིར། །ཞེས་པའི་རྒྱུ་མཚན་གསུངས་པས་གནོད་ཕྱིར་རོ། ། ཞེས་སོགས་འོད་གསལ་རྒྱན་གྱི་མཇུག་དོན་དུ། །ལེགས་བཤད་ཉེས་བཤད་རྣམ་པར་ཕྱེ་ བྱས་ནས། །ཡིན་ལུགས་མ་ནོར་གསལ་བར་བསྟན་པ་ཡིན། །ཚིགས་བཅད་དུ་མ་ཡོད་པའང་ བལྟ་བར་བྱའོ། །གཞན་ཡང༌། ༈ ངེས་དོན་རྒྱ་མཚོ་འགོགས་པའི་ཟོལ་གྱིས་ནི། ། བུ་སྟོན་ཁ་ཆེའི་བཞེད་གཞུང་འགོག་བྱེད་ཅིང༌། ། ཞར་ལ་བསྟན་པའི་འདམ་བུ་འཇོམས་བྱེད་པའི། ། ཉེས་བཤད་སོ་ལྡན་གཉིས་འཐུང་འདི་དག་མཚར། ། ཕྱོགས་སྔ་ཤེས་པའི་ནམ་ལངས་མ་གྱུར་བར། ། 3-1-352 དགག་པ་ལྟར་སྣང་ཉི་མ་ཤར་བྱས་ཏེ། ། ཐོས་ཆུང་རྨོངས་པ་མཚན་རྒྱུའི་ཚོགས་རྣམས་ཀྱིས། ། ཡང་དག་ལྟ་བའི་དབང་བོ་ཉམས་བྱེད་མཚར། ། ཕྱོགས་ཀུན་ཤེས་པའི་མཁས་པ་འདབ་བཟང་རྣམས། ། རྩོམ་འཆད་རྩོད་པའི་མཁའ་ལ་བགྲོད་མཐོང་ནས། ། ཕྱོགས་རྟོགས་ཤ་སྦྲང་དག་ཀྱང་ཕྲག་དོག་དང༌། ། སྤྱི་བརྟོལ་འདབ་གཉིས་བསྐྱོད་དེ་འཕུར་བ་མཚར། ། མ་རྟོགས་ལོག་རྟོག་ཐེ་ཚོམ་གདོན་ཆེན་གྱི། ། གཞན་དབང་གྱུར་བའི་རྒོལ་ངན་ཝ་སྐྱེས་ཚོགས། ། ལོག་པའི་ལྟ་ངན་སྒྲོགས་ལ་མཐའ་མེད་ཕྱིར། ། བཟློག་བྱེད་གསང་སྔགས་མཐའ་མེད་སྤྲིར་[བགྲང]མི་ལངས། ། ཞེས་སོགས་ཁོ་བོས་སྐབས་འགར་སྨྲས་པ་ཡི། ། ཚིགས་བཅད་རྣམས་ཀྱི་ཚིག་དང་དོན་རྣམས་ནི། ། གཟུ་བཽའི་བློ་ཡིས་བཟུང་ཞིང་ལེགས་བསམ་ནས། ། མཁས་རློམ་མང་བོས་དེ་ཉིད་གསལ་བར་འགྱུར། ། དེང་སང་ལྟ་བའི་སྙིགས་མ་བདོ་གྱུར་པས། ། ལྟ་སྒོམ་སྤྱོད་འབྲས་སོགས་ལ་ལོག་རྟོག་གི ། དུག་ཆུས་མྱོས་པའི་ལོག་བཤད་མང་མཐོང་ནས། ། བཟློག་བྱེད་བསྟན་བཅོས་བདུད་རྩིའི་མཆོག་འདི་བསྒྲུབས། ། མངོན་མཐོ་ངེས་ལེགས་དོན་གཉེར་སྐྱེ་བོ་རྣམས། ། 3-1-353 