1-1-1 ཉ་དབོན་ཀུན་དགའ་དཔལ་གྱི་གསུང་འབུམ། ༼པོད་དང་པོ། ༽ 1-1-2 ༄༅། །བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་འགྲེལ་པ་དང་བཅས་ པའི་རྒྱས་འགྲེལ་བཤད་སྦྱར་ཡིད་ཀྱི་ མུན་སེལ་ཞེས་བྱ་བ་ བཞུགས་སོ། ། ༄༅། །མངོན་པར་རྟོགས་པའི་རྒྱན་གྱི་བཤད་སྦྱར་ཡིད་ཀྱི་མུན་སེལ་ཞེས་བྱ་བ། རྒྱལ་ བའི་ཡུམ་སྲས་འཕགས་བཞི་དང་བཅས་པ་ལ་ཕྱག་འཚལ་ལོ། །དགེ་ལེགས་ཡིད་བཞིན་ནོར་ བུས་རབ་གཏམས་ཤིང༌། །འཕགས་བཞི་འདབ་སྟོང་ལྡན་པ་བསྐྲུན་པའི་ཡུམ། །གཞན་ཕན་ རླབས་ཕྲེང་བྱེ་བས་བརྒྱན་པ་ཅན། །རྒྱལ་ཡུམ་ཆུ་གཏེར་ཆེ་ལ་ཕྱག་འཚལ་ལོ། །གང་ཞིག་ཆོས་ སྐུའི་བྱ་ལམ་ཡངས་པར་ལོངས་སྐུའི་དཀྱིལ་འཁོར་ཡོངས་རྫོགས་ཤིང༌། །ཕུན་ཚོགས་སྤྲུལ་ སྐུའི་གཟའ་སྐར་ཕྲེང་བ་དུ་མས་རྣམ་པར་བསྐོར་བ་ཅན། །རྣམ་ཀུན་མཁྱེན་པའི་རི་བོང་གིས་ མཚན་ཐུབ་དབང་སྨྲ་བའི་ཟླ་བ་ནི། །དམ་ཆོས་བདུད་རྩིའི་འོད་དཀར་དེ་དང་དེ་སྒྲུབ་དགེ་ འདུན་ཚོགས་ལ་འདུད། །གཙང་བདག་བདེ་དང་རྟག་པའི་ཕ་རོལ་ཕྱིན། །སྡུག་བསྔལ་གྱིས་ གཙེས་ཚུར་རོལ་འཁོར་བར་བཞུགས། །མི་རྟོག་ཡེ་ཤེས་རྒྱུན་ཆད་མེད་པ་ཅན། །སོར་རྟོག་ ཡེ་ཤེས་མཐར་ཕྱིན་འཇམ་མགོན་མཆོད། །བདག་བས་གཞན་གཅེས་བྱམས་པའི་དཀྱིལ་ 1-1-3 འཁོར་རྫོགས། །སྡུག་བསྔལ་སྤོང་བཞེད་ཐུགས་རྗེའི་འོད་སྟོང་འཕྲོ། །རྒྱལ་ཡུམ་འདབ་བརྒྱ་ ཀུན་ནས་རྒྱས་མཛད་པ། །མ་ཕམ་ནམ་མཁའི་ནོར་བུར་ཕྱག་འཚལ་ལོ། །མཐའ་ཡས་བསྐལ་ བར་ལེགས་བཤད་ལ་གོམས་པས། །རྒྱལ་ཡུམ་རྒྱན་བཅས་དགོངས་དོན་རབ་རྟོགས་ནས། ། ཐུགས་རྗེས་དཔེ་འཁྱུད་མེད་པར་སྟོན་མཛད་པ། །རྒྱལ་སྲས་བཟང་པོའི་ཞབས་པད་དྲི་མེད་ མཆོད། །མཐའ་ཡས་གསུང་རབ་རྒྱ་མཚོའི་ཕ་རོལ་སོན། །མཐའ་ཡས་འགྲོ་ལ་ལེགས་བཤད་ དགའ་སྟོན་སྤེལ། །མཐའ་ཡས་ཕྱོགས་སུ་བསྟན་པ་རྒྱས་མཛད་པ། །མཐའ་ཡས་རྒྱལ་སྲས་ཐུ་ བོ་བུ་སྟོན་རྒྱལ། །གང་གི་བློ་གྲོས་ནམ་མཁའི་ཁམས་ལས་ཡངས། །དེ་སླད་གསུང་རབ་ངེས་ དོན་རྫོགས་པར་དགོངས། །དམ་ཆོས་ཆེད་དུ་སྲོག་ཀྱང་གཏོང་ནུས་པ། །དོལ་པོ་པར་གྲགས་ བླ་མ་མཆོག་ལ་འདུད། །གཞུང་ལུགས་འདི་དོན་མཁས་པའི་དབང་པོ་ཡིས། །རྒྱ་ཆེར་འགྲེལ་ པའི་རྣམ་བཤད་ཡོད་མོད་ཀྱི། །རྨིག་རྗེས་ནང་དུ་རྒྱ་མཚོ་ཇི་བཞིན་དུ། །གཞན་བློའི་སྣོད་དུ་ ཤོང་བ་ཤིན་ཏུ་དཀའ། །དེ་སླད་རྒྱ་བོད་མཁས་པས་ལེགས་བཤད་པ། །ཕལ་ཆེར་གསལ་ལ་ རྫོགས་པར་བསྡུ་བ་ཡི། །བཤད་སྦྱར་ཡིད་ཀྱི་མུན་སེལ་རྩོམ་པ་ལ། །རིང་མོ་ཞིག་ནས་བདག་ ཡིད་རབ་ཏུ་སྤྲོ། །མཁྱེན་བརྩེ་ནུས་མཐུ་དཔག་ཡས་མངའ་བ་ཡི། །རྒྱལ་བ་སྲས་བཅས་བླ་ མའི་ཚོགས་རྣམས་ཀྱིས། །བདག་བློའི་རྨོངས་པ་མཐའ་དག་རབ་བསལ་ནས། །འདི་ལ་ཡང་ དག་ཞུགས་པ་མྱུར་གྲུབ་མཛོད། །ལེགས་པར་བརྟགས་ན་ཚིག་བཞིའི་དོན་ལ་ཡང༌། །ཡིད་ བརྟན་མེད་པར་མཁས་པར་རློམ་པ་ཡི། །སྐྱེ་བོ་དག་གིས་ཕྲག་དོག་ཆུ་འཛིན་གྱིས། །ལེགས་ བཤད་ཟླ་འོད་སྒྲིབ་པར་མ་གྱུར་ཅིག ། བདག་ཅག་གི་སྟོན་པ་ཤཱཀྱའི་རྒྱལ་པོ་ཐུགས་རྗེས་བརླན་པ་དེས། སེམས་ཅན་མགོན་ མེད་པ་ཤིན་ཏུ་ཉམ་ཐག་པ་རྣམས་བསྐྱབ་པའི་ཕྱིར་དུ་རབ་ཏུ་བརྩོན་པས་ཚོགས་གཉིས་ སྒྲུབས་ཏེ་ཀུན་ཏུ་བཟང་པོའི་ས་བརྙེས་པར་མཛད་དེ། འཁོར་ལོ་རིམ་པ་གསུམ་གྱི་སྒོ་ནས་ 1-1-4 བརྒྱད་ཁྲི་བཞི་སྟོང་གི་ཆོས་ཀྱི་ཕུང་པོ་གསུངས་ཤིང་དེ་རྣམས་ལས་ཀྱང་ཆོས་ཀྱི་རང་སྤྱིའི་ མཚན་ཉིད་བདེན་པའི་རང་བཞིན་མེད་པར་སྟོན་པའི་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ ལོ་རྒྱས་འབྲིང་བསྡུས་གསུམ་སོགས་ཤེར་ཕྱིན་གྱི་མདོ་རྣམས་ཁྱད་པར་དུ་འཕགས་ལ། དེ་ རྣམས་ཀྱི་དགོངས་པ་འགྲེལ་པའི་བསྟན་བཅོས་ལ་ཤིང་རྟའི་སྲོལ་འབྱེད་བཞིར་གྲགས་ཏེ། འཕགས་པ་ཀླུ་སྒྲུབ་ཀྱིས་རྒྱལ་བའི་ཡུམ་གྱི་སྙིང་པོའི་དོན་གཙོ་བོར་སྟོན་པ་དབུ་མ་རིགས་ ཚོགས་མཛད་དེ། རྩ་ཤེས། སྟོང་ཉིད་བདུན་ཅུ་པ། རིགས་པ་དྲུག་ཅུ་པ། ཞིབ་མོ་རྣམ་འཐག རྩོད་བཟློག ཐ་སྙད་གྲུབ་པ་སྟེ་དྲུག་ལས་ཕྱི་མ་བོད་དུ་མ་འགྱུར་རོ། །དེ་ཡང་སྙིང་པོའི་དོན་ ནི་ཀུན་རྫོབ་འདི་ཀུན་དཔྱད་ན་བདེན་པའི་རང་བཞིན་མེད་པར་གྱུར་པའི་ཆོས་ཉིད་རང་ བཞིན་གྱིས་འོད་གསལ་བ་སྟེ་ཆད་སྟོང་མིན་ཅིང་ཡོན་ཏན་གྱི་ཆོས་བསམ་གྱིས་མི་ཁྱབ་པ་ ཅན་ཞིག་སྟེ་བདེར་གཤེགས་སྙིང་པོ་ཡིན་ནོ། །སློབ་དཔོན་ཕྱོགས་ཀྱི་གླང་བོས་ཡུམ་བསྡུས་ པའི་གཙོ་བོའི་དོན་སུམ་ཅུ་རྩ་གཉིས་སུ་བསྡུས་ནས་སྟོན་པ་བརྒྱད་སྟོང་དོན་བསྡུར་གྲགས་པ་ མཛད་དེ། རྟེན་དང་དབང་དུ་བྱ་བ་དང༌། །ལས་ནི་སྒོམ་པ་དང་བཅས་པ། །རབ་དབྱེ་རྟགས་ དང་ལྟུང་བ་དང༌། །ཕན་ཡོན་བཅས་པར་ཡང་དག་བརྗོད། །ཅེས་ཏེ། རྟེན་ནི་སྟོན་པ་སངས་ རྒྱས་ཏེ། དེ་ཉིད་ཟབ་མོ་སྟོན་པའི་རྒྱུ་མཚན་ཡིན་པའི་ཕྱིར་རོ། །དབང་དུ་བྱ་བ་ནི་བྱང་སེམས་ ལ་སོགས་པའི་འཁོར་ཏེ། གང་གི་ཆེད་དུ་བྱས་ནས་ཆོས་འདི་སྟོན་པར་བྱེད་པའོ། །ལས་ནི་ བྱ་བ་དང་བྱེད་པ་དང་སྤྱོད་པ་སྟེ་བྱང་སེམས་ཡུམ་ལ་ཇི་ལྟར་སྤྱོད་པའོ། །སྒོམ་པ་ནི་རྣམ་པར་ རྟོག་པའི་རྣམ་གཡེང་བཅུའི་གཉེན་པོར་བསྒོམ་ཚུལ་བཅུའོ། །རབ་ཏུ་དབྱེ་བ་ནི་སྟོང་ཉིད་ བཅུ་དྲུག་གོ །རྟགས་ནི་འདིས་རྟོགས་པར་བྱེད་པས་རྟགས་སམ་མཚན་མ་སྟེ། བདུད་ལས་ ཀྱི་རྟགས་དང་ཕྱིར་མི་ལྡོག་གི་རྟགས་གཉིས་དང༌། ལྟུང་བ་ནི་ཉེས་དམིགས་ཏེ་དམ་པའི་ཆོས་ སྤོང་བ་ལ་སོགས་པས་ཆོས་ཀྱིས་ཕོངས་པའི་ལས་བསགས་ཏེ་ངན་སོང་དུ་ལྟུང་བ་དང་མཚན་ 1-1-5 མར་འཛིན་པས་སྤྱོད་པ་དུག་དང་བཅས་པའོ། །ཕན་ཡོན་ནི་འབྲས་བུ་སྟེ་སྟོང་གསུམ་རིན་པོ་ ཆེས་བཀང་ནས་སྦྱིན་པ་བྱས་པ་བས་ཡུམ་ལ་སྤྱོད་པ་བསོད་ནམས་ཆེ་བ་སོགས་སོ། །དེ་དག་ ནི་སློབ་དཔོན་དཀོན་མཆོག་འབངས་ཀྱི་དགོངས་པའོ། ། ཡུམ་གསུམ་གཞུང་འགྲེལ་གནོད་འཇོམས་ཞེས་པ་བམ་པོ་ཉེར་བདུན་ཡོད་པ་འདི་ གཅིག་ཏུ་བགྲང་སྟེ་ཡུམ་གྱི་དོན་ཐམས་ཅད་སྒོ་གསུམ་རྣམ་གྲངས་བཅུ་གཅིག་གིས་བསྡུས་ ནས་སྟོན་ཏེ། གླེང་གཞིས་སྐབས་ཕྱེ་ནས། (གཞུང་འགྲེལ་བཤད།)ཤཱ་རིའི་བུ་འདི་ལ་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་ པར་འཚང་རྒྱ་བར་འདོད་པས་ཤེར་ཕྱིན་ལ་བསླབ་པར་བྱའོ་ཞེས་པས་ཡུམ་གྱི་དོན་ཐམས་ ཅད་བསྡུས་ཏེ་བསྟན་པས་བསྡུས་ཏེ་བསྟན་པའི་སྒོ། དེ་ནས་རབ་འབྱོར་གྱི་ལེའུའི་བར་ འབྲིང་དུ་བསྟན་པའི་སྒོ། དེ་ནས་མཇུག་རྫོགས་ཀྱི་བར་རྒྱས་པར་བསྟན་པའི་སྒོ་སྟེ་སྒོ་གསུམ་ མོ། །རྣམ་གྲངས་བཅུ་གཅིག་ནི། དང་པོ་ཤཱ་རིའི་བུ་ལ་བཀའ་སྩལ་པ། དེ་ནས་རབ་འབྱོར་ གྱིས་བཤད་པ་གཅིག བརྒྱ་བྱིན་ལ་བཀའ་སྩལ་པ་གཉིས། རབ་འབྱོར་ལ་བཀའ་སྩལ་པ་ བཞི། བྱམས་པ་ལ་བཀའ་སྩལ་པ་གཉིས་ཀུན་དགའ་བོ་ལ་བཀའ་སྩལ་ནས་ཡོངས་སུ་གཏད་ པ་རྣམས་སོ། །འདི་དབྱིག་གཉེན་གྱི་གཞུང་འགྲེལ་ཡིན་ཞེས་བཅོམ་རལ་དང་ཆོས་རྗེ་ཀུན་ མཁྱེན་པ་གསུངས་ཤིང༌། བུ་སྟོན་རིན་པོ་ཆེའང་ཕུགས་ཀྱིས་དེར་བཞེད་མོད་ཀྱི། འོན་ཀྱང་ འབུམ་འགྲེལ་གནོད་འཇོམས་དང་ཡུམ་གསུམ་གཞུང་འགྲེལ་གནོད་འཇོམས་མ་ཕྱེད་ (གནོད་ འཇོམས་ཊཱིཀ་གསུང་སྒྲོས་གཉིས་སུ་བལྟའོ། །)སྣང་ངོ༌། །(གནས་དྲུག་པ་)ཁ་ཅིག་ཡུམ་གསུམ་འགྲེལ་པ་གནོད་འཇོམས་ འདི་ཌཾཤྟ་སེ་ནས་མཛད་ཅིང༌། འབུམ་འགྲེལ་རྒྱལ་བོ་ཁྲི་སྲོང་ལྡེ་བཙན་གྱིས་མཛད་པར་ གསལ་ཟེར་རོ། །རྒྱལ་བ་བྱམས་པས་ཡུམ་གྱི་དོན་ཐམས་ཅད་མངོན་པར་རྟོགས་པ་བརྒྱད་ ཀྱིས་བསྡུས་ནས་སྟོན་པ་མངོན་རྟོགས་རྒྱན་མཛད་དེ། དེ་ཡང་ཡུམ་གྱི་དོན་རྣམས་ཟབ་ཅིང་ 1-1-6 རྒྱ་ཆེ་བས་འཇུག་པ་པོའི་གང་ཟག་ཕལ་ཆེར་འགྲོན་པོ་ཕྱོགས་བསླད་པ་ལྟར་རྨོངས་པར་གྱུར་ པར་གཟིགས་ནས་ཡུམ་གྱི་དོན་རྟོགས་དཀའ་བ་བདེ་བླག་ཏུ་རྟོགས་པའི་དོན་དུ་འདི་མཛད་ དེ། དེས་ན་འདི་མན་ངག་གི་བསྟན་བཅོས་ཡིན་གྱི་མདོ་རྣམས་ནི་འདི་ལ་ལྟོས་ན་མན་ངག་ མིན་ཏེ་འཇུག་པ་པོས་བདེ་བླག་ཏུ་རྟོགས་བྱེད་མིན་གྱི་ཡུན་རིང་མོས་གོ་བ་བསྐྱེད་པ་ཙམ་གྱི་ ཕྱིར་རོ་ཞེས་ཆོས་བཤེས་སོ། །དེ་ལྟར་བཞི་པོ་འདིས་ཤིང་རྟའི་སྲོལ་དང་འདྲ་བར་ཡུམ་གྱི་ དགོངས་པ་འགྲེལ་པའི་ཚུལ་འགྲེལ་པ་གཞན་ལ་མ་ལྟོས་པར་སྲོལ་འབྱེད་པར་བྱེད་དོ་ཞེས་ ཆོས་རྗེ་བུ་སྟོན་གསུངས་ཏེ་སྒྲ་བཤད་དུ་སྣང་ངོ༌། །ཡང་ན་ཤིང་རྟ་སོང་རྗེས་སུ་མིག་མེད་པ་ རྣམས་ཕྱིན་ཡང་གཡང་དུ་ལྟུང་བའི་འཇིགས་པ་མེད་པ་ལྟར་རྒྱལ་བ་བྱམས་པ་སོགས་ཀྱིས་ མཛད་པའི་བསྟན་བཅོས་ཀྱི་རྗེས་སུ་འཕགས་པའི་མིག་མ་ཐོབ་པ་སོ་སྐྱེ་རྣམས་ཀྱིས་ཞུགས་ པས་ལམ་བདེ་བར་བགྲོད་ནས་ཕྱིན་པར་འགྱུར་བས་དེ་སྐད་ཟེར་རམ་སྙམ་མོ། །དེ་རྣམས་ ལས་རྒྱལ་བ་བྱམས་པས་མཛད་པའི་མངོན་རྟོགས་རྒྱན་འགྲེལ་ཆུང་དོན་གསལ་བ་དང་ བཅས་པ་ནི་འདིར་གང་བཤད་པར་བྱ་བའི་ཆོས་སོ། ། འདི་འཆད་པ་ལ་གསུམ། སྒྱུར་བྱེད་ལོཙྪ་བས་བཀོད་པའི་མཚན་དོན་སོགས་བཤད། རྩོམ་བྱེད་མཛད་པ་པོས་བཀོད་པའི་བསྟན་བཅོས་ཉིད་བཤད། བོད་ཡུལ་དུ་གང་གིས་བཀོད་ པའི་འགྱུར་བྱང་རྣམས་བཤད་པའོ། ། དང་པོ་ལ་གསུམ། བསྟན་བཅོས་ཀྱི་མཚན་བདེ་བླག་ཏུ་རྟོགས་པའི་ཡན་ལག་ཏུ་མཚན་ དགོད། གཞུང་ཚིག་ལ་སྒྲོ་སྐུར་སྤང་བའི་ཡན་ལག་ཏུ་བམ་པོ་དགོད། འགྱུར་མཐར་ཕྱིན་པའི་ ཡན་ལག་ཏུ་ལོཙྪ་བའི་ཕྱག་མཆོད་དགོད་པའོ། ། དང་པོ་ནི། རྒྱ་གར་ཞེས་པ་ནས་འགྲེལ་པ་ཞེས་པའི་བར་ཏེ། འདི་ལ་མཚན་གྱི་ངོ་བོ། མཚན་འདོགས་པའི་རྒྱུ། བཏགས་པའི་དགོས་པའོ། ། དང་པོ་ནི། རྒྱ་གར་ཞེས་ཏེ། རྒྱ་དཀར་ 1-1-7 ནག་གཉིས་ལས་དཀར་པོའི་སྐད་ཅེས་འདུལ་དཀར་གསུངས་པ་ནི་ཡི་གེ་ལ་མ་ཞུགས་པའི་ བཤད་པ་ཡིན་ལ། རྒྱ་གར་ལ་བ་ཧེར། ཕྱི་རོལ་ལ་བ་ཧིར་ཟེར་བས་དེ་གཉིས་སྒྲ་མཚུངས་པ་ ཙམ་གྱི་སྒོ་ནས་བོད་ཡུལ་ལས་ཕྱིར་གར་བའམ་བོད་ཀྱི་རི་སྤོས་རྒྱ་ལྟ་བུ་ལས་གར་བས་ (ཆུ་མིག་ པ་)ཞེས་གཙང་འབྲེ་སོགས་ཟེར་བའང་རྒྱ་གར་ཞེས་པ་བཤད་པའི་རྒྱུ་མཚན་ཅན་གྱི་སྒྲ་ཡིན་ ན་དེ་ལྟར་རུང་བར་མངོན་མོད། འོན་ཀྱང་རྒྱ་གར་ནི། ཕྲེང་རྒྱུད་ལས། མཉན་ཡོད་གནས་ བཅས་ཙམ་པ་ཀ ། ཝ་ར་ཎ་སི་ཡངས་པ་ཅན། །རྒྱལ་པོའི་ཁབ་ནི་དྲུག་པ་སྟེ། །འདི་དག་གྲོང་ ཁྱེར་ཆེན་པོར་ཤེས། །ཞེས་གསུངས་པ་ལྟར་མཉན་ཡོད་ལ་སོགས་པའི་གྲོང་ཁྱེར་སོགས་ ཡོད་པ་འཕགས་པའི་ཡུལ་ཏེ། (དུས་འཁོར་ལས་བཤད།)དེ་ལ་དེ་སྐད་ཟེར་བའང་བཤད་རྒྱུ་མེད་པ་ འདོད་རྒྱལ་པའི་སྒྲ་སྟེ་ཡལ་འདབ་ཅན་ལ་ཤིང་ཞེས་པ་བཞིན་ནོ། །ཡུལ་དེར་མཁས་པ་རྣམས་ ལ་གྲགས་པའི་སྐད་ལ། སཾ་སྐྲི་ཏ། ཨ་བ་སྦྲཾ་ཤ་ཟུར་ཆག་གི་སྐད། བྲ་སྐྲི་ཏ་རང་བཞིན་པའི་ སྐད། བི་ཤ་ཙི་ཀ་ཤ་ཟའི་སྐད་དམ། རྒྱ་མཚོ་མཐའི་སྐད་དང་ལྔ་ལས། སྐབས་འདིར་སཾ་སྐྲི་ཏ་ ལེགས་སྦྱར་གྱི་སྐད་དུའམ་སྐད་ལ་བསྟན་བཅོས་འདིའི་མིང་ནི་ཨ་བྷི་ནས་བྲིཏྟི་ཞེས་ཟེར་རོ། ། དེ་ཡང་གཞུང་གི་སྐབས་སུ་དུ་དང་སུ་ཞེས་སོགས་བྱུང་བ་ལ་ཞེས་བཤད་བདེ་ན་དེར་བཤད་ པར་བྱ་སྟེ། སྨྲ་སྒོ་ལས། དུ་ལ་སོགས་པ་ལ་དང་མཐུན་ཞེས་སོ། །དེས་མཚོན་ནས་ལ་ཡང་དུ་ སོགས་སུ་བདེ་ན་དེར་བཤད་པར་བྱའོ། །བོད་ནི་ཁ་བ་ཅན་གྱི་ཡུལ་ཏེ་འདོད་རྒྱལ་པའི་སྒྲར་ བཞེད་ལ། དེ་ལ་བོད་དང་བོད་ཆེན་གཉིས་ཏེ་དབུས་གཙང་དང་ཁམས་ལ་རིམ་བཞིན་ཟེར་ རོ། །སྤྱིར་དེ་གཉིས་ཀ་ལ་བོད་ཟེར་བས་བོད་ཡུལ་གྱི་མིའི་སྐད་དུའམ་སྐད་ལ། བསྟན་བཅོས་ འདིའི་མིང་ཤེས་རབ་ནས་འགྲེལ་པ་ཞེས་ཟེར་རོ། །དེ་ལ་བསྒྱུར་བ་དང་བཤད་པ་གཉིས་ ལས། དང་པོ་ནི། ཨ་བྷི་ས་མ་ཡ་ནི་མངོན་པར་རྟོགས་པ། ཨ་ལཾ་ཀ་ར་ནི་རྒྱན། ནཱ་མ་ནི་ཞེས་ བྱ་བ། པྲ་ཛྙཱ་པཱ་ར་མི་ཏ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། ཨུ་པ་དེ་ཤ་ནི་མན་ངག ཤཱསྟྲ་ནི་ 1-1-8 བསྟན་བཅོས། བྲིཏྟི་ནི་འགྲེལ་པ་སྟེ་རིམ་པ་ཇི་ལྟ་བར་བསྒྱུར་ན་མངོན་པར་རྟོགས་པའི་རྒྱན་ ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་ཀྱི་འགྲེལ་པ་ཞེས་པར་ སྣང་ངོ༌། ། གཉིས་པ་ལ་བདུན་ལས། དང་པོ་ཤེར་ཕྱིན་ཞེས་པ་བཤད་ན། ཤེས་རབ་ནི་ཆོས་རབ་ཏུ་ རྣམ་པར་འབྱེད་པའི་བློ་སྟེ་དེ་དེའི་མཚན་ཉིད་དུ་རུང་ཞིང༌། སྒྲ་དོན་ནི་བློ་རྣམས་ཀྱི་ནང་ནས་ རབ་བམ་མཆོག་ཏུ་གྱུར་པས་ཤེས་རབ་སྟེ་གནད་ཀྱི་ཟླ་འོད་དུ་རབ་ཀྱི་ཤེས་པ་ནི་ཤེས་རབ་ ལ་ཞེས་དང༌། ཤནྟིས་སྟོང་པ་ཉིད་ལ་དམིགས་པའི་ཕྱིར་མཆོག་ཏུ་གྱུར་པའི་ཤེས་པ་ནི་ཤེས་ རབ་ (དག་ལྡན་)ཅེས་སོ། །ཕ་རོལ་ཏུ་ཕྱིན་པ་ནི་རབ་ཀྱི་མུ་མཐར་སོན་པའོ། །ཞེས་པ་སེང་བཟང་ གི་དགོངས་པའོ། །རྒྱས་པར་འོག་ཏུ་སྟོན་ཏོ། ། གཉིས་པ་མན་ངག་ནི། ཤེས་པར་བྱ་བའི་ཡུལ་མྱུར་དུ་ཁོང་དུ་ཆུད་པར་བྱེད་པའོ་ཞེས་ ཆོས་བཤེས་སོ། །ཚེགས་ཆུང་ངུས་དགོས་པ་རྒྱ་ཆེན་པོ་སྒྲུབ་པའམ་སྦས་པ་ལྟ་བུའི་དོན་ གསལ་བར་བྱེད་པས་མན་ངག་ཅེས་རིམ་བཞིན་འབྲེ་ཁྱུང་འཆད་དེ། རྒྱ་ཕིབས་འགེལ་བའི་ མན་ངག་དང་གཏེར་གྱི་ཁ་བྱང་བཞིན་ཞེས་བུ་སྟོན་གསུངས་སོ། ། གསུམ་པ་བསྟན་བཅོས་ལ་གསུམ་ལས། ནང་རིག་པའི་བསྟན་བཅོས་ཀྱི་མཚན་ཉིད་ གདུལ་བྱའི་སེམས་ཉོན་མོངས་ཅན་ལས་བསླབ་པ་གསུམ་ཅར་རམ་གང་རུང་ཅན་དུ་འཆོས་ ཤིང་ཉོན་མོངས་ཀྱི་འབྲས་བུ་ངན་འགྲོ་དང་སྲིད་པའི་སྡུག་བསྔལ་ལས་སྐྱོབ་བྱེད་ཀྱི་བསྟན་ བཅོས་སོ། །བཀའ་མིན་པའི་ནང་རིག་བསྟན་བཅོས་ཀྱི་མཚན་ཉིད་རྫོགས་པའི་སངས་རྒྱས་ མིན་པའི་རྩོམ་པ་པོ་རྣམ་གཡེང་མེད་པའི་ཡིད་ཅན་གྱིས་བཀའི་དོན་བཤད་པ་ཐར་བ་ཐོབ་ པའི་ལམ་དང་རྗེས་སུ་མཐུན་པའི་རབ་ཏུ་བྱེད་པ་སྟེ། རྒྱུད་བླར། གང་ཞིག་རྒྱལ་བ་སྟོན་པ་ འབའ་ཞིག་གི ། དབང་བྱས་ (ཕྱིན་ཅི་ལོག་ལ་སོགས་པའི་)རྣམ་གཡེང་མེད་ཡིད་ཅན་གྱིས་བཤད། 1-1-9 ། ཐར་བ་ཐོབ་པའི་ལམ་དང་རྗེས་མཐུན་པ། །དེ་ཡང་དྲང་སྲོང་བཀའ་བཞིན་སྤྱི་བོས་བླང༌། ། ཞེས་སོ། །ལུས་ངག་ཡིད་དྲང་བོར་གནས་ཤིང་སྲོང་བས་དྲང་སྲོང་ཞེས་སྒྲ་སྦྱོར་བམ་གཉིས་ ལས་ཏེ་འདིར་ནི་སངས་རྒྱས་ལ་ཟེར་རོ། ། གཉིས་པ་མཚོན་བྱའི་སྒྲ་བཤད་ནི། སློབ་མ་འཆོས་པའི་ཕྱིར་བསྟན་བཅོས་ཏེ། སློབ་ མ་འཆོས་པ་ནི་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་ཁྱད་པར་བསྐྱེད་པའི་སྒོ་ ནས་ལུས་ངག་ཡིད་ཚོགས་པར་དབྱུང་མི་རུང་བའི་ལས་ལས་བཟློག་ནས་ཚོགས་པར་དབྱུང་ རུང་བའི་ལས་ལ་འཇུག་པར་བྱེད་པའོ་ཞེས་དབུས་མཐའི་འགྲེལ་བཤད་དུ་བློ་བརྟན་གྱིས་ སོ། །ཡང་ན་ཤཱསྟྲ་ཞེས་པ་ཕྲལ་ཅིང་བསྣན་ཏེ། ཤཱ་ས་ན་ཞེས་པ་མདོ་སྡེས་ཞེ་སྡང་ཅན་ལྷག་ པའི་སེམས་དང་འདུལ་བས་འདོད་ཆགས་ཅན་ཚུལ་ཁྲིམས་ཀྱི་དང་མངོན་པས་གཏི་མུག་ ཅན་ཤེས་རབ་ཀྱི་བསླབ་པ་ཅན་དུ་འཆོས་པས་སྡེ་སྣོད་གསུམ་གྱིས་གདུལ་བྱའི་སེམས་ཉོན་ མོངས་ཅན་ལས་བསླབ་པ་གསུམ་ལྡན་དུ་འཆོས་ཤིང་ཏཱ་ར་ཎ་སྒྲོལ་བའམ་ཏྲ་ཡ་སྐྱོབ་པ་སྟེ་ ཉོན་མོངས་ཀྱི་འབྲས་བུ་ངན་འགྲོ་དང་སྲིད་པའི་སྡུག་བསྔལ་ལས་སྐྱོབ་པས་བསྟན་བཅོས་ ཏེ་བཀའ་དང་ནང་རིག་པའི་སྡེ་སྣོད་ཀུན་ལ་ཚང་ངོ༌། །རྣམ་བཤད་རིགས་པར། ཉོན་མོངས་ དགྲ་རྣམས་མ་ལུས་འཆོས་པ་དང༌། །ངན་འགྲོ་སྲིད་ལས་སྐྱོབ་པ་གང་ཡིན་པ། །འཆོས་སྐྱོབ་ ཡོན་ཏན་ཕྱིར་ན་བསྟན་བཅོས་ཏེ། །གཉིས་པོ་འདི་དག་གཞན་གྱི་ལུགས་ལ་མེད། །ཅེས་སོ། ། འདིར་ཁ་ཅིག་བཀའ་བསྟན་བཅོས་མིན་ཞེས་པ་ནོར་ཏེ་རྣམ་བཤད་རིགས་པར། བཅོམ་ ལྡན་འདས་ཀྱི་གསུང་ཉིད་བསྟན་བཅོས་ཀྱི་མཚན་ཉིད་དུ་འཐད་པའི་ཕྱིར་རོ། །ངེས་པའི་ ཚིག་ཏུ་ན་འཆོས་པ་དང་སྐྱོབ་པར་བྱེད་པ་དེའི་ཕྱིར་བསྟན་བཅོས་སོ། །ཞེས་དང༌། དེ་ལྟ་བས་ ན་སངས་རྒྱས་ཀྱི་གསུང་ཁོ་ན་དོན་དམ་པར་བསྟན་བཅོས་ཡིན་པས་ཞེས་དང༌། ལུང་རྣམ་ འབྱེད་ལས། རྒྱལ་བ་སྟོན་པ་དེ་ཡི་བསྟན་བཅོས་དག །མདོ་དང་ཆོས་མངོན་ཡིན་གསུངས་ 1-1-10 འདུལ་བ་ནི། །སྟོན་དང་བསྟན་བཅོས་དངོས་ཡིན་དེ་ཡི་ཕྱིར། །ཞེས་སོགས་དུ་མ་དང་འགལ་ ལོ། །ཁ་ཅིག་བཀའ་དང་བསྟན་བཅོས་གཉིས་སུ་འདོད་པ་མི་འཐད་གསུངས་པའང༌། བཀའ་ དེ་བསྟན་བཅོས་དངོས་ཡིན་པས་ཞེས་པར་བསམ་པ་སྟེ་བཀའ་མིན་གྱི་བསྟན་བཅོས་དུ་མ་ ཡོད་པས་གཉིས་སུ་ཕྱེ་བ་མི་འགལ་ལོ། ། གསུམ་པ་མཚན་གཞི་ལ་གསུམ་ལས། ངོ་བོ་ནི་བརྗོད་བྱ་ཁྱད་པར་བསྟོན་པའི་ངག་ཆེན་ པོར་གྱུར་པའི་རབ་ཏུ་བྱེད་པ་སྟེ། འགྲེལ་ཆེན་ (གསེར་)དུ་བསྟན་བཅོས་ནི་ངག་ཆེན་པོ་ཞེས་སོ། ། དེ་ཡང་བྱེ་བྲག་ཏུ་སྨྲ་བ་ཕལ་ཆེར་ནི་ཡིད་ཤེས་ཀྱི་ཡུལ་དུ་གྱུར་པའི་མིང་ཡིན་པའི་ཕྱིར་ ལྡན་མིན་འདུ་བྱེད་ཡིན་པས་འདུ་བྱེད་ཀྱི་ཕུང་པོར་འདུས་པར་འདོད་ལ། མདོ་སྡེ་པ་ནི་ཆ་ ཤས་རྣམས་རྣ་བའི་རྣམ་ཤེས་ཀྱི་ཡུལ་དུ་གྱུར་པའི་ཚིག་ཡིན་པས་གཟུགས་ཕུང་དུ་འདུས་པར་ འདོད་དོ། །བྱེ་བྲག་ཏུ་སྨྲ་བ་མངོན་པ་པ་རྣམས་མིང་ཚིག་གཉིས་ཀའི་རང་བཞིན་ཡིན་པས་ འདུ་བྱེད་དང་གཟུགས་ཕུང་གཉིས་ཀར་དུ་འདུས་པར་འདོད་ཅེས་མཛོད་འགྲེལ་པ་འགྲེལ་ བཤད་ལས་སོ། །སེམས་ཙམ་པ་ནི་བློ་བརྟན་གྱིས་མིང་ཚིག་ཡི་གེའི་ཚོགས་སུ་སྣང་བའི་ རྣམ་པར་རིག་པ་རྣམས་ནི་བསྟན་བཅོས་སོ། །ཡང་ན་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ ཐོབ་པར་བྱེད་པའི་སྒྲའི་ཁྱད་པར་དུ་སྣང་བའི་རྣམ་པར་རིག་པ་རྣམས་བསྟན་བཅོས་ཞེས་ དང༌། ཐེག་བསྡུས་བཤད་སྦྱར་དུ་རྐྱང་བ་དང་ཚིགས་སུ་སྦྱར་བའི་སྒྲར་སྣང་བ་འདོད་པའི་ དོན་གྱི་རྣམ་པའི་རྗེས་སུ་འཇུག་པ་ཉན་པའི་རྣམ་པར་རིག་པའི་ཚོགས་སོ་ཞེས་དང༌། དེ་ཇི་ ལྟར་བཤད་ཅེ་ན་དེའི་དབང་གིས་བྱུང་བའི་ཕྱིར་དེ་སྐད་ཅེས་བྱ་ཞེས་ཉན་པ་པོའི་རྣམ་རིག་ཏུ་ བཙུན་པ་ངོ་བོ་ཉིད་མེད་པས་བཤད་དེ་བློ་བརྟན་ཡང་བཞེད་པར་སྣང་སྟེ། དེ་ (བློ་བརྟན་)ཉིད་ ཀྱིས་རྣམ་པར་རིག་པ་རྣམས་ཇི་ལྟར་མཛད་ཅིང་བརྗོད་ཅེ་ན། མཛད་པ་དང་འཆད་པའི་རྣམ་ 1-1-11 པར་རིག་པ་ལས་ཉན་པའི་རྣམ་པར་རིག་པ་རྣམས་སྐྱེ་བས་འདི་ལ་ཉེས་པ་མེད་དོ་ཞེས་སོ། ། དབུ་མ་པ་རྣམས་ནི་མདོ་སྡེ་པ་དང་སེམས་ཙམ་པའི་ལུགས་ཅི་རིགས་པར་འཆད་དོ། ། དབྱེ་ན། བསྟན་བཅོས་ལ་དབྱེ་སྒོ་མང་ཡང་མཆོག་དམན་གྱིས་ཕྱེ་ན། དོན་མེད་དོན་ལོག་དོན་ དང་ལྡན། །ཐོས་རྩོད་སྒྲུབ་པ་ལྷུར་ལེན་དང༌། །ངན་གཡོ་སྙིང་བྲལ་སྡུག་བསྔལ་སྤོང༌། །བསྟན་ བཅོས་དྲུག་བྲལ་གསུམ་དུ་འདོད། །ཅེས་འདོན་པ་ལྟར་ཐ་མ་གསུམ་བཟུང་ངོ༌། །དེ་ཡང་དོན་ མེད། ངན་གཡོ། ཐོས་པ་ལྷུར་ལེན་གསུམ་མུ་སྟེགས་ཀྱི་བྲམ་ཟེའི་གསང་ཚིག་གོ །དོན་ལོག་ སྙིང་མེད། རྩོད་པ་ལྷུར་ལེན་གསུམ་མུ་སྟེགས་ཀྱི་སྒྲ་ཚད་དོ། །དོན་ལྡན་སྡུག་བསྔལ་སྤོང་སྒྲུབ་ པ་ལྷུར་ལེན་གསུམ་རྒྱལ་བའི་བཀའ་ལ་བསྡུ་བར་བཤད་དོ། །བསྟན་བཅོས་ཀྱི་ལྡང་ཚད་ནི། ཡི་གེ་དུ་མ་འདུས་པས་དོན་གྱི་ངོ་བོ་ཙམ་སྟོན་པའི་སྒྲ་མིང༌། དེ་དུ་མ་འདུས་པས་དོན་གྱི་ཁྱད་ པར་ཙམ་སྟོན་པའི་ཚིག དེ་འདུས་པས་འཇུག་ལྡོག་བྱ་བའི་དོན་གཅིག་སྟོན་པས་ངག དེ་ དུ་མ་ལས་འཇུག་ལྡོག་གི་དོན་དུ་མ་སྟོན་པའི་ཤླཽ་ཀ་མང་རབ་སོགས། དེ་དུ་མ་ལས་ལེའུ་ འམ་སྐབས་སོགས། དེ་དུ་མ་ལས་བསྟན་བཅོས་རྫོགས་པར་འགྲུབ་ཅེས་སྤྱན་རས་གཟིགས་ བརྟུལ་ཞུགས་འཆད་དོ་ཞེས་བཅོམ་རལ་ལོ། །བུ་སྟོན་རིན་པོ་ཆེ་ནི། དེ་མི་རིགས་ཏེ་ངག་དང་ ཚིག་ལ་ཁྱད་མེད་ཅིང་ཤུ་ལོག་ནས་ཆོས་ཕུང་གི་བར་ཐམས་ཅད་ཚིག་ཡིན་པས་སོ་གསུངས་ སོ། །འོན་ཀྱང་ཤེས་རབ་སྒྲོན་མེར་ཚིག་གི་དོན་རྟོགས་པ་མེད་པར་ངག་དང་རབ་ཏུ་བྱེད་པ་ དང་བསྟན་བཅོས་ཀྱི་དོན་མི་རྟོགས་ཞེས་དང༌། དེའི་འགྲེལ་པར་ཚིག་བསྡུས་པ་ནི་ངག་ཡིན་ ལ་ངག་བསྡུས་པ་ནི་རབ་ཏུ་བྱེད་པ་ཡིན་རབ་ཏུ་བྱེད་པ་བསྡུས་པ་ནི་བསྟན་བཅོས་ཡིན་ཞེས་ དང༌། ཚིག་གི་དོན་ཞེས་བྱ་བ་ནི་མིང་དང་བྱ་བ་ཙམ་བརྗོད་པ་སྟེ་འདིར་ནི་འགག་པ་མེད་པ་ ཞེས་བྱ་བ་དང་ཞེས་སོགས་ཏེ་དོན་གཅིག་པ་མ་ཡིན་ཞེས་བྱ་བ་ལྟ་བུ་དག་རེ་རེ་ལ་ཚིག་གི་ དོན་ཞེས་བྱའོ། །ངག་གི་དོན་ཞེས་བྱ་བ་ནི། ཚིག་གི་དོན་བསྡུས་པ་སྟེ་འདིར་ནི་གང་གིས་རྟེན་ 1-1-12 ཅིང་འབྲེལ་བར་འབྱུང༌། །ནས། དམ་པ་དེ་ལ་ཕྱག་འཚལ་ལོ། །ཞེས་བྱ་བ་ལྟ་བུའི་ཚིག་གི་ དོན་མང་པོ་བསྡུས་པས་དོན་ཡོངས་སུ་རྫོགས་པ་གཅིག་བསྟན་པ་ནི་ངག་གི་དོན་ཞེས་བྱའོ། ། རབ་ཏུ་བྱེད་པའི་དོན་ཞེས་བྱ་བ་ནི་ངག་གི་དོན་བསྡུས་པས་སྐབས་ཀྱི་དོན་ཡོངས་སུ་རྫོགས་ པ་སྟེ་འདིར་ནི་རྐྱེན་བརྟགས་པ་ལ་སོགས་པ་རབ་དུ་བྱེད་པའི་སྐབས་ཉི་ཤུ་རྩ་བདུན་བསྟན་ པ་དག་ནི་རེ་རེ་ལ་རབ་ཏུ་བྱེད་པའི་དོན་ཞེས་བྱའོ། །བསྟན་བཅོས་ཀྱི་དོན་ཞེས་བྱ་བ་ནི་རབ་ ཏུ་བྱེད་པའི་གཞུང་མཐའ་དག་གི་དོན་ཡོངས་སུ་རྫོགས་པ་སྟེ་ཞེས་བཤད་ཅིང༌། སྨྲ་སྒོར་དོན་ གྱི་ངོ་བོ་ཙམ་སྟོན་པ་མིང་ཞེས་འབྱུང་བས་བཅོམ་རལ་ལྟར་ལེགས་པར་གནས་སོ། ། བཞི་པ་མངོན་པར་རྟོགས་པ་ནི། ཨ་བྷི་ནི་མངོན་དུ་ཕྱོགས་པ་དང་ཡང་ཡང་དང་ཟིལ་ གནོན་སོགས་བཅུ་གཉིས་ལ་འཇུག་ཀྱང་འདིར་མངོན་དུ་ཕྱོགས་པ། ས་མ་འབྲེལ་བ་དང་ མཉམ་པ་དང་ཀུན་ནས་ལ་སོགས་དོན་བཅུ་གསུམ་ལ་འཇུག་ཀྱང་འདིར་ཡང་དག་པར་ངེས་ པ། ཨ་ཡ་རྟོགས་པ་སྟེ་མངོན་དུ་ཕྱོགས་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ངེས་པར་རྟོགས་ པ་ནི་མངོན་རྟོགས་ཏེ་ཞེས་ཆོས་བཤེས་སོ། །རད་ཀིར་གྱིས། འབྲས་བུ་མངོན་པར་རྟོགས་ པར་བྱེད་པས་མངོན་པར་རྟོགས་པ་སྟེ་རྒྱུར་གྱུར་པ་བདུན་ནོ། །མངོན་པར་རྟོགས་པར་བྱ་ བས་མངོན་པར་རྟོགས་པ་སྟེ་འབྲས་བུར་གྱུར་པ་གཅིག་གོ་ཞེས་སོ། །བོད་ (རལ་གྲི་སོགས་)དག་ ཚོགས་སྦྱོར་ནི་བདག་མེད་ལྟ་བ་ལ་མངོན་དུ་ཕྱོགས་པས་མངོན་རྟོགས་མཐོང་ལམ་ཡན་དེ་ མངོན་སུམ་དུ་རྟོགས་པས་མངོན་རྟོགས་ཞེས་ཟེར་རོ། །ལྔ་པ་རྒྱན་ནི། རྒྱན་དང་འདྲ་བར་ དགའ་བ་སྐྱེད་པར་བྱེད་པས་དཔེའི་མིང་ཞེས་ཆོས་བཤེས་ཏེ། རང་བཞིན་གྱི་རྒྱན་གཟུགས་ བཟང་བོ་མཛེས་བྱེད་གདུབ་བུ་ལ་སོགས་པས་སྤྲས་པ་གསལ་བྱེད་མེ་ལོང་གི་ནང་དུ་ཤར་བ་ མཐོང་ན་དགའ་བ་སྐྱེ་བ་ལྟར། ཡུམ་གྱི་མདོའི་གཟུགས་བཟང་བོ་མཛེས་བྱེད་སྐབས་བརྒྱད་ དོན་བདུན་ཅུས་སྤྲས་པ་གསལ་བྱེད་བསྟན་བཅོས་ཀྱི་མེ་ལོང་གི་ནང་དུ་ཤར་བས་མཁས་པ་ 1-1-13 རྣམས་དགའ་བ་སྐྱེད་པར་འགྱུར་ཏེ། གཟུགས་རྒྱན་རང་བཞིན་ཡོན་ཏན་ལྡན་པ་མེ་ལོང་ནང་ སོང་ན། །མཐོང་བའི་དབང་གིས་མི་རྣམས་རབ་ཏུ་དགའ་བའི་མཆོག་སྐྱེད་པ། །དེ་བཞིན་ ལེགས་གསུངས་རྟག་ཏུ་རང་བཞིན་ཡོན་ཏན་ལྡན་པ་ཡི། །ཆོས་ཀྱང་དོན་རྣམས་ཕྱེ་བས་ མཁས་རྣམས་འདི་ན་དགའ་མཆོག་སྐྱེད། །ཅེས་སོ། །དྲུག་པ་ཞེས་བྱ་བ་ནི་མིང་དེ་སྐད་ཅེས་ བྱའོ་ཞེས་པའོ། །བདུན་པ། འགྲེལ་པ་ཞེས་པ་ཚིག་གི་དོན་མདུད་པ་དང་འདྲ་བ་འགྲོལ་བར་ བྱེད་པའི་ཐ་སྙད་དེ། ཚིག་དོན་གཉིས་ཀ་ཞིབ་མོར་འབྱེད་པ་རྒྱ་ཆེར་འགྲེལ་པ། ཚིག་རེ་རེ་ ནས་འབྱེད་པ་ཚིག་གི་འགྲེལ་པ། རྟོགས་དཀའ་བའི་དོན་ཙམ་འབྱེད་པ་དཀའ་འགྲེལ། རྩ་ བའི་དོན་བླངས་ཏེ་འབྱེད་པ་དོན་ཙམ་གྱི་འགྲེལ་པ། རྩ་བའི་དོན་བསྡུས་ཏེ་འབྱེད་པ་བསྡུས་ དོན་གྱི་འགྲེལ་པ། རྩ་བའི་དོན་མདོ་དང་སྦྱོར་བ་མདོ་སྦྱོར་གྱི་འགྲེལ་པ། གཞན་གྱིས་གོ་ སླར་བཞག་པ་འབྱེད་པ་གོ་སླའི་འགྲེལ་པ། གཞན་གྱིས་བྱས་པའི་འགྲེལ་པ་འབྱེད་པ་འགྲེལ་ བཤད་ལ་སོགས་པ་ཡོད་པ་ལས། འདི་ཆོས་བཤེས་ཀྱིས་དོན་ཙམ་གྱི་འགྲེལ་པར་བཤད་དོ། ། རིན་པོ་ཆེས་གསེར་གླིང་པ་རྒྱ་ཆེར་འགྲེལ་དུ་བཞེད་གསུངས་པ་ནི་འགྱུར་འཁྲུགས་པར་སྣང་ གི་རྟོགས་དཀའི་འགྲེལ་པར་བཞེད་དོ། ། གཉིས་པ་ལ། བརྡ་སྦྱོར་བའི་རྒྱུ། མིང་དངོས་ཀྱི་རྐྱེན། གང་ལས་མཚན་དུ་གསོལ་བའོ། ། དང་པོ་ནི། བྱང་སེམས་འཕགས་པ་ཆེན་པོ་དང་དགྲ་བཅོམ་པས་བརྡ་སྦྱོར་བའི་རྒྱུ་ཡང་དག་ པའི་རྟོག་པ། སོ་སྐྱེས་བརྡ་སྦྱོར་བའི་རྒྱུ་སྒྲ་དོན་སྣང་བའི་རྟོག་པ་ཡིན་པས་རྩ་བའི་མཚན་གྱི་ བརྡ་སྦྱོར་བའི་རྒྱུ་ཡང་དག་པའི་རྟོག་པ་ཡིན་ཏེ་སྦྱོར་བ་པོ་རྗེ་བཙུན་བྱམས་པ་ཡིན་པས་སོ། ། འགྲེལ་པ་ཞེས་སྦྱོར་བའི་རྒྱུ་སྒྲ་དོན་སྣང་བའི་རྟོག་པ་ཡིན་ཏེ་བརྡ་སྦྱོར་བ་པོ་སློབ་དཔོན་སེང་ བཟང་ཡིན་ཅིང་དེ་སོ་སྐྱེ་ཡིན་ཏེ། ཐུབ་དགོངས་སུ། བདག་ཉིད་ཆེན་པོ་ཡིན་ཡང་སོ་སོ་སྐྱེ་བོ་ ཡིན་པས་ཞེས་སོ། ། 1-1-14 གཉིས་པ་ནི། སྒྲའི་གནས། ཁོག་པ་མགྲིན་པ་རྐན་དང་ལྕེ། །སྣ་དང་སྤྱི་བོ་སོ་དང་མཆུ། ། ཞེས་པ་བརྒྱད་དང༌། བྱེད་པ་ནི། ཕྲད་དང་ཅུང་ཟད་ཕྲད་པ་དང༌། །དོག་པ་དང་ནི་ཡངས་པ་ ནས། །ཞེས་པ་བཞི་དང༌། རླུང་དང་བརྗོད་འདོད་ལ་སོགས་པ་སྟེ། དེ་ཡང་ཉེར་ལེན་ནི་འབྱུང་ བཞིའམ་སྒྲའི་རྡུལ་ཡིན་ཅིང་བརྗོད་འདོད་དང་རྐན་ལྕེ་ལ་སོགས་པ་རྣམས་རྐྱེན་ཡིན་པར་ ཤེས་པར་བྱའོ། ། གསུམ་པ་ལ། སྤྱིར་མིང་འདོགས་ཚུལ་ལ། ཡུལ་དང་གང་ཟག་དང་དཔེ་དང་དོན་གྱི་ གནས་སྐབས་ལ་བཏགས་པ་བཞིར་དགོངས་འགྲེལ་འགྲེལ་ཆེན་ལས་བཤད་ཅིང་གཞན་ ཡང་དུ་མ་ཡོད་མོད། འདིར་ཤེར་ཕྱིན་དང་མངོན་རྟོགས་བརྗོད་བྱའི་མིང༌། རྒྱན་དཔེའི་མིང༌། མན་ངག་དང་འགྲེལ་པ་བྱེད་ལས་ཀྱི་སྒོ་ནས་བཏགས་སོ། །བསྟན་བཅོས་རྗོད་བྱེད་ལས་སོ། ། འོན་ཀྱང་མིང་ལ་བཤད་པ་རྒྱུ་མཚན་ཅན་དང༌། འདོད་རྒྱལ་བ་གཉིས་ལས་བཤད་པ་རྒྱུ་ མཚན་ཅན་གྱི་སྒོ་ནས་མིང་གཅིག་ཡིན་ནོ་ཞེས་བསྙད་དོ། ། གསུམ་པ་ལ་གསུམ་སྟེ། རྒྱ་སྐད། བོད་སྐད། གཉིས་ཀ་ཐོག་མར་སྨོས་པའི་དགོས་པའོ། ། དང་པོ་ནི། ཆོས་ཁུངས་བཙུན་པར་ཤེས་པ་དང༌། གཞུང་འདི་ལ་སཾ་སྐྲི་ཏའི་སྐད་དུ་མིང་འདི་ སྐད་ཟེར་བརྡ་ཤེས་པར་འགྱུར་བའོ། ། གཉིས་པ་ནི། ཚིག་གཟུང་བདེ་ཞིང་དོན་རྟོགས་སླ་ལ་གཞུང་འདི་ལ་བོད་སྐད་དུ་མིང་ འདི་སྐད་ཟེར་བརྡ་ཤེས་པར་འགྱུར་བའོ། ། གསུམ་པ་ནི། སྤྱིར་མཚན་ཐོག་མར་སྨོས་པས་གླེགས་བམ་བཙལ་སླ་ཞིང་སྐད་གཉིས་ ཀྱིས་དོན་གཅིག་བརྗོད་པར་མཐོང་བས་སྐད་གཉིས་རྣམ་གྲངས་སུ་ཤེས་ལ་སྒྲ་མི་ཤེས་པས་ མི་གོ་བའི་ལེགས་སྦྱར་གྱི་སྐད་སོགས་རང་གིས་གོ་བའིབོད་སྐད་དུ་བསྒྱུར་བས་སྒྱུར་བྱེད་ལ་ བྱས་ཤེས་དྲིན་གཟོ་སྐྱེ་བའི་དགོས་པ་ཡོད་དོ། ། 1-1-15 གཉིས་པ་ནི། བམ་པོ་ནི། སིལ་བུ་མང་བོ་ཕྱོགས་གཅིག་ཏུ་བསྡོམས་པའི་བརྡ་རྙིང་སྟེ་ དེ་ལ་བམ་པོ་ཆེ་བ་ཤླཽ་ཀ་སྟོང་གི་སུམ་ཆ་ལ་བྱས་པ་དང་ཆུང་བ་ཤླཽ་ཀ་སུམ་བརྒྱ་ལ་བྱས་པ་ གཉིས་གཙོ་ཆེ་ཞིང་གཞན་ཡང་ཡོད་མོད་དེ་གཉིས་ལས་འདིར་ཐ་མ་སྟེ་རྒྱ་དཔེ་ལ་ཤླཽ་ཀ་སྟོང་ ལྔ་བརྒྱ་ཞེས་འབྱུང་བས་སོ། །ཤླཽ་ཀ་ནི་ཚིགས་བཅད་ཡིན་ན་རྐང་བ་བཞིའོ། །ལྷུག་པ་ཡིན་ན་ ཚེག་བར་སོ་གཉིས་ལ་ཤླཽ་ཀ་གཅིག་ཏུ་བགྲང་ངོ༌། །(ཆོས་བཤེས་)ལ་ལར་སོ་གསུམ་ཞེས་འབྱུང་ བ་ནི་མ་དག་པའོ། །དགོས་པ་གཞུང་ཚད་མང་ཉུང་རྟོགས་པ་དང་གཞུང་ཚིག་ལ་སྒྲོ་སྐུར་སྤང་ བའི་ཕྱིར་ལོཙྪ་བས་བྱས་ཀྱི་རྒྱ་དཔེ་ལ་མེད་དོ། །དང་པོ་ཞེས་པ་ནི་ལྔ་ཡོད་པའི་ཐོག་མ་འཆད་ པ་ནི་ཞེས་སྦྱར་ཏེ། འོག་མ་རྣམས་སུ་ཡང་དེས་ཤེས་པར་བྱའོ། ། གསུམ་པ་ནི། ཕྱག་འཚལ་ལོ། །ཞེས་དྲང་ངོ༌། །གང་ལ་ན། མ་རིག་པའི་གཉིད་ལས་ སངས་ཤིང་ཤེས་བྱ་ལ་བློ་རྒྱས་པས་ན་སངས་རྒྱས་ཏེ། བུདྡྷ་ཞེས་པ་གཉིད་སངས་པ་དང་ པད་འདབ་རྒྱས་པ་གཉིས་ཀ་ལ་འཇུག་ཅིང་སྔོན་གྱི་ལོཙྪ་བས་གཉིས་ཀ་བསྡོམས་ནས་ བསྒྱུར་བའོ། །ཇི་སྐད་དུ། མ་རིག་གཉིད་ལས་སངས་ཕྱིར་དང༌། །ཤེས་བྱ་ལ་ཡང་བློ་རྒྱས་ ཕྱིར། །སངས་རྒྱས་པད་མ་ལྟར་སངས་རྒྱས། །དེ་ཕྱིར་སངས་རྒྱས་མཚན་གསོལ་ཏོ། །ཞེས་ སོ། །ཡང་ན་སྒྲིབ་གཉིས་ཀྱི་ཚོགས་སངས་ནས་བློ་རྒྱས་པས་ན་སངས་རྒྱས་སམ། མ་རིག་ པའི་གཉིད་ཀྱིས་ལོག་པའི་སེམས་ཅན་རྣམས་བསྐྱབ་པའི་ཕྱིར་སད་པར་མཛད་པས་ནའམ། སྒྲིབ་པ་མ་ལུས་པ་བསལ་ཞིང་ཐོགས་པ་མེད་པའི་ཡེ་ཤེས་ཤེས་བྱ་ཐམས་ཅད་ལ་རྒྱས་པས་ ན་སངས་རྒྱས་ཞེས་འཕགས་པ་ཐོགས་མེད་ཀྱིས་སངས་རྒྱས་རྗེས་དྲན་འགྲེལ་པར་རོ། །དང་ ནི་སྡུད་ཚིག་གོ །བདག་མེད་གཉིས་དང་རང་གཞན་གྱི་དོན་གཉིས་དང་ཀུན་བྱང་གི་དོན་ཀུན་ དང་མྱང་འདས་ཐོབ་པས་མི་ཟད་པའི་རྟོགས་པ་དང༌། གདུལ་བྱ་འདུལ་བའི་ཐབས་རྟོགས་ པས་ན་བྱང་སེམས་ཏེ། དེ་ཉིད་བཟང་རྟོགས་དོན་ཆེན་ལེགས་རྟོགས་དང༌། །དོན་ཀུན་རྟོགས་ 1-1-16 དང་རྟག་ཏུ་རྟོགས་པ་དང༌། །ཐབས་རྣམས་རྟོགས་པར་འགྱུར་བའི་ཁྱད་པར་རྒྱུ། །དེས་ན་བྱང་ ཆུབ་སེམས་དཔའ་ཞེས་བྱའོ། །ཞེས་སོ། །ཡང་ན་བྱང་ཆུབ་ཏུ་སེམས་པས་ན་བྱང་ཆུབ་སེམས་ དཔའ་འོ། །ཉན་ཐོས་རྣམས་ཀྱང་རང་གི་བྱང་ཆུབ་ལ་སེམས་པས་ན་སེམས་དཔའ་ཆེན་པོ་སྟེ་ ཆེན་པོ་བདུན་དང་ལྡན་པའི་ཕྱིར་རོ། །བདུན་ནི། ཆོས། སེམས་བསྐྱེད། མོས་པ། བསམ་པ། ཚོགས། དུས། ཡང་དག་པར་འགྲུབ་པ་ཆེན་པོ་སྟེ་རྒྱས་པར་སཱ་ལུ་ལྗང་བའི་འགྲེལ་པར་ཀ་ ཤིས་སོ། །གནོད་འཇོམས་སུ། བྱང་ཆུབ་དང་སེམས་ཅན་ལ་དམིགས་པས་བྱང་ཆུབ་སེམས་ དཔའ་འོ། །ཞེས་སོགས་དང༌། ཆེན་པོ་བཅུ་གཅིག་དང་ལྡན་པས་སེམས་དཔའ་ཆེན་པོ་ཞེས་ སོགས་བཤད་དོ། །ཤེས་རབ་ཀྱིས་བྱང་ཆུབ་ལ་དམིགས་པས་བྱང་ཆུབ་སེམས་དཔའ། སྙིང་ རྗེས་སེམས་ཅན་ལ་དམིགས་པས་སེམས་དཔའ་ཆེན་པོ་ཞེས་འགྲེལ་ཆེན་སོགས་ལས་མང་ པོ་བཤད་དོ། །དེ་དག་ཐམས་ཅད་ལའོ། །གང་གིས་ན་ལོཙྪ་བས་སོ། །གང་གི་ཚེ་ན་བསྒྱུར་ བའི་ཐོག་མར་རོ། །གང་གི་དོན་དུ་ན། གནས་སྐབས་དང་མཐར་ཐུག་གི་དོན་མཐའ་དག་ འགྲུབ་པའམ། ཁྱད་པར་དུ་འགྱུར་མཐར་ཕྱིན་པར་བྱ་བའི་ཕྱིར་དུའོ། །ཕྱག་འདི་དག་སྡེ་སྣོད་ ངོས་འཛིན་དུ་འཆད་པ་ནི་ནོར་ཏེ་ངག་ལས་ཤེས་སོ།། ༈ །། གཉིས་པ་ལ་གསུམ། རྩོམ་པ་ལ་འཇུག་པ་ཐོག་མའི་དོན། བརྩམ་པར་བྱ་བ་གཞུང་གི་ དོན། བརྩམ་པ་མཐར་ཕྱིན་པ་མཇུག་གི་དོན་ནོ། ། དང་པོ་ལ་གཉིས། འགྲེལ་པ་རྩོམ་པ་ལ་འཇུག་པ། རྩ་བ་རྩོམ་པ་ལ་འཇུག་པའོ། ། དང་ པོ་ལ། མཆོད་བརྗོད་བརྩམ་པར་དམ་བཅའ་བཤད། བླ་མ་བརྒྱུད་པས་ཕྱེ་ཚུལ་བཤད། རྩོམ་ པར་རིགས་ཤིང་སྤྲོ་བ་བཤད་པའོ། །དང་པོ་ལ། མཆོད་བརྗོད་དང་དམ་བཅའ་གཉིས་ལས་དང་པོ་ལ་དགོས་བསྡུས་ཚིག་གསུམ་ལས། དང་པོ་ལ། རང་དོན་དང༌། གཞན་དོན་གྱི་དགོས་པའོ། །དང་པོ་ནི། དམ་པའི་སྤྱོད་པ་དང་ 1-1-17 མཐུན་པར་བསྟན་པའི་ཕྱིར་དུ་སྟེ། འཇིག་རྟེན་ན་དམ་པ་རྣམས་ཕལ་ཆེར་ཡུལ་ཁྱད་པར་ ཅན་ལ་ཕྱག་འཚལ་ནས་རང་འདོད་པའི་ (ཆོས་བཤེས་དངོས་)ལས་ལ་འཇུག་ཅིང་འདིར་ཡང་ རྩོམ་པའི་དང་པོར་ཡུལ་ཁྱད་པར་ཅན་ལ་ཕྱག་འཚལ་བ་སྣང་བས་སློབ་དཔོན་འདི་ཡང་དམ་ པར་རྟོགས་པ་དང༌། རྩོམ་པ་མཐར་ (གསེར་)ཕྱིན་པའི་ཡང་ཆེད་དེ་ཡུལ་ཁྱད་པར་ཅན་ལ་ཕྱག་ འཚལ་བས་བསོད་ནམས་ཆེན་པོ་སྐྱེ་ལ་བསོད་ནམས་ཅན་གྱི་བསམ་པ་ངེས་པར་འགྲུབ་ སྟེ། རྒྱ་རོལ་ལས། བསོད་ནམས་ལྡན་པའི་མི་ཡི་བསམ་པ་རྣམས་ཀྱང་འགྲུབ། །ཅེས་ཆོས་ བཤེས་སོ། །བློ་བརྟན་གྱིས་བསོད་ནམས་འཕེལ་ན་རྩོམ་པ་ལ་བར་ཆད་དང་བགེགས་ཀྱིས་ མི་ཚུགས་པར་ཚེགས་ཆུང་ངུས་རྫོགས་པར་འགྱུར་རོ། །ཞེས་སོ། ། གཉིས་པ་ནི། དམ་པའི་ཕྱག་གི་ཡུལ་ཡུམ་དེ་ཡང་དམ་པ་སྟེ་དམ་པས་འདོད་པར་བྱ་བའི་ ཕྱིར་རོ་སྙམ་ནས་དད་པའི་རྗེས་འབྲང་རྣམས་ཡུམ་གྱི་མདོ་བསྟན་བཅོས་འགྲེལ་བཅས་ལ་ འཇུག་པའི་ཐབས་སུ་འགྱུར་བའོ། །ཆོས་བཤེས་ཀྱི་དགོངས་པའོ། །པཎྜི་ཏ་རྒྱལ་བ་ཅན་ནི་ དད་པ་མེད་པར་བསྟན་བཅོས་ལ་བལྟས་ཏེ། མཆོད་པར་བརྗོད་པས་ཀྱང་བསོད་ནམས་སུ་ འགྱུར་བས་མཆོད་བརྗོད་བཀོད་དོ་ཞེས་ཟེར་རོ། །གཉིས་པ་ནི། རྒྱལ་ཡུམ་ཤེར་ཕྱིན་ལ་གུས་ པས་འདུད་དོ་ཞེས་པའོ། །གསུམ་པ་ལ་གཉིས་ལས། ཕྱག་གི་ཡུལ་དགོད་པ་ནི། ཤེར་རབ་ ཕ་རོལ་ཕྱིན་པ་ཞེས་ཏེ། འདིར་སྔ་རབས་པ་དག་ཐེག་པ་གསུམ་གྱི་ལམ་ལྔ་ཐམས་ཅད་ཤེར་ ཕྱིན་མཚན་ཉིད་པར་སྨྲ་བ་ནི་བབ་ཅོལ་ཏེ། སྡུད་པར། ཐབས་མེད་ཤེས་རབ་བྲལ་བས་ཉན་ ཐོས་ཉིད་དུ་ལྟུང༌། །ཞེས་དང༌། དེ་ནི་མཚན་མར་དམིགས་སྒོ་ནས། །ཐབས་མ་ཡིན་པས་རིང་ བ་སྟེ། །ཞེས་སོགས་དང་འགལ་ཞིང༌། ཤེར་ཕྱིན་མཚན་ཉིད་པ་ཡིན་ན་ཆོས་ཀྱི་བདག་མེད་ རྟོགས་དགོས་པ་ལ། ཐེག་ཆེན་སེམས་བསྐྱེད་མེད་པའི་རྒྱུད་ལ་ཆོས་ཀྱི་བདག་མེད་རྟོགས་ པ་མེད་ཅེས། ཆེར་འོས་སེམས་བསྐྱེད་སྤངས་པའི་སྐྱེ་བོ་དག །གཞན་དོན་སེམས་དང་དེ་ཡི་ 1-1-18 ཐབས་རྙེད་དང༌། །དགོངས་ཆེན་དོན་དང་དེ་ཉིད་མཆོག་མཐོང་བའི། །བདེ་བ་དེ་སྤངས་ཞི་ བར་འགྲོ་བར་འགྱུར། །ཞེས་དང༌། ཐེག་བསྡུས་བཤད་སྦྱར་ལས། བསེ་རུ་ལྟ་བུ་རྣམས་ལ་ ནི། །ཕ་རོལ་ཕྱིན་དྲུག་མིང་ཡང་མེད། །ཅེས་སོགས་མཐའ་ཡས་པ་དང་འགལ་ལོ། །དེས་ན་ མཚན་མཚོན་གཞི་གསུམ་ལས་དང་པོ་ནི། སློབ་དཔོན་དང་གསེར་གླིང་པ་ཨ་བྷ་ཡ་སོགས་ཀྱི་ ལུགས་ལྟར་ན། ཆོས་རབ་ཏུ་རྣམ་འབྱེད་ཀྱི་བློ་རབ་ཀྱི་མུ་མཐར་ཕྱིན་པའོ། །འགྲེལ་ཆེན་ལས། དེ་ཡང་ཤེས་པར་བྱ་བ་ཆོས་རབ་ཏུ་རྣམ་པར་འབྱེད་པའི་མཚན་ཉིད་ཤེར་ཕྱིན་ནི་ཤེར་ཕྱིན་ ཏེ། ཞེས་དང༌། གསེར་གྱིས་རབ་ཀྱི་མཐར་སོན་པ་སྟེ། ཞེས་དང༌། སངས་རྒྱས་ཀྱི་ཡེ་ཤེས་ ནི་དངོས་ཡིན་ཞེས་སློབ་དཔོན་དེ་གསུམ་ཅར་གྱིས་སོ། །ཤཱནྟི་ལྟར་ན་སྟོང་ཉིད་ལ་དམིགས་ པའི་བྱང་འཕགས་ཀྱི་ཡེ་ཤེས་ཏེ། དག་ལྡན་དུ། སྟོང་པ་ཉིད་ལ་དམིགས་པའི་ཕྱིར་ཤེས་རབ་ ཅེས་དང༌། སྦྱོར་ལམ་དང་ཆོས་སྐུ་མཛད་པ་དང་བཅས་པ་བཏགས་པ་བར་བཤད་པས་སོ། ། མདོ་ཚིག་ལྟར་ན། ཆོས་རབ་ཏུ་རྣམ་འབྱེད་འཁོར་གསུམ་དུ་མི་རྟོག་པའི་བློ་ཞེས་པར་རུང་སྟེ། བདག་ནི་ཤེས་རབ་བསྒོམ་མོ། །ཤེས་རབ་ནི་འདིའོ། །འདི་རྣམས་ཀྱི་དོན་དུའོ་སྙམ་ན་ཤེས་ རབ་ཉིད་དུ་འགྱུར་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་འགྱུར་བ་ནི་མ་ཡིན་ནོ་ཞེས་གསུངས་ པས་དེ་ལྟར་འཕངས་སོ། ། གཉིས་པ་ནི། སྟོང་པ་ཉིད་ལ་དམིགས་པའི་ཕྱིར་མཆོག་ཏུ་གྱུར་པའི་ཤེས་པ་ཡིན་པས་ ཤེས་རབ། དེ་ཡང་ཡིན་ལ་ཕ་རོལ་ཏུ་ཕྱིན་ཅིང་སོང་བ་ཡང་ཡིན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པའོ། །གང་གི་ཕ་རོལ་ཅེ་ན། བྱང་སེའི་ནི་རྣམ་པར་རྟོག་པའི་ཕ་རོལ་ཏུ་ཕྱིན་ལ་སངས་ རྒྱས་ཀྱི་ནི་དག་པའི་ཕ་རོལ་ཏུའོ་ཞེས་དག་ལྡན་ལས་སོ། །ཡང་པྲཛྙཱ་ཞེས་པའི་པྲ་ཕྲལ་ཏེ་པཱ་ར་ མཱརྠ་ཞེས་བསྒྱུར་བས་དོན་དམ་པ་ཛྙཱ་ནི་ཛྙཱ་ན་སྟེ་ཤེས་རབ། དོན་དམ་པ་ཤེས་པས་ཤེས་རབ་ སྟེ་དོན་དམ་ཤེས་པའི་ཕྱིར་བཤད་དོ། །ཞེས་སོ། །གཞན་ཡང༌། གཞན་སྒྲ་ཤེས་དང་སོ་སོར་ 1-1-19 ནི། །རང་རིག་རབ་ཏུ་ཤེས་ཕྱིར་དང༌། །རབ་ཞི་འཐོབ་ཤེས་རབ་ཕུལ་བྱུང༌། །ཡོན་ཏན་འཐོབ་ ཤེས་ཕྱིར་ཤེས་རབ། །(ཆོས་བཤེས་)ཞེས་པས་གཞན་གྱི་སྒྲ་ལས་ཤེས་པའི་ཤེས་རབ་ཚོགས་ སྦྱོར་ལའོ། །སོ་སོ་རང་གིས་རིག་པའི་ཤེས་རབ་མཐོང་ལམ་དང་འབྲས་ཡུམ་ཤེས་བྱ་ཇི་སྙེད་ པ་རབ་ཏུ་ཤེས་པའི་ཤེས་རབ་ཀུན་རྫོབ་ཀྱི་ཡེ་ཤེས་ཏེ་རྗེས་ཐོབ། སྒོམ་སྤང་རབ་ཏུ་ཞི་བ་ འཐོབ་ཅིང་རྟོགས་པ་ཕུལ་དུ་བྱུང་བར་འགྲོ་བའི་ཤེས་རབ་སྒོམ་ལམ་ལའོ། །ཡོན་ཏན་མ་ ལུས་པ་འཐོབ་པ་ཤེས་པའི་ཤེས་རབ་ཁྱད་པར་གྱི་ལམ་ལའོ། །ཞེས་ཆོས་བཤེས་ཀྱི་དོན་ནོ། ། སོ་སོ་རང་རིག་པའི་ཤེས་རབ་མཐོང་སྒོམ་དང་འབྲས་ཡུམ་ཞེས་གསུངས་པ་ནི་ཆོས་བཤེས་ དང་མི་མཐུན་ནོ། །ཀྱི་ནི་གཞི་མཐུན་པའི་འབྲེལ་བའི་སྒྲ་ཡིན་ལ་ཆོས་བཤེས་ཀྱིས། བྱིས་པ་ རྣམས་ཀྱི་ཡུལ་དུ་གྱུར་པ་འཁོར་བ་ནི་ཚུར་རོལ་ཏེ་དེ་ལས་འདས་ཤིང་རིང་དུ་སོང་བས་ཕ་ རོལ་ཏུ་ཕྱིན་པ་སྟེ་འཇིག་རྟེན་ལས་འདས་པའི་ཕྱིར་ཕར་ཕྱིན་ཞེས་སོགས་དང༌། གནོད་ འཇོམས་སུ། སྨོན་ལམ་དང་བརྩོན་འགྲུས་བརྩམས་པ་དང་ཉོན་མོངས་པ་དང་ལས་དང་སྡུག་ བསྔལ་དང་འཁོར་བ་དང་རྣམ་པར་རྟོག་པ་དང་ཡོན་ཏན་དང་ཤེས་པར་བྱ་བ་དང་རྣམ་པ་འདི་ དགུའི་ཕ་རོལ་ཏུ་སོན་པའི་ཕྱིར། ཞེས་སོ། །ཆོས་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པར་གྱུར་ཕ་ རོལ་ཏུ་ཕྱིན་པར་འགྱུར་བས་དེའི་ཕྱིར་ཕར་ཕྱིན་ཞེས་བྱའོ་ཞེས་མདོ་ལས་སོ། །མདོར་ན་ འཁོར་གསུམ་དུ་རྟོག་པའི་ཕ་རོལ་ཏུ་སོན་པ་ཞེས་སྦྱར་རོ། །གསུམ་པ་ལ་སློབ་དཔོན་སོགས་ ལྟར་ན་སངས་རྒྱས་ཀྱི་ཡེ་ཤེས་དངོས་ཡིན་ལ་གཞུང་ལམ་ནི་བཏགས་པ་པ་ཡིན་ཏེ་འདོགས་ པའི་རྒྱུ་མཚན་ནི་ལམ་ལ་འབྲས་བུའི་མིང་གིས་བཏགས། གཞུང་ལ་བརྗོད་བྱའམ་འབྲས་ བུའམ་རྒྱུའི་མིང་གིས་བཏགས་ཏེ། དེ་བརྗོད་བྱར་སྟོན་པའི་ཕྱིར་དང་དེ་རྟོགས་པའི་རྒྱུ་ཡིན་ པའི་ཕྱིར་དང་དེས་བསྟན་པའི་འབྲས་བུ་ཡིན་པས་སོ། །བཏགས་པའི་དགོས་པ་དངོས་ཐོབ་ པར་འདོད་པས་རྒྱུ་དེ་གཉིས་ལ་བསླབ་དགོས་སོ་ཞེས་ཤེས་པའི་དོན་དུའོ། །དངོས་ལ་གནོད་ 1-1-20 བྱེད་སྔར་བཤད་མཚན་ཉིད་དེ་མེད་པས་སོ། །འགྲེལ་ཆེན་ལས་སངས་རྒྱས་བཅོམ་ལྡན་ འདས་ཀྱི་གཉིས་སུ་མེད་པའི་ཡེ་ཤེས་སྒྱུ་མ་ལྟ་བུ་ནི་དངོས་ཡིན་ལ་དེ་ཐོབ་པ་དང་རྗེས་སུ་ མཐུན་པ་ཉིད་ཀྱིས་ན་ཚིག་དང་ངག་གི་ཚོགས་ཀྱི་གཞུང་དང་མཐོང་བ་ལ་སོགས་པའི་མཚན་ ཉིད་ཅན་གྱི་ལམ་ལ་ཡང་ཤེར་ཕྱིན་ཞེས་བྱ་བ་ནི་བཏགས་པ་པའོ་ཞེས་དང༌། ཉན་རང་གི་ ལམ་ལ་ཡང་གཙོ་བོའི་མིང་གིས་བཏགས་ཏེ་འགྲེལ་ཆེན་ལས་གཙོ་བོ་ལས་དབང་དུ་བྱས་ པའོ་ཞེས་སོ། །གནོད་འཇོམས་སུ། འཇིག་རྟེན་ལས་འདས་པའི་ཡེ་ཤེས་རྣམ་པར་མི་རྟོག་པ་ རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་བསྡུས་པ་ལ་ཤེར་ཕྱིན་ཞེས་བྱའོ། །དེའི་རྗེས་ལ་ཐོབ་པ་རྣམ་ པར་རྟོག་པ་དང་བཅས་པ་དང་རྣམ་པར་མི་རྟོག་པའི་ཡེ་ཤེས་མེ་ལོང་ལྟ་བུ་དང་མཉམ་པ་ཉིད་ དང་སོ་སོར་རྟོག་པ་དང་བྱ་བ་སྒྲུབ་པའི་ཡེ་ཤེས་རྣམས་ཀྱང་དེའི་རྒྱུ་ལས་བྱུང་བའི་ཕྱིར་འབྲས་ བུ་ལ་རྒྱུ་བཏགས་ཏེ་ཤེར་ཕྱིན་ཞེས་བྱ་བར་བསྟན་ཏོ། །ཞེས་དང༌། བྱང་སེའི་མོས་སྤྱོད་ནས་ ཆོས་སྤྲིན་གྱི་བར་གྱིས་ཀྱང་ཤེར་ཕྱིན་གྱི་མིང་ཐོབ། གཞུང་ལ་ཡང་ཤེར་ཕྱིན་གྱི་མིང་བརྗོད་ ཅེས་དོན་བསྡུས་པའོ། །ཡང་དེ་ལྟར་ཤེར་ཕྱིན་ཞེས་བྱ་བར་བརྗོད་པ་དེ་དག་ལས་འདིར་ནི་ སངས་རྒྱས་ཀྱི་སས་བསྡུས་པའི་ཤེས་རབ་འཇིག་རྟེན་ལས་འདས་པ་རྣམ་པར་མི་རྟོག་པ་ལ་ ཤེར་ཕྱིན་ཞེས་བྱའོ་ཞེས་ཏེ། སངས་རྒྱས་སའི་རྡོར་ཏིང་ཤེར་ཕྱིན་དངོས་དང་དེ་ལས་གཞན་ གཞུང་ལམ་འབྲས་བུ་ཀུན་བཏགས་པ་བར་བཞེད་དོ། །ཉན་རང་གི་ལམ་ལ་ཡང་རྒྱུའི་མིང་ གིས་བཏགས་ཏེ། གནོད་འཇོམས་སུ་ཉན་ཐོས་དང་རང་སངས་རྒྱས་ཀྱི་མཐར་ཕྱིན་པའི་སས་ བསྡུས་པ་དགྲ་བཅོམ་པའི་ལམ་གྱི་ཡེ་ཤེས་ཀྱང་ཤེར་ཕྱིན་གྱི་རྒྱུ་མཐུན་པ་ཡིན་པས་ཤེར་ཕྱིན་ གྱི་མིང་ཐོབ་པར་འགྱུར་རོ་ཞེས་སོ། །ཤཱནྟིས། སྦྱོར་བའི་ལམ་ཅིའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ཡིན་ ཞེ་ན། དེའི་དོན་དུ་ཡིན་པའི་ཕྱིར་རོ། །ཆོས་སྐུ་མཛད་པ་དང་བཅས་པ་ཅིའི་ཕྱིར་ཤེར་ཕྱིན་ ཡིན་ཞེ་ན་དེའི་འབྲས་བུ་ཡིན་པའི་ཕྱིར་རོ་ཞེས་ཏེ་ས་བཅུའི་སྟོང་ཉིད་རྟོགས་པའི་ཡེ་ཤེས་ཉིད་ 1-1-21 ཤེར་ཕྱིན་དངོས་སུ་བཞེད་དོ། །འཕགས་པས་གསལ་ཁ་དངོས་སུ་མི་སྣང་ངོ༌། །ཆོས་བཤེས་ ཀྱིས། འདིར་ཤེར་ཕྱིན་ནི་གཉིས་ཏེ། ངོ་བོ་ཉིད་དང་དེ་ལ་བརྟེན་པའོ། །ཅི་ལྟར་ཞེ་ན། ཆོས་ རྣམས་ཀྱི་དེ་བཞིན་ཉིད་ཆོས་རྣམས་ལས་དེ་ཉིད་དང་གཞན་དུ་བརྗོད་པར་བྱ་བ་མ་ཡིན་པ་ནི་ རང་བཞིན་གྱི་ཤེར་ཕྱིན་ཏེ་ཞེས་ (བསྡུས་)སོགས་དང་ལུང་དང་སྦྱར་ཏེ། མདོར། ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་ནི་ཡི་གེ་མ་ཡིན་ཏེ་དེ་ལ་སུ་ཡང་སྟོན་པ་དང་ཉན་པ་དང་ཤེས་པར་བྱེད་པ་མེད་ དོ། །ཞེས་གསུངས་སོ། གལ་ཏེ་ཤེར་ཕྱིན་ནི་སེམས་བྱུང་དགེ་བ་ཁྱད་པར་ཅན་ཞིག་ཡིན་པས་ འདུས་བྱས་ཡིན་ལ་དེ་བཞིན་ཉིད་ནི་འདུས་མ་བྱས་ཁོ་ནར་གྲུབ་པའི་མཐའ་ལས་བསྟན་ཏེ་ དེས་ན་ཅི་ལྟར་དེ་བཞིན་ཉིད་ཤེར་ཕྱིན་དུ་འགྱུར། དེ་ལྟ་ན་ནི་འགྲོ་བ་རྣམས་ལ་དེ་བཞིན་ཉིད་ ཡོད་པས་དེ་བཞིན་གཤེགས་པར་འགྱུར་རོ་ཞེ་ན། སེམས་བྱུང་དགེ་བ་ཁྱད་པར་ཅན་ལ་ཤེར་ ཕྱིན་དུ་བཞག་པ་ནི་རང་བཞིན་གྱི་ཤེར་ཕྱིན་རྟོགས་པའི་མཐུས་དེའི་མིང་འཐོབ་ཀྱི་གཞན་དུ་ ན་དེ་ཤེས་རབ་ཡིན་ཀྱང་ཕར་ཕྱིན་དུ་ག་ལ་འགྱུར། རྟོག་པ་གཉིས་པ་ལྟར་ཡང་མི་འཐད་དེ། དེ་བཞིན་ཉིད་རྟོགས་པས་དེ་བཞིན་གཤེགས་པ་ཡིན་གྱི་དེ་བཞིན་ཉིད་ཡོད་པས་དེ་བཞིན་ གཤེགས་པ་མིན་ནོ། །དེ་བས་ན་དེ་ཡོད་པས་ངེས་པར་ཕན་པར་བྱེད་པ་མིན་ཏེ་རྐྱེན་གཞན་ ལ་ལྟོས་པས་ན་དབུལ་བོའི་བདག་དབང་བའི་ས་ལ་གནས་པའི་གཏེར་ལྟ་བུའོ། །བྱིས་པ་ རྣམས་རང་བཞིན་གྱིས་ཤེར་ཕྱིན་དང་ལྡན་ཡང་དེ་མ་རྟོགས་པས་བྱིས་པ་ཞེས་བསྟན་ཏེ། རྒྱན་ལས། འགྲོ་བ་དག་ན་དེ་ལས་གཞན་ཡང་ཅུང་ཟད་ཡོད་མིན་ལ། །འགྲོ་བ་མ་ལུས་པ་ ཡང་དེ་ལ་རྣམ་པར་རྨོངས་པའི་བློས། །ཡོད་པ་ཀུན་ནས་མི་མཐོང་མེད་ལ་མངོན་ཞེན་གང་ ཡིན་པ། །འཇིག་རྟེན་རྨོངས་པའི་རྣམ་པ་ཚབས་ཆེན་འདི་ཀོ་ཇི་ལྟ་བུ། །ཞེས་དང༌། ཕལ་ཆེན་ ལས། བྱིས་པས་བྱང་ཆུབ་མི་ཤེས་ཀྱང༌། །དེ་དག་དེ་ལ་རབ་ཏུ་གནས། །ཞེས་སོ། །དེས་ན་ རང་བཞིན་གྱི་ཤེར་ཕྱིན་འདི་གཙོ་བོའི་ཤེར་ཕྱིན་ཏེ་རབ་ཏུ་གཅེས་པའི་ཕྱིར་ཤེར་ཕྱིན་གྱི་སྙིང་ 1-1-22 པོ་ཞེས་གསུངས་སོ། །ཞེས་སོགས་དང༌། དེ་ལ་བརྟེན་པ་ནི་ལམ་ལྔ་དང་འབྲས་བུ་མི་རྟོག་ཡེ་ ཤེས་དང༌། དེ་དག་སྟོན་པའི་གཞུང་ངོ༌། །དེ་རྣམས་ལས་ཀྱང་མི་རྟོག་ཡེ་ཤེས་ཤེར་ཕྱིན་གྱི་ གཙོ་བོ་སྟེ་ཞེས་སོགས་དང་ཕྱོགས་གླང་གི་ལུང་དང་སྦྱར་རོ། །དེས་ན་ཆོས་ཉིད་ཤེར་ཕྱིན་གྱི་ གཙོ་བོ་དང་གཞུང་ལམ་འབྲས་བུ་གསུམ་ཕལ་བའོ། །དེ་ལས་ཀྱང་སངས་རྒྱས་སའི་མི་རྟོག་ ཡེ་ཤེས་གཙོ་བོ་དང་གཞན་ཕལ་བ་ཡིན་པས་རང་བཞིན་མེད་རྟོགས་ཀྱི་ཐེག་ཆེན་གྱི་སློབ་ ལམ་མཉམ་བཞག་ཀུན་ཤེར་ཕྱིན་ཕལ་བ་ཡིན་ཅིང་ཤེར་ཕྱིན་ཕལ་བ་ལ་ཡང་ཤེར་ཕྱིན་གྱི་ མཚན་ཉིད་ཚང་བས་སློབ་ལམ་ན་ཤེར་ཕྱིན་ཡོད་དོ། །ཕྱོགས་གླང་ཡང་གཙོ་ཕལ་དུ་དགོངས་ ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒྲ་ནི་གཉིས་ཏེ། གཙོ་བོ་དང་ཕལ་བའོ་ཞེས་དཀོན་མཆོག་ འབངས་ཀྱིས་བཤད་ལ་མི་ཕལ་བས་ཀྱང་མིའི་གོ་ཆོད་པ་བཞིན་ནོ། །གལ་ཏེ་སློབ་ལམ་ན་ ཤེར་ཕྱིན་དངོས་མེད་ན། ས་བཅུ་ལ་ཕར་ཕྱིན་བཅུ་རིམ་བཞིན་དུ་རེ་རེ་གཙོ་ཆེ་བར་སྤྱོད་པ་ མིན་པར་འགྱུར་ལ་འདོད་མི་ནུས་ཏེ་ས་བཅུ་པའི་མདོ་དང་དབུས་མཐའ་རྣམ་འབྱེད་དབུ་མ་ འཇུག་པ་སོགས་ལས་དེ་ལྟར་དུ་རྒྱས་པར་བཤད་པ་དང་འགལ་ལོ། །ཡང་སློབ་ལམ་ན་མི་ རྟོག་ཡེ་ཤེས་མེད་པར་འགྱུར་ཏེ་ཤེར་ཕྱིན་མེད་པས་སོ། །ཁྱབ་སྟེ་ཐེག་བསྡུས་སུ། ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་དང་རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་ཁྱད་པར་མེད་དེ། ཇི་སྐད་དུ། བྱང་ སེམས་རྣམས་ཤེར་ཕྱིན་ལ་མི་གནས་པའི་ཚུལ་གྱིས་གནས་ནས། དེ་ལས་གཞན་པའི་ཕར་ ཕྱིན་རྣམས་བསྒོམ་པ་ཡོངས་སུ་རྫོགས་པར་བྱེད་དོ་ཞེས་གསུངས་པ་ལྟ་བུའོ། །ཞེས་དང༌། དེའི་བཤད་སྦྱར་དུ། རྣམ་པར་མི་རྟོག་པའི་ཡེ་ཤེས་གང་ཡིན་པ་དེ་ཉིད་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་སྟེ། ཞེས་སོ། །རྣམ་པར་མི་རྟོག་པར་བསྟོད་པ་དང་ཤེར་ཕྱིན་ལ་བསྟོད་པ་གཉིས་ དོན་གཅིག་ཏུ་འཕགས་པ་ཀླུ་དང་ཐོགས་མེད་ཀྱིས་བཤད་ཅིང༌། རྣམ་པར་མི་རྟོག་པ་ལ་སྦྱོར་ བ་ལས་བྱུང་བ་དང་དངོས་གཞི་མཉམ་བཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་རྗེས་ཐོབ་ཀྱི་ 1-1-23 མི་རྟོག་ཡེ་ཤེས་ཏེ་གསུམ་པོ་མོས་སྤྱོད་དང་མཐོང་སྒོམ་སོགས་དང་རྗེས་ཐོབ་ཏུ་ཡོད་པར་ (ཐེག་ བསྡུས་རྩ་འགྲེལ་)བཤད་དོ། །ཡང་བྱང་འཕགས་རྣམས་ཤེར་ཕྱིན་གྱི་གཟུགས་བརྙན་ལ་སྤྱོད་པར་ འགྱུར་ཏེ་བྱང་ཆུབ་ཀྱི་སྤྱད་བ་སྤྱོད་པའི་འཕགས་པ་ཡིན་ཀྱང་ཤེར་ཕྱིན་དངོས་རྒྱུད་ལ་མེད་ པས་སོ། །འདོད་ན་ཐེག་དམན་པ་དང་ཁྱད་མེད་པར་འགྱུར་རོ། །འཇུག་པར་ཡང༌། ཕ་རོལ་ ཏུ་ཕྱིན་པ་ཞེས་བྱ་བའི་སྦྱིན་པ་འདི་ཡང་སྦྱིན་པར་བྱ་བ་དང་ལེན་པ་པོ་དང་སྦྱིན་པ་པོར་ དམིགས་པ་དང་བྲལ་བར་གྱུར་ན་འཇིག་རྟེན་ལས་འདས་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་དང༌། སྦྱིན་པ་དེ་ཉིད་གསུམ་དུ་དམིགས་པ་ཡོད་ན་འཇིག་རྟེན་པའི་ཕར་ཕྱིན་ཞེས་བྱ་བར་བསྙད་དོ་ ཞེས་སོགས་གཞན་ལའང་སྦྱར་ཏེ་བཤད་པས་འཁོར་གསུམ་དུ་མི་རྟོག་པའི་ཤེས་རབ་ཡིན་ན་ ཤེར་ཕྱིན་དངོས་སུ་འདོད་དགོས་སོ། །ཡང་འཇུག་པར། ཕ་རོལ་ཅེས་བྱ་བ་ནི་གང་འཁོར་ བའི་རྒྱ་མཚོའི་ཕར་འགྲམ་དང་ངོགས་ཏེ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་མ་ལུས་པ་ སྤངས་པའི་རང་བཞིན་མངའ་བའི་སངས་རྒྱས་ཉིད་དོ། །ཕ་རོལ་ཏུ་སོན་པ་ནི་ཕ་རོལ་ཏུ་ཕྱིན་ པའོ། །ཞེས་གསུངས་པ་ནི་སྒྲ་བཤད་ཡིན་པས་སྒྲ་བཤད་ལ་ཁྱབ་པ་མི་རྩིའོ། །ཆོས་བཤེས་སུ། གཞན་ནི་ཤེས་བྱའི་ཕ་རོལ་ཏུ་ཕྱིན་པས་ན་ཕ་རོལ་ཏུ་ཕྱིན་པར་འདྲེན་ཏེ། དེའི་ཚེ་ཕྱིན་པའི་སྒྲ་ རྫོགས་པར་དྲང་ཞེས་དང༌། ངེས་ཚིག་འདི་དངོས་སུ་འབྲས་བུ་ལ་སྦྱར་ཏེ་གཞན་ལ་བཏགས་ ནས་སོ་ཞེས་སོ། །ཡེ་ཤེས་ཞབས་ཀྱང་སྔར་བཤད་པ་དེ་ལྟར་བཞེད་དེ། སྡུད་འགྲེལ་ལས། ཤེར་རབ་ནི་སྤྱིར་ཆོས་རབ་ཏུ་རྣམ་པར་འབྱེད་པ་ཡིན་ནོ། །དེའི་ཕ་རོལ་ནི་མོས་པས་སྤྱོད་པའི་ གནས་སྐབས་ན་ནི་ཆོས་ཐམས་ཅད་བདག་མེད་པར་ཡིད་ཆེས་པ་ཡིན་ནོ། །རབ་ཏུ་དགའ་བ་ ལ་སོགས་པའི་གནས་སྐབས་ན་ནི་རྟོག་པ་ཐམས་ཅད་ཀྱིས་དབེན་པ་ཡིན་ནོ། །དེ་ལྟ་བས་ན་ གང་དག་དེ་ལྟ་བུའི་ཕ་རོལ་དེའི་བདག་ཉིད་དུ་གྱུར་པ་དེ་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་ཡིན་ནོ་ཞེས་དང༌། མོས་སྤྱོད་ལ་ཡོད་པའི་ཤེར་ཕྱིན་ནི་རྣམ་པར་རྟོག་པ་ཡིན་ཞེས་རྩོད་པའི་ 1-1-24 ལན་དུ་བདག་མེད་པར་ཡིད་ཆེས་པ་ནི་འཇིག་རྟེན་ལས་འདས་པ་དང་གཅིག་ཤོས་ཀྱི་གནས་ སྐབས་དག་ཏུ་ཁྱད་པར་དུ་རྟོག་པ་མེད་པར་སྐྱེ་བའི་ཕྱིར་རོ་ཞེས་དང༌། གང་ལ་བདེ་བར་ གཤེགས་པའི་སྲས་རྣམས་འཇུག་པ་དེ་ཉིད་དེ་དག་གི་ཐུན་མོང་མ་ཡིན་པའི་ལམ་ཡིན་ལ་དེ་ ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ཡིན་ཏེ། དེ་ཉིད་ཀྱི་ནང་དུ་དེ་ལས་གཞན་ པའི་ཕ་རོལ་ཏུ་ཕྱིན་པ་རྣམས་འདུས་པའི་ཕྱིར་རོ་ཞེས་སོ། །དེས་ན་ཤེར་ཕྱིན་ལ་རྒྱུའི་ཤེར་ ཕྱིན་དང་འབྲས་བུའི་ཤེར་ཕྱིན་གཉིས་སུ་བི་མ་ལ་མི་ཏྲས་བཤད་པ་ལྟར་ལེགས་སོ། །རྣམ་པ་ སྣ་ཚོགས་པ་ཤེས་པའམ་ཤེས་པའི་མཆོག་ཡིན་པས་ཤེས་རབ་པོ། །དམ་པའི་དངོས་པོ་ནི་ དམ་པ་ཉིད་ཅེས་དང་ཤེས་རབ་ཀྱི་དམ་པ་ཉིད་ནི་ཤེར་ཕྱིན་ཡིན་ནོ་ཞེས་བི་མ་ལས་བཤད་དེ་ ཞིབ་ཏུ་རྟོགས་པར་བྱའོ། ཁ་ཅིག་ (རད་ཀིར་བུ་གནས་དྲུག)ཆོས་ཉིད་ཤེར་ཕྱིན་གྱི་ཡུལ་ཡིན་པས་ ཤེར་ཕྱིན་དུ་བཤད་ཀྱི་དངོས་མིན་ཞེས་གསུངས་པ་ནི་དཔྱད་དགོས་ཏེ། གཟུགས་ནས་རྣམ་ མཁྱེན་གྱི་བར་ཤེར་ཕྱིན་མིན་གྱི་གཟུགས་ཀྱི་དེ་བཞིན་ཉིད་ནས་རྣམ་མཁྱེན་གྱི་བར་གྱི་དེ་ བཞིན་ཉིད་ཤེར་ཕྱིན་ཡིན་ཞེས་ཤེར་ཕྱིན་ཉིས་སྟོང་ལྔ་བརྒྱ་པ་དང་བདུན་བརྒྱ་པར་བཤད་ ཅིང་དེ་ཤེར་ཕྱིན་མིན་ན་དོན་དམ་པའི་ཤེར་ཕྱིན་མེད་པར་འགྱུར་ལ། འདོད་ན་བི་མ་ལས་ དོན་དམ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པ་ཐམས་ཅད་རྣམ་པར་དག་པའི་མཚན་ ཉིད་ཆོས་ཀྱི་སྐུ་ཡིན་ནོ་ཞེས་པ་དང་འགལ་ཞིང༌། གལ་ཏེ་དེ་ནི་ཆོས་སྐུ་འདུས་བྱས་ལ་ དགོངས་སོ་ཞེ་ན། འདུས་བྱས་ཡིན་ན་དོན་དམ་པར་འགལ་བས་སོ། །རད་ཀིར་ནི། བེམ་པོ་ ལས་ལོག་པའི་ལོངས་སྐུ་དང་ཐ་མི་དད་པའི་རང་རིག་པའི་མངོན་སུམ་གྱིས་ཤིན་ཏུ་རྣམ་དག་ གི་སྟོང་ཉིད་དངོས་སུ་མངོན་སུམ་དུ་བྱེད་པའི་ཆོས་སྐུ་ཤེར་ཕྱིན་དངོས། ཤིན་ཏུ་རྣམ་དག་གི་ སྟོང་ཉིད་ནི་དེའི་ཡུལ་ཡིན་པས་ཤེར་ཕྱིན། ལོངས་སྐུ་ཡང་དེའི་རྟེན་ཡིན་པས་དང༌། སྟོབས་ དང་མི་འཇིགས་པ་སོགས་ཡོན་ཏན་མཐའ་ཡས་པ་རྣམས་ཀྱང་དེ་དང་རྟེན་གཅིག་པས་དང༌། 1-1-25 སྤྲུལ་སྐུ་མཛད་པ་དང་བཅས་པ་དེའི་འབྲས་བུའམ་བྱ་བ་ཡིན་པས་དང༌། མངོན་རྟོགས་བདུན་ དེའི་རྒྱུ་ཡིན་པས་ཤེར་ཕྱིན་ནོ་ཞེས་བཞེད་པའང་དཔྱད་དགོས་སོ། །དེ་ལྟར་ན་ཤེར་ཕྱིན་གང་ ལ་ཕྱག་འཚལ་ཞེ་ན་གཞུང་ལམ་འབྲས་བུ་སྙིང་པོའི་དོན་མ་ལུས་པའམ་འབྲས་བུ་གཉིས་ མེད་ཡེ་ཤེས་ལའོ་ཞེས་ཆོས་བཤེས་སོ། །ལ་ནི་ཕྱག་འཚལ་བའི་སྒྲ་སྦྱོར་བའི་ཕྱིར་བཞི་པའོ་ ཞེས་ཤཱཀྱ་བློས་སོ། ། གཉིས་པ་དེ་ལ་ཕྱག་འཚལ་བ་ནི། གུས་ཕྱག་འཚལ་ཞེས་ཏེ་གུས་པ་ནི་དངོས་པོ་ཐམས་ ཅད་ཀྱིས་སམ་ཡིད་རབ་ཏུ་དང་བས་སོ། །ཕྱག་འཚལ་བ་ནི་མཆོག་ཏུ་འདུད་པར་བྱེད་པའོ། ། ཆོས་བཤེས་སོ། །གསེར་ནི་ལུས་ལ་སོགས་པ་གུས་པས་འདུད་པ་ཞེས་སོ། ། གཉིས་པ་ལ་དགོས་བསྡུས་ཚིག་གསུམ་ལས། དང་པོ་ནི། ཕུང་པོ་དང་ཉོན་མོངས་པ་དང་ དམ་བཅས་པ་དང་བརྩོན་པའི་ཁུར་བཞི་ལས། དམ་པ་རྣམས་ལེགས་པར་ཁས་བླངས་པའི་ ཁུར་བྱ་བ་མ་རྫོགས་ཀྱི་བར་དུ་མི་འདོར་བས་བརྩམ་པ་མཐར་ཕྱིན་པར་འགྱུར་བ་སྟེ། ཤེས་ རབ་སྡོང་བུ་ལས། དམ་པ་མང་པོ་ཁས་འཆེ་མི་བྱེད་ལ། །གལ་ཏེ་དཀའ་བས་ཁས་ནི་བླངས་ གྱུར་ན། །རྡོ་ལ་རི་མོ་བྲིས་པ་ལྟ་བུར་ནི། །ཤི་ཡང་གཞན་དུ་བྱེད་པར་མི་འགྱུར་རོ། །ཞེས་ སོ། །གཉིས་པ་ནི། རྒྱན་འདི་རྒྱས་འབྲིང་བསྡུས་པ་ཀུན་གྱི་རྒྱན་དུ་གྲུབ་པའི་ཆེད་དུ་རྒྱན་ འགྲེལ་འདི་བརྩོམ་ཞེས་ (ཤེར་འབྱུང་)པའོ། །གསུམ་པ་ནི། ཅིའི་དོན་དུ་ཕྱག་འཚལ་ (གསེར་ཆོས་ )ཞེ་ན། རྒྱན་འདི་དབྱེ་བའི་ཕྱིར་རམ་ཆེད་དུའོ། །འདི་ལ་རྣམ་པར་དབྱེ་ཞེས་དྲང་ངོ༌། །གང་ ན་ཤེར་ (ཆོས་བཤེས་)ཕྱིན་དེའི་རྒྱན་དུ་གྱུར་པའི་ཚིག་ལེའུར་བྱས་པ་འདི་སྟེ། ཚིགས་བཅད་རྩ་ བ་བཞི་པ། ཚེག་བར་བརྒྱད་མར་བྱས་པའི་མིང་སྟེ། ཚེག་བར་བཅུ་གཅིག་པ་དབང་བོའི་རྡོ་ རྗེའི་སྡེབ་སྦྱོར་སོགས་ལས་ཁྱད་པར་དུ་བྱས་པའོ། །ཇི་ལྟར་ན་དོན་ཙམ་ (ཆོས་བཤེས་)ཞིག་གོ ། ཕྱེ་བ་ལ་དགོས་པ་ཅི་ཞེ་ན། སྔར་བཤད་པའི་ཤེར་ཕྱིན་ཀུན་ཞེས་ཏེ། རྒྱན་འདི་གཞུང་ལམ་ 1-1-26 འབྲས་བུ་སྙིང་པོ་ཤེར་ཕྱིན་ཀུན་གྱི་རྒྱན་དུ་འགྱུར་བའམ་གྲུབ་པར་བྱ་བའི་ཕྱིར་དུའོ། །དེ་ཡང་ སྐྱེས་པའམ་བུད་མེད་ཀྱི་གཟུགས་ལ་དགའ་བ་སྐྱེ་བའི་རྒྱུ་རྒྱན་ཡིན་ཡང་དེ་དྲི་མ་ཅན་དུ་གྱུར་ ན་དགའ་བར་བྱེད་མི་ནུས་པས་རྒྱན་གྱི་རྒྱན་ནི་རྒྱན་དེའི་དྲི་མ་སེལ་བ་ཡིན་ནོ། །དེ་བཞིན་ དུ་མཁས་པ་དགའ་བར་བྱེད་པའི་རྒྱན་ནི་ཚིག་ལེའུར་བྱས་པ་ཡིན་ནོ་ཞེས་བསྟན་ཟིན་ཀྱང༌། ཁ་ཅིག་གི་མ་རྟོགས་ལོག་རྟོག་གི་དབང་གིས་རྒྱན་འདིས་རྒྱལ་ཡུམ་རྣམས་ཀྱི་དོན་ལེགས་ པར་སྟོན་མི་ནུས་པས་འདི་རྒྱན་མིན་ནོ་སྙམ་དུ་ཀླན་ཀའི་དྲི་མ་སྐྱེ་སྲིད་དོ། །དེ་ལ་སློབ་དཔོན་ གྱིས་འགྲེལ་པ་དོན་གསལ་བ་སྡེབ་སྦྱོར་སྤངས་པས་སྒྲ་དྲང་ཐད་དུ་བསྟན་པ་འདི་མཛད་པས་ གཞན་གྱི་མ་རྟོགས་ལོག་རྟོག་གི་རྒྱུ་ལས་བྱུང་བའི་ཀླན་ཀའི་དྲི་མ་སེལ་བས་རྒྱན་དུ་བྱེད་དེ། དེ་བས་ན་དྲི་མ་སེལ་བས་རྒྱན་ཏེ། སློབ་དཔོན་ཀ་ཤིས་དེ་ཉིད་ཀྱི་ཕྱིར་ཀླན་ཀ་ངན་པའི་དྲི་མ་ བསལ་བས་ན་འདི་ནི་དབུ་མའི་རྒྱན་ནོ། །ཞེས་བཤད་པ་ལྟར་རོ་ཆོས་བཤེས་སོ། །གསེར་ ནི། མངོན་རྟོགས་བརྒྱད་ནི་ཡུམ་དེའི་རྒྱན་ཡིན་ཏེ་མངོན་མཐོ་ངེས་ལེགས་ཀྱི་རྒྱུ་ཡིན་པའི་ ཕྱིར་རོ། །བརྒྱད་པོ་དེའི་ཚིག་ལེའུར་བྱས་པ་ནི་དེའི་ངོ་བོའི་དོན་རྟོགས་པ་རྫོགས་པར་བྱེད་ པའི་ཚིགས་བཅད་ཡུམ་སྟོང་ཕྲག་བརྒྱ་པ་སོགས་ཀྱི་རྒྱ་ཆེར་བཤད་པ་རྣམ་པར་དབྱེ་བ་སྟེ་ཆར་ ཕྱེ་བས་ཉེ་བར་བསྟན་པའོ། །ཇི་ལྟར་ཞེ་ན། སྟོང་ཕྲག་བརྒྱ་པ་སོགས་ཀྱི་དོན་བཤད་པས་ བརྒྱན་པའི་ཕྱིར་དུ་མངོན་པའི་སྡེ་སྣོད་སོགས་ཀུན་གྱི་རྒྱན་དུ་འགྱུར་བར་བྱ་བར་བསམ་པ་ སྟེ། དེ་ལྟར་བདག་གིས་བྱམས་པའི་དགོངས་པ་ཤེས་པར་གྱུར་པའི་ཕྱིར་རོ་ཞེས་སོ། །ཤེར་ འབྱུང་ནི་རྒྱས་འབྲིང་བསྡུས་པ་ཀུན་གྱི་ཞེས་སོ། །དེ་ལྟར་ན་མཆོད་བརྗོད་དང་དམ་བཅའི་ ཚིག་འདིས་བསྟན་བཅོས་འདིའི་དགོས་སོགས་བཞི་བསྟན་ཏེ། དེའི་རྒྱན་ཚིག་ལེའུར་བྱས་ པ་ནི་སྒྲའི་བརྗོད་བྱ་རྒྱལ་ཡུམ་ཐམས་ཅད་དོན་གྱི་བརྗོད་བྱའོ། །འདིས་ཚིག་ལེའུར་བྱས་པའི་ དོན་ལེགས་པར་བསྟན་པའམ་འདི་ལས་དེ་རྟོགས་པ་དགོས་པ། དེ་ལས་ཚིག་ལེའུར་བྱས་ 1-1-27 པ་རྒྱན་དུ་གྲུབ་པ་དགོས་པའི་དགོས་པའོ། །ཆོས་བཤེས་སོ། །ཤེར་འབྱུང་ནི། རྒྱན་གྱི་ཚིག་ ལེའུར་བྱས་པ་བརྗོད་བྱ། ཡུམ་གསུམ་གྱི་རྒྱན་དུ་རྟོགས་པ་དགོས་པ། དེའི་ཡང་དགོས་པ་ནི་ ཐོས་བསམ་སྒོམ་པ་རབ་ཀྱི་མཐར་ཕྱིན་པ་སངས་རྒྱས་ཀྱི་ཡེ་ཤེས་ཤེར་ཕྱིན་ཞེས་བཞེད་དོ། ། ཆོས་བཤེས་ཀྱིས་དེ་བཀག་གོ །གཉིས་ཀ་ལྟར་ནའང་རྗོད་བྱེད་བསྟནབཅོས་རྒྱུ་དང་དགོས་ པ་གཉིས་འབྲས་བུར་འབྲེལ་བ་འབྲེལ་བ་སྟེ་ཤུགས་བསྟན་ནོ། ། གཉིས་པ་ལ་བཞི་ལས། ཐོགས་མེད་ཀྱིས་ཕྱེ་ཚུལ་ནི། སློབ་དཔོན་བདག་ཉིད་སྔོན་གྱི་ སློབ་དཔོན་གྱི་ལུགས་ལ་མཁས་པར་བསྟན་པས་འགྲོ་བ་རྣམས་རང་གི་འགྲེལ་པ་འདི་ལ་ འཇུག་པར་བྱ་བ་དང༌། གཞུང་དུ་མ་འཚོལ་བའི་སྐྱེ་བོ་ལ་ཕན་གདགས་པའི་ཕྱིར་དུ་སྔོན་གྱི་ སློབ་དཔོན་གྱིས་མཛད་པའི་གཞུང་སྟོན་ཞེས་ཆོས་བཤེས་སོ། །གསེར་ནི་ཅི་རབ་ཏུ་བྱེད་པའི་ རྣམ་པར་བཤད་པ་གཞན་དག་ཀྱང་ཡོད་དམ་ཞེ་ན་ཡོད་དེ། རྣམ་བཤད་མཛད་ཅེས་དྲང་ངོ༌། ། གང་གི་ན། ཤེར་ཕྱིན་གྱི་མདོའི་དོན་མ་ལུས་པ་བསྡུད་པས་བསྟན་བཅོས་ཆེན་པོ་སྟེ་མངོན་ རྟོགས་རྒྱན་ (གསེར་དངོས་)ནོ། །གང་གིས་ན་སྡིག་ཏོ་མི་དགེ་བའི་ (ཆོས་མཆོག་)ཆོས་ལས་རིང་དུ་ སོང་བས་འཕགས་པ་སྟེ་མཚན་ཐོགས་མེད་ཅེས་པས་སོ། །གང་གི་བློ་ཤེས་བྱ་ལ་ཐོགས་ མེད་དུ་འཇུག་པས་ཐོགས་མེད་ཅེས་བཅོམ་རལ་ལོ། །དེའི་ཡོན་ཏན་ཇི་ལྟ་བུ་ཞེ་ན། ལས་ཀྱི་ དབང་གིས་སྐྱེ་གནས་སོ་སོར་འགྲོ་བའི་སེམས་ཅན་ལ་ཆགས་པ་སྟེ་བྱང་སེམས་རྣམས་སོ། ། དེ་རྣམས་དང་འདྲ་བར་ཀུན་ཏུ་ཆགས་པར་མཛད་པ་སྟེ་དེ་ཉིད་ཀྱིས་ན་སྐྱོབ་པ་སྟེ་རང་གིས་ གཟིགས་པའི་ལམ་སྟོན་པས་སེམས་ཅན་རྗེས་སུ་སྐྱོངས་བར་མཛད་པས་སོ་ཞེས་གསེར་ཏེ། དགོངས་པ་ནི་སེམས་ཅན་ལ་ཆགས་པ་སྟེ་སྙིང་རྗེས་ཀུན་ཏུ་སྟེ་ལྷག་པར་ཆགས་པ་སྟེ་སྙིང་ བརྩེ་བས་དོན་མཛད་པ་སྟེ། དེས་ན་འདིར་ཆགས་པ་ནི་སྙིང་རྗེ་ལ་བཏགས་པ་སྟེ་འདོགས་ པའི་རྒྱུ་སེམས་ཅན་མི་འདོར་བར་འདྲ་བ་སྟེ། ཇི་ལྟར་ཕུག་རོན་རང་གི་བུ་མཆོག་བྱམས། 1-1-28 ། རང་གི་བུ་དེ་ཉེ་བར་འཁྱུད་ནས་འདུག །དེ་འདྲ་བ་ལ་ཁོང་ཁྲོ་འགལ་བ་ལྟར། །བརྩེར་བཅས་ ལུས་ཅན་བུ་ལའང་དེ་དང་འདྲ། །ཞེས་སོ། །དགོས་པ་བྱང་སེམས་སེམས་ཅན་མི་འདོར་བར་ ཤེས་པའི་ཆེད་དོ། །གནོད་བྱེད་ཐེག་ཆེན་འཕགས་པར་གསུངས་པས་གནོད་དེ། སྙིང་རྗེ་མ་ གཏོགས་པའི་ནང་སེམས་ཅན་ལ་ཆགས་པ་དངོས་དེའི་རྒྱུད་ལ་མེད་དོ། །ཅི་དཔྱད་པས་སམ་ ཐོས་པ་གཅིག་ནས་གཅིག་ཏུ་བརྒྱུད་པས་མཛད་དམ་ཞེ་ན། མིན་ཏེ། དབང་ཕྱུག་སོགས་ ཀྱིས་མི་ཐུབ་པས་མི་ཕམ་ལྷ་མིའི་མགོན་ཏེ་དམ་པའམ་གཙོ་བོར་གྱུར་པས་ཞེས་གསེར་དང༌། དམ་པའི་གནས་སུ་ཁྲིད་པར་བྱེད་པས་མགོན་ཞེས་ (ཡེ་ཤེས་སྙིང་པོའི་འགྲེལ་པར་)བྱང་བཟང་གིས་ བཤད་དེ། དེ་ལ་ཐོགས་མེད་བདག་ཉིད་ཀྱིས་ཏེ་བརྒྱུད་པ་སོགས་མིན་པར་དགའ་ལྡན་དུ་ བྱོན་ཏེ་རྒྱན་འདི་དངོས་སུ་གསན་ནས། ལེགས་པར་བསམས་ཤིང་བསྒོམས་པས་བརྟན་པར་ བྱས་ནས་ཞེས་དོན་གྱིས་ཐོབ་པོ། །སློབ་དཔོན་འདི་ཚིག་ལེའུར་བྱས་པ་མཛད་པ་པོ་ལས་ མངོན་སུམ་དུ་གསན་པ་ཉིད་ཡིན་པས་སྡུད་པ་པོ་དང་འདྲ་བར་ཚད་མའི་སྐྱེས་བུར་གྱུར་པའོ་ ཞེས་གསེར་རོ། །ཆོས་བཤེས་ནི་བསྟན་བཅོས་ཆེན་པོ་ནི་ཡུམ་གྱི་མདོ་ལ་བཞེད་པར་མངོན་ ཏེ། འོག་ཏུ་བསྟན་བཅོས་མཐའ་དག་འདི་ཞེས་པར། ཉོན་མོངས་དགྲ་རྣམས་མ་ལུས་འཆོས་ པ་དང༌། །ཞེས་སོགས་དྲངས་ནས་ངེས་པའི་ཚིག་གི་ཚུལ་གྱིས་བསྟན་བཅོས་ཏེ་དེ་ཡང་ཁྱད་ པར་ཅན་རྒྱལ་པའི་ཡུམ་རྣམས་སོ་ཞེས་བཤད་ཅིང་འདིར་གསལ་ཁ་མ་བཤད་དོ། །དེས་ན་ བསྟན་བཅོས་ཆེན་པོ་ནི་ཡུམ་གྱི་མདོ་ཡིན་གྱི་རྒྱན་མིན་ཏེ་ཤེར་འབྱུང་གིས་འཕགས་པ་དང་ སློབ་དཔོན་དག་གིས་མངོན་པར་རྟོགས་པ་དང་སྦྱར་བ་ལ་མ་ལྟོས་པར་བཤད་པའི་ཕྱིར་ཞེས་ དང་ཆོས་བཤེས་ཀྱིས་ཀྱང་དེ་གཉིས་ཀྱིས་སྐབས་བརྒྱད་དུ་ཕྱེ་བ་མེད་ཅེས་པ་དང་འགལ་ ཞེས་བཅོམ་རལ་ལོ། །གཞུང་འདིར་སྡོད་ཚུལ་ལ་བརྟགས་ན་རྒྱན་གྱི་འགྲེལ་པར་གསལ་ལོ། ། ཡང་ཆོས་བཤེས་ནི་ཁ་ཅིག་ཨ་ནི་རིང་བོ་ཡིན་པས་ལྷག་པ་ཞེས་པར་སྟོན་ཏེ་དེས་ན་ཀུན་ཏུ་ 1-1-29 ཞེས་འདོད་པ་ནི་མཚམས་སྦྱོར་མ་ཤེས་པ་སྟེ་ཨཱ་རིང་བོ་ཡིན་ན་མཚམས་སྦྱོར་དུ་མི་འགྱུར་ རོ། །དེས་ན་དགག་པའི་ཨ་ཐུང་ཡིན་པས་ཆགས་མེད་མཛད། ཅེས་ཏེ་འབྲུ་ནོན་མི་སྣང་ངོ༌། ། བོད་རྣམས། སེམས་ཅན་ལ་ཆགས་པ་སྟེ་སྙིང་རྗེས་རང་དོན་ལ་ཆགས་མེད་ཅེས་ (བུ་སྟོན་ཆེན་པོ་ )སོ། །འོན་ཀྱང་ཨཱ་རིང་བོ་མཚམས་སྦྱོར་བ་དུ་མ་ཡོད་པར་སྣང་བས་སློབ་དཔོན་ཆོས་བཤེས་ འཁྲུལ་ལོ། །གཞུང་གང་ན་དེ་ཉིད་རྣམ་ངེས་ཏེ། འགྲེལ་ཆེན་ལས། དེ་ཉིད་རྣམ་པར་ངེས་པར་ བཤད་པ་རབ་ཏུ་སྦྱར་མཛད། ཅེས་སོ། །སློབ་དཔོན་འདི་འཇམ་དཔལ་རྩ་བའི་རྒྱུད་ལས། ཐོགས་མེད་ཅེས་བྱའི་དགེ་སློང་ནི། །བསྟན་བཅོས་དེ་ནི་དོན་ལ་མཁས། །མདོ་སྡེ་ངེས་དོན་ དྲང་པའི་དོན། །རྣམ་པ་མང་པོ་རབ་ཏུ་འབྱེད། །འཇིག་རྟེན་རིག་པ་སྟོན་བདག་ཉིད། །གཞུང་ འབྱེད་ངང་ཚུལ་ཅན་དུ་འགྱུར། །དེ་ཡི་རིག་པ་གྲུབ་པ་ནི། །ས་ལའི་ཕོ་ཉ་མོ་ཞེས་བརྗོད། །དེ་ ཡི་སྔགས་ཀྱི་མཐུ་ཡིས་ནི། །བློ་ནི་བཟང་བོ་སྐྱེ་བར་འགྱུར། །བསྟན་པ་ཡུན་རིང་གནས་བྱའི་ ཕྱིར། །མདོ་ཡི་དེ་ཉིད་དོན་སྡུད་བྱེད། །ལོ་ནི་བརྒྱ་དང་ལྔ་བཅུར་འཚོ། །དེ་ལུས་ཞིག་ནས་ལྷ་ ཡུལ་འགྲོ། །འཁོར་བ་རྣམས་སུ་འཁོར་བ་ན། །ཡུན་རིང་བདེ་བ་རྗེས་མྱོང་ནས། །བདག་ཉིད་ ཆེན་པོ་མཐར་གྱིས་ནི། །བྱང་ཆུབ་ཐོབ་པར་འགྱུར་བ་ཡིན། །ཞེས་ལུང་བསྟན་ཏོ། ། གཉིས་པ་ནི། རྣམ་པར་བཀྲོལ། །ཞེས་དྲང་ངོ༌། །གང་ན་བསྟན་བཅོས་ཆེན་ (གསེར་) པོའ། །གང་གིས་ན་འགྲོ་བའི་དོན་མངོན་མཐོ་ངེས་ལེགས་ཀྱི་རྒྱུ་ཡང་དག་པའི་ལམ་སྟོན་པར་ མཛད་པས་རྩ་ལག་སྟེ། འདོད་པའི་དོན་རྫོགས་པར་བྱེད་པས་སོ། །དེ་སུ་ཞིག་ཅེ་ན། དབྱིག་ གི་གཉེན་ཞེས་བྱ་བའོ་ཞེས་གསེར་རོ། །ཡང་ན་དབྱིག་ནི་ངེས་པར་དགོས་ཤིང་མཁོ་བས་ན་ ནོར་ཏེ་འདིར་ནི་མངོན་མཐོ་ངེས་ལེགས་སོ། །དེ་འགྲོ་བའི་དོན་ཡིན་ཏེ་སེམས་ཅན་རྣམས་ ལ་འཕྲལ་ཕུགས་སུ་མཁོ་ཞིང་ངེས་པར་དགོས་པས་སོ། །གཉེན་ནི་རྩ་ལག་སྟེ་དེ་ལྟའི་འགྲོ་ དོན་དེ་རྫོགས་པར་བྱེད་པའམ་ཐོབ་པར་བྱེད་པས་སོ་ཞེས་སྦྱར་ཡང་གསེར་དོན་དུ་འགྱུར་རོ། 1-1-30 ། ཇི་ལྟར་ན། ཤེས་བྱ་སྟེ་སྒོ་ལྔའི་དབང་ཤེས་ལ་དོན་དུ་སྣང་བ་ཐམས་ཅད་ནང་ཤེས་པ་ཡིན་ ཞེས་འཆད་མོད་ཀྱི་དེ་ནི་མདོ་སྡེ་བ་དང་ཁྱད་མེད་དོ། །དེས་ན་སྒོ་ལྔའི་དབང་ཤེས་ཀྱིས་ཤེས་ བྱ་ཐམས་ཅད་ནང་གི་ཤེས་པ་ཡིན་པའི་རྣམ་རིག་པའི་གྲུབ་མཐའ་ལ་ཡང་དག་པར་བརྟེན་ ནས་སོ། །དེའི་རྒྱུ་མཚན་ཅི་ན། རང་གི་ལྟ་བ་སེམས་ཙམ་ལ་མོས་ཤིང་གོམས་པ་གཙོར་བྱེད་ པའམ་བྱས་པས་སོ། ། གཞུང་ནི་གཞུང་འགྲེལ་ཞེས་བྱ་བ་སྟེ། འགྲེལ་ཆེན་དུ། སློབ་དཔོན་དབྱིག་གཉེན་གྱིས་ ནི་གཞུང་གི་འགྲེལ་པར་དོན་བཤད་པ་ལ་གནས་ཐོབ་གྱུར་ཅེས་སོ། །སློབ་དཔོན་འདི་འཇམ་ དཔལ་རྩ་རྒྱུད་ལས། དེ་འོག་ཡི་གེ་བ་ (བ་སུ་བནྟུ་)བསྟན་པ། །ལྷོ་ཡི་ཕྱོགས་སུ་བྲམ་ཟེ་ནི། །སྟོན་ པའི་བསྟན་ལ་དེ་གཙོ་བྱེད། །མཆོད་རྟེན་ཀུན་དགའ་ར་བར་གནས། །སྟོན་པའི་གཟུགས་ བརྙན་ཡིད་འོང་གིས། །ས་ནི་རྒྱ་མཚོ་གཉིས་མཐར་ཐུག །ཐམས་ཅད་ཀྱི་ནི་རྒྱན་དུ་བྱས། ། ཞེས་ལུང་བསྟན་ཏོ། །དབྱིག་ནི་ནོར་ཏེ་ཤེས་རབ་གཉེན་ནི་ལྡན་པ་ཞེས་སོགས་མུན་སྤྲུལ་དུ་ མ་སྣང་ངོ༌། ། གསུམ་པ་ནི། རྣམ་པར་ཕྱེ་ཞེས་དྲང་ངོ༌། །གང་ན་བསྟན་བཅོས་ཆེན་པོའོ། ། གང་གིས་ ན། འཇིག་རྟེན་ལས་འདས་ (འགྲེལ་ཆེན་)པའི་ཡེ་ཤེས་སྐྱེས་པས་འཕགས་པའི་ཁོངས་སུ་ གཏོགས་པ་ཡི་སློབ་དཔོན་མཐོང་སྤང་གི་འཆིང་བ་ལས་རྣམ་པར་གྲོལ་བའི་སྡེ་ཞེས་བྱ་བས་ སོ། །གསེར་གྱིས་རྣམ་པར་གྲོལ་བ་ནི་ཁྱད་པར་ཅན་གྱི་བདག་མེད་པ་ལ་ལྷག་པར་མོས་པས་ སོ། །ཞེས་སོ། །ཇི་ལྟར་ན། ཡོད་མེད་སོགས་ཀྱི་མཐའ་སྤངས་པའི་དབུ་མར་གནས་པའི་བློས་ ཏེ་དབུ་མ་བའི་ཤེས་པས་ཕྱེ་ཞེས་ (གསེར་)ཏེ། དབུ་མ་རྟོགས་པའམ་ཤེས་པའི་སྒོ་ནས་དབུ་མ་ དང་མཐུན་པར་ཕྱེ་ཞེས་སམ་ཡང་ན་རྒྱས་འབྲིང་བསྡུས་པའི་དོན་དབུ་མར་གནས་པར་རྟོགས་ པའི་བློས་དབུ་ (བུ་སྟོན་)མར་རོ། །སྔོན་ཆད་སྐུ་མཆེད་ཀྱིས་ (གསེར་དོན་)ཕྱེ་ཟིན་པས་འདི་རྩོམ་པ་མི་ 1-1-31 རིགས་སོ་ཞེ་ན། སྐུ་ (གསེར་དོན་)མཆེད་དེ་དག་གིས་བྱས་པའི་འགྲེལ་པ་ (གསེར་)ནི་སེམས་ཙམ་གྱི་ གཞུང་བདེན་དངོས་ (གསེར་དངོས་)འདོད་པར་ (གསེར་དངོས་)འཇུག་པའི་ཕྱིར་ཡུམ་གྱི་ (གསེར་)མདོ་ དོན་དོན་ཇི་ལྟ་ (གསེར་)བ་བཞིན་དུ་བྱས་པ་མིན་པར་མཐོང་སྟེ་ཤེས་ནས་ (གསེར་)ཕྱི་ནང་གི་མུ་ སྟེགས་ཀུན་གྱི་ལོག་རྟོག་བཟློག་པའི་ཕྱིར་བྱས་སོ་གསེར་རོ། །ཆོས་བཤེས་ནི། ཚིག་ལེའུར་ བྱས་པ་ཐེག་པ་ཆེན་པོ་དབུ་མའི་ལྟ་བ་འདི་ནི་སློབ་དཔོན་དབྱིག་གཉེན་དེའི་སྤྱོད་ཡུལ་དུ་མ་ གྱུར་པས་འཕགས་པ་ཐོགས་མེད་ས་འོད་བྱེད་པ་བརྙེས་པས་ཀྱང་དེ་གདུལ་བྱ་དང་འཚམས་ པར་བཀྲོལ་ཏེ། སེམས་ཅན་གཅིག་གི་དོན་གྱི་ཕྱིར། །ཕྱི་མཐའི་བར་དུ་གནས་པར་བགྱི། ། ཞེས་པའི་རྗེས་སུ་འབྲངས་པས་སོ། །དེ་ལྟར་ན་ཐོགས་མེད་དབྱིག་གཉེན་ (དོན་)བཅས་དེ་དག་ གིས་སྐབས་ (ཆོས་བཤེས་དངོས་)ཀྱི་དོན་མ་བརྗོད་ཅིང་རྣམ་པར་རིག་པའི་ཞེན་པ་མ་སྤངས་པས་ དེས་བྱས་བྱས་པ་མིན་པར་མཐོང་ནས་མདོ་བར་མ་དང་སྦྱར་བ་མཛད། ་ཅེས་སོ། །སློབ་དཔོན་ འགྲེལ་བཤད་དང་བཅས་པའི་འདི་དཔྱད་པར་བྱ་དགོས་སོ། ། བཞི་པ་ནི། རྣམ་བཤད་བྱས། ཞེས་དྲང་ངོ༌། །གང་ན་བསྟན་བཅོས་ཆེན་པོའོ། །གང་ གིས་ན། བཙུན་པ་རྣམ་པར་གྲོལ་བའི་སྡེས་ཏེ། དེའི་ཡོན་ཏན་ནི་དད་པའི་ས་ནི་ཚོགས་ལམ་ ཕལ་བ་སྟེ་དད་པ་ཙམ་གྱིས་ནི་དད་པའི་སའོ་ཞེས་ཆོས་བཤེས་སོ། །དེ་ལ་གནས་པ་ནི་དེའི་ གནས་སྐབས་ཀྱི་ཡོན་ཏན་དང་ལྡན་པ་ཡིས་སོ། །ཡང་ན་དད་པ་ཉིད་རྟེན་དུ་གྱུར་པས་ས་ སྟེ་དེ་ལ་གནས་པ་ནི་དེ་དང་ལྡན་པ་སྟེ། (མདོ་ལས།)དད་པས་མི་ཁོམ་སྤོང་བར་འགྱུར། །ཞེས་ གསུངས་སོ། །ཞེས་གསེར་རོ། །དུས་ནམ་ན། འཕགས་གྲོལ་གྱིས་འགྲེལ་པ་མཛད་པ་དེ་ ཡི་འོག་ཏུའོ། །ཇི་ལྟར་ན་རྒྱན་གྱི་བསྟན་བཅོས་མཐའ་དག་གམ་མ་ལུས་པ་སྟེ་མ་རྙེད་པ་ནི་ མཛད་པ་པོ་ལས་དངོས་སུ་མ་ཐོས་པའམ་མ་མཐོང་པའོ། །ཡང་ན་མངོན་པའི་སྡེ་སྣོད་སོགས་ བསྟན་བཅོས་མཐའ་དག་མ་རྙེད་པའོ་ཞེས་གསེར་ཏེ་བཤད་པ་སྔ་མ་ནོར་ཞིང་ཕྱི་མ་རུང་ཙམ་ 1-1-32 མོ། །ཆོས་བཤེས་ནི་བསྟན་བཅོས་མཐའ་དག་མ་རྙེད་པར་ཏེ་གྲུབ་མཐའ་རབ་འབྱམས་ལ་ མ་འདྲིས་པར་རང་གི་ཤེས་རབ་འཕེལ་བ་དང་རྗེས་སུ་མཐུན་པ་སྟེ་འཕེལ་བར་བྱ་བའི་ཕྱིར་ བརྩམས་ཀྱི་གཞན་ལ་ཕན་འདོད་པའམ་མངོན་པའི་ང་རྒྱལ་གྱིས་ནི་མིན་ཏེ། རིག་པ་རྩོམ་པ་ ནི་ཤེས་རབ་འཕེལ་བའི་རྒྱུའོ་ཞེས་གསུངས་སོ། །འདི་ནི་འདབ་གཤོག་ཅུང་ཟད་སྐྱེས་པའི་ བྱ་ཡང་འཕུར་བར་རྩོམ་པ་དང་འདྲ་བར་བསྔགས་ཚིག་ཡིན་གྱི་སྨད་པར་མི་སྦྱོར་རོ་ཞེས་སོ། ། ལེ་མང་རང་དང་རྗེས་མཐུན་ཞེས་སོགས་གང་གང་མ་རྙེད་པ་དང་བཅས་ཏེ་བཀོད་པ་ནི་མུན་ སྤྲུལ་འབའ་ཞིག་སྟེ་ངག་ལས་ཤེས་སོ། ། གསུམ་པ་ནི། རྙེད་ཅེས་དྲང་ངོ༌། །གང་ན་འཆོས་སྐྱོབ་ཀྱི་ཕྱིར་ (ཆོས་བཤེས་)བསྟན་བཅོས་ ཏེ་ཁྱད་པར་ཅན་ (ཆོས་བཤེས་དངོས་)རྒྱལ་བའི་ཡུམ་མཐའ་དག་གི་དོན་འདིའོ། །རྒྱུ་གང་ལས་ ན། སྔར་བཤད་པའི་ཚུལ་དེ་ལྟར་མཁས་པ་ (དངོས་)འཕགས་གྲོལ་གྱིས་སྣང་བ་སྟེ་གསལ་བར་ བྱས་ཤིང་སངས་རྒྱས་ཀྱི་བྱིན་ (འོག་ཏུ་བསྟན་)རླབས་ཀྱི་སྟོབས་ཀྱིས་སོ། །ཇི་ལྟར་ན་བྱམས་པས་ དགོངས་པ་དེ་ (བུ་སྟོན་)ལྟར་རོ། །རྙེད་པ་ངོ་མཚར་བར་བསྟན་པ་ནི། སེང་བཟང་བདག་གིས་ རྒྱལ་བའི་ཡུམ་གྱི་དོན་མཐའ་དག་ཚང་བར་རྙེད་པ་སྟེ་རྟོགས་པ་གང་ཡིན་པ་དེ་ཡ་མཚན་ཆེ་ སྟེ། དེའི་རྒྱུ་མཚན་འགའ་ཞིག་ཁོ་ན་སྟེ། གདུལ་བྱའི་དབང་གིས་ཐོགས་མེད་དང་བཅས་པ་ དབྱིག་གཉེན་དང་བཙུན་པ་གྲོལ་སྡེས་དེ་ཚང་བར་མ་རྙེད་པས་སོ། །དེས་ན་བདག་ནི་མཆོག་ ཏུ་སྐལ་བ་བཟང་བས་སྔར་བསོད་ནམས་མཚར་གཅིག་བྱས་པ་ལྟ་ཞེས་དགའ་བ་སྒྲོག་པའི་ ཚིག་གོ །ཞེས་ཆོས་བཤེས་སོ། །གསེར་ནི་མཁས་པ་འཕགས་པ་ཐོགས་མེད་ལ་སོགས་པས་ སྣང་བ་སྟེ་སྦྱར་བའི་ཡེ་ཤེས་ཀྱི་སྒྲོན་མ་ལ་བརྟེན་ནས་ཞེས་དང༌། འགའ་ཞིག་ཁོ་ན་ནི་བདག་ ལས་གཞན་པའི་མཁས་པ་མཉམ་པར་བཞག་ (དཔྱད་)པ་རྣམས་ཞེས་དང༌། བསྟན་བཅོས་ཀུན་ ནི་རབ་ཏུ་བྱེད་པར་གྲགས་པའོ། །མ་རྙེད་པ་ནི། མ་མཐོང་བའམ་མ་ཐོས་པ་ཞེས་དང༌། མི་ 1-1-33 ཡིན་ཡང་རང་གིས་བསྟན་བཅོས་སྣ་ཚོགས་བལྟས་པས་བློའི་ཁ་ཤིན་ཏུ་ཕྱེ་བས་སྙིང་པོ་མདོར་ བསྡུས་པའི་རབ་བྱེད་ཀྱི་དོན་སྣ་ཚོགས་མཐོང་བའི་ནུས་པ་ཡོད་པ་ཡ་མཚན་ཏེ་ངོ་མཚར་ཞེས་ ཏེ་མ་རྙེད་པའི་འབྲུ་ནོན་ནོར་ཞིང་གཞན་ལེགས་སོ། །དེ་ལྟར་ (ཆོས་བཤེས་)མཁས་པས་བཤད་ པ་ཡང་ཤེས་ལ། ལ་ལས་དོན་ཚང་བར་མ་རྙེད་པ་བདག་གིས་ཚང་བར་ཤེས་སོ་ཞེས་བསྟན་ ནས། དེ་ཡང་ལྷས་བྱིན་པའམ་གནམ་བབས་སོགས་མིན་གྱི་སངས་རྒྱས་ཀྱི་མཐུའོ་ (ཀུན་ཆོས་ བཤེས་)ཞེས་སྟོན་པ་སྟེ། ཟབ་མོའི་ལམ་ཅན་ (གསེར་)མངོན་རྟོགས་ (གསེར་)བརྒྱད་དམ་རྒྱལ་ (ཆོས་ བཤེས་)བའི་ཡུམ་དོན་འདི་ཆོས་ཅན། བསོད་ནམས་མ་ (ཆོས་བཤེས་དོན་)བསགས་པའམ་རིགས་ (གསེར་)པ་དང་མི་ལྡན་པས་ཤིན་ཏུ་རྙེད་པ་སྟེ་རྟོགས་དཀའ་སྟེ། བསོད་ནམས་བསགས་པ་ཁོ་ ནས་རྙེད་ (གསེར་)པ་དེ་ལྟས་ཏེ་དེའི་ཕྱིར། དེ་ལྟར་ཡིན་པ་ལས་ (གསེར་)ཅི་ཞིག་ལྟར་ཏེ་སངས་ རྒྱས་ (གསེར་)ཀྱི་བྱིན་བརླབས་ཀྱི་དབང་གིས་རྙེད་པ་ཡིན་ལ་སངས་རྒྱས་ཀྱི་དབང་གིས་རྙེད་པ་ དེའི་ཕྱིར་འགྲེལ་པ་འདི་མཁས་པ་རྣམས་ཀྱིས་དབྱེ་བ་སྟེ་བཤད་ཅིང་འཇུག་པར་རིགས་སོ་ ཞེས་པ་དགོངས་པ་ཡིན་མོད་ཀྱི། འགྲེལ་པ་ལྟར་ན། ཡུམ་དོན་སངས་རྒྱས་ཀྱི་བྱིན་རླབས་ཀྱི་ དབང་གིས་རྙེད་པ་ཡིན་པས་སངས་རྒྱས་ལ་བྱས་པ་གཟོ་བའི་མཆོད་པ་བྱ་བར་རིགས་པས་ ན་མཁས་པ་གང་སུ་ཡང་རུང་སྟོན་པ་ལ་དྲིན་དུ་གཟོ་བ་རྣམས་ཀྱིས་དྲིན་ལན་དུ་མཆོད་པའི་ ངོ་བོར་ཡུམ་འདིའི་དོན་བློ་དང་གཞུང་ལ་དབྱེ་བར་རིགས་སོ། །མཁས་པས་དབྱེ་བར་རིགས་ པ་དེའི་ཕྱིར་ཡུམ་འདིའི་དོན་རྣམ་པ་ཀུན་ཏུ་སྟེ་མ་ལུས་པ་ཆོས་ཅན། སེང་བཟང་བདག་གིས་ དངོས་སུའམ་མངོན་སུམ་དུ་སྤྱོད་ཡུལ་མིན་ཏེ། རྒྱལ་ (གསེར་)བ་ཁོ་ནའི་སྤྱོད་ཡུལ་ཡིན་པས་ སོ། །དེ་ལྟ་ན་ཡང་རང་གཞན་ལ་ཕན་གདགས་ཏེ་མངོན་མཐོ་ངེས་ལེགས་སྟེར་བར་འདོད་ པས་སངས་རྒྱས་མཆོད་པ་སོགས་ཀྱི་བསོད་ནམས་དག་བསྒྲུབ་དགོས་ཤིང་དེ་སྒྲུབ་པ་དང་ བསྟན་བཅོས་འབྱེད་པ་དོན་མཐུན་པའི་ཕྱིར་བསྟན་བཅོས་ (གསེར་དོན་)འབྱེད་པར་སྤྲོ་བ་སྐྱེས་ 1-1-34 སོ། །སངས་རྒྱས་མཆོད་པའི་བསོད་ནམས་སྒྲུབ་པ་དང་བསྟན་བཅོས་འབྱེད་པ་དོན་མཐུན་ པའི་རྒྱུ་མཚན་ནི། སངས་རྒྱས་མཆོད་པའི་ཐབས་སམ་མཆོག་ཀྱང་བསྟན་བཅོས་འབྱེད་པ་ འདི་ཉིད་ཡིན་པའི་ཕྱིར་ཏེ། ཤེར་ཕྱིན་མཆོག་དང་པོ་ལས། ཤེར་ཕྱིན་པ་འདི་བྲི་བ་དང༌། ཀློག་ པ་དང་ཉན་པ་དང་འདོན་པ་དང་ཁ་ཏོན་བྱེད་པ་དང་འཆད་པ་དང་སེམས་པ་དང་བསྒོམ་པ་ནི་ དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པའི་ཆོ་ག་རྒྱས་པའོ་ཞེས་སོ། །ཞར་ལ་གདུལ་བྱ་ འཇུག་པ་རྣམས་ཀྱང་ཁེངས་པ་མེད་ཅིང་གཞན་དོན་གྱི་བསམ་པ་དང་ལྡན་པས་བསྟན་བཅོས་ འབྱེད་པར་སྤྲོ་བ་བསྐྱེད་ཅིག་ཅེས་གདམས་ངག་གི་རྐྱེན་ཅན་དུ་ཡང་སྦྱར་རོ། །ཆོས་བཤེས་ སོགས་ཀྱི་དགོངས་པ་སྟེ་བོད་རྣམས་གཞན་དུ་འཆད་དོ། །འགྲེལ་པའི་མཆོད་བརྗོད་ནས་ རྫོགས་ཀྱི་བར་རྩ་འགྲེལ་གྱི་སྙིང་པོ་བསྡུས་པ་སྦྱོར་ཕྲེང་ཡིད་ཀྱི་མུན་སེལ་དུ་ཞིབ་པར་བསྟན་ ཟིན་པས་དེར་ཤེས་པར་བྱའོ།། ༈ །། གཉིས་པ་ལ། (ཆོས་བཤེས།)སྤྱི་དང་ཡན་ལག་གི་དོན་གཉིས་ལས་སྤྱིའི་དོན་ནི། རྣམ་བཤད་ རིགས་ (ཆོས་བཤེས་)པར། མདོ་དོན་སྨྲ་བ་དག་གིས་ནི། །དགོས་པ་བསྡུས་པའི་དོན་བཅས་དང༌། ། ཚིག་དོན་བཅས་དང་མཚམས་སྦྱར་བཅས། །བརྒལ་ལན་བཅས་ཏེ་བསྙད་པར་བྱ། །ཞེས་ ཏེ་འདི་ཡང་བྱམས་ (ཆོས་བཤེས་དངོས་)པ་ཉིད་ཀྱི་མན་ངག་བརྒྱུད་པའོ། །དེ་ཡང་རྒྱལ་བ་བྱམས་ (ཆོས་བཤེས་)པས། དགོས་བསྡུས་ཚིག་ (ཆོས་བཤེས་)དོན་གསུམ་དངོས་སུ་བསྟན་ཅིང་གཞན་ གཉིས་ཤུགས་ཀྱིས་ (ཆོས་ཀྱི་བཤེས་གཉེན་)བསྟན་ཏོ། །དང་པོར་དགོས་པ་བརྗོད་པས་འབྲས་བུ་ ཁྱད་པར་ཅན་ཤེས་ནས་དེ་ཐོབ་ཆེད་དུ་ཉན་འཛིན་སོགས་ལ་འབད་པར་འགྱུར་བས་དགོས་ འབྲེལ་ངག་གིས་དང་པོར་དགོས་པ་བསྟན་ཏོ། །དེ་ཡང་བསྡུས་དོན་ལས་རྟོགས་པས་བསྡུས་ དོན་ལུས་རྣམ་གཞག་བསྟན་ཏོ། །དེ་ཡང་ཚིག་དོན་ལས་རྟོགས་པས་ཚིག་དོན་ཡན་ལག་ རྒྱས་བཤད་བསྟན་ཏེ། ཚིག་དོན་ལའང༌། དོན་དང་ལྡན་པའི་མིང་གིས་བཤད་པ། ངེས་ཚིག་ 1-1-35 གིས་བཤད་པ། རྣམ་གྲངས་ཀྱིས་བཤད་པ། ལུང་བསྟན་པའི་རིགས་པས་བཤད་པ། དོན་ གྱི་ཤུགས་ཀྱིས་བཤད་པ་ལས། འདིར་དོན་གྱི་ཤུགས་ཀྱིས་བཤད་པ་དང་རྣམ་གྲངས་ཀྱིས་ བཤད་པ་གཉིས་གཟུང་ངོ༌། །ཚིག་གི་གོ་རིམ་མི་འགལ་བ་ནི་མཚམས་སྦྱར་ལས་ཤེས་པས་ སློབ་དཔོན་གྱིས་གསལ་བར་བསྟན་ཏེ། སྐབས་དང་པོ་ལ་སོ་དྲུག གཉིས་པ་ལ་ཉི་ཤུ། གསུམ་པ་ལ་བཅུ་བཞི། བཞི་པ་ལ་སོ་ལྔ། ལྔ་པ་ལ་ཉེར་བདུན། དྲུག་པ་ལ་གཅིག བདུན་ པ་ལ་ལྔ། བརྒྱད་པ་ལ་བཅུ་གསུམ། བར་མ་ལ་གཅིག བསྡུས་པ་ལ་གཅིག་སྟེ་བརྒྱ་ལྔ་བཅུ་ རྩ་གསུམ་སྨོས་སོ་ཞེས་ཆོས་བཤེས་སོ། །འོན་ཀྱང་དེ་ཙམ་མི་སྣང་བས་མཚམས་སྦྱོར་ཐོབ་པ་ དེ་ཙམ་ཞིག་ཡོད་པ་ལ་དགོངས་སོ། །ཞེས་ (བུ་སྟོན་)གསུངས་སོ། །རིགས་པ་དང་མི་འགལ་བ་ དང་སྔ་ཕྱི་མི་འགལ་བ་ནི་བརྒལ་ལན་ལས་ཤེས་པས། གཞན་གྱི་ཆོས་རྣམས་ཀྱང་ཡོད་ལ། ཞེས་སོགས་དང༌། རབ་ཏུ་སྨྲ་རྣམས་རྒྱུད་མར་རྒོལ། །ཞེས་སོག་ཀྱིས་དངོས་སུ་བསྟན་ཏོ་ཞེས་ ཆོས་བཤེས་སོ། །རྣམ་བཤད་རིགས་པར། མདོ་དོན་ཆེ་བ་ཉིད་ཐོས་ནས། །ཉན་པ་དང་ནི་ འཛིན་པ་ལ། །ཉན་པ་པོ་དེ་གུས་བྱེད་པས། །ཐོག་མར་དགོས་པ་བརྗོད་པར་བྱ། །དེ་འགྲུབ་ དེ་ནི་བསྡུས་དོན་ལས། །བསྡུས་པའི་དོན་ནི་ཚིག་དོན་ལས། །གོ་རིམ་རིགས་པ་སྔ་ཕྱི་དག ། མི་འགལ་བ་ནི་གཉིས་ལས་སོ། །ཞེས་སོ། ། གཉིས་པ་ལ་གཉིས། བརྩམ་པར་དམ་ (ཨཱརྱ་)བཅའ་བའི་དོན་དུ་མཆོད་པར་བརྗོད་པ་ བཤད། བསྟན་བཅོས་ལ་གཞན་འཇུག་པའི་དོན་དུ་དགོས་འབྲེལ་བཤད་པའོ། ། དང་པོ་ལ་གསུམ་ལས་སྔ་འགྲེལ་གྱིས་མཚམས་སྦྱར་བ་ནི། ཕྱག་འཚལ་ཞེས་དྲང་ངོ༌། ། གང་ལ་ན། ཡུམ་ཤེར་ཕྱིན་ལའོ། །གང་གི་སྒོ་ནས་ན། འཕགས་བཞིའི་བཞེད་དོན་སྒྲུབ་པ་ སོགས་ཀྱི་ཡོན་ཏན་ཡོད་པ་ཇི་ལྟ་བ་བཞིན་དུ་བརྗོད་པའི་བསྟོད་པ་སྔོན་དུ་འགྲོ་བའི་སྒོ་ནས་ སོ། །དུས་ནི། རེ་ཞིག་ནི་རིམ་པ་སྟོན་པའི་ཚིག་སྟེ་ཇི་སྲིད་བསྟན་བཅོས་རྩོམ་པའི་དང་པོར་ 1-1-36 ཏེ་དང་པོར་འདི་བྱས་ནས་དེ་ནས་བྱ་བ་གཞན་ཡང་ཡོད་ཅེས་པའི་དོན་ཏོ། །འོག་ཏུ་རེ་ཞིག་ ཅེས་པ་ཀུན་ལའང་དེ་བསྒྲེའོ། །གང་གིས་ན། སྡིག་པ་མི་མངའ་བས་འཕགས་པ་སེམས་ཅན་ ཐམས་ཅད་ལ་བུ་གཅིག་པ་ལྟར་བྱམས་པས་ཕན་འདོགས་པར་མཛད་པས་བྱམས་པ་སྟེ་དེས་ སོ། །གསེར་རོ། །བྱམས་པ་འཇུག་པའི་མདོར། རྗེ་བཙུན་འདི་སངས་རྒྱས་རིན་ཆེན་གདུགས་ ཀྱི་བསྟན་པ་ལ་དགེ་སློང་བློ་གྲོས་བརྟན་པར་གྱུར་པ་ན་སེམས་ཅན་ཐམས་ཅད་ལ་བྱམས་པ་ བསྒོམ། གཞན་ལའང་དེའི་ཐབས་སྟོན། དེ་ལྟར་ཡུན་རིང་པོར་སྤྱད་པས་བསོད་སྙོམས་ལ་ བྱོན་པའི་ཚེ་ཁྱིམ་གང་གི་ཐེམ་པ་ལ་ཞབས་བཞག་མ་ཐག་ནས་དེའི་ནང་གི་སེམས་ཅན་གྱི་ རྒྱུད་ལ་བྱམས་པའི་ཏིང་ངེ་འཛིན་སྐྱེ་བ་གཅིག་བྱུང༌། དེ་ལ་ལྷ་རྣམས་ངོ་མཚར་ནས། ཨ་ལ་ ལ་དགེ་སློང་འདི་ནི་བྱམས་པའོ་ཞེས་འོག་མིན་གྱི་བར་དུ་གྲགས། སངས་རྒྱས་དེས་ལྷའི་བུ་ དག་དགེ་སློང་འདི་སྤྱད་པ་སྤྱོད་པ་ནའང་བྱམས་པ་སངས་རྒྱས་པ་ནའང་བྱམས་པ་ཞེས་བྱ་ སྟེ་ཐམས་ཅད་དུ་བྱམས་པ་ཞེས་པའི་མིང་ཐོབ་པར་འགྱུར་རོ་ཞེས་བཀའ་སྩལ་བར་བཤད་ དོ། །ཡང་ན་ཡུམ་བྱམས་མ་ཞེས་པ་ལས་བཙས་པས་སམ། འདིའི་རང་བཞིན་བྱམས་པ་དང་ སྙིང་རྗེ་ཅན་ཡིན་པས་སམ། ཐོག་མར་བྱམས་པའི་སེམས་ཀྱི་ཏིང་འཛིན་ཐོབ་པའི་ཕྱིར་རམ། སྔོན་དྲང་སྲོང་ཡེ་ཤེས་ཐམས་ཅད་ཀྱི་འོད་ཅེས་པར་གྱུར་པ་ན་སངས་རྒྱས་བྱམས་པ་ཞེས་ པའི་དྲུང་དུ་བདག་སངས་རྒྱས་པའི་ཚེ་ཡང་མིང་བྱམས་པ་ཞེས་པར་གྱུར་ཅིག་ཅེས་སྨོན་ལམ་ བཏབ་པས་བྱམས་པའོ་ཞེས་དགོངས་འགྲེལ་འགྲེལ་ཆེན་ལས་སོ། །དགོས་པ་ཅིའི་ཆེད་དུ་ ན་རང་དོན་ནི། རང་ཉིད་དམ་པའི་སྤྱོད་པ་དང་མཐུན་པར་རབ་ཏུ་སྟོན་པའི་སྒོ་ནས་གཞན་ གྱིས་ (ཆོས་བཤེས་)དམ་པར་ཤེས་པ་སྟེ་དེའི་ཡང་དགོས་པ་ནི་དམ་པས་ (ཆོས་བཤེས་)བརྩམས་པའི་ བསྟན་བཅོས་ལ་གདུལ་བྱ་རྣམས་འཇུག་པའོ་ཞེས་ཆོས་བཤེས་སོ། །གཞན་དོན་ནི། དང་ བ་བསྐྱེད་པའི་ཆེད་དུའོ། །ནོར་བུ་ཆུ་དང་བྱེད་ལྟར་མ་དད་པ་སོགས་སེམས་ཀྱི་རྙོག་པ་སེལ་ 1-1-37 བས་ནའམ། དེ་མེད་པའི་སེམས་བྱུང་དགེ་བ་ཡུལ་ཁྱད་པར་ཅན་ལ་དང་བ་ (མདོ་ཀུན་བཏུས་འགྲེལ་ པར་བཤད་)སྟེ། འདི་ལ་དང་ཞེས་དྲང་ངོ༌། །གང་ན་ངག་གི་གདུལ་བྱ་གཞན་དག་གོ །གང་ལ་ན་ བདུད་བཞི་བཅོམ་པ་དང་ལྡན་པས་ (ཐོགས་མེད་ཡེ་ཤེས་ཞབས་)སམ། ཉོན་མོངས་ལས་སྐྱེ་བའི་ཉོན་ མོངས་གསུམ་མམ་སྒྲིབ་གཉིས་བཅོམ་པ་དང་ལྡན་པས་བཅོམ་ལྡན་ཏེ། རྒྱུད་རྡོ་རྗེ་རྩེ་མོ་ལས། ཉོན་མོངས་ལས་དང་དེ་བཞིན་སྐྱེ། །ཉོན་མོངས་ཤེས་བྱའི་སྒྲིབ་དེ་བཞིན། །གང་ཡང་མི་ མཐུན་ཕྱོགས་ཆོས་བཅོམ། །དེ་འདིར་བཅོམ་ལྡན་འདས་སུ་བཤད། །ཅེས་སོ། །ཡང་ན། བྷ་ ག་ནི་སྐལ་བ་སྟེ་དབང་ཕྱུག་ལ་སོགས་པའི་སྐལ་བ་དྲུག་དང་ལྡན་པས་བཅོམ་ལྡན་ཏེ། སམ་ བྷུ་ཊཱི་ལས། (སྡུད་འགྲེལ་དུ་དྲངས།) དབང་ཕྱུག་དང་ནི་གཟུགས་བཟང་དང༌། །དཔལ་དང་གྲགས་ དང་ཡེ་ཤེས་དང༌། །བརྩོན་འགྲུས་ཕུན་སུམ་ཚོགས་པ་སྟེ། །དྲུག་པོ་རྣམས་ལ་སྐལ་ཞེས་བྱ། ། ཞེས་སོ། །སངས་རྒྱས་ཡེ་ཤེས་ཀྱིས། དབང་ཕྱུག་ནི་དེ་བཞིན་ཉིད་རྣམ་པར་དག་པ་རྣམ་ རྟོག་གི་དྲི་མ་མ་ལུས་པས་དབེན་པའི་བདག་ཉིད་དེ་རང་གཞན་གྱི་དོན་འགྲུབ་པ་ནི་དེས་རབ་ ཏུ་ཕྱེ་བས་སོ། །གཟུགས་བཟང་ནི་ཡེ་ཤེས་གཞན་གྱི་འབྱུང་གནས་ཡིན་པས་མེ་ལོང་ལྟ་བུའི་ ཡེ་ཤེས་ཏེ། བཅོམ་ལྡན་འདས་ཀྱི་རང་བཞིན་ནི་ཡེ་ཤེས་འདིར་མཚན་ཉིད་གཅིག་པས་སོ། ། གྲགས་པ་དང་དཔལ་ནི་མཉམ་ཉིད་ཡེ་ཤེས་ཏེ། འགྲོ་བ་ཐམས་ཅད་ལ་ཕན་པ་བསྐྱེད་པས་ གྲགས་པ་ཕུན་ཚོགས་ཀྱི་རྟེན་ཡིན་པ་དང་དཔལ་དང་ལྡན་པས་སོ། །ཡེ་ཤེས་ནི་སོར་རྟོག་སྟེ་ ཆོས་ཐམས་ཅད་མ་ནོར་བར་རྟོགས་པས་སོ། །བརྩོན་འགྲུས་ནི་བྱ་སྒྲུབ་སྟེ་བརྩོན་འགྲུས་ཕར་ ཕྱིན་གྱིས་ཕྱེ་བས་སོ། །ཞེས་སོ། །གཞན་ཡང་སློབ་དཔོན་ངང་ཚུལ་བཟང་པོ། ཉི་མ་གྲུབ། ཨ་ བྷ་ཡ་སོགས་ཀྱིས་གཞན་དུ་བཤད་དོ། །འདས་པ་ནི་འཇིག་རྟེན་ལས་འདས་པ་སྟེ། སྒྲ་སྦྱོར་ བམ་གཉིས་ལས། མདོ་སྡེ་ལས་སངས་རྒྱས་ཀྱི་མཚན་ལ་འཇིག་རྟེན་ལས་འདས་པ་ཞེས་ཀྱང་ འབྱུང་བས་འདས་ཞེས་བླ་ཐབས་སུ་བསྣན་ནོ། །ཞེས་སོ། །འཕགས་བཞིའི་ཡུམ་བྱེད་པས་ 1-1-38 མའམ་སངས་རྒྱས་ཀྱི་ཡུམ་བྱེད་པས་མ་སྟེ། རྣམ་པར་མི་རྟོག་པར་བསྟོད་པ་ལས། གང་སླད་ སངས་རྒྱས་འཇིག་རྟེན་གཙོ། །ཐུགས་རྗེ་ཅན་རྣམས་ཁྱོད་ཀྱི་སྲས། །དེ་ཡི་སླད་དུ་དགེ་མ་ ཁྱོད། །སེམས་ཅན་ཀུན་གྱི་ཕྱི་མོ་ལགས། །ཞེས་བཤད་པ་ལྟར་རོ། །སྟོབས་བཅུ་ (གསེར་དངོས་ )ལ་སོགས་པའི་ཡོན་ཏན་རྣམས་སེམས་ཅན་ལ་ཕན་པ་དང་དཀོན་པ་དང་རྣམ་པར་མི་རྟོག་ པས་རིན་པོ་ཆེ་དང་འདྲ་བས་རིན་པོ་ཆེ་མཐར་ཐུག་པས་ཕུལ་དུ་དབྱུང་དུ་མེད་ཅིང་གྲངས་ དང་ཚད་ཀྱིས་དཔག་ཏུ་མེད་པའི་འབྱུང་གནས་རྒྱ་མཚོ་ལྟ་བུ་ (གསེར་)ལའོ། །གང་གི་ཆེད་དུ་ན། མངོན་མཐོ་ངེས་ (གསེར་)ལེགས་ཀྱི་དོན་གྱི་དབང་གིས་ཡུམ་ལ་ཐོས་སོགས་ཀྱིས་འཇུག་པར་ བྱ་བའི་ཕྱིར་དུའོ། །ཇི་ལྟར་ན། རབ་ཏུ་སྟེ་རྐྱེན་ངན་པས་ནི་མི་འཕྲོག་པའི་ཆེན་པོར་རོ། །དང་ བ་བསྐྱེད་པའི་རྒྱུ་མཚན་ཅི་ཞེ་ན། ཤེར་ཕྱིན་པ་དང་བའི་ཡུལ་དུ་བྱས་པའི་ཡུལ་ཅན་གྱི་རབ་ཏུ་ དང་བ་ནི་ལེགས་པ་ཐམས་ཅད་ (གསེར་དངོས་)དེ། མངོན་མཐོ་ངེས་ལེགས་རྣམས་ (གསེར་)འཐོབ་ པའི་རྒྱུའི་གཙོ་བོ་ཡིན་པས་སོ། །དེ་ཡིན་པར་ཅིས་ཤེས་ན། དེ་ལྟར་ཡིན་པར་རྗེ་བཙུན་བྱམས་ པའི་སོ་སོ་རང་གིས་རིག་པའི་ཡེ་ཤེས་བརྗོད་དུ་མེད་ཅིང་གཞན་ལ་དངོས་ (ཆོས་བཤེས་)སུ་ བསྟན་མི་ནུས་པའི་མི་རྟོག་ཡེ་ཤེས་ཀྱིས་དྲངས་པའི་རྗེས་ཐོབ་ཀྱིས་ངེས་པར་བཟུང་ནས་ཏེ་ ཐེ་ཚོམ་མེད་པར་མཁྱེན་པའམ་དོན་མཐུན་དུ་ངེས་པའི་ཕྱིར་རོ། །ཞེས་སྦྱར་རོ། །གལ་ཏེ་མེད་ ནས་བརྗོད་མི་ནུས་སམ་ཡོད་ཀྱང་མི་ནུས། དང་པོ་ལྟར་ན་བརྗོད་དུ་མེད་ཀྱང་རང་རིག་པར་ མི་འཐད་དེ་ནམ་མཁའི་མེ་ཏོག་སོགས་བཞིན། གཉིས་པ་ལྟར་ན་ཡང་ཡོད་ན་བརྗོད་མི་ནུས་ པར་མི་རིགས་ཏེ། རིགས་ན་བུམ་སོགས་ཀྱང་བརྗོད་དུ་མེད་པར་འགྱུར་རོ་ཞེ་ན། དོན་དམ་ པར་ན་རང་རིག་པ་ཕྲ་རབ་ཙམ་ཡང་ཁས་མི་ལེན་ལ་ཀུན་རྫོབ་ཏུ་ནི་རང་རིག་པ་ཡོད་ཅིང་ དངོས་སུ་བརྗོད་མི་ནུས་པ་ཡིན་ནོ། །གལ་ཏེ་རང་རིག་པ་བསྟན་མི་ནུས་ན་རྒྱུད་གཞན་ཡོད་ པར་མི་ཤེས་ཤེ་ན། རང་རིག་པ་ནི་མངོན་སུམ་གྱིས་གྲུབ་པས་སྐུར་བ་མི་གདབ་ཅིང་རྒྱུད་ 1-1-39 གཞན་ཡོད་པར་ནི་རྗེས་སུ་དཔག་པ་ལས་ཁོང་དུ་ཆུད་ཅེས་དང༌། གལ་ཏེ་རང་རིག་ཡིན་ན་ གཞན་རིག་པར་འགལ་ལོ་ཞེ་ན། ས་བཅུ་པའི་བར་དུ་ནི་དེ་གཉིས་འགལ་ལ་སངས་རྒྱས་ཀྱི་ ས་ལ་འགལ་བ་དེ་དག་མི་བསམ་སྟེ་བསམ་གྱིས་མི་ཁྱབ་པས་སོ། །གལ་ཏེ་མི་རྟོག་ཡེ་ཤེས་ འདི་ཅི་ཞེ་ན། སོ་སོར་རྟོག་པའི་ཤེས་རབ་ཀྱིས་དངོས་པོ་རྣམས་ལ་བལྟས་པས་དངོས་པོའི་ཆ་ ཤས་ཕྲ་རབ་ཙམ་ཡང་མི་དམིགས་པར་བགས་ཀྱིས་བརྟན་པར་གྱུར་ནས་ནམ་ཞིག་ན་ཡུལ་ གང་ལ་ཡང་མི་རྟོག་ཅིང་རང་བཞིན་གྱིས་འོད་གསལ་བའི་ཡེ་ཤེས་ཀྱི་སྣང་བ་རབ་འབྱམས་ ཚད་མེད་པ་རང་གིས་རིག་པ་སྐྱེས་པ་ལ་བརྗོད་དོ་ཞེས་ཆོས་བཤེས་སོ། ། གཉིས་པ་རྩ་བ་ལ། བསྟོད་པ་དང༌། ཕྱག་འཚལ་བ་གཉིས་ལས། དང་པོ་ལ་གཉིས། གང་ཟག་གསུམ་གྱི་བཞེད་དོན་སྒྲུབ་པའི་སྒོ་ནས་དང༌། དོན་བསྡུས་ཏེ་འཕགས་བཞིའི་ཡུམ་ དུ་བསྟན་པས་བསྟོད་པའོ། ། དང་པོ་ལ་གསུམ། གཞི་ཤེས་ཀྱི་སྒོ་ནས་ཉན་རང་ཉེར་ཞིར་ཁྲིད་ཅེས་བསྟོད། ལམ་ཤེས་ ཀྱི་སྒོ་ནས་བྱང་སེམས་འགྲོ་དོན་བསྒྲུབ་པར་བསྒྲུབས་ཞེས་བསྟོད། རྣམ་མཁྱེན་གྱི་སྒོ་ནས་ ཐུབ་པས་ཆོས་འཁོར་བསྐོར་བར་བསྐྲུན་ཞེས་བསྟོད་པའོ། ། དང་པོ་ལ། ཁྲིད་ཅེས་པ་གཞིར་བྱས་པའི་ཆོས་གསུམ་སྟེ། ཁྲིད་པར་མཛད་པའི་དོན། དེ་ ཡི་འཐད་པ། དེ་ལ་ཀླན་ཀ་སྤང་བའོ། །དང་པོ་ལ་གང་ཟག་གང༌། ཐབས་གང་གིས། འབྲས་ བུ་གང་དུ་ཁྲིད་གསུམ་ལས། གང་ཟག་ཐེག་དམན་བསམ་པ་ཞི་བ་ཚོལ་རྣམས་ཀྱིས་མཚོན་ པའི་དབྱེ་བའོ། ། དང་པོ་ནི། ཉན་ཐོས་ཞེས་པའི་སྐད་དོད། ཤྲ་བ་ཀ་ཞེས་པའི་ཤྲ་བ་ཐོས་པ། ཀ་ལ་སྒྲོགས་ པ་སྟེ་ཐོས་སྒྲོགས་ཞེས་པར་འགྱུར་ (དངོས་)བས། རང་གི་གདུལ་བྱ་ལ་ (དངོས་)ཚིག་གམ་ལུས་ ཀྱིས་ཆོས་སྒྲོགས་པས་ཉན་ཐོས་ཏེ་ཉན་ཐོས་དང་རང་སངས་རྒྱས་རྣམས་ (དངོས་)སོ་ཞེས་ 1-1-40 གསེར་ཏེ། སྒྲོགས་ཞེས་པས་རང་རྒྱལ་ཡང་དངོས་སུ་ཟིན་པར་བསམ་པའོ། །ཡང་ན། ཉན་ རང་གཉིས་ལས། དང་པོ་ནི། ཐེག་པ་གསུམ་གྱི་ནང་ནས་རང་བཞིན་གྱིས་དབང་རྟུལ་གྱི་ གང་ཟག་ཅེས་པ་མཚན་ཉིད་དོ། །དེ་ཡང་དང་པོ་ལམ་ལ་ཞུགས་པ་ནས་བཟུང་སྟེ་སྲིད་པ་ ཐ་མ་པའི་བར་དུ་སྒྲ་བཅས་སུ་ཆོས་ཉན་ཅིང་རང་གི་བྱང་ཆུབ་ཐོབ་ནས་ཀྱང་ངག་གིས་སྒྲ་ བཅས་སུ་ཆོས་སྒྲོགས་པས་ཉན་ཐོས་སམ་ཐོས་སྒྲོགས་ཏེ། ཉན་ཅིང་སྒྲོགས་པས་ན་ཉན་ཐོས་ ཞེས་དགོངས་འགྲེལ་གྱི་འགྲེལ་པ་བམ་པོ་བཞི་བཅུ་པར་རོ། །བློ་གྲོས་མི་ཟད་པས་བསྟན་ པའི་མདོ་འགྲེལ་ (དབྱིག་གཉེན་གྱིས་མཛད་དོ། །)ལས། དེ་ཡང་སངས་རྒྱས་སམ་མཁན་པོའམ་སློབ་ དཔོན་གྱིས་བཤད་པའི་སྒྲ་ཉན་ནས་གང་ཟག་ལ་བདག་མེད་པར་དམིགས་པར་བྱེད་པས་ན་ ཕ་རོལ་གྱི་སྒྲའི་རྗེས་སུ་འགྲོ་བ་ཞེས་བྱ་སྟེ་ཞེས་སོ། །དེ་ཉིད་ཀྱི་ཕྱིར་ཉན་ཐོས་རྣམས་ཀྱི་རྣམ་ གྲོལ་སྒྲ་ཕྱིར་འགྲོ། ཞེས་བྱང་སེམས་ཀྱི་སྡེ་སྣོད་ལས་གསུངས་སོ། །ཡང་འཇུག་པར། ཡང་ དག་པའི་གདམས་ངག་གི་འབྲས་བུ་ (ཟད་མི་སྐྱེ་ཤེས་གཞན་དག་ལས་)ཐོས་པར་བྱེད་པས་ཉན་ཐོས་ དག་སྟེ། འདི་ལྟར་བྱ་བ་བྱས་སོ་ཞེས་སོགས་འབྱུང་བ་བཞིན་ནོ། །ཡང་ན་འབྲས་བུ་མཆོག་ གམ་བླ་མེད་རྫོགས་སངས་རྒྱས་ཀྱི་ལམ་དེ་བཞིན་གཤེགས་པ་རྣམས་ལས་ཐོས་ནས་དེ་དོན་ དུ་གཉེར་བ་རྣམས་ལ་སྒྲོགས་པར་བྱེད་པས་ན་ཉན་ཐོས་དག་སྟེ། དམ་ཆོས་པད་དཀར་ལས། མགོན་པོ་དེ་རིང་བདག་ཅག་ཉན་ཐོས་གྱུར། །བྱང་ཆུབ་དམ་པ་ཡང་དག་བསྒྲགས་པར་བགྱི། ། བྱང་ཆུབ་པ་ཡི་སྒྲ་ཡང་རབ་ཏུ་བརྗོད། །དེ་བས་བདག་ཅག་ཉན་ཐོས་མི་ཟད་འདྲ། །ཞེས་ གསུངས་པ་ལྟ་བུའོ། །བྱང་སེམས་ཡང་དེ་ལྟ་ཡིན་མོད་ཀྱི་ཉན་ཐོས་ནི་སྒྲོགས་པར་བྱེད་ཀྱི་ རྗེས་སུ་མཐུན་པ་ཙམ་ཡང་མི་སྒྲུབ་པས་བྱང་སེམས་དེར་མི་འགྱུར་རོ་ཞེས་སོ། ། གཉིས་པ་ནི། འོག་ཏུ་འཆད་དོ། །གཉིས་པ་ནི། ཞི་བ་ནི་མྱ་ (གསེར་)ངན་ལས་འདས་པ་ སྟེ་ཚོལ་བ་ནི་དེ་རང་དོན་དུ་ཐོབ་པར་འདོད་པ་ (གསེར་)ཡིན་ལ། དེ་ཡང་ཕྱི་མའི་ཕུང་པོའི་རྒྱུ་ 1-1-41 ཉོན་མོངས་པའི་ཀུན་འབྱུང་སྤངས་ཀྱང་སྔ་མའི་ལས་ཉོན་གྱི་འབྲས་བུ་ཚེ་འདིའི་སྡུག་བསྔལ་ གྱི་ཕུང་པོ་མ་སྤངས་པའི་མྱང་འདས་དེ་ཐེག་དམན་གྱི་ལྷག་བཅས་ཀྱི་མྱང་འདས་ཏེ། ཆེད་དུ་ བརྗོད་པའི་ཚོམས་ལས། མ་འགགས་པ་ཡི་ལུས་གྱིས་སུ། །ཚོར་བ་དང་དུ་ལེན་པ་ན། །དེ་ ཡི་སེམས་ན་རྣམ་པར་གྲོལ། །མར་མེ་ཤི་བར་གྱུར་པ་བཞིན། །ཞེས་སོ། །འཇིག་རྟེན་ན་ཡང་ ཟད་དུ་ཉེ་བའི་དངོས་པོ་ཐ་མ་ལ་ལྷག་མ་ཞེས་བརྗོད་ཅེས་ཆོས་བཤེས་སོ། །དཔེར་ན་དམག་ གིས་ཆོམ་རྐུན་ཐམས་ཅད་བསད་ནས་གྲོང་མ་བཤིག་པ་ལྟ་བུའོ། །ཐེག་དམན་དགྲ་བཅོམ་ དེ་ཉིད་ཚེའི་དུས་བྱས་པ་ན་སྔ་མའི་ལས་ཉོན་གྱི་འབྲས་བུ་སྡུག་བསྔལ་ཡང་སྤངས་པའི་མྱང་ འདས་ནི་ཐེག་དམན་གྱི་ལྷག་མེད་མྱང་འདས་ཏེ། སྔ་མ་དེ་ལས། གང་ན་ལུས་ཞིག་ཚོར་བ་ འགགས། །འདུ་བྱེད་ཉེ་བར་ཞི་བ་དང༌། །འདུ་ཤེས་ཐམས་ཅད་བྲལ་གྱུར་ཅིང༌། །རྣམ་པར་ ཤེས་པ་ནུབ་གྱུར་པ། །ཞེས་སོ། །དཔེར་ན་དམག་གིས་གྲོང་ཡང་བཤིག་པ་ལྟ་བུའོ། །དེ་ལྟར་ སྡེ་པའི་འདོད་པ་སྟེ་མྱང་འདས་དེ་གཉིས་རྟག་པའི་རྫས་སུ་འདོད་དོ། ། གསུམ་པ། རྣམས་མང་ཚིག་ཡིན་པས་དབྱེ་བ་བསྟན་ཏེ། དེ་ལ་ཉན་རང་གི་དབྱེ་བ་གཉིས་ ལས། དང་པོ་ལ་བཞི་སྟེ། བསྡུ་བར། སྤྲུལ་བའི། མངོན་པའི་ང་རྒྱལ་ཅན་གྱི། བྱང་ཆུབ་ཏུ་ ཡོངས་སུ་འགྱུར་བའི། ཞི་བ་བགྲོད་པ་གཅིག་པའི་ཉན་ཐོས་སོ་ཞེས་དང༌། དཀོན་བརྩེགས་ འོད་བསྲུང་ལེའུའི་འགྲེལ་པར་བློ་བརྟན་གྱིས་ཀྱང་དེ་སྐད་བཤད་དོ། །དང་པོ་ནི། བྱང་སེམས་ ཆེན་པོ་རྣམས་ཉན་ཐོས་སུ་སྤྲུལ་བ་ཤཱ་རིའི་བུ་ལ་སོགས་པ་སྟེ། དེ་དག་ཉན་ཐོས་བཏགས་པ་ སྟེ། འདོགས་པའི་རྒྱུ་མཚན་ནི་ཆ་ལུགས་འདྲ་བས་སམ། ངག་གིས་ཆོས་སྒྲོགས་པར་འདྲ་བས་ སོ། །དགོས་པ་བློ་དམན་དྲང་བའི་དོན། གནོད་བྱེད་བྱང་སེམས་ཆེན་པོར་གསུངས་པས་སོ། ། གཉིས་པ་ནི། ཆོས་ཀྱི་བདག་མེད་ལ་ལོག་པར་མངོན་ཞེན་ཅན་ཐེག་ཆེན་བཀའ་མིན་ཞེས་ འདོད་པ་དེ་ལ་ཟེར་རམ་སྙམ་མོ། ། 1-1-42 གསུམ་པ་ནི། ཉན་ཐོས་རིགས་མ་ངེས་པ་སྟེ། རྒྱན་ལས། ཉན་ཐོས་མ་ངེས་རྣམ་གཉིས་ ཏེ། །ཐེག་དོན་མཐོང་དང་མ་མཐོང་བའོ། །དོན་མཐོང་འདོད་ཆགས་བྲལ་བ་དང༌། །འདོད་ ཆགས་བྲལ་མིན་འདི་དམན་པའོ། །དེ་གཉིས་འཕགས་པའི་ལམ་ཐོབ་པ། །སྲིད་པ་དག་ (བསྔོ་ བའི་ཕྱིར་ཞེས་འགྲེལ་ཆེན་དུ་བསྒྱུར་)ཏུ་བསྒྱུར་བའི་ཕྱིར། །བསམ་གྱིས་མི་ཁྱབ་བསྒྱུར་བ་ཡི། །སྐྱེ་བ་ དང་ནི་ཡང་དག་ལྡན། །གཅིག་ནི་སྨོན་ལམ་དབང་གིས་ནི། །སྐྱེ་བ་རབ་ཏུ་སྒྲུབ་པར་བྱེད། ། གཅིག་ཤོས་ཕྱིར་མི་འོང་བ་ (སྟེ་བསམ་གཏན་)དང༌། །ལྡན་ (པའི་)ཕྱིར་སྤྲུལ་པས་ (སྟེ་སྟོབས་ཀྱིས་ཞེས་ བཤད་སྦྱར་)རབ་ཏུ་སྒྲུབ། །དེ་གཉིས་ཡང་དང་ཡང་དུ་ནི། །རང་སེམས་ཀུན་ཏུ་འབྱུང་ལྡན་པས། ། མྱ་ངན་འདས་ལ་མངོན་དགའི་ཕྱིར། །རྟོགས་པ་བུལ་བ་ཡིན་པར་འདོད། །དོན་བྱས་མ་ཡིན་ དེ་སངས་རྒྱས། །མེད་པར་སྐྱེས་ནས་སྤྲུལ་དོན་གཉེར། །བསམ་གཏན་དོན་བརྩོན་དེར་བསྟེན་ ནས། །བྱང་ཆུབ་དམ་པ་ཐོབ་པར་འགྱུར། །ཞེས་ཏེ་སྐབས་འདིར་ཐེག་དོན་མ་མཐོང་བ་ནི། ད་ལྟ་ཉན་ཐོས་ཀྱི་ལམ་ལ་གནས་ཀྱང་ཕྱིས་དེ་བོར་ནས་སངས་རྒྱས་སུ་འགྱུར་བ་སྟེ། འགྲེལ་ པར་བདེན་པ་མ་མཐོང་བ་ཐེག་པ་ཆེན་པོས་ངེས་པར་འབྱུང་བ་གང་ཡིན་པའོ་ཞེས་དང༌། དེའི་ འགྲེལ་ཆེན་དུ། སོ་སྐྱེ་དང་མོས་སྤྱོད་པའི་གང་ཟག་གོ་ཞེས་པ་ཙམ་ལས་ (བཤད་སྦྱར་ན་གཏན་མེད་) མི་སྣང་ངོ༌། །མཛོད་ལྟར་ན་ཉན་ཐོས་དྲོད་རྩེ་པ་སངས་རྒྱས་སུ་དང་བཟོད་འབྲིང་པ་རང་རྒྱལ་ དུ་འགྱུར་བ་གཉིས་ཡོད་ཅིང་བཟོད་ཆེན་ནས་ཉན་ཐོས་ཀྱི་རིགས་སུ་ངེས་པར་འདོད་དེ། ཁ་ ཆེ་བྱེ་བྲག་སྨྲ་བའི་ལུགས་སོ། །མཛོད་དུ། གཉིས་སློབ་རིགས་ལས་བཟློག་ནས་ནི། །སངས་ རྒྱས་སུ་འགྱུར་གཞན་གསུམ་ཡང༌། །ཞེས་སོ། །རང་རྒྱལ་ཚོགས་སྤྱོད་འདོད་ན་དེར་མ་ངེས་ སོ། །ཐེག་དོན་མཐོང་བ་ལ། འདོད་པ་ལ་འདོད་ཆགས་དང་བྲལ་མ་བྲལ་གཉིས་ལས། དང་པོ་ནི། འཚང་རྒྱ་བར་འགྱུར་བའི་ཕྱིར་མི་ (འགྲེལ་ཆེན་)འོང་སྟེ་འདོད་པའི་ཉོན་མོངས་ དགུ་སྤངས་པས་དེའི་དབང་གིས་སྐྱེ་བ་མི་ལེན་ཡང་ཏིང་ངེ་འཛིན་བསྒོམས་ནས་སྤྲུལ་བས་ 1-1-43 འདོད་པར་སྐྱེ་བ་འཛིན་ཏོ། །གཉིས་པ་ནི། འཚང་རྒྱ་བར་འགྱུར་བའི་ (རྒྱན་འགྲེལ་ཆེན་)རྒྱུན་ ཞུགས་དང་ཕྱིར་ (འགྲེལ་ཆེན་)འོང་སྟེ་འདོད་པའི་ལས་ཉོན་གྱི་དབང་གིས་འདོད་པར་མི་ (བཤད་ སྦྱར་ནའང་ཡོད་)སྐྱེ་ཡི། ཁམས་གསུམ་སེམས་ཅན་སྡུག་བསྔལ་བ་མཐོང་ནས་ (བཤད་སྦྱར་ནའང་ཡོད་ )གང་དང་གང་དུ་སེམས་ཅན་གྱི་དོན་འགྲུབ་པར་མཐོང་བ་དེ་དག་ཏུ་སྐྱེ་བར་གྱུར་ཅིག་ཅེས་ སྨོན་ལམ་བཏབ་སྟེ་དེའི་དབང་གིས་གཞན་ (བཤད་སྦྱར་ནའང་ཡོད་)དོན་དུ་འདོད་པར་སྐྱེ་བ་འཛིན་ ཏོ། །དེ་གཉིས་འཕགས་པའི་ལམ་ཐོབ་པ་སྟེ་འཁོར་བར་སྐྱེ་བའི་རྒྱུར་གྱུར་ཅིག་ཅེས་བསྔོས་ ནས་འཁོར་བར་སྐྱེ་བའི་ཕྱིར་འཕགས་པའི་ལམ་ཉིད་འཁོར་བར་སྐྱེ་བའི་རྒྱུར་གྱུར་པས་ན་ བསམ་གྱིས་མི་ཁྱབ་པར་བསྒྱུར་བའི་སྐྱེ་བ་དང་ལྡན་པའོ། །ཞེས་བློ་བརྟན་གྱིས་འགྲེལ་ཆེན་ དུའོ། །བཤད་སྦྱར་དུ། འཕགས་ལམ་ཁོ་ནས་སྐྱེ་བ་མིན་གྱི་ཉོན་མོངས་ལྷག་མ་མ་སྤངས་པ་ རྣམས་ཀྱིས་ཞེས་སོ། །དེ་གཉིས་ཡིད་འབྱུང་དང་རང་དོན་མྱང་འདས་འདོད་པ་མང་དུ་གོམས་ པ་དང་དང་པོ་ཉན་ཐོས་ཀྱི་འཕགས་ལམ་སྤྱད་ཀྱང༌། དེ་ནས་གྲངས་མེད་གསུམ་དུ་ཐེག་ཆེན་ དུ་ཞུགས་ནས་འཚང་རྒྱ་བས་རྟོགས་པ་བུལ་བ་ཞེས་བྱའོ་ཞེས་བློ་བརྟན་ཏེ་བཤད་སྦྱར་དུ་ཅི་ ཡང་མི་སྣང་ངོ༌། །ཤཱནྟིས། དབུ་མ་རྣམས་ནི་རྒྱ་ཆེ་བ་དང་བྲལ་བས་བསྐལ་བ་གྲངས་མེད་ པ་གསུམ་གྱིས་འབྲས་བུ་ལ་འཇུག་ཅིང་རྣལ་འབྱོར་སྤྱོད་པ་པ་རྣམས་ཀྱང་ངོ༌། །དེ་བཞིན་དུ་ ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱང་བསྐལ་བ་གྲངས་མེད་པ་བཞིས་རང་གི་འབྲས་བུ་ དམ་པ་ལེན་ལ་ཞེས་བཤད་དེ། བྱང་སེམས་ལས་དང་པོ་པས་གྲངས་མེད་གསུམ། ཉན་རང་ འཕགས་པ་ཐེག་ཆེན་དུ་ཞུགས་པས་གྲངས་མེད་བཞི་དགོས་པར་བཤད་པས་གྲངས་མེད་ གཅིག་གིས་བུལ་བ་ཡིན་ནོ། །དེ་ལྟར་དུ་ཐུབ་དགོངས་དང༌། ཡེ་ཤེས་གྲགས་པའི་དེ་ཁོ་ན་ ཉིད་འཇུག་པར་བཤད་དོ། །དགེ་བ་ལྷས། ཐར་བའི་ཆ་དང་མཐུན་པའི་དགེ་བ་བྱས་པའི་ ཉན་ཐོས་ནི་བསྐལ་བ་བྱེ་བ་གྲངས་མེད་པར་གནས་ཞེས་དང༌། མྱུར་བ་སྲིད་པ་གསུམ་གྱིས་ 1-1-44 ཐར་བར་འགྱུར་རོ། །བྱང་ཆེན་འདི་ནི་བྱང་ཆུབ་ཀྱི་སེམས་ཀྱི་སྟོབས་ཀྱིས་ཉན་ཐོས་དག་ ལས་ཀྱང་བྱང་ཆུབ་སེམས་དཔའ་བསྐལ་བ་གྲངས་མེད་པ་བཞི་བཅུར་མྱུར་བར་འགྱུར་རོ་ ཞེས་བཤད་པས་ཉན་རང་བསྐལ་བ་གྲངས་མེད་བཞི་བཅུས་བུལ་བར་བཤད་དོ། །གཉལ་ བ་ (ཆུ་མིག་)སོགས་བསྐལ་བ་བཞི་བཅུས་བུལ་ཞེས་ཟེར་རོ། །ལམ་གྱི་དོན་མ་བྱས་པ་ནི་བདེན་ པ་ཡང་མ་མཐོང༌། འདོད་པ་ལ་ཆགས་པ་དང་ཡང་མ་བྲལ་བའི་ཉན་ཐོས་ཏེ་སོ་སྐྱེ་འམ་མོས་ སྤྱོད་པ་སྟེ་དེ་འདོད་པ་ནས་ཤི་འཕོས་ནས་འདོད་ཁམས་གྱི་ལྷ་ཚེ་རིང་བོའི་ནང་དུ་སྐྱེའོ། །དེར་ འདུག་པ་ལས། ནམ་སངས་རྒྱས་དང་བསྟན་པའི་ཆོས་ནུབ་པ་ན་སླར་འདོད་པར་སྐྱེས་ནས་ སྤྲུལ་བ་སྤྲུལ་བར་འདོད་པའི་དོན་དུ་བསམ་གཏན་ལ་བརྩོན་ཞིང་སྤྲུལ་བས་ཁམས་གསུམ་ དུ་སེམས་ཅན་གྱི་དོན་བྱས་ཤིང་ཚོགས་གཉིས་བསགས་ཏེ། མཇུག་ཏུ་འཚང་རྒྱའོ། །ཞེས་བློ་ བརྟན་གྱིས་འདིའི་འགྲེལ་ཆེན་དུ་བཤད་དེ་འདི་ཞིང་སྟོང་དུ་སྐྱེས་པས་རང་རྒྱལ་གྱི་གནས་ (དབྱིག་གཉེན་)སྐབས་བསྟན་པས་ན་གནས་སྐབས་གསུམ་སྟེ་དཔལ་ཕྲེང་གི་མདོར་མེའི་དཔེས་ ཉན་ཐོས་སུ་གྱུར་ནས་རང་སངས་རྒྱས་སུ་འགྱུར་རོ། །ཕྱིས་ནི་སངས་རྒྱས་སུ་འགྱུར་རོ་ཞེས་ གསུངས་ཞེས་འགྲེལ་པར་དང༌། ལྕི་ (གཉིས་ཀ་)བའི་མེ་ལས་རྩྭའི་མེར་གྱུར་ནས་རྩྭའི་མེ་ལས་ ཤིང་གི་མེར་འགྱུར་བ་ལྟར་ཞེས་བཤད་སྦྱར་རོ། །དང་པོར་ལྕི་བ་ལས་མེ་མཆེད་དོ། །དེ་ ནས་དེ་དང་ཉེ་བའི་རྩྭ་ལ། དེ་ནས་ཡུལ་འཁོར་ན་མཆེད་དོ་ཞེས་བློ་བརྟན་ནོ། །འགྲེལ་པ་ རྔོག་འགྱུར་དུ་བདེན་པ་མཐོང་བ་འདོད་པ་ལ་ཆགས་པ་དང་མ་བྲལ་བ་ལམ་གྱི་དོན་མ་བྱས་ པ་སློབ་པ་ཞེས་བསྒྱུར་ཞིང་བཤད་སྦྱར་དུ་དེ་བཞིན་འཆད་དེ། བརྟག་དགོས་སོ། །བཞི་པ་ ནི། ཉན་ཐོས་ཀྱི་ལམ་དུ་ཞུགས་ཤིང་རྫོགས་ནས་མཐར་ཉན་ཐོས་དགྲ་བཅོམ་མངོན་དུ་བྱེད་ པར་ངེས་པ་སྟེ། འདི་ཡང་མཐར་སངས་རྒྱས་སུ་འགྱུར་བ་ཁོ་ནའོ་ཞེས་བམ་པོ་བཞི་བཅུ་པར་ བཤད་དོ། །དགོངས་འགྲེལ་ལས། མངོན་པར་རྟོགས་པ་དང་ལྡན་པའི་ཉན་ཐོས་སྤྲུལ་བའི་ 1-1-45 ཉན་ཐོས་དང༌། གཞན་སྔར་བཤད་ཕྱི་མ་གཉིས་དང་འདྲ་བར་བཞིར་བཤད་དོ། །དང་པོ་ནི་ བདེན་པ་མངོན་རྟོགས་སམ། ཡང་ན་མངོན་པའི་ང་རྒྱལ་ཅན་དུ་མངོན་ནོ། །ཡང་ལྟ་བ་ཁས་ ལེན་གྱི་ཉན་ཐོས་སོགས་བཞིར་འབྱེད་དེ། དང་པོ་ནི། ཐེག་ཆེན་སེམས་བསྐྱེད་དང་ལྡན་ཞིང་ ལྟ་བ་ཉན་ཐོས་དང་མཐུན་པར་གཟུང་འཛིན་བདེན་པར་འདོད་པ་ཞིག་ལ་བོད་རྣམས་འཆད་ དེ། ཁུངས་མ་ལས་བཤད་ན་ཉན་ཐོས་མདོ་སྡེ་པ་ལ་འདོད་དགོས་ཏེ་བསྔོ་བ་དང་སེམས་ བསྐྱེད་དང་ལྡན་པས་ཐེག་ཆེན་པར་ཡང་བགྲང་ངོ་ཞེས་ (ཡེ་ཤེས་སྙིང་པོ་ཀུན་བཏུས་ཀྱི་འགྲེལ་པར་) གནས་བརྟན་བྱང་བཟང་གིས་སོ། །འོན་ཀྱང་ཐེག་ཆེན་ཐུན་མོང་མིན་པའི་ལུགས་ཀྱི་ཆོས་ ཀུན་རང་བཞིན་གྱིས་བདེན་པས་སྟོང་པའི་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་སེམས་བསྐྱེད་ མིན་ན་ཐེག་ཆེན་སེམས་བསྐྱེད་ཀྱི་གོ་ཆོད་མི་ཆོད་དཔྱད་པར་བྱའོ། །གཉིས་པ། རང་རྒྱལ་ལ་ དབྱེ་ན་བསེ་རུ་ལྟ་བུ་དང་ཚོགས་དང་སྤྱོད་པ་གཉིས་སོ། ། གཉིས་པ། ཐབས་ནི་ཕྱི་ (གསེར་)ནང་གི་དངོས་ (གསེར་)པོ་ཀུན་གང་ཟག་གི་བདག་ (དོན་) དང་ཕྱིའི་གཟུང་བ་སྐྱེ་བ་མེད་ (གསེར་)པར་ཤེས་པ་ཐབས་དང་བཅས་པ་ཉིད་ཀྱིས་སོ། །ཉིད་ནི་ དངོས་པོའི་རྐྱེན་ཡིན་གྱི་ངེས་གཟུང་མིན་ཞེས་གསུངས་ཤིང༌། འཇམ་གསར་སོགས་ནི་ཀུན་ ཤེས་ཁོ་ནས་ཁྲིད་ཅེས་སོགས་ཉིད་གསུམ་སྦྱར་ནས་ངེས་གཟུང་དུ་འཆད་དེ། སྐད་དོད་ལ་ བཏུབ་ན་སྐབས་དང་ཤིན་ཏུ་འགྲིག་གོ ། གསུམ་པ་ནི། སྡུག་བསྔལ་མ་ཞི་ཡང་ཉོན་མོངས་པ་ཉེ་བར་ཞི་བ་ལྷག་བཅས་ཀྱི་མྱང་ འདས་དང་སྡུག་བསྔལ་ཡང་ཉེ་བར་ཞི་བ་ལྷག་མེད་ཀྱི་མྱང་འདས་སུ་ཁྲིད་པ་སྟེ་ (གསེར་)ཐོབ་ པར་མཛད་པའོ། །གང་གིས་ཁྲིད་ན་ཡུམ་ཤེར་ཕྱིན་གྱིས་ཏེ། ཡུམ་ཤེར་ཕྱིན་ཆོས་ཅན། ཉན་ རང་འཕགས་པའི་ཡུམ་ཡིན་ཏེ། དེའི་རྒྱུད་ལ་གཞི་ཤེས་མཚན་ཉིད་པ་བྱུང་བར་བྱས་ཏེ་ཐབས་ དེའི་སྒོ་ནས་དེ་དག་ཐེག་དམན་གྱི་མྱང་འདས་ཐོབ་པར་མཛད་པའི་མི་རྟོག་ཡེ་ཤེས་ཡིན་པས་ 1-1-46 སོ། །གཞི་ཤེས་མཚན་ཉིད་པའང་དེའི་མངོན་རྟོགས་སུ་ལྡན་པའི་སྒོ་ནས་ཞེས་སོགས་བཀོད་ དེ། དེའི་ཡུམ་དུ་བསྒྲུབ་པོ། ། གཉིས་པ་ནི། ཉན་རང་གིས་ཉེར་ཞི་གཉིས་ཐོབ་པ་ཆོས་ཅན། ཐབས་ཀུན་ཤེས་ཀྱི་ འབྲས་བུའི་ཐ་སྙད་བྱར་རུང་སྟེ། ཁྱོད་ཀྱི་ཕན་བྱེད་དུ་ཡོད་མེད་ཀྱི་རྗེས་སུ་འཇུག་ལྡོག་བྱེད་ པས་སོ། །རྟགས་གྲུབ་སྟེ། བདག་མེད་མངོན་སུམ་དུ་རྟོགས་ན་དེའི་སྟོབས་ཀྱིས་བདག་འཛིན་ སྤངས་ནས་ཉོན་མོངས་དང་དེས་ཀུན་ནས་བསླང་བའི་ལས་ངན་ལྡོག་དེ་ལོག་ན་འབྲས་བུ་ སྡུག་བསྔལ་ཡང་ལྡོག་སྟེ། ཏོག་ལས། རྟག་ཏུ་ཁམས་གསུམ་བདག་མེད་རྫས་མེད་ཅིང༌། ། བྱེད་པོ་རང་དབང་མེད་པར་རྣམ་བལྟས་ནས། །རྗེས་སུ་མཐུན་པའི་བཟོད་པ་གང་སྒོམ་པ། ། དེ་དག་འགྲོ་བ་ཀུན་ལས་ཐར་བར་འགྱུར། །ཞེས་སོ། །བདག་མེད་རྟོགས་པ་མེད་ན་ཕུང་པོ་ བདག་དང་བདག་གིར་ཆགས་ཏེ་ཆགས་སྡང་རྨོངས་གསུམ་སྐྱེ་ཞིང་དེས་ལས་ངན་བསགས་ ནས་འཁོར་བར་སྡུག་བསྔལ་མྱོང་སྟེ། ཏོག་ལས། གང་དག་གཟུགས་ཀྱི་རྣམ་རྟོག་གསོག་ལ་ ཆགས། །ཐེར་ཟུག་རྟག་པ་བདག་བརྟན་དངོས་པོར་ལྟ། །དེ་དག་གི་ནི་སྐྱེ་བ་རྒྱུན་མི་འཆད། ། དེ་དག་ངན་སོང་ས་ལ་ཤིན་ཏུ་འབབ། །ཅེས་སོ། ། གསུམ་པ་ནི། ལྷག་བཅས་ཀྱི་དགྲ་བཅོམ་ཆོས་ཅན། ཁྱོད་ཀྱི་སྡུག་བདེན་རྒྱུ་མེད་དུ་ཐལ་ ཏེ། ཁྱོད་ཀྱིས་ཀུན་འབྱུང་སྤངས་པས་སོ་ཞེ་ན། རྟགས་མ་གྲུབ་སྟེ། ལས་ཀྱི་ཀུན་འབྱུང་མ་ སྤངས་ཤིང་དེས་དེའི་རྒྱུད་ཀྱི་སྡུག་བསྔལ་ཅི་རིགས་བསྐྱེད་དོ། །སྤྱོད་འཇུག་ཏུ། ཉོན་མོངས་ མེད་ཀྱང་དེ་དག་ལ། །ལས་ཀྱི་ནུས་པ་མཐོང་བ་ཡིན། །ཞེས་ཏེ་དགྲ་བཅོམ་པ་སྒུར་ཆུང་དང་ ཆར་ཀ་སོགས་དཔེར་བྱའོ། །ཡང་ན་དེའི་སྔར་གྱི་ལས་ཉོན་གྱིས་སྡུག་བསྔལ་གྱི་ཕུང་པོའི་ རྒྱུན་ཚེ་འདིར་འཕངས་ཤིང་བསྐྱེད་ནས་དེ་སྤོང་བར་མི་འདོད་པས་རྒྱུན་གྱིས་འཇུག་སྟེ་ཕྱིས་ རིགས་འདྲ་སྔ་མ་སྔ་མས་ཕྱི་མ་ཕྱི་མ་སྐྱེད་པས་རྒྱུ་མེད་དུ་མི་འགྱུར་རོ། །རྣམ་འགྲེལ་ལས། 1-1-47 འཕངས་ལ་ལྡོག་འདོད་མེད་ཕྱིར་རོ། །ཞེས་སོ། །ཉན་རང་གི་ལྷག་མེད་ཀྱི་སྐབས་ན་རྟོག་པ་ ཡོད་དམ་མེད། ཡོད་ན་མཚན་མ་རྟོག་པའི་འཇུག་པ་མ་ཞི་བས་ལྷག་མེད་དུ་འགལ་ལོ། །མེད་ ན་ཤེས་སྒྲིབ་སྤངས་པར་འགྱུར་རོ་ཞེ་ན། ཉན་ཐོས་ལྟར་ན་རྟོག་པ་མེད་དེ་གནས་སྐབས་དེ་ ན་རིག་པ་རྒྱུན་ཆད་པར་འདོད་པས་སོ། །ཇི་སྐད་དུ། ལུས་བཤིག་ཚོར་བ་བསིལ་བར་གྱུར། ། འདུ་ཤེས་འགགས་ཤིང་འདུ་བྱེད་ཞི། །རྣམ་པར་ཤེས་པ་ནུབ་གྱུར་པ། །འདི་འདྲ་འདི་ནི་ སྡུག་བསྔལ་མཐའ། །ཞེས་སོ། །ཐེག་ཆེན་ལྟར་ན་དེའི་སྐབས་ན་རྟོག་པ་ཡོད་ཅིང་མཐར་ ཐུག་གི་མྱང་འདས་མ་ཐོབ་པར་འདོད་དེ། རྒྱུད་བླར། དེས་ན་སངས་རྒྱས་མ་ཐོབ་པར། །མྱ་ ངན་འདས་པ་མི་ཐོབ་སྟེ། །འོད་དང་འོད་ཟེར་སྤངས་ནས་ནི། །ཉི་མ་བལྟ་བར་མི་ནུས་བཞིན། ། ཞེས་སོ། །དཔལ་ཕྲེང་གི་མདོར། དགྲ་བཅོམ་པ་རྣམས་ལ་ཡང་འཇིགས་པ་མཆིས་ཏེ། ཞེས་ དང༌། དེ་རྣམས་ཀྱི་སྐྱེ་བ་ཟད་པ་མ་མཆིས་ཤིང་དེ་རྣམས་ལ་སྤང་བར་བྱ་བའི་ཆོས་མང་པོ་ མཆིས་ལ་གང་མ་སྤངས་ན་མྱ་ངན་ལས་འདས་པའི་དབྱིངས་དང་རིང་དུ་འགྱུར་རོ་ཞེས་སོ། ། ལམ་ཤེས་སུ་རྒྱས་པར་སྟོན་ནོ། །དེ་དག་གི་ཟད་མི་སྐྱེ་ཤེས་པར་བཤད་པ་དང་འགལ་ཞེ་ན། དེ་ནི་དྲང་དོན་ཏེ། དགོངས་གཞི་རྣམ་པར་ཆད་པའི་འཆི་འཕོ་མེད་པ་ལ་དགོངས། རྣམ་པར་ ཆད་པའི་འཆི་འཕོ་ནི་འཁོར་བ་པའི་སྟེ། དཔལ་ཕྲེང་གི་མདོར། བཅོམ་ལྡན་འདས་རྣམ་པར་ ཆད་པའི་འཆི་འཕོ་ནི་ཉིང་མཚམས་སྦྱོར་བ་དང་བཅས་པའི་སེམས་ཅན་རྣམས་ཀྱིའོ་ཞེས་སོ། ། དགོས་པ་བློ་དམན་དྲང་བའི་དོན་ཡིན། གནོད་བྱེད་ཤེས་སྒྲིབ་རྫོགས་པར་སྤོང་བའི་ཉན་ རང་གི་ལམ་མེད་པས་སོ། །ཁ་ཅིག་ (ཆུ་མིག་སོགས་)མ་ཤི་བའི་དགྲ་བཅོམ་པའི་གང་ཟག་དེ་ལྷག་ བཅས་ཀྱི་མྱང་འདས། ཤི་ནས་ལྷག་མེད་ཅེས་ཟེར་བ་ནི་གྲུབ་མཐའ་གང་དང་ཡང་མི་མཐུན་ ཏེ་ཉན་ཐོས་བྱེ་བྲག་ཏུ་སྨྲ་པ་ནི་མྱང་འདས་མཚན་ཉིད་པ་རྟག་པའི་རྫས་སུ་འདོད་དེ། ཐར་བ་ ནི་རྟག་པ་དང་དགེ་བ་ཡིན་པ་དེའི་ཕྱིར་བླ་ན་མེད་པ་ཡིན་ཞེས་དང༌། ལྡན་པའི་རྫས་ཇི་སྙེད་ 1-1-48 པ། བྲལ་བའི་རྫས་ཀྱང་དེ་སྙེད་དོ་ཞེས་སོ། །མདོ་སྡེ་པ་ནི་མྱང་འདས་ནི་སོ་སོར་བརྟགས་ འགོག་སྟེ་དེ་ནི་ཉོན་མོངས་ཅི་རིགས་དང་བྲལ་བ་ཙམ་ཡིན་གྱི་རྫས་སུ་མི་འདོད་དོ། །སེམས་ ཙམ་པའང་དེ་དང་མཐུན་ལས་སྡེར་མྱང་འདས་འདུས་མ་བྱས་སུ་བཤད་དོ། །དབུ་མ་པའང་ མྱང་འདས་མཚན་ཉིད་པ་དངོས་པོར་ཁས་མི་ལེན་ཏོ། །གསེར་འོད་དུ་གཟུགས་སྐུ་གཉིས་ ལྷག་བཅས་སུ་བཤད་པ་ནི་འདུས་བྱས་ཀྱི་ཕུང་པོས་བསྡུས་པ་ཙམ་ལ་བཞེད་ཀྱི་སྐབས་འདི་ དང་མི་འགྲིག་གོ ། གཉིས་པ་ལ། སྒྲུབ་པར་མཛད་ཅེས་པའི་ཆོས་གསུམ་སྟེ། དེའི་དོན་དངོས། དེའི་འཐད་པ། རྩོད་སྤོང་ངོ༌། །དང་པོ་ལ། གང་ཟག་གང་གིས། ཐབས་གང་ལས། དོན་གང་སྒྲུབ་པ་གསུམ་ ལས། དང་པོ་ནི། འགྲོ་བ་སེམས་ཅན་རྣམས་ལ་མ་འོངས་པའི་ (གསེར་)ཕན་པ་སྐྱེད་པར་ (གསེར་ )བྱེད་པའི་བྱང་སེམས་རྣམས་སོ། །དེ་ཡང་བྱང་སེམས་ཀྱིས་ཕྱིན་དྲུག་གམ་བསྡུ་དངོས་བཞི་ སོགས་ཀྱི་སྒོ་ནས་མངོན་མཐོ་ངེས་ལེགས་ཀྱི་ཕན་པ་སྒྲུབ་པའི་སྒོ་ནས་སེམས་ཅན་ལ་བྱམས་ པ་ནི་ཕ་མ་དང་རང་ཉིད་ཀྱིས་རང་ལ་བྱམས་ཤིང་ཕན་འདོགས་པས་ཀྱང་བསྒྲུན་དུ་མེད་ དེ། ཇི་ལྟར་རྒྱལ་སྲས་ཕན་པའི་བསམ་པས་འདིར། །འགྲོ་ཀུན་རྣམ་པར་སྨིན་བྱེད་གནས་པ་ ལྟར། །དེ་བཞིན་ཕ་དང་མ་དང་གཉེན་བཤེས་རྣམས། །བུ་དང་གཉེན་པ་རྣམས་ལ་ལེགས་མི་ གནས། །ཇི་ལྟར་བརྩེ་བདག་བདེ་དང་ཕན་ཕྱིར་སྦྱོར། །སེམས་ཅན་གཞན་ལ་བྱམས་འདོད་ དེ་ལྟར་ནི། །སྐྱེ་བོ་བདག་ལའང་བྱམས་པར་མི་འདོད་ན། །རབ་སྡུག་སྐྱེ་བོ་གཞན་བརྟེན་ སྨོས་ཅི་དགོས། །(ཤིན་ཏུ་མཛའ་བའི་འགྲོ་བ་གཞན་ཅི་སྨོས། །ཞེས་འགྲེལ་ཆེན་དུ་བསྒྱུར།) ཞེས་སོ། །རབ་སྡུག་ སྐྱེ་བོ་ནི་མཛའ་བོའམ་གྲོགས་པོ་སྟེ་དེ་དག་གཅིག་གིས་གཅིག་ལ་ཕན་འདོགས་པས་ཀྱང་ བསྒྲུན་དུ་མེད་ཅེས་པའི་དོན་དུ་བློ་བརྟན་ནོ། །རྣམས་མང་ཚིག་སྟེ། གཅིག་ནི་མོས་དང་ལྡན་ པ་དང༌། །ལྷག་པའི་བསམ་པ་དག་པ་གཞན། །མཚན་མ་དང་ནི་མཚན་མེད་དང༌། །མངོན་ 1-1-49 པར་འདུ་བྱེད་མེད་སྤྱོད་པ། །ལྔ་བོ་འདི་དག་ས་ཀུན་ལ། །བྱང་ཆུབ་སེམས་དཔའ་ཡིན་ཞེས་ བྱ། །ཞེས་ཏེ། མོས་སྤྱོད་ཀྱི་ས་བཞི་ལ་གནས་པ་ནི་མོས་པ་དང་ལྡན་པའི་སྟེ་ཆོས་དབྱིངས་ ཀུན་འགྲོ་མངོན་དུ་མ་བྱས་ཀྱི་ཆོས་དབྱིངས་ཀུན་འགྲོ་ལ་དད་ཅིང་ཡིད་ཆེས་པས་སོ། །ཞེས་ ཏེ་ཚོགས་ལམ་པའང་དེར་བསྡུ་དགོས་སོ། །ས་དང་པོ་པ་ལྷག་བསམ་དག་པའི་སྟེ། མཐོང་ སྤང་སྒྲིབ་པ་གཉིས་སྤངས་པའི་ཕྱིར་རྣམ་པར་དག་པ་ཞེས་བྱའོ། །ས་གཉིས་པ་ནས་དྲུག་པའི་ བར་མཚན་མ་སྤྱོད་པའི་སྟེ། ས་གཉིས་པ་ལ་ཐེག་པ་གསུམ་དུ་འབྱེད་པའི་མཚན་མ་སྤྱོད་པས་ སོ། །གསུམ་པ་ལ། འཇིག་ལྟ་ལྷན་སྐྱེས་ཀྱི་མཚན་མ་འབྱུང་བས་སོ། །བཞི་པ་ལ་སྡུག་ཀུན་ གྱིས་གནོད་འགོག་ལམ་ཞི་བར་མཐོང་བའི་མཚན་མ་སྤྱོད་པས་སོ། །ལྔ་པ་ལ་བཟོའི་ལས་ཀྱི་ རྣམ་པ་སྣ་ཚོགས་ལ་རྟོག་པ་འབྱུང་ངོ༌། །དྲུག་པ་ལ་རྟེན་འབྲེལ་ལུགས་མཐུན་ལུགས་བཟློག་ ལ་རྟོག་པའི་མཚན་མ་ཡོད་པས་སོ། །ས་བདུན་པ་ལ་མཚན་མེད་སྤྱོད་པའི་སྟེ་དྲུག་པ་མནལ་ འབྱུང་བའི་མཚན་མ་རྣམས་སྤངས་པས་སོ། །བརྒྱད་པ་ཡན་མངོན་པར་འདུ་བྱེད་མེད་པ་ལ་ སྤྱོད་པའི་སྟེ། དོན་གཉིས་དང་མི་རྟོག་ཏིང་ངེ་འཛིན་ལྷུན་གྲུབ་ཏུ་གནས་པས་སོ། །ཞེས་བློ་ (འདིའི་འགྲེལ་ཆེན་དུ་)བརྟན་ནོ། ། གཉིས་པ་ནི། ལམ་གསུམ་བདེན་པའི་སྐྱེ་མེད་དུ་ཤེས་པ་སྙིང་རྗེ་ལ་སོགས་པའི་ཐབས་ དང་བཅས་པ་ཉིད་ཀྱིས་སོ། ། གསུམ་པ་ནི། འཇིག་པ་ལ་བརྟེན་ (ཤཱནྟིས་སྐད་ཅིག་གིས་)པའམ་འཇིག་ (རྒྱུན་གྱིས་འཇིག་པས་)ཅིང་ རབ་ཏུ་འཇིག་པས་འཇིག་རྟེན་ཏེ་བཅུད་ཀྱི་སེམས་ཅན་ལ་ཕན་པའི་དོན་མངོན་མཐོ་ངེས་ ལེགས་ཇི་ལྟར་འོས་པ་བཞིན་དུ་དངོས་དང་བརྒྱུད་པའི་སྒོ་ནས་སྒྲུབ་པའམ་ (གསེར་)རྫོགས་ པར་མཛད་ (གསེར་)པའོ། །གང་གིས་ན་ཡུམ་ཤེར་ཕྱིན་གྱིས་ཏེ། དེ་ཡང་ཡུམ་ཤེར་ཕྱིན་ཆོས་ ཅན། བྱང་སེའི་ཡུམ་ཡིན་ཏེ། དེའི་རྒྱུད་ལ་ལམ་ཤེས་བསྐྱེད་ནས་བྱང་སེམས་མངོན་མཐོ་ངེས་ 1-1-50 ལེགས་སོགས་ཀྱི་འགྲོ་དོན་སྒྲུབ་པར་བསྒྲུབས་པའི་མི་རྟོག་ཡེ་ཤེས་ཡིན་པས་སོ། །ལམ་ཤེས་ དེའི་ཡུམ་དུ་ཡང་ངོ༌། ། གཉིས་པ་ནི། འདིར་ལམ་ཤེས་ནི་སྔར་བཤད་ལྟར་དང་ལམ་གསུམ་ཕྱིན་ཅི་མ་ལོག་པར་ ཇི་བཞིན་ཤེས་བའི་རྗེས་ཐོབ་གཉིས་ཀ་གཟུང་སྟེ། ཏིང་འཛིན་རྒྱལ་བོར་བདུད་རྩི་འཐོབ་བྱེད་ ལམ་ནི་འདི་ཡིན་གྱི། །ལམ་ངན་སྤོངས་ལ་ལམ་བཟང་མནོས་ཤིག་ཅེས། །ལྟ་ངན་སེམས་ ཅན་མཐོང་ནས་འདོམས་བྱེད་དེ། །རྒྱུ་དེས་བྱང་ཆུབ་སེམས་དཔའ་ཞེས་བརྗོད་དོ། །ཞེས་པ་ ལྟར་རོ། །དེས་ན་བྱང་སེམས་འཇིག་རྟེན་གྱི་དོན་བསྒྲུབ་པ་ཆོས་ཅན། ལམ་ཤེས་ཀྱི་འབྲས་ བུའི་ཐ་སྙད་བྱར་རུང་སྟེ། དེ་ཕན་བྱེད་དུ་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པས་སོ། །རྟགས་ གྲུབ་སྟེ། རིམ་བཞིན་དུ་ལམ་གསུམ་ཤེས་ན་བསྟན་ནུས་ལ་སྙིང་རྗེ་སོགས་ཡོད་ན་བསྟན་ འདོད་དེ་ལམ་བསྟན་པས་མངོན་མཐོ་ངེས་ལེགས་ལ་འགོད་པས་སོ། །སེམས་འགྲེལ་དུ། རང་ཉིད་ངེས་པ་གཞན་དག་ལ། །ངེས་པ་བསྐྱེད་པར་བྱ་བའི་ཕྱིར། །རྟག་ཏུ་འཁྲུལ་བ་མེད་ པར་ནི། །མཁས་རྣམས་རབ་ཏུ་འཇུག་པ་ཡིན། །ཞེས་སོ། །ཡང་རང་གིས་ལམ་མི་ཤེས་ན་ བསྟན་མི་ནུས་ལ་སྙིང་རྗེ་སོགས་མེད་ན་བསྟན་མི་འདོད་དེ། ཇི་སྐད་དུ། རང་གི་རྟོགས་པའི་ རྗེས་འབྲང་བས། །ཇི་ཙམ་ཞིག་ནི་དཔག་པར་ནུས། །ཐབས་བྱུང་དེ་རྒྱུ་ལྐོག་གྱུར་པས། །དེ་ འཆད་པ་ནི་དཀའ་བ་ཡིན། །ཞེས་འགྲེལ་ཆེན་དུ་དྲངས་སོ། ། གསུམ་པ་ནི། ལམ་ཤེས་ཁོ་ནས་འཇིག་རྟེན་གྱི་དོན་བསྒྲུབ་པར་མི་རིགས་ཏེ་གཞི་ཤེས་ རྣམ་མཁྱེན་གྱིས་ཀྱང་སྒྲུབ་པས་སོ་ཞེ་ན། བྱང་སེམས་འཇིག་རྟེན་གྱི་དོན་སྒྲུབ་པའི་དངོས་ཀྱི་ རྒྱུ་ཚོགས་སུ་གྱུར་པའི་ཐབས་ལམ་ཤེས་ཁོ་ནར་འདོད་ཀྱི་འཇིག་རྟེན་གྱི་དོན་སྒྲུབ་བྱེད་ཐམས་ ཅད་ལམ་ཤེས་ཁོ་ནར་མི་སྨྲའོ། ། གསུམ་པ་ལ། གསུངས་པར་མཛོད་ཅེས་པའི་ཆོས་གསུམ་ཏེ། གསུངས་ཤིང་སྟོན་པའི་ 1-1-51 དོན། དེའི་འཐད་པ། དེ་ལ་རྩོད་སྤོང་ངོ༌། །དང་པོ་ལ། ཐབས་གང་ལས། གང་ཟག་གང་གིས། འབྲས་བུ་གང་གསུངས་གསུམ་ལས། དང་པོ་ནི། རྣམ་མཁྱེན་གང་དང་ཡང་དག་ལྡན་པས་ སོ། །གསེར་ནི་ཡུམ་གང་དང་ཞེས་སོ། །གང་སྤྱི་སྒྲ་ཡིན་ཡང་མཁྱེན་པ་གསུམ་ལས་མེད་ཅིང་ གཞན་གཉིས་སྨོས་ཟིན་པའི་ལྷག་ (ཤཱནྟི་)མར་གྱུར་པ་དང༌། གང་མངོན་རྟོགས་སུ་ལྡན་པའི་ སྟོབས་ཀྱིས་བརྒྱད་ཁྲི་བཞི་སྟོང་གི་ཆོས་འཁོར་བསྐོར་ཞེས་པའི་དོན་གྱི་ཤུགས་ (ཤཱནྟི་)ཀྱིས་ ཀྱང་རྣམ་མཁྱེན་ལ་གོ་སྟེ། དཀོན་མཆོག་གི་སྒྲས་དགེ་འདུན་གོ་བ་དང་འགའ་ཞིག་འོངས་ སོ་ཞེས་པ་བཞིན་ནོ། །དག་ལྡན་དུ། ལྷག་མ་དང་དོན་གྱིས་ཞེས་སོ། །ཁྱད་པར་ཐུབ་པའི་ ཚིག་དང་འབྲེལ་བས་གོ་སྟེ་ཛ་མད་ཨག་ནིའི་བུ་རཱ་མ་ཞེས་པས་རཱ་མའི་ཁྱད་པར་གཅིག་གོ་ བ་བཞིན་ནོ། །དཔེ་དེ་དག་ངག་ལས་ཤེས་སོ། །གཉིས་པ་ནི། སྒོ་གསུམ་མི་དགེ་བ་ལ་ (གསེར་ དོན་དངོས་)འཇུག་པ་ཐུབ་པ་སྟེ། ཡང་དག་པར་ (གསེར་)བསྡམས་པ་སྟེ་སངས་རྒྱས་ (གསེར་ཤཱནྟི་) སོ། །ཡང་ན་བདུད་བཞི་ཐུབ་ཅེས་ཀྱང་རུང་ངོ༌། །དེ་ཡང་སྐུ་གསུང་ཐུགས་ཀྱི་གསང་བ་བསམ་ གྱིས་མི་ཁྱབ་པ་ཅན་ཞིག་སྟེ། གསང་བ་བསམ་གྱིས་མི་ཁྱབ་པར། །ལ་ལ་སངས་རྒྱས་ཆོས་ རྣམས་ལ། །དཔེ་འགོད་ཇི་སྙེད་བྱེད་པ་ནི། །དེ་དག་སངས་རྒྱས་མི་འཚམ་སྟེ། །དེ་དག་རྒྱལ་ ལ་སྐུར་བ་འདེབས། །འདི་ལ་དཔེ་གཅིག་ཡང་དག་སྟེ། །ནམ་མཁའི་ཁམས་སུ་བསྟན་པ་ ལགས། །དེ་ནི་སངས་རྒྱས་ཆོས་དང་མཐུན། །གང་ནའང་དེ་ཡི་ཚད་མ་མཆིས། །ནམ་མཁའ་ འདིར་ནི་ཇི་ཙམ་པ། །སངས་རྒྱས་ཀྱི་ནི་ཚུལ་ཁྲིམས་དང༌། །ཏིང་ངེ་འཛིན་དང་རྣམ་གྲོལ་དང༌། ། རྣམ་གྲོལ་ཡེ་ཤེས་མཐོང་དེ་ཙམ། །ནམ་མཁའི་ཚད་ནི་ཇི་ཙམ་པར། །སངས་རྒྱས་གཟུགས་ ཀྱང་དེ་ཙམ་སྟེ། །འཇིག་རྟེན་མགོན་པོའི་སྤྱི་གཙུག་ཀྱང༌། །ནམ་མཁའི་ཁམས་དང་མཚུངས་ པ་ལགས། །ནམ་མཁས་ཇི་སྙེད་ཁྱབ་གྱུར་པ། །སྐུས་ཀྱང་དེ་སྙེད་ཁྱབ་པ་ལགས། །དེ་བཞིན་ དུ་སྐུ་དང་འོད་དང་གསུང་དང་ཐུགས་དང་བྱམས་པ་དང་ཡེ་ཤེས་དང་སྐུ་རྣམས་སྦྱར་རོ། ། 1-1-52 གསུམ་པ་ནི། སྣ་ཚོགས་འདི་དག་རྣམ་པ་ཀུན་གསུང་བ། །(གསེར་འགྱུར་)ཞེས་ཏེ། ཤེར་ ཕྱིན་ (གསེར་)ལ་སོགས་པའི་ཆོས་འཁོར་སྣ་ཚོགས་འདི་དག་རྣམ་པ་ཀུན་ཏུ་སྟེ་ཐམས་ཅད་ (གསེར་)དུ་གསུངས་ཤིང་ (གསེར་)སྟོན་པར་མཛད་པའོ(གསེར་)། །དག་ལྡན་དུ་སྣ་ཚོགས་འདི་ དག་རྣམ་པ་ཀུན་མཁྱེན་པ་ཞེས་བྱ་བ་ལ་རྣམ་པ་ཀུན་ནི་ཆོས་འདི་དག་རྣམ་པ་ཀུན་ཏེ་དེ་ཀུན་ ནས་མཁྱེན་པའིའོ། །འདིའི་ཡུམ་ཞེས་སོ། །འགྱུར་འདི་ལྟར་ན། ཐེག་པ་ཆེ་ཆུང་ངམ་སྡེ་སྣོད་ གསུམ་གྱི་རྣམ་པ་ཀུན་ (བུ་སྟོན་གསེར་)ཞེས་སམ་བདེན་པ་གཉིས་ཀྱི་ (ཆུ་འོད་གཉལ་གསེར་)རྣམ་པ་ ཀུན་དང་ལྡན་པའི་ཞེས་སྦྱར་རོ། །གང་གིས་སངས་རྒྱས་རྣམས་ཀྱིས་ཆོས་གསུང་བར་མཛད་ ན། ཡུམ་གྱིས་ཏེ། ཡུམ་ཤེར་ཕྱིན་ཆོས་ཅན། རྫོགས་སངས་རྣམས་ཀྱི་ཡུམ་ཡིན་ཏེ། དེ་རྣམས་ ཀྱི་རྒྱུད་ལ་རྣམ་མཁྱེན་བསྐྱེད་ནས་དེ་རྣམས་ཀྱིས་བརྒྱད་ཁྲི་བཞི་སྟོང་གི་ཆོས་འཁོར་བསྐོར་ བར་བསྐྲུན་པའི་མི་རྟོག་ཡེ་ཤེས་ཡིན་པས་སོ། །རྣམ་མཁྱེན་དེའི་ཡུམ་དུ་ཡང་ངོ༌། །གཉིས་པ་ ནི། ཐུབ་རྣམས་ཆོས་འཁོར་གསུངས་པ་ཆོས་ཅན། རྣམ་མཁྱེན་གྱི་འབྲས་བུའི་ཐ་སྙད་བྱར་ རུང་ཞེས་སོགས་དགོད་དོ། །རྟགས་རིམ་བཞིན་དུ་གྲུབ་སྟེ། ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ ཐུགས་རྗེ་ཆེན་པོ་ཅན་རྒྱུད་ལ་ཡོད་ན་དེ་བསྐོར་ནུས་ཏེ། མདོར་རྣམ་མཁྱེན་ཉིད་ཐོབ་ནས་ ཆོས་ཀྱི་འཁོར་ལོ་བསྐོར་ཞེས་སོ། །དེ་མེད་ན་བསྐོར་མི་ནུས་ཏེ། འདབ་གཤོག་མེད་པའི་བྱ་ འཕུར་མི་ནུས་པ་བཞིན། མདོར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མ་བགྱིས་པར་ ཆོས་ཀྱི་འཁོར་ལོ་བསྐོར་བར་མི་ནུས་སོ་ཞེས་སོ། །གསུམ་པ་ནི། རྣམ་མཁྱེན་ཉིད་དེའི་རྒྱུར་ སྨོས་པ་མི་འཐད་དེ། ལྗགས་སོགས་ཡང་དེ་ཡིན་པས་སོ་ཞེ་ན། རྣམ་མཁྱེན་ངེས་པའི་རྒྱུ་ཡིན་ གྱི་གཞན་ཡང་རྒྱུ་ཡིན་པ་མི་འགོག་གོ ། གཉིས་པ་ལ་གཉིས་ཏེ། དོན་དངོས། དེའི་འཐད་པའོ། །དང་པོ་ནི། ཉན་ཐོས་དང་བྱང་ ཆུབ་སེམས་དཔའི་ཚོགས་ཏེ་དགེ་འདུན་ནི་འཇིག་རྟེན་ (ཤཱནྟི་དངོས་)གྱི་བླ་མ་ཡིན་ལ། སངས་ 1-1-53 རྒྱས་ནི་བླ་མ་ (དེའི་ཡང་)དམ་པའོ(ཤཱན་དངོས།)། །དེ་དག་གི་ཡང་ (ཤཱན་དངོས་)བླ་མར་གྱུར་པའི་ཡུམ་ ཤེར་ཕྱིན་དེ་ལ་བསྟོད་དོ། །ཚོགས་བཅས་སངས་རྒྱས་ཀྱི་ཡུམ་ཞེས་ (ཤཱན་)པའི་ཚིག་གིས་དེ་ དག་གི་ཡང་ཡུམ་ (ཤཱན་དོན་)དུ་བསྟན་ཏོ། །འོ་ན་བུ་དང་ལྡན་པའི་ཆུང་མ་དེ་ནི་བུའི་ཡང་ཆུང་ མར་འགྱུར་རོ་ཞེ་ན། འདིར་བཅས་སམ་ལྡན་པའི་དོན་ནི་ལྷན་གཅིག་པ་ལ་བརྗོད་པར་འདོད་ པས་སྐྱོན་མེད་དོ། །ཞེས་པ་རྣམས་ཤཱནྟིས་སོ། ། གཉིས་པ་ནི། ཡུམ་ཤེར་ཕྱིན་ཆོས་ཅན། འཕགས་བཞིའི་ཡུམ་ཡིན་ཏེ། སྔ་ཕྱི་ལ་ལྟོས་ཏེ་ དེའི་ངོ་བོ་བསྐྱེད། དེའི་གནས་སྐབས་གསོ་བའམ་རྒྱས་པར་བྱེད། དེ་ལ་ཕན་ཆེན་པོ་འདོགས་ པས་སོ། །རྟགས་གྲུབ་སྟེ། ཡུམ་ (ཤཱན་དོན་)ཤེར་ཕྱིན་གྱིས་འཕགས་བཞིའི་ (ཤཱན་དོན་)ཟག་མེད་ ཀྱི་ཕུང་པོ་མ་བསྐྱེད་ཅིང་དེ་དག་གི་ཟག་མེད་ཀྱི་ཕུང་པོ་མ་གསོས་པ་དེ་སྲིད་དུ་དེ་དག་གིས་ ཉེར་ཞི་ཐོབ་སོགས་དོན་ཆེན་པོ་ཐོབ་པར་མི་ནུས་པས་ཡང་ཡུམ་མོ། །ཡང་ཡུམ་ཤེར་ཕྱིན་ ལ་འཕགས་བཞིས་ཉེར་ཞི་སོགས་དོན་ཆེན་པོ་གསུམ་ཐོབ་པས་ཕན་བཏགས་པའི་ཕྱིར་ན་ ཡང་སྟེ། ཤཱནྟིས། ཡུམ་ (དངོས་)ཤེར་ཕྱིན་དེ་ (བསྡུས་)ལ་ཕྱག་འཚལ་ལོ། །འདི་ཇི་ལྟར་དེ་རྣམས་ ཀྱི་ཡུམ་དུ་འགྱུར་ཞེ་ན། ཇི་སྐད་བཤད་པའི་དོན་ཆེན་པོ་གསུམ་ཐོབ་པའི་ཕྱིར་ཏེ། གང་ཡང་ འཇིག་རྟེན་གྱི་ཕན་པ་ཆེན་པོ་འདོགས་པ་དེ་ནི་འཇིག་རྟེན་ན་མ་ཞེས་བྱའོ། །གཞན་ཡང་ཇི་ སྲིད་དུ་དེ་དག་གི་ཟག་པ་མེད་པའི་ཕུང་པོའི་བདག་ཉིད་མ་བསྐྱེད་ཅིང་མ་གསོས་པ་དེ་སྲིད་དུ་ དེ་དག་གིས་ཇི་སྐད་དུ་བཤད་པའི་དོན་ཆེན་པོ་རྣམས་ཐོབ་པར་མི་ནུས་སོ། །དེའི་ཕྱིར་དོན་ གྱིས་ན་བསྐྱེད་པ་དང་གསོ་བ་ཡིན་པར་ཤེས་པར་བྱའོ། །དེའི་ཕྱིར་ཡང་འདི་ཡུམ་ཡིན་ནོ་ ཞེས་སོ། །རྣམ་པར་མི་རྟོག་པར་བསྟོད་པ་ལས། གཞན་དོན་མངོན་དགའི་བདག་ཉིད་ཅན། ། དཔའ་བོ་དག་ནི་ཐམས་ཅད་ཀྱི། །གསོ་མཛད་བསྐྱེད་པར་མཛད་པ་སྟེ། །ཁྱོད་ནི་བྱམས་མའི་ ཡུམ་ལགས་སོ། །ཞེས་སོ། །མཁྱེན་གསུམ་དང་འཕགས་བཞི་ཡུམ་སྲས་སུ་སྒྲུབ་པ་ཡང་ཤེས་ 1-1-54 པར་བྱ་སྟེ། སྔ་ཕྱི་བསྐྱེད་བྱ་སྐྱེད་བྱེད་དང་དུས་མཉམ་གསོ་བ་དང་བཞེད་པ་སྒྲུབ་པའི་ཡུམ་ ཡིན་པའི་ཚུལ་གྱིས་སོ། །ཡུམ་བྱེད་ཚུལ་ཡང་ཤེས་པར་བྱའོ། ། གཉིས་པ་ནི། ཡུལ་བླ་མའི་ (ཤཱནྟི་)ཡང་བླ་མར་གྱུར་པའི་ཡུམ་ཤེར་ཕྱིན་དེ་ལ་གང་ཟག་རྗེ་ བཙུན་བྱམས་པས་ཕྱག་འཚལ་བ་ (ཤཱནྟི་)སྟེ་སྒོ་གསུམ་གུས་པས་འདུད་པའོ། །འདིར་འཕགས་ པས། འཕགས་པའི་གང་ཟག་ཐམས་ཅད་ཀྱི་དབང་དུ་མཛད་ནས་ཐམས་ཅད་མཁྱེན་པ་རྣམ་ པ་གསུམ་གྱི་ཐུན་མོང་མ་ཡིན་པའི་ཡོན་ཏན་ཉེ་བར་དགོད་པ་སྔོན་དུ་འགྲོ་བས་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ་ཞེས་བརྗོད་པ་འདི་ནི་མངོན་པར་རྟོགས་པའི་རྒྱན་གྱི་ མན་ངག་བཤད་སྦྱར་དུ་བྱའོ་སྙམ་པས་བཤད་པ་ (དོན་བསྡུས་)འདི་སྦྱར་བར་དམ་བཅས་པ་ཡིན་ ནོ་ཞེས་དང༌། བཙུན་གྲོལ་ཡང་དེ་སྐད་འཆད་པས་དངོས་སུ་ཡོན་ཏན་བརྗོད་དེ་ཕྱག་འཚལ་ ནས་ཤུགས་ལ་བརྩམ་པར་དམ་བཅས་པ་ཡིན་པར་ཤེས་པར་བྱའོ། །འོ་ན་མཆོད་བརྗོད་ཀྱི་ བརྗོད་བྱ་མཁྱེན་གསུམ་གོ་རིམ་འཆོལ་ཏེ། དམན་ཤོས་གཞི་ཤེས་དང་པོར་བརྗོད་པས་སོ་ ཞེ་ན། བོད་སྔ་རབས་རྣམས་གླེང་གཞིའི་འགྲེལ་པ་ཡིན་པས་སྐྱོན་མེད་ཟེར་བ་ནི་འཁྲུལ་ཏེ་ འཕགས་སེང་སོགས་རྒྱ་གར་མཁས་པ་སུས་ཀྱང་དེ་སྐད་མ་བཤད་ཅིང་སློབ་དཔོན་དང་ཆོས་ བཤེས་ཀྱིས་གླེང་གཞི་རྒྱན་གྱིས་མ་བསྡུས་པར་བཤད་པ་དང་འགལ་ཞིང༌། གལ་ཏེ་གླེང་ གཞིའི་འགྲེལ་པ་ཡིན་པས་དེའི་གོ་རིམ་བཞིན་དགོས་ན་རྣམ་མཁྱེན་དང་པོར་སྟོན་དགོས་ པར་འགྱུར་ཏེ་བཅོམ་ལྡན་འདས་རྒྱལ་བོའི་ཁབ་ཅེས་ཐོག་མར་བྱུང་བས་སོ། །བསྟན་བཅོས་ རིན་ཆེན་སྒྲོན་མར། གླེང་གཞི་རྒྱས་པར་བཀའ་སྩལ་དོན་མཆོག་རྣམས། །ལེགས་པར་བསྡུས་ པ་ཕྱག་འཚལ་ཚིགས་བཅད་ཡིན། །ཞེས་སེང་བཟང་གིས་བཤད་དོ་ཞེ་ན། བསྟན་བཅོས་དེ་ ནི་བོད་ཁ་ཅིག་གིས་བྱས་ཀྱི་སེང་བཟང་གིས་མཛད་པ་མ་ཡིན་ནོ། །དེ་ལས་མཐར་གྱིས་པ་ དངོས་པོ་དྲུག་ཏུ་བཤད་པ་ལ་སོགས་འགལ་བ་དུ་མ་ཡོད་ཅེས་གསུངས་ཤིང་དོན་ལའང་དེར་ 1-1-55 གནས་སོ། །གཞན་ཡང་རྒྱ་གར་མར་མིང་བཏགས་ནས་བོད་ཀྱིས་བྱས་པ་དོན་བསྡུས་སྒྲོན་མ་ དང་སྡུད་པའི་ལྡེ་མིག་དང་དྷརྨ་ཤྲཱིའི་འབུམ་ཊཱིཀ་དང་ཉི་ཁྲི་གཞུང་འགྲེལ་ཆུང་བ་སོགས་མང་ པོ་སྣང་ངོ༌། །དེས་ན་མཆོད་བརྗོད་དུ་མཁྱེན་གསུམ་གྱི་གོ་རིམ་འདི་དམན་མཆོག་གི་རིམ་པ་ ཡིན་ལ། ལུས་རྒྱས་བཤད་དུ་རྣམ་མཁྱེན་ཞེས་སོགས་ཀྱིས་བསྟན་པ་ནི་མཆོག་དམན་གྱི་རིམ་ པའོ། ། གསུམ་པ་འགྲེལ་པ་ལ་ལྔ། དགོས་བསྡུས་ཚིག་དོན། མཚམས་སྤྱར་བརྒལ་ལན་ནོ། ། དང་པོ་ལ་གསུམ། རྩ་བས་ཡུམ་གྱི་ཡོན་ཏན་བརྗོད། དེ་ལས་ཡུམ་ལ་དང་བའི་ཚུལ། དང་བ་ ལས་གང་ཞིག་འགྲུབ་པའི་ཚུལ་ལོ། ། དང་པོ་ནི། ཞེས་བྱ་བའི་སྐད་དོད། ཨི་ཏི་ནི། སྨྲ་སྒོར། ཨི་ཏི་རྒྱུ་མཚན་གནས་སྐབས་ དང༌། །གསལ་བྱེད་སོགས་དང་རྫོགས་རྣམས་ལ། །ཞེས་དེ་རྣམས་ལ་འཇུག་པ་ལས་འདིར་ དེ་ལྟར་གྱི་དོན་ཡིན་ཞིང་གསུངས་པ་ནི་བཤད་པ་སྟེ། རྒྱ་དཔེ་འགའ་ཞིག་ལ་ཡོད་དེ། ཕལ་ ཆེར་ལ་མི་སྣང་ཟེར་རོ། །ཉན་ཐོས་ཞི་ཚོལ་ཞེས་སོགས་མཆོད་བརྗོད་ཀྱི་ཚིགས་བཅད་འདིས་ ནི་ཆོས་ཅན། ཡུམ་ཤེར་ཕྱིན་འདིའི་ཆེ་བའི་ཡོན་ཏན་གྱི་བདག་ཉིད་དམ་དངོས་པོ་ཕུལ་དུ་བྱུང་ བ་དང་ལྡན་པར་བརྗོད་དེ། ཡུམ་ཤེར་ཕྱིན་གྱིས་འཕགས་བཞི་ཉེར་ཞིར་ཁྲིད་སོགས་ཡོན་ ཏན་ཁྱད་པར་སྟོན་པས་སོ། ། གཉིས་པ་ལ་གཉིས། དད་པའི་རྗེས་འབྲང་དང་བའི་ཚུལ། ཆོས་ཀྱི་རྗེས་འབྲང་དང་བའི་ ཚུལ་ལོ། །དང་པོ་ནི། མཆོད་བརྗོད་ཚིགས་བཅད་དེས་ཡུམ་གྱི་ཡོན་ཏན་བརྗོད་པ་ཐོས་པས་ རྐྱེན་བྱས་ནས་ཡུམ་ལ་དང་བ་སྐྱེ་ཚུལ་གཉིས་ཡོད་པ་ལས་རེ་ཞིག་དང་པོ་བརྗོད་ན། དང་ བ་སྐྱེའོ། །གང་ཟག་གང་ན། ཚིག་ཙམ་ལས་ (གསེར་)ངེས་ཤེས་སྐྱེ་བ་དད་པའི་རྗེས་སུ་འབྲང་ བ་སྟེ། དེ་ནི་གང་ཟག་གཙོ་བོར་བྱས་ནས་འཇུག་པའོ། །ཞེས་ (མདོ་ཀུན་བཏུས་འགྲེལ་པར་)ཤཱནྟིས་ 1-1-56 སོ། །གང་ལ་ན་ཡུམ་ཤེར་ཕྱིན་འདི་ལའོ། །ཇི་ལྟར་ན། ཡུམ་ལ་དེ་འདྲའི་ཡོན་ཏན་ཡོད་དམ་ མེད་སྙམ་པའི་ཐེ་ཚོམ་མེད་པར་བྱས་ནས་ཐོས་མ་ཐག་ (འཇམ་གསར་བུ་)སྐྱེ་བས་མྱུར་དུ་ཆེན་པོར་ (གསར་བུ་)སྐྱེ་བས་རབ་ཏུའོ། །མཆོད་བརྗོད་ཆོས་ཅན། དགོས་པ་ཡོད་དེ་ཞེས་དགོད་དོ། །འོག་ མ་ལ་ཡང་ངོ༌། །གཉིས་པ་ནི། དང་བ་སྐྱེད་པར་བྱེད་པ་ཉིད་དོ། །རྐྱེན་ནི། དེ་ཐོས་ནས་སོ། ། གང་ཟག་གང་ན། ཆོས་ཀྱི་མཚན་ཉིད་ལ་ལུང་རིགས་ཀྱིས་བརྟགས་དཔྱད་བྱས་ནས་འཇུག་ པ་ཆོས་ཀྱི་རྗེས་སུ་འབྲང་བ་རྣམས་སོ། །ཀྱང་ནི་དད་རྗེས་འབྲང་དུ་མ་ཟད་དོ། །འདི་ནི་རང་ གི་ཤེས་རབ་གཙོ་བོར་བྱེད་པའོ་ཞེས་ (མདོ་ཀུན་བཏུས་འགྲེལ་པར་)ཤཱནྟིས་སོ། །གང་ལ་ན། ཡུམ་དེ་ ལའོ། །ཇི་ལྟར་ན་རྐྱེན་ངན་པས་མི་འཕྲོག་པའི་རབ་ཏུའམ་ཆེན་པོའོ། ། འོ་ན་སྔ་མར་འདི་ཞེས་ ཉེ་ཚིག་དང༌། འདིར་དེ་ལ་ཞེས་རིང་བའི་སྒྲ་སྨོས་པ་ཅི་ལྟར་ཡིན་ཞེ་ན། རྩ་བར་ཡུམ་དེ་ལ་ཞེས་ པའི་ཚིག་ལ་གཉིས་ཀ་བསྙེག་པས་སྔ་མ་དེ་ལ་ཚིག་རིམ་ཉེ་བས་འདི་ལ་ཞེས་ཉེ་ཚིག་དང༌། ཕྱི་མ་འདི་དེ་བས་ཚིག་རིམ་རིང་བས་དེ་ལ་ཞེས་རིང་པའི་ཚིག་སྨོས་སོ། །ལྷ་དབང་བློས། དེ་ཞེས་པ་ནི་ལྐོག་ཏུ་གྱུར་པའི་སྒྲའོ། །འདི་ཞེས་པ་ནི་མངོན་དུ་གྱུར་པའིའོ་ཞེས་བཤད་དོ། ། དབང་རྣོན་མཆོད་བརྗོད་ལས་ཡུམ་ལ་དང་བ་སྐྱེ་བའི་རྒྱུ་མཚན་ལ་གཉིས་ལས། དེའི་བརྗོད་ བྱའི་དོན་ལ་གནོད་བྱེད་མ་མཐོང་བ་དང༌། སྒྲུབ་བྱེད་གཟུང་བའོ། །དང་པོ་ནི། མཆོད་བརྗོད་ ངག་གི་གདུལ་བྱ་དབང་རྣོན་ཆོས་ཅན། དེ་འདྲའི་མཆོད་བརྗོད་ངག་ལས་ཡུམ་ཤེར་ཕྱིན་ལ་ རབ་ཏུ་དང་བ་སྐྱེ་བའི་རྒྱུ་མཚན་ཡོད་དེ། གཞི་ཕུང་སྐྱེ་སོགས་དང་ལམ་གསུམ་དང་རྣམ་པ་ ཆོས་ཉིད་དམ་རྣམ་རྟགས་མཚན་མ་ཐམས་ཅད་དོན་དམ་པར་བདེན་པའི་སྐྱེ་བ་མེད་པར་ ཡོངས་སུ་ཤེས་པ་ཡང་ཡིན་མཆོད་བརྗོད་ཀྱི་ཚིགས་སུ་བཅད་པའི་བརྗོད་བྱའི་དོན་སྲས་ (ཆོས་ བཤེས་)གསུམ་བསྐྱེད་ནུས་ཀྱི་མཚན་ཉིད་དམ་རང་བཞིན་ཅན་ཡང་ཡིན་པའི་ཡུམ་ལ་བདེན་ པའི་སྐྱེ་བ་ཡོད་ (ཆོས་བཤེས་)དོ་ཞེའམ། སྲས་གསུམ་སྐྱེད་ (དངོས་)པའི་མཚན་ཉིད་དང་མི་ལྡནནོ་ 1-1-57 ཞེས་རིགས་པ་རྣམ་དག་གིས་གནོད་པ་མ་མཐོང་ནས་ཏེ་རྒྱུ་མཚན་གྱིས་ (ཆོས་བཤེས་དངོས་)དེ་འདྲ་དེ་ སྐྱེས་པའི་ཕྱིར་རོ་ཞེས་སྦྱར་ཏེ། ཆོས་བཤེས་ཀྱི་དོན་དངོས་སོ། །བདེན་པའི་སྐྱེ་མེད་དུ་གང་ ལས་འགྲུབ་ཅེ་ན། གཞི་ལམ་རྣམ་གསུམ་ཆོས་ཅན། བདེན་པའི་སྐྱེ་བ་མེད་དེ། བདེན་པའི་ གཅིག་དང་དུ་མའི་ངོ་བོ་ཉིད་དམ་རང་བཞིན་དང་བྲལ་བའི་ཕྱིར། གཟུགས་བརྙན་བཞིན། སོགས་པ་རྒྱུ་ལ་དཔྱོད་པ་རྡོ་རྗེ་གཟེགས་ (ཆོས་བཤེས་དངོས་)མ། འབྲས་བུ་ལ་དཔྱོད་པ་ཡོད་མེད་ སྐྱེ་འགོག རྟེན་འབྲེལ་ (ཆོས་བཤེས་)གྱི་རྟགས་དང༌། རྒྱུ་འབྲས་གཉིས་ཀ་ལ་དཔྱོད་ (ཆོས་བཤེས་དོན་ )པ་མུ་བཞི་སྐྱེ་འགོག་སྟེ་དངོས་པོའམ་སྣང་བ་དོན་དམ་པར་གདོད་མ་ནས་མ་སྐྱེས་པ་ཉིད་དུ་ ཡིད་ཆེས་པར་བྱེད་པའི་རྒྱུ་གཏན་ཚིགས་དེ་དག་ཉིད་ལ་ཡུལ་འཇལ་བའི་ཚད་མ་དེ་བྱེད་པས་ ཚད་མ་ཞེས་བྱ་ཞིང་རྒྱུ་མཚན་དེས་སོ། །དེ་བཞིན་དུ་ཚུལ་བཞིན་ཡིད་ལ་བྱེད་པའི་དབང་ལས་ རིགས་པ་ཞེས་བསྟན། བློ་དོན་དང་མཐུན་པར་སྒྲུབ་ཅིང་དེར་འདྲེན་པའི་ཕྱིར་ན་སྒྲུབ་པ་དང་ འདྲེན་པ་ཉིད་དུ་ཡང་བསྟན་ཏོ་ཞེས་ཆོས་བཤེས་སོ། །འཐད་པ་སྒྲུབ་པའི་རིགས་པས་བསྡུས་ པ་བདེན་དངོས་དགག་པའི་རྟགས་བཞིའམ་ལྔ་སྟེ། དང་པོ། ངོ་བོ་ལ་དཔྱད་པ་གཅིག་དང་དུ་ བྲལ་ནི། དངོས་པོའམ་སྣང་བ་ཆོས་ཅན། དེ་ཁོ་ནར་བདེན་པའི་དངོས་པོར་མེད་དེ། དོན་དམ་ པར་བདེན་པའི་གཅིག་དང་དུ་མ་དང་བྲལ་བའི་ཕྱིར། གཟུགས་བརྙན་བཞིན། ལང་གཤེགས་ ལས། ཇི་ལྟར་མེ་ལོང་ངོས་རྣམས་ལ། །གཅིག་དང་གཞན་ཉིད་སྤངས་པའི་གཟུགས། །སྣང་ ཡང་དེ་ན་ཡོད་མ་ཡིན། །དེ་བཞིན་དངོས་རྣམས་ངོ་བོ་ཉིད། །ཅེས་དང༌། གང་གིས་དངོས་པོ་ རྣམས་དཔྱད་ན། །ཞེས་སོགས་དྲང་ངོ༌། ། གཉིས་པ་རྒྱུ་ལ་དཔྱད་པ་རྡོ་རྗེ་གཟེགས་མ་ནི། དངོས་པོ་ཆོས་ཅན། དོན་དམ་པར་བདེན་ པའི་སྐྱེ་བ་མེད་དེ། དོན་དམ་པར་བདག་ལས། གཞན་ལས། གཉིས་ཀ་ལས། རྒྱུ་མེད་ལས་ མི་སྐྱེ་བས་སོ། །རྩ་ཤེས་ལས། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་ 1-1-58 རྒྱུ་མེད་མིན། །དངོས་པོ་གང་དང་གང་ལ་ཡང༌། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་སོ། ། གསུམ་པ་འབྲས་བུ་ལ་དཔྱད་པ་ཡོད་མེད་སྐྱེ་འགོག་ནི། ཆོས་ཅན་ཆོས་འདྲ། དོན་དམ་ པར་འབྲས་བུ་ཡོད་ཟིན་མི་སྐྱེ། མེད་པ་མི་སྐྱེ་བས་སོ། །རིགས་པ་དྲུག་ཅུ་པར། ཡོད་པ་སྐྱེ་ བར་རིགས་མིན་ཏེ། །མེད་པ་ནམ་མཁའི་པད་མ་བཞིན། །ཞེས་སོ། ། བཞི་པ་རྟེན་འབྲེལ་གྱི་རྟགས་ནི། ཆོས་ཅན་ཆོས་འདྲ། རྟེན་འབྲེལ་ཡིན་པས་སོ། །སྒྱུ་མ་ བཞིན་ནོ། །བློ་གྲོས་རྒྱ་མཚོའི་མདོར། གང་རྣམས་རྟེན་ཅིང་འབྲེལ་བར་འབྱུང༌། །དེ་རྣམས་ རང་བཞིན་ཅུང་ཟད་མེད། །ཅེས་སོ། ། ལྔ་པ་མུ་བཞི་སྐྱེ་འགོག་ནི། ཆོས་ཅན་ཆོས་འདྲ། དོན་དམ་པར་རྒྱུ་དུ་མས་འབྲས་བུ་ གཅིག་དང་དུ་མ་མི་བྱེད། དོན་དམ་པར་རྒྱུ་གཅིག་གིས་འབྲས་བུ་གཅིག་དང་དུ་མ་མི་བྱེད་ པས་སོ། །བདེན་གཉིས་ལས། དུ་མས་དངོས་པོ་གཅིག་མི་བྱེད། །དུ་མས་དུ་མ་བྱེད་པའང་ མིན། །གཅིག་གིས་དུ་མའི་དངོས་མི་བྱེད། །གཅིག་གིས་གཅིག་བྱེད་པ་ཡང་མིན། །ཞེས་སོ། ། རྒྱ་ཆེར་དབུ་མའི་ (ཐལ་རང་།)བསྟན་བཅོས་རྣམས་དང༌། མདོར་བསྡུས་པ་ (བུ་སྟོན་རིན་པོ་ཆེས་མཛད་ པའི་)ལུང་གི་སྙེ་མ་སོགས་ལས་ཤེས་པར་བྱའོ། །དེ་དག་ལ་ཡང་དཔྱད་པར་བྱ་རྒྱུ་མང་བོ་ཡོད་ དེ་སྐབས་འགྲིག་ན་ཕྱིས་བསྟན་པར་བྱའོ། ། གཉིས་པ་ལ། སྤྱིའི་དོན་ཡང་ལུང་སྙེ་སོགས་ལས། ཤེས་པར་བྱ་སྟེ། གོ་སླ་བས་འདིར་མ་ བྲིས་སོ། །ཡན་ལག་གི་དོན་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་པ་ (ཆོས་དངོས་)ཁྱད་པར་ གྱི་གཞི་ (དངོས་)འོ། །དེའི་ཁྱད་པར་ནི་ཐམས་ཅད་མཁྱེན་ (དངོས་)པ་ཉིད་གསུམ་གྱི་ (དངོས་)བདག་ ཉིད་ཅེས་སྨོས་ཏེ། ཡུམ་དེ་ལ་ཡང་ཀུན་རྫོབ་ཙམ་དུ་ཡང་དབྱེ་བ་བྱར་མེད་དོ་སྙམ་པ་དགག་ པ་དང་སྲས་གསུམ་ཅར་སྐྱེ་བར་བསྟན་པའི་ཕྱིར་ཚིག་འདི་སྨོས་ཏེ། རྣམ་པར་མི་རྟོག་པར་ བསྟོད་པ་ལས། སངས་རྒྱས་རྣམས་དང་རང་སངས་རྒྱས། །ཉན་ཐོས་རྣམས་ཀྱིས་ངེས་བསྟེན་ 1-1-59 པའི། །ཐར་ལམ་ཁྱོད་ཉིད་གཅིག་པུ་སྟེ། །གཞན་ཞེས་བགྱི་བ་མ་མཆིས་ངེས། །ཞེས་བསྟོད་ ཅིང༌། ཉན་ཐོས་ཀྱི་ས་ལ་སློབ་པར་འདོད་པས་ཀྱང་ཤེར་ཕྱིན་ལ་བསླབ་ཅེས་སོགས་གསུངས་ (བསྡུས་སོ། །)སོ། །འོ་ན་ཡུམ་འདི་ཉན་རང་རྣམས་སྐྱེད་པས་གང་ཟག་གི་བདག་མེད་ (ཆོས་བཤེས་ དངོས་)ཙམ་ཞིག་ཡིན་ཞིང་བྱང་སེམས་དང་སངས་རྒྱས་སྐྱེད་པས་བདག་གཉིས་མེད་པ་ཉིད་ ཡིན་ལ། གང་ཟག་གི་བདག་མེད་ཙམ་ནི་དྲན་པ་ཉེར་བཞག་སོགས་ལས་བསྟན། བདག་ གཉིས་མེད་པ་ནི་སྡོང་བོ་བཀོད་པ་སོགས་ལས་བསྟན་པས་ཡང་ཡུམ་འདི་བསྟན་པ་ལ་དོན་ ལྷག་པོ་མེད་ལ་ཡུམ་འདི་ཡང་ཐེག་པ་གསུམ་གྱི་རང་རང་གི་རྟོགས་པ་ལས་རྨད་དུ་བྱུང་བ་ཅི་ ཡོད་སྙམ་ན། དེ་བསལ་བའི་ཕྱིར་ཚུལ་གསུམ་པ་ཅན་ཞེས་སྨོས་ཏེ། འདིར་ཡུམ་ལ་མཁྱེན་པ་ གསུམ་དུ་ཕྱེ་བ་ནི་རང་བཞིན་ནམ་དངོས་པོ་ (ཆོས་བཤེས་)གསུམ་དུ་ཕྱེ་བ་མིན་ཏེ་དེ་ལྟར་དབྱེ་མི་ ནུས་ (ཆོས་བཤེས་དངོས་)པའི་ཕྱིར་རོ། །འོ་ན་ཅི་ཞེ་ན། (དངོས་)གདུལ་བྱའི་བསམ་པའི་དབང་ (ཀུན་ དངོས་)གིས་སྲས་གསུམ་གྱི་ཡུམ་ཡིན་ནོ་ཞེས་བསྟན་གྱི་དོན་ལའམ་དངོས་སུ་ནི་སངས་རྒྱས་ བྱང་ (དོན་ཐོབ་)སེམས་ཁོ་ནའི་ཡུམ་ཡིན་གྱི་ཉན་རང་གཡུང་པོ་ལྟ་བུ་ནི་བུད་ (ཀུན་དངོས་)མེད་རིན་ པོ་ཆེ་ལྟ་བུའི་ཡུམ་འདིས་དངོས་སུ་ག་ལ་སྐྱེད། མདོ་སྡེ་དྲན་པ་ཉེར་བཞག་སོགས་ཀྱང་ཐེག་ དམན་གྱི་ལམ་ཙམ་བསྟན་པས་གཞུང་ཕྱོགས་གཅིག་པ་ཡིན་ནོ། །སྡོང་བོ་བཀོད་པ་སོགས་ ཐེག་ཆེན་གྱི་བྱ་བའམ་ཚུལ་དང་འབྲས་བུ་སོགས་གཙོ་བོར་བསྟན་གྱི་ཉན་རང་གི་ལམ་འབྲས་ མ་བསྟན་པས་ཕྱོགས་གཅིག་པའོ། །ཡུམ་འདིར་རིགས་ཅན་གསུམ་ཀའི་བསྟན་པ་བསྒྲགས་ པས་གཞུང་ཆེན་པོ་ཤིན་ཏུ་རྒྱས་པའི་སྡེ་ཡིན་ནོ་ཞེས་དང༌། དེའི་ཕྱིར་རང་བཞིན་གཅིག་ཁོ་ ན་ལས་མེད་པར་རྐྱེན་གཞན་ཁ་ཅིག་གིས་དུ་མར་སྣང་བའི་དུ་མ་ཇི་སྙེད་པ་ནི་འདིར་ཚུལ་གྱི་ སྒྲས་བསྟན་ནོ། །དེས་ན་དུ་མར་སྣང་ཡང་གཅིག་ཏུ་སྒྲུབ་པ་ནི། ཚུལ་གསུམ་པ་ཅན་ནི་ཞེས་བྱ་ བ་ཡིན་ལ། གཅིག་དུ་མར་སྟོན་པའི་མཐུ་དང་ལྡན་པར་སྟོན་པ་ནི། ཐམས་ཅད་མཁྱེན་པ་ཉིད་ 1-1-60 གསུམ་གྱི་བདག་ཉིད་ཅེས་སྨོས་སོ། །དེ་ལྟའི་མཐུ་དེ་སུའི་མཐུ་སྙམ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ཞེས་ཏེ། དོན་གྱི་གོ་རིམ་ནི་དེ་ལྟར་བལྟ་བར་བྱའོ། །ཆོས་བཤེས་སོ། །དེ་ལྟར་ན་ཡུམ་ ཤེར་ཕྱིན་ཆོས་ཅན། སངས་རྒྱས་དང་སོགས་པས་ཉན་རང་བྱང་སེམས་ཏེ་སྲས་འཕགས་བཞི་ དངོས་དང་བརྒྱུད་པ་ཅི་རིགས་པས་བསྐྲུན་པར་མཛད་པ་ནི་གདོན་མི་ཟ་བར་སྲིད་པ་ཉིད་ དོ། །གདུལ་བྱའི་བསམ་པའི་དབང་གིས་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་བདག་ཉིད་དེ་ དངོས་པོར་དབྱེར་ཡོད་པའི་མི་རྟོག་ཡེ་ཤེས་ཡིན་པས་སོ། །འོན་ཀྱང༌། དེ་ཆོས་ཅན། དོན་ ལ་ཁྱོད་ཡིན་པའི་ཐེག་པ་གསུམ་གྱི་མཁྱེན་གསུམ་མཚན་ཉིད་པ་དབྱེར་མི་རུང་སྟེ། མཁྱེན་ པ་གསུམ་གྱི་ཚུལ་ལམ་ཆ་བྱད་དམ་རྣམ་པར་མཛད་པ་ཅན་ཡིན་གྱི་ཁྱོད་ཡིན་པའི་གཞི་ཤེས་ མཚན་ཉིད་པ་མེད་པས་སོ་ཞེས་པ་ཆོས་བཤེས་ཀྱི་དགོངས་པ་སྟེ་བོད་དག་ནི་གཞུང་ཀློག་པ་ ཙམ་དུ་ཟད་དོ། །དེས་ན་མཆོད་བརྗོད་གདུལ་བྱ་དབང་རྣོན་ཆོས་ཅན། ངག་དེ་ལས་ཡུམ་ལ་ རབ་དང་སྐྱེ་བའི་རྒྱུ་མཚན་ཡོད་དེ། ཡུམ་ཤེར་ཕྱིན་གྱིས་ཆོས་ཀུན་དོན་དམ་པར་སྐྱེ་མེད་དུ་ རྟོགས་ཤིང་སྲས་འཕགས་བཞི་བསྐྲུན་པའི་སྒྲུབ་བྱེད་ཡང་དག་མཐོང་བའི་རྒྱུ་མཚན་གྱིས་དེ་ སྐྱེ་བས་སོ། ། གསུམ་པ་ནི། མཆོད་བརྗོད་ངག་གིས་ཡུམ་གྱི་ཡོན་ཏན་བརྗོད་པ་ལ་བརྟེན་ནས་ཡུམ་ དེ་ལ་རབ་ཏུ་དང་བ་སྐྱེས་པ་ལས་བརྗོད་བྱ་ཡུམ་ཤེར་ཕྱིན་དེ་དང་དེ་ལ་བརྟེན་པའི་གསུང་ རབ་སྟེ་དེ་བརྗོད་བྱར་བྱེད་པའི་རྗོད་བྱེད་མདོ་ (བུ་འོད་ཟེར་མགོན་པོ་)བསྟན་བཅོས་སམ། ཡང་ན་ རྒྱས་འབྲིང་བསྡུས་པ་སོགས་དེ་དང་བརྟེན་པ་མངོན་རྟོགས་རྒྱན་ཞེས་རལ་གྲིའོ། །གསེར་ནི། ཡུམ་དང་དེ་ལ་བརྟེན་པ་ཏིང་ངེ་འཛིན་རྒྱལ་བོ་སོགས་ཞེས་བཞེད་པར་མངོན་ནོ། །དེ་འདྲ་དེ་ རྣམས་ལ་ཤིན་ཏུ་གུས་པར་བྱེད་དོ། །ཀྱང་ནི་དང་པར་མ་ཟད་དོ། །གང་ཟག་གང་ན། ཡུམ་ ཤེར་ཕྱིན་དེའི་ཡོན་ཏན་ནམ་འབྲས་བུ་ཉེར་ཞི་ཐོབ་པ་སོགས་ལ་མངོན་པར་འདོད་པའི་གང་ 1-1-61 ཟག་རྣོ་རྟུལ་གཉིས་ཀ་ཡང་ངོ༌། །ཅིའི་དོན་དུ་ན། ཚིག་རྣམ་པ་ཐམས་ཅད་དུ་གཟུང་བ་དང་ དོན་རྣམ་པ་ཐམས་ཅད་དུ་ཀུན་ཆུབ་པ་ལ་སོགས་པའི་དོན་དུའོ། །ཡང་ན་དུས་དང་སྐབས་ ཀྱི་རྣམ་པ་ཐམས་ཅད་དུ་ཞེས་སྦྱར་རོ། །གུས་པར་བྱས་པའི་རྗེས་དེ་ནས་ཐོས་པ་དང་སོགས་ པ་བསམ་པ་དང་བསྒོམས་པ་ལས་བྱུང་བའི་ཤེས་པའམ་ཤེས་རབ་སྐྱེ་བའི་རིམ་གྱིས་ཡུམ་ལ་ འཇུག་གོ །དེ་ལ་མིང་ལ་དམིགས་པའི་ཤེས་རབ་ནི་ཐོས་པའི་ཤེས་རབ་པོ། །མིང་དོན་གཉིས་ ཀ་ལ་དམིགས་པའི་ཤེས་རབ་ནི་བསམ་བྱུང༌། དོན་ཁོ་ན་ལ་དམིགས་པའི་ཤེས་རབ་ནི་སྒོམ་ བྱུང་གི་ཤེས་རབ་ཅེས་མཛོད་དུ། ཐོས་སོགས་ལས་བྱུང་བློ་རྣམས་ནི། །མིང་དང་གཉིས་ཀ་ དོན་ཡུལ་ཅན། །ཞེས་སོ། །དབྱིག་གཉེན་ནི་དེ་ལྟ་ན་བསམ་བྱུང་དུ་འདོད་པའི་ཤེས་རབ་དེ་ མིང་ལ་དམིགས་ཆ་ནས་ཐོས་བྱུང་དང་དོན་ལ་དམིགས་ཆ་ནས་སྒོམ་བྱུང་དུ་སོང་བས་བསམ་ བྱུང་དངོས་མི་རྙེད་པས། ཡིད་ཆེས་པའི་ལུང་ཚད་མ་ལས་སྐྱེས་པའི་དང༌། རིགས་པས་ངེས་ པར་བརྟགས་པ་ལས་སྐྱེས་པའི་དང༌། ཏིང་ངེ་འཛིན་ལས་སྐྱེས་པའི་ཤེས་རབ་གསུམ་ལ་རིམ་ པ་བཞིན་དུ་བཞེད་དོ། །འདིར་བསམ་བྱུང་གི་རྟེན་རིགས་པ་ནི་རྒྱུས་འབྲས་བུ་སྐྱེད་པ་བྱ་བ་ བྱེད་པའི། འབྲས་བུ་རྒྱུ་ལ་ལྟོས་པ་ལྟོས་པའི། རྟགས་དང་དཔེ་སོགས་ནི་འཐད་པ་སྒྲུབ་པའི། དེ་དག་དེ་ལྟར་ཡིན་གྱི་དེ་ལས་གཞན་དུ་མིན་པ་ཆོས་ཉིད་ཀྱི་རིགས་པ་བཞི་སྟེ་རྒྱས་པར་ཤེས་ པར་བྱའོ། །དེ་ལྟར་ཞུགས་པ་ལས་ལེགས་པའི་མཆོག་བྱང་ཆེན་ཐོབ་པར་འགྱུར་རོ། །རྣམ་ པར་མི་རྟོག་པར་བསྟོད་པ་ལས། ལན་གཅིག་ཙམ་ཡང་བསམ་དག་པས། །ཁྱོད་ལ་ཚུལ་ (ཛ་ ཡ་ཨནྟན་ཡང་ངོ༌། །)བཞིན་བལྟ་བ་གང༌། །དེས་ཀྱང་མཐོང་བ་དོན་ཡོད་ཀྱི། །དངོས་གྲུབ་ངེས་ པར་ཐོབ་པར་འགྱུར། །ཞེས་སོ། །འདིར་བྱང་ཆུབ་གསུམ་ལ་འཆད་པ་ནི་ནོར་བའོ། །དེས་ན་ བཅོམ་ལྡན་འདས་མ་ཤེར་ཕྱིན་ཆོས་ཅན། ཁྱེད་ལ་རབ་ཏུ་དང་བ་ནི་མཐོ་རིས་དང་བྱང་གྲོལ་ གྱི་ལེགས་པ་ཐམས་ཅད་འཐོབ་པའི་རྒྱུའི་གཙོ་བོ་སྟེ་དང་པོའི་རྒྱུ་ཡིན་ནོ། །མཆོད་བརྗོད་ངག་ 1-1-62 གིས་ཁྱེད་ཀྱི་ཡོན་ཏན་བརྗོད་པ་ལས་དང༌། དང་བ་ལས་གུས། གུས་པ་ལས་ཁྱོད་ལ་ཐོས་ སོགས་ཀྱིས་འཇུག ཞུགས་པ་ལས་ལེགས་པའི་མཆོག་བྱང་ཆེན་ཐོབ་པ་དེའི་ཕྱིར་རོ། །ཆོས་ བཤེས་ནི་གཙོ་བོའི་རྒྱུ་ནི་བྱེད་རྒྱུའོ། །ཞེས་དང༌། གསེར་ནི་དངོས་ཀྱི་རྒྱུ་ཞེས་གོང་དུའོ། ། གཉིས་པ་ནི། དེ་ལ་ཞེས་པ་སྔ་ཕྱི་སྦྲེལ་བའི་ཚིག་གི་ཕྲད་དམ། མཆོད་བརྗོད་ལ་དགོས་ བསྡུས་ཚིག་གསུམ་ཡོད་པ་དེ་ལ་སྟེ་དེའི་ནང་ནས་བསྡུས་པའི་དོན་ནི་ཞེས་སམ། མཆོད་ བརྗོད་ཀྱི་དགོས་པ་བསྟན་ནས་མཆོད་བརྗོད་དེའི་དོན་གཏན་ལ་འབེབས་པ་ལ་དང་པོ་ བསྡུས་པའི་དོན་ནི། བསྟོད་དོ། །གང་ལ་ན་ཤེར་ཕྱིན་ལའོ། །གང་གི་སྒོ་ནས་ན་ཐམས་ཅད་ མཁྱེན་པ་ཉིད་གསུམ་གྱི་ཐུན་མོང་ (ཨཱརྱ་)མ་ཡིན་པའི་ཡོན་ཏན་བརྗོད་པའི་སྒོ་ནས་སོ། །དེའི་ རྒྱུ་མཚན་དང་དགོས་པ་ཅི་ཞེ་ན། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱིས་ནི་མདོའི་དོན་མངོན་ རྟོགས་བརྒྱད་བསྡུས་ལ་བརྒྱད་པོ་དེ་དག་ཀྱང་དངོས་བཏགས་མ་ཕྱེ་ན་སྤྱིར་ཤེར་ཕྱིན་པའི་ མིང་འཐོབ་པ་ཡིན་ཞིང༌། མཁྱེན་པ་གསུམ་པོ་དེས་ཀྱང་ཉན་ཐོས་དང་དེའི་ཕྱོགས་སུ་བསླན་ པ་ཞེས་སོགས་ཚིག་དོན་དུ་འཆད་པར་འགྱུར་བའི་ཚུལ་གྱིས་འཕགས་བཞིའི་བཞེད་པའི་ དོན་ཐམས་ཅད་ཕུན་སུམ་ཚོགས་པར་རྫོགས་པར་འགྱུར་ཞིང་འགྱུར་བ་ཡིན་ནོ་ཞེས་དེ་ལྟར་ བྱམས་མགོན་གྱིས་ཐུགས་ལ་བཞག་ནས་ཏེ་བཞག་པའི་རྒྱུ་མཚན་གྱིས་དང་དེ་ལྟར་བསྟན་ པའི་ཆེད་དུའོ་ཞེས་པའོ། །གསུམ་གྱིས་བརྒྱད་བསྡུས་ཞེས་པས་དོན་ལ་མདོའི་དོན་ཐམས་ ཅད་སྐབས་གསུམ་དུ་ཡང་བསྡུ་བར་སྟོན་ཞེས་ཆོས་བཤེས་སོ། །འདི་ཡང་བསྡུ་བྱ་སྡུད་བྱེད་ སོ་སོར་མ་ཕྱེ་བས་གསུམ་གྱིས་བརྒྱད་བསྡུས་ཞེས་བྱ་ཡི། ཕྱེ་ན་གསུམ་གྱིས་ལྔ་བསྡུས་པ་ ཡིན་ནོ། །རྗེ་བཙུན་བྱམས་པ་ཆོས་ཅན། མཁྱེན་གསུམ་གྱི་ཡོན་ཏན་བརྗོད་པའི་སྒོ་ནས་ཡུམ་ ཤེར་ཕྱིན་ལ་བསྟོད་པ་མཛད་པའི་རྒྱུ་མཚན་ཡོད་དེ། གསུམ་གྱིས་བརྒྱད་བསྡུས་བརྒྱད་པོའང་ དངོས་བཏགས་མ་ཕྱེ་ན་ཤེར་ཕྱིན་གྱི་མིང་འཐོབ་ཅིང་གསུམ་པོས་འཕགས་བཞིའི་བཞེད་ 1-1-63 དོན་རྫོགས་པར་འགྱུར་བའི་རྒྱུ་མཚན་གྱིས་དེའི་སྒོ་ནས་དེ་ལ་བསྟོད་པས་སོ། །དེ་ལ་དགོས་ པ་ཡོད་དེ་དེ་ལྟར་བསྟན་པའི་ཆེད་དུ་ཞེས་དགོད་དོ། །དགོངས་པ་དེ་ཡིན་མོད་བོད་སྒྲོས་རྙིང་ བ་དང་མི་མཐུན་པས་རྗེས་ཟློས་གོམས་པ་རྣམས་ཀྱི་བློར་ཤོང་བ་དཀའ་འོ། །འདིར་མཁྱེན་ གསུམ་ལ་བསྟོད་ཅེས་ཕལ་ཆེར་འཆད་ཀྱང༌། དངོས་སུ་གསུམ་ལ་བསྟོད་པ་མིན་གྱི་ཐབས་ གསུམ་པོ་དེའི་སྒོ་ནས་གང་ཟག་གསུམ་གྱི་དོན་སྒྲུབས་ཞེས་ཡུམ་ཤེར་ཕྱིན་ཉིད་ལ་བསྟོད་ པར་སྣང་ངོ༌། །སྤྲོས་པ་ལ་དགའ་ན་སྦྱོར་ཕྲེང་ཡིད་ཀྱི་མུན་སེལ་དུ་སྒྲོས་རྙིང་བའི་ལུགས་ཡང་ བཀོད་ཡོད་པས་ཤེས་པར་བྱའོ། །རད་ཀིར་ནི། མཁྱེན་གསུམ་དངོས་པོའི་དབྱེ་བས་ཕྱེ་བ་ ཡིན་ལ་གཞན་རྣམས་ནི་འདི་ལས་སྤྲོས་པ་ཡིན་པས་མཁྱེན་གསུམ་ནི་དངོས་པོའི་དབྱེ་བས་ ཕྱེ་ཞེས་རྟོགས་པའི་ཆེད་དུ་གསུམ་པོ་འདི་རྣམས་ཉིད་ཀྱི་རབ་ཏུ་དབྱེ་བའི་ཕྱག་འཚལ་ཞེས་ སོ། །དངོས་པོའི་དབྱེ་བས་ནི་རྫས་ཐ་དད་གཞན་དང་གཞན་ཡིན་ཞེས་པའི་དོན་ནོ། །གསུམ་ གྱིས་བརྒྱད་ཇི་ལྟར་བསྡུས་ན། དབང་རྟུལ་རིམ་གྱིས་སངས་རྒྱས་འཐོབ་པའི་རིམ་པས་དང་ པོར་ཉན་ཐོས་ཀྱི་འབྲས་བུའི་དབང་དུ་བྱས་ཏེ། རྣམ་ཀུན་ཏུ་རྣམ་མཁྱེན་གྱི་རྣམ་པར་བྱང་ ཕྱོགས་སོ་བདུན་བསྟན་ཏེ་ཉན་ཐོས་ཀྱི་རྒྱུད་ཀྱི་བྱང་ཕྱོགས་སོ་བདུན་ལམ་གྱི་གཞིར་བསྟན། དེ་ལ་རྣམ་པ་དུ་ཞེས་རྟོག་པ་ལ། མཐོང་ལམ་གཙོ་བོར་བྱས་ཏེ་གཞི་ཤེས་ཀྱི་རྣམ་པ་མེད་པ་ ནས་འདུལ་བ་མེད་པའི་བར་བཅུ་དྲུག་བསྟན། གཞི་ཤེས་དེའི་མཚན་ཉིད་ཇི་ལྟ་བུ་ཞེས་རྟོག་ པ་ལ། གཞི་ཤེས་ཀྱི་ཤེས་མཚན་བཅུ་དྲུག་ངོ་མཚན་ (དོན་)བཞི་སྟེ་ཉི་ཤུ་ (ཆོས་བཤེས་དངོས་)བསྟན་ གསུངས་ཏེ་དེ་ལྟ་ན་ཡང་བྱེད་མཚན་ལ་ཡང་ཆ་ཤས་ཐོབ་བམ་སྙམ་མོ། །ཉན་ཐོས་ཁོ་རང་གི་ མཚན་ཉིད་ཉེར་གསུམ་ལ་ཟེར་དགོས་སོ། །ཉན་ཐོས་ཀྱི་སྦྱོར་ལམ་གང་ཞེ་ན། འཕགས་པ་ ཉན་ཐོས་ལམ་ལ་ཞེས་སོགས་དང༌། གཟུགས་སོགས་དེ་མི་རྟག་སོགས་དང༌། །ཞེས་སོགས་ ཀྱིས་ཤུགས་ལ་བསྟན་ནོ། །དེ་ལས་མཐོང་ལམ་འབྱུང་བས་སྐབས་གཉིས་པ་གསུམ་པར་ 1-1-64 ཤུགས་བསྟན་གྱིས་མཐོང་ལམ་བསྟན། ཉན་ཐོས་ཀྱི་འབྲས་བུ་ནི་གོ་སླ་བས་སམ་ཁོ་རང་ གི་གཞུང་ལ་ལྟོས་པས་སམ། གདམས་ངག་ཏུ་དབང་བོ་རྟུལ་དང་རྣོན་པོ་དག །ཅེས་སོགས་ ཀྱིས་ཐུན་མོང་དུ་བསྟན་རུང་ངོ༌། །ཞེས་སོ། །མདོར་ན། རྣམ་ཀུན་གྱི་གཞི་ཤེས་ཀྱི་རྣམ་པ་ དང་པོ་བཅུ་དྲུག་དང་བྱང་ཕྱོགས་སོ་བདུན་དང་མཚན་ཉིད་གོ་གཅིག་གི་ཤུགས་བསྟན་གྱི་ ཉན་ཐོས་ཀྱི་མཚན་ཉིད་ཀྱི་ཆ། སྤྱོད་པ་བཀག་པའི་ཤུགས་བསྟན་གྱི་སྦྱོར་ལམ་རྣམས་ཀྱི་ ཉན་ཐོས་ཀྱི་རྟོགས་པའི་ཆ་ལམ་ཤེས་ཀྱི་ཉན་ཐོས་ཀྱི་སྦྱོར་ལམ་དངོས། ལམ་ཤེས་དང་གཞི་ ཤེས་ཤུགས་བསྟན་གྱི་མཐོང་ལམ་ཉན་ཐོས་ཀྱི་རྟོགས་པའི་ཆ་རྣམས་ཉན་ཐོས་ཀྱི་གཞི་ཤེས་ ཀྱིས་སྡུད་ཚུལ་ཅི་རིགས་པར་བསྡུས་སོ། །ལམ་ཤེས་ཀྱི་རང་རྒྱལ་གྱི་སྦྱོར་མཐོང་རྣམ་ཀུན་ གྱི་རང་རྒྱལ་གྱི་ཤེས་རྣམ་བཅུ་གཅིག་རང་རྒྱལ་གྱི་གཞི་ཤེས་ཀྱིས་བསྡུས་སོ། །གཞི་ཤེས་ཀྱི་ སྐབས་བསྡུས་པའོ་ཞེས་སོ། །ཉན་རང་ཞི་བའི་དབྱིངས་ལས་ལངས་ཏེ་ཐེག་ཆེན་དུ་ཞུགས་ པ་ན། དང་པོར་རྣམ་མཁྱེན་དུ་བསྟན་པའི་སེམས་བསྐྱེད་དང་པོ་གསུམ་བསྐྱེད་དེ། གདམས་ ངག་ལ་བརྟེན་ནས་ཚོགས་ལམ་ཕལ་བ་སྦྱངས་ནས་རྣམ་ཀུན་ཏུ་བསྟན་པའི་ཐར་ཆ་བསྐྱེད་དེ། སྐབས་དང་པོར་བསྟན་པའི་སྦྱོར་ལམ་དང་གོ་སྒྲུབ་དང་སྐབས་བཞི་པ་ལྔ་པར་བསྟན་པའི་ སྦྱོར་ལམ་སྦྱངས་ཏེ། སྦྱོར་ལམ་དེ་དག་གི་རྟགས་ཐོབ་པར་བྱས་ནས། དེ་ཡན་ཆད་རིགས་ལ་ གནས་ཤིང་འཇུག་སྒྲུབ་དང༌། ལམ་ཤེས་ཀྱི་མཐོང་ལམ་བསྐྱེད། སྐབས་ལྔ་པའི་མཐོང་སྤང་ རྣམ་རྟོག་སྤངས་ནས་ཡང་ལམ་ཤེས་ཀྱི་སྒོམ་ལམ་བསྐྱེད། ཚོགས་སྒྲུབ་ལ་གནས། སྐབས་ ལྔ་པར་བསྟན་པའི་སྒོམ་སྤང་རྣམ་རྟོག་སྤངས་ཏེ་ལམ་དེ་གཉིས་ཀྱི་རྣམ་པ་མཚན་ཉིད་རྟག་ དང་བཅས་པར་སྦྱངས་ནས། མཐར་གྱིས་པ་སྦྱངས་ཏེ། བར་ཆད་མེད་རྩེ་གཙོ་བོར་གྱུར་པའི་ སྐད་ཅིག་མ་ངེས་འབྱུང་སྒྲུབ་པའི་ངོ་བོ་ཅན་རྫོགས་པར་བྱེད་དེ། སེམས་བསྐྱེད། རིགས། གདམས་ངག དམིགས་པ། ཆེད་དུ་བྱ་བ། ཡོན་ཏན་སྐྱོན་དག་ནི་ཐུན་མོང་དུ་ཅི་རིགས་སུ་ 1-1-65 སྦྱར་ཏེ་ལམ་ཤེས་ཀྱི་སྐབས་བསྡུས་པའོ་ཞེས་སོ། །མདོར་ན་སེམས་བསྐྱེད་ཉེར་གཉིས་ཀྱི་ ཐོག་མར་སྐྱེས་པའི་འདུན་སོགས་གསུམ། གདམས་ངག་བཅུའི་དང་པོར་ཚོགས་ལམ་ཕལ་བ་ པས་ཐོབ་པའམ་ཉམས་སུ་བླངས་པའི་གདམས་ངག སྒྲུབ་པ་བཞིའི་ཐོག་མར་སྐྱེས་པའི་གོ་ སྒྲུབ། རྣམ་ཀུན་གྱི་ཐར་ཆ་ལམ་ཤེས་ཀྱི་ཡུལ་ངེས་པ་སོགས་ཀྱི་ཐར་བ་ཆ་མཐུན་གྱི་ཆ་རྣམས་ ཚོགས་ལམ་གྱིས་བསྡུས། རྣམ་མཁྱེན་གྱི་སྦྱོར་ལམ། འཇུག་སྒྲུབ་ཀྱི་སྦྱོར་ལམ་པའི་རྟོགས་ པའི་ཆ། ཚོགས་སྒྲུབ་དང་པོ་བཅྭོ་ལྔའི་ཆ། རྣམ་ཀུན་གྱི་སྦྱོར་ལམ་གཉིས། རྩེ་མོའི་སྦྱོར་ལམ་ རྣམས་སྦྱོར་ལམ་གྱིས་བསྡུས་སོ། །ལམ་ཤེས་དང་གཞི་ཤེས་དངོས་བསྟན་གྱི་མཐོང་ལམ། རྩེ་ མོའི་མཐོང་ལམ། རྣམ་ཀུན་གྱི་མཐོང་ལམ་རྣམས་མཐོང་ལམ་གྱིས་བསྡུས་སོ། །ལམ་ཤེས་ཀྱི་ སྒོམ་ལམ་རྣམ་ཀུན་གྱི་དང༌། རྩེ་མོའི་སྒོམ་ལམ་ཚོགས་སྒྲུབ་ཀྱི་སྒོམ་ལམ་གཉིས། ངེས་འབྱུང་ སྒྲུབ་པ། བར་ཆད་མེད་རྩེ་རྣམས་སྒོམ་ལམ་གྱིས་བསྡུས་སོ། །མཐོང་སྒོམ་གྱི་རྣམ་པ་མཚན་ ཉིད་རྟགས་སྤང་བྱ་སྤོང་བ་རྣམས་དེ་གཉིས་སུ་འདུས་སོ། །མཐར་སྦྱོར་ནི་ལམ་བཞིའི་མཐར་ སྦྱོར་བས་མེད་པས་ལམ་བཞིར་འདུས་སོ། །སེམས་བསྐྱེད་ལྷག་མ་རྣམས་ལས་ཐ་མ་གཉིས་ མིན་པ་དང༌། གདམས་ངག་ལྷག་མ་རྣམས་ཅི་རིགས་སུ་བྱང་སེའི་ལམ་དེ་དག་ཏུ་འདུའོ། ། རིགས་བཅུ་གསུམ་ནི་བརྟེན་པ་སྒྲུབ་པ་བཅུ་གསུམ་ལམ་ཤེས་སུ་འདུ་བས་དེའི་རྟེན་གྱིས་ བསྡུས། དམིགས་པ་དེ་ལ་དམིགས་དགོས་པས་ཡུལ་དུ་བསྡུས། ཆེད་དུ་བྱ་བ་དང་ཡོན་ཏན་ གནས་སྐབས་དང་མཐར་ཐུག་གི་ཐོབ་བྱར་བསྡུས། སྐྱོན་རྣམས་ཡུམ་ལ་ཆོས་སྤྱོད་བྱེད་པ་ན་ དོར་དགོས་པས་སྤང་བྱས་བསྡུས་སོ། །སེམས་བསྐྱེད་ཐ་མ་གཉིས་དང་ཐུན་མོང་མིན་པའི་ ཤེས་རྣམ་བརྒྱ་དང་བཅུ་སངས་རྒྱས་སའི་མཚན་ཉིད་རྣམས་དང༌། ཆེད་དུ་བྱ་བའི་མཐར་ཐུག་ གི་ཆ་སོགས་རྣམ་མཁྱེན་གྱིས་བསྡུས་ཏེ་གཞན་ཡང་དཔྱད་ཅིང་བསྡུ་བ་ཤེས་པར་བྱའོ། །ཆོས་ སྐུ་ནི་རྣམ་མཁྱེན་གྱིས་བསྡུས། འཕྲིན་ལས་ནི་ཆོས་སྐུའི་བྱ་བ་ཡིན་པས་བྱེད་པ་པོས་བསྡུས་ 1-1-66 སོ། །བསྡུ་ཚུལ་ལ་གཉེན་པོས་སྤང་བྱ་བསྡུ་བ་སོགས་མང་དུ་ཡོད་པས་ཤེས་དགོས་སོ། །བསྡུ་ ཚུལ་དེ་དག་ཕལ་ཆེར་ཆོས་བཤེས་ཀྱི་དགོངས་པའོ། ། གསུམ་པ་ལ། གང་ཟག་གསུམ་གྱི་བཞེད་དོན་སྒྲུབ་པར་བསྟོད། འཕགས་བཞིའི་ཡུམ་དུ་ བསྒྲུབས་པས་ཕྱག་འཚལ་བ་གཉིས་སོ། ། དང་པོ་ལ། རྩ་བ་བཞིན་གསུམ་ལས། དང་པོ་ནི། ཐོབ་པར་མཛད་དོ། །གང་གིས་ན། ཉན་ཐོས་དང་དེར་མ་ཟད་རང་སངས་རྒྱས་ཀྱང་སྟེའོ། །བསམ་པ་ཇི་འདྲ་ཅན་ཞེ་ན། རང་ གཅིག་པུ་ཞི་བདེའི་མྱ་ངན་ལས་འདའ་བར་འདོད་པ་ཅན་ནོ། །རྣམས་ནི་མང་ཚིག་གོ །རྩ་ བར་རང་རྒྱལ་བསྟན་པ་མེད་དོ་ཞེ་ན། རང་རྒྱལ་ཆོས་ཅན། མཆོད་བརྗོད་ཀྱི་ཉན་ཐོས་ཞི་ བ་ཚོལ་ཞེས་སོགས་རྐང་བ་དང་པོས་མ་བསྟན་པ་མིན་ཏེ། དེས་ཁྱོད་ཉན་ཐོས་ཀྱི་ཕྱོགས་ སུ་བསླན་ནས་བསྟན་པས་སོ། །སློན་པའི་རྒྱུ་མཚན་ཅི་ཞེ་ན། ཆོས་ཅན། དེར་སློན་པའི་རྒྱུ་ མཚན་ཡོད་དེ། གང་ཟག་ཐེག་དམན་བསམ་པ་རང་དོན་རྟོགས་པ་གཞི་ཤེས་མཚན་ཉིད་པའི་ རིམ་པར་གཅིག་པའི་རྒྱུ་མཚན་གྱིས་དེར་བསླན་པས་སོ། །དེས་ན་ཉན་ཐོས་དང་རང་རྒྱལ་ གྱི་མངོན་རྟོགས་ཐུན་མོང་མིན་པ་གཞི་ཤེས་ཀྱིས་ཉེར་ཞིར་ཁྲིད་ཅེས་བསྟན་པས་རྩ་བར་རང་ རྒྱལ་ཡང་བསྟན་ནོ། །ཉན་ཐོས་དང་ཁྱད་མེད་དམ་སྙམ་ན། ཆོས་ཅན། ཉན་ཐོས་པས་ལྷག་པ་ ཡིན་ཏེ། ཕྱིའི་གཟུང་བ་བདེན་འཛིན་གྱི་རྟོག་པ་ལས་རྣམ་པར་ཐར་བ་ཅུང་ཟད་ཙམ་ཞིག་སྟེ་ གཟུང་བ་བདེན་མེད་རྟོགས་པའི་ཕྱིར། དེས་ལྷག་གོ །རང་རྒྱལ་གྱིས་གཟུང་མེད་རྟོགས་ཚུལ་ ནི། སྣོད་ཀྱི་འཇིག་རྟེན་ནི་རེས་འཇིག རེས་འཆགས་པས་དང༌། བཅུད་ཀྱི་ཡང་སེམས་ཅན་ གྱི་ལུས་རབ་ཏུ་འཇིག་པས་བདག་མེད་དུ་རྟོགས་སླ་བས་དེར་རྟོགས་ལ་འཛིན་པའི་སེམས་ ནི་འཁོར་བ་རྣམས་སུ་རྒྱུན་བརྟན་པས་དེ་དག་བདག་མེད་ཅེས་དེ་དག་གི་ཡེ་ཤེས་མི་འཇུག་ གོ་ཞེས་ཆོས་བཤེས་སོ། །ཐབས་ནི། དམིགས་ཡུལ་གཞི་ཐམས་ཅད་རྣམ་པ་གང་ཟག་དང་ 1-1-67 གཟུང་བ་བདེན་པའི་སྐྱེ་བ་མེད་པར་ཡོངས་སུ་ཤེས་པ་ཉིད་ཀྱིས་སོ། །འབྲས་བུ་གང་ན། ཉོན་ མོངས་སྤངས་ཀྱང་སྡུག་བསྔལ་གྱི་ཕུང་པོ་དང་བཅས་པ་དང་སྡུག་བསྔལ་གྱི་ཕུང་པོའང་མེད་ པས་ལས་ཉོན་གྱི་འབྲས་བུའི་མེ་ཞི་བའི་མྱ་ངན་ལས་འདས་པ་སྟེ་མྱང་འདས་རྣམ་པ་གཉིས་ ཐོབ་པར་མཛད་པའི་ཡུམ་གང་ཡིན་པ་དང༌། གཉིས་པ་ནི། གང་ཟག་བྱང་ཆུབ་སེམས་དཔའ་ དུས་གདུལ་བྱའི་འཁོར་བ་ཇི་སྲིད་པར་འགྲོ་བའི་དོན་བྱེད་པ་རྣམས། ཐབས་དམིགས་ཡུལ་ ལམ་ (བུདྡྷ་ཤྲཱི་)གསུམ་པོ་ཐམས་ཅད་རྣམ་པ་མཉམ་བཞག་ཏུ་བདེན་པའི་སྐྱེ་བ་མེད་པར་དང་ རྗེས་ཐོབ་ཏུ་ལམ་གསུམ་གྱི་ངོ་བོ་དམིགས་རྣམ་སོགས་ལེགས་པར་རྟོགས་པ་གྲོགས་སྙིང་རྗེ་ ཆེན་པོ་དང་བཅས་པའི་ངོ་བོ་ཉིད་ཀྱིས། འབྲས་བུ་གདུལ་བྱར་གྱུར་པའི་འགྲོ་བ་མཐའ་དག་ གི་དོན་མངོན་མཐོ་ངེས་ལེགས་སྒྲུབ་པར་མཛད་པའི་ཡུམ་གང་ཡིན་པ་དང༌། གསུམ་པ་ནི། བསྐོར་བར་མཛད་དོ། །ཐབས་གང་ལས་ན། དམིགས་ཡུལ་རྣམ་པ་རྫས་ རིགས་མ་ལུས་པ་ཐམས་ཅད་རྣམ་པ་བདེན་པའི་སྐྱེ་བ་མེད་པར་དང་ཇི་སྙེད་པ་མཐའ་དག་ ཐུགས་སུ་ཆུད་པའི་རྣམ་མཁྱེན་གྱི་ཡེ་ཤེས་གང་དང་ལྡན་ན་སྟེ་དེས་སོ། །གང་ཟག་གང་གིས་ ན། རྫོགས་པའི་སངས་རྒྱས་སྤང་བྱ་ཀུན་ཡང་དག་པར་བསྡམས་པའི་སྐུའམ་རང་བཞིན་ཅན། དབང་ཕྱུག་ (གསེར་དངོས་)ཆེན་པོ་ལ་སོགས་པ་ལས་རྣལ་འབྱོར་ཆེས་ (གསེར་དངོས་)ལྷག་པས་ཉན་ (གསེར་)རང་བྱང་ (དོན་དངོས་)སེམས་ནི་རྣལ་འབྱོར་ཅན་ (གསེར་)གྱི་དབང་ཕྱུག་ (གསེར་དངོས་)གོ ། རྣམ་མཁྱེན་གྱི་ཡེ་ཤེས་ (གསེར་)སོགས་ཀྱིས་ཆེ་བའི་ (གསེར་)ཡོན་ཏན་གྱིས་སངས་རྒྱས་རྣམས་ ནི་དེ་རྣམས་ཀྱི་གཙུག་གི་ནོར་བུ་ཡིན་པས་གཙོ་བོ་སྟེ་དེས་སོ། །འབྲས་བུ་གང་ན། ཆགས་ སྡང་གཏི་མུག་གསུམ་ཆ་མཉམ་སྟེ། རྩ་བ་བཞི་རེ་རེ་ལ་ཉི་ཁྲི་ཅིག་སྟོང་སྟེ། བརྒྱད་ཁྲི་བཞི་སྟོང་ ལ་སྤྱོད་པའི་གཉེན་པོར་ཆོས་ཀྱི་འཁོར་ལོ་མ་ལུས་པ་རྣམ་པ་ཐམས་ཅད་དོ། །དེ་ཡང་ཆོས་ འཁོར་གྱི་སྒྲ་དོན་ནི། གདུལ་བྱའི་རྒྱུད་ལ་འཕོ་བར་སྣང་བས་སམ། ཙཀྲ་ཚོགས་ལ་འཇུག་ 1-1-68 པས་ཆོས་ཀྱི་ཚོགས་སོ་ཞེས་ཆོས་བཤེས་སོ། །རྒྱལ་བོའི་འཁོར་ལོ་རིན་པོ་ཆེ་ནི་ཡུལ་ཁམས་ སམ་གླིང་གཞན་དུ་འཕོ། མ་རྒྱལ་བ་ལས་རྒྱལ་བར་བྱེད། ལ་བ་རྣལ་དུ་འགོད་པར་བྱེད། ས་ མཐོ་བར་འཕར་དམའ་བར་འབབ་པ་བཞིན་དུ་གདུལ་བྱའི་རྒྱུད་ (ཆོས་བཤེས་)ལ་འཕོ། ས་གོང་ མ་མ་ཐོབ་པ་རྣམས་སྒྲིབ་པ་ལས་རྒྱལ་ནས་ཐོབ་པར་བྱེད། སྒྲིབ་པ་སྤངས་ནས་ཐོབ་པ་རྣམས་ ལ་བདེ་བར་གནས། ཁམས་གོང་མའི་ཉོན་མོངས་སེལ། དམའ་བ་འདོད་པའི་ཡང་ཉོན་ མོངས་སེལ་བས་ལུང་དང་རྟོགས་པའི་ཆོས་དེ་ཉིད་ལ་འཁོར་ལོ་ཞེས་དཔེའི་མིང་ངོ༌། །(བློ་གྲོས་ མི་ཟད་པའི་མདོ་འགྲེལ་དུ། ཆོས་ཀྱི་འཁོར་ལོ་བསྐོར་བ་ཡང༌། འཕགས་པའི་ལམ་ཡན་ལག་བརྒྱད་ལེགས་པར་བཤད་པ་ལ་བྱ་ སྟེ། འཕགས་པའི་ལམ་གྱི་ཆོས་དེ་ཡང་འཁོར་ལོ་དང་འདྲ་བའི་ཕྱིར་ཆོས་ཀྱི་འཁོར་ལོ་ཞེས་བྱ་སྟེ། ཇི་ལྟར་འཁོར་ལོ་ནི་ལྟེ་བ་དང་ རྩིབས་དང་མུ་ཁྱུད་བཞིན་དུ་འཕགས་ལམ་ཡན་ལག་བརྒྱད་ལས། ཡང་དག་པའི་ངག་དང༌། ཡང་དག་པའི་ལས་ཀྱི་མཐའ་དང༌། ཡང་དག་པའི་འཚོ་བ་གསུམ་ནི་ཚུལ་ཁྲིམས་ཀྱི་ཕུང་པོར་གཏོགས་ཏེ་ལྟེ་བ་དང་འདྲའོ། །ཡང་དག་པའི་ལྟ་བ་རྟོག་པ་དྲན་པ་རྩོལ་ བ་བཞི་ནི་ཤེས་རབ་ཀྱི་ཕུང་པོར་གཏོགས་ཏེ་རྩིབས་དང་འདྲའོ། །ཡང་དག་པའི་ཏིང་ངེ་འཛིན་ནི་སྤྲོས་པ་ཐམས་ཅད་ཞི་བར་བྱེད་ པས་མུ་ཁྱུད་དང་འདྲའོ། །རྣམ་པ་གཉིས་སུ་ན་ཇི་ལྟར་འཁོར་ལོ་རིན་པོ་ཆེ་དེས་ཕྱོགས་མ་རྒྱལ་བ་རྣམས་ནི་རྒྱལ་བར་བྱེད། རྒྱལ་ བ་རྣམས་སུ་གནས་འཆའ་བ་དེ་བཞིན་དུ། འཕགས་ལམ་གྱི་ཆོས་འདི་ཡང་ས་གོང་མ་མ་ཐོབ་པ་རྣམས་ནི་སྒྲིབ་པ་ལས་རྒྱལ་ནས་ ཐོབ་པར་བྱེད། སྒྲིབ་པ་སྤངས་ནས་ཐོབ་པ་རྣམས་ལ་ནི་གནས་སོ། །རྣམ་པ་གསུམ་དུ་ན་འཁོར་ལོ་དེ་གྱེན་དུ་འགྲོ་ཞིང༌། བླ་འོག་ཏུ་ དགྲ་སེལ་བ་དེ་བཞིན་དུ་འཕགས་ལམ་བརྒྱད་འདི་ཡང་ཤེས་རབ་མྱུར་བའི་རང་བཞིན་ཡིན་པས་བླ་ལ་ནི་གཟུགས་དང་གཟུགས་ མེད་པའི་ཁམས་ཀྱི་ཉོན་མོངས་པ་སེལ། འོག་ཏུ་ནི་འདོད་པའི་ཁམས་ཀྱི་ཉོན་མོངས་སེལ་བས་འཁོར་ལོ་དང་འདྲའོ་ཞེས་སོ། །) མ་ལུས་པ་ནི་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ངོ༌། །ཆོས་ཀྱི་ཕུང་པོ་རེ་རེའི་ཚད་ནི། ཀུན་བཏུས་ འགྲེལ་པར་རྒྱལ་བོའི་སྲས་དང་ཆོས་བཤེས་ནི། ཤླཽ་ཀ་སྟོང་ཉིད་དེ། ཚིགས་བཅད་རེ་ལ་ ཚེག་བར་སུམ་ཅུ་རྩ་གཉིས་རེའོ། །འདིར་རྩ་གསུམ་ཞེས་པ་མ་དག་གོ །དེ་ལྟར་བྱས་ན་ཆོས་ ཀྱི་ཕུང་པོ་ཐམས་ཅད་ལ་ཚིག་བཅད་བྱེ་བ་ཕྲག་བརྒྱད་དང་འབུམ་ཕྲག་བཞི་བཅུར་འགྱུར་རོ་ 1-1-69 འདི་ནི་རེ་ཞིག་ཐུན་མོང་གི་གྲངས་སོ་ཞེས་སོ། །མཛོད་འགྲེལ་དུ། རེ་རེ་ལ་ཤླཽ་ཀ་དྲུག་སྟོང་ དུ་བཤད་དེ། ཤཱ་རིའི་བུས་མཛད་པའི་བསྟན་བཅོས་ཆོས་ཀྱི་ཕུང་པོ་དང་ཚད་མཉམ་ཞེས་ སོ། །མངོན་པ་པ་ཁ་ཅིག་ཕུང་པོ་སོགས་ཆོས་ཅན་རེ་རེ་སྟོན་པ་ལས་བརྩམས་པའི་གཏམ་ གྱི་ཚོགས་རྫོགས་པ་རེ་ལ་འདོད་དེ། དེའི་ལྟར་ནའང་ཐམས་ཅད་ཀྱི་ཚད་འདི་ཙམ་བཞག་རྒྱུ་ མེད་དོ། །མཛོད་དུ། ཁ་ཅིག་བསྟན་བཅོས་ཚད་ཅེས་ཟེར། །ཕུང་པོ་ལ་སོགས་གཏམ་རེ་ཡིན། ། སྤྱོད་པ་རྣམས་ཀྱི་གཉེན་པོར་ནི། །ཆོས་ཀྱི་ཕུང་པོ་མཐུན་པར་གསུངས། །ཞེས་སོ། །ཆོས་ བཤེས་ཀྱིས། ཐེག་ཆེན་གྱི་དབང་དུ་བྱས་ཏེ་ལྷའི་དབང་བའི་གླང་ཆེན་རབ་བརྟན་ (འདིའི་ལུས་ ཀྱི་མཐའ་བསྐོར་དུ་དཔག་ཚད་བདུན་ཡོད་པར་བཤད་)གྱིས་ཁུར་བར་འོས་པའི་སྣག་ཚས་ཆོས་ཕུང་གཅིག་ བྲི་བར་ནུས་སོ་ཞེས་གསུངས་ཏེ། དེ་ལྟར་བྱས་ན་དྲིན་ལན་བསབ་པར་ལྷས་བྱིན་གྱིས་སྤོས་ (མདོར་ཡོད་)ཀྱི་གླང་བོ་ཆེ་ལྔ་སྟོང་གིས་ཁུར་བར་བྱ་བའི་གླེགས་བམ་རྣམས་ཁ་ཏོན་དུ་བརྗོད་ པར་བྱེད་དོ་ཞེས་གསུངས་པའང་རིགས་པར་འགྱུར་རོ། །ཆོས་ཕུང་དེ་སྙེད་ཡོད་ན་ཅིའི་ཕྱིར་ དེང་སང་འཛམ་བུའི་གླིང་ན་མི་སྣང་ཞེ་ན། ཁ་ཅིག་ནི་འཇིག་རྟེན་གྱི་ཁམས་གཞན་ན་སྤྱོད་ ཅིང༌། གཞན་ཡང་ཕལ་ཆེར་ཀླུ་རྣམས་ཀྱི་གནས་ན་སྤྱོད་དེ། སློབ་སྤྲིང་ལས། བསྟན་པ་རིན་ ཆེན་མཆོག་ལྟར་བཟང་ལ་འཕན་མེད་པ། །རྣམ་པར་དག་ཚུལ་གང་ཡིན་ཀླུ་མགོའི་གདེངས་ ཀ་ཅན། །ཆེན་པོ་རྣམས་ཀྱིས་གཙུག་གི་རྒྱན་བཞིན་གུས་མནོས་ནས། །ས་ཡི་གཏིང་ན་གནས་ པའི་རབ་རིབ་སེལ་བར་མཛད། །ཅེས་སོ། །ཆོས་ཀྱི་ཕུང་པོ་དེ་དག་ཀྱང་སྡེ་སྣོད་གསུམ་དུ་ བཞག་སྟེ། མདོ་དབྱངས་ལུང་ཚིགས་ཆེད་བརྗོད་ཀྱི་སྡེ་ལྔ་ཉན་ཐོས་ཀྱི་མདོ་སྡེར་འདུ། གླེང་ རྟོགས་དེ་སྐྱེས་བཞི་གཉིས་ཀའི་འདུལ་བའི་སྡེ་སྣོད་དུ་ (བམ་པོ་བཞི་བཅུ་པར་བཤད།)འདུ། ཤིན་སྨད་ གཉིས་བྱང་སེའི་མདོ་སྡེར་འདུ། གཏན་ཕབ་གཉིས་ཀའི་མངོན་པའི་སྡེ་སྣོད་དུ་བསྡུས་སོ་ཞེས་ སོགས་དང༌། ཡུམ་འབུམ་ལྡན་མ་སོགས་བྱང་སེའི་ཤིན་ཏུ་རྒྱས་པའི་སྡེ་སྣོད་དུ་བསྡུས་ཞེས་སོ། 1-1-70 ། བྱེ་བྲག་ཏུ་སྨྲ་བ་ནི། ཆོས་ཀྱི་འཁོར་ལོ་མཐོང་བའི་ལམ། །ཞེས་མཐོང་ལམ་ཁོ་ན་ཆོས་འཁོར་ དུ་འདོད་དེ། རྒྱུ་མཚན་འཕྲོས་དང་བཅས་པ་མཛོད་ལས་ཤེས་དགོས་སོ། །ཆོས་བཤེས་ནི། སྤྱིར་ཚོགས་སྦྱོར་ནས་བར་ཆད་མེད་ལམ་གྱི་བར་རོ། །ཞེས་ཏེ་མི་སློབ་ལམ་ཆོས་འཁོར་དུ་མ་ བཤད་སྣང་སྟེ་དཔྱད་པར་བྱའོ། །རྣམ་པ་ཐམས་ཅད་དུ་བསྐོར་བ་ནི། དང་པོ་དྲང་སྲོང་ལྷུང་བ་ རི་དྭགས་ཀྱི་ནགས་སུ་ཀོའུ་དི་ལ་སོགས་པ་ལ་བདེན་པ་བཞིའི་ཆོས་འཁོར་བསྐོར་ཏེ་འདི་ནི་ དམན་པའི་ཆོས་འཁོར་རོ། །དེ་ནས་རྒྱལ་བོའི་ཁབ་བྱ་རྒོད་ཕུང་པོའི་རི་ལ་སྙིང་པོ་དང་མངོན་ པར་རྟོགས་པའི་དོན་སྟོན་པའི་མཚན་ཉིད་མེད་པའི་ཆོས་འཁོར། དེའི་འོག་ཏུ་རི་མ་ལ་ཡ་ལ་ སོགས་པར་མངོན་པའི་སྡེ་སྣོད་མཚན་ཉིད་གསུམ་ཕྱེ་བའི་དོན་དམ་རྣམ་ངེས་ཀྱི་ཆོས་འཁོར་ རོ། །(ཆོས་བཤེས་ཀྱི་ཕྱོགས་སྔར།)དེ་ལ་ཆོས་བཤེས་ནི། དེ་མི་རིགས་ཏེ་ཐུབ་པ་ཆེན་པོས་རིམ་གྱིས་ ཆོས་བསྟན་པ་མེད་དེ་ཞེས་ལུང་དྲངས་ཤིང༌། ཆོས་འཁོར་མ་ལུས་པ་སྐད་ཅིག་ཁོ་ན་ལ་བསྐོར་ ཡང་གདུལ་བྱའི་དབང་གིས་དུས་རིང་ཐུང་དང་གསུང་ཐ་དད་ཐོས་པར་ཟད་ཅེས་གསུངས་ཏེ། ཀུན་ཤེས་ཀོའུ་དི་སོགས་ལ་གསུངས་པའི་བདེན་པ་བཞིའི་ཆོས་འཁོར་དེ་ཆོས་འཁོར་དང་པོ་ མིན་ཞེས་སོགས་རྒྱས་པར་འབྱུང་བ་ནི་ཧ་ཅང་སྙོན་འདིངས་པ་སྟེ། མདོ་སྡེ་དགོངས་འགྲེལ་ ལས། དེ་དང་པོར་བཤད་ཅིང་དེའི་འགྲེལ་པ་རྣམས་དང་བརྒྱད་སྟོང་འགྲེལ་ཆེན་སོགས་ ལས་ཀྱང་དང་པོར་བཤད་དོ། །འཁོར་ལོ་གསུམ་རིམ་ཅན་མིན་པར་སྐད་ཅིག་གཅིག་ཁོ་ན་ ལ་བསྐོར་ཞེས་པའང་མི་འཐད་དེ་མདོ་དེ་ལས་རིམ་ཅན་དུ་བསྐོར་བར་གསུངས་ཤིང༌། སྐད་ ཅིག་གཅིག་ཁོ་ན་ལ་བསྐོར་ན་དགུང་ལོ་སོ་དྲུག་པ་ལ་སངས་རྒྱས་ནས་བརྒྱད་ཅུའི་བར་ཅི་ ཞིག་མཛད། ཡང་འཁོར་ལོ་བར་བ་དྲང་དོན། ཐ་མ་ངེས་དོན་དུ་སྨྲ་བ་ནི་རྣམ་པར་འཁྲུག་ཞེས་ གསུངས་པའང་སངས་རྒྱས་ལ་སྐྱོན་འཛིན་པ་སྟེ། མདོ་དགོངས་འགྲེལ་དུ། དངོས་སུ་རྒྱས་ པར་དེ་སྐད་བཤད་པས་སོ། །དེས་ན་འཁོར་ལོ་ཐ་མ་གཉིས་རང་བཞིན་སྤྲོས་བྲལ་སྟོང་ཉིད་ 1-1-71 འོད་གསལ་སྟོན་པར་འདྲ་ཡང་ཐ་མ་གསལ། བར་བ་ཅུང་མི་གསལ་ཞིང་བར་བར་ཐམས་ ཅད་མེད་ཐམས་ཆད་ཡོད་ཅེས་དང་ཐམས་ཅད་དགེ། ཐམས་ཅད་མི་དགེ། ཐམས་ཅད་ལུང་ མ་བསྟན་ཞེས་སོགས་དགོངས་པ་ཅན་མང་བས་དྲང་དོན་དུ་གསུངས་ཤིང༌། ཐ་མར་ཡོད་མེད་ སོགས་ལེགས་པར་ཕྱེ་ནས་བསྟན་པས་ངེས་དོན་དུ་གསུངས་པ་སྟེ་རྒྱས་པར་ཤེས་དགོས་ཤིང་ སྐབས་འགྲིག་ན་ཕྱི་ནང་གི་གྲུབ་མཐའ་རྣམ་འབྱེད་རྩོམ་པར་སྤྲོ་བ་ཡོད་དོ། ། གཉིས་པ་ནི། གཙོ་བོ་སངས་རྒྱས་འཁོར་ཉན་ཐོས་དང་སོགས་པ་རང་རྒྱལ་བྱང་སེམས་ དང་བཅས་པས་ཡོངས་སུ་བསྐོར་བ་དེ་སྒྲུབ་པར་བྱེད་པ་ཉིད་ཀྱི་ཡུམ་དེ་ལ་ཕྱག་འཚལ་ལོ། ། ཁ་ཅིག་དེ་མི་འཐད་དེ་རང་རྒྱལ་སངས་རྒྱས་དང་དེའི་ཉན་ཐོས་མེད་པ་ན་འབྱུང་བས་སྙམ་ ན། སྐྱོན་མེད་དེ། རང་རྒྱལ་དགྲ་བཅོམ་ལ་བསམ་ན་བསྐོར་ཞེས་པ་ད་ལྟ་སངས་རྒྱས་དང་ ལྷན་གཅིག་ཉིད་དུ་གནས་མི་དགོས་ཀྱི་སྤྱིར་སངས་རྒྱས་ཀྱི་འཁོར་ཡིན་པས་སོ། །རྒྱལ་བོའི་ འཁོར་བཞིན། སློབ་པ་ལ་བསམ་ན་སངས་རྒྱས་དང་ལྷན་གཅིག་གནས་པ་ཉིད་དོ། ། བཞི་པ་ནི། རྗེ་བཙུན་གྱིས་ཐོག་མར་མཁྱེན་གསུམ་གྱི་ཡོན་ཏན་གྱི་སྒོ་ནས་ཡུམ་ལ་ཕྱག་ འཚལ་བས་བསྟན་བཅོས་རྩོམ་པར་དམ་བཅས་ (ཨཱརྱ)སོ། །དེ་ལ་དགོས་པ་མེད་དོ་ཞེ་ན། དགོས་པ་ཡོད་པར་དགོས་འབྲེལ་གྱི་ངག་གིས་སྟོན་ནོ། །དགོས་ལྡན་གྱི་བསྟན་བཅོས་གང་ཞེ་ ན། ཤེས་རབ་ཕ་རོལ་ཕྱིན་པ་ནི། ཞེས་སོགས་ལུས་དང་ཡན་ལག་རྒྱས་བཤད་ཀྱིས་སྟོན་ནོ། ། ལྔ་པ་ལ་བརྒལ་ལན་གཉིས་ལས། དང་པོ་ནི། སྔར་བཤད་པའི་ཚུལ་དེ་ལྟར་ཕྱག་འཚལ་ བ་དང་བསྟོད་པ་སྔོན་དུ་འགྲོ་བའི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ (ཨཱརྱ་དོན་)རྩོམ་ན་ ཅི་ཞིག་བརྗོད་བྱར་བྱས་ནས་རྩོམ། ཆོས་རབ་ཏུ་རྣམ་འབྱེད་ཀྱི་དོན་དུ་གཞི་ཕྱི་ནང་གི་དངོས་ པོ་ཙམ་མམ། སྤང་བྱ་སྤང་བའི་ (འགྲེལ་ཆེན་དོན་)ཕྱིར་གཉེན་པོ་མ་ལུས་བ་ཙམ་མམ། ཤེས་བྱ་ མ་ལུས་པ་ཤེས་ (འགྲེལ་ཆེན་)པའི་ཕྱིར་དུ་རྣམ་པ་མ་ལུས་པ་ཙམ་སྟེ་དེ་ལས་གང་ཡང་རུང་བ་རེ་ 1-1-72 རེ་ཙམ་ཞིག་བརྗོད་བྱར་བསྡུས་པར་མཛད་གྲང་ན། ཕྱོགས་དང་པོ་ལྟར་ན་མངོན་རྟོགས་རྒྱན་ ཆོས་ཅན། དུས་ཕྱིས་བྱམས་པས་ཁྱོད་རྩོམ་པ་ལ་ (གསེར་དོན་)འབད་པ་དོན་མེད་པ་ཡིན་པར་ ཐལ། གཞི་ཙམ་སྟོན་པའི་ཕྱིར། ཁྱབ་པ་ཡོད་དེ། དེ་ལྟ་ན་མངོན་པའི་སྡེ་སྣོད་དང་ (གསེར་)ཟློས་ པའི་སྐྱོན་དུ་འགྱུར་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་རྟོགས་རྒྱན་འདི་ལས་ནི་མཚན་ ཉིད་ཀྱི་བསྟན་བཅོས་ཏེ་མངོན་པའི་སྡེ་སྣོད་ལས་མི་སྨོས་པའི་གཞི་གང་ཡིན་པ་དེ་འབྱུང་བ་ནི་ མེད་དོ། །ཡང་ན་ཤེར་ཕྱིན་ནི་མདོ་ (འགྲེལ་ཆེན་དོན་)ལ་སྦྱར་རོ། །ཨཱརྱས་མདོ་སྡེ་འདི་ལས་ཞེས་ སོ། །ཆོས་བཤེས་ཀྱིས། གཞུང་གང་ལས་ས་སོགས་དངོས་པོ་རྣམས་སྲ་བ་ལ་སོགས་པའི་ མཚན་ཉིད་དུ་དོན་དམ་པར་ཡོད་པར་སྟོན་པས་མཚན་ཉིད་ཀྱི་བསྟན་བཅོས་སོ། །གཞུང་ གང་ལས་དོན་དམ་པར་མཚན་ཉིད་མེད་པར་སྟོན་པ་ནི་ཀུན་རྫོབ་ཙམ་དུ་མཚན་ཉིད་སྟོན་ ཀྱང་མཚན་ཉིད་ཀྱི་བསྟན་བཅོས་མིན་ཏེ་ཀུན་རྫོབ་ནི་དོན་དམ་པར་གནས་པའི་མཚན་ཉིད་ ཅན་མིན་པས་སོ་ཞེས་སོ། །གཉིས་པ་ལྟར་ན་ཡང༌། རྒྱན་ཆོས་ཅན། སྤང་བྱ་ཀུན་ནས་ཉོན་ མོངས་པའི་དངོས་པོ་རང་གི་བརྗོད་བྱར་མ་བསྡུས་པར་ཐལ། རྣམ་པར་བྱང་བ་ནི་མྱང་འདས་ ཏེ་དེའི་རྒྱུ་ལམ་གསུམ་གྱི་དངོས་པོ་ཙམ་ཁོ་ན་རང་གི་བརྗོད་བྱར་བསྡུས་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ལ་བརྟེན་ནས་ལམ་གསུམ་པོ་འདི་སྤང་བྱ་གང་གི་གཉེན་པོ་ཡིན་པ་ཁོང་དུ་ ཆུད་པར་མི་འགྱུར་རོ། །འདོད་ན། ཡང་འཕགས་བཞིའི་ (གསེར་དོན་)མངོན་རྟོགས་རྒྱན་དུ་རྩོམ་ པ་དོན་མེད་པར་ཐལ་ལོ། །གསུམ་པ་ལྟར་ན་ཡང༌། རྣམ་པ་གཞི་ལས་ (འགྲེལ་ཆེན་དངོས་)ཐ་མི་ དད་དམ་ཐ་དད་པ་གཅིག་བསྡུས། (འགྲེལ་ཆེན།)དང་པོ་ལྟར་ན་གཞི་བསྡུས་པ་ལ་བཀོད་པའི་ སྐྱོན་ཡོད་ (འགྲེལ་ཆེན་དངོས།)དོ། །གཉིས་པ་ལྟར་ན། རྒྱན་ཆོས་ཅན། མཐོ་རིས་དང་ཐར་བ་དོན་ གཉེར་ལ་ཉེ་བར་མཁོ་བའི་དོན་ཅུང་ཟད་ཀྱང་མ་བཤད་པར་ཐལ། རྣམ་པ་གཞི་དང་འབྲེལ་ བ་མེད་པ་རྟོག་པས་ (གསེར་དངོས་)སྤྲུལ་བ་ཙམ་ཞིག་བརྗོད་བྱར་བསྡུས་པའི་ཕྱིར། རྟགས་ཁས་ 1-1-73 སོ། །ཁྱབ་པ་ཡོད་དེ། དེ་བསྒོམ་པ་ (གསེར་)གོམས་ཀྱང་གཞིའི་དོན་གང་ཡང་ (གསེར་)རྟོག་ པའམ་ (གསེར་འགྲེལ་ཆེན་འགྱུར་རྙིང་)ཐོབ་པ་མེད་པའི་ཕྱིར། འདོད་ན། ཁྱོད་བརྩམས་པ་དོན་ནམ་ དགོས་པ་མེད་པར་ཐལ་བ་ཡིན་ནོ་སྙམ་དུ་གཞན་བློ་དམན་པ་དག་སེམས་སམ་དོགས་པར་ འགྱུར་བ་མ་ཡིན་ནམ་སྟེ་ཡིན་ནོ་ཞེ་ན། སྣང་བ་དང་རྣམ་འགྲེལ་དུ་ཡང་འདི་དང་འདྲ་བར་ སྣང་ཞིང༌། འགྲེལ་ཆེན་དུ་ནི་མཛད་གྲང་ན་ཡན་གྱི་དོན་ཕྱོགས་སྔར་བྱས་ནས། ཕྱོགས་དང་ པོ་ལྟར་ན་མན་རིལ་བོ་རང་གཞུང་དུ་མཛད་དོ། ། གཉིས་པ་ལ་གསུམ། གསུམ་ཅར་བསྡུས་ཚུལ་མདོར་བསྟན་པ། དེ་ཉིད་ལུང་གིས་རྒྱས་ པར་སྒྲུབ། སྒྲུབས་པ་དེ་ཡི་མཇུག་བསྡུད་བསྟན་པའོ། ། དང་པོ་ནི། བསྟན་བཅོས་འདི་ཆོས་ཅན། གཞི་གཉེན་རྣམ་པ་གང་རུང་རེ་རེ་ཁོ་ན་བརྗོད་ བྱར་བསྡུས་པ་དེ་ནི་མ་ཡིན་ཏེ། གང་གི་ཕྱིར་ན། གཞི་གཉེན་རྣམ་པའི་ཕྱོགས་གསུམ་ཅར་ གྱིས་ཀྱང་བརྗོད་བྱར་བསྡུས་པའི་ཕྱིར་རོ། །རྟགས་མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། འཕགས་བཞིའི་མངོན་རྟོགས་མཐའ་དག་རང་གི་བརྗོད་བྱར་བསྡུས་པས་སོ། །རྟགས་མ་ གྲུབ་ན། དེར་ཐལ། མཁྱེན་གསུམ་རང་གི་བརྗོད་བྱར་རྫོགས་པར་བསྡུས་པས་སོ། །ཁྱབ་ པ་ཡོད་དེ། གོ་རིམ་ཇི་ལྟ་བ་བཞིན་སྦྱར་ན། ཉན་ཐོས་དང་རང་སངས་རྒྱས་ཀྱི་མངོན་རྟོགས་ མཐའ་དག་གཞི་ཤེས་ཀྱིས་བསྡུས། བྱང་ཆུབ་སེམས་དཔའི་མངོན་རྟོགས་མཐའ་དག་ལམ་ ཤེས་ཀྱིས་བསྡུས། བླ་ (ནི་གོང་སྟེ་དེའི་གོང་)ན་ (དེ་བས་འཕགས་པ་)མེད་པའི་སངས་རྒྱས་ཀྱི་མངོན་ རྟོགས་མཐའ་དག་རྣམ་མཁྱེན་གྱིས་བསྡུས་པས་ན། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱིས་ འཕགས་བཞིའི་མངོན་པར་རྟོགས་པ་མཐའ་དག་བསྡུས་པས་ནའོ་ཞེས་སྦྱར་རོ། །རྟགས་ དགོད་དང་ཁྱབ་སྒྲུབ་ཏུ་མཛད་པ་ལ་ནི་འབྲེལ་བ་མེད་དོ། ། གཉིས་པ་ལ་ལུང་དྲང༌། དེའི་དོན་བསྡུས་ཏེ་བསྟན་པ་གཉིས་ལས། དང་པོ་ལ་གསུམ། 1-1-74 ཡུམ་བར་མ། བསྡུས་པ། རྒྱས་པའི་ལུང་གིས་བསྒྲུབ་པའོ། །དང་པོ་ལ། བསྟན་བཤད་དོ། ། དང་པོ་ནི། མཁྱེན་གསུམ་ཆོས་ཅན། འཕགས་བཞིའི་མངོན་རྟོགས་བསྡུས་ཏེ་རྒྱུ་མཚན་ འདི་ལྟར་རམ་གང་ཕྱིར་ན་དེ་བསྡུས་པར་བདུད་བཞི་ལས་རྒྱལ་བའི་ཡུམ་ཚིག་བར་མ་ཉི་ཁྲི་ ལྔ་སྟོང་ (སྒོམ་རྩེའི་སྤང་བྱ་རྟོག་པ་ཐ་མ་དགུའི་དང་པོ་གསུམ་གྱི་མདོ་ཡིན་)པ་ལས་དོན་མཐུན་དུ་བཤད་པས་ སོ། །ཇི་ལྟར་བཤད་ན། སུ་བྷུ་ཏི་ཞེས་པ་རབ་འབྱོར་རམ་ལེགས་འབྱོར་ཏེ། བརྒྱད་སྟོང་པར་ གནས་བརྟན་རབ་འབྱོར་ཞེས་པར་འགྲེལ་ཆེན་དུ་ལྷ་དང་བཅས་པའི་འཇིག་རྟེན་དུ་མཆོད་ པ་ལ་སོགས་པས་མཐུ་དང་བརྩོན་པ་ཐོབ་པའི་ཕྱིར་གནས་བརྟན་ནོ། །ཉོན་མོངས་པ་མེད་ པ་རྣམས་ཀྱི་ནང་ནས་མཛེས་ཤིང་མཆོག་ཏུ་གྱུར་པའི་སེམས་ཀྱི་འབྱོར་བ་གང་ལ་ཡོད་པ་ དེ་ནི་རབ་འབྱོར་རོ། །ཞེས་སུའི་སྒྲ་རབ་བམ་མཛེས་པའམ་མཆོག་ཏུ་བཤད་པའོ། །ཟླ་ཟེར་ དུའང་གནས་བརྟན་ནི་མཆོད་པའི་དོན། དགྲ་བཅོམ་ཉོན་མོངས་མེད་པར་གནས་པ་རྣམས་ ཀྱི་མཆོག་གི་ཕྱིར་རོ་ཞེས་སོ། །འོན་ཀྱང་དུས་ཕྱིས་དོན་དེ་ལྟར་ཡིན་གྱི་འདི་ནི་དང་པོ་ཉིད་ ནས་བཏགས་པའི་མིང་ཡིན་ཏེ། གང་པོ་ལ་སོགས་ཀྱི་རྟོགས་བརྗོད་བརྒྱ་བར། སྔོན་སངས་ རྒྱས་འོད་བསྲུང་གི་དགེ་སློང་ཆོས་སྨྲ་བར་གྱུར་ཏེ་སློབ་མ་སློབ་མི་སློབ་ལྔ་བརྒྱ་ཙམ་ཡོད་དེ། རེ་ཞིག་སྡང་སེམས་ཀྱིས་སྦྲུལ་གདུག་པ་རྣམས་ཞེས་བརྗོད་པས་སྐྱེ་བ་ལྔ་བརྒྱར་ཀླུར་སྐྱེས་ ཤིང་མཁའ་ལྡིང་གིས་ཟས་མཐར་ཤཱཀ་ཐུབ་ཀྱི་ཉན་ཐོས་མཐོང་བས་དད་བཞིན་དུ་ཤི་ནས་ མཉན་ཡོད་ཀྱི་དེད་དཔོན་འབྱོར་པའི་བུར་ (རལ་གྲི་འབྱོར་པོ་ཟེར་)སྐྱེས་ནས་མིང་འདོགས་པ་ན་ ཕ་འབྱོར་པ་ཡིན་ཞིང་སྔར་བུ་མེད་པས་ད་རབ་ཏུ་འབྱོར་འདུག་པས་རབ་འབྱོར་ཞེས་ཐོགས་ ཞེས་བཏགས་པར་བཤད་དོ། །རབ་འབྱོར་ཞེས་བོས་ནས། གཞི་ཐམས་ཅད་ཤེས་པ་ཉིད་ནི་ གང་ཟག་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་མངོན་རྟོགས་ཡིན་ནོ། །ལམ་ཤེས་པ་ཉིད་ ནི་གང་ཟག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མངོན་རྟོགས་ཡིན་ནོ། །རྣམ་པ་ཐམས་ཅད་ 1-1-75 མཁྱེན་པ་ཉིད་ནི། གང་ཟག་ཆོས་ཕྱིན་ཅི་མ་ལོག་པར་སྟོན་པས་གཞན་དོན་ཕུན་སུམ་ཚོགས་ པས་དེ་བཞིན་གཤེགས་པ། སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་པས་རང་དོན་ཕུན་ སུམ་ཚོགས་པས་དགྲ་བཅོམ་པ། ཕུན་ཚོགས་དེ་གཉིས་ཐོབ་བྱེད་ཀྱི་ལམ་ཐུགས་སུ་ཆུད་པས་ ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་མངོན་རྟོགས་ཡིན་ནོ། །བཤད་པ་དེ་རྣམས་ འགྲེལ་ཆེན་གྱིའོ། །སྒྲ་སྦྱོར་བམ་གཉིས་སུ། ཏ་ཐཱ་ནི་དེ་བཞིན། ག་ཏཱ་ནི་གཤེགས་པའམ་ཕྱིན་ པའམ་མཁྱེན་པའམ་གསུངས་པ་ལ་བྱ་སྟེ། ཚིག་གི་དོན་ནི། སྤྱིར་སྔོན་གྱི་སངས་རྒྱས་རྣམས་ ཇི་ལྟར་གཤེགས་ཤིང་ཕྱིན་པ་དང༌། ཆོས་ཐམས་ཅད་ཀྱི་རང་བཞིན་དེ་བཞིན་ཉིད་མཁྱེན་ཅིང་ གསུངས་པ་ལ་ཡང་བྱ་སྟེ་ཞེས་དང༌། ཨ་ར་ཧད། ལྷ་མི་ཀུན་གྱིས་མཆོད་པར་འོས་པས་མཆོད་ འོས་ཞེས་ཀྱང་བྱ་སྟེ། འདིར་ནི་ཉོན་མོངས་པའི་དགྲ་བཅོམ་པས་ན་དགྲ་བཅོམ་པ་ཞེས་ གདགས་ཞེས་དང༌། སཾ་མྱཀ་སཾ་བུདྡྷ་ཞེས་པ། སྤྱིར་ན་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་མ་ནོར་ བར་ཐུགས་སུ་ཆུད་ཅིང་མངོན་པར་བྱང་ཆུབ་པའི་མཚན་ཏེ་ཡང་དག་པར་རྫོགས་པའི་སངས་ རྒྱས་ཞེས་བྱ་ཞེས་སོ། ། གཉིས་པ་ལ་གསུམ་ལས། དང་པོ་གཞི་ཤེས་ཀྱིས་ཉན་རང་གི་མངོན་རྟོགས་བསྡུས་ ཚུལ་ནི། བཅོམ་ལྡན་འདས་ཞེས་བོས་ནས། གཞི་ཐམས་ཅད་འཚལ་བ་སྟེ། ཤེས་པ་ཉིད་རྒྱུ་ མཚན་ཅིའི་སླད་དུ་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་མངོན་རྟོགས་ལགས། ཞེས་ཞུས་ པའི་ལན་ནི། རབ་འབྱོར་ཐམས་ཅད་ཅེས་བྱ་བ་ནི་སྐབས་འདིར་གཟུགས་སོགས་ཕྱི་དང་ མིག་སོགས་ནང་གི་སྐྱེ་མཆེད་ཀྱི་ཆོས་རྣམས་ཇི་སྙེད་པ་འདི་ཙམ་ཡིན་ལ། མདོ་གཞན་དུའང༌། བྲམ་ཟེ་ཐམས་ཅད་ཅེས་བྱ་བ་ནི་སྐྱེ་མཆེད་བཅུ་གཉིས་ཇི་སྙེད་པ་ཡིན་ནོ། །ཞེས་གསུངས་ སོ། །མཛོད་འགྲེལ་དུ་དྲངས་ (དབྱིག་གཉེན་)སོ། །གཞི་ཕྱི་ནང་གི་སྐྱེ་མཆེད་དེ་དག་ཀྱང་ཉན་ཐོས་ དང་རང་སངས་རྒྱས་རྣམས་ཀྱིས་མཉམ་བཞག་ཏུ་རིམ་པ་ལྟར་གང་ཟག་དང་བདག་ཕྱེད་དང་ 1-1-76 གཉིས་ཀྱིས་སྟོང་པར་ཤེས་ཤིང་རྗེས་ཐོབ་ཏུ་དེ་དག་གི་ངོ་བོ་ཅི་རིགས་པར་ཤེས་པའི་མཚན་ འཛིན་གྱི་བློ་ཞིག་གཞི་ཤེས་ཡིན་གྱི། ཐེག་པ་གསུམ་གྱི་ལམ་ཐམས་ཅད་བདེན་པའི་སྐྱེ་མེད་ དམ་ལམ་གསུམ་ཇི་བཞིན་ཤེས་པ་ཉིད་ཀྱི་སྒོ་ནས་ཀྱང་ཤེས་པ་མིན་པས་ལམ་ཤེས་མ་ཡིན་ ལ། རྣམ་པ་རྫས་རིགས་མ་ལུས་པ་ཐམས་ཅད་མངོན་གསུམ་དུ་མཁྱེན་པའང་མ་ཡིན་པས་ རྣམ་མཁྱེན་མིན་ནོ། །ཀྱང་ཡང་ནི་ཕན་ཚུན་བསྡུ་བའི་ཚིག་གོ །ཡང་ན། ཐེག་པ་གསུམ་གྱི་ ལམ་ཐམས་ཅད་ཀྱིས་ཀྱང་ངེས་པར་འབྱུང་བ་མ་ཡིན་པས་ལམ་ཤེས་མིན། ཇི་ལྟ་ཇི་སྙེད་པའི་ རྣམ་པ་ཐམས་ཅད་དུ་ཡང་མཁྱེན་པ་མ་ཡིན་པས་རྣམ་མཁྱེན་མིན་ཞེས་སྦྱར་རོ། །ཉན་ཐོས་ དང་རང་སངས་རྒྱས་རྣམས་ཀྱི་མངོན་རྟོགས་ནི་ཆོས་ཅན། གཞི་ཐམས་ཅད་ཤེས་པ་ཉིད་ཅེས་ བྱའོ། །མཁྱེན་གསུམ་གྱི་ཡ་གྱལ་གང་ཞིག ལམ་ཤེས་རྣམ་མཁྱེན་གང་ཡང་མིན་པ་དེའི་ཕྱིར་ རོ། ། གཉིས་པ། ལམ་ཤེས་ཀྱིས་བྱང་སེའི་མངོན་རྟོགས་བསྡུས་ཚུལ་ནི། བཅོམ་ལྡན་འདས་ རྒྱུ་མཚན་ཅིའི་སླད་དུ་ལམ་གྱི་རྣམ་པ་འཚལ་བ་ཉིད་ནི། གང་ཟག་བྱང་ཆུབ་སེམས་དཔའ་ རྣམས་ཀྱི་མངོན་རྟོགས་ལགས། ལན་ནི། རབ་འབྱོར་ཞེས་བོས་ནས། བྱང་ཆུབ་སེམས་དཔའ་ རྣམས་ཆོས་ཅན། ཁྱོད་ཀྱིས་ནི་མཚན་མར་གཟུང་སྟེ་བསྒོམ་ན་ཉན་ཐོས་ཀྱི་ལམ་དུ་འགྱུར་བ་ གང་ཟག་གི་བདག་མེད་རྟོགས་པ་གང་ཡིན་པ་དང༌། འཛིན་པའི་མཚན་མར་གཟུང་སྟེ་བསྒོམ་ ན་རང་སངས་རྒྱས་ཀྱི་ལམ་དུ་འགྱུར་བ་ཕྱི་གཟུང་བ་བདེན་མེད་རྟོགས་པ་གང་ཡིན་པ་དང༌། ཆོས་ཐམས་ཅད་བདེན་མེད་དུ་རྟོགས་པ་སངས་རྒྱས་ཀྱི་ལམ་གང་ཡིན་པའི་ལམ་ཐམས་ཅད་ དེ། གང་ཟག་གི་བདག་མེད་རྟོགས་པ་བདག་ཕྱེད་གཉིས་མེད་རྟོགས། བདག་མཐའ་དག་ མེད་རྟོགས་ཀྱི་ལམ་ཐམས་ཅད་ཀྱི་རིགས་རྒྱུད་ལ་བསྐྱེད་པར་བྱ་ཞིང༌། ལམ་དེ་ཐམས་ཅད་ མཉམ་བཞག་ཏུ་རང་བཞིན་མེད་པར་དང་རྗེས་ཐོབ་ཏུ་ཇི་ལྟ་བ་བཞིན་ཕྱིན་ཅི་མ་ལོག་པར་ 1-1-77 ཤེས་པར་བྱའོ། །ལམ་གསུམ་པོ་དེ་དག་གི་སྤངས་རྟོགས་ཀྱི་རིགས་ཀྱང་ཡོངས་སུ་རྫོགས་ པར་བྱ་ཞིང༌། ལམ་གསུམ་པོ་དེ་དག་གི་ལམ་གྱི་བྱ་བ་སྒྲིབ་པ་སྤོང་བ་དང་སེམས་ཅན་སྨིན་པ་ ཡང་བྱ་དགོས་ཏེ། མཁའ་ཁྱབ་སེམས་ཅན་འཁོར་བ་ལས་སྒྲོལ་བར་བཞེད་པའི་སློབ་ལམ་པ་ ཡིན་པས་སོ། །དེ་ཡང་ཉན་རང་གི་སྤངས་རྟོགས་དང་པོར་རྫོགས་གསུངས་ཏེ། ས་དང་པོ་ཡན་ དུ་ཉོན་མོངས་སྤང་བྱ་མེད་པར་འགྱུར་ཏེ། ཉན་རང་དགྲ་བཅོམ་གྱི་སྤངས་བ་དེར་རྫོགས་པས་ སོ། །ཁྱབ་པ་ཡོད་དེ། ཐེག་དམན་དགྲ་བཅོམ་གྱིས་ཉོན་སྒྲིབ་སྤངས་བར་ཐེག་པ་ཆེ་ཆུང་ཀུན་ ལས་བཤད་པས་སོ། །སྤྱོད་འཇུག་ཏུ། ཉོན་མོངས་སྤངས་ཀྱང་དེ་དག་ལ། །ཞེས་དང༌། རྣམ་ འགྲེལ་དུ་ཡང༌། ཉོན་མོངས་མེད་དང་ཞེས་དང༌། སྤེལ་མར་བསྟོད་པར། བསེ་རུའི་རྭ་དང་ འདྲ་གང་དང༌། །གང་ཡང་ཁྱོད་ཀྱི་རྗེས་འགྲོ་སློབ། །གྲོལ་བ་ཙམ་དུ་ཁྱོད་དང་མཚུངས། །རྨད་ བྱུང་ཡོན་ཏན་ཚོགས་ཀྱིས་མིན། །ཞེས་སོ། །མདོར། དགྲ་བཅོམ་པ། ཟག་པ་ཟད་པ། ཞེས་ སོགས་ཏེ་ལུང་མཐའ་ཡས་སོ། །རྒྱུན་དུ་ཞུགས་པ་དང་རང་སངས་རྒྱས་ཀྱི་བར་གྱི་ཤེས་པ་ དང་སྤོང་བ་གང་ཡིན་པ་དེ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བྱང་ཆུབ་སེམས་དཔའི་ བཟོད་པ་ཡིན་ནོ། །ཞེས་མདོར་གསུངས་ཤིང༌། ཨཱརྱས། བཟོད་པ་གང་ཡིན་ཞེ་ན། སྡུག་ བསྔལ་ལ་ཆོས་ཤེས་པའི་བཟོད་པའོ། །ཞེས་སོ། །གནོད་འཇོམས་སུ། མི་སྐྱེ་བའི་བཟོད་པ་ ས་བརྒྱད་པ་ལ་བཤད་ནས་དེར་རྫོགས་གསུངས་ཏེ། དད་རྗེས་འབྲང་ནས་རང་བསྡུས་སངས་ རྒྱས་ཀྱི་བར་གྱི་ཤེས་པ་དང་སྤོང་བ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་མི་སྐྱེ་བའི་ཆོས་ ལ་བཟོད་པ་ཐོབ་པའི་བཟོད་པ་ཡིན་ནོ། །ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་ཤེས་རབ་ ཀྱི་ཆེ་བ་བསྟན་པ་སྟེ། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་དགྲ་བཅོམ་པའི་ལམ་ གྱི་འབྲས་བུའི་ཤེས་པ་དང་ཉོན་མོངས་པ་ཐམས་ཅད་སྤངས་པ་རྣམས་ཀྱི། ས་བརྒྱད་པ་ལ་ ཞུགས་པ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཙམ་ཉིད་ཀྱིས་མཐར་གཏུགས་པར་འགྱུར་ཏེ། དེ་དག་ 1-1-78 གི་ཤེས་པ་དང་སྤོང་བ་ནི་བཟོད་པ་དེ་ལས་ལྷག་པ་མེད་དོ། །དེ་ཕན་ཆད་ནི་བྱང་ཆུབ་སེམས་ དཔའ་རྣམས་རྣམ་པ་ཐམས་ཅད་དུ་ཉོན་མོངས་པ་མེད་དོ། །ཞེས་བཤད་པས། རྫོགས་པའི་ དོན་ས་བརྒྱད་པར་ཐོབ་པའི་སྤངས་རྟོགས་དེ་བས་ལྷག་པ་ཉན་རང་དགྲ་བཅོམ་ལ་མེད་ཀྱི་ དེར་དེའི་སྤངས་རྟོགས་ཀྱི་རིགས་རྫོགས་པའམ་དེ་ཐོབ་པས་དེ་དག་གི་སྤངས་རྟོགས་ཀྱི་དོན་ མཐར་ཕྱིན་པ་ཙམ་ལ་དེ་སྐད་ཟེར་རོ། །དེས་ན་ཨཱརྱའི་ལྟར་མི་ལེགས་ཀྱི་གནོད་འཇོམས་ ལྟར་ཤིན་ཏུ་ལེགས་སོ། །ཨཱརྱ་ལྟར་ན་ས་དང་པོ་ཡན་དུ་ཉོན་མོངས་སྤང་རྒྱུ་མེད་པར་འགྱུར་ པའི་སྐྱོན་འོང་བར་སྣང་ངོ༌། །འོད་ཟེར་མགོན་པོ་ནི་རྟོགས་པ་ས་དང་པོར་རྫོགས། སྤངས་པ་ ས་བརྒྱད་པར་རྫོགས་ཞེས་སོ། །རལ་གྲི་ནི། རྟོགས་པ་ས་དང་པོ་དང་སྤངས་པ་ས་བཅུ་པར་ འདུས་ཟེར་རོ། །ཟླ་གྲགས་ནི། རང་སངས་རྒྱས་རྣམས་ཐུབ་དབང་དབྱངས་སྐྱེས་བཅས། ། རྫོགས་པའི་བྱང་སེམས་དང་པོ་ལ་གནས་པས། །བསོད་ནམས་དབང་གིས་ཐུལ་ཞིང་རྣམ་ པར་འཕེལ། །རིང་དུ་སོང་བར་དེ་ནི་བློས་ཀྱང་ལྷག །ཅེས་ས་བདུན་པ་མ་ཐོབ་བར་དུ་རྟོགས་ པས་ཟིལ་གྱིས་གནོན་མི་ནུས་གསུངས་སོ། །ཐེག་ཆེན་སློབ་པའི་སྤངས་རྟོགས་ཀྱི་ངོ་བོ་ཙམ་ ཅི་རིགས་པ་ས་དང་པོར་རྫོགས་ཤིང་མ་ལུས་པ་རྒྱུན་མཐར་རྫོགས་གསུངས་ (བུ་སྟོན་རིན་པོ་ཆེ་) སོ། །ཞིང་སྡུད་ཚིག་གོ །བྱང་སེམས་ (ཆུ་མིག་)སམ། ལམ་གསུམ་པོ་དེ་དག་གིས་ཡང་དག་པའི་ མཐའ་ཆོས་ཉིད་དྲི་བྲལ་གྱི་འགོག་པ་མཐར་ཐུག་མངོན་སུམ་དུ་ནི་མི་བྱའོ། །གཏན་ནས་མི་ བྱའམ་ཞེ་ན། དམིགས་བསལ་སྟོན་པ་ནི་གཞན་དོན་བརླབས་ཅན་སྒྲུབ་པའི་སྨོན་ལམ་ཡོངས་ སུ་རྫོགས་པར་མ་བྱས་པ་དང༌། ཇི་ལྟར་རྨ་དང་ཟས་ལ་དེ་དག་གི ། གཟག་དང་སྤྱད་དུ་རུང་བ་ སྨིན་འདོད་ལྟར། །དེ་བཞིན་རྟེན་འདིར་ཕྱོགས་གཉིས་ཞི་བ་དང༌། །ཡོངས་སུ་སྤྱད་ལ་སྨིན་ པ་ཉིད་དུ་བསྟན། །ཞེས་པ་ལྟར། གདུལ་བྱའི་སེམས་ཅན་རྣམས་སྒྲིབ་པ་ཅི་རིགས་སྤོང་རུང་ དང་གཉེན་པོ་སྐྱེ་རུང་དུ་བྱས་པ་ནི་ཡོངས་སུ་སྨིན་པ་ཡིན་དེ་ལྟར་མ་བྱས་པ་དང༌། རང་འཚང་ 1-1-79 རྒྱ་བའི་སངས་རྒྱས་ཀྱི་སྣོད་བཅུད་ཀྱི་ཞིང་ཡོངས་སུ་མ་སྦྱངས་པར་མི་བྱ་ཞེས་དངོས་སུ་བསྟན་ པས་རྫོགས་སྨིན་སྦྱངས་ནས་བྱ་ཞེས་འཕངས་སོ། །ཞིང་སྦྱོང་བ་ནི། གང་དུ་སངས་རྒྱས་ན་ ཞིང་དེའི་སེམས་ཅན་མཐའ་ཡས་པས་མངོན་མཐོ་ངེས་ལེགས་ཐོབ་པར་བྱེད་ནུས་པའི་སྣོད་ བཅུད་ཅན་ཞིག་ལ་ཟེར་གྱི། དག་པའི་ཞིང་ཁོ་ནར་བྱས་པ་མི་དགོས་ཏེ་གཞན་དུ་མ་དག་པའི་ ཞིང་མེད་པར་འགྱུར་རོ། །དག་པའི་ཞིང་ལ་ཡང་ཐེག་དམན་དང་བུད་མེད་ཀྱི་མིང་ཡང་མི་ གྲག་པ་འཇམ་དཔལ་གྱི་ཞིང་ལྟ་བུ་དང༌། ཉན་ཐོས་ཡོད་ཅིང་བུད་མེད་ཀྱི་དངོས་པོ་མེད་པ་ བདེ་བ་ཅན་ལྟ་བུ་དང༌། བུད་མེད་ཡོད་པ་མངོན་དགའ་ལྟ་བུའོ། །(དོན་ཐོབ་འདི་མན་ཨཱརྱ་འགྲེལ་ཆེན་ དུ་ཡོད།)མ་དག་པའི་ཞིང་ལ་ཡང་སྙིགས་མ་ལྔ་དང་ལྡན་མི་ལྡན་གཉིས་ལས་ཕྱི་མ་ན་སེམས་ ཅན་དེ་དག་ཡོངས་སུ་རྒུད་པར་འགྱུར་བ་མེད་དོ་ཞེས་སོ། །འདིར་ (འོད་ཟེར་མགོན་པོ་)ཁ་ཅིག་ ཡང་དག་མཐའ་ངོ་བོ་ཉིད་སྐུ་མིན་ཏེ། ཚོགས་མ་རྫོགས་པར་དེ་མངོན་དུ་བྱེད་མི་ནུས་པས་མི་ བྱ་ཞེས་དགག་མི་དགོས། ནུས་ན་དེ་ལས་འཕྲིན་ལས་འབྱུང་བས་མི་དགོས་པས་སོ། །དེས་ན་ དྲི་མ་ཐམས་ཅད་དང་བྲལ་བའི་ཆོས་ཉིད་ཡིན་ཏེ། དེ་དམིགས་བསལ་མ་རྫོགས་པར་མངོན་ དུ་བྱས་ན་མྱང་འདས་ཆད་པའི་མཐར་ལྟུང་ཞེས་ཟེར་རོ། །མི་རིགས་ཏེ་དྲི་མ་ཐམས་ཅད་བྲལ་ བའི་ཆོས་ཉིད་དང༌། ངོ་བོ་ཉིད་སྐུ་ལ་ཁྱད་མེད་དེ། རྒྱན་དུ། དེ་བཞིན་ཉིད་དེ་ཐམས་ཅད་ ལ། །ཁྱད་པར་མེད་ཀྱང་དག་གྱུར་པ། །དེ་བཞིན་གཤེགས་ཉིད་དེ་ཡི་ཕྱིར། །ཞེས་སོགས་ མཐའ་ཡས་སོ། །ངོ་བོ་ཉིད་སྐུ་མངོན་དུ་བྱས་ན་ཇི་ལྟར་བྱས་ཡང་རུང་སྟེ་སངས་རྒྱས་པ་ཡིན་ ཞེས་པའི་ལན་དེ་ལེགས་སོ། །ཆད་པའི་ཡང་དག་མཐའ་ཡང་མིན་ཏེ་རྫོགས་སྨིན་སྦྱངས་ཀྱང་ མངོན་དུ་མི་བྱེད་པས་སོ། །དེས་ན་ངོ་བོ་ཉིད་སྐུ་ཡིན་ནོ། །(གཉལ་ཆུ་བུ་སྟོན་)ཁ་ཅིག་ཆོས་ཅན་ཡང་ དག་མཐའ་དང་ཆོས་ཉིད་ཡང་དག་མཐའ་གཉིས་ཏེ་རྟོགས་པ་ཆོས་སྐུ་དང་ངོ་བོ་ཉིད་སྐུ་ (བུ་ སྟོན་དངོས་ཆུ་མིག་པའི་དོན་)ཡིན་ཞེས་མདོ་དང་སྦྱོར་བ་ནི། མདོའི་དགོངས་པ་མིན་ཏེ། དེ་བཞིན་ 1-1-80 གཤེགས་པའི་སྐུ་ནི་ཡང་དག་པའི་མཐས་རབ་ཏུ་ཕྱེ་བར་བལྟ་སྟེ་འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པའོ། །ཞེས་པས། ཆོས་ཅན་ཡང་དག་མཐའ་བསྟན་པར་བཞེད་པ་ནི་མི་འཐད་ དེ། འདིར་དེ་བཞིན་གཤེགས་པའི་སྐུ་ཞེས་པ་དོན་དམ་ངོ་བོ་ཉིད་སྐུ་ཡིན་ལ་དེ་ཡང་དག་ མཐས་ཕྱེ་བ་སྟེ་དེ་ཉིད་ཤེར་ཕྱིན་ཞེས་པ་རང་བཞིན་གྱི་ཤེར་ཕྱིན་ལ་དགོངས་ཀྱི་ཀུན་རྫོབ་པ་ མིན་ནོ། །དེ་ལྟ་མིན་ན། འདུས་བྱས་ཀྱི་རྟོགས་པ་ཆོས་སྐུ་ཆོས་ཅན། དོན་དམ་ཆོས་དབྱིངས་ སོགས་ཡིན་པར་ཐལ། ཡང་དག་མཐའ་མཚན་ཉིད་པ་ཡིན་པས་སོ། །མ་ཁྱབ་ན། དེ་བཞིན་ ཉིད་དང་ཡང་དག་མཐའ། །ཞེས་པ་ནས། ཆོས་ཀྱི་དབྱིངས་ནི་རྣམ་གྲངས་སོ། །ཞེས་དབུས་ མཐར་བཤད་ཅིང་རྒྱས་འབྲིང་བསྡུས་པར་ཡང་དེ་རྣམས་རྣམ་གྲངས་སུ་བཤད་ཅིང༌། ཐེག་ ཆེན་གྱི་མདོ་ཀུན་ལས་ཀྱང་ངོ༌། །འདིར་རྫོགས་སྨིན་མ་སྦྱངས་པར་ཡང་དག་མཐའ་མངོན་དུ་ མི་བྱ་སྟེ་དེ་བྱེད་པ་ལ་ངེས་པར་རྫོགས་སྨིན་སྦྱང་དགོས་པའི་ཕྱིར་ཞེས་པའི་དོན་ཙམ་དུ་མངོན་ ནོ། །(འོད་ཟེར་སོགས་)ཁ་ཅིག་རྫོགས་སྨིན་སྦྱངས་པ་གསུམ་འདིར་དམིགས་བསལ་དུ་འདོད་ པ་ནི་རྣམ་པར་འཁྲུལ་བ་སྟེ། འོ་ན་དེ་གསུམ་སྦྱངས་ན་ཡང་དག་མཐའ་མངོན་དུ་མི་བྱེད་ ཅེས་པར་འགྱུར། ཞེས་སོགས་ངག་ལས་ཤེས་སོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་མངོན་ རྟོགས་ནི་ཆོས་ཅན། ལམ་གྱི་རྣམ་པ་ཤེས་པ་ཉིད་ཅེས་བྱའོ། །རྫོགས་སྨིན་མ་སྦྱངས་པར་ཡང་ དག་པའི་མཐའ་མངོན་དུ་མི་བྱེད་པར་གཞན་དོན་བྱེད་པའི་སློབ་ལམ་ཡིན་པ་དེའི་ཕྱིར་རོ། ། གསུམ་པ་རྣམ་མཁྱེན་གྱིས་སངས་རྒྱས་ཀྱི་མངོན་རྟོགས་བསྡུས་ཚུལ་ནི། བཅོམ་ལྡན་ འདས་རྒྱུ་མཚན་ཅིའི་སླད་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད། གང་ཟག་ཕྱིན་ (འགྲེལ་ཆེན་དངོས་ )ཅི་མ་ལོག་པའི་ཆོས་ཉིད་ཐུགས་སུ་ཆུད་པས་ (འགྲེལ་ཆེན་)སམ། ཇི་ལྟ་བ་ཉིད་སྟོན་པར་ (འགྲེལ་ ཆེན་དངོས་)མཛད་པས་དེ་བཞིན་གཤེགས་པ། མཆོད་པར་འོས་ (འགྲེལ་ཆེན་)པས་ (ཨཱརྱ་)དགྲ་ བཅོམ་པ། ཚོགས་གཉིས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་མངོན་རྟོགས་ལགས། 1-1-81 (འགྲེལ་ཆེན་ཏིང་འཛིན་རྒྱལ་བོའི་འགྲེལ་པར་འཇམ་དཔལ་གྲགས་པས་བཤད་སྣང་ངོ༌། །)ལན་ནི། རབ་འབྱོར་རྣམ་ པ་ནི་ཁ་དོག་དང་དབྱིབས་ (ཆོས་བཤེས་)ཏེ་མེ་ (དངོས་)ལྕེ་ཟླུམ་པ་ (ཆོས་བཤེས་དངོས་)དང་ཁ་དོག་སྨུག་ པོ་ལ་སོགས་ (དངོས་)ཏེ་ངོ་བོ་དང༌། མཚོན་པར་བྱེད་པའི་རྟགས་ཏེ་འབྲས་བུ་དུ་ (དངོས་)བ་ལྟ་ བུ་འབྲས་བུ་དང་ (དོན་)མཚན་མ་སྟེ། རྒྱུ་བུད་ཤིང་ལྟ་བུ་རྒྱུ་སྟེ་ངོ་བོ་འབྲས་བུ་རྒྱུ་གང་གིས་ཆོས་ རྣམས་རབ་ཏུ་བརྗོད་པ་སྟེ་རྟོགས་པར་བྱེད་པར་འགྱུར་བའི་རྣམ་པ་ངོ་བོ་དེ་དག་དང་རྟགས་ འབྲས་བུ་དེ་དག་དང༌། མཚན་མ་རྒྱུ་དེ་དག་མ་ལུས་པར་དེ་བཞིན་གཤེགས་པས་མངོན་ སུམ་གྱིས་ཐུགས་སུ་ཆུད་དོ། །ཏེ་ཚིག་ལྷག་མ་ཅན་ནོ། །དེས་ན་དེ་བཞིན་ནས་སངས་རྒྱས་ རྣམས་ཀྱི་མངོན་རྟོགས་ནི་ཆོས་ཅན། རྣམ་མཁྱེན་ཉིད་ཅེས་བྱའོ། །ཆོས་ཐམས་ཅད་ཀྱི་རྣམ་ རྟགས་མཚན་མ་ཐམས་ཅད་མངོན་སུམ་གྱིས་མཁྱེན་པའི་ཡེ་ཤེས་མཐར་ཐུག་དེའི་ཕྱིར་རོ། ། རྣམ་རྟགས་མཚན་མ་གསུམ་ལ་རྒྱ་འགྲེལ་རྣམས་ན་མི་འདྲ་བ་མང་སྟེ་རེ་རེ་ཙམ་འོག་ཏུ་ཡང་ བཤད་པར་བྱའོ། ། གཉིས་པ་ནི། གསུམ་ཆོས་ཅན། བཞིའི་མངོན་རྟོགས་བསྡུས་ཏེ་དེར་བར་མ་ལས་བཤད་ པ་དེ་བཞིན་དུ་དོན་ཁྱད་མེད་ཀྱང་ཚིག་མདོར་བསྡུས་པ་བརྒྱད་སྟོང་པ་ལས་ཀྱང་གསུངས་ པས་སོ། །ཇི་སྐད་དུ་ན། ཉན་ཐོས་ཀྱི་ས་ལ་སློབ་པར་འདོད་པས་ཀྱང་ཤེར་ཕྱིན་ལ་བསླབ་ པར་བྱའོ། །སོགས་པ་རང་སངས་རྒྱས་བྱང་སེམས་སངས་རྒྱས་ཀྱི་ས་ལ་སྦྱར་ཏེ་བསླབ་པར་ བྱའོ་ཞེས་སོ། །ས་ནི་མཁྱེན་གསུམ་ལ་སློབ་དཔོན་འཆད་དོ། །ཆོས་རྗེ་འཇམ་གསར་སོགས། ས་ནི་ལམ་དང་འབྲས་བུ། ཤེར་ཕྱིན་ནི་གཞི་ཤེས་སོགས་ཞེས་སོ། ། གསུམ་པ་ནི། གསུམ་གྱིས་བཞིའི་མངོན་རྟོགས་བསྡུས་པར་ཚིག་རྒྱས་པ་འབུམ་ལས་ ཀྱང་གསུངས་སོ། །དེ་ཡང་དོན་རེ་རེ་ལའང་རྣམ་གྲངས་དུ་མ་དང་དོན་ཚན་རེ་རེ་ལའང་ གཟུགས་ནས་རྣམ་མཁྱེན་གྱི་བར་འགྲེས་རྐྱང་བ་ལ་སོགས་པས་རྒྱ་ཆེར་རོ། ། 1-1-82 གཉིས་པ་ནི། དོན་དེ་ལྟར་གནས་པ་དེ་ལ་ཞེས་སམ། མཁྱེན་པ་གསུམ་བསྟན་པ་དེ་ ལ་སྟེ་དེའི་ནང་ནས་དང་པོ་ཉན་རང་གི་རྒྱུད་ཀྱི་གཞི་ཐམས་ཅད་ཤེས་པ་ཉིད་མི་དམིགས་པ་ གཟུགས་དང་སོགས་པ་ཚོར་སོགས་ཕུང་པོ་ལྔ་སྐྱེ་མཆེད་བཅུ་གཉིས་ཁམས་བཅོ་བརྒྱད་ཀྱི་ ཆོས་ལའོ། །གཞི་ཤེས་དངོས་སྟོན་པའི་སྐབས་ཀྱི་གཟུགས་སོགས་ཞེས་འབྱུང་བ་རྣམས་སུ་ ཕལ་ཆེར་དེ་ལྟར་སྦྱར་རོ། །རྣམ་པ་ནི་མི་རྟག་སྡུག་བསྔལ་ལ་སོགས་བཅུ་དྲུག་གི་རྟེན་ཅན་ ནམ་ཡུལ་ཅན་བྲལ་བའི་འབྲས་བུ་གང་ཟག་གམ་བདག་ཕྱེད་གཉིས་སུ་རྨོངས་པ་སྤངས་པའི་ འབྲས་བུ་ཅན་ཡིན་ནོ། །ལམ་ཤེས་ཉིད་ནི། རང་རྒྱུད་ལྡན་གྱི་བྱང་སེམས་དེ་གདུལ་བྱའི་ དབང་གིས་ཐེག་པ་ཐམས་ཅད་ཀྱིས་ཏེ་གསུམ་ (ཆོས་བཤེས་དངོས་)ཅར་གྱིས་ངེས་པར་འབྱུང་བ་ སྟེ་མྱ་ངན་ལས་འདའ་བའི་ཚུལ་སྟོན་པ་སྟེ། དགེ་སློང་དག་ (ཆོས་བཤེས་དངོས་)ང་ལན་སྟོང་དུ་ནི་ ཉན་ཐོས་ཀྱི་མྱ་ངན་ལས་འདའ་བས་མྱ་ངན་ལས་འདས་སོ། །ལན་སྟོང་དུ་ནི་རང་སངས་རྒྱས་ ཀྱི་མྱ་ངན་ལས་འདའ་བས་མྱ་ངན་ལས་འདས་སོ་ཞེས་དང༌། ཐེག་པ་བརླབས་པོ་ཆེས་ནི་སྐྲག་ གྱུར་ཅིང༌། །འདི་ནི་སེམས་ཅན་དམན་ལ་མོས་རིག་ནས། །བྱང་ཆུབ་སེམས་དཔའ་འདི་དག་ ཉན་ཐོས་འགྱུར། །རང་རྒྱལ་བྱང་ཆུབ་པར་ཡང་རབ་ཏུ་སྟོན། །ཞེས་སོ། །དེ་ཁོ་ན་ཉིད་ནི་གང་ ཟག་ལ་བདག་མེད་པའི་མཐའ་ཞི་བ་ཉིད་དེ། དེ་མངོན་སུམ་དུ་མི་བྱེད་པ་ནི་སྒོམ་པས་སྤང་ བྱའི་ཉོན་མོངས་རྣམས་མི་སྤོང་ཞིང་དེ་མ་སྤངས་ན་མྱ་ངན་ལས་མི་འདའ་སྟེ་སློབ་དཔོན་གྱིས་ ཉན་ཐོས་ཀྱི་ལམ་ནི་བྱང་སེམས་ཀྱིས་ཤེས་བྱ་ཡིན་གྱི་མངོན་སུམ་དུ་བྱ་བ་མིན་པས་སྒོམ་པའི་ ལམ་མ་བསྟན་ནོ། །ཞེས་སྟོན་པར་འགྱུར་རོ། །ཞེས་ཆོས་བཤེས་སོ། །ཡང་ན་དམིགས་པ་ རྒྱུའི་ཐེག་པ་ཐམས་ཅད་ཀྱིས་རང་རང་གི་སྤང་བྱ་ལས་ངེས་པར་འབྱུང་བ་ལ་དམིགས། རྣམ་ པ་དེ་རང་བཞིན་མེད་པར་ཤེས་ཤིང་ལམ་གྱི་བྱ་བ་བྱེད་ཀྱང་དེ་ཁོ་ན་ཉིད་མྱང་འདས་མངོན་ དུ་མི་བྱེད་པའི་རྟེན་ཅན་ཞེས་གསུངས་ (བུ་སྟོན་རིན་པོ་ཆེ་)ཏེ། འོན་ཀྱང་ཐེག་པ་སྟེ་ལམ་གསུམ་པོ་ 1-1-83 ཐམས་ཅད་ཀྱིས་རང་རང་གི་སྤང་བྱ་ལས་ངེས་པར་འབྱུང་བས་རང་རང་གི་སྤང་བྱ་ལས་ངེས་ པར་འབྱུང་བྱེད་ཀྱི་ལམ་གསུམ་པོ་ལ་དམིགས་ཤིང་བྱེད་ལས་རྫོགས་སྨིན་མ་སྦྱངས་པར་དེ་ ཁོ་ན་ཉིད་ཡང་དག་མཐའ་མངོན་དུ་མི་བྱེད་པའི་རྟེན་བྱེད་པ་ཅན་བདག་འབྲས་སེམས་ཅན་ འཁོར་དུ་མ་བསྡུས་པ་འཁོར་དུ་སྡུད་ཅིང་ཚོགས་ལམ་བསྐྱེད། སོགས་པས་སྦྱོར་ལམ་བསྐྱེད་ དེ་སྨིན། མཐོང་སྒོམ་བསྐྱེད་དེ་གྲོལ་བར་བྱེད་པ་ཅན་ཡིན་ནོ། །ཡང་ན་ཤེས་རབ་ཀྱིས་ཐེག་ པ་གསུམ་ཅར་གྱི་ལམ་བསྒོམ་ཞིང་ཐབས་ཀྱིས་དེ་ཁོ་ན་ཉིད་ཆད་པའི་མྱང་འདས་མངོན་དུ་མི་ བྱེད་པའི་རྟེན་བྱེད་པ་ཅན་ཞེས་སྦྱར་ཡང་འཚམ་མོ། །སྨིན་གྲོལ་མུ་བཞི་སྟེ། སྦྱོར་ལམ་པ་སྨིན་ གྱི་གྲོལ་བ་མིན། མི་སློབ་པ་གྲོལ་གྱི་སྨིན་པ་མིན། མཐོང་སྒོམ་པ་གཉིས་ཀ དེ་ལས་གཞན་ གཉིས་མིན་ནོ་ཞེས་ (བུ་སྟོན་)སོ། །རྣམ་མཁྱེན་ཉིད་ནི་དམིགས་པ་ཆོས་ཐམས་ཅད། རྣམ་པ་ བདེན་པའི་སྐྱེ་བ་མེད་པར་མངོན་སུམ་དུ་རྟོགས་པའི་རྟེན་ཏེ་ཡུལ་ཅན། འབྲས་བུ་གཉིས་ ལས་གཞན་དོན་རྒྱ་ཆེ་བ་ནམ་མཁའི་ཁམས་ཀྱི་མཐས་གཏུགས་ (པ་ནི་མཐའ་མེད་པའོ་ཞེས་གསེར་) པར་སེམས་ཅན་གྱི་དོན་དུས་རྟག་ཏུ་རྒྱུན་མི་འཆད་པ། ངོ་བོ་གང་ (བུ་སྟོན་)ལ་གང་ཕན་ཚུལན་ འབད་མེད་ལྷུན་གྲུབ་ཏུ་འབྱུང་བ་དང༌། རང་དོན་ལ་རྟོགས་པའི་ཁྱད་པར་དྲི་མ་ཐམས་ཅད་ དང་བྲལ་བའི་ཡང་དག་པའི་མཐའ་རྟོགས་ཤིང་མངོན་དུ་བྱས་པ་དང༌། སྤངས་པ་ཉོན་མོངས་ པའི་བག་ཆགས་ཡང་ཡིན་ཡང་སྲིད་པར་ཉིང་མཚམས་སྦྱོར་བ་ཡང་ཡིན་པས་བག་ཆགས་ ཀྱི་མཚམས་སྦྱོར་བ་སྟེ། སྲིད་པར་སྐྱེ་བྱེད་ཉོན་མོངས་པའི་བག་ཆགས་ཉིད་སྤངས་པའི་ བྲལ་འབྲས་ཅན་ཡིན་ནོ། །བག་ཆགས་ཀྱི་ཞེས་གསེར་ཆོས་གཉིས་ཀར་དུ་སྣང་ངོ༌། །སྤངས་ རྟོགས་དེ་དག་མཁྱེན་པ་དེ་དང་དེའི་རང་བཞིན་ཡིན་པས་འབྲས་བུར་མི་འཐད་དོ་ཞེ་ན་སྔ་ཕྱི་ རྒྱུ་འབྲས་སུ་རུང་ངོ༌། ། གསུམ་པ་ནི། མངོན་རྟོགས་རྒྱན་ནི་ཆོས་ཅན། འཕགས་བཞིའི་མངོན་རྟོགས་རིལ་ 1-1-84 རྫོགས་པར་བསྟན་པ་ཡིན་ནོ་ཞེས་བྱ་བ་འདི་འཐད་པ་ཡིན་ནོ། །གཞི་གཉེན་རྣམ་པ་མཐའ་ དག་བརྗོད་བྱར་བསྡུས་ནས་བསྟན་པས་ནའོ། །ཁྱབ་སྟེ་དེ་གསུམ་གྱིས་མཁྱེན་གསུམ་བསྡུས། མཁྱེན་གསུམ་གྱིས་འཕགས་བཞིའི་མངོན་རྟོགས་ཀུན་བསྡུས་པ་དེ་ལྟ་བས་ནའོ། །རྩོད་ལན་ འདི་སྣང་བ་དང་འགྲེལ་ཆེན་དུ་དགོས་འབྲེལ་གྱི་འོག་ཏུ་བསྟན་ཅིང་འདིར་མཆོད་བརྗོད་ ལས་འཕྲོས་པར་སློབ་དཔོན་ཉིད་ཀྱིས་མཛད་དོ།། ༈ །། གཉིས་པ་ལ་སྔ་རྩ་འགྲེལ་གསུམ་ལས། དང་པོ་ནི། དགོས་འབྲེལ་གྱི་ངག་གསུངས་ཞེས་ དྲང་ངོ༌། །ཏེ་ནི་ལྷག་མ་ཅན་ནོ། །དེའི་བརྗོད་བྱ་གང་ན། བྱམས་པ་རང་གི་བསྟན་བཅོས་རྒྱལ་ བའི་ཡུམ་མངོན་པར་རྟོགས་པའི་རིམ་པ་སྟོན་པ་ཐམས་ཅད་གྱི་མན་ངག་གི་ཚིག་ལེའུར་བྱས་ པ་ (འདི་ཡན་ཆོས་བཤེས་དངོས་)འདིའི་བརྗོད་པར་བྱ་བ། རྒྱལ་ཡུམ་མངོན་རྟོགས་ཀྱི་རིམ་པ་སྟོན་པ་ ཐམས་ཅད་དེ་འོག་ཏུ་ཡུམ་རྣམ་པ་གསུམ་ཅར་ཞེས་སྨྲོས་པ་ནི་ཉེ་བར་མཚོན་པའི་དོན་ཙམ་མོ་ ཞེས་ཆོས་བཤེས་ཏེ། འགྲེལ་པའི་སྐབས་སུ་ཡུམ་གྱི་དོན་ལ་བཤད་པས་མངོན་རྟོགས་སྟོན་ པའི་རྒྱལ་ཡུམ་གསུམ་བརྗོད་བྱ་དང་བཅས་པ་འདིའི་བརྗོད་བྱ་དང༌། རྒྱན་ལ་བརྟེན་ནས་ ཡུམ་དོན་ (ཆོས་བཤེས་དངོས་)ལེགས་པར་རམ་བདེ་ (ཆོས་བཤེས་)བླག་ཏུ་རྟོགས་པ་དགོས་པ་དང༌། རྟོགས་པ་ལྟར་བསྒྲུབས་པས་ (ཆོས་བཤེས་དངོས་)ས་དང་པོ་ནས་མི་ (ཆོས་བཤེས་)གནས་པའི་མྱང་ འདས་ཐོབ་པའི་བར་ (ཆོས་བཤེས་)དགོས་པའི་ཡང་དགོས་པ་དང༌། རྗོད་བྱེད་བསྟན་བཅོས་རྒྱུ་ དང་བརྗོད་བྱ་ཡུམ་དོན་རྟོགས་ཤིང་ (ཆོས་བཤེས་དོན་ཐོབ་ཀྱི་དངོས་སུ་མེད་)ཐོབ་པའི་དགོས་པ་གཉིས་ འབྲས་བུར་འབྲེལ་བ་ནི་འདིའི་འབྲེལ་བ་སྟེ། དེ་འདྲའི་འབྲེལ་བ་ (འདི་ཡན་ཆོས་བཤེས་དངོས་) དེ་ཆེད་དུ་མ་བྱས་ཀྱང་ཤུགས་ཉིད་ཀྱིས་རང་དབང་མེད་པར་འབྲེལ་བས་ན་ཁོང་ན་ཡོད་པ་ སྟེ་དེས་ན་འབྲེལ་བས་ནི་ (བསྟན་བཅོས་དགོས་པ་གཉིས་བསྒྲུབ་པའི་)ཐབས་ཡིན་པར་ཡིད་ཆེས་པར་ བྱེད་པའོ་ཞེས་ཆོས་བཤེས་སོ། །ཆོས་བཤེས་ནི་རྗོད་བྱེད་དང་བརྗོད་བྱར་འབྲེལ་བ་ལའང་ 1-1-85 བཤད་པར་མངོན་ནོ། །གང་གི་དོན་དུ་ན། གཉིས་ཏེ་དགོས་ཉིང་དགོས་སོ། །དང་པོ་ལ་རྣམ་ གཅོད། ཡོངས་གཅོད་གཉིས་ལས། དང་པོ་ནི། སྒྲིབ་གཉིས་ཕལ་ཆེར་བཅོམ་པ་དང་ལྡན་ པས་བཅོམ་ལྡན་འདས་འཕགས་པ་མ་རྒྱལ་བ་ལས་རྒྱལ་བ། ཞེས་པ་ནི་འདིའི་མཚན་མ་ཕམ་ པ་ཞེས་འབྱུང་བའི་དོན་བསྟན་པ་སྟེ་འཁོར་བའི་སེམས་ཅན་རྣམས་དགྲ་གང་ལས་མ་རྒྱལ་ བ་ནི་བདུད་དེ་དེ་ལས་མ་ཕམ་པར་རྒྱལ་ཏེ་བདུད་རྣམས་ཕམ་པར་བྱས་པ་སྟེ། གསེར་དུ་མ་ ཕམ་པ་ཞེས་བསྒྱུར་རོ། །ཏིང་ངེ་འཛིན་རྒྱལ་བོར། མ་ཕམ་བདུད་རྣམས་ཕམ་བྱས་ཁྱོད་སོང་ ཤིག །ཅེས་སོ། །དགེ་བ་ལྷས་བདུད་རྣམས་ཀྱིས་ཕམ་པར་མི་ནུས་པས་ན་མ་ཕམ་པ་སྟེ། ཞེས་ སྤྱོད་འཇུག་འགྲེལ་པར་རོ། །སྲིད་པ་ཐ་མ་པ་རྣམས་བཅོམ་ལྡན་འདས་ཡིན་ལ་སངས་རྒྱས་ མིན། ཉན་རང་དགྲ་བཅོམ་ (རད་ཀིར་)སངས་རྒྱས་ཡིན་ལ་བཅོམ་ལྡན་འདས་མིན། སངས་ རྒྱས་གཉིས་ཀ། དེ་ལས་གཞན་གཉིས་ཀ་མིན་ཞེས་ལུང་ལས་བཤད་གསུངས་སོ། །(བུ་སྟོན་རིན་ པོ་ཆེ།)དེ་འདྲའི་བྱམས་པས་སངས་རྒྱས་ཀྱིས་སྔར་གསུངས་བཞིན་དུ་ཡང་མངོན་པར་རྟོགས་ པའི་རིམ་པ་བསྟན་པ་ལ་དོན་ཏེ་དགོས་པ་ཅི་ཞིག་ཡོད་དེ་མེད་དམ་སྙམ་དུ་སྐྱེ་བོ་བློ་གྲོས་ཏེ་ ཤེས་རབ་དམན་པ་དག་དོགས་པ་བསལ་བའི་ཕྱིར་དུའོ། །དོགས་པའི་རྒྱུ་མཚན་ཅི་ཞེ་ན། སྐྱེ་ བོ་བློ་དམན་པ་དག་དེར་དོགས་པའི་རྒྱུ་མཚན་ཡོད་དེ། བཅོམ་ལྡན་འདས་ཚིག་རྒྱས་པ་དང་ འབྲིང་དང་མདོར་བསྡུས་པ་ལ་དད་པའམ་དགའ་བའི་སེམས་ཅན་དབང་བོ་རྟུལ་འབྲིང་རྣོ་ གསུམ་ལ་རིམ་པ་བཞིན་དུ་ཆོས་རྒྱས་འབྲིང་བསྡུས་གསུམ་གྱིས་ཕན་འདོགས་པར་བཞེད་ པའི་ཐུགས་རྗེ་ཆེན་པོ་ཅན་ཉིད་ཀྱིས་བདུད་བཞི་ལས་རྒྱལ་བའི་ཡུམ་རྒྱས་འབྲིང་བསྡུས་པ་ དེ་དང་དེ་ལས་མངོན་རྟོགས་བརྒྱད་ཀྱི་རིམ་པ་གཞུང་ཤེར་ཕྱིན་པའི་དོན་མཐའ་དག་གསལ་ བར་མཛད་པ་མ་ཡིན་ནམ་སྟེ་ཡིན་པའི་རྒྱུ་མཚན་གྱིས་སོ། ། གཉིས་པ་ནི། དགོས་འབྲེལ་ངག་གི་བསྟན་བྱའི་དོན་ལུས་ཀྱི་དགོས་སོགས་ཆོས་བཞི་ལ་ 1-1-86 དོན་འགྱུར་བསྐྱེད་པ་སྟེ་བསྟན་བཅོས་ལུས་ལ་དགོས་སོགས་ཆོས་བཞི་ཕལ་ཆེར་ཡོད་སྙམ་ པའི་དོན་འགྱུར་ཐེ་ཚོམ་བསྐྱེད་པ་ཉིད་ཀྱི་ཕྱིར་དུའོ། །དོན་ལ་ཞེས་པ་ལ་ཆོས་བཤེས་སོགས་ (བུ་)ནོར་སྣང་ངོ༌། ། གཉིས་པ་ནི། དོན་འགྱུར་ཐེ་ཚོམ་སྐྱེས་པས་རྟོག་ལྡན་བསྟན་བཅོས་ལ་ཐོས་སོགས་ཀྱིས་ འཇུག་པ་དེ་ཉིང་དགོས་ཡིན་པས་དེའི་ལན་ཡན་ལག་གམ་ཐབས་སུའོ། ། གཉིས་པ་ལ། དགོས། བསྡུས། ཚིག་གསུམ་ལས། དང་པོ་ནི། དཔྱོད་པ་པའི་སྟོན་པ་ ཀུ་མཱ་རཱི་ལ་ན་རེ། དགོས་འགྲེལ་ངག་གི་དགོས་པ་ངག་དེ་ལས་ངག་གི་དོན་ལ་སྒྲ་བྱུང་ཚད་ མས་ངེས་པ་སྐྱེས་པ་ཁོ་ན་སྟེ། སྤྱིར་ངག་ཚིག་ཐམས་ཅད་རང་རང་གི་བརྗོད་བྱ་ལ་ངོ་བོ་ཉིད་ ཀྱིས་རང་བཞིན་འབྲེལ་སྟོབས་ཀྱིས་དོན་གོ་བར་བྱེད་ཀྱི་བརྡ་འབྲེལ་ལ་མི་ལྟོས་སོ་ཞེས་ཟེར་ རོ། །དེ་དགག་པ། ངག་དེ་ཆོས་ཅན། ངག་དོན་ལ་སྒྲ་བྱུང་ཚད་མས་ངེས་པ་དངོས་སུ་བསྐྱེད་ པ་མ་ཡིན་པར་ཐལ། ངག་དོན་དང་བདག་གཅིག་དེ་བྱུང་གི་འབྲེལ་བ་གང་ཡང་མེད་པས་ སོ། །རྟགས་གྲུབ་སྟེ། བདག་གཅིག་ན། མེ་སྒྲ་བརྗོད་ལས་ཁ་ནི་ཅིས་མི་འཚིག །ཅེས་ (དུས་ འཁོར་སོགས་)སོགས་དང༌། དེ་བྱུང་མེད་དེ། ངག་དོན་དེ་མེད་པར་བརྗོད་འདོད་ལས་སྐྱེ་བས་ སོ། །ཞེས་སོགས་ཚད་མའི་བསྟན་བཅོས་སོགས་ལས་ཤེས་པར་བྱའོ། །མཁས་གྲུབ་ཞི་འཚོ་ ནི། བསྟན་བཅོས་འདི་བརྩམ་བྱ་མིན་ཏེ་དགོས་པ་སོགས་མེད་པའི་ཕྱིར་བྱ་རོག་སོ་རྟོག་གི་ བསྟན་བཅོས་བཞིན་ (འབྲེལ་བ་སོགས་མེད་པའི་ཕྱིར་བསྙོན་ཚིག་བཞིན་ཞེས་ས་ལུ་ལྗང་འགྲེལ་དུ་ཀླུས་སོ། །)ཞེས་ བསྟན་བཅོས་རྩོམ་པའི་སྐབས་སམ་བྱ་བ་འགོག་པའི་ལོག་རྟོག་བཟློག་པ་དགོས་འབྲེལ་ ངག་གི་དགོས་པ་ཡིན་ཞེས་གསུངས་པའང་དེ་ཁོ་ན་དགོས་པར་བཞེད་ན་བརྗོད་བྱ་མེད་པར་ འཛིན་པ་སོགས་བཟློག་པའང་དེའི་དགོས་པ་མིན་པར་འགྱུར་བས་དེ་ཡང་དགོས་པར་བཞེད་ དེ་དེ་ལྟར་ཡིན་ནོ། །འདི་དབུ་མ་བདེན་གཉིས་ཀྱི་དཀའ་འགྲེལ་ན་ཡོད་པས་སློབ་དཔོན་དེའི་ 1-1-87 གཞུང་ན་མེད་གསུངས་པ་ནི་ནོར་ (བུ་སྟོན་གསུང་སྒྲོས་)རོ། །བྲམ་ཟེ་བདེ་བྱེད་དགའ་བའི་བཞེད་ པར་གྲགས་ཤིང་ལོཙྪ་བ་ཆེན་པོ་གཞུང་བཀོད་པ་མཛེས་པར་བྱེད་པ་དེའི་དགོས་པར་བཞེད་ དེ། དེས་ (ལོཙྪ་བ་)མཛད་པའི་འདིའི་འགྲེལ་བཤད་དུ་དེ་ཁོ་ན་ཡིན་གསུང་པ་སྣང་སྟེ་དེ་མི་ འཐད་དེ། བསྟན་བཅོས་ལ་དགོས་མེད་ཀྱི་ལོག་རྟོག་བཟློག་པའང་དེའི་དགོས་པ་མིན་པར་ འགྱུར་བ་ལས་འདིར་དོན་ཅི་ཞིག་ཡོད་སྙམ་དུ་དོགས་པ་བསལ་ཞེས་སོ། །དེ་ཡང་དགོས་ པར་བཞེད་ན་དེ་ལྟར་ཡིན་ནོ། །སློབ་དཔོན་འདི་དང་ཆོས་མཆོག་སོགས་བསྟན་བཅོས་ལུས་ ལ་ཆོས་བཞི་ཡོད་པར་རམ་བསྟན་བཅོས་དགོས་པ་གཉིས་ཀྱི་རྒྱུར་དོན་འགྱུར་ཐེ་ཚོམ་བསྐྱེད་ པ་དགོས་པར་བཞེད་དེ། དེ་ཡང་དེ་ལྟར་ཡིན་ནོ། །ཛྙཱ་ན་ཤྲཱི་ངེས་པ་སྐྱེས་པ་དགོས་པར་བཞེད་ དེ། དགོས་འབྲེལ་ངག་ལས་བསྟན་བཅོས་ཀྱི་ལུས་ལ་དགོས་སོགས་ཆོས་བཞི་ཡོད་པར་ ངེས་པའམ་བསྟན་བཅོས་དགོས་པ་གཉིས་ཀྱི་རྒྱུར་ངེས་པ་སྟེ་དེ་ཡང་དབང་རྟུལ་གྱི་དབང་དུ་ བྱས་ན་འཐད་དོ། །དེ་ལྟར་ན་བསྟན་བཅོས་རྩོམ་པའི་སྐབས་སམ་བྱ་བ་འགོག་པ་བཟློག་པ། གཞུང་བཀོད་པ་མཛེས་པ། དབང་རྣོན་ལ་དེ་འདྲའི་དོན་འགྱུར་བསྐྱེད་པ། དབང་རྟུལ་ལ་དེ་ འདྲའི་ངེས་པ་སྐྱེས་པ། བསྟན་བཅོས་ལ་དགོས་མེད་ཀྱི་ལོག་རྟོག་བཟློག་པ། འབྲེལ་མེད་ སོགས་ཀྱི་ལོག་རྟོག་བཟློག་པ། དུལ་ལྷས་སུམ་ཅུ་པའི་འགྲེལ་བཤད་དུ་བཤད་པ་ལྟར་ཉན་ པ་པོ་སྤྲོ་བ་བསྐྱེད་པ་ཐམས་ཅད་དེའི་དགོས་པའམ་ (འགྲེལ་ཆེན་སོགས་)བྱ་བའི་འབྲས་བུ་ཡིན་ ལ། དེ་ལས་རྟོག་ལྡན་བསྟན་བཅོས་ལ་ཐོས་སོགས་ཀྱིས་འཇུག་པ་ཉིང་དགོས་སམ་བྱ་བའི་ འབྲས་བུའི་འབྲས་བུ་ (འགྲེལ་ཆེན་སོགས་)ཡིན་ནོ། །སྤྲོས་པ་ལྷག་མ་རྣམས་གཞན་ལས་རྟོགས་ པར་བྱ་སྟེ་ཚིག་མངས་སུ་དོགས་པས་འདིར་མ་བཀོད་དོ། ། གཉིས་པ་ནི། དགོས་འབྲེལ་ངག་གིས་བསྟན་བཅོས་ཀྱི་ལུས་ལ་དགོས་སོགས་ཆོས་བཞི་ ཡོད་དོ་ཞེས་སྟོན་ནོ། ། 1-1-88 གསུམ་པ་ལ། དངོས་སུ་ཟིན་པའི་ཆོས་གསུམ་ཤུགས་ཀྱིས་འཕངས་པའི་ཆོས་གཅིག་ གོ །དང་པོ་ལ་བརྗོད་བྱ། དགོས་པའི་དགོས་པ། དགོས་ (ཆོས་བཤེས་ལྟར་རོ། །)པའོ། །དང་པོ་ནི། ཆོས་གང་ཞིག་བསྟན་བཅོས་འདིའི་བརྗོད་བྱ་ཡིན་ཞེ་ན། ལྷ་དང་མི་རྣམས་ཀྱི་སྟོན་པར་གྱུར་ (སྒྲ་སྦྱོར་བམ་གཉིས་དངོས་)པས་སྟོན་པ་སྟེ་དེ་རྣམས་ལ་རྣམ་དག་ལེགས་པའི་ (མཚན་བརྗོད་)ལམ་སྟོན་ པ་སངས་རྒྱས་ཀྱིས་རྒྱས་འབྲིང་བསྡུས་ (ཨ་)སོགས་གཞུང་ཤེར་ (ཨ་)ཕྱིན་ (ཆོས་བཤེས་གོང་དུ་)འདི་ ལས་བཤད་པའི་དོན་ (སེང་ཆོས་གཉིས་ཀ་)གང་ཡིན་པ་རྣམ་མཁྱེན་ཉིད་དེ་དེས་སྐབས་དང་པོའི་ དོན་གྱི་གཙོ་ (ཨ་བྷ་)བོ་རྣམ་མཁྱེན་ཉིད་བརྒྱད་པའི་དོན་འབྲས་ (ཨ་བྷ་)བུ་ཆོས་སྐུ་སྟེ་དེ་གཉིས་ འགྲོད་པར་བྱ་ (ཤཱནྟི་ཨ་བྷ་དངོས་)བས་ལམ་ (ཨ་)ཡིན་ལ་འདིར་བགྲོད་པར་བྱེད་པས་ (ཨ་)ལམ་ནི་ སངས་རྒྱས་ (ཨ་)ཀྱི་རྒྱུའི་ལམ་ (ཨ་)སྟེ་རྣམ་ (ཨ་)མཁྱེན་དུ་ཅི་རིགས་ (ཨ་)པར་འདུས་ (ཨ་)པ་མངོན་ རྟོགས་ (ཨ་)གཞན་ (ཨ་)དྲུག་སྟེ་ (ཨ་)ཕལ་བའོ། །དེ་ལྟར་ (ཨ་)རྒྱུ་དང་འབྲས་ (ཨ་)བུའི་བདག་ཉིད་ (ཨ་)ཀྱི་མངོན་རྟོགས་ (ཨ་)བརྒྱད་ཀྱི་ (ཨ་)ངོ་བོའི་ (ཨ་)ལམ་ (ཨ་)དེ་བསྟན་བཅོས་འདིའི་བརྗོད་ (ཨ་ )བྱའོ། །ཨ་བྷ་ཡ་སྟེ། ཆོས་བཤེས་ལྟར་ན་བརྗོད་བྱ་དེའི་ (འགྲེལ་པར་)ཆེ་བ་ནི་བྱང་སེམས་ (ཤཱནྟི་) ལས་གཞན་གྱིས་མྱོང་བ་སྟེ་ཁོང་དུ་ཆུད་པ་མ་ཡིན་པ་ཞིག་གོ་ཞེས་རྐང་བ་དང་པོ་གསུམ་གྱིས་ བརྗོད་བྱ་བསྟན་ཏོ་ཞེས་ཏེ་འགྲེལ་པར་ཡང་དེ་སྐད་སྦྱར་རོ། །ཨ་བྷ་ཡ་ནི་དགོས་པ་ལ་ཕྱིར་ སྦྱོར་བར་གསལ་ལོ། ། གཉིས་པ་ནི། ཆོས་བཤེས་ཀྱིས། ཆོས་སྤྱོད་ནས་བློ་དང་ལྡན་པས་རྟོགས་འགྱུར་ཞེས་ པའི་བར་རྐང་པ་གསུམ་གྱིས་ཉིང་དགོས་བསྟན། བདེ་བླག་ཏུ་ནི་རྟོགས་འགྱུར་བ་ནས་ཡིན་ གྱིས་དགོས་པ་བསྟན་ཞེས་སོ། །དེ་ཡང་མཐོང་པ་སྟེ། མངོན་སུམ་དུ་བྱེད་པར་ (སེང་ཨ་བྷ་སོགས་ )འགྱུར་ཞེས་དྲང་ངོ༌། །གང་ཞེ་ན། བྱང་སེམས་ལས་གཞན་གྱིས་མྱོང་བ་མ་ཡིན་པ་སངས་ རྒྱས་ཉིད་དོ། །ཐབས་གང་ལས་ན། སེམས་བསྐྱེད་དང་ལྡན་པའི་ཆོས་སྤྱོད་ཕར་ཕྱིན་བཅུའི་ 1-1-89 བདག་ཉིད་ཀྱི་ཡུམ་མདོའི་དོན་ཏོ། །བདག་ཉིད་ཡང་ཡིན་ལ་མདོ་དོན་ཡང་ཡིན་པས་ཞེས་ སྦྱར་རོ། །ཨ་བྷ་ཡ་ནི་ཆོས་ནི། སེམས་བསྐྱེད་དང་གདམས་ངག་ལ་སོགས་པ་རྣམ་པ་བཅུའི་ ཁོངས་སུ་གཏོགས་པའི་མངོན་རྟོགས་བདུན་དུ་ཕྱེ་བ་དེའི་སྤྱད་པ་སྤྱོད་པ་རྣམས་ཀྱིས་བདེ་ བླག་ཏུ་ཞེས་སོགས་མདོ་རྩོམ་པའི་དགོས་པའོ་ཞེས་སོ། །ཆོས་བཤེས་ཀྱི་འགྲེལ་པར་ཁ་ ཅིག་ཡི་གེ་འབྲི་མཆོད་སྦྱིན་པ་སོགས་བཅུ་སྟེ་བྱམས་པ་ཉིད་ཀྱིས་གསུངས་ཞེས་པ་མི་འཐད་ དེ། སྦྱོར་ལམ་གྱི་སྒྲུབ་པའི་སྤྱོད་པ་ཙམ་གཙོ་བོར་གྱུར་པའི་ཕྱིར་ཐམས་ཅད་དུ་མཆོག་མིན་ པ་དང་སློབ་དཔོན་གྱིས་འགྲེལ་པར་ (དངོས་)ཟུར་ཙམ་ཡང་མ་བསྟན་པས་སོ། །ཁ་ཅིག་དགེ་ བ་བཅུ་ལ་འདོད་པའང་མི་འཐད་དེ། སློབ་དཔོན་གྱིས་འདིར་ཟུར་ (དངོས་)ཙམ་ཡང་མ་བསྟན་ པས་སོ་ཞེས་ཏེ་སྒྲུབ་བྱེད་ལྟར་སྣང་འབའ་ཞིག་ཏུ་ཟད་དོ། །ཤེར་འབྱུང་གིས་ཀྱང་ཡི་གེ་འབྲི་ མཆོད་སྦྱིན་པ་དང༌། ནས་བསྒོམ་པའོ། །ཞེས་བྱ་བ་ཆོས་སྤྱོད་བཅུ་ཡིན་པར་འཆད་པ་ནི་མི་ འཐད་དེ། དེ་ནི་མངོན་པར་རྟོགས་པའི་ཡན་ལག་ཡིན་གྱི་སྦྱིན་སོགས་ནི་མངོན་པར་རྟོགས་ པ་ཉིད་ཀྱིས་མངོན་དུ་བྱེད་སྲིད་པས་སོ། །ཞེས་སོ། །དེ་ཡང་སྒྲུབ་བྱེད་ལྟར་སྣང་སྟེ་ཕྱོགས་སྔ་ མ་ལོངས་སྣང་ངོ༌། །དེས་ན་ཚན་པ་དེ་གཉིས་དང་ཕར་ཕྱིན་བཅུ་དང་སེམས་བསྐྱེད་གདམས་ ངག་སོགས་བཅུ་ཆོས་སྤྱོད་བཅུར་དོན་ལ་ཁྱད་མེད་ཅིང་ཐ་སྙད་གྲགས་མ་གྲགས་ལ་བྱས་ན་ ཡི་གེ་འབྲི་སོགས་བཅུ་གྲགས་ཆེ་ཞིང་དོན་ལ་ཤཱནྟི་ལྟར་ཡིན་ནོ། །དེ་འདྲའི་མདོ་དོན་ཐོས་བྱུང་ གི་ཤེས་རབ་ཀྱིས་རྟོགས་པ་བཞིན་དུ་བསམ་བྱུང་གི་དྲན་པ་ལ་བཞག་སྟེ་སྒོམ་བྱུང་ཤེས་རབ་ ཀྱིས་སྒྲུབ་པ་ལ་བརྟེན་ནས་སོ། །གང་གིས་ན་བློ་དང་ལྡན་པ་བྱང་སེམས་ཀྱིས་ཏེ། བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེ། །བློ་ལྡན་ཉིད་དང་གསལ་བའི་མཆོག །རྒྱལ་སྲས་རྒྱལ་བའི་ གཞི་དང་ནི། །རྒྱལ་བྱེད་རྒྱལ་བའི་མྱུ་གུ་དང༌། །རྩལ་ལྡན་དང་ནི་འཕགས་མཆོག་དང༌། །དེད་ དཔོན་དང་ནི་གྲགས་མཆོག་དང༌། །སྙིང་རྗེ་ཅན་དང་བསོད་ནམས་ཆེ། །དབང་ཕྱུག་དེ་བཞིན་ 1-1-90 ཆོས་དང་ལྡན། །ཞེས་སོ། །དེ་ཡང་འདི་ལ་ཡོད་པ་དང་མེད་པ་ལས་འདས་པའི་བློ་ཡོད་པས་ ན་བློ་དང་ལྡན་པའོ་ཞེས་དགེ་བ་ལྷས་སོ། །དབུས་མཐའི་འགྲེལ་བཤད་དུ། རང་བཞིན་གྱིས་ ཉན་ཐོས་ལ་སོགས་པའི་རིགས་ཅན་རྣམས་ལས་དབང་བོ་རྣོ་བ་དང་ཤེས་པར་བྱ་བ་ཐམས་ ཅད་ཀྱི་རྣམ་པ་ཐམས་ཅད་ལ་ཉེ་བར་རྟོག་པའི་སྐབས་ཡིན་པ་དང་ཆོས་ཟབ་ཅིང་རྒྱ་ཆེ་བ་ལ་ མོས་པས་བྱང་ཆུབ་སེམས་དཔའ་ཉིད་བློ་ལྡན་ཡིན་གྱི་གཞན་ནི་མིན་ནོ་ཞེས་སོ། །བདག་མེད་ གཉིས་ཀ་རྟོགས་པའི་བློ་ལྡན་ཞེས་ (བུ་སྟོན་རིན་པོ་ཆེ་)སོ། །གསེར་གླིང་པ་ནི་མདོ་དོན་ནི་མངོན་ རྟོགས་བརྒྱད་དོ། །དེས་ཉེ་བར་མཚོན་པའི་དོན་ནི་བྱང་ཆུབ་སེམས་དང༌། སྦྱིན་སོགས་བཅུའི་ ཆོས་སྤྱོད་ཅེས་སོ། ། གསུམ་པ་ནི། སྔར་བཤད་པའི་བརྗོད་བྱ་མངོན་རྟོགས་བརྒྱད་པོ་དེ་བསྟན་བཅོས་འདི་ ལས་བདེ་བླག་ཏུ་ནི་རྟོགས་པ་ཞེས་བྱ་བ་དེ་བསྟན་བཅོས་འདི་རྩོམ་པའི་དགོས་པ་ཡིན་ནོ། ། ཚིག་མདོར་བསྡུས་པས་ཀྱང་དོན་རྒྱ་ཆེན་པོ་ཚེགས་ཆུང་ངུས་རྟོགས་པ་ནི་བདེ་བླག་ཏུ་རྟོགས་ པའོ། །ཞེས་ཆོས་མཆོག་སོགས་འཆད་དོ། ། གཉིས་པ་ནི། ཕྱིར་རྩོམ་ཞེས་སྦྱར་བའི་ཤུགས་ཀྱིས་བསྟན་བཅོས་འདི་ལས་ཡུམ་དོན་ བདེ་བླག་ཏུ་རྟོགས་ཤིང་དེ་ལས་མཐར་རྣམ་མཁྱེན་ཐོབ་པའི་དགོས་པ་གཉིས་བསྟན་བཅོས་ འདིའི་འབྲས་བུ་དང་བསྟན་བཅོས་འདི་དེའི་རྒྱུར་འབྲེལ་བ་ནི་བསྟན་བཅོས་འདིའི་འབྲེལ་ བའོ་ཞེས་པར་སློབ་དཔོན་དགོངས་སོ། །ཇི་སྐད་དུ། བསྟན་བཅོས་དང་ནི་དགོས་པའི་དོན། ། འབྲེལ་བའི་གཞི་ནི་གཉིས་ལ་གནས། །དེ་བསྟན་འདུས་པ་དེ་ཡི་ཕྱིར། །དགོས་ལས་ལོགས་ ཤིག་མ་བསྟན་ཏོ། །ཞེས་བཤད་དོ། །ཡང་ན་བསྟན་བཅོས་འདི་རྗོད་བྱེད། ཡུམ་གསུམ་ བརྒྱད་དང་བཅས་པ་འདིའི་བརྗོད་བྱར་འབྲེལ་བ་ནི་འདིའི་འབྲེལ་བའོ། །རད་ཀིར་ནི་རྐང་ བ་དང་པོ་གསུམ་ལ་བློ་དང་ལྡན་པས་མཐོང་འགྱུར་གྱིས་དགོས་པ་སྟེ། སྣོད་ལྡན་གྱི་སློབ་ 1-1-91 མའི་རྒྱུད་ལ་མངོན་རྟོགས་བརྒྱད་རིམ་བཞིན་ངེས་པར་བསྐྱེད་པ་དགོས་པ། ཆོས་སྤྱོད། ཅེས་ སོགས་གཉིས་དང༌། བདེ་བླག་རྟོགས་འགྱུར་དགོས་པ་ཡིན། ཞེས་སྦྱར་བས་དགོས་པའི་ དགོས་པ་སྟེ་འབྲས་བུ་སངས་རྒྱས་ཐོབ་པའི་རྒྱུར་ཉམས་སུ་ལེན་པའི་མཚན་ཉིད་དེའོ། །རྣམ་ པ་ཐམས་ཅད་མཁྱེན་པ་ཉིད་ནི་སངས་རྒྱས་ཉིད་དེ་ཆོས་ལོངས་སྤྲུལ་བའི་སྐུ་གསུམ་གྱི་བདག་ ཉིད་ཀྱི་དེ་བཞིན་གཤེགས་པ་བརྒྱད་པ་ཆོས་སྐུའི་མངོན་རྟོགས་སོ། །ལམ་ནི་དེ་དང་བཅས་ པ་སྟེ་མངོན་རྟོགས་བདུན་ནོ། །དེ་བས་ན་རྣམ་པ་ཐམས་ཅད་མཁྱེན་ཉིད་ལམ་ནི་བ་ལང་ ཤིང་རྟ་བཞིན་ཏེ་མངོན་རྟོགས་བརྒྱད་ཀྱི་བདག་ཉིད་དོ་ཞེས་སོགས་ཏེ། དེ་ལས་ཤེས་དགོས་ སོ། །སློབ་དཔོན་འདིས་རྣམ་མཁྱེན་ནི་ཆོས་སྐུ་ལ་འཆད་དོ། །ཤཱནྟི་ནི། རྣམ་མཁྱེན་པ་ཉིད་ནི་ སངས་རྒྱས་ཉིད་དེ་དེ་ཡང་སྐྱེས་བུ་དམ་པའོ། །ཞེས་སོ། །ཇི་སྐད་དུ། སྒྲིབ་པ་ཀུན་གྱི་དྲེ་མེད་ པ། །རྣམ་པ་ཐམས་ཅད་མཁྱེན་ཉིད་ཐོབ། །རིན་ཆེན་སྣོད་ནི་ཕྱེ་བ་ལྟར། །སངས་རྒྱས་ཉིད་ནི་ ཡང་དག་བསྟན། །ཞེས་པ་ (མདོ་རྒྱན་)ལྟར་རོ། །དེ་ཇི་ལྟར་ལམ་དུ་འགྱུར། བཙལ་བར་བྱ་བས་ ལམ་ཡིན་གྱི་ཚོལ་བར་བྱེད་པས་ལམ་ནི་མིན་ནོ། །སྟོན་པས་མདོ་འདི་ལས་བཤད་པ་གང་ བྱང་སེམས་ལས་གཞན་གྱིས་མྱོང་བ་མིན་པ་སྟེ་མ་རྟོགས་པའི་དོན་བློ་ལྡན་བྱང་སེམས་མཐོང་ བ་ནི། མངོན་དུ་བྱེད་པ་སྟེ་ཐོབ་པ་མངོན་སུམ་དུ་བྱེད་པ་སྟེ་བསྟན་བཅོས་འདི་ལས་གསལ་ བར་ཤེས་ཞེས་དགོངས་སོ། །འདིས་ནི་རྩོམ་པའི་གཙོ་བོའི་དགོས་པ་བསྟན་ཏོ་ཞེས་བསྟན་ བཅོས་འདི་ལ་བརྟེན་ནས་རྣམ་མཁྱེན་སངས་རྒྱས་ཐོབ་པ་གསལ་བོར་ཤེས་པས་འདི་ལས་ དེ་ཐོབ་པ་གཙོ་བོའི་དགོས་པའོ་ཞེས་པའོ། །མདོ་འདིའི་དོན་བསྟན་བཅོས་འདི་ལས་གཟུང་ སྟེ། དྲན་པ་ལ་བཞག་ནས། ཆོས་ནི་འདིར་མདོ་ཉིད་དོ། །སྤྱོད་པ་ནི་རྣམ་པ་བཅུ་སྟེ། ཡི་གེ་ འབྲི་མཆོད་སྦྱིན་པ་དང༌། །ཉན་དང་ཀློག་དང་ལེན་པ་དང༌། །འཆད་དང་ཁ་ཏོན་བྱེད་པ་དང༌། ། དེ་སེམས་པ་དང་བསྒོམ་པ་དང༌། །སྤྱོད་པ་དེ་བཅུའི་བདག་ཉིད་ནི། །བསོད་ནམས་ཕུང་པོ་ 1-1-92 དཔག་ཏུ་མེད། །ཅེས་བཤད་པའོ། །དེ་བདེ་བླག་ཏུ་ནི་རྟོགས་འགྱུར་བ་ཞེས་བྱ་བ་ནི་རྗེས་སུ་ སྒྲུབས་ཤིག་པའོ། །དེ་རྩོམ་པའི་དགོས་པ་གཙོ་བོ་མ་ཡིན་པའོ། །ཞེས་ཏེ། བསྟན་བཅོས་ལ་ བརྟེན་ནས་མདོ་དོན་རྟོགས་ཤིང་དྲན་པ་ལ་བཞག་ནས་ཆོས་སྤྱོད་བཅུས་བདེ་བར་སྒྲུབས་ པའམ་སྒྲུབ་པ་དགོས་པ་ཕལ་བ་ཡིན་ཟེར་བའོ། ། གསུམ་པ་ལ། བརྗོད་བྱ། འབྲེལ་བ། ཉིང་དགོས། དགོས་ (ཆོས་བཤེས་དངོས་)པའོ། །དང་པོ་ ནི། བསྟན་ཞེས་དྲང་ངོ༌། །གང་ན། སྐབས་དང་པོའི་བརྗོད་བྱ་རྣམ་པ་ཐམས་ཅད་མཁྱེན་པ་ ཉིད་ནི་སངས་རྒྱས་རྣམས་ཀྱིས་ཐུགས་སུ་ཆུད་པས་མཐོང་བའི་ཆོས་ལ་བདེ་བར་གནས་པའི་ ལམ་དང་དེ་སྔ་མ་སངས་རྒྱས་ཕྱི་མར་བགྲོད་པའི་ལམ་ཡིན་ནོ། །སྟེ་ནི་ལྷག་མ་ཅན་ནོ། །དེ་ བསྟན་བཅོས་ཀྱི་བརྗོད་བྱར་དངོས་སུ་བསྟན་པ་ནི་མངོན་པར་རྟོགས་པ་གཞན་བདུན་པོ་ ཐམས་ཅད་བསྟན་བཅོས་ཀྱི་བརྗོད་བྱར་ཉེ་བར་མཚོན་པའམ་སྟོན་པ་ལྷུར་ལེན་པ་སྟེ་གཙོར་ བྱེད་པའམ་བྱས་པ་ཡིན་ནོ། །དཔེར་ན་རྒྱལ་བོ་གཤེགས་སོ་བྱས་ན་དཔུང་ཚོགས་བཞི་འགྲོ་ བར་འཕངས་པ་ལྟ་བུའོ་སྙམ་དུ་དགོངས་སོ། །ཁ་ (བུ་)ཅིག་གིས་གཞན་དུ་བཤད་དོ། །དེས་ན་ མངོན་རྟོགས་བརྒྱད་པོ་དེའོ། །གང་གིས་ན། བདུད་བཞི་བཅོམ་པ་དང་ལྡན་ཅིང་འཇིག་རྟེན་ ལས་འདས་པ་སྟེ་བཅོམ་པའི་ཚུལ་ནི། ལན་མི་ལོན་པར་བསྟོད་པ་ལས། །ཁྱོད་ཀྱིས་དང་པོར་ ལྷ་ཡི་བུའི། །བདུད་ཀྱི་མེ་ཏོག་རྒྱལ་མཚན་བསྙལ། །དེ་ནས་ཉོན་མོངས་བདུད་ཀྱི་ནི། །ང་ རྒྱལ་རྒྱལ་མཚན་མཐོན་པོ་གཏིབ། །ཁྱོད་ཀྱིས་བྱང་ཆུབ་མ་ཐོབ་པར། །འདོད་ཁམས་དབང་ ཕྱུག་ལས་རྒྱལ་ཏེ། །བྱང་ཆུབ་བར་ཆད་མེད་ལམ་ལ། །སྲིད་གསུམ་ (ཁམས་གསུམ་ཞེས་ཆོས་བཤེས་) དབང་ཕྱུག་ལས་རྒྱལ་ལོ། །ཞེས་པ་ལྟར། སྲོད་ལ་ལྷའི་བུའི་བདུད་བཅོམ། ཐོ་རངས་རྡོ་རྗེ་ལྟ་ བུའི་ཏིང་ངེ་འཛིན་གྱིས་ཉོན་མོངས་པའི་བདུད་བཅོམ་པར་མཐུན། སངས་རྒྱས་ནས་རྡོ་རྗེའི་ གདན་ལ་བཞུགས་པ་ན་བདུད་ཀྱིས་འདའ་བར་གསོལ་པས་འཁོར་རྣམ་བཞིའི་དོན་མ་བྱས་ 1-1-93 བར་དུ་མི་འདའ་ཞེས་གསུངས་དུས་འཆི་བདག་གི་བདུད་བཅོམ། དཀའ་བ་སྤྱོད་པའི་དུས་ སུ་ཕུང་པོའི་བདུད་བཅོམ་ཞེས་ཁ་ཅིག་གོ །ཚུལ་ཁྲིམས་བསྐྱངས་ཀྱིས་ཕྲན་ཚེགས་འགྲེལ་ པར། མྱ་ངན་ལས་འདས་པའི་དུས་སུ་འཆི་བདག་དང་ཕུང་པོའི་བདུད་བཅོམ་ཟེར་རོ། །ཆོས་ བཤེས་ཀྱིས་སྔར་དྲངས་པ་ལྟར་དྲངས་ནས་དེ་ཡང་གདུལ་བྱའི་སྣང་བ་དང་འཚམ་པར་བརྗོད་ ཀྱི་དོན་ལ་ཅིག་ཁྱོད་བྱང་ཆུབ་པ་དང་དུས་གཅིག་ཁོ་ནར་བདུད་ཐམས་ཅད་ངེས་པར་བཅོམ་ ལགས་སམ་ཞེས་སོགས་ཀྱི་རྗེས་སུ་འབྲང་ངོ་ཞེས་ཏེ་བདུད་ཐམས་ཅད་གཅིག་ཅར་བཅོམ་ ཞེས་པའི་དོན་ནོ། །(བློ་གྲོས་མི་ཟད་པས་བསྟན་པའི་མདོ་འགྲེལ་དུ། ལྷའི་བུའི་བདུད་ནི་བྱང་ཆུབ་ཀྱི་ཤིང་དྲུང་དུ་བྱམས་ པའི་ཏིང་ངེ་འཛིན་གྱིས་བཅོམ། ཉོན་མོངས་པའི་བདུད་ཀྱང་བྱང་ཆུབ་མངོན་པར་རྟོགས་པའི་ཚེ་བཅོམ། ཕུང་པོའི་བདུད་ཀྱང་ བྱང་ཆུབ་མངོན་པར་རྟོགས་པའི་ཚེ་ཀུན་གཞིའི་རྣམ་པར་ཤེས་པ་གནས་ཡོངས་སུ་གྱུར་པས་བཅོམ། འཆི་བདག་གི་བདུད་ཀྱང་ གྲོང་ཁྱེར་ཡངས་པ་ཅན་དུ་མྱ་ངན་ལས་འདའ་བ་ལས་མི་འདའ་བར་ཟླ་བ་གསུམ་དུ་ཚེའི་འདུ་བྱེད་སླར་བསྒྱུར་ཏེ་ཚེ་ལ་དབང་ཐོབ་ པས་བཅོམ་ཞེས་སོ། །འདི་དབྱིག་གཉེན་གྱིས་མཛད་པར་གྲགས་སོ་དཔྱད་དོ། །གནོད་འཇོམས་སུ་འདོད་པའི་ཟག་པ་སྤངས་ པས་ལྷའི་བུའི་བདུད་ཆོམས་སོ། །སྲིད་པའི་ཟག་པ་སྤངས་པས་འཆི་བའི་བདུད་ཆོམས་སོ། །མ་རིག་པའི་ཟག་པ་སྤངས་པས་ ཉོན་མོངས་པའི་བདུད་ཆོམས་སོ། །ལྟ་བའི་ཟག་པ་སྤངས་པས་ཕུང་པོའི་བདུད་ཆོམས་སོ་ཞེས་སོ། །) ནམ་མཁར་འགྲོ་བ་ དང་གཅིག་ཏུ་འགྱུར་ཞིང་མང་པོར་འགྱུར་སོགས་སྐུ་རྫུ་འཕྲུལ་གྱི་ཆོ་འཕྲུལ་ཏེ་དེས་དང་པར་ མཛད། (འགྲེལ་ཆེན།)གདུལ་བྱའི་བསམ་པ་དང་ཁམས་དང་བག་ལ་ཉལ་མཁྱེན་པ་ཐུགས་ཀུན་ དུ་བརྗོད་པའི་ཆོ་འཕྲུལ་ཏེ་དེས་སྨིན་ (འགྲེལ་ཆེན་)པར་བྱེད། དེ་ནས་ཐེག་པ་གསུམ་གྱིས་གདུལ་ བའི་སེམས་ཅན་ལ་རྗེས་སུ་མཐུན་པའི་ཆོས་བསྟན་པས་གྲོལ་བར་མཛད་པ་གསུང་རྗེས་སུ་ བསྟན་པའི་ཆོ་འཕྲུལ་ཏེ་དེས་གྲོལ་བར་མཛད་པས་ཆོ་འཕྲུལ་རྣམ་པ་གསུམ་གྱིས་འགྲོ་བ་ མཐའ་དག་ལ་གདམས་ངག་རྗེས་སུ་སྟོན་པར་མཛད་པ་དེ་ཉིད་ཀྱིས་སོ། །གསུམ་པོའི་ངོས་ འཛིན་དང་བྱེད་ལས་དེ་དག་འགྲེལ་ཆེན་ལས་སོ། །དོན་གྱི་ངོ་བོ་རྒྱུད་བླའི་འགྲེལ་པ་སོགས་ 1-1-94 ཐེག་ཆེན་གྱི་བསྟན་བཅོས་མང་པོར་ཡང་ངོ༌། །ཆོས་བཤེས་ནི། སྔར་ལྟར་གྱི་རྫུ་འཕྲུལ་གྱི་ ཆོ་འཕྲུལ་གྱིས་ཟིལ་གྱིས་གནོན། དེ་ནས་གདུལ་བྱའི་སེམས་ཀྱི་རྒྱུ་བ་ལུང་བསྟན་པས་དང་ པར་བྱེད། དེ་ནས་རྗེས་སུ་མཐུན་པའི་གདམས་ངག་སྦྱིན་པས་དོན་དངོས་སུ་མཛད་ཅེས་སོ། ། མཛོད་དུ། གཞན་དུ་བཤད་དོ། །གང་ལས་ན། བདུད་བཞི་ལས་རྒྱལ་བ་སངས་རྒྱས་ཀྱི་ཡུམ་ རྣམ་པ་གསུམ་ཅར་ལས་སོ། །ཇི་ལྟར་ན། བརྗོད་པར་བྱ་བ་ཉིད་དུ་བསྟན་པའི་དོན་གང་ཡིན་ པ་དེ་བརྗོད་བྱའི་གཙོ་བོའོ། ། སྒྲའི་བརྗོད་བྱ་ནི་གོ་སླའོ་ཞེས་ཆོས་བཤེས་སོ། །དོན་གྱི་བརྗོད་ བྱ་དེའི་ཆེ་བ་ནི། སེང་གེ་ (ཁྱབ་འཇུག་)དང་འཕྲོག་བྱེད་ (དབང་ཕྱུག་)སོགས་ལྷ་ཆེན་པོར་གྲགས་པ་ རྣམས་དང་རྒྱས་པ་དང་སེར་སྐྱ་གྲོག་མཁར་ལ་སོགས་ཕྱི་རོལ་མུ་སྟེགས་བྱེད་རྣམས་དང་དེ་ ལས་གཅིག་ཤོས་ཀྱི་གང་ཟག་ཁམས་གསུམ་ལས་འདོད་ཆགས་དང་བྲལ་བ་ཉན་རང་དགྲ་ བཅོམ་སོགས་པ་ཉན་རང་སློབ་པ་འཇིག་རྟེན་གྱི་གཙོ་བོར་གྱུར་ (ཆོས་བཤེས་དོན་)པ་གཞན་དོན་ དུ་ཆོས་ཐམས་ཅད་བདག་མེད་པར་རྟོགས་པ་ལ་གོམས་པར་མ་བྱས་པ་རྣམས་ཀྱིས་ཐོས་པ་ ལས་བྱུང་བ་དང་སོགས་པ་བསམ་སྒོམ་གྱི་ཤེས་པ་སྐྱེ་བའི་ལྕེ་དབང་གིས་རིམ་གྱིས་མ་མྱངས་ པ་དེ་འདྲ་ཞིག་གོ །སློབ་དཔོན་མ་ཏི་ཙི་ཊས་མཛད་པའི་སངས་རྒྱས་ལ་བསྟོད་པའི་ཕྲེང་བ་ ལས། ཁྱབ་དང་དབང་ལ་སོགས་མ་མྱོང༌། །དཔག་ཏུ་མེད་པར་གནས་པའི་རྒྱུ། །འཇིག་ རྟེན་སྤྱི་བོར་གྱུར་པས་ཀྱང༌། །མྱོང་བར་འགྱུར་བ་མ་ཡིན་པ། །ཡང་དག་བདུད་རྩི་དག་པ་ འདི། །ཐུགས་རྗེ་དག་པའི་རྒྱུ་ཅན་གྱི། །དེ་བཞིན་གཤེགས་པ་མ་གཏོགས་པར། །གཞན་ གྱིས་ལོངས་སྤྱོད་མ་ཡིན་ནོ། །ཞེས་བསྟན་པའི་ལུང་གིས་དོན་དེ་བསྟན་ཞེས་ཆོས་བཤེས་ སོ། །ཐོས་པ་ལས་ཞེས་པ་ནས་རིམ་གྱིས་ཞེས་པའི་བར་འདི་འདིར་ (ཆོས་བཤེས་)མེད་ཅིང་འོག་ ཏུ་ཉིང་དགོས་ལ་སྦྱར་ཡོད་ནའང་ཕྱོགས་གཅིག་ཏུ་འདིར་བཀོད་པའོ། །ཆོས་བཤེས་ཀྱིས་ཕྱི་ རོལ་བ་དང་ཞེས་ནས་མ་མྱངས་པ་དེ་ཞེས་པས་དོན་གྱི་བརྗོད་བྱའི་ཆེ་བ་བསྟན་ཞེས་པས་དེ་ 1-1-95 ཡར་སྦྱར་བ་ལེགས་ཏེ་མ་མྱངས་པ་དེ་ཞེས། དེ་ཞེས་པ་འདས་པ་ལ་འཇུག་པའི་སྒྲ་ཡོད་ཀྱང༌། འོག་ཏུ་མི་འབྲེལ་ལོ། །དེ་ཞེས་པ་མེད་ན་གང་ཡང་རུང་བར་སྣང་སྟེ་ངག་ལས་ཤེས་དགོས་སོ། ། བུདྡྷ་ (རྩ་བའི་དེ་མ་ཐག་ཏུ་བཤད་སྣང་)ཤྲཱིས་འདིས་ནི་བརྗོད་བྱ་མེད་པ། སྒྲུབ་མི་ནུས། འདོད་བྱ་མིན། འབྲེལ་བ་མེད་པའི་མཐའ་བཞི་བསལ་ལོ། །ཞེས་དང༌། རྣམ་མཁྱེན་ཉིད་སངས་རྒྱས་བྱུང་བ་ དང་འབྱུང་འགྱུར་རྣམས་གཤེགས་ཤིང་རྗེས་སུ་གཤེགས་པའི་ལམ་ནི་སངས་རྒྱས་ཏེ་ཤེར་ ཕྱིན་ཞེས་དང་ཡུལ་ (གསུམ་)དང༌། ཐབས་ (བཞི་)དང༌། འབྲས་ (གཅིག་)བུའི་མཚན་ཉིད་ཀྱིས་སྒྲུབ་ པར་བྱེད་པ་དང་བསྒྲུབ་བར་བྱ་བའི་ཚུལ་གྱིས་འབྲེལ་བར་མཛད་པའི་ཕྱི་རོལ་ཅེས་སོགས་ ནས་མ་མྱངས་པའི་བདུད་རྩི་གང་ཡིན་པ་དེ་བརྗོད་པར་བྱ་བ་ཡིན། ཞེས་སོ། ། གཉིས་པ་ནི། རྗོད་པར་བྱེད་པ་རྒྱན་དང་བརྗོད་པར་བྱ་བ་རྣམ་མཁྱེན་རྒྱུ་དང་བཅས་པ་ དག་ལས་རྒྱན་ནི་དེ་སྒྲུབ་པ་དང་རྗེས་སུ་མཐུན་པའི་ཐབས་དང༌། བརྗོད་བྱ་དེ་ཐབས་ཀྱིས་ བསྒྲུབ་པར་བྱ་བ་འབྲས་བུའི་ཚུལ་གྱིས་འབྲེལ་བར་མཛད་པ་ནི་བསྟན་བཅོས་ཀྱི་འབྲེལ་ བའོ། །དགོས་པ་གཉིས་དང་བསྟན་བཅོས་འབྲེལ་བ་དེ་བསྟན་བཅོས་ཀྱི་འབྲེལ་བར་བཤད་ པ་དང་འགལ་ཞེ་ན། མི་འགལ་ཏེ། རྣམ་མཁྱེན་རྒྱུ་བཅས་སྒྲུབ་ནུས་པར་བསྟན་པའི་ནང་དུ་དེ་ འདུས་པ་ཁོ་ནའོ། ། གསུམ་པ་ནི། མངོན་ (ཆོས་བཤེས་)སུམ་དུ་བྱེད་པར་འགྱུར་ཞེས་དྲང་ངོ༌། །གང་ན་རྣམ་པ་ ཐམས་ཅད་མཁྱེན་པ་ཉིད་དོ། །ཆོས་བཤེས་ཀྱིས། རྩ་བར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ ཅེས་དང༌། འགྲེལ་པར་ཞེས་བྱ་བ་ནི་སྐབས་ཐ་མ་ལས་ཇི་སྐད་བསྟན་པ་དང་རྣམ་པ་དང་ མཚན་ཉིད་ལས་ཇི་ལྟར་བསྟན་པའི་བདག་ཉིད་དོ་ཞེས་ཆོས་སྐུ་དང་རྣམ་མཁྱེན་གཉིས་སོ། ། གང་ཟག་གང་གིས་ན། ཐེག་ཆེན་བྱང་ཆུབ་ཏུ་སེམས་བསྐྱེད་ (ཆོས་བཤེས་)པ་ཐམས་ཅད་བྱང་ ཆུབ་སེམས་དཔའ་ཡིན་ལ། ཁྱད་པར་དུ་རིགས་ལ་གནས་པ་ཕྱིར་མི་ལྡོག་བཅུ་གསུམ་ (ཆོས་ 1-1-96 བཤེས་དངོས་)པོ་སྟེ་ཞེས་ཆོས་བཤེས་སོ། །དེ་ཡང་རང་དང་གཞན་གྱི་མངོན་མཐོ་ངེས་ལེགས་ ཀྱི་དོན་ཕུན་སུམ་ཚོགས་པ་སྒྲུབ་པ་ཅི་ལ་ཡང་མ་རག་པར་ཏེ་རག་མ་ལས་པར་ཆས་པ་སྟེ་ ཕྱིར་མི་ལྡོག་པ་ཉིད་ཀྱི་གོ་ཆ་བརྟན་པར་བྱས་པ་དག་ཁོ་ནས་སོ། །གསེར་རོ། །ཐབས་གང་ ལ་བརྟེན་ནས་ཟེར་ན། སྔར་གྱི་ཐོས་བསམ་གྱི་ཤེས་རབ་ཀྱིས་ཡུམ་གྱི་མིང་དོན་ཉམས་སུ་ མྱོང་བ་ཤིན་ཏུ་གསལ་བ་སྟེ་སེམས་ལ་གསལ་བོར་བྱས་པས་ཀུན་གཞིའི་རྣམ་ཤེས་ལ་བསྒོས་ ཤིང་བཞག་པའི་བག་ཆགས་ལས་བྱུང་བའི་སྔར་འདྲིས་པའི་དོན་མ་བརྗེད་པའི་དྲན་པའི་ ཤེས་པ་ལ་བཞག་གོ་ཞེས་དྲང་ངོ༌། །ཆོས་བཤེས་ནི་ཡང་ཡང་གོམས་པས་སེམས་དེའི་རྣམ་ པར་འབྱུང་བ་བརྟན་པས་ལྷུན་གྱིས་གྲུབ་པ་ཡིན་གྱི་ཏིལ་ལ་མེ་ཏོག་སྣ་མའི་དྲི་བསྒོས་པ་ལྟར་ མི་བསམ་མོ་ཞེས་ཟེར་ཏེ་ཀུན་གཞིའི་རྣམ་ཤེས་མི་བཞེད་པར་འོག་ཏུ་བཀོད་སྣང་སྟེ་ནོར་ བའོ། །སྔར་གྱི་ཐོས་བསམ་གྱི་ཤེས་པ་གཅིག་ནས་གཅིག་ཏུ་བརྒྱུད་པ་ལས་བྱུང་བའི་ནུས་པ་ ཞེས་གསེར་ཏེ་དོན་ལ་ཤེས་པ་སྔ་མ་གསལ་བོས་སེམས་རྒྱུད་ལ་བཞག་པའི་ཤེས་པ་ཕྱི་མ་ བསྐྱེད་པའི་ནུས་པ་ཞིག་སྟེ། ཚད་མ་རྒྱན་དུ། རྣམ་ཤེས་སྔ་མས་བཞག་པ་ཡི། །ནུས་པ་བག་ ཆགས་ཡིན་པར་བརྗོད། །ཅེས་པ་ལྟར་རོ། །ཅི་ཞིག་བཞག་ན། ཤེར་ཕྱིན་གྱི་མདོའི་དོན་མ་ ལུས་པའོ། །དེ་ཡང་གླེང་གཞི་ལ་སོགས་པའི་གཞུང་མ་ལུས་པའམ། ཡང་ (ཆོས་བཤེས་)ན་སྙིང་ པོའི་དོན་ཙམ་སྙམ་ན། གཙོ་བོར་གྱུར་པས་མངོན་པར་རྟོགས་པ་བརྒྱད་ཀྱི་བདག་ཉིད་དེ་སྙིང་ པོའི་དོན་ཡང་དེར་འདུས་པས་སོ། །གླེང་གཞི་སོགས་གཞུང་ནི་རྟོགས་པའི་ཆོས་ཡིད་ལ་བྱེད་ པ་ན་གཟིངས་དང་འདྲ་བས་རྣམ་གཡེང་ཡིན་པས་དམན་པའི་ཕྱིར་རོ། །བརྒྱད་པོ་དེའི་ངོ་བོ་ བསྡུས་པ་ནི་ཕྱིན་བཅུ་ཡིན་པས་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་བྱང་ཆུབ་ཀྱིས་སེམས་དང་ ལྡན་པའི་སྦྱིན་པ་ལ་སོགས་པ་ཕར་ཕྱིན་བཅུ་པོ་ (དབུས་མཐར་དྲངས་)དེ་དག་ཉིད་སྒྲུབ་པའི་སྤྱོད་ པ་སྟེ་དེའོ། །དེ་ཡང་ལས་དང་པོ་པའི་ས་ནས་སངས་རྒྱས་ཀྱི་སའི་བར་དུ་རྒྱུ་དང་འབྲས་བུའི་ 1-1-97 ངོ་བོས་བྱང་ཆུབ་ཀྱི་སེམས་དང་མི་འབྲལ་བས་སྦྱིན་སོགས་ཡང་དེ་དང་ལྡན་པར་བསྟན་པའི་ ཕྱིར་སྨོས་ཏེ་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་བྱང་ཆུབ་ཀྱི་སེམས་དེས་བྱིན་གྱིས་མ་བརླབས་ ན་སྦྱིན་སོགས་ཡང་སྒྲུབ་པའི་སྤྱོད་པར་མི་འགྱུར་བས་དེ་གཙོ་བོར་སྨོས་སོ། །དེའི་ཕྱིར་བྱང་ ཆུབ་སེམས་དང་ལྡན་པའི་ཞེས་བྱ་བ་ཡིན་པ་ལས་བར་གྱི་ཚིག་མི་མངོན་པར་བྱས་པའོ། །དེ་ ཡང་ཐེག་ཆེན་འདིར་སྤྱོད་པ་གསུམ་སྟེ་སྨོན་པ་བྱང་ཆུབ་ཀྱིས་སེམས་འཇུག་པའི་སྤྱོད་པ། འཇུག་པ་བྱང་ཆུབ་ཀྱི་སེམས་ཕྱིན་ (ཆོས་བཤེས་དངོས་)བཅུ་སྒྲུབ་པའི་སྤྱོད་པ་སྟེ་སྔར་ཇི་ལྟར་སྨོན་ པ་སྒྲུབ་པའམ་འབྲས་བུ་ལེགས་པར་སྒྲུབ་པས་སོ། །སངས་རྒྱས་ཀྱིས་ནི་གྲུབ་པའི་སྤྱོད་པ་སྟེ་ ཆོས་སྐུའི་འཕྲིན་ལས་རྣམས་ (གྲུབ་པས་སོ་ཟེར་རམ་སྙམ་མོ། །)སོ། །ཇི་ལྟར་བཞག་ན། ལེགས་པར་ཏེ་ འདྲིས་པའི་དངོས་པོ་མ་བརྗེད་པས་ཚེ་རབས་གཞན་དུ་ཡང་རྗེས་སུ་འབྲང་བར་གསལ་བོར་ (དེ་དག་དངོས་)བཞག་པ་ལ་བརྟེན་ནས་ས་བཅུ་བསྒྲུབས་པས་སོ། །སྒྲུབ་པའི་སྤྱོད་པ་དེ་སྤྱད་ པའི་འབྲས་བུ་ཅི་ཞེ་ན། མཚན་ཉིད་འཛིན་པས་ཆོས་ཏེ་གཟུགས་སོགས་ཆོས་ཅན་ཇི་སྙེད་པ་ རྣམས་ཏེ་དེ་རྣམས་ཀྱི་དབྱིངས་ནི་རང་བཞིན་ཏེ་མེའི་ཚ་བ་ཉིད་ལ་མེའི་ཁམས་ཞེས་བརྗོད་པ་ ན་དེ་གཉིས་རྫས་ཅུང་ཟད་ཀྱང་དབྱེ་མི་ནུས་ལ་ཐམས་ཅད་དུ་གཅིག་པར་ཡང་མི་བརྗོད་དེ་ འཛིན་པ་ཐ་དད་པའི་ཕྱིར་རོ། །དེ་བཞིན་དུ་ཆོས་རྣམས་དང་དེའི་དབྱིངས་ཀྱང་དེ་ལྟར་བལྟའོ། ། དབྱིངས་དེ་ལེགས་པར་མཐོང་བ་ན་ཆོས་ཐམས་ཅད་མཐའ་ཡས་པ་ལྟར་དེའི་དབྱིངས་ཀྱང་ དེ་དག་ལས་རྫས་གཞན་དུ་མ་དམིགས་པས་ན་བདག་གཞན་ཐམས་ཅད་ལ་ཀུན་ཏུ་འགྲོ་བར་ རྟོགས་པའི་མཚན་ཉིད་དེ་གང་ལ་ (དོན་བསྡུས་)ཡོད་པའི་མཚན་གཞི་ས་ (དངོས་)དང་པོ་རབ་ཏུ་དགའ་ བ་དང་སོགས་པས་དྲི་མ་མེད་པ་ལ་སོགས་པ་རྟོགས་ཤིང་ཐོབ་པ་འབྱུང་ངོ༌། །དེ་ལྟར་ན་སྒྲུབ་ པའི་སྤྱོད་པ་སྦྱིན་སོགས་བཅུ་དྲན་པ་ལ་བཞག་ནས་ས་བཅུ་རིམ་གྱིས་ཐོབ་པའི་ཚུལ་གྱིས་ མངོན་སུམ་དུ་བྱེད་པའོ་ཞེས་བྱ་བ་སྟེ་དེ་ལྟ་བུ་ནི་དགོས་པའི་ཡང་དགོས་པའོ་ཞེས་སྦྱར་རོ། ། 1-1-98 བཞི་པ་ནི་སྔར་བཤད་པའི་ཉིང་དགོས་དེའི་ཆེད་དུ་རྟོགས་ཤིང་ (དངོས་)ཐོབ་པར་ (དངོས་) མངོན་པར་འདོད་པའི་ཤེར་ཕྱིན་པའི་དོན་སྔར་བཤད་པའི་སྤྱོད་པ་གསུམ་ཅར་ (དངོས་)བསྡུས་ པའི་བྱང་ཆུབ་ཀྱི་སེམས་དང་དེའི་ནང་གི་སྒྲུབ་པའི་སྤྱོད་པ་ཉི་ཚེ་ཡིན་པའི་སྒྲུབ་པའི་སྤྱོད་ པ་དང༌། སོགས་དོན་མ་བཤད་ཀྱང་དེས་བསྒྲེ་ན་སྒྲུབ་པའི་སྤྱོད་པའི་མཚན་ཉིད་གདུལ་བྱ་ རྣམས་ཀྱིས་བདེ་བླག་ཏུ་རྟོགས་པར་འགྱུར་བ་ནི་བསྟན་བཅོས་རྩོམ་པའི་དགོས་པ་ཡིན་ནོ། ། ཞེས་ཆོས་བཤེས་སོ། །ཕལ་ཆེར་ལེགས་པར་བཤད་སྣང་ངོ༌། །ཐ་མ་འདིར་སྨོན་པ་བྱང་ སེམས་འཇུག་པའི་སྤྱོད་པ་ཞེས་སོགས་སྦྱར་ (བུ་སྟོན་)བ་ལྟར་ལེགས་པར་མངོན་ནོ། ། གཉིས་པ་ལ་གཉིས། ཆོས་ལ་ཡིད་ཆེས་བསྐྱེད་པའི་ཡན་ལག་གླེང་གཞི་ (བློ་གྲོས་མི་ཟད་པས་ བསྟན་པའི་མདོ་འགྲེལ་ལས།)བཤད། སྐྱེས་ནས་ཐོས་བསམ་སྒོམ་པས་འཇུག་བྱ་མངོན་རྟོགས་བཤད་ པའོ། ། དང་པོ་ནི། བསྟན་བཅོས་འདིས་ཡུམ་གྱི་མདོའི་དོན་ཐམས་ཅད་བསྡུས་སམ་མ་བསྡུས་ ཞེ་ན། མ་བསྡུས་ཏེ། གླེང་གཞི་ནི་ཡུམ་འདི་ལས་ཇི་ལྟར་འབྱུང་བར་འགྱུར་བའི་འཁོར་འདུས་ པ་སོགས་བསྟན་པ་ཡིན་པས་རྟོགས་སླ་བས་སོ། །དེའི་འོག་ཏུ་སེམས་བསྐྱེད་པའི་ལེའུ་ནས་ ཆོས་ཉིད་མི་འགྱུར་པའི་བར་ནི་རྟོགས་དཀའ་བས་བསྟན་བཅོས་ཀྱིས་བསྟན་ཏོ། །དེ་ནས་ བསླབ་པ་རབ་ཏུ་དབྱེ་བའི་ལེའུ་ནི་མཚན་ཉིད་གསུམ་གྱི་དབྱེ་བས་དོན་དམ་པའི་བདེན་པ་ ཡོངས་སུ་གྲུབ་པའི་མཚན་ཉིད་སྙིང་པོའི་དོན་ཐེག་པ་གཅིག་ཉིད་དང་རིགས་གཅིག་ཉིད་ དུ་བསྟན་ལ། སྙིང་པོའི་དོན་ནི་མདོ་སྡེ་དུ་མ་དང་འཕགས་པ་ཀླུ་སྒྲུབ་ཀྱི་རྩ་ཤེས་ལ་སོགས་ པར་གསལ་བར་མཛད་པས་འདིར་བསྟན་མི་དགོས་སོ། །རྟག་ཏུ་ངུ་དང་ཆོས་འཕགས་ཀྱི་ ལེའུ་ནི་སློབ་མ་དང་དགེ་བཤེས་ཀྱི་ཚུལ་བསྟན་པ་སྟེ་གདུལ་བྱ་མ་འོངས་པ་རྣམས་དེ་ལྟར་ བསླབ་པའི་ཆེད་དུ་སྔོན་བྱུང་བསྟན་པས་གོ་སླའོ། །ལེའུ་ཐ་མ་ནི་གཞུང་ཉེ་བར་བསྡུ་བའི་ 1-1-99 ཚུལ་ཏེ་བསྟན་བཅོས་འདི་དང་མ་སྦྱར་རོ། །བསྡུར་མི་རུང་བ་མིན་གྱི་རྟོགས་དཀའ་བ་ཙམ་ ཞིག་བསྡུས་པའོ། །མདོ་དང་སྦྱོར་བའི་རྒྱུ་མཚན་ཡང་གཉིས་ཏེ། ཁ་ཅིག་སྦྱར་བར་རིགས་པ་ དངོས་སུ་སྦྱར་བ་ན་དེའི་ལྷག་མའང་དེ་དང་སྦྱར་བར་ཤུགས་ཀྱིས་གསལ་ཞིང་དེ་ལྟར་སྦྱར་ བའི་ལུང་སངས་རྒྱས་ཀྱི་གསུང་བྱམས་པ་ལ་མངའ་བས་སོ། །སྡུད་ཚུལ་ཡང་ཁ་ཅིག་ཟླས་ བསྡུས་ཏེ་དྲོད་ཀྱི་སྐབས་སུ་བུད་མེད་དུ་མི་སྐྱེ་བར་བསྟན་པ་བཞིན། ཁ་ཅིག་གཙོ་བོས་ཡན་ ལག་བསྡུས་ཏེ་རྒྱལ་བོ་གཤེགས་པ་བཞིན་ནོ། །འགའ་ཞིག་ལེའུ་དེ་དང་དེའི་ཁོངས་སུ་བསྟན་ ཡང་གོ་སླ་བས་ཆེད་དུ་མ་བསྡུས་ཏེ་དགེ་སློང་མང་པོ་ལུང་བསྟན་པ་ལྟ་བུ་སྟེ་བློ་གྲོས་རྣམ་དག་ གིས་ཅི་རིགས་སུ་དཔག་གོ་ཞེས་ཆོས་བཤེས་སོ། །ཐུབ་དགོངས་སུ་མདོའི་དོན་ཐམས་ཅད་ནི་ དེའི་རྒྱན་ཚིག་ལེའུར་བྱས་པས་བསྡུས་པ་མེད་དོ་ཞེས་སོ། །བྱམས་ཞུས་འཕགས་པས་འཕྲིན་ ལས་དང་སྦྱར་བས་མ་བསྡུས་ཞེས་ཆོས་བཤེས་བཞེད་པ་ནོར་གསུངས(བུ་)ཏེ། འཕགས་ པས་སྦྱར་བ་མེད་པས་འཁྲུལ་ལོ། །ཡང་གླེང་གཞི་ཞིང་དག་པས་གཙོ་ཆེར་བསྡུས། སེམས་ བསྐྱེད་སོགས་ཀྱིས་བསྡུས་པའང་ཡོད་དོ། །རྟག་ཏུ་ངུ་ཆོས་འཕགས་ལེའུ་ཡོངས་འཛིན་གྱིས་ བསྡུས། གཏད་ལེ་དེའི་རྒྱུ་ཡོངས་གཏོད་ཀྱིས་བསྡུས་གསུངས་ (བུ་སྟོན་)སོ། །འོན་ཀྱང་བྱམས་ ཞུས་ཐ་མ་ནི་ཤཱནྟི་ཨ་བྷ་ཡས་འཕྲིན་ལས་དང་སྦྱར་ལ། སློབ་དཔོན་གྱིས་བསྡུས་དོན་འགྲེལ་ པར་མ་བསྡུས་སོ། །འཕགས་པས་ཀྱང་རྒྱན་དང་མ་སྦྱར་རོ། །བསྟན་བཅོས་འདིར་སྨོས་པ་ ལས་ཁ་ཅིག་མདོའི་གླེགས་བམ་ལ་ལ་ལ་མི་སྣང་བ་ནི་མདོའི་ཡི་གེ་ཉམས་པར་ཟད་དོ་ཞེས་ ཆོས་བཤེས་སོ། །འདི་དག་ལ་འཐད་མི་འཐད་ཀྱི་རྣམ་བཞག་དང་གླེང་གཞིའི་འགྲེལ་པ་ཡི་ གེ་ལོགས་སུ་དགོད་ཅིང་དཔྱད་པར་བྱ་རྒྱུ་མང་སྟེ་འཆད་པའི་ཚེའང་རྟོགས་པར་བྱའོ། །དེ་ལ་ གཉིས། བཀའ་བསྡུ་བ་འབྱུང་བའི་རྒྱུ་སྡུད་པ་པོས་གླེང་སློང་བའི་དང༌། མདོ་སྡེ་རིན་པོ་ཆེ་ (ས་ ལུ་ལྗང་པའི་འགྲེལ་པར་ཀ་ཤིས། བློ་གྲོས་མི་ཟད་པའི་མདོ་འགྲེལ་དབྱིག་གཉེན་མར། རྡོར་གཅོད་འགྲེལ་པར་ཀ་ཤིས་སོ། །) 1-1-100 འབྱུང་བའི་རྒྱུ་སྟོན་པ་སངས་རྒྱས་ཀྱི་གླེང་གཞིའི་ཚིག་དོན་ནོ། ། དང་པོ་ནི། མདོ་སྡེ་འདི་སུས་བསྡུས་ཤེ་ན། གནོད་འཇོམས་གཉིས་དང་སྟོད་འགྲེལ་ མན་ངག་རྗེས་འབྲང་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་གཟུགས་ཀྱི་སྐུ་དང༌། དམ་པའི་ཆོས་ ཀྱི་ཚོགས་པ་སྲུང་བར་གཏོགས་པའི་ཕྱིར་འཕགས་པ་བྱང་སེམས་ཕྱག་ན་རྡོ་རྗེ་ལ་འཁོར་གྱི་ ནང་དུ་ (བྱམས་པ་ལ་དྲིས་ཞེས་འབུམ་ཊཱིཀ་)དྲིས་པ་དང་འདི་སྐད་བདག་གིས་ཐོས་ཞེས་ཤེར་ཕྱིན་འདི་ བདག་གིས་ཐོས་པར་བྱམས་པ་ལ་ཁས་འཆེས་སོ་ཞེས་སོ། །འགྲེལ་ཆེན་དུ་སྔར་གྱི་རྒྱུན་ མཚན་གཉིས་པོ་དེའི་སྟེང་དུ་ཕྱག་ན་རྡོ་རྗེ་དབང་བསྐུར་བ་ལ་སོགས་པ་ལས་བསྟན་པ་གཏད་ པའི་ཕྱིར་དང་ཁྱད་པར་གྱི་ཚིག་གཞན་མེད་པས་ལྕང་ལོ་ཅན་ན་བཞུགས་པའི་ས་བཅུའི་ དབང་ཕྱུག་རྡོ་རྗེ་འཛིན་པ་ཆེན་པོ་ལ་འཕགས་པ་བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་ དཔའི་ཚོགས་ཆེན་པོས་སེམས་ཅན་ཀུན་རྗེས་སུ་གཟུང་བའི་ཕྱིར་ཤེར་ཕྱིན་གྱི་མདོ་བསྡུ་བར་ གསོལ་བ་བཏབ་པ་ན་འདི་སྐད་སོགས་གསུངས་སོ་ཞེས་སྔོན་གྱི་སློབ་དཔོན་རྣམས་འཆད་ དོ། །གཞན་དག་ནི་འདི་ཉིད་ཀྱི་ཡོངས་སུ་གཏད་བའི་ལེའུ་ལས་ཤེར་ཕྱིན་གཏད་པའི་ཕྱིར་ སྡུད་བྱེད་འཕགས་པ་ཀུན་དགའ་བོ་ཡིན་པར་སེམས་སོ་ཞེས་སོ། །སྙིང་པོ་མཆོག་ཏུ། འདིར་ སྡུད་པ་པོ་གང་ཞེ་ན། ལྕང་ལོ་ཅན་ན་གནས་པའི་ཕྱག་རྡོར་ནི་གཟུགས་སྐུ་དང་ཆོས་ཀྱི་ཚོགས་ བསྲུང་བའི་དབང་དུ་བྱས་པ་དང༌། ཕྱག་རྡོར་དབང་བསྐུར་བ་ལས་བསྟན་པ་གཏད་པ་ཡིན་ ནོ། །ཀུན་དགའ་བོ་ལ་གཏད་པ་ནི་ཉན་ཐོས་ཡང་གཞུག་པའི་དོན་དུ་ཡིན་གྱི། ཤེར་ཕྱིན་གྱི་ བཀའ་བསྡུད་པའི་དོན་དུ་མིན་གྱི་ཉན་ཐོས་ཀྱི་སྡེ་སྣོད་སྡུད་པ་པོ་ཡིན་ནོ། །དེ་བཞིན་དུ་ཕྱག་ རྡོར་བྱང་ཆུབ་སེམས་དཔའི་སྡེ་སྣོད་སྡུད་པ་པོ་ཡིན་ནོ་ཞེས་སོ། །རྟོག་གེ་འབར་བར། རྩ་ བའི་སྡུད་པར་བྱེད་པ་པོ་ཀུན་ཏུ་བཟང་པོ་དང་འཇམ་དཔལ་དང་གསང་བའི་བདག་པོ་དང་ བྱམས་པ་ལ་སོགས་པ་རྣམས་ཀྱིས་བསྡུས་ཞེས་དང༌། བདག་ཅག་གི་རྩ་བའི་སྡུད་པར་བྱེད་ 1-1-101 པ་པོ་ཉན་ཐོས་ནི་མ་ཡིན་ཏེ་ཞེས་སོ། །ཏིང་འཛིན་རྒྱལ་བོའི་འགྲེལ་པར། སྡུད་པ་པོ་ནི་ཀུན་ དགའ་བོ་ཡིན་ཏེ་ཀུན་དགའ་བོ་ཁྱོད་ཀྱིས་འདི་ཟུངས་ཤིག་ཅེས་པའི་ཚིག་གིས་སོ། །ཕྱག་ན་ རྡོ་རྗེ་ཡང་ཡིན་ཏེ་ཇི་ལྟར་གཞན་དུ་བཤད་པ་བཞིན་ནོ་ཞེས་འཇམ་དཔལ་གྲགས་པས་སོ། ། འོན་ཀྱང་ཀུན་དགའ་བོ་ནི་ཕྱག་རྡོར་དུ་རྒྱུད་ལ་ལས་བཤད་པས་འགལ་བ་མེད་པར་མངོན་ ནོ། །(བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ནི། དེའི་ཚེ། ཚེ་དང་ལྡན་པ་ཀུན་དགའ་བོར་གྱུར་ཏོ། །ཞེས་གསུངས་ཞེས་མདོ་ཀུན་ འགྲེལ་པར་ཤཱནྟིས་སོ། །)དེ་ལ་འདི་ (ཨེ་ཝཾ་ཟེར་)སྐད་ཅེས་པའི་ཚིག་ཕྲད་འདི་དཔེ་དང་ལུང་འབོགས་ པ་དང༌། དྲིས་པ་རྣམ་པར་ངེས་པ་དང༌། དམ་བཅའ་བ་དང༌། (ཁས་ལེན་པ་དང་དགོངས་བཞི་བཅུ་པར་ )ཚིག་གི་ལན་དག་ལ་འབྱུང་སྟེ་རིམ་པ་བཞིན་ (རྡོར་གཅོད་འགྲེལ་པར་ཀ་ཤིས། དགོངས་འགྲེལ་འགྲེལ་པ་བམ་ པོ་བཞི་བཅུ་པར།)དཔེར་བརྗོད་ན་ཕྱུག་པ་ལ་རྣམ་ཐོས་ལྟར་རམ་འདྲ་བར་ཞེས་དང༌། འདི་སྐད་ ཐོན་ཅིག་དང༌། བདག་གིས་འདི་སྐད་ཐོས། འདི་སྐད་བཤད། དེ་བཞིན་དུ་བྱའོ། །དེ་ནི་དེ་ལྟ་ མིན་ནོ། །དེ་ལྟའོ་ཞེས་པ་ལྟ་བུའོ། །འདིར་ (དགོངས་བཞི་བཅུ་པར་)ནི་དམ་བཅའ་བའམ་ཁས་ལེན་ པ་ཁོ་ན་ལ་བལྟ་བར་བྱ་སྟེ་སྡུད་བྱེད་ཀྱི་བྱང་སེམས་རྣམས་ཀྱིས་ཁྱོད་ཀྱིས་ཇི་སྐད་ཐོས་པ་དེ་ བཞིན་དུ་བཤད་དུ་གསོལ་ཞེས་གསོལ་བ་བཏབ་པ་དང༌། བྱང་སེམས་བདག་གིས་ཐོས་པ་ དེ་ཁོ་ན་བཞིན་དུ་སྨྲ་བར་བྱའོ་ཞེས་ཁས་འཆེས་པའོ། །ཡང་ན་དྲིས་པ་རྣམ་པར་ངེས་པ་ཡིན་ ཏེ་ཞེས་སངས་རྒྱས་ས་འགྲེལ་དང་ས་བཅུ་པའི་འགྲེལ་བཤད་ཉི་མ་གྲུབ་ཀྱིས་མཛད་པ་དང་ དགོངས་འགྲེལ་འགྲེལ་ཆེན་བམ་པོ་བཞི་བཅུ་པ་བོད་ཀྱི་སྡུད་པོ་ཁ་ཅིག་གིས་མཛད་པ་རྣམས་ སུ་བཤད་དོ། །ཡང་ན(བཱི་མ་ལ་དངོས་)། འདི་ཁོ་ན་སྐད་དམ་འདི་ཁོ་ན་བཞིན་དུ་ཐོས་ཀྱིས་ (ཤེར་ སྙིང་འགྲེལ་པར་བཱི་མ་ལས་)གཞན་དུ་མིན་ནོ་ཞེས་པས་སྒྲོ་སྐུར་སྤངས་པས་ཆོས་ཕྱིན་ཅི་ (འགྲེལ་ཆེན་) མ་ལོག་པར་བསྟན་ (འགྲེལ་ཆེན་)ཏོ། །བདག་གིས་ཞེས་པས་བླ་མ་བརྒྱུད་པ་མིན་གྱི་བཅོམ་ལྡན་ འདས་ལས་མངོན་སུམ་དུ་ཐོས་པར་སྟོན་ནོ། །དེ་མི་འཐད་དེ། གཞན་ལས་ཐོས་པའང་ཡོད་ 1-1-102 པས་སོ། །ཞེ་ན། སངས་རྒྱས་ཀྱི་བྱིན་བརླབས་ཀྱིས་གཞན་གྱིས་བསྟན་པའང་དེ་བས་བསྟན་ པ་ལྟར་སངས་རྒྱས་ཀྱི་བྱིན་བརླབས་ཀྱིས་གཞན་ལས་ཐོས་པའང་དེ་པ་ལས་ཐོས་པ་ཡིན་ནོ་ ཞེས་འགྲེལ་ཆེན་ནོ། །ཐོས་པ་ནི་རྣ་བའི་རྣམ་ཤེས་ཀྱིས་ཐོས་ཀྱི་འདིའི་དོན་རྟོགས་པ་ (འགྲེལ་ པ་ཀུན་)མེད་ཅེས་སྡུད་པ་ (དོན་ཐོབ་)པོས་ཁེངས་སྐྱུང་མཛད་པའོ། །འདི་སྐད་བཤད་དོ་ཞེས་ཅིའི་ ཕྱིར་མ་སྨོས་ཞེ་ན། བཅོམ་ལྡན་འདས་ཀྱིས་བསྟན་པའམ་ (དབྱིག་གཉེན་)དེས་བཤད་པ་ (བུདྡྷ་ཤྲཱི་) ནི་བསམ་གྱིས་མི་ཁྱབ་པས་སྡུད་པ་པོའི་ཡུལ་མིན་པའི་ཕྱིར་ན་བདག་གི་སྤྱོད་ཡུལ་དུ་ཇི་ཙམ་ གྱུར་པའི་ཆོས་ཀྱི་སྒོ་གཟུང་ནས་འདི་སྐད་ཐོས་ཞེས་རྣ་བའི་ལམ་ནས་འོངས་པ་ཉི་ཚེ་ (འབུམ་) བསྟན་ཞེས་གནོད་འཇོམས་གཉིས་སོ། །འོ་ན་བཀའ་ལ་བཀའ་མིན་བསྲེས་པའི་སྐྱོན་ཡོད་ དེ་ (ཨ་བྷ་ཡ་ནི་བཅོམ་ལྡན་འདས་ལ་རྣམ་པར་རྟོག་པ་མེད་པས་དོན་དམ་པར་བསྟན་པ་མི་སྲིད་པས་ཞེས་ལན་འདེབས་སོ། །)། འདི་སྐད་དང་གསོལ་བ་སོགས་སྟོན་པས་མ་གསུངས་པ་ཡོད་པས་སོ་ཞེ་ན། སྐྱོན་མེད་དེ་རྗེས་ སུ་གནང་བའི་བཀའ་ཡིན་ཏེ། ཆོས་ཡང་དག་པར་སྡུད་པའི་མདོ་ལས། དགེ་སློང་དག་འདི་ སྐད་བདག་གིས་ཐོས་པ་ཞེས་གྱིས་ལ་དམ་པའི་ཆོས་བསྡུ་བར་བྱའོ། །ཞེས་དང༌། འབྲེལ་བ་ དང་གོ་རིམ་བསྟན་པར་བྱའོ། །ཞེས་སོ། །ཞེས་འགྲེལ་ཆེན་ལས་སོ། ། གཉིས་པ་ལ། མདོ་སྡེ་ཐམས་ཅད་ཀྱི་སྤྱིའི་གླེང་གཞི་ (བམ་པོ་བཞི་བཅུ་པར།)ཁྱད་པར་ཤེར་ ཕྱིན་གྱི་གླེང་གཞི་སྟེ་གཉིས་སུ་གནོད་འཇོམས་ལས་སོ། ། དང་པོ་ནི། ཏིང་ངེ་འཛིན་རྒྱལ་འགྲེལ་པར་ (གྲགས་པའི་ཕྲེང་བ།)ད་ནི་གང་གི་ཚེ། གང་ལས། གང་དུ། གང་དག་དང་ལྷན་གཅིག་མདོ་སྡེ་རིན་པོ་ཆེ་དཔེ་མེད་པ་འདི་ལྟ་བུ་ཁྱོད་ཀྱིས་ཐོས་ ཞེས་འདྲི་བའི་ལན་གདབ་པ་དང་རང་ཉིད་ཚད་མར་བསྟན་པའི་ཕྱིར་སྡུད་པ་པོས་ཡུལ་ལ་ སོགས་པ་བསྟན་པ་ནི་ཐོས་པའི་དུས་གཅིག་ན་ཞེས་ཏེ། ཕྱོགས་གླང་གིས། སྟོན་པ་དབང་བོ་ འཁོར་དང་ནི། །ཡུལ་དུས་དག་ཀྱང་ངེས་བསྟན་པ། །སྡུད་པོ་རང་ཉིད་ཚད་མར་ནི། །རབ་ 1-1-103 སྒྲུབ་ཕྱིར་ཡིན་འཇིག་རྟེན་ན། །ཡུལ་དང་དུས་སོགས་ཀྱིས་མཚོན་ཞིང༌། །དབང་བོར་བཅས་ ཚིག་སྨྲ་བ་ཡིས། །སྨྲ་པོ་ཚད་མར་རྗེས་སུ་རྟོགས། །ཞེས་སོ(བརྒྱད་སྟོང་དོན་བསྡུར།)། །དེ་ལྟར་ན་ དུས། སྟོན་པ། ཡུལ། འཁོར་བཞི་ལས། དང་པོ་ནི། དུས་གཅིག་ན་ཞེས་པ་ཚིག་ (འགྲེལ་ཆེན་)སྔ་ མ་དང་སྦྱར་ན་དུས་གཅིག་གི་ཚེ་ན་འདི་ཐོས་ཞེས་པས་དུས་ཐམས་ཅད་དུ་ཐོས་པ་ཡོད་པ་ མིན་ཞེས་ (ཏིང་རྒྱལ་འགྲེལ་པར་)བསྟན་པས་མདོ་འདི་རྙེད་དཀའ་བར་བསྟན་ (ཀ་ཤིས་རྡོ་རྗེ་གཅོད་པའི་ འགྲེལ་)ཏོ། །ཡང་ན་དུས་གཅིག་གི་ཚེ་འདི་ཐོས་ཞེས་པས་སྨན་པའི་རྒྱལ་ (འགྲེལ་ཆེན་ཏིང་རྒྱལ་འགྲེལ་ )པོ་སྙིང་རྗེ་ཅན་བཞིན་དུ་གཞན་གྱི་ཚེ་གཞན་ཐོས་ཞེས་སྨྲས་པས་སྡུད་པོ་ཐོས་པ་མང་བར་ བསྟན་ཏོ། །ཡང་ན་དུས་སྐད་ཅིག་ (འགྲེལ་ཆེན་)གཅིག་ལ་ཐོས་ཞེས་བསྟན་པས་རྨི་ལམ་དུ་ལྷ་ལ་ སོགས་པའི་ (ཏིང་རྒྱལ་འགྲེལ་)མཐུས་དུས་ (འགྲེལ་ཆེན་)ཐུང་ངུ་ལ་ (འགྲེལ་ཆེན་དོན་)ལོ་བརྒྱ་ལ་སོགས་ པར་སྣང་བ་བཞིན་དུ་ཆོས་རྒྱུན་ཏིང་འཛིན་ཐོབ་ (ཏིང་རྒྱལ་འགྲེལ། འགྲེལ་ཆེན་ན་མེད་)པ་དང་དེ་པའི་ བདག་པོའི་དབང་གིས་སྐད་ཅིག་གཅིག་ལ་ཐོས་ཤིང་བརྗེད་ (འགྲེལ་ཆེན་)པ་མེད་དོ་ཞེས་པས་ སྡུད་པ་པོ་རང་ཚད་མའི་སྐྱེས་བུར་བསྟན་ (འགྲེལ་ཆེན་དངོས་)ཏོ། །ཚིག་ཕྱི་ (འགྲེལ་ཆེན་)མ་དང་སྦྱར་ ན་དུས་གཅིག་གི་ཚེ་ན་བྱ་རྒོད་ཕུང་པོའི་རི་ལ་བཞུགས་ (འགྲེལ་ཆེན་དངོས་)ཞེས་བསྟན་པས་དུས་ གཞན་གྱི་ (འགྲེལ་ཆེན་ཀ་ཤིས་རྡོར་)ཚེ་ཡུལ་གཞན་དུ་བཞུགས་པར་ཡང་བསྟན་ཏོ། །དེ་ཡང་རྒྱུ་ བདུན་གྱིས་ཡུལ་གཞན་དུ་གཤེགས་ཏེ། རྣམ་བཤད་རིགས་པར། ཡུལ་གཞན་གདུལ་བར་བྱ་ ཕྱིར་དང༌། །དེར་གནས་དཀོན་པ་ (སྐོམ་འགྱུར་རྙིང་)བསྐྱེད་ཕྱིར་དང༌། །ཉན་ཐོས་གནས་མང་བྱ་ ཕྱིར་དང༌། །ཆགས་པ་མེད་པར་བསྟན་པ་དང༌། །ཡུལ་རྣམས་མཆོད་རྟེན་བྱ་ (འགྱུར་ཞེས་རྙིང་) ཕྱིར་དང༌། །འགྲོ་བའི་བསོད་ནམས་དོན་ཉིད་དང༌། །ཡམས་ལ་སོགས་པ་ཞི་དོན་དུ། །སངས་ རྒྱས་རྒྱུ་བར་མཛད་པ་ཡིན། །ཞེས་སོ། །ཇི་ལྟར་རྒྱུ་ན་སོ་ཐར་ལས། ཇི་ལྟར་བུང་བ་མེ་ཏོག་གི ། ཁ་དོག་དྲི་ལ་མི་གནོད་པར། །ཁུ་བ་གཞིབས་ནས་འཕུར་བ་ལྟར། །དེ་བཞིན་ཐུབ་པ་གྲོང་དུ་ 1-1-104 རྒྱུ། །ཞེས་སོ། །གནོད་འཇོམས་གཉིས་དང་མན་ངག་རྗེས་འབྲང་དུ། དུས་གཅིག་ན་ཞེས་བྱ་ བ་ནི་གང་ཡང་རུང་བའི་དུས་ན་ཞེས་པའོ། །ཅིའི་ཕྱིར་དུས་ངེས་པ་མ་མཛད་ཅེ་ན། ཉི་མ་ཚེས་ གྲངས་ཟླ་བ་དུས་འདི་ལ་ཞེས་པའི་ཚིག་དགོས་པ་མེད་ཅིང་མི་ (ཆེད་མི་ཆེ་བས་སོ་ཞེས་འབུམ་ཊཱིཀ་) དགོས་པ་བཤད་པར་མི་རིགས་སོ། །གནས་བསྟན་པ་ནི་མཆོད་རྟེན་དུ་གྱུར་ (ཀ་ཤིས་རྡོར་གཅོད་ འགྲེལ་)པ་སྟེ་སེམས་ཅན་གྱི་བསོད་ནམས་སྤེལ་བ་དང་རྩོད་པ་མེད་པར་བྱ་བའི་ཕྱིར་ (འབུམ་ཊཱིཀ་) རོ། །ཡང་ན་རྒྱལ་ཁབ་ཏུ་ལན་མང་དུ་བཞུགས་པས་དེར་བཞུགས་པའི་དུས་གཅིག་ན་ཞེས་ སྨོས་པར་སྦྱར་རོ། །ཞེས་སོ། །གཉིས་པ་ནི་བཅོམ་ལྡན་འདས་སོ། །གསུམ་པ་ནི། ཁྱིམ་པ་ དང་རབ་ཏུ་བྱུང་བའི་ཕྱོགས་གཉིས་བསྡུ་བ་དང༌། གཟུགས་སྐུ་དང་ཆོས་སྐུས་ཕན་འདོགས་ པར་བསྟན་ (དངོས་)པའི་ཕྱིར་རྒྱལ་བོའི་ཁབ་བྱ་རྒོད་ཕུང་པོའི་རི་ཞེས་གནས་གཉིས་སྨོས་སོ་ (གནོད་འཇོམས་)ཞེས་སོ། །དེ་ཡང་མ་ག་དྷའི་གྲོང་གི་བྱེ་བྲག་རྒྱལ་ (བཱི་མ་ལ་)བོ་མང་པོས་བཀུར་ བའི་ཕོ་བྲང་འཁོར་རོ། །(ཤཱནྟི་ཨ་བྷ།)ཡང་ན་རྒྱལ་བོ་གཟུགས་ཅན་སྙིང་པོའི་ཁབ་པོ། །དེ་ལ་ རྒྱལ་བོའི་ཁབ་ཟེར་བ་ནི། གྲོང་ཁྱེར་དེ་རྩྭ་མཆོག་གི་གྲོང་ཞེས་གྲགས་ཏེ་དེ་ལ་མི་མ་ཡིན་གྱིས་ མེ་ཡང་ཡང་བཏང་བས་རྒྱལ་བོས་གྲོང་ཁྱེར་བ་དག་དེང་ཕྱིན་ཆད་ཁྱིམ་དུ་མེ་ཤོར་བ་དེ་ བསིལ་བའི་ཚལ་གྱི་དུར་ཁྲོད་དུ་སོང་ལ་ཁྱིམ་བརྩིགས་ཏེ་འདུག་ཅིག་ཅེས་བསྒོ་བ་དང་ཕོ་ བྲང་དུ་མེ་ཤོར་རོ། །རྒྱལ་བོ་རང་གི་ཁྲིམས་བཙན་པར་བྱ་བའི་ཕྱིར་འཁོར་དང་བཅས་པ་དུར་ ཁྲོད་དེར་སོང་སྟེ། ཕོ་བྲང་བརྩིགས་ཏེ་གནས་བཏབ། དེ་ནས་སྐྱེ་བོ་གཞན་གྱིས་བཏབ་པས་ དེ་སྐད་དོ་ཞེས་ཀླུའི་སཱ་ལུ་ལྗང་འགྲེལ་ལས་སོ། །རྒྱལ་བོའི་མིང་བཏགས་པའི་ཁང་ཁྱིམ་དག་ མི་མ་ཡིན་གྱིས་མི་འཚེ་བས་ (འབུམ་ཊཱིཀ་དོན་དངོས་)དེ་སྐད་བཏགས་ཞེས་གྲག་ཅེས་ཀ་ཤིས་ (སཱ་ལུ་ ལྗང་འགྲེལ་)སོ། །འདི་སྐད་བཤད་པའི་ཚུལ་འདི་བརྒྱད་སྟོང་འགྲེལ་པ་མན་ངག་རྗེས་འབྲང་དུ་ ཞིབ་ཏུ་བསྟན་ཏོ། །རྒྱལ་བོའི་ཁབ་དེ་ཡང་རྒྱ་ཆེ་བས་དེའི་ཕྱོགས་གང་ན་བཞུགས་མི་ཤེས་ 1-1-105 (འབུམ་ཊཱིཀ་ཀ་ཤིས་སཱ་ལུ་ལྗང་)ཏེ་དེ་གསལ་བར་བསྟན་པའི་ཕྱིར་རྒྱལ་བོའི་ཁབ་ཀྱི་རི་ (འབུམ་ཊཱིཀ་)བྱ་ རྒོད་འཕུངས་བ་ཞེས་ཏེ་རི་དེའི་དབྱིབས་བྱ་རྒོད་འཕུངས་བ་འདྲ་བས་དེ་སྐད་དོ་ཞེས་འབུམ་ ཊཱིཀ་གོ །སཱ་ལུ་ལྗང་བའི་འགྲེལ་པར་རི་གང་གི་སྤྱི་བོ་བྱ་རྒོད་ཀྱི་མགོ་འདྲ་བ་དེ་ལ་བྱ་རྒོད་ཕུང་ པོའི་རིའོ། །ཡང་ན་བདུད་སྡིག་ཅན་གྱིས་བྱ་རྒོད་ཀྱི་ཤ་ཚུགས་སུ་སྤྲུལ་ཏེ་བཅོམ་ལྡན་འདས་ ཀྱི་ཆོས་གོས་འཕྲོག་པར་བརྩམ་པ་ལས་བཅོམ་ལྡན་འདས་ཀྱིས་བྱིན་བརླབས་ཀྱིས་མ་ནུས་ ནས་དེ་ཉིད་དུ་བོར་ཏེ་ཆོས་གོས་དེ་དེང་སང་དུ་ཡང་རྡོར་གྱུར་ནས་བཞི་རིམ་དུ་བྱས་ཏེ་ཆོས་ གོས་ལྟ་བུར་འདུག་གོ །དེས་ཉེ་བར་མཚོན་པའི་རི་ནི་བྱ་རྒོད་ཕུང་པོ་ཞེས་བྱ་སྟེ་ཞེས་ཀླུས་སོ། ། ཀ་ཤིས་བྱ་རྒོད་འདྲ་བར་རིའི་རྩེ་མོ་ཏོག་ཏོག་པོར་འདུག་པས་བྱ་རྒོད་ཀྱི་ཕུང་པོ་ཞེས་སཱ་ལུ་ ལྗང་བའི་འགྲེལ་པར་རོ། །འགྲེལ་ཆེན་དུ་འདོད་བྱ་རིན་པོ་ཆེ་སྣ་ཚོགས་ཀྱི་ཕུང་པོ་ཡོད་པས་ བྱ་རྒོད་ཀྱི་ཕུང་པོ། ལྷ་ལ་སོགས་པ་བསོད་ནམས་འདོད་པ་རྣམས་ཚེས་བརྒྱད་ལ་སོགས་པའི་ དུས་ཚིགས་ལ་འདུ་བ་རྒྱ་ཆེར་བྱེད་པས་ངེས་ཚིག་གི་ཚུལ་གྱིས་རི་བོ་ཞེས་སོ། །ཨ་བྷས་ཡང་ དེ་ལྟར་རོ། །རི་དེ་རྒྱལ་བོའི་ཁབ་ཀྱི་ཕྱོགས་གང་ན་ཡོད་ན། སཱ་ལུ་ལྗང་བའི་འགྲེལ་པར། རྒྱལ་བོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོའི་ཤར་ལྷོའི་མཚམས་ན་བྱ་རྒོད་ཕུང་པོ་ཞེས་བྱ་བའི་རི་ ཡོད་དེ་ཞེས་ཀླུས་བཤད་དོ། །ཤེར་སྙིང་འགྲེལ་པར། དེ་སངས་རྒྱས་བཞུགས་པས་མཆོད་ རྟེན་དུ་གྱུར་པ་དང༌། མེ་ལ་སོགས་པའི་འཇིགས་པ་རྣམས་ཀྱིས་ཀྱང་གཞིག་ཏུ་མེད་པར་ཤེས་ པར་བྱ་སྟེ་ཞེས་དང༌། དེ་སྐད་དུ། ཟླ་བ་སྒྲོན་མ་ལ་སོགས་པར། རྒྱལ་བོའི་ཁབ་ཀྱི་ཤར་ཕྱོགས་ འདི་ཉིད་དུ། །སངས་རྒྱས་བྱེ་བ་སྟོང་ནི་མཐོང་གྱུར་ཏེ། །ཞེས་འབྱུང་ཞེས་བཱི་མ་ལས་ཏེ། དེ་ལྟ་ ན་ཤར་ན་ཡོད་པར་བཤད་དོ། །ཏིང་འཛིན་རྒྱལ་བོར། རྒྱལ་བོའི་ཁབ་ཀྱི་ཆུ་དྲོན་ཅན་གྱི་སྒོ་ ནས་བྱ་རྒོད་ཕུང་པོར་སོང༌། ཞེས་པར་ལྷོ་ཕྱོགས་ཀྱི་སྒོ་ལ་མིང་དུ་བཏགས་པའོ་ཞེས་འཇམ་ དཔལ་གྲགས་པས་བཤད་པས་ལྷོར་ཡོད་པར་གསལ་མོད། ཀླུ་སྒྲུབ་ཀྱིས་བཤད་པ་ལྟར་ཤར་ 1-1-106 ལྷོར་བྱས་ན་གཉིས་ཀ་རུང་ཙམ་མོ། །(འབུམ་ཊཱིཀ་)གནས་དེ་ན་བཞུགས་པ་ཡང་རྣམ་པ་བཞི་སྟེ། སྐུའི་འཕྲིན་ལས་ཐམས་ཅད་སྤྱོད་ལམ་གྱིས། གསུང་གི་དེ་ཐམས་ཅད་ཆོས་ (འབུམ་ཊཱིཀ་)འཆད་ པས། ཐུགས་ཀྱི་དེ་ཐམས་ཅད་སྙོམས་པར་འཇུག་པ་དང་ནང་དུ་ཡང་དག་འཇོག་གིས་ བཞུགས་པ་སྟེ་དེ་གཉིས་རིམ་བཞིན་དུ་རྟག་ཏུ་མཉམ་པར་འཇོག་ཅིང་ (དབྱིག་འབུམ་གཉིས་ཀ་) ཏིང་ངེ་འཛིན་ (འབུམ་ཊཱིཀ་དབྱིག་)ལ་འཇུག་པས་དང་ཐུགས་རྗེ་ཆེན་པོས་འཇིག་རྟེན་གཟིགས་པ་ དང་ལྷ་ལ་སོགས་པ་འོང་པའི་སྐབས་དབྱེ་བའི་ཕྱིར་གཅིག་པུ་དབེན་པ་ན་བཞུགས་པའོ། ། ཞེས་འབུམ་ཊཱིཀ་དང་སྙིང་པོ་མཆོག་ཏུ་སྟེ་གནོད་འཇོམས་ཆེ་བར་ཡང་ངོ༌། །བཞི་པ་ལ། དགེ་ སློང་གི་འཁོར་དང་བྱང་སེམས་ཀྱི་འཁོར་ (གནོད་འཇོམས་གཉིས་)ཞེས་ཏེ། ཐེག་དམན་གྱི་དང་ཐེག་ ཆེན་གྱི་འཁོར་རོ། །དང་པོ་ནི། བིཀྵུ་ཞེས་པ་སློང་པ་ཞེས་པ་སྟེ་སློང་པ་གཞན་ལས་ཁྱད་བསྟན་ པའི་ཕྱིར་དགེ་ཞེས་སྔོན་ལོཙྪ་བས་བླ་ཐབས་སུ་བསྣན་པ་སྟེ། ངོ་བོ་གསོལ་བ་དང་ (འགྲེལ་ཆེན་) བཞིའི་ལས་ཀྱིས་སམ་ཚུར་ཤོག་ (འགྲེལ་ཆེན་)སོགས་ཀྱིས་བསྙེན་རྫོགས་སོགས་བཅུ་མཛོད་ འགྲེལ་དུ་བཤད་པ་ལྟར་རྫོགས་པར་བསྙེན་ (འགྲེལ་ཆེན་)པས་ཉོན་མོངས་པ་བཅོམ་པས་དགེ་ སློང་ངོ་ཞེས་འགྲེལ་ཆེན་ནོ། །(མདོར་བཞི་པས་མ་སྨོས་སོ། །ཤེར་འབྱུང་བློ་གྲོས་ཀྱིས་མིང་གི་དགེ་སློང༌། ཁས་འཆེ་ བའི་དགེ་སློང༌། སློང་བའི་ངང་ཚུལ་གྱི་དགེ་སློང༌། གསོལ་བ་དང་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པའི་དགེ་སློང༌། ཉོན་ མོངས་པ་བཅོམ་པའི་དགེ་སློང་སྟེ། དེ་ལྟར་ན་དགེ་སློང་ནི་རྣམ་པ་ལྔ་ཡིན་ནོ་ཞེས་སྤྱོད་འཇུག་འགྲེལ་ཆེན་ནོ། །) སྙིང་པོ་ མཆོག་དང་ཟླ་ཟེར་དུ། ཉོན་མོངས་བཅོམ་པའི་དགྲ་བཅོམ་པའི་དགེ་སློང་འདིར་མི་བཟུང་སྟེ་ ཀུན་དགའ་བོ་མ་བཟུང་བར་ཐལ་བར་འགྱུར་བས་བསྙེན་པར་རྫོགས་པ་དེ་གཟུང་ཞེས་ (སྐྱོན་ འདི་མི་འོང་)སོ། །སྐྱབས་གནས་དང་མི་ཕྱེད་པས་ན་དགེ་འདུན་ (ཟླ་གྲགས་ཤཱནྟི་སོགས་)ཏེ། སྐྱབས་ གསུམ་བདུན་ཅུ་བར། སངས་རྒྱས་ཆོས་དང་དགེ་འདུན་རྣམས། །བདུད་རྣམས་བྱེ་བ་བརྒྱ་ ཡིས་ཀྱང༌། །གང་ཕྱིར་དབྱེ་བར་མི་ནུས་པ། །དེ་ཕྱིར་དགེ་འདུན་ཞེས་བརྗོད་དོ། །ཞེས་སོ། 1-1-107 ། (འགྲེལ་ཆེན་དུ་དྲངས།) ཆེན་པོ་ནི་གྲངས་ (ཤཱནྟི་དངོས་)དང་ཡོན་ཏན་ཆེ་ (ཤཱནྟི་)བས་སོ། །དང་པོ་ནི་སྟོང་ ཉིས་བརྒྱ་ (ཉི་ཁྲི་)ལྔ་བཅུའམ། ལྔ་སྟོང་ཙམ་མོ(འབུམ།)། །དེའི་ཁྱད་ནི་དགེ་འདུན་དང་གང་ཟག་ བགྲངས་པའི་ཁྱད་ཡིན། ཞེས་སོ། །(ཆུ་མིག་བུ་སྟོན་སོགས།)ཡང་ཆོས་རྒྱས་བསྡུས་སུ་སྣང་བ་བཞིན་ འཁོར་ཡང་མང་ཉུང་དུ་སྣང་བ་ལ་འགལ་བ་མེད་གསུངས་ (བུ་)ཏེ་ཀ་ཤི་དང་མཐུན་ནོ། །སཱ་ལུ་ ལྗང་བའི་འགྲེལ་པར་ (ཀ་ཤིས་)སྟེང་རྒྱས་འོད་སྲུང་གཡོག་ལྔ་བརྒྱ་དང་ཆུ་ལྷུང་འོད་སྲུང་གཡོག་ ཉིས་བརྒྱ་ལྔ་བཅུ་དང༌། ག་ཡ་འོད་སྲུང་གཡོག་ཉིས་བརྒྱ་ལྔ་བཅུ། འཕགས་པ་ཤཱ་བུ་མོའུ་ དགལ་བུ་གཡོག་ཉིས་བརྒྱ་ལྔ་བཅུ་ཞེས་སོ། །གཉིས་པ་ནི། ཐམས་ཅད་ཀྱང་དགྲ་བཅོམ་པ་ སྟེ་སོ་སྐྱེ་དང་སློབ་པ་མེད་ (གནོད་འཇོམས་གཉིས་)པར་བསྟན་ཏོ། །དགྲ་ཉོན་མོངས་ (འབུམ་ཊཱིཀ་སོགས་) པ་བཅོམ་པའམ་འཁོར་བར་སླར་མི་སྐྱེ་བའི་ཆོས་ཉིད་ཅན་སོགས་མང་དུ་ (གནོད་འཇོམས་གཉིས་ ལས་)ཤེས་པར་བྱའོ། །སྲིད་རྩེ་མན་ཆད་འཁོར་བར་ཟག་པར་བྱེད་པས་ཟག་པ་སྟེ་འདོད་སྲིད་ མ་རིག་པའི་ཟག་པ་ (འགྲེལ་ཆེན་)ཟད་པ། ཡང་ན་དེ་གསུམ་དང་ལྟ་བའི་ཟག་པ་ཟད་པ་སྟེ་དེ་ བཞི་ནི་རིམ་པ་བཞིན་དུ། གཟུགས་སོགས་འདོད་པའི་ཡུལ་ལྔ་དང་སྲིད་པ་གསུམ་དང་ལྷན་ སྐྱེས་ཀུན་བཏགས་ཀྱི་མ་རིག་པ་དང་ལྟ་ངན་དྲུག་ཅུ་རྩ་གཉིས་སོ་ཞེས་ཆེ་བར་ (གནོད་འཇོམས་མན་ ངག་རྗེས་འབྲང་)རོ། །འབུམ་ཊཱིཀ་ཏུ། རིམ་བཞིན་འདོད་ཁམས་སུ་གཏོགས་པའི་ཉོན་མོངས་ དང༌། གཟུགས་གཟུགས་མེད་དུ་གཏོགས་པའི་ཉོན་མོངས། ཁམས་གསུམ་ཅར་གྱི་མ་རིག་ པ། འཇིག་ལྟ་སོགས་ལྟ་བ་ལྔ་ལ་བཤད་དོ། །དེ་ཡང་མི་སློབ་པའི་ཚུལ་ཁྲིམས་དང་ཏིང་ངེ་ འཛིན་གྱི་ཕུང་པོས་འདོད་ཟག་ཟད། མི་སློབ་པའི་ཤེས་རབ་ཀྱི་ཕུང་པོས་ལྟ་ཟག མི་སློབ་ པའི་རྣམ་གྲོལ་ཕུང་པོས་སྲིད་ཟག མི་སློབ་པའི་རྣམ་གྲོལ་ཡེ་ཤེས་མཐོང་བའི་ཕུང་པོས་མ་ རིག་པའི་ཟག་པ་ཟད་དོ་ཞེས་སོགས་དང༌། སྡུག་བདེན་ཤེས་པས་ལྟ་ཟག ཀུན་བདེན་སྤངས་ པས་འདོད་ཟག འགོག་པ་མངོན་དུ་བྱས་པས་སྲིད་ཟག ལམ་བདེན་བསྒོམས་པས་མ་རིག་ 1-1-108 ཟག་ཟད་དོ། །ཡང་འདོད་སྲིད་མ་རིག་ལྟ་ཟག་སྤངས་པས་རིམ་བཞིན་ལྷའི་བུའི་འཆི་བདག་ གི་ཉོན་མོངས་པའི་ཕུང་པོའི་བདུད་བཅོམ་ཞེས་ཆེ་བར་རོ། །འདོད་པའི་མ་རིག་པ་མ་ གཏོགས་འདོད་པའི་ཉོན་མོངས་ཀུན་འདོད་ཟག གོང་མའི་མ་རིག་པ་མ་གཏོགས་གཟུགས་ གཟུགས་མེད་ཀྱི་ཉོན་མོངས་ཀུན་སྲིད་ཟག་ལྟ་ངན་དྲུག་ཅུ་རྩ་གཉིས་མ་གཏོགས་པའི་ཁམས་ གསུམ་གྱི་མ་རིག་པ་ཀུན་མ་རིག་ཟག ལྟ་ངན་དྲུག་ཅུ་རྩ་གཉིས་ལྟ་ཟག་ཏུ་ཀུན་བཏུས་ འགྲེལ་པ་དང་ཨ་བྷ་ཡ་ (ཟླ་ཟེར་)སྟེ། ལེགས་ཤིང་ཟག་པ་གསུམ་དུ་བྱེད་དུས་ཕྱི་མ་གཉིས་ བསྡོམས་སོ། །ཉོན་མོངས་པའི་ལས་ཀྱི་སྐྱེ་བའམ་ཚེའི་ཀུན་ནས་ཉོན་མོངས་པ་མེད་པ་དེ་ གསུམ་ནི་ཆགས་སྡང་སོགས་དང༌། དེས་ཀུན་ནས་བསླང་བའི་ཟག་བཅས་ཀྱི་ལས་དང༌། དེ་ གཉིས་ཀྱིས་འཕངས་པའི་མངལ་སོགས་ཀྱི་སྐྱེ་བའམ་ཚེའོ། །དབུས་མཐའ་སོགས་ལས་ཤེས་ པར་བྱའོ། །གནོད་འཇོམས་གཉིས་མན་ངག་རྗེས་འབྲང་སྙིང་པོ་མཆོག་ཏུ་བཞིར་བཤད་དེ་ མ་བཀོད་དོ། །རྫུ་འཕྲུལ། དབང་བོ། ཏིང་ངེ་འཛིན། ཤེས་རབ་ལ་དབང་བས་དབང་དུ་གྱུར་ པ་སྟེ་དེ་ཡང་དེ་བཞི་ལ་དབང་བས་རིམ་བཞིན་སྣོད་བཅུད་ལ་དབང་བསྒྱུར། སྤྱོད་ལམ་ཞི་ བས་འཇིག་རྟེན་དགའ། བདག་གི་སེམས་དབང་དུ་འགྱུར། ལས་དང་རྣམ་སྨིན་ཐམས་ཅད་ བཅད་དེ་བཅིངས་པ་ལས་གྲོལ་བ་བཞིན་དུ་རང་དབང་ཐོབ་པར་འགྱུར་རོ། །གནོད་འཇོམས་ གཉིས་ཞི་འབྱུང་སྙིང་མཆོག་ཟླ་ཟེར་རྣམས་སོ། །སྲེད་པའི་ཕྱོགས་ཀྱི་ཉོན་མོངས་སྤངས་པས་ ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པས་ (གནོད་འཇོམས་ཀུན་)སེམས་ཤིན་ཏུ་རྣམ་པར་གྲོལ་བ། མ་རིག་པའི་ཕྱོགས་ཀྱི་སྤངས་པས་ (ཆེ་བར་)དགྲ་བཅོམ་གྱི་ཡེ་ཤེས་ཤེས་རབ་ཤིན་ཏུ་རྣམ་པར་ གྲོལ་བ། (དེ་ཡན་འབུམ་ཊཱིཀ)དང་པོས་ (འབུམ་ཊཱིཀ་ལ་མེད་)སྙོམས་འཇུག་གི་སྒྲིབ་པ་ལས་གྲོལ། གཉིས་པས་ཉོན་སྒྲིབ་ལས་གྲོལ། གཉིས་ཀའི་ཆ་ལས་རྣམ་གྲོལ་ནི་དེ་གཉིས་ལས་སོ་ཞེས་ ཕལ་ཆེར་གནོད་འཇོམས་གཉིས་འགྲེལ་ཆེན་སོགས་སོ། །ཅང་ཤེས་པ་ནི་བསླབ་པ་རྣམས་ 1-1-109 དང་འགལ་བར་མི་བྱེད་པ་སྟེ་དམུ་རྒོད་མ་ཡིན་པའི་ཕྱིར་རྟ་ཅང་ཤེས་ལྟ་བུའོ་ཞེས་སངས་ རྒྱས་ས་ཡི་འགྲེལ་པར་ངང་ཚུལ་བཟང་པོས་སོ། །འཇིགས་ (ཆེ་བར་)པ་མེད་པས་ (མདོ་ལས་ཅང་ ཤེས་ལྔ་གསུངས་ཏེ་)ཅང་ (སྙིང་པོ་མཆོག་ཏུ་ཐོག་འབབ་ཅེས། ལྕེ་འབབ་པ་ལ་སོགས་འབྱུང་བར་དོགས་པ་མེད་པས་ཁྱུ་མཆོག་ ཅང་ཤེས། འཐབ་མོའི་འཇིགས་པ་མེད་པས་གླང་པོ་ཆེ་དང་རྟ་ཅང་ཤེས། གཞན་གྱིས་གནོད་པ་བྱེད་པའི་འཇིགས་པ་མེད་པས་ སེངྒེ་ཅང་ཤེས། འཆི་བའི་འཇིགས་པ་མེད་པས་དགྲ་བཅོམ་ཅང་ཤེས་སོ། །ཞེས་གནོད་འཇོམས་གཉིས་སོ། །)ཤེས་པ་སྟེ་ འཇིགས་པའམ་བག་ཚ་བ་བཞི་ (གནོད་འཇོམས་)སྟེ། མྱ་ངན་སྨྲེ་སྔགས་སྡུག་བསྔལ་ཡིད་མི་བདེ་ མེད་པས་མྱ་ངན་མེད་པའི་ཕྱིར་སྡུག་བསྔལ་གྱི་འཇིགས་པ་མེད། བདག་གིས་དང༌། གཞན་ གྱིས་སྨད་པ། ངན་འགྲོ་འཚོ་བ་མེད། ཆད་པས་གཅོད་པ། མི་སྙན་ (འབུམ་ཊཱིཀ་)པར་གྲགས་སུ་ དོགས་པ། འཆི་བའི་འཇིགས་པ་མེད་པ། འཇིག་རྟེན་ཆོས་བརྒྱད་ཀྱིས་གོས་པ་མེད་པས་ འཇིག་རྟེན་པའི་ཆོས་ཀྱི་བག་ཚ་བ་མེད། མི་ཤེས་པ། ཐེ་ཚོམ། ལོག་ཤེས་རྣམས་མེད་པས་མི་ ཤེས་པའི་འཇིགས་པ་མེད་དོ། །རིག་པ་གསུམ་ལ་སོགས་པ་ (ཁ་ཅིག་སོ་སོ་ཡང་དག་པར་རིག་པ་ཐོབ་པ། ཁ་ཅིག་ཤེས་པ་བརྡ་སྤྲོད་པ་དང་ལྡན་པ། ཁ་ཅིག་མངོན་ཤེས་དྲུག་ཐོབ། ཁ་ཅིག་གནས་གཅིག་ཐོབ་པ་ཞེས་གནོད་འཇོམས་སོ། །) ཐོབ་པས་ཁྱད་པར་དུ་འཕགས་པའི་ཆོས་ཐོབ་པའི་ཕྱིར་གླང་བོ་ཆེན་པོ་སྟེ་གསུམ་ནི་རྫུ་ འཕྲུལ་གཞན་སེམས་ཤེས་པ་ཟག་ཟད་ཀྱི་མངོན་ཤེས་ལ་ཨ་བྷ་ཡས་ (ཟླ་ཟེར་)སོ། །དེ་ཡང་མི་ སློབ་པའི་གསུམ་ཡིན་གྱི་སློབ་པའི་གསུམ་གྱིས་རིག་པའི་མིང་མི་ཐོབ་པར་མཛོད་ལས་སོ། ། བསླབ་གསུམ་རྫོགས་པས་ (གནོད་འཇོམས་གཉིས་)ངེས་པར་བྱ་དགོས་སྡུག་བསྔལ་ལས་ཐར་ བར་བྱས་པས་བྱ་བ་བྱས་པ། ཞར་ལ་བྱ་བ་ (གནོད་འཇོམས་གཉིས་སོགས་)འདོད་ཆུང་ཆོག་ཤེས་དང་ སྦྱངས་པའི་ཡོན་ཏན་སེམས་ཅན་མགུ་སོག་བྱས་པས་བྱེད་པ་བྱས་པ། ཕུང་པོ། ཉོན་མོངས། དམ་བཅའ། བརྩོན་པའི་ཁུར་བཞི་བོར་བས་ཁུར་བོར་བ་སྟེ། རིམ་བཞིན་དོར་བར། སྤང་ པར། བསྒྲུབ་པར། ཡོངས་སུ་རྫོགས་པར་བྱས་པའི་ཕྱིར་རོ། །སྡུག་བསྔལ་ཤེས་པས། ཀུན་ 1-1-110 འབྱུང་སྤངས་པས། ལམ་བསྒོམས་པས། འགོག་པ་མངོན་སུམ་དུ་བྱས་པས་དེ་བཞི་རིམ་ བཞིན་བོར་ (གནོད་འཇོམས་སོགས་)རོ། །མ་རིག་པ་སྤངས་པས་ཉོན་སྒྲིབ་སྤངས་པར་གྱུར་པས་ གནོད་པའམ་དོན་མིན་སྤངས། (འབུམ་ཊཱིཀ་ཨ་བྷ།)རིག་པ་བསྐྱེད་པས་མྱང་འདས་ཐོབ་པའི་ཕྱིར་ དོན་གཉེར་ (འབུམ་ཊཱིཀ་)ཐོབ་པས་བདག་གི་དོན་བཅོམ་ལྡན་འདས་ (འགྲེལ་ཆེན་)གྱི་རྗེས་སུ་ཐོབ་ པ། (འདོད་ཆགས་)ཁོང་ཁྲོ་སོགས་དགུས་ (ང་རྒྱལ། མ་རིག་པ། ལྟ་བ། ཐེ་ཚོམ། ལྟ་བ་མཆོག་འཛིན། ཕྲག་དོག སེར་ སྣའོ། །འདིར་ལྟ་བ་ནི། འཇིག མཐའ། ལོག་ལྟ་གསུམ་མོ། །)སྲིད་པའམ་འཁོར་བར་ཀུན་ཏུ་སྦྱོར་ལ་དེ་སྤངས་ པས་སྲིད་པར་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ། དེ་ཁོ་ན་ཉིད་ཤེས་པས་འཆིང་བ་ཐམས་ཅད་ དང་ཡང་དག་པར་བྲལ་བས་ཡང་དག་པར་ཀུན་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་ (འགྲེལ་ཆེན་)བ། ཡང་ན་རྣམ་ཐར་བརྒྱད་ཀྱིས་སེམས་ཤིན་ཏུ་གྲོལ་ལོ་ཞེས་གནོད་འཇོམས་ སོགས་སོ། །མཐར་གནས་ཀྱི་སྙོམས་འཇུག་དགུས་ཐམས་ཅད་དུ་སེམས་ལ་རང་དབང་ཐོབ་ པས་སེམས་ཐམས་ཅད་ཀྱི་དབང་དམ་པའི་ཕ་རོལ་ཏུ་ཕྱིན་པའོ། །(སེང་འགྲེལ་ཆེན་དངོས་གཞན་གྱིས་ དོན།)གཞན་ཡང་རྒྱ་ཆེར་ཤེས་དགོས་སོ། །ཀུན་དགའ་བོ་ཡང་ཡོན་ཏན་དེ་དག་དང་ལྡན་ནམ་ ཞེ་ (སྙིང་མཆོག་)ན། གང་ཟག་ཆིག་སྟོང་ཉིས་བརྒྱ་ལྔ་བཅུའི་གྲངས་སུ་གཏོགས་ཀྱང་སྔར་སྨོས་ ཡོན་ཏན་ (འགྲེལ་ཆེན་)དེ་རྣམས་ཀུན་ལྡན་པ་ཅན་གྱི་ནང་དུ་མ་གཏོགས་པ་འདི་ལྟ་སྟེ་ཚེ་དང་ ལྡན་པ་ཀུན་དགའ་བོའོ། ། དགེ་མི་དགེའི་བག་ཆགས་ཀྱིས་གང་ཞིང་དེ་དང་རྗེས་སུ་མཐུན་ པའི་འགྲོ་བ་ལེན་ཅིང་འཛིན་པས་གང་ཟག་སྟེ་རྒྱུན་ནོ། །ཚེ་འདོད་པར་གྱུར་པས་ཚེ་དང་ལྡན་ པ་སྟེ་མཆོད་པའམ་བཀུར་བའི་ཚིག་གོ །(དགའ་བར་བྱ་བའི་ཕྱིར་འཇིག་རྟེན་ན་འདོད་པ་ཡིན་ནོ། །སྙིང་པོ་མཆོག་ གོ །) ལུང་ཐམས་ཅད་འཛིན་པ་དང་སངས་རྒྱས་ཀྱི་བསྙེན་བཀུར་གྱིས་དགའ་བ་ཐོབ་པ་ཉིད་ ཀྱིས་ཀུན་དགའ་བོའོ་ཞེས་འགྲེལ་ཆེན་ནོ། །གང་ཟག་གི་སྒྲ་བཤད་དེ་ཡང་འདིར་རུང་སྟེ་ཀུན་ དགའ་བོ་རྒྱུན་ཞུགས་ཡིན་པའི་དབང་དུ་བྱས་པའོ། །བུ་སྟོན་རིན་པོ་ཆེ་ནི། མང་དུ་ཐོས་པས་ 1-1-111 རྒྱུད་གང་ཞིང་དེའི་འབྲས་བུ་གཞན་ལ་ཟག་པས་གང་ཟག་གོ་ཞེས་ཀུན་དགའ་བོ་བརྐྱང་བའི་ སྟེང་དུ་ཡང་གསུངས་སོ། །བཅོམ་ལྡན་འདས་ཀྱིས་བདུད་བཅོམ་ནས་སངས་རྒྱས་སོ་ཞེས་ རྒྱལ་བོ་ཟས་གཙང་ལ་ཞུས་པ་ན་དགའ་བ་ཆེན་པོ་འཇུག་བཞིན་པ་ན་སྐྱེས་པས་ཀུན་དགའ་ བོར་བཏགས་ཞེས་ཞི་འབྱུང་སྟེ་འདུལ་བའི་མདོ་དང་མཐུན་ནོ། །གྲགས་འཛིན་དང་སྐྱེ་རྒུའི་ བདག་མོ་ལ་སོགས་པ་ལྔ་བརྒྱ་ཙམ་དང༌། དགེ་བསྙེན་གཟུགས་ཅན་སྙིང་པོ་སོགས་དང་དགེ་ བསྙེན་མ་ས་ག་མ་ལ་སོགས་པ་སྟེ་ཀུན་ཀྱང་ཆོས་མྱང་འདས་མངོན་སུམ་དུ་བྱས་པ་སྟེ་ཞེས་ (ཡུམ་)གསུམ་འགྲེལ་དུའོ། །བདེན་པ་མཐོང་བ་ཞེས་འབུམ་ཊཱིཀ་གོ ། གཉིས་པ་ནི། བྱང་ཆུབ་སེམས་དཔའ་ཆེན་པོ་ཚད་མེད་གྲངས་མེད་པ་བྱེ་བ་ཁྲག་ཁྲིག་ བརྒྱ་སྟོང་དག་དང་ཡང་ཐབས་གཅིག་སྟེ། ཐམས་ཅད་ཀྱང་གཟུངས་རབ་ཏུ་ཐོབ་པ། ཏིང་ ངེ་འཛིན་རབ་ཏུ་ཐོབ་པ། སྟོང་པ་ཉིད་ཀྱིས་རྣམ་པར་སྤྱོད་པ། མཚན་མ་མེད་པའི་སྤྱོད་ཡུལ་ ཅན། ཞེས་པ་ནས། ཡོན་ཏན་བརྗོད་པ་བསྐལ་བ་མཐའ་ཡས་པར་མི་ཟད་པ་དང་ལྡན་པ་ཤ་ སྟག་དང་ཡང་ཐབས་གཅིག་སྟེ། འདི་ལྟ་སྟེ། སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་ དཔའ་བཟང་སྐྱོང་དང་རིན་ཆེན་འབྱུང་གནས་དང༌། ཞེས་ནས་བྱམས་པ་དང་ཞེས་སོགས་ ཏེ། མང་ཆེས་པའི་ཕྱིར་ཚད་དང་གྲངས་ཚང་བར་མ་སྨོས་སོ་ཞེས་འབུམ་ཊཱིཀ་གོ །རྒྱས་པར་ གནོད་འཇོམས་གཉིས་ལས་ཤེས་པར་བྱའོ། །ཐབས་གཅིག་པ་ནི་ལྷན་གཅིག་པ་སྟེ་ཡོངས་སུ་ བསྐོར་བའོ། །དེ་ལྟར་དེ་པའི་སྤྲུལ་བའི་སྐུ་ནི། འཁོར་བཞི་དང་རྒྱལ་བོའི་ཁབ་ན་བཞུགས་སོ། ། དེ་པའི་ལོངས་སྤྱོད་རྫོགས་པའི་སྐུ་ནི། ཞམ་འབྲིང་པ་བྱང་ཆུབ་སེམས་དཔའ་དང་བཞུགས་ པར་བསྟན་པའི་ཕྱིར་སྐུ་གཉིས་ཀྱི་ཞམ་འབྲིང་པ་ཉེ་བར་བསྟན་ཞེས་གསུམ་འགྲེལ་ལོ།། །། གཉིས་པ་ལ་གསུམ། གདན་ལ་བཞུགས་པ་བཤམ། (བཤམ་ཞེས་ཆེ་བར།)བཞུགས་ནས་ཆོ་ འཕྲུལ་མཛད། མཛད་ནས་ཆོས་གསུང་བའི་དུས་ (དངོས་)གཟིགས་པའོ། ། 1-1-112 དང་པོ་ལ་གཉིས། སེངྒེའི་ཁྲི་བཤམ། དཀྱིལ་མོ་ཀྲུང་དུ་བཞུགས་པ་བཤམ་ (དངོས་) པའོ། །དང་པོ་ནི། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཉིད་ཀྱིས་གདན་སེངྒེའི་ཁྲི་བཤམས་ ནས་ཞེས་ཏེ། ཅིའི་ཕྱིར་ཉིད་ཀྱིས་བཤམ་ཞེ་ (ཆེ་བར་)ན། མདོ་གཞན་ལས། བཅོམ་ལྡན་འདས་ ཉན་ཐོས་ཀྱི་ཐེག་པ་དང་ལྡན་པ་སྟོན་ན་ཉན་ཐོས་ཀྱིས། ཐེག་ཆེན་སྟོན་ན་བྱང་སེམས་ཀྱིས་ གདན་བཤམས་པ་ལ་བཞུགས་སོ། །འདིར་ཡུམ་འཆད་པ་ན་ཉིད་ཀྱིས་ཤོམ་པ་ནི་ཆོས་ཐུན་ མོང་མིན་ཞིང་མཆོད་འོས་ཆེན་པོར་བསྟན་པ་དང་འཁོར་གདུལ་བའི་ཕྱིར་ཏེ་བཤད་པ་འདི་ ཐུན་མོང་མིན་པས་འདིའི་གདན་ཡང་ང་ཉིད་ཀྱིས་གདིང་བར་འོས་སུ་ཟད་ན་བཤད་པ་ལྟ་ཅི་ སྨོས་ཞེས་བསྟན་པ་དང༌། གཞན་ཡང་འདིར་གདུལ་བྱ་མང་དུ་འདུས་པ་དེ་དག་གི་མོས་པ་ དང་བསམ་པ་ཡང་ཐ་དད་པས་ཀུན་དང་མཐུན་པར་བཤམ་པའི་ཕྱིར་ཡང་ཉིད་ཀྱིས་གདན་ བཤམས་སོ་ཞེས་གསུམ་འགྲེལ་དུའོ། །འགྲེལ་ཆེན་དུ། སྐལ་བ་ཞན་པ་རྣམས་འཁོར་སོགས་ མེད་པའི་ཡིད་མི་བདེ་བ་བསལ་བ་དང་འདོད་པ་ཆུང་བ་ལ་དགྱེས་པར་བསྟན་པའི་ཕྱིར་ཉིད་ ཀྱིས་བཤམས་ཞེས་སོ། ། གཉིས་པ་ནི། སྐུ་དྲང་བོར་བསྲང་སྟེ་དགོངས་ (དྲན་པ་ཞེས་ཆེ་བར་)པ་མངོན་དུ་བཞག་ནས་ དཀྱིལ་མོ་ཀྲུང་བཅས་ཏེ་བཞུགས་སོ་ཞེས་ཏེ། མཉམ་པར་བཞག་ (འགྲེལ་ཆེན་)པས་མདོ་འདི་ རྟོགས་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་རྡོ་རྗེའི་དཀྱིལ་མོ་ཀྲུང་དུ་སྐུ་དྲང་བོས་བཞུགས་ཆོས་ ཀྱི་འཁོར་ (དངོས་)ལོའི་ཕྱག་རྒྱ་བཅིངས་སྤྱན་ཤངས་ (དངོས་)ཀྱི་རྩེ་མོར་གཏད། དགོངས་པ་རྩེ་ (ཏིང་འཛིན་)གཅིག་པ་ལ་མངོན་དུ་ཕྱོགས་པར་མཛད་ཅེས་འགྲེལ་ཆེན་ནོ། །དེ་ཡང་ལུས་ཤིན་ ཏུ་སྦྱངས་པ་བསྐྱེད་པའི་ཕྱིར་ལུས་ལ་སྒོམ་པ་དང་མཐུན་པར་དཀྱིལ་མོ་ཀྲུང་བཅས། སེམས་ ཤིན་ཏུ་སྦྱངས་པ་བསྐྱེད་པའི་ཕྱིར་སེམས་བསྒོམ་པ་དང་མཐུན་པར་སྐུ་དྲང་བོར་བསྲང༌། རྩེ་ གཅིག་ཏུ་བྱ་བའི་ཕྱིར་ཏིང་ངེ་འཛིན་སྒོམ་པ་དང་མཐུན་པར་དྲན་པ་མངོན་དུ་བཞག་ཅེས་ 1-1-113 གསུམ་འགྲེལ་ལོ། ། གཉིས་པ་ལ་གསུམ་སྟེ། ཏིང་ངེ་འཛིན་གྱི། རྫུ་འཕྲུལ་གྱི། ཆོས་སྣང་བའི་ (ཆེ་ཆུང་དངོས་)ཆོ་ འཕྲུལ་ལོ། །དང་པོ་ལ་གཉིས་ (ཆེ་དངོས་)ཏེ། ཏིང་ངེ་འཛིན་གྱི་རྒྱལ་བོའི། སེངྒེ་རྣམ་རོལ་གྱི་ཆོ་ འཕྲུལ་ (གཉིས་དངོས་)ལོ། །དང་པོ་ལ་རྒྱུ་མཉམ་པར་བཞག་པ། དེ་ལས་བཞེངས་ཏེ་ལྷའི་སྤྱན་ གྱིས་ (ཡེ་ཤེས་ཀྱིས་ཞེས་གཙང་དྲུག་)གཟིགས་ནས་འབྲས་ (འབུམ་ཊཱིཀ་གི་དོན་དངོས་)བུ་འོད་བཀྱེ་བའོ། ། དང་པོ་ནི། དེར་བཞུགས་ནས་ཏིང་ངེ་འཛིན་གང་དུ་ཏིང་ངེ་འཛིན་ཐམས་ཅད་འདུ་བ་དང་ (ཁོང་ ཁོང་དུ་ཆུད་པས་འདུ་བ་དང་ཟེར་འདུག་)དུ་ཆུད་པ་དང་རྗེས་སུ་འབྲང་བ་དང་འདུ་བར་འགྱུར་བའི་ཏིང་ ངེ་འཛིན་གྱི་རྒྱལ་བོ་ཞེས་བྱ་བ་ལ་མཉམ་པར་བཞག་གོ་ཞེས་འབུམ་ཊཱིཀ་ཏུ་བསྒྱུར་རོ། །ཏིང་ (ཏིང་ངེ་འཛིན་ཐམས་ཅད་ཀྱི་སོ་སོའི་བྱ་བ་གང་ཡིན་པ་དེ་དག་ཐམས་ཅད་ཏིང་ངེ་འཛིན་འདི་གཅིག་པུ་ཁོ་ནས་སྒྲུབ་པར་ནུས་སོ་ ཞེས་པའི་ཐ་ཚིག་གོ་ཞེས་གསུམ་འགྲེལ་ལོ། །)ངེ་འཛིན་འདི་ལ་མཉམ་པར་བཞག་ན་ཏིང་ངེ་འཛིན་ཐམས་ ཅད་ཀྱི་དོན་འགྲུབ་ཅིང་ཏིང་ངེ་འཛིན་ཐམས་ཅད་ཀྱི་མཐུ་དང་ཡོན་ཏན་དང་ལྡན་པས་རྒྱལ་བོ་ དང་འདྲ་བས་ཏིང་ངེ་འཛིན་རྒྱལ་བོའོ། ། ཚིག་དང་པོ་གཉིས་ཀྱིས་ཏིང་ངེ་འཛིན་ཐམས་ཅད་ དེའི་རང་བཞིན་དུ་གཅིག་པར་བསྟན། ཕྱི་མ་གཉིས་ཀྱིས་འོད་འགྱེད་སེམས་ཅན་གྱི་དོན་བྱེད་ སོགས་བྱ་བ་གཅིག་པར་བསྟན་ནོ་ཞེས་འབུམ་ཊཱིཀ་སྟེ་ཆེ་བའི་དོན་དངོས་སོ། །ཏིང་ངེ་འཛིན་ འདི་རྟོག་དཔྱོད་དགའ་བདེ་དང་བྲལ་ཞིང་ཟག་པ་མེད་པའི་བཏང་སྙོམས་དང་མཚུངས་ལྡན། གཡོ་བ་མེད་པའི་མཚན་ཉིད་ཅན་ནོ། །འོ་ན་བསམ་གཏན་བཞི་པའོ་ཞེས་ཅིས་མི་བརྗོད་ཅེ་ ན། དང་པོ་གཉིས་པ་གསུམ་པ་རྣམས་ལ་ལྟོས་ནས་བཞི་པར་བརྗོད་ལ། དེ་པ་ནི་དགོས་པ་ ལྷག་པོ་མེད་པར་རིམ་གྱིས་མི་འཇུག་ (བསྡུས་)སྟེ་དེ་ན་དང་པོ་སོགས་མེད་པས་བཞི་པའི་མིང་ མི་ཐོབ་པོ། །དེ་ཉིད་བྱ་བའི་བྱེ་བྲག་གིས་དཔའ་བར་འགྲོ་བ་སེངྒེ་རྣམ་རོལ་སོགས་ཀྱི་མིང་དུ་ བརྗོད་ཀྱི་རང་བཞིན་ཐ་དད་པར་དབྱེ་བ་ནི་མེད་དོ་ཞེས་གསུམ་འགྲེལ་ལོ། ། 1-1-114 གཉིས་པ་ལ་བཞི་སྟེ། སྐུ་ཡན་ལག་དང༌། ཉིང་ལག་ནས། (དངོས།) བ་སྤུའི་བུ་ག་ ནས། (དངོས།) རང་བཞིན་ (དངོས་)གྱི་ལྗགས་ལས་ (དངོས་)འོད་བཀྱེ་ (གཉིས་ཀ་དངོས་)བའོ། །དང་པོ་ ནི། དེ་ནས་བཅོམ་ལྡན་ (སྔོན་གྱི་སྨོན་ལམ་)འདས་དགོངས་ཤིང་ (སེམས་ཅན་གྱི་དོན་བྱ་བའི་དུས་ལ་བབས་ པར་ཞེས་འབུམ་ཊཱིཀ་གོ །)ཡང་དག་པར་མཁྱེན་ནས་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ། ལྷའི་ (འཕྲུལ་ གྱི་འབུམ་ཁ་ཅིག་དང་ཊཱི་ཀ་བྱམས་སྙིང་རྗེའི་སྤྱན་ཞེས་འགྲེལ་ཆེན་)སྤྱན་གྱིས་སངས་རྒྱས་ཀྱི་ཞིང་ཐམས་ (འདི་ལ་ ཞེས་འབུམ་ཊཱིཀ་འདོན་ཅིང་འཆད་)ཅད་ལ་རྣམ་པར་གཟིགས་སོ། །དེ་ལྟར་གཟིགས་ནས་སྐུ་ཐམས་ ཅད་ནས་འོད་རབ་ཏུ་བཀྱེ་སྟེ་དེའི་ཞབས་ཀྱི་མཐིལ་གཉིས་འཁོར་ལོ་རྩིབས་སྟོང་དང་ལྡན་ པ་ལས་ཀྱང་འོད་ཟེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དྲུག་ཅུ་དྲུག་ཅུ་བྱུང་ངོ༌། །ཞབས་སོར་མོ་བཅུ། ཞབས་ལོང་བུ་གཉིས། ཞབས་བྱིན་པ་གཉིས། ཞབས་བུས་མོ་གཉིས། ཞབས་བརླ་གཉིས། དཀུ་སྟ་ཟུར་གཉིས། སྐུ་ལྟེ་བའི་དཀྱིལ་འཁོར། སྐུ་རྩིབས་ལོགས་གཉིས། ཐུགས་ཀའི་སྐྱེས་ བུ་ཆེན་པོའི་མཚན་དཔལ་གྱི་བེའུ་ལས་ཀྱང་ཞེས་རེ་རེར་སྦྱར་རོ། །ཕྱག་སོར་མོ་བཅུ། ཕྱག་ ལག་ངར་གཉིས། དཔུང་བ་གཉིས། མགུལ་ལམ་མགུར་གྱི་བུམ་པ། ཚེམས་མཆེ་བ་བཞི། ཚེམས་བཞི་བཅུ། སྤྱན་གཉིས། སྙན་གཉིས། ཤངས་ཀྱི་སྦུབས་གཉིས། སྨིན་མཚམས་ཀྱི་ མཛོད་སྤུ། སྟེང་གི་སྤྱི་གཙུག ཞལ་གྱི་སྒོ་ནས་ཀྱང་ཞེས་རེ་རེར་སྦྱར་རོ། །ནང་ངམ་ཡེ་ཤེས་ རྣམ་པར་འཕྲོ་བ་ལས་བྱུང་བ་ལ་འོད་ཟེར་ཞེས་སོ། །ཕྱིའི་ལྤགས་པའམ། ཁ་དོག་རྣམ་པར་ འཕྲོ་བ་ལས་འབྱུང་བ་ནི་འོད་དོ། །འོད་ཟེར་དང་གདུལ་བྱ་དང་དགོས་པ་མང་བའི་ཕྱིར་བྱེ་ བ་ཁྲག་ཁྲིག་ (ཕྲག་འབུམ་ཆེ་བར་)བརྒྱ་སྟོང་ངོ༌། །སྔོ་སེར་དམར་དཀར་བཙོད་ (ཆེ་བར་)ཁའམ་ (འབུམ་ ཊཱིཀ་)ལེ་རྒན་འོད་གསལ་བ་སྟེ་དྲུག་པོ་ཕྱོགས་བཅུར་འཕྲོས་པས་དྲུག་ཅུ་ཞེས་ཆེ་ཆུང་གཉིས་ ཀར་རོ། །ལྟེ་བ་ཐུགས་ཀ་མགུལ་ཞལ་མཛོད་སྤུ་གཙུག་ཏོར་མ་གཏོགས་པ་སྔར་བཤད་པ་ རྣམས་ལ་གནས་གཉིས་གཉིས་ཡོད་པས་དྲུག་ཅུ་ལན་གཉིས་སྨོས་སོ། །འབུམ་ཊཱིཀ་ཏུ་ཞབས་ 1-1-115 གཉིས་སོགས་ཕལ་ཆེར་ལ་གཉིས་གཉིས་པ་བཙན་པར་བྱས་ནས་ལན་གཉིས་སྨོས་ཞེས་ སོ། །འོད་ཟེར་དེའི་བྱེད་ལས་གཉིས་ (གཉིས་ཀར་)ཏེ། འཇིག་རྟེན་གྱི་ཁམས་སྣང་བའི། སེམས་ ཅན་ལ་ཕན་འདོགས་པའི་དོན་སྒྲུབ་པ(གཉིས་ཀ་དངོས།)འོ། །དང་པོ་ལ། འདི་སྣང་བ་དང་གཞན་ སྣང་བ་གཉིས་ལས་དང་པོ་ནི། འོད་ཟེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དྲུག་ཅུ་བོ་དེ་དག་ཐམས་ ཅད་ཀྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་སྣང་བར་བྱས་སོ་ཞེས་སོ། ། གཉིས་པ་ནི། ཤར་ཕྱོགས་ཀྱི་ཞེས་སོགས་སོ། །གཉིས་པ་ནི། སེམས་ཅན་གང་གིས་འོད་དེ་ མཐོང་བ་དང་འོད་དེས་གང་ལ་རེག་པར་གྱུར་པ་དེ་དག་ཐམས་ཅད་ཀྱང་བླ་མེད་རྫོགས་བྱང་ དུ་ངེས་པར་གྱུར་ཏོ་ཞེས་སོ། །སངས་རྒྱས་རྣམས་ཀྱི་སྨོན་ལམ་གྱི་དབང་གིས་སོ་ཞེས་ཆེ་བར་ རོ། །འདི་གཉིས་འོག་མ་རྣམས་སུ་ཡང་དྲང་ངོ༌། ། གཉིས་པ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་བ་སྤུའི་སྒོ་ཐམས་ཅད་ནས་འོད་ཟེར་རབ་ ཏུ་བཀྱེ་བ་མཛད་དེ་ཞེས་སོགས་སོ། །གསུམ་པ་ནི། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་དེ་ བཞིན་གཤེགས་པའི་རང་བཞིན་གྱི་འོད་གང་ཡིན་པ་ (ནི་སྐུ་མདོག་བཟང་ཞིང་འོད་གསལ་བ་འཕྲོས་པའོ་ འབུམ་ཊཱིཀ་གོ །)ཞེས་སོགས་སོ། ། བཞི་པ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་ཞལ་གྱི་སྒོ་ནས་ལྗགས་ཀྱི་དབང་བོ་བཀྲམ་ སྟེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ལྗགས་ཀྱི་དབང་བོས་ཁྱབ་པར་ མཛད་ནས་ལྗགས་ཀྱི་དབང་བོ་དེ་ལས་འོད་རབ་ཏུ་བཀྱེ་སྟེ་འོད་དེ་ལས་འོད་ཟེར་བྱེ་བ་ཁྲག་ ཁྲིག་བརྒྱ་སྟོང་དུ་མ་ཐོན་ (མདོ་དངོས་)ཏོ། །ཞེས་སོགས་ཏེ། འོད་ཟེར་གྱི་རྩེ་མོ་རེ་རེ་ལ་རིན་པོ་ ཆེའི་པདྨ་ལ་བཞུགས་པའི་སངས་རྒྱས་ཀྱི་སྐུ་ཕྱིན་དྲུག་གི་ཆོས་སྟོན་པ་བྱུང་ཞིང་ཆོས་དེ་གང་ གིས་ཐོས་པ་ཐམས་ཅད་རྫོགས་བྱང་དུ་ངེས་སོ། །དེ་ཡང་ཆོས་སྟོན་པའི་སྔ་ལྟས་སུ་ལྗགས་ ལས་འོད་བྱུང༌། (འདི་ཉན་པའི་)བྱང་སེམས་རྣམས་སྐྱོན་མེད་པར་འཇུག་པའི་ལྟས་སུ་པདྨ་བྱུང༌། 1-1-116 བྱང་སེམས་དེ་དག་སངས་རྒྱས་ནས་ཆོས་སྟོན་པའི་ལྟས་སུ་སངས་རྒྱས་ཀྱི་སྐུས་ཆོས་སྟོན་པ་ བྱུང་ངོ༌། །གཉིས་ཀར་དུའོ། ། གཉིས་པ་ལ་གཉིས། རྒྱུ་མཉམ་པར་བཞག འབྲས་བུ་ཞིང་སྦྱང་བའོ། །དང་པོ་ནི། དེ་ ནས་བཅོམ་ལྡན་འདས་གདན་སེངྒེའི་ཁྲི་དེ་ཉིད་ལ་བཞུགས་བཞིན་དུ་སངས་རྒྱས་ཀྱི་ཏིང་ངེ་ འཛིན་སེངྒེ་རྣམ་པར་ (འཁོར་གྱི་འཇིགས་པ་ལ་སོགས་པའི་འཇིགས་པ་ཐམས་ཅད་བྲལ་བས་ཞེས་འགྲེལ་ཆེན་)རོལ་ བ་ཞེས་བྱ་བ་ལ་མཉམ་པར་བཞག་སྟེ་ཞེས་སོ། ། གཉིས་པ་ལ། སྣོད་བྱི་དོར་བྱ་བ། སེམས་ཅན་གྱི་འཇིག་རྟེན་ལ་ཕན་གདགས་པའོ། །དང་ པོ་ནི། ཇི་ལྟ་བུའི་གཟུགས་ཀྱི་རྫུ་འཕྲུལ་མངོན་པར་འདུ་མཛད་པས་སྟོང་གསུམ་གྱི་སྟོང་ཆེན་ པོའི་འཇིག་རྟེན་གྱི་ཁམས་འདི་རྣམ་པར་འགྱུར་བ་དྲུག་ཏུ་གཡོས་སོ། །ཞེས་པ་ནས་མཐར་ འུར་འུར། རབ་ཏུ་དང༌། ཀུན་ཏུ་རབ་ཏུ་འུར་འུར་གྱི་བར་རོ། །དེ་ལ་ (མི་གཡོ་བར་འདུག་པའི་མི་རྐང་ བ་བརྐྱངས་པ་ལས་བསྐམས་པ་བཞིན་དུ་)ཕྱོགས་གཅིག་འགུལ་བས་གཡོ། འཁོར་ལོ་འཁོར་བ་བཞིན་ དུ་ཟླུམ་པོར་ (དཀྱིལ་འཁོར་ཞེས་པ་སྟེ་དོན་འདི་ཡིན་)འཁོར་བ་ནི་འགུལ། རླུང་གི་ཤུགས་ཀྱིས་ཤིང་ ལྗོན་པ་ལྡེག་པ་བཞིན་དུ་བདག་ཉིད་ཐམས་ཅད་ཀྱིས་ལྡེག་པ་ནི་ལྡེག་གོ་ཞེས་གསུམ་འགྲེལ་ ཏེ་གཉིས་ཀ་ན་འོག་མ་གསུམ་ལ་སྐབས་འདིར་བཤད་པ་མི་སྣང་ངོ༌། །འོག་ཏུ་དེ་བཞིན་ཉིད་ ཀྱི་ལེའུར། ཕྱོགས་གཅིག་པར་རབ་ཏུ་ལྡེག་པ་ནི་འགུལ་ཞིང་ལྗོན་པ་བཞིན་དུ་བདག་ཉིད་ ཐམས་ཅད་ཀྱིས་འགུལ་བ་ནི་གཡོ། མགལ་མེ་འཁོར་བ་བཞིན་དུ་འཁོར་བ་ནི་ལྡེག སྒྲ་སྐད་ རིང་དུ་འབྱུང་བས་ཆེམ་ཆེམ། རྣམ་པར་འཁྲུགས་པས་འཁྲུགས། སྒྲ་བེར་བེར་བོ་ནི་འུར་འུར་ རོ་ཞེས་ཆེ་བར་རོ། །དེ་ཡང་རེ་རེ་ལ་ཆུང་འབྲིང་ཆེན་པོར་ཕྱེ་བས་ལྟས་ཆེན་པོ་བཅོ་བརྒྱད་དོ། ། ཡང་ན་ས་ནི་གཡོས་ཤིང་ཐམས་ཅད་འགུལ། རི་ཐམས་ཅད་ལྡེག ལྷའི་རྔ་བོ་ཆེ་ལ་སོགས་ པ་ཆེམ་ཆེམ་རྒྱ་མཚོ་ལ་སོགས་པ་འཁྲུགས་འབྲུག་རྣམས་ནི་འུར་འུར་རོ་ཞེས་འོག་ཏུའོ། །(ཆེ་ 1-1-117 བ་རྐྱང་བར།) ས་བཅུ་པའི་འགྲེལ་པར། (རྣམ་པར་)འགྱུར་བ་དྲུག་ནི། གཡོ་བ། མཐོ་བ། དམའ་ བ། སྟེང་དུ་འགྲོ་བ། འོག་ཏུ་འགྲོ་བ། སྒྲ་རྗེས་སུ་སྒྲོགས་པའོ། །(སྣང་བར།) ལྟས་ཆེན་པོ་བཅོ་ བརྒྱད་ནི། གཡོས་པ་ལ་སོགས་པ་རྣམ་པ་དྲུག་པོ་འདི་དག་དལ་བ་དང་འབྲིང་དང་དྲག་པས་ རིམ་བཞིན་དུ་རིག་པར་བྱའོ། །(ཆུང་ངུ་དང་འབྲིང་ཆེན་པོ་སྣང་བར་གཞན་འདྲ།) དོན་གཞན་དུ་ན། སྣོད་ ཀྱི་འཇིག་རྟེན་མངོན་པར་འདུས་མ་བྱས་པ་དང་མངོན་པར་འདུས་བྱས་པའི་དབང་དུ་བྱས་ པ་དང་འཇིག་རྟེན་ན་སེམས་ཅན་གྱི་རིས་བཞི་སྟེ་མི་མཁས་པ་དང་ལྷ་ཐ་དད་ལ་མོས་པ་དང༌། ང་རྒྱལ་ཅན་དང༌། རིགས་སྔགས་དང་ལྡན་པའི་དབང་དུ་བྱས་ནས་གཡོས་པ་ནས་ཀུན་ཏུ་ རབ་ཏུ་ཆེམ་ཆེམ་གྱི་བར་ལྟས་བཅོ་བརྒྱད་དུ་རིག་པར་བྱའོ་ཞེས་དབྱིག་གཉེན་གྱིས་ཏེ་གཡོས་ འགུལ་ལྡེག་འཁྲུགས་འུར་ཆེམ་ཞེས་འདོན་ནོ། །ཨཱརྱས་སྣོད་འདུས་བྱས་མ་བྱས་དང་སེམས་ ཅན་གྱི་རིས་བཞི་བོ་མི་དགེ་བ་ལ་སྤྱོད་པ་ལྷ་སྣ་ཚོགས་ལ་མོས་པ། ང་རྒྱལ་ཅན་རིག་པ་དང་ ལྡན་པ་ཞེས་སོ། །སྣོད་འདུས་བྱས་མ་བྱས་ནི་མ་དག་པ་དང་དག་པ་སྟེ་མཐོ་བ་དག་ས་ལ་ སྦྱོར་བར་གསལ་བས་ལུང་སྔ་མ་ཅུང་འགྱུར་འཁྲུགས་སོ། །གང་གི་ཚེ་ཁོར་ཡུག་དང༌། ཁོར་ ཡུག་ཆེན་པོ་སོགས་མཐའི་རི་རྣམས་གྱེན་དུ་འཕགས་ཏེ་མཐོན་པོར་གྱུར་ས་གཞི་སོ་ན་འདུག་ པའི་ཚེ་མཐའ་མཐོ་ན་དབུས་དམའ། ས་གཞི་གྱེན་དུ་མཐོ་ཁོར་ཡུག་སོགས་སོ་ན་གནས་ཚེ་ དབུས་མཐོ་ན་མཐའ་དམའ། ཤར་ལྷོ་ནུབ་བྱང་ལ་ཡང་ངོ༌། །(སྔ་མ་ལས་ལོགས་སུ་མི་བགྲང་ངོ༌། །ཞེས་ འབུམ་ཊཱིཀ་ཆེ་པས།)གོང་འོག་གཉིས་ཀ་བསྡོམས་སོ། ། གཉིས་པ་ལ། མཐོ་རིས་ལ། མཐོ་རིས་ཉེས་མེད། སྤྱོད་པ་དག་པ། བསམ་པ་ཁྱད་པར་ ཅན། བདེ་ལྡན། ཤེས་ལྡན་ལ་འགོད་པའོ། །དང་པོ་ནི། དེ་ནས་དེའི་ཚེ་སྐད་ཅིག་ཐང་ཅིག་ ཡུད་ཙམ་དེ་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་ཞེས་ནས་ (མངོན་པར་ རྟོགས་པའི་སྐལ་བ་མེད་པས་)མི་ཁོམ་པ་ཐམས་ཅད་ཀྱང་ཟད་ (ཁོམ་པ་དང་སྐབས་ཡོད་པ་དང་དལ་བ་རྣམས་རྣམ་ 1-1-118 གྲངས་སོ་ཆེ་བར་)པར་གྱུར་ཏོ་ཞེས་སོ། །གཉིས་པ་ནི། སེམས་ཅན་དམུས་ལོང་ཇི་སྙེད་ཡོད་པ་དེ་ དག་ཐམས་ཅད་ཀྱིས་མིག་གིས་གཟུགས་མཐོང་བར་གྱུར་ཏོ་སོགས་སོ། །གསུམ་པ་ནི། ལུས་ དང་ངག་དང་ཡིད་ཀྱི་ལས་ཀྱི་མཐའ་དང་འཚོ་བ་མི་དགེ་བ་མ་སྤངས་པ་རྣམས་ཀྱིས་ཀྱང་དེ་ དག་སྤངས་པར་གྱུར་ཏོ། །བཞི་པ་ནི། སེམས་ཅན་ཐམས་ཅད་ཀྱང་སེམས་ཅན་ཐམས་ཅད་ ལ་དཔེར་ན་ཕ་མ་དང་ཕུ་ནུ་དང་སྲིང་མོ་དང་མཛའ་བོ་དང་གཉེན་དང་གྲོགས་པོ་དང་མཚུངས་ པའི་སེམས་ཀྱིས་ཕན་ཚུན་སེམས་མཉམ་པ་ཉིད་དུ་གྱུར་ཏོ། །ལྔ་པ་ནི། (སེམས་ཅན་ཐམས་ཅད་ ཀྱང་འདི་ལྟ་བུའི་བདེ་བ་དང་ལྡན་པར་གྱུར་ཏེ་)དཔེར་ན་དགེ་སློང་བསམ་གཏན་གསུམ་པ་ལ་སྙོམས་པར་ ཞུགས་པ་དེ་ལྟ་བུའི་བདེ་བ་ཐམས་ཅད་དང་ལྡན་པར་གྱུར་ཏོ། །དྲུག་པ་ནི། སངས་རྒྱས་ (ཆེ་བར་ དངོས་)ཀྱི་ཞིང་གཞན་དག་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་དུལ་ བ་ནི་ (དབང་བོ་བསྡམས་པའོ། །)ལེགས་སོ། །ཞི་ (ཏིང་ངེ་འཛིན་ལ་སོགས་པས་ཉོན་མོངས་ཞི་བར་བྱས་པའོ། །)བ་ནི་ ལེགས་སོ། །ཡང་དག་པར་བསྡམ་པ་ནི་ (གསོ་སྦྱོང་ལ་སོགས་པའི་སྡོམ་པའོ། །)ལེགས་སོ། །ཡུན་རིང་དུ་ ཚངས་པར་སྤྱོད་པ་ལ་གནས་པ་ནི་ལེགས་ (དགེ་སློང་ལ་སོགས་པའི་སྡོམ་པའོ། །)སོ། །སྲོགས་ཆགས་སུ་ གྱུར་པ་རྣམས་ལ་མི་འཚེ་བ་ནི་ (བྱམས་པ་ལ་སོགས་པ་བསྒོམ་པའོ། །)ལེགས་སོ། །ཞེས་ཆེད་དུ་བརྗོད་པ་ འདི་ཡང་ཆེད་དུ་བརྗོད་པར་གྱུར་ཏོ་ (འགྲེལ་ཆེན་མདོ་)ཞེས་སོ། །དགྱེས་པས་བསྐྱོད་པའི་ཚིག་ནི་ ཆེད་དུ་བརྗོད་པ་ཞེས་བྱ་སྟེ། དཔེར་ན་ཆེད་དུ་བྱུང་བའི་རླུང་དབང་མེད་པར་འབྱུང་བ་བཞིན་ དུ་ཆོས་ཀྱི་ཤུགས་མངོན་པར་འཕེལ་ནས་དགྱེས་པར་བསྐྱོད་པའི་ཚིག་ནི་ཆེད་དུ་འབྱུང་བ་ དང་འདྲ་བས་ཆེད་དུ་བརྗོད་པ་ཞེས་བྱའོ། །(སངས་རྒྱས་ཀྱི་ཞིང་འདི་ན་ཤིན་ཏུ་མི་བརྩོན་པ་དང༌། དམན་པ་དང་ ངན་འགྲོར་སྐྱེས་པ་རྣམས་ལ་ཡང་དེ་ལྟ་བུའི་ཤེས་རབ་མཆོག་ཏུ་གྱུར་པ་ཡང་དག་པར་འབྱུང་བར་གཟིགས་ནས། ཨེ་མའོ་སངས་ རྒྱས་རྣམས་བྱང་ཆུབ་སེམས་དཔའ་མཛད་པའི་ཚེ་ན་དུལ་བ་དང་ཞི་བ་དང་ལེགས་པར་སྡོམ་པ་དང་ཚངས་པར་སྤྱོད་པ་ལ་གནས་ པ་ལ་སོགས་པ་ནི་རྨད་དུ་བྱུང་སྟེ་དེ་དག་ཡོངས་སུ་བསྔོས་པའི་སྟོབས་ཀྱིས་འདི་ལྟ་བུར་དམན་པ་འདི་དག་ཀྱང་ཤེས་རབ་འདི་ལྟ་ 1-1-119 བུ་དང་ལྡན་པར་གྱུར་ཏོ། །ཞེས་ཆེད་དུ་བརྗོད་པར་གྱུར་ཏོ། །ཞེས་གསུམ་འགྲེལ་ལོ། །) གཉིས་པ་ (དངོས་)ལ་གཉིས་ཏེ། སྤྲུལ་བའི། བྱིན་གྱིས་བརླབས་པའི་ཆོ་འཕྲུལ་ (དངོས་)ལོ། ། དང་པོ་ལ། སྤྲུལ་སྐུས་གཞན་ཟིལ་གྱིས་མནན། རང་བཞིན་གྱི་སྐུས་ཞུམ་པ་བསལ། དེ་ལྷ་ དང་མིས་མཆོད་པའོ། །དང་པོ་ནི། དེའི་ཚེ་བཅོམ་ལྡན་འདས་གདན་སེངྒེའི་ཁྲི་དེ་ལ་བཞུགས་ པས་འདི་ལྟ་སྟེ་དཔེར་ན་ཉི་མ་བསྒྲིབས་པ་མེད་པ་ནམ་མཁའི་དབྱིངས་ཡོངས་སུ་དག་པ་ན་ འདུག་པའམ་ཟླ་བ་ཉ་བའི་དཀྱིལ་འཁོར་ལྟར། ཞེས་ནས། འཇིག་རྟེན་ལྷ་དང་བཅས། དབང་ བོ་དང་བཅས། ཚངས་པ་དང་བཅས། གཙང་མའི་གནས་དང་བཅས་པ་ཟིལ་གྱིས་མནན་ཏེ་ བཞུགས་ནས། འོད་དང་སྐུ་མདོག་དང་གཟི་བརྗིད་དང་དཔལ་གྱིས་ (རིམ་པ་བཞིན་དུ། དཔལ་གྱིས་ནི་ མི་རྣམས་ཟིལ་གྱིས་མནན་ཏེ་བཞུགས་ཞེས་འབུམ་ཊཱིཀ་སྟེ་ཆེ་བའི་དོན་དངོས་སོ། །)མཛེས་ཤིང་ལྷམ་མེ་ལྷན་ནེ་ལྷང་ ངེའོ་ཞེས་སོ། །(འོད་ཀྱིས་ནི་ཚངས་པ་འོད་སྙེམས་པ་རྣམས་ཟིལ་གྱིས་མནན་ནོ། །སྐུ་མདོག་གིས་ནི་བརྒྱ་བྱིན་ལ་སོགས་ པའི་ལྷ་མདོག་བཟང་པོའི་སྙེམས་པ་རྣམས་ཟིལ་གྱིས་མནན་ནོ། །གཟི་བརྗིད་ཀྱིས་ནི་བདུད་དང་མུ་སྟེགས་ཅན་རྣམས་ཟིལ་གྱིས་ མནན་ནོ། །) གཉིས་པ་ནི། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་ རྟེན་གྱི་ཁམས་འདིར་བཅོམ་ལྡན་འདས་ཀྱི་རང་བཞིན་གྱི་སྐུ་ (ནི་དེ་བའི་སྐུ་ལྟ་བས་ཆོག་མི་ཤེས་པའོ། །དེ་ ཇི་ལྟ་བུ་ཞེ་ན་ལྷ་དང་མི་རྣམས་ཀྱི་མདོག་དང་མི་འདྲ་ལ་འཇིག་རྟེན་ནའང་དེ་འདྲའི་དངོས་པོ་ཅུང་ཟད་ཀྱང་མེད་པ་དེ་ལྟ་བུའི་སྐུ་ མདོག་ཅེས་ཆེ་བར་རོ། །)ཅི་འདྲ་བ་དེ་བཞིན་དུ་བསྟན་ཏོ་ཞེས་སོ། །(འདི་ལྟ་བུ་ཉིད་ཀྱིས་འདི་ཐུགས་སུ་ཆུད་པ་ དང་སྟོན་པར་བྱེད་ཀྱི་བདག་ཅག་ལྟ་བུས་མིན་སྙམ་ནས་མི་འབད་པས་མིར་གྱུར་པ་ཁོ་ནས་ཐམས་ཅད་སྒྲུབ་ནུས་སོ། །ཞེས་སྤྲོ་བ་ བསྐྱེད་པའི་ཕྱིར་འཇིག་རྟེན་འདིའི་སེམས་ཅན་གྱི་ལུས་དང་འདྲ་བར་བསྟན་ནོ་ཞེས་འགྲེལ་ཆེན།) གསུམ་པ་ནི། དེ་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིའི་གནས་ གཙང་མའི་རིས་ཀྱི་ལྷ་དང༌། ཞེས་ནས། རྒྱལ་བོ་ཆེན་པོ་བཞིའི་རིས་ཀྱི་ལྷ་གང་ཇི་སྙེད་ཡོད་པ་ 1-1-120 དེ་དག་ཐམས་ཅད་ཀྱིས་ཞེས་བྱ་བ་ནས། ལྷའི་བ་དན་དག་གིས་བཅོམ་ལྡན་འདས་ལ་ (མདུན་ དུ་)གཏོར་ (བུ་སྟོན་ཕྱོགས་བཅུར་)མངོན་པར་གཏོར། ཕྱོགས་བཅུར་ (ཀུན་ཏུ་རབ་ཏུ་གཏོར་བས་ན་)མངོན་ པར་རབ་ཏུ་གཏོར་ཏེ། (འགྲེལ་ཆེན་གྱི་སྐབས་ཁ་ཅིག་ཏུའོ། །) སྟོང་གསུམ་གྱི་སྟོང་ཆེན་གྱི་འཇིག་རྟེན་གྱི་ ཁམས་འདི་ན་དུལ་བ་དང་སྣོད་དུ་གྱུར་པའི་མི་ཇི་སྙེད་ཅིག་ཡོད་པ། ཞེས་ནས། མཆོད་པར་ བྱེད་པར་གྱུར་ཏོའི་བར་རོ། ། གཉིས་པ་ལ་དེ་བྱིན་གྱིས་བརླབ། སྐུ་མཉམ་དུ་བསྟན་པའོ། །དང་པོ་ནི། མེ་ཏོག་དང༌། ཞེས་ནས། བ་དན་དེ་དག་ཀྱང་དེ་མ་ཐག་ཏུ་བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབས་ཀྱིས། བཅོམ་ལྡན་འདས་ཀྱིས་དབུའི་སྟེང་གི་ནམ་མཁའ་ལ་མེ་ཏོག་ལ་སོགས་པའི་ཁང་བ་བརྩེགས་ པ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཙམ་དུ་རེད་པར་གནས་པར་གྱུར་ཏོ་ ཞེས་སོགས་སོ། །གཉིས་པ་ནི། འཛམ་བུའི་གླིང་གི་མི་རྣམས་ཀྱིས། ཞེས་ནས་སྟོང་གསུམ་ གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་མི་ཐམས་ཅད་དང་ལྷ་ཐམས་ཅད་ཀྱིས་དེ་པའི་སྐུ་ ལྟ་བས་ཆོག་མི་ཤེས་པ་དེ་མཐོང་ནས་འདི་སྙམ་དུ་སེམས་པར་གྱུར་ཏེ་དེ་བཞིན་གཤེགས་པ་ བདག་ཅག་གི་མདུན་ན་བཞུགས་ཤིང་ཆོས་སྟོན་ཏོ་སྙམ་མོ། །ཞེས་སོ། །ང་རྒྱལ་བཅག་པའི་ དོན་དུ་སྐུ་ཁྱད་པར་ཅན་དུ་བསྟན། ཞུམ་པ་བསལ་བའི་དོན་དུ་རང་བཞིན་གྱི་སྐུ་དགའ་བདེ་ སྐྱེས་ནས་མཆོད། སྤྲོ་བ་བསྐྱེད་པའི་དོན་དུ་རྒྱ་ཆེར་བྱིན་གྱིས་བརླབ། ཁྱབ་པའི་བཏང་སྙོམས་ ཡོད་པར་བསྟན་པའི་དོན་དུ་སྐུ་མཉམ་དུ་བསྟན་ནོ་ཞེས་དགེ་བའི་བཤེས་གཉེན་གཙང་དྲུག་ གསུངས་སོ། ། གསུམ་པ་ལ། འཇིག་རྟེན་གྱི་ཁམས་བསྟན་པའི། འཁོར་བསྡུད་པའི་ཆོ་འཕྲུལ་ལོ། །དང་ པོ་ནི། དེ་ནས་བཅོམ་ལྡན་འདས་གདན་སེངྒེའི་ཁྲི་ལ་བཞུགས་བཞིན་དུ་འོད་རབ་ཏུ་བཀྱེ་བ་ མཛད་དེ། ཞེས་པ་ནས་ཤཱཀྱ་ཐུབ་པ་དགེ་སློང་གི་དགེ་འདུན་དང་བཅས་པ་བྱང་ཆུབ་སེམས་ 1-1-121 དཔའི་འཁོར་དང་ཐབས་གཅིག་ (གཉིས་ཀ་དངོས་)ཏུ་བཞུགས་པ་མཐོང་ངོ་ཞེས་འདྲེས་རྒྱང་རིང་ བོའི་བར་རོ། །དེ་ལྟར་མཛད་པའི་དགོས་པ་ནི་འཇིག་རྟེན་གྱི་ཁམས་སོ་སོ་ན་གནས་པ་རྣམས་ ས་གཅིག་ལ་གཅིག་སྣང་བ་དང་འཁོར་བསྡུ་བའི་ཕྱིར་བསྟན་ཏེ་དགའ་མགུ་དང་བ་ཐོབ་པར་ བྱ་བའི་ཕྱིར་རོ་ཞེས་གསུམ་འགྲེལ་ལོ། །འགྲེལ་ཆེན་དུ་ཐུབ་པ་ཞིང་མ་དག་པར་འཁྲུངས་ པས་ཤེས་རབ་ཕུན་སུམ་ཚོགས་ཀྱང་སངས་རྒྱས་གཞན་དང་འགྲོ་དོན་མི་མཉམ་མམ་སྙམ་ པའི་སྐྱེ་བོ་བློ་དམན་པའི་དོགས་པ་དགག་པ་དང༌། ཚོགས་མཉམ་དུ་རྫོགས་པའི་བྱང་སེམས་ རྣམས་སོ་སོའི་ཞིང་དུ་སངས་རྒྱ་བར་འགྱུར་བར་སྟོན་པ་སོགས་སོ། ། གཉིས་པ་ལ་གསུམ། ལྟས་ཀྱི་རྒྱུ་ཞུ་ཞིང་བསྟན། འགྲོ་བར་ཞུ་ཞིང་གནང༌། ཕྱིན་ནས་ གསུང་སྒྲུབས་ཏེ་འཁོད་པའོ། །དང་པོ་ལ། ཞུས་བསྟན་གཉིས་ལས་དང་པོ་ནི། འདི་ནས་ཤར་ ཕྱོགས་སུ་འཇིག་རྟེན་གྱི་ཁམས་ཞེས་ནས། རྐྱེན་ཅི་ལགས་ཀྱི་བར་རོ། །བཞུགས་འཚོ་སྐྱོང་ གསུམ་ནི། (མྱ་ངན་ལས་མ་འདས་པའི་ཕྱིར་)སྲོག་དབང་གི་རྒྱུན་གྱིས་བཞུགས། སྐུ་ལས་བྱུང་བའི་ བསྙུན་ (སྙིང་འབུམ་ཊཱིཀ་)མི་མངའ་བས་འཚོ། གློ་བུར་གྱི་བསྙུན་མི་མངའ་བས་ (སྐུ་ཚེའི་མངའ་ཐང་བཞིན་ དུ་ཚེའི་བར་ཆད་མི་འབྱུང་བའི་ཕྱིར་)གཞེས་སམ་སྐྱོང་ངོ༌། །ཡང་ན་ཆོས་སྐུ་སོགས་དང་སྦྱར་རོ། །(འཇིག་ རྟེན་གྱི་ཁམས་མཐའ་ཡས་པའི་ཕྱིར་འདིར་ལྷགས་པ་རྣམས་ཀྱི་མཐའ་ལ་ཕ་རོལ་ཅེས་བྱ་བར་གཟུང་ངོ༌། །མཐའ་བསྟན་པས་ དེའི་བར་གྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་བཞུགས་པའི་བྱང་སེམས་རྣམས་གཤེགས་པར་བསྟན་པ་ཡིན་ནོ། །ཐམས་ཅད་ ཅིའི་ཕྱིར་མ་གཤེགས་ཞེ་ན་གང་དག་བྱོན་པར་བྱ་བའི་དགོས་པ་ཡོད་པ་དེ་དག་ལ་སངས་རྒྱས་ཀྱི་འོད་ཟེར་གྱིས་སྣང་བར་མཛད་ ཀྱི་གཞན་དག་ལ་ནི་མིན་པའི་ཕྱིར་རོ། །ཐུབ་པ་འདི་དང་ལྷན་ཅིག་སྨོན་ལམ་དང་བསྡུ་བ་སོགས་བྱས་པ་རྣམས་ཞིང་གཞན་དུ་ སྐྱེས་ཀྱང་འདིས་འདུལ་བས་སོ་ཞེས་གསུམ་འགྲེལ་ལོ། །)རང་གཞན་གཉིས་ཀའི་དོན་གྱི་དབྱེ་བས་གསུམ་མོ་ ཞེས་འགྲེལ་ཆེན་ནོ། །གཉིས་པ་ནི། རིགས་ཀྱི་བུ་འདི་ནས། ཞེས་ནས། དེའི་མཐུ་ཡིན་ཏེ་དེ་ འདྲའོའི་བར་རོ། །གཉིས་པ་ལ་འགྲོ་བར་ཞུ་བ། གནང་བ་སྦྱིན་པའོ། །དང་པོ་ནི། དེ་ནས་བྱང་ 1-1-122 