2-1-1 ཉ་དབོན་ཀུན་དགའ་དཔལ་གྱི་གསུང་འབུམ། ༼པོད་གཉིས་པ། ༽ 2-1-2 ༄༅། །གཉིས་པ་ལ། སྐབས་ཀྱི་འགྲེལ་དགོད་པས་མཚམས་སྦྱར། ལམ་ཤེས་ཀྱི་དངོས་ པོ་བཅུ་གཅིག་བཤད། སྐབས་བསྡུ་བ་གསུམ་མོ། ། དང་པོ་ནི། འབྲས་བུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད། རྟོགས་པའམ་ཐོབ་པ་ནི་ལམ་ ཤེས་རྒྱུར་མེད་ན་མེད་པས་དེའི་རྒྱུ་ཐུན་མོང་མིན་པ་ལམ་ཤེས་པ་ཉིད་འཆད་དོ། ། གཉིས་པ་ལ། ལམ་ཤེས་ཀྱི་ཡན་ལག ཡན་ལག་ཅན་གྱི་ལམ་ཤེས་སོ། །དང་པོ་ལ་རྩ་ འགྲེལ་ལྷན་ཅིག་བཤད་དེ། འགལ་རྐྱེན་སྤངས་པའི་རྟེན། མཐུན་རྐྱེན་ཚང་བའི་ཡུལ། རྒྱུའི་ རྐྱེན་རིགས་ཀྱིས་ (ཤེར་འབྱུང༌། )ཁྱབ་པ། ཉོན་མོངས་མི་སྤོང་བའི་རང་བཞིན། གཞན་དོན་བྱེད་ པའི་ལས་ཏེ་ལྔའོ། །དང་པོ་ལ། སྔོན་བྱུང་བརྗོད། དེའི་རྒྱུ་མཚན། དེས་འཕངས་པའི་དོན་ གསུམ་མོ། ། དང་པོ་ནི། དེ་པའི་ (གསེར་)ཡེ་ཤེས་ལས་བྱུང་བའི་མ་བཅོས་པའི་རང་བཞིན་གྱི་འོད་དག་ གིས་རྒྱལ་ཆེན་རིས་བཞིའི་ལྷ་དང་སོགས་པ་སུམ་བཅུ་རྩ་གསུམ་པ་སོགས་འདོད་གཟུགས་ ཀྱི་ལྷ་རྣམས་ཀྱི་ཟག་བཅས་ཀྱི་ལས་ཀྱི་ (གསེར་)རྣམ་སྨིན་ལས་བྱུང་བའི་འོད་དྲི་མ་ཅན་ལྟ་བུར་ (འགྲེལ་ཆེན། )མོག་མོག་པོ(ར་བྱས་པ་ནི་དམན་པ་དང་ངན་པར་བྱས་པ་སྟེ་ཞེས་ཟླ་ཟེར་རོ། ། )སྟེ་གཟི་ (དག་ལྡན་) མདངས་མེད་པར་མཛད་དོ། །དེའི་དགོས་པ་ནི་འཇིག་རྟེན་སྐྱོང་བ་ལ་སོགས་པ་དང་བསམ་ གཏན་ཐོབ་པ་ལ་སོགས་པར་ང་རྒྱལ་བ་དང་འོད་ཀྱིས་ང་རྒྱལ་བ་བསལ་ནས་འདོད་གཟུགས་ ཀྱི་ལྷ་རྣམས་ཀྱི་རྒྱུད་ལ་ལམ་ཤེས་པ་ཉིད་སྐྱེ་བར་རུང་བ་ཉིད་དུ་བསྒྲུབ་པའམ་བྱ་བའི་ཕྱིར་ དུའོ། །རུང་བ་ནི་སངས་རྒྱས་སུ་བྱེད་པའི་ཆོས་སེམས་བསྐྱེད་ (སྙིང་མཆོག་)པར་བྱ་བའི་ཕྱིར་ མོག་མོག་པོར་མཛད་ཅེས་རད་ཀིར་རོ། །རྒྱལ་ཆེན་བཞིའི་རིས་ནས་ (བསྡུས་)གཙང་མའི་རིས་ ཀྱི་ལྷ་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པ་ལས་སྐྱེས་པའི་ལུས་ཀྱི་འོད་གང་ཡིན་པ་དེ་དག་ 2-1-3 གིས་དེ་པའི་རང་བཞིན་གྱི་འོད་ཀྱི་བརྒྱའི་ཆར་ཡང་ཉེ་བར་མ་སོང༌། བརྒྱ་སྟོང་གི་ཆར་ཞེས་ སོགས་སོ། ། གཉིས་པ་ནི། ལྷ་རྣམས་ལ་ང་རྒྱལ་བསལ་ནས་ལམ་ཤེས་སྐྱེད་པའི་དོན་དུ་འོད་མོག་ མོག་པོར་མཛད་པ་ནི་གེགས་ང་རྒྱལ་བཅོམ་པའི་རྒྱུད་ཁོ་ན་ལ་ལམ་ཤེས་ཀྱི་རྟོགས་པ་སྐྱེ་བ་ ཡིན་པས་ལམ་ཤེས་སོགས་ཡོན་ཏན་ཁྱད་པར་ཅན་འདོད་ན་ང་རྒྱལ་སྤང་དགོས་སོ་ཞེས་བྱ་ བར་ཤེས་པར་བྱ་བའི་ཕྱིར་མཛད་དེ། སྤྱིར་ང་རྒྱལ་དང་ཞུམ་པ་གཉིས་ཀ་བསལ་བ་ལ་ལམ་ སྐྱེ་ཡི། གང་རུང་དང་ལྡན་པ་ལ་མིན་ལ་འདིར་ལྷ་རྣམས་ཞུམ་པ་མེད་ཀྱི་ང་རྒྱལ་ཡོད་པས་དེ་ སྤང་བར་མཛད་པའོ་ཞེས་ཆོས་བཤེས་སོ། ། གསུམ་པ་ནི། རྒྱུ་མཚན་དེའི་ཕྱིར་དེ་པའི་མཐུ་ཆེ་བ་བསམ་གྱིས་མི་ཁྱབ་པ་བཅུ་ལས་ འོད་བསམ་གྱིས་མི་ཁྱབ་པའི་ཆེ་བ་བསྟན་པའི་མདོའི་ཚིག་ཟུར་གྱིས་ལམ་ཤེས་ཀྱི་རྟེན་གང་ ཟག་ཁྱད་པར་བ་བརྗོད་པ་ཡིན་ནོ། །སྦྱོར་ཊཱིཀ་ལས་ཆེས་གསལ་ལོ། །གཉིས་པ་ནི། ལམ་ ཤེས་དེ་ཆོས་ཅན། དངོས་སུ་སྐྱེ་བའི་ཡུལ་སོ་སོར་ངེས་པ་ཡིན་ནོ། །སྟོང་ཉིད་སྙིང་རྗེའི་སྙིང་པོ་ ཅན་གྱི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ཁོ་ནའི་རྒྱུད་ལ་སྐྱེ་བ་ཡིན་པས་སོ། །དེ་ཡང་བྱང་ སེའི་ཁོ་ནའི་ཡིན་གྱི་ཉན་ཐོས་སོགས་ཀྱི་མིན་ནོ་ཞེས་ཡུལ་སོ་སོར་ངེས་ཞེས་ཨཱརྱའོ། །ལྷའི་བུ་ གང་དག་གིས་བླ་མེད་རྫོགས་བྱང་དུ་སེམས་མ་བསྐྱེད་པ་དེ་དག་གིས་ཀྱང་བླ་མེད་བྱང་ཆུབ་ ཏུ་སེམས་བསྐྱེད་པར་བྱའོ། །གང་ཡང་དག་པའི་སྐྱོན་མེད་པར་ཞུགས་པར་གྱུར་ (ཉན་ཐོས་ཞི་བ་ ཕྱོགས་གཅིག་པ་ཞེས་དག་སྙིང་དཔེར་ན་ལན་བདུན་པ་དང་སྐྱེ་བ་གཉིས་པ་དང་གསུམ་འཁོར་བའི་རིགས་སྐྱེས་ཞེས་སྙིང་མཆོག་) པ་ (ཉིད་དུ་ངེས་པ་དེ་དག་ནི་རེ་ཤིག་སྐལ་བ་མེད་ཅེས་དོན་དུ་གནོད་འཇོམས་ཆེ་བ། )དེ་དག་ལ་ནི་བླ་མེད་རྫོགས་ བྱང་དུ་སེམས་བསྐྱེད་པའི་མཐུ་མེད་དོ། །དེ་དག་གིས་འཁོར་བའི་རྒྱུད་ཀྱི་མཚམས་བཅད་ པའི་ཕྱིར་རོ། །ཞེས་སོ། ། 2-1-4 གསུམ་པ་ནི། ཁམས་གསུམ་ལ་འདོད་ཆགས་དང་བྲལ་བ་ཉན་རང་དགྲ་བཅོམ་དང༌། དེ་ལས་ཅིག་ཤོས་ཀྱི་རྣལ་འབྱོར་བ་བྱང་སེམས་ (ཆོས་བཤེས་)ཆོས་ཅན། སངས་རྒྱས་ཉིད་ཐོབ་ བྱའི་ཕྱིར་ལམ་ཤེས་པ་ཉིད་བསྒོམ་པར་བྱ་བ་ཡིན་པས་ཁྱབ་པ་ཡིན་ནོ། །རྒྱས་པའི་རིགས་ ཡོད་པའི་སྐྱེ་བོ་ཐམས་ཅད་མཐར་ཐུག་བླ་མེད་རྫོགས་ཆུབ་ཀྱི་མཐར་ཐུག་པར་འགྲོ་བ་ཅན་ ཡིན་པ་དེའི་ཕྱིར་རོ། །ཏེ་གཞན་འདྲེན་པ། ཀྱང་སྡུད་ཚིག་གོ །གལ་ཏེ་ (བྱང་ཆུབ་ཏུ་གྱུར་པའི་ཉན་ཐོས་ སོགས་ཞེས་དག་ལྡན། ལྷག་མེད་དུ་ཞུགས་པའི་ཉན་ཐོས་སོགས་ཞེས་འབུམ་ཊཱིཀ་དང༌། གནོད་འཇོམས་སུ། ལོག་པ་ཉིད་དུ་ ངེས་པའི་སེམས་ཅན་དེ་དག་གིས་འདི་རྣ་བར་ཐོས་ན་མཐར་སངས་རྒྱས་ཐོབ་པར་འགྱུར་ཞེས་པའི་དོན་དུ་བཤད་དོ། ། )དེ་དག་ བླ་མེད་རྫོགས་ཆུབ་ཏུ་སེམས་བསྐྱེད་ན་དེ་ལ་ངས་རྗེས་སུ་ཡིད་རང་ངོ་ཞེས་སོ། །སྔར་མཐུ་ མེད་པར་བཤད་པ་ནི་རེ་ཤིག་སྣོད་མིན་པ་ཙམ་ལ་དགོངས་སོ། །འདིར་འཁོར་བ་མཐའ་ཡོད་ མེད་དུ་བཞེད་ཚུལ་གཉིས་ཏེ། ཐུབ་དགོངས་སུ། འཁོར་བ་ལ་ཐོག་མ་མེད་དེ་སྔར་མེད་པའི་ སེམས་ཅན་སྐྱེ་བ་མེད་པའི་ཕྱིར་རོ། །ཐོག་མ་དང་ལྡན་ན་རྒྱུ་མེད་པ་ཉིད་དུ་ཐལ་བའི་ཕྱིར་ རོ། །སྐྱེ་བ་རྒྱུ་ལ་རག་ལས་པའི་ཕྱིར་རྒྱུ་ཟད་པ་ལས་ཐ་མ་ནི་རིགས་ཏེ་ས་བོན་ཟད་པ་ལས་མྱུ་ གུ་བཞིན་ནོ། །སངས་རྒྱས་འབྱུང་བ་སོ་སོས་སེམས་ཅན་གྲངས་མེད་པ་མྱ་ངན་ལས་ཟློ་བའི་ ཕྱིར་རོ། །གང་གཉེན་ (འདི་མན་འགྲེལ་ཆེན་དུ་ཁྱད་མཚན་གྱི་ཐད་དུ་བཤད་དོ། ། )པོ་དང་ཕྲད་པ་ན་འབྲི་བའི་ ཆོས་ཅན་དེ་རྣམས་གཉེན་པོའི་ཕྱོགས་དེ་ཤིན་ཏུ་འཕེལ་བ་ན་ཤིན་ཏུ་མཛད་པའི་ཆོས་སྲིད་པ་ ཡིན་ཏེ་གསེར་གྱི་དྲི་མ་ལ་སོགས་པ་བཞིན་ནོ། །འཁོར་བ་ཡང་བདག་མེད་པ་ཉིད་ལ་སོགས་ པའི་མཚན་ཉིད་ཀྱི་གཉེན་པོའི་ཕྱོགས་ལ་མངོན་དུ་ཕྱོགས་པ་ཡོད་ན་འབྲི་བའི་ཆོས་ཅན་ཡིན་ ནོ་ཞེས་པའི་ཚད་མ་ལས་འཁོར་བ་རྒྱུན་ཆད་པ་ཡོད་དོ། །(ཏིང་རྒྱལ་)འགྲོ་བ་འདི་དག་ཐམས་ ཅད་སངས་རྒྱས་འགྱུར། །(མདོ་ཀུན་བཏུས་འགྲེལ་པ་དང༌། ཆོས་བཤེས་དང༌། དབུ་མ་སྣང་བར་ཡང་ལུང་འདིའི་དོན་ སེམས་ཅན་ཐམས་ཅད་ལ་བཤད་པས་བུ་རིན་ཟླ་འོད་གཞོན་ནུས་ནང་གི་སེམས་ཅན་ལ་འགྲེལ་པས་བཤད་གསུང་བའང་ནོར་ 2-1-5 རོ། ། ) ཞེས་པ་ལ་སོགས་པའི་ལུང་ལས་ཀྱང་ངོ་ཞེས་སོ། །ཐུབ་དགོངས་ཀྱི་འགོར། འདིར་ངེས་ པར་སེམས་ཅན་ཐམས་ཅད་སྒྲིབ་པ་གཉིས་སྤོང་བའི་སྐལ་བ་ལས་མ་འདས་པ་ཁོ་ནར་ཡོད་ དེ་ཞེས་སོ། །(དྲི་མ་རྣམས་གློ་བུར་བ་ཉིད་ཀྱི་ཕྱིར་དང་སེམས་རང་བཞིན་གྱིས་འོད་གསལ་བ་ཉིད་ཀྱིས་འགྲོ་བ་མ་ལུས་པ་ ལ་སངས་རྒྱས་ཉིད་རུང་བ་ཡོད་པ་ཁོ་ནའོ་ཞེས་དང༌། མདོ་རྣམས་སུ། སེམས་ཅན་ཐམས་ཅད་དེ་པའི་སྙིང་པོ་ཅན་ཞེས་པ་འདིས་ ཐམས་ཅད་བླ་མེད་བྱང་ཆུབ་ཀྱི་གོ་འཕང་རྟོགས་པར་རུང་བ་ཉིད་དུ་བསྟན་ཞེས་ཐུབ་དགོངས་སུའོ། ། ) རྒྱུད་བླའི་འགྲེལ་ པར། (ལོག་སྲེད་ཅན་གཏན་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན། ཞེས་གསུངས་པ་གང་ཡིན་པ་དེ་ནི་ཐེག་ཆེན་ པའི་ཆོས་ལ་སྡང་བ། ལོག་སྲེད་ཅན་ཉིད་ཀྱི་རྒྱུ་ཡིན་པའི་ཕྱིར་ཐེག་པ་ཆེན་པོའི་ཆོས་ལ་སྡང་བ་བཟློག་པའི་དོན་དུ་དུས་གཞན་ལ་ དགོངས་ནས་གསུངས་པ་ཡིན་ནོ། ། ) རང་བཞིན་ཀྱིས་རྣམ་པར་དག་པའི་རིགས་ཡོད་པའི་ཕྱིར་འགའ་ ཡང་གཏན་རྣམ་པར་དག་པར་མི་འགྱུར་བ་ནི་འོས་པ་མ་ཡིན་ཏེ། གང་གི་ཕྱིར་བཅོམ་ལྡན་ འདས་ཀྱིས་ཁྱད་པར་མེད་པར་སེམས་ཅན་ཐམས་ཅད་ལ་རྣམ་པར་དག་པར་རུང་བ་ཉིད་ ཡོད་པ་ལ་དགོངས་ནས། ཐོག་མེད་གྱུར་ཀྱང་ཐ་མ་དང་ལྡན་པ། །རང་བཞིན་གྱིས་དག་རྟག་ པའི་ཆོས་ཅན་ནི། །ཐོག་མེད་སྦུབས་ཀྱིས་ཕྱི་སྒྲིབ་མི་མཐོང་སྟེ། །ཇི་ལྟར་གསེར་གྱི་གཟུགས་ ནི་སྒྲིབ་པ་བཞིན། །ཞེས་སོ། །འགའ་ཞིག་ནི་མཐའ་མེད་པར་བཞེད་དེ། འགྲེལ་ཆེན་གྱི་ཁྱད་ མཚན་ཐད་དུ། ཁ་ཅིག་ན་རེ། གང་འདི་སངས་རྒྱས་ཀྱི་རིགས་ནི་ཐོག་མ་མེད་པ་ཡིན་པའམ་ སངས་རྒྱས་རེ་རེ་འབྱུང་བ་ན་སེམས་ཅན་གྲངས་མེད་པ་གཅིག་ཡོངས་སུ་མྱ་ངན་ལས་འདའ་ མོད་ཀྱི་དེ་ལྟ་ན་ཡང་འཁོར་བ་ལ་ཟད་པ་མེད་པས་མཐའ་ཡས་པའི་ཕྱིར་ནམ་མཁའ་དང་འདྲ་ སྟེ་རི་བོ་ལ་སོགས་པའི་སྒྲིབ་གཡོགས་དུ་མ་ཡོད་ན་ཡང་ནམ་མཁའ་ཡོངས་སུ་ཟད་པ་མེད་དོ་ ཞེས་ཟེར་རོ་ཞེས་སོ། །དེར་མཐའ་ཡོད་ཀྱི་ལུགས་ཀྱང་བཀོད་པ་ནི་སྔར་ཨ་བྷ་ཡའི་སྦྱོར་ངག་ ལྟར་ཡོད་དོ། །གལ་ཏེ་མཐའ་ཡོད་ན་སངས་རྒྱས་ཀྱི་འཕྲིན་ལས་རྒྱུན་ཆད་པ་སྲིད་པར་འགྱུར་ རོ། །མཐའ་ཡོད་བཤད་པ་ནི་བྱེ་བྲག་འགའ་ལ་དགོངས་ལ་སངས་རྒྱས་རེ་རེས་སེམས་ཅན་ 2-1-6 གྲངས་མེད་སྒྲོལ་ཡང་སངས་རྒྱས་འབྱུང་བ་ཨུ་དུམ་ཝ་རའི་མེ་ཏོག་ལྟར་དཀོན་པས་ཟད་མི་ ནུས་སོ། །མདོ་ཀུན་བཏུས་འགྲེལ་པར། བྲི་བ་དང་གང་བ་མེད་པ་ནི་སེམས་ཅན་གྱི་ཁམས་ མི་ཟད་པའི་ཕྱིར་ལ། མི་ཟད་པ་ཡང་སྤྱིའི་དབང་དུ་བྱས་པའི་ཕྱིར་ཏེ། སོ་སོའི་དབང་དུ་བྱས་ ནས་གྲོལ་བའི་ཕྱིར་ཟད་པ་ཁོ་ནའོ། །སྤྱི་ནི་སོ་སོ་བ་འདུས་པ་མིན་ནམ། སོ་སོར་གྲོལ་བ་ཉིད་ ཀྱིས་སྤྱི་ཅི་ལྟར་མི་གྲོལ། གང་ཞིག་སྣོན་པ་མེད་ལ་འབྲི་བ་ཡོད་པ་དེ་ནི་ཟད་པའི་ཆོས་ཅན་ ཏེ། དཔེར་ན་འབྲུའི་ཕུང་བོ་ལྟ་བུ་ཞེ་ན། མ་ཡིན་ཏེ་རིས་སུ་ཆད་པ་མེད་པའི་ཕྱིར་དཔེ་འདྲ་བ་ མིན་ནོ། །གང་ཞིག་ཕ་མཐའ་ཡོད་པ་དེ་ནི་ཟད་པར་རིགས་པ་ལས། སེམས་ཅན་གྱི་ཁམས་ནི་ ནམ་མཁའི་ཁམས་དང་མཉམ་པས་ཕ་མཐའ་མེད་པས་ཅི་ལྟར་ཟད་པར་རིགས་ཞེས་ཤཱནྟིས་ སོ། །དེ་ལྟར་གཉིས་ལས་སྤྱིར་མཐའ་མེད་བྱེ་བྲག་འགའ་ལ་མཐའ་ཡོད་པ་འཐད་དེ། མ་རིག་ འཁྲུལ་འཁོར་འདི་ནི་ཟད་མེད་འཕེལ་བ་མེད། །ཅེས་སྡུད་པ་དང༌། ཐོག་མ་དང་ཐ་མ་མེད་ པའི་སྟོང་གཞི་འཁོར་བ་ལ་བཤད་པ་ལ་སོགས་པ་མཐའ་ཡས་སོ། །མང་བོ་གྲོལ་ཡང་འཁོར་ བ་ལ་བྲི་གང་མེད་དེ་རྒྱ་མཚོ་ལ་རྩ་རྩེས་ཆུ་འགའ་གཏོར་ཡང་བྲི་གང་མེད་པ་དང་ནམ་མཁའ་ ལ་འདོམས་ཀྱིས་གཅལ་ཡང་བྲི་གང་མེད་པ་བཞིན་ཞེས་གསུངས་སོ། །གལ་ཏེ་རྒྱས་པའི་ རིགས་ཡོད་ཐམས་ཅད་སངས་རྒྱས་འཐོབ་ན། དགོངས་འགྲེལ་ལས། ཉན་ཐོས་ཀྱི་རིགས་ ཀྱི་གང་ཟག་ཞི་བར་བགྲོད་པ་གཅིག་པུ་བ་ནི་སངས་རྒྱས་ཐམས་ཅད་བརྩོན་པ་དང་ལྡན་པར་ གྱུར་ཀྱང་བྱང་ཆུབ་ཀྱི་སྙིང་པོ་ལ་བཞག་སྟེ་བླ་མེད་རྫོགས་ཆུབ་ཐོབ་པར་བྱ་བར་མི་ནུས་སོ། ། ཞེས་པ་དང་འགལ་ཞེ་ན། དེ་ནི་རེ་ཤིག་པ་ལ་དགོངས་ཀྱི་མཐར་ཐུག་སངས་རྒྱས་སུ་འགྱུར་ ཏེ། ལང་གཤེགས་ལས། བློ་གྲོས་ཆེན་པོ་ཉན་ཐོས་ཀྱི་ཐེག་པ་བ་རྣམས་ཉན་ཐོས་ཀྱི་ཐེག་ པ་ལས་གྲོལ་བ་མིན་གྱི་འོན་ཀྱང་དེ་དག་ནི་ཐེག་ཆེན་པོའི་མཐར་ཐུག་པ་ཡིན་ནོ། །ཞེས་སོ། ། བྱང་ཆུབ་སེམས་འགྲེལ་ལས། བྱང་ཆུབ་དམ་པ་ (ལྷག་བཅས་ལྷག་མེད་)གཉིས་ (ཞེས་འགྲེལ་ཆེན་ཏེ་ཅུང་ 2-1-7 མིན་ནོ། ། )ཐོབ་ནས། །སྲིད་པས་སྐྲག་ཡིད་དེ་དག་ནི། །ཚེ་ཟད་ལ་དགའ་མྱ་ངན་ལས། །འདས་ ཐོབ་འདུ་ཤེས་ཅན་དུ་འགྱུར། །དེ་ལ་མྱ་ངན་འདས་ཡོད་མིན། །འོན་ཀྱང་སྲིད་གསུམ་ཁམས་ སུ་ནི། །སྐྱེ་བའང་དེ་ལ་ཡོད་མ་ཡིན། །ཟག་མེད་དབྱིངས་གནས་དེ་དག་ཀྱང༌། །མི་ཤེས་ ཉོན་མོངས་མིན་སྤང་ཕྱིར། །ཕྱིས་ནི་སངས་རྒྱས་ཀྱིས་བསྐུལ་ནས། །བྱང་ཆུབ་ཏུ་ནི་ཚོགས་ བསགས་ཏེ། །དེ་ཡང་འཇིག་རྟེན་འདྲེན་པར་འགྱུར། །ཞེས་སོ། །བྱང་ཆུབ་གཉིས་ནི་ཉན་རང་ གི་སྟེ། མདོར་ན་ཉན་རང་དགྲ་བཅོམ་ཐོབ་ནས་ཤེས་རབ་སྙིང་རྗེ་དང་བྲལ་བས་སྲིད་པས་ སྐྲག་པའི་ཡིད་ (དངོས་)དང་སྔོན་གྱི་འཕེན་པའི་ཤུགས་ཀྱིས་འཕངས་པའི་ཚེ་ཟད་པ་ན་མྱང་ འདས་ (དངོས་)དངོས་མིན་ཡང་མར་མེ་ཤི་བ་ལྟར་མྱང་འདས་ཀྱི་མིང་ཅན་ཁམས་གསུམ་གྱི་སྐྱེ་ བ་ལས་འདས་ (དངོས་)ནས་འཆི་འཕོ་བའི་སེམས་ཀྱི་རྗེས་ཐོགས་ལ་དག་པའི་ཞིང་དུ་ཟག་མེད་ ཀྱི་དབྱིངས་ལ་ (དངོས་)མཉམ་པར་བཞག་བཞིན་པར་པད་ (དངོས་)མའི་སྤུབས་སུ་སྐྱེའོ། །དེ་ནས་ འོད་དཔག་མེད་ (དངོས་)སོགས་ཀྱི་འོད་ཟེར་གྱིས་ཤེས་སྒྲིབ་སྤང་བའི་དོན་དུ་སད་པར་མཛད་ པས་ལངས་པ་ན་སངས་རྒྱས་བྱང་སེམས་འཇིག་རྟེན་ལས་འདས་པའི་འབྱོར་བ་མཐོང་སྟེ། བྱང་ཆུབ་ཏུ་ (དངོས་)སེམས་བསྐྱེད་ནས་སྤྲུལ་བའི་ (མདོ་རྒྱན་)སྐྱེ་བས་ (དཔེར་ན་དགྲ་བཅོམ་ཐོབ་པའི་)ཐར་ བའི་སྐབས་སུ་ཡང་ (ཤཱ་བུ་སོགས་)དམྱལ་བ་ལ་སོགས་པར་རྒྱུ་བ་བཞིན་དུ་འཁོར་བར་འགྲོ་ཞིང་ ཚོགས་བསགས་ཏེ་སངས་རྒྱས་སུ་འགྱུར་རོ་ཞེས་ལུང་ལས་ངེས་པར་མཛད་ཅེས་འགྲེལ་ཆེན་ ཏེ་ལང་གཤེགས་སོགས་ལས་སོ། །སེམས་འགྲེལ་ལས། ཇི་སྲིད་སངས་རྒྱས་ཀྱིས་མ་བསྐུལ། ། དེ་སྲིད་ཡེ་ཤེས་ལུས་དངོས་ཅན། །ཏིང་འཛིན་མྱོས་པས་བརྒྱལ་བར་འགྱུར། །བསྐུལ་ནས་ སྣ་ཚོགས་གཟུགས་ཀྱིས་ནི། །སེམས་ཅན་དོན་ལ་ཆགས་གྱུར་ཅིང༌། །བསོད་ནམས་ཡེ་ཤེས་ ཚོགས་བསགས་ནས། །སངས་རྒྱས་བྱང་ཆུབ་ཐོབ་པར་འགྱུར། །ཞེས་སོ། །འོ་ན་ཐེག་པ་ གསུམ་གསུངས་པ་དང་འགལ་ཞེ་ན། ཐེག་པ་གསུམ་དུ་རྣམ་པར་བཞག་པ་ནི་མཐར་ཐུག་གི་ 2-1-8 དབང་དུ་བྱས་ནས་དགོངས་པ་ཅན་ཡིན་ཏེ། དགོངས་གཞི་གནས་སྐབས་སུ་རང་བཞིན་གྱིས་ དབང་བོ་རྟུལ་འབྲིང་རྣོ་གསུམ་གྱི་ལམ་ཡོད་པ་ལ་དགོངས། དགོས་པ་རེ་ཞིག་བསྟི་བའམ་ ངལ་གསོ་བའི་དོན་དུ་གསུངས་ཀྱི་མཐར་ཐུག་གི་ངེས་དོན་མཚན་ཉིད་པ་ནི་མ་ཡིན་ནོ། །ཞེས་ དབུ་མའི་ལུགས་ལས་འབྱུང་བའི་ཕྱིར། ལང་གཤེགས་ལས། སེམས་ནི་ཡོངས་སུ་གྱུར་པ་ན། ། ཐེག་པ་གསུམ་དུ་ངས་བསྟན་ཏེ། །ཐེག་པ་གཞན་རྣམས་ཡོད་མ་ཡིན། །བྱིས་པ་རྣམས་ནི་ ཡོངས་དྲངས་ཕྱིར། །ཐེག་པ་ཐ་དད་ངས་བཤད་དོ། །ཞེས་དང༌། པད་དཀར་གྱི་མདོར། དྲང་ སྲོང་ཆེན་པོས་ཐེག་པ་གསུམ་བསྟན་པ། །རྣམ་འདྲེན་རྣམས་ཀྱི་ཐབས་ལ་མཁས་པ་སྟེ། །ཐེག་ པ་གཅིག་སྟེ་གཉིས་སུ་ཡོད་མ་ཡིན། །བསྟི་བའི་དོན་དུ་ཐེག་པ་གསུམ་བསྟན་ཏོ། །ཞེས་སོ། ། དཔལ་ཕྲེང་གི་མདོར། ཐེག་པ་གསུམ་པོ་ཐམས་ཅད་ཀྱང་ཐེག་པ་གཅིག་ཁོ་ནས་གྲངས་སུ་ འགྲོ་སྟེ། ཐེག་པ་གཅིག་ཁོང་དུ་ཆུད་པས་བླ་མེད་ཡང་དག་བྱང་ཆུབ་ཁོང་དུ་ཆུད་དོ། །ཞེས་སོ། ། (ཀླུ་)སེམས་འགྲེལ་ལས། ཐེག་པ་གཉིས་པོ་དག་ཀྱང་ནི། །ཐེག་པ་ཆེན་པོས་འབྱུང་བས་ན། ། སྲིད་པའི་ལམ་གྱིས་དུབ་རྣམས་ལ། །ངལ་གསོའི་དོན་ཏེ་དེ་ཉིད་མིན། །ཞེས་དང༌། མཚན་ བརྗོད་དུ། ཐེག་པ་གསུམ་གྱིས་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་ སོགས་རྒྱ་ཆེར་ཤེས་པར་བྱའོ། །མདོར་ན་ཁྱབ་པའི་དོན་ནི་མཐའ་མེད་ལྟར་ནའང་སངས་ རྒྱས་ཀྱི་རང་བཞིན་རིགས་ཀྱིས་ཁྱབ། མཐའ་ཡོད་ལྟར་ན་ལམ་ཤེས་བསྒོམས་པས་སམ་རད་ ཀིར་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པས་འདི་ (ཨཱརྱའི་དགོངས་པར་རུང༌། )རྣམས་ཐམས་ཅད་ལ་ཁྱབ་ པའོ་ཞེས་པ་ལྟར་གཟུང་ངོ༌། ། བཞི་པ་ནི། རྫོགས་བྱང་དུ་སེམས་བསྐྱེད་པའི་བྱང་སེ་ནི་ཆོས་ཅན། སྲིད་པར་སྐྱེ་བའི་ རྒྱུའི་ཉོན་མོངས་རྗེས་མཐུན་པའམ་ཆགས་པ་ཕྲ་མོ་དགྲར་བལྟས་ཏེ་ཆེད་དུ་གཉེར་ནས་ སྤངས་པ་སྟེ་སྤོང་བ་མ་ཡིན་པ་ཞེས་བྱ་བ་རང་གི་ངང་ཚུལ་གྱི་རང་བཞིན་ཡིན་ནོ། །འཁོར་ 2-1-9 བ་ཇི་སྲིད་གནས་ཀྱི་བར་དུ་འཁོར་བར་སྐྱེ་བ་བླངས་ཏེ་སེམས་ཅན་གྱི་དོན་བྱེད་པར་ཞུགས་ པའི་སློབ་ལམ་པ་ཡིན་པ་ཉིད་ཀྱིས་སོ། །འདིས་ཉན་རང་ལས་རང་གི་ངོ་བོ་འཕགས་པར་ གསུངས་སོ། །ཞེས་ཨཱརྱའོ། །ཁོ་བོ་ནི་དེ་དག་གི་དགེ་བའི་ཕྱོགས་ལ་བར་ཆད་མི་བྱེད་དོ། ། ཞེས་སོ། །སྙིང་པོ་མཆོག་ཏུ། དགེ་བའི་ཕྱོགས་ནི་སེམས་བསྐྱེད་དེ་དེ་སྐྱེ་བར་རུང་བ་ཉིད་རང་ བཞིན་ནོ། །ཞེས་ཏེ། ཟླ་ཟེར་དུ་ཡང་སྟེ་མདོའི་དོན་མ་ནོར་བའོ། །ད་ཡང་ས་བདུན་པ་མན་ལ་ ཉོན་མོངས་ཡོད་ལ། དག་ས་ན་སེམས་རབ་ཏུ་མ་ཞི་བར་བྱེད་པའི་ཉོན་མོངས་གཏན་མེད་ ཀྱང་ཉོན་མོངས་ཀྱི་བག་ཆགས་ཕྲ་མོ་ཡོད་ཅིང་དེ་དང་སྙིང་རྗེས་སྐྱེ་བ་ལེན་པ་འཕགས་སེང་ གི་དགོངས་པར་རུང་ངོ༌། །ཇོ་བོ་ཨ་དུ་ལའི་གསུངས་སྒྲོས་སུ། ཆགས་པ་མིན་པའི་ཉོན་མོངས་ ཆེད་དུ་སྤོང་ལ། ཆགས་པ་ལ་ཕྱི་ལ་ཆགས་པ་ཆེད་དུ་སྤོང༌། ནང་ལ་ཆགས་པ་ལ་ནུས་པ་བཞི་ སྟེ། རིགས་འདྲ་བསྐྱེད་པ། ས་ལམ་གྱི་གེགས་བྱེད་པ། སྡུག་བསྔལ་བསྐྱེད་པ། སྐྱེ་བ་ལེན་ ནུས་རྣམས་ལས། དང་པོ་གསུམ་ཆེད་དུ་སྤོང༌། བཞི་པ་མི་སྤོང་ཟེར་བའང་བརྟག་མི་བཟོད་དོ། ། རྒྱུན་གྱིས་འཇུག་ན་རིགས་འདྲ་བསྐྱེད་ལ། མི་འཇུག་ན་མེད་པར་འགྱུར་ཏེ་དངོས་པོ་རྒྱུན་ ལྡན་གཅིག་ཡིན་པས་སོ། །ཡང་ནུས་པ་དང་ནུས་པ་ཅན་སོ་སོར་འབྱེད་པའང་བཞད་གད་ཀྱི་ གནས་སོ། །ཡང་ན་བློ་གྲོས་རྒྱ་མཚོའི་མདོར། དེ་དག་གི་འཁོར་བའི་རྒྱུ་དགེ་བའི་རྩ་བ་དང་ མཚུངས་པར་ལྡན་པའི་ཉོན་མོངས་པ་གང་ཞེ་ན། (རྒྱུད་བླའི་འགྲེལ་པར་དྲངས། ) འདི་ལྟ་སྟེ་བསོད་ ནམས་ཀྱི་ཚོགས་ཡོངས་སུ་ཚོལ་བས་མི་ངོམས་པ་དང༌། བསམ་བཞིན་དུ་སྲིད་པར་སྐྱེ་བ་ ཡོངས་སུ་འཛིན་པ་དང༌། སངས་རྒྱས་དང་ཕྲད་པ་དོན་དུ་གཉེར་བ་དང༌། སེམས་ཅན་ཡོངས་ སུ་སྨིན་པར་བྱ་བའི་ཕྱིར་མི་སྐྱོ་བ་དང༌། དམ་པའི་ཆོས་འཛིན་པ་ལ་བརྩོན་པ་དང༌། སེམས་ ཅན་གྱི་བྱ་བ་ཅི་ཡོད་པ་ལ་འགྲུས་པ་ (སྤྲོ་བ་དང༌། )ཆོས་ལ་ཆགས་པའི་བསམ་པ་དང་མ་བྲལ་བ་ དང༌། ཕ་རོལ་ཏུ་ཕྱིན་པའི་ཀུན་ཏུ་སྦྱོར་བ་རྣམས་མི་འདོར་བ་སྟེ། བློ་གྲོས་རྒྱ་མཚོ། གང་དག་ 2-1-10 གིས་བྱང་སེམས་ཀུན་ཏུ་སྦྱོར་བར་བྱེད་ཀྱང་ཉོན་མོངས་པའི་སྐྱོན་གྱིས་མི་གོས་པ། དགེ་བའི་ རྩ་བ་དང་མཚུངས་པར་ལྡན་པའི་ཉོན་མོངས་པ་ནི་འདི་དག་གོ །(མདོའི་དུམ་བུ་འདིས་ནི། གཞན་ལ་ ཕན་པར་བྱ་བའི་དོན་དུ། དབང་དང་ལྡན་པའི་བྱང་པའི་དགེ་བའི་རྩ་བ་དང༌། སྙིང་རྗེ་གཉིས་ཀྱི་སྟོབས་ཀྱིས་བསམ་བཞིན་དུ་ སྐྱེ་བ་ལ་སྦྱོར་བའི་ཕྱིར་དང༌། ཐབས་དང་ཤེས་རབ་གཉིས་ཀྱི་སྟོབས་ཀྱིས་ཀུན་ནས་ཉོན་མོངས་པ་མེད་པའི་ཕྱིར། མ་དག་པ་ དང་དག་པའི་གནས་སྐབས་བསྟན་ཏོ། །ཞེས་རྒྱུད་བླའི་འགྲེལ་པར་འཕགས་པ་ཐོགས་མེད་ཀྱིས་བཤད་དོ། ། ) བཅོམ་ལྡན་ འདས་དགེ་བའི་རྩ་བ་ལགས་ན་དེ་རྒྱུ་ཅིའི་སླད་དུ་ཉོན་མོངས་པ་ཞེས་བགྱི། བློ་གྲོས་རྒྱ་མཚོ། འདི་ལྟར་འདི་ལྟ་བུའི་རང་བཞིན་གྱི་ཉོན་མོངས་པ་འདི་དག་གིས་བྱང་སེམས་ཁམས་གསུམ་ པར་ཀུན་ཏུ་སྦྱོར་ལ་ཁམས་གསུམ་པ་ཡང་ཉོན་མོངས་པ་ལས་བྱུང་བ་ཡིན་ནོ། །དེ་ལ་བྱང་ པ་ནི་ཐབས་ལ་མཁས་པ་དང་དགེ་བའི་རྩ་བའི་སྟོབས་བསྐྱེད་པས་བསམ་བཞིན་དུ་ཁམས་ གསུམ་དུ་ཀུན་ཏུ་སྦྱོར་ཏེ་དེས་ན་དགེ་བའི་རྩ་བ་དང་མཚུངས་པར་ལྡན་པའི་ཉོན་མོངས་པ་ ཞེས་བྱའོ། །ཇི་སྲིད་ཁམས་གསུམ་པར་ཀུན་ཏུ་སྦྱོར་བས་ཡིན་གྱི་སེམས་ཉེ་བར་ཉོན་མོངས་ པས་ནི་མ་ཡིན་ནོ། །ཞེས་དང༌། དཀོན་བརྩེགས་འོད་བསྲུང་ལེའུར། ཇི་ལྟར་གྲོང་ཁྱེར་སྐྱེ་ བོའི་མི་གཙང་ལུད། །དེ་ནི་བུ་རམ་ཤིང་བའི་ཞིང་ལ་ཕན། །དེ་བཞིན་བྱང་ཆུབ་སེམས་དཔའི་ ཉོན་མོངས་ལུད། །དེ་ནི་སངས་རྒྱས་ཆོས་རྣམས་བསྐྱེད་ལ་ཕན། །ཞེས་དང༌། འོད་བསྲུང་ འདི་ལྟ་སྟེ། དཔེར་ན། སྔགས་དང་སྨན་གྱིས་ཡོངས་སུ་ཟིན་པའི་དུག་གིས་ནི་ལོག་པར་འཆི་ བར་བྱེད་མི་ནུས་སོ། །དེ་བཞིན་དུ་བྱང་སེ་རྣམས་ཀྱི་ཉོན་མོངས་པ་ཤེས་རབ་ཀྱིས་ཡོངས་སུ་ ཟིན་པས་ཀྱང་ལོག་པར་ལྟུང་བར་བྱེད་མི་ནུས་སོ། །ཞེས་པ་ལྟར་ཉོན་མོངས་ཕྲ་མོ་ཡོད་པ་ལ་ དགོངས་པར་གསལ་ལ་དེ་ཚོགས་རྫོགས་བྱེད་ཀྱི་ཐབས་སུ་ཡང་འགྱུར་སྲིད་དེ། ཐོགས་མེད་ ཀྱིས། (ཐེག་བསྡུས། ) ཐབས་ཆེན་རྣམས་དང་ལྡན་པ་ལ། །སྲིད་པའང་ཞི་བའི་བདག་ཉིད་དང༌། ། ཉོན་མོངས་བྱང་ཆུབ་ཡན་ལག་འགྱུར། །དེ་ཕྱིར་དེ་བཞིན་གཤེགས་བསམ་ཡས། །ཞེས་པ་ 2-1-11 ལྟར་རོ། །འོ་ན་ཉན་རང་དགྲ་བཅོམ་ཐེག་ཆེན་དུ་ཞུགས་པ་དང་ས་བརྒྱད་པ་ (གནོད་འཇོམས་) ཡན་གྱི་བྱང་སེ་འཁོར་བར་སྐྱེ་བ་ལེན་པའི་རྒྱུ་གང་ཞེ་ན། རྐྱེན་གྱི་སྟོབས་ (འཇོམས་)དང༌། རྒྱུའི་ སྟོབས་ (དངོས་)ཀྱིས་སོ། །(དངོས། ) ཉོན་མོངས་པའི་བག་ཆགས་ནི་ཡང་སྲིད་པར་ཉིང་མཚམས་ སྦྱོར་བའི་རྐྱེན་ནོ། །ཟག་བཅས་ཀྱི་དགེ་རྩ་ལས་བྱུང་བ་ཟག་མེད་ཀྱི་དགེ་རྩ་ནི་རྒྱུའོ། །(ཐུབ་ དགོངས། ) དེ་དག་མདོ་བཞིན་ཏེ་ཞེས་སྔར་དྲངས་པ་ལྟར་རྒྱ་ཆེར་དྲངས་ཏེ་ཐུབ་དགོངས་དང་ གནོད་འཇོམས་སུའོ། །རྒྱུད་བླའི་འགྲེལ་པའི་དོན་བསྡུས་ན། (ཐུབ་དགོངས་དངོས། )ཉན་རང་དགྲ་ བཅོམ་དང་དབང་ཐོབ་པའི་ (དངོས་)བྱང་སེམས་ (དངོས་)རྣམས་ནི་ཉེ་བའི་ཉོན་མོངས་ཐམས་ ཅད་ཀྱི་རྟེན་དུ་གྱུར་པ་མ་རིག་བག་ཆགས་ཀྱི་ས་མ་སྤངས་པས་ཉོན་མོངས་པའི་དྲི་མ་ (དངོས་) དྲི་ང་བའི་ (དངོས་)བག་ཆགས་ (དངོས་)ཐམས་ཅད་དང་ལྡན་ལ་ (མ་རིག་བག་ཆགས་ཀྱི་ས་ཞེས་དངོས་སུ་) དེའི་རྐྱེན་ཅན་མཚན་མའི་སྤྲོས་ (དངོས་)པ་ཀུན་ཏུ་སྤྱོད་པ་ཕྲ་མོས་ཀུན་ནས་བསླང་བའི་ཟག་ (དངོས་)མེད་ཀྱི་ལས་ལ་བརྟེན་ནས་ཡིད་ཀྱི་ (དངོས་)རང་བཞིན་གྱི་ཕུང་བོ་ (དངོས་)འབྱུང་ངོ༌། །དེ་ ལ་མ་རིག་བག་ཆགས་ཀྱི་ས་ནི་ཉོན་མོངས་པའི་ཉོན་མོངས་པ་བཞིན་ནོ། །(ཐུབ་དགོངས། ) ཟག་ མེད་ཀྱི་ལས་ནི་ལས་ཀྱི་ཉོན་མོངས་པ་བཞིན་ནོ། །(ཐུབ་དགོངས། ) ཡིད་ཀྱི་རང་བཞིན་གྱི་ལུས་ རྣམ་པ་ (ཉན་རང་བྱང་སེའི་)གསུམ་འགྲུབ་པ་ནི་སྐྱེ་བའི་ (ཐུབ་དགོངས་)ཀུན་ནས་ཉོན་མོངས་པ་བཞིན་ ནོ། །དེའི་རྐྱེན་ཅན་བསམ་གྱིས་མི་ཁྱབ་པར་ཡོངས་སུ་བསྒྱུར་བའི་འཆི་འཕོ་ནི་རྒ་ཤི་བཞིན་ ནོ། །(ཐུབ་དགོངས། ) རྒྱས་པར་མདོ་བཞིན་ཏེ་ཞེས་དཔལ་ཕྲེང་གི་མདོ་དང་སྦྱོར་རོ། །འདིར་མ་ རིག་བག་ཆགས་ཀྱི་ས་ནི་ཉོན་མོངས་པའི་བག་ཆགས་ཀྱིས་གོས་བཞིན་པའི་མ་རིག་པའམ་ ཀུན་གཞིའི་རྣམ་ཤེས་སོ། །ཟག་མེད་ཀྱི་ལས་ནི་གཞན་དོན་དུ་འཁོར་བར་སྐྱེ་རྒྱུའི་སྨོན་ལམ་ (པཎྜི་ཏ་རྒྱན་དང་ཉི་མ་སྦས་པ་རྒྱལ་བ་ཅན། ཡ་མ་རི་ལྟར་རོ། ། )ལ་སོགས་པའི་ཟག་མེད་ཀྱི་ལས་སོ། །ཡང་ ཡིད་ཀྱི་རང་བཞིན་གྱི་ལུས་དེ་འཇིག་རྟེན་འདི་བའམ་ཕ་རོལ་བའམ་ཁམས་གསུམ་དུ་བགྲང་ 2-1-12 ཞེ་ན། (གནོད་འཇོམས་དངོས། ) འགྲོ་བའམ་སྐྱེ་གནས་སམ་སྐྱེ་བའམ་སྲིད་པའམ་འཇིག་རྟེན་གང་ དུ་ཡང་མི་བགྲང་ངོ༌། །འོ་ན་ཅི་འདྲ་ཞེ་ན། ཡིད་ལས་བྱུང་བ་སྟེ། ཡིད་ལས་བྱུང་བའི་སྤྲུལ་བ་ ལྟ་བུར་བལྟ་ཡི་སྤྲུལ་བ་ཉིད་ནི་མིན་ནོ། །འདིར་ཡང་སྲིད་ཅེས་པའང་འཆི་འཕོ་སྐྱེ་བའི་དབང་ ལས་བཏགས་ནས་བརྗོད་དེ། དབང་ཐོབ་པ་སེམས་ཅན་གྱི་དོན་ཡོད་ན་འགྲོ་བ་སོགས་དེ་ དང་དེར་སྣང་ལ་མེད་ན་མི་སྣང་ངོ༌། །ལུས་དེ་ཡང་ཟག་མེད་ཀྱི་དགེ་རྩའི་རྣམ་སྨིན་གྱིས་བྱས་ པས་འདུས་བྱས་དང་འཁོར་བར་བརྗོད། ཟག་བཅས་ཀྱི་ལས་ཉོན་གྱིས་མ་བྱས་པས་འདུས་ མ་བྱས་དང་མྱང་འདས་སུ་ཡང་བརྗོད་དོ། །ཞེས་དཔལ་ཕྲེང་གི་མདོ་དང་སྦྱོར་ཏེ་གནོད་ འཇོམས་དང་ཐུབ་དགོངས་སོ། །ཡིད་ལས་བྱུང་བའི་ཐོགས་མེད་ཀྱི་ལུས་གཅིག་ཡིན་ནོ། །ཁ་ ཅིག་ (རྒྱུད་བླའི་ཊཱིཀ་བྱེད་བོད་ཁ་ཅིག་དང༌། གསུང་སྒྲོས། )ཟག་མེད་ཀྱི་ཀུན་གཞིའི་རྣམ་ཤེས་ལུས་སུ་སྣང་ ཞེས་པ་ནི། ནོར་བ་འབའ་ཞིག་སྟེ། ཀུན་གཞིའི་རྣམ་ཤེས་ཟག་མེད་ཤེས་བྱ་ལ་མི་སྲིད་དོ། །འོ་ ན་ཉན་རང་དགྲ་བཅོམ་ཐེག་ཆེན་དུ་ལམ་གང་ནས་འཇུག་ཅེ་ན། དགོངས་འགྲེལ་གྱི་འགྲེལ་ ཆེན་དུ། ས་བརྒྱད་པ་ནས་འཇུག་ཅེས་པའང་ནོར་ཅིང༌། ཆུ་མིག་པ་སོགས། ས་དང་པོ་ནས་ འཇུག་ཅེས་པའང་ནོར་ཏེ། ཐེག་ཆེན་ཚོགས་སྦྱོར་སྔོན་དུ་མ་བཏང་བའི་ཐེག་ཆེན་མཐོང་ལམ་ ག་ལ་སྲིད། དེས་ན་ཚོགས་ལམ་ནས་འཇུག་གོ །འོ་ན་འཕགས་པ་སོ་སྐྱེར་ལྡོག་པར་འགྱུར་ཞེ་ ན། ཉན་རང་འཕགས་པའི་སྤངས་རྟོགས་ཐོབ་ཅིང་ཡར་ཡོན་ཏན་བཟང་དུ་སོང་བ་ཡིན་པས་ སོ་སྐྱེས་མིན་ཅིང༌། ཚོགས་ལམ་པ་ལ་སོ་སྐྱེས་མ་ཁྱབ་པོ། །དེས་ན་འཕགས་པའི་ཆ་དེ་སྔར་གྱི་ དགྲ་བཅོམ་གྱི་སྤངས་པ་དང་རྟོགས་པའི་རིགས་ཡོད་པས་ཕྱེ་ལ། ད་ལྟ་ནི་ཐེག་ཆེན་གྱི་ཚོགས་ ལམ་པ་ཡིན་ཞེས་བྱའོ། །ཁ་ཅིག ཐེག་དམན་འཕགས་པ་མེད་ཅེས་འདོད་པ་གྲགས་སྟེ་རྗེས་ ཟློས་ཙམ་ཡང་བྱར་དཀའ་འོ། །(ངག་ལས་ཤེས་སོ། ། )བསྡུ་བར། ལྷག་བཅས་ཀྱི་རྟེན་དེ་ཉིད་ཀྱིས་ ཚེ་བསྲིང་ནས་ཐེག་ཆེན་དུ་འཇུག་གི་ལྷག་མེད་དུ་ཞུགས་ནས་མིན་པར་བཤད་པ་ནི་དགྲ་ 2-1-13 བཅོམ་ཤི་ནས་སྐྱེ་བ་མི་ལེན་པར་མདོ་སྡེ་བ་སོགས་འདོད་པ་དང་བསྟུན་པ་ཁོ་ན་ཡིན་པས་ དབུ་མ་པའི་རང་ལུགས་སུ་འཆད་པ་ནི་སྙིང་རྗེའི་གནས་ཡིན་ནོ། ། ལྔ་པ་ནི། རང་བཞིན་དེའི་འོག་ཏུ་དེ་ལྟ་བུའི་ཉོན་མོངས་མི་སྤོང་བའི་རང་བཞིན་ཅན་གྱི་ ལས་ནི་གཞན་དོན་དོར་ནས་རང་དོན་ཡང་དག་པའི་མཐའ་མྱང་འདས་མངོན་དུ་མི་བྱེད་པ་ དང༌། རང་བཞིན་མེད་རྟོགས་ཀྱི་ཤེས་རབ་དང༌། བསྡུ་བ་བཞི་སོགས་གཞན་དོན་གྱི་ཐབས་ ལ་མཁས་པས་སྦྱིན་པས་སེམས་ཅན་སྔར་ཡོངས་སུ་མ་བསྡུས་པ་ཡོངས་སུ་སྡུད་པས་ཚོགས་ ལམ་ལ་འགོད། སོགས་པས་སྦྱོར་ལམ་དུ་སྨིན། མཐོང་སྒོམ་དུ་གྲོལ། མི་སློབ་པར་གྲོལ་བ་ མཐར་ཐུག་པར་རམ། གདམས་ངག་གིས་སྨིན་ཤེས་རབ་ཀྱིས་གྲོལ་བར་བྱེད་པས་ཁྱད་པར་ དུ་འཕགས་ (ཨཱརྱ་)པ་ཡིན་ནོ། །མདོ་ནི་ (འཇིག་རྟེན་ཕལ་དང་མུ་སྟེགས་ལས། )ཁྱད་པར་དུ་འཕགས་པའི་ (ཉན་ཐོས་ལས་བྱང་སེའི་སྤྱོད་པ་ལ་འཇུག་སྲིད་པས་ཉན་ཐོས་ལས། )ཆོས་ (སེམས་བསྐྱེད་གཟུང་བ་དེ་)རྣམས་ལས་ཤིན་ ཏུ་ཁྱད་པར་ (དག་ལྡན་)དུ་འཕགས་པའི་ཆོས་ (རྒྱུ་འབྲས་ཀྱིས་བསྡུས་པའི་ཐེག་ཆེན་ཞེས་སྙིང་མཆོག་ཟླ་ཟེར་ཏེ་དག་ ལྡན་ཡང་ངོ༌། ། )(ཤེར་ཕྱིན་བསྟན་པར་བྱའི་ཉན་ཐོས་བཀོལ་ནས་མི་བཞག་གོ་ཞེས་པའི་དོན་ནོ་འབུམ་ཊཱིཀ་གོ །)རྣམས་ཐོབ་ པར་བྱའོ་ཞེས་སོ། །དེ་ལྔ་གཉེན་པོའི་ཡན་ལག་ཡིན་པའི་ཕྱིར་ལམ་གྱི་ཡན་ལག་ཏུ་བརྗོད་དོ། ། ཞེས་ཤེར་འབྱུང་ངོ༌། །སྙིང་པོ་མཆོག་ཏུ་རུང་བ་ནི་སེམས་བསྐྱེད་དེ་ (འདི་གཙོ་བོ་ལྔ་ནི་འཁོར་ཡིན་ཞེས་ སོ། ། )དང་པོ་ཞེས་སོགས་ཆོས་དྲུག་བཤད་དོ། ། གཉིས་པ་ལ། ཉན་རང་བྱང་སེམས་ཀྱི་ལམ་ཤེས་གསུམ་མོ། །དང་པོ་ལ། ལམ་དང༌། ལམ་ཤེས། དེ་རྒྱུ་ངེས་འབྱེད་ཆ་མཐུན་ནོ། ། དང་པོ་ལ་གསུམ་ལས། སྔ་འགྲེལ་ནི། ཚུལ་དེ་ལྟར་ལམ་ཤེས་ཀྱི་རྟེན་དང་ཡུལ་ལ་ སོགས་པ་ཡན་ལག་རྣམས་བརྗོད་ཟིན་ནས་ལམ་ཤེས་པ་ཉིད་ཀྱི་སྐབས་སུ་ཐེག་གསུམ་གྱི་ ལམ་ཐམས་ཅད་རྫོགས་པར་བྱ་དགོས་པས་ཉན་ཐོས་ཀྱི་ལམ་དང་ལམ་ཤེས་སྟོན་ནོ། །བྱང་ 2-1-14 སེས་ཉན་རང་གི་ལམ་ཤེས་རབ་ཀྱིས་དག་པར་བྱས་ཏེ་གོམས་པར་བྱ་བས་ཉན་ཐོས་ཀྱི་ལམ་ གསུངས་ཞེས་རད་ཀིར་རོ། །རྩ་བ་ལ། ཤེས་པར་བྱའོ། །གང་ན། ཉན་ཐོས་ཀྱི་ལམ་འདིའོ། ། གང་གི་སྒོ་ནས་ན། སྡུག་བསྔལ་སོགས་འཕགས་པའི་བདེན་པ་བཞི་དག་གི་རྣམ་པ་བཅུ་དྲུག་ གམ་སོ་གསུམ་བདེན་པར་མི་དམིགས་པར་རྟོགས་པའི་སྒོ་ནས་ནིའོ། །གང་དུ་ན། ལམ་ཤེས་ ཉིད་ཀྱི་ཚུལ་ལ་སྟེ་སྐབས་སུ་ནིའོ། །དེ་མི་དམིགས་པའི་ཚུལ་གྱིས་གཟུགས་མི་རྟག་པ་ཉིད་དུ་ ཡིད་ལ་བྱའོ། །སྡུག་བསྔལ། བདག་མེད། ཞི་བ། དབེན་པ། ནད། ཤུ་བ། ཟུག་རྔུ། སྡིག་པ། ན་བ། དགྲ། འཇིག་པའི་ཆོས་ཅན། མི་བརྟན། འཇིག་པ། འཇིགས་པ། འགོ་ནད། སྟོང་ཉིད། བདག་གི་མེད། ཡིད་བརྟན་དུ་མི་རུང༌། གནོད་པར་ཡིད་ལ་བྱེད་དོ། །ཞེས་རྒྱས་འབྲིང་ནའོ། ། འདིར་ཤེས་བྱ་ཉན་ཐོས་ཀྱི་ལམ་ནི། མཛོད་ལས་ཤེས་པར་བྱ་ཞིང༌། ལུང་སྙེར་ཡང༌། ཆ་ཙམ་ བཀོད་ལ། བཟོད་འབྲིང་གི་སྐབས་སུ་དཔྱིས་མ་ཕྱིན་སྣང་བས་ངག་ལས་སམ་ཁོ་བོ་མཛོད་ འཆད་དུས་སམ་དེའི་ཊཱིཀ་ཀ་རྩོམ་པར་འདོད་པ་ལས་ཤེས་པར་བྱའོ། །འདི་ཙམ་གནད་ཀྱི་ དོན་ཏེ། བདེན་བཞི་ལ་དམིགས་ནས་མི་རྟག་སོགས་རྣམ་པ་བཅུ་དྲུག་ཆོས་ཀྱི་མཚན་མར་ འཛིན་པའི་བློ་ཟག་མེད་ཡེ་ཤེས་སོགས་ཐོག་མར་སྐྱེས་པའི་སྐབས་ཀྱི་ཉན་ཐོས་ཀྱི་བློ་མཐོང་ ལམ། དེ་གོམས་པར་བྱེད་པའི་རྒྱུན་གྱིས་འཇུག་པའི་དམན་པའི་སློབ་ལམ་ཉན་ཐོས་ཀྱི་སྒོམ་ ལམ། དེ་མཐར་ཕྱིན་པའི་ཉན་ཐོས་དགྲ་བཅོམ་གྱི་རྟོགས་པ་དེའི་མི་སློབ་ལམ་དུ་བཞག་གོ ། དེ་ཤེས་བྱའི་ལམ་མོ། །ལམ་ཤེས་ནི། སྦྱོར་བ་སེམས་བསྐྱེད་ཀྱིས་ཀུན་ནས་བསླང༌། དངོས་ གཞི་ཅིར་ཡང་མི་དམིགས་པར་རྟོགས་པའི་ཤེས་རབ་ཀྱིས་ཟིན། རྗེས་བྱང་ཆེན་དུ་བསྔོ་བ་ དང་བཅས་པས་ཉན་ཐོས་ཀྱི་ལམ་ཡོན་ཏན་ཡར་ལྡན་དུ་ཤེས་པ་སྟེ། (དག་ལྡན་དུ་དེ་ནི་དེ་དག་མ་ དམིགས་པས་ལམ་ཤེས་པ་ཉིད་ལ་འཇུག་སྟེ། སྔར་ཡང་བྱང་ཆུབ་ཆེན་པོ་ལ་སྨོན་པའི་ཕྱིར་དང༌། ཕྱིས་ཀྱང་རྣམ་མཁྱེན་ཉིད་དུ་ བསྔོས་པའི་ཕྱིར་རོ། །ཞེས་སོ། ། ) དེ་ལ་ཉན་ཐོས་ཀྱི་ལམ་ཤེས་པའི་བྱང་སེའི་མཐོང་སྒོམ་གཉིས་ཡོད་ 2-1-15 ཅིང༌། གཞུང་ལ་སྦྱར་བ་ནི། སྦྱོར་ཕྲེང་དུ་འདི་དག་ཐམས་ཅད་ཆོས་ཁྱད་པར་དུ་འཕགས་པར་ བཀོད་ཟིན་པས་དེར་བལྟའོ། །འདིར་ལོཙྪ་བ་སོགས་ (འབྲེ། ཡང་འོད་ཟེར་མགོན་པོ། )བསྟན་བཅོས་ འདིར་དངོས་སུ་ཉན་རང་རང་རྒྱུད་པའི་ལམ་ཁོ་ན་བསྟན་གྱི་ལམ་ཤེས་མ་བསྟན་ཞེ་ན། མི་ དམིགས་སྒོ་ནས་ཤེས་པར་བྱ་ཞེས་སུས་སྒྲིབས། མདོར་ཡང་དེ་ལྟའོ་ཞེ་ན། རྣམ་མཁྱེན་དང་ ལྡན་པའི་སེམས་བསྐྱེད་པས་དེ་མི་དམིགས་པའི་ཚུལ་གྱིས་ཞེས་པ་དང་འགལ་ལོ། །ཡང་ རྗེ་བུ་རིན་ནི། ཡུལ་ལམ་གསུམ་དངོས་སུ་བསྟན་པས་ཡུལ་ཅན་ལམ་ཤེས་ཤུགས་ལ་བསྟན་ ཅིང༌། ཞེས་སོགས་ནས། དེ་དག་ཀྱང་བྱང་སེའི་རྒྱུད་ལ་ཡོད་པའི་ལམ་གཉིས་བསྟན་པར་ ཤེས་པར་བྱ་ཞེས་འདིར་བཤད་ཉན་རང་གི་ལམ་གཉིས་བྱང་སེའི་རྒྱུད་ལ་ཡོད་པར་འཆད་ པ་ནི་ནོར་ཏེ། དེ་ཉན་རང་གི་ལམ་མཚན་ཉིད་པ་མིན་ན་དེ་ཤེས་པས་ཉན་རང་གི་ལམ་ཤེས་ པར་མི་འགྱུར་ལ། མཚན་ཉིད་པ་ཡིན་ན་བྱང་སེའི་རྒྱུད་ལ་འགལ་ལོ། །དེས་ན། འདིར་ བསྟན་བཅོས་སུ་ཉན་རང་གི་ལམ་དང་དེ་ཤེས་པའི་ལམ་ཤེས་གཉིས་ཀ་དངོས་སུ་བསྟན་ཏེ། འཕགས་པའི་བདེན་པ་བཞི་དག་གི ། རྣམ་པ། ཉན་ཐོས་ལམ་འདི། ཞེས་དང༌། མི་དམིགས་ སྒོ་ནས་ཤེས་པར་བྱ་ཞེས་དང༌། འཕགས་པ་ཉན་ཐོས་ལམ། ཞེས་དང༌། འཛིན་པ་མི་སྤོང༌། བསེ་རུའི་ལམ་དང༌། ཤེས་པར་བྱ། ཞེས་པས་སོ། །མདོར། ལམ་ཤེས་དངོས་སུ་གསུངས་ཤིང་ ལམ་སྦས་ཏེ་གསུངས་པ་མན་ངག་གིས་གསལ་བོར་ཕྱུང་བའོ། །ངག་ལས་ཤེས་ཏེ་རྒྱུ་མཚན་ རྒྱས་པར་མ་བྲིས་སོ། །གསུམ་པ་འགྲེལ་པ་ལ། ཡོངས་སུ་ཤེས་པར་བྱའོ། །(ཞེས་བྱ་བ་ནི་ཆེད་དུ་ ལམ་འདི་ལོགས་སུ་བསྒོམ་པའི་འབད་པ་ནི་མི་དགོས་ཀྱི། རང་གི་ལམ་ལ་དེ་དག་གི་ཡོན་ཏན་ཐམས་ཅད་རྫོགས་པར་ཤེས་པར་ བྱ་བའི་དོན་ཏེ་ཞེས་སོགས་ཆོས་བཤེས་སོ། ། ) ཞེས་དྲང་ངོ༌། །གང་ན་རྣམ་པ་བཅུ་དྲུག་གམ་ཉེར་ (ཤེར་འབྱུང༌། ) དྲུག་རྣམས་སོ། །གང་གིས་ན། བྱང་སེམས་ཀྱིས་སོ། །གང་དུ་ན། ལམ་ཤེས་ཉིད་ཀྱི་སྐབས་ སུའོ། །གང་གི་སྒོ་ནས་སེམས་བསྐྱེད་ཅིང་རྣམ་པ་རྣམས་བདེན་པའི་ངོ་བོ་ཉིད་མ་དམིགས་ 2-1-16 པར་རྟོགས་པའི་སྒོ་ནས་སོ། །ཇི་ལྟར་ན། ཉན་ཐོས་ཀྱི་ལམ་ཡིན་པར་ཐབས་ཤེས་ཟུང་འབྲེལ་ དེ་ལྟར་རོ། །རྣམ་པ་རྣམས་གང་ན། སྡུག་ཀུན་སོ་སོ་བའི་རྣམ་པ་བརྒྱད། (ཤེར་འབྱུང་བུདྡྷ་ཤྲཱི། ) ཐུན་ མོང་གི་བདུན། འགོག་བདེན་གྱི་བདུན། ལམ་གྱི་བཞིའོ། །འགྲེལ་ཆེན་དུ། ཐེག་པ་ཆེན་པོར། རྣམ་པ་ལ་ལ་ནི་རྣམ་གྲངས་ཀྱིས། ལ་ལ་ནི་རང་གི་ངོ་བོ་ཉིད་ཀྱིས་བསྟན་པ་ཡིན་པས། ཉན་ ཐོས་ཀྱི་ལམ་མ་ཡིན་པ་ཉིད་དུ་ཐལ་བར་མི་འགྱུར་རོ། །ཞེས་པས། ཆོས་མངོན་པ་དང་ཐ་སྙད་ མཐུན་པར་གསུངས་པའི་རྣམ་པ་རྣམས་ངོ་བོ་ཉིད་ཀྱི་རྣམ་པ། མི་མཐུན་པ་རྣམས་རྣམ་གྲངས་ ཀྱི་རྣམ་པར་ཤེས་པར་བྱའོ། །བདེན་བཞི་ཡོད་པ་དེ་ལ་སྟེ་དེའི་ནང་ནས་དང་ (གསེར་)པོ་སྡུག་ བསྔལ་བདེན་པའི་རྣམ་པ་ནི། སྐྱེ་འཇིག་གིས་མི་རྟག (འགྲེལ་ཆེན་གསེར་)ཟག་བཅས་ཉིད་ (བུདྡྷ་ ཤྲཱི་)ཀྱིས་འཕགས་པ་དང་ (གསེར་)མི་མཐུན་པས་སྡུག་བསྔལ། དོན་གཞན་གྱི་བདག་གིས་སྟོང་ པ་དང༌། བདག་མེད་པས་ཞི་བའི་རྣམ་པ་སྟེ་རང་ཉིད་བདག་ཏུ་མེད་པ་སྟེ། རྣམ་པ་བཞི་དང་ གོ་རིམ་བཞིན་དུ་བརྗོད་པར་བྱའོ། །ཡང་ན་སྟོང་པའི་མཚན་ཉིད་ཀྱི་བདག་མེད་པ་ (བུདྡྷ་ཤྲཱི་ཡང་ )སྟེ་དོན་གཞན་གྱིས་སྟོང་པ་དང༌། ཞི་བ་རང་ཉིད་ (བུདྡྷ་ཤྲཱི་)བདག་ཏུ་མེད་པ་སྟེ་རྣམ་གྲངས་ཀྱི་ རྣམ་པའོ། །སྦྱོར་ཚུལ་གཉིས་ཀ་གསེར་རོ། །མདོ་དང་ཨཱརྱ་འགྲེལ་ཆེན་དུ། སྟོང་པ་མེད་པར་ བདག་མེད་ཞི་བ་བྱུང༌། དེའི་བདག་མེད་བདག་དོན་གཞན་མེད་བཞི་པ་གཅིག་པའི་བདག་ མེད་དུ་འཆད་དོ། །རད་ཀིར་དུ། སྟོང་པ་དང་ཞི་བ་ཞེས་ཏེ་ཨཱརྱ་དང་དོན་མཐུན་ནོ། །དག་ སྙིང་ཟླ་ཟེར་གསུམ་དུ། བདག་མེད་ནི་བདག་གི་མཚན་ཉིད་མེད་པས་དང༌། བདག་གི་བའི་ སྟོང་པ་ནི་ཞི་བ་སྟེ་ཤི་བའི་རོ་བཞིན་ནོ་ཞེས་སོ། །ཀུན་འབྱུང་བའི་བདེན་པའི་རྣམ་པ་བཞི་ནི། (ས་བོན་ལྟར་)ཚོར་བ་སྡུག་བསྔལ་གྱི་རྒྱུའི་རྩ་བར་གྱུར་བས་རྒྱུའི་ངོ་བོ་ཉིད་དམ་རྣམ་པའི་རྣམ་ གྲངས་ཀྱི་རྣམ་པ་ (རྐྱེན་དུ་མས་གསོ་དགོས་པ་དང་ལུས་ཡིད་ཀྱི་སྡུག་བསྔལ་གྱི་རྒྱུ་ཡིན་པས་)ནད་ (དང་འདྲ་)ཀྱི་རྣམ་ པ་དང༌། སྡུག་བསྔལ་རྫས་རིགས་ཀུན་འབྱུང་བས་ (སྡུག་བསྔལ་གྱི་གནོད་པ་དང་ལྡན་ཞིང༌། ཉོན་མོངས་པའི་ 2-1-17 རྣག་ཁྲག་ཟག་པས་ཤུ་བ་དང་འདྲ། )འབྲས་དང༌། སྡུག་བསྔལ་དྲག་ཏུ་རབ་ཏུ་སྐྱེ་བས་རྐྱེན་གྱི་རྣམ་པའི་ (ཕྱི་ནང་གི་གནོད་པས་ཟུག་ཅིང་བཅོས་དཀའ་བས་)ཟུག་རྔུ་དང་ (འདྲ། )སྡུག་བསྔལ་རྒྱུད་མར་འབྱུང་ (འགྲེལ་ཆེན་ དོན་བུདྡྷ་ཤྲཱི། )བས་རྐྱེན་གྱི་རྣམ་པའི་རྣམ་གྲངས་ཀྱི་རྣམ་པ་ (སྨད་པར་བྱ་བ་དང་མ་རུང་བར་འགྱུར་བས་སྡིག་པ་ དང་འདྲ་བས་)སྡིག་པའི་རྣམ་པ་རྣམས་སོ། །(ཞེས་འབུམ་ཊཱིཀ་གོ །) གཉིས་པ་ནི། ཉན་རང་མཐོང་ལམ་པས་སྡུག་ཀུན་གྱི་མཚན་ཉིད་རྟོགས་པས་ཡིད་འབྱུང་ ངམ་ (གསེར་)སྐྱོ། སྒོམ་ལམ་པ་སྡུག་ཀུན་ལ་འདོད་ཆགས་དང་བྲལ་བའམ་རྒྱབ་ཀྱིས་ (གསེར་ )ཕྱོགས། མི་སློབ་པ་སྡུག་ཀུན་འགོག་པའི་དོན་གྱི་ཕྱིར་ཞུགས་པ་ནི་ཉམས་སུ་ལེན་པའོ། ། (གསེར། )ཞེས་ (གསེར་ཉན་ཐོས་ཀྱི་ལུང་ལས་འབྱུང་ཟེར་རོ། ། )རྣམ་གྲངས་བསྡུ་བ་ལས་འབྱུང་བའི་ཕྱིར། ཇི་སྐད་དུ། ཡིད་འབྱུང་བ་ནི་མཐོང་བའི་ལམ་ལའོ། །འདོད་ཆགས་དང་བྲལ་བ་ནི་སྒོམ་པའི་ ལམ་ཡོངས་སུ་རྫོགས་པ་དག་ལའོ། །འགོག་པ་ནི་ཕུང་བོ་ཐམས་ཅད་འགོག་པའོ། །ཡིད་ འབྱུང་བ་དང་འདོད་ཆགས་དང་བྲལ་བ་ལ་ཞུགས་པ་ནི་དེ་གཉིས་ཀྱི་སྦྱོར་བ་ (ནི་རྣལ་འབྱོར་ཏེ། )དེ་ ལ་གནས་པ་རྣམས་ཡིན་ནོ། །འགོག་པ་ལ་ཞུགས་ (བོད་རྣམས་ཕྱིར་དུ་སྦྱོར་མཐོང༌། སྒོམ་པར་ཞུགས་འཆད་ པ་ནི་ནོར་རོ། ། )པ་ནི་མི་སློབ་ (གསེར་)པའོ། །ཞེས་སོ། །དེ་ལྟར་ན་སྡུག་བསྔལ་དང་ཀུན་འབྱུང་གི་ བདེན་པ་དེ་དག་ཉིད་སོ་སོར་རེ་རེའི་ཡིད་འབྱུང་བའི་རྣམ་པ་དེ་དག་གི་མཚན་ཉིད་ནི་བདུན་ བདུན། སྡོམས་ན་བདུན་ཏེ། སྡུག་ཀུན་ཆོས་ཅན། ཡིད་འབྱུང་བྱ་ཡིན་ཏེ། རང་བདེ་འཇོམ་ (སྙིང་མཆོག་)པས་སམ་མི་ (འབུམ་ཊཱིཀ་)བདེ་བ་དང་གནོད་པ་སྣ་ཚོགས་འབྱུང་རྒྱུ་ཡིན་པས་ཕ་རོལ་ (མདོ་སོགས་)དགྲ་དང་འདྲ་བའི་ (འབུམ་ཊཱིཀ་བུདྡྷ་ཤྲཱི་)ཕྱིར། རྒ་ནད་འཆི་བས་ (གནོད་འཇོམས་གཉིས་)སམ་ གཉེན་པོ་དང་ (ཤེར་འབྱུང་)བཅས་པས་འཇིག་པའི་ཆོས་ཅན་གྱི་རྣམ་པའི་ཕྱིར། དེ་ལྟར་ཡིད་ འབྱུང་བའི་ངོ་བོའམ་རྣམ་པ་གཉིས་དག་དང༌། ཆོས་ཅན་འདྲ། འདོད་ཆགས་དང་བྲལ་བར་ བྱ་བ་ཡིན་ཏེ། རང་གི་ངོ་བོ་བརྟན་པར་མི་གནས་པས་ (འགྲེལ་ཆེན་སོགས་དོན་བུདྡྷ་ཤྲཱི་དངོས། )སམ་ 2-1-18 འདུས་བྱས་ཀྱི་མཚན་ཉིད་གསུམ་དང་འཇིག་རྟེན་གྱི་ཆོས་མི་བརྟན་པ་བརྒྱད་དང་ལྡན་པས་ (གནོད་འཇོམས་ཆེ་བར་)གཡོ་ཞིང་མི་བརྟན་པ་དང༌། འཇིག་རྒྱུ་ (ཨཱརྱ་འགྲེལ་ཆེན་སོགས་)ཕྱིས་འབྱུང་ལ་ ལྟོས་མེད་དུ་ངང་ (ཆེ་བར་)གིས་འཇིག་པས་རབ་ཏུ་འཇིག་པའི་རྣམ་པའི་ཕྱིར། དེ་དག་གི་ངོ་བོ་ སྟེ་རྣམ་པ་གཉིས་དག་དང༌། འགོག་པའི་རང་གི་ངོ་བོའམ་རྣམ་པ་གསུམ་རྣམས་ཏེ། ཆོས་ཅན་ འདྲ། འགོག་པར་བྱ་བ་ཡིན་ཏེ། འདི་དང་ཕྱི་མར་གནོད་ (ཨཱརྱ་འགྲེལ་ཆེན་)པའི་གནས་སུ་གྱུར་ པས་ (ཐོག་འབབ་པ་ལ་སོགས་པ་ལ་འཇིགས་པའི་རྒྱུ་ཡིན་ཞེས་དག་སྙིང༌། )འཇིགས་པ་དང༌། (ཨཱརྱ་འགྲེལ་ཆེན། ) སྲིན་པོ་སོགས་ཀྱིས་གནོད་པའི་གནས་སུ་གྱུར་པས་ནད་འགོའམ་ (འབྱུང་བོ་དང་སྲིན་པོ་སོགས་དང་ ཆོས་མཐུན་པས་ཞེས་མདོ་དག་སྙིང་གཉིས་)འགོ་ནད་དང༌། འབྱུང་ཆེན་འཁྲུགས་པ་དང༌། ཐོག་འབབ་ (ཨཱརྱ་འགྲེལ་ཆེན་)པའི་གནས་སུ་གྱུར་པས་ (མུག་གེ་དང་ཕ་རོལ་གྱི་དམག་ཚོགས་དང་ཆོས་མཐུན་པས་ཞེས་དག་ སྙིང་གཉིས་)འཚེ་བའི་རྣམ་པ་རྣམས་དང༌། འགོག་པའི་བདེན་པའི་རྣམ་པ་ལ། མ་རིག་པ་ (ཨཱརྱ་ )འགོག་པའི་རང་གི་ངོ་བོ་སྟེ་རྣམ་པའི་རྣམ་གྲངས་ཀྱི་རྣམ་པ་ནི། ཉོན་མོངས་མེད་ (འགྲེལ་ཆེན་ གསེར་)པས་བདག་མེད་པའི་རྣམ་པའམ། རྣལ་འབྱོར་བའི་བདག་ནི་སྡུག་བསྔལ་གྱི་ཕུང་བོ་ སྟེ་དེ་མེད་པས་བདག་མེད་ཅེས་དག་སྙིང་ངོ༌། །སྡུག་བསྔལ་ཞི་བ་དང༌། ཉོན་མོངས་ཞི་ཞེས་ དག་སྙིང་ངོ༌། །བསྡུག་བསྔལ་དང་ཉོན་མོངས་མེད་པ་ནི་གཙང་བ་སྟེ་དེ་གཉིས་ཀྱིས་དབེན་ པའམ་གཙང་བ་ནི་གྱ་ནོམ་པའི་རྣམ་པའི་རྣམ་གྲངས་སོ། །(དག་སྙིང་ངོ༌། །ཨཱརྱ་)ཇི་ལྟར་ངེས་པར་ འབྱུང་བའི་མཚན་ཉིད་བདག་ (བུདྡྷ་ཤྲཱི་ཡང༌། )བདག་གི་དང་བྲལ་བས་སྟོང་པ་ཉིད་དང༌། འདུས་ བྱས་ཀྱི་མཚན་མ་གང་དུ་ཡང་མེད་པས་ (རྒྱུ་རྐྱེན་གྱིས་འདུས་བྱས་པའི་ཞེས་བུདྡྷ་ཤྲཱི། )མཚན་མ་མེད་པ་ དང༌། ཁམས་གསུམ་ལ་སྨོན་པ་མེད་པ་དང༌། གང་ངེས་པར་འབྱུང་བ་ (ཨཱརྱ་)མ་འོངས་པའི་ (ཕུང་ བོ་ཞེས་བུདྡྷ་ཤྲཱི། )ལས་མངོན་པར་འདུ་བྱེད་པ་མེད་པའི་རྣམ་པ་དག་གམ་རྣམས་དང༌། (ཞེས་བཞི་བོའི་ བཤད་པ་གནོད་འཇོམས་དང་དག་སྙིང་གིའོ། ། ) གསེར་ནི་དེ་བཞི་གཅིག་ཏུ་བགྲང་ངོ༌། །དེ་བདུན་ཉིད་ (དག་ 2-1-19 སྙིང་)ལམ་གྱི་ཡང་རྣམ་པ་སྟེ། དེ་ལ་ངེས་པར་འགོག་པ་ནི་འགོག་བདེན་ནོ། །འདིས་འགོག་ པར་བྱེད་པས་འགོག་པ་ནི་ལམ་བདེན་ཏེ་དེ་དག་སོ་སོ་ལ་ཡང་རྣམ་པ་བདུན་ཞེས་དག་སྙིང་ ཟླ་གསུམ་མོ། །དེ་ལྟར་ན་བདེན་བཞིའི་རྣམ་པ་ཉི་ཤུ་རྩ་དགུ་ཞེས་དག་སྙིང་སྟེ་སོ་སོར་བྱས་ ན་སོ་དྲུག་འོང་ངོ༌། །ལམ་གྱི་བདེན་པའི་རྣམ་པ། མྱང་འདས་ཀྱི་གྲོང་ཁྱེར་ཐོབ་ (འགྲེལ་ཆེན་བུདྡྷ་ ཤྲཱི་ཨཱརྱ། )པར་བྱེད་པས་ལམ་སྟེ། མི་དམིགས་པའི་ཚུལ་གྱིས་དྲན་པ་ཉེ་བར་བཞག་པ་བསྒོམ་ ཞེས་སོགས་སོ་བདུན་ནས་མ་འདྲེས་པའི་བར་རོ། །ཉོན་མོངས་མ་ལུས་པའི་གཉེན་ (འགྲེལ་ཆེན་ བུདྡྷ་ཤྲཱི། )པོར་གྱུར་པས་ (མ་ལུས་པར་རྟོགས་པས་ཞེས་ཨཱརྱ་སྟེ་སྦྱིན་སོགས་གཉེན་པོ་མ་ལུས་པའོ། ། )རིག་པ་སྟེ། མི་ དམིགས་པའི་ཚུལ་གྱིས་སྦྱིན་ཕར་སྒོམ་ཞེས་སོགས་ཕྱིན་དྲུག་ལ་སྦྱར་རོ། །སེམས་ཀྱི་ཕྱིན་ཅི་ མ་ལོག་ (འགྲེལ་ཆེན་གསེར། )པ་ཉིད་རྟོགས་པར་བྱེད་པས་སྒྲུབ་པ། ཤེར་ཕྱིན་ལ་སྤྱོད་ཚེ། ཞེས་ སོགས་ནས། བདག་གམ་བདག་གིར་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆེན་པོའི་ཡོངས་ སུ་བསྔོ་བའི་སེམས་གང་ཡིན་པ་དེ་ཡང་བྱང་ཆུབ་ཀྱི་སེམས་དང་འགྲོགས་པ་མ་ཡིན་ཞེས་ སོགས་སོ། །མངོན་ཞེན་མེད་པར་རྟག་པའི་གནས་སུ་འགྲོ་བས་ངེས་པར་འབྱིན་པའི་རྣམ་ པའོ། །ཡོངས་སུ་བསྔོ་བའི་སེམས་ཡང་སེམས་མ་ཡིན་བྱང་ཆུབ་ཀྱི་སེམས་ཀྱང་སེམས་མ་ ཡིན། ཞེས་སོགས་ནས། སེམས་མ་ཡིན་པ་ཡང་བསམ་གྱིས་མི་ཁྱབ་ཞེས་སོགས་སོ་ཨཱརྱའོ། ། རྣམ་པ་ཉེར་དྲུག་ཏུ་ཤེར་འབྱུང་སྟེ་ཕ་རོལ་སོགས་བདུན་ཉིད་དུ་བགྲང་ངོ༌། །གསེར་ནི། ཕ་ རོལ་སོགས་བཅུ་བཞི་དང༌། འགོག་པའི་སྟོང་ཉིད་སོགས་བཞི་གཅིག་ཏུ་བགྲང་བས་སུམ་ཅུ་ འོང་ངོ༌། ། གསུམ་པ་ལ་གསུམ་ལས། སྔ་འགྲེལ་ནི། བདེན་བཞི་ཡོངས་སུ་ཤེས་པའི་འཕགས་ ལམ་དང་དེ་ཤེས་པའི་འཕགས་ལམ་འབྱུང་བ་ནི་རྒྱུ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ རྟོགས་པའམ་ཐོབ་པ་སྔོན་དུ་འགྲོ་བ་ཅན་ཡིན་པས། འབྲས་བུ་འཕགས་ལམ་གཉིས་བརྗོད་ 2-1-20 ཟིན་ནས་དེའི་རྒྱུ་ངེས་པར་འབྱེད་པའི་ཆ་མཐུན་སྟོན་ནོ། །རྩ་བ་ལ། རད་ཀིར་གྱིས། ཉན་ ཐོས་རྣམས་ཀྱི་དྲོད་ལ་སོགས་པའི་ལམ་གཞན་ལོགས་ཤིག་ཏུ་གསུངས་པ་དེ་ལྟར་བྱང་ཆུབ་ སེམས་དཔས་ཡང་ཤེས་པར་བྱ་སྟེ་དེ་གསུངས་པ་ཞེས་པས། འཕགས་པ་ཉན་ཐོས་ཀྱི་སྦྱོར་ ལམ་ལ་ནི་བཞི་སྟེ། བདེན་བཞིའི་རྣམ་པ་བཅུ་དྲུག་མཚུངས་པར་བསྒོམ་པའི་དྲོད་རྩེ་བཟོད་ ཆུང༌། ཁམས་གསུམ་གྱི་བདེན་བཞིའི་རྣམ་པ་ཕྲི་ནས་མཐར་སྡུག་བདེན་གྱི་རྣམ་པ་གང་རུང་ གཅིག་ལན་གཉིས་སུ་བསྒོམ་པའི་བར་བཟོད་འབྲིང༌། འདོད་པའི་སྡུག་བསྔལ་ལ་དམིགས་ པའི་བཟོད་ཆེན་དང་ཆོས་མཆོག་སྐད་ཅིག་རེ་རེ་སྟེ་དེ་ལྟར་བཞིའོ། །རད་ཀིར་གྱིས། འཕགས་ པ་ཉན་ཐོས་ལམ་ལ་ནི། །ཞེས་པ། ཉན་ཐོས་ཀྱི་ལམ་ཡང་བྱང་ཆུབ་སེམས་དཔས་རྣམ་པར་ བཞག་པར་ཤེས་པར་བྱ་ཞེས་པའི་དོན་ཏོ། །ཞེས་པས། འཕགས་པ་ཉན་ཐོས་ཀྱི་ལམ་ཤེས་ པའི་ལམ་ཤེས་ཀྱི་རྒྱུ་སྦྱོར་ལམ་ལ་བཞི་སྟེ། གཟུགས་སོགས་དང་བྱང་སེ་ལ་སོགས་པ་རྣམས་ དོན་དམ་པར་བདེན་དངོས་ཀྱིས་སྟོང་པའི་ཕྱིར་ན། གཟུགས་སོགས་དང་བྱང་སེམས་སོགས་ ཀྱི་སྟོང་པ་ཉིད་རྣམས་དབྱེར་མེད་པའི་ཆོས་ཉིད་དོན་རྣམ། བྱང་སེའི་སྦྱོར་ལམ་དྲོད་ཀྱིས་ དེ་ལྟར་རྟོགས་པ་ཤེས་རྣམ། དེ་ལྟར་རྟོགས་པའི་བྱང་སེའི་སྦྱོར་ལམ་ཆ་བཞིའི་དང་པོ་དེ་དྲོ་ བའོ། །གོའུ་ཤི་ཀ་གཟུགས་ནི་གཟུགས་ཀྱིས་སྟོང་ངོ༌། །སོགས་ནས། བྱང་སེམས་བྱང་སེམས་ ཀྱིས་སྟོང་ (གཟུགས་སོགས་དང་བྱང་སེའི་སྟོང་ཉིད་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད། )ཞེས་སོགས་རྒྱ་ཆེར་ རོ། །གཟུགས་སོགས་དེ་དག་དོན་དམ་པར་ཅིར་ཡང་མ་དམིགས་པར་རྟོགས་པའི་ཆ་ཤེས་ རྣམ། དོན་དམ་པར་ཅིར་ཡང་དམིགས་བྱར་མེད་པའི་ཆོས་ཉིད་དོན་རྣམ། དེ་ལྟར་རྟོགས་པའི་ བྱང་སེའི་སྦྱོར་ལམ་ཆ་བཞིའི་གཉིས་པ་རྩེ་མོར་གྱུར་པ་དག་ཏུ་འདོད་དོ། །དམིགས་པའི་ཚུལ་ གྱིས་གཟུགས་ལ་གནས་པར་མི་བྱའོ། །ཞེས་སོགས་སོ། །གཟུགས་སོགས་དེ་རྣམས་ལ་རྟག་ མི་རྟག་ལ་སོགས་པའི་ཚུལ་གྱིས་མངོན་པར་ཞེན་ནས་གནས་པ་བཀག་པའི་རྟོགས་པ་ཤེས་ 2-1-21 རྣམ། དེར་ཞེན་བྱར་མེད་པའི་ཆོས་ཉིད་དོན་རྣམ། དེ་ལྟར་རྟོགས་པའི་བྱང་སེའི་སྦྱོར་ལམ་ཆ་ བཞིའི་གསུམ་པ་བཟོད་པ་རྣམས་སོ། །དམིགས་པའི་ཚུལ་གྱིས་གཟུགས་རྟག་ཅེས་བྱ་བར་ གནས་པར་མི་བྱའོ། །ཞེས་སོགས་སོ། །བྱང་སེའི་ས་བཅུ་དག་ལས། ཐོག་མར་བརྩམས་ནས་ ནི་མངོན་པར་ཞེན་པའི་ཚུལ་གྱིས་མི་གནས་པར་རྒྱས་པར་བསྟན་པ་ཡིས་ཏེ་དེ་ལ་མངོན་ཞེན་ མེད་པའི་རྟོགས་པ་ཤེས་རྣམ། དེར་ཞེན་བྱར་མེད་པའི་ཆོས་ཉིད་དོན་རྣམ། དེ་ལྟར་རྟོགས་ པའི་བྱང་སེའི་སྦྱོར་ལམ་ཆ་བཞིའི་བཞི་པ་ནི་ཆོས་ཀྱི་མཆོག་ཏུ་འགྱུར་བར་མདོ་ལས་བཤད་ དོ། །ཞེན་ནས་གནས་པར་མི་བྱ་བ་ཅི་ཕྱིར་ཞེ་ན། རྫོགས་པའི་སངས་རྒྱས་ཀྱིས་མཁྱེན་ནས་ ཏེ་མངོན་ (ཤཱན་དངོས། )པར་རྟོགས་པས་ཆོས་ཀུན་རྫོབ་པ་རྣམས་དོན་དམ་པར་མ་གཟིགས་པའི་ ཕྱིར་རམ། སངས་རྒྱས་ཀྱིས་ཡོད་མེད་ཀུན་མཁྱེན་ནས་ཞེས་སྦྱར་རོ། །ས་དང་པོ་ལ་དམིགས་ པའི་ཚུལ་གྱིས་གནས་པར་མི་བྱའོ། །ཞེས་སོགས་ཕྱིན་དྲུག་སོགས་རྒྱ་ཆེར་རོ། །བརྒྱད་སྟོང་ པར། འབྲས་གནས་བཞི་དངོས་སུ་སྨོས་ཤིང་དེའི་ཤུགས་ཀྱིས་ཞུགས་པ་བཞི་ཡང་གཟུང་ ཞེས་འགྲེལ་ཆེན་ནོ། །རང་རྒྱལ་དང་སངས་རྒྱས་གཉིས་དངོས་སུ་སྨོས་པས་ས་བཅུ་ཞེས་ སོ། །(འགྲེལ་ཆེན། )འགྲེལ་པ་ལ། གང་གིས་དམིགས་པའི་རྣམ་པ། གང་ལ་དམིགས་པའི་ཡུལ། བློའི་ངོ་བོའོ། །དང་པོ་ནི། གཟུགས་ལ་སོགས་པའི་ཕུང་བོ་དོན་དམ་པར་རང་རང་གི་ངོ་བོ་ ཉིད་ཀྱིས་སྟོང་པའི་ཕྱིར། གཟུགས་སོགས་ཀྱི་སྟོང་པ་ཉིད་རྣམས་ཕན་ཚུན་ཐ་དད་པ་མེད་པའི་ ཆོས་ཉིད་དྲོད་ཀྱི་དོན་རྣམ་མོ། །ཞེས་སོགས་སྔར་ལྟར་རོ། །གཟུགས་ལ་སོགས་པ་སྔ་མར་ བསྟན་པ་བཞིན་དུ་སྟོང་པའི་ཕྱིར། གཟུགས་སོགས་སུ་མི་དམིགས་པའི་རྟོགས་པ་ཤེས་རྣམ། ཞེས་སོགས། དེ་བཞིན་དུ་སྟོང་པའི་ཕྱིར། གཟུགས་ལ་སོགས་པ་ལ་རྟག་པ་ཡང་མ་ཡིན། མི་རྟག་པ་ཡང་མ་ཡིན་ཞེས་དམིགས་པའི་ཚུལ་གྱིས་གནས་པ་བཀག་པའི་རྟོགས་པ་ཤེས་ རྣམ་ཞེས་སོགས། ས་རབ་ཏུ་དགའ་བ་ལ་སོགས་པ་ཆོས་ཅན། ཁྱོད་ལ་དོན་དམ་པར་མངོན་ 2-1-22 པར་ཞེན་ནས་མི་གནས་པ་སྟེ་གནས་བྱར་མེད་དེ། རྒྱུ་མཚན་གང་གི་ཕྱིར་ན་དེ་པས་བྱང་ ཆུབ་མངོན་རྫོགས་རྒྱས་ནས་དོན་དམ་པར་ཆོས་ཀུན་རྫོབ་པ་རྣམས་ཅིར་ཡང་མ་གཟིགས་ པའི་ཕྱིར། ཞེས་བྱ་བ་གྲོལ་བ་དོན་གཉེར་ལ་ཚད་མའི་སྐྱེས་བུར་གྱུར་པས་མ་དམིགས་པའི་ གཏན་ཚིགས་ཀྱི་འཐད་པས་ཏེ་འཐད་པ་སྒྲུབ་པའི་རིགས་པས་སོ། །ཆོས་བཤེས་ནི། འཐད་ པས་ཞེས་པ་ལུང་གི་ཚད་མ་སྟོན་ཏེ། ང་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པས་ནི་ཆོས་གང་གི་སྐྱེ་ བའམ་འགག་པ་མ་མཐོང་ངོ༌། །ཞེས་སོགས་ཀྱི་གཞུང་གིས་སོ་ཞེས་སོ། །ཞེས་མདོ་ལས་རྒྱས་ པར་ཇི་སྐད་དུ་བསྟན་པ་བཞིན་བསྒོམ་པ་ཞེས་བྱ་བའི་རྣམ་པ་བཞི་བོ་དེ་རྣམས་ཀྱིས་སོ། ། གཉིས་པ་ནི། བདེན་པ་བཞིའི་དམིགས་པ་ལའོ། །གསུམ་པ་ནི། ངེས་འབྱེད་ཆ་མཐུན་ བཞི་གོ་རིམ་བཞིན་ཏུ་སྐྱེའོ་ཞེས་བྱ་བ་ (མཚོན་ཆ་ནི་དང་པོར་གོ་ཆ་ཕུགས་ནས་དེའི་འོག་ཏུ་འདོད་པའི་སྐྱེས་བུ་ལ་ ཕུགས་པའི་དཔེའོ་ཞེས་ཆོས་བཤེས་སོ། ། )ཡིན་ནོ། ། གཉིས་པ་ལ། སྤྱི་དང༌། ཡན་ལག་གི་དོན་གཉིས་སོ། །དང་པོ་ལ། མཚན་ཉིད་ནི། ཐེག་ པ་གསུམ་ལས་རང་བཞིན་གྱིས་དབང་བོ་འབྲིང་དུ་གྱུར་པའི་གང་ཟག་ནི། རང་རྒྱལ་གང་ ཟག་གི་མཚན་ཉིད། རང་སངས་རྒྱས་ཀྱི་ས་ལ་བརྟེན་ནས་རང་བྱང་ཆུབ་ཏུ་བགྲོད་པའི་གོ་ སྐབས་ཕྱེ་ཤུལ་དུ་གྱུར་པ། དེའི་ལམ་གྱི་མཚན་ཉིད་དོ། །སའི་བཤད་ཟིན་ཏོ། །རང་རྒྱལ་ཐེག་ པའི་མཚན་ཉིད་ནི། བློ་གྲོས་མི་ཟད་པས་བསྟན་པའི་མདོ་འགྲེལ་དུ། (དབྱིག་གཉེན། ) རང་སངས་ རྒྱས་དེ་དག་རྣམ་པར་གྲོལ་བའི་སར་ཕྱིན་པར་བྱེད་པའི་ཐེག་པ་ནི་རང་སངས་རྒྱས་ཀྱི་ཐེག་ པ་སྟེ། ཞེས་པ་ལྟར་རོ། །མཚོན་བྱའི་སྒྲ་བཤད་ནི། བདག་ཉིད་གཅིག་པུའི་དོན་ཏེ། རྒྱུ་མཚན་ དུ་གྱུར་པར་བྱས་ནས་རང་ཉིད་སངས་རྒྱས་པས་རང་སངས་རྒྱས་སོ། །ཞེས་ཨཱརྱའོ། །(འགྲེལ་ ཆེན། ) སྨོན་ལམ་ལ་སོགས་པའི་རྐྱེན་གྱི་མཐུས་བྱང་ཆུབ་རྟོགས་པས་རྐྱེན་རྟོགས་ཞེས་སམ། བློ་གྲོས་མི་ཟད་པའི་མདོ་འགྲེལ་དུ། དམིགས་པ་གང་ཡང་རུང་བ་ལས་རྐྱེན་གྱིས་ཡེ་ཤེས་ 2-1-23 རྟོགས་པ་སྟེ་ (མདོ་ཚིག་)ཞེས་བྱ་བས། རྟེན་ཅིང་འབྲེལ་བར་འབྱུང་བ་མངོན་པར་བྱང་ཆུབ་པ་ བསྟན་ཏེ། དམིགས་པའི་ཡུལ་གང་ཡང་རུང་སྟེ། ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་ བའི་ངོ་བོ་ཉིད་དུ་ཤེས་ཤིང་ཁོང་དུ་ཆུད་ཅེས་བྱ་བའི་དོན་ཏོ། །ཞེས་པས་དམིགས་པ་གང་རུང་ ལ་དམིགས་པའི་རྐྱེན་གྱིས་རྟེན་འབྲེལ་ཤེས་པའི་ཡེ་ཤེས་རྟོགས་ཞེས་པའོ། །མཚན་གཞི་ལ། ལམ་གྱི་དབྱེ་བ་ལྔ་ཡོད་ཅིང༌། གང་ཟག་གི་དབྱེ་བ་ལ། བསེ་རུ་ལྟ་བུ་དང་ཚོགས་དང་སྤྱོད་པ་ གཉིས་ཏེ་ (མངོན་པ་ཀུན་བཏུས་སུ)། གསུམ་མམ། དང་པོ་ཉིད་ནས་འདོད་ཆགས་ཆུང་བ་སྙིང་རྗེ་ ཆུང་བ། ང་རྒྱལ་སྤྱོད་པའི་རིགས་ཅན་གསུམ་དུ་ (དབུ་མ་སྙིང་པོ་དང་དེའི་རང་འགྲེལ། )རྟོག་གེ་འབར་ བར་བཤད་དེ། རིགས་ཀྱི་མཚན་ཉིད་གསུམ་ཡིན་ཏེ། །རང་བཞིན་གྱིས་ནི་འབྱུང་བ་ཉིད། ། དང་པོ་ཉིད་ནས་འདོད་ཆགས་ཆུང༌། །སྙིང་རྗེ་ཆུང་བའི་རིགས་ཅན་པ། །ཁྱད་འཕགས་ང་ རྒྱལ་ལ་སྤྱོད་པ། །ཞེས་སོ། །དེ་གསུམ་ཅར་ཡང་བསྐལ་བ་བརྒྱར་ཚོགས་བསགས་དགོས་ཏེ། མདོ་དྲིན་ལན་བསབ་པར། རང་སངས་རྒྱས་རྣམས་ནི་བསྐལ་བ་ཆེན་པོ་བརྒྱས་ཚར་ཕྱིན་པར་ འགྱུར་རོ། །ཞེས་ཏེ། བར་བསྐལ་བརྒྱད་ཅུ་ལ་བསྐལ་བ་ཆེན་པོར་མཛོད་དུ་བཤད་ལ། བསེ་ རུ་བསྐལ་བ་བརྒྱ་ཡི་རྒྱུས། །ཞེས་སོ། །ཆོས་བཤེས་ཀྱིས་ཀྱང༌། སྔོན་ཞེས་བྱ་བ་ནི་བསྐལ་བ་ བརྒྱའི་བར་དུ་སྟེ། ཞེས་སོ། །ས་སྡེའི་རང་སངས་རྒྱས་ཀྱི་སར། བསྐལ་བ་བརྒྱར་སངས་རྒྱས་ འབྱུང་བ་མཉེས་པར་བྱེད་པ། ཞེས་དང༌། རང་སངས་རྒྱས་ཀྱི་ལམ་དང་པོ་བསྐལ་བ་བརྒྱ་ཚང་ བར་ཚོགས་བསགས་ནས་བསྐལ་བ་བརྒྱ་འདས་པའི་འོག་ཏུ་སངས་རྒྱས་འབྱུང་བ་མེད་པ་ན་ སློབ་དཔོན་མེད་པར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་བསྒོམས། རང་བྱང་ཆུབ་ མངོན་པར་རྫོགས་པར་སངས་རྒྱས་ཏེ་ཉོན་མོངས་པ་ཐམས་ཅད་སྤོང་བའི་དགྲ་བཅོམ་པ་ ཉིད་མངོན་དུ་བྱེད་དོ། །ཞེས་ཏེ། གསུམ་ག་འདྲ་བར་བཤད་དོ། །འདི་ལ་གསུམ་སྟེ། ཚོགས་ གསོགས་པའི། རང་དོན་གནས་པའི། གཞན་དོན་རྒྱུ་བའི་ཁྱད་པར་རོ། །དང་པོ་ལ། བསེ་རུ་ 2-1-24 ལྟ་བུ་ནི། བསྐལ་བ་བརྒྱའི་བར་དུ་སངས་རྒྱས་མཆོད་ཅིང་ཚོགས་བསགས་ཏེ་ཉན་ཐོས་ཀྱི་སྡེ་ སྣོད་ལ་དམིགས་ནས་ཆོས་ (ཀུན་བཏུས་)བསྒྲུབ་ཅིང་ཚོགས་ལམ་བསྐྱེད་ནས་ད་དུང་སྐྱེ་བ་ལེན་ པར་ཤེས་ཏེ་སྡེ་སྣོད་གསུམ་གྱི་དོན་ (ས་སྡེའི་རང་རྒྱལ་སར། )ཕུང་སྐྱེ་ཁམས་གསུམ། རྟེན་འབྲེལ། (ས་ སྡེར། ) གནས་གནས་མིན། (སར། ) བདེན་པ། (སར། ) སྟེ་མཁས་བྱའི་གནས་དྲུག་ལ་མཁས་པར་ སྦྱངས་ཤིང་འཆི་འཕོ་ཁར་སངས་རྒྱས་མེད་པའི་ཞིང་དུ་སྐྱེ་བར་དང༌། དེར་གཞན་ལ་མ་ལྟོས་ པར་རང་གིས་ཐོབ་པའི་ཤེས་རབ་ཀྱིས་ལམ་བགྲོད་པ་དང༌། བྱང་ཆུབ་ཐོབ་པ་ན་གདུལ་བྱ་ ལ་ལུས་ཀྱིས་ཆོས་སྟོན་གྱི་ངག་གིས་མིན་པར་སྨོན་ལམ་འདེབས་སོ། ། དེ་ནས་ཕྱི་མར་སངས་རྒྱས་ཀྱི་བསྟན་པ་མེད་པའི་ཞིང་སྟོང་བར་གླིང་གསུམ་གྱི་སྐྱེས་པ་ དམངས་རིགས་མིན་པ་གཅིག་ཏུ་སྐྱེས་ཏེ་རང་བྱུང་གིས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ ནས་དུར་ཁྲོད་དུ་ཕྱིན་ཏེ་རུས་པ་འདི་ཅི་ལས་བྱུང་བསམས་པས་མ་རིག་པ་ནས་རྒ་ཤའི་བར་ རྟེན་འབྲེལ་ལུགས་འབྱུང་ལུགས་བཟློག་ཏུ་རྟོགས་པའི་དོན་བསམ་གཏན་བཞི་པའི་དངོས་ གཞི་ལ་བརྟེན་ནས་བསྒོམས་པས་ཚོགས་ལམ་གྱི་དབུགས་འབྱུང་རྔུབ་ནས་གཟུང་སྟེ་ལམ་ ལྔ་སྟན་གཅིག་ལ་མངོན་དུ་བྱེད་དོ། །སྟོན་དང་བསེ་རུ་བྱང་ཆུབ་པར། །བསམ་གཏན་མཐའ་ རྟེན་གཅིག་ལ་ཀུན། །ཞེས་སོ། །དེ་ཡང་མཐོང་སྤང་ཉོན་སྒྲིབ་དང་ཤེས་སྒྲིབ་གཟུང་རྟོག་སྤོང་ ངོ༌། །སྒོམ་སྤང་ཁམས་གསུམ་གྱི་ཤེས་སྒྲིབ་གཟུང་རྟོག་དང་བསམ་གཏན་བཞི་པ་ཡན་ཁམས་ གོང་གི་ཉོན་སྒྲིབ་དགུར་དྲིལ་ཏེ་སྤོང་ངོ༌། །འདོད་པ་དང་བསམ་གཏན་དང་པོ་གཉིས་པ་ གསུམ་པའི་སྒོམ་སྤང་གི་ཉོན་མོངས་མཐོང་ལམ་གྱི་སྔར་འཇིག་རྟེན་པའི་སྒོམ་ལམ་གྱིས་སྤང་ ཟིན་ཏེ། དེའི་སྔར་བསམ་གཏན་བཞི་པ་ཐོབ་ལ་མ་ཉམས་པས་སོ། ། དེས་ན་འདི་ལ་ཕྱིར་མི་འོང་ཆགས་བྲལ་སྔོན་སོང་གི་ཞུགས་འབྲས་གཉིས་དང་མཐར་ དགྲ་བཅོམ་སྟེ་རྫས་གསུམ་དུ་འགྱུར་རོ། །ཚོགས་དང་སྤྱོད་པ་ཆེ་བ་ནི། དྲོད་ (ས་སྡེར་དངོས་)རྩེ་ 2-1-25 བཟོད་པ་རྣམས་བསྐྱེད་ཅིང་ཚེ་དེ་ལ་དགེ་སྦྱོང་གི་ (དངོས་)འབྲས་བུ་གང་ཡང་མ་ཐོབ་པ་ཞིག་ དང༌། ཚོགས་སྤྱོད་ཆུང་བ་ནི། དགྲ་བཅོམ་མ་གཏོགས་པའི་ (དོན་དངོས་)དགེ་སྦྱོང་གི་འབྲས་ (དངོས་)བུ་གང་རུང་ཐོབ་ནས་གནས་དྲུག་ལ་མཁས་པར་བྱེད། ཅེས་སོགས་ས་སྡེའི་རང་སངས་ རྒྱས་ཀྱི་སར་བཤད་ཅིང༌། ཀུན་བཏུས་སུ་ཡང༌། ངེས་པར་འབྱེད་པའི་ཆ་དང་མཐུན་པ་སྔོན་ མ་བསྐྱེད་པའམ་སྔོན་བསྐྱེད་པ། སྔོན་འབྲས་བུ་མ་ཐོབ་པའམ་འབྲས་བུ་ཐོབ་པའང་རུང༌། ཞེས་དང༌། དབུ་མ་སྙིང་པོར། འགའ་ཞིག་བསྐལ་བ་བརྒྱར་སངས་རྒྱས། །འབྱུང་བ་རྣམས་ལ་ ལེགས་མཆོད་ཅིང༌། །རང་རྒྱལ་བྱང་ཆུབ་ཕྱིར་བརྩམས་ནས། །སྨིན་པར་བྱེད་དོ་གཞན་དག་ ནི། །སངས་རྒྱས་མཉེས་བྱས་ངེས་འབྱེད་ཀྱི། །ཆ་མཐུན་བསྐྱེད་པ་རྫོགས་བྱེད་དོ། །གཞན་ ནི་སངས་རྒྱས་འབྱུང་ལ་འབྲས། །ཐོབ་བྱེད་དགྲ་བཅོམ་མངོན་མི་བྱེད། །ཅེས་སོ། །དེ་གཉིས་ ཀ་ཡང་ཕྱི་མ་ལ་བསམ་གཏན་བཞི་པའི་སེམས་ལ་བརྟེན་ནས་ལམ་ལྷག་མ་ཚེ་དེ་ལ་མངོན་དུ་ བྱེད་དོ། །ཞེས་བོད་དག་འཆད་དོ། །གཉིས་པ་ནི། བསེ་རུ་ལྟ་བུ་ནི་སྐུ་གཅིག་པུར་གནས་ལ་ ཐུགས་རྟེན་འབྲེལ་དང༌། སྒོ་གསུམ་ལ་ལྷུར་ལེན་པར་ས་སྡེར་བཤད། གསུང་སྨྲ་བཅད་དམ་ པོ་ཞེས་སོ། །(བོད། ) གསུམ་པ་ནི། འདོད་པའི་རྟེན་ཅན་ཁམ་ཟས་ཀྱིས་འཚོ་དགོས་པས་ལུས་ཤིན་ཏུ་ བསྲུངས། དབང་བོ་རྣམས་ཤིན་ཏུ་བསྡམས། དྲན་པ་ལ་ཤིན་ཏུ་གནས་པས། གྲོང་ངམ་གྲོང་ བརྡལ་དུ་བསོད་སྙོམས་ལ་འཇུག་ཕ་རོལ་དམན་པ་རྣམས་ལ་ལུས་ཀྱིས་སྙིང་བརྩེ་བར་བྱེད་ ཀྱི་ངག་གིས་མིན་ཏེ། ལུས་ཀྱིས་ཆོས་སྟོན་གྱི་ངག་གིས་མིན་པའི་ཕྱིར། ཞེ་འགྲས་པ་རྣམས་ བཟློག་པའི་ཕྱིར་རྫུ་འཕྲུལ་དུ་མ་སྟོན་པར་བྱེད་དོ། །ཚོགས་སྤྱོད་གཉིས་ནི། ཚོགས་དང་སྤྱོད་ ཀྱི་གཅིག་པུར་མིན་ནོ། །གཞན་རྒྱུ་བ་སོགས་སྔར་ལྟར་རོ་ཞེས་པ་རྣམས་ས་སྡེའི་རང་རྒྱལ་ གྱི་སར་རོ། །སྔོན་འབྲས་བུ་ཐོབ་པའི་ཚོགས་སྤྱོད་ལ་རྒྱུན་ཞུགས་དང་ཕྱིར་མི་འོང་ངེས་པར་ 2-1-26 ཡོད་ཅིང་ཕྱིར་འོང་ཡང་མི་ཁེགས་པས་འབྲས་བུ་བཞི་ག་ཡོད་ལ། སྔོན་འབྲས་བུ་མ་ཐོབ་པའི་ ཚོགས་སྤྱོད་ལ་མ་ངེས་ཏེ། སྲིད་པ་ཐ་མ་པའི་ཚེ་བཟོད་ཆེན་དང་ཆོས་མཆོག་བསམ་གཏན་གྱི་ ཉེར་བསྡོགས་ཙམ་ལ་བརྟེན་ན་རྒྱུན་ཞུགས་དང་ཕྱིར་འོང་དུ་འགྱུར། དངོས་གཞི་ལ་བརྟེན་ན་ ཕྱིར་མི་འོང་དུ་འགྱུར་རོ་ (བུ་རིན་)གསུང་ངོ༌། ། གཉིས་པ་ལ་གསུམ་སྟེ་ཉན་ཐོས་ལས་འཕགས་པའི་ཁྱད་ཆོས། ཁྱད་འཕགས་རང་རྒྱལ་ གྱི་ལམ་དངོས། རྒྱུ་ངེས་འབྱེད་ཆ་མཐུན་ནོ། ། དང་པོ་ལ། དངོས་དང༌། སྒྲ་མེད་དུ་ཆོས་སྟོན་པའི་འཐད་པའོ། །དང་པོ་ལ་གསུམ་ལས། སྔ་འགྲེལ་ནི། ཐེག་པ་གསུམ་དམན་མཆོག་གི་རིམ་པས་སྟོན་ན་ཉན་ཐོས་ཀྱི་ལམ་གྱི་མཇུག་ ཐོགས་སུ་རང་སངས་རྒྱས་ཀྱི་ལམ་བརྗོད་པར་རིགས་མོད་ཀྱི་ཉན་ཐོས་རྣམས་ལས་རང་རྒྱལ་ དེ་དག་ཁྱད་ཆོས་གང་གིས་ཇི་ལྟར་ཁྱད་པར་དུ་འཕགས་ན་ཁྱད་ཆོས་གང་གིས་ན་རང་རྒྱལ་ དེ་དག་གི་ལམ་ཉན་ཐོས་ཀྱི་ལམ་ལས་གཞན་ཏེ་མཆོག་ཡིན་སྙམ་པའི་དོགས་པ་བསུ་ནས། ལན་གདབ་པར་བྱ་བའི་ཕྱིར་དུ་དང་པོར་རེ་ཤིག་ཉན་ཐོས་ལས་ཁྱད་ཞུགས་པ་ཉིད་དུ་བསྒྲུབ་ པ་འཆད་དོ། །རྩ་བ་ནི། རང་འབྱུང་སྟེ་རང་སངས་རྒྱས་ཀྱི་ལམ་ཆོས་ཅན། ཉན་ཐོས་ཀྱི་ལམ་ ལས་ཁྱད་པར་འཕགས་ཏེ། སྲིད་པ་ཐ་མ་བའི་ཚེ་སློབ་དཔོན་སོགས་གཞན་གྱིས་ཆོས་བསྟན་ པ་ལ་ལྟོས་ཡང་མི་དགོས་པར་འདོད་ཁམས་སུ་རང་གི་སྨོན་ལམ་དང་ཤེས་རབ་ཀྱི་སྟོབས་ ཀྱིས་རང་གི་བྱང་ཆུབ་རྟོགས་ཤིང་ཐོབ་པའི་ལམ་ཡིན་པའི་ཕྱིར། (ཡི་གེ་གཅིག་ཀྱང་མ་བརྗོད་ཅེས་མདོ་ སྟེ། གཞན་དག་གིས་བསེ་རུ་ལྟ་བུ་ལ་མ་བསྟན་པའོ་ཞེས་དག་ལྡན་ནོ། ། ) ལྷའི་བུ་དག་ཆོས་ཐམས་ཅད་ཀྱང་སྤྲུལ་ བ་ལྟ་བུ་ཡིན་ཏེ་དེ་ལ་ནི་སུས་ཀྱང་བསྟན་པ་མེད་དོ། །སུས་ཀྱང་ཐོས་པ་མེད་དོ། །ཞེས་སོགས་ སོ། །ཡང་བསེ་རུ་ལྟ་བུའི་ཞེས་པ་མཚོན་པ་སྟེ། རང་རྒྱལ་གྱི་ལམ་ཆོས་ཅན། ཆོས་འདྲ། རང་ འབྲས་དམན་པའི་བྱང་ཆུབ་ཐོབ་ནས་ངག་གིས་སྒྲ་མེད་དུ་ཆོས་སྟོན་པར་ནུས་པའི་ཡེ་ཤེས་ནི་ 2-1-27 ཟབ་པ་ཉིད་ཅན་གྱི་ལམ་ཡིན་པས་སོ། །དེ་སྐད་དུ་མདོ་ལས་བརྗོད་དེ། ཀྱེ་མ་གནས་བརྟན་ རབ་འབྱོར་འདི་ནི་ (གཞན་གྱིས་བསྟན་པའི་རྣམ་པ་བཅུ་དྲུག་རྟོགས་པས་ཉན་ཐོས་ཀྱི་རྟོགས་པ་)ཟབ་པ་བས་ཀྱང་ ཤིན་ཏུ་ཟབ་པ་ (གཞན་ལ་མ་ལྟོས་པར་རང་གིས་རྟོགས་པ་རང་རྒྱལ་གྱི་ཡེ་ཤེས་སོ། ། )སྟོན། (ཉོན་སྒྲིབ་སྤངས་པས། ཉན་ ཐོས་ཀྱི་རྟོགས་པ་)ཕྲ་བ་བས་ཀྱང་ (གཟུང་རྟོག་སྤངས་པས་རང་རྒྱལ་ཡེ་ཤེས་ནི་)ཤིན་ཏུ་ཕྲ་བ་ (འོ་ཞེས་འགྲེལ་ཆེན་ )ལ་འཇུག་གོ་ཞེས་སོ། །བསྟན་མི་དགོས་པའི་རང་འབྱུང་གི་རྟོགས་པ་དང་ཡེ་ཤེས་ཟབ་པ་ གཉིས་ཁྱད་ཆོས་སུ་འཕགས་སེང་བུདྡྷ་ཤྲཱི་མ་གཏོགས་པ་འགྲེལ་བྱེད་ཀུན་འཆད་ཀྱི་ཆོས་སྟོན་ པ་ཟབ་ཅེས་ནི་མ་བཤད་དོ། །བུདྡྷ་ཤྲཱིས། ཡང་སྒྲས་འཕངས་པ་གཞན་དག་ལ་ཆོས་སྟོན་པ་ ཡང་སྒྲ་ལ་མི་ལྟོས་པའི་ཕྱིར། ཞེས་སོ། །འགྲེལ་པ་ལ། དམན་པ་ཉན་ཐོས་ཀྱི་འཇུག་ཚུལ། ཁྱད་པར་ཅན་རང་རྒྱལ་གྱི་ཁྱད་ཆོས་སོ། །དང་པོ་ནི། འདོད་པར་དགྲ་བཅོམ་ཐོབ་པའི་ཉན་ ཐོས་རྣམས་ནི། སྲིད་པ་ཐ་མ་བའི་དུས་སུ་སློབ་དཔོན་གཞན་གྱིས་ཆོས་བསྟན་པ་ལ་ལྟོས་ནས་ རང་གི་བྱང་ཆུབ་རྟོགས་པར་འགྱུར་ལ། དེ་རྟོགས་ནས་ངག་ཏུ་བརྗོད་པ་དང་བཅས་པའི་ཆོས་ བསྟན་ནས་རང་གི་གདུལ་བྱ་གཞན་དག་ཀྱང་དགེ་བ་བཅུ་ལ་འཇུག་པར་བྱེད་ཅེས་ལུང་ལས་ འབྱུང་ངོ༌། །བྱང་སེའི་སྡེ་སྣོད་དུ། ཉན་ཐོས་རྣམས་ཀྱི་རྣམ་གྲོལ་སྒྲ་ཕྱིར་འགྲོ། །ཞེས་འབྱུང་བ་ ལྟ་བུ་སྟེ། དེས་ན་སློབ་མ་ཞེས་བརྗོད་དེ། ངེས་པར་སློབ་དཔོན་ལ་ལྟོས་པས་སོ། །ཞེས་ཆོས་ བཤེས་སོ། ། གཉིས་པ་ནི། རང་སངས་རྒྱས་རྣམས་ནི་སྔོན་བསྐལ་བ་བརྒྱའི་བར་དུ་ཚོགས་བསགས་ ཏེ་དེ་ནས་མཁས་བྱའི་དངོས་པོ་དྲུག་སོགས་ལ་མཁས་པར་བྱེད་པའི་ཐོས་པ་དང་གཞན་ལ་ མ་ལྟོས་པར་བྱང་ཆུབ་པའི་སྨོན་ལམ་ལ་སོགས་པ་མངོན་པར་འདུས་བྱས་པའི་སྟོབས་ཀྱིས་ སྲིད་པ་ཐ་མའི་ཚེ་སློབ་དཔོན་གཞན་གྱིས་ཆོས་བསྟན་པ་ལ་མི་ལྟོས་པར་བདག་ཉིད་ཀྱིས་ རང་གི་བྱང་ཆུབ་རྟོགས་ཤིང་ཐོབ་པར་འགྱུར་ཏེ། འགྱུར་བ་དེའི་ཕྱིར། རང་སངས་རྒྱས་དེ་ 2-1-28 དག་ལ། སྲིད་པ་ཐ་མའི་ཚེ་སངས་རྒྱས་དང་ཉན་ཐོས་ལ་སོགས་པས་ཆོས་བསྟན་མི་དགོས་ པར་བྱང་ཆུབ་རྟོགས་སོ་ཞེས་བྱ་བ་ནི། ཉན་ཐོས་ལས་ཁྱད་ཞུགས་པའི་ཉིད་ཀྱི་ཆོས་གཅིག་ ཡིན་ནོ། །རང་སངས་རྒྱས་དགྲ་བཅོམ་དེ་དག་ནི་ཆོས་ཅན། ཁྱོད་ཀྱིས་ངག་གི་སྒྲར་བརྗོད་ པའི་ཆོས་སྟོན་པའི་ཚིག་གི་འབྲས་རྟགས་ལས་དེ་དག་གི་ཡེ་ཤེས་མི་རྟོགས་ཏེ། ངག་གི་སྒྲ་ མེད་ལུས་ཀྱིས་ཆོས་སྟོན་པ་དེའི་ཕྱིར། རྟགས་གྲུབ་སྟེ། རང་རྒྱལ་དགྲ་བཅོམ་རང་གིས་ཐོབ་ པའི་བདག་མེད་ཕྱེད་དང་གཉིས་རྟོགས་པའི་ (གཟུང་རྟོག་སྤངས་ཞེས་གསེར་དང་འགྲེལ་ཆེན་)ཡེ་ཤེས་ དང་སྔར་བཤད་སྨོན་ལམ་ལ་སོགས་པའི་མཐུས་ངག་གི་སྒྲ་མེད་པའི་ལུས་ཀྱིས་ཆོས་བསྟན་ ནས་གདུལ་བྱ་གཞན་དག་དགེ་བ་བཅུ་དང་ཐོས་བསམ་བསྒོམ་པ་ལ་སོགས་པ་ལ་འཇུག་ པར་བྱེད་པ་དེའི་ཕྱིར། རང་རྒྱལ་གྱིས་ཆོས་བསྟན་པས་དྲོད་ཡན་གྱི་རྟོགས་པ་བསྐྱེད་མི་སྲིད་ པར་མྱང་འདས་ཆེན་པོར་གསུངས་སོ། །ཁྱབ་པ་ཡོད་དེ། ངག་ཏུ་བརྗོད་པའི་སྒོ་ནས་ཆོས་ཉན་ པ་པོ་རྟག་ (གསེར་)ཏུ་ངུ་ལྟ་བུ་རྣམས་ཀྱིས་ཆོས་ (གསེར་)འཕགས་ལྟ་བུའི་ཆོས་འཆད་པ་པོའི་ཤེས་ པའི་རྩལ་ལམ་བློ་ནུས་རྟོགས་པར་བྱེད་ན་ངག་གི་སྒྲར་བརྗོད་པའི་ཆོས་བསྟན་པས་ཁྱབ་པོ། ། ཡེ་ཤེས་ཟབ་པ་འདིས་ནི་ཁྱད་ཞུགས་པ་གཉིས་པ་ཡིན་ནོ། །ཞེས་དག་ལྡན་དང་རད་ཀིར་ཏེ་ སློབ་དཔོན་སོགས་ཡང་ངོ༌། ། གཉིས་པ་ལ་གསུམ་ལས། མཚམས་སྦྱོར་ནི། ཡང་འདི་གཏན་ལ་དབབ་སྟེ། ཅི་ལྟར་ངག་ གི་སྒྲ་མེད་པར་ཆོས་སྟོན་ཏེ་དེ་གཉིས་ (འགྲེལ་ཆེན་དོན་)འགལ་ལོ་སྙམ་པའི་དོགས་པ་བསུ་ནས་ ལན་དུ་དེ་འགལ་བ་ (ཨཱརྱ་དོན་)མེད་པར་སྟོན་པ་ནི། རྩ་བ་ལ། གདུལ་བྱ་གང་དང་གང་བདེན་ པ་དང་རྟེན་འབྲེལ་སོགས་ཀྱི་དོན་ནི་གང་དང་གང་ལ་རྣམ་པ་ཇི་ལྟ་ཇི་ལྟར་ཉན་པར་འདོད་ པའི་གདུལ་བྱ་དེ་དང་དེའི་རྣམ་པར་ཤེས་པ་ལ་རྟེན་འབྲེལ་སོགས་ཀྱི་དོན་དེ་དང་དེ་དག་གི་ སྒྲ་མེད་ཀྱང་རྣམ་པ་དེ་དང་དེ་ཁོ་ན་ལྟར་ལུས་ཀྱི་སྒོ་ནས་སྣང་བས་སྒྲ་མེད་པར་ཆོས་སྟོན་པ་མི་ 2-1-29 འགལ་ལོ། །ཞེས་སྦྱར་རོ། །འགྲེལ་པ་ལ། རང་རྒྱལ་དགྲ་བཅོམ་པས་ཆོས་སྟོན་པའི་ངག་གི་ སྒྲ་མེད་ཀྱང་གདུལ་བྱ་གང་ཞིག་དམིགས་ཡུལ་གྱི་དོན་གང་ལ་རྣམ་པ་ཇི་ལྟར་ཉན་པར་འདོད་ པའི་གདུལ་བྱ་དེའི་ཡིད་ཀྱི་རྣམ་པར་ཤེས་པ་ལ་དམིགས་ཡུལ་གྱི་དོན་དེ་ཇི་ལྟར་འདོད་པའི་ རྣམ་པ་དེ་ཁོ་ན་ལྟར་ལུས་ཀྱི་སྒོ་ནས་སྣང་བར་འགྱུར་བས་སྒྲ་མེད་པར་ཆོས་སྟོན་པ་ཞེས་བྱ་བ་ འགལ་བ་མེད་པ་སྟེ་སྤྱི་རིགས་ནས་ཆོས་སྟོན་པའི་སྒྲའི་དོན་དངོས་ནི། རྣམ་པ་ཇི་ལྟར་བརྗོད་ པར་བྱ་བའི་ཆོས་ཉན་པ་པོའི་རྣམ་པར་ཤེས་པ་ལ་ཤིན་ཏུ་བསྐྲུན་ཅིང་བསྐྱེད་པའམ་ངེས་པར་ གོ་བར་བྱེད་པ་ཞེས་བྱ་བ་འདི་ཡིན་ཅིང་དེ་ལ་ཡང་དེ་ཚང་ངོ༌། །ཅིའི་ཕྱིར་ཆོས་སྟོན་པའི་ངག་ གི་སྒྲ་མེད་ཅེ་ན། རང་སངས་རྒྱས་དགྲ་བཅོམ་པ་ཉིད་ཀྱི་གནས་སྐབས་ན་ཡང་ཆོས་ཅན། ཆོས་སྟོན་པའི་ངག་གི་སྒྲ་མེད་དེ། སྒྲ་མེད་དུ་ཆོས་སྟོན་པར་གྱུར་ཅིག་ཅེས་སོགས། སྨོན་ལམ་ རྫོགས་ཤིང་དེ་ལྟར་ནུས་པའི་ཡེ་ཤེས་ལ་སོགས་པ་ཐོབ་པས་སོ། །ཁྱབ་སྟེ། དེའི་མཐུས་དེ་ བྱུང་ངོ༌། །དཔེར་ན། མ་དག་པའི་རྟོག་དཔྱོད་ཀྱིས་བསླང་བའི་ཆོས་སྟོན་པ་མེད་པའི་སངས་ རྒྱས་དང་འདྲ་བའི་ཕྱིར་རོ། །སངས་རྒྱས་ལ་དེ་མེད་པའི་རྒྱུ་མཚན་ནི། དེ་སྔོན་བྱང་པར་གྱུར་ པ་ན་འདི་ལྟར་བདག་སངས་རྒྱས་སུ་གྱུར་ནས་དེ་འདྲས་བསླང་བའི་བརྗོད་པ་སྒྲ་མེད་པར་ ཡིད་བཞིན་གྱི་ནོར་བུ་ལྟར་གཞན་དོན་བྱེད་ཅིང་ཆོས་སྟོན་པར་གྱུར་ཅིག་ཅེས་སྨོན་ལམ་ བཏབ་པོ། །ཕྱིས་སྨོན་ལམ་དེ་རྫོགས་ (ཨཱརྱ་དོན། )པ་དེ་བས་ནའོ། །དེ་འདྲའི་སྨོན་ལམ་མཛད་ པའི་རྒྱུ་མཚན་ནི། འདོད་པའི་སོ་སྐྱེ་ཕལ་ཆེར་མ་དག་པའི་རྟོག་པས་རྣམ་པར་མ་བརྟགས། མ་དག་པའི་དཔྱོད་པས་རྣམ་པར་མ་དཔྱད་པར་གནས་སྐབས་ལྔ་བྲལ་གྱི་ཚིག་ཏུ་མི་སྨྲ་བས་ མ་དག་པའི་རྟོག་དཔྱོད་ཀྱིས་ཀུན་ནས་བསླང་ནས་ཚིག་བརྗོད་པ་ནི་རྣམ་གཡེང་ཡིན་ལ། དེ་ ཡང་ཏིང་ངེ་འཛིན་ཅན་གྱི་སེམས་རྒྱུད་འཁྲུག་པར་བྱེད་པ་ཡིན་པས་ཏིང་ངེ་འཛིན་གྱི་གེགས་ ཡིན་པའི་ཕྱིར་རོ། །ཞེས་སྦྱར་རོ། ། 2-1-30 གཉིས་པ་ལ། སྔ་འགྲེལ་ནི། སྔར་བཤད་དེ་ལྟར་ན་ཉན་ཐོས་ལས་ཁྱད་ཞུགས་པའི་ཆོས་ བརྗོད་ཟིན་ནས་ཉན་ཐོས་ལས་ཁྱད་ཞུགས་པ་རྣམས་ཀྱི་ལམ་ནི། །ཉན་ཐོས་ལས་ཁྱད་པར་ དུ་འཕགས་པ་ཁོ་ན་ཡིན་པས་རྣལ་མའམ། དཀྱུས་མ་རང་སངས་རྒྱས་ཀྱི་ལམ་འཆད་དོ། །རྩ་ བ་ལ། རང་རྒྱལ་འཕགས་པའི་མཉམ་གཞག་གི་ཡེ་ཤེས་ཆོས་ཅན། ཕྱིའི་གཟུང་བ་བདེན་ པར་རྟོག་པ་སྤོང་བར་ནུས་ཏེ། ཕྱི་གཟུང་བ་བདེན་པའི་རང་བཞིན་མེད་པར་མངོན་སུམ་དུ་ རྟོགས་པའི་ཕྱིར། (ཀུན་བཏགས་པའི་)གཟུགས་ནི་ (ཡང་དག་པ་མིན་པའི་ཕྱིར་)ཟབ་པ་མ་ཡིན་ཕྲ་བ་མ་ ཡིན། ཞེས་ནས། རྣམ་མཁྱེན་བར་རོ། །(གཟུགས་ཀྱི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ཞེས་སོགས་ འགྲེས་གཉིས་ཡོད་ཅིང༌། ཆོས་ཉིད་ཀྱི་གཟུགས་ནི་ངོ་བོ་ཉིད་ཀྱིས་མི་གཡོ་བའི་ཕྱིར་ཟབ་པ་མིན་ཕྲ་བ་མིན་ཞེས། ) དེས་ན་ ཉན་ཐོས་ལས་རྟོགས་པ་ལྷག་པོ་ (ཨཱརྱ་)ཆོས་ཅན། དེས་འཛིན་པ་ནང་གི་སེམས་བདེན་པར་ རྟོག་པ་མིན་སྤོང་བ་སྟེ་སྤོང་མི་ནུས་ཏེ། དེ་རང་བཞིན་མེད་པར་མ་རྟོགས་པས་སོ། །དེས་ཐེག་ ཆེན་ལས་ (བུདྡྷ་ཤྲཱི་)དམན་པར་བསྟན་ནོ། །ལྷའི་བུ་དག་གཟུགས་ཀྱང་རྒྱུ་མ་ལྟ་བུ། ནས། སངས་ རྒྱས་ཀྱི་བར་རོ། །ཞེས་གཉེན་པོའི་ཕྱོགས་ནས་བསྟན་ནོ། །གཟུང་བ་མེད་ན་དེ་འཛིན་མེད་ ཅེས་པ་ནི། ཕྱིའི་གཟུང་བ་བདེན་པ་མེད་ན་དེ་གཟུང་ཡུལ་དུ་བྱས་ནས་འཛིན་པའི་འཛིན་པ་ བདེན་པ་མེད་ཅེས་སྟོན་ལ། རང་རྒྱལ་གྱིས་གཟུང་མེད་རྟོགས་པ་སྔར་བཤད་ཅིང་འཛིན་མེད་ མ་རྟོགས་པའི་ཚུལ་ནི། (རྣམ་པར་ཐར་བར་ཅུང་ཟད་ཀྱིས་ལྷག་ཅེས་པར་)ཆོས་བཤེས་ཀྱིས། འཛིན་པའི་ ངོ་བོ་ཕུང་བོ་ལྷག་མ་བཞི་ལ་ནི་ (ཆོས་ཀྱི་བདག་མེད་དུ་ཤེས། )མ་ཡིན་ཏེ། འཁོར་བ་རྣམས་སུ་རྒྱུན་ རབ་ཏུ་རྟག་པས་བདག་མེད་ཅེས་དེ་དག་གི་ཡེ་ཤེས་མི་འཇུག་པའོ། །ཞེས་པ་ལྟར་རོ། །རྟེན་ གྱི་ཁྱད་པར་ནི། མདོར་ཡུམ་འདི་ལ་ཡིད་ཆེས་པ་སུ་དག་འབྱུང༌(ཤཱ་བུ་མོ་འགལ་མཛོད་ལྡན་ཀཏྱའི་བུ་ བྱམས་གང་གི་བུ་འོད་བསྲུང་ཆེན་པོ་སྟེ་དྲུག་བྱང་སེ་སྟོང་ཕྲག་དུ་མས་རབ་འབྱོར་ལ། )དྲིས་པས། ཕྱིར་མི་ལྡོག་པའི་ བྱང་ཆེན་པོ་རྣམས་སམ། བདེན་པ་མཐོང་བའི་གང་ཟག་གམ། དགྲ་བཅོམ་པ་ཟག་པ་ཟད་ 2-1-31 པ་བསམ་པ་ཡོངས་སུ་རྫོགས་པའམ་སྔོན་གྱི་རྒྱལ་བ་ལ་བྱ་བ་བྱས་པ། སངས་རྒྱས་མང་བོ་ལ་ དགེ་རྩ་བསྐྱེད་པ་དགེ་བཤེས་ཀྱིས་ཟིན་པ་དག་ཡིད་ཆེས་པར་འགྱུར། ཞེས་སོ། །ཕྱིར་མི་ལྡོག་ པ་ཞེས་པ་ཚོགས་སྤྱོད་ཆེ་བ་སྦྱོར་ལམ་པ། (འགྲེལ་ཆེན། ) བདེན་མཐོང་ཚོགས་སྤྱོད་ཆུང་བ་མཐོང་ ལམ་སྐད་ཅིག་བཅོ་ལྔ་ལ་གནས་པ། དགྲ་བཅོམ་ནི་ཚོགས་སྤྱོད་ཆུང་བ་བཅུ་དྲུག་པའི་རྟོགས་ པ་བ། སྔོན་གྱི་རྒྱལ་བ་ལ་བྱ་བ་བྱས་སོགས་བསེ་རུ་ལྟ་བུ་ཚོགས་ལམ་པ་ཞེས་ (བུ་སྟོན། ) གསུང་ ངོ༌། །དང་པོ་གསུམ་ཡང་དག་པར་བསྒྲུབས་པའི་རིགས། ཆོས་ཉིད་ཀྱིས་ཐོབ་པའི་རིགས། རང་བྱང་ཆུབ་ཏུ་ངེས་པའི་རིགས་ཞེས་འགྲེལ་ཆེན་ནོ། །དེ་ལྟ་བུའི་གང་ཟག་ལམ་པ་གང་ཟག་ གི་རྟེན་དང༌། སྤྲུལ་བའི་མེ་ཏོག་དངོས་པོར་མེད་ཀྱང་ཀུན་རྫོབ་ཏུ་ཡུལ་དུས་སོ་སོར་སྣང་བ་ བཞིན་དུ་དངོས་པོར་གྱུར་པའི་རྟེན་ཆོས་ཉིད་མེད་ཀྱང་རྟོགས་པ་སོ་སོར་ངེས་པ་འཐོབ་པའི་ རྟེན་རང་བཞིན་གྱིས་དབང་འབྲིང་གིས་སེམས་ཀྱི་ཆོས་ཉིད་རིགས་ཀྱི་རྟེན་དང་གསུམ་གྱིས་ ཡང་དག་པར་བསྡུས་པའི་ལམ་ནི་བསེ་རུ་སྟེ་རང་སངས་རྒྱས་ཀྱི་ལམ་ཡིན་པར་ཤེས་པར་ བྱའོ། །མེ་ཏོག་འདི་དག་ནི་སྤྲུལ་བའོ། །ཞེས་སོགས་སོ། །འགྲེལ་པ་ལ། རང་སངས་རྒྱས་ཀྱི་ ལམ་ཆོས་ཅན། ཉན་ཐོས་ཀྱི་ལམ་ལས་ཁྱད་པར་དུ་འཕགས་པ་ཡིན་ཏེ། སྔར་ཇི་སྐད་བཤད་ པའི་བདེན་པ་བཞིའི་རྣམ་པ་བཅུ་དྲུག་བསྒོམ་པ་ཁོ་ན་དང་ལུགས་འབྱུང་ལུགས་བཟློག་གི་ དངོས་པོ་སྟེ་རྣམ་པ་ཇི་ལྟ་བ་བཞིན་དུ་རྟོགས་ནས་རྟེན་ཅིང་འབྲེལ་བར་འབྱུང་བ་བསྒོམ་པའི་ མཐུས་གོ་རིམ་བཞིན་དུ་ཕྱིའི་གཟུང་བ་བདེན་པར་འཛིན་པའི་རྣམ་པར་རྟོག་པ་སྤངས་པའི་ བྲལ་འབྲས་ཅན་དང༌། ནང་འཛིན་པའམ་སེམས་བདེན་པར་འཛིན་པའི་རྣམ་རྟོག་མ་སྤངས་ སམ་སྤོང་མི་ནུས་པ་དང༌། རང་སངས་རྒྱས་ཀྱི་ཐེག་པས་བསྡུས་པའི་བརྟེན་པའི་ཆོས་སྒྲུབ་ པའམ་རྟོགས་པའི་རྟེན་ནམ་གཞི་ལམ་པ་གང་ཟག་དང༌། ཆོས་ཉིད་རིགས་ཀྱི་རྟེན་དང་ཁྱད་ པར་གསུམ་ལྡན་ཡིན་པའི་ཕྱིར་གྱིས་སོ། །ལམ་བསྟན་ནས། དེ་ཤེས་པའི་ལམ་ཤེས་སྟོན་ 2-1-32 པ་དེ་ཁྱད་པར་དེ་གསུམ་དང་ལྡན་པའི་ཆོས་རྟོགས་པ་སྟེ་ཐོབ་པའི་ལམ་དེ་རང་སངས་རྒྱས་ ཀྱི་ལམ་ཡིན་པར་བྱང་པས་སྦྱོར་བ་སེམས་བསྐྱེད་དང་དངོས་གཞི་མ་དམིགས་པའི་ཤེས་ རབ་རྗེས་བསྔོ་བ་དང་བཅས་ནས་ཤེས་པར་བྱའི། རང་རྒྱལ་གྱི་ལམ་དང་འབྲས་བུའི་རྣམ་པ་ ཐམས་ཅད་ཤེས་པར་ཏེ་རྒྱུད་ལ་བསྐྱེད་ནས་མངོན་དུ་ནི་མི་བྱའོ་ཞེས་བྱ་བ་ནི་རང་སངས་རྒྱས་ ཀྱི་ལམ་ཤེས་སོ། ། གསུམ་པ་ལ། སྔ་འགྲེལ་ནི། རྒྱུ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཐོབ་ན། སྔར་ཇི་ སྐད་བཤད་པའི་འཕགས་ལམ་སྐྱེ་བས་རྒྱུ་ངེས་པར་འབྱེད་པའི་ཆ་མཐུན་སྟོན་ནོ། །རྩ་འགྲེལ་ གཉིས་ནི། ཕྱིའི་གཟུགས་ལ་སོགས་པའི་ (ཤེར་འབྱུང་)གཟུང་བ་མི་དམིགས་ (ཤེར་འབྱུང་)པའི་ཕྱིར། ཕྱིའི་གཟུགས་སོགས་ཀྱི་ (གསེར་)ཆོས་བརྡ་ལས་བྱུང་བ་སྟེ་བརྡ་ཙམ་གྱིས་བཞག་པའི་བཏགས་ པ་ཙམ་ལ་དམིགས་ནས་དོན་དམ་པར་བདེན་པས་སྟོང་པའི་ཆོས་ཉིད་དང་ཡང་མི་འགལ་ བར་རབ་ཏུ་སྟོན་པ་སྟེ་ཕྱིའི་བདེན་དངོས་ཀྱིས་སྟོང་པར་རྟོགས་པ་ཤེས་རྣམ། ཕྱིའི་གཟུང་ བདེན་གྱིས་སྟོང་པ་དོན་རྣམ་དེ་ལྟར་རྟོགས་ནས་སྒོམ་པའི་རང་རྒྱལ་གྱི་སྤྱོར་ལམ་ཆ་བཞིའི་ དང་པོ་དེ་དྲོ་བར་གྱུར་པའོ། །བཏགས་པ་དང་ཡང་མི་འགལ་ལ་ཆོས་ཉིད་ཀྱང་སྟོན། ཞེས་ སོ། །ཕྱིའི་གཟུགས་ལ་སོགས་པར་སྣང་བ་ཙམ་ལ་དམིགས་ནས་ཕྱི་གཟུང་བས་བསྡུས་པའི་ ཆོས་ཀུན་དོན་དམ་པར་འགྲིབ་པ་དང་འཕེལ་བ་དང༌། སོགས་པས་ཡོངས་སུ་གཟུང་བ་དང་ མེད་པར་བྱ་བ་མེད་པ་ལ་སོགས་པས་བྱེ་བ་སྟེ་དེ་ལྟར་རྟོགས་པར་བྱ་བའི་དོན་དུ་སློབ་ཅིང་དེ་ ལྟར་རྟོགས་པ་ཤེས་རྣམ། དེ་དོན་དམ་པར་ཕྱིའི་འཕེལ་འགྲིབ་སོགས་ཀྱིས་སྟོང་པ་དོན་རྣམ། དེ་ལྟར་རྟོགས་ནས་སློབ་པའི་རང་རྒྱལ་གྱི་སྦྱོར་ལམ་ཆ་བཞིའི་གཉིས་པ་དེ་རྩེ་མོར་གྱུར་པའོ། ། གཟུགས་འཕེལ་པ་དང་འགྲིབ་པར་བྱ་བའི་ཕྱིར་མི་སློབ་པོ། །ཞེས་སོགས་སོ། །གཟུགས་ ལ་སོགས་པ་ཆོས་ཅན། ཕྱི་རོལ་དོན་གྱི་ཆོས་གང་དུ་ཡང་དོན་དམ་པར་ཡོངས་སུ་གཟུང་བྱར་ 2-1-33 མེད་དེ། ཕྱི་དོན་གྱི་ཆོས་ཐམས་ཅད་དོན་དམ་པར་ནང་ཕྱི་སྟོང་པ་དང༌། སོགས་པས་དངོས་ པོ་མེད་པའི་ (ཨཱརྱ་)ངོ་བོ་ཉིད་སྟོང་པ་ (མདོར་མེད། )ཉིད་ཀྱི་ཕྱིར། (ཨཱརྱ། ) རྟགས་གྲུབ་སྟེ། དེ་ཐམས་ ཅད་དོན་དམ་པར་ངོ་བོ་ཉིད་ཀྱིས་སྟོང་པ་ཡིན་པ་ཉིད་ཀྱི་ཕྱིར། དེས་ན་གཟུགས་སོགས་སྣང་ བ་ཙམ་ལ་དམིགས་ནས་དོན་དམ་པར་ཕྱིའི་ཆོས་གང་དུ་ཡང་མི་འཛིན་པའི་རྟོགས་པ་ཤེས་ རྣམ། དེར་གཟུང་བྱར་མེད་པའི་ཆོས་ཉིད་དོན་རྣམ། དེ་ལྟར་རྟོགས་ནས་བསྒོམ་པའི་རང་ རྒྱལ་གྱི་སྦྱོར་ལམ་བཞིའི་གསུམ་པ་དེ་བཟོད་པའོ། །གཟུགས་ཡོངས་སུ་གཟུངས་པ་མེད་དེ། ཕྱི་ནང་སྟོང་པ་ཉིད་ཀྱི་ཕྱིར་ (བར་མར་འདི་བས་མེད། )ཞེས་སོགས་སོ། །གཟུགས་སོགས་སྣང་བ་ ཙམ་ལ་དམིགས་ནས་ཕྱིའི་ཆོས་ཐམས་ཅད་དོན་དམ་པར་སྐྱེ་བ་དང་འགག་པ་བླང་དོར་ཀུན་ བྱང་སོགས་མེད་པར་རྟོགས་པ་ཤེས་རྣམ། དེར་མེད་པའི་ཆོས་ཉིད་དོན་རྣམ། དེ་ལྟ་བུའི་རྣམ་ པ་ཅན་གྱི་རང་རྒྱལ་གྱི་སྦྱོར་ལམ་བཞི་པ་དེ་ནི་ཆོས་ཀྱི་མཆོག་གོ །གཟུགས་ཀྱི་སྐྱེ་བ་མི་མཐོང་ འགག་པ་དང༌། ཞེས་སོགས་སོ། །ཞེས་བྱ་བའི་རྣམ་པ་རྣམས་ཀྱིས་བདེན་པ་བཞི་ཡང་ཡིན་ དམིགས་པ་ཡང་ཡིན་པ་དེའི་དམིགས་པ་སྟེ། དེ་ལ་དམིགས་ནས་རང་རྒྱལ་གྱི་ངེས་འབྱེད་ཆ་ མཐུན་བཞི་གོ་རིམ་བཞིན་དུ་སྐྱེ་བ་ཡིན་ནོ། །ཞེས་བྱང་སེས་ཤེས་པར་ (རད་ཀིར་)བྱའོ། ། གསུམ་པ་ལ་མཚམས་སྦྱར་དང༌། ལམ་བཤད་པ་གཉིས་སོ། །དང་པོ་ནི། དམན་མཆོག་ གི་རིམ་པས་རང་སངས་རྒྱས་ཀྱི་ལམ་གྱི་མཇུག་ཐོགས་སུ་བྱང་པའི་ལམ་འཆད་དོ། ། གཉིས་པ་ལ་གཉིས་ཏེ། མཐོང་ལམ་ཤེས་པ་ཕན་ (དག་ལྡན་)ཡོན་དང་བཅས་པ། སྒོམ་ ལམ་ཤེས་པ་བྱེད་པ་དང་བཅས་པའོ། ། དང་པོ་ལ། སྤྱི་དང༌། ཡན་ལག་གི་དོན་གཉིས་སོ། །དང་པོ་ལ། རྟེན་དང་བརྟེན་པ་གཉིས་ ལས། དང་པོ་ལ་ལུས་རྟེན་ནི། སྦྱོར་ལམ་ཆོས་མཆོག་གང་ལ་སྐྱེ་བ་སྟེ། འདོད་པའི་རྟེན་ཁོ་ ན་ལ་དང་པོ་སྐྱེའོ། །སེམས་རྟེན་ནི། བྱེ་བྲག་སྨྲ་བ་ནི། བསམ་གཏན་ས་དྲུག་ལ་བརྟེན་པར་ 2-1-34 འདོད་དོ། །འདིར་བསམ་གཏན་བཞི་པའི་རབ་མཐའ་ཞེས་པ་འདོད་པ་ནས་སྲིད་རྩེའི་བར་ ཕྱིན་ནས་སྲིད་རྩེ་ནས་འདོད་པའི་བར་དུ་ལོག་སྟེ་ཡང་བསམ་གཏན་བཞི་པའི་བར་རྫོགས་ པར་བྱས་པ་སྟེ་དེ་ལ་བརྟེན་ནོ་ཞེས་སོ། ། གཉིས་པ་ལ། རྒྱུ། ངོ་བོ། འབྲས་བུ་གསུམ་མོ། །དང་པོ་ནི། ཚོགས་ལམ་དུ་བདེན་བཞི་ བདག་གཉིས་མེད་པར་ཐོས་བསམ་གྱིས་རྟོགས་པའི་བག་ཆགས་སྦྱོར་ལམ་གྱིས་གསོས་ བཏབ་པ་དེ་རྒྱུའི་རྐྱེན་ནོ། །ཐེག་བསྡུས་སུ། ཐོས་སོགས་བག་ཆགས་མེད་པར་ནི། །དེ་འབྲས་ སྐྱེ་བ་མི་རིགས་ཕྱིར། །ཞེས་སོ། །བདག་མེད་གཉིས་བསམ་གཏན་ཀྱི་ཉེར་བསྡོགས་སམ་ དངོས་གཞི་ལ་བརྟེན་ནས་བསྒོམ་པའི་སྦྱོར་ལམ་ནི་བདག་རྐྱེན་ནོ། །བདེན་བཞིའི་ཇི་ལྟ་ཇི་ སྙེད་པ་དམིགས་རྐྱེན། ཆོས་མཆོག་ཆེན་པོ་དེ་མ་ཐག་རྐྱེན་ནོ། ། གཉིས་པ་ལ། མཚན། མཚོན། གཞི་གསུམ་ལས། དང་པོ་ནི། སྦྱོར་ལམ་ཆོས་མཆོག་ གི་མཇུག་ཏུ་སྐྱེས་པའི་ཅིར་ཡང་མི་དམིགས་པའི་ཏིང་ངེ་འཛིན་དང་མཚུངས་ལྡན་ཅན་གྱི་ འཇིག་རྟེན་ལས་འདས་པའི་ཡེ་ཤེས་གང་ཞིག ཟག་མེད་ཀྱི་ལམ་གསུམ་གྱི་ཐོག་མར་གྱུར་ པའོ། །དེ་ནས་དེ་ནི་འཇིག་རྟེན་ལས། །འདས་པའི་ཡེ་ཤེས་བླ་མེད་པ། །རྣམ་པར་མི་རྟོག་ དྲི་མ་མེད། །འཛིན་པ་གཉིས་དང་བྲལ་བ་ཐོབ། །ཅེས་དང༌། ཀུན་བཏུས་སུ། མདོར་བསྡུ་ན་ འཇིག་རྟེན་པའི་ཆོས་ཀྱི་མཆོག་གི་མཇུག་ཐོགས་སུ་མི་དམིགས་པའི་ཏིང་ངེ་འཛིན་དང་ཤེས་ རབ་མཚུངས་པར་ལྡན་པ་དང་བཅས་པ་སྟེ། ཞེས་སོགས་བཤད་དོ། །གང་ཞིག ཆོས་ཉིད་ མཐོང་བ་དང་ཆོས་ཅན་མཐོང་བ་རིམ་བཞིན་ཇི་ལྟ་ཇི་སྙེད་མཁྱེན་པའི་བྱང་སེའི་མཐོང་ལམ་ གྱི་མཚན་ཉིད་དོ། ། གཉིས་པ་ནི། ཆོས་ཉིད་སྔར་མ་མཐོང་གསར་དུ་མངོན་སུམ་དུ་མཐོང་བས་མཐོང༌། དེ་ ཁོ་ནའི་དོན་ཚོལ་བས་སམ། བྱང་ཆུབ་ཏུ་བགྲོད་པས་ལམ་མོ། །མ་མཐོང་མཐོང་ཕྱིར་མཐོང་ 2-1-35 བའི་ལམ། །ཞེས་མཛོད་ལས་སོ། །གསུམ་པ་ལ། འདོད་ལུགས་མང་དུ་སྣང་སྟེ། གཉལ་པ་ སོགས། མཐོང་ལམ་རྫས་གཅིག་ལ་ལྡོག་པ་དུ་མར་སྐྱེ་ཞེས་དང༌། འབྲོམ་སོགས། བཟོད་པ་ བར་ཆད་མེད་ལམ་དང་ཤེས་པ་རྣམ་གྲོལ་ལམ་རྫས་གཉིས་སུ་སྐྱེ་ཞེས་དང༌། འབྲེ་སོགས་ནི། ཆོས་བཟོད་ཆོས་ཤེས་རྗེས་བཟོད་རྗེས་ཤེས་རྫས་བཞིར་སྐྱེ། ཞེས་དང༌། བུདྡྷ་ཤྲཱི་ནི། དབང་བོ་ རྣོ་རྟུལ་གྱི་བྱེ་བྲག་གིས་སྐད་ཅིག་གཅིག་དང་གཉིས་དང་བཅུ་དྲུག་ལ་སོགས་པར་སྐྱེའོ་ཞེས་ དང༌། བྱེ་བྲག་ཏུ་སྨྲ་བ། མཐོང་ལམ་སྐད་ཅིག་བཅོ་ལྔ་ཁོ་ན་ཡིན་ལ་བཅུ་དྲུག་པ་ནི་སྒོམ་ལམ་ ཡིན་ཅིང་མཐོང་ལམ་མིན་ཟེར་རོ། །འོད་ཟེར་མགོན་པོ་སོགས། སྐད་ཅིག་བཅུ་དྲུག་ཏུ་སྐྱེ་བ་ སེམས་ཙམ་ལུགས། སྐད་ཅིག་གཅིག་ཏུ་སྐྱེ་བ་དབུ་མའི་ལུགས་ཞེས་སོགས་ནི་ནོར་བ་ཁོ་ན་ ཡིན་ཅིང་ཕལ་ཆེར་ལུང་གི་སྙེ་མར་ལེགས་པར་བཀག་ཟིན་པས་ཤི་ཟིན་པ་ལ་མཚོན་བསྣུན་ མི་དགོས་སོ། །འོན་ཀྱང་ཐུབ་དགོངས་སུ་ཡང༌། བདེན་བཞི་རྟེན་འབྲེལ་ཡིན་པས་རང་བཞིན་ གྱིས་སྐྱེ་འགག་མེད་པར་ཆོས་ཤེས་པས་མཐོང་བའི་ཕྱིར་མངོན་པར་རྟོགས་པ་གཅིག་ཁོ་ནའོ། ། ཞེས་དང༌། གལ་ཏེ་སྐད་ཅིག་གཅིག་ལ་དེ་ཁོ་ན་ཉིད་མཐོང་ན་ཅི་ལྟར་མཐོང་བའི་ལམ་སྐད་ ཅིག་བཅུ་དྲུག་ཏུ་རྣམ་པར་བཞག་ཅེ་ན། ངོ་བོ་གཅིག་པའི་ཡེ་ཤེས་དེ་ཁོ་ན་ལ་ཆ་རྣམས་རྣམ་ པར་ཕྱེ་ནས་སྐད་ཅིག་བཅུ་དྲུག་རྣམས་སུ་བཞག་པར་བྱ་སྟེ་རྣམ་པ་དེ་ལྟ་བུས་གདུལ་བར་བྱ་ བའི་སྐྱེ་བོ་ལ་དེ་ཉེ་བར་བསྟན་པ་ལས་རྗེས་སུ་འཛིན་པའི་ཕྱིར་རོ། །གལ་ཏེ་དེ་ལྟར་ན་ཅི་ ལྟར་རྣམ་པ་བཅུ་དྲུག་ཏུ་ལམ་བསྒོམ་ཞེ་ན། འདི་ཡང་ཐར་བ་འདོད་པ་རྣམས་རྣམ་པ་གཞན་ གྱིས་དེ་ཁོ་ན་ཉིད་ཤེས་པ་ལ་གཞུག་པའི་དོན་དུ་ཡོངས་སུ་བརྟགས་ནས་རྣམ་པར་བཞག་གི་ དེ་ཁོ་ན་ཉིད་ནི་གཅིག་ཁོ་ནའོ་ཞེས་སོགས་དང༌། འགྲེལ་ཆེན་དུ། བདེན་པ་རྣམས་ཀྱི་མངོན་ པར་རྟོགས་པ་གཅིག་པ་ཉིད་ཀྱི་ཕྱིར། དེ་བས་ན་ས་དང་པོའི་སྐད་ཅིག་མ་དང་པོ་ནི་མཐོང་ བའི་ལམ་ཡིན་ནོ། །དེ་ལས་གཞན་སྐད་ཅིག་གཉིས་པ་ལ་སོགས་པ་ནས་རྡོ་རྗེ་ལྟ་བུའི་བར་ནི་ 2-1-36 མཆོག་གི་དོན་ལ་སོགས་པར་ཆོས་ཀྱི་དབྱིངས་སོ་སོར་རྟོགས་པའི་ཕྱིར་སྒོམ་པའི་ལམ་ཡིན་ པར་བཤད་དོ། །ཞེས་དང༌། ཐུབ་དགོངས་སུ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའི་ སྐད་ཅིག་ཁོ་ན་ལ་མཐོང་བའི་ལམ་དང༌། སྡུག་བསྔལ་ལ་ཆོས་ཤེས་པ་ལ་སོགས་པ་རྣམས་ ནི་སྒོམ་པའི་ལམ་མོ་ཞེས་བརྗོད་པ་དེ་ནི་ (བདེན་བཞི་)སོ་སོར་རྟོགས་པའི་མངོན་པར་རྟོགས་པ་ ལས་སྐད་ཅིག་གཅིག་པོ་མངོན་པར་རྟོགས་པར་བྱ་བས་མངོན་པར་རྟོགས་པ་མཐོང་བའི་ ལམ་སྟེ་མ་རིག་པ་དང་བཅས་པའི་འཁོར་བ་བརྒྱུད་པ་ཐོག་མ་མེད་པ་རྣམས་སུ་མ་མཐོང་ བའི་དེ་ཁོ་ན་ཉིད་མཐོང་བའི་བདག་ཉིད་ཀྱིས་ན་གཙོ་བོ་ཞེས་རྟོགས་པའི་ཆེད་དུའོ། །འཁྲུལ་ བའི་རྒྱུ་མཚན་གྱིས་སྒྲོ་བཏགས་པའི་རྣམ་པ་ཕྱིན་ཅི་ལོག་ལས་བྱུང་བའི་ཉོན་མོངས་པ་རྩད་ ནས་འབྱིན་པར་བྱེད་པ་ཉིད་ཀྱིས་ན་སྡུག་བསྔལ་ལ་ཆོས་ཤེས་པ་ལ་སོགས་པ་སྐད་ཅིག་བཅོ་ ལྔ་བོ་རྣམས་ཀྱང་མཐོང་བའི་ལམ་མོ་ཞེས་པ་ནི་ཐ་སྙད་བྱ་བ་ཁོ་ནའོ། །སྒོམ་པའི་ལམ་དུ་ གསུངས་པས་ཀྱང་མཐོང་བའི་ལམ་བཏགས་པ་བའོ་ཞེས་གསལ་བར་བྱས་སོ། །གཞན་དུ་ན་ ཤིང་རྟ་ཆེན་པོ་རྣམས་ཀྱིས་ཐེག་པ་ཆེན་པོར་མཐོང་བའི་ལམ་སྐད་ཅིག་བཅུ་དྲུག་གོ་ཞེས་མང་ དུ་བསྟན་པ་དང་ཅི་ལྟར་མི་འགལ། ཞེས་སོགས་ཏེ། མདོར་ན་བདེན་བཞིའི་ཆོས་ཉིད་མངོན་ སུམ་དུ་རྟོགས་པའི་ཆ་ནས་སྐད་ཅིག་གཅིག་གམ་ངོ་བོ་གཅིག་ཏུ་བཤད་དེ། ཤེར་འབྱུང་གིས། དེས་ན་ཆོས་ཀྱི་དབྱིངས་ནི་སྐད་ཅིག་ལ་རྟོགས་པ་ཅན་ནོ། །དེ་གཅིག་པའི་ཕྱིར་ན་ལམ་ཡང་ སྐད་ཅིག་གཅིག་ཉིད་དོ། །ཞེས་སོ། །སྤང་བྱ་སྤོང་ཚུལ་དང་ངེས་པ་འདྲེན་ཚུལ་གྱིས་སྐད་ཅིག་ བཅུ་དྲུག་ཏུ་འགྱུར་ཏེ། སྔར་དྲངས་པའི་ཨ་བྷ་ཡའི་ལུང་ (བཅོ་ལྔ་བོ་རྣམས་ཀྱང་ཞེས་སོགས་སོ། ། )ལྟར་ དང༌། འགྲེལ་ཆེན་དུ། སྡུག་བསྔལ་མཐོང་བས་སྤང་བའི་དུས་སུ་ཀུན་འབྱུང་སྤོང་ངོ༌། །དེ་ ཉིད་ཀྱི་ཕྱིར་འགོག་པ་མངོན་དུ་བྱས་སོ། །དེ་ཡང་གཞན་དུ་མི་འཐད་པས་ལམ་བསྒོམས་སོ། ། ཀུན་འབྱུང་སོགས་ལའང་དེ་བཞིན་ནོ། །ཞེས་པས། འབྲས་བུའི་མངོན་པར་རྟོགས་པ་ལས་ 2-1-37 ཐེག་ཆེན་པོར་མཐོང་བའི་ལམ་སྐད་ཅིག་གཅིག་གི་མངོན་པར་རྟོགས་པར་བལྟ་བར་བྱ་ལ། བདེན་པ་སོ་སོ་ལ་སླར་ཡང་ཕྱིན་ཅི་ལོག་བསལ་བས་སོ་སོར་རྟོགས་པའི་མངོན་པར་རྟོགས་ པ་ལས་སྐད་ཅིག་བཅུ་དྲུག་ཁོ་ནས་མངོན་པར་རྟོགས་པར་བྱ་སྟེ། ཞེས་དང༌། ཐུབ་དགོངས་སུ། དེ་ཡན་སྨོས་ནས་ཟེར་བ་དེའི་ལུགས་ཀྱིས་སྐད་ཅིག་བཅུ་དྲུག་རྣམས་ཀྱང་གཙོ་བོའི་ (འམ་དངོས་) མཐོང་བའི་ལམ་མོ་ཞེས་གསལ་ལོ། །ཞེས་སོ། །(ཤེར་འབྱུང་གིས་ཀྱང༌། བཅུ་དྲུག་པོ་ཀུན་བཏུས་ལྟར་བཤད་ ནས། ཅི་ལྟར་མཐོང་ལམ་སྐད་ཅིག་གཅིག་ལ་མངོན་པར་རྟོགས་པར་བཤད་ཅེ་ན། འབྲས་བུའི་མངོན་པར་རྟོགས་པ་ལ་དགོངས་ པའི་ཕྱིར་རོ། །འདི་ལྟར་བཤད་ཟིན་པའི་ལམ་གྱིས་སྡུག་བསྔལ་སྤོང་བ་ནི་ཀུན་འབྱུང་སྤོང་བ་མེད་པར་མི་འབྱུང་ལ་དེ་ཉིད་ཀྱང་ འགོག་པ་ཡིན་ནོ། །དེས་ན་འབྲས་བུ་གཅིག་ཉིད་ཡིན་པའི་ཕྱིར་མཐོང་ལམ་སྐད་ཅིག་མངོན་པར་རྟོགས་པ་ཡིན་ནོ། །གལ་ཏེ་སྐད་ ཅིག་མ་བཅུ་དྲུག་གིས་རྟོགས་པའི་རྣམ་པ་ཐ་དད་པ་དེ་ལྟ་ནའང་ཆོས་ཀྱི་དབྱིངས་རྟོགས་པ་ལ་ནི་ཐ་དད་པ་ཅི་ཡང་མེད་དོ་ཞེས་ སོ། ། ) དེ་ལ་སྐད་ཅིག་བཅུ་དྲུག་ནི། ཆོས་མཆོག་གི་མཇུག་ཐོགས་སུ་སྡུག་བདེན་མངོན་སུམ་དུ་ གྱུར་པའི་ཟག་མེད་ཀྱི་ཤེས་རབ་སྡུག་བསྔལ་མཐོང་སྤང་སྤོང་བའི་བར་ཆད་མེད་ལམ་དེ་སྡུག་ བསྔལ་ཆོས་བཟོད། དེའི་མཇུག་ཐོགས་སུ་སྡུག་བསྔལ་མཐོང་སྤང་གིས་རྣམ་གྲོལ་མངོན་དུ་ བྱེད་པའི་ཟག་མེད་ཀྱི་ཤེས་རབ་ཆོས་ཤེས། དེའི་མཇུག་ཐོགས་སུ་དེ་གཉིས་འཕགས་ཆོས་ རྣམས་ཀྱི་རྒྱུར་རྟོགས་པའི་ཟག་མེད་ཡེ་ཤེས་རྗེས་བཟོད། དེའི་མཇུག་ཐོགས་སུ་དེ་ངེས་པར་ འཛིན་པ་རྗེས་ཤེས་ཏེ་བདེན་པ་གཞན་གསུམ་ལ་ཡང་དེ་བཞིན་ནོ། །ཆོས་བཟོད་ཆོས་ཤེས་ ཀྱི་ཡུལ་རྟོགས་སོ། །རྗེས་བཟོད་རྗེས་ཤེས་ཀྱིས་ཡུལ་ཅན་རྟོགས་སོ། །ཞེས་ཀུན་བཏུས་སོ། ། ཡུལ་ནི་དེ་བཞིན་ཉིད་དང་ཡུལ་ཅན་ནི་དེའི་ཡུལ་ཅན་གྱི་ཡང་དག་པའི་ཡེ་ཤེས་ཏེ། འཇིག་ རྟེན་ལས་འདས་པའི་ལམ་གྱི་ཡུལ་ནི་གཉིས་ཏེ། དེ་བཞིན་ཉིད་དང་ཡང་དག་པའི་ཡེ་ཤེས་སོ། ། ཞེས་དེའི་འགྲེལ་པར་རོ། །ཀུན་བཏུས་སུ། སོ་སོ་རང་ལ་སྡུག་བསྔལ་ཀྱི་བདེན་པ་མངོན་ སུམ་དུ་གྱུར་པའི་ཟག་པ་མེད་པའི་ཤེས་རབ་སྟེ་གང་གིས་སྡུག་བསྔལ་མཐོང་བས་སྤང་བར་ 2-1-38 བྱ་བའི་ཉོན་མོངས་པ་སྤོང་བ་དེ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ཞེས་བྱའོ། །སྡུག་ བསྔལ་ལ་ཆོས་ཤེས་པ་གང་ཞེ་ན། ཤེས་པ་གང་གིས་བཟོད་པའི་མཇུག་ཐོགས་སུ་རྣམ་པར་ གྲོལ་བ་མངོན་དུ་བྱེད་པའོ། །བསྡུག་བསྔལ་ལ་རྗེས་སུ་རྟོགས་པར་ཤེས་པའི་བཟོད་པ་གང་ ཞེ་ན། སྡུག་བསྔལ་ལ་ཆོས་ཤེས་པའི་མཇུག་ཐོགས་སུ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་ པ་དང་སྡུག་བསྔལ་ལ་ཆོས་ཤེས་པ་འདི་གཉིས་འཕགས་པའི་ཆོས་རྣམས་ཀྱི་རྒྱུའོ་ཞེས་སོ་ སོ་རང་ལ་མངོན་སུམ་དུ་གྱུར་པའི་ཟག་པ་མེད་པའི་ཤེས་རབ་པོ། །སྡུག་བསྔལ་ལ་རྗེས་སུ་ རྟོགས་པའི་ཤེས་པ་གང་ཞེ་ན། ཤེས་པ་གང་གིས་རྗེས་སུ་རྟོགས་པའི་བཟོད་པ་དེ་ངེས་པར་ འཛིན་པའོ། ། དེ་བཞིན་དུ་བདེན་པ་ལྷག་མ་རྣམས་ལ་ཡང་བཟོད་པ་དང་ཤེས་པ་རྣམས་ཅི་རིགས་ སུ་ཤེས་པར་བྱའོ། །དེ་ལ་ཆོས་ཤེས་པའི་བཟོད་པ་དང་ཆོས་ཤེས་པ་རྣམས་ཀྱིས་ནི་གཟུང་ བ་རྟོགས་སོ། །རྗེས་སུ་རྟོགས་པའི་བཟོད་པ་དང་ཤེས་པ་རྣམས་ཀྱིས་ནི་འཛིན་པ་རྟོགས་ སོ། །བཟོད་པ་དང་ཤེས་པ་ཐམས་ཅད་ལ་ཡང་མཚན་མ་མེད་པར་གནས་པའི་རྣལ་འབྱོར་ ཅན་དུ་རིག་པར་བྱའོ། །སེམས་ཀྱི་སྐད་ཅིག་མ་བཅུ་དྲུག་པོ་འདི་དག་ནི་མཐོང་བའི་ལམ་མོ། ། སེམས་གྱི་སྐད་ཅིག་ནི་ཤེས་བྱ་ལ་ཤེས་པ་འབྱུང་བ་ཡོངས་སུ་རྫོགས་པར་རིག་པར་བྱའོ། ། ཞེས་སོ། །དེས་ན་དུས་མཐའི་སྐད་ཅིག་མིན་གྱི་བྱ་རྫོགས་ཀྱི་སྐད་ཅིག་ཡིན་ཏེ། མི་ཁོམ་ བརྒྱད་སྤངས་པའི་དལ་བ་ལ་སྐད་ཅིག་ཟེར་བ་བཞིན་ནོ། །ཨ་བྷ་ཡས། འཇིག་རྟེན་ལས་ འདས་པའི་ཡེ་ཤེས་ཀྱི་རྗེས་ལ་ཐོབ་པ་རང་གི་རྟོགས་པ་གཅོད་པ། ཞེས། ཆོས་ཤེས་རྣམས་ རྗེས་ཐོབ་ཏུ་བཤད་ཅིང༌། ཀུན་བཏུས་དང་མི་འགལ་ཏེ། ཆོས་བཟོད་རྟོགས་པའི་ཆ་ནས་རྗེས་ ཐོབ་དང་སྡུག་བསྔལ་མཐོང་སྤང་སོགས་ཀྱི་རྣམ་པར་གྲོལ་བའི་དེ་བཞིན་ཉིད་དག་པ་རྟོགས་ པའི་ཆ་ནས་མཚན་མ་མེད་པའི་རྣལ་འབྱོར་ཅན་དུ་གསུངས་པ་ཡིན་ནོ། །དེས་ན་མཐོང་སྤང་ 2-1-39 བཞི་རྣམས་ཀྱང་རིམ་གྱིས་སྤོང་སྟེ། ཆོས་བཟོད་བཞི་རིམ་གྱིས་སྐྱེ་བར་བཤད་པས་སོ། །རྒྱུད་ བླར། ཇི་ལྟར་མྱུག་སོགས་རིམ་སྐྱེ་བས། །ས་བོན་ཤུན་པ་གཅོད་པ་ལྟར། །དེ་བཞིན་དེ་ཉིད་ མཐོང་བ་ཡིས། །མཐོང་སྤང་རྣམས་ནི་ལྡོག་པར་འགྱུར། །ཞེས་སོ། །བསྡུ་བར། མཐོང་བས་ སྤང་བར་བྱ་བ་ནི་གཅིག་ཅར་སྤོང༌། ཞེས་སོགས་ནི། སྡུག་བསྔལ་ཆོས་བཟོད་སྐྱེས་པ་དང་ སྡུག་བསྔལ་མཐོང་སྤང་གཅིག་ཅར་སྤོང་བ་ལྟ་བུ་ལ་དགོངས་ཀྱི་ཐམས་ཅད་མིན་ཏེ། སྦྱོར་ བ་ཉེར་བསྡོགས་དང་འཇུག་པ་བར་ཆད་མེད་ལམ་གྱིས་སྤོང་བའི་ཁྱད་བཤད་པ་དང༌། ཐུབ་ དགོངས་སུ། དེ་ལ་ཉོན་མོངས་པ་སྤང་བའི་ཕྱིར་བར་ཆད་མེད་པའི་ལམ་གྱི་རང་བཞིན་སྡུག་ བསྔལ་ལ་སོགས་པ་མཐོང་བ་བརྒྱད་རྣམས་བཟོད་པ་ཞེས་བརྗོད་ལ། རྣམ་པར་གྲོལ་བའི་ ལམ་གྱི་ངོ་བོ་ཉོན་མོངས་པ་དང་བྲལ་བ་མངོན་དུ་བྱེད་པ་རྣམས་ནི་ཤེས་པ་བརྒྱད་རྣམས་ཏེ། ཞེས་དང༌། བཟོད་པ་བརྒྱད་རྐུན་པོ་འབྱིན་པ་ལྟ་བུའི་བྱ་བ་ཅན། ཤེས་པ་བརྒྱད་སྒོ་འཕར་ གཅོད་པའི་ཚུལ། ཞེས་དང༌། ཆོས་བཟོད་ཆོས་ཤེས་ཀྱིས་འདོད་པའི་མཐོང་སྤང་སྤོང༌། རྗེས་ བཟོད་རྗེས་ཤེས་ཀྱིས་ཁམས་གོང་གི་སྤོང་བར་བཤད་དེ་མཛོད་དང་མཐུན་ནོ། །བྱེ་བྲག་སྨྲ་ བ། མཐོང་ལམ་ལ་རྗེས་ཐོབ་མེད་པར་འདོད་ཀྱང༌། ཐེག་པ་ཐུན་མོང་བའམ་ཆེན་པོ་ལྟར་ ན། རྗེས་ཐོབ་ཡོད་པར་བཤད་དེ་གཞུང་དུ་སྟོན་ནོ། །འོ་ན་དུས་ཇི་ཙམ་ཞེ་ན། ངེས་པ་མེད་ དེ། འཕགས་པ་ཀླུ་སྒྲུབ་ས་དང་པོ་བསྒྲུབས་ནས་བདེ་བ་ཅན་དུ་གཤེགས་པར་བཤད་པས་ ལོ་མང་བོར་ཡང་བཞུགས་པའི་ཕྱིར་དང༌། མྱུར་བར་དེ་ལས་འདས་ནས་ས་གོང་མར་འཇུག་ པའང་ཡོད་དེ། ཆོས་བཤེས་ཀྱིས། དེ་ལྟར་ན་མཐོང་བའི་ལམ་ལ་དུས་ཇི་སྙེད་ཅིག་ཐོགས་ཞེ་ ན། འདི་ནི་བྱང་སེའི་ཤེས་རབ་དང་བརྩོན་འགྲུས་དང་དད་པའི་རྗེས་སུ་འབྲང་བས་གཅིག་ཏུ་ ཆད་པ་ཅི་ཡང་མེད་དེ། ཞེས་པ་ལྟར་རོ། །རྒྱས་པར་ལུང་སྙེ་སོགས་ལས་ཤེས་པར་བྱའོ། ། གསུམ་པ་ནི། རྣམ་བཅད་ལ་མཐོང་སྤང་ས་བོན་དང་བཅས་པ་སྤངས་པས་འཇིགས་པ་ 2-1-40 ལྔ་དང་བྲལ་ལོ། །ཡོངས་གཅོད་ལ་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་དགའ་བ་དགུ་སྨོན་ལམ་ དང་འབད་པ་བཅུ་རྣམ་དག་བརྒྱད་བྱང་སེའི་རྒྱན་བཞི་སྣང་བ་བརྒྱད་སྙིང་རྗེ་བཅུ་དྲུག་ལས་ སོ་གཉིས། སྟོབས་བཅུ་མི་འཇིགས་པ་བཞི་མ་འདྲེས་བཅྭོ་བརྒྱད་སོགས་ (བུ་སྟོན་རིན་པོ་ཆེའི་ལྷན་ ཐབས་མཛད་པར་ལྟོས། )འཐོབ་སྟེ་གཟུངས་ཀྱི་དབང་ཕྱུག་རྒྱལ་བོའི་མདོར་བལྟའོ། །མཐར་ཐུག་ སངས་རྒྱས་ཀྱི་ས་ཀུན་དུ་འོད་འཐོབ་པོ། ། གཉིས་པ་ལ། བསྟན། བཤད་གཉིས་ལས། དང་པོ་ལ། རྩ་བ་ནི། སྡུག་བསྔལ་ཀུན་ བདེན་དང་འགོག་པ་ལམ་བདེན་ལ་བཟོད་པ་དང་ཤེས་པའི་སྐད་ཅིག་རྣམ་པ་བཞི་བཞི་ཡིས་ མཐོང་བའི་ལམ་ཕན་ཡོན་ཆེན་པོ་དང་བཅས་པ་འདི་བཤད་དེ། གང་དུ་ན་ལམ་ཤེས་ཉིད་ཀྱི་ སྐབས་ལའམ་སུའོ། །ཡུམ་ནི་རབ་འབྱོར་གྱི་ལེའུ་ལས་བཙལ་བར་བྱའོ། །ཞེས་སོ། །འགྲེལ་ པ་ནི། བྱང་པས་བསྒོམ་པར་བྱ་བ་ཆོས་ཤེས་པའི་བཟོད་པ་སོགས་ནས་བདེན་པ་དང་ཡུལ་ ཡུལ་ཅན་དུ་འབྲེལ་བ་དང་ལྡན་པ་བདུད་ཀྱིས་གླགས་མི་རྙེད་ནད་མེད་སོགས་ཚེ་འདི་དང༌། སྐྱེ་བ་དྲན་པ་དང་སངས་རྒྱས་ཐོབ་པ་སོགས་ཚེ་གཞན་པའི་ཡོན་ཏན་དང་ལྡན་པ་ནི། མཐོང་ བའི་ལམ་ཕན་ཡོན་ཅན་ཞེས་ལམ་ཤེས་ཉིད་ཀྱི་སྐབས་སུ་བརྗོད་དོ། །ཆོས་ནི་སྡུག་བསྔལ་གྱི་ དབང་དུ་བྱས་ནས་བསྟན་པའི་ཆོས་མི་རྟག་སོགས་སོ། །ཤེས་པ་ནི་སྦྱོར་ལམ་དུ་སྡུག་བསྔལ་ གྱིས་ཆོས་ལ་རྣམ་པར་དཔྱོད་པའི་ཤེས་པའོ། །བཟོད་པ་ནི་སྔར་རྣམ་པར་དཔྱད་པའི་དབང་ དུ་བྱས་ནས་སོ་སོ་རང་ལ་སྡུག་བསྔལ་མངོན་སུམ་དུ་གྱུར་ཀྱང་མི་སྐྲག་པའོ་ཞེས་ཀུན་ (ཐུབ་ དགོངས་)བཏུས་སུ་སྟེ་ཤེས་པ་ལྷག་མ་རྣམས་སྦྱོར་ལམ་མིན་ནོ། །གསེར་ནི། སྡུག་བསྔལ་གྱི་ ཆོས་མི་རྟག་སྡུག་བསྔལ་སོགས་མི་དམིགས་པར་ཤེས་པ་ལ་བཟོད་པ་ནི་འདོད་པ་སྟེ་ཆོས་ ཤེས་པའི་བཟོད་པའོ། །འདོད་པ་སྔོན་དུ་འགྲོ་བའི་ཆོས་དེ་ལ་དེ་བཞིན་དུ་ཤེས་པ་ནི་ཆོས་ ཤེས་པའོ། །དེ་བཞིན་དུ་སྡུག་བསྔལ་མ་སྐྱེས་པ་ལ་སོགས་པར་མི་དམིགས་པའི་ཚུལ་གྱིས་ 2-1-41 སྔ་མའི་རྗེས་སུ་ཤེས་པ་ནི་རྗེས་བཟོད་རྗེས་ཤེས་ཡང་དེ་བཞིན་ནོ། །ཞེས་སོ། །ཨ་བྷ་ཡ་ནི། འདོད་པའི་སྡུག་བསྔལ་རྟོགས་རྗེས་སུ་ཁམས་གོང་གི་སྡུག་བསྔལ་ཤེས་པས་རྗེས་བཟོད། ཅེས་སོགས་ཏེ་མཛོད་དུ་ཡང་ངོ༌། ། གཉིས་པ་ལ། གསུམ་ལས། མཚམས་སྦྱར་ནི། བཅུ་དྲུག་གི་རྣམ་པ་ཇི་ལྟ་བུ་བསྒོམ་པར་ བྱ་ཞེ་ན། རྩ་བ་དང། འགྲེལ་པ་གཉིས་ལས། མཐོང་ལམ་རྣམ་པའི་སྒོ་ནས་བཤད། རྣམ་པ་ མ་བཤད་པར་འདོད་པ་དགག་པའོ། །དང་པོ་ནི། གཟུགས་སོགས་སྡུག་ (དག་ལྡན་)བདེན་ལ་ དམིགས་ནས་དེ་ལ་སོགས་ཀྱི་དེ་བཞིན་ཉིད་དང་དེ་རྟོགས་རྫོགས་པའི་སངས་རྒྱས་དག་ལ་ དོན་དམ་པའི་ཚུལ་ཉིད་ཀྱིས་རྫས་ཐ་དད་པའི་རྟེན་དང་བརྟེན་པའི་དངོས་པོ་མེད་པའི་ཕྱིར། ཕན་ཚུན་རྫས་ཐ་དད་པའི་རྣམ་གྲངས་ཏེ་རྟེན་དང་བརྟེན་པས་གནས་པར་ཁས་མི་ལེན་པ་ནི་ མ་རྟོགས་པ་སྟེ། མདོར་ན་དེ་དག་དོན་དམ་པར་རྫས་ཐ་དད་པའི་རྟེན་དང་བརྟེན་པར་མེད་ པར་རྟོགས་པ་ཤེས་རྣམ། དེར་མེད་པའི་ཆོས་ཉིད་དོན་རྣམ། དེ་ལྟར་རྟོགས་ནས་བསྒོམ་ པའི་མཐོང་ལམ་སྐད་ཅིག་བཅུ་དྲུག་གི་དང་པོ་དེ་སྡུག་བསྔལ་ཆོས་བཟོད་དེ། གཟུགས་ཀྱི་ དེ་བཞིན་ཉིད་ལ་དེ་པ་མི་དམིགས་སོ། །དེ་པ་ལ་ཡང་གཟུགས་ཀྱི་དེ་བཞིན་ཉིད་མི་དམིགས་ སོ། །ཞེས་སོགས་ (ཨཱརྱ་)སོ། །གཟུགས་ལ་སོགས་པ་སྡུག་བདེན་ལ་དམིགས་ནས་དེའི་སྔོན་ ཕྱིའི་མཐའ་དང་དབུས་མི་དམིགས་པས་དེའི་ཆོས་ཉིད་ནི་ཆེན་ (མདོ་)པོ་ཉིད་ཡིན་ཏེ། ཆོས་ཀྱི་ དབྱིངས་ཀྱི་ངོ་བོ་ཉིད་དེ་དེ་ཡིན་པ་ཉིད་ཀྱིས་སོ། །དེས་ན་སྡུག་བདེན་གྱི་ཆོས་ཉིད་ཆེན་པོ་ དོན་རྣམ། དེ་རྟོགས་ཤེས་རྣམ། དེ་ལྟར་རྟོགས་པའི་བྱང་སེའི་མཐོང་ལམ་སྐད་ཅིག་བཅུ་དྲུག་ གི་གཉིས་པ་སྡུག་བསྔལ་ཆོས་ཤེས་སོ། །ཞེས་སོགས་འོག་མ་རྣམས་སུ་ཡང་དཔྱད་ཅིང་བྱའོ། ། གཟུགས་ཆེན་པོ་ཡིན་པའི་ཕྱིར་བྱང་སེའི་ཕར་ཕྱིན་ཆེན་པོའོ། ། ཞེས་སོགས་སོ། །དེ་བཞིན་ དུ་གཟུགས་སོགས་སྡུག་བདེན་དེ་དག་དོན་དམ་པར་ (ཨཱརྱ་སོགས་)འཇལ་བྱེད་ཀྱི་ཚད་མ་མེད་ 2-1-42 པར་རྟོགས་པ་ཤེས་རྣམ། ཞེས་སོགས་ཏེ། བཅས་པ་ནི་ཆེན་པོར་མ་ཟད་ཚད་མེད་དང་བཅས་ པ་ཞེས་པའོ། །གཟུགས་ལ་ཚད་མ་མེད་པའི་ཕྱིར་བྱང་སེའི་ཕར་ཕྱིན་ཚད་མ་མེད་དོ། །ཞེས་ སོགས་སོ། །སྔ་མ་བཞིན་དུ་ནམ་མཁའི་ (མདོ་)ཚད་དམིགས་སུ་མེད་པ་ཉིད་ཀྱིས་གཟུགས་ སོགས་སྡུག་བདེན་དེ་དག་ཚད་མེད་པར་རྟོགས་པ་ཤེས་རྣམ། ཞེས་སོགས་ཏེ་གཟུགས་ཚད་ མེད་པའི་ཕྱིར་བྱང་སེའི་ཕར་ཕྱིན་ཚད་མེད། ཅེས་སོགས་སོ། །དག་ཟླ་སྙིང་མཆོག་གསུམ་ དང་རད་ཀིར་ནི། ཚད་མེད་ཉིད་བཅས་དང་དཔག་མེད་པ་དང་མཐའ་མེད་ཅེས་འདོན་ཅིང༌། འདི་དག་ཙམ་མོ་ཞེས་ཡོངས་སུ་བཅད་པས་ཚད་གཟུང་དུ་མེད་པ་ (རད་ཀིར་)ནི་ཚད་མེད། རྣམ་ གྲངས་སུ་བགྲངས་པས་བཅད་དུ་མེད་པས་དཔག་མེད་ཅེས་རད་ཀིར་ཏེ། གྲངས་ཀྱིས་མི་ཆོད་ པས་སམ་བཅད་དུ་མེད་པ་དཔག་མེད་ཅེས་གསུམ་གའོ། །མདོར་དང་པོ་ཚད་མེད་གཉིས་ པ་ཚད་དམིགས་སུ་མེད་ཅེས། འདིར་ཚད་ནི་གཉིས་ཏེ་གཟུགས་ཅན་གྱི་ཚད་རྡུལ་ཕྲ་རབ་ཀྱི་ མཐར་ཐུག་པ་ལ་བརྟེན་པའི་དབྱིབས་གཟུགས་མེད་ཀྱི་ཚད་མཚན་ཉིད་ཅེས་འགྲེལ་ཆེན་ནོ། ། ཨཱརྱ། འདིར་ཚད་ནི་སྔར་བཤད་ལྟར་གྱི་དབྱིབས་ལ་བརྗོད་དེ། གཟུགས་ཅན་མིན་པ་ལ་ ཚད་ཀྱི་མཚན་ཉིད་ཡོད་པ་མིན་ནོ་གསུངས་སོ། །དེ་ལྟ་བུའི་ཆོས་ཉིད་བཞི་བོ་ནི་སྡུག་བསྔལ་ གྱི་བདེན་པའི་རྣམ་པ་ཡིན་ཅིང༌། དེ་རྟོགས་བཞི་སྡུག་བདེན་གྱི་ཤེས་བཟོད་བཞི་དག་ཡིན་ནོ། ། གཟུགས་ལ་སོགས་པ་ཀུན་འབྱུང་གི་བདེན་པ་ཆོས་ཅན། དོན་དམ་པར་རྟག་པ་དང་ཆད་པ་ དང༌། སྔོན་ (ནི་སྐྱེ་)དང་ཕྱི་མཐའ་ (ནི་འགག་པ་ཞེས་དག་ལྡན་སོགས་)སོགས་མེད་དེ་དོན་དམ་པར་ངོ་བོ་ ཉིད་མེད་པ་ཉིད་ཀྱིས་སོ། །དེ་ལྟར་རྟོགས་པའི་བཅུ་དྲུག་གི་ལྔ་པ་ཀུན་འབྱུང་ཆོས་བཟོད་ཅེས་ སོགས་བསྙད་དོ། །གཟུགས་མཐའ་ཡས་པའི་ཕྱིར་བྱང་སེའི་ཕར་ཕྱིན་མཐའ་ཡས་སོགས་སོ། ། ཀུན་འབྱུང་ཆོས་ཤེས་ཀྱི་ཤེར་ཕྱིན་པ་དེར་རམ་དེ་ལ་གནས་པའི་བྱང་སེ་ནི། ཆོས་ཀྱི་དབྱིངས་ ཀྱི་ངོ་བོ་ཉིད་ཀྱིས་གཟུགས་སོགས་ཀུན་བདེན་གྱི་ཆོས་ཉིད་ལ་དེ་པའི་ངོ་བོ་ཉིད་སྐུའི་རང་ 2-1-43 བཞིན་ཉིད་དུ་འཛིན་པས་དེ་པའི་ངོ་བོ་ཉིད་སྐུའི་རང་བཞིན་དུ་གྱུར་པའི་གཟུགས་སོགས་ ཀུན་བདེན་ཀྱི་ཆོས་ཉིད་རྟོགས་པའི་བཅུ་དྲུག་གི་དྲུག་པ་ཞེས་སོགས་བསྙད་དོ། །མདོར་ ཤེར་ཕྱིན་འདི་དང་བྲལ་བར་མ་གྱུར་བ་ནི་དེ་པ་ཉིད་དུ་གཟུང་བར་བགྱིའོ། །ཞེས་སོགས་ ཏེ། འདོད་གཟུགས་ཀྱི་ལྷས་ཡུམ་དང་མ་བྲལ་བའི་བྱང་སེའི་དེ་པར་འཛིན་པར་བཤད་དེ་དེ་ ནི་ཕན་ཡོན་གྱི་རྣམ་པའོ། །གཞུང་ཚིག་ལྟར་ན་རྗེས་ཐོབ་ཀྱི་རྣམ་པར་འོང་ངོ༌། །དེ་བཞིན་དུ་ ཆོས་ཉིད་རྟོགས་པའི་ཤེར་ཕྱིན་དེ་ལ་གནས་པ་ནི། ཆོས་ཐམས་ཅད་ལ་དོན་དམ་པར་བླང་བ་ མེད་དོར་བ་མེད་པ་ལ་སོགས་པར་བསྒོམ་པ་བར་ཆད་ཀྱིས་ (མདོ་)མི་ཚུགས་པར་འཛིན་འཆང་ སོགས་བྱེད་པའི་རྒྱུད་ཀྱི་ཆོས་ཐམས་ཅད་དོན་དམ་པར་བླང་དོར་སོགས་མེད་པར་རྟོགས་ ནས་བསྒོམ་པའི་བདུན་པ་ཞེས་སོགས་བསྙད་དོ། །ཡུམ་འདི་ནི་གཟུགས་མི་ལེན་མི་འདོར་ བའི་ཚུལ་དང༌། ཞེས་སོགས་སོ། །རང་གི་རྗེས་ཐོབ་འབྲལ་མི་ཤེས་སུ་ཆོས་ཐམས་ཅད་བདེན་ པའི་ངོ་བོ་ཉིད་མེད་པར་མོས་པ་སྟེ་རྟོགས་པ་སྔོན་དུ་འགྲོ་བའི་བྱམས་པ་ལ་སོགས་པ་རྣལ་ འབྱོར་བསྲུང་བའི་ཚད་མེད་པ་བཞི་བསྒོམ་པའི་ཤེས་བཟོད་བརྒྱད་པ་ཞེས་སོགས་ཏེ། དེ་མ་ བསྒོམས་ན་སྐད་ཅིག་དགུ་པ་ལ་འགོག་པར་ལྟུང་བར་འགྱུར་བས་དེ་དགག་པའི་དོན་དུ་ངེས་ པར་བསྒོམ་པར་བྱའོ་ཞེས་ཨརྱ་སྟེ། དེ་མི་དམིགས་པའི་ཚུལ་གྱིས་སེམས་ཅན་ཐམས་ཅད་ ཀྱི་དྲུང་དུ་བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་ཤིན་ཏུ་བསྒོམ་པའི་ཕྱིར་རོ། ། ཞེས་སོ། །དེ་ལྟར་ན་ཞེས་བྱ་བ་དེ་ལྟ་བུའི་ཡེ་ཤེས་སྐད་ཅིག་བཞི་ནི་ཀུན་བདེན་པའི་རྣམ་པ་ རྟོགས་པའི་ཤེས་བཟོད་དག་ཡིན་ནོ། །སྣང་ཚོད་པོའི་གཟུགས་ལ་སོགས་པའི་ངོ་བོ་གཉུག་ མ་ནི་གློ་བུར་བ་མིན་པར་རང་བཞིན་པ་ལ་བྱ་སྟེ། གསར་དུ་སྟོང་པ་མིན་གྱི་གདོད་ནས་རང་ བཞིན་ཁོ་ནས་སྟོང་པའི་ཆོས་ཉིད་འགོག་བདེན་དོན་རྣམ་ཞེས་སོགས་བསྙད་དོ། །ནང་སྟོང་ པ་ཉིད་མི་དམིགས་པའི་ཚུལ་གྱིས་ཤིན་ཏུ་བསྒོམས། ཞེས་སོགས་སོ། །ཆོས་ཀྱི་དབྱིངས་མི་ 2-1-44 གནས་པའི་མྱང་འདས་སུ་བསྔོས་ (བུདྡྷ་ཤྲཱི་)པས་དེ་དང་མཉམ་པ་སྟེ་ (བུདྡྷ་ཤྲཱི་)རོ་གཅིག་ཏུ་གྱུར་ པའི་ཤེར་ཕྱིན་ (ཨཱརྱ་)འཛིན་པ་སོགས་འབྲས་བུ་སངས་རྒྱས་སམ་དེ་པ་ཉིད་ནི་འཐོབ་པ་ཡིན་ པས། དེ་ཐོབ་བྱེད་ཀྱི་རྒྱུ་དང་རང་རྒྱུད་ལྡན་སངས་རྒྱས་མེད་པའི་ཞིང་དུ་སངས་རྒྱས་སུ་སྤྲུལ་ བ་སོགས་བྱེད་པའི་ཤེས་བཟོད་བཅུ་པ་ཞེས་སོགས་ཏེ། གཞུང་ཚིག་ནི་ཕན་ཡོན་གྱི་རྣམ་ པར་བྱའོ། །བདག་ཀྱང་སངས་རྒྱས་ཀྱི་སྐུར་སྤྲུལ་ཅིང༌། ཞེས་ (དག་ལྡན་སོགས་བཞི། )སོགས་ནས་ ཐེག་པ་གསུམ་གྱིས་སེམས་ཅན་འདུལ་བའི་བར་ནི་ངོ་མཚར་ཆེའོ་ཞེས་སོ། །ཤེར་ཕྱིན་པར་ གཉེན་པོ་རྣམ་པར་བྱང་བའི་རིགས་རྣམས་ཀུན་རྣམ་པ་ཐམས་ཅད་དུ་བསྡུས་པར་རྟོགས་པས་ ཆོས་ཐམས་ཅད་ལ་ (འགྲེལ་ཆེན་)དམིགས་པའི་བཅུ་དྲུག་གི་བཅུ་གཅིག་པ་ཞེས་སོགས་བསྙད་ དོ། །ཡུམ་ཟབ་མོ་འདི་ཡོངས་སུ་གཟུང་ན་ཕྱིན་དྲུག་བཟུང་བ་དང༌། ཞེས་སོགས་ཞེས་པ་ ནས། རྣམ་མཁྱེན་གྱི་བར་ཡོངས་སུ་གཟུང་བར་འགྱུར་བ་ནི་ངོ་མཚར་ཆེའོ། །ཞེས་སོ། །(ཨཱརྱ་ ཇི་བཞིན་མི་སྣང༌། ) འགོག་པ་ལ་རྗེས་ཤེས་ཀྱི་ཤེར་ཕྱིན་དེ་ཉིད་ཀྱིས། དེ་ཅན་བྱང་སེའི་ཕོངས་པ་ དང་རྩོད་པ་སོགས་ཕྱིའི་ཉམ་ང་བ་དང༌། ནད་ནི་སྲིད་པའི་སྡུག་བསྔལ་ཞེས་དག་ལྡན་དང༌། ཉམ་ང་སེམས་ཀྱི་སྡུག་བསྔལ། ནད་ལུས་ཀྱི་སྡུག་བསྔལ་ཞེས་རད་ཀིར་ཏེ། ཕྱི་དང་ནང་གི་ འཚེ་བ་ཀུན་སེལ་བའི་ཕན་ཡོན་ཅན་གྱི་བཅུ་གཉིས་པ་ཞེས་སོགས་བསྙད་དོ། །རྩི་མ་གྷིའི་ དཔེས་རྒོལ་བ་དང་རྩོད་པ་དང༌། འགལ་བར་བྱེད་པ་གང་དང་གང་འབྱུང་བ་དེ་དག་ཐམས་ ཅད་ཤེར་ཕྱིན་གྱི་གཟི་བརྗིད་དང་མཐུས་དེ་དག་ཉེ་བར་ཞི་བ་དང་མེད་པར་འགྱུར། ཞེས་ སོགས་སོ། །ཞེས་བྱ་བ་དེ་ལྟ་བུའི་ཡེ་ཤེས་བཞི་ནི་འགོག་བདེན་གྱི་རྣམ་པ་རྟོགས་པའི་ཤེས་ བཟོད་བཞི་དག་ཡིན་ནོ། །ཆོས་ཐམས་ཅད་བདེན་པའི་ངོ་བོ་ཉིད་མེད་པར་བསྒོམ་པ་ཁོ་ནས་ གཟུགས་སོགས་དང་དུག་གསུམ་སོགས་ནས། མྱ་ངན་ལས་འདས་པའི་བར་ལ་མངོན་པར་ ཞེན་པ་ཞི་བའི་རྟོགས་པ་ཡེ་ཤེས་ཤེས་རྣམ། ཞེན་བྱར་མེད་པའི་ཆོས་ཉིད་དོན་རྣམ་ཞེས་ 2-1-45 སོགས་བསྙད་དོ། །འདོད་ཆགས་དང༌། ཞེས་སོགས་ནས། མྱ་ངན་ལས་འདས་པར་འཛིན་ པ་ཉེ་བར་ཞི་བར་བྱེད་ཀྱི་རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །ཞེས་སོ། །རང་བཞིན་ མེད་རྟོགས་ཀྱི་ཤེས་རབ་དང་སྦྱིན་ (མདོ་དོན་)སོགས་ཐབས་ལ་མཁས་པ་ལ་ཞུགས་པའི་བྱང་སེ་ ལ་ཕྱོགས་ (མདོ་)བཅུའི་སངས་རྒྱས་དང་ལྷ་ལ་སོགས་པ་རྣམས་ཀྱིས། ལྷས་བྱས་པ་ (སྙིང་མཆོག་) འབྱུང་བ་ལས་གྱུར་པ། ནང་གི་གནོད་པ་ལས་བསྲུང་བ་དང༌། སོགས་པས་སྐྱབས་ (ཨཱརྱ་འགྲེལ་ ཆེན་)པ་དང་སྦ་བ་ (ནི་བསྒོམ་པ་འཕེལ་བ་དང་ཡོངས་སུ་མི་ཉམས་པར་མཛད་དོ། །སྐྱབ་པ་ནི་ཕ་རོལ་གྱི་གནོད་པ་ལས་སྐྱོབ་པའོ། །སྦ་བ་ནི་ཐེག་པ་ དམན་པར་འཕྲོ་ཞིང་གཡེང་བ་མེད་པར་བྱེད་པའོ། །ཞེས་བི་མ་ལས་ཤེར་ཕྱིན་བདུན་བརྒྱ་བའི་འགྲེལ་པར་རོ། ། )ཞེས་སམ། རང་དང་སེམས་ཅན་གཞན་དང་སེམས་ཅན་མིན་པའི་རྐྱེན་ལས་བྱུང་བ་གསུམ་མམ། མཐོང་ ཆོས་སྐྱེས་ནས་མྱོང་འགྱུར་ལན་གྲངས་གཞན་ལ་མྱོང་འགྱུར་གསུམ་མམ། ལྷ་མི་དེ་གཉིས་ཀ་ ལས་བྱུང་བའི་རྒུད་པ་ལས། ཞེས་བཞིར་འགྲེལ་ཆེན་ནོ། །ཤེར་ཕྱིན་འཛིན་ཅིང་འཆང་གློག་ (ཀློག)ཅིང་ཀུན་ཆུབ་པར་བྱེད་ཚུལ་བཞིན་ཡིད་ལ་བྱེད་པ་དེ་ལ་རྟག་ཏུ་བསྲུང་སྐྱབ་སྦ་བ་བྱེད། ཅེས་སོགས་སོ། །གཞན་དོན་དུ་སངས་རྒྱས་ཐོབ་པར་འདོད་པས་བདག་ཉིད་སྲོག་མི་གཅོད་ པའམ་སྲོག་གཅོད་པ་སྤང་བ་དང༌། ལ་སོགས་པ་མི་ཚངས་སྤྱོད་པ་སྤོང་བ་ལ་སོགས་པ་རྣམ་ པ་ཀུན་མཁྱེན་པའི་ཚུལ་ཏེ་རྒྱུ་ལ་བདག་ཉིད་གནས་ཏེ། དེ་ནས་དེ་ཉིད་ལ་སེམས་ཅན་གཞན་ དག་འགོད་པའི་བྱེད་ལས་ཅན་གྱི་བཅོ་ལྔ་པ་ཞེས་སོགས་བསྙད་དོ། །བདག་ཀྱང་སྲོག་གཅོད་ པ་སྤོང་ཞེས་སོགས་སོ། །སྦྱིན་པ་ལ་སོགས་པའི་དགེ་བ་མི་ཟད་པར་བྱེད་འདོད་པས་གཞན་ དོན་དུ་ཡང་དག་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བར་བྱེད་པའི་བཅུ་དྲུག་པ་ཞེས་སོགས་བསྙད་ དོ། །སྦྱིན་པ་ཡོངས་སུ་གཏོང་བ་གང་ཡིན་པ་དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་ བྱས་ཏེ་མི་དམིགས་པའི་ཚུལ་གྱིས་བླ་མེད་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་འགྱུར་ རོ། །ཞེས་སོ། །ཞེས་བྱ་བ་དེ་ལྟ་བུའི་ཡེ་ཤེས་བཞི་ནི་ལམ་གྱི་བདེན་པའི་རྣམ་པ་རྟོགས་པའི་ 2-1-46 ཤེས་བཟོད་བཞི་དག་ཡིན་ནོ། །དེ་ལྟ་བུའི་ཡེ་ཤེས་སྐད་ཅིག་བཅུ་དྲུག་ནི་ལམ་ཤེས་པ་ཉིད་ཀྱི་ མཐོང་ལམ་སྐད་ཅིག་མ་བཅུ་དྲུག་དག་ཡིན་ནོ། །(སྦྱོར་ཕྲེང་ངེས་པར་བལྟ་དགོས་སོ། །) གཉིས་པ་ལ། འདོད་པ་བརྗོད། སུན་འབྱིན་བཤད་པའོ། །དང་པོ་ནི། འགྲེལ་བྱེད་ཁ་ ཅིག་ནི། སྐབས་འདིར། བདེན་དང་བདེན་ལ་བཟོད་པ། ཞེས་སོགས་ཀྱི་ཚིག་ལེའུར་བྱས་པའི་ དོན་ཉེ་བར་མཚོན་པ་སྟེ་རྒྱས་པར་སྟོན་པ་ལྷུར་ལེན་པའི་གཞུང༌། དེ་བཞིན་ཉིད་དང་སངས་ རྒྱས་དག །ཅེས་སོགས་ཀྱིས་མཐོང་ལམ་གྱི་རྣམ་པའི་དོན་མ་བཤད་པར་མཐོང་ལམ་གྱི་སྐད་ ཅིག་མ་བཅུ་དྲུག་ཉེ་བར་མཚོན་པའམ་སྟོན་པ་ཉི་ཚེ་མཛད་པར་ཟད་དེ། ལམ་ཤེས་ཉིད་ཀྱི་ སྐད་ཅིག་མ། །ཞེས་སྨོས་ཀྱི་རྣམ་པ་ཞེས་མ་སྨོས་པས་སོ། །སྔར་བཤད་ཟིན་པའི་ (དམིགས་པ་ དང་ནི་རྣམ་པ་དང༌། །ཞེས་སོགས། )དང༌། སྔར་མ་བཤད་པའི་ (གཟུགས་རྟག་མ་ཡིན་མི་རྟག་མིན། །ཞེས་སོགས། ཞེས་ཆོས་བཤེས། )ངེས་འབྱེད་ཆ་མཐུན་དང༌། སོགས་པ་གཞི་ཤེས་ཀྱི་མཐོང་ལམ་ལ་སོགས་པའི་ དོན་ཅན་གྱི་ཚིགས་ལེའུར་བྱས་པ་རྣམས་སུ་ཡང་ (ཆོས་བཤེས་)ཡེ་ཤེས་སྐད་ཅིག་མ་ཙམ་བསྟན་ པ་སྔར་གྱི་དེ་བཞིན་དུ་བལྟ་བར་བྱའོ། །རྣམ་པ་ནི་རྣམ་ཀུན་གྱི་སྐབས་སུ་སྟོན་ནོ་ཞེས་ཟེར་རོ། ། གཉིས་པ་ནི། སེང་བཟང་ (གསེར་)སོགས་གཞན་དག་ན་རེ། སློབ་དཔོན་ (གསེར་དངོས་)དེ་དག་ གིས་ནི་ཞེས་ཟེར་ཡང༌། དེ་བཞིན་ཉིད་དང་ཞེས་སོགས་ཀྱི་གཞུང་དེ་དག་གིས་ནི་ཆོས་ཅན། མཐོང་ལམ་ (ཆོས་བཤེས་)སྒོམ་པའི་གོ་རིམ་སྟེ་རིམ་གྱིས་ (གསེར་ཆོས་)བསྒོམ་ཞིང་བསླབ་ (གསེར་རྐྱང་ )པའི་རིམ་པ་དང༌། སོགས་པས་མཉམ་པར་མ་བཞག་པའི་དུས་སུ་ཡིད་ལ་བྱ་བའི་ (ཆོས་བཤེས་ རྐྱང་)རིམ་པ་དང༌། བསྒོམ་པ་རབ་ཀྱི་མཐར་ (གསེར་རྐྱང༌། )ཕྱིན་པ་རྣམས་མ་བསྟན་པར་ཐལ། མཐོང་ལམ་གྱི་རྣམ་པའི་དོན་ཅུང་ཟད་ཀྱང་མ་བསྟན་པའི་ཕྱིར། འདོད་ན། ཆོས་ཅན། མཐོང་ ལམ་གྱི་མངོན་པར་རྟོགས་པའི་རིམ་པ་ཅུང་ཟད་ཀྱང་མ་བསྟན་པར་ཐལ་ལོ། །སྦྱོར་ལམ་སྟོན་ པའི་གཞུང་ལ་ཡང་སྦྱར་རོ། །སྐྱོན་གཞན་ལུང་འགལ་ཡང་ཡོད་དེ། རྣམ་པ་ཡེ་མ་བཤད་ན་ 2-1-47 སྔར། དམིགས་པ་དང་ནི་རྣམ་པ་དང༌། །ཞེས་བྱ་བ་དང༌། རྣམ་པ་མངོན་ཞེན་ལ་སོགས་འགོག ། ཅེས་སོགས། སྟོན་པའི་རྣམ་པ་དྲོར་གྱུར་པ། །ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པའི་ དོན་ཀྱང་ཅི་ལྟར་དྲང་སྟེ། (དངོས་སུ་ལུང་དང་ཡང་འགལ་ལོ། །ཞེས་སོ། །ཆོས་བཤེས། ) དེས་ན་འདི་ནི་རྣམ་པ་ རིམ་པ་བཅུ་དྲུག་ (ཆོས་བཤེས་)དང་ཆེ་འབྲིང་གི་ (ཆོས་བཤེས་)དབྱེ་བ་ཡིན་གྱི་སྐད་ཅིག་གི་ནི་མིན་ ནོ་ཞེས་ཟེར་རོ། །ཕྱོགས་སྔ་དེ་ཨཱརྱའི་བཞེད་པར་འདོད་པ་དག་ནི་རྣམ་པར་འཁྱམས་སོ། ། (འགྲེལ་ཆེན་ལས། འཕགས་པ་རྣམ་པར་གྲོལ་བའི་སྡེ་ལ་སོགས་པའི་བཞེད་པ་བལྟས་ནས་རང་གི་ནུས་པས་བསྟན་པ་ཡིན་ནོ། ། ཁ་ཅིག་ནི་ཞེས་ཕྱོགས་སྔ་དེ་བཀོད་དོ། །གསེར་གླིང་བས་འཕགས་པ་རྣམ་གྲོལ་སྡེའི་བཤད་པའི་རྗེས་སུ་འབྲང་བ་ཡིན་པའི་ཕྱིར་ བཟོད་པ་ཞེས་སོགས་མཐོང་ལམ་གྱི་རྣམ་པ་ཡིན་པར་བཟང་བོའི་ཞལ་སྔ་ནས་ཀྱིས་སྦྱར་བ་ཡིན་ནོ། །ཞེས་སོ། །) གཉིས་པ་ལ། སྒོམ་ལམ་གྱི་བྱེད་པ་དང༌། བྱེད་པ་ཅན་གྱི་སྒོམ་ལམ་མོ། །དང་པོ་ལ་ གསུམ་ལས། སྔ་འགྲེལ་ནི། ཐེག་ཆེན་འཕགས་པའི་སྒོམ་པའི་ལམ་ཆོས་ཅན། དོན་ལ་སྐྱེ་ རིམ་ལྟར་བྱས་ན་ཐེག་ཆེན་མཐོང་ལམ་གྱི་མཇུག་ཏུ་བརྗོད་པར་བྱ་བ་ཡིན་ཏེ། དེའི་སྐྱེད་ འབྲས་ཡིན་པས་སོ། །དེ་ལྟར་ཡིན་པ་ལས་དེ་བཞག་ནས་རེ་ཤིག་སྟེ་དང་བོར་དེའི་བྱེད་པ་ འཆད་དོ། །དེའི་རྒྱུ་མཚན་ནི། དང་བོར་གཉིས་ཏེ། མཆོད་འོས་དང༌། ཡང་ན་ཡི་གེ་རབ་ཉུང་ བའོ། །ཞེས་པ་ (རྣམ་བཤད་རིགས་པ་ལས་ཞེས་བཅོམ་རལ་ལོ། ། )ལྟར་དེ་བརྗོད་པར་བྱ་བ་ཉུང་བ་ (དག་ལྡན། ) ཉིད་ཀྱི་ཕྱིར་དང༌། དགོས་པ་ནི། གདུལ་བྱ་སྒོམ་ལམ་གྱི་འབྲས་བུ་ལ་མོས་པ་རྣམས་དེའི་རྒྱུ་ སྒོམ་ལམ་ལ་གཞོལ་བ་ཉིད་དུ་ཞུགས་པ་སྟེ་འབབ་ཅིང་འཇུག་པར་བྱ་བའི་ཕྱིར་དུའོ། །ཆོས་ བཤེས་ནི། གདུལ་བྱ་གང་དག་ལམ་འདིའི་བྱེད་རྒྱུ་ལ་གནས་པར་བརྗོད་དུ་རུང་བ་དེ་དག་ ནི་ཆེས་ཉུང་སྟེ་རབ་ཏུ་དཀོན་ནོ། །ཞེས་བསྟན་པས་ལམ་འདི་སྙེད་དཀའ་བར་བསྟན་པའོ། ། ཞེས་སོགས་འཆད་དོ། ། གཉིས་པ་རྩ་བ་དང༌། གསུམ་པ་འགྲེལ་པ་ནི། བྱང་འཕགས་སྒོམ་ལམ་པ་ཆོས་ཅན། རང་ 2-1-48 གི་སེམས་བདག་དང་བདག་གིར་ (དག་ལྡན་)ཆགས་པ་ཀུན་ནས་ཞི་བའམ་དུལ་བར་གནས་ཏེ། རྣམ་པ་ཐམས་ཅད་དུ་སེམས་ལ་རང་དབང་ཉིད་དུ་བྱེད་པའི་ཐེག་ཆེན་འཕགས་པ་ཡིན་པས་ སོ། །ཡུམ་ནི་བྱང་ཆེན་པོ་རྣམས་ཡོངས་སུ་དུལ་བ་དང་ང་རྒྱལ་མ་མཆིས་པའི་སླད་དུ་ཉེ་བར་ གནས་པ་ངོ་མཚར་ཆེའོ། །ཞེས་ (བརྒྱ་བྱིན་གྱིས་སྨོས་)སོགས་སོ། །ཆོས་ཅན། དགེ་བཤེས་དང་ མཁན་པོ་ཕ་མ་སོགས་སྐྱེ་བོ་ཐམས་ཅད་ལ་འདུད་པའམ་གུས་པར་བྱེད་དེ། ཕྱིན་དྲུག་དང་ (མདོ་ དོན་)བྱང་ཕྱོགས་སོགས་ལ་འཁོར་གསུམ་མ་ (མདོ་)དམིགས་པར་རྟོགས་པའི་སྒོ་ནས་ང་རྒྱལ་ དང་བདག་བསྟོད་སོགས་སྤངས་པའི་འཕགས་ཆེན་ཡིན་པས་སོ། །སྦྱིན་པ་ཡང་མི་དམིགས་ གཏོང་བ་ཡང་མི་དམིགས་ལེན་པ་ཡང་མི་དམིགས་ཏེ། ཞེས་སོགས་ནས། ཡོངས་སུ་དུལ་བ་ དང་ང་རྒྱལ་མ་མཆིས་པའི་སླད་དུ་ཉེ་བར་གནས་སོ། །ཞེས་སོགས་སོ། །ཆོས་ཅན། སྒོམ་སྤང་ གི་ཉོན་མོངས་འདོད་ཆགས་སོགས་ལས་རྒྱལ་ཞིང་དེ་ཟིལ་གྱིས་གནོན་པ་ཡིན་ཏེ། ཟག་མེད་ སྒོམ་ལམ་ཐོབ་པས་སོ། །བདག་གཞན་གྱི་ (བསྡུས་)འདོད་ཆགས་ཀྱི་མཚོན་དང་འདོད་ཆགས་ ཀྱི་མདའ་ཡང་བཅོམ། ཞེས་སོགས་སོ། །ཆོས་ཅན། ཕ་རོལ་གྱིས་བྱས་པའི་བྱད་དང་ (ཀུན་མདོ་ )མེ་མཚོན་དུག་ (མདོ་)ཆུར་བོར་ (མདོ་)བ་སོགས་ཀྱི་གནོད་པས་རྫི་བ་མེད་པའམ་རྗེས་སུ་སྒྲུབ་ པར་ནུས་པའི་ཡུལ་མ་ཡིན་ཏེ། ཐེག་ཆེན་འཕགས་པའི་སྒོམ་ལམ་རིག་སྔགས་ཆེན་མོ་ཐོབ་ པས་སོ། །དེ་ལ་ལ་ལ་ཞིག་གིས་དུག་གིས་གཏོར་རམ་བྱད་བྱས་སམ་མེའི་འོབས་སུ་རྡོད་དམ་ མཚོན་གྱིས་བཏབ་བམ་དུག་བླུད་དམ་ཆུར་བོར་ཡང་རུང་སྟེ་དེ་དག་ཐམས་ཅད་ཀྱིས་དེ་ལ་ གནོད་པར་མི་འགྱུར་རོ། །ཞེས་སོགས་སོ། །དེ་བཞི་བྲལ་འབྲས་སོ། །ཆོས་ཅན། ཡང་དག་ རྫོགས་པའི་བྱང་ཆུབ་སྒྲུབ་པ་སྟེ་ཐོབ་པར་འགྱུར་ཏེ། ཐེག་ཆེན་གྱི་ཚོགས་གཉིས་རྫོགས་པའི་ འཕགས་པ་སློབ་པ་ཡིན་པས་སོ། །བླ་མེད་རྫོགས་བྱང་ཐོབ་ནས་སེམས་ཅན་ཐམས་ཅད་ཀྱི་ སེམས་ལ་བལྟ་བར་འགྱུར་རོ། །ཞེས་སོགས་སོ། །དེ་རྣམ་སྨིན་གྱི་འབྲས་བུའོ། །ཆོས་ཅན། 2-1-49 ཁྱེད་བརྟེན་ཅིང་བཞུགས་པའི་ཡུལ་ཏེ་ས་ཕྱོགས་ལྷ་མི་སོགས་ཀྱིས་མཆོད་པར་བྱ་བའི་རྟེན་ ཉིད་དུ་བྱེད་པར་རིགས་ཏེ། ཐེག་ཆེན་གྱི་ཟག་མེད་སྒོམ་ལམ་ཐོབ་པས་སོ། །ཁ་ཅིག་མཆོད་ རྟེན་དང་འདྲ་བས་མཆོད་རྟེན་དུ་བརྗོད་ཅེས་པ་མི་རིགས་ཤིང༌། མཆོད་རྟེན་ཉིད་དུ་གྱུར་ཅེས་ བཙུན་པ་ཟླ་བ་འཆད་དོ། །ཞེས་འགྲེལ་ཆེན་ནོ། །ཤེར་ཕྱིན་པ་འདི་ཉིད་ཀྱིས་སའི་ཕྱོགས་དེ་ སེམས་ཅན་ཐམས་ཅད་ཀྱི་མཆོད་རྟེན་དུ་བྱས་པས། ཞེས་སོགས་སོ། །ཞེས་བྱ་བ་སྒོམ་ལམ་ གྱི་བྱེད་པ་རྣམ་པ་དྲུག་ཡིན་ནོ། །བྱེད་པའམ་ལས་ཞེས་རད་ཀིར་རོ། ། གཉིས་པ་ལ། སྤྱི་དང༌། ཡན་ལག་གི་དོན་གཉིས་ལས། དང་པོ་ལ། རྟེན་དང་བརྟེན་པ་ གཉིས་སོ། །དང་པོ་ལ། ལུས་རྟེན་ནི། བྱེ་བྲག་སྨྲ་བ། སྲིད་རྩེ་མ་གཏོགས་ཁམས་གསུམ་གའི་ རྟེན་ལ་སྐྱེ་བར་འདོད་ཅིང༌། ཁ་ཅིག ཐེག་ཆེན་གྱི་ལུགས་ལ་གཟུགས་མེད་ཀྱི་རྟེན་ལ་མེད་ པར་འཆད་པ་ནི་ལེགས་པར་མངོན་ནོ། །སེམས་རྟེན་ནི། ཁམས་གསུམ་ས་དགུའི་སེམས་ ལ་བརྟེན་པར་སློབ་དཔོན་གྱིས་བཤད་ཅིང༌། བྱེ་བྲག་སྨྲ་བ་ནི། འདོད་སེམས་དང་སྲིད་རྩེའི་ སེམས་ལ་མི་བརྟེན་པར་ (མཛོད་)བཤད་དོ། ། གཉིས་པ་ལ། མཚན། མཚོན། གཞི་གསུམ་ལས། དང་པོ་ནི། གོམས་པར་བྱ་བའི་ལམ་ གང་ཞིག རང་གི་སྤང་བྱ་སྒོམ་སྤང་གི་གཉེན་པོར་གྱུར་བ། སྒོམ་ལམ་ཙམ་གྱི་མཚན་ཉིད་དོ། ། སྒོམ་ལམ་གང་ཞིག ཁམས་གསུམ་གྱིས་བསྡུས་པ། འཇིག་རྟེན་སོ་སྐྱེའི་སྒོམ་ལམ་གྱི་མཚན་ ཉིད་དོ། །གང་ཞིག ཉོན་མོངས་པའི་ཟག་མེད་ནི། འདས་པའི་མཚན་ཉིད་དོ། །གཉིས་པ་ནི། མཐོང་ལམ་གྱིས་མཐོང་བ་ཁོ་ན་རྒྱུན་དུ་གོམས་པར་བྱེད་པས་སྒོམ། ཐར་བར་བགྲོད་པས་ ལམ་མོ། །གསུམ་པ་ལ། ཀུན་བཏུས་སོགས་སུ། འཇིག་རྟེན་པའི་སྒོམ་ལམ་བསམ་གཏན་ གཟུགས་མེད་བརྒྱད། འདས་པའི་སྒོམ་ལམ་བདེན་བཞིའི་ཡུལ་ཅན་ཆེ་འབྲིང་དགུར་བཤད་ དོ། །འདིར་ཟག་བཅས་ཟག་མེད་གཉིས་སོ། །ཡང་གོམས་ཚུལ་གྱིས་ཕྱེ་ན། མཉམ་རྗེས་ 2-1-50 གཉིས་སམ། གང་ཟག་གིས་ཕྱེ་ན། ཉན་ཐོས་སོགས་གསུམ་མམ། ལམ་གྱིས་ཕྱེ་ན་སྦྱོར་བ་ དང༌། བར་ཆད་མེད་པ་དང༌། རྣམ་གྲོལ། ཁྱད་པར་ལམ་བཞིའོ། །སའི་སྒོ་ནས། དྲི་མ་མེད་ པ་སོགས་དགུ། སྤང་བྱས་ཕྱེ་ན། ཆུང་འབྲིང་ཆེ་དགུའམ། བརྒྱ་རྩ་བརྒྱད་དམ། བཞི་བརྒྱ་བཅུ་ བཞིའོ། །འདིའི་སྤང་བྱ་ནི། གཞུང་འདིའི་ལྟར་ན་སྒོམ་ལམ་རྩེ་མོའི་སྤང་བྱ་རྟོག་པ་བརྒྱ་རྩ་ བརྒྱད་དང༌། ཡོངས་སྦྱོང་དུ་བཤད་པའི་སྤང་བྱ་རྣམས་སོ། །མཛོད་ལྟར་ན། འདོད་ཆགས་ཁོང་ ཁྲོ་ང་རྒྱལ་མ་རིག་པ་བཞི་སྟེ། དེ་ཡང་འདོད་པར་བཞི་ཁམས་གོང་མ་གཉིས་སུ་ཁོང་ཁྲོ་མེད་ པས་དེ་མ་གཏོགས་གསུམ་གསུམ་སྟེ་བཅུའོ། །ཀུན་བཏུས་སོགས་ལྟར་ན། ཁམས་གསུམ་གྱི་ འཇིག་ལྟ་དང་མཐར་ལྟ་ལྷན་སྐྱེས་དྲུག་བསྣན་པས་བཅུ་དྲུག་གོ །ཁོང་ཁྲོ་མ་གཏོགས་པ་ལྔ་བོ་ དེ་ལ་ཁམས་གསུམ་ས་དགུར་རེ་རེ་ལ་ཡང་ཆུང་འབྲིང་ཆེ་དགུ་དགུ་ཡོད་ཅིང་འདོད་པའི་ཁོང་ ཁྲོ་དགུ་དང་བཅས་པས་བཞི་བརྒྱ་བཅུ་བཞིར་ཡོད་དོ། ། གཉིས་པ་ལ། གཉིས་སུ་དབྱེ་བ། ཕྱེ་བ་སོ་སོའི་དོན་ནོ། །དང་པོ་ནི། སྒོམ་ལམ་གྱི་བྱེད་ པའི་འོག་ཏུ་བྱེད་པ་ཅན་གྱི་སྒོམ་པའི་ལམ་སྟོན་ཏེ། དེ་ལ་ཡང་གཟུང་འཛིན་དུ་སྣང་བའི་ རྟོག་པའི་ཟག་བཅས་དང་དེ་མེད་པ་ཟག་པ་མེད་པའི་བྱེ་བྲག་གིས་རྣམ་པ་གཉིས་སོ། །ཐུབ་ དགོངས་སུ། མོས་པ་གསུམ་དྲོད་རྩེ་བཟོད་པ་གསུམ་ན་ཡོད། བསྔོ་བ་ཆོས་མཆོག་ཆུང་ངུ་ན། ཡི་རང་འབྲིང་ན་ཡོད། ཅེས་སོ། །ཤེར་ཕྱིན་བདུན་བརྒྱ་བའི་འགྲེལ་པར། (བི་མ་ལ་མི་ཏྲས། ) མོས་ པའི་ས་ཞེས་པ་སྦྱོར་ལམ་ལ་མདོ་བསྟན་བཅོས་མང་བོར་གསུངས་པས་མོས་པ་གསུམ་སྦྱོར་ ལམ་ན་ཡོད་ཀྱི། བརྒྱད་སྟོང་འགྲེལ་ཆེན་དུ་སྒོམ་ལམ་དུ་བཤད་པ་འཁྲུལ། ཞེས་སོ། །ཁ་ཆེ་ གཞོན་ནུ་དཔལ་གྱིས། མོས་པ་ནི་ས་གཉིས་པ་གསུམ་པ་བཞི་པས་བསྡུས་སོ། །བསྔོ་བ་ལྔ་ པ་དྲུག་པ་བདུན་པས་བསྡུས་སོ། །ཡི་རང་བརྒྱད་པ་དགུ་པས་བསྡུས་སོ། །སྒྲུབ་པ་དང་རྣམ་ དག་བཅུ་པས་བསྡུས་སོ། །ཞེས་སོ། །འོན་ཀྱང་ཡེ་ཤེས་ཞབས་ཀྱིས་སྒོམ་པའི་ལམ་ནི་རྣམ་ 2-1-51 པ་གཉིས་ཏེ། དག་པ་འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པའོ། །ཞེས་དང༌། ཆོས་ བཤེས་ཀྱིས། མོས་བསྔོ་ཡི་རང་དག་ནི་དག་པ་འཇིག་རྟེན་པའི་གནས་སྐབས་རྗེས་ཀྱི་ཤེས་ པས་སྦྱོང་བ་ཡིན་ཞེས་པས། མོས་པ་དགུ་སྒོམ་ལམ་ས་དགུའི་རྗེས་ཐོབ་ན་ཡོད། བསྔོ་བ་ ཡི་རང་ཡང་དེ་དག་ན་ཅི་རིགས་པར་ཡོད་དོ། །ཞེས་ (བུ་སྟོན་སོགས་)འཆད་དོ། །ཆོས་བཤེས་ སུ། མངོན་པར་སྒྲུབ་པ་ནི་མཉམ་གཞག་གི་ཡེ་ཤེས། དེ་ཉན་ཐོས་སོགས་ལའང་ཅི་རིགས་ སུ་ལྡན་པས་ཁྱད་པར་ཅན་དུ་སྒྲུབ་པ་ནི་རྣམ་དག་གོ །ཞེས་དང༌། གཞན་ (པཎྜི་ཏ་)དག་ནི། ས་ གཉིས་པ་ནས་བདུན་པའི་བར་སྒོམ་ལམ་ཟག་བཅས། བརྒྱད་པ་སོགས་པར་སྒྲུབ་པ་སྒོམ་ ལམ། སྒོམ་སྤང་གི་གཉེན་པོ་སྒོམ་ལམ་དཀྱུས་མ་ནི། དེ་ནི་རྒྱུན་ཆགས་ཡིན་པའི་ཕྱིར། །ཞེས་ སོགས་ཀྱིས་བསྟན། རྣམ་དག་ནི་དངོས་སུ་སྒོམ་ལམ་གྱི་འབྲས་བུ་ཡིན་ཞེས་ཟེར་རོ། །ཞེས་ སོ། །འགྲེལ་ཆེན་དུ། བདག་ཏུ་ང་རྒྱལ་གྱི་ས་བོན་མ་ཟད་པ་ཉིད་ཀྱིས་དང་པོར་རང་གི་དོན་ གྱི་མོས་པ་དགུ་བསྟན་ཞེས་པའི་དོན། མོས་པ་སྦྱོར་ལམ་ན་ཡོད་པར་འཆད་པ་ནི་དགོངས་པ་ གཏན་ནས་མིན་ནོ། །འོན་ཀྱང་སྒྲུབ་པ་ནི་ས་དགུའི་མཉམ་གཞག་དང༌། རྣམ་དག་ནི་ས་བཅུ་ གཅིག་གི་སྤངས་པ་འགོག་བདེན་ཡིན་གྱི་སྒོམ་ལམ་དངོས་མིན་ཞེས་པ། མདོ་དང་རྗེ་བཙུན་ གྱི་དགོངས་པའོ། ། གཉིས་པ་ལ། ཟག་བཅས། ཟག་མེད་དོ། །དང་པོ་ལ་གསུམ་སྟེ། གསུམ་དུ་དབྱེ་བ། ཕྱེ་ བ་སོ་སོའི་དོན། དོན་བསྡུས་ཏེ་བསྟན་པའོ། ། དང་པོ་ནི། གཉིས་ཡོད་པ་དེའི་ཕྱིར་དམན་མཆོག་གི་རིམ་པས་དང་པོ་སྒོམ་པའི་ལམ་ ཟག་པ་དང་བཅས་པ་འཆད་དོ། །དེ་ལ་ཡང་གསུམ་སྟེ། མོས་བསྔོ་རྗེས་སུ་ཡིད་རང་བ་ཡིད་ ལ་བྱེད་པ་ཞེས་བྱའོ། །དེ་གསུམ་ཡང་སྦྱོར་དངོས་མཇུག་གི་བྱེ་བྲག་གིས་ཕྱེ་ཞེས་ཤེར་འབྱུང་ དང་ཀུ་མ་ར་ཤྲི་ཟེར་ཞིང༌། བསོད་ནམས་སམ་དགེ་བ་སོག མི་ཟད་པར་བྱེད། གོང་ནས་ 2-1-52 གོང་དུ་སྤེལ་བར་བྱེད་པའི་བྱེ་བྲག་གིས་གསུམ་དུ་ཕྱེའོ། །(སློབ་དཔོན། ) གཉིས་པ་ལ་མོས། བསྔོ། ཡི་རང་གསུམ་ལས། དང་པོ་ལ། གཉིས་ཏེ། མོས་པའི་ངོ་བོ། དེའི་ཕན་ཡོན་ནོ། ། དང་བོ་ལ་སྔ་འགྲེལ་ནི། གསུམ་པོ་རྣམས་ཀྱི་ནང་ནས་ཟག་བཅས་ཀྱི་སྒོམ་པའི་ལམ་ དང་པོ་མོས་པ་ཡིད་ལ་བྱེད་པ་སྟོན་ནོ། །རྩ་བ་ལ། མོས་པའི་རྒྱུ། ཡུལ། ངོ་བོ། གྲོགས། བྱེད་ ལས། དབྱེ་བ་དྲུག་གོ །རྒྱུ་ནི། ལུང་རིགས་རྣམ་དག་གོ །(ཆོས་བཤེས། )ཡུལ་ནི། ཡུམ་འདི་ལ་ མོས་ཞེས་ཆོས་བཤེས་དང༌། གཞུང་ཤེར་ལ་ལྷག་པར་ཡིད་ཆེས་པ་ནི་མོས་པ་སྟེ་ཞེས་རད་ ཀིར་རོ། །ཆོས་སྐུ་དང་དེ་སྟོན་པའི་ཤེར་ཕྱིན་གྱི་མདོ་ལ་འགྲེལ་ཆེན་གྱིས་དགོངས་སོ། །དག་ ལྡན་དུ། གང་ལ་མོས་ཞེ་ན། མདོ་ལས་བསྟན་པའི་བཅོམ་ལྡན་འདས་མ་འབྲི་བ་དང་ཀློག་པ་ ལ་སོགས་པ་དེའི་སྤྱོད་པ་དང་མེ་ཏོག་ལ་སོགས་པ་ནས་མར་མེའི་མཐར་ཐུག་པ་དེའི་མཆོད་ པ་ལའོ། །ཞེས་སོ། །ངོ་བོ་ནི། ཟག་བཅས་ཀྱི་སྒོམ་ལམ་གང་ཞིག ཡུམ་ཡོན་ཏན་ཅན་དུ་ངེས་ པར་ (འདི་མན་ཆོས་བཤེས་)བྱས་པའི་དངོས་པོ་ལ་དེ་ (དངོས་)ཁོ་ན་ལྟར་ངེས་པར་ (དངོས་)འཛིན་པའོ། ། བཞི་པ་ནི། ཤེས་རབ་དང་ (ཀུན་བཏུས་)སེམས་པ་ལ་སོགས་པའོ། །ལྔ་པ་ནི། སོམ་ཉི་ (ཀུན་བཏུས་ )བཟློག་པ་སྟེ། རང་གི་གྲུབ་མཐའ་ལས་གཞན་གྱིས་འཕྲོག་པར་མི་ནུས་པས་སོ། །ཞེས་ཆོས་ བཤེས་སོ། །དྲུག་པ་ནི་སྒོམ་ལམ་མོས་པ་དབྱེ་གཞི། དབྱེ་ངོ་ནི། རང་དོན་དངོས་སུ་སྒྲུབ་ཅིང་ གཞན་དོན་ཆེད་དུ་བྱ་བས་བསྒྲུབ་པའི་སྒོམ་ལམ་ཟག་བཅས་རང་གི་དོན་གྱི་མོས་པ་དང༌། (ཏར་ལ་ཆུང་འབྲིང་དང་ཆེན་པོ་)གཉིས་དོན་ (ཨཱརྱ་)སྦྱོར་བ་ (ཨཱརྱ་)བར་ (དངོས་)བཅས་སུ་བསྒྲུབ་ པའི་སྒོམ་ལམ་ཟག་བཅས་རང་གཞན་གཉིས་ཀའི་དོན་གྱི་མོས་པ། གཞན་དོན་ཁོ་ན་ (ཨཱརྱ་ དངོས་)སྦྱོར་བ་བར་མེད་དུ་བསྒྲུབ་པའི་སྒོམ་ལམ་ཟག་བཅས་གཞན་དོན་མོས་པ་དང་རྣམ་པ་ གསུམ་དུ་ཤེས་པར་བྱའོ། །དེར་ཡང་རང་དོན་འགྲུབ་ཀྱི་དེ་མི་འགོག་སྟེ་གཞན་དོན་དང་མི་ 2-1-53 འགལ་བས་དེ་རྫོགས་པ་ཡིན་ནོ། །ཞེས་ཨཱརྱའོ། །གཉིས་ཀར་ཡང་གཉིས་ཀ་འགྲུབ་ཅེས་ (དོན་བསྡུས་)ཆོས་བཤེས་སོ། །གསུམ་པོ་དེ་ལ་ཡང་ནི་སོ་སོར་ཏེ་རེ་རེ་ལ་ཆུང་དང་འབྲིང་དང་ ཆེན་པོ་སྟེ་རྣམ་པ་གསུམ་གསུམ་དུ་འདོད་ལ། དགུ་བོ་དེ་རེ་རེ་ལ་ཡང་ཆུང་ངུའི་ཆུང་ངུ་དེའི་ འབྲིང་དང་ཆེན་པོ་ཞེས་སོགས་དབྱེ་བ་ཡིས་རྣམ་པ་གསུམ་གསུམ་སྟེ་དེ་ལྟར་ན་མོས་པ་རྣམ་ པ་ཉི་ཤུ་བདུན་དུ་འདོད་དོ། །ཤེར་པ་ཟབ་མོ་འདི་བྲིས་ཤིང་གླེགས་བམ་དུ་བགྱིས་ཏེ་བཅིངས་ ལ་མཆོད་པ་བགྱིས་པ་དང༌། སངས་རྒྱས་ཀྱི་སྐུ་གདུང་རྣམས་རིན་པོ་ཆེ་སྣ་བདུན་གྱི་མཆོད་ རྟེན་དུ་བཅུག་སྟེ་མཆོད་པ་བྱས་ན་ཤེར་པ་ནི་རྣམ་མཁྱེན་ཀྱི་རྟེན་དུ་གྱུར་པའི་ཕྱིར་དང༌། དེ་ རྟེན་དུ་གྱུར་པས་སངས་རྒྱས་ཀྱི་སྐུས་མཆོད་པ་མཉེས་པའི་ཕྱིར། དང་པོ་ཆེས་བསོད་ནམས་ མང་དུ་འཕེལ་ལོ། །ཞེས་རང་དོན་མོས་པ་ཆུང་ངུའི་ཆུང་ངུ་ནས། ཤིང་རྣམས་ལོ་མ་དང་མེ་ ཏོག་འབྲས་བུ་དབྱིབས་ཆུ་ཞེང་ཐ་དད་ཀྱང་གྲིབ་མ་བྱེ་བྲག་མེད་པའི་དཔེས་ཕར་ཕྱིན་ཐམས་ ཅད་ཤེར་པར་རོ་གཅིག་པ་ཉིད་ཅེས་གཞན་དོན་མོས་པ་ཆེན་པོའི་ཆེན་པོའི་བར་དུ་གསུངས་ སོ། །ཐ་དད་ནི་དེ་གསུམ་དངོས་པོ་ཐ་དད་དོ། །གྲངས་ངེས་ནི། མོས་པ་གཞིར་བྱས་ལ་སྦྱོར་ བས་དངོས་སུ་རང་དོན། གཉིས་དོན་བར་བཅས། གཞན་དོན་བར་མེད་དུ་སྒྲུབ་པ་གསུམ་དུ་ ངེས་པས་སོ། །ཨཱརྱས། དེ་ལ་རང་གི་དོན་ལ་མོས་པ་ནི། གཞན་དོན་གྱི་ཆེད་དུ་བྱ་བར་འགྱུར་ ལ། གཉིས་པ་ལ་ནི་སྦྱོར་བ་བར་ཆད་དང་བཅས་པ། གསུམ་པ་ལ་ནི་སྦྱོར་བ་བར་ཆད་མེད་པ་ ཡིན་ནོ། །ཞེས་སོ། །ཆོས་སྐུ་སྤྲུལ་སྐུ་ལོངས་སྐུའི་རྒྱུ་རིམ་པ་ལྟར་ཡིན་པར། གཞོན་ནུ་དཔལ་ ལོ། །ཆོས་བཤེས་སུ། ཁ་ཅིག་ནི། རང་དོན་ནི་ས་རིང་དུ་སོང་བའི་བར་དུའོ། །ས་བརྒྱད་པ་ ནས་གཞན་དོན། བཅུ་པ་ལ་གཉིས་དོན་ཞེས་ཟེར་རོ། །ཞེས་དང༌། རང་ལུགས་ལའང༌། གཉིས་དོན་མཐར་བཤད་པ་ནི་འཕགས་སེང་སོགས་དང་འགལ་ལོ། །འགྲེལ་པ་ལ། གསུམ་ དུ། དགུ་རུ། དགུ་ཚན་གསུམ་དུ་དབྱེ་བའོ། །དང་པོ་ནི། སྤྱིར་རང་དོན་སོགས་སུ་ཡུམ་ལ་ 2-1-54 མོས་པ་ནི་རང་གིས་ཇི་ལྟར་མོས་པ་བཞིན་མཐོང་བ་སྟེ་རྟོགས་ཤིང་ཐོབ་པའི་དགེ་བའི་ཆོས་ ཤེར་ཕྱིན་ནམ་རང་དོན་གྲུབ་པ་སོགས་ཀྱི་རྟེན་ནམ་རྒྱུ་ཡིན་ཞིང༌། ཚོགས་སྦྱོར་མཐོང་ལམ་གྱི་ སྐབས་རྣམས་ནའང་ཅི་རིགས་པར་ཡོད་པ་ཡིན་ན་ཡང༌། སྐབས་འདིར་བཤད་མོས་པ་ནི། དེ་ དག་ན་མེད་དེ། འཕགས་པའི་སྒོམ་པའི་ལམ་གྱི་དབང་དུ་བྱས་པའི་ལམ་ཡིན་པ་ལས་ཏེ་དེའི་ ཕྱིར། དེས་ན་མངོན་དུ་མི་བྱེད་པ་ནི་མོས་པའི་མིང་སྟེ་སྒོམ་ལམ་མོས་པ་དེ་ལ་ཡང་དང་པོར་ རྣམ་པ་གསུམ་དུ་དབྱེའོ། །ཇི་ལྟར་བྱས་པས་ཞེ་ན། བསམ་པས་གཞན་དོན་སྒྲུབ་པར་མཚུངས་ པ་ལ་སྦྱོར་བས་དངོས་སུ་རང་སྣོད་ (གསེར་)དུ་རུང་བ་དང་རང་གཞན་གཉིས་ཀ་སྣོད་དུ་རུང་ བ་དང་གཞན་སྣོད་དུ་རུང་བར་བྱ་བའི་དོན་ལ་དམིགས་ཤིང་མོས་པ་གསུམ་དུ་ངེས་པས་སོ། ། ཞེས་པ་དགོངས་པར་ངེས་སོ། །གསེར་ནི། རང་གཉིས་ཀ་གཞན་ལ་དམིགས་པ་སྟེ་སྣོད་དུ་ རུང་བར་བྱེད་པའི་སྒོམ་ལམ་མོས་པ་དེ་ནི་བདག་མེད་པར་མོས་པ་བཞིན་དུ་སྟེ། བདག་མེད་ ལས་མ་འདས་པར་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་ཀྱི་ལམ་མཐོང་བ་སྟེ་ཐུགས་སུ་ཆུད་པའི་ དགེ་བའི་ཆོས་མ་ཆགས་པ་སོགས་ཀྱི་ངོ་བོ་སེམས་བསྐྱེད་པ་ལ་སོགས་པའི་རྟེན་ཏེ་གཞི་ཡིན་ ན་ཡང་དང་བོ་སྟེ་ཐོག་མ་ཁོ་ན་ནས་གང་ལ་དམིགས་པའི་རང་གཞན་གཉིས་ཀའི་དོན་མཐར་ ཐུག་པ་མངོན་དུ་མི་བྱེད་དེ། སྒོམ་པའི་ལམ་གྱི་དབང་དུ་བྱས་པ་སྟེ་བསྒོམ་པ་རབ་ཀྱི་མཐར་ ཐུག་པར་སློབ་ཅིང་གོམས་པར་བྱེད་པའི་གནས་སྐབས་ལས་ཏེ་དེའི་ཕྱིར། ཞེས་སོ། །(སྦྱོར་ཊཱིཀ་ བལྟའོ། ། ) གཉིས་པ་ནི་གསུམ་པོ་དེ་དག་ཀྱང་རེ་རེ་ཞིང་ཆུང་ངུ་ལ་སོགས་པའི་བྱེ་བྲག་གིས་རྣམ་ པ་གསུམ་གསུམ་སྟེ་དགུ་ཡིན་ལ། གསུམ་པ་ནི། དགུ་བོ་དེ་ཡང་སོ་སོར་ཏེ་རེ་རེ་ཞིང་ཆུང་ངུའི་ ཆུང་ངུ་དང་དེའི་འབྲིང་ཆེན་པོ་ཞེས་པ་ལ་སོགས་པའི་དབྱེ་བས་རྣམ་པ་གསུམ་གསུམ་སྟེ་དགུ་ མཚན་གསུམ་ཡིན་ཏེ། དེ་ལྟར་ན་དགུ་མཚན་གསུམ་གྱིས་མོས་པ་རྣམ་པ་ཉི་ཤུ་རྩ་བདུན་ནོ། ། གཉིས་པ་ལ། སྔ་འགྲེལ་ནི། ཡུམ་ལ་མོས་པ་དེ་བསྒོམ་པའི་བྱང་པ་གོང་ནས་གོང་དུ་ 2-1-55 ཡོན་ཏན་འཕེལ་བའི་སྤྲོ་བ་བསྐྱེད་པའི་ཕྱིར་དུ། རང་གཞན་གཉིས་ཀའི་དོན་དེ་ལྟར་མོས་ པའི་བྱང་པ་ལ་སངས་རྒྱས་དང་སོགས་པ་བྱང་འཕགས་ཀྱིས་བསྟོད་པ་དང༌། སོགས་པས་ བཀུར་བསྔགས་པ་མཛད་དོ་ཞེས་བསྟོད་བཀུར་བསྔགས་པ་གསུངས་པ། རྩ་བ་ལ། ཤེར་པ་ ལ་མོས་པའི་གནས་སྐབས་རང་དོན་མོས་པ་དགུ་བོ་རྣམས་ལ་བསྟོད་པ་ཙམ་དགུ། གཉིས་ དོན་མོས་པ་དགུ་ལ་བཀུར་བ་ཙམ་དགུ། གཞན་དོན་མོས་པ་དགུ་ལ་བསྔགས་པ་ཙམ་དགུ་ སྟེ་དགུ་ཚན་གསུམ་གྱིས་བསྟོད་བཀུར་བསྔགས་པ་བྱས་པར་མདོ་ལས་འདོད་དེ་བཤད་ དོ། །ཞེས་སྦྱར་རོ། །འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དེ་པའི་སྐུ་གདུང་གིས་ བཀང་བ་གང་ཡིན་པ་དང༌། ཤེར་པའི་ཆ་གཉིས་ལས་གང་ཡང་རུང་བ་འདམ་དུ་སྩལ་ན་འདི་ ཉིད་ལེན་ཏེ། ཞེས་སོགས་རྒྱ་ཆེར་ཏེ། མདོར་བསྡུས་པ་མོས་པ་ཉེར་བདུན་དང་འདི་གཉིས་ ཀ་མདོ་དང་ཆོས་བཤེས་སུ་སྦྱར་རོ། །འགྲེལ་པ་ལ། ཇི་ལྟར་མོས་པ་སོགས་སྔར་བཤད་ལྟར་ རམ་རང་དང་གཉིས་ཀ་དང་གཞན་གྱི་དོན་དུ་ཇི་ལྟར་མོས་པ་བཞིན་མཐོང་བའི་ཆོས། ཚེ་ འདི་ལ་བསོད་ནམས་ཆུང་འབྲིང་ཆེ་དགུ་དགུ་བསྐྱེད་བྱེད་ཀྱི་མཚན་ཉིད་ཤེར་པ་ལ་སྦྱོར་བས་ རང་དོན་དུ་ཞུགས་པའི་མོས་པ་ཡིད་ལ་བྱེད་པ་དང་པོ་རང་དོན་མོས་པའི་གནས་སྐབས་དགུ་ དག་ཏུ་བསྟོད་པ་རྣམ་པ་དགུས་གོང་ནས་གོང་དུ་མངོན་པར་དགའ་བར་བྱེད་ཅིང་བསྟོད། སྦྱོར་བས་གཉིས་དོན་དུ་ཞུགས་པ་གཉིས་དོན་མོས་པའི་གནས་སྐབས་དགུ་དག་ཏུ་དགའ་ བར་བྱེད་ཅིང་བཀུར། སྦྱོར་བས་གཞན་དོན་ཁོ་ནར་ཞུགས་པའི་གནས་སྐབས་དགུ་དག་ཏུ་ དགའ་བར་བྱེད་ཅིང་བསྔགས་པར་འདོད་དོ། །སོ་སོར་དང་གོ་རིམ་བཞིན་དུ་ཞེས་པའི་དོན་ དེ་ལྟར་རོ། །རྒྱུ་མཚན་དེས་ན་འདིར་བཤད་པའི་བསྟོད་པ་ལ་སོགས་པ་འདི་དག་ནི་མོས་པའི་ ཆེ་བའི་ཡོན་ཏན་གྱི་དོན་ཇི་ལྟ་བ་བཞིན་རྟོགས་ནས་སངས་རྒྱས་སོགས་ཐུགས་དགེས་པས་ གནས་པ་ཁོ་ནའི་མཚན་ཉིད་དམ་རང་བཞིན་ཡིན་གྱི། རིག་བྱེད་ལས། ཡི་གེ་ༀ་ལྡན་ཕྱེད་ 2-1-56 དང་བཞི། །ཚད་དུ་བྱས་པས་སྙན་པར་བརྗོད། །འདི་ནི་བསྟོད་པ་སྨྲ་བ་དང༌། །སྒྲ་ཡི་ཚངས་ པའང་འདི་ཉིད་དེ། །བཀུར་བའང་དེ་ལྟར་བརྗོད་པར་བྱ། །ཡི་གེ་དང་ལྡན་ཚད་སྔོན་བཞིན། ། སྙན་སྨྲ་སྙན་ཚིག་རིག་བྱེད་དེ། །དེ་ནི་བསྔགས་པར་འདོད་པའོ། །ཞེས་པ་ལྟར། ངག་གི་ བརྗོད་པ་ལྟར་མི་གནས་པའི་སྒྲ་སྙན་པ་གཅམ་བུ་སྟེ་ངོ་བསྟོད་ཀྱི་ངོ་བོ་ནི་མ་ཡིན་ནོ་ཞེས་ཆོས་ བཤེས་སོ། །ཨཱརྱས། རིག་བྱེད་ཤེས་པ་རྣམས་ཀྱིས་དོན་བརྗོད་པ་ནི་བསྟོད་པ། ཚད་ཕྱེད་ དང་བཞི་པའི་ༀ་ནི་བཀུར་བ། མར་ལྟ་བུའི་རྗེས་སུ་བརྗོད་པ་ནི་བསྔགས་པ་ཡིན་ནོ། །ཞེས་ པ་ལྟར་ན། སྒྲར་གཏོགས་པ་ཁོ་ནར་འགྱུར་ན། འདིར་ཆ་དགུ་པའི་རྟོགས་པའི་མཚན་ཉིད་ ཡིན་ཞེས་གསུངས་པས། བསྟོད་བཀུར་བསྔགས་གསུམ་རྟོགས་པ་ཡིན་གྱི་སྒྲ་ཡིན་པ་མི་སྲིད་ ཅེས་བཅོམ་རལ་སོགས་འཆད་དོ(བུ་སྟོན། )། །དེའི་དགོངས་པ་དེ་མིན་ཏེ་སྒྲར་གཏོགས་པ་ཞེས་ པ་བརྗོ་ད་བྱ་དོན་ལ་མེད་པའི་སྒྲ་ཙམ་དུ་འགྱུར་ཞེས་པར་དགོངས་སོ། །དེས་ན་ཡོན་ཏན་ཇི་ ལྟ་བ་བཞིན་རྟོགས་ནས་སྟོན་པའི་ངག་ཚིག་གི་རིག་བྱེད་ཡང་བསྟོད་བཀུར་སོགས་ཡིན་ཏེ། ཨཱརྱས་ལེགས་སོ་ལེགས་སོ་ཞེས་བསྔགས་པ་བརྗོད་པས་བསྔགས་པའི་དོན་གསལ་བར་ བྱེད་དོ། །ཞེས་དང༌། རད་ཀིར་གྱིས། བསྟོད་པ་ནི་བསྟོད་པ་ཙམ་མོ། །བཀུར་བ་ནི་འབྲིང་དུ་ བསྟོད་པའོ། །བསྔགས་པ་ནི་ཆེར་བསྟོད་པའོ། །ཞེས་དང༌། གསེར་གྱིས་ཡང་ཆུང་འབྲིང་ཆེན་ པོ་བཤད་དོ། །སངས་རྒྱས་ཐུགས་དགེས་པ་ཁོ་ན་བསྟོད་སོགས་ཡིན་ན་བསྟོད་སོགས་ལ་ཆུང་ འབྲིང་ཆེན་པོ་མི་འཐད་དེ། སངས་རྒྱས་ཐུགས་དགེས་པའི་རྟོགས་པ་ལ་ཆེ་ཆུང་སོགས་མེད་ པའི་ཕྱིར་ཏེ། དྲན་པ་ཉེར་བཞག་གསུམ་བཤད་པ་ལྟར་རོ། །དེས་ན་བསྟོད་སོགས་ལ་གཉིས་ ཀ་ཡོད་དོ་ཞེས་པ་གནད་ཀྱི་དོན་ནོ། ། གཉིས་པ་ལ། སྔ་འགྲེལ་ནི། སྔར་བཤད་དེ་ལྟར་ཡུམ་ལ་མོས་པས་བསོད་ནམས་ བསགས་པ་ལ་དེ་མི་ཟད་པར་བྱེད་པའི་ཐབས་མཆོག་བསྔོ་བ་འབྱུང་བས་སྒོམ་ལམ་གཉིས་ 2-1-57 པ་བསྔོ་བ་ཡིད་ལ་བྱེད་པ་ཞེས་བྱ་བ་འཆད་དོ། །རྩ་བ་ལ། སྤྱི་དང༌། ཡན་ལག་གི་དོན་གཉིས་ ལས། དང་པོ་ལ། བསྔོ་རྒྱུ། བསྔོ་ས། ཆེད་དུ་བྱ་བ། བློའི་རྣམ་པ། རང་བཞིན་བསྟན་པ་དང་ ལྔའོ། ། དང་པོ་ལ། དངོས་དང༌། བསྔོ་བ་འགྲུབ་པའི་རྐྱེན་གཉིས་སོ། །དང་པོ་ནི། འདུས་བྱས་ཀྱི་ དགེ་བའི་རྩ་བ་ཐམས་ཅད་ཡིན་ཏེ། རྡོ་རྗེ་རྒྱལ་མཚན་གྱི་ (ཕལ་ཆེན་གྱི་)བསྔོ་བའི་ལེའུར། འགྲོ་ ཀུན་དགེ་བ་ཇི་སྙེད་ཡོད་པ་དང༌། །བྱས་དང་བྱེད་འགྱུར་དེ་བཞིན་བྱེད་པ་དག །ཅེས་སོ། ། མདོ་དེའི་དོན་ལ། འགྲོ་ཀུན་ཇི་སྙེད་པའི་དགེ་བ་ཆོས་དབྱིངས་བདེར་གཤེགས་སྙིང་པོ་ལ་ (འབྲི་གུང་ཆོས་རྗེས་)བཞེད་པ་ནི་ནོར་བ་ཡིན་ཞེས་ཆོས་རྗེ་ས་སྐྱ་པཎྜི་ཏས་བཀག་ཅིང༌། དེ་བསྔོ་རྒྱུ་ ཡང་མིན་ལ་དགེ་བའང་མིན་ཞེས་རྒྱ་ཆེར་སྡོམ་གསུམ་རབ་དབྱེར་བཀོད་དོ། །ཆོས་རྗེ་བུ་རིན་ ནི། ཆོས་དབྱིངས་སོགས་འདུས་བྱས་མ་བྱས་ཀྱི་དགེ་བ་ཐམས་ཅད་བསྔོ་རྒྱུ་ཡིན་གསུངས་ ལ། མཁས་པ་ཆེན་པོ་བཅོམ་རལ་དང་ཆོས་རྗེ་ཀུན་མཁྱེན་ཆེན་པོ་ནི། ཆོས་དབྱིངས་སོགས་ བསྔོ་རྒྱུ་མིན་ཞེས་དང༌། ཁྱད་པར་དུ་ཆོས་རྗེ་ཀུན་མཁྱེན་ཆེན་པོ་ནི། ཆོས་དབྱིངས་ནི་བསྔོ་ས་ ཡིན་གསུངས་པས་གང་མོས་པ་ལྟར་བྱའོ། །ཆོས་དབྱིངས་སོགས་འདུས་མ་བྱས་ཀྱི་དགེ་བ་ མེད་ཅེས་ (ས་སྐྱ་)གསུངས་པ་ནི་ནོར་བ་སྟེ། ངོ་བོ་ཉིད་སྐུ་དགེ་བ་མིན་པར་འགྱུར་བ་ལ་སོགས་ ལུང་རིགས་དུ་མ་ཡོད་དོ། །གཉིས་པ་ནི། སྡོམ་པ་དང་ལྡན་པས་བདེན་པའི་སྟོབས་བརྗོད་པ་ སྟེ། ལུང་ལས། ཚུལ་ཁྲིམས་ལྡན་པ་སྨོན་པས་འགྲུབ། །ཅེས་སོ། །གཉིས་པ་ནི། ཉན་རང་ སོགས་སུ་མིན་གྱི་རྣམ་མཁྱེན་དུ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར་ཉན་ ཐོས་ཀྱི་སའམ་རང་སངས་རྒྱས་ཀྱི་སར་བསྔོར་མི་འཇུག་པའོ། །ཞེས་མདོ་ལས་སོ། །གསུམ་ པ་ནི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྟེ། རིགས་པ་དྲུག་ཅུ་བའི་བསྔོ་བར། དགེ་བ་འདི་ ཡིས་སྐྱེ་བོ་ཀུན། །ཞེས་སོ། །བཞི་པ་ནི། ཀུན་རྫོབ་ཏུ་ཡན་ལག་བདུན་ལྡན་དུ་སྣང་ཆ་རྒྱ་ 2-1-58 ཆེན་པོ་དང་བཅས་པས་དགེ་བ་འདིས་བདག་གཞན་གྱི་སངས་རྒྱས་ཐོབ་པར་གྱུར་ཅིག་པའི་ འདུན་པ་དང་བཅས་པ་སྟེ། འཇམ་དཔལ་གྱི་ཞིང་བཀོད་དུ། ཆོས་རྣམས་ཐམས་ཅད་རྐྱེན་ བཞིན་ཏེ། །འདུན་པའི་རྩ་ལ་རབ་ཏུ་གནས། །གང་གི་སྨོན་ལམ་ཅི་བཏབ་པ། །འབྲས་བུའང་ དེ་འདྲ་ཉིད་དུ་འགྱུར། །ཞེས་སོ། །དོན་དམ་པར་ཅིར་ཡང་མ་དམིགས་པར་རྟོགས་པའི་ཤེས་ རབ་ཀྱིས་ཟིན་པའི་སྔོན་གྱི་སངས་རྒྱས་བྱང་སེམས་ཀྱིས་ཇི་ལྟར་བསྔོས་པ་བཞིན་བསྔོ་བ་སྟེ། བཟང་སྤྱོད་ལས། འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང༌། །ཀུན་ཏུ་བཟང་བོ་དེ་ཡང་ དེ་བཞིན་ཏེ། །ཞེས་སོགས་དང༌། དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱིས། །ཞེས་ སོགས་ལྟར་ཏེ། བསླབ་བཏུས་སུ། བཟང་སྤྱོད་སྨོན་ལམ་གྱི་མཆོག་ཡིན་ལ་དེའི་ནང་ནས་བྱང་ སེམས་ལྟར་བསྔོ་བ་དང་སངས་རྒྱས་ལྟར་བསྔོ་བ་དེ་གཉིས་མཆོག་ཡིན་པར་བཤད་དོ། །ལྔ་ པ་ལ་ཐེག་ཆེན་བསྔོ་བའི་མཚན་ཉིད། གཞན་དོན་དུ་དགེ་བ་རྣམས་སངས་རྒྱས་མ་ཐོབ་བར་ དུ་མི་ཟད་པར་སངས་རྒྱས་ཀྱི་རྒྱུར་སྟོབ་པའི་དགེ་བ་སྟེ། མདོ་ལས། ཇི་ལྟར་ཆུ་ཐིགས་རྒྱ་མཚོ་ ཆེ་ནང་ལྷུང༌། །རྒྱ་མཚོ་མ་ཟད་པར་དུ་དེ་མི་འཛད། །དེ་བཞིན་བྱང་ཆུབ་ཕྱིར་བསྔོས་དགེ་བ་ ཡང༌། །བྱང་ཆུབ་མ་ཐོབ་པར་དུ་དེ་མི་འཛད། །ཅེས་སོ། །བྱེ་བྲག་སྒོམ་ལམ་བསྔོ་བའི་མཚན་ ཉིད་བཤད་ཟིན་ཏོ། །མཚོན་བྱའི་སྒྲ་བཤད་ནི། བ་རི་ཎ་ཏ་ཞེས་པ་ཡོངས་སུ་བསྒྱུར་བ་སྟེ་དགེ་ བ་ཐམས་ཅད་རྫོགས་བྱང་གི་རྒྱུར་བསྒྱུར་བས་བསྔོ་བའོ། ། གཉིས་པ་ལ། དབྱེ་གཞི་ཐེག་ཆེན་གྱི་ཡོངས་སུ་བསྔོ་བའོ། །དབྱེ་ངོ་བཅུ་གཉིས་ཏེ། ཡིད་ བྱེད་ཁྱད་པར་ཅན་གྱི་ཡོངས་སུ་བསྔོ་བ་ཞེས་པ་ནས་བསོད་ནམས་ཆེན་པོ་འབྱུང་བའི་བསྔོ་ བའི་བར་བཅུ་གཉིས་ཏེ་དེ་ཡང་དགུ་ལས། གཞན་ལྟོས་ས་ཆུང་འབྲིང་ཆེ་གསུམ་ལ་ལྟོས་ནས་ རྣམ་པ་གསུམ་མོ་ཞེས་སོགས་སྦྱར་རོ། །ཆུ་མིག་པ་ནི། ས་གཉིས་གསུམ་བཞི་པའི་ཆུང་ངུ་ལྔ་ དྲུག་བདུན་པའི་འབྲིང་བརྒྱད་སོགས་གསུམ་གྱི་ཆེན་པོ། ཞེས་སོ། །ཐ་དད་ནི་ངོ་བོ་གཅིག་ 2-1-59 ལ་ལྡོག་པ་དང་ཡུལ་གྱི་དབྱེ་བས་བཅུ་གཉིས་སུ་བསྟན་ཞེས་དང༌། གྲངས་ངེས་ནི། བློ་དམན་ རྗེས་སུ་གཟུང་བའི་དོན་དུ་མངོན་ཞེན་བཅུ་གཉིས་ཀྱི་གཉེན་པོར་དང༌། ཡུལ་གྱི་དབྱེ་བས་ བཅུ་གཉིས་སུ་བསྟན་ཅིང་དབང་རྣོན་གྱིས་བརྙས་པ་བཟློག་པའི་དོན་དུ་དེ་བས་མང་བར་མ་ ཕྱེའོ། །ཞེས་པ་རྣམས་འགྲེལ་ཆེན་ནོ། །འགྲེལ་པ་ལ། བསྔོ་བ་བྱེད་དོ། །གང་དུ་ན། བླ་མེད་ རྫོགས་བྱང་ཆུབ་ཏུའོ། །གང་གི་ཕྱིར་དུ་ན། སེམས་ཅན་ཐམས་ཅད་ཀྱི་དོན་དུ་མི་ཟད་པར་བྱ་ བའི་ཕྱིར་དུའོ། །མི་ཟད་པའི་རྒྱུ་མཚན་ནི། སེམས་ཅན་མཐའ་མེད་པ་དང་སངས་རྒྱས་མཁྱེན་ པ་དང་ཡོན་ཏན་མཐའ་མེད་པའི་ཆེད་དུ་བསྔོས་པས་ཏེ། ཟླ་གྲགས་ཀྱིས། སེམས་ཅན་རྣམ་ མཐའ་ཡས་ཕྱིར་དང༌། །སངས་རྒྱས་མཁྱེན་པ་ཚད་མེད་དང༌། །དེར་ནི་ཡོངས་སུ་བསྔོས་ པའི་ཕྱིར། བསོད་ནམས་དེ་ནི་མཐའ་ཡས་འགྱུར། །ཞེས་སོ། །གང་གིས་ན། ཐེག་གསུམ་གྱི་ གདུལ་བྱའི་སེམས་ཅན་ལ་རང་རང་གི་ལམ་ཉེ་བར་སྟོན་པའི་སངས་རྒྱས་ཀྱི་རྒྱུའི་ངོ་བོ་བྱེད་ པ་སྟེ། རྒྱུའི་གཙོ་བོར་གྱུར་པའི་བསྔོ་བ་དང་ལྡན་པའི་བྱང་སེ་རྣམས་ཀྱིས་སོ། །དེ་ཡི་བྱེད་པ་ མཆོག་ཡིན་ནོ། །ཞེས་པའི་འགྲེལ་པ་སྟེ་མཉམ་པ་མེད་པ་མི་མཉམ་པ་དང་མཉམ་པ་ (ཨཱརྱ་) ཞེས་སོགས་སོ། །གྲངས་དུ་ན། རྣམ་པ་བཅུ་གཉིས་སོ། །བཅུ་གཉིས་གང་ཞེ་ན། མིང་དོན་གོ་ རིམ་བཞིན་དུ་སྦྱར་ན་ཐེག་ཆེན་གྱི་སྒོམ་ལམ་བསྔོ་བ་ཆོས་ཅན། སྔར་ཇི་སྐད་བཤད་ (ཞེས་མོས་ བསྔོ་གཉིས་ཡུལ་གཅིག་པར་བསྟན་ཞེས་གསེར་རོ། ། )པའི་མོས་པའི་ཡུལ་ཁྱད་པར་ཅན་ཆོས་སྐུའམ་ཡུམ་ མམ་སེམས་བསྐྱེད་ (གསེར་)སོགས་ཡིད་བྱེད་ཁྱད་པར་ཅན་གྱི་བསྔོ་བ་ཞེས་བྱ་བ་དེ་ལྟར་མིང་ དུ་བཏགས་པའི་མིང་ཅན་གྱི་བསྔོ་བ་ཡིད་ལ་བྱེད་པ་སྟེ། བསྡུ་ན་ཡིད་བྱེད་ཁྱད་པར་ (ཐེག་དམན་ ཐམས་ཅད་ཀྱི་བསོད་ནམས་ཀྱི་ཕུང་བོ་ལས་ཁྱད་པར་དུ་གྱུར་པ་ཞེས་དག་ལྡན། )ཅན་གྱི་བསྔོ་བ་ཡིན་ཏེ། བླ་མེད་ བྱང་ཆུབ་བདེན་པར་མི་དམིགས་པའི་སྒོ་ནས་དམིགས་ཤིང་ཡིད་ལ་བྱེད་པའི་བསྔོ་བ་ཡིན་ པས་སོ། །(ཡང་དག་པའི་ཤེས་རབ་དང་ལྡན་པའི་ཕྱིར། )བྱང་སེམས་པ(འོ། །ཐབས་ཀྱི་རྣམ་པ་ཐམས་ཅད་དང་ལྡན་པའི་ 2-1-60 ཕྱིར། )སེམས་པ་ཆེན་པོས་ (སོ། །ཞེས་འགྲེལ་ཆེན། )བླ་མེད་རྫོགས་པའི་བྱང་ཆུབ་ཏུ་མི་དམིགས་པའི་ ཚུལ་གྱིས་ཡོངས་སུ་བསྔོ་བ་འདི་ཉིད་རབ་ཅེས་བྱའོ། །ཞེས་སོགས་སོ། །མིང་བཏགས་པ་དང་ མི་དམིགས་ཞེས་པ་ཀུན་ལ་སྦྱོར་བར་སློབ་དཔོན་བཞེད་པ་ལྟར་རམ་འཕགས་པ་སོགས་ལྟར་ ན་མ་སྦྱར་ཡང་རུང་ངོ༌། །ཆོས་ཅན། བསྔོ་བྱའི་རྫས་མི་དམིགས་པའི་མིང་ཅན་གྱི་བསྔོ་བ་ཡིན་ ཏེ། ཟག་པ་མེད་པའི་ཚུལ་ཁྲིམས་ཏིང་ངེ་འཛིན་ལ་སོགས་པའི་ཕུང་བོ་ལྔ་དང་ཐེག་གསུམ་ གྱི་ (མདོ་ཨཱརྱ་)སྨིན་གྲོལ་བྱས་པའི་སེམས་ཅན་ཐམས་ཅད་ཀྱི་དགེ་བ་ཞེས་སོགས་དང༌། མདོ་ ནི། བྱམས་པ་སེམས་གང་གི་རྗེས་སུ་ཡི་རང་ཞིང་དགེ་རྩ་དེ་དག་བླ་མེད་རྫོགས་བྱང་ཆུབ་ ཏུ་ཡོངས་སུ་བསྔོ་བར་བྱ་བའི་སེམས་དེ་ནི་ཟད་ཅིང་འགགས་པ་མེད་དེ། རྣམ་པར་འགྱུར་ དངོས་པོ་དེ་དག་དང་དམིགས་པ་དེ་དག་དང་དགེ་རྩ་དེ་དག་ཟད་ཅིང་འགགས་ལ་མེད་དེ་ རྣམ་པར་གྱུར་ན་ཡི་རང་གི་སེམས་ནི་གང་ཞིག་དངོས་པོ་དེ་དག་ནི་གང་ཞིག དམིགས་པ་དེ་ དག་ནི་གང་ཞིག ཅེས་སོགས་སོ། །ཆོས་ཅན། ཕྱིན་ཅི་མ་ལོག་པའི་བསྔོ་བ་སྟེ། བསྔོ་བར་ བྱེད་པའི་སེམས་ལ། ཡང་སེམས་ཀྱི་འདུ་ཤེས་ཕྱིན་ཅི་ལོག་དང་བདག་ལྟ་སོགས་ཀྱིས་གོས་ པ་མེད་པའི་བསྔོ་བ་ཡིན་པས་སོ། །ཡོངས་སུ་བསྔོ་བའི་སེམས་ལ་ཡང་སེམས་ཀྱི་འདུ་ཤེས་ སུ་མི་འགྱུར་ན་དེ་ལྟར་ཡོངས་སུ་བསྔོ་བའི་བྱང་ཆེན་པོ་ལ་ (བསྔོ་བྱ་བསྔོ་བྱེད་སོགས་ཀྱི་མཚན་མར་འཛིན་ པ་ནི། )འདུ་ཤེས་ཕྱིན་ཅི་ལོག་ཏུ་འགྱུར་བ་མེད་དོ། །(དེ་དང་མཚུངས་ལྡན་གྱི་སེམས་ནི་)སེམས་ཕྱིན་ཅི་ ལོག་ (དེ་ལ་བདེན་པར་ལྟ་བ་ནི་)ལྟ་བ་ཕྱིན་ཅི་ལོག་ཏུ་ (སྟེ་དེར་)འགྱུར་བ་མེད་དོ། །ཞེས་སོ། །ཆོས་ ཅན། དོན་དམ་པར་འབྲས་བུ་བསོད་ནམས་ (བུདྡྷ་ཤྲཱི་)འདུ་བྱ་བྱེད་དམ་གཟུང་བ་སོགས་ཀྱིས་ དབེན་པའི་བསྔོ་བ་སྟེ། བདག་དང་སོགས་པ་གཞན་དུ་རྟོག་པ་ལ་སོགས་པའི་ (གསེར་)ཉོན་ མོངས་པའི་ཕུང་བོའི་དངོས་པོ་མ་དམིགས་པའི་བསྔོ་བས་སོ། །བསོད་ནམས་བྱ་བའི་དངོས་ པོ་ (དེ་ཕུང་སྐྱེ་ཁམས་ཀྱིས་དབེན་པར་ཤེས་ཞེས་མདོར་རོ། །འདི་ཡང་ཡོད། )ངོ་བོ་ཉིད་ཀྱིས། དབེན་པར་ཤེས་ 2-1-61 ཏེ། ཞེས་སོགས་སོ། །ཆོས་ཅན། དེ་པའི་དགེ་རྩའི་ཚོགས་ཀྱི་རང་བཞིན་དྲན་པའི་སྤྱོད་ཡུལ་ ཅན་གྱི་བསྔོ་བ་ཡིན་ཏེ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཚོགས་གཉིས་ཀྱི་དགེ་བ་ ཞེས་སོགས་དང༌། སངས་རྒྱས་ཀྱི་དགེ་བའི་རྩ་བ་རྣམས་རིགས་གང་དག་ཡིན་པ་དང་རང་ བཞིན་གང་ཡིན་པ་དེ་བཞིན་དུ་བསོད་ནམས་བྱ་བའི་དངོས་པོ་དེ་ཡོངས་སུ་བསྔོ་བར་བྱེད། (ཨཱརྱས་དྲངས། )ཅེས་སོ། །ཆོས་ཅན། ཐབས་ལ་མཁས་པ་དང་བཅས་པའི་བསྔོ་བ་སྟེ། སྦྱིན་པ་ལ་ སོགས་པའི་ཕྱིན་དྲུག་སོགས་དང༌། ཐབས་ལ་མཁས་པ་དེ་དག་ལ་བསླབ་པར་བྱ་སྟེ། ཞེས་ སོགས་སོ། །ཆོས་ཅན། མཚན་མ་མེད་པའི་བསྔོ་བ་སྟེ། སྦྱིན་བྱ་སོགས་དང་ (གསེར་)སྟོང་ཉིད་ སོགས་ཀྱི་མཚན་མར་འཛིན་པ་ཐམས་ཅད་མི་དམིགས་ཞེས་སོགས་དང༌། ཁ་ཟས་དུག་ (མདོ་) ཅན་གྱི་དཔེས་ (ཨཱརྱ་)དམིགས་པ་དང་མཚན་མའི་འདུ་ཤེས་ཅན་གྱི་བསྔོ་བ་དེ་ནི་དུག་ཅན་ཟུག་ རྔུ་ཅན་ཏེ། ཞེས་སོགས་སོ། །ཆོས་ཅན། སངས་རྒྱས་ཀྱིས་རྗེས་སུ་ཡི་རང་ཞིང་གནང་བའི་ བསྔོ་བ་སྟེ། ཐེག་པ་གསུམ་ (གསེར་)གྱི་ལམ་ཐམས་ཅད་མི་དམིགས་ཞེས་སོགས་དང༌། སངས་ རྒྱས་བཅོམ་ལྡན་འདས་དེ་དག་གི་ཡེ་ཤེས་བླ་ན་མེད་པས་མཁྱེན་པ་དེ་བཞིན་དུ་ཡོངས་སུ་ བསྔོའོ། ། ཞེས་སོགས་སོ། །(ཨཱརྱས་དྲངས། )ཆོས་ཅན། ཁམས་གསུམ་པར་མ་གཏོགས་པའི་བསྔོ་ བ་སྟེ། འདོད་པ་དང༌། སོགས་པ་གཟུགས་གཟུགས་མེད་པའི་ཁམས་མི་དམིགས་སོགས་ དང༌། འདོད་པའི་ཁམས་སུ་མ་གཏོགས། ཞེས་སོགས་སོ། །ཆོས་ཅན། བསོད་ནམས་ཆེན་པོ་ འབྱུང་བ་ཆུང་ངུའི་མིང་སྦྱར་རུང་ཅན་གྱི་བསྔོ་བ་སྟེ། སྟོང་གསུམ་སེམས་ཅན་ཐམས་ཅད་ཀྱིས་ དགེ་བ་བཅུའི་ལས་ལམ་དང༌། སོགས་པ་བསམ་གཏན་བཞི་ཚད་མེད་བཞི་གཟུགས་མེད་ བཞི་མངོན་ཤེས་ལྔ་ཐོབ་པའི་བསོད་ནམས་པས་ཆེས་ལྷག་པའི་བསོད་ནམས་ཅན་གྱི་བསྔོ་བ་ ཡིན་པས་སོ། །ཞེས་དང༌། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིའི་སེམས་ ཅན་ཐམས་ཅད་དགེ་བ་བཅུའི་ལས་ཀྱི་ལམ་ཐོབ་པར་གྱུར། ཞེས་སོགས་སོ། །ཆོས་ཅན། 2-1-62 བསོད་ཆེན་འབྱུང་བ་འབྲིང་གི་བསྔོ་བའི་མིང་སྦྱར་རུང༌། སྟོང་གསུམ་སེམས་ཅན་ཐམས་ཅད་ རྒྱུན་དུ་ཞུགས་པ་དང༌། སོགས་པ་ཕྱིར་འོང་མི་འོང་དགྲ་བཅོམ་རང་རྒྱལ་གྱི་བར་ཐོབ་པའི་ བསོད་ནམས་པས། ཞེས་སོགས་དང༌། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ འདི་ན་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་རྒྱུན་དུ་ཞུགས་པར་གྱུར། ཅེས་སོགས་ སོ། །ཆོས་ཅན། དེ་འདྲ་ཆེན་པོའི་བསྔོ་བ་སྟེ། སྟོང་གསུམ་སེམས་ཅན་ཐམས་ཅད་བླ་མེད་བྱང་ ཆུབ་ལ་གནས་པ་སྟེ་ཞུགས་པ་ལ་དམིགས་བཅས་ཀྱིས་བསྐལ་བ་གང་གའི་ཀླུང་གི་བྱེ་མ་སྙེད་ དུ་མཆོད་པ་བས་བསོད་ནམས་ལྷག་པའི་བསྔོ་བ་ཡིན་པས་སོ། །སྟོང་ཆེན་པོའི་འཇིག་རྟེན་གྱི་ ཁམས་ན་སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་བླ་མེད་རྫོགས་པའི་བྱང་ཆུབ་ཏུ་ ཞུགས་པར་གྱུར། ཅེས་སོགས་སོ། ། གསུམ་པ་ལ། སྔ་འགྲེལ་ནི། ཚུལ་དེ་ལྟར་བྱང་ཆུབ་ཏུ་ལེགས་པར་བསྔོས་པའི་དངོས་པོ་ གོང་ནས་གོང་དུ་མངོན་པར་སྤེལ་བར་བྱ་བ་ཡིན་པས། སྒོམ་ལམ་གསུམ་པ་རྗེས་སུ་ཡི་རང་ བ་ཡིད་ལ་བྱེད་པ་ཞེས་བྱ་བ་བསྔོ་བའི་འོག་ཏུ་འདིར་བཤད་ལ། སྡུད་པར། གོང་དུ་བཤད་པ་ ནི། བསྔོ་བའི་དགེ་བ་ཡི་རང་གིས་སྤེལ་བ་དང༌། ཡི་རང་གི་དགེ་བ་བྱང་ཆུབ་ཏུ་བསྔོ་བར་བྱེད་ པས། རིམ་པ་ངེས་པ་མེད་དོ། །ཞེས་ཟླ་ཟེར་རོ། །རྩ་བ་ནི། ཀུན་རྫོབ་ཏུ་ཡི་རང་བྱ་བའི་དགེ་ བ་སོགས་དམིགས་པའི་ཐབས་མཁས་དང༌། དོན་དམ་པར་ཅིར་ཡང་མི་དམིགས་པར་རྟོགས་ པའི་ཐབས་ཤེས་དག་གི་སྒོ་ནས་སྐྱེ་འཕགས་ཀྱི་དགེ་བའི་རྩ་བ་ལ། དམིགས་ནས་ཡི་རང་ བ་སྟེ་སེམས་མངོན་པར་དགའ་བས་རྒྱས་པ་ནི། རྗེས་སུ་ཡི་རང་བ་ཡིད་ལ་བྱེད་པ་ཡིན་པར་ སྐབས་འདིར་བརྗོད་དོ། །ཐབས་མཁས་པས་དེ་མི་དམིགས་པའི་ཚུལ་གྱིས་བླ་མེད་རྫོགས་ བྱང་ཆུབ་ཏུ་བསྔོ་བར་བྱའོ། །(རད་ཀིར་གྱིས་ཐབས་ཀྱིས་ཀུན་རྫོབ་ཏུ་བསོད་ནམས་ཀྱི་ཚོགས་ལ་དམིགས་པར་བྱ་ ཞིང༌། མི་དམིགས་པས་གཟུང་བ་དང་འཛིན་པ་དག་མི་དམིགས་པས་རྣམ་པར་དག་པར་བྱ་སྟེ་དེ་པ་ལ་སོགས་པའི་བསོད་ནམས་ 2-1-63 ཀྱི་ཚོགས་ལ་རྗེས་སུ་ཡི་རང་བ་ནི་རྗེས་སུ་ཡི་རང་བ་དང༌། ཞེས་སོ། ། ) ཞེས་སོགས་སོ། །འགྲེལ་པ་ལ། དབུལ་ བོས་གཏེར་རྙེད་པ་ལྟར་རབ་ཏུ་དགའ་བའི་སེམས་ཀྱིས་ཀུན་རྫོབ་ཏུ་ཐབས་མཁས་ཀྱིས་ཡི་ རང་བྱ་རང་བྱེད་རང་བའི་དགེ་བའི་རྩ་བ་རྣམས་དམིགས་ཤིང་སྣང་ཆ་མ་དོར་བར་དོན་དམ་ པར་ཅིར་ཡང་མི་དམིགས་པར་རྟོགས་པ་ཉིད་ཀྱི་སྒོ་ནས་རྗེས་སུ་ཡི་རང་བར་བྱ་བ་དག་ཡིན་ ནོ། ། གསུམ་པ་ནི། སྒོམ་ལམ་གསུམ་བསྟན་པ་དེ་ལ་མདོར་བསྡུས་པའི་དོན་ནི། སྒོམ་ལམ་ མོས་པ་ཡིད་ལ་བྱེད་པས་ནི། འབྲས་བུ་བསོད་ནམས་རྒྱ་ཆེན་པོ་མངོན་པར་འདུ་བྱེད་པའམ་ སོགས་སྟེ། གསེར་གྱི་འབྱུང་ཁུངས་དག་ནས་གསེར་གྱི་གར་བུ་འབྱུང་བ་བཞིན་དུའོ། །བསྔོ་ བ་ཡིད་ལ་བྱེད་པས་ནི། དགེ་བ་དེ་ཡང་དག་རྫོགས་བྱང་ཆུབ་ཀྱི་ཡན་ལག་སྟེ་རྒྱུར་བྱེད་དོ། ། གསེར་སྦྲམ་དེ་གསེར་མགར་གྱིས་རྣ་རྒྱན་ལ་སོགས་པར་བྱེད་པ་བཞིན་དུའོ། །རྗེས་སུ་ཡི་ རང་ཡིད་ལ་བྱེད་པས་ནི། རང་བྱའི་ཡུལ་གཞན་གྱི་བསོད་ནམས་བྱས་པ་དེ་ལ་ཡིད་རང་བ་ རང་གི་བསོད་ནམས་གཉིས་བློ་མཉམ་ན་མཉམ་པ་ཉིད་དང་རང་བྱེད་བློ་དམའ་ན་ཆུང་ལ། མཐོ་ན་ཆེ་བར་འཐོབ་པོ་ཞེས་བྱ་བ་འདི་ཡིན་ནོ། །ཡང་ན་བསོད་ནམས་ཆེན་པོ་ཐོབ་པར་ མཉམ་ཞེས་སྟོན་པ་ཡིན་ནོ། ། གཉིས་པ་ལ། གཉིས་སུ་དབྱེ་བའི་མཚམས་སྦྱར། ཕྱེ་བ་སོ་སོའི་དོན་ནོ། །དང་པོ་ནི། དམན་མཆོག་གི་རིམ་པས་ཟག་པ་དང་བཅས་པའི་སྒོམ་པའི་ལམ་གྱི་འོག་ཏུ་ཟག་པ་མེད་ པའི་སྒོམ་པའི་ལམ་སྟོན་ལ། དེ་ལ་བཞི་སྟེ། དབྱེ་གཞི། ཟག་མེད་ཀྱི་སྒོམ་ལམ་དེ་ཡང་ངོ༌། ། དབྱེ་ངོ༌། སྒྲུབ་དག་རྣམ་པ་གཉིས་སོ། །ཐ་དད་ནི་སྤང་བྱ་གང་སྤོང་བ་ལ་ལྟོས་ཏེ་བར་ཆད་ མེད་ལམ་དང་རྣམ་གྲོལ་ལམ་དུ་སོང་བའི་ཆ་ལ་ལྟོས་ཏེ་ངོ་བོ་ཐ་དད། སྔ་མའི་རྣམ་གྲོལ་ཕྱི་ མའི་བར་ཆད་མེད་ལམ་དུ་འགྱུར་བ་ལྟ་བུ་ངོ་བོ་གཅིག་གོ །གྲངས་ངེས་ནི། ཐེག་ཆེན་པོའི་ 2-1-64 ཟག་མེད་སྒོམ་ལམ་ལ་བར་ཆད་མེད་དང་རྣམ་གྲོལ་ལམ་གཉིས་ཡོད་པས་དེ་གཉིས་སུ་ངེས་ སོ། །འོན་ཀྱང་སྒྲུབ་པ་རྟོགས་པ་ལམ་བདེན། རྣམ་དག་སྤངས་པ་འགོག་བདེན་ཡིན་ལ། ཁ་ ཅིག་ (བུ་སོགས། )སྤང་རྟོགས་ཡིན་ཡང་གཉིས་ཀ་ལམ་བདེན་དུ་འདོད་པ་ནི་ནོར་བ་སྟེ། ཐེག་ ཆེན་གྱི་སྤངས་རྟོགས་གཉིས་སུ་ཕྱེ་བའི་སྤངས་པ་ནི་འགོག་བདེན་ཉིད་ལ་བཤད་དོ། ། གཉིས་པ་ལ་གཉིས་ཏེ། ཡོན་ཏན་བུདྡྷ་ཤྲཱི་མངོན་པར་སྒྲུབ་པའི་སྒོམ་ལམ། དྲི་མས་རྣམ་ པར་དག་པའི་སྒོམ་ལམ་མོ། ། དང་པོ་ལ། སྔ་འགྲེལ་ནི། གཉིས་ཡོད་པ་དེའི་ཕྱིར། གཉིས་ཀྱི་དང་པོ་ཡོན་ཏན་མངོན་ པར་སྒྲིབ་པའི་མཚན་ཉིད་ཀྱི་སྒོམ་ལམ་མཉམ་གཞག་སྟོན་ནོ། །རྩ་འགྲེལ་གཉིས་ལ། ཐེག་ ཆེན་གྱི་སྒྲུབ་པ་སྒོམ་ལམ་ཆོས་ཅན། དེའི་ངོ་བོ་ཡེ་ (ཨཱརྱ་དངོས་)ཤེས་ཀྱི་ངོ་བོ་ཉིད་ཡིན་ཏེ། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་བདེན་དངོས་ཀྱིས་སྟོང་པར་ཕྱིན་ཅི་མ་ལོག་པར་ མཐོང་བའི་ཟག་མེད་ཀྱི་ཤེས་རབ་ཡིན་པས་སོ། །ཤེར་པ་ནི་རྣམ་པར་དག་པས་ན་སྣང་བ་ བགྱིད་པའོ། །ནས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་སླད་དུ་ཆོས་ཐམས་ཅད་ཀྱི་ངོ་ བོ་ཉིད་སྟོན་པའོ། །ཞེས་པའི་བར་རོ། །དེ་སྒྲུབ་པ་སྒོམ་ལམ་གྱི་ངོ་བོ་དང༌། ལྷག་པ་བཞི་ཁྱད་ ཆོས་ཡིན་ནོ། །ཆོས་ཅན། ཤེར་ཕྱིན་གྱིས་མ་ཟིན་པའི་སྦྱིན་སོགས་ཐམས་ཅད་ལས་མཆོག་ ཉིད་ཡིན་ཏེ། འཁོར་གསུམ་ (སྡུད་པའི་དོན་)དུ་རྟོག་པའི་སྦྱིན་སོགས་གཞན་གྱིས་སངས་རྒྱས་མི་ ཐོབ། ཁྱོད་ཀྱིས་དེ་ཐོབ་པར་བྱེད་པས་སོ། །ཕར་ཕྱིན་ལྔ་ནམ་ཤེར་པས་ཟིན་པའི་ཚེ་མིག་དང་ ལྡན་པར་འགྱུར། ཞེས་སོགས་རྒྱ་ཆེར་རོ། །ཆོས་ཅན། གཟུགས་སོགས་ཀུན་ལ་དོན་དམ་པར་ སྐྱེ་བ་སོགས་སུ་མངོན་པར་འདུ་མི་བྱེད་པ་སྟེ་མི་ (བུདྡྷ་ཤྲཱི་)འཛིན་ཏེ། ཆོས་ཐམས་ཅད་ཀྱི་ཁྱད་ པར་དོན་དམ་པར་སྐྱེ་བ་མེད་པར་མངོན་སུམ་དུ་རྟོགས་པའི་སྦྱོར་བ་ཡིན་པས་སོ། །གཟུགས་ མངོན་པར་སྒྲུབ་པ་མེད་པའི་ཕྱིར། ཞེས་ནས། ཆོས་ཐམས་ཅད་མངོན་པར་འདུ་བྱེད་པ་མེད་ 2-1-65 པས་ཤེར་པ་མངོན་པར་བསྒྲུབ་པར་བྱའོའི་བར་ (ཨཱརྱ་)རོ། །སྔར་བཤད་དེ་ལྟ་བུའི་ངོ་བོ་ཉིད་ དང་མཆོག་ལ་སོགས་པ་དང་ལྡན་པའི་སྒྲུབ་པ་སྒོམ་ལམ་ཆོས་ཅན། དགེ་མི་དགེ་བྱས་མ་ བྱས་སོགས་ཀྱི་ཆོས་ཐམས་ཅད་བདེན་པར་མ་དམིགས་པ་ཉིད་དུ་རྟོགས་ (ཨཱརྱ་)པ་རྣལ་འབྱོར་ བ་སྒོམ་ལམ་པའི་རྒྱུད་ལ་གཏོད་པར་བྱེད་པ་ཡིན་ཏེ། དེ་དེའི་རྒྱུད་ལ་བསྐྱེད་པར་བྱེད་པས་ ནིའོ། །དམིགས་པའི་ཚུལ་གྱིས་ཉེ་བར་མི་གནས་ཏེ། དེའི་ཕྱིར་ཆོས་གང་ཡང་ཐོབ་པར་བྱེད་ པ་མ་ཡིན་ནོ། །ཞེས་སོགས་སོ། །ཆོས་ཅན། དོན་ཆེན་པོ་ཅན་ཉིད་དོ། །དོན་ཏེ་འབྲས་བུ་ཆེན་ པོའམ་མཆོག་སངས་རྒྱས་ཉིད་དུ་བྱེད་པའི་ཕྱིར། (དོན་ཆེན་པོ་སངས་རྒྱས་ཉིད་སྒྲུབ་པས་ན། ཞེས་འགྲེལ་ཆེན་ ནོ། ། )ཤེར་པ་འདི་ནི་ཕར་ཕྱིན་ཆེན་པོའོ། ། ཞེས་སོགས་རྒྱུ་མཚན་རྒྱ་ཆེར་རོ། །མདོར་ཤེར་ཕྱིན་ ནི་སྣང་བར་བགྱིད་པའོ། །ཞེས་སོགས་ལ། འགྲེལ་ཆེན་དུ། དྲོད་སོགས་བཞི་མཐོང་ལམ་ སྐད་ཅིག་བཅུ་དྲུག་སྒོམ་ལམ་ཟག་བཅས་དང་སྦྱར་བ་ནི་ (ཁ་ཅིག་ (བླ་མ་དམ་པ། )སྒྲུབ་པ་སྒོམ་ལམ་སྦྱོར་ མཐོང་ནའང་ཡོད་གསུང་བའི་འཁྲུལ་གཞི་འདིར་སྣང་སྟེ་དགོངས་པ་གཏན་མིན་པར་སྣང་ངོ༌། ། )ནོར་བ་སྟེ། སྒྲུབ་པ་སྒོམ་ ལམ་ཀྱི་མདོ་ཡིན་ཀྱང་དེ་ཟག་མེད་ཡིན་པས་དྲོད་ལ་སོགས་པའི་སྐབས་སུ་ཅི་ལྟར་རིགས། སྡུག་བསྔལ་ཆོས་བཟོད་ཁམས་གསུམ་གྱི་མཐོང་སྤང་གི་རབ་རིབ་དང་བྲལ་བར་བྱེད་པའང་ ངོ་མཚར་ཏེ། དེས་འདོད་པའི་ཉོན་མོངས་སྤོང་ལ་གཟུགས་གཟུགས་མེད་ཀྱི་རྗེས་བཟོད་ཀྱིས་ སྤོང་བས་སོ། །ཞེས་ཟླ་ཟེར་རོ། །འོན་ཀྱང་དྲོད་རྩེ་སོགས་སྒྲུབ་པ་སྒོམ་ལམ་དུ་འགྲེལ་ཆེན་དུ་ ཡང་སྐབས་འདིར་མ་བཤད་ཅིང་སྒྲུབ་པ་ཟག་མེད་དུ་དངོས་སུ་བཤད་དོ། ། གཉིས་པ་ལ། མཚམས་སྦྱར། རྣམ་དག་རྒྱུ་བཅས་བཤད་པའོ། །དང་པོ་ནི། སྒྲུབ་པ་སྒོམ་ ལམ་དེའི་འོག་ཏུ་སྟེ་གཉིས་པ་ཤིན་ཏུ་རྣམ་པར་དག་པའི་མཚན་ཉིད་གསུངས་སོ། །གང་གི་སྒོ་ ནས་ན། རྐྱེན་གང་ཞིག་ཡོངས་སུ་བཟུང་བས་ཐོབ་པར་འགྱུར་བ་རྣམ་དག་འདིའི་སྐྱེ་བའི་རྒྱུ་ མཐུན་རྐྱེན་ནི་གང་ཞིག་ཡིན། གང་ཞིག་བོར་བས་ཐོབ་པར་འགྱུར་བ་རྣམ་དག་འདིའི་མི་སྐྱེ་ 2-1-66 བའི་རྒྱུ་སྟེ་འགལ་རྐྱེན་གང་ཞིག་ཡིན་སྙམ་པའི་ཐེ་ཚོམ་བསལ་བའི་ཕྱིར་དེ་གཉིས་བཤད་པ་ སྔོན་དུ་བཏང་བའི་སྒོ་ནས་སོ། །གཉིས་པ་ལ། དེའི་མཐུན་རྐྱེན་འགལ་རྐྱེན་བཤད། འབྲས་ བུ་རྣམ་པར་དག་པ་བཤད་པའོ། །དང་པོ་ལ། རྩ་འགྲེལ་གཉིས་ལས། རྩ་བ་ལ། གཉིས་ཀྱི་ མཐུན་རྐྱེན་ནི། འདས་པའི་སྒོམ་ལམ་དང་མཐོང་ལམ་གྱི་རྩ་བ་ནི་མོས་པ་ཡིན་ལ། དེའི་རྒྱུ་ གང་ཞེ་ (དག་ལྡན་རད་ཀིར་སོགས་)ན། (སྒོམ་ལམ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་མཐའ་དག་ཁས་ལེན་པའི་རྩ་བ་ནི་མོས་ པ་ཡིན་ནོ། །དེ་གང་གི་རྒྱུ་མཚན་གྱིས་ཞེས་པ་ལ་གསུངས་པ་རད་ཀིར། )ཕྱོགས་བཅུའི་སངས་རྒྱས་མང་བོ་བསྟེན་ པ་སྟེ་བསྙེན་བཀུར་བྱས་པ་དང༌། སྦྱིན་སོགས་ཕྱིན་དྲུག་བསྐྱེད་པ་དང༌། ཉན་རང་གི་སེམས་ (མདོ་)དང་ལྷན་ཅིག་མི་གནས་སེམས་ཅན་སྨིན་པར་ (མདོ་)བྱེད། སངས་རྒྱས་ཀྱི་ཞིང་དག་པར་ བྱེད་པ་ལ་སོགས་པའི་ཐབས་ལ་ (ནི་སངས་རྒྱས་ཉིད་འགྲུབ་པའི་རྒྱུ་རྐྱེན་ཏེ་ཞེས་རད་ཀིར་མདོ། )མཁས་པ་ གང་ཡིན་པ། དེ་གསུམ་ཤེར་ (ཨཱརྱ་དག་ལྡན་)ཕྱིན་ནམ། སྒོམ་ (སྙིང་ཟླ་བུདྡྷ་ཤྲཱི། )ལམ་འདི་ (སངས་རྒྱས་ ཀྱི་ཆོས་འདི་ལ་ཞེས་རད་ཀིར་རོ། ། )ལ་མོས་པའི་རྒྱུ་དག་ཡིན་ནོ། །སངས་རྒྱས་ཚད་མེད་གྲངས་མེད་ པ་བསྙེན་བཀུར་བྱས་ནས་འདིར་འོངས་ཤིང༌། ཞེས་སོགས་རྒྱས་པར་རོ། །མོས་པའི་རྒྱུར་ བཤད་པས་རྣམ་དག་གི་ཡང་རྒྱུར་གྲུབ་ཀྱི། མོས་པ་ཞེས་པ་རྣམ་དག་ལ་འཆད་པ་ནི་ནོར་བ་ ཁོ་ནའོ། །གཉིས་པ་འགལ་རྐྱེན་ནི། དམ་པའི་ཆོས་ཀྱིས་ཕོངས་བར་འགྱུར་བའི་ལས་ (ནི་རང་ གིས་ཆོས་ཉན་པ་ལ་སོགས་པ་མི་ཐོབ་པའི་རྒྱུ་རྣམས་སོ། །ཞེས་གསེར། )ཀྱི་ངོ་བོ་ནི། ཤེར་ཕྱིན་གྱི་མདོ་ལ་ཆོས་ (མདོ་)མིན་འདུལ་བ་ (མདོ་)མིན་སྟོན་པའི་ (མདོ་)བསྟན་པ་མིན་སངས་རྒྱས་ཀྱིས་གསུངས་ (མདོ་) པ་མིན་ཞེས་སྐུར་བ་འདེབས་ཤིང་འདོར་ལ་ཁོང་ཁྲོ་གཞན་ཡང་མོས་པ་མེད་པར་བྱེད་པ་ལ་ སོགས་པའི་ལས་སོ། །དེའི་རྒྱུ་དག་ནི་བཞི་སྟེ། སྤྱིར་བདུད་ནི་དྲི་མ་དང་བཅས་པའི་སེམས་མ་ དག་པ་ལ་གསུངས་ཀྱང༌། འདིར་ནི་གཞན་འཕྲུལ་དབང་བྱེད་ཀྱི་བདག་པོ་བདུད་སྡིག་ཅན་ ཀྱི་ཐིབས་ཀྱིས་ནོན་པ་སྟེ་བྱིན་གྱིས་བརླབས་པ་སྟེ། དེ་ཡང་དྲན་པ་ཉེར་བཞག་ལས། བདུད་ 2-1-67 སྡིག་ཅན་དེའི་ཆུང་མ་པད་མའི་འཕྲེང་བ་ཅན་གྱི་སྤྱི་བོ་ན། དྲེགས་པར་བྱེད། རྨོངས་པར་ བྱེད། ཀུན་ཏུ་རྨོངས་པར་བྱེད། བརྒྱལ་བར་བྱེད། སེམས་མེད་པར་བྱེད་པ་ཞེས་པའི་མེ་ཏོག་ གི་མདའ་ལྔ་ཡོད་ལ། དེས་གང་ལ་ཕོག་པ་དེའི་དུག་ལྔ་འབར་བར་འགྱུར་རོ། །དེའི་འཁོར་ འཇིག་རྟེན་སྐྱོང་བ་བཞི་སྟེ། འཐབ་པར་བྱེད། གཡེང་བར་བྱེད། ལྷག་པར་ཆགས་པར་བྱེད། འདུ་ཤེས་ཕྱིན་ཅི་ལོག་ཏུ་བྱེད་པ་བཞི་སྟེ། དེ་དག་གིས་ (ཁྱིམ་པ་རྣམས་)འཐབ་པར་བྱེད། སྦྱིན་པ་ གཏོང་དུ་མི་འཇུག་ (རབ་བྱུང་རྣམས་)གཡེང་བར་བྱེད། ཚུལ་ཁྲིམས་བསྲུང་དུ་མི་འཇུག་གོ །ཞེས་ སོགས་རྒྱས་པར་ཤེས་པར་བྱའོ། །སྟོང་ཉིད་ཟབ་མོའི་ཆོས་ལ་མ་མོས་པ་དང་ཕུང་བོ་ཁམས་ ལ་སོགས་པ་ལ་དངོས་པོར་མངོན་པར་ཞེན་པ་དང༌། སྡིག་པའི་གྲོགས་པོས་ཡོངས་སུ་ཟིན་ ཅིང་དབང་དུ་སོང་བའོ། །རྣམ་པ་བཞི་བོ་དེ་དག་གིས་སྐྱེས་བུ་གླེན་པ་དེ་དག་ཤེར་ཕྱིན་ཟབ་ མོ་འདི་སྤོང་བར་འགྱུར་རོ། །ཞེས་སོགས་སོ། །མདོར། སྡིག་གྲོགས་ཀྱི་ལག་ཏུ་སོང་བ་ཡིན་ ཏེ། བརྩོན་འགྲུས་མེད་ཅིང་ཕུང་བོ་ལྔ་ལ་ཞེན་པ་རྒྱུ་གསུམ་པ་དང༌། ཞེ་སྡང་གི་སྤྱོད་པ་ཅན་ ཡིན་ཏེ་བདག་བསྟོད་གཞན་སྨོད་པར་གྱུར་པ་རྒྱུ་བཞི་པར་གསུངས་སོ། །ལས་དེའི་འབྲས་བུ་ ནི། མཚམས་མེད་ལྔ་པས་ཆེས་ཆེར་ལྕི་བའི་ཕྱིར་ལུས་དང་ཚེ་ཚད་ལྷག་པས་མནར་མེད་པའི་ དམྱལ་བར་འཇིག་ཆགས་ཀྱི་བསྐལ་བ་མང་བོར་འཕོ་ཞིང་སྐྱེ་ལ་བརྒྱ་ལ་ཐར་ནའང་ཡི་དྭགས་ དུད་འགྲོ་མི་ཡང་དབང་བོ་མ་ཚང་བ་རིགས་ངན་སོགས་སུ་སྐྱེས་ནས་སྡུག་བསྔལ་སོགས་ མྱོང་བར་རྒྱ་ཆེར་གསུངས་སོ། །འགྲེལ་པ་ལའང་གཉིས། སྔར་བཞིན་ཏེ་བསྙེན་བཀུར་གྱིས་ མཉེས་སོགས་དང༌། ཤེར་ཕྱིན་ (བུདྡྷ་ཤྲཱི་)ལ་མཉམ་པར་འཇོག་པའི་ཞི་གནས་ཞེས་སོགས་མོས་ པའམ་རྣམ་དག་སྐྱེ་རྒྱུ་ཡིན་ནོ། །གཉིས་པ་ནི། སྔོན་དགེ་རྩ་མ་ (བུདྡྷ་ཤྲཱི་)བསགས་པས་བདུད་ ཀྱིས་གནོད་སོགས་དང༌། ཐེག་ཆེན་གྱི་རིགས་ (བུདྡྷ་ཤྲཱི་)མ་སྦྱངས་པས་ཆོས་ཟབ་སོགས་དང༌། ཆོས་ཀྱི་བདག་མེད་ལ་མ་གོམས་ (བུདྡྷ་ཤྲཱི་)པས་ཕུང་སོགས་ལ་དངོས་པོར་སོགས་དང༌། བཤེས་ 2-1-68 གཉེན་མ་བསྟེན་པས་མི་དགེ་སོགས་སོ། །རིགས་མེད་གྲོགས་ངན་སྔོན་དགེ་མ་བསགས་བློ་ མ་སྦྱངས། །ཆོས་འདིས་སྐྲག་འགྱུར་འདི་ན་དོན་ཆེན་འདི་ལས་ལྟུང༌། །ཞེས་པ་ལྟར་རོ། ། གཉིས་པ་ལ་གཉིས་ཏེ། རྣམ་དག་སྤྱིར་ (ཨཱརྱ་)བསྟན། ཁྱད་པར་དུ་བསྟན་ (ཨཱརྱ་)པའོ། །དང་ པོ་ལ། སྔ་འགྲེལ་ནི་དེ་ལྟར་སོགས་ནས་སྐབས་སུ་བབ་པ་འཕགས་བཞིའི་རྣམ་དག་སྤྱིར་ཏེ་ ཐུན་མོང་བ་སྟོན་ནོ། །རྩ་བ་ལ། ཕར་ཕྱིན་ (འབུམ་ཊཱིཀ་དངོས་གནོད་འཇོམས་དོན་དངོས། )དང་བྱང་ཕྱོགས་ སོགས་ཀྱི་འབྲས་བུ་མྱང་འདས་ (གཉིས་ཀ་དངོས་)ཡིན་པའི་ཆོས་ཉིད་རང་བཞིན་གྱིས་རྣམ་པར་ དག་པ་ཆོས་ཅན། གཟུགས་ལ་སོགས་པའི་ (ནས་རྣམ་མཁྱེན་བར་མདོར་ཡོད་གནོད་འཇོམས་གཉིས་)ཆོས་ ཉིད་རང་བཞིན་གྱིས་རྣམ་པར་དག་པ་དེ་ཉིད་ཡིན་ཏེ། རྒྱུ་མཚན་གང་གི་ཕྱིར་ན་ཁྱོད་དང་ དེ་གཉིས་རང་མཚན་ཐ་དད་མ་ཡིན་ཞིང་སྤྱི་མཚན་གྱིས་ཀྱང་སོ་སོར་གཅད་དུ་མེད་པའི་དེ་ བཞིན་ (གནོད་འཇོམས་དངོས་)ཉིད་ཡིན་པའི་ཕྱིར། དེ་གཉིས་ཀྱི་དོན་ནི། རྫས་དང་ལྡོག་པ་ཐ་དད་ མིན་ཞེས་པ་སྟེ། ཨཱརྱས། དབྱེ་བ་ནི་མཚན་ཉིད་སྣ་ཚོགས་པ་ཉིད་དོ། །གཅད་པ་ནི་སོ་སོ་ཐ་ དད་པར་ཡན་ལག་སོ་སོར་བྱེད་པའོ། །ཞེས་དང༌། གསེར་གྱིས། སྣ་ཚོགས་པའི་མཚན་ཉིད་ ཀྱིས་ཐ་མི་དད༌། རབ་ཏུ་དབྱེ་བའི་མཚན་ཉིད་ (ནི་ལྡོག་པ་དུ་མ་ལ་ཆོས་བཤེས་ཀྱིས་མཚན་ཉིད་མདོར་བསྟན་དུ་ བཤད་དོ། ། )ཀྱིས་གཅད་དུ་མེད་ཅེས་སོ། །གཟུགས་རྣམ་པར་དག་པ་གང་ཡིན་པ་དེ་ནི། འབྲས་ བུ་རྣམ་པར་དག་པ། འབྲས་བུ་རྣམ་པར་དག་པ་གང་ཡིན་པ་དེ་ནི་ཤེར་པ་རྣམ་པར་དག་པ་སྟེ། ནས། (གཟུང་འཛིན་)གཉིས་སུ་མེད་ཅིང་ (ལྡེམ་པོ་ངག་གིས་ཀྱང་)གཉིས་སུ་བྱར་མེད་དེ་ (མདོར་བསྟན་ཞེས་ དག་ལྡན། ) (མཚན་ཉིད་)སོ་སོ་མ་ཡིན་ (ཡན་ལག་སོ་སོར་)ཐ་མི་དད་དོ། །(རྒྱས་བཤད་ཅེས་དག་ལྡན། )བརྗོད་ ཞེས་སོགས་མདོར་དོ། །གནོད་འཇོམས་སུ། དེ་ལ་གཟུགས་ཀྱི་ཆོས་ཉིད་ཀྱི་གནས་སྐབས་ལ་ གཟུགས་རྣམ་པར་དག་པ་ཞེས་བྱའོ། །མྱ་ངན་ལས་འདས་པ་ཞེས་བྱ་བ་ཡང་དག་པའི་མཐའི་ གནས་སྐབས་ལ་ནི་འབྲས་བུ་རྣམ་པར་དག་པ་ཞེས་བྱའོ། །ཆོས་སྐུའི་གནས་སྐབས་ལ་ནི་ 2-1-69 ཤེར་པ་རྣམ་པར་དག་པ་ཞེས་བྱའོ། །ཞེས་དང༌། རྣམ་དག་སྟེ་རྣམ་གྲོལ། ཞེས་དང༌། དེ་བས་ ན་དེ་བཞིན་ཉིད་དང་རྣམ་པར་གྲོལ་བ་དང་ཆོས་ཀྱི་སྐུ་ནི་དོན་དམ་པར་ཐ་དད་མེད་དེ་གཅིག་ གོ །(དེ་བཞིན་ཉིད་དུ་གཅིག་གོ་ཞེས་འབུམ་ཊཱིཀ་དངོས་ཆེ་བའི་དོན་ནོ། ། ) དེ་བཞིན་དུ་རྣམ་མཁྱེན་ཉིད་རྣམ་ པར་དག་པའི་བར་དུ་ཡང་སྦྱར་རོ་ཞེས་སོགས་སོ། །འབུམ་ཊཱིཀ་ཡང་དོན་དེའོ། །འགྲེལ་པ་ ལ། འཕགས་པའི་གང་ཟག་གི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་རྒྱུན་ཞུགས་སོགས་ཞེས་གསེར་ ཏེ། དགེ་སྦྱོང་ཚུལ་ནི་དྲི་མེད་ལམ། །འབྲས་བུ་འདུས་བྱས་འདུས་མ་བྱས། །ཞེས་མཛོད་དུ་ བཤད་པ་ལྟར་རོ། །དེའི་འབྲས་བུ་ (ནི་བྱང་ཆུབ་སྟེ་ཞེས་རད་ཀིར། )འགོག་ལམ་གཉིས་ཆོས་ཅན། དེའི་ སྟེ་རང་གི་མི་མཐུན་ཕྱོགས་ཏེ་སྤང་བྱ་དྲི་མ་ཐམས་ཅད་དང་བྲལ་བ་ཉིད་ཀྱིས་རྣམ་པར་དག་ པའི་གློ་བུར་དྲི་བྲལ་གྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཉིད་རྒྱུན་ཞུགས་ (གསེར་དངོས་)སོགས་ཀྱི་ གཟུགས་ལ་སོགས་པའི་ཆོས་ཉིད་ཡང་ཁྱོད་ཀྱི་སྤང་བྱ་གློ་བུར་དྲི་མས་རྣམ་པར་དག་པའི་རྣམ་ དག་ཡིན་ཏེ། གང་གི་ཕྱིར་ན། དེ་དག་གི་ཆོས་ཉིད་རང་གི་སྤང་བྱ་གློ་བུར་གྱི་དྲི་མས་རྣམ་པར་ དག་པ་དེ་དག་རང་མཚན་ཐ་དད་པ་མ་ཡིན་པས། ཐ་མི་དད་ཅིང་སྤྱི་མཚན་ཐ་དད་པ་མ་ཡིན་ པས་སོ་སོར་གཅད་དུ་མེད་པའི་གཅིག་ཉིད་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། དེ་འདྲའི་འབྲས་ བུ་དང་རྒྱུན་ཞུགས་སོགས་ཀྱི་གཟུགས་ལ་སོགས་པའི་ཆོས་ཉིད་རང་རང་གི་སྤང་བྱ་གློ་བུར་ དྲི་མས་རྣམ་པར་དག་པའི་དེ་བཞིན་ཉིད་ཆོས་ཅན། རང་སྤྱིའི་མཚན་ཉིད་ཀྱིས་ཐ་མི་དད་ཅིང་ གཅད་དུ་མེད་དེ། ཡུལ་གཟུགས་ལ་སོགས་པ་ལ་རྟག་པའི་བདག་དང་བདག་གི་སོགས་སུ་ མངོན་པར་ཞེན་པ་ལ་སོགས་པ་དང་བྲལ་བས་རྣམ་དག་ཏུ་རབ་ཏུ་ཕྱེ་བའི་ཆོས་ཉིད་ཡིན་པས་ སོ། །རྒྱུ་མཚན་དེའི་ཕྱིར་དེ་ལྟར་འབྲས་བུ་དང་གཟུགས་སོགས་རྣམ་པར་དག་པར་མདོར་ བརྗོད་དོ། །ཞེས་ཏེ། རྩ་བར་བཤད་པ་ལྟར་རང་བཞིན་རྣམ་དག་དང༌། འགྲེལ་པ་ལྟར་གློ་ བུར་རྣམ་དག་གཉིས་ཀ་བཤད་དུ་རུང་ངོ༌། །འོན་ཀྱང་ཤླཽ་ཀ་འདིས་ (རད་ཀིར་ཡང་)རང་བཞིན་ 2-1-70 རྣམ་དག་དང༌། འོག་མས་གློ་བུར་རྣམ་དག་སྟོན་པར་སྣང་ངོ༌། ། གཉིས་པ་ལ་གསུམ་སྟེ། འཕགས་བཞིའི་རྣམ་དག་སོ་སོར་བཤད། ཤིན་ཏུ་བ་དང་ཅིག་ ཤོས་ཀྱི་རྣམ་དག་བསྟན། ཤིན་ཏུ་བ་བྱེ་བྲག་ཏུ་སྒྲུབ་ (སློབ་དཔོན་ལྟར་དོན་བསྡུས་)པའོ། །དང་པོ་ ལ། སྔ་འགྲེལ་ནི། འཕགས་བཞིའི་རྣམ་དག་སྤྱིར་བརྗོད་ནས་སོ་སོའི་རྣམ་དག་ཁྱད་པར་དུ་ ཕྱེ་ནས་སྟོན་ནོ། །རྩ་འགྲེལ་ལྷན་ཅིག་སྟེ། སློབ་མ་ཉན་ཐོས་དགྲ་བཅོམ་གྱི་འགོག་ལམ་ཆོས་ ཅན། རང་གི་སྤང་བྱ་དྲི་མས་དག་པ་སྟེ་ཆགས་སོགས་ཉོན་མོངས་པའི་སྒྲིབ་པ་ཉམས་སམ་ སྤངས་པའི་ཕྱིར། འདོད་ཆགས་ཞེ་སྡང་གཏི་མུག་རྣམ་པར་དག་པ་དང་གཟུགས་སོགས་དག་ པ་གཉིས་སུ་མེད་སོགས་བདག་དག་པས་གཟུགས་སོགས་དག་ཞེས་སོགས་སོ(ཨཱརྱ)། །བསེ་ རུ་སྟེ། རང་རྒྱལ་དགྲ་བཅོམ་གྱི་འགོག་ལམ་ཆོས་ཅན། ཆོས་འདྲ། ཉོན་སྒྲིབ་དེ་དང་ཤེས་བྱའི་ སྒྲིབ་པའི་ཕྱོགས་གཅིག་པོ་ཕྱིའི་གཟུང་བའི་དོན་བདེན་པར་འཛིན་པའི་རྣམ་རྟོག་སྤངས་པའི་ ཕྱིར། གཟུགས་དག་པ་ནི་འབྲས་བུ་དག་པ་སོགས་དང་མ་རིག་པ་དག་པས་འདུ་བྱེད་དག་ ཞེས་སོགས་སོ༌། །(ཨཱརྱ། ) རྒྱལ་སྲས་བྱང་པ་རྣམས་ཀྱི་འགོག་ལམ་ཆོས་ཅན། ཆོས་འདྲ། ཐེག་ པ་གསུམ་གྱི་ལམ་གྱི་སྒྲིབ་པ་སྔར་བཤད་གཉིས་དང༌། ནང་འཛིན་པ་དོན་དམ་པར་བདེན་ པར་འཛིན་རྟོག་སྤངས་པའི་ཕྱིར། ཞེས་པ་གོ་རིམ་བཞིན་གྱི་དོན་ནོ། །སྦྱིན་ཕར་དག་པས་ ཚུལ་ཕར་དག་ཞེས་སོགས་སོ། །ཆོས་དབྱིངས་བསྒོམ་པ་མཐར་ཐུག་པ་ལས་བྱུང་བ་ཉིད་ཀྱི་ བླ་མེད་སངས་རྒྱས་ཀྱི་རྣམ་དག་ནི་ཆོས་ཅན། ཤིན་ཏུ་རྣམ་པར་དག་པ། (ཤེས་སྒྲིབ་སྤངས་པས། ) དངོས་པོ་དང༌། (རྟག་ཏུ་ཆོས་སྐུ་བརྙེས་པས་)དུས་ཀྱི་མཐའ་ལས་འདས་པ་ (ཞེས་ཨཱརྱ་)ཡིན་པར་འདོད་ དོ། །ཉོན་མོངས་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་རྣམ་པ་ཀུན་ཏུའམ་ཐམས་ཅད་ དུ་སྤངས་པའི་རྣམ་དག་ཡིན་པའི་ཕྱིར། (ཤེས་སྒྲིབ་སྤངས་པས་དངོས་པོའི་) མཐའ་ལས་རྒལ་བ་ (རྟག་ཏུ་ ཆོས་སྐུ་བརྙེས་པས་དུས་ཀྱི་)མཐའ་ལས་ཤིན་ཏུ་སོང་བའོ་ཞེས་སོ། ། 2-1-71 གཉིས་པ་ལ་མཚམས་སྦྱར་ནི། ལམ་ཤེས་པ་ཉིད་ཀྱི་སྐབས་སུ་བྱང་སེའི་སྤངས་རྟོགས་ གཙོ་ཆེར་སྟོན་པས་བྱང་སེའི་རྣམ་དག་གཙོ་བོར་སྨོས་པ་ཡིན་ལ་དེའི་ཞར་ལ་གོ་རིམ་བཞིན་ དུ་སངས་རྒྱས་ཀྱི་རྣམ་དག་ཤིན་ཏུ་བ་དང༌། ཉན་ཐོས་དང་སོགས་རང་རྒྱལ་གྱི་རྣམ་དག་ཅིག་ ཤོས་ཏེ་ཤིན་ཏུ་བ་མིན་པར་བཤད་པ་ཡིན་ནོ། །འོ་ན་དེ་གཉིས་ཀྱི་རྒྱུ་མཚན་ཇི་ལྟ་བུ་ཡིན་ཞེ་ ན། རྩ་འགྲེལ་གཉིས་ནི། བྱང་འཕགས་ཀྱི་སྒོམ་ལམ་ཆུང་ངུའི་ཆུང་ངུ་ལ་སོགས་པ་རྣམ་པ་ དགུ་ནི་ཆོས་ཅན། སྤང་བྱ་རྣམ་པ་ཐམས་ཅད་དུའམ་ཤིན་ཏུ་རྣམ་པར་དག་པའི་རྒྱུ་ཡིན་ཏེ། འདོད་ཁམས་དང་བསམ་གཏན་བཞི་གཟུགས་མེད་པའི་སྙོམས་འཇུག་བཞི་སྟེ་ས་དགུ་ལ་ རིམ་བཞིན་དུ་བརྟེན་པའི་མི་མཐུན་ཕྱོགས་སྒོམ་སྤང་ཆེན་པོའི་ཆེན་པོ་ནས་ཆུང་ངུའི་ཆུང་ངུ་ ལ་སོགས་པ་དྲི་མ་རྣམ་པ་དགུའི་གཉེན་པོའི་ངོ་བོར་སྟེ་དངོས་པོར་གྱུར་པའི་སློབ་ལམ་ཡིན་ པས་སོ། །ཡང་ན་ (ཨཱརྱས། )རེ་རེ་ལའང་དགུ་དགུ་ཡོད་པ་ལྟར་ཡང་སྦྱར་རོ། །དེས་ན་སངས་ རྒྱས་ཀྱི་རྣམ་དག་ཆོས་ཅན། རྣམ་དག་ཤིན་ཏུ་བ་ཡིན་ཏེ། ཐེག་ཆེན་སྒོམ་ལམ་དགུའི་འབྲས་ བུར་གྱུར་པའི་རྣམ་དག་མཐར་ཐུག་ཡིན་པའི་ཕྱིར། ཤེར་ཕྱིན་དག་པས་གཟུགས་དག ཞེས་ སོགས་ནས། རྣམ་མཁྱེན་དག ཞེས་སོགས་སོ། །ཉན་ཐོས་ཀྱི་རྣམ་དག་ཆོས་ཅན། ཅིག་ཤོས་ ཏེ་རྣམ་དག་ཤིན་ཏུ་བ་མིན་ཞེས་བྱའོ། །ཁམས་གསུམ་ས་དགུའི་སྒོམ་སྤང་ཉོན་སྒྲིབ་དགུ་ སྤོང་གི་གཟུང་རྟོག་སྤོང་མི་ནུས་པའི་སྒོམ་ལམ་གྱི་འབྲས་བུ་ཉི་ཚེ་བའི་རྣམ་དག་ཡིན་པས་སོ། ། རྟགས་གྲུབ་སྟེ། ཉན་ཐོས་ཀྱི་སྒོམ་ལམ་ཟག་མེད་ཆོས་ཅན། ཅིག་ཤོས་ཤིན་ཏུ་བ་མིན་པར་ དག་པའི་རྒྱུ་སྟེ། སྔར་བཤད་དེ་འདྲའི་སྒོམ་ལམ་ཉི་ཚེ་བ་ཡིན་པས་སོ། །རང་རྒྱལ་གྱི་རྣམ་ དག་ལའང་སྦྱར་ཏེ། ཉོན་སྒྲིབ་དང་གཟུང་རྟོག་སྤོང་འཛིན་རྟོག་སྤང་མི་ནུས་ཞེས་སོགས་སྦྱར་ ཞིང་བསྙད་དོ། ། གསུམ་པ་ལ། མཚམས་སྦྱར་ནི། ཇི་ལྟར་སངས་རྒྱས་ཀྱི་རྣམ་དག་ཤིན་ཏུ་བ་ཡིན་ཞེ་ 2-1-72 ན། རྩ་འགྲེལ་གཉིས་ལ། བྱང་སེའི་སྒོམ་པའི་ལམ་ཤིན་ཏུ་བ་ཇི་སྐད་དུ་བསྟན་པ་རྡོ་རྗེ་ལྟ་ བུའི་ཏིང་ངེ་འཛིན་དེ་ནི་ཆོས་ཅན། ཁམས་གསུམ་གྱི་སྒོམ་སྤང་ལྷག་ལུས་ཕྲ་མོ་མཐའ་དག་ གི་གཉེན་པོའི་ངོ་བོའམ་དངོས་པོ་ཉིད་ཡིན་ཏེ། ཁམས་གསུམ་པ་སྟེ་གཟུང་འཛིན་གྱི་རྣམ་པ་ ཅན་གྱི་འཇལ་བ་ཤེས་པ་དང་གཞལ་བྱ་ཤེས་བྱ་སྟེ། གཟུང་འཛིན་གྱི་བདེན་པའི་རང་བཞིན་ མི་དམིགས་པར་མཉམ་པ་ཉིད་དུ་རྟོགས་པའི་སློབ་ལམ་མཐར་ཐུག་པ་ཉིད་ཀྱིས་སོ། །ཤཱ་ བུ་ཁམས་གསུམ་པོའི་རང་བཞིན་མི་དམིགས་པའི་ཕྱིར་ (མདོ་བསྡུས་པ་)རྣམ་པར་དག་པ་མི་ སྐྱེའོ། །ཞེས་སོགས་སོ། །སྤང་བྱ་ཆེ་འབྲིང་དགུ་དང་གཉེན་པོ་ཆུང་འབྲིང་དགུར་བསྟན་པ་ དེ་ལ་ཁ་ཅིག་ན་རེ། དེ་མི་ (འགྲེལ་ཆེན་)རིགས་ཏེ། གཉེན་པོ་ནི་ཆེན་པོའི་ཆེན་པོ་ནས་སྐྱེ་བར་ དང་མི་མཐུན་པའི་ཕྱོགས་སམ་སྤང་བྱ་ནི་ཆུང་ངུའི་ཆུང་ངུ་ནས་འགག་པར་རིགས་སོ་ཞེས་ བྱ་བའི་ཀླན་ཀར་འགྱུར་བ་མིན་ནམ་ཞེ་ན། ཞེས་ཨཱརྱ་སོགས་ཏེ་རྒྱུ་མཚན་མི་སྣང་ངོ༌། །བོད་ (འོད་ཟེར་མགོན་པོ་སོགས་)དག་འབད་པ་ཆེ་རིམ་ནས་དང་པོ་སྐྱེ་བ་དང་སྤོང་སླ་སླ་ནས་དང་བོར་ སྤོང་བས། ཞེས་དང༌། བུ་རིན་ནི། རིམ་བཞིན་ཆུང་ངུའི་ཆུང་ངུ་སྤོང་མི་ནུས། ཆེན་པོའི་ཆེན་ པོ་མི་དགོས་པས་སོ་ཞེས་སོ། །དེ་ལ་ལན་ནི། དོན་དམ་པར་ནི་ཕན་གནོད་གང་ཡང་ (ཨཱརྱ་)མི་ བྱེད་པའི་ལན་དང༌། (འགྲེལ་ཆེན་དངོས་མདོ་དོན། )ཀུན་རྫོབ་ཏུ་སྤང་བྱ་ཆེ་རིམ་ནས་འགག་གཉེན་པོ་ ཆུང་རིམ་ནས་འཇུག་པ་འཐད་ཀྱི་གཉེན་པོ་ཆེ་རིམ་སྤང་བྱ་ཆུང་རིམ་དུ་མི་འཐད་དེ། དཔེར་ ན་གོས་ལ་ཆགས་པའི་དྲི་མ་རགས་པ་སེལ་བ་ལ་འབད་པ་ཆུང་ངུས་ཆོག་ལ། ཕྲ་མོ་སེལ་བ་ ལ་བཙོ་བླག་སྟེ་ཁྲུས་མཁན་ཆེ་ཐང་དུ་འབད་པ་དགོས་པ་བཞིན་ཞེས་པའི་དཔེས། (རད་ཀིར་ནི་ གཉེན་པོ་ཆུང་ངུའི་ཆུང་ངུ་སོགས་ཀྱིས་སྤང་བྱའང་ཆུང་ངུའི་ཆུང་ངུ་སོགས་ལའོ། །ཞེས་པ་མི་རིགས་ཏེ་གཉེན་པོ་ཆེ་ཕྱོགས་ནས་ སྤང་བྱ་ཆུང་ངུར་རིགས། དཔེར་ན་གོས་ལ་ཞེས་སོགས་འཆད་དོ། ། ) ཀླན་ཀ་དེ་སྤངས་པའི་སྒོ་ནས་སོ། །(འགྲེལ་ ཆེན་ནོ། །ཨཱརྱར་མེད། ) བོད་དག་ཆོས་ཐམས་ཅད་མཉམ་པ་ཉིད་དེ་ལ་སྤང་གཉེན་མི་འཐད་ཞེས་ 2-1-73 ཀླན་ཀ་རྩེས་པ་ནི་འཕགས་སེང་གཉིས་ཀ་དང་མི་མཐུན་ནོ། །(འདི་གཉིས་ཀྱི་རྒོལ་བའང་མདོ་དོན་མིན་ ལ་སློབ་དཔོན་གྱི་ལན་འདི་ཡང་མདོ་དོན་མིན་ནོ། ། ) འོན་ཀྱང་མདོ་ན་བརྒལ་ལན་བརྒྱད་ཡོད་ (དག་ལྡན་སོགས་ )པ་ཤེས་དགོས་ཀྱི་མངས་སུ་དོགས་པས་མ་བྲིས་སོ། །དེས་ན་སངས་རྒྱས་ཀྱི་རྣམ་པར་དག་ པ་ཆོས་ཅན། རྣམ་དག་ཤིན་ཏུ་བ་ཡིན་པར་རྣམ་པར་བཞག་གོ །སྒོམ་སྤང་ཐམས་ཅད་སྤངས་ པའི་རྣམ་དག་ཡིན་པས་སོ། །འདིར་སྒོམ་སྤང་གྱ་གཅིག་གི་གཉེན་པོ་གྱ་གཅིག་པོ་སོ་སོར་ བར་ཆད་མེད་ལམ་དང་རྣམ་གྲོལ་གཉིས་གཉིས་དང་རྟོགས་པའི་རྣམ་པ་ཐ་མ་ནི་རྣམ་པར་ གྲོལ་བའི་ལམ་ཁོ་ན་ཡིན་གྱི་བར་ཆད་མེད་ལམ་མིན་ཞེས་དང༌། གྱ་གཅིག་པ་སངས་རྒྱས་ཀྱི་ ས་ཡིན་པར་ཐུབ་དགོངས་སུ་བཤད་པ་ནི་ནོར་ལ་མཐོང་ལམ་སྐད་ཅིག་དང་པོ་ནི། རྣམ་གྲོལ་ ལམ་ཡང་ངོ༌། །མཐོང་ལམ་ཐ་མ་སྒོམ་ལམ་དང་པོའི་བར་ཆད་མེད་ལམ་ཡིན་ཞེས་དང༌། སྒོམ་ ལམ་བརྒྱད་ཅུ་བོ་སོ་སོར་བར་ཆད་མེད་ལམ་དང་རྣམ་གྲོལ་ལམ་གཉིས་ཡིན་པར་བཤད་པ་ ནི་རུང་ངམ་དཔྱད་པར་བྱའོ། །གཉེན་པོ་མཐོང་སྒོམ་ལམ་གྱིས་སྤང་བྱ་སྤོང་ཚུལ་ལ་མངོན་ གྱུར་དངོས་སུ་མི་སྤོང་སྟེ་འདས་པ་འགགས་མ་འོངས་པ་མ་སྐྱེས་ད་ལྟར་བ་དང་ཡང་མཉམ་ དུ་མི་འཇུག་པས་སོ། །དེས་ན་ས་བོན་སྤོང་ལ་དེ་ཡང་གཉེན་པོ་དེ་སྐྱེས་པ་དང་དེའི་ངོས་སྐལ་ གྱི་སྤང་བྱའི་ས་བོན་འགག་པ་དུས་མཉམ་པའི་ཚུལ་གྱིས་སྤོང་སྟེ། ཀུན་བཏུས་སུ་གཉེན་པོའི་ རྣམ་པ་དེ་སྐྱེས་པ་དང་གནས་ངན་ལེན་གྱི་རྣམ་པ་དེ་འགག་པ་ནི་མཉམ་པས་མཉམ་སྟེ་སྣང་ བ་དང་མུན་པ་འབྱུང་བ་དང་འགག་པ་བཞིན་ནོ་ཞེས་སོ། །དེ་ལྟར་བྱས་ནས་སྒོམ་ལམ་ཆེན་ པོའི་ཆེན་པོ་སྐྱེས་པ་ན་སྒོམ་སྤང་ཆུང་ངུའི་ཆུང་ངུ་འགགས་པས་དང༌། མཐོང་སྤང་སྔར་ནས་ སྤངས་པས་ཡེ་ཤེས་དེ་སངས་རྒྱས་ཀྱི་ཡེ་ཤེས་སུ་འགྱུར་ཞེས་ཟེར་ཞིང༌། ཁ་ཅིག་ནི། ཁྱབ་ པ་མེད་དེ། (རྒྱུད་བླར། ) སངས་རྒྱས་སའི་སྤང་བྱར་བཤད་པའི་མ་རིག་བག་ཆགས་ཀྱི་ས་དང༌། དགོངས་འགྲེལ་དུ། རྨོངས་གཉིས་གནས་ངན་ལེན་གཅིག་སྟེ། གསུམ་བཤད་པ་རྣམས་ 2-1-74 ད་གཟོད་སྤོང་དགོས་སོ་ཞེས་དང༌། ཁ་ཅིག སྤང་གཉེན་ལྷན་ཅིག་འཇུག་ཅེས་འདོད་དོ། ། འོན་ཀྱང་ལམ་དེ་གཉིས་ཀྱི་སྤང་བྱའི་ས་བོན་ལ་ཡང་ཕྲ་རགས་གཉིས་གཉིས་ཡོད་ཅིང་དེའི་ རགས་པ་འགག་པ་དང་གཉེན་པོ་སྐྱེ་བ་དུས་མཉམ་ས་བོན་ཕྲ་མོ་དང་ལྷན་ཅིག་གནས་ནས་ རིམ་གྱི་ཟད་པར་འདོད་པར་བྱ་སྟེ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་སྦྱོར་ལམ་དང་བར་ཆད་ མེད་ལམ་གཉིས་བཤད་ཅིང་དང་པོ་སྒོམ་སྤང་ཆུང་ངུའི་ཆུང་ངུ་ཕལ་ཆེར་སྤོང་བྱེད། གཉིས་པ་ ཟད་པར་སྤོང་བྱེད་དུ་བཤད་པའི་རིགས་པས་སོ། །ལམ་གང་གིས་སྤོང་ཞིང་སེམས་གང་གྲོལ་ ཞེ་ན། ལམ་འགག་འགྱུར་ད་ལྟ་བས་དང༌། སེམས་མ་འོངས་པ་སྐྱེ་བཞིན་པ་གྲོལ་ཞེས་མཛོད་ དུ། འགག་པར་འགྱུར་བའི་ལམ་གྱིས་ནི། །དེ་ཡི་སྒྲིབ་པ་རབ་ཏུ་སྤོང༌། །མི་སློབ་སེམས་ནི་ སྐྱེ་འགྱུར་པ། །སྒྲིབ་པ་ལས་ནི་རྣམ་གྲོལ་འགྱུར། །ཞེས་སོ། །བཤད་པ་ནི་ཐུབ་དགོངས་སུ་ སངས་རྒྱས་པའི་སྐབས་ལ་བཤད་དེ་རྒྱ་ཆེར་ཤེས་དགོས་སོ། །གསུམ་པ་ནི། གཉིས་པ་ཞེས་ པ་དང་པོ་ལ་ལྟོས་པའིའོ།། ༈ །། གསུམ་པ་ལ་སྐབས་ཀྱི་མཚམས་སྦྱར། གཞི་ཤེས་ཀྱི་ཆོས་བཤད། མཁྱེན་གསུམ་གྱི་དོན་ བསྡུ། སྐབས་བསྡུ་བའོ། ། དང་པོ་ནི་ (ཆོས་བཤེས། )སྤང་བྱ་གཞི་ཐམས་ཅད་ཡོངས་སུ་ཤེས་པའི་གཞི་ཤེས་ཁོང་དུ་ཆུད་ པ་མེད་པར་དེའི་གཉེན་པོ་ (ཆོས་བཤེས་)ལམ་ལེགས་པར་ (ཆོས་བཤེས་)ཡོངས་སུ་ཤེས་པ་མེད་དེ། གཉེན་པོ་ (ཆོས་བཤེས་)ནི་སྤང་བྱ་ལ་ལྟོས་ནས་ (ཆོས་བཤེས་)བཞག་པས་སོ། །ཡེ་ཤེས་ (ཆོས་བཤེས་) ཞབས་ཀྱིས་ (སྡུད་འགྲེལ་དུ་)འདི་མན་ཆད་ནི་ཐམས་ཅད་ཤེས་པ་ཉིད་ཀྱི་མཚན་ (ཆོས་བཤེས་)ཉིད་ དེ། བྱང་ཆུབ་གཞན་ཤེས་པར་བྱས་ནས་སྤང་བར་བྱ་དགོས་པའི་ཕྱིར་ཞེས་སོ། །(ཆོས་བཤེས་ དྲངས། ) དེས་ན་གཞི་ཐམས་ཅད་ཤེས་པ་ཉིད་གསུངས་སོ་ཞེས་ཆོས་བཤེས་སོ། །ཁ་ཅིག སྤང་ བྱ་གཞི་ཤེས་གཙོ་བོར་འཆད་ལ་གཉེན་པོ་གཞི་ཤེས་གང་གི་གཉེན་པོ་ཡིན་རྟོགས་པའི་དོན་ 2-1-75 དུ་འཆད་དོ། །གསུང་ངོ༌། །(བུ་རིན། ) གཉིས་པ་ལ་གསུམ་སྟེ། གཏན་ལ་དབབ་བྱའི་ཡུལ་གཞི་ཤེས། ཉམས་སུ་ལེན་པའི་སྦྱོར་ བ། དེའི་འབྲས་བུ་མཐོང་ལམ་མོ། ། དང་པོ་ལ་གསུམ་སྟེ། ཆོས་ཅན་གཞི་ཤེས་གཉིས་ཀྱི་རང་བཞིན། བསྒྲུབ་བྱ་འབྲས་ཡུམ་ ལ་ཉེ་རིང་གི་ཁྱད་པར། སྒྲུབ་བྱེད་མི་མཐུན་ཕྱོགས་དང་གཉེན་པོར་བཞག་པའོ། ། དང་པོ་ལ་རྩ་བ་ནི། བྱང་འཕགས་མཉམ་གཞག་གི་ཤེར་ཕྱིན་པ་ཆོས་ཅན། ཚུལ་རོལ་ འཁོར་བ་ (དག་ལྡན་)ཕ་རོལ་མྱང་འདས་ཀྱི་མཐའ་གཉིས་ལ་སྟེ་གཉིས་སུ་གནས་པ་མིན་འཁོར་ འདས་དེ་དག་གི་བར་ན་ཡང་མཚན་མར་གཟུང་ནས་གནས་པ་མིན་ཏེ། དུས་གསུམ་གྱི་ཆོས་ (མདོ་)རྣམས་དོན་དམ་པར་སྐྱེ་བ་ (གསེར་)སོགས་མེད་པར་མཉམ་པ་ཉིད་དུ་མངོན་སུམ་དུ་ཤེས་ པའི་ཡེ་ཤེས་སྙིང་རྗེ་ཆེན་པོ་ཅན་ཡིན་པའི་ཕྱིར་ཞེས་མདོ་ལས་འདོད་དོ། །བྱང་སེའི་ཤེར་ པ་ནི་ཚུལ་རོལ་གྱི་འགྲམ་མམ། ཕ་རོལ་གྱི་འགྲམ་མམ། གཉིས་ཀའི་དབུས་ན་མི་དམིགས་ ཏེ། (གནས་སྣང་མདོ། ) ཞེས་ནས། རབ་འབྱོར་དུས་གསུམ་མཉམ་པ་ཉིད་ཀྱི་ཕྱིར་རོ་ཞེས་སོ། ། ཨཱརྱས། འཁོར་བ་དང་མྱ་ངན་ལས་འདས་པའི་འདུ་ཤེས་དང་དམིགས་པ་བཀག་པས་གང་ གསུངས་པ་ཡིན་ནོ་ཞེས་སོ། །འགྲེལ་པ་ལ་གཉིས་ཏེ། དངོས་བསྟན་གཉེན་པོ། ཤུགས་ བསྟན་མཚན་འཛིན་གཞི་ཤེས་སོ། །དང་པོ་ནི། སངས་རྒྱས་ཀྱི་རྒྱུད་དང་བྱང་པ་རྣམས་ཀྱི་ རྒྱུད་ལ་ཉེ་བར་གྱུར་བར་འདོད་པའི་གཉེན་པོ་ཤེར་པ་གང་ཡིན་པ་དེ་ནི་ཆོས་ཅན། སྲིད་ཞི་ ལ་འཁོར་འདས་ཀྱི་འདུ་ཤེས་དང་ (ཨཱརྱ་)མཚན་མར་དམིགས་ (ཨཱརྱ་)ནས་མི་གནས་པ་ཡིན་ནོ། ། དུས་གསུམ་པའི་ཆོས་རྣམས་བདེན་པའི་སྐྱེ་བ་མེད་པའི་རྣམ་པ་མཉམ་པ་ཉིད་དུ་མངོན་སུམ་ དུ་རྟོགས་པའི་ཡེ་ཤེས་སྙིང་རྗེ་ཆེན་པོ་ཅན་ཡིན་པས་སོ། །ཁྱབ་པ་ཡོད་དེ། བྱང་འཕགས་ཆོས་ ཅན་ (རྒྱུད་བླར་)སོ་སྐྱེས་ (གསེར་)བགྲོད་ཅིང་ (གསེར་)མཐོང་ (གསེར་)བས་ཉེ་ (གསེར་)བར་གྱུར་པས་ 2-1-76 སམ་འདི་ཙམ་ (ཨཱརྱ་ཤེར་ཕྱིན་གྱི་ཚོགས་སུ་བཤད། )དུ་བྱིས་པ་རྣམས་ཉམས་དགའ་བ་ཡིན་པ་ཚུལ་ རོལ་གྱི་མཐའ་འཁོར་བ་སྟེ་བདག་ (གསེར་)རྟག་པ་ལ་སོགས་པར་ལྟ་བས་རྟག་པའི་མཚན་ ཉིད་ལ་ཞེན་ནས་མི་གནས་ཏེ། ཤེར་ཕྱིན་སོགས་ཀྱི་ཚུལ་ཕྱིན་ཅི་མ་ལོག་པར་ཐོས་བསམ་ སྒོམ་པའི་ཤེས་རབ་ཀྱིས་ཤེས་པའི་ཕྱིར་གསེར་རོ། །ཡང་ན་རྒྱུན་གྱིས་རྟག་པའི་མཚན་ཉིད་ ཀྱི་འཁོར་བ་པར་སྐྱེས་ནས་མི་གནས་ཏེ། ཤེས་རབ་ཀྱིས་བདག་སྲེད་བཅད་པས་སོ། །ཆོས་ ཅན། སོ་སྐྱེས་བསྒྲོད་མི་ (གསེར་)ནུས་ཤིང་ (གསེར་)མ་མཐོང་བས་ (གསེར་)སམ་རང་དོན་ལྷུར་ ལེན་པ་རྣམས་སྦྱོར་བའི་བརྩོན་འགྲུས་ཀྱིས་ཕ་རོལ་ཉིད་དུ་ཉམས་དགའ་ (ཨཱརྱ་)བས་ཕ་རོལ་ མྱང་འདས་ཏེ་བདག་རྟག་པར་ལྟ་བ་སོགས་ (གསེར་)མེད་པས་སམ་གཞན་དོན་རྒྱུན་ཆད་པའི་ མཚན་ཉིད་ལ་ཞེན་ནས་མི་གནས་ཏེ། སེམས་ཅན་ཐམས་ (གསེར་)ཅད་ལ་དམིགས་ (གསེར་)པའི་ སྙིང་རྗེ་ཆེན་པོ་ཅན་ཡིན་པས་སོ། །གོ་རིམ་བཞིན་ཞེས་པའི་དོན་ནོ། །རྒྱུད་བླར། བདག་སྲེད་ མ་ལུས་ཤེས་རབ་ཀྱིས་བཅད་དེ། །སེམས་ཅན་སྲེད་ཕྱིར་བརྩེ་ལྡན་ཞི་ཐོབ་མིན། །དེ་ལྟར་བློ་ བརྩེ་བྱང་ཆུབ་སེམས་བརྟེན་ནས། །འཕགས་པ་འཁོར་བའམ་མྱ་ངན་འདའ་མི་འགྱུར། །ཞེས་ སོ། །ཆོས་ཅན། འཁོར་འདས་དེ་དག་གི་བར་ནའང་འདུ་ཤེས་དང་མཚན་མར་འཛིན་པས་ མི་གནས་ཏེ། བར་དོན་དམ་པར་མེད་པས་སམ་ཆོས་ཀུན་རང་བཞིན་མེད་རྟོགས་ཀྱི་ཤེས་ རབ་ཅན་གྱི་འཕགས་པས་སོ། །གཉིས་པ་ནི། གནས་སྐབས་རིགས་ངེས་པའི་ཉན་ཐོས་དང་ སོགས་པ་རང་རྒྱལ་འཕགས་པ་ཆོས་ཅན། ཡང་དག་པའི་ཤེར་པ་མཚན་ཉིད་པ་རང་རྒྱུད་ལ་ ཡོད་པ་དང་རིང་བར་གྱུར་པ་ཡིན་ཏེ། དུས་གསུམ་བདེན་མེད་དུ་མཉམ་པ་ཉིད་ཤེས་པ་རང་ རྒྱུད་ལ་མེད་པའི་ཕྱིར། དེས་ན་དེ་ཆོས་ཅན། འཁོར་འདས་གང་རུང་ལ་གནས་པ་ཡིན་པར་ ཤེས་པར་བྱའོ། །སེམས་ཅན་ཀུན་ལ་སྙིང་བརྩེ་བའི་སེམས་དང༌། རང་བཞིན་མེད་རྟོགས་ཀྱི་ ཤེས་རབ་ཟབ་མོ་དང་བྲལ་བའི་རང་གི་རྟོགས་པ་ཙམ་གྱི་ཤེར་པ་སྟེ་གཞི་ཤེས་ཅན་དུ་གནས་ 2-1-77 སྐབས་རིགས་ངེས་པ་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། དེ་འདྲའི་ཤེས་རབ་དང་བྲལ་ཏེ། མྱང་ འདས་རྟག་ (གསེར་)པའི་དངོས་པོ་དང་འཁོར་བ་ (གསེར་)མི་རྟག་སྡུག་བསྔལ་ལ་སོགས་པའི་ ཚུལ་གྱིས་ (གསེར་)སྤང་བྱ་ཡིན་པས་ (གསེར་)དངོས་པོ་མེད་པར་རམ། གཟུགས་སོགས་ (གསེར་) དོན་དམ་གྱི་དངོས་པོ། ལྷག་མེད་ཕུང་ (དོན་ཐོབ་)བོའི་དངོས་པོ་མེད་པར་དམིགས་ཅིང་ཞེན་པ་ ཉིད་ཀྱིས་སོ། །དེ་འདྲའི་ལམ་མདོ་བསྟན་བཅོས་སུ་བཤད་པ་མེད་དོ་ཞེ་ན། དེ་འདྲའི་ཤེས་ རབ་སྙིང་རྗེ་དང་བྲལ་བས་འཁོར་འདས་ལ་གནས་པའི་ལམ་ (གཞོན་ནུ་དཔལ་དངོས་)ཆོས་ཅན། སྐབས་འདིར་མདོ་བསྟན་བཅོས་ལས་མ་བསྟན་པ་མིན་ཏེ། ཀུན་ཤེས་པ་ཉིད་ཀྱི་སྐབས་སུ་ གཉེན་པོ་ཀུན་ཤེས་དུས་གསུམ་མཉམ་ཉིད་དུ་ཤེས་པས་འཁོར་འདས་བར་གསུམ་ལ་མི་ གནས་པར་དངོས་སུ་བསྟན་པ་ (གཞོན་ནུ་དཔལ་དངོས་)ལས་བཟློག་སྟེ་ཤུགས་ལ་བསྟན་པའི་ཕྱིར་ རོ། །ཞེས་ཁ་ཆེ་གཞོན་ནུ་དཔལ་ལོ། ། གཉིས་པ་ལ་བཞི་ལས། སྔ་འགྲེལ་ནི། ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པ་ དང་བྱང་པ་ཆོས་ཅན། ཇི་ལྟར་ཡང་དག་པའི་ཤེར་པ་རིང་བ་དང་གཅིག་ཤོས་ཉེ་བར་ཇི་ལྟར་ འགྱུར་ཏེ་ཁྱད་མེད་པར་ཐལ། དུས་གསུམ་སྟོང་ཉིད་དུ་མཉམ་པ་ཉིད་དུ་རྟོགས་པ་དེ་ཡང་ ཁྱེད་ཐམས་ཅད་ཀྱི་རྒྱུད་ལ་ཡོད་པ་མ་ཡིན་ནམ་སྟེ་ཡིན་པས་སོ། །རྟགས་དེར་ཐལ། གཞི་ དངོས་པོའི་དོན་རྟོགས་པ་ཡོད་པས་སོ། །ཁྱབ་སྟེ། དངོས་པོའི་དོན་རྟོགས་པ་ཁོ་ན་དུས་ གསུམ་སྟོང་ཉིད་དུ་མཉམ་པར་ཤེས་པ་ཡིན་ཏེ། ཐེག་ཆེན་པ་ (ཆོས་བཤེས་)ཐམས་ཅད་ཀྱིས་ འདོད་པར་བྱ་བའི་ཕྱིར་ལུགས་ཏེ་ཀླུ་སྒྲུབ་ཀྱིས་འཇིག་རྟེན་ (ཆོས་བཤེས་)ལས་འདས་པར་བསྟོད་ (མདོ་ངེས་)པ་ལས། རྟེན་ཅིང་འབྲེལ་བར་འབྱུང་བ་གང་སྟེ། ཀུན་རྫོབ་པ་ (ཆོས་བཤེས་)རྣམས་ཀྱི་ དེ་ཉིད་དེ་རང་བཞིན་ (ཆོས་བཤེས་)ནི། དོན་དམ་པར་ཀུན་རྫོབ་ (ཆོས་བཤེས་)དེ་ཉིད་ཀྱིས་སྟོང་པར་ རྗེ་ (ཆོས་བཤེས་)བཙུན་སངས་རྒྱས་ཁྱོད་ནི་བཞེད། ཅེས་འབྱུང་བས་དངོས་པོ་འདི་ཐམས་ཅད་ 2-1-78 སྟོང་ཉིད་ཡིན་པའི་ཕྱིར་རོ་ཞེ་ན། རྩ་བ་ནི། ཉན་རང་རང་རྒྱུད་པའི་རྟོགས་པ་ (རད་ཀིར་)ཆོས་ ཅན། གཉིས་མེད་ཡེ་ཤེས་ཀྱི་ཤེར་ཕྱིན་ཡིན་པ་ལས་སམ་འབྲས་ཡུམ་གྱི་དངོས་རྒྱུ་ཡིན་པ་ ལས་རིང་སྟེ་ཐེག་ཆེན་གྱི་ཐབས་ལ་མཁས་པ་མིན་ནམ། དེ་བསྐྱེད་པའི་ཐབས་མ་ཡིན་པས་ སོ། །ཐབས་མི་མཁས་པས་ཡུམ་འདི་ལ་དམིགས་པའི་ཚུལ་གྱིས་འདུ་ཤེས་པར་བགྱིད་ན་ ཡུམ་འདི། (དེའི་ཚེ་)འདོར་བར་བགྱིད་ (ཕྱི་མའི་ཚེ་)རིང་དུ་བགྱིད་དོ། །(ཨཱརྱས་སོ། ། )ཞེས་སོ། །དེར་ ཐལ། གཟུང་ (རད་ཀིར་)འཛིན་གྱིའམ་མིང་དང་ (མདོ་)དངོས་པོའི་མཚན་མར་དམིགས་པ་ཡིན་ པའི་སྒོ་ནས་སོ། །མིང་ལས་ཀྱང་ཆགས་སོ། །མཚན་མ་ལས་ཀྱང་ཆགས་སོ། །ཞེས་སོ། །བྱང་ འཕགས་ཀྱི་མཉམ་གཞག་གི་ཡེ་ཤེས་དེ་ནི་ཆོས་ཅན། དེ་ཡིན་པ་ལས་སམ་འབྲས་བུའི་ཡུམ་ གྱི་རྒྱུར་ཡང་དག་ཉེ་བར་ཉིད་དུ་གྱུར་ཏེ། ཐེག་ཆེན་གྱི་ཐབས་ལ་མཁས་པའི་ཟག་མེད་ཡེ་ ཤེས་ཡིན་པས་སམ་དེ་བསྐྱེད་པའི་ཐབས་ལ་མཁས་པ་ཡིན་པ་ཡིས་སོ། །ཤེར་པ་འདི་ (ཡང་དེ་ གཉིས་ཀྱི་རྟོགས་པ་ལས་བཟློག་པས། ཉན་ཐོས་ཀྱི་རྟོགས་པ་ཉི་ཚེ་བ་ལས་བཟློག་པས་)ལེགས་པར་བཤད་པ་དང་ (རང་རྒྱལ་གྱི་རྟོགས་པ་ཉི་ཚེ་བ་ལས་བཟློག་པས་)ལེགས་ (དེ་བཟློག་ནས་མཐར་ཐུག་པར་སོང་བས། )པར་མཐར་ཕྱུང་ བའི་བར་ནི་ངོ་མཚར་རོ། །(ཨཱརྱའི་དགོངས་པ་ལྟར། ) ཞེས་སོ། །གང་ཟག་ལ་ཡང་སྦྱར་ཏེ་ཐོབ་པ་ ལས་ཉེ་རིང་ངམ་རྒྱུད་ལ་ཉེ་རིང་དུ་སྦྱར་རོ། །འགྲེལ་པ་ལ། ཉན་རང་ལ་རིང༌། བྱང་པ་ལ་ཉེ་ བར་བསྟན་པའོ། །དང་པོ་ནི། ཉན་རང་དེ་དག་ལ་ཆོས་ཅན། རྒྱལ་བའི་ཡུམ་རིང་པར་གྱུར་ཏོ། ། དུས་གསུམ་མཉམ་ཉིད་ཀྱི་ཡེ་ཤེས་ཐེག་ཆེན་གྱི་ཐབས་མཁས་བཅས་པ་མེད་པ་དེའི་ཕྱིར། རྟགས་གྲུབ་སྟེ། ཉན་ཐོས་ལ་སོགས་པ་རྣམས་ལ་ཆོས་ཅན། དེ་མེད་པར་ཐལ། གཟུགས་ སོགས་དངོས་པོའི་ངོ་བོ་སྟེ་གནས་ལུགས་ཇི་བཞིན་མི་ཤེས་པས་གཟུགས་སོགས་དངོས་པོ་ བདེན་པའི་མཚན་མ་དང་ལྡན་པ་སྟེ་ཅན་དུ་རྟོགས་པའམ་འཛིན་པས་སོ། །དཔེར་ན། སྒྱུ་མ་ མཁན་གྱིས་སྤྲུལ་བའི་རྟ་གླང་སོགས་ཀྱི་དངོས་པོ་སྣང་བ་ལ་དེའི་རང་གི་ངོ་བོ་རྟ་གླང་སོགས་ 2-1-79 སུ་མེད་པར་མི་ཤེས་པས་རྟ་གླང་སོགས་ཀྱི་དངོས་པོར་མངོན་པར་ཞེན་པ་ཉིད་ཀྱིས་རྟ་གླང་ སོགས་ཀྱི་ངོ་བོ་ཉིད་མེད་པར་མི་སྣང་བ་དེ་བཞིན་དུའོ། །རྟགས་གྲུབ་སྟེ། ཐེག་ཆེན་དགེ་བའི་ བཤེས་གཉེན་དང་ཐེག་ཆེན་གྱི་ཐོས་བསམ་གྱི་ཤེས་རབ་སོགས་ཐབས་མཁས་པ་དང་བྲལ་ བའི་སྐྱེས་བུ་ཡིན་པའི་ཕྱིར་རོ། ། གཉིས་པ་ནི། བྱང་པ་དེ་དག་རྣམས་ཆོས་ཅན། ཁྱོད་ལ་ཡུམ་ཤེར་ཕྱིན་འདི་ཡང་དག་ པར་ཉེ་བར་གྱུར་པ་ཡིན་ཏེ། དུས་གསུམ་མཉམ་ཉིད་དུ་ཤེས་པ་ཐབས་མཁས་བཅས་པ་དེའི་ ཕྱིར། རྟགས་གྲུབ་སྟེ། དེ་ཆོས་ཅན། དེ་ཡིན་ཏེ། ཕྱིའི་རྐྱེན་དུས་རིང་མོ་ཞིག་ནས་ཐེག་ཆེན་ དགེ་བཤེས་ཡང་དག་པར་བསྟེན་ནས་མགུ་བར་བྱས་པའི་མན་ངག་ཕྱིན་ཅི་མ་ལོག་པ་ཅན་ དང༌། ནང་གི་རྒྱུ་དེས་བསྟན་པའི་དོན་ཀུན་རྫོབ་དོན་དམ་གྱི་བདེན་པ་གཉིས་ལ་བརྟེན་པའི་ ཐོས་བསམ་སྒོམ་པ་ལ་སོགས་པའི་ཤེས་པ་སྐྱེ་བའི་ཐབས་ལ་མཁས་པས་བདེན་པའི་དངོས་ པོར་མངོན་པར་ཞེན་པའི་འཁྲུལ་བའི་མཚན་མ་བསལ་བའི་ཕྱིར། ཁྱབ་པ་ཡོད་དེ། དེ་བསལ་ ན་གཟུགས་ལ་སོགས་པའི་ཆོས་ཀྱི་གནས་ལུགས་ཡོངས་སུ་ཤེས་པས་ཁྱབ་ལ། དེ་ཉིད་དུས་ གསུམ་མཉམ་པ་ཉིད་དུ་ཡོངས་སུ་ཤེས་པ་ཡིན་ནོ། །དོན་བསྡུ་ནི། ཐབས་མ་ཡིན་པས་ནི་རིང་ ལ་ཐབས་ཀྱིས་མི་རིང་བ་ཉིད་ཡིན་ནོ། །ཞེས་པ་མདོར་བསྟན་ལྟར་བསྙད་དོ། ། གསུམ་པ་ལ་གསུམ་སྟེ། གཞི་ལམ་ལ། འབྲས་བུ་ལ་མཚན་འཛིན་གྱི་སྤང་གཉེན། དེ་ དག་གི་དོན་བསྡུ་བའོ། །དང་པོ་ལ། སྤང༌། གཉེན་གཉིས་ལས། དང་པོ་ལ། སྔ་འགྲེལ་ནི། དེ་ལྟར་ཉན་ཐོས་ལ་སོགས་པའི་ཡུམ་དེ་རྟོགས་པ་དེ་ཡུམ་ཤེར་ཕྱིན་ལ་རིང་བར་གྱུར་པའི་ སྒྲུབ་པ་སྟེ། སྒྲུབ་བྱེད་ནི། བྱང་པའི་ལམ་གྱི་མི་མཐུན་པའི་ཕྱོགས་ཡིན་པའི་ཕྱིར་རོ། །ཞེས་ པར་སྟོན་ནོ། །ཡང་ན་རིང་བར་གྱུར་པའི་སྒྲུབ་པ་ཡིན་པ་ཉིད་ཀྱི་རྒྱུ་མཚན་ཞེས་སྦྱར་རོ། །རྩ་ བ་ལ། གཞིའི་ཆོས་ཉིད་གཟུགས་སོགས་ཕུང་བོ་གང་ཟག་གི་བདག་དང་བདག་གིས་སྟོང་པ་ 2-1-80 ཉིད་དུ་འདུ་ཤེས་པ་དང༌། གཞི་ཆོས་ཅན་དུས་གསུམ་དུ་གཏོགས་པའི་ཆོས་རྣམས་ལ་འདི་ འདས་པའོ་ (མདོ་རད་ཀིར་)ཞེས་སོགས་སུ་འདུ་ཤེས་པ་དང༌། ལམ་སྦྱིན་སོགས་དྲུག་དང་བྱང་ ཆུབ་ཕྱོགས་ཀྱི་ཆོས་རྣམས་དང་ཚད་མེད་སོགས་ལ་དེ་དང་དེར་སྤྱོད་པའི་འདུ་ཤེས་ཏེ་མཚན་ མར་འཛིན་པའི་བློ་ཆོས་ཅན། བྱང་པའི་མཉམ་བཞག་ཤེར་ཕྱིན་གྱི་མི་མཐུན་ཕྱོགས་ཡིན་ ཏེ། མཚན་འཛིན་གྱི་བློ་ཡིན་པས་སོ། །གཟུགས་སྟོང་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། ། ཞེས་སོགས་དང༌། འདས་པའི་ཆོས་རྣམས་ལ་འདས་པའི་ཆོས་རྣམས་སོ། །ཞེས་བྱ་བར་འདུ་ ཤེས་ན་ཆགས་པའོ། །ཞེས་སོགས་དང༌། དམིགས་པའི་ཚུལ་དུ་སྦྱིན་ཕར་ལ་སྤྱོད་ན་ཆགས་ པའོ། །ཞེས་སོགས་དང༌། དྲན་པ་ཉེ་བར་བཞག་པ་ལ་སྤྱོད་ན་ཆགས་པའོ། །ཞེས་སོགས་སོ། ། འགྲེལ་པ་ལ། གཉེན་པོ་གཞི་ཤེས་ཀྱི་མི་མཐུན་པའི་ཕྱོགས་ཡིན་ནོ། །གང་ན། གཟུགས་ ལ་སོགས་པ་མུ་སྟེགས་གཞན་གྱིས་ཀུན་བཏགས་པའི་བདག་དང་ཤེད་བུ་དང་བདག་གི་ སོགས་ཀྱིས་སྟོང་པ་ཉིད་དུ་ལྟ་བའམ་མཚན་མར་འདུ་ཤེས་པ་དང༌། དུས་གསུམ་པའི་ཆོས་ ཟག་བཅས་ནི་སོ་སྐྱེའི་ཆོས་དང༌། ཟག་མེད་ནི་འཕགས་པའི་ཆོས་དང༌། གཉིས་ཀའི་ངོ་བོ་ ནི་ཉོན་མོངས་ཕྱོགས་གཅིག་སྤངས་པའི་སོ་སྐྱེ་ཆགས་བྲལ་གྱི་ཆོས་ཞེས་གསེར་དང༌། (རལ་ གྲི་བུ་སོགས་)ཁ་ཅིག སོ་སྐྱེའི་ཟག་བཅས། མི་སློབ་པའི་ཟག་མེད། སློབ་པའི་གཉིས་ཀ་ཞེས་ སོ། །དེ་འདྲའི་ཆོས་དོན་དམ་པའི་དངོས་པོར་མ་གྱུར་པ་ཐམས་ཅད་ལ་དོན་དམ་ (གསེར་)པའི་ དངོས་པོར་རམ་བླང་དོར་གཉིས་ཀའི་དངོས་པོར་ཞེས་སོགས་ཏེ་དེར་དམིགས་པ་ཉིད་ཀྱིས་ མཚན་མར་འཛིན་པ་དང་སྦྱིན་པ་དང་སོགས་པས་བྱང་ཆུབ་ཕྱོགས་སོགས་བསམ་གཏན་བཞི་ རྣམས་སྒྲུབ་པའོ་ཞེས་མཚན་མར་འདུ་ཤེས་པ་རྣམས་སོ། །རྒྱུ་མཚན་ནི། དེའི་སྤང་བར་བྱ་ བ་ཡིན་པའི་ཕྱིར། དེར་ཐལ། ཅི་རིགས་པར་བདག་འཛིན་ (ཤེར་འབྱུང་)སོགས་དང་སེར་སྣ་ལ་ སོགས་པ་དེ་དག་གི་གཉེན་པོར་འགྱུར་སྲིད་པ་ཡིན་ན་ཡང་དེ་ལས་འཛིན་སྟངས་ཕྱིན་ཅི་ལོག་ 2-1-81 ཏུ་ཞུགས་པའི་འཛིན་པ་ཡིན་པ་ཉིད་ཀྱིས་སོ། །དེའི་རྒྱུ་མཚན་མཚན་མར་འཛིན་པའི་བློ་ཡིན་ པས་སོ། །ཁྱབ་སྟེ། བྱང་པའི་ལམ་སྤྲོས་པ་དང་མཚན་མ་ཐམས་ཅད་མི་དམིགས་པའི་ཕྱིར་རོ། ། གཉིས་པ་ལ། སྔ་འགྲེལ་ནི། བྱང་པ་རྣམས་ཀྱིས་གཞི་ཤེས་མཚན་འཛིན་ལས་བཟློག་སྟེ་ དེའི་གཉེན་པོ་ཡིན་པར་འཆད་དོ། །རྩ་བ་ནི། བྱང་འཕགས་ཀྱི་མཉམ་གཞག་གི་ཡེ་ཤེས་ཆོས་ ཅན། གཞི་ལ་མཚན་འཛིན་གྱི་ཆགས་པའི་ཆ་མངོན་འགྱུར་ས་བོན་དང་བཅས་པ་འགོག་སྟེ། གཞི་གཟུགས་སོགས་དུས་གསུམ་པའི་ཆོས་དང་དེ་གང་ཟག་གི་བདག་སོགས་ཀྱིས་སྟོང་པའི་ སྟོང་ཉིད་སོགས་དོན་དམ་པར་རང་རང་གི་དངོས་པོ་བདེན་པའི་བདག་མེད་པར་མངོན་སུམ་ གྱིས་རྟོགས་པའི་སློབ་ལམ་ཡིན་པས་སོ། །ཡང་དེ་ཆོས་ཅན། སྦྱིན་སོགས་ལམ་ལ་མཚན་ འཛིན་གྱི་ཆགས་ (མཐའ་རགས་པ་འགོག་པའི་ཞེས་སྙིང་ཟླ། )པའི་ཆ་ས་བོན་བཅས་འགོག་སྟེ། སྦྱིན་པ་ ལ་སོགས་རྣམ་མཁྱེན་གྱི་བར་བདག་མེད་དུ་མངོན་སུམ་དུ་རྟོགས་པའི་སྒོ་ནས་ངར་ (རྒྱལ་ཞེས་ ཨཱརྱ་ཤེར་འབྱུང༌། )འཛིན་མེད་པ་ལ་རང་གནས་ནས་གཞན་དག་སྦྱིན་སོགས་དེ་ལ་རྨོངས་ (ཨཱརྱ་)པ་ ལ་གདམས་ངག་ (ཨཱརྱ་)སྟོན། བག་མེད་པ་ (ཨཱརྱ་)གཉེན་པོ་ལེན་དུ་འཇུག་ (མདོ་)ཞུམ་པ་གཟེང་ བསྟོད། ཡང་དག་པར་ཞུགས་པ་ (ཨཱརྱ་)དགའ་བར་ (མདོ་)བྱེད་པའི་སྒོ་ནས་སྦྱོར་ཞིང་འཛུད་ པར་བྱེད་པའི་མངོན་ཞེན་མེད་པའི་ཡེ་ཤེས་ཡིན་པས་སོ། །མཐའ་ནི་ཆ་སྟེ། མཐའ་ནི་ཟད་ དང་འཇུག་ཆ་དང༌། །ཉེ་དང་ཕྱོགས་དང་སྨད་པ་ལའོ། །ཞེས་རྣམ་བཤད་རིགས་པ་ལས་སོ། ། བདག་ནི་སྦྱིན་ཕར་ལ་སྤྱོད་དོ་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར། ཞེས་ནས། རྣམ་ མཁྱེན་གྱི་བར་ལ་སྤྱོད་དོ་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་བ་དེ་ལྟར་ཡང་དག་པར་ བསྟན་པར་བྱ། ཞེས་སོགས་སོ། །འགྲེལ་པ་ལ། ཆོས་ཅན་འདྲ། གཞི་ལ་ཆགས་པའི་མཚན་ འཛིན་གྱི་གཉེན་པོ་ཡིན་ནོ། །གཞི་ལ་ཆགས་པའི་ཚོགས་རགས་པ་མངོན་གྱུར་གྱི་གནས་ས་ 2-1-82 བོན་དང་བཅས་ཐམས་ཅད་བཀག་པའི་ཕྱིར། དེ་ཡིན་ཏེ། གཟུགས་སོགས་ཤེས་བྱའི་གནས་ ལུགས་སྟོང་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་མངོན་སུམ་དུ་རྟོགས་ནས་ཞུགས་པའི་སློབ་ ལམ་ཡིན་པའི་ཕྱིར། ཞེས་པ་དང༌། ཆོས་ཅན། ལམ་ལ་ཆགས་པའི་མཚན་འཛིན་གྱི་གཉེན་ པོ་སྟེ། ལམ་ལ་ཆགས་པ་མངོན་གྱུར་ས་བོན་བཅས་འགོགས་པས་སོ། །དེ་ཡིན་ཏེ། སྦྱིན་པ་ ལ་སོགས་པ་འཁོར་གསུམ་རྣམ་པར་དག་པར་བྱས་ནས་བདེན་པའི་བདག་སྟེ་དངོས་པོ་མེད་ པར་མངོན་སུམ་དུ་རྟོགས་པས་དེ་ལ་རང་གནས་ནས་གཞན་སྦྱོར་བའི་མངོན་ (ཤེར་འབྱུང་)ཞེན་ མེད་པའི་བློ་ཡིན་པས་སོ། །རྣམ་པ་ཐམས་ཅད་དུ་ཞེས་པ་སྤང་བྱ་དེ་དང་དེ་དྲུངས་འབྱིན་བྱེད་ དུ་སྟོན་པའམ། གཉེན་པོ་ཁོ་ན་ཡིན་གྱི་སྤང་བྱར་འགྱུར་མི་སྲིད་ཅེས་སྟོན་པའོ། ། གཉིས་པ་ལ། སྤང་གཉེན་གཉིས་ལས། དང་པོ་ལ། ཆགས་པ་ཕྲ་མོ་མི་མཐུན་ཕྱོགས་ སུ་བསྟན། དེའི་སྒྲུབ་བྱེད་བསྟན་པའོ། །དང་པོ་ལ། རྩ་བ་ནི། རྒྱལ་བ་ལ་མཚན་མར་འཛིན་ པ་དང་སོགས་པ་ (དེ་པ་དང་ཉན་ཐོས་དང་དེ་མིན་པའི་སེམས་ཅན་རྣམས་ཀྱི་)དགེ་བ་ཐམས་ཅད་མཚན་མར་ གཟུང་ (མདོ་)སྟེ་རྫོགས་བྱང་དུ་བསྔོ་བ་ཆོས་ཅན། བྱང་པའི་མཉམ་གཞག་གི་མི་མཐུན་ཕྱོགས་ ཏེ། ཆགས་པ་ཕྲ་མོ་ཡིན་པས་སོ། །(དེ་པ་དགྲ་བཅོམ་པ་)རྫོགས་པའི་སངས་རྒྱས་མཚན་མར་ཡིད་ ལ་བྱེད་ན། ཇི་ཙམ་དུ་མཚན་མར་གྱུར་པ་དེ་ཙམ་དུ་ཆགས་པའོ། །(དེ་དེའི་དགེ་བ་དང་ཉན་ཐོས་དང་ སེམས་ཅན་གཞན་རྣམས་ཀྱི་དགེ་བ་མཚན་མར་བྱས་ཏེ་བླ་མེད་རྫོགས་བྱང་དུ་བསྔོ་ན། ) ཞེས་སོགས་སོ། །འགྲེལ་པ་ ལ། མཚན་མར་བྱས་ཏེ་དེ་པ་ལ་ཕྱག་འཚལ་བ་དང་ (མཆོད་པ་བྱེད་པ་གུས་པ་སྦྱིན་པ་ལ་སོགས་པ་ཞེས་རད་ ཀིར། )སོགས་པ་སྔར་ལྟར་ཏེ་དེའི་མི་མཐུན་ཕྱོགས་ཡིན་ཏེ། ཆགས་པ་ཕྲ་མོ་ཉིད་ཀྱིས་ (ཆགས་པ་ ཡིན་ཀྱང་དེར་རྟོགས་དཀའ་བས་ཆགས་པ་ཕྲ་མོ་ཞེས་བྱ་ཞེས་ཆོས་རྗེ་འཇམ་གསར་རོ། ། )སོ། །སྤང་བྱར་མི་འཐད་དེ་ གཉེན་པོར་འགྱུར་བས་སོ། །ཞེ་ན། ཆོས་ཅན། མ་དད་པ་ལ་སོགས་པའི་གཉེན་པོ་ཡིན་ཏེ། སངས་རྒྱས་ལ་དམིགས་པའི་བསོད་ནམས་ཀྱི་ཚོགས་ཀྱི་རྒྱུ་ཡིན་པ་ཉིད་ཀྱིས་སོ། །དེ་ལྟ་མོད་ 2-1-83 ཀྱི་སྤང་བྱ་རྣམ་པ་ཐམས་ཅད་དུ་སྟེ་དྲུངས་འབྱིན་བྱེད་མིན་པས་སམ་གཉེན་པོ་ཁོ་ན་མ་ཡིན་ པས་སྤང་བྱར་ (རད་ཀིར་དོན། )ཡང་འགྱུར་བ་ལ་འགལ་བ་མེད་དོ། །བམ་པོ་གསུམ་པ་འཆད་དོ། ། གཉིས་པ་ལ། མཚམས་སྦྱར་ནི། ཡང་ཇི་ (ཞེས་པ་སླར་ཡང་འདི་གཏན་ལ་དབབ་ཅེས་པའོ། ། )ལྟར་ ཆགས་པ་ཕྲ་མོ་མི་མཐུན་ཕྱོགས་ཡིན་ཞེ་ན། རྩ་འགྲེལ་ནི། གཟུགས་སོགས་ཆོས་ཀྱི་ལམ་སྟེ་ རིགས་སམ་ (སྙིང་མཆོག་)ཚོགས་སམ་ཕུང་ (ཟླ་ཟེར་)བོ་རྣམས་ནི་ཆོས་ཅན། ཁྱེད་རྣམས་ཀྱི་རང་ བཞིན་ཆོས་ཉིད་དེ་ཟབ་པ་ཉིད་ཡིན་ཏེ། གང་གི་ཕྱིར་ན། དོན་དམ་པར་རང་བཞིན་གྱིས་སམ་ ངོ་བོ་ཉིད་བདེན་པ་ཁོ་ནས་སྟོང་པའི་ཆོས་ཅན་ཡིན་པས་སོ། །(རབ་འབྱོར་གྱིས་)ཤེར་པ་ཟབ་པོ། ། (འདིར་ཤེར་ཕྱིན་ནི་རང་བཞིན་གྱི་ཤེར་ཕྱིན་ཏེ། མདོར་ཤེར་ཕྱིན་ནི་མ་བྱས་མངོན་པར་འདུ་མ་བྱས་པ་སྟེ་ཞེས་སོ། ། ) བཀའ་ སྩལ་པ། ཆོས་ཐམས་ཅད་རང་བཞིན་གྱིས་དབེན་པའི་ཕྱིར་རོ། །ཞེས་སོ། །དེས་ན་དེ་པ་ ལ་སྐྱབས་སོགས་ཀྱི་མཚན་མར་དམིགས་པ་ཡང་ཆོས་ཅན། བྱང་པའི་མཉམ་གཞག་གི་མི་ མཐུན་ཕྱོགས་ཡིན་ནོ། །དོན་དམ་པར་ངོ་བོས་སྟོང་པ་ལ་སྐྱབས་སོགས་ཀྱི་མཚན་མར་གཟུང་ བ་དེའི་ཕྱིར་རོ། ། གཉིས་པ་ལ། སྤོང་བྱེད་གཉེན་པོ། ཟབ་པ་སོགས་ཀྱི་རྒྱུ་མཚན་བསྟན་པའོ། །དང་པོ་ལ། མཚམས་སྦྱར་ནི། སྤང་བྱ་ཡིན་པ། འོ་ན་གཉེན་པོ་གང་གིས་ཇི་ལྟར་སྤོང་ཞེ་ན། རྩ་འགྲེལ་ ནི། བྱང་འཕགས་ཀྱི་མཉམ་གཞག་གི་ཡེ་ཤེས་ཆོས་ཅན། མཚན་འཛིན་གྱི་ཆགས་པ་ཕྲ་མོ་ སྤོང་བར་ནུས་པ་ཡིན་ཏེ། ཤེས་པ་ (གྲོལ་སྡེ་གཉིས་)འཛིན་པ་དང་ཤེས་བྱ་ (གྲོལ་སྡེ་གཉིས་)གཟུང་ བའི་ཆོས་རྣམས་དོན་དམ་པར་རང་བཞིན་གཅིག་པར་ཏེ་བདེན་མེད་དུ་མཉམ་པ་ཉིད་དུ་ གཅིག་པར་མངོན་སུམ་དུ་ཡོངས་སུ་ཤེས་པའི་ཞེན་བྲལ་གྱི་ཡེ་ཤེས་ཡིན་པས་སོ། །མདོ་ལས། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ནི་རང་བཞིན་གཅིག་པ་ཁོ་ན་སྟེ། འདི་ལྟ་སྟེ། རང་ 2-1-84 བཞིན་མེད་པ་མངོན་པར་འདུས་མ་བྱས་པ་དེ་ཤེས་ན་ཆགས་པའི་མཐའ་ཐམས་ཅད་ཡོངས་ སུ་སྤངས་པ་ཡིན་ནོ། །ཞེས་སོ། ། གཉིས་པ་ལ་ཟབ་པའི། རྟོགས་དཀའ་བའི་རྒྱུ་མཚན་གཉིས་སོ། །དང་པོ་ལ། མཚམས་ སྦྱར་ནི། ཡང་ (ནི་སྔར་བཤད་ལྟར་རོ། ། )ཇི་ལྟར་རམ་གང་གི་ཕྱིར། ཆོས་རྣམས་ཀྱི་ཆོས་ཉིད་རང་ བཞིན་གྱིས་ཟབ་པ་ (ཤེར་ཕྱིན་ཟབ་པ་ཡིན་ཞེ་ན་བཙུན་གྲོལ་)ཡིན་ཞེ་ན། རྩ་འགྲེལ་ནི། ཆོས་རྣམས་ཀྱི་ རང་བཞིན་སྟོང་ཉིད་དེ་ནི་ཆོས་ཅན། མཚན་འཛིན་གྱི་བློས་མངོན་སུམ་ཏུ་རྟོགས་དཀའ་བ་ ཡིན་ཏེ། མིག་ལ་སོགས་པ་རྣམ་ཤེས་ཐམས་ཅད་ཀྱིས་མངོན་སུམ་དུ་མཐོང་བ་སོགས་པས་ ཐོས་ངེས་རྣམ་པར་ཤེས་པ་སྟེ་དམིགས་པའི་དོན་ནམ་ཡུལ་ཡིན་པ་བཀག་པའམ་བསལ་བ་ ཡིས་སོ། །དེས་ན་དེ་ཆོས་ཅན། (སྟོང་ཉིད་གསལ་བར་ཤེར་ཕྱིན་ཞེས་རད་ཀིར། ) ཟབ་པ་ཉིད་ཡིན་ནོ། ། དེས་རྟོགས་དཀའ་བའི་ཆོས་ཉིད་ཡིན་པ་དེའི་ཕྱིར་རོ། །ཞེས་མདོ་ལས་བཤད་པ་སྟེ། ཡུམ་ནི་ རྟོགས་པར་དཀའོ། །བཀའ་སྩལ་པ། དེ་ནི་འདི་ལྟར་སུས་ཀྱང་མ་མཐོང་མ་ཐོས་མ་ངེས་རྣམ་ པར་མ་ཤེས། (ཨཱརྱ་བཙུན་གྲོལ་)ཞེས་སོགས་སོ། ། གཉིས་པ་ལ། མཚམས་སྦྱར་ནི། ཡང་དེ་ལྟར་རྟོགས་དཀའ་བ་ཉིད་ཅིའི་རྒྱུས་ཡིན་ཞེ་ ན། (ཨཱརྱ་བཙུན་གྲོལ་ཤེར་ཕྱིན་རྟོགས་དཀའ་བའི་རྒྱུ་ཅི་ཞེ་ན་ཞེས། ) རྩ་འགྲེལ་ནི། ཆོས་རྣམས་ཀྱི་རང་བཞིན་ ཆོས་ཉིད་དེ་ནི་ཆོས་ཅན། (ཤེར་ཕྱིན་ཞེས་ཨཱརྱའོ། ། )རྟོག་གེའི་བློས་བསམ་གྱིས་མི་ཁྱབ་སྟེ། གང་ གི་ཕྱིར་ན། གཟུགས་ལ་སོགས་པ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་ (འདིའི་རྗེས་སུ་རྒྱུན་ ཞུགས་ནས་རྣམ་མཁྱེན་བར་མདོར་ཡོད། )རྣམ་པའི་བར་གྱི་བདེན་དངོས་ཡིན་པར་དང༌། (ཨཱརྱ་དག་ལྡན། ) དེ་ འདྲའི་བདེན་དངོས་ཡིན་པར་གཟུགས་ནས་རྣམ་མཁྱེན་གྱི་བར་གྱིས་ཡོངས་སུ་མི་ཤེས་པའི་ ཕྱིར། དེས་ན། ཆོས་ཅན། བདེན་དངོས་འདི་དང་འདིའོ། །ཞེས་རྟོག་གེའི་བློས་རྟོགས་དཀའ་ བ་ཉིད་ཡིན་ནོ། །དེས་བསམ་པ་ལས་འདས་པ་ཉིད་དུ་སངས་རྒྱས་ཀྱིས་འདོད་པ་དེའི་ཕྱིར། 2-1-85 ཞེས་མདོ་ལས་འདོད་དམ་བཤད་དེ། ཤེར་པ་ནི་བསམ་གྱིས་མི་ཁྱབ་པོ། །བཀའ་སྩལ་པ། གཟུགས་དང༌། ཞེས་ནས། མ་འདྲེས་པའི་བར་དང༌། རྒྱུན་ཞུགས་ནས་རྣམ་མཁྱེན་གྱི་བར་ གྱིས་མ་ཤེས་སོ། །ཞེས་སོ། ། གསུམ་པ་ལ། སྔ་འགྲེལ་ནི། དེ་ལྟར་མི་མཐུན་ཕྱོགས་དང་སོགས་པ་གཉེན་པོ་སོགས་ བརྗོད་ནས་དེ་གཉིས་ཀའི་མཇུག་བསྡུ་བར་བྱའོ། །རྩ་འགྲེལ་ནི། ཉན་ཐོས་དང་སོགས་པ་ རང་རྒྱལ་གྱི་ལམ་ཆོས་ཅན། མི་མཐུན་པའི་ཕྱོགས་ཡིན་ཏེ། མཚན་འཛིན་ཡིན་པའི་ཕྱིར། བྱང་པ་འཕགས་པའི་མཉམ་བཞག་ཡེ་ཤེས་དང་སོགས་པ་སངས་རྒྱས་ཀྱི་རྟོགས་པ་ཆོས་ཅན། མཚན་འཛིན་གྱི་གཉེན་པོའི་ཕྱོགས་ཡིན་ཏེ། ཆོས་ཐམས་ཅད་དོན་དམ་པར་བདེན་མེད་དུ་ མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཡིན་པས་སོ། །ཞེས། གོ་རིམ་བཞིན་དུ་སྦྱར་བ་སྟེ། སྤྱིར་ (ཤེར་འབྱུང་)མངོན་པར་ཞེན་པའི་བློ་ཐམས་ཅད་འདིར་མི་མཐུན་ཕྱོགས་དང༌། ཞེན་མེད་ཀྱི་བློ་ བདེན་པའི་རང་བཞིན་མེད་རྟོགས་ཐམས་ཅད་གཉེན་ཕྱོགས་སོ་ཞེས་པའི་རབ་དུ་དབྱེ་བ་མ་ ལུས་པ། མདོ་ལས་ཇི་སྐད་ (དག་ལྡན་)བཤད་པ་བཞིན་དུ་བསྟན་བཅོས་འདིར་ (དག་ལྡན་)བཤད་ པའི་ཚུལ་དེ་ལྟར་ (དག་ལྡན་)གྱི་སྒོ་ནས་ཐམས་ཅད་ཤེས་པ་ཉིད་ཀྱི་སྐབས་སུ་ཤེས་པར་བྱའོ། ། གཉིས་པ་ལ། སྦྱོར་བའི་དབྱེ་བ་ (ཤེར་འབྱུང་)དང༌། རྣམ་པ་ (ཤེར་)སྦྱོར་བའི་ (ཤེར་)ངོ་བོ་དང༌། རྣམ་པའོ། །དང་པོ་ལ། སྔ་འགྲེལ་ནི། སྔར་བཤད་དེ་ལྟར་མཚན་འཛིན་གྱི་བློ་ཀུན་མི་མཐུན་ པའི་ཕྱོགས་དང་སོགས་པས་མཚན་མེད་ཀྱི་རྟོགས་པ་གཉེན་པོའི་ཕྱོགས་ (ཤེར་འབྱུང་)བརྗོད་ ཟིན་ནས་སྤང་གཉེན་དེ་དག་བླང་དོར་གྱིས་རྣམ་པར་སྒོམ་པའི་འབྱོར་བ་གང་ཡིན་ཞེ་ན། སྦྱོར་ལམ་ནི་འཆད་དོ། །རྩ་བ་དང་འགྲེལ་པ་ལྷན་ཅིག་བཤད་པ་ལ། བྱང་སེམས་སྦྱོར་ལམ་ པ་དབང་རྣོན་གྱི་མཉམ་བཞག་གི་ཡུམ་སྦྱོར་ཆོས་ཅན། གཞིའི་ངོ་བོ་གཟུགས་ལ་སོགས་པའི་ ཆོས་ཐམས་ཅད་ལ་གནས་པ་བཀག་པའི་སྦྱོར་བ་ཡིན་ཏེ། དེ་ལ་མངོན་ཞེན་གྱིས་སྤྱོད་པ་ 2-1-86 ཉམས་ (རད་ཀིར་)ལེན་བཀག་པའི་རྟོགས་ (རད་ཀིར་)མེད་ཀྱིས་ཡུམ་བསྒོམ་པའི་སྦྱོར་བ་ཡིན་པས་ སོ། །བྱང་ཆེན་པོ་ཤེར་པ་ལ་སྤྱོད་ཚེ་གལ་ཏེ་གཟུགས་ལ་མི་སྤྱོད་ན་ཤེར་པ་ལ་སྤྱོད། ཅེས་ སོགས་རྣམ་མཁྱེན་བར་རོ། །ཆོས་ཅན། གཞིའི་ཁྱད་པར་གཟུགས་སོགས་དེ་མི་རྟག་པ་དང༌། སྟོང་པ་དང་རྟག་བདེ་སོགས་པ་ལ་ཞེས་སོགས་དང༌། གཟུགས་རྟག་ཅེས་བྱ་བའམ་མི་རྟག་ ཅེས་བྱ་བར་མི་སྤྱོད་ན། ཞེས་སོགས་སོ། །ཆོས་ཅན། གཞི་དེའི་མཚན་ཉིད་ཀྱི་དབྱེ་བ་ གཟུགས་སོགས་སོ་སོར་མ་རྫོགས་པ་དང་རབ་ཏུ་རྫོགས་པ་ལ་ཞེས་སོགས་དང༌། གཟུགས་ རྫོགས་པའམ་མ་རྫོགས་པ་ཞེས་བྱ་བར་མི་སྤྱོད་ན། ཞེས་སོགས་སོ། །མ་རྫོགས་པ་ (མ་ཚང་བ་ གསེར་)ནི་བརྟགས་ (འགྲེལ་ཆེན་)པའི་གཟུགས་ཏེ། བརྟགས་པ་ལྟར་ངོ་བོ་མེད་ (འབུམ་ཊཱིཀ་)པས་ མཚན་ཉིད་ཀྱིས་ (འགྲེལ་ཆེན། )སྟོང་པའི་ཕྱིར་ (དངོས་)ཡོན་ཏན་གྱི་རྟེན་ (དོན་)དུ་མ་རྫོགས་པའོ། ། རྫོགས་པ་ནི་ཆོས་ (ཚང་བ་སྟེ་)ཉིད་ཀྱི་གཟུགས་ཏེ། ཡོན་ཏན་མཐའ་ཡས་པ་དང་ལྡན་པས་སོ། ། ཞེས་འགྲེལ་ (གསེར་བུདྡྷ་ཤྲཱི་ཡང༌། )ཆེན་ནོ། །(རྫོགས་མ་རྫོགས་ཀུན་བརྟགས་ཀྱི་གཟུགས་དང་ཡོངས་གྲུབ་ལ་འབུམ་ ཊཱིཀ་ཏུ་ཡང་བཤད་དོ། །གཉལ་ཆུ་མིག་པ་སོགས། )བོད་དག་དེ་སེམས་ཙམ་པའི་ཆོས་སྐད་ཅིག་ཡིན་པས་ མི་འཐད་ཟེར་བ་ནི་རྣམ་པར་འཁྱམས་སོ། །(ཁ་ཅིག་ཚོགས་རྫོགས་མ་རྫོགས་ཟེར་རོ། ། ) གཉལ་སོགས་ ནི་ (ཆུ་མིག་འོད་ཟེར་མགོན། )མ་རྫོགས་པ་བྱིས་པའི། རྫོགས་པ་རྒན་པོའི་ཟེར་བ་ནི་ནོར་བ་སྟེ། རྣམ་ མཁྱེན་གྱི་བར་ལ་སྦྱར་ནས་གསུངས་པས་དེ་ཅི་ལྟར་འགྲིག གཟུགས་རྫོགས་པ་དང་མ་ རྫོགས་པ་ཞེས་བྱ་བར་ (ནི་བསྒོམས་པ་ཡོངས་སུ་རྫོགས་པ་དང་མ་རྫོགས་པ་ལ་དགོངས་པ་སྟེ་གསུངས་ཞེས་གནོད་ འཇོམས་དང༌། བསྒོམ་པ་ཡོངས་སུ་རྫོགས་པ་ཐོབ་མ་ཐོབ་ཅེས་པཎྜི་ཏ་ཞི་བ་འབྱུང་གནས་སོ། ། )ཞེས་སོགས་རྣམ་མཁྱེན་ བར་རོ། །ཆོས་ཅན། གཟུགས་སོགས་དེ་ལ་ཆགས་པ་དང་དེ་མེད་པ་ཉིད་ཀྱི་སྤང་གཉེན་གྱི་ དབྱེ་བ་ལ་ཞེས་སོགས་ཏེ། གཟུགས་ཆགས་པ་དང་མ་ཆགས་པར་ཞེས་བྱ་བར་མི་སྤྱོད་ཅེས་ སོགས་རྣམ་མཁྱེན་བར་རོ། །ཆོས་ཅན། (ཨཱརྱ་སོགས་དངོས་)གཞན་དུ་མི་འགྱུར་བའི་སྦྱོར་བ་སྟེ། 2-1-87 བསྟན་མ་བསྟན་གྱིས་འཕེལ་འགྲིབ་ཏུ་མི་འགྱུར་བའི་ (འགྲེལ་ཆེན་དོན་དངོས། )ཆོས་ཉིད་ཀྱི་ཤེར་ ཕྱིན་ལ་ཞེས་སོགས་ཏེ། ཡུམ་ཟབ་མོ་འདི་བསྟན་ཀྱང་མི་འགྲིབ། མ་བསྟན་ཀྱང་མི་ (ལུང་དང་ རྟོགས་པའི་ཤེར་ཕྱིན་ནི་བསྟན་མ་བསྟན་དང་བསྒོམ་མ་བསྒོམ་གྱིས་འཕེལ་འགྲིབ་ཏུ་འགྱུར་བས་ཆོས་ཉིད་ལ་དགོངས། ) འགྲིབ། བསྟན་ཀྱང་མི་འཕེལ། མ་བསྟན་ཀྱང་མི་འཕེལ་བ་ངོ་མཚར་ཆེའོ། །ཞེས་སོ། །ཆོས་ ཅན། བྱེད་པ་པོ་མེད་པའི་སྦྱོར་བ་སྟེ། བསྔགས་མ་བསྔགས་ཀྱིས་རྗེས་ཆགས་ཁོང་ཁྲོར་ འཕེལ་འགྲིབ་ཏུ་མི་བྱེད་པའི་ཆོས་ཉིད་ཡུམ་བཅས་ལ་ཞེས་སོགས་སོ། །སྒྱུ་མའི་སྐྱེས་བུ་ནི་ ལེགས་པ་བརྗོད་ཀྱང་ཆགས་པར་འགྱུར་བ་མེད་དོ། །ཉེས་པ་བརྗོད་ཀྱང་ཁོང་ཁྲོ་བར་འགྱུར་ བ་མེད་དོ། །རབ་འབྱོར་དེ་བཞིན་དུ་ཆོས་རྣམས་ཀྱི་ཆོས་ཉིད་གང་ཡིན་པ་དེ་བསྟན་ཀྱང་དེ་ བཞིན་མ་བསྟན་ཀྱང་དེ་བཞིན་ནོ། །ཞེས་སོ། །ཆོས་ཅན། བྱ་དཀའ་རྣམ་གསུམ་གྱི་སྦྱོར་བ་སྟེ་ གོ་རིམ་བཞིན་དུ་ཆེད་དུ་བྱ་དཀའ་ (ཨཱརྱ་)བ་རྣམ་མཁྱེན། སྦྱོར་བ་བྱ་དཀའ་ (ཨཱརྱ་)བ་ལམ་ཤེས། བྱེད་པའམ་ལས་ (ཨཱརྱ་)བྱ་དཀའ་བ་གཞི་ཤེས་ (ཨཱརྱ་)གསུམ་ལ་ཞེས་སོགས་ཏེ། གོ་རིམ་བཞིན་ དུ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་བདག་ཉིད་ཀྱི་ཞེས་པའི་དོན་དེའོ། །སོ་སོར་སྦྱར་ན། ཆོས་ཅན། ཆེད་དུ་བྱ་དཀའ་ (དག་སྙིང་ཟླ་ཟེར་རད་ཀིར་དངོས། )བའི་སྦྱོར་བ་ཡིན་ཏེ་ (སངས་རྒྱས་ཆོས་རྣམས་ ཐོབ་པར་བྱ་བའི་ཆེད་དུ་གོ་ཆའི་དཀའ་སྤྱོད་ཀྱི་སྦྱོར་བ་ཞེས་རད་ཀིར་རོ། ། )སེམས་ཅན་ཐམས་ཅད་ཀྱི་ (མདོ་སྙིང་ཟླ་) ཆེད་དུ། རྫོགས་པའི་བྱང་ཆུབ་ཏུ་ (མདོར་ཡོད། )གོ་ཆ་བགོས་པའི་རྟོག་མེད་ཀྱི་ཡུམ་སྦྱོར་ཡིན་པས་ སོ། །ཁྱབ་སྟེ་ (དོན་)དོན་དམ་པར་སེམས་ཅན་ (འབུམ་ཊཱིཀ་དངོས་མདོར་ཡོད། )མི་དམིགས་ཤིང་ཀུན་ རྫོབ་ (དོན་)ཏུ་མཐའ་ཡས་སོ། །(མདོར་ཡོད་དངོས། )ཞེས་མདོ་དང་སྙིང་ཟླ་ལྟར་རམ། རྣམ་མཁྱེན་དེ་ ལ་སྦྱོར་བར་འདོད་པའམ་ (ཨཱརྱ་)ཐོབ་ཆེད་དུ་འབད་པའི་ཡུམ་སྦྱོར་ཡིན་པས་སོ་ཨཱརྱའོ། །ཁྱབ་ སྟེ། རྣམ་པ་རྣམས་ (མདོར་)དོན་དམ་པར་མ་དམིགས་པས་སོ། །(སེང་བཟང༌། ) ཞེས་གསེར་དང༌། རྣམ་མཁྱེན་དང་ཤེར་ཕྱིན་སོགས་དོན་དམ་པར་མེད་པས་སོ་ཞེས་འགྲེལ་ཆེན་གྱི་དགོངས་ 2-1-88 པའོ། །སེམས་ཅན་རྣམས་ཀྱི་སླད་དུ་ (རྫོགས་པའི་བྱང་ཆུབ་ཏུ་ཞེས་སྙིང་ཟླ་སྟེ་འོག་ཏུ་མདོར་དངོས་སུ་ཡོད། )གོ་ཆ་ འཚལ་བ་དེ་དག་ནི་ནམ་མཁའ་ཡོངས་སུ་སྨིན་པར་འཚལ་ཞིང་ཡོངས་སུ་གྲོལ་བར་འཚལ་ བའོ། །ཞེས་སོགས་རྒྱས་པར་རོ། །ཆོས་ཅན། སྦྱོར་བ་བྱ་དཀའ་བའི་སྦྱོར་བ་ (དག་ལྡན་སོགས་) ཡིན་ཏེ། སེམས་ཅན་ཐམས་ཅད་ཀྱི་དོན་ (མདོ་)དུ་ལམ་བསྒོམ་པར་འབད་པའི་ཡུམ་སྦྱོར་ཡིན་ པས་སོ་ཨཱརྱའོ། །ཁྱབ་པ་ཡོད་དེ། དོན་དམ་པར་ལམ་མ་དམིགས་པས་སོགས་གསེར་རོ། ། ནམ་མཁའ་བཞིན་ཀུན་རྫོབ་ཏུ་སེམས་ཅན་མཐའ་ (མདོ་དང་མཐུན་རུང༌། )ཡས་ཤིང་དོན་དམ་པར་ ངོ་བོ་མེད་པས་སོ། །ཞེས་སྙིང་ཟླའོ། །སེམས་ཅན་རྣམས་ཀྱི་སླད་དུ་ (ཡོངས་སུ་ཐར་བར་འཚལ་ཞེས་ འགྲེལ་ཆེན་དུ། )གོ་ཆ་འཚལ་བ་དེ་ནི་ནམ་མཁའ་བར་སྣང་ལ་འདེགས་པར་འདོད་པ་ཡིན་ (ཡང་འདི་ འོག་མའི་མདོར་སྦྱར་སྣང༌། )ནོ། །ཞེས་སོ། །ཆོས་ཅན། བྱེད་པའམ་ (དག་ཟླ་སྙིང་)ལས་བྱ་དཀའ་བའི་ སྦྱོར་བ་སྟེ། གཞི་ཐམས་ཅད་ཤེས་པ་ཉིད་ལ་རྩོལ་བར་འདོད་པའི་ཡུམ་སྦྱོར་ཡིན་པས་སོ་ ཨཱརྱའོ། །ཁྱབ་སྟེ། གཞི་དོན་དམ་པར་མ་དམིགས་པས་སོ། །ཞེས་གསེར་རོ། །ཆོས་ཅན་དང་ ཆོས་འདྲ། སེམས་ཅན་སྨིན་གྲོལ་བྱ་བ་དང༌། ཉོན་མོངས་ཅན་གྱི་ཆོས་སྤོང་རྣམ་བྱང་ཅན་གྱི་ ཆོས་བསྐྱེད་པའི་དོན་དུ་བརྩོན་པའི་ཡུམ་སྦྱོར་ཡིན་པས་སོ། །ཁྱབ་པ་ཡོད་དེ། དེ་རྣམས་དོན་ དམ་པར་མེད་པས་སོ། །འབུམ་ཊཱིཀ་སྟེ་ (ཉོན་མོངས་སྤོང་རྣམ་བྱང་བསྐྱེད། )དེ་གཉིས་དཀའ་བས་དོན་ དམ་པར་བཅོམ་ལྡན་འདས་མས་མི་མཛད་པས་སོ་ཞེས་སྙིང་ཟླའོ། །སེམས་ཅན་རྣམས་ཀྱི་ སླད་དུ་བླ་མེད་རྫོགས་བྱང་ཆུབ་ཏུ་ཞུགས་པ་དེ་དག་ནི་བརྩོན་འགྲུས་ཆེན་པོས་ཐོབ་པའོ། ། (འགྲེལ་ཆེན་དུ་འདི་སྔ་མ་གསུམ་ལ་སྦྱོར་བར་བཤད་དོ། ། ) ཞེས་སོ། །(ཨཱརྱ། ) རད་ཀིར་གྱིས། སངས་རྒྱས་ཀྱི་ ཆོས་རྣམས་ཐོབ་ཆེད་དུ་གོ་ཆའི་དཀའ་སྤྱོད་ཀྱི་སྦྱོར་བ། དེ་ཆེད་དུ་འཇུག་པའི་དཀའ་སྤྱོད་ཀྱི་ སྦྱོར་བ། དེ་ཐམས་ཅད་སྟོན་པའི་འཕྲིན་ལས་ཀྱི་དོན་དུ་འཇུག་པས་འཕྲིན་ལས་ཀྱི་དཀའ་ སྤྱོད་ཀྱི་རབ་ཏུ་སྦྱོར་བའོ། །(ལེགས་སོ། ། ) ཞེས་སོ། །ཆོས་ཅན། འབྲས་བུ་ཡོད་ (ཨཱརྱ་སོགས། )པའི་ 2-1-89 སྦྱོར་བ་སྟེ། གདུལ་བྱའི་སྐལ་བ་ཇི་ལྟ་བ་བཞིན་དུ། ཟག་མེད་ཀྱི་ཕུང་བོ་ལྔ་རྒྱུན་ཞུགས་ སོགས་སངས་རྒྱས་པར་ཆོས་འཁོར་བསྐོར་བ་སོགས་འབྲས་བུ་ཐོབ་བམ་འཐོབ་པས་མི་སྟོང་ པའི་ཡུམ་སྦྱོར་ཡིན་པས་སོ། །ཚུལ་ཁྲིམས་ཀྱི་ཕུང་བོ་ཡང་ཡོད། ནས། རྒྱུན་ཞུགས་ཡོད་ སོགས་སངས་རྒྱས་སོགས་དང་དཀོན་མཆོག་གསུམ་ཆོས་འཁོར་བསྐོར་བའང་ཡོད། ཅེས་སོ། ། ཆོས་ཅན། རང་བསྒོམ་པ་པོ་གང་ཟག་གི་བསྲུང་བྱེད་གཞན་ལ་རག་ལས་མེད་པ་སྟེ་གཞན་ གྱི་རྐྱེན་གྱིས་བསྲུང་དགོས་པར་མི་འགྲོ་བའམ་མི་འགྱུར་བའི་སྦྱོར་བ་ཡིན་ཏེ། ཡུམ་ཟབ་མོའི་ རྣལ་འབྱོར་ཡིན་པས་སོ། །ཁྱབ་སྟེ། དེ་ཉིད་དེའི་ (འགྲེལ་ཆེན་སོགས་)བསྲུང་བྱེད་མཆོག་ཡིན་པའི་ ཕྱིར་ཏེ། (གང་འདི་རྒྱུ་བ་དང་ནི་མི་རྒྱུ་བ། །སྒྱུ་མ་ནམ་མཁའི་ངོ་བོར་ཡོངས་བརྟག་པ། །དོན་དམ་བསྲུང་བའི་བསྲུང་བ་དེ་ཉིད་ ཡིན། །བསྲུང་བའི་ཆོ་ག་གཞན་དག་འདིར་ཅི་དགོས། །ཞེས་གསེར་དུ་དྲངས་སོ། ། ) ཇི་སྐད་བསྟན་པའི་ཡུམ་ལ་ གནས་ན་དེ་ཉིད་དེའི་བསྲུང་བ་དང་སྐྱབས་པ་དང་སྦ་བར་འགྱུར་རོ། །ཞེས་སོགས་སོ། །རད་ ཀིར་ནི། རང་ཉིད་ཀྱིས་ཡུལ་ཐམས་ཅད་ཤེས་པས་གཞན་ལ་རག་མ་ལས། ཞེས་སོ། །བྱང་སེ་ སྦྱོར་ལམ་པའི་མཉམ་གཞག་གིས་ཟིན་པའི་རྗེས་ཀྱི་ཡུམ་སྦྱོར་ཆོས་ཅན། སྣང་བ་རྣམ་བདུན་ ཤེས་པར་བྱེད་པའི་སྦྱོར་བ་ཡིན་ཏེ། ཆོས་ཐམས་ཅད་སྣང་ཡང་བདེན་མེད་རྨི་ལམ་ལྟ་བུ་ལ་ སོགས་པ་བདུན་དུ་རྟོགས་ནས་བསྒོམ་པའི་ཡུམ་སྦྱོར་ཡིན་པས་སོ། །བདུན་གང་ན། གཟུང་ འཛིན་དུ་སྣང་བའི་དངོས་པོ་འདི་དག་ཆོས་ཅན། བདེན་པར་མེད་དེ། མ་རིག་པ་དང་བག་ ཆགས་སོགས་ཀྱིས་རྣམ་ཤེས་ཡོངས་སུ་འགྱུར་བའི་སྣང་བ་ཡིན་པས་སོ། །དཔེར་ན། གཉིད་ དང་བག་ཆགས་ཀྱིས་རྣམ་ཤེས་ཡོངས་སུ་འགྱུར་བའི་སྣང་བ་རྨི་ལམ་བཞིན། ཆོས་ཅན་ཆོས་ ཀུན་ལ་འདྲ་བར་སྦྱར་ཏེ། རྒྱུ་རྐྱེན་མཉམ་དུ་ཚོགས་པས་སྣང་བ་ཙམ་ཡིན་པས་སོ། །སྒྱུ་མའི་ སྔགས་དང་རྫས་སམ་སྨན་སོགས་མཉམ་དུ་ཚོགས་པའི་སྣང་བ་སྒྱུ་མ་བཞིན། གནས་ལུགས་ ལ་ཡོད་པར་འགལ་བ་ཡོད་པར་སྣང་བ་ཙམ་ཡིན་པས་སོ། །ཆུར་ཡོད་པར་འགལ་བའི་སྨིག་ 2-1-90 རྒྱུ་ཆུར་སྣང་བ་བཞིན། རྐྱེན་ལ་རག་ལས་པའི་སྣང་བ་ཡིན་པས་སོ། །གནས་དང་སྒྲའི་རྐྱེན་ལ་ རག་ལས་པ་སྒྲ་བརྙན་བཞིན། རང་གི་རང་བཞིན་བདེན་སྟོང་ལས་མ་འཕོས་པའི་སྣང་བ་ ཡིན་པས་སོ། །གཟུགས་ཀྱི་ཚུལ་ལས་མ་འཕོས་པ་སྟེ་མི་འདའ་བའི་ (གསེར་)མིག་གཡོར་གྲིབ་ (མདོ་རྒྱན་འབུམ་ཊཱིཀ་)མ་བཞིན། མགལ་མེ་ལ་ཤཱཀྱ་བློས་སོ། །(གསེར་གྱིས་གཟུགས་བརྙན་ལ་འོག་ཏུ་བཤད། ) དོན་དམ་པར་གཞི་བདེན་དངོས་མེད་པའི་སྣང་བ་ཡིན་པས་སོ། །གནས་པའི་རྟེན་ས་རྡོ་ སོགས་གདོས་བཅས་བདེན་པ་མེད་ཀྱང་ཡོད་པར་སྣང་བ་དྲི་ཟའི་གྲོང་ཁྱེར་བཞིན། དོན་དམ་ པར་བྱེད་པ་པོ་མེད་པའི་སྣང་བ་ཡིན་པས་སོ། །སྨྲ་བརྗོད་བརྐྱང་བསྐུམ་ལ་སོགས་པར་བྱེད་ པ་པོའི་ཀུན་སློང་གི་སེམས་ནང་ན་མེད་ཀྱང་ཡོད་པར་སྣང་བའི་འདྲེ་ལ་སོགས་པའི་སྤྲུལ་བ་ བཞིན་ཞེས་པ་རྣམས་སོ། །ཕྱི་མ་འདི་རྗེས་ཐོབ་ཀྱི་སྒོམ་པ་གཙོ་ཆེ། (རྣམ་པར་མི་རྟོག་པར་འཇུག་པའི་ གཟུངས་ལས། དེའི་རྗེས་ལས་ཐོབ་པས་ནི་ཆོས་ཐམས་ཅད་སྒྱུ་མ་དང་ཞེས་སོགས་དང༌། ) དང་པོ་བཞི་མཉམ་བཞག བར་བ་རྣམས་བྱེད་པ་དང་གནས་སྐབས་སོགས་གཙོ་བོར་བྱས་ནས་བསྟན་ཡང་དོན་ལ་ ཐམས་ཅད་མངོན་ཞེན་མེད་པའི་སྦྱོར་བར་གཅིག་སྟེ་མཉམ་ཉིད་ཀྱིས་དེ་ལྟར་འཕངས་སོ། ། དེ་ལྟར་གཟུགས་ལ་སོགས་ལ་ (གསེར་)བདག་མེད་པར་བསྒྲུབ་པའམ་སློབ་ (གསེར་)པའི་ཡོངས་ སུ་ཤེས་པ་སྟེ་མཚན་མར་དམིགས་ (གསེར་)པ་ (ཞེས་པ་སྤྱོད་པ་བཀག་པའི་སྦྱོར་བ་ཞེས་པའི་འགྲེལ་པའི་ཞེས་གསེར། ) བསལ་ཏེ་དེ་དང་དེར་ (གསེར་དོན། )མ་དམིགས་པའི་སྒོ་ནས་བྱང་པ་རྣམས་ཀྱི་གཟུགས་སོགས་ (གསེར་)དེ་དང་དེ་ལ་མངོན་པར་མ་ (གསེར་དངོས། )ཞེན་པས་བདག་མེད་པར་གོམས་ (གསེར་)པའི། སྦྱོར་བ་ཡུལ་ (གསེར་)གྱི་དབྱེ་བས་ (གསེར་)རྣམ་པ་བཅུར་ཡོད་པ་བསྟན་བཅོས་ (གསེར་)འདིར་ རྗེས་སུ་འགྲོ་བས་ཏེ་ཡོངས་གཅོད་དུ་བསྟན་པས། དེའི་ཤུགས་ཀྱིས་ན་ཉན་ཐོས་ལ་སོགས་ པའི་སྦྱོར་བ་ (གསེར་)བཅུ་ནི་ཇི་སྐད་བཤད་པའི་ཞེན་སྤྱོད་བཀག་པ་སོགས་དེ་དང་དེ་ལས་ བཟློག་སྟེ་སྦྱོར་བ་ཡིན་ནོ། །ཞེས་ (དག་སྙིང་ཟླ་རད་ཀིར་བཅུ་གཉིས་སུ་བཞེད་དོ། ། )གསེར་རོ། །ས་མཚམས་ 2-1-91 ནི། གཞོན་ནུ་དཔལ་ནི། སྦྱོར་བ་བཅུ་དྲོད་རྩེ། མཉམ་ཉིད་བཟོད་མཆོག་ནའོ། །ཞེས་པ་ནི། མཉམ་ཉིད་ཀྱི་སྔ་འགྲེལ་དང༌། ཤེར་འབྱུང་གིས་སྦྱོར་བ་རྣམ་པ་བཅུ་ནི་རེ་རེ་ལ་ཡང་གཟུགས་ ལ་སོགས་པའི་མངོན་ཞེན་མེད་པ་ལ་སོགས་པ་རློམ་པ་མེད་པ། རྣམ་པ་བཞིས་རྟོགས་པར་ བྱའོ། །ཞེས་པ་དང་འགལ་ལོ། །བོད་ (བོ་དོང་བ་སོགས་)ཕལ་ཆེར། སློབ་ལམ་བཞིར་ཡོད་ཅེས་ དང༌། འབུམ་ཕྲག་གསུམ་པ། ས་བདུན་མན་ན་ཡོད་ཟེར་བའང་སློབ་དཔོན་སོགས་ལྟར་ན་མི་ འཐད་དེ། སྦྱོར་བའི་མཉམ་པ་ཉིད་སོ་སོར་རྟོགས་ནས་མཐོང་བའི་ལམ་སྒོམ་དགོས་པས། ཞེས་དང༌། སྔར་སྦྱོར་ལམ་ཞེས་སྨོས་ནས་འདིར་མཐོང་ལམ་འཆད་ཅེས་དང༌། ཤེར་འབྱུང་ གིས། ནུས་པའི་རྒྱུ་སྦྱོར་བ་རྣམ་པ་བཅུ་ཡོད་ན་འབྲས་བུ་མཐོང་བའི་ལམ་འབྱུང༌། ཞེས་སོ། ། དེས་ན་སྦྱོར་ལམ་ན་ཡོད་དོ། །འོན་ཀྱང་དཔྱད་དོ། །འདི་བཅུ་ངོ་བོ་གཅིག་ལ་ཡུལ་དང་ལྡོག་ པས་ཕྱེ་བར་མཁས་ (བུ་རིན་)པ་དག་འཆད་དོ། ། གཉིས་པ་ལ། སྔ་འགྲེལ་ནི། ཡུལ་ཡུལ་ཅན་གྱི་རློམ་པ་བཞི་མེད་པའི་རྣམ་ (ཤེར་)པར་ མཉམ་པ་ཉིད་ཀྱི་སྒོ་ནས་སྦྱོར་བ་བཅུ་བོ་རྣམས་བསྒོམ་དགོས་པས་སྦྱོར་བའི་འོག་ཏུ་དེའི་ མཉམ་པ་ཉིད་སྟོན་ནོ། །རྩ་བ་ལ། གཟུགས་ལ་སོགས་པ་བྱེད་པའི་མཚན་ཉིད་ཀྱི་དངོས་ པོར་རློམ་པ། གཟུགས་སོགས་ཀྱིས་དངོས་པོ་ (ཆེ་བར་)འདི་ལྟ་བུ་ཞིག་སྒྲུབ་ (འབུམ་ཊཱིཀ་)སྙམ་ དུ་རློམ་པ། གཟུགས་སོགས་ལ་རྟེན་དང་བརྟེན་པའི་དངོས་པོར་རློམ་པ། (ཆེ་བར་)གཟུགས་ སོགས་རྗེ་ཁོལ་གྱི་དངོས་པོར་རློམ་པ་མེད་པ་རྣམ་པ་བཞི་ནི་སྦྱོར་བ་བཅུའི་མཉམ་པ་ཉིད་ ཡིན་ནོ། །(དོན་དམ་པར་གཟུགས་དངོས་པོ་མེད་པར་རྟོགས་པ་དེ་ནི་)གཟུགས། (ཡིན་ནོ་སྙམ་དུ་)རློམ་སེམས་ སུ་མི་བྱེད། གཟུགས་ཀྱིས་རློམ་སེམས་སུ་མི་བྱེད། གཟུགས་ལ་ (ཕན་གནོད་ཅི་ལྟ་བུ་ཞིག་བྱ་སྙམ་དུ་) རློམ་སེམས་སུ་མི་བྱེད། གཟུགས་བདག་གི་ཞེས་ (ཨཱརྱས་བཤད་པ་མེད། )རློམ་སེམས་སུ་མི་བྱེད་དོ། ། རྣམ་མཁྱེན་གྱི་བར་ (ཨཱརྱས་འདོན་པ་ལྟར་)གཉིས་པའི་བཤད་པ་འབུམ་ཊཱིཀ་གཞན་གསུམ་གནོད་ 2-1-92 འཇོམས་ལྟར་རོ། །གནོད་འཇོམས་ཀྱིས་རྩ་བར་གཟུགས་ཀྱིས་ཞེས་པ་མེད་པར་གཟུགས་ ཀྱི་མཚན་མར་ཞེས་བྱུང་ཞིང་རྟེན་དང་བརྟེན་པའི་དངོས་པོར་རོ། །ཞེས་སོ། །འབུམ་ཊཱིཀ་ཏུ། གཟུགས་བདག་གི་ཞེས་པ་མེད་དོ། །འགྲེལ་པ་ནི། གཟུགས་ལ་སོགས་པའི་ངོ་བོ་ལ་མངོན་ པར་ཞེན་པའི་རློམ་པ། གཟུགས་སོགས་ཀྱི་ཐ་སྙད་དུ་བྱ་བའི་ (གསེར་)རྒྱུ་མཚན་ཡིན་པས་སྔོན་ པོ་དང་སེར་པོ་ལ་སོགས་ཁྱད་པར་གྱི་མཚན་མ་ལ་རློམ་པ། (མཛོད་དུ། )གཟུགས་རྣམ་གཉིས་ དང་རྣམ་ཉི་ཤུ། །ཞེས་སོགས་སྤྲོས་ (གསེར་)པའམ་དབྱེ་བ་ལ་རློམ་པ་སྟེ་གསུམ་པོ་ཡུལ་ལ་རློམ་ པ། དྲོད་ལ་སོགས་པ་ (ལམ་ལྔ་)རྟོགས་པ་སྟེ་ཡུལ་ཅན་ལ་རློམ་པ་རྣམ་པ་བཞི་མི་དམིགས་པ་ མངོན་ཞེན་ (ཤེར་འབྱུང་)མེད་པའི་རྣམ་པ་ནི། སྦྱོར་བ་བཅུའམ་ (ཨཱརྱ་འགྲེལ་ཆེན་)བཅུ་གཉིས་ཀྱི་ (དག་ ལྡན་སོགས། )མཉམ་པ་སྟེ་མཚུངས་པ་ཉིད་ཡིན་པས་མཉམ་པ་ཉིད་བཞིའོ། །(བརྒྱད་སྟོང་པ་ལྟར་ན་ གཟུང་འཛིན་གྱི་རྣམ་རྟོག་བརྒྱད་ནི་སྦྱོར་བའི་མཉམ་ཉིད་དེ། རྣམ་བརྒྱད་དེ་ཡི་མཉམ་པ་ཉིད་ཅེས་བྱ་ཞེས་སྙིང་ཟླའོ། །) གསུམ་པ་ལ། མཐོང་ལམ་མདོར་བསྟན། རྣམ་པའི་སྒོ་ནས་རྒྱས་པར་བཤད། དམན་ པའི་སྒོམ་ལམ་མི་སྟོན་པའི་རྒྱུ་མཚན་ནོ། །དང་པོ་ལ། སྔ་འགྲེལ་ནི། སྦྱོར་བ་བཅུའི་མཉམ་ པ་ཉིད་སོ་སོར་རྟོགས་ནས་དེའི་རྗེས་སུ་མཐོང་ལམ་བསྒོམ་དགོས་པས་མཐོང་ལམ་འཆད་དོ། ། རྩ་འགྲེལ་ནི། ཡུལ་སྡུག་བསྔལ་ལ་སོགས་པའི་བདེན་པ་བཞི་སོ་སོ་ལ་ཡུལ་ཅན་ཆོས་ཤེས་ པའི་བཟོད་པ། ཆོས་ཤེས་པ་དང༌། རྗེས་སུ་ཤེས་པའི་བཟོད་པ་དང༌། རྗེས་སུ་ཤེས་པ་སྟེ། དེ་ ལྟར་སྐད་ཅིག་བཅུ་དྲུག་གི་བདག་ཉིད་འདི་ནི་ཀུན་ཤེས་ཚུལ་ལ་སྟེ་ཐམས་ཅད་ཤེས་པ་ཉིད་ ཀྱི་སྐབས་སུ་བསྟན་པའི་མཐོང་བའི་ལམ་ཡིན་ནོ། །ཚུལ་ཇི་ལྟར་བསྟན་ན། མཐོང་ལམ་སྐད་ ཅིག་བཅུ་དྲུག་ལས་མ་གཏོགས་པ་མེད་པར་ཤེས་པའི་དོན་དུ་ཕྱོགས་བཅུ་རེ་རེའི་སངས་རྒྱས་ སྟོང་སྟོང་དཔང་བོར་མཛད་ནས་སོ། །ཞེས་གྲོལ་སྡེ་གཉིས་སོ། །རྒྱལ་ཆེན་བཞི། ནས། གཙང་ མའི་བར་གྱི་ལྷ་རྣམས་ཀྱིས་སངས་རྒྱས་ཀྱི་མཐུས་ཤར་ཕྱོགས་ཀྱི་སངས་རྒྱས་སྟོང་ཡི་གེ་འདི་ 2-1-93 ཉིད་ཀྱིས་ཆོས་སྟོན། ཞེས་སོགས། ཕྱོགས་ (མཚན་འདི་ཉིད་རབ་འབྱོར་ཞེས་བྱ་བ་ཤ་སྟག་དང་བརྒྱ་བྱིན་གྱིས་ ཞུ་བ་མཐོང་ངོ་ཞེས་སོགས་སོ། ། )བཅུ་དང༌། བྱམས་པ་སོགས་བསྐལ་བ་བཟང་བོའི་སངས་རྒྱས་རྣམས་ ཀྱིས་ཀྱང༌། ཞེས་སོགས་སོ། ། གཉིས་པ་ལ། མཚམས་སྦྱར་ནི། བདེན་པ་བཞིའི་རྣམ་པ་བཅུ་དྲུག་གང་ཡིན་ཞེ་ན། རྩ་བ་ ལ། གཟུགས་སོགས་སྡུག་བདེན་ལ་དམིགས་ནས་ (འོག་མ་གསུམ་ལའང་སྦྱར་རོ། ། )དོན་དམ་པར་ རྟག་པ་མ་ཡིན་མི་རྟག་པའང་མིན་པར་མངོན་སུམ་དུ་མཐོང་བའི་རྟོགས་པ་ཤེས་རྣམ། དེར་ མེད་པའི་ཆོས་ཉིད་དོན་རྣམ། དེར་ལྟར་རྟོགས་པའི་བྱང་སེའི་ཤེས་བཟོད་སྐད་ཅིག་བཅུ་དྲུག་ གི་དང་པོ་དེ་སྡུག་བསྔལ་ལ་ཆོས་བཟོད་ཀྱི་སྐད་ཅིག་མའོ་ཞེས་གཞན་ལའང་འདོན་པ་བསྒྱུར་ རོ། །བྱམས་པ་བླ་མེད་རྫོགས་ཆུབ་ཏུ་མངོན་རྫོགས་རྒྱས་ནས་གཟུགས་རྟག་ཅེས་བྱ་བའམ་ མི་རྟག་ཅེས་བྱ་བར་ཆོས་སྟོན་པར་མི་འགྱུར་རོ། །ཞེས་སོགས་སོ། །(རྣམ་མཁྱེན་བར། ) དོན་དམ་ པར་སྡུག་བསྔལ་ཡིན་མིན་གྱི་མཐའ་ལས་འདས་པར་རྟོགས་པ་ཤེས་རྣམ། འདས་པའི་ཆོས་ ཉིད་དོན་རྣམ་ཞེས་སོགས་སོ། །གཟུགས་ཤིན་ཏུ་རྣམ་པར་དག་གོ་ཞེས་བྱ་བར་ཆོས་སྟོན་པར་ འགྱུར་རོ། །རྣམ་མཁྱེན་བར་རོ། །བདག་དོན་གཞན་གྱིས་སྟོང་མི་སྟོང་གིས་དོན་དམ་པར་ རྣམ་པར་དག་པར་རྟོགས་པ་ཤེས་རྣམ་ཞེས་སོགས་ཏེ། གཟུགས། ནས། རྣམ་མཁྱེན་གྱི་བར་ དུ་དག་པའི་ཕྱིར་ཤེར་པ་ཡོངས་སུ་དག་གོ །ཞེས་སོ། །དོན་དམ་པར་ངོ་བོ་གཅིག་པའི་བདག་ ཡོད་མེད་ཀྱིས་སྟོང་པས་སྡུག་བདེན་དོན་དམ་པར་མ་སྐྱེས་མ་འགགས་སོགས་པ་ཀུན་བྱང་ མིན་པར་ཤེས་པ་ཤེས་རྣམ་ཞེས་སོགས་ཏེ། གཟུགས་ལ་སྐྱེ་བ་མེད་པ་དང་འགག་པ་མེད་པ་ དང་ཀུན་བྱང་མེད་པ་ (ཁར་ཐོན་)ནི་གཟུགས་ཡོངས་སུ་དག་པའོ། །ཞེས་སོགས་ (རྣམ་མཁྱེན་བར། ) སོ། །(ཀུན་འབྱུང་ཤེས་བཟོད་བཞི་ནི་གཟུགས་སོགས་ཀུན་བདེན་ལ་དམིགས་ནས། )དོན་དམ་པར་སྡུག་བསྔལ་གྱི་རྒྱུ་ཡིན་ མིན་དང་བྲལ་བ་ནམ་མཁའ་ལྟར་རྟོགས་པ་ཀུན་འབྱུང་ཆོས་བཟོད་ཀྱི་ཤེས་རྣམ་ཞེས་སོགས་ 2-1-94 ཏེ། ནམ་མཁའ་ཡོངས་སུ་དག་པའི་ཕྱིར་ཤེར་པ་ཡོངས་སུ་དག་པའོ། །ཞེས་སོགས་སོ། །དོན་ དམ་པར། ཀུན་འབྱུང་ཡིན་མིན་དང་བྲལ་བས་ཆགས་སོགས་ཉོན་མོངས་ཀྱིས་གོས་པ་སྤངས་ པའི་རྟོགས་པ་ཤེས་རྣམ་ཞེས་སོགས་ཏེ། ནམ་མཁའ་གོས་པ་མེད་པའི་ཕྱིར་ཤེར་པ་ཡོངས་སུ་ དག་པའོ། །ཞེས་སོ། །སྡུག་བསྔལ་དྲག་ཏུ་རབ་ཏུ་སྐྱེ་མི་སྐྱེར་ཡོངས་སུ་འཛིན་པ་ལས་གྲོལ་ བའི་རྟོགས་པ་ཤེས་རྣམ་ཞེས་སོགས་ཏེ། ནམ་མཁའ་གཟུང་དུ་མེད་པའི་ཕྱིར་ཤེར་པ་ཡོངས་ སུ་དག་གོ །ཞེས་སོ། །སྡུག་བསྔལ་བརྒྱུད་མར་འབྱུང་བའི་རྐྱེན་ཡིན་མིན་ཅིར་ཡང་དོན་དམ་ པར་ངོ་བོ་ཉིད་ཀྱིས་བརྗོད་དུ་མེད་པར་རྟོགས་པ་ཀུན་འབྱུང་རྗེས་ཤེས་ཀྱི་ཤེས་རྣམ་ཞེས་ སོགས་ཏེ། ནམ་མཁའ་ལ་ཐ་སྙད་མེད་པའི་ཕྱིར་ཤེར་པ་ཡོངས་སུ་དག ཅེས་སོ། །(འགོག་པའི་ ཤེས་བཟོད་བཞི་ནི་)གང་གི་ཕྱིར་འགོག་བདེན་འདིའི་དོན་འགོག་པ་ཡིན་མིན་གང་དུ་ཡང་དག་ཏུ་ དངོས་སུ་བརྗོད་པ་ཡིས་རྒྱུད་གཞན་ལ་སྦྱིན་དུ་མེད་པར་རྟོགས་པ་འགོག་པ་ཆོས་བཟོད་ཀྱི་ ཤེས་རྣམ་ཞེས་སོགས་ཏེ། ནམ་མཁའ་བརྗོད་དུ་མེད་པའི་ཕྱིར་ཤེར་པ་ཡོངས་སུ་དག་པའོ། ། ཞེས་སོ། །ཞི་མ་ཞི་གང་དུ་ཡང་དོན་དམ་པར་དམིགས་པ་མེད་པར་བྱེད་པ་སྟེ། བྱར་མེད་ པར་རྟོགས་པ་ཤེས་རྣམ་སོགས་ཏེ། ནམ་མཁའ་དམིགས་སུ་མེད་པའི་ཕྱིར་ཤེར་པ་ཡོངས་སུ་ དག་པའོ། །ཞེས་སོ། །དོན་དམ་པར་གྱ་ནོམ་ཡིན་མིན་གྱི་དངོས་པོ་དང་སྐྱེ་འགག་སོགས་ ཀྱིས་ཤིན་ཏུ་རྣམ་པར་དག་པར་ཤེས་པ་ཤེས་རྣམ་ཞེས་སོགས་ཏེ། ཆོས་ཐམས་ཅད་སྐྱེ་བ་མེད་ པ་དང༌། འགག་པ་མེད་པ་དང༌། ཀུན་ནས་ཉོན་མོངས་པ་མེད་པ་དང༌། རྣམ་པར་བྱང་བ་མེད་ པའི་ཕྱིར་ཤེར་པ་ཡོངས་སུ་དག་པའོ། །ཞེས་སོ། །དོན་དམ་པར་ངེས་འབྱུང་ཡིན་མིན་གྱིས་ སྟོང་པར་རྟོགས་པ་ཤེས་རྣམ། སྟོང་པའི་ཆོས་ཉིད་དོན་རྣམ། དེ་ལྟར་རྟོགས་པས་རང་རྒྱུད་ ལྡན་ལ་ནད་དང་གནོད་པ་མི་འབྱུང་བའི་ཕན་ཡོན་ཅན་གྱི་བྱང་སེའི་ཤེས་བཟོད་སོགས་ཏེ། དེ་ལ་མིག་གི་ནད་འབྱུང་བར་མི་འགྱུར་རོ། །(མང་བོ་ཡོད། )ཞེས་སོགས་སོ། །(ལམ་ཀྱི་ཤེས་བཟོད་བཞི་ 2-1-95 ནི། )དོན་དམ་པར་ལམ་ཡིན་མིན་གྱི་སྟོང་པར་རྟོགས་པ་ཤེས་རྣམ། སྟོང་པའི་ཆོས་ཉིད་དོན་ རྣམ། དེ་ལྟར་རྟོགས་པས་རང་རྒྱུད་ལྡན་གྱི་ངན་སོང་ཆད། རྣམ་བྱང་ཐམས་ཅད་རབ་ཏུ་ཤེས་ པའི་རྒྱུ་ཡིན་པའི་ཕྱིར་དགའ་ (ཨཱརྱ་)བ་རྒྱས་པར་བྱེད་པའི་རིན་པོ་ཆེར་གྱུར་པའི་བྱང་སེའི་ཤེས་ བཟོད་སོགས་ཏེ། ཡུམ་རིན་པོ་ཆེ་ནི་འདི་ཡིན་ཏེ་སེམས་ཅན་དམྱལ་བ་ལས་གྲོལ་བར་འགྱུར་ རོ། །སོགས་སོ། །(མང་བོ་ཡོད། ) དོན་དམ་པར་རིག་པ་ཡིན་མིན་གྱིས་སྟོང་པར་རྟོགས་པས་ འབྲས་བུ་བྱང་ཆུབ་ནི་མངོན་དུ་བྱ་བའི་ཐབས་ལ་རྣམ་པར་མི་རྟོག་པའི་རྟོགས་པ་ཤེས་རྣམ། དེར་བརྟག་བྱར་མེད་པའི་ཆོས་ཉིད་དོན་རྣམ་ཞེས་སོགས་ཏེ། ཕར་ཕྱིན་རིན་པོ་ཆེ་འདི་ལ་ནི་ ཆོས་གང་ཡང་སྐྱེ་བའམ་འགག་པའམ། ཞེས་སོགས་ནས། འདུས་བྱས་སམ་འདུས་མ་བྱས་ཀྱི་ ཆོས་གང་ལ་ཡང་དམིགས་སུ་མེད་དོ། །ཞེས་སོ། །དོན་དམ་པར་སྒྲུབ་པ་ཡིན་མིན་དང་བྲལ་ བར་རྟོགས་པས་ཆོས་དང་གང་ཟག་སོགས་སུ་འཛིན་པའི་རྣམ་རྟོག་གི་མཚན་མ་དག་དང་མ་ འབྲེལ་བའམ་མ་གོས་པའི་རྟོགས་པ་ཤེས་རྣམ། (མདོ་ཨཱརྱ། ) དོན་དམ་པར་སྒྲུབ་པ་ཡིན་མིན་ གྱིས་སྟོང་པའི་ཆོས་ཉིད་དོན་རྣམ་ཞེས་སོགས་ཏེ། ཕར་ཕྱིན་རིན་པོ་ཆེ་ལ་ནི་ཆོས་གང་གིས་ ཀྱང་གོས་པ་མེད་དོ། །ཞེས་སོགས་སོ། །དོན་དམ་པར་ངེས་འབྱིན་ཡིན་མིན་གྱིས་སྟོང་པར་ རྟོགས་པས་ཆོས་ཐམས་ཅད་ཀྱི་དངོས་པོ་རང་མཚན་ (དག་ལྡན་)དང་དེ་དག་གི་ (རད་ཀིར་)མིང་ དང་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དང་དེའི་ཤེས་པ་གཉིས་པོ་ལ་སོ་སོར་ (དག་ལྡན་)སྣང་ བའི་ཤེས་པ་སྐྱེ་བ་མེད་པ་སྟེ་ཆོས་ཐམས་ཅད་ (དག་ལྡན་)སྤྲོས་པ་མེད་པའི་དེ་བཞིན་ཉིད་ཀྱི་ཡེ་ ཤེས་ཤེས་རྣམ་དོན་དམ་པར་མིང་དོན་ཡུལ་ཡུལ་ཅན་སོ་སོར་མེད་པའི་ཆོས་ཉིད་དོན་རྣམ། (གཟུང་འཛིན་གཉིས་ཞེས་སྙིང་ཟླ་རད་ཀིར་རོ། ། ) དེ་ལྟར་རྟོགས་པ་ཞེས་སོགས་ཏེ། (དངོས་པོའི་ཤེས་པ་)དེ་ ལྟར་རྣམ་པར་མི་ཤེས་ (པ་ནི་ཐམས་ཅད་ཀྱི་རང་བཞིན་མི་མཐོང་བའོ། །དེའི་རྒྱུ་མཚན་གྱི་རྣམ་པར་རྟོག་པས་)དེ་ལྟར་ རྣམ་པར་རྟོག་པར་མི་བྱེད་ (ནི་དེ་བཞིན་ཉིད་ལ་མིང་དང་འདྲེས་པའི་འཛིན་པར་མི་བྱེད་པའོ། །གཉིས་སུ་དམིགས་པས་ 2-1-96 ཞེས་པ་གསུམ་ཨཱརྱའོ། ། )དེ་ལྟར་མི་དམིགས་ (པ་ནི་དེ་བཞིན་ཉིད་གཟུང་བ་དང་དེའི་ཡེ་ཤེས་འཛིན་པའི་སྒོ་ནས་མི་མཐོང་ བའོ། ། )ཏེ། དེ་ལྟར་འཕྲོ་བར་ཡང་མི་བྱེད་ (པ་ནི་སྤྲོས་པ་གསུམ་པོ་དེ་དག་གིས་ཏེ་ཕྱིན་ཅི་ལོག་གིས་སོ། །ཞེས་དག་ ལྡན། )ན་ཡུམ་ལ་སྤྱོད་ (ནི་ཐམས་ཅད་ཤེས་པ་ཉིད་ཐོབ་པར་འགྱུར་རོ། ། )པའོ། །ཞེས་སོགས་སོ། །དེ་དག་ནི་ ཀུན་ཤེས་པ་ཉིད་ཀྱི་སྐབས་སུ་དངོས་བསྟན་གྱི་མཐོང་ལམ་སྐད་ཅིག་མ་བཅུ་དྲུག་དང་དེའི་ རྣམ་པ་བཅུ་དྲུག་གོ །འགྲེལ་པ་ལ། དངོས་བསྟན་བྱང་སེའི། ཤུགས་བསྟན་ཉན་རང་གི་མཐོང་ ལམ་མོ། །དང་པོ་ལ། གཟུགས་ལ་སོགས་པ་སྡུག་བདེན་ཆོས་ཅན། དོན་དམ་པར་རྟག་པར་ གཟུང་བྱ་ཡང་མ་ཡིན་མི་རྟག་པར་གཟུང་བྱ་ཡང་མ་ཡིན་ཏེ། དོན་དམ་པར་རྟག་མི་རྟག་ཉིད་ དང་བྲལ་བས་ནའོ། །དེའི་རྒྱུ་མཚན། དོན་དམ་པར་ངོ་བོ་ཉིད་མེད་པའི་ཕྱིར་འདི་འོག་མ་ ཕལ་ཆེར་ལ་ཡང་ངོ༌། །དོན་དམ་པར་རྟག་མི་རྟག་གིས་སྟོང་པ་དེ་སྡུག་བདེན་གྱི་ཆོས་ཉིད་ཀྱི་ རྣམ་པ་དང་པོའོ། ། ཆོས་ཅན། དོན་དམ་པར་ (འཆིང་བ་དང་ཐར་བའི་ཞེས་གསེར། )རྟག་ཆད་ཀྱི་མཐའ་ དང་བྲལ་བ་ཡིན་ཏེ། སྡུག་བསྔལ་བ་དང་སྡུག་བསྔལ་བ་མ་ཡིན་པ་དང་དོན་དམ་པར་བྲལ་བ་ ཉིད་ཀྱིས་སོ། །དོན་དམ་པར་སྡུག་བསྔལ་ཡིན་མིན་དང་བྲལ་བ་དེའི་ཆོས་ཉིད་ཀྱི་རྣམ་པ་ གཉིས་པའོ། །ཆོས་ཅན། དོན་དམ་པར་རང་བཞིན་གྱིས་རྣམ་པར་དག་པ་ཡིན་ཏེ། དོན་དམ་ པར་དོན་གཞན་ (གསེར་)གྱི་བདག་གིས་སྟོང་མི་སྟོང་དང་བྲལ་བའི་ཕྱིར། བྲལ་བ་དེ་དེའི་རྣམ་ པ་གསུམ་པའོ། །ཆོས་ཅན། དོན་དམ་པར་མ་སྐྱེས་པ་དང༌། དེས་ན་མ་འགགས་ཤིང་འཇིག་ (གསེར་)པ་མེད་པ་དང༌། ཆགས་སོགས་ཀུན་ཉོན་མ་ཡིན་པ་དང༌། དེ་མེད་པས་རྣམ་བྱང་མ་ ཡིན་པ་དང༌། སོགས་པ་ཉམས་འཕེལ་མེད་དེ། དོན་དམ་པར་རང་གི་ (གསེར་)ངོ་བོར་གྱུར་པའི་ བདག་དང་དེ་མེད་པ་བདག་མེད་པའི་ངོ་བོ་ཉིད་མ་ཡིན་པས་སོ། །དེ་མིན་པ་དེའི་རྣམ་པ་བཞི་ པ་སྟེ། ཞེས་བྱ་བ་བཞི་ནི། སྡུག་བསྔལ་བདེན་པའི་ཆོས་ཉིད་ཀྱི་རྣམ་པ་བཞི་དག་ཡིན་ལ། རྟག་མི་རྟག་གཉིས་སོགས་སྤང་ (ཨཱརྱ་)གཉེན་དུ་འཛིན་པའི་སྒྲོ་འདོགས་བཞི་དང་སོ་སོར་བྲལ་ 2-1-97 བའི་ཤེས་རྣམ་ཟག་མེད་དང་པོ་བཞི་ནི། རིམ་བཞིན་སྡུག་བསྔལ་ཆོས་བཟོད་སོགས་ཡིན་ནོ། ། ཞེས་སྦྱར་རོ། །གཟུགས་སོགས་ཀུན་བདེན་ཆོས་ཅན། འདུས་མ་བྱས་ནམ་མཁའ་དང་འདྲ་ བར་དོན་དམ་པར་གློ་བུར་བ་གང་གིས་ཀྱང་དག་པ་ (མདོ་)ཡིན་ཏེ། སྡུག་བསྔལ་ (གསེར་)གྱི་བྱེད་ རྒྱུ་དང་དེ་མེད་པ་རྒྱུ་མ་ཡིན་པ་དོན་དམ་པར་གསོག་སྟེ་སྟོང་པའི་ཕྱིར། དེས་སྟོང་པ་རྣམ་པ་ དང་པོའོ། ། ཞེས་སོགས་འོག་མ་རྣམས་ལ་ཡང་ངོ༌། །ཆོས་ཅན། དོན་དམ་པར་ཆགས་སོགས་ ཉོན་མོངས་པ་དང་ཁྲོ་བ་སོགས་ཉེ་བའི་ཉོན་མོངས་པ་ཐམས་ཅད་ཀྱིས་གོས་ (མདོ་)པ་སྤངས་ པ་སྟེ། དོན་དམ་པར་དེའི་ཚེའམ་ད་ལྟར་སྡུག་བསྔལ་ཀུན་འབྱུང་བ་དང་དེ་མེད་པ་ཀུན་འབྱུང་ མིན་པ་དང་མི་ལྡན་པའི་ཕྱིར་གཉིས་པའོ། །ཆོས་ཅན། དོན་དམ་པར་ཡོངས་སུ་འཛིན་པའམ་ ཀུན་ཏུ་ཆགས་ (གསེར་)པ་ལས། གྲོལ་བ་སྟེ། དོན་དམ་པར་ད་ལྟར་དང་ཡུན་རིང་བོར་སྡུག་ བསྔལ་རབ་ཏུ་སྐྱེ་བ་དང༌། དེ་མེད་པ་རབ་ཏུ་མི་སྐྱེ་བ་དང་མ་འབྲེལ་བས་སོ། །རྣམ་པ་གསུམ་ པའོ། །ཆོས་ཅན། ནམ་མཁའ་སྒྲ་བརྙན་གཉིས་ (མདོ་)ཀྱིས་བརྗོད་མི་ནུས་པ་ལྟར་དོན་དམ་ པར་རང་གི་ངོ་བོ་ཅིར་ཡང་བརྗོད་དུ་མེད་པ་ཡིན་ཏེ་སྡུག་བསྔལ་བརྒྱུད་ (གསེར་)མར་འབྱུང་ བའི་རྐྱེན་དང་དེ་མེད་པ་རྐྱེན་མ་ཡིན་པ་ལས་རྣམ་པར་གྲོལ་བའི་ཕྱིར་བཞི་པ་སྟེ། ཞེས་བྱ་བ་ བཞི་ནི་ཀུན་འབྱུང་བདེན་པའི་ཆོས་ཉིད་ཀྱི་རྣམ་པ་བཞི་ཡིན་ལ་རྒྱུ་ཡིན་མིན་སོགས་ཞེས་ སོགས་འདོན་པ་བསྒྱུར་རོ། །འགོག་པའི་བདེན་པ་ཆོས་ཅན། དེའི་དོན་ཚིག་ཏུ་དངོས་སུ་ བརྗོད་པས་རྒྱུད་ལ་སྦྱིན་དུ་མེད་དེ། གང་གི་ཕྱིར་ན། ཉོན་མོངས་ (གསེར་)མེད་པས་འགོག་པ་ དང་དེ་མེད་པ་འགོག་པ་མ་ཡིན་པ་དང་མ་འབྲེལ་བ་དེའི་ཕྱིར། འགོག་པ་ཡིན་མིན་གྱི་དོན་ དམ་པར་སྟོང་པ་དེའི་ཆོས་ཉིད་ཀྱི་རྣམ་པ་དང་པོ་ཞེས་སོགས་སྦྱར་རོ། །ཆོས་ཅན། དོན་དམ་ པར་གང་གིས་ཀྱང་གང་དུ་ཡང་དམིགས་པར་བྱེད་པ་སྟེ་བྱར་མེད་པ་ཡིན་ཏེ། སྡུག་བསྔལ་ཞི་ བ་དང་དེ་མེད་པ་མ་ཞི་བ་མེད་པས་སོ། །དེ་གཉིས་པའོ། །གསེར་ནི། དམིགས་པ་མེད་པར་ 2-1-98 བྱེད་པ་སྟེ་མ་དམིགས་པར་ཤེས་པའོ། །ཞེས་ཤེས་རྣམ་ལ་སྦྱར་རོ། །ཆོས་ཅན། དོན་དམ་པར་ རྟག་ཆད་ (གསེར་)ཀྱི་མཐའ་གཉིས་ལས་འདས་པས་དྲི་མས་རྣམ་པར་དག་པ་ཡིན་ཏེ། བདེ་ ཞིང་གཙང་བས་གྱ་ནོམ་པ་དང་དེ་མེད་པ་གྱ་ནོམ་པ་མ་ཡིན་པ་དང་བྲལ་བའི་ཕྱིར་གསུམ་པ་ ཞེས་སོགས་སྦྱར་རོ། །ཆོས་ཅན། ནད་དེ་དོན་དམ་པར་ཕྱི་ནང་གི་མུ་སྟེགས་པའི་ལྟ་བ་མི་སྐྱེ་ བ་སྟེ་དེའི་གནས་མེད་པ་ཡིན་ཏེ། ངེས་པར་འབྱུང་བ་མྱང་འདས་དང༌། དེ་མེད་པ་ངེས་པར་ འབྱུང་བ་མེད་པ་ཡང་མེད་པའི་ཕྱིར། ཞེས་གསེར་རོ། །ཡང་ན་ཁྱོད་ལ་ནད་དེ་སྡུག་བསྔལ་ ཅན་གྱི་འཁོར་བ་མི་སྐྱེ་སྟེ་ཞེས་སྦྱར་ཡང་འཚམ་མོ། །བཞི་པ་སྟེ། ཞེས་བྱ་བ་ནི་འགོག་བདེན་ གྱི་རྣམ་པ་བཞི་ཡིན་ནོ། །ཞེས་སོགས་སྔར་ལྟར་སྦྱར་རོ། །ཐེག་ཆེན་གྱི་ལམ་བདེན་ཆོས་ཅན། རང་རྒྱུད་ལྡན་གྱི་ངན་སོང་སོགས་འཇིགས་པ་ལྔ་ཆད་པ་ཡིན་ཏེ། ཐར་གྲོང་དུ་ཕྱིན་བྱེད་ལམ་ དང་དེ་མེད་པ་ལམ་མ་ཡིན་པ་དང་བྲལ་བའི་ཕྱིར། བྲལ་བ་དེ་རྣམ་པ་དང་པོ་ཞེས་སོགས་སྦྱར་ རོ། །(ལམ་ཆོས་བཟོད་ཅན་གྱི་གང་ཟག་ལ་སྦྱར་ཏེ་རྟགས་སུ་རྟོགས་པའི་ཕྱིར་ཞེས་ཀྱང་ངོ༌། ། ) ཆོས་ཅན། འབྲས་བུ་མངོན་ དུ་བྱ་བ་འཚང་རྒྱ་བའི་དོན་གྱི་ཐབས་ལ་རྣམ་པར་མི་རྟོག་པ་ཡིན་ཅིང་ཐབས་སུ་དོན་དམ་པར་ བརྟག་བྱར་མེད་དེ། ཉོན་མོངས་ཀྱི་གཉེན་པོ་རིག་པ་དང་དེ་མེད་པ་རིག་པ་མ་ཡིན་པ་དང༌། དོན་དམ་པར་མ་འདྲེས་པའི་ཕྱིར། གཉིས་པའོ། །ཆོས་ཅན། གཟུགས་སོགས་ཆོས་ཐམས་ ཅད་ཀྱི་མཚན་མ་དག་དང་དོན་དམ་པར་མ་འབྲེལ་བ་ཡིན་ཏེ། སེམས་ཕྱིན་ཅི་མ་ལོགས་པར་ སྒྲུབ་པ་དང་དེ་མེད་པ་སྒྲུབ་པ་མ་ཡིན་པ་ལས་རྣམ་པར་གྲོལ་བ་ཉིད་ཀྱིས་སོ་གསུམ་པའོ། ། ཆོས་ཅན། དོན་དམ་པར་བརྗོད་པར་བྱ་བའི་ངོ་བོའི་མཚན་ཉིད་ཤེས་བྱ་དང༌། རྗོད་པར་བྱེད་ པའི་ངོ་བོའི་མཚན་ཉིད་ཀྱི་སྒྲ་སྟེ་མིང་གཉིས་ལ་སོ་སོར་སྣང་བའི་ཤེས་པ་སྐྱེ་བ་མེད་པ་ཡིན་ ཏེ། མངོན་ཞེན་མེད་པའི་རྟག་པའི་གནས་སུ་འགྲོ་བ་ངེས་འབྱིན་དང་དེ་མེད་པ་ངེས་འབྱིན་མ་ ཡིན་པ་མེད་པ་ཉིད་ཀྱིས་སོ། །དེ་མེད་པ་རྣམ་པ་བཞི་པ་སྟེ། ཞེས་བྱ་བ་བཞི་ནི་ལམ་གྱི་བདེན་ 2-1-99 བའི་རྣམ་པ་བཞི་ཡིན་ཞེས་སོགས་བསྙད་དོ། །ཚུལ་དེ་ལྟར་ཤེས་བཟོད་བཅུ་དྲུག་ཆོས་ཅན་དུ་ བྱས་ཏེ། བསྒྲུབ་བྱའི་ཆོས་སུ་རྟོགས་པ་ཡིན་ཞེས་སོགས་ཅི་རིགས་དང༌། རྟགས་སུ་མངོན་ སུམ་དུ་རྟོགས་པའི་ཕྱིར་ཞེས་ཀྱང་ངོ༌། །དེ་རྣམས་རྩ་བར་ཡང་དགོད་དགོས་ཤིང་རྩ་བར་ བཤད་པ་ལྟར་འགྲེལ་པར་ཡང་སྦྱར་ཏེ་ཕན་ཚུན་མཚོན་པའོ། །རྩ་བ་ལ་འགྲེལ་བྱེད་གཞན་ གྱི་ལྟར་མདོ་དང་བསྟུན་ན་ལེགས་ཆ་ཡོད་མོད་ཀྱི་མ་བཀོད་དོ། །དེ་ལྟར་ན་དོན་དམ་པར་ རྟག་མི་རྟག་མི་དམིགས་པའི་ཆོས་ཉིད་རྟོགས་པའི་བཅུ་དྲུག་གི་དང་བོ་སྡུག་བསྔལ་ཆོས་ བཟོད། སྡུག་བསྔལ་ཡིན་མིན་མི་དམིགས་པ་ཆོས་ཤེས་ཞེས་སོགས་དེ་ལྟ་བུའི་རྣམ་པ་ཅན་ གྱི་སྐད་ཅིག་མ་བཅུ་དྲུག་པོ་དེ་དག་ནི་ཀུན་ཤེས་པ་ཉིད་ཀྱི་སྐབས་སུ་བསྟན་པའི་བྱང་པ་ རྣམས་ཀྱི་མཐོང་བའི་ལམ་ཡིན་ལ་དོན་དམ་པར་རྟག་མི་རྟག་སོགས་ཀྱིས་སྟོང་པ་ལ་སོགས་ པའི་རྣམ་པ་རྣམས་ཀྱང་བདེན་བཞིའི་རྣམ་པའོ་ཞེས་པ་གསེར་གྱི་དོན་ནོ། །དེས་ན་ཕྱི་རོལ་ བས་རྟག་པ་སོགས་གང་ཟག་ཏུ་སྒྲོ་བཏགས་པ་བཅུ་དྲུག ཉན་ཐོས་པས་མི་རྟག་སོགས་ཆོས་ སུ་སྒྲོ་འདོགས་པ་བཅུ་དྲུག་དང་བྲལ་བའི་ཡེ་ཤེས་བཅུ་དྲུག་དངོས་བསྟན་གྱི་མཐོང་ལམ་མོ། ། (བུ་རིན། ) གཉིས་པ་ནི། སྒྲོ་འདོགས་སོ་གཉིས་དང་བྲལ་བ་དེ་ལ་སྟེ་དེའི་ནང་ནས་མི་རྟག་སོགས་ བཅུ་དྲུག་ཏུ་མངོན་ཞེན་དང་བྲལ་བ་ལས་བཟློག་པའམ་རྟག་མི་རྟག་སོགས་སོ་གཉིས་མ་ དམིགས་པ་དེ་ལས་བཟློག་པ་མི་རྟག་པ་ལ་སོགས་པའི་རྣམ་པ་བཅུ་དྲུག་དག་ཏུ་མཚན་ མར་འཛིན་པས་བསྒོམ་པར་བྱ་བ་སྟེ་བྱེད་པའི་ཤེས་བཟོད་བཅུ་དྲུག་ནི་ཀུན་ཤེས་པ་ཉིད་ཀྱི་ སྐབས་ལ་སྟེ་སུ་ཤུགས་ལ་བསྟན་པའི་ཉན་ཐོས་རྣམས་ཀྱི་མཐོང་བའི་ལམ་ཡིན་ནོ། །རང་ རྒྱལ་གྱི་ཡང་ཤེས་པར་བྱའོ། ། གསུམ་པ་ནི། མདོ་དང་རྒྱན་དུ་གཞི་ཤེས་མཐོང་ལམ་བསྟན་པ་རྫོགས་པའི་སྐབས་ 2-1-100 འདིར་ཆོས་ཅན། ཉན་ཐོས་ཀྱི་ཟག་མེད་སྒོམ་པའི་ལམ་ནི་དངོས་སུ་མ་བསྟན་པ་ལ་རྒྱུ་མཚན་ ཡོད་དེ། ཉན་ཐོས་ཀྱི་ལམ་དང་འབྲས་བུ་ནི་དེའི་རིགས་ཅན་ལ་བསྟན་པའི་དོན་དུ་བྱང་པས་ མ་ནོར་བར་ཡོངས་སུ་ཤེས་པར་བྱ་བ་ཡིན་གྱི་ཇི་བཞིན་རྒྱུད་ལ་བསྐྱེད་ནས་མངོན་དུ་བྱ་བ་མ་ ཡིན་པའི་རྒྱུ་མཚན་གྱིས་དེ་དངོས་སུ་མ་བསྟན་པས་སོ། །ཉན་ཐོས་རྣམས་ལའང་དེའི་མཐོང་ ལམ་བསྟན་པས་གོ་སླ་བས་དངོས་སུ་མ་བསྟན་ནོ་ཞེས་འགྲེལ་ཆེན་ནོ། །འདིར་དངོས་སུ་ནི་ དེའི་མཐོང་ལམ་ཡང་མ་བསྟན། ཤུགས་ལ་ནི་མཐོང་ལམ་བསྟན་པས་དེའི་སྒོམ་ལམ་ཡང་ བསྟན་པ་ཡིན་པས་སློབ་དཔོན་གྱི་འདི་ལ་སྙིང་པོ་ཙམ་མི་སྣང་བས་རྩོད་སྤོང་མང་བོ་བྱས་ ནས་གཞུང་འདི་བཤད་བྱེད་རྣམས་ལ་བརྟག་མི་བཟོད་དོ། ། གསུམ་པ་ལ། སྔ་འགྲེལ་ནི། དེ་ལྟར་མཁྱེན་གསུམ་རྒྱས་པར་བསྟན་ནས་ཐམས་ཅད་ མཁྱེན་པ་ཉིད་གསུམ་མཇུག་བསྡུ་བར་བྱེད་དོ། །འདི་གསུམ་ལ་མཇུག་སྡུད་བྱེད་པའི་རྒྱུ་ མཚན་ནི། འདི་གསུམ་མངོན་རྟོགས་བརྒྱད་ཀྱི་དོན་མཐའ་དག་སྡུད་པར་བྱེད་པས་གཙོ་བོ་ ཡིན་པ་ཉིད་ཀྱིས་སོ། །གསེར་རོ། །རྩ་བ་ནི། གཞི་ཤེས་བཤད་པ་རྫོགས་རྗེས་སུ་རབ་འབྱོར་ ཤེར་པ་འདི་ནི་ཆོས་གང་ཡང་ཐོབ་པར་བྱེད་པ་མ་ཡིན། སྟོན་པར་བྱེད་པ་མ་ཡིན། ཞེས་ ནས། འདས་མ་འོངས་ད་ལྟར་བྱུང་བ་མ་ཡིན། ཞེས། དེ་ལྟར་ཚིག་བཅུ་ (ཨཱརྱ་)དགུ་ཡང་ (ཡང་ སྒྲ་དང་པོ་ལ་ཡང་ཞེས་དག་ལྡན་)བསྟན་པ་འདི་དང༌། དེ་ལྟར་སོགས་ཀྱི་དོན་ཡིན་པས་གསུམ་པོ་དག་ ལ་སྦྱར་རོ་ཞེས་པས། རབ་འབྱོར་ཤེར་པ་འདི་ནི་འདོད་བའི་ཁམས་ལས་འདའ་བར་བྱེད་ པའམ་གནས་པར་བྱེད་པ་མ་ཡིན། ཞེས་སོགས། ཡང་བསྟན་པ་འདི་དང༌། རབ་འབྱོར་ཤེར་ པ་འདི་ནི་སངས་རྒྱས་ཀྱི་ཆོས་རྣམས་སྟེར་བའམ་འཕྲོག་པར་བྱེད་པ་མ་ཡིན། ཞེས་སོགས་ བཤད་པ་འདི་གང་ཡིན་པ་སྟེ། རིམ་པ་རྣམ་པ་གསུམ་པོ་འདི་ནི་གོ་རིམ་བཟློག་པས་གཞི་ ཤེས་ལམ་ཤེས་རྣམ་མཁྱེན་གྱི་གནས་སྐབས་གསུམ་པོ་དག་མཇུག་རྫོགས་པར་ཡོངས་སུ་ 2-1-101 བསྟན་པ་མཇུག་སྡུད་ཡིན་ནོ་ཞེས་པ། ཨཱརྱ་དག་ལྡན་གྱི་དོན་དཔྱིས་ཕྱིན་པ་སྟེ་གཞན་གྱིས་ བློ་ཁ་མ་ཕྱོགས་སྣང་ངོ༌། །འགྲེལ་པ་ལ། བཤད་མ་ཐག་པའི་ཚུལ་དུའམ་བཤད་པ་ལྟར་གྱི་ རིམ་ (རད་ཀིར་)པས་དོན་ཐམས་ཅད་ཡོངས་སུ་རྫོགས་པའི་ (བུདྡྷ་ཤྲཱི་)རྣམ་པ་ཐམས་ཅད་མཁྱེན་ པ་ཉིད་འདི་དང༌། ཆོས་ཐམས་ཅད་ལ་མི་གནས་པའི་ལམ་ཤེས་པ་ཉིད་འདི་དང༌། རྣམ་རྟོག་ ཐམས་ཅད་བཀག་པའི་གཞི་ཐམས་ཅད་ཤེས་པ་ཉིད་འདི་སྟེ། རྣམ་པ་གསུམ་པོ་དག་སྔར་ བཤད་པ་དེ་ལྟར་གྱི། རབ་འབྱོར། མཐའ་གཉིས་རྣམ་དག སྤྱོད་པ་ཁྱད་པར་གྱི་ལེའུ་གསུམ་ གྱིས་ཡོངས་སུ་རྫོགས་པར་མཛད་པ་ཡིན་ནོ་ཞེས་སམ། དོན་བསྡུ་བའི་མདོ་གསུམ་གྱིས་ཞེས་ འགོར་སྦྱར་ཏེ། ལེའུ་གསུམ་གྱི་དོན་མཁྱེན་གསུམ་ཞེས་སྦྱར་རོ། ། བཞི་པ་ནི། དང་པོ་གཉིས་ལ་ལྟོས་པའི་གསུམ་པའི་འགྲེལ་པ་བཤད་པའོ། །(འབུམ་དུ་ལེའུ་ ཉེར་དགུ་སོང་བར་མར་ཉེར་བརྒྱད་སོང༌།། ༈ །།) དེ་ལྟར་ཡུམ་ (ཡུལ་གྱི་མངོན་པར་རྟོགས་པ་བསྟན་ནས་ཡུལ་རྟོགས་པ་སྦྱོར་བའི་འབྲས་བུ་ཡིན་པའི་ཕྱིར། སྦྱོར་ བའི་མངོན་པར་རྟོགས་པ་བརྗོད་པ་ནི་ཞེས་ཤེར་འབྱུང༌། དེ་ལྟར་དམིགས་པའི་ཡུལ་མཁྱེན་པ་གསུམ་བསྟན་ནས་ཞེས་གཞོན་ནུ་ དཔལ། )གྱི་མཚན་ཉིད་མཁྱེན་གསུམ་ཐོས་བསམ་གྱིས་གཏན་ལ་ཕབ་ནས། དེའི་རྟོགས་པ་རྒྱུད་ ལ་བསྐྱེད་པའི་ཐབས་སུ་ཡུམ་གྱི་རྣལ་འབྱོར་ཉམས་སུ་ལེན་པའི་སྦྱོར་བ་ལ་བཞི་སྟེ། དབང་ (དུ་གྱུར་པ་རྣམས་ཀུན་ཞེས་ཤེར་འབྱུང༌། )ཐོབ་པའི་དོན་དུ་བསྒོམ་པ་རྣམ་ཀུན། དབང་ཐོབ་པའི་ཚུལ་ གྱིས་བསྒོམ་པ་ (རབ་ཏུ་གྱུར་པ་)རྩེ་སྦྱོར། བརྟན་པ་ (ཤེར་འབྱུང་)ཐོབ་པའི་དོན་དུ་བསྒོམ་པ་མཐར་ གྱིས་པ། བརྟན་པ་མཐར་ཕྱིན་ (ཤེར་འབྱུང་)པ་སྐད་ཅིག་མའོ། ། དང་པོ་ལ། སྐབས་ཀྱི་མཚམས་སྦྱར། སྦྱོར་བའི་ཆོས་རྒྱས་པར་བཤད། སྐབས་བསྡུ་བའོ། ། དང་པོ་ནི། དེ་ལྟར་ཐམས་ཅད་མཁྱེན་པ་ཉིད་གསུམ་ཐོས་བསམ་གྱི་ཤེས་རབ་ཀྱིས་བསྡུས་ པ་དང་རྒྱས་པར་ཡོངས་སུ་ཤེས་པར་གྱུར་པའི་གང་ཟག་གིས་ཐམས་ཅད་མཁྱེན་པ་ཉིད་ 2-1-102 གསུམ་གྱི་དོན་བསྒོམ་པར་བྱེད་དགོས་སོ། །ཅིའི་དོན་དུ་ན། ནི་སྟེ་ངེས་པར་དབང་དུ་བྱ་བས་ དེ་བསྒོམས་ (ཆོས་བཤེས་)པས། རང་ (ཆོས་བཤེས་)གི་རྒྱུད་ལ་ (དངོས་)བསྐྱེད་པས་རྟོགས་ (དངོས་)པ་ རང་དབང་ཐོབ་ (དངོས་)པར་བྱ་བའི་ཕྱིར་ (དངོས་)དུ་སྟེ་ཐོས་ (ཆོས་བཤེས་དངོས་)བསམ་གྱི་ཤེས་རབ་ མི་ (དངོས་)བརྟན་པས་རང་དབང་ཅན་ (ཀུན་དངོས་)མིན་ལ། བསྒོམས་ (དངོས་)པ་ལས་རང་དབང་ དུ་འགྱུར་བས་ (དངོས་)སོ། །དེ་ལྟར་ཤེས་རབ་གསུམ་འབྲེལ་བར་བྱ་དགོས་ཏེ། མི་ཕམ་པའི་ ཞལ་སྔ་ནས། གལ་ཏེ་ཐོས་པ་ཙམ་གྱི་དོན། །མཐོང་འགྱུར་བསྒོམ་པ་དོན་མེད་འགྱུར། །གལ་ ཏེ་བསྒོམས་པས་དོན་མཐོང་འགྱུར། །དེ་ཚེ་ཐོས་པ་དོན་མེད་འགྱུར། །ཞེས་གསུངས་སོ། །(ཆོས་ བཤེས་སུ་དྲངས། ) དེ་ལྟར་ (དངོས་)བསྒོམས་པས་འདྲིས་པར་བྱ་ (དངོས་)དགོས་པས་མཁྱེན་གསུམ་ བསྒོམས་ (དོན་དངོས་)པ་བསྟན་ཞེས་སྦྱར་རོ། །(དངོས་)དེ་ལྟ་ (དངོས་)ན་འདི་བསྟན་པ་དོན་ (དོན་ དངོས་)མེད་དེ། སྔར་ཇི་ལྟར་ཐོས་བསམ་བྱས་པའི་སྐབས་ (དངོས་)གསུམ་ཉིད་གོམས་པར་བྱས་ པས་ཅི་ཞིག་མི་ནུས་ཞེ་ན། (དངོས། ) སྔར་མཁྱེན་གསུམ་སོ་སོར་ཤེས་པ་ལས་སླར་ཡང་རྣམ་པ་ རྫས་རིགས་ཐམས་ཅད་དང༌། བྱང་ཆུབ་གསུམ་གྱི་ལམ་དང༌། གཞི་ཕྱི་ནང་གི་དངོས་པོ་ཤེས་ པའི་མཁྱེན་གསུམ་གྱི་ཡུལ་གཞི་ལམ་རྣམ་གསུམ་བདེན་པའི་སྐྱེ་མེད་དུ་རྟོགས་པ་བསྡུ་བའི་ སྒོ་ནས་དོན་འབའ་ (ཆོས་བཤེས་)ཞིག་ལ་དམིགས་པས་ (དངོས་)ཤིན་ཏུ་ཞི་ཞིང་སྤྲོས་ (དངོས་)པ་མེད་ པའི་བསྒོམ་ (དངོས་)པའི་ཤེས་རབ་དགོས་ཏེ། ཐོས་པའི་ཤེས་རབ་ནི་མིང་ (འདི་པ། )འབའ་ཞིག་ ལ་དམིགས་པས་རབ་ཏུ་སྤྲོས་པའི་བདག་ཉིད་ཅན་རྒྱུད་འཁྲུག་པར་བྱེད་ལ། བསམས་པའི་ ཤེས་རབ་ནི་མིང་དོན་འབྲེལ་ཞིང་ (དངོས་)རྣམ་རྟོག་ཅུང་ཟད་བསྡུས་པ་ (དངོས་)ཡིན་ཀྱང་རྣམ་ གཡེང་གཙོ་ (དོན་)ཆེ་བས་སོ། །ཞེས་པ་རྣམས་ཆོས་བཤེས་སོ། །དེ་ལྟར་ན་མཁྱེན་པ་གསུམ་ལ་ དབང་གྱུར་ཐོབ་པའི་ཕྱིར་དུ་མཁྱེན་གསུམ་བསྡུས་ནས་བསྒོམ་པའི་སྦྱོར་བ་ནི། རྣམ་པ་ཀུན་ མངོན་པར་རྫོགས་པར་རྟོགས་པའི་སྦྱོར་བ་ཡིན་པས་འདིར་འཆད་དོ། །ཞེས་ཚིག་རྣམ་པར་ 2-1-103 སྦྱར་རོ། ། གཉིས་པ་ལ་བཅུ་གཅིག་སྟེ། དམིགས་པར་ (ཤེར་དངོས་)འགྱུར་བའི་རྣམ་པ། རྗེས་སུ་སྒྲུབ་ པའི་སྦྱོར་བ། སྐྱེ་རྒྱུ་ (ཤེར་དངོས་)ཡོན་ཏན། མི་སྐྱེ་བའི་རྒྱུ་ (ཤེར་དངོས་)སྐྱོན། ཤེས་བྱ་མཚན་ཉིད། ཟག་བཅས་ (ཤེར་དངོས་)ཐར་ཆ། བསམ་པ་ཕུན་ཚོགས་ཅན་ངེས་ (ཟག་མེད་ངེས་འབྱེད་ཆ་མཐུན་ཞེས་ཤེར་ འབྱུང་སྟེ་སློབ་དཔོན་གྱི་ལུགས་སོ། ། )འབྱེད་ཆ་མཐུན། སློབ་པ་ཕྱིར་མི་ (ཤེར་འབྱུང་དངོས། )ལྡོག་གི་མཚན་ ཉིད། (དངོས། ) ཆོས་སྐུའི་ (ཤེར་)རྒྱུ་སྲིད་ཞི་མཉམ་ཉིད། གཟུགས་སྐུའི་རྒྱུ་ཞིང་ (ཤེར་)དག་པ། འཕྲིན་ལས་ཀྱི་རྒྱུ་ཐབས་མཁས་སྦྱོར་ (ཤེར་འབྱུང་སྟེ་ལུས་ལྟར་རོ། ། )རོ། ། དང་པོ་ལ། བསྟན། བཤད། བསྡུ་གསུམ་ལས། དང་པོ་ལ་གཉིས་ལས། རྩ་བ་ལ། (ཆོས་ བཤེས་རད་ཀིར་སྙིང་མཆོག་)གཞི་དང་ཡེ་ཤེས་རྣམ་པ་ཡི། །ཞེས་པ་ལྟར། གཞི་ལམ་རྣམ་པ་གསུམ་ ལས་གཞི་ (སྙིང་མཆོག་དག་ལྡན་དངོས། )ནི་དམིགས་པ་སྟེ་བདེན་པ་བཞི་ལ་སོགས་པའོ། །(དངོས། )དེ་ ཡང་རྟག་པ་ལ་སོགས་པར་སྒྲོ་འདོགས་པའི་གཞི། མི་རྟག་པ་ལ་སོགས་སུ་གཏན་ལ་དབབ་ པའི་གཞི། མི་རྟག་པ་སོགས་ཁྱད་པར་གྱི་ཆོས་བརྟེན་པའི་གཞི་ཡིན་པས་སོ། །ལམ་ནི་རྟག་ འཛིན་སོགས་ཕྱིན་ཅི་ལོག་གི་གཉེན་པོ་ལམ་གསུམ་གྱིས་བསྡུས་པའོ། །རྣམ་པ་ལ་གསུམ་ ལས། མཚན་ཉིད་ནི། བདེན་པའི་ཆོས་ཀྱི་རང་བཞིན་དུ་གྱུར་པའི་ཆོས་ཞིག་སྟེ། མི་རྟག་པ་ འདུས་བྱས་ཀྱི་མཚན་ཉིད་དུ་བཤད་པ་བཞིན་ནོ། །མཚོན་བྱའི་སྒྲ་དོན་ནི། བདེན་པའི་ཆོས་ ཀྱི་བྱེ་བྲག་ཏུ་གྱུར་པས་དེའི་རྣམ་པ་སྟེ། ཆོས་བཤེས་ཀྱིས། རྣམ་པ་ནི་བྱེ་བྲག་སྟེ་སངས་རྒྱས་ ཀྱི་ས་ལ་སོགས་པ་ལ་ཆོས་ཀྱི་བྱེ་བྲག་ཇི་སྙེད་ཡོད་པའོ་ཞེས་སོ། །མཚན་གཞིའི་དབྱེ་བ་ནི། དོན་རྣམ། ཤེས་རྣམ་གཉིས་ཏེ། དང་པོ་ལ། བདེན་བཞི་ལ་རིམ་བཞིན་དགུ་བཅུ་གཉིས་ཉི་ཤུ་ བརྒྱ་སོ་གཉིས་སོ། ། གཉིས་པ་ལ། གཞི་ཤེས་ཀྱི་ཉེར་བདུན། ལམ་ཤེས་ཀྱི་སོ་དྲུག རྣམ་མཁྱེན་གྱི་བརྒྱ་ 2-1-104 དང་བཅུའོ། །(ལུང་གི་སྙེ་མར་རྣམ་པའི་གཅིག་དང་ཐ་དད་དཔྱད་པ་ནི་ཅུང་ནོར་རོ། ། ) ཡང་ན་ཆོས་ཅན་གྱི་རྣམ་ པ། ཆོས་ཉིད་ཀྱི་རྣམ་པ་གཉིས་སུ་ཡང་འདུས་སོ། །དེ་ཡང༌། ཨཱརྱ་སོགས་ (འགྲེལ་ཆེན་སྙིང་ཟླ་དག་ ལྡན། )ལྟར་ན། འགྱུར་འདི་ལྟར་ལེགས་པས་འདི་ལ། ངོ་བོ་དང༌། དབྱེ་བ་གཉིས་སོ། །དང་ པོ་ནི། དངོས་པོ་ (ཨཱརྱ་)ལ་དམིགས་ (དངོས་)པ་ནི་ (ཡེ་ཤེས་ཞེས་དག་སྙིང་)གཞི་ཤེས་ (དག་སྙིང་སོགས་) པའོ། །དེའི་བྱེ་བྲག་ནི་མི་མཐུན་ཕྱོགས་གང་གི་གཉེན་ (དངོས་)པོ་གང་ཡིན་པ་སྟེ། དཔེར་ (དངོས་ )ན། རྟག་པ་ལ་སོགས་པར་འཛིན་པ་ལ་མི་རྟག་པ་ལ་སོགས་པར་རྟོགས་པ་བཞིན་ནོ། །(དེ་ ཡན་ཨཱརྱ་དངོས། ) ཨཱརྱ་འགྲེལ་ཆེན་སོགས་ (དག་སྙིང་སོགས་ཡང་གཞི་དང་ཞེས་སོགས་མི་འཆད་དོ། ། )སོ། །དེ་ ལྟར་ན་བདེན་བཞི་ལ་མི་རྟག་པ་ལ་སོགས་པར་རྟོགས་པའི་ཡེ་ཤེས་ཀྱི་ནང་ཚན་རྣམས་ཆོས་ ཅན། མཁྱེན་གསུམ་གྱི་རྣམ་པ་ཞེས་བྱ་སྟེ། དེའི་ཆོས་ཀྱི་བྱེ་བྲག་ཡིན་པས་སོ། །ཆོས་བཤེས་ ཀྱིས། རྣམ་པ་ནི་བྱེ་བྲག་དུ་མ་ལ་བྱའོ། །ཞེས་སོགས་སྔར་དྲངས་པ་ལྟར་རོ། །དེས་ན། དེ་ ཆོས་ཅན། རྣམ་པ་གཞི་ (ཨཱརྱས་འོག་ཏུ་བཤད་འགྲེལ་ཆེན་དུ་འདིར་བཤད་པའི་བར་དུ་ཡང༌། )མེད་རྟོག་པས་ སྤྲུལ་བ་ཁོ་ན་མིན་ཏེ། མཚན་གཞི་མཁྱེན་གསུམ་ལ་བརྟེན་པའི་མཚན་ཉིད་དམ་ (ནི་མིང་ཞེས་ དག་སྙིང་ཟླ། )རང་བཞིན་གྱི་ཆོས་ཡིན་པས་སོ། །འགྲེལ་ཆེ་ཆུང་གི་དོན་ཡང་དེར་སྣང་ངོ༌། །རྩ་ བའི་འགྱུར་གཞན་ལྟར་ན། ཆོས་བཤེས་ཀྱིས་འགྲེལ་པ་ལ་བཤད་པ་ལྟར་སྦྱར་དགོས་སོ། ། གཉིས་པ་ནི། རྣམ་པ་སྟོན་པ་ན་ཆོས་ཅན། གཉེན་ཕྱོགས་ཀྱི་ཤེས་རྣམ་དེ་ནི་མཁྱེན་པ་གསུམ་ གྱི་རྣམ་པ་གསུམ་དུ་འདུས་པར་འདོད་དེ། གཉེན་པོའི་ཕྱོགས་རྣམས་ཀུན་མཁྱེན་པ་ཉིད་ནི་ རྣམ་པ་གསུམ་གྱིས་བསྡུས་པའི་ཕྱིར། ཨཱརྱ་སོགས་སོ། །མཁྱེན་གསུམ་མཚན་ཉིད་པའི་ཤེས་ རྣམས་རྫས་ཐ་དད་རྗེས་མཐུན་པའི་ངོ་བོ་གཅིག་པའང་ཡོད་དོ། །རད་ཀིར་ནི། གཞིའི་རྣམ་ པ་མི་རྟག་སོགས་དང༌། ཡེ་ཤེས་ཀྱི་རྣམ་པ་མི་རྟག་པར་རྟོགས་པ། ཞེས་འཆད་དེ་ལེགས་ སོ། །འགྲེལ་པ་ནི། འགྱུར་འདི་ལྟར་ན་སྔར་བཤད་པ་དེ་ཉིད་དོ། །གཞི་དང་ཡེ་ཤེས་རྣམ་པ་ 2-1-105 ཡི། །ཞེས་ (ཆོས་བཤེས་སྙིང་རད་ཀིར་)པ་དང༌། འགྲེལ་པར། དམིགས་པ་དང་ཡེ་ཤེས་དང་རྣམ་པ་ རྣམས། ཞེས་ (གསེར་ཆོས་བཤེས་སུ་བྱུང་)པ་ལྟར་ན། ཆོས་བཤེས་སུ། རྣམ་པ་དུ་ཞིག རང་བཞིན་ ཅི་ཞིག དེ་དག་གང་གིས་བཞག་ཅེས་རྟོག་པ་ལ། དང་པོ་རྣམ་པའི་དབྱེ་བ་ནི། རྟག་པ་དང་ གཙང་ (ཀུན་དངོས་)བདེ་བདག་ལ་སོགས་པར་འཛིན་པ་ཉིད་མི་མཐུན་པའི་ཕྱོགས་ཏེ། འདི་ཉིད་ བྱིས་པ་སྲིད་པར་འཁྱམ་པའི་རྒྱུའི་གཙོ་བོ་ (དངོས་)ཡིན་པས། འཁོར་ (དངོས་)བའི་གཞིའམ་ རྒྱུའོ། །(ཀུན་དངོས། ) དེའི་གཉེན་པོའི་ཆོས་ཉིད་ཀྱི་ངོ་བོ་ཉིད་གཞི་དེ་དག་གིས་ཇི་ལྟར་གཟུང་ བ་ལྟར་མེད་པར་རྟོགས་པ་སྟེ་ཕུང་བོ་མི་རྟག་པ་ལ་སོགས་པར་དམིགས་པའི་རྟོགས་པ་གཞི་ ཤེས་ཀྱི་དབང་དུ་བྱས་པའི་རྣམ་པ་དང༌། བྱང་སེའི་ལམ་དང་འབྲས་བུ་མ་ལུས་པ་ནི་ཡེ་ཤེས་ རྟོགས་པའི་གནས་སྐབས་ལ་བརྗོད་པ་ཙམ་དུ་ཟད་པས་ཡེ་ཤེས་ཞེས་བྱ་བ་ལམ་ཤེས་ཀྱི་རྣམ་ པ་དང༌། དེ་པ་རྣམས་ཀྱི་ཡེ་ཤེས་ནི་ཡོན་ཏན་སྨོས་པའི་སྒོ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ ཞེས་བྱ་བས་ན་འདིར་ཡང་རྣམ་པ་ཞེས་སྨོས་ཏེ་རྣམ་མཁྱེན་ཀྱི་རྣམ་པའོ། །རྣམས་ (ཀུན་དངོས་)ནི་ དྲུག་པའི་མང་ཚིག་ (དངོས་)གོ །དེ་ལྟར་རྣམ་པ་ལ་གསུམ་ (དངོས་)མོ། །གཉིས་པ་རྣམ་པའི་རང་ བཞིན་ནི། (ཆོས་བཤེས། ) གཞི་ཤེས་ཀྱི་རྣམ་པ་ཉིད་དུ་བཞག་པ་ཉེར་བདུན། ལམ་ཤེས་ཀྱི་རྣམ་ པ་ཉིད་དུ་བཞག་པ་སོ་དྲུག རྣམ་མཁྱེན་ཀྱི་རྣམ་པ་ཉིད་དུ་བཞག་པ་བརྒྱ་དང་བཅུ་སྟེ། དེ་ ཡང་དེ་གསུམ་གྱི་བྱེ་བྲག་གམ་ཆོས་དུ་མ་ཞིག་ཡིན་པར་སྔར་བཤད་དོ། །འོ་ན་དེ་གསུམ་ལས་ རྫས་ཐ་དད་པར་འགྱུར་ཞེས་རྟོག་ན། གཞི་ཤེས་ཀྱི་རྣམ་པ་ཉེར་བདུན་ཆོས་ཅན། གཞི་ཤེས་ ཀྱི་བྱེ་བྲག་གམ་ཆོས་སུ་བསྟན་པས་གཞི་ཤེས་ལས་རྫས་ཐ་དད་པ་མིན་ཏེ། ཉན་ (དངོས་)རང་ རྣམས་ཀྱི་གང་ཟག་ (དངོས་)གི་བདག་མེད་རྟོགས་པའི་ཡེ་ཤེས་མཚན་གཞི་དེའི་མཚན་ཉིད་དམ་ རང་བཞིན་དུ་གྱུར་པའི་ཆོས་ཞིག་ཡིན་པས་སོ། །ལམ་ཤེས་ཀྱི་སོ་དྲུག་ལམ་ཤེས་ཀྱི་བྱེ་བྲག་ གམ་ཆོས་སོགས་དང༌། བྱང་སེའི་བདག་མེད་གཉིས་ཀ་རྟོགས་པའི་ཡེ་ཤེས་ཞེས་སོགས་དང༌། 2-1-106 བརྒྱ་རྩ་བཅུ་རྣམ་མཁྱེན་གྱི་ཆོས་སུ་བཤད་པ་སོགས་དང༌། སངས་རྒྱས་ཀྱི་ཡེ་ཤེས་ཤེས་བྱའི་ དཀྱིལ་འཁོར་མ་ལུས་པ་སྐད་ཅིག་གིས་མཁྱེན་པའི་རྟོགས་པ་དེའི་ཞེས་སོགས་སོ། །དེས་ན་ རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་བསྒོམ་པར་བྱའོ་ཞེས་པའི་རིམ་པས་རྣམ་པ་བསྟན་པས་ནི་ མཐོང་སྒོམ་གྱི་ལམ་ཇི་ལྟར་བསྒོམ་ཚུལ་གཙོ་བོར་བསྟན་པས་རྣམ་པ་ནི་བསྒོམ་རིམ་ཡིན་ལ། འོག་གི་མཚན་ཉིད་ནི་མཁྱེན་གསུམ་གྱི་མཚན་ཉིད་ཙམ་ཞིག་སྟོན་གྱི་བསྒོམ་རིམ་གཙོ་བོར་ མ་གྱུར་པས་ཁྱད་དེ་ཡོད་དོ། །གསུམ་པའི་ལན་ནི། གསུམ་པོ་དེ་དག་ཀྱང་རྒྱུ་མཚན་གཞན་ གྱིས་ཕྱེ་བ་མིན་གྱི་ཐམས་ཅད་མཁྱེན་པ་ཉིད་གསུམ་ཡོད་པའི་བྱེ་བྲག་གིས་བཞག་པས་ན་ རྣམ་པ་གསུམ་ཁོ་ནར་གྲངས་ངེས་ (དངོས་)པར་བཞེད་དོ། །ཞེས་ཆོས་བཤེས་སོ། །དེ་ལྟར་ན་རྩ་ འགྲེལ་གཉིས་སུ་དངོས་སུ་ཤེས་རྣམ་བཤད་ཅིང༌། དོན་རྣམ་ཤུགས་ལ་བསྟན་པར་གསལ་ལོ། ། གཉིས་པ་ལ་གསུམ་སྟེ། གཞི་ཤེས་ཀྱི་ཉེར་བདུན། ལམ་ཤེས་ཀྱི་སོ་དྲུག རྣམ་མཁྱེན་གྱི་ བརྒྱ་དང་བཅུའོ། ། དང་པོ་ལ། སྔ། རྩ། འགྲེལ། བསྡུ་བཞིའོ། དང་པོ་ནི། རྣམ་པ་རྣམས་སྤྱིར་ཏེ་ཉེར་བདུན་ སོ་དྲུག་སོགས་ཀྱི་དབྱེ་བ་དངོས་སུ་མ་བརྗོད་པར་རྣམ་པ་གསུམ་དུ་བསྟན་ནས་ད་ནི་ཁྱད་ པར་དུ་བདེན་བཞི་ལ་བརྟེན་ (དག་གསེར་དངོས་)པའི་དབྱེ་བས་སོ་ (གསེར་)སོར་སྟོན་ནོ། །གཉིས་ པ་ནི། གཞི་ཤེས་ཀྱི་རྣམ་པ་ཉེར་བདུན་བཤད་དོ། །གང་ན། (རབ་འབྱོར་གྱིས་གསོལ་བ་)ཡུམ་འདི་ ནི་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ ནམ་མཁའ་མེད་པའི་ཕྱིར་རོ། །ཞེས་མེད་པའི་རྣམ་པ་ནས་གཟུང་སྟེ། ཡུམ་འདི་ནི་མི་གཡོ་ བའི་ཕ་རོལ་ཏུ་ཕྱིན་པའོ། །བཀའ་སྩལ་པ། ཆོས་ཀྱི་དབྱིངས་གནས་པ་ཉིད་ཀྱི་ཕྱིར་རོ། །ཞེས་ མི་གཡོ་བའི་རྣམ་པའི་བར་རོ། །ཇི་ལྟར་ན། བདེན་པ་གསུམ་པོ་སོ་སོ་ལ་རྣམ་པ་བཞི་བཞི་ 2-1-107 སྟེ་བཅུ་གཉིས་དང༌། ལམ་བདེན་ལ་ཡོད་པའི་རྣམ་པ་དེ་ནི་བཅོ་ལྔ་སྟེ་ཉེར་བདུན་བཤད་དོ། ། བཅུ་གཉིས་པོ་དོན་རྣམ་དངོས་སུ་དང༌། ལམ་བདེན་གྱི་ཤེས་རྣམ་དངོས་སུ་བསྟན་པའམ་ གཉིས་ཀ་ཅི་རིགས་པར་སྦྱར་རོ། །འགྲེལ་པ་ལ། བདེན་གསུམ་གྱི་རྣམ་པ་བཅུ་གཉིས། ལམ་ བདེན་གྱི་རྣམ་པ་བཅོ་ལྔའོ། །དང་པོ་ནི། རྣམ་པ་གཏན་ལ་འབེབས་པ་དེ་ལ། (ཨཱརྱ། ) བདེན་ བཞི་རྟེན་དུ་བྱས་ཏེ་བདེན་ (དངོས་)པ་གང་ལ་རྣམ་པ་ཇི་སྙེད་ཡོད་པ་དེ་སྟོན་པས། རེ་ཤིག་ ཐམས་ཅད་ཤེས་པ་ཉིད་ཀྱི་དབང་དུ་བྱས་ནས་དང་པོར་བཅུ་གཉིས་ (དེ་ཡན་ཨཱརྱ་དངོས། )སྟོན་ཏེ། རྟག་པར་མེད་པར་རྒྱུན་ཆད་པར་འགྱུར་བ་སྡུག་བསྔལ་བདེན་པའི་མི་རྟག་པའི་མཚན་ཉིད། རྫས་ཡོད་རྣམས་གཅིག་ཅར་སྐད་ཅིག་རེ་རེ་ལས་ལྷག་པར་མི་སྐྱེ་བར་སྐད་ཅིག་ (ཆོས་བཤེས་)རེ་ རེར་སྡུག་བསྔལ་ཞིང་འཇིག་ (ཆོས་བཤེས་)པ་སྡུག་བསྔལ་བའི་མཚན་ཉིད། བྱེད་པ་པོའི་བདག་ གིས་དབེན་པ་སྟོང་པའི་མཚན་ཉིད། ངོ་བོ་གཅིག་པའི་བདག་མེད་པས་བདག་ཏུ་རྟོག་པས་མི་ བརྫི་བ་བདག་མེད་པའི་མཚན་ཉིད་དོ། །ཆོས་བཤེས་སོ། །གཞན་དུ་ཡང་བཤད་དུ་ཡོད་དོ། ། ཀུན་བདེན་ཆོས་ཅན། དོན་དམ་པར་སྡུག་བསྔལ་གྱི་གནས་སམ་ (མདོའི་དྲི་བ་)རྒྱུ་མེད་དེ། དོན་ དམ་པར་མིང་གཟུགས་ཀྱི་ཕུང་བོ་མེད་པའི་ (མདོའི་ལན་)ཕྱིར་རོ། །(མདོ་དངོས་ཀུན་ལ་ཕྱིར་ཡོད་དོ། ། ) ཆོས་ཅན། དོན་དམ་པར་ནམ་མཁའ་ (མདོའི་གསོལ་ཚིག་)ལྟར་སྡུག་བསྔལ་ཀུན་འབྱུང་བ་མེད་དེ། དོན་དམ་པར་དབུགས་ཕྱི་ (མདོ་)ནང་དུ་རྒྱུ་བ་མེད་པས་སོ། །(མདོ། )ཆོས་ཅན། དོན་དམ་པར་ སྡུག་བསྔལ་རབ་ཏུ་སྐྱེ་བར་བརྗོད་དུ་མེད་དེ། (མདོ། ) དོན་དམ་པར་རྟོག་ (མདོ། )དཔྱོད་དམིགས་ སུ་མེད་པས་སོ། །(མདོ། ) ཆོས་ཅན། དོན་དམ་པར་ཡང་སྲིད་འབྱུང་བའི་རྐྱེན་མེད་དེ། (ཨཱརྱ་) དོན་དམ་པར་མིང་གཞིའི་ (མདོ་)ཕུང་བོ་མེད་པས་སོ། །དོན་དམ་པར་སྡུག་བསྔལ་གྱི་གནས་ མིང་གཟུགས་ཀྱི་ཕུང་བོ་མེད་པར། (ཀུན་འབྱུང་བའི་ཆོས་ཉིད་ཀྱི་རྣམ་པ་ཞེས་སོགས་ཡང་རུང་ངོ༌། ། )ཀུན་རྫོབ་ ཏུ་ཡོད་པ་ཀུན་འབྱུང་བའི་རྣམ་པ། ཞེས་སོགས་ཞིབ་ཏུ་བསྙད་དོ། །འགོག་བདེན་ཆོས་ཅན། 2-1-108 ཉོན་མོངས་འགགས་པ་དེར་དོན་དམ་པར་འགྲོ་ཞིང་ (ཨཱརྱ་)སོང་ནས་ཐོབ་ (ཨཱརྱ་)བྱར་མེད་དེ། ཆོས་ཐམས་ཅད་དོན་དམ་པར་འགྲོ་བ་མེད་པས་སོ། །ཡང་ན་ཁམས་གསུམ་རྒྱུད་ལྔ་གང་དུ་ ཡང་འགྲོ་བ་མེད། ཅེས་འབུམ་ཊཱིཀ་ཀོ། (དེའི་དོན། ) སྡུག་བསྔལ་བར་མི་འགྲོ། ཞེས་སྦྱར་རོ། ། ཆོས་ཅན། དོན་དམ་པར་སྡུག་བསྔལ་ལམ་ཉོན་མོངས་ཀྱིས་མི་འཕྲོགས་ཏེ། དོན་དམ་པར་ ཆོས་ཐམས་ཅད་གཟུང་དུ་ (མདོ་)མེད་ཅིང་དབྲོག་ (དོན་)བྱའི་ཡུལ་མེད་ (གསེར་)པས་སོ། །ཆོས་ ཅན། སྡུག་ཀུན་གྱིས་མི་ཟད་དེ། དོན་དམ་པར་ཆོས་ཀུན་ནམ་སྤང་བྱ་ཉོན་མོངས་ཀྱི་ཆོས་ ཀུན་ཟད་ཅིང་མེད་པས་སོ། །(ཟད་ཅིང་བྱང་ཞེས་མདོ། ) ཆོས་ཅན་དོན་དམ་པར་སླར་འཁོར་བར་ སྐྱེ་བར་མེད་དེ། དོན་དམ་ (འབུམ་ཊཱིཀ་)པར་ཆོས་ཐམས་ཅད་སྐྱེ་འགག་ (མདོ་)མེད་པས་སོ། །དོན་ དམ་པར་ཉོན་མོངས་འགགས་པར་འགྲོ་བ་མེད་པར་ཀུན་རྫོབ་ཏུ་ཡོད་པའམ་སྡུག་བསྔལ་ བར་མི་འགྲོ་བ་འགོག་པའི་རྣམ་པའི་མཚན་ཉིད། ཅེས་སོགས་ཞིབ་ཏུ་བསྙད་དོ། །དེ་དག་ སོགས་གཉིས་ཀྱི་དོན་ནོ། །བཅུ་གཉིས་ནི་མེད་པ་སོགས་ (ཤེར་)སོ། ། གཉིས་པ་ལ་གསུམ་ལས། མདོར་བསྟན་ནི། གཞི་ཤེས་ཀྱིས་བསྡུས་པའི་ལམ་བདེན་ དབྱེ་གཞི། དབྱེ་ངོ༌། ལམ་ཟག་མེད་གཉིས་དང་ཟག་བཅས་གཅིག་སྟེ་རྣམ་པ་གསུམ་མོ། ། གྲངས་ངེས་ནི། ཉོན་སྒྲིབ་ཀྱི་གཉེན་པོ་ཉིད་དུ་གྱུར་པའི་ཉན་རང་གི་མཐོང་སྒོམ་ཟག་པ་མེད་ པའི་ལམ་ཐམས་ཅད་གཅིག་ཏུ་བསྡུས་པ་དང༌། རང་སངས་རྒྱས་ཀྱི་ཤེས་སྒྲིབ་ཀྱི་གཉེན་པོ་ ཉིད་དུ་གྱུར་པའི་སྒོམ་པའི་ལམ་ཟག་བཅས་དག་པ་འཇིག་རྟེན་པ་དང་དེའི་ (ཆོས་བཤེས་)སྒོམ་ ལམ་ (ཤེར་)ཟག་མེད་དང་མཐོང་ (ཤེར་)ལམ་གཉིས་གཅིག་ཏུ་བསྡུས་པ་དང་གཉིས་ཏེ་དེ་ལྟར་ གསུམ་དུ་ཡོད་པ་ཡིན་པས་སོ། །གཞི་ཤེས་ཀྱི་རྣམ་པར་ཤེས་སྒྲིབ་ཀྱི་གཉེན་པོ་སྟོན་པ་མི་ རིགས་སོ་ཞེ་ན། ཉན་ཐོས་ལ་མི་དགོས་ཀྱང་ཐམས་ཅད་ཤེས་པ་ཉིད་ཀྱིས་རང་སངས་རྒྱས་ རྣམས་ཀྱང་བསྡུས་པའི་ཕྱིར་དེ་དག་གི་ཤེས་སྒྲིབ་ཀྱི་གཉེན་པོ་བསྟན་དགོས་སོ། །དང་པོ་ 2-1-109 ཉོན་སྒྲིབ་ཀྱི་གཉེན་པོ་ལ། གསེར་དང་ཆོས་བཤེས་ཀྱིས། (རྣམ་པ་མདོར་བསྟན་དུ། ) ཉན་ཐོས་ཀྱིར་ བཤད་ཀྱང༌། ཤེར་འབྱུང་གིས། ཉན་ཐོས་དང་རང་སངས་རྒྱས་དེ་དག་གི་ཉོན་སྒྲིབ་ཀྱི་གཉེན་ པོ། ཞེས་བཤད་པ་ལྟར་ངེས་པ་ཡིན་ལ། དེ་མཐོང་ལམ་ཁོ་ནར་བོད་རྣམས་འདོད་ཅིང༌། ཤེར་ འབྱུང་དུ་ཡང་སྡུག་བདེན་སོགས་ལ་བརྟེན་པའི་མི་རྟག་པ་ལ་སོགས་པའི་མཚན་ཉིད་ཅན་ མེད་པ་ལ་སོགས་པའི་རྣམ་པ་བཅུ་དྲུག ཅེས་བཤད་ཀྱང༌། ཆོས་བཤེས་ཀྱིས། ཐམས་ཅད་ ཤེས་པའི་སྐབས་སུ་ཉན་ཐོས་ཀྱི་རྣམ་པ་བཅུ་དྲུག་སྨོས་པ་ནི་དེ་དག་མཐོང་བ་དང་སྒོམ་པའི་ ལམ་གྱི་མཚན་ཉིད་དོ། །ཞེས་པ་ལྟར། ཉན་རང་གི་མཐོང་སྒོམ་གཉིས་ཀ་ཡོད་དགོས་ལ། ལམ་གསུམ་པ། ཨཱརྱ་འགྲེལ་ཆེན་དུ། མཐོང་ལམ་དུ་བཤད་ཅིང༌། འགྲེལ་ཆུང་འདིར་སྒོམ་ ལམ་དུ་བཤད་དེ། ཤེས་སྒྲིབ་ཀྱི་གཉེན་པོ་སྒོམ་ལམ་ཟག་བཅས་དང་ཟག་མེད་ཅེས་པས་སོ། ། དེ་ལྟ་མིན་པར་དེ་སྐད་བསྟན་པས་མཐོང་ལམ་ཁོ་ན་ལ་གོ་ཟེར་ན། སྒོམ་ལམ་ཟག་མེད་མེད་ ན་བདེན་ནོ། །ཆོས་བཤེས་ཀྱིས། རང་སངས་རྒྱས་ཀྱི་རྣམ་པ་བཅོ་ལྔ་སྨོས་པ་ནི། དེ་དག་གི་ སྒོམ་པའི་ལམ་གྱི་མཚན་ཉིད་དོ། །ཞེས་བཤད་ཀྱང༌། ཤེར་འབྱུང་གིས། ཟག་པ་མེད་པའི་ སྒོམ་པའི་ལམ་དང་མཐོང་བའི་ལམ། ཞེས་བཤད་པ་ལྟར་ངེས་པར་ཡིན་དགོས་ཏེ། རྒྱུ་མཚན་ ངག་ལས་ཤེས་ཀྱི་ཡི་གེ་མང་བས་འཇིགས་སོ། །ལོཙྪ་བ། འདིར་བཤད་ཉན་རང་གི་གཞི་ ཤེས་ཀྱི་དམིགས་པར་གྱུར་པའི་ལམ་བདེན་ཉན་རང་གི་གཞི་ཤེས་སུ་མ་འདུས་པར་བཞེད་ པའང་ནོར་ཏེ། ཉན་རང་དག་གིས་རང་རྒྱུད་དུ་གཏོགས་པའི་ལམ་ལ་དམིགས་ཀྱི་གཞན་ལ་ མི་དམིགས་པར་དབུས་མཐར་གསུངས་སོ། །(ངག་ལ་དྲིས། ) འདིར་ལམ་ཟག་བཅས་བཤད་པ་ ནི་རྨི་ལམ་ལ་སོགས་པའི་རྣམ་པ་ཅན་རྗེས་ཐོབ་ཙམ་ལ་དགོངས་སོ། །སྤྱིར་འཕགས་སེང་ གཉིས་ཀྱིས་འཕགས་པའི་རྗེས་ཐོབ་དག་པ་འཇིག་རྟེན་པའི་ཡེ་ཤེས་ཟག་བཅས་སུ་བཤད་ པའི་བརྡ་ཆད་མ་ལེགས་སོ། །(མདོར་བསྟན་གྱི་སྦྱོར་བ་ནི་སྦྱོར་ཊཱིཀ་དུ་ལྟོས་ན་དཔྱིས་ཕྱིན་པར་ཡོད་དོ། །) 2-1-110 གཉིས་པ་རྒྱས་བཤད་ལ་གསུམ་ལས། དང་པོའི་བཞི་ནི། འདིར་ལམ་གསུམ་ཡོད་པ་དེ་ ལ། ལམ་དང་པོ་ལ་རྣམ་པ་བཞི་སྟེ། མདོར་བསྟན་དང་སྦྱར་ཏེ་བཤད་ན། ཉན་ཐོས་ཀྱི་མཐོང་ སྒོམ་ཟག་མེད་ཀྱི་ལམ་ཆོས་ཅན། རང་གི་སྤང་བྱ་གང་ཟག་གི་བདག་འཛིན་ཕྱོགས་ཀྱི་ཉོན་ སྒྲིབ་ཀྱི་གཉེན་པོ་ཟག་མེད་ཡིན་ཏེ། བྱེད་པོའི་གང་ཟག་གི་བདག ཤེས་པོའི་དེའི་བདག འཆི་ (མདོ་)འཕོ་སྐྱེ་ (མདོ་)བའི་དེའི་བདག སྐྱོན་འདུལ་བའི་དེའི་བདག་མེད་པར་མངོན་སུམ་ དུ་རྟོགས་ཤིང་གཟུང་རྟོག་སོགས་ཤེས་སྒྲིབ་ཀྱི་གཉེན་པོར་མི་འགྱུར་བས་སོ། །རང་རྒྱལ་གྱི་ གང་ཟག་གི་བདག་འཛིན་ཕྱོགས་ཀྱི་ཉོན་སྒྲིབ་ཙམ་གྱི་གཉེན་པོ་མཐོང་སྒོམ་ཟག་མེད་བཞིན་ ནོ། །དེ་ཡང་དེ་ཆོས་ཅན། རྟག་པའི་བདག་འཁོར་བར་འཁོར་བྱེད་ཐར་བར་བྱེད་པ་པོར་ (ཨཱརྱ་ )ཞེན་པའི་གཉེན་པོ་ཡིན་ཏེ། འཁོར་བྱེད་དང་ཐར་བར་བྱེད་པ་པོའི་རྟག་པའི་བདག་མེད་ པར་མངོན་སུམ་དུ་རྟོགས་པའི་སློབ་ལམ་ཡིན་པས་སོ། །(རྟགས་ཆོས་སྦྱོར་ཚུལ་འདི་མདོ་དོན་དངོས་སོ། ། ) འདོན་པ་བསྒྱུར་ཏེ། གང་ཟག་གི་བདག་མི་རིགས་པའི་གཉེན་པོར་གྱུར་པ་རིགས་ཤིང་ཤེས་ པ་དེ་འཆི་འཕོ་སྐྱེ་བ། དེས་ཉོན་མོངས་འདུལ་བར་ཞེས་སོགས་སྦྱར་རོ། །དེས་ན་འཁོར་ཐར་ བྱེད་པ་པོའི་བདག་མེད་མངོན་སུམ་དུ་རྟོགས་པ་ལམ་གྱི་མཚན་ཉིད་ཞེས་སོགས་འདོན་པ་ བསྒྱུར་ཏེ། སོགས་པ་རིག་པ་སྒྲུབ་པ་ངེས་འབྱིན་གྱི་མཚན་ཉིད་དམ་རང་བཞིན་ནོ་ཞེས་སྦྱར་ རོ། །(ལུགས་གཞན་སྦྱོར་ཕྲེང་བལྟའོ། ། ) གཉིས་པ་ལམ་གཉིས་པའི་རྣམ་པ་ལྔ་ལ། དཔེ་ལྔ། དོན་ལྔ་གོ་རིམ་བཞིན་སྦྱར་བ་ནི། ཕྱི་ གཟུང་བ་བདེན་པའི་ངོ་བོ་ཉིད་མེད་པ་རྨི་ལམ་ལྟ་བུར་མངོན་སུམ་དུ་རྟོགས་པའི་རང་རྒྱལ་ དབང་རྣོན་གྱི་སྒོམ་ལམ་རྗེས་ཐོབ་ཀྱི་ཡེ་ཤེས་ཆོས་ཅན། ཕྱི་གཟུང་བ་བདེན་པར་འཛིན་པའི་ ཤེས་བྱའི་སྒྲིབ་པའི་གཉེན་པོར་གྱུར་པ་ཡིན་ཏེ། སྤྱི་རྟགས་སུ་དགོད་དོ། །སྤྱིར་ཞེས་པས་སྤང་ བྱ་དེ་འདི་ལྔ་གས་འཇོམས་པའི་དོན་ནོ། །དེས་ན་འདོན་པ་བསྒྱུར་ཏེ། མ་སྐྱེས་པ་སྒྲ་བརྙན་མ་ 2-1-111 འགགས་པ་སྟེ་འགག་པ་མེད་པ་མིག་ཡོར་ (ནི་སྐབས་འདིར་གྲིབ་མ་ལ་བྱའོ། །ཞེས་མདོ་སྡེ་རྒྱན་གྱི་འགྲེལ་ཆེན་ བློ་བརྟན་མར་རོ། །མིག་ཡོར་ནི་ཤེས་པ་འཕྲུལ་བའི་རྣམ་པ་མགལ་མེ་ལ་སོགས་པ་སྟེ་ཞེས་ཤཱཀྱ་བློས་ག་ཡ་གོ་རིའི་མདོ་དང༌། དབྱིག་གཉེན་གྱི་འགྲེལ་པ་སྤེལ་མར་བཤད་པ་ལས་སོ། །འབུམ་ཊཱིཀ་ཏུ། མི་ལ་སོགས་པའི་དངོས་པོ་མ་ཡིན་པ་ལ་མི་ལ་སོགས་ པའི་དངོས་པོར་སྣང་བ་ནོར་བར་མཐོང་བ་ཞེས་སོ། །གསེར་གྱིས། ཟླ་བ་གཉིས་ལ་སོགས་པར་སྣང་བ་མིག་ཡོར་རོ་ཞེས་སོ། །ཕྱི་ མ་འདི་ཉིད་ཀྱི་མདོར། མེ་ལོང་གི་བཞིན་དམིགས་སུ་མེད་པའི་ཕྱིར་རོ་ཞེས་བཤད་དོ། ། )གཟོད་མ་ནས་ཞི་བ་སྨིག་རྒྱུ། རང་བཞིན་གྱིས་མྱ་ངན་ལས་འདས་པ་སྟེ་སྟོང་པ་སྒྱུ་མའི་རྣམ་པ་ལྟ་བུའོ། །མདོ་རྒྱན་དུ། ངོ་བོ་ ཉིད་མེད་དེ། མ་སྐྱེས་པའི་ཕྱིར། ཞེས་སོགས་ཕྱི་མ་ཕྱི་མ་སྔ་མ་སྔ་མའི་རྒྱུ་མཚན་དུ་གསུངས་ སོ། ། གསུམ་པ་ལམ་གསུམ་པའི་རྣམ་པ་དྲུག་ལ། ཕྱི་གཟུང་བ་ཕྱི་རོལ་དོན་ལ་ལྟོས་པའི་ཀུན་ ནས་ཉོན་མོངས་པའི་ཆོས་དོན་དམ་པར་མེད་པར་མངོན་སུམ་དུ་རྟོགས་པའི་རང་རྒྱལ་དབང་ རྣོན་གྱི་མཐོང་ལམ་ཆོས་ཅན། རང་གི་སྤང་བྱ་ཕྱི་རོལ་དོན་ལ་ལྟོས་པའི་ཀུན་ནས་ཉོན་མོངས་ བདེན་པར་རྣམ་པར་རྟོག་པའི་གཉེན་པོར་གྱུར་པ་ཡིན་ཏེ། དེ་ལྟར་རྟོགས་པའི་རང་རྒྱལ་གྱི་ མཐོང་ལམ་ཡིན་པས་སོ། །སྒོམ་ལམ་ཟག་མེད་ལ་ཡང་སྦྱར་ཤེས་དགོས་སོ། །དེ་བཞིན་དུ་ འདོན་པ་བསྒྱུར་ཏེ། དེ་ལ་ལྟོས་པའི་རྣམ་བྱང་གི་ཕྱོགས་བདེན་མེད་སོགས་དང༌། དེ་ལ་ལྟོས་ པའི་རྣམ་བྱང་བདེན་པར་རྟོག་ཅེས་སོགས་དང༌། ནམ་མཁའ་བཞིན་དུ་གཟུང་བ་ཕྱི་དོན་ བདེན་པ་ལ་ལྟོས་པའི་ཉོན་མོངས་པའི་བག་ཆགས་ཀྱིས་གོས་པ་མེད་པར་རྟོགས་སོགས་ དང༌། དེ་འདྲའི་ཉོན་མོངས་པའི་བག་ཆགས་ཀྱིས་གོས་པར་རྣམ་རྟོག་སོགས་དང༌། དེ་ལ་ ལྟོས་པའི་གཟུགས་ཚོར་སོགས་ཀྱི་སྤྲོས་པ་བདེན་མེད་དུ་རྟོགས་སོགས་དང༌། དེ་ལ་ལྟོས་ པའི་གཟུགས་ཚོར་ལ་སོགས་པའི་སྤྲོས་པའམ་རབ་དབྱེར་རྣམ་རྟོག་སོགས་དང༌། ཕྱི་གཟུང་ བ་བདེན་མེད་མངོན་སུམ་དུ་རྟོགས་པའི་རང་རྒྱལ་དབང་རྣོན་གྱི་མཐོང་ལམ་ཆོས་ཅན། རང་ 2-1-112 (ཨཱརྱ་)གི་རྟོགས་པ་ལ་རྣམ་པར་རྟོག་པ་སྟེ་རོ་མྱང་བར་ (ཨཱརྱ་)བྱེད་ (ཨཱརྱ་)པའི་རློམ་པའི་གཉེན་ པོ་ཡིན་ཏེ། རང་གི་རྟོགས་པ་ལ་རློམ་སེམས་ (མདོ་ཨཱརྱ་)པ་མེད་པའམ་བཅོམ་པའི་ (མདོ་ཨཱརྱ་) ཡེ་ཤེས་ཡིན་པས་སོ། །ཆོས་ཅན། ཕྱི་གཟུང་བ་སྔར་བདེན་པར་ཡོད་པ་ལམ་བསྒོམས་པས་ ཡོངས་སུ་ཉམས་པ་སྟེ་ཟད་པ་ཡིན་ནམ་སྙམ་ (ཨཱརྱ་)པའི་རྣམ་རྟོག་གི་གཉེན་པོ་ཡིན་ཏེ། གཟུང་ བ་བདེན་པས་སྟོང་པའི་ཆོས་དབྱིངས་ (མདོ་)མི་གཡོ་བ་སྟེ་རྟག་ཏུ་གནས་ (མདོ་)ཤིང་ཆོས་ དབྱིངས་དེ་མངོན་སུམ་དུ་རྟོགས་པས་སོ། །ཡང་ན་གཟུང་བ་བདེན་པས་སྟོང་པ་རྟོགས་པའི་ རང་གི་ (མདོའི་དོན་དུའང་རུང་འབུམ་ཊཱིཀ་གི་དོན་དུའང་རུང༌། )རྟོགས་པ་ཡོངས་སུ་ཉམས་པར་རྣམ་རྟོག་ ཅེས་དང༌། དེ་འདྲའི་རྟོགས་པ་ཆོས་དབྱིངས་ལྟར་མི་གཡོ་བ་སྟེ་རྒྱུན་བརྟན་པའི་ཟག་མེད་ཡེ་ ཤེས་ཡིན་པས་སོ་ཞེས་པ་གོ་རིམ་བཞིན་དུའི་དོན་ནོ། །སོ་སོར་ངེས་ཞེས་པ་གཉེན་པོ་རེ་རེས་ སྤང་བྱ་རེ་རེ་འཇོམས་ཞེས་པའོ། །དེ་བཞིན་དུ་གཞི་ཤེས་རྗེས་མཐུན་པ་བྱང་སེའི་ལའང་སྦྱར་ ཏེ་སླའོ། ། གསུམ་པ་བསྡུ་བ་ནི། བཞི་ལྔ་དྲུག་ཡོད་པ་དེ་ལྟར་ན་གཞི་ཤེས་ཀྱི་ལམ་ཀྱི་བདེན་པའི་ རྣམ་པ་བཅོ་ལྔའོ། །བཞི་པ་ནི། དེ་དག་སྤྱིར་སྡོམས་ན་ཐམས་ཅད་ཤེས་པ་ཉིད་ཀྱི་རྣམ་པ་ཉི་ ཤུ་རྩ་བདུན་ནོ། ། གཉིས་པ་ལ། བསྟན། བཤད། བསྡུ་གསུམ་གྱི། དང་པོ་ལ། སྔ་འགྲེལ་ནི། གཞི་ཤེས་ ཀྱི་རྣམ་པ་བཤད་པ་དེའི་འོག་ཏུ་ལམ་ཤེས་ཉིད་ཀྱི་རྣམ་པ་འཆད་དོ། །རྩ་བ་ལ། སྡུག་བསྔལ་ གྱི་རྒྱུ་ཀུན་འབྱུང་ལ་རྣམ་པ་དེ་དག་བརྒྱད་དང༌། ལམ་ལ་བདུན་དང་ནི། སྡུག་བསྔལ་ལ་ལྔ་ དང༌། འགོག་པ་ལ་བཅུ་དྲུག་ཅེས་མདོ་ལས་བསྒྲགས་སོ། །གོ་རིམ་བཞིན་གྱི་དོན་དེའོ། །མདོ་ དོན་རྒྱས་བཤད་དུ་སྟོན་ནོ། །འགྲེལ་པ་ལ། ཀུན་འབྱུང་སོགས་བཞི་ལ་གྲངས་བཞིན་རྣམ་ པ་བརྒྱད་བདུན་ཞེས་སོགས་ཆུད་པར་བྱའོ། །དེ་འདྲའི་བདེན་བཞིའི་གོ་རིམ་མི་འཐད་དེ། 2-1-113 གཞན་དང་མི་མཐུན་པས་སོ་ཞེ་ན། འདིར་ཀུན་འབྱུང་ལམ་དང་སྡུག་བསྔལ་འགོག་བདེན་ ཞེས་པའི་བདེན་བཞིའི་གོ་རིམ་ཆོས་ཅན། མདོ་བསྟན་བཅོས་གཞན་དུ་སྡུག་ཀུན་འགོག་ ལམ། ཞེས་པའི་བདེན་བཞིའི་གོ་རིམ་དང་མི་མཐུན་པས་སྐྱོན་ཅན་མིན་ཏེ། ཀུན་ནས་ཉོན་ མོངས་པའི་ཕྱོགས་ལ་བརྟེན་ནས་ཀུན་འབྱུང་རྒྱུ་ཡིན་ལ། སྡུག་བསྔལ་འབྲས་བུ་ཡིན། གཅིག་ ཤོས་རྣམ་བྱང་གི་ཕྱོགས་ལ་བརྟེན་ནས་ལམ་བདེན་རྒྱུ། འགོག་བདེན་འབྲས་བུ་ཡིན་པར་ གྱུར་པའི་བདེན་བཞིའི་རྒྱུ་འབྲས་དོན་གྱི་རིམ་པའི་སྒོ་ནས་ཁྱོད་བསྟན་ལ། གཞན་གྱི་དེ་ བདེན་པ་མངོན་རྟོགས་ཀྱི་རིམ་པ་ཡིན་པའི་ཕྱིར་རོ། ། གཉིས་པ་ལ། ཀུན་འབྱུང་གི་བརྒྱད། ལམ་གྱི་བདུན། སྡུག་བསྔལ་གྱི་ལྔ། འགོག་བའི་ བཅུ་དྲུག་གོ །དང་པོ་ནི། སྡེ་ཚན་བཞི་བོ་དེ་ལ་སྟེ་དེའི་ནང་ནས་ཀུན་འབྱུང་གི་སྟོན་ཞེས་པའོ། ། སྤང་གཉེན་གོ་རིམ་བཞིན་དུ་སྦྱར་ན། བྱང་འཕགས་ཀྱི་མཉམ་བཞག་གི་ལམ་ཤེས་ཆོས་ཅན། འདོད་པའི་ཡོན་ཏན་ཟག་བཅས་མ་ཐོབ་པ་ཐོབ་པར་འདུན་པའི་གཉེན་པོར་གྱུར་པ་ཡིན་ ཏེ། ཟག་བཅས་ཀྱི་ཡུལ་ད་ལྟར་བ་ལ་མངོན་པར་ཞེན་པའི་འདོད་ཆགས་དང་བྲལ་བའི་བྱང་ འཕགས་ཀྱི་ཤེས་རྣམ་ཡིན་པས་སོ། །(དེའི་རྒྱུ་མཚན་ཆོས་ཐམས་ཅད་མ་ནོར་བར་འཚང་རྒྱ་བར་བྱེད་པའི་ཕྱིར་ རོ། །ཞེས་མདོ། ) མདོར། ཤེར་པ་འདི་ནི་འདོད་ཆགས་དང་བྲལ་བའི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་ (ཀུན་ལ་མདོ་དྲང་ངོ༌། ། )སོགས་ (འདི་དམ་བཅའ་འོ། །རྒྱུ་མཚན་ཡང་ཡོད་དོ། ། )ཆོས་ཅན། དེ་འདྲའི་འདོད་ཆགས་ ཀྱི་གཉེན་པོ་སྟེ། དེ་འདྲའི་འདོད་ཆགས་ཀྱི་གནས་ཏེ་རྒྱུ་འདུན་པའོ། །མི་ཞེས་པ་དགག་ཚིག་ འགོར་བྱས་པ་སྟེ་མེད་པའོ། །དེ་འདྲའི་འདུན་པ་མེད་པའི་ཞེས་སོགས་དགོད་ (དེའི་ཡང་རྟགས་ མདོར་ཡོད་)དོ། །དེ་གཉིས་ཀྱི་ཚུལ་སྔ་མ་འདུན་པའི་སྐབས་སུ་འདོད་ཆགས་གཙོ་བོ་ཡིན་པས་ དེ་མེད་ན་འདུན་པ་མེད་པར་བསྟན། ཞེས་ཨཱརྱའོ། །ཡང་ན་དངོས་འབྲས་བཀག་ནས་དངོས་ རྒྱུ་འགོག་པ། གཉིས་པ་རྒྱུ་བཀག་ནས་འབྲས་བུ་འགོག་ (ཨཱརྱའི་དོན་དངོས། )པའོ། །ཁ་ཅིག་ (འོད་ 2-1-114 ཟེར་མགོན་པོ་སོགས། )དེ་གཉིས་གོང་འོག་བསྒྱུར་བ་ནི་མ་གོ་བའོ། །ཆོས་ཅན། འཁོར་བའི་ཡང་ སྲིད་ལ་མངོན་པར་དགའ་བའི་སྲེད་པའི་ (ཨཱརྱ་)གཉེན་པོ་སྟེ། ཉོན་མོངས་སྐྱེ་ (འབུམ་ཊཱིཀ་)བའི་ མཚན་ (མདོ་)མ་ཉེ་བར་ཞི་བའི་ (མདོ་)ཞེས་སོགས་འགོད་དོ། །དེ་ལྟར་ཤེས་རྣམ་གསུམ་དང་ ཡང་དེ་འདྲའི་འདུན་པ་སོགས་གསུམ་གང་ཡིན་པ་ཆོས་ཅན། རྒྱུའི་རྣམ་པ་ཡིན་ཏེ། འཁོར་ བའི་བསྡུག་བསྔལ་གྱི་རྩ་བར་གྱུར་པའི་ཉོན་མོངས་ཡིན་པས་སོ། ། ཡང་སྔར་གྱི་དེ་ཆོས་ཅན། ཕྱི་ནང་གི་དངོས་པོ་ལ་ལྷག་པར་ཆགས་པའི་འདོད་ཆགས་དང༌། མནར་སེམས་པའི་ཞེ་སྡང་ དང༌། དེ་ཁོ་ན་དང་རྒྱུ་འབྲས་ལ་རྨོངས་པའི་གཏི་མུག་གི་གཉེན་པོ་སྟེ། དེ་འདྲའི་འདོད་ཆགས་ མེད་པ་དང༌། ཞེ་སྡང་མེད་པ་དང༌། གཏི་མུག་མེད་པའི། ཞེས་སོགས་སོ། །དེ་ལྟར་ཤེས་རྣམ་ གསུམ་དང༌། ཡང་དེ་གསུམ་གང་ཡིན་པ་ཆོས་ཅན། ཀུན་འབྱུང་བའི་རྣམ་པ་ཡིན་ཏེ། སྡུག་ བསྔལ་རྫས་རིགས་ཀུན་བསྐྱེད་པས་སོ། །ཡང༌། ཆོས་ཅན། གཟུང་འཛིན་བདེན་པར་ཀུན་ཏུ་ རྟོགས་པའི་གཉེན་པོ་སྟེ། ཉོན་མོངས་པ་སྟེ་དངོས་པོ་བདེན་འཛིན་གྱི་རྣམ་རྟོག་མེད་པའི་ཞེས་ སོགས་དང༌། གཟུང་འཛིན་བདེན་པར་འཛིན་རྟོག་ཆོས་ཅན། རབ་སྐྱེའི་རྣམ་པ་ཡིན་ཏེ། སྡུག་ བསྔལ་ (བུདྡྷ་ཤྲཱི་)དྲག་ཏུ་བསྐྱེད་བྱེད་ཡིན་པས་སོ། །དེ་ལྟར་ཤེས་རྣམ་གཅིག་དང༌། ཆོས་ཅན་ རྟག་གཅིག་སོགས་ཀྱི་སེམས་ཅན་དུ་མངོན་པར་ཞེན་པའི་འཇིག་ལྟའི་གཉེན་པོ་ (ཨཱརྱ་)ཡིན་ ཏེ། རྟག་གཅིག་སོགས་ཀྱི་སེམས་ཅན་མེད་པས་དེ་མེད་པར་མངོན་སུམ་དུ་རྟོགས་པའི་ཕྱིར་ རོ། །སེམས་ཅན་མེད་པས་སེམས་ཅན་དམིགས་སུ་མེད་པའི་ཕྱིར་རོ། །ཨཱརྱ་སྟེ་མདོ་ཡང་ངོ༌། ། སེམས་ཅན་དུ་ཞེན་པའི་འཇིག་ལྟ་ཆོས་ཅན། རྐྱེན་ཡིན་ཏེ། སྡུག་བསྔལ་བརྒྱུད་མར་འབྱུང་ བྱེད་ཡིན་པས་སོ། །དེ་ལྟར་ཤེས་རྣམ་གཅིག་སྟེ། དེ་ལྟར་ན་སྡུག་བསྔལ་ཀྱི་རྒྱུ་ཀུན་འབྱུང་བའི་ བདེན་པའི་རྣམ་པ་དངོས་འདུན་པ་སོགས་བརྒྱད་དང༌། དེའི་གཉེན་པོའི་ཤེས་རྣམ་བརྒྱད་ ཡིན་ནོ། །(དེ་ཡང་ཀུན་འབྱུང་བདེན་པ་ནད་གྱི་རྒྱུ་དང་འདྲ་བར་སྤང་བྱ་ཡིན་པས་སྤང་གཉེན་གྱི་སྒོ་ནས་བསྟན་ནོ། །ཞེས་ 2-1-115 འབུམ་ཕྲག་གསུམ་པ་གསུང་བར་གྲག་གོ །) མཐའ་ཅུང་ཟད་དཔྱད་ན། མཚན་གཞི་དང༌། མཚན་ཉིད་གཉིས་ལས། དང་པོ་ལ། ཉོན་ མོངས་པ་དང༌། ལས་གཉིས་སོ། །དང་པོ་ལ། རྒྱུ། ངོ་བོ། འབྲས་བུ། གསུམ་ལས། དང་པོ་ ནི། རྒྱུའི་རྐྱེན་ཉོན་མོངས་སྔ་མས་ (ཀུན་བཏུས་)བཞག་པའི་བག་ལ་ (ཀུན་བཏུས་)ཉལ་ལམ་གནས་ (རྒྱལ་སྲས་)ངན་ལེན་མ་སྤངས་པར་ཡོད། དམིགས་རྐྱེན་སྡུག་མི་སྡུག་སོགས་ཉོན་མོངས་སྐྱེ་ བའི་ཆོས་ (ཀུན་བཏུས་)སྣང་བ། བདག་རྐྱེན་ཡུལ་དེ་ལ་སྡུག་པ་ལ་སོགས་པའི་མཚན་མ་སོགས་ འཛིན་པའི་ཚུལ་ (ཀུན་བཏུས་) མིན་ཡིད་བྱེད་ཅེས་ཀུན་བཏུས་དང་རྒྱལ་སྲས་སོ། །དེ་མ་ཐག་ རྐྱེན་རིག་པ་སྔ་མའོ། །མཛོད་དུ་ཡང་དོན་དེ་ལྟར་བཤད་དོ། །ངོ་བོ་ལ། མཚན་ཉིད་དང༌། དབྱེ་ བའོ། །དང་པོ་ནི། མ་ཞི་བར་འབྱུང་བའི་སེམས་བྱུང་གང་ཞིག དེ་བྱུང་བས་སེམས་ཀྱི་རྒྱུད་ རབ་ཏུ་མ་ཞི་བར་བྱེད་པ། ཉོན་མོངས་རྒྱ་ཡན་པའི་མཚན་ཉིད་དེ། ཀུན་བཏུས་སུ། མཚན་ ཉིད་གང་ཞེ་ན། ཆོས་གང་འབྱུང་བ་ན་རབ་ཏུ་མ་ཞི་བའི་ (དྲུག་ཏེ་རྣམ་པར་གཡེང་བས་རབ་ཏུ་མ་ཞི་བ། ཕྱིན་ ཅི་ལོག་གིས། རྒོད་པས། རྨུགས་པས། བག་མེད་པས། འཛེམ་པ་མེད་པས་རབ་ཏུ་མ་ཞི་བའོ་ཞེས་རྒྱལ་བའི་སྲས་སོ། ། )མཚན་ ཉིད་དུ་འབྱུང་བ་སྟེ་དེ་བྱུང་བས་སེམས་ཀྱི་རྒྱུད་རབ་ཏུ་མ་ཞི་བར་འབྱུང༌། ཞེས་སོ། ། གཉིས་པ་ལ་གཉིས་ཏེ། རྩ་ཉོན། ཉེ་ཉོན་ནོ། །དང་པོ་ལ། དྲུག་སྟེ། འདོད་ཆགས། ཁོང་ ཁྲོ། ང་རྒྱལ། མ་རིག་པ། ཐེ་ཚོམ། ལྟ་བའོ། །དེ་ཉིད་ལ་བཅུར་ཡང་སྟེ། ལྟ་བ་ལ་ལྔར་ཕྱེ་ བས་སོ། །ལྔ་ནི། འཇིག་ལྟ། མཐར་ལྟ། ལོག་ལྟ། ལྟ་བ་མཆོག་འཛིན། ཚུལ་ཁྲིམས་དང༌། བརྟུལ་ཞུགས་མཆོག་འཛིན་ནོ། །དེ་སྤང་བྱའི་སྒོ་ནས་དབྱེ་ན། (ཀུན་བཏུས། )མཐོང་སྤང༌། སྒོམ་ སྤང༌། དེའི་གནས་སྐབས་འགའ་ལ་རྩོད་སྤོང་ངོ༌། །དང་པོ་ལ། མཛོད་ལྟར་ན། འདོད་པར་ སྡུག་བསྔལ་ལ་བཅུ་ཆར་དངོས་སམ་བརྒྱུད་ནས་ལོག་པར་འཇུག་པས་སྡུག་བསྔལ་མཐོང་ སྤང་བཅུ། ཀུན་འབྱུང་འགོག་པ་ལ་ལྟ་བ་དང་པོ་གཉིས་དང་ཐ་མ་ (ཚུལ་ཁྲིམས་སོགས་མཆོག་འཛིན་) 2-1-116 བོར་བས་བདུན་བདུན་དང༌། ལམ་ལ་དང་པོ་གཉིས་བོར་བས་བརྒྱད་དེ་སོ་གཉིས་སོ། །དེ་ དག་བཅུ་དང་བདུན་བདུན་བརྒྱད། །ལྟ་བ་གསུམ་གཉིས་མ་གཏོགས་པ། །(འདོད་ན་སྡུག་བསྔལ་ལ་ སོགས་པ། །མཐོང་བས་རིམ་བཞིན་སྤོང་བར་བྱེད། ། ) ཞེས་སོ། །ཁམས་གོང་གཉིས་ན་ཁོང་ཁྲོ་མེད་པས་དེ་ མ་གཏོགས་དགུ་དང༌། དྲུག་དྲུག་བདུན་དུ་འགྱུར་བས་ཉེར་བརྒྱད་པ་གཉིས་ཏེ་བསྡོམས་པས་ བརྒྱད་ཅུ་རྩ་བརྒྱད་དོ། །མངོན་པ་གོང་མ་ལྟར་ན། འདོད་ཁམས་ན་བདེན་པ་བཞི་ལ་བཅུ་ བཅུ་སྟེ་བཞི་བཅུ། ཁམས་གོང་ན་ཁོང་ཁྲོ་མེད་དེ། རྒྱུད་ཞི་གནས་ཀྱིས་བརླན་པས་ (འདིས་བདག་ ལ་གནོད་པ་བྱས་སོ་བྱེད་དོ་བྱེད་པར་འགྱུར་རོ་གསུམ། བདག་གི་གཉེན་ལ་གསུམ། འདིས་བདག་གི་དགྲ་ལ་ཕན་བཏགས་ སོ། །འདོགས་སོ། །འདོགས་པར་འགྱུར་རོ་གསུམ་སྟེ། )ཀུན་ནས་མནར་སེམས་ཀྱི་གཞི་དགུ་མེད་པས་སོ། ། དེས་ན་བདེན་བཞི་ལ་དགུ་དགུ་སྟེ་སོ་དྲུག་པ་གཉིས་སོ། །(དབྱེ་བ་)དེ་ཡང་ལོག་པར་འཇུག་ ཚུལ་གྱིས་ཕྱེ་བ་ཡིན་པས་དེ་བཤད་ན། སྡུག་ཀུན་ལ་དངོས་སུ་དང༌། ལོག་པ་ལ་དང༌། (དབང་གི་ ལོག་ཞུགས་གསུམ་མོ། །འགོག་ལམ་ལ་དངོས་སུ། ལོག་པ་ལ་ལོག་ཞུགས་གཉིས་སོ། །དབང་གི་ལོག་ཞུགས་མི་འཆད་པ་ནི་ཁོང་ ཁྲོས་ནི་དངོས་སུ་འཇུག་ལ་གཞན་ནི་དབང་གིས་འཇུག་པར་མི་འཐད་པས་སོ། ། ) དངོས་སུ་ལོག་ཞུགས་ནི། བདེན་ བཞི་ལ་འཇིག་ལྟས་གང་ཟག་དང་ཆོས་ཀྱི་བདག་དང་བདག་གིར་ལྟས། མཐར་འཛིན་གྱིས་ རྟག་པའམ་ཆད་པར་གཟུང༌། ལོག་ལྟས་དེ་དག་གི་རྣམ་པ་མེད་ཅེས་སྐུར་བ་བཏབ། མ་རིག་ པས་དམིགས་རྣམ་ལ་རྨོངས། (ཡུལ་དང་ལྟ་བ་ཐམས་ཅད་རྨོངས་ཞེས་བུ་རིན། )ཐེ་ཚོམ་གྱིས་དེ་དག་གི་ མཚན་ཉིད་དམ་གཉེན་པོ་ལ་སོམ་ཉི་ཟོས་ཏེ་ལྔས་སྡུག་ཀུན་ལ་དངོས་སུ་ལོག་པར་ཞུགས་ལ། འགོག་ལམ་ལ་དེའི་སྟེང་དུ་བདག་མེད་ལ་སྐྲག་སྟེ་མནར་སེམས་པའི་ཁོང་ཁྲོ་དང་དྲུག་གིས་ དངོས་སུ་ལོག་པར་འཇུག་གོ །དེ་ཡང་འགོག་ལམ་ལ་ཉོན་མོངས་ཙམ་གྱིས་དང༌། ས་གོང་མ་ ལ་ས་འོག་མའི་ཉོན་མོངས་ཀྱིས་ (བསྡུ་བ་དང་ཀུན་བཏུས་སོ། ། )དངོས་སུ་དམིགས་མི་ནུས་ཀྱང༌། བློས་ དེ་དག་ཏུ་བརྟགས་པ་ལ་དམིགས་པས་དངོས་སུ་ལོག་ཞུགས་སུ་བཞག་གོ །ལོག་པ་ལ་ལོག་ 2-1-117 ཞུགས་ནི། ལྟ་བ་མཆོག་འཛིན་གྱིས་ལྟ་བ་དང་པོ་གསུམ་ལ་བཟང་པོར་བལྟས། ཚུལ་ཁྲིམས་ དང་བརྟུལ་ཞུགས་མཆོག་འཛིན་གྱིས་ལྟ་ངན་དང་འབྲེལ་པའི་སྤྱོད་ངན་ལ་ (ལྟ་བ་དང་པོ་གསུམ་ལ་ ཞེས་འཇམ་གསར་རལ་གྲི། )དག་གྲོལ་ངེས་འབྱིན་གྱི་རྒྱུར་འཛིན། འདོད་ཆགས་དང་ང་རྒྱལ་ཡུལ་ལ་ དམིགས་པ་སྒོམ་སྤང་ཡིན་ཡང༌། ལྟ་ངན་གསུམ་པོ་ལ་ཞེན་པའི་འདོད་ཆགས་དང༌། གསུམ་ པོས་སེམས་ཁེངས་པའི་ང་རྒྱལ་རྣམས་བདེན་བཞི་ལ་དམིགས་ནས་ལྟ་བ་དང་པོ་གསུམ་དུ་ འཁྲུལ་ལ་དེ་གསུམ་ལ་དམིགས་ནས་འཁྲུལ་བའི་ཕྱིར་ལོག་པ་ལ་ལོག་ཞུགས་སོ། །ཁོང་ཁྲོ་ ནི། བདེན་པ་རྣམས་ལ་བདག་ལྟའི་དབང་གིས་དེ་དང་མི་མཐུན་པའི་ལྟ་བའམ་གྲུབ་མཐའ་ ལ་མནར་སེམས་པ་སྟེ་དབང་གིས་ལོག་ཞུགས་སོ། །དེ་ལྟར་ཀུན་བརྟགས་ཀྱི་ཉོན་མོངས་ བརྒྱ་རྩ་བཅུ་གཉིས་མཚན་གཞི། ཐེག་ཆེན་མཐོང་སྤང་དུ་མཚོན། ཐེག་ཆེན་མཐོང་ལམ་གྱིས་ གཞོམ་པར་བྱ་བ་སྟེ་རྒྱུད་བླའི་འགྲེལ་པར། དང་པོར་འཇིག་རྟེན་ལས་འདས་པའི་ཆོས་མཐོང་ བའི་ཤེས་པས་གཞོམ་པར་བྱ་བ་དེ་དག་ནི་མཐོང་བས་སྤང་བར་བྱ་བ་ཞེས་བྱའོ། །ཞེས་སོ། ། སྤྱིར་ཐེག་ཆེན་མཐོང་སྤང་ལ་ཉོན་སྒྲིབ་ཤེས་སྒྲིབ་གཉིས་ཡོད་ལ། བེམ་པོ་ཡང་ཡོད་དེ། ཀུན་ བཏུས་སུ། ཉོན་མོངས་པ་ཅན་གྱི་ལྟ་བ་ཀུན་ཏུ་བཏགས་པ་ (སྨོས་པས་འཇིག་ལྟ་མཐར་ལྟ་ལྷན་སྐྱེས་བསལ་ ཞེས་འགྲེལ་པར་རོ། ། )རྣམས་དང་ཐེ་ཚོམ་དང་ལྟ་བའི་གནས་ (ནི་དེ་གཉིས་དང་ལྷན་གཅིག་འབྱུང་བ་དེའི་ས་བོན་ འགྲེལ་པར་)དང༌། ལྟ་བ་ལ་ལོག་པར་ཞུགས་པའི་ཉོན་མོངས་པ་ (ནི་ལྟ་བའི་སྒོ་ནས་ཞུགས་པ་དང་དེ་ལ་ དམིགས་པའི་འདོད་ཆགས་སོགས་སོ་འགྲེལ། )དང་ཉེ་བའི་ཉོན་མོངས་པ་དང༌། གང་ཡང་ལྟ་བས་ཀུན་ ནས་བསླང་བའི་ལུས་དང་ངག་གི་ལས་དང་ངན་སོང་བའི་ཕུང་བོ་དང་ཁམས་དང་སྐྱེ་མཆེད་ ཐམས་ཅད་ནི་མཐོང་བས་སྤང་བར་བྱ་བར་བལྟའོ། །ཐམས་ཅད་ཀྱི་ཕྱོགས་གཅིག་ (ནི་སྒོམ་སྤང་ དང་ཟག་མེད་མ་གཏོགས་པའོ། །འགྲེལ་པར་རོ། ། )གོ །ཞེས་སོ། །གཉིས་པ་ལ་མཛོད་ལྟར་ན། བཞི་ནི་ སྒོམ་པས་སྤང་བྱ་ཉིད། །ཅེས་ཏེ། འདོད་ཆགས་ཁོང་ཁྲོ་ང་རྒྱལ་མ་རིག་པ་བཞི་སྟེ། ལྟ་བ་དང་ 2-1-118 ཐེ་ཚོམ་ནི་ཀུན་བརྟགས་ཁོ་ན་ཡིན་པས་མཐོང་སྤང་དུ་ངེས་པར་འདོད་དོ། །གོང་མ་ལྟར་ན། འཇིག་མཐར་ལྷན་སྐྱེས་གཉིས་ཏེ་འདོད་པར་དྲུག་དང༌། ཁམས་གོང་གཉིས་སུ་ཁོང་ཁྲོ་བོར་ བས་ལྔ་ལྔ་སྟེ་བཅུ་དྲུག་གོ །དེས་དགུས་ཕྱེ་བས་བཞི་བརྒྱ་བཅུ་བཞིར་སྔར་བཤད་པ་རྣམས་ མཚན་གཞི། སྒོམ་སྤང་དུ་མཚོན། ཉོན་མོངས་པའི་ཟག་བཅས་གང་ཞིག མཐོང་སྤང་མིན་པ་ སྟེ། ཀུན་བཏུས་སུ། མཐོང་བས་སྤང་བར་བྱ་བ་ལས་བཟློག་པ་ཟག་པ་དང་བཅས་པའི་ཆོས་ རྣམས་སོ། །ཞེས་སོ། ། གསུམ་པ་ནི། ལྟ་བ་ལ་ལྔར་འབྱེད་ན། ང་རྒྱལ་ལ་ཡང་བདུན་དུ་དབྱེ་བས། བཅུ་པས་ མང་བར་འགྱུར་རོ་ཞེ་ན། མཛོད་ལྟར་ན། ལྟ་བ་ནི་འཛིན་སྟངས་ཐ་དད་པས་ཕྱེ་ལ། ང་རྒྱལ་ ནི་རློམ་ཞིང་ཁེངས་པའི་རྣམ་པར་ (རྒྱལ་སྲས། )གཅིག་པས་མ་ཕྱེ་བའམ། སྡུག་བསྔལ་ལ་ལྟ་བ་ ལྔ་ག་ལོག་པར་འཇུག་ལ་གཞན་གསུམ་ལ་གསུམ་དང་གཉིས་མ་གཏོགས་པར་འཇུག་པའི་ ཁྱད་པར་ཡོད་ལ་ང་རྒྱལ་ལ་དེ་མེད་པས་མ་ཕྱེའོ། །གོང་མ་ལྟར་ན། ལྟ་བ་ལ་དང་པོ་གཉིས་ཀྱི་ ལྷན་སྐྱེས་སྒོམ་སྤང་དུ་འགྱུར་ཞིང་ལྷག་མ་མི་འགྱུར་ལ་བདེན་བཞི་ལ་ལོག་པར་འཇུག་ཚུལ་ མི་འདྲ་བ་ལྔ་ཡོད་ལ་ང་རྒྱལ་ལ་དེ་མེད་པས་མ་ཕྱེའོ། །ཡང་གཏན་ལ་དབབ་པ་བསྡུ་བར། འདོད་པའི་སྡུག་བསྔལ་ལ་ནི་བཅུ་བོ་ཐམས་ཅད་ལོག་པར་འཇུག་གོ །བདེན་པ་ཕྱི་མ་གསུམ་ ལ་ནི་འཇིག་ཚོགས་ལ་ལྟ་བ་དང་མཐར་འཛིན་པར་ལྟ་བ་མ་གཏོགས་པ་བརྒྱད་བརྒྱད་ལོག་ པར་འཇུག་གོ །ཁམས་གོང་མ་གཉིས་ཀྱི་བདེན་པ་ལ་ནི་ཁོང་ཁྲོ་མ་གཏོགས་པ་སྔ་མ་བཞིན་ དུ་དགུ་དང་བདུན་བདུན་ལོག་པར་འཇུག་གོ །ཞེས། འདོད་པ་ན་མཐོང་སྤང་སུམ་ཅུ་རྩ་བཞི་ དང༌། ཁམས་གོང་གཉིས་ན་སུམ་ཅུ་སུམ་ཅུ་སྟེ་དགུ་བཅུ་རྩ་བཞི་དང༌། སྒོམ་སྤང་མཛོད་དང་ མཐུན་པར་བཤད་ལ། དགེ་བའི་བཤེས་གཉེན་བྲང་ཏི་ན་རེ། བརྒྱ་རྩ་བཅུ་གཉིས་སུ་བཤད་ པ་སེམས་ཙམ་ལུགས། བསྡུ་བར་བཤད་པ་མདོ་སྡེ་པའི་ལུགས། མཛོད་དུ་བཤད་པ་བྱེ་བྲག་ 2-1-119 སྨྲ་བའི་ལུགས་སོ་ཞེས་གསུང་ངོ༌། །ཡང་མཆིམས་ཆེན་པོ་ནི། ཀུན་བཏུས་སུ་བཤད་པ་རྣམ་པ་ འགལ་ཙམ་དང༌། བསྡུ་བར་བཤད་པ་རྣམ་པ་དངོས་སུ་འགལ་བ་ལ་དགོངས་ཞེས་གསུང་སྟེ་ དཔྱད་ (བྲང་ཏི་ལྟར་ལེགས། )དོ། །བུ་རིན་ནི། ཉན་ཐོས་ལྟར་ན། སྡུག་བསྔལ་གྱི་སྟོང་བདག་མེད་ གཉིས་དང་འཇིག་ལྟ་འགལ། མི་རྟག་པ་དང་མཐར་འཛིན་འགལ་བས་དེ་གཉིས་ལོག་པར་ འཇུག་གི ཀུན་འབྱུང་སོགས་ཀྱི་རྒྱུ་སོགས་དང་མི་འགལ་བས་མ་བརྗོད་ལ། ཐེག་ཆེན་ལྟར་ ན། བདེན་བཞི་བདག་མཐའ་དག་གིས་དབེན་པའི་རྣམ་པར་བསྒོམ་པས་དེ་དང་ལྟ་བ་དང་པོ་ གཉིས་འགལ་བས་ཐམས་ཅད་ལ་ལོག་པར་འཇུག་པར་བཤད་དོ་གསུང་ངོ༌། ། གཉིས་པ་ནི། ཉི་ཤུ་སྟེ། ཁྲོ་དང་འཁོན་འཛིན་འཆབ་ཚིག་བཞི། །ཕྲག་དོག་སེར་སྣ་སྒྱུ་ གཡོ་རྒྱགས། །རྣམ་འཚེ་ངོ་ཚ་མེད་ཁྲེལ་མེད། །རྨུག་རྒོད་མ་དད་ལེ་ལོ་དང༌། །བག་མེད་ བརྗེད་ངེས་ཤེས་བཞིན་མིན། །རྣམ་གཡེང་དང་ནི་ཉི་ཤུ་སྟེ། །མཚན་ཉིད་བྱེད་ལས་གཉིས་ གཉིས་ཀྱིས། །ཀུན་ལས་བཏུས་བཤད་རྟོགས་པར་བྱ། །མཛོད་དུ་ཡང་བཤད་ཅིང་ཅུང་མི་ འདྲ་བའི་ཁྱད་སོགས་ཤེས་པར་བྱ་སྟེ། རྩ་ཉོན་གྱི་ཆར་གཏོགས་ཡིན་པས་ཉེ་ཉོན་དུ་བཞག་ ལ། རྒྱུད་བླ་སོགས་སུ་ཉོན་མོངས་ཐམས་ཅད་ཉེ་ཉོན་ཞེས་བཤད་དོ། ། གསུམ་པ་ནི། ཁྱད་པར་ཞིབ་མོར་མ་ཕྱེ་ན་སྤྱིར་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་འདི་ མཐོང་སྒོམ་གྱི་སྤང་བྱའི་འབྲས་བུ། བྱེ་བྲག་མཐོང་སྤང་གི་འབྲས་བུ་ནི། རིགས་འདྲ་ཕྱི་ མ་དང༌། རིགས་མི་འདྲ་གཙོ་བོའི་དབང་དུ་བྱས་ནས་ལུས་ངག་གི་ཉེས་སྤྱོད་དང་ངན་སོང་ གསུམ་མོ། །སྒོམ་སྤང་གི་འབྲས་བུ་ཡང་རིགས་འདྲ་ཕྱི་མ་དང༌། རིགས་མི་འདྲ་ཁམས་གསུམ་ གྱི་ལུས་ཅི་རིགས་པའོ། །དེ་དག་སྤང་ཟིན་ནས་རིགས་འདྲའི་འབྲས་བུ་མེད་ཅིང་མི་སྐྱེད་ལ། རིགས་མི་འདྲའང་མི་བསྐྱེད་ཀྱང་སྔར་སྐྱེས་ཟིན་ཡོད་པ་སྲིད་དོ། །བོ་དོང་རིན་པོ་ཆེ་མཐོང་ སྤང་གི་རིགས་འདྲའི་འབྲས་བུ་སྒོམ་སྤང་དུ་འདོད་པ་ནི། མཐོང་ལམ་རྫོགས་པ་ན་ (རྒྱ་ཆེན་ལུང་ 2-1-120 གི་སྙེ་མ་བལྟའོ། ། ) མཐོང་སྤང་གི་གནས་གྱུར་རྫོགས་པ་མིན་པར་ཐལ་བས་གནོད་ (བུ་རིན་གྱིས་བཀག་ )དོ། །ཡང་དེས་རིགས་ཆད་ཀྱི་ཉོན་མོངས་མཐོང་སྒོམ་གྱི་སྤང་བྱ་མིན་ཏེ། དེ་མཐོང་སྒོམ་གྱི་ སྤོང་མི་སྲིད་པས་སོ། །རྒྱུ་མཚན་དེའི་རྒྱུད་ལ་ལམ་དེ་དག་མི་སྐྱེ་བས་སོ། །ཞེས་ཟེར་བ་ནི་ མི་རིགས་ཏེ། སངས་རྒྱས་ཀྱི་ཡེ་ཤེས་སུ་ཐལ་བ་དང་ཟག་མེད་དུ་ཐལ་བ་སོགས་ཀྱིས་ལུང་ སྙེར་བཀག་གོ །དེས་ན་མཐོང་སྤང་དུ་བཞེད་དེ། ངན་སོང་བའི་ཕུང་བོ་སོགས་མཐོང་སྤང་དུ་ བཤད་པ་དང་རིགས་པ་མཚུངས་སམ་སྙམ་མོ། །(རྒྱ་ཆེན་ལུང་གི་སྙེ་མ་བལྟའོ། ། ) གཉིས་པ་ལས་ལ། སེམས་པའི། བསམས་པའི་ལས་སོ། །དང་པོ་ནི། སེམས་མངོན་ པར་འདུ་བྱེད་པ་ཡིད་ཀྱི་ལས་ཏེ། དབྱེ་ན། (འདོད་པའི་བདེ་འགྲོའི་རྒྱུ་)བསོད་ནམས་དང༌། (ངན་འགྲོའི་ རྒྱུ་)བསོད་ནམས་མིན་པ་དང༌། (ཁམས་གོང་གི་རྒྱུ་)མི་གཡོ་བའི་ལས་སོ། ། གཉིས་པ་ནི། མི་དགེ་བ་བཅུ་དང༌། དགེ་བ་ཟག་བཅས་བཅུ་སྟེ། རིན་ཆེན་ཕྲེང་བ་དང་ མཛོད་ལ་སོགས་པར་ཤེས་པར་བྱའོ། །སྤྱིར་ལས་ཀྱི་རབ་དབྱེ་མངོན་པ་གོང་འོག་ཏུ་བཤད་ པ་རྒྱས་པར་ཤེས་དགོས་སོ། །གཉིས་པ་ནི། ཡང་སྲིད་པའི་བག་ཆགས་འཇོག་པའི་བྱེད་རྒྱུ་ ཡིན་པས་རྒྱུ་ཞེས་ (ཀུན་བཏུས་)ཏེ། འདིར་འདུན་པ་སོགས་གསུམ་དེར་བཤད་པ་དང་མཐུན་ནོ། ། གང་དུ་སྐྱེ་བའི་ལས་ཀྱི་བག་ཆགས་བསགས་པ་དེ་དག་སེམས་ཅན་གྱི་རིས་དེ་དང་དེར་ཀུན་ འབྱུང་བའི་བྱེད་རྒྱུ་ཡིན་པས་ཀུན་འབྱུང་ (ཀུན་བཏུས། )སོ་སོ་རང་གི་རྒྱུད་ (རྒྱལ་སྲས་)ངེས་པ་དང༌། འགྲོ་བ་དང་སྐྱེ་གནས་ (རྒྱལ་སྲས་)ལ་སོགས་པ་ (ཀུན་བཏུས་)རྣམ་པ་དང་སྲིད་རྩེའི་ (རྒྱལ་སྲས་)བར་ དུ་མཆོག་ (ཀུན་བཏུས་)ཏུ་འབྱུང་བའི་བྱེད་རྒྱུ་ཡིན་པས་རབ་སྐྱེ། སྔར་མ་ཐོབ་ (རྒྱལ་སྲས་)པའི་ལུས་ ཐོབ་ (ཀུན་བཏུས་)པ་དང༌། ཐོབ་ (རྒྱལ་སྲས་)པའི་ལུས་ (དོན་)འདའ་ (རྩ་བ་)བའི་བྱེད་རྒྱུ་ཡིན་པས་རྐྱེན་ ནོ། །ཞེས། ཀུན་བཏུས་རྩ་འགྲེལ་ལོ། ། གཉིས་པ་ནི། ལམ་བདེན་གྱི་རྣམ་པའི་དབང་དུ་མཛད་ (ཨཱརྱ། )ནས། ཤེར་པ་འདི་ནི་ཚད་ 2-1-121 (གནོད་འཇོམས་སུ་འདོན། )མེད་པའི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་པའི་དོན་ནི། (ཨཱརྱ། )སེམས་ཅན་ཚད་ མེད་པ་ཐམས་ཅད་ལ་སངས་རྒྱས་ཀྱི་གོ་སྐབས་འབྱེད་པའི་ལམ་གྱི་རྣམ་པ་ཡིན་ལ། མཐའ་ རྣམ་པར་སྤོང་བའི་ཕྱིར་རོ། །ཞེས། འཁོར་འདས་ཀྱི་མཐའ་གཉིས་དང་མ་འབྲེལ་བས་མཐའ་ གཉིས་མ་དམིགས་པའི་རྟོགས་པ་ཡིན་པའི་ཤེས་རྣམ་ནི། ཇི་ལྟར་སེམས་ཅན་ཐམས་ཅད་ལ་ གོ་སྐབས་འབྱེད་པ་ཡིན་པའི་རྒྱུ་མཚན་ནོ། །ཐ་མི་དད་པའི་ཕ་རོལ་ཏུ་ཕྱིན་པའོ། །ཞེས། ཆོས་ ཐམས་ཅད་ཀྱི་ཆོས་དབྱིངས་ཐ་མི་དད་པ་མངོན་སུམ་དུ་རྟོགས་པའི་ཤེས་རྣམ་ནི། གཉེན་ པོ་མ་ལུས་པར་རྟོགས་པའི་རིག་པའི་རྣམ་པ་གང་ཡིན་པ་དེ་ཡིན་ནོ། །ཉན་རང་གི་ས་ལས་ འདའ་བར་བྱེད་པའི་ཕྱིར་རོ། །ཞེས། ཉན་རང་གི་ས་ལ་མཆོག་ཏུ་འཛིན་པ་མེད་པར་དེ་ལས་ འདའ་བར་བྱེད་པའི་ཟག་མེད་ཡེ་ཤེས་ཡིན་པའི་ཕྱིར་ཞེས་པ་ནི། ཇི་ལྟར་རིག་པ་ཡིན་པའི་རྒྱུ་ མཚན་ནོ། །རྣམ་རྟོག་ཐམས་ཅད་དམིག་སུ་མེད་པའི་ཕར་ཕྱིན་ནོ། །ཞེས། ཆོས་གང་ལ་ཡང་ ཅིར་ཡང་མི་རྟོག་པའི་ཟག་མེད་ཡེ་ཤེས་ནི། རྟོགས་བྱའི་ཡུལ་ཇི་བཞིན་རྟོགས་པར་བྱེད་པའི་ སྒྲུབ་པའི་རྣམ་པ་གང་ཡིན་པ་དེའོ། །ཆོས་ཐམས་ཅད་ཀྱི་ཚད་མ་དམིགས་སུ་མེད་པའི་ཕྱིར་ རོ། །ཞེས། དོན་དམ་པར་ཆོས་ཐམས་ཅད་ (འབུམ་ཊཱིཀ་ནས་)ཚད་མས་གཞལ་དུ་མེད་པར་རྟོགས་ པའི་ཟག་མེད་ཡིན་པས་སོ་ཞེས་པ། ཇི་ལྟར་སྒྲུབ་པ་ཡིན་པའི་རྒྱུ་མཚན་ནོ། །ཆོས་ཐམས་ཅད་ ལ་ཆགས་པ་མེད་པའི་ཕྱིར་རོ། །ཞེས་རྟོགས་པ་དེ་དང་དེ་ལ་ནམ་མཁའ་ལྟར་ཆགས་པ་མེད་ པའི་ཟག་མེད་ཀྱི་ཤེས་རྣམ་ནི། མྱང་འདས་སུ་ངེས་པར་འབྱིན་པ་གང་ཡིན་པ་དེའི་ངོ་བོ་ཉིད་ དེ་རྣམ་པའོ། །འཕགས་སེང་གི་ཚིག་ཟིན་ལྟར་ཏེ་བྱང་འཕགས་ཀྱི་མཉམ་བཞག་ཤེར་ཕྱིན་ ཆོས་ཅན་དུ་བྱའོ། །དེ་ལྟར་ལམ་གྱི་རྣམ་པ་གཉིས་དང༌། རིག་པའི་གཉིས་དང༌། སྒྲུབ་པའི་ གཉིས་དང༌། ངེས་འབྱིན་གྱི་གཅིག་སྟེ། དེ་ལྟར་ན་ལམ་གྱི་བདེན་པའི་རྣམ་པ་བདུན་ཡིན་ནོ། ། ཡང་ན་སྦྱོར་ཊཱིཀ་ལྟར་ཏེ་མདོ་དང་མཐུན་ཏེ། སྔ་མ་གསུམ་ལ་དམ་བཅའ་སྔ་ཕྱི་གཉིས་རེ་དང་ 2-1-122 རྟགས་གཉིས་རེ་སྣང་ལ། ངེས་འབྱིན་གྱི་ཐད་དུ་དམ་བཅའ་གཅིག་དང་རྟགས་གཅིག་སྣང་ ངོ༌། །ཁ་ཅིག་གི་ལྟར་ན། ཕྱི་མ་ལ་རྟགས་མི་ཐོབ་པར་འགྱུར་རོ། །(འབུམ་པ་ནི་ལམ་སྨན་བཟང་པོ་དང་ འདྲ་བར་བསྟེན་བྱ་ཡིན་པས་དམ་བཅའ་འཐད་པའི་སྒོ་ནས་བསྟན་ཞེས་སོ། །) གསུམ་པ་ནི། མི་རྟག་སོགས་བཞི་ངོ་བོ་ཉིད་ཀྱི་རྣམ་པ་བཞི་དང༌། ལྔ་པ་དེ་བཞི་དོན་ (ཨཱརྱ་དོན་)དམ་པར་བདེན་པའི་མཚན་ཉིད་མེད་པའི་རྣམ་པའི་ངོ་བོ་ཉིད་རྣམ་གྲངས་ཀྱི་རྣམ་པ་ གཅིག་རྣམས་ཏེ། དེ་ལྟར་ན་སྡུག་བདེན་གྱི་རྣམ་པ་ལྔ་ཡོད་པ་ཡིན་ནོ། །(འབུམ་པ་ནི་སྡུག་བསྔལ་ནད་ དང་འདྲ་བར་ཤེས་བྱ་ཡིན་པའི་རང་སྤྱིའི་མཚན་ཉིད་ཀྱི་སྒོ་ནས་བསྟན་ནོ། །གསུང་ངོ༌། །) བཞི་པ་ནི། འགོག་བདེན་གྱི་རྣམ་པ་བཞིའི་འགོག་པའི་རྣམ་པའི་ངོ་བོ་ཉིད་ལ། དངོས་ པོ་ (ཨཱརྱ་)འགོག་པ་གསུམ་ (དངོས་)གསུངས་པ་ནི་ (ཨཱརྱ་)ཐེག་ཆེན་གྱི་འགོག་བདེན་ཆོས་ཅན། དོན་དམ་པར་ནང་སྟོང་པ་ཉིད་ཀྱི་རྣམ་པ་ཡིན་ཏེ། དོན་དམ་པར་ནང་གི་དངོས་པོ་བདེན་པ་ བཀག་པའམ་མི་དམིགས་ (མདོ་)པའི་ཆོས་ཉིད་ཡིན་པས་སོ། །ཕྱི་སྟོང་གཉིས་ཀའི་སྟོང་པ་ཉིད་ ཀྱི་རྣམ་པ་སྟེ། ཕྱི་དང༌། གཉིས་ཀའི་དངོས་པོ་བདེན་པ་དགག་པས་སོགས་འདོན་པ་བསྒྱུར་ རོ། །སྟོང་ཉིད་དེ་གསུམ་ཆོས་ཅན། འགོག་པའི་རྣམ་པ་ཡིན་ཏེ། ཕྱི་ནང་གཉིས་ཀའི་བདེན་ དངོས་བཀག་པའི་སྟོང་ཉིད་ཡིན་པས་སོ། །བྱང་འཕགས་ཀྱི་ལམ་ཤེས་དངོས་ཆོས་ཅན། ནང་ ཕྱི་གཉིས་ཀའི་སྟོང་ཉིད་ཀྱི་རྣམ་པ་ཅན་ཡིན་ཏེ། དོན་དམ་པར་དེ་གསུམ་གྱི་བདེན་དངོས་ མེད་རྟོགས་ཀྱི་ཟག་མེད་ཡེ་ཤེས་ཡིན་པས་སོ། །སྟོང་ཉིད་ཀྱི་རྣམ་པ་གསུམ་དང་ཞེས་པ་བཅུ་ དྲུག་ཏུ་བགྲང་བའི་དབང་ངོ༌། །ཇི་ (ཨཱརྱ་)ལྟར་ཞི་བའི་རྣམ་པའི་ངོ་བོ་ཉིད་ལ་ནི། མངོན་ཞེན་ བརྒྱད་ཀྱི་གཉེན་པོར་བརྟགས་པའི་བདག་ཉིད་འགོག་པ་བརྒྱད་ (ཨཱརྱ་)དེ། ཐེག་ཆེན་འགོག་ བདེན་ཆོས་ཅན། སྟོང་པ་ཉིད་སྟོང་པ་ཉིད་ཀྱི་རྣམ་པར་གནས་ཏེ། སྟོང་ཉིད་དུ་ལྟ་ཞིང་ཞེན་ ནས་ཤེས་པའི་མངོན་ཞེན་དགག་གམ་བཀག་པའི་ཆོས་ཉིད་ཡིན་པས་སོ། །དེ་བཞིན་དུ་དེ་ 2-1-123 ཆོས་ཅན། ཞེས་དང༌། ཆེན་པོ་སྟོང་པ་ཉིད། ནས་དོར་མེད་སྟོང་ཉིད་ཀྱི་རྣམ་པར་གནས་ཏེ། གོང་དུ་སྣོད་ཀྱི་འཇིག་རྟེན་གྱི་དབྱིབས་ (ཨཱརྱ་)དང་ཞེས་སོགས་བྱང་ཕྱོགས་སོགས་རྟོགས་པའི་ ཆོས་དོར་མེད་ལ་མངོན་ཞེན་དགག་གམ་བཀག་པའི་ཆོས་ཉིད་ཡིན་པས་སོ། །སྟོང་ཉིད་སྟོང་ ཉིད་སོགས་དེ་བརྒྱད་ཆོས་ཅན། ཞི་བའི་རྣམ་པ་ཡིན་ཏེ། སྟོང་པ་ཉིད་དུ་ཞེན་པ་སོགས་མངོན་ ཞེན་བརྒྱད་བཀག་པའི་སྟོང་ཉིད་ཟབ་མོས་སོ། །བྱང་སེའི་ལམ་ཤེས་དངོས་ཆོས་ཅན། སྟོང་ པ་ཉིད་སྟོང་པ་ཉིད་སོགས་ཀྱི་རྣམ་ཅན་ཡིན་ཏེ། སྟོང་ཉིད་དུ་ལྟ་བ་སོགས་མངོན་ཞེན་བརྒྱད་ བཀག་པའི་ལམ་བདེན་ཡིན་པས་སོ། །སོ་སོར་སྦྱར་རོ། །སྟོང་ཉིད་བརྒྱད་དང་ངོ༌། །ཇི་ལྟར་ (ཨཱརྱ་)གྱ་ནོམ་པའི་རྣམ་པ་ལ། བྱེད་པ་པོ་ (ཨཱརྱ་)འགོག་པ་གསུངས་ཏེ། ཐེག་ཆེན་འགོག་བདེན་ ཆོས་ཅན། རང་བཞིན་སྟོང་པ་ཉིད་ཀྱི་རྣམ་པར་གནས་ཏེ། བྱེ་བྲག་སྨྲ་བ་ (གསེར་)སོགས་གཞན་ གྱི་ཀུན་བརྟགས་པའི་བྱེད་པ་པོ་དབང་ཕྱུག་ཁྱབ་འཇུག་རྟག་པ་སོགས་སམ་གང་ཟག་དང་ ཆོས་བདག་རང་བཞིན་གྱིས་བཀག་པའི་ཆོས་ཉིད་ཡིན་པས་སོ། །ཡང་ན་ཀུན་བརྟགས་པ་ དྲི་མ་བདེན་དངོས་ལམ་གྱིས་མེད་པར་བྱེད་པོ་ཞེས་སྦྱར་རོ། །(འཕགས་པ་རྣམས་ཀྱིས་མ་མཛད་པས་ རང་བཞིན་སྟོང་ཞེས་ཨཱརྱའོ། ། ) རང་བཞིན་སྟོང་ཉིད་ཆོས་ཅན། གྱ་ནོམ་པའི་རྣམ་པ་ཡིན་ཏེ། བྱེད་པ་ པོའི་བདག་གམ་དྲི་མ་བདེན་དངོས་སོགས་ཀྱིས་དབེན་པའི་སྟོང་ཉིད་ཟབ་མོས་སོ། །ལམ་ ཤེས་ཆོས་ཅན། དེའི་རྣམ་པ་ཅན་ཡིན་ཏེ། དེ་འདྲའི་བྱེད་པོ་མེད་པར་མངོན་སུམ་དུ་རྟོགས་ ཞེས་སོགས་དགོང་ངོ༌། །སྟོང་ཉིད་གཅིག་དང་ངོ༌། །ཇི་ལྟར་ངེས་པར་འབྱུང་བའི་རྣམ་པ་ལ་ ཡུལ་དུ་འཁྲུལ་བའི་བདག་ཉིད་འགོག་པ་གསུམ་གསུངས་ཏེ་ཐེག་ཆེན་འགོག་བདེན་ཆོས་ ཅན། ཆོས་ཐམས་ཅད་སྟོང་ཉིད། རང་གི་མཚན་ཉིད་སྟོང་ཉིད། མ་དམིགས་པ་སྟོང་ཉིད་ཀྱི་ རྣམ་པར་གནས་ཏེ། བལྟ་བྱ་ལ་གཟུགས་ཞེས་སོགས་སུ་བཏགས་པར་འཁྲུལ་བ་དགག་པ་ དང༌། གཟུགས་སུ་རུང་བས་གཟུགས་ཞེས་སོགས་མཚན་ཉིད་དུ་འཁྲུལ་བ་དགག་པ་དང༌། 2-1-124 འདས་མ་འོངས་སོགས་དུས་སུ་འཁྲུལ་བ་དགག་གམ་བཀག་པའི་འགོག་བདེན་ཡིན་པས་ སོ། ། སོ་སོར་སྦྱར་རོ། །ཆོས་ཐམས་ཅད་སྟོང་ཉིད་སོགས་གསུམ་ཆོས་ཅན། ཇི་ལྟར་ (ཨཱརྱ་)ངེས་ པར་འབྱུང་བའི་རྣམ་པ་ཡིན་ཏེ། ཡུལ་སོགས་སུ་འཁྲུལ་བ་གསུམ་བཀག་པའི་སྟོང་ཉིད་ཟབ་ མོས་སོ། །ལམ་ཤེས་ཆོས་ཅན། སྟོང་ཉིད་དེ་གསུམ་གྱི་རྣམ་པ་ཅན་ཡིན་ཏེ། དེ་འདྲའི་འཁྲུལ་ ཞིང་ཞེན་པ་གསུམ་བཀག་པའི་ལམ་བདེན་ཡིན་པས་སོ། །སྟོང་ཉིད་གསུམ་དང་ངོ༌། །གང་ ངེས་ (ཨཱརྱ་དོན་)པར་འབྱུང་པའི་རྣམ་པ་ལ། རང་གི་ངོ་བོ་ (ཨཱརྱ་)ཉིད་འགོག་པ་གཅིག་གསུངས་ (ཨཱརྱ་)ཏེ། ཐེག་ཆེན་གྱི་འགོག་བདེན་ཆོས་ཅན། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ རྣམ་པར་གནས་ཏེ། ངེས་འབྱུང་གི་རྣམ་པ་དོན་དམ་པར་བདེན་པའི་ངོ་བོ་ཉིད་དགག་གམ་ བཀག་པའི་འགོག་བདེན་ཡིན་པས་སོ། །དེ་ཡང་ངེས་འབྱུང་གི་རྣམ་པ་ཆོས་ཅན། དོན་དམ་ པར་བདེན་པར་མེད་དེ། དོན་དམ་པར་དངོས་པོ་དངོས་མེད་རང་གཞན་གང་གི་ཡང་ངོ་བོར་ མེད་པས་སོ། །སྔ་མ་ཁྱབ་པ་ཡོད་དེ། ཁོ་ནའི་དོན། ངེས་འབྱུང་གི་རྣམ་པ་དོན་དམ་པར་བདེན་ པའི་ངོ་བོར་མེད་པའི་སྟོང་ཉིད་དེ་ཙམ་ལ་སྐབས་འདིར་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ ཉིད་དུ་བཞག་པས་སོ། །སྟོང་ཉིད་ཐ་མ་ཆོས་ཅན། གང་ངེས་པར་འབྱུང་བའི་རྣམ་པར་གནས་ ཏེ། ངེས་འབྱུང་གི་རྣམ་པ་ཁོ་ན་བདེན་པའི་ངོ་བོ་བཀག་པའི་སྟོང་ཉིད་ཟབ་མོ་ཡིན་པས་སོ། ། ལམ་ཤེས་ཆོས་ཅན། སྟོང་ཉིད་ཐ་མ་དེའི་རྣམ་པ་ཅན་ཏེ། ངེས་འབྱུང་གི་རྣམ་པ་ཉིད་བདེན་ པའི་ངོ་བོ་མེད་པར་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཡིན་པས་སོ། །སྟོང་ཉིད་ཀྱི་རྣམ་པ་ཐ་ མ་གཅིག་སྟེ། དེ་ལྟར་ན་འགོག་པའི་བདེན་པའི་རྣམ་པ་བཅུ་དྲུག་ཡོད་པ་ཡིན་ནོ། །གསུམ་པ་ ནི། སྤྱིར་བསྡོམས་ན་ལམ་ཤེས་ཉིད་ཀྱི་རྣམ་པ་སུམ་ཅུ་རྩ་དྲུག་ཡོད་པ་ཡིན་ནོ། ། གསུམ་པ་ལ། བསྟན། བཤད་དོ། །དང་པོ་ལ། སྔ་འགྲེལ་ནི། ལམ་ཤེས་ཀྱི་རྣམ་པ་ བཤད་པ་དེའི་འོག་ཏུ་རྣམ་མཁྱེན་གྱི་རྣམ་པ་འཆད་དོ། །རྩ་བ་ནི། བཞེད་ཅེས་དྲང་ངོ༌། །གང་ 2-1-125 དུ་ན། སུམ་ཅུ་བདུན་དང་སུམ་ཅུ་བཞི། །སུམ་ཅུ་རྩ་དགུ་དག་ཏུའོ། །དབྱེ་གཞི་གང་ལ་ཕྱེ་ ན་དེར་འགྱུར་ཟེར་ན། དྲན་པ་ཉེར་བཞག་ནས་བཟུང་སྟེ། ཡ་མཐའ་སངས་རྒྱས་རྣམ་པའི་ མཐར་ཐུག་པ་རྣམས་ལ་ནིའོ། །གང་ཟག་གང་གི་རྒྱུད་ལ་ཟེར་ན། གོ་རིམ་བཞིན་དུ་སློབ་མ་ ཉན་ཐོས་མཚོན་པ་སྟེ་ཐེག་དམན་པ་དང་བྱང་པ་དང་སངས་རྒྱས་རྣམས་ཀྱི་རྒྱུད་ལའོ། །གང་ གི་སྒོ་ནས་ན། ཐེག་པ་གསུམ་གྱི་ལམ་གྱི་བདེན་པ་གསུམ་ཡོད་པ་དང་རྗེས་སུ་མཐུན་པར་ སྟེ་ཇི་ལྟ་བ་བཞིན་དུ་ཀུན་མཁྱེན་གསུམ་དུ་ཕྱེ་བའི་སྒོ་ནས་སོ། །བུདྡྷ་ཤྲཱིའོ། །ཤེར་པ་འདི་ནི་ དྲན་པ་ཉེ་བར་བཞག་པའི་ཕ་རོལ་ཏུ་ཕྱིན་པའོ། །བཀའ་སྩལ་པ། ལུས་ཚོར་སེམས་ཆོས་ མི་དམིགས་པའི་ཕྱིར་རོ། །ཞེས་ནས། ཤེར་པ་འདི་ནི་སངས་རྒྱས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། ། བཀའ་སྩལ་པ། ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་སངས་རྒྱས་ པའི་ཕྱིར་རོའི་བར་རོ། །དེའི་སོ་བདུན་གཞི་ཤེས་ཀྱི། སོ་བཞི་ལམ་ཤེས་ཀྱི་རྣམ་པ་ཉིད་ཡིན་ ཞིང༌། རྣམ་མཁྱེན་གྱི་རྒྱུའི་རྣམ་པ་ཡིན་པས་རྣམ་མཁྱེན་གྱི་རྣམ་པར་བཞག་གོ །ཞེས་པཎྜི་ཏ་ ཁ་ཅིག་ཟེར་བར་ཆོས་བཤེས་སོ། །(རྣམ་པ་མདོར་བསྟན། ) གཞུང་དོན་ (འོག་ནས་ཀྱང་)དེར་གསལ་ ལོ། །ཡང་ན་སངས་རྒྱས་སའི་ཤེས་རྣམ་ཉིད་ལ་དྲན་པ་ཉེར་བཞག་ནས་བཟུང་སྟེ་སངས་རྒྱས་ རྣམ་པའི་མཐར་ཐུག་པ་རྣམས་ཏེ། བརྒྱ་དང་བཅུར་བཞེད་དོ། །ཇི་ལྟར་བྱས་པས་ཞེ་ན། རིམ་ བཞིན་དུ་སློབ་མ་རྣམས་ལ་སུམ་ཅུ་སོ་བདུན་ཡོད་པ་དང་རྗེས་སུ་མཐུན་པ་མཐར་ཕྱིན་པའི་ སོ་བདུན་དང༌། བྱང་པ་རྣམས་ལ་སུམ་ཅུ་སོ་བཞི་ཡོད་པ་དང་རྗེས་མཐུན་པ་མཐར་ཕྱིན་པའི་ སོ་བཞི་དང༌། སངས་རྒྱས་རྣམས་ལ་ཐུན་མོང་མིན་པར་ཡོད་པ་སྟོབས་སོགས་སུམ་ཅུ་རྩ་དགུ་ དག་ཏུ་བྱས་པས་སོ། །གང་གི་སྒོ་ནས་ན། ཐེག་པ་གསུམ་གྱི་ལམ་གྱི་བདེན་པ་གསུམ་ཡོད་པ་ དང་རྗེས་སུ་མཐུན་པར་ཏེ་ཆ་འདྲ་བར་བྱས་ཏེ། སངས་རྒྱས་ས་ལ་ཀུན་མཁྱེན་གསུམ་དུ་ཕྱེ་བ་ སྟེ་རྣམ་བཞག་བྱས་པའི་སྒོ་ནས་སོ་ཞེས་སྦྱར་རོ། །འགྲེལ་པར། དྲན་པ་ཉེ་བར་ཞེས་ནས། སྒོ་ 2-1-126 ནས་ཀྱི་བར་སྨོས་ཏེ། གྲངས་བཞིན་དུ། ནས། བཞེད་དོ་ཞེས་བྱ་བ་ཡིན་ནོ། །འོ་ན། སློབ་མའི་ སོ་བདུན་བྱང་པའི་སོ་བཞི་རྣམ་མཁྱེན་གྱི་རྣམ་པར་སྨོས་པ་མི་འཐད་དེ། སློབ་ལམ་ཡིན་པས་ སོ་ཞེ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་འཕགས་པའི་གང་ཟག་འོག་མ་དག་གི་ཡོན་ ཏན་ཐམས་ཅད་ཡོན་ཏན་ཡར་ལྡན་དུ་བསྡུས་པའི་ཕྱིར། སོ་བདུན་སོ་བཞི་དེའི་རྒྱུའི་རྣམ་པའོ་ ཞེས་སམ། (བུདྡྷ་ཤྲཱི་ཡང་དོན་དེའོ། ། ) བསྡུས་པའི་ཕྱིར་སོ་བདུན་སོ་བཞི་མཐར་ཐུག་པ་རྣམ་མཁྱེན་ གྱི་རྣམ་པར་བྱེད་དོ་ཞེས་སོགས་རྩ་བ་ལྟར་བསྙད་དོ། །རྒྱས་བཤད་ལ་གསུམ་སྟེ། གཞི་ཤེས་ སམ་རྗེས་མཐུན་པའི། ལམ་ཤེས་སམ་དེ་རྗེས་མཐུན་པའི། ཐུན་མོང་མིན་པ་རྣམ་མཁྱེན་གྱི་ རྣམ་པ་བཤད་པའོ། ། དང་པོ། མཁྱེན་གསུམ་གྱི་རྣམ་པ་གསུམ་ཡོད་པ་དེ་ལ་ཐམས་ཅད་ཤེས་པ་ཉིད་ཀྱི་དབང་ དུ་བྱས་པའི་རྣམ་པ་དངོས་མཛོད་སོགས་ལས་ཤེས་པར་བྱ་ཞིང་འདིར་དེ་དང་ཆ་འདྲ་བ་བྱང་ སེ་དང་སངས་རྒྱས་ཀྱི་སོ་བདུན་སོ་བདུན་ལས་བྱང་སེའི་ལ་ལམ་བདུན་ཏེ། དངོས་པོ་ལ་ (ཀུན་ བཏུས་དངོས། )ཡོངས་སུ་རྟོག་པའི། རྩོལ་བ་ལས་བྱུང་བའི། ཏིང་ངེ་འཛིན་ཡོངས་སུ་སྦྱོང་བའི། མངོན་པར་རྟོགས་པ་ལ་སྦྱོར་བའི། མངོན་པར་རྟོགས་པ་དང་འབྲེལ་བའི། མངོན་པར་རྟོགས་ པའི། རྣམ་པར་དག་པར་ངེས་པར་འབྱིན་པའི་ལམ་མོ། །དང་པོར་ལུས་སོགས་ཀྱི་དངོས་པོ་ ལ་ཡོངས་སུ་རྟོག་པའི་ལམ་ལ་དྲན་པ་ཉེ་བར་བཞག་པ་བཞི་སྟེ། འདི་རྣམས་ཐམས་ཅད་ཀུན་ བཏུས་ལྟར་ཕལ་ཆེར་བཤད་ན། དམིགས་པ་དང༌། ངོ་བོ་དང༌། གྲོགས་དང༌། བསྒོམ་པ་དང༌། བསྒོམས་པའི་འབྲས་བུའོ། །དང་པོ་ནི། བྱིས་པ་རྣམས་བདག་གི་རྟེན་ནམ་གནས་སུ་རྟོག་པའི་ གཞི་ལུས་དང༌། བདག་གི་ལོངས་སྤྱོད་དུ་རྟོག་པའི་གཞི་ཚོར་བ་དང༌། བདག་གི་ངོ་ (ཀུན་)བོར་ རྟོག་པའི་གཞི་སེམས་དང༌། བདག་ཀུན་ནས་ཉོན་མོངས་པར་དང་རྣམ་བྱང་ (ཀུན་)དུ་འགྱུར་ བར་འཁྲུལ་གཞི་དད་སོགས་དགེ་བ་དང༌། ཆགས་སོགས་ཉོན་མོངས་པའི་ཆོས་རྣམས་སོ། 2-1-127 ། (ཀུན་བཏུས་བཞིན། ) གཉིས་པ་ནི། ངོ་བོ་ཤེས་རབ་དང་དྲན་པ་ (ཀུན་བཏུས་དངོས་)མཚུངས་ལྡན་ནམ་ དྲན་པ་དང་ལྡན་པའི་ཤེས་རབ་གཙོ་ཆེ་སྟེ། མཛོད་དུ། དྲན་པ་ཉེར་བཞག་ཤེས་རབ་སྟེ། །ཞེས་ སོ། །འདི་ལ་མཚན་ཉིད་ནི། བདེན་པ་བཞི་ལ་འཇུག་པར་བྱ་བའི་ཕྱིར་དངོས་པོ་ལ་ལེགས་ པར་རྟོག་པའི་ཤེས་རབ་དང་དྲན་པ་མཚུངས་ལྡན་གཙོ་བོར་གྱུར་པའོ། །ཇི་ལྟར་འཇུག་ན་རང་ ཉིད་ལུས་གནས་ངན་ལེན་འདུ་བྱེད་ཀྱི་ཕུང་བོ་ཤེས་པས་སྡུག་བསྔལ་གྱི་མཚན་ཉིད་ཤེས། ཀུན་འབྱུང་གི་གཙོ་བོ་སྲེད་པ། དེའི་རྒྱུ་ཟག་བཅས་ཀྱི་ཚོར་བ་སྡུག་བསྔལ་དུ་ཤེས་པས་ཀུན་ འབྱུང་སྤོང་ (དོན་ཐོབ་)བདག་ (དབྱིག་)འཛིན་གྱི་གཞི་སེམས་སྐྱེ་ (བློ་བརྟན་)འཇིག་ཅན་དུ་ཤེས་པས་ བདག་ཏུ་མངོན་ཞེན་ལྡོག་ (བློ་བརྟན་དངོས་)ཅིང་འཁོར་བའི་སེམས་འདི་སྡུག་བསྔལ་དུ་ཤེས་ པས་བདག་ (དབྱིག་)ཆད་པའི་འཇིགས་པས་མྱང་འདས་ལ་སྐྲག་ (རྒྱལ་བའི་སྲས་)པ་མེད་པས་སྡུག་ བསྔལ་འགོག་པའི་ཕྱིར་ (བློ་བརྟན་)འགོག་བདེན་ལ་ཞི་བ་ཉིད་དུ་ (བློ་བརྟན་)འཇུག་གམ་མངོན་དུ་ བྱེད། ཀུན་བྱང་གི་ཆོས་ཆགས་སྡང་སོགས་དང་མི་སྡུག་པ་དང༌། བྱམས་ (བློ་བརྟན་)སོགས་སྤང་ གཉེན་ (བློ་)དུ་ཤེས་ནས་བླང་དོར་ལ་མ་རྨོངས་པའི་ཕྱིར་སྐྱོན་ཐམས་ཅད་ (བློ་)སྤོང་བའི་ཐབས་ ལམ་བདེན་ལ་མངོན་དུ་ཕྱོགས་སམ་བསྒོམས་པ་སྟེ། དབུས་མཐར། གནས་ངན་ལེན་ཕྱིར་ སྲེད་རྒྱུའི་ཕྱིར། །གཞི་ཡི་ཕྱིར་དང་མ་རྨོངས་ཕྱིར། །བདེན་པ་བཞི་ལ་འཇུག་བྱ་བས། །དྲན་ པ་ཉེ་བར་བཞག་པ་བསྒོམ། །ཞེས་སོ། །མཚོན་བྱའི་སྒྲ་དོན་ནོ། དབྱིག་གཉེན་ནི། ཤེས་རབ་ འདིས་དྲན་པ་ཉེ་བར་འཇོག་པས་དྲན་པ་ཉེར་གཞག་སྟེ། ཇི་ལྟར་འཇོག་ན། ཤེས་རབ་ཀྱིས་ དོན་ཇི་ལྟར་མཐོང་བ་བཞིན་དུ་དྲན་པས་མངོན་དུ་འཛིན་པའི་ཕྱིར་རོ། །ཞེས་དང༌། བྱེ་བྲག་ སྨྲ་བ་ནི། ཤིང་གཤེག་པ་ཁྱེའུས་ (ཤིང་གས་པའི་བར་དུ་འཛུད་པའི་དངོས་པོ་ལ་ཟེར། )འཛིན་པ་ལྟར་དྲན་ པའི་སྟོབས་བསྐྱེད་པས་ཤེས་རབ་དམིགས་པ་ལ་འཇུག་པས་དེ་སྐད་དོ། །ཞེས་སོ། །(གཉིས་ཀ མཛོད་དུ་བཤད། ) མཚན་གཞིའི་དབྱེ་བ་ལ། ལུས་གཙང་ (ཨཱརྱ་སོགས་) ཚོར་བ་ (ཨཱརྱ་)བདེ། སེམས་ 2-1-128 རྟག་ (ཨཱརྱ་)ཆོས་བདག་ཏུ་ (ཨཱརྱ་སོགས་)ཕྱིན་ཅི་ལོག་བཞིའི་གཉེན་པོར་ལུས་ཚོར་སེམས་ཆོས་ དྲན་པ་ཉེར་བཞག་བཞིར་ངེས་སོ། །དེ་ཡང་འདིར་ཚོགས་ལམ་ཆུང་ངུ་ནས་ས་བཅུའི་བར་རོ། ། སྤྱིར་སངས་རྒྱས་ལ་ཡང་ངོ༌། །གསུམ་པ་ནི། དེ་དང་མཚུངས་ལྡན་གྱི་སེམས་ (ཡིད་ཤེས་དང་) སེམས་བྱུང་ (ཀུན་འགྲོ་ལྔ་སོགས་སོ། ། )ངོ༌། །(ཀུན་བཏུས་དངོས། ) བཞི་པ་ལ། ཐེག་པ་ཐུན་མོང་གི ཆེན་ པོའི་ལུགས་སོ། །དང་པོ་ལ། སྤྱིར་བསྟན། གཉེན་པོ་བསྒོམ་པ་བྱེ་བྲག་ཏུ་བཤད་པའོ། །དང་ པོ་ནི། ནང་དང་ཕྱི་དང་གཉིས་ཀའི་ལུས་ཚོར་སེམས་ཆོས་རྣམས་ལ་ལུས་ཚོར་སེམས་ཆོས་ཀྱི་ རྗེས་སུ་བལྟ་བ་ཞེས་མདོ་ལས་ཏེ། ནང་གི་ལུས་ནི་དབང་བོ་གཟུགས་ཅན་ལྔའོ། །ཕྱིའི་ལུས་ ནི་ཕྱི་རོལ་གྱི་ཡུལ་ལྔའོ། །(ཀུན་བཏུས། )གཉིས་ཀའི་ལུས་ནི་རང་གི་དབང་རྟེན་གྱི་ཕྱིའི་སྐྱེ་མཆེད་ རྣམས་དང་གཞན་རྒྱུད་ཀྱི་དབང་བོ་གཟུགས་ཅན་ནོ། །(ཀུན་བཏུས། ) ལུས་ལ་ལུས་ཀྱི་རྗེས་སུ་ ལྟ་བ་ནི་ (ལུས་ལ་སོགས་པའི་ཆོས་ཉིད་ལ་ལྟ་བའོ། །ཞེས་དག་ལྡན། )རྣམ་པར་རྟོག་པའི་གཟུགས་བརྙན་ (ཀུན་ བཏུས། )གྱི་ལུས་དུར་ཁྲོད་ཀྱི་རོ་བམ་པ་རུལ་བ་སོགས་མཐོང་ཞིང་དེར་ཡིད་ལ་བྱས་པ་དང་ བདག་གི་ལུས་འདི་ (མངལ་དུ་ཁུ་བ་ཁྲག་གི་གནས་སྐབས་ནས། )ཡང་ (མི་རྟག་པ་)འདི་ལྟ་བུའི་ཆོས་ཅན། (གསོན་པའི་སྐབས་ན་ཡང་མི་རྟག་པ་)འདི་ (གནོད་འཇོམས་སུ་འདས་མ་འོངས་ད་ལྟར་བ་གསུམ་ལ་སྦྱར་རོ། ། )ལྟ་བུའི་ རང་བཞིན་ཅན་ (ཤི་ནས་མེས་སྲེག་ཏེ་ཐལ་བར་བྱས་པ་སོགས་སུ་ཡང་གསར་དུ་མི་རྟག་པ་མིན་གྱི་སྔར་ནས་མི་རྟག་པའི་ )ཆོས་ (ཨཱརྱ་)ཉིད་འདི་ལས་མ་འདས་པའོ། །(ཨཱརྱའི་དགོངས་པའོ། ། ) ཞེས་འདོད་པའི་ཐ་མལ་གྱི་ཕྱི་ ལུས་མངལ་སྐྱེས་སོགས་འདིའི་རང་གི་མཚན་ཉིད་མི་ (ཨཱརྱ་)གཙང་ཞིང་སྤྱིའི་མཚན་ཉིད་ཀྱིས་ དབུ་བ་གདོས་པ་ལྟ་བུའམ་དེ་བདག་མེད་པར་མཉམ་པ་ཉིད་དུ་ལྟའོ། །ནང་གི་ཚོར་བ་ནང་གི་ ལུས་ལ་བརྟེན་ཅིང་ (རྒྱལ་སྲས་)དམིགས་ནས་བྱུང་བའིའོ། །ཕྱིའི་ཚོར་བ་ཕྱིའི་ལུས་ལ་བརྟེན་ཅིང་ དམིགས་པ། གཉིས་ཀའི་ཚོར་བ་གཉིས་ཀའི་ལུས་ལ་བརྟེན་ཅིང་དམིགས་ནས་བྱུང་བའི་ཚོར་ བའོ། །(ཀུན་བཏུས། )དེ་བཞིན་དུ་སེམས་རྣམ་ཤེས་དང༌། ཆོས་སེམས་ (དག་ལྡན་)བྱུང་དགེ་མི་ (དག་ 2-1-129 ལྡན་དངོས་)དགེ་རྣམས་སོ། །ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བ་བཞིན་ཚོར་བ་ལ་ཚོར་བའི་རྗེས་སུ་ ལྟ་བ་སོགས་ཅི་རིགས་ (ཀུན་བཏུས་)སུ་སྦྱར་ཏེ། ཟག་བཅས་ཀྱི་ཚོར་བ་རང་གི་མཚན་ཉིད་སྡུག་ བསྔལ། སེམས་རྣམ་ཤེས་ཀྱི་རང་མཚན་རང་སྟོབས་ཀྱིས་ཡུལ་སོ་སོར་རྣམ་པར་རིག་པའི་མི་ རྟག་པ། ཆོས་སེམས་བྱུང་དགེ་བའི་རང་མཚན་མི་དགེ་བའི་གཉེན་པོར་བླང་བྱ། སེམས་བྱུང་ མི་དགེ་བའི་རང་མཚན་འབད་པས་དོར་བྱ་ཡིན་པ་སོགས། སྤྱིའི་མཚན་ཉིད་ཀྱིས་བརྟགས་ན་ གཅིག་དང་ཐ་དད་ཀྱི་བདག་མེད་པར་བལྟ་བའོ། །དབུ་མ་པ་ལྟར་ན། སྤྱི་མཚན་གྱིས་བདེན་ པར་མི་དམིགས་པ་སྟེ། མཚན་ཉིད་གཉིས་བསྡོམས་ཏེ་བལྟ་བ་ནི། ཨཱརྱས། བདེན་པར་མི་ དམིགས་པའི་སྒོ་ནས། མི་གཙང་བར་ལྟ་བ། ཞེས་སོགས་བཤད་དོ། ། གཉིས་པ་ནི། ཉེ་བའི་ཉོན་མོངས་ (ཀུན་བཏུས་)དགུའི་གཉེན་པོ་དགུ་སྟེ། ཡིད་ལ་མི་བྱེད་ པའི་གཉེན་པོར་འདུན་པ། ལེ་ལོའི་གཉེན་པོར་བརྩོན་འགྲུས། བྱིང་རྒོད་ཀྱི་གཉེན་པོར་རྩོལ་ བ། (ཁྱད་པར་ཐོབ་པ་ལ་སྒྱིད་ལུགས་པ་)ཞུམ་པའི་གཉེན་པོར་སྤྲོ་བ། (སྦྲང་བུ་ཤ་སྦྲང་ལ་སོགས་པའི། ) ནོད་ པས་སྐྱོ་བའི་ (སྟེ་མ་བཟོད་པའི་རྒྱལ་སྲས་སོ། ། )གཉེན་པོར་མ་ཐན་པ་ (ནི་མི་སྐྱོ་བའི་བརྡ་རྙིང་སྟེ་གནོད་པ་ལ་ཇི་ མི་སྙམ་པའོ། །དགེ་བ་)ཅུང་ཟད་ཙམ་གྱིས་ཆོག་པར་འཛིན་ (པས་ཕྱིར་བཟློག་པའོ་རྒྱལ་སྲས། )པའི་གཉེན་ པོར་ཕྱིར་ནུར་བ་མེད་པ། གདམས་ངག་བརྗེད་པའི་གཉེན་པོར་དྲན་པ། ལྟུང་བས་ཡིད་ལ་ བཅགས་པའི་ (ནི་འགྲོ་སོགས་མ་ཤེས་བཞིན་མེད་པར་སྤྱོད་པ་སྟེ་བསྔར་བསླབ་པ་དང་འགལ་ནས་ཕྱིས་འགྱོད་པའོ། །རྒྱལ་ སྲས་སོ། ། )གཉེན་པོར་ཤེས་བཞིན། བརྩོན་པ་འདོར་བའི་ (ནི་བག་མེད་པའི་ཉེས་པས་དགེ་བའི་ཕྱོགས་ཇི་ལྟར་ བརྩོམས་པ་ལས་སྦྱོར་བ་མཐར་མི་འབྱིན་པའོ། །ཞེས་རྒྱལ་སྲས་སོ། ། )གཉེན་པོར་བག་ཡོད་བསྒོམ་མོ། །(ཀུན་ བཏུས་དོན་དངོས། )གཉིས་པ་ནི། རྣམ་པ་བཅུ་བཞིས་འཕགས་པ་སྟེ། མདོ་རྒྱན་ལས་ཤེས་པར་བྱ་ ཞིང་མང་དུ་དོགས་པས་མ་བཀོད་དོ། ། ལྔ་པ་ནི། གཙང་བདེ་རྟག་བདག་ཏུ་འཛིན་པའི་ (མཛོད་)ཕྱིན་ཅི་ (ཀུན་)ལོག་སྤོང་བ་དང༌། (སྔར་ 2-1-130 བཤད་ལྟར་འགྲེལ་པར་)བདེན་པ་བཞི་ལ་འཇུག་པ་ (ཀུན་)དང་ཟག་བཅས་ཀྱི་ལུས་ (ཀུན་)ཚོར་སོགས་ དང་བྲལ་བ་ཐོབ་པོ། །དེ་ལྟར་ན་དེ་འདྲའི་རྣམ་པ་བཞི་ནི་སོ་བདུན་གྱི་གྲངས་སུ་བགྲང་ རྒྱུའོ། །ཚོགས་ལམ་ཆུང་ངུ་བའི་བྱང་སེ་དབང་རྣོན་གྱི་དྲན་པ་ཉེར་བཞག་ཆོས་ཅན། དངོས་ པོ་ལ་ཡོངས་སུ་རྟོག་པའི་ལམ་ཡིན་ཏེ། ལུས་ཚོར་སེམས་ཆོས་ལ་རང་སྤྱིའི་མཚན་ཉིད་ཀྱིས་ བརྟགས་ནས་བསྒོམ་པའི་ཚོགས་ལམ་ཡིན་པས་སོ། །རང་གཞན་གྱི་ལུས་ལ་རང་སྤྱིའི་མཚན་ ཉིད་ཀྱིས་བརྟགས་ནས་བསྒོམ་པའི་བྱང་སེ་ཚོགས་ལམ་ཆུང་ངུ་བའི་དྲན་པ་ཉེར་བཞག་ཆོས་ ཅན། ལུས་དྲན་པ་ཉེར་བཞག་སྟེ། རང་གཞན་གྱི་ལུས་ལ་རང་སྤྱིའི་མཚན་ཉིད་ཀྱིས་བརྟགས་ ནས་བསྒོམ་པའི་དྲན་པ་ཉེར་བཞག་ཡིན་པས་སོ། །དངོས་པོ་ལ་རྟོག་བའི་ལམ་རྣམས་ཆོས་ ཅན། བཞི་ཡོད་ཅེས་སོགས་དགོད་དོ། ། གཉིས་པ། སྒྲིབ་པ་སྤང་ཞིང་དགེ་བ་འཕེལ་བའི་དོན་དུ་རྩོལ་བ་བསྐྱེད་པ་ (གསེར་)ལས་ བྱུང་བའི་ལམ་ལ་ཡང་དག་པར་སྤོང་བ་བཞི་སྟེ། འདི་ལའང་སྔར་བཞིན་ལྔ་ལས། དང་པོ་ ནི། མི་དགེ་བ་སྐྱེས་མ་སྐྱེས་དང༌། དགེ་བ་སྐྱེས་མ་སྐྱེས་སོ། །(ཀུན་བཏུས་དོན་དངོས། ) གཉིས་པ་ ནི་བརྩོན་འགྲུས་ཏེ་ (ཀུན་མཛོད་)འདི་ལ་མཚན་ཉིད་ནི། དྲན་པ་ཉེར་བཞག་བསྒོམས་པས་སྤང་ གཉེན་ཤེས་ནས་དེ་གཉིས་ལ་བླང་དོར་བྱ་བའི་ཕྱིར་ཉེས་པའི་གཉེན་པོར་བསྒོམ་པའི་བརྩོན་ འགྲུས་སོ། །བརྟན་པ་རྣམས་ཀྱི་ཡང་དག་སྤོང༌། །ལུས་ཅན་ཀུན་དང་མཚུངས་པ་མེད། །དྲན་ པ་ཉེ་བར་བཞག་པ་ཡི། །ཉེས་པ་རྣམས་ཀྱི་གཉེན་པོར་བསྒོམས། །ཞེས་དང༌། དབུས་མཐར། མི་མཐུན་ཕྱོགས་དང་གཉེན་པོ་རྣམས། །རྣམ་པ་ཐམས་ཅད་ཡོངས་ཤེས་ནས། །དེ་དག་སྤང་ ཕྱིར་བརྩོན་འགྲུས་ནི། །རྣམ་པ་བཞི་དག་རབ་ཏུ་འབྱུང༌། །ཞེས་སོ། །མཚོན་བྱ་ནི། མི་དགེ་བ་ ཡང་དག་པར་སྤོང་བས་དེ་སྐད་དོ། །(དགེ་བ་སྐྱེད་སོགས་ཡང་མི་དགེ་བ་སྤོང་བ་ཡིན་ནོ། ། ) མཚན་གཞི་ལ། དབྱེ་བ་དང༌། ས་མཚམས་སོ། །དང་པོ། དྲན་པ་ཉེར་བཞག་བསྒོམས་པ་དེའི་འོག་ཏུ་དངོས་པོ་ 2-1-131 ལ་ (ཨརྱ་)བརྟགས་ནས་ཞུགས་པ་ལ་སྒྲིབ་པ་སྤོང་བའི་ (ཨརྱ་)བརྩོན་འགྲུས་འབྱུང་བས། དེ་ཙམ་ ཞིག་དབྱེ་གཞིའོ། །དབྱེ་ངོ༌། མི་དགེ་བ་སྐྱེས་པ་ཡང་དག་པར་སྤོང་བའི་རྒྱུའི་བརྩོན་འགྲུས། མ་སྐྱེས་པ་མི་བསྐྱེད་པའི་རྒྱུའི་བརྩོན་འགྲུས། གོ་རིམ་བཞིན་དུ་དགེ་བ་སྐྱེས་པ་འཕེལ་བའི་ རྒྱུའི་བརྩོན་འགྲུས། མ་སྐྱེས་པ་བསྐྱེད་པའི་རྒྱུའི་བརྩོན་འགྲུས་བཞིའོ། །གཅིག་གམ་ཐ་དད་ ནི། ངོ་བོ་གཅིག་པ་སྟེ་སྡིག་པ་སྐྱེས་པ་སྤོང་བའང་དགེ་བ་བསྐྱེད་པ་ཡིན་པ་སོགས་སོ། ། གྲངས་ངེས་ནི། སྡིག་པའི་གཉེན་པོ་སྟོབས་བཞིར་ངེས་པ་ལས་ཏེ། སྡིག་པ་བྱས་པ་ལ་ འགྱོད་སེམས་དུག་འཐུངས་བ་ལྟར་ཡིད་ལ་བྱེད་པ་རྣམ་པར་སུན་འབྱིན་པའི་སྟོབས། ད་ ཕྱིན་ཆད་སྲོག་གི་ཕྱིར་ཡང་མི་བྱ་སྙམ་ནས་སྤོང་བ་ཉེས་པ་ལས་སླར་ལྡོག་པའི་སྟོབས་ཏེ། དེ་ གཉིས་ལས་དང་པོ་གཉིས་སུ་ངེས། སྡིག་པ་བྱས་རྗེས་སུ་སྔར་བླངས་པའི་གསུམ་ལ་སྐྱབས་ སུ་འགྲོ་བ་སོགས་མངོན་དུ་བྱེད་ན་རྟེན་གྱི་སྟོབས། དེའི་གཉེན་པོ་བདག་མེད་བསྒོམ་པ་དང་ སྡིག་བཤགས་འབད་ནས་བྱེད་སོགས་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ཏེ། དེ་གཉིས་ལས་ ཕྱི་མ་གཉིས་སུ་ངེས་སོ། །གཉིས་པ་ནི། འདིར་བྱང་སེའི་ནི་ལམ་བཞི་ནའོ། །སྤྱིར་ཚོགས་ ལམ་འབྲིང་ནས་སངས་རྒྱས་བར་ནའོ། །གསུམ་པ་ནི། དེ་དག་དང་མཚུངས་ལྡན་གྱི་སེམས་ དང་སེམས་བྱུང་ངོ༌། །བཞི་པ་ནི། མདོར། སྡིག་པ་ (མདོ་རྒྱན་འགྲེལ་པ་དང༌། བློ་བརྟན་གྱིས་དབུས་མཐའི་ འགྲེལ་པར་དྲངས། )སྐྱེས་པ་སྤང་བའི་ཕྱིར་འདུན་པ་བསྐྱེད་ (པ་ནི་གོ་ཆས་བརྩོན་འགྲུས་སོ། ། )དོ། །འབད་ (པ་ ནི་སྦྱོར་བའི་བརྩོན་འགྲུས་སོ། ། )དོ། །བརྩོན་འགྲུས་རྩོམ་ (པ་ནི་མི་སྐྱོ་བའི་བརྩོན་འགྲུས་སོ། ། )མོ། །སེམས་རབ་ ཏུ་འཛིན་ (པ་དང༌། )ཏོ། །ཡང་དག་པར་རབ་ (མདོ་ཨཱརྱ་བློ་བརྟན་)ཏུ་འཇོག་ (པ་ནི་ཐབས་ཀྱི་བརྩོན་འགྲུས་སོ། ། ) གོ །(དེ་ལ་ཞུམ་པ་ལས་སེམས་རབ་ཏུ་འཛིན་ཏོ། ། རྒོད་པ་ལ་སེམས་ཡང་དག་པར་འཇོག་གོ །གནོད་འཇོམས་དག་ཟླ་གསུམ། ) གཞན་གསུམ་ལའང་སྦྱར་ཏེ་གསུངས་སོ། །དེ་ཡང་ (བརྩོན་པའི་)དང་བོར་ (སྡིག་པ་སྤང་དགེ་བ་བསྐྱེད་ སོགས་)བྱེད་འདོད་པའི་འདུན་པ་བསྐྱེད་དོ། །(བརྩོན་པའི་རྒྱུ་ཡིན་པས་སོ། ། ) དེ་ལ་བརྟེན་ནས་ཞི་ལྷག་ 2-1-132 སོགས་ (མདོ་རྒྱན་འགྲེལ་པ། )གཉེན་པོ་བསྒོམ་ (རྒྱལ་སྲས་)པ་འབད་པའོ། །(བརྩོན་འགྲུས་ཞེས་ཀུན་བཏུས། ) དེ་ཡང་ (རྩེ་གཅིག་པའི་)ཞི་གནས་ (དབྱིག་)དང༌། (དམིག་པ་གསལ་བ་ལ། ) རབ་ཏུ་འཛིན་པ་ (ཤེས་རབ་ལྷག་ མཐོང་)དང་ (འདུ་བྱེད་)བཏང་སྙོམས་ཀྱི་ (གཞི་མཐུན་གྱི་སྒྲའོ། ། )རྒྱུ་མཚན་ (མདོ། རྒྱན་འགྲེལ་)དང་བཅས་ པར་བསྒོམས་ཏེ། ཞི་གནས་ (དབྱིག་)དང་རབ་ཏུ་འཛིན་པས་ (དབྱིག་)ཉེ་ཉོན་ཞུམ་ (ཀུན་བཏུས་)རྒོད་ ཀྱི་གཉེན་པོར་བརྩོན་ (ཀུན་བཏུས་)འགྲུས་རྩོམ་མོ། །ཇི་ལྟར་རྩོམ་ (དབྱིག་)ན། ཤེས་རབ་ཀྱིས་ རབ་ཏུ་འཛིན། ཞི་གནས་ཀྱིས་ཡང་དག་པར་འཇོག་གོ །མཉམ་པ་ཐོབ་ནས་བཏང་སྙོམས་ སུ་འཇོག་གོ །ཨཱརྱས་ནི། ཚུལ་བཞིན་ཡིད་ལ་བྱེད་པའི་དབང་དུ་བྱས་ནས་འདུན་པ་བསྐྱེད་ དོ། །དེ་མི་སྤོང་བ་དང་ཚུལ་བཞིན་སོ་སོར་རྟོག་པའི་དབང་དུ་བྱས་ནས་ཚིག་གཉིས་གཉིས་ སོ་ཞེས་སོ། །དགེ་མི་དགེ་ནི་སྤྱིར་དགེ་བ་བཅུ་མི་དགེ་བཅུའོ། །འདུན་པ་ལ་ནི་བརྟེན་ནས་སུ། ། རྣལ་འབྱོར་རྒྱུ་མཚན་བཅས་བསྒོམ་པ། །ཡང་དག་སྤོང་བ་ཐམས་ཅད་ལ། །གཉེན་པོ་ཞེས་ ནི་ངེས་པར་བརྗོད། །ཅེས་སོ། །བསྒོམ་པའི་དབྱེ་བ་རྒྱན་ལས་རྟོགས་པར་བྱའོ། །བཞི་བོ་དེ་ ཆོས་ཅན། རྩོལ་བ་ལས་བྱུང་བའི་ལམ་ཡིན་ཏེ། སྒྲིབ་པ་སྤོང་ཞིང་དགེ་བ་བསྐྱེད་པའི་དོན་དུ་ བརྩོན་འགྲུས་རྩོམ་པའི་ལམ་ཡིན་པས་སོ། །དེའི་རྣམ་པ་བཞི་བོ་སོ་བདུན་ལ་བགྲང་རྒྱུའོ། ། ཞེས་སྦྱར་རོ། །ལྔ་པ་ནི། དང་པོ་ (རྒྱལ་སྲས་)གཉིས་ཀྱིས་ནི་མི་མཐུན་ཕྱོགས་ (ཀུན་)མ་ལུས་པར་ (མི་དགེ་བ་སྐྱེས་མ་སྐྱེས་ཉམས། རྒྱལ་སྲས་)སྤངས་པ་དང༌། གསུམ་པའི་གཉེན་པོ་ (དགེ་ཆོས་)འཕེལ། (བས་ སམ་སྤངས་པར་བྱེད། ) བཞི་པས་གཉེན་པོ་དགེ་བའི་ཆོས་མ་ཐོབ་པ་ཐོབ་པར་བྱེད་ (མ་སྐྱེ་བ་བསྐྱེད་)དོ། ། རྒྱལ་སྲས་སུ་ཐ་མ་གཉིས་གོ་བཟློག་པ་ནི་འགྱུར་སྐྱོན་ནོ། ། གསུམ་པ་ནི། བྱང་སེམས་ཚོགས་ལམ་ཆེན་པོའི་རྫུ་འཕྲུལ་རྐང་བ་བཞི་ཆོས་ཅན། ཏིང་ ངེ་འཛིན་ཡོངས་སུ་སྦྱོང་བའི་ལམ་ཡིན་ཏེ། སྒྲིབ་པ་སྤང་བའི་དོན་དུ་བརྩོན་འགྲུས་བརྩམས་ པས་ཏིང་ངེ་འཛིན་གྱིས་སེམས་ལས་སུ་རུང་བའི་རྩེ་གཅིག་པ་ཡིན་པས་སོ། །དེ་ལ་རྫུ་འཕྲུལ་ 2-1-133 རྐང་བཞི་སྟེ། སྔར་བཞིན་ལྔ་ལས། དང་པོ་ནི། ཏིང་ངེ་འཛིན་གྱིས་གྲུབ་པའི་ (ཀུན་)རྫུ་འཕྲུལ་ ལ་སོགས་པའི་ (རྒྱལ་སྲས་)བྱ་བའོ། །གཉིས་པ་ནི། ཏིང་ངེ་འཛིན་ཏེ། ངོ་བོ་ཉིད་ནི་ཏིང་ངེ་འཛིན་ ཏོ། །(ཀུན་བཏུས་མཛོད། ) ཞེས་ཀུན་བཏུས་སུའོ། །མཛོད་དུ། རྗུ་འཕྲུལ་རྐང་བ་ཏིང་ངེ་འཛིན། ། ཞེས་སོ། །འདི་ལ་མཚན་ཉིད་ནི། རང་གི་བདག་རྐྱེན་སྤོང་བའི་འདུ་བྱེད་བརྟེན་པ་ལས་བྱུང་ བའི་སེམས་གནས་པ་ལས་སུ་རུང་བའི་ཏིང་ངེ་འཛིན་ནོ། །དབུས་མཐར། དེར་གནས་ལས་ སུ་རུང་བ་ཉིད། །(མངོན་ཤེས་སོགས་)དོན་རྣམས་ཐམས་ཅད་འབྱོར་བར་འགྱུར། །ཉེས་པ་ལྔ་ སྤོང་འདུ་བྱེད་བརྒྱད། །བརྟེན་པའི་རྒྱུ་ལས་བྱུང་བའོ། །ཞེས་སོ། །མཚོན་བྱའི་སྒྲ་བཤད་ན། མངོན་ (དབུས་མཐའི་འགྲེལ་བཤད་དངོས། )ཤེས་ལ་སོགས་པ་དོན་ཐམས་ཅད་འགྲུབ་པར་བྱེད་པ་ནི་ རྫུ་འཕྲུལ་ལོ། །དེའི་གནས་ཡིན་པས་རྫུ་འཕྲུལ་གྱི་རྐང་བ་ཞེས་བྱ་སྟེ་རྒྱུ་ཞེས་པའི་ཐ་ཚིག་གོ ། ཞེས་བློ་བརྟན་ནོ། །རྫུ་འཕྲུལ་གྱི་རྟེན་ཡིན་པ་སྟེ་འདི་དག་གི་སྟོབས་ཀྱི་ (ནམ་མཁའ་ལ་འགྲོ་སོགས་ )རྫུ་འཕྲུལ་བྱེད་པའི་ཕྱིར། ཞེས་གསེར་རོ། །(ཨཱརྱས། ཡོན་ཏན་རྣམ་པ་སྣ་ཚོགས་འགྲུབ་པའི་རྐང་བ་སྟེ་ཡན་ ལག་ཡིན་པས་རྫུ་འཕྲུལ་གྱི་རྐང་བའོ། །ཞེས་བློ་བརྟན་དང་མཐུན་ནོ། །རྫུ་འཕྲུལ་ནི་འཇིག་རྟེན་ལས་འདས་པའི་ཆོས། རྐང་བ་ ནི་གཞི་དང་གནས་སུ་གྱུར་པའི་ཕྱིར། ཞེས་གནོད་འཇོམས་དག་ཟླ་གསུམ། ) མཚན་གཞི་ལ། དབྱེ་བ་དང༌། (དང་ པོ་བློ་བརྟན་ཡང༌། ) ས་མཚམས་སོ། །དང་པོ་ནི། སྒྲིབ་པ་སྤོང་བའི་བརྩོན་འགྲུས་དང་ལྡན་པ་ནི་ ཏིང་ངེ་འཛིན་གྱིས་སེམས་ལས་སུ་རུང་བ་ཉིད་དུ་བྱེད་པས། དེར་བྱེད་པའི་རྫུ་འཕྲུལ་རྐང་ བ་དབྱེ་གཞིའོ། །གསལ་བའི་དབྱེ་བ་ནི། བྱང་སེ་ཚོགས་ལམ་ཆེན་པོ་དབང་རྣོན་གྱི་རྒྱུད་ཀྱི་ གུས་སྦྱོར་དང་འདུན་པ་བསྐྱེད་པ་ལ་བརྟེན་ནས་སེམས་རྩེ་གཅིག་པ་ཉིད་ལ་རེག་པའི་ཏིང་ ངེ་འཛིན་ཆོས་ཅན། འདུན་པའི་ཏིང་ངེ་འཛིན་རྫུ་འཕྲུལ་གྱི་རྐང་བ་ཡིན་ཏེ། གུས་སྦྱོར་དང་ འདུན་པ་བསྐྱེད་པ་ལ་བརྟེན་ནས་སེམས་རྩེ་གཅིག་པ་ལ་རེག་པའི་རྫུ་འཕྲུལ་རྐང་བ་ཡིན་ པས་སོ། །དེ་ལྟར་འདོན་པ་བསྒྱུར་ཏེ། རྟག་སྦྱོར་དང་འབད་པ་དང་བརྩོན་འགྲུས་བརྩོམ་པ་ 2-1-134 (བློ་བརྟན་ཡང་)ལས་སེམས་རྩེ་གཅིག་པ་ལ་རེག་པ་བརྩོན་འགྲུས་ཀྱི་ཏིང་ངེ་འཛིན། སྔོན་ཏིང་ངེ་ འཛིན་བསྒོམས་པའི་སེམས་ཀྱི་ས་བོན་ (རྒྱལ་སྲས་)དང༌། མཐུ་བརྟས་པས་རང་གི་ངང་གིས་ (རྒྱལ་ )དང༌། སེམས་ཉིད་ཀྱིས་སེམས་ནང་དུ་རབ་ཏུ་འཇོག་ཅིང་འཛིན་ (རྒྱལ་)སྡུད་ (རྒྱལ་)པར་བྱེད་པ་ ན་སེམས་རྩེ་གཅིག་པ་ལ་རེག་པ་སེམས་ཀྱི་ཏིང་ངེ་འཛིན། གཞན་གྱིས་བསྟན་ནས་ཆོས་རབ་ ཏུ་རྣམ་འབྱེད་ལ་བརྟེན་ནས་དང་ (རྒྱལ་སྲས་)ལྷག་མཐོང་གིས་སེམས་རབ་ཏུ་འཛིན་པ་ན་སེམས་ རྩེ་གཅིག་པ་ལ་རེག་པ་དཔྱོད་པའི་ཏིང་ངེ་འཛིན་རྫུ་འཕྲུལ་གྱི་རྐང་བའོ། །ཞེས་ཀུན་བཏུས་ སོ། །(དག་ཟླར་ཁ་ཅིག་གིས་ནི། དགེ་བ་ལ་སེམས་འདུན་པ་དྲག་པོ་དང་ལྡན་པ་ཉིད་ཀྱིས་སེམས་རྩེ་གཅིག་པའི་མཚན་ཉིད་ ཀྱི་ཏིང་ངེ་འཛིན་སྐྱེ་བར་འགྱུར་རོ། །ཁ་ཅིག་གིས་ཡང་དག་པར་སྤོང་བའི་བརྩོན་འགྲུས་དང་ཤིན་ཏུ་ལྡན་པས་མི་དགེ་བ་སྤངས་ཏེ་ དགེ་བ་བསྐྱེད་པ་ཉིད་ཀྱིས་སོ། །ཁ་ཅིག་གིས་ནི་ཞི་གནས་དང་རབ་ཏུ་འཛིན་པ་དང་བཏང་སྙོམས་ཀྱི་རྒྱུ་མཚན་དག་གིས་སེམས་ ཡོངས་སུ་སྦྱངས་པ་ལས་སོ། །ཁ་ཅིག་གིས་ནི། ཅི་བདག་མི་དགེ་བ་ཕྲ་མོ་ལ་ཀུན་ཏུ་མི་སྤྱོད་དམ་སྤྱོད་ཅེས་བདག་ཉིད་ལ་ཡོངས་ སུ་དཔྱོད་པས་སོ། །ཅེས་ཏེ་གནོད་འཇོམས་ཀྱི་དོན་བསྡུས་པ་སྟེ། རྒྱས་པར་གནོད་འཇོམས་ལྟའོ། །གནོད་འཇོམས་དང་དག་ལྡན་ དུ་མི་སྤྱོད་ཅེས་འབྱུང་བ་ཟླ་ཟེར་དུ་སྤྱོད་དམ་མི་སྤྱོད་ཅེས་སོ། ། ) ཐ་དད་ནི། ཕལ་ཆེར་ངོ་བོ་ཐ་དད་དོ། །གྲངས་ ངེས་ནི། གྲོགས་འདུན་སོགས་བཞི་ཡོད་པས། གྲོགས་ཅན་རྫུ་འཕྲུལ་རྐང་བཞིར་ངེས་སོ། ། གཉིས་པ་ནི། འདིར་བྱང་སེའི་ནི་ལམ་བཞི་ནའོ། །སྤྱིར་ཚོགས་ལམ་ཆེན་པོ་ནས་སངས་རྒྱས་ སའི་བར་ན་ཡོད་དོ། །གསུམ་པ་ནི། འདུན་པ་དང་བརྩོན་འགྲུས་དང་སེམས་དང་དཔྱོད་པ་ དང༌། (ཀུན་བཏུས་དངོས། ) དེ་དང་མཚུངས་ (དངོས་)པར་ལྡན་པའི་སེམས་སེམས་བྱུང་རྣམས་སོ། ། བཞི་པ་ནི། ཉེས་པ་ལྔའི་གཉེན་པོར་སྤོང་བའི་འདུ་བྱེད་བརྒྱད་དང་ལྡན་པར་བསྒོམ་སྟེ། ལྔ་ ནི། ལེ་ལོ། གདམས་ངག་བརྗེད་པ། བྱིང་རྒོད། དེ་གཉིས་མ་ཞི་བ་ན་གཉེན་པོ་འདུ་མི་བྱེད་ པ་ཞི་བ་ན་ཧ་ཅང་འདུ་བྱེད་པ་སྟེ། དབུས་མཐར། ལེ་ལོ་དང་ནི་གདམས་ངག་རྣམས། །བརྗེད་ དང་བྱིང་དང་རྒོད་པ་དང༌། །འདུ་མི་བྱེད་དང་འདུ་བྱེད་དེ། །འདི་དག་ཉེས་པ་ལྔར་འདོད་ 2-1-135 དོ། །ཞེས་སོ། །འདུ་བྱེད་བརྒྱད་ནི། ལེ་ལོའི་གཉེན་པོ་བཞི་སྟེ། རྩོལ་བའི་གནས་འདུན་པ། དེ་ལ་གནས་པ་རྩོལ་བ། (སྟེ་འདོད་པ་ནི་རྩོལ་བའི་སྔོན་དུ་འགྲོ་བའི་ཕྱིར་རོ། །བློ་བརྟན། ) འདུན་པའི་རྒྱུ་རྒྱུ་ འབྲས་ལ་ (དབུས་འགྲེལ་བཤད་)ཡིད་ཆེས་པའི་དད་པ་སྟེ། དེ་ལས་མངོན་པར་འདོད་པའི་འདུན་ (དབྱིག་དོན་)པ་འབྱུང་བས་སོ། །རྩོལ་བའི་འབྲས་བུ་ཤིན་ཏུ་སྦྱངས་པ་སྟེ། བརྩོན་འགྲུས་བརྩོམ་ (བློ་བརྟན་)པས་གནས་ངན་ (བློ་)ལེན་གྱི་རྟོག་པའི་ (བློ་)ཉེས་པ་དང་བྲལ་བས་ (བློ་)ཡིད་དགའ་བ་ (བློ་)སྐྱེས་པས་ལུས་སེམས་ཤིན་ཏུ་སྦྱངས་ (བློ་)ཏེ་ལས་སུ་རུང་བའི་ (བློ་)ཏིང་ངེ་འཛིན་ཐོབ་པའི་ (དབྱིག་)ཕྱིར་ཏེ་བཞིའོ། །ལྷག་མ་ནི་ཉེས་པ་ (དབྱིག་)བཞིའི་གཉེན་པོ་སྟེ། རིམ་བཞིན་དུ་ཡང་ དག་པའི་དམིགས་པའམ་གདམས་ངག་ (བློ་)མ་བརྗེད་པའི་ (བློ་)དྲན་པ། དྲན་པ་དང་ (དབྱིག་དོན་ བློ་)ལྡན་ནས་བྱིང་རྒོད་ལ་བྱིང་རྒོད་དུ་རྟོགས་པའི་ཤེས་བཞིན། རྟོགས་ནས་ (བློ་)དེ་སྤོང་བའི་ (རྩ་བ་)ཕྱིར་ཞི་ལྷག་ (བློ་)མངོན་པར་འདུ་བྱེད་པའི་སེམས་པ། བྱིང་རྒོད་ཞི་བ་ན་སེམས་ (ཧ་ཅང་ གཉེན་པོ་བསྒོམས་པ་བཏང་སྙོམས་སུ་བྱེད་པའོ། ། )མཉམ་པར་རྣལ་དུ་འཇུག་པའི་ (ཉོན་མོངས་མེད་པའི་ཞེས་དག་ ལྡན་ཟླ་)བཏང་སྙོམས་སོ། །དབུས་མཐར། གནས་དང་དེ་ལ་གནས་པ་དང༌། །རྒྱུ་དང་འབྲས་བུ་ ཉིད་དུའོ། །དམིགས་པ་བརྗེད་པར་མ་གྱུར་དང༌། །བྱིང་དང་རྒོད་པ་རྟོགས་པ་དང༌། །དེ་སྤོང་ མངོན་པར་འདུ་བྱེད་དང༌། །ཞི་ཚེ་རྣལ་དུ་འཇུག་པའོ། །ཞེས་སོ། །བརྒྱད་ཡིན་ཡང་ (ཀུན་བཏུས་ )བཞིར་འགྱུར་ཏེ། དང་པོ་གསུམ་འབད་པར་བྱེད་པའི་ཐབས་ཏེ། དད་ཅིང་དོན་དུ་གཉེར་ན་ འབད་པས་སོ། །བཞི་པ་ལུས་སེམས་ལ་ཕན་འདོགས་པའི་ཐབས་སོ། །ལྔ་དྲུག་གཉིས་ཀྱི་ དམིགས་པ་ལ་མི་འཕྲོ་བར་བྱེད་འཕྲོས་པ་ངོས་ཟིན་པར་བྱེད་པས་ཉེ་བར་གཏོད་པའི་ཐབས་ སོ། །བདུན་བརྒྱད་ཀྱིས་བྱིང་རྒོད་དང་ཉོན་མོངས་པའི་གཉེན་པོའི་ཐབས་ཏེ། གཅིག་ནི་ འབད་པར་བྱེད་པ་སྟེ། །གཉིས་པ་ཕན་འདོགས་བདག་ཉིད་དོ། །གསུམ་པ་གཏོད་པར་བྱེད་ པ་སྟེ། །བཞི་པ་གཉེན་པོ་པ་ཡིན་ནོ། །ཞེས་སོ། །གཅིག་སོགས་ནི་ཐབས་བཞིའི་གྲངས་སོ། 2-1-136 ། ལྔ་པ་ནི། དེ་ལྟར་ཏིང་ངེ་འཛིན་ (ཀུན་དངོས་)ལེགས་པར་སྦྱངས་པས་རྫུ་འཕྲུལ་ (རྒྱལ་)སོགས་ གང་དང་གང་མངོན་དུ་བྱེད་འདོད་པ་དེ་དང་དེ་ལ་སེམས་གཏད་པས་ཇི་ལྟར་འདོད་པ་བཞིན་ དེ་དང་དེ་མངོན་དུ་འགྱུར་རོ། །ཞེས་ཀུན་བཏུས་སོ། །དེས་རང་གཞན་གྱི་དོན་འགྲུབ་སྟེ། བརྟན་པ་རྣམས་ཀྱི་རྫུ་འཕྲུལ་གྱི། །རྐང་བ་མཚན་ཉིད་མཆོག་ལྡན་བཞི། །བདག་ཉིད་དང་ ནི་གཞན་དག་གི ། དོན་ཀུན་འགྲུབ་པའི་ཕྱིར་སྐྱེའོ། །ཞེས་ཏེ། བཞི་ནི་རྒྱས་པར་དེ་ཉིད་ལས་ ཤེས་པར་བྱའོ། །དེའི་རྣམ་པ་བཞི་ནི་སོ་བདུན་ལ་བགྲང་རྒྱུའོ། ། བཞི་པ་ནི། བདེན་པ་མངོན་པར་རྟོགས་པ་མཐོང་ (མཐོང་བའི་ལམ་ལ་སྦྱོར་བའི་ས་ལ་དབང་བོ་ རྣམས་གཙོ་བོར་འདོད་ཅེས་དབུས་བཤད་)ལམ་གྱི་རྒྱུ་དྲོད་རྩེ་ལ་ (ཨཱརྱ་) སྦྱོར་བའི་ལམ་ལ་དབང་བོ་ལྔ་ ལ། སྔར་བཞིན་ལྔ་ལས། དང་པོ་ནི་འཕགས་པའི་བདེན་བཞིའོ། །(ཀུན། ) བྱེ་བྲག་ཏུ་དད་ སོགས་ལྔའི་རིམ་བཞིན་དུ། བྱང་ཆུབ་ (བྱང་སེའི་) སྤྱོད་ (པ་)དང་ (ཐེག་ཆེན་གྱིས་བསྡུས་པའི་)ཐོས་ མཆོག་དང༌། །ཞི་གནས་ལྷག་མཐོང་དད་སོགས་ཀྱི། །གཞི་ (སྟེ་དམིགས་པ་ཞེས་དབྱིག་)ཡིན་པར་ ནི་ཤེས་བྱ་སྟེ། །(དད་པའི་དབང་བོས་བྱང་ཆུབ་ལ་དབང་བ་སོགས་དབང་བྱེད་ཅིང་རང་དང་གཞན་གྱི། ) དོན་སྒྲུབ་ (པར་)བྱེད་ (པས་དབང་བོའི་ཞེས་བློ་བརྟན་མདོར། )པའི་སྐབས་ཀྱིས་སོ། །ཞེས་སོ། །གཉིས་པ་ནི། དད་ སོགས་ཏེ། འདིར་བཤད་སློབ་ལམ་བདུན་གྱི་ནང་ཚན་མངོན་པར་རྟོགས་པར་སྦྱོར་བའི་ལམ་ ཡིན་པའི་དབང་བོའི་མཚན་ཉིད་ནི། འཕགས་ལམ་ཡང་དག་པར་འགྲུབ་པའི་བདག་པོར་ གྱུར་པ་གང་ཞིག་ (དེ་ཡན་ཨཱརྱ་དངོས་)སྦྱོར་ལམ་དྲོད་དམ་རྩེ་མོས་བསྡུས་པའོ། །ཨཱརྱའོ། །དབང་ བོའི་སྒྲ་བཤད་ནི། འཕགས་ལམ་འགྲུབ་ (ཨཱརྱ་)པ་ལ་བདག་ (ཨཱརྱ་)པོར་གྱུར་པའམ། འཇིག་ རྟེན་ལས་འདས་པའི་ཆོས་ལ་མཆོག་ཏུ་དབང་བྱེད་པས་དབང་བོ་ (ཞེས་གནོད་འཇོམས་དག་སྙིང་ཟླ་ མདོ་རྒྱན་འགྲེལ་ཆེན་བློ་བརྟན་མདོར། )ཞེས་སོ། །(དབུས་མཐའི་འགྲེལ་བཤད་དུ་ཐར་བའི་ཆ་དང་མཐུན་པའི་དགེ་བའི་ རྩ་བ་བསྐྱེད་པ་ལ་དབང་བྱེད་པས་སོ། །ཞེས་སོ། ། ) སོ་སོར་ན་སྔར་བཤད་བྱང་ཆུབ་སོགས་དམིགས་པ་ལྔ་ 2-1-137 ལ་དབང་བསྒྱུར་བས་དབང་བོའོ། ། མཚན་གཞི་ལ་གཉིས་ལས། དབྱེ་བ་ལ། འདིར་སྨོས་ དབང་བོ་དབྱེ་གཞིའོ། །དབྱེ་ངོ༌། སྤྱིར་ལས་དང་འབྲས་བུ་སོགས་ཡོད་པ་ཉིད་ (བློ་བརྟན་མར་)ལ་ ཡིད་ཆེས་པའི་དད་པ། དཀོན་མཆོག་གསུམ་སོགས་ཡོན་ཏན་ཅན་ལ་དང་བའི་དད་པ། མྱང་ འདས་དང་འཕགས་ལམ་ནི་སྒྲུབ་པར་ནུས་པ་ལ་བསྒྲུབ་པ་དང་བསྒོམ་པར་འདོད་པ་འདོད་ པའི་དད་པ་ (མདོ་རྒྱན་འགྲེལ་ཆེན་བློ་བརྟན་མ་ཇི་བཞིན། )སྟེ་གསུམ་མམ་ཡང་ན་དགེ་མི་དགེ་ལས་ཀྱི་ འབྲས་བུ་མྱོང་དགོས་ (བློ་)ཞེས་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་བྱང་སེའི་སྤྱོད་པ། བདག་ མེད་གཉིས། སྟོབས་དང་མི་འཇིགས་པ་སོགས་རྒྱ་ཆེ་བའི་ཆོས་ལ་དད་པ་བཞི་དད་པའི་ དབང་བོའོ། ། དེས་ཡིད་ཆེས་པར་གྱུར་པའི་ཆོས་དེ་དག་བརྩོན་འགྲུས་ཀྱིས་སྒྲུབ་པ་བརྩོན་ འགྲུས་ཀྱི་དབང་བོ། དེས་བསྒྲུབས་པའི་ཆོས་དྲན་པས་མི་བརྗེད་པ་དྲན་པའི་དབང་བོ། དེས་ མ་བརྗེད་པའི་ཆོས་ལ་རྒྱུན་དུ་སེམས་རྩེ་གཅིག་ཏུ་འཇོག་པ་ཏིང་ངེ་འཛིན་གྱི་དབང་བོ། དེས་ རྩེ་གཅིག་ཏུ་བཞག་པའི་ཆོས་ཀྱི་རང་སྤྱིའི་མཚན་ཉིད་ཤེས་པའི་ཤེས་རབ་ཀྱི་དབང་བོ་ལྔའོ། ། བློ་གྲོས་མི་ཟད་པའི་མདོ་དང་སྦྱར་ཏེ་མདོ་རྒྱན་འགྲེལ་ཆེན་ནོ། །ཡང་ན་ཡང་དག་སྤོང་བཞི་ ལ་གནས་པ་བརྩོན་དབང༌། དྲན་པ་ཉེར་བཞག་བཞི་ཐོབ་པ་དྲན་དབང༌། བསམ་གཏན་བཞི་ གཟུགས་མེད་བཞིའི་སྙོམས་འཇུག་ཐོབ་པ་ཏིང་ངེ་འཛིན་དབང༌། བདེན་བཞི་ཤེས་པ་ཤེས་ རབ་ཀྱི་དབང་བོ། ཞེས་ཀྱང་དེར་རོ། །ཡང་ན་བྱང་ཆུབ་ལ་ཡིད་ཆེས་པའི་དད་པ། (རྒྱན། )བྱང་ སེའི་སྤྱོད་པ་ལ་སྦྱོར་བའི་བརྩོན་འགྲུས། (དབུས་མཐའ། ) དམིགས་པ་མ་བརྗེད་པའི་དྲན་པ། ཞི་ (དབུས་)གནས་ལས་སེམས་མི་འཕྲོ་བའི་ཏིང་ངེ་འཛིན། ལྷག་མཐོང་གིས་ཆོས་རབ་ཏུ་རྣམ་པར་ འབྱེད་པའི་ཤེས་རབ་ཀྱི་དབང་བོ་ལྔའོ། །དབུས་མཐར། ཐར་བའི་ཆ་དང་མཐུན་བསྐྱེད་ནས། ། འདུན་དང་སྦྱོར་བ་དབང་བྱེད་དེ། །(དེ་ལྟར་དད་ན་འཁོར་བ་ལས་འབྱུང་བའི་ཕྱིར། བརྩོན་འགྲུས་རྩོམ་ལ་དེ་ལས་ བསླབ་པ་གསུམ་བསྒྲུབ་སྟེ། ) དམིགས་པ་བརྗེད་པར་མ་གྱུར་དང༌། །མི་འཕྲོ་རྣམ་པར་འབྱེད་ཀྱང་ངོ༌། 2-1-138 ། (གསུམ་རིམ་བཞིན་དྲན་པ་ཏིང་ངེ་འཛིན་ཤེས་རབ་བསྒོམ་མོ་ཞེས་བློའོ། ། )ཞེས་སོ། །ཐ་དད་ནི། ཕལ་ཆེར་ཐ་དད་ དེ་སྔ་ཕྱི་རྒྱུ་འབྲས་ཡིན་པས་སོ། །གྲངས་ངེས་ནི། དམིགས་པ་ལྔ་ཡོད་པས་དེ་ལ་དབང་བྱེད་ པའི་དབང་བོ་ལྔར་ངེས་སོ། །གཉིས་པ་ས་མཚམས་ནི། རྫུ་འཕྲུལ་རྐང་བཞིས་སེམས་ཡོངས་ སུ་སྦྱང་བ་བྱས་པ་ལ་དྲོ་བ་རྩེ་མོའི་སྦྱོར་བ་འབྱུང་བས་སྔར་མཚོན་བྱར་སྨོས་པ་ལྟར་གྱི་དབང་ བོ་ནི་དྲོ་བ་དང་རྩེ་མོའི་ངོ་བོ་ཉིད་དོ། །གསུམ་པ་ནི། དེ་དག་དང་མཚུངས་ལྡན་གྱི་སེམས་ སེམས་བྱུང་ངོ༌། །བཞི་པ་ནི། དད་དབང་གིས་བདེན་པ་རྣམས་ལ་ཡིད་ཆེས་པའི་ཚུལ་གྱིས་ བསྒོམ། བརྩོན་འགྲུས་ཀྱིས་ཡིད་ཆེས་ནས་བདེན་པ་མངོན་པར་རྟོགས་པར་བྱ་བའི་ཕྱིར་ སྤྲོ་བས་བསྒོམ། དྲན་པས་བདེན་པའི་དམིགས་རྣམ་མི་བརྗེད་པའི་ཚུལ་གྱིས་བསྒོམ། ཏིང་ འཛིན་གྱིས་མ་བརྗེད་པའི་དོན་རྩེ་གཅིག་པས་བསྒོམ། ཤེས་རབ་ཀྱིས་གང་ལ་མཉམ་པར་ བཞག་པའི་བདེན་པའི་དོན་རྣམ་པར་འབྱེད་པའི་ཚུལ་གྱིས་བསྒོམ་མོ། །(ཀུན་བཏུས། ) ལྔ་པ་ནི། བདེན་ (ཀུན་བཏུས་དངོས་)པ་མྱུར་དུ་རྟོགས་པར་བྱེད་གནས་སྐབས་དྲོད་སོགས་བཞི་སྒྲུབ་པོ། །དེའི་ རྣམ་པ་ལྔ་ནི་སོ་བདུན་ལ་བགྲང་རྒྱུའོ། །(ཀུན་བཏུས་དངོས། ) ལྔ་པ་ནི། དེ་ལྟར་ (ཨཱརྱ་)དབང་ཐོབ་པ་ནི་དེ་མ་ཐག་ཏུ་བདེན་པ་མངོན་པར་རྟོགས་པར་ བྱ་བའི་ཕྱིར་མ་དད་པ་ལ་སོགས་པ་མི་མཐུན་ཕྱོགས་ཀྱིས་ཟིལ་གྱིས་མི་ནོན་པ། དེ་ཡན་ (ཨཱརྱ་ དངོས། )བདེན་པ་མངོན་པར་རྟོགས་པ་དང་འབྲེལ་བ་བཟོད་ (ཨཱརྱ་)མཆོག་ལ་སྦྱོར་བའི་ལམ་ ལ་སྟོབས་ལྔ་སྟེ། སྔར་བཞིན་ལྔ་ལས། དང་པོ་སྔར་བཞིན་ནོ། །གཉིས་པ་ལ། སྤྱིར་མཚན་ ཉིད་ནི། དབང་བོ་ཉིད་མ་དད་པ་ (བདུད་ལ་སོགས་པ་ཞེས་དག་ལྡན། )སོགས་མི་མཐུན་ཕྱོགས་ངེས་ པར་བསྲབས་པས་ཚུར་མི་བརྫི་ཞིང་ (ཀུན་བཏུས་)ཕར་འཇོམས་ནུས་པར་གྱུར་པའོ། །བྱེ་བྲག་ཏུ་ འདིར་བཤད་སློབ་ལམ་བདུན་གྱི་ནང་ཚན་མངོན་པར་རྟོགས་པ་དང་འབྲེལ་བའི་ལམ་ཡིན་ པའི་དེའི་མཚན་ཉིད། དེའི་སྟེང་དུ་བྱང་སེའི་སྦྱོར་ལམ་བཟོད་མཆོག་གང་རུང་གིས་བསྡུས་ 2-1-139 པའོ། །མི་མཐུན་ཕྱོགས་ཉམས་ཆུང་བས་ཡང༌། །དེ་དག་ཉིད་ལ་སྟོབས་ཞེས་བྱ། །ཞེས་སོ། ། མཚོན་བྱ་ནི། མི་མཐུན་ཕྱོགས་བསྲབས་པའི་གཉེན་པོ་སྟོབས་དང་ལྡན་པས་ཏེ། (ལྷའམ་བདུད་ དམ་ཚངས་པ་ཡང་རུང་གང་གིས་ཀྱང་ཆོས་དང་མཐུན་པས་ཐུབ་པར་མི་ནུས་ཤིང་ཉོན་མོངས་པ་ཀུན་ནས་དཀྲིས་པས་ཀྱང་མི་ ཚུགས་པར་གྱུར་པ་དེའི་ཚེ་སྟོབས་ཞེས་གནོད་འཇོམས། ) དབུས་མཐར། མི་མཐུན་ཕྱོགས་ནི་བསྲབས་པའི་ ཕྱིར། །སྟོབས་ལྡན་འབྲས་བུ་ཕྱི་མ་ཡིན། །ཞེས་སོ། །མཚན་གཞི་ལ་གཉིས་ལས། དབྱེ་བ་ནི། མ་དད་པ་འཇོམས་པ་དད་པའི། ལེ་ལོ་འཇོམས་པ་བརྩོན་འགྲུས་ཀྱི། བརྗེད་ངེས་འཇོམས་ པ་དྲན་པའི། རྣམ་གཡེང་འཇོམས་པ་ཏིང་ངེ་འཛིན་གྱི། གཏི་མུག་འཇོམས་པ་ཤེས་རབ་ཀྱི་ སྟོབས་ལྔ་སྟེ། དེའི་རྣམ་པ་ལྔ་ནི་སོ་བདུན་ལ་བགྲང་རྒྱུའོ། །གཅིག་གམ་ཐ་དད་དཔྱད་པ་སྔར་ བཞིན་ནོ། །གྲངས་ངེས་ནི་སྤང་བྱ་མ་དད་པ་སོགས་ལྔ་ཡོད་པས་དེ་ལྟར་བཞག་གོ །གཉིས་པ་ ནི། དྲོ་བ་དང་སོགས་པ་རྩེ་མོ་ཐོབ་པ་ལ་བཟོད་པ་དང་ཆོས་མཆོག་འབྱུང་བས། སྔར་བཤད་ ལྟར་གྱི་ཁྱད་ཆོས་ཅན་གྱི་སྟོབས་ལྔ་བཟོད་མཆོག་གི་ངོ་བོ་ཉིད་དོ། །དབུས་མཐར། དབང་བོ་ རྣམས་དང་སྟོབས་རྣམས་ལ། །ངེས་འབྱེད་ཆ་མཐུན་གཉིས་གཉིས་སོ། །(དེ་མ་ཐག་ཏུ་མཐོང་ལམ་སྐྱེ་ བས་ཆོས་མཆོག་ནི་སྐད་ཅིག་མ་སྟེ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་གཞན་ནི་རྒྱུན་ཅན་ནོ་ཞེས་དབུས་བཤད་བློ་བརྟན་ནོ། ། ) ཞེས་སོ། །གསུམ་པ་དང་བཞི་པ་སྔར་བཞིན་ནོ། །ལྔ་པ་ནི། མི་མཐུན་ཕྱོགས་ལྔ་བོ་སྲབས་པ་ དང་ས་ལ་འཇུག་པ་སྟེ། དད་སོགས་ས་ལ་འཇུག་པ་སྟེ། །ཀུན་ནས་ཉོན་མོངས་ (མ་དད་པ་སོགས་ མེད་པར་འདོད་ཅེས་བློ་བརྟན་མར་བསྒྱུར་ཞིང་འཆད་དོ། ། )ཅན་དུ་ (དབྱིག་གཉེན་དང་བཤད་སྦྱར་དུ་བཤད་པ་མེད་ཅིང་བློ་ བརྟན་མར་བྱུང་བ་དང་འགལ་སྣང་ངོ༌། ། )འདོད། །ཅེས་སོ། ། དྲུག་པ་ནི། དང་པོར་དེ་ཁོ་ན་སོ་སོ་ (དངོས་)རང་གིས་མངོན་པར་རྟོགས་པའི་ལམ་ལ་བྱང་ ཆུབ་ཀྱི་ཡན་ལག་བདུན་ཏེ། སྔར་བཞིན་ལྔ་ལས། དང་པོ་ནི། བདེན་བཞིའི་གནས་ལུགས་ (རྒྱལ་སྲས་)ཡང་དག་པ་ཇི་ལྟ་བའོ། །(ཀུན་བཏུས། ) གཉིས་པ་ལ། འདིར་སྨོས་སློབ་ལམ་བདུན་གྱི་ 2-1-140 ནང་ཚན་མངོན་པར་རྟོགས་པའི་ལམ་ཡིན་པའི་བྱང་ཆུབ་ཡན་ལག་གི་མཚན་ཉིད། དང་པོར་ དེ་ཁོ་ན་ཉིད་མངོན་སུམ་གྱིས་རྟོགས་པའི་ཡན་ལག་མཐོང་ལམ་གྱིས་བསྡུས་པའོ། །མཚོན་ བྱའི་སྒྲ་བཤད་ནི། ཡང་དག་པ་ཇི་ལྟ་བ་བཞིན་རྟོགས་པའི་མཐོང་བའི་ལམ་ནི་བྱང་ཆུབ་སྟེ། དེར་ཡང་དག་པ་ཇི་ལྟ་བ་བཞིན་རྟོགས་པའི་ཡན་ལག་ཏུ་གྱུར་ (དག་ཟླ་)པས་བྱང་ཆུབ་ཡན་ལག་ གོ །ཞེས་གནོད་འཇོམས་དག་ཟླ་སོགས་སོ། །(དབུས་བཤད་དུ། དེ་ཁོ་ན་མངོན་པར་རྫོགས་པས་བྱང་ཆུབ་ པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་སོ། །དེ་ལ་དྲན་པ་ལ་སོགས་པ་དྲུག་གི་བྱང་ཆུབ་དང་མཐུན་པའི་ཕྱིར་དེའི་ཡན་ལག་རྣམས་ སོ། །ཞེས་བློ་བརྟན་ནོ། །སློབ་དཔོན་བློ་གྲོས་ཆེན་པོས། ཟག་པ་མེད་པའི་ཡེ་ཤེས་ཀྱི་ཡན་ལག་གམ་འཁོར་དུ་གྱུར་པས་བྱང་ཆུབ་ ཡན་ལག་ཅེས་བཤེས་སྤྲིང་འགྲེལ་པར་རོ། ། )ཟད་མི་སྐྱེ་ཤེས་ཀྱི་བྱང་ཆུབ་ཀྱི་རྒྱུར་གྱུར་པས། ཞེས་མཛོད་ སོགས་དང༌། (དག་ལྡན། ཟླ་ཟེར་ཡང་ངོ༌། ། ) མདོ་རྒྱན་སོགས་ལྟར་ན། བྱང་ཆུབ་ཀྱི་ (མཐོང་ལམ་)རང་ བཞིན་དང་གནས་ལ་སོགས་པའི་སྒོ་ནས་ཡན་ལག་ཏུ་གྱུར་པས་སོ། །(མདོ་རྒྱན་འགྲེལ་ཆེན་བློ་བརྟན་ མར་ཇི་ལྟར་ཡན་ལག་ཏུ་འགྱུར་ཞེ་ན། དྲན་པ་ནི་གནས་ཀྱི་ཡན་ལག་ཏུ་གྱུར་པ་ནས་བཏང་སྙོམས་ལ་སོགས་པ་ཉོན་མོངས་མེད་ པའི་ཡན་ལག་ཏུ་གྱུར་པས་སོ། །ཞེས་སོ། ། ) མཚན་གཞི་ལ། དབྱེ་བ་དང༌། ས་མཚམས་སོ། །དང་པོ་ལ། དབྱེ་གཞི། བྱང་ཆུབ་ཡན་ལག་ཙམ་མོ། །དབྱེ་ངོ༌། བྱང་ཆུབ་ཡན་ལག་བདུན་གྱི་ནང་ནས་བྱང་ ཕྱོགས་སོགས་ཀྱི་ (བློ་བརྟན་མར་)དམིགས་རྣམ་མ་བརྗེད་པའི་དྲན་པ་འཁོར་ལོ་རིན་པོ་ཆེ་དང་ མཚུངས་པ་གང་ཞིག་དེ་བདུན་ཡན་ལག་ལྔར་བྱས་པའི་ནང་ནས་བྱང་ཆུབ་ཀྱི་གནས་ཀྱི་ཡན་ ལག་ཏུ་གྱུར་པ་ནི། དྲན་པ་ཡང་དག་བྱང་ཆུབ་ཡན་ལག་གི་མཚན་ཉིད་དེ། (མོས་སྤྱོད་དུ་)ཤེས་ བྱ་མ་རྒྱལ་རྒྱལ་ (ཏེ་མ་རྟོགས་པ་རྟོགས་)བྱའི་ཕྱིར། །དྲན་པ་དག་ནི་ཀུན་ཏུ་སྤྱོད། །(དཔེར་ན་འཁོར་ལོས་ བསྒྱུར་བའི་རྒྱལ་བོའི་འཁོར་ལོ་རིན་པོ་ཆེས་ཡུལ་མ་ཕེབས་པ་ཕེབས་པ་ལྟ་བུའོ། །ཞེས་དབྱིག་གཉེན། ) ཅེས་སོ། །(གནས་ ཡན་ལག་ཅེས་སོ། ། ) དེ་བདུན་གྱི་ནང་ནས་ཞེས་དང༌། བྱང་ཆུབ་ཡན་ལག་རེ་རེ་ལ་སྦྱར་ཏེ་ (བཤད་ སྦྱར་འགྲེལ་ཆེན་)བདག་གཉིས་སུ་འཛིན་པའི་རྣམ་རྟོག་གི་མཚན་མ་འཇོམས་པའི་ཤེས་རབ་གླང་ 2-1-141 བོ་རིན་པོ་ཆེ་དང་མཚུངས་པ་གང་ཞིག དེ་བདུན་དེ་ལྔར་བྱས་པའི་ནང་ནས་བྱང་ཆུབ་ཀྱི་ རང་བཞིན་གྱི་ཡན་ལག་ཡིན་པ། ཆོས་རབ་ཏུ་རྣམ་འབྱེད། འདི་ཡི་རྣམ་འབྱེད་རྟོགས་པ་ཡི། ། མཚན་མ་ཐམས་ཅད་འཇོམས་པར་བྱེད། །(དཔེར་ན་གླང་བོ་རིན་པོ་ཆེས་ཕྱིར་རྒོལ་བ་ཐམས་ཅད་འཇོམས་པར་ བྱེད་པ་ལྟ་བུའོ། །ཞེས་དབྱིག) ཞེས་སོ། །(རང་བཞིན་ཡན་ལག འགྲེལ་པ་སོགས། ) མངོན་ཤེས་མྱུར་བར་སྒྲུབ་ པའི་བརྩོན་འགྲུས་རྟ་རིན་པོ་ཆེ་དང་མཚུངས་པ་གང་ཞིག དེ་བདུན་དེ་ལྔར་བྱས་པའི་ནང་ ནས་ངེས་པར་འབྱུང་བའི་ཡན་ལག་ཡིན་པ། བརྩོན་འགྲུས་དང༌། འདི་ཡི་བརྩོན་འགྲུས་མ་ ལུས་པ། །མྱུར་དུ་རྟོགས་པར་བྱ་ཕྱིར་འཇུག །(དཔེར་ན་རྟ་རིན་པོ་ཆེས་མྱུར་དུ་ས་ཆེན་པོ་རྒྱ་མཚོའི་མཐའ་ཀླས་ པར་འགྲོ་བ་ལྟ་བུའོ། །དབྱིག་གཉེན། ) ཅེས་སོ། །(ངེས་འབྱུང་ཡན་ལག) བརྩོན་འགྲུས་བརྩམས་པས་ཆོས་ཀྱི་ སྣང་བ་འཕེལ་བས་ལུས་སེམས་ (དབྱིག་བློ་)དགའ་བས་ཚིམ་པར་བྱེད་པ་ནོར་བུ་རིན་པོ་ཆེ་ལྟ་ བུ་གང་ཞིག དེ་བདུན་དེ་ལྔར་བྱས་པའི་ནང་ནས་ཕན་ཡོན་གྱི་ཡན་ལག་ཡིན་པ། དགའ་བ། ཆོས་ཀྱི་སྣང་བ་རྣམ་འཕེལ་བའི། །དགའ་བས་རྟག་ཏུ་རྒྱས་པར་འགྱུར། །(དཔེར་ན་ནོར་བུ་རིན་པོ་ ཆེས་འཁོར་ལོས་བསྒྲུར་བའི་རྒྱལ་བོ་དགའ་བར་བྱེད་པ་ལྟ་བུའོ། །དབྱིག ཕན་ཡོན་ཡན་ལག་)ཞེས་སོ། །ལུས་སེམས་ ཀྱི་གནས་ངན་ལེན་ (ནི་ལུས་སེམས་ལས་སུ་མི་རུང་བ་སྟེ། )ལས་ཐར་བས་ལུས་སེམས་ལས་སུ་རུང་བའི་ བདེ་བ་རྗེས་སུ་མྱོང་བར་བྱེད་པས་ (འགྲེལ་ཆེན་བློ་བརྟན་)བཙུན་མོ་རིན་ཆེན་ལྟ་བུ་གང་ཞིག དེ་ བདུན་དེ་ལྔར་བྱས་པའི་ནང་ནས་གཞི་གང་གིས་ཉོན་མོངས་མེད་པའི་ཡན་ལག་ཡིན་པ། ཤིན་ཏུ་སྦྱངས་པ། སྒྲིབ་པ་ཀུན་ལས་ཐར་བའི་ཕྱིར། །ཤིན་ཏུ་སྦྱངས་པས་བདེ་བ་ཐོབ། །(དཔེར་ ན་བུད་མེད་རིན་པོ་ཆེས་ (གྲང་དུས་དྲོ་དྲོ་དུས་གྲང་བས་ཞེས་བློ་བརྟན་མར། )འཁོར་ལོས་བསྒྱུར་བའི་རྒྱལ་བོ་དགའ་བ་ཉམས་སུ་ མྱོང་བ་ལྟ་བུའོ། །དབྱིག་)ཅེས་སོ། །བསམས་པའི་དོན་གནས་གྱུར་པའི་འབྱོར་བ་ཐམས་ཅད་སྒྲུབ་ ཅིང་འབྱུང་བའི་ཏིང་ངེ་འཛིན་ཁྱིམ་བདག་རིན་པོ་ཆེ་ལྟ་བུ་གང་ཞིག དེ་བདུན་དེ་ལྔར་བྱས་ པའི་ནང་ནས་གནས་གང་ལ་ཉོན་མོངས་མེད་པའི་ཡན་ལག་ཡིན་པ་ནི། ཏིང་ངེ་འཛིན། ཏིང་ 2-1-142 ངེ་འཛིན་ལས་བསམ་པའི་དོན། །(འཕྲུལ་གྱི་མིག་དང་ལྷའི་རྣ་བ་སོགས་མངོན་ཤེས་ཀྱི་དཔེར་ན་འཁོར་ལོས་བསྒྱུར་ བའི་ཁྱིམ་བདག་རིན་པོ་ཆེ་ལས་རྒྱལ་བོ་ཅི་དང་ཅི་འདོད་པ་ཐམས་ཅད་བསམ་པ་བཞིན་དུ་འགྲུབ་པ་ལྟ་བུའོ། །ཞེས་བློས་སོ། ། ) འབྱོར་བ་ཉེ་བར་སྐྱེ་བར་འགྱུར། །ཞེས་སོ། །(བསམ་པའི་དོན་རྣམས་འགྲུབ་པ་ནི། །ཏིང་ངེ་འཛིན་ལས་སྐྱེས་ པར་འགྱུར། །ཞེས་བློ་བརྟན་མར་བསྒྱུར་བས་འདིར་འབྱོར་བ་ཐམས་ཅད་ཅེས་དགོས་ཏེ། བསམ་པ་དེ་དང་དེ་དག་ཐམས་ཅད་ ཅེས་བློ་བརྟན་མར། ) རྗེས་ཐོབ་ (དབྱིག་)དག་པ་འཇིན་རྟེན་པའི་ཡེ་ཤེས་དང་བཅས་པས་བྱང་སེ་ རྣམས་ཇི་ལྟར་འདོད་བཞིན་རྩོལ་མེད་དུ་གནས་པར་བྱེད་པའི་མི་རྟོག་པའི་བློ་བློན་པོ་རིན་ པོ་ཆེ་ལྟ་བུ་གང་ཞིག དེ་བདུན་དེ་ལྔར་བྱས་པའི་ནང་ནས་ཡིད་བདེ་བ་དང་ཡིད་མི་བདེ་བ་ གཉིས་ཀྱི་དབང་དུ་མི་འགྱུར་ཞིང་ཆགས་པ་དང་ཁོང་ཁྲོས་སེམས་ཀུན་ཏུ་མི་ཟིན་པས་ (བློ་གྲོས་ མི་ཟད་པའི་མདོ་འགྲེལ་ལས་)སམ་ (འགྲེལ་ཆེན་)བྱིང་རྒོད་སོགས་ཉོན་མོངས་མེད་པའི་ (འགྲེལ་ཆེན་བློ་བརྟན་ མར། )ངོ་བོའི་ཡན་ལག་ཡིན་པ་བཏང་སྙོམས་སོ། །(འཇིག་རྟེན་གྱི་ཆོས་ཀྱི་མི་ཕྲོགས་ཐེག་དམན་དུ་མི་གནས་ པའི་ཕྱིར་མི་བསྒུལ་བ་ཡིན་ཏེ་ཞེས་བློ་གྲོས་མི་ཟད་པའི་མདོར་རོ། ། ) དེའི་རྗེས་ཐོབ་དེས་ཡོན་ཏན་ཁྱད་པར་ཅན་ དང་ས་མ་ཐོབ་པ་ཐོབ་པར་བྱེད། ཉེས་སྐྱོན་སྤང་དགོས་རྣམས་སྤོང་བར་བྱེད་པས་མི་རྟོག་ཡེ་ ཤེས་རྩོལ་མེད་དུ་གནས་པར་བྱེད། ཅེས་དབྱིག་གཉེན་གྱི་དགོངས་པ་ལྟར་བློ་བརྟན་མར་ རོ། །བཏང་སྙོམས་ཀྱིས་ནི་ཐམས་ཅད་དུ། །འདི་ནི་ཇི་ལྟར་འདོད་བཞིན་གནས། །རྗེས་ལ་ ཐོབ་དང་མི་རྟོག་པའི། །གནས་པ་མཆོག་གིས་རྟག་ཏུ་གནས། །(དཔེར་ན་འཁོར་ལོས་བསྒྱུར་བའི་བློན་ པོ་རིན་པོ་ཆེས་དཔུང་གི་ཚོགས་ཡན་ལག་བཞི་པ་འབུལ་བར་བྱ་བ་ཡང་འབུལ་ལ་དོར་བར་བྱ་བ་ཡང་འདོར་ཞིང༌། གང་དུ་དཔུང་ གི་ཚོགས་ཡན་ལག་བཞི་པ་མ་ལུས་པར་ཕྱིན་པ་དེར་སོན་ནས་ཀྱང་གནས་པར་བྱེད་དོ། །ཞེས་དབྱིག་གཉེན་ཏེ། དཔེའི་བཤད་ པ་ཞིབ་ཏུ་འགྲེལ་ཆེན་བློ་བརྟན་མར་བལྟའོ། །སྤྱིར་མདོ་རྒྱན་ལ་འགྲེལ་ཆེན་མེད་ཐབས་མི་སྣང་ངོ༌། ། ) ཡོན་ཏན་དེ་ལྟའི་ སེམས་དཔའ་ནི། །འཁོར་ལོས་བསྒྱུར་དང་འདྲ་བར་འཇུག །རྟག་ཏུ་རིན་ཆེན་བདུན་ལྟ་བུའི། ། བྱང་ཆུབ་ཡན་ལག་རྣམས་ཀྱིས་བསྐོར། །ཞེས་སོ། །ཐ་དད་ནི་ཅི་རིགས་པའོ། །གྲངས་ངེས་ 2-1-143 ལ། དྲན་པ་ནི། གནས་ཀྱི་ཡན་ལག་སྟེ། དེ་ལ་བརྟེན་ནས་ཆོས་རབ་ཏུ་རྣམ་འབྱེད་སོགས་ ཐམས་ཅད་ (དབྱིག་)འབྱུང་བས་སོ། །ཆོས་རབ་ཏུ་རྣམ་འབྱེད་ནི། རང་བཞིན་གྱི་ཡན་ལག་ སྟེ། བྱང་ཆུབ་ (འགྲེལ་ཆེན་)ཡང་ཆོས་ (དབྱིག་) རྣམས་ཀྱི་རང་སྤྱིའི་མཚན་ཉིད་མ་ནོར་བར་ཤེས་ པ་ལ་བྱ་ (བློ་)སྟེ་བྱང་ཆུབ་ཡང་ཆོས་རབ་ཏུ་རྣམ་ (དབྱིག་)འབྱེད་དེའི་ངོ་བོ་ཡིན་ (དབྱིག་)པས་སོ། ། བརྩོན་འགྲུས་ནི། ངེས་པར་འབྱུང་བའི་ཡན་ལག་སྟེ། བགྲོད་བྱ་ (བློ་)མཐར་ (དབྱིག་)མ་ཐུག་ བར་དུ་ལམ་རྒྱུན་མི་ (དབྱིག་)གཅོད་པས་སོ། །དགའ་བ་ཕན་ཡོན་གྱི་ཡན་ལག་སྟེ། ཆོས་ (བློ་) དབྱིངས་མཐོང་བས་སེམས་དགའ་ (དབྱིག་)བར་བྱེད་པས་སམ་ལུས་སེམས་ལ་ཕན་འདོགས་ པས་སོ། །(དབུས་བཤད་དུ་བློ། ) ལྷག་མ་གསུམ། ཉོན་མོངས་མེད་པའི་ཡན་ལག་སྟེ། རྒྱུ་གང་གིས་ ཉོན་མོངས་མེད་པར་བྱེད་པ་ (བློ་)ཤིན་ཏུ་སྦྱངས་པ་སྟེ། (འགྲེལ་ཆེན་བློ་བརྟན་མར། ) ཉོན་མོངས་པའི་ རྒྱུའི་གཉེན་པོར་གྱུར་པའི་ཕྱིར་ཉོན་མོངས་མེད་པའི་རྒྱུ་སྟེ། ཆགས་སོགས་ཉོན་མོངས་ (དབུས་ བཤད་)ཀྱི་རྒྱུ་ལུས་སེམས་ལས་སུ་མི་རུང་བའི་བདག་ཉིད་ཀྱི་གནས་ངན་ལེན་གཅོད་པས་སོ། ། (འགྲེལ་ཆེན་བློ་བརྟན་མར། ) གནས་གང་ལ་ (འགྲེལ་ཆེན་བློ་བརྟན་མར་)གནས་ནས། ཉོན་མོངས་པ་མེད་ པར་བྱེད་པ་ཏིང་ངེ་འཛིན་ཏེ། དེ་ལ་གནས་པས་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ནས་ཉོན་ མོངས་ (བྱིང་རྒོད་སོགས་ཞེས་འགྲེལ་ཆེན་བློ་བརྟན་མར་)སྤོངས་བར་བྱེད་པས་སོ། །(འགྲེལ་ཆེན་བློ་བརྟན་མར་ )ཉོན་མོངས་པ་མེད་པའི་ངོ་བོ་ཉིད་ནི་བཏང་སྙོམས་ཏེ། བྱིང་རྒོད་སོགས་ཉོན་མོངས་མེད་ པའི་ངོ་བོར་གནས་པས་སོ། །རྒྱན་དང་དབུས་མཐར། རང་བཞིན་ཡན་ལག་གནས་ཡན་ལག ། གསུམ་པ་ངེས་འབྱུང་ཡན་ལག་སྟེ། །བཞི་པ་ཕན་ཡོན་ཡན་ལག་ཡིན། །རྣམ་གསུམ་ཉོན་ མོངས་མེད་ཡན་ལག །འདི་ལ་གཞི་དང་གནས་དང་ནི། །ངོ་བོ་ཉིད་དུ་བསྟན་པ་ཡིན། །ཞེས་ སོ། །ཆོས་རབ་ཏུ་རྣམ་འབྱེད་དང་བརྩོན་འགྲུས་དང་དགའ་བ་ནི་ལྷག་མཐོང་གི་ཕྱོགས་སོ། ། ཤིན་ཏུ་སྦྱངས་པ་དང་ཏིང་ངེ་འཛིན་དང་བཏང་སྙོམས་ནི་ཞི་གནས་ཀྱི་ཕྱོགས་སོ། །དྲན་པ་ནི་ 2-1-144 གཉིས་ཀའི་ཕྱོགས་དང་ (ཏེ་ཀུན་ཏུ་འགྲོ་བའོ། །ཞེས་བློ། )མཐུན་པའོ། །ཞེས་གནོད་འཇོམས་ཏེ། དག་ ལྡན་དང་འགྲེལ་ཆེན་བློ་བརྟན་མར་ཡང་ངོ༌། ། གཉིས་པ་ནི། དྲོ་བ་དང་ལ་སོགས་པས་རྩེ་བཟོད་ཆོས་མཆོག་བཞི་རྟོགས་ཤིང་ཐོབ་པ་ལ་ བདེན་པ་མཐོང་བའི་ལམ་འབྱུང་བས་དེའི་ཚེ་ནས་སངས་རྒྱས་བར་ན་སྤྱིར་ཡོད་ལ། འདིར་ བཤད་སློབ་ལམ་བདུན་གྱི་མངོན་པར་རྟོགས་པའི་ལམ་ཡིན་པའི་བྱང་ཆུབ་ཡན་ལག་ཡིན་པ་ དེ། མཐོང་ལམ་ནས་ཡོད་དེ། སར་ཞུགས་པ་ལ་བྱང་ཆུབ་ཀྱི། །ཡན་ལག་རྣམ་པར་བཞག་ པར་བརྗོད། །ཅེས་སོ། ། གསུམ་པ་ནི་དེ་དག་དང་མཚུངས་ལྡན་གྱི་སེམས་ (ཟག་མེད་ཀྱི་ཡིད་ཤེས་)དང་སེམས་བྱུང་ (ཟག་མེད་ཀྱི་ཚོར་བ་སོགས། )རྣམས་སོ། །བཞི་པ་ནི་ (ས་བཅུ་སོགས། )མདོར་སོ་བདུན་རེ་རེར་ཡང་འདི་ བཞི་སྦྱར་ཞིང༌། ཀུན་བཏུས་སུ་སྐབས་འདིར་སྦྱར་བ་མཚོན་པའི་དོན་ཏོ། །སྡུག་བསྔལ་ལ་ སྡུག་བསྔལ་བར་རྟོགས་པས་དེས་དབེན་པ་ལ་ཚོལ་ (རྒྱལ་སྲས། )ཞིང་གནས། སྲེད་ (རྒྱལ་)པ་ནི་ ཀུན་འབྱུང་སྟེ་དེ་སྡུག་བསྔལ་ཀུན་འབྱུང་བར་དམིགས་པས་དེ་དང་བྲལ་བ་ཚོལ་བས་འདོད་ ཆགས་དང་བྲལ་བ་ལ་གནས། འགོག་པ་ལ་སྡུག་བསྔལ་འགགས་པར་དམིགས་པས་དེ་ མངོན་དུ་བྱེད་པར་འདོད་པས་འགོག་པ་ལ་གནས། ལམ་ནི་སྡུག་བསྔལ་རྣམ་པར་སྤོང་བས་ དེ་ལ་དེ་ལྟར་དམིགས་པ་ནི་དེ་བསྒོམ་པ་ཚོལ་བས་རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ་ལ་ གནས། ཞེས་དྲན་པ་ཡང་དག་ལ་སྦྱར་ནས་ (བཤད་པ་ཀུན་དེའི་འགྲེལ་པར་རྒྱལ་བོའི་སྲས་སོ། ། )ཚུལ་དེ་ བཞིན་བཏང་སྙོམས་བར་ལ་ཡང་ངོ༌། །ཞེས་ཀུན་བཏུས་སུའོ། །རྣམ་པར་སྤོང་བ་ནི་འདོར་ བའོ། །ཡོངས་སུ་བསྒྱུར་བ་ནི་མཐར་ཐུག་ཅིང་མུར་ཐུག་པའོ། །ཞེས་ཨཱརྱས་སོ། །གནོད་ འཇོམས་སུ། ཉོན་མོངས་ལས་དབེན། སྲིད་པ་ལ་ཆགས་བྲལ། སྡུག་བསྔལ་འགོག ཕུང་ བོ་ཐམས་ཅད་སྤོང༌། ཞེས་དང༌། བདེན་བཞི་ཤེས་སྤོང་མངོན་དུ་བྱས་བསྒོམ་ཞེས་དང༌། རིམ་ 2-1-145 བཞིན་ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་རྣམ་པར་གྲོལ་བའི་ཕུང་བོས་དབེན། ཞེས་སོགས་ སོ། །ཤཱནྟི་སོགས་ཡང་དང་པོ་ལྟར་རོ། །ཨཱརྱས་ (ཨཱརྱས་དབེན་པ་ལ་གནས་པ་ནི་བསམ་གཏན་དང་པོ་དང་ ལྡན་པ་སྟེ། དེ་ནི་འདོད་པ་སོགས་ལས་རྣམ་པར་དབེན་པ་ཉིད་ཀྱི་ཕྱིར་རོ། །འདོད་ཆགས་དང་བྲལ་བ་ལ་གནས་པ་ནི། བསམ་ གཏན་གཉིས་པ་དང་ལྡན་པ་སྟེ་རྟོག་པ་ལ་སོགས་པའི་འདོད་ཆགས་དང་བྲལ་བས་སོ། །འགོག་པ་ལ་གནས་པ་ནི་བསམ་གཏན་ གསུམ་པ་དང་ལྡན་པ་སྟེ། དགའ་བ་ལ་འདོད་ཆགས་དང་བྲལ་བ་དེ་ནི་དེར་འགོག་པས་སོ། །རྣམ་པར་སྤོངས་བས་བསྒྱུར་བ་ནི། བསམ་གཏན་བཞི་པ་གཟུགས་མེད་དང་ལྡན་པ་སྟེ། ཇི་ལྟར་སྲིད་པར་སྤངས་པ་ཤེས་པ་མངོན་དུ་འགྲོ། ཞེས་དང་བག་ལ་ཉལ་ བཅོམ། ཀུན་ནས་ལྡང་བ་དང་བྲལ། ཀུན་སྦྱོར་བཅད། ཉེ་བར་ལེན་པ་ཐམས་ཅད་སྤངས། ཞེས་རིམ་བཞིན་ནོ། །ཡང་མཐོང་ སྤང་གཟུང་འཛིན་གྱི་རྟོག་པ་བཞིའི་གཉེན་པོར་རིམ་བཞིན་ཞེས་སོ། །དོན་བསྡུས་སོ། ། )ཚུལ་མང་དུ་བཤད་དེ། མངོན་ པ་བ་རྣམས་ན་རེ་ཁམས་ལས་དབེན་ཉོན་མོངས་པའི་འདོད་ཆགས་དང་བྲལ། ལས་འགོག དངོས་པོ་རྣམས་སྤོང་སྟེ་ཚིག་ཐམས་ཅད་ཀྱི་མྱང་འདས་བརྗོད་ཟེར་ཞེས་སོ། །ལྔ་པ་ནི་མཐོང་ སྤང་སྤངས་པ་འཐོབ་པོ། །དེའི་རྣམ་པ་བདུན་ནི་སོ་བདུན་ལ་བགྲང་རྒྱུའོ། ། བདུན་ (ཨཱརྱ་)པ་ལ་སྒོམ་སྤང་རྣམ་པར་དག་པར་ངེས་པར་འབྱིན་པའི་ལམ་ལ་འཕགས་ པའི་ལམ་ཡན་ལག་བརྒྱད་ལ་སྔར་བཞིན་ལྔ་ལས་དང་པོ་ནི། མཐོང་ལམ་གྱིས་ཇི་ལྟར་མཐོང་ བའི་བདེན་པའི་ཡང་དག་པ་ཇི་ལྟ་བའོ། །(ཀུན་བཏུས། ) གཉིས་པ་ལ། མཚན་ཉིད་ནི་འདིར་ བཤད་སློབ་ལམ་བདུན་གྱི་རྣམ་དག་ཏུ་ངེས་འབྱིན་ལམ་ཡིན་པའི་འཕགས་ལམ་ཡན་ལག་གི་ མཚན་ཉིད། འདིར་བཤད་སྒོམ་སྤང་སྤོང་པ་དང་ (དག་ལྡན་)དེའི་རྣམ་གྲོལ་མངོན་དུ་བྱེད་པའི་ སློབ་པའི་འཕགས་ལམ་གྱི་ཡན་ལག་ཏུ་གྱུར་པའོ། །མཚོན་བྱའི་སྒྲ་བཤད་ནི་ཉོན་མོངས་ ཐམས་ཅད་སྤང་པ་དང༌། (འཕགས་པ་སློབ་པ་རྣམས་ཀྱིས་ཞེས་ཐུབ་དགོངས། )རྣམ་གྲོལ་མངོན་སུམ་དུ་བྱ་ བའི་ཕྱིར་འཕགས་ལམ་བསྐྱེད་པར་བྱེད་པས་འཕགས་ལམ་ཡན་ལག་གོ །ཞེས་དག་ལྡན་ནོ། ། (གནོད་འཇོམས་སུ་འཕགས་པ་སློབ་པ་རྣམས་ཀྱིས་ཞེས་འགོར་བསྣན་གཞན་ཇི་བཞིན་ནོ། ། ) མཚན་གཞི་ལ་དབྱེ་བ་ 2-1-146 དང་ས་མཚམས་སོ། །དང་པོ་ལ་དབྱེ་གཞི་འཕགས་ལམ་ཡན་ལག་གོ །དབྱེ་ངོ་ཡང་དག་པའི་ ཞེས་པ་རེ་རེའི་འགོར་རོ། །འཕགས་ལམ་ཡན་ལག་རེ་རེའི་མཇུག་ཏུ་སྦྱར་རོ། །དེ་བརྒྱད་ཀྱི་ ནང་ནས་མཐོང་ལམ་གྱིས་འདི་ལྟ་བུ་ཞིག་རྟོགས་སོ་ཞེས་ (དབུས་བཤད་)པའི་སྒོ་ནས་མཐོང་ལམ་ གྱིས་ (འགྲེལ་ཆེན་བློ་)ཇི་ལྟ་བ་བཞིན་རྟོགས་པའི་བདག་མེད་གཉིས་ (བློ་)པོ་དེ་ཉིད་ལ་ལྟ་ཞིང་དེའི་ དོན་ (བློ་)ཁོང་དུ་ཆུད་པ་གང་ཞིག དེ་བརྒྱད་ཡན་ལག་བཞིར་བསྡུས་བའི་ནང་ནས་ཡོངས་སུ་ གཅོད་པའི་ཡན་ལག་ཡིན་པ་ལྟ་བའི་མཚན་ཉིད་དོ། །ནང་ནས་ཞེས་རེ་རེར་ཡང་སྦྱར་ཏེ། ལྟ་ བས་དེ་ཁོ་ན་ཉིད་རྟོགས་པ་དེ་ལ་ (འགྲེལ་ཆེན་བློ་)བདག་གིས་ཐོས་ (གཉིས་ཀ་)བསམ་བསྒོམ་པའི་ རྣམ་ (བཤད་སྦྱར་)པ་འདིས་དེ་ཁོ་ན་ཉིད་རྟོགས་སོ། །ཞེས་ (གཉིས་ཀ)དེ་ཁོ་ན་ཉིད་ (བཤད་སྦྱར་)ཀྱི་ རྟོགས་པ་རྣམ་པར་འཇོག་ཅིང་ (གཉིས་ཀ)གཞུང་དུ་ཡང་བྱེད་གཞན་ལ་ཡང་སྟོན་གསུང་རབ་ ཡན་ལག་བཅུ་གཉིས་ཀྱི་དོན་ཡང་ (རྒྱན་དབུས་ཀྱི་འགྲེལ་པར་)ཇི་བཞིན་རྟོགས་པའི་འཕགས་ལམ་ ཡན་ལག་ནི། རྟོག་པ་ (ངག་གི་ཀུན་སློང་ངོ༌། ། )ཁ་གསག་སོགས་ལོག་པའི་ངག་གི་གཉེན་པོར་གྱུར་ ཅིང་ངག་གི་ལས་རྣམ་པར་དག་པའི་ངག་གི་ལས་གང་ཞིག་ཡང་དག་པའི་རྟོག་པས་ཀུན་ནས་ བསླང་ནས་གཞན་གྱིས་ཡང་དག་པའི་དོན་གོ་བར་བྱེད་པས་ལྟ་བ་རྣམ་དག་ཏུ་ཡིད་ཆེས་པའི་ ཡན་ལག་ཡིན་པ། ངག སྤྱོད་ལམ་བཅོས་ (བཤད་སྦྱར་)མ་སོགས་ལོག་པའི་ལས་མཐའི་གཉེན་ པོར་ (དབུས་མཐར་)འགྱུར་ཅིང་ལུས་ཀྱི་ལས་རྣམ་པར་དག་པའི་ལུས་ཀྱི་ལས་གང་ཞིག་ཚུལ་ ཁྲིམས་རྣམ་དག་ཏུ་ཡིད་ཆེས་པའི་ཡན་ལག་ནི། ལས་ཀྱི་མཐའ། ལོག་པའི་ངག་དང་ལས་ཀྱི་ མཐའ་གཉིས་ཀའི་གཉེན་པོར་གྱུར་ཅིང་ལུས་ངག་གཉིས་ཀའི་ལས་རྣམ་པར་དག་པའི་རྗེས་ ཐོབ་ཀྱི་ལས་གང་ཞིག ཡོ་བྱད་བསྙུངས་བར་ཡིད་ཆེས་པའི་ཡན་ལག་ཡིན་པ་ནི། འཚོ་བ། རྟོག་ངག་ལས་མཐའ་འཚོ་བ་རྣམས་འཕགས་ལམ་མཉམ་བཞག་དུས་ན་དངོས་སུ་མེད་ཀྱང༌། དེ་འབྱུང་བའི་མཐུ་ཐོབ་པས་དེ་དུས་སུ་ཡང་ལྡན་པར་བཞག་པ་སྟེ། དབུས་མཐའི་འགྲེལ་ 2-1-147 བཤད་དུ། དེ་འབྱུང་བའི་མཐུ་རྙེད་པའི་ཕྱིར། མཉམ་པར་བཞག་པ་ན་ཡང་ (རྟོག་ངག་)དེ་གཉིས་ དང་ལྡན་པར་རིག་པར་བྱའི། མཉམ་པར་བཞག་པ་ན་ཡང་ཡང་དག་པར་རྟོག་པར་བྱེད་ པའམ་སྨྲ་བ་ནི་མ་ཡིན་ནོ། །ཞེས་དེ་གཉིས་བཤད་པས་གཞན་གཉིས་པོའང་རིགས་པ་ མཚུངས་སོ། །ཐུབ་དགོངས་སུ། ལམ་ལ་མཉམ་པར་བཞག་པ་ལ་ནི། ཡང་དག་པའི་རྟོག་པ་ དང་ངག་དང༌། ལས་ཀྱི་མཐའ་དང་འཚོ་བ་དང་དྲན་པ། རྣམས་མི་སྲིད་དོ། །འོ་ན་ལམ་ལ་ སྙོམས་པར་ཞུགས་པ་དེའི་ཚེ་ཡན་ལག་བརྒྱད་སྒྲུབ་ (ལམ་ལ་ཟེར་)པའི་ཆོས་སུ་ཅི་ལྟར་འགྱུར་ཞེ་ ན། འཇིག་རྟེན་ལས་འདས་པའི་ཆོས་ཐོབ་པས་དེའི་རང་བཞིན། ཟག་པ་མེད་པའི་རྣམ་པར་ རིག་བྱེད་མ་ཡིན་པ་ཐོབ་སྟེ། གང་ཐོབ་པས་ལངས་ཀྱང་སླར་ཡང་ལོག་པའི་ངག་ལ་སོགས་ པ་ལ་མི་འཇུག་ཅིང་ཡང་དག་པའི་ངག་ལ་སོགས་པ་རྣམས་ལ་ཡང་འཇུག་གོ །དེའི་ཕྱིར་རྒྱུ་ མཚན་ལ་རྒྱུ་མཚན་ཅན་ཉེ་བར་བརྟགས་པ་ལས་ཡན་ལག་བརྒྱད་ཉིད་དེ་གཞན་དུ་ན་ལམ་ ལ་མཉམ་པར་བཞག་པ་ལ་འགལ་ལོ། །ཞེས་སོ། །དྲན་པ་དང་ཡང་དག་པའི་ལྟ་བ་རྒྱུ་མཚན་ (བློ་བརྟན་དང་ཨ་བྷ་ཡའི་འཆད་ལུགས་ལྟར་ན། )མཚུངས་པས་དེ་ཡང་དེར་འདོད་དགོས་ཤིང་གཞན་དུ་ན་ དྲན་པ་ཡང་ངོ༌། །ཡུན་རིང་བོར་ (དབྱིག་)མི་སྐྱོ་བར་ཤེས་སྒྲིབ་ཀྱི་གཉེན་པོར་དེ་སྤོང་བྱེད་ཀྱི་ ལམ་བསྒོམ་པའི་བརྩོན་འགྲུས་ (བློ་)སྒོམ་སྤང་ཉོན་མོངས་སྤོང་བའི་ཡན་ལག་ནི། རྩོལ་བ། ཞི་ (དབྱིག་)གནས་དང་རབ་ཏུ་འཛིན་པ་དང་བཏང་སྙོམས་ཀྱི་ (མཚན་མ་ལ་ཞེས་འགྲེལ་ཆེན་བློ་བརྟན་མར་རོ། ། ) རྒྱུ་མཚན་ལ་དྲན་པ་ཉེ་བར་གནས་པས་བྱིང་རྒོད་མེད་པར་འཕགས་ལམ་མངོན་སུམ་དུ་བྱ་ བའི་ཆེད་དུ་ལམ་གྱི་སྒྲིབ་པའི་གཉེན་པོར་བསྒོམ་པ་གང་ཞིག ཞུམ་རྒོད་སོགས་སྒོམ་སྤང་ཉེ་ ཉོན་སྤོང་བའི་ཡན་ལག་ཡིན་པ་ནི། དྲན་པ་ (དབུས་བཤད་སོགས་)མངོན་ཤེས་སོགས་ཡོན་ཏན་ ཁྱད་པར་ཅན་ (གནོད་དབྱིག་)མངོན་པར་སྒྲུབ་པའི་སྒྲིབ་པའི་གཉེན་པོར་བསྒོམ་པའི་འཕགས་ ལམ་རྩེ་གཅིག་པ་ནི་ཏིང་ངེ་འཛིན་ནོ། །ཕྱི་མ་དེ་གསུམ་གྱིས་རིམ་བཞིན་ཉོན་སྒྲིབ་དང་བྲལ་ 2-1-148 བ་དང༌། ཏིང་ངེ་འཛིན་ཡོངས་སུ་དག སྙོམས་འཇུག་གི་སྒྲིབ་པ་དང་བྲལ་བའོ། །ཞེས་དབུས་ མཐའི་འགྲེལ་བཤད་དོ། །དེ་ཡི་འོག་ཏུ་ཇི་ལྟ་བུར། །རྟོགས་པའི་རྗེས་སུ་འཇུག་པ་སྟེ། །རྣམ་ བཞག་ཇི་བཞིན་རྟོག་པ་དང༌། །རྣམ་པར་བཞག་ལ་འཇུག་པ་དང༌། །ལས་གསུམ་རྣམ་པར་ དག་པ་དང༌། །ཤེས་བྱ་དག་དང་ལམ་དང་ནི། །ཡོན་ཏན་ཁྱད་པར་ཅན་གྱི་ནི། །སྒྲིབ་པའི་ གཉེན་པོར་བསྒོམ་པའོ། །ཞེས་སོ། །ལྟ་རྟོག་རྩོལ་གསུམ་ཤེས་རབ། ངག་མཐའ་འཚོ་གསུམ་ ཚུལ་ཁྲིམས། (ཡིན་པས་བསོད་སྙོམས་སོགས་ལ་འཇུག་ཚེ་བྱ། གཞན་རྣམས་གནས་པའི་ཚེ་བྱ། ཞེས་འགྲེལ་ཆེན་བློ་བརྟན་ མར་རོ། ། ) དྲན་ཏིང་ངེ་འཛིན་གྱི་ཕུང་བོའོ། ། ཞེས་གནོད་འཇོམས་ཐུབ་དགོངས་སོ། །(མདོ་རྒྱན་ འགྲེལ་ཆེན་བློ་བརྟན་མར། ཡན་ལག་བརྒྱད་པོ་དེ་དག་མདོར་ན་རྣམ་པ་གཉིས་བཞག་སྟེ། སྤྱོད་པའི་ཚེ་གང་བྱ་བ་དང་གནས་ པའི་ཚེ་གང་བྱ་བའོ། །དེ་ལ་སྤྱོད་པ་ནི། བསོད་སྙོམས་ལ་འཇུག་པ་དང་འཆག་པ་ལ་སོགས་པ་བྱེད་པ་སྟེ། དེའི་ཚེ་ན་ནི་ཡང་དག་ པའི་ངག་དང་ལས་ཀྱི་མཐའ་དང་འཚོ་བ་གསུམ་ལ་གནས་པར་བྱའོ། །གནས་པ་ནི། ཏིང་ངེ་འཛིན་ལ་སྙོམ་པར་འཇུག་པ་སྟེ། དེའི་ ཚེ་ན་ཞི་གནས་བསྒོམ་པ་དང༌། ལྷག་མཐོང་བསྒོམ་པ་གཉིས་བྱའོ། །ཞེས་ཏེ་གནས་པའི་ཚེ་གཞན་ལྔ་བྱའོ། །སྤྱོད་པ་ནི་རྒྱུ་བ་ལ་ ཟེར་རོ། །ཡང་དག་པའི་ལྟ་བ་དང་རྟོག་པ་དང་རྩོལ་བ་གསུམ་ནི་ལྷག་མཐོང་གི་ཕྱོགས་འཁོར་དང་བཅས་པ་སྟེ། ཡང་དག་པའི་ལྟ་ བ་ནི་ལྷག་མཐོང་ཉིད་དོ། །ཡང་དག་པའི་རྟོག་པ་དང་རྩོལ་བ་ནི་ལྷག་མཐོང་གི་ཕྱོགས་སོ། །ཡང་དག་པའི་དྲན་པ་དང་ཏིང་ངེ་ འཛིན་ཞི་གནས་ཀྱི་ཕྱོགས་འཁོར་དང་བཅས་པ་སྟེ། ཏིང་ངེ་འཛིན་ཞི་གནས་ཉིད་དོ། །དྲན་པ་ནི་ཞི་གནས་ཀྱི་འཁོར་རོ། །ཞེས་ སོ། ། ) བཤེས་སྤྲིང་འགྲེལ་པར། ཡང་དག་པའི་ལྟ་བ་ནི་ཟག་པ་མེད་པའི་ཤེས་རབ་པོ། །ཡང་ དག་པའི་རེ་རེར་སྦྱར་ཏེ། འཚོ་བ་ནི་ཁ་གསག་དང་ལོག་འཚོ་སྤོང་བའོ། །རྩོལ་བ་ནི་བརྩོན་ འགྲུས་ཏེ། དེ་ཡང་ཡང་དག་པའི་སྤོང་བ་བཞིའོ། །དྲན་པ་ནི་དམིགས་པ་མ་བརྗེད་པའོ། །དེ་ ཡང་དྲན་པ་ཉེར་བཞག་བཞིའོ། །ཏིང་ངེ་འཛིན་ནི་བསམ་གཏན་བཞིའོ། །ངག་ནི་དགེ་བའི་ ལས་ཀྱི་ལམ་བཞིའོ། །ལས་ཀྱི་མཐའ་ནི་ལས་ཀྱི་དགེ་བའི་ལས་ཀྱི་ལམ་དང་སྤོང་བའི་རང་ བཞིན་གསུམ་མོ། །རྟོག་པ་ནི་གནོད་སེམས་མེད་པ་དང་ངེས་པར་འབྱུང་བ་ཞེས་བྱ་བ་ལ་ 2-1-149 སོགས་པ་སྟེ་དགེ་བའི་རྟོག་པ་རྣམ་པ་དུ་མའོ། །ཞེས་ཏེ། ཐུབ་དགོངས་སུ། ཕལ་ཆེར་དེ་ བཞིན་ནོ། །བློ་གྲོས་མི་ཟད་པའི་མདོ་འགྲེལ་བཅས་དང་མདོ་རྒྱན་འགྲེལ་ཆེན་སོགས་སུ་ཡང་ ཚུལ་གཞན་ཡང་སྣང་ངོ༌། །དེ་དག་གཅིག་གམ་ཐ་དད་ཅི་རིགས་པའོ། །གྲངས་ངེས་ནི། ལྟ་བ་ ནི་ཡོངས་སུ་གཅོད་པའི་ཡན་ལག་སྟེ། སྒོམ་ལམ་རྗེས་ཐོབ་ (དབྱིག་)དེས་མཐོང་ལམ་གྱི་རྟོགས་ པ་ལ་ (དབུས་བཤད་)བདག་གིས་འདི་ལྟ་བུ་ཞིག་ (དབུས་)རྟོགས་སོ་ཞེས་མཐོང་ལམ་གཅོད་པས་ སོ། །(ཐུབ་དགོངས་དངོས་དབུས་བཤད་དོན། ) རྟོག་ངག་གཞན་གོ་བྱེད་ཀྱི་ཡན་ལག་སྟེ། རྟོག་པས་ཀུན་ ནས་བསླང་སྟེ་ངག་གིས་སེང་གེའི་ (དབུས་)སྒྲ་སྒྲོགས་པས་གཞན་གྱིས་གོ་བར་ནུས་པས་སོ། ། ངག་མཐའ་འཚོ་གསུམ་གཞན་ཡིད་ཆེས་པར་བྱེད་པའི་ཡན་ལག་སྟེ། ངག་གིས་བསྙད་ (དམ་ པའི་ཆོས་ཞེས་བློ་)པ་དང་ (དབྱིག་)འབེལ་བའི་གཏམ་གྱིས་ (དབྱིག་)འདི་ནི་ཐོགས་ (བློ་)པ་མེད་པ་དང་ དོན་ཤིན་ཏུ་གཏན་ལ་ཕབ་པ་དང་འགལ་བ་མེད་པ་དང་དོན་གསལ་བར་ (བློ་)བརྗོད་པ་ལས་ ན་འདིས་དེ་ཁོ་ན་ངེས་པར་རྟོགས་སོ་ཞེས་ལྟ་བའམ་ཤེས་རབ་རྣམ་དག་ཏུ་ཡིད་ཆེས་སོ། ། ལས་མཐས་སྲོག་གི་ (བློ་)ཕྱིར་ཡང་བྱ་བ་མ་ཡིན་པ་ (དབྱིག་)མི་བྱེད་པར་ (དབྱིག་)འདི་ནི་འཕགས་ པ་དགྱེས་པའི་ཚུལ་ཁྲིམས་ (བློ་)དང་ལྡན་ནོ། །ཞེས་ཚུལ་ཁྲིམས་རྣམ་དག་ཏུ་ཡིད་ཆེས་སོ། ། འཚོ་བས། (ལུས་གནས་པ་ཙམ་དུ་བྱ་བའི་ཕྱིར། ) རིགས་པ་དང་ཚོད་ཟིན་ (བློ་)པར་ཆོས་གོས་ལ་སོགས་ པ་ (བློ་)ཚོལ་བས་ངེས་པར་འདིས་ (བློ་)ནི་ཡོ་བྱད་རྣམས་ལ་སྲེད་པ་སྤངས་སོ་ཞེས་ (བློ་)ཡོ་བྱད་ བསྙུངས་པར་ཡིད་ཆེས་སོ། །(ཟླ་ཟེར་དུ་འཚོ་བའི་དོན་གྱིས་ཡོ་བྱད་ནི་འཚོ་བའི་ཡོ་བྱད་ཅེས་སོ། ། )ཤཱནྟིས། ཡོ་བྱད་ བསྙུངས་པ་ནི་ཡོ་བྱད་ཀྱིས་ཕོངས་པར་བྱེད་པའོ། །ཞེས་མདོ་བཏུས་འགྲེལ་པར་རོ། །ལྷག་མ་ གསུམ་གཉེན་པོའི་ཡན་ལག་སྟེ། བྱིང་རྒོད་དང་བྲལ་བའི་ཏིང་ངེ་འཛིན་གྱི་དུས་ཀྱི་བརྩོན་ འགྲུས་ཡང་དག་པའི་ལྟ་བས་བསྡུས་པ་ནི་རྩོལ་བ་སྟེ། དེས་འཕགས་ལམ་བསྒོམས་ཏེ་སྒོམ་ སྤང་ཉོན་མོངས་པའི་གཉེན་པོ་བྱེད་དོ། །དྲན་པས་ཉེ་བའི་ཉོན་མོངས་ཞུམ་རྒོད་ཀྱི་གཉེན་པོ་ 2-1-150 བྱེད་དེ། རྒོད་པའམ་རྒོད་དུ་ (དབུས་བཤད་)དོགས་པ་ན་འཁོར་བའི་སྐྱོན་ (མདོ་རྒྱན་འགྲེལ་ཆེན་བློ། ) སོགས་སྐྱོ་བར་ (དབུས་བློ་)འགྱུར་བའི་དངོས་པོ་ཡིད་ལ་བྱེད་པ་ཞི་གནས་ཀྱི་རྒྱུ་མཚན། བྱིང་ ངམ་བྱིང་ (འགྲེལ་ཆེན་)དུ་དོགས་པ་ན་དེ་ (དབུས་བཤད་)པའི་ཡོན་ཏན་ (འགྲེལ་ཆེན་བློ། )སོགས་སེམས་ གཟེང་བསྟོད་པར་འགྱུར་བ་ལྟ་བུ་དགའ་བར་ (དབུས་བཤད་)འགྱུར་བའི་དངོས་པོ་ཡིད་ལ་བྱེད་ པ་རབ་ཏུ་འཛིན་པའི་རྒྱུན་མཚན། ཞི་ལྷག་རེ་རེས་སམ་ཟུང་འཇུག་གིས་ (དབུས་)བྱིང་རྒོད་ ཀྱིས་ཉེ་བར་ཉོན་མོངས་པ་མེད་པ་ལ་ལྷུན་ (ཀུན་དབུས་)གྱིས་གྲུབ་པར་ཡིད་ལ་བྱེད་པ་བཏང་ སྙོམས་ཀྱི་རྒྱུ་མཚན་ཏེ་དེ་ལྟར་ཡིད་ལ་བྱེད་པའི་སྒོ་ནས་སོ། །(བློ་བརྟན་ནོ། ། ) ཏིང་ངེ་འཛིན་གྱི་ མངོན་ཤེས་སོགས་དབང་གི་མི་མཐུན་ཕྱོགས་ཀྱི་གཉེན་པོ་བྱེད་དེ། བསམ་ (དབྱིག་)གཏན་ལ་ གནས་ནས་མངོན་ཤེས་ (དབྱིག་)སོགས་སྒྲུབ་པས་སོ། །དབུས་མཐར། ཡོངས་སུ་གཅོད་དང་གོ་ བྱེད་དང༌། །རྣམ་གསུམ་གཞན་ཡིད་ཆེས་པར་བྱེད། །མི་མཐུན་ཕྱོགས་ཀྱི་གཉེན་པོར་ནི། ། ལམ་གྱི་ཡན་ལག་དེ་བརྒྱད་དོ། །ལྟ་དང་ཚུལ་ཁྲིམས་ཡོ་བྱད་བསྙུངས། །གཞན་ལ་རྣམ་པར་ རིག་བྱེད་འདོད། །ཉོན་མོངས་ཉེ་བའི་ཉོན་མོངས་དབང༌། །མི་མཐུན་ཕྱོགས་ཀྱི་གཉེན་པོའོ། ། ཞེས་སོ། །གཉིས་པ་ནི། བདེན་པ་མཐོང་བ་ཡོངས་སུ་ཤེས་པའི་མཐོང་ལམ་ཐོབ་པ་ལ་སྒོམ་ པའི་ལམ་འབྱུང་བས་འཕགས་ལམ་ཡན་ལག་སྒོམ་ལམ་གྱི་ཡན་ལག་ཡིན་པས་དེ་ན་ཡོད་དེ། དེ་ཡང་སྔར་བཤད་ལྟར་ཁྱད་ཆོས་བྱའོ། །སྤྱིར་མཐོང་ལམ་ནས་སངས་རྒྱས་ཀྱི་བར་ན་ཡོད་ དོ། །གསུམ་པ་ནི། དེ་དག་དང་མཚུངས་ལྡན་གྱི་སེམས་དང་སེམས་བྱུང་ (ཞེས་པ་གཙོ་ཆེ་བའི་དབང་ དུ་མཛད་པས་སོ། ། )ངོ༌། །(ཀུན་བཏུས། ) བཞི་པ་ནི། བྱང་ཆུབ་ཡན་ལག་བཞིན་ནོ། །(ཀུན་བཏུས། ) ལྔ་པ་ ནི། ཡོངས་སུ་གཅོད་ (ཀུན་)བྱེད་དང༌། གོ་བྱེད་དང༌། ཡིད་ཆེས་བྱེད་དང༌། ཉོན་མོངས་པའི། ཉེ་ ཉོན་གྱི། ཡོན་ཏན་ཁྱད་པར་ཅན་ལ་སྒྲིབ་པའི་གཉེན་པོ་བྱེད་དོ། །ཞེས་སོ། །(ཀུན་དངོས། ) དེ་ རྣམས་གང་དང་གང་ལས་བཤད་ནི་མཆན་བུ་ལས་ཤེས་སོ། །དེའི་རྣམ་པ་བརྒྱད་ནི་སོ་བདུན་ 2-1-151 ལ་བགྲང་རྒྱུའོ། །དྲན་པ་ཉེར་བཞག་བཞི་ནས་ཡན་ལག་བརྒྱད་ཀྱི་བར་བཤད་པ་དེ་ལྟར་ན་ སློབ་མ་ཉན་ཐོས་རྣམས་ལ་ཀུན་ཤེས་པ་ཉིད་ཀྱི་ལམ་གྱི་རྟེན་ཅན་གྱི་རྣམ་པ་ཆོས་སུ་འཛིན་པ་ ཅན་སོ་བདུན་ཡོད་ལ། ཆོས་སུ་བདེན་པར་མི་འཛིན་པའི་བྱང་པའི་སྔར་བཤད་ལྟར་སོ་བདུན་ ཡོད་པ་རྣམ་མཁྱེན་གྱི་རྒྱུའི་རྣམ་པ། སངས་རྒྱས་སའི་མཐར་ཕྱིན་པའི་སོ་བདུན་ནི་རྣམ་མཁྱེན་ གྱི་ཤེས་རྣམ་དངོས་སོ། །ཞེས་སྦྱར་རོ། །རྒྱ་འགྲེལ་རྣམས་སུ་དེ་ཐེག་དམན་གྱིར་བཤད་ནས་ ཐེག་ཆེན་གྱི་ཞར་ལ་བཤད་པར་རློམ་པར་སྣང་སྟེ། ཟླ་ཟེར་དུ། དེ་བཤད་ཟིན་ཞེས་པའི་རྗེས་ སུ་དེ་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་རྣམ་པ་ཐམས་ཅད་དུ་ཆོས་ཐམས་ཅད་ དོན་དུ་གཉེར་བའི་ཕྱིར་དང་སེམས་ཅན་ཐམས་ཅད་ལ་ཕན་པ་བསྐྱེད་པར་བྱེད་པའི་རྒྱུའི་ ཕྱིར་རྗེས་སུ་མི་དམིགས་པའི་ངོ་བོ་ལས་སོ་སོར་རྟོགས་པའི་དོན་དུ་སྟོང་པ་དང་སྙིང་རྗེ་དབྱེར་ མེད་པའི་བྱང་ཆུབ་ཀྱི་སེམས་ཀྱི་ནང་དུ་བསྡུས་ནས་བསྒོམ་པར་བྱའོ། །ཞེས་སོ། ། གཉིས་པ། ལམ་ཤེས་པ་ཉིད་ཀྱི་རྣམ་པ་ལའང་བྱང་པའི་དང༌། སངས་རྒྱས་ཀྱི་གཉིས་ ཡོད་པ་ལ། རྒྱུའི་རྣམ་པ་དང་འབྲས་བུའི་རྣམ་པར་གོ་བར་བྱ་ཞིང༌། དང་པོའི་དབང་དུ་བྱས་ པ་ལ་ལམ་ (ཨཱརྱ་དངོས་)དྲུག་སྟེ། གཉེན་པོའི། སྤྲུལ་བའི། མཐོང་ཆོས་ལ་བདེར་གནས་ཀྱི། འཇིག་རྟེན་ལས་འདས་པའི། སྤོང་བའི། སངས་རྒྱས་ཉིད་ཀྱི་ལམ་གྱི་རྣམ་པའོ། །དང་པོ་ལ་ གཉིས་ཏེ། མདོ་བསྟན་བཅོས་གཞན་གྱི་ལུགས་དང༌། མདོ་དང་བསྟན་བཅོས་འདིའི་ལུགས་ གཉིས་སོ། །དང་པོ་ལ། ཏིང་ངེ་འཛིན་གསུམ་གྱི་སྤྱོད་ཡུལ་བཤད། ཡུལ་ཅན་སྒོ་གསུམ་ཏིང་ ངེ་འཛིན་བཤད། དེ་རྒྱུ་ཆོས་ཀྱི་སྡོམ་བཞི་བཤད་པའོ། །དང་པོ་ནི། (བཤད་སྦྱར་འགྲེལ་ཆེན་བློ་བརྟན་ མར་)ཀུན་ཏུ་བརྟགས་པའི་བདག་གཉིས་མེད་པ་ནི། སྟོང་ཉིད་ཏིང་ངེ་འཛིན་གྱི་དམིགས་པ་སྟེ། དེ་ལ་དེས་དམིགས་པའི་ཕྱིར་ (འགྲེལ་ཆེན་)རོ། །བདག་གཉིས་སུ་འཛིན་པའི་རྟེན་ཉེར་ལེན་ཕུང་ ལྔ་ནི་སྨོན་མེད་ཏིང་ངེ་འཛིན་གྱི་དམིགས་པ་སྟེ། དེ་བདག་གཉིས་མེད་པར་གཉིས་སུ་འཁྲུལ་ 2-1-152 བ་འབྱུང་བའི་གནས་དང་རྟེན་ཡིན་ཞིང་སྐྱེ་རྒ་ན་འཆི་སོགས་སྡུག་བསྔལ་སྣ་ཚོགས་ཅན་ཡིན་ པས་སྨོན་བྱ་མིན་ནོ་ཞེས་བྱ་བར་དམིགས་སོ། །(འགྲེལ་ཆེན་ཇི་བཞིན་ནོ། ། ) རྟེན་དེ་འདྲ་དེ་རྟག་ཏུ་ཉེ་བར་ཞི་བའི་ (བློ་དངོས་)འགོག་བདེན་ཡོངས་གྲུབ་ (བློ་དངོས་)ནི་ མཚན་མེད་ཏིང་ངེ་འཛིན་གྱི་དམིགས་པ་སྟེ། ཇི་ལྟར་དམིགས་ན་ (དངོས་)ཡོངས་གྲུབ་ནི་མིག་ དང་གཟུགས་སོགས་མཚན་མ་ཐམས་ཅད་དང་བྲལ་བ་ཡིན་ནོ་ཞེས་དམིགས་སོ། །ཞེས་ སོ། །(འགྲེལ་ཆེན་དངོས། ) ཏིང་འཛིན་གསུམ་གྱི་སྤྱོད་ཡུལ་ནི། བདག་མེད་རྣམ་པ་གཉིས་པོ་ དང༌། །བདག་ཏུ་འཛིན་པའི་རྟེན་དང་ནི། །དེ་རྟེན་ཉེར་ཞི་ཡིན་ཞེས་བྱ། །ཞེས་སོ། །གཉིས་ པ་ནི། ཡུལ་རྣམ་ཐར་སྒོ་གསུམ་ཞེས་གསུང་བ་ནི་ཤིན་ཏུ་ནོར་ཏེ། ཉེར་ལེན་ཕུང་བོ་རྣམ་པར་ ཐར་བའི་སྒོར་ཅི་ལྟར་རིགས། འགྲེལ་པ་གང་ལས་བཤད། དེས་ན་ཡུལ་བདག་མེད་གཉིས། (བཤད་སྦྱར་འགྲེལ་ཆེན་དངོས། )ཉེར་ལེན་ཕུང་ལྔ། མྱང་འདས་སམ། (བཤད། ) དེ་དག་ (འགྲེལ་ཆེན་)ཞི་བའི་ ཡོངས་གྲུབ་གསུམ་ཡོད་པས་ཡུལ་ཅན་སྟོང་ཉིད་ཀྱི་ཏིང་ངེ་འཛིན་སོགས་གསུམ་སྟེ། (འགྲེལ་ ཆེན། ) བདག་གཉིས་སུ་རྣམ་པར་མི་རྟོག་པར་བདག་མེད་གཉིས་ལ་སེམས་རྩེ་གཅིག་པའི་ ཏིང་ངེ་འཛིན་ནི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཏེ་བདག་གཉིས་མེད་པར་ (དབྱིག་)ཤེས་པར་ (རྩ་བ་ )བྱ་བའི་ཕྱིར་དུ་བཤད་ (འགྲེལ་ཆེན་)དེ། དེས་དེ་ཁོང་དུ་ཆུད་པས་སོ། །བདག་འཛིན་གྱི་རྟེན་ཉེར་ ལེན་ཕུང་ (འགྲེལ་ཆེན་)ལྔ་ལ་རྒྱབ་ཀྱིས་ཕྱོགས་ཤིང་མ་ཆགས་ (འགྲེལ་ཆེན་)པའི་སེམས་རྩེ་གཅིག་ པ་ནི་སྨོན་མེད་ཀྱི་ཏིང་ངེ་འཛིན་ཏེ། བདག་འཛིན་གྱི་རྟེན་དེ་སྤང་བའི་ཕྱིར་ཡིན་ནོ། །(བཤད་པ་ དབྱིག། ) དེས་དེ་སྡུག་བསྔལ་གྱི་ (འགྲེལ་ཆེན་)རང་བཞིན་ཅན་དུ་ཤེས་ནས་སྤོང་བར་བྱེད་པས་སོ། ། བདག་གཉིས་སུ་འཁྲུལ་བ་སྤངས་པ་དང་ཉེར་ལེན་ཕུང་ལྔ་ཉེ་བར་ཞི་བའི་མྱང་འདས་ (བཤད་ )ཡོངས་གྲུབ་ལ་རྒྱུན་དུ་དགའ་བ་ཅན་གྱི་སེམས་རྩེ་གཅིག་པ་ནི་མཚན་མེད་ཀྱི་ཏིང་ངེ་འཛིན་ ཏེ། བདག་འཛིན་གྱི་རྟེན་ཉེ་བར་ཞི་བ་མྱང་འདས་ཡོངས་གྲུབ་མངོན་དུ་བྱ་བའི་ཕྱིར་བཤད་པ་ 2-1-153 (འགྲེལ་ཆེན་)ཡིན་ནོ། །དེས་དེ་མངོན་དུ་བྱེད་པས་སོ། །དེ་ནི་གཟུང་འཛིན་ངོ་བོའི་ཕྱིར། །རྣམ་པ་ གསུམ་དུ་ཤེས་པར་བྱ། །རྣམ་པར་མི་རྟོག་རྒྱབ་གྱིས་ཕྱོགས། །རྟག་ཏུ་དགའ་དང་ལྡན་པའོ། ། ཡོངས་སུ་ཤེས་དང་སྤང་བ་དང༌། །མངོན་སུམ་དུ་ནི་བྱ་བའི་ཕྱིར། །སྟོང་ཉིད་ལ་སོགས་ཏིང་ འཛིན་རྣམས། །དོན་རྣམ་གསུམ་དུ་ཡོངས་སུ་བསྒྲགས། །ཞེས་སོ། །གསུམ་པ་ནི། སེམས་ ཅན་རྣམས་ལ་ཕན་བཞེད་པས། །ཏིང་ངེ་འཛིན་གྱི་རྒྱུ་ཉིད་དུ། །ཆོས་ཀྱི་སྡོམ་ནི་རྣམ་པ་བཞི། ། བྱང་ཆུབ་སེམས་དཔའ་རྣམས་ལ་བཤད། །ཅེས་ཏེ། ཟག་བཅས་ཀྱི་འདུ་བྱེད་ཐམས་ཅད་ མི་རྟག་པ་དང་སྡུག་བསྔལ་བ་གཉིས་ནི་སྨོན་མེད་ཀྱི་ཏིང་ངེ་འཛིན་གྱི་རྒྱུ་ཡིན་ཏེ། དེ་ཐམས་ ཅད་མི་རྟག་ (བཤད་སྦྱར་)ཅིང་སོག་ལེ་བསྲེགས་པའི་ (བཤད་སྦྱར་)སོ་དང་ (འགྲེལ་ཆེན་)འདྲ་བར་རིག་ ནས་ (འགྲེལ་ཆེན་)དེ་ལ་ཆགས་ (འགྲེལ་ཆེན་) ཤིང་སྨོན་པར་ (གཉིས་ཀ་)མི་བྱེད་པས་སོ། །ཆོས་ཐམས་ ཅད་བདག་མེད་པ་ནི་སྟོང་ཉིད་ཏིང་ངེ་འཛིན་གྱི་རྒྱུ་སྟེ། ཀུན་བརྟགས་པའི་ (འགྲེལ་ཆེན་)བདག་ གཉིས་མེད་པར་བསྒོམས་ (འགྲེལ་ཆེན་)ན་དེ་འགྲུབ་པས་ (འགྲེལ་ཆེན་)སོ། །མྱ་ངན་ལས་འདས་ པ་ཞི་བ་ནི་མཚན་མེད་ཀྱི་ཏིང་ངེ་འཛིན་གྱི་རྒྱུ་སྟེ། འདིར་མྱང་འདས་ནི་དབང་བོ་ (ཀུན་བཏུས་) དང་ཡུལ་ལ་སོགས་པའི་མཚན་མ་དང་བྲལ་བ་རྟོག་དཔྱོད་ཐམས་ཅད་ལས་འདས་པས་དེ་ བསྒོམས་ན་དེ་འགྲུབ་པས་ (ཀུན་བཏུས་)སོ། །ཆོས་ཀྱི་སྡོམ་དེ་བཞི་ཡང༌། བརྟན་པ་རྣམས་ཀྱི་ བཞི་བོ་དེ། །མེད་པའི་དོན་དང་རྣམ་རྟོག་དོན། །ཀུན་ཏུ་རྟོག་དོན་ཁོ་ན་དང༌། །རྣམ་རྟོག་ཉེ་ བར་ཞི་བའི་དོན། །ཞེས་ཏེ། འདིར་སྐྱེ་འཇིག་གི་དོན་ནི་མི་རྟག་པའི་དོན་མིན་གྱི་རྟག་ཏུ་མེད་ པའི་དོན་ནི་མི་རྟག་པའི་དོན་ཏེ། གང་རྟག་ཏུ་མེད་པ་ཡིན་ཞེ་ན། འདུས་བྱས་རྣམས་ལ་ཀུན་ བརྟགས་པའི་གང་ཟག་དང་ཆོས་རྣམས་རི་བོང་རྭ་བཞིན་ (ཀུན་བཏུས་)དུ་མེད་དེ། ཀུན་ (ཀུན་བཏུས་ )བརྟགས་རྟག་ཏུ་མེད་པའི་དོན་ནི། མི་རྟག་པའི་དོན་ཏེ་ (བློ་གྲོས་མི་ཟད་པའི་མདོ་དྲངས་དེ་མི་རྟག་པའི་ དོན་གང་ཞེ་ན་མེད་པ་དང་མི་རྟག་པའི་དོན་མ་ཡིན་ནོ། །མི་རྟག་པའི་དོན་ནི་ཆོས་ལ་བདག་མེད་པ་སྟེ། ངོ་བོ་ཉིད་ཀྱིས་དབེན་ 2-1-154 པའི་ཕྱིར་དེ་ལ་འཇིག་པ་གང་ཡང་མེད་དེ། འདི་ནི་མི་རྟག་པའི་དོན་ནོ། །ཞེས་སོ། ། )ཞེས་སོ། །འདུ་བྱེད་རང་ཉིད་ རྟག་པར་མེད་པའི་དོན་ཞེས་པ་ནི་གཏན་མ་དགོངས་སོ། །ཡང་དག་པ་མིན་པའི་རྣམ་རྟོག་ གི་དོན་གྱིས་སྡུག་བསྔལ་བ་སྟེ་གཟུང་འཛིན་དུ་རྟོག་ (དབྱིག་)པའི་སེམས་སེམས་བྱུང་གཞན་གྱི་ (དབྱིག་)དབང་གི་དངོས་པོ་ཉིད་སྡུག་བསྔལ་ཡིན་ཏེ། དེ་ཙམ་དུ་འཁོར་བར་སྡུག་བསྔལ་བས་ ཞེས་ (དབྱིག་)སོ། །དེ་སླུ་བའི་ཕྱིར་སྡུག་བསྔལ་ལོ། །ཞེས་བཤད་སྦྱར་རོ། །ཀུན་བརྟགས་པའི་ བདག་གཉིས་མེད་ཀྱི་བདག་གཉིས་སུ་ཀུན་ཏུ་རྟོག་པ་ཙམ་ (བཤད་སྦྱར་)དང་ཐ་སྙད་ཙམ་ (བཤད་ སྦྱར་)ཡོད་པས་བདག་མེད་དོ། །སེམས་སེམས་བྱུང་གི་རྣམ་རྟོག་ཕྱིན་ཅི་ལོག་སྡུག་བསྔལ་ (བཤད་སྦྱར་)གྱི་དངོས་པོ་རྣམས་སོ་སོར་བརྟགས་པས་ (བཤད་སྦྱར་)འགོག་པའི་ཕྱིར་ (བཤད་སྦྱར་)ཞི་ བ་མྱང་འདས་ཀྱི་དོན་ཏེ། འགྲེལ་པ་འགྲེལ་བཤད་དག་གོ །གཉིས་པ་ནི། གཉེན་པོའི་ལམ་ ལ་རྣམ་པ་གསུམ་དུ་ཡོད། གསུམ་གང་ན། རྣམ་པར་ཐར་བའི་སྒོ་གསུམ་སྟེ། མྱ་ངན་ལས་ འདའ་བར་འགྱུར་ཞིང་འཁོར་བ་ལས་ཐར་བའི་སྒོ་ཡིན་པས་རྣམ་པར་ཐར་བའི་སྒོ་ཞེས་སྒྲ་ སྦྱོར་བམ་གཉིས་ལས་སོ། །དེ་གསུམ་གང་ན། གོ་རིམ་བཞིན་སྦྱར་ན་ཕུང་བོའི་སྟོང་པ་དང་ བདག་མེད་པའི་རྣམ་པ་མངོན་སུམ་དུ་རྟོགས་པའི་བྱང་འཕགས་དབང་རྣོན་གྱི་ཏིང་ངེ་འཛིན་ ནི་ཆོས་ཅན། རྣམ་པར་ཐར་བའི་སྟོང་ཉིད་ཀྱི་ཏིང་ངེ་འཛིན་ཡིན་ཏེ། དེ་ལྟར་གྱི་བྱང་འཕགས་ ཀྱི་ཏིང་ངེ་འཛིན་ཡིན་པས་སོ། །དེ་ཆོས་ཅན། བདག་ཏུ་ལྟ་བ་དང་དེས་བྱས་པ་བདག་གིར་ ལྟ་བའི་གཉེན་པོ་ཡིན་ཏེ། རྟགས་འདྲའོ། །ཕུང་བོའི་སྟོང་བདག་གཉིས་ཀྱང་ཆོས་ཅན། རྣམ་ ཐར་སྒོ་སྟོང་ཉིད་ཡིན་ཏེ། ཐ་དད་དང་གཅིག་པའི་བདག་གིས་སྟོང་པའི་སྟོང་ཉིད་ཡིན་པས་ སོ། །དེ་མངོན་སུམ་དུ་རྟོགས་ན་ཐར་བར་འགྱུར་བས་དེ་སྐད་ཅེས་བྱའོ། །ཐེག་ཆེན་འགོག་ བདེན་གྱི་རྣམ་པ་བཞི་ཆོས་ཅན། རྣམ་པར་ཐར་སྒོ་མཚན་མེད་ཡིན་ཏེ། གཟུང་འཛིན་བདེན་ འཛིན་གྱི་རྣམ་རྟོག་གི་མཚན་མ་ལམ་བདེན་གྱིས་མེད་པར་བྱས་པའི་སྤངས་པ་ཕུན་ཚོགས་ 2-1-155 ཡིན་པས་སོ། །ཐེག་ཆེན་ལམ་བདེན་གྱི་རྣམ་པ་བཞི་ཆོས་ཅན། རྣམ་ཐར་ཀྱི་སྒོ་མཚན་མེད་ ཡིན་ཏེ། གཟུང་འཛིན་བདེན་འཛིན་གྱི་རྣམ་རྟོག་གི་མཚན་མ་སེལ་བྱེད་ཀྱི་ཟག་མེད་ཡེ་ཤེས་ ཀྱི་ཆ་ཡིན་པས་སོ། །ཐེག་ཆེན་འགོག་ལམ་གྱི་རྣམ་པ་ལ་སེམས་རྩེ་གཅིག་ཏུ་གནས་པའི་ བྱང་འཕགས་ཀྱི་ཏིང་ངེ་འཛིན་དེ་ཆོས་ཅན། རྣམ་ཐར་སྒོ་མཚན་མེད་ཀྱི་ཏིང་ངེ་འཛིན་ཡིན་ཏེ། རྣམ་རྟོག་གི་མཚན་མ་མེད་པའི་བྱང་འཕགས་ཀྱི་ཏིང་ངེ་འཛིན་ཡིན་པས་སོ། །དེ་ཆོས་ཅན། བདག་ལྟ་དེའི་རྒྱུ་མཚན་ཏེ་རྒྱུར་ཡོད་པ་ (གསེར་)ཅན་ནམ་འབྲས་བུར་ཡོད་པ་ཅན་གྱི་གཟུང་ འཛིན་བདེན་འཛིན་གྱི་རྣམ་རྟོག་གི་གཉེན་པོ་ཡིན་ཏེ། དེ་འདྲའི་རྣམ་རྟོག་གི་མཚན་མ་ཞི་བའི་ ཐེག་ཆེན་འཕགས་པའི་རྟོགས་པ་ཡིན་པས་སོ། །(མཛོད་དུ་མཚན་མེད་ཞི་བའི་རྣམ་པ་ཡིས། །ཞེས་འགོག་ བདེན་གྱི་ཞི་བའི་རྣམ་པ་གཅིག་པུ་མཚན་མེད་དུ་བཤད་པ་ནི་ཉན་ཐོས་ཁོ་ནའི་ལུགས་ཡིན་ནོ། །ཞེས་ཨཱརྱའོ། ། ) ཟག་བཅས་ ཀྱི་མི་རྟག་པ་དང་སྡུག་བསྔལ་གྱི་རྣམ་པ་དང༌། ཀུན་འབྱུང་བདེན་པའི་རྣམ་པའི་ངོ་བོ་ཉིད་དེ་ སྡུག་བསྔལ་གྱི་རྒྱུ་ཀུན་འབྱུང་སོགས་ཆོས་ཅན། རྣམ་པར་ཐར་སྒོ་སྨོན་མེད་ཀྱི་དམིགས་པ་ ཡིན་ཏེ། སྐྱོན་དང་བཅས་པས་དོར་བྱ་ཡིན་པས་སོ། །དེ་རྣམས་མངོན་སུམ་དུ་རིག་པའི་བྱང་ འཕགས་དབང་རྣོན་གྱི་ཏིང་ངེ་འཛིན་ཆོས་ཅན། རྣམ་པར་ཐར་སྒོ་སྨོན་མེད་ཀྱི་ཏིང་ངེ་འཛིན་ ཡིན་ཏེ། དེ་འདྲའི་བྱང་འཕགས་ཀྱི་ཏིང་ངེ་འཛིན་ཡིན་པས་སོ། །ཆོས་ཅན། ཁམས་གསུམ་པ་ ལ། བླང་བྱར་སྨོན་པའི་གཉེན་པོ་ཡིན་ཏེ། ཁམས་གསུམ་སྡུག་བསྔལ་དུ་མངོན་སུམ་དུ་རིག་ པའི་སློབ་ལམ་ཡིན་པས་སོ། །གནོད་འཇོམས་སུ། ཀུན་བརྟགས་པ་རྣམས་མཚན་ཉིད་མེད་ པར་མཐོང་བ་ནི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཏོ། །ཡོངས་སུ་གྲུབ་པ་ལ་ཞི་བའི་མཚན་ཉིད་དུ་ མཐོང་བ་ནི་མཚན་མ་མེད་པའི་ཏིང་ངེ་འཛིན་ཏོ། །གཞན་གྱི་དབང་ལ་མི་མཐུན་པར་མཐོང་ བ་ནི་སྨོན་པ་མེད་པའི་ཏིང་ངེ་འཛིན་ཏོ། །ཞེས་སོགས། རྒྱུ་མཚན་དང་བཅས་སོ། །གཏན་ལ་ དབབ་པ་བསྡུ་བར། སྟོང་ཉིད་མཚན་མེད་སྨོན་མེད་ཅེས་པ་ཙམ་གསུངས་པ་ནི་ཐོས་བསམ་ 2-1-156 སྒོམ་པ་གང་རུང་གིས་ཤེས་པ་དང༌། སྟོང་ཉིད་ཀྱི་ཏིང་ངེ་འཛིན་ཞེས་སོགས་ཀྱིས་གསུངས་ པ་ནི་སྒོམ་བྱུང་འཇིག་རྟེན་འདས་མ་འདས་གང་རུང་ཁོ་ནས་ཤེས་པ་དང༌། རྣམ་ཐར་གྱི་སྒྲས་ གསུངས་པ་ནི་སྒོམ་བྱུང་འདས་པ་ཁོ་ནར་བཤད་དོ། །འདི་ལ་ཚུལ་མང་ཞིང་ (དགོངས་འགྲེལ་ འགྲེལ་པ། )འཆད་དགོས་ནའང་མངས་སུ་དོགས་པས་བཞག་གོ ། གཉིས་པ། སྤྲུལ་བའི་ལམ་ལ་གཞན་གྱི་དོན་དུ་ངེས་པར་འབྱུང་བའི་དབང་དུ་བྱས་ པའི་རྣམ་པ་གསུམ་མོ། །གང་ན། གཟུགས་ཅན་གྱི་རྣམ་པར་ཐར་བ་སྟེ། འདི་ལ་གཟུགས་ ཅན་གཟུགས་ལ་ལྟ་བའི། གཟུགས་མེད་གཟུགས་ལ་ལྟ་བའི། སྡུག་པའི་རྣམ་ཐར་གསུམ་ མོ། །དང་པོ་ལ། ལྟ་ཞེས་དྲང་ངོ༌། །གང་ཟག་གང་གིས་ན། ཉན་ཐོས་ལྟར་ན། བསམ་གཏན་ དངོས་གཞིའི་སེམས་ཐོབ་པའི་སོ་སྐྱེ་དང་འཕགས་པའི་གང་ཟག་ཅི་རིགས་སོ། །(འདི་བུ་ནོར། ) ས་གང་ལ་རྟེན་ན། བསམ་གཏན་དང་པོ་ཁོ་ན་ལ་སྟེ། འདོད་པའི་ཁ་དོག་ལ་ཆགས་པའི་ གཉེན་པོར་གྱུར་པའི་མི་སྡུག་པའི་རྣམ་པ་ཅན་གྱི་རྣམ་ཐར་ཡིན་པས་སོ། །འདིར་ལམ་ཤེས་ ཀྱི་རྣམ་པ་ཡིན་པས་ཐེག་ཆེན་འཕགས་པ་སློབ་པ་ལ་ཡོད་དེ། ཆོས་བཤེས་ཀྱིས། མཐོང་བ་ དང་སྒོམ་པའི་ལམ་གྱི་མཚན་ཉིད། ཅེས་སོགས་བཤད་དོ། །སེམས་ཡང་བསམ་གཏན་བཞི་ པ་ལ་བརྟེན་ནོ། །ཇི་ལྟར་ན། གཟུགས་ཀྱི་འདུ་ཤེས་རྣམ་པར་མ་བཤིག་པ་སྟེ་གཟུགས་མེད་ ཀྱི་སེམས་མ་ཐོབ་པས་གཟུགས་ལ་འདོད་ཆགས་ (ཀུན་བཏུས་)དང་མ་བྲལ་བའམ། ཐོབ་པས་ དེ་དང་བྲལ་ཡང་གཟུགས་ཀྱི་འདུ་ཤེས་བཞག་པས་ (ཀུན་བཏུས་)ནང་རྣལ་འབྱོར་བ་རང་ (གནོད་ འཇོམས་)ལ་སྐྲ་དང་སྤུ་ལ་སོགས་པའི་གཟུགས་ཅན་དུ་འདུ་ཤེས་པས་རང་བཞིན་པར་སྣང་བའི་ ཕྱི་རོལ་སྣོད་བཅུད་ཀྱི་གཟུགས་རྣམས་ལ་སྣོད་ཀྱིས་བསྡུས་པ་ཆེ་བ་ལ་དེ་བས་ཀྱང་ཆེ་བའམ་ ཆུང་ངུ༌། ཆུང་ངུ་ལ་དེ་བས་ཀྱང་ཆུང་བའམ་ཆེ་བར་སྤྲུལ། བཅུད་ཀྱི་སེམས་ཅན་མཛེས་པ་ལ་ དེ་བས་ཀྱང་མཛེས་པའམ་མི་མཛེས་པར་སྤྲུལ། མི་སྡུག་ཅིང་མི་མཛེས་པ་ལ་དེ་བས་ཀྱང་མི་ 2-1-157 མཛེས་པའམ་མཛེས་པར་སྤྲུལ་ཏེ་ (རྒྱལ་སྲས་དོན་)སྣ་ཚོགས་སུ་ལྟ་བའོ། །ཞེས་བྱ་བའོ། །ནང་ གི་གཟུགས་ལ་དམིགས་པའི་ཕྱིར་གཟུགས་ཅན་ཞེས་བརྗོད་དོ། །ཕྱི་རོལ་གྱི་གཟུགས་ལ་ དམིགས་པའི་ཕྱིར་གཟུགས་ལ་ལྟ་བ་ཞེས་བརྗོད་དོ། །ཞེས་གནོད་འཇོམས་དག་ལྡན་ནོ། ། དེ་གཉིས་སུ། འདོད་པའི་ཁ་དོག་ལ་ཆགས་པའི་གཉེན་པོར་བསམ་གཏན་དང་པོ་ལ་འཇུག ཅེས་ཉན་ཐོས་ལྟར་འཆད་དོ། །བདག་རྐྱེན་བསམ་གཏན་བཞི་པ་ལ་བརྟེན་ནས་ཞེས་འགོར་ སྦྱར་ཏེ་དེ་ལྟར་ལྟ་བའི་བྱང་འཕགས་དབང་རྣོན་གྱི་གཟུགས་ཅན་གྱི་རྣམ་ཐར་ཆོས་ཅན་དུ་ བྱས་ནས་སྤྱིར་དེ་ལྟར་ཡིན་པས་སོ་ཞེས་དགོད་དོ། །གཉིས་པ་ལའང་ཉན་ཐོས་ལྟར་ན། གང་ཟག་སྔར་བཞིན་དང༌། ས་ནི། བསམ་གཏན་དང་པོའི་ཁ་དོག་ལ་ཆགས་པའི་གཉེན་པོ་ ཡིན་པས་བསམ་གཏན་གཉིས་པ་ཁོ་ནར་ཡོད་དེ། དང་པོ་གཉིས། མི་སྡུག་ (པས་ས་ནི་)བསམ་ གཏན་གཉིས་ན་ཡོད། །ཞེས་སོགས་ཞིབ་ཏུ་ཤེས་དགོས་སོ། །འདིར་གང་ཟག་སྔར་བཞིན་ ནོ། །སེམས་ཀྱང་བཞི་པ་ལ་བརྟེན་ཏེ་གཟུགས་ཀྱི་འདུ་ཤེས་བཤིག་ནས་ཕྱི་རོལ་ལ་ལྟ་དགོས་ པས་སོ། །བོད་རྣམས། གཟུགས་མེད་ཀྱི་སེམས་དང་བཞི་པ་གཉིས་ཀ་ལ་བརྟེན་དགོས་ཟེར་ བ་ནི། འཁྲུལ་གཞི་ཨཱརྱ་དང་ཀུན་བཏུས་འགྲེལ་པར། གཟུགས་མེད་ལ་བརྟེན་ཞེས་པ་སྣང་ ཡང་དེ་ལྟར་ངེས་པ་ཅན་དགོངས་པ་མིན་ཏེ། ཕྱིར་རམ་ཅེས་སོགས་གདམས་ (རྒྱལ་སྲས་)ཀ་ ཅན་གཉིས་ཀས་སྨོས་པས་སོ། །གཟུགས་མེད་ཀྱི་སེམས་ཐོབ་ཀྱང་དེ་དུས་མངོན་དུ་མི་བྱེད་ པར་ས་སྡེར་བཤད་དོ། །ཚུལ་ཇི་ལྟར་ན་གཟུགས་མེད་ཀྱི་སེམས་ལ་བརྟེན་ནས་ (རྒྱལ་སྲས་) གཟུགས་ཀྱི་འདུ་ཤེས་རྣམ་པར་བཤིག་པ་སྟེ་གཟུགས་ལ་འདོད་ཆགས་དང་བྲལ་བའམ། མ་ བྲལ་ཡང་གཟུགས་མེད་དུ་འདུ་ཤེས་པས་བསམ་གཏན་ལ་བརྟེན་ནས་ནང་གཟུགས་ཅན་མ་ ཡིན་པ་མིང་ (སྲས་)དུ་འདུ་ཤེས་པས་ཕྱིར་རོལ་ཀྱི་གཟུགས་ལ་སྔར་བཞིན་ལྟ་བའོ། །གོ་རིམ་ བཞིན་དུའི་དོན་དེའོ། །ཅིའི་དོན་དུ་ན། རྣམ་ཐར་དེ་གཉིས་ཆོས་ཅན། བསྒོམ་པ་ལ་དགོས་པ་ 2-1-158 ཡོད་དེ། ཇི་ལྟར་འདོད་འདོད་དུ་སྤྲུལ་བའི་སྒྲིབ་པའི་གཉེན་པོར་བསྒོམ་པས་སོ། །དེ་གཉིས་ སྤྲུལ་བའི་སྒྲིབ་པ་ལས་ (ཛ་ཡ་ཨ་ནན་ཏ། )གྲོལ་བས། རྣམ་པར་ཐར་བ་སྟེ་གཉིས་དང་ངོ༌། །འདིར་ ནི་བྱང་འཕགས་ཀྱི་དེ་གཉིས་གཟུང་ངོ༌། །འདི་ལ་འདོད་པའི་ཁ་དོག་ལ་ཆགས་པའི་གཉེན་ པོར་བསམ་གཏན་དང་པོ་ལ་འཇུག་པའི་དང་བསམ་གཏན་དང་པོའི་ཁ་དོག་ལ་ཆགས་པའི་ གཉེན་པོར་གཉིས་པ་ལ་འཇུག་པའི་གཉིས་གནོད་འཇོམས་སུ་བཤད་དོ། །(དག་ལྡན་ཡང་དོན་དེ། ) གསུམ་པ་ལ་བསྒོམ་ཞེས་དྲང་ངོ༌། །གང་ཟག་རྣམ་ཐར་དང་པོ་གཉིས་ཐོབ་པས་སོ། །སེམས་ བཞི་པ་སྟེ་མཛོད་དུ་ཡང༌། གསུམ་པ་མཐའ་ན་ཞེས་སོ། །གང་གི་གཉེན་པོར་ན། གཟུགས་ སྡུག་པ་སྤྲུལ་བ་ལ་གོ་རིམ་བཞིན་དུ་དགའ་བ་སྟེ་འབད་པ་དང༌། (ཨཱརྱ་གསེར། ) གཟུགས་མི་ སྡུག་པ་སྤྲུལ་བ་ལ་མི་དགའ་བ་མི་མཐུན་པའམ་མི་འབད་པ་སྟེ། སྡུག་པ་སྤྲུལ་སྙིང་འདོད་མི་ སྡུག་པ་སྤྲུལ་སྙིང་མི་འདོད་པའི་ཀུན་ནས་ཉོན་མོངས་པ་སྟེ། བླང་དོར་ (ཀུན་བཏུས་སུ་ཡང་ཡོད་)གྱི་ བློ་དེ་དག་གི་གཉེན་པོར་རོ། །དགའ་མི་དགའ་དངོས་མིན་ཏེ། བསམ་གཏན་བཞི་པ་ཐོབ་ ལ་མ་ཉམས་པས་སོ། །ཉོན་མོངས་པ་ཞེས་པའང༌། ཉོན་སྒྲིབ་དངོས་མིན་གྱི་གཉེན་པོའི་མི་ མཐུན་ཕྱོགས་ཡིན་པས་དེར་བརྗོད་དོ། །(ཁུ་)གསུངས་སོ། །ཇི་ (མི་སྡུག་པའི་རྣམ་པ་བསྒོམ་པ་སེམས་ ཞུམ་པ་དགའ་བར་བྱ་བ་དང་གཟུགས་ཡིད་དུ་འོང་བ་ལ་སྡུག་པར་དམིགས་ན་ཆགས་པ་སྐྱེ་མི་སྐྱེ་སད་པའི་དོན་དུ་ཡིན་ཞེས་ གནོད་འཇོམས་སོ། །མཛོད་ཕལ་ཆེར་འདྲ་ཨཱརྱ་གསེར། )ལྟར་བསྒོམ་ཞེ་ན། སོ་སྐྱེས་དང་པོ་བསྒོམ་པ་ལ་ འདུ་ཤེས་གསུམ་སྟེ། ཕན་ཚུན་ལྟོས་ (ཀུན་བཏུས་དངོས་)པའི། རྗེས་སུ་འབྲེལ་བའི། རོ་གཅིག་ པའི་འདུ་ཤེས་སོ། །དང་པོ་ནི། གཟུགས་སྡུག་པ་ལ་ལྟོས་ (རྒྱལ་སྲས་)ནས་མི་སྡུག་པར་བཞག་ མི་སྡུག་པ་ལ་ལྟོས་ནས་སྡུག་གོ་ཞེས་པར་འགྱུར་གྱིས་ལྟོས་མེད་དུ་མིན་པར་ (རྒྱལ་སྲས་)རྟོགས་ ནས་བསྒོམས་པས་ལྟོས་ (བུ་)མེད་དུ་སྡུག་མི་སྡུག་ཏུ་ཞེན་པ་ལྡོག་གོ །གཉིས་པ་ནི། སྡུག་པ་ལ་ ཡང༌། མི་སྡུག་པ་ (རྒྱལ་སྲས་) ཉིད་རྗེས་སུ་འབྲེལ། (རྒྱལ་སྲས། ) མི་སྡུག་པ་ལའང་སྡུག་པ་འབྲེལ་ 2-1-159 ཏོ། །སྡུག་པར་གྲགས་པའང་བརྟགས་པ་ (རྒྱལ་སྲས་)ཙམ་སྟེ་སྐྲ་ལ་སོགས་པ་མི་གཙང་བའི་ (རྒྱལ་ སྲས་)རྫས་སུམ་ཅུ་རྩ་དྲུག་གི་ནང་དུ་འདུས་པས་སོ། །(རྒྱལ་སྲས། ) དེ་ལྟར་རྟོགས་ནས་བསྒོམས་ པས་སྡུག་མི་ (བུ་སྟོན་)སྡུག་ངོ་བོ་ཐ་དད་དུ་ཞེན་པ་ལྡོག་གོ །གསུམ་པ་ནི། དེ་ནས་མཐར་ (སྲས་ )གཟུགས་ཐམས་ཅད་བསྲེས་ཏེ་སྡུག་པ་ཉིད་དུ་རོ་གཅིག་པའི་ (ཀུན་སྲས་)འདུ་ཤེས་ཀྱིས་མོས་ པར་བྱེད་དོ། །འཕགས་ (བུ་སྟོན་)པས་བསྒོམ་ན་རོ་གཅིག་པའི་འདུ་ཤེས་ཀྱིས་ཏེ། མདོར་ན། དེ་ལྟར་བསྒོམས་པའི་ཇི་ལྟར་འདོད་པ་བཞིན་སྡུག་པར་ (སྲས་དོན་)སྤྲུལ་བ་ལ་དབང་འབྱོར་བ་ (རྒྱལ་སྲས་)ཐོབ་པས་ཐམས་ཅད་སྡུག་པར་སྤྲུལ་བའི་སྒྲིབ་པ་ལས་གྲོལ་བའི་ཕྱིར་ན་སྡུག་པའི་ རྣམ་པར་ཐར་བ་དེ་ཡང་ཡིན་ལ་རྫོགས་བྱང་ (གསེར་)གི་ཐབས་ཡིན་ (གསེར་)པས་དེའི་ (རད་ཀིར་ དུ་མེད་)སྒོ་ (གསེར་)འདི་གཟུགས་ཅན་ (རྒྱལ་སྲས་སུ་ལ་ཟེར་)ཀྱི་རྣམ་ཐར་གྱི་སྒྲིབ་ (ཛ་ཡ་ཨ་ནན་ཏས་)པ་མ་ ལུས་པར་སྤངས་པས་གཟུགས་ཅན་གྱི་དང༌། འགོག་པའི་རྣམ་ཐར་ནི་གཟུགས་མེད་ཀྱི་རྣམ་ ཐར་ (རྒྱལ་སྲས་སུ་ལ་ཟེར་)གྱི་སྒྲིབ་ (ཛ་ཡ་ཨ་ནན་ཏས་)པ་མ་ལུས་པར་སྤངས་པ་གཟུགས་མེད་ཀྱི་རྣམ་ ཐར་གྱི་མཆོག་ཡིན་པས་འཕགས་པ་རྣམས་དེ་གཉིས་ལ་ལན་མང་དུ་གནས་པས་དེ་གཉིས་ ལ་ལུས་ཀྱིས་མངོན་སུམ་དུ་བྱས་ནས་རྫོགས་པར་གནས་སོ་ཞེས་གསུངས་ཀྱི་གཞན་ལ་མིན་ ནོ། །(དེ་ཡན་འཇུག་བཤད་དུ་ཁ་ཆེ་ཛ་ཡ་ཨ་ནན་ཏས་ཀྱང་ངོ༌། ། ) ཡང་ན་དེ་གཉིས་ཀྱི་གནས་གྱུར་རྫོགས་པར་ མངོན་དུ་བྱེད་པས་སོ། །ཞེས་རྒྱལ་བའི་སྲས་སོ། །ཤེས་རབ་ཀྱི་ལུས་ཀྱིས། ཞེས་རད་ཀིར་ རོ། །ཏིང་ངེ་འཛིན་གྱི་ཚོགས་པ་ལ་ལུས་ཞེས་བྱ། ཞེས་བུ་རིན་དང༌། ཇི་ལྟར་འདུལ་བར་ལུས་ ཀྱིས་འཕགས་པའི་རྣམ་པར་གྱུར་པའོ། །གནས་སོ། །ཞེས་པ་ཐམས་ཅད་དུ་ཀུན་ཏུ་སྤྱོད་པའོ། ། ཞེས་ (གཞུང་དེའི་དོན་ཡིན་ཞེས་བུ་རིན་གསུང༌། )གསེར་རོ། །ཞེས་བྱ་བ་གཟུགས་ཅན་གྱི་རྣམ་པར་ཐར་ བ་ཡང་གཅིག་ཏེ་དེ་ལྟར་ན་གསུམ་མོ། །(ཛ་ཡ་ཨ་ནན་ཏས་སྔ་མ་གཉིས་ལ་སྤྲུལ་བའི་ལམ་ཞེས་དང༌། ཕྱི་མ་ལ་ སྤྲུལ་བའི་ཉོན་མོངས་པའི་གཉེན་པོའི་ལམ་ཞེས་དང་གཞན་འདྲའོ། ། ) འདིར་ནི། བྱང་འཕགས་ཀྱི་སྡུག་པའི་རྣམ་ 2-1-160 ཐར་གཟུང་ངོ༌། །བྱེ་བྲག་ཆོས་ཅན་དུ་བླངས་ནས་དགོད་དོ། ། གསུམ་པ་ནི། གཞན་དོན་གྱི་ཆེད་དུ་བྱ་བ་ (ཨཱ་)ཅན་རང་དོན་ (ཨཱ་)མཐོང་བའི་ཆོས་ཚེ་འདི་ ལ་སེམས་སམ་ལུས་བདེ་བར་གནས་པའི་ལམ་ལ་གཉིས་ལས། དང་པོ། ཐར་བ་འཕགས་ (རྒྱལ་)པའི་ (ཉན་ཐོས་ཞེས་སོ། ། )ཟག་མེད་ཀྱི་བློ་དང་རང་རང་གི་རོ་མྱང་བ་ལས་གྲོལ་བར་མཐུན་ པར་གནས་པའི་ལམ་གྱི་རང་བཞིན་ལ་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་སྟེ། སྦྱོར་བའི་དུས་ (རྒྱལ་སྲས་)སུ་གཟུགས་མེད་ (ཀུན་བཏུས་)ཞི་བའི་རྣམ་ཐར་ལ་ (ཀུན་བཏུས་)ཆགས་ ཤིང་རོ་མྱང་བའི་ (རྒྱལ་སྲས་)སྒྲིབ་པ་ལས་གྲོལ་བའི་ཕྱིར་དུ་བསྒོམས་པས་དེ་ལས་གྲོལ་བས་ (ཀུན་བཏུས་)ཟག་མེད་ (རྒྱལ་སྲས་)དང་རྗེས་སུ་མཐུན་པ་ཡིན་ནོ། །གཉིས་པ། སེམས་སེམས་བྱུང་ སོ་མི་བསོད་ཞི་བར་གནས་པའི་ལམ་གྱི་རང་བཞིན་ལ་ཚོགས་བདུན་འཁོར་གྱི་འདུ་ཤེས་དང་ ཚོར་བ་འགོག་པས་བདུན་འཁོར་བཅས་བཀག་པར་འགྱུར་བའི་འགོག་པའི་རྣམ་ཐར་ཏེ་སྦྱོར་ བའི་དུས་སུ་དེ་འདྲ་དེ་འགོག་པའི་སྒྲིབ་པ་ལས་ཐར་བའི་ (ཀུན་བཏུས་དངོས་)ཕྱིར་དུ་འདུ་ཤེས་ མེད་འདུ་ཤེས་མེད་མིན་གྱི་རྣམ་ཐར་ལ་ (ཀུན་)བརྟེན་ཏེ་ཕྱིས་དེ་ལ་གནས་ (ཀུན་)པ་ལས་འདས་ ནས་ཐར་བ་དང་མཐུན་པར་གནས་པ་ཚོགས་བདུན་ (རྒྱལ་དོན་)འཁོར་བཅས་འགོག་པའི་རྣམ་ ཐར་གྱི་རྣམ་པ་གཅིག་སྟེ་དེ་ལྟར་རྣམ་པ་ལྔའོ། །སྔ་མ་གསུམ་དང་བསྡོམས་པས་བརྒྱད་ (རད་ ཀིར་དངོས་)དོ། །འདི་དང་འགོག་སྙོམས་ཀྱི་ཁྱད་ནི་འདི་དེའི་སྒྲིབ་པ་ལས་གྲོལ་བའི་ཆ་ལ་བཞག འགོག་སྙོམས་ནི་དེ་གཉིས་བཀག་པ་ལ་ཞུགས་པའི་ཆ་སྟེ་དོན་གཅིག་གོ ། བཞི་པ་འཇིག་རྟེན་ལས་འདས་པའི་ལམ་ལ་མཐར་གནས་དགུའོ། །དེ་ཡང་བརྒྱད་དེའི་ རྟེན་ཡིན་པའམ་འགའ་ཞིག་དེའི་ངོ་བོར་གནས། འགོག་སྙོམས་དེའི་རྗེས་ལས་ཐོབ་པས་ དེར་བཞག་ཅེས་ (བུ་སོགས་)གསུང་མོད། འཇིག་རྟེན་ལས་འདས་པའི་ལམ་ཡིན་པའི་དགུ་བོ་ ཉིད་འདིར་གཟུང་ངོ༌། །ཐ་མ་གཉིས་ཡིན་པའི་འདས་ལམ་མི་སྲིད་དམ་སྙམ་ན་སངས་རྒྱས་ 2-1-161 སར་སྙོམས་འཇུག་དགུ་བཤད་ཅིང༌། སེང་གེ་རྣམ་བསྒྱིངས་ཀྱི་མཐོང་ལམ་རྩེ་མོ་ལའང་དགུ་ བཤད་ལ། དེ་ཟག་བཅས་ཞེས་ནི་མི་རུང་སྟེ་བརྗོད་པར་བྱེད་པའི་ལུང་མེད་པའི་ཕྱིར་རོ། ། ཁྱད་པར་འགོག་སྙོམས་ཀྱི་རྒྱུ་མཚན་འོག་ཏུ་འཆད་དོ། །དགུ་གང་ན། བསམ་གཏན་བཞི་ དང་གཟུགས་མེད་བཞི་སྟེ་ངོ་བོ་ཙམ་སྔར་བཤད་ཅིང་འདས་ལམ་ཡིན་པའི་བརྒྱད་དོ། །སྤྱིར་ རྣམ་ཐར་དུ་སྨོས་པའི་གཟུགས་མེད་བཞི་དང༌། གཟུགས་མེད་ཀྱི་སྙོམས་འཇུག་བཞིའི་ཁྱད་ ནི། སྔ་མ་རྣམ་གྲོལ་ལམ་དག་པ་ཁོ་ན་དང༌། ཕྱི་མ་ལ་བར་ཆད་མེད་ལམ་དང་ཉོན་མོངས་ཅན་ ཡང་ཡོད་དོ། །འགོག་པའི་སྙོམས་པར་འཇུག་པ་ལ་བདུན་ཏེ། གང་ཟག་གང་གིས། སེམས་ གང་ལས། ཡིད་བྱེད་གང་གིས། དགག་བྱ་གང་འགོག ངོ་བོ། དུས། རྟེན་གང་གིས་སྙོམས་ (འདི་རེ་རེ་ལ་སྦྱར་)པར་འཇུག་པའོ། ། དང་པོ་ནི། མཛོད་ལྟར་ན། ཕྱིར་མི་འོང་ལུས་མངོན་བྱེད་དམ་དགྲ་བཅོམ་གཉིས་ཀའི་ ཆ་ལས་རྣམ་གྲོལ་ཀྱིས་ཏེ། མཛོད་དུ། འགོག་པ་ཐོབ་པའི་ཕྱིར་མི་འོང༌། །ལུས་ཀྱིས་མངོན་ སུམ་བྱེད་པར་འདོད། །ཅེས་དང༌། འགོག་ཐོབ་གཉིས་ཀ་ལས་རྣམ་གྲོལ། །ཞེས་སོ། །སོ་སྐྱེ་ རྒྱུན་ཞུགས་ཕྱིར་འོང༌། སྲིད་རྩེའི་སེམས་མ་ཐོབ་པའི་ཕྱིར་མི་འོང༌། དགྲ་བཅོམ་ཤེས་རབ་ ཀྱིས་རྣམ་གྲོལ་རྣམས་ཀྱིས་འཇུག་མི་ནུས་ཏེ་སྲིད་རྩེའི་སེམས་དང་འཕགས་ལམ་ཚོགས་པ་ མེད་པས་སོ། །ཐེག་ཆེན་ལྟར་ན། ཐེག་ཆེན་འཕགས་པའི་གང་ཟག་ཅི་རིགས་ཀྱིས་འཇུག་སྟེ་ མཐོང་ལམ་ནའང་རྣམ་ཐར་བརྒྱད་ཡོད་པར་རྩེ་སྦྱོར་དུ་བཤད་དོ། །འོ་ན། ས་བཅུ་པར། ཀྱེ་ རྒྱལ་བའི་སྲས་བྱང་པ་ས་དྲུག་པ་ཡན་ཆད་འགོག་པ་ལ་སྙོམས་པར་འཇུག་ལ་ས་བདུན་པ་ལ་ ནི་སེམས་ཀྱི་སྐད་ཅིག་གཅིག་ལ་འཇུག་སྟེ་འགོག་པ་མངོན་དུ་བྱས་པ་ཞེས་ནི་མི་བྱའོ། །ཞེས་ པ་དང་འགལ་ཞེ་ན། དེ་ནི་སྤྲོས་པ་ཐམས་ཅད་བཀག་པའི་དེ་བཞིན་ཉིད་ལ་འབད་པ་ཆུང་ ངུས་འཇུག་མི་འཇུག་གི་དབང་དུ་བྱས་པས་མི་འགལ་ལོ། །ཐུབ་དགོངས་ཀྱི་དོན་ནོ། ། 2-1-162 གཉིས་པ་ནི། ཆོས་མངོན་པ་བ་དག་ (གོང་འོག་)གི་ལུགས་ཀྱིས་སྲིད་རྩེའི་སེམས་ཤིན་ཏུ་ཕྲ་ བས་དེ་དགག་སླ་བས་དང་པོ་དེ་ལ་བརྟེན་ནས་འཇུག་སྟེ། མཛོད་དུ། ཕྲ་བས་ཕྲ་བའི་མཇུག་ ཐོགས་སུ། །ཞེས་སོ། །ཐེག་ཆེན་ལྟར་ན། དེ་ལྟར་ཡང་དང་པོ་སྲིད་ལ་ཕྱིས་འདོད་སེམས་ལས་ འཇུག་སྟེ། ཐོད་རྒལ་གྱི་མདོ་བཞིན་ནོ། ། གསུམ་པ་ནི། ཚོགས་ (ཉན་ཐོས་)དྲུག་གམ་བདུན་གྱི་འཁོར་གྱི་ཁ་ཕྱིར་བལྟས་པའི་ཚོར་ འདུ་ཞི་ནས་སོ་བསོད་པར་འདོད་པའི་ཡིད་ (ཀུན་བཏུས་)ལ་བྱེད་པས་སོ། །ཁྱད་པར་བྱང་སེས་ རང་གིས་ཤེས་ནས་གཞན་ལ་བསླབ་པའི་ཕྱིར་དང༌། སངས་རྒྱས་ནི་ཐོབ་པའི་ཡོན་ཏན་ མངོན་དུ་བྱེད་པའོ། །ཞེས་ཟེར་རོ། །(བོད་རྣམས། ) བཞི་པ་ནི། ཉན་ཐོས་པ་ནི། སེམས་སེམས་བྱུང་ཐམས་ཅད་བཀག་པས་རིག་པ་ཡེ་མེད་ དུ་འདོད་ལ། ལྡང་བ་ནི་འདི་ཙམ་ན་ལྡང་ཞེས་འཕེན་པའི་སྟོབས་ཀྱིས་ལྡང་ཞིང་ལྡང་སེམས་ ཀྱི་དེ་མ་ཐག་རྐྱེན་ནི་འཇུག་ཁའི་སེམས་སོ་ཟེར་རོ། །མངོན་པ་གོང་མར། ཀུན་གཞི་འཁོར་ བཅས་མ་གཏོགས་སེམས་སེམས་བྱུང་ཐམས་ཅད་འགོག་པར་བཤད་དེ། སེམས་དང་སེམས་ ལས་བྱུང་བ་བརྟན་པ་མ་ཡིན་པ་ (ཚོགས་དྲུག་འཁོར་བཅས་སོ། ། )རྣམས་དང་བརྟན་པ་ (ཉོན་ཡིད་འཁོར་ བཅས་)དེ་དག་ལས་ཀྱང་ཁ་ཅིག་འགོག་པའོ། །ཞེས་སོ། །ཀུན་གཞིའི་རྣམ་ཤེས་ཡོད་པས་ སེམས་ལྡན་ཏེ། མཆོད་སྦྱིན་མའི་མདོར། དགེ་སློང་འགོག་པ་ལ་སྙོམས་པར་ཞུགས་པ་དེའི་ རྣམ་པར་ཤེས་པ་ལུས་ལས་འདས་པ་ལགས་སམ་ལུས་དང་མ་བྲལ་བ་ལགས་ཞེས་ཞུས་པས་ དེའི་རྣམ་པར་ཤེས་པ་ལུས་དང་མ་བྲལ་བའོ། །ཞེས་སོ། །(མདོ་འདི་ཚད་མར་བྱས་ནས་གནས་བརྟན་པའི་ སྡེ་བ་དང་བཙུན་པ་དབྱིག་བཤེས་ཡང་སེམས་ལྡན་དུ་འདོད་པར་བཤད་དོ། ། ) ལྔ་པ་ནི། མཛོད་དུ་རིག་པ་ཡེ་མེད་ལུས་ཀྱི་གནས་སྐབས་ལྡན་མིན་འདུ་བྱེད་དུ་བཤད་ དོ། །ཀུན་བཏུས་སུ། ངོ་བོ་ཉེ་བར་ཞི་བའི་དགེ་བ་ཞིག་ཏུ་བཤད་ཅིང་ངོས་འཛིན་མི་སྣང་ 2-1-163 ངོ༌། །འདིར་རྒྱ་བོད་ཕལ་ཆེར། ཉན་ཐོས་དང་ཆ་མཐུན་པར་ཀུན་གཞི་འཁོར་བཅས་མིན་པ་ རིག་པ་མེད་པར་འཆད་པ་ནི་ནོར་ཏེ། སངས་རྒྱས་ཀྱི་འགོག་སྙོམས་ཡང་རིག་པ་མེད་དམ་ཅི། ཐེག་ཆེན་ཐུན་མོང་མིན་པ་ལྟར་ན། ཏིང་ངེ་འཛིན་ཁྱད་པར་ཅན་ཞིག་སྟེ། སའི་སྙིང་པོ་འཁོར་ ལོ་བཅུ་པ་ལས། བྱང་པ་རྣམས་འགོག་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་སྟེ། ཏིང་ངེ་ འཛིན་ལ་གནས་ནས་ཚོར་བ་གསུམ་དང་འདུ་ཤེས་གསུམ་ཡོངས་སུ་གཅོད་དེ། མངོན་པར་ འདུ་བྱེད་པ་དང་གཡོ་བའི་སེམས་ཀྱི་སྤྱོད་པ་མེད་པར་ཚོར་བ་དང་འདུ་ཤེས་དང་སེམས་པ་ དང་རེག་པ་དང་ཡིད་ལ་བྱེད་པ་ཀུན་གཅོད་པར་འགྱུར་རོ། །ཞེས་སོ། །འདུ་ཤེས་གསུམ་ནི། སོ་སྐྱེ་ཉན་རང་གི་འདུ་ཤེས་སོ། །དེ་ལྟ་མིན་ན་སངས་རྒྱས་དང་བྱམས་པ་དང་འཕགས་སེང་ གིས་ལམ་ཤེས་ཀྱི་ཤེས་རྣམ་ཡིན་པའི་འགོག་སྙོམས་འདིར་བཤད་པ་ལ་ཇི་སྐད་སྨྲ། འོ་ན། མདོ་དེར་ཚོར་བ་སོགས་ཀུན་འགྲོ་གཅོད་པར་བཤད་པ་དང་འགལ་ཞེ་ན། ཁ་ཕྱིར་བལྟས་ པའི་རྣམ་ཤེས་ཚོགས་བདུན་འཁོར་བཅས་འགོག་པ་ལ་དགོངས་ཀྱི། སོར་བཞག་ན་ཀུན་ གཞིའི་འཁོར་བཅས་ཚོར་སོགས་བཀག་དགོས་པར་འགྱུར་རོ། །དེས་ན་བྱང་འཕགས་ཀྱིས་ ཏིང་ངེ་འཛིན་དེ་ལ་ཞུགས་དུས་དེའི་རྒྱུད་ལ་རྣམ་ཤེས་ཡེ་ཤེས་སུ་ཕྱེ་བའི་རྣམ་ཤེས་ལས་ཀུན་ གཞི་འཁོར་བཅས་ཡོད་ཀྱི། རྣམ་ཤེས་གཞན་མངོན་གྱུར་མེད་ཅེས་སྟོན་གྱི་ཀུན་གཞི་མིན་ པའི་རིག་པ་ཡེ་མེད་དུ་སྟོན་པ་མིན་ནོ། །དེ་ལྟར་འདོད་པ་ནི་སྐྱ་དྲི་མ་སངས་པའི་བཙུན་པ་ དང་འདྲའོ། །ཁ་ཅིག་ (བཅོམ་རལ་སོགས་)ཀུན་གཞིའི་རྣམ་ཤེས་ཀྱི་གནས་སྐབས་ཁོ་ན་ལ་བཏགས་ པར་འདོད་པ་ནི། འདི་དགེ་བ་ཁོ་ན་མིན་པར་ཐལ་བ་གཅིག་བུས་འཇོམས་སོ། ། དྲུག་པ་ནི། ཉི་མའི་སྙིང་པོར་བྱང་པ་ནི་ཉི་མ་གཅིག་ནས་བདུན་གྱི་བར་དུ་སྙོམས་པར་ འཇུག་སྟེ་དུས་རིང་མོ་ཞིག་ཏུ་སྙོམས་པར་ཞུགས་པ་ན་བྱང་པའི་སྤྱོད་པ་ལས་དམན་པར་ འགྱུར་རོ། །ཞེས་བཤད་པས་ཞག་བདུན་པས་ལྷག་པ་མི་འཇུག་ཟེར་རོ། །སྙིང་རྗེ་པད་དཀར་ 2-1-164 ལས། སྐྱེ་བ་གཅིག་གིས་ཐོགས་པའི་བྱང་སེ་འགོག་པ་ལ་སྙོམས་པར་ཞུགས་པའི་སེམས་ ཀྱིས་བར་གྱི་བསྐལ་བ་བཅུ་བོ་འདི་དག་འདའ་བར་བྱེད་དོ། །ཞེས་བཤད་པ་དང་འགལ་ཞིང་ སྔར་གྱི་ལུང་ནི། འགོག་པ་སེམས་མེད་དུ་འདོད་པ་རྣམས་དྲངས་པའི་དོན་ཡིན་ནོ། །དེས་ན་ ཉན་ཐོས་ལྟར་ན། བློ་ཡིས་ཇི་ཙམ་འཕངས་པ་དེ་ཙམ་དུ་འཇུག སངས་རྒྱས་བྱང་སེམས་ཇི་ ལྟར་བཞེད་པ་བཞིན་དུ་འཇུག་གོ །ཐེག་པ་ཆེ་ཆུང་གི་འགོག་སྙོམས་མིང་འདྲ་ཡང་དོན་མི་ འདྲ་བའི་ཁྱད་གནམ་ས་བཞིན་ནོ། ། བདུན་པ་ནི། དང་པོར་མིའི་རྟེན་ལ་འཇུག་སྟེ། ཚོར་འདུ་རགས་པས་སྐྱོ་བ་སྐྱེ་སླ་བས་ སོ། །ཕྱིས་གཟུགས་ཀྱི་རྟེན་ལ་ཡང་སྟེ། མཛོད་དུ། གཉིས་ཀ་འདོད་དང་གཟུགས་རྟེན་ཅན། ། འགོག་པ་དང་པོ་མིའི་ནང་དུ། །ཞེས་སོ། །སྔར་སྲིད་རྩེའི་སེམས་ཕྲ་བས་དེ་ལ་འཇུག་པར་ བཤད་པ་ནི། དངོས་སུ་འཇུག་པའི་ཉེ་བའི་རྒྱུ་ཡིན་ལ་སྐྱོ་བ་ནི་དེའི་ཡང་སྔོན་དུ་འགྲོ་བ་ཡིད་ ལ་བྱེད་པའི་རྒྱུ་ཡིན་ནོ། །ཀུན་བཏུས་སུ། གཟུགས་མེད་པའི་ཁམས་སུ་ནི་འདི་མངོན་དུ་ འགྱུར་བ་མེད་དེ། ཞི་བའི་རྣམ་པར་ཐར་བའི་རྣམ་པར་སྨིན་པས་གནས་པ་རྣམས་ནི་འབད་ པའི་རྩོམ་པ་མེད་པའི་ཕྱིར་རོ། །ཞེས་པ་ནི། ཀུན་གཞི་ཁས་མི་ལེན་པའི་ལུགས་ཏེ། བསྡུ་ བར། སྐྱེ་བ་ལ་ནི་ཀུན་གཞིའི་རྣམ་པར་ཤེས་པ་མ་བཞག་ན་ནི། དང་པོར་འདིར་བསྐྱེད་ཅིང་ དེའི་འོག་ཏུ་གཟུགས་ཀྱི་ཁམས་སུ་མངོན་དུ་བྱེད་དེ། མངོན་དུ་བྱེད་པ་དེ་ནི་གཟུགས་ཀྱི་ལུས་ ལ་རག་ལས་པ་ཡིན་པའི་ཕྱིར་རོ། །ཀུན་གཞིའི་རྣམ་པར་ཤེས་པ་བཞག་ན་ནི། མངོན་དུ་བྱེད་ པ་ཐམས་ཅད་དུ་འགྲོ་བ་ཡིན་པར་བལྟ་བར་བྱའོ། །ཞེས་སོ། །འདིས་ཀྱང་འགོག་པའི་སྙོམས་ འཇུག་རིག་པ་ཡོད་པར་དང་ཏིང་ངེ་འཛིན་དུ་འགྲུབ་སྟེ་ངག་ལས་ཤེས་སོ། །(དང་པོ་འདོད་རྟེན་ལ་ བསྐྱེད་ནས་ཕྱིས་གཟུགས་སུ་མངོན་དུ་བྱེད་ཅེས་པ་ལ་རྩོད་དེ། ) འོ་ན། ཅི་ཡང་མེད་ལས་ཆགས་བྲལ་གཟུགས་ སུ་སྐྱེ་བར་འགལ་ཞེ་ན། ཉན་ཐོས་ལྟར་ན། མ་ཉམས་ན་མི་སྐྱེ་ཡང་ཉམས་ན་གཟུགས་སུ་ 2-1-165 སྐྱེས་ནས་དེར་སྲིད་རྩེའི་སེམས་བསྒྲུབས་ནས་འཇུག་གོ །ཐེག་ཆེན་ལྟར་ན། བསམ་གཏན་ དང་གཟུགས་མེད་ཀྱི་སེམས་ཐོབ་ལ་མ་ཉམས་བཞིན་དུ་རིམ་བཞིན་འདོད་པ་དང་གཟུགས་ སུ་སྐྱེ་བས་སྐྱོན་མེད་དོ། །ཀུན་བཏུས་འགྲེལ་པར། མུ་བཞི་བཤད་དེ། མི་ལྕོགས་མེད་ལ་ བརྟེན་ནས་གཟུགས་ལ་ཆགས་བྲལ་ནི། གཟུགས་ལ་ཆགས་བྲལ་ཡིན་ལ་གཟུགས་མེད་ལ་ འཇུག་མི་ནུས་པའི་མུ། བསམ་གཏན་བཞི་པ་ཐོབ་པའི་འཕགས་པ་གཟུགས་མེད་པར་སྐྱེ་བ་ དོན་དུ་མི་གཉེར་ལ་སྤོང་བའི་ལམ་བསལ་ནས་ཁྱད་པར་ཅན་གྱི་ལམ་ལ་གནས་ཏེ་གཟུགས་ མེད་པར་འཇུག་པ་གཟུགས་མེད་ལ་འཇུག་ལ་གཟུགས་ལ་ཆགས་བྲལ་མིན་པའི་མུ། དེ་ཉིད་ འདོད་ཆགས་དང་བྲལ་བ་དོན་དུ་གཉེར་ཞིང་སྤོང་ལམ་ལ་གནས་ཏེ་གཟུགས་མེད་ལ་འཇུག་ པ་གཉིས་ཀ་ཡིན་པ། དེ་དག་མ་གཏོགས་པ་མུ་བཞི་པ། ཞེས་སོ། །ས་འོག་མ་ལ་འདོད་ ཆགས་དང་མ་བྲལ་བར་གོང་མའི་དངོས་གཞི་ཐོབ་པར་འདོད་པ་མངོན་པའི་སྤྱི་གཞུང་དང་ མི་མཐུན་གསུང་ངོ༌། །མངོན་པ་གོང་འོག་གི་ཆོས་སྐད་དང་མི་མཐུན་ལ། དཔལ་ཆོས་གྲགས་ ཀྱི་ལུགས་ལ་ཤིན་ཏུ་རུང་སྟེ། གཟུགས་མེད་ཀྱི་སོ་སྐྱེ་ཐམས་ཅད་ཡང་དེ་ཡིན་ཏེ། གལ་ཏེ་དེ་ གཟུགས་ལ་ཆགས་པ་དང་བྲལ་ན། སླར་ཡང་གཟུགས་ཀྱི་སོ་སྐྱེར་སྐྱེ་མི་སྲིད་པར་འགྱུར་བ་ ལས་ཤིན་ཏུ་ཡང་སྲིད་དོ། ། ལྔ་པ་སྤོང་བའི་ལམ་ནི། ས་བཅུ་པའི་མཐའི་བར་ཆད་མེད་པའི་ལམ་བར་ཆད་མེད་རྩེ་ སྟེ་སྐབས་དང་པོར་མ་ལུས་པར་སྤོང་ཞེས་བྱས་ནས་སོ། །དེ་ལ་སྒོམ་སྤང་གི་ཉོན་མོངས་པ་ དང་མི་ལྡན་པའི་མཚན་ཉིད་དམ་རང་བཞིན་ཡུལ་བདེན་པ་བཞིས་ཡུལ་ཅན་དུ་བསྡུས་པའི་ ཆ་ནས་བཞིའོ། །ཞེས་ཆོས་བཤེས་ཀྱི་དགོངས་པའོ། །སྐད་ཅིག་མ་དང་ངེས་འབྱུང་སྒྲུབ་པ་ སོགས་དང་གཅིག་ཅེས་སོ། །ཐུབ་དགོངས་སུ། མཐོང་བའི་ལམ་ལ་བར་ཆད་མེད་པའི་ལམ་ བཞི་དང༌། ཞེས་ཏེ། བུདྡྷ་ཤྲཱི་ཡང་སྡུག་བསྔལ་ཆོས་བཟོད། ཅེས་སོ། ། 2-1-166 དྲུག་པ། སངས་རྒྱས་ཉིད་ཀྱི་ལམ་ལ་ནི། མཐར་ཕྱིན་པའི་སྦྱིན་པ་ལ་སོགས་པའི་ཕ་རོལ་ ཏུ་ཕྱིན་པ་བཅུ་ཞེས་བྱ་སྟེ། ཆོས་བཤེས་ཀྱིས་སངས་རྒྱས་ཉིད་ཀྱི་ལམ་ནི་འབྲས་བུའི་མཚན་ ཉིད་དོ། །ཞེས་སོ། །ཡང་ན་ཉན་རང་དང་མ་འདྲེས་པས་དེ་ཉིད་ཀྱི་ལམ་ཕྱིན་བཅུ་ཞེས་སྦྱར་ཏེ་ བུདྡྷ་ཤྲཱིའི་དོན་ནོ། །དེ་ལྟར་ན་བྱང་པ་རྣམས་ལ་ལམ་ཤེས་པ་ཉིད་ཀྱི་ལམ་གྱི་རྟེན་ཅན་གྱི་རྣམ་ པ་སུམ་ཅུ་རྩ་བཞིའོ། །མཐར་ཕྱིན་པའི་སོ་བཞི་ནི་རྣམ་མཁྱེན་གྱིའོ། །ངག་དོན་དཔྱིས་ཕྱིན་ པར་འདོད་ན་སྦྱོར་ཊཱིཀ་ལས་སོ། ། གསུམ་པ་ལ་གཉིས་སོ། །མདོར་བསྟན་ནི། སྟོབས་སོགས་རྣམ་པ་ཐམས་ཅད་མཁྱེན་པ་ ཉིད་ཀྱི་རྣམ་པ་སོ་དགུ་ནི་ཆོས་ཅན། གཞན་དང་ཐུན་མོང་མ་ཡིན་པའི་ལམ་གཅིག་པུ་ཁོ་ན་ སྟེ། ཤིན་ཏུ་ཕུལ་དུ་བྱུང་ཞིང་མཐར་ཕྱིན་པའི་ལམ་ཡིན་པའི་ཕྱིར་རོ། །རྒྱས་བཤད་ལ། ཡོན་ ཏན་གྱི་དབྱེ་བ་དང༌། རང་བཞིན་དེ་བཞིན་ཉིད་དང༌། གང་གི་ཡིན་པ་རང་བྱུང༌། གང་གི་དོན་ དུ་ཡིན་པ་སངས་རྒྱས་ཉིད་ཀྱི་རྣམ་པའོ། །དང་པོ་ལ་བཞི་སྟེ། སྟོབས་བཅུ། མི་འཇིགས་བཞི། སོ་སོ་ཡང་དག་རིག་བཞི། མ་འདྲེས་བཅོ་བརྒྱད་དོ། ། དང་པོ་ནི། ཐུན་མོང་མིན་པའི་ལམ་གཅིག་པོ་དེ་ལ་སྟོབས་ལ་སོགས་པའི་ (ཨཱརྱ་)དབྱེ་ བ་ཡོད་པས་སྟོབས་ནི། རྣམ་མཁྱེན་གྱི་ཡེ་ཤེས་དངོས་མཚན་གཞི་དེ་པའི་སྟོབས་སུ་མཚོན། གཞན་གྱིས་ཚུར་ཅུང་ཟད་ (དོན་དངོས་དག་ལྡན་ཐུབ་དགོངས་)ཀྱང་རྫི་བར་མི་ནུས་ཤིང་གཞན་རྣམས་ ཤིན་ཏུ་ཟིལ་ (ཐུབ་དགོངས། དག་ལྡན། )གྱིས་གནོན་པ་ཡང་དག་པར་ (ཀུན་བཏུས་)འབྱོར་བའི་ཏིང་ངེ་ འཛིན་དང་ཤེས་རབ་མཚུངས་ལྡན་དང་བཅས་པ་མཐར་ཐུག་ཡིན་པ། ཞེས་རེ་རེ་ལ་སྦྱར་ རོ། །བྱེ་བྲག་སོ་སོ་ལ་ཡང་འདོན་པ་བསྒྱུར་རོ། །ཉེས་ (གནོད་འཇོམས་ཀུན་)སྤྱོད་ཀྱི་རྣམ་སྨིན་མི་ འདོད་པ་གནས་འདོད་པ་གནས་མིན། སེར་སྣས་དབུལ་བ་གནས་ལོངས་སྤྱོད་ཆེན་པོ་གནས་ མིན། སྦྱིན་པས་ལོངས་སྤྱོད་ཆེན་པོ་ནས་དབུལ་བ་གནས་མིན་ཞེས་སོགས་དང༌། བརྒྱད་ 2-1-167 པའི་གང་ཟག་རྒྱུན་ཞུགས་འབྲས་བུ་མ་ཐོབ་པར་སྟན་ལས་ལྡང་བ་གནས་མིན་ཐོབ་ནས་ལྡང་ བ་གནས། ཞེས་སོགས་རྒྱ་ཆེར་མདོ་དང་གནོད་འཇོམས་སོགས་ལས་སོ། །བསམ་གཏན་ ལ་བརྟེན་ནས་དེ་མཁྱེན་པ་ (ཀུན་བཏུས་)ཡང་དག་པར་འབྱོར་ཞེས་སོགས་དང༌། གནས་གནས་ མིན་སྲིད་མི་སྲིད་ཅེས་སྒྲ་སྦྱོར་བམ་གཉིས་སོ། །རྒྱུ་དུས་གསུམ་གྱི་ལས་བསགས་པའི་འབྲས་ བུ་གང་དང་གང་དུ་རྣམ་པར་སྨིན་པ་མཁྱེན་པའམ་ (བམ་གཉིས་)ལས་རྣམས་ (གནོད་འཇོམས་)དང༌། དེ་བསགས་པའི་ (དག་ལྡན་)རྒྱུ་དང་ཕྱོགས་གང་དུ་དེ་བྱེད་པའི་གནས་ (མདོ་)དང་བདེ་ (དག་)སྡུག་ སོགས་རྣམ་སྨིན་དང་ (གནོད་འཇོམས་དག་ལྡན་ནོ་རྒྱ་ཆེར་གནོད་འཇོམས་)ཆགས་སྡང་རྨོངས་སོགས་ཉོན་ མོངས་པ་རྣམས་རང་རང་ལ་གནས་ཤིང་རང་རང་ལ་མོས་པ་དང༌། རེ་རེ་ལ་གནས་ཤིང་ གཞན་རེ་ལ་མོས་པ་དང༌། གཞན་གཉིས་སོགས་ལ་མོས་པ་སོགས་མཐུན་ (གནོད་འཇོམས་)པ་ དང༌། མི་མཐུན་པ་མི་དགེ་བ་ལ་གནས་ནས་དགེ་བ་ལ་མོས་སོགས་སྦྱོར་བ་ཆུང་ལ་མོས་པ་ རྒྱ་ཆེ་ (གནོད་)བ་སོགས་མོས་པ་སྣ་ཚོགས་པ་མཁྱེན་པ་དང༌། འཇིག་རྟེན་གྱི་ཁམས་གཟུགས་ གཟུགས་མེད་དག་མ་དག་གམ་བསོད་ནམས་བསོད་ནམས་མིན་པ་མི་གཡོ་བའི་ལས་ སོགས་བསྐྱེད་པའི་འཇིག་རྟེན་གྱི་བསམ་པའི་ཁམས་ (གནོད་འཇོམས་ཐུབ་དགོངས་)སམ་རྟེན་དང༌། ཉོན་མོངས་རྣམ་བྱང་ས་ཆུ་སོགས་ཀྱི་འདུས་བྱས་མ་བྱས་ཀྱི་ཁམས་སོགས་དང་ (མདོ་གནོད་ འཇོམས་སུ་རྒྱ་ཆེར་)དད་བརྩོན་སོགས་ཀྱི་དབང་བོ་མཆོག་སྟེ་རྣོན་པོ་དང་མཆོག་མིན་འབྲིང་དང་ ཐ་མའོ་ཞེས་སོགས་རྒྱ་ཆེར་ཏེ་དེ་དག་མཁྱེན་པ་དང༌། ངན་སོང་མཐོ་རིས་བྱང་ཆུབ་གསུམ་ པོ་ཐམས་ཅད་དུ་འགྲོ་བའི་ལམ་ལོག་པ། ཡང་དག འདོད་ཆགས་ཀྱི་གཉེན་པོའི་ལམ་ སོགས་དང༌། མངོན་ཤེས་མྱུར་ལ་སླ། བུལ་ལ་དཀའ་བའི་ལམ་ (རྒྱ་ཆེར་)སོགས་མཁྱེན་པ་དང༌། བསམ་གཏན་རྣམ་ཐར་ཏིང་ངེ་འཛིན་སྙོམས་པར་འཇུག་པ་ (ཀུན་མདོ་དངོས་)ཐམས་ཅད་ཀྱི་ཀུན་ ནས་ཉོན་མོངས་པ་ཚུལ་མིན་ཡིད་ལ་བྱེད་པས་སྲིད་པའི་དོན་དུ་བསྔོ་བ་དང་རོ་མྱང་བ་དང་ 2-1-168 དམིགས་པར་ཡིད་བྱེད་དང་ (ཀུན་གནོད་)ལྷག་མཐོང་ངམ་སེམས་ཅན་སྨིན་པར་བྱེད་པའི་ཕྱིར་ རམ་མངོན་ཤེས་སྒྲུབ་པའམ། མི་དམིགས་པར་ཡིད་ལ་བྱེད་པ་རྣམ་པར་བྱང་བ་དང༌། སེང་ གེ་རྣམ་བསྒྱིངས་ཐོད་རྒལ་སོགས་ཀྱི་ལྡང་བ་མཁྱེན་ (མདོ་)པ་དང༌། སྔོན་གྱི་གནས་རང་གཞན་ གྱི་སྐྱེ་བ་སྔ་མ་དུ་མ་ (ཐུབ་དགོངས་)དན་རྟགས་དང་བཅས་པར་རྗེས་སུ་དྲན་པ་དང༌། (གཟུངས་ཀྱི་ དབང་ཕྱུག་གི་མདོར། )འཇིག་རྟེན་ཁམས་ཀྱི་འཇུག་ཆགས་དང་སྣང་མི་སྣང་གི་ (མདོ་དེར་)སེམས་ཅན་ ཐམས་ཅད་ཀྱི་གང་ནས་འཆི་འཕོ་དང་གང་དུ་སྐྱེ་བ་མ་ལུས་པར་མཁྱེན་པ་ (ཡུམ་གྱི་མདོར་མིང་འདི་ སྨོས་གནོད་འཇོམས་ཡང་ངོ༌། ། )ལྷའི་མིག་གི་མངོན་ཤེས་མཁྱེན་པའི་སྟོབས་དང༌། ཟག་པ་ཉོན་མོངས་ པ་ཐམས་ཅད་བག་ཆགས་དང་བཅས་པར་ཟད་ཅིང་བྱང་བར་གཟིགས་པའམ་ (བམ་གཉིས་)ཟག་ པ་ཉོན་མོངས་རྣམས་ཟད་པ་དང་དེ་གང་གིས་ཟད་པའི་ལམ་གཉིས་ཀ་ཡང་ཟག་པ་ཟད་པ་སྟེ་ སེམས་ཅན་རྣམས་ཀྱིའོ། །ཞེས་ཐུབ་པོ། །དེ་ལྟ་བུའི་སྟོབས་ཀྱི་རྣམ་པ་བཅུ་སོ་དགུ་ལ་བགྲང་ རྒྱུའོ། །དེ་དག་གིས་ལས་བཞི་བྱེད་དེ། (ཕྱུགས་གསོད་པ་དང་མེར་འཇུག་པ་ལ་སོགས་པ་བདེ་འགྲོའི་ཐབས་ སུ་སྟོན་པར་བྱེད་པའི་ཕྱིར་བདེ་འགྲོའི་ཐབས་ལ་བསླུ་བར་བྱེད་པས་བདུད་དེ་དེ་འཇོམས་པས། )དང་པོས་བདེ་འགྲོའི་ཐབས་ལ་སླུ་ བའི་བདུད་འཇོམས། གཉིས་པས་ལྷ་སོགས་སྐྱབས་མིན་པ་ལ་སྐྱབས་སུ་སླུ་བའི་བདུད་འཇོམས། བདུན་པས་ཟག་ (དབྱིག་)བཅས་ཀྱིས་འདག་པར་སྨྲ་བའི་བདུད་འཇོམས། གཞན་རྣམས་ཀྱིས་ ལས་ (བཤད་སྦྱར་)དང་པོ་བ་རྣམས་ལ་དེའི་མི་བསྔགས་པ་བསྒྲགས་པས་ (བཤད་སྦྱར་)ཐེག་ཆེན་ གྱིས་ངེས་པར་འབྱུང་བ་ལ་སླུ་བའི་བདུད་འཇོམས་སོ། །ཐབས་དང་སྐྱབས་དང་དག་པ་དང༌། ། ཐེག་ཆེན་ངེས་པར་འབྱུང་བ་ལ། །སེམས་ཅན་རྣམས་ནི་རབ་བསླུ་བའི། །བདུད་འཇོམས་ ཁྱེད་ལ་ཕྱག་འཚལ་ལོ། །ཞེས་སོ། །(སློབ་དཔོན་དང་རྒྱལ་སྲས། ) དང་པོས་མངོན་མཐོ་རྒྱུ་མེད་དང་ མི་མཐུན་པ་རྒྱུར་སྨྲ་བ་བསལ། གཉིས་པས་མ་བྱས་པ་དང་ཕྲད་པར་སྨྲ་བ་བསལ། གསུམ་ པས་བཟང་ངན་ལ་མོས་ཀྱི་བསམ་པ་རྟོགས། བཞི་པས་བག་ལ་ཉལ་བསྐྱེད་པའི་ནུས་པ་ 2-1-169 ཉོན་མོངས་པ་རྟོགས། ལྔ་པས་བཤད་པའི་སྣོད་དད་ (རྩ་བ་)པ་ལ་སོགས་དབང་ (སྲས་)བོ་སྨིན་ པ་རྟོགས། དྲུག་པས་དམིགས་པ་ (རྩ་བ་)ཉན་ཐོས་སམ་ (སྲས་)ཐེག་ཆེན་བསྟན་པའི་ཆེན་ (སྲས་) པོ་བསྟན་པས་བསྡུས་པ་རྟོགས། བདུན་པས་སེམས་ཅན་གྱི་སེམས་ཀྱི་ (རྩ་བ་)སྤྱོད་པའམ་ (རྒྱལ་ )རྒྱུ་བ་རྟོགས། བརྒྱད་པས་ཚེ་རབས་སྔ་མ་དག་ན་ཚོགས་ (རྩ་བ་)ཡང་དག་པར་ (རྒྱལ་)བསྒྲུབ་ པ་འཕགས་ལམ་རྗེས་སུ་རྟོགས། དགུ་པས་ཕྱི་མ་ལ་ཡོངས་སུ་འགྱུར་ (རྩ་བ་)བ་རྟོགས། བཅུ་ པས་འཇིག་རྟེན་ཐམས་ཅད་ནས་ངེས་པར་འབྱུང་བ་རྟོགས། ཞེས་པ་རྣམས་བྱེད་ལས་སུ་ཀུན་ བཏུས་རྩ་འགྲེལ་ལོ། ། གཉིས་པ་ནི། མངོན་པར་རྫོགས་པར་བྱང་ཆུབ་པ་ལ་མི་འཇིགས་པ་ནི་ (ཀུན་བཏུས་དངོས། ) སངས་རྒྱས་ཀྱིས་བསམ་གཏན་ལ་བརྟེན་ནས་རང་དོན་ལས་བརྩམས་ཏེ་ (ཀུན་བཏུས་དངོས༌། ) ཀྱེ་མ་ (བཤད་སྦྱར་)ང་ནི་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་ཤེས་བྱ་ཀུན་མཁྱེན་པར་ བདག་ཉིད་ཀྱིས་ཞལ་གྱིས་འཆེས་པ་ལ་ (དོན་ཐོབ་)ཆོས་མཐུན་གྱི་རྒོལ་བ་པོ་མེད་པ་ཡང་དག་ པར་འབྱོར་བའི་ཞེས་སོགས་སོ། །(སྔར་ལྟར་)ཀྱེ་མ་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་ བྱ་བ་འདི་ལ་ཆོས་འདི་དག་མངོན་པར་སངས་མ་རྒྱས་སོ་ཞེས་འདི་ན་དགེ་སྦྱོང་ངམ་ (སྨོས་པ་ ནི་ཤེས་རབ་གྱིས་མངོན་པའི་ང་རྒྱལ་བྱེད་པའི་ཕྱིར་རོ། ། )བྲམ་ཟེའི་འམ་ལྷའམ་ (ལྷའི་མིག་ (གིས་ཞེས་གནོད་འཇོམས་ གཞན་འདྲ། )དང་། ཕ་རོལ་གྱི་སེམས་ཤེས་པ་ལ་སོགས་པ་ཕུན་སུམ་ཚོགས་ཕྱིར་རོ། ། )བདུད་དམ་ཚངས་པའམ་ (རྫུ་ འཕྲུལ་དང་མཐུ་ཆེ་བའི་ཕྱིར་སྨོས། )གཞན་སུ་ཡང་རུང་བ་ཆོས་དང་མཐུན་པར་རྒོལ་བའམ་རྒོལ་པའི་ མཚན་མ་ (འམ་རྒྱུར་གྱུར་པའི་སྐྱོན་ནོ། ། )ཡང་དག་པར་རྗེས་སུ་མ་མཐོང་བས་བདག་བདེ་བ་ཐོབ་པ་ (ནི་ལུས་ཀྱི་སྤུ་ཟིང་བྱེད་པ་དང་བག་འཁུམས་པ་མེད་པ་ལ་སོགས་པའོ། ། )དང་བག་ཚ་བ་མེད་པ་ (ནི་གསུང་ལ་ཞུམ་ པ་དང་དམན་པར་གྱུར་པ་སོགས་མེད་པའོ། ། )དང་མི་འཇིགས་པ་རྣམ་པར་སྤྱོད་ (དང་པོས། )པས་ (ནི་ཐུགས་ལ་ དོགས་པ་དང་ཞུམ་པ་སོགས་མེད་པའོ། །དེ་གསུམ་གྱི་ནང་ན་ཀུན་བཏུས། ཅང་ཤེས་ཀྱི་གནས་)ཁྱུ་མཆོག་རླབས་པོ་ 2-1-170 ཆེའི་གནས་སུ་དམ་འཆའ་འོ། །(སྐུའི་འཕྲིན་ལས་དག་པའོ། །གཉིས་པས་)འཁོར་གྱི་ནང་དུ་སེང་གེའི་སྒྲ་ སྒྲོག་ (སྟེ་གསུང་གི་འཕྲིན་ལས་དག་པའོ། ། )གོ །(གསུམ་པས་ཚངས་པ་དེ་པའི་ཆོས་འཁོར་བསྐོར་རོ། །ཞེས་སོགས་གནོད་ འཇོམས་དག་ལྡན་སོགས་བལྟའོ། ། ) ཞེས་སོ། །དེ་རྟོགས་པ་ཕུན་ཚོགས་སུ་དམ་བཅས་པའོ། །ཟག་ པ་ཟད་པའི་མཁྱེན་ (ཀུན་བཏུས་)པ་ལ་མི་འཇུགས་པ་ནི་བསམ་གཏན་ལ་བརྟེན་ནས་རང་དོན་ ལས་བརྩམས་ (ཀུན་)ཏེ་བདག་ཉིད་ཀྱི་ཟག་པ་ཀུན་ཟད་པ་ཉིད་དུ་ཞལ་གྱིས་བཞེས་པ་རྒོལ་ བ་པོ་མེད་པ་སོགས་སྟེ། ང་ཟག་པ་ཟད་དོ་ཞེས་བྱ་བ་ལ་ཟག་པ་འདི་དག་མ་ཟད་དོ། །ཞེས་ སོགས་སོ། །དེ་སྤངས་པ་ (རྒྱན་ཐུབ་)ཕུན་ཚོགས་སུ་དམ་བཅས་པའོ། །དེ་གཉིས་རང་དོན་གྱི་ དམ་བཅའའོ། །བར་ཆད་ཀྱི་ཆོས་ལ་མི་འཇིགས་པ་ནི། བསམ་གཏན་ལ་བརྟེན་ནས་གཞན་ དོན་ལས་བརྩམས་ཏེ། (ཀུན་བཏུས་)འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ཐར་བའི་བར་ ཆད། ཤེས་སྒྲིབ་ཀུན་མཁྱེན་པའི་བར་ཆད་བྱེད་པ་ཉིད་དུ་རྗོད་པ་སོགས་ཏེ། ངས་ཉན་ཐོས་ རྣམས་ལ་བར་དུ་གཅོད་པའི་ཆོས་གང་དག་བསྙད་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་ མི་འགྱུར་རོ། །ཞེས་སོགས་སོ། །ངེས་པར་འབྱུང་བའི་ལམ་བསྟན་པ་ལ་མི་འཇིགས་པ་ནི། བསམ་གཏན་ལ་བརྟེན་ནས་གཞན་དོན་ལས་བརྩམས་ཏེ། ཐམས་ཅད་ཤེས་པ་ཉིད་ཀྱི་ལམ་ ཉན་རང་བྱང་ཆུབ་ཏུ། སོགས་པ་ལམ་ཤེས་རྫོགས་བྱང་དུ་སྟེ་མྱང་འདས་སུ་ (ཐུབ་སོགས་བམ་ གཉིས་)ངེས་པར་འབྱུང་བའི་ལམ་བསྟན་པ་ལ་ཞེས་སོགས་སོ། །ངས་ཉན་ཐོས་རྣམས་ལ་ངེས་ པར་འབྱུང་བར་བྱ་བའི་ཕྱིར་འཕགས་པར་ངེས་པར་འབྱིན་པ་ངེས་པར་འབྱུང་བའི་ལམ་གང་ བཤད་པ་དེ་ངེས་པར་འབྱུང་བ་མ་ཡིན་ནོ་ཞེས་སོགས་སོ། །དེ་གཉིས་གཞན་དོན་ནོ། །རང་ གཞན་དོན་དུ་ཡེ་ཤེས་དང༌། །སྤངས་དང་ངེས་འབྱུང་གེགས་བྱེད་པ། །སྟོན་མཛད་མུ་སྟེགས་ གཞན་དག་གིས། །མི་བརྫི་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་སོ། ། གསུམ་པ་ནི། གསུང་རབ་ཡན་ལག་བཅུ་གཉིས་ཀྱི་ (གནོད་དག་ཟླ་ཐུབ་)ཆོས་སམ། རྒྱུའི་ 2-1-171 ཆོས་སམ། (གནོད་འཇོམས་དག་ལྡན་སོགས། ) མ་རིག་པ་ (རྒྱལ་)མི་ཤེས་པ་མི་མཐོང་བ་མངོན་པར་ མི་རྟོགས་པ་སོགས་མིང་ (འགྲེལ་ཆེན་)གི་རྣམ་གྲངས་སོགས་སམ་ (ཀུན་)རྣམ་སྨིན་དང་བཅས་ པའི་དགེ་མི་དགེའི་ཆོས་སམ་ (གནོད་འཇོམས་)ཀུན་འབྱུང་དང་ལམ་དུ་གཏོགས་པའི་ཉོན་མོངས་ རྣམ་བྱང་གི་ཆོས་སམ། སེམས་ཅན་གྱི་བསམ་པ་དང་བག་ལ་ཉལ་སྤྱོད། མོས། དབང་བོ་ སོགས་ཀྱི་ཆོས་ཀྱི་རྣམ་གྲངས་ཀྱི་ཡུལ་མཐའ་དག་ཐོགས་མེད་དུ་རྟོགས་པའི་ཏིང་ངེ་འཛིན་ ཤེས་རབ་མཐར་ཐུག་ནི་གོ་རིམ་བཞིན་དུ་ཆོས་སོ་སོ་ཡང་དག་རིག བཅུ་གཉིས་ཀྱི་བརྗོད་ བྱའམ་ (འཇོམས་)འབྲས་བུ་རྟེན་འབྲེལ་གྱི་ཆོས་སམ། (གནོད་འཇོམས། ) སྒྲིབས་མ་སྒྲིབས་ལུང་མ་ བསྟན་གྱི་དོན་ནམ་ (འཇོམས་)སྡུག་བདེན་དང་འགོག་པར་ (འཇོམས་)རྟོགས་པའི་ཆོས་རྣམས་རིག་ པའམ་མགོ་སྨོས་རྣམ་སྤྲོས་གོ་སོགས་དང་ཉོན་མོངས་ཆེ་ཆུང་དབང་བོ་རྣོ་རྟུལ་སྐལ་བ་ཡོད་ མེད་སོགས་ཀྱི་ཆོས་སམ་ཆོས་རྣམས་ཀྱི་རང་ (རྒྱལ་སྲས་)སྤྱིའི་མཚན་ཉིད་ (རྒྱལ་སྲས་)དང་དོན་ (ཀུན་ བཏུས་)གཞན་ལ་དགོངས་པ་སོགས་ཀྱི་ཡུལ་ལ་སྔར་བཞིན་དོན་རིག ཡུལ་ (རྩ་བ་)སོ་སོ་སོ་སོ་ བས་ (རྒྱལ་སྲས་)ཇི་ལྟར་རང་རང་གི་སྐད་དམ་མིང་ (རྒྱལ་སྲས་)གིས་ཐ་སྙད་ (རྒྱལ་)འདོག་ (དག་ལྡན་) པ་དང་འཇིག་པ་དང་རབ་ (ཀུན་བཏུས་)ཏུ་འཇིག་པས་འཇིག་རྟེན། གཟུགས་ (སྲས་)སུ་རུང་བས་ གཟུགས་སོགས་ཆོས་ཀྱི་ (རྩ་བ་)ངེས་ཚིག་ལའམ་ (འཇོམས་)གླིང་ཆེན་བཅོ་བརྒྱད། ཡུལ་ཆེན་ བཅུ་དྲུག མཐའ་འཁོབ་དགུ་བཅུ་རྩ་བརྒྱད། ཡུལ་དབུས། ངན་སོང་དང་ལྷ་མི་སོགས་ཀྱི་ སྐད་དང་བརྗོད་པ་ལ། ཞེས་གནོད་འཇོམས་ཏེ། སྔར་བཞིན་ངེས་ཚིག་སོ་སོ་ཡང་དག་རིག་ པ། རྫས་ (རྒྱལ་)བཏགས་དོན་དམ་ཀུན་རྫོབ་ (རྒྱལ་སྲས་)ཏུ་ཡོད་སོགས་ཆོས་ (ཀུན་)གྱི་རབ་ཏུ་དབྱེ་ བ་ (ཀུན་)འམ་ཆོས་ལ་སོགས་པ་དེ་རྣམས་གཞན་ལ་བསྟན་པའི་ཆེད་དུ་དེ་གསུམ་ཡང་ (དག་ཐུབ་ )དག་པར་མངོན་དུ་གྱུར་པ་ནི་སྤོབས་པ་སོ་སོ་ཡང་དག་པར་རིག་པ་སྟེ། སྔ་མ་གཉིས་བཤད་ བྱ་ཕྱི་མ་གཉིས་འཆད་བྱེད་དང་དེ་མཁྱེན་པའོ། །(ཕན་པར་མཛད་པར་བསྟོད་པ་ལས། ཆོས་ཀྱི་ཚིག་ཀུན་ 2-1-172 མངོན་པར་མཁྱེན། །དོན་རྣམས་ཀུན་གྱི་ཚུལ་ལ་མཁས། །སྐད་ཀུན་རྣམ་པར་འབྱེད་པ་མཁྱེན། །ཕྱོགས་རྣམས་ཀུན་ཏུ་སྤོབས་དང་ ལྡན། །ཞེས་སོ། ། ) རྟེན་དང་བརྟེན་པ་བཤད་བྱ་དང༌། །གསུང་དང་མཁྱེན་པ་འཆད་བྱེད་ལ། །བློ་ གྲོས་རྟག་ཐོགས་མི་མངའ་བ། །ལེགས་སྟོན་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་སོ། ། བཞི་པ་ལ། ཉན་རང་དགྲ་བཅོམ་པ་རྣམས་ལ་བསོད་སྙོམས་ཀྱི་ཕྱིར་རྒྱུ་བ་ན། གླང་པོ་ ཆེ་རྟ་བ་ལང་ཁྱི་གཏུམ་པོ་དང་ཚེར་མ་སྡིག་སྦྲུལ་སོགས་དང་སྟག་གཟིག་གི་གནོད་པ་སོགས་ འབྱུང་བར་འགྲོ་བ་དང་མཆོང་རྒྱུགས་སོགས་ (བུད་མེད་འཁྲིག་པ་འདོད་པས་བོས་པའི་ཁྱིམ་དུ་འགྲོ། དགོན་ པའམ་ནགས་སྟུག་པོར་ལམ་བོར་ནས་ལམ་གོལ་བར་འགྲོ། རྐུན་པོའམ། གཞན་གྱི་ཆུང་མ་དང་ལྷན་ཅིག་འགྲོ་བ་སོགས། ཞེས་ སོ། །ཨཱརྱ་སོགས་སོ། ། )ལུས་ཀྱི་འཁྲུལ་བ་མངའ་ལ། དེ་པ་རྣམས་ལ་དེ་དག་སོགས་ཀྱི་འཁྲུལ་བ་ མེད་པ་སྐུའི་སྤྱོད་པ་མ་འདྲེས་པ། ཉན་རང་དགྲ་བཅོམ་པ་ལ་རྟ་གད་དང་ནགས་སྟུག་པོར་ ལམ་སྟོར་བའམ། ཁང་སྟོང་སོགས་སུ་སྒྲ་ཆེན་པོ་འབྱིན་པ་སོགས་ངག་གི་སྐྱོན་མངའ་ལ། དེ་ པ་རྣམས་ལ་དེ་འདྲའི་ཅ་ཅོ་མེད་པ་གསུང་གི་སྤྱོད་པ་མ་འདྲེས་པ། ཉན་རང་དགྲ་བཅོམ་ལ་ བརྗེད་པས་ (འཇོམས་)བྱ་བ་ཤོར་བ་དང་དུས་ལས་ཡོལ་བ་མངའ་ལ། (འཇོམས། ) དེ་པ་རྣམས་ ལ་སེམས་ཅན་གྱི་དོན་སོགས་མཛད་པ་ཐམས་ཅད་ (འཇོམས་ཨཱརྱ་ཀུན་)དམ་བཅས་པ་ལྟར་དྲན་ པས་ (ཨཱརྱའི་དོན་)དྲན་པ་ཉམས་པའམ་བསྙེལ་བ་མི་མངའ་བ་དང༌། (འཇོམས། ) ཉན་རང་དགྲ་ བཅོམ་རྣམས་སྙོམས་པར་ཞུགས་པའི་ཚེ་ (འཇོམས་ཨཱརྱ་)མཉམ་པར་བཞག་གི་གཞན་ཚེ་མིན་ ལ། (འཇོམས་ཨཱརྱ། ) དེ་པ་ནི་སྙོམས་པར་ཞུགས་ཀྱང་རུང་ (འཇོམས་སོགས་)མ་ཞུགས་ཀྱང་དུས་ ཐམས་ཅད་དུ་མཉམ་པར་བཞག་པས་ཐུགས་མཉམ་པར་མ་བཞག་པ་མི་མངའ་བ་དང༌། ཉན་རང་དགྲ་བཅོམ་རྣམས་ཕུང་བོ་ལ་གཅིག་ཏུ་ (ཨཱརྱ་)མི་མཐུན་པ་དེ་མེད་པའི་མྱང་འདས་ ལ་ (ཨཱརྱ་)ཞི་བའི་ (གནོད་འཇོམས་སུ། )འདུ་ཤེས་སུ་འགྱུར་གྱི། དེ་པ་རྣམས་ལ་དེ་མེད་པས་འཁོར་ འདས་ལ་བླང་དོར་ཐ་དད་དུ་འཛིན་པ་ཉིད་ཀྱི་འདུ་ཤེས་མི་མངའ། ཇི་ལྟར་ཉན་རང་དགྲ་ 2-1-173 བཅོམ་རྣམས་སོ་སོར་མ་བརྟགས་པར་སེམས་ཅན་གྱི་དོན་ཡལ་བར་འདོར་གྱི་ (གནོད་འཇོམས་ ཨཱརྱ་དོན་)དེ་པ་རྣམས་ལ་དེ་མེད་པས་སོ་སོར་མ་བརྟགས་པའི་བཏང་སྙོམས་མི་མངའ་བ་ (སོ་སོར་ བརྟགས་པའི་བཏང་སྙོམས་མངའ་འོ། ། )བཞི་ཐུགས་ཀྱི་སྤྱོད་པ་མ་འདྲེས་པ་སྟེ། སྤྱོད་པ་མ་འདྲེས་པ་དྲུག་ དང༌། རྟོགས་པ་མ་འདྲེས་པ་དྲུག་ནི། (དག་ཐུབ་དངོས། ) དེ་པའི་དབང་བོ་རྟེན་དང་འབྲས་བུར་ བཅས་པ་སྟེ། རྟེན་ནི་འདུན་པའོ། །(ཀུན་བཏུས་དངོས། ) འབྲས་བུ་ནི་རྣམ་གྲོལ་ལོ། །དབང་བོ་ནི་ བརྩོན་འགྲུས་སོགས་སོ། །(རྒྱལ་སྲས་དག་ཐུབ་སོགས། ) ཉན་རང་དགྲ་བཅོམ་རྣམས་ (འཇོམས་)སངས་ རྒྱས་ཀྱི་ས་དང་མཛད་པ་ལ་འདུན་པ་མེད་ཀྱི་ཉན་རང་གི་བྱ་བ་ཉིད་ལ་འདུན་ནོ། །དེས་ན་ སངས་རྒྱས་ཀྱི་འདུན་པ་ (འཇོམས་)སོགས་མེད་པས་མ་ཐོབ་པའི་ཡོངས་སུ་ཉམས་པས་ཡོངས་ (གནོད་འཇོམས་དག་ལྡན་)སུ་ཉམས་སོ། །དེ་པ་ནི་ཁྱད་པར་ཅན་གྱི་ཆོས་མ་ (གནོད་འཇོམས་)ཐོབ་པ་ མི་མངའ་སྟེ་འདི་ལྟར་བྱམས་པ་དང་སྙིང་རྗེ་དང༌། ཆོས་འཆད་པ་དང༌། སེམས་ཅན་སྨིན་ པར་བྱེད་པ་དང༌། བྱང་ཆུབ་ཀྱི་སེམས་བླང་བ་དང་དཀོན་མཆོག་གསུམ་གྱི་གདུང་རྒྱུན་མི་ གཅོད་པའི་ (ཀུན་བཏུས་འཇོམས་)འདུན་པ་དང༌། གདུལ་བྱ་འགུགས་པ་དང་ཆོས་ཉན་པ་རྣམས་ ལ་མི་སྒྲུབ་པ་མེད་པའི་བརྩོན་ (ཐུབ་འཇོམས་དོན་)འགྲུས་དང༌། དྲན་པས་མ་རྟོགས་པར་མཛད་ མི་དགོས་པར་ཆོས་སྟོན་ (ཐུབ་དགོངས་)ནུས་ (སྔར་དྲན་ནམ་བསམ་ན་མ་རྟོགས་པར་མཛད་ནས་ཕྱིས་སྟོན་མི་དགོས་ ཞེས་པའོ། ། )པའི་དྲན་པ་དང༌། ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་དེ་བཞིན་ཉིད་ལ་ཏིང་ངེ་འཛིན་ ཅེས་བྱ་སྟེ་དེ་ཉམས་པ་མེད། ཅེས་གནོད་འཇོམས་ཏེ། ཐུབ་དགོངས་ཡང་དེར་མངོན་མོད་ ཀྱི། དེ་བཞིན་ཉིད་མཉམ་པ་ཉིད་ཐུགས་སུ་ཆུད་པའི་ཏིང་ངེ་འཛིན་དང༌། ཆོས་ཐམས་ཅད་ལ་ གཞན་གྱི་རྐྱེན་གྱིས་རྟོགས་པ་མིན་པའི་ཡེ་ཤེས་དང་སེམས་ཅན་ལ་ཆོས་རབ་ཏུ་གསལ་བར་ བྱེད་པའི་ཡེ་ཤེས་སོགས་ནས་སེམས་ཅན་གྱི་སེམས་ཀྱི་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་མཁྱེན་ པའི་ཡེ་ཤེས་སོགས་དང་ (ཐུབ་དགོངས་ཏེ་གནོད་འཇོམས་དོན་)ཆགས་པ་དང་ཉོན་སྒྲིབ། འཛིན་པ་ (ཤེས་ 2-1-174 སྒྲིབ་)ཐམས་ཅད་དང་བྲལ་བ་དང་ (ཐུབ་)འབྲས་བུ་ཕུན་ཚོགས་དང་ (འཇོམས་)མི་གནས་པའི་མྱང་ འདས་སུ་འཇུག་པས་ (འཇོམས་)རྣམ་པར་གྲོལ་བ་སྟེ། ཐམས་ཅད་ལ་ཐོབ་པས་མ་ཐོབ་པའི་ ཡོངས་སུ་ཉམས་པ་མི་མངའ་བ་རྣམ་པ་དྲུག་དང༌། སྐུ་མཚན་དཔེ་དང་བཤེས་གསོལ་ལམ་ གསུང་བཞིན་པའམ་མི་གསུང་བར་བཞུགས་སམ་འཆག་པ་སོགས་སྤྱོད་ལམ་གྱིས་སེམས་ ཅན་རྣམས་བཏུལ་བར་མཛད་པ་སྐུའི་འཕྲིན་ལས། ཡན་ལག་དྲུག་ཅུ་དང་ལྡན་པའི་གསུང་ གིས་སེམས་ཅན་ཐམས་ཅད་ཀྱི་དོན་ཐམས་ཅད་སྒྲུབ་པའི་འབྲས་བུ་ཅན་གྱི་ཆོས་སྟོན་པ་ གསུང་གི་འཕྲིན་ལས། དེ་པའི་ཡེ་ཤེས་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྗེས་སུ་སོན་པ་ ཆོས་ཐམས་ཅད་ངེས་པར་རྟོགས་པ། ཏིང་ངེ་འཛིན་ཐམས་ཅད་ལ་གཞན་གྱི་རྐྱེན་གྱིས་རྟོགས་ པ་མིན་པ། དམིགས་པ་ལས་འདས་པ་ (འཇོམས་ཐུབ། )སོགས་ (འཇོམས་ཐུབ་)ཐུགས་ཀྱི་འཕྲིན་ལས་ རྣམས། དང་པོར་ཡེ་ཤེས་ཀྱིས་ཀུན་ནས་བསླང་སྟེ་བྱུང་བས་དེ་སྔོན་དུ་འགྲོ་ཞིང་ (ཨཱརྱ་འཇོམས་) ཡེ་ཤེས་དང་ལྷན་ཅིག་རྒྱུ་བས་ཡེ་ཤེས་ཀྱི་རྗེས་སུ་འབྲང་བའི་འཕྲིན་ལས་མ་འདྲེས་པ་རྣམ་པ་ གསུམ་དང༌། འདས་མ་འོངས་ད་ལྟར་བྱུང་བའི་ཤེས་བྱ་ཐམས་ཅད་ལ་བརྩལ་བ་ཙམ་གྱིས་ རྟོགས་པས་མ་ཆགས། ཐམས་ཅད་རྟོགས་པས་མ་ཐོགས་སམ། ཉོན་སྒྲིབ་སྤངས་པས་ཇི་ལྟ་ བ་རྟོགས་པས་མ་ཆགས། ཤེས་སྒྲིབ་སྤངས་པས་ཇི་སྙེད་པ་རྟོགས་པས་མ་ཐོགས་པ་སྟེ། རྒྱུད་ བླར། ཉོན་མོངས་སྤངས་ཕྱིར་ཆགས་པ་མེད། །ཤེས་བྱའི་སྒྲིབ་ཀུན་དག་བྱས་ཕྱིར། །ཐམས་ ཅད་དུ་ནི་ཐོགས་པ་མེད། །ཅེས་སོ། །དེ་ལྟ་བུའི་ཡེ་ཤེས་མ་འདྲེས་པ་རྣམ་པ་གསུམ་སྟེ། དེ་ ལྟར་སངས་རྒྱས་ཀྱི་ཆོས་སློབ་པ་དང་མ་འདྲེས་པ་བཅྭོ་བརྒྱད་ཀྱི་རྣམ་དག་དང་ངོ༌། །སྤྱོད་པ་ དང་ནི་རྟོགས་པ་དང༌། །ཡེ་ཤེས་དང་ནི་འཕྲིན་ལས་ཀྱིས། །ཉན་ཐོས་རང་སངས་རྒྱས་ཀུན་ གྱི། །བླ་མ་ཁྱེད་ལ་ཕྱག་འཚལ་ལོ། །ཞེས་སོ། །བྱེ་བྲག་སྨྲ་བ་ནི། སངས་རྒྱས་ཆོས་ནི་མ་འདྲེས་ པ། །སྟོབས་ (བཅུ་མི་འཇིགས་པ་བཞི། )ལ་སོགས་པ་ (བསྲུང་བ་མེད་པ་གསུམ་ཐུགས་རྗེ་ཆེན་པོ་སྟེ། )བཅོ་བརྒྱད་ 2-1-175 དོ། །(རྒྱས་པར་གཟུངས་ཀྱི་དབང་ཕྱུག་གི་མདོ་སོགས་དང་གནོད་འཇོམས་སོགས་ལས་ཤེས་དགོས་སོ། ། ) ཞེས་སོ། ། གཉིས་པ་ནི། སངས་རྒྱས་བྱུང་བ་གང་ཡང་དེ་བཞིན་ཉིད་མི་སྟོན་པ་མེད་པས་དེ་ཐམས་ ཅད་ཀྱིས་བཤད་པའི་ (འགྱུར་བ་མེད་པས་)དེ་བཞིན་ཉིད་ (ཅེས་ཨཱརྱ་)འོག་ནས་བཤད་པའི་རང་བྱུང་ གི་ཡེ་ཤེས་འདུས་མ་བྱས་དོན་དམ་པ་སྟེ། སྡོང་བོ་བཀོད་པར། འཇིག་རྟེན་ཁམས་ནི་ལ་ལ་ དག །བསམ་གྱིས་མི་ཁྱབ་ཚིག་གྱུར་ཀྱང༌། །ནམ་མཁའ་འཇིག་པར་འགྱུར་བ་མེད། །རང་ བྱུང་ཡེ་ཤེས་དེ་བཞིན་ནོ། །ཞེས་གསུངས་སོ། ། གསུམ་པ་ནི། ཆོས་ནི་འདུས་བྱས་མ་བྱས་སོ། །དེ་ཐམས་ཅད་ལ་དབང་བསྒྱུར་བ་ནི་སྤང་ བ་དང་མངོན་དུ་བྱ་བ་དང་བསྟན་པ་དང་བཅབ་པ་དང༌། བསྐྱེད་པ་དང་དགག་པ་དང་བསྐལ་ བ་སྐད་ཅིག་ཏུ་བྱ་བ་དང་སྐད་ཅིག་བསྐལ་བར་བྱིན་གྱིས་རློབ་པ་ལ་སོགས་པའོ། །(ཀུན་ཆོས། ) དེ་ནི་རང་བྱུང་གི་མཐུའོ། །རང་བྱུང་གང་ཞེ་ན། རང་བྱུང་གི་ཡེ་ཤེས་སོ། །དེ་ཡང་གཉིས་ཏེ། ཆོས་དབྱིངས་དང་དེ་ཇི་བཞིན་ཐུགས་སུ་ཆུད་པ་སྲིད་པ་ཐ་མ་པས་ཐོབ་པའི་རྣམ་མཁྱེན་གྱི་ཡེ་ ཤེས་སོ། །དེ་ལ་རང་བྱུང་དང་པོ་སྔར་བསྟན་པ་སངས་རྒྱས་ཐམས་ཅད་ཀྱིས་བཤད་པའི་དེ་ བཞིན་ཉིད་དོ། །(ཀུན་ཆོས་)འདིར་གཉིས་པ་གཟུང་སྟེ། ཚེ་དེ་ལ་སློབ་དཔོན་མེད་པར་རང་ཉིད་ ཀྱིས་བརྙེས་པས་རང་བྱུང་སྟེ། མདོ་ལས། ཉེར་འགྲོ་ང་ནི་སངས་རྒྱས་ཏེ། །ང་ལ་སློབ་དཔོན་ སུ་ཡང་མེད། །ཅེས་པ་ལྟར་རོ། །དེ་ཙམ་གྱིས་རང་བྱུང་དུ་བཞག་གི་རྒྱུ་རྐྱེན་གྱིས་མ་བྱས་པར་ བྱུང་བ་མིན་པས་རང་བྱུང་རྗེས་མཐུན་པའོ། །(འདི་གནས་ཚུལ་བརྗོད་པ་སྟེ་འགྲེལ་པར་མེད། ) དེ་སྔར་ བཤད་ལྟར་མངའ་བསྒྱུར་བ་སྟེ་བསྐལ་བ་མང་པོར་གོམས་པའི་མཐུ་ལས་ཏེ། (སྤྱོད་འཇུག་) གོམས་ན་སླ་བར་མ་གྱུར་པའི། །དངོས་དེ་གང་ནའང་ཡོད་མ་ཡིན། །ཞེས་པ་ལྟར་རོ། །ཡུན་ དེ་སྲིད་དུ་བསོད་ནམས་བསགས་པའི་མཐུ་ལས་ཀྱང་སྟེ། རྒྱ་རོལ་དུ། བསོད་ནམས་ལྡན་ པའི་མི་ཡི་བསམ་པ་རྣམས་ཀྱང་འགྲུབ། །ཅེས་པ་ལྟར་རོ། །འདིས་རང་བྱུང་དང་པོ་ཤེས་པས་ 2-1-176 དེའི་མཐུས་ཇི་ལྟར་བཞེད་པ་ལྟར་མངའ་བསྒྱུར་བས་ཆོས་དབྱིངས་ཤེས་པ་མངའ་བསྒྱུར་བའི་ གཙོ་བོའོ། ། ཡང་ན་གཉིས་ཀ་མངའ་བསྒྱུར་མཚན་ཉིད་པ་དང་དང་པོ་རང་བྱུང་མཚན་ཉིད་ པར་ཡང་ཤེས་པར་བྱའོ། ། བཞི་པ་ནི། ཇི་སྙེད་པའི་རྣམ་པ་ཐམས་ཅད་མངོན་པར་ཏེ་མངོན་སུམ་དུ་རྫོགས་པའི་ སྐད་དོད་ཡང་དག་པར་ལ་འཇུག་པའི་ཡང་དག་པར་ཆུབ་པ་སྟེ་རྟོགས་ཤིང་ཁོང་དུ་ཆུབ་པ་ ནི་སངས་རྒྱས་ཉིད་ཀྱི་རྣམ་པ་སྟེ། ཞེས་པ་རྣམས་ཆོས་བཤེས་སོ། །དེས་ན་ཐ་མ་འདི་ཇི་སྙེད་ པ་མཁྱེན་པ་སྟེ་སྔ་མ་གཉིས་དང་རྣམ་པ་ཐ་མ་གསུམ་སྟེ། དེ་ལྟར་ན་སྟོབས་སོགས་ཀྱི་རྣམ་པ་ རྣམས་ཇི་ལྟར་རབ་ཏུ་དབྱེ་བ་དང་འདི་རྣམས་ཀྱི་ངོ་བོའམ་རང་བཞིན་གང་ཡིན་པ་དེ་བཞིན་ ཉིད་དང༌། དེ་རྣམས་ལ་མངའ་བསྒྱུར་བ་གང་ཡིན་པ་རང་བྱུང་དང༌། གང་གི་དོན་དུ་ཡིན་པ་ ཆོས་ཐམས་ཅད་ཀྱི་རྣམ་པ་ཐམས་ཅད་མངོན་རྫོགས་བྱང་ཆུབ་པ་སྟེ། (ཀུན་ཨཱརྱ་དངོས། ) སངས་ རྒྱས་རྣམས་ཀྱིས་རྣམ་མཁྱེན་གྱི་ལམ་གྱི་རྟེན་ཅན་གྱི་ཐུན་མོང་མིན་པའི་རྣམ་པ་སུམ་ཅུ་རྩ་ དགུའོ། ། དོན་བསྡུ་ནི། རྣམ་པ་རྒྱས་པར་བསྟན་པ་དེ་རྣམས་ལ་སྟེ་དེའི་ནང་ནས་ཐམས་ཅད་ཤེས་ པ་ཉིད་ཀྱི་རྣམ་པ་ཉེར་བདུན་ནི། ཉན་ཐོས་དགྲ་བཅོམ་གྱི་རྒྱུད་ལ་ཡོད་པའི་བྱེ་བྲག་གིས་གོ་ རིམ་བཞིན་དུ་ཉོན་མོངས་པའི་ཟག་པ་མེད་པ་ཡིན་ཏེ། དེའི་སློབ་ལམ་གྱི་དུས་སུ་མདའ་དུག་ ཅན་ལྟར་ཉོན་མོངས་ཆེད་དུ་གཉེར་ནས་སྤོང་བས་སོ། །ཐུབ་དགོངས་སུ། ཉན་ཐོས་ཀྱི་རྣམ་ པ་ཟག་མེད་དུ་སེང་བཟང་གིས་བཤད་པ་ནོར་ཏེ། དེའི་ངེས་འབྱེད་ཆ་མཐུན་སོགས་ཡང་ ཡོད་ཅེས་གསུང་ངོ༌། །(ཨཱརྱ་ཡང་དེ་སྐད་བཤད་པས་ཕྱོགས་སྔ་མ་ལོངས། ) བྱང་སེམས་ཀྱི་རྒྱུད་ལ་ཡོད་ པ་བདག་གཉིས་མེད་པར་རྟོགས་པའི་ཆ་ཉེར་བདུན་ཕལ་ཆེར་ནི་ཉོན་མོངས་ཕྲ་མོའི་ཟག་ པ་དང་བཅས་པ་ཡིན་ནོ། །ལམ་ཤེས་ཀྱི་རྣམ་པ་སོ་དྲུག་ནི་རྣམ་གྲངས་ (ཨཱརྱ་དངོས་)ཀྱིས་ཟག་ 2-1-177 བཅས་ཡིན་པས་ཟག་པ་དང་བཅས་པ་ཡིན་པ་ཁོ་ནའོ། །བྱང་པ་རྣམས་ཀྱིས་ཉོན་མོངས་པ་ཕྲ་ མོ་སངས་རྒྱས་ཀྱི་ཆོས་སྒྲུབ་པ་ལ་ཕན་པར་ (ཆོས་བཤེས་མདོ་དང་སྦྱར་)མཐོང་ནས་ཤིན་ཏུ་མ་སྤངས་ པ་སྟེ་སྤོང་བ་མིན་པའི་ཕྱིར་རོ། །ཟག་པ་ནི་ཉོན་མོངས་ཀྱི་མིང་གི་བྱེ་བྲག་སྟེ་འདི་དག་གིས་ ཁམས་དེ་དང་དེ་དག་ཏུ་ཟག་ཅིང་ལྟུང་བར་བྱེད་པ་སྟེ་ཟག་པ་ནི་ལྟུང་བའི་མིང་གི་ཁྱད་པར་ རོ། །(ཆོས་བཤེས། ) དེ་བཞིན་དུ། ཀུན་སྦྱོར་དང་འཆིང་བ་དང་བག་ལ་ཉལ་དང་ཉེ་ཉོན་ཀུན་ དཀྲིས་སོགས་ཀྱིས་བརྗོད་དོ། །ཞེས་ཆོས་བཤེས་སུ་སྟེ་རྒྱས་པར་ཀུན་བཏུས་ལས་སོ། །རྣམ་ པ་འཆད་པ་ན་ཆོས་ཅན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྣམ་པ་མཐར་ཐུག་པ་བརྒྱ་དང་ བཅུ་ནི་ཟག་མེད་ཁོ་ན་དག་ཡིན་ཏེ། ཡང་དག་རྫོགས་སངས་རྒྱས་ཀྱི་ཉོན་མོངས་དང་ཤེས་ བྱའི་སྒྲིབ་པ་བག་ཆགས་དང་བཅས་ཏེ་རྣམ་པ་ཐམས་ཅད་དུ་སྤངས་པས་ཆོས་ཐམས་ཅད་ ལ་མངའ་བསྒྱུར་བའི་ཕྱིར་རོ། །མདོར་ན་རྣམ་པ་རྣམས་ཕྱོགས་གཅིག་ཏུ་བསྡོམས་ན་རྣམ་པ་ བརྒྱ་བདུན་ཅུ་རྩ་གསུམ་ཡོད་དོ། །དོན་རྣམ་ཤེས་རྣམ་ཕྱེ་ན་དེ་གཉིས་འགྱུར་རོ། ། གཉིས་པ་ལ་གཉིས་ཏེ། སྦྱོར་པ་པོ་གང་ཟག སྦྱོར་བའི་ངོ་བོ་བཤད་པའོ། །དང་པོ་ལ་ གསུམ་ལས། སྔ་འགྲེལ་ནི། ངེས་འབྱེད་ཆ་མཐུན་གྱི་སྦྱོར་བ་སྔར་བཤད་ཁྱད་པར་ལྔ་ཅན་ ནམ་མཁྱེན་གསུམ་སྐབས་སུ་སྦྱོར་བ་བསྟན་པ་རྣམས་ཐོས་བསམ་གྱི་ཡུལ་ཙམ་ཡིན་པས་ མཆོག་མིན་ལ་འདིར། བསྒོམས་པས་བྱང་བར་བྱེད་པས་ཁྱད་པར་ཅན་ནམ་མཆོག་ཅེས་ གདགས་སོ། །ཞེས་ཆོས་བཤེས་སོ། །འོན་ཀྱང་ཡུམ་གྱི་སྦྱོར་བ་ཁྱད་པར་ཅན་ཉི་ཤུ་བོ་དག་ གིས་སྔར་བཤད་རྣམ་པ་རྣམས་བསྒོམ་དགོས་ན་སྟེ། དགོས་པ་ལ་བསྒོམ་སྦྱོར་བ་དེ་དག་ཀྱང་ བསྒོམ་མཁན་སྦྱོར་བ་པོ་བརྗོད་པ་མེད་པར་བརྗོད་པར་མི་ནུས་པས་དེའི་སྔོན་དུ་ཉན་པ་ལ་ སོགས་པའི་སྣོད་སྦྱོར་བ་པོ་འཆད་དོ། ། གཉིས་པ་ལ་བཞི་སྟེ། ཉན། ལེན། མི་བརྗེད། ཚུལ་བཞིན་ཡིད་ལ་བྱེད་པའི་སྣོད་དོ། །དང་ 2-1-178 པོ་ནི། ད་ལྟ་ཡུམ་ཤེར་ཕྱིན་ཉན་པའི་སྣོད་དུ་གྱུར་པའི་ལྷ་སྦྱིན་ཆོས་ཅན། སྔོན་གྱི་སངས་རྒྱས་ རྣམས་ལ་ (སྐྱབས་སུ་འགྲོ་བས་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སོགས་པས་སྐལ་བ་དང་ལྡན་པར་འགྱུར་ཞེས་རད་ཀིར་རོ། ། སྨན་ལ་སོགས་ཞེས་ཟླ་ཟེར་རོ། ། ) གཙུག་ལག་ཁང་འབུལ་བ་ལ་སོགས་པ་བསྙེན་བཀུར་བྱས་པ་ཡིན་ ཏེ། སྤྱིར་ད་ལྟ་ཡུམ་འདི་ཉན་པའི་སྣོད་དུ་གྱུར་པའི་སྐྱེས་བུ་ཡིན་པས་སོ། །ཡུམ་འདི་རིགས་ ཀྱི་བུའམ་བུ་མོ་གང་གི་རྣ་ལམ་དུ་གྲགས་པ་དེ་དག་གི་སྔོན་གྱི་རྒྱལ་བ་ལ་བསྙེན་བཀུར་བྱས་ པའོ། །ཞེས་སོ། །དེ་ཆོས་ཅན། སངས་རྒྱས་མང་བོ་དེ་རྣམས་ལ་ (ཚུལ་ཁྲིམས་དང་ཐོས་སོགས་དགེ་རྩ་ བསྐྲུན་ཞེས་སྙིང་མཆོག་དང༌། གནས་སྐྱེད་ཚལ་མལ་བསྟན་སྟོན་མོ་སོགས་ཀྱི་དགེ་རྩ་བསྐྲུན་ཞེས་ཟླ་ཟེར། དུག་གསུམ་མེད་པའི་ དགེ་རྩ་བསྐྲུན་ཞེས་རད་ཀིར། )བསོད་སྙོམས་འབུལ་བ་སོགས་དགེ་བའི་རྩ་བ་བསྐྲུན་ཅིང་བསྐྱེད་པ་ ཡིན་ཏེ། རྟགས་འདྲའོ། །ཡུམ་འདི་སེམས་ཅན་གང་དག་གི་རྣ་ལམ་དུ་གྲག་པ་དེ་དག་ནི་དེ་ པ་ལ་དགེ་བའི་རྩ་བ་བསྐྱེད་པའོ། །ཞེས་སོ། ཆོས་ཅན། ཐེག་ཆེན་དགེ་བཤེས་ཀྱི་གདམས་ ངག་བསྟན་ཏེ་མགོན་སྐྱབས་མཛད་པ་དང་བཅས་པ་ཡིན་ཏེ། (རྣ་ལམ་གྲགས་སོ། ། ) རྟགས་འདྲའོ། ། དེ་དག་ནི་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་གཟུང་བ་ཡིན་ནོ། །ཞེས་སོ། །གཉིས་པ་ ནི། ད་ལྟ་གཞུང་ཤེར་ཕྱིན་བློ་ལ་འཛིན་པའི་ལྷ་སྦྱིན་ཆོས་ཅན། སྔོན་སངས་རྒྱས་མང་བོ་ལ་ ལུས་སོགས་ཀྱི་བསྙེན་བཀུར་གྱིས་མཉེས་པར་བྱས་ནས་བསྟེན་པ་ཡིན་ཏེ། སྤྱིར་དེ་ལྟར་ ཡིན་པས་སོ། །སངས་རྒྱས་མང་བོ་ལ་བསྙེན་བཀུར་བྱས་པའོ། །(ཨཱརྱ་)ཞེས་སོ། །(ད་ལྟའི་མདོར་མི་ སྣང༌། ) ད་ལྟ་གཞུང་ཤེར་ཕྱིན་གྱི་དོན་མི་བརྗེད་པར་འཛིན་པའི་ལྷ་སྦྱིན་ཆོས་ཅན། སྔོན་སངས་ རྒྱས་མང་བོའི་དྲུང་དུ་ཡུམ་དོན་ལ་ཐེ་ཚོམ་ཟ་བའི་དོན་གྱི་ངོ་བོ་ཞུས་སམ་ (འགྲེལ་ཆེན་)འདྲི། རྒྱུ་ མཚན་ཡོངས་སུ་འདྲིའམ་ཞུས་པ་ཡིན་ཏེ། སྤྱིར་དེ་ལྟར་ཡིན་པས་སོ། །ཡང་ན་ལེགས་པར་ མཉན་ཅིང་ཐེ་ཚོམ་མེད་པར་བྱས་པས་ཚིག་དེ་གཉིས་སོ། །འབུམ་ཊཱིཀ་གི་དོན་ནོ། །སངས་ རྒྱས་རྣམས་ལ་ཡོངས་སུ་ (འགྲེལ་ཆེན་ཡོངས་སུ་མེད་)དྲིས་ཡོངས་སུ་ (འདི་ཡོད་)ཞུས་སོ། །ད་ལྟ་ཡུམ་ 2-1-179 ཤེར་ཕྱིན་ཚུལ་བཞིན་ཡིད་ལ་བྱེད་པའི་ལྷ་སྦྱིན་ཆོས་ཅན། སངས་རྒྱས་མང་བོའི་དྲུང་དུ་སྦྱིན་ དང་ཚུལ་ཁྲིམས་སོགས་དྲུག་ (མདོར་འདི་བས་མེད་)སྤྱོད་ཅིང་ཉམས་སུ་བླངས་ཏེ། སྤྱིར་དེ་ལྟར་ ཡིན་པས་སོ། །དེ་ལྟར་སངས་རྒྱས་ལ་སོགས་པའི་སྐྱེས་བུ་དམ་པ་རྣམས་བཞེད་དོ། །བསྐལ་ བ་མང་བོར་སྦྱིན་ཕར་ལ་སྤྱོད་དོ། །སོགས་ཤེས་རབ་ཀྱི་བར་རོ། །འགྲེལ་པ་ལ། འདས་ད་ ལྟར་བྱུང་བའི་སངས་རྒྱས་རྣམས་ལ་དམིགས་ཏེ་གཙུག་ལག་ཁང་སོགས་བྱེད་པ་ལ་སོགས་ པའི་དགེ་བ་བསྐྲུན་ཅིང་སྦྱངས་པ་དང་ལྡན་པ་དགེ་བཤེས་དེ་དག་གིས་བྱིན་གྱིས་བརླབས་པ་ རྣམས་ནི་གོ་རིམ་ཇི་ལྟ་བར་རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་གྱི་མཚན་ཉིད་དམ་བདག་ཉིད་ ཅན་གྱི་ཡུམ་ཤེར་ཕྱིན་འདིའི་གཞུང་ཉན་པའི་སྣོད་ཡིན་པར་དང༌། སྤྱིར་ནི་སྦྱོར་བ་པོ་ཐམས་ ཅད་ལ་གསེར་རོ། །དེ་པ་མང་བོ་རྣམས་ལ་ལུས་ཀྱིས་བསྐོར་བ་སོགས་ (གསེར་)དང༌། སོགས་ པས་ངག་གིས་དོན་ (གསེར་)ཇི་བཞིན་སྟོན་པའི་བསྟོད་པ་ (གསེར་)སེམས་ཀྱིས་ཐོས་བསམ་ (གསེར་ )བསྒོམ་པ་སོགས་ཀྱིས་ (གསེར་)བསྙེན་བཀུར་བྱས་ (གསེར་)ཤིང་བསྟེན་ནས་ (གསེར་)མཉེས་པར་ བྱེད་པ། དགེ་བཤེས་ཀྱིས་བྱིན་གྱིས་བརླབས་སོགས་ནི་ཡུམ་གྱི་ཚིག་འཛིན་པ་དང༌། སངས་ རྒྱས་མང་བོའི་དྲུང་དུ་སྔར་བཤད་ལྟར་གྱི་ཐེ་ཚོམ་ཟ་བའི་དོན་ཡོངས་སུ་འདྲི་བ་དང་དགེ་ བཤེས་ཀྱིས་བྱིན་བརླབས་ཅན་དག་དོན་མི་བརྗེད་པར་འཛིན་པ་དང༌། དྲུང་དུ་སྦྱིན་པ་ལ་ སོགས་པའི་ཕ་རོལ་ཏུ་ཕྱིན་པ་བཅུ་སྒྲུབ་པ་དང་ལྡན་པ་དགེ་བཤེས་ཀྱིས་བྱིན་གྱིས་བརླབས་ པ་དག་ཚུལ་བཞིན་ཡིད་ལ་བྱེད་ཅིང་བསྒོམ་པའི་སྣོད་ཡིན་པར་སངས་རྒྱས་དང་བྱང་སེམས་ ལ་སོགས་པའི་དམ་པ་རྣམས་བཞེད་དོ། ། གཉིས་པ་ལ་གསུམ་སྟེ། སྔ་འགྲེལ་ནི། ཚུལ་དེ་ལྟར་སོགས་སོ། །རྩ་འགྲེལ་ལྷན་གཅིག་ སྟེ། རང་བཞིན་གྱི་ལྔ། གནས་སྐབས་ཀྱི་བཅོ་ལྔའོ། །དང་པོ་ནི། སྦྱོར་ལམ་པའི་ཡུམ་སྦྱོར་ ཆོས་ཅན། གཟུགས་སོགས་ལ་མི་གནས་པའི་སྦྱོར་བ་ཡིན་ཏེ། གནས་བྱ་གཟུགས་ལ་ 2-1-180 སོགས་པ་ལ་བདེན་པའི་ངོ་བོ་ཉིད་མེད་ཅིང་སྟོང་པས་དེ་ལ་ཞེན་ནས་མི་གནས་པ་སྟེ་གནས་ པ་བཀག་སྟེ་བསྒོམ་པའི་ཡུམ་སྦྱོར་ཡིན་པའི་ཕྱིར། གཟུགས་ལ་མི་གནས་ཏེ། གང་གི་ཚེ་ གཟུགས་ལ་མི་གནས་པ་དེའི་ཚེ་གཟུགས་ལ་རྣལ་འབྱོར་དུ་བྱེད་པ་ཡིན་ནོ། །ཞེས་སོགས་ བཅོ་བརྒྱད་དང་རྣམ་མཁྱེན་གྱི་བར་རོ། །ཆོས་ཅན། གཟུགས་ལ་སོགས་པ་ལ་ (དག་ལྡན་)དེ་ཁོ་ ནར་མི་སྦྱོར་བའི་སྦྱོར་བ་ཡིན་ཏེ། དོན་དམ་པར་སྦྱར་ས་དུས་གསུམ་གྱི་མཐས་ (མདོ་)སྟོང་པས་ གཟུགས་སོགས་ལ་དེ་ཁོ་ནར་མི་སྦྱོར་བ་ཉིད་ཀྱི་ཚུལ་གྱིས་སྦྱོར་བ་སྟེ་བསྒོམ་པའི་རྣལ་འབྱོར་ ཡིན་པས་སོ། །སྔ་མ་གནས་པ་བཀག་ (འཇོམས་)ཕྱི་མ་སྦྱོར་བ་ (སྒྲུབ་པ་བཀག་ཅེས་འཇོམས་)བཀག་པ་ སྟེ། དང་པོ་ཡུལ་ལ་མངོན་ཞེན་བཀག་ནས་བསྒོམ་པ། ཕྱི་མ་རྣལ་འབྱོར་རང་ཉིད་ལ་མངོན་ ཞེན་བཀག་ནས་བསྒོམ་པ་སྟེ། དེས་ན། ཕྱི་མ་རྣལ་འབྱོར་བཀག་པའི་སྦྱོར་བ་ཡིན་ཏེ། གནས་ པ་བཀག་པའི་རྣལ་འབྱོར་ཉིད་ལ་མངོན་ཞེན་བཀག་པའི་སྦྱོར་བ་ཡིན་པས་སོ། །(རད་ཀིར་ དངོས་སུ་སྣང་)ཞེས་པ་རྗེ་བཙུན་གྱི་དགོངས་པ་སྟེ། འགྲེལ་ཆེན་དུ། སྦྱོར་བ་ཞེས་པ་རྣལ་འབྱོར་ དུ་བསྒྱུར་ཅིང་གནས་པ་དང་རྣལ་འབྱོར་བཀག་པ་ཞེས་དངོས་སུ་འབྱུང་ཞིང༌། འགྲེལ་ཆེན་ དག་ལྡན་སོགས་ཀྱི་འོག་མ་གསུམ་གྱི་བཤད་པས་ཀྱང་ཤེས་སོ། །གཟུགས་ལ་སྦྱོར་བར་མི་ བྱེད་དེ། གང་གི་ཚེ་གཟུགས་ལ་སྦྱོར་བར་མི་བྱེད་པ་དེའི་ཚེ་གཟུགས་ལ་རྣལ་འབྱོར་དུ་བྱེད་ པ་ཡིན་ནོ། །ཞེས་སོགས་རྒྱ་ཆེར་རོ། །ཆོས་ཅན། ཟབ་པའི་སྦྱོར་བ་ཡིན་ཏེ། གཞི་གཟུགས་ ལ་སོགས་པ་དེ་དག་ཉིད་དོན་དམ་པར་དེ་བཞིན་ཉིད་ཀྱི་ངོ་བོ་སྟེ་སྤྲོས་བྲལ་ཡིན་པས་དེའི་ དེ་བཞིན་ཉིད་ཟབ་མོ་བསྒོམ་པའི་ཡུམ་སྦྱོར་ཡིན་པས་སོ། །གཟུགས་ཟབ་པའི་ཕྱིར། ཡུམ་ ཟབ། ཅེས་སོགས་སོ། །ཆོས་ཅན། གཏིང་དཔག་དཀའ་བའི་སྦྱོར་བ་ཡིན་ཏེ། སོགས་པས་ བསྡུས་པ་ལམ་དེ་རྣམས་དོན་དམ་པར་གཏིང་དཔག་པའམ་རྟོགས་དཀའ་བ་སྟེ་རང་བཞིན་ གྱིས་སྤྲོས་བྲལ་ཡིན་པས་དེའི་དེ་བཞིན་ཉིད་གཏིང་དཔག་དཀའ་བ་བསྒོམ་པའི་ཡུམ་སྦྱོར་ 2-1-181 ཡིན་པའི་ཕྱིར། གཟུགས་གཏིང་དཔག་དཀའ་བའི་ཕྱིར། ཡུམ་གཏིང་དཔག་དཀའོ། །ཞེས་ སོགས་སོ། །ཆོས་ཅན། ཚད་མེད་པའི་སྦྱོར་བ་ཡིན་ཏེ། སོགས་པས་རྣམ་པ་དེ་དག་དོན་དམ་ པར་ཚད་མེད་པའི་སྤྲོས་བྲལ་ཡིན་པས་དེའི་དེ་བཞིན་ཉིད་ཚད་མེད་པ། རྟོགས་ནས་བསྒོམ་ པའི་ཡུམ་སྦྱོར་ཡིན་པས་སོ། །གཟུགས་ཚད་མེད་པའི་ཕྱིར། ཡུམ་ཚད་མེད་དོ། །ཞེས་སོགས་ སོ། །དོན་མིང་གྲངས་བཞིན་དུ་སྦྱར་བའོ། །རང་བཞིན་གྱི་སྦྱོར་བ་ལྔར་བུདྡྷ་ཤྲཱི་དང་འབྲོམ་ སོགས་ཀྱིས་བཤད་པའི་ལུགས་ལྟར་བྱས་པའོ། །ཨཱརྱ་ཕྱི་མ་འདི་གསུམ་ཆུང་འབྲིང་ཆེན་པོར་ བཤད་ཅིང༌། འགྲེལ་ཆེན་དུ་ཡང་ཨཱརྱས་དེ་ལྟར་བཤད་དོ་ཞེས་གྲངས་སོ། །དེ་ལྟར་ན་གསུམ་ རང་བཞིན་གྱི་སྦྱོར་བར་མི་འོང་སྟེ། ཆུང་འབྲིང་ཆེ་གསུམ་ངོ་བོ་གཅིག་པ་མི་སྲིད་དོ། །བསྔོ་བ་ དང་མི་མཚུངས་ཏེ་དེར་གང་ལས་ལྷག་ཡུལ་ཆུང་སོགས་གསུམ་ཡོད་པས་སོ། །ཚོགས་སྦྱོར་ དང༌། མ་དག་ས་བདུན་དང༌། དག་སའི་སྦྱོར་བ་ལ་དགོངས་སམ་དཔྱད་དགོས་སོ། །ཡང་ན་ ཟབ་པར་དང༌། ཐུན་མོང་མིན་པར་དང༌། བླ་མེད་བྱང་ཆུབ་པའི་དབང་དུ་མཛད་ནས་ཟབ་པ་ སོགས་གསུམ་ཡིན་པར་ཤེས་པར་བྱའོ། །ཞེས་ཨཱརྱ་སྟེ། མདོ་རྒྱན་དུ་བྱང་ཆུབ་གསུམ་ལ་ཟབ་ པར་བཤད་པ་ལྟར། གཞི་ཤེས་ཀྱི་སྦྱོར་བ་ནི་གང་ཟག་གི་བདག་མེད་རྟོགས་ནས་བསྒོམ་པས་ ཟབ་སྟེ། དེ་མུ་སྟེགས་སོགས་ཀྱི་ཡུལ་མིན་པས་སོ། །ལམ་ཤེས་ཀྱི་སྦྱོར་བ་ཉན་རང་གིས་ཡང་ མི་རྟོགས་པའི་ཐུན་མོང་མིན་པ་དང༌། རྣམ་མཁྱེན་གྱི་སྦྱོར་བ་བྱང་སེམས་ལས་ལྷག་ཅིང་བླ་ན་ མེད་པ་བསྒོམས་པས་ཞེས་སྦྱར་རོ། ། གཉིས་པ་ནི། ཆོས་སྤོང་གི་ལས་འབྲིང་བོ་ཙམ་མ་སྤངས་པའི་ཚོགས་ལམ་ཕལ་བའི་ཡུམ་ སྦྱོར་ཆོས་ཅན། ཚེགས་ཆེན་པོས་ཡུན་རིང་མོ་ཞིག་ནས་རྟོགས་པ་སྟེ། མངོན་པར་རྫོགས་པར་ འཚང་རྒྱ་བར་རུང་བའི་སྦྱོར་བ་ཡིན་ཏེ། ཡུམ་ཟབ་གཏིང་དཔག་དཀའ་ཚད་མེད་པ་ལ་ (དག་ ལྡན་དོན་ཨཱརྱ་དངོས། )ཟབ་པས་དང་པོ་དངང་ཞིང་སྐྲག་པ་དང༌། གཏིང་དཔག་བཀའ་བས་དེ་ལྷག་ 2-1-182 པར་འཕེལ་ནས་ཀུན་ཏུ་སྐྲག ཚད་མེད་པས་བདེན་ཞེན་ངེས་པར་གནས་ནས་གཏིང་ཚུགས་ པས་སྐྲག་པས་ཟིན་པར་འགྱུར་སྲིད་པའི་ལས་དང་པོ་བའི་ཡུམ་སྦྱོར་ཡིན་པས་སོ། །ཨཱརྱའོ། ། (དངང་སྐྲག་སོགས་བུ་སྟོན་གྱིས་མ་བྱུང༌། ) དེ་འཕགས་པས་ལས་དང་པོ་བར་བཤད་དོ། །ཐེག་པ་ལ་ གསར་དུ་ཞུགས་པའི་བྱང་ཆེན་པོས་ཤེར་པ་འདི་ཐོས་ནས་སྤངས་པའི་ལོག་པར་ལྟུང་བའི་ ལས་མངོན་པར་བྱེད་ཅིང་སོགས་པར་འགྱུར་ཏེ་ལས་བྱས་པ་དང་བསགས་པ་དེས་ཀྱང་བླ་ མེད་རྫོགས་བྱང་ཆུབ་ཏུ་མངོན་རྫོགས་འཚང་རྒྱ་བ་ཡང་དཀའ་བ་དེ་ལྟ་བུའི་གནས་ཡོད་དོ། ། ཞེས་སོ། །དྲོད་ལ་གནས་པའི་བྱང་སེ་དབང་རྣོན་གྱི་ཡུམ་སྦྱོར་ཆོས་ཅན། ལུང་བསྟན་པ་ འཐོབ་པའི་སྦྱོར་བ་ཡིན་ཏེ། ཡུམ་ (མདོ་)ཐོས་ནས་མི་འཇིགས་མི་ (མདོ་)དངང་མི་སྐྲག་ཅིང་ཐོས་ ནས་ཀྱང་ (དག་)གོང་ནས་གོང་དུ་འཛིན་པ་ནས་གནས་པའི་བར་བྱེད་པའི་དྲོད་ཀྱི་ཡུམ་སྦྱོར་ ཡིན་པས་སོ། །འདི་དྲོད་ནས་ཡོད་དེ། འདི་ཆོས་ཉིད་ལ་མི་སྐྲག་པར་བཤད་ལ་དེ་དྲོད་ནས་ ཡོད་པར། ཟབ་མོའི་དོན་ལ་སོམ་ཉི་མེད་ཅེས་པས་སོ། །ཡུམ་འདི་ཐོས་ནས་མི་འཇིགས་ མི་དངང་སྐྲག་པར་མི་འགྱུར་བ་དེ་དག་ནི་རིང་བོ་མི་ཐོགས་པར་བླ་མེད་རྫོགས་བྱང་དུ་ལུང་ བསྟན་པར་འགྱུར་ཏེ། དེ་པ་གཅིག་གམ་གཉིས་ལས་མི་འདའ་བར་བླ་མེད་རྫོགས་ཆུབ་ཏུ་ ལུང་བསྟན་པར་འགྱུར་རོ། །ཞེས་སོ། །སྦྱོར་ལམ་རྩེ་མོ་པ་དབང་རྣོན་གྱི་ཡུམ་སྦྱོར་ཆོས་ཅན། ཕྱིར་མི་ལྡོག་པ་ཉིད་ཀྱི་སྦྱོར་བ་ཡིན་ཏེ། ཡུམ་ཐོས་ནས་ཡང་དག་པར་འཛིན་ཅིང་ཚུལ་བཞིན་ ཡིད་ལ་བྱེད་པའི་སྦྱོར་ལམ་པ་དབང་རྣོན་གྱི་ཡུམ་སྦྱོར་ཡིན་པས་སོ། །འདི་རྩེ་མོ་ནས་ཡོད་ དེ། ཆོས་ཉིད་ལྡན་པར་འགྲོ་ཉིད་དང༌། །ཞེས་པས་སོ། །རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ ལྡོག་པར་རིག་པར་བྱའོ། །ཞེས་སོ། །སྦྱོར་ལམ་བཟོད་པ་བ་དབང་རྣོན་གྱི་ཡུམ་སྦྱོར་ཆོས་ ཅན། ངེས་པར་འབྱུང་བའི་སྦྱོར་བ་ཡིན་ཏེ། འབྲོག་དགོན་པའི་སྐྱེས་བུའི་དཔེས། ཐར་བ་ དང་ཐམས་ཅད་མཁྱེན་པའི་བར་ཆད་ཀྱི་ཆོས་འཁོར་བ་དང་ཉན་རང་གིས་ཡིད་བྱེད་སྤོང་བའི་ 2-1-183 སྦྱོར་ལམ་བཟོད་པའི་ཡུམ་སྦྱོར་ཡིན་པས་སོ། །འདི་བཟོད་པ་ནས་ཡོད་དེ། ལམ་གཞན་ཉེ་ བར་སྟོན་བདུད་ལ། །བདུད་ཅེས་བྱ་བར་རྟོགས་པ་དང༌། །ཞེས་པས་སོ། །དེ་སླན་ཆད་ཉན་ ཐོས་ཀྱི་སའམ་རང་སངས་རྒྱས་ཀྱི་སས་འཇིག་པར་མི་བགྱིའོ། །ཞེས་སོ། །ཆོས་མཆོག་པ་ དབང་རྣོན་གྱི་ཡུམ་སྦྱོར་ཆོས་ཅན། བར་ཆད་མེད་པའི་སྦྱོར་བ་ཡིན་ཏེ། རི་ཤིང་གི་མཚན་མ་ མེད་ན་རྒྱ་མཚོ་ལ་ཉེ་བའི་དཔེས། རྟག་ཏུ་ཆོས་ཏེ་རྒྱུན་དུ་ཡུམ་བསྒོམས་པས་ཐེག་ཆེན་མཐོང་ ལམ་ལ་བར་མ་ཆད་པར་སྦྱོར་བའི་ཆོས་མཆོག་གི་ཡུམ་སྦྱོར་ཡིན་པས་སོ། །འདི་ཆོས་མཆོག་ ན་ཡོད་དེ། དེ་ཚེ་བར་ཆད་མེད་པ་ཡི། །ཏིང་ངེ་འཛིན་ལ་མྱུར་དུ་རེག །ཞེས་སོ། །བྱང་ཆུབ་ཏུ་ ལུང་བསྟན་པ་དང་ཉེ་བར་གནས་པར་བལྟའོ། །ཞེས་སོགས་དཔེ་དོན་དང་བཅས་སོ། །བྱང་ སེ་མཐོང་ལམ་པ་དབང་རྣོན་གྱི་ཡུམ་སྦྱོར་ཆོས་ཅན། ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ ཉེ་བའི་སྦྱོར་བ་ཡིན་ཏེ། ཟག་པ་མེད་པའི་ཆོས་གསར་གྱི་རྟེན་ནམ་གཞིར་གྱུར་པའི་མཐོང་ ལམ་གྱི་ཡུམ་སྦྱོར་ཡིན་པས་སོ། །འདི་མཐོང་ལམ་ནས་ཡོད་དེ། ལོ་འདབ་གསར་བ་སྐྱེས་ པས་དགའ་བ་དཔེར་མཛད་ནས་བྱང་ཆུབ་ལ་ཉེ་བར་བསྟན་པ་དང་སློབ་དཔོན་གྱིས། ཟག་ པ་མེད་པའི་ཆོས་གསར། ཞེས་པས་སོ། །དཔེར་ན། དཔྱིད་ཀྱི་དུས་ལ་བབ་སྟེ་རྩི་ཤིང་གི་ ལོ་མ་དང་འདབ་མ་ལྷགས་ནས་ཁ་དོག་གྱུར་པའི་ཚེ་འཛམ་བུའི་གླིང་གི་མི་རྣམས་ཀྱིས་རིང་ བོ་མི་ཐོགས་པར་ལོ་མ་དང་མེ་ཏོག་དང་འབྲས་བུ་འབྱུང་བར་འགྱུར་རོ། །ཞེས་སོགས་ཤེས་ པའི་རྒྱུ་མཚན་དང་བཅས་པ་དཔེར་མཛད་ནས། རྫོགས་པའི་བྱང་ཆུབ་ཏུ་ཉེ་བར་གྱུར་པར་ འཚལ་བར་བགྱིའོ། །ཞེས་སོགས་སོ། །ས་གཉིས་པ་ནས་བདུན་པའི་བར་གང་རུང་གི་ཡུམ་ སྦྱོར་ཆོས་ཅན། མྱུར་དུ་མངོན་པར་རྫོགས་པར་བྱང་ཆུབ་པའི་སྦྱོར་བ་ཡིན་ཏེ། སློབ་ལམ་ གྱི་འབྲས་བུ་ཆོས་སྐུ་ལོངས་སྐུ་སོགས་མངོན་པར་འགྲུབ་ཅིང་མྱུར་དུ་འབྱིན་པའི་སྒོམ་ལམ་ མ་དག་ས་པའི་བྱང་འཕགས་ཀྱི་ཡུམ་སྦྱོར་ཡིན་པས་སོ། །འདི་ས་གཉིས་པ་ནས་བདུན་པའི་ 2-1-184 བར་ན་ཡོད་དེ། མཐོང་ལམ་གྱི་རྗེས་སུ་བྱུང་བ་དང་སྦྲུམ་མ་བཞིན་དུ་མྱུར་དུ་སྐུ་འབྱིན་པ་དང་ བརྒྱད་པ་ཡན་ལ་སྦྱོར་བ་ལོགས་སུ་བཤད་པས་སོ་སྙམ་མོ། །སྡུད་པར། དཔེར་ན་བུད་མེད་ སྦྲུམ་གང་སྡུག་བསྔལ་ཉེན་གྱུར་ན། །དེ་ནི་དེ་ཡི་བཙའ་བའི་དུས་ལ་བབ་ཅེས་བྱ། །དེ་བཞིན་ བྱང་ཆུབ་སེམས་དཔའ་རྒྱལ་བའི་ཤེས་རབ་ཉན། །དགའ་དང་འདུན་པ་བསྐྱེད་པ་མྱུར་དུ་ བྱང་ཆུབ་རེག །ཅེས་སོ། །རྒྱས་འབྲིང་དུ་དེའི་དོན་རྒྱ་ཆེར་རོ། །ས་བརྒྱད་པའི་བྱང་སེ་དབང་ རྣོན་གྱི་ཡུམ་སྦྱོར་ཆོས་ཅན། གཞན་དོན་གྱི་སྦྱོར་བ་ཡིན་ཏེ། བསྡུ་བ་བཞིས་ (མདོ་)སྐྱེ་བོ་མང་ བོ་ལ་ (མདོ་)ཕན་འདོགས་ཤིང་གཞན་དོན་དུ་རང་གིས་ཡུམ་གྱི་ཆོས་ཀྱི་འཁོར་ལོ་རབ་ཏུ་སྐོར་ ཞིང་གཞན་ཡང་བསྐུལ། བདག་ཀྱང་གཞོན་ནུའི་ས་འཛིན་གཞན་ཡང་བསྐུལ་བ་ལ་སོགས་ བའི་ས་བརྒྱད་པའི་ཡུམ་སྦྱོར་ཡིན་པས་སོ། །ཟུར་ཕྱི་མ་འོག་མ་བཞི་ལ་ཡང་ངོ༌། །བསྡུ་བའི་ དངོས་པོ་བཞིས་སེམས་ཅན་ལ་ཕན་འདོགས། ཞེས་སོགས་རྒྱ་ཆེར་ཏེ་མཐར། བདག་ཀྱང་ ཆོས་ཀྱི་འཁོར་ལོ་བསྐོར་ལ་གཞན་ཡང་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་བསྐུལ་ལོ། །ཞེས་སོ། ། ཆོས་ཅན། འཕེལ་བ་དང་འགྲིབ་པ་མེད་པའི་སྦྱོར་བ་ཡིན་ཏེ། གཟུགས་ནས་རྣམ་མཁྱེན་ གྱི་བར་དོན་དམ་པར་འཕེལ་ཞིང་སོག་པ་དང༌། འགྲིབ་ཅིང་འབྲི་བར་མི་མཐོང་བར་དེ་འདྲ་ མེད་པར་རྟོགས་ནས་བསྒོམ་པའི་སོགས་སོ། །གཟུགས་ཀྱི་འཕེལ་བ་ཡང་དག་པར་རྗེས་སུ་ མ་མཐོང་ཞེས་ནས། རྣམ་མཁྱེན་བར་རོ། །ཆོས་ཅན། ཆོས་དང་ཆོས་མ་ཡིན་པ་ལ་སོགས་ པར་མི་མཐོང་ཞིང་མི་དམིགས་པའི་སྦྱོར་བ་ཡིན་ཏེ། ཆོས་ཆོས་མིན་དུས་གསུམ་དགེ་མི་དགེ་ འདུས་བྱས་མ་བྱས་འདོད་པའི་ཁམས་སོགས་གསུམ་ཕྱིན་དྲུག་རྣམ་མཁྱེན་གྱི་བར་དུ་མཚན་ མར་མི་དམིགས་པའི་ཞེས་སོགས་སོ། །ཆོས་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང༌། ཞེས་སོགས་སོ། །ཆོས་ཅན། གཟུགས་ལ་སོགས་པ་བསམ་གྱིས་མི་ཁྱབ་པོ་ཞེས་པའི་རྣམ་ པ་འགོག་པའི་སྦྱོར་བ་ཡིན་ཏེ། གཟུགས་ལ་སོགས་པ་རྣམ་མཁྱེན་གྱི་བར། རྟོག་གེའི་བློས་ 2-1-185 བསམ་གྱིས་མི་ཁྱབ་པའི་རྣམ་པར་རློམ་པ་མེད་པའི་ཞེས་སོགས་སོ། །དེའི་དོན་སྟོང་ཉིད་ལ་ མངོན་པར་ཞེན་པ་མེད་པའོ། །ཞེས་གསེར་རོ། །གཟུགས་བསམ་གྱིས་མི་ཁྱབ་ཅེས་བྱ་བར་ འདུ་ཤེས་པ་མེད་དོ། །ཞེས་སོགས་སོ། །ཆོས་ཅན། གཟུགས་ལ་སོགས་པའི་དངོས་པོར་རྣམ་ པར་མི་རྟོག་པའི་སྦྱོར་བ་ཡིན་ཏེ། གཟུགས་སོགས་ཀྱི་ཕུང་བོ་ (གསེར་)དང་གཟུགས་སོགས་ དེའི་མཚན་མ་སྔོ་སོགས་ (གསེར་)དང་དེའི་ངོ་བོ་འབྱུང་བ་ཆེན་པོ་ (གསེར་)ལ་སོགས་པ་ཉིད་དུ་ རྣམ་པར་མི་རྟོག་རྣམ་མཁྱེན་གྱི་བར་དུ་ཡང་རྣམ་མཁྱེན་དང་དེའི་མཚན་མ་དང་དེའི་ངོ་བོ་ ཉིད་དུ་མི་རྟོག་པ་ཞེས་སོགས་སོ། །འབུམ་ཊཱིཀ་ཏུ། མིག་ཤེས་ཀྱི་ཡུལ་དུ་གྱུར་པའི་གཟུགས་ སྤྱིར་མི་རྟོག གཟུགས་ཀྱི་མཚན་ཉིད་གཟུགས་སུ་སྤྱོད་པ་ལ་མི་རྟོག གཟུགས་ཀྱི་རང་ བཞིན་སྟོང་ཉིད་དུ་མི་རྟོག་གོ །རྣམ་མཁྱེན་གྱི་བར་རོ། །ཞེས་སོགས་སོ། །བོད་རྣམས་མཚན་ གཞི་མཚན་ཉིད་མཚོན་བྱ། ཞེས་སོ། །འདི་ལྔ་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པ་ས་བརྒྱད་པ་ ན་ཡོད་དེ། སྦྱོར་བ་ངོ་བོ་གཅིག་ཉིད། གཞན་དོན་བྱེད་པ། འཕེལ་འགྲིབ་མེད་པར་རྟོགས་ པ། མཐའ་གཉིས་ལ་མི་གནས་པ། ཆོས་ཉིད་དུ་མི་རློམ་པ། ཆོས་ཅན་དུ་མི་རྟོག་པའི་ཆ་ནས་ ཕྱེ་བའོ། །རྣམ་ཀུན་དོན་ཡོད་ཤེས་པར་བྱ། །ཞེས་དང༌། བྲི་མེད་འཕེལ་བ་མེད་དོན་དང༌། ། ཞེས་དང༌། རྣམ་པར་མི་རྟོག་པ་ལ་དབང་བའི་རྟེན་དུ་བཤད་པས་སོ། །ས་དགུ་པའི་བྱང་སེ་ འགའ་ཞིག་གི་ཡུམ་སྦྱོར་ཆོས་ཅན། འབྲས་བུ་རིན་པོ་ཆེ་སྦྱིན་པའི་སྦྱོར་བ་ཡིན་ཏེ། འབྲས་ བུ་དང་པོ་རྒྱུན་ཞུགས་དང་སོགས་པ་རྣམ་མཁྱེན་གྱི་བར་མཐོང་བ་སྟེ་ཤེས་ཤིང་ཐོབ་པ་སྒྲུབ་ བྱེད་ཀྱི་ཡུམ་སྦྱོར་ཡིན་པས་སོ། །ཤེར་པ་ནི་རིན་པོ་ཆེའི་ཕུང་བོ་སྟེ། ཆོས་རིན་པོ་ཆེའི་ཕུང་བོ་ རྣམས་སྒྲུབ་པའོ། །དེ་ནི་འདི་ལྟ་སྟེ། དགེ་བ་བཅུའི་ལས་ཀྱི་ལམ་དང༌། ནས། རྣམ་མཁྱེན་གྱི་ བར་དུ་སྒྲུབ་པོ། །ཞེས་སོ། །རྒྱུན་མཐའི་ཡུམ་སྦྱོར་ཆོས་ཅན། རྣམ་པར་དག་པའི་སྦྱོར་བ་ཡིན་ ཏེ། གཟུགས་ནས་རྣམ་མཁྱེན་གྱི་བར་དུ་དོན་དམ་པར་དངོས་པོ་མེད་ཅིང་ (འབུམ་ཊཱིཀ)དག་པར་ 2-1-186 རྟོགས་ནས་བསྒོམ་པའི་སྦྱོར་བ་མཐར་ཐུག་ཡིན་པས་སོ། །བཅོམ་ལྡན་འདས་གཟུགས་དག་ པ་དང༌། ནས། རྣམ་མཁྱེན་ཉིད་ཀྱི་བར་དུ་དག་པའི་སླད་དུ་ཤེར་ (འབུམ་ཊཱིཀ་ཏུ་གཟུགས་ལ་སོགས་པའི་ ཆོས་མང་བོ་རྣམས་དག་པ་འདུས་པའི་ཕྱིར། )པ་དག་ (འགྲེལ་ཆེན་དུ། ནམ་མཁའ་ལྟར་རྣམ་པར་དག་པའི་ཕྱིར། གཟུགས་ལ་ སོགས་པ་རྣམ་པར་དག་པ་སྒོམ་པས་སྦྱོར་བ་དེ་དང་ལྡན་པ་རྣམས་ཀྱིས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་བ་སྤོང་བའི་རྒྱུར་གྱུར་ པ་ཉིད་ཀྱིས་ན་དག་པའི་ཕུང་པོའོ། ། ཞེས་སོ། ། )པའི་ཕུང་པོའོ། ། ཞེས་སོ། །ལས་དང་པོ་བའི་ཡུམ་སྦྱོར་ཆོས་ ཅན། ས་མཚམས་ཀྱི་སྦྱོར་བ་ཡིན་ཏེ། རིན་པོ་ཆེ་ལ་བར་ཆད་མང་བའི་དཔེས། ལོ་བསྐོར་ དུ་དང་སོགས་པས་ཟླ་བ་དང་ཞག་ལ་སོགས་པར་དུས་ཚིགས་བཅད་ནས་ཡུམ་བྲི་བསྒོམ་ སོགས་ལ་མངོན་པར་བརྩོན་པ་མི་འདོར་བའི་སྦྱོར་བ་ཡིན་པས་སོ། །རྩ་བའི་བཅས་ཞེས་པ་ ལྷན་གཅིག་པ་སྟེ་དེ་ཡང་གཏོགས་ཞེས་པའོ། །འགྲེལ་པའི་སོགས་གོང་མ་རྣམས་ལའང་སྦྱར་ ཟིན་ཅིང་སྒྲུབ་པ་ནི་སྦྱོར་བ་ཡིན་ལ་དེ་དང་ལྡན་པ་བྱང་པ་རྣམས་ཀྱི་སྦྱོར་བ་ཞེས་བྱའོ། །བྲི་ན་ ཡང་མྱུར་དུ་བྲི་བར་བྱ། ཞེས་སོགས་ནས། ཟླ་བ་གཅིག་གིས་སོགས་དང་ལོའི་ (གཉིས། གསུམ། བཞི། ལྔ། དྲུག་གམ་གལ་ཏེ། )བར་གྱིས་བྲི་བར་བྱ་ན་ཡང་དེ་བཞིན་དུ་བྲི་བར་བྱའོ། །སོགས་སོ། །ལོ་ སྨོས་པ་ནི་དེ་ཙམ་གྱིས་དུས་ཚིག་ལ་སོགས་པའི་རྐྱེན་ཚོགས་པས་ (དྲང་སྲོང་མང་དུ་ཐོས་པ་དག་གིས་ ལོར་སྤྱད་པར་བྱ་སྟེ་ལོ་ལས་ལྷག་པའི་དུས་མེད་པའི་ཕྱིར་རོ། །ཞེས་སོ། །ཨཱརྱའོ། ། )སོ། །ཞེས་ཨཱརྱའོ། །དེ་ལྟར་ན་ དེ་དང་བཅོ་ལྔ་སྟེ་སྦྱོར་བ་ (རྩ་བ་)དེ་ནི་ཉི་ཤུ་ཡིན་ནོ། །(རད། ) ཤནྟི་ (དག་སྙིང་)ཉེར་གསུམ་དུ་བཤད་ དེ། ཟབ་སྦྱོར་སོགས་གསུམ་ལ་རྣལ་འབྱོར་བཀག་པ་རེ་རེ་དང་བཅས་པའོ། །ས་མཚམས་ དེ་དག་བུདྡྷ་ཤྲཱིའི་གསུང་སྒྲོས་བར་མ་ཆད་དུ་སྣང་ངོ༌། །ཆོས་བཤེས་ནི། ངེས་འབྱེད་ཆ་མཐུན་ བཞི་ཅར་གྱི་ཐུན་མོང་དུ་སྦྱར་རོ། །ཞེས་སོ། །(ལོཙྪ་བ་དང་པོ་བརྒྱད་ཚོགས་ལམ། ཞེས་སོ། ། ) ཤེར་འབྱུང་ གིས། སྦྱོར་ལམ་ལ་ལྔ། མཐོང་ལམ་ལ་གཅིག སྒོམ་ལམ་ལ་ཆུང་ངུ་སོགས་ཀྱིས་དགུ ཁྱད་ པར་ལམ་ལ་གསུམ། བར་ཆད་མེད་ལམ་ལ་གཉིས་ཏེ་ལམ་ལྔས་བསྡུས། ཞེས་སོ། །(དེ་ལ་ལྔ་ 2-1-187 ནི་ཚོགས་ལམ་གྱིས་བསྡུས་ལ། བཅོ་ལྔ་ནི་སྦྱོར་ལམ་ནས་ས་བཅུ་པའི་བར་གྱིས་བསྡུས་སོ། །ཞེས། ཁ་ཆེ་གཞོན་ནུ་དཔལ་ལོ། ། ) གསུམ་པ་ལ། སྔ་འགྲེལ་ནི། སྦྱོར་བའི་ཡོན་ཏན་མཐོང་བ་སྔོན་དུ་བཏང་ན་སྟེ་སྦྱོར་བ་ རྩོམ་པའི་དུས་སུ་ཡོན་ཏན་རྣམས་སྐྱེས་ན་སྦྱོར་བ་རྣམས་ལ་ཤིན་ཏུ་གོམས་པར་བྱེད་པ་སྟེ། སྦྱོར་བ་རྣམས་འགྲུབ་པས། ཞེས་ཤེར་འབྱུང་ངོ༌། །ཡང་ན་འབྲས་བུ་ཡོན་ཏན་ནས་རྒྱུ་སྦྱོར་ བ་སོགས་ཏེ། དེས་ན་སྦྱོར་བ་བཤད་བའི་འོག་ཏུ་སྦྱོར་བ་དེ་དག་གི་ཡོན་ཏན་སྟོན་ནོ། །རྩ་ བ་ནི། བདུད་ཀྱི་མཐུ་བཅོམ་ལ་སོགས་པ་སྦྱོར་བའི་ཡོན་ཏན་རྣམ་པ་བཅུ་བཞིའོ། །ཚོགས་ ལམ་ནས་ལྡན་མོད་ཀྱི་ཁྱད་པར་ཅན་དྲོད་ཡན་ལ་སྦྱར་རོ། །ཞེས་ཆོས་བཤེས་སོ། །གཞོན་ནུ་ དཔལ་ནི། སྦྱོར་ལམ་བཞི་དང༌། ས་བཅུས་རིམ་བཞིན་བསྡུས་སོ། །ཞེས་སོ། །འགྲེལ་པ་ལ། འོག་མ་རྒྱུའི་ཡོན་ཏན་བཅུ་བཞི་གོང་མ་འབྲས་བུའི་ཡོན་ཏན་བཅུ་བཞི་གྲངས་བཞིན་དུ་སྦྱར་ ན། སྦྱོར་བ་བསྒོམ་པའི་སྐབས་སུ་ (འགྲེལ་ཆེན་ཤེར་དངོས། )ཞེས་རྒྱུ་ཀུན་གྱི་མགོར་སྦྱར། ཡོན་ཏན་ ཞེས་པ་གཉིས་ཀའི་མཇུག་ཏུ་སྦྱར་རོ། །སྦྱོར་ལམ་རྩེ་མོ་པའི་བྱང་སེ་ཆོས་ཅན། ཡུམ་བསྒྲུབ་ པ་ལ་བདུད་ཀྱིས་བར་ཆད་བྱེད་པའི་ནུས་མཐུ་བཅོམ་པའི་ཡོན་ཏན་འཐོབ་ཏུ་རུང་སྟེ། དེ་མི་ འབྱུང་བར་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་བྱིན་གྱིས་བརླབས་པའི་བྱང་སེ་ཡིན་པས་ སོ། །ཕྱོགས་བཅུའི་སངས་རྒྱས། ཞེས་ནས། དེ་དག་གི་མཐུས་ཀྱང༌། སོགས་ནས། བདུད་ སྡིག་ཏོ་ཅན་གྱིས་བར་ཆད་བྱ་བར་མི་ནུས་སོ། །ཞེས་སོགས་སོ། །ཆོས་ཅན། སངས་རྒྱས་ ཀྱིས་དགོངས་ (པ་ནི་སྤྱན་རས་ཀྱིས་བཙས་པའོ། །ཞེས་ཟེར་རོ། ། )ཤིང་མཁྱེན་པ་ཉིད་ཀྱི་ཡོན་ཏན་འཐོབ་ཏུ་ རུང་སྟེ། སྦྱོར་ (འགྲེལ་ཆེན་)དངོས་མཇུག་གསུམ་དུ་སངས་རྒྱས་ཀྱིས་ (འགྲེལ་ཆེན་དངོས་)དགོངས་ པའི་སྟོབས་ (དངོས་)ཀྱིས་ཡུམ་སྒྲུབ་པ་ལ་ (ཨཱརྱ་དངོས་)མོས་པ་བརྟན་པ་སྐྱེས་པས་ (ཨཱརྱ་)བདུད་ འཇུག་ (ཨཱརྱ་)པའི་སྐབས་མེད་པའི་བྱང་ (གསེར་)སེ་ཡིན་པས་སོ། །སངས་རྒྱས་ཀྱིས་གཟུངས་ བར་རིག་པར་བྱའོ། །(ཨཱརྱ། ) ཞེས་སོགས་སོ། །ཆོས་ཅན། སངས་རྒྱས་ (ཨཱརྱ་)ཀྱིས་མངོན་སུམ་ 2-1-188 དུ་མཛད་པའི་ (ནི་ཡུལ་དུ་བྱས་པའོ། །གསེར། )ཡོན་ཏན་འཐོབ་ཏུ་རུང་སྟེ། ཡུམ་ལ་ཐོས་བསམ་བསྒོམ་ པ་སོགས་ཁྱད་པར་ (འགྲེལ་ཆེན་)ཅན་གྱི་དོན་བསྐྱེད་པར་དགོངས་པས་ (འགྲེལ་ཆེན་)ཡེ་ཤེས་ཏེ་ ལྷའི་སྤྱན་གྱིས་མཁྱེན་ (ཀུན་འགྲེལ་ཆེན་)ཤེས་རབ་ཀྱི་སྤྱན་གྱིས་བྱིན་གྱིས་ (བརྒྱད་སྟོང་པ་)བརླབས། (གསེར། པ་ནི་བདག་གིར་མཛད་པའོ་ཞེས་སྙིང་མཆོག) ཆོས་ཀྱི་སྤྱན་གྱིས་གཟིགས་སངས་རྒྱས་ཀྱི་སྤྱན་ གྱིས་རྣམ་ (མདོ་དངོས་བརྒྱད་སྟོང་)པར་གཟིགས་པས་སོ། །(ཀུན་འགྲེལ་ཆེན། ཡེ་ཤེས་ནི་སྤྱན་དེ་བཞི་ལ་གསེར་ རོ། ། ) སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་སོ། །ཐུགས་སུ་ཆུད་དོ། །ཞེས་སོགས་སོ། །བརྒྱད་ སྟོང་པར་ (འགྲེལ་ཆེན་གྱིས་)སྔར་བཤད་ལྟར་ཡོད་དོ། །བྱང་སེ་མཐོང་ལམ་པ་ཆོས་ཅན། ཡང་དག་ རྫོགས་པའི་བྱང་ཆུབ་དང་ཉེ་བར་གྱུར་པའི་ཡོན་ཏན་འབྱུང་སྟེ། དེ་བཞིན་ཉིད་ལ་རྟོགས་པ་ བརྟན་པས་བྱང་ཆུབ་ (བུ་རིན་)ལ་ཉེ་བར་གྱུར་པས་བྱང་ཆེན་བསྐྱེད་པའི་ནུས་པ་ཁྱད་པར་ཅན་ (བུདྡྷ་)ཐོབ་པས་སོ། །རྫོགས་བྱང་དུ་ཉེ་བར་གྱུར་ཏོ། །སོགས་སོ། །བྱང་སེ་ཚོགས་ལམ་ཆེན་པོ་ བ་ཆོས་ཅན། སངས་རྒྱས་དང་མི་འབྲལ་བས་ (ཨཱརྱ་)དོན་ཆེ། སོགས་པས་བདེ་འགྲོར་སྐྱེ་བས་ ཕན་ཡོན་ཆེ། འཚང་རྒྱ་བས་ (མདོ་)འབྲས་བུ་ཆེ། (ཨཱརྱ། )མྱ་ངན་ལས་འདས་རྗེས་སུ་ཡང་གཞན་ དོན་ལ་འཇུག་པས་ (ཐག་རིང་བར་སྨིན་པས་ཞེས་ཨཱརྱའོ། ། )རྣམ་སྨིན་ཆེན་པོ་ (ནི་ཁྱད་པར་ཅན་དུ་སྨིན་པའི་ཞེས་ འགྲེལ་ཆེན་ནོ། ། )འབྱུང་སྟེ། ཡུམ་བྲི་འཆང་སོགས་ཀྱི་ཕན་ཡོན་ཆེན་པོ་ཐོབ་པས་སོ། །དོན་ཆེ་བ་ དང་ཕན་ཡོན་ཆེ་བ་དང་འབྲས་བུ་ཆེ་བ་དང་རྣམ་པར་སྨིན་པ་ཆེ་བར་འགྱུར་རོ། །ཞེས་སོ། ། ཆོས་ཅན། ཡུམ་གྱི་བསྟན་པ་རྒྱས་པའི་ཡུལ་དཔྱད་ཅིང་ལུང་བསྟན་པའི་ཡུལ་དུ་སྐྱེས་ནས་ ཡུམ་གྱི་བསྟན་པ་ (འགྲེལ་ཆེན་)རྒྱས་པར་བྱེད་པའི་ཡོན་ཏན་འབྱུང་སྟེ། སངས་རྒྱས་ཀྱི་བྱ་བ་བྱེད་ པའི་ཡུམ་ལ་ཐོས་བསམ་སྒོམ་པའི་བྱ་བ་བྱེད་པའི་བྱང་སེམས་ཡིན་པས་སོ། །ཤེར་པ་ཟབ་མོ་ འདི་ནི་དེ་པ་འདས་ནས་ལྷོ་ཕྱོགས་ཀྱི་རྒྱུད་ན་སྤྱོད་པར་འགྱུར་ཏེ། (འབུམ་ཊཱིཀ་ཏུ་ལྷོ་ཕྱོགས་ནི་ཨོད་ཏྲའི་ ཡུལ་དང་སིངྒ་ལའི་ཡུལ་ལ་སོགས་པ་ཞེས་དང༌། བར་ཏ་ནི་ན་སྤྱོད་ཅེས་པ་ལྷོ་ཕྱོགས་སུ་དར་བ་ལས་ནུབ་ནས་ལྷོ་ཕྱོགས་དང་བྱང་ 2-1-189 ཕྱོགས་གཉིས་ཀྱི་བར་རྒྱ་གར་གྱི་ཡུལ་དབུས་ན་སྤྱོད་པར་འགྱུར་ཞེས་དང༌། བྱང་ཆུབ་ཀྱི་ཤིང་དྲུང་དུ་སངས་རྒྱས་པའི་ས་ཕྱོགས་ ནས་བྱང་ཕྱོགས་ལ་སོགས་ཀྱི་ཡུལ་ཞེས་དང༌། བྱང་ཕྱོགས་རྒྱུད་ཅེས་བྱ་བ་ཡང་བོད་ཡུལ་ཡན་ཆད་ཨུ་རྒྱན་ཡུལ་དང༌། ཁ་ཆའི་ ཡུལ་མན་ཆད་ལ་བྱའོ། །ཞེས་ཏེ་བསྟན་བཅོས་འདི་བོད་མར་གསལ་བར་སྣང་ངོ༌། ། )ནས། ལྷོ་ཕྱོགས་ཀྱི་རྒྱུད་ནས་ བར་ཏ་ནི་ (ཤར་ཕྱོགས་ཀྱི་ཡུལ་ལོ་ཞེས་དག་སྙིང་ཟླ། )ན་སྤྱོད་པར་འགྱུར། སོགས་དང༌། བར་ཏ་ནི། ནས། བྱང་ཕྱོགས་ཀྱི་རྒྱུད་ (ནི་བོད་ལ་སོགས་པས་ཏེ་ཞེས་ཟླ། )ན་ནི་ (རྒྱ་ཡུལ་ཡོད་པར་རོ། ། )ཞེས་འགྲེལ་ཆེན། སྤྱོད་ པར་འགྱུར་ཏེ། ཞེས་སོགས་སོ། །ས་བརྒྱད་པའི་བྱང་སེ་ཆོས་ཅན། ཟག་པ་མེད་པའི་ཡོན་ ཏན་ཐམས་ཅད་རྫོགས་པའི་ཡོན་ཏན་འབྱུང་སྟེ། མི་དངང་བ་ལ་སོགས་པས་ཕྱིན་དྲུག་སོགས་ གཉེན་པོའི་ཆོས་ཡོངས་སུ་རྫོགས་པས་སོ། །སྦྱིན་ཕར་རྫོགས་པར་འགྱུར་རོ། །ནས་བཅོ་ བརྒྱད་བར་རོ། །བྱང་སེ་སྦྱོར་ལམ་དྲོད་ལ་གནས་སོགས་ཆོས་ཅན། ཚེ་རབས་གཞན་དུ་ཡང་ ཆོས་སྨྲ་པའི་སྐྱེས་བུ་ཉིད་དུ་འགྱུར་ཏེ། ཚེ་འདིར་རྣམ་མཁྱེན་ཉིད་ཀྱི་གཏམ་ཡུམ་རྙེད་ཅིང་མ་ ནོར་བར་གཞན་ལ་བརྗོད་པའི་བྱང་སེ་ཡིན་པས་སོ། །(བྱང་ཕྱོགས་ཀྱི་ཆར་སྐྱེས་པའི་བྱང་ཆུབ་སེམས་དཔའི་ ཐེག་པ་མང་དུ་འབྱུང་སྟེ། ) དེ་དག་ལ་ངས་རྣམ་མཁྱེན་ཉིད་དང་ལྡན་པའི་གཏམ་བརྗོད། ཅེས་ནས། དེ་དག་ཚེ་རྗེས་ནས་ཀྱང་རྫོགས་བྱང་གི་དོན་དུ་སྤྱོད། ཅེས་སོགས་སོ། །བཟོད་པ་ལ་གནས་ པའི་བྱང་སེ་ཆོས་ཅན། བདུད་སོགས་ཀྱིས་ཡུམ་མམ་བྱང་ཆུབ་ལས་ (འགྲེལ་ཆེན་)མི་ཕྱེད་པའི་ ཡོན་ཏན་འབྱུང་སྟེ། སངས་རྒྱས་ཀྱིས་ཡུམ་བསྒོམ་པའི་གྲོགས་དང་མགོན་སྐྱབས་མཛད་པས་ མོས་པ་བརྟན་པོ་ཐོབ་པས་སོ། །བདུད་དམ་བདུད་ཀྱི་རིགས་ཀྱི་ལྷ་རྣམས་ཀྱིས་ཀྱང་བླ་མེད་ རྫོགས་བྱང་ཆུབ་ལས་ཕྱིར་བཟློག་པར་མི་ནུས་ན། ཞེས་སོགས་སོ། །བྱང་སེ་མཐོང་ལམ་པ་ སོགས་ཆོས་ཅན། ཉན་རང་དང་ཐུན་མོང་མ་ཡིན་པའི་སྐྱེ་བོ་མང་བོ་དགེ་ཆོས་ལ་འགོད་པའི་ དགེ་བའི་རྩ་བ་སྐྱེ་བ་ཡིན་ཏེ། གཞན་དོན་དུ་འཇིག་རྟེན་ལས་འདས་པའི་ཆོས་ཚོལ་ (ཨཱརྱ་)བའི་ དགའ་བ། (མདོ། ) དཀོན་མཆོག་གསུམ་ལ་ (ཨཱརྱ་)བརྟེན་པའི་དད་པ། (མདོ། ) དགེ་བ་ལ་སེམས་ 2-1-190 འཇུག་པའི་མགུ་བ་ (ཨཱརྱ། )རྒྱ་ཆེན་པོ་ (འགྲེལ་ཆེན་)ཐོབ་པས་སོ། །ཡུམ་འདི་ཐོས་ནས་དགའ་ཞིང་ ཉམས་བདེ་བ་རྒྱ་ཆེན་སྐྱེ། ཞེས་སོགས་དང༌། བྱང་ཆུབ་ཀྱི་དོན་དུ་སྐྱེ་བོ་མང་བོ་ཡང་དགེ་ བའི་ཆོས་ལ་འགོད་པར་འགྱུར་རོ། །ཞེས་སོ། །ཆོས་ཅན། སྐྱེ་བོ་མང་བོ་བྱང་ཆུབ་ལ་འགོད་ དོ། །(མདོ་དངོས། ) ཞེས་སོགས་སོ། །རང་གིས་དམ་བཅས་པའི་དོན་ཇི་ལྟ་བ་བཞིན་དུ་བསྒྲུབ་ ཅིང་རྫོགས་པ་འབྱུང་སྟེ། དེའི་དེ་ལྟར་དམ་བཅས་པའི་ཚིག་ལ་སངས་རྒྱས་ཀྱིས་ཁྱོད་བསམ་ པ་དག་ (མདོ་)པར་མཁྱེན་ནས་ཐུགས་ཀྱིས་རྗེས་སུ་ཡི་རང་བ་སྟེ་དགྱེས་པར་མཛད་པས་སོ། ། ཐུགས་ཀྱིས་རྣམ་པར་གཟིགས་ཏེ་རྗེས་སུ་དགྱེས་པར་མཛད་དོ། །ཞེས་སོ། །དྲོད་སོགས་ ལ་གནས་པའི་བྱང་སེ་ཆོས་ཅན། རྣམ་སྨིན་གྱི་འབྲས་བུ་རྒྱ་ཆེན་པོ་ཡོང་སུ་འཛིན་པར་འགྱུར་ ཏེ། འདོད་པའི་ཡོན་ཏན་ལ་མ་ (འབུམ་ཊཱིཀ་)ཆགས་པར་སྤྱོད་ཅིང་བསྡུ་དངོས་བཞིས་སེམས་ ཅན་ཀྱི་དོན་བྱེད་པའི་ཆོས་ཟབ་མོ་སྒྲུབ་ཅིང་ཤེར་ཕྱིན་ (གསེར་)ཟབ་མོ་ཉན་པ་ལ་སོགས་པར་ མངོན་པར་འདོད་དམ་མོས་པས་སོ། །(འགྲེལ་ཆེན་གསེར། ) གཟུགས་སྒྲ་དྲི་རོ་རེག་ཆོས་ལ་མོས་ པ་རླབས་པོ་ཆེ་འགྱུར་ཞིང་སྦྱིན་པ་རླབས་པོ་ཆེ་གཏོང༌། ནས། རྣམ་པར་སྨིན་པ་རླབས་པོ་ ཆེས་ཡོངས་སུ་འཛིན་པར་འགྱུར་རོ། །ཞེས་སོགས་སོ། །ཆོས་ཅན། གོང་ནས་གོང་དུ་ (ཨཱརྱ་) སེམས་ཅན་གྱི་དོན་རྒྱ་ཆེན་པོ་བསྒྲུབ་པའི་ཡོན་ཏན་འབྱུང་སྟེ། ད་ལྟའང་ཕྱི་ནང་གི་དངོས་པོ་ གཏོང་ཞིང་དེའི་འབྲས་བུའང་སེམས་ཅན་ལ་སྟེར་བའི་སྒོ་ནས་སེམས་ཅན་གྱི་དོན་བྱེད་པས་ སོ། །ཕྱི་དང་ནང་གི་དངོས་པོ་དེ་དག་ཀྱང་སེམས་ཅན་དེ་དག་ཉིད་ལ་ཡོངས་སུ་གཏོང་བར་ འགྱུར་ཏེ། ཞེས་སོགས་ནས། སྲོག་ཆགས་བརྒྱ་སྟོང་ཕྲག་མང་བོ་བླ་མེད་རྫོགས་བྱང་ཆུབ་ཏུ་ ཡང་དག་པར་སྟོན་པར་འགྱུར་རོ། །ཞེས་སོགས་སོ། །ཆོས་ཅན། སྐྱེ་བ་གཞན་དུ་ཡང་ཕྱིན་ དྲུག་ངེས་པར་འཐོབ་པའི་ཡོན་ཏན་འབྱུང་སྟེ། ཚེ་འདིར་ཤེས་པའི་ཚིག་དོན་ཚང་བར་རྙེད་ ནས་བརྩོན་པར་བྱེད་པས་སོ། །ཕར་ཕྱིན་དྲུག་པོ་འདི་དག་ཐམས་ཅད་འགྲུབ་པར་འགྱུར་རོ། 2-1-191 ། དེ་ཅིའི་ཕྱིར་ཞེ་ན། ཞེས་སོགས་ནས། དྲུག་པོ་འདི་དག་གི་དོན་དུ་བརྩོན་པར་བྱེད་པའི་ཕྱིར་ རོ། ། ཞེས་སོགས་སོ། །བཅུ་བཞི་ཚན་པ་གཉིས་པོ་དེ་དག་ཕྱིན་ཅི་མ་ལོག་པའི་ཡུམ་གྱི་སྦྱོར་བ་ ལ་མངོན་པར་དགའ་བའི་སྔར་བཤད་སྒོམ་པ་པོ་ལ་རྒྱུའི་ཡོན་ཏན་ (གསེར་དངོས་)བཅུ་བཞི་ཐོབ་ པས་འབྲས་བུའི་ཡོན་ཏན་བཅུ་བཞི་འབྱུང་ཞིང་ (གསེར་དངོས་)དེ་ཡང་རྗེས་སུ་མཐུན་པར་བསླབ་ པར་བྱ་བས་ཡོན་ཏན་གྲངས་རྣམ་པ་བཅུ་བཞིའོ། །ས་མཚམས་དེ་དག་མཚོན་པའི་དོན་ཙམ་ མོ། ། བཞི་པ་ལ། མཚམས་སྦྱར་ནི། ཡོན་ཏན་བཤད་ཟིན་པ་དེའི་འོག་ཏུ་ཡང་ཆོས་གང་ཞིག ཡོངས་སུ་སྤངས་པའི་སྒོ་ནས་སྦྱོར་བ་རྣམས་བསྒོམ་པར་བྱ་དགོས་པས་སྦྱོར་བ་དེ་དག་གི་ བར་ཆད་དུ་འགྱུར་བའི་སྐྱོན་སྟོན་ནོ། །འོ་ན་སྦྱོར་བའི་བར་ཆད་བྱེད་པའི་སྐྱོན་གང་དག་ཅིག་ ཡིན་ཞེ་ན། རྩ་བ་ནི། སྦྱོར་བའི་སྐྱོན་ནི་བཅུ་ཚན་བཞིར་བཅས་པའི་དྲུག་ཏུ་སྟེ་ཞེ་དྲུག་ཏུ་ངེས་ པར་ཏེ་གདོན་མི་ཟ་བར་རྟོགས་པར་བྱའོ། །འདི་དག་ལས་དང་པོ་བའི་ས་ནས་སྒོམ་ལམ་ ཕལ་བའི་བར་དུ་ལྡན་མོད་ཀྱི་གཙོ་ཆེར་ཚོགས་སྦྱོར་ལ་བཞག་ (སྟེ་དེ་ལྟར་ན་ཡོན་ཏན་རིམ་གྱིས་ལམ་ གོང་མ་གོང་མ་ལ་ལྡན་ལ་སྐྱོན་ནི་ལམ་འོག་མ་འོག་མ་ལ་ལྡན་པར་རིག་པར་བྱའོ། །ཞེས་སོ། ། )ཅེས་ཆོས་བཤེས་སོ། ། གཞོན་ནུ་དཔལ་ནི། བཅུ་ཚན་བཞི། ཚོགས་ལམ་དྲོད། རྩེ་བཟོད་པ། དྲུག་ཆོས་མཆོག་ན་ ཡོད་ལོ། །འགྲེལ་པ་ལ་གཉིས་ཏེ། བསལ་བྱ་སྐྱོན་གྱི་དབྱེ་བ། དེ་སེལ་བྱེད་གཉེན་པོའོ། ། དང་ པོ་ལ་འགལ་རྐྱེན་ཉེ་བར་གནས་པ་ཉེར་གསུམ། མཐུན་རྐྱེན་མ་ཚང་བ་ཉེར་གསུམ་མོ། །དང་ པོ་ནི། བཅུ་ཚན་དང་པོ་གཉིས་དང་ཐ་མ་གསུམ། གཉིས་པ་ནི་གཞན་རྣམས་སོ། །ཕྱིན་དྲུག་ ཤིན་ཏུ་དཀའ་ཚེགས་ཆེན་པོས་ཐོབ་པའམ་ (ཨཱརྱ་)རྫོགས་པར་བྱེད་པའི་རྒྱུ་ཡུམ་དོན་ལ་སྤོབས་ པ་ཚེགས་ཆེན་པོས་ཐོབ་པ་སྟེ། ཧ་ཅང་ (མདོ་)འཕྱི་བར་སྐྱེས་ (ན་སྐྱོ་བར་འགྱུར་ཞེས་གནོད་འཇོམས། )པ་ སྟེ། མདོར་ན་རྨོངས་པའི་སྤོབས་པ་ཧ་ཅང་འཕྱི་བ་དང༌། ཡུམ་དོན་ལེགས་པར་དཔྱིས་མ་ཕྱིན་ 2-1-192 (ཅིང་ཞིབ་ཏུ་མ་བརྟགས་མ་བསམ། འབུམ་ཊཱིཀ་)པར་ཆ་ཙམ་མྱུར་བོར་རྟོགས་ནས་རློམ་སེམས་སམ་ང་ རྒྱལ་བའི་ལོག་པའི་སྤོབས་པ་ཧ་ཅང་མྱུར་བ(ར་སྐྱེས་ན་ང་རྒྱལ་ཅན་དང་མ་གུས་པར་འགྱུར་ཞེས་གནོད་ འཇོམས་)དང་ལུས་ཀྱི་གནས་ངན་ (འབུམ་ཊཱིཀ་ཏུ། སྙོམས་ཞིང་གཉིད་ཀྱི་དབང་དུ་གྱུར་ཏེ་ལུས་དང་སེམས་ལས་སུ་མི་ རུང་ན་གླལ་འབྱུང༌། ཞེས་དང༌། གཞན་ལ་འཕྱས་བཙལ་བ་ལ་སོགས་པའི་བསམ་པས་རྒོད་ཅིང་ཞེས་དང༌། མི་གཞན་དང་ལྷན་ གཅིག་ཁས་བརྒྱབ་པའམ་རྩེ་བའམ་སྟེགས་སྔགས་བྱེད། ཅེས་སོ། ། )ལེན་གླལ་བ་ (ནི་དྲེགས་པ་དང་བཅས་པས་ལུས་རྐྱང་བ་ དང་རྒོད་པའོ་ཞེས་ཟླ་ཟེར་རོ། །ཁ་གདངས་པ་དང་ལུས་རྒྱངས་པ་ཞེས་སྙིང་མཆོག གླལ་བ་ནི་དྲེགས་པའོ། །རྒོད་པ་ནི་ཆོས་ འཆད་པའི་ཚེ་རྒོད་པའམ་ཀྱལ་ཀ་བྱེད་པའོ། །གནོད་འཇོམས་སོ། ། )རྒོད་པ་ (ནི་གད་རྒྱངས་བྱེད་པའོ་ཞེས་སྙིང་ཟླ། )སྟེག་ (པ་ ནི་དྲེགས་པས་དེ་ལྟར་བྱེད་པའོ་ཟླ་ཟེར། རང་གི་ལུས་སམ་ལུས་དང་འབྲེལ་བས་གཞན་གྱི་ལུས་ལ་ཀུ་རེ་བྱེད་པའོ། །ཨཱརྱ། དགའ་ བ་ལས་ལངས་པར་བྱེད་པའོ། །སྙིང་མཆོག་གོ །སྟེག་པའི་དོན་ཕན་ཚུན་ཅོ་འདྲི་ཞིང་ཞེ་འདོགས་འབྱུང་ཞིང་གཅིག་ལ་གཅིག་ འཕྱས་འདོགས་པའོ། །ཞེས་གནོད་འཇོམས་སོ། ། )ཅིང་འབྲི་བ་དང༌། སེམས་ཀྱི་གནས་ངན་ལེན་སེམས་ གཡེང་ (བ་ནི་མཉམ་པར་མ་བཞག་པའོ། །སྙིང་ཟླ། )ཡི་གེ་གཞན་ལ་ཆགས་ཤིང་ཚིག་གི་དོན་མི་ཤེས་པར་ འབྲི་ཞིང་ཉན་ (ཨཱརྱ་)པ་དང་འདིའི་རོ་མི་མྱོང་ངོ་སྙམ་པ་དང༌། རིགས་པ་མ་ཡིན་པ་ལུས་གསུམ་ གྱིས་བསྐྱེད་པའི་ཁ་ཏོན་བྱེད་པ་སོགས་དང༌། སོགས་པ་སེམས་གསུམ་གྱིས་བསྐྱེད་པའི་ འཛིན་འཆང་སོགས་དང༌། ཡུམ་ལས་བདག་ལུང་མ་བསྟན་པ་རང་ཉིད་ཡུམ་ལ་ཐོས་སོགས་ ཀྱིས་འཇུག་པ་ལས་ཕྱིར་ཕྱོགས་པའི་རྒྱུ་མཚན་ཡང་དག་ཏུ་འཛིན་པ་དང༌། འཇིག་རྟེན་དང་ (མདོ་ཨཱརྱ་)འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་རྟོགས་པའི་རྒྱུ་ཤེར་ཕྱིན་བོར་ནས་ ཐེག་ཆུང་གི་ (འབུམ་ཊཱིཀ་)སྡེ་སྣོད་ལས་དེ་ཚོལ་བ་ (རྣམ་མཁྱེན་གྱི་)རྒྱུ་ (ཡུམ་ཞེས་འབུམ་ཊཱིཀ་)ལ་མངོན་པར་ ཞེན་པ་ཉམས་པ་སྟེ། (རྣམ་མཁྱེན་གྱི་) རྩ་བ་ (ཡུམ་)བོར་ནས་ལོ་འདབ་དང་ཡལ་ག་ (འདྲ་བའི་ཐེག་ཆུང་གི་ མདོ་ལ་ཞུགས་པ་ཞེས་འབུམ་ཊཱིཀ་)ཚོལ་བའི་དཔེས་སོ། །བྱང་སེམས་སྐབས་ཀྱི་གྱ་ནོམ་པ། གཞན་ དོན་སེམས་དང་དེ་ཡི་ཐབས་རྙེད་དང༌། །དགོངས་ཆེན་དོན་དང་དེ་ཉིད་མཆོག་མཐོང་བའི། 2-1-193 ། བདེ་བ་མཐར་ཐུག་གི་གཙང་བདག་བདེ་དང་རྟག་པའི་ཕ་རོལ་ཏུ་ཕྱིན་པའི་རོ་མྱང་བ་ལས་ ཉམས་པ་རང་དོན་ཐོབ་པས་ཚིམ་པ་སྟེ། ཇོ་བོའི་ཟན་ནར་མ་བོར་ནས་ལས་མི་ལས་ཟན་ ཚོལ་བའི་ཁྱི་བཞིན་ནོ། །ཡུམ་བོར་ཞིང་ཁེ་དང་བཀུར་སྟིའི་ཕྱིར་ཉན་རང་གི་མདོ་སྡེ་ཀུན་ཆུབ་ པར་སེམས་པ་རྣམས་པ་ཐམས་ཅད་དུ་ཐེག་པའི་མཆོག་ཐེག་ཆེན་ཀུན་ཏུ་འཛིན་པ་ལས་ ཉམས་པ་སྟེ། གླང་བོ་རྙེད་ནས་གླང་བོའི་རྗེས་ཚོལ་བར་སེམས་པ་བཞིན་ནོ། །ཡུམ་རྙེད་པ་ བོར་ནས་མཐར་ཐུག་གི་མྱང་འདས་ཀྱི་ཆེད་དུ་ཉན་རང་གི་སྡེ་སྣོད་གཟུང་ཞིང་ཀུན་ཆུབ་པར་ སེམས་པ་རྟག་ཏུ་ཆེད་དུ་བྱ་བ་མྱང་འདས་མཐར་ཐུག་ཐོབ་པ་ལས་ཉམས་པ་སྟེ། (རྒྱས་འབྲིང་དུ་རྒྱ་ མཚོ་དང་རྨིག་རྗེས་གྱི་ཆུ་སྙོམས་པ་བཞིན་ནོ། །ཞེས་སོ། ། ) རྨིག་རྗེས་ཀྱི་ཆུ་ལས་ནོར་བུ་ཚོལ་བ་བཞིན་ནོ། ། ཞེས་བརྒྱད་སྟོང་པར་རོ། །ཞེས་བྱ་བ་བཅུ་ཚན་དང་པོའོ། ། ཡུམ་ཐོས་ (མདོ་)ཤིང་རྙེད་ནས་དེ་ བོར་ཏེ་ཉན་རང་གི་སྡེ་སྣོད་ལས་རྣམ་མཁྱེན་ཚོལ་བ་ནི་རྣམ་མཁྱེན་གྱི་རྒྱུ་དང༌། འབྲས་བུ་ རྣམས་མཁྱེན་གྱི་རྒྱུ་འབྲས་ཀྱི་འབྲེལ་བ་ཉམས་པ་སྟེ། ཉི་ཟླའི་ཚད་ཀྱིས་རྣམ་རྒྱལ་གྱི་ཁང་ བཟང་བྱེད་པའི་ཕྱ་མཁན་བཞིན་ནོ། །གོང་མ་མེད་པ་ཆོས་ལོངས་སྤྲུལ་སྐུའི་རྒྱུ་ཡུམ་བོར་ནས་ ཉན་རང་སྡེ་སྣོད་ལས་དེ་ཐོབ་པར་འདོད་ན་སྐུ་གསུམ་གྱི་རྒྱུ་ལས་ཉམས་པ་སྟེ། རིམ་བཞིན་དུ་ མཁར་གྱི་རྒྱལ་ཕྲན་དང་ (ཆོས་སྐུ་)འཁོར་ལོས་བསྒྱུར་རྒྱལ་བསྐྲུན་པ་དང་ (ལོངས་སྐུ་)རོ་བརྒྱ་བའི་ ཟས་རྙེད་ནས་ཞག་དྲུག་ཅུ་བའི་འབྲས་ཆན་ཚོལ་བ་དང༌། ནོར་བུ་འཆིང་བུ་དང༌། (སྤྲུལ་སྐུ། ) ནོར་བུ་རིན་ཆེན་ (བཞིན་ཞེས་འགྲེལ་ཆེན་)མཉམ་པར་སེམས་པ་བཞིན་ནོ། །གཞུང་ལམ་འབྲས་ བུའི་རྣམ་གཡེང་གཟུགས་སྒྲ་སྐྱེས་པ་བུད་མེད་སོགས་ཡུལ་རྣམ་པ་མང་བོ་ལ་རྣམ་པར་རྟོག་ པའི་སྤོབས་པ་འབྱུང་བ་སྟེ་འཕྲོ་བ་དང༌། ལམ་འབྲས་ལ་རྣམ་གཡེང་ཡི་གེར་འབྲི་བ་ཁོ་ན་ལ་ མངོན་པར་ཞེན་པ་དང༌། གསུམ་གའི་རྣམ་གཡེང་དངོས་པོ་མེད་པ་ཁོ་ན་ལ་ཡུམ་དུ་མངོན་ པར་ཞེན་པ་དང༌། ལམ་འབྲས་ལ་རྣམ་གཡེང་ཡི་གེ་ཁོ་ན་ལ་ཡུམ་དུ་མངོན་པར་ཞེན་པ་དང༌། 2-1-194 གཞུང་ལ་རྣམ་གཡེང་ཡི་གེར་མེད་པ་ཁོ་ན་ལ་ཡུམ་དུ་མངོན་པ་དང༌། ཆགས་སྡང་གི་མཚན་མ་ ཡུལ་དང་སོགས་པ་གྲོང་དང་གྲོང་བརྡལ་ལག་ཅན་ལ་སོགས་པ་ (༈ ཟླ་ཟེར་དུ་གྲོང་ནི་མ་ག་དྷ་ལ་སོགས་ པའོ། །གྲོང་ནི་ཕྱུག་པོ་མ་ཡིན་པ་གནས་པ་རྣམས་སོ། །ཕྱུག་པོ་རྣམས་གནས་པ་ནི་གྲོང་ཁྱེར་རོ། །གྲོང་ཁྱེར་ཉིད་ཚོང་བ་མང་བོ་ གནས་པ་ནི་གྲོང་བརྡལ་ལོ། །ལྗོངས་ནི་ཡུལ་ཀ་ཤི་ལ་སོགས་པའི་འཁོར་རོ། །དེའི་ཚོགས་ནི་ཡུལ་འཁོར་རོ། །ལག་ཅན་ནི་ཤོ་ གམ་གྱི་སྤྱོད་པའོ། །ཞེས་སོ། ། )(༈ འགྲེལ་ཆེན་དུ། ཡུལ་ནི་ཉམས་དགའ་བ་ལ་སོགས་པའོ། །གྲོང་ནི་ཁྱིམ་གཅིག་ལ་སོགས་ པའོ། །གྲོང་ཁྱེར་ནི་བཟོའི་བྱེ་བྲག་བཅོ་བརྒྱད་ཡོད་པའི་གནས་སོ། །གྲོང་བརྡལ་ནི་ཚོང་བ་མང་བོའི་གནས་ཀྱི་ཁྱད་པར་རོ། ། ལྗོངས་ནི་རིགས་བཞི་གནས་པའི་ས་ཕྱོགས་སོ། །ཡུལ་འཁོར་ནི་ཙམ་པ་ཀ་ལ་སོགས་པའི་ཡུལ་ཆེན་པོ་རྣམས་སོ། །རྒྱལ་བོའི་ཕོ་ བྲང་འཁོར་ནི་རྒྱལ་བོའི་ཕོ་བྲང་དང་བཅས་པའི་ཡུལ་ལོ། །ལག་ཅན་ནི་འཕྲང་བཙས་ཀྱི་གནས་སོ། །ཞེས་སོ། ། )ཡིད་ལ་བྱེད་ པ་དང་རིན་པོ་ཆེ་སོགས་རྙེད་པ་དང༌། དཔལ་གྱི་དར་དཔྱངས་བཅིང་བ་སོགས་བཀུར་སྟི་དང་ ཚིགས་སུ་བཅད་པ་སྟེ་སྙན་གྲགས་ཀྱི་རོ་མྱང་བ་སྟེ་དེ་ལ་བརྐམ་ཞིང་ཞེན་པ་དང༌། ཐབས་ མཁས་རྙེད་རྒྱུ་ཡུམ་དོར་ནས་བདུད་ཀྱིས་ (ཨཱརྱ་)གཏད་པའི་མདོ་སྡེ་ལས་ཐབས་མཁས་ཚོལ་བ་ ཐབས་མཁས་ཀྱི་ལམ་མ་ཡིན་པས་ཐབས་ལ་མཁས་པ་ཚོལ་བ་ཞེས་བྱ་བ་ནི་བཅུ་ཚན་གཉིས་ པའོ། །འཇུག་པའི་བར་ཆད་རྣམས་བཤད་ (འགྲེལ་ཆེན་)ནས། འཇུག་པའི་དང་པོར་དཔོན་སློབ་ ཚོགས་པ་དང་བྲལ་བའི་བར་ཆད་རྣམས་ནི། (འགྲེལ་ཆེན། ) རེ་ཤིག་སྔ་ཕྱི་གྲངས་བཞིན་དུ་ཉན་པ་ པོ་སྔ་མ་འཆད་པ་པོ་ཕྱི་མ་དང་མངོན་པར་འབྲེལ་བ་དང༌། གང་ཡང་རུང་བས། དེ་ལས་ བཟློག་ནའང་ཉེས་པར་བསྟན་ནོ་ (མདོར་གཉིས་ཀ་ལ་སྦྱར་རོ། ། )ཉན་པ་པོ་འདུན་པ་ཆེ་ཞིང་འཆད་པོ་ སྙོམས་ལས་ཆེ་བ་ (ལེ་ལོ་ཆེ་བ་)ཉིད་ཀྱིས་ཚོགས་པའི་ཆོས་སྤྱོད་ལས་ཉམས་པ་དང༌། བཟློག་ ནས་ཀྱང་ངོ༌། །གཅིག་ཡུལ་འདིར་ཉན་འདོད། (མདོ་སོགས། ) གཅིག་གཞན་དུ་འགྲོ་འདོད་ན་ འདུན་པའི་ཡུལ་ཐ་དད་པས་ཚོགས་པའི་ཆོས་སྤྱོད་ལས་ཉམས་པ་དང༌། ཆོས་སྤྱོད་ལས་རེ་ རེར་སྦྱར་རོ། །གཅིག་འདོད་ཆེན་ཆུང་ཞིང་ཆོག་ཤེས་གཅིག་རྙེད་སོགས་གཙོ་བོར་བྱེད་པས་ 2-1-195 འདོད་ཆེན་ཆུང་མིན་ཆེ་བ་ཉིད་ཀྱིས་ཉམས་པ་དང༌། གཅིག་རྙེད་བཀུར་སོགས་ལྷུར་མི་ (འགྲེལ་ ཆེན། )ལེན་པས་སྦྱངས་པའི་ཡོན་ཏན་དང་ལྡན་པ་དང༌། ཅིག་ཤོས་དེ་ལྷུར་ལེན་པས་མི་ལྡན་པ་ དང༌། གཅིག་དད་སོགས་དགེ་བའི། ཅིག་ཤོས་སྲོག་གཅོད་དགེ་བ་མ་ཡིན་པ་མི་དགེ་བའི་ ཆོས་ཉིད་དེ་ངང་རྒྱུད་ཅན་དང༌། གཅིག་ཟང་ཟིང་ཚོགས་གཏོང་བ་དང༌། ཅིག་ཤོས་སེར་སྣ་ བྱེད་པ་དང༌། གཅིག་ཆོས་ཀྱི་དོན་དུ་ཟང་ཟིང་སྦྱིན་པ་དང༌། ཅིག་ཤོས་དེ་མི་ལེན་པ་དང༌། གཅིག་མགོ་སྨོས་པས་ཕལ་ཆེར་གོ་བ་དང༌། ཅིག་ཤོས་ཚིག་རྣམ་པར་སྤྲོས་པའི་གོ་དགོས་པ་ དང༌། གཅིག་མདོ་ལ་སོགས་པ་བཅུ་གཉིས་ཤེས་པ་དང༌། ཅིག་ཤོས་ཀྱིས་དེ་མངོན་པར་མི་ ཤེས་པ་དང༌། བཅུ་གཉིས་ནི། མདོ་དབྱངས་ལུང་ཚིགས་ཆེད་གླེང་རྟོགས། །དེ་སྐྱེས་ཤིན་རྨད་ གཏན་ཕབ་བོ། །ཞེས་པའོ། །གཅིག་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པ་དང༌། ཅིག་ཤོས་མི་ ལྡན་པ་ཞེས་བྱ་བ་ནི་བཅུ་ཚན་གསུམ་པའོ། །ཉན་པོ་སྔ་མ་ (འགྲེལ་ཆེན་)འཆད་པོ་ཕྱི་མར་བྱས་པ་ དེ་ཁོ་ན་བཞིན་དུ་དང་པོར་དེ་དང་བཟློག་པར་ཡང་སྟེ། ཕྱིན་དྲུག་ལ་ཐབས་མཁས་པ་དང་དེ་ ལ་ཐབས་མ་ཡིན་པ་ལ་མཁས་པའམ་འཚང་རྒྱ་བའི་ཐབས་སོགས་སོ། །མི་བརྗེད་པའི་ གཟུངས་ཐོབ་མ་ཐོབ་དག་དང་། གཞུང་ཤེར་ཕྱིན་ཡི་གེར་འབྲི་འདོད་མི་འདོད་དང༌། འདོད་ པའི་འདུན་པ་དང་སོགས་སྒྲིབ་པ་བཞི་སྟེ་ལྔ་ (མདོ་)དང་བྲལ་མ་བྲལ་ཉིད་ཅེས་བྱ་བ་བཞི་དང༌། ཡུམ་ལ་སྤྱོད་ཚེ་བདུད་སོགས་ཀྱིས་ངན་སོང་གི་སྡུག་བསྔལ་བརྗོད་དེ་འདི་ཉིད་དུ་སྡུག་བསྔལ་ གྱི་མཐར་ཕྱུངས་ཤིགས་རྫོགས་བྱང་གིས་ཅི་བྱ་ཟེར་བས་གཞན་དོན་དུ་ངན་སོང་གི་འགྲོ་བ་ ལ་ཕྱིར་ཕྱོགས་པ་དང༌། རང་དོན་དུ་བདེ་འགྲོར་འགྲོ་བ་ལ་ཡིད་བདེ་བ་སྟེ། གཉིས་དང༌། འཆད་པོ་སྔ་མ་དང་ཉན་པོ་ཕྱི་མ་དང་འབྲེལ་བས་དང༌། གང་ཡང་རུང་ཞེས་པས་བཟློག་པར་ ཡང་ངོ༌། །འཆད་པོ་ཉན་པོ་གྲངས་བཞིན་དུ་གཅིག་བུར་གནས་པ་དང་འཁོར་མང་བོ་ལ་ མངོན་པར་དགའ་བ་ཉིད་དང༌། འཆད་པོའི་ཕྱི་བཞིན་རྗེས་སུ་འབྲང་བའི་གོ་སྐབས་མི་འབྱེད་ 2-1-196 པ་ཉིད་དང་ཉན་པོ་ཕྱི་བཞིན་རྗེས་སུ་འབྲེལ་བར་འདོད་པ་ཉིད་དང༌། ཆོས་ཀྱི་ཡོན་ལྟ་བུར་ ཟང་ཟིང་ཅུང་ཟད་ཙམ་འདོད་པ་ཉིད། དེ་སྦྱིན་པར་མི་འདོད་པ་ཉིད་དང༌། སྲོག་གི་བར་ཆད་ དུ་འགྱུར་བའི་ཡུལ་ཕྱོགས་སུ་འགྲོ་བ་མི་འགྱུར་བའི་ཕྱོགས་སུ་འགྲོ་བ་བཞི་སྟེ། བཅུ་ཚན་ བཞི་པའོ། །སྔ་མ་དེ་བཞིན་དུ་མུ་གེ་བྱུང་བའི་ཕྱོགས་སུ་འགྲོ་མི་འགྲོ་དང༌། ཆོམ་རྐུན་པ་ལ་ སོགས་པས་ (རྔོན་པ་གཅན་གཟན་ཁྲོ་བོ་སྦྲུལ་འབྲོག་དགོན་རྣམས་མདོར་བཤད། )དཀུགས་པའི་ཕྱོགས་སུ་འགྲོ་ མི་འགྲོ་དང༌། འཆད་པོ་སྦྱིན་བདག་ཕྱུག་པོ་སོགས་ཀྱི་ཁྱིམ་གྱི་འབྱོར་བའི་བདེ་བ་ལ་ལྟ་ཞིང་ ཆགས་པས་ཉན་པོ་ཆོས་མ་ཐོས་པས་ཡིད་མི་བདེ་བ་ཞེས་བྱ་བ་གསུམ་དང༌། བདུད་དགེ་སློང་ གི་ཆ་བྱད་དུ་བྱས་ནས་ཡུམ་ནི་ངེད་ཀྱིས་ཁོང་དུ་ཆུད་པ་ལྟར་ཡིན་གྱི་ཁྱོད་ཀློག་པ་ (མདོ་)དེ་ནི་ མིན་ནོ་ཞེས་བདུད་ཀྱིས་ཡུམ་དང་འབྱེད་པའི་སྦྱོར་བའམ་དབྱེན་བྱས་པས་ (མདོ་)ཐེ་ཚོམ་སྐྱེས་ ནས་ཡུམ་བྲི་བ་དང་བསྒོམ་པ་ (མདོ་)སོགས་འདོར་བ་དང༌། (བདུད་དགེ་སློང་གི་ཆ་བྱད་དུ་བྱས་ནས། ) མི་ སྡུག་པ་དང་མི་རྟག་པ་སོགས་ཡུམ་བཅོས་མ་ཉེ་བར་བསྒྲུབ་པ་དང༌། བཅོས་མ་བསྟན་པའི་ ཕྱིར་ (མདོ་)བདུད་སངས་རྒྱས་དང་བྱང་སེ་སོགས་ཀྱི་ཆ་བྱད་འཛིན་པ་ལ་དད་ཅིང་གུས་པ་དང་ ཡུལ་ཇི་ལྟ་བ་བཞིན་མ་ཡིན་པ་ལ་དགའ་བ་བསྐྱེད་པ་ཞེས་བྱ་བ་སྔ་མ་ལས་གཞན་རྣམ་པ་ གསུམ་སྟེ། དེ་ལྟར་ན་ཡུམ་ལ་ (གསེར་)སོགས་པ་ཤེས་པར་རུང་བའི་སེམས་སུན་འབྱིན་པས་ (གསེར་)སྐྱོན་གྲངས་ཞེ་དྲུག་ཡོད་པ་ཡིན་ནོ། ། གཉིས་པ་ནི། རིན་པོ་ཆེ་ལ་དགྲ་མང་བའི་དཔེས་བར་ཆད་དུ་མ་ཡོད་ཀྱང་བྱང་པས་དེ་ རྣམས་བར་ཆད་དུ་ཤེས་པར་བྱས་ནས། ཐབས་ཇི་ལྟར་འཚམ་པས་བཟློག་པར་བྱ་དགོས་ལ། བུ་མང་བོ་ཡོད་པའི་མའི་དཔེས་ཕྱོགས་བཅུའི་དེ་པ་དང་བྱང་པས་བསྲུང་བས་བཟློག་པར་ ཡང་འགྱུར་རོ། ། གཞན་ཡང་བདུད་ལས་དང་དེ་བཟློག་པའི་ཚུལ་རྒྱས་པར་མདོ་རྣམས་ན་གསལ་ཞིང་ 2-1-197 བསྡུས་པ་ཆོས་བཤེས་དང་གནས་བརྟན་བྱང་བཟང་གི་ཏིང་ངེ་འཛིན་གྱི་ཚོགས་ཀྱི་ལེའུ་ལ་ སོགས་པར་བལྟ་བར་བྱའོ། །(མང་བས་འཇིགས་པས་མ་བྲིས་སོ། །) ལྔ་པ་ལ། བསྟན། བཤད། བསྡུ་གསུམ་ལས། དང་པོ་ལ། མཚམས་སྦྱར་ནི། གོ་རིམ་ བཞིན་དུ་ཡོན་ཏན་བླང་བ་དང་སྐྱོན་དོར་བས། སྦྱོར་བ་རྣམས་བསྒོམ་པར་བྱ་བ་སྟེ་བྱེད་པ་ནི། སྦྱོར་བའི་མཚན་ཉིད་ཤེས་པ་སྔོན་དུ་འགྲོ་བ་ཡིན་པས་བསལ་བྱ་སྐྱོན་གྱི་འོག་ཏུ་སྦྱོར་བ་དེ་ དག་གི་མཚན་ཉིད་སྟོན་ནོ། །(ཆོས་བཤེས་ཀྱིས་སྦྱོར་བ་པོའམ་ཐམས་ཅད་མཁྱེན་པ་ཉིད་གསུམ་པོ་དེ་དག་གིའོ་ཞེས་ སོ། ། ) རྩ་བ་ལ། སྤྱི་རིགས་ནས་གང་གིས་གང་མཚོན་པར་བྱེད་པ་དེ་དེའི་མཚན་ཉིད་དུ་ཤེས་ པར་བྱ་ཞིང༌། དེ་ལ་ཚུལ་དུ་མ་ཡོད་དེ། (རྣམ་ངེས་སོགས། ) རང་ཉིད་ཐུན་མོང་མིན་པར་མཚོན་པར་ བྱེད་པ་རང་གི་མཚན་ཉིད་དང༌། དེ་དང་གཞན་ཐུན་མོང་དུ་མཚོན་པར་བྱེད་པ་སྤྱིའི་མཚན་ ཉིད་དེ། རིམ་བཞིན་ཚ་སྲེག་གིས་མེ་དང་མི་རྟག་བདག་མེད་སོགས་ཀྱིས་དུ་མ་མཚོན་པ་ བཞིན་ནོ། །ཡང་ཆོས་བཤེས་སུ་རང་བཞིན་གྱི་མཚན་ཉིད་དང་རྣམ་པར་དབྱེ་བའི་མཚན་ཉིད་ དོ། །དང་པོ་ནི། རང་ཐུན་མོང་མ་ཡིན་པའི་ཡན་ལག་མེ་ལ་སོགས་པའི་ཚ་བ་ལ་སོགས་པ་ འཇིག་རྟེན་རྣམས་ན་རིགས་པས་མ་བཅོས་པའི་ཚེ་གཞན་ལ་མི་ལྟོས་པར་དོན་བྱེད་པར་སྣང་ བའི་དངོས་པོ་རགས་པ་རྣམས་སོ། ། གཉིས་པ་ནི། བུམ་པ་ལ་སོགས་པ་དག་གདུང་ལ་སོགས་པ་མ་ཡིན་པ་ཞེས་སོགས་ དངོས་པོ་གཅིག་པུ་ཡང་ལྡོག་པའི་དབང་གིས་དཔག་ཏུ་མེད་པར་བརྗོད་པ་སྟེ། ཚད་མ་རྣམ་ འགྲེལ་ལས། གང་ཕྱིར་དངོས་ཀུན་རང་བཞིན་གྱིས། །ཞེས་སོགས་རྐང་བ་བཞིའོ། །དེ་ལ་ སློབ་དཔོན་ཟླ་གྲགས་ནི། དགོས་པ་ལ་ལྟོས་ (དོན་)ནས་རྣམ་རྟོག་གི་དབང་ཙམ་གྱིས་ཕྱེ་བར་ ཟད་པས་མཚན་ཉིད་དུ་མི་བགྲང་ངོ་གསུང་ངོ༌། །གཞན་དག་ནི། དོན་དམ་པར་དངོས་པོ་ ཐམས་ཅད་བརྟགས་པ་ཙམ་ཡིན་པས་མཚན་ཉིད་མེད་ཀྱང་ཀུན་རྫོབ་ཏུ་མཚན་ཉིད་དུ་བགྲང་ 2-1-198 དགོས་ཟེར་རོ། །(ཆོས་བཤེས་དོན། ) ཞེས་སོ། །ཡང་གསུང་རབ་སྤྱི་དང་བསྟུན་ན་རང་བཞིན་གྱི་ མཚན་ཉིད་ནི། མི་རྟག་པ་འདུས་བྱས་ཀྱི་མཚན་ཉིད་ཡིན་པ་སོགས་དང༌། དེ་མ་ཡིན་ལས་ འབྱེད་པའི་མཚན་ཉིད་སྐད་ཅིག་མས་མི་རྟག་པ་མཚོན་པ་ལྟ་བུ་སྟེ་རྟག་པ་ལས་འབྱེད་པ་ལྟ་ བུའོ། །སྔ་རབས་དག མཚན་ཉིད་ཡིན་ན་རིགས་མི་མཐུན་ལས་འབྱེད་པ་ཁོ་ནར་རྣམ་བཞག་ བྱས་པ་སོགས་ནོར་བའི་ཕྲེང་བ་དུ་མ་སྣང་སྟེ། དེང་སང་ཡང་དེ་ཉིད་མཆོག་ཏུ་རློམ་སྟེ་མཁས་ པར་ང་རྒྱལ་བ་དག་ནི་ཕྱག་དར་ཁྲོད་ཀྱི་མི་གཙང་བའི་གོང་བུ་ཞིག་ཡིད་བཞིན་གྱི་ནོར་བུར་ རློམ་པ་དང་ཁྱད་མེད་དོ། །དེ་རྣམས་ལས་སྐབས་འདིར་རང་བཞིན་གྱི་མཚན་ཉིད་གཟུང་ངོ༌། ། (ཆོས་བཤེས། ) དེ་ལ་བྱེད་སྒྲུབ་དང༌། ལས་སྒྲུབ་གཉིས་ལས། དང་པོ་ལ། གང་གིས་མཚོན་པར་ བྱེད་པའི་མཚན་ཉིད་དེ་ཡང་རྣམ་པ་གསུམ་སྟེ། གང་ན་ཤེས་པ་ཁྱད་པར་བྱེད་པ་སྟེ་དེ་རྣམས་ སོ། །དེ་ལ་སློབ་དཔོན་གྱིས། རེས་འགའ་མཁྱེན་གསུམ་ཞེས་དང༌། རེས་འགའ་མཁྱེན་གསུམ་ གྱི་སྦྱོར་བ་ཞེས་སྨོས་ཤིང་ཁ་ཅིག དེ་གཉིས་ཁྱད་མེད་དེ་སྦྱོར་བ་ནི་རྣལ་འབྱོར་ལ་ཟེར་རོ་ ཞེས་དང༌། ལ་ལ། ཁྱད་ཡོད་དེ་སྦྱོར་བ་སློབ་ལམ་ཁོ་ནར་ཡོད་ཅིང་རྣམ་མཁྱེན་སངས་རྒྱས་ས་ ཁོ་ནར་ཡོད་ལ་གཞི་ཤེས་ལམ་ཤེས་ཀྱི་སྦྱོར་བའང་ཚོགས་སྦྱོར་ནའང་ཡོད་ལ་གཞི་ཤེས་ལམ་ ཤེས་འཕགས་པ་ཁོ་ནའི་རྟོགས་པ་ཡིན་ཞེས་སོ། །དེ་ཡང་སློབ་ལམ་གྱི་ཤེས་པ་ཞེ་བརྒྱད་པོ་ དེ་ཆོས་ཅན། ཐེག་ཆེན་གྱི་མཁྱེན་གསུམ་སྦྱོར་བའི་ཤེས་མཚན་ཡིན་ཏེ། དེའི་ཐུན་མོང་མིན་ པའི་རྟོགས་པ་མཚོན་པར་བྱེད་པས་སོ། །དེ་ཡིན་ཏེ། དེས་རྒྱལ་བའི་ཡུམ་གྱི་ཆེ་བའི་ཡོན་ཏན་ ཤེས་པར་དོན་མཐུན་དུ་རྟོགས་པར་བྱེད་པས་སོ། །ཇི་ལྟར་ན། ཐེག་ཆེན་གྱི་མཁྱེན་གསུམ་ སྦྱོར་བའམ་དེ་གསུམ་ཆོས་ཅན། རྒྱལ་ཡུམ་གྱི་ཆེ་བའི་ཡོན་ཏན་ཤེས་པའམ་རྟོགས་པའི་ (ཤེར་ འབྱུང་)ཁྱད་པར་དང་ལྡན་ཏེ། ཡུམ་ཤེར་ཕྱིན་འདི་ནི་དེ་པ་བསྐྱེད་པའོ་ཞེས་སོགས་དང༌། ཡུམ་ ཤེར་ཕྱིན་རྒྱུར་ཡོད་པ་ལས་དེ་པས་སྟོང་ཉིད་སོགས་མཁྱེན་ཞེས་སོགས་དང༌། དེ་རྒྱུར་ཡོད་པ་ 2-1-199 ལས་དེ་པ་བདེ་བར་གནས་ཞེས་སོགས་ཤེས་ཤིང་རྟོགས་པས་སོ། །ཞེས་པའི་ཚུལ་གྱིས་སོ། ། སོ་སོར་སྦྱར་རོ། །ཆོས་བཤེས་ཀྱིས། ཤེས་པའི་མཚན་ཉིད་ཐམས་ཅད་མཁྱེན་པ་ཉིད་གསུམ་ གྱིས་ཐ་དད་པ་གསུམ་ཅར་ཡང་རྒྱལ་བའི་ཡུམ་འདི་ནི་དེ་པ་བསྐྱེད་པའོ་ཞེས་བྱ་བ་ལ་སོགས་ པར་ཤེས་པར་བྱེད་པའོ། །ཞེས་སོ། །ཤེར་འབྱུང་གིས། སྔར་བཤད་པའི་ཀུན་མཁྱེན་གསུམ་ གྱི་རྣམ་པ་དེ་རྣམས་ཀྱི་རྟོགས་པས་སྦྱོར་བ་མཚོན་པར་བྱེད་དོ། །ཞེས་སོ། །ཡང་ཐེག་ཆེན་ སློབ་ལམ་གྱི་ཤེས་པ་བཅུ་དྲུག་པ་ཕྲག་གཉིས་ཀྱིས་རིམ་བཞིན་བྱང་སེའི་གཞི་ཤེས་ལམ་ཤེས་ དང༌། སངས་རྒྱས་སའི་བཅུ་དྲུག་གིས་རྣམ་མཁྱེན་གྱི་རྟོགས་པ་མཚོན་པས་དེ་དང་དེའི་ཤེས་ མཚན་དུ་སྦྱར་ལ་བསྙད་དོ། །དེ་དང་དེའི་རྟོགས་པའི་ཆ་ཉིད་ལ་ཤེས་པའི་མཚན་ཉིད་ཅེས་ ཏེ་ཤེས་པ་ཡང་ཡིན་ལ་མཚན་ཉིད་ཀྱང་ཡིན་པས་ཤེས་མཚན་ཏེ། གཞན་གསུམ་ལའང་ཚུལ་ དེའོ། །ཡང་བསམ་གྱིས་མི་ཁྱབ་སོགས་བཅུ་དྲུག་གིས་ཁྱད་པར་དུ་བྱས་པའི་ཤེས་བཟོད་སྐད་ ཅིག་བཅུ་དྲུག་ཆོས་ཅན། ཐེག་ཆེན་མཐོང་ལམ་གྱི་ཁྱད་པར་གྱི་མཚན་ཉིད་ཡིན་ཏེ། དེ་ཐེག་ དམན་མཐོང་ལམ་ལས་ཁྱད་པར་འཕགས་པར་མཚོན་པར་བྱེད་པས་སོ། ། ཇི་ལྟར་ན། ཐེག་ ཆེན་མཐོང་ལམ་ཆོས་ཅན། ཐེག་དམན་མཐོང་ལམ་ལས་ཁྱད་པར་དུ་འཕགས་ཏེ། དེ་འདྲའི་ ཤེས་བཟོད་བཅུ་དྲུག་ཅན་གྱི་མཐོང་ལམ་ཡིན་པས་སོ། །ཞེས་པའི་ཚུལ་གྱིས་སོ། །དེ་དངོས་ སུ་བསྟན་པས་ཐེག་ཆེན་སྒོམ་ལམ་དང་མཐར་ལམ་ཁྱད་པར་འཕགས་པར་དོན་གྱིས་འགྲུབ་ པོ། །ཡང་ཕན་བདེ་སྐྱོབ་པ་སོགས་བཅུ་གཅིག་ཆོས་ཅན། ཐེག་ཆེན་གྱི་མཁྱེན་གསུམ་མམ་ དེའི་སྦྱོར་བའི་བྱེད་མཚན་ཡིན་ཏེ། དེ་འབྲས་བུ་འབྱིན་ནུས་སམ་འཕྲིན་ (ཤེར་འབྱུང་)ལས་ཁྱད་ པར་བ་དང་ལྡན་པར་མཚོན་པར་བྱེད་པས་སོ། །ཇི་ལྟར་ན། དེ་གསུམ་ཆོས་ཅན། འབྲས་བུ་ འབྱིན་པའི་ནུས་པའམ་འཕྲིན་ལས་ཁྱད་པར་བ་དང་ལྡན་ཏེ། ཕན་བདེ་སྐྱོབ་པ་སོགས་བཅུ་ གཅིག་བསྒྲུབ་པར་མཛད་པས་སོ། །ཞེས་པའི་ཚུལ་གྱིས་སོ། །དེས་ན་ཤེས་ཁྱད་བྱེད་པ་ཆོས་ 2-1-200 ཅན། དེ་གསུམ་གྱི་བྱེད་སྒྲུབ་གྱི་མཚན་ཉིད་ཡིན་ཏེ། རིམ་པ་བཞིན་དུ་དེའི་རྟོགས་པ་དང༌། ཁྱད་པར་འཕགས་པའི་ཆ་དང༌། དེའི་མཛད་པ་མཚོན་པར་བྱེད་པས་སོ། ། གཉིས་པ་ནི། དེར་མ་ཟད་ (དག་ལྡན་དངོས་)མཚོན་པར་བྱ་བ་གང་ཡིན་པ་དེ་ཡང་མཚན་ ཉིད་དེ་ལས་སུ་སྒྲུབ་པའོ། །(དངོས། ) དེ་ཡང་ (ཀུན་དངོས་)ངོ་བོ་ཉིད་ཅེས་བྱ་བ་སྟེ་མཚན་ཉིད་ བཞིའོ་ཞེས་དག་ལྡན་ནོ། །ངོ་བོ་ཉིད་མཚན་ (དངོས་)ཆོས་ཅན། མཁྱེན་གསུམ་མམ་དེའི་སྦྱོར་ བའི་མཚན་ཉིད་ཡིན་ཏེ། དེའི་ཐུན་མོང་མིན་པའི་རང་བཞིན་གྱི་ཆོས་ཡིན་པས་སོ། །སྔ་མ་ གསུམ་ལའང་ཚུལ་དེ་སྦྱར་རོ། །དེ་ཡང་ཉོན་མོངས་རྟགས་སོགས་ཀྱིས་དབེན་པ་སོགས་བཅུ་ དྲུག་ཆོས་ཅན། དེ་གསུམ་གྱི་ངོ་བོ་ཉིད་མཚན་ཡིན་ཏེ། དེའི་རང་བཞིན་བྱེད་སྒྲུབ་ཀྱིས་ཐུན་ མོང་མིན་པར་མཚོན་པར་བྱ་བའི་གཞིར་མཚོན་པར་བྱེད་པས་སོ། །ཇི་ལྟར་ན། དེ་གསུམ་ གྱི་སྦྱོར་བ་ཆོས་ཅན། སྦྱོར་བའི་ངོ་བོ་ཉིད་དང་ལྡན་ཏེ། དབེན་པ་བཞི་ལ་སོགས་པའི་ངོ་བོ་ ཉིད་བཅུ་དྲུག་ཅན་ཡིན་པས་སོ། །ཞེས་པའི་ཚུལ་གྱིས་སོ། །ཆོས་བཤེས་སོགས་ཀྱི་དགོངས་ པའོ། །སྙིང་མཆོག་བུདྡྷ་ཤྲཱི་དང་འབྲེ་ཨར་སོགས་དང་རྗེ་བུ་རིན་སོགས་ལྟར་ན། ཤེས་མཚན་ སངས་རྒྱས་ས་ཁོ་ན་ལ་སྦྱོར་བས། (སངས་རྒྱས་ཁོ་ནར་མི་འཐད་ཅིང་སངས་རྒྱས་ལ་ཡང་ཡོད་པ་འཐད་དོ། ། ) ཤེས་པ་ཞེ་བརྒྱད་ཆོས་ཅན། མཁྱེན་གསུམ་སྦྱོར་བའི་མཚན་ཉིད་ཡིན་ཏེ། དེ་ཁྱོད་བསྐྱེད་བྱེད་ དུ་མཚོན་པར་བྱེད་པས་སོ། །དེའི་རྒྱུ་མཚན་ནི་ཁྱོད་དེའི་འབྲས་བུར་གོ་བར་བྱེད་པས་སོ། །ཇི་ ལྟར་ན། ཆོས་ཅན། དེའི་འབྲས་བུའི་ཐ་སྙད་བྱར་རུང་སྟེ། དེས་ཕན་བཏགས་ནས་དེའི་རྗེས་ སུ་འགྲོ་ལྡོག་བྱེད་པས་སོ། །ཞེས་པས་ཏེ་སངས་རྒྱས་ས་ན་ཤེས་པ་དེ་དག་ཡོད་པར་མཐོང་ བ་ན་རྒྱུ་མེད་དུ་མི་འབྱུང་བས་རྒྱུ་མཁྱེན་གསུམ་སྦྱོར་བ་ལས་སྐྱེ་བར་ཤེས་པའོ། །བྱེད་མཚན་ ལའང་ཚུལ་དེ་ལྟར་བཞེད་དོ། །འོན་ཀྱང་ཁོ་བོས་བཤད་པ་དང་ཚུལ་གཉིས་ཀ་ཤེས་དགོས་ སོ། །འགྲེལ་པ་ལ། མཁྱེན་གསུམ་མམ་དེའི་སྦྱོར་བའི་མཚན་ཉིད་ནི་རྣམ་པ་བཞིར་ཤེས་པར་ 2-1-201 བྱའོ། །བཞི་གང་ན། བྱེད་སྒྲུབ་གསུམ་དང༌། ལས་སྒྲུབ་ཀྱི་མཚན་ཉིད་གཅིག་ལས། དང་པོ་ ནི། ཤེས་པ་དང་ཁྱད་པར་དང་བྱེད་པ་ཆོས་ཅན། དེ་གསུམ་གྱི་བྱེད་པར་སྒྲུབ་པའི་མཚན་ ཉིད་ཡིན་ཏེ། འདིས་གསུམ་གྱི་སྦྱོར་བ་རྣམས་རིམ་བཞིན་རྟོགས་པ་ཁྱད་པར་བ། ཁྱད་པར་ འཕགས་པ། མཛད་པ་ཁྱད་པར་བ་ཅན་དུ་མཚོན་པར་བྱེད་པས་སོ། །ཚུལ་ཇི་ལྟར་ན་སྔར་ བཤད་ལྟར་རོ། །དེ་ཡང་ལས་སུ་བྱ་བ་དེ་མཚོན་པར་བྱེད་པས་བྱེད་སྒྲུབ་ཀྱི་མཚན་ཉིད་དོ། ། དག་ལྡན་ལས། འདིས་མཚོན་པར་བྱེད་པས་ན་ཞེས་བྱ་བ་བྱེད་པར་སྒྲུབ་པའི་མཚན་ཉིད་ གསུམ་ཞེས་སོ། ། གཉིས་པ་ནི། ཡང་ལས་སུ་སྟེ་བྱ་བའི་ཡུལ་དུ་བསྒྲུབ་པར་བྱ་བ་ཡིན་པས་གསུམ་པོ་དེ་ རྣམས་བྱེད་སྒྲུབ་ཀྱིས་མཚོན་པར་བྱ་བ་ཡིན་པས་ངོ་བོ་ཉིད་ཀྱི་མཚན་ཉིད་དེ་བཞིའོ། །ངོ་བོ་ ཉིད་མཚན་ཆོས་ཅན། ལས་སུ་བསྒྲུབ་པའི་མཚན་ཉིད་ཡིན་ཏེ། གསུམ་པོ་དེ་རྣམས་བྱེད་སྒྲུབ་ ཀྱི་མཚན་ཉིད་ཀྱིས་མཚོན་བྱར་མཚོན་པར་བྱེད་པས་སོ། །མཚོན་པར་བྱེད་པ་དང་རྣམ་པར་ འཇོག་པར་བྱེད་ཅེས་པ་ནི། ཤེས་ཤིང་གོ་བར་བྱེད་པ་ལ་མིང་བརྟགས་པ་ཡིན་ལ་གོ་བར་ བྱེད་ཚུལ་སྔར་བཞིན་མི་འདྲ་བ་མང་བས་མཚན་ཉིད་ལ་ཚུལ་མང་བོ་ཡོད་པ་ཡིན་ནོ། །ཞེས་ སོ། །གཞན་རྩ་བ་བཞིན་འདིར་ཡང་ཤེས་པར་བྱའོ། །(ཁ་ཆེ་གཞོན་ནུ་དཔལ་གྱིས། དེ་ལ་ཤེས་པའི་མཚན་ ཉིད་ནི་ཕྱོགས་ཆོས། བྱེད་པའི་མཚན་ཉིད་ནི་མཐུན་པའི་ཕྱོགས་ལ་ཡོད་པའི་ཚུལ། ཁྱད་པར་གྱི་མཚན་ཉིད་ནི་མི་མཐུན་ཕྱོགས་ ལས་ལྡོག་པའི་ཚུལ། ངོ་བོ་ཉིད་ནི་རྟགས་ཀྱིས་མཚོན་པར་བྱ་བའོ། །དེ་ལ་རང་གི་རྒྱུད་ལ་གཏན་ལ་འབེབས་པར་བྱེད་པའི་ཚེ་ནི་ མཁྱེན་པ་གསུམ་ཆོས་ཅན་ནོ། ། གཞན་གྱི་རྒྱུད་ལ་གཏན་ལ་འབེབས་པར་བྱེད་པའི་ཚེ་ནི་སྐྱེས་བུ་ཆོས་ཅན་ནོ། །ཞེས་སོ། །འབྲོམ་ ནི། རྣལ་འབྱོར་པ་བདག་གི་རྒྱུད་ཆོས་ཅན་དུ་བྱས་ནས་མཉམ་བཞག་ན་མཁྱེན་གསུམ་གྱི་སྦྱོར་བ་བསྒོམས་ཤིང་རྒྱུད་ལ་སྐྱེས་པ་ ཡིན་ཏེ། རྗེས་ཀྱི་དུས་ན་ཤེས་པ་དང་བྱེད་པའི་མཚན་ཉིད་དམིགས་པའི་ཕྱིར་ཞེས་པ་འབྲས་རྟགས་དང༌། ཁྱད་མཚན་ཕལ་ཆེར་ འདྲ། བྱང་སེའི་གཞི་ཤེས་ཀྱི་སྦྱོར་བ་ཆོས་ཅན། དབེན་པ་བཞིའི་ངོ་བོ་ཉིད་ཡིན་ཏེ། གཞི་ཤེས་ཀྱི་བྱེད་པ་གསུམ་དང་ལྡན་པའི་ 2-1-202 ཕྱིར། དེ་བཞིན་དུ་ལམ་ཤེས་རྣམ་མཁྱེན་ལ་ཡང་སྟེ། རང་བཞིན་རྟགས་སོ། །ཞེས་སོ། །འབྲེ་ལ་སོགས་པ། ཤེས་བྱེད་སྐྱེད་བྱེད་ དུ་མཚོན་ཞེས་སོགས་ལུང་སྙེར་བཟང་བའི་ཕྱོགས་སྔ་བཀོད་པ་ལྟར་གསུང་ངོ༌། ། ) མཁས་པའི་དབང་བོ་བཅོས་རལ་ དང་དཔང་ལོ་ཙཱ་བ་ནི། མཚན་མཚོན་གཞི་གསུམ་བྱ་བ་མི་འཐད་དེ། རྒྱ་གར་མཁས་པས་ མཚོན་བྱ་མཚན་གཞི་གཅིག་ཏུ་བཤད་པ་དང༌། (དཔང་)སྐད་དོད་གཅིག་པ་དང་དོན་འདྲ་བས་ སོ་གསུང་ངོ༌། །མ་ཁྱབ་ཁྱབ་ཆེ་མི་སྲིད་གསུམ་དང་བྲལ་བའི་མཚན་ཉིད་ཀྱི་དབང་དུ་བྱས་ན་ གསུམ་དུ་རིགས་ཏེ་སྐད་ཅིག་མ་དེ་བུམ་པའི་སྐྱོན་གསུམ་བྲལ་གྱི་མཚན་ཉིད་མིན་པས་སོ། ། སྤྱིར་མད་པར་སྣང་ངོ༌། ། གཉིས་པ་རྒྱས་བཤད་ལ་བཞི་སྟེ། ཤེས། ཁྱད། བྱེད་པ། ངོ་བོ་ཉིད་མཚན་ནོ། །དང་པོ་ ལ། གསུམ་གྱི་ཤེས་མཚན་གསུམ་མོ། །དང་པོ་ལ། སྔ་འགྲེལ་ནི། མཚན་ཉིད་བཞི་ཡོད་པ་དེ་ ལ་དང་པོ་ཤེས་པའི་མཚན་ཉིད་ལའང་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་དབྱེ་བས་ཐ་དད་ པ་གསུམ་ཡོད་པ་ལས། རེ་ཤིག་ཐོག་མར་ཐམས་ཅད་ཤེས་པ་ཉིད་ཀྱི་སྒོ་ནས་ཤེས་མཚན་ སྟོན་ནོ། །རྩ་བ་ལ། བསྡུས་པ་ཡིན་ཞེས་དྲང་ངོ༌། །གང་ན། ཤེས་པའི་མཚན་ཉིད་དང་པོ་བཅུ་ དྲུག་གོ །གང་གིས་ན། གཞི་ཐམས་ཅད་ཤེས་པ་ཉིད་ཀྱི་སྐབས་ཀྱིས་སོ། །བཅུ་དྲུག་པོ་གང་ན། བར་ན་ཡོད་པའི་ཚིག རྣམ་པར་ཤེས། ཞེས་པ་ (དག་སྙིང་ཟླ་རད་ཀིར། )ཞེས་པ་བདུན་པའི་མཐའ་ ཅན་ཡིན་པས་ཐམས་ཅད་དུ་སྦྱར་རོ། །གཞན་འགྲེལ་པ་དང་ལྷན་ཅིག་ཏུ་བཤད་ན། ཡུམ་ ཤེར་ཕྱིན་ལས་དེ་བཞིན་གཤེགས་པ་འཇིག་རྟེན་དུ་འབྱུང་བར་རྟོགས་པའི་བྱང་སེའི་རྟོགས་ པ་ཆོས་ཅན། བྱང་སེའི་གཞི་ཤེས་ཀྱི་ཤེས་མཚན་ཡིན་ཏེ། དེའི་རྟོག་པའི་ཁྱད་པར་མཚོན་ བྱེད་ཡིན་པས་སོ། །དེ་ཡིན་ཏེ། དེས་རྒྱལ་བའི་ཡུམ་གྱི་ཆེ་བའི་ཡོན་ཏན་ཇི་བཞིན་རྟོགས་པར་ མཚོན་བྱེད་ཡིན་པས་སོ། །ཇི་ལྟར་ན། བྱང་སེའི་གཞི་ཤེས་ཆོས་ཅན། ཤེས་པའམ། རྟོགས་ པ་ཁྱད་པར་བ་དང་ལྡན་ཏེ། རྒྱལ་ཡུམ་འདི་དེ་པའི་སྟོབས་བཅུ་ (མདོ་དོན་)སོགས་བསྐྱེད་པས་དེ་ 2-1-203 པ་བསྐྱེད་པར་བྱེད་པའོ་ (ཆོས་བཤེས་)ཞེས་རྟོགས་པས་སོ། །ཞེས་ (འབུམ་ཊཱིཀ་)པའི་ཚུལ་གྱིས་སོ། ། སྔ་མ་རྣམས་ཀྱི་ལུགས་ཡང་སྔར་བཤད་ལྟར་འདོན་པ་བསྒྱུར་ཞིང་དགོད་དོ། །ཡུམ་འདི་ནི་ དེ་པ་བསྐྱེད་པའོ། །ཞེས་སོགས་སོ། །ཡུམ་ཤེར་ཕྱིན་རྒྱུར་ཡོད་པ་ལས་དེ་པས། ཕུང་བོ་ལྔའི་ འཇིག་རྟེན་དོན་དམ་པར་མེད་པས་དོན་དམ་པར་འཇིག་པ་མེད་པར་རྟོགས་ཞེས་སོགས་ཏེ། (མདོར། དེ་པས་ཕུང་བོ་ལྔ་འཇིག་རྟེན་དུ་གསུངས་སོ། །ཞེས་སོ། །འབུམ་ཊཱིཀ་ཏུ། འཇིག་རྟེན་པའི་རང་བཞིན་ལ་རྟེན་ཅིང་གནས་ པས་འཇིག་རྟེན་ཞེས་བྱ། ) འདི་རྣམས་མདོ་གསལ་ལོ། །(མདོར་འཇིག་པ་དང་རབ་ཏུ་འཇིག་པས་འཇིག་རྟེན་ཞེས་ པ་ལ། སྙིང་མཆོག་ཏུ། སྐད་ཅིག་མ་ཡིན་པའི་ཕྱིར། འཇིག་པ་དང་རབ་ཏུ་འཇིག་པ་ནི་རྒྱུ་འགགས་པའོ། །ཞེས་སོ། །རིམ་བཞིན་ ཆུད་ཟ་བ་དང་མ་རུང་བར་འགྱུར་བའོ། །ཞེས་གནོད་འཇོམས། ) རྒྱུར་ཡོད་པ་ལས་རེ་རེར་སྦྱར་ཏེ། དོན་དམ་ པར་མི་དམིགས་པའི་ཚུལ་གྱིས་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་སྟོང་ཕྲག་བརྒྱད་ ཅུའམ་གྲངས་མེད་པ་དང༌། མདོར་སེམས་དང་སྤྱོད་པ་ཞེས་སོ། །(འབུམ་ཊཱིཀ) སེམས་ཀྱི་སྤྱོད་ པ་ལ་ཞུགས་ཞེས་བྱ་བ་ནི་སེམས་ཅན་འདོད་ཆགས་སྤྱོད་པ་ལ་སོགས་པ་མང་བོ་ཁོང་དུ་ཆུད་ པ་ཞེས་བློ་གྲོས་མི་ཟད་པའི་མདོ་འགྲེལ་ (དབྱིག་གཉེན་)ལོ། །སེམས་དེ་ནང་དུ་དམིགས་པ་ལ་ བསྡུས་པ་དང༌། སེམས་ཕྱིར་ (ཏིང་ངེ་འཛིན་ལ་སྦྱོར་བ་ནི་བསྡུས་པ་དང་སྤྲོས་པའོ། །ཞེས་ (ས་བཅུ་པའི་)དབྱིག་གཉེན་ ནོ། ། )བལྟས་ཏེ་རྣམ་པར་གཡེང་བ་དང༌། ཡང་ན། ཡང་དག་དང་ལོག་པ་ལ་གསེར་རོ། །བསྡུས་ གཡེང་གི་སེམས་འདོད་ཆགས་ཟད་པས་ (མཛོད་)འདོད་ཆགས་དང་བྲལ་བ། དེ་ལས་གཞན་ པའི་ཉོན་མོངས་ (མཛོད་)ཞེ་སྡང་སོགས་སྤངས་པས་སྤོང་བ་དེ་གཉིས་ཀྱི་གཞི་ཕུང་བོ་སྤངས་ པས་ (མཛོད་)འགོག་པའི་ཁམས་རྣམས་ཀྱིས་ (ཨཱརྱ་)མི་ཟད་པའི་རྣམ་པ་དང༌། ཡང་ན་མཐོང་ སྤང་སྒོམ་སྤང་ཕུང་བོ་འགོག་པ་ལ་རིམ་བཞིན་སྤོང་བ་འདོད་ཆགས་དང་བྲལ་བ་འགོག་ པའི་དབྱིངས་སུ་སའི་དངོས་གཞིར་རོ། །(ཀ་ཤིས་ཉོན་མོངས་པ་སྤངས་པའི་དངོས་པོ་འགོག་པ་ནི་འགོག་པའི་ དབྱིངས་ཞེས་བདུན་བརྒྱ་བའི་འགྲེལ་པར་ཏེ་གྲངས་སོ། ། )དོན་དམ་པར་མ་དམིགས་པའི་ཚུལ་གྱིས་སེམས་ 2-1-204 འདོད་ཆགས་དང་བཅས་པ་དང་སོགས་པས་ཞེ་སྡང་སོགས་དང༌། རྩ་བར་སོགས་པ་ཞེས་ བྱ་བའི་སྒྲས་བསྡུས་པ་སེམས་འདོད་ཆགས་དང་བྲལ་བ་སོགས་དང༌། སེམས་རྒྱ་ཆེན་པོ་ནི། དམིགས་པ་ལ་སོགས་པ་རྒྱ་ཆེ་བའམ་དགེ་བའི་སེམས་སམ་ (ཞི་བ་འབྱུང་གནས་)འདོད་ཁམས་ ལ་དམིགས་པའམ་ (སྙིང་ཟླ་)ཆོས་ཉིད་ཀྱིས་ (གསེར་)ཐམས་ཅད་ལ་ཁྱབ་ཅིང་ཐམས་ (གསེར་)ཅད་ འཇལ་བས་དང༌། ཆེན་པོར་གྱུར་པ་གཟུགས་ཁམས་ལ་དམིགས་པ་སྟེ། (ཟླ་སྙིང་གསེར་)འདོད་ པ་བས་གཟུགས་ཁྱད་པར་དུ་འཕགས་པས་སོ། །སེམས་ཚད་མེད་པ་ནི་གཟུགས་མེད་ཀྱི་ སེམས་ཞེས་དབྱིག་གཉེན་ནོ། །(ས་བཅུ་པའི་འགྲེལ་པར། མི་རྣམས་ཀྱི་ཆུང་ (མདོ་)བའོ། །འདོད་པ་ན་སྤྱོད་པ་རྣམས་ ཀྱི་སྤངས་བའོ། །(མདོ་)གཟུགས་ན་སྤྱོད་པའི་ལྷ་རྣམས་ཀྱིས་ནི་རྒྱ་ཆེན་ (མདོ་)པོར་གྱུར་པའོ། །གཟུགས་མེད་པ་གཉིས་ནི་ཚད་ མེད་པ་ཞེས་སོ། ། )ཡང་ན་ཁམས་གསུམ་གྱི་སེམས་ལ་སྦྱར་ཡང་རུང་ངོ༌། །རྣམ་ཤེས་སམ་སེམས་ མིག་གི་དབང་བོ་ལ་སོགས་པའི་སྤྱོད་ཡུལ་མིན་པས་སམ་དོན་དམ་པར་རང་གི་མཚན་ཉིད་ ཀྱིས་སྟོང་པས་ (ཨཱརྱ་མདོ་དོན། )བསྟན་དུ་མེད་པ་དང༌། སེམས་དོན་དམ་པར་དེ་པའི་སྤྱན་ (མདོ་ ) ལྔ་ལའང་ལྟར་མེད་པ་དང༌། ཤེས་པའམ་སེམས་དེ་གཡོ་བ་སྒྲུབ་ (ཨཱརྱ་)པའི་སྒོ་ནས་འཇུག་ པ། སོགས་པ་བཅུམ་པ་དང་འདུ་བ་ནི་དགག་སྒོ་ནས་འཇུག་པ། བཀྲམ་པ་ནི་གཉིས་ཀའི་སྒོ་ ནས་ཏེ། བདག་དང་འཇིག་རྟེན་རྟག་མི་རྟག་གཉིས་ཀ་གཉིས་ཀ་མིན་པར་འདོད་པ་སྔོན་གྱི་ མཐའ་ལ་བརྟེན་པ་བཞི། བདག་དང་འཇིག་རྟེན་མཐའ་དང་མི་ལྡན་ལྡན་གཉིས་ཡིན་གཉིས་ མིན་དུ་འདོད་པ་ཕྱི་མའི་མཐའ་ལ་བརྟེན་པ་བཞི། དེ་པ་གྲོངས་ནས་འབྱུང་མི་འབྱུང་གཉིས་ཀ་ གཉིས་མིན་ཏུ་ལྟ་བ་མྱང་འདས་ལ་བརྟེན་པ་བཞི་སྟེ། དང་པོ་རྣམས་ (ཟླ་ཟེར་དངོས་)གྲངས་ཅན་ གྱི་ལྟ་བ་གཡོ་བ། (མདོ། ) གཉིས་པ་རྣམས་རྒྱང་འཕེན་ (མདོ་)གྱི་ལྟ་བ་འདུ་བ་ (མདོ་)གསུམ་པ་ རྣམས་གཅེར་ (མདོ་)བུ་པའི་ལྟ་བ་བཀྲམ་པ། (མདོ་)བཞི་པ་རྣམས་གནས་མ་ (མདོ་)བུ་པའི་ལྟ་བ་ བཅུམ་པའོ། །(མདོ་)ཡང་ལུས་སྲོག་ལ་བརྟེན་པ་གཉིས་ཏེ། ལུས་དེ་ཉིད་སྲོག་དེའོ། །སྲོག་ཀྱང་ 2-1-205 གཞན་ལ་ལུས་ཀྱང་གཞན་ནོ། །ཞེས་པ་སྟེ། དང་པོ་གཅེར་ (མདོ་)བུ་པ་སྟེ། ཁྱད་པར་འཕགས་ པའི་བསྟོད་པར། གཅེར་བུ་ལུས་ཀྱི་ཚད་བཞིན་དུ། །སྲོག་ནི་ཞུམ་དང་རྒྱས་པར་སྨྲ། །ཞེས་ སོ། །རིག་བྱེད་མཐའ་པའང་འདོད་དེ། འདི་ཐམས་ཅད་ནི་བདག་པོ་ཞེས་འདོད་པར་རྒྱལ་བ་ ཅན་དང་ཡ་མ་རིས་བཤད་དོ། །གཉིས་པ་གྲངས་ཅན་ཏེ་སྲོག་གམ་བདག་ཤེས་པ་དང་ལུས་ སྲོག་ཐམས་ཅད་བེམ་པོར་འདོད་པས་སོ། །དེ་རྣམས་གྲངས་ཅན་སོགས་རྣམས་ཀྱིས་སྟོན་པ་ ལ་ཞུས་པ་ན་ཐམས་ཅད་བདག་ལས་བརྩམས་ཏེ་འདྲི་བར་མཁྱེན་ནས་གཞི་མ་གྲུབ་ལ་ཁྱད་ ཆོས་མི་འཐད་དོ་ཞེས་དགོངས་ནས་ལུང་མ་བསྟན་པས་ལུང་མ་བསྟན་གྱི་ལྟ་བ་ཞེས་ཟེར་ཏེ་ བཅུ་བཞིའོ། །རིན་ཆེན་ཕྲེང་བར། འཇིག་རྟེན་མཐའ་དང་ལྡན་ནམ་ཞེས། །ཞུས་ན་རྒྱལ་བ་མི་ གསུང་ཞུགས། །ཞེས་སོགས་སོ། །སེམས་ (ནི་སྒྲུབ་པ་སྟེ་ཡོད་ཅེས་བྱའོ། ། )གཡོ་བ་ (ནི་རྟག་པར་བལྟ་བའོ། ། ) དང་འདུ་བ་ (ནི་དགག་པས་ཏེ་མེད་ཅེས་བྱའོ། །ནི་ཆད་པར་ལྟ་བའོ། ། )དང་བཀྲམ་ (ནི་གཉིས་ཀ་སྟེ་ཡོད་ཀྱང་ཡོད་ལ་ མེད་ཀྱང་མེད་ཅེས་སོ། ། )པ་ (ནི་སྒྲོ་འདོགས་པའོ། ། )དང་བཅུམ་ (ནི་སྐུར་བ་འདེབས་པའོ། །ཞེས་འབུམ་ཊཱིཀ་འཇོམས་སོ། ། ) པ་ (ནི་གཉིས་ཀ་འགག་པ་སྟེ་ཡོད་པའང་མིན་མེད་པའང་མིན་ཞེས་བྱའོ་ཞེས་དག་ལྡན་ཟླ་ཟེར་རོ། ། )ཡང་དག་པ་ཇི་ལྟ་བ་ བཞིན་ཏུ་རབ་ཏུ་མཁྱེན་ཏོ། །ཞེས་སོགས་སོ། །སོགས་ཁོངས་སུ་འཇིག་ཚོགས་ལྟ་རི་ཉི་ཤུ་དང་ ལྟ་ངན་དྲུག་ཅུ་རྩ་གཉིས་སོགས་གཟུང་ངོ༌། །ཉི་ཤུ་གང་ན། གཟུགས་ (ངོ་བོར་འཛིན་)བདག་ཡིན། གཟུག་ལ་བདག་ (ཐ་དད་ལྡན་པར་ལྟ་)གནས། བདག་གཟུགས་ཡིན། བདག་ལ་གཟུགས་གནས་ པར་ལྟ་བ་བཞི་སྟེ་ཚོར་སོགས་བཞི་ལའང་དེ་ལྟར་སྦྱར་བས་ཉི་ཤུའོ། །གཉིས་པ་ནི། ཉི་ཤུ་ བོ་དུས་གསུམ་ལ་སྦྱར་བས་དྲུག་ཅུ་དང་ལོག་ལྟ་མཐར་འཛིན་གཉིས་བསྣན་པས་རེ་གཉིས་ ཏེ། དེ་གཉིས་ཚེ་སྔ་ཕྱི་དང་ལས་ལེགས་ཉེས་ཀྱི་འབྲས་བུ་སྐྱིད་སྡུག་ཡོད་པར་མི་ལྟ་བས་དུས་ གསུམ་དང་མི་སྦྱོར་ (འབུམ་ཊཱིཀ་)གསུང་སྟེ་བརྟག་དགོས་སོ། །མདོ་ཚངས་པའི་དྲ་བ་དང་ས་ སྡེའི་རྟོག་དཔྱོད་ཀྱིས། དེའི་བསྡུ་བ་དང༌། རྟོག་གེ་འབར་བ་སོགས་སུ་བཤད་པ་ལྟར་སྔོན་གྱི་ 2-1-206 མཐའ་ལ་རྟོགས་པ་བཅོ་བརྒྱད། ཕྱི་མའི་མཐའ་ལ་རྟོག་པ་བཞི་བཅུ་རྩ་བཞི་སྟེ་དང་པོ་ལ་ལྔ་ ཡོད་དེ། རྟག་དང་ཁ་ཅིག་རྒྱུ་ (རྟག་དང་)མེད་དང༌། །མཐའ་ལྡན་ནང་གི་རྣམ་གཡེང་ཅན་ནོ། །གཉིས་ པ་ལ། འདུ་ཤེས་ཡོད་དང་འདུ་ཤེས་མེད། །གཉིས་ཀ་མྱང་འདས་ཆད་སྨྲ་ལྔའོ། །རྒྱས་པར་ ཤེས་དགོས་སོ། །དེ་རྣམས་སྒྱུ་མ་ལྟ་བུའི་ཕུང་བོ་ལྔ་ལ་བརྟེན་ནས་སྐྱེའི་དེ་དག་གི་ཡུལ་ནི་མེད་ དོ་ཞེས་བྱ་བ་དང༌། སེམས་གཡོ་བ་སོགས་དང༌། དེ་ལས་གཞན་ཕུང་བོ་ལྔ་བོའི་དེ་བཞིན་ཉིད་ གཅིག་ཉིད་ཀྱིའམ་དེ་བཞིན་ཉིད་དེ་དོན་དམ་པར་སྤྲོས་པ་དང་བྲལ་བའི་རྣམ་པར་ཤེས་པ་ དང༌། ཐུབ་པ་དེ་པས་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཇི་བཞིན་རྟོགས་ཏེ་གཞན་ལ་བསྟན་ ཅིང་བརྡ་བཏགས་པ་ཞེས་བྱ་བ་འདི་རྣམས་རྟོགས་པ་ཉིད་ཀྱིས་ཤེས་པའི་རྣམ་པའི་བྱེ་བྲག་ སློབ་ལམ་བཅུ་དྲུག་གིས་ཡུམ་ཤེར་ཕྱིན་གྱིས་དེ་པའི་རྟོགས་པ་བཅུ་དྲུག་བསྐྱེད་པའི་ཚུལ་ བཞིན་དུ་བྱང་སེའི་ཐམས་ཅད་ཤེས་པ་ཉིད་ཀྱི་སྦྱོར་བ་རྣམས་ཀྱིས་ཀྱང་དེས་དེ་བསྐྱེད་དོ་ཞེས་ རྟོགས་པ་ཇི་ལྟ་བ་བཞིན་དུ་སྟེ་མ་ནོར་བར་མཚོན་པར་བྱེད་པས་ཤེས་པའི་མཚན་ཉིད་ཐམས་ ཅད་ཤེས་པ་ཉིད་ཀྱིས་བསྡུས་པ་བཅུ་དྲུག་ཡིན་ནོ། །(མདོར་ཉེར་གསུམ་གསུངས་ཤིང༌། སྙིང་ཟླར་ཉི་ཤུ་རྩ་ གསུམ་མོ། །ཞེས་སོ། ། ) ཡང་དེ་པའི་རྟོགས་པ་བཅུ་དྲུག་བསྐྱེད་པར་མཚོན་ཞེས་བུདྡྷ་ཤྲཱི་སོགས་ལྟར་ ཡང་ངོ༌། །ཤེས་མཚན་སངས་རྒྱས་ཁོ་ན་ལ་སྦྱོར་བ་ནོར་ཞིང་སངས་རྒྱས་ལ་ཡང་ཡོད་ལ་དེ་ དེས་བསྐྱེད་ཅེས་པ་ཨཱརྱ་སོགས་ཀྱི་དགོངས་པར་རུང་སྟེ། ཨཱརྱས། ལམ་ཤེས་པ་ཉིད་ཀྱི་ཤེས་ པ་རྣམ་པ་བཅུ་དྲུག་གིས་དེ་པ་བསྐྱེད་པའི་དབང་དུ་མཛད་ནས། སྟོང་ཉིད་སོགས་སྨོས། ཞེས་ དང༌། སྙིང་པོ་མཆོག་ཏུ། ཅི་སྦྱོར་བ་ནི་ལམ་ཤེས་པ་ཉིད་ལ་གསུམ་མེད་ཅིང་འབྲས་བུ་ནི་རྣམ་ པ་ཐམས་ཅད་མཁྱེན་པ་ཉིད་ལའང་གསུམ་མེད་དོ་ཞེ་ན། བདེན་ཏེ་རྒྱུ་དེ་འབྲས་བུ་བསྐྱེད་པ་ སྦྱོར་བའི་མཚན་ཉིད་ཡིན་མོད་ཐམས་ཅད་ཤེས་པའང་ཤེར་ཕྱིན་པར་བཏགས་པས་ན་འདིར་ ཡང་ཆོས་ཙམ་ལ་བཏགས་ནས་དེའི་ཐ་སྙད་དུ་གསུངས་པར་ཟད་དེ། དཔྱོད་པ་ཐོབ་པས་ 2-1-207 འཇུག་པར་མཚོན་པར་བྱེད་པའོ། །ཞེས་སོ། །འདིར་ཐམས་ཅད་ཤེས་པ་ཞེས་པ་མཚན་ཉིད་ པ་མིན་ཞེས་སོགས་ཀྱི་དོན་ཏོ། ། གཉིས་པ་ལ། སྔ་འགྲེལ་ནི། གཞི་ཤེས་ཀྱི་ཤེས་མཚན་བཤད་ཟིན་དེའི་འོག་ཏུ་ལམ་ ཤེས་པ་ཉིད་ཀྱི་སྒོ་ནས་ཤེས་མཚན་སྟོན་ནོ། །རྩ་བ་ལ། བཞེད་ཅེས་དྲང་ངོ༌། །གང་ན། ཤེས་ པའི་མཚན་ཉིད་བར་བ་བཅུ་དྲུག་གོ །གང་དུ་ན། ལམ་ཤེས་ཀྱིས་བསྡུས་པ་ཡིན་པར་རོ། ། ཡིན་པར་བཞེད་ཅེས་གྲོལ་སྡེ་གཉིས་འགྲེལ་ཆེན་འགྲེལ་ཆུང་དག་ལྡན་རད་ཀིར་དུ་འདོན་ ནོ། །བསྡུས་པ་ཡིན། ཞེས་ཟླ་སྙིང་གཉིས་སོ། །བཅུ་དྲུག་གང་ན། འགྲེལ་པ་དང་ལྷན་ཅིག་ བཤད་དེ། མངོན་སུམ་དུ་ཤེས་ཞེས་ཀུན་ལ་སྦྱར་ཏེ། བྱིས་པའི་སྤྱོད་ཡུལ་ཀུན་བརྟགས་པའི་ ཆོས་རྣམས་དང་བྲལ་བས་སམ། (གནོད་འཇོམས་སོགས། ) དོན་དམ་པར་ངོ་བོས་དབེན་པས་སྟོང་ པ་དང༌། རྟོག་པ་དང་སྤྲོས་པ་དང་མཚན་མ་ཐམས་ཅད་ (གནོད་འཇོམས་སོགས་)ཞི་བའམ་དོན་དམ་ པར་རྒྱུའི་མཚན་མ་མེད་པ་དང༌། རྣམ་རྟོག་གི་སྨོན་པ་ཐམས་ཅད་བཏང་བས་ཕྱི་མ་ལ་མི་སྨོན་ ཞིང་ཡང་མཚམས་མི་སྦྱོར་བས་སམ། (ཀུན་གནོད་འཇོམས་འབུམ་ཊཱིཀ་ཞི་འབྱུང༌། ) དོན་དམ་པར་འབྲས་ བུ་ལ་སྨོན་པ་མེད་པར་རྟོགས་པ་དང༌། དོན་དམ་པར་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པས་ (སྙིང་མཆོག་)སྐྱེ་བ་མེད་པ་དང༌། འགག་པ་མེད་པ་དང༌། སོགས་པ་ཞེས་བྱ་བའི་སྒྲས་བསྡུས་པ་ དོན་དམ་པར་ཆགས་སོགས་ཀུན་ནས་ཉོན་མོངས་པ་མེད་པ་དང༌། དད་སོགས་རྣམ་པར་བྱང་ བ་མེད་པ་དང༌། སྒྱུ་མ་ (གནོད་འཇོམས་སོགས། )སོགས་བཞིན་དུ་དོན་དམ་པར་དངོས་པོའི་ཆོས་ མེད་པ་དང༌། (གཟུང་འཛིན་ལ་སོགས་པའི་ཆོས་ཐམས་ཅད་ཟད་པས་དངོས་པོ་མེད་ཅེས་ཞི་འབྱུང༌། ) བདེན་པའི་ངོ་ བོ་ཉིད་མེད་པ་ཞེས་འབུམ་ཊཱིཀ་གོ །དོན་དམ་པར་གནས་པའི་རྟེན་མེད་པས་དོན་དམ་པར་ མི་གནས་པ་དང༌། དོན་དམ་པར་མཚན་ཉིད་ཐམས་ཅད་དང་བྲལ་བས། (གནོད་འཇོམས། )ནམ་ མཁའི་མཚན་ཉིད་དེ་དྲུག་དང༌། གསེར་ནི། ཐ་མ་གསུམ་རིམ་བཞིན། (བརྒྱད་སྟོང་པར་དང་པོ་གཉིས་ 2-1-208 སྣང༌། ) མྱང་འདས་དང་ཆོས་དབྱིངས་དང་དེ་བཞིན་ཉིད་ཀྱི་ཡེ་ཤེས་ལ་བཤད་དོ། །ཡུམ་ནི་ སྟོང་པ་ཉིད་ཀྱི་མཚན་ཉིད་དོ། །ཞེས་སོགས་ཚིག་ཇི་བཞིན་མདོར་ཡོད་དོ། །ཆོས་ཀུན་བདེན་ པས་སྟོང་པའི་ཆོས་ཉིད་ལྷ་དང་བདུད་ལ་སོགས་པས་དེ་མིན་དུ་རྣམ་པར་འཁྲུག་ཅིང་བསྒྱུར་ དུ་ (དངོས་པོ་ཡོད་པའམ་གཟུང་བ་དང་འཛིན་པའི་མཚན་ཉིད་ཅན་དུ་སུས་ཀྱང་བྱ་བར་མི་ནུས་སོ། །ཞེས་འབུམ་ཊཱིཀ་)མེད་ པ་དང༌། (དེ་མི་འགྱུར་བ་དང་ཕྱིན་ཅི་མ་ལོག་པར་ཡོངས་སུ་གྲུབ་པ་ཡོངས་སུ་གྲུབ་པ་ཡིན་པས་སོ། །ཞེས་གནོད་འཇོམས་ གཉིས། ) མཚན་ཉིད་དེ་དག་ནི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་གཞན་ དུ་བྱ་བར་ (རྒྱས་འབྲིང་)མི་ནུས་སོ། །ཞེས་སོགས་སོ། །ཆོས་ཉིད་གཟུགས་ནས་རྣམ་མཁྱེན་གྱི་ བར་གྱིས་མངོན་པར་འདུ་མི་བྱེད་དམ་མ་བྱས་པ་དང༌། མཚན་ཉིད་དེ་དག་ནི་གཟུགས་ཀྱིས་ འདུས་བྱས་པ་མ་ཡིན་ནོ། །ནས། རྣམ་མཁྱེན་བར་རོ། །ཆོས་ཉིད་དེ་ཟག་པ་ཡོད་མེད། འཇིག་ རྟེན་ལས་འདས་མ་འདས་འདུས་བྱས་མ་བྱས་སོགས་སུ་རྣམ་པར་མི་རྟོག་པ་སྟེ་བརྟག་བྱར་ མེད་པ་དང༌། མཚན་ཉིད་དེ་དག་ནི་མིའམ་མི་མ་ཡིན་པའམ་ཟག་པ་དང་བཅས་པ་དང་ཟག་ པ་མེད་པ་དང༌། ཞེས་སོགས་སོ། །(འདུམ་མ་བྱས་ཀྱི་མ་ཡིན་ཏེ། ) མཚན་ཉིད་མེད་པར་སངས་རྒྱས་ ནས་ (འཇོམས་)གཟུགས་སོགས་ (གནོད་འཇོམས་)ཀུན་རྫོབ་ (འཇོམས་)ཀྱི་མཚན་ཉིད་ཀྱི་རབ་ཏུ་དབྱེ་ བ་དང༌། གཟུགས་ཀྱི་མཚན་ཉིད་དང༌། ཞེས་སོགས་སོ། །གཟུགས་ཀྱི་མཚན་ཉིད་གཟུགས་ སུ་རུང་བ་ (མདོ་)ཚོར་བའི་མཚན་ཉིད་ཉམས་སུ་མྱོང་བ་སོགས་དང་ཕུང་བོའི་མཚན་ཉིད་སྡུག་ བསྔལ་ཁམས་ཀྱི་མཚན་ཉིད་སྦྲུལ་གདུག་པ་སོགས་ནས་རྣམ་མཁྱེན་གྱི་མཚན་ཉིད་ཆོས་ ཐམས་ཅད་མངོན་སུམ་དུ་མཁྱེན་པའི་བར་ (འབུམ་ཊཱིཀ་)དོན་དམ་པར་མེད་པའོ། །གཟུགས་ སུ་རུང་བའི་མཚན་ཉིད་དེ། ནས། རྣམ་མཁྱེན་གྱི་ཡེ་ཤེས་ཀྱི་མཚན་ཉིད་ནི་མངོན་སུམ་སྟེ་དེ་ དག་ནི་དེ་བས་མཚན་ཉིད་མེད་པར་མངོན་རྫོགས་རྒྱས། ཞེས་སོ། །འདི་རྣམས་མངོན་སུམ་ དུ་རྟོགས་པ་ཉིད་ཀྱི་ཤེས་པའི་རྣམ་པའི་ཁྱད་པར་བཅུ་དྲུག་གིས་ལམ་ཤེས་པ་ཉིད་ཀྱི་སྦྱོར་བ་ 2-1-209 དག་ཇི་ལྟ་བ་བཞིན་དུ་སྟེ་མ་ནོར་བར་མཚོན་པར་བྱེད་པས་ན་ཤེས་པའི་མཚན་ཉིད་དེ་ལམ་ ཤེས་པ་ཉིད་ཀྱིས་བསྡུས་པ་བཅུ་དྲུག་ཡིན་ནོ། །དག་སྙིང་ཟླར་དགུར་བཤད་དོ། ། གསུམ་པ་ལ། མཚམས་སྦྱར་ནི། ལམ་ཤེས་ཀྱི་ཤེས་མཚན་བཤད་པ་དེའི་འོག་ཏུ་རྣམ་ མཁྱེན་ཉིད་ཀྱི་སྒོ་ནས། ཤེས་མཚན་སྟོན་ནོ། །རྩ་འགྲེལ་ལྷན་ཅིག་སྟེ། དེ་པ་དེ་ནི་ཉིད་ཀྱི་ ཆོས་ཡུམ་ཤེར་ཕྱིན་རྒྱུར་ཡོད་པ་ལ་བརྟེན་ནས་མཐོང་ཆོས་ལ་བདེ་བར་གནས་སོ་ཞེས་ རྟོགས་པའི་སློབ་ལམ་གྱི་རྟོགས་པ་རྣམ་མཁྱེན་གྱི་སྦྱོར་བའི་ཤེས་མཚན་ནོ། །དེ་ལྟར་རྟོགས་ པ་མཐར་ཐུག་རྣམ་མཁྱེན་གྱི་ཤེས་མཚན་ནོ། །ཞེས་སོགས་ཀུན་ལ་སྦྱར་ཞིང་ཚུལ་དེ་ལམ་ ཤེས་ཀྱི་ཤེས་མཚན་ལའོ། །སངས་རྒྱས་ནི་འདི་ལྟ་སྟེ། ཤེར་པའི་ཆོས་འདི་ལ་བརྟེན་ཅིང་ གནས་སོ། །ཞེས་སོགས་སོ། །ཉིད་ཀྱི་ཆོས་རྣམ་མཁྱེན་ཞེས་བུདྡྷ་ཤྲཱིའོ། །ཉིད། ཆོས་གཉིས་ མེད་ཡེ་ཤེས་ལ་བརྟེན་ནས་སྤྱོད་ལམ་བཞིས་གནས་ཞེས་གསེར་རོ། །ཡུམ་འདི་དེ་པ་བསྐྱེད་ ཅིང་འཇིག་རྟེན་སྟོན་པ་ཡིན་པས་བྱས་པ་དྲིན་དུ་བཟོ་ཞིང་ལན་བླན་པའི་ཕྱིར་ (ཀུན་འབུམ་ཊཱིཀ་) སྒོ་གསུམ་གྱིས་སམ་ཡོན་ཏན་དང་ལྡན་པར་གཟུང་བ་གུས་པར་བྱ་བ་སྟེ་བྱེད་པ་དང༌། ཡུམ་ ཡོན་ཏན་གྱིས་ལྕི་བའི་བླ་མ་ཉིད་དུའམ་གོང་མར་བྱ་བའམ་བྱེད་པ་དང༌། བསྙེན་བཀུར་གྱིས་ མཉེས་ཤིང་དགྱེས་པར་བྱ་བ་སྟེ་བྱེད་པ་དང༌། ཡུམ་དེ་ལ་མེ་ཏོག་ལ་སོགས་པས་མཆོད་པར་ བྱེད་པ་དང༌། ཆོས་ལ་རིམ་གྲོར་མཛད། བཀུར་སྟིར་མཛད་སྟི་སྟང་ (ཕུ་དུད་ཅེས་པའང་ཡོད་)མཛད་ མཆོད་པར་མཛད་དོ། །ཞེས་སོ། །ཡུམ་ལ་བརྟེན་ནས་ཆོས་ཐམས་ཅད་དོན་དམ་པར་བྱེད་ པ་པོ་མེད་པས་མ་བྱས་པར་དང༌། བྱེད་པ་པོ་མེད་པའི་ཕྱིར་མ་བྱས་པ་ཞེས་བྱ་བར་མངོན་ རྫོགས་རྒྱས་སོ། །ཞེས་སོ། །ཡུམ་ལ་བརྟེན་ནས་ཤེས་བྱ་ཀུན་ཏུའམ་ཐམས་ཅད་དུ། ཡེ་ཤེས་ འཇུག་པར་མཁྱེན་པ་དང་མཁྱེན་པ་འཇུག་པར་དང༌། (བྱེད་མེད་མཁྱེན་པའི་)ཡེ་ཤེས་ (འབུམ་ཊཱིཀ་ )བྱས་ (འབུམ་ཊཱིཀ་)པ་མེད་པ་ཆོས་ཐམས་ཅད་ལ་འཇུག་པ་མེད་པའི་བརྡས་འཇུག་སྟེ། ཞེས་ 2-1-210 སོགས་སོ། །ཡུམ་ཉིད་དེ་པ་ལ་གཟུགས་ནས་རྣམ་མཁྱེན་གྱི་བར་ལ་མཚན་མ་ཅིར་ (འབུམ་ཊཱིཀ་ )ཡང་མ་མཐོང་བའི་ཡེ་ཤེས་ཉིད་དོན་དམ་པ་མཐོང་བའོ་ཞེས་སྟོན་པར་མཛད་པ་ (ཤེར་པ་འདིས་ སངས་རྒྱས་ལ་ཆོས་འགའ་ཡང་མཐོང་བྱར་མེད་པའི་ཆོས་སྟོན་ཞེས་བུདྡྷ་ཤྲཱི། ནམ་གཟུགས་ལ་དམིགས་པའི་རྣམ་པར་ཤེས་པ་ མི་འབྱུང་བ་དེའི་ཚེ་གཟུགས་མཐོང་བ་མེད་པའི་ཕྱིར་སྟོན་ཞེས་སོགས་སོ། ། )དང༌། གཟུགས་མཐོང་བ་མེད་པའི་ ཕྱིར་སྟོན་པའོ། །ནས། རྣམ་མཁྱེན་བར་རོ། །ཡུམ་ཉིད་དེ་པ་ལ་ཕུང་བོ་ལྔ་སོགས་རྣམ་མཁྱེན་ བར་དོན་དམ་པར་སྟོང་པ་ཉིད་ཀྱི་རྣམ་པར་འཇིག་རྟེན་དུ་སྟོན་པར་མཛད་པ་དང༌། (འཇིག་རྟེན་དུ་ སྟོང་པ། ཞེས་བརྗོད་དེ་འཇིག་རྟེན་དུ་ཅིས་སྟོང་པ་ཞེས་བརྗོད་ཅེ་ན། ) ཕུང་བོ་ལྔ་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་ དུ་བརྗོད་དོ། །ནས། རྣམ་མཁྱེན་བར་རོ། །ཡུམ་ཉིད་དེ་པ་དང་པོར་གདུལ་བྱར་བསྡུས་པའི་ སྐབས་ (ཨཱརྱ་)སམ་ཕྱོགས་གཅིག་ལ་ཞུགས་པའི་ (གཞི་ཤེས་ཐོབ་པའི་འཕགས་པ་ཞེས་འགྲེལ་ཆེན་ནོ། ། )དུས་ སུ་འཇིག་རྟེན་བདག་སོགས་ཀྱིས་སྟོང་པ་ཉིད་དུ་བརྗོད་པར་མཛད་དོ། །ཤེར་པ་ནི་དེ་པ་ལ་ འཇིག་རྟེན་སྟོང་ངོ་ཞེས་བྱ་བར་བརྗོད་དོ། །ཞེས་སོ། །ཡུམ་ཉིད་དེ་པ་ཡོངས་སུ་སྨིན་པར་གྱུར་ པའམ་ཆེད་དུ་བྱ་བ་ (ལམ་ཤེས་ཐོབ་པའི་བྱང་འཕགས་ལ་འགྲེལ་ཆེན་)ལ་ཞུགས་པའི་དུས་སུ་འཇིག་རྟེན་ སྟོང་ཉིད་དུ་ཤེས་པར་མཛད་དོ། །འཇིག་རྟེན་སྟོང་ངོ་ཞེས་བྱ་བར་ཤེས་པར་ (ཏེ་ཆོས་ཐམས་ཅད་དོན་ དམ་པར་སྟོང་སྟེ་)མཛད་དོ། །ཞེས་སོ། །ཡུམ་ཉིད་དེ་པ་རྣམ་པར་གྲོལ་བའི་ (འགྲེལ་ཆེན་)དུས་སུའམ་ མངོན་སུམ་ལ་ (ཨཱརྱ་)ཞུགས་པའི་ (རྣམ་མཁྱེན་ཐོབ་པའི་སངས་རྒྱས་ལ་འགྲེལ་ཆེན་)དུས་སུ་འཇིག་རྟེན་སྟོང་ ཉིད་དུ་མངོན་སུམ་དུ་མཐོང་བར་མཛད་དོ། །ཤེར་པ་ནི་དེ་པ་ལ་འཇིག་རྟེན་སྟོང་ཞེས་བྱ་བ་ སྟོན། ཞེས་སོགས་སོ། །(ཐོས་བསམ་སྒོམ་པའི་ཤེས་རབ་གསུམ་བསྐྱེད་པར་བྱེད་པས་བརྗོད་དང་ཤེས་མཛད་མངོན་ སུམ་མཛད། ཅེས་བུདྡྷ་ཤྲཱིའོ། ། ) ཡུམ་ཉིད་དེ་པ་ལ་འཇིག་རྟེན་ (ཕུང་ལྔའི་དེ་ཁོ་ན་ཉིད་སྤྱོད་ཡུལ་ལས་འདས་པ། ཞེས་ བུདྡྷ་ཤྲཱི། )བསམ་གྱིས་མི་ཁྱབ་པ་ཉིད་དུ་སྟོན་པར་མཛད་དོ། །ཤེར་པ་ནི་དེ་པ་ལ་འཇིག་རྟེན་ བསམ་གྱིས་མི་ཁྱབ་ཅེས་བྱ་བར་སྟོན། ཞེས་སོགས་སོ། །ཡུམ་ཉིད་དེ་པ་ལ་འཇིག་རྟེན་ཉོན་ 2-1-211 མོངས་པ་དང་ཉེ་ཉོན་ཞི་ཞིང་མཚན་མ་དང་རྣམ་རྟོག་མེད་དེ་ཞི་བ་ཉིད་དུ་སྟོན་ཞེས་འབུམ་ ཊཱིཀ་གོ །ཆོས་ཉིད་སྤྲོས་པ་ཐམས་ཅད་ཞི་ཞེས་བུདྡྷ་ཤྲཱིའོ། །ཡུམ་ཉིད་ཆོས་ཐམས་ཅད་རང་ བཞིན་གྱིས་སྟོང་པར་བསྟན་ནས་དེ་ཐུགས་སུ་ཆུད་པས་དེ་པར་གྱུར་པས། (འབུམ་ཊཱིཀ) འཇིག་ རྟེན་འགོག་པའམ་འཇིག་རྟེན་ཕུང་བོ་ལ་མངོན་ཞེན་ཞེས་བུདྡྷ་ཤྲཱིའོ། །ཡང་ན་འཇིག་རྟེན་ཟག་ བཅས་ཀྱི་དངོས་པོ་ཞེས་སོ། །(བུ་རིན། ) ཡུམ་ནི་དེ་པ་ལ་འཇིག་རྟེན་སྟོང་པ་ཉིད་ཅེས་བྱ་བར་ སྟོན་ནོ། །ཞེས་སོགས་སོ། །(བུ་སྟོན་རིན་པོ་ཆེ། ) ཡུམ་ཉིད་དེ་པ་ལ་འཇིག་རྟེན་འདི་དང་ཕ་རོལ་གྱི་ མཚན་མར་འཛིན་པའི་ (བུདྡྷ་ཤྲཱི་)འདུ་ཤེས་འགོག་པ་སྟེ། ལ་ནི་བདུན་པའི་སྒྲའོ། །ཤེར་པ་ཟབ་ མོ་འདི་དེ་པ་ལ་ (དོན་བསྡུས་) འཇིག་རྟེན་འདིའི་འདུ་ཤེས་སུ་མི་འགྱུར་ལ་འཇིག་རྟེན་ཕ་རོལ་ཀྱི་ འདུ་ཤེས་སུ་མི་འགྱུར་བ་དེ་ལྟར་འཇིག་རྟེན་སྟོན་ནོ། །ཞེས་སོ། །དེ་རྣམས་ནི་རྣམ་ཀུན་མཁྱེན་ པའི་ཚུལ་ནི་ཤེས་པའི་མཚན་ཉིད་ཅེས་མདོ་ལས་བཤད་དོ། །ཞེས་པ་འགྲེལ་ཏེ། འདི་རྣམས་ མངོན་སུམ་དུ་རྟོགས་པ་ཉིད་ཀྱི་ཤེས་པའི་རྣམ་པ་སློབ་ལམ་བཅུ་དྲུག་གིས་རྣམ་མཁྱེན་ཉིད་ ཀྱི་སྦྱོར་བ་དག་མཚོན། མཐར་ཐུག་པ་བཅུ་དྲུག་གིས་རྣམ་མཁྱེན་ཉིད་མཚོན་པར་བྱེད་པས་ ན་ཤེས་པའི་མཚན་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་བསྡུས་པ་ཡིན་ནོ། ། གཉིས་པ་ལ། བསྟན། བཤད་དོ། །དང་པོ་ལ། མཚམས་སྦྱར་ནི། སྔར་བཤད་དེ་ལྟར་ བར་སྐབས་ཀྱི་ཚིགས་སུ་བཅད་པ་དགུས། ཤེས་པའི་མཚན་ཉིད་རྣལ་འབྱོར་བའི་སོ་སོ་རང་ གིས་རིག་པའི་ཡེ་ཤེས་ཡིན་པས་དངོས་སུ་བརྗོད་མི་ནུས་པས་སྤྱིའི་ངོ་བོ་ཉིད་དུ་སྟེ་སྤྱིའི་ཚུལ་ གྱིས་བརྗོད་དམ། གཅིག་ལས་གཅིག་ཁྱད་པར་དུ་འཕགས་པར་མ་བརྗོད་པར་སྤྱིའི་ངོ་བོ་ ཉིད་དུ་སྟེ་སོ་སོར་སྤྱིར་བསྟན་ནས་ཤེས་པའི་རྣམ་པས་ཡོངས་སུ་བཅད་པ་སྟེ་རྟོགས་པར་བྱས་ པ་རྣམས་ཀྱི་ཁྱད་པར་ཤེས་པར་བྱ་དགོས་པ་ཡིན་པས། ཤེས་མཚན་གྱི་འོག་ཏུ་བར་ཚིགས་ པས་ཁྱད་པར་གྱི་མཚན་ཉིད་སྟོན་ནོ། །རྩ་འགྲེལ་ནི། བྱང་སེའི་མཐོང་ལམ་ཆོས་ཅན། ཉན་ 2-1-212 རང་མཐོང་ལམ་ལས་ཁྱད་པར་འཕགས་ཏེ། བསམ་གྱིས་མི་ཁྱབ་པ་དང་མི་མཉམ་པ་ལ་ སོགས་པ་བཅུ་དྲུག་གི་ཁྱད་པར་གྱིས་ཁྱད་ཞུགས་པའི་སྡུག་བསྔལ་ལ་སོགས་པའི་བདེན་ པའི་སྤྱོད་ཡུལ་ཅན་ཆོས་ཤེས་པའི་བཟོད་པ་དང་ཆོས་ཤེས་པ། རྗེས་སུ་ཤེས་པའི་བཟོད་པ་ དང་རྗེས་སུ་ཤེས་པའི་མཚན་ཉིད་ཀྱི་སྐད་ཅིག་མ་ནི་བཅུ་དྲུག་ཅན་ཡིན་པས་སོ། །དེས་ན་དེ་ འདྲིའི་ཤེས་བཟོད་བཅུ་དྲུག་ཆོས་ཅན། ཁྱད་པར་གྱི་མཚན་ཉིད་ཡིན་ཏེ། དེ་དག་གིས་ལམ་ ཤེས་པ་ཉིད་དང་སོགས་པ་རྣམ་མཁྱེན་ཀྱི་སྦྱོར་བའི་མཐོང་ལམ་དག་ཇི་བཞིན་དུ་མཚོན་པར་ བྱེད་པས་སོ། །ཞེས་བཤད་པ་ཡིན་ནོ། །(སྔར་བཤད་ལྟར་རོ། ། ) གཉིས་པ་ལ། མཚམས་སྦྱར་ནི། ཡང་འདི་གཏན་ལ་དབབ་སྟེ། བསམ་གྱིས་མི་ཁྱབ་ པ་ལ་སོགས་པའི་ཁྱད་པར་གང་ཡིན་ཞེ་ན། དེ་སྟོན་བྱེད་བར་སྐབས་ཀྱི་ཚིགས་སུ་བཅད་པ་ གསུམ་པོ་སྟོན་ནོ། །རྩ་འགྲེལ་ནི། བྱང་པའི་ལམ་ཤེས་པ་ཉིད་དང་སོགས་པ་རྣམ་མཁྱེན་གྱི་ སྦྱོར་བའི་ནང་ནས་དེའི་མཐོང་ལམ་ཆོས་ཅན། གཞན་ཉན་ཐོས་ལ་སོགས་པའི་ལམ་རྣམས་ ལས་ཁྱད་པར་དུ་འཕགས་ཏེ། བསམ་མི་ཁྱབ་བཅུ་དྲུག་གིས་ཁྱད་པར་དུ་བྱས་པའི་ཤེས་ བཟོད་སྐད་ཅིག་མ་བཅུ་དྲུག་ཅན་ཡིན་པས་སོ། །ཞེས་པའི་ཁྱད་པར་ནི་བཅུ་དྲུག་གི་བདག་ ཉིད་གང་གིས་དེ་དེ་ལས་ཁྱད་པར་དུ་འཕགས་པའི་ལམ་ཡིན་པར་ཁྱད་ཞུགས་སོ། །བཅུ་དྲུག་ གང་ན། ཡང་དག་པར་རྫོགས་པའི་སངས་རྒྱས་དང་བྱང་སེམས་ལ་སོགས་པས་ལེགས་པར་ ཡོངས་སུ་གཟུང་ཞིང་བྱིན་གྱིས་བརླབས་པའི་ཐབས་དང་ཤེས་རབ་ཀྱི་སྟོབས་ཀྱིས་སེམས་ ཡིད་རྣམ་ཤེས་འཁོར་བཅས་ཀྱི་ (བརྒྱད་སྟོང་པར་བཤད་ཅིང་འགྲེལ་ཆེན་དང་ཞི་འབྱུང་སོགས། )བསམ་གྱིས་ མི་ཁྱབ་པའི་སངས་རྒྱས་ཉིད་ (མདོ་)དེ་པ་ཉིད་ (མདོ་)རང་བྱུང་ཉིད་ (མདོ་)རྣམ་མཁྱེན་ (དེ་མེ་ལོང་ལ་ སོགས་པའི་ཡེ་ཤེས་བཞི་ཞེས་སྔོན་གྱི་སློབ་དཔོན་འཆད་དོ། །ཞེས་འགྲེལ་ཆེན། )ཉིད་བསྐྱེད་པར་བྱེད་ (མདོ་)པ་ (འབུམ་ ཊཱིཀ་ཨཱརྱ་)དང་ (མདོ་)སྡུག་བདེན་གྱི་ཆོས་ཉིད་བསམ་གྱིས་ (མདོ་)མི་ཁྱབ་པ་མངོན་སུམ་དུ་རྟོགས་ 2-1-213 པས་བྱང་སེའི་མཐོང་ལམ་སྡུག་བསྔལ་ཆོས་བཟོད་དེ་ཉན་རང་གི་མཐོང་ལམ་སྡུག་བསྔལ་ ཆོས་བཟོད་པས་ཁྱད་པར་འཕགས་སོ། །ཞེས་བཅུ་དྲུག་རེ་རེ་ཆོས་ཅན་དུ་བྱ་ཞིང་དགོད་དོ། ། གང་དང་ཡང་མི་མཉམ་པ་རྫོགས་པའི་བྱང་ཆུབ་ (མདོ་)ཀྱི་རྒྱུ་ (འབུམ་ཊཱིཀ་)ཡིན་པ་དང༌། སྡུག་ བདེན་གྱི་ཆོས་ཉིད་མཉམ་མེད་རྟོགས་པས་དང༌། སེམས་ཅན་གང་གིས་ཀྱང་ཚད་ (འབུམ་ཊཱིཀ་ སྙིང་)གཞལ་བ་ལས་ཡང་དག་པར་འདས་པའི་སངས་རྒྱས་དེ་པ་རང་བྱུང༌། རྣམ་མཁྱེན་གྱི་ ཡོན་ཏན་གྱི་རྒྱུ་ཡིན་པ་དང༌། སྡུག་བདེན་གྱིས་ཆོས་ཉིད་ཚད་འདས་རྟོགས་པས་དང༌། འདི་ སྙེད་ཅིག་གོ་ཞེས་གྲངས་ཀྱིས་བགྲང་བ་ལས་ཡང་དག་པར་འདས་པའི་སངས་རྒྱས་སོགས་ (དེ་པ་རང་བྱུང་རྣམ་མཁྱེན་)ཀྱི་ཡོན་ཏན་གྱི་རྒྱུ་ཡིན་ (ཨཱརྱ་)པ་དང་ཆོས་ཉིད་བགྲང་འདས་རྟོགས་པས་ སོ། །ཞེས་འབུམ་ཊཱིཀ་གོ །ཨཱརྱ་ནི། ཚད་མས་གཞལ་ལས་འདས། ཞེས་སོ། །ཤེར་པ་འདི་ ནི་དོན་ཆེན་པོའི་ཕྱིར་ཉེ་བར་གནས་སོ། །ནས། རབ་འབྱོར་ (རང་ཉིད་མངོན་རྫོགས་བྱང་ཆུབ་པ་ཞེས་ སྙིང་ཟླ། དོན་དམ་པའི་ཆོས་ཀྱི་ངོ་བོ་མངོན་རྫོགས་པར་འཚང་རྒྱ་བས་)སངས་རྒྱས་ཉིད་ (ཆོས་རྣམས་ཇི་བཞིན་གསུང་ བས་ཞེས་གཉིས་ཀ་)དེ་པ་ཉིད་དང་ (རང་ཉིད་སློབ་དཔོན་མེད་པར་བྱང་ཆུབ་པས་ཞེས་ཞི་འབྱུང༌། ཆོས་ཐམས་ཅད་ལ་ མངའ་བསྒྱུར་བས་ཞེས་སྙིང་ཟླ། )རང་བྱུང་ཉིད་དང་རྣམ་མཁྱེན་ཉིད་ (ཆོས་ཐམས་ཅད་ལ་ཆགས་ཐོགས་མེད་པའི་ ཡེ་ཤེས་ཞེས་ཞི་འབྱུང་སྙིང་ཟླའོ། ། )བསམ་གྱིས་མི་ཁྱབ་སྟེ། དེས་ན་ཤེར་པ་འདི་དེ་པ་དགྲ་བཅོམ་ཡང་ དག་རྒྱས་རྣམས་ཀྱི་དོན་བསམ་གྱིས་མི་ཁྱབ་པའི་ཕྱིར་ཉེ་བར་གནས་སོ། །ཞེས་སོགས་ཏེ་རྒྱུ་ མཚན་དང་པོའི་མདོའོ། ། (བསམ་པ་ལས་འདས་པ་དང༌། མཉམ་པ་ལས་འདས་པ་དང༌། གཞལ་བ་ལས་འདས་པ་དང༌། གྲངས་ལས་འདས་པས་བསམ་མི་ཁྱབ་སོགས་བཞིར་ཨཱརྱ་ཞི་འབྱུང་སོགས། ) གཟུགས་ཀྱང་བསམ་གྱིས་མི་ཁྱབ་ སོགས། ནས། རྣམ་མཁྱེན་གྱི་བར་ཏེ་རྟགས་ཟུར་ཕྱི་མའི་མདོའོ། ། ཀུན་འབྱུང་ཆོས་བཟོད་ སོགས་ནི། རྒྱལ་བོ་བཏང་སྙོམས་འདུག་ཅིང་བློན་པོ་ཀུན་བྱེད་ལྟར་ (སྡུད་པར་)ཞེས་སོགས་བློན་ པོའི་དཔེས། འཕགས་པའི་གང་ཟག་གི་ཡོན་ཏན་ཐམས་ཅད་སྡུད་པར་བྱེད་པས་དང༌། ཤེར་ 2-1-214 པ་འདིར་ནི་ཕར་ཕྱིན་ལྔ་འདུས་སོ། །ནས། རྣམ་མཁྱེན་གྱི་བར་དུ་འདུས། ཞེས་སོ། །ཇི་ལྟ་ ཇི་སྙེད་ཤེས་པའི་ (ཨཱརྱ་དངོས་)མཁས་པ་སྟེ་དེ་ལ་གཉིས་ཡོད་དེ། སྔར་བློ་ཡོངས་སུ་སྨིན་པའི་ སོ་སྐྱེ་དང༌། བདེན་པ་མཐོང་བས་རིགས་པར་བྱ་བའམ་དེས་རིག་བྱ་ཤེས་པས་དང༌། ཤེར་ པ་ནི་ (རྣམ་རྟོག་གི་སྤྲོས་པ་)ཞི་ཞིང་ (གཟུང་འཛིན་དང་བྲལ་བས་ཞེས་འབུམ་ཊཱིཀ་)ཕྲ་བ་ (ནི་དེ་ཁོ་ནའི་དོན་ལ་འཇུག་པའི་ ཕྱིར་རོ། །ཨཱརྱ། )འཛངས་པ་ (ནི་མ་ལུས་པའི་དོན་ལ་འཇུག་པའི་ཕྱིར་ཨཱརྱའོ། ། )མཁས་པ་ཡིད་གསལ་བས་ (ནི་ བདེན་པ་མཐོང་བས་ཇི་ལྟ་ཇི་སྙེད་གཉིས་ཀ་ལ་འཇུག་པའི་ཤེས་པ་ཡོད་པའོ་ཞེས་བཙུན་པ་རྣམ་གྲོལ་སྡེའོ། ། )འཚལ་བར་ བགྱིའོ། །ཞེས་སོ། །ཉན་རང་སོགས་དང་ཐུན་མོང་མིན་པ་དེའི་སྤྱོད་ཡུལ་མ་ཡིན་པའི་དངོས་ པོ་ཡུལ་དུས་ (དག་དངོས་)ཀྱིས་ཆོད་པའི་དངོས་པོ་ཕྲ་མོའམ་ (གསེར་)ཀུན་བདེན་གྱི་ཆོས་ཉིད་ ཟབ་མོ་ཡོངས་སུ་སྟེ་མངོན་སུམ་དུ་ཤེས་པས་དང༌། ཡང་ན་ཉན་རང་སོགས་ཀྱི་སྤངས་རྟོགས་ ཀུན་འདུས་པས་དེ་དང་ཐུན་མོང་མིན་པའམ་ཁྱད་པར་དུ་འཕགས་པའི་ཤེས་པ་ཉིད་ཡིན་པ་ ཞེས་མདོ་དོན་ནོ། །སྟོང་གསུམ་སྟོང་ཆེན་གྱི་སེམས་ཅན་ཇི་སྙེད་པ་དེ་དག་དང་རྗེས་འབྲང་ བརྒྱད་པ་ནས་དགྲ་བཅོམ་དང་རང་རྒྱལ་དུ་གྱུར་ཏེ་དེ་དག་ཐམས་ཅད་ལ་ཡེ་ཤེས་དང་སྤོང་བ་ ཇི་སྙེད་མཆིས་པ་དང་ཤེར་པ་འདི་ལ་གདུགས་གཅིག་མོས་ཤིང་བསམ་སྟེ་གཞལ་བ་བརྟག་ དཔྱད་བྱས་པ་གཉིས་ནི་འདི་ཆེས་མཆོག་སྟེ་དད་རྗེས་འབྲང་ནས་སངས་རྒྱས་ཀྱི་བར་ཀྱི་ཡེ་ ཤེས་དང་སྤོང་བ་གང་ཇི་ཙམ་པ་དེ་ནི་བྱང་པའི་ (ས་བརྒྱད་པ་ལ་ཞུགས་པ་ཞེས་གནོད་འཇོམས་)མི་སྐྱེ་བའི་ ཆོས་ལ་བཟོད་པ་ཐོབ་པའི་བཟོད་པར་འདུས་སོ། །ཞེས་སོ། །ཐེག་ཆེན་རང་གི་ལུགས་ལ་ ལྟོས་པ་སྟེ་དེའི་དབང་དུ་བྱས་པའི་མངོན་པར་ཤེས་དང་རྣམ་མཁྱེན་གྱི་ཡེ་ཤེས་མྱུར་དུ་སྒྲུབ་པ་ སྟེ། (འབུམ་ཊཱིཀ)འདི་ལ་བསླབས་ཤིང་བྱང་ཆེན་པོ་རྣམས་བླ་མེད་བྱང་ཆུབ་ཏུ་མྱུར་ (འབུམ་ཊཱིཀ་)དུ་ འབྱུང་བར་འགྱུར་ཏེ། ཞེས་སོགས་སོ། །འགོག་པ་ཆོས་བཟོད་སོགས་ནི། ཀུན་རྫོབ་བདེན་ པའི་ཆོས་ཐམས་ཅད་བྲི་བ་མེད་ནས་ཀུན་རྫོབ་ཏུ་ཡོད་པ་དང་དོན་དམ་པའི་བདེན་པ་ལ་ 2-1-215 བརྟེན་པའི་ཆོས་ཐམས་ཅད་གང་བ་མེད་པའི་ངོ་བོར་མངོན་སུམ་དུ་རྟོགས་པའམ་དོན་དམ་ པར་བྲི་གང་མེད་པའམ། ཡུམ་ལས་ཐེག་པ་གསུམ་གྱི་འབྲས་བུ་འབྱུང་ཡང་རང་བཞིན་གྱི་ མི་རྟོག་ཅིང་མི་འགྱུར་བ་བྲི་གང་མེད་ཅེས་འབུམ་ཊཱིཀ་གོ །ཤེར་པ་འདི་ནི་བྲི་བའམ་འཕེལ་ བར་ཡང་མི་གདའ་འོ། །ཞེས་སོ། །བ་དྲུས་མ་བེའུ་གཞོན་ནུ་མི་འདོར་བའི་དཔེས། ཆོས་སྨྲ་ བ་མི་གཏོང་ཞིང་འཁོར་གསུམ་རྣམ་པར་དག་པའི་ཤེས་རབ་ཀྱིས་སྦྱིན་པ་ལ་སོགས་པའི་ཕ་ རོལ་ཏུ་ཕྱིན་པ་དྲག་ཏུ་རབ་ཏུ་བསྒྲུབས་པས་དང༌། བ་དྲུས་མ་ལྟར་བྱང་ཆེན་པོས་ཤེར་ཕྱིན་ ཟབ་མོ་འདིའི་དོན་དུ། ཞེས་ནས། ཆོས་སྨྲ་བ་མི་གཏོང་ན། ཞེས་སོགས་སོ། །ཡང་དག་པའི་ སྦྱོར་བས་བསྐལ་བ་དུ་མར་བསྒྲུབས་པའི་བསོད་ནམས་དང་ཡེ་ཤེས་ཡང་དག་པར་འགྲུབ་པ་ དང༌། ཡུམ་ཟབ་མོ་འདི་ཐོས་མ་ཐག་ཏུ་མོས་པར་འགྱུར་རོ། །ཞེས་སོགས་སོ། །ཡུམ་མཉན་ ཏེ་མོས་པ་ལ་སོགས་པས་ནན་ཏན་བྱེད་པ་བསྒྲུབ་པ་དང༌། (རད་ཀིར་དངོས། ) ཐོས་མ་ཐག་ཏུ་མོས་ པ་ལ་སོགས་པ་དེ་དག་རྫོགས་པའི་བྱང་ཆུབ་ཏུ་འགྱུར་བ་ནི། (རད་ཀིར། )ཡང་དག་འགྲུབ་པ་ ཞེས་དག་ལྡན་ནོ། །ཆོས་ཐམས་ཅད་ལ་ཅིར་ཡང་རྣམ་པར་མི་རྟོག་པར་དམིགས་པ་སྟེ། གྲུ་ ཞིག་པ་ཤིང་ལེབ་སོགས་འཛིན་ན་རྒྱ་མཚོ་ལས་ཐར་བའི་དཔེས། འཁོར་བའི་རྒྱ་མཚོ་ལས་ རྒལ་བའི་དོན་གྱིས་གསུངས་སོ། །ཞེས་ཨཱརྱའོ། །བར་མ་དོར་བྱང་ཆུབ་ལས་ཉམས་པར་མི་ འགྱུར་རོ། །ཞེས་སོགས་སོ། །ལམ་ལ་ཆོས་བཟོད་སོགས་ནི། ལམ་གྱི་རྟེན་བྱང་པ་སྟེ་ཤེར་ ཕྱིན་དང་ཐབས་མཁས་སོགས་ཀྱིས་སེམས་ཅན་སྨིན་པའི་རིམ་གྱིས་འཚང་རྒྱ་བར་འགྱུར་ (གྱི་བར་མ་དོར་དམན་པའི་བྱང་ཆུབ་ཏུ་མི་ལྟུང་)བ་སྟེ་ (དཔེར་ན་)བུམ་པ་ལེགས་པར་ཚོས་པར་ཆུ་བླུགས་ཏེ་ ཁྱིམ་དུ་སོང་ན་བར་མ་དོར་མི་འཇིག་པ་བཞིན་ཞེས་དག་ལྡན་ཏེ་རད་ཀིར་ཡང་ངོ༌། །ཡང་ན་ སེམས་ཀྱི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་སྟེ་དེ་ཉིད་བྱང་པའི་ལམ་གྱི་རྟེན་རིགས་དང་ (སྔར་བཤད་ལྟར་) དེ་མངོན་སུམ་དུ་མཐོང་བའི་བྱང་སེ་ལམ་པ་གང་ཟག་གི་རྟེན་དུ་ཡོད་པས་དང༌། ཉན་ཐོས་ཀྱི་ 2-1-216 སའམ་རང་སངས་རྒྱས་ཀྱི་སར་བར་མ་དོར་ཉེ་ཞོར་མི་འགྱུར་ཏེ། མ་ཉེས་མ་ཉམས་པར་བླ་ མེད་བྱང་ཆུབ་ཏུ་འཚང་རྒྱ་བར་འགྱུར་རོ། །ཞེས་སོགས་སོ། །གྲུ་ཟག་ལྷན་བྱས་པའི་དཔེས། སྨོན་ལམ་དང་ཡེ་ཤེས་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའི་རྒྱུའི་ཚོགས་ པ་མཐའ་དག་ཚང་བ་དང༌། རྒྱ་མཚོ་ཆེན་པོའི་གྲུ་ཤིན་ཏུ་བསྡམས་པ་ཞེས་སོགས་བླ་མེད་ རྫོགས་ཆུབ་ཏུ་བར་མ་དོར་ཉེ་ཞོར་མི་འགྱུར་བ་རིག་པར་བྱའོ། །ཞེས་སོགས་སོ། །ཐེག་ཆེན་ གྱི་ཐབས་ཤེས་ཀྱིས་སམ་ཐེག་ཆེན་དགེ་བའི་བཤེས་གཉེན་གྱི་ཐབས་མཁས་ཀྱིས་སྲིད་ཞི་ ལས་ཡོངས་སུ་འཛིན་པ་དང༌། ལོ་བརྒྱ་ཉི་ཤུ་ལོན་པའི་རྒན་པོ་གཡས་གཡོན་ནས་སྐྱེས་བུས་ གཟུང་པའི་དཔེས། བླ་མེད་རྫོགས་པའི་བྱང་ཆུབ་ཀྱི་གནས་དེར་ཕྱིན་པར་ནུས་སོ། །ཞེས་ སོགས་སོ། །དོན་དམ་པར་ཆོས་ཐམས་ཅད་ངོ་བོ་ (ཨཱརྱ་)ཉིད་མེད་པས་ཆགས་ཤིང་མངོན་པར་ ཞེན་པ་མེད་ཅིང་ (ཨཱརྱ་)སྦྱིན་སོགས་ལ་འཁོར་ (མདོ་)གསུམ་གྱི་རོ་མྱང་བ་མེད་པ་དང་སྟེ། བདག་ དང་བདག་གིར་མ་ལྟུང་བའི་སེམས་ཀྱིས་སྦྱིན་པ་གཏོང་སོགས་དང་བདག་ནི་སྦྱིན་པ་གཏོང་ ངོ་འདི་ལ་གཏོང་ངོ་ཞེས་མི་སེམས་སོགས་དང་སྦྱིན་པས་རློམ་སེམས་སུ་མི་བྱེད། སོགས་ དང༌། གང་དང་གང་བྱིན་པ་དེ་ཐམས་ཅད་བླ་མེད་རྫོགས་ཆུབ་ཏུ་བསྔོས་ཤིགས་ཞེས་སོགས་ སོ། །དེ་ལྟར་བཅུ་དྲུག་གི་བདག་ཉིད་ཅེས་བྱ་བ་ནི་གོ་རིམ་བཞིན་དུ་སྡུག་བསྔལ་ལ་སོགས་ པའི་བདེན་པ་བཞིའི་ཡུལ་ཅན་གྱི་ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་རྣམས་ཀྱི་ཁྱད་པར་གྱི་ ཆོས་ཡིན་པས་དེས་ཁྱད་པར་དུ་བྱས་པའི་ཤེས་བཟོད་བཅུ་དྲུག་རིམ་བཞིན་ཤེས་པར་བྱའོ། ། ཞེས་པའོ། །བཅུ་དྲུག་གིས་ཁྱད་པར་ཞུགས་པ་དེའི་ཕྱིར་ཉན་ཐོས་དེ་དག་གིས་མཐོང་ལམ་ སོགས་ནི་སྔར་ཇི་སྐད་བཤད་པའི་ཁྱད་པར་བཅུ་དྲུག་དང་བྲལ་བའི་མངོན་པར་ཞེན་པ་སྐྱེ་བ་ དང་ཡོངས་འཛིན་དང་བྲལ་བ་ལ་སོགས་པའི་མཚན་ཉིད་ཀྱིས་གོ་སླ་བའི་ཕྱིར། འདིར་མངོན་ རྟོགས་རྒྱན་གྱིས་དངོས་སུ་མ་བཤད་དོ། ། 2-1-217 གསུམ་པ་ལ། མཚམས་སྦྱར་ནི་ཁྱད་པར་གྱི་མཚན་ཉིད་ཀྱིས་ཁྱད་པར་རྣམ་པར་བཅད་ པ་ (སྟེ་རྟོགས་པར་བྱས་པའོ། ། )རྣམས་ཀྱི་གཞན་དོན་བྱེད་པའི་མཚན་ཉིད་གང་ཡིན་ཞེ་ན། བར་ སྐབས་ཀྱི་ཚིགས་བཅད་གཉིས་ཀྱིས་བྱེད་པའི་མཚན་ཉིད་སྟོན་ནོ། །རྩ་བ་ལ། ཞེས་བྱ་བ་ བཅུ་གཅིག་པོ་འདི་ནི་བྱེད་པའི་མཚན་ཉིད་ཡིན། ཞེས་བྱ་སྟེ། གཞན་འགྲེལ་པ་དང་ལྷན་ཅིག་ བཤད་ན། བྱང་སེའི་གཞི་ཤེས་ཆོས་ཅན། མི་རྣམས་ཏེ་སྐལ་ལྡན་གྱི་གདུལ་བྱ་ལ་མ་འོངས་ པའི་ཕན་པ་ཉེ་བར་སྒྲུབ་སྟེ། (མྱ་ངན་ལས་འདས་པའི་ལམ་ཕན་པ་ཉིད་དུ་སྟོན་པས་ཕན་པའི་བྱེད་པའོ། །རད་ཀིར། ) དེ་རྣམས་རྒྱུད་ (མདོ་ཨཱརྱ་)ལྔ་ནས་བཏོན་ནས་མྱང་འདས་ (མདོ་ཨཱརྱ་)ལ་འགོད་པས་སོ། །ཇི་ལྟར་ ན། བྱང་ཆེན་པོ་འཇིག་རྟེན་ལ་ཕན་པའི་ཕྱིར་ཞུགས་པ་ཡིན་ཞེ་ན་ (རབ་འབྱོར་)འདི་ལ་བྱང་ཆེན་པོ་ སེམས་ཅན་རྣམས་འགྲོ་བའི་རྒྱུད་ལྔ་ནས་ཡོངས་སུ་བཏོན་ཞིང་མི་འཇིགས་པའི་ཐང་བདེ་བ་ མྱང་འདས་ལ་རབ་ཏུ་འགོད་དོ། །ཞེས་སོ། །ཆོས་ཅན། དེ་ལ་ཚེ་འདིའི་བདེ་བ་སྒྲུབ་སྟེ། (མྱ་ ངན་ལས་འདས་པའི་ལམ་བདེ་བ་ལ་འཇོག་པས་བདེ་བའི་བྱེད་པའོ། །རད་ཀིར། )དེ་རྣམས་ (སེམས་ཅན་རྣམས་ཞེས་མདོ་)སྡུག་ བསྔལ་དང་ཡིད་ (མདོ་ཨཱརྱ་)མི་བདེ་དང་འཁྲུག་པ་ལས་བཀྲོལ་ནས་མྱང་འདས་ལ་འགོད་ (མདོ་ ཨཱརྱ་)པས་སོ། །མདོ་ནི། རྟགས་དེ་ཉིད་དོ། །དེ་ཆོས་ཅན། དེ་རྣམས་ཀྱི་སྐྱོབ་པར་འགྱུར་ཏེ་ (སེམས་ཅན་རྣམ་པར་ལྟུང་བ་ལས་སྐྱོབ་པ་སྟེ་སྐྱོབ་པ་ནི་ཆོས་སྟོན་པ་སྟེ་ཞེས་རད་ཀིར་ཨཱརྱའོ། ། )དེ་རྣམས་འཁོར་བའི་ སྡུག་བསྔལ་ལས་སྐྱོབ་ཅིང་ཡང་མི་སྐྱེ་བར་བྱེད་པའི་ཆོས་སྟོན་པས། (ཀུན་ཨཱརྱ། ) ལས་ཉོན་གྱི་ རྣམ་པར་སྨིན་པ་མ་ཡིན་པའི་སྡུག་བསྔལ་མེད་པའི་ཆོས་ཉིད་མྱང་འདས་ཉེ་བར་སྒྲུབ་པའི་ དོན་གྱིས་སོ། །སྡུག་བསྔལ་གང་ཅི་ཡང་རུང་སྟེ་དེ་དག་ལས་སེམས་ཅན་རྣམས་ཡོངས་སུ་ སྐྱོབ་ཅིང་དེ་དག་སྤངས་བའི་ཕྱིར་ཆོས་སྟོན་ཏེ་སེམས་ཅན་དེ་དག་ཀྱང་ཆོས་དེ་ཐོས་ནས་རིམ་ གྱིས་ཐེག་པ་གསུམ་གྱི་མྱ་ངན་ལས་འདས་པར་འགྱུར། ཞེས་སོ། །ཕན་པ་ལ་སོགས་པའི་བྱེད་ པ་གསུམ་ཆོས་ཅན། བྱང་སེའི་གཞི་ཐམས་ཅད་ཤེས་པ་ཉིད་ཀྱི་བྱེད་པ་ཡིན་ཏེ། དེའི་མཛད་ 2-1-218 པ་འཕྲིན་ལས་ཡིན་པས་སོ། །ཨཱརྱ་ནི་དང་པོ་དགུ་ཅར་གཞི་ཤེས་ཀྱི་བྱེད་པར་འཆད་དོ། ། ལམ་ཤེས་ཆོས་ཅན། དེ་རྣམས་ཀྱི་སྐྱབས་སྒྲུབ་པར་མཛད་དེ། (འཇིགས་པ་ཉེ་བར་གནས་པ་རྣམས་ འཇིགས་པ་ལས་གྲོལ་བས་སྐྱབས་ཞེས་རད་ཀིར། ) དེ་རྣམས་སྐྱེ་རྒ་ན་འཆི་སོགས་ལས་བསྒྲལ་ནས་ལྷག་ མེད་མྱང་འདས་ལ་འགོད་པས་གཏན་ཏུ་ཕན་པ་སྒྲུབ་པས་སོ། །སེམས་ཅན་སྐྱེ་བའི་ཆོས་ཅན་ དང༌། ནས། (རྒ་ན་འཆི་མྱ་ངན་སྨྲེ་སྔགས་འདོན། སྡུག་བསྔལ་ཡིད་མི་བདེ་འཁྲུག་པའི་ཆོས་ཅན་རྣམས་དེ་ལས་གྲོལ་ཞིང༌། ) ཕུང་བོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་མྱ་ངན་ལས་ཟློ་སྟེ། ཞེས་སོགས་སོ། ། ཆོས་ཅན། དེ་རྣམས་གྱི་གནས་མཛད་དེ། (སེམས་ཅན་ཐམས་ཅད་ཀྱི་གནས་སུ་ཉེ་བར་གནས་པས་གནས་ཞེས་ རད་ཀིར། ) དོན་དམ་པར་ཆོས་ཐམས་ཅད་འདྲེ་འབྲེལ་སྐྱེ་འགག་མེད་པའི་ཆོས་བསྟན་ནས། དེ་ལྟར་ (ཨཱརྱ་དོན་)དངོས་སུ་རྟོགས་པ་ལ་འགོད་པའི་སྒོ་ནས་དེ་རྣམས་ཀྱི་སྡུག་བསྔལ་གྱི་རྒྱུ་ བཟློག་པར་མཛད་པས་སོ། །ཆོས་ཐམས་ཅད་འདྲེ་བ་མེད་པར་ཆོས་སྟོན་ཏེ། ནས། འདྲེ་བ་ མེད་པ་ནི་འབྲེལ་བ་མེད་པའོ། །འབྲེལ་བ་མེད་པ་ནི་སྐྱེ་བ་མེད་པའོ། །སྐྱེ་བ་མེད་པ་ནི་འགག་ པ་མེད་པའོ། །ཞེས་སོགས་སོ། །(འཁོར་བར་སོང་བ་རྣམས་ཡོན་ཏན་དང་ལྡན་པར་བྱེད་པ་མགོན་ཞེས་རད་ཀིར། ) ཆོས་ཅན། དཔུང་གཉེན་སྒྲུབ་སྟེ། དེ་རྣམས་ལ་དོན་དམ་པར་འཁོར་འདས་བདེན་མེད་དུ་ མཉམ་པ་ཉིད་དུ་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་སྒྲུབ་པར་མཛད་པས་སོ། །གཟུགས་ཀྱི་ ཕ་རོལ་གང་ཡིན་པ་དེ་ནི་གཟུགས་མ་ཡིན་ནོ། །ནས། རྣམ་མཁྱེན་ཀྱི་བར་རོ། །གཟུགས་ཀྱི་ཕ་ རོལ་ན་རྣམ་པར་རྟོག་པ་གང་ཡང་མེད་དོ། །ནས། རྣམ་མཁྱེན་བར་རོ། །བྱང་ཆེན་པོ་དེ་ལྟར་ ཞི་བ་ལ་རྟོག་ཀྱང་སེམས་ཞུམ་པར་མི་འགྱུར་སོགས་དང༌། སངས་རྒྱས་ནས་ཆོས་དེ་ལྟར་ཞི་ བ་དང་བཟང་བ་དེ་དག་བཤད་པར་བྱའོ་སྙམ་དུ་སེམས་པ་ནི་དཀའ་བ་བྱེད་པ་སྟེ། ནས། དེ་ ལྟར་ན་དཔུང་གཉེན་དུ་འགྱུར། ཞེས་སོ། །ཆོས་ཅན། དེ་རྣམས་ལ་གླིང་སྒྲུབ་སྟེ། (འདོད་ཆགས་ལ་ སོགས་པའི་ཉོན་མོངས་པའི་རྒྱ་མཚོར་འབྱིང་བ་རྣམས་ཆོས་ཀྱི་སྐམ་སར་འཇོག་པ་སྟེ་གླིང་གི་བྱེད་པའོ། །ཞེས་རད་ཀིར། ) ཆུས་ 2-1-219 བཅད་པའི་སྐམ་ས་ (ནི་གླིང་)དང་ཆོས་མཐུན་པར་སྲེད་པ་ཟད་པ་དང་འདོད་ཆགས་དང་བྲལ་བ་ དང་འགོག་པ་དང་མྱང་འདས་ (པ་ནི་གླིང་དེ་)སྟོན་པའི་ (ཀུན་ཨཱརྱ་)སྒོ་ནས་རང་དང་གཞན་གྱི་དོན་ མངོན་མཐོ་ངེས་ལེགས་ (གསེར་)རྟོགས་པ་སྟེ་ཐོབ་པའི་རྟེན་གྱི་ངོ་བོ་སྟེ་རྒྱུ་བྱེད་པས་སོ། །(འབུམ་ ཊཱིཀ་དུ་དཔེར་ན་ཆུ་ཀླུང་ཆེན་པོའམ་འབབ་ཆུ་ཕྲ་མོའམ་རྒྱ་མཚོ་ཆེན་པོའི་ནང་ན་སེམས་ཅན་གྱི་གནས་སུ་རུང་བའི་ཐང་མཐའ་ ཆུས་འཁོར་བ་ལ་གླིང་ཞེས་བྱའོ། །ཞེས་སོ། །དག་ཐུབ་ཏུ། ཆུ་བོ་དང་རྒྱ་མཚོའི་ཕྱོགས་ཆུས་ཡོངས་སུ་གཅད་པ་གླིང་ཡིན་པ་བཞིན་ དུ་ (དག་ལྡན་)(འདི་ཕན་ཐུབ་དགོངས་)སྔོན་གྱི་མཐའ་འཁོར་བ་དང་ཕྱི་མའི་མྱ་ངན་ལས་འདས་པས་ཡོངས་སུ་བཅད་པའམ་ ཆོས་ཐམས་ཅད་དེ། འདི་ལྟ་སྟེ། དེ་རྣམས་ཀྱི་སྟོང་པ་ཉིད་མི་དམིགས་པ་ནས་མྱང་འདས་ཀྱི་བར་ཡིན་ཞིང་དེ་ཐོབ་པར་བྱེད་པས་ གླིང་ངོ༌། །མ་རིག་པའི་སྒོང་ངའི་སྦྲུབས་སུ་བཅིངས་པ་རྣམས་སྣང་བར་བྱེད་པ་དེ་ཡང་གླིང་སྟེ་སྒྲོན་མ་དང་ཆོས་མཐུན་པའི་ཕྱིར་ གླིང་གི་སྐད་དོད་དྭི་བ་ཞེས་པའི། ཝ་ཡིག་ཕྱིས་པའོ། །གཞན་ཡང་གླིང་ཐོབ་པར་བྱེད་དུ་འཇུག་པས་གླིང་སྟེ་དེའི་ལས་ཀྱང་གླིང་ སྟེ། འདི་ལྟ་སྟེ། མྱ་ངན་ལས་འདས་པ་རིན་པོ་ཆེའི་གླིང་དུ་འཁྲིད་པར་བྱེད་པའོ། །དེའི་ཕྱིར་གླིང་ནི་རྣམ་པ་གསུམ་གསུམ་མོ་ཞེས་ དཔང་ལོཙྪས་བསྒྱུར་རོ། ། ) གཟུགས་ཀྱི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་དོ། །ནས། རྣམ་མཁྱེན་བར་དང༌། སྲེད་པ་ཟད་པ་དང་ཞེས་སོགས་ནས། དེ་ལྟར་ཞི་བ་དང་བཟང་བོའི་ ཆོས་སྟོན། ཞེས་སོགས་སོ། །(རྣམ་པར་ལྟུང་བའི་སེམས་ཅན་རྣམས་ཆོས་བསྟན་པས་བསྡུས་པས་ཏེ། ཡོངས་འདྲེན་ གྱི་བྱེད་པའོ། །རད་ཀིར། )ཆོས་ཅན། དེ་རྣམས་ཉེས་པའི་གནས་ནས་ཡོན་ཏན་གྱི་གནས་སུ་ཡོངས་ སུ་འདྲེན་པ་སྒྲུབ་སྟེ། (འབད་མི་དགོས་པར་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པ་སྟེ་ཞེས་རད་ཀིར་རོ། ། ) དོན་དམ་ པར་ཆོས་ཐམས་ཅད་སྐྱེ་འགག་ཀུན་བྱང་མེད་པའི་ཆོས་བསྟན་པའི་སྒོ་ནས་ (མདོ་ཨཱརྱ་)སེམས་ ཅན་གཞན་གྱི་དོན་གནས་སྐབས་ (གསེར་)ཐམས་ཅད་དུ་སྒྲུབ་པར་མཛད་པས་སོ། །ཆོས་ཅན། དེ་རྣམས་ཀྱི་དོན་ལྷུན་གྱིས་གྲུབ་པར་མཛད་དེ། འབད་རྩོལ་ཆེན་པོ་ (རད་ཀིར་)མི་དགོས་པར་ སེམས་ཅན་གྱི་དོན་ལྷུན་གྱིས་གྲུབ་པར་འཇུག་པས་སོ། །གཟུགས་ནི་ནམ་མཁའི་ངང་ཚུལ་ ཅན་ནོ། །ཞེས་སོགས་ནས། ཆོས་ཐམས་ཅད་ནི་མངོན་པར་འདུ་བྱེད་པ་མེད་པའི་ངང་ཚུལ་ 2-1-220 ཅན་ཏེ། ཞེས་སོགས། རྒྱ་ཆེར་རོ། །མདོར་ཡོངས་འདྲེན་གྱི་ཚབ་ཏུ་ལམ་དུ་འགྱུར་ཞེ་ན། ཞེས་ བཤད་དོ། །ཆོས་ཅན། ཐེག་པ་ (ཨཱརྱ་)གསུམ་གྱི་ལམ་གྱིས་ངེས་པར་འབྱུང་ཞིང་ (ཨཱརྱ་དངོས་)དེའི་ འབྲས་བུ་རང་དོན་དུ་མངོན་སུམ་དུ་མི་བྱེད་པའི་བདག་ཉིད་སྒྲུབ་སྟེ། (རང་རང་གི་འབྲས་བུ་བྱང་ཆུབ་ རྣམ་པ་ཐམས་ཅད་དུ་མངོན་དུ་མི་བྱེད་པ་དང༌། སེམས་ཅན་གྱི་དོན་དུ་ཚོགས་མ་རྫོགས་པ་རྣམས་རྫོགས་པར་བྱེད་ཀྱི་རྫོགས་ པའི་བྱང་ཆུབ་གྱིས་འབྲས་བུ་ཡང་མངོན་སུམ་དུ་མི་བྱེད་པ་ཞེས་རད་ཀིར་རོ། ། ) ཆོས་ཐམས་ཅད་དོན་དམ་པར་སྐྱེ་ འགག་ཀུན་བྱང་མེད་སོགས་ཀྱི་ཆོས་བསྟན་ (ཨཱརྱ་དོན་དངོས་)ནས་དེ་ལྟར་རྟོགས་པའི་ལམ་ཤེས་ ལ་ (ཨཱརྱ་དོན་དངོས་)འགོད་པས་སོ། །རབ་འབྱོར་ཆོས་ཐམས་ཅད་མི་སྐྱེ་མི་འགག་ཀུན་ནས་ ཉོན་མོངས་པ་མེད་པ་དང་རྣམ་པར་བྱང་བ་མེད་པའི་ངང་ཚུལ་ཅན། ཞེས་སོགས་ནས། ཆོས་ ཐམས་ཅད་ནི་མི་གཡོ་བའི་ངང་ཚུལ་ཅན་ཏེ། ཞེས་སོགས་སོ། །ལམ་ཤེས་པ་ཉིད་ཆོས་ཅན། བྱེད་པ་ཁྱད་པར་བ་དང་ལྡན་ཏེ། གཏན་དུ་ཕན་པ་ནས་ཐེག་གསུམ་གྱི་འབྲས་བུ་མངོན་དུ་མི་ བྱེད་པའི་བར་ཞེས་བྱ་བ་འདི་རྣམས་སྒྲུབ་པར་འོས་པའི་དུས་ཇི་ལྟ་བ་བཞིན་དུ་ཡང་དག་པར་ ཉེ་བར་སྒྲུབ་པའི་དོན་གྱིས་སོ། །དེས་ན་སྐྱབས་ལ་སོགས་པ་བདུན་པོ་ཆོས་ཅན། ལམ་ཤེས་ ཀྱི་བྱེད་པ་ཡིན་ཏེ། དེའི་འཕྲིན་ལས་ཁྱད་པར་ཅན་ཡིན་པས་སོ། །བྱེད་པ་ཐ་མ་རྣམ་མཁྱེན་ གྱི་བྱེད་པ་ནི། རྣམ་མཁྱེན་ཉིད་ཆོས་ཅན། འཇིག་རྟེན་གྱི་རྟེན་སྒྲུབ་པར་མཛད་དེ། ཁྱོད་ཀྱིས་ ཆོས་ཐམས་ཅད་རྟོགས་ནས་གདུལ་བྱ་ལ་ཆོས་ཐམས་ཅད་སྟོན་པ་ཉེ་བར་ (སྙིང་མཆོག་)སྒྲུབ་ པའི་དོན་གྱིས་སོ། །རབ་འབྱོར་ཆོས་ཐམས་ཅད་ནི་བླ་མེད་རྫོགས་པའི་བྱང་ཆུབ་ཀྱི་ངང་ཚུལ་ ཅན་ཏེ། ཞེས་སོ། །ཐ་མ་འགྲོ་བའི་མཛད་པ་སྟེ་འགྲོ་བ་ནི་འབྲས་བུ་ཐོབ་པའོ། །ཞེས་དག་ ལྡན་ནོ། །གྱུར་པའི་མཛད་པ་སྟེ་འབྲས་བུ་ཐོབ་པ། ཞེས་རད་ཀིར་རོ། །འཇིག་རྟེན་གྱི་རྟེན་ སྒྲུབ་པ་ཞེས་པ་གཅིག་པོ་དེ་ཆོས་ཅན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བྱེད་པ་སྟེ། དེའི་ མཛད་པ་འཕྲིན་ལས་ཡིན་པས་སོ། །དེ་ལྟར་ན་བྱེད་པའི་རྣམ་པ་བཅུ་གཅིག་པོ་དག་གིས་ཇི་ 2-1-221 ལྟ་བ་བཞིན་དུ་སྟེ་མ་ནོར་བར། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་སྦྱོར་བ་དག་མཚོན་པར་ བྱེད་པས་ན་མཁྱེན་གསུམ་སྦྱོར་བའི་བྱེད་པའི་མཚན་ཉིད་ཡིན་ནོ། །མཐར་ཐུག་པའི་བཅུ་ གཅིག་པོ་རྣམ་མཁྱེན་དངོས་ཀྱིའོ། ། བཞི་པ་ལ་མཚམས་སྦྱར་ནི། (བྱ་བའི་ཁྱད་པར་ཡོད་ན་འབྲས་བུའི་ཁྱད་པར་འགྲུབ་པའི་ཕྱིར་དེས་ཀྱང་སྦྱོར་བ་ མཚོན་པར་བྱ་བ་ཡིན་ནོ། །ཞེས་གསུང་བ་ནི། ཞེས་ཤེར་འབྱུང༌། ) བྱེད་པའི་མཚན་ཉིད་ཀྱིས་བྱེད་ལས་ཤེས་ པར་བྱས་པ་རྣམས་ཀྱི་ངོ་བོ་ཉིད་ཀྱི་མཚན་ཉིད་གང་ཡིན་ཞེ་ན། བར་སྐབས་ཀྱི་ཚིགས་བཅད་ གསུམ་གྱིས་ངོ་བོ་ཉིད་ཀྱི་མཚན་ཉིད་སྟོན་ནོ། །རྩ་བ་ལ། ངོ་བོ་ཉིད་བཅུ་དྲུག་གི་བདག་ཉིད་ ཆོས་ཅན། མཚན་ཉིད་བཞི་པ་ངོ་མཚན་ཏེ་གཉིས་སུ་ཕྱེ་བའི་ལས་སྒྲུབ་ཀྱི་མཚན་ཉིད་ཡིན་ པར་བཞེད་པ་ཡིན་ཏེ། མཁྱེན་གསུམ་མམ་དེའི་སྦྱོར་བ་བྱེད་སྒྲུབ་ཀྱིས་མཚོན་པར་བྱ་བའི་ གཞིར་མཚོན་པར་བྱེད་པས་ནའོ། །བཅུ་དྲུག་གང་ན། འགྲེལ་པ་དང་ལྷན་གཅིག་བཤད་དེ། བྱང་འཕགས་ཀྱི་གཞི་ཤེས་མཉམ་བཞག་ཆོས་ཅན། རང་གི་ངོ་བོ་ཉོན་མོངས་དྲག་པོའི་ངོ་ བོས་དབེན་ཏེ། རང་གི་ངོ་བོ་འདོད་ཆགས་ཞེ་སྡང་ལ་སོགས་པའི་ཉོན་མོངས་པས་སྟོང་པའོ། ། འདོད་ཆགས་རྣམས་པར་བསལ་བས་དབེན་པའི་རང་བཞིན་དུ་འགྱུར་རོ། །ཞེས་སོགས་ སོ། །ཆོས་ཅན། ཉོན་མོངས་དྲག་པོའི་རྟགས་སམ་འབྲས་བུས་དབེན་ཏེ། ཆགས་སྡང་སོགས་ དེའི་རྟགས་ལུས་དང་ངག་གི་གནས་ངན་ལེན་སྲོག་གཅོད་རྫུན་ཚིག་སོགས་ཀྱིས་སྟོང་པས་ སོ། །(བྱང་སེམས་ཆེན་པོ་དེ་དག་ནི་)འདོད་ཆགས་ཀྱི་རྟགས་ཀྱིས་དབེན་པའི་རང་བཞིན་དུ་འགྱུར་ རོ། །ཞེས་སོགས་སོ། །ཆོས་ཅན། ཉོན་མོངས་དྲག་པོའི་མཚན་མས་དབེན་ཏེ། ཆགས་སྡང་ སོགས་དེའི་མཚན་མ་སྟེ་རྒྱུ་ཚུལ་བཞིན་མིན་པ་གཙང་བདེ་རྟག་བདག་ཏུ་ཡིད་ལ་བྱེད་དང་ སོགས་པ་དེའི་རྒྱུ་ཕྲ་རྒྱས་ཅི་རིགས་པས་སྟོང་པས་སོ། །འདོད་ཆགས་ཀྱི་མཚན་མས་དབེན་ པའི་རང་བཞིན་དུ་འགྱུར་རོ། །ཞེས་སོགས་སོ། །སྤང་བྱ་མི་མཐུན་ཕྱོགས་དང་གཉེན་པོ་རྣམ་ 2-1-222 བྱང་དུ་རྟོག་པ་མངོན་གྱུར་གྱིས་དབེན་ཏེ། འདོད་ཆགས་དང་འདོད་ཆགས་མེད་པ་སོགས་ པས་ཞེ་སྡང་ཡོད་མེད་སོགས་མི་མཐུན་ཕྱོགས་དང་གཉེན་པོར་རྟོགས་པ་མངོན་གྱུར་གྱིས་ སྟོང་པས་སོ། ། འདོད་ཆགས་དང་འདོད་ཆགས་མེད་པས་རྣམ་པར་དབེན་པའི་རང་བཞིན་དུ་འགྱུར་ རོ། །ཞེས་སོགས་སོ། །དེ་ལྟར་ན་ཉོན་མོངས་རྟགས་སོགས་ཀྱིས་དབེན་པའི་ངོ་བོ་ཉིད་བཞི་ བོ་ཆོས་ཅན། བྱང་སེའི་གཞི་ཐམས་ཅད་ཤེས་པ་ཉིད་ཀྱི་ངོ་བོ་ཉིད་ཡིན་ཏེ། དེའི་རང་བཞིན་ དུ་གྱུར་པའི་ཆོས་ཡིན་པས་སོ། །ལམ་ཤེས་དངོས་ཆོས་ཅན། བྱ་དཀའ་བ་བྱེད་པའི་ངོ་བོ་ ཉིད་ཡིན་ཏེ། སེམས་ཅན་ཐམས་ཅད་མྱ་ངན་ལས་བཟླ་བར་གོ་གྱོན་པའི་སྦྱོར་བ་ཡིན་པས་ སོ། །ཁྱབ་སྟེ། ཀུན་རྫོབ་ཏུ་སེམས་ཅན་གྲངས་མེད་ཅིང་དོན་དམ་པར་སེམས་ཅན་མེད་པའི་ ཕྱིར་མྱ་ངན་ལས་བཟླ་བར་དཀའ་བས་སོ། །བྱང་ཆེན་པོ་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ ངན་ལས་བཟླ་བར་བྱའོ། །ཞེས་གོ་ཆ་བགོས་པ་དེ་དག་ནི་དཀའ་བ་བྱེད་པའོ། །ཞེས་སོགས་ སོ། །ཆོས་ཅན། མཐའ་གཅིག་ཏུ་འཚང་རྒྱ་བྱེད་དུ་ངེས་པའི་ངོ་བོ་ཉིད་ཡིན་ཏེ། རང་རྒྱུད་ལྡན་ མཐར་ཐུག་ཐེག་པ་གཞན་ཐེག་དམན་དུ་མི་ལྟུང་བར་མི་གནས་པའི་མྱང་འདས་སུ་ཕྱིན་པར་ བྱེད་པ་ཉིད་ཀྱི་མཚན་ཉིད་དམ་དངོས་པོ་ཡིན་པས་སོ། །ཉན་ཐོས་ཀྱི་སའམ་རང་སངས་རྒྱས་ ཀྱི་སར་ལྟུང་བའི་གནས་དང་སྐབས་མེད་དོ། །ཞེས་སོ། །ཆོས་ཅན། ཆེད་དུ་བྱ་བ་ (བརྒྱད་སྟོང་པར་ སངས་རྒྱས་ཉིད་ལ་རེ་བར་བྱ་ཞེས་སོ། ། )མ་འཁྲུལ་བའི་ངོ་བོ་ཉིད་ཡིན་ཏེ། སེམས་ཅན་ཐམས་ཅད་ཡུན་ རིང་བོ་བསྐལ་བ་གྲངས་མེད་ནས་བསྒྲུབ་པར་བྱ་བའི་མཆོག་ (མྱང་འདས་དང་)རྣམ་མཁྱེན་ཉིད་ གྱི་ཆེད་དུ་སྦྱོར་བ་ཡིན་པས་སོ། །(དག་ལྡན་ནོ། །སེམས་ཅན་ཉུང་ཟད་ཉི་ཚེའི་དོན་དུ་གོ་ཆ་བགོས་པ་མ་ཡིན། ཡེ་ ཤེས་ཉུང་ཟད་ཉི་ཚེའི་དོན་དུ་གོ་ཆ་བགོས་པ་མ་ཡིན་གྱིས་རབ་འབྱོར། ) བྱང་ཆེན་པོས་ནི་སེམས་ཅན་ཐམས་ཅད་ ཡོངས་སུ་མྱ་ངན་ལས་ཟླ་བ་དང༌། རྣམ་མཁྱེན་གྱི་ཡེ་ཤེས་ཀྱི་དོན་ (དག་ལྡན་ནོ། ། )དུ་གོ་ཆ་བགོས་ 2-1-223 སོ། །ཞེས་སོགས་སོ། །ཆེད་དུ་བྱ་བ་ཆེན་པོ་གསུམ་ལ་རད་ཀིར་རོ། །ཆོས་ཅན། འཁོར་ གསུམ་དུ་མི་དམིགས་པའི་ངོ་བོ་ཉིད་ཡིན་ཏེ། བསྒོམ་པར་བྱ་བ་དང་སྒོམ་པ་པོ་གང་ཟག་དང་ བསྒོམ་པའི་ཆོས་མི་དམིགས་པའི་སྦྱོར་བ་ཡིན་པས་སོ། །སུས་ཀྱང༌། ཅིར་ཡང༌། གང་དུ་ཡང་ བསྒོམ་པར་མི་བགྱིའོ། །ཞེས་སོགས་སོ། །ཆོས་ཅན། ནམངོན་པར་ཞེན་པ་བཀག་པའི་ངོ་བོ་ ཉིད་ཡིན་ཏེ། འཁོར་འདས་སོགས་ཀྱི་དངོས་པོར་མངོན་པར་ཞེན་པ་མཐའ་དག་བཀག་པའི་ སྦྱོར་བ་ཡིན་པས་སོ། །ཡུམ་ཟབ་མོ་འདི་ལ་མངོན་པར་ཆགས་པ་མེད་དམ་ཞེས་ཡུམ་ཟབ་མོ་ འདི་ལ་བརྟག་པར་བྱའོ། །ཞེས་སོགས་ནས། སྦྱིན་སོགས་ཀུན་ལའོ། །དེ་ལྟ་བུའི་ངོ་བོ་ཉིད་ལྔ་ བོ་དག་ནི་ཆོས་ཅན། ལམ་ཤེས་ཉིད་ཀྱི་ངོ་བོ་ཉིད་ཡིན་ཏེ། དེའི་རང་བཞིན་དུ་གྱུར་པའི་ཆོས་ ཡིན་པས་སོ། །རྣམ་མཁྱེན་དངོས་ཆོས་ཅན། དེ་བཞིན་ཉིད་ལ་དམིགས་པའི་ངོ་བོ་ཉིད་ཡིན་ ཏེ། གཞི་ཐམས་ཅད་ཤེས་པ་ཉིད་དང་ལམ་ཤེས་པ་ཉིད་ཀྱིས་བསྡུས་པའི་དངོས་པོའི་ཁྱད་ པར་ཡུལ་ཡུལ་ཅན་རྣམས་རྗེས་ཐོབ་ཏུ་སྒྱུ་མ་ལྟ་བུ་དང་མཉམ་ (བུ་སྟོན་ཏེ་མདོ་དོན་དུ་སྣང་)བཞག་ ཏུ་བདེན་དངོས་ཀྱིས་སྟོང་པར་མངོན་སུམ་དུ་རྟོགས་པས་སོ། །རྣམ་མཁྱེན་ཉིད་ལ་གཞོལ་ བའི་བསམ་པས་ཡུམ་ཟབ་མོ་འདི་ལ་བརྟག་པར་བྱའོ། །ཞེས་སོགས་སོ། །ཆོས་ཐམས་ཅད་ ཀྱི་སྟོང་པ་ཉིད་དམིགས་པ་ཞེས་རད་ཀིར། དེ་བཞིན་ཉིད་དམིགས་པ་ཞེས་དག་ལྡན་ནོ། །དེ་ གསུམ་རིམ་བཞིན་མཁྱེན་གསུམ་གྱི་རྣམ་པ་བསྒོམ་པ་ལ་ཨཱརྱ་སྦྱར་རོ། །ཆོས་ཅན། ཆོས་ སྟོན་པ། འཇིག་རྟེན་ཐམས་ཅད་དང་མི་མཐུན་པའི་ངོ་བོ་ཉིད་ཡིན་ཏེ། (འཇིག་རྟེན་གྱི་སྒྲུབ་པའི་སྤྱོད་ པ་འཛིན་པ་དང་སོགས་པ་མི་འཛིན་པ་ལ་སོགས་པ་ལས་བཟློག་སྟེ་གཟུང་མི་གཟུང་ལས་འདས་པའི་ཟབ་པར་བསྟན་པས་ཞེས་ མདོ་དོན་ནོ། ། ) འཇིག་རྟེན་ནི་ཕྱི་རོལ་བའོ། །དེའི་སྒྲུབ་པ་ནི་ཚངས་པ་རྟག་པ་ལ་སོགས་པར་སྟོན་ པའི་རང་གི་བསྟན་བཅོས་དེ་འཛིན་ཉན་མི་བརྗེད་སོགས་ལས་བཟློག་པ་སྟེ་དེ་དང་འགལ་ བ་བདག་མེད་གཉིས་སྟོན་པའི་ཡུམ་ཉན་འཛིན་མི་བརྗེད་ཚུལ་བཞིན་ཡིད་ལ་བྱེད་པ་བསྟན་ 2-1-224 (ཀུན་གསེར་)པས་སམ་སྟོན་པས་སོ། །ཞེས་གསེར་རོ། །ཡང་ན་ཉན་རང་གི་རྟོགས་པ་དང་མི་ མཐུན་པའི་ངོ་བོ་ཉིད་ཡིན་ཏེ། འཇིག་རྟེན་གྱི་སྒྲུབ་པའི་འཛིན་པ་ནི་གཟུང་འཛིན་གྱི་མཚན་ མར་སྤྱོད་པ་སྟེ་དེ་ལས་བཟློག་སྟེ་ལྟས་པས་སོ་ཞེས་བུདྡྷ་ཤྲཱིའོ། །འཇིག་རྟེན་ཐམས་ཅད་དང་ མི་མཐུན་པའོ། །ཞེས་སོགས་སོ། །(མདོར། གཟུགས་ནས་རྣམ་མཁྱེན་གྱི་བར་དུ་གཟུང་བའི་སླད་དུ་བསྟན་པ་མ་ ལགས། མི་གཟུང་བའི་སླད་དུ་བསྟན་པ་མ་ལགས་ཞེས་པར། གནོད་འཇོམས་སུ། འདི་ནི་གཟུགས་སོ་ཞེས་མཚན་མར་འཛིན་ པ་ནི་གཟུང་བའོ། །གཟུགས་མེད་དོ་ཞེས་རྣམ་པ་ཐམས་ཅད་དུ་བསྐུར་བ་འདེབས་པ་ནི་མི་གཟུང་བའོ། །ཞེས་སོ། ། ) ཆོས་ ཅན། གཟུགས་ལ་སོགས་པ་ཐོགས་པ་མེད་པར་ཤེས་པའི་ངོ་བོ་ཉིད་ཡིན་ཏེ། གཞི་ལམ་རྣམ་ པ་མཐའ་དག་མངོན་སུམ་དུ་མཁྱེན་པས་སོ། ། གཟུགས་ལ་ཐོགས་པ་མ་མཆིས་སོ། །ཞེས་ སོགས། རྣམ་མཁྱེན་བར་རོ། །རྣམ་མཁྱེན་གྱི་སྦྱོར་བ་ལ་སྦྱོར་ན་ཤེས་པར་བྱེད་པའི་ངོ་བོ་ ཉིད་དེ་རྣམ་མཁྱེན་ཉིད་བསྐྱེད་པས་སོ། །ཞེས་སྦྱར་རོ། །ཆོས་ཅན། དོན་དམ་པར་གཟུགས་ སོགས་ཀྱི་གཞིའམ་རྟེན་མེད་པའི་ངོ་བོ་ཉིད་ཡིན་ཏེ་ཤེས་བྱ་དང་ཤེས་པ་དོན་དམ་པར་མི་ དམིགས་པས་སོ། །ཡང་དེར་རྟོགས་པའི་ངོ་བོ་ཉིད་ཡིན་ཏེ། ཤེས་བྱ་ཤེས་པ་དོན་དམ་པར་མ་ དམིགས་པར་མངོན་སུམ་དུ་རྟོགས་པས་སོ། །ཆོས་འདི་ན་གཟུགས་ཀྱི་རྟེན་མི་དམིགས་པ། ནས། རྣམ་མཁྱེན་བར་རོ། །ཆོས་ཅན། ཆོས་ཐམས་ཅད་ཀྱི་ཆོས་ཉིད་ཐོག་མ་གང་ནས་འོང་ བ་ཐ་མར་ (འབུམ་ཊཱིཀ་)གར་ཡང་འགྲོ་བ་མེད་པའི་ངོ་བོ་ཉིད་ཅན་ཡིན་ཏེ། དེ་དེ་བཞིན་ཉིད་ཡིན་ པ་ཉིད་ཀྱིས་སོ། །མཆོག་དམན་འགྲོ་བ་མེད་ཅེས་ཁ་ཅིག་གོ །(བོད། ) ཆོས་ཅན། དོན་དམ་པར་ སྐྱེ་བ་མེད་པའི་ངོ་བོ་ཉིད་ཡིན་ཏེ། དོན་དམ་པར་ཆོས་གང་གི་ཡང་རྗེས་སུ་སྐྱེ་བ་མེད་པའི་ ཡེ་ཤེས་ཡིན་པས་སོ། །དེ་ཡིན་ཏེ། དོན་དམ་པར་གཟུགས་ལ་སོགས་པ་དང་དེའི་དེ་བཞིན་ ཉིད་ལ་སོགས་པ་བདེན་པའི་ངོ་བོའམ་དངོས་པོ་མེད་པས་སོ། །གཟུགས་ཀྱི་རྗེས་སུ་མ་སྐྱེས་ གཟུགས་ཀྱི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། ཞེས་སོགས་ནས། སྐྱེ་བར་འགྱུར་བའི་ཆོས་དེ་ 2-1-225 དག་མེད་ཅིང་མི་དམིགས་སོའི་བར་རོ། །ཆོས་ཅན། དོན་དམ་པར་དེ་བཞིན་ཉིད་ཅིར་ཡང་མི་ དམིགས་པའི་ངོ་བོ་ཉིད་ཡིན་ཏེ། དོན་དམ་པར་དེ་བཞིན་ཉིད་དངོས་པོ་དང་དངོས་པོ་མེད་པ་ དང་སོགས་པས་གཉིས་ཡིན་གཉིས་མིན་གྱི་དངོས་པོ་གཅིག་ཏུ་བགྲངས་པས་རྣམ་པ་གསུམ་ གྱི་ངོ་བོ་སྟེ་དངོས་པོ་གང་དུ་ཡང་མི་དམིགས་པའི་ཡེ་ཤེས་ཡིན་པས་སོ། །དེ་བཞིན་ཉིད་ནས་ ཡང་དག་མཐའི་བར་ནི་ཟབ་སྟེ་དེ་ལ་གཟུགས་མི་དམིགས་གཟུགས་ཀྱི་དེ་བཞིན་ཉིད་མི་ དམིགས། སོགས། རྣམ་མཁྱེན་བར་རོ། །ཡང་ཕྱི་མ་རྣམས་ལ་དེ་དང་དེར་རྟོགས་པའི་ངོ་བོ་ ཉིད་ཡིན་ཏེ། ཞེས་ཀྱང་བསྙད་དོ། །ཞེས་བྱ་བ་དེ་ལྟ་བུའི་བདུན་པོ་དག་ནི་ཆོས་ཅན། རྣམ་ མཁྱེན་ཉིད་ཀྱི་ངོ་བོ་ཉིད་ཡིན་ཏེ། དེའི་རང་བཞིན་དུ་གྱུར་པའི་ཆོས་ཡིན་པས་སོ། །ཚུལ་དེ་ ལྟར་ན་ངོ་བོ་ཉིད་བཅུ་དྲུག་གིས་ཇི་ལྟ་བ་བཞིན་དུ་སྟེ་མ་ནོར་བར་ཐམས་ཅད་མཁྱེན་པ་ཉིད་ གསུམ་གྱི་སྦྱོར་བ་དག་མཚན་ཉིད་དང་ལྡན་ (ཞིང་མཚོན་པས་བྱ་བ་ཡིན་པས་ན་མཚན་གཞིའོ། །ཞེས་དག་ལྡན། ) པ། མཚན་གཞི་ལྟ་བུར་མཚོན་པར་བྱེད་པས་དེ་ལྟར་ན་ (མཚན་ཉིད་)བཞི་པ་ (ཡིན་ཏེ་བྱེད་པར་སྒྲུབ་པའི་ མཚན་ཉིད་གསུམ་པ་དག་ལས་ལྷག་པས་སོ། །ཞེས་དག་ལྡན་ནོ། ། )ངོ་བོ་ཉིད་ཀྱི་མཚན་ཉིད་དུ་བཞེད་དོ། །ཐ་མ་ བདུན་མཐར་ཐུག་པ་རྣམ་མཁྱེན་དངོས་ཀྱི་ངོ་བོ་ཉིད་དོ། །ཞེས་སྦྱར་རོ། ། དོན་བསྡུ་ནི། ཤེས་པ་ཞེ་བརྒྱད། ཁྱད་པར་བཅུ་དྲུག བྱེད་པ་བཅུ་གཅིག ངོ་བོ་ཉིད་བཅུ་ དྲུག་ཡོད་པ་དེ་ལྟར་ན་མཚན་ཉིད་ཐམས་ཅད་སྤྱིར་ཕྱོགས་གཅིག་ཏུ་བསྡོམས་ན་ནི་མཚན་ ཉིད་དགུ་བཅུ་རྩ་གཅིག་ཏུ་འགྱུར་རོ། །དག་ལྡན་སོགས་ལྟར་ན་དེ་བས་ཉུང་ངོ༌། ། དྲུག་པ་ལ། ཐར་ཆའི་མཚན་ཉིད། དེའི་དབྱེ་བའོ། །(དག་ལྡན་དངོས། )དང་པོ་ལ། མཚམས་ སྦྱར་ནི། ཐར་བ་ཆ་མཐུན་གྱི་དགེ་རྩ་དང་ལྡན་པའི་གང་ཟག་ཁོ་ན་ལ་སྔར་ཇི་སྐད་བཤད་ པའི་སྦྱོར་བ་ཡོངས་སུ་ཤེས་པ་འབྱུང་བས་ཐར་བའི་ཆ་དང་མཐུན་པ་སྟོན་ནོ། །རྩ་འགྲེལ་ནི། ཚོགས་ལམ་ཆེན་པོ་བའི་བྱང་སེའི་དད་སོགས་ལྔ་ཆོས་ཅན། རྣམ་པ་ཐམས་ཅད་མངོན་པར་ 2-1-226 རྫོགས་པར་རྟོགས་པའི་སྐབས་འདི་ལའམ་འདིར་ཐར་བའི་ཆ་དང་མཐུན་པ་ཡིན་པར་ (རྒྱལ་ བ་རྣམས་ཞེས་གསེར་)འདོད་དོ། །གཟུགས་ནས་རྣམ་མཁྱེན་གྱི་བར་དུ་མཚན་མར་འཛིན་པ་མེད་ པར་དམིགས་པའི་ཤེས་པའི་རབ་ཀྱི་རྣམ་པས་ (མདོ་དོན་)ཟིན་པའི་ཐབས་མཁས་ཀྱིས་རབ་ ཏུ་སྦྱིན་པ་དང༌། ཚུལ་ཁྲིམས་ལ་སོགས་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་ པ་རྣམས་རང་རྒྱུད་ལྡན་གྱི་རྒྱུད་ལ་བསྒྲུབ་པ་བསྐྱེད་པར་མཁས་པའི་ (ཞེས་བྱ་བ་ནི་གཞན་གྱི་དོན་ལ་ དམིགས་པ་རབ་ཏུ་བསྲབ་པ་སྟེ་དྲོད་མ་རྙེད་པའི་བྱང་པ་རྣམས་ནི་སེམས་ཅན་ལ་དམིགས་པར་བྱེད་མོད་ཀྱི་ད་དུང་བདག་གཞན་ མཉམ་རྗེས་མི་ནུས་པས་ཕྱིར་མི་ལྡོག་མིན་ཞེས་ཆོས་བཤེས་སོ། ། )ཚོགས་ལམ་ཡིན་པས་སོ། །འདི་ལ་ཞེས་པས་ གཞན་དུ་ཐར་བར་བསྔོ་བའི་དགེ་བ་རྣམས་ལ་ཐར་བའི་ཆ་དང་མཐུན་པ་ཞེས་དགོངས་སོ། ། ཞེས་རད་ཀིར་རོ། །ཐོག་མ་སེམས་བསྐྱེད་པ་ནས་གཟུང་སྟེ་རྣམ་མཁྱེན་གྱི་སེམས་དང་མ་ བྲལ་བར་སྦྱིན་པ་གཏོང་བ་དང༌། ཞེས་སོགས་ནས་རྣམ་མཁྱེན་གྱི་བར་དུ་བསྒོམ་ཞིང་མཚན་ མར་མི་བྱེད་དོ། །ཞེས་སོ། །འདི་ཚོགས་ལམ་གྱི་ཆོས་ཡིན་པས་ཅུང་ཟད་བཤད་ན། རྟེན་དང་ བརྟེན་པའོ། །དང་པོ་ལུས་རྟེན་ནི། ལས་ཉོན་རྣམ་སྨིན་གསུམ་གྱི་སྒྲིབ་པ་ཅན་མ་གཏོགས་ པའི་གླིང་གསུམ་གྱི་མི་ཁོ་ན་ལ་དང་པོར་སྐྱེ་ཞིང༌། སྐྱེས་ཟིན་འདོད་ལྷ་ལའང་ཡོད་པར་བྱེ་ བྲག་ཏུ་སྨྲ་བ་འདོད་དོ། །མི་ཡི་ནང་ནས་འཕེན་པར་བྱེད། །ཅེས་གསུངས་སོ། །ཐེག་ཆེན་ ལྟར་ན། སེམས་བསྐྱེད་སྐྱེར་རུང་གི་ལྷ་མི་དང་དུད་འགྲོ་སོགས་ལའང་དང་པོ་སྐྱེའོ། །གཉིས་ པ་སེམས་རྟེན་ནི། ཐོས་བསམ་གཙོ་ཆེ་བས་འདོད་སེམས་ལ་གཙོ་ཆེར་བརྟེན་ཅིང༌། བསམ་ གཏན་ས་དྲུག་ལ་བརྟེན་པའང་སྲིད་པར་འདོད་དེ་དེར་ཆོས་རྒྱུན་ཏིང་ངེ་འཛིན་འཐོབ་པས་སོ་ ཟེར་རོ། ། གཉིས་པ་ལ། མཚན་ཉིད། མཚོན་བྱའི་སྒྲ་བཤད། མཚན་གཞིའི་རབ་དབྱེ་གསུམ་ལས། དང་པོ་ནི། སོ་སོའི་ངེས་མཐུན་མ་སྐྱེས་གོང་གི་དགེ་ཚོགས་གང་ཞིག བྱང་ཆུབ་ཏུ་བགྲོད་པའི་ 2-1-227 གོ་སྐབས་ཕྱེ་ཤུལ་ལོ། །ཐར་ཆའི་མཚན་ཉིད་བཤད་ཟིན་ཏོ། ། གཉིས་པ་ནི་དགེ་བ་དུ་མ་ལྷན་གཅིག་པའམ་འདུས་པས་ཚོགས་བྱང་ཆུབ་ཏུ་ཕྱིན་པར་ བྱེད་པས་ལམ་ཏེ། ཚོགས་སྒྲུབ་ཏུ། ཚོགས་པ་ནི་དངོས་སུ་ན་ཆོས་དུ་མའི་དོན་ཏོ། །ཞེས་ཆོས་ བཤེས་སོ། །ཡང་ལས་ཉོན་ཆེས་རགས་པ་མི་ཁོམ་པ་བརྒྱད་དུ་འཕེན་བྱེད་སོགས་དང་བྲལ་ བའི་ཕྱིར། དེ་ལས་ཐར་བ་དྲོད་སོགས་སྦྱོར་ལམ་ཏེ། (ཆོས་བཤེས་དངོས། ) དེའི་ཆ་ནི་ཕྱོགས་གཅིག་ མཐུན་པ་ནི་ཕན་འདོགས་པ་སྟེ། ཨཱརྱ། འདིར་ཐར་བ་ནི་བྲལ་བའི་ཁྱད་པར་ཡིན་ལ། དེའི་ཆ་ ལ་ཕན་པས་ན་ཐར་བའི་ཆ་དང་མཐུན་པའོ། །ཞེས་བཤད་དོ། །ཞེས་པ་རྣམས་ཆོས་བཤེས་ སོ། །ཡང་ན་འཁོར་བ་ལས་ཐར་བ་མྱང་འདས་ཐོབ་པ་ལ་ཕན་པས་ཐར་བ་ཆ་མཐུན་ཏེ། ཐར་ བ་བླ་ན་མེད་པ་ཡིན། ཞེས་པ་ལྟར་རོ། ། གསུམ་པ་ནི། ཚོགས་ལམ་ཆུང་འབྲིང་ཆེ་གསུམ་སྟེ་དེར་དྲན་པ་ཉེར་བཞག ཡང་དག་ སྤོང་བཞི་རྫུ་འཕྲུལ་རྐང་བཞི་རིམ་བཞིན་བསྒོམ་མོ། །ཐར་ཆ་ལ་ཡང་ཆུང་འབྲིང་ཆེ་གསུམ་སྟེ་ གཞུང་དུ་སྟོན་ནོ། །ངོ་བོ་ནི། ཀུན་བཏུས་སུ། ཚོགས་ཀྱི་ལམ་གང་ཞེ་ན། སོ་སོ་སྐྱེ་བོའི་ཚུལ་ ཁྲིམས་དང༌། དབང་བོའི་སྒོ་བསྡམས་པ་དང༌། ཟས་ཀྱི་ཚོད་ཤེས་པ་དང༌། ནམ་གྱི་ཆ་སྟོད་དང་ ཆ་སྨད་ལ་མི་ཉལ་བར་རྣལ་འབྱོར་ལ་བརྩོན་པ་དང༌། (དྲན་)ཤེས་བཞིན་དུ་གནས་པར་མངོན་ པར་དགའ་བའོ། །ཡང་རྒྱུར་གྱུར་པའི་དགེ་བ་གཞན་དང༌། ཐོས་པ་ལས་བྱུང་བ་དང༌། བསམ་ པ་ལས་བྱུང་བ་དང༌། སྒོམ་པ་ལས་བྱུང་བའི་ཤེས་རབ་ཀྱང་རུང་སྟེ། ཞེས་སོ། །ཨཱརྱ། འདི་དག་ ཐམས་ཅད་ཐོས་པ་དང་བསམ་པའི་རང་བཞིན་ཡིན་པར་ཤེས་པར་བྱ་སྟེ། དེ་ཐོག་མ་ཁོ་ནར་ བསྟན་པ་ལ་འཇུག་པའི་རྒྱུ་ཡིན་པའི་ཕྱིར་རོ། །ཞེས་བཤད་ཅིང༌། སྦྱོར་ལམ་དུ་ནི་སྒོམ་བྱུང་ ཡོད་པར་བཤད་པས་ཐོས་བསམ་གྱི་རང་བཞིན་དུ་བཞེད། ཅེས་དང༌། ཁ་ཅིག ཐོས་བསམ་ གྱི་རང་བཞིན་ཡིན་ཞེས་དང༌། དེ་ཕལ་ཆེའི་སྒོམ་བྱུང་གི་ཤེས་རབ་ཀྱང་མེད་ཅེས་ངེས་པར་མི་ 2-1-228 དགག་གོ་ཟེར་རོ། །ཞེས་ཆོས་བཤེས་སོ། །ཕྱི་མ་འཐད་དོ། །འདི་ཕྱིར་མི་ལྡོག་ཡིན་ནམ་མིན་ ཞེ་ན། ཕྱིར་མི་ལྡོག་ནི་བཞི་སྟེ། བྱང་ཆུབ་ལས། (ཉན་ཐོས་དང་ཐུན་མོང་དུ་ཐར་ལམ་ནས་བཟོད་པའི་བར་རོ། ། ) བྱང་ཆུབ་ཁྱད་པར་ཅན་ལས་ (ཐེག་ཆེན་དྲོད་ནས་)འཇིག་རྟེན་ལས་འདས་པའི་ས་ལས་ (ས་དང་པོ་ནས་ སོ། ། )རྩོལ་བ་མེད་པ་ལས་ཕྱིར་མི་ལྡོག་པའོ། །(མི་གཡོ་བ་ལའོ་ཞེས་ཆོས་བཤེས། ) དེ་ལྟར་སྤྱིར་ཐར་ ཆ་ཙམ་ཐེག་པ་ཁྱད་པར་ཅན་གྱི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་མ་ངེས་པས་ཕྱིར་མི་ལྡོག་ཏུ་ མ་བརྗོད་དོ། །ཞེས་སོ། །(ཆོས་བཤེས། ) ཡང་སྐབས་གཞན་དུ་ཚོགས་ལམ་ཕལ་བ་ཐར་ཆ་མིན་ ནོ་ (ཆོས་བཤེས་)ཞེས་གསུང་བ་ནི། སྐབས་འདིར་བཤད་ཀྱི་ལ་དགོངས་ན་ལེགས་སོ། །གཞན་ དུ་ན་མི་འཐད་དོ། །ཐར་ཆ་འདིའི་རྟགས་ནི། ཨཱརྱ། ཆོས་ཀུན་བདེན་མེད་ལ་སེམས་མི་ཞུམ་ མམ་མི་དངང༌། མི་འགོང་ངམ་མི་སྐྲག ཡིད་ལ་འགྱོད་པ་མེད་པའམ་སྐྲག་པར་མི་ (ཆོས་བཤེས་) འགྱུར་བ་གསུམ་བཤད་ (དེ་མདོ་དོན་)དབྱིག་གཉེན། སྲིད་ (མདོ་གཞན་གྱི་དོན། )ཞིའི་སྐྱོན་ཡོན་ཐོས་ན་ བ་སྤུ་ལྡང་བ་དང་མཆི་མ་འཁྲུག་པ་སོགས་བཤད་དོ། ། གཉིས་པ་ལ། མཚམས་སྦྱར་ནི། བསྐྱེད་པར་མཁས་པ་དེ་གང་ཡིན་ཞེ་ན། དེ་དང་ཆེ་ འབྲིང་གི་དབྱེ་བ་བསྟན་པའི་ཕྱིར། བར་སྐབས་ཀྱི་ཚིགས་བཅད་གཉིས་སོ། །རྩ་འགྲེལ་ལ། མཁས་པའི་ཁྱད་པར། ཆེ་འབྲིང་གི་ཁྱད་པར་རོ། །དང་པོ་ནི། ཡུལ་ཡུལ་ཅན་གྲངས་བཞིན་ དུ་སྦྱར་ན། བྱང་སེ་ཚོགས་ལམ་ཆེན་པོ་བ་དབང་རྣོན་གྱི་དད་པ་ཆོས་ཅན། ཡུལ་ཁྱད་པར་ ཅན་ལ་དམིགས་པའི་དད་པ་ཡིན་ཏེ། སངས་རྒྱས་བྱང་སེམས་དེ་རྣམས་ཀྱི་ཚུལ་ (ཨཱརྱ་)ཁྲིམས་ (ཏིང་འཛིན་ཤེས་རབ་རྣམ་གྲོལ་གྱི་ཡེ་ཤེས་སོགས་ལམ་མཚན་མར་མ་བཟུང་བར། )སོགས་ལ་དམིགས་ནས་དེ་ སྒྲུབ་པ་ལ་མཁས་པའི་དད་པ་ཡིན་པས་སོ། །འདས་མ་འོངས་ད་ལྟར་བྱུང་བའི་སངས་རྒྱས་ རྣམས་ཀྱི་ཚུལ་ཁྲིམས་དང་ཏིང་ངེ་འཛིན་ཞེས་སོགས་ལྔ་དང་སྒོ་གསུམ་གྱི་ཏིང་ངེ་འཛིན་ཡིད་ ལ་སེམས་ཀྱང་མཚན་མར་མ་བཟུང༌། ཞེས་སོགས་སོ། །དེ་འདྲ་དེའི་བརྩོན་འགྲུས་ཆོས་ཅན། 2-1-229 སྤྱོད་ཡུལ་ཁྱད་པར་ཅན་ལ་དམིགས་པའི་བརྩོན་འགྲུས་ཡིན་ཏེ། སྦྱིན་སོགས་ཕྱིན་དྲུག་ལ་ མཚན་མར་མི་འཛིན་པར་དམིགས་ནས་དེ་སྒྲུབ་པ་ལ་མཁས་པའི་བརྩོན་འགྲུས་ཡིན་པས་ སོ། །སྦྱིན་པ་བྱིན་ཡང་མཚན་མར་མ་བཟུང༌། ཞེས་སོགས་སོ། །དེ་འདྲ་དེའི་དྲན་པ་ཆོས་ཅན། ཡུལ་ཁྱད་པར་ཅན་ལ་དམིགས་པའི་དྲན་པ་ཡིན་ཏེ། ཡུམ་དང་ཐབས་མཁས་དང་མ་བྲལ་ བའམ་ (མདོ་དོན་)བླང་དོར་མ་བརྗེད་པའམ་ (བུདྡྷ་ཤྲཱི་)དགེ་བ་འདོད་ཅིང་མི་དགེ་ (གསེར་)འདོར་ སོགས་ཀྱི་བསམ་པ་ཕུན་སུམ་ཚོགས་པ་ལ་དམིགས་ནས་ཞེས་སོགས་ཀྱི་དྲན་པས་སོ། །ཡུམ་ དང་ཐབས་མཁས་པ་དང་མ་བྲལ་བའི་བསམ་པ་ཅན་དེའི་བླ་མེད་རྫོགས་ཆུབ་ནི་ཐེ་ཚོམ་མ་ མཆིས་སོ། །(མདོར་དྲངས་ཨཱརྱ། ) ཞེས་སོ། །དེ་འདྲ་དེའི་ཏིང་ངེ་འཛིན་ཆོས་ཅན། ཡུལ་ཁྱད་པར་ ཅན་དམིགས་པའི་ཏིང་ངེ་འཛིན་ཡིན་ཏེ། འཚང་བརྒྱ་བྱ་རྒྱ་བྱེད་ཀྱི་གཟུགས་སོགས་གང་དུ་ ཡང་རྣམ་པར་ (ལས་དང་བྱ་བ་བྱེད་པོ་མ་དམིགས་ཞེས་གསེར། )མི་རྟོག་པའི་བློ་ཁོང་དུ་ཆུད་ནས་སྒྲུབ་པར་ མཁས་པའི་ཏིང་ངེ་འཛིན་ཡིན་པས་སོ། །གང་མངོན་རྫོགས་འཚང་རྒྱ་བ། གང་གིས་འཚང་ རྒྱ་བ། གང་འཚང་རྒྱ་བར་བགྱི་བའི་གཟུགས་སམ། ནས་རྣམ་མཁྱེན་ཉིད་དམ་ཆོས་གང་ཡང་ དམིགས་པ་མ་མཆིས་སོའི་བར་རོ། །དེ་འདྲ་དེའི་ཤེས་རབ་ཆོས་ཅན། ཡུལ་ཁྱད་པར་ཅན་ ལ་དམིགས་པའི་ཤེས་རབ་ཡིན་ཏེ། དོན་དམ་པར་ཆོས་ཐམས་ཅད་ཀྱི་རྣམ་པ་ཐམས་ཅད་མི་ དམིགས་པར་ཡོངས་སུ་ཤེས་པའམ་ཁོང་དུ་ཆུད་ནས་དེ་སྒྲུབ་པར་མཁས་པའི་ཤེས་རབ་ཡིན་ པས་སོ། །བྱང་ཆེན་པོ་ཆོས་ཐམས་ཅད་མངོན་རྫོགས་པར་འཚང་རྒྱ་བར་བགྱིད་ལ་ཆོས་དེ་ དག་ཀྱང་མ་མཆིས་ཤིང་མི་དམིགས་པས་བླ་མེད་ཡང་དག་རྫོགས་ཆུབ་ནི་འབྱུང་བར་དཀའ་ འོ། །ཞེས་སོགས་སོ། །དེ་འདྲའི་དད་སོགས་ལྔ། ཐེག་དམན་གྱི་ཐར་ཆའི་དད་སོགས་ལྔ་ལས་ ཁྱད་པར་དུ་འཕགས་པ་ཅན་ཡིན་ཏེ། ཞེས་རྟགས་སྔར་བཤད་ལྔ་བཀོད་དེ་སོ་སོར་སྦྱར་རོ། ། སོ་སྐྱེ་ཚོགས་ལམ་པའི་དད་སོགས་ལྔ་ཆོས་ཅན། དབང་བོ་ལྔ་དང་སྟོབས་ལྔ་ཞེས་པའི་ཡ་ 2-1-230 གྱལ་གྱི་དབང་བོའི་ངོ་བོ་སྟེ་དེ་ཉིད་མ་ཡིན་ཏེ། མི་མཐུན་ཕྱོགས་མ་དད་པ་སོགས་གཞོམ་པར་ དབང་བྱེད་པར་མི་ནུས་པས་སོ། །དེ་ཡིན་ཏེ། རེས་འགའ་མ་དད་སོགས་དེ་ཁྱོད་པས་མཐུ་ཆེ་ བར་འགྱུར་བས་སོ། །ཞེས་ཆོས་བཤེས་སོ། །ཡང་ན་འཕགས་ལམ་འགྲུབ་པ་ལ་ལྷག་པར་ དབང་བསྒྱུར་མི་ནུས་པས་སོ་ཞེས་སྦྱར་རོ། །དེ་ལྟར་ན་ཡུལ་རྣམ་པ་ལྔ་ལ་མཁས་པ་ལྔའོ། ། གཉིས་པ་ནི། ཐར་ཆའི་དད་སོགས་ཡོད་པ་དེ་ལྟ་མོད་ཀྱི་ཐར་ཆའི་དད་སོགས་ཐམས་ ཅད་ཀྱིས་ཏེ་ཡིན་ཙམ་གྱིས་བླ་ན་མེད་པའི་བྱང་ཆུབ་བར་མ་ཆད་པར་ཐོབ་པས་ (མ་ཡིན་གྱི་ཞེས་ དགག་གི་རིམ་གྱིས་ནི་འཕགས་པའི་སྐྱེ་བོ་ཐམས་ཅད་སངས་རྒྱས་ཉིད་དུ་འགྱུར་བར་སྔར་བསྟན་པའི་ཕྱིར་རོ། །ཞེས་ཆོས་བཤེས་ སོ། ། )ཁྱབ་པ་མ་ཡིན་ཏེ། རེ་ཤིག་དེ་མི་ཐོབ་པའི་ཐེག་དམན་གྱི་དད་སོགས་ཀྱང་ཡོད་པས་སོ། ། དེ་ཡང་འདི་ལྟར་དད་པ་དང་བརྩོན་འགྲུས་ལ་སོགས་པ་རྣོ་ཞིང་གསལ་ (གསེར་དངོས། )ལ་ཆེན་ པོས་ནི་ (གྲངས་མེད་གསུམ་དུ་གོང་ནས་གོང་དུ་བསླབས་པ་མཆོག་ཏུ་གྱུར་པས་ནི། )བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་རྟོགས་ཤིང་ཐོབ་པར་སླ་ལ་ཐར་ཆའི་དད་པ་ལ་སོགས་པ་དེ་དག་ཉིད་ མི་གསལ་ཞིང་རྟུལ་བོ་ཆུང་ངུས་ནི་རྫོགས་བྱང་རྟོགས་པ་སྟེ་ཐོབ་པར་དཀའ་ (ཐེག་པ་ཆེན་པོ་དབུ་མ་ བ་དག་གིས་རྟོགས་པར་དཀའ་བར་བརྗོད་པ་འདི་ཉིད་ལ། རྣལ་འབྱོར་སྤྱོད་པ་བ་དག་ནི། རིགས་ཆད་པ་ས་བོན་མེས་ཚིག་པ་ལྟ་ བུ་ཞེས་དེ་པའི་སྙིང་པོ་ལ་བསྐུར་བ་སྨྲ་བར་བྱེད་དོ། །ཞེས་ཆོས་བཤེས་སོ། ། )སྟེ། ཐེག་དམན་གྱི་དད་སོགས་ཀྱིས་ ཐོབ་མི་ནུས་སོ། །བྱང་ཆེན་པོ་བླ་མེད་རྫོགས་ཆུབ་ཏུ་འཚང་རྒྱ་བར་སླའོ། །ཞེས་སོགས་དང༌། རྣམ་གྲངས་དེས་བླ་མེད་ཡང་དག་རྫོགས་ཆུབ་ཏུ་འཚང་རྒྱ་བ་དཀའོ། །ཞེས་སོགས་རིམ་ བཞིན་ནོ། །དེ་ཡང་ཐེག་ཆེན་གྱི་དད་སོགས་ཀྱིས་རྫོགས་བྱང་ཐོབ་སླ་ལ་ཐེག་དམན་གྱི་ཐར་ ཆས་དེ་ཐོབ་པར་མི་ནུས་པ་ནི་རྟེན་འབྲེལ་གྱི་ཆོས་ཉིད་ཡིན་ (ཞེས་བྱ་བ་ནི་བྱེད་པ་པོ་མེད་བཞིན་དུ་དངོས་ པོ་སྒྱུ་མ་ལྟ་བུ་རྣམས་ཀྱི་ནུས་པ་སྒྱུ་མ་ཙམ་ཞིག་རིགས་པའི་ཁུར་མི་ཐེག་པས་དེ་ལྟར་གྲུབ་པར་ཟེར། འདི་ཅིའི་ཕྱིར་ཞེས་སུས་ཀྱང་ དཔྱད་དུ་ནི་མེད་ཅེས་བྱ་བའི་ཐ་ཚིག་གོ །འདིས་འཐད་པ་སྒྲུབ་པའི་རིགས་པ་རྟོག་གེ་བཀག་པའོ། །ཞེས་ཆོས་བཤེས། )པས་ 2-1-231 དགག་པར་མི་ནུས་སོ། །དེ་དངོས་སུ་བསྟན་པས་ཤུགས་ཀྱིས་ན་དད་སོགས་རང་བཞིན་གྱིས་ འབྲིང་བོ་རྣམས་ཀྱིས་ནི་རང་སངས་རྒྱས་ཀྱི་བྱང་ཆུབ་རྟོགས་པའམ་ཐོབ་པར་བྱེད་ལ་རང་ བཞིན་གྱིས་ཆུང་ངུ་རྣམས་ཀྱིས་ནི་ཉན་ཐོས་ཀྱི་བྱང་ཆུབ་རྟོགས་སོ་ཞེས་བྱ་བ་འདི་འཕངས་ པ་ཡིན་ནོ། །འདིར་ཐར་ཆ་ཆུང་འབྲིང་ཆེ་གསུམ་ནི། ཐེག་པ་གསུམ་གྱི་ལ་འགྲེལ་ཆེན་དང་ འདིར་བཤད་ལ། མདོར། བྱང་སེ་ཐེག་པ་གསུམ་གྱི་རིགས་ཅན་ལ་བཤད་སྣང་ངོ༌། ། བདུན་པ་ལ། མཚམས་སྦྱར་ནི། ཐར་བའི་ཆ་དང་མཐུན་པ་སྐྱེས་པའི་བྱང་སེ་གཞན་དོན་ ལ་སྤྲོ་བ་ཅན་ལ་སེམས་ཅན་ལ་དམིགས་པའི་རྣམ་པ་ཁྱད་པར་ཅན་གྱི་ངེས་འབྱེད་ཆ་མཐུན་ འབྱུང་བས་དེ་སྟོན་ནོ། །རྩ་བ་ལ། དམིགས་པ་ནི། བྱང་སེའི་དྲོ་བ་དང་རྣམས་ཀྱི་སྒྲས་མཚོན་ ནས་རྩེ་མོ་སོགས་བཞིའི་དམིགས་པ་ནི་རྣམ་ཀུན་གྱི་སྐབས་འདིར་སེམས་ཅན་ཐམས་ཅད་ ཡིན་པར་མདོ་ལས་བསྔགས་ཤིང་བརྗོད་དོ། །(ཨཱརྱ་འགྱུར། ) ཨཱརྱས། རྣམ་ཀུན་གྱི་སྦྱོར་ལམ་གྱི་ དབང་དུ་བྱས་པ་འདིར་དེ་རྣམ་མཁྱེན་སྐབས་སུ་བསྟན་པའི་སྦྱོར་ལམ་ནི་མངོན་པར་རྟོགས་ པ་དང་ལྡན་པ་ཡིན་ལ་འདི་ནི་སྦྱོར་བ་དང་ལྡན་པའོ། །ཞེས་ཏེ་མཉམ་རྗེས་ལ་ཟེར་རོ། །རྣམ་ པ་བཞི་སྟེ། དྲོད་རྩེ་བཟོད་མཆོག་བཞིའིའོ། །དྲོད་ལ་གསུམ་ལས། ཆུང་ངུ་ནི། དམིགས་ ཡུལ་སེམས་ཅན་དེ་དག་ཉིད་ལ་དམིགས་ནས་མཉམ་པའི་སེམས་སོགས་བཅུའི་རྣམ་པ་ཅན་ གྱི་བྱང་སེ་དབང་རྣོན་གྱི་སྦྱོར་ལམ་ཆོས་ཅན། དྲོ་བ་ཡིན་ཏེ། དེ་འདྲའི་དམིགས་རྣམ་ཅན་གྱི་ ངེས་འབྱེད་ཆ་མཐུན་ཡིན་པས་སོ། །སེམས་ཅན་ཐམས་ཅད་ལ་མཉམ་པའི་སེམས་བསྐྱེད་ པར་བྱ། བྱམས་པའི་སེམས་ཕན་པའི་ཁོང་ཁྲོ་བ་མེད་པའི་མི་འཚེ་བའི་སེམས། མའི་ཕའི་ ཕུ་ནུའི་སྲིང་མོའི། གྲོགས་པོའི་གཉེན་དང་རུས་གཅིག་པའི་སེམས་བསྐྱེད་པར་བྱའོ། །ཞེས་ སོ། །རྣམ་པ་དག་ནི་བཅུར་མདོ་ལས་བཤད་དོ། །(ཨཱརྱའང་)འདི་འགྲེལ་པ་དང་འདྲ་བས་འོག་ ལྟར་རོ། །དེས་བསམ་པ་ཕུན་སུམ་ཚོགས་པ་བཤད་དོ། །(འཇོམས། ) དེ་ནི་སྦྱོར་བ་ཕུན་ཚོགས་ 2-1-232 སྟོན་ཏེ། (གནོད་འཇོམས། ) བདག་ཉིད་སྡིག་པ་མི་དགེ་བ་བཅུ་ལས་ལྡོག་ཅིང་སེམས་ཅན་གཞན་ ཡང་སྡིག་པ་ལས་ལྡོག་པ་དེ་དག་ལ་ནི་འགོད་པ་དང༌། ཞུགས་པ་ཙམ་ལ་བསྔགས་པ་བརྗོད་ པ་དང༌། གཞན་གྱིས་མ་བསྐུལ་བར་ཞུགས་པ་ལ་དེ་དང་རྗེས་སུ་མཐུན་པར་དགའ་བར་བྱེད་ པའི་ཤེས་རྣམ་ཅན་གྱི་སྦྱོར་ལམ་དེ། རྩེ་མོ་ཆུང་ངུ་སྟེ། རྩེ་མོ་གང་ཞིག གཞན་སྡུག་བསྔལ་གྱི་ རྒྱུ་ལས་བཟློག་པར་འདོད་པའི་ཕྱིར་རོ། །(ཨཱརྱ་དངོས། ) བདག་ཀྱང་སྲོག་གཅོད་པ་ལས་ཟློག་ པར་བྱ། ཞེས་སོགས་སོ། །ཡང་བདག་ཉིད་ཀྱང་སྦྱིན་ལ་སོགས་པ་ཕྱིན་དྲུག་ལ་གནས་པས་ གཞན་སྦྱིན་སོགས་དེ་དག་ལ་འགོད་སོགས་ཀྱི་རྣམ་པ་ཅན་གྱི་སྦྱོར་ལམ་དེ། རྩེ་མོ་འབྲིང་སྟེ། གང་ཞིག གཞན་བདེ་བའི་རྒྱུ་ལ་ཡང་དག་པར་སྦྱོར་བར་འདོད་པས་སོ། །(ཨཱརྱ་དངོས། ) བདག་ གིས་ཀྱང་སྦྱིན་ཕར་རྫོགས་པར་བྱ་ནས། ཤེར་ཕྱིན་བར་རོ། །(ཨཱརྱ། ) སོགས་པས་ (བུདྡྷ་ཤྲཱི་) བདག་ཉིད་ཀྱང་ནང་སྟོང་སོགས་བཅུ་དྲུག་སོ་བདུན་མ་འདྲེས་བཅོ་བརྒྱད་ཀྱི་བར་རྟེན་འབྲེལ་ ལུགས་འབྱུང་ལུགས་ལྡོག་བསྒོམ་པ་ལ་གནས་ནས་གཞན་འགོད་སོགས་ཀྱི་རྣམ་པ་ཅན་གྱི་ སྦྱོར་ལམ་དེ། རྩེ་མོ་ཆེན་པོ་སྟེ། གང་ཞིག གཞན་སྡུག་བསྔལ་དང་བདེ་བར་ཕྱིན་ཅི་ལོག་ (ནི་ བདེ་བ་སྡུག་བསྔལ་སྡུག་བསྔལ་བདེ་བར་འཛིན་པའོ། ། )སྤོང་བར་འདོད་པ་ཉིད་ཀྱིས་སོ། །(ཨཱརྱའོ། ། ) བདག་ ཀྱང་ནང་སྟོང་པ་ཉིད་བསྒོམ་པར་བྱ། ཞེས་སོགས། རྟེན་འབྲེལ་བར་རོ། །དེ་གསུམ་ནི་རྩེ་ མོར་གྱུར་པའོ། །རྩེ་མོ་ལ་རང་གཞན་ལ་བརྟེན་པའི་ (ཀུན་ཨཱརྱ་)དབྱེ་བས་དམིགས་རྣམ་གྱི་དབྱེ་ བ་བརྗོད་པ་དེ་བཞིན་དུ། རང་གིས་སྡུག་བདེན་ཤེས་ཀུན་འབྱུང་སྤོང་འགོག་པ་མངོན་དུ་བྱ་ ལམ་བསྒོམ་པ་ལ་གནས་ནས་གཞན་འགོད་སོགས་ཀྱི་རྣམ་པ་ཅན་གྱི་སྦྱོར་ལམ་དེ། བཟོད་པ་ ཆུང་ངུ་སྟེ། བཟོད་པ་གང་ཞིག གཞན་དག་འཕགས་ལམ་ལ་ངེས་པར་སྦྱོར་བར་འདོད་པས་ སོ། །བདག་གིས་ཀྱང་སྡུག་བསྔལ་ཤེས་པར་བྱ། ཞེས་སོགས་སོ། །བདག་ཉིད་ཐེག་དམན་ གྱི་འབྲས་བུ་ཤེས་པ་མངོན་དུ་བྱ་བའི་ཕྱིར་ཤེས་པ་བསྐྱེད་དེ་ཐབས་ཀྱིས་ཞི་བ་ཕྱོགས་གཅིག་ 2-1-233 པའི་ (འབུམ་ཊཱིཀ་དངོས། )ཡང་དག་པའི་མཐའ་མངོན་དུ་མི་བྱེད་པའི་ཐབས་མཁས་ལ་གནས་ནས་ གཞན་འགོད་སོགས་ཀྱི་རྣམ་པ་ཅན་གྱི་སྦྱོར་ལམ་དེ། བཟོད་འབྲིང་སྟེ། གང་ཞིག གཞན་ དག་འཕགས་ལམ་གྱི་འབྲས་བུ་ལ་ངེས་པར་སྦྱོར་བར་འདོད་པས་སོ། །བདག་ཀྱང་རྒྱུན་དུ་ ཞུགས་པའི་འབྲས་བུ་ཤེས་པ་མངོན་དུ་བྱ་བའི་ཕྱིར་ཤེས་པ་བསྐྱེད་དེ་ (དེའི་འབྲས་བུ་བྱང་ཆུབ་ཐོབ་ པར་ཡང་བྱ་ཞེས་འབུམ་ཊཱིཀ་)ཡང་དག་པའི་མཐའ་ (ཞི་བ་ཕྱོགས་གཅིག་པའི་མྱ་ངན་ལས་མི་འདའ་ཞེས་འབུམ་ཊཱིཀ་) མངོན་དུ་མི་བྱའོ། །ཞེས་སོགས་སོ། །རང་བྱང་པའི་སྐྱོན་མེད་པ་ལ་འཇུག་ཅིང་ (མདོ་)གཞན་ འགོད་སོགས་ཀྱི་རྣམ་པ་ཅན་གྱི་སྦྱོར་ལམ་ནི། བཟོད་ཆེན་ཏེ། གང་ཞིག གཞན་སངས་ རྒྱས་ཉིད་ལ་ཡང་དག་པར་སྦྱོར་བར་འདོད་པས་སོ། །བདག་གིས་ཀྱང་བྱང་པའི་སྐྱོན་མེད་ (ས་ དང་པོ་ལ་འབུམ་ཊཱིཀ་)པར་འཇུག་པར་བྱ། ཞེས་སོགས་སོ། །དེ་གཉིས་ལ་རང་གཞན་ལ་བརྟེན་ པའི་དབྱེ་བ་སྔར་གྱི་དེ་བཞིན་དུ་རང་སེམས་ཅན་སྨིན་པར་བྱེད་སོགས་ལ་གནས་ནས་གཞན་ འགོད་སོགས་ཀྱི་རྣམ་པ་ཅན་ཀྱི་སྦྱོར་ལམ་ནི། ཆོས་མཆོག་ཆུང་ངུ་སྟེ། ཆོས་མཆོག་གང་ཞིག སེམས་ཅན་རྣམས་སྤྱིར་ཐེག་གསུམ་གྱིས་སྨིན་པར་འདོད་པས་སོ། །བདག་གིས་ཀྱང་སེམས་ ཅན་ཡོངས་སུ་སྨིན་པར་བྱ། ཞེས་སོགས་སོ། །སོགས་པས་རང་བྱང་པའི་མངོན་ཤེས་བསྐྱེད་ པར་བྱ་ཞིང་གཞན་འགོད་སོགས་ཀྱི་རྣམ་པ་ཅན་གྱི་སྦྱོར་ལམ་ནི། ཆོས་མཆོག་འབྲིང་སྟེ། གང་ ཞིག སེམས་ཅན་རྣམས་ཁྱད་པར་དུ་བྱང་པའི་ལམ་ལ་ངེས་པར་སྦྱོར་བར་འདོད་པས་སོ། ། བདག་གིས་ཀྱང་བྱང་པའི་མངོན་ཤེས་བསྐྱེད་པར་བྱ། ཞེས་སོགས་སོ། །བདག་གིས་ཀྱང་ རྣམ་མཁྱེན་བསྐྱེད་པར་བྱ་ཞིང་གཞན་འགོད་སོགས་ཀྱི་རྣམ་ཅན་ནི། ཆོས་མཆོག་ཆེན་པོ་སྟེ། གང་ཞིག གཞན་དག་ཕུན་སུམ་ཚོགས་པ་རབ་ཀྱི་མཐར་ཐུག་པ་ལ་འཇོག་པར་འདོད་པས་ སོ། །བདག་གིས་ཀྱང་རྣམ་མཁྱེན་གྱི་ཡེ་ཤེས་བསྐྱེད་པར་བྱ། ཞེས་སོགས་སོ། །ཇི་ལྟར་ (མཛོད་ )བཟོད་ཆེན་སྐད་ཅིག་མ་གཅིག་ཡིན་པ་བཞིན་དུ་ཆོས་མཆོག་ཀྱང་ངོ་ཞེས་པ་ནི་རང་དོན་སྒྲུབ་ 2-1-234 པ་ཉན་ཐོས་ཀྱི་དབང་དུ་བྱས་ལ། འདིར་གཞན་དོན་སྒྲུབ་པའི་དབང་དུ་བྱས་ནས་ཆུང་འབྲིང་ ཆེ་གསུམ་སྟེ་གཞན་དོན་བསྒྲུབ་པ་ན་རིམ་གྱིས་སྔ་ཕྱིའི་གནས་སྐབས་ཡོད་པས་སོ། །ཞེས་པ་ རྣམས་ཨཱརྱའོ། །འགྲེལ་པ་ལ། ངོ་བོ་བཤད། ཟློས་པ་སྤང་ངོ༌། ། དང་པོ་ནི། རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་རྟོགས་པའི་སྐབས་འདི་ལ། ཆགས་སྡང་གིས་བསླད་ནས་མི་སྙོམ་པའི་ཚུལ་ངན་པ་མེད་པའི་སྦྱོར་ལམ་ཡིན་པས་སེམས་ ཅན་ལ་ (ཆོས་ཉིད་དང་མཉམ་པ་ཉིད་དུ་ཞུགས་པས་)སེམས་མཉམ་པའི་ (ཞེས་ཏིང་རྒྱལ་འགྲེལ་པར་འཇམ་དཔལ་ གྲགས་པ་)རྣམ་པ་ཅན་དང༌། ད་ལྟར་ཕན་པའི་ (གསེར་)དོན་སེམས་པས་བྱམས་རྣམ་ཅན་གྱི་ སྦྱོར་ལམ་དེ། དྲོད་ཆུང་ངུ་སྟེ། (ཆོས་བཤེས་ནི་མཉམ་པ་ཆུང་ངུ་གཞན་བཞི་འབྲིང་དུ་བཤད་དོ། ། ) དྲོད་གང་ ཞིག ཚེ་འདིར་གཞན་ལ་མི་འཚེ་བས་སོ། །མ་འོངས་པའི་ (གསེར་)ཕན་པ་སེམས་ (ཏིང་རྒྱལ་ འགྲེལ་པ་གྲགས་པའི་ཕྲེང་བར་)པས་ཕན་པའི་རྣམ་པ་ཅན་དང༌། ང་རྒྱལ་བཅོམ་ནས་སེམས་ཅན་ བདེ་བ་ལ་མནར་སེམས་མེད་པའི་རྣམ་པ་ཅན་ཡིན་པས་སེམས་ཅན་ལ་ཁོང་ཁྲོ་བ་མེད་པའི་ དང༌། མཐོ་མི་འཚམ་པའི་རྣམ་པ་ཅན་ཡིན་པས་རྣམ་པར་འཚེ་བ་མེད་པའི་རྣམ་པ་ཅན་གྱི་ སྦྱོར་ལམ་དེ། དྲོད་འབྲིང་སྟེ། གང་ཞིག འདིར་མ་ཟད་ཕྱི་མར་ཡང་གཞན་ལ་མི་འཚེ་བས་ སོ། །(ཨཱརྱ། )སྐྱེས་པ་བུད་མེད་རང་བས་རྒན་པ་ལ་ཕ་དང་མའི་སེམས་དང༌། མཉམ་པ་ལ་སྤུན་ དང་སྲིང་མོའི་སེམས་དང༌། གཞོན་པ་ལ་བུ་དང་བུ་མོའི་སེམས་དང༌། སྔར་ནས་ཡིད་བརྟན་ པའི་བཤེས་དང༌། (མཛའ་བཤེས་ནི་ཁྱིམ་པའི་ཚེའི་གྲོགས་པོ་རྙིང་བའོ། །ཞེས་རྣམ་གྲངས་བསྡུ་བར་རོ། ། ) གནས་ སྐབས་ནས་ཕན་འདོགས་པའི་གྲོགས་ཀྱི་སེམས་དང༌། རུས་གཅིག་པའི་ (ཕ་ཕྱོགས་ཀྱིའོ། ། )གཉེན་ དང༌། མི་གཅིག་པའི་ (མ་ཕྱོགས་ཀྱིའོ། ། )སྣག་གི་གཉེན་འཚམས་ཀྱི་རྣམ་པ་སྔ་མཚན་གཉིས་ལས་ གཞན་གཉིས་གཅིག་ཏུ་ (ཨཱརྱ་)བྱས་པ་ལྔ་ནི། དྲོད་ཆེན་ཏེ། གང་ཞིག འདི་ཕྱི་གཉིས་ཀར་ སེམས་ཅན་གྱི་འདོད་པ་བསྒྲུབ་པས་སོ། །དེ་ལྟར་བཅུས་སེམས་ཅན་ཐམས་ཅད་ལ་དམིགས་ 2-1-235 པ་ནི་རྗེས་ཐོབ་ཀྱི་སྦྱོར་ལམ་དྲོ་བར་གྱུར་པ་ཡིན་པར་བཞེད་དོ། །རྩེ་མོ་ནི། མདོར་བསྡུས་ཏེ་ བསྟན་ན། གྲངས་བཞིན་དུ་སྲོག་གཅོད་སོགས་མི་དགེ་བ་སྤོང་བའི་སྒོ་ནས་དེ་ལས་ལྡོག་པའི་ བདག་ཉིད་ཅན་ལ་རང་གནས་ཏེ་དེའི་སྒོ་ནས་སེམས་ཅན་གཞན་རྣམས་སྡིག་པ་ལས་ལྡོག་པ་ ལ་སྦྱོར་བ་ཆུང་ངུ༌། སྦྱིན་སོགས་དགེ་བ་ལེན་པའི་སྒོ་ནས་དགེ་བ་ལ་ཞུགས་པའི་བདག་ཉིད་ ཅན་དེའི་སྒོ་ནས་གཞན་རྣམས་དགེ་བ་ལ་གནས་པ་དག་ལ་སྦྱོར་བའི་རྣམ་པ་ཅན་ནི། འབྲིང་ སྟེ། རྣམ་པ་གཉིས་དང་སེམས་ཅན་གཞན་རང་གིས་མ་བསྐུལ་བར་ཁོ་རང་བདག་ཉིད་ཀྱི་ སྟོབས་ཀྱིས་དགེ་སྡིག་ལ་འཇུག་ལྡོག་མ་ནོར་བ་དེ་བཞིན་ཉིད་དུ་ཞུགས་པ་རྣམས་ལ་ལེགས་ སོ་ཞེས་སོགས་བསྔགས་པ་བརྗོད་པ་དང༌། དེ་འཕེལ་བ་དང་རྗེས་སུ་མཐུན་པར་དགའ་བར་ བྱེད་པ་རྣམ་པ་གཉིས་པོ་སྦྱར་བྱ་སྦྱོར་ (གསེར་)བ་སྦྱོར་ཡུལ་གྱི་ཆོས་ཀྱི་རབ་ཏུ་དབྱེ་བས་ཕྱེ་ན་ནི་ རྣམ་པ་མཐའ་ཡས་པ་ཞེས་བྱ་བ་ཆེན་པོ་སྟེ། རྣམ་པ་དེ་རྣམས་ཀྱིས་སེམས་ཅན་ལ་དམིགས་ པའི་སྦྱོར་ལམ་ནི་རྩེ་མོར་གྱུར་པ་ཡིན་ནོ། །རྩེ་མོར་གྱུར་པ་ལ་རང་གཞན་གྱི་རྟེན་གྱི་དབྱེ་བས་ དམིགས་པ་དང་རྣམ་པ་ཇི་ལྟར་སྦྱར་བ་དེ་བཞིན་དུ་བཟོད་པ་ལ་ཡང་སྟེ། རང་སྡུག་བསྔལ་ ཤེས། སོགས་པས་ཀུན་འབྱུང་སྤོང་སོགས་ལ་གནས་ནས་གཞན་དེ་ལ་སྦྱོར་བའི་རྣམ་པ་ཅན་ ཆུང་ངུ༌། རང་གནས་ནས་གཞན་ཞུགས་པ་ལ་བསྔགས་པ་བརྗོད་པའི་རྣམ་པ་ཅན་འབྲིང༌། རང་གནས་ནས་གཞན་མ་བསྐུལ་བར་ཞུགས་པ་ལ་མཐུན་པར་དགའ་བར་བྱེད་པའི་རྣམ་པ་ ཅན་ཆེན་པོ་སྟེ། རྣམ་པ་དེ་དག་གིས་སེམས་ཅན་ལ་དམིགས་པ་ནི་བཟོད་པ་ཡིན་ནོ། །ཞེས་ ཆོས་བཤེས་ཏེ་འགྲེལ་ཆུང་གི་དོན་དུ་སྣང་ངོ༌། །བརྟགས་ན་སྙིང་པོ་མེད་དོ། །འདིར་བཟོད་ ཆེན་ཡང་སྐད་ཅིག་དུ་མར་བལྟའོ། །(གསེར་སོགས། ) བོད་རྣམས་ནི་འདིར་བདེན་པ་དམིགས་ པར་བྱས་པས་གང་ལ་སྦྱོར་སོགས་ཀྱི་ཡུལ་དངོས་མ་ཟིན། ཤེས་པའི་འགྲེལ་པ་ཆད་ཟེར་རོ། ། སྔ་མ་རྩེ་མོར་བསྟན་པ་བཞིན་དུ་རང་སེམས་ཅན་སྨིན་པར་བྱེད་པ་ལ་གནས་ནས་གཞན་གྱི་ 2-1-236 རྟེན་ཅན་ཡང་དེ་ལ་སྦྱོར་བ་ཆུང་ངུ༌། རང་སེམས་ཅན་གྲོལ་བྱེད་ལ་གནས་ནས་གཞན་གྲོལ་ བྱེད་ལ་ཞུགས་པ་ལ་བསྔགས་པ་བརྗོད་པ་འབྲིང༌། སོགས་པ་རང་གྲོལ་བ་མཐར་ཐུགས་པར་ བྱ་བ་ལ་གནས་ནས་དེ་ལ་ལེགས་པར་ཞུགས་པ་ལ་མཐུན་པར་དགའ་བྱེད་ཆེན་པོའམ། རང་ སྨིན་གྲོལ་ལ་གནས་ནས་གཞན་སྦྱོར་བ་ཆུང་ངུ༌། སོགས་པས་གནས་ནས་བསྔགས་བརྗོད་ མཐུན་པར་བྱེད་པ་འབྲིང་དང་ཆེན་པོའོ། ། ཆོས་བཤེས་ནི། གཞི་ཤེས་ཀྱི་དབང་དུ་བྱས་པའི་ སྨིན་གྲོལ་གྱི་ལམ། ལམ་ཤེས་ཀྱི་དང༌། རྣམ་མཁྱེན་གྱི་དབང་དུ་བྱས་པའི་སྨིན་པ་དང་གྲོལ་ བྱེད་ཀྱི་ལམ་ལ་སྦྱོར་སོགས་ཆུང་འབྲིང་ཆེན་པོ། །ཞེས་སོ། །རྣམ་པ་དེ་དག་གིས་སེམས་ཅན་ ཐམས་ཅད་ལ་དམིགས་པ་ནི་ཆོས་མཆོག་ཡིན་ཏེ། དེ་ལྟར་ན་ངེས་པར་འབྱེད་པའི་ཆ་དང་ མཐུན་པ་རྗེས་ཐོབ་དམིགས་རྣམ་གྱི་སྒོ་ནས་བཤད་པ་ཡིན་ནོ། ། གཉིས་པ་ལ། རྩོད་པ་ནི། མངོན་པར་རྟོགས་པ་ (དྲུག་ཏུ་)རེ་རེ་ལ་ངེས་པར་ (གསེར་)འབྱེད་ པའི་ཆ་དང་མཐུན་པ་ལ་སོགས་པ་ (མཐོང་སྒོམ་)ཅིའི་ཕྱིར་བཤད་ཅེ་ན། ཞེས་འགྲེལ་ཆེན་ཏེ་ལན་ འདི་ཇི་བཞིན་ནོ། །ལན་ལ། སྐབས་དང་པོ་གསུམ་གྱི་ལམ་གསུམ་མཚན་ཉིད་པ་ཡིན་ཏེ། གོ་ རིམ་བཞིན་དུ་རྣམ་པ་ཐམས་ཅད་བདེན་པའི་སྐྱེ་མེད་དུ་རྟོགས་ཏེ་རྣམ་པར་བསྒོམ་པའི་དབྱེ་ བས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་མངོན་རྟོགས། ལམ་ཐམས་ཅད་དེ་ལྟར་བསྒོམ་ པའི་དབྱེ་བས་སོགས་པས་ལམ་ཤེས་པ་ཉིད་ཀྱི་མངོན་རྟོགས། གཞི་ཐམས་ཅད་དེ་ལྟར་ བསྒོམ་པའི་དབྱེ་བས་གཞི་ཤེས་པ་ཉིད་ཀྱི་མངོན་པར་རྟོགས་པ་གསུམ་གྱི་སྐབས་ལའམ་ སྐབས་སུ་ནི། འཇིག་རྟེན་པའི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་མཚན་ཉིད་པ་རྟོགས་ ཤིང་ཐོབ་ (ཤེར་འབྱུང་)པ་སྔོན་དུ་འགྲོ་བས་འཇིག་རྟེན་ལས་འདས་པའི་མཐོང་བ་དང་སྒོམ་པའི་ ལམ་རྟོགས་ཤིང་ཐོབ་པ་ (ཤེར་)ཡིན་པའི་ཕྱིར། ཡང་དེ་རྣམས། ཡང་ཟློས་པའི་སྐྱོན་ཅན་མིན་ ཏེ། དང་པོའི་གསུམ་རྣམ་པ། གཉིས་པའི་གསུམ་ལམ། གསུམ་པའི་གསུམ་གཞི་སྐྱེ་མེད་དུ་ 2-1-237 རྟོགས་ཏེ་སྒོམ་པའི་དབྱེ་བས་སོ། །རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ལ་སོགས་ པ་སྦྱོར་བ་དང་པོ་གསུམ་གྱི་སྐབས་ལ་སྟེ་སྐབས་སུ་ནི། སྦྱོར་མཐོང་གི་མིང་ཅན་གྱི་དག་སའི་ མངོན་རྟོགས་ལ་ངེས་པར་འབྱེད་པའི་ཆ་དང༌། སོགས་པ་མཐོང་ལམ་གྱི་ཐ་སྙད་དང༌། སྒོམ་ ལམ་ཡང་ས་དགུ་ནང་ཚན་དུ་ཡོད་པའི་སྒོམ་ལམ་གྱི་ཐ་སྙད་དུ་བཏགས་པ་ཙམ་སྟེ་མདོར་ན་ བཏགས་པ་བ་ཉིད་དུ་གསུངས་པ་ཡིན་པར་ཤེས་པར་བྱའོ། །གང་ལ་བཏགས་ཞེ་ན། སྤངས་ རྟོགས་གང་དག་གི་ཡོན་ཏན་རྣམ་པ་ཐམས་ཅད་དུ་ཁྱད་པར་དུ་འཕགས་པའི་ཁྱད་པར་གྱི་ ལམ་གྱིས་བསྡུས་པའི་ཟག་པ་མེད་པའི་ཡེ་ཤེས་ཆུང་ངུ་བརྒྱད་པའི་ཆུང་ངུ་སོགས་གསུམ་ལ་ རྣམ་ཀུན་གྱི་སྦྱོར་མཐོང་སྒོམ་གསུམ། འབྲིང་དགུ་པའི་གསུམ་ལ་རྩེ་མོའི་སྦྱོར་མཐོང་སྒོམ་ གསུམ། ཆེན་པོ་བཅུ་པའི་གསུམ་ལ་མཐར་སྦྱོར་གྱི་སྦྱོར་མཐོང་སྒོམ་པའི་མིང་གིས་བཏགས་ སོ། །ཞེས་པ་འགྲེལ་ཆེན་དང་འདིའི་དགོངས་པའོ། །སྡུད་འགྲེལ་ལྟར་ན། དང་པོ་འདྲའོ། ། ས་དགུ་པའི་ཡེ་ཤེས་ལ་རྩེ་སྦྱོར་གྱི་སྦྱོར་ལམ། བཅུ་པ་ཐོབ་མ་ཐག་ལ་དེའི་མཐོང་ལམ། དེའི་བར་ཆད་མེད་ལམ་ལ་ཐུག་གི་བར་ལ་ས་དགུ་ཚང་བའི་སྒོམ་ལམ་སྤྱིར་བཏགས། སྐད་ ཅིག་མ་ཐ་མ་རང་དེ་མ་གཏོགས་པའི་བཅུ་པའི་བར་ཆད་མེད་ལམ་གྱི་ཆུང་འབྲིང་ཆེ་གསུམ་ ལ་མཐར་སྦྱོར་གྱིས་གསུམ་གྱིས་བཏགས། སྐད་ཅིག་ཐ་མ་རང་དེ་སྐད་ཅིག་མ་ཡིན། ཞེས་ སོ། །འདོགས་པའི་རྒྱུ་མཚན་ནི། སྦྱོར་མཐོང་སྒོམ་གསུམ་དང་རིམ་གྱིས་སྐྱེ་བར་འདྲ་བ་ཡིན་ པས་སོ། །རིམ་གྱིས་སྐྱེ་བའི་རྒྱུ་མཚན་ཡང༌། སྔར་བཤད་དག་སའི་ཡེ་ཤེས་དེ་རྣམས་སྒོམ་པ་ གོང་ནས་གོང་གི་གནས་སྐབས་ཀྱི་ཁྱད་པར་གྱིས་ཁྱད་པར་དུ་འགྲོར་ཡོད་པ་ཡིན་པས་སོ། ། བཏགས་པའི་དགོས་པ་ནི། དག་པའི་སར་བསྒོམ་པ་རབ་ཏུ་གྱུར་པས་དེའི་ཡེ་ཤེས་ཐམས་ ཅད་གཅིག་ཅར་སྐྱེའམ་སྙམ་དུ་དོགས་པ་དགག་པར་བྱ་བའི་ཕྱིར་དུའོ། །དངོས་ལ་གནོད་ བྱེད་སླའོ། །(ཤེར་འབྱུང་གིས། འདིའི་དོན་ནི། ཀུན་མཁྱེན་གསུམ་དུ་བརྗོད་པའི་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་ 2-1-238 སྟོབས་ཀྱིས་དངོས་པོ་དང་ལམ་དང་རྣམ་པ་ཐམས་ཅད་རྟོགས་པའི་དོན་འཇིག་རྟེན་ལས་འདས་པས་མཐོང་བ་དང་སྒོམ་པ་ཐོབ་ པའི་ཕྱིར་ན། རྣམ་པ་ཀུན་མངོན་པར་རྟོགས་པའི་མཚན་ཉིད་ཁྱད་པར་གྱི་ལམ་བྱང་བར་བྱེད་པའི་དུས་སུ་ཆུང་ངུ་དང་འབྲིང་དང་ ཆེན་པོའི་རིམ་པས་ཟག་པ་མེད་པའི་ཤེས་པ་སྐྱེ་ལ་རིམ་པ་དེ་ཡང་རང་གི་དངོས་པོ་ཐ་སྙད་ཐ་དད་པ་མེད་པའི་ཕྱིར་ན་ངེས་པར་ འབྱེད་པའི་ཆ་དང་མཐུན་པ་ལ་སོགས་པར་བསྙད་པ་ཡིན་ནོ། །ཞེས་སོ། ། ) དེ་དག་ཐམས་ཅད་ཡང་སྦྱོར་ཕྲེང་དུ་ ཆེས་གསལ་བར་ཡོད་པས་དེར་བལྟའོ། །འོན་ཀྱང་དེ་དག་ཨ་བྷ་ཡས་བཀག་ཅིང་རྗེ་བཙུན་ དང་ཨཱརྱ་སོགས་ཀྱི་དགོངས་པ་མིན་ལ། རང་གི་ཁས་བླངས་སྔ་ཕྱི་འགལ་བ་སོགས་སྐྱོན་དུ་ མ་དང་བཅས་ཏེ་ངག་ལས་ཤེས་ཀྱི་མང་དོགས་པས་བཞག་གོ ། བརྒྱད་པ་ལ། བསྟན། བཤད། བསྡུ་གསུམ་ལས། དང་པོ་ལ། མཚམས་སྦྱར་ནི། ཕྱིར་ མི་ལྡོག་པའི་བྱང་པའི་དགེ་འདུན་ལ་ཇི་སྐད་བཤད་པའི་ངེས་པར་འབྱེད་པའི་ཆ་དང་མཐུན་ པ་འབྱུང་བས་ཕྱིར་མི་ལྡོག་པའི་བྱང་པའི་དགེ་འདུན་གྱི་མཚན་ཉིད་སྟོན་པ་སྐབས་སུ་བབ་ པོ། །རྩ་བ་ལ། སྦྱོར་ལམ་ནས་བཟུང་སྟེ་ཕྱིར་མི་ལྡོག་ཏུ་སྒྲུབ་པས་ཞེས་སྦྱར་ནས་རྩ་འགྲེལ་ ལྷན་ཅིག་སྟེ། མི་མཐུན་ཕྱོགས་ལས་རྒྱལ་ཞིང་ཉམས་པར་མི་ནུས་པས་ (སྡུད་འགྲེལ་དུ་སློབ་དཔོན། ) དཔའ་བོ་སྟེ་བྱང་པ་དབང་རྣོན་ངེས་འབྱེད་ཆ་མཐུན་བཞི་ལ་གནས་པ་ཆོས་ཅན། རྫོགས་བྱང་ ལས་ཕྱིར་མི་ལྡོག་པའི་སློབ་པའི་ཚོགས་ཏེ་དགེ་འདུན་ཡིན་ནོ། །གཟུགས་སོགས་ལ་བདེན་ ཞེན་མངོན་གྱུར་ལྡོག་པ་ལ་སོགས་པ་ཉི་ཤུ་བོ་དེ་རྟོགས་པ་སྟེ་ཐོབ་པའི་སྒོ་ནས་གནས་པས་ སོ། །མཐོང་བའི་ལམ་ལ་གནས་པ་དབང་འབྲིང་ནི་རྟགས་བཅུ་དྲུག་པོ་དེ་དང༌། སྒོམ་པའི་ ལམ་འོག་ནས་འཆད་པར་འགྱུར་བ་དག་ས་ལ་གནས་པ་ནི་ཟབ་མོ་བརྒྱད་པོ་རྟོགས་པའི་ ཚུལ་གྱིས་གནས་པས་སོ་ཞེས་སྦྱར་རོ། །(རྩ་བར། ) འདིར་ཞེས་པ་རྣམ་ཀུན་གྱི་སྐབས་སུའོ། ། འདི་ལ་ཁ་ཅིག གཞན་དཔེར་བྱས་ནས་རང་ལ་དཔོག་པ་དང༌། (བུ་སོགས། )ཁ་ཅིག་གཞན་ ཁོ་ན་ལ་དཔོག་པས་མཉམ་རྗེས་ཀྱི་རྟོགས་པ་རྟགས་སུ་མི་རུང་བས། ལུས་ངག་གི་ཐ་སྙད་ཁོ་ 2-1-239 ན་རྟགས་ཡིན་ནོ་ཞེས་པ་རྣམས་ནི་ནོར་བ་སྟེ་ངག་ལས་ཤེས་སོ། །ངེས་པའི་ (བཟད་རིང༌། )དོན་ ནི་འདི་ཡིན་ཏེ། དྲོད་ནས་བཟུང་སྟེ་ཇི་སྲིད་རང་ཉིད་གང་དུ་འཚང་རྒྱ་བར་རང་གི་མངོན་ཤེས་ སམ་མངོན་སུམ་གྱིས་མི་ཤེས་པ་དེ་སྲིད་དུ་རང་ལའང་གློ་བུར་བའི་རྟགས་ཀྱིས་དཔོག་ཅིང༌། རང་རིག་གིས་གྲུབ་པའི་མཉམ་རྗེས་ཀྱི་རྟོགས་པ་རྟགས་སུ་འགྱུར་ཏེ། ཕྱོགས་ཆོས་རང་གི་ རང་རིག་གིས་གྲུབ་ཅིང༌། ཁྱབ་པ་སངས་རྒྱས་ཀྱི་ལུང་གིས་གྲུབ་ནས་སོ། །ཡང་གཞན་སེམས་ ཤེས་པའི་མངོན་ཤེས་མེད་པའི་སྐྱེས་བུ་འགས་ཕ་རོལ་བོ་ལ་འདིར་བཤད་མཉམ་བཞག་ གམ་རྗེས་ཐོབ་ཀྱི་རྟོགས་པ་ལ་མི་འཁྲུལ་བའི་རྗེས་ཐོབ་ལུས་ངག་གི་རྣམ་རིག་ཁྱད་པར་ཅན་ མཐོང་ནས་ཕྱིར་མི་ལྡོག་ཏུ་གཞན་དོན་གྱི་རྟགས་ཀྱིས་དཔོག་སྟེ། ཕྱོགས་ཆོས་གཞན་རིག་ གིས་གྲུབ་ཅིང༌། ཁྱབ་པ་སངས་རྒྱས་ཀྱི་ལུང་གིས་ངེས་སོ། །རང་རྒྱུད་ལ་རྟགས་དེ་ལ་ཕྱིར་མི་ ལྡོག་གིས་ཁྱབ་པར་ངེས་པའང་ཡོད་མོད་ཀྱི་དེ་ཡང་མཐར་ལུང་ལས་ངེས་པ་ལས་མ་འདས་ སོ། །ཡང་འདིར་མཐར་ཐུག་ཕྱིར་མི་ལྡོག་ཏུ་བསྒྲུབ་པ་ཙམ་མིན་གྱི་བར་མ་ཆད་པར་ལམ་ དམན་པར་མི་འཇུག་པར་རྫོགས་བྱང་དུ་འགྲོ་བར་དཔོག་པའོ། ། རྒྱས་བཤད་ལ་གསུམ་སྟེ། སྦྱོར་མཐོང་སྒོམ་གསུམ་པ་ཕྱིར་མི་ལྡོག་ཏུ་སྒྲུབ་པའོ། །དང་པོ་ ལ། བསྟན། བཤད་དོ། །དང་པོ་ལ། མཚམས་སྦྱར་ནི། བམ་པོ་བཞི་པ་འཆད་དོ། །གསུམ་པོ་ དེ་རྣམས་ཀྱི་ཕྱིར་མི་ལྡོག་གི་མཚན་ཉིད་མ་འདྲེས་པ་གང་ཡིན་ཞེ་ན། བར་སྐབས་ཀྱི་ཚིགས་ བཅད་གཅིག་གིས་ངེས་འབྱེད་ཆ་མཐུན་ལ་གནས་པ་རྣམས་ཀྱི་ཕྱིར་མི་ལྡོག་གི་མཚན་ཉིད་ སྟོན་ནོ། །རྩ་འགྲེལ་ནི། གཟུགས་ལ་སོགས་པར་ཆེར་རྟོག་པ་ལ་ལྡོག་པ་དང་ཐེ་ཚོམ་མེད་པ་ ལ་སོགས་པའི་རྟགས་ཀྱི་རྣམ་པ་རྣམ་པ་ཉི་ཤུར་བརྗོད་པ་ཡིས་ངེས་འབྱེད་ཡན་ལག་ལ་ གནས་པའི་བྱང་སེ་དབང་བོ་རྣོན་པོ་རྣམས་ཀྱི་ཕྱིར་མི་ལྡོག་པའི་མཚན་ཉིད་ཤེས་པར་བྱ་བ་ ཡིན་ནོ། །འགྲེལ་ཆེན་དུ་མཚན་ཉིད་ཡིན་ཞེས་དང༌། དག་སྙིང་སོགས་སུ་འདིའོ་ཞེས་སོ། ། 2-1-240 རྒྱས་བཤད་ལ། མཚམས་སྦྱར་ནི། ཡང་གཟུགས་སོགས་ལས་ལྡོག་པ་སོགས་པའི་མཚན་ ཉིད་དེ་དག་གང་ཡིན་ཞེ་ན། དེ་དག་བསྟན་པའི་ཕྱིར་བར་སྐབས་ཀྱི་ཚིགས་སུ་བཅད་པ་དྲུག་ པོ་འཆད་དོ། །རྩ་འགྲེལ་ལྷན་ཅིག་སྟེ། དྲོད་ལ་གནས་པའི་བྱང་སེ་དབང་རྣོན་ཆོས་ཅན། རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ཡིན་ཏེ། རྟགས་བཅུ་གཅིག་དང་ལྡན་པས་སོ། ། བཅུ་གཅིག་གང་ན། གཟུགས་སོགས་བདེན་པའི་ངོ་བོ་ཉིད་མེད་པར། (མདོ། ) ངེས་པ་འདྲེན་ ནུས་སུ་གསལ་བོར་རྟོགས་པ་ཉིད་ཀྱིས། གཟུགས་ལ་སོགས་པའི་ཆོས་སུ་བདེན་པར་མངོན་ པར་ཞེན་པ་ཆེན་པོ་ (བུདྡྷ་ཤྲཱི་)ལས་ལྡོག་པའི་རྟོགས་པ་དང༌། བྱང་ཆེན་པོ་གང་གཟུགས་ལས་ ཕྱིར་ལོག་པ་དང༌། ནས། རྫོགས་བྱང་ལས་ཕྱིར་མི་ལྡོག་པ་དེ་ནི་ཕྱིར་མི་ལྡོག་པར་རིག་པར་ བྱའོ། །ཞེས་སོགས་སོ། །དཀོན་མཆོག་གསུམ་ཀྱི་ཡོན་ཏན་ལ་ཤེས་ནས་མི་ཕྱེད་པའི་དད་པ་ ཐོབ་པས། སྐྱབས་གནས་ (བདེན་པ་དང་དཀོན་མཆོག་དང་ལས་འབྲས་ཞེས་རད་ཀིར། )ཐེ་ཚོམ་ཟད་ཀྱི་ལྷ་དང་ སྟོན་པ་གཞན་ལ་མི་བརྟེན་པ་དང༌། ཕྱི་རོལ་བའི་དགེ་སྦྱོང་དང་བྲམ་ཟེ་དག་གི་ངོར་མི་ལྟ་སྟེ། ཞེས་དང༌། ལྷ་གཞན་ལ་ཕྱག་མི་འཚལ་ཞིང༌། ཞེས་སོགས་ (བདེན་པ་དཀོན་མཆོག་ཅེས་སྙིང་ཟླ་དག་)སོ། ། ཤེས་ནས་དད་ཐོབ་འཕགས་པ་ཁོ་ནར་བཤད་པ་དང་འགལ་ཞེ་ན། འདི་སློབ་དཔོན་ས་ བརྒྱད་པར་བཞེད་པས་མི་འགལ་ལོ། །སྤྱིར་དེ་ལྟར་བཤད་པ་དེ་ཐེག་དམན་པ་ལྟར་ཡིན་ལ། ཐེག་ཆེན་ཐུན་མོང་མིན་པའི་ལུགས་ཀྱི་འདི་ལྟར་ཁས་བླངས་པས་ཆོག་སྟེ། ཨཱརྱས་ཀྱང༌། ཐེ་ ཚོམ་མེད་པ་ཉིད་ཀྱིས་ལྷ་གཞན་ལ་ཕྱག་མི་འཚལ། ཞེས་སོ། །མི་ཁོམ་པར་མི་སྐྱེ་བའི་སྨོན་ ལམ་གྲུབ་པས། མི་ཁོམ་པའམ་མི་དལ་བ་བརྒྱད་དུ་རང་དབང་མེད་པར་སྐྱེ་བ་ཟད་པ་དང་ངོ༌། ། བརྒྱད་གང་ན། ལས་རྒྱུ་འབྲས་མེད་པར་ལྟ་བ་ལོག་པར་ལྟ་བ་སྟེ། མཛོད་དུ། དགེ་དང་མི་ དགེ་མེད་ལྟ་བ། །ལོག་པར་ལྟ་བ་ཡིན། ཞེས་སོ། །དམྱལ་བ་ (ཁམས་བཅོ་བརྒྱད་)ཡི་དྭགས་ (ཀྱི་ རིགས་སུམ་ཅུ་རྩ་དྲུག་)སམ་བཏགས་དང༌། དུད་དེ་འགྲོ་བས་དུད་འགྲོར་སྐྱེ་བ་དང༌། སངས་རྒྱས་ 2-1-241 མེད་པའི་བསྐལ་བ་ལ་སྐྱེས་པ་དང་ (གནོད་འཇོམས་)དུས་བཞིའི་རྫོགས་ལྡན་ཆེན་པོ་ལྟ་བུའི་ སེམས་ཅན་སངས་རྒྱས་ཀྱི་བཀའ་མི་ཐོས་པ་དང་ཆོས་དང་འཁོར་རྣམ་བཞི་མེད་པའི་ (ཤན་ཏི་ ལུང་གི་ཚད་)ཡུལ་ཐམས་ཅད་ཡུལ་མཐའ་འཁོབ་ཡིན་ཞིང་ཁྱད་པར་ཀླ་ (དཔའ་བོས། དམྱལ་བ་ཡི་དྭགས་ དུད་འགྲོ་དང༌། །ཀླ་ཀློ་ཚེ་རིང་ལྷ་དང་ནི། །ལོག་ལྟ་སངས་རྒྱས་ཀྱིས་སྟོང་པ། །ལྐུགས་པ་འདི་རྣམས་མི་ཁོམ་བརྒྱད། །ཞེས་སོ། ། ) ཀློ་བར་སིག་པའི་ཡུལ་ལྟ་བུ་དང༌། དབང་བོ་མ་ཚང་བ་ (ནི་སྤྱིར་བསྟན་པའམ་མིག་སོགས་མ་ཚང་བ་དང་) ཡིད་དབང་ལ་སྐྱོན་ཞུགས་པ་གླེན་པ་དང་ལྕེ་དབང་ལ་སྐྱོན་ཞུགས་པ་དིག་པ་དང་ (ཤནྟི་ལུང་ཚད་) ལྐུགས་པའི་དངོས་པོ་དང༌། འདུ་ཤེས་མེད་པའི་ཁྲོད་དང༌། གཟུགས་མེད་ཀྱི་སོ་སྐྱེ་སྟེ། (བློ་གྲོས་ རྒྱ་མཚོའི་མདོར། གཟུགས་མ་མཆིས་པའི་ཁམས་སུ་སྐྱེ་བར་བགྱིད་ཅིང༌། ལྷ་ཚེ་རིང་པོ་རྣམས་དང་བསྐལ་བ་མཉམ་པར་སྐྱེ་སྟེ། ཞེས་སོ། ། ) ལྷ་ཚེ་རིང་བོ་གཉིས་སུ་ (ལྟུང་བཤགས་འགྲེལ་པར་དང༌། བཤེས་སྤྲིང་འགྲེལ་པ་སོགས་ལས་བཤད། )སྐྱེ་ བ་ཞེས་བྱ་བ་བརྒྱད་དོ། །མི་ཁོམ་པ་བརྒྱད་པོའི་བར་གྱི་ནང་དུ་མི་སྐྱེ་ཞིང་བུད་མེད་དུ་གྱུར་པ་ ཡོངས་སུ་མི་འཛིན་ཏེ། ཞེས་སོ། །སེམས་ཅན་ཐམས་ཅད་ལ་དམིགས་པའི་སྙིང་རྗེས། བདག་ ཉིད་དགེ་བ་བཅུ་ལ་གནས་ཤིང་གཞན་དག་དེ་ལ་འགོད་དམ་སྦྱོར་ཞིང་བསྔགས་མཐུན་པར་ བྱེད་པའི་ཕྱིར་དང༌། དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་གཟུང་ཞིང་སྤྱོད་དེ། ཞེས་ སོགས་སོ། །བདག་གི་བདེ་བ་དང་གཞན་གྱི་སྡུག་བསྔལ་སྙིང་ཐག་པ་ནས་བརྗེ་བ་ཉིད་ཀྱིས་ སེམས་ཅན་གཞན་གྱི་རྟེན་ཅན་ཏེ་ཆེད་དུ་ (དག་ལྡན་)དེའི་ཡུལ་ཏེ་རྒྱུད་ལ་འབྲས་བུ་སྨིན་པར་ ཡོངས་སུ་བསྔོས་པའི་སྦྱིན་པ་ལ་སོགས་པ་སྤྱོད་པ་དང༌། (དག་ལྡན། ) སེམས་ཅན་ཐམས་ཅད་ (ལྡན་པ་དང་)ཀྱི་ཕྱིར་སྦྱིན་པ་གཏོང་ངོ༌། །ཞེས་སོགས་སོ། །ཆོས་ཀྱི་གནས་ལུགས་ཡང་དག་པར་ རྟོགས་པས། ཟབ་མོའི་དོན་ཕྱིན་ཅི་མ་ལོག་པའི་སྟོང་པ་ཉིད་ལ་ (རད་ཀིར་)སོམ་ཉི་མེད་དམ་མི་ བྱེད་པ་དང༌། ཆོས་ཟབ་མོ་ལ་དོགས་པ་དང་ཡིད་གཉིས་དང་ཐེ་ཚོམ་མེད་དོ་ཞེས་སོ། །བསམ་ པས་གཞན་ལ་ཕན་པར་སེམས་པ་ཉིད་དུ་ཞུགས་པས་བྱམས་པས་ཟིན་པའི་ལུས་ངག་ཡིད་ 2-1-242 ཀྱི་ལས་དང༌། བྱམས་པས་ཟིན་པའི་ལུས་ཀྱི་ལས་དང་ལྡན་པ་ཡིན་ནོ། །ཞེས་སོགས་སོ། ། བསླབ་པ་གསུམ་ལ་སྦྱོར་བ་ཕུན་སུམ་ཚོགས་པས། དགེ་ཕྱོགས་མི་རྫོགས་པའི་རྒྱུ་སྒྲིབ་པ་ལྔ་ བོ་དག་དང་མི་འགྲོགས་པ་སྟེ། ལྔ་གང་ན། འདོད་པའི་ཡོན་ཏན་ལ་ཧ་ཅང་འདུན་ཞིང་ཆགས་ པ་ནི་རབ་ཏུ་འབྱུང་བའི་བར་གཅོད་བྱུང་ནས་ལྟུང་བ་འཆོས་པ་ལ་བསྐུལ་བ་ན་དེ་ལ་ (སེམས་ཅན་ ལ་སྡང་བ་ནི་ཞེས་ཟླ། ཁོང་ཁྲོས་ཏེ་ཀུན་ནས་མནར་སེམས་ཀྱི་དངོས་པོ་དགུ་ཞེས་བཤེས་སྤྲིང་འགྲེལ། )གནོད་སེམས་ གཉིས་ཀྱིས་ཚུལ་ཁྲིམས་ཀྱི་བསླབ་པའི་བར་གཅོད་བྱེད་དོ། །འཇུག་པ་ (དབང་ཤེས་ལྔ་གསུམ་ག་ལ་) རང་དབང་མེད་པར་ནང་དུ་སྡུད་པའི་ཉོན་མོངས་ཅན་གཉིད་དང༌། སེམས་མི་གསལ་ཞིང་ ལུས་སེམས་ལས་སུ་མི་རུང་བའི་རློང་རློང་བོ་རྨུགས་པ་གཉིས་ཀྱིས་ལྷག་མཐོང་ཤེས་རབ་ལ་ སྒྲིབ། ཕྱི་རོལ་ཏུ་ཧ་ཅང་འཕྲོ་བའི་རྒོད་པ་དང༌། མ་ལེགས་པ་བྱས་པ་ཡིད་ལ་གཅགས་པའི་ འགྱོད་པ་གཉིས་ཀྱི་ཞི་གནས་ལ་སྒྲིབ་པའམ་ཡང་ན་རིམ་པ་བཟློག་གོ །གཏན་ལ་མ་ཕེབས་ པའི། (ཐར་བ་དང་དེའི་ལམ་ལ་ཐེ་ཚོམ་ཟ་བའི་ཞེས་བཤེས་སྤྲིང་འགྲེལ། བདེན་པ་དང་དཀོན་མཆོག་སོགས་ལ་ཡོད་དམ་མེད་ དམ་བདེན་ནམ་མི་བདེན་ནམ་ཞེས་སོགས་ཐེ་ཚོམ་ཟ་ཞེས་ཟླ་ཟེར། ) ཐེ་ཚོམ་ཡང་ལྷག་པའི་ཤེས་རབ་ཀྱི་བསླབ་ པ་ལ་སྒྲིབ་པོ། །བར་བ་གཉིས་གཉིས་གཅིག་ཏུ་བཞག་པའི་རྒྱུ་ནི་མཛོད་དུ། འདོད་ན་སྒྲིབ་ རྣམས་ (ལས་)མི་མཐུན་དང༌། །(བས་ཏེ་གཉེན་པོ་སྣང་བའི་འདུ་ཤེས་དང་ཞི་གནས་སུ་གཅིག་པ། ) ཟས་དང་བྱ་བ་ (སེམས་ཞུམ་བྱེད་དང་མ་ཞི་བར་བྱེད་པར། )གཅིག་པའི་ཕྱིར། །(གཉིད་རྨུགས་གཉིས་གཅིག་རྒོད་འགྱོད་)གཉིས་ གཅིག་ (ཚུལ་ཁྲིམས་ཤེས་རབ་ཏིང་འཛིན་གྱིས་)ཕུང་བོ་ (གསུམ་ལ་རིམ་བཞིན། )གནོད་བྱེད་དང༌། །ཐེ་ཚོམ་ ཕྱིར་ (གསུམ་ག་ལ་སྒྲིབ་པའམ་ཤེས་རབ་ལ་སྟེ་དཔྱད་)ན་ལྔ་ཉིད་དོ། །ཞེས་སོ། །རེ་རེར་སྨོས་ནས་ལྔ་བོ་ འདི་དག་དང་ལྷན་ཅིག་ཏུ་མི་གནས་ཏེ་ཞེས་སོ། །མ་རིག་པ་ལ་སོགས་པའི་གཉེན་པོར་གྱུར་ པ་ཆོས་ཀུན་དོན་དམ་པར་སྤྲོས་བྲལ་རྣམ་པར་བསྒོམ་པ་ཉིད་ཀྱིས་ལས་རྒྱུ་འབྲས་སོགས་ལ་ རྨོངས་པའི་མ་རིག་པ་དང༌། སོགས་པ་ལྟ་བའི་བག་ལ་ཉལ་ཐམས་ཅད་འཇོམས་ཀྱི་བསམ་ 2-1-243 བཞིན་སྲིད་པར་སྐྱེ་བ་ལེན་པས་འདོད་སྲིད་ཀྱི་བག་ལ་ཉལ་མི་འཇོམས་སོ། །ཨཱརྱས་སོ། ། ཡང་ན་གཉེན་པོ་བདེན་པའི་རྣམ་པ་སོགས་བསྒོམས་པས་བདེན་པ་དཀོན་མཆོག་རྒྱུ་འབྲས་ ལ་རྨོངས་པའི་མ་རིག་པ་དང་སོགས་ལྟ་བ་ལྔའམ་དྲུག་ཅུ་རྩ་གཉིས་ལ་སྦྱར་རོ། །བག་ལ་ཉལ་ བ་ཐམས་ཅད་དུ་མེད་དེ། ཞེས་སོ། །དུས་རྟག་ཏུ་སྟེ་ཐམས་ཅད་དུ་མཉམ་པར་བཞག་པ་སྟེ། བླང་དོར་ལས་མ་གཡེང་བ་ཉིད་ཀྱིས། སྤྱོད་ལམ་ཐམས་ཅད་དུ་བླང་དོར་མ་བརྗེད་པའི་དྲན་ པ་དང༌། ཉོན་མོངས་ཅན་ལ་སྐྱོན་ཅན་དུ་ཤེས་བཞིན་དུ་གནས་པ་དང་ངོ༌། །འགྲོ་ཞིང་འོང་ ཡང་ནོར་བའི་སེམས་ཀྱིས་མི་འགྲོ་ནོར་བའི་སེམས་ཀྱིས་མི་འོང༌། ཞེས་སོགས་ནས། དྲན་ བཞིན་དུ་འགྲོ། སོགས་སོ། །གཙང་སྦྲའི་ཀུན་ཏུ་སྤྱོད་པ་དང་ལྡན་ཞིང་ནད་ཉུང་བ་ (ཨཱརྱ་དངོས་) ཉིད་ཀྱིས། ཆོས་གོས་དང་ལ་སོགས་པ་ལོངས་སྤྱོད་གདན་ལ་སོགས་པ་ཤིག་དང་ (བརྒྱད་སྟོང་) སྲོ་མ་མེད་པས་ཡོངས་སུ་སྤྱོད་པ་གཙང་བའམ། མདོར་གོས་ཚགས་བཟང་ཞིང་ (འབུམ་ཊཱིཀ་) སྨད་དུ་མེད་གཙང་ཞིང་དྲི་མི་ཞིམ་པ་དང་རྡུལ་དང་དྲི་མ་མེད་ཅིང་ནད་ཉུང་བ་ཡིན་ཏེ། ཞེས་ སོ། །ཞེས་བྱ་བ་རྣམ་པ་བཅུ་གཅིག་ (ཨཱརྱས་སོ་)དང༌། རྩེ་མོ་ལ་གནས་པའི་བྱང་སེ་དབང་རྣོན་ ཆོས་ཅན། རྫོགས་བྱང་ལས་ཕྱིར་མི་ལྡོག་སྟེ། རྟགས་རྣམ་པ་དྲུག་དང་ལྡན་པས་སོ། །དྲུག་ གང་ན། སྲིན་བུ་མི་འབྱུང་བའི་དགེ་རྩ། འཇིག་རྟེན་ལས་མངོན་པར་འཕགས་པ་བསགས་པ་ (ཨཱརྱ་འབུམ་ཊཱིཀ་)ཉིད་ཀྱིས། ལུས་ལ་སྲིན་བུའི་རིགས་བརྒྱད་ཁྲི་མི་འབྱུང་བ་དང༌། དེའི་ལུས་ལ་ སྲིན་བུའི་རིགས་སྟོང་ཕྲག་བརྒྱད་ཅུ་བོ་དེ་དག་མེད་དེ། ཞེས་སོ། །ཐེག་ཆེན་གྱི་དགེ་བའི་རྩ་བ་ རྣམ་པར་དག་པས། སེམས་གྱ་གྱུའམ་འཁྱོག་པོ་རང་དོན་གྱི་སེམས་མེད་པའམ། དགེ་རྩ་རྣམ་ དག་སྲོག་མི་གཅོད་སོགས་དང་ལྡན་པས་ལུས་ངག་ཡིད་དག ཞེས་མདོ་དང་འབུམ་ཊཱིཀ་ཀོ ། ལུས་ངག་སེམས་ཀྱི་གྱ་གྱུ་ཡོངས་སུ་སྦྱོང་བར་བྱེད་དེ། དེ་ཡང་དེ་ལྟར་ལུས་ཀྱི་ལེགས་སྤྱད་ གསུམ་སྤྱོད། ཞེས་སོགས་སོ། །དགེ་ཆོས་ཀྱི་བར་ཆད་རྙེད་པ་བཀུར་སྟི་དང་སྙན་གྲགས་ 2-1-244 སོགས་ལ་མི་ལྟ་བའམ་ལྷུར་མི་ལེན་པ་ཉིད་ཀྱིས་ཕྱག་དར་ཁྲོད་པ་ཉིད་ལ་སོགས་པ་སྤྱངས་ པའི་ཡོན་ཏན་བཅུ་གཉིས་ཅི་རིགས་པར་ཡང་དག་པར་བསྟེན་ནམ་ལེན་པ་དང༌། ཁེ་དང་ བཀུར་སྟི་དང་ཚིགས་བཅད་ལྷུར་ལེན་པ་མ་ཡིན། སོགས་ནས། སྦྱངས་པའི་ཡོན་ཏན་བཅུ་ གཉིས་ཡང་དག་པར་བླངས་ཏེ་སྤྱོད་དོ། །ཞེས་སོ། །སྦྱིན་པ་ལ་སོགས་པའི་ཁྱད་པར་ཏེ་གཉེན་ པོ་ཁྱད་འཕགས་བསྒྲུབ་པས། སྦྱིན་སོགས་དེ་དག་དང་འགལ་བ་སེར་སྣ་དང་འཆལ་བའི་ ཚུལ་ཁྲིམས་དང༌། ཁོང་ཁྲོ་ལ་སོགས་པ་མེད་པ་དང༌། བྱང་ཆེན་པོ་ལ་སེར་སྣའི་སེམས་སྐྱེ་བ་ མེད་དོ། །ཞེས་སོགས་སོ། །ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་སུ་ (མདོ་)ཡང་དག་པར་སྡུད་པ་ སྟེ་འདུས་པ་ཉིད་ཀྱིས། ཆོས་ཉིད་རྟོགས་པ་དང་མི་འགལ་བར་ཏེ་མི་འགལ་བའི་ཤེར་ཕྱིན་ དང་ལྡན་པར་འགྲོ་བ་སྟེ་གནས་པ་ (ཨཱརྱས། ཤེར་ཕྱིན་གྱི་རྣལ་འབྱོར་ཡང་དག་པར་སྒྲུབ་པ་དང་ཞེས་སོ། ། )དང༌། (རད་ཀིར་གོང་ནས་གོང་དུ་འགྲོ་ཞེས་སོ། ། )འཇིག་རྟེན་པའི་བྱ་བ་གང་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱང་ ཤེར་པ་ལ་བརྟེན་ཏེ་ཆོས་ཉིད་ཀྱིས་ཡང་དག་པར་སྒྲུབ་ཅིང༌། ཞེས་སོགས་སོ། །འགྲོ་བ་ཐམས་ ཅད་བདག་ཉིད་ཀྱིར་ཏེ། མཉམ་པའམ་གཅེས་པར་བྱས་པ་ཉིད་ཀྱིས། གཞན་གྱི་དོན་དུ་ དམྱལ་བ་ཚོལ་བའམ་འདོད་པ་སྟེ་དེར་འགྲོ་བར་སེམས་པ་དང༌། དེ་བས་ཕྱིར་མི་ལྡོག་པར་ ལུང་བསྟན་པ་ནི་སེམས་ཅན་དམྱལ་བར་ལུང་བསྟན་པ་སྟེ་ད་དུང་ཡང་ཁྱོད་ཀྱིས་བྱང་ཆུབ་ཀྱི་ སེམས་འདི་ཐོངས་ཤིག་དང༌། ཁྱོད་སེམས་ཅན་དམྱལ་བར་སྐྱེ་བར་མི་འགྱུར་ཏེ། སོགས་ ནས། གལ་ཏེ་བྱང་ཆེན་པོའི་སེམས་མི་འཁྲུག་ཅིང་ནེམ་ནུར་མེད་ན། ཞེས་སོགས་སོ་ཞེས་བྱ་ བ་རྣམས་སོ། །(རྩེ་མོའི་རྟགས་སུ་ཨཱརྱས་སོ། ། ) བཟོད་པ་ལ་གནས་པའི་བྱང་སེ་དབང་རྣོན་ཆོས་ཅན། རྫོགས་བྱང་ལས་ཕྱིར་མི་ལྡོག་སྟེ། རྟགས་གཉིས་ཀྱིས་སོ། །གང་ན་ (གཞན་ལ་ཡིད་ཆེས་པས་མི་འགྲོ་ ཞིང་ཆོས་ཉིད་མངོན་དུ་གྱུར་པས་བདུད་སྡིག་ཅན་གྱིས་མི་ཕྲོགས་པ་)དགྲ་བཅོམ་ལྟར་རང་ (མདོ་དངོས་)གི་རྟོགས་ པའི་སངས་རྒྱས་ཀྱི་ཆོས་ཟབ་མོ་ལ་གཏིང་ཚུགས་པའི་ཡིད་ཆེས་པ་ཐོབ་པའི་ཆོས་ཉིད་ཀྱིས། 2-1-245 དགེ་སྦྱོང་གི་ཆ་བྱད་དུ་བྱས་པའི་བདུད་སོགས་ (ཀུན་ཏུ་རྒྱུ་བ་གཞན་དག་ཅེས་མདོ། )གཞན་གྱིས་སྟོང་ ཉིད་རྟོགས་པ་དང་ཕྱིན་དྲུག་དང་བྲལ་ (མདོ་འབུམ་ཊཱིཀ་)ཏེ་ཐེག་དམན་དུ་བཀྲིར་མི་བཏུབ་པ་ དང༌། བདུད་སྡིག་ཏོ་ཅན་དགེ་སྤྱོང་གི་ཆ་བྱད་དུ་འོངས་ཏེ་ཁྱོད་ཀྱིས་སྔོན་སྦྱིན་ཕར་སྤྱད་པར་ བྱའོ། །སོགས་ནས། འཚང་རྒྱ་བར་བྱའོ་ཞེས་པ་དེ་དག་ཤོགས་ཤིག སོགས་དང་ (ཁྱོད་ཀྱིས་ཐོས་ པ་)འདི་ནི་སངས་རྒྱས་ཀྱི་བཀའ་མ་ཡིན་གསུངས་པ་མིན་རང་བཟོར་བྱས་སོ། །གང་ངས་ བཤད་པ་འདི་ནི་བཀའ་ཡིན་ཟེར་བ་ལ། ནས། སེམས་མི་འཁྲུག་ཅིང་ནེམ་ནུར་མི་བྱེད། སོགས་དང༌། ཉན་རང་གི་ཐེག་པ་པ་རྣམས་ཀྱིས་མི་ཐུབ་སོགས་ (གཞན་གྱི་དྲིང་མི་འཇོག་)སངས་ རྒྱས་ཉིད་ཀྱི་ཐབས་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ཤེས་པ་ལ་མཁས་པ་ཉིད་ཀྱིས། རྫོགས་ པའི་སངས་རྒྱས་ཀྱི་ལམ་ལྟར་བཅོས་པ་མི་སྡུག་པ་དང་བསམ་གཏན་གཟུགས་མེད་བརྒྱད་ སོགས་ཉེ་བར་སྟོན་པའི་བདུད་ (དགེ་སྦྱོང་གི་ཆ་བྱད་ཅན་)ལ་བདུད་ཉིད་དུ་རྟོགས་པ་ཞེས་བྱ་བ་ གཉིས་དང༌། (ཨཱརྱས། ) ལམ་གྱི་གཟུགས་བརྙན་སྟོན་ཏེ། ཡང་ན་ནི་རུས་པར་སྟོན། ཡང་ན་ནི་ བསམ་གཏན་དང་པོ་དང་སྲིད་པའི་རྩེ་མོའི་བར་དུ་སྟོན། ཞེས་སོགས་སོ། །ཆོས་མཆོག་ལ་ གནས་པའི་བྱང་སེ་དབང་རྣོན་ཆོས་ཅན། བླ་མེད་རྫོགས་ཆུབ་ལས་ཕྱིར་མི་ལྡོག་སྟེ་དེ་བས་ཇི་ ལྟར་ (མདོ་)བསྟན་པ་བཞིན་གྱི་ (མདོ་)འཁོར་གསུམ་རྣམ་པར་དག་པ་ལ་སློབ་ཅིང་ (མདོ་)སྦྱིན་ སོགས་ནས་རྣམ་མཁྱེན་གྱི་བར་ལ་མི་ (མདོ་)མཉམ་པའི་བསམ་པ་དང་ལྡན་པས། སྤྱོད་པ་ ཐམས་ཅད་ལ་སངས་རྒྱས་དགེས་པ་ཞེས་བྱ་བ་རྣམ་པ་གཅིག་ཅན་ཡིན་པས་སོ། །དེ་པས་ཇི་ སྐད་དུ་བསྟན་པ་དེ་ལྟར་བསླབས་ལ་སྤྱོད་པ་དེ་དང་མ་བྲལ་ཞིང༌། ནས། སྦྱིན་ཕར་ལས་ ཡོངས་སུ་མི་ཉམས་ཞེས་སོགས་སོ། །གོ་རིམ་བཞིན་གྱི་དོན་དེ་ལྟར་རོ། །དེ་ལྟར་རྟགས་ཉི་ཤུ་ བོ་འདི་དག་གིས་སོ་སོར་ཤེས་པར་བྱ(དག་ལྡན་དུ། ཆོས་ཉིད་ལྡན་འགྲོ་དང་དམྱལ་ཚོལ་གཅིག་ཏུ་བགྲང༌། ལམ་གཞན་ཉེར་སྟོན་ལ། ལམ་དང་ལམ་ལས་གཞན་ཏེ། ལམ་མིན་གཉིས་ལ་ལམ་ལ་ལམ་མིན་དང་ལམ་མིན་ལ་ལམ་དུ་སྨྲ་བའི་བདུད་ལ་བདུད་དུ་རྟོགས་པར་གཉིས་ཞེས་བགྲང་ངོ་། ། )འོ། 2-1-246 ། (འགྲེལ་པར་དད་པ་ཐོབ་པས་ཞེས་སོགས་རྟགས་དང་ཐེ་ཚོམ་ཟ་ཞེས་སོགས་མདོ་སྒྲུབ་བྱའི་ཆོས་སུ་བྱས་ལའང་དགོད་དོ། ། ) གཉིས་པ་ལ། བསྟན། བཤད་དོ། །དང་པོ་ལ། མཚམས་སྦྱར་ནི། ངེས་པར་འབྱེད་པའི་ ཞེས་སོགས་ཏེ་མཐར་སྟོན་ནོ་ཞེས་བསྣན་ནོ། །རྩ་འགྲེལ་ནི། བྱང་པ་མཐོང་བའི་ལམ་ལ་ གནས་པ་དབང་འབྲིང་རྣམས་ཆོས་ཅན། རྫོགས་བྱང་ལས་ཕྱིར་མི་ལྡོག་སྟེ། སྡུག་བསྔལ་ལ་ སོགས་པ་བདེན་པ་བཞི་ཡུལ་དུ་ཡོད་པའི་སྒོ་ནས་ཆོས་ཤེས་པའི་བཟོད་པ་བཞི། ཆོས་ཤེས་ བཞི། རྗེས་སུ་ཤེས་པའི་བཟོད་པ་བཞི། རྗེས་སུ་ཤེས་པ་བཞི་སྟེ་དེ་འདྲའི་སྐད་ཅིག་མ་བཅུ་ དྲུག་ཐོབ་པའི་བྱང་སེ་དབང་འབྲིང་ཡིན་པས་སོ། །ཁྱབ་པ་ཡོད་དེ། དེ་ནི་དེ་རྣམས་ཀྱི་ཕྱིར་མི་ ལྡོག་པའི་མཚན་ཉིད་ཡིན་པར་ཤེས་པར་བྱའོ། ། རྒྱས་བཤད་ལ། མཚམས་སྦྱར་ནི། སྐད་ཅིག་མ་བཅུ་དྲུག་དེའི་རྣམ་པ་ཅི་འདྲ་བ་ཞིག་ ཕྱིར་མི་ལྡོག་གི་མཚན་ཉིད་ཡིན་ཞེ་ན། སྐད་ཅིག་མའི་རྣམ་པ་རྣམས་བར་ཚིགས་ལྔས་ གསུངས་པ་ནི། རྩ་བ་ལ། ཤེས་བཟོད་དེ་འདྲའི་སྐད་ཅིག་བཅུ་དྲུག་ནི་བློ་ལྡན་མཐོང་བའི་ ལམ་གནས་ཀྱི་རྫོགས་བྱང་ལས་ཕྱིར་མི་ལྡོག་པའི་མཚན་ཉིད་ཡིན་ནོ། །བཅུ་དྲུག་གང་ན། ཨཱརྱས། རྣམ་པ་ལ་དངོས་སུ་མ་སྦྱར་ཡང་ཕུགས་གནད་གཅིག་པས་འགྲེལ་པ་དང་ལྷན་ གཅིག་བཤད་དོ། །བསྡོམ་པ་ལ་མདོར་བསྟན་ལྟར་བཀོད་ནས། སྡུག་བསྔལ་ཆོས་བཟོད་ལ་ གནས་པའི་བྱང་སེ་དབང་འབྲིང་ཆོས་ཅན། ཕྱིར་མི་ལྡོག་སྟེ། ཆོས་ཐམས་ཅད་དོན་དམ་པར་ (མདོ་དོན་)རང་གི་མཚན་ཉིད་ཀྱིས་སྟོང་པར་མངོན་སུམ་གྱིས་རྟོགས་པས་གཟུགས་ལ་སོགས་ པའི་ཆོས་སུ་དང་སྐྱེ་བ་ལ་སོགས་པར་ (སྙིང་མཆོག་)རྟོག་པའི་འདུ་ཤེས་ལས་ (ཕྲ་མོ་ཞེས་བུདྡྷ་ཤྲཱི་)ལྡོག་ པའི་བྱང་འཕགས་དབང་འབྲིང་ཡིན་པས་སོ། །ཕྱིར་མི་ལྡོག་པ་དེར་མཚོན་ནུས་པའི་ཐ་སྙད་ བརྟན་པོ་ཅན་ཞེས་ཀྱང་སྟེ་གཞན་བཅོ་ལྔ་བོ་ལ་ཡང་གཉིས་གཉིས་སྦྱར་རོ། །གཟུགས་ཀྱི་ འདུ་ཤེས་ལས་ཕྱིར་ལྡོག་གོ །ནས། རྣམ་མཁྱེན་བར་རོ། །སངས་རྒྱས་དང་སོགས་པ་བྱང་ 2-1-247 ཆེན་གྱིས་བྱང་སེམས་བརྟན་པར་བྱིན་གྱིས་བརླབས་པས་བླ་མེད་བྱང་ཆུབ་ཀྱི་སེམས་བརྟན་ ཅིང་བདུད་ (མདོ་)སོགས་ཀྱིས་མི་ཕྱེད་པ་ཉིད་དང༌། བདུད་ཀྱིས་བྱང་ཆུབ་ལས་བཟློག་པ་ན་ (མདོ་དོན་)བདག་བླ་མེད་རྫོགས་ཆུབ་ལས་བཟློག་པ་དེ་ནི་བདུད་ཀྱི་ལས་ཏེ། ཞེས་སོགས་སོ། ། ཐེག་པ་ཆེན་པོའི་ཆོས་ཁྱད་པར་ཅན་ཐབས་ཤེས་སམ་སེམས་ (གསེར་)བསྐྱེད་སོགས་བསྒྲུབ་ པའམ་ཉམས་སུ་ལེན་ (གསེར་)ཐེག་པ་དམན་པ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པའི་ ཉམས་ལེན་སོགས་ལས་ཕྱིར་ལྡོག་པ་དང༌། ཉན་ཐོས་ཀྱི་སའམ་རང་སངས་རྒྱས་ཀྱི་ས་ལས་ ཕྱིར་ལྡོག་པ་དེ་ནི་ཕྱིར་མི་ལྡོག་པའོ། །ཞེས་སོགས་སོ། །གཟུགས་ (གསེར་)སོགས་ཀྱི་ཆོས་ བདེན་པའི་རང་བཞིན་ (སྐྱེ་བ་མེད་ཅེས་གསེར་)མེད་པར་རབ་ཏུ་རྣམ་པར་འབྱེད་ཅིང་མངོན་སུམ་དུ་ རྟོགས་པའི་མཐུས། བསམ་གཏན་གཟུགས་མེད་དང་སོགས་པས་བྱང་ཕྱོགས་སོ་བདུན་སྒོ་ གསུམ་ཚད་མེད་འགོག་པ་ལ་སྙོམས་པར་འཇུག་ཀྱང་ཉོན་མོངས་པའི་ཟག་བཅས་ཀྱི་འབྲས་ བུ་སྐྱེ་བའི་བསམ་གཏན་གཟུགས་མེད་དུ་སོ་སྐྱེར་སྐྱེ་བ་དང་ཉན་རང་གི་འབྲས་བུ་བཞི་ལ་ སོགས་པར་སྐྱེ་བའི་ཡན་ལག་ཡང་དག་པར་ཡོངས་སུ་ཟད་པ་ (ནི་གཟུགས་དང་གཟུགས་མེད་པའི་གཉེན་ པོར་ཤེས་པར་བྱ་བའི་ཕྱིར་ཡིན་ཞེས་ཨཱརྱ། )སྟེ་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་གོ །ནས། འགོག་པ་སོགས་དང་བསམ་གཏན་གྱི་འབྲས་བུ་ཡོངས་སུ་མི་འཛིན་ཏེ། ནས། རྒྱུན་ཞུགས། སོགས་སོ། །ཞེས་བྱ་བ་བཞི་ནི་སྡུག་བསྔལ་གྱི་ཡུལ་ཅན་གྱི་ཤེས་བཟོད་བཞིའི་རྣམ་པ་ཡིན་ ནོ། །སྒོ་གསུམ་གྱི་མི་དགེ་བ་དང་བྲལ་བ་ཉིད་ཀྱིས་ལུས་ (ཡང་བ་ནི་ལུས་ཀྱི་ལས་ལ་ཟོ་མདོག་བདེ་བར་ འཇུག་པའོ། ། )(མཐོང་སྤོངས་རྟོག་པ་དང་བྲལ་བས་ཞེས་ཨཱརྱ། )དང་སེམས་ཡང་ (བ་ནི་སེམས་འཛིན་པ་ལ་མཁས་ཤིང་ རྒྱལ་བའོ། །རད་ཀིར། )ཞིང་ལས་སུ་རུང་ལ་དགེ་བ་ལ་བཀོལ་བཟོད་པ་དང་། (མི་དགེ་བ་དང་ལྡན་པ་ཁོ་ནའི་ ལུས་ལས་སུ་མི་རུང་ཞིང་ལྕི་བ་ཉིད་ཡིན་པའི་ཕྱིར་ཞེས་གསེར། ) བྱང་ཆུབ་ཀྱི་སེམས་དང་མི་འབྲལ་ཞིང་གཟུགས་ལྷུར་ལེན་པ་མ་ཡིན། མཚན། ལུས། སྦྱིན་པ། ནས། སངས་རྒྱས་བར་རོ། །འདོད་ཡོན་ལ་མ་སྤྱད་ན་གདུལ་མི་ནུས་པའི་སེམས་ཅན་འདུལ་བའི་ཐབས་ལ་མཁས་པའི་ 2-1-248 མཐུས། རང་ཉིད་ཆགས་ཤིང་མངོན་ཞེན་མེད་པར་འདོད་པའི་ཡོན་ཏན་ལ་ཉེ་བར་སྤྱོད་པ་སྟེ་ཁྱིམ་པ་བྱང་པའི་དབང་དུ་བྱས་སོ། །ཁྱིམ་ན་གནས་ ཀྱང་ཐབས་མཁས་པས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་འདོད་པའི་ཡོན་ཏན་ལྔ་ཉེ་བར་ལེན་ཏོ། །ཞེས་སོགས་སོ། །བུད་མེད་སོགས་ ཆགས་ཡུལ་ཀྱི་ཉེས་དམིགས་ (མདོ་ལས། བུད་མེད་ངན་སོང་རྩ་བ་སྟེ། །རྣམ་པ་ཀུན་དུ་ནོར་ཟད་བྱེད། །བུད་མེད་ངག་ཉན་མི་དག་ནི། ། ཚོགས་པ་རུ་ནི་བཞད་གད་རྒྱུ། །ཞེས་བཤད་དོ། ། )ངན་སོང་གི་རྩ་བ་སོགས་སུ་མཐོང་བས། རྟག་ཏུ་ཚངས་ པར་སྤྱོད་ཅིང་རྒྱུད་ཞི་གནས་ཀྱིས་བརླན་པས་གཞན་ལ་གནོད་པ་མི་བྱེད་པ་སྟེ། རྟག་ཏུ་རྒྱུན་ མི་འཆད་པར་ (འདི་ཁྱིམ་ན་གནས་ཀྱང་འདོད་ཡོན་ལྔ་ལ་མི་སྤྱོད་ཅིང་ཚངས་པར་སྤྱོད་ཅེས་འབུམ་ཊཱིཀ་སྟེ་མདོ་དོན། ) ཚངས་པར་སྤྱོད་པ་ཡིན་ (གཞན་མི་དགའ་བར་འགྱུར་བའི་གནོད་པ་དེ་ལྟ་བུ་གང་ཡང་མི་བསྐྱེད་དེ་ཞེས་དང་ཕྱི་བཞིན་ ལག་ན་རྡོ་རྗེ་རྟག་ཏུ་འབྲང༌། )ཞེས་སོགས་སོ། །ཚུལ་འཆོས་ཁ་གསག་གཞོགས་སློང་ཐོབ་འཇལ་རྙེད་ པས་རྙེད་པ་ཚོལ་བ་སོགས་ལོག་འཚོ་ (འདིའི་མདོར་མེད། སྐབས་དང་པོ་ཡོད་ཅིང་ཨཱརྱས་རྒྱས་པར་བཤད། ) སྤངས་ཤིང་བྱང་སེམས་མི་འཁྲུག་པའམ་མི་བརྗེད་པ་ལ་དབང་ཐོབ་པ་དང་འགྲོ་བ་འདོན་ པའི་སྨོན་ལམ་ (ཞི་འབྱུང་)མི་འདོར་བས་སྐྱེས་བུ་དམ་པར་གྱུར་ (སྨེ་ཤ་ཅན་ལ་སོགས་པ་དམ་པ་མིན་པ་ནི་ཉ་ ལ་སོགས་པ་གསོད་ཅིང་འཆི་བའི་རྒྱུད་བྱེད་པའི་ཕྱིར་རོ་ཞེས་གསེར། )པའི་ཆོས་ཉིད་ཀྱིས། འཚོ་བའི་ (དག་ཅིང་ཕན་ པར་བྱེད་པའི་འཚོ་བ་ཞེས་རད་ཀིར། )ཡོ་བྱད་རྣམ་པར་དག་ (རིན་ཆེན་འཕྲེང་བར། ཚུལ་འཆོས་རྙེད་དང་བཀུར་སྟིའི་ ཕྱིར། །དབང་བོ་སྡོམ་པར་བྱེད་པ་སྟེ། །ཁ་གསག་རྙེད་དང་བཀུར་སྟིའི་ཕྱིར། །ཚིག་འཇམ་སྔར་ནི་སྨྲ་བའོ། །གཞོགས་སློང་དེ་ནི་ ཐོབ་བྱའི་ཕྱིར། །གཞན་གྱི་རྫས་ལ་བསྔགས་བྱེད་པའོ། །ཐོབ་ཀྱིས་འཇལ་བ་རྙེད་པའི་ཕྱིར། ། མངོན་སུམ་གཞན་ལ་སྨོས་བྱེད་ པའོ། །རྙེད་པས་རྙེད་པ་རྣམ་འདོད་པ། །སྔར་ཐོབ་པ་ལ་བསྔགས་བྱེད་པའོ། །ཞེས་སོ། ། )པ་ཉིད་དེ། བུད་མེད་ཟས་ སློང་བ་དང་དབང་དུ་འགྱུར་བའི་སྔགས་དང་ཚིག་གང་ཡང་རུང་སྟེ་མི་སྦྱོར། ནས། མཐར་ འཚོ་བ་ཡོངས་སུ་དག་པ་ཡིན་ཏེ། ཞེས་སོ། །ཞེས་བྱ་བ་ནི་བཞི་ནི་ཀུན་འབྱུང་བའི་ཡུལ་ཅན་ གྱི་ཤེས་བཟོད་སྐད་ཅིག་བཞིའི་རྣམ་པ་ཡིན་ནོ། །ཕུང་སོགས་དོན་དམ་པར་སྟོང་ཉིད་དུ་ མངོན་སུམ་དུ་རྟོག་པ་ལ་གནས་པ་ཉིད་ཀྱིས། ཕུང་བོ་དང་སོགས་པ་སྐྱེ་མཆེད་ཁམས་རྣམས་ 2-1-249 ལ་སྦྱོར་བ་ (ནི་ཞི་གནས་སོ། །)(ནི་མངོན་ཞེན་དང་བཅས་པས་སྒྲུབ་པའོ། ། )དང་རྗེས་སུ་སྦྱོར་ (ནི་མངོན་ཞེན་མེད་པ་ ལ་འཇུག་པའོ། །ཞེས་སྙིང་མཆོག་མངོན་པར་ཆགས་མ་ཆགས་སོ། །ཞེས་རད་ཀིར། )བ་ (ནི་ལྷག་མཐོང་དེ་ལ་གནས་པ་ནི་སེམས་ ཀྱི་སྤྱོད་པ་སྟེ་དེ་བཀག་པའོ་ཞེས་དག་ལྡན། )དག་ཏུ་མི་བྱའོ་ཞེས་དེ་ལྟར་སྡུག་ཀུན་གྱིས་ (ཨཱརྱ་)བསྡུས་པ་ལ་ སྦྱོར་བ་དང་འགོག་ལམ་གྱིས་ (ཨཱརྱ་)བསྡུས་པ་ལ་རྗེས་སུ་སྦྱོར་བའམ་དེ་གསུམ་ལ་དང་པོར་ ཞེན་པ་ (འགྲེལ་ཆེན་གསེར་)སྦྱོར་བ་དང་རྒྱུན་དུ་ཤིན་ཏུ་ཞེན་པ་རྗེས་སུ་སྦྱོར་བའི་གནས་པ་སྟེ་ཞེན་ པ་སོ་སོར་བཀག་པ་དང༌། ཕུང་བོའི་སྦྱོར་བ་དང༌། རྗེས་སུ་སྦྱོར་བ་ལ་རྗེས་སུ་བརྩོན་པར་མི་ གནས་ (སྟོང་པར་བསྒོམ་ཞེས་འབུམ་ཊཱིཀ་གོ །)སྐྱེ་མཆེད་ཁམས་རྟེན་འབྲེལ་ལོ། །མཐོང་ལམ་གྱི་མི་ མཐུན་ཕྱོགས་མཐོང་སྤང་ (གཟུང་རྟོག་སོགས་ཞེས་གསེར། )བསལ་བ་ཉིད་ཀྱིས། (མཁྱེན་གསུམ་གྱིས་རྟོགས་ ཞེས་གསེར། )རྟོག་པའི་ (ཨཱརྱས་)རྒྱུ་དང་དགེ་ (ཨཱརྱ་)ཕྱོགས་ཀྱི་བར་ཆད་བྱེད་པའི་ཆོས་ (སྔར་བཤད་པའི་ སྐྱོན་རྣམས་ཞེས་གསེར། )འདུ་འཛི་ལ་སོགས་པ་རྣམས་ལ་སྔ་མ་བཞིན་ཏུ་སྟེ་སྟོང་ཉིད་རྟོགས་པ་ལ་ གནས་པ་ཉིད་ཀྱིས་སྦྱོར་བ་དང་རྗེས་སུ་སྦྱོར་བའི་གནས་པ་སོ་སོར་བཀག་པ་དང་རྐུན་པོའི་ གཏམ་གྱིས་སྦྱོར་བ་དང་རྗེས་སུ་སྦྱོར་བ་ལ་བརྩོན་པར་མི་གནས་སོགས་སོ། །མིང་ཙམ་ལ་ དམིགས་པའི་ཤེས་སྒྲིབ་རྣམ་པར་རྟོག་པའི་སྐྱོན་ (བདུད་ལ་སོགས་པ་འབྱུང་བ་ནི་རྣམས་རྟོག་བསལ་ཏེ་ཞེས་ གསེར། )ཆོས་ཉིད་མངོན་སུམ་དུ་མཐོང་བའི་གེགས་བྱེད་པ་སོགས་ཡོངས་སུ་ཤེས་པ་ཉིད་ཀྱིས། བྱང་ཆུབ་ཀྱི་རྒྱུ་ཚོགས་སྦྱིན་པ་ལ་སོགས་པའི་གཏམ་མམ་མིང་ཙམ་ལ་སྔ་མ་བཞིན་ཏུ་སྦྱོར་བ་ དང་རྗེས་སུ་སྦྱོར་བའི་གནས་པ་སོ་སོར་བཀག་པ་དང༌། སྔ་མ་བཞིན་དུ་ནི། སྟོང་ཉིད་རྟོགས་ པ་དང་ཞེན་དང་རྒྱུན་དུ་ཞེན་སྡུད་པའོ། །གཏམ་སྨོས་པ་ནི་དངོས་པོའི་རྣམ་རྟོག་ནི་སྡུག་ཀུན་ ཤེས་པའི་དུས་ཉིད་ན་བཅོམ་པས། འགོག་པ་ཤེས་པ་ནི་གཏམ་མམ་མིང་ཙམ་གྱི་རྣམ་རྟོག་གི་ གཉེན་པོར་ཤེས་པའི་དོན་དུའོ། །ཞེས༌། ཨཱརྱའོ། །དམག་གི་ (ནི་ཚོགས་ཀྱི་དོན་ཏེ། དཔུང་ཚོགས་ཡིན་ པས་འདིར་ཡང་བྱང་ཆུབ་ཀྱི་ཚོགས་ཞེས་དག་ཟླའི་དོན། )གཏམ་གྱི་སྦྱོར་བ་དང་རྗེས་སུ་སྦྱོར་བ་ལ་བརྩོན་ 2-1-250 པར་མི་གནས། ཞེས་སོ། །(ཨཱརྱ་ཤན་ཏིས་དྲངས་ད་ལྟའི་རྒྱས་འབྲིང་ན་ཆད་གདའ། ) འགོག་པ་རྗེས་ཤེས་ལ་ གནས་པའི་བྱང་སེ་དབང་འབྲིང་ཆོས་ཅན། ཟག་པ་དང་བཅས་པའི་ལས་ཀྱི་རྣམ་སྨིན་དུ་གྱུར་ པའི་དབང་བོ་དང་སོགས་པ། དབང་རྟེན། དབང་ཡུལ་ (གསུམ་དང་)བདག་ཏུ་འཛིན་པ། བདག་ གི་བར་འཛིན་པའི་སྤང་བྱ་དང་དེའི་ (བརྒྱད་སྟོང་སྙིང་མཆོག་)གཉེན་པོ་གཡུལ་འགྱེད་པ་ལ་སྔ་མ་ བཞིན་དུ་སྦྱོར་བ་དང་རྗེས་སུ་སྦྱོར་བའི་གནས་པ་སོ་སོར་བཀག་པ་ཡིན་ཏེ། མཐོང་སྤང་གི་ གཟུང་བ་དང་འཛིན་པའི་རྟོག་པ་དག་སྤང་བར་བྱ་བ་སྟེ་སྤངས་པ་ཉིད་ཀྱིས་སོ། །ཡང་ན་ཕྱི་ ནང་གི་གཟུང་འཛིན་གྱི་རྣམ་རྟོག ཅེས་བྱའོ། །གཡུལ་གྱི་གཏམ་གྱི་སྦྱོར་བ་ལ་བརྩོན་པར་མི་ གནས་སོ། །ནས། གྲོང་གི གྲོང་ཁྱེར། གྲོང་བརྡལ་གྱི། བདག་གི ཞེས་སོགས་སོ། །དེ་ཡང་ ཤེས་པའི་རྟེན་དབང་བོ་ནི་སྐྱེ་བོའི་རྟེན་གྲོང་གི་སྒྲས་ (མདོར་)གསུངས་སོ། །དབང་བོ་འཕེལ་ འགྲིབ་ཀྱི་རྟེན་འབྱུང་ཆེན་ (ཨཱརྱ་)འབྱུང་འགྱུར་སོགས་ནི་གྲོང་འཕེལ་འགྲིབ་ཀྱི་རྟེན་གྲོང་ཁྱེར་ གྱི་སྒྲས་བསྟན། གཟུག་སོགས་དབང་ཡུལ་ནི་སྐྱེ་བོ་དུ་མའི་འཇུག་ལྡོག་གི་གནས་གྲོང་བརྡལ་ གྱིས་སྒྲས་བསྟན། དེ་གསུམ་འགོག་ཚུལ་ནི་ཟག་བཅས་ལས་ཀྱི་རྣམ་སྨིན་གྱི་ལྷག་མར་གྱུར་ པའི་དེ་གསུམ་གྱི་ཆ་འགོག་ཅེས་ཨཱརྱའོ། །(ཕྱི་རོལ་ཡོད་པའི་ལུགས་སོ། ། ) ཡང་ན་དེ་གསུམ་དུ་སྣང་ བའི་ཡང་དག་མིན་པའི་རྣམ་རིག་འགོག་པ་སྟེ་དག་ལྡན་དུ། ལུས་ (དབང་བོ་)དང་གནས་ (དབང་ རྟེན་)དང་ལོངས་སྤྱོད་ (ནི་ཡུལ་ལྔར་ཤནྟིས་བཤད་དོ། ། )དུ་སྣང་བའི་རྣམ་པར་རིག་པ་དག་ཤིན་ཏུ་ལྡོག་ པ་ནི་འགོག་པའོ། །ཞེས་སོ། །ཕྱི་རོལ་མི་འདོད་པའི་ལུགས་སུ་མཛད་ནས་དེ་སྐད་བསྟན་གྱི་ ལུང་སྙེ་ (ནོར་)ལྟར་མིན་ནོ། །སེམས་བྱུང་ལ་དབང་བསྒྱུར་བྱེད་ཀྱི་སེམས་ལ་བདག་གི་སྒྲས་ བསྟན། སེམས་ཀྱིས་དབང་བསྒྱུར་བྱ་སེམས་བྱུང་ནི་བློན་པོའི་སྒྲས་བསྟན་ཏེ་གཅིག་པོ་འདི་ བརྒྱད་སྟོང་པར་ཡོད་ཀྱི་རྒྱས་ (སྙིང་མཆོག་ཏུ་བཤད་)འབྲིང་ན་མེད་ཅིང་ཨཱརྱས་ཀྱང་རྣམ་པ་བཞི་ ཞེས་དེ་མ་བཤད་དོ། །དེ་གཉིས་ལ་བདག་དང་བདག་གིར་མངོན་པར་ཞེན་པ་འགོག་པ་སྟེ་ 2-1-251 དོན་དམ་པར་ཆོས་ཐམས་ཅད་རང་བཞིན་མེད་རྟོགས་ཀྱིས་སོ། །དེ་རྣམས་ཡང་ཁམས་ གསུམ་གང་དང་གང་ན་གང་དང་གང་ཡོད་པ་འགོག་གོ །འདི་ལ་དབང་པོ། དབང་རྟེན། དབང་ཡུལ་གསུམ་དང༌། བདག བདག་གིར་གཟུང་བྱ་སྟེ་ལྔའོ། །དང་པོ་ནི། བྲམ་ཟེ་ (མཛོད་ འགྲེལ་དུ་བཤད་)རང་བཞིན་ཉན་གྱི་དབང་དུ་མཛད་ནས་ཉེར་གཉིས་བཀའ་སྩལ་ཏེ། (ཀུན་བཏུས་) ཡུལ་འཛིན་པར་དབང་བྱེད་པ་མིག་ནས་ཡིད་ཀྱི་བར་དྲུག་གོ །སྐྱེ་བར་རམ་རིགས་ཀྱི་རྒྱུད་ལ་ དབང་བྱེད་པ་ཕོ་མོའི་དབང་པོ། (བརྒྱད་སོང༌། ) རིས་མཐུན་གནས་པར་དབང་བྱེད་པ་སྲོག་ དབང༌། (དགུ་སོང༌། ) དགེ་མི་དགེའི་ལས་ཀྱི་འབྲས་བུ་ལ་ (ཀུན་བཏུས་)ཉེར་བར་སྤྱོད་པར་དབང་ བྱེད་པ་བདེ་སྡུག ཡིད་བདེ་མི་བདེ་བཏང་སྙོམས་ཀྱི་དབང་བོ་སྟེ་ཉོན་མོངས་ཕྱོགས་ཀྱི་བཅུ་ བཞིའོ། །(ཀུན་བཏུས། )འཇིག་རྟེན་པའི་རྣམ་དག་ལ་དབང་བྱེད་པ། དད་བརྩོན་དྲན་ཏིང་ཤེས་ རབ་ཀྱི་དབང་བོ་ལྔ་སྟེ། དེས་ཉོན་མོངས་རྣམ་པར་མགོ་གནོན་པས་སོ། །འཇིག་རྟེན་འདས་ པའི་རྣམ་དག་ལ་དབང་བྱེད་པ། (ཀུན་བཏུས་མཛོད། ) མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་ བོ་ཀུན་ཤེས་པའི་དབང་པོ། ཀུན་ཤེས་ལྡན་པའི་དབང་བོ་སྟེ། དེ་དག་གིས་བག་ལ་ཉལ་ ལེགས་པར་འཇོམས་ཤིང་བཅོམ་པས་སོ། །དེ་བརྒྱད་རྣམ་བྱང་ཕྱོགས་ཀྱི་དབང་བོ་ཡིན་ནོ། ། དེ་རྣམས་ལས་སྤྱིར་འདོད་ཁམས་ཀྱི་རྟེན་ལ་ཐམས་ཅད་ཡོད་དུ་རུང་ལ། འདོད་པའི་སས་ བསྡུས་ཀྱི་ཐ་མ་གསུམ་མེད་དེ། མཛོད་དུ། དྲི་མེད་མ་གཏོགས་འདོད་པར་གཏོགས། །(འོན་ ལོངས་ལ་རྣ་མིག་མེད། དམྱལ་བ་ལ་དགའ་བདེ་མེད་ཅེས་སོགས་ཡང་རྟོགས་དགོས་སོ། ། ) ཞེས་སོ། །གཞན་རྣམས་ནི། མཛོད་དུ། (འཁྲིག་པའི་འདོད་ཆགས་དང་བྲལ་ཞིང་རྟེན་མི་མཛེས་པ། ) ཕོ་མོའི་དབང་ (པོ་གཟུགས་ན་མེད། དང་ (ཁོང་ ཁྲོ་མེད་པས་ཡིད་མི་བདེ་མེད་དོ། །དེ་མེད་པས་སྡུག་བསྔལ་ཡང་མེད་པས། )སྡུག་བསྔལ་དག །(སྟེ་ཡིད་མི་བདེ་དང་སྡུག་ བསྔལ་གཉིས་མེད་དོ། ། ) མ་གཏོགས་ (པ་ཀུན་)གཟུགས་ (སུ་)གཏོགས་ (པ་ཡོད་དུ་རུང་ངོ༌། ། )གཟུགས་ཅན་ (ཀུན་)དང༌། ། བདེ་བའང་མ་གཏོགས་ (པ་ཀུན་)གཟུགས་མེད་གཏོགས། །(དེ་ཡོད་དུ་རུང་ངོ༌། ། ) ཞེས་ 2-1-252 སོ། །ཡང་སྐྱེ་བའི་བསམ་གཏན་དག་ན་ནི། །ཡིད་ (དང་པོ་ན་)བདེ་བདེ་དང་བཏང་སྙོམས་ (གསུམ་) དང༌། །བཏང་ (གཉིས་པ་ན། )སྙོམས་ཡིད་བདེ་ (གཉིས་དང་གསུམ་པ་ན་)བདེ་བ་དང༌། །བཏང་སྙོམས་ (གཉིས། བཞི་པ་ན། )བཏང་སྙོམས་ཚོར་བ་ (ཁོ་ན་)ཡོད། །གཟུགས་མེད་རྣམས་ན་བཏང་སྙོམས་ དང༌། །སྲོག་དང་ཡིད་ཀྱི་དབང་བོ་ཡིན། །ཞེས་སོ། །རྒྱས་པར་མཛོད་ཀྱི་གནས་གཉིས་པ་ ལས་ཤེས་པར་བྱའོ། །གལ་ཆེ་ཡང་འདིར་མངས་པས་འཇིགས་སོ། །གཉིས་པ་ནི། འདིར་ འབྱུང་བ་དང་འབྱུང་གྱུར་ལ་བཤད་པས། མཛོད་དུ། འདོད་ན་དབང་བོ་མེད་པ་དང༌། །སྒྲ་ མེད་ཕྲ་རབ་རྡུལ་རྫས་བརྒྱད། །ལུས་དབང་ལྡན་ལ་རྫས་དགུའོ། །དབང་བོ་གཞན་ལྡན་རྫས་ བཅུའོ། །ཞེས་སོ། །སྒྲ་དང་བཅས་ན་རེ་རེ་འཕེལ་ལོ། །ཀུན་བཏུས་སུ། གཟུགས་གང་ཡིན་པ་ ཅི་ཡང་རུང་སྟེ་དེ་ཐམས་ཅད་འབྱུང་བ་ཆེན་པོ་བཞི་དག་དང༌། འབྱུང་བ་ཆེན་པོ་བཞི་དག་རྒྱུར་ བྱས་པའོ། །ཞེས་སོ། །གང་གསུངས་པ་དེ་ཅི་ལ་དགོངས་ཏེ་གསུངས་ཞེ་ན། སྲིད་པ་ལ་ དགོངས་ནས་གསུངས་པའོ། །ཞེས་ནས། འབྱུང་བ་གཅིག་ལས་གྱུར་པའི་འདུས་པ་ཡང་ཡོད། འབྱུང་བ་གཉིས་ལས་གྱུར་པ་ (འགྲེལ་ཆེན། )ཡང་ཡོད་པ་ནས་འབྱུང་བ་ཐམས་ཅད་ལས་གྱུར་ པའང་ཡོད་དོ། །ཞེས་སོ། །དང་ (དོན་)པོ་ས་ (དངོས་)རྡོག་སྐམ་པོ་ལྟ་བུའོ། །གཉིས་པ་ (མདོ་)དེ་ ཉིད་ (དངོས་)གཤེར་བ་ལྟ་བུའོ། །འབྱུང་བ་གསུམ་ལས་གྱུར་པ་ཡོད་དེ་དེ་ཉིད་དྲོ་བའོ། །ཐམས་ ཅད་ལས་གྱུར་པ་ས་རྡོག་ (དངོས་)དེ་ཉིད་གཤེར་བ་དང་དྲོ་བ་དང་འདྲིལ་ཞིང་འགྲོ་བའི་ཚེའོ། ། རྒྱུར་བྱས་པའི་གཟུགས་གཅིག་པའང་ཡོད་དེ། འོད་ལྟ་བུའོ། །གཉིས་ལྡན་ཡོད་དེ། སྒྲའམ་དྲི་ དང་བཅས་པའི་རླུང་ལྟ་བུའོ། །གསུམ་ལྡན་དུ་བ་ (གཟུགས་དྲི་དང་རེག་བྱ་ཡང་བ་ཡོད་དོ་ཞེས་སོ། ། )ལྟ་བུའོ། ། གསུམ་ལྡན་གཞན་ཡང་ཡོད་དེ། དྲི་མ་མེད་པའི་ནོར་བུའི་སྣོད་ནང་གི་ཆུ་ལ་གཟུགས་རོ་རེག་ ཡོད་དོ། །བཞི་ལྡན་ཡོད་དེ། བུར་རྡོག་ལྟ་བུའོ། །ལྔ་ལྡན་ཡོད་དེ། དེ་ཉིད་སྒྲ་དང་བཅས་པའོ། ། དེ་བཞིན་དུ་གཞན་ལ་ཡང་འབྱུང་བ་འབྱུང་འགྱུར་གང་དམིགས་པ་དེ་དེ་ན་ཡོད་ཀྱི་གཞན་དུ་ 2-1-253 མིན་ནོ། །ཞེས་རྒྱལ་སྲས་ཏེ་རྩ་བའི་དོན་ནོ། །གསུམ་པ་ནི། ཡུལ་དྲུག་སྟེ། འདོད་པར་དྲུག་པོ་ ཀུན་ཡོད། གཟུགས་ན་དྲི་རོ་མེད་དེ་ཁམ་ཟས་ལ་ཆགས་བྲལ་ཡིན་པས་སོ། །གཞན་བཞི་ ཡོད་དོ། །གཟུགས་མེད་ན་ཆོས་གཅིག་པུའོ། །བཞི་པ་ནི། སེམས་ཏེ་སེམས་བྱུང་ལ་དབང་ བསྒྱུར་བས་སོ། །ལྔ་པ། སེམས་བྱུང་སྟེ་སེམས་ཀྱི་དབང་བསྒྱུར་བྱ་ཡིན་པས་སོ། །དེ་གཉིས་ ཁམས་གསུམ་ཅར་ན་ཡོད་དོ། །སྦྱིན་པ་ལ་སོགས་པ་སེར་སྣ་སོགས་ལས་ལྡོག་ (གསེར་དངོས་) པའི་ཁྱད་པར་བ་རྟོགས་ཤིང་ཐོབ་པས། དེ་དག་དང་འགལ་བ་སེར་སྣ་དང་འཆལ་ཚུལ་ སོགས་ལ། སྦྱོར་རྗེས་སྦྱོར་གྱི་གནས་པ་སོ་སོར་བཀག་པ་དང༌། སེར་སྣའི་གཏམ་གྱི་སྦྱོར་བ་ དང་རྗེས་སུ་སྦྱོར་བ་ལ་བརྩོན་པར་མི་གནས་སོ། །ཞེས་སོགས་སོ། །ཆོས་ཐམས་ཅད་དོན་ དམ་པར་ངོ་བོ་རྒྱུ་འབྲས་ཀྱིས་སྟོང་པའི་རྣམ་ཐར་སྒོ་གསུམ་གྱི་ངོ་བོ་སྟེ་སྟོང་ཉིད་མཚན་མེད་ སྨོན་མེད་ཡིན་པས། གཟུང་འཛིན་དང་ (རད་ཀིར་)རྟོགས་པའི་ཆོས་བྱང་ཆུབ་ (གསེར་)སོགས་དོན་ དམ་པར་རྡུལ་ཙམ་ཡང་མི་དམིགས་པར་མངོན་སུམ་དུ་རྟོགས་པ་ཉིད་ཡིན་ཡང་རང་གི་ས་ རྫོགས་པའི་བྱང་ཆུབ་ཏུ་འགྱུར་བ་ལ་ངེས་པ་རྙེད་ཅིང་ཐེ་ཚོམ་དང་ཡིད་གཉིས་མེད་པ་ཉིད་དེ་ དག་སྙིང་ཟླའོ། །(མདོ་དང་མཐུན་རུང༌། ) སྟོང་ཉིད་བཅོ་བརྒྱད། ནས་མ་འདྲེས་པར་ལ་གནས་པ་ནི་ བདག་ནི་ཕྱིར་མི་ལྡོག་པ་མ་ཡིན་ནོ་སྙམ་ཡང་མི་བྱེད་དོ། །ཐེ་ཚོམ་མི་སྐྱེ་ཞིང་རང་གི་ས་ལ་ ཡིད་གཉིས་མེད་དོ། །དེ་ཅི་ཕྱིར་ན་དེས་ཕྱིར་ལྡོག་ (བསྡུས་)མི་ལྡོག་གི་ཆོས་རྡུལ་ཙམ་ཡང་ཡང་ དག་པར་རྗེས་སུ་མི་མཐོང་ངོ༌། །ཞེས་སོགས་སོ། །རྐང་བ་ཕྱི་མ་གཉིས་རྗེས་བཟོད་རྗེས་ཤེས་ ལ་དག་ལྡན་ནོ། །འདིར་ས་ལ་ངེས་པ་དང་གནས་པ་ཞེས་པ་གཉིས་ (ཨཱརྱ་དོན། )སྦྱར་རོ། །མངོན་ པར་ཤེས་པ་དྲུག་གི་སྟོབས་ཀྱིས་ (གསེར་)སམ་གཞི་ལམ་རྣམ་གསུམ་བདེན་མེད་དུ་རྟོགས་པའི་ རང་གི་མངོན་པར་རྟོགས་པ་ལ་གཏིང་ཚུགས་པའི་ཡིད་ཆེས་པ་ཐོབ་པས། ཐམས་ཅད་མཁྱེན་ པ་ཉིད་གསུམ་གྱི་བདག་ཉིད་ཀྱི་སྟེ་གཞི་ལམ་རྣམ་གསུམ་བདེན་མེད་དུ་མངོན་སུམ་དུ་རྟོགས་ 2-1-254 པའི་རང་གི་ས་གསུམ་ (ཨཱརྱས། བྲལ་བ་དང་བྲལ་བ་ཐོབ་པ་དང་ཐམས་ཅད་མཁྱེན་པ་ཉིད་ཐུན་མོང་མ་ཡིན་པས་གསུམ་ དུ་སྟོན་ནོ་ཞེས་བྱ་བ་རྣམ་གྲངས་གཞན་ཡིན་ནོ་ཞེས། བར་ཆད་མེད་ལམ་རྣམ་གྲོལ་ལམ་ཁྱད་པར་གྱི་ལམ་གསུམ་ལའང་ས་ གསུམ་དུ་བཤད་པའི་རྣམ་གྲངས་མཛད་དོ། ། )ལ་ཇི་ལྟ་བ་བཞིན་དུ་ངེས་པའམ་བརྟན་པ་ཉིད་ཀྱིས་གནས་ པ་དང༌། སྔར་གྱི་མདོ་དེའི་ཕྱེད་སྔ་མའོ། །མཐའ་གཅིག་ཏུ་གཞན་དོན་དང་དམ་པའི་ཆོས་ སྒྲུབ་པ་ལ་གཞོལ་བ་ཉིད་ཀྱིས། ཕུལ་དུ་བྱུང་བའི་ (གསེར་)སེམས་བསྐྱེད་སོགས་མངོན་སུམ་དུ་ གྱུར་པས་རྣམ་མཁྱེན་ཉིད་དང་སོགས་པ་ལམ་ཤེས་དང་སྡེ་སྣོད་ (རད་ཀིར་)གསུམ་གྱི་ (སྟོང་ཉིད་ ཀྱིས་ཞེས་དག་ལྡན། )ཆོས་ཀྱི་དོན་དུ་རྟག་ཏུ་ངུ་ (གསེར་)ལྟར་བདག་དང་སྲོག་ཡོངས་སུ་གཏོང་བ་སྟེ། དམ་པའི་ཆོས་ཡོངས་སུ་གཟུང་བའི་ཕྱིར་བདག་ཀྱང་ཡོངས་སུ་གཏོང་ (བ་ནི་ཕྱོགས་གཅིག་གཏོང་བ། ) (བ་ནི་འཚོང་བ་ལ་སོགས་པའོ། །སྲོག་གཏོང་བ་ནི་འཆི་བའོ། །ཞེས་ཟླ་སྙིང་གསེར་རོ། ། )ལ་སྲོག་ཀྱང་ཡོངས་སུ་ཆད་ པར་འགྱུར་ (བ་ནི་བདག་ཉིད་མ་ལུས་པར་སྟོང་པའི་ཞེས་ཨཱརྱ། )ཡང་སྲིད་ཅིང་ཆོས་དེ་ཡོངས་སུ་མི་གཏོང་ ངོ༌། །ཞེས་སོགས་སོ། །ཞེས་བྱ་བ་བཞི་ནི་ལམ་བདེན་གྱི་ཡུལ་ཅན་གྱི་རྣམ་པ་བཞི་ཡིན་ནོ། ། ཏེ་ནི་ལྷག་མ་ཅན་ནོ། །རྒྱས་པར་བཤད་པ་དེ་ལྟར་ན་བཟོད་པ་དང་ཤེས་པའི་སྐད་ཅིག་མ་ བཅུ་དྲུག་གིས་བསྡུས་པ་འདི་རྣམས་ནི། བྱང་པ་མཐོང་ལམ་ལ་གནས་པའི་ཕྱིར་མི་ལྡོག་པའི་ མཚན་ཉིད་དག་ཏུ་བརྗོད་པ་ཡིན་ནོ། །དེ་ཡང་རང་གིས་རང་ལ་དཔོག་པ་ན་དེ་ཉིད་རྟགས་སུ་ འགྱུར་རོ། །དེ་རྣམས་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཡིན་པས་གཞན་གྱིས་མི་རྟོགས་པས། ཇི་ལྟར་གཞན་གྱིས་ཕྱིར་མི་ལྡོག་ཏུ་རྟོགས་པའི་རྟགས་སུ་འགྱུར་ཞེ་ན། ཞེས་གསེར་རོ། ། གཞན་གྱིས་གཞན་ལ་དཔོག་པའི་ཚེ་རྒྱུ་མཉམ་རྗེས་ཀྱི་ཡེ་ཤེས་ལ་འབྲས་བུ་གཞན་དོན་གྱི་ ཕྱིར་མི་ལྡོག་གི་རྟགས་དངོས་ཀྱི་མིང་གིས་ཉེ་བར་བཏགས་ནས་བཤད་དེ། ཆོས་བཤེས་ཀྱིས། འབྲས་བུ་རྒྱུ་ལ་བཏགས་ཏེ་བརྗོད་དོ། །ཞེས་སོ། །འོ་ན་གསེར་དུ། ཉེ་བར་བཏགས་ནས་ཤེས་ པའི་སྐད་ཅིག་མའི་མཚན་ཉིད་ཀྱིས་བཤད་ཅེས་འབྲས་བུ་ལ་རྒྱུ་མིང་བཏགས་པར་བཤད་པ་ 2-1-255 དང་འགལ་ཞེ་ན། མི་འགལ་ཏེ། མཚན་ཉིད་ཅེས་པ་རྟགས་ལ་ཟེར་བས་མཉམ་བཞག་གི་ རྟགས་ཀྱིས་རྟགས་ཞེས་པ་མཉམ་བཞག་ལ་རྟགས་སུ་བཏགས་ཞེས་པ་ཡིན་ལ། དེ་ལྟ་མིན་ ན་གཞན་གྱིས་གཞན་ལ་དཔོག་པའི་མཉམ་བཞག་གི་རྟགས་ཁྱེད་ལྟར་ན་ཇི་ལྟར་འཐད། ཁས་བླངས་ (མཉམ་བཞག་རྟགས་སུ་མི་འགྱུར་རྗེས་ཐོབ་ཐ་སྙད་ཁོ་ན་རྟགས་ཡིན་ཅེས། )མ་འགལ་བར་མཛོད་ ཅིག བཏགས་པའི་རྒྱུ་མཚན་ནི། མཉམ་བཞག་བཅུ་དྲུག་པོ་རྣམས་ཐོབ་པ་ན་མཉམ་བཞག་ རང་དང་གཟུང་འཛིན་ (ཆོས་བཤེས་)གཉིས་ཞེན་མེད་པར་མཐུན་པའི་འབྲས་བུ་གཟུགས་ལ་ སོགས་པར་ཞེན་པའི་འདུ་ཤེས་ལྡོག་པ་ལ་སོགས་པའི་རྗེས་ཐོབ་ཀྱི་རྟོགས་པ་བཅུ་དྲུག་ འབྱུང་ཞིང་དེ་འདྲའི་མཉམ་རྗེས་ཀྱིས་དེ་གཉིས་ཡོད་པར་མཚོན་ནུས་པའི་རྗེས་ཐོབ་ཏུ་སྐད་ ཅིག་རེ་རེ་ལ་ཆོས་སྒོ་བརྒྱ་འབྱེད་ཅིང་ཞིང་བརྒྱར་འགྲོར། ལུས་བརྒྱ་སྟོན། སེམས་ཅན་བརྒྱ་ སྨིན་པར་བྱེད་སོགས་ལུས་ངག་གི་ཐ་སྙད་ཕྱིན་ཅི་མ་ལོག་པ་བསྐྱེད་ཅིང་དེ་རྟགས་ཡིན་པའི་ ཕྱིར་ (ཐ་སྙད་ཀྱི་རྒྱུ་ཡིན་པའི་ཕྱིར་)ན་རྒྱུ་འབྲས་ཀྱི་འབྲེལ་བ་རྒྱུ་མཚན་དུ་བྱས་ནས་སོ། །རང་དང་ མཐུན་པའི་རྗེས་ཐོབ་ཀྱི་རྟོགས་པ་ཅི་འདྲ་ཞེ་ན། དག་པ་འཇིག་རྟེན་པ་སྟེ། བརྡ་ལ་བྱང་བས་ མེ་ལོང་གི་གཟུགས་བརྙན་མཐོང་བ་ལྟར་གཟུང་བ་དང་འཛིན་པར་སྣང་ཡང་དེར་བདེན་པར་ མངོན་པར་མ་ཞེན་པའི་རྣམ་པ་ཅན་ཡིན་པས། དག་པ་རྗེས་ཐོབ་ཀྱི་སེམས་གཉིས་སྣང་ཅན་ གྱིས་བསྡུས་པ་སྟེ་ཡིན་པས་འཇིག་རྟེན་པ་སྟེ་དེ་འདྲའི་རྗེས་ཐོབ་ཀྱི་རྟོགས་པ་ཞིག་གོ །བྱང་ སེའི་རྗེས་ཐོབ་དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱི་མཚན་ཉིད་གཟུང་འཛིན་གཉིས་སུ་སྣང་ ཞིང་དེར་མ་ཞེན་པའི་ཡེ་ཤེས་ཞེས་བྱ་བའོ། །བཏགས་པའི་དགོས་པ་ནི། རྣལ་འབྱོར་པ་ འཕགས་ཆེན་རྣམས་ (ནི་བདེན་པ་མཐོང་བའོ། །ཆོས་བཤེས། )ཀྱི་རྗེས་ཐོབ་བྱ་བ་ལ་འཇུག་པའི་ལུས་ ངག་གི་ཐ་སྙད་ནི་དུས་ཐམས་ཅད་དུ་ཤིན་ཏུ་ཞི་བའི་མཉམ་བཞག་གི་རྟོགས་པ་དང་མཐུན་པ་ ཁོ་ན་ཡིན་ནོ་ཞེས་ཤེས་པར་བྱ་བའི་ཕྱིར་དུའོ། །ཡེ་ཤེས་ཤིན་ཏུ་ཞི་བ་ཅན་རྣམས་ཁྲོ་བོ་ལ་ 2-1-256 སོགས་པ་དྲག་པོ་ཞེ་སྡང་ཅན་སོགས་ཀྱི་རྣམ་པར་སྟོན་པ་མིན་ནམ་ཞེ་ན། མ་རུངས་པ་དང་ ཆགས་པ་ཅན་སོགས་ཀྱི་སེམས་ཅན་གདུལ་བའི་དགོས་པའི་དབང་ཡིན་པས་དེ་འདྲ་མ་ གཏོགས་པར་ཐམས་ཅད་དུ་ཞེས་སྦྱར་ཏེ། (དཔུང་བཟང་གི་རྒྱུད་ལས། གང་གི་རང་བཞིན་ཆགས་སྡང་རྣམ་བྲལ་ ཡང༌། །ཆགས་སེམས་ཅན་ལ་ཆགས་པ་ལྟར་སྟོན་དང༌། །གདུལ་བྱའི་དོན་ཕྱིར་ཁྲོ་ལ་ཁྲོར་སྟོན་པའི། །བྱང་ཆུབ་མཆོག་གནས་དེ་ ལ་ཕྱག་འཚལ་ལོ། །ཞེས་སོ། །ཕྱག་རྡོར་གྱི་སྲས་འཕགས་པ་གནོད་སྦྱིན་དཔུང་བཟང་གི་རྒྱུད་གསུང་བ་པོ་ཡབ་ཕྱག་རྡོར་ལ་ བསྟོད་ཕྱག་མཛད་དོ། །) སྤྱིར་བཏང་བ་ལ་དམིགས་བསལ་བ། །བསྟན་བཅོས་ཀུན་ལ་རབ་ཏུ་ བསྔགས། །ཞེས་རིན་ཆེན་ཕྲེང་བར་རོ། །དངོས་ལ་གནོད་བྱེད་ནི། དེ་འདྲའི་མཉམ་བཞག་ གཞན་དོན་གྱི་རྟགས་དངོས་མིན་པ་དེ་ལྟ་མིན་པར་ཡིན་ན། མཐོང་ལམ་པ་དབང་འབྲིང་ལྷ་ སྦྱིན་གྱི་མཉམ་བཞག་གི་ཤེས་བཟོད་བཅུ་དྲུག་ཆོས་ཅན། སོ་སྐྱེ་མཆོད་སྦྱིན་སོགས་གཞན་ འགའི་ངོར་དེ་འདྲའི་ལྷ་སྦྱིན་རྫོགས་བྱང་ལས་ཕྱིར་མི་ལྡོག་པར་ཡིད་ཆེས་པར་བྱེད་པའི་ རྟགས་ཡང་དག་ཇི་ལྟར་ཡིན་ཏེ་མིན་པར་ཐལ། དེ་འདྲའི་ལྷ་སྦྱིན་གྱི་མཉམ་བཞག་གི་ཡེ་ཤེས་ ཡིན་པས་སོ། །ཁྱབ་སྟེ། རྣལ་འབྱོར་བ་འཕགས་ཆེན་གྱི་རྒྱུད་ལ་ཡོད་པའི་སོ་སོ་རང་གིས་ རིག་པའི་ཡེ་ཤེས་སྐད་ཅིག་མ་རྣམས་རང་གིས་རིག་གི་སོ་སྐྱེ་སོགས་ཀྱིས་མི་རིག་པས་སོ། ། གསེར་ཆོས་ཀྱི་དགོངས་པ་ལྟར་རོ། ། གསུམ་པ་ལ། དྲུག་སྟེ། སྒོམ་ལམ་གྱི་ཁྱད་ཆོས་ (དེ་སློབ་དཔོན་ལྟར་)སྒོམ་ལམ་རང་གི་ངོ་བོ། (འདི་ཡན་ཤེར་འབྱུང༌། ) རབ་ཏུ་དབྱེ་བ། བསྡུ་བ། བྱེད་པ། ཡུལ་རྣམས་སོ། །(ཀུན་ཤེས། ) ལྔས་བསྟན་ ཅེས་ཤེར་འབྱུང་ངོ༌། །དང་པོ་ལ། མཚམས་སྦྱར་ནི། སྐྱེ་རིམ་གྱི་དབང་དུ་བྱས་ན་མཐོང་ལམ་པ་ ཕྱིར་མི་ལྡོག་དེའི་འོག་ཏུ། སྒོམ་པའི་ལམ་ལ་གནས་པའི་ཕྱིར་མི་ལྡོག་པའི་མཚན་ཉིད་བརྗོད་ བྱ་ཡིན་པ་ལས། མཁས་པ་སྤྱིའི་ལུགས་ལས། ཁྱད་པར་དུ་བྱེད་ཆོས་དང་པོར་མ་བཟུང་བར་ ཁྱད་པར་ཅན་ནམ་བྱས་ཆོས་འཛིན་པའི་བློ་སྐྱེ་བར་མི་འགྱུར་རོ་ཞེས་འབྱུང་བའི་ཕྱིར། རེ་ 2-1-257 ཤིག་དང་པོར་སྒོམ་ལམ་དེའི་ཁྱད་པར་གྱི་ཆོས་སྟོན་ནོ། །རྩ་འགྲེལ་ལྷན་ཅིག་སྟེ། ཐེག་ཆེན་ གྱི་སྒོམ་པའི་ལམ་ཟག་མེད་ཆོས་ཅན། ཉན་རང་སྒོམ་ལམ་པས་ཆོས་ཟབ་པ་ཡིན་ནོ། །(ཆོས་ བཤེས་ཀྱིས། མཐོང་བའི་ལམ་ནི་ཟབ་པ་དང་རྒྱ་ཆེ་བ་ཡིན་ལ། སྒོམ་པའི་ལམ་ནི་ཕལ་ཆེར་ཤེས་བྱའི་སྒྲིབ་པའི་གཉེན་པོར་སྟོང་ པ་ཉིད་དུ་གོམས་པར་བྱེད་པས་ན་ཟབ་པ་སྟེ་ཞེས་སོ། ། ) ཟབ་མོ་དེ་བཞིན་ཉིད་སོགས་མངོན་སུམ་དུ་རྟོགས་ ནས་བསྒོམ་པ་དང་ལྡན་པ་སྟེ་ཅན་གྱི་ཡེ་ཤེས་ཡིན་པས་སོ། །གནས་ཟབ་མོ་ཟབ་མོ་རྣམས་ ལེགས་པར་བསྟན་ཏུ་གསོལ། ཞེས་སོ། །གནས་སྨོས་པས་རྒྱུན་དང་ལྡན་པར་སྟོན། བཟླས་ ཏེ་བརྗོད་པས་ཡང་ཡང་གོམས་པར་ཤེས་པར་བྱེད་ཅེས་ཨཱརྱའོ། །རྟོགས་བྱའི་ཟབ་མོ་གང་ན། སྟོང་པ་ཉིད་དང་སོགས་པ་མཚན་མེད་སྨོན་མེད་མངོན་པར་འདུ་བྱ་བ་མེད་སྐྱེ་མེད་དེ་བཞིན་ ཉིད་ཡང་དག་མཐའ་སོགས་ (འདོད་ཆགས་དང་བྲལ་བ་འགོག་པ་ཞི་བ་རྣམས་ཏེ་གཟུགས་ཟབ་པོ་ཞེས་སོགས་ཏེ་ ཆོས་ཐམས་ཅད་ཀྱི་ཆོས་ཉིད་ཀུན་མདོར་བསྟན་ནོ། ། )ཆོས་ཅན། ཟབ་མོ་ཡིན་ཏེ། རྒྱུ་མཚན་ཅི་ན། ཟབ་པ་ དེའི་རྒྱུ་མཚན་ནི་སྒྲོ་འདོགས་པ་དང་སྐུར་བའི་མཐའ་ལས་གྲོལ་བའི་དོན་དམ་ཡིན་པས་སོ། ། སྟོང་པ་ཉིད་ལ་སོགས་པ་དེ་རྣམས་དེ་ཡིན་ཏེ། གོ་རིམ་བཞིན་ཏུ་སྟོང་པ་ཉིད་ལ་སོགས་པ་ལ་ ཡང་རྫས་གཅིག་ཏུ་གཟུགས་སོགས་ཀུན་རྫོབ་པ་མེད་ལ་སྟོང་པ་ཉིད་ལ་སོགས་པ་གཟུགས་ སོགས་ལས་རྫས་གཞན་པ་ཡང་མ་ཡིན་པའི་སྤྲོས་བྲལ་ཡིན་པས་སོ། །ཟབ་མོ་ལ་དུ་ཡོད་ན། དབྱེ་ན། སྟོང་པ་ཉིད་དང་མཚན་མེད་སྨོན་མེད་སོགས་སྔར་བཤད་པ་ལྟར་ཡིན་ལ་ཞེས་སྤྱར་ རོ། ། གཉིས་པ་ལ། མཚམས་སྦྱར་ནི། དེ་ལྟར་ཁྱད་པར་གྱི་ཆོས་བསྟན་ནས་ཁྱད་པར་གྱི་གཞི་ སྒོམ་ལམ་ངོ་བོ་སྟོན་ནོ། །རྩ་འགྲེལ་ལ། ས་བརྒྱད་པའི་རྟོགས་པ་ཆོས་ཅན། སྒོམ་པའི་ལམ་ ཡིན་ཏེ། (ཡུལ་གང་ཞེ་ན་ཞེས་ཨཱརྱ། ) ངེས་འབྱེད་ཡན་ལག་དང་སོགས་པ་མཐོང་བའི་ལམ་དང་སྒོམ་ པའི་ལམ་ (ལ་གནས་ནས་དེའི་གནས་སྐབས་སུ་མཐོང་བའི་དོན་ཞེས་རད་ཀིར་)གསུམ་པོ་ཉིད་དང༌། (ཨཱརྱ། ) དེ་ 2-1-258 གསུམ་གྱིས་ངེས་པར་ (སློབ་དཔོན་)མཐོང་བའི་དོན་ (ཨཱརྱ་མདོ་)དམིགས་རྣམས་ (གསེར་)ཀྱི་རབ་ཏུ་ དབྱེ་བ་རྣམས་ (གསེར་)ཐོས་བསམ་སྒོམ་པ་ལས་བྱུང་བའི་ཤེས་རབ་དག་གམ་ (ཨཱརྱ་རད་ཀིར། དག་ ལྡན་སོགས་)ཏིང་ངེ་འཛིན་གྱི་སྦྱོར་དངོས་རྗེས་ལས་བྱུང་བའི་ཤེས་རབ་ཀྱིས་ (བུདྡྷ་ཤྲཱི་འདི་རྐྱང༌། )གོ་ རིམ་བཞིན་དུ་ཡང་དང་ཡང་དུ་སེམས་པ་དང༌། ཡང་ཡང་འཇལ་བ་དང་ཡང་ཡང་ངེས་པར་ རྟོག་པའི་ (ཡང་ཡང་སེམས་དང་འཇལ་དང་ངེས་རྟོག་སྒོམ་པའི་ལམ། ཞེས་པ་འཇིག་རྟེན་ལས་འདས་པའི་སྒོམ་ལམ་འཁོར་ བཅས་སོགས་སོ། ། )ཟག་མེད་ཡེ་ཤེས་ཡིན་པས་སོ། །(འདིས་ས་དང་པོ་ཡན་གྱི་ཐོས་བསམ་ཡང་སྒོམ་ལམ་དུ་བསྟན་ པས་སྒོམ་ལམ་བསྒོམས་པས་མ་ཁྱབ་པས་སོ། །ཞེས་དང༌། སྒོམ་ལམ་སྐད་ཅིག་དང་པོ་ཡང་གཞན་གྱི་སྒོམ་ལམ་རྟོག་པའམ་རང་ ལ་སོ་སོ་རང་རིག་པའི་ཚུལ་གྱི་རྟོག་གོ་ཞེས་བུ་སྟོན་གསུངས་སོ། ། ) སྒོམ་ལམ་ཉིད་ཇི་ལྟར་ཡུལ་ཡིན་ཞེ་ན། རྒྱུན་ ཆགས་པ་ཡིན་པའི་ཕྱིར་ཕྱི་མ་ཕྱི་མའི་ཡུལ་སྔ་མ་སྔ་མ་ཡིན་ཞེས་ཨཱརྱའོ། །གནས་ཟབ་མོ་འདི་ དག་ལ་སེམས་ཞིང་འཇལ་བ་དང་རྟོག་པར་བྱེད་ན། ཞེས་སོགས་སོ། །(དག་ལྡན་དུ། གཅིག་ཏུ་དབེན་ པར་སོང་ནས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་ངེས་པའི་དོན་ལ་རིགས་པ་བཞིས་རྣམ་པར་དཔྱོད་པ་ནི་སེམས་པའོ་ཞེས་ དང༌། སྙིང་མཆོག་ཏུ། ཏིང་ངེ་འཛིན་ཀྱིས་དམིགས་པ་ལ་དཀྱིལ་མོ་དཀྲུངས་བཅས་སྟེ་མི་གཡེང་བར་གུས་པར་བྱེད་པ་དང་རྟག་ ཏུ་དཔྱོད་པ་ནི་སེམས་པའོ། །དེ་ཉིད་ལ་ཞི་གནས་རྣམ་པ་དགུས་སེམས་མཉམ་པར་བྱེད་པ་ནི་འཇལ་བའོ། །ཆོས་རྣམ་པར་འབྱེད། རབ་ཏུ་རྣམ་པར་འབྱེད། ཡོངས་སུ་རྟོག ཡོངས་སུ་གཅོད་པ་ལ་ཞུགས་པའི་ལྷག་མཐོང་རྣམ་པ་བཞི་ནི་ངེས་པར་རྟོག་པའོ། །དེ་ ལ་ཕུང་ལྔ་སོགས་ཇི་སྙེད་ཡོད་པ་ཤེས་པ་ནི་རྣམ་འབྱེད། འདི་ཐམས་ཅད་སྟོང་པ་སོགས་ཇི་ལྟ་བ་ཤེས་པ་རབ་ཏུ་རྣམ་འབྱེད། ཤེས་ རབ་དང་བཅས་པའི་རྣམ་པར་མི་རྟོག་པའི་ཡིད་ཀྱིས་མཚན་མར་བྱེད་པ་ཡོངས་སུ་རྟོགས་པ། འདི་འདི་ལྟར་རོ། །ཞེས་ངེས་པར་ ཡོངས་སུ་རྟོག་པ་ནི་ཡོངས་སུ་དཔྱོད་པའོ་ཞེས་ཏེ། ཟླ་ཟེར་ཡང་དོན་དེ་ཉིད་ཡིན་ལ་ཕྱི་མ་གཉིས་ཀ་བསྲེས་སོ། ། ) གསུམ་པ་ལ། མཚམས་སྦྱར་ནི། སྒོམ་ལམ་དེ་གྲངས་རྣམ་པ་དུ་ཞིག་ཞེ་ན། རྩ་བ་ནི། ཐེག་ ཆེན་ཟག་མེད་སྒོམ་ལམ་དེ་ནི་ཆོས་ཅན། ཆུང་ངུ་དང་འབྲིང་དང་ཆེན་པོ་རྣམས་སུ་དབྱེར་ཡོད་ དེ། བསྐལ་བ་གྲངས་མེད་གཉིས་སུ་རྒྱུན་ཆགས་འཇུག་པའི་སློབ་ལམ་ཡིན་བའི་ཕྱིར། ཆོས་ 2-1-259 ཅན། ཁྱོད་ལ་རྣམ་པ་དགུར་བཞེད་དོ། །ཁྱོད་ལ་ཆུང་འབྲིང་ཆེ་གསུམ་དང་དེ་རེ་རེ་ལ་ཡང་ ཆུང་ངུའི་ཆུང་ངུ་སོགས་པ་ཆུང་ངུའི་འབྲིང་ཆུང་ངུའི་ཆེན་པོ་གསུམ་འབྲིང་ལ་གསུམ་ཆེན་པོ་ལ་ གསུམ་དུ་དབྱེ་བ་ཡིས་སོ། །ཆུང་ངུའི་ཆུང་སོགས་ཡང་དབྱེ་བས། ཞེས་ཏེ། ཡང་གི་སྒྲས་སྤང་ བྱ་ཆེ་འབྲིང་དགུ་ཡོད་པ་སྡུད་ཅེས་དག་ལྡན་སོགས་སོ། །(སྙིང་ཟླ། ) འདོད་ཆགས་ལ་སྤྱོད་པའི་ སྐྱེས་བུའི་དཔེས་འབྲས་བུ་བསོད་ནམས་གྲངས་མེད་འབྱུང་བར་བསྟན་ནས་སྤང་གཉེན་དགུ་ རྒྱ་ཆེར་བསྟན་ནོ། །འགྲེལ་པ་ལ། འབྱུང་ཞེས་དྲང་ངོ༌། །གང་ན་སྒོམ་པའི་ལམ་རྣམ་པ་དགུའོ། ། གང་དུ་ན། ཐབས་མཁས་བའི་སྟོབས་ཀྱིས་འདོད་ཁམས་དང་སོགས་པ་བསམ་གཏན་བཞི་ གཟུགས་མེད་བཞི་སྟེ་རྟེན་ས་ཁམས་གསུམ་ས་དགུ་དག་ཏུའོ། །འདི་ཨཱརྱའི་རྗེས་སུ་འབྲངས་ ན་འཐད་ཀྱི། འདིར་བཤད་སྒོམ་ལམ་ཁྱད་པར་ལམ་དུ་འདོད་ན་མི་འཐད་པར་ཐུབ་དགོངས་ སོ། །ཇི་ལྟར་ན། ས་དགུའི་སྤང་བྱ་དགུའི་དབྱེ་བ་ལས་གཉེན་པོ་དགུ་གྲངས་བཞིན་དུ་བར་ ཆད་མེད་ལམ་གྱི་བར་དུ་རྒྱུན་ཆགས་སུའོ། །གཉེན་པོ་ཡིན་པའི་རྒྱུ་མཚན་ཅི་ཞེ་ན། བྱང་ སེའི་སྒོམ་ལམ་ཟག་མེད་ཆོས་ཅན། སྒོམ་སྤང་རྣམ་པར་རྟོག་པའི་གཉེན་པོར་འགྱུར་ཏེ། དོན་ དམ་པར་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་མཚན་ཉིད་ཀྱི་རྣམ་པ་སྟེ་སྟོང་པར་མངོན་སུམ་དུ་ རྟོགས་ཟིན་བསྒོམ་པའི་ཟག་མེད་སྒོམ་ལམ་ཡིན་པའི་སྒོ་ནས་སོ། །སྤང་གཉེན་དགུ་གང་ན། སྒོམ་ལམ་གྱི་དབྱེ་བ་སྟོན་པ་ན་ཆོས་ཅན། ཟག་མེད་སྒོམ་ལམ་ཆུང་ངུ་དང་འབྲིང་དང་ཆེན་པོ་ རྣམས་ཀྱང་རེ་རེ་ཞིང་ཆུང་ངུ་དང་འབྲིང་དང་ཆེན་པོའི་བྱེ་བྲག་གིས་ཐ་དད་པ་དགུར་འཇུག་ སྟེ། སྒོམ་སྤང་གཟུང་འཛིན་གྱི་རྣམ་པར་རྟོག་པ་ཆེ་འབྲིང་ཆུང་ངུ་རྣམས་རེ་རེ་ཞིང་ཆེ་འབྲིང་ ཆུང་ངུའི་བྱེ་བྲག་གིས་ཐ་དད་པ་དགུར་ཡོད་པའི་ཕྱིར། དེ་ལྟར་ན་དགུའོ། །ཁྱབ་སྟེ། སྒོམ་ལམ་ དེ་ (རྣམ་རྟོག་)དེ་དག་གི་གཉེན་པོར་འཇུག་པས་སོ། །དེ་ཡང་སྤང་བྱ་ཆེ་རིམ་ནས་དང་གཉེན་པོ་ ཆུང་རིམ་ནས་དང་པོར་འཇུག་པ་འཐད་དེ། ཐོག་ (ཨཱརྱ་)མ་ཁོ་ནར་ལམ་ཆེན་པོ་མི་སྲིད་པའམ། 2-1-260 (ཨཱརྱ། ལམ་ཆེན་པོ་སྐྱེས་པ་ན་ (ཀུན་བཏུས་)ཉོན་མོངས་ཆེན་པོ་ཡོད་མི་སྲིད་པའི་ཕྱོར་རོ། །གོས་ ཀྱི་དྲི་མ་ཆེན་པོ་དང་པོར་བསལ་ནས་ཕྱིས་ཕྲ་མོ་དག་པར་བྱེད་པ་དང༌། (མཛོད་འགྲེལ། ) ཁང་ནང་ ལྟ་བུའི་མུན་པ་ཤིན་ཏུ་ཆེན་པོ་ནི་སྣང་བ་ཆུང་ངུས་སེལ་ལ་རྩིག་ཕུག་ལྟ་བུའི་མུན་པ་ཆུང་ངུ་ ནི་སྣང་བ་ཆེན་པོས་སེལ་ཏོ་ཞེས་བྱ་བའི་དཔེས་འགྲུབ་པོ། །སྤྱིར་ཡང་ཆོས་དཀར་པོ་སྟོབས་ ཆེ་ནག་པོ་སྟོབས་ཆུང་བས་འཕགས་ལམ་སྐད་ཅིག་ཆུང་ངུས་ཀྱང་ཐོག་མེད་ནས་བརྒྱུད་ཅིང་ བརྟས་པའི་ཉོན་མོངས་ཆེན་པོའང་རྩད་ནས་འབྱིན་ཏེ། དུར་བྱིད་ཞོ་གཅིག་གིས་ཡུན་རིང་ པོར་བསགས་པའི་ནད་སེལ་བ་སོགས་ (སྒྲོན་མེ་)བཞིན། ཞེས་མཛོད་འགྲེལ་ལས་སོ། །(ཨཱརྱས་ གསུངས་ཏེ་དགུར་མཛོད་ལྟར་བྲིས། ) འོ་ན་སྒོམ་ལམ་བཅོ་བརྒྱད་དུ་འགྱུར་ཏེ་སྒོམ་སྤང་ཉོན་སྒྲིབ་དགུ་ ཡང་ཡོད་པས་སོ་ཞེ་ན། སྐབས་འདི་སྒོམ་སྤང་རྣམ་རྟོག་དགུ་སྤོང་གཉེན་ལས་མ་གཏོགས་ པའི་སྒོམ་སྤང་ཉོན་སྒྲིབ་དགུའི་དངོས་གཉེན་སྒོམ་ལམ་ཟག་མེད་དགུ་དངོས་སུ་བསྟན་མི་ དགོས་ཏེ། བྱང་པ་རྣམས་ཀྱི་ཆེད་དུ་གཉེར་ནས་སྤོང་དགོས་པའི་ཉོན་མོངས་པའི་མིང་ཅན་གྱི་ སྤང་བྱའི་གཙོ་བོ་ནི་གཟུང་འཛིན་གྱི་རྣམ་པར་རྟོག་པ་ཉིད་ཡིན་པས་འདིར་ཡང་བྱང་འཕགས་ སྒོམ་ལམ་པས་ཞེས་སོགས་སྒོམ་སྤང་རྣམ་རྟོག་ཅེས་འདོན་པ་བསྒྱུར་རོ། །དེས་ན་དེ་སྤངས་ བས་དེ་ཡང་སྤངས་པར་འགྱུར་རོ། །རྒྱན་འགྲེལ་ལས་དེ་སྐད་ཅེས་འབྱུང་བའི་ཕྱིར་རོ། ། བཞི་པ་ལ། མཚམས་སྦྱར་ནི། སྒོམ་ལམ་ལ་བྱེ་བྲག་རྣམ་པ་དགུ་པས་མང་བ་ཡོད་པ་མ་ ཡིན་ནམ་སྟེ་ཡོད་པར་འགྱུར། རྒྱལ་བའི་ཡུམ་རྒྱས་འབྲིང་བསྡུས་པ་དེ་དང་དེ་ལས་སྒོམ་ལམ་ ཆུང་ངུ་སོགས་རྣམ་པ་རེ་རེའི་དབང་དུ་མཛད་ནས་འབྲས་བུ་བསོད་ནམས་ (མདོ་)གྲངས་མེད་ གཞལ་མེད་ཚད་མེད་སྐྱེ་བར་གསུངས་པའི་ཕྱིར་རོ། །ཁྱབ་སྟེ། འབྲས་བུའི་འཕེལ་འགྲིབ་ རྒྱུའི་འཕེལ་འགྲིབ་ཀྱི་རྗེས་སུ་བྱེད་པས་སོ། །འདོད་ན། ཇི་ལྟར་ན་སྒོམ་ལམ་རྣམ་པ་དགུ་ཞེས་ བྱ་བར་གྲངས་ངེས་ཏེ་མ་ངེས་པར་འགྱུར་རོ་ཞེ་ན། རྩ་བ་ལ། དོན་དམ་པའི་ (ཤེར་)དབང་དུ་བྱེད་ 2-1-261 དམ་ཀུན་རྫོབ་ཀྱི་དབང་དུ་བྱེད། དང་པོ་ལྟར་ན། སྒོམ་ལམ་ཟག་མེད་རང་མཚན་གཅིག་ཆོས་ ཅན། ཁྱོད་ཀྱི་འབྲས་བུ་བསོད་ནམས་གྲངས་ (རད་)མེད་ཚད་མེད་ལ་སོགས་ཚིག་ཏུ་བསྟན་པ་ རྣམས་དམ་པའི་དོན་དུ་གྲུབ་པར་བཟོད་པ་མ་ཡིན་ (ཞིང་སྒོམ་ལམ་ཡང་གྲངས་མེད་སོགས་སུ་དབྱེ་བར་མི་ ནུས་པའོ་ཞེས་རད་ཀིར། )ཏེ། དོན་དམ་པར་ཆོས་ཐམས་ཅད་སྟོང་པ་ཡིན་པས་སོ། །གཟུགས་ཀྱང་ སྟོང་པ་སྟེ། ནས། རྣམ་ཤེས་བར་དང༌། ཆོས་ཐམས་ཅད་སྟོང་པའོ། །ཞེས་གསུངས་ཏེ། སྟོང་ པ་ཉིད་ལ་ནི་གྲངས་ཀྱང་མི་དམིགས། ནས། དེ་བས་ན་ཆོས་དེ་དག་ལ་དོན་དམ་ཡི་གེས་ཐ་ དད་དུ་བགྱི་བ་མི་དམིགས་སོ། །ཞེས་སོགས་སོ། །གཉིས་པ་ལྟར་ན། ཆོས་ཅན་འདྲ། སྒོམ་ ལམ་གྱི་རིགས་ཆུང་འབྲིང་ཆེ་དགུ་ལས་གྲངས་མང་བ་མེད་ཀྱང་ཁྱོད་ཀྱི་འབྲས་བུ་བསོད་ ནམས་གྲངས་མེད་སོགས་བསྟན་པ་འཐད་དེ། དེ་མེད་ཀྱང་ཡང་དག་པའི་ཀུན་རྫོབ་ཏུ་ནི་ དེའི་འབྲས་བུ་བསོད་ནམས་གྲངས་མེད་སོགས་ཡོད་ཅིང་ (འདི་མན་གནོད་འཇོམས་དངོས་)ཀུན་རྫོབ་ ཏུ་ཡོད་པར་བཤད་པ་ནི་དེ་པའི་ཐུགས་བརྩེ་བ་ཆེན་པོའི་རྒྱུ་མཐུན་པ་ཡིན་པས་སོ། །(གནོད་ འཇོམས། ) དེས་ན་ཀུན་རྫོབ་ཏུ་དེ་ལྟར་ཐུབ་པ་བཞེད་དོ། །དེ་པའི་བསྟན་པ་མངོན་པར་བསྒྲུབ་ པ་བཤད་པའོ། །ཞེས་ཏེ། བསྟན་པ་ནི་འདིས་བསྟན་པས་ནས་ཏེ་སྙིང་རྗེའོ། །ཞེས་སྙིང་ མཆོག་གོ །ཐུགས་རྗེའི་རྒྱུ་མཐུན་ནི། མོས་ (ཞི་འབྱུང་)པ་སྣ་ཚོགས་པའི་སེམས་ཅན་རྣམས་ (ཊཱིཀ་ ཞི་)བཀྲི་བའི་ (འབུམ་ཊཱིཀ་)ཐུགས་རྗེས་སེམས་ཅན་གཞུག་པ་དང་ (རད་ཀིར་)མཐུན་པར་བཤད་ པའོ། །ཞེས་གནོད་འཇོམས་གཉིས་དང་རད་ཀིར་ཞི་འབྱུང་དགོངས་པའོ། །རྐང་བ་དང་པོ་ གཉིས་གྲོལ་སྡེ་གཉིས་སོགས་ཕྱོགས་སྔར་མཛད་པས། (དམ་པའི་དོན་སྟོང་པ་ཉིད་ལ་གྲངས་མེད་སོགས་ བརྗོད་པ་འཇུག་པ་མིན་པས་སྟོང་ཉིད་ལ་གྲངས་མེད་ཅེས་སོགས་མི་རུང་ཞེས་ཀྱང་ཨཱརྱའི་དོན་དུ་རུང་ངོ༌། ། ) ཆོས་ཐམས་ ཅད་སྟོང་པ་ཡིན་ན་སྒོམ་ལམ་རེ་རེའི་འབྲས་བུ་བསོད་ནམས་ (བུདྡྷ་ཤྲཱི་)གྲངས་མེད་ལ་སོགས་ བསྟན་པ་རྣམས་དམ་པའི་དོན་དུ་བཟོད་པ་མ་ཡིན་པས་དེ་ལྟར་བསྟན་པ་མི་འཐད་དོ་ཞེ་ན། 2-1-262 (བུདྡྷ་ཤྲཱི། ) དོན་དམ་དུ་མེད་ཀྱང་ཀུན་རྫོབ་ཏུ་བཞེད་པས་སྐྱོན་མེད་ཅེས་སྦྱར་རོ། །འགྲེལ་པ་ལ། དོན་དམ་པའི་དབང་དུ་བྱས་ནས་རྒོལ་ན། (བུདྡྷ་ཤྲཱི། ) སྔར་ཟབ་མོའི་མཚན་ཉིད་ཅན་དུ་ཇི་སྐད་ བཤད་པའམ་ཆུང་དང་ཞེས་སོགས་ཇི་སྐད་བཤད་པའི་སྒོམ་པའི་ལམ་ཟག་མེད་ཆུང་ངུའི་ཆུང་ ངུ་རྫས་ཡོད་གཅིག་ཆོས་ཅན། ཁྱོད་ཀྱི་འབྲས་བུ་བསོད་ནམས་གྲངས་མེད་གཞལ་མེད་ཚད་ མེད་འབྱུང་བར་ཚིག་ཏུ་བརྗོད་པས་བསྟན་པའི་ངོ་བོ་རྣམས་ཀྱིས་ནི་སྟེ་དེ་འབྱུང་བར་ཚིག་ཏུ་ བརྗོད་པས་བསྟན་པ་ཙམ་གྱིས་སྒོམ་ལམ་གྱི་རིགས་ལ་ཆུང་འབྲིང་ཆེ་དགུ་པས་མང་བ་ (གསེར་) ཉིད་ཀྱི་ངོ་བོར་ཏེ་མང་བའི་རང་མཚན་གྲངས་མེད་པར་དོན་དམ་པར་ན་བཟོད་པ་མ་ཡིན་ནོ། ། ངེས་འབྱེད་ཆ་མཐུན་ལ་སོགས་པའི་དོན་གཅིག་ཏུ་སྟེ་ཡུལ་གཅིག་ལ་ཡུལ་ཅན་དུ་རབ་ཏུ་ སྦྱར་བའི་ངོ་བོ་གཅིག་ཉིད་ལ་འབྲས་བུ་བསོད་ནམས་གྲངས་མེད་སོགས་གསུམ་མི་བསྐྱེད་པ་ ལས་ལྡོག་པ་ལ་ལྟོས་ནས་ཉེ་བར་བསྐྱེད་པའི་ཐ་དད་པ་སྟེ་དེ་ལས་ལོག་པའི་སྒོ་ནས་ལྡོག་པ་ དུ་མར་བཞག་པ་ཙམ་ཡིན་པས་སོ། །ཀུན་རྫོབ་ཀྱི་དབང་དུ་བྱས་ནས་རྒོལ་ན། ཀུན་རྫོབ་ཏུ་ ནི་གཉིས་མེད་ (གསེར་)ཡེ་ཤེས་བཤད་པའམ་བསྟན་པའི་ཆོས་ཀྱི་ངོ་བོ་ཉིད་དེ་དེ་སྟོན་པའི་མདོ་ ལས་སྒོམ་ལམ་གྱི་འབྲས་བུ་བསོད་ནམས་གྲངས་མེད་ལ་སོགས་ཇི་སྐད་བཤད་ཅིང་བསྟན་ པ་དེ་དག་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོའི་རང་བཞིན་གྱིས་ཆོས་དབྱིངས་ཀྱི་རྒྱུ་ མཐུན་པ་སྟེ་ཆོས་ཉིད་གྲངས་མེད་སོགས་ཡིན་པ་དང་ཆ་འདྲ་བར་ (གསེར་)བསྟན་པ་ཡིན་པར་ དེ་པ་བཞེད་དོ། །ཅིའི་དོན་དུ་བསྟན་ན། བྱིས་པའི་སྐྱེ་བོ་རྣམས་ལ་སྒོམ་ལམ་གྱི་འབྲས་བུ་ཆེན་ པོ་སྐྱེ་བའམ་འབྱུང་བར་རབ་ཏུ་སྟོན་པ་ཉིད་ཀྱིས་རྒྱུ་ལ་གཞུག་པའི་ཕྱིར་དུའོ། །(གསེར། ) དེས་ ན་འབྲས་བུ་བསོད་ནམས་མང་བོ་བསྐྱེད་པས་སྒོམ་ལམ་ལ་རིགས་དགུ་པས་མང་བོ་ཉིད་དུ་ ཐལ་བར་མི་འགྱུར་རོ། །དེ་བསྐྱེད་ཀྱང་དགུར་གྲངས་ངེས་པས་སོ་ཞེས་སྦྱར་རོ། ། ལྔ་པ་ལ། རྩོད་པ། ལན། ལན་ལ་རྩོད་སྤོང་ངོ༌། །དང་པོ་ལ། སྔ་འགྲེལ་ནི། སྒོམ་ལམ་ 2-1-263 ཆོས་ཅན། བསྒོམས་ཀྱང་སྤང་གཉེན་ཉམས་བསྐྱེད་ཅུང་ཟད་ཀྱང་མི་བྱེད་པ་ཁོ་ནར་ཐལ། གོམས་པ་ཕུལ་དུ་ཕྱིན་པ་སྟེ་གུས་པ་དང་རྒྱུན་མི་འཆད་པར་དུས་རིང་བར་བསླབས་སུ་ཟིན་ ཀྱང་བསྒོམ་པ་ཁྱད་པར་དུ་འཕགས་པར་བྱར་མེད་པ་མ་ཡིན་ནམ་སྟེ་ཡིན་པའི་ཕྱིར་ཏེ། ཆོས་ ཐམས་ཅད་སྟོང་པ་ཉིད་ཀྱི་མཚན་ཉིད་དེ། རང་བཞིན་ཡིན་པ་ཉིད་ཀྱིས་སོ་སྙམ་པའི་སྐྱེ་བོ་ བློ་དམན་པའི་ངོར་དོགས་པ་བསུ་བར་བྱེད་དོ། །རྩ་བ་ལ། དངོས་པོ་སྟེ་འཇལ་དང་ངེས་ རྟོག་གི་ (རད་ཀིར་)སྒོམ་ལམ་ཆོས་ཅན། སྤང་བྱ་ཉམས་པ་དང་ནི་གཉེན་པོ་འཕེལ་བར་མི་རུང་ བར་ཐལ། བརྗོད་དུ་མེད་པ་དེའི་ཕྱིར། འདོད་ན། སྒོམ་ཞེས་བྱ་བའི་ལམ་གྱིས་ནི་ཆོས་ཅན། རྟོག་པ་ (ཨཱརྱ་)དགུ་བོ་ཅི་ཞིག་ཉམས་ཤིང་གཉེན་པོ་དགུ་པོ་ཅི་ཞིག་འཐོབ་སྟེ་མེད་པར་ཐལ་ ལོ། །རབ་འབྱོར་ཆོས་ཐམས་ཅད་ནི་བརྗོད་དུ་མེད་པའོ་ཞེས་པས་རྟགས་དང༌། བརྗོད་དུ་ མེད་པའི་དོན་ལ་ནི་འཕེལ་བའམ་འགྲིབ་པ་མེད་དོ་ཞེས་ཁྱབ་པ་ཞལ་གྱིས་བཞེས། བཅོམ་ ལྡན་འདས་དེས་ནི་སྤྱིན་ཕར་ཡང་འཕེལ་འགྲིབ་མེད་པར་འགྱུར་རོ། །ནས། བཅོ་བརྒྱད་བར་ རོ། །དེ་ལྟར་ཡིན་ན་ཕྱིན་དྲུག་ནས། རྣམ་མཁྱེན་བར་མ་མཆིས་པར་འགྱུར་རོ། །ཞེས་སོ། ། འགྲེལ་པ་ནི། སྒོམ་པའི་ལམ་གྱི་དངོས་པོ་ཆོས་ཅན། ཡང་དག་པར་ན་སྒོམ་ལམ་དེ་ཉིད་དང་ གཞན་དང་གཉིས་ཀ་དང་གཉིས་ཀ་མ་ཡིན་པ་ཉིད་དུ་བརྗོད་དུ་མེད་པར་ཐལ། བདེན་པའི་ངོ་ བོ་ཉིད་མེད་པ་ཉིད་ཀྱིས་སོ། །དེ་ཡིན་ཏེ། དོན་དམ་པར་ཆོས་ཉིད་ཀྱི་ངོ་བོར་འདོད་པའི་ཕྱིར་ རོ། །འདོད་ན། དེ་ཆོས་ཅན། གོ་རིམ་བཞིན་དུ་མི་མཐུན་ཕྱོགས་འབྲལ་བ་དང་གཉེན་པོ་སྐྱེ་ བར་མི་རུང་བར་ཐལ། བསྒོམ་པ་ཕུལ་དུ་ཕྱིན་པར་བྱར་མེད་པའི་ཕྱིར་རོ། །རྟགས་ཁས་སོ། ། འདོད་ན། སྒོམ་ལམ་གྱིས་ཆོས་ཅན། མི་མཐུན་ཕྱོགས་ཀྱི་ངོ་བོ་དགུ་བོ་ཅི་ཞིག་བོར་གཉེན་པོ་ རྣམ་བྱང་དགུ་ནི་ཅི་ཞིག་ཐོབ་སྟེ་བོར་ཐོབ་མེད་པར་ཐལ། འདོད་པ་དེ་བས་ནའོ། །འདོད་ན། དགུའི་གཉེན་པོར་ཉེ་བར་དགོད་ཅིང་བསྒོམ་པར་མི་བྱ་བ་ཁོ་ནར་ཐལ། བོར་ཐོབ་ཅུང་ཟད་ 2-1-264 ཀྱང་མི་བྱེད་པ་ཉིད་པས་སོ། །ཞེ་ན། ལན་ལ། མཚམས་སྦྱར་ནི། དབུ་མ་པ་ཆོས་ཅན། ཁྱོད་ ལ་དེ་ལྟའི་སྐྱོན་དེས་གནོད་པ་དེ་ལྟ་མ་ཡིན་ཏེ། རྒྱུ་མཚན་འདི་ལྟར་དོན་དམ་དུ་འདོད་ཅིང་ ཀུན་རྫོབ་ཏུ་ཁྱབ་པ་མེད་པའི་ལན་ཐེབས་པས་སོ། །རྩ་བ་ནི། སྒོམ་ལམ་འདི་ནི་ཆོས་ཅན། དོན་དམ་པར་བརྗོད་མེད་ཡིན་ཡང་སྤང་བྱ་ཉམས་ཤིང་གཉེན་པོ་ཐོབ་པའི་བྱ་བ་གཏན་མེད་ དུ་མི་འགྱུར་ཏེ། དེ་ཡིན་ཡང་ཀུན་རྫོབ་ཏུ་འདོད་པའི་དོན་ཉམས་ (རད་ཀིར་)ཐོབ་སོགས་བསྒྲུབ་ པར་བྱེད་པས་སོ། །བླ་མེད་བྱང་ཆུབ་དོན་དམ་པར་བརྗོད་མེད་ཡིན་ཡང་གདུལ་བྱའི་དོན་ (སངས་རྒྱས་ཀྱི་ཆོས་མཐའ་དག་འཛིན་པ་དང་འགྲོ་བའི་དོན་བྱེད་པ་ཞེས་རད་ཀིར། )སྒྲུབ་པ་ཇི་ལྟ་བ་དེ་བཞིན་དུའོ། ། བྱང་ཆེན་པོ་ཤེར་པ་ལ་སྤྱོད་པ་དང་བརྩོན་པའི་ཚེ་སྦྱིན་ཕར་ནི་མིང་ཙམ་མོ་ཞེས་སོགས་སྙམ་ ཞིང༌། ནས། དགེ་རྩ་རྫོགས་བྱང་དུ་བསྔོ། ཞེས་སོ། །བྱང་ཆུབ་ཇི་ལྟ་བུ་ཡིན་ཞེ་ན། (ཨཱརྱ། ) གཟུགས་ནས་མྱང་འདས་བར་ (ཨཱརྱ་)གྱི་དེ་བཞིན་ཉིད་གང་ཡིན་པ་ (ཨཱརྱ་)དེ་བླ་མེད་བྱང་ཆུབ་ ཀྱི་མཚན་ཉིད་དམ་རང་བཞིན་ཡིན་ལ་སྒོམ་ལམ་དེ་ཡང་དོན་དམ་པར་སྤྲོས་བྲལ་དེ་བཞིན་ ཉིད་དེའི་མཚན་ཉིད་དེ་རང་བཞིན་ཅན་ཡིན་པས་དོན་དམ་པར་བོར་ཐོབ་མེད་པར་བཞེད་ དེ། གཟུགས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་མེད་བྱང་ཆུབ་པོ། །ནས། མྱང་འདས་བར་ རོ། །དེ་ལྟར་ན་བརྗོད་དུ་མེད་པའི་དོན་ལ་འཕེལ་འགྲིབ་མེད། སོགས་སོ། །འགྲེལ་པ་ནི། ཇི་ལྟར་ (དེ་བཞིན་ཉིད་རབ་ཀྱི་མཐར་ཕྱིན་པའི་མཚན་ཉིད་ཅེས་ཆོས་བཤེས་སུ་བསྒྱུར་རོ། ། )ཏེ་དཔེར་ན། རང་གི་ངོ་ བོ་དག་པའི་མཐར་ཐུག་པས་དག་པ་ཁྱད་པར་དུ་བྱར་མེད་པའི་དེ་བཞིན་ཉིད་ཀྱི་མཚན་ཉིད་ དམ་རང་བཞིན་ཅན་གྱི་བྱང་ཆུབ་གཟུང་འཛིན་དང་མཚན་མའི་སྤྲོས་པ་མེད་པའི་ཡེ་ཤེས་ཀྱི་ བདག་ཉིད་རྟོགས་པ་ཆོས་ཀྱི་སྐུ་དང༌། སོགས་པ་ངོ་བོ་ཉིད་ཀྱི་སྐུའི་རང་བཞིན་ཀྱི་སངས་རྒྱས་ ཀྱི་བདག་པོའི་རྐྱེན་ (སྨོས་པས་དབང་ཕྱུག་སོགས་ཀྱིས་མཐོ་རིས་ཐར་བ་སྟེར་བ་བཀག)ཙམ་གྱིས་གདུལ་བྱའི་ སྐྱེ་བོ་རྣམས་ཀྱི་རང་རང་གི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེ་ཆུང་གི་རྗེས་སུ་མཐུན་ 2-1-265 པར་ཆེ་བ་ལ་ལོངས་སྐུ་ཆུང་བ་ལ་སྤྲུལ་སྐུ་སོགས་དོན་ཁྱད་པར་ཅན་སྣང་བའི་སྒོ་ནས་མངོན་ པར་འདོད་པའི་དོན་བསྒྲུབ་པར་བྱེད་པའམ་ཆོས་སྐུ་སོགས་སྐུ་བཞིའི་བདག་པོ་ཙམ་གྱིས་ མངོན་མཐོ་ངེས་ལེགས་ལ་སོགས་པའི་དོན་ཁྱད་པར་ཅན་སྣང་བའི་སྒོ་ནས་མངོན་འདོད་ཀྱི་ དོན་མངོན་མཐོ་ངེས་ལེགས་སྒྲུབ་པ་དེ་བཞིན་དུ། ཆོས་ཉིད་མཐོང་ཟིན་བསྒོམས་པས་གློ་ བུར་གྱི་དྲི་མ་ཅི་རིགས་དང་བྲལ་པའི་སྒོ་ནས་ཆོས་ཉིད་མངོན་སུམ་དུ་བྱས་པའི་སྒོམ་ལམ་ འདི་ཡང་དོན་དམ་པར་སྤྲོས་བྲལ་དེ་བཞིན་ཉིད་ཀྱི་མཚན་ཉིད་དམ་རང་བཞིན་བདེན་མེད་ ཡིན་པས་དོན་དམ་དུ་བོར་ཐོབ་མེད་ཀྱང༌། ཀུན་རྫོབ་ཏུ་མངོན་པར་འདོད་པའི་དོན་སྤང་བྱ་ ཉམས་པ་དང་ (རད་ཀིར་)གཉེན་པོའམ་བྱང་ཆུབ་སྐྱེད་པར་བྱེད་དོ། །ཀུན་རྫོབ་ཏུ་མ་ཁྱབ་པར་ བསྟན་ནས་དོན་དམ་དུ་འདོད་པར་སྟོན་པ་སྟེ། དོན་དམ་པར་ནི་སྤང་བྱ་ཉམས་པ་དང་གཉེན་ པོ་འཕེལ་བ་དགག་པའི་ཚུལ་དུ་བཞེད་པས་ན། དོན་དམ་པར་བོར་ཐོབ་མེད་པར་ཐལ་བ་ འདོད་དོ། །འོ་ན་བསྒོམ་པ་དོན་མེད་པར་འགྱུར་རོ། །ཞེ་ན། དོན་དམ་པར་ཉམས་འཕེལ་ མེད་པ་དེའི་ཚེ་ཐེག་ཆེན་སྒོམ་ལམ་ཆོས་ཅན། དོན་དམ་པར་དེ་མེད་པས་བསྒོམ་བྱ་མིན་པའི་ ཉེས་པ་མེད་དོ། །དོན་དམ་པར་དང་ཀུན་རྫོབ་ཏུ་ཡང་ཞེན་ནས་སྦྱོར་བ་མེད་པའི་རྣལ་འབྱོར་ དེ་ཉིད་དེ་ཁོ་ན་སྦྱོར་བ་སྟེ་བསྒོམ་པ་ཡིན་པས་སོ། ། གསུམ་པ་ལ། རྩོད། ལན་ནོ། །དང་པོ་ལ། མཚམས་སྦྱར་ནི། ཁྱོད་ཀུན་རྫོབ་ཏུ་བྱང་ཆུབ་ ཀྱིས་འདོད་དོན་སྒྲུབ་པ་དེ་ལྟར་འདོད་པ་ཡིན་ན་ཡང་མི་རིགས་ཏེ། བྱང་ཆུབ་ཡོད་ན་སེམས་ བསྐྱེད་ཀྱིས་བསྒྲུབ་དགོས་པ་ལ། སེམས་བསྐྱེད་ཀྱིས་ཀུན་རྫོབ་ཏུ་ཡང༌། བྱང་ཆུབ་བསྐྱེད་ པའི་དོན་བྱེད་པར་མི་རུང་ངོ༌། །གྲུབ་ཟིན་ (གསེར་རད་ཀིར་)དཔེར་བྱ་ཡི་བྱང་ཆུབ་མ་གྲུབ་པས་ དཔེར་མི་རུང་སྙམ་པའི་དོགས་པ་བསུ་བར་བྱེད་དོ། །རྩ་བ་ནི། བྱང་ཆུབ་མཆོག་ཏུ་སེམས་ བསྐྱེད་ནི་ཆོས་ཅན། བྱང་ཆུབ་བསྒྲུབ་པར་བྱེད་པ་མིན་པར་ཐལ། ཁྱོད་སྔ་མས་བྱང་ཆུབ་སྒྲུབ་ 2-1-266 པར་རིགས་པ་མ་ཡིན་ཞིང༌། ཕྱི་མས་ཀྱང་དེ་སྒྲུབ་པར་རིགས་པ་མ་ཡིན་པས་སོ། །རྟགས་ གྲུབ་སྟེ། སྔ་མ་རྐྱང་བས་སྒྲུབ་ན་ཕྱི་མ་དོན་མེད་དུ་འགྱུར་ཞིང༌། ཕྱི་མ་རྐྱང་བས་སྒྲུབ་ནའང་ སྔ་མ་དོན་མེད་དུ་འགྱུར་ལ། ཚོགས་པས་མིན་ཏེ། དེ་རྣམས་ཕྲད་པ་མེད་པས་སོ། །ཞེས་དག་ ལྡན་སོགས་སོ། །རད་ཀིར་ནི། སྒོམ་ལམ་གྱི་སེམས་ཞེས་ཏེ་གཞན་སྔར་ལྟར་རོ། །སེམས་དང་ པོ་བསྐྱེད་ (པ་ནི་སོ་སོ་སྐྱེ་བོའི་ཆོས་སོ། ། )པས་བླ་མེད་བྱང་ཆུབ་ཏུ་འཚང་རྒྱའམ། འོན་ཏེ་སླད་མ་བསྐྱེད་ པས་ (ནི་སྒྲིབ་པ་སྤངས་ནས་འཚང་རྒྱ་བྱེད་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ནོ། ། )རྒྱ། སེམས་དང་པོ་བསྐྱེད་པའང་ སླད་མ་བསྐྱེད་པ་དང་མི་འགྲོགས། སླད་མ་བསྐྱེད་པའང་དང་པོ་བསྐྱེད་པ་དང་མི་འགྲོགས་ ཏེ། བཅོམ་ལྡན་འདས་དེ་ལྟར་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་མི་འགྲོགས་ན་ ཇི་ལྟར་དགེ་བའི་རྩ་བ་རྣམས་བསགས་པར་འགྱུར། དགེ་བའི་རྩ་བ་མ་བསགས་པར་ནི་བླ་ མེད་རྫོགས་བྱང་ཆུབ་ཏུ་མངོན་རྫོགས་འཚང་རྒྱ་བར་མི་ནུས་སོ། །ཞེས་སོ། །འགྲེལ་པ་ལ། སེམས་བསྐྱེད་ཀྱིས་བྱང་ཆུབ་ (གསེར་)བསྐྱེད་ན་སྔ་ཕྱི་རེ་རེས་སམ། མང་བོ་གཅིག་ཅར་འདུས་ པས་སམ། (གསེར། )མང་བོ་རིམ་གྱིས་བྱུང་བ་རྒྱུ་ཡིན། (བརྟག་པ་གསུམ་མོ་ཞེས་གསེར། ) དང་པོ་ལྟར་ ན། (གསེར། ) སེམས་བསྐྱེད་སྔ་ཕྱི་རེ་རེ་ཁོ་ནས་བྱང་ཆུབ་བསྐྱེད་པར་ནི་རིགས་པ་མ་ཡིན་ནོ། །སྔ་ མ་སོ་སྐྱེའི་ (འབུམ་ཊཱིཀ་)སེམས་བསྐྱེད་ལ་སངས་རྒྱས་ཀྱི་བྱང་ཆུབ་མི་རྟོག་ (གསེར་)ཡེ་ཤེས་སྒྲུབ་ པར་བྱེད་པའི་རྣམ་མཁྱེན་ཉིད་ལ་སོགས་པ་སེམས་བསྐྱེད་ཉེར་གཉིས་ཀྱི་ཕྱི་མ་ (མདོ་དོན་དུ་བུད་) གཉིས་ལ་སྣང་བའི་དོན་མཐའ་དག་མི་སྣང་བའི་ཕྱིར་དང༌། ཕྱི་མར་གྱུར་པའི་སེམས་བསྐྱེད་ ལ་སོགས་པས་བསྡུས་པ་དྲན་པ་ཉེར་བཞག་སོགས་སྔ་མ་ལ་སྣང་བའི་དོན་ཀུན་མི་སྣང་བས་ སོ། །སྔ་མ་སོ་སྐྱེའི་དང་ཕྱི་མ་རྡོར་ཏིང་ལ་འབུམ་ཊཱིཀ་བཤད་དོ། །(ས་བཅུ་དང་སངས་རྒྱས་ཀྱི་ས་ རྫོགས་པར་བྱས་ནས་འཚང་རྒྱ་ཞེས་མདོར་ཡོད་པས་མ་མཐའ་སེང་བཟང་ལྟར་ལེགས་སོ། ། ) བརྟག་པ་གཉིས་པ་ལྟར་ ན། འདོད་པའི་དོན་བྱང་ཆུབ་སྒྲུབ་པར་བྱེད་པར་སྣང་བའི་སེམས་བསྐྱེད་པ་ཆོས་ཅན། ཁྱོད་ 2-1-267 གཅིག་ཅར་བྱུང་བའི་སྐད་ཅིག་མང་བོ་ཉིད་ཀྱིས་ཀྱང་བྱང་ཆུབ་སྒྲུབ་པ་མ་ཡིན་ནོ། །ཁྱོད་སྐད་ ཅིག་མང་བོ་གཅིག་ཅར་འབྱུང་བ་མི་སྲིད་པའི་ཕྱིར་རོ། །རྟགས་གྲུབ་སྟེ། སེམས་ཅན་རྣམས་ ནི་རྣམ་པར་ཤེས་པའི་རྒྱུད་རེ་རེ་བའོ་ཞེས་རྒྱན་འགྲེལ་སོགས་ལས་འབྱུང་བས་སོ། །རྟོག་པ་ དུ་མ་གཅིག་ཅར་མི་སྲིད་ཅེས་ (རྣམ་འགྲེལ་ལས་འབྱུང་ཞེས་ཀྱང་ངོ༌། ། )པའི་དོན་དུ་གསེར་རོ། །སེམས་ རིགས་མཐུན་དུ་མ་གཅིག་ཅར་མེད་པ་ལ་དགོངས་ཞེས་ (བུ་སྟོན་)གསུང་ངོ༌། །ཤཱཀྱ་བློ་ནི། ལེན་ པའི་རྣམ་ཤེས་ལ་དགོངས་ཟེར་རོ། །གསུམ་པ་ལྟར་ན། བླ་མེད་ཅེས་ནས་བཅོ་བརྒྱད་ཀྱི་བར་ རྟོགས་པར་འགྱུར་བའི་སེམས་བྱུང་བ་སྟེ་བསྐྱེད་པའི་རང་གི་ངོ་བོ་རིམ་གྱི་འབྱུང་བའི་སྔ་ཕྱིར་ གྱུར་པ་མང་བོ་ཉིད་ཀྱིས་ཀྱང་བྱང་ཆུབ་པར་རིགས་པ་མ་ཡིན་ཏེ། དེ་རྣམས་ཕན་ཚུན་འབྲེལ་ བ་སྟེ་ཕྲད་ཅིང་ཚོགས་ (བསགས་སུ་མི་རུང་བས་སོ་ཞེས་གནོད་འཇོམས་)པ་མེད་པའི་ཕྱིར་རོ། །དེ་ཡིན་ཏེ། སེམས་བསྐྱེད་སྐད་ཅིག་དེ་རྣམས་བྱུང་མ་ཐག་ཉིད་དུ་ཅུང་ཟད་ཀྱང་རྗེས་སུ་འགྲོ་བ་སྟེ་སྡོད་ པ་མེད་པ་ཉིད་དུ་རང་གི་ངང་གིས་ (གནོད་འཇོམས་)འཇིག་པས་ནའོ། །རྒྱུ་མཚན་དེ་བས་ན་དོན་ ཁྱད་པར་ཅན་སྣང་བའི་སེམས་བསྐྱེད་པའི་སྒོ་ནས་ཇི་ལྟར་བྱང་ཆུབ་བསྒྲུབ་པའི་དོན་བྱེད་དེ་ མི་བྱེད་དོ་ཞེ་ན། གཉིས་པ་ལ། མཚམས་སྦྱར་ནི། རྩོད་པ་དེ་ནི་ཡང་དག་པ་མ་ཡིན་པས་དཔེའི་སྒོ་ནས་ ལན་སྟོན་ནོ། །རྩ་བ་ནི། སྐྱེས་བུ་མཁས་པ་རྣམས་དཔེས་དོན་དེ་ཤེས་པས་འདི་སྐད་འདྲི་སྟེ། མེ་ལྕེ་སྐད་ཅིག་རེ་རེ་ཁོ་ནས་ (མདོ་བཞིན་)སྙིང་པོ་ཚིག་གམ། དེ་མིན་ནོ། །དེ་གཉིས་ལ་མ་བརྟེན་ པར་ཚིག་གམ། དེ་ཡང་མིན་ནོ། འོ་ན་དེ་ཚིག་གམ་ཚིག་གོ །(མདོ། ) དེ་ལྟར་ན་མར་མེའི་སྐད་ ཅིག་སྔ་ཕྱི་ལྟོས་མེད་དུ་སྙིང་པོ་རྫོགས་པར་མ་ཚིག་ཀྱང་ལྟོས་ནས། རྒྱུན་ (རད་ཀིར་)གྱིས་ཚིག་ པ་དེ་བཞིན་དུ། སེམས་བསྐྱེད་རེ་རེ་ཁོ་ནས་མ་བསྐྱེད་ཡང་ལྟོས་ནས་རྒྱུན་གྱིས་བྱང་ཆུབ་ ཐོབ་པར་བྱེད་དོ། །(ཆུ་ཡི་ཐུག་པས་བུམ་པ་དང་པོ་ཐ་མའི་བར། །རིམ་གྱིས་ཉུང་ངུ་ཉུང་ངུས་དེ་ཡོངས་འགེངས་བ་ལྟར། 2-1-268 ། ཞེས་དང༌། ས་བོན་དང་མྱུ་གུ་སོགས་ཀྱིས་དཔེས་ཀྱང་སྡུད་པར་བསྟན་ནོ། ། ) དེ་མི་འཐད་པ་མིན་ཏེ། རྟེན་འབྲེལ་ ཟབ་མོའི་ཆོས་ཉིད་ཡིན་པས་སོ། །(རད་ཀིར་ནི་སྒོམ་ལམ་སོགས་སྦྱར་རོ། ། ) དེས་ན་ས་བརྒྱད་པའི་ བྱང་པ་ཆོས་ཅན། རྫོགས་བྱང་ལས་ཕྱིར་མི་ལྡོག་སྟེ། ཟབ་མོ་བརྒྱད་མངོན་སུམ་དུ་རྟོགས་ པའི་དགོས་པ་ཡིན་པས་སོ། །ཞེས་སྦྱར་ཏེ་རད་ཀིར་གྱིའོ། །སེམས་དང་པོ་བསྐྱེད་པས་ཀྱང་ དེ་ལ་མ་བརྟེན་པར་ཡང༌། སེམས་ཕྱི་མ་བསྐྱེད་པས་ཀྱང༌། དེ་ལ་མ་བརྟེན་ (ཁ་ཐོན་)པར་ཡང་ བླ་མེད་རྫོགས་ཆུབ་ཏུ་མངོན་འཚང་རྒྱ་བ་མ་ཡིན་མོད་ཀྱི་འོན་ཀྱང་འཚང་མི་རྒྱ་བ་ཡང་མིན་ ནོ། །ཞེས་སོགས་སོ། །འགྲེལ་པ་ལ། དཔེ། དོན་གཉིས་ལས། དང་པོ་ལ། སྔ་ཕྱི་རེ་རེ་ཁོ་ ནས་ (གསེར་)མི་བསྲེག ལྟོས་ནས་སྲེག་དེ་ཉིད་དཔེར་སྦྱར་བའོ། །དང་པོ་ནི། སེམས་བསྐྱེད་ རེ་རེ་ཁོ་ནས་མ་བསྐྱེད་པ་ཇི་ལྟར་ཏེ། དཔེར་ན། སྙིང་པོ་སྟེ་སྡོང་བུ་སྣུམ་ལྡན་དང་ཕྲད་པའི་ མར་མེའི་མེ་ལྕེ་སྐད་ཅིག་མ་དང་པོ་ཆོས་ཅན། མར་མེའི་སྐད་ཅིག་མ་གཉིས་པ་སོགས་བྱུང་ བ་མེད་པར་རྒྱུའི་མཚན་ཉིད་སྡོང་བུ་རྫོགས་པར་སྲེག་པར་བྱེད་པ་དང༌། འབྲས་བུའི་མཚན་ ཉིད་དེ་རྫོགས་པར་བསྲེག་པར་བྱ་བ་མེད་དེ། ཁྱོད་དང་སྡོང་བུ་སྣུམ་ལྡན་རང་རང་གི་རྒྱུ་རྐྱེན་ གྱིས་ཁྱེད་གཉིས་ཕན་ཚུན་གྱི་སྒོ་ནས་ཏེ་རྒྱུན་གྱིས་འཇུག་པའི་དབང་གིས་དུས་མཉམ་ཞིང་ མཚུངས་པའི་ཕྲད་པ་ཙམ་དུ། བསྐྱེད་པའི་སྒོ་ནས་ཁྱོད་དེ་རྫོགས་པར་ཚིག་བྱེད་ཀྱི་ཁྱད་པར་ ཅན་དུ་མ་བྱས་པའི་ཕྱིར་རོ། །དཔེ་དེ་བཞིན་དུ་སྙིང་པོ་དང་ཕྲད་པའི་ནུས་པ་སྔར་བས་ཁྱད་ པར་ཅན་དུ་སྐྱེ་བའི་མར་མེའི་མེ་ལྕེ་སྐད་ཅིག་མ་གཉིས་པ་ཆོས་ཅན། དེ་སྐད་ཅིག་མ་དང་པོ་ ལ་ལྟོས་པ་མེད་པར་རྒྱུ་འབྲས་ཀྱི་མཚན་ཉིད་སྲེག་བྱེད་བསྲེག་བྱ་མེད་དོ། །དེ་ལ་མ་ལྟོས་པར་ དོན་དམ་དུ་མ་ཟད་ཀུན་རྫོབ་ཏུ་ཡང་ཁྱོད་འབྱུང་བ་མེད་པའི་ཕྱིར། རྟགས་མ་གྲུབ་ན། ཆོས་ ཅན། རྒྱུ་མེད་དུ་ཐལ། མར་མེའི་སྐད་ཅིག་སྔ་མ་ལ་མ་ལྟོས་པའི་མར་མེའི་སྐད་ཅིག་ཕྱི་མ་ ཡིན་པས་སོ། །འདོད་ན། རྟག་ཏུ་ཡོད་པ་སྟེ་སྐྱེ་བར་ཐལ། རྒྱུ་མེད་ཅིང་བྱུང་བས་སོ། །སོགས་ 2-1-269 པས་ལན་གཅིག་ཀྱང་མི་སྐྱེ་བར་ཐལ། རྒྱུ་མེད་པས་སོ། །བསྡུ་ན་རེས་འགའ་བ་མིན་པར་ ཐལ་བར་འགྱུར་བས་སོ། །(རྣམ་འགྲེལ་ངེས་སུ། རྒྱུ་མེད་གཞན་ལ་མི་ལྟོས་ཕྱིར། །རྟག་ཏུ་ཡོད་པའམ་མེད་པར་ འགྱུར། །ཞེས་སོགས་རྐང་བ་བཞི་གསེར་དུ་དྲངས་སོ། ། ) གཉིས་པ་ནི། རྒྱུན་ལ་ལྟོས་ནས་མར་མེ་དང་སྙིང་ པོ་རྫོགས་པར་སྲེག་བྱེད་དང༌། བསྲེག་པར་བྱ་བའི་རྒྱུ་འབྲས་ཡོད་དོ་ཞེས་དྲང་ངོ༌། །དུས་གང་ གི་ཚེ་ཞེ་ན། དེ་གཉིས་ཕྲད་པའི་ཁྱད་པར་ཅན་གྱི་མར་མེའི་སྐད་ཅིག་མ་དང་པོ་རྒྱུར་ཡོད་པ་ ལ་ལྟོས་ནས་དང་པོ་དེས་བྱས་པའི་སྙིང་པོ་ཚིག་པ་ལ་ནུས་མཐུ་ཕུལ་དུ་ཕྱིན་པ་དང་ལྡན་པའི་ ཁྱད་པར་ཅན་གྱི་མར་མེའི་མེ་ལྕེ་སྐད་ཅིག་གཉིས་པ་གསུམ་པ་ལ་སོགས་པ་ཡོད་པར་གྱུར་པ་ ན་དེའི་ཚེའོ། །འོ་ན་མེ་ལྕེའི་སྐད་ཅིག་རྣམས་ཕྱིས་འབྱུང་གི་འཇིག་རྒྱུ་མེད་པར་འཇིག་པས་ དེ་འདྲའི་རྒྱུ་འབྲས་རིགས་པས་མི་འགྲུབ་པོ་ཞེ་ན། དེ་རྣམས་རང་ལས་ཕྱིས་འབྱུང་གི་འཇིག་ རྒྱུ་མེད་པར་ཕྱི་མ་བྱུང་དུས་སྔ་མ་ཞིག་ཀྱང་གོ་རིམ་བཞིན་དུ་རྒྱུ་མར་མེའི་མེ་ལྕེའི་རྒྱུན་འཇིག་ པ་སྟེ་འགག་པ་དང་འབྲས་བུ་སྙིང་པོ་རྫོགས་པར་ཚིག་པ་སྐྱེ་བ་དུས་མཉམ་དུ་མངོན་སུམ་ གྱི་སྟོབས་ཀྱིས་དམིགས་པས་སོ། །ཞེས་པ་མངོན་སུམ་གྱི་རིགས་པ་སྟེ་དེ་རྟགས་སུ་བཀོད་ པས་འཐད་པ་བསྒྲུབ་པའི་རིགས་པར་འགྱུར་རོ། །དེ་འདྲའི་རྒྱུ་འབྲས་འདི་རྒྱུ་དང་རྐྱེན་ཉིད་ སྣང་ཚོད་པོ་འདི་བ་ཙམ་ (ཞེས་པས་དབང་ཕྱུག་རྟག་པ་སོགས་རྒྱུར་ཡོད་པ་འགོག་)གྱི་བདག་ཉིད་ཀྱི་རྟེན་ ཅིང་འབྲེལ་བར་འབྱུང་བའི་ཆོས་ཉིད་ཀྱིས་འགྲུབ་པོ། ཞེས་པ་ཆོས་ཉིད་ཀྱི་རིགས་ (ཞང་ཡེར་བ་ དང་ཆུ་མིག་)པའོ། །ཡང་དོན་དམ་དཔྱོད་བྱེད་ཀྱིས་མ་བརྟགས་གཅིག་བུ་ཉམས་དགའ་བ་ཀུན་ རྫོབ་ (གསེར་)ཉིད་དུ་མེ་ལྕེའི་རྒྱུར་དང་སྙིང་པོ་ཚིག་པ་འབྲས་བུར་འབྲེལ་བའི་སྟོབས་ཀྱིས་བྱ་ བ་བྱེད་པའི་དང༌། ལྟོས་ (ཕྲད་ཅེས་གསེར་)པའི་རིགས་པས་ཀྱང་འགྲུབ་པོ། །མདོར་ན་མར་མེ་ ཆོས་ཅན། ཁྱོད་ཀྱི་སྐད་ཅིག་སྔ་ཕྱི་ལྟོས་ནས། (འཕྲད་ཅེས་གསེར། ) སྙིང་པོ་རྫོགས་པར་བསྲེགས་ ཏེ། སྒྱུ་མཚན་གང་གི་ཕྱིར་ན། དེ་རྫོགས་པར་ཚིག་ཅིང་སྐད་ཅིག་སྔ་ཕྱི་རེ་རེ་ཁོ་ནས་དེ་རྫོགས་ 2-1-270 པར་ཚིག་པ་མི་རུང་བ་དེ་ལྟ་ཡིན་པ་ (གསེར་དངོས་འདི་འཐད་པ་བསྒྲུབ་པའི་རིགས་པ་ཆུ་མིག་པ། )དེའི་ཕྱིར་རོ་ ཞེས་སྦྱར་རོ། །(མེ་དྲོ་བ་ལྟ་བུ་ཆོས་ཉིད་ཀྱི་རིགས་པ་འབྲས་བུ་རྒྱུ་ལ་ལྟོས་པ་ལྟ་བུ་ལྟོས་པའི་རིགས་པ་རྒྱུས་འབྲས་བུ་བསྐྱེད་ པ་ལྟ་བུ་བྱ་བ་བྱེད་པའི་རིགས་པ་གཏན་ཚིགས་དང་དཔེ་ལ་སོགས་པ་འཐད་པ་སྒྲུབ་པའི་རིགས་པ་སྟེ་དགོངས་འགྲེལ་སོགས་སུ་ རྒྱས་པར་བཤད་དོ། ། ) གསུམ་པ་ནི་ལྟོས་མེད་དུ་མི་བསྲེག་ལྟོས་ནས་བསྲེག་པ་དེ་བས་ན་མེ་ལྕེའི་ སྐད་ཅིག་མ་དང་པོས་ཀྱང་མེ་ལྕེའི་སྐད་ཅིག་མ་གཉིས་པ་ལ་མ་ལྟོས་པར་སྙིང་པོ་མ་བསྲེགས་ ལ་མེ་ལྕེའི་སྐད་ཅིག་མ་གཉིས་པས་ཀྱང་མེ་ལྕེའི་སྐད་ཅིག་མ་དང་པོ་ལ་མ་ལྟོས་པར་སྙིང་པོ་ རྫོགས་པར་མ་བསྲེགས་པ་ཞེས་བྱ་བའི་མར་མེའི་དཔེའི་ཚུལ་མེ་ལྕེའི་སྐད་ཅིག་མ་སྔ་ཕྱིར་ གྱུར་པ་གཉིས་ཡུལ་སྡོང་བུ་སྣུམ་ལྡན་གཅིག་རྫོགས་པར་ཚིག་པ་ལ་ནུས་པ་ཉེ་བར་སྦྱོར་བ་སྟེ་ དེའི་རྒྱུར་ཤེས་ (གསེར་)པར་བྱེད་པ་དེ་དཔེར་ལྷུར་ལེན་པ་སྟེ་དཔེ་གཙོ་བོར་ (གསེར་)བྱས་པས་ སོ། །གཉིས་པ་ནི། མེ་ལྕེའི་སྐད་ཅིག་མ་སྔ་མ་རྐྱང་བ་བཞིན་དུ་བྱང་ཆུབ་བསྒྲུབ་པར་བྱེད་པའི་ དངོས་པོ་དྲན་པ་ཉེར་བཞག་སོགས་ཚད་ཡོད་པ་ཉུང་ཟད་པ་ཞིག་སྣང་བའི་རྣམ་པར་ཤེས་པ་ སྟེ་སེམས་བསྐྱེད་པ་སྔ་མ་ལ་བརྟེན་ནས། མེ་ལྕེའི་སྐད་ཅིག་ཕྱི་མ་ནུས་ལྡན་བཞིན་དུ་སེམས་ བསྐྱེད་སྔ་མ་དེ་ལ་སྣང་བའི་དོན་དམ་པས་དབེན་པའི་དེ་ལས་ལྷག་པར་ཁྱད་པར་དུ་འཕགས་ པའི་དོན་ཁམས་གསུམ་གྱི་དྲི་མ་ཀུན་གྱི་གཉེན་ (གསེར་)པོའམ་རྣམ་མཁྱེན་ (སློབ་དཔོན་)སོགས་ སྣང་བའི་རྣམ་པར་ཤེས་པ་སྟེ་སེམས་བསྐྱེད་ཕྱི་མ་སྐྱེ་བས། དེ་གཉིས་ཀ་ལ་བརྟེན་ནས་བྱང་ ཆུབ་ཐོབ་པར་རིགས་སོ། ། དྲུག་པ་ལ། མཚམས་སྦྱར་ནི་ཟབ་མོའི་ཆོས་ཉིད་རྣམ་པ་བརྒྱད་ཆོས་ཅན། མར་མེའི་དཔེ་ བསྟན་པའི་སྐབས་སུ་བསྟན་པ་ལ་རྒྱུ་མཚན་ཡོད་དེ། ཇི་སྐད་སྨོས་པའི་མར་མེའི་དཔེ་དོན་ དམ་པར་སྡོང་བུ་མ་བསྲེགས་ཀྱང་ཀུན་རྫོབ་ཏུ་བསྲེགས་པའི་དཔེས་ཁྱོད་ཀྱང་ཁོང་དུ་ཆུད་ པར་བྱ་བ་ཡིན་པ་ཁོ་ནའི་རྒྱུ་མཚན་གྱིས་དེའི་སྐབས་སུ་བསྟན་པས་སོ། །ཀྱང་ནི་དོན་སྔ་མར་ 2-1-271 མ་ཟད་དོ། །ཆོས་ཅན། སྒོམ་ལམ་འཆད་པའི་སྐབས་སུ་བསྟན་པ་ལ་དགོས་པ་ཡོད་དེ། སྒོམ་ པའི་ལམ་ལ་གནས་པའི་བྱང་འཕགས་རྫོགས་བྱང་ལས་ཕྱིར་མི་ལྡོག་པའི་མཚན་ཉིད་དམ་ རྟགས་བརྗོད་པའི་ཕྱིར་དུ་དེར་བསྟན་པས་སོ། །དེའི་སྦྱོར་བ་སྔར་སོང་ངོ༌། །འོ་ན་ཟབ་མོ་རྣམ་ པ་བརྒྱད་ཡུལ་གང་ལ་ཡོད་པ་ཡིན་ཞེ་ན། །རྩ་འགྲེལ་ནི། ཐེག་ཆེན་སེམས་བསྐྱེད་སྔ་ཕྱི་སོ་ སོ་ཁོ་ན་དག་གིས་ཀྱང་བྱང་ཆུབ་བསྐྱེད་པ་མ་ཡིན་ལ་ངོ་བོ་ཉིད་མེད་པ་སྟེ་རྒྱུ་མེད་དུ་རྫོགས་ བྱང་བྱུང་བ་མ་ཡིན་ལ་འོན་ཀྱང་ཐེག་ཆེན་སེམས་བསྐྱེད་གྱི་དོན་བསྒོམ་པས་རྟོགས་ཤིང་ཐོབ་ པར་བྱ་བའི་དོན་ཉན་རང་བྱང་ཆུབ་ལས་ཁྱད་པར་དུ་འཕགས་པའི་རྫོགས་བྱང་བསྐྱེད་དོའམ་ སྐྱེའོ། །ཞེས་བྱ་བ་ཆོས་ཅན། (གཉིས་སུ་མེད་ཀྱང་འཁོར་བའི་ཐོག་མ་ནས་རྟེན་འབྲེལ་ཡོད་པས་) སྐྱེ་བ་ (ཟབ་པོ་ རད་ཀིར། )ལ་ཡོད་པའི་ཟབ་པ་ཡིན་ཏེ། མཐར་འཛིན་ཅན་གྱི་ངོར་སྐྱེ་བར་འགལ་བ་འདྲ་ལ་མི་ འགལ་བའི་རྟེན་ཅིང་འབྲེལ་འབྱུང་ཡིན་པས་སོ། །དང་ཐམས་ཅད་ཟླས་དབྱེའོ། །(སེམས་བསྐྱེད་ སྔ་ཕྱི་རེ་རེ་ཁོ་ནས་མིན་ཀྱང་མ་བརྟེན་པར་ཡང་མིན་ཀྱང་འཚང་རྒྱ་བ་དེ་ནི། )རྟེན་འབྲེལ་ཟབ་པོ། །ཞེས་སོགས་སོ། ། དངོས་པོ་ཐམས་ཅད་རང་རྒྱུ་ལས་བྱུང་བ་ཉིད་ནས་དོན་དམ་པར་རང་བཞིན་གྱིས་ངོ་བོ་ཉིད་ མེད་ལ་ཀུན་རྫོབ་ཏུ་ཡང་འགག་གོ་ཞེས་བྱ་བ་ཆོས་ཅན། (མ་སྐྱེས་ཀྱང་འགོག་པ་ཡོད་པས་)འགག་པ་ (ཟབ་པོ་རད་ཀིར་རོ། ། )ལ་ཡོད་པའི་ཟབ་པ་ཡིན་ཏེ། རྟགས་འདོན་པ་བསྒྱུར་རོ། །འགག་པའི་ཆོས་ ཅན་ལགས་སོ། །ཞེས་སོགས་སོ། །ཤེས་རབ་ཀྱིས་གནས་སྐབས་ཐམས་ཅད་དུ་དེ་བཞིན་ ཉིད་གོམས་པར་བྱེད་ཀྱང་ཐབས་མཁས་ཀྱིས་གཞན་དོན་དོར་བའི་ཡང་དག་མཐའ་འམ། ཡོངས་གཅོད་དུ་རྫས་ཀྱི་དངོས་པོ་ཅིར་ཡང་མངོན་དུ་མི་བྱེད་པའམ་བྱར་མེད་པའི་ཡང་དག་ མཐའ་ཆོས་ཅན། (ཨཱརྱ། ) དེ་བཞིན་ཉིད་ (ཟབ་སྟེ་དེའི་བདག་ཉིད་ཡིན་ཡང་དེ་བསྒོམས་པས་སོ་ཞེས་རད་ཀིར་རོ། ། ) ལ་ཡོད་པའི་ཟབ་པ་ཡིན་ཏེ། ཞེས་སོགས་ཏེ། དེ་བཞིན་ཉིད་ཟབ་བམ། བཅོམ་ལྡན་འདས་ ཟབ་པོ། །(དྲི་བཅས་ཀྱི་གནས་སྐབས་ན་གཟུགས་སོགས་ལས་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པས་ཟབ་ཅེས་ཞི་འབྱུང་ངོ༌། ། )ཞེས་སོགས་སོ། 2-1-272 ། ཡང་ཉན་རང་གིས་དངོས་པོའི་དོན་ (འགྲེལ་ཆེན་)རྟོགས་ཀྱང་དོན་དམ་ཤེས་རབ་ཀྱིས་གཟུགས་ སོགས་མཐོང་ཡང་དེ་དང་དབྱེར་མེད་པའི་དེ་བཞིན་ཉིད་མངོན་དུ་བྱ་མི་ནུས་པས་ (འགྲེལ་ཆེན་) དེ་བཞིན་ཉིད་ཟབ་པོ་ཞེས་སོ། །(བུ་སྟོན། ) ཆོས་ཐམས་ཅད་དོན་དམ་པར་སྤྲོས་བྲལ་དེ་བཞིན་ གྱི་རང་བཞིན་ཅན་ཡིན་པས་དོན་དམ་པར་ཤེས་བྱ་མིན་ཡང་ཀུན་རྫོབ་ཏུ་སྦྱིན་པ་ལ་སོགས་ པ་རྣམ་པ་དུ་མ་ཤེས་ནས་རྗེས་སུ་བསྒྲུབ་པ་ཞེས་བྱ་བ་ཆོས་ཅན། ཤེས་བྱ་ལ་ཡོད་པའི་ཟབ་ པ་ཡིན་ཏེ་ཞེས་སོགས་སོ། །ཡང་ན་དེ་བཞིན་ཉིད་དང་གཅིག་དང་ཐ་དད་གང་ཡང་མིན་པའི་ སེམས་ཙམ་པོ་འདི་ཤེས་བྱས་ཟབ་པོ། །ཞེས་འགྲེལ་ཆེན་ནོ། །(ཡང་ཟབ་སྟེ་ཤེས་པ་མེད་ཀྱང་དེ་རྣམ་ པར་གནས་པས་སོ། །རད་ཀིར། དེ་བཞིན་ཉིད་མི་རྟོག་ཡེ་ཤེས་ཀྱི་ཡུལ་ཡིན་པས་ཤེས་བྱ་ཡིན་པ་དང་ཡེ་ཤེས་དེ་ལས་གཅིག་ དང་ཐ་དད་གང་དུ་ཡང་མ་གྲུབ་པས་ཤེས་བྱ་མིན་པ་འགལ་བ་ལྟར་སྣང༌། ཞེས་གཉལ་བའོ། ། ) སེམས་དེ་དེ་བཞིན་ཉིད་ ཡིན་ནམ། མ་ལགས་སོ། །དེ་བཞིན་ཉིད་ལས་སེམས་དེ་གུད་ན་ཡོད་དམ། མ་ལགས། ཞེས་ སོགས་སོ། །གཟུགས་སོགས་ཐམས་ཅད་དོན་དམ་པར་སྤྲོས་བྲལ་དེ་བཞིན་ཉིད་ཀྱི་ངོ་བོའམ་ རང་བཞིན་ཅན་ཡིན་པས་དོན་དམ་པར་མིག་ལ་སོགས་པའི་རྣམ་ཤེས་ཀྱིས་ (གསེར་)མཐོང་བ་ མེད་པའི་ཆོས་ཉིད་མཐོང་བའམ་དོན་དམ་པར་དེ་བཞིན་ཉིད་ (འགྲེལ་ཆེན་)མ་མཐོང་ཡང་ཀུན་ རྫོབ་ཏུ་མཐོང་མེད་ཀྱི་ཚུལ་གྱིས། (འགྲེལ་ཆེན། ) མཐོང་བ་ཆོས་ཅན། ཤེས་པ་ (ཡང་ཟབ་སྟེ་ཤེས་བྱ་ མེད་ཀྱང་ཤེས་པ་ཡོད་པས་སོ། །རད་ཀིར། )ལ་ཡོད་པའི་ཟབ་པ་ཡིན་ཏེ་ཞེས་སོགས་སོ། །དེ་བཞིན་ཉིད་ ཀྱིས་དེ་བཞིན་ཉིད་མཐོང་ངམ། མ་ལགས་སོ། །ཞེས་སོ། །ཆོས་ཉིད་ཀྱི་རང་བཞིན་ཅན་ཡིན་ པ་ (གསེར་)ཉིད་ཀྱིས་སྤྱད་བྱ་མེད་པས་དོན་དམ་པར་ཐམས་ཅད་ལ་སྤྱོད་པ་མེད་པར་བྱང་ཆུབ་ ཀྱི་སྤྱད་པ་ (ཤེར་ཕྱིན་ལ་སྤྱོད་པ་ལ་མདོར། )སྤྱོད་པ་ཆོས་ཅན། སྤྱོད་པ་ལ་ཡོད་པའི་ (ཡང་ཟབ་སྟེ་ཆོས་ཐམས་ ཅད་ལ་བྱ་བ་མེད་ཀྱང་བྱང་ཆུབ་ཀྱི་སྤྱད་པ་སྦྱོད་པས་སོ། །རད་ཀིར། ) ཟབ་པ་ཡིན་ཏེ་ཞེས་སོགས་རད་ཀིར་ཏེ། དེ་ལྟར་སྤྱོད་པ་ནི་ཅི་ལ་ཡང་མི་སྤྱོད་དོ། །ཞེས་སོགས་སོ། །མཚན་མ་ཡོད་མེད་ཀྱི་འདུ་ཤེས་ 2-1-273 (ཨཱརྱ་)གཉིས་སུ་མེད་པའམ་ (གསེར་)གཟུང་འཛིན་གཉིས་སུ་འཛིན་པ་མེད་པ་ཉིད་དུ་བྱས་ནས་ བྱ་བ་ཐམས་ཅད་བསྒྲུཔ་པོ་ཞེས་བྱ་བ་ནི། (ཡང་ན་ཆོས་ཐམས་ཅད་དོན་དམ་པར་གཉིས་མེད་དུ་རྟོགས་པར་བྱས་ ནས་ལམ་སྒྲུབ་པ་ཞེས་སྦྱར་རོ། ། ) གཉིས་མེད་ལ་ཡོད་པའི་ཟབ་པ་སྟེ། (ཡང་ཟབ་སྟེ་གཉིས་སྒྲོ་འདོགས་པ་ཡིན་ཀྱང་ གཉིས་སུ་མེད་པའི་སེམས་སུ་གསལ་བར་ངེས་པས་སོ་རད་ཀིར། ) གང་ལ་གཉིས་ཀྱི་ཡོངས་སུ་རྒྱུ་བ་མ་མཆིས་ པ་དེ་ནི་དོན་དམ་པ་ལ་སྤྱོད་དོ། །ཞེས་སོགས་སོ། །སྟོབས་བཅུ་སོགས་ (མི་འཇིགས་བཞི། སོ་སོ་ རིགས་བཞི། བྱམས་ཆེན། སྙིང་རྗེ་ཆེན་པོ་བཅོ་བརྒྱད། )མ་རྫོགས་པར་ (གནོད་སོགས་ཀུན་)བྱང་ཆུབ་ཏུ་འཚང་མི་ རྒྱ་བར་ཆོས་ཐམས་ཅད་ (དག་ལྡན་)སྟོང་ཉིད་དུ་རྟོགས་པ་ལ་གནས་ནས་ (མདོ་)སྒོ་གསུམ་གྱི་ཏིང་ ངེ་འཛིན་ལ་ཞུགས་ཏེ་སེམས་ཅན་སྨིན་པར་ (མདོ་)མཛད་པ་ཆོས་ཅན། (ཀུན་དག་ལྡན་ཏེ་ཨཱརྱ་སོགས་ ཡང་ངོ༌། ། ) ཐབས་མཁས་པ་ (ཡང་ཟབ་སྟེ། འགྲོ་བ་རྣམས་མ་གྲུབ་ཀྱང་རྒྱུན་མི་འཆད་པར་འགྲོ་བ་མཐའ་དག་གི་དོན་ བྱེད་པས་ཏེ་འདི་དག་ཐམས་ཅད་ཀྱང་མི་འགལ་ཏེ། དོན་དམ་པ་དང་ཀུན་རྫོབ་ཀྱིས་བདེན་པ་ལ་མཉམ་པར་བརྟེན་པ་ཉིད་ཀྱིས་ ན་ཞེས་བརྗོད་དེ་རད་ཀིར། )ལ་ཡོད་པའི་ཟབ་པ་ཉིད་ཡིན་ཏེ་ཞེས་སོགས་སམ། སྙིང་རྗེ་ལ་སོགས་ པའི་ཚོགས་ཐམས་ཅད་རྫོགས་པ་ལ་དེའི་འབྲས་བུ། རང་ཉིད་ཞི་བདེའི་དོན་གྱི་སངས་རྒྱས་ ཉིད་མི་ཐོབ་པས་མི་འཇིགས་ཤིང་སེམས་མ་ཞུམ་པ་ཆོས་ཅན་ཏེ་གསེར་རོ། །སྟོབས་བཅུ་ ནས་བཅོ་བརྒྱད་བར་ཡོངས་སུ་རྫོགས་པར་མ་བགྱིས་པར་བླ་མེད་ཡང་དག་རྫོགས་ཆུབ་ཏུ་ མངོན་འཚང་མི་རྒྱ་སྟེ། ཞེས་སོགས་ནས། ཐབས་མཁས་པ་དེས་ཆོས་གང་ཡང་དངོས་པོ་ཡང་ མི་བགྱིད་དངོས་པོ་མ་མཆིས་པ་ཡང་མི་བགྱིད་དེ། ཞེས་སོགས་སོ། །འདི་དག་ནི་ཟབ་པ་ཉིད་ བརྒྱད་ཡིན་ནོ། །དེས་ན་དག་སའི་བྱང་པ་ཆོས་ཅན། (གསེར། ) ཟབ་མོ་བརྒྱད་རྟོགས་པ་འཐད་ པ་ཉིད་ཡིན་ཏེ། མཐར་འཛིན་ཅན་གྱིས་བསམ་གྱིས་མི་ཁྱབ་པའི་བདེན་གཉིས་རྣམ་འབྱེད་ ཀྱི་རྣམ་པར་ཐར་བ་ཟབ་མོ་ཐོབ་པའི་སྒོ་ནས་སྐྱེ་བ་སོགས་ཕན་ཚུན་འགལ་བར་སྣང་བའི་ དོན་བདེན་གཉིས་ལ་ལྟོས་ནས་མི་འགལ་བར་སྒྲུབ་པ་མ་རྟོགས་པའི་དག་ས་པ་ཡིན་པས་སོ། 2-1-274 ། རྟོགས་པ་ལ་མི་འཁྲུལ་བའི་ལུས་ངག་གི་ཐ་སྙད་ཅི་རིགས་དེ་སྒྲུབ་ཀྱི་གཞན་དོན་གྱི་རྟགས་ སུ་འགྱུར་རོ། །ས་ཐོབ་ནས་དབང་བོ་རྣོ་རྟུལ་མེད་ཅིང་ཕྱིར་མི་ལྡོག་ཏུ་ཀ་ཤིས་བཤད་ཅིང་དོན་ ལ་གནས་ཞེས། བཅོམ་རལ་ལོ། ། གསུམ་པ་ནི། སློབ་པ་ཕྱིར་མི་ལྡོག་པའི་ཚོགས་རང་རང་གི་མཚན་ཉིད་ཞར་བྱུང་དང་ བཅས་པ་བཤད་ཟིན་ཏོ། ། དགུ་པ་ལ། མཚམས་སྦྱར་ནི། སློབ་པའི་ཚོགས་ཀྱི་ཆོས་ཕྱིར་མི་ལྡོག་གི་རྟགས་ཐོབ་པའི་ སྒོམ་ལམ་པ་ཆོས་ཅན། འཁོར་བ་དང་མྱང་འདས་མཉམ་པ་ཉིད་ཀྱི་སྦྱོར་བ་བསྒོམ་དགོས་ཏེ། སངས་རྒྱས་ཉིད་ཐོབ་པར་བྱ་བའི་ཕྱིར་དུ་འབད་པ་བྱེད་པས་སོ། །ཁྱབ་སྟེ། དེ་སངས་རྒྱས་ ཉིད་ཐོབ་པའི་རྒྱུ་མཚན་ཡིན་པས་སོ། །དེས་ན་དེ་སྟོན་ནོ། །རྩ་བ་ལ། དོན་དངོས། ཀླན་ཀ་ སྤང་ངོ༌། །དང་བོ་ནི། རྒྱུན་མཐའི་སྦྱོར་བ་ཆོས་ཅན། སྲིད་ (པ་ནི་ཉོན་མོངས་དང་བཅས་པའི་ཁམས་གསུམ་ པའི་སེམས་སུ་སྣང་བའོ། །ཞི་བ་ནི་ཆོས་ལོངས་སྤྲུལ་བའི་སྐུ་གསུམ་གྱི་རྣམ་པ་ཉོན་མོངས་མེད་པའི་སེམས་སུ་སྣང་བའོ། །ཞེས་ རད་ཀིར་རོ། །དཔུང་བཟང་གི་རྒྱུད་ལས། །འདོད་ཆགས་ལ་སོགས་ཉོན་མོངས་ཚོགས་ལྡན་པའི། །སེམས་ནི་འཁོར་བ་ཡིན་ པ་ཀུན་ཏུ་བརྗོད། །དག་པའི་སེམས་ནི་ཤེལ་དང་ཟླ་འདྲ་བ། །སྲིད་པའི་རྒྱ་མཚོའི་མཐར་ནི་ཡོངས་སུ་བསྒྲགས། །ཞེས་སོ། །མུ་ སྟེགས་སོགས་འདོད་ལུགས་མང་ངོ༌། ། )ཞི་ལ་བླང་དོར་ཐ་དད་པར་མི་རྟོག་སྟེ། འཁོར་འདས་ཀྱི་ཆོས་ རྣམས་སྣང་ཡང་བདེན་མེད་རྨི་ལམ་འདྲ་བར་རྟོགས་ནས་བསྒོམ་པའི་ཡུམ་སྦྱོར་ཡིན་པས་སོ། ། དེས་ན། སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བ་ཡིན་ཏེ། དེར་མི་རྟོག་པའི་དག་སའམ་བཅུ་པའི་ཡུམ་ སྦྱོར་ཡིན་པས་སོ། །ཆོས་སྐུའི་རྒྱུར་ཡང་སྒྲུབ་སྟེ་ཤེར་འབྱུང་ངོ༌། །གལ་ཏེ་ཉིན་པར་བསྒོམས་ པས་རྣམ་པར་འཕེལ་ན་རྨི་ལམ་ན་བསྒོམས་པས་ཀྱང་རྣམ་པར་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ ན། རྨི་ལམ་དང་ཉིན་པར་ནི་རྣམ་པར་རྟོག་པ་མེད་དོ། །ཞེས་སོགས་སོ། །གྲོལ་སྡེ་གཉིས་ དང་འགྲེལ་ཆེན་དུ། མི་སློབ་པའི་དགེ་འདུན་གྱི་མཚན་ཉིད་བསྟན་པར་བྱ་བའི་ཕྱིར་འཁོར་བ་ 2-1-275 དང་མྱ་ངན་ལས་འདས་པ་མཉམ་པ་ཉིད་དུ་རྗོད་པར་བྱའོ། །ཞེས་དང༌། འདིར་ཡང༌། སློབ་ པའི་ཚོགས་ཀྱི་ཆོས་ཐོབ་པ། ཞེས་འབྱུང་བས། (འཕགས་སེང་གི་འདི་རིགས་པ་མིན་ཏེ། དེ་ན་དགེ་འདུན་མེད་ པའི་ཕྱིར་དང་ཕྱིར་མི་ལྡོག་གི་རྟགས་སུ་མ་བཤད་པའི་ཕྱིར་དེས་ན་རྣམ་རྫོགས་སྦྱོར་བའི་བྱེ་བྲག་ཡིན་ནོ། །ཞེས་གཉལ་བའོ། ། ) དང༌། ཐུབ་དགོངས་སུ་ཡང༌། རྒྱུན་མཐའ་བ་མི་སློབ་པར་ལ་ལར་བཤད། ཅེས་པས་འདི་རྒྱུན་ མཐར་ཡོད་པའམ་དག་སར་ཡོད་དོ། །སློབ་ལམ་ཀུན་ན་ཡོད་ (གཉལ་བ་སོགས་)ཟེར་བ་ནི་ལུང་དེ་ དག་དང་འགལ་ལོ། །(འདི་སྒོམ་པའི་ལམ་ཡིན་ཞེས་སྙིང་དག་ལྡན་ནོ། ། ) དེ་ཡང་བསླབ་བྱ་ནི་སྤང་གཉེན་ དུ་རྟོག་པ་སྤོང་བ་ཙམ་དུ་ཟད་དེ། དེ་སྤངས་པས་མི་སློབ་པར་འགྱུར་ཏེ་དེ་ཕན་ཆད་བསླབ་བྱ་ མེད་པས་སོ། །ཞེས་འཕགས་སེང་ངོ༌། །(ཐུབ་དགོངས་སུ་སངས་རྒྱས་སའི་སེམས་བསྐྱེད་ཡིན་པའི་སེམས་བསྐྱེད་ ཐ་མ་གཉིས་ཀྱི་དང་པོ་སྲིད་ཞི་མཉམ་ཉིད་ཡིན་ཞེས་ཞེས་དང༌། སྲིད་ཞི་མཉམ་ཉིད་སངས་རྒྱས་ཡིན་ཞེས་སོ། ། ) གཉིས་པ་ལ་བཞི་སྟེ། ལས་མེད་པའི། སངས་རྒྱས་ཀྱང་ (བརྒྱད་སྟོང་པར་ཡོད་མདོ་རྒྱས་འབྲིང་གཉིས་ ན་མེད། )ལས་སོག་པའི། ལུང་དང་འགལ་བའི། རྨི་ལམ་གྱིས་ནང་གི་ (ཨཱརྱ་)དགེ་རྩ་བྱང་ཆུབ་ཏུ་ བསྔོས་པ་བསྔོ་བ་ཡང་དག་ཡིན་མིན་གྱི་ཀླན་ཀ་སྤང་བའོ། །དང་བོ་ནི། སད་པའི་སྐབས་ན་ སྦྱོར་ (ཨཱརྱ་)དངོས་མཇུག་གིས་བསྡུས་པའི་ལས་ཉམས་འཕེལ་མེད་པར་ཐལ། ཆོས་ཐམས་ ཅད་རྨི་ལམ་དང་འདྲ་བའི་ཆོས་ཅན་ (ཨཱརྱ་)ཡིན་པས་སོ། །ཁྱབ་སྟེ། དཔེར་ན་རྨི་ལམ་ན་ལས་ མེད་པ་བཞིན་ཞེ་ན། དོན་དམ་པར་འདོད་ཅིང༌། དོན་དམ་པར་བདེན་མེད་རྨི་ལམ་དང་འདྲ་ བས་ཀུན་རྫོབ་ཏུ་དེ་ལྟར་ཐལ་བ་ལ་ཁྱབ་པ་མེད་དེ། དོན་དམ་པར་ལས་དགེ་སྡིག་མེད་ཀྱང་ ཀུན་རྫོབ་ཏུ་བསད་བྱ་གསོད་བྱེད་ལ་སོགས་པར་རྟོག་པའི་སྒོ་ནས་དགེ་སྡིག་གི་ལས་གྲུབ་ པས་སོ། །དཔེ་ཡང་མ་གྲུབ་སྟེ། །རྨི་ལམ་དུ་དགེ་སྡིག་སྤྱད་པར་རྨིས་ནས་སད་པའི་སྐབས་ སུ་རྗེས་སུ་ཡི་རང་གིས་གསོས་བཏབ་ན་དགེ་བའམ་སྡིག་པར་འགྱུར་བས་སོ། །བཅོམ་ལྡན་ འདས་ཀྱིས་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་གསུངས་པ་དེ་ལྟར་ན་དེ་ལས་སོག་པའམ་འབྲི་ 2-1-276 བར་འགྱུར་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རྨི་ལམ་གྱི་ཆོས་གང་ཡང་སོག་པའམ་འབྲི་བར་ མི་དམིགས་སོ། །འོན་ཏེ། སད་ནས་རྣམ་པར་རྟོག་ན་ནི་དེ་ལས་སོག་པའམ་འབྲི་བར་ཡང་ འགྱུར་རོ། །ཞེས་སོགས་སོ། །(དེ་ཤཱ་རིའི་བུའི་འོ། །ལན་རབ་འབྱོར་གྱིས་སོ། ། ) གཉིས་པ་ནི། འོ་ན། དེ་པ་ ལ་ཡང་མངོན་ཞེན་དང་བཅས་པའི་ལས་སོགས་པ་ཡོད་པར་འགྱུར་ཏེ། བདག་གི་སྐྱེ་བ་ཟད་ དོ་ (འགྲེལ་ཆེན་)ཞེས་སོགས་རྗེས་ཀྱི་རྣམ་རྟོག་གིས་གསོས་འདེབས་ཡོད་པས་སོ་ཞེ་ན། རྟགས་ མ་གྲུབ་སྟེ། གདུལ་བྱའི་ངོར་དེ་ལྟ་བུའི་རྣམ་རྟོག་ཡོད་པར་ཐ་སྙད་བྱས་པ་ཙམ་ཡིན་གྱི་དོན་ ལ་མིན་ཏེ། དེ་པ་ (ཡང་དག་པའི་དོན་ལ་)ནི་རྟོག་པ་ (ནི་རྟོག་པའི་ཡུལ་གཟུགས་སོགས་ཏེ་དེ་ལ་དམིགས་པས་)དང་ (ལོག་པའི་དོན་)རྣམ་རྟོག་ (ཅེས་སྙིང་མཆོག་)ཀུན་དང་བྲལ་བས་སོ། །ཞེས་བརྒྱད་སྟོང་པ་དང་འགྲེལ་ ཆེན་དུའོ། །རྒྱས་འབྲིང་དུ་དམིགས་པ་མེད་པར་ལས་མི་སྐྱེ་སྟེ། ལས་ནི་དམིགས་པ་དང་ བཅས་པ་ཁོ་ནར་སྐྱེས་སོ། །སེམས་པ་ལ་ཡང་ངོ༌། །དེས་དོན་གྱིས་འཕངས་སོ། །རྒྱས་འབྲིང་ ན་དངོས་སུ་མེད་དོ། །(འབུམ་ཊཱིཀ་དག་ལྡན་སོགས་ནའང་མེད། ) གསུམ་པ་ནི། འོ་ན་བཅོམ་ལྡན་འདས་ ཀྱིས་ལས་དང་སེམས་པ་ཐམས་ཅད་ཀྱིས་དབེན་པར་གསུངས་པ་དང་འགལ་ (ཤཱ་རིའི་བུས་རྩད་ པ། )ཞེ་ན། དེ་དོན་དམ་ལ་དགོངས་ལ་ (འགྲེལ་ཆེན་)འདིར་ཀུན་རྫོབ་ཏུ་ལས་དང་ (འགྲེལ་ཆེན། ཨཱརྱའི་ དོན་)སེམས་པ་དམིགས་པ་དང་བཅས་པ་ལས་སྐྱེ་བར་བཤད་པས་མི་འགལ་ལོ། །བཞི་པ་ནི། རྨི་ལམ་དུ་སྦྱིན་སོགས་ (མདོ་ཨཱརྱ་)དགེ་རྩ་སྤྱད་རྨི་ལམ་གྱི་ནང་ཉིད་དུ་རྫོགས་བྱང་དུ་བསྔོས་ན་ བསྔོ་བ་ (ཨཱརྱ་)ཡང་དག་ཡིན་མིན་ཅིར་འགྱུར་ (ཤཱ་བུས་རྩད་)ཞེས་ཤཱ་བུས་རབ་འབྱོར་ལ་དྲིས་པས། བྱམས་པ་ལ་དྲིས་ཤིག དེས་ལན་ལྡོན་པར་འགྱུར་རོ་ཞེས་ཟེར་བ་དང༌། ཤཱ་བུས་བྱམས་པ་ ལ་རབ་འབྱོར་དེ་སྐད་ཟེར་རོ་ཞེས་སྨྲས་པ་དང༌། བྱམས་པས། བྱམས་པའི་མིང་ལན་ལྡོན་ ནམ། ཞེས་སོགས་ནས། བདག་གིས་ནི་གང་ལན་ལྡོན་པ་དང་གང་གིས་ལན་ཀླན་པ་དང་ གང་ལ་ལན་ཀླན་པའི་ཆོས་དེ་ལྟ་བུ་ཡང་དག་པར་རྗེས་སུ་མ་མཐོང་ངོ༌། །ཞེས་སོགས་གསུང་ 2-1-277 ངོ༌། །དེ་ལ་རབ་འབྱོར་རང་ཉིད་ཀྱིས་སྔར་ཉིན་པར་དང་ (མདོ་)རྨི་ལམ་དུ་ལས་བྱས་ནས་སད་ རྗེས་སུ་ (མདོ་)གསོས་བཏབ་ན་ལས་སོག་ཅེས་བསྟན་པས། འདིར་ཡང་མི་དམིགས་པའི་ ཚུལ་གྱིས་བསགས་ཤིང་བསྔོས་ན་བསྔོ་བ་ཡང་དག་ཏུ་འགྱུར་ཞེས་ལན་བཏབ་ཟིན་ཅིང༌། མ་ འོངས་པའི་སངས་རྒྱས་བརྒྱུད་མར་འབྱུང་བས། དྲིས་ལན་མ་རྫོགས་པར་བསྟན་པའི་ཕྱིར་དུ། བྱམས་པ་མི་དམིགས་པ་བརྙེས་པའི་ (དག་ལྡན་)མཐར་བྱོན་པས་དེ་ལ་དྲིར་བཅུག་ཅིང༌། བྱམས་ པས་མི་དམིགས་པའི་ཚུལ་རྒྱས་པར་བསྟན་པས། བསྔོ་བ་ཡང་དག་ཡིན་ཞེས་ཟུར་གྱིས་ལན་ བཏབ་པོ། །རྒྱས་པར་སྦྱོར་ཕྲེང་ངེས་པར་ལྟོས་ཤིགས། ཞེས་བྱ་བའི་ཀླན་ཀ་དང་ལན་རྣམས་ ནི་མདོ་ལས་ཇི་སྐད་བཤད་པར་ཟད་དོ། ། འགྲེལ་པ་ལ་གཉིས་ལས། དོན་དངོས་ནི། རྒྱུན་མཐའི་ཡུམ་སྦྱོར་ཆོས་ཅན། འཁོར་ འདས་དག་ལ་བླང་དོར་ཐ་དད་པ་ཉིད་དུ་རྣམ་པར་མི་རྟོག་པ་ཡིན་ཏེ། མི་མཐུན་པ་འཁོར་བ་ དང་གཉེན་པོ་རྣམ་བྱང་ (མྱང་འདས་ཞེས་གསེར། )རྣམས་བདེན་མེད་སྣང་བརྙན་ནམ་ (གསེར་སེམས་ཙམ་ པས་ཞེས་སོ། ། )སེམས་ལ་སྣང་བ་ཙམ་གྱི་ངོ་བོར་རྟོགས་ནས་བསྒོམ་པའི་ཕྱིར། དེས་ན་འཁོར་ འདས་མཉམ་པ་ཉིད་ཀྱི་སྦྱོར་བ་ཡིན་ཏེ། དེར་མི་རྟོག་པའི་ཡུམ་སྦྱོར་ཡིན་པས་སོ། ། གཉིས་པ་རྩོད་པ་སྤང་བ་ལ། རྩོད། ལན་ནོ། །དང་པོ་ནི། ཆོས་ཐམས་ཅད་བདེན་མེད་རྨི་ ལམ་དང་འདྲ་བ་ཡིན་ན། གཉིད་མ་ལོག་པའི་གནས་སྐབས་ན་ཡང་ཆོས་ཅན། ལས་སོག་པ་ མེད་པར་འགྱུར་བ་མ་ཡིན་ནམ་སྟེ་ཡིན་པར་ཐལ། མི་དགེ་བ་བཅུ་དང་སྦྱིན་པ་ལ་སོགས་པའི་ ལས་མེད་པས་སོ། །རྟགས་ཁས་སྙམ་མོ། །གཉིད་ལོག་པའི་རྨི་ལམ་གྱི་གནས་སྐབས་བཞིན་ དུའོ། །ཞེས་བྱ་བའི་ཀླན་ཀ་བྱུང་ངོ༌། །གཉིས་པ་ལ། དོན་མི་འཐད་པ་དང༌། དཔེ་མ་གྲུབ་པའོ། ། དང་པོ་ལ་བཞི་སྟེ། རྒྱུ་མཚན་མཚུངས་པའི་གནོད་བྱེད་དགོད། དེ་ཡིས་སླར་ཡང་འདོད་ ཚུལ་སྨོས། དབུ་མ་པ་ལའང་དཔེར་འཇོག དེ་བཞིན་ཀུན་རྫོབ་ལས་ཡོད་སྒྲུབ་པའོ། །དང་ 2-1-278 པོ་ལ། དོན་དམ་པར་ཕྱི་རོལ་ཀྱི་དོན་ཡོད་པར་སྨྲ་བ་ (གསེར་)ཉན་ཐོས་སྡེ་གཉིས་ཀྱི་ལུགས་ ལ་ཆོས་ཅན། སྲོག་གཅོད་སོགས་མི་དགེ་བ་དང་སྦྱིན་སོགས་དགེ་བའི་ལས་མེད་པར་ཐལ། རགས་པ་དང་རྒྱུན་ཀུན་རྫོབ་ཁོ་ན་ཡིན་ལ་སྐད་ཅིག་ཆ་མེད་དང་རྡུལ་ཕྲན་ཆ་མེད་ཁོ་ན་དོན་ དམ་པར་ཡོད་པས་སོ། །ཁྱབ་སྟེ། ཆ་མེད་ན་མཚོན་བསྣུན་པ་ལ་སོགས་པར་འགལ་ཞིང་སྐད་ ཅིག་མ་ཡིན་པ་ཉིད་ཀྱིས་རང་ལས་ཕྱིས་འབྱུང་གི་འཇིག་རྒྱུ་གཞན་མེད་པར་རང་གི་ངང་གིས་ འཇིག་པ་ཡིན་པས་གསད་བྱ་ (ཆོས་བཤེས་དོན་)རང་གི་ངང་གིས་ཤི་བར་སོང་བས་གསོད་པོ་ལ་ སྡིག་པ་འབྱུང་བར་འགལ་ཞིང་སྦྱིན་པ་ཡང་ཇི་ལྟར་མྱུར་ཡང་སྐད་ཅིག་དང་པོ་ལ་རྫས་མཐོང༌། གཉིས་པར་བཟོ། གསུམ་པར་སྦྱིན་པའི་ཕྱིར་རོ། །རིགས་པར་མ་ཟད་ལུང་ལ་བརྟེན་ནས་ ཀྱང་གནོད་པ་ཡོད་དེ། ལུང་རིགས་ཀྱིས་རབ་ཏུ་བསྟན་པར་ (ཆོས་བཤེས་དངོས་)རང་གི་འདོད་པ་ གྲུབ་པ་ནི་དེ་ལས་ཕར་ཡང་འགྲོར་མེད་པས་མཐའ་སྟེ། མཛོད་ལས། སྣོད་བཅུད་ཀྱི་འཇིག་ རྟེན་སྣ་ཚོགས་ལས་ལས་སྐྱེས། ཞེས་འབྱུང་བའི་ཕྱིར་གསད་བྱ་རང་གི་ལས་ཀྱིས་ཤི་བར་ (ཆོས་ བཤེས་དངོས་)སོང་བས་གསོད་པོ་ལ་སྡིག་པར་ཇི་ལྟར་འགྱུར། རང་གི་ལས་ཀྱི་རྫས་ཐོབ་པར་ སོང་བས་སྟེར་བྱེད་ལ་བསོད་ནམས་འགལ་བས་སོ་ཞེས་བརྗོད་ན། ཁྱེད་ལ་ཡང་ངེད་དང་ འདྲ་བར་གནོད་པར་འགྱུར་ཏེ། དུལ་ལྷས། ཉེས་པ་མཚུངས་པ་ཁོ་ནས་ཕ་རོལ་བོ་ཆོམས་པར་ འགྱུར་བས་དེ་ལ་ཉེས་པ་གཞན་ནི་མི་བརྗོད་དོ་ཞེས་བསྟན་ཏོ། །ཞེས་ཆོས་བཤེས་ཏེ་གསེར་ ཡང་དེ་ལས་མ་འདས་སྣང་ངོ༌། ། གཉིས་པ་ནི། དེ་ལ་ཁྱེད་ལ་ལན་འདི་བས་མེད་དེ། སྐད་ཅིག་ཆ་མེད་དང་རྡུལ་ཕྲན་ཆ་ མེད་ཀྱི་དབང་དུ་བྱས་པའི་དོན་དམ་པར་སུས་ཀྱང་སུ་ཡང་བསད་པ་ཡང་མེད། རགས་པ་ དང་རྒྱུན་གྱི་དབང་དུ་བྱས་ཏེ་མ་བསད་པ་ཡང་མེད་དམ་མིན། སུས་ཀྱང་སུའི་ནོར་མ་བྱིན་ པར་བླངས་པ་ཡང་མེད། མ་བླངས་པ་ཡང་མ་ཡིན། སོགས་པས་འདོད་ལོག་དང་དེ་མ་སྤྱད་ 2-1-279 པ་ཡང་མིན་ནོ་ཞེས་བྱ་བ་ལ་སོགས་པར་ཁས་ལེན་མོད་དེ་ལྟར་འདོད་དོ་ཞེ་ན། (གསེར་ལྟར་ན་ བསད་པ་མེད། དེ་མེད་པས་མ་བསད་པའི་དགེ་བའང་ཡོད་པ་མ་ཡིན་ཞེས་སོགས་སྦྱར་རོ། ། ) གསུམ་པ་ནི། དེ་ལྟར་འདོད་པའི་ཕྱོགས་ལ་སྲོག་གི་རྒྱུན་མ་ཆད་པར་ལུས་དེ་ལ་འཇུག་ པ་དང་འགལ་བ་སྲོག་ཆད་པའི་དངོས་པོ་བསྐྱེད་པ་ལ་ (གསེར་དུ་བསྒྱུར། )འདི་བསད་དོ། །བདག་ ནི་གསོད་པ་པོའོ། ། ཚུལ་འདི་ལྟར་བསད་དོ། །ཞེས་རྟོག་ཅིང་ཞེན་པའི་སྒོ་ནས་སྲོག་གཅོད་ པར་འཇོག སོགས་པས། གཞན་དབང་བའི་ནོར་ཁོ་རང་དབང་བའི་རྒྱུན་འཇུག་པ་དང་ འགལ་བ་བསྐྱེད་པ་མཐུའམ་འཇབ་བུས་བདག་གིར་བྱེད་པ་ལ་མ་བྱིན་ལེན་དུ་འཇོག་པ་ སོགས་དང༌། སེར་སྣའི་རྒྱུན་འཇུག་པ་དང་འགལ་བའི་དངོས་པོ་བསྐྱེད་པ་ལ་སྦྱིན་པར་ འཇོག་སོགས་ཏེ། དཔེར་ན་ཚུལ་བཞིན་མ་ཡིན་པ་ཡིད་བྱེད་དགེ་སློང་གིས་སྦྱོར་དངོས་རྗེས་ གསུམ་ཚང་བས་མི་ཚངས་པར་སྤྱད་པས་མི་དགེ་བ་དང༌། སོགས་པས་དེ་ཉིད་འཆབ་སེམས་ མེད་པར་དགེ་འདུན་ལ་འཐོལ་བ་ལས་དགེ་སློང་དུ་འགྱུར་བས་དགེ་བ་དང༌། དེ་ཉིད་རྨི་ལམ་ གྱི་གནས་སྐབས་སུ་ལུང་མ་བསྟན་དུ་བཞག་པ་དང་འདྲ་བར་རོ། །ཞེས་གསེར་རོ། །ཡང་ན་ ཚུལ་མིན་ནི་ཆགས་སེམས་གནོད་སེམས་སོགས་དང༌། སོགས་པས་ཚུལ་བཞིན་ཕན་སེམས་ སོགས་ཀྱིས་དངོས་སུ་ཕན་གནོད་མེད་ཀྱང༌། ཞེས་ (བུ་)གསུང་ངོ༌། ། བཞི་པ་ནི། ཞེས་ཟེར་བ་དཔེ་དེ་བཞིན་དུ་དབུ་མ་པ་ལ་ཡང་དངོས་པོ་ཐམས་ཅད་བདེན་ མེད་རྨི་ལམ་དང་འདྲ་བ་ལ་ཡང་དེ་དང་མཐུན་པའི་སྟེ་ (གསེར་དངོས་)རང་བཞིན་གྱིས་སྟོང་པའི་ དོན་གྱི་སྲོག་ཆགས་སོགས་ལ་ (གསེར་)དངོས་པོར་མངོན་པར་ཞེན་ཅིང་ཆགས་པ་དང༌། སོགས་ པས་བདག་གིས་རལ་གྲི་ལ་སོགས་པས་བསད་དོ་ཞེས་བྱ་བ་ལ་སོགས་པར་མངོན་ (གསེར་) པར་ (དངོས་)ཞེན་པའི་དབང་གིས་ཕྱིན་ཅི་ལོག་གི་འཆིང་བ་མཐའ་དག་མ་ཉམས་པ་སྟེ་འཆིང་ བ་ཀུན་ལྡན་གྱི་གང་ཟག་རྣམས་ལ་སྲོག་གཅོད་ལ་ (གསེར་)སོགས་པའི་མི་དགེ་བར་འཇོག་ (བས་ 2-1-280 དེ་སྤངས་ནས་ངེས་པར་དགེ་བར་བྱའོ། །ཞེས་དགོངས་ཞེས་གསེར། )གོ །ཞེས་བྱ་བ་ལ་སོགས་པའི་ལན་དེ་དང་ དེ་དངོས་སྨྲ་ལས་ཕྱོགས་དབུ་མའི་མདོ་བསྟན་བཅོས་ལས་གསུངས་སོ་ཞེས་བྱ་བར་ཁོང་དུ་ ཆུད་པར་བྱས་ནས་དེར་ཞིབ་ཏུ་ལྟོས་ཤིགས་ཞེས་བྱའོ། ། གཉིས་པ་ལ། དོན་མི་འཐད་པའི་ལན་ལས་ལན་གཞན་ཡང་ཡོད་ཅེས་བསྡུ་བའི་དོན་ (གསེར་)ནོ། །འདི་ལ་གཉིས་ཏེ། ལུང་གཞན་ལ་བརྟེན་ནས་དཔེ་མ་གྲུབ། འདིར་བཤད་ལ་ བརྟེན་ནས་དཔེ་མ་གྲུབ་པའོ། །དང་པོ་ནི། ཤེས་བྱ་ཆོས་ཅན། རྨི་ལམ་ན་ལས་མེད་པའི་དཔེ་ མ་གྲུབ་པར་ཐལ། ཐ་མལ་བའི་རྨི་ལམ་སེམས་ནི་གཉིད་ཀྱིས་ཉམས་ཤིང་མི་གསལ་བས་ དེར་བསགས་པའི་ལས་ཀྱི་འབྲས་བུ་དམན་ཞིང་ཆུང་ལ་གཉིད་སད་ཚེ་སེམས་གསལ་ཞིང་མ་ འཆོལ་བས་དེའི་ལས་རྣམས་དེ་བས་འབྲས་བུ་ལྷག་པ་དེས་ན་དེ་གཉིས་འབྲས་བུ་འདྲ་བ་སྟེ་ མཉམ་པ་མ་ཡིན་ཞེས་བྱ་བ། ཉི་ཤུ་བ་ལས་འབྱུང་བས་སོ། །གཉིས་པ་ནི། དེ་བཞིན་དུ་དཔེ་ མ་གྲུབ་པའི་སྒྲུབ་བྱེད་གཞན་སྟོན་ཏེ་རྨི་ལམ་དུ་དགེ་མི་དགེ་སྤྱད་པར་རྨིས་པ་ནི་གཉིད་སད་ པའི་གནས་སྐབས་ན་ངོ་མཚར་ (དོན་མང་བོ་ལ་འཇུག་ཀྱང་འདིར་)བས་ (ཨ་ལ་ལ་ནི་ངོ་མཚར་བའོ་ཞེས་ཞི་འབྱུང་ ངོ༌། ། )ཀྱེ་མ་དགེ་མི་དགེ་བྱས་སོ་ལེགས་པར་བྱས་སོ་ཞེས་རྗེས་སུ་ཡི་རང་ན་རྗེས་ཀྱི་གནས་ སྐབས་ཀྱི་སེམས་ཀྱིས་དགེ་མི་དགེར་མངོན་པར་ཞེན་པས་གསོས་ཀྱིས་ཡོངས་སུ་གསོས་ཏེ་ དགེ་མི་དགེར་འགྱུར་བ་དེའི་ཕྱིར་ཡང་ལས་མེད་དེ་རྨི་ལམ་བཞིན་གྱི་དཔེ་མ་གྲུབ་པོ། །དེས་ ན། ཤེས་བྱ་ཆོས་ཅན། འཁོར་འདས་དོན་དམ་པར་བདེན་མེད་དུ་མཉམ་པ་ཉིད་ཡིན་ནོ། །རྨི་ ལམ་དང་གཉིད་སད་དུས་དོན་དམ་པར་བདེན་མེད་དུ་མཚུངས་པས་སོ། །ཁྱབ་སྟེ། རྨི་ལམ་ དང་འཁོར་བ་སད་པ་དང་མྱང་འདས་མཚུངས་པས་སོ། ། བཅུ་པ་ལ་མཚམས་སྦྱར་ནི། འཁོར་འདས་གཉིས་ཀ་མཉམ་པ་ཉིད་དུ་རྣམ་པར་བསྒོམས་ པ་ནི་རང་གི་སངས་རྒྱས་ཀྱི་ཞིང་དུ་མ་འོངས་པ་ན། སངས་རྒྱས་སུ་འགྱུར་བས་མཉམ་ 2-1-281 སྦྱོར། དེའི་འོག་ཏུ་སངས་རྒྱས་ཀྱི་ཞིང་དག་སྦྱོར་སྟོན་ནོ། །རྩ་འགྲེལ་ནི། གོ་རིམ་བཞིན་དུ་ སངས་རྒྱས་ཀྱི་ཞིང་སེམས་ཅན་གྱི་འཇིག་རྟེན་བཀྲེས་སྐོམ་དང་ངན་སོང་དང་མདོག་ངན་ཚེ་ ཐུང་མི་དགེ་བཅུ་སྤྱོད་པ་ (ལོངས་སྤྱོད་ཆུང་རིགས་དམན་ཡན་ལག་ཉིང་ལག་མ་ཚང་བ་སེར་སྣ་སོགས་སྐྱེ་གནས་བཞི་ རིགས་བཞི། )སོགས་ཀྱིས་མ་དག་པ་གང་ཡིན་པ་དེའི་གཉེན་པོར་ལྷའི་ཉེ་བར་སྤྱད་པ་བདུད་ རྩི་སོགས་དང༌། ངན་སོང་གི་སྒྲ་མི་གྲག་པ་ལ་སོགས་པའི་དག་པ་བསྐྱེད་ཅིང་བསྒྲུབ་པ་ཡི་ སྒོ་ནས་བཅུད་དག་པ་དང༌། ཞིང་སྣོད་ཀྱི་འཇིག་རྟེན་རྡོ་བ་དང་ཚེར་མ་དང་ངམ་གྲོག་གཡང་ ས་ (ལྗན་ལྗིན་ལུད་ཁུ་སྡོང་དུམ་)ལ་སོགས་པས་མ་དག་པ་དེའི་གཉེན་པོར་གསེར་གྱི་ས་ཕྱོགས་དང་ སོགས་པ་ལག་ (ཨཱརྱ་དག་)མཐིལ་ལྟར་མཉམ་པ་དང་བཻཌཱུརྱས་ (སྔོན་པོའི་རྒྱུ་ལས་གྲུབ་པ་གསེར་གྱི་ཕྱེ་མ་ བརྡལ་བ་ཞེས་མདོ། )མིག་མངས་རིས་སུ་བྲིས་པ་སོགས་དག་པ་བསྐྱེད་པའི་སྒོ་ནས་སྣོད་རྣམ་པར་ དག་པ་དང་གཉིས་ནི་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པའི་སྦྱོར་བའོ། །(སེམས་བསྐྱེད་ཉེར་གཉིས་ ཀྱི་ཐ་མ་ཞིང་དག་པ་ཡིན་ཞེས་དང་སྤྲུལ་སྐུ་ནི་ཆོས་ཀྱི་སྐུ་ལྡན་དང་ཞིང་དག་པ་གཉིས་ཀ་ཡིན་ཞེས་སོ། ། )འཇིག་རྟེན་གཉིས་ ཀྱི་བྱེ་བྲག་གིས་ཞིང༌། རྣམ་པ་གཉིས་སྤྱོད་པ་ནི། རང་གི་སེམས་སྤྱོད་པ་ལ་འདུས་སོ། །(གང་ གའི་ལྷ་མོས་ཞིང་དག་པ་གཟུང་བས་སངས་རྒྱས་གསེར་གྱི་མེ་ཏོག་ཏུ་བསྐལ་བ་སྐར་མ་ལྟ་བུ་ལ། ) བཅུ་གཅིག་པ་ལ། མཚམས་སྦྱར་ནི། རང་གི་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པ་ བསྒྲུབས་པའི་ས་བཅུ་པའི་དབང་བསྐུར་བའི་ས་དང་སྐྱེ་བ་གཅིག་ཐོགས་ལ་གནས་པ་ནི་ སེམས་ཅན་འདུལ་བའི་ཐབས་ལ་མཁས་པས་གདུལ་བྱའི་སྐལ་བ་ཇི་ལྟ་བ་བཞིན་དུ་སྔར་ བཤད་ལྟར་སངས་རྒྱས་སུ་བརྗོད་པའི་ས་བཅུ་པའི་མཛད་པ་བྱ་དགོས་པས་ཐབས་ལ་མཁས་ པའི་སྦྱོར་བ་སྟོན་ནོ། །ཆོས་བཤེས་སོ། །སངས་རྒྱས་མཚན་ཉིད་པའི་མཛད་པ་བྱ་དགོས་ པས་དེའི་རྒྱུ་ཐབས་མཁས་སྦྱོར་སྟོན། ཞེས་ཤེར་འབྱུང་ངོ༌། །རྩ་བ་ལ་གསུམ་ (པོ་དག་ལྡན་འཆད། ) སྟེ། སྦྱོར་བའི་ཡུལ། ཡུལ་ཅན་སྦྱོར་བའི་ངོ་བོ། ཁྱད་པར་གྱི་དབྱེ་བའོ། །དང་པོ་ནི། སྟོང་ཉིད་ 2-1-282 མཚན་མེད་སྨོན་མེད་གསུམ་བྱང་ཕྱོགས་སོ་བདུན་པོ་ཚན་པ་བདུན་དུ་བགྲང་པས་བཅུ་བོ་དེ་ འདིའི་ཡུལ་ཡིན་ནོ། །(ཨཱརྱ་དག་ལྡན་རད་ཀིར་ཏེ། གནོད་འཇོམས་ཡང་སྟེ་རྒྱས་འབྲིང་གི་མདོ་དངོས་སོ། ། ) རབ་ འབྱོར་གྱིས་གསོལ་བ། (གནོད་འཇོམས་སུ། གནས་བརྟན་རབ་འབྱོར་གྱིས་རྣམ་པར་ཐར་བའི་སྒོ་གསུམ་བསྒོམ་པ་དང༌། བྱང་ཆུབ་ཀྱི་ཕྱོགས་ དང་མཐུན་པའི་ཆོས་སུམ་ཅུ་རྩ་བདུན་བསྒོམ་པ་ལ་ཇི་ལྟར་བྱ་བ་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་རྣམ་པར་གྲོལ་བ་སྤངས་ཏེ་བསྒོམ་ཞུས་པའོ། །ཞེས་སོ། ། ) ཇི་ལྟར་སྟོང་ཉིད་ལ་འདྲིས་པར་བགྱི། ཞེས་སོགས་སོ། །(འབུམ་ཊཱིཀ་ཏུ། སྟོང་ཉིད་སྨོས་ཤིང་བཤད་ནས་ མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དུ་སྦྱོར་རོ། །ཞེས་སོ། ། ) ཆོས་བཤེས་ནི་ཐབས་མཁས་བཅུ་པོ་བྱང་སེམས་ མཆོག་ (དབང་བསྐུར་བ་པ་དང་སྐྱེ་བ་གཅིག་གིས་ཐོགས་པ། )དེ་དག་གི་དམིགས་བྱ་ཡིན་པས་ཡུལ་ཡིན་ གསུང་སྟེ་མདོ་དང་མི་འབྱོར་རོ། །གཉིས་པ་ནི། ཡུལ་བཅུ་བསྒོམས་པས་འདྲིས་པར་བྱེད་ཅིང་ མངོན་དུ་ (མི་བྱེད་པ་ནི་སྦྱོར་བ་ཞེས་དག་ལྡན་)བྱ་བའི་དུས་དང་དུས་མིན་ཤེས་པའི་ཡུམ་སྦྱོར་ནི་ཡུལ་ ཅན་ཐབས་མཁས་པའི་སྦྱོར་བའོ། ། གསུམ་པ་ནི། སྦྱོར་བ་འདི་ནི་དགྲ་འདས་སོགས་རྣམ་པ་བཅུར་དབྱེ་བར་བྱ་སྟེ། དེ་དག་ སྦྱོར་བ་དང་འབྲེལ་བས་སོ། །ཞེས་དག་ལྡན་ནོ། །གཞན་རྩ་འགྲེལ་ནི། སྐྱེ་བ་གཅིག་གིས་ ཐོགས་པའི་བྱང་པའི་སྦྱོར་བ་ཆོས་ཅན། བར་དུ་གཅོད་པའི་དགྲ་རྣམས་ལས་འདས་པའི་ སྦྱོར་བ་ཡིན་ཏེ། ལྷ་ལ་སོགས་པའི་ (བདུད་གཞན་གསུམ་ལས་འདའ་བྱེད་ཀྱི་དགེ་བ་ལ་བར་དུ་གཅོད་པ་ལྷའི་བུའི་ བདུད། སྲོག་འགགས་པ་འཆི་བདག་གི་བདུད་དེ་ཚེ་ལ་བར་གཅོད་དོ། །སྡུག་བསྔལ་གྱི་ཕུང་བོ་འདི་ཕུང་བོའི་བདུད་དེ་ལྷག་མེད་ ཀྱི་བར་གཅོད་དོ། །ཁམས་གསུམ་གྱི་ཉོན་མོངས་ནི་ཉོན་མོངས་པའི་བདུད་དེ། ལྷག་བཅས་ཀྱི་མྱང་འདས་ལ་བར་གཅོད་དོ། ། ) བདུད་བཞི་དང་ས་གཉིས་ལས་འདས་པས་སོ། །དེ་ཡིན་ཏེ། བདུད་ལ་སོགས་པའི་བར་ཆད་ ཀྱི་རྒྱུ། གཟུགས་སོགས་དངོས་པོ་བདེན་འཛིན་ལས་ཡང་དག་པར་བརྒལ་བའི་ (མདོ་དང་མཐུན། ) སྦྱོར་བ་ཡིན་པས་སོ། །ཞེས་གསེར་རོ། །སྐྱེས་བུ་དཔའ་ཞིང་རྩལ་ཆེ་ལ་རབ་ཏུ་བརྟན་ཞིང༌། ནས། སྒྱུ་རྩལ་དྲུག་ཅུ་བཞི་ཡོངས་སུ་རྫོགས་པ་འབྲོག་དགོན་པར་སོང་བའི་དཔེས། མཐར་ 2-1-283 མཚན་མ་མེད་པའི་ཏིང་ངེ་འཛིན་གང་མངོན་དུ་བྱས་ནས་ཉན་ཐོས་ཀྱི་སའམ་རང་སངས་རྒྱས་ ཀྱི་ས་མངོན་དུ་མི་བྱེད། ཅེས་སོགས་སོ། །ཆོས་ཅན། འཁོར་འདས་ལ་མི་གནས་པར་རྣལ་ འབྱོར་ལ་གནས་པའི་སྦྱོར་བ་ཡིན་ཏེ། རྟེན་འབྲེལ་ལ་སོགས་པའི་ཆོས་ཐམས་ཅད་བདག་ (གསེར་)མེད་དུ་མཉམ་པ་ཉིད་རྣམ་པར་བསྒོམ་པ་གོམས་པས་གང་ལ་ཡང་མངོན་ཞེན་མེད་ པའི་འཕགས་ཆེན་གྱི་སྦྱོར་བས་སོ། །དཔེར་ན། (གཤོག་པ་ཡོད་པས་)འདབ་ཆགས་ (ཞེས་བཙུན་གྲོལ། ) བྱ་བར་སྣང་ལ་རྒྱུ་ཞིང་ས་ལ་མི་ལྟུང་བའི་དཔེས། སྟོང་ཉིད་སོགས་ལ་སྤྱོད་ཅིང་ཉན་རང་དུ་ མི་ལྟུང༌། ཞེས་སོགས་སོ། །ཆོས་ཅན། སྔོན་གྱི་སྨོན་ལམ་གྱི་ཤུགས་ཀྱིས་འཕངས་པའི་དུས་ ཇི་ལྟ་བ་བཞིན་དུ་རྣམ་མཁྱེན་ཐོབ་པར་བྱེད་ཅིང་གཞན་དོན་བྱེད་དེ། སེམས་ཅན་མཐའ་ ཡས་པའི་དོན་སྒྲུབ་པའི་སྨོན་ལམ་ལེགས་པར་གྲུབ་པས་སོ། །དཔེར་ན། འཕོང་བསླབས་སྐྱེ་ བུས་གནམ་དུ་མདའ་བརྒྱུད་མར་འཕངས་བའི་དཔེས། དགེ་རྩ་དེ་དག་བླ་མེད་རྫོགས་ཆུབ་ ཏུ་སྨིན་པར་མ་གྱུར་པ་དེ་སྲིད་དུ་ཡང་དག་པའི་མཐའ་མངོན་དུ་མི་བྱེད་དོ། །ཞེས་སོགས་སོ། ། ཆོས་ཅན། ཉན་རང་དང་ཐུན་མོང་མ་ཡིན་པའི་སྦྱོར་བ་ཡིན་ཏེ། ཉན་རང་སོགས་ཀྱིས་བྱ་ དཀའ་བར་སྤྱོད་པ་གཏོང་བ་དང་ (གསེར་)གཏོང་ཆེན་དང༌། ཤིན་ཏུ་གཏོང་བ་ཐམས་ཅད་ཤིན་ ཏུ་གོམས་པའི་ཡུམ་སྦྱོར་ཡིན་པས་སོ། །སེམས་ཅན་ཐམས་ཅད་ཡོངས་སུ་མ་བཏང་བའི་ཕྱིར། ཞེས་སོགས་སོ། །ཆོས་ཅན། སྟོང་ཉིད་སོ་བདུན་སྒོ་གསུམ་གྱི་འབྲས་བུ་ལམ། རྒྱུན་ཞུགས་ སོགས་བཞི་རང་བྱང་ཆུབ་ཀྱི་ཆོས་ཐམས་ཅད་ལ་ཆགས་ཤིང་འཛིན་པ་མེད་པའི་སྦྱོར་བ་ཡིན་ ཏེ། ཆོས་དཀར་བོ་དགེ་ཆོས་ཐམས་ཅད་ལ་ཞེན་པ་དང་རོ་མྱང་བས་རྣམ་པར་དག་པའི་སྦྱོར་ བ་ཡིན་པས་སོ། །སྒོ་གསུམ་ལ་སྙོམས་པར་འཇུག་ཀྱང༌། ནས། རྒྱུན་དུ་ཞུགས་པ་སོགས་རང་ བྱང་ཆུབ་ཐོབ་པར་འགྱུར་བ་མངོན་དུ་མི་བྱེད་དོ། །སོགས་སོ། །ཆོས་ཅན། ང་དང་ང་ཡིར་མི་ དམིགས་པའི་སྦྱོར་བ་སྟེ། བསམ་པས་སེམས་ཅན་རྣམས་ཀྱི་དམིགས་པར་ལྟ་བ་སྤང་བའི་ 2-1-284 ཕྱིར་ཆོས་བསྟན་ཏོ་སྙམ་ནས་སྦྱོར་བས་རྣམ་པར་ཐར་བའི་སྒོ་སྟོང་པ་ཉིད་བསྒོམ་པ་རྫོགས་པ་ (ཨཱརྱ་)ཉིད་ཀྱིས་སོ། །སེམས་ཅན་འདི་དག་ནི་ཡུན་རིང་བོ་ནས་དམིགས་པ་ལ་སྤྱོད་སྤྱོད་པ་སྟེ། བདག་ཅེས་བྱ་བའམ་ནས་སེམས་ཅན་དེ་དག་གི་དམིགས་པའི་ཉེས་པ་དེ་དག་མེད་པར་བྱའོ་ སྙམ། ཞེས་སོགས་སོ། །ཆོས་ཅན། མཚན་མ་མེད་པའི་སྦྱོར་བ་སྟེ། བསམ་པས་སེམས་ཅན་ རྣམས་ཀྱི་མཚན་མར་ལྟ་བ་ (རད་ཀིར་)ཡང་སྤང་བའི་ཕྱིར་དུ་སྦྱོར་བས་རྣམ་པར་ཐར་བའི་སྒོ་ མཚན་མ་མེད་པ་བསྒོམ་པ་རྫོགས་པ་ (ཨཱརྱ་)ཉིད་ཀྱིས་སོ། །སེམས་ཅན་འདི་དག་ནི་ཡུན་རིང་ བོ་ནས་མཚན་མ་ལ་སྤྱོད་སྤྱོད་པ་སྟེ་བུད་མེད་ཀྱི་མཚན་མའམ། ཞེས་སོགས་ནས། སེམས་ ཅན་གྱི་ཉེས་པ་དེ་དག་མེད་པར་བྱའོ་སྙམ་སྟེ། ཞེས་སོགས་སོ། །ཆོས་ཅན། སྨོན་པ་མེད་ པའི་སྦྱོར་བ་ཡིན་ཏེ། བསམ་པས་བརྒྱ་བྱིན་ (མདོ་)སོགས་དང་རྣམ་མཁྱེན་གྱི་བར་ལ་ (མདོ་)རང་ གཅིག་པུའི་དོན་དུ་སྨོན་པ་ (ཁམས་གསུམ་ལ་སྨོན་པ་ཞེས་རད་ཨཱརྱ། )སྤང་བའི་ཕྱིར་དུ་སྦྱོར་བས་རྣམ་ པར་ཐར་པའི་སྒོ་སྨོན་མེད་བསྒོམ་པ་རྫོགས་པ་ཉིད་ཀྱིས་སོ། །སེམས་ཅན་འདི་དག་ནི་ཡུན་ རིང་བོ་ནས་སྨོན་ལམ་སྤྱོད་སྤྱོད་པ་སྟེ། འདི་ལྟར་བརྒྱ་བྱིན་དང༌། ནས། སེམས་ཅན་རྣམས་ཀྱི་ སྨོན་ལམ་གྱི་ཉེས་པ་དེ་དག་མེད་པར་འགྱུར་བ་དེ་ལྟར་ཆོས་བསྟན་པར་བྱའོ་སྙམ་སྟེ། ཞེས་ སོགས་སོ། །ཆོས་ཅན། ཕྱིར་མི་ལྡོག་པའི་རྟགས་ཀྱི་ཐབས་མཁས་སྦྱོར་ཡིན་ཏེ། ཁྱོད་རྒྱུད་ ལ་ལྡན་སྟོབས་ཀྱིས་རང་རྒྱུད་ལྡན་དེས་ཁོང་རང་ཕྱིར་མི་ལྡོག་ཡིན་མིན་སད་པའི་ཆེད་དུ་དེའི་ ཆོས་གཞན་གྱིས་དྲི་བ་མངོན་དུ་བཏང་བ་ཅན་གྱི་ཕྱིར་མི་ལྡོག་གི་ཆོས་བརྗོད་པར་བྱེད་པས་ སོ། །རང་རྒྱུད་ལྡན་དེར་མཚོན་པ་དང་ཤེས་པར་བྱེད་པས་དེའི་རྟགས་ཀྱི་སྦྱོར་བ་པོ། དག་ ལྡན་རད་ཀིར་རོ། །ཕྱིར་མི་ལྡོག་པའི་བྱང་ཆེན་པོའི་ཡོངས་སུ་དྲིས་པར་བྱ་བ་དེ་བརྗོད་དོ། ། ཞེས་སོགས་སོ། །ཆོས་ཅན། ཡུལ་ཚད་མེད་པའི་ཐབས་མཁས་སྦྱོར་ཏེ། རིག་པའི་ཡུལ་ཏེ་ གནས་ལྔ་ (སྒྲ། གཏན་ཚིགས། བཟོ། གསོ་བ། ནང་རིག་སྟེ་རིག་གནས་ཆེ་བ་ལྔ། སྙན་ངག ཟློས་གར། ཚིག་རྒྱན། མངོན་ 2-1-285 བརྗོད། སྒྲ་རིག་སྟེ་རིག་གནས་ཆུང་བ་ལྔའོ། །)ཐམས་ཅད་ཤེས་ (མདོ་རྒྱན་ལུང་དང་སྦྱར་ལ་བཤད་དོ། ། )པའི་ས་བཅུ་ པའི་སྦྱོར་བ་ཡིན་པ་ཉིད་ཀྱིས་སོ། །ལྷ་དང་མི་དང་ལྷ་མིན་དུ་བཅས་པའི་འཇིག་རྟེན་གྱིས་མི་ འཕྲོག་པ་ཡིན་ནོ། །ཞེས་སོགས་སོ། །(ཨཱརྱས་སྦྱར། )རྣམ་པར་མི་རྟོག་བའི་བདག་ཉིད་ཀྱི་ (གསེར་) ཤེར་པ་ནི་ཐབས་ལ་མཁས་པ་རྣམ་པ་བཅུ་སྟེ་དེའི་ཡུལ་ནི་ (གསེར་)སྟོང་ཉིད་སོགས་བཅུའོ། །དེ་ མངོན་སུམ་དུ་བྱ་བའི་དུས་སངས་རྒྱས་པ་ན་དང་དུས་མ་ཡིན་པ་སློབ་པའི་སྐབས་ཏེ་དེ་ལྟར་ ཤེས་པའི་ས་བཅུ་པའི་སྦྱོར་བ་ནི་ཐབས་ལ་མཁས་པའི་སྦྱོར་བ་ཡིན་ནོ། །དུས་དུས་མིན་ནི་དེ་ ལྟར་མདོ་དོན་ནོ། །ཆོས་བཤེས་ནི་སེམས་ཅན་འདུལ་བར་འགྱུར་བ་དང་མི་འགྱུར་བ་ལ་དུས་ དུས་མིན་དུ་བཤད་དོ། །མངས་པས་འཇིགས་ནས་བསྡུས་ཏེ་བསྟན་ནོ། །གསུམ་པ་ནི། བཞི་ པ་ནི་གོང་དུ་གསུམ་པ་གྲངས་པ་ལ་ལྟོས་པའིའོ།། ༈ །། གཉིས་པ་ལ་གསུམ་སྟེ། སྐབས་ཀྱི་མཚམས་སྦྱར། (ཆོས་བཤེས། ) རྩེ་སྦྱོར་གྱི་དངོས་པོ་རྒྱས་ པར་བཤད། སྐབས་བསྡུ་བའོ། ། དང་པོ་ནི། རྣམ་པ་ཐམས་ཅད་མངོན་རྫོགས་རྟོགས་པ་ཐོབ་པའི་བྱང་སེ་ལ་བསྡུས་ བསྒོམ་རབ་ཀྱི་མཐར་ཕྱིན་པའི་རྩེ་སྦྱོར་གྱི་རྟོགས་པ་འབྱུང་བས་རྩེ་མོའི་མངོན་རྟོགས་འཆད་ དོ། །ཚུལ་གང་གིས་ན། རྟགས་དང་ལོག་སྒྲུབ་ལ་སོགས་པ་བསྙད་པ་སྔོན་དུ་འགྲོ་བའི་སྒོ་ ནས་སོ། །དེའི་དགོས་པ་ཅི་ན། རྩེ་སྦྱོར་གོ་སླ་བར་བྱ་བའི་ཕྱིར་དུའོ། ། གཉིས་པ་ལ་བཞི་སྟེ། (ཤེར་འབྱུང་དོན་དངོས། )སྦྱོར་མཐོང་སྒོམ་ལམ། བར་ཆད་མེད་རྩེའོ། ། དང་པོ་ལ། རྟགས་སོགས་བཞི་བཤད། དེ་བཞི་ངེས་འབྱེད་ཆ་མཐུན་དུ་བསྟན་པའོ། ། དང་པོ་ལ། བཞི་ལས། དང་པོ་རྟགས་ཀྱི་རྩེ་མོའམ་རྩེ་མོའི་རྟགས་ལ་ (ཟླ་ཟེར་དུ་ས་བཅུ་པའི་ ཁྱད་པར་གྱི་ལམ་ལ་རྩེ་མོའི་མངོན་རྟོགས་ཞེས་སོ། །འདི་དག་དག་སར་སྦྱོར་བ་བཞག་སྟེ་སྒྲ་ཇི་བཞིན་པར་བཤད་པར་བྱ་སྟེ། ) རྩ་བ་ནི། དྲོད་ལ་གནས་པའི་བྱང་སེ་དབང་རྣོན་འགའ་ཆོས་ཅན། རྩེ་མོར་ཕྱིན་པའི་སྦྱོར་ 2-1-286 བའི་རྟགས་སམ་རྟགས་ཀྱི་རྩེ་སྦྱོར་ཐོབ་པ་ཡིན་ཏེ། སད་དུས་སུ་མ་ཟད་རྨི་ལམ་ན་ཡང་ཆོས་ རྣམས་ཀུན་བདེན་མེད་རྨི་ལམ་ལྟ་བུར་ལྟ་བ་ལ་སོགས་རྣམ་པ་བཅུ་གཉིས་གསར་དུ་ཐོབ་ པས་སོ། །ཁྱབ་སྟེ། བཅུ་གཉིས་པོ་དེ་དག་དེའི་རྟགས་སུ་སངས་རྒྱས་བཞེད་པས་སོ། །གློ་ བུར་བ་དང་གཞན་དོན་གྱི་རྟགས་གཉིས་སུ་ཤེས་དགོས་སོ། །འགྲེལ་པ་ལ། ཆོས་ཅན་ཆོས་ འདྲ། ཆོས་ཐམས་ཅད་རང་བཞིན་མེད་པར་གུས་སྦྱོར་ (གསེར་)སོགས་ཀྱིས་ཤིན་ཏུ་གོམས་པའི་ ཕྱིར། སད་དུས་སུ་ (གསེར་)མ་ཟད་རྨི་ལམ་གྱི་གནས་སྐབས་ན་ (མདོ་)ཡང་ཆོས་ཀུན་བདེན་མེད་ རྨི་ལམ་སོགས་དང་འདྲ་བར་ལྟ་བ་དང་། བྱང་ཆེན་པོ་རྨི་ལམ་ན་ཡང་ཆོས་ཐམས་ཅད་རྨི་ལམ་ དང་འདྲ་བ་ཉིད་དུ་ལྟ་སྒྲ་བརྙན་སོགས་ (གཟུགས་བརྙན་སྨིག་རྒྱུ་སྤྲུལ་བའོ། ། )སོ། །རྨི་ལམ་དུ་ཡང་ཉན་ ཐོས་དང་སོགས་པ་རང་རྒྱལ་དང་ཁམས་གསུམ་ལ་དགའ་ཞིང་འདོད་པའི་སེམས་མི་བསྐྱེད་ པ་དང༌། རྨི་ལམ་ན་ཡང་ཉན་ཐོས་ཀྱི། རང་སངས་རྒྱས་ཀྱི་སའམ་ཁམས་གསུམ་ལ་འདོད་ པའི་སེམས་མི་བསྐྱེད་ (དེ་བས་མེད་)དོ། །ཞེས་སོ། །རྨི་ལམ་ན་ཡང་དེ་པ་འཁོར་ (བྱང་སེ་ཉན་ཐོས་ལྷ་ སོགས་)མང་པོས་བསྐོར་ནས་ཆོས་སྟོན་པ་མཐོང་སྟེ་ཆོས་དེའི་ (མདོ་)དོན་ཤེས་པར་བྱ་ཞེས་དོན་ དུ་གཉེར་བ་དང༌། རྨི་ལམ་ན་ཡང་དེ་པ་ཞམ་འབྲིང་བརྒྱ་ཕྲག་དུ་མ་དང༌། སོགས་ནས། མདུན་ དུ་བྱས་ཏེ་ཆོས་སྟོན་པ་མཐོང་སོགས་སོ། །རྨི་ལམ་ན་ཡང་སངས་རྒྱས་ནམ་མཁར་འཕགས་ཏེ་ (མདོ་)ཆོས་སྟོན་ཞིང་རྫུ་འཕྲུལ་མང་བོ་སྟོན་པ་སོགས་དང༌། རྨི་ལམ་ན་ཡང་དེ་པ་ནམ་མཁའ་ ལ་འཕགས་ཤིང་ཆོས་སྟོན་སོགས་སོ། །(བརྒྱད་སྟོང་པར་བདག་ཉིད་ནམ་མཁར་འཕགས་ཏེ་ཅེས་རང་ཉིད་ ལ་བཤད་དེ། འདི་རྨི་དཀའ། བར་མར་བཤད། )རྨི་ལམ་ན་ཡང་མེའམ་གཅན་ཟན་ཁྲོ་བོ་སོགས་ཀྱིས་ འཇིགས་ཤིང་སྡུག་བསྔལ་བར་མཐོང་ཞིང་ (འདི་རྨི་ལམ་དུ་རྨིས་བར་མ་བཤད་)ཕྱིས་སད་ནས་ཁམས་ གསུམ་ཀུན་རྨི་ལམ་དང་འདྲ་བར་ཆོས་སྟོན་པའི་སེམས་སྐྱེ་བ་དང༌། རྨི་ལམ་དེ་རྨིས་པའི་འོག་ ཏུ་སད་ནས་ཀྱང་ཀྱེ་མ་ཁམས་གསུམ་པ་འདི་དག་ཀུན་ཀྱང་རྨི་ལམ་ལྟ་བུ་སྟེ། (དེ་ལྟར་བསྟན་པར་ 2-1-287 བྱའོ། ། ) ཞེས་སོགས། རྨི་ལམ་དུ་དམྱལ་བ་དང་སོགས་པ་ཡི་དྭགས་དུད་འགྲོའི་སེམས་ཅན་ མཐོང་བ་སྔོན་དུ་འགྲོ་བས་རང་གི་སངས་རྒྱས་ཀྱི་ཞིང་དུ་ངན་སོང་གི་མིང་ཡང་མེད་པར་ (མདོ་ ཡིན་)གྱུར་ཅིག་ཅེས་དེ་སྤོང་བ་རྗེས་སུ་དྲན་པ་དང༌། རྨི་ལམ་དུ་སེམས་ཅན་དམྱལ་བ་མཐོང་ ངམ་ནས་ངན་སོང་གསུམ་པོ་ (བསྡུས་)མེད་པར་འགྱུར་བ་དེ་ལྟར་སྤྱོད་དོ། །ཞེས་སོ། །རྨི་ལམ་ (མདོ་)མམ་སད་པའི་ཚེ་གྲོང་ཁྱེར་དང་གྲོང་ལ་སོགས་པ་མེས་ཚིག་པར་གྱུར་ན་ཕྱིར་མི་ལྡོག་ གི་ཆོས་བདག་ལ་ཡོད་ན་ (ཕྱིར་མི་ལྡོག་གི་རྣམ་རྟགས་མཚན་མ་བདག་ལ་ཡོད་ན། )མེ་འདི་ཞི་བར་གྱུར་ཅིག་ ཅེས་བརྗོད་པས་བདེན་པ་དེ་ཉིད་ཀྱི་སྟོབས་ཀྱིས་དེ་ཞི་བར་བྱེད་པའི་བདེན་པའི་བྱིན་རླབས་ གྲུབ་པ་དང༌། རྨི་ལམ་མམ་སད་པའི་ཚེ་གྲོང་ཁྱེར་ཚིག་པར་གྱུར་ན། ནས། ཕྱིར་མི་ལྡོག་ པར་རིག་པར་བྱ་བའི་རྣམ་རྟགས་མཚན་མ་བདག་ལ་ཡོད་ན་བདེན་པ་དང་བདེན་པའི་ཚིག་ འདིས་དེ་ཞི་བར་གྱུར་ཅིག སོགས་སོ། །ཁོང་ཕྱིར་མི་ལྡོག་ཡིན་ནས་ཁྱིམ་ལ་ལ་ཚིག་ལ་ལ་མ་ ཚིག་ན་སེམས་ཅན་འདི་དག་གིས་ཆོས་སྤོང་གི་ལས་བྱས་པར་ཤེས་པར་བྱའོ། །ཞེས་མདོར་ རོ། །བདག་རྫོགས་བྱང་དུ་ལུང་བསྟན་ཏེ་བསམ་པ་དག་ཅིང་འཚང་རྒྱ་ལ་དེར་དེ་པ་རྣམས་ ཀྱིས་ཐུགས་སུ་ཆུད་ན་བདེན་པ་དང་བདེན་པའི་ཚིག་འདིས་སྐྱེས་པའམ་བུད་མེད་མི་མ་ཡིན་ གང་གིས་གཟུང་བའི་མི་མ་ཡིན་ཏེ་གུད་དུ་འགྲོ་བར་གྱུར་ཅིག་ཅེས་བརྗོད་པས་གནོད་སྦྱིན་ དང་ཤ་ཟའི་གདོན་ལ་སོགས་མེད་པར་བྱེད་པའི་ཚིག་གྲུབ་པ་དང༌། དེ་སྐད་བརྗོད་པས་མི་མ་ ཡིན་པ་དེ་གུད་དུ་སོང་ན། ཞེས་སོགས། (འཕྲོས་མདོ་ལྟོས། ) རང་གིས་སྡིག་གྲོགས་ (མདོ་དོན་)དང་ (མིང་དང་སྦྱངས་པའི་ཡོན་ཏན་དང་དབེན་པའི་གཞི་གསུམ་གྱིས་)བདུད་ལས་ཀུན་མངོན་པར་ཤེས་པས་ཕ་ རོལ་བདུད་དང་སྡིག་གྲོགས་ཟིལ་གྱིས་གནོན་པའི་དགེ་བའི་བཤེས་གཉེན་སངས་རྒྱས་བྱང་ སེ་ (སྡུད་པ་)ཕར་ཕྱིན་བྱང་ཕྱོགས་སོགས་ (སྡུད་པ་)བསྟེན་པ་དང༌། སངས་རྒྱས་བཅོམ་ལྡན་འདས་ རྣམས་ནི་བྱང་ཆེན་པོ་རྣམས་ཀྱི་དགེ་བའི་བཤེས་གཉེན་དུ་རིག་པར་བྱའོ། །བྱང་པ་རྣམས་ 2-1-288 ནི། ཕྱིན་དྲུག་ནི། ནས། བཅོ་བརྒྱད་བར་རོ། །ཞིང་དག་ (མདོ་)སེམས་ཅན་སྨིན་གཞན་དྲིང་མི་ འཇོག་པ་ (མདོ་)སོགས། བསམ་པ་ཐམས་ཅད་ (ཨཱརྱ་)རྣམ་པ་ཐམས་ཅད་དུ་ཡོངས་སུ་རྫོགས་ པར་འདོད་པས་ཤེར་པ་ལ་སློབ་པ་དང༌། གཞན་དྲིང་མི་འཇོག་པར་བྱ་བར་འདོད་པ་དང༌། ནས། སངས་རྒྱས་ཀྱི་ཞིང་དག་སེམས་ཅན་སྨིན་སོགས་འདོད་པས་ཡུམ་ལ་བསླབ་པར་བྱའོ། ། སོགས་སོ། །ཀུན་བྱང་གི་ཆོས་ཐམས་ཅད་དོན་དམ་པར་མེད་པར་རྟོགས་པས་དེ་ཐམས་ཅད་ ལ་ཆགས་ཤིང་མངོན་པར་ཞེན་པ་མེད་པ་དང༌། ནམ་མཁའ་ལྟར་ཆགས་པ་མེད་པའི་མཚན་ ཉིད་ནི་ཡུམ་མོ། །ཞེས་སོགས་སོ། །གང་སྤྱོད། གང་གིས་སྤྱད། གང་ལ་སྤྱད་པར་འགྱུར་ བའི་ཆོས་གསུམ་དུ་མི་རྟོག་པས་ཡུམ་ལ་སྤྱོད་པའི་སྒོ་ནས་སངས་རྒྱས་ཀྱི་བྱང་ཆུབ་ལ་ཉེ་བར་ གྱུར་པ་སྟེ། གང་སྤྱོད་པ་དང་གང་གིས་སྤྱད་པ་དང་གང་ལ་སྤྱད་པར་འགྱུར་བའི་ཆོས་དེ་དག་ ཐམས་ཅད་མི་དམིགས་སོ། །བཅོམ་ལྡན་འདས་དེ་ལྟར་སྤྱོད་པའི་བྱང་ཆེན་པོ་ལྷ་མི་ལྷ་མིན་ གྱིས་མི་ཐུབ་ནས། རྣམ་མཁྱེན་ཉིད་དང་ཉེ་བར་གྱུར་པ་ལགས་སོ། །ཞེས་སོགས། ཞེས་བྱ་བ་ རྣམ་པ་བཅུ་གཉིས་ (སྦྱོར་བ་ལས་དོན་གཞན་བརྒྱད་ངོ་བོ་བཞི་ཞེས་གསུང་སྟེ་དཔྱད། )ནི་རྩེ་མོའི་མངོན་རྟོགས་ ཐོབ་པའི་གནས་སྐབས་ཀྱི་ཁྱད་པར་གྱི་རྟགས་ཡིན་ནོ། ། གཉིས་པ་ལ། མཚམས་སྦྱར་ནི། དེ་ལྟར་རྟགས་ཀྱིས་མཚོན་པའི་བསོད་ནམས་རྣམ་ པར་འཕེལ་བ་རྣམ་པ་དུ་ཞིག་ཡོད་ཅེ་ན། བསོད་ནམས་རྣམ་པར་འཕེལ་བ་བཅུ་དྲུག་སྟོན་ ནོ། །རྩ་བ་ནི། འཛམ་བུའི་གླིང་གི་སྐྱེ་བོ་ཇི་སྙེད་དང༌། སྟོང་གསུམ་གྱི་སྐྱེ་བོ་ཇི་སྙེད་ཀྱི་སངས་ རྒྱས་མཆོད་པའི་དགེ་བ་བྱང་ཆུབ་ཏུ་བསྔོས་པའི་དགེ་བ་རྣམ་པ་མང་དུ་དཔེར་མཛད་ནས། དེ་བས་རང་སྦྱོར་ལམ་རྩེ་སྦྱོར་ལ་གནས་ནས་གཞན་ལ་ཡུམ་སྟོན་པ་ཆེས་བསོད་ནམས་རྣམ་ པར་འཕེལ་བ་དང༌། སོགས་པ(འི་སྒྲས་ནི་ནོར་བུ་རིན་པོ་ཆེ་རྙེད་ཅིང་སྟོར་བ་ལ་སོགས་པ་གཟུང་ངོ་ཞེས་སྙིང་མཆོག) ལྷག་མ་བཅོ་ལྔ་སྟེ་བཅུ་དྲུག་གི་བདག་ཉིད་དོ། །སྦྱོར་ལམ་རྩེ་མོ་ཐོབ་པའི་བྱང་སེ་དབང་རྣོན་ 2-1-289 ཆོས་ཅན། རྣམ་འཕེལ་གྱི་རྩེ་སྦྱོར་ཐོབ་སྟེ། འདིར་བཤད་བསོད་ནམས་རྣམ་འཕེལ་བཅུ་དྲུག་ གསར་དུ་ཐོབ་པས་སོ། །ཞེས་རྩ་འགྲེལ་ལ་དགོད་དོ། །འགྲེལ་པ་ལ། བསོད་ནམས་ཆེས་ རྣམ་པར་འཕེལ་བ་ཡིན་ནོ། །ཞེས་དྲང་ངོ༌། །གང་ན། ཕྱི་གཙོ་བོར་གྱུར་པ་བརྒྱད། ནང་གཙོ་ བོར་གྱུར་པ་བརྒྱད་དེ་གནས་སྐབས་བཅུ་དྲུག་གི་ངོ་བོ་ཉིད་ནིའོ། །གང་ལས་ན། མེ་ཏོག་ དང་སོགས་པ་བདུག་པ་ལ་སོགས་པས་སངས་རྒྱས་ནམ་འཚོའི་བར་མཆོད་པ་དང༌། དགེ་བ་ བྱང་ཆུབ་ཏུ་བསྔོས་པས་དགེ་བ་མང་དུ་འཕེལ་བ་དང་པོར་དཔེར་མཛད་ནས་དེ་བས་ཀྱང་ངོ༌། ། ཇི་ལྟར་ན། བཅུ་དྲུག་པོ་སྔ་མ་སྔ་མ་བས་ཕྱི་མ་ཕྱི་མ་གོང་ནས་གོང་དུ་ཁྱད་པར་དུ་འཕགས་ པ་ཉིད་ཀྱིས་སོ། །བཅུ་དྲུག་གང་ན། སྦྱོར་བ་ལས་གཞན་བརྒྱད། སྦྱོར་བའི་གནས་སྐབས་ བརྒྱད་དོ། །དེ་གཉིས་འདྲེས་པར་སྟོན་ཏེ། འཛམ་བུའི་གླིང་དང༌། སོགས་པ་གླིང་ (འབུམ་ཊཱིཀ་) བཞི་ནས། སྟོང་གཅིག་སྟོང་གཉིས་སྟོང་གསུམ་གྱི་འཇིག་རྟེན་གྱི་ (འབུམ་ཊཱིཀ་)སེམས་ཅན་ཇི་ སྙེད་ཀྱིས་དེ་པ་ལ་མཆོད་པ་བས་རང་ཉི་མ་གཅིག་ཙམ་ (སྡུད་པ་)དུ་སྦྱོར་ལམ་རྩེ་མོའི་ཤེར་ཕྱིན་ བསྒོམ་ཞིང་ཉིན་ཅིག་ཙམ་ (སྡུད་པ། )གཞན་ལ་ཡུམ་སྟོན་པ་ཆེས་ལྷག་པའི་བསོད་ནམས་རྣམ་ འཕེལ་དང་པོ་དང༌། (ཐ་ན་ཉི་མ་གཅིག་གཅིག་རྗེས་སུ་མཐུན་བྱེད་ན། །དེ་ལ་སྦྱིན་པའི་ཕུང་བོས་བསོད་ནམས་ཆར་ མི་ཕོད། །ཅེས་སོགས་སྡུད་པ་ལས་སོ། ། ) དེ་བས་ཡུམ་གཞན་ལ་སྟོན་པ། ནས། ཡུམ་དང༌། ལྡན་པའི་ ཡིད་ལ་བྱེད་པས་རྣམ་པར་སྤྱོད་ན་བསོད་ནམས་ཆེས་མང་དུ་འཕེལ་ལོ། །སོགས་སོ། །(བོ་དོང་ བ་ནི་གང་ཟག་ཚོགས་སྦྱོར། སྦྱིན་པ་ཟང་ཟིང་དང་ཆོས་ཀྱི་ཁྱད་དོ་ཟེར་རོ། །དེ་བས་ཀྱང་ཞེས་བུད་དྷ་ཤྲཱི། ) ནོར་བུ་རྙེད་ཅིང་ སྟོར་བའི་དཔེས། སྔ་མ་བས་ཁྱད་པར་དུ་འཕགས་པར་ཉིན་མཚན་ཐམས་ཅད་དུ་ཤེར་པ་རྩེ་ གཅིག་ཏུ་ཡིད་ལ་བྱེད་པའི་རྣམ་འཕེལ་གཉིས་པ་དང༌། དཔེར་ན། སྔོན་ཆད་ནོར་བུ་རིན་པོ་ ཆེ་རྙེད་མ་མྱོང་བའི་སྐྱེས་བུ་ཞིག་གིས་དུས་གཞན་ཞིག་དེ་རྙེད་པར་འགྱུར། ཅེས་སོགས་ (ཏེ་ དགའ་བ་ལས་དུས་གཞན་ཞིག་ཏུ་དེ་སྟོར་ན་རྟག་ཏུ་སྡུག་བསྔལ་བ་དང་དེས་ཡིད་ལ་བྱེད་པ་བཞིན་དུ་)ནས། རིན་པོ་ཆེའོ་ 2-1-290 སྙམ་དུ་བསམས་ཏེ་རྣམ་མཁྱེན་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་དང་མ་བྲལ་བར་བྱའོ། །ཞེས་ སོ། །དོན་དམ་པར་ཡུམ་དང་ (མདོ་)དེ་ལས་གཞན་གང་ལ་སྤྱོད་པ་མེད་པས་ཡུམ་ལ་སྤྱོད་པ་ དང་ཡུམ་གཉིས་ཀ་ཡང་མི་དམིགས་ (དེ་ཡན་དག་ལྡན་མདོ་དངོས། )དེ་དག་དོན་དམ་པར་མི་སྐྱེ་བ་སྟེ་ འཕེལ་ (ཨཱརྱ་)འགྲིབ་བམ་སྐྱེ་འགག་ (དག་)མེད་པའི་ཆོས་ལ་ངེས་རྟོག་གི་བཟོད་པ་ཐོབ་པའི་ སྔ་མ་བས་རྣམ་འཕེལ་གསུམ་པ་དང༌། བྱང་ཆེན་པོ་མི་སྐྱེ་བའི་ཆོས་ལ་བཟོད་པ་སྟེ། ཞེས་ སོགས་སོ། །སྐྱེ་མི་སྐྱེ་གཉིས་ཡིན་གཉིས་མིན་གང་གིས་ཀྱང་ (མདོ་)དོན་དམ་པར་འཚང་མི་རྒྱ་ བས་དོན་དམ་པར་གང་ (མདོ་)བྱང་ཆུབ་པར་བྱ་བ་འབྲས་བུ་དང་གང་གིས་བྱང་ཆུབ་པར་བྱེད་ པའི་རྒྱུའི་ཆོས་དང་བྱང་ཆུབ་པ་པོའི་སྐྱེས་བུ་ (མདོ་དོན་)མི་དམིགས་པར་རྟོགས་པའི་རྣམ་པར་ མི་རྟོག་པའི་ (མདོ་)སྔ་མ་བས་རྣམ་འཕེལ་བཞི་པ་དང༌། སྐྱེ་བས་བྱང་ཆེན་རྫོགས་བྱང་དུ་ལུང་ བསྟན་པར་འགྱུར་རམ། ནས། ཆོས་ཐམས་ཅད་མི་དམིགས་པའི་བྱང་ཆེན་པོ་འདི་སྙམ་དུ་ བདག་གིས་ནི་འཚང་རྒྱ། འདིས་རྒྱ། འདི་ནི་རྒྱ་ཞེས་མི་སེམས་སོ། །ཞེས་སོགས་སོ། །འཛམ་ བུའི་གླིང་ (མདོ་)ནས་སྟོང་གསུམ་གྱི་སེམས་ཅན་སྙེད་དགེ་བ་བཅུ་དང་སོགས་པ་བསམ་གཏན་ བཞི། ཚད་མེད་བཞི། མངོན་ཤེས་ལྔ། རྒྱུན་ཞུགས་སོགས་གཟུགས་མེད་པའི་སྙོམ་འཇུག་ ལ་ (ཀུན་མདོ་)བཀོད་ནས་ཐོབ་པ་ལས། རང་རྩེ་སྦྱོར་ལ་གནས་ནས་གཞན་ལ་ཡུམ་སྟོན་པ་སྔ་ མ་བས་ཁྱད་པར་དུ་འཕགས་པའི་རྣམ་འཕེལ་ལྔ་པ་དང༌། འཛམ་བུའི་གླིང་གི་སེམས་ཅན་ ཐམས་ཅད་དགེ་བ་བཅུའི་ལས་ཀྱི་ལམ་ལ་རབ་ཏུ་བཀོད་པ་དང༌། ཞེས་སོགས་སོ། །(རད་ཀིར་ སྔ་མ་མི་བགྲང་འདི་གཉིས་སོ་སོར་བྱེད་དོ། ། ) དཀར་ཕྱོགས་ཀྱི་ལྷའི་རིས་ཐམས་ཅད་བསྐུལ་བ་དང་ (མདོ་) མཆོད་པ་དང་ (བུདྡྷ་ཤྲཱི་)བསྲུང་བའི་ཕྱིར་ཉེ་བར་འོང་ཞིང་དེ་བས་དགོངས་ཤིང་ནད་དང་གནོད་ པ་མེད་པའི་སྔ་མ་བས་རྣམ་འཕེལ་དྲུག་པ་དང༌། རྒྱལ་བོ་ཆེན་པོ་བཞི་དག་ཀྱང་ཉེ་བར་འོང༌། ནས། འོག་མིན་བར། སོགས་སོ། །ཡུམ་ (མདོ་)ལ་སྤྱོད་པའི་མཐུས་བདུད་སྡིག་ཏོ་ཅན་ཐམས་ 2-1-291 ཅད་ཟིལ་གྱིས་གནོན་ཅིང་ཚུར་གཙེ་མི་ནུས་པར་མྱ་ངན་གྱིས་ནོན་པར་བྱེད་པའི་སྔ་མ་བས་ རྣམ་འཕེལ་བདུན་པ་དང༌། བདུད་སྡིག་ཅན་མྱ་ངན་གྱི་ཟུག་རྔུས་ཟུག་པར་འགྱུར་རོ། །ཞེས་ སོགས་སོ། །སྟོན་པ་དང་འདྲ་བའི་སྐྱེ་བོ་ནི་བྱང་པ་རྣམས་ཏེ་དེ་དང་མཚུངས་པར་གནས་པ་ ནི་དེ་དག་གི་བྱ་བ་ཉམས་སུ་ལེན་པའོ། །ཞེས་སྟེ་བྱ་བ་ནི་སྦྱིན་སོགས་བསླབ་པ་མཉམ་པ་ལ་ མདོར་བཤད་དོ། །དེ་འདྲའི་སྔ་མ་བས་རྣམ་འཕེལ་བརྒྱད་པ་སྟེ། སྟོན་པ་དང་ཇི་ལྟར་གནས་ པ་དེ་བཞིན་དུ་བྱང་པའི་ཐེག་པ་བ་དང་གནས་པར་བྱ་སྟེ། ཞེས་སོགས་གསེར་ལྟར་ཡོད་དོ། ། ཡང་ན་སྟོན་པ་དང་འདྲ་བར་ཐེག་པ་གཅིག་གྲུ་གཅིག་ཅེས་མདོ། ལ་ཞུགས་པའི་སྐྱེ་བོ་ལ་མཚུངས་ པ་སྟེ་མཐུན་ཅིང་གུས་པར་གནས་ཞེས་ (རད་ཀིར་དུ་བྱང་པའི་གནས་སྐབས་སུ་ཆོས་སྟོན་པ་ལ་སོགས་པ་སངས་ རྒྱས་དང་འདྲ་བ་ནི་བརྒྱད་པའོ། །ཞེས་པས་སོ། ། )སྦྱར་རུང་སྙམ་མོ། །ཞེས་བྱ་བ་བསོད་ནམས་རྣམ་འཕེལ་ རྣམ་པ་བརྒྱད་དང༌། ཡང་ (གསེར་)བརྒྱད་དེ་རྣམ་པ་ཐམས་ཅད་དུ་ཟག་བཅས་ཀྱི་བསམ་གཏན་ གཟུགས་མེད་ཀྱི་ (མདོ་ཨཱརྱ་)དབང་གིས་མི་སྐྱེ་བའི་ཐབས་ལ་མཁས་པས་ཉན་རང་གི་ཡིད་ བྱེད་ཀྱི་ (མདོ་)དྲི་མས་ཡོངས་སུ་དག་ཅིང་དེ་བཞིན་ཉིད་ལ་སློབ་པའི་བསླབ་པ་སངས་རྒྱས་ ཀྱི་ཆོས་ཐམས་ཅད་ཀྱི་སྟོབས་ཡོངས་སུ་དག་པ་ཐོབ་བྱེད་ཀྱི་སྔ་མ་བས་རྣམ་འཕེལ་དགུ་པ་ དང༌། བསམ་གཏན་སོགས་ལ་སྙོམས་པར་འཇུག་ཀྱང་ (སྡུད་བཏུས་)དེའི་དབང་གིས་མི་སྐྱེའོ། ། དེ་ལྟར་སློབ་པའི་བྱང་ཆེན་པོ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡིད་ལ་བྱ་བའི་དྲི་མས་ དག་ཅེས་སོགས་ (དང་དེ་བཞིན་ཉིད་ལ་སློབ་སྟེ་ཞེས་སོགས་སོ། ། )སོ། །ངེས་པར་སངས་རྒྱས་ཀྱི་རིགས་ ཅན་དུ་འགྱུར་བའི་རྩེ་སྦྱོར་འཕེལ་བའི་རྣམ་འཕེལ་སྔར་གྱི་དེ་བས་ཆེས་ཁྱད་པར་འཕགས་པ་ བཅུ་པ་དང༌། ས་ (བརྒྱད་སྟོང་པར་)ཕྱོགས་བ་ཚྭ་ཅན་མང་ཡང་འཛམ་བུ་ཆུ་བོའི་ (བར་མར་)གསེར་ འབྱུང་བ་དཀོན་པའི་དཔེས། ཡུམ་ལ་སློབ་པའི་སེམས་ཅན་ཉུང་ཞེས་སོགས་ངེས་པར་འབྲས་ བུ་སངས་རྒྱས་ཉིད་ཐོབ་པའི་རྒྱུ་མཚན་དུ་འགྱུར་བའི་སྔ་མ་བས་རྣམ་འཕེལ་བཅུ་གཅིག་པ་ 2-1-292 དང༌། འཁོར་ལོས་བསྒྱུར་བའི་ལས་ཅན་གྱི་སེམས་ཅན་དཀོན་པའི་དཔེས། རྣམ་མཁྱེན་གྱི་ ལམ་འདིར་འཇུག་པ་དེ་ལྟ་བུ་ཡང་ཉུང༌། ཞེས་སོགས་སོ། །ཆོས་ཐམས་ཅད་དོན་དམ་པར་མ་ (མདོ་)དམིགས་པར་རྟོགས་པས་ཕར་ཕྱིན་དྲུག་གི་མི་མཐུན་ཕྱོགས་སེར་སྣ་སོགས་ཀྱི་སེམས་ མི་སྐྱེ་བའི་སྔ་མ་བས་རྣམ་འཕེལ་བཅུ་གཉིས་པ་དང༌། སེར་སྣ་དང་ལྡན་པའི་སེམས་མི་སྐྱེའོ། ། སོགས་སོ། །ཆོས་ཐམས་ཅད་དོན་དམ་པར་ (མདོ་)མ་དམིགས་པར་རྟོགས་པས་གཟུགས་ ལ་སོགས་པ། བདེན་པ་དང་ལྡན་པར་རྟོགས་པའི་སེམས་རབ་ཏུ་མི་སྐྱེ་བའི་སྔ་མ་བས་རྣམ་ འཕེལ་བཅུ་གསུམ་པ་དང༌། གཟུགས་དང་ལྡན་པའི་སེམས་མི་སྐྱེའོ། །སོགས་སོ། །ཕ་རོལ་ཏུ་ ཕྱིན་པ་དྲུག་པོ་ཀུན་བསྡུས་པའི་ཤེར་ཕྱིན་ཤེས་ནས་བསྒོམ་པའི་སྔ་མ་བས་རྣམ་འཕེལ་བཅུ་ བཞི་པ་དང༌། འཇིག་ཚོགས་ལ་ལྟ་བར་ལྟ་བ་དྲུག་ཅུ་གཉིས་འདུས་པའི་དཔེས། ཡུམ་ཟབ་ མོ་འདིར་ཕར་ཕྱིན་ཐམས་ཅད་འདུས་སོ། །ཞེས་སོགས་སོ། །ཐེག་པ་གསུམ་གྱི་ (རང་གཞན་གྱི་ )ཕུན་སུམ་ཚོགས་པ་ཐམས་ཅད་ (ནི་མངོན་མཐོ་དང་ངེས་ལེགས་དག་གོ་ཞེས་གསེར། )(མཛད་པའི་ས་བརྙེས་ཤིང་ ཐེག་དམན་གྱི་འབྲས་བུ་མངོན་དུ་མི་མཛད་པ་བཅོ་ལྔ་པ་ཞེས་དག་ལྡན། )འཐོབ་པའི་སྔ་མ་བས་རྣམ་འཕེལ་བཅོ་ ལྔ་པ་དང༌། ཉན་ཐོས་ཀྱི་ཕུན་ཚོགས་ཡང་ཐོབ། ཅེས་སོགས་སོ། །ཤེར་ཕྱིན་སོགས་ངེས་པར་ འབྱུང་བྱ་འབྱུང་བྱེད་སོགས་དོན་དམ་པར་མི་དམིགས་པར་ཆོས་དབྱིངས་ཙམ་དུ་མཐོང་བས་ (མདོ་དང་དག་སྙིང་སོགས་)ཡང་དག་རྫོགས་ཆུབ་ལ་ཉེ་བར་ (མདོར་མི་སྣང་)གྱུར་པའི་སྔ་མ་བས་རྣམ་ འཕེལ་བཅུ་དྲུག་པ་སྟེ། འདི་ནི་ཤེར་ཕྱིན་ནོ། །ཤེར་པ་ནི་འདི་ན་ཡོད་དོ། །ཞེས་ཤེས་པ་མེད། སོགས་ནས། བྱང་ཆེན་ཡུམ་ལ་སྤྱོད་པའི་བར་རོ། །ཞེས་བྱ་བའི་བསོད་ནམས་རྣམ་འཕེལ་ སྔ་མ་བརྒྱད་ལས་གཞན་རྣམ་པ་བརྒྱད་དེ་བཅུ་དྲུག་གོ །ཕྱི་ནང་གང་གང་ངག་ལས་ཤེས་སོ། ། འབུམ་ཊཱིཀ་ཏུ། དང་པོ་བས་གཉིས་ (ཁྱད་པར་དུ་ཞེས་སོགས་)པ་དམན་པར་འཆད་ཅིང༌། སྤྱིར་བཅུ་ དྲུག་པོ་སྔ་མ་བས་ཕྱི་མ་འཕགས་པར་མི་གསལ་ལོ། ། 2-1-293 གསུམ་པ་ལ། སྔ་འགྲེལ་ནི། དེ་ལྟར་བསོད་ནམས་རྣམ་པར་འཕེལ་བས་རྣམ་པར་སྤེལ་ བའི་རྩེ་སྦྱོར་རང་དབང་དུ་གྱུར་པ་མཐར་ཕྱིན་པ་སྟེ་ལྷུན་གྱིས་གྲུབ་པའི་མཚན་ཉིད་རྣམས་ནི་ ངེས་པར་བརྟན་པ་ཡིན་པས་ངེས་པར་བརྟན་པ་སྟོན་ཏོ། །རྩ་བ་ནི། ཀུན་མཁྱེན་ཉིད་གསུམ་ གྱི་ཆོས་བླ་ན་མེད་པ་རྣམས་བྱང་པའི་ཐེག་པའི་གང་ཟག་གིས་ (མདོ་ཨཱརྱ་)ཡོངས་སུ་རྫོགས་ པར་བསྔོས་ཤིང་ (ཨཱརྱ་)སེམས་ཅན་གྱི་དོན་ཡོངས་སུ་མི་གཏོང་བའི་བསམ་པ་བརྟན་པོ་ཅན་ གྱི་སྦྱོར་ལམ་བཟོད་པ་ནི། བརྟན་པའི་རྩེ་མོ་ཞེས་ནི་མངོན་པར་བརྗོད་དོ། །(བརྒྱ་བྱིན་གྱིས་) དགེ་རྩ་འདིས་གང་ཟག་བྱང་པའི་ཐེག་པ་པ་གང་གིས་རྫོགས་བྱང་དུ་དམིགས་པ་དེ་དག་ གིས་སངས་རྒྱས་ཀྱི་ཆོས་ (མདོར་བསྟན། )རྣམས། རྣམ་མཁྱེན་ཉིད། རང་བྱུང་གི་ (ལམ་ཤེས་)ཟག་ མེད་ཀྱི་ཆོས་རྣམས་ (གཞི་ཤེས་སུ་འགྲེལ་ཆེན། )ཡོངས་སུ་རྫོགས་པར་གྱུར་ (དང་པོའི་མདོ། )ཅིག ཅེས་ དང༌། སེམས་ཅན་མ་བསྒྲལ་བ་རྣམས་སྒྲོལ་བར་འགྱུར་རམ། ཞེས་སོགས་སོ། །འགྲེལ་པ་ ནི། དེ་ལྟར་ཏེ་སྔར་བཤད་པའི་བསོད་ནམས་སྤེལ་བའི་ (གསེར་)རིམ་པས་འཚང་རྒྱ་བའི་ཡང་ དག་པའི་ཐབས་ལ་མཁས་པ་དད་པ་ལ་སོགས་པའི་སྟོབས་ཀྱིས་རྣམ་པར་མི་རྟོག་པ་རྟོགས་ པའི་གནས་སྐབས་ན་སྟེ་འཚང་རྒྱ་བ་ཉིད་ཀྱིས་དེ་དུས་ན་དམིགས་མེད་ཀྱི་བྱམས་པ་དང་སྙིང་ རྗེ་ཆེན་པོ་མངོན་དུ་བྱེད་པ་སྟེ་དེའི་དབང་དུ་གྱུར་པའི་སྒོ་ནས་རྒྱུན་མི་འཆད་པར་གཞན་དོན་ བྱེད་པའི་རྒྱུ་སེམས་ཅན་གྱི་དོན་ཡོངས་སུ་མི་གཏོང་བའི་མཚན་ཉིད་དང༌། རྣམ་མཁྱེན་ཉིད་ ལ་སོགས་པ་ཇི་སྐད་བཤད་པའི་མཁྱེན་གསུམ་གྱི་ཆོས་སེམས་བསྐྱེད་པ་ལ་སོགས་པ་གོང་དུ་ སྨོས་པ་རྣམས་ཡོངས་སུ་རྫོགས་པ་བླ་ན་མེད་པ་སྟེ་རབ་ཀྱི་མཐར་ཐུགས་པར་བྱེད་པ་ལ་རང་ དབང་དུ་གྱུར་པའི་སྦྱོར་ལམ་བཟོད་རྩེ་ནི་ངེས་པར་བརྟན་པ་ཡིན་ནོ། །ཞེས་པ་ལ་ཕལ་ཆེར་ (སྦྱོར་ལམ་བཟོད་པ་ཞེས་མ་གཏོགས་ཐམས་ཅད་)གསེར་རོ། ། བཞི་པ་ལ། སྔ་འགྲེལ་ནི། དེ་ལྟར་ངེས་པར་བརྟན་པར་བྱེད་པ་བཟོད་པའི་སྟོབས་ཀྱིས་ 2-1-294 སྤངས་རྟོགས་ངེས་པར་བརྟན་པར་འགྱུར་བའི་མཚན་ཉིད་ནི་སེམས་ཀུན་ཏུ་གནས་པ་ཡིན་ པས་ཆོས་མཆོག་གི་རྩེ་སྦྱོར་སེམས་ཀུན་ཏུ་གནས་པ་འཆད་དོ། །རྩ་བ་ནི། གླིང་བཞི་པ་ནས་ ཚངས་པའི་འཇིག་རྟེན་བར་སྟོང་ལ་སྟོང་སྤྱི་ཕུད། དེ་སྟོང་སྟོང་གཉིས་བར་མ། དེ་སྟོང་སྟོང་ གསུམ་སྟོང་ཆེན་ཏེ་དེའི་སའི་སྲང་གྲངས་དང་ (སྙིང་མཆོག་)དེའི་ཆུ་སྐྲ་རྩེ་གཅིག་བརྒྱར་བྱས་པའི་ ཆ་གཅིག་གིས་བླངས་པའི་ཆུ་ཐིགས་ཀྱི་གྲངས་དཔེར་མཛད་ནས། དེ་བས་སེམས་ཀུན་ཏུ་ གནས་པའི་བསོད་ནམས་ཆེས་ཆེར་མང་བོར་བསྟན་པ་ཉིད་ཀྱིས་ཡོངས་སུ་བསྒྲགས་པ་ཡིན་ ནོ། །གང་ན། ཐེག་པ་ལ་གསར་དུ་ཞུགས་པ་དང༌། སྤྱོད་པ་ལ་ཞུགས་པ་དང༌། ཕྱིར་མི་ལྡོག་པ་ དང༌། སྐྱེ་བ་གཅིག་གིས་ཐོགས་པའི་བྱང་སེའི་དགེ་རྩ་ལ་ (དག་ལྡན་)རྗེས་སུ་ཡི་རང་བའི་བསོད་ ནམས་ཀྱི་ཕུང་བོ་ལ་དམིགས་པའི་ཏིང་ངེ་འཛིན་གཉིས་དང་གཉིས་མེད་པའི་འདུ་ཤེས་ནུབ་ པས་སེམས་དང་དེ་ལས་དོན་གཞན་ལ་མི་འཇུག་པར་ (དོན་རང་བཞིན་པར་ཅེས་སོ། ། )སེམས་མཉམ་ པར་གནས་པ་དེའོ། །(སྡུད་པར། མི་ལྡོག་བྱང་ཆུབ་མཆོག་ལ་རབ་ཏུ་ཞུགས་པ་ཡི། །སེམས་བསྐྱེད་པ་ལ་བསམ་པ་ ཐག་པས་ཡི་རང་ན། །སྟོང་གསུམ་རི་རབ་སྲང་ལ་གཞལ་བས་ཚད་བཟུང་རུང༌། །རྗེས་སུ་ཡི་རང་དགེ་བ་དེ་ནི་དེ་ལྟ་མིན། །ཞེས་ སོ། ། ) དེ་ (དཔེ་དོན་)ཐམས་ཅད་མདོར་ཡོད་དོ། །འགྲེལ་པ་ལ། འབྲས་བུ་བསོད་ནམས་མང་བོ་ བསྟན་པ་ཉིད་ཀྱིས་ཏིང་ངེ་འཛིན་གྱི་མཚན་ཉིད་བརྗོད་དོ་ཞེས་དྲང་ངོ༌། །གང་གི་མང་ན། སྦྱིན་ སོགས་ཕ་རོལ་ཏུ་ཕྱིན་པ་དང་སོགས་པ་སྙིང་རྗེ་ལ་སོགས་པའི་ (གསེར་རད་ཀིར་)ཚོགས་ཐམས་ ཅད་ཀྱི་ངོ་བོ་ཉིད་ཀྱི་སྔར་བཤད་ལྟར་གྱི་ཏིང་ངེ་འཛིན་གྱི་འབྲས་བུ་བསོད་ནམས་དང་ཡེ་ ཤེས་ཀྱི་ཚོགས་རྣམས་སོ། །གང་ལས་མང་ན། གླིང་བཞི་པ་དང་སོགས་པ་སྟོང་གཅིག་གཉིས་ སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་ཀྱི་སའི་སྲང་གྲངས་དང་ཆུའི་ཐིགས་གྲངས་སོ་སོར་ དཔེར་མཛད་ནས་དེ་ལས་ཀྱང་ངོ༌། །ཇི་ལྟར་མང་ན། དེ་དག་ལས་ཆེས་ཁྱད་པར་དུ་འཕགས་ པར་རོ། །དེ་བས་མང་བའི་རྒྱུ་མཚན་ཅི་ན། ལུགས་ལས་ (སློབ་དཔོན་གྱི་འགྲེལ་ཆེན་ཏེ་གསེར་དུ་བྱུང་ 2-1-295 འདིར་ཆད། )དཔག་ཚད་སོགས་ཀྱིས་ཚད་སྲིད་པའི་དངོས་པོ་ནི་འདོམ་གང་ལྟ་བུའི་ས་རྡོ་སྲང་ ལ་གཅལ་བའི་ཚད་ཀྱིས་བསྒྲེས་པས་སྲང་ (མདོ་)གིས་རྣལ་འབྱོར་པ་རྣམས་ཀྱིས་གཞལ་བར་ ནུས་སོ་ཞེས་བྱ་བའི་ཚུལ་གྱིས་སྟོང་གསུམ་ (འགྲེལ་ཆེན། )གྱི་ཚད་གཟུང་དུ་རུང་གི་དེའི་ཚོགས་ གཉིས་ཚད་ལས་འདས་པས་ (འགྲེལ་ཆེན་དོན་དངོས་)སོ། །དེ་འདྲའི་བསོད་ནམས་མང་བོ་ཅན་གྱི་ རྩེ་གཅིག་པའི་ཆོས་མཆོག་ནི། སེམས་ཀུན་ཏུ་གནས་པ་ཡིན་ནོ། ། གཉིས་པ་ནི། (འགྲེལ་ཆེན་ཨཱརྱ། ) རྟགས་ལ་སོགས་པ་བཞི་བོ་དེ་དག་ནི་གོ་རིམ་བཞིན་དུ་ ངེས་པར་འབྱེད་པའི་ཆ་དང་མཐུན་པ་བཞིའི་ངོ་བོ་ཡིན་པར་ཁོང་དུ་ཆུད་པར་བྱའོ། །འདིས་ འགྲེལ་ཆེན་འགྲེལ་ཆུང་གི་རང་ལུགས་འདིར་མངོན་ཞིང་སྔར་བཤད་བཤད་པའི་རྣམ་གྲངས་ སུ་གསལ་ལོ། ། གཉིས་པ་ལ་དྲུག་སྟེ། སྤངས་ (ཤེར་འབྱུང་)བྱ་གཉེན་པོ་དང་བཅས་པ། མཐོང་ལམ་གྱི་བྱང་ ཆེན་སྐྱེད་པའི་ལྷན་ཅིག་བྱེད་རྒྱུ། འབྲས་བུ། བྱེད་པ། རང་གི་ངོ་བོ། བསྒོམ་པ་རྣམས་སོ། ། (ཤེར། ) དང་པོ་ལ། སྤྱིར་མཚམས་སྦྱར། སྤངས་གཉེན་སོ་སོར་བཤད་པའོ། །དང་པོ་ནི། སྐྱེ་ རིམ་དང་བསྟུན་ན་ངེས་འབྱེད་ཆ་མཐུན་གྱི་འོག་ཏུ་མཐོང་ལམ་ཡིན་ཏེ། དེ་ལ་ཡང་མི་མཐུན་ ཕྱོགས་གཉེན་པོ་དང་བཅས་པ་རྣམ་པ་བཞི་ཡོད་པས་དེ་དག་སྟོན་ནོ། ། གཉིས་པ་ལ། བསྟན། བཤད། བསྡུ་གསུམ་མོ། །དང་པོ་ལ་གཉིས་ཏེ། གཟུང་རྟོག་ མདོར་བསྟན། འཛིན་རྟོག་མདོར་བསྟན་ནོ། །དང་པོ་ལ། མཚམས་སྦྱར་ནི། དེ་ལས་རེ་ཤིག་ དང་པོར་སྤང་བྱ་མི་མཐུན་ཕྱོགས་གཟུང་རྟོག་གཉིས་པོ་མདོར་བསྟན་སྟོན་ནོ། །རྩ་བ་ལ། འདིར་བཤད་རྟོག་པ་བརྒྱད་དང༌། སྐབས་དང་གི་སྦྱོར་ལམ་གྱི་ཁྱད་ཆོས་རྟོག་པ་བཞི། གཉེན་ ཚོགས་ཀྱི་བརྒྱད་རྣམས་ལ་ཁྱད་པར་ཅི་ཡོད་ན། (བཙུན་གྲོལ་ཨ་བྷ་ཡ། )ཨཱརྱ་ལྟར་ན་སྔར་གྱི་སྦྱོར་ 2-1-296 ལམ་གྱི་བཞི་བོ་མཐོང་སྤང་ཁོ་ན་ཡིན་ལ། གཞན་ལ་མཐོང་སྒོམ་གཉིས་ཀའི་སྤང་བྱ་ཡོད་ དོ། །གཉེན་ཚོགས་ཀྱི་དང་འདི་ལ་ཁྱད་པར་ཡོད་དེ། དེའི་གཟུང་རྟོག་དང་པོ་གཉིས་དངོས་ པོ་ཙམ་དང་གཉེན་པོ་ཁོ་ནའི་ཡུལ་ཅན་[མིན་[ཡིན་]ལ། འདིའི་གཟུང་རྟོག་དང་པོ་གཉིས་རྣམ་ བྱང་ཕྱོགས་འབའ་ཞིག་གི་ཡུལ་ཅན་[མིན་[ཡིན་]ཞིང་ཡུལ་ཡང་སྔར་གྱི་གཉིས་པའི་ཡུལ་རྣམ་ བྱང་ཕྱོགས་དེ་འབའ་ཞིག་ལ་ཕྱེ་བས་སོ། །དེ་ཉིད་ཀྱི་ཕྱིར་སློབ་དཔོན་ལྟར་ནའང་ཁྱད་ཆེའོ། ། ངོ་བོ་ལ་ཡང་ཁྱད་ཡོད་དེ་སྔར་གྱི་སྦྱོར་ལམ་གྱི་ཁྱད་ཆོས་དགག་རྟོག་ཏུ་ཕལ་ཆེར་འདོད་ཅིང་ འདི་སྒྲུབ་རྟོག་ཡིན་པས་སོ། །འདིར་ཆོས་བཤེས་ཀྱིས། ངེས་འབྱེད་ཆ་མཐུན་རེ་རེ་ཡང་རྣམ་ པར་རྟོག་པ་བཞི་བཞི་དང་ལྡན་པར་བསྟན་པ་དང༌། ཞེས་བཤད་པ་ལྟར་ན། འདི་བཞིའི་ རགས་པ་དྲོད་ཀྱི་རྗེས་ཐོབ་ཏུ། དེ་བས་ཅུང་ཕྲ་བ་བཞི་རྩེ་མོའི་རྗེས་ཐོབ་ཏུ། དེ་བས་ཀྱང་ཅུང་ ཕྲ་བ་བཞི་བཟོད་པའི། དེ་བས་ཀྱང་ཕྲ་བ་བཞི་ཆོས་མཆོག་གི་རྗེས་ཐོབ་ཏུ་ལྡན་པར་འདོད་ དགོས་སོ། །ཡང་ན་འདི་བཞི་རིམ་བཞིན་དྲོད་སོགས་བཞིའི་རྗེས་ཐོབ་ཏུ་ལྡན་ནོ་ཞེས་ཁས་ བླང་དགོས་པར་མངོན་ནོ། །ཡང་ (ཀུན་ཆོས་བཤེས་)རྣམ་པར་མི་རྟོག་པར་འཇུག་པའི་གཟུངས་ ལས། རྟོག་པ་བཞི་ (ཕུང་བོ་སོགས་ལ་ཞེན་པ་)བཤད་དེ། རང་བཞིན་གྱི་རྣམ་རྟོག་འདོད་ཆགས་ སོགས་དང༌། གཉེན་པོའི་རྣམ་རྟོག་ཕར་ཕྱིན་སོགས་ངན་འགྲོའི་གཉེན་པོ་ལ་རྟོག་པ་དང༌། དེ་ཁོ་ནའི་རྣམ་རྟོག་རྣམ་ཐར་སྒོ་སྟོང་ཉིད་སོགས་ (བདག་མེད་གཉིས་)ལ་རྟོག་པ། འཐོབ་པའི་རྣམ་ རྟོག་སྐུ་གསུམ་གྱིས་བསྡུས་པ་ལ་རྟོག་པ་བཞི་ལས། མཐོང་སྤང་གཟུང་རྟོག་འདི་གཉིས་རང་ བཞིན་གྱི་རྣམ་རྟོག་མིན་པ་གཞན་གསུམ་ཅི་རིགས་སུ་སྦྱར་རོ། །འཛིན་རྟོག་གཉིས་ཀྱང་དེ་ དང་འདྲ་བ་ལས་འཛིན་རྟོག་ཐ་མ་རང་བཞིན་གྱི་རྣམ་རྟོག་གི་རྒྱུ་ལས་བྱུང་བའི་གཉེན་པོའི་ རྣམ་རྟོག་གོ །ཡང་འདིར་བཤད་སྒོམ་སྤང་རྟོག་པ་བཞི་ཡང་རང་བཞིན་གྱི་རྣམ་རྟོག་མིན་པ་ གཞན་གསུམ་ཅི་རིགས་སོ། །རྟོག་པ་དེ་དག་སྤོང་ཚུལ་ནི། སྦྱོར་བའི་གནས་སྐབས་སུ་གཅིག་ 2-1-297 ནས་ཕྱེ་སྟེ་སྤོང༌། འཇུག་པའི་དུས་སུ་བསྡོམས་ཏེ་སྤོང༌། (ལྕིག་མ་བཀྲམ་པ་གཅོད་པའི་དཔེས་དུས་གཅིག་ དུ། ) དཔེས་མཚོན་ན། (མཉམ་པར་མ་བཞག་པའི་དུས་སུ། ) མངོན་པར་རྟོགས་པའི་དོན་ (སོ་སོར་འདི་དང་ འདིའོ་ཞེས་བསམས་པས། )ཡིད་ལ་བྱེད་པའི་དུས་སུ་ཉེས་བྱེད་གྱི་མི་རྒྱལ་བོའི་ལྟ་བ་པོས་གཟུང་ བ་ལྟ་བུའོ། །སྙིང་ (དེའི་རྗེས་སུ་)བོའི་དོན་བསྒོམ་པའི་ཉེར་བསྡོགས་ཀྱི་དུས་སུ་དེ་དག་གཤེད་ མའི་ལག་ཏུ་གཏད་པ་ལྟ་བུ། དེའི་འཇུག་པ་དངོས་གཞི་ལ་སོགས་པའི་དུས་སུ་དེ་དག་གི་ ཡན་ལག་གཅད་པ་སོགས་ལྟ་བུ། སྙིང་དོན་བསྒོམས་པ་རབ་ཀྱི་མཐའ་བར་ཆད་མེད་ལམ་ གྱི་དུས་སུ་དེ་དག་གི་མགོ་བཅད་པ་ལྟ་བུ། སངས་རྒྱས་ཀྱི་ས་ (ཀུན་ཏུ་བཟང་བོ་)ལ་ནི་སླར་མི་སྐྱེ་ བའི་ཆོས་ཅན་དུ་གྱུར་པ་ལྟ་བུའོ། །དྲོད་སོགས་བཞིར་གཟུང་བ་རང་བཞིན་མེད་པ་དང་ཆོས་ མཆོག་ཏུ་འཛིན་པ་བདེན་མེད་གོམས་པས་གཟུང་འཛིན་གྱི་རྟོག་པ་ཉམས་སྨད་པས་སྐྱེས་བུ་ ལུས་བཀྲུ་སྨན་གྱིས་སྦྱངས་པ་ལྟར་བྱས་ནས་མཐོང་ལམ་གྱི་ཡེ་ཤེས་སྨན་བཅུད་ཀྱིས་ལེན་ ལྟ་བུ་སྐྱེའོ་ཞེས་ཆོས་བཤེས་ (རྒྱས་པར་ལྟོས། )སོ། །དཀྱུས་མ་སྦྲེལ་ཏེ། འདི་ལ་གསུམ་སྟེ། རྟོག་ པའི་ཡུལ་ (ཤེར་)དང་ (བོད་)ངོ་བོ་བཤད། རྟོག་པ་དེའི་དབྱེ་བ་བཤད། (ཤེར་སོགས། ) རྟོག་ (ཤན་) པར་འཇོག་པའི་རྒྱུ་མཚན་བཤད་པའོ། །དང་པོ་ནི། ཆོས་གང་ཡང་བདེན་པར་མི་དམིགས་ པའི་བྱང་སེའི། ལམ་འབྲས་བཅས་བདག་གི་འཇུག་བྱར་འཁྲུལ་བའི་དྲོད་ཀྱི་རྗེས་ཐོབ་ཀྱི་ རྟོག་པ་མཚན་གཞི། མཐོང་ལམ་རྩེ་སྦྱོར་གྱི་སྤང་བྱ་ (དང་པོ་)འཇུག་པ་ (འི་ཕྱོགས་ཀྱི་ཡུལ་མཐའ་དག་ལ་ རྟེན་པ་ནི་ཞེས་ཨཱརྱ། )གཟུང་རྟོག་ཏུ་མཚོན། མཐོང་ལམ་རྩེ་མོའི་ཉེར་བསྡོགས་ཀྱི་གཞོམ་བྱ་གང་ ཞིག སྤྱིར་དེ་ལྟར་འཁྲུལ་བའི་རྟོག་པ་མཚན་ཉིད་དེ། ཇི་ལྟར་གཉིས་དང་གཉིས་མེད་པའི་ འདུ་ཤེས་སུ་མི་འགྱུར་བར་བསྔོ། ཞེས་སོ། །(ཨཱརྱས་དྲངས། ) ཐེག་དམན་གྱི་ལས་འབྲས་བཅས་ རང་གི་ལྡོག་ཡུལ་ལོ་ཞེས་འཛིན་པའི་རྩེ་མོའི་རྗེས་ཐོབ་ཀྱི་རྟོག་པ་མཚན་གཞི། མཐོང་རྩེའི་ སྤང་བྱ་ལྡོག་པ་གཟུང་རྟོག་ཏུ་མཚོན། མཐོང་རྩེའི་འཇུག་པ་བར་ཆད་མེད་ལམ་གྱི་གཞོམ་བྱ་ 2-1-298 གང་ཞིག སྤྱིར་དེ་ལྟར་འཁྲུལ་བའི་རྟོག་པ་མཚན་ཉིད་དེ། ཤཱ་བུ་ཡུམ་ནི་མི་རྟོག་པའོ། །ཞེས་ སོགས་སོ། །ཆོས་བཤེས་ནི། གཟུང་རྟོག་གཉིས་ཉེར་བསྡོགས་ཀྱིས་སྤོང་སྟེ་རགས་པས་ཤེས་ སླ་བས་སོ། །འཛིན་རྟོག་གཉིས་འཇུག་པའི་སྐབས་ཀྱིས་སྤོང་སྟེ་ཕྲ་བས་ཉེར་བསྡོགས་ཀྱིས་ སྤོང་མི་ནུས་ཏེ། ཞེས་སོ། །(ཉེར་བསྡོགས་ནི་མོས་པ་ཡིད་ལ་བྱེད་པ་ལྟ་བུ་ཡིན་ལ། འཇུག་པ་ནི་དེ་ཁོ་ན་ཡིད་ལ་བྱེད་པ་ ལྟ་བུའི་ཕྱིར་རོ། ། ) གཉིས་པ་ནི། ཡུལ་དགུ་རེ་ཡོད་པས་སོ་སོར་ཏེ་རེ་རེ་ལ་ཡང་དགུ་དགུའི་བདག་ ཉིད་ (རེ་རེ་ཆོས་ཅན་དུ་བྱའོ། ། )དོ། །གསུམ་པ་ནི། རྟོག་པ་དེ་དག་ཡུལ་ཇི་ལྟ་བ་བཞིན་འཛིན་པ་མིན་ པ་ཕྱིན་ཅི་ལོག་ཏུ་འཛིན་པས་རྣམ་པར་རྟོག་པའི་བདག་ཉིད་ (རད་ཀིར་རྟོག་པའི་བདག་ཉིད་དོ་ཞེས་སོ། ། ) དག་ཏུ་ཤེས་པར་བྱའོ། །(ཡུལ་ཇི་བཞིན་མ་ཡིན་པའི་རྟོག་པའི་བདག་ཉིད་ལ་རྟོག་པའི་ཞེས་སྙིང་མཆོག) དག་ལྡན་ ནོ། །འགྲེལ་པ་ལ་སྔར་བཞིན་གསུམ་ལས། དང་པོ་ནི། དོན་དམ་པར་ཆོས་ཀུན་ཅིར་ཡང་ མི་དམིགས་པར་རྟོགས་པའི་ཤེས་རབ་ཐབས་མཁས་དང་བཅས་པའི་ངོ་བོ་ཉིད་དེ་དངོས་པོ་ ཆོས་ཅན། བྱང་སེའི་འཇུག་པའི་ཡུལ་ཡིན་ཏེ། བྱང་པའི་བླང་བྱའམ་ཡོན་ཏན་ཁྱད་པར་ཅན་ གྱི་ཆོས་ཡིན་པས་སོ། །དེས་ན་དེ་གོ་རིམ་བཞིན་དུ་ལེན་པར་འདོད་པའི་སྒོ་ནས་དོན་ལ་རང་ གི་འཇུག་བྱའི་གཟུང་བའོ་སྟེ་ཡུལ་དུ་འཁྲུལ་རྟོག་ནི། འདིར་བཤད་འཇུག་རྟོག་གོ །དངོས་ པོ་མཚན་མར་དང་རང་གཅིག་པུའི་དོན་དུ་དམིགས་ཤིང་འཛིན་པའི་སངས་རྒྱས་པའི་ལམ་ འབྲས་ཀྱི་ངོ་བོ་ཉིད་དེ་དངོས་པོ་ཆོས་ཅན། བྱང་སེའི་ལྡོག་པའི་ཡུལ་ཡིན་ཏེ། ཉན་ཐོས་དང་ སོགས་པ་རང་རྒྱལ་གྱི་བླང་བྱའི་ཆོས་མཚན་འཛིན་ཅན་དེ་ཡིན་པས་སོ། །དེས་ན་དེ་འདོར་ བར་འདོད་པའི་སྒོ་ནས་དོན་ལ་ལྡོག་བྱའི་ཡུལ་དུ་འཁྲུལ་རྟོག་ནི་འདིར་བཤད་ལྡོག་རྟོག་གོ ། ཞེས་དེ་ལྟར་གཟུང་བར་རྣམ་པར་རྟོག་པ་གཉིས་སམ་བཅོ་བརྒྱད་ཆོས་ཅན། མཐོང་རྩེའི་མི་ མཐུན་ཕྱོགས་ཡིན་ཏེ། དེ་འཐོབ་པའི་གེགས་བྱེད་པའི་ཕྱིར། མཐོང་སྤང་ཉོན་མོངས་པ་དང་ འདྲ་བར། (ཆོས་བཤེས་ནི་ཉོན་མོངས་པའི་ཕྱིར་ཞེས་བྱ་བ་ནི་རྣམ་པར་རྟོག་པའི་ཕྱིར་ཞེས་པའི་དོན་ནོ་ཞེས་འདོན་ཞིང་འཆད་ 2-1-299 དོ། ། ) གཉིས་པ་ནི། སོ་སོར་ཏེ་རེ་རེ་ལ་ཡང་རྣམ་པ་དགུ་རེ་ཡོད་དེ། ཡུལ་དགུ་དགུ་ཡོད་པའི་ དབྱེ་བས་སོ། །གསུམ་པ་ནི། འདིར་བཤད་གཟུང་རྟོག་བཅོ་བརྒྱད་པོ་ནི་ཆོས་ཅན་དོན་དམ་ པའི་གནས་ཚུལ་ལྟར་གྱི་ཡུལ་ཇི་བཞིན་མ་ཡིན་པར་འཛིན་པའི་རང་གི་ངོ་བོ་དག་ཏུ་ཤེས་ པར་བྱའོ། །དོན་དམ་ལ་ལྟོས་ཏེ་ཕྱིན་ཅི་ལོག་ཏུ་སྣང་བའི་ཕྱིར། དེར་ཐལ། རང་གིས་བརྟགས་ པ་ལྟར་གྱི་དངོས་པོ་སྟེ་ཡུལ་དོན་དམ་པར་གནས་པ་དང་མ་འབྲེལ་བར་ཏེ་མེད་བཞིན་དུ་དེ་ འཛིན་བྱེད་དུ་འཇུག་པ་ཉིད་ཀྱིས་སོ། ། གཉིས་པ་ལ། མཚམས་སྦྱར་ནི། དེ་ལྟར་སོགས་མདོར་བསྟན་འཆད་དོ། །རྩ་བ་ལ་སྔར་ བཞིན་གསུམ་ལས། དང་པོ་ནི། འདིར་འཕགས་པའི་དགོངས་པ་འདི་ལྟར་བཤད་ (བོད་རྣམས་ )དེ། སོ་སོའི་སྐྱེ་བོས་བདག་རྫས་སུ་ཡོད་པར་འཛིན་པས། སོ་སྐྱེའི་བདག་འཛིན་དེ་རྫས་ འཛིན་ཡིན་ལ། དེས་ན་སོ་སྐྱེའི་འཛིན་པའི་ནང་ཚན་ལ་དམིགས་པའི་རྟོག་པ་རྫས་རྟོག ཉན་ རང་སོགས་འཕགས་པས་བདག་བཏགས་པར་ཡོད་པར་འཛིན་པས། འཕགས་པའི་བདག་ འཛིན་ནི་བཏགས་འཛིན་ཡིན་ལ། དེས་ན་འཕགས་པའི་འཛིན་པ་ཅི་རིགས་ལ་དམིགས་པས་ བཏགས་འཛིན་རྟོག་པར་འདོད་དོ། །ཁ་ཆེ་གཞོན་ནུ་དཔལ་ནི། འཛིན་པའི་རྟོག་པ་གང་ཟག་ རྫས་སུ་ཡོད་པ་ནི། གང་ཟག་གི་རྫས་ཀྱི་བདག་ཏུ་འཛིན་པའོ། །སྐྱེས་བུ་བཏགས་པར་ཡོད་ པ་ནི། ཆོས་ཀྱི་བདག་ཏུ་འཛིན་པའོ། །ཞེས་སོ། །ཤེར་པ་ལ་སྤྱོད་པ་ནི། སྙིང་པོ་མེད་པ་ལ་ སྤྱོད་པའོ། །གཟུགས་སོགས་དབེན་པའི་ཕྱིར། ནས། རྣམ་མཁྱེན་གྱི་བར་དུ་དབེན་པའི་ཕྱིར་ དེ་མི་ཞུམ་པ། ཞེས་སོགས་གཉེན་པོའི་ (ཨཱརྱ་སོགས་)སྒོ་ནས་སོ། །གཉིས་པའི་མདོ་ནི། བཅོམ་ ལྡན་ (མི་ཞུམ་པའི་རྒྱུ་རབ་འབྱོར་ལ་དེ་པས་དྲིས་པས། )འདས་ཆོས་ཐམས་ཅད་མ་མཆིས་པའི་སླད་དུ་བྱང་ ཆེན་པོ་ཡུམ་ལ་མི་ཞུམ། ནས་རྒྱས་པར་རོ། །དག་སྙིང་རད་ཀིར་དུ། གོ་རིམ་བཞིན་ཏུ་རྫས་སུ་ ཡོད་པ་དང་བཏགས་པར་ཡོད་པའི་སེམས་ཅན་ལ་རྣམ་པར་རྟོག་པའི་ཕྱིར་རོ། །དེ་ལ་དང་པོ་ 2-1-300 ནི། སོ་སོའི་སྐྱེ་བོ་དག་གིའོ། །གཉིས་པ་ནི་འཕགས་པ་དག་གིའོ། །ཞེས་དང༌། དག་ལྡན་དུ། འཛིན་པའི་རྣམ་པར་རྟོག་པ་དང་པོ་སེམས་ཅན་རྫས་སུ་ཡོད་པ་ལ་བརྟེན་པ་ནི། སོ་སོའི་སྐྱེ་བོ་ དག་གི་སྟེ་དེ་དག་གིས་མ་སྤངས་པའི་ཕྱིར་དང༌། འཕགས་པ་དག་གི་ནི་མ་ཡིན་ཏེ། དེ་དག་ གིས་སྤངས་པའི་ཕྱིར་དང། མཐོང་བས་སྤངས་པར་བྱ་པའི་སྐབས་ཡིན་པའི་ཕྱིར་རོ། །འཛིན་ པའི་རྣམ་པར་རྟོག་པ་གཉིས་པ་སེམས་ཅན་བཏགས་པར་ཡོད་པ་ལ་བརྟེན་པ་ནི། འཕགས་ པ་དག་གི་སྟེ། དེ་ཉན་ཐོས་དང་རང་སངས་རྒྱས་དག་གིས་མ་སྤངས་པའི་ཕྱིར་དང༌། སོ་སོ་ སྐྱེ་བོ་དག་ལ་དང་པོ་ཉིད་ཡོད་པའི་ཕྱིར་རོ། །ཞེས་པས། འདིར་བཤད་རྫས་རྟོག་སོ་སྐྱེའི་ དང༌། བཏགས་རྟོག་ཉན་རང་འཕགས་པའི་རྟོག་པར་གསལ་ལ། དེ་དག་ཀྱང་སྤྱིར་མཐོང་ རྩེའི་མི་མཐུན་ཕྱོགས་ཡིན་ཞིང་སྤོང་དགོས་པས་མཐོང་སྤང་དུ་བཞག་གོ་ཞེས་སམ། ཡང་ན་ རྟོག་པ་གཉིས་ཀྱི་ཡུལ་རྫས་འཛིན་བཏགས་འཛིན་ལ་དགོངས་སོ་ཟེར་དགོས་སོ། །གལ་ཏེ་ སོ་སྐྱེས་ཀྱང་ཆོས་ཐམས་ཅད་བདག་མེད་དུ་ཤེས་པས། འཛིན་རྟོག་དང་པོའི་རྣམ་བཞག་མ་ ཁྱབ་པོ་ཞེ་ན། དེ་དག་གི་དེ་མོས་པ་ཡིད་བྱེད་ཡིན་ལ་འདིར་ནི་དེ་ཁོ་ན་ཉིད་ཡིད་བྱེད་བརྗོད་ པར་འདོད་པས་སྐྱོན་མེད་དོ། །འཕགས་པ་ལ་ཡང་ (དངོས་)རྫས་འཛིན་ཡོད་ (དོན་)དེ། དགེ་སློང་ དག་མཚན་མོ་འདས་ནས་ནང་བར་གྱི་དུས་སུ་ངས་སྲོག་ཆགས་ལྕེ་སྤྱང་སྐད་འབྱིན་པའི་སྒྲ་ ཐོས་སོ་ཞེས་སོགས་གསུངས་པས་སོ་ (འཛིན་རྟོག་གཉིས་པའི་རྣམ་བཞག་མ་ཁྱབ་པོ། ། )ཞེ་ན། ཚིག་དེ་ནི་ ཐ་སྙད་ཙམ་ཡིན་གྱི་དོན་མིན་པས་སྐྱོན་མེད་དོ། །ཞེས་ཨཱརྱ་གསུངས་པས། རྫས་འཛིན་དང་ དེ་ལ་དམིགས་པ་གཉིས་སུ་འབྱེད་དམ་དཔྱད་དོ། །ཆོས་བཤེས་ནི། སོ་སྐྱེ་དོན་ནུས་པའི་རྫས་ སུ་བདེན་པར་འཛིན་པའི་རྟོག་པ་རྫས་རྟོག་དང༌། འཕགས་སྐྱེ་བཏགས་ཡོད་ཙམ་དུ་བདེན་ པར་འཛིན་པའི་རྟོག་པ་བཏགས་རྟོག་ཏུ་བཞེད་དེ། སོ་སོའི་སྐྱེ་བོ་ཡུལ་དུ་བྱས་ཏེ་སྐྱེས་བུ་རྫས་ སུ་ཡོད་པར་འཛིན་པ་དང༌། འཕགས་པའི་གང་ཟག་ཡུལ་དུ་བྱས་ཏེ་དེ་ལ་བཏགས་པར་ཡོད་ 2-1-301 པར་འཛིན་པ་ཞེས་གཟུང་བ་དང་འཛིན་པར་སྦྱར་རོ། །དེ་ལ་སོ་སོའི་སྐྱེ་བོ་དེ་དག་ནི་སྐྱེས་བུ་ ཞེས་བྱ་སྟེ། འཇིག་རྟེན་ལ་གྲགས་པའི་རྗེས་སུ་འབྲངས་པས་སོ། །དེ་དག་རྫས་སུ་ཡོད་པ་ནི་ ཡང་དག་པའི་ཀུན་རྫོབ་ཏུ་དོན་བྱ་བ་ལ་མཐུ་དང་ལྡན་པ་ཟླ་བ་གཉིས་ལ་སོགས་པ་ལྟ་བུ་མིན་ པའོ། །འཛིན་པ་ནི་འདི་ནི་བདེན་ཏེ་མངོན་དུ་གྱུར་པའི་ཕྱིར་དང༌། ལུང་ལས་ཀྱང༌། འགྲོ་བའི་ ལས་དང་རང་བཞིན་དང་དབྱེ་བ་གསུངས་པའི་ཕྱིར་རོ་སྙམ་མོ། །འཕགས་པའི་གང་ཟག་ དག་ནི་མྱ་ངན་ལས་འདས་པས་རབ་ཏུ་ཕྱེ་བ་ཡིན་ལ་མྱ་ངན་ལས་འདས་པ་ནི་བཏགས་པ་ ཙམ་སྟེ། འདི་སྐད་དུ། དགེ་སློང་དག་ཆོས་ལྔ་བོ་འདི་དག་ནི་བཏགས་པ་ཙམ་སྟེ་འདས། (པ་ དང༌། ) མ་འོངས་ (པ་)དང༌། མྱང་འདས་དང༌། སོ་སོར་མ་བརྟགས་པའི་འགོག་པ་དང༌། གང་ ཟག་རྣམས་ཏེ་འདི་དག་ནི་མིང་ཙམ་མོ། །ཞེས་སོ། །དེ་ལྟར་འཛིན་པ་ནི་འདི་ནི་བདེན་ཏེ་འདི་ ནི་མིང་ཙམ་དུ་ཡོད་པར་གྲགས་པས་གྲུབ་ཅིང་མིང་ཙམ་པོ་དེ་མེད་ན་སུ་ཞིག་ལམ་ལ་ནན་ ཏན་བྱེད་ཅེས་མིང་ཙམ་གྱི་ཞེན་པས་འཕགས་པའི་གང་ཟག་རྣམས་ཡོད་པར་དཔོག་པར་བྱེད་ པའོ། །ཞེས་དང༌། གལ་ཏེ་འཕགས་པའི་གང་ཟག་བཏགས་ཡོད་ཙམ་དུ་རྟོག་པའང་སྐྱོན་ཡིན་ ན་མྱང་འདས་ཀྱང་སྒྱུ་མ་ལྟ་བུ་ཞེས་སོགས་དང་འགལ་ཞེ་ན། དེ་ནི་མཉམ་པར་མ་བཞག་པའི་ ཤེས་པ་མངོན་ཞེན་བསྲབ་མོའི་དབང་དུ་བྱས་ལ་མཉམ་པར་བཞག་པའི་ཚེ་ནི་སྒྱུ་མ་ཙམ་དུ་ རྟོག་པའང་དགག་དགོས། ཞེས་སོ། །(བློ་གྲོས་མི་ཟད་པས་ཞུས་པའི་མདོ་ལས། གང་ལ་སེམས་ཀྱི་རྒྱུ་བ་ཡང་མེད་ ན་ཡི་གེ་ལྟ་ཅི་སྨོས་ཞེས་སོ། ། ) ཕུགས་དཀའ་བར་སྣང་ངོ༌། །གཉིས་པ་ནི། རྟོག་པ་དེ་དག་ཡུལ་གྱི་དབྱེ་ བས་སོ་སོར་དགུ་བདག་ཉིད་དོ། ། གསུམ་པ་ནི། འགྲེལ་པ་དང་ལྷན་ཅིག་ཏུ་བཤད་དོ། །འགྲེལ་པ་ལ་སྔར་བཞིན་གསུམ་ ལས། དང་པོ་ནི། གོ་རིམ་བཞིན་དུ་སོ་སོའི་སྐྱེ་བོ་ལ་དམིགས་ཏེ་སྐྱེས་བུ་རྫས་སུ་ཡོད་པ་ དང༌། ཉན་ཐོས་སོགས་ (གསེར་)འཕགས་པའི་གང་ཟག་ལ་དམིགས་ནས་སྐྱེས་བུ་བཏགས་ 2-1-302 པར་ཡོད་པའི་རྟེན་ཅན་ཏེ་ཡུལ་ཅན་གྱི་འཛིན་པའི་རྟོག་པ་གཉིས་དག་ཡོད་པས་འཛིན་པར་ རྟོག་པ་གཉིས་སོ། །(ཆོས་བཤེས་ཏེ་གསེར་རོ་ཡང༌། ) ཡང་ན་རྩ་བ་བཞིན་ནོ། །འཛིན་པ་ལ་རྟོག་པས་ འཛིན་རྟོག་གམ། (འདི་དག་དགོས་སམ་དཔྱད། ) ཆོས་བཤེས་ནི། འཛིན་པ་པོ་ལ་རྟོག་པར་འཆད་དོ། ། འདིར་བཤད་འཛིན་རྟོག་གཉིས་སམ་བཅོ་བརྒྱད་ཆོས་ཅན། མཐོང་རྩེའི་མི་མཐུན་ཕྱོགས་ ཡིན་ཏེ། དེའི་གེགས་བྱེད་པའམ་སྒྲིབ་པ་ཡིན་པའི་ཕྱིར་རོ། །(གསེར། ) གཉིས་པ་ནི། ཡུལ་གྱི་ སོགས་སོ། །གསུམ་པ་ནི། བཅོ་བརྒྱད་པོ་ནི་ཆོས་ཅན། ཁྱོད་ཀྱི་གཟུང་བའི་ཡུལ་དེ་དོན་དམ་ བདེན་པ་ཇི་ལྟ་བ་བཞིན་མ་ཡིན་པའི་རང་གི་ངོ་བོ་དག་སྟེ་དེར་ཤེས་བྱའོ། །དོན་དམ་ལ་ལྟོས་ ཏེ་ཕྱིན་ཅི་ལོག་ཏུ་སྣང་བའི་ཕྱིར། རྟགས་གྲུབ་སྟེ། དེ་དག་ནི་ཆོས་ཅན། དེ་ཡིན་ཏེ། ཁྱོད་ཀྱི་ ཡུལ་འཛིན་པའི་ངོ་བོ་རྫས་འཛིན་བཏགས་འཛིན་ནམ་སྐྱེ་འཕགས་གཉིས་དོན་དམ་པར་ བདེན་པས་དབེན་པའི་ངོ་བོ་སྟེ་རང་བཞིན་ཡིན་པས་སོ། །ཁྱབ་སྟེ། གང་གི་ཚེ་རྟོག་པ་དེ་ དག་གི་ཡུལ་གྱི་དངོས་པོར་གྱུར་པའི་གཟུང་བའི་དོན་འཛིན་པ་གཉིས་སམ་ (ཆོས་བཤེས་དངོས། ) སྐྱེ་འཕགས་གཉིས་ཁྱོད་ཀྱིས་ (ཆོས་བཤེས་)བརྟགས་པ་དེ་བཞིན་དུ་དོན་དམ་པར་གཟུང་བའི་ ངོ་བོར་ཡོད་པ་མ་ཡིན་པ་དེའི་ཚེ་དེ་དག་ཡུལ་བདེན་པ་གང་གི་ཡང་འཛིན་པ་མ་ཡིན་པས་ ཁྱབ་པ་དེའི་ཕྱིར་རོ། །གཉིས་པ་ལ། གཟུང་རྟོག་དང༌། འཛིན་རྟོག་རྒྱས་བཤད་དོ། །དང་ པོ་ལ། འཇུག་ལྡོག་གཉིས་ལས། དང་པོ་ལ། མཚམས་སྦྱར་ནི། གཟུང་བའི་ཞེས་སོགས་སོ། ། རྩ་བ་ལ། ཡུལ་དགུ་དང༌། དེ་ལ་འཇུག་བྱར་འཁྲུལ་བ་དགུ་སྟེ། ཐེག་ཆེན་སེམས་བསྐྱེད་དེ་ བྱང་སེའམ་ (དག་)བྱང་ཆུབ་ཀྱི་ (སྙིང་མཆོག་)ལམ་གྱི་ངོ་བོ་ཡིན་པས་བྱང་ཆེན་པོས་དེ་བསྐྱེད་པས། ཉན་རང་གི་ས་ཐག་སྲིང་ཞིང་རྣམ་མཁྱེན་དང་ཉེའོ་སྙམ་པ་ (མདོ་དག་ལྡན་)ནི། ངོ་བོ་ཉིད་ཀྱི་རྟོག་ པའོ། །བདག་ནི་རྣམ་མཁྱེན་ཉིད་དུ་ཉེ་བར་གྱུར་ཏོ་སྙམ་ཡང་མི་བགྱིད་དོ། །ཞེས་སོགས་ཀྱིས་ ཤུགས་ལ་བཤད་དོ། །ཡང་ན་འགྲེལ་པ་ལྟར་རོ། །བསྒྲུབ་པའི་རྟེན་སངས་རྒྱས་ཀྱི་རིགས་ལ་ 2-1-303 འཇུག་པར་བྱ་སྟེ། དེ་དང་ལྡན་པས་ཉན་རང་ལས་རིང་ཞིང་རྫོགས་བྱང་དང་ཉེ་བར་གྱུར་པས་ སོ་སྙམ་པ་ནི། རིགས་ཀྱི་རྣམ་པར་རྟོག་པའོ། །ནམ་མཁའ་ནི་བདག་ནི་ལ་ལ་དང་ཉེ་ལ་ལ་ དང་རིང་ངོ་སྙམ་དུ་མི་སེམས། ནས། དེ་བཞིན་དུ་བྱང་ཆེན་ཡུམ་ལ་སྤྱོད་པ་ཡང་ཉན་རང་ལས་ རིང་རྫོགས་བྱང་ནི་ཉེའོ་ཞེས་མི་སེམས་སོ། །ཞེས་སོ། །ཐེག་ཆེན་མཐོང་སྒོམ་གྱི་ལམ་བསྒྲུབ་ པ་ལ་འཇུག་པར་བྱ་སྟེ། དེ་ལས་ (སྙིང་)སྔར་བཤད་ལྟར་ཉེ་རིང་དུ་གྱུར་རོ་སྙམ་པ་ (ཨཱརྱ་ཡང་)ནི། ཡང་དག་པར་འགྲུབ་པའི་རྣམ་པར་རྟོག་པའོ། །སྒྱུ་མའི་སྐྱེས་བུ་ནི་འདི་སྙམ་དུ་སྒྱུ་མ་མཁན་ དང་ཉེ། སྐྱེ་ཚོགས་དང་རིང་ཞེས་མི་སེམས་སོ། །ཞེས་སོགས་དོན་སྔར་ལྟར་རོ། །གཟུགས་ བརྙན་བཞིན་དུ་དོན་དམ་པར་དམིགས་པ་མེད་པ་ལ་འཇུག་པར་བྱ་སྟེ། དེ་ལས་ཉན་རང་རིང་ ཞིང་རྫོགས་བྱང་ཉེ་བས་སོ་སྙམ་པ་ནི། ཤེས་པའི་དམིགས་པ་མ་འཁྲུལ་བ་སྟེ་ (དག་)དམིགས་ པ་མེད་པའི་རྣམ་རྟོག་གོ །ཨཱརྱ་ (གནད་གཅིག)ནི། དམིགས་པའི་རྣམ་རྟོག ཅེས་སོ། །གཟུགས་ བརྙན་ནི། འདི་ལྟར་བདག་ལས་དམིགས་པ་གང་གིས་གཟུགས་བརྙན་འབྱུང་བ་དང་ཉེ་མེ་ ལོང་ངམ་སྣོད་ཆུས་གང་བ་དང་རིང་ངོ་ཞེས་མི་སེམས་སོ། །དེ་བཞིན་དུ་སྔར་ལྟར་རོ། །རྣམ་ པར་མི་རྟོག་པའི་ཤེས་པ་ནི་གཉེན་པོ་དང༌། རྣམ་རྟོག་ནི་མི་མཐུན་ཕྱོགས་ཡིན་པས། བླང་ དོར་ལ་འཇུག་པར་བྱའོ་སྙམ་པ་ (མདོ་དོན་དངོས་ཟླ་ཟེར་ཨཱརྱ། )ནི། མི་མཐུན་ཕྱོགས་དང་གཉེན་པོའི་ རྟོག་པའོ། །དེ་པ་ལ་སྡུག་པའམ་མི་སྡུག་པ་མ་མཆིས་སོ། །དེ་བཞིན་དུ་ཤེར་པ་ལ་ཡང་སྡུག་ པའམ་མི་སྡུག་པར་གྱུར་པ་གང་ཡང་མ་མཆིས་སོ། །སོགས་དེ་ལྟར་བླང་དོར་བྱས་པས། མི་ མཐུན་ཕྱོགས་དེ་ཟད་པ་ལས་ (དག་ལྡན་དངོས་)གཉེན་པོ་བདག་གིས་ཐོབ་པར་འགྱུར་རོ་སྙམ་པ་ནི། རང་གིས་རྟོགས་པའི་རྣམ་པར་རྟོག་པའོ། །དེ་པ་སངས་རྒྱས་ནི་རྣམ་པར་རྟོག་པ་ཐམས་ཅད་ སྤངས་པའོ། །དེ་བཞིན་དུ་བྱང་ཆེན་ཡུམ་ལ་སྤྱོད་པ་ཡང་རྣམ་རྟོག་ཐམས་ཅད་སྤངས་པ་སྟེ། ཞེས་སོགས་བྱང་སེ་ནི་རྫོགས་བྱང་ལ་ཉེ་ཞིང་ཐེག་དམན་ཐག་བསྲིང་བར་བྱེད་པ་པོའོ་སྙམ་ 2-1-304 པ་ (ཨཱརྱ་རད་ཀིར། )ནི། བྱེད་པའི་རྣམ་རྟོག་གོ །དེ་པས་སྤྲུལ་བ་ནི་བདག་ལས་ཉན་རང་གིས་རིང་ བླ་མེད་རྫོགས་ཆུབ་ཉེའོ་མི་སེམས་སོ། །དེ་བཞིན་དུ་བྱང་ཆེན་ཡུམ་ལ་སྤྱོད་པ་ (ཉན་རང་རིང་རྫོགས་ བྱང་ཉེ་བར་མི་སེམས། )ཡང་ངོ༌། །བྱེད་པ་དེའི་ལས་གཉེན་པོའི་ཕྱོགས་བསྒོམ་པ་ལ་འཇུག་གོ་སྙམ་ པ་ནི། ལས་ཀྱི་རྣམ་རྟོག་ (རད་ཀིར་ཡང༌། )གོ །དེ་པས་སྤྲུལ་བ་ཞིག་སྤྲུལ་སྟེ་ (སྤྲུལ་བ་)དེ་ནི་དོན་གང་ གི་སླད་དུ་སྤྲུལ་བའི་དོན་སྦྱོར་ (བ་སྟེ་བྱེད་ཅིང་བྱས་སོ་ཞེས་)ཏེ་སྤྲུལ་བ་ནི་མི་རྟོག་ (སྙིང་)ཅེས་སོགས་ཏེ། སྤྲུལ་བའི་བྱ་བའི་དཔེས་ཞེས་ཨཱརྱའོ། །འབྲས་བུ་མི་མཐུན་ཕྱོགས་ (ཀུན་རད་)ཟད་པ་ཐོབ་པར་ བྱའོ་ (དོན་ཨཱརྱ། )སྙམ་པ་ནི། འབྲས་ (བྱ་བ་འབྲས་བུ་དང་བཅས་པའི་ཞེས་ཨཱརྱ། )བུའི་རྣམ་རྟོག་གོ །ཤིང་ མཁན་ནམ་སོགས། ནས། འཁྲུལ་འཁོར་ནི་མི་རྟོག་རྣམ་པར་མི་རྟོག་གོ །དེ་བཞིན་དུ་ཡུམ་ ཡང་དོན་གང་གི་སླད་དུ་བརྗོད་པའི་དོན་དེ་བགྱིད་ཀྱང་མི་རྟོག ཅེས་སོ། །དག་སྙིང་གཙོར་ བྱས་ཤིང་མདོ་མཚམས་ཨཱརྱ་སོགས་དང་རད་ཀིར་ཡང་ལ་ལ་སྟེ་ལེགས་པར་བཀོད་དོ། ། བསྡུ་ན། ངོ་བོ་ཉིད་ཀྱི་རྣམ་རྟོག་སོགས་འདིར་བཤད་རྣམ་པ་དགུ་བོ་དེ་ནི་ཆོས་ཅན། མཐོང་ རྩེའི་སྤང་བྱ་འཇུག་པའི་ཕྱོགས་ཀྱི་རྟེན་ཅན་གྱི་རྟོག་པར་འདོད་དོ། །མཐོང་རྩེ་ཉེར་བསྡོགས་ ཀྱི་གཞོམ་བྱ་གང་ཞིག བྱང་སེས་བླང་བྱའི་ཆོས་ལ་དམིགས་ནས་དོན་ལ་འཇུག་བྱར་འཁྲུལ་ རྟོག་ཡིན་པས་སོ། །ཆོས་ཅན་རེ་རེར་ཡང་ངོ༌། །མདོ་ནས་གཉེན་པོ་དངོས་སུ་བསྟན་ནས་ ཤུགས་ལ་བཤད་དོ། །ཞེས་དག་ལྡན་ཏེ་དེ་ཁོ་ནའོ། །འགྲེལ་པ་ལ། དང་པོ་ཡུལ་དགུ་ལ་སྦྱར་ ན། དོན་དམ་པར་ཡུམ་སོགས་ཐམས་ཅད་ཀྱི་དབེན་པས་འབྲས་བུ་བྱང་ཆུབ་ཀྱང་དབེན་པའི་ ཕྱིར། དོན་དམ་པར་བྱང་ཆུབ་མ་རྟོགས་པ་སྟེ་འཚང་མི་རྒྱ་བ་དེ་གནས་ (མདོ་)ལུགས་ཀྱི་ངོ་ བོའམ་རང་བཞིན་ཡིན་པ་སྟེ་མདོ་དང་ཨཱརྱ་དང་མཐུན་ནོ། །ཡང་ན་སྔར་ལྟར་མི་རྒྱ་ཡང་ཀུན་ རྫོབ་ཏུ་སེམས་བསྐྱེད་དང་ཡུམ་ཆོས་ཅན། (སྙིང་)རྫོགས་བྱང་གི་ལམ་གྱི་ངོ་བོ་ཉིད་ཡིན་ཏེ། ཀུན་རྫོབ་དུ་བྱང་ཆེན་དུ། འཚང་རྒྱ་བྱེད་ཀྱི་དངོས་པོ་ཡིན་པས་སོ། །དེས་ན་བྱང་སེའི་འཇུག་ 2-1-305 བྱ་ཡིན་ཏེ་ཞེས་དང༌། དེ་ལ་འཇུག་བྱར་རྟོག་པ་ནི་ངོ་བོ་ཉིད་ཀྱི་རྟོག་པ་ཞེས་སོགས་གཞན་ལ་ ཡང་སྦྱར་རོ། །དག་སའི་སེམས་ཀྱི་ཆོས་ཉིད་ཆོས་ཅན། (དག་ལྡན་དོན། ) སངས་རྒྱས་ཀྱི་རིགས་ སུ་ངེས་ཏེ། ས་བརྒྱད་པ་མི་གཡོ་བ་སོགས་དག་སར་འཇུག་ངེས་ཀྱི་རིགས་ཡིན་པས་སོ། །(ས་ བདུན་པའི་བར་དུ་རིགས་མ་ངེས་པའི་ཕྱིར་རོ་ཞེས་གསེར་རོ། ། ) ཐེག་ཆེན་ཚོགས་སྦྱོར་ཆོས་ཅན། ཐེག་ཆེན་ མཐོང་བ་དང་སོགས་པ་བསྒོམ་པའི་ལམ་ཡང་དག་པར་འགྲུབ་བྱེད་ཡིན་ཏེ། དོན་དམ་པར་ ཆོས་ཐམས་ཅད་དམིགས་མེད་ (གསེར་)སྒྱུ་མ་ལྟ་བུར་རྟོགས་ནས་བསྒོམ་པའི་སོ་སྐྱེའི་ཐར་ལམ་ ཡིན་པས་སོ། །(ཁྱབ་སྟེ་དམིགས་པ་དང་བཅས་པའི་མཐོང་ལམ་སོགས་ཐོབ་པ་མེད་པའི་ཕྱིར་རོ་ཞེས་གསེར། ) ཤེས་ བྱ་ཆོས་ཅན། གཉིས་མེད་ཡེ་ཤེས་ཀྱི་དམིགས་པ་མ་འཁྲུལ་ཏེ། ཆོས་ཐམས་ཅད་བདེན་མེད་ སྣང་བརྙན་ (ནི་གཟུགས་བརྙན་ཞེས་ཟླ་ཟེར་ཐུབ་དགོངས་སུ་བཤད། )ཙམ་དུ་ཟད་པས་སོ། །བྱང་སེ་མཐོང་ ལམ་པ་ཆོས་ཅན། མི་མཐུན་ཕྱོགས་འདོར་ཞིང་གཉེན་པོ་ལེན་ཏེ། བདེན་འཛིན་རྟོག་པའི་ སྐྱོན་མཐོང་བ་སྔོན་དུ་འགྲོ་བའི་སྒོ་ནས་དོར་བར་བྱ་སྟེ་བྱེད་དེ། མི་རྟོག་ཡེ་ཤེས་ཀྱི་ཡོན་ཏན་ མཐོང་ནས་བླང་བར་བྱ་བ་སྟེ་ལེན་པས་སོ། །རྫོགས་པའི་སངས་རྒྱས་ཆོས་ཅན། རང་གིས་ རྫོགས་བྱང་རྟོགས་པ་སྟེ་ཐོབ་སྟེ། མཁྱེན་གསུམ་ལམ་གྱི་སྤང་བྱ་དྲི་མ་ (གཟུང་རྟོག་སོགས་ཅེས་གསེར་ )ཐམས་ཅད་དང་བྲལ་བའི་སྐྱེས་བུ་ཉིད་ཀྱིས་ (གསེར་)སོ། །ཉན་ཐོས་དང་སོགས་པ་རང་སངས་ རྒྱས་ཀྱི་ས་ཆོས་ཅན། བྱང་སེས་ཐག་བསྲིང་བར་བྱེད་དེ། རྟོགས་ (གསེར་)པ་དམན་ཞིང་སྤངས་ པ་གྱ་ནོམ་ (དོན་དགོས་ཏེ་ཀྱ་ནོམ་འགོག་བདེན་ལ་བཤད་པས་སོ། ། )པ་མ་ཡིན་པའི་ས་ཡིན་པ་ཉིད་ཀྱིས་སོ། ། སངས་རྒྱས་ཆོས་ཅན། སེམས་ཅན་གྱི་དོན་བྱེད་པའི་འཕྲིན་ལས་ཅན་ཡིན་ཏེ། སེམས་ཅན་ གྱི་བསམ་པ་ཇི་ལྟ་བ་དང་མཐུན་པར་ཉན་ཐོས་སོགས་ (གསེར་)སུ་སྤྲུལ་ནས་མངོན་མཐོ་ངེས་ ལེགས་སོགས་འགྲོ་དོན་བསྒྲུབས་པས་སོ། །ཆོས་ཅན། སྐལ་ལྡན་གྱི་སྐྱེ་བོ་ཐམས་ཅད་འབྲས་ བུ་མྱང་འདས་ཆེན་པོ་ལ་དགོད་པར་བྱ་བ་སྟེ་བྱེད་དེ། གཞན་དད་པར་བྱེད་སོགས་ (གསེར་དོན་ 2-1-306 )ཡང་དག་པའི་ཐབས་ལ་མཁས་པ་མཐར་ཐུག་པའི་སྟོབས་ཀྱིས་སོ། །ཡུལ་དེ་རྣམས་ལ་ཅི་ རིགས་པར་དམིགས་ནས་གཟུང་བར་བྱ་བ་སྟེ་བླང་བྱ་ཉིད་དུ་བྱས་ནས་འཇུག་པར་བྱའོ་ཞེས་ བྱ་བར་འཁྲུལ་རྟོག་ནི། གཟུང་རྟོག་དང་པོ་འཇུག་པའི་ཕྱོགས་ཀྱི་རྟེན་ཅན་གྱི་མཚན་ཉིད་དོ། ། དེར་འཁྲུལ་བའི་རྒྱུ་མཚན་ནི། ཡང་དག་པའི་ཀུན་རྫོབ་ཏུ་སྐྱོན་མེད་ཅིང་བྱང་སེའི་བླང་བྱར་ གནས་པ་ཉིད་ཀྱིས་སོ། །དབྱེ་ན། རྣམ་པ་དགུའོ། །དེས་ན། དགུ་བོ་དེ་ཆོས་ཅན། མཐོང་ ལམ་རྩེ་སྦྱོར་གྱི་སྦྱོར་བའི་གནས་སྐབས་ཀྱི་སྤང་བྱར་བྱམས་པ་བཞེད་པ་ཡིན་ནོ། །དེའི་ཉེར་ བསྡོགས་ (ཆོས་བཤེས་)ཀྱི་གཞོམ་བྱ་ཡིན་པས་སོ། །སྦྱོར་བ་ (བོད་རྣམས་བར་ཆད་མེད་ལམ་ཟེར་ཏེ་ནོར་རོ། ། ) ནི། མཐོང་ལམ་གྱི་བསམ་གཏན་གྱི་ཁྱད་པར་རོ། །ཞེས་གསེར་རོ། ། གཉིས་པ་ལ། མཚམས་སྦྱར་ནི། གཟུང་བའི་ཞེས་སོགས་སོ། །རྩ་འགྲེལ་ནི། གནས་ སྐབས་ཉན་ཐོས་སུ་རིགས་ངེས་པའི་སྦྱོར་ལམ་པ་ཆོས་ཅན། རྟོགས་པ་དམན་པ་ཅན་ཉིད་ ཡིན་ཏེ། (ཤེར་ཕྱིན་དང་བྲལ་བས་སོ་ཞེས་དག་ལྡན། ) སྲིད་པ་འཁོར་བ་དང་ཞི་བ་མྱང་འདས་གང་རུང་ ཞིག་ཏུ་ལྟུང་བའི་རྟོགས་པ་ཅན་ཉིད་ཀྱིས་ཕྱིར་རོ། །དེ་ཡུམ་ཤེར་ཕྱིན་དང་བྲལ་བས་སོ་ཞེས་ དག་ལྡན་ནོ། །དེ་ལ་ལྡོག་བྱར་རྟོག་པ་རྟོགས་པ་དམན་པའི་རྟོག་པའོ། །འོག་རྒྱང་རིང་བོར་ ལེའུ་ང་གསུམ་པར། རབ་འབྱོར། འདི་ལྟ་སྟེ། དཔེར་ན། ཉི་མ་དང་ཟླ་བའི་དཀྱིལ་འཁོར་ ནི་གླིང་བཞིར་ལས་བྱེད་ཅིང་གླིང་བཞིའི་རྗེས་སུ་འགྲོའོ། ། ཡུམ་ཡང་ཕྱིན་ལྔར་ལས་བྱེད་ཅིང་ ཕྱིན་ལྔའི་རྗེས་སུ་འགྲོ་ཡུམ་དང་བྲལ་ན་ལྔའི་མིང་མི་ཐོབ། ཅེས་སོགས་སོ། །(འདིས་ཡུམ་དང་སྙིང་ རྗེས་ཕྱིན་ལྔ་འཁོར་འདས་སུ་མི་ལྟུང་བར་བསྟན་པས་རྟོག་པ་འཕངས་སོ་ཞེས་ཨཱརྱ། ) ཆོས་ཅན། ཁྱོད་ཀྱིས་བདེན་ མེད་དངོས་སུ་ད་ལྟ་ནས་རྟོགས་པར་འཛིན་པའི་ཡོངས་འཛིན་མེད་དེ། (ཡུམ་མེད་པས་སོ་ཞེས་དག་ ལྡན། ) དེ་ལྟར་འཛིན་པའི་ཐེག་ཆེན་དགེ་བཤེས་ཐབས་མཁས་དང་བྲལ་བ་ཉིད་ཀྱིས་སོ། །དེ་ ལ་ལྡོག་བྱར་རྟོག་པ་ཡོངས་འཛིན་མེད་པའི་རྣམ་རྟོག་ (ཨཱརྱ་)གོ །ཁྱིམ་ཐབ་མེད་པའི་བུད་མེད་ 2-1-307 དེ་འཕྱོན་མ་བས་ཚུགས་སླ། ཁྱིམ་ཐབ་དཔའ་བོས་བསྲུངས་བ་ལ་མི་ཚུགས་པ་བཞིན་ལྔ་ཡང་ ཡུམ་དང་བྲལ་ན་བདུད་སོགས་ཀྱིས་ཚིགས་སླ། མ་བྲལ་ན་མི་ཚུགས་པར་རོ། །ཆོས་ཅན། རྫོགས་བྱང་སྒྲུབ་པའི་ལམ་གྱི་རྣམ་པ་མ་ཚང་ (ཡུམ་དང་བྲལ་བས་སོ་དག་ལྡན་)སྟེ། འཛིན་རྟོག་སོགས་ ཤེས་སྒྲིབ་མཐའ་དག་གི་གཉེན་པོ་ཚང་བ་མ་ཡིན་པ་ཉིད་ཀྱིས་སོ། །དེ་ལ་ལྡོག་བྱར་རྟོགས་ པ་ལམ་གྱི་རྣམ་པ་མ་ཚང་རྟོག་ (སྙིང་མཆོག་)གོ །དཔེར་ན། གཡུལ་དུ་འགྲོ་བའི་སྐྱེས་བུ་གོ་ཆ་ ཚང་ཞིང་མཚོན་ཆ་ཐོགས་པ་དགྲས་མི་ཚུགས་ (བཏུས་)སོ། །དེ་བཞིན་དུ་ལྔ་ཡང་ཡུམ་དང་མ་ བྲལ་ན་བདུད་དམ་བདུད་རིས་ཀྱི་ལྷའམ། ལྷག་ (གང་ཟག་)པའི་ང་རྒྱལ་ཅན་ནམ་བྱང་པ་གདོལ་ བས་མི་ཚུགས་སོ། །ཞེས་སོ། །ཆོས་ཅན། སློབ་དཔོན་གཞན་གྱི་རྐྱེན་གྱིས་རང་གི་བྱང་ཆུབ་ ཏུ་འགྲོ་དགོས་ཏེ། (ཡུམ་མེད་པས་སོ་དག་ལྡན། ) སྲིད་པ་ཐ་མའི་ཚེ་དེ་པ་དང་ཉན་ཐོས་ལ་སོགས་པའི་ གདམས་ངག་ལ་ལྟོས་པ་དང་བཅས་པས་འདོད་ཁམས་སུ་རང་གི་བྱང་ཆུབ་ཐོབ་བྱེད་ཉིད་ ཀྱིས་སོ། །བྱེ་བྲག་ (ཆོས་ཅན་)གཅིག་གཟུང་ངོ༌། །དེ་ལ་ལྡོག་རྟོག་ནི་གཞན་རྐྱེན་གྱིས་ (བཏུས་) འགྲོ་རྟོག་གོ །འཁོར་ལོས་བསྒྱུར་རྒྱལ་ལ་མཁར་ཀྱི་རྒྱལ་བོ་རྣམས་ནང་ནུབ་རིམ་འགྲོར་བྱ་ བའི་བར་དུ་འོང་ངོ༌། །ལྔ་ཡང་ཡུམ་གྱིས་ཟིན་ན་རྣམ་མཁྱེན་གང་ན་བ་དེར་འགྲོའོ། ། ཞེས་སོ། ། (ཀུན་གཉེན་པོས་བསྟན། ) ཆོས་ཅན། མཐར་ཐུག་གི་ཆེད་དུ་བྱ་བ་ལོག་པ་ཡིན་ཏེ། སེམས་ (ཡུམ་མེད་ པས་སོ་དག་ལྡན། )ཅན་ཐམས་ཅད་ཀྱི་མཆོག་ཆེན་པོ་ཉིད་སོགས་ཆེན་པོ་གསུམ་ལ་མི་འཇུག་པར་ དམན་པའི་མྱང་འདས་སུ་འཇུག་པས་སོ། །དེ་ལ་ལྡོག་རྟོག་ཆེད་དུ་བྱ་བ་ལོག་པའི་རྟོག་པའོ། ། ཆུ་ཀླུང་ཕྲ་མོ་ (བསྡུས་)གཾ་ག་དང་འགྲོགས་ཤིང་རྒྱ་མཚོར་འདོང་ངོ༌། །ལྔ་ཡང་ཡུམ་གྱིས་ཟིན་ ན་རྣམ་མཁྱེན་འགྲོའོ། ། ཆོས་ཅན། སྤང་བྱ་ཉི་ཚེ་བ་སྤོང་བའི་ལམ་གྱི་བྱེད་པ་ཅན་ཡིན་ (ཡུམ་ མེད་པས་སོ་དག་ལྡན་)ཏེ། གཟུང་ (གསེར་)རྟོག་སོགས་མི་སྤོང་བར་ཉོན་སྒྲིབ་ཙམ་སྤོང་བའི་གཉེན་ པོ་ཅན་ཉིད་ཀྱིས་སོ། །(ཡང་ན་ཤེས་རབ་ཀྱིས་རྣམ་གྲོལ་ལ་སྦྱར་རོ། ། ) དེ་ལ་ལྡོག་རྟོག་ཉི་ཚེ་བའི་བྱེད་ 2-1-308 པའི་རྣམ་རྟོག་ (ཨཱརྱ་)གོ །ལག་པ་གཡས་པས་དགོས་པ་ཐམས་ཅད་བྱེད་དོ། །ལྔ་ཡང་ལག་པ་ གཡོན་པ་ཇི་ལྟ་བ་བཞིན་དུ་བལྟའོ། །ཞེས་སོ། །ཆོས་ཅན། ལམ་དམན་པའི་འབྲས་བུ་དང་པོ་ རྒྱུན་ཞུགས་དང་སོགས་པ། ཕྱིར་འོང་སོགས་ཞུགས་འབྲས་ཀྱི་རྟོགས་པ་སྣ་ཚོགས་པའི་ལམ་ གྱི་རིགས་ཅན་ཡིན་ཏེ། (ཡུམ་མེད་པས་སོ་དག་ལྡན། ) བདེན་བཞི་ལ་མི་རྟོག་སོགས་ཆོས་ཀྱི་མཚན་ མར་དམིགས་པ་དང་བཅས་ནས་ལམ་བསྒོམ་པ་ཉིད་ཀྱིས་སོ། ། དེ་ལ་ལྡོག་རྟོག་ནི་རྟོགས་པ་ (ཨཱརྱ་)ཐ་དད་པའི་ (སྣ་ཚོགས་པའི་ཞེས་དག་སྙིང་སོགས། )རྣམ་རྟོག་གོ །དཔེར་ན། ཆུ་ཀླུང་ཕྲ་མོ་ཆེན་པོའི་ ཆུ་ཇི་སྙེད་པ་རྒྱ་མཚོར་ཕྱིན་ན་ལན་ཚྭའི་རོར་རོ་གཅིག་པ་བཞིན་དུ་ལྔ་ཡང་ཡུམ་གྱིས་ཟིན་ ན་རྣམ་མཁྱེན་དུ་ཕྱིན་པའི་ཚེ་རྣམ་མཁྱེན་དུ་རོ་གཅིག་པར་འགྱུར་རོ། །ཞེས་སོ། །ཆོས་ཅན། རྣམ་མཁྱེན་དུ་གནས་པ་དང་དེར་འཇུག་པའམ་འགྲོ་བ་ལ་རྨོངས་པའམ་མི་ཤེས་ (ཡུམ་མེད་པས་ སོ་དག། )ཏེ། (གསེར་ནི་གདུལ་བྱའི་ཡུལ་དུ་འགྲོ་བ་མི་ཤེས་ཞེས་སོ། ། ) རང་གི་བྱང་ཆུབ་ཐོབ་པ་ན་མ་རིག་པའི་ བག་ལ་ཉལ་ཐམས་ཅད་མ་སྤངས་པ་ཉིད་ཀྱིས་སོ། །དེ་ལ་ལྡོག་རྟོག་ནི་གནས་འཇུག་ (ཨཱརྱ་)མི་ ཤེས་པའི་རྣམ་རྟོག་གོ །(རྨོངས་དག་ལྡན། ) འཁོར་ལོས་བསྒྱུར་བ་དཔུང་ཚོགས་ཡན་ལག་བཞིའི་ མདུན་དུ་འཁོར་ལོ་རིན་ཆེན་འགྲོ་ཞིང་འདུག་སོགས་བཞིན་དུ་ལྔ་བོ་འདི་དག་ཀྱང་ཡུམ་གྱིས་ འགྲོ་བ་ཡིན་ཏེ། རྣམ་མཁྱེན་ཉིད་དེར་དོང་ཞིང་དེར་གནས་སོ། །སོགས་སོ། །ཆོས་ཅན། རང་ གི་བྱང་ཆུབ་ཐོབ་པའི་རྗེས་ལ་འཚང་རྒྱ་ན་རྣམ་མཁྱེན་གྱི་ལམ་ནས་འགྲོ་དགོས་ཏེ། (ཡུམ་མེད་ པས་རང་གིས་དེར་འགྲོ་བར་མི་ནུས་ཞེས་དག་ལྡན། ) སློབ་ལམ་པ་གང་ཞིག རྣམ་མཁྱེན་ཉིད་རྒྱུ་འབྲས་ ཀྱིས་ཐེག་ཆེན་ཐམས་ཅད་སྡུད་པར་བྱེད་པས་གཙོ་བོ་ཡིན་པ་ཉིད་ཀྱིས་སོ། །ཡང་ན་ཐེག་ ཆེན་རྣམ་མཁྱེན་གྱིས་ཐེག་པ་ཐམས་ཅད་ཀྱི་ཡོན་ཏན་སྡུད་ཅེས་སྦྱར་རོ། །དམན་པའི་མྱ་ངན་ ལས་འདས་པ་ཐམས་ཅད་ཀྱི་མཇུག་ཏུ་འཚང་རྒྱ་ན་རྣམ་མཁྱེན་གྱི་ལམ་ཤེར་ཕྱིན་ནས་ (མདོ་ དོན། )འགྲོ་དགོས་པས་དམན་ལམ་ཡོན་པོའི་ལམ་གྱིས་ (གསེར་)འགྲོ་བ་ལ་ལྡོག་བྱར་རྟོག་པ་ནི་ 2-1-309 རྗེས་ལ་འགྲོ་བའི་རྟོག་པའོ། །(སྟེ་འབྲས་བུ་ལ་རྒྱུ་ཉེ་བར་བཏགས་པའི་ཕྱིར་རོ། ། ) འཁོར་ལོས་བསྒྱུར་བའི་ རྒྱལ་བོ་དཔུང་ཚོགས་བཞིའི་མདུན་དུ་རིན་ཆེན་བདུན་འགྲོ་བ་བཞིན་དུ་ཡུམ་ཡང་ལྔའི་མདུན་ དུ་འགྲོ་སྟེ། ཞེས་སོགས་སོ། །(མདོ་དང་སྦྱོར་ཚུལ་དེ་ལྟར་གྲོལ་སྡེ་གཉིས་དང་དག་ལྡན་ནོ། །སྙིང་མཆོག་སོགས་དང་ འགྲེལ་ཆེན་ནི་ཚུལ་གཞན་དུ་སྦྱར་རོ། ། ) དེས་ན་དེ་རྣམས་ལ་དམིགས་ནས་གཟུང་བ་སྟེ་བླང་བར་བྱ་བ་ མ་ཡིན་པ་ཉིད་དུ་བྱས་ནས་ལྡོག་པར་བྱའོ་ཞེས་བྱ་བའི་རྣམ་རྟོག་དགུའི་བདག་ཉིད་འདི་ཆོས་ ཅན། གཟུང་རྟོག་གཉིས་པ་ལྡོག་པའི་ཕྱོགས་ཀྱི་རྟེན་ཅན་ཡིན་ཏེ། ཉན་ཐོས་དང་སོགས་པས་ རང་སངས་རྒྱས་ཀྱི་ཡིད་དམ་རྒྱུད་ལ་བླང་བར་བྱ་བ་ཉིད་དུ་འབྱུང་བའི་དམན་པའི་ཆོས་ལ་ དམིགས་ནས་ལྡོག་བྱར་འཛིན་པའི་རྟོག་པ་ཡིན་པས་སོ། །དེ་ལྡོག་བྱར་འཛིན་པའི་རྒྱུ་མཚན་ ནི། རྟོགས་པ་དམན་པ་ལ་སོགས་པ་དགུ་ནི་ཉེས་པའམ་སྐྱོན་དང་བཅས་པ་ཉིད་ཀྱིས་སོ། ། དེ་རྣམ་པ་དགུ་བོ་ཆོས་ཅན། བྱང་པ་རྣམས་ཀྱི་རྩེ་མོའི་མཐོང་ལམ་གྱི་ཟག་མེད་ཀྱི་སེམས་ ཡིད་ཤེས་དང་སེམས་བྱུང་ཤེས་རབ་འཇུག་པའི་གནས་སྐབས་ཀྱི་སྤང་བྱར་བཞེད་དོ། །དེའི་ དངོས་གཞི་བར་ཆད་མེད་ལམ་གྱིས་གཞོམ་བྱ་ཡིན་པས་སོ། །ཆོས་བཤེས་ནི། ཚན་པ་དེ་ གཉིས་ཉེར་བསྡོགས་ཀྱིས་འཇོམས་ཟེར་རོ། ། གཉིས་པ་ལ། རྫས་རྟོག་དང༌། བཏགས་རྟོག་རྒྱས་བཤད་དོ། །དང་པོ་ལ། མཚམས་སྦྱར་ ནི། སོ་སོ་སྐྱེ་བོའི་སོགས་སོ། །རྩ་བ་ལ། འཆད་ཚུལ་མང་ཡང་གཅིག་བརྗོད་ན། ཡུལ་ཡུལ་ཅན་ དགུ་སྟེ་རྫས་སུ་ཡོད་པའི་བདག་ (ཨཱརྱ་རད་ཀིར། )སྡུག་པ་ (རད་ཀིར་)འཛིན་ཅིང་མི་སྡུག་པ་འདོར་ བར་འཛིན་པ་ཡུལ་དང༌། དེ་ལྟར་འཛིན་པར་འཁྲུལ་བའི་རྟོག་པ་ནི་འཛིན་འདོར་གྱི་རྟོག་ པའོ། །ཡུམ་ནི་ཆོས་གང་ཡང་ཡོངས་སུ་འཛིན་པའམ་གཏོང་བ་མེད་དོ། །སོགས་སོ། །ཆོས་ དེ་རྣམས་བདག་གིས་འཛིན་པར་འགྱུར་བ་ཉིད་དུ་ཡིད་ལ་བྱེད་པའི་རྫས་ (འཛིན་པར་འགྱུར་བ་ཉིད་ དུ་ཆོས་དེ་རྣམས་ཡིད་ལ་བྱེད་པ་ནི་ཡིད་ལ་བྱེད་པའི་རྟོག་པ་ཞེས་ཟླ་ཟེར། )འཛིན་ཡུལ་དང་ (རད་ཀིར་)དེར་འཁྲུལ་ 2-1-310 རྟོག་ཡིད་ལ་བྱེད་པའི་རྟོག་པའོ། །གཟུགས་ཡིད་ལ་མི་བྱེད་དོ། །ཞེས་སོགས་སོ། །བདག་ ཤི་ནས་ (རད་ཀིར་)ཁམས་གསུམ་པོ་རྣམས་གང་རུང་དུ་འཇུག་པར་འཛིན་པ་ཡུལ་དང༌། དེར་ འཁྲུལ་རྟོག་ནི་ཁམས་གསུམ་ཅར་དང་ཉེ་བར་འབྲེལ་བའི་རྟོག་ (ཨཱརྱ་རད་ཀིར། )པའོ། །ཅིའི་སླད་ དུ་གཟུགས་ཡིད་ལ་མ་བྱས། ཞེས་སོགས་ནས། ཡིད་ལ་མི་བྱེད་པ་ནི་གང་དུ་ཡང་འདྲེ་བར་མི་ འགྱུར་རོ། །སོགས་སོ། །བདག་ (སྙིང་ཟླ་)ཁམས་གསུམ་ལ་གནས་པ་ཇི་ལྟར་ཁམས་གསུམ་དང་ འབྲེལ་བ་མེད་ (སྙིང་ཟླ་)ཅེས་འཛིན་པ་ནི་ཡུལ་དང༌། དེར་འཁྲུལ་རྟོག་ནི་གནས་པའི་རྣམ་རྟོག་ གོ །རྣམ་མཁྱེན་གྱི་བར་ལ་མི་གནས་སོ། །ཞེས་སོ། །བདག་ཁམས་གསུམ་ལ་ (སྙིང་ཟླ་)མངོན་ ཞེན་ཡོད་པས་ཇི་ལྟར་མི་གནས་སྙམ་དུ་འཛིན་པ་ནི་ཡུལ་དང༌། དེར་འཁྲུལ་རྟོག་མངོན་པར་ ཞེན་པའི་རྟོག་པའོ། །མངོན་པར་ཆགས་པ་མེད་པ་དང་གནས་པ་མེད་པའི་ཚུལ་གྱིས་ཡུམ་ ལ་སྤྱོད་དོ། །ཞེས་སོགས་སོ། །དེ་ཡན་འཁོར་བའི་བདག་གི་དབང་དུ་བྱས་སོ། །ད་ལམ་དང་ འབྲས་བུའི་བདག་གི་དབང་དུ་བྱས་ནས། བདག་སྦྱིན་སོགས་སངས་རྒྱས་ཀྱི་བར་གྱི་ཆོས་ ཀྱི་དངོས་པོར་བཏགས་པའི་རྫས་སུ་འཛིན་པ་ཡུལ་དང༌། དེར་འཁྲུལ་རྟོག་ནི་དངོས་པོར་ (ཨཱརྱ་ )བཏགས་པའི་རྣམ་རྟོག་གོ །དེ་པ་ནི་ཆོས་གང་ལ་ཡང་འདོགས་པ་མེད་དོ། །ཞེས་སོགས་ སོ། །བདག་ལ་ཆགས་པ་ཉིད་ཀྱིས་འཚང་རྒྱ་སྟེ་གཞན་དུ་ན་རྒྱབ་ཀྱིས་ཕྱོགས་པས་སོ་སྙམ་པ་ ཡུལ་དང༌། (སྙིང་ཟླ། ) དེར་འཛིན་རྟོག་པའམ་ཡང་ན་བདག་དེ་ཁོ་ (རད་ཀིར། )ནའི་ཡེ་ཤེས་བསྐྱེད་ པ་ལ་ཆགས་པའི་རྫས་སུ་འཛིན་པ་ཡུལ་དང༌། དེར་འཁྲུལ་རྟོག་ནི་ཆགས་པའི་རྣམ་རྟོག་གོ ། མངོན་པར་ཆགས་པས་བརྗོད་པ་མ་ཡིན་ནོ། །ཞེས་སོགས་སོ། །བདག་ཉོན་མོངས་ཐམས་ ཅད་ཀྱི་གཉེན་པོའི་ཕྱོགས་སུ་འཛིན་པ་ཡུལ་དང༌། དེར་འཁྲུལ་རྟོག་ནི་གཉེན་པོའི་རྣམ་རྟོག་ གོ །ཡུམ་ཡང་ཡུམ་དང་མ་བྲལ། ཞེས་སོགས་སོ། །བདག་མངོན་ཤེས་སོགས་ (རད་ཀིར་)མེད་ པར་ཇི་ལྟར་འདོད་པ་བཞིན་དུ་འགྲོ་བ་ཉམས་སུ་འཛིན་པ་ཡུལ་དང༌། དེར་འཁྲུལ་རྟོག་ཇི་ 2-1-311 ལྟར་འདོད་བཞིན་འགྲོ་ཉམས་ཀྱི་རྣམ་རྟོག་གོ །རྣམ་མཁྱེན་ཉིད་གང་ན་བ་དེར་གནས་པར་ འགྱུར་རོ། །ཞེས་སོགས་སོ། །རད་ཀིར་གྱིས་བདག་གིས་དབང་དུ་བྱས་ནས་ཐམས་ཅད་ལ་ བསྒྲུབ་པར་བྱ་སྟེ་ཇི་ལྟར་རིགས་པར་བསྒྲུབ་པར་བྱའོ། །ཞེས་དང༌། ལ་ལ་བདག་ལ་དངོས་ སུ་སྦྱར་ཞིང༌། སྙིང་མཆོག་ཟླ་ཟེར་དུ་ཡང༌། དང་པོ་བདག་ལ་སྦྱར་ཏེ། བདག་རྫས་སུ་ཡོད་པ་ ནི་འཛིན་པ་དང་པོ་སྟེ་འཛིན་འདོར། ཞེས་སོགས་སོ། །རྫས་འཛིན་ཡུལ་ཡིན་པར། རད་ཀིར་ གྱིས་རྫས་སུ་ཡོད་པར་སོ་སོ་སྐྱེ་བོས་བཏགས་པར་འཛིན་པའི་རྣམ་པར་རྟོག་པ་དང་པོ་རྣམ་ པ་དགུར་ཇི་ལྟར་འགྱུར་ཞེས་ཞུས་པ་ལ་གསུངས་པ། ཞེས་མཚམས་སྦྱར་བས་ཤེས་སོ། །ཆོས་ བཤེས་ལྟར་ཡང་དཔྱད་ཅིང་སྦྱར་རོ། །དེ་ལྟར་དགུ་མཚན་གཞི། མཐོང་རྩེའི་སྤང་བྱ་འཛིན་ རྟོག་དང་བོ་རྫས་རྟོག་ཏུ་མཚོན། མཐོང་རྩེའི་ཉེར་བསྡོགས་ཀྱི་གཞོམ་བྱ་གང་ཞིག སོ་སྐྱེའི་ རྫས་འཛིན་ལ་དམིགས་ནས་དེར་འཁྲུལ་རྟོག་ཡིན་པར་ཤེས་པར་བྱའོ། །འགྲེལ་པ་ལ། བྱང་ སེའི་སྦྱོར་ལམ་ཆོས་ཅན། དོན་དམ་པར་འཛིན་འདོར་མེད་ཀྱང༌། ཀུན་རྫོབ་ཏུ་སྒྱུ་མ་བཞིན་དུ་ ཡོན་ཏན་འཛིན་པ་དང་སྐྱོན་འདོར་ཏེ། (གཟུགས་ལ་སོགས་པ་འཛིན་པ་དང་འདོར་བས་ཞེས་གསེར་རོ། །བླང་དོར་ ལ་འཛིན་འདོར་བྱེད་ཅེས་ཀྱང་བྱའོ། ། ) ཀུན་རྫོབ་ཏུ་སྐྱོན་སེལ་ཅིང་ཡོན་ཏན་ལེན་པས་སོ། །སྐྱོན་ཡོན་ ལ་འཛིན་འདོར་བྱེད་པའི་སོ་སྐྱེའི་འཛིན་པ་ལ་རྫས་འཛིན་དུ་འཁྲུལ་རྟོག་གམ་སོ་སྐྱེ་ལ་དོན་ དམ་པའི་དངོས་པོ་སྟེ་རྫས་སུ་འཁྲུལ་རྟོག་ཅེས་སྦྱར་རོ། །འོག་མ་རྣམས་ལའང་བསྒྲེའོ། །སོ་ སྐྱེ་ཐ་མལ་པ་ཆོས་ཅན། ཡང་དག་པ་མཚན་མེད་ཉིད་དུ་ཡིད་ལ་མི་བྱེད་པར་མཚན་མར་ཡིད་ ལ་བྱེད་དེ། དངོས་པོར་མངོན་པར་ཞེན་པས་སོ། །ཆོས་ཅན། ཁམས་གསུམ་ཅར་ཏེ་གང་རུང་ དུ་སྐྱེ་བ་ཉེ་བར་འབྲེལ་ཏེ། དངོས་པོ་བདེན་པར་ཞེན་པའི་སོ་སྐྱེ་ཡིན་པའི་ཆོས་ཉིད་ཀྱིས་སོ། ། ཆོས་ཅན། མཚན་འཛིན་གྱིས་གནས་ཏེ། དོན་དམ་པར་གཟུགས་སོགས་སྟོང་ཉིད་དུ་རྟོགས་ ནས་མི་གནས་པའི་སྐྱེས་བུ་ཡིན་པས་སོ། །བྱང་སེའི་སྦྱོར་ལམ་ཆོས་ཅན། ཆོས་ཐམས་ཅད་ 2-1-312 ལ་སྒྱུ་མ་ལྟར་མངོན་པར་ཞེན་པ་སྟེ་འཛིན་ཏེ། དངོས་པོ་ལ་བདེན་པར་མངོན་པར་མ་ཞེན་ པའི་ལམ་ཡིན་པས་སོ། །ཆོས་ཅན། ཆོས་ཐམས་ཅད་བཏགས་པ་ཙམ་དུ་རྟོགས་ཏེ། དོན་ དམ་པར་རྫས་སུ་ཡོད་པ་མེད་པར་རྟོགས་པའི་ལམ་ཡིན་པས་སོ། །ཆོས་ཅན། མངོན་པར་ མ་ཞེན་པ་སྔོན་དུ་འགྲོ་བའི་སྒོ་ནས་ཕྱིན་དྲུག་ལ་ཆགས་པ་སྟེ་སྤྱོད་དེ། ཐོས་བསམ་སྒོམ་པའི་ བློས་དེ་ཁོ་ན་ཉིད་ཤེས་པའི་སྒོ་ནས་འཁོར་གསུམ་དུ་མ་ཆགས་པའི་ལམ་ཡིན་པས་སོ། །ཆོས་ ཅན། འཁོར་འདས་ལ་བླང་དོར་དུ་འཛིན་པའི་གཉེན་པོ་ཡིན་ཏེ། འཁོར་འདས་དོན་དམ་པར་ བདེན་མེད་དུ་མཉམ་པ་ཉིད་དུ་རྟོགས་ནས་བསྒོམ་པའི་ལམ་ཡིན་པས་སོ། །འཁོར་གསུམ་མི་ རྟོག་པའི་ཤེས་རབ་དང་བྲལ་བའི་སོ་སྐྱེའི་སྦྱིན་སོགས་རྐྱང་བ་ཆོས་ཅན། རང་ཇི་ལྟར་འདོད་ པ་བཞིན་དུ་སངས་རྒྱས་སུ་འགྲོ་བ་ཐོགས་ཏེ་འགྲོ་མི་ནུས་ཏེ། འཁོར་གསུམ་མི་རྟོག་པའི་ཤེར་ ཕྱིན་ཡང་དག་པར་མ་ཤེས་པ་སྟེ་དེས་མ་ཟིན་པའི་ཐབས་རྐྱང་བ་ཡིན་པ་ཉིད་ཀྱིས་སོ། །དེ་ འདྲའི་སོ་སྐྱེའི་འཛིན་པའམ་སོ་སྐྱེ་ལ་དོན་དམ་པ(འི་དངོས་པོ་ནི་སྐྱེས་བུ་རྫས་སུ་ཡོད་པ་སྟེ་དེ་ལ་ཞེན། ཞེས་ གསེར་)སྟེ་རྫས་འཛིན་དུའམ་རྫས་སུ་བདེན་པའི་དངོས་པོར་མངོན་པར་ཞེན་པ་སྟེ་འཁྲུལ་རྟོག་ ཡིན་པས། འཛིན་རྟོག་དང་པོ་རྫས་འཛིན་རྟོག་པ་ཡིན་ལ། དེ་ཡང་ཡུལ་དགུ་ཡོད་པས་རྣམ་ པ་དགུའོ། །དགུ་ཆོས་ཅན། མཐོང་ལམ་རྩེ་མོའི་སྦྱོར་བའི་གནས་སྐབས་ཀྱི་སྤང་བྱར་བཞེད་ དོ། །དེའི་ཉེར་བསྡོགས་ཀྱིས་གཞོམ་བྱ་ཡིན་པས་སོ། ། གཉིས་པ་ལ། མཚམས་སྦྱར་ནི། འཛིན་པར་ཞེས་སོགས་སོ། །རྩ་བ་ལ། འདི་སོ་སྐྱེའི་ མིན་གྱི་འཕགས་པ་ཉན་རང་གི་ཆོས་ཡིན། ཞེས་ (སྙིང་མཆོག་)དག་ལྡན་ནོ། །ཆེད་དུ་བྱ་བ་ཆེན་ པོ་གསུམ་དུ་ཇི་བཞིན་ངེས་པར་མི་འབྱུང་བའི་ཐེག་དམན་ (དག་ལྡན་)འཕགས་པའི་ལམ་ལའམ་ འཕགས་པ་ལ་བཏགས་པར་ཡོད་པར་འཛིན་པའི་རྣམ་རྟོག་གམ་འཕགས་པའི་འཛིན་པ་ལ་ བཏགས་འཛིན་དུ་འཁྲུལ་རྟོག་ནི་ཆེད་བཞིན་མི་འབྱུང་བའི་རྟོག་པའོ་ཞེས་རེ་རེར་སྦྱར་རོ། ། 2-1-313 ཕར་ཕྱིན་ལྔ་ཡང་ཡུམ་གྱི་རྗེས་སུ་འབྲངས་ཏེ། རྣམ་མཁྱེན་ཉིད་གང་ན་བ་དེར་གནས་པར་ འགྱུར་རོ། །ཞེས་སོགས། ལམ་དང་ལམ་མིན། ཞེས་ (དག་སྙིང་དངོས་དོན་ཟླ་ཟེར་)ཏེ། ཤེར་ཕྱིན་ གྱིས་ (མདོ་)ཟིན་པའི་ཕྱིན་དྲུག་ནི་བྱང་སེའི་རྣམ་མཁྱེན་འཐོབ་པའི་ལམ་དང་ (མདོ་ཨཱརྱ་)ཉན་རང་ གི་ལམ་ནི་ (མདོ་ཨཱརྱ་ཡང་)དེའི་ལམ་མིན་པ་ལ་དེ་ལྟར་མི་འཛིན་པའི་ཐེག་དམན་ལ་འཕགས་ པའི་ཞེས་སོགས་ནི་ལམ་དང་ལམ་མིན་ངེས་པར་འཛིན་པ་མེད་ (ཚིག་སྔ་མའི་མཇུག་ན་དགག་པའི་ཡི་གེ་ སྦྱར་ཏེ་ཡོད་པས་སོ། །དག་ལྡན། )པའི་རྟོག་པའོ། །(དག་ཟླ་ཟེར། ) ཤེར་ (རྣམ་མཁྱེན་ཉིད་ཐོབ་པར་བྱ་བ་ལ་ཉན་ཐོས་ ཀྱི་ལམ་ནི་ལམ་མིན་ནོ། །རང་སངས་ཀྱི་ལམ་ནི་ལམ་མིན་ནོ་རྣམ་མཁྱེན་ཉིད་ཐོབ་པར་བྱ་བ་ལ། )པ་སྔོན་དུ་འགྲོ་བའི་ ཕྱིན་དྲུག་ནི་བྱང་པ་རྣམས་ཀྱི་ལམ་མོ། །ཞེས་སོགས། (ཨཱརྱ་ནི་ལམ་དང་ལམ་མ་ཡིན་པར་ངེས་པར་འཛིན་ པའི་རྣམ་རྟོག་ཅེས་སོ། ། ) བདེན་དངོས་ཀྱི་སྒྲིབ་པ་འགག་པ་དང་བཅས་པ་སྟེ་ལྷན་གཅིག་ཏུ་སངས་ རྒྱས་ཀྱི་ཆོས་རྣམས་ (སྙིང་ཟླ་)སྐྱེ་བར་འཛིན་པའི་ཞེས་སོགས་ནི། (དཀར་ནག་གི་ཆོས་སྐྱེ་འགག་ཅེས་གནོད་ འཇོམས། ) སྐྱེ་བ་དང་འགག་པའི་རྣམ་རྟོག་གོ །ཡུམ་ (སྐྱེ་བ་ནི་སངས་རྒྱས་ཀྱི་ཆོས་རྣམས་ལ་འགག་པ་ནི་སྒྲིབ་ པ་རྣམས་ཞེས་སྙིང་ཟླ། )ནི་ཆོས་གང་ཡང་བསྐྱེད་པ་མ་ཡིན་འགོག་པ་མ་ཡིན། ཞེས་སོགས། འཁོར་ གསུམ་དུ་དང་གཟུགས་སོགས་ཀྱི་དངོས་པོར་དམིགས་ཏེ་ལམ་ལ་ལྡན་པ་སྟེ་སྦྱོར་ཞིང་བརྩོན་ པ་དང་དེར་མི་དམིགས་པས་མི་ལྡན་ཏེ་མི་སྦྱོར་ཞིང་མི་བརྩོན་པའི་ (དག་ལྡན་དོན་)འཕགས་པའི་ དམན་ལམ་ཞེས་སོགས་ནི། དངོས་པོ་ལྡན་དང་མི་ལྡན་གྱི་རྟོག་པའོ། །བྱང་ཆེན་པོ་ཇི་ལྟར་ ཕྱིན་དྲུག་ལ་བརྩོན་པར་བགྱི། གཟུགས་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན། (གཉེན་པོ་ བསྟན་ནོ། ། )ནས། རྣམ་མཁྱེན་བར་རོ། །དྲུག་པ་མེད་ན་དེ་མེད་དོ། །ཞེས་པ་ནི། ལྡན་མི་ལྡན་གྱི་ རྣམ་རྟོག ཅེས་དག་ལྡན་ནོ། །གཟུགས་སོགས་ལ་མཚན་མར་འཛིན་པས་གནས་པའི་ཞེས་ སོགས་ནི། (ཨཱརྱ། ) གཟུགས་སོགས་ལ་གནས་པའི་ (དག་)རྣམ་རྟོག་གོ །གཟུགས་ལ་གནས་པར་ བྱའོ་ཞེས་བརྩོན་པར་མི་བྱའོ། །རྣམ་མཁྱེན་བར་རོ། །དག་ལྡན། (མི་བྱའོ་ཞེས་པ། ) དེ་བརྩོན་པ་ 2-1-314 ཡིན་ལ་དྲུག་པ་མེད་ན་དེ་དག་ལ་གནས་པར་འགྱུར་ཞེས་བྱ་བ་ནི་གནས་རྟོག ཅེས་སོ། །རྣམ་ མཁྱེན་གྱི་ (དངོས་)རིགས་ནི་ས་བོན་ཕྱིན་དྲུག་ (དངོས་)དྲུག་པ་མེད་ན་དེ་འཇིག་པར་འགྱུར་ཞེས་ པ། རིགས་འཇིག་རྟོག ཅེས་དག་ལྡན། འཇིག་པའམ་མེད་པའི་འཕགས་པ་ཞེས་སོགས་ ནི། རིགས་འཇིག་པའི་རྣམ་རྟོག་སྟེ། དཔེར་ན། སྐྱེས་བུ་ཞིག་ཤིང་ཏོག་ཨ་མྲའམ་བ་ན་ས་ཟ་ བར་འདོད་ན། སོགས་ནས། བྱང་ཆེན་འཚང་རྒྱ་བར་འདོད་པས་ཀྱང་ཕྱིན་དྲུག་ལ་བསླབ་སྟེ་ སྦྱིན་པས་སེམས་ཅན་གཟུང༌། ཞེས་སོགས་སོ། །གཞན་དྲིང་མི་འཇོག་པ་དང་ཞིང་སྦྱང་བ་ (སྙིང་ པོ་བྱང་ཆུབ་ཏུ་འདུག་པ་དང་ཆོས་འཁོར་བསྐོར་)ལ་སོགས་པའི་དོན་དུ་གཉེར་བྱ་མི་འགྲུབ་པའི་འཕགས་ ཞེས་སོགས་ནི། (དྲུག་པ་ལ་སློབ་པར་མི་བྱའོ་སྙམ་པ་ནི་ཞེས་སྙིང༌། དེ་ལ་བསླབས་པས་ཀྱང་ཆོས་ཐམས་ཅད་ལ་དབང་ བསྒྱུར་མི་ཐོབ་སྙམ་པ་ཞེས་ཟླ། ) དོན་གཉེར་མེད་པའི་རྣམ་རྟོག་སྟེ། གཞན་གྱི་དྲིང་མི་འཇོག་པར་ འདོད་པ་དང༌། སོགས་ནས། ཕྱིན་དྲུག་ལ་བསླབ་པར་བྱའོ། །ཞེས་སོགས། དྲུག་པ་མེད་ན་ དོན་གཉེར་མི་འགྲུབ་པོ་ཞེས་པ་དོན་གཉེར་མེད་རྟོག་ཅེས་དག་གོ །རྣམ་མཁྱེན་གྱི་རྒྱུ་ཕྱིན་ དྲུག་མེད་པའི་འཕགས་སོགས་ནི། རྒྱུ་མེད་པའི་རྣམ་རྟོག་གོ །རྒྱ་མཚོ་ཆེན་པོ་ (རིན་པོ་ཆེའི་རྒྱུ་ཞེས་ ཨཱརྱ་སྙིང་ཟླ། )ཆུ་ཀླུང་ཐམས་ཅད་ཀྱི་ (རྒྱས་འབྲིང་)སྒོ་འོ། །(ནི་དེར་དེ་རྣམས་འདུ་བ་འབུམ་ཊཱིཀ) ཡུམ་ཡང་ ཆོས་ཐམས་ཅད་ཀྱི་སྒོའོ། ། ཞེས་སོགས་སོ། །ཤེར་པ་ཡོད་ན་རྣམ་མཁྱེན་ཐོབ་ཀྱི་དྲུག་པ་མེད་ ན་མིན་ཞེས་པ་རྒྱུ་མེད་ཀྱི་རྟོག་པ་ཞེས་དག་གོ །(སྙིང་ཟླ་དོན་འདྲ། ) ཕྱིར་རྒོལ་བ་བདུད་དམ་ (མདོ་ )བདུད་རིས་ཀྱི་ལྷ་རྣམས་དམིགས་པ་སྟེ་དེས་ཐུབ་ཅིང་ཆོས་ཀུན་དོན་དམ་པར་མི་དམིགས་ པར་རྟོགས་པའི་ (མདོ་དོན་)སྲས་སུ་སངས་རྒྱས་ཀྱི་དགོངས་པ་མེད་པའི་འཕགས་སོགས་ནི། ཕྱིར་རྒོལ་བ་དམིགས་པ་དག་ལ་ (འདིས་སྔ་མ་རྣམས་ཀྱང་ཡུལ་དུ་བསྟན་ནོ། ། )རྣམ་པར་རྟོག་པའོ་ཞེས་ དག་གོ །འཕོང་གི་སློབ་དཔོན་གྱི་དཔེས་ཡུམ་ལ་སྤྱོད་པ་ཡང་བདུད་དམ་བདུད་ཀྱི་རིས་ཀྱི་ལྷ་ རྣམས་ཀྱིས་ཐུབ་པར་དཀའ་འོ། །ཞེས་སོགས་སོ། །མདོ་དང་ཤནྟིའི་དགོངས་པ་ལྟར་གངས་ 2-1-315 ཅན་དུ་ཁོ་བོ་གཅིག་པུའོ། །དེ་དགུ་ཆོས་ཅན། འཛིན་པའི་རྣམ་རྟོག་གཞན་ཏེ་མཐོང་རྩེའི་སྤང་ བྱ་བཏགས་རྟོག་ཡིན་ཏེ། དེའི་དངོས་གཞི་བར་ཆད་མེད་ལམ་གྱི་གཞོམ་བྱ་གང་ཞིག ཡུལ་ འཕགས་པའི་འཛིན་པ་ལ་བཏགས་འཛིན་དུ་འཁྲུལ་རྟོག་གི་ཕྱིར། འཕགས་ལམ་བཏགས་ པར་བདེན་པར་ཞེས་ཀྱང་ངོ༌། །འགྲེལ་པ་ལ། ཉན་རང་གི་སློབ་ལམ་ཆོས་ཅན། ཆེད་དུ་བྱ་ བ་ཆེན་པོ་གསུམ་ཇི་ལྟ་བ་བཞིན་དུ་ངེས་པར་མི་འབྱུང་སྟེ། ཉན་ཐོས་ལ་སོགས་པ་དམན་པའི་ དགྲ་བཅོམ་དུ་ངེས་པར་འབྱུང་བ་ཉིད་ཀྱིས་སོ། །ཉན་ཐོས་རང་རྒྱུད་པ་འགའ་ཆོས་ཅན། ལམ་ གཞན་ཐེག་ཆེན་ལམ་ལ་མཐར་ཐུག་གི་མྱང་འདས་ཀྱི་ལམ་མ་ཡིན་པ་ངེས་པར་འཛིན་པ་ ཡོད་དེ། དེ་རང་གི་མངོན་པར་འདོད་པའི་མྱང་འདས་ཀྱི་ལམ་དུ་མེད་པས་དེ་དེའི་ལམ་མིན་ པར་མཐོང་ནས་དེར་འཛིན་པས་སོ། །འདུས་བྱས་ཡིན་པའི་འབྲས་བུ་ཆོས་ཅན། ཁྱོད་སྐྱེ་བ་ དང་རང་གི་དངོས་རྒྱུ་འགག་པ་ལྷན་གཅིག་སྟེ། དེས་བསྐྱེད་པས་སོ། །དེར་བདེན་འཛིན་ཞེས་ སོགས་དང༌། རྩ་བ་ལྟར་ཡང་ངོ༌། །དངོས་པོ་མཐའ་དག་སྟེ་དག་སའི་ལམ་ཆོས་ཅན། རྒྱུན་ དང་ལྡན་ཏེ། བདུད་བཞི་དང་ས་གཉིས་ཀྱི་བར་ཆད་མེད་པས་མི་རྟོག་ཡེ་ཤེས་བར་མ་ཆད་ དུ་འཇུག་པའི་ལམ་ཡིན་པས་སོ། །ཉན་རང་གི་ལམ་ཆོས་ཅན། འཁོར་བ་སྲིད་དམ་མི་རྟོག་ ཡེ་ཤེས་རྒྱུན་དང་མི་ལྡན་ཏེ་དེ་འདྲའི་བར་ཆད་ཡོད་པར་སྣང་བ་སྟེ་ཡོད་པ་ཅན་གྱི་ལམ་ཡིན་ པས་སོ། །ཡང་ན་གཟུགས་སོགས་དངོས་པོ་མཐའ་དག་ (ཆགས་སོགས་དྲི་མ་རང་བཞིན་གྱིས། )ལྡན་མི་ (གློ་བུར་)དུ་ལྡན་ཏེ། (ཞེས་འབུམ་ཊཱིཀ་གི་དོན་དུ་རུང་ངོ༌། ། ) གཅིག་དང་ཐ་དད་དུ་འཛིན་ཞེས་གསེར་དོན་ ནོ། །སངས་རྒྱས་ལ་བར་ཆད་སྒྲིབ་གཉིས་མེད་པས་དངོས་པོ་མཐའ་དག་ཡུལ་དུ་ལྡན། ཉན་ རང་བྱང་སེ་ལ་དེ་བཟློག་པར་བཅོམ་རལ་ལོ། །བྱང་འཕགས་ཆོས་ཅན། གཟུགས་སོགས་ལ་ དོན་དམ་པར་མི་གནས་པར་ (གསེར་དོན་)གནས་ཏེ། ཐེག་ཆེན་འཕགས་པས་སོ། །གནས་པའི་ དཔེ་ནམ་མཁའི་བྱ་ཅི་ལ་ཡང་མི་རྟེན་པར་ནམ་མཁར་གནས་པ་དང་འདྲ་བ་ཉིད་ཀྱིས་སོ། ། 2-1-316 ཆོས་ཅན། ཉན་ཐོས་ལ་སོགས་པ་ཐེག་དམན་འབའ་ཞིག་པར་གནས་པའི་རིགས་འཇིག་སྟེ། རྫོགས་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་ (ནས་སེམས་ཅན་ཐམས་ཅད་ལ་བཏང་སྙོམ་སུ་མི་བྱ་བས་ཞེས་ཟླ་ཟེར་ སྙིང༌། )དང་སོགས་པ་ཐེག་ཆེན་གདམས་ངག་ (གསེར་)སོགས་ཀྱིས་གཟུང་བའི་སྒོ་ནས་སོ། །ཆོས་ ཅན། དོན་དམ་པར་གང་ལ་ཡང་འདོད་ཅིང་དོན་གཉེར་མེད་དེ། དོན་དམ་པར་དེ་བཞིན་ཉིད་ ཀྱང་དོན་གཉེར་མེད་པས་སོ། །ཁྱབ་སྟེ། དེ་ལས་ཁྱད་པར་དུ་འཕགས་པའི་ཆོས་མེད་པས་སོ། ། རྫོགས་བྱང་ཆོས་ཅན། དོན་དམ་པའི་བདེན་པ་ལ་བརྟེན་ནས་ཏེ་དབང་དུ་བྱས་ནས་རྒྱུ་མེད་ དེ། དོན་དམ་པར་སྤྲོས་བྲལ་ཡིན་པས་སོ། །ཉན་ཐོས་འཕགས་པ་ཆོས་ཅན། བདུད་སོགས་ ཕྱིར་རྒོལ་བའི་དངོས་པོ་དམིགས་ཏེ། སེར་སྣ་སྟེ་དངོས་འཛིན་ཤིན་ཏུ་གོམས་པར་བྱས་པའི་ རྟེན་འབྲེལ་གྱི་ཆོས་ཉིད་ཀྱིས་སོ། །ཡུལ་དེ་རྣམས་ལ་དམིགས་ནས་བཏགས་པའི་དངོས་པོར་ (ནི་སྐྱེས་བུ་ཡོད་པར་བཏགས་པའི་ཞེས་གསེར། )མངོན་པར་ཞེན་པ་ཉིད་ཀྱིས་ན་འཛིན་རྟོག་གཉིས་པ་ བཏགས་འཛིན་རྟོག་པ་སྟེ། རྣམ་པ་དགུ་ཡོད་དོ། །དགུ་ཆོས་ཅན། མཐོང་རྩེའི་སེམས་སེམས་ བྱུང་འཇུག་པའི་གནས་སྐབས་ཀྱི་སྤང་བྱར་བཞེད་དེ། དེའི་དངོས་གཞི་བར་ཆད་མེད་ལམ་ གྱིས་གཞོམ་བྱས་སོ། །ཆོས་བཤེས་ནི། འཛིན་རྟོག་གཉིས་ཀ་འཇུག་པས་སྤོང་བར་བཞེད་དོ། ། དོན་བསྡུ་ནི། ཚུལ་དེ་ལྟར་ན། བར་ཚིགས་དགུས་རྟོག་པ་རྣམ་པ་བཞི་ཉིད་ལ་སོ་སོར་ཏེ་རེ་ རེ་ལ་ཡང་དགུ་དགུ་ཡིན་སོགས་དང་གཉེན་པོ་སྦྱོར་འཇུག་བཞི་ལ་ཡང་སྤང་བྱ་དེ་བཞིན་དུ་ དགུ་དགུའི་དབྱེ་སོགས་སོ། །གཉེན་པོ་རྫས་གཉིས་ལ་ལྡོག་པས་ཕྱེ་བའོ། ། གཉིས་པ་ལ། མཚམས་སྦྱར་ནི། དེ་ལྟར་སོགས་ནས་ཉེར་ལེན་མཐོང་བའི་ལམ་ལྷན་ གཅིག་བྱེད་རྒྱུའམ་གྲོགས་གང་དང་བཅས་པས་བྱང་ཆུབ་ཆེན་པོ་བསྐྱེད་པར་བཞེད་པའི་ སོགས་སོ། །རྩ་འགྲེལ་ལ། རྟོགས་པའི་ཆོས་ལ་འགོད་པ་དང༌། རྒྱུ་ལུང་གི་ཆོས་ལ་འགོད་པ་ དང༌། རང་གི་རྒྱུད་སྦྱོང་བ་གསུམ་ལས། དང་པོ་ནི། བྱང་སེམས་མཐོང་ལམ་པས་གདུལ་བྱ་ 2-1-317 གཞན་དག་སངས་རྒྱས་ཀྱིས་འཆད་འགྱུར་གྱི་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པའི་རྒྱུ་ཐེག་ ཆེན་མཐོང་བའི་ལམ་དང་སོགས་པ་སྒོམ་ལམ་ལ་ (གསེར་)རབ་ཏུ་འགོད་པ་ཆོས་ཅན། ཐེག་ཆེན་ མཐོང་ལམ་གྱིས་བྱང་ཆེན་བསྐྱེད་པའི་རྐྱེན་གཅིག་ཡིན་ནོ། །དེས་ཐེག་ཆེན་མཐོང་ལམ་པའི་ གདུལ་བྱ་བྱང་ཆེན་ལ་འགོད་པའི་གྲོགས་ཡིན་པས་སོ། །ཡུམ་ནི་ཟབ་སྟེ་བྱང་ཆེན་པོ་དེ་དག་ ནི་དཀའ་བ་བགྱིད་པའོ། །ཞེས་ནས། མཐོང་ལམ་ཐོབ་པའི་དགེ་སློང་དྲུག་སྟོང་ལུང་བསྟན་ པས་ (ཨཱརྱ་སོགས་)གསུངས་སོ། །(བསྐལ་བ་དཔེ་སྐར་མ་ལྟ་བུ་ལ་སངས་རྒྱས་མེ་ཏོག་སིལ་མ་ཞེས་མཚན་མཐུན་དགེ་ འདུན་མཐུན་ཞིང་ལོ་སྟོང་དུ་མཐུན་པར་ལུང་བསྟན། ) བར་མར་དྲུག་ཅུ་དང༌། རྒྱས་པར་ (བཙུན་གྲོལ་དག་ལྡན་དུ་ ཡང་)བརྒྱ་དྲུག་ཅུ་ལས་མི་སྣང་ངོ༌། །གཉིས་པ་ནི། བྱང་སེམས་མཐོང་ལམ་པས་བྱང་ཆུབ་ཆེན་ པོའི་རྒྱུ་མཚན་ཁོ་ནར་ཡུམ་ཆུད་མི་ (མདོ་དོན་)གསོན་པའི་གདུལ་བྱ་དེ་དག་ལ་ཡང་དག་པ་སྟེ་ མ་ནོར་བའི་ཚིག་དང་དོན་དང་སོགས་པ་ལམ་དང་སྒོ་དང་ (གསེར་)མན་ངག་ལ་སོགས་པའི་སྒོ་ ནས་གཞུང་ (རད་ཀིར་)ཤེར་པ་ཡང་དག་པར་ (གང་ཟག་)སོ་སོར་གཏོད་པ་ནི་ཆོས་ཅན། དེས་དེའི་ རྐྱེན་གཉིས་པ་ཡིན་ནོ། །ཞེས་སོགས་སྔར་གྱི་བསྒྲེའོ། །འཕགས་པ་ཀུན་དགའ་བོ་ལ་ཡུམ་ མང་དུ་གཏད་པ་ (ཨཱརྱ་སོགས་)སྐབས་འདིར་ (འོག་ལེའུ་ཐ་མ་)དང༌། གཞུང་ཉེ་བར་བསྡུ་བའི་ལེའུས་ བསྟན་ནོ། ། གསུམ་པ་ནི། བྱང་ཆུབ་ཆེན་པོ་དེ་ཐོབ་པར་བྱེད་པའི་བར་ཆད་མེད་པའི་རྒྱུ་ (ནི་ཚོགས་གཉིས་ ཀྱིས་བསྒྲུབས་པའི་བྱང་ཆུབ་ཀྱིའོ་ཞེས་རད་ཀིར། )ཡུམ་མཐོང་ལམ་པ་རང་གིས་སྒོམ་པ་དང་སོགས་པ་ཐོས་ བསམ་གཞན་ལ་རྒྱ་ཆེར་འཆད་སྟོན་སོགས་ཆོས་ཅན། དེའི་རྐྱེན་གསུམ་པ་ཡིན་ནོ། །ཞེས་ སོགས་བསྒྲེའོ། །དེ་ཆོས་ཅན། འབྲས་བུ་བསོད་ནམས་ཆེས་མང་བའི་མཚན་ཉིད་ཅན་ཡིན་ ཏེ། སྟོང་གསུམ་སེམས་ཅན་དགྲ་བཅོམ་པར་གྱུར་པའི་སྦྱིན་ཚུལ་བསྒོམས་པ་སོགས་ཀྱི་དགེ་ བ་བས་འབྲས་བུ་བསོད་ནམས་ཆེས་ལྷག་པའི་ཕྱིར་རོ། །སྟོང་གསུམ་སེམས་ཅན་དགྲ་བཅོམ་ 2-1-318 པར་གྱུར་པའི་དགེ་བ་བས་ཡུམ་སྐད་ཅིག་སྟོན་པ་ལྷག ཅེས་སོགས་རྒྱ་ཆེར་རོ། །མཐོང་ལམ་ བྱང་ཆེན་གྱི་དེ་མ་ཐག་པའི་རྒྱུར་མི་རིགས་ཏེ། ས་དགུས་བར་དུ་ཆོད་པས་སོ་སྙམ་ན། དེས་ ཆོད་ཀྱང་རྒྱུ་གསུམ་གྱི་ངེས་པ་ཁོ་ནར་དེ་བསྐྱེད་པས་སམ། མཐོང་སྤང་རྣམ་རྟོག་སྤངས་མ་ ཐག་དེ་ཐོབ་པས་བར་ཆད་མེད་རྒྱུ་ཉིད་ཡིན་ནོ་ཞེས་དག་ལྡན་ནོ། ། གསུམ་པ་ལ་གཉིས་ཏེ། བྱང་ཆུབ་ཀྱི་ངོ་བོ། དེ་ལྟར་སྣང་ངོ༌། །དང་པོ་ལ། མཚམས་སྦྱར་ ནི། ཉེར་ལེན་མཐོང་ལམ་ལྷན་གཅིག་བྱེད་རྒྱུ་གསུམ་པོ་དེ་ལྟ་བུ་དང་བཅས་པས་བསྐྱེད་པར་ བཞེད་པའི་འབྲས་བུ་སོགས་སོ། །རྩ་བ་ནི། རྟོགས་པ་ཆོས་སྐུ་ཆོས་ཅན། (སློབ་དཔོན། ) བྱང་ཆུབ་ ཆེན་པོ་ཞེས་བརྗོད་པར་བྱ་སྟེ། ཉོན་མོངས་རྣམ་རྟོག་གི་དྲི་མ་ཟད་པ་དང་མི་སྐྱེ་བར་རྟོགས་ པའི་ཡེ་ཤེས་མཐར་ཐུག་ཡིན་པས་སོ། །དེར་ཐལ། དེ་དག་དོན་དམ་པར་བདེན་དངོས་སུ་ ཡོད་པ་ལམ་གྱིས་ཟད་པ་མེད་པར་རང་བཞིན་གྱིས་ཟད་པ་དང༌། (ཞེས་སོ། །འདི་གཞན་གྱིས་མ་ཤེས་ ཏེ། གཟུངས་ཀྱི་དབང་ཕྱུག་རྒྱལ་བོའི་མདོར། ཟད་པ་གཉེན་པོས་ཟད་པ་མ་ཡིན་ཏེ། །གདོད་ནས་ཟད་པས་དེ་ཕྱིར་ཟད་ཅེས་ བསྟན། ། ) དོན་དམ་པར་རང་བཞིན་གྱིས་མི་སྐྱེའམ་སྐྱེ་མེད་དུ་རྟོགས་པའི་ཡེ་ཤེས་མཐར་ཐུག་ ཡིན་པའི་ཕྱིར། ཟད་ཤེས་དང་མི་སྐྱེ་ཤེས་གཉིས་ནི་གོ་རིམ་བཞིན་དུ་ཟད་མེད་སྐྱེ་མེད་དུ་ ཤེས་པར་བྱའོ། །ཡུམ་ཟད་པར་འདོད་པ་ནི་ནམ་མཁའ་ཟད་པར་འདོད་དུ་ཟད་དོ། །སོགས་ རྒྱ་ཆེར་དང༌། ཆོས་དེ་དག་ལ་ནི་སྐྱེ་བ་མེད་ལ། སོགས་རྒྱས་སོ། །(རད་ཀིར་གྱིས་རྐང་བ་དང་པོ་གཉིས་ ཀྱིས་ཉན་ཐོས་ཀྱི་བྱང་ཆུབ་བསྟན་ཕྱེད་ཕྱི་མས་ཐེག་ཆེན་གྱི་བྱང་ཆུབ་བསྟན་ཞེས་སོ། ། )འགྲེལ་པ་ལ། རྟགས་དགོད། ཕྱོགས་ཆོས་བསྒྲུབ་པའོ། །དང་པོ་ནི། རྟོགས་པ་ཆོས་ཀྱི་སྐུ་དང་སོགས་པ(ས་སྐུ་བཞི་ཆར་གཟུང་ངོ༌། ། ཆོས་བཤེས། ) ངོ་བོ་ཉིད་ལོངས་སྤྲུལ་སྐུ་ཆོས་ཅན། བླ་མེད་ (ཡེ་ཤེས་ལས་སྐུ་གཞན་ཡིན་པར་མི་འཐད་པའི་ ཕྱིར་རོ། ། )བྱང་ཆེན་ཡིན་པར་བརྗོད་དོ། །དྲི་མ་རྣམས་ཟད་པ་དང༌། མི་སྐྱེ་བའི་ཡེ་ཤེས་ཡིན་པ་ གང་ཞིག ཆོས་ཐམས་ཅད་ཕྱིན་ཅི་མ་ལོག་པ་སྟེ་བདེན་པའི་ (གསེར་)སྐྱེ་མེད་དུ་མངོན་སུམ་དུ་ 2-1-319 རྟོགས་པའི་མཚན་ཉིད་འཁྲུལ་བའི་དྲི་མ་མ་ལུས་པ་དང་བྲལ་བས་ (ཆོས་བཤེས། གསེར་ནི་ཚད་མས་ འཐད་པའི་ཕྱིར་ཞེས་སོ། ། )མ་ནོར་བ་ཇི་ལྟ་བ་བཞིན་གྱི་བདག་ཉིད་དེ་དེ་ཡིན་པས་སོ། །ཟུར་དང་པོ་ སྒྲུབ་ན། ཆོས་ཅན། དེ་ཡིན་ཏེ། དོན་དམ་པར་ཡོད་པའི་དྲི་མ་བདེན་དངོས་ལམ་གྱིས་འགག་ པ་སྟེ་ཟད་པ་མེད་པར་རང་བཞིན་གྱིས་ཟད་པ་དང་མི་སྐྱེ་བ་མངོན་སུམ་གྱིས་ཤེས་པའི་ཕྱིར། རྩ་བ་ལྟར་གོ་རིམ་བཞིན་ནོ། ། གཉིས་པ་ལ་གཉིས་ལས། ལུང་ལ་བརྟེན་ནས་སྒྲུབ་པ་ནི། ཆགས་སོགས་ཉོན་མོངས་པ་ དང་རྣམ་རྟོག་ཤེས་བྱའི་སྒྲིབ་པའི་དྲི་མ་སྐྱེས་པ་དང་མ་སྐྱེས་པའམ་ (ནི་འོག་ཏུ་འཆད་པ་)མ་འོངས་ པ་ཉིད་དུ་བཏགས་པ་རྣམས་ནི་ཆོས་ཅན། དོན་དམ་པར་འགག་སྐྱེ་མེད་དེ། ཆོས་དབྱིངས་ ཀྱི་ངོ་བོ་ཉིད་དེ་རང་བཞིན་ཅན་ཡིན་པས་སོ། །ནམ་མཁའ་བཞིན་དུའོ། །རྟགས་ལུང་གིས་ གྲུབ་སྟེ། ཆོས་ཀྱི་དབྱིངས་དེ་བཞིན་ཉིད་ལས་མ་གཏོགས་པ་སྟེ་དེ་དང་བྲལ་བའི་འདི་ལྟར་ སྣང་བའི་ཆོས་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། ཞེས་དབུས་མཐར་འབྱུང་བས་སོ། །(རྒྱན་ནའང་ ཡོད། )གཉིས་པ་རིགས་པས་བསྒྲུབ་པ་ནི། རམ་གྱིས་བསྡུས་པ། སྒྲིབ་གཉིས་ཆོས་ཅན། (རྩ་ བའི་)ཆོས་འདྲ། དོན་དམ་པར་འཐད་པའི་དངོས་པོར་མེད་པས་སོ། །ནམ་མཁའི་པད་མ་བཞིན་ དུའོ། །དེ་ཡིན་ཏེ། དོན་དམ་པར་བདེན་པའི་གཅིག་དང་དུ་མའི་ངོ་བོ་ཉིད་དང་བྲལ་བའི་ཕྱིར། དོན་དམ་པར་རྒྱུ་བདག་གཞན་གཉིས་ཀ་རྒྱུ་མེད་ལས་མི་སྐྱེ་བས་སོ། །(རྡོ་རྗེ་གཟེགས་མའོ། ། ) དོན་ དམ་པར་འབྲས་བུ་རྫས་སུ་ཡོད་མེད་མི་སྐྱེ་བས་སོ། །(བུདྡྷ་ཤྲཱི་ཡོད་མེད་སྐྱེ་འགོག་གོ །) སོགས་པ་རྟེན་ འབྲེལ་གྱི་རྟགས་དང་མུ་བཞི་སྐྱེ་འགོག་གི་རྟགས་ལ་སོགས་པའི་ཚད་མས་སམ་འཐད་པས་ སོ། །ཆོས་བཤེས་ནི། སོགས་པས་ལུང་བསྡུ་ཞེས་སོགས་ཅུང་ཟད་གཞན་དུ་འཆད་དོ། །(གསེར་ ཡང་སོགས་པ་གཞན་དུ་འཆད་དོ། ། ) གཉིས་པ་ལ། འདོད་པ་བརྗོད། སུན་འབྱིན་བཤད་པའོ། །དང་པོ་ནི། ཉན་ཐོས་པ་ (ནང་ 2-1-320 གི་མུ་སྟེགས་པ་གང་དག་ཅེས་གསེར། ཉན་ཐོས་དང་རྣམ་རིག་པ་གང་དག་ཅེས་ཆོས་བཤེས་ཏེ་མི་ལེགས་སོ། ། )གང་དག་ སྤང་བྱ་སྒྲིབ་པའི་དངོས་པོ་སྔར་བདེན་པར་ཡོད་པ་ཕྱེས་ལམ་གོམས་པས་འཇིག་པ་སྟེ་ཟད་ པའི་བསམ་པས་ཏེ་དེར་འཛིན་པའི་སྒོ་ནས་སྔར་ཡོད་ཀྱི་སྒྲིབ་པ་བདེན་དངོས་ཟད་པ་ལ་ཟད་ དོ་སྙམ་པའི་ཤེས་པ་དང། སྤྱིར་སྡུག་བསྔལ་ད་མི་སྐྱེ་བ་དང་ཁྱད་པར་དུ་མ་འོངས་པའི་སྡུག་ བསྔལ་སོགས་བདེན་པའི་དངོས་པོ་ཞིག་ཡོད་པ་ད་ལྟར་དུ་གཏན་མི་སྐྱེ་བར་ལམ་གྱིས་བྱས་ པའི་བསམ་པས་ཏེ་དེར་བསམས་ནས་དེ་འདྲ་དེ་ད་ལྟར་དུ་གཏན་མི་སྐྱེ་བ་ལ་མི་སྐྱེའོ་སྙམ་ པའི་འཕགས་པའི་ཤེས་པ་ནི་ཟད་མི་སྐྱེ་ཤེས་ཡིན་པར་བརྗོད་ཅིང༌། རང་ལུགས་ཀྱི་བྱང་ཆུབ་ ཀྱང་དེ་འདྲའི་ཟད་མི་སྐྱེ་ཤེས་ཡིན་པར་བརྗོད་དོ། །འདི་ཤོད་པ་ཉུང་ངོ༌། ། གཉིས་པ་ལ་གཉིས་ཏེ། དོན་ལ་གནས་པའི་རིགས་པས་དགག ཁས་བླངས་སྔ་ཕྱི་ འགལ་བས་དགག་པའོ། ། དང་པོ་ལ། མཚམས་སྦྱར་ནི། ཤེས་བྱ་ཆོས་ཅན། ནང་གི་མུ་སྟེགས་ (གསེར་)དེ་དག་གི་ ལུགས་ལ་སྔར་སྐྱེས་ཟིན་གྱི་དྲི་མ་བདེན་དངོས་ལམ་གྱིས་ཟད་པར་དང༌། ད་ལྟར་དུ་གཏན་ མི་སྐྱེ་བའི་ཆོས་ཅན་གྱི་དྲི་མ་བདེན་དངོས་སུ་ཡོད་པ་རྣམས་ད་ལྟ་རྫས་སུ་ཡོད་བཞིན་དུ། ད་ མི་སྐྱེ་བར་ཤེས་པའི་བྱང་ཆུབ་ཆེན་པོ་དེ་ཡོད་པར་རུང་བ་མ་ཡིན་པར་ཐལ། དེ་འདྲའི་ཟད་ པ་དང་མི་སྐྱེ་བའི་ཆོས་ཅན་དེ་དག་མེད་པར་ཁོ་ནས་སོ། །དེར་ཐལ། གང་གི་ཕྱིར་ན་དོན་ དམ་པར་སྐྱེ་འགག་མེད་པ་དེ་ལྟ་ཡིན་པ་དེའི་ཕྱིར། ཞེས་རྟགས་ཆོས་བཤེས་སོ། །གང་གི་ ཕྱིར་ཐེག་ཆེན་གྱི་ཚུལ་ལ་བྱང་ཆུབ་དེ་ལྟ་ཡིན་པ་དེའི་ཕྱིར། ཞེས་སོགས་གསེར་རོ། །ཞེས་ པར་ཚིགས་སོགས་སོ། །རྩ་བ་ནི། རྩེ་མོའི་མཐོང་ཞེས་བྱ་བའི་ལམ་གྱིས་ནི་ཆོས་ཅན་སྤང་ བྱ་རྣམ་རྟོག་གི་རིགས་ (ནི་བྱེ་བྲག་གོ་ཅེས་ཟླ་ཟེར། )སྔར་བདེན་པར་ཡོད་པ་ཅི་ཞིག་ཟད་ཅིང་བདེན་ དངོས་སླར་སྐྱེ་མེད་རྣམ་པ་སྟེ་དངོས་པོ་ཅི་ཞིག་ཐོབ་སྟེ་དེ་འདྲ་མེད་པར་ཐལ། སྤང་བྱ་དྲི་མ་ 2-1-321 སྐྱེས་ཟིན་བདེན་དངོས་འགག་པ་མེད། ད་ལྟར་དུ་མི་སྐྱེ་བའི་ཆོས་ཅན་གྱི་དྲི་མ་བདེན་དངོས་ དེ་ལྟར་སྐྱེ་བ་འགོག་པ་མེད་པའི་ཕྱིར། དེ་ཡིན་ཏེ། དྲི་མ་སོགས་དོན་དམ་པར་བདེན་དངོས་ ཀྱིས་སྟོང་པའི་རང་བཞིན་ཡིན་པས་སོ། །འགྲེལ་པ་ལ། བསྡུས་ན་དེ་ཡིན་ནོ། །མཐོང་ལམ་ ཆོས་ཅན། དེའི་སྟོབས་ཀྱིས་མཐོང་སྤང་རྣམ་པར་རྟོག་པ་དང་སོགས་པ་ཉོན་མོངས་པའི་ངོ་ བོ་སྟེ་དངོས་པོ་སྔར་སྐྱེས་པའི་བདེན་པ་ནི་ཅི་ཞིག་ཟད། ད་ལྟར་དུ་གཏན་མི་སྐྱེ་བའི་ཆོས་ཅན་ གྱི་དྲི་མ་ད་ལྟར་མ་སྐྱེས་པ་སྟེ་མི་སྐྱེ་བའི་བྲལ་ཐོབ་ཅི་ཞིག་སྐྱེས་ཏེ་དེ་འདྲ་ཅུང་ཟད་ཀྱང་མེད་ པ་ཁོ་ན་ཡིན་པར་ཐལ། གོ་རིམ་བཞིན་དུ་སྔར་སྐྱེ་བའི་དྲི་མ་བདེན་དངོས་ཟད་པར་བྱས་པའི་ སྒོ་ནས་འགོག་པ་དང་བྲལ། མ་སྐྱེས་སམ་མི་སྐྱེ་བའི་ཆོས་ཅན་གྱི་དྲི་མ་མ་འོངས་པ་རྫས་ཡོད་ སྐྱེ་བའི་གེགས་བྱེད་པའི་མཚན་ཉིད་ཀྱི་སྒོ་ནས་འགོག་པ་དང་བྲལ་བས་སོ། །དེར་ཐལ། དྲི་ མ་ཐམས་ཅད་དོན་དམ་པར་དེ་བཞིན་ཉིད་ཀྱི་ངོ་བོའི་རང་བཞིན་ཏེ་བདེན་མེད་ཡིན་པས་ སོ། །སྔ་མ་འདོད་ན། དངོས་པོ་བདེན་མེད་ལ་ལོག་པ་བདེན་པར་མངོན་པར་ཞེན་པ་ཁྱེད་ཀྱི་ ལུགས་ཀྱིས་དེ་ལྟར་འདོད་པ་འགལ་ལོ། །དེས་ན་ཐར་འདོད་ཆོས་ཅན། དབུ་མ་པ་ཁོ་བོ་ཅག་ གི་གཞུང་ལུགས་དོན་དམ་པར་རང་བཞིན་གྱིས་གང་ཡང་ཟད་སྐྱེ་མེད་པ་ཁོ་ནར་ཁས་བླང་ བར་བྱ་དགོས་སོ། །དོན་དམ་པར་ཡོད་པའི་ཟད་མི་སྐྱེ་བ་བདེན་དངོས་མེད་པ་དེའི་ཕྱིར་རོ། ། (གསེར་ནི་བདག་མེད་ཀུན་འགྲོ་བྱང་ཆུབ་ཀྱི་ལམ་ཡིན་པས་བསྟེན་པར་གྱིས་ཞེས་དགོངས་སོ་གསུང་ངོ༌། ། ) གཉིས་པ་ལ། འདོད་པ་བརྗོད། དེ་དགག་གོ །དང་པོ་ནི། དོན་དམ་གྱི་དངོས་པོ་མེད་ པ་དེ་ལྟ་མ་ཡིན་ཏེ། ཤེས་པ་རང་རིག་སྐད་ཅིག་མ་དང་གཟུགས་སོགས་ཀྱི་ (ཕུང་བོ་དོན་དམ་ཞེས་ ཟླ་ཟེར། )རྡུལ་ཕྲན་སོགས་ཀྱི་ཆོས་ཡང་དག་པར་ཡོད་པར་ཁས་ལེན་ནའོ། །གཉིས་པ་ལ། སྔ་ འགྲེལ་ནི། བཅོམ་ལྡན་འདས་ཀྱིས་དངོས་འཛིན་མ་སྤངས་པར་ཉོན་མོངས་པ་དང་ཞེས་ སོགས་སོ། །(རྩ་བ་དང་འདྲ་སྦྱོར་ཕྲེང་བལྟ། ) རྩ་བ་ནི། དངོས་སྨྲ་བ་གཞན་གྱི་ལུགས་ལྟར་ན། རང་ 2-1-322 རིག་སྐད་ཅིག་མ་དང་རྡུལ་ཕྲ་རབ་སོགས་ཀྱི་ཆོས་རྣམས་ཆོས་ཅན། ཁྱེད་རྣམས་ལ་དངོས་ འཛིན་སྤང་དུ་མི་རུང་བར་ཐལ། བདེན་དངོས་སུ་ཡོད་པའི་ཕྱིར། འདོད་ན། སྟོན་པ་སངས་ རྒྱས་ཆོས་ཅན། ཤེས་སྒྲིབ་ཟད་པ་མིན་པར་ཐལ། དངོས་འཛིན་མ་སྤངས་པས་སོ། །རྟགས་ ཁས་སོ། །མ་ཁྱབ་ན། དེ་མ་སྤངས་ཀྱང་ཤེས་སྒྲིབ་སྤངས་པར་བརྗོད་པ་གང་དེ་ལ་བྱམས་ པ་ཁོ་བོས་མཚར་དུ་བརྩིས་ཏེ། འདི་ནི་མི་སྲིད་དོ་ཞེས་འཕགས་པ་བྱམས་པས་དགོངས་སོ། ། གསེར་རོ། །འགྲེལ་པ་ལ། ཞར་བྱུང་རྣལ་འབྱོར་ས་བཞི་བཤད། རྩ་བའི་གཞུང་གི་ཚིག་དོན་ དགྲོལ་བའོ། །དང་པོ་ལ་བཞི་སྟེ། དངོས་པོ་ཇི་སྙེད་ཡོད་པ་ལ་ (ལེའུ་མཚམས་སུ་སྣང༌། ཇི་ལྟ་བར་གྱུར་ པའི་)སེམས་ཙམ་ལ། (ཇི་ལྟ་བ་བཞིན་གྱུར་པའི་)དེ་བཞིན་ཉིད་ལ། དམིགས་མེད་ལ་དམིགས་པའོ། ། (དམིགས་པ་དམིགས་སུ་མེད་པའམ་སྣང་བ་མེད་པའི་རྣལ་འབྱོར་གྱི་སའོ། ། ) ཞེས་ཤནྟིས་ཤེར་ཕྱིན་མན་ངག་ཆེ་ བ་ལས་སོ། །བཞི་བོ་འདི་བྱང་སེའི་བསྒོམ་ཚུལ་ཡིན་ལ་རྣལ་འབྱོར་དང་བསྒོམ་པ་རྣམ་གྲངས་ ཡིན་ཞིང་མདོ་ལང་གཤེགས་དང་སྦྱར་ཏེ་རྒྱས་པར་ཤན་ཏིའི་ཤེར་ཕྱིན་མན་ངག་རྒྱས་བསྡུས་ སུ་ཤེས་པར་བྱའོ། །(ལེགས་པོ་ཡོད། ) འདིར་གཞུང་དོན་ཙམ་བཤད་ན། རྣལ་འབྱོར་གྱི་ས་བཞི་ འདིར་མངོན་ཏེ། བདག་མེད་ལ། སེམས་ཙམ་ལ། གཉིས་མེད་ལ། རང་བཞིན་མེད་པ་ལ་ དམིགས་པའི་རྣལ་འབྱོར་གྱི་སའོ། །འདིར་དམིགས་པ་ནི་རྣམ་པ་ལ་བྱས་སྣང་བས་འགྱུར་ སྐྱོན་ཡིན་ནམ་དཔྱད་དོ། །དང་པོ་ལ། དམིགས། རྣམ། འབྲས་བུ་གསུམ་ལས། དང་པོ་ལ། དེ་ལ་ཞེས་པ་ནི། ཕྱི་རོལ་ཡོད་ལྟའི་བྱང་ཆུབ་མི་འཐད་པ་དེ་ལྟར་གནས་པ་ན་ (དེ་བས་དོན་དེ་ཚད་ མ་ཆོས་མཆོག་ཏུ་ཡང་ཚུལ་དེ་འདྲ་ཡོད་དོ། ། )རྣལ་འབྱོར་པས་ཤེས་སྒྲིབ་རྟོག་པ་སླར་མི་ལྡོག་པར་སྤོང་ངོ་ ཞེས་འོག་མ་དང་སྦྱར་རོ། །ཞེས་གསེར་རོ། །གང་ཟག་གི་བདག་དེས་དབེན་པའི་ཕུང་བོ་དང་ སོགས་པ་ཁམས་སྐྱེ་མཆེད་རྟེན་འབྲེལ་སྐྱེ་འཇིག་གི་ཆོས་ཅན་ལ་དམིགས་ཏེའོ། །གཉིས་པ་ ནི། གང་ཟག་གི་བདག་མེད་དོ་སྙམ་དུ་རྟོགས་ནས་བདག་མེད་པར་རྩེ་གཅིག་ཏུའོ། །ཅི་སྟེ་ 2-1-323 བདག་མེད་ན། ཕུང་སོགས་ཆོས་ཅན། དེ་མེད་དོ། །སྐྱེ་འཇིག་གི་ཕྱིར། ཁྱབ་སྟེ། གང་ཟག་གི་ བདག་དེ་སྐྱེ་འཇིག་གིས་སྟོང་པའི་ཕྱིར་རོ། ། གསུམ་པ་ནི། དེ་ལྟར་བསྒོམས་པས་གང་ཟག་གི་བདག་ཏུ་མངོན་ཞེན་བོར་ཏེ་དེ་སྤངས་ པ་འཐོབ་བོ། །གཉིས་པ་ལའང་གསུམ་ལས། དམིགས་པ་ནི་དོན་དུ་སྣང་བ་འདི་ནིའོ། ། གཉིས་པ་རྣམ་པ་ནི། སེམས་ཏེ་ནང་གི་རིག་པ་ཁོ་ན་ཡིན་གྱི་ཕྱི་རོལ་གྱི་དོན་ཡན་གར་བ་ ནི་མེད་དོ་ཞེས་བྱ་བར་རྩེ་གཅིག་ཏུ་ཡིད་ལ་བྱེད་དོ། །འདིའི་རྒྱུ་མཚན་ནི། སྔོན་པོ་དེའི་བློ་དེ་ འཛིན་དབང་ཤེས་ཆོས་ཅན་རང་ལ་སྔོན་པོར་སྣང་བ་དང་རྫས་ཐ་དད་དུ་མི་བདེན་ཏེ། དེ་དང་ ལྷན་གཅིག་ (ནི་དུས་གཅིག་དམིགས་པ་ནི་རྟོགས་པ་ངེས་པ་ནི་ཁྱབ་པ་སྟེ། དུས་གཅིག་རྟོགས་པས་ཁྱབ་ཅེས་པ་སྟེ། གཅིག་ རྟོགས་ན་གཅིག་རྟོགས། གཅིག་མ་རྟོགས་ན་གཅིག་ཤོས་ཡང་མི་རྟོགས་པས་ཁྱབ་པས་སོ། །ཟླ་གཉིས་ཀྱི་རྣམ་པ་དཔེར་ཆོས་ མཆོག་གིས་སོ། ། )དམིགས་ངེས་ཡིན་པའི་ཕྱིར། རྟགས་འདི་རང་སངས་རྒྱས་པ་དང་མདོ་སྡེ་བ། སེམས་ཙམ་སྡེ་གཉིས་ཀུན་ཀྱི་ལུགས་ལ་ཡོད་དོ། །འདི་དཀའ་ནའང་དིང་སང་རིགས་ཚུལ་ དར་ཞིང་ཁྱད་པར་དུ་ཁོ་བོས་རྒྱས་པའི་བསྟན་བཅོས་རྣམ་འགྲེལ་རྒྱས་འགྲེལ་གསུམ་དུ་རྒྱས་ པར་བསྟན་ཟིན་པས་དེར་ཤེས་པར་བྱ་ཞིང་ཁོ་བོ་ལྟ་བུའི་དཔྱིས་ཕྱིན་པའི་ངག་ལས་ཤེས་པ་ ལ་ལྟོས་པར་བྱའོ། ། གསུམ་པ་ནི། གཟུང་བ་ཕྱི་རོལ་གྱི་དོན་དུ་མངོན་པར་ཞེན་པ་སྤངས་པ་ (ལང་གཤེགས་ལས། སེམས་ཙམ་ལ་ནི་བརྟེན་ནས་ནི། །ཕྱི་རོལ་དོན་ལ་མི་བརྟག་གོ །ཞེས་སོ། ། )འཐོབ་པོ། །འབྲས་བུའི་དུས་ན་མངོན་ ཞེན་ཀུན་སྤངས་སམ་སྙན་ན། ཤེས་པ་རང་གི་འཛིན་པའི་རྣམ་པ་ཅན་གྱི་ནང་སེམས་ལ་ མངོན་པར་ཞེན་པ་ཡོངས་སུ་མ་བོར་བས་སོ(གསེར་)། །གསེར་དུ། ས་དང་པོ་སངས་རྒྱས་པའི་ མུ་སྟེགས་པའི་གྲུབ་མཐའ་ལས། ཞེས་དང༌། ས་གཉིས་པར། ཤེས་བྱ་ནང་གི་ཡིན་པའི་གྲུབ་ མཐའ་ལས། ཞེས་ཏེ། ཕྱི་མ་གཉིས་ལ་མི་སྣང་ངོ༌། །དེ་ལྟར་ན་དང་པོ་ཉན་ཐོས་པའི། གཉིས་ 2-1-324 པ་རང་རྒྱལ་བའམ་རྣམ་བདེན་པའི། གསུམ་པ་རྣམ་བདེན་བརྫུན་གཉིས་ཀའིའམ་རྣམ་ བརྫུན་པའི་བསྒོམ་ཞེས་བོད་དག་གོ །དེ་རྣམས་དང་ཐད་སོ་ཐད་སོར་རྗེས་སུ་མཐུན་ནོ། །དེ་ ལ་མུ་སྟེགས་ཞེས་པ་གཙང་ (ཆུ་མིག་པ་སོགས་ལྟ་སྤྱོད་ངན་པའི་མུ་ལ་སྟེགས་འཆའ་ཞེས་ཟེར་བ་ནོར་བའོ། ། )སྦྲ་དང་ བརྟུལ་ཞུགས་དང་དཀའ་ཐུབ་སོགས་ཀྱིས་ཐར་བར་འཇུག་པའི་འགྲམ་སྟེགས་ཏེ་དེ་གང་ལ་ ཡོད་ཅིང་དེ་འཆའ་བ་དེ་མུ་སྟེགས་པའོ། །མཚོ་འགྲམ་ནས་མཚོར་འཇུག་པའི་སྟེགས་འཆའ་ བ་དང་འདྲའོ་ཞེས་ (སྒྲ་སྦྱོར་བམ་གཉིས་)བཤད་པ་ལྟར་རོ། །སྒྲིབ་གཉིས་སངས་ཤིང་ཇི་ལྟ་ཇི་སྙེད་ ལ་མཁྱེན་པ་རྒྱས་པ་ནི་སངས་རྒྱས་ཏེ། དེའི་ལུགས་ཚད་མར་བྱེད་པ་ནི་སངས་རྒྱས་པའོ། །དེ་ ལ་གྲུབ་མཐའ་སྨྲ་བ་བཞི་ལས། བྱེ་བྲག་ཏུ་སྨྲ་བའི་མཚན་ཉིད་ནི། སངས་རྒྱས་པ་གང་ཞིག བློ་རང་རིག་མེད་པ་དང་ཤེས་པ་རྣམ་མེད་དུ་སྨྲ་བའི་གང་ཟག་གོ །མདོ་སྡེ་པའི་མཚན་ཉིད་ ནི། ཉན་ཐོས་པ་གང་ཞིག བློ་རང་རིག་ཡོད་པར་འདོད་པའོ། །སེམས་ཙམ་པའི་མཚན་ཉིད། ཐེག་ཆེན་པ་གང་ཞིག རང་རིག་པའི་འདུས་བྱས་བདེན་དངོས་འདོད་པའོ། །དབྱེ་ན། སེམས་ ཙམ་རྣམ་བདེན་པའི་མཚན་ཉིད། ཐེག་ཆེན་སེམས་ཙམ་པ་གང་ཞིག སྒོ་ལྔའི་དོན་སྣང་དོན་ དམ་པར་སེམས་སུ་བདེན་པར་འདོད་པའོ། །སེམས་ཙམ་རྣམ་བརྫུན་པའི་མཚན་ཉིད་གང་ ཞིག དེ་དོན་དམ་པར་སེམས་སུ་མི་བདེན་པར་འདོད་པའོ། །དབུ་མ་པའི་མཚན་ཉིད། ཐེག་ ཆེན་པ་གང་ཞིག དོན་དམ་པར་བདེན་དངོས་ཁས་མི་ལེན་པ། དབྱེ་ན། དབུ་མ་རང་རྒྱུད་ པའི་མཚན་ཉིད། དབུ་མ་པ་གང་ཞིག རང་རྒྱུད་ཀྱི་སྦྱོར་ངག་རང་ལུགས་ལ་ཁས་བླངས་ནས་ དངོས་སྨྲ་འགོག་པ། ཐལ་འགྱུར་པའི་མཚན་ཉིད། གང་ཞིག རང་ལུགས་ལ་རང་རྒྱུད་ཀྱི་ སྦྱོར་ངག་མི་འགོད་པར་ཐལ་འགྱུར་ཡང་དག་གིས་དངོས་སྨྲ་འགོག་པའོ། །ཆ་ཙམ་ (གྲུབ་མཐའ་ རྣམ་འབྱེད་རྒྱས་པ་)ཏེ་ལོགས་སུ་རྩོམ་པར་སྤྲོའོ། ། གསུམ་པ་ལ་གསུམ་ལས། དམིགས་པ་དངོས་ ནི། འཛིན་པའི་རྣམ་པ་ཅན་གྱི་རང་རིག་པའི་བློའོ། ། རྣམ་པ་ནི། ཕྱི་དོན་གྱི་གཟུང་རྣམ་དུ་ 2-1-325 གྱུར་པའི་ནང་གི་འཛིན་པ་བདེན་པ་མེད་དོ་སྙམ་དུ་རྟོགས་ནས་རྩེ་གཅིག་ཏུ་ངེས་པར་སེམས་ ལ་འཇོག་པས་སོ། །མེད་པའི་རྒྱུ་མཚན་ནི། དོན་སྣང་གི་བློ་ཆོས་ཅན། དེ་མེད་དེ། གཟུང་བ་ བདེན་པ་མེད་པས་ནའོ། །སུམ་ཅུ་པར། གཟུང་བ་མེད་ན་དེར་འཛིན་མེད། །ཅེས་སོ། །གསུམ་ པ་ནི། ཡུལ་ལྔ་འཛིན་པའི་དབང་ཤེས་ཀྱི་གཟུང་བའི་རྣམ་པའི་མཚན་ཉིད་དུ་གྱུར་པའི་རྣམ་ པར་རིག་པ་ཙམ་དུ་བདེན་པར་ཞེན་པ་དེ་ཡང་བསལ་ལམ་སྤངས་པ་འཐོབ་པོ་ཞེས་སྦྱར་གྱི་ གཞན་དུ་ནོར་ཏེ་ངག་ལས་ཤེས་སོ། །འདིས་ཅི་ཡང་བདེན་པར་གྲུབ་པ་མི་འདོད་དོ་སྙམ་ན། གཟུང་འཛིན་གཉིས་སུ་མེད་པའི་ (སྦྱོར་ལམ་ལ་སོགས་པའི་ཞེས་གསེར། )ཡེ་ཤེས་འབའ་ཞིག་འདི་ཡང་ དག་པར་ཡོད་པའི་ངོ་བོའམ་དངོས་པོ་ཡིན་ནོ་སྙམ་དུ་ངེས་པར་བྱས་ནས་སོ། །ཐོགས་མེད་སྐུ་ མཆེད་སེམས་ཙམ་པར་བསྒྲུབ་འདོད་ནས་འདི་དག་བྱས་པ་སྟེ། བར་བ་གཉིས་གཞུང་སོར་ བཞག་གི་དགོངས་པ་ལྟར་ན་བཟློས་པའམ་མི་ཟློས་པར་བྱེད་ན་གསུམ་པ་ལ་བློ་རྩེ་གཏད་ ས་དཀའའོ། །ངག་ལས་ཤེས་སོ། །བཞི་པ་ལ་གསུམ་ལས། དམིགས་པ་ནི། འདུས་བྱས་ཀྱི་ གཉིས་མེད་ཡེ་ཤེས་དེ་ཡང་ངོ༌། །གཉིས་པ་རྣམ་པ་ནི། ཡང་དག་པར་ན་དངོས་པོ་དངོས་མེད་ སོགས་པས་གཉིས་ཡིན་གཉིས་མིན་སོགས་སུ་མཐའ་གཅིག་ཏུ་བརྟག་པའི་ངོ་བོ་དང་བྲལ་ བ་ཡིན་ནོ་སྙམ་དུ་རྟོགས་ནས་དོན་དམ་པར་སྤྲོས་བྲལ་བསྒོམ་མོ། །བྲལ་བའི་རྒྱུ་མཚན་ནི། གཉིས་མེད་ཀྱི་ཡེ་ཤེས་ཆོས་ཅན། དོན་དམ་པར་ངོ་བོ་ཉིད་མེད་པ་སྟེ། རྟེན་འབྲེལ་ཡིན་པའི་ ཕྱིར། སྒྱུ་མ་བཞིན་ནོ་ཞེས་པས་སོ། ། གསུམ་པ་ནི། དེ་ལྟར་སྤྲོས་བྲལ་ཚོགས་སྦྱོར་དུ་བསྒོམས་པས་སྒོམ་པའི་སྟོབས་གྲུབ་ སྟེ་བསྒོམས་པ་རྫོགས་པ་ན། སྐྱེས་བུ་མིག་དག་པ་ (ཆོས་བཤེས་དངོས་)ཁ་ཅིག་ལ་ནོར་བུ་དང་ དངུལ་དང་ཤེལ་དྭངས་པ་ལ་ (མེ་ལོང་ཞེས་གསེར་)སོགས་པ་གཅིག་ཅར་མཐོང་བའི་ཤེས་པ་དག་ པ་འབྱུང་ཞིང་དེ་དག་བླངས་པས་ཕན་པ་བསྐྱེད་པ་དེ་བཞིན་དུ་མཐོང་ལམ་སྐྱེས་པའི་བྱང་ 2-1-326 པའི་དམིགས་ཡུལ་དུ་ཀུན་རྫོབ་མཐའ་ཡས་པ་ལག་མཐིལ་གྱི་ཤིང་ཐོག་ལྟར་གསལ་ཞིང་དེ་ དག་གིས་མི་གནོད་ལ་སངས་རྒྱས་ཐོབ་པ་ལ་ཕན་པའི་ཕྱིར་དང༌། རྟག་ཆད་ཀྱི་འཁྲུལ་བའི་ མཚན་མ་སྟེ་རྒྱུ་དངོས་པོ་བདེན་འཛིན་གྱི་རིགས་རགས་པ་མཐའ་དག་སྤངས་པའི་སྤངས་པ་ ཅན་རྟོགས་པ་དཔེའི་སྒོ་ནས་སྟོན་ཏེ། དོན་དམ་པར་མེད་པའི་སྣ་ཚོགས་སྒྱུ་མ་ལྟ་བུར་གསལ་ བར་མཐོང་ཡང་བདེན་པ་མེད་པའི་བདག་ཉིད་དུ་སྣང་བའི་བློ་ཡོད་མེད་སོགས་གང་དུ་ཡང་ མི་རྟག་པ་གང་ཟག་སོ་སོ་རང་རང་གི་མྱོང་བས་རིག་ (ཆོས་བཤེས་)གི་དངོས་སུ་བརྗོད་མི་ནུས་པ་ ཡོད་ཀྱང་ཐ་སྙད་གདགས་དཀའ་བས་ཅི་ཞིག་ལྟར་ཡང་དག་པར་སྐྱེས་ཞེས་སྨོས་ཏེ། དེ་སྐྱེས་ ན་རྣལ་འབྱོར་བ་མཐོང་ལམ་པས་དང་པོར་མཐོང་སྤངས་ཤེས་སྒྲིབ་སྤོང་ཞིང་རིམ་གྱིས་ཤེས་ བྱའི་སྒྲིབ་པ་གཟུང་འཛིན་གྱི་རྣམ་རྟོག་ (གསེར་)མཐའ་དག་ཡང་དག་པར་སྤོང་ངོ༌། །དེས་ན་ མིག་བཙུམས་པ་ལྟར་ཅི་ཡང་མི་མཐོང་བ་མཐོང་ལམ་མིན་གྱི་སྣ་ཚོགས་མཐོང་ཡང་སྒྲོ་སྐུར་ མེད་པ་མཐོང་ལམ་སྟེ་ཞེས་སོགས་ཏེ་ཆོས་བཤེས་སོ། །གསེར་ནི། ནོར་བུ་སོགས་ལ་མེད་པ་ གསལ་བར་སྣང་བ་བཞིན། ཞེས་སོ། །འདིར་མ་ཚང་བ་རྣམས་སྦྱོར་ཕྲེང་དུ་ཤེས་སོ། ། གཉིས་པ་ལ། དོན་གྱིས་འཕངས་པའི་བརྗོད་བྱ་བསྟན། (གསེར་དངོས། ) ཚིག་གིས་ཟིན་པ་ གསལ་བར་འགྲེལ་པའོ། །(གསེར་དོན། ) དང་པོ་ནི། དོན་དམ་གྱི་དངོས་པོ་མེད་པ་དེ་ལྟ་མ་ཡིན་ ཏེ། སེམས་ཙམ་པ་ལྟར་ན། ཤེས་པ་རང་རིག་ཅིང་གསལ་བ་ཙམ་གྱི་ངོ་བོ་སྟེ་དངོས་པོ་སྐད་ ཅིག་མའི་ཆོས་ཏེ་སྐད་ཅིག་རེ་རེ་བ་དང༌། ཉན་ཐོས་ལྟར་ན། ཤེས་བྱའི་མཚན་ཉིད་རྡུལ་ཕྲན་ སོགས་རྣམས་གལ་ཏེ་དོན་དམ་པའི་དངོས་པོར་ཡོད་པ་ཉིད་དུ་གྱུར་ན་ཞེས་འདོད་པ་བརྗོད་ ནས། དེ་རྣམས་ཆོས་ཅན། ཁྱོད་བདེན་མེད་དུ་རྟོགས་པའི་བློ་བསྐྱེད་དུ་མེད་ཁྱོད་བདེན་ འཛིན་གྱི་བློ་སྤང་དུ་མེད་པར་ཐལ། ཁྱོད་དོན་དམ་པར་བདེན་དངོས་སུ་གྲུབ་པས་སོ། །(རྟགས་ ཁས་སོ། ། ) བྱེ་བྲག་སྨྲ་བའི་ལུགས་ལ། (གསེར་དོན། ) འདུས་མ་བྱས་ནམ་མཁའ་སྒྲིབ་ཐོགས་ཀྱི་རྫས་ 2-1-327 (འདི་དགོས་སོ། །བུ་སོགས་ཀྱིས་ནམ་མཁའ་རྫས་མེད་པར་འདོད་ཅེས་པ་ནོར་ཏེ། ཁོ་རྟག་པའི་རྫས་སུ་འདོད་དོ། ། )མེད་པའི་ ངོ་བོ་འཛིན་པ་སྟེ་དེར་གནས་པས་དེའི་གཉེན་པོ་བསྐྱེད་དུ་མེད་ངོ་བོ་སྤང་དུ་མེད་པ་བཞིན་ནོ། ། མདོ་སེམས་ཀྱི་ལུགས་ལ། རྫས་མེད་པར་གནས་པས་འཕེལ་འགྲིབ་ཅི་ཡང་བྱར་མེད་པ་ བཞིན་ནོ། །འདོད་ན། དེ་ཆོས་ཅན། ཁྱོད་བདེན་འཛིན་གྱི་གཉེན་པོ་བསྒོམས་པས་ཁྱོད་བདེན་ འཛིན་དེ་དག་ལ་གནོད་པ་ཅུང་ཟད་ཀྱང་མི་བྱེད་པར་ཐལ་ལོ། །སྔ་མ་འདོད་པ་དེའི་ཚེ་ནའོ། ། འདུས་མ་བྱས་ནམ་མཁའི་གཉེན་པོ་བསྒོམས་པས་གནོད་མི་ནུས་པ་བཞིན་ནོ། །གཉིས་པ་ ནི། སྔ་མ་དེ་འདོད་ན། ཤེས་བྱ་ཆོས་ཅན། བཅོམ་ལྡན་འདས་ཀྱི་རྒྱུད་ལ་དངོས་པོར་མངོན་ པར་ཞེན་པ་ཅི་ཕྱིན་ཅི་ལོག་མི་ལྡོག་པར་ཐལ། སྔ་མ་འདོད་པ་དེའི་ཕྱིར་འདོད་ (བོད་དག་གིས་མ་ ཤེས་སོ། ། )ན། བཅོམ་ལྡན་འདས་ཆོས་ཅན། ཁྱེད་ཀྱིས་ཤེས་སྒྲིབ་རྣམ་པ་ཐམས་ཅད་དུ་སྟེ་རྩད་ ནས་སྤངས་པ་མིན་པར་ཐལ་ལོ། །སྔ་མ་འདོད་པས་སོ། །རྟགས་གསལ་ཁས་སོ། །རྒྱུ་མཚན་ དེས་ན། བཅོམ་ལྡན་འདས་ཀྱིས་ཤེས་སྒྲིབ་ཀུན་སྤངས་པ་གང་ཡིན་པ་དང༌། རང་རིག་སྐད་ ཅིག་རེ་རེ་བ་དང་རྡུལ་ཕྲན་སོགས་ཀྱི་ཆོས་རྣམས་ཀྱང་དོན་དམ་དུ་ཡོད་པར་གཞན་དག་གིས་ ཁས་ལེན་པ་གང་ཡིན་པ་དེ་ནི་ཕན་ཚུན་འགལ་པའི་དོན་ཁས་ལེན་པས་རྗེ་བཙུན་ཁོ་བོས་ མཚར་དུ་བརྩིས་ཏེ། དངོས་འཛིན་ཡོད་བཞིན་དེ་སྤངས་ན། སོ་སྐྱེ་རྣམས་ཀྱང་དེ་ལྟར་ཅིས་མ་ གྱུར་ཅེས་བྱམས་པ་དགོངས་སོ། །གསེར་རོ། ། བཞི་པ་བྱེད་པ་ལ། མཚམས་སྦྱར་ནི། ཚུལ་དེ་ལྟར་དོན་དམ་གྱི་དངོས་པོ་འདུས་བྱས་ ཡོད་པའི་ཕྱོགས་བསལ་ (བ་སྟེ་གཟུང་བ་སོགས་བདེན་འདོད་ཀྱི་གྲུབ་མཐའ་མི་བདེན་པར་བསྟན་ནས་ཞེས་གསེར། ) ནས། དོན་དམ་པར་ངོ་བོ་ཉིད་མེད་པའི་ཕྱོགས་བརྟན་པོར་མཛད་ཅིང་ངེས་པར་བྱས་ནས། ཐར་སོགས། ཞེས་བསྟན་པའི་ཕྱིར་བར་ཚིགས་པས་དོན་ལ་གནས་པའི་ཕྱོགས་འཆད་དོ། ། རྩ་བ་ལ། ལྟ་ཡུལ་ཆོས་ཐམས་ཅད་མཐའ་བྲལ་དུ་བསྟན། དེ་རྟོགས་ཡང་དག་པའི་ལྟ་བ། 2-1-328 རྟོགས་ནས་གྲོལ་ཚུལ་ལོ། །དང་པོ་ནི། (ཐོགས་མེད། )རང་བཞིན་གྱིས་རྣམ་པར་དག་པའི་དེ་པའི་ ཁམས་འདི་ལ་ (རད་ཀིར་ནི་སྟོང་པ་ཉིད་འདི་ལ་ཞེས་)རང་གི་ངོ་བོ་ལ་གོས་པའི་དྲི་མ་བསལ་བར་བྱ་ བ་ཅི་ཡང་མེད་དེ། རང་བཞིན་གྱིས་དག་པའི་ཕྱིར། ནམ་མཁའ་བཞིན་ནོ། །འདུས་མ་བྱས་ པའི་ཆོས་སྐུའི་ཡོན་ཏན་གང་གའི་བྱེ་སྙེད་ལས་འདས་པ་གསར་དུ་བསྣན་ནས་བཞག་པར་ བྱ་དགོས་པ་ཅུང་ཟད་ཀྱང་མེད་དེ། དེ་རང་བཞིན་གྱིས་ལྡན་པའི་ཕྱིར་ (ཐོགས་མེད། )རོ། །རྣམ་ དབྱེར་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གིས་ཁམས་སྟོང་གི ། རྣམ་དབྱེར་མེད་པའི་ མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །ཞེས་སོ། །དེས་སྒྲོ་སྐུར་གྱི་མཐའ་བྲལ་གྱི་ ཕྱིན་ཅི་མ་ལོག་པའི་སྟོང་ (ཕྱི་འགྲེལ་)ཉིད་དེ་པའི་སྙིང་པོ་ (སྔ་འགྲེལ་)བསྟན་ནོ། །ཞེས་སོ། །གཉིས་ པ་ནི། དེ་ལྟར་ན་གློ་བུར་ཉོན་མོངས་གང་ཞིག་དེ་པའི་ཁམས་གང་ན་མེད་པས་དེས་སྟོང་ལ་ ལྷག་མ་འདུས་མ་བྱས་ཀྱི་ཆོས་སྐུའི་ཡོན་ཏན་མཐའ་ཡས་པས་མི་སྟོང་པའི་རང་བཞིན་གྱིས་ དག་པའི་ཁམས་ཡང་དག་པ་ཉིད་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ས་བཅུ་ལ་གནས་པས་ ཅུང་ཟད་དང༌། སངས་རྒྱས་ཀྱིས་རྫོགས་པར་ཤེས་པ་ནི་ཡང་དག་པའི་ལྟ་བའོ། །(དེ་སྐད་དུ་སྤྲིན་ མཐོངས་མཁའ་ལ་ཉི་བཞིན་ཞེས་སོགས་སྔར་དྲངས་པ་ལྟར་རོ། ། ) གསུམ་པ་ནི། ཡང་དག་པའི་དོན་དེ་མངོན་ སུམ་དུ་མཐོང་ན་སྐྱེས་བུ་དེ་གློ་བུར་དྲི་མ་ལས་རྣམ་པར་གྲོལ་བར་འགྱུར་རོ་ཞེས་རྒྱུད་བླ་རྩ་ འགྲེལ་ལྟར་ཏེ། བརྗོད་པར་བྱ་བ་མང་སྟེ་བཞག་གོ །ཤན་ཏི་སོགས་ལྟར་ན། ཀུན་རྫོབ་རྟེན་ འབྲེལ་འདི་ཆོས་ཅན། ཁྱོད་ལ་དོན་དམ་པར་སྐྱོན་བསལ་བར་བྱ་དགོས་ཅི་ཡང་མེད། གཉེན་ པོ་བསྣན་ནས་བཞག་བྱ་ཅུང་ཟད་ཀྱང་མེད་དེ། དོན་དམ་པར་རང་བཞིན་མེད་པས་སོ། །བྱང་ སེའི་མཐོང་ལམ་ཆོས་ཅན། ཡང་དག་པའི་ལྟ་བ་ཡིན་ཏེ། སྒྲོ་སྐུར་གྱི་མཐའ་བྲལ་གྱི་ཆོས་ཉིད་ ཡང་དག་པ་ཉིད་ལ་ཡང་དག་པ་ཉིད་ཀྱིས་ཏེ་མངོན་སུམ་དུ་བྱས་པས་སོ། །(རད་ཀིར། ) བྱང་ སེའི་མཐོང་ལམ་པ་ཆོས་ཅན། སྒྲིབ་གཉིས་ལས་རྣམ་པར་གྲོལ་ (ཤེས་སྒྲིབ་ལས་གྲོལ་དག་ལྡན། ) 2-1-329 བར་འགྱུར་ཏེ། ཡང་དག་པ་ཆོས་ཉིད་མཐའ་བྲལ་མངོན་སུམ་དུ་མཐོང་ནའོ་ཞེས་སྦྱར་རོ། ། འགྲེལ་པ་ལ། བརྟག་པའི་ཡུལ། དེའི་ཚུལ། དེའི་འབྲས་བུ་གསུམ་ལས། དང་པོ་ནི། ལས་ རྒྱུ་འབྲས་སོགས་ཀྱི་ཆོས་གང་ལ་ཡང་ཀུན་རྫོབ་ཏུ་ཡང་མེད་དོ་ཞེས་རྒྱང་འཕེན་གྱིས་སྐུར་བ་ འདེབས་པ་ལྟ་བུའི་ངོ་བོས་ཡོད་པ་བསལ་ཏེ་འདིར་དེ་ཡང་མ་བྱས་ཤིང༌། བྱེ་བྲག་པ་སོགས་ ཀྱིས་རྟག་བདག་སོགས་པ་ཡོད་དོ་ཞེས་སྒྲོ་འདོག་པའི་ངོ་བོས་མེད་པ་བསྒྲུབས་ཏེ། (བུ་སྟོན་པས་ མ་ཤོད་དོ། ། ) འདིར་དེ་ཡང་མ་བྱས་པར་གཟུགས་ལ་སོགས་པ་སྣང་ཚོད་པོ་འདི་རྟེན་ཅིང་འབྲེལ་ བར་འབྱུང་བར་ (རྟག་མཐའ་བསལ་)གྱུར་པ་ཀུན་རྫོབ་ཏུ་ཡང་དག་པར་ཡོད་པའི་ (ཆད་མཐའ་བསལ། )ངོ་ བོར་ཁས་བླངས་ནས་འདི་ཉིད་ལའོ། །(འདི་ལ་ཞེས་པས་སྣང་བ་མི་གསལ་ཞེས་པ་སྟེ། དེ་ཕྱིར་རང་བཞིན་མེད་ སྨྲ་ཡིས། །སྣང་བ་བསལ་ཕྱིར་མ་ཡིན་ནོ། །ཞེས་བཤད་པ་ལྟ་བུའོ་ཞེས་ཆོས་བཤེས་ཏེ། ལུང་དེ་སློབ་དཔོན་དཔལ་སྦས་གྱིས་དབུ་ མ་དེ་ཁོ་ན་ལ་འཇུག་པར་བཤད་དོ། ། ) བོད་དག་ (གསེར་ནི་བདག་མེད་ལ་བསྐུར་བ་འདེབས་ཏེ་གནོད་བྱེད་དོན་དམ་པར་ ཡོད་པ་སོགས་དང༌། སྒྲོ་འདོགས་ཏེ་ངོ་བོ་ཉིད་ཡོད་པར་འདོགས་ཞེས་ཏེ་འབྲིང་ཙམ་མོ། ། )སྣང་ཚོད་དུ་མེད་ཅེས་སྐུར་ འདེབས་དང༌། དོན་དམ་དུ་ཡོད་ཅེས་སྒྲོ་འདོགས། ཞེས་སོ། །(ལེགས། ) གཉིས་པ་ནི། དཔྱད་ ན་རང་བཞིན་མེད་པ་སྒྱུ་མ་ (གསེར་)ལྟ་བུ་སོགས་པ་གདོད་ནས་སྐྱེ་འགག་མེད་པ་ལ་སོགས་ པར་བརྟག་པར་བྱ་ཞིང་བསྒོམ་པར་བྱའོ། །(གསེར། ) སྟེ་ལྷག་མ་ཅན་ནོ། །གསུམ་པ་ནི། བྱང་ འཕགས་ཆོས་ཅན། ཤེས་སྒྲིབ་སྒྱུ་མ་ལྟ་བུ་ལས་རྣམ་པར་གྲོལ་བར་འགྱུར་རོ། །དངོས་འཛིན་ ཕྱིན་ཅི་ལོག་སྒྱུ་མ་ལྟ་བུ་དེ་ལྡོག་པས་སོ། །ཁྱབ་སྟེ། གང་གི་ཕྱིར་ན། དངོས་པོར་མངོན་པར་ ཞེན་པ་ལས་ཤེས་སྒྲིབ་ལས་གྲོལ་བའི་བྱང་ཆུབ་ཐོབ་པར་མི་འཐད་པ་དེའི་ཕྱིར་རོ། །རྟགས་ དེར་ཐལ། དེ་ཁོ་ན་ཉིད་དང་སྤྲོས་བྲལ་མངོན་སུམ་དུ་མཐོང་བས་ནའོ། །བདེན་པ་མེད་ན་ སྒྲིབ་པ་སྤོང་བ་མི་འཐད་དོ་སྙམ་ན། མི་འགལ་ཏེ། དཔེར་ན་མི་བདེན་བཞིན་དུ་སྒྱུ་མའི་གླང་ བོས་སྒྱུ་མའི་གླང་བོ་གཞན་ཞིག་ཕམ་པར་བྱས་པ་བཞིན་དུའོ། །སྒྱུ་མའི་རྒྱལ་བོ་སྒྱུ་མ་ཡི། ། 2-1-330 རྒྱལ་བོ་གཞན་གྱིས་ཕམ་བྱས་ལྟར(རྟོགས་འགྱུར)། །གང་དག་གིས་ནི་ཆོས་མཐོང་པའི། །རྒྱལ་ སྲས་དེ་དག་ང་རྒྱལ་མེད། །ཅེས་པ་ལྟར་རོ། ། ལྔ་པ་ལ། མཚམས་སྦྱར་ནི། ཚུལ་དེ་ལྟར་སྐབས་འདིའི་མདོས་དངོས་སུ་མ་ཟིན་པར་ ཞར་ལ་འོངས་པའི་དོན་རྗེ་བཙུན་གྱིས་ཚིགས་བཅད་གསུམ་བརྗོད་ནས་སྐབས་སུ་བབ་པའི་ རྣལ་མའམ་དཀྱུས་མ་མཐོང་ལམ་རྩེ་མོ་དངོས་ཉིད་སྟོན་ནོ། །རྩ་བ་ནི། སྦྱིན་པ་ལ་སོགས་ པ་དྲུག་པོ་རེ་རེར་ནི་དྲུག་པོ་དེ་དག་གཅིག་ཏུ་གཅིག་ཕན་ཚུན་བསྡུས་པ་སྟེ་རེ་རེ་ལ་གཞན་ ལྔ་ (དག་ཟླ་)བསྡུས་པ་གང་ཡིན་པའི་དྲུག་པ་ (ཐུབ་)དྲུག་རྣམས་ཁོ་ན་ (ཐུབ་དགོངས་)རྩེ་མོའི་མངོན་ རྟོགས་ (དག་ཟླ་)འདིར་མཐོང་བའི་ལམ་ཡིན་ནོ། །ཕྱིན་དྲུག་མང་བས་ན་ཁྱད་པར་སྟོན་པ་ནི་ས་ དང་པོའི་སྐད་ཅིག་གཅིག་པའི་ཡེ་ཤེས་ཞིག་གིས་བསྡུས་པའོ། །དེ་ཡང་མང་བས་དམིགས་ ཀྱིས་བཀར་བ་ནི། ལམ་ལ་ཆོས་ཤེས་པའི་བཟོད་པ་ཡིས་བསྡུས་པ་སྟེ་སྐད་ཅིག་བཅུ་དྲུག་ རྣམས་མིན་ནོ། །ཞེས་ཟླ་ཟེར་རོ། །བཟོད་པ་ལ་གསལ་ཁ་མེད་ཅིང་གཞན་དོན་དེ་ལྟར་སྙིང་ མཆོག་ཡང་ངོ༌། །དག་ལྡན་དུ། སྐད་ཅིག་གཅིག་མཐོང་ལམ་སྟེ་དེ་ཡང་བཟོད་པས་བསྡུས་ ཀྱིས་ཤེས་པས་མིན་ནོ། །ཞེས་སོ། །ཐུབ་དགོངས་སུ་སེང་བཟང་གིས་སྡུག་བསྔལ་ཆོས་ བཟོད་དུ་བཤད་པ་ནོར་བ་ཆེ་སྟེ། སྐབས་ཡང་མིན་ཅིང༌། ཡུམ་བར་མ་དང་བསྟན་བཅོས་ སུ་ཡང་དྲུག་དྲུག་ཁོ་ན་དེར་བསྟན་ཅིང་དྲུག་ནི་ལམ་གྱིས་བསྡུས་ཀྱི་སྡུག་བསྔལ་གྱིས་མིན་ ནོ། །བསྡུས་པར། ཕར་ཕྱིན་དྲུག་ནི་ལམ་མོ་ཞེས་པས་སོ། །ཞེས་སོ། །འོན་ཀྱང་མཐོང་ལམ་ རྩེ་མོ་ནི་མཐོང་སྤང་རྟོག་པ་བརྒྱ་རྩའི་གཉེན་པོ་ཡིན་ཞིང༌། ལམ་ལ་ཆོས་བཟོད་ཁོ་ན་དེར་མི་ འཐད་དོ། །དེས་ན་ཆོས་བཟོད་བཞི་ག་དེར་འགྱུར་དགོས་པ་ལ་སྐྱོན་མཚུངས་ཤིང༌། སློབ་ དཔོན་དང་རད་ཀིར་སྡུག་བསྔལ་ཆོས་བཟོད་ཁོ་ནར་ (རད་ཀིར་དངོས་)བཞེད་པ་ལ་ཡང་དེ་ཁོ་ན་ མཐོང་སྤང་རྟོག་པ་བརྒྱ་རྩའི་གཉེན་པོར་འགྱུར་བའི་སྐྱོན་ཡོད་ལ། ཨ་བྷ་ཡའི་སྐྱོན་དེ་མི་འོང་ 2-1-331 སྟེ། འདིར་སྡུག་བསྔལ་ཆོས་བཟོད་ཉིད་དྲུག་གི་ངོ་བོར་སྟོན་པས་སོ། །དེས་ན་ཆོས་བཤེས་ ཀྱིས། སྡུག་བསྔལ་ཆོས་བཟོད་ཅེས་པ་ནི་མཐོང་ལམ་ངེས་པར་གཟུངས་པ་སྟེ་སྐད་ཅིག་མ་དེ་ ཤས་ཆེར་གྱུར་པ་ཞེས་བྱའོ། །ཞེས་པས་དེ་སྨོས་པ་མཐོང་ལམ་མཚོན་པ་སྟེ་བཅུ་དྲུག་རིལ་བོ་ འདོད་དགོས་པར་མངོན་ནོ། །བྱང་ཆེན་སྦྱིན་པ་གཏོང་བའི་ཚེ་རྣམ་མཁྱེན་དུ་བསྔོ་ཞིང་སྦྱིན་པ་ གཏོང༌། ཞེས་ནས། སྦྱིན་ཕར་ལ་གནས་ནས་ཚུལ་ཕར་འཛིན། སོགས་རྒྱ་ཆེར་རོ། །འགྲེལ་ པ་ལ་གཉིས་ཏེ། ངོ་བོ་ངོས་བཟུང༌། དེ་སྐྱེས་པའི་དགོས་པའོ། །དང་པོ་ནི། སྦྱིན་སོགས་ཕ་ རོལ་ཏུ་ཕྱིན་པ་དྲུག་པོ་དག་སོ་སོར་སྔ་མ་གོ་སྒྲུབ་ཏུ་བསྟན་པ་བཞིན་དུ་སྦྱིན་པ་ལ་སོགས་པའི་ ངོ་བོ་རེ་རེ་ཡང་ཕན་ཚུན་བསྡུས་ནས་མངོན་དུ་བྱེད་པ་ (ཡེ་ཤེས་ཞབས་)གང་ཡིན་པའི་མཐོང་ལམ་ བྱ་རྫོགས་ཀྱི་སྐད་ཅིག་མ་གཅིག་པ་སྟེ། དེ་ཡང༌། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པས་ བསྡུས་པའི་ཡེ་ཤེས་ (བུདྡྷ་ཤྲཱི་)གང་ཡིན་པ་དེ་ནི་རྩེ་མོའི་མངོན་རྟོགས་འདིར་བསྟན་པའི་མཐོང་ ལམ་ཡིན་ནོ། །གང་གི་ངོ་བོར་སྐྱེས་པ་ཅན་ཞེ་ན། འཁོར་གསུམ་རྣམ་པར་དག་པས་རབ་ཏུ་ཕྱེ་ བ་ཕར་ཕྱིན་རྣམ་པ་སུམ་ཅུ་རྩ་དྲུག་གི་ངོ་བོར་སྐྱེས་པ་ཅན་ཞིག་གོ །དེ་ཡང་སྡུག་བསྔལ་ཆོས་ བཟོད་ཁོ་ན་ཡིན་གྱི་གཞན་ནི་མིན་པར་ངེས་སོ། །ཞེས་རད་ཀིར་རོ། །འདིར་ཞེས་པས་སྐབས་ དང་པོ་རྣམས་ཀྱི་མཐོང་ལམ་གྱིས་རྟོག་པ་དེ་སྙེད་སྤོང་མི་ནུས་ལ་འོག་མ་རྣམས་ཀྱིས་འབད་ མི་དགོས་པས་འདིར་དེ་དག་སྤོང་བར་བྱེད་དོ། །ཞེས་ཆོས་བཤེས་ཏེ་བརྟག་གོ །གཉིས་པ་ནི། མཐོང་རྩེའི་རྣམ་གྲོལ་ལམ་པའི་གང་ཟག་ཆོས་ཅན། ཀུན་བརྟགས་ཀྱིས་བསྡུས་པའི་གཟུང་ འཛིན་གྱི་རྣམ་པར་རྟོག་པ་བསྐྱེད་པར་བྱེད་པའི་བག་ཆགས་འཇོག་ནུས་ཀྱི་ཉོན་མོངས་པ་ མངོན་དུ་རྒྱུ་བ་བརྒྱ་རྩ་བརྒྱད་སྤངས་པ་འཐོབ་སྟེ། མཐོང་སྤང་གཟུང་བ་དང་འཛིན་པའི་རྣམ་ པར་རྟོག་པ་བརྒྱ་རྩ་བརྒྱད་སྤངས་པས་སོ། །ཁྱབ་སྟེ། དེ་འདྲའི་ཉོན་མོངས་དེ་རྟོག་པ་དེ་དག་ གིས་ཁྱབ་བྱར་བསྡུས་པས་སོ། །རྟགས་གྲུབ་སྟེ། མཐོང་ལམ་རྩེ་མོའི་རྣམ་གྲོལ་ལམ་དེ་རང་ 2-1-332 རྒྱུད་ལ་སྐྱེས་པས་ནའོ། །དེ་ལ་ཁྱབ་སྟེ། སྐྱེས་ན་དེ་འགག་པ་རྟེན་འབྲེལ་གྱི་ཆོས་ཉིད་ཀྱིས་ འབྱུང་ངོ༌། །རྟོག་པ་བརྒྱ་རྩར་ཇི་ལྟར་བྱས་པས་འགྱུར་ཞེ་ན། རྣམ་རྟོག་བཞི་བོ་སོ་སོར་ཏེ་རེ་ རེ་ལ་ཡང་དགུ་དགུར་འགྱུར་བ་ཉིད་ཀྱིས་ན། དེ་ཁམས་ཀྱིས་ཕྱེ་ན་འདོད་པར་སོ་དྲུག་དང་ གཟུགས་སུ་སོ་དྲུག་གཟུགས་མེད་དུ་ཡང་སོ་དྲུག་གི་དབྱེ་བས་སོ། །ཁམས་གསུམ་གྱི་ཉོན་ མོངས་བརྒྱ་རྩ་བརྒྱད་འོང་མོད་རྟོག་པ་བརྒྱ་རྩ་བརྒྱད་ཇི་ལྟར་འོང་སྙམ་ན། ཁམས་དེ་དག་ཏུ་ སྐྱེས་པའི་བྱང་སེ་སོ་སྐྱེ་ལ་ཡོད་ཅིང་འཕགས་པ་ལ་ཡང་སྙོམས་པར་འཇུག་པའི་རྒྱུའི་སྒོ་ནས་ ལྡན། ཞེས་ཆོས་བཤེས་ཏེ། གཟུགས་མེད་ན་རྟོག་པ་དེ་དག་གི་བག་ཆགས་ཙམ་ཡོད་ཀྱི་ མངོན་གྱུར་དཀའའོ། །སྤྱིར་ཚངས་བར་བགྲང་པས་བརྒྱ་རྩ་བརྒྱད་ཅེས་པ་སྟེ་ཉོན་མོངས་པ་ ཡང་དེ་དང་འདྲའོ། ། དྲུག་པ་ལ། མཚམས་སྦྱར་ནི། མཐོང་ལམ་གྱི་རྟོགས་པ་དེ་ལའམ་མཐོང་སྤང་སྤོང་ (གསེར་) བ་དེ་ལ་དབང་ཐོབ་པར་བྱ་བའི་ཕྱིར་མཐོང་ལམ་དེ་ཉིད་ཀྱི་རིགས་ཡང་དང་ཡང་དུ་བསྒོམ་ པར་བྱེད་དོ། །ཞེས་སོགས་སོ། །རྩ་བ་ལ་གཉིས་ལས། མཉམ་བཞག་ནི། ཕྱིན་དྲུག་གི་མཐོང་ ལམ་རྩེ་མོ་ཐོབ་པ་དེ་ནས་སེངྒེ་རྣམ་བསྒྱིངས་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་སྟེ། རྣམ་ཐར་བརྒྱད་དང་མཐར་གྱིས་གནས་པའི་སྙོམས་འཇུག་དགུ་བོ་དེ་དག་རྣམ་པར་ཕྱེ་ཞིང་ སེངྒེ་རྣམ་བསྒྱིངས་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་གོ །ཞེས་སོགས་སོ། །གཉིས་པ་ རྗེས་ཐོབ་ནི། དེར་ཞུགས་པའི་རྗེས་ནས་རྟེན་འབྲེལ་ལུགས་མཐུན་དང་ལུགས་མི་མཐུན་ལ་ རྟོག་པར་བྱེད་དེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས། ཞེས་སོགས་སོ། །འགྲེལ་པ་ལ་ གཉིས་ལས། མཉམ་བཞག་ནི། མཐོང་ལམ་རྩེ་མོ་ཐོབ་པའི་རྣལ་འབྱོར་བ་དེ་ཡང་ཏིང་ངེ་ འཛིན་སེང་གེ་རྣམ་བསྒྱིངས་ལ་སྙོམས་པར་འཇུག་གོ །དེ་གང་ཞེ་ན། རྣམ་ཐར་བརྒྱད་དང་ སྙོམས་འཇུག་དགུ་ལ་སྙོམས་པར་འཇུག་པའི་བྱང་སེའི་མཐོང་ལམ་ཆོས་ཅན། སེང་གེ་རྣམ་ 2-1-333 བསྒྱིངས་ཀྱི་མཐོང་ལམ་རྩེ་མོ་ཡིན་ཏེ། མཐོང་སྤང་ཉོན་མོངས་དང་ཤེས་བྱའི་སྒྲིབ་པའི་ འཇིགས་པ་མེད་པའི་རྣམ་ཐར་བརྒྱད་སོགས་ལ་སྙོམས་པར་ཞུགས་པའི་ཐེག་ཆེན་མཐོང་ ལམ་ཡིན་པས་སོ། །གཉིས་པ་ནི། ཡང་དག་པར་རྟོགས་ཅེས་དྲང་ངོ༌། །གང་གི་ཚེ་ན། དེ་ལ་ ཞུགས་ནས་དུས་ཕྱིས་རྗེས་ཐོབ་ཏུའོ། །གང་ལ་རྟེན་འབྲེལ་ལའོ། །འདིའི་མཐའ་ཅུང་ཟད་ དཔྱད་ན། འདི་ཅི་ནས་ཀྱང་ཤེས་པར་བྱ་བ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་ས་ལུ་ལྗང་བ་ལ་ གཟིགས་ནས། དགེ་སློང་དག་སུས་རྟེན་ཅིང་འབྲེལ་བར་འབྱུང་བ་མཐོང་བ་དེས་ཆོས་མཐོང་ ངོ༌། །སུས་ཆོས་མཐོང་བ་དེས་སངས་རྒྱས་མཐོང་ངོ༌། །ཞེས་དང༌། དོན་དེ་ཉིད་བཤེས་སྤྲིང་དུ། རྟེན་ཅིང་འབྲེལ་བར་འབྱུང་འདི་རྒྱལ་བ་ཡི། །གསུང་གི་མཛོད་ཀྱི་གཅེས་པ་ཟབ་མོ་སྟེ། །གང་ གིས་འདི་ནི་ཡང་དག་མཐོང་བ་དེས། །སངས་རྒྱས་དེ་ཉིད་རིག་པ་རྣམས་ཀྱི་མཆོག །ཅེས་སོ། ། འདི་ལ་སྤྱིར་དབུ་མ་པས་ཆོས་ཐམས་ཅད་རྟེན་འབྲེལ་དུ་བཤད་པ་ཡོད་ཀྱང༌། འདིར་དངོས་ པོའི་རྟེན་འབྲེལ་སྟོན་ལ། དེའི་མཚན་གཞི་ནི། འདུས་བྱས་ཐམས་ཅད་དོ། །མཚན་ཉིད་ནི། གང་ལ་བརྟེན་ནས་སྐྱེ་བའམ་རྒྱུ་རྐྱེན་ལས་སྐྱེར་རུང་བའོ། །དེ་ལ་བཞི་སྟེ། སྐད་ཅིག་མའི། འབྲེལ་བ་ཅན་གྱི། གནས་སྐབས་པའི། རྒྱུན་ཆགས་པའི་རྟེན་འབྲེལ་ལོ། །དང་པོ་ནི། ཤན་པ་ སྲོག་གཅོད་པའི་བྱ་རྫོགས་ཀྱི་སྐད་ཅིག་གཅིག་ལ་ཡན་ལག་བཅུ་གཉིས་ཚང་བ་ལྟ་བུ་ལ་ བཤད་དོ། །(དེའི་ཚེ། ཀུན་ནས་སློང་བའི་རྨོངས་པ་ནི་མ་རིག་པ། དེ་ལྟར་སེམས་པའི་ལས་ནི་འདུ་བྱེད། ཡུལ་སོ་སོར་རིག་པ་ རྣམ་ཤེས། དེ་དང་ལྷན་ཅིག་བྱུང་བའི་ཕུང་བོ་གསུམ་མིང༌། གཟུགས་ནི་གཟུགས་སོ། །མིག་སོགས་དྲུག་ནི་སྐྱེ་མཆེད་དྲུག གསུམ་ འདུས་པ་རེག་པ། རེག་པ་ཉམས་སུ་མྱོང་བ་ཚོར་བ། ཤ་སོགས་ལ་ཆགས་པ་སྲེད་པ། དེ་དང་མཚུངས་ལྡན་གྱི་ངོ་ཚ་མེད་པ་སོགས་ ཀུན་ནས་དཀྲིས་རྣམས་ལེན་པ། དེས་ཀུན་ནས་བསླང་བའི་ལུས་ངག་གི་ལས་ནི་སྲིད་པ། སྔར་མེད་པའི་རྫས་བྱུང་བ་སྐྱེ་བ། བརྩམས་པའི་ལས་སྨིན་པ་སོགས་རྒ་བ། དེ་ཞིག་པ་ལྟ་བུ་ཤི་བའོ་ཞེས་སོ། ། ) གཉིས་པ་ནི། འདུས་བྱས་ཐམས་ཅད་ དེ། མདོ་ལས་རྟེན་ཅིང་འབྲེལ་བར་འབྱུང་བ་གང་ཞེ་ན། འདུ་བྱེད་ཐམས་ཅད་དོ། །ཞེས་སོ། ། 2-1-334 ཀུན་བཏུས་སུ། བརྒྱད་བཤད་པ་ནི་འདིའི་དབྱེ་བར་རུང་སྟེ། བརྒྱད་གང་ན། མིག་གཟུགས་ ལ་བརྟེན་ནས་མིག་ཤེས་འབྱུང་བ་ལྟ་བུ་ (རྒྱལ་སྲས་)རྣམ་པར་ཤེས་པ་འབྱུང་བའི་རབ་ཏུ་དབྱེ་བ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་སོགས་སེམས་ཅན་གྱི་དབང་དུ་བྱས་པ། འཆི་འཕོ་དང་སྐྱེ་ བའི། ས་བོན་ལས་མྱུ་གུ་དེ་ལས་སྡོང་བུ་ལྟ་བུ། ཕྱི་ལོ་ཐོག་འབྱུང་བའི། སེམས་ཅན་གྱི་ཐུན་ མོང་གི་ལས་ཀྱིས་ས་ཆུ་འབྱུང་བ་སོགས། འཇིག་ (རྒྱལ་སྲས་)པ་དང་འཆགས་པའི། ཁམས་ གསུམ་པ་རྣམས་ཟས་བཞི་ལ་བརྟེན་ནས་གནས་ (རྒྱལ་སྲས་)པ་ལྟ་བུ། ཟས་ཀྱིས་བརྟན་པའི། ལས་དགེ་མི་དགེ་ལས་བདེ་འགྲོ་ངན་འགྲོར་འགྲོ་བ་འདོད་པ་དང་མི་འདོད་པའི་འགྲོ་བ་རྣམ་ པར་འབྱེད་པའི་ཚོགས་ལམ་ལས། སྦྱོར་ (མཐོང་སྒོམ་ནས་དགྲ་བཅོམ་ཐོབ་པའི་བར་)ལམ་སོགས། རྣམ་ པར་དག་པའི། བསམ་གཏན་ཐོབ་པ་ལས་མངོན་ཤེས་སོགས་ཡོན་ཏན་ཁྱད་པར་ཅན་འབྱུང་ བ་སོགས་མཐུ་སྟོབས་ཀྱི་རབ་ཏུ་དབྱེ་བའོ། །ཁ་ཅིག་ (མཛོད་ལ་བརྟེན་ནས་འཆིམས་བློ་བཟང༌། )རྟེན་ འབྲེལ་སྔ་མ་གཉིས་དོན་གཅིག ཕྱི་མ་གཉིས་དོན་གཅིག་པར་འདོད་དོ། །གསུམ་པ་ནི། མཛོད་དུ། མ་རིག་ཉོན་མོངས་སྔོན་གནས་སྐབས། །འདུ་བྱེད་དག་ནི་སྔོན་ལས་ཀྱི། །རྣམ་ ཤེས་མཚམས་སྦྱོར་ཕུང་བོ་ཡིན། །མིང་དང་གཟུགས་ནི་དེ་ཕན་ཆད། །སྐྱེ་མཆེད་དྲུག་དོད་ ཚུན་ཆད་དོ། །དེ་ནི་གསུམ་འདུས་ཚུན་ཆད་དོ། །རེག་པ་བདེ་སྡུག་ལ་སོགས་ཀྱི། །རྒྱུ་ཤེས་ ནུས་པ་ཚུན་ཆད་དོ། །ཚོར་འཁྲིག་ཚུན་ཆད་སྲེད་པ་ནི། །ལོངས་སྤྱོད་འཁྲིག་པའི་ཆགས་ཅན་ གྱི། །ཉེ་བར་ལེན་པ་ལོངས་སྤྱོད་རྣམས། །ཐོབ་པར་བྱ་ཕྱིར་ཡོངས་རྒྱུག་པ། །དེ་སྲིད་འབྲས་ བུ་འབྱུང་འགྱུར་བའི། །ལས་དེ་ཉིད་ནི་སྲིད་པ་ཡིན། །ཉིང་མཚམས་སྦྱོར་བ་སྐྱེ་བ་ཡིན། །ཚོར་ བའི་བར་ནི་རྒ་ཤི་ཡིན། །འདི་ནི་གནས་སྐབས་བར་འདོད་ལོ། །གཙོ་བོའི་ཕྱིར་ན་ཡན་ལག་ བསྒྲགས། །སྔོན་དང་ཕྱི་མཐའ་བར་དག་ལ། །རྨོངས་པ་རྣམ་པར་བཟློག་ཕྱིར་རོ། །ཞེས་དང༌། ཡན་ལག་བཅུ་གཉིས་ཆ་གསུམ་མོ། །སྔོན་དང་ཕྱི་མཐར་གཉིས་གཉིས་དང༌། །བར་དུ་བརྒྱད་ 2-1-335 ཡོངས་རྫོགས་ལྡན་ལོ། །ཞེས་སོ། །དེའི་དོན་ནི། ཚེ་གསུམ་གྱི་གནས་སྐབས་དང༌། མངལ་ སྐྱེས་ཚེ་ཡོངས་སུ་རྫོགས་པར་སྡད་པ་ལ་ལྟོས་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བ་ཆ་གསུམ་པ་ ཞེས་བཤད་དེ། ཚེ་འདིའི་ཕུང་བོ་འཕེན་བྱེད་ཚེ་སྔ་མའི་ལས་ཀྱི་ཀུན་སློང་ཉོན་མོངས་པ་དེ་ཚེ་ འདི་ལ་ལྟོས་པའི་མ་རིག་པ། དེས་ཀུན་ནས་བསླང་བའི་ཚེ་འདིའི་ཕུང་བོ་འཕེན་བྱེད་བསོད་ ནམས་དང་བསོད་ནམས་མིན་པ་མི་གཡོ་བའི་ལས་གང་རུང་གི་གནས་སྐབས་འདུ་བྱེད་དེ་ཚེ་ སྔ་མའི་སྐབས་སོ། །དེ་གཉིས་ལ་བརྟེན་ནས་ཚེ་འདིར་མངལ་དུ་ཉིང་མཚམས་སྦྱོར་བའི་སྐད་ ཅིག་གི་གནས་སྐབས་ཀྱི་ཡིད་ཤེས་དེ་རྣམ་ཤེས། མཚམས་སྦྱར་བའི་སྐད་ཅིག་གཉིས་པ་ནས་ གཟུང་སྟེ་སྐྱེ་མཆེད་དྲུག་མ་དོད་ཙམ་གྱི་བར་གྱི་མིང་བཞི་དང་མེར་མེར་བོ་སོགས་རིམ་བཞིན་ མིང་དང་གཟུགས། དྲུག་དོད་ནས་ཡུལ་དབང་རྣམ་ཤེས་གསུམ་འདུས་ནས་ཡུལ་ལ་ལོངས་ སྤྱོད་མི་ནུས་ཀྱི་བར་གྱི་མིག་སོགས་དོད་པའི་སྐབས་ནི་སྐྱེ་མཆེད་དྲུག གསུམ་འདུས་ནས་ ཡུལ་སྤྱོད་པ་ནས་བཟུང་སྟེ་ཚོར་བ་གསུམ་ཀྱི་རྒྱུ་ཡིད་འོང་མི་འོང་བར་མ་ལ་བླང་དོར་མི་ནུས་ ཀྱི་བར་ནི་རེག་པ། དེ་ཤེས་ནས་འཁྲིག་པ་སྤྱོད་མི་ནུས་ཀྱི་བར་གྱི་ཚོར་བ་གསུམ་ནི་ཚོར་བ། སྤྱོད་ནུས་ནས་གཟུགས་སོགས་འདོད་པའི་ཡོན་ཏན་དང་འཁྲིག་པའི་འདོད་ཆགས་ལ་སྲེད་ ཅིང་ཡུལ་ཚོལ་བ་ལ་དངོས་སུ་མ་ཞུགས་པ་ནི་སྲེད་པ། སྲེད་པའི་ཡུལ་དུ་གྱུར་པའི་ལོངས་ སྤྱོད་རྣམས་ཐོབ་ཕྱིར་རྒྱུག་པའི་བསམ་པ་ནི་ལེན་པ། དེར་རྒྱུག་པའི་དུས་ན་ཡང་སྲིད་འབྱུང་ བའི་རྒྱུར་བསགས་པའི་ལས་ནི་སྲིད་པ། སྲེད་ལེན་སྲིད་པ་གསུམ་ལས་སྐྱེས་པ་ཕྱི་མར་ཉིང་ མཚམས་སྦྱོར་བའི་ཕུང་བོ་དེ་འདི་ལ་ལྟོས་པའི་སྐྱེ་བ་ཡིན་ལ་རང་སའི་རྣམ་ཤེས་སོ། །ཚེ་ཕྱི་ མའི་མིང་གཟུགས་ནས་ཚོར་བའི་བར་བཞི་ནི་ཚེ་འདི་ལ་ལྟོས་ཏེ་རྒ་ཤིའོ། །རེ་རེ་ཡང་ཕུང་བོ་ ལྔ་པ་ཡིན་ཡང་མ་རིག་པ་སོགས་གཙོ་ཆེ་བས་མ་རིག་པ། ཞེས་སོགས་བརྗོད་དེ། ཡན་ལག་ བཞི་འོང་བ་ཡིན་ཡང་གཙོ་བོ་ཡིན་པས་རྒྱལ་བོ་འོང་ཞེས་པ་བཞིན་ནོ་ལོ། །རེ་རེ་ཡང་ཕུང་བོ་ 2-1-336 ལྔ་པ་མི་རིགས་ཞེས་མཛོད་འགྲེལ་དུ། མདོ་སྡེ་པས་བཀག་ཅིང༌། སྔར་ཁོ་བོས་བྲིས་པ་ལྟར་ ལ་རུང་ངོ༌། །བཞི་པ་ལ། མཚན་ཉིད། (ཀུན་བཏུས། ) ཡན་ལག་རྣམ་པར་དབྱེ་བ། (ཀུན། ) ཡན་ ལག་མདོར་བསྡུ་བ། (ཀུན། ) ཡན་ལག་ལས་རྣམ་བཞག (ཀུན་)སྒྲ་དོན། ལུགས་མཐུན་ལུགས་ མི་མཐུན་ནོ། །དང་པོ་ནི། རིགས་མི་མཐུན་ལས་འབྱེད་པའི་མཚན་ཉིད་སྔར་ལྟར་ཏེ། འདིར་ ནི་རང་བཞིན་ལ་མཚན་ཉིད་དུ་བརྗོད་པའོ། །དེ་ཡང་རྐྱེན་གསུམ་ལས་བྱུང་བ་སྟེ། མཚན་ཉིད་ ཀྱིས་ཇི་ལྟ་བུ་ཞེ་ན། གཡོ་བ་མེད་པའི་རྐྱེན་ལས་བྱུང་བ་དང༌། མི་རྟག་པའི་རྐྱེན་ལས་བྱུང་བ་ དང༌། ནུས་པའི་རྐྱེན་ལས་བྱུང་བའི་ཕྱིར་རོ། །ཞེས་སོ། །དང་པོ་ནི། འབྲས་བུ་ (རྒྱལ་སྲས་)འབྱུང་ བར་བྱ་བའི་ཕྱིར་དུ་བློ་སྔོན་དུ་བཏང་བའི་རྐྱེན་མེད་ཀྱང༌། རྐྱེན་ཡོད་ན་འབྲས་བུ་འབྱུང་བ་སྟེ། དེས་དབང་ཕྱུག་སོགས་ཀྱིས་བློ་སྔོན་དུ་བཏང་ནས་བྱས་པ་སེལ། གཉིས་པ་ནི། རྐྱེན་རྟག་པ་ ལས་འབྲས་བུ་མི་འབྱུང་གི སྔར་མེད་དུ་བྱུང་བའི་མི་རྟག་པའི་རྐྱེན་ལས་བྱུང་བ་སྟེ། (རྒྱལ་སྲས། ) དེས་གཙོ་བོ་རྟག་པ་སོགས་ཀུན་གྱི་རྒྱུ་ཡིན་པ་བསལ་ལོ། །གསུམ་པ་ནི། གཡོ་ (རྒྱལ་སྲས། )བ་ མེད་ཅིང་མི་རྟག་ཀྱང་རྐྱེན་གང་རུང་རུང་ལས་འབྲས་བུ་ཐམས་ཅད་མི་འབྱུང་གི འབྲས་བུ་དེ་ བསྐྱེད་ནུས་པའི་རྐྱེན་མ་རིག་པའི་རྐྱེན་གྱིས་འདུ་བྱེད་འབྱུང་བ་ལྟ་བུ་སྟེ། དེས་ཐམས་ཅད་ ཐམས་ཅད་ཀྱི་རྒྱུར་རྟོག་པ་སེལ་ལོ། །གཉིས་པ་ནི། བཅུ་གཉིས་ཏེ། བདེན་ (ས་བཅུ་པའི་མདོ། ) པའི་གནས་ལུགས་མི་ཤེས་པའི་རྨོངས་པ་སྟེ། (དོན་དམ་པ་མི་ཤེས་ཞེས་མདོ། ) དབྱེ་ན། ལས་རྒྱུ་ འབྲས་དང༌། དེ་ (ཀ་ཤི་དངོས་)ཁོ་ན་ཉིད་ལ་རྨོངས་ (ས་བཅུ་པའི་དོན་དུ་འགྲོ། )པའོ། །ཁམས་གསུམ་པའི་ མི་ཤེས་པ་སྣ་ཚོགས་པ་ (བདག་འཛིན་སོགས་ལས་ས་ལུ་ལྗང་བར་བཤད་)ཐམས་ཅད་མ་རིག་པར་ (ས་ལུ་ལྗང་ འགྲེལ་དུ་རྒྱས་པར་)ཀླུས་བཤད། བདག་མེད་གཉིས་ལ་རྨོངས་ཤིང་ལོག་ (ཀ་ཤི་)པའི་ (ས་ལུ་ལྗང་མདོ་ དངོས། )ཤེས་པ་ལ་ཀ་ཤིས་སོ། །ཕུང་བོ་གཅིག་བུ་རྟག་བརྟན་བདེ་བར་འདུ་ཤེས་པ་མ་རིག་པ་ སྟེ། དེའི་རྒྱུ་ནི་རྟག་བདེ་གཙང་བདག་ཏུ་འཛིན་པའི་ཚུལ་མིན་ཡིད་བྱེད་དུ། བློ་གྲོས་མི་ཟད་ 2-1-337 པའི་མདོ་དང་དེ་འགྲེལ་ལས་སོ། །ཟག་བཅས་ (བློ་གྲོས་མི་ཟད་པའི་མདོ་འགྲེལ་ལས། )ཀྱི་ཕུང་བོ་ འགྲུབ་པའི་རྒྱུ་གཏི་མུག་གིས་བསླང་བའི་ལུས་ངག་ཡིད་ཀྱི་ (མདོ་འགྲེལ་)ལས་བྱས་ཤིང་ བསགས་པ་རྣམས་ནི་འདུ་བྱེད། དབྱེ་ན། ཉོན་མོངས་ཅན་གྱི་བསོད་ནམས་སོགས་གསུམ་ལ་ ཀླུས་སོ། །(མདོ་འགྲེལ་ཀ་ཤིས། ) ས་བཅུ་པར། མ་རིག་པས་བྱས་པའི་ལས་ཀྱི་རྣམ་པར་སྨིན་པ་ནི་ འདུ་བྱེད་དོ། །ཞེས་སོ། །ལས་དེའི་ས་བོན་དེས་བསྒོས་པའི་སེམས་སམ་མདོར། (བློ་གྲོས་ཆེན་ པོས། ) ཚོགས་དྲུག་པོ་རྣམ་ཤེས་སུ་བཤད་པ་ལྟར་རམ། ལས་དེའི་བག་ཆགས་བཞག་པའི་ཀུན་ གཞིའི་རྣམ་ཤེས་ལ། བློ་བརྟན་ (དབུས་བཤད་)དང༌། དང་པོ་མའི་མངལ་དུ་ཞུགས་པའི་ལས་ ཀྱིས་འཕངས་པའི་ས་བོན་ཐམས་ཅད་པའི་ཀུན་གཞི་རྣམ་ཤེས་ལ། དབྱིག་གཉེན་ནོ། །(བློ་གྲོས་ མི་ཟད་མདོ་འགྲེལ། ) འོན་ཀྱང་བཅུ་གཉིས་པོ་ཐམས་ཅད་ལ་རྒྱུ་དང་འབྲས་བུ་གཉིས་སུ་ (ས་བཅུའི་ འགྲེལ་པར་དབྱིག་)བཤད་པས་ཀུན་གཞི་ས་བོན་གྱི་ཆ་དང་རྣམ་སྨིན་གྱི་ཆ་ལ་རུང་ངོ༌། །མདོར་ན་ འདུ་བྱེད་གསུམ་གྱིས་བསྒོས་པའི་ཤེས་ (ཡིད་ཤེས་སམ་ཀུན་གཞི་)པ་འདུ་བྱེད་གསུམ་དང་མཐུན་ པར་ཁམས་གསུམ་དུ་འགྲོ་བའི་རྒྱུའི་དངོས་པོའམ་རྣམ་སྨིན་གྱི་དངོས་པོར་གྱུར་པའི་རྣམ་ ཤེས་ནི་རྣམ་ཤེས་སོ་ཞེས་ (ས་ལུ་ལྗང་བའི་མདོ་)ཀ་ཤིས་སོ། །སྐྱེ་ (མདོ་འགྲེལ་)གནས་སུ་མཚམས་སྦྱར་ བའི་སྐད་ཅིག་གཉིས་པ་ཕན་ཆད་ (བློ་གྲོས་མི་ཟད་འགྲེལ་)མེར་མེར་བོ་སོགས་དང༌། (རྣམ་ཤེས་དེ་དང་ ལྷན་གཅིག་འབྱུང་བ་ཞེས་ས་ལུ་ལྗང་བར་ཡོད་པ་ལ་རྣམ་པར་ཤེས་པའི་རྒྱུ་ལས་བྱུང་བ་ཞེས་ཀླུ་སྒྲུབ་པོ། ས་བཅུ་པར་ཡང༌། རྣམ་ ཤེས་དང་ལྷན་ཅིག་འབྱུང་བའི་ལེན་པའི་ཕུང་བོ་བཞི་ནི་མིང་དང་གཟུགས་ཞེས་སོ། ། ) དེ་དང་ལྷན་ཅིག་པའི་རྣམ་ ཤེས་ནི་མིང་གཟུགས་ཏེ་མིང་ནི་ཚོར་འདུ་ཤེས་འདུ་བྱེད་རྣམ་ཤེས་སོ། །ཞེས་དབྱིག་གོ །(བློ་ གྲོས་མི་ཟད་མདོ་འགྲེལ། ) ཟག་བཅས་ཀྱི་མིང་གཟུགས་འཕེལ་བ་ (ས་བཅུ་མདོ་)རྣམ་ཤེས་སྐྱེ་སྒོར་གྱུར་ པ་ནི་ (ས་ལུ་མདོ་དངོས་བློ་གྲོས་ཆེན་པོས་ཀྱང་ངོ༌། ། )སྐྱེ་མཆེད་དྲུག་སྟེ་མིག་ནས་ཡིད་ཀྱི་བར་རོ། །དེ་ རྣམས་ (སློབ་དཔོན་བློ་གྲོས་ཆེན་པོ། )སྨིན་པ་ལས་ཡུལ་དབང་རྣམ་ཤེས་རྣམ་གསུམ་ཕྲད་པའི་ (ས་སྡུག་པ་ 2-1-338 སོགས་འཛིན་པ་ནི་རེག་པའོ། །དབྱེ་ན་ཚོར་བ་གསུམ་གྱི་རྒྱུ་གསུམ་མོ། ། )ཟག་བཅས་ནི་རེག་པའོ། །ས་བཅུ་པར་ རོ། །ཡང་ན་མཛོད་ལྟར་རོ། །དབྱེ་ན། རེག་པའི་ཚོགས་དྲུག་གོ་ (མིག་གི་འདུས་ཏེ་རེག་པ་ནས། ཡིད་ཀྱི་ འདུས་ཏེ་རེག་པའི་བར་ཀ་ཤིས་སོ། ། )ཞེས་ས་ལུ་ལྗང་བར་རོ། །ཟག་བཅས་ཀྱི་བདེ་སོགས་མྱོང་འགྱུར་ གྱི་ (མདོ་)རྒྱུ་རེག་པ་ཡོད་པ་ཅི་འདྲ་བ་ (བློ་གྲོས་ཆེན་པོས་)དེ་འདྲ་བར་ཟག་བཅས་ཀྱི་བདེ་སོགས་ མྱོང་བ་ནི་ཚོར་བ། (ས་ལུ་ལྗང༌། ) དབྱེ་ན། བདེ་སྡུག་བཏང་སྙོམས་གསུམ་མོ། །ཡང་ན་རེག་པའི་ ཚོགས་དྲུག་ལ་བརྟེན་ཏེ་ཚོར་བའི་ཚོགས་དྲུག་གོ །(ཀླུས་ས་ལུ་ལྗང་འགྲེལ། ) ཁམས་གསུམ་གྱི་འདོད་ ཆགས་ནི་སྲེད་པ་ (ཚོར་བ་ལ་ཆགས་པ་ནི་སྲེད་པས་སོ་ས་བཅུ་པར། )སྟེ། དབྱེ་ན། (སྐམ་པའི་ཕྱིར་ཅེས་ས་ལུ་ལྗང༌། ) སྲེད་པའི་ཚོགས་དྲུག་ཅེས་ཀླུས་སོ། །དྲུག་ནི་རྣམ་ཤེས་དྲུག་གི་དབང་གིས་སོ། །དེ་ཡང་སྲིད་ པ་དང་སྲིད་པའི་ལོངས་སྤྱོད་ལ་རྒྱུན་དུ་སྤྱོད་ཀྱང་ཚྭ་ཆུ་འཐུངས་པ་བཞིན་ངོམས་ཤིང་ཚིམ་པ་ མེད་པ་ནི་སྲེད་པ་སྟེ། དུས་གསུམ་གྱི་དབྱེ་བས་གསུམ། ཞེས་སོགས་དང༌། ཡང་ན་མཐོང་ སྒོམ་གྱི་སྤང་བྱ་འདོད་ཁམས་ཀྱི་འདོད་ཆགས་ནི་འདོད་སྲེད། དེའི་སྤང་བྱ་ཁམས་གོང་གཉིས་ ཀྱི་འདོད་ཆགས་ནི་སྲིད་སྲེད། ཐར་བ་ལ་མངོན་པར་ཆགས་པ་ནི་མི་སྲིད་པར་སྲེད་པ། ལྟ་བ་ ལྔ་ནི་ལྟ་བའི་སྲེད་པ་སྟེ་བཞིའོ། །ཞེས་དབྱིག་ (བློ་གྲོས་མི་ཟད་འགྲེལ་)གོ །གང་འདོད་པ་ལ་སོགས་ པ་ལ་ (བློ་གྲོས་ཆེན་པོས་)འདུན་ཅིང་ཆགས་པས་སྦྱོར་བ་ནི་ (དབུས་མཐར་)ལེན་པ་སྟེ། (སྲེད་པ་མངོན་པར་ འཕེལ་བ་ནི་ལེན་པའོ། ། ) དབྱེ་ན་ (དབྱིག་སོགས་བློ་ཆེན་)འདོད་པའི། ལྟ་བའི། ཚུལ་ཁྲིམས་བརྟུལ་ཞུགས་ ཀྱི། བདག་ཏུ་སྨྲ་བའི་ཉེར་ལེན་བཞི་སྟེ། འདོད་པའི་འཁྲིག་པ་ (ལ་ཆགས་)དང་མུ་སྟེགས་ཀྱི་ཆོས་ དང་འདོད་པའི་ཡོན་ཏན་ལྔ་ལ་ཆགས་པ་གསུམ་དང༌། རྟག་ཆད་ཀྱི་ལྟ་བ་དང༌། ཁྱི་དང་བ་ ལང་སོགས་ཀྱི་བརྟུལ་ཞུགས་སོགས་དང༌། བདག་ཡོད་པར་ལྟ་ཞིང་ཆགས་པ་བཞི་རིམ་ བཞིན་ནོ། །དབྱིག་གོ །དེ་ལྟར་ལས་འདུ་བྱེད་ཀྱི་ས་བོན་ (བློ་ཆེན་)སྲེད་ལེན་གྱིས་མངོན་པར་ རླན་པ་དེ་ཉིད་འབྲས་བུ་ཡང་སྲིད་དངོས་སུ་བསྐྱེད་པ་ལ་མངོན་དུ་ཕྱོགས་པའི་ལས་ (བློ་ཆེན་)ནི་ 2-1-339 སྲིད་པ་སྟེ། འདིས་བར་མ་ཆོད་པར་ཡང་སྲིད་པར་འབྱུང་བར་བྱེད་པས་སྲིད་ (ཀླུ་དོན་དངོས་)པ་ སྟེ་སྲིད་པའི་རྒྱུ་ཡིན་པས་སྲིད་པ་ཞེས་བྱའོ། །སྤྱིར་སྲིད་པ་ལ་དབྱེ་ན། འཆི། བར། སྐྱེ་སྲིད། སྔོན་དུས་སྲིད་པ་བཞིའོ། །ལེན་པ་ལས་བྱུང་བའི་ལས་ཟག་པ་དང་བཅས་པ་ནི་སྲིད་པའོ། ། ཞེས་ས་བཅུ་པར་རོ། །སྲིད་པ(འི་ལས་ཏེ་འདུ་བྱེད་ནུས་པ་ཐོགས་མེད་དོ། ། )དེའི་མཇུག་ཐོགས་སུ་རྣམ་ ཤེས་མིང་གཟུགས་ནས་ (བློ་ཆེན་)ཚོར་བའི་བར་ནི་ཕུང་བོ་ (ཀླུ་)འབྱུང་བས་ (བློ་)སྐྱེ་བ་སྟེ། ཞེས་བློ་ གྲོས་ཆེན་པོའོ། ། ལས་ཀྱི་སྲིད་པའི་རྒྱུ་ལས་ཕུང་བོ་འབྱུང་བ་ནི་སྐྱེ་བའོ། །ཞེས་ཀླུས་ཏེ། ལས་ ཀྱི་རྒྱུ་མཐུན་པ་ནི་སྐྱེ་བ་སྟེ་ཕུང་བོ་འབྱུང་བའོ། །ས་བཅུ་པར་རོ། །དབྱེ་ན། སྒོང་ང་མངལ་དྲོད་ གཤེར། རྫུས་སྐྱེས་བཞིའོ། །དར་ལ་བབ་པའི་བར་གྱི་ཕུང་བོ་རྣམས་རྙིང་ཞིང༌། (ཀླུ། ) སྟོབས། (དབྱིག) མཐུ། གཟི་བརྗིད། མདངས་སོགས་ཉམས་པ་ནི་ (དབྱིག་)རྒ་བ། ཞེས་ (སྤྱི་ཐེར་མགོ་སྐྱེ་སོགས་ )ཀླུ་དབྱིག་སྟེ། དབྱེ་ན། ཚེ། དབང་པོ། སྟོབས། གཟུགས། དྲན་པ། ཤེས་རབ། བདེ་བ་འགྱུར་ བ་སྟེ་བདུན་ནོ། །(ཕུང་བོའི་ཡོངས་སུ་སྨིན་པ་ནི་རྒ་བའོ། །རྒས་ནས་ཕུང་བོ་འཇིག་པ་ནི་འཆི་བའོ། །ས་བཅུ་པར། ) ཚེ་ ཟད་ནས་སྲོག་འགགས་པ་ནི་ཤི་བ། འགག་པ་ནི་འཆི་བ་སྟེ། (གསུམ་ཡང་དབྱིག་གིས་བཤད། ) དབྱེ་ ན། (གཉིས་ཏེ་ཚེ་དང་བསོད་ནམས་ཟད་ནས་འཆི་བ་རྣམས་རང་གིས་ངང་གིས་འཆི་བ། མཚོན་དང་དབྱིག་པ་སོགས་ཀྱི་རྐྱེན་ གྱིས་ཤི་བ་ནི་ཉེ་བར་བཅོམ་པས་འཆི་བས་སོ་བློ་གྲོས་མི་ཟད་པའི་འགྲེལ་པར་དབྱིག) དུས། དུས་མིན་འཆི་གཉིས་ སོ། །རྒ་ཤི་གཉིས་ཡན་ལག་གཅིག་ཏུ་བྱས་པ་ནི་རྒ་བ་མེད་པར་འཆི་བ་སྲིད་པས་སོ། །ཞེས་ རྒྱལ་སྲས་སོ། །(ཀུན་བཏུས་འགྲེལ། ) མྱ་ངན་སོགས་ཡན་ལག་ཏུ་མ་བཞག་པ་ནི། ངེས་པར་འབྱུང་ བར་མ་ངེས་པའི་ཕྱིར་ཏེ་ཡིད་བདེ་བཞིན་དུ་འཆི་བ་ཡོད་པས་སོ། །གསུམ་པ་ལ་བཞི་སྟེ། རྒྱུ་ བདུན། ཡན་ལག་བཞི། ཉོན་མོངས་དང་ལམ་གསུམ། ཉོན་མོངས་གཉིས་སུ་ཡང་བསྡུ་བའོ། ། དང་པོ་ནི། དབུས་མཐར། རྣམ་བདུན་ཡང་དག་མིན་རྟོག་ལས། །ཞེས་ཏེ། དང་པོ་ཕྱིན་ཅི་ ལོག་གི་རྒྱུ། གཉིས་པ་འདེབས་པའི། གསུམ་པ་ཁྲིད་པ། བཞི་ལྔ་གཉིས་ཀུན་འཛིན་པ། དྲུག་ 2-1-340 བདུན་གཉིས་ཉེ་བར་སྤྱོད་པ། དེ་ནས་གསུམ་སྡུད་པའི། ཐ་མ་གཉིས་སྐྱོ་བའི་རྒྱུ་ཞེས་དབྱིག་ སྟེ་འགྲེལ་བཤད་བལྟའོ། །གཉིས་པ་ནི། (ཀུན་བཏུས་)དང་པོ་གསུམ་འཕེན་པའི་ཡན་ལག དེ་ འོག་བཞི་འཕངས་པའི་ཡན་ལག(ཀུན་བཏུས་) སྲེད་ལེན་སྲིད་གསུམ་མངོན་པར་འགྲུབ་བྱེད་ཀྱི་ ཡན་ལག སྐྱེ་རྒ་གཉིས་མངོན་པར་གྲུབ་པའི་ཡན་ལག་གོ །(རྒྱུ་མཚན་རྒྱལ་སྲས་བལྟ། ) གསུམ་པ་ ནི་མ་རིག་སྲེད་ལེན་གསུམ་ཉོན་མོངས་པའི་ (ས་བཅུ་པ་)ལམ་གྱི་རྒྱུན་མི་འཆད་པ་ (ས་བཅུ་པ་)འདུ་ བྱེད་སྲིད་པ་ལས་ (དངོས་)ཀྱི་ལམ། ལྷག་མ་རྣམས་སྡུག་བསྔལ་གྱི་ལམ། (ས་བཅུ་པར་རོ། །དབུས་མཐའི་ འགྲེལ་པ་དང་ཀླུའི་དབུ་མ་རྟེན་འབྱུང་ལས་སོ། ། ) ཡང་དེ་ཉིད་རིམ་བཞིན་ཉོན་མོངས་པའི་ལས་ཀྱི་ཚེའི་ ཉོན་མོངས་སོ། །(ཀླུས་དང་པོ་བརྒྱད་པ་དགུ་ཉོན་མོངས། །གཉིས་པ་བཅུ་པ་ལས་ཡིན་ཏེ། །ལྷག་མ་བདུན་ནི་སྡུག་བསྔལ་ ཡིན། །ཞེས་སོ། །རིན་ཆེན་ཕྲེང་བར། ལམ་གསུམ་ཐོག་མཐའ་དབུས་མེད་པ། །ཞེས་སོ། ། ) ཀུན་བཏུས་སུ། རྣམ་ཤེས་ ཀྱང་ལས་ཉོན་དུའོ། །བཞི་པ་ནི། ཉོན་མོངས་པའི་ (དབྱིག་)ལས་ཀྱི་ཉོན་མོངས་གཉིས་རྒྱུའི་ ཉོན་ (དབྱིག་)མོངས། ཚེའི་ཉོན་མོངས་འབྲས་བུའི་ཉོན་མོངས་སོ། །(རིམ་བཞིན་ཀུན་འབྱུང་དང་སྡུག་ བདེན་ནོ། ། ) དབུས་མཐར། རྣམ་གསུམ་རྣམ་གཉིས་ཀྱང་ཉོན་མོངས། །ཞེས་སོ། །མ་རིག་པ་ ནས་སྐྱེ་མཆེད་དྲུག་གི་བར་འདུ་བྱེད་ཀྱི་སྡུག་བསྔལ། རེག་ཚོར་སྡུག་བསྔལ་གྱི་སྡུག་བསྔལ། ལྷག་མ་རྣམས་འགྱུར་བའི་སྡུག་བསྔལ་ལོ། །ཞེས་ས་བཅུ་པར་རོ། །བཞི་པ་ནི། ཕྱི་མ་ཕྱི་མའི་ རྐྱེན་བྱེད་པའི་ལས་རེ་རེ་ (ས་བཅུ་པར་ཡང་ལས་གཉིས་གཉིས་བཤད་དོ། ། )དང༌། རིམ་བཞིན་དུ་སྲིད་པ་ལ་ སེམས་ཅན་རྣམས་རྨོངས་པར་བྱེད། འགྲོ་བ་རྣམས་སུ་སེམས་ཅན་རྣམས་རྣམ་པར་འབྱེད་ པར་བྱེད། །སེམས་ཅན་རྣམས་ཀྱི་ལས་ཀྱི་འཆིང་བ་འཛིན་པར་བྱེད། སེམས་ཅན་རྣམས་ལུས་ ལེན་དུ་འཇུག སེམས་ཅན་ལུས་རྫོགས་པར་ལེན་དུ་འཇུག ཡུལ་གྱི་ལོངས་སྤྱོད་ལ་སེམས་ ཅན་རྣམས་འཛུད། (ནི་ལས་ཀྱི་རྣམ་སྨིན་འདོད་མི་འདོད་སོགས་ལ་རྒྱལ་སྲས། ) སྐྱེ་བའི་ལོངས་སྤྱོད་ (རྒྱལ་སྲས་ལ་ ལར་སྐྱེ་བ་དང་ལོངས་སྤྱོད་ཅེས་འབྱུང་བ་ནི་དཔྱད་དོ། ། )ལ་སེམས་ཅན་རྣམས་འཛུད། སེམས་ཅན་རྣམས་ཀྱི་ 2-1-341 སྐྱེ་བ་འདྲེན་པར་བྱེད། ཡང་སྲིད་ལེན་པའི་ཕྱིར་སེམས་ཅན་རྣམས་ཀྱི་རྣམ་ཤེས་ཉེར་ལེན་ (ནི་ ཉོན་མོངས་)དང་བཅས་པར་བྱེད། (ཀུན་ནས་ཉོན་མོངས་དང་འབྲེལ་བར་ཡང་བྱེད་ས་བཅུ་པར་རོ། ། ) ཡང་སྲིད་ པར་སེམས་ཅན་རྣམས་མངོན་དུ་ཕྱོགས་པར་བྱེད། མིང་གཟུགས་སྐྱེ་མཆེད་དྲུག རེག་ཚོར་ གྱི་རིམ་གྱིས་སེམས་ཅན་རྣམས་འགྲུབ་པར་བྱེད། རྒ་ཤི་ནི་ཡང་ཡང་ན་ཚོད་འགྱུར་བ་དང་ སྲོག་འགྱུར་བ་ལ་སེམས་ཅན་རྣམས་སྦྱོར་བར་བྱེད་དོ། །ཞེས་ཀུན་བཏུས་ཏེ་འགྲེལ་པ་བལྟའོ། ། ས་བཅུ་པར་ཅུང་མི་འདྲ་བར་སྣང་ངོ༌། །ལྔ་པ་ལ། སྤྱིའི། བྱེ་བྲག་གིའོ། །དང་པོ་ནི། རྒྱུ་ (དབྱིག་ དངོས་)དང་རྐྱེན་ལ་ལྟོས་ནས་འབྲས་བུ་འབྱུང་བ་ནི་རྟེན་འབྲེལ་ཏེ། ཞེས་དང༌། རྟེན་དང་འབྲེལ་ དང་འབྱུང་ཞེས་པའི་ཚིག་གསུམ་གྱིས་གསུམ་འགོག་སྟེ། རྟེན་ཞེས་པ་རྒྱུ་རྐྱེན་ལ་བརྟེན་ཏེ་ འབྱུང་བ་ཡིན་པས་རྒྱུ་མེད་དུ་སྨྲ་བ་བསལ་ལོ། །འབྲེལ་ཞེས་པའི་སྒྲ་ནི་མཐུན་པ་ལ་བྱ་སྟེ། རྒྱུ་ དང་འབྲས་བུ་མཐུན་པ་ལས་སྐྱེ་ཡི་མི་མཐུན་པ་ལས་མིན་པ་སྟེ། དཔེར་ན། མ་རིག་པ་ལས་ འདུ་བྱེད་འབྱུང་གི་དབང་ཕྱུག་སོགས་ལས་མིན་པ་བཞིན་ཏེ་དེས་རྒྱུ་མི་འདྲ་བའམ་མི་མཐུན་ པའི་རྒྱུ་སྨྲ་བ་འགོག་གོ །འབྱུང་བའི་སྒྲ་ནི་རྒྱུ་འབྲས་བར་ཆད་མེད་པར་འབྱུང་བ་ལ་བྱ་སྟེ་ འདིས་མེད་པར་ (འབྲས་བུ་ལ་ཟེར་རམ་སྙམ་མོ། ། )སྨྲ་བ་འགོག་གོ །ཅིའི་ཕྱིར་རྟེན་འབྲེལ་བཤད་ཅེ་ན། འགྲོ་བ་འདི་དག་མ་རིག་པའི་རྐྱེན་ལས་སྐྱེ་ཡི་མི་མཐུན་པའི་རྒྱུ་དང་རྒྱུ་མེད་ལས་མི་སྐྱེ་བར་ རམ། འཁོར་བར་འཇུག་ལྡོག་ལ་རྨོངས་པ་བསལ་བའི་ཕྱིར་ལུགས་འབྱུང་བཟློག་བཤད་དོ། ། ཞེས་བློ་གྲོས་མི་ཟད་འགྲེལ་པར་དབྱིག་གོ །གཉིས་པ་ནི། ཡང་དག་པ་ཇི་ལྟ་བ་བཞིན་ མཐོང་བ་ལ་སྒྲིབ་པས་སམ་ (དབུས་)མུན་པ་ཆེན་པོའི་ཕྱིར་ (སུ་ལུ་ལྗང་མདོ་)མ་རིག་པ། རྣམ་ཤེས་ ལ་ལས་ཀྱི་ (དབྱིག་)ས་བོན་འདེབས་པའི་ (དབུས་)ཕྱིར་རམ་མངོན་ (ཡང་སྲིད་)པར་འདུ་བྱེད་པས་ (ས་ལུ་)འདུ་བྱེད་ (བློ་བརྟན་)སྐྱེ་གནས་སུ་ (དབྱིག་)ཁྲིད་པར་བྱེད་པས་སམ་རྣམ་པར་རིག་པས་ (ས་ལུ་) རྣམ་ཤེས། ལུས་ཀུན་འཛིན་པས་སམ་ (དབྱིག་)བརྟེན་ (ས་ལུ་)པའི་ཕྱིར་ (གཞོལ་བའི་ཕྱིར་)མིང་ 2-1-342 གཟུགས་ (གཟུགས་ཀྱི་ཕྱིར་)དབང་བོ་ (ཀླུ་)དང་ཡན་ལག་ཉིང་ལག་ཡོངས་སུ་རྫོགས་པར་བྱེད་པས་ སམ། སྐྱེ་ (རྣམ་ཤེས་ཞེས་ཀ་ཤི་)སྒོའི་ཕྱིར་སྐྱེ་མཆེད་དྲུག་གསུམ་འདུས་ནས་ཡུལ་གཅོད་པས་སམ། རེག་པའི་ཕྱིར་ (ས་ལུ་)རེག་པ། སྲེད་པས་ཉེ་བར་སྤྱོད་ཅིང་རོ་མྱང་བར་བྱེད་པས་སམ་ (བློ་བརྟན་) བསོད་ནམས་སོགས་ལས་ལ་ཉེ་བར་ (བློ་)སྤྱོད་པས་སམ། ཚོར་བ་ཉེ་བར་སྤྱོད་ཅིང་མྱོང་བས་ (བློ་བརྟན་ས་ལུ་)ཚོར་བ། (དབྱིག་)ལས་ཀྱིས་བཏབ་པའི་ཡང་སྲིད་སྡུད་པས་སམ་ (དབྱིག་)སྐོམ་པའི་ ཕྱིར་ (ས་ལུ་)རྣམ་ཤེས་སྐྱེ་བ་དང་ (དབྱིག་)མཐུན་པར་འདོད་ཁམས་སོགས་སུ་སྦྱོར་བས་སམ་ (ཡང་ སྲིད་ཀ་ཤིས་སོ། ། )ཉེ་བར་ལེན་པས་ (ས་ལུ་)ལེན་པ་ལས་ཀྱི་རྣམ་སྨིན་ཡང་སྲིད་པར་འབྱིན་པར་ (ཀུན་ དབྱིག་)མངོན་དུ་གྱུར་པས་སམ་ཡང་སྲིད་དུ་སྐྱེ་བས་ (ས་ལུ་)སྲིད་པ། མངལ་སོགས་སྐྱེ་རྒ་ (བློ་)ན་ འཆིས་སྡུག་བསྔལ་བར་བྱེད་པས་སྐྱེ་བ་དང༌། རྒ་ཤིས་འགྲོ་བ་རྣམས་ཉོན་མོངས་ (པ་ནི་ཉམས་ ཐག་པའོ། ། )པར་བྱེད་དོ་ཞེས་རེ་རེར་སྦྱར་རོ། །འབྱུང་བའི་ཕྱིར་སྐྱེ་བའོ། །སྨིན་པའི་ཕྱིར་རྒ་བའོ། ། འཇིག་པའི་ཕྱིར་འཆི་བའོ། །ཞེས་ས་ལུ་ལྗང་བར་རོ། །དྲུག་པ་ནི། དཀྱུས་མ་སྦྲེལ་ཏེ། ཇི་ ལྟར་རྟོག་ན། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་སོ་ཞེས་བྱ་བ་ལ་སོགས་སྐྱེ་བའི་རྐྱེན་ གྱིས་རྒ་ཤི་འབྱུང་བའི་བར་ཀུན་ནས་ཉོན་མོངས་ཀྱི་ལུགས་དང་མཐུན་པ་དང༌། (ཀུན་བཏུས་རྒྱལ་ སྲས། ) རྒ་ཤི་གང་ལས་བྱུང་ན་སྐྱེ་བ་ལས་སོ། །ནས། འདུ་བྱེད་གང་ལས་མ་རིག་པ་ལས་སོའི་ བར་ཀུན་ནས་ཉོན་མོངས་ཀྱི་ལུགས་མི་མཐུན་ནོ། །(ཀུན་བཏུས། ) བདེན་པ་རྣམ་པར་བཞག་ པའི་དབང་དུ་བྱས་ཏེ། (རྒྱལ་སྲས་དངོས། ) རྒ་ཤི་རྒ་ཤི་ཀུན་འབྱུང༌། རྒ་ཤི་འགོག་པ། རྒ་ཤི་འགོག་ པར་འགྲོ་བའི་ལམ་ཞེས་སོགས་ཉོན་མོངས་ལུགས་བཟློག་གོ །(རྒྱལ་སྲས་དངོས། ) མ་རིག་པ་ འགགས་པས་འདུ་བྱེད་འགག་སོགས་ (རྒྱལ་སྲས་)རྣམ་བྱང་ལུགས་མཐུན་ནོ། །(མིང་ཀུན་བཏུས་) གང་འགག་ན་རྒ་ཤི་འགག་སྐྱེ་བ་འགག་པས་རྒ་ཤི་འགག་གོ་ཞེས་སོགས་རྣམ་བྱང་ལུགས་མི་ མཐུན་ཏེ། མིང་བཞི་བོ་རྩ་བར་དང་བཤད་པ་རྣམས་རྒྱལ་སྲས་སོ། །དེ་ལྟར་ཡང་དག་པར་ 2-1-343 རྟོག་གོ །མདོར། འདི་ཡོད་ན་འདི་འབྱུང༌། འདི་སྐྱེས་པའི་ཕྱིར་འདི་སྐྱེ་སྟེ། འདི་ལྟ་སྟེ། མ་རིག་ པའི་རྐྱེན་གྱིས་འདུ་བྱེད། ཅེས་སོགས། རིམ་པ་གསུམ་གྱི་དོན་ནི། སྔར་བཤད་པ་ལྟར་གྱི་ རྐྱེན་གསུམ་ལས་སྐྱེ་བའི་ཚུལ་གསུམ་དང་རིམ་བཞིན། རྒྱལ་སྲས་སོ། །(ཀུན་བཏུས། ) ཡང་དང་ པོས་རྒྱུ་མེད་དང༌། གཉིས་པས་རྟག་པ་རྒྱུ་ཡིན་པ་བཀག ཅེས་གནས་བརྟན་ཆོས་ཀྱི་དབྱིག་ ཟེར་བ་ལ་དེ་མི་རིགས་ཞེས་དང༌། འདི་ཡོད་ན་འབྱུང༌། ཞེས་པས། འདི་ཁོ་ན་ལས་འབྱུང་ བར་མ་བསྟན་པས། འདི་སྐྱེས་པ་ཁོ་ནའི་ཕྱིར་འདི་སྐྱེའི་གཞན་ལས་མིན་ནོ། །ཞེས་སྔ་མ་ངེས་ པར་བཟུང་བའི་ཕྱིར་ན་ངེས་བཟུང་གི་དོན་ནམ། མ་རིག་པ་ཡོད་ན་འདུ་བྱེད་འབྱུང༌། འདུ་ བྱེད་འདི་སྐྱེས་པས་རྣམ་ཤེས་སྐྱེ་ཞེས་སོགས་ཡན་ལག་བརྒྱུད་པར་བསྟན་པའམ། སྔོན་ མཐའ་ཡོད་ན་ད་ལྟར་གྱི་མཐའ་འབྱུང༌། ད་ལྟར་གྱི་མཐའ་འདི་སྐྱེས་པས་ཕྱི་མཐའ་འདི་སྐྱེའོ་ ཞེས་ཚེ་བརྒྱུད་པར་བསྟན་པའམ། ཡང་ན་མ་རིག་པ་འདི་ཡོད་ན་འདུ་བྱེད་འདི་དངོས་སུ་ འབྱུང༌། དེ་ལས་འདུ་བྱེད་འདི་སྐྱེས་པས་མ་རིག་པའི་རྐྱེན་ཅན་རྣམ་ཤེས་འདི་སྐྱེ་ཞེས་སོགས་ དངོས་དང་བརྒྱུད་པའི་རྐྱེན་བསྟན་ནོ། །ཞེས་མཛོད་འགྲེལ་ལོ། །སྤྲོས་པ་ལྷག་མ་རྒྱས་པར་ གཞན་དུ་ཤེས་པར་བྱའོ། །(དེ་ལྟར་ན་མཐོང་ལམ་ལ་གསུམ་སྟེ་ཕྱིན་དྲུག་གི སེང་གེ་རྣམ་བསྒྱིངས་ཀྱི། རྟེན་འབྲེལ་ལ་ རྟོག་པའིའོ། །ཞེས་བོད་དག་འཆད་དེ་ལེགས་སོ། །ཆོས་བཤེས་ཀྱིས་སྣང་བཅས་སྣང་མེད་རྟོག་བཅས་གསུམ་བཤད་དེ་ལེགས་ ཤིང་དེར་བལྟའོ། ། ) གསུམ་པ་ལ་གསུམ་སྟེ། རང་གི་ངོ་བོ། སྤང་བྱ། འབྲས་བུའོ། །ཞེས་ཤེར་འབྱུང་ངོ༌། །དང་ པོ་ལ། མཚམས་སྦྱར་ནི། སྔར་བཤད་དེ་ལྟར་མཐོང་བའི་ལམ་རྣམས་བརྗོད་ནས། སྒོམ་སྤང་ སྤོང་བ་དང་ཡོན་ཏན་ཕུན་ཚོགས་ཀྱི་རྟེན་དངོས་སྔར་བཤད་སྒྲུབ་པ་ (ཆོས་བཤེས་)སྒོམ་ལམ་སྣང་ མེད་ཀྱི་ཡེ་ཤེས་དང་དེའི་ཡང་ (ཆོས་བཤེས་)རྟེན་རྟོག་བཅས་ཀྱི་སྒོམ་ལམ་ཐོད་རྒལ་གྱི་སྙོམས་ འཇུག་འཆད་ (ཆོས་བཤེས་རད་ཀིར། )དོ། །དེ་གཉིས་ཀྱི་དང་པོར་འཆད་པའི་དགོས་པ་ནི། མི་ 2-1-344 མཐུན་ཕྱོགས་སྒོམ་སྤང་སྤོང་བ་དང་སོགས་པ་ཡོན་ཏན་མངོན་དུ་བྱེད་པ་ནི་དེའི་རྟེན་སྒོམ་ ལམ་གྲུབ་པ་སྟེ་རྟོགས་པ་སྔོན་དུ་འགྲོ་བ་སྟེ་སོང་བ་ཡིན་ན་དེ་གཉིས་ཀྱང་གོ་སླ་བས་སོ། །རྩ་ བ་ལ། དངོས་དང༌། རྩོད་སྤོང་ངོ༌། །དང་པོ་ལ་གཉིས་ཏེ། སྦྱོར་བ་སེང་གེ་རྣམ་བསྒྱིངས། (བུདྡྷ་ཤྲཱི་ )དངོས་གཞི་ཐོད་རྒལ་ལོ། །(སྦྱོར་དངོས་གཉིས་བུདྡྷ་ཤྲཱིའི་དགོངས་པ་ཡིན་གྱི་གཞན་གང་ནའང་མེད་དོ། ། ) དང་པོ་ ནི། འགོག་དང་བཅས་པའི་སྙོམས་འཇུག་དགུ་ལ་ལུགས་མཐུན་མི་མཐུན་དུ་འཇུག་པ་གཉིས་ སོ་ (བུདྡྷ་ཤྲཱི་དངོས་དག་སྙིང་ཟླ་དགོངས། )ཞེས་བུདྡྷ་ཤྲཱི་རྐྱང་བའོ། །གཉིས་པ་ལ། དངོས་གཞི་ཙམ་སོགས་ གསུམ་མམ་བཞིར་བྱེད་པ་ནོར་ཞིང་བསྒོམ་རིམ་གསུམ་པ་ཅན་གྱི་སྙོམས་འཇུག་ཞིག་སྟེ། སོང་བ་གཉིས་དང་འོངས་པ་གཅིག་གོ །དང་པོ་ནི། བསམ་གཏན་དང་པོ་ནས་འགོག་པའི་ བར་དུ་མཐར་ཆགས་སུ་སྙོམས་པར་འཇུག་པ་ནི་རྣམ་པ་གཉིས་སུ་སོང་བའི་ཡ་གྱལ་སོང་བ་ དང་པོའོ། ། (དག་སོགས་)སོང་བ་གཉིས་པ་ནི། འདིར་བཤད་རྒལ་བ་ནི། སློབ་དཔོན་གྱིས་བོར་ བའི་དོན་དུ་མཛད་ནས་རིམ་པ་གསུམ་པ་ཁོ་ན་ལ་སྦྱར་ཞིང༌། དག་ལྡན་ (སྙིང་ཟླར་མེད་)དུ་གཉིས་ པ་འདིར་རྒལ་བ་སྦྱར་ལ། བོད་རྣམས་ལྟར་ན། འདིར་གཅིག་ཅེས་པ། དང་པོ་དང་དེ་ནས་ འགོག་པ་བསྡོམས་པ་རྒལ་བ་དེ་གཅིག་རྒལ་སོགས་ཡིན་ཏེ། ཤཱནྟིས། བརྒྱད་ཀའི་རྗེས་ལ་ འགོག་པ་ལ་འཇུག་མི་ནུས་པར་བཤད་པས་ཟེར་ (ནི་སྙིང་རྗེའི་གནས་སོ། ། )བ་གྲག་སྟེ་མི་མཁས་ ཡང་མཁས་པ་ལྟར་འཆོས་པ་དག་གི་མུན་སྤྲུལ་ཏེ། དེ་འདྲ་བཤད་པ་མེད་ཅིང་འདིར་གཅིག་ གཉིས་སོགས་མཐར་གནས་དགུའི་གྲངས་ཚིག་ཡིན་པས་དང་པོ་ནས་སྲིད་རྩེའི་བར་ཉིད་ལ་ ཟེར་ཞིང་བརྒྱད་པོར་རེ་རེ་ཞིང་ (སོང་བ་དང་པོའི་མཚམས་ནས་)འགོག་པའི་རྗེས་ལ་སྙོམས་པར་ འཇུག་ལ་དགུ་པ་ལ་ནི་མི་ནུས་ཏེ། ཞེས་ (དག་ལྡན་)བཤད་པ་ནི། དང་པོ་སྒྲ་ཇི་བཞིན་ནམ་ བརྒྱད་པོ་རེ་རེ་ཞིང་གི་རྗེས་ལ་འགོག་པ་ལ་འཇུག་ལ་དགུ་པའི་རྗེས་ལ་འགོག་པ་ལ་འཇུག་ མི་ནུས་ཞེས་སྟོན་པ་ཡིན་ལ། ཁ་ཅིག་གི་ལྟར་ན། བརྒྱད་པོའི་རྗེས་ལ་འགོག་པ་ལ་འཇུག་མི་ 2-1-345 ནུས་པར་འགྱུར་བའི་སྐྱོན་ཐོག་འདྲ་བ་འོང་ངོ༌། །དེས་ན་དེ་ནས་འགོག་པ་ལས་ལངས་ནས་ བསམ་གཏན་དང་པོ་ལའོ། །དེ་ནས་གཅིག་བསམ་གཏན་དང་པོ་རྒལ་ནས་འགོག་པ་ལའོ། ། དེ་ནས་གཉིས་པ་ལའོ། །གཉིས་པ་རྒལ་ནས་འགོག་པ་ལའོ། །དེ་ནས་གསུམ་པ་ལའོ། །དེ་ རྒལ་ནས་འགོག་པ་ལའོ། །དེ་ལྟར་བཞི་པ་ལྔ་པ་དྲུག་པ་བདུན་པའི་བར་དུ་འགོག་པ་སྤེལ་ ནས་བརྒྱད་པ་སྲིད་རྩེ་ལའོ། །དེ་ནས་བརྒྱད་རྒལ་ནས་འགོག་པ་ལའོ། །བརྒྱད་ཀའི་རྗེས་ལ་ རེ་རེ་ཞིང་འགོག་པ་ལ་འཇུག་ལ་དགུ་རྒལ་ནས་འགོག་པ་ལ་འཇུག་པ་མེད་དེ་འགོག་པ་ལས་ འགོག་པར་ལྡང་བ་མི་རིགས་པས་སོ། །དེ་བས་ན་ཉེ་བ་དང་ (དག་དངོས་)ཤུགས་ཀྱིས་མཐའི་ འགོག་པ་དེ་ལས་ལངས་ནས་སྲིད་རྩེ་ལ་དེ་ལས་ལངས་ཏེ་འགོག་པ་ལ། (དག་ལྡན་དངོས་མདོ་མང་ན་ ཡོད། ) དེ་ནས་འདོད་པར་གཏོགས་པའི་རྣམ་པར་ཤེས་པ་ (ལེའུ་མང་ན་ཡོད་)མཉམ་བཞག་མིན་ པའི་མཚམས་བཟུང་བ་སྟེ། དེའི་མཐར་འགྲོ་བར་བྱེད་པས་ (དོན་དངོས་)ཏེ་འདོད་སེམས་ལ་ གནས་པའི་བར་རོ། །ཞེས་དག་ལྡན་ཏེ། དེའི་ལྟར་ན་བར་བ་འདི་ལ་གནས་བཅུ་དགུ་འོང་ངོ༌། ། སྙིང་ཟླ་ཐུབ་ལྟར་ན་སྤེལ་མའི་མཐའི་འགོག་པ་ནས་འདོད་སེམས་སུ་བྱེད་པ་སྟེ་བར་བ་ལ་ གནས་བཅུ་བདུན་ནོ། །དང་པོ་ལ་དགུའོ། །ཞེས་སོ། །གྲོལ་སྡེ་གཉིས་ལྟར་ན། མཐའི་འགོག་ པ་ནས་སྲིད་རྩེ་དེ་ནས་འདོད་སེམས་ལ་གནས་སོ། །ཞེས་པས་བར་བ་ལ་བཅོ་བརྒྱད་འོང་ངོ༌། ། འདིར་རྣམ་པ་གཉིས། ཞེས་པ། གྲོལ་སྡེ་གཉིས་ཀྱིས་ལུགས་དང་མཐུན་མི་མཐུན་གཉིས་ལ་ བཤད་དོ། །(བུ་རིན་ནོར། ) གསུམ་པ་འོངས་པ་གཅིག་སྟེ། བར་བའི་མཐའི་འདོད་སེམས་ནས་ འོངས་ནས་འགོག་པ་ལ་ (དག་ལྡན་)དེ་ལས་ལངས་ནས་འདོད་སེམས་ལ། དེ་ནས་འགོག་པ་ བོར་ནས་སྲིད་རྩེ་ལ། དེ་ནས་འདོད་སེམས་ལ། མཐར་འགོག་པ་ནས་བགྲང་པའི་བརྒྱད་པ་ གཉིས་པ་རྒལ་ནས་དང་པོ་ལ། དེ་ནས་འདོད་སེམས་སུ་བྱེད་པ་སྟེ་ (དག་ལྡན་དངོས་)ཐབས་ལ་ མཁས་པས་ (ཐུབ་)མཉམ་པར་བཞག་པ་ལས་མ་བཞག་པ་མ་བཞག་པ་ལས་བཞག་པར་མི་ 2-1-346 འདྲ་བར་འགྲོ་བའི་འོང་བ་སྟེ་འདི་ལ་གནས་བཅོ་བརྒྱད་དོ། །ཞེས་སྙིང་ཟླ་ཐུབ་གསུམ་མོ། ། དེ་འདྲའི་རིམ་པ་གསུམ་པ་ཅན་གྱི་སྙོམས་འཇུག་ནི་འདིར་ཐོད་རྒལ་དུ་ནི་སྙོམས་པར་ འཇུག་པ་ཡིན་ནོ། །སེང་གེ་རྣམ་བསྒྱིངས་ཀྱི་ཏིང་ངེ་འཛིན་འདི་རྣམ་པར་སྨིན་པར་བྱས་ (བར་ མར་ཡོད་དོ། །ཨརྱར་བཏང་ནས་ཞེས་སོ། ། )ནས་ཐོད་རྒལ་གྱི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་གོ །དེ་ གང་ཞེ་ན། བསམ་གཏན་དང་པོ་ལ་འཇུག་གོ །ཞེས་སོགས་སོ། །འོ་ན་འདོད་སེམས་དེ་ཇི་ལྟ་ བུ་ཞིག་ལ་ཟེར་ན། གསེར་གྱིས། རྣམ་པར་ཤེས་པ་མཉམ་པར་མ་བཞག་པ་ནི་རྣམ་པར་རྟོག་ པའི་ཤེས་པའོ། །ཞེས་དང༌། འདོད་པ་ནི་མི་དགེ་བའོ་ཞེས་སྨོས་པས་འདོད་ཁམས་པའི་རྣམ་ པར་རྟོག་པས་རྣམ་པར་གཡེངས་པའི་སེམས། ཞེས་སོ། །དེས་མཚམས་བཟུང་བའི་རྒྱུ་མཚན་ ནི། གསེར་གྱིས། མཚམས་བཟུང་སྟེ་ཞེས་བྱ་བ་ནི་འདོད་པ་ཁམས་པའི་སྐྱེ་བོ་རྣམས་ལས་ འཚང་རྒྱ་བ་ཉིད་ཡིན་པའི་ཕྱིར་ཉེ་བར་གཟུང་ཞིང་རྣམ་པར་བཞག ཅེས་སོ། །མངོན་དུ་བྱེད་ ཚུལ་བསམ་གྱིས་མི་ཁྱབ་པོ། །ཆོས་བཤེས་ནི། འདོད་པ་ན་སྤྱོད་པའི་རྣམ་ཤེས་ནི་རགས་པ་ དང་ཐ་བ་དང་ངན་པ་དང་རྩིག་པ་སྟུག་པོ་ལ་སོགས་པའི་རྣམ་པར་སྒྱུ་མ་ཙམ་དུ་ལྟ་བའམ་ སེམས་ཅན་དམྱལ་བ་ལ་སོགས་པ་ཇི་ལྟར་གནས་པ་རྣམས་སྒྱུ་མ་ཙམ་དུ་དྲན་པའོ། །ཞེས་ཏེ། ལེགས་པ་ལྟར་སྣང་ཡང་མི་འཐད་པར་མངོན་ཏེ། དེ་འདོད་པར་གཏོགས་པའི་སེམས་སུ་མི་ སྣང་ཞིང་དེ་འདྲ་དང་བརྒྱད་སྤེལ་སྦྱོར་ལམ་དུ་ཡང་ནུས་སོ། །གཉིས་པ་ནི། ཐོད་རྒལ་སྙོམས་ འཇུག་ནི་ཏིང་ངེ་འཛིན་ཡིན་མོད་མཉམ་བཞག་མིན་པའི་སེམས་ (ལ་)དང་ (ཞེས་ཐུབ་དགོངས་)ཇི་ ལྟར་མི་འགལ་ཞེ་ (དག་ལྡན་དངོས་)ན། སྙོམས་པར་འཇུག་པ་པོ་འཕོ་བ་ལ་སྙོམས་འཇུག་ཏུ་ བཏགས་པས་འགལ་བ་མེད་དོ། །ཞེས་དག་ལྡན་ཏེ། ཐུབ་དགོངས་སུ། སྙོམས་པར་འཇུག་པ་ ལས་འཕོ་ (ཟླ་ཟེར་)བ་ལ་དེར་བཏགས། ཞེས་སོ། །གཉིས་པ་ནི། མཛོད་ལས། ས་བརྒྱད་རྣམ་ གཉིས་འབྲེལ་བ་དང༌། །གཅིག་རྒལ་སོང་ཞིང་འོངས་ནས་ནི། །རིགས་མི་མཐུན་པ་གསུམ་ 2-1-347 པར་འགྲོ། །ཐོད་རྒལ་གྱི་ནི་སྙོམས་འཇུག་ཡིན། །(བསམ་གཏན་གཟུགས་མེད་ཀྱིས་དངོས་གཞི་བརྒྱད་ལ་ ཟག་བཅས་ཟག་མེད་རྣམ་པ་གཉིས་འབྲེལ་བ་སྟེ་གོ་རིམ་བཞིན་དུ་བརྒྱད་ཟག་བཅས་ལ་ཡར་སོང་མར་འོང་གཉིས་སྲིད་རྩེ་ལ་ ཟག་མེད་མི་སྲིད་པས་དེ་དོར་ཏེ་བསམ་གཏན་དང་པོ་ཟག་མེད་ནས་ཅི་ཡང་མེད་ཟག་མེད་ལ་ཡར་སོང་ (འདི་བུས་ཆད)་མར་འོང་ གཉིས་ཏེ། དེ་ལྟར་བྱང་བར་བྱས་པ་ནི་རིང་སྦྱོར་ཡིན་ལ། དེ་ནས་ཟག་བཅས་དང་པོ་ནས་གསུམ་པ་བཞི་པ་དོར་ནས་ནམ་མཁའ། རྣམ་ཤེས་དོར་ནས་ཅི་ཡང་ལ་སྟེ་རེ་རེ་རྒལ་བའི་ཡར་སོང་ཡང་མར་ལའང་འོང་བ་གཉིས། དེ་བཞིན་དུ་ཟག་མེད་བདུན་ལའང་རེ་ རེ་བོར་བའི་ཡར་སོང་མར་འོང་གཉིས་པོ་དེ་ཉེ་སྦྱོར་རོ། །དེ་ནས་དང་པོ་ཟག་བཅས་ནས་གསུམ་པ་ཟག་མེད་ལྟ་བུ་ལུགས་མཐུན་ མི་མཐུན་ལ་སྙོམས་པར་འཇུག་ནུས་པ་ནི་རིས་མི་མཐུན་པ་གསུམ་པར་འགྲོ་བ་ནི་ཐོད་རྒལ་དངོས་གཞི་ཡིན་ཞེས་པའོ། ། ) ཞེས་ ས་བརྒྱད་ལས་མ་བཤད་ཅིང༌། གཅིག་རྒལ་ལས་མ་བཤད་པ་དང་རྒལ་ལུགས་ཡང་འདི་དང་ མི་འདྲ་བར་བཤད་པ་དང་འགལ་ཞེ་ན། མིང་མཚུངས་ཀྱང་དོན་མི་འདྲ་སྟེ་བྱ་ (ཝ་ཡ་སྱ་)རོག་ དང་འོ་ཐུག་ (པཱ་ཡ་སྱ། ཞེས་མིང་འདྲ། )མཚན་ཉིད་འདྲའམ་ཞེས་གྲོལ་སྡེ་གཉིས་སོ། །འགྲེལ་པ་ལ། སྙོམས་པར་འཇུག་ཅེས་དྲང་ངོ༌། །གང་ལ་ན། བསམ་གཏན་བཞི་དང་གཟུགས་མེད་བཞི་དང་ འགོག་པའི་མཚན་ཉིད་ཀྱི་སྙོམས་འཇུག་དགུ་ལའོ། །གང་གིས་ན་བྱང་པ་སྒོམ་ལམ་པ་རྣམས་ ནིའོ། །ས་མཚམས་ནི། ཆུ་མིག་པ་ན་རེ། འགྲེས་དང་པོ་གཉིས་ས་གཉིས་པ་ནས་བཅུ་པའི་ བར་དང༌། གསུམ་པ་གཉིས་པ་ནས་བདུན་པའི་བར་ན་ཡོད་ཀྱི་བརྒྱད་པ་ཡན་རྟག་ཏུ་མཉམ་ པར་བཞག་པས་དེ་མེད་གསུང་ངོ༌། །ཆོས་རྗེ་འཇམ་གསར་ནི། ས་བརྒྱད་པ་ནས། ཞེས་དང༌། ཁ་རག་པ། དབང་བོ་རྟུལ་ན་དྲུག་པ་ནས་རྣོ་ན་གཉིས་པ་ནས། ཞེས་སྨྲ་བ་ནི་སྒྲུབ་བྱེད་ཡང་ དག་མེད་པར་མངོན་ནོ། །རྗེ་བུ་རིན་ནི། རྩལ་སྦྱོང་བ་ཡིན་པས་ས་བདུན་མན་ན་སྟེ། བརྒྱད་ པ་ཡན་ན་མེད། ཅེས་གསུང་སྟེ། ངེས་པ་མེད་དེ། སངས་རྒྱས་ཀྱིས་འཇིག་རྟེན་པའི་ཐུགས་ བསྐྱེད་པ་ན་གྲོག་སྦུར་གྱིས་ཀྱང་དེའི་ཐུགས་དགོངས་ཤེས་པར་བཤད་པ་དང༌། བསམ་ གཏན་གསུམ་པ་སོགས་ཀྱིས་དང་པོའི་མིག་ཤེས་མངོན་དུ་བྱེད་པར་བཤད་པ་སོགས་བསམ་ 2-1-348 གྱིས་མི་ཁྱབ་པས་སོ། །དེས་ན་སྒོམ་ལམ་དགུ་ཅར་དུ་བསྒོམ་མམ་སྙམ་སྟེ་དཔྱད་དོ། །དེ་གང་ གི་སྙོམས་འཇུག་ཡིན་ན། ཐོད་རྒལ་གྱིའོ། །ཐོད་རྒལ་དེ་གང་ན། བོད་དག སྦྱོར་བ་སེངྒེ་རྣམ་ བསྒྱིངས། ཞེས་པ་ནི། བུདྡྷ་ཤྲཱིའི་སྟེ། གཞན་གང་དུ་ཡང་བཤད་པ་མེད་ཅིང་འདིར་མ་བཤད་ པས་འདོར་རོ། །དེ་ཡང་བསམ་གཏན་དང་པོ་ནས་བཟུང་སྟེ། ཞེས་ནས། རྣམ་པ་གཉིས་ཀྱིས་ ཡར་སོང་ཞིང་མར་འོངས་པའི་སྙོམས་འཇུག་ནི་རིམ་པ་དང་པོའོ། ། (འདིའི་མར་འོངས་ཀྱི་མདོ་མི་སྣང་ ཡང་ཨཱརྱས། རྣམ་པ་གཉིས་ཞེས་བྱ་བ་ནི་ལུགས་དང་མཐུན་པ་དང་ལུགས་དང་མི་མཐུན་པའོ་ཞེས་བཤད་པས་གྲུབ་ལ་སྦྱོར་བ་ལ་ བཤད་དོ། ། ) འདི་ལྟར་བྱས་ན། ཐོད་རྒལ་གྱི་དོན་ཚང་རུང་ལ། རྩ་བ་ལྟར་གྱི་འགྲེས་དང་པོ་ལ་ དེའི་དོན་མ་ཚང་སྟེ། ཅི་ཡང་རྒལ་བ་མེད་ཀྱི་བསམ་གཏན་པ་སྤྱིའི་ལུགས་འབའ་ཞིག་གོ ། ཐོད་རྒལ་ནི། སྤྱིའི་འཇུག་ལུགས་དང་བསྟུན་ན་བློ་ངོར་མི་འཚམ་ཞིང་འཇུག་དཀའ་བ་ཞིག་ སྟེ་མི་ཐོད་རྒལ་བ་གཅིག་འདུག་ཟེར་བ་བཞིན་ནོ། །དེས་ན་དངོས་ (རྩ་བར་)གཞི་ཙམ་པོ་ཞེས་ སོགས་ནོར་རོ། །དེ་ནས་རྩ་བ་ལྟར་བསམ་གཏན་དང་པོ་ལ་སྙོམས་པར་ཞུགས་ཏེ་དེ་ལས་ ལངས་ནས་འགོག་པ་ལའོ། །དེ་བཞིན་དུ་རེ་རེ་དང་འགོག་པ་སྤེལ་ཏེ་འདུ་ཤེས་མེད་འདུ་ ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་ལས་འགོག་པ་ལ་སྙོམས་པར་ཞུགས་ཏེ། དེ་ལས་ལངས་ ནས་དེ་མ་ཐག་པའི་སྙོམས་འཇུག་སྲིད་རྩེ་ལ་དམིགས་པ་སྟེ་ (བར་མར་དངོས་སུ་ཡོད་)འཇུག (བོད་ དག་དེ་ནུད་ཆུང་སྟེ་ཁྲི་བརྒྱད་སྟོང་པར་བཤད་ཟེར་ཏེ་བར་མ་མཐོང་བ་མེད་དོ། །ཞེས་གསལ་བར་བྱས་སོ། ། ) དེ་ནས་འདོད་ པ་ན་སྤྱོད་པའི་རྣམ་པར་ཤེས་པ་ཐུན་མཚམས་ཀྱི་ངོ་བོར་བཞག་ནས་རྣམ་པར་ཤེས་པ་མཉམ་ པར་མ་བཞག་པ་དེ་ལྟ་བུ་དེ་མངོན་དུ་བྱས་སོ་ཞེས་བར་མར་རོ། །དེ་ནི་རིམ་པ་གཉིས་པའོ། ། རྩ་འགྲེལ་གཉིས་ཀར་དུ་རྗེ་བུ་རིན་གྱིས་འགྲེས་ཐ་མ་ལ་འགོག་པ་མེད་པར་མཛད་པ་ནི་ ནོར་ཆེས་སོ། །དེ་ནས་དེ་ལས་ལངས་ཏེ་དེ་བཏང་ནས་ཐབས་མཁས་པའི་སྟོབས་ཀྱིས་དེའི་ འོག་དེ་མ་ཐག་ཏུ་འགོག་པ་ལའོ། །དེ་ནས་མཉམ་པར་མ་བཞག་པ་ལའོ། །དེའི་འོག་ཏུ་ 2-1-349 འགོག་པ་གཅིག་པུར་བོར་ (འཇམ་གསར་སོགས་རྒལ་བོར་ལ་ཁྱད་བྱེད་པ་ནི་བྱམས་སེང་ལ་ཅོ་འདྲི་བའོ། ། )ལ་འདུ་ ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལའོ། །དེ་ནས་མཉམ་པར་མ་བཞག་པ་ལའོ། །དེ་ ནས་གཉིས་བོར་ལ་ཅི་ཡང་མེད་པའི་སྐྱེ་མཆེད་ལའོ། །དེ་ནས་མཉམ་པར་མ་བཞག་པ་ལའོ། ། དེ་བཞིན་དུ་བརྒྱད་པ་བསམ་གཏན་གཉིས་པའི་བར་དུ་བོར་ནས། བསམ་གཏན་དང་པོ་ ལའོ། །དེ་ནས་མཉམ་པར་མ་བཞག་པ་ལའོ། །དེ་བས་མདོ་བསྟན་བཅོས་སུ་མ་བཤད་ ནའང༌། རྗེ་བུ་རིན་ནི། ཡང་སྔར་གྱི་དེ་ལྟར་གཅིག་བོར་གཉིས་པ་ལ་འདོད་སེམས་སྤེལ། སོགས་པ་གཉིས་བོར་གསུམ་བོར་སོགས་ནས་འགོག་སྙོམས་ལ་ཐུག་པའི་བར་དུ་མཉམ་ རྗེས་མི་འདྲ་བ་སྤེལ་བའི་སྒོ་ནས་འགྲོ་བས་ན་མི་འདྲ་བར་འགྲོ་བའོ་ཞེས་ཏེ་དཔྱད་དོ། །ཡང་ ན་རིམ་པ་གསུམ་ཡོད་པ་དེ་ལྟར་ན་གཅིག་བོར་འགོག་པ་ལ་གཉིས་བོར་འགོག་པ་ལ་ཞེས་ སོགས་ནས་བརྒྱད་བོར་འགོག་པའི་སྙོམས་འཇུག་ལ་ཐུག་པའི་བར་དུ་འགྲོ་བ་དང༌། མཉམ་ རྗེས་མི་འདྲ་བ་སྤེལ་ནས་འགྲོ་བས་མི་འདྲ་བར་འགྲོ་བ་ཞེས་སྦྱར་ (དོན་བསྡུར་)རོ། །དགོས་པ་ ཅིའི་དོན་དུ་ན། སྙོམས་འཇུག་དེ་མངོན་སུམ་དུ་བྱེད་པས་སེམས་ལ་དབང་བ་ཉིད་ཀྱི་མཚན་ ཉིད་དེ། (གསེར། ) སེམས་དབང་དུ་བྱེད་པའོ། །དེ་འདྲའི་སྙོམས་འཇུག་ནི་རྩེ་མོའི་སྐབས་འདིར་ སྒོམ་པའི་ལམ་ཡིན་ནོ་ཞེས་སོ། ། གཉིས་པ་ལ་གསུམ་ལས། མཚམས་སྦྱར་ནི། དེ་ལྟར་ན་རྩེ་མོའི་སྒོམ་ལམ་བརྗོད་ནས་ དེའི་དུས་སུ་སྤང་དགོས་ཤིང་དེ་ལ་ཤེས་དགོས་པའི་ཕྱིར་དེའི་མི་མཐུན་ཕྱོགས་རྣམ་པ་བཞི་ བརྗོད་དགོས་པས་དེ་སྟོན་ནོ། །གཉིས་པ་རྒྱས་བཤད་ལ། གཟུང་རྟོག་དང༌། འཛིན་རྟོག་རྒྱས་ བཤད་དོ། །དང་པོ་ལ། མིང་འདོགས་མི་འདྲ་བ་མང་དུ་བཤད་པ་རྣམས་སྔར་བཤད་ཟིན་ཏོ། ། ཨཱརྱ་ལྟར་ན། སྦྱོར་བའི་རྣམ་པའི་ཡུལ་ཅན་དང༌། འཇུག་པའི་ཡུལ་ཅན་གྱི་རྟོག་པའོ། །དང་ པོ་ལ། མཚམས་སྦྱར་ནི། རེ་ཤིག་དང་པོར་གཟུང་རྟོག་དང་པོ་སྟོན་ནོ། །རྩ་བ་ལ། ཟླ་ཟེར་དུ། 2-1-350 འདི་ནས་ཁོ་བོའི་བླ་མས་སྦྱང་དཀའ་བ་ལ་གནས་པ་ཉིད་ཀྱིས་མདོའི་གནས་ཤེས་ཀྱི་གཞན་ གྱིས་མ་ཡིན། ཞེས་ཏེ། བླ་མ་ནི་སངས་རྒྱས་ཀྱིས་ལུང་བསྟན་པའི་ཤཱནྟི་བའོ། །དེ་ཡང་ གཟུགས་ནས་རྣམ་མཁྱེན་ཀྱི་བར་གྱི་དེ་བཞིན་ཉིད་ཐམས་ཅད་དང་སྦྱིན་སོགས་དང་སྟོབས་ བཅུ་སོགས་ཀྱི་ཆོས་རྒྱས་པ་ལ་ (མདོ་སྙིང་ཟླ་)རྨོངས་པའི་རྟོག་པ་དེ་ནི་ (འདི་ཨཱརྱ་)ཆོས་རྒྱས་པ་མི་ ཤེས་པའི་རྣམ་རྟོག་གོ །(མིང་འདི་ཨཱརྱ། ) གཉེན་པོ་ནི། ཆོས་དེ་རྣམས་ལ་བསླབ་པར་གསུངས་ པས་དེ་བསྟན་ནོ། །ཞེས་སྙིང་ཟླའོ། །མདོར་བསྡུས་པ་ནི་དེ་བཞིན་ཉིད་སོགས་སྤྱིའི་མཚན་ ཉིད། རྒྱས་པ་ནི་རང་གི་མཚན་ཉིད་དེ་དེ་མི་ཤེས་པའི་རྟོག་པ་གཉིས་ནི་བསྡུས་དང་རྒྱས་པའི་ རྣམ་རྟོག་གོ །ཞེས་དག་ལྡན་བུདྡྷ་ཤྲཱིའོ། །བསྡུས་པའི་རྟོག་གཉེན་ནི་ཆོས་གང་ལ་ཡང་བསླབ་ པར་མི་བྱའོ་ཞེས་སོགས་ཡིན། ཞེས་སྙིང་ཟླའོ། །ཕར་ཕྱིན་དྲུག་པོ་འདི་དག་མདོ་དང་རྒྱས་ པས་ཀུན་ཆུབ་པར་བགྱིའོ། །ཞེས་སོགས་རྒྱ་ཆེར་རོ། །མདོར་བསྡུས་པ་ནི་དེ་བཞིན་ཉིད་ཀྱི་ངོ་ བོ་དང༌། རྒྱས་པ་ནི་ཆོས་ཅན་སོ་སོའི་དེ་བཞིན་ཉིད་ཡིན་གྱི་ཆོས་རྒྱས་བསྡུས་ལ་བཤད་པ་ ནོར། ཞེས་རྗེ་དོལ་གསུང་ངོ༌། །སངས་རྒྱས་ཀྱིས་བཤད་བཞིན་ཡུམ་ལ་མི་སློབ་པ་སངས་ རྒྱས་ཀྱིས་བསྟང་བས་ཡོངས་སུ་མ་བཟུང་ཡང་དེ་ལྟར་སློབ་པ་བསྟང་བ་མེད་ཅིང་བཟུང་བར་ འཛིན་པ་ནི་སངས་རྒྱས་ཀྱིས་བསྟང་བ་ (མིང་ཨཱརྱ་སོགས་)མེད་པའི་རྣམ་རྟོག་གོ །བྱང་ཆེན་ཡུམ་ ལ་སྤྱོད་པ་བསྒོམ་པ། བརྩོན་པར་བྱེད་པའི་ཚེ་འཇིག་རྟེན་གྱི་ཁམས་གྲངས་མེད་པའི་སངས་ རྒྱས་རྣམས་དགོངས་པར་མཛོད། སོགས་རྒྱ་ཆེར་རོ། །དུས་གསུམ་སྟེ། དང་པོ་སྦྱོར་ལམ་གྱི་ ཡོན་ (དུས་ཀྱིས་ཞེས་བདག་སྙིང་ཟླ་)ཏན་མེད་པའི་རྣམ་རྟོག་དང༌། ཤེར་ཕྱིན་ལ་གནས་པ་དེ་ནི་ཕྱིར་ མི་ལྡོག་པ། དེ་བས་དགོངས་པ་ཕྱིན་དྲུག་ལ་སྤྱད་བ། སོགས་ནས། ཡུམ་ལ་སྤྱོད་པ་ལ་ཕན་ ཡོན་འདི་དག་ཡོད་པར་རིག་པར་བྱའོ། །ཞེས་ (མདོར་བསྡུས་ཨཱརྱ་)སོ། །དུས་གཉིས་པ་མཐོང་ ལམ་གྱི་དུས་ཀྱི་ཡོན་ཏན་མེད་རྟོག་སྟེ། ཡུམ་མངོན་པར་བསྒྲུབ་པ་ལ་ཕན་ཡོན་འདི་དག་ཡོད་ 2-1-351 པར་རིག་པར་བྱའོ། །ཞེས་སོ། །(སྔར་བཤད་སྦྱོར་ལམ་དུས་སུ་སྨོས་པ་དང་གཅིག) གསུམ་པ་སྒོམ་ལམ་ གྱི་ཡོན་ཏན་མེད་པའི་རྟོག་པ་སྟེ། ཡུམ་བསྒོམ་པ་ལ་ཕན་ཡོན་ (སྔར་བཤད་དེ་ཉིད་)དེ་དག་ཡོད་པར་ རིག་པར་བྱའོ་ཞེས་སོ། །རྣམ་དག་ལེགས་པའི་ལམ་རྣམ་གསུམ་གྱི་དང་པོ་སྦྱོར་ལམ་མི་ཤེས་ པའི་རྣམ་རྟོག་སྟེ། གཟུགས་ཞི་བ། སོགས་ནས། སྙིང་པོ་མེད་པས་ཡུམ་ལ་ (རྩོལ་བ་དང་མཚན་མ་ དང་བཅས་པའི་སྐབས་ཞེས་གནོད་འཇོམས་ཏེ་ཚོགས་སྦྱོར་རོ། ། )སྤྱད་པར་བྱའོ། །སོགས་སོ། ། གཉིས་པ་མཐོང་ ལམ་མི་ཤེས་པའི་རྣམ་རྟོག་སྟེ། ནམ་མཁའ་སྟོང་པ་ཉིད་མངོན་པར་སྒྲུབ་པས་ཡུམ་མངོན་ པར་སྒྲུབ་པར་བྱའོ། །(ས་དང་པོ་ནས་བདུན་པའི་བར་ལ་གནོད་འཇོམས་སོ། ། ) ཞེས་སོ། །གསུམ་པ་སྒོམ་ ལམ་མི་ཤེས་པའི་རྟོག་པ་སྟེ། ནམ་མཁའ་ (ཨཱརྱ་སྙིང་ཟླ་)སྟོང་པ་ཉིད་དུ་བསྒོམ་པས་ཡུམ་བསྒོམ་ པར་བྱའོ། །ཞེས་སོ། །(ས་བརྒྱད་པ་ཡན་ལ་གནོད་འཇོམས་སོ། ། ) རྟོག་པ་དགུ་བོ་དེ་སྒོམ་རྩེའི་སྦྱོར་བ་སྟེ། ཉེར་བསྡོགས་ཀྱིས། སྤོང་བས་སྦྱོར་བའི་རྣམ་པའི་སྤྱོད་ཡུལ་ཅན་ཞེས་གཉེན་པོའི་མིང་གིས་ བཏགས་སོ། །འཇུག་པ་གཟུང་རྟོག་ཏུ་བྱེད་ན་འགྲེལ་པ་ལྟར་བྱའོ། །འགྲེལ་པ་ལ། འཇུག་ རྟོག་ཏུ་སྦྱར་ན་སླ་བས་ཡུལ་དགུ་ལ་དམིགས་པ་དགུ་སྟེ། མདོ་སྡུད་པ་ལྟ་བུ་ཆོས་ཅན། ཆོས་ མདོར་བསྡུས་ནས་བསྟན་པ་ཡིན་ཏེ། ཆོས་ཚིག་མདོར་བསྡུས་པ་ལ་དགའ་བའི་སེམས་ཅན་ དབང་རྣོན་རྗེས་སུ་འཛིན་པའི་དོན་དུ་གསུངས་པའི་ཡུམ་གྱི་མདོ་ཡིན་པས་སོ། །དེས་ན་ཡུམ་ ལ་སོགས་པའི་ཆོས་མདོར་བསྡུས་པ་ཆོས་ཅན། བྱང་པའི་འཇུག་བྱ་ཡིན་ཏེ། ཀུན་རྫོབ་ཏུ་དེའི་ བླང་བྱར་གནས་པས་སོ། །དེ་ལ་འཇུག་བྱར་འཁྲུལ་བའི་རྟོག་པ་ནི། མདོར་བསྡུས་པ་ལ་ འཇུག་ཡུལ་དུ་འཁྲུལ་བའི་རྟོག་པ། ཞེས་རེ་རེ་ཞིང་བསྒྲེའོ། །ཚིག་རྒྱས་པ་ལ་དགའ་བའི་ སེམས་ཅན་དབང་རྟུལ། རྗེས་སུ་འཛིན་པས། སྟོང་ཕྲག་བརྒྱ་བ་ལྟ་བུ་ཆོས་རྒྱས་པ་དང༌། སྟོན་ པས་ཇི་སྐད་བཤད་པ་བཞིན་ཕྱིན་དྲུག་གི་དོན་ལ་ནན་ཏན་མི་བྱེད་པས་སངས་རྒྱས་ཀྱིས་ བསྟན་ཏེ་ཡོངས་སུ་མ་བཟུང་ཡང་བཟློག་པ་བཟུང་བ་དང༌། ཉོན་མོངས་སོགས་རང་མཚན་པ་ 2-1-352 རྣམས་བྱུང་མ་ཐག་ཉིད་ནས་མི་སྡོད་པར་འགགས་ནས་འགྲོ་བ་ཉིད་ཀྱིས་སྦྱོར་བའི་ལམ་གྱི་ ཡོན་ཏན་ཉོན་མོངས་དང་བྲལ་སོགས་དོན་དམ་པར་མེད་ཀྱང་ཀུན་རྫོབ་ཏུ་ཡོད་པ་དང༌། ཉོན་ མོངས་རྣམས་ཡང་དག་པར་སྐྱེ་བའི་རྒྱུ་དང་མི་ལྡན་པས་མཐོང་ལམ་གྱི་ཡོན་ཏན་ཉོན་མོངས་ དང་བྲལ་སོགས་དོན་དམ་པར་མེད་ཀྱང་ཀུན་རྫོབ་ཏུ་ཡོད་པ་དང༌། མ་འོངས་པའི་ཉོན་མོངས་ (གསེར་དོན་)རྣམས་རང་བཞིན་གྱིས་གྲུབ་པ་མེད་པ་ཉིད་ཀྱིས་སྒོམ་ལམ་གྱི་ཡོན་ཏན་ཉོན་ མོངས་ (གསེར་)དང་བྲལ་སོགས་དོན་དམ་པར་མེད་ཀྱང་ཀུན་རྫོབ་ཏུ་ཡོད་པ་དང་ངོ༌། །འོན་ ཀྱང་དུས་བར་བ་མཐོང་ལམ་སྟེ་དེའི་དུས་སུ་སྦྱོར་ལམ་བྱུང་བ་འགགས་པས། དེའི་ཡོན་ཏན་ དོན་དམ་པར་མེད། ཅེས་སོགས་སྦྱར་རོ། །ཆོས་བཤེས་ནི། བྱུང་བ་ནི་སྐབས་དང་པོའི་སྦྱོར་ ལམ། ཡང་དག་པར་སྐྱེ་བའི་རྒྱུ་དང་མི་ལྡན་པ་ནི་བྱང་ཆུབ་ལ་གཞན་སྟོན་པ་སོགས། མ་ འོངས་པ་ནི་བར་ཆད་མེད་རྩེ། ཞེས་སོ། །ཐེག་ཆེན་སྦྱོར་བའི་ལམ་ཆོས་ཅན། རྣམ་དག་ ལེགས་པའི་ལམ་ཡིན་ཏེ། བདག་ (གསེར་)ལྟ་སོགས་ཕྱིན་ཅི་ལོག་ཞི་བའམ། དོན་དམ་པར་དངོས་ པོ་འགོག་པས་ (ཨཱརྱ་)ཞི་ (མདོ་)སོགས་པ་རྐྱེན་དབང་ཡིན་པས་ཡ་མ་བརླ། (མདོ། ) རང་བཞིན་ སྟོང་ཉིད་ (ཨཱརྱ་)ཡིན་པས་གསོག་ (མདོ་)དཔྱད་མི་བཟོད་པས་ (ཨཱརྱ་)སྙིང་པོ་མེད་ (མདོ་)པར་ རྟོགས་པས་མྱང་འདས་པར་སྦྱོར་བས་སོ། །ཐེག་ཆེན་མཐོང་ལམ་ཆོས་ཅན། ཆོས་འདྲ། སྟོང་ ཉིད་གསར་དུ་མངོན་པར་སྒྲུབ་པ་སྟེ་མངོན་སུམ་དུ་རྟོགས་པ་ཉིད་ཀྱིས་སོ། །ཐེག་ཆེན་སྒོམ་ པའི་ལམ་ཆོས་ཅན། ཆོས་འདྲ། བདེན་པའི་རང་བཞིན་མེད་པར་མངོན་སུམ་དུ་མཐོང་ཟིན་ བསྒོམ་པར་བྱེད་པ་ཉིད་ཀྱིས་སོ། །དེ་འདྲའི་ཡུལ་དགུ་ལ་འཇུག་བྱར་འཁྲུལ་བའི་རྣམ་རྟོག་ནི་ མཚན་གཞི། སྒོམ་རྩེའི་སྤང་བྱ་གཟུང་རྟོག་དང་པོ་འཇུག་པ་གཟུང་རྟོག་ཏུ་མཚོན། རྩེ་མོའི་ སྒོམ་པའི་ལམ་གྱི་སྦྱོར་བ་ཉེར་བསྡོགས་ཀྱི་གནས་སྐབས་འདིར་སྤང་བར་བྱ་བ་ཉིད་གང་ཞིག དམིགས་ཡུལ་བྱང་པའི་འཇུག་བྱ་ལ་དམིགས་ནས་འཇུག་པར་བྱའོ་ཞེས་འཁྲུལ་བའི་བློ་དེ་ 2-1-353 ཡང་སྒོམ་རྩེའི་ཉེར་བསྡོགས་ཉིད་ཀྱིས་གཞོམ་བྱ་ཡིན་པས་མིང་གཞན་སྦྱོར་བའི་གནས་ སྐབས་སམ་རྣམ་པའི་ཡུལ་ཅན་གྱི་རྟོག་པ་ཞེས་ཀྱང་བྱའོ། །དེ་ལ་ཡུལ་དགུ་ཡོད་པས་རྟོག་ པའང་རྣམ་པ་དགུའོ། །གཉིས་པ་ལ། མཚམས་སྦྱར་ནི། དེ་ལྟར་སྤང་བྱ་གཟུང་རྟོག་དང་པོ་ བསྟན་ནས་སོགས་སོ། །རྩ་བ་ལ། འདི་དགུ་ལྡོག་པ་གཟུང་རྟོག་ཏུ་སྦྱར་ན། བྱང་ཆུབ་ཀྱི་ སེམས་མི་སྐྱེ་བ་ལ་ལྡོག་བྱར་འཁྲུལ་བའི་རྟོག་པ་ཞེས་སོགས་རེ་རེར་སྦྱར་ཏེ། ཆོས་ཉིད་ཇི་ བཞིན་དོན་མིན་དུ་རྣམ་པར་རྟོག་པ་ལ་ལྡོག་བྱར་འཁྲུལ་རྟོག་པར་དགུ་བོ་མཚན་གཞི། སྒོམ་ རྩེའི་སྤང་བྱ་གཟུང་རྟོག་གཉིས་པ་ལྡོག་པ་གཟུང་རྟོག་ཏུ་མཚོན། སྒོམ་པའི་ལམ་རྩེ་མོའི་ འཇུག་པ་བར་ཆད་མེད་ལམ་གྱི་སེམས་དང་སེམས་བྱུང་རྣམས་ཀྱི་གཞོམ་བྱ་གང་ཞིག བྱང་ སེའི་ལྡོག་ཡུལ་ལ་དམིགས་ནས་ཀུན་རྫོབ་ཏུ་ལྡོག་བྱར་འཁྲུལ་རྟོག་ཅེས་སྐབས་འདི་ལ་སྟེ་ འདི་རུ་ཤེས་པར་བྱའོ། །དེ་ལ་མིང་གཞན་འཇུག་པའི་ཡུལ་ཅན་གྱི་རྟོག་པ་ཞེས་པར་ཡང་ སངས་རྒྱས་བཞེད་དོ་ཞེས་སྦྱར་རོ། །ཨཱརྱ་སོགས། ཀུན་བྱང་ཆུབ་ཀྱི་སེམས་མི་སྐྱེ་བའི་རྣམ་ རྟོག་ཅེས་ནས་བསྒོམ་པའི་རྣམ་རྟོག་སོགས་དང་བསྒོམ་མི་བསྒོམ་དེ་དག་ལས་ནི་བཟློག་པ་ བསྒོམ་པ་མིན་བསྒོམ་མིན་ཡང་མིན་པའི་རྣམ་རྟོག ཅེས་སོགས་གཞུང་བཞིན་ཏེ་སློབ་དཔོན་ ཡང་དེར་གསལ་ལོ། །(མཐའི་རྣམ་རྟོག་པ་ཞེས་པ་མཐའི་གསལ་བྱེད་ཡིན་པས་གོང་མ་ཀུན་ལ་སྦྱར་རྒྱུ་ཡིན་པར་ངེས་སོ། ། དེས་ན་ལྡོག་པ་གཟུང་རྟོག་ཏུ་མི་གསལ་ལོ། ། ) འགྲེལ་པ་ལ། ཡུལ་ལ་སྦྱར་ན། ཉན་ཐོས་ཚོགས་ལམ་པ་ ཆོས་ཅན། རྫོགས་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་དེ་མི་སྐྱེ་བ་སྟེ་ད་ལྟ་རང་རྒྱུད་ལ་མ་སྐྱེས་པ་ ཡིན་ཏེ། ཐེག་ཆེན་དགེ་བའི་བཤེས་གཉེན་དང་ཐབས་མཁས་སོགས་དང་བྲལ་བས་སོ། ། (གསེར་ནི་བྲལ་བས་ཡང་དག་པའི་གདམས་ངག་བརྟེན་པ་དང་དད་པ་སོགས་མེད་པའི་ཕྱིར། ཞེས་སོ། ། ) སེམས་དང་པོ་ བསྐྱེད་པ་ནས་ཉེ་བར་བཟུང་སྟེ། ཞེས་སོ། །ཆོས་ཅན་རྫོགས་པའི་བྱང་ཆུབ་ཀྱི་སྙིང་པོ་ (ཉིད་རབ་ ཏུ་གཅེས་པས་སྟེ་གསེར་)མངོན་སུམ་དུ་བྱའོ་ཞེས་ཡིད་ལ་མི་བྱེད་དེ། གཞན་དོན་དུ་སངས་རྒྱས་ལ་ 2-1-354 དམིགས་པའི་འཁོར་ (གསེར་)གསུམ་རྣམ་དག་གི་བསོད་ནམས་ཁྱད་པར་དུ་འཕགས་པ་རང་ རྒྱུད་ལ་མེད་པས་སོ། །བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་ (དག་ལྡན་དུ་སྦྱར་)དུ་ཡུམ་ལ་སྤྱད་ པར་བྱའོ། །ཞེས་སོགས་སོ། །ཉན་ཐོས་སྦྱོར་ལམ་པ་དབང་རྣོན་ཆོས་ཅན། ཉན་ཐོས་དེའི་ ཐེག་པའི་འབྲས་བུ་ལ་རེ་ཞིང་ཡིད་ལ་བྱེད་དེ། གནས་སྐབས་ཉན་ཐོས་ཀྱི་རིགས་ཅན་དུ་ངེས་ པ་ཉིད་ཀྱི་སྦྱོར་ལམ་པའི་ཕྱིར་རོ། །ཡིད་ལ་བྱེད་པ་གཞན་གྱི་ (རད་ཀིར་ཡང་འདི་གཅིག་ཏུ་བགྲང་)གོ་ སྐབས་མི་འབྱེད་པས་ (ཨཱརྱ་)ཡུམ་ལ་སྤྱད། ཅེས་སོ། །རང་རྒྱལ་སྦྱོར་ལམ་པ་དབང་རྣོན་ཆོས་ ཅན། རང་རྒྱལ་དེའི་ཐེག་འབྲས་མངོན་དུ་བྱེད་དེ། གནས་སྐབས་ (རད་ཀིར་འདི་གཅིག་ཏུ་བགྲང་) རང་སངས་རྒྱས་ཀྱི་རིགས་ཅན་དུ་ངེས་པ་ཉིད་ཀྱི་ཕྱིར་རོ། །(འདི་ཆོས་བཤེས་སུ་འཕྲོས་ཅུང་ཟད་ལྟོས། ) མདོ་སྔ་མ་དེ་ཉིད་དོ། །ཉན་ཐོས་མཐོང་ལམ་པ་དབང་རྟུལ་ཆོས་ཅན། ཡང་དག་རྫོགས་ཆུབ་ ཁོ་ན་ཐོབ་བྱར་ཡིད་ལ་མི་བྱེད་དེ། གཞན་དོན་དུ་ཡུམ་སྒྲུབ་ཀྱང་སློབ་པ་མེད་པས་སོ། །རྣམ་ མཁྱེན་ཉིད་ཡིད་ལ་བྱ་བ་མི་འདོར་བས་ཡུམ་ལ་སྤྱད། ཅེས་སོགས་སོ། །ཉན་ཐོས་སྒོམ་ལམ་ པ་དབང་རྟུལ་ཆོས་ཅན། ཐེག་དམན་བྱང་ཆུབ་ཐོབ་ཆེད་དུ་བསྒོམ་པ་ཡིན་ཏེ། གཟུང་བ་ སོགས་སུ་ (གསེར་)དམིགས་པ་དང་བཅས་པ་ཉིད་ཀྱིས་བསྒོམ་པའི་དམན་པའི་སློབ་ལམ་ཡིན་ པས་སོ། །ཡུམ་བསྒོམས་པས་རྣམ་མཁྱེན་ཐོབ་བམ། ཞེས་སོ། །ཉན་ཐོས་དགྲ་བཅོམ་ཆོས་ ཅན། ད་དུང་ཐེག་དམན་བྱང་ཆུབ་ཐོབ་ཆེད་དུ་བསྒོམ་པ་མེད་དེ། ད་ཕྱིས་དེ་ཐོབ་བྱར་ དམིགས་པ་མེད་པ་ཉིད་ཀྱིས་སོ། །ཡང་ན་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཆོས་ཉིད་སྤྲོས་ བྲལ་བསྒོམ་པ་མེད་དེ། ཆོས་ཀྱི་བདག་ཀུན་མེད་པར་དམིགས་པ་མེད་པས་སོ། །མ་བསྒོམས་ པས་སམ། ཞེས་ (མདོ་དངོས་)སོ། །དམན་ལམ་ཆོས་ཅན། གཞན་དོན་དུ་རྣམ་མཁྱེན་གྱི་ལམ་ བསྒོམ་པར་ཡང་མེད། རང་དོན་དུ་མཚན་མར་གཟུང་སྟེ་བསྒོམ་པ་མེད་པ་ཡང་མ་ཡིན་ཏེ། ཆོས་ཀྱི་བདག་མེད་ཀུན་ལ་དམིགས་པར་ཡང་མེད་མི་རྟག་སོགས་སུ་མི་དམིགས་པར་ཡང་ 2-1-355 མེད་པའི་ལམ་ཡིན་པས་སོ། །སྔ་མ་གཉིས་སོ་སོ་ལ་རྟོག་པ། འདི་བསྡོམས་པ་ལ་རྟོག་པའོ། ། ཞེས་བཅོམ་རལ་ལོ། །བསྒོམས་ཀྱང་བསྒོམས་ལ་མ་བསྒོམས་ཀྱང་མ་བསྒོམས་སམ། ཞེས་ དང༌། བསྒོམས་པ་ཡང་མ་ལགས་མ་བསྒོམས་པ་ཡང་མ་ལགས་པས་སམ། ཞེས་སོ། །འོན་ ཀྱང་འདི་དག་ལྡོག་པ་གཟུང་རྟོག་ཏུ་མི་སྣང་སྟེ། ཨཱརྱ་ལྟར་དེ་དང་དེར་རྣམ་པར་རྟོག་པ་ཉིད་ དུ་སྦྱར་ན་ལེགས་ལ་བསྒོམ་མི་བསྒོམ་སོགས་ནི། དམིགས་བཅས་སུ་བསྒོམས་པས་འཚང་ རྒྱའམ་སྙམ་པ་དང་དེ་དམིགས་མེད་དུ་བསྒོམས་པས་འཚང་རྒྱའམ་སྙམ་པ་དང་དེ་གཉིས་ གང་ཡང་མིན་པར་བསྒོམས་པས་འཚང་རྒྱའམ་སྙམ་པའི་རྟོག་པར་སློབ་དཔོན་དགོངས་ལ་ གྲངས་ཡང་དེ་དག་ལས་བཟློག་པ་ལ་གཉིས་ཏེ། བསྒོམས་མ་བསྒོམས་དེ་དག་ལས་བཟློག་ པ་དེ་གཉིས་ཀས་འཚང་རྒྱའམ་གཉིས་མིན་གྱི་འཚང་རྒྱའམ་སྙམ་པའི་རྟོག་པར་མདོར་ བཤད་པ་ཁོ་ན་ལྟར་ལེགས་ཤིང་བུདྡྷ་ཤྲཱིས་ཀྱང་ངོ༌། །(ཨཱརྱའི་སློབ་དཔོན་ལྟར་གསལ་ལོ། ། ) ཉན་ཐོས་ པ་འགའ་ཆོས་ཅན། (མདོ། )དེ་བཞིན་ཉིད་ཇི་ལྟ་བ་བཞིན་གྱི་དོན་མ་ཡིན་པར་འཛིན་ཏེ། གཟུང་ བ་ལ་སོགས་བདེན་པར་ཕྱིན་ཅི་ལོག་ཏུ་མངོན་པར་ཞེན་པས་སོ། །དེ་རྣམས་བྱང་སའི་ལྡོག་ ཡུལ་ཡིན་ཏེ། བྱང་སའི་དོར་བྱ་ཡིན་པས་སོ། །ཞེས་ཀྱང་ངོ༌། །དེ་འདྲའི་ཡུལ་དགུ་ཉིད་ལ་ ལྡོག་བྱར་གཟུང་བའི་རྣམ་རྟོག་ནི། གཟུང་རྟོག་གཉིས་པ་ལྡོག་ (གསེར་)པ་གཟུང་རྟོག་སྟེ། སྒོམ་ པའི་ལམ་གྱི་སེམས་དང་སེམས་བྱུང་འཇུག་པ་བར་ཆད་མེད་ལམ་གྱི་གནས་སྐབས་དེ་ན་སྤང་ བར་བྱ་བ་ཉིད་ཀྱིས་སོ། །དེ་ལ་འཇུག་པའི་གནས་སྐབས་ཀྱི་ཡུལ་ཅན་གྱི་རྟོག་པ་ཞེས་གཉེན་ པོའི་མིང་གིས་བཏགས་པ་ཡུལ་གྱི་དབྱེ་བས་རྣམ་པ་དགུའོ། ། གཉིས་པ་ལ། བོད་རྣམས་ནི། རྫས་འཛིན་བཏགས་འཛིན། ཞེས་ཏེ། ལུས་རྣམ་བཞག་ཏུ་ གསེར་གྱིས་བཤད་སྣང་ཞིང་གཉེན་ཚོགས་སུ་སློབ་དཔོན་གྱིས་ཀྱང་ངོ༌། །ཨཱརྱས། འཕགས་ པའི་གང་ཟག་བཏགས་པ་ལ་བརྟེན་པའི་རྟོག་པ། བཏགས་པའི་རྒྱུ་མཚན་ལ་བརྟེན་པའི་ 2-1-356 རྟོག་པ། ཞེས་གཉེན་ཚོགས་སུ་བཤད་དོ། །རྫས་འཛིན་ནི། གཞུང་དང་མ་འགྲིག་སྟེ་སེམས་ ཅན་བཏགས་པའི་རྟོག་པ་ཞེས་སོགས་སོ། །འདི་སྐྱེ་འཕགས་གཉིས་ཀ་ལ་རྟོག་པ། འོག་ མ་དེའི་རྒྱུ་མཚན་ལ་བརྟེན་པའི་རྟོག་པར། བུདྡྷ་ཤྲཱིས་དོན་བཤད་པ་ལྟར་མདོའི་དོན་དུ་རུང་ བས། གང་ཟག་བཏགས་པའི་རྟོག་པ། བཏགས་པའི་རྒྱུ་མཚན་གྱི་རྟོག་པ་གཉིས་ལས། དང་ པོ་ལ། མཚམས་སྦྱར་ནི། དེ་ལྟར་གཟུང་རྟོག་གཉིས་པ་སོགས་སོ། །རྩ་བ་ལ། སྐྱེ་འཕགས་ སམ་དེའི་རྟོགས་པའི་ཆོས་ལ་དམིགས་ནས་བཏགས་པ་ཙམ་དུ་འཁྲུལ་བའི་རྟོག་པ་དགུ་ མཚན་གཞི། སྒོམ་རྩེའི་སྤང་བྱ་སེམས་ཅན་བཏགས་པ་ལ་བརྟེན་པའི་རྟོག་པར་མཚོན། སྒོམ་རྩེའི་ཉེར་བསྡོགས་ཀྱི་གཞོམ་བྱ་གང་ཞིག སེམས་ཅན་རྣམས་གང་ཟག་ལ་དམིགས་ ནས་བཏགས་པ་ཙམ་དུ་འཁྲུལ་བའི་རྟོག་པའོ། །ཨཱརྱས། གཉེན་ཚོགས་ཀྱི་སྐབས་སུ་མིང་ འདོགས་ལྟར་ན། འཕགས་པའི་གང་ཟག་བཏགས་པ་ཙམ་མོ་ཞེས་འཁྲུལ་རྟོག་དགུ་མཚན་ གཞི། དེའི་སྤང་བྱ་འཕགས་པའི་གང་ཟག་བཏགས་པ་ལ་བརྟེན་པའི་རྟོག་པར་མཚོན་ཞེས་ སོགས་སོ། །དེ་ལ་རྟོག་པའི་སྤྱོད་ཡུལ་ནི་དགུ་སྟེ། དེ་ལ་རྟོག་པའང་དགུའོ། །དེས་ན་སེམས་ ཅན་རྣམས་བདག་སོགས་བཏགས་པ་ཙམ་དུ་འཛིན་པའམ་འཕགས་པའི་གང་ཟག་བཏགས་ པ་ཙམ་མོ་ཞེས་འཛིན་པའི་རྟོག་པ་དང༌། སེམས་ཅན་དུ་གདགས་པ་དམིགས་སུ་ཡོད་དམ་མ་ ལགས་སོ། །རབ་འབྱོར། སེམས་ཅན་དམིགས་སུ་མེད་ན་སེམས་ཅན་དམྱལ་བར་ཇི་ལྟར་ གདགས་པར་བྱ། བྱོལ་སོང་ཡི་དྭགས་ལྷ་མི་རྒྱུན་ཞུགས། ནས། སངས་རྒྱས་ཀྱི་བར་དུའོ། ། གཟུགས་སོགས་ཆོས་སུ་བཏགས་པ་ཙམ་དུ་འཛིན་པའི་བྱང་སེ་བཏགས་པ་ཙམ་དུ་འཛིན་ རྟོག་དང༌། བྱང་ཆེན་ཡུམ་ལ་སྤྱོད་པས་གདགས་སུ་མེད་པའི་ཆོས་ཐམས་ཅད་ལ་བསླབ་པར་ བྱའོ། །གསོལ་བ། འོ་ན་དེས་གཟུགས་ལ་བསླབ་པ་དང༌། ཞེས་ནས། རྣམ་མཁྱེན་གྱི་བར་ལ་ བསླབ་པར་བགྱི། བཀའ་སྩལ་པ། གཟུགས་ལ་འབྲི་བ་དང་བསྣན་པ་མེད་པར་བསླབ་པར་ 2-1-357 བྱའོ། །ནས། རྣམ་མཁྱེན་བར་རོ། །གཏན་མེད་ཀྱི་སྟོང་ཉིད་མིན་པའི་མཁྱེན་གསུམ་བཏགས་ པ་ཙམ་རྟོག་དང༌། འདུ་བྱེད་རྣམས་མངོན་པར་འདུ་བྱ་བ་མེད་པ་ལ་བསྒོམ་པ་ལ་བསླབ་པར་ བྱའོ། །སོགས་ནས། རྣམ་མཁྱེན་ཉིད་ཀྱི་ (མདོ་)བར་དུ་མི་དམིགས་པའི་ཚུལ་གྱིས་བསྒོམ་པར་ བྱའོ། །ཞེས་སོ། །མི་རྟག་སོགས་ཆོས་ལ་ཆགས་པའི་ཐེག་དམན་འཕགས་པ་བཏགས་པ་ ཙམ་རྟོག་དང༌། དམིགས་པ་ཡང་མི་ཆགས་མི་དམིགས་པ་ཡང་མི་ཆགས། སོགས་སོ། །ཇི་ ལྟའམ་ (སློབ་དཔོན་)ཇི་སྙེད་ཀྱི་ཆོས་ (རད་ཀིར་)རབ་ཏུ་འབྱེད་པའི་འཕགས་པ་བཏགས་པ་ཙམ་ རྟོག་དང༌། ཇི་ལྟར་དམིགས་པར་འགྱུར་བ་དེ་ལྟར་ཆོས་རྣམ་པར་མི་འབྱེད་དོ། །ཞེས་སོགས་ སོ། །བྱང་ཆུབ་བདེན་པའི་དངོས་པོར་གྱུར་པའི་ཆེད་དུ་ལམ་སྒོམ་པར་བྱེད་པའི་འཕགས་པ་ བཏགས་པ་ཙམ་རྟོག་དང༌། བྱང་ཆེན་གཟུགས་ཀྱི་དོན་དུ་ཡུམ་ལ་མི་སྤྱོད་དོ། །ཞེས་སོགས་ སོ། །གཞན་དོན་དུ་ཐེག་པ་གསུམ་གྱི་ངེས་པར་འབྱུང་བའི་འཕགས་པ་བཏགས་རྟོག་དང༌། འོ་ན་ཐེག་པ་གསུམ་པོ་འདི་དག་རྣམ་པར་དགོད་པར་འགྱུར། ཞེས་སོགས་སོ། །དེ་པ་ (མདོ་ དོན་རད་ཀིར་དངོས་དག་ལྡན་སོགས་དངོས། )སྤྲུལ་བ་ལྟ་བུ་ཡིན་ན་སེམས་ཅན་བསོད་ནམས་འཚལ་བ་ དང་མྱང་འདས་དོན་གཉེར་གྱིས་ཕུལ་བའི་ཡོན་ནི་དག་པ་མ་ཡིན་པ་སྟེ་སངས་རྒྱས་མ་ཐོབ་ བར་དུ་མི་ཟད་པར་ཇི་ལྟར་འགྱུར་སྙམ་པའི་འཕགས་པ་བཏགས་རྟོག་དང༌། སྤྲུལ་བ་དང་དེ་ པ་ལ་ཁྱད་མ་མཆིས་ན་སེམས་ཅན་བསོད་ནམས་འཚལ་བ་དང་མྱང་འདས་དོན་གཉེར་གྱིས་ དེ་པ་ལ་ཡོན་ཕུལ་ན་སེམས་ཅན་དེ་དག་ལྷག་མེད་དུ་མ་འདས་བར་དུ་བས་པར་མི་འགྱུར། ཞེས་སོགས་སོ། །སྦྱིན་སོགས་ཀྱི་སྤྱོད་པ་འཁོར་གསུམ་དུ་རྟོག་པས་འཁྲུགས་པའི་འཕགས་ པ་བཏགས་པ་ཙམ་མོ་ཞེས་འཛིན་རྟོག་ཏེ། འདི་ནི་སྦྱིན་ཕར་རོ། །འདི་ནི་དེའི་ཆོས་ཉིད་ཅེས་ རྣམ་པར་དཀྲུགས་པར་མི་བྱའོ། །སོགས། རྣམ་མཁྱེན་བར་རོ། །དེ་ལྟར་འཛིན་པར་བྱེད་པའི་ རྟོག་པ་དེ་རྣམས་འཛིན་རྟོག་དང་པོ་གང་ཟག་བཏགས་པར་འཛིན་པའི་རྟོག་པར་ཤེས་པར་ 2-1-358 བྱའོ། །ཞེས་བསྒྲགས་པ་ཡིན་ནོ། །འོན་ཀྱང་གཉེན་ཚོགས་ཀྱི་མིང་འདོགས་འདིར་འཆད་པ་ ཡིན་ན་དེ་ལྟར་ཤེས་དགོས་མོད། འདིའི་ཐད་ཀྱི་ཨཱརྱ་སོགས་ལྟར་ན། གཞུང་ཇི་བཞིན་པར་ བྱས་ནས་སེམས་ཅན་བཏགས་པར་འཛིན་རྟོག་ཅེས་སོགས་སྦྱོར་ཕྲེང་ན་གསལ་ལོ། །འགྲེལ་ པ་ལ། སོ་སྐྱེ་ཆོས་ཅན། སེམས་ཅན་དུ་བཏགས་པ་ཙམ་ཡིན་ཏེ། བདག་གི་རྫས་སུ་ཡོད་པར་ མི་སྐྱེ་བའི་གང་ཟག་ཡིན་པས་སོ། །གཟུགས་སོགས་ཆོས་ཅན། ཆོས་སུ་བཏགས་པ་ཙམ་ཡིན་ ཏེ། སེམས་ཀྱི་སྣང་བ་ (གསེར་)ཙམ་གྱི་ཕྱིའི་དོན་མེད་པས་སོ། །རྣམ་མཁྱེན་ཉིད་སོགས་གསུམ་ གྱི་ཆོས་སེམས་བསྐྱེད་སོགས་ (གསེར་)ཆོས་ཅན། གཏན་མེད་ཀྱི་སྟོང་པ་མ་ཡིན་ཏེ། གཞི་ལམ་ རྣམ་གསུམ་ཐམས་ཅད་དུ་ཡུལ་ཅན་དུ་འགྲོ་བའི་ཕྱིར། རད་ཀིར་ནི། འཁོར་བ་སོགས་སྟོང་ མིན། ཞེས་སོ། །ཉན་ཐོས་ཆོས་ཅན། བདེན་བཞིའི་ཆོས་མི་རྟག་སོགས་ལ་ཆགས་ཏེ། རྣམ་ པ་ཐམས་ཅད་དུ་གཟུང་འཛིན་ (གསེར་)སོགས་སུ་མངོན་པར་ཞེན་པ་མ་སྤངས་པས་སོ། །བྱང་ འཕགས་ཆོས་ཅན། ཆོས་ཀུན་གྱི་གནས་ལུགས་རབ་ཏུ་རྣམ་པར་འབྱེད་དེ། ཆོས་ཐམས་ཅད་ བདེན་པའི་ངོ་བོ་ཉིད་མེད་པར་མངོན་སུམ་དུ་རྟོགས་པས་སོ། །ཉན་རང་སློབ་པ་ཆོས་ཅན། བྱང་ཆུབ་བདེན་པའི་དངོས་པོའི་ (དམན་པའི་ཆེད་དུ་ཞེས་བུདྡྷ་ཤྲཱི་)ཆེད་དུ་བྱ་བ་བྱེད་དེ། ཆེད་དུ་བྱ་བ་ ཆེན་པོ་གསུམ་གྱི་ཆེད་དུ་མི་བསྒོམ་པར་ཐར་ལམ་བསྒོམ་པས་སོ། །བྱང་འཕགས་ཆོས་ཅན། གཞན་དོན་དུ་ཐེག་གསུམ་གྱིས་ངེས་པར་འབྱུང་ངམ། ཐེག་གསུམ་གྱི་འབྲས་བུ་ (གསེར། )རྣམ་ མཁྱེན་དུ་འབྱུང་སྟེ། (གསེར། ) གཟུགས་སོགས་ལ་བདེན་པར་མི་དམིགས་པར་མངོན་སུམ་དུ་ རྟོགས་པས་སོ། །སོ་སྐྱེ་ཆོས་ཅན། གཞན་གྱི་ཡོན་མ་དག་པ་སྟེ་མཐར་ཕྱིན་པར་སྤྱོད་མི་ནུས་ ཏེ། ཆོས་ཉིད་མངོན་སུམ་དུ་རྟོགས་པ་ལ་ཡང་དག་པར་མ་ཞུགས་པ་ཉིད་ཀྱིས་སོ། །ཉན་རང་ ཆོས་ཅན། སྦྱིན་སོགས་ཀྱི་སྤྱོད་པ་རྣམ་པར་འཁྲུགས་པ་སྟེ། སྦྱིན་པ་ལ་སོགས་པར་འཁོར་ གསུམ་དུ་དམིགས་ཏེ་སྒྲུབ་པས་སོ། །ཡུལ་དགུ་བོ་དེ་རྣམས་ལ་དམིགས་ནས་འཇུག་པའི་ 2-1-359 འཛིན་པའི་རྣམ་པར་རྟོག་པའང་རྣམ་པ་དགུ་སྟེ་སྔ་མ་མཐོང་ལམ་རྩེ་མོའི་སྤང་བྱ་འཛིན་རྟོག་ དང་པོ་ལ་ཡུལ་གྱི་ཕྱེ་བས་དགུ་ཡོད་པ་བཞིན་དུའོ་ཞེས་པའི་དོན་ཡིན་གྱི་གཞན་དུ་ (སྤྱོད་པ་རྣམ་ པར་འཁྲུགས་པའི་གང་ཟག་ཡོད་པར་འཛིན་པར་སྟེ། ཞེས་བུདྡྷ་ཤྲཱི་སོགས་)བཤད་པར་དཔྱད་དོ། །དེ་རྣམས་སྒོམ་ ལམ་རྩེ་མོའི་སྦྱོར་བའི་གནས་སྐབས་ཀྱི་ཡུལ་ཅན་ཏེ་སྤང་བྱའོ། །བམ་པོ་ལྔ་པ་སྟེ་ཐ་མ་འཆད་ དོ། ། གཉིས་པ་ལ། བསྟན། བཤད་དོ། །དང་པོ་ལ། མཚམས་སྦྱར་ནི། དེ་ལྟར་འཛིན་རྟོག་ དང་པོ་སོགས་སོ། །རྩ་བ་ནི་སེམས་ཅན་སོ་སྐྱེ་དང་འཕགས་པའི་གང་ཟག་ (བུདྡྷ་ཤྲཱི་དངོས། )ཏུ་ བཏགས་པ་དང་དེར་རྣམ་པར་གཞག་པའི་རྒྱུ་རིམ་བཞིན་ཉོན་མོངས་ཅན་གྱི་མ་རིག་ (བུདྡྷ་ཤྲཱི་ དངོས་)པ་དང་འདོད་ཆགས་ལ་སོགས་པའི་རྒྱུན་ (དངོས་)གྱིས་འཇུག་ (དོན་)པའི་སྐྱེས་བུ་དང༌། རྣམ་བྱང་གི་ཡེ་ཤེས་ (བུདྡྷ་ཤྲཱི་དངོས། )ལ་སོགས་པའི་རྒྱུན་གྱིས་འཇུག་པའོ། །ཡུལ་ཅན་ཏེ་འཇུག་ པའོ་ཞེས་འཛིན་པའི་རྟོག་པ་དགུ་མཚན་གཞི། སྒོམ་རྩེའི་སྤང་བྱ་བཏགས་པའི་རྒྱུ་མཚན་ བརྟེན་པའི་རྟོག་པར་མཚོན། སྒོམ་རྩེའི་བར་ཆད་མེད་ལམ་གྱི་གཞོམ་བྱ་གང་ཞིག སོ་སྐྱེ་དང་ འཕགས་པའི་གང་ཟག་ཏུ་འདོགས་པའི་རྒྱུ་མཚན་ལ་དམིགས་ནས་དེ་དག་བཏགས་པ་ཙམ་ མོ་ཞེས་འཁྲུལ་བའི་རྟོག་པའོ་ཞེས་སྦྱར་ཏེ་འབྲུ་ནོན་བུདྡྷ་ཤྲཱིའོ། །སེམས་ཅན་ཏེ་སངས་རྒྱས་ དང་བྱང་ (དག་ལྡན་ཟླ། )པ་ལ་སོགས་པར་ (ཟླ་ཟེར་རད་ཀིར་དངོས། )བཏགས་པ་དང་དེའི་རྒྱུ་ཡང་རྣམ་ མཁྱེན་ཉིད་སོགས་གསུམ་སྟེ་དེ་ཡི་ཡུལ་ཅན་ནི་ཐེག་དམན་འཕགས་པར་བཏགས་པའི་རྒྱུ་ མཚན་ནི་གཞི་ཤེས། བྱང་འཕགས་སུ་བཏགས་པའི་རྒྱུ་མཚན་ནི་ལམ་ཤེས། སངས་རྒྱས་སུ་ བཏགས་པའི་རྒྱུ་མཚན་ནི་རྣམ་མཁྱེན་ནོ་ཞེས་འཁྲུལ་བའི་རྟོག་པ་དགུ་མཚན་གཞི། འཕགས་ པའི་གང་ཟག་ཏུ་བཏགས་པའི་རྒྱུ་མཚན་ལ་བརྟེན་པའི་རྟོག་པར་མཚོན། སྒོམ་རྩེའི་བར་ཆད་ མེད་ལམ་གྱི་གཞོམ་བྱ་གང་ཞིག ཐེག་པ་ཆེ་ཆུང་གི་འཕགས་པར་བཞག་པའི་རྒྱུ་མཚན་ཅི་ 2-1-360 རིགས་ལ་དམིགས་ནས་བཏགས་པ་ཙམ་དུ་འཁྲུལ་བུའི་རྟོག་པའོ། །འཛིན་རྟོག་དང་པོ་ལས་ གཞན་དེ་འདྲའི་འཛིན་རྟོག་གཉིས་པ་ཆོས་ཅན། རྣམ་པ་དགུར་ཡོད་དེ། ཉོན་མོངས་ཀྱི་རང་ བཞིན་ལ་རྨོངས་པའི་རྟོག་པ་སོགས་འཆད་འགྱུར་རྣམས་སུ་ཡོད་པས་སོ། །ཆོས་ཅན། སྒོམ་ ལམ་རྩེ་མོའི་མི་མཐུན་ཕྱོགས་ཡིན་ཏེ། དེའི་སྤང་བྱར་འབྲེལ་བས་སོ། །འདིར་སྒོམ་ལམ་སྤྱི་ དང་འབྲེལ་བའི་ཁྱད་པར་སྒོམ་རྩེ་ཞེས་ཀྱང་ (བུ་སྟོན་རིན་པོ་ཆེ་)གསུང་ངོ༌། །འགྲེལ་པ་ལ། སྒོམ་ རྩེའི་མི་མཐུན་ཕྱོགས་འཛིན་རྟོག་གཉིས་པ་སྔར་ལྟར་སེམས་ཅན་དུ་བཏགས་པ་དང་དེར་ རྣམ་པར་བཞག་པའི་རྒྱུ་ཕྱི་དོན་བདེན་པ་མེད་པས་སེམས་ཀྱི་ (གསེར་དོན་)སྣང་བ་ཙམ་སྟེ་དེས་ དེ་འདྲའི་ (གསེར། )ཐ་སྙད་ལ་འཇུག་ (གསེར་)པས་སོ། །དེའི་ཡུལ་ཅན་གྱི་འཛིན་རྟོག་ཆོས་ཅན། སྒོམ་རྩེ་དེ་དང་སྤང་གཉེན་དུ་འབྲེལ་ཏེ། རྩེ་མོའི་སྒོམ་ལམ་གྱི་ཡང་དག་པར་སྤང་བྱ་ཡིན་ པའི་ཕྱིར། དེ་ལ་ཡུལ་གྱི་དབྱེ་བས་རྣམ་པ་དགུའོ། །གཉིས་པ་ལ། མཚམས་སྦྱར་ནི། ཇི་ལྟར་ སོགས་སོ། །རྩ་བ་ལ། ཨཱརྱ་ཤཱན་ཏི་ཨ་བྷ་རྣམས་ནི། ཀུན་རྨོངས་པ་རྣམ་རྟོག་ཐ་མ་ཞེས་འདོན་ ཅིང་ཀུན་རྨོངས་ཞེས་པ་རྣམ་རྟོག་ཉིད་ལ་སྦྱོར་རོ། །དེས་ན་འདི་ལྟར་སྦྱར་ཏེ། ཀུན་མཁྱེན་ གསུམ་གྱི་བདག་ཉིད་ཇི་ལྟ་བ་བཞིན་དུ་རང་རང་དང་ཡུལ་ཡུལ་ཅན་དུ་འབྲེལ་བའི་སྒྲིབ་པ་ སྟེ་ཀུན་རྨོངས་རྣམ་པ་གསུམ་སྟེ། ཇི་ལྟར་ན། ཆོས་ཐམས་ཅད་ཀྱི་རྣམ་རྟགས་མཚན་མ་ཐམས་ ཅད་ཐུགས་སུ་ཆུད་པས་སངས་རྒྱས་སུ་འཇོག་པའི་རྒྱུ་མཚན་རྣམ་མཁྱེན་ནོ་ཞེས་མཚན་མར་ འཛིན་པའི་རྣམ་རྟོག་སྟེ་རྣམ་མཁྱེན་ལ་རྨོངས་པའི་རྟོག་པ་སྟེ། རྣམ་མཁྱེན་ཉིད་ནི་དེ་པ་རྣམས་ ཀྱིའོ། །ཞེས་སོགས་རྒྱས་སོ། །ལམ་གསུམ་རྫོགས་པར་བྱ་ཞིང་བྱ་བ་བྱེད་ཀྱང་རྫོགས་སྨིན་ མ་སྦྱངས་པར་ཡང་དག་མཐའ་མངོན་དུ་མི་བྱེད་པས་བྱང་འཕགས་སུ་བཞག་པའི་རྒྱུ་མཚན་ ནི་ལམ་ཤེས་སོ་ཞེས་མཚན་མར་འཛིན་རྟོག་ལམ་ཤེས་ལ་རྨོངས་རྟོག་སྟེ། ལམ་ཤེས་ཉིད་ ནི་བྱང་པ་རྣམས་ཀྱིས་སོ། །ཞེས་སོགས་སོ། །གཞི་ཕྱི་ནང་གི་སྐྱེ་མཆེད་ཤེས་ཀྱང་ལམ་དང་ 2-1-361 རྣམ་པ་ཀུན་ཇི་བཞིན་མི་ཤེས་པས་ཐེག་དམན་འཕགས་པར་བཞགས་པའི་རྒྱུ་མཚན་ནི་གཞི་ ཤེས་སོ་ཞེས་མཚན་མར་འཛིན་རྟོག་ནི་ (དེ་གསུམ་སྙིང་ཟླ་དངོས། )གཞི་ཤེས་ལ་ཀུན་རྨོངས་ཀྱི་རྟོག་ པ། (མིང་གསུམ་ཨཱརྱ་དངོས་གཞན་ལྟ་ཅི་སྨོས། ) རབ་འབྱོར་ཐམས་ཅད་ནི་ཕྱི་དང་ནང་གི་ཆོས་ཇི་སྙེད་པ་ འདི་ཡིན། ཞེས་སོགས། གང་ལ་གནས་ནས་ (དག་སོགས་དངོས་)ཞི་བ་མངོན་སུམ་དུ་བྱེད་པ་དེ་ནི་ ཞི་བའི་ལམ་མོ་ཞེས་མཚན་མར་འཛིན་རྟོག་ (འདིའི་མདོ་མ་རྫོགས་ཙམ་ཡན་གྱི་འབུམ་ཊཱིཀ་སྣང་ཞིང་མན་མི་ སྣང་ངོ༌། ། )ནི་ (དག་སོགས་གསུམ་མིང་ཀུན་)ཞི་བའི་ལམ་ལ་རྨོངས་རྟོག ཞི་བའི་རྣམ་པས་རྣམ་མཁྱེན་ ཉིད་ཅེས་བྱས་སོ། །ཞེས་སོགས་སོ། །ཞི་བ་ཡང་དག་མཐའ་དང་ལམ་ནི་ཤེར་ཕྱིན་དུ་མདོ་ དག་ལྡན་སོགས་སོ། །ཤེར་ཕྱིན་འདི་ (སྙིང་ཟླ་)ནི་དེ་བཞིན་ཉིད་ཡང་དག་མཐའ་སོགས་དང་ མཚུངས་པར་ལྡན་ནམ་མི་ལྡན་དུ་འཛིན་པའི་རྟོག་པ་ནི་དེ་བཞིན་ཉིད་སོགས་དང་ལྡན་མི་ ལྡན་ལ་ཀུན་ཏུ་རྨོངས་པའི་རྟོག་པའོ། །དེ་བཞིན་ཉིད་སོགས་ཡུམ་གྱི་ཁོངས་སུ་གཏོགས་པ་ དང་ཆོས་གང་དང་ལྡན་པ་དང་མི་ལྡན་པ་མ་ཡིན། སོགས་སོ། །བདུད་ (མདོ་)མུ་སྟེགས། དམན་ ལམ་སོགས་དང་ (ལམ་གཞན་དང་ཞེས་དག་ཟླ་སོགས་)ཤེར་ཕྱིན་མཉམ་པར་འཛིན་པ་ནི་ (རད་ཀིར་ཡང་ དོན་འདྲ་)མི་མཉམ་པ་ཉིད་དམ་ཐུན་མོང་ (ཨཱརྱ་)མིན་པ་ཉིད་ལ་རྨོངས་རྟོག་གོ །བདུད་དམ། ཞེས་སོགས་ནས། སྡིག་གྲོགས་རྣམས་ཀྱིས་མི་ཆོད་མི་འཕྲོག ཞེས་སོགས་སོ། །ཡུམ་ལ་ (དག་ ལྡན་)སྤྱོད་པས་ (དག་)སྡུག་ཀུན་འགོག་ལམ་སོགས་ཤེས་པའི་དོན་ལ་སྤྱད་པར་མི་བྱའོ། །(དག་ ཟླ་དངོས། )ཞེས་འཛིན་རྟོག་ནི་སྡུག་བསྔལ་ལ་སོགས་ལ་ཀུན་ཏུ་རྨོངས་པའི་རྟོག་པའོ། །ཡུམ་ ལ་སྤྱོད་པས་སྡུག་བསྔལ་ཤེས་པའི་དོན་ལ་དཔྱད་པར་བྱའོ། །ཞེས་སོགས་སོ། །(གཉེན་པོ་ཡིན་ ཞེས་དག་ཟླ། ) ཉོན་མོངས་རྣམས་ཀྱིས་ཕན་གནོད་ (སྙིང་ཟླ་དོན་)མི་བྱེད་དེ་དེ་རྣམས་ཀྱི་དེ་བཞིན་ (ཟླ་ )ཉིད་ཀྱིས་གང་དུ་ཡང་ཕན་གནོད་མི་བྱེད་ (ཟླ་དངོས། )པས་སོ་སྙམ་པ་ནི་ཉོན་མོངས་རྣམས་ཀྱི་ རང་བཞིན་ལ་ཀུན་ཏུ་རྨོངས་པའི་རྟོག་པ་སྟེ། འདོད་ཆགས་བདག་གི་དོན་ཞེའམ་ (ཕན་པ་)དོན་ 2-1-362 མ་ཡིན་ (གནོད་པ། ཞེས་ཟླ་ཟེར་རོ། །མདོ་ཡང་ངོ༌། ། )ཞེས་སྤྱད་པར་མི་བྱའོ། །ཞེས་སོགས་སོ། །གཉིས་ མེད་དང་གཉིས་མེད་མིན་པའི་ཆོས་གཉིས་ཀ་མི་ (དག་ཟླ་)དམིགས་ན་གང་ (ཟླ་)གིས་གཉིས་མེད་ ཐོབ་པར་འགྱུར་སྙམ་པ་ནི་གཉིས་སུ་མེད་པ་ལ་ཀུན་ཏུ་རྨོངས་པའི་རྣམ་རྟོག་ཅེས་དག་སྙིང་ ཟླ་སྟེ། འོན་ཀྱང་གཉིས་སམ་གཉིས་མེད་ཀྱིས་གཉིས་མེད་ཐོབ་པར་འགྱུར་རམ་སྙམ་པ་ནི་ གཉིས་མེད་ལ་ཀུན་རྨོངས་སུ་སྦྱར་ན་ལེགས་ཏེ། མདོར་གཉིས་སུ་མ་མཆིས་པའི་ཆོས་ཀྱིས་ གཉིས་སུ་མ་མཆིས་པའི་ཆོས་ཐོབ་པར་བགྱིད་དམ། མིན་ནོ། །འོ་ན་གཉིས་ཀྱི་ཆོས་ཤིག་ གཉིས་ཀྱི་ཆོས་ཐོབ་པར་བགྱིད་དམ་ནས་ནམ་གཉིས་ཀྱི་ཆོས་སམ་གཉིས་སུ་མེད་པའི་ཆོས་ ཀྱང་མི་དམིགས་ན་ཐོབ་པར་འགྱུར་རོ་ཞེས་སོགས་སོ། །དེ་འདྲའི་རྣམ་རྟོག་དགུ་མཚན་བཞི། སྒོམ་རྩེའི་སྤང་བྱ་འཛིན་པའི་རྣམ་རྟོག་ཐ་མ་བཏགས་པའི་རྒྱུ་མཚན་ལ་བརྟེན་པའི་རྟོག་པར་ མཚོན། ཞེས་སོགས་སྔར་ལྟར་རོ། །དེ་ལྟར་སངས་རྒྱས་བཞེད་དོ་ཞེས་སྦྱར་རོ། །དེས་ན་ མངོན་པར་ཞེན་པ་ཐམས་ཅད་མི་མཐུན་ཕྱོགས་ཡིན་པ་དེས་ན་རབ་འབྱོར་རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་ལ་དམིགས་པ་མེད་དོ་ཞེས་གསུངས་སོ། །(དཔྱིས་ཕྱིན་ནོ། ། ) ཞེས་ཨཱརྱའོ། ། འགྲེལ་པ་ལ། རྣམ་མཁྱེན་གྱི་སྒྲིབ་པ་ནི་ཆོས་རྣམས་ཀྱི་རྣམ་རྟགས་སོགས་དང་དེ་བདེན་མེད་ དུ་མ་ཤེས་པར་བདེན་པར་འཛིན་པ་ཞིག་སྟེ་དེ་ལ་རྨོངས་པ་ནི་དེ་སྐྱོན་ཅན་དུ་མ་ཤེས་པར་བློ་ དོན་མཐུན་ནོ་སྙམ་དུ་འཛིན་པ་སྟེ་ལམ་ལ་ཡང་འདོན་པ་བསྒྱུར་རོ། །བོད་དག་སྒྲིབ་པ་སྤང་བ་ ལ་རྨོངས་ཞེས་སོ། །ཉན་ཐོས་འགའ་ཆོས་ཅན། རྣམ་མཁྱེན་ཉིད་ཀྱི་སྒྲིབ་པ་ལ་ཀུན་ཏུ་རྨོངས་ ཏེ་ཆོས་རྣམས་ཀྱི་རྣམ་རྟགས་མཚན་མ་དང་དེ་བདེན་མེད་དུ་ཇི་བཞིན་མ་ཤེས་པར་ཆོས་ཀུན་ བདེན་པར་འཛིན་པས་སོ། །ཆོས་ཅན་ལམ་ཤེས་ཉིད་ཀྱི་སྒྲིབ་པ་ལ་ཀུན་ཏུ་རྨོངས་ཏེ། ལམ་ གསུམ་པོ་ཐམས་ཅད་ཇི་བཞིན་མ་ཤེས་པས་སོགས་སོ། །མུ་སྟེགས་འགའ་ཆོས་ཅན། གཞི་ ཐམས་ཅད་ཤེས་པ་ཉིད་ཀྱི་སྒྲིབ་པ་ལ་ཀུན་ཏུ་རྨོངས་པ་སྟེ་གཞི་ཕྱི་ནང་གི་དངོས་པོ་ཐམས་ 2-1-363 ཅད་ཀྱི་ཡིན་ལུགས་ཡོངས་སུ་མ་ཤེས་པར་རྟག་བདག་ལ་སོགས་པར་འཛིན་པས་སོ། །གཞི་ ཤེས་ཀྱི་སྒྲིབ་པ་ནི་གཞི་བདག་སོགས་སུ་འཛིན་པ་ཡིན་ལ་རྨོངས་པ་སྔར་ལྟར་རོ། །ཡང་ན་ གཉེན་པོ་གཞི་ཤེས་ལ་སྦྱར་རུང་སྟེ་མདོ་དང་ནི་མི་འགྲིག་གོ །(སྔ་རབས་རྣམས་ཀློག་འདོན་པར་སྣང་ ངོ༌། ། ) ཉན་ཐོས་འཕགས་པ་ཆོས་ཅན། སྒྲིབ་པ་ཐམས་ཅད་ཞི་བའི་ལམ་ལ་ཀུན་ཏུ་རྨོངས་ཏེ། ཡུམ་མ་ཤེས་པའི་སྐྱེས་བུ་ཡིན་པས་སོ། །ཆོས་ཅན། གཟུགས་སོགས་དང་ (གསེར་)དེ་བཞིན་ ཉིད་སོགས་མཚུངས་པར་ལྡན་པ་དང་མི་ལྡན་པ་ལ་ཀུན་ཏུ་རྨོངས་ཏེ། གཟུགས་སོགས་ཤེས་ བྱ་དང་དེ་བཞིན་ཉིད་སོགས་དག་ (མ་དམིགས་པའི་ཕྱིར་ཞེས་གསེར། )དེ་ཉིད་དང་གཞན་དུ་བརྗོད་དུ་ མེད་པར་ཡོངས་སུ་མ་ཤེས་པས་སོ། །གསེར་ནི་ལྡན་མི་ལྡན་ནི་ཕྲད་པ་དང་བྲལ་བ་ཞེས་སོ། ། (ཆུ་མིག་པ་གཅིག་དང་ཐ་དད་ཅེས་པས་སོ། ། ) ཆོས་ཅན། བདུད་མུ་སྟེགས་དམན་ལམ་དང་མི་ཉམས་ པ་ལ་ཀུན་ཏུ་རྨོངས་ཏེ། བདུད་སོགས་དེ་རྣམས་སྡིག་གྲོགས་དང་ལམ་གོལ་བར་ཡོངས་སུ་ མ་ཤེས་པའི་སྐྱེས་བུ་ཡིན་པས་སོ། །ཆོས་ཅན། སྡུག་བསྔལ་ལ་སོགས་པའི་བདེན་པའི་རང་ བཞིན་ལ་ཀུན་ཏུ་རྨོངས་ཏེ་མི་རྟག་སྡུག་བསྔལ་སོགས་སྒྲ་ཇི་བཞིན་དུ་དོན་དམ་ལ་བདེན་པར་ འཛིན་པ་ཉིད་ཀྱིས་སོ། །ཆོས་ཅན། ཉོན་མོངས་པའི་རང་བཞིན་ལ་ཀུན་ཏུ་རྨོངས་པ་ཡིན་ ཏེ། འདོད་ཆགས་ལ་སོགས་པའི་ངོ་བོ་ཉིད་ཡིན་ལུགས་ཡོངས་སུ་མ་ཤེས་པའི་སྐྱེས་བུས་སོ། ། ཆོས་ཅན། གཉིས་མེད་ལ་ཀུན་ཏུ་རྨོངས་པ་ཡིན་ཏེ། གཟུང་འཛིན་གྱི་མཚན་ཉིད་དོན་དམ་ པར་གཉིས་མེད་དུ་ཡོངས་སུ་མ་ཤེས་པའི་སྐྱེས་བུ་ཡིན་པས་སོ། །ཡུལ་རྨོངས་པ་དགུ་བོ་དེ་ ལ་དམིགས་པའི་འཛིན་པའི་རྣམ་པར་རྟོག་པ་ཐ་མའང་རྣམ་པ་དགུར་བཞེད་དེ། སྔ་མ་མཐོང་ སྤང་གི་འཛིན་རྟོག་ཐ་མ་ལ་ཡུལ་གྱི་དབྱེ་བས་དགུ་ཡོད་པ་བཞིན་དུའོ། །དེ་དགུ་ཆོས་ཅན། རྩེ་ མོའི་སྒོམ་པའི་ལམ་གྱི་སེམས་སེམས་བྱུང་འཇུག་པའི་ཡུལ་ཅན་ཏེ་སྤང་བྱ་ཡིན་ཏེ་དེའི་དངོས་ གཞི་བར་ཆད་མེད་ལམ་གྱི་གཞོམ་བྱ་ཡིན་པས་སོ་ཞེས་སྦྱར་རོ། །གསུམ་པ་དོན་བསྡུ་ནི་སྒོམ་ 2-1-364 པའི་སོགས་སྟེ་སྤང་བྱ་དེའི་དབྱེ་བས་གཉེན་པོ་ཐ་དད་པར་ཕྱེའོ་ཞེས་སོགས་སོ། ། གསུམ་པ་ལ་མཚམས་སྦྱར་ནི་བྱང་སེམས་སྒོམ་པའི་ལམ་ཆེན་པོ་ལ་གནས་པ་ཆོས་ཅན། ཐེག་པ་གསུམ་གྱི་ཡོན་ཏན་ཕུན་སུམ་ཚོགས་པ་བརྟེན་ཏོ་སྟེ་འབྱུང་སྟེ་སྔ་མ་མཐོང་རྩེར་བསྟན་ པ་བཞིན་དུ་སྒོམ་སྤང་རྣམ་རྟོག་སོགས་སྟེ་བསྡུས་པ་ནི་ཁྱབ་བྱར་དང་ཉོན་མོངས་ནི་སྒོམ་སྤང་ གིའོ། །སྤངས་བས་སོ་ཞེས་བྱ་བར་སོགས་སོ། །རྩ་བ་ནི། མཐོང་ (དག་ལྡན་དངོས་)སྒོམ་གྱི་སྤང་ བྱ་རྣམ་རྟོག་འདི་རྣམས་ཡོན་ཏན་ཕུན་ཚོགས་ཀྱི་གེགས་བྱེད་པས་ཡམས་ (ཀུན་དག་ལྡན། )ནད་དེ་ དེ་རྣམས་སའི་དབྱེ་བས་རིམ་གྱིས་ཡུན་རིང་བོ་ལོན་པས་དེ་ཟད་ (དག་དངོས་)ནས་སྔར་དེ་དག་ གིས་བརྒྱལ་བ་བཞིན་དུ་གྱུར་བ་ཕྱིས་ཟད་པ་ (དག་དངོས་)ནི་དཔེར་ན་དབུགས་ཕྱིན་པའམ་ (ནི་ སླར་འོངས་བའི་སྲོག་ལྟ་བུའོ་རད་ཀིར། )འཚོ་བ་རྙེད་པ་ལྟར་གྱུར་པ་ན་སོགས་ (དག་ལྡན་ནོ། ། )ཏེ་ཡོན་ཏན་ནི་ དབང་བོ་རྫོགས་པ་ལས་ (ཀུན་མདོ་ཨཱརྱ། )བདག་གིར་བྱེད་པ་ཤེས་པ་སྨོན་ནས་ཤེས་ (ཨཱརྱ། མེད་ཡེ་ ཤེས་ཞེས་མདོ། )པ་དུས་གསུམ་གྱི་ཡེ་ཤེས་རྣམ་དག་སེམས་ཅན་དོན། སངས་རྒྱས་ཀྱི་ཞིང་ཡོངས་ དག་རྣམ་མཁྱེན་ཐོབ་པ་ཆོས་འཁོར་བསྐོར་བ་སེམས་ཅན་མྱ་ངན་ལས་ཟློ་བའོ། །(ཀུན་ཨརྱ་ སྟེ་མདོ་དོན། ) ཆུ་བོ་བཞི་ནི། གདགས་པའི་བསྟན་བཅོས་ལས། གང་ག་ཤར་ཕྱོགས་རྒྱ་མཚོར་ འགྲོ་བ་སྟེ། །སིནྡྷུ་ལྷོ་ཕྱོགས་རྒྱ་མཚོར་འགྲོ་བ་ཡིན། བཀྵུ་ཡང་ནི་ནུབ་ཕྱོགས་རྒྱ་མཚོར་འགྲོ། ། དེ་ཡི་བྱང་ཕྱོགས་རྒྱ་མཚོར་སཱི་ཏ་ (ཤཱི་ཏ་སྟེ་བསིལ་བ་)འགྲོ། །ཞེས་སོགས་སོ། །སེམས་ཅན་ངན་སོང་ ལས་འདོན་པའི་ལོ་མ་ (མདོ་དོན་)བདེ་འགྲོར་སྐྱེ་བར་བྱེད་ (མདོ་)པའི་ (མདོ་)མེ་ཏོག རྒྱུན་ཞུགས་ (མདོ་)སོགས་ནས་རྣམ་མཁྱེན་བར་དང་ཡོན་ཕུལ་ (མདོ་)བ་རྣམས་ཀྱང་མྱང་འདས་ལ་ (མདོ་) འགོད་པའི་འབྲས་བུ་ (མདོ་)མཆོག་གིས་སྦ་བ་སྟེ་མཛེས་པ་ཞེས་སོགས་སོ། །ལོ་མ་དང་མེ་ཏོག་ དང་འབྲས་བུ་ལྟར་སེམས་ཅན་ཐམས་ཅད་ཉེ་བར་འཚོ་བར་འགྱུར་རོ། །ཞེས་སོགས་རྒྱ་ཆེར་ རོ། །འགྲེལ་པ་ལ་བསྟེན་པར་བྱེད་དོ་ཞེས་དྲང་ངོ༌། །གང་ན་སྙིང་རྗེའི་གཞན་གྱི་དབང་དུ་གྱུར་ 2-1-365 པས་རྣམ་པ་ཐམས་ཅད་དུ་ནས་བསྡུས་པ་ཐམས་ཅད་དོ། །གང་ལ་ན་བྱང་པ་སྒོམ་ལམ་ཆེན་ པོའི་ཆེན་པོ་ལ་གནས་སོགས་མཛེས་པར་གྱུར་པ་ལའོ། །ཇི་ལྟར་ན་རྒྱ་མཚོ་ནས་བཞིན་དུ་ མངོན་དུ་འོང་བའམ་བོས་པ་བཞིན་དུ་འོང་བའི་རྣམ་པས་སོ། །དེའི་རྒྱུ་མཚན་ནི། སྔར་བཤད་ སྒོམ་པའི་ལམ་ལ་གོམས་པས་རྣམ་པར་རྟོག་པའི་རིགས་བཞི་བོ་འཚེ་སོགས་ནས་ཟད་པས་ ནའོ། །ཁྱབ་སྟེ་དེ་ནས་ཡོན་ཏན་འོང་བ་ལ་གེགས་བྱེད་པ་མེད་པས་འཚང་རྒྱ་བར་འགྱུར་བས་ སོ། །(གསེར་དོན། ) དཔེར་ན་ཡམས་ནད་ཟད་ནས་ནད་པ་དགའ་བས་དབུགས་ཕྱིན་པ་ཐོབ་པ་ བཞིན་དུའོ། །(འགྲེལ་པའི་དོན་ཡིན་བོད་འཆད། ) སྤྱིར་ཡམས་ནད་མང་སྟེ་ལུང་ལས་ (འདུལ་བ་)བྱི་བ་ནེ་ ཚོ་ཆ་ག་བ། །ཧ་ཅང་ཆར་ཆེས་ཆར་ཆུང་དང༌། །རྒྱལ་བོ་ངན་པར་གྱུར་པ་སྟེ། །འདི་དག་འཇིག་ རྟེན་ཡམས་ཞེས་བྱ། །ཞེས་སོ། ། བཞི་པ་ལ། མཚན་ཉིད་ (ཤེར་)དམིགས་རྣམ་རྒྱུ་གསུམ་ (ཤེར་འབྱུང་)སྤང་བྱའོ། །དང་པོ་ལ་ མཚམས་སྦྱར་ནི་སྐྱེ་རིམ་བཞིན་བྱས་ན་རྩེ་མོ་བཞིར་ཕྱེ་བའི་སྒོམ་ལམ་རྩེ་མོའི་རྗེས་སོགས་ སོ། །རྩ་བ་ལ། བྱང་སེའི་རྡོར་ཏིང་ངེ་འཛིན་ཐ་མ་ཆོས་ཅན། བར་ཆད་མེད་པའི་རྩེ་སྦྱོར་ཡིན་ ཏེ། རྫོགས་པའི་སངས་རྒྱས་ཉིད་སྐད་ཅིག་གཞན་གྱིས་བར་ཆད་མེད་པར་དངོས་སུ་ཐོབ་བྱེད་ ཡིན་པས་སོ། །དེ་མདོ་ལས་འབྲས་བུ་བསོད་ནམས་མང་བོ་ཉིད་ཀྱིས་ (ཟླ་ཟེར་དུ་བསོད་ནམས་མང་བོ་ ཉིད་ཀྱིས་ཀྱང་ཞེས་བཏོན་ནས་ཀྱང་སྒྲས་དམིགས་པ་ཅན་གྱི་བྱང་པའི་སྦྱིན་པ་བས་ཏིང་ངེ་འཛིན་འདི་བསོད་ནམས་མང་བར་མདོ་ ལས་བསྟན་པ་བསྡུས་ཟེར་རོ། ། )བསྟན་པས་མང་ཞེས་སོ། །གང་ན། འདིའི་རྒྱུ་སེམས་དང་པོ་བསྐྱེད་པ་ དང་བར་ཆད་མེད་རྩེ་རང་གི་འབྲས་བུ་བསོད་ནམས་སོ། །གང་ལས་མང་ན་རིམ་བཞིན་སྟོང་ གསུམ་སྐྱེ་བོ་ཐམས་ཅད་ཉན་ཐོས་དང་བསེ་རུ་རང་རྒྱལ་གྱི་རྟོགས་པ་ཕུན་ཚོགས་ལ་བཀོད་ པའི་དགེ་བ་དང་བྱང་པའི་སྐྱོན་མེད་པ་དང་པོ་ཡན་ལ་བཀོད་པའི་དགེ་བ་དཔེར་མཛད་ནས་ སོ། །ཇི་ལྟར་ན་བརྒྱའི་ཆར་ཡང་མི་འགྲོ་སོགས་ཏེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་ 2-1-366 ཁམས་ཀྱི་སེམས་ཅན་དེ་དག་ཉན་ཐོས་ཀྱི་ཡོན་ཏན་དང་ལྡན་པར་གྱུར་ཀྱང་དེ་དག་གི་བསོད་ ནམས་དེས་བྱང་པ་སེམས་དང་པོ་བསྐྱེད་པའི་བསོད་ནམས་ཀྱི་བརྒྱའི་ཆར་ཡང་མི་འགྲོ་ཞེས་ སོགས་དང༌། བྱང་པའི་སྐྱོན་མེད་པ་ལ་ཞུགས་པར་གྱུར་ཀྱང་དེ་དག་གི་བསོད་ནམས་དེས་ བྱང་པ་བྱང་ཆུབ་ཏུ་ཞུགས་པའི་བསོད་ནམས་ཀྱི་སོགས་སོ། །འོ་ན་འབྲས་བུ་སངས་རྒྱས་ཉིད་ གང་ཞེ་ན་དེའི་ (ཨཱརྱ་)འབྲས་བུ་སངས་རྒྱས་དེ་ནི་རྣམ་པ་ཀུན་མཁྱེན་པ་ཉིད་དེ་རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་ཡིད་ལ་བྱའོ་ཞེས་ (ཨཱརྱས་སྦྱར་མདོར་སྣང༌། )སོ། །འགྲེལ་པ་ལ། རྒྱུན་མཐའི་ ཏིང་ངེ་འཛིན་གང་ཡིན་པ་ནི་ཆོས་ཅན། རྩེ་མོ་འདིར་ནས་ཞེས་བྱའོ། །སངས་རྒྱས་ཉིད་འཐོབ་ པའི་བར་ཆད་མེད་ཅེས་སོགས་སྔར་ལྟར་རོ། །དེའི་འབྲས་བུ་རྣམ་མཁྱེན་ཉིད་དེ་སངས་རྒྱས་ ཉིད་ཡིན་ནོ། །དེ་ཡང་སྐྱེས་བུ་འགའ་ཞིག་གིས་ནས་རང་སངས་རྒྱས་ལ་བཀོད་པ་བས་འདིའི་ རྒྱུ་སེམས་དང་པོ་བསྐྱེད་པ་བསོད་ནམས་མང༌། དེ་དག་བྱང་པའི་སྐྱོན་མེད་ལ་བཀོད་ནས་ བསོད་ནམས་སོགས་ནས་འཕགས་པར་བར་ཆད་མེད་རྩེ་བསོད་ནམས་མང་བ་ཉིད་ཀྱིས་ བསྟན་ཏོ། ། གཉིས་པ་ལ། མཚམས་སྦྱར་ནི། བར་ཆད་མེད་རྩེ་དེའི་ཞེས་སོགས་སོ། །རྩ་བ་ལ། ཆོས་ ཀུན་བདེན་པའི་དངོས་པོ་མེད་པའི་རང་བཞིན་གྱིས་འོད་གསལ་བའི་ཆོས་ཉིད་ཆོས་ཅན། བསྐྱེད་འབྲས་རྣམ་མཁྱེན་འདིའི་དམིགས་པ་ཡིན་ཏེ། དེས་རང་གི་རྣམ་པ་ཇི་ལྟར་རྟོགས་བྱ་ ཡིན་པས་སོ། །རང་བཞིན་གྱིས་འོད་གསལ་བའི་ངོ་བོ་ཉིད་དེ་ལ་དམིགས་པས་རྣམ་པར་མི་ རྟོག་པའི་ཡེ་ཤེས་དེ་སྐྱེ་ཞེས་ཆོས་བཤེས་སོ། །གཟུང་འཛིན་བདེན་པའི་དངོས་པོ་མེད་པའི་ ཆོས་ཅན་སྒྱུ་མ་ལྟ་བུ་ཆོས་ཅན་དུ་བཞག་སྟེ། ཨཱརྱའི་དགོངས་པའོ། །ས་དང་པོ་ནས་སྐྱེས་པའི་ བདེན་གཉིས་དབྱེར་མེད་པའི་རྟོགས་པ་ཡེ་ཤེས་ཡང་ཡང་འདྲིས་པར་བྱས་པ་མ་བརྗེད་པའི་ དྲན་པ་ཆོས་ཅན། (ཆོས་བཤེས་དངོས། ) དེའི་བདག་རྐྱེན་ཡིན་ཏེ། དེའི་བྱེད་རྒྱུ་གང་ཞིག དེ་ལ་ 2-1-367 ལྷག་པར་དབང་བསྒྱུར་བས་སོ། །(བར་མར་འདི་ནི་དབང་བསྒྱུར་བའོ་ཞེས་སོ། ། ) གྲངས་མེད་གསུམ་དུ་ རྣམ་མཁྱེན་ཡིད་ལ་ (ཨཱརྱ་)བྱེད་པ་མ་བརྗེད་པའི་རྒྱུན་མཐའི་དྲན་པ་ལའང་རུང་ངོ༌། །དོན་དམ་ པར་སྤྲོས་པ་དང་རྣམ་པར་རྟོག་པ་ཐམས་ཅད་རང་བཞིན་གྱིས་ཞི་བའི་ཆོས་ཉིད་ཆོས་ཅན། དེའི་རྣམ་པ་ཡིན་ཏེ། དེས་རྟོགས་པའི་དམིགས་པའི་ཆོས་ཉིད་ཡིན་པས་སོ། །རང་བཞིན་གྱི་ རྟོག་པ་དང་རྗེས་སུ་དྲན་པའི་རྣམ་རྟོག་སོགས་ཞི་བའི་ཤེས་རྣམ་མཐར་ཐུག་ཆོས་ཅན། དེའི་ རྣམ་པ་ཡིན་ཏེ་དེའི་རང་བཞིན་དུ་གྱུར་པའི་ཡེ་ཤེས་ཡིན་པས་སོ། །ཞེས་པ་ཆོས་བཤེས་སོ། ། རྣམ་མཁྱེན་ (སྙིང་ཟླར་ཡང་རྣམ་མཁྱེན་ཏེ་བར་ཆད་མེད་རྩེ་ཞེས་འཆད། )འདིའི་དམིགས་པ་ནི་དངོས་པོ་མེད་ པའོ། །དབང་ནི་དྲན་པ། རྣམ་པ་ནི་ཞི་བ་ཞེས་སོགས་སོ། །འགྲེལ་པ་ལ། བར་ཆད་མེད་པའི་ ཏིང་ངེ་འཛིན་ཞེས་སྦྱར་ཏེ་གཞན་རྩ་བ་ལྟར་རོ། ། གསུམ་པ་ལ། བསྟན་བཤད་དོ། །དང་པོ་ལ་གཉིས་ལས་རྩ་བ་ནི། རྣམ་མཁྱེན་འདིའི་ དམིགས་རྣམ་ལ་སོགས་པ་ལ་ནི་ཟབ་པའི་རྒྱུ་མཚན་གྱིས་སྒྲོ་སྐུར་དུའམ་བདེན་གཉིས་ འགལ་བར་རབ་ཏུ་སྨྲ་རྣམས་ཀྱིས་ (སྙིང་མཆོག་ཏུ་སྨྲ་བ་དང་སྨྲ་བ་མཚོན་ཆས་འདེབས་པའི་ཚུལ་ཡོད་པས་ན་) བརྒྱུད་མར་རྒོལ་བ་སྟེ། (དབྱིག་པ་དང་དབྱིག་པས་ལྟ་བུའོ་ཞེས་སོ། །རྒོལ་བ་དང་རྒོལ་བ་དག་གིས་བསྣུན་པས་ འཇུག་པ་སྟེ། བི་ར་གའི་རྒྱུད་མ་ལྟ་བུའོ་ཞེས་དག་ལྡན་ནོ། ། ) རྒོལ་བ་མང་བར་སྟོན་པའི་ཚིག་གོ །གསེར་རོ། ། འགྲེལ་པ་ལ་གསུམ་སྟེ་བསལ་བྱ། སེལ་བྱེད། དེས་བསྟན་ཚུལ་ལོ། །དང་པོ་ནི། བར་ཆད་ མེད་ (གསེར་)རྩེའི་དམིགས་ (གསེར་)པ་སོགས་སྟོན་པའི་གནས་འདི་ལ་ནི་བདེན་གཉིས་ (གསེར་) རྣམ་འབྱེད་ཀྱི་ཐབས་ལ་མཁས་པ་མ་རྟོགས་ (གསེར་གྱི་ཐབས་ལ་མཁས་པ་མངོན་པར་མི་ཤེས་པ་རྣམས་ཞེས་ སོ། །དེས་ན་བྱང་སེམས་མ་གཏོགས་ཞེས་འཆད་པ་ནི་གཞུང་མ་དག་པའོ། ། )པའི་སྒྲོ་སྐུར་དུ་རབ་ཏུ་སྨྲ་བ་རྣམས་ ཀྱིས་རྩོད་པ་སྣ་ཚོགས་ (ཨཱརྱ་)ཀྱི་ཀླན་ཀའི་རྒོལ་བ་གཅིག་ནས་གཅིག་ཏུ་བརྒྱུད་མར་འབྱུང་ངོ༌། ། དེའི་རྒྱུ་མཚན་ནི། རྟོག་གེའི་ཡུལ་མིན་པས་གཏིང་དཔག་དཀའ་བའི་ཕྱིར་རོ། ། 2-1-368 གཉིས་པ་ནི། བདེན་གཉིས་རྣམ་འབྱེད་ཀྱི་ཐབས་ལ་མཁས་པས་དེ་དག་བསལ་བར་བྱ་ སྟེ། དེ་གཉིས་འགལ་བར་བསམས་ནས་རྩོད་པས་སོ། །གསུམ་པ་ནི་སངས་རྒྱས་དང་རབ་ འབྱོར་ཆོས་ཅན། དེའི་དམིགས་པ་སོགས་ལ་རྒལ་ལན་དུ་མ་མཛད་པའི་རྒྱུ་མཚན་ཡོད་དེ། དེ་ལྟར་མཛད་པ་འདིས་ནི་འདིའི་དམིགས་རྣམ་ལ་སོགས་པ་ཟབ་པ་ཉིད་དུ་བསྙད་དོའམ་ བསྟན་ནོ་སྙམ་དུ་དགོངས་པ་ཡིན་པས་སོ། ། གཉིས་པ་བཤད་པ་ལ། མཚམས་སྦྱར་ནི། བདེན་གཉིས་ལ་མཁས་པའི་ (བདེན་གཉིས་དབྱེར་ མེད་པར་ཁོང་དུ་ཆུད་པ་རྣམས་ཞེས་ཆོས་བཤེས། )བློའི་ནོར་གྱིས་འབྱོར་བ་ཅན་བྱང་པ་རྣམས་ཀྱིས་འགལ་ རྐྱེན་ལོག་རྟོག་ཇི་ལྟ་བུ་ཞིག་བསལ་བས་སོགས་ནས་ལོག་རྟོག་ (ནི་དོན་དམ་འབའ་ཞིག་འདོད་པས་ཀུན་ རྫོབ་པའི་རང་བཞིན་སྤོང་བ་དང་གང་དག་ཀུན་རྫོབ་འདོད་པས་རང་བཞིན་མེད་པ་སུན་འབྱིན་ཅིང་བདེན་གཉིས་དབྱེར་མེད་ པའི་དོན་མི་ཤེས་པ་ཐམས་ཅད་ལོག་རྟོག་སྟེ་ཆོས་བཤེས་སོ། ། )འཆད་དོ། །རྩ་བ་ལ། ལོག་པར་རྟོག་ཅེས་དྲང་ ངོ༌། །ཡུལ་གང་ལ་ན། ལ་འཇུག་ཏུ་སྦྱར་བ་བཅུ་དྲུག་གོ །གང་ཟག་གང་ན། བདེན་གཉིས་ འགལ་བར་སྨྲ་བ་ཐབས་མི་མཁས་པ་རྣམས་སོ། །ཚུལ་ཇི་ལྟར་ན་རྒྱུའམ་འབྲས་བུའི་རྣམ་པ་ ཀུན་མཁྱེན་ཉིད་ལ་བརྟེན་ནས་དམིགས་པ་སོགས་བཅུ་དྲུག་མི་འཐད་པར་འགྱུར་ཞེས་རྩོད་ པའོ། །བཞི་པ་གྲངས་ནི་རྣམ་པ་བཅུ་དྲུག་དག་ཏུ་བཞེད་དོ། །ཡུལ་བཅུ་དྲུག་གང་ལ་རྩོད་པ་ བཅུ་དྲུག་ཇི་ལྟ་བུ་ཞེ་ན། རྩ་འགྲེལ་ལྷན་ཅིག་བཤད་དེ། རྣམ་མཁྱེན་གྱི་དམིགས་པ་འཐད་པ་ ལ་ལོག་རྟོག་ནི་རྣམ་མཁྱེན་ནམ་བར་ཆད་མེད་རྩེའི་དམིགས་པ་མི་འཐད་པར་ཐལ། འདུས་ བྱས་དང་འདུས་མ་བྱས་ཀྱི་ཁམས་དག་དངོས་པོ་སྟེ་རང་བཞིན་མེད་པ་ཉིད་ཀྱིས་སོ་ཞེ་ན། དོན་དམ་དུ་འདོད། ཀུན་རྫོབ་ཏུ་ཡང་ཅང་མེད་ཀྱི་རང་བཞིན་ཡིན་པ་རྟགས་མ་གྲུབ། དོན་ དམ་དུ་རང་བཞིན་མེད་པས་དམིགས་པ་མི་འཐད་པའི་ཁྱབ་པ་མེད་དེ། བར་ཆད་མེད་རྩེའམ་ རྣམ་མཁྱེན་ཆོས་ཅན། དོན་དམ་པར་ཆོས་ཐམས་ཅད་དངོས་པོ་མེད་པས་ཁྱོད་ཀྱི་དམིགས་ 2-1-369 པ་གཏན་མེད་དུ་མི་འགྱུར་ཏེ། དོན་དམ་པར་བདེན་པའི་དངོས་པོ་མེད་པའི་རྟེན་འབྲེལ་སྒྱུ་ མ་ལྟ་བུ་དང་བདེན་སྟོང་གི་ཆོས་དབྱིངས་ཀུན་རྫོབ་ཏུ་ཁྱོད་ཀྱི་དམིགས་པར་འཐད་པས་ (ཟླ་ ཟེར་དུ་ཀུན་རྫོབ་ཏུ་ཆོས་རྣམས་ཐམས་ཅད་དམིགས་པ་ཞེས་པ་དམིགས་པ་འཐད་པའོ་ཞེས་པས་རྟགས་ཟུར་དང་པོ་བསྟན་ནོ། ། ) སོ། །རྣམ་མཁྱེན་འབའ་ཞིག་དངོས་པོ་མ་མཆིས་པ་ལགས་སམ། མ་ལགས་ཀྱི་གཟུགས་ཀྱང་ དངོས་པོ་མ་མཆིས་པ་ལགས་ནས་འདུས་བྱས་མ་བྱས་ཀྱི་ཁམས་ཀྱང་དངོས་པོ་མ་མཆིས་པ་ ལགས། རབ་འབྱོར་རྣམ་མཁྱེན་ཉིད་དངོས་པོ་མེད་པའོ་ནས་འདུས་བྱས་མ་བྱས་ཀྱི་ཁམས་ ཀྱང་དངོས་པོ་མེད་པའོ་ཞེས་སོགས་སོ། །དམིགས་པའི་ངོ་བོ་ཉིད་ལ་ལོག་རྟོག་ནི་དམིགས་ པ་དེའི་ངོ་བོ་ཉིད་དེ་ཡུལ་གྱི་རྣམ་པ་མེད་པར་ཐལ། རྣམ་པ་ཐམས་ཅད་དུ་དམིགས་པ་རང་ བཞིན་མེད་པའི་ཕྱིར་ཞེ་ན། ལན་གསུམ་སྔར་ལྟར་བྱས་ནས། ཆོས་ཅན། དོན་དམ་པར་ དམིགས་པ་རང་བཞིན་མེད་པས་ཁྱོད་ཀྱི་དམིགས་པའི་རྣམ་པ་མེད་པར་མི་འགྱུར་ཏེ། དོན་ དམ་པར་དམིགས་བྱ་སོགས་མེད་པའི་རང་བཞིན་གྱིས་ཞི་བའི་ཆོས་ཉིད་དེ་ཁྱོད་ཀྱི་དོན་རྣམ་ དུ་འཐད་པས་སོ། །བྱང་ཆུབ་ཀྱི་ལམ་དེ་ཡང་དངོས་པོ་མེད་པའི་ངོ་བོ་ཉིད་དུ་རབ་ཏུ་ཤེས་སོ་ ཞེས་སོགས་སོ། །ཡང་ན་དམིགས་པའི་ངོ་བོ་ངེས་པར་གཟུང་བ་སྟེ་རྟོགས་པ་མེད་པར་ཐལ། ཞེས་ཏེ་གཟུགས་སོགས་མེད་པ་ལ་ཇི་ལྟར་གཟུགས་སོགས་ཀྱི་ངོ་བོར་འཛིན་ཞེས་རད་ཀིར་ རོ། །རྣམ་མཁྱེན་གྱི་ཡེ་ཤེས་ལ་ལོག་པར་རྟོག་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ ཤེས་མེད་པར་ཐལ། ཤེས་བྱ་དངོས་པོ་དང་དངོས་པོ་མེད་པ་མི་དམིགས་པས་སོ་ཞེ་ན། ལན་ གསུམ་སྦྱར་ནས། ཤེས་བྱ་ཆོས་ཅན། དོན་དམ་པར་དངོས་པོ་དངོས་མེད་གང་ཡང་དམིགས་ བྱར་མེད་པས་རྣམ་མཁྱེན་གྱི་ཡེ་ཤེས་མེད་པར་མི་འགྱུར་ཏེ། དོན་དམ་པར་ (མདོ་དངོས་)འགའ་ ཡང་མ་གཟིགས་ཤིང་ཀུན་རྫོབ་ཏུ་དངོས་པོར་ (མདོ་དངོས་)ཡོད་མེད་སོགས་ཀུན་མཁྱེན་པའི་ཡེ་ ཤེས་འཐད་པས་སོ། །བཅོམ་ལྡན་འདས་ཆོས་རྣམས་ཆོས་རྣམས་ཉིད་དང་བྲལ་བ་ལེགས་ན་ 2-1-370 ཞེས་ནས་དངོས་པོ་མཆིས་པའི་ཆོས་ཀྱིས་དངོས་པོ་མཆིས་པའི་ཆོས་འཚལ་བར་ (ཤེས་པའོ། ། )མི་ རུང་ངོ༌། །དངོས་པོ་མ་མཆིས་པའི་ཆོས་ཀྱིས་དངོས་པོ་མ་མཆིས་པའི་ཆོས། དངོས་པོ་མཆིས་ པས་མ་མཆིས་པ། མ་མཆིས་པས་མཆིས་པ་འཚལ་བར་མི་རུང་ངོ་ཞེས་སོགས་དང༌། བཀའ་ སྩལ་པ། འཇིག་རྟེན་གྱི་ཀུན་རྫོབ་ཉེ་བར་གཟུང་བས་དངོས་པོ་ཡོད་ཅེས་བྱའམ་དངོས་པོ་ མེད་ཅེས་བྱ་བར་སྟོན་ཏེ་དོན་དམ་པར་ནི་མ་ཡིན་ནོ་ཞེས་སོགས་སོ། །(གཞན་གྱིས་མདོ་སྦྱོར་མ་ ཤེས། ) བདེན་གཉིས་ལ་ལོག་པར་རྟོགས་ (མིང་ཀུན་ཨཱརྱ་དངོས་)པ་ནི། དམ་པའི་དོན་དང་ཀུན་རྫོབ་ ཏེ་བདེན་པ་གཉིས་མེད་པར་ཐལ། (གསེར། ) ཆོས་ཐམས་ཅད་སྤྲོས་བྲལ་དེ་བཞིན་ཉིད་ཀྱི་ངོ་བོ་ སྟེ་རང་བཞིན་ཉིད་ཀྱིས་སོ་ཞེ་ན། ལན་གསུམ་སྦྱར་ནས། ཤེས་བྱ་ཆོས་ཅན། དོན་དམ་པར་ ཆོས་ཐམས་ཅད་སྤྲོས་བྲལ་དེ་བཞིན་ཉིད་ཀྱི་རང་བཞིན་ཡིན་པས་བདེན་གཉིས་ཀྱི་རྣམ་དབྱེ་ མེད་པར་མི་འགྱུར་ཏེ། དེ་ཡིན་ཡང་དེ་ལྟར་ཇི་བཞིན་དུ་མ་རྟོགས་པའི་བྱིས་པའི་སྣང་བ་ཀུན་ རྫོབ། (ཨཱརྱ་དོན། ) དེ་ལྟར་རྟོགས་པའི་འཕགས་པའི་ཡེ་ཤེས་ཀྱི་ཡུལ་ཀུན་རྫོབ་ཀྱི་དེ་བཞིན་ཉིད་ དོན་དམ་དུ་འཐད་པས་ (ཨཱརྱ་དོན་)སོ། །ཀུན་རྫོབ་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཉིད་དོན་ དམ་པའི་དེ་བཞིན་ཉིད་ཡིན་ཡང་དེ་ལ་སེམས་ཅན་དེ་དག་ཕྱིན་ཅི་ལོག་ཏུ་གྱུར་པས་དེ་བཞིན་ ཉིད་དེ་མི་ཤེས་མི་མཐོང་སྟེ་དེ་དག་གི་དོན་དུ་འཇིག་རྟེན་གྱི་ (བསྡུས་)ཀུན་རྫོབ་ཀྱིས་དངོས་པོ་ ཡོད་ཅེས་བྱ་བའམ་དངོས་པོ་མེད་ཅེས་བྱ་བར་བརྗོད་དོ་ཞེས་སོགས་སོ། ། འདིར་མཐའ་ཅུང་ཟད་དཔྱད་ན། གསུམ་སྟེ་བདེན་གཉིས་ཤེས་པའི་ཕན་ཡོན། མ་ཤེས་ པའི་ཉེས་དམིགས། བདེན་གཉིས་ཀྱི་རང་བཞིན་ངེས་པར་བྱ་བའོ། །དང་པོ་ནི། དབུ་མ་ བདེན་གཉིས་ལས། བདེན་གཉིས་རྣམ་དབྱེ་ཤེས་པ་དག །ཐུབ་པའི་བཀའ་ལ་མི་རྨོངས་ཏེ། ། དེ་དག་མ་ལུས་ཚོགས་བསགས་ནས། །ཕུན་ཚོགས་ཕ་རོལ་འགྲོ་བ་ཉིད། །ཅེས་སོ། །གཉིས་ པ་ནི། དབུ་མ་རྩ་བར། གང་དག་བདེན་པ་འདི་གཉིས་ཀྱི། །རྣམ་དབྱེ་རྣམ་པར་མི་ཤེས་པ། 2-1-371 ། དེ་དག་སངས་རྒྱས་བསྟན་པ་ནི། །ཟབ་མོའི་དེ་ཉིད་རྣམ་མི་ཤེས། །ཞེས་སོ། །གསུམ་པ་ལ་ མཚན་ཉིད། མཚོན་བྱ། མཚན་གཞིའོ། །དང་པོ་ནི། དོན་དམ་བདེན་པའི་མཚན་ཉིད། ཆོས་ རྣམས་ཀྱི་རང་བཞིན་སྤྲོས་བྲལ་གང་ཞིག་གཉིས་མེད་ཡེ་ཤེས་ཀྱིས་སོ་སོ་རང་རིག་པས་ཤེས་ ཀྱི་སྒྲ་རྟོག་སོགས་ཀྱི་དངོས་ཡུལ་ལས་འདས་པ་སྟེ་ཀླུས། གཞན་ལས་ཤེས་མིན་ཞི་བ་དང༌། ། སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །རྣམ་རྟོག་མེད་དོན་ཐ་དད་མིན། །དེ་དེ་ཁོ་ནའི་མཚན་ཉིད་ དོ། །ཞེས་སོ། །ཀུན་རྫོབ་ཀྱི་མཚན་ཉིད། དོན་དམ་པར་མེད་ཅིང་མ་དཔྱད་པའི་བློ་ངོ་ན་སྣང་ བའོ། །ཀུན་རྫོབ་བདེན་པའི་མཚན་ཉིད། ཀུན་རྫོབ་གང་ཞིག བག་ཆགས་བརྟན་པའི་བློ་ ངོར་གྲུབ་པ་སྟེ། བདེན་གཉིས་ལས། ཇི་ལྟར་སྣང་བ་འདི་ཁོ་ན། །ཀུན་རྫོབ་གཞན་ནི་གཅིག་ ཤོས་ཡིན། །ཞེས་སོ། །གཉིས་པ་ནི། ཡང་དག་པའི་དོན་ལ་སྒྲིབ་ཅིང་འགེབས་པས་ཡང་དག་ སྒྲིབ་པའམ་ཀུན་ནས་འགེབས་པ་སྟེ་བདེན་གཉིས་ལས། གང་ཞིག་གིས་སམ་གང་ཞིག་ལ། ། ཡང་དག་སྒྲིབ་བྱེད་ཀུན་རྫོབ་འདོད། །ཅེས་སོ། །བདེན་པ་ནི་མི་བསླུ་བར་སྣང་བའོ། །དོན་ ཡང་ཡིན་ལ་མཆོག་གམ་དམ་པ་ཡང་ཡིན་པས་དོན་དམ་མཉམ་བཞག་གི་ཡེ་ཤེས་དམ་པའི་ ཡུལ་ཡིན་པས་དམ་པའི་དོན། འཕགས་པའི་ཡེ་ཤེས་དམ་བའི་ཡུལ་དུ་བསླུ་བ་མེད་པས་དམ་ པའི་དོན་གྱི་བདེན་པ་སྟེ། ལང་གཤེགས་ལས། ཡེ་ཤེས་དམ་པ་བདག་མེད་པ། །སྣང་བ་མེད་ ལ་མི་གཟིགས་སོ། །ཞེས་དང༌། བདེན་གཉིས་ལས། བསླུ་བ་མེད་པའི་རིག་པ་དེ། །དོན་དམ་ ཡིན་ཏེ་ཀུན་རྫོབ་མིན། །ཞེས་སོ། །གསུམ་པ་ལ། དོན་དམ་ལ་དབྱེ་ན། རྣམ་གྲངས་པའི། རྣམ་གྲངས་མ་ཡིན་པའི་དོན་དམ་གཉིས་ཏེ། དང་པོ་ནི། དོན་དམ་པར་སྐྱེ་བ་མེད་པ་རང་ བཞིན་མེད་པ་ཙམ་སོགས་ཏེ། བདེན་གཉིས་ལས། སྐྱེ་བ་ལ་སོགས་བཀག་པ་ཡང༌། །དོན་ དམ་པ་དང་མཐུན་པའི་ཕྱིར། །དོན་དམ་ཡིན་པར་ཁོ་བོ་འདོད། །ཅེས་སོ། །དེས་ན་དེ་དག་ དོན་དམ་བདེན་པ་དངོས་མིན་ཏེ་མེད་དགག་ཡིན་པའི་ཕྱིར་དང་ཀུན་རྫོབ་དང་རི་བོང་རྭ་ལ་ 2-1-372 སོགས་པ་ཀུན་ཁོ་ཡིན་པའི་ཕྱིར་ཞེས་སོགས་ཤེས་པར་བྱའོ། །གཉིས་པ་ནི་དོན་དམ་དངོས་ ཏེ། ཆོས་ཉིད་དང་ཡང་དག་མཐའ་སོགས་ཏེ་འདིའི་རྣམ་གྲངས་ནི་དབུས་མཐར། སྟོང་པ་ཉིད་ དེ་མདོར་བསྡུ་ན། །དེ་བཞིན་ཉིད་དང་ཡང་དག་མཐའ། །མཚན་མ་མེད་དང་དོན་དམ་དང༌། ། ཆོས་ཀྱི་དབྱིངས་ནི་རྣམས་གྲངས་སོ། །ཞེས་སོགས་རྒྱུ་མཚན་དང་བཅས་པ་ཡོད་པས་ཤེས་ དགོས་སོ། །ཀུན་རྫོབ་ལ་དབྱེ་ན་ཡང་དག་ལོག་པ་གཉིས་ཏེ། དང་པོ་ནི་བག་ཆགས་བརྟན་ པའི་ངོར་གྲུབ་པ་བཙོ་བསྲེག་ལ་སོགས་པའི་དོན་ནུས་པ་རྣམས་ཡིན་ལ། གཉིས་པ་ནི་སྣང་ ཡང་དོན་མི་ནུས་པ་ཆུ་ཟླ་སོགས་ཏེ། བདེན་གཉིས་ལས། སྣང་དུ་འདྲ་ཡང་དོན་བྱེད་དག ། ནུས་པའི་ཕྱིར་དང་མི་ནུས་ཕྱིར། །ཡང་དག་ཡང་དག་མ་ཡིན་པའི། །ཀུན་རྫོབ་ཀྱི་ནི་དབྱེ་བ་ བྱས། །ཞེས་སོ། །དེ་འདྲའི་བདེན་གཉིས་དེ་ཡང་ཁ་ (ཆ་བ་སོགས་)ཅིག ངོ་བོ་གཅིག་ལ་ལྡོག་པ་ ཐ་དད་དུ་འདོད་པ་ནི་ངོ་བོའི་དོན། རྫས་གཅིག་པའམ། དོན་གཅིག་པ་ལ་འདོད་ན་ནི་ཆེས་མི་ རིགས་ལ་དེ་གཉིས་ཀྱི་རང་བཞིན་གནས་ལུགས་གཅིག་པ་ལ་འདོད་ན་རུང་ངོ༌། །བཀའ་ བསྟན་བཅོས་སུ་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པར་གསུངས་པའི་དེ་ན་ཁ་ (བུ་སྟོན་རིན་པོ་ཆེ་ སོགས། )ཅིག་ཚིག་སོར་བཞག་ཁོ་ནར་བཞེད་པ་ནི་དཔྱད་དགོས་པ་ཞིག་སྟེ། བདེན་གཉིས་གཞི་ གྲུབ་མིན་པར་འགྱུར་ཏེ་གཅིག་དང་ཐ་དད་གང་ཡང་མིན་པས་སོ་རྟགས་ཁས་སོ། །མ་ཁྱབ་ ན། དབུ་མ་པའི་གཅིག་དང་དུ་བྲལ་གྱི་རྟགས་ལ་སྤྱི་ཁྱབ་མེད་པར་འགྱུར་རོ། །ཀུན་རྫོབ་ བདེན་པ་ནི་དོན་དམ་ལས་གཞན་ཡིན་པར་ཐལ། ཕན་ཚུན་གཅིག་གཅིག་ཡིན་མི་སྲིད་ཅིང་ བག་ཆགས་བརྟན་པའི་སོ་སྐྱེའི་བློས་ཡོངས་གཅོད་དུ་གྲུབ་པའི་ཕྱིར། མ་ཁྱབ་ན་དོན་དམ་ ཡོངས་གཅོད་དུ་བློ་གང་གིས་ཀྱང་མ་གྲུབ་པ་འགལ། ཡང་དོན་དམ་ཡོངས་གཅོད་དུ་ཤེས་བྱ་ མིན་ (རང་སྟོང་པ་ཀུན་འདོད་)གྱི་རྣམ་བཅད་ཙམ་དུ་ཤེས་བྱ་ཡིན་ན། དོན་དམ་བདེན་པ་ཆོས་ཅན། མེད་དགག་ཡིན་པར་ཐལ། རྣམ་གཅོད་ཙམ་དུ་རྟོགས་བྱ་ཡིན་པས་སོ། །དབུ་ཚད་ཀུན་ལས་ 2-1-373 ཁྱབ་པ་ཡོད་པར་བཤད་དོ། །འཕགས་ཆེན་གྱི་མི་རྟོག་ཡེ་ཤེས་ཆོས་ཅན། དངོས་ཡུལ་དུ་གྱུར་ པའི་དོན་དམ་པ་གཅིག་མེད་པར་འགྱུར་ཆོས་ཉིད་ནི་དངོས་ཡུལ་མིན། དེ་དེ་མིན་ན་དེ་ལས་ གཞན་དེ་འདྲ་མེད་པས་སོ། །རྟགས་དང་པོ་མ་གྲུབ་ན་ཆོས་ཉིད་ཡོངས་གཅོད་དུ་ཤེས་བྱ་མིན་ པ་འགལ། ཀུན་རྫོབ་དོན་དམ་དཔྱོད་བྱེད་ཀྱི་རིགས་པས་བརྟགས་ན་མ་རྙེད་པ་ཙམ་དོན་ དམ་བདེན་པ་ཡིན་པར་འདོད་པ་ནི་སྔར་གྱི་ལུང་རིགས་ཀྱིས་ཁེགས་ལ། སྔར་དྲངས་པའི་ བདེན་གཉིས་ཀྱི་ལུང་བཞིན་ (བུ་སོགས་)ཁས་ལེན་པ་དང་ནི་ཁས་བླངས་དངོས་སུ་འགལ་ལོ། ། དེ་དག་ལ་འགལ་བ་དུ་མ་ཡོད་མོད་ཀྱི་མངས་པས་མ་སྤྲོས་སོ། །དེས་ན་ལུང་དོན་ནི་བདེན་ གཉིས་དེ་ཉིད་ཅེས་པ་ཐ་མི་དད་ཀྱི་གཅིག་ཀྱང་མིན། གཞན་ཞེས་པ་རྫས་ལོགས་ལོགས་སུ་ ཡོད་པའི་དོན་གཞན་ཡང་མིན། འོ་ན་གང་ན་ཀུན་རྫོབ་དངོས་པོ་འདི་རྣམས་དང་དོན་དམ་ བདེན་པ་གཅིག་པ་བཀག་པའི་ཐ་དད་ཡིན་ཏེ་གཅིག་དངོས་པོ་གཅིག་འཇིག་མེད་ཡིན་པས་ སོ། །ཞེས་སོགས་རྒྱས་པར་ཤེས་པར་བྱའོ། །རྒྱ་ཆེར་རྒྱ་བོད་མཁས་པས་སྔར་གཏན་ལ་ཕབ་ ཟིན་པས་བལྟས་ནས་བླང་དོར་བྱ་ཡི། རང་གིས་གླེགས་བམ་གཅིག་ལའང་བློ་རྩེ་གཏད་ས་ ལེགས་པོ་མེད་བཞིན་དུ་འདོད་མི་མང་བ་དང་གྲགས་ཆེ་བ་དང་གྲྭ་ས་སོར་སོར་སོང་བ་ལ་ སོགས་ཀྱི་རྒྱུ་མཚན་གྱིས་ཁྱི་སྐད་ལ་རྒྱུག་དང་རི་བོང་ཅལ་གྱི་རྣམ་ཐར་མི་བྱའོ། །དུས་དེང་ སང་ནི་ཚད་རྐྱང་རེའི་སྦྱོར་བ་ཆ་ཙམ་མམ་ཕར་ཕྱིན་གྱི་བསྒྲོས་རུལ་རེ་རེ་ཙམ་ལ་བྱང་ཞིང་ འདོན་པ་གོམས་པ་སྦྱོར་སྨྱོན་གྱི་བརྡ་ཆད་བྱང་རབ་ཙམ་ཡོད་པས་རང་ཡང་མཁས་པར་རློམ་ ལ་གཞན་རྨོངས་པ་དག་གིས་ཀྱང་འདི་མཁས་པའོ་སྙམ་པ་དག་ཚོགས་ནས་རྒྱལ་བའི་བཀའ་ དང་ཤིང་རྟ་ཆེན་པོ་རྣམས་ཀྱི་བཞེད་ཚུལ་ཡང་མི་ཤེས་ཕ་རོལ་གྱི་ཕྱོགས་སྔ་ཤེས་པའི་ནམ་ ཡང་མ་ལངས་བཞིན་དུ་དགག་པ་ལྟར་སྣང་གི་ཉི་མ་ཤར་ནས་གསལ་བྱེད་པའི་བཞད་གད་ བྱེད་པ་མང་བར་གྲགས་སྟེ་དེ་དག་ལ་སོགས་པ་ཡང་དག་པའི་དོན་མ་རྟོགས་པ་ཐམས་ཅད་ 2-1-374 དངོས་སམ་བརྒྱུད་པས་ཁོ་བོས་ཡང་དག་པའི་ལྟ་སྒོམ་སྤྱོད་འབྲས་ལ་འགོད་པར་གྱུར་ཅིག སྦྱོར་བ་ལ་ལོག་པར་རྟོག་པ་ནི་སྦྱིན་ (ཨཱརྱ་)སོགས་ལ་སྦྱོར་བ་སྟེ་སྤྱོད་ཅིང་ཉམས་སུ་ལེན་པ་ མེད་པར་ཐལ། (གསེར། ) སྦྱིན་པར་བྱ་བ་སྦྱིན་པོ་ལེན་ (གསེར་དངོས་)པོ་སོགས་མ་དམིགས་པ་སྟེ། དེ་དག་ཤེས་པ་མེད་པས་སྦྱིན་པ་བྱེད་པ་མེད་པས་སོ་ཞེ་ན། ལན་གསུམ་སྔར་ལྟར་སྦྱར་ནས་ བྱང་སེ་ཆོས་ཅན། དོན་དམ་པར་སྦྱིན་པ་བྱེད་པ་ཚུལ་ཁྲིམས་བསྲུང་ (གསེར་དོན་དངོས་བུ་སྟོན། )བ་མ་ དམིགས་པས་སྦྱིན་སོགས་ལ་སྦྱོར་བ་ཉམས་ལེན་མེད་པར་མི་འགྱུར་ཏེ། དོན་དམ་པར་དེ་ འདྲ་མ་དམིགས་ཡང་མ་དམིགས་པར་རྟོགས་ནས་ཕྱིན་དྲུག་སྟོང་ཉིད་སོ་བདུན་སོགས་ལ་ སྤྱོད་ཅིང་ཉམས་སུ་ལེན་པ་འཐད་པས་སོ། །(མདོ། ) བྱང་ཆུབ་ཀྱི་དོན་དུ་སྤྱོད་པས་ན་བྱང་པའི་ སྤྱོད་པ་ཞེས་བྱའོ། །ནས། གཟུགས་སྟོང་ཞེས་བྱ་བར་སྤྱོད། སོགས་རྒྱ་ཆེར་ཏེ། ཅི་ནས་ཀྱང་བློ་ རྣམ་པ་གཉིས་སུ་མི་འགྱུར་བ་དེ་ལྟར་སྤྱོད་དོ། །ཞེས་སོ། །སངས་རྒྱས་དཀོན་མཆོག་ལ་ལོག་ པར་རྟོག་པ་ནི། སངས་རྒྱས་དཀོན་མཆོག་མེད་པར་ཐལ། རྟོགས་པར་བྱ་བ་ཅི་ཡང་མེད་པས་ སོ། །ཞེ་ན། ལན་གསུམ་དང༌། ཤེས་བྱ་ཆོས་ཅན། དོན་དམ་པར་རྟོགས་བྱའི་དངོས་པོ་མེད་ པས་སངས་རྒྱས་དཀོན་མཆོག་མེད་པར་མི་འགྱུར་ཏེ། ཆོས་ཀུན་བདེན་སྟོང་གི་ཡང་དག་པའི་ དོན་ (མདོ་སོགས་)རྟོགས་པའི་ཡེ་ཤེས་མཐར་ཐུགས་ཡོད་པས་སོ། །(མདོ་སོགས། ) ཡང་དག་པའི་ དོན་རབ་ (མངོན་སུམ་དུ་)ཏུ་རྟོགས་པས་དེའི་ཕྱིར་སངས་རྒྱས་ཞེས་བྱའོ། །ཞེས་སོགས་སོ། །ཆོས་ (ལུང་རྟོགས་ཀྱི་)དཀོན་མཆོག་ལ་ལོག་རྟོག་ནི། ལུང་རྟོགས་ཀྱི་ཆོས་དཀོན་མཆོག་མེད་པར་ཐལ། དོན་ལ་མེད་པར་མིང་དུ་བཏགས་པ་ཙམ་དུ་ཟད་པས་སོ། །ཞེ་ན། སྔར་ལྟར་དང༌། ཤེས་བྱ་ ཆོས་ཅན། དོན་དམ་པར་ཆོས་ཐམས་ཅད་མིང་ཙམ་དུ་ཟད་པས་ཆོས་དཀོན་མཆོག་མེད་པར་ མི་འགྱུར་ཏེ། དེ་ལྟར་ཡིན་ཀྱང་ (མ་ནོར་བ་)དེ་བཞིན་ཉིད་དང་ཡང་དག་མཐའ་སོགས་ཀྱི་ཆོས་ དང་དོན་ (མདོ་ཨཱརྱ་སོགས་ཤན་ཏི་སོགས། )དམ་པར་ཆོས་ཐམས་ཅད་མིང་དང་མཚན་མ་ཙམ་མངོན་ 2-1-375 སུམ་དུ་རྟོགས་ཤིང་སྟོན་པའི་ཆོས་ཡོད་པས་སོ། །བྱང་ཆུབ་ནི་གང་གི་ཚིག་བླ་དགས་ལགས། དེ་ནི་མ་ནོར་བ་དེ་བཞིན་ཉིད་སོགས་དང༌། ཆོས་ཐམས་ཅད་མིང་དང་མཚན་མ་ཙམ་དུ་ རྟོགས་པར་བྱེད་དེ། དེའི་ཕྱིར་བྱང་ཆུབ་ཅེས་བྱའོ། །ཞེས་སོགས་སོ། །ཆོས་ཐམས་ཅད་ལས་ ཕུལ་དུ་བྱུང་བའི་ཕྱིར་བླ་མེད་བྱང་ཆུབ་ནི་ཆོས་དཀོན་མཆོག་གོ །ཞེས་དག་ལྡན་ནོ། །དགེ་ འདུན་དཀོན་མཆོག་ལ་ལོག་རྟོག་ནི། དགེ་འདུན་དཀོན་མཆོག་མེད་པར་ཐལ། ཕྱིའི་ (གསེར་) དོན་ཡོད་པར་མི་འཐད་པས་གཟུགས་ལ་སོགས་པར་དམིགས་པ་སྟེ་ཡུལ་བཀག་པས་སོ་ཞེ་ ན། ཤེས་བྱ་ཆོས་ཅན། ཕྱིའི་གཟུགས་ལ་སོགས་པར་དམིགས་བྱ་སོགས་དོན་དམ་པར་ བཀག་པས་དགེ་འདུན་དཀོན་མཆོག་མེད་པར་མི་འགྱུར་ཏེ། དེ་འདྲ་དོན་དམ་པར་མ་ དམིགས་པར་རྟོགས་ནས་བསྒོམ་པའི་ཐེག་ཆེན་ཕྱིར་མི་ལྡོག་ཡོད་པས་སོ། །ཆོས་གང་ཡང་ ཚོགས་སུ་འགྱུར་བའམ་འགྲིབ་པ། ནས། ཀུན་ཉོན་རྣམ་བྱང་བྱ་བའི་ཕྱིར་དེ་དམིགས་པའི་ ཚུལ་གྱིས་ཉེ་བར་གནས་པ་མ་ཡིན་ནོ། །ཞེས་པའི་དགོངས་པའོ། །ཡང་ན་དགེ་དཀོན་མེད་ པར་ཐལ། ཕྱིན་དྲུག་སོགས་ལ་མི་སྤྱོད་ན་རྒྱུ་མེད་པས་བྱང་ཆུབ་མི་ཐོབ། སྤྱོད་ན་དམིགས་ བཅས་ཀྱིས་སྤྱོད་ན་བྱང་ཆུབ་མི་ཐོབ། གཉིས་མེད་ཀྱིས་ཚུལ་གྱིས་སྤྱོད་ན་དེའི་རྒྱུའི་དགེ་རྩ་ (བྱང་ཆུབ་)མི་འཕེལ་ལོ་ཞེ་ན། ཤེས་བྱ་ཆོས་ཅན། གཉིས་མེད་ཀྱི་ཚུལ་གྱིས་དྲུག་ལ་སྤྱད་པས་ བྱང་ཆུབ་ཀྱི་རྒྱུ་མི་འཕེལ་བས་དགེ་དཀོན་མེད་པར་མི་འགྱུར་ཏེ། གཉིས་ཀྱི་ཚུལ་གྱིས་སྤྱོད་ པས་བྱང་ཆེན་གྱི་རྒྱུ་ཚོགས་མི་འཕེལ་ཡང་གཉིས་མེད་ཀྱི་ཚུལ་གྱིས་དྲུག་ལ་སྤྱད་པས་དེ་ འཕེལ་བར་འགྱུར་བས་སོ། །འདིར་སྦྱོར་ལམ་པ་ཕྱིར་མི་ལྡོག་ཡན་ལ་དགེ་འདུན་གྱི་གྲངས་ སུ་འགྲོ་ཞེས་པ་རྣམས་དག་ལྡན་ནོ། །བྱང་ཆེན་ལ་གཉིས་སུ་སྤྱོད་པའི་བློ་མེད་དེ་གཉིས་ཀྱིས་ སྤྱིན་ཕར་ལ་མི་སྤྱོད་སོགས་ (ཕྱོགས་སྔ་ལན་བཅས་)ཇི་བཞིན་ཡོད་དོ། །ཐབས་མཁས་ལ་ལོག་རྟོག་ ནི། ཐབས་མཁས་མེད་པར་ཐལ། སྦྱིན་བྱ་སྦྱིན་བྱེད་སྦྱིན་པ་སོགས་ (མདོ་དོན་)གསུམ་དུ་མི་ 2-1-376 དམིགས་པས་སོ་ཞེ་ན། བྱང་སེ་ཆོས་ཅན། དོན་དམ་པར་སྦྱིན་བྱ་སྦྱིན་བྱེད་སོགས་གསུམ་དུ་ མི་དམིགས་པས་བྱང་སེའི་ཐབས་མཁས་མེད་པ་མིན་ཏེ། དེ་ལྟར་ཡིན་ཡང་འཁོར་གསུམ་མ་ དམིགས་པས་ཕྱིན་དྲུག་ལ་སྤྱོད་པ་སོགས་ཡོད་པས་སོ། །ཁྱབ་སྟེ། དེ་དེར་འཐད་དོ། །རྣམ་ མཁྱེན་ཐོབ་པའི་ཐབས་མཁས་དེ་གང་ལགས། དེ་རྣམ་མཁྱེན་ཉིད་དང་ལྡན་པའི་ཡིད་ལ་བྱེད་ པ་དང་ལྡན་པས་སྦྱིན་པ་ལའང་སྦྱིན་པའི་འདུ་ཤེས་སུ་མི་འགྱུར། ལེན་པ་ལའང་གཏོང་བ་ལ་ ཡང༌། སོགས་སོ། །མངོན་ (ཨཱརྱ་དག་སོགས་)པར་རྟོགས་པ་ལ་ལོག་རྟོག་ (ཨཱརྱ་དག་)ནི། ཐུབ་པ་དེ་ པའི་རྟོག་ (རབ་འབྱོར་)པ་མེད་པར་ཐལ། དངོས་པོ་དངོས་མེད་དང་གཉིས་ཡིན་དང་གཉིས་མིན་ གྱི་ངོ་བོ་རྟོགས་ཤིང་ཤེས་པ་བཀག་པས་སོ། །ཞེ་ན། ཤེས་བྱ་ཆོས་ཅན། དོན་དམ་པར་དངོས་ པོར་ཡོད་མེད་གཉིས་ཡིན་གཉིས་མིན་སོགས་རྟོགས་པའི་ཐུབ་པའི་མངོན་རྟོགས་བཀག་ པས་དེའི་རྟོགས་པ་མེད་པར་མི་འགྱུར་ཏེ། དེ་ལྟར་ཡིན་ཡང་དོན་དམ་པར་མུ་བཞི་དང་བྲལ་ བའི་དངོས་པོར་ཡོད་མེད་མཉམ་ཉིད་རྟོགས་ (ཨཱརྱ་)པའི་ཡེ་ཤེས་མཐར་ཐུག་ཡོད་པས་སོ། ། (ཨཱརྱ། ) ཁྱབ་སྟེ། དེ་དེའི་རྟོགས་པས་སོ། །(ཨཱརྱ། ) ཡང་ན་ (སྔར་ལྟར་ལན་འདི་དང་མཐུན་པའི་ཕྱོགས་སྔ་བླང་ ངོ༌། །དེ་ནས། )ཆོས་ཅན། དོན་དམ་པར་དངོས་མེད་ཀྱིས་ཁོ་རང་མི་རྟོགས་དངོས་པོས་ཁོ་མི་ རྟོགས། དོན་དམ་པར་དངོས་པོས་ཁོ་རང་མི་རྟོགས་དངོས་མེད་ཀྱིས་ཀྱང་ཁོ་མི་རྟོགས་པས་ ཐུབ་པའི་རྟོགས་པ་མེད་པར་མི་འགྱུར་ཏེ། རྟགས་འདྲ་སྟེ། མདོ་ཨཱརྱ་དག་སོགས་སོ། །དངོས་ པོ་མཆིས་པའི་དངོས་པོ་མ་མཆིས་པ་མངོན་རྫོགས་རྒྱ་བར་ནུས་སམ། (རབ་འབྱོར། ) དེ་ནི་མ་ (བཅོམ་ལྡན་འདས་)ཡིན་ནོ། །མ་མཆིས་པས་མཆིས་པ། མཆིས་པས་མཆིས་པ། མ་མཆིས་པས་མ་ མཆིས་པ་རྒྱ་བར་ནུས་སམ་མིན་ནོ། །ཞེས་སོགས་ནས། མངོན་པར་རྟོགས་པ་ནི་ཡོང་ཡེ་མེད་ པ་མ་ཡིན་ཏེ་བཞི་བོས་མངོན་པར་བསྒྲུབས་པ་དེ་ལྟ་བུས་ནི་མ་ཡིན་ནོ། །(འོ་ན་ཇི་ལྟར་ཡོད་དངོས་པོ་ ཡང་མེད་དངོས་པོ་མེད་པ་ཡང་མེད་པ་དེ་ལྟ་བུ་ནི་མངོན་རྟོགས་ཏེ་དེ་ལ་སྤྲོས་པ་དེ་དག་མེད་པས། སྤྲོས་པ་མེད་ཅིང་སྤྲོས་པ་དང་ 2-1-377 བྲལ་བ་ནི་མངོན་པར་རྟོགས་པའོ། །ཞེས་སོ། ། ) ཞེས་སོགས་སོ། །ཕྱིན་ཅི་ལོག་ལ་ལོག་རྟོག་ནི། རྟག་བདེ་ བདག་སོགས་སུ་འཛིན་པ་ཕྱིན་ཅི་ལོག་མིན་པར་ཐལ། མི་རྟག་པ་ལ་སོགས་པའང་སྤྲོས་པ་ རྣམ་པར་བཞག་པའམ་སྤྲོས་པའི་རྣམ་བཞག་ཙམ་ཡིན་གྱི་དོན་དམ་པར་མ་གྲུབ་པ་ཉིད་ཀྱིས་ སོ་ཞེ་ན། ཆོས་ཅན། དོན་དམ་པར་རྟག་མི་རྟག་སོགས་མ་གྲུབ་པས་ཉེར་ལེན་ཕུང་བོ་སོགས་ རྟག་སོགས་སུ་འཛིན་པ་ཕྱིན་ཅི་ལོག་མིན་པར་མི་འགྱུར་ཏེ། དེ་ལྟར་ཡིན་ཡང་ཡང་དག་ཀུན་ རྫོབ་ཏུ་ཉེར་ལེན་ཕུང་སོགས་མི་རྟག་སོགས་ཡིན་པ་ཉིད་ཀྱིས་སོ། །ཁྱབ་སྟེ། དེ་ལྟ་ན་དེ་ལོག་ པའི་ཀུན་རྫོབ་ཡིན་པས་སོ། །ཞེས་གསེར་དོན་ནོ། །སྤྲོས་པ་གང་ལགས། གཟུགས་རྟག་ཅེས་ བྱ་བའམ་མི་རྟག་ཅེས་བྱ་བ་ནི་སྤྲོས་པའོ། །ཞེས་སོགས་རྒྱ་ཆེར་རོ། །ལམ་ལ་ལོག་པར་རྟོག་ པ་ནི། བྱང་སེ་ཆོས་ཅན། ཉན་རང་གི་ལམ་བསྒོམ་པ་མེད་པར་ཐལ། དེའི་ལམ་རྣམ་པར་ བསྒོམས་པའི་འབྲས་བུ་མངོན་དུ་མི་བྱེད་པས་སོ། །ཞེ་ན། མདོར། འབྲས་བུ་མངོན་དུ་བྱེད་ པར་འགྱུར། ཞེས་རྟགས་གསལ་གོ་བཟློག་གོ །ཆོས་ཅན། དེ་ལྟར་མི་བྱེད་པས་དེར་མི་འགྱུར་ ཏེ། ཁྱོད་ཤེས་རབ་ཀྱིས་དེ་ལྟར་བྱས་ནས་སེམས་ཅན་གྱི་སྐལ་བ་བཞིན་དུ་ཐེག་གསུམ་གྱི་ འབྲས་བུ་ལ་འགོད་ཀྱང་ཐབས་མཁས་ཀྱི་དེ་འདྲ་དེ་མངོན་དུ་མི་བྱེད་པས་སོ། །ཞེས་ཟླ་ཟེར་ ཏེ། འདིར་ཡང་དོན་དེར་རུང་ངོ༌། །བྱང་པས་ལམ་ཐམས་ཅད་བསྒྲུབས་ཤིང་བྱང་པའི་སྐྱོན་ མེད་པར་འཇུག སོགས་ནས། བཅོམ་ལྡན་འདས་དེ་ལྟ་ན་བརྒྱད་པའི་ཤུལ་ (ལམ་)བསྒྲུབས་ ཤིང་བརྒྱད་པར་མི་འགྱུར་རམ། སོགས་དང༌། (རྩོད་པ། ལན་) སེམས་དང་པོ་བསྐྱེད་པ་ནས་ཤེས་ པ་དང་མཐོང་བས་ས་བརྒྱད་ལས་འདས་ཏེ་བརྒྱད་གང་ཞེ་ན། དཀར་ས། ནས། རང་སངས་ རྒྱས་པར། སོགས་རྒྱ་ཆེར་རོ། །མི་མཐུན་ཕྱོགས་དང་གཉེན་པོ་ལ་ལོག་རྟོག་ནི། མི་མཐུན་ ཕྱོགས་དང་གཉེན་པོ་དག་མེད་པར་ཐལ། དོར་བྱ་བླང་བྱ་མེད་པས་སོ་ཞེ་ན། སྔར་ལྟར་ལན་ གསུམ་དང༌། ཆོས་ཅན། དོན་དམ་པར་བླང་དོར་མེད་པས་མི་མཐུན་ཕྱོགས་དང་གཉེན་པོ་ 2-1-378 མེད་པར་མི་འགྱུར་ཏེ། དོན་དམ་པར་སྤང་གཉེན་མེད་ཀྱང་འཕགས་པའི་ཆོས་འདུལ་བ་ (མདོ་) ཤེར་ཕྱིན་ (གནོད་འཇོམས་)སོགས་ཐེག་གསུམ་གྱི་ཆོས་ཀྱིས་འདོད་ཆགས་སོགས་སྤོང་བར་བྱེད་ པས་སོ། །འཕགས་པའི་ཆོས་དང་འདུལ་བ་ལ་བསླབ་པོ། །དེ་གང༌། ཉན་རང་བྱང་པ། དེ་པ་ རྣམས་ནི་འདོད་ཆགས་དང་ལྡན་པ་མ་ཡིན། བྲལ་བ་མ་ཡིན། ནས། སྟོབས་སོགས་འདུས་ བྱས་མ་བྱས་ཀྱི་བར་ཏེ། ལྡན་མི་ལྡན་མ་ཡིན་པས་དེའི་ཕྱིར། དེ་དག་ནི་འཕགས་པ་སྟེ། ཞེས་ སོགས་སོ། །མཚན་ཉིད་ལ་ལོག་རྟོག་ནི། ཆོས་ཀྱི་མཚན་ཉིད་མེད་པར་ཐལ། གཞི་ཆོས་ཅན་ མེད་པས་སོ། །ཡང་ན། མཚན་གཞི་མེད་པས་མཚན་ཉིད་མེད་པར་ཐལ་ཞེ་ན། སྔར་ལྟར་ ལན་གསུམ་དང༌། ཤེས་བྱ་ཆོས་ཅན། དོན་དམ་པར་ཆོས་ཅན་ནམ་མཚན་གཞི་མེད་པས་ཆོས་ ཀྱི་མཚན་ཉིད་མེད་པར་མི་འགྱུར་ཏེ། དོན་དམ་པར་མཚན་ཉིད་མེད་པའི་དབྱིངས་ཉིད་ཀུན་ རྫོབ་ཏུ་ཆོས་ཀྱི་མཚན་ཉིད་དུ་འཐད་པས་སོ། །དང་སྒྲ་ཐམས་ཅད་བསྡུ་བའོ། །གསེར་རོ། ། མཚན་ཉིད་མེད་པར་མཚན་ཉིད་གཅིག་པ་སྟེ། ནས། དེ་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་ རུང་མཚན་ཉིད་མེད་པའི་དབྱིངས་དེ་ནི་དེ་བཞིན་དུ་གནས་སོ། །ཞེས་སོགས། བསྒོམ་པ་ལ་ ལོག་པར་རྟོག་པ་ནི། ལམ་བསྒོམ་པ་མེད་པར་ཐལ། བསྒོམ་བྱ་རང་སྤྱིའི་མཚན་ཉིད་མི་འཐད་ པས་སོ་ཞེ་ན། སྔར་ལྟར་ལན་གསུམ་དང༌། བྱང་པ་ཆོས་ཅན། དོན་དམ་པར་བསྒོམ་བྱ་རང་ སྤྱིའི་མཚན་ཉིད་མེད་པས་ལམ་བསྒོམ་པ་མེད་པར་མི་འགྱུར་ཏེ། དོན་དམ་པར་བསྒོམ་བྱ་ རང་སྤྱིའི་མཚན་ཉིད་མེད་པ་ཉིད་ཀྱི་ངང་ལ་ཅིར་ཡང་མི་རྟོག་པར་འཇོག་པའི་བསྒོམ་པ་ འཐད་པས་སོ། །(མཚན་ཉིད་མེད་པའི་བསྒོམ་པ་གནང་བ་དང་ཨཱརྱའོ། ། ) མཚན་ཉིད་མེད་པ་བསྒོམ་པ་ནི་ བྱང་ཆེན་པོའི་ཡུམ་བསྒོམ་པའོ། །ཞེས་སོགས་སོ། །(བཅུ་དྲུག་རད་ཀིར་གྱི་ཚུལ་གཞན་དུ་ཕལ་ཆེར་བཤད་ དོ། ། )དེ་ལྟར་རྒྱས་པར་བྱས་ནས་རྩོད་ལན་གྱི་ཚུལ་དེ་བསྡུས་ཏེ་བསྟན་ན། ལོག་རྟོག་དེ་ (གསེར་) དག་གང་གི་ཡིན་ཞེ་ (གསེར་)ན། ལོག་པར་རྟོག་པ་བཅུ་དྲུག་པོ་དེ་སྐྱེ་བོ་བྱང་པ་བདེན་གཉིས་ 2-1-379 རྣམ་འབྱེད་དམ། མངོན་རྟོགས་བརྒྱད་ (གསེར་)དང་སེམས་མི་འགོང་བ་ལ་སོགས་པའི་ཐབས་ ལ་མཁས་པ་མི་ཤེས་པའི་རབ་ཏུ་སྨྲ་བ་སྟེ། སྒྲ་སོགས་བསྟན་བཅོས་ཤེས་པ་དང་རྩོད་པ་བྱེད་ འདོད་པའི་མཁས་པ་དང་ཐམས་ཅད་ཅེས་སྨོས་པས། དེ་རྣམས་དང་ལྷ་ཆེན་དང་ཁྱབ་འཇུག་ སོགས་དང་དེ་ལས་གཞན་གྱིའོ། །ལོག་རྟོག་དེ་བློའི་ངོ་བོ་ཇི་ཞིག་ཡིན་ཞེ་ན། དབུ་མ་པས། ཆོས་ཐམས་ཅད་རང་བཞིན་མེད་པ་དང་དམིགས་རྣམ་སོགས་ཁས་ལེན་པ་འདི་ཕན་ཚུན་ འགལ་བའི་དོན་བསྒྲུབ་པས་ན་དོན་ལ་མི་འཐད་པར་སེམས་ཤིང༌། དེ་ཉིད་ཀྱིས་ན་ལོག་པ་ ཉིད་ཡིན་པར་ཐེ་ཚོམ་གྱི་ངོ་བོ་སྟེ་ཡིད་གཉིས་སུ་གྱུར་པ་ཞིག་ (གསེར་)གོ །ཡུལ་གང་ལ་ དམིགས་ནས་ཞེ་ན། ཇི་སྐད་བཤད་པའི་བཅུ་དྲུག་པོའི་ཡུལ་ཅན་ཉིད་ཀྱིས་རྒྱུའི་རྣམ་མཁྱེན་ ཉིད་ཀྱི་རྟེན་ཏེ་ཕུགས་དེའི་དམིགས་རྣམ་སོགས་ཀྱི་ཡུལ་ཅན་ནོ། །དེས་ན་ལོག་པར་རྟོག་པ་ བཅུ་དྲུག་གོ །གསེར་གཞན་དུ་འཆད་དོ། །(མི་ལེགས། ) རྩོད་པའི་སྐོར་སོང་ནས་ལན་གྱི་སྐོར་ནི། དེ་འདྲའི་ལོག་རྟོག་བཅུ་དྲུག་ཡོད་པ་དེ་བས་ན་ཀུན་རྫོབ་དང་དོན་དམ་པའི་སྒོ་ཅན་གྱི་ཀླན་ཀ་ ནི་བདེན་གཉིས་རེ་རེ་ (ཆོས་བཤེས་)ཁོ་ན་ཚད་མར་གཟུང་སྟེ། གཅིག་ (ཀུན་དངོས་)ཤོས་སུན་བྱུང་ ནས་རྣམ་མཁྱེན་ (ཆོས་བཤེས་)མེད་པར་འགྱུར་ཞེས་རྒོལ་བ་རྣམས་ཀྱི་གོ་ (ཆོས་བཤེས་)རིམ་བཞིན་ དུ་དོན་དམ་པའི་སྒོ་ཅན་གྱི་ཀླན་ཀ་ལ་ཀུན་རྫོབ་ཀྱི་སྒོ་ནས། ཀུན་རྫོབ་སྒོ་ཅན་ལ་དོན་དམ་སྒོ་ ནས་ལན་གདབ་དགོས་ལ། སྤྱིར་འདིར་ཡང་ཀུན་རྫོབ་སྒོ་ཅན་ལ་ཀུན་ (དོན་ལ་གནས་)རྫོབ། དོན་དམ་ལ་དོན་དམ། གཅིག་ལ་གཉིས་ཀ་ (གསེར་)ལ་ལར་ཡང་དག་ (གསེར་)དང་ལོག་པའི་ ཀུན་རྫོབ་ཀྱི་ལན་སོགས་ཅི་རིགས་པ་ཡོད་དོ། །(བོད་རྣམས་ཀྱིས་མ་ཤེས། ) བོད་དག་གི་ནོར་བ་ སྦྱོར་ཕྲེང་དུ་རྒྱས་པར་བཀག་ཟིན་ཏོ། །(དེར་ངེས་པར་ལྟ་དགོས་སོ། ། ) རང་ལུགས་ནི། སྤང་གཉེན་ མེད་པར་ཐལ། བླང་དོར་མེད་པའི་ཕྱིར། ལྟ་བུ་ལ་མཚོན་ན། དབུ་མ་པས། ཆོས་ཐམས་ཅད་ རང་བཞིན་མེད་བྱས་པ་ལ། འོ་ན། རི་བོང་གི་རྭ་ལྟར་གཏན་མེད་ཡིན་པར་ཁས་ལེན་པ་ཡིན་ 2-1-380 སྙམ་ནས། བླང་དོར་མེད་པའི་ཕྱིར། ཞེས་ཟེར་བ་དེ། ཀུན་རྫོབ་སྒོ་ཅན་གྱི་ཀླན་ཀ་སྟེ། ཀུན་ རྫོབ་ཀྱི་དབང་དུ་བྱས་པའམ་ཀུན་རྫོབ་ལ་བསམས་ནས་རྩོད་པ་ལ་ཟེར་ལ། དོན་དམ་གྱི་ ལན་ནི། ཁོ་བོ་ཅག བླང་དོར་མེད་ཟེར་བ། དོན་དམ་དུ་ཡིན་གྱི་ཀུན་རྫོབ་ཏུ་མིན་པས། རྟགས་མ་གྲུབ་ཅེས་པ་ལྟ་བུའོ། །ཡང་རྩོད་པ་དེ་ལ། དོན་དམ་པར་བླང་དོར་མེད་པའི་ཕྱིར། ཞེས་ཟེར་ན། དོན་དམ་སྒོ་ཅན་ཏེ། དོན་དམ་ལ་བསམས་ནས་རྩོད་པས་སོ། །ལན་ཀུན་རྫོབ་ སྒོ་ཅན་ནི་ཁྱབ་པ་མེད་དེ། དོན་དམ་པར་བླང་དོར་མེད་ཀྱང་ཀུན་རྫོབ་ཏུ་སྤང་གཉེན་འཐད་ ཅེས་པ་ལྟ་བུའོ། །(འདི་ཡང་བོད་དག་གིས་མ་ཤེས། ) ཅི་རིགས་པར་ཤེས་པར་བྱའོ། །དེ་ལྟར་ན་བྱང་ པ་དགེ་བ་ནི་གཞན་དོན་བྱེད་ཅིང་སངས་རྒྱས་ཏེ་དེ་འདོད་པ་རྣམས་ཀྱིས་བར་ཆད་མེད་པའི་ ཏིང་ངེ་འཛིན་བསྐྱེད་པར་བྱའོ། །ཅི་ཞིག་བྱས་ནས་ཤེ་ན། ཡུལ་ (གསེར་འགྲེལ་ཆེན། )གྱི་དབྱེ་བས་ ལོག་རྟོག་མཐའ་ཡས་པས་ (གསེར་ཆོས་སུ་མེད་འགྲེལ་ཆེན། )ལན་ཡང་རྣམ་པ་སྟོང་དུ་བཏབ་པས་ བསལ་བ་ཞེས་པ་ལན་མི་ (ཆོས་བཤེས་)ཟད་པའི་དོན་ནམ། བཅུ་དྲུག་པོར་མ་ཟད་ལྷ་ཆེན་དང་ ཁྱབ་འཇུག་ (གསེར་)ལ་སོགས་རྒོལ་བ་སྟོང་སྟེ་མཐའ་ཡས་པ་བསལ་བ་སྟེ། གང་གིས་བསལ་ ན་བདེན་པ་གཉིས་ལ་རྟེན་པ་སྟེ་གཉིས་ཀྱི་གནས་ཚུལ་ལྟར་རྟོགས་པའི་ཐབས་ལ་མཁས་ པས་སོ། །དེ་འདྲ་དེ་སྔོན་དུ་འགྲོ་བའི་སྒོ་ནས་རྣམ་མཁྱེན་དང་བར་ཆད་མེད་རྩེ་དང་དེའི་ དམིགས་རྣམ་སོགས་ལ་འདི་ཡིན་གྱི་གཞན་དུ་མིན་ནོ། །ཞེས་པའི་ངེས་པ་རྣམ་པ་ཐམས་ཅད་ དུ་ཡང་དག་པར་ཏེ་བརྟན་པོ་བསྐྱེད་ནས་སོ། །བཅུ་དྲུག་ནི་གདུལ་བྱ་ཉེ་བ་ལ་ལྟོས་ནས་ བཤད་ཀྱི། (འགྲེལ་ཆེན། ) ཡུལ་གྱི་དབྱེ་བས་མཐའ་ཡས་པས་སྟོང་ (འདི་ཡན་གསེར་)ཞེས་དང་མི་ འགལ་ལོ་ཞེས་གསེར་རོ།། ༈ །། གསུམ་པ་ནི། ལྔ་པ་ཞེས་པ་དང་པོ་བཞི་དང་དྲུག་པའི་བར་གྱི་གྲངས་ཡིན་པས་སོ།། ༈ །། 2-1-381 གསུམ་པ་ལ་བཞི་སྟེ། སྐབས་ཀྱི་མཚམས་སྦྱར། རྩ་བ། འགྲེལ་པ། སྐབས་བསྡུ་བའོ། ། དང་པོ་ནི། བསྒོམ་པར་བྱེད་ཅེས་དྲང་ངོ༌། །གང་གིས་ན། རྩེ་རྟོགས་ཐོབ་པས་སོ། །གང་ ན། སོ་སོ་བ་མཁྱེན་གསུམ་དང་བསྡུས་པ། (ཁ་ཅིག་སྦྱོར་མཐོང་སྒོམ་རྩེ་སོ་སོ་བ་བར་ཆད་མེད་རྩེ་བསྡུས་པ་ཟེར་ རོ། ། ) རྣམ་ཀུན་ཉིད་དུ་ཐོས་བསམ་བསྒོམ་པས་རྟོགས་པའི་དོན་རྣམས་སོ། །གོང་དུ་མདོར་ བསྡུས་རྒྱས་དང་གི་ཐད་ཀ་དང་ལོག་རྟོག་བཅུ་དྲུག་པའི་འགྲེལ་པར། ཨཱརྱས། སོ་སོ་བ་དང་ བསྡུ་བའི་དོན་དེ་ལྟར་བཤད་པས་དེ་ནོར་ཞེས་བཅོམ་རལ་གསུང་བ་ནི། ཨཱརྱའི་འགྲེལ་པ་ མ་མཐོང་ངོ་ཞེས་གསལ་བར་བྱས་སོ། །ཆོས་བཤེས་ནི། སོ་སོའི་དོན་ནི། སྐབས་སོ་སོས་ ཇི་ལྟར་བསྟན་པ་དང་ཚོགས་ལམ་སོགས་ཀྱི་གནས་སྐབས་རེ་རེ་ལ་ཡང་རང་བཞིན་ཇི་སྙེད་ ཅིག་ཡོད་ཅེས་རྗེས་ཐོབ་ཀྱིས་རྟོགས་པའི་དོན་དང༌། བསྡུས་པའི་དོན་ནི། སྙིང་པོའི་དོན་ཆོས་ དབྱིངས་མི་རྟོག་ཡེ་ཤེས་ཀྱི་རང་བཞིན་ཏེ་མཉམ་ (དངོས་དང༌། ) བཞག་ཡེ་ཤེས་ཀྱིས་རྟོགས་པ་ རྣམས་སོ་ཞེས་སོ། །ཇི་ལྟར་ན། ཆོས་མཆོག་གི་བར་དུ་གྲངས་མེད་གཅིག་དེ་ནས་བརྒྱད་པའི་ བར་དུ་ (ཆོས་བཤེས་)གཅིག དེ་ནས་བཅུ་པའི་བར་གཅིག་སྟེ་གྲངས་མེད་གསུམ་དུ་ཡིད་ (ཆོས་ བཤེས་)ཀྱིས་གོ་རིམ་བཞིན་དུ་བླགས་པ་སྟེ་བཀོད་ (ཆོས་བཤེས་)དམ་དྲན་པ་ལ་བཞག་ནས་ (གསེར་) སོ། །ཅིའི་དོན་དུ་ན། རྟོགས་པ་བརྟན་པོར་སྟེ་འབད་མེད་ (གསེར་ཆོས་)ལྷུན་གྲུབ་ཏུ་འཇུག་པར་ བྱ་བའི་ཕྱིར་རྣམ་པར་ཏེ་སྔར་བས་ཁྱད་པར་ཅན་དུ་ (གསེར་)འོ། །བསྒོམ་པ་ནི་ཡིད་དེའི་སྐལ་བ་ ཅན་ནམ་དེའི་དངོས་པོར་བྱེད་པའོ། །དེས་ན་དེ་འདྲའི་བསྒོམ་པ་དེ་མཐར་གྱིས་པའི་མངོན་ རྟོགས་ཏེ་དེ་སྟོན་ནོ། ། གཉིས་པ་ནི། དཀར་ཆོས་བཅུ་གསུམ་གོ་རིམ་བཞིན་བསྒོམ་པའི་སྦྱོར་ལམ་ཆོས་ཅན། མཐར་གྱིས་པའི་བྱ་བ་སྟེ་སྦྱོར་བར་བཞེད་དེ། སྦྱིན་པ་ནས་དངོས་མེད་ངོ་བོ་ཉིད་ཀྱི་བར་གོ་ རིམ་བཞིན་བསྒོམ་པའི་སྦྱོར་བ་ཡིན་པས་སོ། །བར་ཞེས་པས་དྲན་ཉེར་ནས་ཡན་ལག་བརྒྱད་ 2-1-382 སྡུད་པར་གསེར་ཏེ་ནོར་བའོ། །མཐར་གྱིས་བྱ་བ་དང༌། མཐར་གྱིས་བསླབ་པ་དང༌། མཐར་ གྱིས་བསྒྲུབ་པ་རྩོམ། ཞེས་སོགས་སོ། ། གསུམ་པ་ལ། བཞེད་དོ་ཞེས་དྲང་ངོ༌། །དེ་ལ་གསུམ་སྟེ། གང༌། གང་དུ། ཇི་ལྟར་རོ། ། དང་པོ་ལ་གསུམ་སྟེ། ཕྱིན་དྲུག དྲན་དྲུག དངོས་མེད་ངོ་བོ་ཉིད་དོ། །དང་པོ་ནི། གསུམ་ དུ་རྟོག་ན་ཕར་ཕྱིན་མིན་པས་འཁོར་གསུམ་རྣམ་པར་དག་པས། ཕར་ཕྱིན་ (གསེར་)ཏུ་རབ་ཏུ་ཕྱེ་ བའི་ངོ་བོ་ཡོངས་སུ་རྫོགས་པས་རིམ་བཞིན་དུ་ས་བཅུ་ཡང་དག་པར་སྒྲུབ་པར་བྱེད་པའི་སྦྱིན་ པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་དྲུག་གོ་རིམ་བཞིན་དུ་བསྒོམ་པའི་སྦྱོར་པ་དྲུག་ནི་ཕྱིན་དྲུག་ གི་མཐར་སྦྱོར་རོ། །གལ་ཏེ་ས་བཅུ་རྫོགས་པ་ལ་ཕྱིན་བཅུ་དགོས་པར་བཤད་པ་དང་འགལ་ ཞེ་ན། སྐྱོན་མེད་དེ། ཐབས་སྟོབས་སྨོན་ལམ་ཡེ་ཤེས་ཀྱི་ཕར་ཕྱིན་བཞི་ནི་ཤེར་པའི་ནང་དུ་ འདུས་ཏེ། ཤེར་པའི་ཁྱད་པར་ནང་ཚན་ཉིད་ཡིན་པའི་ཕྱིར་ཏེ། སྔར་སྐབས་དང་དུ་བཤད་ པ་ལྟར་འདི་བཞིའི་ངོས་འཛིན་དེ་དག་ཤེར་པ་མིན་པ་ལ་མ་ཚང་ངོ༌། །ཆོས་བཤེས་ཡང་ བལྟའོ། །བདག་ཀྱང་སྦྱིན་པ་སྦྱིན་པར་བྱེད། སོགས་ནས་ཤེས་རབ་བསྒོམ། སོགས་རྒྱ་ཆེར་ རོ། །གཉིས་པ་ནི། དྲན་པ་ཉེར་བཞག་དང་སོགས་པ་སྟོབས་ལྔའི་བར་དོན་དམ་པར་དྲན་པ་ མེད་ཅིང་ཡིད་ལ་བྱར་མེད་པའི་མཚན་ཉིད་དེ་ཚུལ་གྱིས་མ་ནོར་བར་རིམ་བཞིན་དྲན་ནས་ བསྒོམ་པའི་སྦྱོར་ལམ་དྲོད་ཆོས་ཅན། ངེས་འབྱེད་ཆ་མཐུན་གྱི་སངས་རྒྱས་རྗེས་སུ་དྲན་པའི་ མཐར་སྦྱོར་ཏེ། སྤྱིར་དེ་འདྲའི་སྦྱོར་ལམ་གྱི་མཐར་སྦྱོར་ཡིན་པས་སོ། །བྱང་ཆུབ་ཡན་ལག་གི་ རྣམ་པ་ལ་ཚུལ་དེ་ལྟར་སྦྱར་བའི་མཐོང་ལམ་ནི་མཐོང་ལམ་གྱི་དང༌། འཕགས་ལམ་བརྒྱད་ལ་ དེ་ལྟར་སྦྱར་བའི་སྒོམ་ལམ་ནི་སྒོམ་པའི་ལམ་གྱི་སངས་རྒྱས་རྗེས་དྲན་གྱི་མཐར་སྦྱོར་ཏེ། དྲན་ པ་ཉེ་བར་བཞག་པ་དང༌། ནས། འཕགས་ལམ་ཡན་ལག་བརྒྱད་རྫོགས་པར་བྱེད། (མཐར་ ཡོད། ) ཅེས་སོགས་སོ། །དེ་འདྲའི་དྲན་ཉེར་བཞག་སོགས་གསུམ་པོ་དེ་གོ་རིམ་བཞིན་དུ་དྲན་ 2-1-383 ནས་བསྒོམ་པའི་མཐར་སྦྱོར་ནི་སངས་རྒྱས་རྗེས་སུ་དྲན་པའི་མཐར་སྦྱོར་རྣམ་པ་གསུམ་མོ། ། ཨཱརྱས། ཚོགས་ལམ་གྱི་བཞི་ཡང་བཤད་ (མདོ་དང་སྦྱར་ནས་)དོ། །ལམ་དྲན་པས་སངས་རྒྱས་ དྲན་པར་ཇི་ལྟར་འགྱུར་ཞེ་ན། ལམ་ཐམས་ཅད་ཆོས་སྐུའི་འཕྲིན་ལས་སུ་འཆད་པས་ལས་ ཀྱི་བྱེད་པ་པོ་དྲན་པར་བྱ་བའི་ཕྱིར་དང༌། (ཆོས་བཤེས། ) སངས་ (ཆོས་བཤེས། )རྒྱས་དེ་དང་པོ་ལམ་ ཇི་ (དངོས་)ལྟ་བུ་བརྙེས་པས་བྱང་ཆུབ་པར་གྱུར་པའི་ལམ་དང་ (ཀུན་དངོས་)བཅས་པར་དྲན་པ་ནི་ མཐའ་གཅིག་ཏུ་རབ་ཏུ་དང་བའི་རྒྱུ་ཡིན་པས་སོ། །ཞེས་ (ཡུམ་གྱི་མདོར་སངས་རྒྱས་ཀྱི་མཚན་དཔེ་སོགས་ ཅན་དུ་ཡིད་ལ་མི་བྱེད་པར་འདིར་བཤད་དོ། །སྤྱིར་ཏིང་རྒྱལ་སོགས་སུ་གསུངས་པ་ལྟར་ཡང་དྲན་པར་བྱེད་དེ། གསེར་གྱི་ཁ་ དོག་ལྟ་བུའི་སྐུ་ལུས་ཀྱིས། །འཇིག་རྟེན་མགོན་པོ་ཀུན་ཏུ་མཛེས་པ་སྟེ། །དམིགས་པ་དེ་ལ་གང་གི་སེམས་འཇོག་པ། །བྱང་ཆུབ་ སེམས་དཔའ་དེ་མཉམ་བཞག་ཅེས་བྱ། །ཞེས་སོ། །འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་ཞེས་སོགས་སོ། ། )ཆོས་བཤེས་ སོ། །དགེ་བ་ནི་ངན་སོང་ (ཆོས་བཤེས་)ལ་སོགས་པར་ལྟུང་བ་ལས་འཛིན་པས་ཆོས་མི་དགེ་བ་ དང་ལུང་མ་བསྟན་ནི། རང་གི་ (ཆོས་བཤེས་ཀྱིས་གསུམ་ག་ལ་སྦྱར་)མཚན་ཉིད་འཛིན་པས་ཆོས་སོ། ། དེ་རྗེས་སུ་དྲན་པ་ནི་དམ་པའི་ཆོས་ནི་ཐོག་མར་དགེ་བ་སོགས་དང༌། མི་དགེ་བ་ནི་སྤང་ (ཆོས་ བཤེས་)བྱར་དང༌། ལུང་མ་བསྟན་ནི་དེ་ལ་མི་འཇུག་ཅིང༌། (ཆོས་བཤེས། ) དགེ་བ་ལ་འཇུག་པར་ རམ་དེ་གསུམ་ (ཀུན་བཏུས་)བློ་ལ་རག་ལས་ཀྱི་དོན་དམ་པར་གྲུབ་པ་མེད་དོ་ཞེས་དྲན་ལ་དེ་ཡང་ དོན་དམ་པར་དྲན་པ་མེད་ཅིང་ཡིད་ལ་བྱར་ (ཆོས་བཤེས་)མེད་པའི་ཚུལ་གྱིས་དྲན་པ་སྔར་གྱི་དེ་ བཞིན་དུའོ། །(ཆོས་བཤེས། ) ཡང་བྱང་སེམས་འཕགས་པ་ཕྱིར་མི་ལྡོག་པའི་དགེ་འདུན་ནི་ཐུན་ མོང་གི་ཡོན་ཏན་ལེགས་པར་ཞུགས་པ་དྲང་བོར་ཞུགས་པ་ཞེས་སོགས་དང༌། ཐུན་མོང་མིན་ པའི་ (ཆོས་བཤེས་)ཡོན་ཏན་ནི་ཕྱིར་ (ཆོས་བཤེས་སུ་དྲངས། )མི་ལྡོག་པའི་ས་རབ་ཏུ་བརྙེས་པ་ཆོས་ཀྱི་ རྒྱལ་བོའི་སྲས་ (བཞིན་འཛུམ་ཞིང་གསོང་བོར་སྨྲ་བ་སེམས་ཅན་གྱི་བྱ་བ་ཅི་ཡོད་ཅེས་སེམས་པ་སོགས་ཤིན་ཏུ་རྒྱས་པའི་ སྡེར་གཏོགས་པའི་མདོར་བཤད་པ་ལྟར་བསྟན་པར་བྱའོ། ། )ཞེས་སོགས་སྔ་མ་བཞིན་དུ་ (ཆོས་བཤེས་ལུགས་གཅིག) 2-1-384 དོན་དམ་པར་དྲན་པ་མེད་པའི་མཚན་ཉིད་ཀྱིས་དྲན་པ་དང༌། ངེས་འབྱུང་གིའམ་ཚུལ་ཁྲིམས་ གསུམ་ནི་འགྱོད་པ་མེད་པས་ (ཆོས་བཤེས་སུ་དྲངས་)རྒྱུད་བསིལ་བར་བྱེད་པ། མཐོ་རིས་ཀྱི་ལམ་ཇི་ ལྟར་སྨོན་པའི་འབྲས་བུ་བསྒྲུབ་པ་ཞེས་ (འགྱོད་པ་མེད་པས་ཏིང་ངེ་འཛིན་བསྐྱེད་པའོ་ལྷ་དང་མིའི་སྦྱིན་པ་ཡོངས་ སུ་སྦྱོང་བའོ། ། )སོགས་དང༌། གཏོང་བ་ནི་སེར་སྣ་སྤངས་པས་སེམས་ལ་ཀུན་ཏུ་འཛིན་ (དངོས་)པ་ མེད་ཅིང་ལུས་སྲོག་སོགས་འགོད་ (ཆོས་བཤེས་)པ་སྟེ། ཡོན་ཏན་ནི་སྦྱིན་པ་ནི་མཛའ་བཤེས་ འཕེལ་པར་བྱེད། སོགས་དང་ (ཚེ་རབས་ཚེ་རབས་སུ་བདེ་བའི་རྒྱུར་གྱུར་པ་ཕ་མ་བླ་མ་ལ་མཆོད་པའི་ཡན་ལག་ཏུ་ གྱུར་པ་གཞན་ལ་རག་མ་ལས་པའི་གཙོ་བོ་ཞེས་སོགས་རྒྱ་ཆེར་སྦྱིན་པའི་མདོར་ཤེས་ཞེས་ཆོས་བཤེས། )ལྷ་ནི་འདོད་པའི་ ལྷ་རིས་དྲུག་ཏུ་སྐྱེས་པའི་རྒྱུན་ཞུགས་དང༌། གཟུགས་གཟུགས་མེད་དུ་སྐྱེས་པའི་ཕྱིར་མི་འོང་ རྣམས་སོ། །ཞེས་ཨཱརྱ་ཐུབ་དགོངས་སོ། །ཆོས་བཤེས་ནི། རྒྱལ་ཆེན་རིས་བཞི་སོགས་ཏེ་ དེ་དག་དྲན་པ་ནི་དེ་དག་ནི་དགེ་བའི་ལས་ཁྱད་པར་ཅན་ལས་གྲུབ་པ་སྟེ་བདག་གིས་ཀྱང་ སེམས་ཅན་རྣམས་ཡིད་རབ་ཏུ་དང་བར་བྱས་ཏེ་ལྷར་སྐྱེ་བ་ལ་འགོད་ཅིང་རིམ་གྱིས་ཐེག་ གསུམ་གྱི་མྱང་འདས་ལ་འགོད་པར་བྱའོ་ཞེས་དྲན་པ་དང༌། འཕགས་པ་འཇིག་རྟེན་དབང་ ཕྱུག་དང་རྗེ་བཙུན་བསྐུལ་བྱེད་མ་དང་འཕགས་ (ཆོས་བཤེས་)མ་སྒྲོལ་མ་སོགས་ཀྱི་ཡོན་ཏན་དོན་ དམ་པར་དྲན་པ་མེད་པའི་མཚན་ཉིད་ཀྱིས་དྲན་པ་སྔར་གྱི་དེ་བཞིན་དུའོ། །བོད་རྣམས་ལྷན་ སྐྱེས་པར་སྣང་རྣམ་དག་དོན་དམ་གྱི་ལྷ་བཞི་ (ལང་གཤེགས་འགྲེལ་པ་བདེ་གཤེགས་སྙིང་པོའི་རྒྱན་དུ་འདི་འདྲ་ ལ་ཁ་ཅིག་བཤད་དོ། ། )ཞེས་སོ། །དེ་ཡང་དཀོན་མཆོག་གསུམ་རྟེན། ཚུལ་ཁྲིམས་གཏོང་བ་གཞི། ལྷ་ དཔང་པོ། ཞེས་ (སྐབས་དང་པོར་)ཨཱརྱ་ཐུབ་དགོངས་སོ། །ཕྱིན་དྲུག་དང་དངོས་མེད་ངོ་བོ་ཉིད་དུ་ རྟོགས་པ་ལམ་གྱི་ངོ་བོའོ་ཞེས་ཐོབ་པོ། །གསུམ་པ་ནི། ཀུན་ལ་གྲགས་པ་གཟུགས་ལ་སོགས་ པའི་ཆོས་ཐམས་ཅད་དངོས་མེད་ངོ་བོ་ཉིད་ཆོས་དབྱིངས་ཀྱི་རང་བཞིན་ཅན་དུ་མོས་པ་ཡིད་ བྱེད་ཀྱིས་ཁོང་དུ་ཆུད་ཅིང་དེ་ཁོ་ན་ཡིད་བྱེད་ཀྱིས་རྟོགས་པ་གང་ཡིན་པའི་བཅུ་གསུམ་པོ་དེ་ 2-1-385 ནིའོ། །(མདོ་ནི་སླ་བས་མ་བྲིས་སོ། ། ) གཉིས་པ་ནི། སྐབས་དྲུག་པ་འདིར་རོ། །གསུམ་པ་ནི། མཐར་ གྱིས་པའི་བྱ་བ་སྟེ་སྦྱོར་བའམ་བསྒོམ་པར་རོ། །བཞི་པ་ནི། དྲུག་པ་ནི་དང་པོ་ལྔ་ལ་ལྟོས་ནས་ སོ།། ༈ །། བཞི་པ་ལ། གསུམ་སྟེ། སྐབས་ཀྱི་མཚམས་སྦྱར། སྐད་ཅིག་མ་རྒྱས་བཤད། སྐབས་བསྡུ་ བའོ། །དང་པོ་ནི། མཐར་གྱིས་པའི་མངོན་རྟོགས་རྣམ་པར་བསྒོམས་ (གསེར་)ཤིང་བསླབས་ པའི་རྒྱུན་མཐའ་པས་ནི་ (ཆོས་བཤེས་དོན་དངོས་)ཤིན་ཏུ་གོམས་པ་ལྷུན་གྱིས་ (གསེར་)གྲུབ་པ་མཐར་ ཐུག་པར་བྱ་བའི་ཕྱིར། སྔར་བཤད་སྦྱིན་སོགས་བཅུ་གསུམ་དེ་དག་ཉིད་བྱ་རྫོགས་ཀྱི་སྐད་ ཅིག་མ་གཅིག་གིས་སྒོམ་པའི་སློབ་ལམ་མཐར་ཐུག་ཡིན་པས་སྐད་ཅིག་གཅིག་མངོན་རྫོགས་ བྱང་ཆུབ་ཡིན་ནོ། །ཏེ་ལྷག་མ་ཅན་ནོ། །དེ་ལ་ཡང་ངོ་བོ་གཅིག་ལ་མཚན་ཉིད་ཀྱིས་ཏེ་ལྡོག་ (ཤེར་འབྱུང་)པས་ཕྱེ་བས་རྣམ་པ་བཞི་ཡོད་པས་དེ་སྟོན་ནོ། ། གཉིས་པ་ལ་བཞི་ལས། དང་ (ཤཱནྟི་རད་ཀིར་གཉིས་ཟག་པ་མེད་པའི་ཆོས་ཐམས་ཅད་སྐད་ཅིག་གཅིག་ལ་ མངོན་པར་རྟོགས་པ་ཞེས་མིང་འདོགས་སོ། །ཕྱི་མ་གཉིས་འདྲའོ། ། )པོ་རྣམ་སྨིན་མིན་པ་ལ། དོན་དགོད། དེ་ དཔེས་གསལ་བར་བསྟན་པའོ། །དང་པོ་ལ། མཚམས་སྦྱར་ནི། བཞིའི་དང་པོ་ཕྱི་རོལ་རྒྱུ་རྐྱེན་ གྱིས་འདུས་མ་བྱས་པས་ (གསེར་དངོས་)རྣམ་སྨིན་མ་ཡིན་པ་ཟག་པ་ཉོན་མོངས་མེད་པའི་ཆོས་ ཐམས་ཅད་ནི་ལམ་བདེན་ཏེ། [མངོན་པར། ཟག་མེད་ལམ་གྱི་བདེན་པ་དང༌། །ཞེས་པས། ] འདིར་ལམ་གྱི་བདག་ཉིད་ཀྱི་སྦྱིན་སོགས་ཐམས་ཅད་སྐད་ཅིག་གཅིག་ལ་རྟོགས་པའི་མཚན་ ཉིད་ནི་སྐད་ཅིག་སོགས་སོ། །གསེར་རོ། །ཆོས་བཤེས་ནི། རྣམ་སྨིན་གསུམ་སྟེ། ས་དང་པོ་ལ་ འཇིག་རྟེན་ལས་འདས་པར་རྣམ་པར་སྨིན་པ། ས་བརྒྱད་པ་ལ་མཚན་མ་མེད་པར་རྣམ་པར་ སྨིན་པ། སངས་རྒྱས་ས་ལ་བསམ་གྱིས་མི་ཁྱབ་ཅིང་ལྷུན་གྱིས་གྲུབ་པར་རྣམ་པར་སྨིན་པ་སྟེ། དེ་དག་ཏུ་ཆོས་ཐམས་ཅད་སྔ་མ་ལས་མི་འདྲ་བར་སྨིན་པས་རྣམ་སྨིན་ནོ། །འདིར་རྣམ་སྨིན་མ་ 2-1-386 ཡིན་པ་ནི་མཐོང་ལམ་སྐྱེས་ (གཉིས་སུ་འདི་བྱུང་ལ་ལར་མ་སྐྱེས་པ་ཞེས་སོ། ། )པའི་སྐྱེས་བུའི་གཟུང་འཛིན་ གྱིས་བསྡུས་པའི་ཆོས་ཇི་སྙེད་སྣང་བ་དེ་ཐམས་ཅད་དོ། །དེ་དག་གི་ངོ་བོ་ཟག་མེད་མིན་ཀྱང་ (དོན་)དེ་དག་གི་རང་བཞིན་ཟག་མེད་ཡིན་ལ་འདིར་ཟག་པ་ནི་རྟོག་པ་དང་ཉོན་མོངས་གཉིས་ ཀའོ། །ཞེས་སོ། །དེ་དགོངས་པར་མི་སྣང་སྟེ་འགྲེལ་པ་འདི་དང་འགལ་ཞིང༌། རད་ཀིར་ གྱིས། ཟག་མེད་ཆོས་ཀུན་ནི་སངས་རྒྱས་ཀྱི་ཟག་མེད་ཀྱི་ཆོས་སྦྱིན་སོགས་དང་མཚན་དཔེ་ དང་མཛད་པའི་བར་རོ། །ཞེས་པས། ལས་ཉོན་གྱི་རྣམ་སྨིན་མིན་པའི་སངས་རྒྱས་སའི་ཟག་ མེད་ཅེས་སྦྱར་རོ། །རྩ་བ་ནི། ཐུབ་པ་རྒྱུན་མཐའི་རྟོགས་པ་འདི་ནི་ཆོས་ཅན། རྣམ་སྨིན་མིན་ པའི་སྐད་ཅིག་གཅིག་པའི་སྦྱོར་བ་སྟེ། རྣམ་སྨིན་མིན་པའི་སངས་རྒྱས་སའི་སྦྱིན་སོགས་ཟག་ མེད་ཡེ་ཤེས་གཅིག་མངོན་དུ་གྱུར་པ་ (ནི་ཐོབ་པ་ལ་ཟེར་རོ། ། )ན་དེ་ཐམས་ཅད་ཅིག་ཅར་མངོན་དུ་ བྱེད་པའི་སྦྱོར་བ་མཐར་ཐུག་ཡིན་པས་སོ། །རྟགས་གྲུབ་སྟེ། སངས་རྒྱས་སའི་རྣམ་སྨིན་མིན་ པའི་སྦྱིན་སོགས་ཟག་མེད་རེ་རེས་ཀྱང་དེ་འདྲའི་ཟག་མེད་ཀུན་བསྡུས་པའི་ཕྱིར་ཞེས་ཤེས་ པར་བྱའོ། །ཤེར་ཕྱིན་གྱིས་ཟིན་པའི་སྦྱིན་པ་ནས་དཔེ་བྱད་བརྒྱད་ཅུའི་བར་ཡོངས་སུ་འཛིན། ཅེས་སོགས་དང༌། སྦྱིན་པའི་ཕར་ཕྱིན་དེར་ཕར་ཕྱིན་དྲུག་འདུས་པར་བྱས་ཤིང༌། སོགས་སོ། ། (གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་ཡོ་བྱད་བསམས་པ་ཙམ་གྱིས་འབྱུང་བཞིན་དུ་བསམས་པ་ཙམ་གྱི་རྫོགས་ཞེས་སོ། ། ) འགྲེལ་པ་ལ། རྩ་བར་ཐུབ་པ་ཞེས་པ་རྒྱུན་མཐའི་བྱང་པའི་རྟོགས་པ་ནི་མཚན་གཞི། རྣམ་ སྨིན་མིན་པའི་སྐད་ཅིག་མ་སོགས། བྱའོའི་བར་རོ། །མཚན་ཉིད་རྩ་བའི་རྟགས་དེའོ། །དེའི་ (རྟགས་སམ་མཚན་ཉིད། )རྒྱུ་མཚན་ཅི་ན། རྒྱུན་མཐའ་པས་དམིགས་པར་བྱ་བ་སྟེ་མངོན་དུ་བྱ་བའི་ (རད་ཀིར་ལེགས་)སངས་རྒྱས་སའི་སྦྱིན་པ་ལ་སོགས་པའི་ཡེ་ཤེས་སྐད་ཅིག་མ་གཅིག་པོ་དེས་ སངས་རྒྱས་སའི་སྦྱིན་སོགས་ནས་དཔེ་བྱད་བརྒྱད་ཅུའི་བར་གྱི། མཚན་ཉིད་ཀྱི་ཆོས་རྣམས་ བསྡུས་པའི་ཕྱིར། སྡུད་པའི་རྒྱུ་མཚན་ནི། སྦྱིན་བྱ་ལ་སོགས་ (གསེར་)པའི་དངོས་པོ་སོ་སོར་ 2-1-387 ངེས་པར་འཛིན་པའི་ཕྱིན་ཅི་ལོག་སྟེ་འཁོར་གསུམ་དུ་འཛིན་པ་དང་བྲལ་བའི་ཡེ་ཤེས་མཐར་ ཐུག་ཡིན་པས་སོ། །ཡང་ན་དྲི་མ་ཀུན་ (ཆུ་མིག་)བྲལ་ལམ་རིན་པོ་ཆེ་ནི་སོ་སོར་ངེས་པ་བདེན་ པ་དང་བྲལ་བར་གཅིག་པར་རྟོགས་པ་ལ་འཆད་དོ། །གཅིག་གིས་མང་བོ་སྡུད་པ་མི་འཐད་ དེ། མང་བོས་གཅིག་སྡུད་པས་སོ་ཞེ་ན། (བུ་སྟོན་རིན་པོ་ཆེ་གསུང༌། ) མང་བོས་གཅིག་བསྡུས་པ་ འབའ་ཞིག་ཏུ་མ་ཟད་ཀྱི་འོན་ཀྱང་གཅིག་གིས་མང་བོ་བསྡུས་པའང་ཡོད་དེ། འཕགས་པ་ ལྷའི་ལུགས་ལས། ཆོས་དབྱིངས་ཀྱི་ངོ་བོར་ཏེ་དེར་ཐམས་ཅད་འདུས་པར་བཤད་པས་སོ། ། ཇི་སྐད་དུ་དངོས་པོ་གཅིག་ཀྱང་དངོས་པོ་ཀུན་གྱི་ངོ་བོ་སྟེ་ཆོས་ཉིད་དུ་འདུ་ལ། དངོས་པོ་ ཀུན་ཡང་དངོས་པོ་གཅིག་གི་ངོ་བོ་ཉིད་དེ་ཆོས་ཉིད་དུ་འདུ་བའི་ཕྱིར་བློ་གང་གིས་དངོས་པོ་ གཅིག་གི་དེ་བཞིན་ཉིད་མཐོང་བ་དེ་ཡིས་དངོས་པོ་ཀུན་གྱི་ཆོས་ཉིད་དེ་བཞིན་ཉིད་མཐོང་ངོ་ ཞེས་འབྱུང་བའི་ཕྱིར། འདིར་སྐབས་དང་སྒྲིག་པས་དེ་སྐད་བཤད་པར་ཟད་ཀྱི་དོན་ཅུང་མིན་ ནོ། །(ཀུན་ལ་གྲགས་པས་སླའོ། ། ) གཉིས་པ་ལ། མཚམས་སྦྱར་ནི། ཡང་ཞེས་སོགས་སོ། །བསྡུས་པ་ཞེས་པ་མངོན་དུ་བྱས་ པའོ། །རྩ་བ་ནི། ཇི་ལྟར། ནས། འགུལ་བ་ལྟར་རྒྱུན་མཐར་སངས་རྒྱས་སའི་སྦྱིན་སོགས་ གཅིག་མངོན་དུ་བྱས་ན་དེ་ཉིད་ཀྱི་སྐད་ཅིག་གཅིག་ལ་དེ་ཀུན་ཤེས་པ་སྟེ་མངོན་དུ་བྱེད་པའང་ དེ་བཞིན་ནོ། །འགྲེལ་པ་ནི། དཔེར་ན། ནས། དེ་བཞིན་དུ་སངས་རྒྱས་སའི་ཟག་མེད་ཡེ་ ཤེས་གཅིག་དམིགས་སམ་མངོན་དུ་བྱས་ན་དེའི་སྐད་ཅིག་མ་གཅིག་ཁོ་ན་ལ་དེ་དང་རིགས་ མཐུན་སོགས་སོ། །དེའི་རྒྱུ་མཚན་ནི། སྐད་ཅིག་གཅིག་པའི་ཤེས་རབ་ཀྱིས་ཆོས་ཀུན་མངོན་ དུ་བྱེད་པར་གྱུར་ཅིག་པའི་སྔོན་ (སློབ་དཔོན་ན་རེ་)གྱི་སྨོན་ལམ་གྱི་འཕེན་པ་ (ཨཱརྱ་)རྫོགས་པ་དང་ ཆོས་ཀུན་གྱི་ཆོས་དབྱིངས་གཅིག་ཡིན་པས་མཐུས་སོ། །གཉིས་པ་ལ། མཚམས་སྦྱར་ནི། དེ་ ལྟར་སྐད་ཅིག་དང་པོ་བསྟན་ནས་གཉིས་པ་ (ཤནྟིས་དགེ་བའི་ཆོས་ཐམས་ཅད་ཅེས་རད་ཀིར། དཀར་པོས་ཆོས་ 2-1-388 ཐམས་ཅད་སྐད་ཅིག་གཅིག་རྟོགས་ཞེས་དག་ལྡན་མིང་དུ་འདོགས་སོ། ། )རྣམ་པར་སྨིན་པའི་ཆོས་ཉིད་ཀྱི་གནས་ སྐབས་ནི། ས་བརྒྱད་ (དག་ལྡན་)པ་ཡན་ནམ་སྔར་བཤད་འཕགས་པའི་རྣམ་སྨིན་གསུམ་ཞེས་ ཆོས་བཤེས་ཏེ་དེ་འདྲའི་ཟག་པ་མེད་པར་སོགས་སོ། །འདིར་གནས་གྱུར་ནི་ཆོས་དབྱིངས་ དྲི་བྲལ་དུ་གྱུར་གྱི་གནས་ཀུན་གཞི་གྱུར་མ་གྱུར་ལས་འདོད་པ་མི་རིགས་ཏེ། ཀུན་གཞིའི་ རྣམ་ཤེས་མེད་ཅིང་ཆོས་དབྱིངས་ལ་དགོངས་ནས་ཀུན་གཞིའི་རྣམ་ཤེས་བསྟན། ཅེས་ཆོས་ བཤེས་ཏེ་དགག་ཡུལ་བཟང་ངོ༌། །རྩ་བ་ལ། རྒྱུན་མཐའི་ཡེ་ཤེས་ཆོས་ཅན། རྣམ་པར་སྨིན་ པའི་སྐད་ཅིག་མའི་ཤེར་ཕྱིན་ཡིན་ཏེ། གང་ཚེ་རྣམ་སྨིན་ཡིན་པའི་ཆོས་དཀར་ཐམས་ཅད་ཀྱི་ རང་བཞིན་གཅིག་མངོན་དུ་གྱུར་པ་དེའི་ཚེ་རྣམ་སྨིན་གྱི་ཆོས་ཉིད་ཀྱི་གནས་སྐབས་སུ་སྐྱེས་ པའི་ཟག་མེད་ཀུན་སྐད་ཅིག་གཅིག་ལ་མངོན་དུ་བྱེད་པའི་ཡེ་ཤེས་ཡིན་པས་སོ། །(སྔར་རྩ་འགྲེལ་ གསུམ་ལ་དགོད་དོ། ། ) རྣམ་སྨིན་ལས་བྱུང་བའི་བྱང་ཆུབ་ཀྱི་ལམ་དེས་ལམ་གྱི་རྣམ་པ་ཤེས་པ་ཉིད་ ལ་སྤྱོད་ཅིང་ཆོས་ཐམས་ཅད་ཀྱི་ཡོངས་སུ་རྫོགས་པ་ཐོབ། ནས། རྣམ་མཁྱེན་འཐོབ། ཅེས་ སོགས་སོ། །འགྲེལ་པ་ལ། རྒྱུན་མཐའི་ཡེ་ཤེས་ནི་ཆོས་ཅན། ཤེར་པ་རྣམ་སྨིན་ཡིན་པའི་ སྐད་ཅིག་སོགས་སོ། །རྟགས་ནི། གང་གི་ཚེ་རྣམ་པར་བྱང་བའི་ཕྱོགས་ཟག་མེད་རྣམ་སྨིན་གྱི་ ཆོས་ཉིད་ཀྱི་གནས་སྐབས་དཀར་བའི་ངོ་བོ་ཉིད་དུ་སྐྱེས་པ་གཅིག་མངོན་དུ་གྱུར་པ་དེའི་ཚེའི་ སྐད་ཅིག་མ་གཅིག་ཁོ་ན་ལ། ནས། རྣམས་མངོན་སུམ་དུ་རྟོགས་པའི་ཕྱིར། དཀར་བའི་རྒྱུ་ མཚན་ཅི་ཞེ་ན། ཆོས་ཅན། རྣམ་པར་དཀར་བའི་ངོ་བོ་ཉིད་ཡིན་ཏེ། བྱང་པས་གཟུང་འཛིན་ དུ་ཞེན་པ་སོགས་ཀྱི་གཉེན་པོ་གྲངས་མེད་གསུམ་དུ་བསྒོམས་པས། སྤང་བྱ་མི་མཐུན་ཕྱོགས་ ཀྱི་དྲི་མ་དེ་འདྲ་དེ་ཐམས་ཅད་དང་བྲལ་བས་སོ། །དཔེར་ན། ནམ་མཁར་ས་རྡུལ་སོགས་ཀྱི་ དྲི་མ་ཐམས་ཅད་དང་བྲལ་བས་སྟོན་མཁའི་ཟླ་བའི་འོད་ཆེས་དཀར་བ་བཞིན་དུའོ། །ཡང་ ན་རྟོགས་བྱའི་ཡུལ་ལ་སྦྱར་རོ། །གསེར་ནི། གཟུང་འཛིན་དུ་ལྟ་བ་སོགས་དྲི་མ་དང་བྲལ་ 2-1-389 ཞེས་ཏེ་གོང་མ་དང་ཟློས་སོ། །གསུམ་པ་ལ། མཚམས་སྦྱར་ནི། དེ་ལྟར་སོགས་སོ། །རྩ་བ་ ལ། རྒྱུན་མཐའི་ཡེ་ཤེས་ཆོས་ཅན། མཚན་ཉིད་མེད་པའི་སྐད་ཅིག་མ་ཡིན་ཏེ། ཆོས་གཅིག་ བདེན་པའི་མཚན་ཉིད་མེད་པ་ཉིད་རྟོགས་པ་ན་དེའི་སྐད་ཅིག་མ་ནི་གཅིག་ཁོ་ན་ལ་ཆོས་ རྣམས་ཐམས་ཅད་བདེན་པའི་མཚན་ཉིད་མེད་པ་ཉིད་དུ་རང་གིས་རྟོགས་པས་སོ། །དེ་ལྟར་ རྟོགས་པའི་རྒྱུ་ཅི་ན། ཆོས་ཅན། དེ་ལྟར་མངོན་དུ་བྱེད་ནུས་པའི་རྒྱུ་མཚན་ཡོད་དེ། ཕྱིན་ཅི་མ་ ལོག་པའི་རྒྱུ་ཆོས་ཀུན་རྨི་ལམ་དང་ (དྲི་ཟའི་གྲོང་ཁྱེར་སོགས་མདོར་ཡོད། )འདྲ་བར་གནས་པ་སྟེ་རྟོགས་ ནས་ངོ་བོའི་རྒྱུ་སྦྱིན་ལ་སོགས་པ་དྲུག་ལ་གྲངས་མེད་གསུམ་སོགས་སུ་སྤྱོད་པ་ཡི་རྒྱུ་མཚན་ གྱིས་སོ། །ཆོས་ཐམས་ཅད་མཚན་ཉིད་མེད་པར་ཤེས་པས་ཕར་ཕྱིན་དྲུག་མཚན་ཉིད་མེད་ པར་ཤེས་སོགས་སོ། །འགྲེལ་པ་ལ། རྡོར་ཏིང་རྟོགས་ཤིང་ཐོབ་པའི་གནས་སྐབས་ན་ཆོས་ ཅན། སྦྱིན་པ་ལ་སོགས་པའི་ངོ་བོ་ཉིད་གཅིག་མཚན་ཉིད་མེད་པར་ངེས་པར་རྟོགས་པའི་ རྣམ་པ་ཅན་གྱི་ཡེ་ཤེས་སྐད་ཅིག་མ་གཅིག་ཁོ་ནས་ཆོས་ཐམས་ཅད་ནི་བདེན་པའི་མཚན་ཉིད་ མེད་པའོ་ཞེས་ཀུན་ཉོན་རྣམ་བྱང་ངོ་བོའི་ཆོས་རྣམས་ཀུན་བདེན་པའི་མཚན་ཉིད་མེད་པ་ཉིད་ དུ་ཤེས་པའི་རྒྱུ་མཚན་ཡོད་དེ། སྔོན་གྲངས་མེད་དུ་ཆོས་ཐམས་ཅད་བདེན་མེད་རྨི་ལམ་ལྟ་ བུར་གོམས་པས་ཉེ་བར་ལེན་པ་ནི་འདོད་འདུན་ (ཀུན་བཏུས་མཛོད་)ནམ་ཉོན་མོངས་དང་བཅས་ པའི་ཕུང་ཁམས་སྐྱེ་མཆེད་ལ་སོགས་པ་དོན་དམ་པར་རྨི་ལམ་གྱི་ངོ་བོ་ཉིད་དུ་གྱུར་པའི་ཆོས་ རྣམས་ལ་དམིགས་ཏེ་སྦྱིན་སོགས་ཕྱིན་དྲུག་སྒྲུབ་པས་གནས་ཏེ་ཚོགས་གཉིས་ཉམས་སུ་མྱོང་ བར་བྱས་ནས་ཏེ་དེའི་རྒྱུ་མཚན་གྱིས་སོ། །(ཅུང་སྦྱོར་ཚུལ་ལེགས་སོ། ། ) དེས་ན་དེ་ལྟར་ཤེས་པས་ན་ དེ་ལྟར་ཤེས་པའི་ཡེ་ཤེས་དེ་མཚན་ཉིད་མེད་པའི་སྐད་ཅིག་མ་གཅིག་སོགས་སོ། །བཞི་པ་ ལ། མཚམས་སྦྱར་ནི། དེ་ལྟར་སོགས་ཏེ་གཟུང་འཛིན་གཉིས་སུ་མེད་སོགས་སོ། །རྩ་བ་ལ། རྒྱུན་མཐའི་ཡེ་ཤེས་ཆོས་ཅན། གཉིས་སུ་མེད་པའི་སྐད་ཅིག་མ་ཡིན་ཏེ། རྨི་ལམ་གྱི་རྟ་གླང་ 2-1-390 སོགས་དང་ནི་དེ་མཐོང་བ་སྟེ་རྨིས་པའི་ཤེས་པ་ཉིད་དེ་གཉིས་གཟུང་འཛིན་གཉིས་ཀྱི་ཚུལ་དུ་ ཁྱོད་ཀྱིས་མི་མཐོང་བ་ལྟར་དུ་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་གཟུང་འཛིན་གཉིས་སུ་མེད་པར་ སྐད་ཅིག་གཅིག་གིས་མཐོང་བས་སོ། །རྨི་ལམ་མི་མཐོང་རྨི་ལམ་རྨི་བ་མི་མཐོང་ངོ༌། །སོགས་ སོ་ནས། ཡུམ་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །ཞེས་སོགས་སོ། །ཟླ་ཟེར་དུ། སད་པ་ལ་ཐ་དད་དུ་མི་མཐོང༌། ཞེས་ཏེ་དགོངས་པ་མིན་ནོ། །འགྲེལ་པ་ལ། རྒྱུན་མཐའི་བྱང་ པ་ཆོས་ཅན། གང་གི་ཚེ་གཟུང་བ་དང་འཛིན་པའི་ཚུལ། ནས། དེའི་ཚེ་ཆོས་ཐམས་ཅད་ཀྱང་ དེ་ལྟ་བུའི་ཆོས་ཉིད་གཉིས་མེད་ཡིན་ནོཞེས་རྟོག་སྟེ་ཡུན་རིང་མོ་གྲངས་མེད་ཞིག་ནས་བསྒོམ་ པའི་དུས་བར་ཆད་མེད་པར་གཟུང་འཛིན་གཉིས་སྣང་བ་སྤོང་བའི་གཉེན་པོ་ལ་གོམས་པ་ ངང་དུ་གྱུར་པས་གཉིས་སྣང་གི་བག་ཆགས་ཕལ་ཆེར་དྲུངས་ཕྱུང་བའི་ཕྱིར་རོ། །དེས་ན་རྒྱུན་ མཐའི་ཡེ་ཤེས་ཆོས་ཅན། གཉིས་སུ་མེད་པའི་སྐད་ཅིག་མ་སོགས་སོ། །ཆོས་གཅིག་གཉིས་ མེད་དུ་རྟོགས་པ་ན་ཆོས་རྣམས་ཀྱི་ནས། རྟོགས་པ་ནའོ། །གསུམ་པ་ནི། དང་པོ་དྲུག་ལ་ལྟོས་ ནས་བདུན་པའོ།། ༈ །། དེ་ལྟར་མཁྱེན་གསུམ་སྦྱོར་བཞིས་བསྒོམས་པའི་འབྲས་བུ་ཆོས་སྐུ་ལ་གསུམ་སྟེ། སྐབས་ (ཆོས་བཤེས་ཀྱིས་སྐབས་དང་དུ་བཤད། )ཀྱི་མཚམས་སྦྱར། ཆོས་སྐུའི་ཡན་ལག་རྒྱས་བཤད་དངོས། སྐབས་ བསྡུ་བའོ། །དང་པོ་ནི། སྐད་ཅིག་མ། སོགས་ནས། བཞི་ཡོད་པ་ཡིན་པས་རིམ་བཞིན་སྟོན་ ནོ། ། གཉིས་པ་ལ་གཉིས་ཏེ། རང་དོན་གྱི་དབྱེ་བ། གཞན་དོན་གྱི་དབྱེ་བའོ། །ཞེས་ཤེར་འབྱུང་ ངོ༌། །དང་པོ་ལ་བཞི་སྟེ། ངོ༌། ཆོས། རྫོགས། སྤྲུལ་ལོ། ། དང་པོ་ལ། མཚམས་སྦྱར་ནི། དང་པོ་ནི་གྲངས་ཀྱིའམ་གཙོ་བོ་ཡིན་པས་མཆོག་གི་དོན་ གྱིས་སོ། །ཆོས་ཅན་ཁྱད་པར་ཅན་རྣམས་ཀྱི་ངོ་བོ་སྟེ་ཆོས་ཉིད་ཡང་ཡིན་སྐུ་ཡང་ཡིན་པ་དེ་ 2-1-391 སྟོན་ཏོ། །རྩ་བ་ལ། སངས་རྒྱས་པའི་སྐབས་ཀྱི་ཐུབ་པའི་ངོ་བོ་ཉིད་ཀྱི་སྐུ་ནི་མཚན་ཉིད་ཅན་ ཏེ་མཚོན་བྱའོ། །ཟག་པ་མེད་པའི་ཆོས་བརྒྱ་ཞེ་བཞི་བོ་གང་དག་ཐོབ་པར་གྱུར་པའི་སྐྱེས་ བུའི་སེམས་ཀྱི་ཆོས་ཉིད་རང་བཞིན་གྱིས་དག་པ་ལ་གློ་བུར་དྲི་མའི་རྣམ་པ་ཀུན་གྱི་རྣམ་པར་ དག་པ་གང་ཞིག བརྒྱ་ཞེ་བཞི་སོགས་དེ་དག་གི་རང་བཞིན་དུ་གདོད་ནས་གནས་པ་ནི་དེའི་ མཚན་ཉིད་དེ། བུདྡྷ་ཤྲཱིའི་དོན་དངོས། ཡང་ན་སྦྱོར་ཕྲེང་ལྟར་རོ། །ཟག་པ་མེད་པའི་ཆོས་རྨི་ ལམ་ལྟ་བུ་དངོས་པོ་དང་མི་ལྡན་པ་དངོས་པོ་མེད་པའི་རང་བཞིན་ཅན་རང་གི་མཚན་ཉིད་ ཀྱིས་སྟོང་པ་རྣམ་པ་ཐམས་ཅད་དུ་རྣམ་པར་དག་པར་གྱུར་པ་དེ་དག་ཐམས་ཅད་ཀྱི་རང་ བཞིན་གང་ཡིན་པ་མཚན་ཉིད་གཅིག་པོ་འདི་ལྟ་སྟེ། མཚན་ཉིད་མེད་པ་ན་དེ་པའོ། །ཞེས་སོ། ། འགྲེལ་པ་ལ། ངོ་བོ་ཉིད་སྐུ་དངོས་བསྟན། སྐུ་བཞིའི་གཅིག་དང་ཐ་དད་བསྟན་པའོ། ། དང་པོ་ནི། ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ངོ་བོ་ཉིད་ཀྱི་སྐུ་ནི་ཤེས་སྤངས་ གཉིས་ཀྱི་ཆོས་ཉིད་དག་པ་གཉིས་ལྡན་ཏེ། དེ་ལ་ཡེ་ཤེས་ནི། སངས་རྒྱས་སའི་ཡེ་ཤེས་ཀྱི་ བདག་ཉིད་དྲན་ཉེར་བཞག་སོགས་ཆོས་ཅན། ཟག་མེད་ཡིན་ཏེ། འཇིག་རྟེན་ལས་འདས་ ཤིང་འདས་པའི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་སྟེ་གཉིས་མེད་ཡེ་ཤེས་ཡིན་པ་ཉིད་ཀྱིས་སོ། ། སྤངས་པ་ནི། སྒྲིབ་གཉིས་ཀྱི་དྲི་མ་རྣམས་བློ་བུར་བ་ཉིད་ཀྱིས་ཕྱི་ནང་གི་རྣམ་པ་ཐམས་ཅད་ དུ་རྣམ་པར་དག་ཅིང་གདོད་ནས་རང་བཞིན་གྱིས་དབེན་པའི་མཚན་ཉིད་དུ་གྱུར་པ་སྟེ་དེ་ལྟ་ བུའི་ཤེས་སྤངས་གང་དག་ཡིན་པ་དེ་དག་གི་རང་བཞིན་ནམ་ངོ་བོ་ཉིད་དོ། །དེ་གང་ན་ (གསེར་ )སྐྱེ་བ་མེད་པའི་ངོ་བོ་སྟེ་གཉིས་ (གསེར་)མེད་ཡེ་ཤེས་ཀྱི་ (གསེར་)བདག་ཉིད་འདི་ནི་ (གསེར་)ཐུབ་ པའི་ངོ་བོ་ཉིད་སྐུ་ཡིན་ནོ་ཞེས་གོང་མ་དང་སྦྱར་རོ། །ཞེས་གསེར་ཏེ། འོན་ཀྱང་ཟག་མེད་དང་ གློ་བུར་དྲི་བྲལ་སོགས་ཀུན་དྲན་ཉེར་སོགས་ལ་སྦྱར་ནས་དེའི་རང་བཞིན་ཡིན་ཞེས་གསེར་ 2-1-392 འཆད་དོ། །མདོར་ན་རྣམ་པར་དག་ཅིང་ལྷུན་གྱིས་གྲུབ་ལ་ཡོན་ཏན་རྫོགས་པའོ། །ཞེས་བུདྡྷ་ ཤྲཱིའོ། །ངོ་བོ་ཉིད་ཡིན་པའི་ (གསེར་)རྒྱུ་མཚན་ནི། ངོ་བོ་ཉིད་སྐུ་ཆོས་ཅན། ཕྱི་ནང་གི་མུ་སྟེགས་ འདོད་པ་ལྟར་ལམ་གྱིས་བསྐྱེད་པར་བྱས་ (སུས་ཀྱང་ཞེས་ཆོས་བཤེས། )ནས་ཐོབ་པ་ནི་མ་ཡིན་ཏེ། རྒྱུ་ རྐྱེན་གྱིས་བཅོས་མ་མ་ཡིན་པའི་ (ངོ་བོ་ཉིད་དང་ལྷན་གཅིག་སྐྱེས་པ་དང་མ་བཅོས་པ་ནི་རྣམ་གྲངས་སོ་ཞེས་ཆོས་བཤེས་སོ། ། )དོན་ གྱིས་སོ། །(གསུམ་པ་འདི་ནི་བཏགས་སོ་ཞེས་ཆོས་བཤེས་སོ། ། ) སྐུ་དེ་ཡང་རབ་དགའ་སོགས་འཇིག་རྟེན་ ལས་འདས་པའི་ (གསེར་ནི་མངོན་རྟོགས་བརྒྱད་ཅེས་)ལམ་གྱིས་ (ཆོས་བཤེས་ཀྱི་ལུགས་གཅིག)དྲི་མ་ཐམས་ ཅད་མེད་པར་བྱས་པས་ཐོབ་པའི་བྲལ་འབྲས་ཡིན་གྱི་དངོས་པོ་མིན་ནོ། །དེ་ལམ་གྱི་ (གསེར་) འབྲས་བུ་ཡིན་པས་ངོ་བོ་ཉིད་དུ་མི་འགྲུབ་པོ་ཞེ་ན། (གསེར། ) དམིགས་བྱ་སོགས་ཆོས་ཀུན་རང་ བཞིན་གྱིས་སྟོང་པར་ཤེས་པའི་རྣམ་ཤེས་ཏེ་ (ནི་ཐོས་བསམ་སྒོམ་པའི་ཤེས་རབ་དང་)བློ་སྒྱུ་མ་ལྟ་བུས་ དྲན་ (ནི་དོན་དམ་པར་མེད་ཀྱང་ཀུན་རྫོབ་ཏུ་དོན་བྱེད་པ་མི་འདོད་པས་སོ་ཞེས་ཆོས་བཤེས། )བཞག་ (གསེར་)སོགས་ ཆོས་ཐམས་ཅད་རྟོགས་ཤིང་མཐོང་བ་མཐར་ཕྱིན་པས་དེ་ཐོབ་པ་ཡིན་པས་ལམ་གྱི་འབྲས་ བུར་བཞག་གི་ངོ་བོ་མ་བཅོས་པ་ཡིན་ནོ། །བརྗོད་པར་བྱ་བ་མང་སྟེ་བཞག་གོ །གཉིས་པ་ནི། སྐུ་ (ཅི་སྐུ་གསུམ་པོ་ངོ་བོ་ཉིད་ཀྱི་སྐུ་ལས་གཞན་ཡིན་ནམ་མ་ཡིན་ཞེ་ན་ཅེས་གསེར། )ལྷག་མ་གསུམ་པོ་ཆོས་ཅན། ངོ་ བོ་ཉིད་སྐུ་དེ་དང་རྫས་ཐ་མི་དད་དེ། དེ་ཁྱེད་ཀྱི་ཆོས་ཉིད་ཡིན་པས་སོ། །ཁྱབ་སྟེ་མཁས་པའི་ ལུགས་བརྒྱད་ (གསེར་ནི་རིགས་པའི་བསྟན་བཅོས་ལས་ཞེས་པའང་ནོར་ལ་བུ་རིན་མདོ་རྒྱན་ཞེས་པའང་ནོར་རོ། ། ) སྟོང་ དོན་བསྡུའི་འགྲེལ་པར་དྲངས་པ་ལས། སྟོང་ཉིད་ཅེས་བྱ་ཤེས་པ་ལས། །གཞན་ནི་འགའ་ ཡང་ཡོད་མིན་ཏེ། །གང་ཕྱིར། སོགས་སོ། །སྟོང་ཉིད་རྣམ་ཤེས་ལས་རྫས་གཞན་མེད་པ་གང་ གིས་ཕྱིར་ན་གཉིས་ཀྱིས་དབེན་པའི་སྟོང་ཉིད་དེ་དེས་དབེན་གྱུར་རྣམ་ཤེས་ལས་ཐ་མི་དད་པ་ སྟེ་ལོགས་པའི་རྫས་མིན་གྱི་དེའི་རང་བཞིན་ཡིན་པར་འདོད་པར་རིགས་ (དེ་ལྟ་མིན་ན་གཉིས་སྟོང་ པ། །རྣམ་ཤེས་མིན་པ་ཐལ་འགྱུར་ཞིང༌། །གཉིས་མེད་པ་ལས་ལྡོག་པ་ནི། །གཉིས་ཀྱི་བདག་ཏུ་ཐལ་བར་འགྱུར། །དེར་འགྱུར་ 2-1-393 དེ་བཞིན་ཉིད་རང་བཞིན། །བཅོམ་ལྡན་འདས་ཉིད་ཡིན་པར་བརྗོད། །རིག་བྱ་རིགས་བྱེད་དངོས་པོ་ནི། །རྣམ་ཤེས་ཉིད་ལ་ཡང་ དག་རྟེན། །ཞེས་སོ། ། )ཞེས་སོགས་འབྱུང་བའི་ཕྱིར་རོ། །དེ་ཡང་ཆོས་ཅན། བྱིས་པ་སོ་སྐྱེས་བསྡུས་ པའི་སྣང་བ་ཁོ་ན་མིན་ (ཆོས་བཤེས་དོན་དངོས་)ཏེ། ཡང་དག་པའི་ཀུན་རྫོབ་ (ཏུ་སྣང་བ་ནི་ཏིང་ངེ་འཛིན་གྱི་ ཤེས་པའི་ཡུལ་ལོ། །ཞེས་གསེར། )འཇིག་རྟེན་ལས་ (ཆོས་བཤེས་)འདས་པའི་ཡེ་ཤེས་ཀྱི་རྗེས་ཐོབ་དག་ པའི་སྣང་བ་ (སྣང་བ་ཞེས་པ་སྣང་བ་ཙམ་མིན་གྱི་བདེན་དངོས་མིན་པར་བསྟན་པ་ཆོས་བཤེས་སོ། ། )ཉིད་ཡིན་པས་སོ། ། (ཆོས་བཤེས། ) དེ་ (རྟགས་)ཅིའི་ཕྱིར་ཞེ་ (ཆོས་བཤེས་)ན། དེ་ཡིན་ཏེ། དོན་དམ་པར་ཆོས་ཉིད་ཀྱི་ངོ་ བོ་དེ་ (ནི་ཡང་དག་པར་ན་ཡུལ་ཡུལ་ཅན་མེད་པས་གཟུང་བ་སོགས་མེད་པའི་ཕྱིར་གཉིས་མེད་ཀྱི་བདག་ཉིད་ཅེས་གསེར། ) ཉིད་གདུལ་ (ཀུན་དངོས་)བྱ་རྣམས་ལ་ཇི་ལྟར་མོས་པས་རབ་ཏུ་ཕྱེ་བ་ (འོ་འདི་ཉིད་ཀྱི་དོན་གསལ་བར་བྱ་ བ་ནི་སངས་རྒྱས་དང་ཞེས་སོགས་ཏེ་ཞེས་གསེར་རོ། ། )ཉིད་དུ་སྣང་བས་སོ་གདུལ་བྱ་གང་ཞེ་ (ཆོས་བཤེས། )ན། རྟོགས་པ་ཆོས་སྐུ་སངས་རྒྱས་ཀྱི་ཡུལ་དུ། ལོངས་སྐུ་བྱང་པའི་ཡུལ། སྤྲུལ་སྐུ་ཉན་ཐོས་དང་ སོགས་པ་སོ་སྐྱེ་ལས་དག་ལ་སོགས་པའི་སྤྱོད་ཡུལ་ལོ། །དེས་ན་དེ་གསུམ་ཆོས་ཅན། ངོ་བོ་ ཉིད་སྐུ་དང་རྫས་ཐ་མི་དད་དམ་འབྲལ་མི་རུང་ཀྱང་ཁྱེད་གསུམ་རྫས་ཐ་དད་པར་བཞག་ (པ་ནི་ དེའི་མཐུའི་བྱེ་བྲག་གི་ཐ་དད་པ་ལྟར་སྣང་བའི་དབང་གིས་སོ་ཞེས་ཆོས་བཤེས་སོ། ། )གོ །ཀྱང་རིམ་བཞིན་གདུལ་བྱ་ དེ་གསུམ་གྱི་སྤྱོད་ཡུལ་དུ་གྱུར་པའི་དངོས་པོ་སོ་སོ་ཡིན་ནོ་ཞེས་བསྟན་པའི་ཕྱིར། གསུམ་པོ་ ཐ་དད་པའི་དཔེར་བུམ་སྣམ་བཞིན་ཞེས་གསེར་རོ། །(དཔྱད་པར་བྱ་བ་མང་ངོ༌། ། ) གཉིས་པ་ལ། ངོ་བོ་སྤྱིར་བསྟན། (རལ་གྲི་བུ་སྟོན་)དེའི་ཁྱད་པར་བཤད། གནས་སྐབས་ཆ་ ལ་རྩོད་པ་སྤང་བའོ། །དང་པོ་ལ་གཉིས་ཏེ། སྐུ་བཞི་པར་བསྟན། སྐུ་གསུམ་དང་བཞིའི་རྣམ་ བཞག་དགོད་པའོ། །དང་པོ་ལ། མཚམས་སྦྱར་ནི། དེ་ལྟར་ (ཟག་པ་ནི་ཁ་ཅིག་ཏུ་ཉོན་མོངས་ལ་བྱ་སྟེ་ཟག་ པ་ཟད་པ་ཞེས་པ་ལྟ་བུའོ། །ཁ་ཅིག་རྣམ་རྟོག་ལ་བྱས་ཏེ་ཟག་པའི་དབང་གིས་དེའི་ཉོན་མོངས་རྣམས་སྐྱེ་ཞེས་པ་ལྟ་བུའོ། །ཆོས་ བཤེས་སོ། ། )སོགས་ཏེ་མཚན་ཉིད་སྔར་བཤད་དོ། །རྩ་བ་ནི། མཐར་ཕྱིན་པའི་བྱང་ཆུབ་ཕྱོགས་ 2-1-394 མཐུན་སོ་བདུན་ལ་ཆོས་སྐུར་བརྗོད་ཅེས་སོགས་རེ་རེ་ཡང་སྦྱར་ཞིང་བསྡོམས་ན་དང་སྒྲས་ བསྡུས་པའི་ལམ་ཤེས་སོགས་མཐར་ཐུག་པ་དེ་རྣམས་ཀྱི་ཚོགས་ནི་སྐུ་བཞི་པ་ཆོས་ཀྱི་སྐུ་ཞེས་ བརྗོད་པ་ཡིན་ནོ་ཞེས་སྦྱར་རོ། །ཆོས་བཤེས་ཀྱིས། སྐུ་བཞིར་བཞག་ཚེ་ཆོས་ཅན་གྱི་སྐུ་ལ་ ཆོས་སྐུ། གསུམ་དུ་བཞག་ཚེ་ཆོས་ཉིད་ཀྱི་སྐུ་ལ་ཆོས་སྐུར་བྱའོ། །ཞེས་སོ། །ཟླ་ཟེར་དུ། ཆོས་ ཀྱི་སྐུ་སྟེ་ཚོགས། ཞེས་དང༌། དག་ལྡན་དུ། ཆོས་ཉིད་ཀྱི་སྐུར་བརྗོད། ཅེས་དང༌། རད་ཀིར། ཆོས་ཀྱི་ཕུང་བོར་བརྗོད་ཅེས་འཆད་དོ། །ཟག་པ་མེད་པའི་ཆོས་དེ་དག་གང་ལགས། བཀའ་ སྩལ་པ། བྱང་ཕྱོགས་སོ་བདུན་དང༌། ཞེས་སོགས་སོ། །འགྲེལ་པ་ལ། སྔར་བཤད་པའི་དྲན་ པ་སོགས་དང༌། སྔ་མ་འཇུག་སྒྲུབ་ཏུ་བཤད་པ་བཞིན་དུ་བྱམས་སོགས་དང༌། ལམ་ཤེས་ཀྱི་ རྣམ་པར་བཤད་པའི་ནང་གཟུགས་ཅན་སོགས་དང༌། ཟད་པར་ལ་བདུན་ཏེ། དབྱེ་བ། རྟེན། སྦྱོང་ཚུལ། གྲུབ་པའི་ཚད། མཚན་མ། བྱེད་པ། སྐྱེ་མཆེད་གཞན་ལ་ཟད་པར་མི་འཇོག་པའི་ རྒྱུ་མཚན་ནོ། །དང་པོ་ནི། ས་དང༌། སོགས་ནས། བཅུ་དང་ངོ༌། །ངོ་བོ་ཞི་ལྷག་ཏུ་ཐོགས་མེད་ (ཀུན་བཏུས་)དང༌། མཛོད་དུ། (བརྒྱད་མ་ཆགས་ཞེས་)བརྒྱད་མ་ཆགས་པའི་དགེ་བ། ཕྱི་མ་གཉིས་ནི་ གཟུགས་མེད་ཀྱི་ནམ་མཁའ་རྣམ་ཤེས་དག་པ་བར་བཤད་ (གཉིས་ནི་གཟུགས་མེད་དག་ཅེས་སོ། ། )དོ། ། གཉིས་པ་ནི། མཛོད་སོགས་སུ་བསམ་གཏན་བཞི་པའི་དངོས་གཞི་དག་པ་བ་ལ་བརྟེན་པར་ བཤད་དེ། བསམ་གཏན་མཐའ་ན། ཞེས་སོ། །ཨཱརྱས། རྟོག་དཔྱོད་ཞི་བས་བསམ་གཏན་ གཉིས་པ་ལ་བརྟེན་པར་བཤད་དོ། །གསུམ་པ་ནི། དང་པོ་ནི་སྦྱོང་ཚུལ་ཏེ་ (ཨཱརྱ་དོན། )སའི་སྦྱོང་ ཚུལ་ནི་བསམ་གཏན་ལ་བརྟེན་ནས་དམིགས་རྟེན་ (མ་བཤད་པས་འདི་རུང་ངམ་དཔྱད། )མེད་པར་སྦྱོར་ བའི་དུས་སུ་སས་ཁྱབ་པར་ (ཨཱརྱའི་དོན་)མོས་པའི་ཡིད་བྱེད་སྔོན་དུ་བཏང་ནས་དངོས་གཞིའི་ དུས་སུ་ས་ཞེས་པའི་མིང་ཙམ་ལ་དམིགས་ནས་གོམས་པར་བྱེད་པའོ། །(སྔར་མ་གོམས་པའི་ལས་ དང་པོ་བ་ལ། ཨཱརྱ། ) གཞན་དགུའི་རིམ་བཞིན་ (ལྷུང་བཟེད་མཁར་གཞོང་སོགས་)སྣོད་ཆུ་གཙང་མོས་ 2-1-395 བཀང་ (ནམ་མཁའ་ནས་བབས་པའམ་རས་སོགས་ཆུ་ཚགས་ལས་གཙགས་པ་ཨཱརྱ། )བ་དང༌། མེ་འབར་བ་འཐུག་ པོ་དང་བུ་ག་ (ཨཱརྱ་རྒྱས་པར་དྲངས་)སོགས་ནས། རླུང་ལུས་ལ་རེག་པ་ (ཨཱརྱ་)དང༌། ཚོན་སྔོན་པོ་སེར་ དམར་དཀར་བོས་དཀྱིལ་འཁོར་བྱས་པ་དང་ (ཨཱརྱ་)མཐོ་ (ཨཱརྱ་)གང་སོར་བཞི་པའི་བུ་ག་ནམ་ མཁའ། བུམ་ (ཨཱརྱ་)ནང་དུ་མར་མེ་བཞག་པའི་འོད་རྩིག་ (ཨཱརྱ་)ངོས་ལ་ཕོག་པའི་སྣང་བ་ (ཨཱརྱ་) རྣམས་དམིགས་རྟེན་དུ་བྱས་ཏེ། (སྔར་བསྒོམས་པ་གོམས་པ་ལ་གཞན་དུ་ཨཱརྱས་བཤད་དོ། ། ) བསམ་གཏན་ ལ་བརྟེན་ནས་ཆུ་ལ་སོགས་པས་ཐམས་ཅད་ལ་ཁྱབ་པར་ (ཐམས་ཅད་སའོ་ཆུའོ། །ཞེས་ཡིད་ལ་བྱེད་པ་ལ་ ཟེར་རོ། ། )མོས་པ་ཡིད་བྱེད་སྔོན་དུ་བཏང་ནས་དངོས་གཞིའི་དུས་སུ་ཆུ་ལ་སོགས་པའི་ (ཨཱརྱ་) མིང་ཙམ་ལ། (བརྒྱད་པ་ཙམ་ལ་སེམས་བཞག་ནས་ཞེས་ཨཱརྱ། ) དམིགས་ནས་གོམས་པར་བྱེད་པའོ། ། བཞི་པ་ནི། དེ་ལྟར་གོམས་པས་སྔར་དམིགས་རྟེན་དུ་བྱས་པའི་རིགས་མཐོང་བ་ན་ཇི་ལྟར་ མོས་པ་བྱས་པ་བཞིན་དུ་ས་ལ་སོགས་པས་ཡུལ་ཐམས་ཅད་ལ་ཁྱབ་པར་སྣང་བའོ། །(ཨཱརྱ་དོན། )ལྔ་པ་ལ། ཆུའི་ (ཨཱརྱ་)འཛིན་པའི་མཚན་མ་ནི་ཆུ་ལྦུ་བ་དང་ཆུ་བུར་དང་འདྲེས་པའི་ (ཨཱརྱ་)གཡོ་ བའི་རྣམ་པ་ཅན་དང༌། སྣང་བའི་མཚན་མ་ནི་ནམ་མཁའ་ལ་གནས་པའི་ནོར་བུའི་རླུང་ཡབ་ ལྟ་བུ་མི་གཡོ་བའི་ (ལྟ་བུ་དང་ནོར་བུའི་རང་བཞིན་གྱི་མེ་ལོང་གི་དཀྱིལ་འཁོར། )རྣམ་པ་ཅན་དུ་གྱུར་ནས་ གནས་པ་དང༌། མེ་སོགས་ཀྱི་ (ཨཱརྱས་དོན་)མཚན་མ་གཉིས་རིམ་བཞིན། མེ་ཆད་ཅིང་ཆད་ཅིང་ ལྟུང་བ་ལྟ་བུར་གཡོ་བར་གནས་པ་དང་དུ་བ་འཐུལ་བར་སྣང་བ་སོགས་སོ། །(ཨཱརྱ། ) ནམ་ མཁའ་ལ་གནས་བའི་ལྭ་བ་དམར་བོ་ཟླུམ་པོ་ (གསེར་གྱི་རླུང་ཡབ་ཀ་བ་ལྟ་བུར་སོགས་ལྟ་བུར་)མི་གཡོ་ བར་གནས་པའོ། །ཡང་འོ་མ་བསྐོལ་བ་ཕོག་པའི་རླངས་པ་འཐུལ་བ་ལྟ་བུ་དང་འདུག་པ་ བཞིན་མི་གཡོ་བའོ། །ཡང་སྔོན་པོ་སོགས་བཞི་ལ་མེ་ཏོག་གེ་སར་དང་སྡོང་བུ་མེད་པ་སྔོན་པོ་ སོགས་ལྟ་བུ་ (ས་ལས་འབྱར་བ་ལྟ་བུར་སྣང་)དང༌། ཟད་པར་ཀྱི་དཀྱིལ་འཁོར་ལས་འཕགས་ནས་ ནོར་བུའི་རླུང་ཡབ་ལྟ་བུར་ནམ་མཁའ་ལ་སྣང་བའོ། །རྩིག་པའི་མཐའ་ལ་སོགས་པ་དང་ 2-1-396 བཅས་པར་བུ་ག་དང་འདྲ་བར་ (ནམ་མཁའ་ཅུང་ཟད་ཙམ་དུ་སྣང་བར་)གྱུར་ལ་བསྐྱེད་ཀྱང་མི་འཕེལ་པ་ དང༌། (དམིགས་པས་ཁྱབ་པར་མོས་ཀྱང་ཁྱབ་པར་མི་སྣང་བའོ། ། ) ནམ་མཁའི་དཀྱིལ་འཁོར་ལྟར་གྱུར་ནས་ ཉེ་བར་གནས་ཤིང་བསྐྱེད་ན་འཕེལ་བ་དང་སའམ་རྩིག་ (ཨཱརྱ་)པར་སྐྱེས་པའམ་འབྱར་བའི་ དཀྱིལ་འཁོར་དང་འདྲ་བར་གྱུར་པ་དང་སྣང་བའི་ཚོགས་སྟུག་པོ་རབ་ཏུ་དྭངས་པ་དང་འདྲ་ བའོ། །(ཀུན་ཨཱརྱ། ) སའི་མཚན་མ་མ་བཤད་དོ། །དྲུག་པ་ནི། (དེ་དག་གྲུབ་པ་ན། ) རིམ་པ་ལྟར་ཆུ་དང་ ནམ་མཁའ་ལ་སོགས་པར་སྤྲུལ་ནས་རྐང་བའི་འགྲོ་ (གཅིག་ཏུ་གྱུར་ཅིང་མང་བོར་འགྱུར་)སོགས་དང༌། ས་ལ་བྱི་འཛུལ་བྱེད་ (སྟེང་དུ་འབྱུང་ཆུའི་ཆར་འབེབས་པ་དང་རི་བོ་སོགས་ཆུ་བོ་དང་རྒྱ་མཚོར་སྤྲུལ་ཀུན་ཨཱརྱ། )སོགས་ དང༌། ཤི་དུས་ལུས་སྲེག་སོགས་དང༌། རླུང་ལྟར་མགྱོགས་པར་འགྲོ་ (རླུང་གི་ཆར་འབེབས་)སོགས་ དང༌། གཟུགས་སྔོན་པོར་སྤྲུལ་བ་དང་མུན་པར་བྱེད་སོགས་དང༌། གཟུགས་སེར་བོར་སྤྲུལ་ བ་དང་གསེར་སོགས་སུ་བྱེད་པ་དང༌། དམར་པོར་སྤྲུལ་སོགས་དང༌། དཀར་པོར་སྤྲུལ་བ་ དང་གཉིད་རྨུགས་རིང་དུ་བྱེད་སོགས་དང༌། (སྒྲིབ་པ་རྣམ་འབྱེད། )ས་དང་རི་སོགས་ཀྱི་ནང་ནམ་ མཁར་སྤྲུལ་ནས་སྤྱོད་ལམ་བྱེད། རྩིག་སོགས་ལ་ཐོགས་ (ཨཱརྱ་)མེད་དུ་འགྲོ་སོགས་དང༌། གཟུགས་གསལ་བ་དང་གཉིད་རྨུགས་རྒྱང་རིང་དུ་བྱེད་སོགས་སོ། །(མུན་པ་འཇིག ལྷའི་མིག་གིས་ ཡུལ་སྣང་བར་བྱེད། ) བདུན་པ་ནི། གཟུགས་མེད་ཅི་ཡང་སྲིད་རྩེ་ལ་མི་བཞག་སྟེ་འདི་གྲུབ་པ་ན་ སྣང་བའི་མཚན་མ་གསལ་བོ་སོགས་གསལ་བ་དགོས་པ་ལ་དེ་གཉིས་ཧ་ཅང་སེམས་ནང་དུ་ བསྡུས་ཤིང་མི་གསལ་བས་སོ། །དབང་བོ་ལྔ་ལ་མི་བཞག་སྟེ་ཕྱི་རོལ་དུ་སྤྲོ་མི་ནུས་པས་སོ། ། དྲི་རོ་ལ་མི་བཞག་སྟེ་གཟུགས་སུ་སྤྲོ་མི་ནུས་པས་སོ། །སྒྲ་ལ་མིན་ཏེ་རྒྱུན་མེད་པས་སོ། ། ཨཱརྱས། རྒྱུན་མི་འཆད་པར་ཁྱབ་པར་སྤྲོ་བས་ན་ཟད་པར་གྱི་སྐྱེ་མཆེད་དོ། །ཞེས་པས་སོ། ། འདི་སྒྲ་བཤད་ཡིན་ནོ། །མདོར་ན་ས་ལ་སོགས་པར་མོས་པའི་རྣམ་པ་བར་མེད་ཅིང་ མཚམས་མེད་པར་རྒྱས་པར་བྱེད་པས་ན་ཟད་པར་གྱི་སྐྱེ་མཆེད་དོ། །ཟད་པར་ནི་མཐའ་དག་ 2-1-397 གོ །ཉན་རང་རང་དོན་དུ་བསྒོམ་ཞིང་རང་ལ་གྲུབ་པོ། །(གསུངས་ཡང་ཕལ་ཆེ་བ་སྟེ་གཞན་ལ་ཡང་སྟོན་པར་ གསུངས་སོ་ཞེས་རལ་གྲིའོ། ། ) བྱང་པ་གཞན་དོན་དུ་བསྒོམས་ཞིང་གཉིས་ཀ་ལ་གྲུབ་པོ། །འདིར་ནི་དེ་ མཐར་ཕྱིན་པའི་དབང་གིས་མཐའ་དག་པར་སྤྲུལ་ནུས་ཤིང་གཞན་ལ་སྣང་བར་བྱེད་པའི་ཡེ་ ཤེས་མཐར་ཐུག་སོགས་སོ། །ཟིལ་གནོན་བརྒྱད་ནི། བདག་རྐྱེན་བསམ་གཏན་བཞི་པའི་ དངོས་གཞི་ལ་བརྟེན་ནས་ནང་རང་ལ་གཟུགས་ཅན་དུ་འདུ་ཤེས་པས་ཕྱི་རོལ་ཀྱི་གཟུགས་ ཆུང་ངུ་ཁ་དོག་བཟང་ངན་རྣམས་ལ་བལྟ་ཞིང་གཟུགས་དེ་དག་ཟིལ་གྱིས་མནན་ནས་ཤེས་ ཟིལ་གྱིས་མནན་ནས་མཐོང་བའི་ཟིལ་གནོན་ནི་ཟིལ་གནོན་དང་པོའོ། ། དེ་བཞིན་དུ་ཕྱིའི་ གཟུགས་ཆེན་པོ་ལ་སྦྱར་བ་གཉིས་པ། (དེ་གཉིས་གཟུགས་ཅན་གཟུགས་ལ་ལྟ་བའི་རྣམ་ཐར་ལས་བརྒྱུད་པའི་ཟིལ་ མནོན་ནོ། ། ) ནང་གཟུགས་མེད་པར་འདུ་ཤེས་པས་སོ་སོར་ཆུང་ངུ་ལ་སྦྱར་བ་གསུམ་པ། ཆེན་པོ་ ལ་སྦྱར་བ་བཞི་པ་སྟེ་བཞི་དང༌། ཆུང་ངུ་བཅུད་ཀྱི། (ཀུན་བཏུས། ) བཟང་ངན་ལྷ་མིའི། (ཀུན་བཏུས། ) ཆེན་པོ་སྣོད། (ཁྱིམ་དང་རི་གཞལ་ཡས་ཁང་སོགས་ཞེས་སྙིང༌། ) བཟང་ངན་ནི་ (སྡུག་མི་སྡུག་ཅེས་སྙིང་མཆོག་) མཛེས་མི་མཛེས་ཤེས་པ་ཞི་གནས་ཀྱིས། (ཀུན་བཏུས་དོན་ཨཱརྱ་དངོས། ) མཐོང་བ་ལྷག་མཐོང་གིས་ སོ། །(ཀུན་བཏུས་ཨཱརྱ་དངོས། ) དང་པོ་གཉིས་ (ཀུན་བཏུས་དོན་རྒྱལ་སྲས། )གཟུགས་ཅན་གཟུགས་ལ་ལྟ་ བའི་རྣམ་ཐར་ (གྱིས་སྒྲུབ་ཅེས་སྙིང་མཆོག་གོ །)ཁྱད་པར་ཅན་དུ་གྱུར་པའི་རྒྱུན་ཕྱི་མའོ། །ཕྱི་མ་གཉིས་ གཟུགས་མེད་ (ཀུན་བཏུས་དོན་རྒྱལ་སྲས། )གཟུགས་ལྟ་བའིའོ། །(སྔར་ལྟར་སྦྱར་རོ། ། ) ནང་གཟུགས་མེད་ པར་འདུ་ཤེས་པ་དག་ཁོ་ནས་ཕྱི་རོལ་ཀྱི་གཟུགས་སྔོན་པོ་ཁ་དོག་སྔོན་པོ་སྔོན་པོར་ལྟ་བུར་ སྟོན་པ་འོད་སྔོན་པོ་འབྱུང་བ་རྣམས་ལ་ལྟ་སྟེ། དཔེར་ན། ཟར་མའི་མེ་ཏོག་གམ་ཡུལ་ཝ་ར་ན་ སིའི་རས་ཕུན་སུམ་ཚོགས་པ་སྔོན་པོ། ཁ་དོག་སྔོན་པོ་སྔོན་པོ་ལྟ་བུར་སྟོན་པ། འོད་སྔོན་པོ་ འབྱུང་བ་དེ་བཞིན་དུ་ནང་གཟུགས་མེད་པར་འདུ་ཤེས་པས་ཕྱིའི་སྔོན་པོ་སོགས་ལ་ལྟ་ཞིང་ (བཞི་ཁར་ཐོན། )དེ་དག་ཟིལ་གྱིས་མནན་ནས་ཤེས་ཟིལ་གྱིས་མནན་ནས་མཐོང་སྟེ་དེ་ལྟར་འདུ་ 2-1-398 ཤེས་པ་འདི་ནི་ལྔ་པའོ། །དེ་བཞིན་དུ་སེར་བོ་དོང་ཁའི་མེ་ (ཀར་ནི་ཀ་བཙུན་གྲོལ་)ཏོག་དང་རས་ དང་སྦྱར་བ་དྲུག་པ། དམར་བོ་བན་ངྷུ་ཛི་བ་ཀའི་མེ་ཏོག་དང་རས་དང་སྦྱར་བ་བདུན་པ། དཀར་བོ་སྐར་མ་བ་ཝ་སངས་དང་རས་དང་སྦྱར་བ་བརྒྱད་པའོ། །དེ་ལ་སྔོན་པོ་ནི་བསྟན་ པའོ། ། (ཨཱརྱ་བཙུན། ) ཁ་དོག་སྔོན་པོ་ནི་ལྷན་སྐྱེས་སོ། །(ཨཱརྱ་བཙུན། ) སྔོན་པོ་ལྟར་སྟོན་ནི་སྦྱོར་བྱུང་ (གྲོལ་སྡེ་གཉིས་ཀ་)འོད་སྔོན་འབྱུང་བ་ནི། དེ་གཉིས་ཀ་འོད་འཕྲོ་ཞིང་ (གྲོལ་སྡེ་གཉིས་ཀ་)མདངས་ གསལ་བའོ། །མེ་ཏོག་ལྷན་སྐྱེས། རས་ (གྲོལ་སྡེ་གཉིས་ཀ་)སྦྱར་བའི་དཔེ། ཟིལ་གྱིས་མནན་ནས་ ནི་དབང་བསྒྱུར་ (གྲོལ་སྡེ་གཉིས་ཀ་)ནས་སོ། །དེ་ལྟར་འདུ་ཤེས་པ་ནི། ཟིལ་གྱིས་ནོན་ནམ་མ་ནོན་ ཡང་རུང་སྟེ་མངོན་པའི་ང་རྒྱལ་གྱི་འདུ་ཤེས་མེད་པའོ། །(གྲོལ་སྡེ་གཉིས་ཀ) དེ་བཞི་ནི། (གཅིག་གིས་ རིག་པར་བྱའོ་ཞེས་ཀུན་བཏུས། ) ཁྱད་པར་ (རྒྱལ་སྲས་)སྡུག་པའི་རྣམ་ཐར་ལས་བརྒྱུད་པའི་རྒྱུན་ཕྱི་མ་ ཁྱད་པར་བའོ། །དེ་ལ་རྣམ་ཐར་གྱིས་དམིགས་པ་ལ་མོས་པར་བྱེད། (ཀུན་བཏུས། ) ཟིལ་གནོན་ གྱིས་དམིགས་པ་ལ་དབང་བསྒྱུར། (རམ་ཟིལ་གྱིས་མནན་ནས་ཞེས་ཀྱང་ཀུན་བཏུས། ) ཟད་པར་གྱིས་ དམིགས་པས་ཁྱབ་པར་བྱེད་ཅིང་རྣམ་ཐར་རྣམས་རྫོགས་པར་གྲུབ་པར་བྱེད་དོ། །ཞེས་ཀུན་ བཏུས་སོ། །དེ་དག་ངོ་བོ་ཞི་ལྷག་ཏུ་འཕགས་པ་ཐོགས་མེད་དོ། །ཐུབ་པ་སྒྲིབ་ཀུན་ངེས་པར་ གྲོལ། །ཞེས་སོགས་དྲངས་ལ་བཤད་དོ། །བཞི་པ་ལ་བརྟེན་ནས་ (མདོར་བསམ་གཏན་ལ་གནས་སོ་ ཞེས་)ཕ་རོལ་ཀྱི། ནས། ཏིང་ངེ་འཛིན་དང་ཤེས་རབ་ཞེས་སོགས་དང༌། མཚན་མ་ནི་འབད་ རྩོལ་ལོ་ཞེས་སྨོན་མཁྱེན་དང༌། སྔར་བཤད་སོགས་དང༌། བསམ་གཏན་ལ་བརྟེན་ནས་ (ཀུན་ བཏུས་)ཇི་ལྟར་ (ཀུན་བཏུས་)བཞེད་བཞིན་ལུས་འདོར་ལེན་གནས་པ་ (ཀུན་བཏུས་)ལ་དབང་འབྱོར་ བའི་ཞི་ལྷག་མཐར་ཐུག་ནི་རྟེན་ནམ་གནས་ཡོངས་སུ་དག་པ། ཇི་ལྟར་བཞེད་བཞིན་དམིགས་ པ་སྤྲུལ་བསྒྱུར་ལ་མངའ་བརྙེས་པ་དམིགས་དག བཞེད་བཞིན་ཏིང་ངེ་འཛིན་ལ་མངའ་ བསྒྱུར་བ་ཐུགས་དག བཞེད་བཞིན་ཇི་ལྟ་ཇི་སྙེད་དམ་གཟུངས་ (ཤེས་བྱ་དང་ཤེས་པ་ཞེས་ཟླ་ཀུན་ 2-1-399 བཏུས་མདོར་བསྟན་ལ་གནས་ཞེས། )ཀྱི་སྒོ་ལ་ (ཤེས་བྱ་དང་ཤེས་པ་ཞེས་ཟེར་ཀུན་བཏུས་མདོར་བསྟན་ལ་གནས་ཞེས་) དབང་བསྒྱུར་བ་ཡེ་ཤེས་སམ་མཁྱེན་པ་ (ཤེས་བྱ་དང་ཤེས་པ་ཅེས་ཟེར་ཀུན་བཏུས་མདོར་བསྟན་ལ་གནས་ཞེས་) ཡོངས་སུ་དག་པ་སྟེ་ (སྙིང་ཟླར་སེམས་ཀྱི་གནས་ངན་ཐམས་ཅད་དང་བྲལ་བས་སེམས་ལ་རྣམ་པ་ཐམས་ཅད་དུ་དགེ་བའི་ རྩ་བ་ནི་ཐུགས་ཡོངས་དག་མ་རིག་པའི་ཕྱོགས་ཀྱི་གནས་ངན་ལེན་ཐམས་ཅད་དང་བྲལ་བས་ཤེས་པ་དང༌། ཤེས་བྱ་ཐམས་ཅད་ ལ་དབང་བསྒྱུར་བ་ནི་ཡེ་ཤེས་ཡོངས་སུ་དག་པའོ་ཞེས་སོ། །དང་པོ་གཉིས་སྔར་དང་དོན་འདྲའོ། ། )བཞི་དང༌། སྔོན་ཁ་ ཟས་དང་སྨན་སོགས་མེད་པས་འཆི་བར་འགྱུར་བའི་སེམས་ཅན་མཐའ་ཡས་པ་ལ་དེ་དག་ ཕྱིན་པའི་སྦྱིན་པའི་བདག་འབྲས་གང་ཞིག་བཞེད་བཞིན་ཚེ་གནས་གཏོང་ལ་དབང་འབྱོར་ (སྙིང་ཟླར་)བ་ཚེ། སྔོན་སེམས་ཅན་ལ་གང་མཁོ་བྱིན་པའི་བདག་འབྲས་གང་ཞིག བཞེད་ བཞིན་ཏིང་ངེ་འཛིན་ལ་འཇུག་པ་སེམས། ཡོད་བྱད་སྣ་ཚོགས་མཐའ་ཡས་བྱིན་པའི་བདག་ འབྲས་གང་ཞིག (ཨཱརྱས་དགོངས། )ནམ་མཁའ་མཛོད་ལ་མངའ་བརྙེས་པས་ནོར་གྱི་ཆར་འབེབས་ ནུས་པ་ཡོ་བྱད། འོན་ཀྱང་འགའ་ལ་མི་སྦྱིན་པ་ནི་བྱིན་ན་སྡིག་པ་འཕེལ་བ་སོགས་མཐོང་བས་ ཏེ། (མདོར། བློ་གྲོས་ཡངས་བ་རྣམས་ལ་ནོར་མེད་དགེ་འགྱུར་ཏེ། །དབུལ་གྱུར་ཉིད་ནི་བླ་ཡི་སྡིག་སྤྱོད་དེ་ལྟ་མིན། །ཞེས་པ་ལྟར་ རོ། ། ) ཐེག་བསྡུས་སུ། ལས་དང་སྒྲིབ་དང་མངོན་གྱུར་དང༌། །སོག་དང་གནོད་བྱེད་མཐོང་བའི་ ཕྱིར། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། །སེམས་ཅན་ལོངས་སྤྱོད་མི་ཐོབ་བརྗོད། ། ཅེས་སོ། །སྔོན་སེམས་ཅན་ཉེས་སྤྱོད་སྤོང་བར་བསྐུལ་བའི་ཚུལ་ཁྲིམས་ཀྱིས་བདག་འབྲས་ གང་ཞིག ཁམས། ས། སྐྱེ་གནས། འགྲོ་བ། གནས་སྐབས་གཞན་དུ་མྱོང་འགྱུར་གྱི་ལས་ གཞན་དུ་བསྒྱུར་བ་ལས། (ཇི་ལྟར་འདོད་པར་ལུས་ངག་གི་ལས་འགྲུབ་པ་ཞེས་ཨཱརྱ་སྙིང་ཟླ། ) གང་ཞིག བཞེད་ བཞིན་དུ་སའམ་འཇིག་རྟེན་ཐམས་ཅད་དུ་ (འགྲོ་བ་)སྐྱེ་བ་ཀུན་ཏུ་སྟོན་ (ཨཱརྱ་)པ་སྐྱེ་བ་སྟེ། ཚུལ་ ཁྲིམས་ལྡན་པའི་སྨོན་པ་འགྲུབ། །ཅེས་སོ། །གནོད་ལན་དུ་གནོད་པ་མ་བྱས་ན་ཅི་མ་རུང་ སྙམ་པའི་གཞན་གྱི་མོས་ཡུལ་ (ཨཱརྱ་དགོངས་)བསྲུངས་བའི་བཟོད་པའི་བདག་འབྲས་གང་ཞིག 2-1-400 ཇི་ལྟར་མོས་བཞིན་ས་སོགས་གསེར་སོགས་སམ་སངས་རྒྱས་མང་བོ་སྟོན་ནུས་པ་མོས་པ། སྔོན་གྱི་བརྩོན་ཕར་གྱི་བདག་འབྲས་གང་ཞིག ཇི་ལྟར་ (ཨཱརྱ་)སྨོན་པ་བཞིན་འགྲུབ་པ་ (ཨཱརྱ་) སྨོན་ལམ། བསམ་གཏན་གྱི་བདག་འབྲས་གང་ཞིག མངོན་ཤེས་ལྔས་བསྡུས་པའི་ (ཨཱརྱ་དངོས་ སྙིང་)རྫུ་འཕྲུལ་ཀུན་སྟོན་ནུས་པ་རྫུ་འཕྲུལ། ཤེར་ཕྱིན་རྫོགས་ (གོང་མ་ཀུན་ལའང་བསྒྲེས་)པའི་ བདག་འབྲས་གང་ཞིག སོ་སོ་ཡང་དག་རིག་པ་བཞི་སོགས་མངོན་དུ་བྱེད་ནུས་ཇི་ལྟར་ འདོད་བཞིན་དུ་ཡེ་ཤེས་མངོན་དུ་བྱེད་ནུས་པ་ཡེ་ཤེས། (གང་ཤེས་པར་འདོད་པ་དེ་ཤེས་པ་ཞེས་སྙིང་ཟླ། ) གང་ཞིག གསུང་རབ་ཡན་ལག་བཅུ་གཉིས་ཇི་ལྟར་རིགས་པར་མིང་ཚིག་ཡི་གེའི་ཚོགས་ གཞན་དང་གཞན་གྱིས་སྟོན་ནུས་པ་ཆོས་ལ་དབང་བ་ཞེས་བྱ་བ་སྟེ་དབང་བཅུ་དང༌། སྔར་ བཤད་སོགས། དེ་པའི། ནས། དག་པས་དེ་པའི་སྐུ་གསུང་ཐུགས་འདི་ལ་དང༌། བསྙེངས་པ་ ནི་འཇིགས་པས་བཅབ་པ་སྟེ་གསང་བར་སོགས་སོ། །གུས་པས་ཉན། མ་གུས་ནས་མི་ཉན། གཉིས་ཀ་ནི་ཕྱེད་གུས་ཕྱེད་མ་གུས་སོགས་དང་ཤེས་བཞིན་དུ་བཏང་སྙོམས་སོགས་སོ། ། རྒྱ་ མཚོའི་རླབས་ལྟར་སེམས་ཅན་གྱི་དོན་སོགས་སོ། །བག་ལ་ཉལ་ནི་ཉོན་མོངས་སྤང་ཀྱང་མ་ སྤངས་པ་ལྟ་བུའི་སྤྱོད་པ་སྟོན་པའི་རྒྱུ་སྣོད་ལ་ཆགས་པའི་གླ་རྩིའི་དྲི་ལྟ་བུའོ། །(དེ་ཡན་ཨཱརྱ་ དངོས། ) ཉིན་མཚན་དུས་དྲུག་ཏུ་སུ་སྨིན་སོགས་གཟིགས་པས་རྟག་ཏུ་སྐྱེ་བོ་སོགས་དང༌། སོགས་ཕྱི་མ་སངས་རྒྱས་སའི་གཞི་ཤེས་དང་གནས་ཀུན་ (སྒྱུར་ལ་མང་ཡང་འདིར་)གཞིའི་རྣམ་ཤེས་ གྱུར་པ་སྟེ་སྤངས་པས་ཤིན་ཏུ་རྣམ་དག་ཏུ་གྱུར་པ་ཐམས་ཅད་ཀྱང་སྐུ་བཞི་པ་ཆོས་སྐུར་བརྗོད་ ཅེས་བྱ་བ་ནི་སྐུ་བཞིར་བཞེད་པའི་མཁན་པོ་རྣམ་སྣང་སོགས་ཁ་ཅིག་གིའོ། ། གཉིས་པ་ལ་གསུམ་སྟེ། སྐུ་གསུམ་དུ་འདོད་པའི་འཆད་ལུགས་དགོད། བཞིར་འདོད་ པས་དེ་ལ་གནོད་བྱེད་བརྗོད་པའི་ཚུལ། དེའི་སྐྱོན་སྤོང་ལན་དང་བཅས་པའོ། །དང་པོ་ནི། ཨཱརྱ་སོགས་གསུམ་དུ་བཞེད་པ་ (འདིར་ཆོས་བཤེས་འགྱུར་ཉེས་)གཞན་དག་སོགས་ཏེ། དེ་ཉིད་ཀྱང་ 2-1-401 ངྷཱརྨྨ་ཏཱ་ཀཱ་ཡ་ཞེས་ཆོས་ཉིད་ཀྱི་སྐུ་ཡིན་པར་བརྗོད་རྒྱུ་ལ་སྡེབ་སྦྱོར་གྱི་དབང་གིས་ངོ་བོའི་རྐྱེན་ ཏཱ་ཕྱིས་ཏེ་མི་མངོན་པར་བྱས་ནས་ངྷཱརྨྨ་ཀཱ་ཡ་ཞེས་བྱས་ནས་ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན་ ཞེས་ (ཏེ་གཞན་དུ་ན་འདུས་བྱས་ཀྱི་ཡེ་ཤེས་ཀྱི་ཆོས་དེ་རྣམས་ཀྱི་སྐུ་ནི་ཆོས་སྐུའོ། །ཞེས་པར་སོང་བས་ངོ་བོ་ཉིད་དུ་གྱུར་པ་ སྐྱེ་མེད་ཡིན་པ་བཀག་པ་དང་འདུས་བྱས་སུ་འགྱུར་བའི་སྐྱོན་ཡོད་ཅེས་ཨཱརྱའི་དགོངས་པའོ། ། ) བསྟན་ནོ་སོགས་སོ། ། གཉིས་པ་ནི། གཞན་སྐུ་བཞིར་འདོད་པ་དག་ན་རེ། ཀུན་རྫོབ་ཏུ་ལོངས་སྤྲུལ་སོགས་དོན་ ཁྱད་པར་ཅན་སྣང་བ་བསྐྱེད་པའི་སྒོ་ནས་ཆོས་སྟོན་སོགས་མཛད་པ་གནས་མ་ལུས་པར་གྱུར་ པས་གྱུར་པ་གཉིས་མེད་ཀྱི་སེམས་སེམས་བྱུང་གི་ཚོགས་རྣམས་ཆོས་ཅན། སངས་རྒྱས་ཀྱི་སྐུ་ རྫས་ཡོད་མིན་པར་ཐལ། གསུམ་གྱིས་ཇི་ལྟར་བསྡུ་སྟེ། གསུམ་གང་ཡང་མིན་པས་སོ། །ཁྱབ་ ཁས་ཏེ། དེ་དག་གི་ལྟར་ན་སྐུ་གསུམ་དུ་གྲངས་ངེས་པས་སོ། །འདོད་མི་ནུས་ཏེ། གདོན་མི་ཟ་ བར་སངས་རྒྱས་ཀྱི་སྐུར་ཁས་བླང་དགོས་ཏེ། སངས་རྒྱས་ཀྱི་འཕྲིན་ལས་ཀྱི་རྒྱུར་གྱུར་པའི་ཡེ་ ཤེས་ཀྱི་ཚོགས་མཐར་ཐུག་ཡིན་པས་སོ། །རྩ་རྟགས་གྲུབ་སྟེ། རིམ་བཞིན་འདུས་བྱས་ཡིན་ (རིམ་པ་)པའི་ཕྱིར། སློབ་པའི་ནང་ནས་བྱང་འཕགས་ཁོ་ནའི་དངོས་ཀྱི་སྤྱོད་ཡུལ་མིན་པའི་ ཕྱིར། སོ་སྐྱེ་ཉན་ཐོས་ཀྱི་དངོས་ཡུལ་མིན་པའི་ཕྱིར་རོ་ཞེས་ (ལན་མི་ཐེབས་པས་བཞིར་དབྱེ་བ་མི་འཐད་ རྒྱུ་མེད་ཅིང་གཞུང་འདིའི་དགོངས་པར་མི་སྣང་ངོ༌། ། )ཟེར་རོ། །གསེར་ཆོས་བཤེས་ཀྱིས་གཞན་དུ་བཤད་དེ། དགོངས་པ་མིན་ནོ། ། གསུམ་པ་ལ་གཉིས་ཏེ། དང་པོའི་ཕྱོགས་ཀྱི་སྐྱོན་སྤོང༌། དེའི་ལན་ནོ། །དང་པོ་ནི། གསུམ་དུ་འདོད་པ་ཁ་ཅིག་ན་རེ། འདིར་ཆོས་སྐུར་བརྗོད་ཅེས་པས་ཆོས་སྐུ་བཞི་པར་བསྟན་ ན་གོང་གི་ལུས་སུ་ངོ་བོ་ཉིད་སོགས་ཏེ་ཞེས་བྱ་བའི་སྒྲ་འབྱུང་བར་རིགས་ཏེ། ལུས་དང་ཡན་ ལག་རིམ་པ་མཐུན་པར་རིགས་པས་སོ། །དེ་ལྟར་མི་འབྱུང་བ་ས་སོགས་སོ། །གཉིས་པ་ནི། གཞན་བཞིར་འདོད་པ་དག་ན་རེ། དོན་ལ་དེ་ལྟར་ཡིན་ཀྱང་དགོས་པ། སོགས་ནས་ངོར་ 2-1-402 ཆོས་སྐུ་མཛད་བཅས་ཞེས་དེ་སྐད་གསུངས་པ་ཡིན་ནོ། །དགོས་པ་གང་ཞེ་ན། རྟོགས་པ་ཡེ་ ཤེས་ཁོ་ན་མཛད་པ་དང་སྦྱར་ནས་མཛད་པ་ཐམས་ཅད་ཆོས་སྐུའི་མཛད་པར་ཤེས་པའི་ཕྱིར་ དུའོ། །ཡན་ལག་རྒྱས་བཤད་འདིར་ལོངས་སྤྲུལ་གྱི་གོང་དུ་བསྟན་པ་ནི། སྐུ་མཆོག་གི་རིམ་ པ་བཞིན་བསྟན་པས་ལུས་དང་རིམ་པ་མ་མཐུན་ཡང་སྐྱོན་མེད་དོ། །བཞི་ཡིན་པ་ལ་སྐྱོན་ མེད་པ་དེའི་ཕྱིར། ཕྱོགས་གཞན་སྔགས་ལས། སྐུ་བཞིར་གསུངས་པ་ཐམས་ཅད་མི་འགལ་ སོགས་སོ། །(ངེས་པར་སྦྱོར་ཕྲེང་ལྟོས་དེར་མཐའ་དག་དཔྱིས་ཕྱིན་པར་བཀོད་ཡོད་དོ། ། ) ཆོས་བཤེས་ནི། སློབ་ དཔོན་རང་ལུགས་ལ་སྐུ་དུར་བཞག་ཀྱང་འགལ་བ་མེད་པར་བཞེད་དེ། འདིར་ཡང་གཞན་ དག་ཁ་ཅིག་ཅེས་བཤད་པའི་རྣམ་གྲངས་སུ་མཛད་པས་སོ། །བཞིར་བཞེད་པ་ནི་སློབ་དཔོན་ རྣམ་སྣང་གི་ལུགས་ཏེ་དེའི་ལུགས་བཀོད་པ་ཡིན་གསུང་སྟེ་དགོངས་པ་མིན་ནོ། །མཚན་ཉིད་ ཐེག་པར་སྐུ་བཞིར་གསུངས་པ་མེད་ཅེས་སོགས་ཟླ་ཟེར་རད་ཀིར་ཏེ། ཤན་ཏི་སོགས་བཞིར་ འཆད་པ་འགོག་སྟེ་ངག་ལས་ཤེས་སོ། ། གཉིས་པ་ལ་གཉིས་ཏེ། ཉོན་མོངས་མེད་དང༌། སྨོན་མཁྱེན་ནོ། །དང་པོ་ལ། མཚམས་ སྦྱར་ནི། ཉན་ཐོས་ལ་སོགས་པའི་སོགས་སོ། །རྩ་བ་ནི། ཉན་ཐོས་དང་རང་རྒྱལ་གྱི་ཉོན་ མོངས་མེད་པའི་ཏིང་ངེ་འཛིན་བསམ་གཏན་ལ་བརྟེན་ནས་མངོན་ཤེས་ཀྱིས་བལྟས་ཏེ། བདག་ལྟ་བའམ་མཐོང་བའི་མིའི་ཉོན་མོངས་སྐྱེ་བ་ཡོངས་སུ་སྤོང་ཞིང་དམིགས་རྐྱེན་མི་བྱེད་ པ་ཙམ་མོ། །རྒྱལ་བའི་ཉོན་མོངས་མེད་པ་ནི་གྲོང་དང་ལྗོངས་ལ་སོགས་པ་གང་ན་དེ་པ་ལ་ དམིགས་པའི་ཉོན་མོངས་སྐྱེ་བར་གཟིགས་པ་དེར་བྱོན་ནས་དེ་དང་དེའི་ཉོན་མོངས་རྒྱུན་ གཅོད་པར་མཛད་པས་ཁྱད་པར་དུ་འཕགས་སོ། །སོར་ཕྲེང་སོགས་དཔེར་བྱའོ། །འགྲེལ་པ་ སླའོ། ། གཉིས་པ་ལ། མཚམས་སྦྱར་ནི། ཉན་ཐོས་ལ་སོགས་པའི་སོགས་སོ། །རྩ་བ་ནི། སངས་ 2-1-403 རྒྱས་ནས་ནི་ཆོས་ཅན། ཉན་ཐོས་ཀྱི་དེ་བས་འཕགས་ཏེ། ཐུགས་རྟག་ཏུ་མཉམ་བཞག་ལ་ གནས་པ་སོགས་ལྔ་ལྡན་ཡིན་པས་སོ། །(རྒྱན་དངོས་ཨཱརྱས། ) གཞན་འགྲེལ་པར་རོ། །འགྲེལ་པ་ ནི། འབད་རྩོལ་གྱི་མཚན་མ་སོགས་དང༌། མཁའ་མཉམ་སེམས་ཅན་གྱིས་གཅིག་ཅར་འདྲི་ བའི་ལན་སོགས་སོ། །ཉན་ཐོས་ལ་སོགས་པའི་སྨོན་ཤེས་ནི་ (མཉམ་པར་མ་བཞག་དུས་མ་ཤེས་པའི་ དོན་ཤེས་པར་སྨོན་ནས་མཉམ་པར་བཞག་སྟེ་འཇིག་རྟེན་དུ་སྔོན་བྱུང་བ་འགའ་ཤེས་པ་ཙམ་མོ། ། )ལྔ་བོ་དེ་ལས་བཟློག་ སོགས་དང་ལྔ་ལྡན་དེ་ལྟ་མ་ཡིན་ནོ། ། གསུམ་པ་ལ་གཉིས། ཆོས་སྐུ་རྟག་པ་ལ། ཁྱབ་རྟག་གཉིས་ཀ་ལ་རྩོད་པ་སྤང་བའོ། །དང་ པོ་ལ་གཉིས་ལས། རྩོད་པ་ནི། ཐུབ་ཆེན་སོགས་རྟག་ཏུ་ཐུགས་རྗེ་ཆེན་པོའི་ངོ་བོ་ཉིད་ཀྱི་ཆོས་ ཀྱི་སྐུ་ལ་བཞུགས་པ་ཡིན་ན་ཡང་རྟག་ཏུ་སེམས་ཅན་གྱི་དོན་ཇི་ལྟར་མི་མཛད་དེ། སྐུ་སྣང་ ནས་དོན་མཛད་པར་རིགས་ཞེ་ན། ལན་ལ་གཉིས་ཏེ། རྒྱུ་ཚང་ན་དོན་མཛད། མ་ཚང་ན་མི་ མཛད་པའི་ལན་ནོ། །དང་པོ་ལ། ཞེས་བྱ་བའི་ལན་གདབ་པའི་ཕྱིར་སོགས་སོ། །རྩ་བ་ནི། སངས་རྒྱས་ཀྱི་ཕྲིན་ལས་འཇུག་པའི་རྒྱུ་ནི་ཡོངས་སུ་སྨིན་པར་གྱུར་ནས་དེ་འདྲའི་གདུལ་བྱ་ གང་དང་གང་ལ་གང་གི་ཚེ་ཕན་པའི་བྱ་བ་གང་དང་གང་མཛད་པས་གཏན་དུ་ཕན་པར་གྱུར་ པ་དེའི་ཚེ་གདུལ་བྱ་དེ་དང་དེ་ལ་ངོ་བོ་ཉིད་ཀྱི་སྤྲུལ་བ་དེ་ (ཨཱརྱ་སྔ་འགྲེལ་ཕྱི་འགྲེལ། )སྣང་ནས་དོན་ མཛད་དོ། །(རད་ཀིར་ནི། ཕྱོགས་སྔར་ལོངས་སྐུ་ལ་སྦྱར་ནས་འཆད་དོ། །ཤཱནྟིས་དག་ལྡན་དེ་ཞེས་བྱ་བ་ནི་ངོ་བོ་ཉིད་ཀྱིས་ སངས་རྒྱས་སོ། ། ) ཞེས་ཏེ་ཟླ་ཟེར་རོ། །འགྲེལ་པ་ལ། སེམས་ཅན་སྐལ་ལྡན་གང་ལ་ནས་དེའི་ཚེ་ བཅོམ་ལྡན་འདས་ནས། བྱ་བ་མཛད་དོ། །དེའི་རྒྱུ་གང་ན། དགེ་བའི་བཤེས་གཉེན་སོགས་ བརྟས་པ་ནི་བརྙེས་སམ་རྒྱས་པར་གྱུར་ནས་ཞེས་གདུལ་བྱ་ལ་ཡོད་པའི་རྒྱུ་དང༌། དེའི་དོན་ མངོན་མཐོ་ངེས་ལེགས་བྱ་བའི་ཕྱིར་དུ་བཏབ་པའི་དེ་པའི་སྔོན་གྱི་སྨོན་ལམ་གྲུབ་པས་ཏེ་ འདུལ་བྱེད་ལ་ཡོད་པའི་རྒྱུའོ། །སྨོན་ལམ་ལ་སོགས་པའི་ཚོགས་གཉིས་རྫོགས་པ་དེས་ན། 2-1-404 དུས་ཐམས་ཅད་དུ་ཡིད་བཞིན་གྱི་ནོར་བུ་ལྟར་དགོས་འདོད་རྩོལ་ནུས་སུ་ཉེ་བར་གནས་སོ། ། གཉིས་པ་ནི། འོ་ན་ལ་ལར་མི་མཛད་པར་མཐོང་བ་དང་འགལ་ཞེ་ན། དེ་ལྟར་ཡིན་ཀྱང་རང་ གི་ལས་ཀྱི་ཉེས་པས་སྐལ་བ་དམན་པར་བསྐྱེད་པ་ལ་མངོན་མཐོ་སོགས་ཐོབ་པའི་རྒྱུ་མ་ཚང་ བས། གང་ཟག་ལ་ལ་ལ་དེ་འདྲའི་འབྲས་བུ་སྨིན་པར་མཛད་པར་མི་སྣང་ངོ་སྙམ་དུ་བྱམས་ པས་དགོངས་པ་ཡིན་ནོ། །དེ་དཔེ་ཇི་ལྟ་བུ་ཞིག་སོགས་རྩ་འགྲེལ་སླའོ། ། གཉིས་པ་ལ་གཉིས་ལས། རྩོད་པ་ནི། ཡེ་ཤེས། ནས། སྐུ་ཆོས་ཅན། ཇི་ལྟར། ནས། བརྗོད་དེ་མིན་པར་ཐལ། རྣལ་འབྱོར། ནས། རྟེན་ལ་ཡོད་པའི་ཕྱིར་དང༌། ནས། འབྱུང་བའི་ ཕྱིར་རོ་ཞེ་ན། ལན་ལ། བར་སྐབས་སོགས། རྩ་བ་ནི། ཆོས་སྐུའི་སངས་རྒྱས་ཆོས་ཅན། ཁྱབ་ བརྗོད་དུ་རུང༌། ཁྱེད་ཀྱི་མཛད་པ་སོགས་དང༌། ཡང་མཛད་པ་དེ་ཉིད་ཟད་མེད་ཅེས་ཤཱནྟིས་དེ་ ལེགས་སོ། །(བསྟན་བཅོས་གསུམ་དུ་བཤད། ) འགྲེལ་པ་ལ། རྒྱུ་ནི་ཡོངས་སུ་སྨིན་གྱུར་སོགས་དེ་ལྟར་ ཇི་སྐད་སོགས་ཏེ་སླའོ། ། གསུམ་པ་ལ་གཉིས་ཏེ། ལོངས་སྐུའི་ངོ་བོ་བཤད། མཚོན་བྱེད་མཚན་དཔེ་བཤད་ པའོ། །དང་པོ་ལ། མཚམས་སྦྱར་ནི། དེ་ལྟར་སོགས་ཏེ། རྩ་བར། བརྒྱན་པའི་བདག་ཉིད་ ཀྱི་གཟུགས་སྐུ་གནས་འོག་མིན་ཁོ་ནར་བཞུགས་པ་འདི་ཆོས་ཅན། ཐུབ་པའི་སོགས་སོ། ། འཁོར་ས་བཅུའི་བྱང་སེམས་ཁོ་ན་དང་ལྷན་གཅིག་ཏུ་ཐེག་ཆེན་གྱི་ཆོས་ལ་རྫོགས་པར་ཉེ་ བར་ལོངས་སྤྱོད་ཕྱིར། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྐུ་སྐྱེས་བུ་ཆེན་པོའི་མཚན་ སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པ་དཔེ་བྱད་བཟང་བོ་བརྒྱད་ (བྱེད་ལས་)ཅུས་བརྒྱན་པ་བྱང་ཆེན་ པོ་རྣམས་ལ་ཐེག་ཆེན་པོའི་ཆོས་ཀྱི་ལོངས་སྤྱོད་བླ་ན་མེད་པའི་དགའ་ (བ་དང་)བདེ་ (བ་དང༌། )ཚིམ་ (པ་དང༌། )རབ་ཏུ་དགའ་བ་མཛད་པར་འགྱུར་རོ། །ཞེས་སོ། །འགྲེལ་པ་ལ། སྐྱེས་བུ་ཆེན་པོར་ མཚོན་པར་བྱེད་པས་མཚན་ཏེ། ཐུབ་མཚན་ཡུལ་ན་གནས་པ་དང༌། །གསལ་ལ་རྫོགས་པས་ 2-1-405 འཕགས་པ་ཡིན། །ཞེས་པ་ལྟར་དང༌། འཁོར་ལོས་བསྒྱུར་སོགས་ཀྱི་དེ་བཟློག་པའོ། །གཞན་ རྒྱུད་ལ་བསྒོ་ཞིང་ (ཆོས་བཤེས་)ཞེན་པར་བྱེད་པས་སམ་ནང་གི་ཡོན་ཏན་གསལ་བར་བྱེད་པས་ སམ་མཛེས་ (གནོད་)པར་བྱེད་པས་དཔེ་བྱད་དེ། ལུས་ཅན་ཀུན་གྱིས་ཁྱོད་མཐོང་ན། །སྐྱེས་བུ་ དམ་པ་ལེགས་པར་འཚལ། །(མཚན་གྱི་ལས། )མཐོང་བ་ཙམ་ཀྱིས་རབ་དང་བར། །(དཔེ་བྱད་ཀྱི་བྱེད་ ལས། ) མཛད་པ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་སོ། ། གཉིས་པ་ལ། མཚན་དང༌། དཔེ་བྱད་དོ། །དང་པོ་ལ། དབྱེ་བ་དང༌། དེའི་རྒྱུའོ། །དང་པོ་ ལ། མཚམས་སྦྱར་ནི། མཚན་སོགས་སོ། །རྩ་བ་ལ། ཕྱག་གི་ (གནོད་འཇོམས་)མཐིལ་ལ་མཚོན་ ཆའི་འཁོར་ལོ། (གནོད་འཇོམས། ) ཞབས་ཀྱི་མཐིལ་ན། (འཇོམས། ) འགྲོ་བར་འཇུག་པའི་འཁོར་ ལོ། (ཤིང་རྟའི་འཕངས་ལོ་ལྟ་བུ་ཞེས་འཇོམས། ) རྩིབས་སྟོང་ལྟེ་བ་མུ་ཁྱུད་དང་བཅས་ (མདོ་)པ། (རུས་པའམ་ བ་སོ་ལ་རྐོས་པ་འདྲ། ) ཡོངས་སུ་རྫོགས་ (མདོ་)པས་མཚན་པ་དང༌། རུས་སྦལ་གྱི་ལྟོ་བ་ལྟར་ཞབས་ མཐིལ་ (མདོ་)ས་ལ་མཉམ་པར་འཇོག་ཅིང་ཞབས་མ་ཞུམ་པ་ (མདོ་)དང༌། ཕྱག་དང་ཞབས་ཀྱི་ སོར་མོ་རིན་པོ་ཆེའི་དྲ་བས་འབྲེལ་བ་སྟེ། ཕྱག་གི་ (མཐེ་བོང་མ་གཏོགས་)སོར་ཚིགས་དང་པོ་ནས་ ཕྱག་སོར་གྱི་ཕྲག་སེང་སང་བོ་མེད་ལ་སོར་གདུབ་ལ་སོགས་པའི་རྒྱན་ཀྱང་གཞུག་ཏུ་རུང་བ་ རྣམ་པ་ཐམས་ཅད་དུ་མཛེས་པའི་དྲ་བས་འབྲེལ་བའོ། །གནོད་འཇོམས་སོ། །ཕྱག་ཞབས་ ཀྱི་མཐིལ་ཤིང་བལ་ལྟར་འཇམ་ (པ་ནི་མཉེན་པའོ། ། )ཞིང་གཞོན་ཤ་ཆགས་ (པ་ནི་མདོག་ཕུན་ཚོགས་སོ་ ཞེས་འཇོམས་)པ་དང༌། ལོངས་སྐུའམ་མཆོག་གི་སྤྲུལ་བ་འདིའི་སྐུ་ནི་ཕྱག་ཞབས་ཀྱི་མཐིལ་བཞི་ ཕྲག་པ་གཉིས་ལྟག་པའི་ཕྱོགས་ཏེ་བདུན་ (མདོ་ལས་མཐོ་བ་གཉིས་ནི་ཞབས་ཀྱི་མཐིལ་ནས་སྐྱེས། །ཕྱག་ལས་ གཉིས་སྐྱེས་ཐལ་གོང་གཉིས་སྐྱེས་ཏེ། །མཐོ་བ་གཅིག་ནི་ལྟག་པའི་ཕྱོགས་ནས་ཏེ། །དགེ་ཞིང་དག་སྟེ་འོད་གསལ་རབ་ཏུ་རྒྱས། ། ཞེས་གསུངས་སོ། ། )མཐོ་བ་དང་ (ཕྱག་ཞབས་ཀྱི་རྒྱབ་ཕྲག་པ་དང་མགྲིན་པ་ཞེས་ཟེར། བོལ་གཉིས་དང་དཔུང་མགོ་གཉིས་ དང་ལྟག་པ་སྟེ་དེ་དག་ཤ་རྒྱས་པའི་ཕྱིར་རོ། །ཞེས་གནོད་འཇོམས། མདོར། ཕྱག་ཞབས་དང་མགུལ་གྱི་ལྷུན་མཐོ་བས་བདུན་ 2-1-406 མཐོ་ཞེས་བྱའོ། ། )ཞབས་མཐིལ་ཀྱི་དཀྱུས་དང་མཐོ་མཉམ་པས་སོར་རིང་དང༌། ཞབས་བཞི་ཆ་ (གནོད་འཇོམས་)ཕྱིར་འཕགས་པས་རྟིང་བ་ཡངས། ཁྲུ་བདུན་གྱིས་ཆེ་བའི་ (མི་ཕལ་བ་བས་ཞེས་གནོད་ འཇོམས། )ཕྱིར་སྐུ་ཆེ། མདུན་རྒྱབ་གློ་ (གསེར་)ཡ་ཡོ་མེད་པས་དྲང༌། ཞབས་པུས་མོའི་ལྷ་ང་དང་ ལོང་ (མདོ་དངོས་)མོའི་ཚིགས་ (གནོད་)ཀྱི་རུས་པ་ཕྱིར་འབུར་མི་མངོན་པ་དང༌། འདི་ལོང་བུ་ཆེ་ བ་དང་དཔེ་བྱད་གྱི་ཆུང་བ་ཡིན་ཞེས། ཆོས་བཤེས་སོ། །(ཁ་ཅིག་འདི་ཕྱིའི་ལོང་བུ་དང་དཔེ་བྱད་ཀྱི་ནང་ གི་ལོང་བུའོ་ཞེས་ཟེར་རོ། །ཞེས་ཆོས་བཤེས། ) བ་སྤུ་ནི་གཡས་ཕྱོགས་སུ་གྱེན་དུ་འཁྱིལ་ཞིང་ཞལ་བཟང་ བོ་ལ་གྱེན་དུ་ལྟ་བ་འདྲ་བར་རྩེ་མོ་གྱེན་དུ་ཕྱོགས་པ་སྟེ་བཅུ་ཚན་དང་པོའོ། ། བྱིན་པ་ (བྱིན་གྱིས་ ཕྲ་ཞིང་དབྱིབས་མཉམ་ཞེས་སོགས་གནོད་འཇོམས། )མཉམ་ཞིང་རིམ་པར་འཚམ་ལ་རྒྱས་ཤིང་ཟླུམ་པས་རི་ དྭགས་ཨེ་ཡའི་འདྲ་བ་སྟེ། (ཚད་སོར་བཅོ་བརྒྱད་གནོད་འཇོམས། ) བསེ་ཁ་སྒོའོ་ཞེས་དཔལ་ (བྲམ་ཟེ་དཔལ་ འཛིན་གྱིས་དགྲ་ནག་གི་འགྲེལ་པར་)འཛིན་དང་ཆོས་བཤེས་སོ། །མ་བཏུད་པར་ (མདོ་)ཕྱག་མཐིལ་གྱིས་ པུས་མོའི་ལྷ་ (མདོ་)ངར་སླེབ་པས་ཕྱག་རིང་ཞིང་མཛེས། པད་མའི་སྦུབས་སུ་སྙིང་པོ་ནུབ་ (གནོད་ )པ་ལྟར་འདོམས་ (རྟ་དང་གླང་བོ་ཅང་ཤེས་ལྟར་ཞེས་མདོར། )ཀྱི་སྦ་བ་སྟེ་གསང་བའི་མཚན་མ་སྦུབས་སུ་ ནུབ་པའི་མཆོག ལྤགས་ (ཁ་དོག་གསལ་བར་བསྟན་ཅེས་གནོད་འཇོམས་)པ་གསེར་སྦྱངས་པའི་མདོག་ ལྟ་བུ་ཤིན་ཏུ་དྭངས་པ་ཡིན་གྱི་གསེར་མདོག་གིས་མ་ཁྱབ་པོ། །ལྤགས་པའི་སྐྱི་སྲབ་ཅིང་རྡུལ་ གྱིས་མི་གོས་པ་དང༌། བ་སྤུ་ནི་བུ་ག་གཅིག་ནས་གཉིས་མེད་པར་རེ་རེ་ནས་གཡས་ཕྱོགས་ སུ་ལེགས་འཁྲུངས་དང༌། ཞལ་གྱི་སྨིན་མཚམས་ (ཐིག་ལེའི་གནས་)ན་སྤུ་དཀར་འཇམ་གཡས་ སུ་རིམ་པ་སོ་གཉིས་སུ་འཁྱིལ་ཞིང་ཉི་ཟླ་བརྒྱ་ལས་ལྷག་པའི་འོད་གསལ་བའི་མཛོད་སྤུས་ བརྒྱན་པ། (དཀར་འཇམ་གཉེན་པ་དྲངས་ན་ཁྲུ་གང་དོ་གསུམ་བཞིའི་བར་དུ་འབྱུང་ལ་བཏང་ན་སྐྱུ་རུ་རའི་འབྲས་བུ་བཞིན་དུ་ གཡས་སུ་འཁྱིལ་ནས་འདུག་པ་ཡིན་ནོ་ཞེས་བཤད་དོ། ། ) རོ་སྟོད་འཕེལ་ཁ་ཆེ་བས་སེང་གེའི་རོ་སྟོད་འདྲ་བ། ལོངས་སྐུ་འདིའི་དཔུང་བའི་མགོ་མགྲིན་པ་དང་ (མདོ་)རྒྱུད་ལེགས་པར་འབྲེལ་ཞིང་ (མདོ་)ལྷུན་ 2-1-407 ཟླུམ་པར་གནས་པ། ཐལ་གོང་ (གསེར་གྱི་གཏན་པ་ཕྱིས་པ་ལྟར་ཞེས་མདོ། )ནི་བྲང་ངོ༌། །བཅུ་ཚན་གཉིས་ པའོ། །འདིའི་ (ཡོ་གའི་འགྲེལ་ཆེན་ཀུན་སྙིང་མར་རོ་དྲོ་བའི་རྩ་བདུན་སྟོང་མགྲིན་པའམ། ལྕེ་མགུལ་གཉིས་ན་ཡོད་པས་ སོ། །ཞེས་སོ། ། )ལྗགས་ལ་ནད་ཀྱིས་མ་ཉམས་ཤིང་རོ་མི་ཞིམ་པ་རྟ་ཆག་ལྟ་བུ་ཡང་རོ་མཆོག་ཏུ་ སྣང་བ་སྟེ། སྐུ་ནི་ཁྲུན་དང་འདོམས་གྱི་ཚད་དུ་མཉམ་པས་ཤིང་ནྱ་གྲོ་དྷ་ (ན་ནྱ་ནི་ངན་པ་སྟེ་རོ་སྨད་གྲོ་ དྷ་ནི་བཟང་བོ་སྟེ་རོ་སྟོད་དོ། །དེ་ལྟེ་བ་ནས་གཅལ་བས་མཉམ་ཞེས་ཡོ་གའི་འགྲེལ་ཆེན་ཏེ་ཟླ་ཟེར་ཡང་ངོ༌། ། )ལྟར་ཆུ་ཞིང་ གབ། གཙུག་ཏོར་ (ནི་དབུ་ལ་དཀྲིས་པའི་རྣམ་པ་ཅན་ནོ། །ཟླ་ཟེར་རོ། ། )ཟླུམ་ཞིང་གཡས་སུ་འཁྱིལ་བ་ཕལ་ བའི་ངོར་སོར་བཞི་ཙམ་འཕགས་པ། སྤྱིར་ལྟར་མི་མངོན། དབུར་ལྡན། ཨུཏྤལ་དམར་བོ་ལྟ་ བུའི་མདོག་ཅན་གྱི་ལྗག་རིང་བ་ནི་ཞལ་གྱི་དཀྱིལ་འཁོར་ཁེབས་ཤིང་མཛེས་ (མདོ་)པ་ནི་སྲབ་ ལ་ཡངས་པའོ། །ཀུན་ཤེས་པར་བྱ་ཞིང་རྣམ་པར་ཤེས་པར་བྱ་བ། མཉན་པར་འོས་ཤིང་མི་ མཐུན་པ་མེད་པ། ཟབ་ཅིང་དབྱངས་ཀྱི་རྗེས་སུ་འགྲོ་བ། མི་མཚུངས་ཤིང་རྣར་སྙན་པ། རིག་ ཅིང་ (ནི་རྟོགས་པར་བྱེད་པ་སྟེ་དེ་ཉིད་ཀྱིས་ན་)ཁྱབ་པར་བྱེད་པ་སྟེ་ (ཞེས་ཨཱརྱ་)ངག་གི་ལམ་ཡན་ལག་ལྔ་ ལྡན་ (ཀུན་ཨཱརྱ་)གྱི་གསུང་ཚངས་དབྱངས་དང༌། མེ་ལོང་ (མདོ་)ལྟར་ཟླུམ་ལ་རྒྱས་པས་འགྲམ་པ་ (མཛེས་ཞེས་མདོ། )སོགས་དང༌། ཀུན་ད་སོགས་ལྟར་ (དུང་གི་བཅག་འཕྲོ་ཞེས་མདོ་)ཤིན་ཏུ་དཀར་དང༌། མཐོ་དམའ་ (མདོ་)མེད་པས་ཚད་མཉམ། མཚམས་མ་དོད་ (མདོ་)པས་ཐགས་བཟང༌། བླ་འོག་ ཏུ་ (ལྷག་ཆད་མེད་པར་)ཉི་ཤུ་ཉི་ཤུ་ཡོད་པས་གྲངས་སོགས་ཏེ་བཅུ་ཚན་གསུམ་པའོ། །དཀར་ནག་ (མདོ་)གི་ཆ་མ་འདྲེས་ལ་དམར་ (མདོ་)བོས་མ་གཡོག་པས་སྤྱན་ནི་མཐོན་མཐིང༌། (ནི་ཤིན་ཏུ་སྔོ་བའོ། ། རད་ཀིར། ) སྤྱན་གྱི་སྟེང་འོག་གི་རྫི་མ་གཞོལ་ཞིང་ (མདོ་དོན་)མ་འཛིངས་པས་བ་མཆོག་གི་ (ནི་བེའུ་ གཞོན་ནུའོ། །ཡང་ན་བ་མཆོག་ནི་ཁྱུ་མཆོག་གོ་ཞེས་སྙིང༌། བ་ལང་གི་མཆོག་གོ་ཞེས་ཟླ་ཟེར། )རྫི་མ་འདྲ་བའོ། །འདི་ དག་སོགས་སོ། །འགྲེལ་པ་ལ། ཕྱེད་སྔ་མ་རྒྱུ། ཕྱི་མ་འབྲས་བུའོ། །བསུ་བ་སོགས་པ་ཆོས་ ཉན་པ་ (མདོ་)གཙུག་ལག་ཁང་དང་ (མདོ་)མཆོད་རྟེན་ལ་སྟི་སྟང་བྱེད་སོགས། འཁོར་མང་བའི་ 2-1-408 སྔ་ལྟས་སོ། །(མདོ་)སྲོག་ལ་བབ་ཀྱང་བརྟན་པ་སོགས་དང༌། སྦྱིན་པ་སོགས་བསྡུ་བའི་སོགས། མྱང་བ་དྲི་རོ་རེག་བྱ་ལ་སོགས་པ་གྱ་ནོམ་སོགས་དང༌། བལྡག་པ་དང་བཏུང་བ་སོགས་དང༌། བསད་བྱ་བཅིངས་ (མདོ་)པ་ལ་སོགས། སྲོག་བསྲུངས་ (མདོ་)ཏེ་འཚོ་སོགས་དང༌། དགེ་བ་ གསར་དུ་སོགས། ཕྱིར་ཞིང་སྤེལ་བས་སོགས་དང༌། སྒྲ་གཏན་ཚིགས་གསོ་བ་རིག་པ་སོགས་ པ་ལྷམ་སོགས། རང་ལ་ནོར་སོགས་མེད་ཅེས་ཕྱིར་མ་སྤངས་སོགས། འཁྲིག་པ་ལས་ཚངས་ སྤྱོད་སོགས། གདིང་བ་དང་དགབ་པ་སོགས། གཞལ་ཡས་ཁང་དང་གནས་ཁང་སོགས་དམ་ པ་སོགས། རྣམ་གཡེང་སོགས་ཡོངས་སུ་སྤངས་སོགས། མཁན་སློབ་ཕ་མ་སོགས་བླ་མ་ སོགས་ཞིང་མུ་ཅོར་མི་སྨྲ་བས་རོ་སྟོད་སོགས། ཚེ་འདིར་ཕན་སྨྲ་སྙན་པར་སྨྲ་བ་ཕྱི་མར་ཕན་སྨྲ་ ལེགས་སྨྲའི་རྗེས་སུ་མཐུན་པར་བསླབ་པར་བྱས་སོགས། སྨན་དང་སོགས་པ་ཕན་པའི་ཟས་ (མདོ་)རིམ་གྲོ་སོགས། གཡོག་དང་རིམ་གྲོ་བྱས་སོགས། བསིལ་ཁང་དང་ཁྲོན་པ་དང་རྒལ་ དཀའ་བར་ཟམ་པ་སོགས་བྱེད་པ་ཡང་དག་སོགས་དང༌། འདུག་གནས་སོགས་ལྷག་པར་ སོགས། འཇམ་པོ་དང་སོགས་པ་སྙན་ཞིང་མཉེན་པའི་གསུང་མངའ་བས་སོགས། ཁམས་ཉེ་ རིང་ཐམས་ཅད་སོགས་ནས་གཅིག་ཅར་དུ་མཚུངས་པར་དམ་པའི་ཆོས་སོགས། བཀུར་བ་ དང་མི་བརྙས་པ་སོགས། ཡུན་རིང་བོ་ནས་བདེན་པའི་ཚིག་སོགས། ཕན་ཚུན་འབྱེད་པའི་ཕྲ་ མ་སོགས། འདྲ་བར་བྱམས་པས་བལྟས་ཞེས་སོགས། མི་སྡུག་པ་ལ་ཁོང་ཁྲོ་སོགས་པ་སྡུག་ པ་ལ་ཆགས་ (ཨཱརྱ་)པ་མེད་པར་རྨོངས་ (ཨཱརྱ་)པ་མེད་པའི་སྤྱན་གྱིས་བལྟས་སོགས་སོ། །གཉིས་ པ་ལ་གཉིས་ཏེ། རྒྱུ་གྲུབ་པས་མཚན་གྲུབ་པར་བསྟན། འགྲུབ་བྱེད་ཀྱི་རྒྱུ་དངོས་སོ། །དང་པོ་ ལ་གསུམ་སྟེ་སླའོ། །གཉིས་པ་ལ་གསུམ་སྟེ་སླའོ། ། གཉིས་པ་ལ། སྔ་འགྲེལ་ནི། དེ་ལྟར་སོགས་སོ། །རྩ་བ་ནི། ཐུབ་པའི་ཞེས་རེ་རེ་སྦྱར་ཏེ། མདོག་ལྟར་དམར་བ་དང༌། མདངས་དང་ལྡན་ཞིང་སྣུམ་པ་དང༌། གཤོང་བུ་མེད་པའི་མཐོ། 2-1-409 རྩེ་མོ་ཟླུམ། ཤས་ཁེངས་པས་རྒྱས། རྩ་བ་ནས་བྱིན་གྱིས་ཕྲ། རྩ་ཕྱིར་མི་མངོན། རྩ་ལ་མདུད་ པ་མེད། ལོང་བུ་ཆུང་ཤོས་ (ཆོས་བཤེས་)ནང་མ་འབུར་བ་མི་མངོན། ཞབས་ཆེ་ཆུང་རིང་ཐུང་མེད་ པས་མཉམ་དང༌། བཅུ་ཚན་དང་པོའོ། ། མིའི་སེངྒེ་ (མདོ་)ཡིན་པས་སེངྒེའི་སྟབས་ཀྱིས་བརྗིད་ པར་དང༌། མིའི་གླང་བོ་ (མདོ་)ཡིན་པས་གླང་ཆེན་སྟབས་ཀྱིས་ཐད་ཀར། བྱའི་སྟབས་ཀྱིས་ངང་ བའི་རྒྱལ་ (མདོ་)བོ་ལྟར་ནམ་མཁར་བཞུད། (མདོ། ) མིའི་ཁྱུ་མཆོག་ཡིན་པས་ཁྱུ་མཆོག་གི་ སྟབས་ཀྱིས་འཁོར་གྱི་སྣ་འདྲེན་ཅིང་གཤེགས། མཐུན་ (མྱང་འདས་)པའི་ (མདོ་)ལམ་མངའ་བས་ གཡས་ཕྱོགས་ལྟ་ན་མཛེས་པར་རོ། །(མདོར་ཨཱརྱ། ) མི་གཡོ་བར་དྲང་བོར་རོ། །འགྱེང་ལེགས་ པས་ (འདུལ་དཀར་གསུངས་)འཁྲིལ་བག་ཆགས། གློ་བུར་གྱི་ནག་ནོག་མེད་པས་བྱི་དོར་བྱས་འདྲ། རིང་ཐུང་སྦོམ་ཕྲའི་ཆ་ཕྱེད་པས་རིམ་པར་འཚམས་པ་ནི་བཅུ་ཚན་གཉིས་པའོ། །རང་བཞིན་ གྱིས་ནག་ནོག་སོགས་མེད་པས་གཙང༌། རེག་ན་བདེ་བ་བསྐྱེད་པས་འཇམ། ལུས་ཀྱི་སྐྱོན་ ཐམས་ཅད་དང་བྲལ་བས་དག མཚན་གྱི་ཆ་ཤས་ཡོངས་སུ་རྫོགས་པའི་ཆ་ནས་དཔེ་བྱད་དོ། ། སྐུ་ཁྱོན་ཆེ་བས་སྐུའི་ནས་བཟང་བ་སྟེ་མཛེས། གོམ་པ་ཆེ་ཆུང་སྙོམས། སྤྱན་གཉིས་ནི་རང་ བཞིན་གྱིས་ཤ་འཛེར་སོགས་མེད་པས་དག འཇམ་ཞིང་མཉེན་པས་གཞོན་ (ཤ་མདོག་མ་ཉམས་ ཤིང་གཉེར་མ་མེད་པས། )ཤ་ཅན། སྐུའི་ཤ་ཞུམ་པ་མེད། སྐུ་ཤ་རྒྱས་ཤིང་དར་ལ་བབ་པ་ནི་བཅུ་ཚན་ གསུམ་པའོ། །ཤ་ལྷོད་ལྷོད་པོར་མ་སོང་བས་ཤིན་ཏུ་གྲིམས་སོགས། སྐུའི་ཡན་ལག་དང་ཉིང་ ལག་རང་གི་གནས་ལས་གནས་གཞན་དུ་མ་འཆོལ་བར་འདོག་མཚམས་ཤིན་ཏུ་རྣམ་པར་ འབྱེས་པ་སྟེ་ཕྱེད་པ་ཉིད། གཟིགས་པ་སྤྱན་ལ་ལིང་ཏོག་དང་རབ་རིབ་སོགས་ཀྱི་སྒྲིབ་མེད་ མིག་རྣག་སོགས་དག དཀུ་ནི་ཕྱལ་ཏེ་ (གསུས་པ་ལ་ཟེར་)དེ་ཕན་ཚུན་ཟླུམ། རྐེད་པ་སྐབས་ཕྱིན། རྐེད་པ་མ་རྙོངས་པ་སྟེ་ཤ་བ་འདེད་པའི་ཁྱི་བཞིན་དུ་རྐྱང་རྐྱང་བོ་མིན་པའོ། །ཕྱལ་མཐོ་ཕྱིང་ (ལྟེ་བ་དང་ལྷེན་སྣའི་བར་ཡངས་པ་ཞེས་ཆུ་མིག་)དེའམ་ཕྱམ་ (རྒྱས་འབྲིང་)མེར་ (འཛམ་པ་ལྷའི་གསུས་པ་ལ་ཟེར་རམ་ 2-1-410 དཔྱད་)འདུག་ (བྲང་གི་བར་རྒྱས་པ་ལ་ཟེར་ཞེས་འཇམ་གསར་དང་འོད་ཟེར་མགོན་པོ་ཟེར་བ་ནོར་ཏེ་བྲང་དང་གསུས་པ་ འདྲའམ་)པ་དང༌། ལྟེ་བའི་གཏིང་རིང་ཞིང་ཟབ། ལྟེ་བའི་རི་མོ་གཡས་ཕྱོགས་སུ་འཁྱིལ་བ་དང༌། སྤྱོད་ལམ་མམ་སྐུའི་དབྱིབས་ཀུན་ནས་སོགས་སོ། །བཅུ་ཚན་བཞི་པའོ། །སྒོ་གསུམ་གྱི་ཀུན་ སྤྱོད་གཙང་དང༌། སྨེ་བ་དང་ཤ་ (ཨཱརྱ་)མཚན་གནག་བག་མེད། མདོར། སྨེ་བ་མེད་པ་ཡིན། ཞེས་སོ། །ཤིང་བལ་གྱི་འདབ་མ་ལྟར་འཇམ། ཕྱག་རིས་ལ་འོད་ཀྱི་མདངས་ཡོད་པ་དང༌། ཕྱག་གི་རི་མོ་གཏིང་ཟབ། འཇམ་གསར་ནི། རྒྱང་རིང་བོ་ནས་མཐོང་བ་ཡིན་གྱི་གཏིང་ཟབ་པ་ མིན་གསུང་ངོ༌། །ཕྱག་གི་རི་མོ་དཀྱུས་རིང༌། ཞལ་གྱི་ཚིགས་ཧ་ཅང་སོགས། མཆུ་མེ་ཏོག་བིམ་ པ་ (ནི་སྐྱུང་ཀའི་མཆུའོ་ཞེས་ཆུ་མིག་བ་ཟེར་ཏེ་ཧེ་ཧེ་)ལྟར་དམར་བའམ། དག་སྙིང་དུ། ཞལ་གཟུགས་ གཟུགས་བརྙན་འབྱུང་བ་དང༌། ཞེས། ཞལ་ལ་གཟུགས་ཀྱི་གཟུགས་བརྙན་འབྱུང་བའོ། ། ཞེས་སོ། །མདོར། ཞལ་གཟུགས་ཀྱི་གཟུགས་བརྙན་སྣང་བ་ཡིན། ཞེས་དངོས་སུ་ཡོད་དོ། ། ལྗགས་བདེ་ཞིང་མཉེན་པ་དང༌། ལྗགས་པད་འདབ་ལྟར་སྲབ་པ་བཅུ་ཚན་ལྔ་པའོ། །ལྗགས་ དམར་བ་དང༌། གླང་བོ་ཆེ་དང་ (མདོ་)འབྲུག་གི་སྒྲ་ (མདོ་)ལྟར་བརྗིད་ཆེ་བ་ཉིད་དང༌། གསུང་ སྙན་ (མདོ་)ཞིང་མཉེན་ལ་ (འདིའི་ཚབ་ཏུ་ཉམས་སུ་བདེ་བ་ཞེས་མདོར། )འཇམ་པ་ (རྣ་ལ་མི་གཟན་པ་ཞེས་འོད་ཟེར་) དང༌། མཆེ་བ་རྣམས་ལྔ་ལ་སྦྱར་ཏེ། མཐའ་བསྐོར་ཕན་ཚུན་ཟླུམ། རྩེ་མོ་རྣོ། ཁ་དོག་དཀར། རིང་ཐུང་སྦོམ་ཕྲའི་ཚད་མཉམ་དང༌། རྩ་བ་ནས་རྩེ་མོར་བྱིན་གྱིས་ཕྲ། ཤངས་བརྒྱུད་བཟང་ ཞིང་དོད་པས་མཐོ། ཤངས་མ་ཉམས་ཤིང་བསྣབས་སོགས་ཀྱིས་དག་པ་བཅུ་ཚན་དྲུག་པའོ། ། སྤྱན་དཀྱུས་རིང་ཞིང་ཡངས། ཡན་མན་གྱི་རྫི་མའི་མཚམས་སྟུག སྤྱན་དཀར་ནག་འབྱེས་ ཤིང་པད་འདབ་རངས་པ་འདྲ། སྨིན་མ་ཞེས་བཞི་ལ་སྦྱར་ཏེ། གཡས་གཡོན་འབྲེལ་བའི་ ཚིགས་རིང་བ་སྟེ། མཛོད་སྤུའི་འོག་ཕྱོགས་ནས་སྣའི་ཐད་ཁའི་ཕྱོགས་སུ་ཐུར་ལ་ཅུང་ཟད་ གཞོལ་ནས་འབྲེལ་གྱི་ཐད་ཀར་མིན་ནོ། །ཕྲ་ཞིང་མཉེན་པས་འཇམ། (རེག་བྱ། ) མདོག་སྣུམ། 2-1-411 སྤུ་རིང་ཐུང་སྦོམ་ཕྲ་མཉམ། ཞབས་དང་མཉམ་པའི་ཕྱག་མངའ་བས་ཕྱག་རིང་ཞིང་ཤ་འཚམ་ པར་རྒྱས། སྙན་གཉིས་མཐོ་དམན་ཆེ་ཆུང་མཉམ། སྙན་མ་འོན་པའམ་གནས་གྱུར་པས་ (སྙན་ གྱི་དབང་བོ་)ཉམས་པ་སྤངས་སོ། །བཅུ་ཚན་བདུན་པའོ། །སྐྲ་ (ཡོད་མེད་ཀྱི་)མཚམས་ཕྱེད་པས་ དཔྲལ་བ་འབྱེས། ཟླ་བ་ཚེས་པ་ལྟར་དཔྲལ་བའི་དབྱེས་ཆེ་བ་སྟེ་ (དཔྲལ་བ་ཡངས་པ་ཡིན་ཞེས་མདོར་ཏེ་ འཇམ་གསར་ནི་དཔྲལ་བ་རྒྱ་ཆེ་ཞེས་ཏེ་ཁོའི་རྒྱུ་མཚན་ཕས་རྒོལ་འཇོམས་པར་བཤད་པ་དང་བསྟུན་ན་འདིར་འང༌། )གཡས་ གཡོན་ན་སྐྲའི་མཚམས་ནས་ཡར་ལ་སྐྲ་མེད་པའི་ས་ཟླ་བ་ཚེས་པ་ཟུར་ལ་ལངས་པ་ལྟ་བུའོ། ། དབུ་གདུགས་ལྟར་རྒྱས། དབུ་སྐྲ་ཞེས་དྲུག་ལ་སྦྱར་ཏེ། སྐྲ་དཀར་མེད་པས་ཁ་དོག་བུང་བ་ སོགས། སྤྱི་ཐེར་སོགས་མིན་པས་མཚམས་སྟུག རེག་ན་བདེ་བས་འཇམ། ཕན་ཚུན་མ་ མཛངས་ཁྲོ་བོའི་ལྟར་གྱེན་དུ་མ་ལངས་པས་མི་བཤོར། དྲི་ཞིམ་པོས་སྐྱེས་བུའི་ཡིད་འཕྲོག་ ཅིང་དད་པར་བྱེད། ཕྱག་ཞབས་ཀྱི་མཐིལ་ལ་ (དག་སྙིང་ཟླ་རད་ཀིར་མདོ། )དཔལ་བེའུ་དང༌། བཀྲ་ ཤིས་དང་ (ནི་བྱང་སེའི་ཐུགས་ཁར་ཡོད་དོ་ཞེས་ས་བཅུ་པའི་འགྲེལ་པར་དབྱིག་གོ །)གཡུང་དྲུང་ (མདོ་)ངམ་དགའ་ བ་འཁྱིལ་བས་བརྒྱན་པ་སྟེ། (ཟླ་ཟེར་རད་ཀིར་དུ་བཀྲ་ཤིས་ནི་གཡུང་དྲུང་འཁྱིལ་བས་བརྒྱན་པ་སྟེ་ཞེས་འདོན་ཞིང༌། འགྲེལ་པར་རད་ཀིར་དུ་དངོས་སུ་མ་བྱུང༌། ཟླ་ཟེར་དུ། གཡུང་དྲུང་དང་འཁྱིལ་བ། ཞེས་སོ། །དག་སྙིང་དང་རྩ་བ་འདི་དང་འདྲ་ འགྲེལ་པར། །གཡུང་དྲུང་འཁྱིལ་བས། ཞེས་སོ། ། ) སངས་རྒྱས་སོགས་སོ། །བཀྲ་ཤིས་ (དཔལ་བེའུ་ནི་རྡོ་རྗེ་ར་ཆག་ པ་མ་འབྱར་བ་ལྟ་བུ་མཐེ་བོའི་ངོས་ན་ཡོད་ཅེས་འབུམ་པ་གསུང་ལོ། ། )ནི་རི་མོ་གྲུ་བཞི་པ་ཞིག་ཡོད་ལོ། །ཁ་ཅིག བཀྲ་ཤིས་ནི་གདུགས་སམ་རྫས་བརྒྱད་གསུང་སྟེ། གནོད་འཇོམས་སུ་མཚན་དང་པོའི་ཐད་དུ་ སོ་སོར་འགྲངས་པས་སོ་སོར་འཐད་དོ། །རྫས་བརྒྱད་ཀྱང་བཤད་དོ། །སོར་མོ་བཅུ་ལ་སྦྲུལ་ འཁྱིལ་བ་ལྟ་བུ་རི་མོ་ཟླུམ་པོ་གཡས་འཁྱིལ་དུ་ཡོད་པའོ། །(ཞེས་ངོས་ལ་ཡོད་པར་ཆུ་མིག་གོ །) གཡུང་ དྲུང་ནི་ (ཞགས་པ་བདུན་རྩེག་ཏུ་བྱས་པ་ལྟ་བུ་སྟེ་སོར་མོའི་རྩ་བ་རྣམས་ན་ཡོད་ཅེས་ཆོས་རྗེ་འཇམ་གསར་རོ། ། )སོར་མོའི་ རྩ་བར་སྦྲུལ་ལམ་ཞགས་པ་འཁྱིལ་བ་ལྟ་བུ་ཡོད་པ་ལ་ (གསེར་)ཟེར་གསུང་ངོ༌། །དེ་དག་གི་རྒྱུ་ 2-1-412 ནི། གཙོ་ཆེ་བར་བཟོད་ཕར་ཏེ། སྡུད་པར། བཟོད་ལ་གནས་པའི་ལུས་ནི་ཡོངས་སུ་དག་ འགྱུར་ཏེ། །སུམ་ཅུ་རྩ་གཉིས་མཚན་དང་མཐུ་སྟོབས་ཕ་མཐའ་ཡས། །ཞེས་སོ། །ཆར་ཕྱེ་ན་ དྲུག་ཀའི་འབྲས་བུ་སྟེ། དཔེར་ན། མཛོད་སྤུ་ལ་དཀར་བ་དང༌། གཡས་འཁྱིལ་དང༌། མཛེས་ པ་དང༌། རིང་བ་དང༌། འཁྱིལ་ལེགས་པ་དང༌། འོད་དང་ལྡན་པ་རྣམས་རིམ་བཞིན་ཕྱིན་དྲུག་ གི་འབྲས་བུར། མདོ་སྐལ་བཟང་ལས་སོ། །(ཞེས་ཆོས་བཤེས། ) གཙོ་བོ་མཚན་གྱི་རྒྱུ་གང་ཡིན་པ་ དེའི་འཁོར་དཔེ་བྱད་ཀྱི་ཡང་སྟེ་གང་གང་གི་འཁོར་ཡིན་པ་ནི། ཆོས་བཤེས་ལས་ཤེས་སོ། ། ཁྱད་པར་གྱི་རྒྱུ་ནི། མདོར། (དཀོན་མཆོག་བརྩེགས། ) སྟན་རྒྱུ་སྣ་ཚོགས་ཆོས་ཀྱི་སྟན་དུ་འབུལ། ། གཞན་ལ་སྟི་སྟང་བྱེད་ལ་སྐྱོ་ངལ་མེད། །ཆོས་སྨྲ་བ་ལ་འཐབ་མོ་ངོར་མི་རྒོལ། །སེམས་ཅན་ རྣམས་ནི་བྱང་ཆུབ་འཛིན་ཏུ་འཇུག །འདི་བཞིས་ལུས་ལ་དཔེ་བྱད་བཟང་བོ་རྣམས། །འདི་ནི་ དེ་ཡིས་རྙེད་པར་དཀའ་བ་མེད། །ཅེས་སོ། །འགྲེལ་པ་ལ། སྔ་མ་རྣམས་ཕལ་ཆེར་ནང་གི་ ཡོན་ཏན། ཕྱི་མ་རྣམས་དེ་མཚོན་བྱེད་ཀྱི་རྟགས་ཏེ། རྟའི་བཟང་རྟགས་ཕྱིར་ཤར་བ་ལྟ་བུའོ། ། ལ་ལ་རྒྱུ་འབྲས་གསུང་ངོ༌། །དེ་པ་རྣམས་འདུ་བྱེད་ཐམས་ཅད་ལ་ཆགས་བྲལ་གྱིས་ཡོན་ཏན་ ནང་ན་མངའ་བ་ཉིད་ཀྱི་ཞེས་སོགས་སྦྱར་རོ། །གཉེན་བཤེས་བྱམས་པ་དང་འདྲ་བར་ཕན་པ་ དང་བདེ་བར་དགོངས་སོགས། རིགས་དང་རྒྱུད་ཀྱི་མཆོག་གམ་མཐོན་ (མདོ་)པོ་སོགས། ཁ་ ཅིག་རྒྱལ་རིགས་སོགས་ཞེས་ཏེ་ལོངས་སྐུ་ལ་མ་ཚང༌། ཁ་ཅིག་མཆོག་ཐེག་ཆེན་གྱི་རིགས་ ཞེས་སོ། །(འོད་ཟེར་མགོན་པོ། ) སྒོ་གསུམ་གྱི་སྤྱོད་ཚུལ་འཇིག་རྟེན་པའི་ཁ་ན་སོགས། དགེ་རྩ་རྒྱ་ ཆེན་པོ་བསགས་སོགས། བསླབ་པ་གསུམ་ལ་ཡང་དག་པར་སོགས། ལུས་དང་སོགས་པ་ ངག་ཡིད་ཀྱི་ལས་ཀྱི་མཐའ་ངན་པ་དང༌། ལོག་པས་འཚོ་སོགས། མདུད་པ་སྟེ་ཀུན་ནས་ དཀྲིས་པ་འགྲོལ་སོགས། དགོངས་ལྡེམ་དགོངས་སོགས་ཤིན་ཏུ་སྦས་པའི་ཆོས་རྟོགས་པའི་ བློ་གྲོས་སོགས། བགྲོད་དཀའ་འཁོར་བ་དང་ངན་སོང་གི་གནས་སོགས། ཟིལ་གྱིས་གནོན་ 2-1-413 ཅིང་འདུལ་བ་སོགས། སངས་རྒྱས་པའི་བསྐོར་ཕྱོགས་ཏེ་རྟེན་ལ་གློ་གཡས་པ་བསྟན་པ་སྟེ་དེ་ དང་མཐུན་སོགས། ལྟ་ན་མཛེས་སོགས། རྟག་ཏུ་སེམས་རང་ (ཡོན་པོ་ཞེས་མདོ་)དོན་འབའ་ཞིག་ གམ་ཕྱིན་ཅི་ལོག་གི་གྱ་གྱུ་སོགས། གཞན་གྱིས་བསླབ་བྱའི་ཡོན་ཏན་ཁྱད་པར་བ་སོགས། སྡིག་པ་མི་དགེའི་སོགས། གདུལ་བྱའི་བློ་སོགས། སྐུ་དང་སོགས་པ་ (མདོ་)གསུང་ཐུགས་ཀྱི་ ཀུན་སྤྱོད་སྐྱོན་མེད་པས་གཙང་ (མདོ་)སོགས། ཐུགས་རང་བཞིན་གྱིས་ཐུགས་རྗེ་སོགས། ཐུགས་ (མདོ་)རང་བཞིན་གྱིས་རྣམ་ (མདོ་)དག་སོགས། ཐེག་པ་གསུམ་གྱི་ཆོས་ཉོན་མོངས་དང་ ཉེས་སྤྱོད་ཀུན་འདུལ་བའི་ཐབས་ཀུན་རྫོགས་སོགས། རྒྱ་ཆེ་བས་ཡངས་ཤིང་ཟབ་ཅིང་ཡིད་ དུ་འོང་བས་མཛེས་སོགས། སེམས་ཅན་ཐམས་ཅད་སོགས། ཚད་མ་གསུམ་གྱིས་གནོད་པ་ རྣམ་པར་དག་པའམ་དེས་མི་གནོད་པས་རྣམ་པར་དག་པ་སྟེ་སྐྱོན་མེད་པའི་ཆོས་སོགས། ཆོས་དཔེས་བསྙད་དེ་གོ་སོགས། ཐུགས་གཞན་དོན་ལ་སོགས། འཇིག་རྟེན་ཐམས་ཅད་ལས་ ཡང་དག་པར་འཕགས་སོགས། ཡང་སྲིད་པར་ (མདོ་)སྐྱེ་བ་ཟད་སོགས། རྟེན་འབྲེལ་ (མདོ་) ལུགས་འབྱུང་ལུགས་བཟློག་ཤིན་ཏུ་སོགས། ཚིག་གི་དོན་སྒྲོ་སྐུར་གྱིས་རྣམ་དག་སོགས། འཁོར་གྱི་སློབ་མ་སོགས། སྐྱོན་སྐྱེ་རྒ་ན་འཆིས་མ་སྦགས་སོགས། དྲེགས་པའམ་འགྱིང་བག སྤོབས་པ་ཐོགས་པ་མེད་པས་བཤད་བྱའི་ཆོས་ཟད་པ་བཟློག་སོགས། སྟོང་ཉིད་སོགས་ཆོས་ ཟབ་སོགས། སློབ་མ་ལྟ་སྤྱོད་སོགས་མཐུན་པར་སོགས། (མདོ་གྲོལ་སྡེ་གཉིས། ) སློབ་མའི་འཁོར་ ཡོན་ཏན་གྱིས་ཀུན་ནས་སོགས། ཐུགས་ཆོས་བརྒྱད་སོགས་ཀྱིས་མ་གོས་པས་གཙང་སོགས། འདུལ་བའི་དུས་མ་ཡིན་པར་སྟོན་པའི་ཆོས་སོགས། མདོར་ནི། ཆོས་ནག་པོ་བསྟན་པ་དང་ བྲལ་བའི་ཆོས་དང་འདུལ་བ་མངའ་བས། ཞེས་དང༌། ཨཱརྱ། ཆོས་འདུལ་བ་ནག་པོ་སྟོན་པ་ དང་བྲལ་བས། ཞེས་སོ། །ཉམས་སུ་བླངས་ན་ལུས་ལ་སོགས་པ་ཤིན་ཏུ་སྦྱངས་པས་ཟོ་ མདོག་བདེ་བ་སྟེ་ཡང་ཞིང་བཀོལ་དུ་རུང་བ་འཐོབ་སོགས། རང་ (མདོ་)གི་འཁོར་དང་སྐྱེ་བོ་ (མདོ་ 2-1-414 )ཕལ་ལ་སྙོམས་པར་བྱམས་པའི་མདངས་སོགས། ཆོས་ཟབ་ཡང་དག་མཐའ་ལ་བསྟན་པར་ (གཟུངས་ཀྱི་དབང་ཕྱུག་གི་མདོར་རྒྱས་པར། )གནས་སོགས། ཕུགས་སུ་ཕན་པས་ཕྱི་རྗེས་སུ་སོགས་ཏེ། བཙུན་གྲོལ་ཡང་ངོ༌། །མདོ་ཨཱརྱ། རྒྱ་ཆེན་པོ་ལ་ (ཨཱརྱ་)བཟོད་པའི་ (མདོ་)ཆོས་ཡང་དག་པར་ སྟོན་པས་རི་མོ་རིང་བ་ཅེས་སོ། །སོ་ཐར་བྱང་སྡོམ་སོགས་བསླབ་པར་རབ་ཏུ་མང་སོགས། སྣོད་བཅུད་ཀྱི་འཇིག་རྟེན་ (སྐུའི་ཕྱོགས་གཅིག་ལ་བསྟོད་པར། ཟངས་ཞུན་འོད་འདྲ་འདི་དག་གི། །དཔལ་འབར་འདི་ ཡི་ཐད་ན་ནི། །བིམ་པའི་འབྲས་བུ་མཚམས་སྤྲིན་དང༌། །ཨུད་པལ་དམར་རྗེས་རོ་དང་འདྲ། །ཞེས་སོ། ། )སོགས། ཚིག་ འཇམ་པོ་སྔོན་དུ་བཏང་ (མདོ་)ནས་འདུལ་སོགས་ཡོན་ཏན་ཕྲ་མོའི་ཚོགས་ཡིད་ལ་འཐད་ སོགས། བྱིས་པའི་སྐྱེ་བོ། ནས། དཀའ་བའི་ཆོས་ཀྱིས་འདུལ་བ་ཉིད་ཀྱི་ལྗགས་དམར་ཞེས་ ཨཱརྱ། བསྙེངས་པའམ་འཇིགས་ (གཞུང་འདིའི་ལྟར་མདོ་ཚིག་ཏུ་སྣང་)པ་ཐམས་ཅད་སོགས། རྣ་བར་ སྙན། སོགས་པ་མཉེན་ཞིང་ཡིད་ལ་འབབ་པར་གསུང་སོགས་ཡང་སྲིད་པར་སྦྱོར་བ་མ་རིག་ པ་སོགས་བསྡོམ་སོགས། མཛེས་དགའ་སོར་ཕྲེང་སྟེང་རྒྱས་འོད་བསྲུང་སོགས་དུག་གསུམ་ ཤེས་ཆེས་པ་དང་ཀ་བི་ན་སོགས་ང་རྒྱལ་ཆེ་བ་སོགས་ཀྱི་སྐྱེ་བོ་འདུལ་དཀའ་སོགས། འགོག་ ལམ་གྱི་ཆོས་འདུལ་བ་སྒྲིབ་པའི་ནག་ནོག་མེད་པས་ཤིན་ཏུ་སོགས། འཁོར་འདས་ (སངས་རྒྱས་ ཐམས་ཅད་དང་མཉམ་ཞེས་ཀྱང་ངོ༌། ། )མཉམ་པར་རྟོགས་པའི་ས་སོགས། ལམ་ལྔ་མཐར་གྱིས་སོགས། ཤེས་རབ་མཆོག་རྣམ་མཁྱེན་སོགས། གདུལ་བྱའི་ (མདོ་)སྐྱེ་བོ། ནས། མངའ་བ་ (མདོ་)ཉིད་ཀྱི་ སོགས། ཡན་ལག་བཅུ་གཉིས་སམ་སྟོབས་སོགས་སངས་རྒྱས་ཀྱི་ཆོས་ཤིན་ཏུ་ (མདོ་)ཡངས་ ཤིང་སོགས། ཚོགས་འཁོར་བ་དང་ངན་སོང་ནས་དྲངས་སོགས། ལྷ་ལྷ་མིན་ (ཨཱརྱ་)མིའི་འགྲོ་ བ་ན་ཆུང་ (མདོ་)གཞོན་ནུ་མ་ཐམས་ཅད་སོགས། ཕྱི་རྗེས་མྱང་འདས་སོགས། ཡང་ན་གོང་དང་ འདི་གཉིས་ཀྱི་ཁྱད་གོང་མ་སྐྱེ་བ་བརྒྱུད་མར་འཁོར་ཚེ་ཕན་པ་འདི་མྱང་འདས་སམ་ཡང་ན་ བཟློག་གོ །འདོད་པ་བསོད་ཉོམས་ཀྱི་དང་ངལ་ཞིང་དུབ་པའི་མཐའ་སྤངས་པས་ཐབས་ 2-1-415 གནོད་འཛུག་མེད་པའི་ཆོས་འདུལ་སོགས། དགེ་བའི་སྣུམ་ (མདོ་)གྱིས་བརླན་སོགས། འཁོར་ བ་དང་རང་དོན་ཀྱི་སྐྱོན་གཟིགས་སོགས། དམྱལ་བ་ལ་སོགས་པར་མཆོག་ཏུ་གནོད་པ་ མྱོངས་པའི་རྒྱུ་འཚམས་མེད་སོགས་བཟློག་སོགས་ཆགས་སྡང་སོགས། རྒྱུད་ཉོན་མོངས་དང་ སྡིག་པས་མ་ཉམས་སོགས། བདག་གཉིས་སུ་ལྟ་བས་བྱས་པ་ལྟ་ངན་དྲུག་ཅུ་གཉིས་སོགས་ ཀྱིས་སོགས། རྟག་ཆད་དུ་སྨྲ་བ་ཐམས་ཅད་སོགས། མཆོག་སེམས་བསྐྱེད་རྫོགས་སོགས། ཡུལ་འདོད་པའི་ཡོན་ཏན་གྱི་དགའ་བ་སོགས། བསྟན་པའི་སྙིང་པོ་སྒྲོ་སྐུར་ཀྱི་རྩུབ་པ་དང་ བྲལ་བའི་བློ་འཇམ་སོགས། མི་ (མདོ་)རྩུབ་བམ་མི་བརླང་ཞེས་སོགས། དྲི་ཞིམ་པོ་བཀྲམ་པས་ སྐྱེ་བོ་རྣམས་རང་དང་མཐུན་པར་ (འདུ་བར་)བསྒྲུབ་པ་ཉིད་ཀྱིས་སོགས། (མདོ་ཚིགས་གོ །) ལྟ་ན་ མཛེས་སོགས་སོ། །དེ་ལྟའི་ལོངས་སྐུ་ཡང་མྱ་ངན་ལས་འདའ་ཞིང་སངས་རྒྱས་མིན་པས་དེར་ མི་ཤེས་ཏེ་བརྒྱ་བྱིན་འཕོ་བ་བཞིན་ནོ། །ཞེས་སོགས་དང༌། མྱ་ངན་ལས་མི་འདའ་ཞེས་སོགས་ ཏེ། ཞིབ་ཏུ་ཆོས་བཤེས་ལྟའོ། ། བཞི་པ་ལ། མཚམས་སྦྱར་ནི། དེ་ལྟར་སོགས་སོ། །རྩ་བ་ལ། མཉམ་དུ་མཛད་པའི་ གཟུགས་སྐུ་དེ་ཞེས་སོགས་ཏེ་འགྲེལ་པ་ལྟར་རོ། །དུས་ཐམས་ཅད་དུ་དེ་པ་རྫོགས་པའི་ སངས་རྒྱས་ཀྱི་སྤྲུལ་བ་སྣ་ཚོགས་ཀྱི་ཕྲིན་ལས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་ དོ། །ཞེས་སོགས་སོ། །འགྲེལ་པ་ལ། ཤཱཀྱ། ནས། གཟུགས་སྐུ་དེ་ནི་ཆོས་ཅན། སངས་རྒྱས། ནས། སྐུ་ཡིན་ཏེ། འཁོར་བ་ནས། ཉིད་དུ་དངོས་སུ་མཛད་པའི་གཟུགས་སྐུ་ཡིན་པས་སོ། ། སངས་རྒྱས་ཀྱི་སྤྲུལ་སྐུ་ཆོས་ཅན། འཁོར་བ་སྲིད་དུ་རྒྱུན་སོགས་སོ། །ནམ་མཁའ་གནས་ཀྱི་ བར་ཏུ་རྒྱུན་ཆགས་པས་སོ། ། གཉིས་པ་ལ་གསུམ་ལས། མཚམས་སྦྱར་ལ་གཉིས་ཏེ། བཤད་ཟིན་གྱི། འཆད་འགྱུར་ གྱིའོ། །དང་པོ་ནི། སྔར་བཤད་པ་དེ་ལྟར་སྐུ་གསུམ་བསྟན་ནོ། །གསུམ་ཇི་ལྟ་བུ་ཞེ་ན། འདི་ལ་ 2-1-416 རང་བཞིན། རྒྱུ། ཡུལ། ངོ་བོ་བཞི་ལས། དང་པོ་ནི། གསུམ་ཆོས་ཅན། ངོ་བོ་ཉིད་སྐུའི་བདག་ ཉིད་དེ་རང་བཞིན་ཅན་ཏེ། དེ་ཁྱོད་ཀྱི་ཆོས་ཉིད་ཡིན་པས་སོ། །གཉིས་པ་ནི། ཆོས་ཅན། རྒྱུ་ མེད་དམ་མི་མཐུན་པའི་རྒྱུ་ལས་བྱུང་བ་མིན་ཏེ། ཆོས་ཉིད་ཐབས་སྙིང་རྗེ་སོགས་བསྒོམས་ སྟོབས་ལས་བྱུང་བས་སོ། །གསུམ་པ་ནི། ཆོས་ཅན། སུའི་ཡང་སྤྱོད་ཡུལ་དུ་མི་རུང་བའི་ཐར་ བ་གཅིག་མིན་ཏེ། རིམ་བཞིན་སངས་རྒྱས་དང༌། སོགས་པ་བྱང་འཕགས། ཉན་ཐོས་སོ་སྐྱེའི་ ཡུལ་ཉིད་དུ་གྱུར་པས་སོ། །(རྒྱུ་མཚན་ཞིབ་ཏུ་སྦྱོར་ཕྲེང་དུ་ལྟོས། ) བཞི་པ་ནི། རྟོགས་པ་ཆོས་སྐུ་ཆོས་ ཅན། དེ་བཞིན་ཉིད་ཙམ་ཁོ་ན་མིན་ཏེ། མེ་ལོང་ཡེ་ཤེས་ཀྱི་དངོས་པོ་ཡིན་པས་སོ། །ལོངས་ སྐུ་ཆོས་ཅན། དེ་གཉིས་ཙམ་ཁོ་ན་མིན་ཏེ། སོགས་པ་མཉམ་ཉིད་སོར་རྟོག་ཡིན་པས་སོ། ། སྤྲུལ་སྐུ་ཆོས་ཅན། དེ་བཞི་ཁོ་ན་མིན་ཏེ། བྱ་གྲུབ་ཡེ་ཤེས་ཡིན་པས་སོ། །དེ་ཡང་དེ་གསུམ་ ཆོས་ཅན། དོན་དམ་པའི་བདེན་པ་མིན་ཏེ། དེ་ལ་ལྟོས་ནས་རབ་ཏུ་བརྟགས་པ་ཡིན་པས་སོ་ ཞེས་སྦྱར་རོ། །(ངོ་བོ་བུ་གསུང༌། ) ཡེ་ཤེས་སོགས་ཀྱིས་ཡུལ་ཅན་སྟོན་པར་བཅོམ་རལ་སོགས་སོ། ། གཉིས་པ་ནི། བྱེད་པ་པོ་བསྟན་ནས་དབྱེ་བ་སྟོན་པ་ལ། རྟོགས་པ་ཡེ་ཤེས་ཆོས་སྐུ་ཆོས་ཅན། སྐལ་ལྡན་འགྲོ་བའི་དོན་བྱ་བ་འཕྲིན་ལས་མཛད་དེ། ཀུན་རྫོབ་ཏུ་སྐལ་བ་བཞིན་ལོངས་སྐུ་ དང་སོགས་པ་སྤྲུལ་སྐུ་ལ་སོགས་པར་སྣང་བ་བསྐྱེད་པའི་སྒོ་ནས་མངོན་མཐོ་ངེས་ལེགས་ སྒྲུབ་པས་སོ། །དེས་ན་འཕྲིན་ལས་ཉེར་བདུན་ཆོས་ཅན། རྟོགས་པ་ཆོས་སྐུའི་ལས་ཡིན་ནོ། ། དེའི་བདག་པོ་ལ་བརྟེན་ནས་བྱུང་བའི་གདུལ་བྱའི། ནས། འཕྲིན་ལས་ཡིན་པས་སོ། །ཞེས་ སྟོན་ནོ། ། རྩ་བ་ལ་གསུམ་སྟེ། དུས་ཀྱི་སྒོ་ནས་མདོར་བསྟན། དབྱེ་བའི་སྒོ་ནས་རྒྱས་བཤད། གྲངས་ ཀྱི་སྒོ་ནས་མཇུག་བསྡུ་བའོ། །དང་པོ་ནི། སྤྲུལ་སྐུ་རྒྱུན་མི་འཆད་པ་དེ་བཞིན་དུ། ནས། ཆོས་ (ཨཱརྱ་)སྐུ་འདིའི་སོགས་སོ། །གསེར་ནི། སྐུ་བཞིའི་ཐུན་མོང་གི་མཛད་པ་སྟོན་ཞེས་སོ། །རད་ 2-1-417 ཀིར། ལོངས་སྐུ་འདིའི་ཞེས་སོ། །(དོན་དངོས། ) མདོ་ལས་འདོད་པའམ་བཤད་དོ། ། གཉིས་པ་ལ་གསུམ་སྟེ། ལམ་གྱི་རྟེན། ལམ། ལམ་འབྲས་ལ་འགོད་པའོ། །དང་པོ་ནི། ངན་སོང་གི་འགྲོ་བ་རྣམས་དེའི་སྡུག་བསྔལ་ཞི་བར་བྱས་ཏེ་བདེ་འགྲོ་དང་མཐར་མྱང་འདས་ ལ་དང༌། ལྷ་འདོད་ཡོན་ལ་ཞེན་པ་རྣམས་ཀྱི་གཞལ་ (མདོ་)ཡས་ཁང་འབར་བར་སྣང་བར་བྱས་ ནས་སྐྱོ་བར་བྱས་ཏེ་ཀྱེ་གྲོགས་པོ་དག་འདུ་བྱེད་མི་བརྟན་ཞེས་སོགས་བསྟན་ནས་དེ་དག་དང་ བྲལ་བ་ལ་དང༌། ཚངས་པ་རྣམས་ལྟ་བ་དང་འབྲལ་བར་བྱེད་སོགས་ཀྱི་རྟེན་ལ་འགོད་པའི་ ལས་དང༌། བསམས་བཞིན་དུ་སེམས་ཅན་དམྱལ་བ་རྣམས་སུ་སོང་སྟེ། ཞེས་སོགས་རྨད་དུ་ བྱུང་བ་རྒྱ་ཆེར་རོ། ། གཉིས་པ་ལ་བཞི་སྟེ། །ཚོགས། སྦྱོར། མཐོང༌། སྒོམ་ལམ་ལ་འགོད་པའོ། །དང་བོ་ལ་ ལྔ་ལས། དང་པོ་ནི། སེམས་ཅན་རྣམས་བསྡུ་རྣམ་བཞི་ལ་འགོད་པའོ། །དཔའ་བོས། སྦྱིན་ པའི་གཡབ་མོས་ལེགས་བོས་ཏེ། །སྙན་པར་སྨྲ་བའི་གཏམ་བྱས་ནས། །དོན་སྤྱོད་པ་ཡིས་ བག་ཕབ་སྟེ། །དོན་མཐུན་གྲོས་ཆེན་ངེས་པར་གདབ། །ཅེས་པ་ལྟར། གཙོ་བོར་ཟང་ཟིང་གི་ སྦྱིན་པས་བསྡུས་ཏེ་ཕྱིན་དྲུག་སོགས་ཀྱི་སྙན་པར་སྨྲ་བའི་གཏམ་བྱས་ནས་བསྟན་པ་ལྟར་དེ་ ལ་སྤྱོད་དུ་བཅུག་ཅིང་དེ་བརྟན་ཅིང་འཕེལ་བྱའི་ཕྱིར་རང་ཡང་དེ་དང་མཐུན་པར་ཉམས་སུ་ ལེན་པ་བཞིའོ། །(འདིར་ཟང་ཟིང་ཆོས་སྦྱིན་གཉིས་ཀ་མདོར་དངོས་སུ་རྒྱ་ཆེར་གསུངས་སོ། ། ) བཞིའི་བྱེད་ལས་ནི། དང་པོས་སྣོད་ཀྱི་དངོས་པོ་སྟེ། །གཉིས་པ་ཡིས་ནི་མོས་པར་བྱེད། །གསུམ་པ་ཡིས་ནི་སྒྲུབ་པ་ སྟེ། །བཞི་པ་རྣམ་པར་སྦྱོང་བའོ། །ཞེས་སོ། །རྒྱས་པར་གཞན་ལས་ཤེས་དགོས་སོ། །ཕྱོགས་ བཅུའི་འཇིག་རྟེན་ཁམས་ཀྱི་སེམས་ཅན་རྣམས་སྦྱིན་པ་དང༌། སོགས་སོ། ། གཉིས་པ་ཐོས་བསམ་གྱིས་ཉོན་མོངས་བཅས་པའི་རྣམ་བྱང་རིམ་བཞིན་དོར་བླང་དུ་ རྟོགས་པ་ལའོ། །སྤྲུལ་བ་ཀུན་ནས་ཉོན་མོངས་པར་ཡང་མི་འགྱུར། རྣམ་པར་བྱང་བར་ཡང་ 2-1-418 མི་འགྱུར། ཞེས་རྒལ་ལན་རྒྱ་ཆེར་རོ། ། གསུམ་པ། བདག་ཉིད་ (ཨཱརྱ་)ཇི་ལྟ་བ་ (དངོས་)བཞིན་དུ་ (དངོས་)སེམས་ཅན་རྣམས་ཀྱི་ དོན་ཐབས་མཁས་དང་ཚད་མེད་བཞི་སོགས་ལ་སྟེ། ཐབས་མཁས་པས་སེམས་ཅན་རྣམས་ ཡོངས་སུ་སྨིན་པར་བྱེད་ཀྱང་སེམས་ཅན་མི་དམིགས། སོགས་དང༌། བདག་ཀྱང་བྱམས་སྙིང་ རྗེ་དགའ་བ་བཏང་སྙོམས་ལ་སྙོམས་པར་འཇུག་པ་ཡིན། སོགས་རྒྱ་ཆེར་རོ། ། བཞི་པ་ནི། རང་གཞན་ཕྱིན་དྲུག་ལ་སྤྱོད་ཅིང་འཇོག་པ་སྟེ། བདག་ཀྱང་སྦྱིན་པ་གཏོང༌། སོགས་དང༌། ཞེས་སོགས་སྟེ། མདོ་སྔ་ཕྱི་འདི་གསུམ་འདྲེས་ཡོད་དོ། །ལྔ་པ་རང་གཞན་སངས་ རྒྱས་ཀྱི་ལམ་དགེ་བཅུ་ནས་སངས་རྒྱས་བར་ལ་སྤྱོད་ཅིང་འཇོག་པ་སྟེ། བདག་ཀྱང་དགེ་བ་ བཅུའི་ལམ་ཡང་དག་པར་འཛིན་སོགས། གཉིས་པ་ནི། རང་བཞིན་གྱིས་སྟོང་ཉིད་རྟོགས་པ་ ལ་སྟེ། རང་བཞིན་སྟོང་པ་ཉིད་དང་རྒྱུ་དང་འབྲས་བུ་ལ་སྦྱོར། ཞེས་སོགས་སོ། །གསུམ་པ་ ནི། གཟུང་འཛིན་གཉིས་ཟད་ཀྱི་ཆོས་ཉིད་གསར་མཐོང་ལ་སྟེ། བྱང་ཆུབ་ནི་གཉིས་སུ་དབྱེར་ མེད། སོགས་སོ། ། བཞི་པ་ལ་དྲུག་སྟེ། གཉིས་ནས་ལྔ་པའི་བར་དང༌། དྲུག བདུན། བརྒྱད། དགུ ། བཅུ་ པ་ལ་འགོད་པའོ། །དང་པོ་ནི། རིམ་བཞིན་ཚུལ་ཕར་ནས་བསམ་ཕར་བར་བརྡར་བརྟགས་ པ་ཙམ་དུ་རྟོགས་པ་ལ་སྟེ། གཟུགས་ཀྱང་འཇིག་རྟེན་པས་ཐ་སྙད་དུ་བརྟགས་པའོ། །ཞེས་ སོགས་སོ། །གཉིས་པ་ནི། བསྒོམ་བྱ་སྒོམ་པོ་བསྒོམ་པ་སོགས་འཁོར་གསུམ་དམིགས་སུ་ མེད་པར་རྟོགས་པའི་ཤེར་ཕྱིན་ལ་སྟེ། སྦྱིན་པ་དང་སྦྱིན་པའི་བདག་པོ་དང༌། ལེན་པ་ཡང་མི་ དམིགས། སོགས་སོ། །གསུམ་པ་ནི། ཕྱིན་དྲུག་གིས་ལུས་ཅན་རྣམས་ནི་རྒྱུད་ཡོངས་སུ་སྨིན་ པར་བྱེད་པ་ལ་སྟེ། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་སྟེ། ཞེས་སོགས་སོ། །བཞི་པ་ལ་ གཉིས་ལས། ཉན་རང་དང་ཐུན་མོང་མིན་པ་བྱང་པ་གཞོན་ནུའི་ས་བའི་ལམ་དུ་ངེས་པ་སྟེ། 2-1-419 ཕྱིན་དྲུག་ནི་བྱང་པའི་བྱང་ཆུབ་ཀྱི་ལམ་མོ། །ཞེས་སོགས་སོ། །གཉིས་པ་ནི། མངོན་པར་ཞེན་ པ་མངོན་གྱུར་ཐམས་ཅད་བཟློག་ནས་མི་རྟོག་ཡེ་ཤེས་ལྷུན་གྲུབ་ཏུ་འཇུག་པ་ལ་སྟེ། གང་ལ་ ཡང་མངོན་པར་ཞེན་པ་མེད་དོ། །སོགས་སོ། ། ལྔ་པ་ནི། བྱང་ཆུབ་ཀྱི་ལམ་ཁྱད་པར་ཅན་ཐོབ་པས་མྱུར་དུ་བྱང་ཆུབ་ཐོབ་པར་འགྱུར་ བའི་རྒྱལ་ (སེང་བཟང་)ཚབ་ལ་སྟེ། བྱང་ཆུབ་ཉིད་ལམ་མོ། །ལམ་ཉིད་བྱང་ཆུབ་པོ། །ཞེས་ སོ། །དྲུག་པ་ལ་གསུམ་སྟེ། ས་བཅུ་ཐོབ་མ་ཐག་ལ། སྐྱེ་བ་གཅིག་ཐོགས་ལ། སྲིད་པ་ཐ་མ་ བ་ལ་འགོད་པའོ། །དང་པོ་ནི། སྣོད་བཅུད་ཀྱི་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པ་ཅན་ དབང་བསྐུར་བའི་ས་ལ་སྟེ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའི་ཕྱིར་ཡོངས་སུ་ བསྔོའོ། ། ཞེས་སོགས་སོ། །འདིར་དབང་བསྐུར་བའི་ཚུལ་ས་བཅུ་པར་གསུངས་པ་བཤད་ ན། ས་བཅུ་པ་ཐོབ་མ་ཐག་གི་ཚེ་ཏིང་ངེ་འཛིན་ (དབྱིག་གཉེན་གྱིས་དྲངས་པ་ལྟར་གྱི་མདོ། )གྲངས་མེད་པ་ འབུམ་ཕྲག་བཅུ་ཇི་སྙེད་པའི་ཐ་མ་ལ་བྱང་པའི་ཏིང་ངེ་འཛིན་ཐམས་ཅད་མཁྱེན་པའི་ཡེ་ཤེས་ དང་ཁྱད་པར་མེད་པར་ (ནི་མཉམ་པར་ཞེས་དབྱིག)དབང་བསྐུར་བ་དང་ལྡན་པ་ཞེས་བྱ་བ་མངོན་དུ་ འགྱུར་ཏེ་ (ཀུན་མདོ་)དེ་ཐོབ་མ་ཐག་ནས་ (མདོ་དབྱིག་)དབང་བསྐུར་འཐོབ་པོ། །འདི་ལ་ལྔ་སྟེ། (ཀུན་ དབྱིག་གཉེན་དངོས། ) སྟན་གང༌། ལུས་ཀྱི་ཚད་ཇི་ཙམ་པ། འཁོར་གང༌། མཚན་མ་ (དབྱིག་)གང་ བྱུང་བ། གང་གིས་ཇི་ལྟར་དབང་བསྐུར་བའོ། །(ཀུན་དབྱིག) དང་པོ་ནི། (ཚད་ཀྱིས་མཚན་ཉིད་ནི་ཞེས་ དབྱིག) སྟོང་གསུམ་འབུམ་ཕྲག་བཅུའི་ (དབྱིག་མདོ་)གཏོས་དང་མཉམ་པའི་ (མཆོག་གི་རང་བཞིན་གྱི་ བདག་པོ་དང་འབྲེལ་བའི་མཚན་ཉིད། )རིན་པོ་ཆེའི་རྒྱལ་བོའི་པད་མ་རིན་ (མཆོག་གི་ཁྱད་པར་གྱི་མཚན་ཉིད། )པོ་ ཆེ་ཐམས་ཅད་ཀྱིས་སྤྲས་པ་དང༌། (མཚན་ཉིད་བཅུ་བཤད་པའི་གསུམ་དེའོ། ། ) དེའི་འཁོར་དུ་སྟོང་གསུམ་ དང་ (མདོ་ལ་གཏུག་དགོས་)མཉམ་པའི་རིན་པོ་ཆེའི་པད་ (མདོ་)མ་སྟོང་གསུམ་འབུམ་ཕྲག་བཅུའི་ རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱིས་གང་བར་སྣང་བའོ། །དེ་དག་སྐབས་འདི་དང་བསྟུན་ན་སྣོད་ 2-1-420 དག་པའི་སྣང་བའོ། །གཉིས་པ་ནི། གང་ན་དེ་ལ་རང་གི་ལུས་ཀྱང་དེ་དང་འཚམ་ཞིང་རྐྱེན་ དུ་བབ་པར་གནས་སོ། །(ཀུན་བཏུས་མདོ། ) གསུམ་པ་ནི། འཁོར་གྱི་པད་མ་ལ་ས་དགུ་པ་ (མདོར་ མེད་དཔྱད། )མན་གྱི་བྱང་པས་བསྐོར་ཏེ་འཁོད་པར་སྣང་སྟེ་བྱང་ཆེན་དེ་བལྟ་ཞིང་ཏིང་ངེ་འཛིན་ (ཀུན་མདོར་)འབུམ་ཕྲག་བཅུ་བཅུ་ལ་སྙོམས་པར་འཇུག་གོ །སྐབས་འདི་དང་བསྟུན་ན་བཅུད་ དག་པའི་སྣང་བའོ། །བཞི་པ་ནི། འོད་ཟེར་བྱུང་བ་སྟེ་འདི་ལ་གསུམ་སྟེ། ཕན་འདོགས་པའི་ ལས་ཅན། སྤྲོན་པའི། འགུགས་པའི་ལས་ཅན་ནོ། །དང་པོ་ནི། བྱང་ཆེན་དེའི་ཞབས་མཐིལ་ གཉིས། པུས་མོ་གཉིས། (ལྷ་ང་ཞེས་བུ། ) ལྟེ་བ་ཁུང༌། (མདོ། ) རྩིབ་ལོགས་གཉིས། (གཡས་གཡོན་ མདོ། ) ཕྱག་མཐིལ་གཉིས་ཏེ་ལྔ་ལས་འོད་ཟེར་གྲངས་མེད་པ་འབུམ་ཕྲག་བཅུ་བྱུང་ནས་ (དབྱིག་ མདོ་)རིམ་བཞིན་དུ་དམྱལ་བ། དུད་འགྲོ། ཡི་དྭགས། མི་བཞི་དང༌། ལྷ་ལྷ་མིན་གྱི་ (མདོ་)གནས་ རྣམས་སྣང་བར་བྱས་ནས་སྡུག་བསྔལ་རབ་ཏུ་ཞི་བར་བྱེད་དོ། །ཡང་ཕྲག་པ་གཉིས། རྒྱབ་ མགུལ་གཉིས། ཞལ་ནས་འོད་ཟེར་སྔར་བཞིན་དུ་བྱུང་བས། རིམ་བཞིན་ཕྱོགས་བཅུའི་ཉན་ ཐོས་དང༌། རང་རྒྱལ་དང༌། སེམས་དང་པོ་བསྐྱེད་པ་ཡན་ནས་ས་དགུ་པའི་བར་གྱི་གནས་ རྣམས་སྣང་བར་བྱས་ནས། ཆོས་སྣང་བའི་སྒོ། ཞི་བའི་ཏིང་ངེ་འཛིན་གྱི་སྒོ། ཐབས་ཤེས་རབ་ ལ་ (དབྱིག་མདོ་)མཁས་པའི་ཚུལ་ཉེ་བར་བསྒྲུབ་པོ། །དེ་དག་གིས་སྡུག་བསྔལ་བསལ་ཏེ་ཡོན་ ཏན་བསྐྱེད་པའི་སྒོ་ནས་ཕན་བཏགས་སོ། །(ཀུན་ཕན་འདོགས་པར་དབྱིག་འཆད་པས་ཚུལ་འདི་བས་མ་འདས་ སོ། ། ) དེ་ནི་མཆོད་པས་ཕན་འདོགས་པ་སྟོན་ཏེ། དེའི་མཛོད་སྤུ་ནས་འོད་ཟེར་གྲངས་མེད་པ་ (དབྱིག་མདོ་)འབུམ་ཕྲག་བཅུ་བྱུང་སྟེ། ཕྱོགས་བཅུའི་བདུད་ཀྱི་གནས་ཐམས་ཅད་མོག་མོག་པོར་ བྱས་ནས་དབང་བསྐུར་ཐོབ་པའི་བྱང་པ་རྣམས་སྣང་བར་བྱས་ཏེ་དེ་དག་གི་ལུས་སུ་ནུབ་པར་ བྱེད་དོ། །སྤྱི་བོ་ནས་སྟོང་གསུམ་གྲངས་མེད་པ་འབུམ་ཕྲག་བཅུའི་རྡུལ་ཕྲ་རབ་སྙེད་ཀྱི་འོད་ ཟེར་ཕྱུང་སྟེ། ཕྱོགས་བཅུའི་དེ་པའི་དཀྱིལ་འཁོར་ཐམས་ཅད་སྣང་བར་བྱས་འཇིག་རྟེན་ལན་ 2-1-421 བཅུ་བསྐོར་ནས་སྟེང་གི་བར་སྣང་ལ་འོད་ཟེར་གྱི་དྲ་བའི་དཀྱིལ་འཁོར་དུ་བྱས་ཏེ་དེ་པ་མཆོད་ པ་དང་རིམ་གྲོ་བསམ་གྱིས་མི་ཁྱབ་པས་དགུ་པ་མན་གྱི་མཆོད་པས་ཆ་ཙམ་དུ་ཡང་མི་འགྲོ་ བ་བྱེད་ (ཅིང་མཆོད་པ་དེ་དག་སེམས་ཅན་གང་དག་གིས་ཤེས་པ་ཐམས་ཅད་བླ་མེད་བྱང་ཆུབ་ཏུ་ངེས་པར་འགྱུར་རོ་ཞེས་པས་ སེམས་ཅན་གྱི་དོན་ཡང་བྱེད་དོ། ། )དོ། །གཉིས་པ་ནི། དེ་ལྟར་བྱས་ནས་དེ་པ་རྣམས་ཀྱི་ཞབས་མཐིལ་ དུ་ནུབ་པར་བྱེད་དོ། །དེ་ནས་ (སྔར་བཤད་དབང་བསྐུར་ཐོབ་པའི་ལུས་སུ་འོད་ཟེར་ནུབ་པ་དེ་ཡང་འདིར་དྲངས་ན་ ལེགས་བར་མངོན་ནོ། ། )རྒྱལ་བ་སྲས་བཅས་དེ་དག་གིས་བྱང་ཆེན་དེ་དབང་བསྐུར་བའི་དུས་ལ་ བབ་པར་ཐུགས་སུ་ཆུད་པར་གྱུར་ཏོ། །གསུམ་པ་ནི། དེ་ནས་བྱང་པ་ (ས་དང་པོ་བ་ཡན་)ས་དགུ་པ་ (མན་)ལ་གནས་པའི་བར་གྱི་བྱང་ (མདོ་དངོས་)པ་མཐའ་ཡས་པ་ཕྱོགས་བཅུའི་ནས་ (མདོ་ཚིག་བཞིན་ )ལྷགས་ནས་བྱང་པ་དེ་བསྐོར་ཞིང་མཆོད་ནས་དེ་ལ་ལྟ་ཞིང་ཏིང་ངེ་འཛིན་སྟོང་ཕྲག་བཅུ་བཅུ་ ལ་ (མདོ་དངོས་སྙོམས་པར་)འཇུག་གོ །བྱང་པ་དབང་ཐོབ་རྣམས་ཀྱི་དཔལ་བེའུ་དང་རྡོ་རྗེ་དང་བཀྲ་ ཤིས་ལས་བདུད་ཀྱི་དགྲ་ལས་རྣམ་པར་རྒྱལ་བ་ཞེས་བྱ་བའི་འོད་ཟེར་ཆེན་པོ་གཅིག་འཁོར་ འོད་ཟེར་གྲངས་མེད་པར་འབུམ་ཕྲག་བཅུ་བཅས་ (དབྱིག་མདོ་)བྱུང་སྟེ་ཕྱོགས་བཅུ་སྣང་བར་ བྱས། ཆོ་འཕྲུལ་མུ་མེད་པ་ (མདོ་)བསྟན་ཏེ་བྱང་པ་དེའི་དཔལ་བེའུ་དང་རྡོ་རྗེ་དང་བཀྲ་ཤིས་ སུ་ནུབ་པར་གྱུར་ཏེ། དེ་མ་ཐག་ཏུ་བྱང་པ་དེའི་མཐུ་སྟོབས་ཡང་སྔར་བས་འབུམ་འགྱུར་བས་ (དབྱིག་མདོ་)ལྷག་པར་འཕེལ་ལོ། །རྡོ་རྗེ་སོགས་དེ་རྣམས་བྱང་པའི་སྙིང་ཁ་ན་ཡོད་ཅེས་དབྱིག་ གོ །(དེ་ལྟ་བུ་ནི་མཚན་མ་གང་བྱུང་ན་དབང་བསྐུར་བའོ་ཞེས་དབྱིག)ལྔ་པ་ནི། དེ་ནས་དེ་པ་རྣམས་ཀྱི་མཛོད་སྤུ་ ནས་ཐམས་ཅད་མཁྱེན་པ་ཉིད་ཀྱི་མངོན་ཤེས་དང་ལྡན་པ་ཞེས་བྱ་བའི་འོད་ཟེར་འཁོར་འོད་ ཟེར་གྲངས་མེད་པ་འབུམ་ (མདོ་)ཕྲག་བཅུ་ཡང་བྱུང་སྟེ་ཕྱོགས་བཅུ་མ་ལུས་པར་སྣང་བར་བྱས་ འཇིག་རྟེན་ལན་བཅུ་བསྐོར། དེ་པའི་ཆོ་འཕྲུལ་ཆེན་པོ་བསྟན་བྱང་པ་ (ཁྲག་ཁྲིག་འབུམ་ཕྲག་)མང་ བོ་བསྐུལ། ཞིང་རབ་འབྱམས་རྣམ་པ་དྲུག་ཏུ་བསྐྱོད། ངན་ (བསྡུས་)སོང་ཞི། བདུད་གནས་མོག་ 2-1-422 མོག་པོར་བྱས། སོགས་ནས། བྱང་པའི་འཁོར་གྱི་དཀྱིལ་འཁོར་གྱི་སྟེང་ནས་བསྐོར་ཏེ་བཀོད་ པ་ཆེན་པོ་བསྟན་ནས་བྱང་པ་དེའི་སྤྱི་བོར་ (མགོ་ནས་)ནུབ་པར་གྱུར་ཏོ། །འཁོར་གྱི་འོད་ཟེར་ རྣམས་དེར་འདུས་པའི་འཁོར་གྱི་བྱང་པ་རྣམས་ཀྱི་སྤྱི་བོར་ནུབ་པོ། །དེ་མ་ཐག་བྱང་པ་དེ་དག་ གིས་སྔོན་མ་ཐོབ་པའི་ཏིང་ངེ་འཛིན་སྟོང་ཕྲག་བཅུ་བཅུ་འཐོབ་པོ། །ཞེས་སོགས་ (ས་བཅུ་པའི་ མདོར་)གསུངས་སོ། །གཉིས་པ་ལ་གསུམ་སྟེ། དང་པོ། སྐྱེ་བ་ཕྱི་མ་ལ་ཞིང་འདིར་དུས་འདིའི་ ཚེ་སངས་རྒྱས་པར་འགྱུར་ངེས་པ་སྟེ། བྱང་ཆེན་པོ་ནི་སངས་རྒྱས་ཀྱི་ཕུང་བོར་ངེས་པའོ། ། སོགས་སོ། །གཉིས་པ། ལྷུན་གྲུབ་རྒྱུན་མི་འཆད་གཉིས་ཀྱིས་སེམས་ཅན་གྱི་དོན་ཚད་མེད་ བྱེད་པ་ལ་སྟེ། སངས་རྒྱས་ཏེ་སེམས་ཅན་རྣམས་ཀྱི་དོན་བྱེད་དོ། །སོགས་སོ། །(དག་ལྡན་ལྟར། ) གསུམ་པ་ནི། མངོན་ཤེས་ཆེན་པོའི་ལས་ལ་དབང་བས་སངས་རྒྱས་བསྟན་པ་དང་སོགས་པ་ བསྙེན་བཀུར་སོགས་ཡོན་ཏན་དང་ཡེ་ཤེས་ཚད་མེད་པ་སྟེ། འཇིག་རྟེན་གྱི་ཁམས་སྣ་ཚོགས་ ཀྱི་སངས་རྒྱས་ཀྱི་དྲུང་དུ་འགྲོ་བ་དང་བསྙེན་བཀུར་བྱེད། སོགས་སོ། །གསུམ་པ་ལ་བརྒྱད་དེ། ནུས་པ་གཉིས། རྟོགས་པ་གཉིས། སྤངས་པ་གཉིས། དག་པའི་རྒྱུ་ཚོགས་གཉིས་སོ། །དང་པོ་ གཉིས་ནི། ཚེ་འདི་ལ་བྱང་ཆུབ་ཆེན་པོ་ཐོབ་པའི་ཡན་ལག་སྦྱིན་སོགས་དགེ་བ་ཁྱད་པར་ཅན་ ཏེ། གཞན་ཡང་འཁོར་བ་ལས་སྒྲོལ་བ་འདི་ནི་ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །ཞེས་ སོགས་སོ། །གྲངས་མེད་གསུམ་དུ་ཚོགས་གཉིས་བསགས་པའི་ལས་རྣམས་ཀྱི་འབྲས་བུ་ཆུད་ མི་ཟ་བར་ཚེ་འདིར་འཚང་རྒྱ་བ་སྟེ། ཆུད་ཟོས་ཤིང་རྒྱུད་ལྔའི་འཁོར་བར་མི་ལྟུང་བ་དེ་ལྟར་ སྤྱོད་དོ། །ཞེས་སོགས་སོ། །(ཨཱརྱ་ལྟར། ) རྟོགས་པ་གཉིས་ནི། ཇི་སྙེད་པ་རྟོགས་པ་བདེན་བཞི་ མཐོང་བ་སྟེ། འཕགས་པའི་བདེན་པ་བཞི་ཁོང་དུ་ཆུད་པར་བྱའོ། །ཞེས་སོ། །ཇི་ལྟ་བ་རྟོགས་ པ་འོག་ཏུ་འདུས་བྱས་འཁོར་བ་དང་འདུས་མ་བྱས་མྱང་འདས་ལ་ཐ་དད་དུ་ཡོངས་སུ་མི་ཤེས་ པར་མཉམ་ཉིད་དུ་རྟོགས་པ་སྟེ། འདུས་མ་བྱས་ཀྱི་ (འདི་རྣམས་མདོ་དང༌། ) དབྱིངས་སུ་འགོད་ 2-1-423 པ་དེ་ཡང་དེ་པའི་ཁྱུ་མཆོག་གི་མཐུར་མི་འགྱུར་རོ། །ཞེས་སོགས་སོ། །སྤངས་པ་གཉིས་ནི། ། ཕྱིན་ཅི་ལོག་བཞི་སོགས་སྤངས་པ་ལ་སྟེ། བྱམས་ཞུས་ལེའུས་བསྟན་པར་ (དག་)སྙིང་ཟླ་དང་ འདིར་བྱམས་པ་གཞན་གྱིས་དོན་ལས་བརྩམས་ཏེ། སེམས་ཅན་ཡོངས་སུ་མི་གཏོང་བས་ མྱ་ངན་ལས་འདས་པ་མ་ཡིན་ནོ། །ཞེས་སོགས། (དཔྱད་དགོས། ) ཕྱིན་ཅི་ལོག་དེའི་གཞི་དངོས་ པོ་བདེན་འཛིན་གྱི་ཡུལ་དངོས་པོ་བདེན་མེད་དུ་རྟོགས་པའི་ཚུལ་ལ་སྟེ། ཡང་དག་པའི་དོན་ མཐོང་བས་ནི་ཀུན་ནས་ཉོན་མོངས་པའམ་རྣམ་པར་བྱང་བར་འགྱུར་བ་མེད་དོ། །སོགས། རྒྱུ་ ཚོགས་གཉིས་ནི། ཆོས་ཉིད་མཉམ་པ་ཉིད་ཀྱི་རྣམ་པར་བྱང་བའི་ཡུལ་ཅན་གྱི་ཤེས་རབ་ཁྱད་ པར་ཅན་བྱང་ཆེན་གྱི་དངོས་རྒྱུ་སྟེ། ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་གང་ཡིན་པ་དེ་ནི། ངས་ རྣམ་པར་བྱང་བར་གསུངས་སོ། །ཞེས་སོགས། རྣམ་བྱང་གི་དངོས་ཀྱི་རྒྱུ་ཚོགས་སྦྱིན་སོགས་ ཐབས་ཁྱད་པར་ཅན་ཏེ། སྦྱིན་པའི་ཕར་ཕྱིན་རྫོགས་པར་བྱའོ། །ཞེས་སོགས། (ཡང་སྔ་མ་རང་ བཞིན་རྣམ་བྱང་རྟོགས་དང་ཕྱི་མ་གློ་བུར་རྣམ་བྱང་གི་ཚོགས་རྟོགས་པ་ལ་ཡང་རུང་ངོ༌། ། ) གསུམ་པ་ནི། མྱང་འདས་མཐར་ཐུག་ལ་འགོད་པ་སྟེ། རྨོངས་པ་མེད་པའི་ཆོས་ཅན་གྱི་ མྱ་ངན་ལས་འདས་པ་སྟེ། ཆོས་དེ་ནི་མ་སྤྲུལ་བའོ། །ཞེས་སོགས་སོ། ། གསུམ་པ་ནི། ཆོས་སྐུའི་འཕྲིན་ལས་ནི་འགོད་ཚུལ་གྱི་དབྱེ་བས་ཉི་ཤུ་བདུན་དུ་འདོད་དོ། ། འགྲེལ་པ་ལ་གསུམ། འཕྲིན་ལས་ས་མཚམས་ཀྱི་རིམ་པས་ཕྱེ་བ། དེའི་དུས། རིམ་པ་དེས་ གཞན་ཡང་མཚོན་པར་བསྟན་པའོ། །དང་པོ་ལ་རྩ་བ་བཞིན་གསུམ་ལས། རྟེན་ལ་འགོད་པ་ ནི། (གསེར་ནི་བཟང་བཟང་མིན་གྱི་རྒྱལ་བྲམ་རྗེ་རིགས་སོགས་ཏེ་མངོན་ཞེན་མེད་པ་ནི་བཟང་ངན་དུ་ཆགས་པ་མེད་པ། ཞེས་ཏེ་ དོན་མིན་ནོ། ། ) མཛད་ཅེས་དྲང་ངོ༌། །གང་གི་ཚེ་ན། འཕྲིན་ལས་དང་པོར་རོ། །གང་ལ་ན། འགྲོ་ བ་ (ནི་མི་ལ་སོགས་པ་སྟེ་འདོད་ཆགས་འབར་བ་མཛེས་དགའ་ཞེ་སྡང་འབར་བ་སོར་ཕྲེང༌། གཏི་མུག་འབར་བ་སྟེང་རྒྱས་འོད་ བསྲུང་སོགས་ཀྱི་དེ་དག་ཀྱང་ཞི་བར་བྱས་པས། ཞེས་ཆོས་བཤེས་སོ། ། )བཟང་བོ་ལྷ་མི་དང་བཟང་བོ་མིན་པ་ངན་ 2-1-424 སོང་རྣམས་ལའོ། །གང་ན། ངན་སོང་བའི་སྡུག་བསྔལ་ཞི་སོགས་དང་བདེ་འགྲོ་ལ་མངོན་ ཞེན་མེད་པར་གནས་པའི་མཚན་ཉིད་དེ། མདོར་ན་འགྲོ་བའི་ཉེས་པ་དང་སྡུག་བསྔལ་རབ་ཏུ་ ཞི་བའི་འཕྲིན་ལས་སོ། །ནས་ཞེས་པ། དེ་བྱས་ནས་ཡང་འདི་བྱ་ཞེས་རིམ་པའི་ཚིག་གོ །ལམ་ ལ་འགོད་པ་ལ་སྔར་བཞིན་བཞི་ལས། ཚོགས་ལམ་ལ་འགོད་པ་ལ། རྟོགས་པ་ཆོས་སྐུ་ཆོས་ ཅན། གདུལ་བྱ་སྐལ་ལྡན་ཚོགས་ལམ་ལ་འགོད་དེ། དེ་བསྡུ་བ་བཞི་ནས་སངས་རྒྱས་ཀྱི་ལམ་ གྱི་བར་ལ་འགོད་པས་སོ། །རྟགས་རེ་རེ་ནས་གྲུབ་སྟེ། སྦྱོར་བ། (བུདྡྷ་ཤྲཱི། ) ལྟ་བ་ (བུདྡྷ་ཤྲཱི་)སྤྱོད་ པ་རྣམ་དག་ལ་འགོད་པའོ། །དང་པོ་ནི་ཆོས་ཅན་དེ་བསྡུ་བའི་དངོས་པོ་བཞི་ལ་འགོད་དེ། དེ་ སྦྱིན་པས་སྣོད་དུ་རུང་བ། སྙན་སྨྲས་མོས་པར། དོན་སྤྱོད་ཀྱིས་ཆོས་བསྒྲུབ་པར། དོན་མཐུན་ གྱིས་བསྒྲུབ་པ་མཐར་ཐུག་པར་སྦྱོར་བར་མཛད་པས་སོ། །གཉིས་པ་ནི། ཆོས་ཅན། དེ་ཐོས་ བསམ་གྱི་བླང་དོར་ཕྱིན་ཅི་མ་ལོག་པར་རྟོགས་པ་ལ་སྟེ། ཐོས་བྱུང་དང་སོགས་པས་བསམ་ པའི་ཤེས་པས་མི་མཐུན་ཕྱོགས་ཉོན་མོངས་ཕྱོགས་དོར་གཉེན་པོ་རྣམ་བྱང་ཕྱོགས་བླང་བར་ བྱ་བའི་སྒོ་ནས་རྟོགས་པར་མཛད་པས་སོ། །གསུམ་པ་ལ། གཞན་དོན། (བུདྡྷ་ཤྲཱི་)རང་དོན། (བུདྡྷ་ཤྲཱི་)གཉིས་དོན་གྱི་སྤྱོད་པ་ལའོ། །(སློབ་དཔོན། ) དང་པོ་ནི། ཆོས་ཅན། དེ་སེམས་ཅན་གྱི་ དོན་ཏེ་གཞན་དོན་གྱི་བསམ་པ་ཁྱད་པར་ཅན་ལ་འགོད་དེ། སྒྱུ་མ་མཁན་སྒྱུ་མ་ལ་ཆགས་སྡང་ མེད་པ་བཞིན་སེམས་ཅན་རྣམས་ལ་རྗེས་ཆགས་དང༌། སོགས་པ་ཁོང་ཁྲོ་སོགས་ཀྱི་རྣམ་པར་ དབེན་པ་ཉིད་ཀྱི་སྒོ་ནས་བྱམས། སོགས་ནས། བཀོད་པའི་ཕྱིར་རོ། །གཉིས་པ་ནི། ཆོས་ཅན། དེ་ཕར་ཕྱིན་དྲུག་ལ་དད་པས་གོམས་པར་བྱེད་པ་ལ་འགོད་དེ། དེ་སྦྱོར་བས་གཙོ་བོ་རང་གི་ དོན་སྒྲུབ་པའི་འཁོར་གསུམ་དག་པས་ཕྱེ་བའི་སྦྱིན་སོགས་སྒྲུབ་པ་ལ་འགོད་པས་སོ། །དེའི་ རྗེས་ལ་ཞེས་པ་ནི། འཕྲིན་ལས་ཀྱི་རིམ་པ་སྟེ། དེའི་འོག་ཅེས་པ་ཐམས་ཅད་ཀྱང་དེ་བཞིན་ ནོ། །གསུམ་པ་ནི། ཆོས་ཅན། དེ་རང་དང་གཞན་གྱི་དོན་གྱི་མཚན་ཉིད་སངས་རྒྱས་ཉིད་ལམ་ 2-1-425 ལ་འགོད་དེ། དེ་དགེ་བཅུའི་ལས་ལམ་ལ་འགོད་པས་སོ། །གཉིས་པ་ནི། དེ་སྦྱོར་ལམ་ལ་ སྟེ། དེ་ཚོགས་ལམ་ལ་བཀོད་པ་དེའི་རྗེས་ནས་ཆོས་ཐམས་ཅད་དོན་དམ་པར། ནས། གོམས་ པའི་སོ་སྐྱེའི་ལམ་ལ་འགོད་པས་སོ། །འདིར་ཆོས་བཤེས་ནི། དང་པོ་བཞི་ཚོགས་ལམ་ཕལ་ བ། དེ་ནས་ལྔ་ཁྱད་པར་ཅན་ཐར་ (ལོཙྪ་བསང་)ཆ། གཉིས་སྦྱོར་ལམ། གཞན་གསལ་ལོ། །ཞེས་ སོ། །ཁ་ཅིག དང་པོ་ཚོགས་ལམ། དེ་ནས་ལྔ་སྦྱོར་ལམ། དེ་ནས་བཞི་པར་ཆད་མེད་པའི་ ཏིང་ངེ་འཛིན་ཏེ། དེར་འཛིན་པ་སྤོང་བས་ཟེར་རོ། །ཞེས་ཀྱང་ཆོས་བཤེས་སོ། །གསུམ་པ་ནི། དེ་ས་དང་པོ་ཆོས་དབྱིངས་ཀུན་འགྲོ་རྟོགས་པའི་མཚན་ཉིད་ལ་འགོད་དེ། དེ་སྦྱིན་ཕར་གྱི་ངོ་ བོ་རྫོགས་པ་ལ་བརྟེན་ནས་སྐྱེས་པའི་གཉིས་མེད་ཀྱི་ཆོས་མངོན་སུམ་གྱིས་གསར་རྟོགས་ལ་ འགོད་པས་སོ། །བཞི་པ་ལ། ལྔ་པའི་བར། དྲུག བདུན། བརྒྱད། དགུ ས་བཅུ་ཐོབ་མ་ཐག སྐྱེ་བ་གཅིག་ཐོགས། སྲིད་ཐ་ལའོ། །དང་པོ་ནི། དེས་གཉིས་པ་སོགས་ལ་རིམ་བཞིན་འགོད་ དེ། ཚུལ་ཁྲིམས་དང་སོགས་པ་བསམ་གཏན་བར་གྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་ཐམས་ཅད་ བརྡར་བཏགས་པ་ཙམ་ཡིན་གྱི་དོན་དམ་དུ་མ་གྲུབ་པར་ཤེས་པའི་སྒོམ་ལམ་ཆུང་ངུའི་ཆུང་ ངུ་སོགས་ལ་འགོད་པས་སོ། །སོ་སོར་སྦྱར་རོ། །ས་དེ་རྣམས་ཅིར་དགོས་ཞེ་ན། ས་དང་པོར་ ཡང་ཚོགས་ཁྱད་པར་ཅན་རྫོགས་ཀྱང་མཐའ་དག་མིན་པས་ཚོགས་མཐའ་དག་ཡོངས་སུ་ རྫོགས་ (ཆོས་བཤེས་)པའི་རྒྱུར་གྱུར་པས་སོ། །(འདི་ཉེར་བདུན་གྱི་གཅིག་གོ །) གཉིས་པ་ནི། རིམ་གྱིས་ ས་དྲུག་པ་ལ་འགོད་དེ། དང་པོ་ལྔ་ཕྱིན་ལྔ་ལ་བརྟེན་པ་དེ་བཞིན་དུ་ཤེར་ཕྱིན་གྱི་ངོ་བོ་རྫོགས་ པ་ལ་བརྟེན་ནས་སྐྱེས་པ་ཡང་ཡིན་ཆོས་ཐམས་ཅད་དོན་དམ་དུ་དམིགས་སུ་མེད་པར་མངོན་ སུམ་དུ་རྟོགས་པ་ལ་འགོད་པས་སོ། །དེས་དེ་དམིགས་མེད་དུ་རྟོགས་པ་ཅི་ཞེ་ན། ཤེས་བྱ་སྟེ་ གཟུང་འཛིན་གྱི་དངོས་པོར་མ་ཞེན་པའི་མཚན་ཉིད་ཅན་གྱི་ཡེ་ཤེས་ཡིན་པས་སོ། །གསུམ་ པ་ནི། དེས་བདུན་པ་ལ་འགོད་དེ། ཐབས་ཀྱི་ཕར་ཕྱིན་གྱི་ངོ་བོ་རྫོགས་པའི་སྟོབས་གཙོ་ཆེ་ 2-1-426 བ་ཉིད་ཀྱིས་སེམས་ཅན་སྨིན་པར་བྱེད་པས་ནི་སློབ་ལམ་ལ་འགོད་པས་སོ། །བཞི་པ་ནི། དེ་ ས་བརྒྱད་པ་ལ་འགོད་དེ། སྟོབས་ཕར་གྱི་ངོ་བོ་རྫོགས་པའི་སྟོབས་གཙོ་ཆེ་བ་ཉིད་ཀྱིས་ཉན་ རང་སོགས་དང་ཐུན་མོང་མིན་པ་བྱང་པའི་ལམ་མི་ (མཚན་མེད་ཀྱི་དབྱིངས་ལ་གནས་ཀྱང་ཡང་དག་མཐའ་ མངོན་དུ་མི་བྱེད་པའོ། །ཞེས་ཆོས་བཤེས། )རྟོག་ཡེ་ཤེས་རྒྱུན་མི་འཆད་ཐབས་བཅས་ལ་འགོད་པའི་ཕྱིར་ དང༌། དེ་ནས་ནི་བཤད་རིམ་མོ། །ས་བརྒྱད་པ་དེ་ཉིད་ལ་སངས་རྒྱས་སོགས་ཆོས་ཐམས་ཅད་ ལ་སྐྱབས་སོགས་སུ་ (ཆོས་བཤེས་དོན་རུང་)མངོན་པར་ཞེན་པའི་ཆགས་པ་ཕྲ་མོ་ཕལ་ཆེར་སྤངས་ པ་ལ་འགོད་པས་སོ། །(སྔ་མ་རྟོགས་པ་འདི་སྤངས་པའོ། ། ) ལྔ་པ་ནི། ས་དགུ་པ་ལ་འགོད་དེ། སྨོན་ཕར་ གྱི་ངོ་བོ་རྫོགས་པའི་མཐུས་དེ་པའི་གཟུགས་སྐུར་བྱང་ཆུབ་ཐོབ་པར་སྤྲུལ་ནུས་ཀྱི་རྒྱལ་ཚབ་ ལ་འགོད་པས་སོ། །དྲུག་པ་ནི། དེ་ས་བཅུ་པའི་དབང་བསྐུར་བའི་ས་ལ་འགོད་དེ། ཡེ་ཕར་གྱི་ ངོ་བོ་རྫོགས་པས་བསྐྱེད་པའི་སྟོབས་ཀྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ཁྱད་པར་མེད་ པར་དབང་བསྐུར་བ་དང་ལྡན་པའི་ཏིང་ངེ་འཛིན་ལས་སྣོད་བཅུད་ཀྱི་སངས་རྒྱས་ཀྱི་ཞིང་རྣམ་ དག་ཅན་ལ་འགོད་པས་སོ། །བདུན་པ་ནི། དེ་སྐྱེ་བ་གཅིག་གིས་ཐོགས་པ་ལ་འགོད་དེ། སྐྱེས་ བུ་དེའི་རང་གི་ངོ་བོ་ཚེ་ཕྱི་མ་བར་མ་ཆད་དུ་ཡང་དག་རྫོགས་ཆུབ་ཏུ་རྒྱ་བར་སོ་སོར་ངེས་པ་ལ་ འགོད་པས་སོ། །ཡང་དེ་གཅིག་ཐོགས་ཀྱི་སྐབས་སུ་དོན་གཉིས་ལ་འགོད་དེ། དེ་དེའི་སྐབས་ སུ་ཕྱོགས་བཅུ། ནས། ཡོན་ཏན་ལ་བཀོད་པས་སོ། །བརྒྱད་པ་ལ། དེ་ལྟ་བུའི་རིམ་པས་འཕྲིན་ ལས་གཞན་ཡང་སྒྲུབ་པོ། །ཇི་ལྟར་ན། ས་བཅུ་པ་དེ་ཉིད་ཀྱི་སྐབས་ལ་ཁྱད་པར་གྱི་ལམ་སྲིད་ པ་ཐ་མ་པའི་ལམ་གྱི་ངོ་བོ་བརྒྱད་ལ་འགོད་དེ། ཆོས་ཅན། དེ་སྲིད་པ་ཐ་མ་པ་ལ་འགོད་དེ། དེ་ཚེ་དེ་ཉིད་ལ་སྐུ་གསུམ་གྱི་བྱང་ཆུབ་མཐའ་དག་རྫོགས་པར་འདྲེན་པར་བྱེད་པའི་ཆོས་ཀྱི་ མཚན་ཉིད་དེ་ངོ་བོར་གྱུར་པའི་བྱང་ཆུབ་ཡན་ལག་བདུན་ལ་འགོད་པས་སོ། །ཆོས་བཤེས། ཐེག་པ་གསུམ་གྱི་བྱང་ཆུབ་མཐའ་དག ཞེས་སོ། །ལས་ཚོགས་གཉིས་ཀྱི་འབྲས་བུ་ཚེ་དེ་ 2-1-427 ཉིད་ལ་བྱང་ཆེན་ཐོབ་པར་འབྲེལ་བས་ལས་བྱས་པ་ཆུད་མི་ཟ་བ་ལ་འགོད་པས་དང༌། བདེན་ བཞིའི་དངོས་པོ་སྟེ་ངོ་བོ་དང་ཆོས་སོགས་ཐམས་ཅད། ནས། རྟོགས་པའི་སློབ་ལམ་མཐར་ ཐུག་ལ་འགོད་པས་དང༌། རྟག་བདག་སོགས་ཕྱིན་ལོག་སྤངས་པའི་སློབ་ལམ་སོགས་དང༌། ཕྱིན་ཅི་ལོག་དེའི་གཞིའམ་རྒྱུ་དངོས་པོ་བདེན་འཛིན་མེད་པར་སྤངས་པའི་སློབ་ལམ་གྱི་ (ཆོས་ བཤེས་དོན་)ཡེ་ཤེས་སོགས་དང༌། རང་བཞིན་གྱིས་དག་ཅིང་འོད་གསལ་བའི་མཚན་ཉིད་ཀྱི་ བྱང་པའི་རྣམ་བྱང་མཐར་ཐུག་ལ་དང༌། གློ་བུར་དྲི་མ་ཐམས་ཅད་དང་བྲལ་བའི་སངས་རྒྱས་ ཀྱི་རྣམ་བྱང་གི་དངོས་རྒྱུའི་ཚོགས་པའི་སློབ་ལམ་ལ་དང༌། འདུས་བྱས་སམ་འཁོར་བ་འདུས་ མ་བྱས་སམ་མྱང་འདས་ཀྱི་ཆོས་ཐམས་ཅད་དོན་དམ་པར་བདེན་པའི་དངོས་པོ་སྟོང་པ་ཉིད་ ཀྱི་ཆ་ནས་ཐ་མི་དད་པར་ཡོངས་སུ་ཤེས་པའི་སློབ་ལམ་མཐར་ཐུག་ལ་བཀོད་པས་སོ། །དེ་ བརྒྱད་སྐད་ཅིག་མའི་སྐབས་ན་ཡོད། ཅེས། ཆོས་བཤེས་སོ། །ནས་ནི་རིམ་པའི་ཚིག་གོ ། གསུམ་པ་འབྲས་བུ་ལ་འགོད་པ་ནི། དེ་མི་གནས་པའི་མྱང་འདས་ལ་འགོད་པར་མཛད་དེ། དེ་དེ་པའི་ས་ཀུན་ཏུ་འོད་ལ་འགོད་པས་སོ། །གཉིས་པ་ནི། ཚུལ་དེ་ལྟར་ན་ཆོས་ཀྱི་སྐུ་རྟག་པ་ (བུ་)བཞིན་དུ་ཆོས་སྐུ་འདིའི་འཕྲིན་ལས། སོགས་ནས། བཞེད་པ་སྟེ་ལྷུན་གྲུབ་ཏུ། མཛད་པ་ (ཆོས་བཤེས་ཏེ་ལུང་སྦྱོར་)ཡིན་པས་འཕྲིན་ལས་མཚན་ཉིད་གཉིས་ལྡན་ནོ། །ཁྱོད་ཀྱི་འཕྲིན་ལས་ ཇི་སྙེད་པ། །བཞེད་པ་ཙམ་ལ་རག་ལས་ཏེ། །སྦྱོར་བྱུང་ཡོན་ཏན་གཅིག་མ་མཆིས། །ཞེས་ པ་ལྟར་རོ། ། (ཆོས་བཤེས་ཏེ་ཅུང་ཟད་མ་དག་གམ་དཔྱད། ) གསུམ་པ་ནི། ཨཱརྱ་ལྟར་ན། བདུན་ཅུའི་དང་ པོ་དང༌། སློབ་དཔོན་ལྟར་ན། དེར་མི་རུང་སྟེ་འཕྲིན་ལས་བདུན་བཅུའི་གཅིག་མིན་པས་ སོ། །དེས་ན་ཡན་ལག་རྒྱས་བཤད་གྱི་དང་པོ་སེམས་བསྐྱེད་དང་ཐ་མའི་འཕྲིན་ལས་བསྟན་ པའི་རབ་དབྱེ་རྣམས་ཀྱི་ས་མཚམས་འདིར་ཡང་བསྟན་པའི་རིམ་པས་རྒྱས་བཤད་ལྷག་མ་ གདམས་ངག་སོགས་རེ་བརྒྱད་ཀྱི་བར་གྱི་ཚིག་གི་དོན་རྣམས་ཀྱི་སའི་གོ་རིམ་ཡང་ལས་དང་ 2-1-428 པོ་པའི་ས་ནས་སངས་རྒྱས་བར་ཅི་རིགས་པར་དཔྱད་ནས་ཁོང་དུ་ཆུད་པར་བྱ་སྟེ། འདིར་ ཚིག་མངས་སུ་དོགས་ནས་བདག་གིས་ནི་མ་བྲིས་ཀྱི་ཚིག་ལ་ལྟ་བའམ་འགོད་མི་མཁྱེན་པ་ནི་ མིན་ནོ་ཞེས་སོ། །གསུམ་པ་ནི། དང་པོར་བདུན་སོང་བ་ལ་ལྟོས་ནས་བརྒྱད་པའོ།། ༈ །། གཉིས་པ་ལ། མཚམས་སྦྱར་ནི། རྒྱས་པ་སོགས་སོ། །རྩ་བ་ནི། མཁྱེན་གསུམ་ཆོས་ཅན། འཕགས་བཞིའི་མངོན་རྟོགས་ཐམས་ཅད་ཀྱི་མཚན་ཉིད་དེ་རང་བཞིན་ཡིན་ཏེ། སྦྱོར་བཞི་ ཆོས་སྐུ་ཁྱོད་ཀྱི་གནས་སྐབས་ལ་བཞག་པས་སོ། །ཨཱརྱའི་དགོངས་པའོ། །ཡེ་ཤེས་ཞབས་ནི། བླང་དོར་གྱི་མཚན་ཉིད་དོ། །ཞེས་སོ། །གཞི་ལམ་རྣམ་གསུམ་མཚོན་པར་བྱེད་པས་མཚན་ ཉིད་ཅེས་གསེར་དོན་ཏེ་ཡུལ་གཟུགས་སོགས་མཚོན་པས། ཞེས་སོ། །རད་ཀིར་ནི། སྦྱོར་ བ་བཞིར་མཚོན་པས་མཚན་ཉིད། ཅེས་སོ། །གསུམ་པོ་དེའི་སྦྱོར་བ་རྣམ་ཀུན། སྦྱོར་བ་དེའི་ རབ་རྩེ་མོ། སྦྱོར་བ་དེའི་གོ་རིམ་མཐར་སྦྱོར་དང༌། སྦྱོར་བ་དེའི་མཐའ་སྐད་ཅིག་མ། སྦྱོར་ པ་དེའི་རྣམ་སྨིན་ནི་ཆོས་སྐུ་སྟེ་ཡུམ་གྱི་དོན་བསྡུས་པ་བརྒྱད་ལས་གཞན་ཏེ་རྣམ་པ་དྲུག་གོ ། ཞེས་དག་སྙིང་ངོ༌། །འགྲེལ་པ་ནི། རྣམ་པ། ཞེས་ནས། གསུམ་པོ་ནི། དང་པོར་ཐོས་བསམ་ གྱིས་མངོན་པར་མཚོན་ཞིང་དོན་དུ་གཉེར་བྱ་རྟོགས་པའི་གནས་སོགས་སམ་རྩ་བ་ལྟར་རོ། ། གསུམ་པོ་དེ་ཐོས་བསམ་གྱིས་ཤེས་པ་དེ་ནས་དེ་གསུམ་ལ་དབང་གྱུར་ཐོབ་པར་བྱ་བའི་ཕྱིར་ དུ་འདིས་གསུམ་བསྡུས་ཏེ་སྒོམ་པ་ལ་སྦྱོར་བས་ཞེས་པ་རྟགས་སོ། །རྣམ། ནས། རྟོགས་པ་ནི་ ཆོས་ཅན་ནོ། །ཐམས་ཅད་སོགས་ཆོས་སོ། །ཕྱི་མ་ལ་ཡང་ཚུལ་དེའོ། །དེ་ནས་བསྡུས་བསྒོམ་ ཤིན་ཏུ་སོགས་སོ། །དེ་ནས་རྩེ་སྦྱོར་ཕལ་བས་རྟོགས་པའི་དངོས་པོ་སྟེ་དོན་ངེས་པ་སྟེ་བརྟན་ པར་བྱས་ནས། སོ་སོ་བ་གསུམ་རྣམ། མཐའ་དག་རྣམ་རྩེའི་རྣམ་པ་དག་བསྡུས་ཏེ་རྣམ་པར་ སོགས་གཞུང་སྲོང་བ་སྟེ་མ་ཉམས་པར་རྒྱུན་སྐྱོང་བར་བྱེད་པའི་སྦྱོར་བ་ཡིན་པས་སོགས་སོ། ། དེ་ནས་སློབ་ལམ་གྱི་རྟོགས་པ་དེ་བས་ཁྱད་པར་དུ་འགྲོར་སོགས་སོ། །དེ་ནས་སྦྱོར་བ་དེའི་ 2-1-429 འབྲས་བུ་མཐར་ཐུག་ཡིན་པས་སོགས་སོ། །དེ་ལྟར་ན། སོགས། དྲུག་སྟེའོ་ཡན་ལག་རྒྱས་ བཤད་སྔ་མ་བརྒྱད་དུ་བསྟན་པ་ཁོ་ན་སོགས་སོ། ། གསུམ་པ་ལ། མཚམས་སྦྱར་ནི། དབང་འབྲིང་བར་མ་ལ་ནས། དབང་རྣོན་མདོར་བསྡུ་ སོགས་སོ། །རྩ་བ་ནི། མཁྱེན་པ་གསུམ་ནི་ཐོས་བསམ་གྱིས་གཏན་ལ་དབབ་བྱའི་ཡུལ་ཡིན་ ནོ། །(སྐབས་དང་བོར་རྒྱས་འགྲེལ་ལས་འབྱུང༌། )སྦྱོར་བཞིའི་བདག་ཉིད་ནི་ཆོས་སྐུའི་རྒྱུ་ཡིན་ནོ། །ཆོས་ སྐུ་འཕྲིན་ལས་བཅས་པ་ནི་སྦྱོར་བ་དེའི་འབྲས་བུ་སྟེ་ཡུམ་གྱི་དོན་བརྒྱད་དྲུག་ལས་གཞན་ སོགས་སོ། །ཨཱརྱ་འོ། །འགྲེལ་པ་ལ། དང་པོར། ནས། ངོ་བོ་ཉིད་ནི། བྱང་སེའི་འཇུག་པའི་ ཡུལ་ནི་ཆོས་སྐུ་སྟེ་དེའི་རྒྱུ་ཡིན་ནོ། །ཞེས་སོགས་ཏེ་གཞན་སླའོ། །ཡན་ལག་རྒྱས་བཤད་ནི་ སྔར་བཤད་དེ་ཁོ་ན་བཞིན་དུ་ཞེས་སོགས་སོ།། ༈ །། གསུམ་པ་ལ། ཤེར་འབྱུང་ལྟར་ན་བཞི་སྟེ། སྔར་ཀྱི་མཆོད་བརྗོད་དང་རྩོམ་པར་དམ་ བཅའི་ཁྱད་ཆོས་གཞུང་གཟུགས་པ། བརྩམས་པའི་བསོད་ནམས་བསྔོ་བ། ཁེངས་བསྐྱུང་ བ། རྟོགས་པའི་ཁྱད་པར་བརྗོད་པའོ། །དང་པོ་ལ་གསུམ་སྟེ། ཀུན་གྱི་རྒྱན་དུ་འགྱུར་བའི་ གཞུང་འཛུགས། དགོས་པའི་བཞུང་འཛུགས། ཚིག་ལེར་བྱས་པ་དབྱེ་བའི་གཞུང་འཛུགས་ པའོ། །དང་པོ་ནི། ལ་ལ་སྟེ་བརྒྱད་སྟོང་པ་ལས་མངོན་རྟོགས་བརྒྱད་ཀྱི་དོན་ཙམ་ཞིག་བསྟན་ གྱི་ཚིག་གིས་དངོས་སུ་རྫོགས་པར་མ་བསྟན་ནོ། །གཞན་བར་མ་ལས་བརྒྱད་ཚིག་གིས་ རྫོགས་པར་བསྟན་ཅིང་དོན་རེ་རེའི་མིང་གི་རྣམ་གྲངས་ཀྱིས་མིན་ནོ། །གཞན་ཡུམ་རྒྱས་པ་ ལས་བརྒྱད་རྫོགས་པར་བསྟན་པར་མ་ཟད་གཟུགས་ནས་རྣམ་མཁྱེན་གྱི་བར་འགྲེས་ཀྱི་ཚིག་ གི་རྣམ་གྲངས་ཡང་ཡང་དང་དོན་རེ་རེའི་ཡང་རྣམ་གྲངས་ཀྱི་མིང་ཆོས་ཉིད་ལྟ་བུ་ལ། ཆོས་ ཉིད། ཡང་དག་མཐའ། དོན་དམ། དེ་བཞིན་ཉིད། ཆོས་དབྱིངས་ཞེས་སོགས་དུ་མ་དག་གིས་ བསྟན་ཏེ། དེས་ན་གསུང་རབ་ལ་མཁས་པ་རྣམས་ཀྱིས། ཡུམ་རྒྱས་འབྲིང་བསྡུས་པ་ཀུན་ 2-1-430 ལའང་བརྗོད་བྱའི་དོན་གྱི་གཙོ་བོ་བསྡུས་པ་རྒྱན་འདིས་བཀྲོལ་བའི་བརྒྱད་པོ་དེ་ཙམ་དུ་ཤེས་ པར་བྱ་ཞིང་ཆད་ལྷག་མེད་པས་རྒྱན་འདི་གསུམ་པོ་ཀུན་ཀྱི་རྒྱན་དུ་གྲུབ་པ་ཡིན་ནོ། །ཞེས་ དགོངས་སོ། །(གཞན་གྱིས་མ་ཤེས་སྣང་ངོ༌། ། ) དོན་གྱི་གཙོ་བོ་བརྒྱད་ཀྱིས་བསྡུས་པར་ཤེས་པ་དེ་ལྟ་ མིན་ན། གསུམ་པོ་ཐམས་ཅད་ཀྱི་བརྗོད་བྱའི་གཙོ་བོའི་རིམ་པ་ལེགས་པར་བསྡུས་པའི་ཚུལ་ མ་ནོར་བར་ཤེས་པ་མ་ཡིན་ཏེ། དེ་ལྟར་ཤེས་པའི་འགལ་ཟླར་གྱུར་པའི་ཕྱིར་ཏེ། ཨཱརྱས། འདི་སྐད་ཅེས་བྱ་བ་ལ་སོགས་པ་སྐབས་འབྱེད་པ་ནས་བརྩམས་ཏེ་ཡོངས་སུ་རྫོགས་པའི་ བར་གྱི་དངོས་པོ་རྣམས་གཅིག་ཏུ་བསྡུས་ན་རྣམ་མཁྱེན་ཉིད་ལ་སོགས་པ་ཆོས་སྐུ་མཛད་པ་ དང་བཅས་པའི་མཐར་ཐུག་པ་དངོས་པོ་བརྒྱད་དུ་འགྱུར་རོ། །ཞེས་སོ། །ཡང་གསུམ་གྱི་དོན་ གྱི་གཙོ་བོ་བརྒྱད་དུ་འདུས་པ་དེ་ལྟ་མིན་ན། རྒྱན་འདིས་གསུམ་པོ་ཐམས་ཅད་ཀྱི་དོན་རིམ་པ་ ལེགས་པར་ཏེ་ཚང་བར་བསྡུས་པ་མ་ཡིན་པར་ཡང་ཐལ་ལོ། །འོ་ན་ཡུམ་གསུམ་ཟློས་སོ་ཞེ་ ན། གསུམ་པོ་དེ་ལ་ཡང་དོན་གྱི་གཙོ་བོ་འདྲ་ཡང་དེ་སྟོན་པའི་ཚིག་བསྡུས་པ་དང༌། སོགས་པ་ འབྲིང་རྒྱས་ཀྱི་རབ་ཏུ་དབྱེ་བའི་སྒོ་ནས་བསྟན་པས། ཟློས་སྐྱོན་མེད་ཅིང་ཚིག་གི་ཁྱད་པར་དེ་ ཁོ་ནར་ཟད་པས་དོན་ཁྱད་མེད་དོ། །གཉིས་པ་གསུམ་པ་ལྷན་ཅིག་བཤད་ན་བདེ་བས། ཆོས་ བཤེས་ལྟར་བཤད་ན། བྱས་ཞེས་དྲང་ངོ༌། །གང་ན། རྒྱན་གྱི་ཚིག་ལེར་བྱས་པའི་འགྲེལ་པ་ དོན་གསལ་བ་འདི་ནིའོ། །གང་གིས་ན། རྒྱལ་རིགས་ལས་བསྟན་པའི་སྒོར་ཞུགས་ཏེ་ལོ་བཅུ་ བདུན་དུ་དགེ་བའི་བཤེས་གཉེན་མཉེས་པར་བྱས་པ་ (ཆོས་བཤེས་)མཐར་རྗེ་བཙུན་བྱམས་པས་ རྒྱན་དང་བཅས་པའི་ཡུམ་དངོས་སུ་བསྟན་པར་གྲགས་པའི་བདག་ཉིད་ཆེན་པོ་སེང་གེ་བཟང་ བོ་ཆེ་བས་སོ། །(ཆེ་ཆུང་འབྲིང་གསུམ་དུ་རྒྱ་གར་དུ་གྲགས་ཏེ་ངག་ལས་ཤེས། ) གང་གི་སྒོ་ནས་ན། སློབ་དཔོན་ འཕགས་པ་རྣམ་པར་གྲོལ་པའི་སྡེས་རྒྱལ་ལ་ (ལོཙྪ་བའི་འགྱུར་བྱང་ན་བཤད། )མངོན་སུམ་དུ་ཞུས་ ནས་མིས་སྔོན་ཆད་ (ཁོང་རང་གསུང་)མ་མྱོང་བའི་མདོ་བསྟན་བཅོས་སྦྱར་བའི་འགྲེལ་པ་མཛད་ 2-1-431 པ་ལ་ཆེར་འབད་པ་བྱས་པའི་ (འགྲེལ་ཆེན་དུ་ཡོད། )མཐུ་ཡིས་མདོ་བསྟན་བཅོས་ཀྱི་དོན་ཕྱིན་ཅི་མ་ ལོག་པར་མཐོང་བའི་སྒོ་ནས་སོ། །ཇི་ལྟར་བྱས་ཞེ་ན། (ཆོས་བཤེས་དངོས། ) ཆོས་ཀྱི་ཁྱད་པར་ (ཆོས་ བཤེས་)སྟོན་པའི་ཚིག་དང་ནི་ཚིག་ཇི་སྙེད་པས་ (མང་བོ་)བརྗོད་བྱ་གཅིག་སྟོན་པའི་ (ཆོས་བཤེས་ཀུན་) ངག་སྟེ། ཀ་བ་བྱས་པའི་ཕྱིར། མི་རྟག་ལ། དེས་ན་རང་བཞིན་མེད་ཅེས་པ་ལྟ་བུའོ། །(ཀུན་ཆོས་ བཤེས། ) སོགས་པས་དོན་འདྲ་ཡང་སྡེབ་སྦྱོར་གཙོ་བོར་བྱས་ཏེ་ཚིག་ཡིད་དུ་འོང་བའི་སྙན་ངག་ ཀྱང་སྦྱར་བ་མ་བྱས་པར་རོ། །ཅིའི་ཕྱིར་དེ་རྣམས་མ་སྦྱར་ཞེ་ན། (ཆོས་བཤེས། )དོན་གྱི་ངོ་བོ་ཐད་ གཟུགས་སུ་ (ཆོས་བཤེས་)གསལ་བོར་བསྟན་པས་སློབ་མ་སོགས་ཀྱིས་ (ཆོས་བཤེས་)གོ་བར་སླ་ བའི་ཕྱིར་དུའོ། །བོད་རྣམས་ནི། འཐེམ་སྦྱོར་གྱི་ཚིག་དང་ངག་དོན་རྒོལ་ལན་དང༌། སོགས་ པ་སྙན་ངགས་དང་རྣམ་གྲངས་ཀྱི་ (འོད་ཟེར་)བཤད་པ་སོགས་མ་བྱས་ཟེར་རོ། །མདོ་ཚིག་དང་ བསྟན་བཅོས་ཀྱི་ངག་དང༌། སོགས་པ་དོན་དང་ནི་འགྲེལ་ཚིག་གིས་དངོས་སུ་འདི་འདི་ཞེས་ སོགས་མ་སྦྱར་ཞེས་ཡང་རུང་ངོ༌། །ཅི་འདི་གཞན་གྱིས་མ་གནང་བར་ (ཆོས་བཤེས་)བྱས་སམ་ཞེ་ ན། (ཆོས་ཀྱི་བཤེས་གཉེན། )མིན་ཏེ་ (ཆོས་བཤེས་)ཉེ་བར་འཛིན་པའམ་ལུང་འབོགས་པས་མཁན་པོ་ ཡང་དག་པའི་བཤེས་གཉེན། མཚན་རྣམ་པར་སྣང་མཛད་བཟང་པོ་ཞེས་པ་རྒྱུད་ཡོན་ཏན་ གྱིས་ལྕི་ཞིང་ (དེ་ལྟ་བུའི་)བཀའ་དྲིན་ཡང་ཤིན་ཏུ་ལྕི་བའི་བླ་མ་བཟང་པོ་དེ་ལ་ཕྱག་འཚལ་ཏེ་ གནང་བ་མནོས་ཤིང་གདམས་ངག་གི་ཆ་གནང་ནས་སོ། །(ཆོས་བཤེས། ) ཁ་ཅིག སངས་རྒྱས་ རྣམ་པར་སྣང་མཛད་མངོན་སུམ་དུ་གྱུར་པས་དེ་སྐད་ཟེར་ཏེ། མཁན་པོ་དང༌། བླ་མ་བཟང་ པོ་འཕགས་སྡེའོ་ཟེར་རོ། །ཞེས་ཀྱང་ཆོས་བཤེས་སོ། །གོ་བར་སླ་བ་སོགས་ཀྱིས་དགོས་པའི་ གཞུང་འཛུགས་རྐང་བ་ (ཡུམ་འདི་ཆོས་བཤེས་)ཐ་མ་བཞིས་རྣམ་པར་དབྱེ་བའིའོ། །གཉིས་པ་ནི། བསྔོ་རྒྱུ་འགྲེལ་པ་དེ་སྡེབས་པ་ལས་བྱུང་བ་ཡི་དགེ་བ་སེང་བཟང་བདག་གིས་གང་ཐོབ་པ་ དེ་ཡིས་ཆེད་དུ་བྱ་བ་སྐྱེ་བོ་ཐམས་ཅད་ཀྱིས་ནི་བསྔོ་ས་བདེ་གཤེགས་ཤེས་རབ་ཆོས་སྐུ་ཐོབ་ 2-1-432 (ཆོས་བཤེས་)པར་ཤོག་ཅིག་གོ །དེས་མཚོན་ནས་དེ་བཤད་པ་དང་དེ་མཉན་པ་དང་དེ་བྲིས་པ་ སོགས་ལའང་སྦྱར་ཞིང་ལག་ལེན་བྱའོ། །གསུམ་པ་ལ། དོན་ལ་ (ཡུམ་འདིའི་)བདག་ནི་ལུང་ལ་ བརྟེན་པའི་རྗེས་དཔག་གིས་འཇུག་གི་འདི་དོན་མངོན་སུམ་དུ་གྱུར་པའི་ཤེས་རབ་མི་གསལ་ ལོ། །ཞེས་ཏེ། རྟོགས་པའི་ཆོས་ (ཆོས་བཤེས་)ཁོང་དུ་མ་ཆུད་པར་བསྟན་ནས། ལུང་ (ཀུན་ཆོས་བཤེས་) གི་ཆོས་ཀྱང་མ་རྟོགས་པར་ (ཆོས་བཤེས་)སྟོན་ཏེ་ཡུམ་སོགས་བསྟན་བཅོས་ཀུན་ཀྱང་བདག་ལ་ ཕྱི་རོལ་ཏེ་ལྐོག་ཏུ་གྱུར་པས་བདག་གིས་གང་ན་ཞིག་ཤེས་ཏེ་མི་ཤེས་སོ། །དེའི་རྒྱུ་མཚན་ནི། དགྲ་བཅོམ་པ་དེས་པ་དང་སྡེ་སྣོད་གསུམ་པ་སློབ་མ་ཅན་གཉིས་འདས་ནུབ་བསྟན་པ་ནུབ་ པས་ཕྱིན་ཆད་ཆོས་ཀྱི་གཟུགས་བརྙན་ལ་སྤྱོད་པའོ། །ཞེས་ (ཆོས་བཤེས་)གསུང་སྟེ་རྒྱུ་མཚན་དེ་ ནོར་རོ། །འོ་ན་སུའི་སྤྱོད་ཡུལ་སྙམ་པ་ལ། (ཆོས་བཤེས། )ཡུམ་སོགས་བསྟན་བཅོས་ཀྱི་དོན་ཇི་ལྟ་ བུ་ཞིག་ཡིན་པ་ནི་ (ཀུན་ཆོས་བཤེས་)བསྐལ་མང་དུ་ཚོགས་བསགས་པས་བདག་ཉིད་ཆེ་བའི་བློ་ ཅན་རྣམས་དང༌། ཡུན་རིང་བོར་བཤེས་གཉེན་སངས་རྒྱས་བྱང་པའི་མན་ངག་བཟུང་བ་ (ཆོས་ བཤེས་)དང༌། འཕགས་པའི་སྐྱེ་བོ་རྣམ་གྲོལ་སྡེ་ལ་སོགས་པ་དག་གི་སྤྱོད་ཡུལ་ (ཀུན་ཆོས་བཤེས་) ཡིན་ནོ། །བསྟན་བཅོས་དོན་ནི་ཅི་གང་ཡིན་ཞེས་འཆད་པས་བོད་རྣམས་འདིར་ཆེས་ནོར་ རོ། །འོན་ཀྱང་སྟེ་དེ་ལྟར་ཡིན་ནའང་སེང་བཟང་བདག་གི་སྤྱོད་ཡུལ་མ་ཡིན་པའི་མདོ་བསྟན་ བཅོས་ཀྱི་དོན་འབྱེད་པ་ལ་ང་རྒྱལ་སོགས་ཀྱིས་མིན་པར། རང་གི་རྟོགས་པ་མི་བརྗེད་པར་ དང༌། གཞན་གྱིས་ཀྱང་རྟོགས་པའི་དོན་གྱི་ངོར་ཏེ་ཆེད་དུ་སེང་བཟང་བདག་གིས་འབད་པ་ བགྱིས་པ་འདི་ལ་ནོངས་པའི་ཚོགས་ཡོད་ན་སྐྱེ་བོ་མཁས་པ་བློ་ལྡན་རྣམས་ཀྱིས་བཟོད་པར་ མཛོད་ཅིག་ཅེས་པ་ནི། བདག་ལ་སྨད་པས་ཁྱེད་རྣམས་ཉམས་པར་མ་གྱུར་ཅིག་ཅེས་སམ་ གཞན་ལ་འཇིགས་པས་ང་རྒྱལ་མེད་པར་སྟོན་པ་སྟེ། འགྲོ་བ་ཀུན་ལ་བྲན་གྱུར་བཞིན་དུ་ གནས་པར་བྱ། །ཅེས་ (ཀུན་ཆོས་བཤེས་)པ་ལྟར་རོ། །ཞེས་ཆོས་བཤེས་སོ། །བཞི་པ་ནི། དངོས་ 2-1-433 པོར་སྨྲ་བའི་གཞུང་ལུགས་སྣ་ཚོགས་ཀྱིས་ཡིད་སུན་ཞིང་དུབ་པ་བདག་གི་ངལ་བསོ་ཞིང་ དབུགས་ཕྱིན་པའི་གནས་རང་བཞིན་མེད་སྟོན་གྱི་ཤེར་པའི་དོན་གྱི་ཡིན་ལུགས་རྣམས་ཐོས་ བསམ་ལ་ཞུགས་ནས་ཡུན་རིང་མོ་ཞིག་ནས་གདོད་མཐོང་བས་ངལ་སོས་པར་གྱུར་པ་ཡིན་ པས་ཀྱེ་མ་ངོ་མཚར་རོ་ (ཚིགས་བཅད་འདི་ཨཱརྱའིའོ། ། )ཞེས་པའོ། །འདི་དོན་དུ་མ་ལ་འཇུག་སྟེ་སྨད་པ་ སྨོན་པ་ཞུམ་པའམ་མྱ་ངན་ངོ་མཚར་བ་སོགས་ལས་འདིར་དགའ་བ་ཁྱད་པར་ཅན་སྐྱེས་པའི་ ཚིག་གོ །རྫོགས་སོ་ནི་འགྲེལ་པ་ཚར་ཕྱིན་པའོ། ། གསུམ་པ་ནི། མཁན་པོ་མཚན་ཉིད་པའམ་བརྡ་སྤྲོད་པའི་མཁན་པོ་བིརྱ་ཀ་ར་པྲ་བྷ་ནི་ རིག་པའི་འབྱུང་གནས་འོད་ཟེར་རམ་རིག་བྱེད་འོད་ཟེར་རོ། །བནྡེ་ནི་བཙུན་པའམ་ཕྱག་ འོས། མཚན་ཀ་བ་དཔལ་བརྩེགས་ཀྱིས་སམ་སྐྲི་ཏིའི་སྐད་ལས་བོད་སྐད་དུ་བསྒྱུར་ཅིང་ཞུས་ དག་མཛད་དེ་གཏན་ལ་ཕབ་པོ། །སླད་ཀྱིས་ནི་དུས་ཕྱིས་སོ། །གོ་མི་ནི་བཙུན་པའམ་དགེ་ བསྙེན་ནོ། །(དཔྱད། ) འཆི་མེད་ཟླ་བ་དང༌། འཇམ་དཔལ་རྩ་རྒྱུད་ལས། ཤར་ཕྱོགས་རྒྱ་མཚོ་ བརྟེན་ནས་ནི། །དེ་འདིར་འབྲོག་གི་མཐར་ཐུག་པར། །བློ་ལྡན་ལོ་ཧི་ཏ་ལས་གཞན། །བྱང་དུ་ དེ་བཞིན་ཁ་བ་ཅན། །ཞེས་ལུང་བསྟན་པའི་ (ཡར་འབྲོག་ཏུ་འཁྲུངས་པས་)ལོ་ཙྪ་བ་སོགས་སོ།། ༈ །། སྐབས་བརྒྱད་སྡོམ་ཚིག་ཉི་ཟླའི་སྐ་རགས་ཀྱིས། །རྒྱལ་ཡུམ་ལྷུན་པོ་མཆོག་གི་ལུས་ བཅིངས་ཤིང༌། །དངོས་བཟང་བདུན་ཅུའི་གཟའ་སྐར་ཕྲེང་བ་ཡིས། །རྒྱལ་ཡུམ་སྔོ་བསངས་ མ་ནི་རྣམ་པར་བཀྲ ། གང་གིས་སྟོང་ཉིད་འོད་གསལ་ཟབ་སྟོན་དེ་ཡིས་དངོས་འཛིན་གཅོང་ ནད་སེལ། །གང་གིས་ཆོས་ཀྱི་སྡོམ་བཞི་རབ་གསལ་དེ་ཡིས་བདག་སྨྲའི་མུན་པ་སེལ། །གང་ གིས་བདེན་གཉིས་ཟབ་མོ་ལེགས་འབྱེད་དེ་ཡིས་སྒྲོ་འདོགས་སྐུར་འདེབས་སེལ། །གང་གིས་ རྣམ་མཁྱེན་ནོར་བུའི་མཆོག་བསྒྲུབ་དེ་ཡིས་འགྲོ་བློའི་དབུལ་བ་སེལ། །དེ་ལྟའི་རྒྱལ་ཡུམ་ 2-1-434 བསྟན་བཅོས་བཅས་འདི་རྒྱ་གར་མཁས་མང་དུ་མ་ཡིས། །རྣམ་པར་བཤད་ཅིང་བོད་ཀྱི་ཡུལ་ དུའང་མཁས་མང་དུ་མས་རྣམ་པར་འབད། །དེ་ལྟ་མོད་ཀྱི་གང་དོན་ཟབ་ཅིང་གཏིང་དཔག་ དཀའ་བས་ཇི་བཞིན་དོན། །རྫོགས་པར་སྟོན་པའི་རྣམ་པར་བཤད་པ་ཨུ་དུམ་ཝཱ་རའི་མེ་ཏོག་ བཞིན། །དེ་ཕྱིར་ཁོ་བོས་རྣམ་དཔྱོད་བཟང་བོས་མདོ་དང་བསྟན་བཅོས་དོན་བཟང་བོ། །རྣམ་ པར་དཔྱད་ནས་ཚིག་དོན་གསལ་ལ་རྣམ་པར་རྫོགས་པས་ཆེས་གསལ་བར། །རྣམ་པར་ བཀོད་མོད་གང་གི་བློ་གྲོས་རྣམ་པར་གསལ་པའི་ཟླ་བ་ཡང༌། །རྨོངས་པའི་ནག་པོར་ར་རིས་ སྒྲིབས་ཕྱིར་ནོངས་པ་ཡོད་ན་མཁས་ལ་བཤགས། ། འདི་ན་ད་ལྟ་རང་གིས་ཤེས་པ་བས། །གཞན་ལ་སྨྲ་བ་རིངས་བའི་སྐྱེ་བོ་འགའ། །མགུ་ བ་ཙམ་གྱི་ཆེད་དུ་མ་བྱས་ཏེ། །དེ་དག་རྣམ་ཀྱང་བཟོད་པ་བཞེས་སུ་གསོལ། །སྟོང་ཉིད་ཟབ་ མོའི་མིང་ཙམ་རབ་ཐོས་ནས། །རང་སྟོང་ཙམ་ལ་མཆོག་ཏུ་རློམ་པ་ཡི། །སྐྱེ་བོ་སྒྲིན་པོའང་མགུ་ བའི་ཆེད་ཙམ་མིན། །དེ་ཕྱིར་དེ་དག་བཟོད་པ་མཛད་དུ་གསོལ། །གང་ཞིག་སྙིང་ནས་གཞུང་ འདི་ཤེས་འདོད་གཟུ་བོར་གནས་པའི་དུས་སྐབས་ཅན། །གྲགས་པ་ཙམ་གྱི་རྗེས་སུ་མི་འབྲང་ དོན་ལ་རྟོན་པར་གྱུར་པ་ཡི། །སྐྱེ་བོ་དག་ནི་བློ་གྲོས་ཡངས་སམ་གལ་ཏེ་རྣམ་དཔྱོད་ཆུང་ཡང་ རུང༌། །འགྲེལ་འདིར་ཞུགས་ན་གཞུང་འདིའི་དོན་རྟོགས་བསྟན་ལའང་བྱ་བ་བྱེད་པར་འགྱུར། ། དེ་ལྟ་ན་ཡང་གངས་རིའི་ཁྲོད་འདི་ན། །སློབ་དཔོན་སྔ་མས་བྱས་པའི་རྣམ་བཤད་ནི། །ཉེས་ བཤད་ཡིན་པར་མཐོང་ཡང་དེ་ཉིད་ལ། །ནན་གྱིས་འཇུག་པའང་བདུད་ཀྱིས་བསླུས་མིན་ ནམ། །ལེགས་ན་དགྲ་བོའི་ངག་ལའང་འཇུག་དགོས་ལ། །སྐྱོན་དང་བཅས་ན་བཤེས་ཀྱི་ངག་ ལའང་མིན། །དུག་ཆུའི་རྒྱུན་འབབ་གསེར་རིའང་འདོར་དགོས་ལ། །སྦྲང་རྩི་འབྱུང་ན་ཚེར་ མའི་ཤིང་ཡང་བསྟེན། །ལ་ལ་རང་ལ་ཡིད་ཆེས་གདེང་མེད་པར། །མཁས་པར་གྲགས་པའི་ ཚིག་ཕྱིར་རབ་ཞུགས་ཏེ། །དམ་པའི་ལུང་རིགས་དག་དང་འགལ་ན་ཡང༌། །འདི་ཉིད་བདེན་ 2-1-435 ཞེས་འཇུག་པའང་བླུན་མིན་ནམ། །འགའ་ཞིག་ཕྲག་དོག་མུན་པས་མིག་བཀབ་པས། །གཞན་ ལ་ཡོད་པའི་ལེགས་བཤད་མི་མཐོང་ཞིང༌། །མེད་པའི་སྐྱོན་མཐོང་རབ་རིབ་མིག་ཅན་བཞིན། ། དེ་འདྲའི་སྒྲིན་རློམ་སྐྱེ་བོའི་སྙིང་རྗེའི་གནས། །ཁོ་བོའི་བློ་གྲོས་མཁས་པའི་དེད་དཔོན་གྱིས། ། གཞན་ལ་ཕན་པའི་བསམ་པ་གཙོར་བྱས་ཏེ། །མན་ངག་བསྟན་བཅོས་རིན་ཆེན་ཆེན་པོའི་ དོན། །མདོ་དང་འགྲེལ་བཤད་ཆུ་གཏེར་ཆེ་ནས་བླངས། །གྲོགས་ངན་བོར་ལ་ལམ་ངན་ རྣམས་ལ་རྒྱལ་བོའི་ལམ་དུ་རྣམ་པར་འཁྲུལ་བ་མ་བྱེད་པར། །བདག་གི་གོམ་བཞག་རྗེས་ སུ་གོམ་པ་རྣམ་པར་བཀོད་ནས་ལམ་བཟང་དག་ལ་བུ་ཁྱེད་ཤོག །རྣམ་པར་དཀར་བའི་བློ་ གྲོས་མིག་གིས་ལེགས་པར་བརྟགས་ནས་ཆེས་ཆེར་བརྩོན་པ་ཆེན་པོ་ཡིས། །ཚད་མར་གྱུར་ པའི་འཕགས་དང་མཁས་མང་འཁོར་ལོས་བསྒྱུར་བའི་ལམ་འདི་ཕྱེའོ་ཁྱེད་ཞུགས་ཤིག། ཁོ་ བོའི་ལེགས་བཤད་གསེར་འགྱུར་རྩི་འདི་ཡིས། །གང་ལ་རེག་པའི་བློ་གྲོས་ནག་པོའི་ལྕགས། ། མཁས་པ་རིན་ཆེན་ཆེན་པོར་བསྒྱུར་བྱེད་ཅིང༌། །མཁས་པའི་རིན་ཆེན་ནམ་ཡང་ཉམས་མི་ འགྱུར། །ཉེས་བཤད་འཆིང་བུའི་ཕུང་བོར་ཞེན་པའི་མིས། །ལེགས་བཤད་རིན་ཆེན་བཻཌུརྱ་ རྙེད་ཡང༌། །ལེགས་བཤད་རིན་ཆེན་དོར་ནས་ཉེས་བཤད་ཀྱི། །བཅོས་མའི་ནོར་བུ་ལེན་པ་ བླུན་པོའི་རྟགས། །འདི་ན་ལ་ལ་བསྟན་བཅོས་མངོན་རྟོགས་རྒྱན། །རྩ་བའི་གཞུང་ཚིག་དོར་ ནས་འགྲེལ་པ་ཙམ། །རང་བཟོ་བཤད་པས་རྣམ་པར་བརྒྱན་བྱས་ནས། །རྩ་བའི་འགྲེལ་པ་ བྱས་པ་ཟློས་ཞེས་ཟེར། །འདི་ཉིད་རྒྱལ་བའི་ཡུམ་ལས་ལུང་བསྟན་ཏེ། །མེ་ཏོག་འབྲས་བུའི་ ཁྱད་པར་འདོད་པའི་མི། །རྨོངས་པ་ལ་ལ་རྩ་བ་རབ་བོར་ནས། །ཡལ་ག་དག་དང་འདབ་མ་ ཚོལ་ཞེས་གསུངས། །གཞན་ཡང་ཁྱོད་ཀྱིས་བྱས་པའི་རྣམ་བཤད་ཀྱང༌། །ཟློས་པའི་སྐྱོན་ཅན་ ཁོ་ནར་ཐལ་འགྱུར་ཏེ། །ཆོས་བཤེས་གསེར་གླིང་པ་སོགས་མཁས་མང་གིས། །འགྲེལ་པ་འདི་ ནི་རྣམ་པར་བཤད་ཕྱིར་རོ། །ཀྱེ་མ་འདི་ལྟའི་ཚིག་ལའང་ཡིད་ཆེས་ནས། །རང་ཉིད་ཞུགས་ 2-1-436 ནས་གཞན་ཡང་དེ་ལ་སྦྱོར། །གོས་པར་སླ་ལ་འབྲལ་བར་དཀའ་བ་ཡིས། །མི་བཟད་གདོན་ འདི་ཁྱོད་ལ་སུ་ཡིས་བསྒོས། །དེས་ན་མཐོ་རིས་ཐར་བ་དོན་གཉེར་བས། །མི་མཁས་མཁས་ པར་གྲགས་པའི་ཚིག་དོར་ཏེ། །ལུང་རིགས་མན་ངག་མཆོག་དང་རབ་ལྡན་པའི། །མཁས་ པའི་རྗེས་སུ་འབྲངས་ན་མི་འཐད་དམ། །ཚེ་འདི་མི་རྟག་ཆུ་ཡི་རི་མོ་འདྲ། །འཁོར་བའི་སྡུག་ བསྔལ་བརྣག་པར་དཀའ་བས་ན། །དེ་ལས་ཐར་བའི་ཐབས་ལ་འབད་འཚལ་ཏེ། །གཏན་གྱི་ དོན་ཆེན་སྒྲུབ་པའི་དུས་འདི་ཡིན། །ཐུབ་པས་རྒྱལ་ཡུམ་དར་བར་ལུང་བསྟན་པའི། །གངས་ རིའི་ཁྲོད་འདི་ཕལ་ཆེར་སྡིག་ཅན་གྱི། །སྐྱེ་བོ་དུ་མས་གཙེས་ཤིང་རྣམ་པར་དཀྲུགས། །དེ་སླད་ ཡུལ་འདིར་ཆོས་སྒྲུབ་ཤིན་ཏུ་དཀའ། །དེ་ཉིད་ཀྱིས་ན་གངས་ཅན་སྐྱེ་བོ་དག །ཐོས་བསམ་ སྒོམ་ལ་ལྷག་པར་བརྩོན་དགོས་ཏེ། །དུས་ངན་ཚེ་ན་དམ་པའི་ཆོས་སྒྲུབ་པ། །འབྲས་བུ་ཆེ་ ཕྱིར་རྒྱལ་བས་ལྷག་པར་བསྔགས། །ཞིང་འདིར་སྙིགས་དུས་དམ་པའི་ཆོས་འཛིན་པའང༌། ། དག་པའི་ཞིང་དུ་བསྐལ་བརྒྱར་འབད་ལས་ལྷག །ཅེས་གསུངས་ཕན་ཡོན་ཡིད་ལ་རབ་བྱས་ ནས། །བཤད་སྦྱར་ཡིད་ཀྱི་མུན་སེལ་འདིར་འབད་དོ། །སྔ་མས་མ་བཤད་ལོག་པར་བཤད་ པ་རྣམས། །རྒྱ་ཆེན་ལེགས་པར་བཤད་པས་རྣམ་པར་བཀྲོལ། །དེ་སྐད་སྨྲས་པའང་བདེན་ ནམ་བརྫུན་པ་ནི། །འདི་དང་བསྒྲིགས་ལ་གཟུ་བློས་ཞིབ་ཏུ་དཔྱོད། །མི་མཁས་མཁས་པར་ རློམ་པའི་དྲེགས་པས་ནོན། །ལོག་པའི་སྤོབས་པ་ཧ་ཅང་མྱུར་བ་ཅན། །བླུན་པོས་མཁས་ པར་བཀུར་བའི་ང་རྒྱལ་བའི། །བཤེས་གཉེན་དེ་དག་ཆུ་ནང་ཟླ་བ་བཞིན། །བཤེས་གཉེན་ ངན་པའི་ཝ་ཚོགས་འཁོར་བཅས་ཀྱིས། །མཁས་པ་རི་དྭགས་རྒྱལ་བོའི་ལུགས་བཟང་འདི། ། འདོར་ཞིང་ཁྲོ་ལ་རྣམ་པ་བརྒྱར་སྨོད་མོད། །གཟུར་གནས་མཁས་མང་ཆེས་ཆེར་ངེས་པར་ དགེས། ། བླུན་པོས་མཁས་ཞེས་བཀུར་བས་མཁས་པ་མིན། །མཁས་པས་མཁས་ཞེས་བསྟོད་ ན་མཁས་པ་ཡིན། །མཁས་སམ་མི་མཁས་རྩོམ་འཆད་རྩོད་ན་མངོན། །བདག་ནི་འཆད་རྩོད་ 2-1-437 རྩོམ་ལ་སྤོབས་པ་དགེ ། དེ་སྦྱར་དགེ་ཚོགས་གང་གའི་ཆུ་རྒྱུན་གྱིས། །གཞུང་དོན་མ་རྟོགས་ ལོག་པར་རྟོག་པ་ནི། །ཐེ་ཚོམ་དང་བཅས་དྲི་མ་ཀུན་བཀྲུས་ཏེ། །དོན་གཉེར་སྐྱེ་བོའི་བློ་གྲོས་ དག་བྱེད་ཤོག །རྣམ་བཤད་འདི་ཡང་ཉི་ཟླ་གནས་ཀྱི་བར། །དོན་གཉེར་སྐྱེ་བོ་དུ་མས་ཉེར་ བསྟེན་ཏེ། །ཐོས་དང་བསམ་པས་རྣམ་པར་རྒྱས་བྱས་ནས། །ཐུབ་བསྟན་ཕྱོགས་བཅུར་ཤིན་ ཏུ་རྒྱས་གྱུར་ཅིག །འདིར་འབད་དགེ་ཚོགས་རྣམ་པར་དཀར་བ་དང༌། །དུས་གསུམ་བསགས་ པའི་དགེ་བ་ཅི་མཆིས་རྣམས། །མར་གྱུར་མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱིས། །ཀུན་ མཁྱེན་རྫོགས་པའི་སངས་རྒྱས་ཐོབ་ཕྱིར་བསྔོ། །བདག་ཀྱང་ཚེ་འདིའི་སྣང་བ་ནུབ་པའི་ཚེ། ། སྔོན་བསགས་དགེ་ཚོགས་རྣམ་པར་དཀར་བའི་མཐུས། །བྱམས་མགོན་བླ་མའི་ཞབས་དྲུང་ དེར་སྐྱེས་ཏེ། །ཐེག་ཆེན་ཆོས་ལ་རྫོགས་པར་སྤྱོད་པར་ཤོག ། ཅེས་པ་རྒྱལ་ཚབ་བྱམས་པ་མགོན་པོའི་གསུང་རབ་མངོན་པར་རྟོགས་པའི་རྒྱན་འགྲེལ་ པ་དང་བཅས་པའི་རྒྱས་འགྲེལ་བཤད་སྦྱར་ཡིད་ཀྱི་མུན་སེལ་མཆན་བུ་དང་བཅས་པ་འདི་ ནི། དཔལ་ལྡན་མཁས་པ་རྣམས་ཀྱི་ནང་ནས་རྒྱལ་མཚན་གྱི་རྩེ་མོ་ལྟར་མཐོ་བར་གྱུར་པའི་ ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་བུ་དོལ་གཉིས་ལ་སོགས་པའི་མཁས་པ་དུ་མའི་ཞབས་རྡུལ་ ལ་སྤྱི་བོས་གཏུགས་པའི་བློ་གསལ་ཀུན་དགའ་དཔལ་ཞེས་བྱ་བས། གསུང་རབ་མཐའ་དག་ ལ་བློའི་སྣང་བ་ཐོབ་པར་བྱས་ཤིང༌། རྒྱ་བོད་མཁས་པའི་འགྲེལ་པ་དང༌། འགྲེལ་བཤད་ ཕལ་ཆེར་ལ་ལེགས་པར་སྦྱངས་ནས་འདྲིས་པར་བྱས་ཏེ་མཁས་གྲུབ་རྒྱུན་མ་ཆད་པར་བྱོན་ པའི་ཆོས་གྲྭ་ཆེན་པོ་དཔལ་ལྡན་ས་སྐྱར་ལྕགས་མོ་ཕག་གི་ལོའི་དཔྱིད་ཀྱི་དུས་སུ་ཟླ་བ་གཉིས་ ལྷག་ཙམ་ལ་རྫོགས་པར་བྲིས་པའོ། །འདིས་བསྟན་པ་དང་སེམས་ཅན་མང་བོ་ལ་ཕན་པར་ གྱུར་ཅིག། །། ༀ་སྭ་སྟི། ཆོས་སྐུ་ཀུན་ཁྱབ་བདེ་སྟོང་ཟུང་འཇུག་དབྱིངས། །བརྟན་གཡོ་ཀུན་གྱི་སྲོག་ཏུ་ 2-1-438 རྟག་བཞུགས་ཀྱང༌། །མ་རྟོགས་འགྲོ་ཀུན་སྒྲིབ་གཉིས་ལེགས་བསལ་ཕྱིར། །མདོ་དོན་མཐར་ ཐུག་ཟབ་ཆོས་ཐང་མར་བརྡལ། །རྒྱུད་རྒྱལ་ཆུ་གཏེར་དངོས་གྲུབ་རླབས་ཕྲེང་འཁྲིགས། ། ཟབ་དོན་ནོར་བུའི་ཕུང་པོ་འབུམ་བརྡལ་ལས། །རྨད་བྱུང་ལེགས་བཤད་སྦྱོར་བ་འདིར་ འོངས་པ། །དུས་གསུམ་སངས་རྒྱས་སྲས་བཅས་བསྐྱེད་པའི་ཡུམ། །སྒྲུབ་པའི་ཐབས་མཆོག་ རྣམ་པར་དག་པ་འདི། །སྐལ་ལྡན་འགྲོ་ལ་དར་ཞིང་རྒྱས་པའི་ཕྱིར། །གྲངས་མེད་གླེགས་བམ་ སྣང་བརྙན་འབད་མེད་དུ། །སྤེལ་ཕྱིར་སྤར་འཕྲུལ་གསར་བསྐྲུན་མཛད་པ་འདི། །དངོས་དང་ བརྒྱུད་ནས་གང་འབྲེལ་ཐམས་ཅད་ཀྱིས། །མཐུན་རྐྱེན་ཡོན་སྦྱར་ལྷག་བསམ་རྣམ་པར་དག ། བསྟན་དང་འགྲོ་ལ་ཕན་ཕྱིར་འབད་པས་བསྒྲུབས། །ཕྱི་ནང་གསང་བའི་བར་ཆད་དབྱིངས་ སུ་ཞི། །འདི་ལས་རྒྱ་ཆེར་བསོད་ནམས་གང་འགྲུབ་པ། །སྲིད་ཞིའི་ལེགས་བྱས་ཀུན་དང་ལྷན་ ཅིག་ཏུ། །ཡོངས་སུ་ཞུགས་པས་མཐའ་ཡས་འགྲོ་བ་ཀུན། །བླ་མེད་རྒྱལ་བའི་ས་ལ་འཁོད་ པར་ཤོག །ལས་འདིར་འབད་རྩོལ་འབྲེལ་བ་གང་ཡོད་དང༌། །ཕ་མའི་གཙོར་གྱུར་འབྲེལ་ ཐོག་འདས་ལྡན་དང༌། །སྐྱེ་བོ་སྲིད་པའི་ལམ་ལ་གནས་པ་ཀུན། །སྐུ་བཞི་མཆོག་གི་རྒྱལ་ སར་བགྲོད་པར་ཤོག །ཇི་སྲིད་བྱང་ཆུབ་སྙིང་པོའི་བར་དུ་ཡང༌། །ཚེ་རིང་ནད་མེད་ལོངས་ སྤྱོད་རྒྱས་པ་དང༌། །བདུད་ཀྱི་ལས་དང་མི་མཐུན་ཕྱོགས་ཀུན་ཞི། །བསམ་པའི་དོན་ཀུན་ཡིད་ བཞིན་འགྲུབ་པར་ཤོག །སྤར་འདི་བཞུགས་པའི་ཡུལ་ཕྱོགས་ཐམས་ཅད་དུ། །དུས་བཞི་ སྙོམས་ཤིང་ལོ་ཕྱུག་རྟག་ཏུ་ལེགས། །འཐབ་རྩོད་འཁྲུག་པའི་མིང་ཙམ་མེད་པ་དང༌། །བཀྲ་ ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག །ཅེས་པ་འདི་ཡང་གང་ལའང་སྦྱར་ཆོག་པའི་སྤར་བྱང་སྨོན་ཚིག་ཏུ་ངག་ དབང་ཡོན་ཏན་བཟང་པོས་སྨོན་པའོ། །