བླངས་དོར་གནས་ལ་རྨོངས་པའི་མུན་སེལ་ཞིང༌། ། ལམ་དང་ལམ་མིན་གསལ་བར་བྱེད་པས་ནི། ། བསྟན་བཅོས་འདི་ནི་རྟ་བདུན་དབང་བོའང་ཡིན། ། གངས་རིའི་ཁྲོད་ཀྱི་མཁས་རློམ་དུ་མ་ཡིས། ། ཉིན་དང་མཚན་དུ་དབུ་མའི་གཞུང་ལུགས་ལ། ། རྟག་ཏུ་འབད་ཀྱང་སྟོང་ཉིད་མཐར་ཐུག་པ། ། སྙིང་པོ་དོན་གྱི་ཤེར་ཕྱིན་རྟོགས་པས་དབེན། ། དབུ་མའི་གཞུང་དུ་སྤྲོས་བྲལ་སྤྲོས་བྲལ་ཞེས། ། ཡང་ཡང་གསུངས་པའི་ཚིག་ཙམ་ལ་བརྟེན་ནས། ། དགག་བྱ་རྣམ་བཅད་ཙམ་གྱིས་སྟོང་པ་ནི། ། སྟོང་ཉིད་ཟབ་མོ་མཐར་ཐུག་ཡིན་པར་འདོད། ། ཆད་སྟོང་སྟོང་ཉིད་མཆོག་ཏུ་རློམ་བྱས་ནས། ། རང་བཞིན་ལྷུན་གྲུབ་འོད་གསལ་ཆོས་ཀྱི་སྐུ། ། གདོད་ནས་གནས་པར་གསུང་རྣམས་དྲང་དོན་དུ། ། འདོད་པའི་ལོག་བཤད་བཟློག་པར་བྱ་ཕྱིར་ངང༌། ། ཆད་སྟོང་རྟོགས་པའི་ལྟ་བས་ཀུན་བསླངས་ནས། ། ཅིར་ཡང་གྲུབ་མེད་ཆད་སྒོམ་གོམས་བྱེད་ཅིང༌། ། དེ་ཕྱིར་ཐོབ་བྱའི་འབྲས་བུ་མེད་དོ་ཞེས། ། སྨྲ་བའི་ལོག་རྟོག་ཟློག་ཕྱིར་འདི་སྦྱར་རོ། ། དེ་ལྟར་འདོད་པའི་གྲུབ་མཐའ་དེ་དག་ལ། ། 3-1-354 ཁོ་བོས་བཀོད་པའི་ལུང་རིགས་གནོད་བྱེད་རྣམས། ། གནོད་བྱེད་ཉིད་དུ་འགྱུར་རམ་མི་འགྱུར་བས། ། མཁས་པ་གཟུར་གནས་བློ་ལྡན་སྤྱོད་ཡུལ་ཏེ། ། འཁོར་ལོ་རིམ་གསུམ་ཁྱད་པར་གསང་སྔགས་ཀྱི། ། རྒྱུད་སྡེ་ཟབ་མོའི་དོན་ལ་མ་སྦྱངས་ཤིང༌། ། ཟབ་མོའི་རྣལ་འབྱོར་ཉམས་སུ་མ་མྱོང་བའི། ། རྟོག་གེ་ཅན་གྱི་སྐྱེ་བོས་རྟོགས་རེ་སྐན། ། དེ་ཕྱིར་ཁོ་བོས་ལེགས་པར་བཤད་པ་འདི། ། གཞན་ལ་ཕན་པའི་གོ་སྐབས་དཀའ་ན་ཡང༌། ། ལྟ་སྒོམ་སྤྱོད་འབྲས་ལོག་པར་སྤྱོད་པ་ལ། ། སྙིང་གི་ཁོང་ནས་བརྩེ་བས་བསྐུལ་ཏེ་སྦྱར། ། གཞན་ཡང་བཤེས་གཉེན་དམ་པ་འབའ་ར་བས། ། ཀུན་མཁྱེན་ཆོས་ཀྱི་རྗེ་ལ་དྲིས་བའི་ལན། ། ཁོ་བོས་སྦྱར་བའི་ཡིད་ཀྱི་མུན་སེལ་དུ། ། བཀོད་པའི་ལེགས་བཤད་འདི་ཡང་ཉན་པར་གྱིས། ། རྩོམ་དང་རྩོད་པའི་མིག་གཉིས་རབ་གསལ་ཡང༌། ། འཆད་པའི་རོ་འཛིན་མེད་ན་གསུང་རབ་དོན། ། ཉན་འདོད་སྐྱེ་བོའི་འདུན་པ་རབ་སྤངས་པར། ། བློ་གསལ་དགའ་བ་བསྐྱེད་པར་ག་ལ་འགྱུར། ། འཆད་དང་རྩོམ་པའི་རལ་བའི་རབ་བརྗིད་ཀྱང༌། ། 3-1-355 རྩོད་པའི་སྡེར་མོ་རྣོན་པོ་དང་བྲལ་ན། ། མཁས་པའི་མདུན་སར་འགལ་འབྲེལ་གཏམ་བྱེད་ཚེ། ། ཕས་རྒོལ་གླང་ཆེན་འཇོམས་པར་ག་ལ་འགྱུར། ། འཆད་དང་རྩོད་པའི་ལྕེ་གཉིས་རབ་གཡོ་ཡང༌། ། རྩོམ་པ་ཡིད་བཞིན་ནོར་བུས་མ་བརྒྱན་ན། ། རིག་པའི་གནས་ལྔར་མཁྱེན་པ་རབ་རྒྱས་པའི། ། མཁས་པའི་སྐྱེ་བོ་མགུ་བར་ག་ལ་འགྱུར། ། མདོ་རྒྱུད་དགོངས་པ་དོན་བཞིན་འཆད་པ་དང༌། ། དགོངས་པ་གཏན་ལ་འབེབས་པའི་དོན་རྩོད་དང༌། ། སྡེབ་ལེགས་རྣར་སྙན་ལེགས་བཤད་རྩོམ་པ་གསུམ། ། གང་ལ་མངའ་བའི་ཞབས་རྡུལ་སྤྱི་བོས་ལོངས། ། མན་ངག་བསྒོམ་པའི་ལུང་དང་རབ་ལྡན་ཡང༌། ། ཡང་དག་ཐོས་པའི་མིག་དང་མི་ལྡན་ན། ། མདོ་རྒྱུད་བསྟན་བཅོས་ལེགས་བཤད་རྩོད་པ་གསུམ། ། དམུས་ལོང་མྱ་ངན་གང་དུ་འཁྱམས་དང་མཚུངས། ། ཐོས་དང་བསྒོམ་པའི་ནམ་མཁའ་ཡངས་ཡོད་ཀྱང༌། ། ཐོས་དོན་བསམ་བྱུང་ཉི་འོད་མེད་གྱུར་ན། ། གསུང་རབ་དགོངས་དོན་གཏན་ལ་འབེབས་པའི་ཚེ། ། གནས་ལུགས་འཇིག་རྟེན་གསལ་བར་ག་ལ་འགྱུར། ། ཐོས་བསམ་འཛིན་མ་རབ་ཏུ་རྒྱ་ཆེ་ཡང༌། ། 3-1-356 བསྒོམ་པའི་དག་བྱེད་རྒྱུན་དང་བྲལ་གྱུར་ན། ། རང་རྒྱུད་ཆགས་སྡང་རྨོངས་པ་ལ་སོགས་པའི། ། དྲི་མ་མ་ལུས་སེལ་བར་ག་ལ་འགྱུར། ། བསྟན་པ་གསལ་བར་ནུས་པའི་ཐོས་པ་དང༌། ། གསུང་རབ་དོན་བཞིན་ངེས་པའི་བསམ་པ་དང༌། ། གོལ་མེད་ཉམས་སུ་ལེན་པའི་སྒོམ་པ་གསུམ། ། གང་ལ་མངའ་བའི་ཞབས་རྡུལ་སྤྱི་བོའི་ལོངས། ། བདེན་གཉིས་ཚུལ་བཞིན་ཤེས་པ་ལྟ་ཅི་སྨོས། ། ཡི་གེའི་བརྡ་དག་ཙམ་ལའང་རྨོངས་བཞིན་དུ། ། མདོ་རྒྱུད་དགོངས་ཟབ་འཆད་པའི་སྐྱེ་བོ་དེས། ། རྗེས་འཇུག་ལེགས་འདོད་བསླུས་པར་གྱུར་ཏ་རེ། ། ངེས་པའི་དོན་ལ་ཅུང་ཟད་མ་རེག་ཡང༌། ། ངེས་དོན་ཡིན་ཞེས་འདོམས་པའི་སྐྱེ་བོ་ལས། ། ངེས་པར་བརྟགས་ན་ཆུ་ཤིང་ཇི་བཞིན་དུ། ། ངེས་དོན་སྙིང་བོ་འབྱུང་བར་ག་ལ་འགྱུར། ། བདག་ཉིད་ལེགས་པར་འདོད་པའི་སྐྱེ་བོ་གང༌། ། བདག་ལ་ཕན་ཕྱིར་ལྕེབ་པར་མི་རིགས་ལྟར། ། བདག་གཞན་སངས་རྒྱས་ཐོབ་པར་འདོད་བཞིན་དུ། ། བདག་ཉིད་ལོག་པའི་ལམ་འཇུག་ག་ལ་རིགས། ། ཤར་དུ་འགྲོ་འདོད་ནུབ་ཏུ་མི་འགྲོ་བཞིན། ། 3-1-357 སངས་རྒྱས་འདོད་ན་ལེགས་པའི་ལམ་ལ་ཞུགས། ། ལེགས་ལམ་འདོད་ན་སེམས་འགྲེལ་སྐོར་གསུམ་སོགས། ། དྲི་མེད་གསུང་རབ་བརྟེན་པ་གནད་ཀྱི་མཆོག ། མདོ་རྒྱུད་ཟབ་མོའི་དོན་ལ་རྒྱབ་ཕྱོགས་ཀྱང༌། ། མིང་བཟང་བཏགས་ནས་ཟབ་མོར་ཁས་འཆེ་བའི། ། མན་ངག་མང་པོས་བསླུས་པར་གྱུར་ཏ་རེ། ། ཐར་བ་འདོད་རྣམས་ཤིན་ཏུ་སྒྲིམས་དགོས་སོ། ། རི་དྭགས་རྔ་མ་བསྟན་ནས་བུང་བུའི་ཤ ། ཁྲེལ་མེད་སྐྱེ་བོས་བཙོངས་ནས་བསླུས་པ་བཞིན། ། ཟས་ནོར་གྱིས་འབྲིད་སྤྱོད་ཚུལ་བཟང་བསྟན་ནས། ། ལོག་ལམ་བསྟན་ནས་བསླུས་པར་གྱུར་ཏ་རེ། ། ཚེ་འདིའི་བྱ་བ་ཅུང་ཟད་ཙམ་ལ་ཡང༌། ། ལེགས་པར་བརྟགས་ནས་འཇུག་པ་མཛངས་པའི་ལུགས། ། སྐྱེ་བ་གཏན་གྱི་དོན་ཆེན་བསྒྲུབ་འདོད་རྣམས། ། འཇུག་བྱའི་ཆོས་ལ་ངེས་པར་བརྟག་དགོས་སོ། ། ལེགས་བཤད་དུ་མ་བསྟན་དུ་ཡོད་མོད་ཀྱི། ། དགོན་པའི་རྫིང་བུར་གངྒཱའི་ཆུ་བཞིན་དུ། ། གཞན་བློའི་སྣོད་དུ་ཤོང་བ་ཤིན་ཏུ་དཀའ། ། དེ་ཕྱིར་ཅུང་ཟད་བསྡུས་ཏེ་བཀོད་པ་ཡིན། ། དེ་ལྟར་ལམ་དང་ལམ་མིན་རྣམ་ཕྱེ་བའི། ། 3-1-358 དགེ་བ་འདི་ཡིས་མཁའ་ཁྱབ་སེམས་ཅན་ཀུན། ། ལོག་ལམ་སྤངས་ཏེ་ལེགས་པའི་ལམ་ཞུགས་ནས། ། དོན་གཉིས་མཐར་ཕྱིན་གོ་འཕང་ཐོབ་གྱུར་ཅིག ། བདག་ཀྱང་དེང་ནས་སྐྱེ་བ་ཐམས་ཅད་དུ། ། འཕགས་པའི་ནོར་བདུན་རྣམས་ཀྱིས་ལེགས་འབྱོར་ཞིང༌། ། འཆད་རྩོད་རྩོམ་གསུམ་ཐོས་བསམ་སྒོམ་གསུམ་ལ། ། འཇམ་པའི་དཔལ་བཞིན་དབང་འབྱོར་ཐོབ་པར་ཤོག ། བསྟན་བཅོས་འདི་ཡང་བསྟན་པ་གནས་ཀྱི་བར། ། གཟུར་གནས་བློ་ལྡན་དོན་གཉེར་ཚོགས་རྣམས་ཀྱི། ། མེ་ཏོག་བུང་བས་བསྟེན་བཞིན་བསྟེན་པ་དང༌། ། སྙན་པའི་གྲགས་པ་ཕྱོགས་བཅུར་རྒྱས་གྱུར་ཅིག ། ཅེས་གཞི་ལམ་འབྲས་གསུམ། ལྟ་སྒོམ་སྤྱོད་འབྲས། གཞི་དབུ་མ་ལམ་དབུ་མ་དང༌། འབྲས་བུ་དབུ་མ་ལས་བརྩམས་པའི་དྲིས་ལན་ཡིད་ཀྱི་མུན་སེལ་བཀླག་པས་དོན་གྲུབ་འདི། སྟན་གཅིག་པའི་བརྟུལ་ཞུགས་ལ་ལེགས་པར་གནས་ཤིང༌། ཡོན་ཏན་དུ་མ་ལ་མངའ་འབྱོར་ བས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེའི་རྩ་ལག་ཏུ་གྱུར་བ་མཁན་ཆེན་ནམ་མཁའ་རྒྱལ་ མཚན་པ་དང༌། རྒྱུད་དང་མན་ངག་དུ་མའི་བདག་ཉིད་བླ་མ་གསང་འདུས་པ་ལ་སོགས་པའི་ དགེ་བའི་བཤེས་གཉེན་མང་བོས་བསྐུལ་བའི་ངོར། ༧ ཐུབ་པའི་རྒྱལ་མཚན་ཆོས་ཀྱི་རྗེ་བུ་ དོལ་གཉིས་ལ་སོགས་པ་མཁས་གྲུབ་དུ་མའི་གསུང་གི་བདུད་རྩི་མྱངས་བས། ཐོས་བསམ་ སྒོམ་གསུམ་འཆད་རྩོད་རྩོམ་གསུམ། ལུང་རིགས་མན་ངག་གསུམ་ལ་བློའི་སྣང་བ་ཆེར་རྒྱས་ པའི་ཀུན་དགའ་དཔལ་ཉའི་མིང་ཅན་གྱིས། སྔོན་བོད་ཀྱི་རྒྱལ་བོ་གཉའ་ཁྲི་བཙན་པོ་ནས་ 3-1-359 བཟུང་སྟེ། གནམ་ལ་ཁྲི་བདུན་ཞེས་གྲགས་པའི་ཁྲི་བདུན་པའི་ཕོ་བྲང་བྱུང་བའི་ས། ཉང་ སྟོད་བརྩེ་ཆེན་གྱི་བྱ་འདབས་གཡང་ལུང་རི་ཁྲོད་དུ་སྦྱར་བའོ།། །།འདིས་བསྟན་པ་དང་ སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག ཅེས་པའི་ཡི་གེ་པ་ནི་ལུང་གི་སྟོན་པ་ རྡོ་རྗེ་འཛིན་པ་དུས་ཀྱི་འཁོར་ལོ་པ་ཨ་མོ་གྷའོ། །བཀྲ་ཤིས། དགེའོ། །ལེགས་སོ། །སྐྱེ་དགུའི་ སེམས་ཅན་རྣམས་མཐར་ཐུག་རྒྱལ་བ་རྡོ་རྗེ་འཆང་གི་གོ་འཕང་ལ་འགོད་པའི་རྒྱུར་གྱུར་ཅིག ། མ་ཡིག་ནི་བསེ་དགོན་གྱི་རྗེ་བཙུན་བླ་མ་ཐུགས་རྗེ་དཔལ་གྱི་ཕྱག་ཡིག་ཡིན། རྟགས་འདིའི་{}ནང་ཡོད་པ་ཁ་སྐོང་ཡིན། རྟགས་འདིའི་[]ནང་ཡོད་པ་དོགས་གནས་ཡིན། 3-1-360 ༄༅། །རྒྱལ་བའི་མདུན་ན་རྒྱལ་སྲས་ལི་ཙཱ་བི། །ཀ་ལཱ་པ་རུ་རིགས་ལྡན་པདྨ་དཀར། ། དཔལ་གྱི་རི་ལ་ཀླུ་སྒྲུབ་ཆེན་པོར་གྲགས། །འགྲོ་མགོན་ཇོ་ནང་པ་ལ་གསོལ་བ་འདེབས། ། སྤོས་ངད་ལྡན་ན་ཆོས་འཕགས་སེམས་དཔའ་ཆེ། །ལྷ་ལྡན་གྲོང་དུ་སྲོང་བཙན་སྒམ་པོ་སྟེ། ། རྔ་ཡབ་གླིང་ན་པདྨ་འབྱུང་གནས་དཔལ། །ཤེས་རབ་རྒྱལ་མཚན་ཞབས་ལ་ཕྱག་འཚལ་ ལོ། །གང་གི་བློ་གྲོས་ནམ་མཁའི་ཁྱོན་ལྟར་ཡངས༌། །དེ་བློས་གསུང་རབ་ངེས་དོན་རྫོགས་ པར་དགོངས། །དམ་ཆོས་དོན་དུ་སྲོག་ཀྱང་འདོར་ནུས་པའི། །དོལ་པོ་པར་གྲགས་བླ་མའི་ ཞབས་ལ་འདུད། །གངས་རིའི་ཁྲོད་འདིར་ངེས་དོན་བསྟན་པའི་བདག །འགྲན་མེད་དམ་པ་ ཆོས་ཀྱི་འཁོར་ལོ་བསྐོར། །འཇིག་རྟེན་མགོན་པོའི་རྣམ་འཕྲུལ་ཇོ་ནང་པ། །ཀུན་མཁྱེན་ཆེན་ པོའི་ཞབས་ལ་མཆོད་པ་འབུལ། །མཆོད་བསྟོད་ཕྱག་འཚལ་གསོལ་བ་བཏབ་པའི་མཐུས། ། སྐྱབས་མཆོག་ཁྱེད་ཀྱི་བསྟན་པ་དར་བ་དང༌། །བདག་ཅག་རྣམས་ཀྱི་འགལ་རྐྱེན་ཀུན་ཞི་ ནས། །དངོས་གྲུབ་འདོད་དོན་མ་ལུས་འགྲུབ་པར་ཤོག །རྗེ་ཉིད་ཀྱི་སློབ་མ་ཉ་དབོན་ཀུན་དགའ་དཔལ་ གྱིས་མཛད་པར་གྲགས་པའོ། །