སེམས་ཆེན་པོ་ཀུན་ནས་འོད་ཟེར་གྱིས་ཞེས་པ་ནས། བལྟ་བའི་སླད་དུ་མཆིའོ། །ཞེས་པའི་ བར་ཏེ། རང་གི་བླ་མ་ལ་མ་ཞུས་པར་ (གྱ་ཚོམ་དུ་)འགྲོ་བ་མི་རིགས་པས་དེའི་དོན་དུ་ཞུས་ཞེས་ འགྲེལ་ཆེན་ནོ། །སྐབས་འདིར་བྱང་ཆུབ་སེམས་དཔའ་དེ་དག་ཀུན་ཀྱང་ཕལ་ཆེར་གཞོན་ ནུར་གྱུར་པ་ཞེས་པ་འདི་ལ་གཉིས་ཏེ། ཚངས་སྤྱོད་ཀྱི་དབང་གིས། སའི་དབང་གིས་སོ། །དང་ པོ་ནི། བྱང་སེམས་གང་དག་རང་བཞིན་གྱིས་ཉོན་མོངས་ཆུང་བ་དག་དང་པོ་སེམས་བསྐྱེད་པ་ ནས་ཚངས་པར་སྤྱོད་པ་ཉིད་ཀྱིས་ས་བཅུ་པའི་བར་ལ་གནས་པ་དེ་ཡང་གཞོན་ནུར་གྱུར་པའོ། ། (ཤཱ་ར་དྭ་ཏིའི་བུ་བྱང་སེམས་པ་ཆེན་པོ་ལ་ལ་ནི་སེམས་དང་པོ་བསྐྱེད་ཕྱིན་ཆད་ཚངས་པའི་སྤྱོད་པ་ཡང་དག་པར་ལེན་ཏེ། བླ་ མེད་ཡང་དག་རྫོགས་བྱང་དུ་མངོན་སངས་རྒྱས་ཀྱི་བར་དུ་གཞོན་ནུར་གྱུར་པར་འཁོད་དོ། །ཞེས་རྒྱས་འབྲིང་གཉིས་སུ་སེམས་ བསྐྱེད་ཉེར་གཉིས་རྫོགས་མཚམས་སུ་བཤད་དོ། །)གཉིས་པ་ནི། ས་བརྒྱད་པ་ཡང་གཞོན་ནུར་གྱུར་པ་སྟེ་ ས་དེ་ཐོབ་པས་རྩོལ་བ་དང་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བའི་ཕྱིར་གཞོན་ནུར་གྱུར་ པའོ་ (ཆེ་བར་རོ། །)ཞེས་སོ། །ཕལ་ཆེར་འདྲ་ཞིང་ས་བརྒྱད་པ་ཡན་ཆད་ལ་གནས་པ་ཞེས་སོགས་ འབུམ་ཊཱིཀ་གོ ། གཉིས་པ་ལ་བཞི་ལས། འགྲོ་བར་གནང་བ་ནི། རིགས་ཀྱི་བུ་ཁྱོད་ཀྱིས་ད་ལྟར་དེའི་ དུས་ལ་བབ་པར་ཤེས་ན་སོང་ཞིག་ཅེས་སོ། །སྐྱེས་གནང་བ་ནི། དེ་ནས་དེ་བཞིན་གཤེགས་ པ་ཞེས་ནས་སྟོང་བསྐུར་ཏེ་ཞེས་སོ། །དེ་ཡང་ང་རྒྱལ་དང་ཕྲག་དོག་མེད་པར་ཤེས་པའི་ཆེད་ དང་ཞིང་གཞན་ནའང་སངས་རྒྱས་བཞུགས་པར་ཡིད་ཆེས་པར་བྱ་བའི་ཕྱིར་རོ་ཆེ་བར་རོ། ། འགྲེལ་ཆེན་ནི་ཆོས་ལ་གུས་པར་དང་མཆོད་པར་བྱ་བའི་ཕྱིར་ཞེས་སོ། །འཕྲིན་གནང་བ་ནི། རིགས་ཀྱི་བུ་ཁྱོད་ཀྱིས་བཅོམ་ལྡན་འདས་དེ་ལ་སོགས་དང་སྨོས་ཤིག་གི་བར་རོ། །གདམས་ ངག་གནང་བ་ནི། རིགས་ཀྱི་བུ་སངས་རྒྱས་ཀྱི་ཞིང་དེར་བག་ཡོད་པར་ནས་ (ཤེས་བཞིན་དུ་)ཏ་ རེའི་ (ཆེ་བར་)བར་རོ་སྟེ། ཞིང་འདི་ན་སྙིགས་མ་ལྔ་ཡོད་པས་མ་ཉམས་པར་གྱིས་ཤིག་གོ །ལྔ་ 1-1-123 ནི། ཉོན་མོངས། དུས། ཚེ། ལྟ་བ། སེམས་ཅན་གྱི་སྙིགས་མའོ། །དང་པོ་ནི། ཞིང་འདི་ན་ ཆགས་སྡང་རྨོངས་གསུམ་ཆེར་འབྱུང་བས་མི་དགེ་བཅུ་དང༌། དེ་ལས་གཞན་པའི་སྡིག་པ་ ཤིན་ཏུ་མང་སྟེ་རྒྱུ་དེས་ངན་སོང་སོགས་སུ་སྡུག་བསྔལ་མང་བར་སྣང་སྟེ་ཞིང་གཞན་དེ་རྣམས་ ནི་ཕལ་ཆེར་དེ་ལྟ་མིན་ནོ། ། གཉིས་པ་ནི། དུས་ངན་ཏེ། མུ་གེ་ནད་མཚོན་གྱི་བསྐལ་བ་བར་མའི་སྟོབས་ཀྱིས་སྡུག་ བསྔལ་དྲག་པོ་དང་བཅས་ཤིང་ཆུ་མེ་རླུང་གསུམ་གྱིས་འཇིག་པའི་དབང་གིས་རིམ་བཞིན་ ཆགས་སྡང་རྨོངས་པའི་ཉོན་མོངས་ཤས་ཆེ་བས་སོ། །གསུམ་པ་ནི། ཞིང་འདིའི་སེམས་ཅན་ རྣམས་ཀྱི་ཚེ་ངེས་པ་མེད་དེ། བར་བར་ནི་གྲངས་མེད། བར་བར་ནི་ཚེ་ལོ་བཅུ་པར་འགྱུར་ཞིང་ དེ་ཡང་ངེས་པ་མེད་དེ་ཁ་ཅིག་མངལ་དུ། ཁ་ཅིག་སྐྱེས་མ་ཐག་འཆི་བ་ལ་སོགས་སོ། །བཞི་པ་ ནི། ཞིང་འདི་ན་ལྟ་ངན་དྲུག་ཅུ་རྩ་གཉིས་ལྟ་བུའམ། ལོག་པར་ལྟ་བ་སོགས་ལྟ་ངན་རྣམས་ སྤྱོད་པའོ། །ལྔ་པ་ནི། མུ་སྟེགས་ཐམས་ཅད་ནི་ཕལ་ཆེར་སྐུར་བ་འདེབས་པའི་ངང་ཚུལ་ཅན་ མ་དད་པ་མཁས་པ་དང་མི་མཐུན་པ། དམ་པས་ཤིན་ཏུ་སྨད་པ་དམ་པའི་ཆོས་ཀྱི་སྣོད་དུ་མ་ གྱུར་པ་ཞིང་ཚྭ་སྒོ་ཅན་ལྟ་བུ་དེ་དག་ཞིང་འདིར་ཡོད་པས་སོ་ཞེས་གཉིས་ཀའིའོ། །(རྒྱ་མཚོ་སྤྲིན་ གྱིས་ཚེའི་སྙིགས་མ་ནི་ཚེ་རྒུད་པ་སྟེ་ཚེ་ཐུང་བ་ཉིད་དོ། །སེམས་ཅན་གྱི་སྙིགས་མ་ནི་བདག་གི་དངོས་པོ་རྒུད་པ་སྟེ། ཡན་ལག་དང་ ཉིང་ལག་གི་ཚད་ཆུང་བ་དང་མ་ཚངས་བར་གྱུར་བ་ཉིད་དོ། །ཉོན་མོངས་པ་དང་ལྟ་བའི་སྙིགས་མ་ནི་དགེ་བའི་ཆོས་ཀྱིས་ཕོངས་ པ་སྟེ། ཁྱིམ་པ་དང་རབ་ཏུ་བྱུང་བའི་ཕྱོགས་ལའོ། །སྐལ་བའི་སྙིགས་མ་ནི་ཉེ་བར་མཁོ་བས་ཕོངས་པ་སྟེ་རོ་བརྒྱ་དང་ལྡན་པ་ལ་ སོགས་པ་རྣམས་ནུབ་པར་འགྱུར་བར་དེ་ཉིད་ཀྱིས་རྒུད་པར་འགྱུར་བས་སོ། །ཞེས་བྱང་སའི་འགྲེལ་པར་རོ། །) སྙིགས་མ་ནི་ དཔེར་ན་བསྐ་བའི་རོ་དང་ལྡན་པའི་ཁ་ཟས་སྡུག་བསྔལ་གྱི་རྒྱུར་འགྱུར་ཞིང་བཟའ་བའི་འོས་ མ་ཡིན་པ་ལྟར་འདི་དག་ཀྱང་དེ་དང་འདྲའོ། །ཡང་ན་སྨན་གྱི་བརྩིགས་མ་བསྐ་བ་མར་གྱི་ནང་ ནས་ཕྱུང་ནས་དོར་བར་བྱས་པ་སྤྱད་དུ་མི་རུང་བ་དེ་དང་འདྲའོ། །ཡང་ན་ངུར་སྨྲིག་ཏུ་བཙོས་ 1-1-124 པའི་གོས་ལ་སོགས་པ་ཇི་སྲིད་ངུར་སྨྲིག་མཐུ་མེད་པར་མ་བྱས་པ་དེ་སྲིད་ཚོན་གཞན་འཛིན་ དུ་མི་རུང་བ་ལྟར་སེམས་ཅན་དེ་དག་ཀྱང་དེ་དང་འདྲ་བས་སྙིགས་མ་ཞེས་བརྗོད་དོ་ཞེས་ གསུམ་འགྲེལ་ལོ། །བསྙེན་པར་དཀའ་བ་ནི་ཞིང་ལ་སྨད་ཀྱི་བྱང་སེམས་ལ་མིན་ཏེ་ཞིང་ངན་ པ་དེར་ནི་བྱང་སེམས་ལ་ཡང་དོགས་པ་སྐྱེ་བར་འགྱུར་རོ་ཞེས་ཐོས་ནས་འདིར་སྐྱེས་པ་རྣམས་ སྐྱོ་ཞིང་དེ་པ་ལ་དད་པ་ཆེར་སྐྱེ་བར་བྱ་བའི་ཕྱིར་རོ། །ཞེས་ཆེ་བར་རོ། །(འཇིག་རྟེན་གྱི་ཁམས་དེ་དེ་ ལྟར་སྐྱོན་ཆེ་བར་མ་ཟད་ཀྱི་དེར་སྐྱེས་པའི་བྱང་སེམས་ཡང་སེམས་ཅན་གདུལ་དཀའ་བ་རྣམས་འདུལ་འདུལ་ནས་ཐབས་མཁས་ ཤིང་མཁྱེན་པ་རྒྱ་ཆེ་བའི་ཕྱིར་མགུ་དཀའ་བ་ཡིན་གྱིས། བྱང་སེམས་དེ་དག་གིས་མ་ཁྲེལ་བར་གྱིས་ཤིག ཅེས་གདམས་ཤིང་ རྗེས་སུ་བསྟན་པ་ཡིན་ནོ་ཞེས་འབུམ་ཊཱིཀ་གོ །)གསུམ་པ་ནི། དེ་ནས་བྱང་ཆུབ་སེམས་དཔའ་ཞེས་ནས། བྱང་ཆུབ་ཏུ་ངེས་པར་གྱུར་ཏེའི་བར་རོ། །བྱང་སེམས་འཁོར་མང་བོ་དང་བཅས་ཏེ་བར་གྱི་དེ་ པ་རྣམས་ལ་མཆོད་ནས་འོངས་ཏེ་ཞབས་ལ་ཕྱག་འཚལ་བ་སྔོན་དུ་འགྲོ་བས་བསྙུན་གསོལ་ ཞིང་པདྨ་ཕུལ་ཏེ་རང་གི་གནས་སུ་འདུག་པར་གྱུར་ཏོ་ཞེས་འགྲེལ་ཆེན་ནོ། །འདིར་བསྙུན་ གསོལ་ཚིག་ཉི་ཤུ་ལྔ་པ་ཕལ་ཆེ་དང་འབུམ་ཊཱིཀ་ཏུ་བསྙུན་ (འདིའི་དོན་འོག་དང་འདྲ།)མི་མངའ་འམ། (ན་བཟའ་བསོད་སྙོམས་བསྙུན་གྱི་རྐྱེན་སྨན་རྣམས་དང་ལྡན་པས་)གནོད་པ་མ་མཆིས་སམ། (བགྲེས་པ་ལ་སོགས་ པས་སྐུ་ཟོར་ལྕི་བར་མ་གྱུར་པས་)ཟོ་མདོག་བདེའམ། (དེ་གསུམ་གྱིས་ཕྱི་མ་གསུམ་ཞེས་འབུམ་ཊཱིཀ) སྐུ་ཉམས་དང་ ལྡན་ནམ། བདེ་བ་དང་དགེས་པར་སྤྱོད་དམ་ཞེས་སོ། །ཆེ་བར་གནོད་པ་ཆུང་ངམ། ཉམ་ང་བ་ ཉུང་ངམ། བསྐྱོད་པ་ཡང་ངམ། འཚོའམ། སྟོབས་དང་ལྡན་ནམ། བདེ་བ་ལ་རེག་པར་གནས་ སམ་ཞེས་ཏེ། རིམ་བཞིན་གློ་བུར་གྱི་བསྙུན་མི་མངའ་བས་དང་ (ན་བཟའ་བསོད་སྙོམས་གནས་བསྙུན་གྱི་ རྐྱེན་ཏེ་)རྐྱེན་བཞི་ཤིན་ཏུ་བརྙེས་པ་དང༌། བགྲེས་པ་ལ་སོགས་པས་ཁམས་ཉམས་ཆུང་བ་མེད་ པས་དང་པོ་གསུམ་མོ། །དེ་ནས་དང་པོ་གསུམ་གྱི་འབྲས་བུ་འཚོ་བ་སོགས་གསུམ་མོ། །དེའི་ རྗེས་ལ་ཐུབ་པ་ཞིང་མ་དག་པར་འཁྲུངས་ཀྱང་དེའི་ཉེས་པས་མ་གོས་པར་བསྟན་པ་དང༌། 1-1-125 ཆོས་ལ་མཆོད་པའི་ཕྱིར་པདྨ་རྣམས་རང་རང་གི་ཕྱོགས་སུ་གཏོར་བ་ན་པདྨ་དེ་རྣམས་ལ་དེ་ པ་རེ་རེ་བཞུགས་ནས་ཡུམ་སྟོན་པར་མཛད་དོ་འགྲེལ་ཆེན་ནོ། །དེ་ལྟར་ན་ཤར་འཇིག་རྟེན་ གྱི་ཁམས་རིན་པོ་ཆེ་དང་ལྡན་པའམ་རིན་ཆེན་ཅན་ནམ་རིན་ཆེན་ཡོད་པ་ན་དེ་པ་རིན་ཆེན་ འབྱུང་གནས། བྱང་སེམས་ཀུན་ནས་འོད་ཟེར་རམ་འོད་ཟེར་ཀུན་ནས་འབྱུང་བ། ལྷོ་མྱ་ངན་ མེད་པ་ན་དེ་པ་མྱ་ངན་མེད་པའི་དཔལ། བྱང་སེམས་མྱ་ངན་དང་བྲལ་བ། ནུབ་ཉེ་བར་ཞི་བ་ ན། དེ་པ་རིན་ཆེན་འོད་འཕྲོ། བྱང་སེམས་སྤྱོད་པའི་བློ་གྲོས། བྱང་རྒྱལ་བ་ཅན་ན་དེ་པ་རྒྱལ་ བའི་དབང་བོ། བྱང་སེམས་རྒྱལ་བས་བྱིན། བྱང་ཤར་ཏིང་ངེ་འཛིན་གྱིས་བརྒྱན་པ་ན། དེ་པ་ ཏིང་ངེ་འཛིན་གྱི་གླང་པོ་དམ་པའི་དཔལ། བྱང་སེམས་རྣམ་པར་རྒྱལ་བས་རྣམ་པར་གནོན་ པ། ཤར་ལྷོ་སྙིང་པོ་བྱང་ཆུབ་ཀྱི་རྒྱན་ཤིན་ཏུ་ཡིད་དུ་འོང་བ་ན་དེ་པ་པདྨོ་དམ་པའི་དཔལ། བྱང་སེམས་ལག་ན་པདྨོ། ལྷོ་ནུབ་རྡུལ་དང་བྲལ་བ་ན་དེ་པ་ཉི་མའི་དཀྱིལ་འཁོར་སྣང་བ་དམ་ པའི་དཔལ། བྱང་སེམས་ཉི་མ་རབ་ཏུ་སྣང་བ། ནུབ་བྱང་དབང་དུ་གྱུར་པ་ན། དེ་པ་གདུགས་ དམ་པ། བྱང་སེམས་རིན་ཆེན་མཆོག འོག་པདྨོ་ཅན་ན། དེ་པ་པདྨོའི་དཔལ། བྱང་སེམས་ པདྨོ་དམ་པ། སྟེང་མདངས་དགའ་བ་ན། དེ་པ་དགའ་བའི་དཔལ། བྱང་སེམས་དགའ་བས་ བྱིན་ནོ། །དེ་དག་འཁོར་གྱི་གཙོ་བོ་དམ་པ་རེ་ཡིན་ནོ། ། གསུམ་པ་ནི། སྣོད་དག་ཅིང་འཁོར་འདུས་པར་གཟིགས་པ་སྟེ། དེ་ནས་དེའི་ཚེ་སྐད་ཅིག་ ཐང་ཅིག་ཡུད་ཙམ་ཞིག་ལ་ཞེས་པ་ནས། བྱང་ཆེན་གཞོན་ནུར་གྱུར་པ་རྣམས་ཀྱང་འདུས་པར་ གཟིགས་པར་གྱུར་ཏོའི་བར་རོ།། །། གཉིས་པ་ལ་གསུམ་སྟེ། རྒྱས་པ་ལ་དད་པ་ལ་བརྒྱད། བར་མ་ལ་དད་པ་ལ་དྲུག བསྡུས་ པ་ལ་དད་པ་ལ་གསུམ་དུ་བསྟན་པའོ། ། དང་པོ་ལ་གཉིས། བསྡུས་དོན་ལུས་རྣམ་ (ཆོས་བཤེས་གསེར་དོན་)བཞག ཚིག་དོན་ཡན་ལག་ 1-1-126 རྒྱས་བཤད་དོ། ། དང་པོ་ལ་བཞི་སྟེ། དགོས་པ་བསྟན་ཏེ་མཚམས་སྦྱར། དགོས་ལྡན་ལུས་བཤད། བཤད་ པའི་བསྡུས་དོན་བཤད། མ་བཀྲོལ་བའི་རྒྱུ་མཚན་ནོ། ། དང་པོ་ནི། སྔར་བཤད་པའི་ཚུལ་དེ་ལྟར་བསྟན་བཅོས་ཀྱི་འབྲེལ་བ་དང་སོགས་པ་ བརྗོད་བྱ་ལ་སོགས་པ་བསྙད་ཟིན་ནས་ཞེས་པ་བཤད་ཟིན་གྱི་མཚམས་སྦྱར་ནས་དེའི་རྗེས་ སུ་གསུངས་སོ། །ཏེ་ལྷག་མ་ཅན་ནོ། །གང་ན། ཤེར་ཕྱིན་གྱི་ལུས་རྣམ་པར་བཞག་པའོ། ། ཤེར་ཕྱིན་ནི་བརྗོད་བྱ་མངོན་རྟོགས་བརྒྱད། རྗོད་བྱེད་སྐབས་བརྒྱད་ཅེས་བུ་གསུང་མོད་ མངོན་རྟོགས་བརྒྱད་ཀྱི་ལུས་མངོན་རྟོགས་བརྒྱད་དང་དོན་བདུན་ཅུ་ཡིན་ཞེས་པར་འགྱུར་ རོ། །གསེར་གླིང་པས་ཤེར་ཕྱིན་ནི་མི་རྟོག་ཡེ་ཤེས་དེའི་བདག་ཉིད་ཅན་གྱི་ལུས་རྣམ་པར་ བཞག་པ་ནི་ལམ་དང་གཞུང་གི་བདག་ཉིད་ཅན་ནོ་ཞེས་དང༌། འདིས་ལམ་དང་གཞུང་གི་ ལུས་གསུངས་ལ་དེ་གསུངས་པས་སྒྱུ་མ་ལྟ་བུ་གཉིས་མེད་ཤེར་ཕྱིན་ཡང་བཤད་དེ། བྱང་སའི་ སྐབས་ཐམས་ཅད་དུ་ཀུན་རྫོབ་དང་དོན་དམ་པས་བརྒྱན་ཏེ་སྟོན་པར་མཛད་ལ། གཞན་དུ་ ན་གདུལ་བྱ་རྣམས་མཐའ་གཅིག་ཏུ་ལྷུང་བར་འགྱུར་རོ་ཞེས་སོ། །གཉིས་མེད་ཤེར་ཕྱིན་ནི་ངོ་ བོ་ཉིད་སྐུ་ལ་བཞེད་པར་མངོན་ནོ། །འོན་ཀྱང་བསྟན་བཅོས་འདི་གཞུང་ཤེར་ཕྱིན་གྱི་འགྲེལ་ པའམ་མན་ངག་ཡིན་པས་གཞུང་ཤེར་ཕྱིན་གྱི་ལུས་གསུངས་ཞེས་པ་སྐབས་དོན་ནོ། །ཞར་ ལ་ཤེར་ཕྱིན་གྱི་མན་ངག་གི་བསྟན་བཅོས་འདིའི་ཡང་ལུས་གསུངས་ཞེས་སྦྱར་རོ། །དེ་ཡང་ ལུས་ཞེས་པ་ལའང་སྐབས་འདིའི་ལུས་ཀྱི་མཚན་ཉིད་ཆོས་གང་ཚིག་གམ་དོན་གྱི་ཡན་ལག་ དུ་མ་འདུས་པའོ། །དེ་ལ་དབྱེ་ན་བརྗོད་བྱ་དང་རྗོད་བྱེད་ཀྱི་ལུས་ཏེ། རིགས་ཐིགས་འགྲེལ་ པར། རབ་ཏུ་བྱེད་པའི་ལུས་ནི་རྣམ་པ་གཉིས་ཏེ། སྒྲ་དང་དོན་ནོ་ཞེས་ཆོས་མཆོག་གིས་སོ། ། དེ་ལ་རྗོད་བྱེད་སྒྲའི་ལུས་ནི་ཚིགས་བཅད་བཅོ་ལྔ་བོ་བར་མ་ཆད་པ་ཡིན་ལ། བརྗོད་བྱ་དོན་ 1-1-127 གྱི་ལུས་ནི་མངོན་རྟོགས་བརྒྱད་དོན་བདུན་ཅུ་བོ་ཡིན་ནོ། །ལུས་ཀྱི་སྒྲ་དོན་ནི། ཀ་ཡ་ཞེས་ པ་ཚོགས་དང་ལུས་དང་འདུས་པ་ལ་འཇུག་སྟེ། སྨྲ་སྒོར། ཚོགས་དང་ལུས་དང་འདུས་པ་ནི། ། རྣམ་གྲངས་དག་སྟེ་དེ་བཞིན་སྦྱར། །ཞེས་སོ། །དེར་མ་ཟད་ངོ་བོའམ་རང་བཞིན་ལ་འཇུག་ སྟེ་ངོ་བོའི་ཕྱིར་ཆོས་སྐུར་འདོད་ཅེས་བདེན་གཉིས་སུ་སྟེ་འོག་ཏུ་འཆད་དོ། །དེས་ན་ཚིག་གམ་ དོན་གྱི་ཡན་ལག་དུ་མ་ཚོགས་པའམ་འདུས་པ། ཆ་ཤེས་དུ་མ་བསགས་པ་ཡན་ལག་གི་རྟེན་ བྱེད་ཡན་ལག་ལ་ཁྱབ་པར་བྱེད་པས་ལུས་སོ། །གང་གིས་ན། ཚིག་ལེའུར་བྱས་པ་བཅོ་ལྔས་ སོ། །ཇི་ལྟར་ན། དང་པོ་གཉིས་ཀྱིས་མདོར་བསྟན་དང༌། ལྷག་མ་བཅུ་གསུམ་གྱིས་རྒྱས་ པར་བསྟན་པའི་སྒོ་ནས་སོ། །དགོས་པ་ཅིའི་དོན་དུ་ན། ཆོས་བཤེས་ཀྱིས། དཀྱུས་ས་བསྟན་ པའི་རྟ་ཐོགས་མེད་དུ་རྒྱུག་པར་འགྱུར་བ་ལྟར་གདུལ་བྱ་ཉན་པོ་རྣམས་ཀྱིས་ཡན་ལག་རྒྱས་ བཤད་རྣམས་མ་འཁྲུགས་པར་བདེ་བླག་ཏུ་རྟོགས་པར་བྱ་བའི་ཕྱིར་དང༌། དཀྱུས་ས་མཐོང་ བའི་ཁ་ལོ་པ་སེམས་སྟོབས་ཆེ་ཞིང་རྟ་ཚར་གཅོད་ནུས་པ་ལྟར་རང་གི་བསྟན་བཅོས་དང་པོར་ ལུས་ཀྱིས་བཅིངས་པའི་དོན་ཕྱིས་གོ་རིམ་བཞིན་རྣམ་པར་དབྱེ་བ་བྱས་པ་ན་ཡང་ལུས་དང་ ཡན་ལག་རིམ་པ་མ་འཛིངས་པའམ་མ་འཁྲུགས་པ་ཉིད་ཀྱིས་རྒྱུ་མཚན་གྱིས་འཆད་པ་པོ་ (བུདྡྷ་ ཤྲཱི་)རྣམས་ཀྱིས་བཤད་པར་བྱ་སླ་བ་སྟེ་དེ་འདྲའི་དགོས་པ་གཉིས་ཡོད་པར་རྗེ་བཙུན་གྱིས་ གཟིགས་ནས་སོ། །(འོད་ཟེར་མགོན་པོ་)ཁ་ཅིག་ཡན་ལག་རྒྱས་བཤད་ཀྱི་བསྟན་བཅོས་ཀྱི་དོན་ ལུས་ཀྱིས་ཚན་ཚན་དུ་རྣམ་པར་དབྱེ་ཞེས་དང༌། ཁ་ཅིག་མདོ་ཙམ་དུ་ཞེས་སོ། ། གཉིས་པ་ལ་གཉིས། ལུས་མདོར་བསྟན་ལུས་རྒྱས་བཤད་དོ། །དང་པོ་ལ། ཡུམ་དངོས་ བརྒྱད་ཀྱིས་བཤད་པར་བསྟན། འཆད་བྱེད་དངོས་བརྒྱད་གཏན་ལ་དབབ་པའོ། ། དང་པོ་ནི། བཤད་དོ། །གང་ན་གཞུང་ཤེས་རབ་ཕ་རོལ་ཕྱིན་པའི་ལུས་ནིའོ། །གསེར་ གསུམ་ག་ལ་སྦྱར་རོ། །གང་གིས་ན། ཟླ་ཟེར་དུ་དངོས་པོའམ་དོན་མངོན་རྟོགས་བརྒྱད་ཀྱིས་ 1-1-128 བསྡུས་ནས་སོ། །ཇི་ལྟར་ན། དག་ལྡན་དུ། ཡང་དག་སྟེ་མ་ལུས་པར་བསྟན་ཞེས་སོ། །ཡང་ ན་ལམ་འབྲས་གཉིས་དངོས་པོ་སྟེ་མངོན་རྟོགས་བརྒྱད་ཀྱིས་དང་གཞུང་སྐབས་བརྒྱད་ཀྱིས་ ཞེས་སྦྱར་ཡང་འཚམ་མོ། །འོ་ན་དངོས་པོ་དང་མངོན་རྟོགས་དང་སྐབས་བརྒྱད་ལ་ཁྱད་ཅི་ ཡོད་ཅེ་ན། འབྲེ་ཆེན་པོ་ནི། མངོན་རྟོགས་ཀྱི་དོན་དམིགས་རྣམ་ལེགས་པར་རྟོགས་ནས་བློ་ གོང་མ་ལ་སྦྱོར་བ་ཡིན་པས་མཁྱེན་གསུམ་ཆོས་སྐུ་མངོན་རྟོགས་མིན་ཏེ་འདིར་བསྒོམ་པ་ མཐར་ཐུག་པས་སོ་ཞེས་གསུངས་པ་ནོར་ཏེ། འཕགས་པས་ཐམས་ཅད་ཤེས་པ་དང་ལམ་ ཤེས་རྣམ་མཁྱེན་ཉིད་ཀྱིས་མངོན་པར་རྟོགས་པ་མཐའ་དག་བསྡུས་ཞེས་དང༌། འགྲེལ་ཆེན་ དུ། ཤེར་ཕྱིན་གྱི་དོན་བསྡུས་པ་མངོན་པར་རྟོགས་པ་བརྒྱད་མདོར་བསྡུས་པའོ་ཞེས་སོ། །ཨ་ བྷ་ཡ་དང་རད་ཀིར་ཀྱིས་མངོན་པར་རྟོགས་པ་བརྒྱད་ཀྱི་བདག་ཉིད་ཅེས་སོགས་དང་འགལ་ ལོ། །དག་ལྡན་དུ། ཆོས་ཀྱི་སྐུ་ཅི་ལྟར་མངོན་པར་རྟོགས་པ་ཡིན་ཞེ་ན། མངོན་པར་རྟོགས་པའི་ འབྲས་བུ་ཉིད་ཡིན་པའི་ཕྱིར་རོ་ཞེས་ཏེ། འདིར་ཆོས་སྐུ་ནི་འབྲས་བུ་ངོ་བོ་ཉིད་སྐུ་དང་མངོན་ རྟོགས་ནི་མངོན་པར་རྟོགས་པར་བྱེད་པའི་འདུས་བྱས་ཀྱི་ཤེས་པ་ལ་དགོངས་པར་སྣང་སྟེ། ཤེར་འབྱུང་གིས་མངོན་པར་ཏེ་ཀུན་ཏུ་འདིས་སམ་འདི་རྟོགས་པ་སྟེ་ཤེས་སོ་ཞེས་བྱེད་པ་དང་ ལས་སྒྲུབ་པའོ་ཞེས་པ་དང༌། རད་ཀིར་ལྟར་མངོན་རྟོགས་ལ་རྟོགས་བྱ་ཡིན་པས་དང་རྟོགས་ བྱེད་ཡིན་པ་གཉིས་ཅར་ཡོད་ཅིང་ངོ་བོ་ཉིད་སྐུ་སངས་རྒྱས་ཡིན་པས་མངོན་རྟོགས་སུ་འགལ་ བ་མེད་དོ། །འདིར་དངོས་པོ་བརྒྱད་ནི་ཚིག་གི་དོན་མངོན་རྟོགས་བརྒྱད་ཉིད་ལ་ཨ་བྷ་ཡས་ བཤད་དོ། །འོན་ཀྱང་འདིར་དངོས་པོ་ཞེས་པ་བརྗོད་བྱའི་ཆ་ནས་དང་མངོན་རྟོགས་ཞེས་པ་ སྒོམ་པའི་རྣལ་འབྱོར་གྱི་ཆ་ནས་དང་སྐབས་ཞེས་རྗོད་བྱེད་ཀྱི་ཆ་ནས་བསྟན་གྱི་སྐབས་འདིའི་ དངོས་པོ་དང་མངོན་རྟོགས་དོན་ཁྱད་མེད་དོ། །ཅི་ལྟར་མ་ལུས་པར་བཤད་ན། གླེང་གཞིའི་ དེ་མ་ཐག་ཏུ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་བཀའ་སྩལ་པ། 1-1-129 ཤཱ་རིའི་བུ་འདི་ལ་ཞེས་སོགས་ནས། སེམས་ཅན་ཚད་མེད་པ་དག་གིས་བླ་མེད་བྱང་ཆུབ་ ཏུ་སེམས་བསྐྱེད་པར་གྱུར་ཏོའི་བར་རབ་འབྱོར་གྱི་ལེའུས་རྣམ་མཁྱེན་བཤད་དོ། །གནས་ བརྟན་གྱི་མའི་མིང་ལས་དྲིས་ནས་བཏགས་ཏེ་མའི་མིག་བྱ་ཤཱ་རི་ཀའི་མིག་འདྲ་བས་ཤཱ་རིར་ བཏགས། དེ་ལས་སྐྱེས་པས་ཤཱ་རིའི་བུ་ཞེས་སོ། །ཤཱ་ར་དྭ་ཏིའི་བུ་ཞེས་པ་ནི་རིགས་ཤཱ་ར་དྭ་ ཏི་ཡིན་པས་ཏེ། སྙིང་པོ་མཆོག་ཏུ་མ་ཤཱ་རི་ཡིན་པ་དང་རིགས་ཤཱ་ར་དྭ་ཏི་ཡིན་པས་ཤཱ་རིའི་ བུ་དང་ཤཱ་ར་དྭ་ཏིའི་བུ་ཞེས་འདིའི་མིང་རྣམ་པ་གཉིས་སུ་བྱས་སོ་ཞེས་སོ། །ཟླ་ཟེར་དུ་ཡང་ ངོ༌། །དེའི་ཚེ་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་རྒྱལ་བོ་ཆེན་པོ་ཇི་ སྙེད་ཡོད་པ་ཞེས་ནས། ལམ་གྱི་རྣམ་པ་ཤེས་ཉིད་ཀྱི་ཕྱིར་རབ་འབྱོར་བྱང་སེམས་ཀྱི་ཡུམ་ མོའི་བར་མཐའ་གཉིས་རྣམ་དག་གི་ལེའུས་ལམ་ཤེས་བཤད། རབ་འབྱོར་གྱིས་གསོལ་བ། བཅོམ་ལྡན་འདས་བྱང་སེམས་ཀྱི་ཡུམ་ནི་ཚུ་རོལ་གྱི་མཐར་མ་ལགས་ཞེས་ནས། སུ་ཡང་ སྦྱིན་པ་སྦྱིན་པའི་གནས་སུ་གྱུར་པ་མ་མཆིས་སོའི་བར་སྤྱོད་པ་ཁྱད་པར་གྱི་ལེའུས་གཞི་ཤེས་ བཤད། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ ཏོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཡུམ་འདི་ནི་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ། །ནས། ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་མི་འཕྲོག་པ་ཡིན་ནོའི་བར་དེ་བཞིན་ ཉིད་ཀྱི་ལེའུས་རྣམ་ཀུན་བཤད། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ ལ་བཀའ་སྩལ་པ། རབ་འབྱོར་གལ་ཏེ་བྱང་སེམས་ཀྱི་རྨི་ལམ་ན་ཡང༌། ཞེས་ནས། སེམས་ ཅན་རྣམས་ཀྱང་ཕུང་པོ་གསུམ་དུ་ལུང་བསྟན་ཏོའི་བར་བསླབ་པ་ཡོངས་སུ་དག་པའི་ལེའུས་ རྩེ་སྦྱོར་བཤད། དེ་སྐད་ཅེས་བཀའ་སྩལ་བ་དང་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་ འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་ལྟ་དེ་ལྟར་བྱང་ཆེན་པོ་ཆོས་ཐམས་ ཅད་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་ལ་བསམ་གཏན་བཞི་དང་མངོན་པར་ཤེས་པ་ལྔས་ 1-1-130 མངོན་འཚང་རྒྱ་ན། ཞེས་པ་ནས། བདུད་ཀྱི་རིགས་ཀྱིས་ཚུགས་པར་དཀའ་བ་ཡིན་ནོའི་བར་ རིམ་གྱིས་འཇུག་པ་ལ་བསླབ་པའི་ལེའུས་མཐར་གྱིས་པ་བཤད། དེ་སྐད་ཅེས་བཀའ་སྩལ་པ་ དང་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ ལྡན་འདས་བྱང་ཆེན་ཡུམ་ལ་སྤྱོད་པའི་ཚེ་ཇི་ལྟར་སེམས་བསྐྱེད་པ་གཅིག་གིས་ཕར་ཕྱིན་དྲུག་ ཡོངས་སུ་འཛིན་པ་ལགས། ཞེས་ནས། མཚན་མ་མེད་པའི་ཚུལ་གྱིས་ཡུམ་ལ་བསླབ་པར་ བྱའོའི་བར་བསླབ་པ་ཡོངས་སུ་རྫོགས་པའི་ལེའུས་སྐད་ཅིག་མ་བཤད། རབ་འབྱོར་གཞན་ ཡང་ཟག་པ་མེད་པའི་ཆོས་རྨི་ལམ་ལྟ་བུ། ཞེས་ནས། སྟོང་པ་ཉིད་ཅེས་བྱ་བ་ལྟ་ཡོད་པར་ འགྱུར་རེ་སྐན་གྱི་བར་བསླབ་པའི་འབྲས་བུའི་ལེའུས་ཆོས་སྐུ་བསྟན་གསུངས་ (བུ།)སོ། །ཞིབ་ ཏུ་འཕགས་གྲོལ་གྱིས་བསྒྲིགས་པའི་ལེའུ་བརྒྱད་མ་དང༌། སློབ་དཔོན་འདིས་བསྒྲིགས་པ་ བསྡུས་དོན་འགྲེལ་པ་ལས་ཤེས་དགོས་སོ། ། གཉིས་པ་ལ་གཉིས། དངོས་བརྒྱད་སོ་སོའི་དོན། དེའི་ངེས་པ་བསམ་པའོ། །དང་པོ་ལ་ བརྒྱད། རྣམ་མཁྱེན་ཆོས་སྐུའི་བར་རོ། ། དང་པོ་ལ། མཁྱེན་གསུམ་མཚན་ཉིད་པ་ངོ་བོ་གཅིག་ཅིང་རྣམ་མཁྱེན་མཚན་ཉིད་པ་ ཉན་རང་བྱང་སེམས་ལའང་ཡོད་པར་བོད་སྔ་མ་ཕལ་ཆེར་བཞེད་པ་ནི་ཤིན་ཏུ་མི་འཐད་ཅིང༌། སངས་རྒྱས་ཀྱི་ས་ཁོ་ནར་ཡོད་དེ། མདོར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་དེ་པ་དགྲ་ བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡིན་ནོ་ཞེས་སོགས་དང༌། རྣམ་ པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ནས་ཆོས་ཀྱི་འཁོར་ལོ་བསྐོར་ཞེས་དང༌། རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་ཐོབ་པར་མ་བགྱིས་པར་ཆོས་ཀྱི་འཁོར་ལོ་བསྐོར་བར་མི་ནུས་སོ་ཞེས་སོ། ། མདོ་སྡེ་རྒྱན་དུ། སྒྲིབ་པ་ཀུན་གྱི་དྲི་མེད་པ། །རྣམ་པ་ཐམས་ཅད་མཁྱེན་ཉིད་ཐོབ། །རིན་ཆེན་ སྣོད་ནི་ཕྱེ་བ་ལྟར། །སངས་རྒྱས་ཉིད་ནི་ཡང་དག་བསྟན། །ཞེས་དང༌། འདིར་ཡང༌། གང་དང་ 1-1-131 ཡང་དག་ལྡན་པས་ཐུབ་རྣམས་སྣ་ཚོགས་འདི་གསུང་ཞེས་སོ། །འཕགས་སེང་གཉིས་ཀྱིས་ ཀྱང་སྔར་དྲངས་པ་ལྟར་གྱི་མདོ་ཉིད་དྲངས་ནས་བཤད་པ་དང༌། ཐུབ་དགོངས་སུ། རྣམ་པ་ ཐམས་ཅད་མཁྱེན་པ་ཉིད་ནི་དངོས་སངས་རྒྱས་ཉིད་ཡིན་ལ་དེ་ནི་སྐྱེས་བུའི་དོན་གྱི་མཆོག་གོ ། དེ་ཁོ་ན་བརྒྱད་པ་ཆོས་སྐུའི་མངོན་པར་རྟོགས་པ་སྟེ་མངོན་པར་རྟོགས་པ་བདུན་རྣམས་ཀྱིས་ མངོན་པར་རྟོགས་པར་བྱ་ཞིང་ཐོབ་པར་བྱ་བའོ། །དེའི་དོན་ཉིད་ཀྱི་ཕྱིར་དེའི་ལམ་ནི་རྣམ་ མཁྱེན་ཉིད་བཏགས་པ་སྟེ་ཞེས་སོ། །རཏྣ་ཀིརྟིས། ཐམས་ཅད་ཤེས་པ་དང་ལམ་ཤེས་པ་ཉིད་ སྔོན་དུ་སོང་བ་ཅན་ནི་རྣམ་པ་ཀུན་མཁྱེན་པར་རབ་ཏུ་ཕྱེ་ཞེས་དང༌། འདི་རྣམས་ཉིད་ནི་དངོས་ པོའི་རབ་ཏུ་དབྱེ་བས་ཕྱེ་བ་ཡིན་ལ་ཞེས་དང༌། གསུམ་པོ་འདི་རྣམས་ཉིད་ནི་དངོས་པོའི་རབ་ ཏུ་དབྱེ་བས་ཕྱེ་ཞེས་རབ་ཏུ་རྟོགས་པར་བྱ་བའི་དོན་དུ་གསུམ་པོ་འདི་རྣམས་ཉིད་ཀྱི་རབ་ཏུ་ དབྱེ་བས་ཕྱག་འཚལ་ཞེས་སོ། །ཤཱནྟིས་ (དག་ལྡན་)རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་སངས་ རྒྱས་ཏེ་དེ་ཡང་སྐྱེས་བུ་དམ་པའོ། །ཞེས་སོགས་བཀའ་བསྟན་བཅོས་ཀྱི་ལུང་ཤིན་ཏུ་མང་པར་ ཡོད་དོ། །དེས་ན་མཚན་ཉིད། མཚོན་བྱ། མཚན་གཞི། ངོ་བོ་བཞི་ལས། དང་པོ་ནི། ཇི་ལྟ་ཇི་ སྙེད་མཁྱེན་པའི་ཡེ་ཤེས་མཐར་ཐུག་གམ་ཆོས་ཐམས་ཅད་བདེན་པའི་སྐྱེ་མེད་དུ་རྟོགས་ཤིང་ དོན་གཉིས་མཐར་ཐུག་པ་སྟེ། འཕགས་སེང་གཉིས་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ ནི་ཆོས་ཐམས་ཅད་སྐྱེ་བ་མེད་པའི་རྟེན་ཅན་ཞེས་སོགས་སྔར་བཤད་པ་ལྟར་རོ། །དབུ་མ་རྒྱན་ དུ། ཆོས་ཚུལ་ཟབ་མོ་རྒྱ་མཚོ་ལྟ་བུའི་ཕ་རོལ་གཟིགས། །ཞེས་སོགས་མང་དུ་ཤེས་པར་བྱའོ། ། གཉིས་པ་ནི། ཆོས་ཐམས་ཅད་ཀྱི་རྣམ་རྟགས་མཚན་མའམ། ཇི་ལྟ་ཇི་སྙེད་པའི་རྣམ་པ་ཀུན་ མངོན་སུམ་དུ་མཁྱེན་པ་ཉིད་དེ་རབ་འབྱོར་རྣམ་པ་གང་དག་ཅེས་སོགས་ལྟར་རམ། ཡེ་ཤེས་ མ་འདྲེས་པ་གསུམ་འཆད་པ་ལྟར་རོ། །གསུམ་པ་ནི། ཆོས་ཉིད་ཇི་ལྟ་བ་མཁྱེན་པའི་མཉམ་ བཞག་དང༌། ཆོས་ཅན་ཇི་སྙེད་པ་མཁྱེན་པའི་རྗེས་ཐོབ་གཉིས་ཏེ། བདེན་གཉིས་ལས། གང་ 1-1-132 ཚེ་ཤེས་དང་ཤེས་བྱ་དག །བདག་ཉིད་རྗེས་སུ་མི་མཐོང་བ། །དེ་ཚེ་མཚན་མ་མི་འབྱུང་ཕྱིར། ། གནས་པ་བརྟན་ཕྱིར་མི་བཞེངས་སོ། །ཞེས་དང༌། བརྟགས་པའི་དོན་གྱིས་དབེན་པ་ཡི། །ཇི་ ལྟར་སྣང་བ་འདི་ཁོ་ན། །རྟེན་ཏེ་སྐྱེས་པ་ཐམས་ཅད་ནི། །ཐམས་ཅད་མཁྱེན་པས་མངོན་སུམ་ གཟིགས། །ཞེས་སོ། ། བཞི་པ་ལ་གསུམ། སྤྱིར་སངས་རྒྱས་ལ་ཡེ་ཤེས་ཡོད་མེད་དཔྱད། བྱེ་བྲག་སྣང་བཅས་ ཀྱི་ཡེ་ཤེས་ཡོད་མེད་དཔྱད། སྐབས་དོན་ངོ་བོ་ངོས་གཟུང་བའོ། །དང་པོ་ནི། ཁ་ཅིག་སངས་ རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡེ་ཤེས་ཀྱང་མིང་ཙམ་དུ་ཟད་དེ་བར་ཆད་མེད་པའི་ཏིང་ངེ་ འཛིན་གྱི་རྗེས་ལ་ཡེ་ཤེས་ནི་དངོས་སུ་མེད་ཅིང་དེ་བཞིན་ཉིད་རྣམ་པར་དག་པ་ཙམ་དུ་གྱུར་ ཏོ་ཞེས་སྨྲ་ཞེས་ཆོས་བཤེས་སུ་ (གོང་དུ་ལམ་ཤེས་བསྙད་པར་)བཀོད་ཅིང༌། ཇོ་བོ་རྗེའི་དྲན་པ་གཅིག་ པའི་མན་ངག་ལས། འོ་ན་དེ་དུས་ན་ཡེ་ཤེས་ཡོད་དམ་མེད་ཅེ་ན། སློབ་དཔོན་ཀླུ་སྒྲུབ་ནི་ མི་བཞེད་དེ། ཇི་སྐད་དུ། སེམས་ནི་སངས་རྒྱས་ཐམས་ཅད་ཀྱིས། །གཟིགས་པར་མ་གྱུར་ གཟིགས་མི་འགྱུར། །རང་བཞིན་མེད་པའི་རང་བཞིན་ལ། །ཇི་ལྟ་བུ་ཞིག་གཟིགས་པར་ འགྱུར། །ཞེས་གསུངས་པ་དང་བརྒྱུད་པའི་མན་ངག་ནི་དེ་ཡིན་ནོ་ཞེས་སོ། །དེས་མཛད་པའི་ དབུ་མའི་མན་ངག་རིན་པོ་ཆེའི་ཟ་མ་ཏོག་ཁ་ཕྱེ་བར་ཡང༌། སངས་རྒྱས་རྣམས་ཆོས་ཀྱི་སྐུར་ གྱུར་ཅིང་དེའི་ཡེ་ཤེས་ཀྱང་རྟོག་པ་ཐམས་ཅད་སྤངས་ནས་ཆོས་ཀྱི་དབྱིངས་སུ་གྱུར་པ་དེས་ ན་དབྱིངས་དང་ཡེ་ཤེས་དང་ཡུལ་དང་ཡུལ་ཅན་མེད་པས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཇི་ ལྟ་ཞིག་ཡོད་ཅེས་དང་རྣམ་པར་མི་རྟོག་པའི་ཡེ་ཤེས་མི་བཞེད་དོ། །དུས་དེའི་ཚེ་རྣམ་པར་མི་ རྟོག་པའི་ཡེ་ཤེས་མེད་པས་སྤྲོས་པ་མ་ལུས་པ་ཞི་བ་ཡིན་པས་རྗེས་ལས་ཐོབ་པའི་ཡེ་ཤེས་ ཇི་ལྟ་ཞིག་ཡོད་པར་འགྱུར་ཏེ་མེད་དོ་ཞེས་སོགས་བཤད་དེ། ཀླུ་སྒྲུབ་དང་བླ་མ་ཨ་བ་དྷཱུ་ཏཱི་ པ་སོགས་བཞེད་གསུང་ངོ༌། །དེའི་སློབ་མ་སློབ་དཔོན་དབུ་མ་སེངྒེས། ལྟ་བ་ཐ་དད་པ་རྣམ་ 1-1-133 པར་ཕྱེ་བར་ཡང༌། དཔེར་ན་ཏིལ་མར་དང་སྡོང་བུ་དག་ཡོད་ཀྱི་བར་དུ་མར་མེའི་རྒྱུན་འབར་ བར་འགྱུར་ལ་སྡོང་བུ་དང་ཏིལ་མར་དེ་དག་ཟད་པའི་དུས་ན་མར་མེ་དེའི་རྒྱུན་ཀུན་ཏུ་ཆད་ པར་འགྱུར་ལ་དེ་བཞིན་དུ་སྡོང་བུ་དང་ཏིལ་མར་ལྟ་བུའི་མ་རིག་པ་ཟད་པ་ན་རྣམ་པར་ཤེས་ པ་མར་མེ་ལྟ་བུ་འདི་རང་གི་ངང་གིས་རྒྱུན་ཆད་པ་སྐྲའི་རྩེ་བརྒྱར་གཤགས་པའི་ཚད་ཙམ་མེད་ པར་རྣམ་པ་ཐམས་ཅད་དུ་ཀུན་ནས་རྒྱུན་ཆད་པར་འགྱུར་རོ། །དེ་བས་ན་གནས་གྱུར་པའི་ཡེ་ ཤེས་གང་ནས་ཀྱང་བྱུང་བ་མེད་པའོ། །དེས་ན་ཀུན་ནས་སྟོང་པ་ཉིད་གང་ཡིན་པ་དེ་ཉིད་མྱ་ ངན་ལས་འདས་པར་གཟུང་ངོ༌། །དེ་ལྟ་ན་ཆད་པར་ཅིས་མི་འགྱུར་ཞེས་སོགས་དཔེ་དོན་མང་ པོ་སྣང་བའི་དོན་བསྡུས་ན། རྒྱུན་མཐའི་ཚེ་སྨོན་ལམ་བྱིན་གྱིས་རློབ་སྟེ་ལོངས་སྤྱོད་རྫོགས་སྐུ་ འབྱུང་བར་གྱུར་ཅིག་ཅེས་བཏབ་ནས་མཚན་མེད་ཀྱི་དབྱིངས་སུ་མྱ་ངན་ལས་འདས་སོ། །ཡེ་ ཤེས་དང་སྟོབས་དབང་སོགས་དང་རང་རིག་པ་ནི་སྐྲག་པ་སྤང་ཕྱིར་བསྟན་པ་ཁོ་ནའོ། །ཞེས་ སོ། །དེ་ལ་ཇོ་བོ་དཔོན་སློབ་ཀྱི་དེ་དོན་དམ་ལ་བསམ་པ་འདྲ་སྟེ། ཇོ་བོས། སྔ་མ་ (དྲན་པ་གཅིག་ པའི་)དེའི་འཕྲོར། དེས་ན་གཞན་གྱི་དོན་ལ་མ་གཏོགས་པའི་བྱ་བ་ཅི་ཡང་མི་མངའ་ལ། ཞེས་ དང༌། ཟ་མ་ཏོག་ཁ་ཕྱེ་བར། སློབ་དཔོན་འདི་ཡང་དག་པར་ན་གཉིས་སུ་མེད་པའི་ཡེ་ཤེས་ ཀྱང་མི་བཞེད་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རྗེས་ལས་ཐོབ་པ་ཡང་མི་བཞེད་དེ་ས་ གསུམ་བརྙེས་པས་ཆོས་ཐམས་ཅད་སྐྱེ་མེད་ཐུགས་སུ་ཆུད་པའི་ཕྱིར་རོ། །ཞེས་ཐོགས་མེད་ ལ་བཤད་དོ། །དབུ་མའི་མན་ངག་ཆུང་བར། ཡང་དག་པར་རྫོགས་པའི་སངས་རྒྱས་ལ་རྗེས་ ཐོབ་མི་མངའ་སྟེ་དུས་ཐམས་ཅད་དུ་མཉམ་པར་བཞག་པའོ་ཞེས་སོ། །དབུ་མ་སེང་གེས་ཀྱང་ ས་བཅུའི་དབང་ཕྱུག་ཏུ་གྱུར་པ་རྒྱལ་བའི་ཐུགས་ཀྱི་སྲས་ཞེས་སོ། །གལ་ཏེ་སྒྲ་ཇི་བཞིན་ཆོས་ བཤེས་ཀྱི་ཕྱོགས་སྔ་བཀོད་པ་དང་འདྲ་ན་ཤིན་ཏུ་མི་འཐད་དེ། ཆོས་ཅན་ཡེ་ཤེས་རྣམ་པར་ དག་པའི་དབང་གིས་དེ་དང་འབྲལ་མི་ཤེས་ཤིང་དེ་ཉིད་ཀྱང་མིན་པའི་དེ་བཞིན་ཉིད་དག་ 1-1-134 པར་བཞག་དགོས་པ་ལ་ཡེ་ཤེས་མེད་ན་དེ་བཞིན་ཉིད་དག་པར་གང་གིས་བཞག གཞན་ ཡང༌། ཤེས་བྱ་ཆོས་ཅན། ཆོས་ཅན་ལ་མ་བརྟེན་པའི་ (ཆོས་བཤེས་)དེ་བཞིན་ཉིད་ཡོད་པར་ ཐལ། སངས་རྒྱས་པ་ན་ཡེ་ཤེས་མེད་པར་དེ་བཞིན་ཉིད་རྣམ་པར་དག་པ་ཙམ་དུ་ཡོད་པས་ སོ། །རྟགས་ཁས་སོ། །འདོད་ན། དགོངས་འགྲེལ་ལས། གལ་ཏེ་དོན་དམ་པའི་བདེན་པ་ཀུན་ རྫོབ་ཀྱི་བདེན་པ་ལས་གཞན་ཡིན་ན་དེའི་ཚེ་དོན་དམ་པ་ཆོས་རྣམས་ཀྱི་སྤྱིའི་མཚན་ཉིད་དུ་ མི་འགྱུར་ཞིང་དོན་དམ་པ་དེ་མཐོང་བས་རྣལ་འབྱོར་པ་རྣམས་ཀྱིས་ཉོན་མོངས་པ་སྤོང་བར་ ཡང་མི་འགྱུར་རོ་ཞེས་པའི་སྐྱོན་ཡོད་དོ། །ཡང་སངས་རྒྱས་པའི་ཚེའི་དེ་བཞིན་ཉིད་དག་པ་དེ་ མ་དག་པའི་དེ་བཞིན་ཉིད་དང་ལོགས་པ་ཅིག་ཡིན་ན་ཆོས་དབྱིངས་ཆ་ཤས་གཉིས་སུ་འགྱུར་ ལ། དེ་གཉིས་ཐ་མི་དད་ན་ནི་སངས་རྒྱས་དང་སེམས་ཅན་ཕལ་བ་ཁྱད་མེད་དུ་འགྱུར་རོ། ། དེའི་ཕྱིར་བདག་དང་གཞན་ཕུང་བའི་ཐབས་སུ་གྱུར་པ་ལྟ་བ་ངན་པའི་དགོན་པ་ཆེན་པོ་འདི་ ལྟ་བུ་ནི་མཁས་པ་དག་གིས་མཉན་པའི་ཡུལ་དུ་ཡང་མི་འོས་པར་སྤང་ངོ་ཞེས་ཆོས་བཤེས་སོ། ། ཡེ་ཤེས་མེད་པ་ཟླ་གྲགས་ཀྱི་དགོངས་པ་གཏན་ནས་མིན་ཏེ། སྐྱབས་གསུམ་བདུན་ཅུ་པར། ཆོས་རྣམས་དངོས་མེད་ཁོ་ན་ལ། །བློ་གནས་སངས་རྒྱས་ཡིན་པར་བརྗོད། །ཅེས་དང༌། མ་ རིག་གཉིད་ནི་རྒྱུན་ཆད་ཅིང༌། །ཡང་དག་ཡེ་ཤེས་ངེས་འབྱུང་བས། །གང་ཞིག་རྣམ་སད་དེ་ སངས་རྒྱས། །སྐྱེས་བུ་གཉིད་སངས་ཇི་བཞིན་ནོ། །ཞེས་དང༌། ཡེ་ཤེས་བླ་ན་མེད་པ་ཡིས། ། ཡང་ན་དེ་ཉིད་ཐུགས་ཆུད་པའམ། །ཞི་བ་ཉིད་ཀྱིས་རྟོགས་སངས་རྒྱས། །དེ་བས་སངས་རྒྱས་ སངས་རྒྱས་འདོད། །ཅེས་སོ། །སངས་རྒྱས་རྣམས་ཀྱི་སྟོབས་སོགས་ཀྱིས། །ཡེ་ཤེས་དེ་ནི་ རྣམ་པར་བརྒྱན། །ཞེས་སོགས་སོ། །འཇུག་པར། ཤེས་བྱའི་བུད་ཤིང་སྐམ་པོ་བསྲེགས་ཞེས་ སོགས་དང༌། འགྲེལ་པར་སེམས་སེམས་བྱུང་དང་བྲལ་ཞེས་སོགས་ནི་ཡེ་ཤེས་རྣམ་ཤེས་ཕྱེ་ བའི་ལུགས་ཀྱི་སེམས་རྣམ་ཤེས་འཁོར་བཅས་འགགས་པར་སྟོན་གྱི་རིག་པ་ཡེ་མེད་དུ་སྟོན་ 1-1-135 པ་མིན་ནོ། །གལ་ཏེ་ཤེས་བྱའི་བུད་ཤིང་བསྲེགས་ཞེས་པས་ཤེས་བྱ་མེད་པར་བཤད་པས་ ཤེས་པའང་མེད་པར་འགྲུབ་སྙམ་ན། འོ་ན་ས་གསུམ་པ་འཆད་པར། ཤེས་བྱའི་བུད་ཤིང་མ་ ལུས་བསྲེག་པའི་མེ། །འོད་འབྱུང་ཕྱིར་ན་ཞེས་བཤད་པས་ས་གསུམ་པར་ཡང་ཡེ་ཤེས་མེད་ པར་འགྱུར་རོ། །འཇུག་པར། བདེ་གཤེགས་གང་ཕྱིར་ཁྱོད་ལ་མཁྱེན་རབ་ཐུགས་རྗེ་ཐབས་ དང་ལྷན་གཅིག་པ། །མངའ་དང་ཞེས་དང༌། མཁྱེན་བཟང་ཁྱོད་ཀྱིས་སྐད་ཅིག་གིས་ནི་ཤེས་ བྱ་ཐུགས་སུ་ཆུད། །ཅེས་སོགས་དུ་མ་ཡོད་དོ། །དེས་ན་ཤེས་བྱ་ཞེས་པ་གཟུང་པའམ་མཚན་ མ་ལ་ཟེར་རོ། །མདོ་རྒྱུད་ཀྱི་ལུང་དུ་མ་ཡོད་པ་ཤེས་པར་བྱ་ཞིང་རྒྱས་པར་བསྟན་བཅོས་ ལོགས་སུ་རྩོམ་པར་སྤྲོ་ཡོད་པས་བཞག་གོ །ཛ་ཡ་ཨ་ནནྟ་ཡེ་ཤེས་མེད་པར་བཞེད་ཅེས་ཟེར་ བ་ནི་མི་བདེན་པར་སྣང་སྟེ་སྤྱིར་དེས་ལུགས་གཉིས་བཀོད་ཀྱང་རང་ལུགས་ལ། དེ་ཉིད་ཀྱི་ ཕྱིར་བཅོམ་ལྡན་འདས་ལ་ཆོས་ཀྱི་སྐུའི་རྒྱུ་ཅན་ཡེ་ཤེས་རྣམ་པ་ལྔ་མངའ་བ་ཡིན་པས་ཡེ་ཤེས་ རྒྱུན་ཆད་པར་འགྱུར་བ་ཡང་མ་ཡིན་ནོ་ཞེས་སོ། །འོན་ཀྱང་ཆོས་ཉིད་ཀྱི་སྐུ་ལས་ཐ་དད་པའི་ ཡེ་ཤེས་དང་ཡོན་ཏན་གང་ཡང་མེད་དེ་དེ་རྣམས་ཆོས་སྐུ་དང་རོ་གཅིག་ཅེས་སོ། །དེས་ན་ དོན་དམ་པར་ཡེ་ཤེས་མེད་ལ་ཡང་དག་པའི་ཀུན་རྫོབ་ཏུ་གཉིས་མེད་ཡེ་ཤེས་སྒྱུ་མ་ལྟ་བུ་ཡོད་ ཅེས་སློབ་དཔོན་འདི་སོགས་རང་རྒྱུད་པ་རྣམས་འདོད་ཅིང་ཐལ་འགྱུར་བ་ཡང་དོན་དམ་དུ་ མེད་ཀྱི་ཀུན་རྫོབ་ཏུ་ཡོད་པར་ངེས་པར་བཞེད་དོ། །འོན་ཀྱང་དེའི་ཀུན་རྫོབ་ཀྱི་ཡེ་ཤེས་ཀུན་ རྫོབ་ཏུ་ཡོད་ཅིང་དོན་དམ་གྱི་ཡེ་ཤེས་དོན་དམ་དུ་ཡོད་པར་ཁས་བླང་ངོ༌། ། གཉིས་པ་ལ། སངས་རྒྱས་ལ་ཀུན་རྫོབ་སྣང་བཅས་ཀྱི་ཡེ་ཤེས་མངའ་འམ་མི་མངའ་ཞེ་ ན། ཁ་ཅིག་ནི་སྣང་བཅས་ཀྱི་ཡེ་ཤེས་མངའ་ན་གཟུང་འཛིན་དང་བཅས་པའི་ཉེས་པར་འགྱུར་ བས་ཡེ་ཤེས་རྣམ་པ་མེད་པ་ཀུན་རྫོབ་པ་ཙམ་ཞིག་རང་རིག་པར་གྱུར་པ་སྟེ་འདི་ཙམ་ཞིག་གོ་ ཞེས་སོ། །གཞན་དག་ནི་བསྐལ་བ་དུ་མར་གཟུང་འཛིན་བརྫུན་པའི་ངོ་བོ་ཉིད་དུ་གོམས་པར་ 1-1-136 གྱུར་པ་དེ་ལ་སྣང་བ་རྣམས་གཟུང་བ་དང་འཛིན་པར་ཅི་ལྟར་འགྱུར། སྤྱོད་འཇུག་ལས། ཇི་ ལྟར་མཐོང་ཐོས་ཤེས་པ་དག །འདིར་ནི་དགག་པར་བྱ་མིན་ཏེ། །འདིར་ནི་སྡུག་བསྔལ་རྒྱུར་ གྱུར་པའི། །བདེན་པར་རྟོགས་པ་བཟློག་བྱ་ཡིན། །ཞེས་པས་ངེས་པར་སྣང་བཅས་ཀྱི་ཡེ་ ཤེས་མེད་ན་ཅི་ལྟར་རྣམ་མཁྱེན་དུ་བརྗོད་ཟེར་རོ་ཞེས་ཆོས་བཤེས་སོ། །ཐམས་ཅད་མཁྱེན་པ་ བུ་སྟོན་ནི། ཇི་སྙེད་པ་མཁྱེན་པས་ཀུན་རྫོབ་སྣང་བཅས་མངའ་སྟེ། དེ་བཞིན་ཤེས་བྱ་ཐམས་ ཅད་ལ། །སངས་རྒྱས་ཡེ་ཤེས་གཅིག་ཅར་སྣང༌། །ཞེས་སོ། །གལ་ཏེ་ཇི་སྙེད་པ་མ་མཁྱེན་ན་ རྣམ་མཁྱེན་དུ་མི་འགྱུར་རོ། །ཞེས་སོ། །ཆོས་རྗེ་ཀུན་མཁྱེན་ཆེན་པོ་ནི། ཀུན་རྫོབ་སྣང་ནས་ མི་མཁྱེན་ལ་མི་སྣང་བར་ལག་མཐིལ་དུ་སྐྱུ་རུ་ར་བཞག་པ་ལྟར་མཁྱེན་ཞེས་གསུང་ངོ༌། །འོན་ ཀྱང་སོ་སོའི་སྐྱེ་བོ་ལ་ཇི་ལྟར་སྣང་བ་ལྟར་དུ་སྣང་ནས་མི་མཁྱེན་ཞིང་སོ་སྐྱེ་ལ་མི་སྣང་བ་ལྟར་ སྣང་ནས་མཁྱེན་ཏེ་སོ་སྐྱེ་ལ་བདེན་བདེན་པོར་སྣང་ཞིང་སངས་རྒྱས་ལ་བདེན་མེད་སྒྱུ་མ་ལྟར་ སྣང་ངོ་ཞེས་ཁས་བླང་ངོ༌། །རྒྱས་པར་ལོགས་སུ་སྟོན་པར་སྤྲོའོ། ། གསུམ་པ་ནི། (ཨཱརྱས་བཤད་)སློབ་དཔོན་བཟང་སྐྱོང་ནི། ཤེས་བྱའི་གནས་དང་མཚན་ཉིད་ སོགས་ཆོས་ (ཐེག་བསྡུས་སུ། ཤེས་བྱའི་གནས་དང་མཚན་ཉིད་དེར་འཇུག་དང༌། །དེ་ཡི་རྒྱུ་འབྲས་དེ་རབ་དབྱེ་བ་དང༌། ། བསླབ་པ་གསུམ་དང་དེ་འབྲས་སྤངས་པ་དང༌། །ཡེ་ཤེས་ཐེག་པ་མཆོག་གྱུར་ཁྱད་པར་འཕགས། །ཞེས་སོ། །)བཅུ་མཁྱེན་ པའི་ཡེ་ཤེས་མཐར་ཐུག་ལ་བཞེད། འདིར་ཆོས་ཀུན་བདེན་པའི་རང་བཞིན་མེད་པའི་སྟོང་ པ་ཉིད་དམ་དོན་དམ་པར་བདེན་པའི་དངོས་པོ་མེད་པའི་རྣམ་འགྱུར་ལ་དམིགས། བདག་ པོ་གྲངས་མེད་གསུམ་དུ་ཡང་དག་པའི་ལམ་གོམས་པ་མ་བརྗེད་པའི་དྲན་པ་ལ་བརྟེན། རྣམ་ པར་རྟོག་པ་ཐམས་ཅད་ཞི་བའི་མི་རྟོག་ཡེ་ཤེས་ཤེས་རྣམ། དོན་དམ་པར་སྤྲོས་པ་ཀུན་གདོད་ ནས་ཞི་བའི་ཆོས་ཉིད་དོན་རྣམ་ཅན་གྱི་ཡེ་ཤེས་མཐར་ཐུག་སྟེ། རྣམ་པ་ཐམས་ཅད་མཁྱེན་ པ་ཉིད་འདིའི་དམིགས་པ་ནི་དངོས་པོ་མེད་པའོ། །བདག་པོ་ནི་དྲན་པའོ། །རྣམ་པ་ནི་ཞི་བ་ 1-1-137 སྟེ་མཚན་ཉིད་མེད་པའོ་ཞེས་སོ། །སྣང་བར་འདོད་པ་དུ་མ་སྨོས་ཤིང་ཆོས་བཤེས་སུ་ཡང་སྟེ་ དེ་དག་བལྟའོ། །གལ་ཏེ་སངས་རྒྱས་ལ་རྗེས་ཐོབ་ཡོད་ན་ཐུགས་མཉམ་པར་མ་བཞག་པ་ མི་མངའ་ཞེས་དང༌། ཇོ་བོ་རྗེས་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ནི་རྗེས་ལས་ཐོབ་ པ་མི་མངའ་སྟེ་ཞེས་བཤད་པ་དང་འགལ་ཞེ་ན། མཉམ་བཞག་གིས་མ་ཟིན་པའི་རྗེས་ཐོབ་ མེད་པ་ལ་དགོངས་ལ་རྗེས་ཐོབ་ཡོད་པར་བཤད་དེ། རྒྱུད་བླར། ཤེས་རབ་ཡེ་ཤེས་རྣམ་ གྲོལ་རྣམས། །གསལ་དང་འཕྲོ་དང་དག་ཕྱིར་དང༌། །ཐ་དད་མེད་ (པ་སྟེ་འབྲལ་མི་རུང་བའི་)ཕྱིར་ འོད་དང་ཟེར། །ཉི་མའི་དཀྱིལ་འཁོར་རྣམས་དང་མཚུངས། །ཞེས་དང༌། དེའི་འགྲེལ་པར། སངས་རྒྱས་ཀྱི་རྒྱུད་ལ་མངའ་བ་འཇིག་རྟེན་ལས་འདས་པའི་རྣམ་པར་མི་རྟོག་པའི་ཤེས་རབ་ ནི་ཤེས་བྱའི་དེ་ཁོ་ན་ཉིད་ལ་སྒྲིབ་པའི་མུན་པ་སེལ་བར་ཉེ་བར་གནས་པའི་ཕྱིར་འོད་གསལ་ བ་དང་ཆོས་མཚུངས་སོ། །དེའི་རྗེས་ལ་ཐོབ་པ་ཤེས་བྱ་ཐམས་ཅད་ཀྱི་ཡེ་ཤེས་ནི་ཤེས་བྱའི་ དངོས་པོ་མ་ལུས་པའི་རྣམ་པ་ཐམས་ཅད་ལ་འཇུག་པས་འོད་ཟེར་གྱི་དྲ་བ་འཕྲོ་བ་དང་ཆོས་ མཚུངས་སོ་ཞེས་སོ། །བྱང་ཆུབ་སེམས་དཔའི་ཚུལ་འདི་ནི། །རྗེས་ཐོབ་དེ་བཞིན་གཤེགས་ རྣམས་དང༌། །སེམས་ཅན་ཡང་དག་སྒྲོལ་བ་ལ། །འཇིག་རྟེན་ན་ནི་མཉམ་པ་ཉིད། །ཅེས་སོ། ། འགྲེལ་ཆེན་དུ་ཡང་སེམས་བསྐྱེད་ཉེར་གཉིས་པར། དག་པ་འཇིག་རྟེན་པའི་ཡེ་ཤེས་རྗེས་ ལས་ཐོབ་པའི་སངས་རྒྱས་སས་བསྡུས་པ་ཡིན་ནོ་ཞེས་སོ། །འདིར་དབུ་མ་རང་སྟོང་པ་རྣམས་ ནི་སངས་རྒྱས་ཀྱི་འདུས་བྱས་ཀྱི་ཡེ་ཤེས་ལྟ་ཅི་སྨོས། །སངས་རྒྱས་སའི་ཆོས་དབྱིངས་ཡེ་ཤེས་ ཀྱང་དོན་དམ་པར་མེད་ཅིང་ཆོས་ཉིད་དང་དེ་བཞིན་ཉིད་སོགས་ཀྱང་དོན་དམ་པར་མེད་པར་ འདོད་ཅིང་ཕུག་གཏུགས་ན་དོན་དམ་པར་ཡོད་མེད་གང་ཡང་མིན་ཞེས་བཞེད་པ་མང་སྟེ་སྔ་ ཕྱི་འགལ་བ་སོགས་དུ་མ་ཡོད་མོད་ཀྱི་རེ་ཞིག་བཞག་སྟེ་གཞན་དུ་སྟོན་ནོ། ། གཉིས་པ། ལམ་ཤེས་ལ་ཡང་སྔ་རབས་ཕལ་ཆེར་ཉན་རང་བྱང་སེམས་སངས་རྒྱས་བཞི་ 1-1-138 ཀ་ལ་ཡང་མཚན་ཉིད་པ་ཡོད་ཟེར་ཞིང༌། ཁ་ཅིག་ཐེག་ཆེན་འཕགས་པ་ཀུན་ལ་ཡོད་ཟེར་རོ། ། དེ་མི་འཐད་ཅིང༌། མཚན་ཉིད་པ་བྱང་སེམས་ཁོ་ནའི་རྒྱུད་ལ་ཡོད་དེ། མདོར། ལམ་ཤེས་པ་ ཉིད་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡིན་ནོ་ཞེས་དང༌། ལམ་ཤེས་ཉིད་ཀྱིས་འཇིག་རྟེན་ དོན་སྒྲུབ་ཅེས་དང༌། འཕགས་སེང་གཉིས་ཀྱིས་ལམ་ཤེས་པ་ཉིད་ནི་དེ་ཁོ་ན་ཉིད་མངོན་སུམ་ དུ་མི་བྱེད་པའི་རྟེན་ཅན་ཞེས་པས་སངས་རྒྱས་ཀྱི་རྒྱུད་ལ་ཡོད་པ་ལ་གནོད་ཅིང༌། ཡུལ་ངེས་ པ་དང་ཞེས་དང༌། དེའི་འགྲེལ་པར་དེ་ཡང་བྱང་ཆུབ་སེམས་དཔའ་རྣམས་ཁོ་ནའི་ཡིན་གྱི་ཉན་ ཐོས་ལ་སོགས་པའི་ནི་མ་ཡིན་ནོ་ཞེས་ཡུལ་སོ་སོར་ངེས་ཞེས་ཨཱརྱས་བཤད་པས་སངས་རྒྱས་ དང་ཉན་རང་ལ་ཡོད་པ་གཉིས་ཀ་ལ་གནོད་ཅིང་ཁྱད་པར་དུ་ཉན་རང་གི་རྒྱུད་ལ་ཡོད་པ་རྨེག་ མེད་པར་བྱས་སོ། །རྒྱ་ཆེར་ཤེས་དགོས་སོ། །དེ་ལྟར་ན་མཚན་ཉིད། མཚོན་བྱའི་སྒྲ་བཤད། མཚན་གཞིའོ། །དང་པོ་ནི། ལམ་གསུམ་བདེན་པའི་རང་བཞིན་མེད་པའམ་ལམ་གསུམ་གྱི་ ངོ་བོ་དམིགས་རྣམ་སོགས་ཕྱིན་ཅི་མ་ལོག་པར་རྟོགས་པའི་ཐེག་ཆེན་སློབ་ལམ་ཞེས་པའོ། ། ཐེག་ཆེན་ཚོགས་སྦྱོར་གྱི་སྐབས་ཀྱི་དེ་འདྲའི་རྟོགས་པ་ཡང་ལམ་ཤེས་ཡིན་ནོ། །འཕགས་ པའི་གང་ཟག་ཐམས་ཅད་ཀྱི་དབང་དུ་མཛད་ནས་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་ཐུན་ མོང་མ་ཡིན་པའི་ཡོན་ཏན་ཉེ་བར་དགོད་ཅེས་ཨཱརྱས་བཤད་པ་དང་འགལ་ཞེ་ན། དེ་ཡི་དོན་ ནི་ཉེར་ཞི་དངོས་སུ་ཐོབ་པ་སོགས་ཀྱི་དབང་དུ་མཛད་པས་འགལ་བ་མེད་དོ། །དེས་ན་མཁྱེན་ གསུམ་གྱིས་ཉན་རང་གཉིས་བྱང་སེམས་སངས་རྒྱས་ཀྱི་མངོན་རྟོགས་ཀུན་བསྡུས་ཞེས་ པའང་ཡིན་པའི་ཚུལ་གྱིས་བསྡུས་པ་ཡིན་གྱི་དེ་མིན་དེར་བསྡུས་པ་མིན་ནོ། །འོན་ཀྱང་མཚན་ ཉིད་ལ་མངོན་སུམ་གྱིས་རྟོགས་ཞེས་བསྣན་ནས་སྔ་རབས་ལྟར་མོས་ནའང་དེ་ལྟར་བྱའོ། ། གཉིས་པ་ནི། ཐེག་པ་གསུམ་གྱི་ལམ་ཐམས་ཅད་མཉམ་བཞག་ཏུ་བདེན་པའི་སྐྱེ་མེད་དུ་ ཤེས་རྗེས་ཐོབ་ཏུ་ལམ་གསུམ་ཇི་བཞིན་ཤེས་ནས་སྟོན་པར་བྱེད་པ་གྲོགས་སྙིང་རྗེ་ཅན་ཉིད་ 1-1-139 དོ། །ལམ་ཐམས་ཅད་སྐྱེ་བ་མེད་པར་ཡོངས་སུ་ཤེས་པ་ཉིད་ཀྱིས་ཞེས་དང་ཉན་ཐོས་ཀྱི་ལམ་ གང་ཡིན་པ་དང་ཞེས་སོགས་དྲང་ངོ༌། །གསུམ་པ་ནི། ཇི་ལྟ་བ་མཁྱེན་པའི་ཐེག་ཆེན་སློབ་ ལམ་མཉམ་བཞག་དང༌། ཇི་སྙེད་པ་མཁྱེན་པའི་ཐེག་ཆེན་སློབ་ལམ་རྗེས་ཐོབ་དག་པ་འཇིག་ རྟེན་པའི་ཡེ་ཤེས་གཉིས་སོ། །མཉམ་རྗེས་ལ་སྤྱིར་འཇིག་རྟེན་པའི་མཉམ་བཞག་བསམ་ གཏན་གཟུགས་མེད་སོགས་དང༌། འདས་པའི་མཉམ་བཞག་རྣམ་པར་མི་རྟོག་པའི་བློ་གཉིས་ སོ། །རྗེས་ཐོབ་ལ་བསམ་གཏན་ལས་ལངས་པའི་འདོད་སེམས་ལྟ་བུ་འཇིག་རྟེན་པའི་རྗེས་ ཐོབ། འདས་པའི་མཉམ་བཞག་གི་སྟོབས་ཀྱིས་དེའི་དམིགས་རྣམ་དང་མཐུན་པར་དྲན་ནམ་ མཐོང་བ་དཔེར་ན་ཆོས་ཀུན་བདེན་པའི་རང་བཞིན་མེད་པ་སྒྱུ་མ་ལྟ་བུར་དྲན་ནམ་མཐོང་བ་ ལྟ་བུ་མཉམ་བཞག་གིས་ཟིན་པའི་རྗེས་ཐོབ། མཉམ་བཞག་གི་དམིགས་རྣམ་སོགས་བརྗེད་ པའི་དུས་ཀྱི་ཡིད་ཤེས་རྒྱ་ཡན་པ་ལྟ་བུ་རྗེས་ཐོབ་རྒྱ་ཡན་པ། དག་སའི་འམ་སངས་རྒྱས་སའི་ ཇི་སྙེད་པ་མཁྱེན་པ་མཉམ་བཞག་དང་ངོ་བོ་གཅིག་པའི་རྗེས་ཐོབ། ཐ་མལ་གྱི་དབང་ཤེས་ ལྔ་ཀུན་གཞི་ཉོན་ཡིད་སོགས་མཉམ་རྗེས་གང་ཡང་མིན་པའོ། །དེ་དག་ནི་ཕལ་ཆེར་བློའི་ངོ་ བོས་ཕྱེ་བའི་མཉམ་རྗེས་ཀྱི་དབང་དུ་བྱས་པའོ། །དུས་ཀྱིས་ཕྱེ་བའི་མཉམ་རྗེས་ཀྱི་དབང་དུ་ བྱས་ནས་འགོག་པའི་སྙོམས་འཇུག་ཀྱང་རྗེས་ཐོབ་ཏུ་བཤད་དེ། (རྒྱལ་བོའི་སྲས་ཀྱིས་)ཀུན་བཏུས་ འགྲེལ་པར། འགོག་པའི་སྙོམས་པར་འཇུག་པ་ནི་འཇིག་རྟེན་ལས་འདས་པ་སྟེ། འཕགས་ པའི་ལམ་གྱི་རྗེས་ལ་ཐོབ་པའི་ཕྱིར་རོ་ཞེས་སོ། །ཡུལ་གྱིས་ཕྱེ་བའི་མཉམ་རྗེས་ཡུལ་ཆོས་ཉིད་ དང་ཆོས་ཅན་ལ་དམིགས་པ་སྟེ་འདིའི་ལྟར་ན་ཐ་མལ་གྱི་དབང་ཤེས་ཡང་རྗེས་ཐོབ་ཡིན་ནོ། ། འདི་ལ་སངས་རྒྱས་སའི་མཉམ་རྗེས་ལྟ་བུ་ངོ་བོ་གཅིག་པའང་ཡོད་དོ། །འདས་པའི་མཉམ་ བཞག་གིས་ཟིན་པའི་རྗེས་ཐོབ་དག་པ་འཇིག་རྟེན་པའམ་སློབ་ལམ་གྱི་ཡེ་ཤེས་ནི་ལམ་ཤེས་ དངོས་ཡིན་ནོ། །དེ་ལྟ་བུའི་ཐེག་ཆེན་གྱི་སློབ་པའི་མཉམ་རྗེས་དེ་གཉིས་ཀྱིས་རིམ་པ་བཞིན་ 1-1-140 དུ་སངས་རྒྱས་སའི་སྤངས་རྟོགས་གཉིས་སྒྲུབ་སྟེ། རྒྱུད་བླར། ཆུ་མཚོ་སོགས་བཞིན་འདོད་ ཆགས་སོགས། །གློ་བུར་ཉོན་མོངས་དག་པ་ནི། །མདོར་ན་མི་རྟོག་ཡེ་ཤེས་ཀྱི། །འབྲས་བུ་ ཡིན་པར་རབ་ཏུ་བརྗོད། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སངས་རྒྱས་སྐུ་ནི་ངེས་ཐོབ་པ། ། དེ་ནི་རྗེས་ལ་ཐོབ་པ་ཡི། །ཡེ་ཤེས་འབྲས་བུ་ཡིན་པར་བསྟན། །ཞེས་སོ། །དེས་ན་ས་བརྒྱད་ པ་ཡན་ཆད་གསུམ་ན་རྗེས་ཐོབ་ཡོད་དེ། སྒོམ་ལམ་གཞན་དོན་མོས་པ་གསུམ་ཡོད་པའི་ཕྱིར་ དང་ཆོས་ཅན་སྒྱུ་མ་ལྟ་བུར་སྣང་བའི་བློ་ཡོད་པ་དང་ཇི་སྙེད་པ་རྟོགས་པ་ཡོད་པའི་ཕྱིར་དང༌། ཡུལ་གྱིས་ཕྱེ་བའི་རྗེས་ཐོབ་ལས་ཀུན་གཞིའི་རྣམ་ཤེས་ཡོད་པའི་ཕྱིར་ཞེས་སོགས་ཤེས་པར་ བྱའོ། ། གསུམ་པ། གཞི་ཤེས་ལ། ཞར་ལ་ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པ་ཡོད་མེད་ དཔྱད། སྐབས་དོན་གཞི་ཤེས་གཏན་ལ་དབབ་པའོ། །དང་པོ་ནི། འཇུག་པའི་རང་འགྲེལ་དུ། དཔེ་སྔོན་དུ་བཏང་ནས། ཀྱེ་རྒྱལ་བའི་སྲས་དག་དེ་བཞིན་དུ་བྱང་སེམས་ཡང་སེམས་བསྐྱེད་ མ་ཐག་ཏུ་ལྷག་པའི་བསམ་པའི་ཆེ་བ་ཉིད་ཀྱིས་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ ཟིལ་གྱིས་གནོན་གྱི་རང་གི་བློའི་སྟོབས་ཀྱིས་རྣམ་པར་དཔྱོད་པས་ནི་མ་ཡིན་ནོ། །བྱང་ཆུབ་ སེམས་དཔའི་ས་བདུན་པ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་རང་གི་ཡུལ་ཤེས་ པའི་ཆེ་བ་ལ་གནས་པས་ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱ་བ་ཐམས་ཅད་ལས་ཤིན་ཏུ་ འདས་པ་ཡིན་ནོ་ཞེས་ཇི་སྐད་གསུངས་པ་ལྟ་བུའོ་ཞེས་དང༌། རང་དུ་སོང་བ་ཁོ་ན་ནས་གཟུང་ ནས་གནོན་གྱི་ས་འོག་མ་རྣམས་སུ་ནི་མ་ཡིན་ནོ་ཞེས་ཤེས་པར་བྱའོ། །ལུང་འདི་ལས་ནི་ཉན་ ཐོས་དང་རང་སངས་རྒྱས་རྣམས་ལ་ཡང་ཆོས་ཐམས་ཅད་རང་བཞིན་མེད་པར་ཤེས་པ་ཡོད་ དོ་ཞེས་བྱ་བར་གསལ་བར་ངེས་ཏེ། དེ་ལྟ་མིན་ན་དངོས་པོ་རང་བཞིན་མེད་པར་ཤེས་པ་དང་ བྲལ་བའི་ཕྱིར་འཇིག་རྟེན་པའི་འདོད་ཆགས་དང་བྲལ་བ་ལྟར་སེམས་དང་པོ་བསྐྱེད་པའི་ 1-1-141 བྱང་ཆུབ་སེམས་དཔས་ཀྱང་རང་གི་བློའི་རྣམ་པར་དཔྱོད་པས་ཀྱང་ཟིལ་གྱིས་གནོན་པར་ འགྱུར་ལ། ཕྱི་རོལ་པ་བཞིན་དུ་འདི་དག་གིས་ཁམས་གསུམ་ན་སྤྱོད་པའི་ཕྲ་རྒྱས་ཐམས་ཅད་ སྤངས་པར་ཡང་མི་འགྱུར་རོ། །གཟུགས་ལ་སོགས་པ་རང་གི་དངོས་པོར་དམིགས་པས་ཕྱིན་ ཅི་ལོག་ཏུ་འགྱུར་བའི་ཕྱིར་གང་ཟག་གི་བདག་མེད་རྟོགས་པར་ཡང་མི་འགྱུར་ཏེ། བདག་ཏུ་ གདགས་པའི་རྒྱུ་ཕུང་པོ་ལ་དམིགས་པའི་ཕྱིར་རོ། །ཇི་སྐད་དུ(རིན་ཆེན་ཕྲེང༌)། ཇི་སྲིད་ཕུང་པོར་ འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ངར་འཛིན་ཡོད་ན་ཡང་ལས་ཏེ། །དེ་ལས་ ཡང་ནི་སྐྱེ་བ་ཡིན། །(རྒྱུན་ཆགས་པས་)ལམ་གསུམ་ (ནི་ངར་འཛིན་ལས་སྐྱེ་བ་གསུམ་མོ་ཞེས་དེའི་འགྲེལ་པར་མི་ ཕམ་བཤེས་གཉེན་གྱིས་སོ། །)ཐོག་མཐའ་དབུས་མེད་དེ། །འཁོར་པའི་དཀྱིལ་འཁོར་མགལ་མེ་ཡི། ། དཀྱིལ་འཁོར་ལྟ་བུ་ཕན་ཚུན་གྱི། །རྒྱུ་ཅན་འདི་ནི་འཁོར་བར་འགྱུར། །ཞེས་སོགས་མང་ བོ་དྲངས་སོ། །མཐར། དེ་ལྟར་ཡང་དག་ཇི་བཞིན་དུ། །འགྲོ་བ་དོན་མེད་ཤེས་ནས་ནི། །རྒྱུ་ མེད་པ་ཡི་མེ་བཞིན་དུ། །གནས་མེད་ལེན་མེད་མྱ་ངན་འདས། །ཞེས་གསུངས་སོ། །ཅི་སྟེ་ བྱང་སེམས་ཁོ་ནས་དེ་ལྟར་རང་བཞིན་མེད་པར་མཐོང་བ་ཡིན་ནོ་ཞེ་ན། དེ་ཡང་ཡོད་པ་མ་ ཡིན་ཏེ་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་དབང་དུ་བྱས་ནས་དེ་སྐད་གསུངས་པའི་ཕྱིར་ རོ། །འདི་ཇི་ལྟར་ཤེས་ཤེ་ན། བརྗོད་པར་བྱ་སྟེ། མཇུག་ཐོག་ཁོ་ནར་བྱང་ཆུབ་སེམས་དཔའ་ རྣམས་ཀྱི་དབང་དུ་མཛད་ནས། དེ་ལྟར་བྱང་ཆུབ་སེམས་དཔས་ཀྱང༌། །མཐོང་ནས་བྱང་ཆུབ་ ངེས་པར་འདོད། །འོན་ཀྱང་དེ་ནི་སྙིང་རྗེ་ཡིས། །བྱང་ཆུབ་བར་དུ་ཉིང་མཚམས་སྦྱོར། །ཞེས་ སོགས་གསུངས་པའི་ཕྱིར་རོ་ཞེས་སོ། །གལ་ཏེ་ཉན་ཐོས་ཀྱི་ཐེག་པ་ལས་ཀྱང་ཆོས་ལ་བདག་ མེད་པ་བསྟན་ན་དེའི་ཚེ་ཐེག་པ་ཆེན་པོ་དོན་མེད་པར་འགྱུར་རོ་སྙམ་དུ་སེམས་པ་དེའི་ལུགས་ ལ་ཡང་འདི་ལྟར་རིགས་པ་དང་ལུང་དང་འགལ་བ་རྟོགས་སོ། །ཐེག་པ་ཆེན་པོ་བསྟན་པས་ ནི་ཆོས་ལ་བདག་མེད་པ་ཙམ་འབའ་ཞིག་སྟོན་པར་བྱེད་པ་མིན་གྱི་འོ་ན་ཅི་ཞེ་ན། བྱང་སེམས་ 1-1-142 རྣམས་ཀྱི་ས་དང་ཕ་རོལ་ཏུ་ཕྱིན་པ་དང་སྨོན་ལམ་དང་སྙིང་རྗེ་ལ་སོགས་པ་དང་ཡོངས་སུ་ བསྔོ་བ་དང་ཚོགས་གཉིས་དང་བསམ་གྱིས་མི་ཁྱབ་པའི་ཆོས་ཉིད་ཀྱང་ཡིན་ནོ། །རིན་ཆེན་ ཕྲེང་བ་ལས། ཉན་ཐོས་ཐེག་པ་དེ་ལས་ནི། །བྱང་ཆུབ་སེམས་དཔའི་སྨོན་ལམ་དང༌། །སྤྱོད་པ་ ཡོངས་བསྔོ་མ་བཤད་དེས། །བྱང་ཆུབ་སེམས་དཔར་ག་ལ་འགྱུར། །ཞེས་སོ། །ཆོས་ཀྱི་བདག་ མེད་པ་གསལ་བར་བྱ་བའི་ཕྱིར་ཐེག་པ་ཆེན་པོ་བསྟན་པ་ཡང་རིགས་པ་ཉིད་དེ་རྒྱས་པར་ བསྟན་པ་བརྗོད་པར་འདོད་པའི་ཕྱིར་རོ། །ཉན་ཐོས་ཀྱི་ཐེག་པ་ལས་ནི་ཆོས་ཀྱི་བདག་མེད་ པ་མདོར་མཚོན་པ་ཙམ་ཞིག་ཏུ་ཟད་དོ། །ཇི་སྐད་ (འཇིག་རྟེན་ལས་འདས་པར་བསྟོད་པར་)དུ། མཚན་མ་ མེད་པ་མ་རྟོགས་ (མ་ཞུགས་པར་སྣང་)པར། །ཁྱོད་ཀྱིས་ཐར་བ་མེད་པར་གསུངས། །དེ་ཕྱིར་ཁྱོད་ ཀྱིས་ཐེག་ཆེན་ལས། །དེ་ནི་ཚང་བར་བསྟན་པ་ལགས། །ཞེས་གསུངས་སོ། །ཞེས་སོ། །སྤྱོད་ འཇུག་ཏུ། བསྟན་རྩ་དགེ་སློང་ཉིད་ཡིན་ན། །དགེ་སློང་ཉིད་ཀྱང་དཀའ་བར་གནས། །སེམས་ ནི་དམིགས་དང་བཅས་རྣམས་ལ། །མྱ་ངན་འདས་པའང་དཀའ་བར་གནས། །ཞེས་སོ། །དགེ་ སློང་གི་དོན་ཉོན་མོངསབཅོམ་པས་དགྲ་བཅོམ་པ་ཡིན་ན། །སྟོང་ཉིད་མ་རྟོགས་པས་ཉོན་ མོངས་བཅོམ་པ་དཀའ་ཞེས་ཤེར་འབྱུང་ངོ༌། །དགེ་ལྷས་གཞན་དུ་བཤད་དོ། །(ཤཱནྟིས། ཆོས་སུ་ལྟ་ བ་མ་སྤངས་ན་གང་ཟག་ཏུ་ལྟ་བ་ལོག་པར་མི་འགྱུར་ཏེ། འཕགས་པ་ཉིད་ཀྱིས། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་བདག་ ཏུ་ལྟ་བར་འགྱུར། །ཞེས་གསུངས་སོ། །ཞེས་མདོ་ཀུན་བཏུས་འགྲེལ་པར་བཤད་ལ། ཐུབ་དགོངས་སུ་ཡང་བཤད་དོ། །) འོན་ ཀྱང་སྡུད་པར། ཐབས་མེད་ཤེས་རབ་བྲལ་བས་ཉན་ཐོས་ཉིད་དུ་ལྟུང༌། །ཞེས་དང༌། མི་རྟོག་ ཡོངས་སུ་སྟོན་པ་བཅོས་ལ་སྤྱོད་པ་སྟེ། །ཞེས་སོགས་འདིར་ཡང༌། དེ་ནི་མཚན་མར་དམིགས་ སྒོ་ནས། །ཞེས་སོགས་དང༌། གཟུགས་སོགས་ཕུང་པོ་སྟོང་ཉིད་དང༌། །ཞེས་ནས། སྤྱོད་པའི་ འདུ་ཤེས་མི་མཐུན་ཕྱོགས། །ཞེས་སོགས་བཀའ་ཐ་མ་ཕལ་ཆེར་དང་བཀའ་བར་བའི་མདོ་ བསྟན་བཅོས་དུ་མ་ལས་ཉན་ཐོས་ལ་ཆོས་ཀྱི་བདག་མེད་རྟོགས་པ་མེད་པར་བཤད་ཅིང་ 1-1-143 རང་རྒྱལ་ལའང༌། འཛིན་པ་མི་སྤོང་ཕྱིར་དང་ནི། ཞེས་འཛིན་པ་རང་བཞིན་མེད་པར་རྟོགས་ པ་མེད་པར་བཤད་དོ། །གང་དྲང་དོན་ངེས་དོན་ཡིན་ཞེ་ན། འཕགས་པས་བྱས་པའི་བསྟན་ བཅོས་སུ་འདི་དྲང་དོན་འདི་ངེས་དོན་ཡིན་ཞེས་ཕྱེ་བ་སྣང་ན་དེའི་རྗེས་སུ་འབྲང་གི་གཞན་དུ་ དབྱེ་དཀའའོ་གསུངས་ (བུ་)སོ། །འོན་ཀྱང་ཡུམ་གྱི་མདོ་བསྟན་བཅོས་རྒྱན་རྗེས་འབྲང་དང་ བཅས་པར་ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པ་མེད་པར་ཆེས་གསལ་བར་བཤད་པས་ ས་བཅུ་པ་དང་འཕགས་པ་ཀླུའི་གསུངས་དེ་དག་དགོངས་པ་ཅན་དུ་བྱ་དགོས་སམ་སྙམ་སྟེ་ས་ བཅུ་པའི་ལུང་དེ་ས་བདུན་པའི་རྟོགས་པ་དང་ཡོན་ཏན་སྟོན་པའི་སྐབས་ཡིན་པས་དེའི་ཆེ་བ་ བརྗོད་པ་དང་ས་བདུན་པ་ཐོབ་ནས་རེ་རེ་ཙམ་གནས་སྐབས་ཉན་རང་དུ་ལྟུང་བ་སྲིད་ཀྱི་ཕལ་ ཆེར་མི་ལྟུང་ཞིང་དྲུག་པ་མན་དུ་ཉན་རང་དུ་གནས་སྐབས་ལྟུང་བ་མང་བོ་ཡོད་པས་དེ་དག་ གིས་ཉན་རང་ཟིལ་གྱིས་གནོན་མི་ནུས་ཞེས་སམ་རང་རྒྱལ་ལ་གཟུང་བ་རང་བཞིན་མེད་པར་ རྟོགས་པ་ཡོད་པས་དེ་ཙམ་ལ་དགོངས་པའམ་དྲུག་པ་མན་དུ་རྗེས་ཐོབ་རྒྱ་ཡན་ཅུང་ཟད་ཡོད་ ཅིང་མཚན་མ་སྤྱོད་པ་ཡིན་ལ་བདུན་པ་མཚན་མེད་སྤྱོད་པ་ཡིན་པས་བདུན་པ་ནས་མཉམ་ རྗེས་གཉིས་ཀས་ཟིལ་གྱིས་གནོན་ཅིང་དྲུག་པ་མན་མཚན་འཛིན་མང་བས་ཟིལ་གྱིས་གནོན་ མི་ནུས་པར་གསུངས་སོ་ཞེས་སོགས་དཔྱད་ཅིང་བྱའོ། །འཕགས་པའི་ལུང་གི་དགོངས་པ་ ཡང་བདག་མེད་རྟོགས་པ་མེད་པར་ཕུང་པོ་དོན་དམ་དུ་གཟུང་ན་ཞེས་བཤད་དུ་རུང་ངམ་ སྙམ་མོ། །ཡང་ན་ཉན་རང་དགྲ་བཅོམ་གྱིས་རིམ་པ་བཞིན་དུ་ཕུང་པོ་གང་ཟག་དང་གཟུང་ བས་སྟོང་པར་རྟོགས་ཤིང་སྐད་ཅིག་ཙམ་བདག་མེད་པར་ཤེས་པའང་མུ་སྟེགས་སོགས་ལས་ ཁྱད་འཕགས་པས་ན་དེ་ཙམ་ལ་དགོངས་ནས་ཉན་རང་འཕགས་པའི་ཆེ་བ་དབྱུང་བའི་ཆེད་དུ་ ས་དྲུག་པ་མན་ཆད་ཀྱིས་རྟོགས་པས་ཟིལ་གྱིས་གནོན་མི་ནུས་ཞེས་གསུངས་པ་ཡིན་ལ། རིན་ ཆེན་ཕྲེང་བར་གསུངས་པ་ཡང་ཁ་ཅིག་སྐད་ཅིག་ཙམ་བདག་མེད་དུ་ཤེས་པ་དང་ཁ་ཅིག་ཆོས་ 1-1-144 ཀྱི་བདག་མེད་རྟོགས་པ་ལ་སྦྱར་ཏེ། ཐུབ་དགོངས་སུ། ས་བཅུ་པར་གསུངས་པ་ནི་གཞན་དུ་ ཡང་འཐད་དེ། སྐད་ཅིག་ཙམ་བདག་མེད་པར་ཤེས་པ་ཡང་འཇིག་རྟེན་གྱི་འདོད་ཆགས་དང་ བྲལ་པ་དང་ཕྱི་རོལ་པ་རྣམས་ལས་ཁྱད་པར་དུ་འཕགས་པའི་ཕྱིར་དང༌། (ཉོན་མོངས་ཀྱི་) བག་ ལ་ཉལ་སྤང་བ་ནི་བདག་ (སྟེ་རང་རྒྱུད་ཀྱི་)གི་བདག་མེད་པ་རྟོགས་པ་ལས་ཀྱང་འགྱུར་རོ། །རིན་ ཆེན་ཕྲེང་བར་གསུངས་པ་རྣམས་ཀྱང་ཁ་ཅིག་སྐད་ཅིག་མའི་བདག་མེད་དང་ཁ་ཅིག་ཆོས་ཀྱི་ བདག་མེད་དུ་སྦྱོར་ཏེ། ཉན་ཐོས་དང་རང་སངས་རྒྱས་དང་བྱང་སེམས་ཀྱི་རིགས་རྣམས་ཀྱི་ ཐུན་མོང་དུ་གསུངས་པའི་ཕྱིར་རོ་ཞེས་ཟེར་རོ་ཞེས་སོ། ། གཉིས་པ་ལ། སྔ་རབས་རྣམས་བྱང་སེམས་དང་སངས་རྒྱས་ཀྱི་རྒྱུད་ལའང་གཞི་ཤེས་ མཚན་ཉིད་པ་ཡོད་པར་སྨྲ་བ་ནི་མི་འཐད་ཅིང་གཞི་ཤེས་མཚན་ཉིད་པ་ཉན་རང་ཁོ་ནའི་རྒྱུད་ ལ་ཡོད་དེ། མདོར། ཐམས་ཅད་ཤེས་པ་ཉིད་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ ཡིན་ནོ་ཞེས་སོགས་རྒྱ་ཆེར་འབྱུང་ཞིང༌། ཉན་ཐོས་ཞི་བ་ཚོལ་རྣམས་ཀུན་ཤེས་ཉིད་ཀྱིས་ཉེར་ ཞིར་ཁྲིད་ཅེས་དང༌། སངས་རྒྱས་ཡེ་ཤེས་ཀྱིས་ད་ནི་འདི་མན་ཆད་བྱང་ཆུབ་གཞན་ཤེས་ནས་ སྤང་བར་བྱ་དགོས་པས་ཐམས་ཅད་ཤེས་པ་ཉིད་ཀྱི་མཚན་ཉིད་ཅེས་པ་དང༌། ཆོས་བཤེས་ ཀྱིས་སྤང་བྱ་གཞི་ཐམས་ཅད་ཤེས་པ་མེད་པར་གཉེན་པོ་ལམ་ཤེས་པ་མེད་ཅེས་སོགས་དང༌། མདོར། ཐམས་ཅད་ཤེས་པ་ཉིད་ལ་ཤེས་པ་དང་མཐོང་བས་བལྟས་ནས་འདའ་བར་འདོད་ པས་ཡུམ་ལ་བསླབ་པར་བྱའོ། །ཞེས་སོགས་དུ་མ་ཡོད་དོ། །དེས་ན་མཚན་ཉིད། མཚོན་ བྱ། མཚན་གཞི་ལས། དང་པོ་ནི། གཞི་གང་ཟག་གི་བདག་མེད་ཕྱིན་ཅི་མ་ལོག་པར་རྟོགས་ པའི་མཚན་འཛིན་གྱི་བློའམ་གཞི་ཕུང་སྐྱེ་ཁམས་ཀྱི་ངོ་བོ་མཚན་ཉིད་དབྱེ་བ་སོགས་ཇི་བཞིན་ དུ་རྟོགས་པའི་མཚན་འཛིན་གྱི་བློ་གང་རུང་ཞེས་པ་ལ་རུང་མོད་ཀྱི་ད་ལྟ་གྲགས་པ་ལྟར་ན་ མངོན་སུམ་གྱིས་རྟོགས་ཞེས་བསྣན་ནོ། །རབ་འབྱོར་ཐམས་ཅད་ཅེས་བྱ་བ་ནི་ཞེས་སོགས་ 1-1-145 སྔར་དྲངས་པ་ལྟར་དང་གཞི་ཐམས་ཅད་སྐྱེ་བ་མེད་པར་རྟོགས་པའི་ངོ་བོ་ཉིད་ཀྱིས་ཞེས་ སོ། །གཉིས་པ་ནི། གཞི་ཐམས་ཅད་མཉམ་བཞག་ཏུ་བདག་གཅིག་གམ་ཕྱེད་གཉིས་ཀྱིས་ སྟོང་པར་ཤེས། རྗེས་ཐོབ་ཏུ་གཞི་ཕུང་སོགས་ཀྱི་དངོས་པོའི་ངོ་བོ་མཚན་ཉིད་དབྱེ་བ་སོགས་ ཕྱིན་ཅི་མ་ལོག་པར་ཤེས་པ་ཉིད་དོ། །སྔར་དྲངས་པ་ལྟར་མདོ་དྲང་ངོ༌། །གསུམ་པ་ལ། སློབ་ དཔོན་གྱིས་སྡུད་འགྲེལ་དུ་ས་ (དངོས་)དང་པོ་སོགས་ས་བདུན་ (དངོས་)པོ་ལ་ལམ་ཤེས་དང༌། ས་ བདུན་པ་ཉིད་ལ་གཞི་ཤེས་བཞག བརྒྱད་པ་ལ་རྣམ་ཀུན་སོགས་ས་མཚམས་སོ་སོར་ མཛད་དོ། །འདིར་ལམ་ཤེས་ས་བདུན་ཞེས་བསྒྱུར་ཏེ་བདུན་པ་ལ་ཐུག་པ་དྲུག་པའི་བར་ལ་ དགོངས་ཏེ་ལམ་ཤེས་གཞི་ཤེས་སྦྱོར་བཞི་རྣམས་མཚམས་སོ་སོར་མཛད་པར་སྣང་ངོ༌། །དེ་ ཡང་གཞི་ཤེས་བཏགས་པ་བ་གཉེན་པོ་གཞི་ཤེས་ལ་ཟེར་ནའང་ས་དང་པོ་སོགས་དྲུག་བརྒྱད་ པ་སོགས་ན་གཉེན་པོ་གཞི་ཤེས་མེད་པར་འགྱུར་ཞིང༌། འདོད་ན། མཚན་འཛིན་གྱི་སྤོང་ གཉེན་ས་བདུན་པ་ཁོ་ནར་འགྱུར་བའི་སྐྱོན་ཡོད་དོ། །མི་མཐུན་ཕྱོགས་ཀྱི་གཞི་ཤེས་ལ་ཟེར་ ན་ས་བདུན་པའི་མངོན་རྟོགས་དེ་གཉེན་པོ་གཞི་ཤེས་ཀྱི་སྤང་བྱར་འགྱུར་བ་དང་བྱང་སེམས་ མཐོང་ལམ་ནས་མཚན་འཛིན་གཞི་ཤེས་ལ་ཤེས་པ་དང་མཐོང་བས་བལྟས་ནས་འདའ་བ་ མིན་པར་འགྱུར་རོ། །འདོད་ན། ཐམས་ཅད་ཤེས་པ་ཉིད་ལ་ཤེས་པ་དང་ཞེས་སོགས་སྔར་ དྲངས་པ་ལྟར་དང༌། ཨཱརྱས་མཐོང་བས་འདའ་བ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ དག་ལས་ཏེ་ཞེས་སོགས་དང་འགལ་ལོ། །ས་བརྒྱད་པ་སོགས་ན་ལམ་ཤེས་མེད་ན། སྐད་ ཅིག་མའི་མདོར། ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་སྤྱོད་ཅིང་ཆོས་ཐམས་ཅད་ཀྱི་ཡོངས་སུ་ རྫོགས་པ་ཐོབ་ནས་རྣམ་མཁྱེན་ཉིད་རྗེས་སུ་ཐོབ་པར་བྱེད་དོ་ཞེས་དང༌། རྒྱུད་བླའི་འགྲེལ་ པར། བྱང་སེམས་ཀྱི་ས་མི་གཡོ་བ་ལ་རྣམ་པར་མི་རྟོག་པ་སྐྱོན་མེད་པ་རྒྱུན་མི་འཆད་པ་རང་ གིས་ངང་གིས་འཇུག་པའི་ལམ་ཤེས་པ་ཉིད་ལ་བརྟེན་ནས་ཞེས་པ་དང་འགལ་ཞིང༌། དག་ 1-1-146 སའི་རྟོགས་པ་རྣམས་གཞི་ཤེས་སམ་རྣམ་མཁྱེན་དུ་འགྱུར་ཞིང༌། འདོད་ན། ཁས་བླངས་དང་ ལུང་དང་འགལ་ལོ། །ཨ་བྷ་ཡས། སེམས་བསྐྱེད་དང་པོ་ལྔ་གཞི་ཤེས་མཚན་ཉིད་པར་ཐུབ་ དགོངས་སུ་བཞག་པའང་གཉེན་པོ་གཞི་ཤེས་ལ་བྱེད་ན་ནི་སེམས་བསྐྱེད་ཉི་ཤུ་བཞག་དགོས་ ལ། མཚན་འཛིན་ལ་བྱེད་ན་དང་པོ་ལྔ་ཐེག་ཆེན་སེམས་བསྐྱེད་མིན་པར་འགྱུར་བ་དང་ལྔ་པ་ ས་དང་པོ་ན་མེད་པར་འགྱུར་ལ་འདོད་ན་ཁས་བླངས་དང་ལུང་དང་འགལ་བ་དང༌། དཀོན་ མཆོག་སྤྲིན་ལས། མོས་པ་སྤྱོད་པའི་སར་བྱང་སེམས་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ ཐམས་ཅད་ལས་འདའ་བར་འགྱུར་རོ་ཞེས་པ་དང་འགལ་ལོ། །དེས་ན་ཉན་རང་གི་ལམ་ ལྔའམ། ཉན་རང་འཕགས་པ་ཁོ་ན་ལ་ཡོད་ཅིང་གཉེན་པོ་གཞི་ཤེས་ཞེས་པ་ནི་སྤང་བྱའི་མིང་ གིས་བཏགས་པ་སྟེ་འདོད་ཁམས་ཀྱི་ལམ་བདེན་བཞིན་ནོ། །དེས་ན་མཁྱེན་གསུམ་ངོ་བོ་ཐ་ དད་དུ་རད་ཀིར་དང་ལོ་ཆེན་གྱིས་བཤད་ཅིང་བུ་སྟོན་རིན་པོ་ཆེ་བཞེད་དེ་མདོ་བསྟན་བཅོས་ ཀྱི་དགོངས་པར་ངེས་སོ། ། བཞི་པ་རྣམ་ཀུན་ལ། སློབ་དཔོན་གྱིས་སྡུད་འགྲེལ་དུ་ས་བརྒྱད་པའི་སྐབས་ཁོ་ན་ལ་ བཞག་པ་ནི་མི་འཐད་དེ། ཚེགས་ཆེན་ཡུན་རིང་རྟོགས་པའི་སྦྱོར་བ་ལ་གནས་པའི་རྣལ་ འབྱོར་པ་ཆོས་ཅན། ཤེར་ཕྱིན་ཟབ་གཏིང་དཔག་དཀའ་ཚད་མེད་པ་ལ་སྐྲག་སྲིད་པ་མིན་ པ་དང་ལས་དང་པོ་པ་མིན་པར་ཐལ། ས་བརྒྱད་པ་བ་ཡིན་པས་སོ། །འདོད་ན། དང་པོ་ ཁས་བླངས་འགལ་ཏེ་ཤེར་ཕྱིན་ལ་སྐྲག་པ་དང་ཞེས་སོ། །གཉིས་པ་འཕགས་པས་ལས་དང་ པོ་པར་བཤད་དོ། །རྣམ་ཀུན་གྱི་སྡུག་བསྔལ་རྗེས་བཟོད་ཀྱི་སྐད་ཅིག་ལ་གནས་པའི་བྱང་ སེམས་ཉན་རང་དུ་ལྟུང་མི་སྲིད་པར་ཐལ། ས་བརྒྱད་པ་ཐོབ་པས་སོ། །འདོད་ན། ཨཱརྱས་ སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པའི་སྐད་ཅིག་ལ་ནི་རྗེས་སུ་ཤེས་པ་དང་འབྲེལ་བས་ ཉན་ཐོས་ལ་སོགས་པའི་སར་ལྟུང་བ་སྲིད་དེ། ཁམས་གསུམ་པའི་གཉེན་པོར་བྱུང་བ་ཉིད་ཀྱི་ 1-1-147 ཕྱིར་རོ་ཞེས་པ་དང་འགལ་ལོ། །བོ་དོང་བ་ན་རེ། རྒྱུན་མཐའ་ན་མེད་ཟེར་རོ། །ཁ་ཆེ་གཞོན་ ནུ་དཔལ་གྱིས་ཞིང་དག་པའི་སྦྱོར་བ་ནི་བར་ཆད་མེད་པའི་ཏིང་ངེ་འཛིན་གྱི་སྦྱོར་བའོ་ཞེས་ སོ། །དེས་ན་ཐེག་ཆེན་ཚོགས་ལམ་ནས་རྒྱུན་མཐའི་བར་ན་ཡོད་དེ། རྣམ་ཀུན་གྱི་ཐར་ཆ་ཐོག་ མར་བསྟན་པ་ལ་འཇུག་པའི་རྒྱུར་དང༌། ཚེགས་ཆེན་ཡུན་རིང་རྟོགས་སྦྱོར་ལས་དང་པོ་བ་ ནས་ཨཱརྱས་བཤད་པས་དང༌། སྲིད་ཞི་མཉམ་སྦྱོར་མི་སློབ་པའི་དགེ་འདུན་ལ་འཕགས་སེང་ གཉིས་ཀྱིས་བཤད་ཅིང་བྱང་སེམས་ནང་ནས་མི་སློབ་པ་སྟེ་རྒྱུན་མཐའི་རྡོར་ཏིང་བ་དེར་ཐུབ་ དགོངས་སུ་བཤད་དེ་ལ་ལར་ནི་རྡོ་རྗེ་ལྟ་བུའི་སེམས་ནི་མི་སློབ་པ་རྣམ་པར་གྲོལ་བ་སངས་ རྒྱས་ཀྱི་སའི་བར་ཆད་མེད་པའི་ལམ་ཡིན་པ་ཉིད་ཀྱི་ཕྱིར་ན་མི་སློབ་པར་གསུངས་སོ། །ཞེས་ སོ། །དེས་ན་མཚན་ཉིད། མཚོན་བྱ། གཞི་གསུམ་ལས། དང་པོ་ནི། མཁྱེན་པ་གསུམ་ལ་ དབང་གྱུར་ཐོབ་པའི་ཕྱིར་དུ་མཁྱེན་གསུམ་བསྡུས་ནས་བསྒོམ་པའི་བྱང་ཆུབ་སེམས་དཔའི་ སྦྱོར་བ་སྟེ་ཐམས་ཅད་མཁྱེན་པ་ཉིད་གསུམ་ཡོངས་སུ་ཤེས་པ་ནི་ཞེས་སོགས་དང་ཐམས་ ཅད་མཁྱེན་པ་ཉིད་གསུམ་པོ་འདི་ཉིད་གཅིག་ཏུ་བྱས་པའི་བདག་ཉིད་ནི་རྣམ་ཀུན་མངོན་ རྟོགས་ཞེས་སོ། །རད་ཀིར་གྱིས་གསུམ་པོ་འདི་རྣམས་ཉིད་འདུས་པ་ནི་མངོན་རྟོགས་བཞི་ པའོ་ཞེས་སོ། །གཉིས་པ་ནི། རྣམ་ (དངོས་)པ་ནི་བྱེ་བྲག་སྟེ་སངས་རྒྱས་ཀྱི་ས་ལ་སོགས་པ་ལ་ ཆོས་ཀྱི་བྱེ་བྲག་ཇི་སྙེད་ཡོད་པ་ཀུན་སྟོན་པའོ། །ཀུན་ནི་མཁྱེན་པ་གསུམ་ཅར་གྱིའོ། །མངོན་ པར་ནི་མངོན་དུ་ཕྱོགས་ཏེའམ་སཾ་ནི་རྫོགས་པར་རམ་ཡང་ན་ཡང་དག་པར་རོ། །རྟོགས་པ་ནི་ བསྒོམས་པས་ཁོང་དུ་ཆུད་པའོ་ཞེས་ཆོས་བཤེས་སོ། །མདོར་ན་མཁྱེན་པ་གསུམ་ཅར་གྱི་བྱེ་ བྲག་གམ་རྣམ་པ་ལ་མངོན་དུ་ཕྱོགས་པས་ཡོངས་སུ་རྫོགས་པའམ་ཡང་དག་པར་རྟོགས་པའི་ རྣལ་འབྱོར་ཞིག་གོ་ཞེས་པའོ། །གསུམ་པ་ནི། ཐེག་ཆེན་སློབ་ལམ་བཞིའམ་སྦྱོར་བ་ཉི་ཤུའོ། ། འདིར་རྣམ་རྫོགས་སྦྱོར་བ་ནི་རྣམ་ཀུན་མངོན་རྫོགས་རྟོགས་པ་བཏགས་པ་བ། འབྲས་བུ་ 1-1-148 རྣམ་མཁྱེན་ནི་དེ་མཚན་ཉིད་པར་ཨ་བྷ་ཡ་བཞེད་དེ། ཐུབ་དགོངས་སུ་རྣམ་པ་ཀུན་མངོན་ པར་རྫོགས་པར་རྟོགས་པ་བཏགས་པ་བ་ནི་སྦྱོར་བ་སྟེ་མཚན་ཉིད་པ་ནི་རྣམ་མཁྱེན་ཉིད་ཆོས་ སྐུའི་ནང་དུ་འདུས་པ་སྲིད་པ་དང་ཞི་བ་མཉམ་པ་ཉིད་ཀྱི་བདག་ཉིད་འབྲས་བུ་ཁོ་ནའོ། །དེ་ སྐད་དུ་དགོངས་འགྲེལ་ལས། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཕྲ་མོ་སྤངས་པ་ལས་ཤེས་ བྱ་ལ་མ་ཆགས་མ་ཐོགས་པ་རྣམ་པ་ཀུན་ཉེ་བར་རྟོགས་པ་བཟུང་ནས་བཅུ་གཅིག་པ་སངས་ རྒྱས་ཀྱི་སར་བརྗོད་དོ་ཞེས་སོ། །ཞེས་པ་ནི་ལེགས་པར་མངོན་མོད་བོད་རྒན་རྣམས་དང་མི་ མཐུན་ནོ། །འོ་ན། ས་བརྒྱད་པ་ཡན་ན་འབད་པ་ཡོད་པར་ཐལ། དབང་དུ་བྱ་བའི་ཕྱིར་བསྒོམ་ པ་ཡོད་པའི་ཕྱིར། དེར་ཐལ། རྣམ་སྦྱོར་ཡོད་པས་སོ། །འདོད་ན། རྒྱུད་བླར། སྔོན་གྱི་འཕེན་ པའི་དབང་དང་ནི། །རྣམ་རྟོག་ཐམས་ཅད་བྲལ་བའི་ཕྱིར། །དེ་ནི་ལུས་ཅན་སྨིན་པ་ཡི། །དོན་ དུ་འབད་པ་བྱེད་མ་ཡིན། །ཞེས་པ་དང་འགལ་ཞེ་ན། འདོད་དེ། ས་བཅུ་པའི་མདོར། ས་ བརྒྱད་པར། ངེད་ཀྱི་ཡེ་ཤེས་སྟོབས་སྤངས་སངས་རྒྱས་ཆོས་ཀྱི་རྣམས། །དེ་དག་ཁྱེད་ལ་མེད་ ཀྱི་དེ་ལ་བརྩོན་འགྲུས་རྩོམས། །ཞེས་དང༌། རྨི་ལམ་བསྟན་པར། ས་བརྒྱད་པ་ལ་མངོན་པར་ ཤེས་པ་དང་སོ་སོ་ཡང་དག་པར་རིག་པ་ལ། དགུ་པ་ལ་སྤྱོད་པ་ལ། བཅུ་པ་ལ་ཚད་མེད་པ་ལ་ རྩོལ་བ་དང་བཅས་སོ་ཞེས་སོ། །སྔར་གྱི་ལུང་ནི་ས་བཅུ་པར་གཞན་དོན་འབད་མེད་དུ་འབྱུང་ བའི་དོན་དུ་ཐོགས་མེད་ཀྱིས་སོ། །ཐེག་ཆེན་གྱི་ཚོགས་སྦྱོར་སོགས་ན་རྣམ་སྦྱོར་མེད་པར་ ཐལ། གསུམ་བསྡུས་བསྒོམ་མེད་པས་སོ། །དེར་ཐལ། དེར་གསུམ་མཚན་ཉིད་པ་མེད་པས་ སོ་ཞེ་ན། གཞི་ལམ་རྣམ་གསུམ་བདེན་པའི་རང་བཞིན་མེད་པར་གཏན་ལ་ཕབ་ནས་དེར་ གཅིག་ཅར་རྟོགས་པར་བྱས་ཏེ་བསྒོམ་པ་ཙམ་ལ་གསུམ་བསྡུས་སྒོམ་དུ་བཞག་པའོ། །འདིར་ བུ་རིན་གྱིས་ལན་མ་བཏབ་སྣང་ངོ༌། ། ལྔ་པ་རྩེ་སྦྱོར་ལ། སྡུད་འགྲེལ་དུ་ས་དགུ་པ་བཅུ་པས་བསྡུས་གསུངས་ཏེ་ཞིབ་ཏུ་འོག་ཏུ་ 1-1-149 འཆད་དོ། །ཆོས་བཤེས་ཡང་དེའི་རྗེས་སུ་འབྲང་ངོ༌། །འོ་ན་སྐབས་དང་པོར་བསྟན་པའི་མཐོང་ སྤང་གཟུང་འཛིན་གྱི་རྟོག་པ་བཞི་དང༌། རྩེ་སྦྱོར་དུ་བསྟན་པའི་མཐོང་སྤང་གཟུང་འཛིན་གྱི་ རྣམ་རྟོག་བརྒྱ་རྩ་བརྒྱད་ཀྱི་སྤོང་གཉེན་གྱི་ཟག་མེད་ལམ་ཡིན་པ་ཞིག་ས་དགུ་པ་མན་ན་མེད་ པར་འགྱུར་ཏེ་རྩེ་སྦྱོར་གྱི་མཐོང་ལམ་དེ་ས་བཅུ་པའི་སྐབས་ཁོ་ན་ལ་བཞག་པས་སོ། །རྟགས་ སྡུད་འགྲེལ་དུ་ས་བཅུ་པ་དང་འབྲེལ་བ་ཞེས་རྩེ་སྦྱོར་མཐོང་ལམ་དུའོ། །འདོད་ན་བྱང་སེའི་ མཐོང་ལམ་གྱིས་སྤང་བྱ་གང་སྤོང་སྨྲ་དགོས་སོ། །མཐོང་སྤང་སྤོང་གཉེན་ས་བཅུ་པར་འདོད་ པ་ནི་བཞད་གད་ཀྱི་གནས་སུ་མི་འགྱུར་རམ། འགལ་བ་མཐའ་ཡས་ཏེ་ངག་ལས་ཤེས་པར་ བྱའོ། །འཇམ་གསར། ཚོགས་ལམ་ན་དེ་ཡོད་པར་འདོད་པའང་ནོར་ཏེ། ཚོགས་ལམ་ན་རྩེ་ སྦྱོར་བདུན་པོ་གང་ཡང་མེད་པའི་ཕྱིར། བདུན་པས་ལྷག་པ་གཅིག་ཡོད་ཅེ་ན། སངས་རྒྱས་ བྱམས་པ་སོགས་ཀྱིས་བདུན་པས་མ་བཤད་དོ། །དོན་གྱིས་ཐོབ་ཅེ་ན། ཚོགས་ལམ་ན་སྐད་ ཅིག་མའང་ཡོད་པར་དོན་གྱིས་ཐོབ་པར་མཚུངས་སོ། །དེས་ན་མཚན་ཉིད། མཚོན་བྱ། གཞི་ གསུམ་ལས། དང་པོ་ནི། གསུམ་བསྡུས་བསྒོམ་རབ་ཏུ་གྱུར་བའི་སྦྱོར་བ་སྟེ། དེ་རབ་ཅེས་ དང༌། རྩེ་མོའི་མངོན་རྟོགས་ནི། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་རབ་ཀྱི་གནས་སྐབས་ སོ་ཞེས་འདིར་བཤད་དོ། །གཉིས་པ་ནི། བསྡུས་བསྒོམ་སྔར་བས་རྩེ་མོ་སྟེ་རབ་ཏུ་ཕྱིན་པའམ་ སོན་པའོ། །གསུམ་པ་ནི། བདུན་ཡོད་ལ་ས་མཚམས་དྲོད་ནས་རྒྱུན་མཐའི་བར་ན་ཡོད་དེ་ འོག་ཏུ་འཆད་དོ། ། དྲུག་པ་མཐར་སྦྱོར་ལ། སྡུད་འགྲེལ་དུ་ས་བཅུ་པའི་བར་ཆད་མེད་ལམ་དུ་ཐོབ་ཟེར། ཆོས་བཤེས་ཀྱིས་དགའ་ལྡན་ན་གནས་པ་ནས་གཟུང་སྟེ། བདུད་བཏུལ་བའི་བར་ན་ཡོད་ ཟེར་རོ། །མི་འཐད་དེ། མདོ་ལས་སེམས་དང་བོ་བསྐྱེད་པ་ནས་ཉེ་བར་གཟུང་སྟེ་ཞེས་པ་ དང༌། ཨཱརྱས་སངས་རྒྱས་རྗེས་སུ་དྲན་པ་རྣམ་པ་ལྔ(གཟུགས་ལ་སོགས་པར་དང༌། མཚན་དཔེ་ལ་སོགས་ 1-1-150 པར་དང༌། ཚུལ་ཁྲིམས་ཀྱི་ཕུང་པོ་ལ་སོགས་པར་དང༌། སྟོབས་བཅུ་ལ་སོགས་པར་དང༌། རྟེན་ཅིང་འབྲེལ་བར་འབྱུང་བར་ཡིད་ ལ་མི་བྱེད་པར་སངས་རྒྱས་དྲན་པ་སྟེ་ལྔ།)འོ། །དང་པོས་ནི་སེམས་བསྐྱེད་པའོ། །བཞི་བོ་རྣམས་ཀྱིས་ནི་ ངེས་པར་འབྱེད་པའི་ཆ་དང་མཐུན་པ་བཞིའོ་ཞེས་པ་དང་འགལ་ལོ། །འདི་ལ་མཚན་ཉིད། མཚོན་བྱ། གཞི་གསུམ་ལས་དང་པོ་ནི། གསུམ་བསྡུས་བསྒོམ་གོ་རིམ་དུ་བསྒོམ་པའི་སྦྱོར་ བའམ་སྦྱིན་སོགས་དཀར་ཆོས་བཅུ་གསུམ་གོ་རིམ་གྱིས་བསྒོམ་པའི་སྦྱོར་བ་སྟེ། ཐམས་ཅད་ མཁྱེན་པ་ཉིད་གསུམ་གྱི་གོ་རིམ་གྱི་གནས་སྐབས་སོ་ཞེས་དང་རྣམ་གསུམ་རྣམ་བཅུ་ཞེས་ པས་སོ། །སློབ་དཔོན་ལྟར་ན་རྩེ་སྦྱོར་ཐོབ་ནས་ཞེས་བསྣན་ཏེ་འདི་མི་ལེགས་སོ། །གཉིས་པ་ ནི། བསྡུས་བསྒོམ་མམ་བཅུ་གསུམ་པོ་མཐར་གྱིས་ཏེ་སྔ་མའི་རྗེས་སུ་ཕྱི་མ་འབྲེལ་བར་རིམ་ གྱིས་བསྒོམ་པ་ཅན་ཡིན་པས་མཐར་གྱིས་པའོ། །གསུམ་པ་ནི། བྱ་བ། བསླབ་པ། བསྒྲུབ་པ་ གསུམ་མོ། དེ་གསུམ་རིམ་བཞིན་འཕགས་པས། བགྱི་བ་སྨོས་པ་ནི་སེམས་བསྐྱེད་པ་གཟུང་ བའི་དོན་དུའོ། །བསླབ་པ་སྨོས་པ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཤེས་པའི་དོན་ དུའོ། །བསྒྲུབ་པ་སྨོས་པ་ནི་མཐོང་བ་དང་སྒོམ་པའི་ལམ་ཤེས་པའི་དོན་དུའོ་ཞེས་སོ། །ས་ མཚམས་མ་མཐའ་ཚོགས་ལམ་ནས་དངོས་སུ་བྱུང་ཞིང་ཡ་མཐའ་རྒྱུན་མཐའི་བར་ན་ཡོད་ པར་ཨཱརྱ་བཞེད་པར་མངོན་ཏེ་དྲན་པ་ཉེར་བཞག་སོགས་བྱང་ཕྱོགས་རྫོགས་པས་མཐོང་ བའི་ལམ་དང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པའི་བར་གྱིས་ནི་སྒོམ་པའི་ ལམ་ཡིན་ཏེ་ཞེས་ (ཡིད་ལ་བྱ་རྒྱུ་སྟོང་ཉིད་ཀྱི་ཏིང་འཛིན་ནས་རྣམ་མཁྱེན་གྱི་བར་མདོར་སྨོས་པའི་བཤད་པའི་ཚིག་གོ །) སོ། །སློབ་དཔོན་ལྟར་ན་དྲོད་ནས་ཡོད་དེ་རྩེ་སྦྱོར་ཐོབ་པས་ཞེས་དང༌། སངས་རྒྱས་ཡེ་ཤེས་ ཀྱིས། སྦྱོར་བའི་གནས་སྐབས་ནས་བཟུང་ནས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་ཐུག་གི་བར་ དུ་མི་དམིགས་པ་དང་ལྡན་པའི་ཚུལ་ཁྲིམས་རང་དང་གཞན་ལ་ཕན་པའི་ལུས་སྒྲུབ་པའི་ཕྱིར་ རོ་ཞེས་ཏེ། ཐུག་གི་བར་ཞེས་པ་སྔ་ལོགས་ཚུན་ཆད་ཀྱི་དོན་ཡིན་པས་རྒྱུན་མཐའི་སྔ་ལོགས་ 1-1-151 ཚུན་ཆད་ཅེས་ (བུ་སོགས་)སོ། །བོད་སྔ་རབས་རྣམས་རྒྱུན་མཐར་བརྟན་པ་ཐོབ་པས་གཅིག་ཅར་ སྒོམ་གྱི་རིམ་བསྒོམ་མེད་གསུངས་སོ། ། བདུན་པ་སྐད་ཅིག་མ་ (ཐུབ་དགོངས་སུ་ཁ་ཅིག་ནི་རིམ་ཀྱིས་སྐྱེ་བར་ངེས་ལ་སྐད་ཅིག་བཞིའི་ངོ་བོ་ནི་སྐད་ཅིག་གཅིག་གི་མངོན་ པར་རྟོགས་པའོ་ཟེར་རོ། །གཞན་རྣམས་ནི་དེ་བསམ་པར་བྱའོ། །ཞེས་སོ་ཞེས་བཤད་དོ། །)ལ། ལོཙྪ་བ་ནི། བཞི་བོ་རིམ་བཞིན། ས་བདུན། བརྒྱད། དགུ། བཅུ་ལ་ཐོབ་པོ་ཞེས་ཟེར་རོ། །འདིར་ (བུ་)ཁ་ཅིག ཤཱནྟིས་ (ཐུབ་ དགོངས་སུ་ཡོད་)གནས་སྐབས་དེ་ནི་ས་བརྒྱད་པ་ལ་སོགས་པའོ་ཞེས་བཤད་པས་ས་བརྒྱད་པ་ ནས་ཡོད་པར་བཞེད་གསུངས་པ་ནི་ནོར་ཏེ་རྣམ་པར་སྨིན་པའི་སྐད་ཅིག་མའི་རྟོགས་བྱ་རྣམ་ སྨིན་ལ་བཤད་པ་ཡིན་གྱི་རྟོགས་བྱེད་སྐད་ཅིག་མ་ལ་མིན་ནོ། །མི་འཐད་དེ། སྐད་ཅིག་མའི་ སྤྱིར་བསྟན་གྱི་མདོར། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཉེར་བར་སྒྲུབ་པོ། །གློག་ལྟ་བུའི་ཏིང་ངེ་ འཛིན་ཉེ་བར་སྒྲུབ་པོ་ཞེས་དང༌། སྐད་ཅིག་མ་གཉིས་པའི་མདོར། དེ་པའི་ཏིང་ངེ་འཛིན་མ་ གཏོགས་པར་ཏིང་ངེ་འཛིན་ཐམས་ཅད་ཐོབ་པར་བྱེད་དོ་ཞེས་དང༌། སྐད་ཅིག་གཅིག་དང་ ལྡན་པའི་ཤེས་རབ་ཀྱིས་རྣམ་མཁྱེན་ཉིད་ཐོབ་པར་བྱེད་དོ་ཞེས་སོགས་དང༌། དེ་མཐའ་ཞེས་ དང༌། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་མཐར་ཐུག་པའི་གནས་སྐབས་སོ་ཞེས་སོགས་ དང་འགལ་ལོ། །དེས་ན་མཚན་ཉིད། མཚོན་བྱ། གཞི་གསུམ་ལས་དང་པོ་ནི། གསུམ་བསྡུས་ བསྒོམ་མཐར་ཐུག་པའི་སྦྱོར་བའོ། །གཉིས་པ་ནི། སེམས་ཀྱི་སྐད་ཅིག་མ་གཅིག་ཁོ་ནས་ བྱང་ཆུབ་ལ་མངོན་དུ་ཕྱོགས་པས་ཆོས་ཐམས་ཅད་རྫོགས་པར་བྱང་ཆུབ་པའམ། མངོན་སུམ་ དུའམ་ཡང་དག་པ་སྟེ་བྱང་ཆུབ་པ་ནི་རྟོགས་པའོ། །མདོར་ན་སེམས་ཀྱི་སྐད་ཅིག་མ་གཅིག་ ཁོ་ནས་ཆོས་ཐམས་ཅད་མངོན་སུམ་དུ་ཡང་དག་པར་རྟོགས་པའི་སྦྱོར་བ་ཞེས་པར་རུང་ ངོ༌། །གསུམ་པ་ནི། ངོ་བོ་གཅིག་ཉིད་ཡུལ་དང་དེ་རྟོགས་ཚུལ་གྱི་སྒོ་ནས་ལྡོག་པའི་དབྱེ་བས་ བཞི་ཡོད་ཅིང་ས་མཚམས་རྒྱུན་མཐའ་ཁོ་ནར་ཡོད་པར་སྡུད་འགྲེལ་ལ་སོགས་སུའོ། །ལྡོག་ 1-1-152 པའི་དབྱེ་བས་རྣམ་པ་བཞིར་ཅི་ཞིག་ལྟར་བསྟན་ཞེས་ (དང་སྐད་ཅིག་མ་ནི་སེམས་ཀྱི་སྐད་ཅིག་མ་གཅིག་ཁོ་ ནས་རྣམ་པ་བཞིར་མངོན་སུམ་དུ་བྱེད་ཅེས།)འགྲེལ་ཆེན་ལས་སོ། །འོ་ན་སྐད་ཅིག་མ་གང་རྡུལ་ཕྲ་བའི་ མཐར་ཐུག་པ་གཅིག་གོ་ས་གཅིག་ནས་གཞན་གཅིག་དུ་ལན་གཅིག་འཕོས་པའི་ཡུན་དུས་ མཐའི་འམ་སྐྱེས་བུ་སྟོབས་ལྡན་གྱིས་ལན་གཅིག་སེ་གོལ་གཏོགས་པའི་ཡུན་ལ་སྐད་ཅིག་ དྲུག་ཅུ་རྩ་ལྔ་འདའ་བའིའམ། ཆོས་བཤེས་སུམ་བརྒྱ་དྲུག་ཅུ་རྩ་བརྒྱད་ཟེར་རོ། །སྐྱེས་བུའི་ འདོད་དོན་སྒྲུབ་བའི་བྱ་བ་བརྩམས་ནས་དེ་གྲུབ་ཀྱི་བར་ལྟ་བུ་བྱ་རྫོགས་ཀྱི་སྐད་ཅིག་ལ་བྱེད། དང་པོ་གཉིས་ལྟར་ན་ཧ་ཅང་ཡུན་ཐུང་བས་ཇི་ལྟར་དེ་རྫོགས་པར་ནུས། གསུམ་པ་ལྟར་ན་ ཏིང་ངེ་འཛིན་འདིའི་དུས་ངེས་པ་མེད་དེ། སྙིང་པོ་བྱང་ཆུབ་དེར་ཡུན་ཇི་སྙེད་ཅིག་བཞུགས་ པར་འགྱུར་ཞེ་ན། དང་པོ་གཉིས་ལྟར་ནའང་ཉེས་པ་ཆེན་པོ་མེད་དེ། དུས་མཐའ་གཅིག་ཏུ་ བདེན་པ་མེད་ཅིང་རང་གི་བསམ་པའི་དབང་ལ་རག་ལས་ཞེས་བསྟན་ཟིན་པས་འདི་ལྟ་བུའི་ རྟོག་པ་སྐྱེ་མ་ཐང་ངོ༌། །ཞེས་སོ། །འོན་ཀྱང་དེ་ལྟར་བསྟན་ཟིན་ཀྱང་དབང་ཐོབ་པས་སྐད་ ཅིག་བསྐལ་བར་བྱིན་གྱིས་རློབ་ནུས་པས་ (སྔར་ཆོས་བཤེས་བཤད་བུ།)སོ། །འདིར་ཕྱོགས་གསུམ་ པ་གཟུང་སྟེ་བྱང་ཆུབ་སྙིང་པོར་བཞུགས་ནས་བར་ཆད་མེད་པའི་ཏིང་ངེ་འཛིན་མ་བསྐྱེད་པར་ ལྡང་མི་སྲིད་ཅེས་གསུངས་པས། དེར་དེ་ངེས་པར་བསྐྱེད་ལ་དེ་ཡང་རང་བཞིན་དབང་བཙན་ པར་བྱས་ན་རང་གི་བཞེད་པ་ལ་རག་ལས་པས་དང༌། དུས་ལ་མངའ་བརྙེས་པས་དུས་མཐའི་ སྐད་ཅིག་གི་ཡུན་གྱིས་དེ་བརྙེས་པ་ལ་གནོད་པ་མེད་མོད། གདུལ་བྱའི་དབང་གིས་ངེས་པ་ མེད་དེ། པད་དཀར་ལས། དེ་པ་མངོན་པར་ཤེས་པའི་ཡེ་ཤེས་ཆེན་པོས་བདུད་བཅོམ་ནས་ བར་བསྐལ་ལྔ་བཅུར་སྐྱིལ་ཀྲུང་མི་བཤིག་པར་བཞུགས་ནས་སངས་རྒྱས་སོ། །བདག་ཅག་ གི་སྟོན་པས་བྱང་ཆུབ་སྙིང་པོར་བཞུགས་པའི་ཞག་དེ་ཉིད་ཀྱི་ཐོ་རངས་སངས་རྒྱས་སོ། །(བྱང་ ཆུབ་ཀྱི་སྙིང་པོ་ནི་གཉིས་ཏེ་གནས་བྱང་ཆུབ་ཀྱི་སྙིང་པོ་དང༌། རྟོགས་པ་བྱང་ཆུབ་ཀྱི་སྙིང་པོ་ཞེས་མདོ་ཀུན་བཏུས་འགྲེལ་པར་ 1-1-153 ཤཱནྟིས་སོ། །)ཞེས་ཏེ་བདུད་བཏུལ་ནས་སངས་རྒྱས་ཀྱི་བར་གྱི་ཏིང་ངེ་འཛིན་དེ་བར་ཆད་མེད་རྩེ་ དང་དེ་ཉིད་སྐད་ཅིག་མའོ། །སྐད་ཅིག་མ་བཞི་བོ་གཅིག་ཅར་རམ་རིམ་གྱིས་རྟོགས། དང་ པོ་ལྟར་ན། དང་པོ་གཉིས་པ་སོགས་ཇི་ལྟར་རུང༌། གཉིས་པ་ལྟར་ན་བཞི་པར་འགྱུར་ཞེ་ན། གཅིག་ཅར་རྟོགས་ལ་དང་པོ་གཉིས་པ་སོགས་ནི་གྲངས་ཀྱི་རིམ་པ་ཡིན་གྱི་དོན་གྱི་རིམ་པ་ མིན་ནོ། །གཉིས་པ་ལྟར་ཡིན་ནའང་ཉེས་པ་མེད་དེ་བྱིས་པ་རྣམས་ཀྱི་སྐད་ཅིག་དེ་དབང་ཐོབ་ པས་ (དངོས་)བཞིར་འགྱུར་བའི་ཕྱིར་རོ་ཞེས་པ་རྣམས་ཆོས་བཤེས་སོ། ། བརྒྱད་པ་ཆོས་སྐུ་ལ། གཞིའི་སངས་རྒྱས་འདུས་མ་བྱས་ཆོས་སྐུ་མིན་པར་འདོད་པ་ དགག་པ་རེ་ཞིག་བཞག་ནས་འཕགས་སེང་སོགས་འགྲེལ་བྱེད་རྣམས་ཀྱི་རྗེས་སུ་འབྲང་ནས་ སྟོན་པ་ལ། མཚན་ཉིད། མཚོན་བྱ། མཚན་གཞི། དེ་དག་གི་ཆ་ལ་རྩོད་སྤོང་དང་བཞིའོ། ། དང་པོ་ནི། ཡུམ་གྱི་སྦྱོར་བ་བསྒོམས་པའི་འབྲས་བུ་མཐར་ཐུག་གང་ཞིག་ཟག་མེད་ཀྱི་ཆོས་ ཀྱི་ཡན་ལག་ཅན་ཏེ། དེ་ཡི་རྣམ་སྨིན་ནི་ཞེས་དང༌། ཆོས་རྣམས་ཀུན་གྱི་ལུས་ཡིན་ཕྱིར། །ཞེས་ བདེན་གཉིས་ལས་སོ། ། གཉིས་པ་ནི། ཟག་མེད་ཀྱི་ཆོས་མཐའ་ཡས་པའི་ཡན་ལག་བསག་པའམ་ཚོགས་པ་ཡིན་ པས་སྐུ། ཡོན་ཏན་བསམ་གྱིས་མི་ཁྱབ་པའི་རྟེན་བྱེད་པས་སྐུ། རིགས་པའི་རྗེས་སུ་འབྲང་ བས་ཐོབ་བྱའམ་རྟོགས་བྱའི་ངོ་བོ་ཡིན་པས་སྐུ་སྟེ། བདེན་གཉིས་ལས། ཆོས་རྣམས་ཀུན་གྱི་ ལུས་ཡིན་ཕྱིར། །ཡོན་ཏན་ཕུན་ཚོགས་བསམ་ཡས་ཕྱིར། །རིགས་པའི་རྗེས་འབྲང་ངོ་བོའི་ ཕྱིར། །སྐྱོབ་པ་རྣམས་ཀྱི་ཆོས་སྐུར་འདོད། །ཅེས་སོ། །ངོ་བོའི་ཕྱིར་ཞེས་པ་འགྲོ་བ་ཐམས་ཅད་ དེའི་ངོ་བོ་ལས་མ་འདས་པས་སྐུ་ཞེས་པ་འདི་ཆོས་ཉིད་ཀྱི་སྐུའི་སྒྲ་དོན་ཏེ་བདེན་གཉིས་སུ་སྐུ་ གསུམ་ལས་མི་འདོད་ཅིང་ཆོས་སྐུ་ངོ་བོ་ཉིད་སྐུ་གཅིག་ཏུ་བཞེད་པའི་ལུགས་སོ། །འདིར་ཇི་ བཞིན་སྦྱོར་བར་མཛད་པ་ནི་ཅུང་ (བུ་)ནོར་རོ། ། 1-1-154 གསུམ་པ་ལ། མཚན་ཉིད་པ་དང་རྗེས་མཐུན་པ་གཉིས་སོ། །དང་པོ་ལ་ལྔ། སྐུ་གསུང་ ཐུགས་ཡོན་ཏན་འཕྲིན་ལས་སོ། །དང་པོ་ལ་བཞི་སྟེ། སྐུ་གཉིས་གསུམ་བཞི་ལྔར་དབྱེ་བའོ། ། དང་པོ་ནི། རྒྱུད་བླར། ཆོས་སྐུ་རྣམ་གཉིས་ཤེས་བྱས་ཏེ། །ཆོས་དབྱིངས་ཤིན་ཏུ་དྲི་མེད་དང༌། ། དེ་ཡི་རྒྱུ་མཐུན་ཟབ་པ་དང༌། །སྣ་ཚོགས་ཚུལ་ནི་སྟོན་པའོ། །ཞེས་ཏེ། རྟོགས་པ་ཆོས་སྐུ་དང་ བསྟན་པ་ཆོས་སྐུ་སྟེ་ཆོས་དབྱིངས་ཤིན་ཏུ་རྣམ་དག་དང་གསུང་རབ་ཡན་ལག་བཅུ་གཉིས་ ལ་རིམ་བཞིན་ (ཀ་ཤིས་ཆོས་ཀྱི་སྐུ་རྣམ་པ་གཉིས་ཏེ་བཤད་པའི་ཆོས་ཀྱི་སྐུ་དང༌། རྟོགས་པའི་ཆོས་ཀྱི་སྐུའོ། །རྟོགས་པའི་ ཆོས་ཀྱི་སྐུ་ཡང་རྣམ་པ་གཉིས་ཏེ། ཡེ་ཤེས་ཀྱི་རྒྱུ་ཅན་དང༌། བསོད་ནམས་ཀྱི་རྒྱུ་ཅན་ནོ། །ཞེས་རྡོར་གཅོད་འགྲེལ་པར།)ཟེར་ རོ། །དང་པོ་དེ་པ་རྣམ་ཀྱི་སོ་སོ་རང་གིས་རིག་བྱ་ཡིན་པས་དེ་སྐད་བྱ་ལ་དེ་ཐོབ་པར་བྱེད་པའི་ (འགྲེལ་ཆེན་དངོས་)རྒྱུ། དེའི་རྒྱུ་ (དངོས་)མཐུན་པ་ནི་བསྟན་ (དངོས་)པའི་ཆོས་ཏེ་དེ་ཡང་དོན་དམ་གྱི་ དབང་དུ་བྱས་ནས་ཟབ་མོ་སྟོན་པ་བྱང་སེའི་སྡེ་སྣོད་དང་ཀུན་རྫོབ་ཀྱི་དབང་དུ་བྱས་ནས་གླེང་ གཞི་སོགས་ཆོས་སྣ་ཚོགས་སྟོན་པ་གླེང་གཞིའི་སྡེ་སོགས་སོ། །གཞན་ (བོ་དོང་། བུ་སྟོན་རིན་པོ་ཆེ་) དུ་བཤད་པ་ནི་ནོར་རོ། །ཡང་ན་ཡེ་ཤེས་ཀྱི་ཚོགས་ལས་འཁྲུངས་པ་ཆོས་སྐུ་དམ་པ། བསོད་ ནམས་ཀྱི་ཚོགས་ལས་འཁྲུངས་པ་གཟུགས་སྐུ་དམ་པ་སྟེ། རིགས་པ་དྲུག་ཅུ་པའི་བསྔོ་བར། དགེ་བ་འདི་ཡིས་ནས། དམ་པ་གཉིས་ནི་ཐོབ་བར་ཤོག །ཅེས་སོ། །འདིའི་དང་པོ་རང་དོན་ དོན་དམ་པའི་སྐུ། གཉིས་པ་གཞན་དོན་བརྡའམ་ཀུན་རྫོབ་ཀྱི་སྐུ་སྟེ། རྒྱུད་བླར། རང་དོན་ གཞན་དོན་དོན་དམ་སྐུ་དང་ནི། །དེ་ལ་བརྟེན་པ་ཀུན་རྫོབ་སྐུ་ཉིད་དེ། །ཞེས་དང་པོ་སྟོབས་ སོགས་བྲལ་བའི་ཡོན་ཏན་སོ་གཉིས། གཉིས་པ་མཚན་བཟང་རྣམ་སྨིན་གྱི་ཡོན་ཏན་སོ་ གཉིས་ཅན་ཏེ། དང་པོའི་སྐུ་ནི་སྟོབས་ (བཅུ་མི་འཇིགས་པ་བཞི་མ་འདྲེས་པ་བཅོ་བརྒྱད་)ལ་སོགས། །བྲལ་ པའི་ཡོན་ཏན་རྣམས་དང་ལྡན། །གཉིས་པ་སྐྱེས་བུ་ཆེན་པོའི་མཚན། །རྣམ་སྨིན་ཡོན་ཏན་དག་ དང་ལྡན། །ཞེས་སོ། །སྤང་བྱ་སྒྲིབ་གཉིས་ཀྱི་དྲི་མ་སྤངས་པའི་ཆ་ནས་རབ་ཏུ་ཕྱེ་བས་དང་ 1-1-155 བླ་མ་སྐྱེལ་བསུ་སོགས་སྔོན་གྱི་བསོད་ནམས་ཀྱི་འབྲས་བུ་རྣམ་སྨིན་ཡིན་པས་དེ་སྐད་རིམ་ བཞིན་ནོ། །དེས་ན་ཆོས་ཉིད་རྣམ་པར་དག་པ་མཐོང་ན་དོན་དམ་པའི་སངས་རྒྱས་མཐོང་བར་ བརྗོད་ཀྱི་འདུས་བྱས་ཀྱི་མཚན་དཔེས་བརྒྱན་པའི་གཟུགས་མཐོང་བ་ཙམ་གྱིས་དོན་དམ་ པའི་སངས་རྒྱས་མཐོང་བར་མི་འགྱུར་ཏེ། རྡོ་རྗེ་གཅོད་པར། གང་དག་ང་ལ་གཟུགས་ (མཚན་ དཔེ་སོགས་)སུ་མཐོང༌། །གང་དག་ང་ལ་སྒྲར་ཤེས་པ། །ལོག་པར་བཅོམ་ (སྤོང་བས་ཞུགས་)པས་ སྐྱེས་པ་ཡི། །སྐྱེ་བོ་དེས་ནི་ང་མི་མཐོང༌། །འདྲེན་པ་རྣམས་ཀྱི་ཆོས་ཀྱི་སྐུ། །(ཆོས་རྣམས་ཀྱི་རང་བཞིན་ གཤའ་མ་གང་ཡིན་པ་དེ་ནི་)ཆོས་ཉིད་ (ཞེས་བྱ་དེ་ཉིད་དེ་བཞིན་ཉིད་ཆོས་དབྱིངས་ཡང་དག་མཐའ་མཚན་མེད་དོན་དམ་ཞེས་ སོགས་དང་རྣམ་གྲངས་སོ་དེ་ཉིད་)སངས་རྒྱས་ (སུ་)བལྟ་བར་བྱ། །ཆོས་ཉིད་རྣམ་པར་ཤེས་བྱའང་མིན། ། དེ་ནི་རྣམ་པར་ཤེས་མི་ནུས། །ཞེས་སོ། །བརྒྱད་སྟོང་པར། དགེ་སློང་དག་ང་ལ་གཟུགས་ཀྱི་ སྐུར་མ་ལྟ་བར་ང་ལ་ཆོས་ཀྱི་སྐུར་ཡོངས་སུ་རྫོགས་པར་ལྟོས་ཤིག་ཅེས་པའི་དོན་ཡང་དེའོ། ། གཉིས་པ་ལ་གསུམ་སྟེ། སྐུ་གསུམ་གྱི་ངོ་བོ། རྒྱུ། རྣམ་བཞག་དཔྱད་པའོ། །དང་པོ་ནི། འདུས་མ་བྱས་ལ་སོགས་པའི་ (ཐ་མི་དད་པ་ཕྱིན་ཅི་མ་ལོག་པ། སྒྲིབ་པ་དང་བྲལ་བ་བཞི་དང༌། རང་བཞིན་གྱིས་སྒྲིབ་ པ་མེད་པ། རྟོག་པས་དམིགས་བྱ་མ་ཡིན་པ། མཉམ་བཞག་སོ་སོར་རང་རིག་གིས་རིག་པ་གསུམ་ཆོས་དབྱིངས་འོད་གསལ་བ་ ཞེས་གཅིག་ཏུ་བསྡུས་པས།)མཚན་ཉིད་ལྔ་དང་རྒྱ་ཆེ་བ་སོགས་ཡོན་ཏན་ལྔ་ལྡན་གྱི་མཐར་ཐུག་གི་ སྐུ་ཞེས་པ་སྐུ་གསུམ་དུ་བྱས་པའི་ཆོས་སྐུའི་མཚན་ཉིད་དེ། མཚན་ཉིད་ལྔ་དང་ཡོན་ཏན་ལྔ་ ནི། རྒྱུད་བླར། ཐོག་མ་ (སྐྱེ་བ་)དབུས་ (གནས་པ་)མཐའ་ (འཇིག་པ་)མེད་ (པས་འདུས་མ་བྱས་པའོ། །)ཅིང་ (ཡོན་ཏན་གྱི་ཆོས་རྣམས་)རྣམ་ (པར་)དབྱེར་མེད(པས་ཐ་མི་དད་པའོ)། །(མཐའ་)གཉིས་མེད་ (པས་ཕྱིན་ཅི་མ་ལོག་ པ། སྒྲིབ་པ་)གསུམ་ (དང་)བྲལ་ (ཞིང་)དྲི་མེད་ (པ་ནི་རང་བཞིན་གྱིས་སྒྲིབ་པ་མེད་པ་)རྣམ་རྟོག་ (གིས་དམིགས་བྱར་) མེད(པ)། །ཆོས་དབྱིངས་རང་བཞིན་ (རང་བཞིན་འོད་གསལ་)གང་ཡིན་ (པ་)དེ་རྟོགས་པ(ནི)། །མཉམ་ པར་བཞག་པའི་རྣལ་འབྱོར་པ་ཡིས་མཐོང༌། །ཞེས་མཚན་ཉིད་ལྔ། གཞལ་མེད་ (པ་རྒྱ་ཆེ་བ་) 1-1-156 གང་གཱའི་བྱེ་མ་ལས་འདས་པ། །(གྲངས་མང་བ།)བསམ་མེད་ (རྟོག་གེའི་ཡུལ་མ་ཡིན་པ་)མཉམ་མེད་ (ཐུན་ མོང་མ་ཡིན་པ་སྟེ་)ཡོན་ཏན་རྣམས་དང་ལྡན། །(དེ་ཡན་གྱིས་བཞི་བསྟན། འདི་མན་གྱིས་གཅིག་སྟེ་སྒྲིབ་པས་དག་པ་ མཐར་ཕྱིན་པ་ཡོན་ཏན་ལྔ་པའོ། །)དེ་བཞིན་གཤེགས་པའི་དྲི་མེད་དབྱིངས་དེ་ནི། །བག་ཆགས་བཅས་ པའི་ཉེས་པ་གཏན་སྤངས་པ། །ཞེས་སོ། །གཉིས་པ་ལོངས་སྐུ་ནི། གསུང་བརྗོད་པ། སྐུ་སྣང་ བ། མཛད་པ་སྒྲུབ་པ་རྒྱུན་མི་འཆད་པ་ (འདི་གོང་མ་གསུམ་ཀ་ལ་སྦྱར།)སྟེ་གསུམ། དེ་རྣམས་ལྷུན་ གྱིས་གྲུབ་པར་འཇུག་པ་དང༌། སྐུ་གསུང་ཐུགས་མཛད་པ་དུ་མར་སྟོན་ཡང་དེ་དང་དེར་བདེན་ པའི་རང་བཞིན་དང་བྲལ་བའི་སངས་རྒྱས་ཀྱི་གཟུགས་སྐུ་ཞེས་པ་མཚན་ཉིད་དོ། །རྒྱུད་བླར། སྣ་ཚོགས་དམ་ཆོས་འོད་ཟེར་མངའ་བའི་སྐུ། །འགྲོ་བའི་རྣམ་གྲོལ་དོན་གྲུབ་ལ་བརྩོན་པ། ། མཛད་པ་ཡིད་བཞིན་ནོར་བུའི་རྒྱལ་བཞིན་ཏེ། །སྣ་ཚོགས་དངོས་ཀྱང་དེ་ཡི་རང་བཞིན་མིན། ། ཞེས་སོ། །གསུམ་པ་སྤྲུལ་སྐུ་ནི། འབྲས་བུ་གསུམ་གྱི་རྒྱུའི་གཟུགས་སྐུ་གང་ཞིག་དུས་ནམ་ ཡང་ཆོས་སྐུ་ལ་གནས་པ་སྟེ། རྒྱུད་བླར། འཇིག་རྟེན་ (གདུལ་བྱ་འཁོར་བ་ལ་ཆགས་པ་དག་སྲིད་པ་ལ་སྐྱོ་བ་ བསྐྱེད་ནས་)ཞི་བའི་ལམ་ (མྱང་འདས་)ལ་འཇུག་པ་དང༌། །(ཐེག་དམན་ལ་ཞུགས་པ་བཟློག་ནས་ཐེག་ཆེན་ལ་) རབ་ཏུ་སྨིན་ (ཅིང་འདུན་པར་མཛད་པ་དང་གཅིག་)དང་ (བར་མཛད་པ་དང་གཉིས་བྱང་ཆུབ་མཆོག་ཏུ་)ལུང་སྟོན་ (པས་ རྣམ་གྲོལ་ཐོབ་པར་བརྗོད་པ་སྟེ་གསུམ་གྱི་)རྒྱུ་ཡི་གཟུགས། །གང་ཡིན་དེ་ཡང་འདིར་ནི་རྟག་གནས་ཏེ། ། ནམ་མཁའི་ཁམས་སུ་གཟུགས་ཀྱི་རྣམ་པ་བཞིན། །ཞེས་སོ། །ཡང་ན་འོག་ཏུ་འཆད་དོ། ། གཉིས་པ་ནི། ཡེ་ཤེས་ (རིན་ཆེན་འཕྲེང་)ཀྱི་ཚོགས་དང་རང་བཞིན་ (རྒྱན་)རིགས་ལས་ཆོས་སྐུ། བསོད་ནམས་ (རིན་ཆེན་འཕྲེང་)ཚོགས་དང་རྒྱས་པའི་ (རྒྱན་)རིགས་ལས་གཟུགས་སྐུ་གཉིས་འབྱུང་ ཞིང༌། ཀུན་གཞི་གནས་གྱུར་བས་ཆོས་སྐུ། ཉོན་ཡིད་གནས་གྱུར་བས་ལོངས་སྐུ་འཇུག་ཤེས་ དྲུག་གནས་གྱུར་བས་སྤྲུལ་སྐུ་འབྱུང་བར་གསེར་འོད་ལས་སོ། །མདོར་བསྡུས་སོ། །གསུམ་ པ་ལ་གསུམ། མཉམ། མི་མཉམ་པ། རྟག་པའི་ཁྱད་པར་རོ། །དང་པོ་ནི། དེ་དག་རྟེན་དང་ 1-1-157 དགོངས་པ་དང༌། །འཕྲིན་ལས་ཀྱིས་ནི་མཉམ་པ་ཉིད། །ཅེས་ཏེ་སྐུ་གསུམ་དང་རིམ་བཞིན་ (རྒྱན་)ནོ། །གཉིས་པ་ནི། ལོངས་སྤྱོད་རྫོགས་པ་ཁམས་ཀུན་ཏུ། །འཁོར་ཡོངས་ (སུ་)བསྡུ་ (བ་) དང་ཞིང་དང་མཚན། །(དང་)སྐུ་ (མདོག་)དང་ཆོས་ (ཏེ་)རྫོགས་ལོངས་སྤྱོད་དང༌། །(སྟེ་ཆོས་ཀྱི་ལོངས་ སྤྱོད་དང༌།)མཛད་པ་ (སྟེ་དྲུག་པོ་)དག་གིས་ཐ་དད་དོ། །ཞེས་སོ། །རང་བཞིན་སྐུ་ནི་ (ཆོས་ཉིད་ཀྱིས་) མཉམ་པ་དང༌། །(རྟོགས་དཀའ་བས་)ཕྲ་ཞིང་ (ལོངས་སྐུ་)དེ་དང་འབྲེལ་བ་དང༌། །(དེའི་རྒྱུ་མཚན་གྱིས་ ལོངས་སྐུའི་ཕུན་ཚོགས་པའི་རྒྱུར་གྱུར་པའོ། །)དགྱེས་རྒུར་ལོངས་སྤྱོད་བསྟན་པ་ལ། །ལོངས་སྤྱོད་རྫོགས་ འབྱོར་རྒྱུར་འདོད་དོ། །ཞེས་སོ། །སྤྲུལ་སྐུ་ནི། གཞན་དོན་ཕུན་ཚོགས་ཏེ། བཟོ་དང་སྐྱེ་དང་ བྱང་ཆུབ་ཆེ། །མྱ་ངན་འདས་པར་རྟག་སྟོན་པ། །སངས་རྒྱས་སྤྲུལ་པའི་སྐུ་དེ་ནི། །རྣམ་པར་ གྲོལ་བའི་ཐབས་ཆེན་པོ། །ཞེས་སོ། ། གསུམ་པ་ནི། (ངོ་བོ་ཉིད་སྐུ་)རང་བཞིན་ (གྱིས་རྟག་)དང་ནི་ (ལོངས་སྐུ་དེ་ཉིད་འཁོར་བ་ཇི་སྲིད་པར་) རྒྱུན་མི་འཆད། །(པས་རྟག་གོ །སྤྲུལ་སྐུ་ཡང་ཡང་སྟོན་ཅིང་ནམ་ཡང་གང་ན་ཡང་གཏན་མེད་མ་ཡིན་པས་)རྒྱུན་གྱིས་ (རྟག་གོ་)དེ་དག་རྟག་པ་ཉིད། །ཅེས་སོ། །གསུམ་པ་ནི། འོག་ཏུ་སྟོན་ནོ། །བཞི་པ་ནི། མཚན་ བརྗོད་ལས། སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །ཞེས་པ་ལ། འཇམ་དཔལ་གྲགས་པས་ དེའི་འགྲེལ་ཆེན་དུ་འདིར་བཤད་བཞི་དང་ཡེ་ཤེས་ཀྱི་སྐུ་དང་ལྔ་ཞེས་སོ། །འཇམ་དཔལ་གྱི་ རང་གི་ལྟ་བའི་འདོད་པ་མདོར་བསྟན་པར་ (སྐུ་ནི་གཅིག་གཉིས་གསུམ་དང་ནི། །བཞི་དང་ལྔ་རུ་གསུངས་བ་སྟེ། ། སངས་རྒྱས་ཐོག་མ་ཐ་མ་མེད། །དང་པོའི་སངས་རྒྱས་རིས་མེད་པ། །ཡེ་ཤེས་མིག་གཅིག་དྲི་མ་མེད། །དེ་བཞིན་གཤེགས་པ་ ཡེ་ཤེས་སྐུ༡། །ཇི་ལྟར་གཟུགས་ཀྱི་སྐུ་དང་ནི། །དེ་ལྟར་སངས་རྒྱས་ཆོས་སྐུ་སྟེ༢། །ཞེས་དང༌། ཐུགས་གསུང་སྐུ་ཡི་དབྱེ་བ་ཡིས། ། སྐུ་གསུམ་དུ་ནི་རབ་ཏུ་བསྒྲགས། །ཆོས་དང་ལོངས་སྤྱོད་སྤྲུལ་པ་རྣམས། །སྔགས་ཀྱི་ཚུལ་ལ་མི་ཡིས་སྒྲུབ༣། །ངོ་བོ་ཉིད་ལོངས་ རྫོགས་བཅས། ཞེས་སོགས་འདི་བཞིན་རྐང་པ་བཞི་བཤད།) གཟུགས་ཀྱི་ཕུང་པོ་མཐའ་ཡས་པ། །བདག་ གི་སྤྲུལ་པའི་སྐུ་མཆོག་གོ །སྒྲ་ཡི་ཕུང་པོ་མཐའ་ཡས་པ། །བདག་གི་ལོངས་སྤྱོད་རྫོགས་སྐུ་ 1-1-158 མཆོག །ཆོས་ཀྱི་ཕུང་པོ་མཐའ་ཡས་པ། །བདག་གི་ཆོས་ཀྱི་སྐུ་རབ་བསྒྲགས། །ཡེ་ཤེས་ ཕུང་པོ་མཐའ་ཡས་པ། །བདག་གི་ཡི་ཤེས་སྐུ་རབ་བསྒྲགས། བདེ་བའི་ཕུང་པོ་མཐའ་ཡས་ པ། །བདག་གི་བདེ་སྐུ་འགྱུར་མེད་མཆོག །ཅེས་ཆོས་ལོངས་སྤྲུལ་ཡེ་ཤེས་བདེ་བའི་སྐུ་ལྔར་ བཤད་དོ། །གསེར་ནི་རྩ་བའི་ཆོས་སྐུ་དང་ལྔ་ཟེར་རོ། །སྤྲུལ་སྐུ་ལ་རྣམ་པར་སྨིན་པ་ཡིན་མིན་ དུ་ཕྱེ་བས་ལྔར་ (སྔགས་དོན་རྣམ་གཟིགས་སུ།)སྒེག་པའི་རྡོ་རྗེ་དང་ཆོས་བཤེས་སོ། ། གཉིས་པ་ལ། རྒྱུ། ངོ་བོ། དབྱེ་བ་གསུམ་ལས། རྒྱུ་ནི། ཉན་རང་དགྲ་བཅོམ་མན་ནས་ སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་བཅུར་བསྒྲེས་པས་སངས་རྒྱས་ཀྱི་བ་སྤུའི་བུ་ག་ གཅིག་བ་སྤུའི་བུ་ག་ཐམས་ཅད་འགྲུབ་པའི་བསོད་ནམས་བརྒྱས་དཔེ་བྱད་བཟང་པོ་གཅིག དཔེ་བྱད་བརྒྱད་ཅུ་འགྲུབ་པའི་བསོད་ནམས་བརྒྱས་མཚན་སུམ་ཅུའི་གཅིག མཚན་སུམ་ཅུ་ འགྲུབ་པའི་བསོད་ནམས་སྟོང་གིས་མཛོད་སྤུ། དེ་འབུམ་གྱིས་གཙུག་ཏོར། དེ་བྱེ་བ་འབུམ་ ཕྲག་བརྒྱས་གསུང་ཆོས་ཀྱི་དུང་གཅིག་འགྲུབ་ཅེས་རིན་ཆེན་འཕྲེང་བར་རོ། །(གཙུག་ཏོར་བསོད་ ནམས་བྱེ་བ་ནི། །འབུམ་ཕྲག་བརྒྱར་ནི་བསྒྱུར་བ་ཡིས། །སྟོབས་བཅུ་མངའ་བའི་ཆོས་ཀྱི་དུང༌། །གཅིག་འབྱུང་བར་ནི་ཤེས་པར་ བྱ། །ཞེས་སོ། །) གཉིས་པ་ནི། གྲག་སྟོང་གཉིས་མེད་གང་ཞིག ལྷའི་རྔ་བོ་ཆེ་དང་རྣམ་པ་བཞིས་ མཚུངས་པའི་གསུང་ཡན་ལག་དྲུག་ཅུ་ཅན་ཞེས་པ་མཚན་ཉིད་དོ། །གང་ཟག་དང་དུས་ལ་ ཁྱབ་པས་ཉི་ཚེ་བ་མིན་པ། འདི་དང་ཕྱི་མ་ལ་མི་ཕན་པ་སྤོང་བས་ཕན་པ། ཆོས་ཀྱི་དགའ་བདེ་ སྒྲུབ་ཅིང་ཕྱིན་ཅི་ལོག་གི་བདེ་བ་སེལ་བས་བདེ་བ། འཁོར་བ་ལས་ངེས་པར་འབྱིན་པའོ། ། རྒྱས་པར་རྒྱུད་བླ་མ་ལས་ཤེས་དགོས་སོ། །གསུམ་པ་ནི། མཉེན་དང་འཇམ་དང་ཡིད་དུ་ འོང༌། །ཡིད་དུ་འཐད་དང་དག་པ་དང༌། །དྲི་མེད་གསལ་དང་སྙན་ཅིང་འཇེབས། །སྙན་འོས་ མི་ཚུགས་སྙན་པ་དང༌། །དུལ་དང་མི་རྩུབ་མི་བརླང་པ། །རབ་དུལ་རྣར་སྙན་ལུས་སིམ་བྱེད། ། སེམས་སིམ་སྙིང་དགའ་དགའ་བདེ་བསྐྱེད། །གདུང་མེད་ཀུན་ཤེས་རྣམ་རིག་བྱ། །རྣམ་ 1-1-159 གསལ་དགའ་བྱེད་མངོན་དགའ་བྱེད། །ཀུན་ཤེས་རྣམ་རིག་བྱེད་རིགས་པ། །འབྲེལ་དང་མི་ བཟློས་སེངྒེ་ཤུགས། །གླང་ཆེན་འབྲུག་དང་ཀླུ་དབང་དང༌། །དྲི་ཟ་ཀ་ལ་པིང་ཀ་ཚངས། །ཤང་ ཤང་སྒྲ་དབྱངས་གྲགས་པ་ (རེ་རེ་སྦྱར་)བདུན། །ལྷ་དབྱངས་རྔ་སྒྲ་མ་ཁེངས་པ། །མི་དམའ་སྒྲ་ ཀུན་རྗེས་སུ་ཞུགས། །ཚིག་ཟུར་མ་ཆག་མ་ཚང་མེད། །མ་ཞུམ་མི་ཞན་རབ་ཏུ་དགའ། །ཁྱབ་ དང་ཐ་བ་མེད་རྒྱུན་ཆགས། །(ཐུབ་དགོངས་སུ་)འབེལ་དང་ (བརྗིད་ཅེས་སྣང་བར་རོ། །)སྒྲ་ཀུན་རྫོགས་ པར་བྱེད། །དབང་བོ་ཚིམ་བྱེད་མ་སྨད་པ། །མི་འགྱུར་མ་བརྟབས་འཁོར་ཀུན་གྲག །རྣམ་ པ་ཀུན་གྱི་མཆོག་ལྡན་པ། །ཡན་ལག་དྲུག་ཅུའི་གསུང་ཡིན་ནོ། །(སྣང་བ་བཞིན་དུ་སྣང༌། གཅིག་མ་ བཏོགས་སོ་)ཞེས་སོ། །(བུ།) གསུམ་པ་ནི། ཡེ་ཤེས་བཞིའམ་ལྔ་སྟེ། རྒྱུ། ངོ་བོ། བྱེད་ལས་སོ། །དང་པོ་ལ། གནས་ གྱུར་པའི་རྒྱུ་ཀུན་གཞི་ཉོན་ཡིད་ཡིད་ཤེས་དབང་ཤེས་རྣམས་གནས་གྱུར་པ་ལས་ཡེ་ཤེས་ བཞི་རིམ་བཞིན་འབྱུང་སྟེ། ཙནྡྲ་གོ་མིས། ཀུན་གཞིའི་རྣམ་ཤེས་གང་ཡིན་པ། །མེ་ལོང་ཡེ་ ཤེས་ཉིད་གྱུར་པ། །དེ་ཡང་ཆོས་ཀྱི་དབྱིངས་ཀྱི་ནི། །ངོ་བོ་ཉིད་དུ་འགའ་ཞིག་འདོད། །ཅེས་ དང༌། ཉོན་མོངས་ཅན་ཡིད་གནས་གྱུར་པ། །མཉམ་ཉིད་ཡེ་ཤེས་བརྗོད་པར་བྱ། །སོ་སོར་ རྟོག་པའི་ཡེ་ཤེས་ནི། །ཡིད་ཀྱི་རྣམ་ཤེས་ཉིད་དེའོ། །ཞེས་དང༌། དབང་བོ་ལྔ་ཡི་རྣམ་ཤེས་ གང༌། །དེ་ནི་དོན་ཀུན་ཡོངས་འཛིན་ཕྱིར། །སེམས་ཅན་ཀུན་གྱི་དོན་དུ་ནི། །བྱ་བ་སྒྲུབ་པ་ ཙམ་ཉིད་ཐོབ། །ཅེས་སོ། །རང་བཞིན་དུ་གནས་པའི་རིགས་དྲི་བྲལ་དུ་གནས་གྱུར་པས་ ཆོས་དབྱིངས་ཡེ་ཤེས་སོ། །བདག་པོའི་རྒྱུ་ནི། (ཐོས་བསམ་གྱིས་སྡེ་སྣོད་ཀྱི་ཆོས་)འཛིན་པའི་ཕྱིར་དང་ (སེམས་ཅན་ཐམས་ཅད་ལ་བདག་གཞན་)སེམས་མཉམ་ (པའི་)ཕྱིར། །(གཞན་ལ་ཆོས་)ཡང་དག་ (པར་སྟོན་པ་) ཆོས་རབ་སྟོན་ཕྱིར་དང༌། །(སེམས་ཅན་དང་དཀོན་མཆོག་གི་)བྱ་བ་སྒྲུབ་པའི་ (བཟོད་)ཕྱིར་ཡང་སྟེ། །ཡེ་ ཤེས་བཞི་བོ་ཡང་དག་འབྱུང༌། །ཞེས་སོ། །གཉིས་པ་ལ། མེ་ལོང་ལྟ་བུའི་ཡེ་ཤེས་ནི། །ང་དང་ 1-1-160 ང་ཡིར་འཛིན་པ་མེད་པ། དམིགས་པ་བེམ་རིག་ (ཛ་ཡ་ཨ་ནནྟ་)གམ་སྣོད་བཅུད་ཐམས་ཅད་ལ་ རྒྱ་མ་ཆད་པ་སྟེ་ཀུན་ལ་དམིགས་པ་དུས་ཐམས་ཅད་དུ་འབྱུང་བ། སྒྲིབ་གཉིས་དང་བྲལ་བས་ ཤེས་བྱ་ཀུན་ལ་མ་རྨོངས། ཡུལ་གྱི་རྣམ་པ་མེད་པས་མངོན་དུ་མ་ཕྱོགས་བཞིན་དུ་མེ་ལོང་ལ་ གཟུགས་བརྙན་བཞིན་གསལ་བར་སྣང་བ་ཡེ་ཤེས་གཞན་གསུམ་གྱི་འབྱུང་གནས་སུ་གྱུར་པ་ སྟེ། མེ་ལོང་ཡེ་ཤེས་ང་ཡི་མེད། །ཡོངས་སུ་མ་ཆད་རྟག་ཏུ་ལྡན། །ཤེས་བྱ་ཀུན་ལ་མ་རྨོངས་ པ། །རྟག་ཏུ་དེ་ལ་མངོན་ཕྱོགས་མིན། །ཞེས་སོ། །མཉམ་ཉིད་ནི། བྱང་སེའི་དུས་སུ་བདག་ གཞན་མཉམ་པར་བསྒོམས་པའི་རྒྱུ་ལས་གཟུགས་བརྙན་ལྟ་བུའི་འགྲོ་བ་རྣམས་བདག་ གཉིས་མེད་པར་མཉམ་པ་ཉིད་དུ་རྟོགས་ནས་མི་གནས་པའི་མྱང་འདས་ལ་ཞུགས་པ་བྱམས་ སྙིང་རྗེ་གཉིས་དང་མཚུངས་ལྡན་ཏེ། མཉམ་ཉིད་ཡེ་ཤེས་སེམས་ཅན་ལ། །བསྒོམ་པ་དག་ པ་ལས་འདོད་དེ། །མི་གནས་ཞི་བར་ཞུགས་པ་ནི། །མཉམ་ཉིད་ཡེ་ཤེས་ཡིན་པར་འདོད། ། དུས་རྣམས་ཀུན་ཏུ་བྱམས་པ་དང༌། །ཐུགས་རྗེ་ཆེན་པོ་དག་དང་ལྡན། །ཞེས་སོ། །སོར་རྟོག་ ནི། ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་པར་སོ་སོར་རྟོགས་པ་གཟུངས་དང་ཏིང་ངེ་འཛིན་ གྱི་སྒོ་རྣམས་ཀྱི་འབྱུང་གནས་སུ་གྱུར་པའི་ཡེ་ཤེས་ཏེ། །སོ་སོར་རྟོག་པའི་ཡེ་ཤེས་ནི། །ཤེས་ བྱ་ཀུན་ལ་རྟག་མི་ཐོགས། །ཏིང་ངེ་འཛིན་དང་གཟུངས་རྣམས་ཀྱི། །གཏེར་དང་འདྲ་བ་ཁོ་ན་ ཡིན། །ཞེས་སོ། །ཡེ་ཤེས་དེ་གཉིས་ལོངས་སྐུ་སྟེ། །ཙནྡྲ་གོ་མིས། དེ་དག་ལོངས་སྤྱོད་རྫོགས་ སྐུ་ཉིད། །ཆོས་ལ་རྫོགས་ལོངས་སྤྱོད་སྟོན་ཕྱིར། །བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས། ། ཆོས་ལ་རྫོགས་ལོངས་སྤྱོད་ཕྱིར་ཡང༌། །ཞེས་སོ། །བྱ་སྒྲུབ་ནི། འཇིག་རྟེན་ཐམས་ཅད་དུ་སྣ་ ཚོགས་སུ་སྤྲུལ་བས་སེམས་ཅན་གྱི་བྱ་བ་སྒྲུབ་པའི་ཡེ་ཤེས་མཐར་ཐུག་སྟེ། བྱ་བ་སྒྲུབ་པའི་ ཡེ་ཤེས་ནི། །ཁམས་རྣམས་ཀུན་ཏུ་སྣ་ཚོགས་ཤིང༌། །དཔག་མེད་བསམ་ཡས་སྤྲུལ་བ་ཡིས། ། སེམས་ཅན་དོན་ཀུན་སྒྲུབ་པའོ། །ཞེས་སོ། །དེ་སྤྲུལ་སྐུ་སྟེ། དེ་ཡང་རྟག་པར་ཐམས་ཅད་དུ། 1-1-161 ། དུས་ཇི་བཞིན་དང་བསམ་ཇི་བཞིན། །སངས་རྒྱས་རྣམས་ཀྱི་སྤྲུལ་སྐུ་སྟེ། །སྤྲུལ་པ་ཀུན་གྱི་ རྒྱུ་ཡིན་ཕྱིར། །ཞེས་སོ། །ཆོས་དབྱིངས་ཡེ་ཤེས་ནི། སྒྲིབ་གཉིས་བག་ཆགས་དང་བཅས་པ་ ལས་གྲོལ་ཞིང༌། ཤེས་རབ་དང་སྙིང་རྗེ་གཉིས་སུ་མེད་པ་སྤངས་རྟོགས་ཕུན་སུམ་ཚོགས་པའི་ རང་བཞིན་གནས་ཡོངས་སུ་གྱུར་པའི་ཆོས་དབྱིངས་སོ། །ཞེས་ཨ་བྷ་དང་ཛ་ཡ་ཨ་ནནྟའོ། ། དེ་ནི་ངོ་བོ་ཉིད་སྐུའོ། །མེ་ལོང་ལྟ་བུས་ཆོས་དབྱིངས་དང་ཆོས་ཐམས་ཅད་ལ་དམིགས་ཤིང་ དབྱིངས་རིག་དབྱེར་མེད་པས་དེ་གཉིས་གཅིག་ཏུ་བསྡུས་ཏེ་ཁ་ཅིག་ཏུ་ངོ་བོ་ཉིད་སྐུ། ཁ་ཅིག་ ཏུ་ཆོས་སྐུར་བརྗོད་ཅེས་ཨ་བྷ་གསུངས་པ་ནི་མི་ལེགས་ཏེ་ངོ་བོ་ཉིད་སྐུ་ཡིན་པ་མེད་པར་ འགྱུར། འདུས་བྱས་ཀྱི་མེ་ལོང་ཡེ་ཤེས་དང་ཆོས་དབྱིངས་གཉིས་ཀ་ཡིན་པ་མེད་པས་སོ། །ངོ་ བོ་ཉིད་སྐུ་འགོག་བདེན་མིན་པར་འགྱུར་བ་སོགས་སྐྱོན་དུ་མ་ཡོད་ཅིང༌། མེ་ལོང་ལྟ་བུ་ལོངས་ སྐུར་མདོ་རྒྱན་དུ་བཤད་པ་དང་འགལ་ལོ། ། གསུམ་པ་ནི་ཡེ་ཤེས་བཞིའི་དང་པོས་ཕྱི་མ་གསུམ་གྱི་རྒྱུ་བྱེད་དེ། ཡེ་ཤེས་ཀུན་གྱི་རྒྱུ་ མཚན་ཕྱིར། །ཡེ་ཤེས་འབྱུང་གནས་ཆེན་པོ་འདྲ། །ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཉིད། ། ཡེ་ཤེས་གཟུགས་བརྙན་འབྱུང་ཕྱིར་རོ། །(མེ་ལོང་ལྟ་བུའོ་)ཞེས་སོ། །(ཙནྡྲ་གོ་མིས། ཁ་ཅིག་མེ་ལོང་ཡེ་ ཤེས་ཀྱང༌། །ལོངས་སྤྱོད་རྫོགས་པའི་སྐུ་རུ་རྟོགས། །དེ་ཡང་དེ་ལ་རྒྱུ་ཉིད་ཕྱིར། །ཉེ་བར་བཏགས་ལས་དེ་བཞིན་གཞན། །ཞེས་ཏེ་ མཉམ་ཉིད་སོར་རྟོག་ལོངས་སྐུའི་རྒྱུ་ཡིན་པས་དང་བྱ་སྒྲུབ་སྤྲུལ་སྐུའི་རྒྱུ་ཡིན་པས་དེ་དང་དེར་བརྗོད་ཅེས་པའོ། །ཙནྡྲ་གོ་མིའི་ལུང་ དེ་དག་ཐུབ་དགོངས་སུ་དྲངས་ཤིང་ཛ་ཡ་ཨ་ནནྟས་ཀྱང་ངོ༌། །) གཉིས་པས་ནི། (བྱམས་སྙིང་རྗེ་གཉིས་ཀྱིས་)སེམས་ ཅན་རྣམས་ལ་མོས་པ་ (དང་འཚམས་པར་)བཞིན། །སངས་རྒྱས་སྐུ་ནི་ངེས་པར་སྟོན། །ཞེས་སོ། ། གསུམ་པས་ནི། འཁོར་གྱི་དཀྱིལ་འཁོར་རྣམས་སུ་ནི། །འབྱོར་ (བླ་ན་མེད་པའི་དགའ་བདེའི་)བ་ ཐམས་ཅད་སྟོན་ (པར་)མཛད་ (ཅིང་)པ། །ཐེ་ཚོམ་ཐམས་ཅད་གཅོད་པ་ཡི། །ཆོས་ཆེན་ཆར་ནི་ རབ་ཏུ་འབེབས། །ཞེས་སོ། ། 1-1-162 བཞི་པས་ནི། སངས་རྒྱས་སྤྲུལ་བ་དེ་རྟག་ཏུ། །མཛད་པ་སྒྲུབ་པའི་བྱེ་བྲག་དང༌། །གྲངས་ དང་ཞིང་གིས་རྣམ་ཀུན་ཏུ། །བསམ་མི་ཁྱབ་པར་ཤེས་པར་བྱ། །ཞེས་སོ། །བཞི་པ་ནི། སྟོབས་ བཅུ་མི་འཇིགས་བཞི་མ་འདྲེས་བཅོ་བརྒྱད་ནི་བྲལ་བའི་ཡོན་ཏན། མཚན་སོགས་ལྡན་པའམ་ རྣམ་སྨིན་གྱི་ཡོན་ཏན། །ཡང་ན་ཚད་མེད་བཞི་ནས་ཕྱིན་དྲུག་གི་བར་རྒྱན་ལས་འབྱུང་བ་ལྟར་ རོ། །ཐུབ་དགོངས་སོགས་ལས་འདི་རྒྱ་ཆེར་རོ། ། ལྔ་པ་ལ། བྱེད་པ་པོ་ལ་ཡོད་པའི་འཕྲིན་ལས་ལ་ལྷུན་གྱིས་གྲུབ་པ་དང་རྒྱུན་མི་འཆད་པ་ གཉིས་སོ། །རྒྱུད་བླ་མདོ་རྒྱན་ལས་ཤེས་དགོས་སོ། །གཉིས་པ་ནི། ཚོགས་ལམ་ན་ཆོས་ཉིད་ རྟོགས་པའི་སྒོམ་བྱུང་གསལ་སྣང་ཅན་མེད་པ་ཕལ་ཆེ་བའི་དབང་དུ་བྱས་ནས་ཆོས་སྐུ་མེད་ ཅེས་བཞག ཐེག་ཆེན་སྦྱོར་ལམ་དུ་དེ་ལ་གསལ་སྣང་ཅན་གྱི་སྒོམ་བྱུང་མཉམ་བཞག་བརྟན་ པོ་ཡོད་པས་སྐུ་བཅས། ས་དང་པོ་ཡན་ཆོས་དབྱིངས་ངེས་པ་འདྲེན་ནུས་སུ་མངོན་སུམ་གྱིས་ རྟོགས་པས་སྐུ་ཐོབ། ས་བརྒྱད་ཡན་མི་རྟོག་ཡེ་ཤེས་རྒྱུན་ཆད་མེད་པས་ཆོས་སྐུ་རྫོགས་ཞེས་ བཞག་སྟེ། སྐུ་མེད་པ་དང་བཅས་དང་སྐུ་ཐོབ་དང༌། །སྐུ་ཡོངས་རྫོགས་དང་ཞེས་སོ། །མདོར་ ན་སློབ་ལམ་ན་དེ་པའི་སྐུ་གསུང་ཐུགས་ཡོན་ཏན་ལྷུན་གྲུབ་རྒྱུན་མི་འཆད་ཀྱི་འཕྲིན་ལས་ རྗེས་མཐུན་པ་ཡོད་ཀྱི་རྫོགས་པ་མེད་དོ། ། གསུམ་པ་ནི། ངོ་བོ་ཉིད་སྐུ་ཡེ་ཤེས་ཀྱི་ཡུལ་དུ་བྱས་ན་སྤྲོས་བཅས་སུ་འགྱུར་རོ། །མ་བྱས་ ན་མ་མཁྱེན་པར་འགྱུར་རོ། །ཞེ་ན། ཡོངས་གཅོད་དུ་ཡུལ་མིན། རྣམ་གཅད་ལ་ཆོས་འགའ་ ཡང་མཐོང་མེད་ཀྱི་ཚུལ་གྱིས་མཐོང་བས་ཡུལ་ཡིན་ཞེས་ (བུ་སྟོན་)སོ། །འོན་ཀྱང་ཡོངས་གཅོད་ ནི་སྒྲུབ་པ་སྟེ་ངོ་བོ་ཉིད་སྐུ་སྒྲུབ་ཆོས་མཐའ་ཡས་པ་ཅན་དུ་རྣམ་མཁྱེན་གྱིས་ཡུལདུ་བྱས་པ་ཁོ་ ནའོ། །ཆོས་བཤེས་ནི་ངོ་བོ་ཉིད་སྐུ་ཡེ་ཤེས་ཀྱི་ཡུལ་མིན་ཟེར་ཞིང་གསེར་དེ་འགོག་སྟེ་འོག་ཏུ་ འཆད་དོ། །གཟུགས་སྐུ་ལ་ཡེ་ཤེས་ཡོད་ན་རྒྱུད་དུ་མར་འགྱུར་ཏེ་གཟུགས་སྐུ་དུ་མ་ཡོད་པས་ 1-1-163 སོ། །ཞེ་ན། མི་འགྱུར་ཏེ། ཀླུ་རྒྱལ་རྣམས་ལ་སྦྲུལ་མགོ་སྟོང་ལ་སོགས་ཡོད་ཅིང་དེ་སེམས་ བཅས་ཡིན་ཀྱང་རྒྱུད་དུ་མར་མི་འགྱུར་བ་དང་རི་ཐ་དད་པའི་དབང་གིས་འཆར་བའི་ཉི་མ་ བཞིན་ནོ། །དེ་ཡང་རང་གི་སྐུ་ཉིད་དུ་བྱིན་གྱིས་བརླབས་ནས་སྤྲུལ་པ་ཡིན་པ་དང་དོན་ལ་ཡེ་ ཤེས་ཉིད་དུ་བཤད་པས་སོ། །ཡེ་ཤེས་ཡོད་ཚུལ་ལ་རྒྱན་དང་སློབ་དཔོན་དང་ཨ་བྷ་ཡ་ཆོས་ བཤེས་སོགས་ཡེ་ཤེས་ཉིད་ལོངས་སྤྲུལ་སྐུ་གདུང་སོགས་སུ་སྣང་བར་བཞེད། ཙནྡྲ་གོ་མི་ཡེ་ ཤེས་རྒྱུར་བྱས་ནས་ལོངས་སྤྲུལ་སོགས་བྱུང་བར་བཞེད་དོ། །དེ་ལྟར་ན་སངས་རྒྱས་སའི་ཆོས་ ཐམས་ཅད་ལ་འདིར་ཆོས་སྐུར་བཞག་གོ །ས་བཅུ་པའི་བྱང་སེམས་དང་སངས་རྒྱས་འཕྲིན་ ལས་མཉམ་པར་བཤད་དེ། རྒྱུད་བླར། བྱང་ཆུབ་སེམས་དཔའི་ཚུལ་འདི་ནི། །རྗེས་ཐོབ་དེ་ བཞིན་གཤེགས་རྣམས་དང༌། །སེམས་ཅན་ཡང་དག་སྒྲོལ་བ་ལ། །འཇིག་རྟེན་ན་ནི་མཉམ་ པ་ཉིད། །ཅེས་སོ། །ཁ་ཅིག་ཅུང་ཟད་ཙམ་གྱིས་མཉམ་གྱི་མཉམ་པ་དངོས་མིན་ཏེ། རྒྱུད་བླར། དེ་ལྟ་མོད་ཀྱི་ས་རྡུལ་དང༌། །རྒྱ་མཚོ་བ་ལང་རྨིག་རྗེས་ཀྱི། །ཁྱད་པར་གང་ཡིན་སངས་རྒྱས་ དང༌། །བྱང་ཆུབ་སེམས་དཔའི་ཁྱད་དེ་ཉིད། །ཅེས་པས་སོ་ (བུ་སྟོན་རིན་པོ་ཆེ་)གསུངས་ཏེ། དེས་ དོན་ཐོགས་མེད་ཀྱིས་སྔར་དྲངས་དེས་གཞན་དོན་ཁྱད་མེད་དུ་དང༌། ཕྱི་མ་འདིས་རང་དོན་ ཁྱད་ཡོད་པར་བསྟན་ཞེས་བཤད་པས་དགོངས་པ་དངོས་མིན་ནོ། ། གཉིས་པ་ལ། ཐ་དད། གོ་རིམ། གྲངས་ངེས་པ་བསམ་པའོ། །དང་པོ་ནི། གསུམ་མཚན་ ཉིད་པ་རྫས་ཐ་དད་དེ། གང་ཟག་སོ་སོ་གསུམ་གྱི་རྟོགས་པ་ཡིན་པས་སོ། །རྗེས་མཐུན་པ་ གཅིག་དང་ཐ་དད་ཅི་རིགས་སོ། །སྦྱོར་བཞི་ལམ་ཤེས་དང་ངོ་བོ་གཅིག་ཅིང་གཞི་ཤེས་དང་ རྫས་ཐ་དད་དོ། །བཞི་བོ་ནང་ཕལ་ཆེར་ངོ་བོ་གཅིག་ལ་གནས་སྐབས་རྫས་ཐ་ (བུ་སྟོན་འདི་གོ་ ཟློག་པ་ནི་ནོར་རོ། །)དད་པ་ཡང་ཡོད་དེ་ཚོགས་ལམ་ན་རྩེ་སྦྱོར་མེད་ཅིང་རྣམ་ཀུན་དང་མཐར་ སྦྱོར་ཡོད་པ་ལྟ་བུའོ། །ཆོས་སྐུ་དང་རྣམ་མཁྱེན་བདག་གཅིག་ཅིང་གཞན་དྲུག་དང་བདག་མི་ 1-1-164 གཅིག་གོ །འདིར་རིན་པོ་ཆེར་ནོར་བ་ཡོད་དོ། ། གཉིས་པ་ནི། མཁྱེན་གསུམ་ཐོས་བསམ་གྱིས་གཏན་ལ་དབབ་བྱའི་ཡུལ། ཕེབས་ནས་ ཉམས་ལེན་སྦྱོར་བ། བླངས་པའི་འབྲས་བུ་ཆོས་སྐུ་སྟེ། ཉམས་ལེན་གྱི་རིམ་པ་འབྲས་བཅས་ ཀྱི་སྒོ་ནས་བསྟན་ཏོ། །འདིར་འཇུག་ཡུལ་མཁྱེན་གསུམ་ཞེས་འཆད་པ་ནི་འཇུག་ཡུལ་ངོས་མ་ ཟིན་པའི་གཏམ་སྟེ་འཇུག་མཁན་བྱང་སེམས་ཡིན་མོད་གཞི་ཤེས་མཚན་ཉིད་པ་དེའི་འཇུག་ ཡུལ་མིན་ཏེ་དེའི་ཐོབ་བྱ་མིན་པས་སོ། །འཇུག་ཡུལ་ནི་ཐོབ་བྱའམ་དོན་དུ་གཉེར་བྱ་ཉིད་ལ་ ཟེར་རོ། །གསུམ་ནི་འཇུག་པའི་ཡུལ་གྱི་རྒྱུའོ། །ཞེས་སློབ་དཔོན་འཆད་པ་ནི་འཇུག་པའི་ཡུལ་ ཆོས་སྐུ་སྟེ། དེའི་རྒྱུ་ཞེས་པ་ཡིན་ནོ། །མཁྱེན་གསུམ་ཡང་འབྲས་བུ་ལ་སྤྲོ་བ་བསྐྱེད་པའི་ཕྱིར་ རྣམ་མཁྱེན་དང་པོར་བསྟན། དེ་རྒྱུ་ལམ་གོམས་པ་ལས་བྱུང་བས་དེ་ནས་ལམ་ཤེས་བསྟན། དེ་ལ་གོལ་ས་ཤེས་དགོས་ཤིང་སྤང་བྱ་སྤོང་དགོས་པས་དེ་ནས་གཞི་ཤེས་བསྟན་ཏེ་བཤད་ རིམ་མོ། །སྦྱོར་བ་ལ། གསུམ་ཐོས་བསམ་གྱིས་ཤེས་པ་དེ་དབང་དུ་བྱ་དགོས་པས་དེའི་ ཐབས་རྣམ་ཀུན་བསྟན། དེ་ལས་དབང་ཐོབ་པ་འབྱུང་བས་དེ་ནས་རྩེ་སྦྱོར་བསྟན། དེ་བརྟན་ པར་བྱེད་ཅིང་ཉམས་ན་གསོ་བའི་ཕྱིར་མཐར་གྱིས་པ་བསྟན། དེ་མཐར་ཐུག་པ་ན་བརྟན་པ་ ཐོབ་པ་འབྱུང་བས་དེ་ནས་སྐད་ཅིག་མ་བསྟན་ཏེ་དོན་རིམ་གཙོ་ཆེའོ། །དེ་རྣམས་ཀྱི་འབྲས་བུ་ ཆོས་སྐུ་སྟོན་ཏེ། དོན་རིམ་མོ། །དེ་ནས་ཀྱི་སྒྲས་བསྟན་ཞེས་གསེར་དགོངས་སོ། ། གསུམ་པ་ནི། ཡུམ་གྱི་རྣལ་འབྱོར་ཉམས་སུ་ལེན་པ་གཏན་ལ་དབབ་བྱའི་ཡུལ། ཕེབས་ ནས་བསྒོམ་ཚུལ། བསྒོམ་འབྲས་གསུམ་དུ་ངེས་པས་མཁྱེན་གསུམ་སྦྱོར་བཞི་ཆོས་སྐུར་ངེས་ སོ། །གསུམ་པོ་ཡང་འབྲས་བུ་རྒྱུ་གོལ་སའམ། བླང་དོར་གསུམ་དུ་ངེས་ལ། སྦྱོར་བའང་ དབང་ཐོབ་པའི་དོན་དུ་བསྒོམ་པ་རྒྱུ་འབྲས་བརྟན་པ་ཐོབ་དོན་དུ་བསྒོམ་པ་རྒྱུ་འབྲས་སུ་ངེས་ པས་རྣམ་རྩེ་གཉིས་མཐར་སྐད་གཉིས་སུ་ངེས་ཏེ་ཆོས་སྐུའི་རྒྱུའི་རྣལ་འབྱོར་ནི་དེ་ཙམ་དུ་ཟད་ 1-1-165 པས་སོ། །ཞུགས་འབྲས་ཆོས་སྐུར་ངེས་ཏེ་དེ་ཙམ་གྱིས་འདོད་དོན་མཐའ་དག་རྫོགས་པས་ སོ། །དེས་ན་མངོན་རྟོགས་དེ་ (གསེར་)ནི་རྣམ་པ་བརྒྱད་ (གསེར་)དུ་ངེས་སོ། །དང་ནི་རྫོགས་ཚིག་ གོ །ཡང་ན་དེ་ནས་ཆོས་སྐུ་དང་ཞེས་བསྡུ་བ་བྱའོ། །ཞེས་གསེར་རོ། །ཟློས་སྤོང་རྣམས་ཐད་ཀ་ ཐད་ཀར་བྱའོ། ། གཉིས་པ་ལ་བརྒྱད་ལས། དང་པོ་རྣམ་མཁྱེན་གྱི་དངོས་པོ་བཅུ་བཤད་པ་ལ། བཞི་ལས། དང་པོ་ལམ་གྱི་རང་བཞིན་ནམ་རྟེན་བྱང་ཆུབ་ (ཤེར་འབྱུང་)མཆོག་ཏུ་སེམས་བསྐྱེད་པའི་མཚན་ ཉིད། གཙོ་བོ་སེམས་གང་ཞིག གཞན་དོན་ཕྱིར་དུ་རྫོགས་པའི་བྱང་ཆུབ་འདོད་པ་དང་ མཚུངས་ལྡན་ཞེས་པ་འཕགས་སེང་ངོ༌། །ཤཱནྟི་ལྟར་ན་གཞན་དོན་དུ་རྫོགས་པའི་བྱང་ཆུབ་ ལ་དམིགས་པའི་འདོད་པར་གྱུར་པའི་བློ་ཞེས་པ་སྟེ། དག་ལྡན་དུ་གཞན་དོན་དུ་ཡང་དག་ པར་རྫོགས་པའི་བྱང་ཆུབ་ལ་དམིགས་པའི་འདོད་པ་ནི་སེམས་བསྐྱེད་པའི་མཚན་ཉིད་དོ། ། ཞེས་དང༌། སྙིང་པོ་མཆོག་ཏུ། སེམས་བསྐྱེད་པ་ཉི་ཤུ་རྩ་གཉིས་བརྗོད་པ་ཡིན་ཏེ། དང་པོ་ ནི། འདུན་པའི་མཚན་ཉིད་ཀྱི་ཁྱད་པར་རོ། །ལྷག་མ་ནི་དེའི་གྲོགས་ཀྱི་ཁྱད་པར་རོ་ཞེས་དང༌། མི་ཟད་པ་བརྒྱད་ཅུར་བརྗོད་དེ། དང་པོ་ནི་སེམས་བསྐྱེད་པ་ཉིད་དོ་ལྷག་མ་ནི་དེའི་གྲོགས་ ཏེ་སྦྱོར་བ་དང་བསམ་པ་ལ་སོགས་པ་སྣ་ཚོགས་པའོ། །ཞེས་སོ། །འདི་ལེགས་སོ། །དབྱེ་ན་ ཉེར་གཉིས་སོ། །གསེར་གྱིས་གཞན་དོན་དུ་འཚང་རྒྱ་བ་ཉིད་ཀྱི་སེམས་འཇོག་པ་ནི་སེམས་ བསྐྱེད་དོ། །ཞེས་སོ། །གཉིས་པ་དེ་སྨིན་ཅིང་དག་པར་བྱེད་པའི་གདམས་ངག་གི་མཚན་ཉིད། ཐེག་ཆེན་སེམས་བསྐྱེད་ཀྱིས་དོན་དུ་གཉེར་བའི་དོན་རྟོགས་ཤིང་ཐོབ་པའི་ཐབས་སངས་ རྒྱས་ལ་སོགས་པས་འདོམས་པའི་ངག་གི་རིག་བྱེད་དམ། དེ་ལྟར་གདམས་པ་ལྟར་ཉམས་སུ་ ལེན་པའི་བློ་གང་རུང་ངོ༌། །ཆོས་བཤེས་ཀྱིས་སོ། །གསེར་གྱིས་རྣམ་པ་བཅུ་ལ་བསླབ་པ་ནི། གདམས་ངག་གོ་ཞེས་སོ། །དེ་ལ་གདམས་པ་དང་རྗེས་བསྟན་གཉིས་ཡོད་དེ་འོག་ཏུ་སྟོན་ནོ། 1-1-166 ། རྒྱན་ལྟར་ན་སྟོན་པ་པོ་སངས་རྒྱས། ཉན་པ་པོ་ཆོས་མཆོག་པ་ལ་བཤད་སྦྱར་དུ་བཤད་ཅིང་ འགྲེལ་ཆེན་ལས་ཚོགས་ལམ་པ་ལ་བཤད་དེ་ཚོགས་ལམ་ཆེན་པོ་ནས་སོ། །རྒྱུ་ཆོས་རྒྱུན་ཏིང་ ངེ་འཛིན་ཏེ་དེའི་མཚན་ཉིད་བརྟགས་པའི་དངོས་པོ་ལ་སེམས་རྩེ་གཅིག་པ་གང་ཞིག དམ་ པའི་ཆོས་འཛིན་པའི་དྲན་པ་དང་མཚུངས་པར་ལྡན་པའོ། །སྒྲ་བཤད་ནི་གསུང་རབ་དང་མྱ་ ངན་ལས་འདས་པའི་ཆོས་རྣམས་ཀྱི་ཚིག་དང་དོན་འཛིན་པས་ཆོས་ཀྱི་རྒྱུན་བརྟགས་པའི་ དངོས་པོ་ལ་སེམས་རྩེ་གཅིག་པས་ཏིང་ངེ་འཛིན་ (ཀུན་བཏུས་)ནོ། །དེ་ཚེ་ཆོས་ཀྱི་རྒྱུན་ལ་ནི། ། སངས་རྒྱས་རྣམས་ལ་ཞི་གནས་དང༌། །ཡེ་ཤེས་ཡངས་པ་ཐོབ་བྱའི་ཕྱིར། །གདམས་ངག་རྒྱ་ ཆེན་རྙེད་པར་འགྱུར། །ཞེས་སོ། །བསྒོམ་པའི་ཚུལ་ལ་སོགས་པ་རྒྱན་ལས་རྒྱ་ཆེར་ཤེས་པར་ བྱ་ཞིང་མང་དུ་དོགས་པས་བཞག་གོ །འདིར་བཤད་དང་རྒྱན་དུ་བཤད་པ་རྣམས་མི་འདྲ་ཞིང་ རྒྱུ་མཚན་སོགས་འོག་ཏུ་བཤད་པར་བྱའོ། ། གསུམ་པ་གདམས་པའི་འབྲས་བུ་ངེས་འབྱེད་ཆ་མཐུན་ནི། ངེས་འབྱེད་དེ་གཅིག་ཏུ་ངེས་ པ་དང་ལྡན་པའོ། །རྣམ་པར་མི་རྟོག་པ་རྟོགས་པ་ནི་ངེས་པར་འབྱེད་པ་སྟེ་མཐོང་བའི་ལམ་ མོ། །དེ་ཐོབ་པ་ནི་ཆའོ། །དེ་ལ་ཕན་པ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པའོ། །ཞེས་དག་ ལྡན་ (ཟླ་ཟེར་ཡང་དོན་དེའོ། །)ནོ། །ངེས་པ་སྟེ་མཐའ་གཅིག་ཏུ་མི་རྟོག་ཡེ་ཤེས། འབྱེད་པ་ནི་རྟོགས་ པ་སྟེ་མཐོང་ལམ་དེའི་ཡན་ལག་ནི་རྒྱུ་ཞེས་པའོ། །སྙིང་པོ་མཆོག་ཏུ་ངེས་པར་རྟོགས་པ་ནི་ ངེས་འབྱེད་དོ་ཞེས་དང༌། སོ་སོར་རྟོགས་པ་ནི་ངེས་འབྱེད་ཅེས་སོ། །གསེར་གྱིས་ངེས་པར་ འབྱེད་པ་ནི་འཚང་རྒྱ་བ་ཉིད་མངོན་སུམ་དུ་བྱེད་པའོ། །ཞེས་སོ། །དེའི་མཚན་ཉིད་ནི། ཚོགས་ ལམ་གྱི་རྗེས་ཀྱི་སོ་སྐྱེའི་སྒོམ་བྱུང་གི་ཡེ་ཤེས་གང་ཞིག བདེན་པ་མངོན་སུམ་དུ་རྟོགས་པ་ དང་རྗེས་སུ་མཐུན་པ། དབྱེ་ན་དྲོད་རྩེ་བཟོད་མཆོག་རྣམ་པ་བཞིའོ། །དང་ཐམས་ཅད་སྡུད་ ཚིག་གོ ། 1-1-167 བཞི་པ་གདམས་པའི་དོན་ཕྱིན་ཅི་མ་ལོག་པར་སྒྲུབ་པ་ལ་བཞི་ལས། སྒྲུབ་པ་ཡི་ནི་རྟེན་ དུ་གྱུར་པ་སྟེ་རྒྱུ་རང་བཞིན་དུ་གནས་པའི་རིགས་ཀྱི་མཚན་ཉིད། ཆོས་ཀྱི་དབྱིངས་ཀྱི་རང་ བཞིན་ཏེ་རྣམ་འགྱུར་དང་ཡ་མ་བྲལ་བའི་ཆོས་དབྱིངས་རྣམ་དག་སྟེ། ཨཱརྱས་རང་བཞིན་གཙོ་ བོར་གྱུར་པ་ནི་རིགས་ཞེས་སོགས་བཤད་དོ། །ཕྱེ་ན་ཆོས་ཉིད་གཅིག་ཉིད་བརྟེན་པ་བསྒྲུབ་པ་ བཅུ་གསུམ་གྱི་སྒོ་ནས་བཅུ་གསུམ་དུའོ། །གཉིས་པ་རྟེན་དེ་ལ་བརྟེན་ནས་སྒྲུབ་པའི་དམིགས་ པའི་མཚན་ཉིད། རང་བཞིན་དང་ཡ་མ་བྲལ་བའི་རྣམ་འགྱུར་སྒྲུབ་པ་པོའི་ཤེས་བྱར་གྱུར་ པ་སྟེ། ཨཱརྱས་རྣམ་འགྱུར་གཙོ་བོར་གྱུར་པ་ནི་དམིགས་པ་ཞེས་སོ། །དབྱེ་ན་བཅུ་གཅིག་གོ ། གསུམ་པ་དེ་ལ་དམིགས་ནས་སྒྲུབ་པའི་ཆེད་དུ་བྱ་བ་དག་གི་མཚན་ཉིད་ནི། གང་གི་དོན་དུ་ སྒྲུབ་པ་བྱེད་པའི་འབྲས་བུ་མཐར་ཐུག་སྟེ། སྡུད་འགྲེལ་དུ། སྐད་ཅིག་མ་བསྟན་ནས། དེའི་ རྗེས་ལ་རྣམ་པ་ཐམས་ཅད་མངོན་དུ་བྱེད་པ་ཆེད་དུ་བྱ་བ་གསུམ་མངོན་སུམ་དུ་བྱས་ནས་ རྟོགས་པ་དེ་ཉིད་ནི་སངས་རྒྱས་ཀྱི་ས་ཀུན་ཏུ་འོད་ལ་ཆོས་སྐུར་བྱང་ཆུབ་ཅེས་ཏེ་འོག་ཏུ་རྒྱས་ པར་བྱའོ། །དབྱེ་ན། གཞན་དོན་སྤངས་རྟོགས་གསུམ་ཞེས་ཤེར་འབྱུང་ངོ༌། ། བཞི་པ་ཇི་ལྟར་སྒྲུབ་པའི་ངོ་བོ་ལ། སྤྱིར་ཐེག་ཆེན་སྒྲུབ་པའི་མཚན་ཉིད། སེམས་བསྐྱེད་ ལ་གནས་ནས་རང་བཞིན་གྱི་དོན་རྩོམ་པ་བྱང་ཆུབ་ཆེན་པོའི་རྒྱུར་གྱུར་པའི་བྱང་སེའི་སྤྱོད་ པའམ་ཉམས་ལེན་ཏེ། གནས་རྩོམ་འབྲས་བུ་འབྱུང་བ་ཆེ་བདག་ཉིད། །རྒྱལ་སྲས་རྣམས་ཀྱི་ སྒྲུབ་པ་ཡིན་པར་འདོད། །ཅེས་དང༌། སྒྲུབ་པ་ནི་སྤྱོད་པའོ། །ཞེས་ཤཱནྟི་རད་ཀིར་རོ། །གསེར་ ནི་སྒྲུབ་པ་ནི་ཉམས་སུ་ལེན་པ་སྟེ། ཞེས་སོ། །འདིར་སྨོས་བྱང་སེའི་སྒྲུབ་པའི་མཚན་ཉིད། གདམས་ངག་ཐོབ་པ་རིགས་ལ་བརྟེན་ནས་དམིགས་པ་རིམ་གྱིས་རྟོགས་ཏེ་ཆེན་པོ་གསུམ་ གྱི་ཆེད་དུ་བརྩོན་པའི་བྱ་བ་སྟེ་སྒྲུབ་པའི་གདམས་ངག སྒྲུབ་པའི་ (རད་ཀིར་)རྟེན་སྒྲུབ་པའི་ དམིགས་ (རད་)པ་སྒྲུབ་པའི་ཆེད་ (རད་)དུ་བྱ་བ་ཞེས་དང་རྟེན་ཅན་གྱི་བྱ་བ་ཞེས་སོ། །དབྱེ་ན། 1-1-168 མི་མཐུན་ཕྱོགས་ཀྱིས་མི་ཚུགས་པའི་གོ་ཆའི་སྒྲུབ་པའི་མཚན་ཉིད་བྱང་སེའི་སྒྲུབ་པ་གང་ཞིག བསམ་པའི་བྱ་བ་སྟེ། གནོད་འཇོམས་སུ། གོ་ཆ་ཆེན་པོ་བགོས་པ་ཞེས་བྱ་བ་ནི་སེམས་དང་པོ་ ནས་གཟུང་སྟེ་བསམ་པ་རྒྱ་ཆེ་བར་བསྟན་པའོ་ཞེས་སོ། །ས་བཅུ་པའི་འགྲེལ་པར། དེ་ལ་གོ་ ཆ་ནི་སྨོན་པའོ། །ཞེས་དབྱིག་གཉེན་གྱིས་སོ། །དབྱེ་ན་དྲུག་གམ་སོ་དྲུག་གོ །འདིར་སྨོས་གོ་ སྒྲུབ་ཀྱི་མཚན་ཉིད། གང་ཞིག ཕྱིན་དྲུག་རེ་རེར་དྲུག་དྲུག་ཚང་བར་ཉམས་སུ་ལེན་པར་གོ་ བགོས་པའོ། །གོ་བགོས་ནས་ཐེག་ཆེན་གྱི་གཡུལ་དུ་འཇུག་པའི་སྒྲུབ་པ་ནི། བྱང་སེའི་སྒྲུབ་པ་ གང་ཞིག སྦྱོར་བའི་བྱ་བ། འདིར་སྨོས་འཇུག་སྒྲུབ་ཀྱི་མཚན་ཉིད། འཇུག་ཡུལ་ཐེག་ཆེན་ དགུ་ཆར་རམ་གང་རུང་ལ་འཇུག་ཅིང་འཛེག་པའི་སྒྲུབ་པའོ། །དབྱེ་ན་དགུའོ། །སྤྱིར་སྒྲུབ་པ་ བཞི་ངོ་བོ་གཅིག་པའི་ལུགས་སོ། །ཞུགས་ཏེ་དཔུང་གི་ཚོགས་གསོག་པའི་སྒྲུབ་པའི་མཚན་ ཉིད། བྱང་སེའི་སྒྲུབ་པ་གང་ཞིག རང་འབྲས་སློབ་ལམ་མམ་མི་སློབ་པའི་བྱང་ཆེན་གྱི་རྒྱུའི་ མཐར་ཐུག་པའི་ཚོགས་སྒྲུབ་པའམ་ཐོབ་པར་བྱེད་པ་སྟེ། དབྱེ་ན་བཅུ་བདུན་ནོ། །དག་ལྡན་ དུ། གང་གིས་རྒྱུའི་མཐར་ཐུག་པ་ཐོབ་པར་བྱེད་པ་དེ་ནི་ཚོགས་ཀྱི་སྒྲུབ་པ་བཅུ་བདུན་ནོ། ། ཞེས་སོ། །དཔུང་ཚོགས་བསགས་པས་མ་རྒྱལ་བ་ལས་རྒྱལ་བ་ཐོབ་པས་ངེས་པར་འབྱུང་ བའི་སྒྲུབ་པའི་མཚན་ཉིད། དེ་གང་ཞིག ངེས་པར་འབྱུང་ས་བརྒྱད་པོ་གང་རུང་དུ་དངོས་ སུ་ངེས་པར་འབྱིན་པ། དབྱེ་ན་བརྒྱད་དོ། །ཨཱརྱས་གོ་བགོས་པས་ནི་འཇུག་གོ །ཞུགས་པ་ ནི་དཔུང་གི་ཚོགས་གསོག་གོ །དཔུང་གི་ཚོགས་བསགས་པ་ནི་མ་རྒྱལ་བ་ལས་རྒྱལ་བ་ཐོབ་ པས་ངེས་པར་འབྱུང་བའི་ཕྱིར་རོ། །ཞེས་སོ། །རྒྱས་པར་འོག་ཏུ་སྟོན་ནོ། །སྒྲུབ་པ་དང་སྦྱོར་ བཞིའི་ཁྱད་པར་ནི། ལོཙྪ་བ་ན་རེ། རྣལ་འབྱོར་གྱི་རང་བཞིན་སྦྱོར་བ། སྤྱོད་པ་གཙོ་བོར་གྱུར་ པ་སྒྲུབ་པ་གསུངས་སོ། །འདིར་སྒྲུབ་པའི་ངོ་བོ་བརྩོན་འགྲུས་ཡིན་གསུངས་ཤིང་དུས་ཕྱིས་ སྒྲུབ་པའང་བརྩོན་འགྲུས་ཁོ་ན་མིན། སྦྱོར་བའང་ཏིང་ངེ་འཛིན་ཁོ་ན་མིན་གྱི་བརྩོན་འགྲུས་ 1-1-169 དང་ཏིང་ངེ་འཛིན་གྱི་གཙོ་བྱས་པའི་དད་སོགས་ཡིན་ནོ་གསུངས་སོ། །ངོ་བོ་གཅིག་གོ །ངེས་ འབྱུང་དང་བཅས་པའི་ (ཤཱནྟི་དངོས་)ཆོས་བཅུ་པོ་རྣམས་ཀྱིས་ཐུབ་པ་དེ་ (ཤཱནྟི་)པའི་མངོན་རྟོགས་རྣམ་ ཀུན་མཁྱེན་པ་ཉིད་བསྟན་ཏོ། ། གཉིས་པ་ལམ་ཤེས་ཀྱི་དངོས་ (ཤཱནྟི་རད་ཀིར་དངོས་)པོ་བཅུ་གཅིག་ལ། ལམ་ཤེས་ཀྱི་ཡན་ ལག་དང་ (ཤེར་འབྱུང་དངོས་)ཡན་ལག་ཅན་གྱི་ལམ་ཤེས་སོ། །དང་པོ་ནི། རྫོགས་སངས་རྒྱས་ (གསེར་)ཀྱི་འོད་ཀྱིས་ལྷ་རྣམས་ཀྱི་འོད་མོག་མོག་པོ་གཟི་མེད་པར་བྱེད་པའམ་མཛད་པས་ལྷ་ རྣམས་ང་རྒྱལ་གྱི་རྙོག་པ་དང་བྲལ་ཏེ་སེམས་དང་བར་གནས་པར་གྱུར་པས་ལམ་ཤེས་སྐྱེ་ རུང་གི་རྟེན་དུ་གྱུར་པ་དང༌། སོགས་པ་སྐྱེ་བའི་ཡུལ་ཐེག་ཆེན་སེམས་བསྐྱེད་ཅན། རྒྱུའི་རྐྱེན་ རིགས་ཀྱིས་ཁྱབ་པ། གཞན་དོན་དུ་སྐྱེ་བ་ལེན་པའི་རྒྱུ་དགེ་བའི་རྩ་བ་དང་མཚུངས་ལྡན་གྱི་ ཆགས་པ་ཕྲ་མོ་ཆེད་དུ་གཉེར་ནས་མི་སྤོང་པའི་རང་བཞིན། གཞན་དོན་གྱི་བྱེད་ལས་ཅན་ རྣམས་སོ། །མཚན་ཉིད་ནི། མཚན་འཛིན་གྱི་གཉེན་པོའི་ཡན་ལག་སྟེ། ཤེར་འབྱུང་གིས་ གཉེན་པོའི་ཡན་ལག་ནི་ལམ་ཤེས་ཀྱི་ཡན་ལག་གོ་ཞེས་སོ། ། གཉིས་པ་ལ་གསུམ་ལས། ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་ནི། བྱང་ཆུབ་ཐོབ་པ་ ངེས་པར་སློབ་དཔོན་ལ་ལྟོས་པས་སློབ་མ་སྟེ་ཉན་ཐོས་ཀྱི་ལམ་ཡོན་ཏན་ཡར་ལྡན་དུ་བྱས་ ཏེ་སྦྱོར་དངོས་རྗེས་གསུམ་ཚང་བའི་སྒོ་ནས་ཕྱིན་ཅི་མ་ལོག་པར་ཤེས་པའི་བློ། དེ་རྒྱུ་འབྲས་ གཉིས་ཀྱི་སྒོ་ནས་སྟོན་ནོ། །གཉིས་པ་བསེ་རུས་མཚོན་པ་རང་རྒྱལ་གྱི་ལམ་ཤེས་པའི་ལམ་ ཤེས་ནི། རང་རྒྱལ་གྱི་ལམ་ཡོན་ཏན་ཡར་ལྡན་དུ་བྱས་ཏེ་སྦྱོར་དངོས་རྗེས་གསུམ་ཚང་བའི་སྒོ་ ནས་མ་ནོར་བར་ཤེས་པའི་བློ། དེ་ཁྱད་པར་ངོ་བོ་རྒྱུ་གསུམ་གྱིས་སྟོན་ནོ། ། གསུམ་པ་བྱང་སེའི་ལམ་ཤེས་པའི་ལམ་ཤེས་ཀྱི་མཚན་ཉིད། བདག་མེད་གཉིས་ཀ་ རྟོགས་པའི་སློབ་ལམ་དུ་གནས་པའི་སྒོ་ནས་ཐེག་ཆེན་སློབ་ལམ་མ་ནོར་བར་ཤེས་པའི་བློ། 1-1-170 དབྱེ་ན་གཉིས་ལས། ཕན་ཡོན་ཅན་གྱི་མཐོང་ལམ་ཤེས་པ་ནི། ཚེ་འདི་བའི་ཡོན་ཏན་ནད་ མེད་པ་སོགས་དང་ཚེ་གཞན་པའི་ཡོན་ཏན་ཕྱིར་མི་ལྡོག་པ་སོགས་ཀྱི་ཕན་ཡོན་ཆེན་པོ་ཅན་ གྱི་མཐོང་བའི་ལམ་གྱི་དངོས་པོར་གནས་པའི་སྒོ་ནས་དེ་མ་ནོར་བར་ཤེས་པ། དེ་ཡང་ཤེས་ བྱ་ཐེག་ཆེན་མཐོང་ལམ་གྱི་མཚན་ཉིད། ཟག་མེད་སྒོམ་ལམ་མ་སྐྱེས་གོང་གི་ཟག་མེད་ཡེ་ ཤེས་གང་ཞིག རྫོགས་བྱང་དུ་བགྲོད་པའི་གོ་སྐབས་ཕྱེ་ཤུལ། དབྱེ་ན་སྐད་ཅིག་བཅུ་དྲུག་གོ ། གཉིས་པ་བྱེད་པ་ཅན་གྱི་ཐེག་ཆེན་སྒོམ་ལམ་ཤེས་པ་ནི། སེམས་དུལ་བ་སོགས་ཀྱི་འབྲས་ བུ་ཅན་གྱི་ཐེག་ཆེན་སྒོམ་ལམ་གྱི་དངོས་པོར་གནས་པའི་སྒོ་ནས་དེ་མ་ནོར་བར་ཤེས་པ། དེ་ སྟོན་པ་ལ་གཉིས། སྒོམ་ལམ་གྱི་བྱེད་པའི་མཚན་ཉིད་ནི། སྒོམ་ལམ་གྱི་འབྲས་བུ་ཁྱད་པར་ བ་སྟེ་བྱ་བ་དེ་བྱེད་པ་ལ་བྱེད་པ་ཞེས་བཞག་གོ །ཡང་ན་སེམས་དུལ་བ་ལ་སོགས་པའི་འབྲས་ བུ་ཁྱད་པར་བ་བྱེད་པའོ། །ཤཱནྟིས་ཟག་མེད་ཀྱིར་འཆད་དོ། །ཤེས་བྱ་ཐེག་ཆེན་འཕགས་པའི་ སྒོམ་ལམ་གྱི་མཚན་ཉིད། མཐོང་ལམ་གྱི་རྗེས་ཀྱི་ཉོན་མོངས་པའི་ཟག་མེད་ཡེ་ཤེས་གང་ ཞིག བྱང་ཆེན་དུ་ཕྱིན་བྱེད་ཀྱི་སློབ་ལམ་མོ། །འདིར་དེ་གཉིས་དང་དེ་གཉིས་ཤེས་པའི་ ལམ་ཤེས་ངོ་བོ་གཅིག་གོ །གཉིས་པ་བྱེད་པ་ཅན་གྱི་སྒོམ་ལམ་ལ། རྗེས་ཐོབ་དང་མཉམ་ བཞག་གཉིས་ལས། དང་པོ་ལ་གསུམ་གྱི། དང་པོ། དགེ་བ་གསོག་བྱེད་ཀྱི་ཐེག་ཆེན་སྒོམ་ ལམ་མོས་པའི་མཚན་ཉིད། འཕགས་པའི་སྒོམ་ལམ་ཟག་བཅས་གང་ཞིག ཡུམ་ཤེར་ཕྱིན་ ཡོན་ཏན་ཅན་ལ་ཡོན་ཏན་ཅན་དུ་ངེས་ནས་འཛིན་པ་སྟེ། ཉེར་བདུན་ནོ། །དེའི་ཕན་ཡོན་ནམ་ འབྲས་བུ་བསྟོད་པའི་མཚན་ཉིད། སྒོམ་ལམ་རང་དོན་མོས་པའི་ཆེ་བའི་ཡོན་ཏན་ཇི་ལྟ་བ་ བཞིན་རྟོགས་ནས་སངས་རྒྱས་ལ་སོགས་པ་ (ཆོས་བཤེས་གསེར་སོགས་)ཐུགས་དགེས་པའི་གནས་ སྐབས་སམ། རྟོགས་ནས་སངས་རྒྱས་ལ་སོགས་པས་སྟོན་པའི་ངག་གི་རིག་བྱེད་ (སེང་བཟང་བི་ མ་ལ་)གང་ཡང་རུང་བའོ། །སྒོམ་ལམ་མོས་པའི་ཕན་ཡོན་བཀུར་བའི་མཚན་ཉིད། སྒོམ་ལམ་ 1-1-171 གཉིས་དོན་མོས་པའི་ཆེ་བ་ཞེས་སོགས། སྒོམ་ལམ་མོས་པའི་ཕན་ཡོན་བསྔགས་པའི་མཚན་ ཉིད། སྒོམ་ལམ་གཞན་དོན་མོས་པའི་ཞེས་སོགས་དགོད་དོ། །དབྱེ་ན་དགུ་དགུ་སྟེ་ཉེར་ བདུན་ནོ། །གཉིས་པ་དགེ་བ་མི་ཟད་པར་བྱེད་པའི་ཐེག་ཆེན་འཕགས་པའི་སྒོམ་ལམ་བསྔོ་ བ་ཡིད་ལ་བྱེད་པའི་མཚན་ཉིད། ཟུར་དང་བོ་འདྲ། དགེ་བ་རྣམས་གཞན་དོན་དུ་རྫོགས་པའི་ སངས་རྒྱས་ཀྱི་རྒྱུར་སྟོབས་པའོ། །གསེར་རོ། །བཅུ་གཉིས་སོ། །གསུམ་པ་དགེ་བ་འཕེལ་ བྱེད་ཐེག་ཆེན་འཕགས་པའི་སྒོམ་ལམ་རྗེས་སུ་ཡི་རང་བ་ཡིད་ལ་བྱེད་པ་བླ་མེད་ཀྱི་མཚན་ ཉིད། དང་བོ་འདྲ། རང་བཞིན་གྱི་དགེ་རྩ་ལ་རབ་ཏུ་དགའ་བ་ཡིད་ལ་བྱེད་པའོ། །གཉིས་སུ་ བྱས་པ་ནོར་རོ། །གཉིས་པ་ལ་གཉིས་ལས་དང་པོ། ཐེག་ཆེན་གྱི་སྒྲུབ་པ་སྒོམ་ལམ་གྱི་མཚན་ ཉིད། ཐེག་ཆེན་འཕགས་པའི་ཟག་མེད་སྒོམ་ལམ་གང་ཞིག་བར་ཆད་མེད་ལམ་དུ་གྱུར་པའོ། ། དེའི་ཁྱད་ཆོས་ལྔ་ཡོད་དོ། །གཉིས་པ་ཐེག་ཆེན་འཕགས་པའི་ཤིན་ཏུ་དག་པའི་སྒོམ་ལམ་གྱི་ མཚན་ཉིད། ཟུར་དང་པོ་འདྲ། རྣམ་གྲོལ་ལམ་དུ་གྱུར་པ་ཞེས་བྱ་བ་སྟེ། མོས་པ་དང་བཅས་པ་ ལྔ་བོ་འདི་ནི་སྒོམ་པའི་ལམ་མོ་ཞེས་གསེར་རོ། །འོན་ཀྱང་འདི་གཉིས་ཀྱི་སྔ་མ་རྟོགས་པ་ལམ་ བདེན། ཕྱི་མ་སྤངས་པ་འགོག་བདེན་ཏེ་དེ་ལྟར་ཡིན་ཅིང་ཞེས་བྱ་བ་ནི་སྒོམ་པའི་ལམ་སྤངས་ རྟོགས་དང་བཅས་པའོ་ཞེས་ཏེ་འོག་ཏུ་འཆད་དོ། །བྱང་ཆུབ་སེམས་དཔའ་བདེན་གཉིས་ (གསེར་)ལའམ་ཐེག་གསུམ་གྱི་ (བུ་)ལམ་ལ་མཁས་པ་རྣམས་ཀྱི་མངོན་རྟོགས་ལམ་ཤེས་པ་ཉིད་ ཀྱི་སྐབས་ནི་དངོས་ (ཤཱནྟི་རད་ཀིར་)པོ་བཅུ་གཅིག་པོ་དེ་འདྲ་བར་བསྡུས་ནས་མདོ་ལས་བཤད་དོ། ། ལམ་གསུམ་ཤེས་པ་དེ་འདྲར་ཞེས་བུ་སྟོན་ནོ། ། གསུམ་པ་གཞི་ཤེས་ཀྱི་དངོས་པོ་དགུ་ (ཤཱནྟི་རད་ཀིར་)ལ། དང་པོ་ནི། དུས་གསུམ་མཉམ་ ཉིད་དུ་ཤེས་པས་སྲིད་པ་ལ་མི་གནས་པའི་གཞི་ཤེས་ཀྱི་མཚན་ཉིད། ཆོས་ཀུན་བདེན་པའི་ རང་བཞིན་མེད་པར་རྟོགས་པས་ཚུར་རོལ་ཀྱི་མཐར་མི་གནས་པའི་གཞི་ཤེས། གཉིས་པ་ 1-1-172 སྙིང་རྗེ་ཆེན་པོས་ཞི་བ་ལ་མི་གནས་པའི་གཞི་ཤེས་ཀྱི་མཚན་ཉིད། མཁའ་མཉམ་སེམས་ཅན་ གྱི་དོན་བྱེད་པའི་བསམ་པས་ཕ་རོལ་གྱི་མཐར་མི་གནས་པའི་གཞི་ཤེས། གསུམ་པ་འབྲས་ ཡུམ་བསྐྱེད་བའི་ཐབས་མ་ཡིན་པས་འབྲས་ཡུམ་ལ་རིང་བའི་གཞི་ཤེས་ཀྱི་མཚན་ཉིད། མིང་ དང་དངོས་པོའི་མཚན་མར་འཛིན་པའི་གཞི་ཤེས། བཞི་པ་འབྲས་ཡུམ་བསྐྱེད་པའི་ཐབས་ སུ་གྱུར་བ་ཉིད་ཀྱིས་འབྲས་ཡུམ་ལ་རིང་བ་མིན་པའི་མཚན་ཉིད། ཐེག་ཆེན་གྱི་ཐབས་ཤེས་ རབ་ཁྱད་པར་ཅན་གྱི་གཞི་ཤེས། ལྔ་པ་མི་མཐུན་ཕྱོགས་ཀྱི་གཞི་ཤེས་ཀྱི་མཚན་ཉིད། བྱང་ སེའི་མཉམ་བཞག་གི་རྟོགས་པའི་སྤང་བྱར་གྱུར་བའི་གཞི་ཤེས། དེ་ལ་གཞི་ལམ་འབྲས་བུ་ ལ་མཚན་འཛིན་གསུམ་མོ། །དྲུག་པ་གཉེན་པོའི་ཕྱོགས་ཀྱི་གཞི་ཤེས་ཀྱི་མཚན་ཉིད། རང་ གི་སྤང་བྱ་ཆགས་པའི་མཐའ་མ་ལུས་པ་འགོག་པའི་གཞི་ཤེས་གང་ཞིག བྱང་སེའི་རྟོགས་པ་ ཡིན་པའོ། །བདུན་པ་གཞི་ཤེས་དངོས་བསྟན་གྱི་སྦྱོར་བའི་མཚན་ཉིད། གཟུགས་སོགས་ལ་ མངོན་ཞེན་བཀག་ནས་བསྒོམ་པའི་བྱང་སེའི་སྦྱོར་ལམ། དབྱེ་ན་བཅུའོ། །བོད་རྣམས་ཐེག་ ཆེན་སློབ་ལམ་བཞི་ན་ཡོད་ལོ། །བརྒྱད་པ་འདིར་དངོས་བསྟན་གྱི་སྦྱོར་བ་དེའི་མཉམ་ཉིད་ ནི། ཡུལ་ཡུལ་ཅན་གང་དུ་ཡང་རློམ་སེམས་བཀག་ནས་བསྒོམ་པ་གང་ཞིག དངོས་བསྟན་ གྱི་སྦྱོར་བ་བཅུའི་མཚུངས་ཆོས་ཏེ། ལྡོག་ཆས་ཕྱེ་ན་བཞིའོ། །དགུ་པ་མཐོང་ལམ་སྟེ་དེ་ལ་ གཉིས་ལས་གཞི་ཤེས་དངོས་བསྟན་གྱི་མཐོང་ལམ་གྱི་མཚན་ཉིད། སྔར་ལྟར་རམ། གཞིའི་ ཆོས་ཉིད་མངོན་སུམ་གྱིས་གསར་དུ་མཐོང་བའི་ཡེ་ཤེས་སོ། །དབྱེ་ན་བཅུ་དྲུག་གོ །གཞི་ཤེས་ ཤུགས་བསྟན་གྱི་མཐོང་ལམ་གྱི་མཚན་ཉིད། གཞི་གང་ཟག་གམ་གཟུང་བ་བདག་མེད་མངོན་ སུམ་དུ་གསར་དུ་མཐོང་ཞིང་མཚན་འཛིན་གྱི་བློ། མཐོང་དམིགས་བྱ་བ་མངོན་རྟོགས་ཞེས་པ་ ནི་ཐེག་དམན་གྱི་ལུགས་ཁོ་ནའོ། །དེ་ལྟར་ན་ཤུགས་བསྟན་གྱི་དེ་འདྲ་དེ་ཉན་ཐོས་དང་སོགས་ པ་རང་རྒྱལ་གྱི་ཀུན་ཤེས་ཉིད་དུ་འདོད་པ་ཡིན་ལ་དངོས་བསྟན་གྱི་དེ་སོགས་པ་བྱང་སེའི་སྟེ་ 1-1-173 གཉེན་ཕྱོགས་ཡིན་ནོ། །(ཇོ་བོའི་དཔོན་པོ་)པཎྜི་ཏ་ད་ན་ཤྲི་མི་ཏྲ་ན་རེ། ཨ་ཏིའི་སྒྲ་འདིར་སོགས་ མིན་གྱི་མཆོག་ལ་འཇུག་ཅེས་དང༌། འཇམ་གསར་སོགས་ (རལ་གྲི་)ནི། སོགས་ལ་བསྡུ་བྱ་མེད་ ཟེར་བ་རྣམས་ནོར་བའོ། །གསེར་གྱིས་ཉན་ཐོས་ལ་སོགས་ནི། ཉན་ཐོས་དང་རང་སངས་ རྒྱས་དང་བྱང་སེམས་རྣམས་ཀྱི་ཐབས་མིན་དང་ཐབས་དེ་འདྲ་ཞེས་སོ། ། བཞི་པ་རྣམ་ཀུན་གྱི་དངོས་པོ་ (ཤཱནྟི་རད་ཀིར་དངོས་)བཅུ་གཅིག་གི་དང་པོ་རྣམ་པ་ནི། ཡུལ་ གཞིའམ་ཡུལ་ཅན་ཡེ་ཤེས་ཀྱི་བྱེ་བྲག་ཐེག་ཆེན་སྦྱོར་བའི་བསྒོམ་བྱར་གྱུར་པ། དེ་ལ་བསྡུ་ན་ གསུམ། ཕྱེ་ན་བརྒྱ་བདུན་ཅུ་རྩ་གསུམ་མོ། །གཉིས་པ་སྦྱོར་བ་ནི། གསུམ་ལ་དབང་གྱུར་ཐོབ་ པའི་ཕྱིར་དུ་བསྒོམ་བྱའི་རྣམ་པ་རྣམས་བསྡུས་ཏེ་སྒོམ་པའི་རྣལ་འབྱོར་རོ། །དབྱེ་ན་ཉི་ཤུའོ། ། བཅས་པ་ནི་ལྷན་གཅིག་པ་སྟེ། ཡུམ་གྱི་སྦྱོར་བ་པོ་གང་ཟག་ནི་སྔོན་དུ་ཚོགས་བསགས་ པས་ཡུམ་ཉན་པ་ལ་སོགས་པའི་སྣོད་དུ་གྱུར་པའི་སྐྱེས་བུ་སྟེ། དབྱེ་ན་ཉན་པ། འཛིན་པ། མི་ བརྗེད་པ། ཚུལ་བཞིན་ཡིད་ལ་བྱེད་པའི་སྣོད་བཞིའོ། །འདི་ཤནྟི་རད་ཀིར་གྱིས་མ་བགྲངས་ ཤིང་ཞར་བྱུང་ཡིན་ནོ། །གསུམ་པ་སྦྱོར་བའི་ཡོན་ཏན་ནི། སྦྱོར་བ་བསྒོམ་པའི་གནས་སྐབས་ སམ། མཐར་ཐུག་གི་ཐོབ་བྱའི་འབྲས་བུ། དབྱེ་ན་བཅུ་བཞིའོ། ། བཞི་པ་སྦྱོར་བའི་སྐྱོན་ནི། སྦྱོར་བ་བསྒོམ་པ་པོ་འགའ་ཞིག་གིས་སྦྱོར་བ་བསྒོམ་པའི་བར་ དུ་གཅོད་བྱེད་ཀྱི་ལས། ཡང་ན་ཡུམ་ལ་ཐོས་བསམ་བསྒོམ་པ་གང་རུང་གི་བར་ཆད་དུ་གྱུར་ པའི་ལས། དབྱེ་ན་ཞེ་དྲུག་གོ །ལྔ་པ་སྦྱོར་བའི་མཚན་ཉིད་ནི། སྦྱོར་བ་རྣམས་ཀྱི་རྟོགས་པ་ཁྱད་ པར་ཅན་འཕྲིན་ལས་ངོ་བོ་ཉིད་གང་ཡང་རུང་བ་མཚོན་བྱེད་ཡིན་པ། ཡང་ན་སྦྱོར་བ་རྣམས་ རྒྱུའམ་ཁྱད་པར་ཅན་ནམ་སྦྱོར་བའི་ངོ་བོ་མཚོན་བྱེད་གང་ཡང་རུང་བ། དབྱེ་ན་དགུ་བཅུ་རྩ་ གཅིག་གོ །དྲུག་པ་ཐོག་མར་བསྟན་པ་ལ་འཇུག་པ་ཐར་བའི་ཆ་དང་མཐུན་པའི་མཚན་ཉིད། སོ་སོའི་ངེས་འབྱེད་ཆ་མཐུན་མ་སྐྱེས་གོང་གི་མྱང་འདས་ཀྱི་རྒྱུར་གྱུར་པའི་དགེ་བ། ཐེག་ཆེན་ 1-1-174 གྱི་ནི་རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་ཞེས་སྦྱར་རོ། །ཉན་རང་ལ་ཡང་ངོ༌། །རྒྱས་པར་འོག་ཏུ་ སྟོན་ནོ། །བདུན་པ་དེ་ཡོངས་སུ་སྨིན་པ་ཐེག་ཆེན་གྱི་རྗེས་ཐོབ་ཡིན་པའི་ངེས་འབྱེད་ཆ་མཐུན་ གྱི་མཚན་ཉིད། དམིགས་ཡུལ་སེམས་ཅན་ཀུན་ལ་དམིགས་ནས་རྣམ་པ་དེ་དག་ལ་སེམས་ མཉམ་པ་ལ་སོགས་པ་གང་རུང་ཅན་གྱི་སྦྱོར་ལམ་རྗེས་ཐོབ། དབྱེ་ན་བཅུ་གཉིས་སོ། །ཤེར་ འབྱུང་ནི་ཟག་པ་མེད་པའི་སྦྱོར་ལམ་ཞེས་དང༌། གསེར་ཁྱད་པར་ལམ་གྱི་ཡེ་ཤེས་ཞེས་ཏེ། སློབ་དཔོན་གྱི་དགོངས་པའོ། །བརྒྱད་པ་བསླབ་པར་བྱ་བ་ཡོད་པས་སློབ་པ་རྫོགས་བྱང་ལས་ ཕྱིར་མི་ལྡོག་པའི་ཚོགས་ཏེ་དགེ་འདུན་གྱི་མཚན་ཉིད། ད་ཕྱིན་ཆད་ཐེག་དམན་དུ་མི་ལྟུང་ངེས་ པའི་རྟགས་ཐོབ་བའི་བྱང་སེམས་ཏེ་སྦྱོར་མཐོང་སྒོམ་གསུམ་པ་གསུམ་མོ། །འདིར་བཞི་ཡན་ ཆད་ཚང་བ་ཞེས་ (འོད་ཟེར་མགོན་པོ་)འཇོག་པ་ནི་ཐེག་པ་ཆེ་ཆུང་གི་གྲུབ་མཐའི་ཁྱད་མ་ཕྱེད་པའི་ གཏམ་མོ། །དགུ་པ་ཆོས་སྐུའི་ཡན་ལག་གམ་ (ཤེར་)རྒྱུ་སྲིད་དང་ཞི་བ་མཉམ་ཉིད་ཀྱི་སྦྱོར་བའི་ མཚན་ཉིད། རྣམ་སྦྱོར་གང་ཞིག འཁོར་འདས་ལ་བླང་དོར་དུ་འཛིན་པའི་རྟོག་པའི་གཉེན་ པོར་འཁོར་འདས་བདེན་པའི་རང་བཞིན་མེད་པར་མཉམ་པར་བསྒོམ་པ། ཡང་ན་དག་སའི་ ཞེས་སམ་རྒྱུན་མཐའི་སྦྱོར་བ་གང་ཞིག་ཅེས་སྦྱར་ཏེ་འོག་ཏུ་འཆད་དོ། །བཅུ་པ་ཉེ་བའི་ཡན་ ལག་ལོངས་སྐུའི་རྒྱུ་ཞིང་དག་པ་བླ་ན་མེད་པའམ་མཆོག་ཏུ་གྱུར་པའི་སྦྱོར་བའི་མཚན་ཉིད། རྣམ་སྦྱོར་གང་ཞིག སྣོད་བཅུད་ཀྱི་འཇིག་རྟེན་ཉེས་པ་མེད་ཅིང་ཡོན་ཏན་དང་ལྡན་པའི་ཕྱིར་ དུ་བསྒོམ་པ། དེ་ལ་སྣོད་བཅུད་དག་པ་གཉིས་སོ། །བཅུ་གཅིག་པ་སེམས་ཅན་ཡོངས་སུ་སྨིན་ པའི་ཡན་ལག་ཐབས་མཁས་སྦྱོར་གྱི་མཚན་ཉིད། རྣམ་སྦྱོར་གང་ཞིག ཡུལ་བཅུ་མངོན་སུམ་ དུ་བྱ་བ་ལ་དུས་དུས་མིན་ཤེས་པས་སངས་རྒྱས་ཀྱི་འཕྲིན་ལས་ཕུན་ཚོགས་ཀྱི་རྒྱུར་གྱུར་པ་ དབྱེ་ན་བཅུའོ། །ཐབས་མཁས་དང་བཅས་པའི་དངོས་པོ་བཅུ་གཅིག་པོ་འདིས་ནི་རྣམ་ཀུན་ མངོན་རྫོགས་རྟོགས་པའི་སྐབས་བསྡུས་ནས་ (རད་ཀིར་དོན་)བསྟན་པ་ཡིན་ནོ་ཞེས་སོ། ། 1-1-175 ལྔ་པ་རྩེ་མོའི་དངོས་པོ་བརྒྱད་ (ཤཱནྟི་རད་ཀིར་)ལ། དང་པོ་ནི། སྔར་རྩེ་མོར་ཕྱིན་དང་ཞེས་ བཤད་པའི་རྩེ་མོ་དེ་ཡི་རྟགས་སམ་རྟགས་ཀྱི་རྩེ་མོའི་མཚན་ཉིད། བསྡུས་བསྒོམ་རབ་ཏུ་གྱུར་ བར་མཚོན་བྱེད་གང་ཞིག བྱང་སེའི་སྦྱོར་ལམ་དྲོད། དབྱེ་ན་བཅུ་གཉིས་སོ། །གཉིས་པ་ རྣམ་འཕེལ་གྱི་རྩེ་མོའི་མཚན་ཉིད། བསྡུས་བསྒོམ་རབ་ཏུ་གྱུར་པའི་སྦྱོར་ལམ་རྩེ་མོ་གང་ཞིག བསོད་ནམས་ཁྱད་འཕགས་བཅུ་དྲུག་ཅན་ནོ། །དབྱེ་ན་བཅུ་དྲུག་གོ །གསུམ་པ་བརྟན་པའི་ རྩེ་མོའི་མཚན་ཉིད། ཤེས་རབ་ཀྱིས་མཁྱེན་གསུམ་གྱི་ཆོས་ཡོངས་སུ་རྫོགས་པར་བསྔོས་ཤིང་ སྙིང་རྗེས་གཞན་དོན་གྱི་བསམ་པ་བརྟན་པོ་ཅན་གྱི་སྦྱོར་ལམ་བཟོད་པར་གྱུར་པའོ། །བཞི་པ་ སེམས་ཀུན་ཏུ་གནས་བའི་རྩེ་མོའི་མཚན་ཉིད། དེ་ཁོ་ན་ཉིད་ལ་སེམས་རྩེ་གཅིག་པའི་སྦྱོར་ ལམ་ཆོས་མཆོག་གང་ཞིག བསོད་ནམས་ཕུལ་བྱུང་མཐའ་ཡས་པ་ཅན་ནོ། །ལྔ་པ་མཐོང་ ལམ་རྩེ་མོའི་མཚན་ཉིད། བསྡུས་བསྒོམ་རབ་ཏུ་གྱུར་པའི་བྱང་སེའི་མཐོང་ལམ། དྲུག་པ་ སྒོམ་ལམ་རྩེ་མོའི་མཚན་ཉིད། བསྡུས་བསྒོམ་རབ་ཏུ་གྱུར་པའི་བྱང་འཕགས་ཀྱི་སྒོམ་ལམ་ མོ། །ཡང་ན་ཕར་ཕྱིན་དྲུག་གི་ངོ་བོར་གྱུར་པའི་བྱང་སེའི་སྡུག་བསྔལ་ཆོས་བཟོད་ (རད་ཀིར་)ཁོ་ ནའི་གནས་སྐབས། སེངྒེ་རྣམ་བསྒྱིངས་སྔོན་དུ་བཏང་སྟེ་བྱང་འཕགས་སྒོམ་ལམ་པའི་ཐོད་ རྒལ་གྱི་སྙོམས་འཇུག་ཁྱད་པར་བ་ཞེས་རིམ་བཞིན་སྦྱར་རོ། །རྩེ་མོའི་མཐོང་སྒོམ་གཉིས་ པོ་མཐོང་སྒོམ་གྱི་གནས་སྐབས་རེ་ལ་བཞག་སྣང་ངོ༌། །ཞེས་བྱ་བའི་ལམ་གཉིས་པོ་སོ་སོ་ རེ་རེ་ལ་སྤང་བྱ་རྣམ་པར་རྟོག་པ་འཇུག་ལྡོག་རྫས་བཏགས་ལ་བརྟེན་པ་རྣམ་པ་བཞི་བཞིའི་ གཉེན་པོ་ཉེར་བསྡོགས་དང་བར་ཆད་མེད་ལམ་གཉིས་གཉིས་ཏེ་རྣམ་པ་བཞི་རེ་རེ་ལའང་ དགུ་དགུའོ། །ལམ་གཉིས་པོ་རེ་རེ་ལ་དང་པོར་གཉིས་སུ་ཕྱེ་བ་ནི་རྫས་ཀྱིས་ཕྱེ་ཞིང་དེ་ནས་ གཉིས་སུ་ཕྱེ་བ་ནི་སྤང་བྱའི་དབང་གིས་ཕྱེ་བ་སྟེ་ལྡོག་པའི་ཆ་ནས་སོ། །རྟོག་པ་བཞིའི་མིང་ འདོགས་མཐུན་པར་གསེར་གླིང་བས་འདིར་བཤད། ཨཱརྱ་སོགས་ཀྱི་འོག་ཏུ་སྟོན་ནོ། །བདུན་ 1-1-176 པ་བར་ཆད་མེད་པའི་ཏིང་ངེ་འཛིན་ནི། བསྡུས་བསྒོམ་རབ་ཏུ་གྱུར་པའི་སྒོམ་ལམ་ཆེན་པོའི་ ཆེན་པོ་གང་ཞིག འབྲས་བུ་རྣམ་མཁྱེན་གྱི་དངོས་རྒྱུར་གྱུར་པའོ། །བརྒྱད་པ་བསལ་བྱ་ལོག་ སྒྲུབ་ཀྱི་མཚན་ཉིད། བདེན་གཉིས་འགལ་བར་བསམ་ནས་རྩོད་པའི་རྩོད་པ། དེ་ལ་བཅུ་དྲུག་ གོ །ལོག་སྒྲུབ་དང་བཅས་པའི་དངོས་པོ་བརྒྱད་ཀྱིས་རྩེ་མོའི་མངོན་པར་རྟོགས་པའི་སྐབས་ བསྡུས་ནས་བསྟན་ (རད་ཀིར་)ནོ། ། དྲུག་པ་མཐར་གྱིས་པའི། དངོས་པོ་བཅུ་གསུམ་ལ་སྦྱིན་པའི་མཐར་སྦྱོར་གྱི། མཐར་ སྦྱོར་གང་ཞིག འཁོར་གསུམ་དག་པའི་སྦྱིན་པ་གོ་རིམ་གྱིས་བསྒོམ་པ་སྟེ་ཕར་ཕྱིན་གཞན་ ལྔ་ལ་ཡང་སྦྱར་རོ། །སངས་རྒྱས་རྗེས་དྲན་གྱི་མཐར་སྦྱོར་གྱི། མཐར་སྦྱོར་གང་ཞིག དོན་ དམ་པར་དེ་པའི་ཡོན་ཏན་དྲན་པ་མེད་ཅིང་ཡིད་ལ་བྱར་མེད་པའི་ཚུལ་གྱིས་ཀུན་རྫོབ་ཏུ་ཕྱིན་ ཅི་མ་ལོག་པར་དྲན་པ། དེ་བཞིན་དུ་དགེ་མི་དགེ་ལུང་དུ་མ་བསྟན་པའི་ཆོས། སློབ་པ་ཕྱིར་མི་ ལྡོག་གི་ཚོགས། སྡོམ་པ་གསུམ། ཆོས་དང་ཟང་ཟིང་གི་སྦྱིན་པ། ལྷར་སྐྱེས་པའི་འཕགས་པ་ ཞེས་སྦྱར་ཏེ། ཆོས། དགེ་འདུན། ཚུལ་ཁྲིམས། གཏོང་བ། ལྷ་རྗེས་དྲན་གྱི་མཐར་སྦྱོར་གྱིའོ། ། དངོས་མེད་ངོ་བོ་ཉིད་དུ་ཤེས་པའི་མཐར་སྦྱོར་གྱི། མཐར་སྦྱོར་གང་ཞིག ཆོས་ཐམས་ཅད་ དོན་དམ་པར་ངོ་བོ་ཉིད་མེད་པར་རྟོགས་ནས་བསྒོམ་པ། དེ་ལྟར་དཀོན་མཆོག་གསུམ་རྗེས་ དྲན་རྣམ་པ་གསུམ་དང་གཞན་སྦྱིན་པ་ལ་སོགས་པ་རྣམ་ (གསེར་)པ་བཅུས་མཐར་ (གསེར་)གྱིས་ པའི་མངོན་རྟོགས་བསྡུས་ནས་བསྟན་ (རད་ཀིར་)ནོ། ། བདུན་པ་སྐད་ཅིག་མའི་དངོས་པོ་བཞི་ལ། དང་པོ་རྣམ་སྨིན་མིན་པའི་སྐད་ཅིག་མའི་ སྦྱོར་བའི་མཚན་ཉིད། རྣམ་སྨིན་མིན་པའི་ཟག་མེད་གཅིག་མངོན་དུ་བྱེད་པ་ན་དེ་དང་རིགས་ མཐུན་ཐམས་ཅད་གཅིག་ཅར་མངོན་དུ་བྱེད་པའི་སྐད་ཅིག་མའི་སྦྱོར་བ་སྟེ། དེ་བཞིན་དུ་རྣམ་ སྨིན་དང༌། མཚན་ཉིད་མེད་པ། གཉིས་སུ་མེད་པའི་སྐད་ཅིག་མའི་མཚན་ཉིད། རྣམ་སྨིན་གྱི་ 1-1-177 དཀར་ཆོས། ཀུན་བྱང་མཚན་ཉིད་མེད་པར། གཟུང་འཛིན་གཉིས་སུ་མེད་པར་རོ། །དེ་དག་ ཀྱང་རྫས་ཐ་དད་ཀྱིས་ཕྱེ་བ་མིན་གྱི་སྤྱིའི་མཚན་ཉིད་ཀྱིས་ཕྱེ་བ་རྣམ་པ་བཞིས་ནི་སྐད་ཅིག་མ་ གཅིག་གིས་མངོན་པར་རྫོགས་པར་བྱང་ཆུབ་པའི་སྐབས་བསྡུས་ནས་བསྟན་ནོ། ། བརྒྱད་པ་ཆོས་སྐུའི་དངོས་པོ་བཞི་ལ། དབྱེ་གཞི་ནི་སངས་རྒྱས་ཀྱི་ས་ལ་ཆོས་སྐུར་ བཞག་པ་ཙམ་མོ། །དབྱེ་ངོ་རྣམ་པ་བཞིར་ནི་ཡང་དག་སྟེ་མ་ནོར་བར་བརྗོད་ (མདོ་ལས་)དོ། ། བཞི་བོ་གང་ན། ངོ་བོ་ཉིད་ལོངས་སྤྱོད་རྫོགས་སྐུ་སྤྲུལ་བ་མཛད་པ་བཞིར་ཨཱརྱ་སོགས་སོ། ། སྐུ་བཞིར་སེང་བཟང་སོགས་སོ། །བཞིའི་ལུགས་བཀོད་ན། ངོ་བོ་ཉིད་ཀྱི་སྐུའི་མཚན་ཉིད་ དག་པ་གཉིས་ལྡན་གྱི་ཆོས་དབྱིངས་ཡེ་ཤེས་ཏེ། རྒྱུད་བླར། ཆོས་དབྱིངས་ངོ་བོ་ཉིད་ཀྱིས་ནི། ། དག་པའི་ཕྱིར་ན་འོད་གསལ་བ། །ཞེས་དང༌། ཉོན་མོངས་ཤེས་བྱ་སྙོམས་འཇུག་གི ། སྒྲིབ་ གསུམ་ལས་ནི་ངེས་གྲོལ་ཏེ། །ཞེས་སོ། ། གཉིས་པ་སངས་རྒྱས་ཀྱི་ལོངས་སྤྱོད་རྫོགས་སྐུའི་མཚན་ཉིད། སངས་རྒྱས་ཀྱི་གཟུགས་ སྐུ་ངེས་པ་ལྔ་ལྡན་ཏེ། གནས་ངེས་པ་འོག་མིན་ཆེན་པོ་སྟེ་དེ་ཡང་གཙང་མའི་གནས་འོག་མིན་ ཕལ་བའི་སྟེང་ན་ཡོད་དེ། ལང་གཤེགས་ལས། གཙང་མའི་གནས་དག་སྤངས་པ་ཡི། །འོག་ མིན་གནས་ནི་ཉམས་དགའ་བར། །ཡང་དག་སངས་རྒྱས་དེར་སངས་རྒྱས། །སྤྲུལ་བ་པོ་ གཅིག་འདིར་འཚང་རྒྱ། །ཞེས་སོ། །དེ་ལྟར་ཞི་འཚོ་ཀ་ཤི་ཡང་ངོ། །བཀའ་བཅད་དུ། འོག་ མིན་ཕལ་བ་དེའི་ལོགས་གཅིག་ན་གྲོང་ལས་དགོན་པ་ལྟར་ཡོད་པར་འདོད་དོ། །ངོ་བོའམ་ སྐུ་ངེས་པ་མཚན་དཔེས་བརྒྱན་པ། འཁོར་ངེས་པ་ཨ་བྷ་ཡ་ཟླ་གྲགས་སེང་བཟང་སོགས་ས་ བཅུའི་བྱང་སེམས། ཆོས་བཤེས་ས་བཅུ་པའི་བྱང་སེམས་ཁོ་ན་བློ་བརྟན་ཡང་མཐར་ཕྱིན་པའི་ བྱང་ཆུབ་སེམས་དཔའ་རྣམས་དང་ཆོས་བགྲོ་བ་མྱོང༌། ཞེས་དབུས་མཐའི་འགྲེལ་བཤད་དུའོ། ། དུས་ངེས་པ་སྐུ་དེ་ཉིད་ཀྱིས་འཁོར་བ་ཇི་སྲིད་པར་བཞུགས། ཆོས་ངེས་པ་ཐེག་ཆེན་ཁོ་ནའོ། 1-1-178 ། སྐྱབས་གསུམ་བདུན་ཅུ་པར། སངས་རྒྱས་རྣམས་ཀྱི་གཟུགས་སྐུ་ནི། །མཚན་དང་དཔེ་བྱད་ རབ་འབར་ཞིང༌། །སྐྱེ་བོ་རྣམས་ལ་སྣ་ཚོགས་གཟུགས། །རང་མོས་དབང་གིས་འཛིན་པར་ བྱེད། །བསོད་ནམས་ཚོགས་ནི་དཔག་མེད་ལས། །བྱུང་བ་དེ་ནི་རྒྱལ་བའི་སྲས། །ས་བཅུ་ ལ་ནི་གནས་རྣམས་ཀྱིས། །དེ་ལྟ་བུ་ཡི་སྐུར་གཟིགས་སོ། །འདི་དེ་ཆོས་རྫོགས་ལོངས་སྤྱོད་ པས། །རྒྱལ་སྲས་རྣམས་ཀྱིས་སྤྱད་བྱའོ། །ཆོས་རྣམས་རང་བཞིན་ཁོ་ན་ལ། །གནས་པའི་བློ་ ལ་སངས་རྒྱས་བརྗོད། །འོག་མིན་གཞལ་ཡས་ཁང་དུ་ནི། །དེ་ཉིད་མངོན་སུམ་བྱ་བར་བཞེད། ། ཅེས་ཏེ། ཐུབ་དགོངས་སུ་དྲངས་ (ཁོ་རང་ན་རིམ་པ་འདི་ཇི་བཞིན་ཅུང་མི་སྣང་ངོ༌། །)སོ། །བཅས་ནི་ལོངས་ སྐུ། བཞིའི་ཡ་གྱལ་དུ་སྡུད་ཚིག་གམ་ཐེག་ཆེན་གྱི་ཆོས་ལ་རྫོགས་པར་ལོངས་སྤྱོད་བཅས་ཏེ་ ལྡན་པའི་སྐུ་ཞེས་སྦྱར་རོ། །ངོ་བོ་ཉིད་སྐུ་ཡེ་ཤེས་ཀྱི་བདག་ཉིད་ཡིན་པ་དེ་བཞིན་དུ་སྐུ་གཞན་ ཡང་ཡེ་ཤེས་ཀྱི་བདག་ཉིད་ཅན་ནོ། །ཞེས་བལྟ་བར་བྱའོ། །གསེར་རོ། །གསུམ་པ་སངས་ རྒྱས་ཀྱི་སྤྲུལ་པའི་སྐུ་ནི། སངས་རྒྱས་ཀྱི་གཟུགས་སྐུ་གང་ཞིག མཐོང་སྤང་གིས་མ་དག་པའི་ གདུལ་བྱའི་དོན་དངོས་སུ་མཛད་པ། དབྱེ་ན་དྲི་ཟའི་རྒྱལ་བོ་རབ་དགའ་གདུལ་བའི་དོན་དུ་ དྲི་ཟར་སྤྲུལ་བ་ལྟ་བུ་བཟོ་དང༌། སོར་ཕྲེང་ཅན་དུ་སྟོན་པ་ལྟ་བུ་སྐྱེ་བ་ (ལྷོ་ཕྱོགས་ཀྱི་སངས་རྒྱས་གཅིག་ གི་སྤྲུལ་བར་སོར་ཕྲེང་གི་མདོར་བཤད་དོ། །ཡང་ན་དམ་པ་ཏོག་དཀར་ལྟ་བུའམ་ཀ་ཕི་ན་འདུལ་བའི་དོན་དུ་འཁོར་ལོས་བསྒྱུར་ རྒྱལ་དུ་བསྟན་པ་ལྟ་བུའོ། །)འོག་མིན་དུ་སངས་རྒྱས་ནས་འདིར་མཛད་པ་བཅུ་གཉིས་སྟོན་པ་བྱང་ ཆུབ་ཆེན་པོའི་སྤྲུལ་པ་དང་འགྲེལ་ཆེན་དུ་མྱ་ངན་ལས་འདས་པའང་སྤྲུལ་བའི་སྐུར་འདོད་དོ་ ཞེས་སོ། །བཞི་པ་ཆོས་སྐུ་ནི། གནས་གྱུར་པའི་འདུས་བྱས་ཡེ་ཤེས་ཀྱི་ཚོགས་མཐར་ཐུག་ པ། དབྱེ་ན་སྡེ་ཚན་ཉེར་གཅིག གསལ་བ་བརྒྱ་ཞེ་བཞིའོ། །ཆོས་སྐུའི་མཛད་པ་འཕྲིན་ལས་ ནི། རྟོགས་པ་ཆོས་སྐུས་སྐལ་ལྡན་གདུལ་བྱའི་དོན་བསྒྲུབས་པའམ་སྒྲུབ་པའི་བྱ་བ། དབྱེ་ན་ བྱེད་པ་པོ་ལ་དང༌། བྱ་བ་ལ་ཡོད་པའི་གཉིས་ལས། དང་པོའི་མཚན་ཉིད། སངས་རྒྱས་ཀྱི་ 1-1-179 འཕྲིན་ལས་གང་ཞིག རྒྱུན་མི་འཆད་ཅིང་ལྷུན་གྱིས་གྲུབ་པར་འཇུག་པ། གཉིས་པའི་མཚན་ ཉིད་ཟུར་དང་པོ་འདྲ། སངས་རྒྱས་ཀྱི་གདུལ་བྱས་ཐོབ་པའི་དགེ་ལེགས་ཅི་རིགས་པ། དབྱེ་ ན་ཉེར་བདུན་ནོ། །བཅས་པ་ནི་ལྡན་པ་སྟེ་མཛད་པ་དང་བཅས་པའམ་ལྡན་པའི་ཆོས་སྐུ་ཞེས་ པ་སློབ་དཔོན་གྱི་དགོངས་པ་སྟེ་འོག་ཏུ་སྟོན་ནོ། །འོན་ཀྱང་འདིར་སྨོས་ཚིགས་བཅད་འདིའི་ དོན་ནི་ཨཱརྱ་སོགས་ལྟར་ཡིན་གྱི་སློབ་དཔོན་གྱི་ལྟར་མིན་ཏེ། དུས་འཁོར་འགྲེལ་ཆེན་དུ། སྐུ་ གསུམ་མཛད་པ་དང་བཞིར་ངེས་པར་བྱམས་པས་གསུངས་པ། ངོ་བོ་ཉིད་ལོངས་ཞེས་སོགས་ ནས་བརྗོད་ཅེས་སོ་ཞེས་གསུངས་སོ། །འདིར་ཆོས་སྐུ་ཞེས་པའི་གཞུང་ཚིག་སྐུ་བཞིར་ཕྱེ་བའི་ ཆོས་སྐུ་ལ་བྱས་ནས་དབྱེ་བའི་ཡ་གྱལ་དུ་བགྲང་ན་ཚིགས་བཅད་འདིས་རྣམ་པ་བཞིར་བརྗོད་ པའི་དབྱེ་གཞི་མ་ཟིན་པས་དབྱེ་གཞི་མེད་པའི་དབྱེ་བ་བྱས་པར་འགྱུར་ཞིང་གོང་མ་བདུན་ རྣམ་མཁྱེན་ནས་སྐད་ཅིག་མའི་བར་རེ་རེ་ཞིང་སྨོས་ནས་འདིར་མ་སྨོས་པས་ལུས་སམ་སྐབས་ བསྡུ་བའི་ངོ་བོ་དངོས་སུ་ཆད་པར་འགྱུར་རོ། །འཇམ་དཔལ་གྱི་རང་གི་ལྟ་བའི་འདོད་པ་ མདོར་བསྟན་དུ། སྐུ་བཞི་སྟོན་པ་ལ་ཚིགས་བཅད་འདི་ཚིག་ཇི་བཞིན་སྣང་བ་དང་ནི་མི་འདྲ་ སྟེ། དེར་གོང་དུ། སྐུ་ནི་གཅིག་གཉིས་གསུམ་དང་ནི། །བཞི་དང་ལྔ་རུ་གསུངས་པ་སྟེ། །ཞེས་ བསྟན་ནས་གཅིག་སོགས་རིམ་བཞིན་བཤད་པས་དབྱེ་གཞི་གོང་དུ་སྨོས་ཟིན་པའོ། །རྒྱས་ པར་འོག་ཏུ་སྟོན་ནོ། ། གསུམ་པ་ནི། ལུས་ཀྱི་ཚིགས་བཅད་བཅོ་ལྔ་བོ་དེ་ལ་སྟེ་དེའི་ནང་ནས་ཤེས་རབ་ནས་དེ་ རྣམ་བརྒྱད་ཀྱི་བར་ཚིག་ལེའུར་བྱས་པ་དང་པོ་གཉིས་ཆོས་ཅན། ཡུམ་མམ་བསྟན་བཅོས་ཀྱི་ ལུས་མདོར་བསྟན་པ་ཡིན་ནོ། །ཁྱོད་ཀྱིས་ནི་གཞུང་ཤེར་ཕྱིན་གྱི་བརྗོད་བྱའི་གཙོ་བོ་དངོས་ པོ་སྟེ་མངོན་རྟོགས་བརྒྱད་དུ་བསྡུས་ནས་རྒྱན་འདིའི་ལུས་རྒྱས་བཤད་ཀྱི་ཐོག་མར་བཀོད་ པའི་འདིའི་ལུས་ཀྱི་ཚིག་ལེའུར་བྱས་པ་ཡིན་པའི་ཕྱིར། སེམས་བསྐྱེད་པ་དང་ནས་བཞིར་ནི་ 1-1-180 ཡང་དག་བརྗོད་ཀྱི་བར་ཚིག་ལེའུར་བྱས་པ་ལྷག་མ་བཅུ་གསུམ་ཆོས་ཅན། ཡུམ་མམ་རྒྱན་ གྱི་ལུས་རྒྱས་པར་བཤད་དེ། རྒྱན་འདིའི་ལུས་མདོར་བསྟན་དེ་དག་ཉིད་ཀྱི་དོན་དོན་བདུན་ ཅུར་དངོས་སུ་ཕྱེ་ཞིང་བསྡུས་ནས་བསྟན་པའི་འདིའི་ལུས་ཀྱི་ཚིག་ལེའུར་བྱས་པ་ཡིན་པས་ སོ། །ཚུལ་དེ་ལྟར་ན་བཅོ་ལྔ་ཆོས་ཅན། ཡུམ་མམ་རྒྱན་གྱི་ལུས་ལེགས་པར་བཤད་པ་ཡིན་ནོ། ། ཁྱོད་ཀྱི་ཚིག་ལེའུར་བྱས་པ་དང་པོ་གཉིས་ཀྱིས་ཡུམ་མམ་རྒྱན་འདིའི་ལུས་མདོར་བསྡུས་པ་ དང་ལྷག་མ་བཅུ་གསུམ་གྱིས་དེའི་ལུས་རྒྱས་པར་བཤད་པའི་ཕྱིར་རོ། ། བཞི་པ་ནི། བསྡུས་པའི་དོན་གྱི་ཚིག་ལེའུར་བྱས་པ་དེ་རྣམས་ནི་འགྲེལ་ཆུང་འདིར་ཡན་ ལག་རྒྱས་བཤད་ཀྱི་ཐོག་མར་ཚིག་རེ་རེ་ནས་དངོས་སུ་མ་བཀྲོལ་ཏོ་སྟེ་དེ་འདྲའི་འགྲེལ་པ་ དངོས་སུ་མ་བྱས་སོ། །དེའི་རྒྱུ་མཚན་ནི། དེ་འདྲ་བྱས་ན་ཡན་ལག་རྒྱས་བཤད་ཀྱི་འགྲེལ་པ་ དངོས་སུ་བྱེད་པ་དང་ཟློས་པའི་ཉེས་པར་འགྱུར་དུ་དོགས་ནས་སོ། །ཟློས་པར་དོགས་པའི་རྒྱུ་ མཚན་ནི། བསྟན་བཅོས་མཛད་པ་བྱམས་པ་ཉིད་ཀྱིས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། ། ཞེས་བྱ་བ་དང་འཕྲིན་ལས་ཀྱི་བར་འོག་ནས་འཆད་པར་འགྱུར་བའི་བསྟན་བཅོས་མཐའ་ དག་གིས་ལུས་རྣམ་བཞག་དེ་དག་འཆད་པས་ན་འགྲེལ་ཆུང་འདིར་ཡན་ལག་རྒྱས་བཤད་ དེ་དག་རྣམ་པར་ཏེ་རེ་རེ་ནས་ཕྱེ་ནས་བཤད་པས་འགྲེལ་ཆུང་འདིར་ལུས་རྣམ་བཞག་རྣམས་ རྒྱས་པར་བཤད་པར་བསམས་ཏེ་ཞེས་པ་སྟེ་དེའི་རྒྱུ་མཚན་གྱིས་དོགས་སོ་ཞེས་སློབ་དཔོན་ གྱི་དགོངས་པ་སྟེ་ཁ་ཅིག་ (བུ་སྟོན་)གཞན་དུ་འཆད་དོ།། ༈ །། སྔར་བཤད་པ་དེ་ལྟར་བསྟན་བཅོས་ཀྱི་བསྡུས་པའི་དོན་ལུས་རྣམ་བཞག་ཀུན་བསྟན་ ཟིན་ནས་ད་གཉིས་པ་ལ་གསུམ་སྟེ། གཏན་ལ་དབབ་བྱའི་ཡུལ་མཁྱེན་གསུམ། ཕེབས་ནས་ ཉམས་སུ་ལེན་པའི་འཇུག་པ་སྦྱོར་བ། བླངས་འབྲས་ཆོས་སྐུའི་ཡན་ལག་རྒྱས་བཤད་དོ། ། དང་པོ་ལ་གསུམ་སྟེ། འབྲས་བུ་ཐུན་མོང་མིན་པ་རྣམ་མཁྱེན། དེའི་རྒྱུ་ཐུན་མོང་མིན་པ་ 1-1-181 ལམ་ཤེས། རྒྱུའི་སྤང་གཉེན་ཐུན་མོང་མིན་པ་གཞི་ཤེས་ཀྱི་ཡན་ལག་རྒྱས་བཤད་དོ། །དང་པོ་ ལ་གསུམ་སྟེ། སྐབས་ཀྱི་མཚམས་སྦྱར། བརྗོད་བྱ་ཆོས་བཅུ་བཤད། སྐབས་བསྡུ་བའོ། ། དང་པོ་ནི། བཤད་པར་བཞེད་དེ་ཞེས་དྲང་ངོ༌། །གང་ན། འབྲས་བུ་རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་དེ་བརྗོད་བྱར་ (གསེར་ཆོས་)སྡུད་པའི་ཚིག་ལེའུར་བྱས་པའི་དོན་ནོ། །(གསེར།) གང་ གི་སྒོ་ནས་ན། སེམས་བསྐྱེད་ (གསེར་)ལ་སོགས་པ་དེ་རྣམ་པར་ཏེ་བྱེ་བྲག་ཏུ་བཤད་ཅིང་གཏན་ ལ་ཕབ་པའི་སྒོ་ནས་སོ། །སྐབས་གང་དུ་ན། མཁྱེན་གསུམ་གྱི་ (ཤེར་འབྱུང་)དང་པོར་རོ། །དེར་ སྟོན་པའི་རྒྱུ་མཚན་ཅི་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་ཐོབ་པར་བྱ་དགོས་ཀྱི་མཐར་ ཐུག་གི་ཆོས་ཡིན་པས་སོ། །གང་གི་ན། རྫོགས་པའི་བྱང་ཆུབ་ཁྱད་པར་ཅན་དེ་ལ་སེམས་ (དངོས་ )པ་དང་བསམ་པ་དང་ (དངོས་)མངོན་པར་འདོད་པ་ནི་བྱང་ཆུབ་སེམས་དཔའོ། །སེམས་ཅན་ ཐམས་ཅད་ཀྱི་མཆོག་ཏུ་བྱེད་པར་འདོད་པ་ནི་སེམས་དཔའ་ཆེན་པོ་སྟེ་སེམས་ཅན་ཆེན་པོ་དེ་ འདིར་སེམས་དཔའ་ཆེན་པོའོ། ། ཞེས་སྙིང་པོ་མཆོག་གོ །དགོངས་འགྲེལ་གྱི་འགྲེལ་པ་བམ་ པོ་བཞི་བཅུ་པར་སེམས་དཔའ་ཆེན་པོ་ནི་སྙིང་སྟོབས་ཆེ་བ་ཞེས་དཔའ་བའི་དོན་དུ་འཆད་ པ་ནི་རྒྱ་གར་མཁས་པའི་སྒྲ་བཤད་ཀུན་དང་མི་མཐུན་ནོ། །འདིར་དཔའ་བའི་སྐད་དོད་མེད་ ཅིང་རྒྱ་གར་མཁས་པ་ཀུན་མི་འཆད་པས་དོར་རོ། །སྔར་ཡང་འདི་ལ་བཤད་ཟིན་ཅིང་ད་ དུང་ཡང་འཆད་དོ། །དེ་ཡང་གཞན་དོན་དུ་བྱང་ཆུབ་ཆེན་པོ་སྔོན་གྱི་དེ་པའི་རྗེས་སུ་ཐོབ་པར་ འདོད་པས་སོ། །དེའི་རྒྱུ་མཚན་ཆེད་དུ་གཉེར་བྱའི་འབྲས་བུ་མཐར་ཐུག་པའི་ཕྱིར་རོ། །སྦྱོར་ བ་སྦྱོར་ཊཱིཀ་ལས་སོ། །བརྒྱད་ཀྱི་དང་པོ་ཞེས་པ་ནོར་ (བུ་)རོ། ། གཉིས་པ་ལ། རྣམ་མཁྱེན་གྱི་རྟེན་སེམས་ (ཤེར་འབྱུང་དངོས་)བསྐྱེད། བྱང་ཆུབ་ཀྱི་སེམས་ བསྒྲུབ་པ་རྣམ་པར་དག་བྱེད་གདམས་ངག སྒྲུབ་པའི་སྦྱོར་བ་ (དངོས་)ངེས་འབྱེད་ (དངོས་)ཡན་ ལག སྒྲུབ་པའི་རྒྱུ། སྒྲུབ་པའི་ཡུལ། སྒྲུབ་པའི་འབྲས་བུ། སྒྲུབ་པ་རང་གི་ངོ་བོ་ཞེས་བདུན་དུ་ 1-1-182 ཤེར་འབྱུང་སྟེ་ལེགས་སོ། ། དང་པོ་ལ་སྤྱིའི་དོན་དང༌། ཡན་ལག་གི་དོན་གཉིས་སོ། །བོད་རྣམས་སྤྱི་གཞུང་གཉིས་ ཞེས་ཟེར་བ་ནི་རྒྱ་གར་མཁས་པའི་ལད་མོ་བྱེད་འདོད་ལ་མ་ཤེས་པ་སྟེ་སྤྱིའི་དོན་དེ་གཞུང་གི་ དོན་མིན་ན་དེ་བསྟན་ནས་ཅི་བྱེད། ཡིན་ན་ཟློས་པར་འགྱུར་རོ། །དེས་ན་བསྡུས་དོན་ཚིག་ དོན་གཉིས་ལ་དེ་སྐད་ཟེར་རོ། ། དང་པོ་ལ་གཉིས། སེམས་བསྐྱེད་དང་སྡོམ་པ་གཏན་ལ་དབབ། དེ་ཡང་དག་པར་བླངས་ ཏེ་བསླབ་པའོ། ། དང་པོ་ལ་གསུམ་སྟེ། སེམས་བསྐྱེད། སྡོམ་པ། དེ་དག་གི་ཁྱད་པར་རོ། །དང་པོ་ལ། རྒྱུ། ངོ་བོ། ཐོབ་པ་དང་ཉམས་པའི་འབྲས་བུ་སྟེ་གསུམ་མོ། །དང་པོ་ལ་གཉིས། སྐྱེ་རྒྱུ་མཐུན་རྐྱེན། ལྡོག་རྒྱུ་འགལ་རྐྱེན་ནོ། །དང་པོ་ནི། བྱང་སར། དེ་པའམ་བྱང་སེམས་ (སྤྱིར་མངོན་ཤེས་ཀུན་མཐུ་ ཡིན་ཅིང་འདིར་མངོན་ཤེས་གསུམ་)ཀྱི་ཆོ་འཕྲུལ་དང་ (གསུམ་)མཐུ་ (སྟེ་ཟབ་པས་)རྨད་བྱུང་ (རྒྱ་ཆེ་བས་)བསམ་ མི་ཁྱབ་ (པོ་ཞེས་རྒྱ་མཚོ་སྤྲིན་)མཐོང་ངམ་ཡིད་བརྟན་པ་ལས་ཐོས་པ། དེ་གཉིས་མེད་ཀྱང་རྫོགས་ བྱང་ལས་བརྩམས་ཏེ་བསྟན་པའི་བྱང་ཆུབ་སེམས་དཔའི་སྡེ་སྣོད་མཉན་ནས་དད་ཅིང་དེ་ པའི་ཡེ་ཤེས་ལ་མོས་པ། དེ་མ་ཐོས་ཀྱང་བྱང་སེམས་གྱི་ཆོས་ནུབ་ཏུ་ (རྒྱ་མཚོ་སྤྲིན་དངོས་)ཆ་བར་ ཉེ་བར་མཐོང་ནས་དེ་ཡུན་ (སྤྲིན་དངོས་)རིང་དུ་གནས་པར་བྱ་བའི་དོན་དུ་སེམས་བསྐྱེད་དོ་སྙམ་ པ། (དངོས་)དུས་ངན་སྙིགས་མའི་ (སྤྲིན་དངོས་)སེམས་ཅན་ཉོན་མོངས་མང་ (དབུས་བཤད་)ཞིང་ཤས་ ཆེ་བས། སེམས་བསྐྱེད་པ་རྙེད་དཀའ་བར་མཐོང་བ་སྟེ་རྐྱེན་བཞི། (ཆོས་ཉིད་ཀྱིས་ཐོབ་པའི་དངོས་) རིགས་ཕུན་སུམ་ཚོགས་པ། དགེ་བའི་བཤེས་གཉེན་ཁྱད་པར་བཞི་ (མི་བླུན་ཡིད་མི་རྨུས། མཁས་ཤིང་ མཛངས། ལྟ་ངན་ལ་མ་ཞུགས་པ་གཅིག་གོ །བག་མེད་པ་ལ་མི་འཇུག་ཅིང༌། དེའི་གནས་མི་སྒྲུབ་པ་གཉིས་པའོ། །ཉེས་སྤྱོད་ལ་ མི་འཇུག་ཅིང་དེའི་གནས་ཀྱང་མི་སྒྲུབ་པ་གསུམ་པའོ། །ཡོན་ཏན་ཁྱད་འཕགས་ལ་འདུན་པ་བཟློག་ནས་དམན་པ་འཛིན་དུ་མི་ 1-1-183 འཇུག་པ་སྟེ་བཞི་པའོ། །ཞེས་སློབ་དཔོན་ཉིད་དོ། །)ལྡན་གྱིས་ཟིན་པ་སྙིང་རྗེ་ཆེ་བ་འཁོར་བའི་དང་དཀའ་ སྤྱད་ཀྱི་སྡུག་བསྔལ་གྱིས་མི་འཇིགས་པ་སྟེ་རྒྱུ་བཞི། (འདི་མིན་རྒྱུ་བཞི་ཡང་བཤད་སྣང་ངོ༌། །རྒྱུད་གཏོགས་ པའི་ནུས་པ་)རང་དང༌། (དགེ་བཤེས་)གཞན་ (ལ་བརྟེན་ནས་)དང༌། (སྔོན་ཐེག་ཆེན་དང་ལྡན་པའི་དགེ་ཆོས་གོམས་ པས་)རྒྱུ་དང༌། (ཚེ་འདིར་ཆོས་ཉན་སེམས་སོགས་)སྦྱོར་བའི་སྟོབས་ཏེ་སྟོབས་བཞི་སྟེ། རྐྱེན་བཞི་དང་རྒྱུ་ བཞི་བོ་ཚོགས་པའམ་སོ་སོ་ལ་བརྟེན་ནས་རང་དང་རྒྱུའི་སྟོབས་གཉིས་ཚོགས་པའམ་སོ་སོ་ ལས་སྐྱེས་ན་བརྟན། གཞན་དང་སྦྱོར་བའི་སྟོབས་ལས་སྐྱེས་པ་མི་བརྟན་ནོ་ཞེས་ (བློ་བརྟན་མར་) སོ། །འོན་ཀྱང་འདིར་སེམས་བསྐྱེད་སྐྱེ་བའི་རྟེན། ཉེར་ལེན། ལྷན་ཅིག་བྱེད་རྐྱེན་ནོ། །དང་པོ་ ལ་གཉིས་ལས། ལུས་རྟེན་ནི། སྤྱིར་ཐེག་ཆེན་སེམས་བསྐྱེད་ཙམ་ཞིག་ཐེག་ཆེན་ཆོས་ཀྱི་སྐལ་ བ་ཡོད་པའི་སེམས་ཅན་ལྷ་མི་དུད་འགྲོ་སོགས་དྲུག་ཅར་ལ་སྐྱེ་ཞིང་གནས་སུ་རུང་ངོ༌། །ངག་ ལས་ཤེས་སོ། །གཉིས་པ། བསམ་པའི་རྟེན་ནི། སྐྱབས་འགྲོ་ཁྱད་པར་ཅན་ཏེ། ཡིད་དམ་ བླང་བར་སྐྱབས་གསུམ་སྔོན་དུ་འགྲོ་བ་ཅན་གྱི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའོ་ཞེས་ སོ། །གཉིས་པ་ལ། སྙིང་རྗེ་དད་པ་འདོད་པ་གསུམ་ལས་དང་པོ། ཆེད་དུ་བྱ་བའི་ཡུལ་སེམས་ ཅན་སྡུག་བསྔལ་སྣ་ཚོགས་ཀྱིས་གཟིར་བ་ལ་དམིགས་པའི་སྙིང་རྗེ་ཆེན་པོ་སྟེ། བྱང་སར། སེམས་ཅན་རྣམས་ལ་ཆེར་སྙིང་རྗེ་བ་དང་ལྡན་པ་ཡིན་ཏེ་འདི་ནི་རྒྱུ་བཞི་པའོ་ཞེས་སྔར་བཤད་ རྒྱུ་བཞིའི་རྣམ་གྲངས་གཞན་སྟོན་པར་རོ། །ཆོས་ཡང་དག་སྡུད་པའི་མདོར། ཆོས་གཅིག་ ལག་མཐིལ་དུ་མཆིས་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལག་མཐིལ་དུ་མཆིས་པ་ལགས་སོ། ། འདི་ལྟ་སྟེ་སྙིང་རྗེ་ཆེན་པོའོ། ། ཞེས་སོ། ། གཉིས་པ་ནི། ཆེད་དུ་བྱ་བ་རྒྱལ་བ་སྲས་བཅས་ལ་ཡོན་ཏན་ཅན་དུ་ཤེས་པའི་དད་པ་ སྟེ། དཀོན་མཆོག་སྒྲོན་མར། རྒྱལ་དང་རྒྱལ་བའི་ཆོས་ལ་དད་གྱུར་ཅིང༌། །རྒྱལ་སྲས་རྣམས་ ཀྱི་སྤྱོད་ལ་དད་བྱེད་ལ། །བྱང་ཆུབ་བླ་ན་མེད་པ་དད་གྱུར་ནས། །སྐྱེས་བུ་ཆེན་པོ་རྣམས་ཀྱི་ 1-1-184 སེམས་སྐྱེའོ། །ཞེས་སོ། །གསུམ་པ། ཆེད་དུ་བྱེད་པ་པོ་རང་གི་ངང་ཚུལ་ཤེས་པས་ལེན་པར་ འདོད་པའི་སྨོན་པ་སྟེ། བསླབ་བཏུས་སུ། བྱང་ཆུབ་ཏུ་སྨོན་པའི་སེམས་ནི་སངས་རྒྱས་སུ་ འགྱུར་བར་བྱའོ་ཞེས་སེམས་སྨོན་པ་ལས་སྐྱེས་པ་ཡིན་ནོ་ཞེས་སོ། །འཇུག་པ་ལ་དེའི་སྟེང་ དུ་བྱང་ཆུབ་ཀྱི་རྒྱུ་ལ་བསླབ་པར་འདོད་པའི་འདུན་པ་དགོས་ཏེ། རྒྱུས་འབྲས་བུ་བསྟན་ཞེས་ པས་སོ་གསུངས་པ་ནི་དེའི་དོན་དེ་མིན་ཅིང་འཕགས་སེང་ལྟར་ན་འཇུག་པའི་གྲོགས་ཡིན་ ཅིང་ཤཱནྟི་ལྟར་ན་དངོས་ཡིན་ནོ། །རྒྱུ་མཚན་འོག་ཏུ་འཆད་དོ། །གསུམ་པ་ནི། བདག་རྐྱེན་ བཤེས་གཉེན་གྱིས་ཟིན་པ་དགོས་ཏེ། སྡུད་པར། སངས་རྒྱས་ཆོས་རྣམས་དགེ་བའི་བཤེས་ ལ་བརྟེན་ཏོ་ཞེས། །ཡོན་ཏན་ཀུན་གྱི་མཆོག་མངའ་རྒྱལ་བ་དེ་སྐད་གསུང༌། །ཞེས་སོ། །གཙོ་ ཆེ་བའི་དབང་དུ་བྱས་སོ། །རིགས་རྒྱུར་མི་དགོས་སམ་ཞེ་ན། སྙིང་རྗེ་སོགས་ཀྱིའང་རྟེན་དུ་ ཡོད་པས་རྒྱུར་གྲུབ་པོ། །ཆོ་ག་ཡང་རྒྱུར་མི་དགོས་སམ་ཞེ་ན། དེ་མེད་ཀྱང་སྐྱེ་བ་ཡོད་པས་ རྒྱུར་བྱང་ས་སོགས་སུ་དངོས་སུ་མ་གསུངས་སོ། ། གཉིས་པ་ནི། སྔར་གྱི་རྒྱུ་དེ་དག་མ་ཚང་ན་སྐྱེ་བ་ལྡོག་ཅིང༌། འགལ་རྐྱེན་ (ཐེག་ཆེན་ལས་ཉན་ ཐོས་ཀྱི་ཐེག་པ་མཆོག་ཏུ་མཐོང་སྟེ་ཐེག་ཆེན་)མི་དགོས་པ་དང༌། (གཞན་དོན་)མི་ནུས་པ་དང༌། (བདག་གིས་རང་ གི་ཚེ་འདིའི་དོན་ཡང་མི་ནུས་ན་གཞན་དོན་ལྟ་ཅི་སྨོས་ཞེས་)སྐྲག་ (ཅིང་ཡིད་གསོད་པ་དང༌། ཐེག་ཆེན་གྱི་དཀའ་སྤྱད་ཀྱིས་) སྒྱིད་ལུག་པ་སྟེ་སྨོན་པའི་མི་མཐུན་ཕྱོགས་འཛིན་པ་དང༌། འོད་བསྲུང་ལེའུར་བཤད་པའི། བླ་ མ་དང་མཆོད་འོས་བསླུ་བ། གཞན་འགྱོད་པ་བསྐྱེད་པའི་གནས་མིན་པ་ལ་འགྱོད་པ་བསྐྱེད་ པ། ཐེག་ཆེན་ལ་ཞུགས་པ་ལ་མི་བསྔགས་པ་དང་ཚིགས་སུ་བཅད་པ་མ་ཡིན་པ་བརྗོད་པ། གཡོ་སྒྱུས་གཞན་ལ་ཉེ་བར་སྤྱོད་ཀྱི་ལྷག་བསམ་གྱིས་མིན་པ་སྟེ་ནག་པོའི་ཆོས་བཞི་ (འདི་བཞི་ དཀར་ཆོས་བཞི་དང་སྦྱར་ཏེ་ཤེས་པར་བྱའོ། །)དང་ལོག་ལྟ་སྐྱེས་པས་ལྡོག་གོ །དེ་ཡང་རགས་པ་མངོན་ གྱུར་ཙམ་རེ་ཞིག་ལྡོག་པ་ཡིན་གྱི་རྩ་བ་ནས་ལྡོག་པར་མི་གཟུང་སྟེ་ལན་གཅིག་ཙམ་ཡང་ 1-1-185 བསམ་པ་བཟང་པོ་དེ་རྒྱུད་ལ་སྐྱེས་ན་ཕྱིས་སླར་ཡང་སོར་ཆུད་པར་འགྱུར་རོ། །བྱང་སར། རིགས་དང་མི་ལྡན་པ། སྡིག་གྲོགས་ཀྱིས་ཟིན་པ། སེམས་ཅན་ལ་སྙིང་རྗེ་ཆུང་བ། འཁོར་ བའི་སྡུག་བསྔལ་གྱིས་འཇིགས་ཤིང་སྐྲག་པ་བཞི་ལྡོག་རྒྱུར་བཤད་དོ། །(འདི་བཞི་སྔར་གྱི་རྒྱུ་བཞི་ ལས་བཟློག་ནས་ཤེས་པར་བྱའོ། །ཞེས་བྱང་སར་རོ། །) གཉིས་པ་ལ། མཚན་ཉིད། མཚོན་བྱ། མཚན་གཞི་གཏན་ལ་དབབ་པའོ། །དང་པོ་ གཉིས་གཞུང་དུ་སྟོན་ནོ། །གསུམ་པ་ལ། ངོ་བོ་ངོས་གཟུང༌། དེ་གཏན་ལ་དབབ། དེའི་རབ་ ཏུ་དབྱེ་བའོ། །དང་པོ་ནི། བྱང་སར། བྱང་སེམས་ཀྱི་དང་པོ་སེམས་བསྐྱེད་པ་ནི་བྱང་བའི་ ཡང་དག་པའི་སྨོན་ལམ་ཐམས་ཅད་ཀྱི་ནང་ན་ཡང་དག་པའི་སྨོན་ལམ་གྱི་དང་པོ་ཡིན་ཏེ་དེ་ ལས་གཞན་པའི་སྨོན་ལམ་ཐམས་ཅད་སྡུད་པ་ཡིན་ཞེས་དང༌། རྒྱ་མཚོ་སྤྲིན་གྱིས། འདི་ནི་ བྱང་བའི་སྨོན་ལམ་ལ་བྱ་བར་འདོད་དོ་ཞེས་སོ། །ཁ་ཅིག་དེ་སེམས་བསྐྱེད་མིན་གྱི་གྲོགས་ ཡིན་གསུངས་ཏེ་འཕགས་སེང་ལྟར་ན་དེ་ཡིན་མོད་ཀྱི་ཤིན་ཏུ་མི་འཐད་པར་མངོན་ཏེ། ཐེག་ ཆེན་སེམས་བསྐྱེད་དེས་གཞན་དོན་དུ་རྫོགས་བྱང་ཐོབ་པར་མི་སྨོན་ན་དེ་འདྲའི་སྨོན་ལམ་ དང་དམིགས་རྣམ་མི་མཚུངས་པར་འགྱུར་ཞིང་སྨོན་ན་དེ་སྨོན་ལམ་ཡིན་མོད། དེ་བཞིན་དུ་ ཐེག་ཆེན་སེམས་བསྐྱེད་དེས་དེ་ལྟར་མི་འདོད་ནའང་དེ་ལྟར་འདོད་པ་དང་དམིགས་རྣམ་མི་ མཚུངས་པར་འགྱུར་ཞིང་འདོད་ན་དེ་ཡང་འདོད་པ་ཡིན་མོད་ཅི་ཞིག་འགལ། དེས་ན་སྨོན་ པའམ་འདོད་པའི་སེམས་བྱུང་དེའི་སྟོབས་ཀྱིས་གཙོ་བོ་སེམས་ཀྱིས་ཀྱང་སྨོན་ཅིང་འདོད་ པ་སྟེ་བུདྡྷ་ཤྲཱིས་བཤད་པ་འོག་ཏུ་བཀོད་པ་ལྟར་རོ། །རྒྱལ་བ་སྲས་བཅས་གཞན་སུས་ཡང་ སེམས་བསྐྱེད་གཙོ་བོ་སེམས་ཁོ་ན་དགོས་ཀྱི་སེམས་བྱུང་ཡིན་པ་མེད་པར་བཤད་པ་མེད་དོ། ། དེས་ན་སེམས་སེམས་བྱུང་གང་ཡིན་ཡང་རུང་བཤད་ཟིན་འཆད་འགྱུར་གྱི་མཚན་ཉིད་ཚང་ བའི་བློ་ཞིག་མཚན་གཞིར་གཟུང་ངོ༌། །འདིར་འཕགས་སེང་ལྟར་ན། སྟོང་ཉིད་རྟོགས་པའི་ 1-1-186 ཤེས་རབ་ཀྱིས་བྱང་ཆུབ་ལ་དམིགས། སྙིང་རྗེས་སེམས་ཅན་ལ་དམིགས་པའི་སྟོང་ཉིད་སྙིང་ རྗེའི་སྙིང་པོ་ཅན་གྱི་ཡིད་ཤེས་དགེ་བ་འཁོར་སེམས་བྱུང་ཅི་རིགས་དང་མཚུངས་ལྡན་ཞིག་སྟེ། སྣང་བར། སེམས་ནི་རྣམ་པར་ཤེས་པ་སྟེ་རྣམ་པར་རིག་པའོ། རྣམ་པར་ཤེས་པ་གང་ཡིན་ཞེ་ ན་ཡིད་ཀྱི་རྣམ་པར་ཤེས་པ་སྟེ་དཀར་བོའི་ཆོས་ཐམས་ཅད་ལ་དམིགས་པ་ནི་དེ་ལ་སྲིད་པའི་ ཕྱིར་རོ་ཞེས་སོ། །ཡིད་ཤེས་དེ་ལ་རྣམ་ཤེས་ཡིན་པའི་དང༌། ཡེ་ཤེས་ཡིན་པའི་ཡིད་ཤེས་སུ་ ཡོད་དོ། །སྒོ་ལྔའི་དབང་ཤེས་གཞན་དོན་དང་བྱང་ཆུབ་ལ་མི་དམིགས། ཀུན་གཞི་ཉོན་ཡིད་ ལུང་མ་བསྟན་ཉིད་ཡིན་པས་ཐེག་ཆེན་སེམས་བསྐྱེད་ཀྱི་མཚན་གཞིར་མི་རུང་ངོ། །འོ་ན་བྱང་ སེམས་འགོག་སྙོམས་ལ་ཞུགས་བཞིན་པའི་རྒྱུད་ལ་སེམས་བསྐྱེད་མེད་པར་འགྱུར་ཏེ་ཡིད་ ཤེས་མེད་པས་སོ། །འདོད་ན། དེ་དུས་བྱང་སེམས་མིན་པར་འགྱུར་རོ་ཞེ་ན། གནས་མ་གྱུར་ པའི་དབང་དུ་བྱས་ཏེ་དེ་དུས་སེམས་བསྐྱེད་མངོན་གྱུར་མེད་པ་འདོད་ཅིང་བྱང་སེམས་སུ་མི་ འགལ་ཏེ་དེ་དུས་ན་སེམས་བསྐྱེད་ཐོབ་ལ་མ་བཏང་བའི་ཕྱིར་བྱང་སེམས་གཉིད་ལོག་པའི་ དུས་བཞིན་ནོ། །གནས་གྱུར་དུས་ཡེ་ཤེས་ཡོད་པས་སྐྱོན་མེད་དོ། །འོན་ཀྱང་དེ་འདྲའི་འདོད་ པའམ་འདུན་པ་དབང་རྒྱུན་ཆགས་སམ་འཕགས་སེང་ལྟར་ནའང་དེ་འདྲའི་མཚུངས་ལྡན་ དབང་རྒྱུན་ཆགས་སུ་འདོད་དགོས་སོ། ། གཉིས་པ་ནི། དེ་ཡི་རྩ་ (རྒྱུ་)བ་སྙིང་རྗེར་འདོད། །(བསམ་པ་)རྟག་ཏུ་སེམས་ཅན་ (ལ་)ཕན་ པར་སེམས། །(པའོ། །མོས་པ་ནི་)ཆོས་ལ་མོས་དང་དེ་བཞིན་ (དམིགས་པ་ནི་ཐེག་ཆེན་)དེའི། །ཡེ་ཤེས་ ཚོལ་བར་དམིགས་པའོ། །(འགྲོ་བ་)གོང་དུ་འདུན་པ་འགྲོ་བ་སྟེ། །(རྟེན་བྱང་སེའི་ཚུལ་ཁྲིམས་ཀྱི་)སྡོམ་ པ་རྒྱ་ཆེན་དེ་ཡི་རྟེན། །(ཉེས་དམིགས་)ལམ་འགོག་པ་ནི་མི་མཐུན་ཕྱོགས། །(ཐེག་དམན་གྱི་སེམས་) སློང་ཞིང་དང་དུ་ལེན་པའོ། །(ཕན་ཡོན་)བསོད་ནམས་ཡེ་ཤེས་རང་བཞིན་གྱི། །དགེ་བ་འཕེལ་ བ་དེ་ཕན་ཡོན། །(ངེས་པར་འབྱུང་བ་)ཕ་རོལ་ཕྱིན་ལ་རྟག་སྦྱོར་བ། །(འམ་གོམས་པ་ནི། སེམས་བསྐྱེད་བཞི་ 1-1-187 བོ་)འདི་ཡི་ངེས་པར་འབྱུང་བར་བརྗོད། །(བཞི་བོ་)འདི་ཡི་མཐར་ཐུག་ས་ཡིན་ཏེ། །སོ་སོར་རང་ གི་དེ་སྦྱོར་བས། །(དེ་བཞི་རིམ་བཞིན་མོས་སྤྱོད་ས་བདུན་གྱི་བར། བརྒྱད་དགུ་བཅུ་པ། སངས་རྒྱས་ཀྱི་ས་ལ་སྦྱོར་བས་ ས་གང་ལ་ཞུགས་པ་དེ་དེའི་མཐར་ཐུག་ཅེས་དབྱིག་ཡང་བཞི་བོ་དེ་རིམ་བཞིན་ཆོས་མཆོག ས་བདུན་པ། བཅུ་པ། སངས་རྒྱས་ ཀྱི་ས་ལ་མཐར་ཐུག་པས་མཐར་ཐུག་ཅེས་བླ་མ་རིན་སེང་སོགས་སོ། །)བྱང་ཆུབ་སེམས་དཔའི་སེམས་བསྐྱེད་པ། ། རྣམ་པར་ངེས་པར་ (ཏེ་གཏན་ལ་ཕེབས་པའམ་ཕབ་པ་)ཤེས་པར་བྱ། །ཞེས་སོ། །གསུམ་པ་གཞུང་ལ་ སྦྱར་ནས་སྟོན་ནོ། ། གསུམ་པ་ལ། ཉམས་པ་ཉེས་དམིགས་ཀྱི། ཐོབ་པ་ཕན་ཡོན་གྱི་འབྲས་བུའོ། །དང་པོ་ལ་ གསུམ། དམ་བཅའ་ཉམས་པས་ཀུན་གྱིས་སྨད། མིང་དོན་འཕོས་པས་རང་གཞན་ལ་གནོད། ཉེས་པ་ལྕི་བས་ངན་སོང་དུ་ལྟུང་བའོ། །དང་པོ་ནི། ཡར་སྐྱབས་གནས། མར་སེམས་ཅན། བར་དུ་རང་བསླུས་པས་སངས་རྒྱས་མི་མཉེས། སེམས་ཅན་མི་མགུ་རང་དོན་ཉམས་ཤིང་ལྷ་ དང་རྒྱལ་བ་སྲས་བཅས་ཀྱིས་སྨད་པ་སྟེ། བློ་གྲོས་རྒྱ་མཚོའི་མདོར། བློ་གྲོས་རྒྱ་མཚོ། བྱང་ སེམས་པས་སེམས་ཅན་མ་རྒལ་བ་བསྒྲལ་བ་དང༌། མ་གྲོལ་བ་དགྲོལ་བ་དང༌། དབུགས་མ་ ཕྱིན་པ་དབུགས་དབྱུང་བ་དང༌། ཡོངས་སུ་མྱ་ངན་ལས་མ་འདས་པ་ཡོངས་སུ་མྱ་ངན་ལས་ བཟླ་པའི་ཕྱིར་སེམས་ཅན་ཐམས་ཅད་ལ་དབུགས་ཕྱུང་ལ་མང་དུ་ཐོས་པ་དང་དེ་ལས་གཞན་ པའི་དགེ་བ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལ་ཡང་བརྩོན་པར་མི་བྱེད་ན་བྱང་སེམས་ དེ་ནི་ཇི་སྐད་སྨས་པ་དེ་བཞིན་དུ་བྱེད་པ་མ་ཡིན་ཏེ་ལྷ་དང་བཅས་པའི་འཇིག་རྟེན་ལ་བསླུ་ བ་ཡིན་ནོ། །དེ་ལྟ་བུ་སྔོན་སངས་རྒྱས་མཐོང་བའི་ལྷ་རྣམས་ཀྱིས་མཐོང་ན་འཕྱ་ཞིང་གཞོག་ འཕྱས་བྱེད་ལ་རྣམ་པར་སྨོད་དོ། །ཞེས་སོ། །གཉིས་པ་ནི། རྒྱལ་བོ་རྒྱལ་སྲིད་ལས་ཉམས་ པ་ལྟར་བྱང་སེམས་ཞེས་པའི་མང་དོན་ཤོར་བས་ཚེ་འདིར་བཀྲ་མི་ཤིས་པ་སྣ་ཚོགས་འབྱུང་ ཞིང་གཞན་ཡང་མི་དགེ་བ་ལ་སྦྱོར་བ་སོགས་ཀྱིས་གཞན་ལ་ཡང་གནོད་དེ། བརྒྱད་སྟོང་པར། 1-1-188 བྱང་སེམས་སུན་འབྱིན་པར་རིག་པར་བྱའོ། །བྱང་སེམས་ཀྱི་སྲེ་དར་རིག་པར་བྱའོ་ཞེས་སོ། ། གསུམ་པ་ནི། མཚམས་མེད་པས་ཀྱང་ཉེས་པ་ལྕི་བས་དམྱལ་སོགས་ལས་མི་ཐར་ཞིང་བརྒྱ་ ལམ་ཐར་ན་ཡང་ལམ་གོལ་བར་ལྟུང་སྟེ། སྡུད་པར། སེམས་བསྐྱེད་དེ་ནི་ཕས་ཕམ་པས་ཀྱང་ ཤིན་ཏུ་ལྕི། ཞེས་དང༌། དྲན་པ་ཉེར་བཞག་ཏུ། ཅུང་ཟད་གཅིག་བསམས་པ་ལས་མ་བྱིན་ན་ཡི་ དྭགས་སུ་སྐྱེའོ། །དམ་བཅས་པ་ལས་མ་བྱིན་ན་དམྱལ་བར་འགྲོའོ་ཞེས་སོ། ། གཉིས་པ་ལ་གསུམ་སྟེ། སྐྱེས་ཐོབ་ཀྱི་འབྲས་བུ་ངོ་མཚར། གནས་སྐབས་ཀྱི་འབྲས་ བུ་ཡིད་བཞིན་གྱི་ནོར་བུ་སེམས་ལ་རྙེད་པས་དགོས་འདོད་ཆར་བཞིན་འབབ། མཐར་ཐུག་ གི་འབྲས་བུ་སངས་རྒྱ་བའོ། །དང་པོ་ལ་གསུམ་སྟེ། རང་དོན། གཞན་དོན། གཉིས་དོན་ ནོ། །དང་པོ་ནི། སྡིག་པ་ཅི་རིགས་ཀྱིས་དབེན་པས་ངན་འགྲོའི་འཇིགས་པ་མེད་ཅིང་བསོད་ ནམས་བརླབས་ཅན་ཐོབ་པས་མཐོ་རིས་ཐོབ་པར་ངེས་པ་སྟེ། དེ་ཡང་མྱོང་ངེས་ཀྱི་སྡིག་པ་ ཟིལ་གྱིས་གནོན་ཏེ། སྤྱོད་འཇུག་ཏུ། སྡིག་པ་སྟོབས་ཆེན་མི་བཟད་བྱས་ན་ཡང༌། །དཔའ་ ལ་བརྟེན་ནས་འཇིགས་པ་ཆེན་པོ་ལྟར། །གང་ལ་བརྟེན་ནས་ཡུད་ཀྱིས་སྒྲོལ་འགྱུར་བ། །དེ་ ལ་བག་ཅན་རྣམས་ཀྱིས་ཅིས་མི་བརྟེན། །ཞེས་སོ། །མཛའ་བོའི་བུ་ཡི་གཏམ་རྒྱུད་སྦྱོར། །མ་ ངེས་པའི་སྡིག་པ་དྲུངས་ནས་འབྱིན་ཏེ། དེས་ནི་དུས་མཐའི་མེ་བཞིན་སྡིག་ཆེན་རྣམས། །སྐད་ ཅིག་གཅིག་གིས་ངེས་པར་བསྲེགས་པར་བྱེད། །ཅེས་སོ། །ཕྱིན་ཆད་མི་སོག་པར་ཡང༌། བློ་ ལྡན་སེམས་མཆོག་བསྐྱེད་མ་ཐག་ཏུ་ཡང༌། །མཐའ་ཡས་ཉེས་པར་སྤྱོད་ལས་སེམས་རབ་ བསྡམས། །ཞེས་སོ། །བསོད་ནམས་བརླབས་ཅན་ཐོབ་སྟེ། དཔའ་བྱིན་གྱིས་ཞུས་པ་ལས། བྱང་ཆུབ་སེམས་ཀྱི་བསོད་ནམས་གང༌། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ ཁམས་ནི་ཀུན་གང་སྟེ། །དེ་ནི་དེ་བས་ལྷག་པར་འགྱུར། །ཞེས་སོགས་བཤད་དོ། །གཉིས་ པ་ནི། གཞན་དོན་དུ་རང་སྡུག་བསྔལ་བ་ལ་དགའ་བ་ཐོབ་པས་འཇིག་རྟེན་གསུམ་གྱི་མཆོད་ 1-1-189 གནས་སུ་འགྱུར་ཏེ། སྤྱོད་འཇུག་ཏུ། བྱང་ཆུབ་སེམས་བསྐྱེད་གྱུར་བའི་སྐད་ཅིག་ལ། །འཁོར་ བའི་བཙོན་རར་བསྡམས་པའི་ཉམས་ཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་རབ་ རྗོད་ཅིང༌། །འཇིག་རྟེན་ལྷ་མིར་བཅས་པའི་ཕྱག་བྱར་འགྱུར། །ཞེས་སོ། །ཤར་རིའི་སྡེ་བའི་ ལུང་ལས། ཤཱ་རིའི་བུས་གསོལ་བ། བཅོམ་ལྡན་འདས་བདག་བྱང་པ་སེམས་དང་པོ་བསྐྱེད་ པ་ལ་ཡང་ཕྱག་འཚལ་ལོ། །ཐ་ན་བྱང་ཆུབ་ཏུ་སེམས་བསྐྱེད་པ་དུད་འགྲོར་གྱུར་པ་ལ་ཡང་ ཕྱག་འཚལ་ལོ་ཞེས་བསླབ་བཏུས་སུ་དྲངས་སོ། །དགྲ་བཅོམ་པ་བརྒྱ་ཕྲག་ཕྱེད་དང་བཅུ་ གསུམ་གྱིས་གསོལ་བ། བཅོམ་ལྡན་འདས་རྒྱལ་ཚབ་ཏུ་དབང་བསྐུར་བ་དང་བྱང་ཆུབ་པ་ ཐམས་ཅད་ལ་ཕྱག་འཚལ་ལོ་ཞེས་དགེ་འདུན་ཕལ་ཆེན་པའི་རིག་པ་འཛིན་པའི་སྡེ་སྣོད་དུ་ གསུངས་ཞེས་རྟོག་གེ་འབར་བ་དང་ཐུབ་དགོངས་སུ་སྟེ་མང་དུ་སྣང་བ་ཤེས་པར་བྱོས་ཤིག གསུམ་པ་ནི། སངས་རྒྱས་མཉེས། སེམས་ཅན་མགུ། རྒྱལ་བ་སྲས་བཅས་ཀྱིས་སྲུང་སྐྱབ་སྦ་ བ་བྱེད་པས་རང་དོན་འགྲུབ་སྟེ། སྤྱོད་འཇུག་ཏུ། འདི་ཉིད་དེ་བཞིན་གཤེགས་པ་མཉེས་བྱེད་ ཡིན། །སེམས་ཅན་སྨིན་པར་བྱེད་པའང་འདི་ཉིད་དེ། །རང་དོན་ཡང་དག་འགྲུབ་པའང་འདི་ ཉིད་དོ། །ཞེས་སོ། །གཉིས་པ་ལ། རང་དོན་ནི། (ཀླུས་)སེམས་འགྲེལ་ལས། སེམས་ཅན་སྐྱབ་ པའི་བསམ་པ་ཅན། །དེ་དག་སྲིད་པའི་འདམ་སྐྱེས་ཀྱང༌། །དེ་བྱུང་ཉེས་པས་མ་གོས་པ། །ཆུ་ ཡིས་པདྨའི་འདབ་མ་བཞིན། །ཞེས་སོ། །གཞན་དོན་ནི། ངེས་པ་དང་མ་ངེས་པ་ལ་འཇུག་པ་ ཕྱག་རྒྱའི་མདོར། འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལས་ཕྱོགས་བཅུའི་ སེམས་ཅན་བཙོན་རར་བཅུག་པ་ཐམས་ཅད་བཙོན་ར་ནས་བཏོན་ཏེ། འཁོར་ལོས་བསྒྱུར་ བའི་བདེ་བའམ་ཚངས་པ་ཉིད་ཀྱི་བདེ་བ་ལ་བཀོད་པ་བས་འཇམ་དཔལ་རིགས་ཀྱི་བུའམ་ རིགས་ཀྱི་བུ་མོ་གཞན་གང་གིས་ཐེག་ཆེན་ལ་མོས་པ་ལ་དང་བའི་སེམས་ཀྱིས་ལྟ་བ་ཐོབ་ཅིང་ དེའི་བསྔགས་པ་ཡང་བརྗོད་ན་འདི་ནི་དེ་བས་བསོད་ནམས་གྲངས་མེད་པ་བསྐྱེད་དོ། །ཞེས་ 1-1-190 སོ། །གཉིས་དོན་ནི། སྤྱོད་འཇུག་ཏུ། འགྲོ་བའི་འཆི་བདག་འཇོམས་བྱེད་པའི། །བདུད་རྩིའི་ མཆོག་ཀྱང་འདི་ཡིན་ནོ། །འགྲོ་བའི་དབུལ་བ་སེལ་བ་ཡི། །མི་ཟད་གཏེར་ཡང་འདི་ཡིན་ ནོ། །འགྲོ་བའི་ཉོན་མོངས་གདུང་སེལ་བའི། །སེམས་ཀྱི་ཟླ་བ་ཤར་བ་ཡིན། །འགྲོ་བའི་མི་ ཤེས་རབ་རིབ་དག །དཔྱིས་འབྱིན་ཉི་མ་ཆེན་པོ་ཡིན། །ཞེས་སོ། །གསུམ་པ་ནི། སྤྱོད་འཇུག་ ཏུ། གསེར་འགྱུར་རྩི་ཡི་རྣམ་པ་མཆོག་ལྟ་བུ། །མི་གཙང་ལུས་འདི་བླངས་ནས་རྒྱལ་བའི་སྐུ། ། རིན་ཆེན་རིན་ཐང་མེད་པར་བསྒྱུར་བས་ན། །བྱང་ཆུབ་སེམས་ཞེས་བྱ་བ་རབ་བརྟན་གཟུང༌། ། ཞེས་སོ། །དེ་ལ་སོགས་པ་རྒྱ་ཆེར་ཤེས་པར་བྱ་དགོས་སོ། ། གཉིས་པ་ལ། ཆོས་ཉིད་ཀྱིས་ཐོབ་པ་བསམ་གཏན་ཟག་མེད་ཀྱི་སྡོམ་པ། ཡང་དག་པར་ བླངས་པ་བརྡ་ལས་བྱུང་བའི་སྡོམ་པ་གཉིས་ལས། འདི་ལ་རྒྱུ། ངོ་བོ། འབྲས་བུ་གསུམ་ལས། དང་པོ་ལ། སྐྱེ་བའི། ལྡོག་པའི་རྒྱུའོ། །དང་པོ་ནི། ཛེ་ཏཱ་རི་ལྟར་ན། སྨོན་འཇུག་སེམས་བསྐྱེད་ རྒྱུར་དགོས་ཏེ་སེམས་བསྐྱེད་དེ་གཉིས་སྔར་བླངས་ནས་བརྟན་པ་ན་ཕྱིས་སྡོམ་པ་ལེན་པར་ བཞེད་དོ། །ཇོ་བོ་རྗེ་ལྟར་ན། སྨོན་པ་སེམས་བསྐྱེད་རྒྱུར་དགོས་ཏེ་དེ་སྔར་བླངས་ནས་ཕྱིས་ འཇུག་པ་སེམས་བསྐྱེད་ཀྱི་བདག་ཉིད་སྡོམ་པ་ལེན་པར་བཞེད་པས་སྔར་སེམས་བསྐྱེད་ཀྱི་ རྒྱུར་བཤད་པ་ཐམས་ཅད་འདིའི་རྒྱུའོ། །འདི་དང་པོར་ལེན་པ་ལའང་བདག་རྐྱེན་དགེ་བཤེས་ ཁྱད་པར་ཅན་ཡོད་ན་དེ་ལ་བླང་དགོས་ཏེ། སྡོམ་པ་ཉི་ཤུ་པར། བླ་མ་སྡོམ་ལ་གནས་ཤིང་ མཁས། །ནུས་དང་ལྡན་ལས་བླང་བར་བྱ། །ཞེས་སོ། །དེ་འདྲའི་གང་ཟག་མ་རྙེད་ན་རང་ཉིད་ ཀྱིས་བླངས་པས་ཆོག་སྟེ། བསླབ་བཏུས་སུ། བྱང་སའི་སོ་སོ་ཐར་བའི་ལུང་དྲངས་པར། ལུང་ ནོད་པ་དང་སྡོམ་པ་བཟུང་བ་ཐམས་ཅད་ལ་ཡང་བྱང་སེམས་ཀྱི་བསླབ་པའི་གནས་ལ་སྒོམ་པ་ ལྷུར་ལེན་པ་སྡོམ་པ་དང་ལྡན་པ་ལ་ནོད་དོ། །དགེ་བའི་བཤེས་གཉེན་མེད་ན་ཕྱོགས་བཅུ་ན་ བཞུགས་པའི་སངས་རྒྱས་དང་བྱང་སེམས་རྣམས་མངོན་དུ་བསྒོམས་ཏེ་བདག་གིས་ཅི་ནུས་ 1-1-191 པ་དང་སྦྱར་ཞིང་སྡོམ་པ་གཟུང་ངོ་ཞེས་སོ། །གནས་བརྟན་བྱང་བཟང་གིས་ (སྡོམ་པ་ཉི་ཤུ་བའི་ འགྲེལ་པར་)གལ་ཏེ་ཡོན་ཏན་དེ་དག་དང་ལྡན་པའི་གང་ཟག་མེད་པར་གྱུར་ན་དེའི་ཚེ་བྱང་ སེམས་དེ་བཞིན་གཤེགས་པའི་སྐུ་གཟུགས་ཀྱི་སྤྱན་སྔར་རང་ཉིད་ཀྱིས་བྱང་ཆུབ་སེམས་ དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བར་བྱ་བ་ཡིན་གྱི། སྡོམ་པ་གཞན་བཞིན་དུ་ ཕ་རོལ་པོ་ཁོ་ན་ལས་བླང་བར་གསུངས་པ་ནི་མ་ཡིན་ནོ། །ཞེས་ (བྱང་སའི་དོན།)སོ། །སློབ་དཔོན་ འདི་ཉམས་ན་གསོ་བ་དང་མ་གུས་པས་ལེན་ན་བཤེས་གཉེན་ལས་བླང་དགོས་པར་བཞེད་ དེ། དེ་ལས་གཞན་པ་ཉམས་པར་གྱུར་པ་ལ་སླར་གསོ་བར་བྱེད་པ་དང་མ་གུས་པས་སྡོམ་པ་ ལེན་པ་དག་ནི་སྣོད་མ་ཡིན་པའི་ཕྱིར་དེ་ལྟ་མ་ཡིན་ཏེ་སྔར་ཇི་སྐད་བཤད་པ་བཞིན་དུ་བྱའོ་ གསུངས་པ་དང༌། བོད་དག་དང་པོ་བླ་མ་དགོས། གསོ་བ་ལ་མི་དགོས་གསུངས་པ་ནི། ཞི་ འཚོས། གསོ་ལེན་གཉིས་ཀའི་ཆོ་གར་བཤད་པ་དང་འགལ་གསུངས་ (བུ་)ཏེ། བྱང་བཟང་གི་ བཞེད་པ་དང་མི་འགལ་ཞིང་ཕྱི་མ་དང་འགལ་སྣང་ངོ༌། །འོན་ཀྱང་གསོ་ལེན་གཉིས་ཀ་ལ་ དགེ་བཤེས་མེད་ཀྱང་ཆོག་པར་གདོན་མི་ཟ་སྟེ་ལེན་པ་ལ་ནི་གཉིས་ཀ་དངོས་སུ་གསུངས་ལ། གསོ་བ་ལ་དགོས་པར་བཤད་ཅིང་མེད་ཀྱང་ངོ་ཚ་ཁྲེལ་ཡོད་ (ཀྱིས)ཕྱིས་མི་བྱེད་པའི་སྡོམ་པས་ བསྡམས་ནས་བླངས་ན་སོར་ངེས་པར་ཆུད་པར་འགྱུར་རོ། །དགེ་བཤེས་ཡོད་མེད་ནི། མདོ་ ཀུན་བཏུས་ཀྱི་འགྲེལ་ (ཤཱནྟི་)བར། གལ་ཏེ་དོན་ཆེན་པོ་ཉམས་པར་འགྱུར་བར་ངེས་པ་ལས་ནི་ རྒྱང་གྲགས་ཀྱི་མཐར་ཡང་མེད་པ་ཉིད་དོ། །མ་ངེས་པ་ལས་ནི་དཔག་ཚད་བརྒྱའི་ཕ་རོལ་ཡང་ ཡོད་པ་ཉིད་དོ། །ཞེས་སོ། །གཉིས་པ་ནི། སྔར་གྱི་མཐུན་རྐྱེན་དེ་དག་མ་ཚང་ན་སྐྱེ་བ་ལྡོག་ལ། བྱང་སར། རྒྱུ་གཉིས་ཁོ་ནས་བྱང་སེམས་ཀྱི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་ བཏང་བར་འགྱུར་ཏེ་བླ་མེད་ཡང་དག་རྫོགས་བྱང་དུ་སྨོན་པ་ཡོངས་སུ་བཏང་བ་དང༌། ཕམ་ པའི་གནས་ལྟ་བུའི་ཆོས་ཀྱིས་ཀུན་ནས་དཀྲིས་པ་ཆེན་པོ་ཀུན་ཏུ་སྤྱོད་པའོ། །ཞེས་དང༌། ཀུན་ 1-1-192 ནས་དཀྲིས་པ་ཆུང་ངུ་དང་འབྲིང་གིས་ནི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་དེ་ བྱང་ཆུབ་སེམས་དཔས་བཏང་བར་མི་འགྱུར་ཏེ་ཞེས་སོ། །ཆེན་པོ་ཡང༌། དེ་ཉིད་ལས། འདི་ དག་རྒྱུན་མ་ཆད་པར་ཀུན་ཏུ་སྤྱོད་པ་དང༌། ངོ་ཚ་ཤེས་པ་དང༌། ཁྲེལ་ཡོད་པ་ཅུང་ཟད་ཙམ་ ཡང་མི་བསྐྱེད་པ་དང༌། དེས་མགུ་བར་བྱེད་ཅིང་དེ་ཉིད་ལ་དགའ་བ་དང༌། དེ་ཉིད་ལ་ཡོན་ ཏན་ཅན་དུ་བལྟ་བར་གྱུར་ (ཅིང་གསོལ་བ་བཏབ་ཀྱང་མི་ལྡོག་ཅིང་བསམ་པ་མི་གཏོང་བའོ། །ཞེས་པ་བྱང་བཟང་གིས་ བསྣན་ནོ། །གོང་མ་རྣམས་འདྲའོ། །)པ་འདི་ནི་ཀུན་ནས་དཀྲིས་པ་ཆེན་པོའོ་ཞེས་ (བྱང་བཟང་གིས་ཀྱང་ངོ༌། །) སོ། །བྱང་བཟང་གིས་ (སྡོམ་པ་ཉི་ཤུ་བའི་འགྲེལ་པར་)གང་གི་ཚེ་སླར་ངོ་ཚ་བ་དང་ཁྲེལ་ཡོད་པ་ཆུང་ངུ་ ཙམ་སྐྱེ་བ་དང༌། ཕ་རོལ་གྱིས་གསོལ་བ་བཏབ་པས་ལྡོག་པ་དེ་ནི་འབྲིང་ལ་གནས་པའོ། ། གང་གི་ཚེ་མྱུར་བ་ཉིད་དུ་ངོ་ཚ་བར་བྱེད་ཅིང་རང་ཉིད་ཀྱང་རུང་སྟེ་སྐད་ཅིག་གིས་ལྡོག་པ་དེ་ ནི་ཆུང་ངུ་ལ་གནས་པར་རིག་པར་བྱའོ་ཞེས་སོ། །ཕུལ་བས་ཀྱང་ལྡོག་སྟེ། བསྡུ་བར། མི་བརྡ་ ཕྲད་པའི་དྲུང་དུ་འབུལ་བ་དང་ལྡན་པའི་ཚིག་བརྗོད་པར་བྱེད་པ་དང་ཞེས་སོ། །ཐུབ་དགོངས་ སུ་འབུལ་བའི་ཆོ་ག་ཡང་བཤད་ཅིང༌། ལམ་སྒྲོན་རང་འགྲེལ་དུ་ཡང་ཕུལ་བས་ལྡོག་པར་ བཤད་དོ། །རྩ་ལྟུང་གང་ཡིན་ཞེ་ན། ནམ་སྙིང་གི་མདོར། རྒྱལ་བོའི་རྩ་ལྟུང་ལྔ། བློན་པོའི་ལྔ། ཐེག་ཆེན་ལ་ཞུགས་པ་ལས་དང་པོ་པའི་བརྒྱད་བཤད་པ་བསླབ་བཏུས་སུ་ཚིགས་བཅད་དུ་ སྡེབས་པ་ནི། དཀོན་མཆོག་གསུམ་གྱི་དཀོར་འཕྲོག་པ། །ཕས་ཕམ་པ་ཡི་ལྟུང་བར་འདོད། ། (ཉན་རང་ཐེག་ཆེན་གང་རུང་གི་)དམ་པའི་ཆོས་ནི་སྤོང་བྱེད་པ། །གཉིས་པར་ཐུབ་པས་གསུངས་པ་ ཡིན། །ཚུལ་ཁྲིམས་འཆལ་བའི་དགེ་སློང་ལའང༌། །(སྒྲས་ཚུལ་ཁྲིམས་ཅན་ལྟ་ཅི་མདོའི་དོན་དངོས།)ངུར་ སྨྲིག་འཕྲོག་དང་བརྡེག་པ་དང༌། །བརྩོན་རར་འཇུག་པར་བྱེད་པ་དང༌། །(གསུམ་པའོ། །)རབ་ཏུ་ བྱུང་ (འདི་མདོར་མི་སྣང༌།)ལས་འབེབས་པ་དང༌། །སྲོག་བྲལ་བྱེད་པ་གསུམ་པ་ཡིན། །(རྒྱལ་བོ་) མཚམས་མེད་ལྔ་བོ་ (གང་རུང༌།) (མདོ།)བྱེད་པ་དང༌། །(བཞི་པའོ། །རྒྱལ་བོ་)ལོག་པར་ལྟ་བ་འཛིན་ 1-1-193 (པས་མི་དགེ་བ་བཅུ་རང་འཛིན་ཅིང་གཞན་འཛིན་འཇུག་པ་ལྔ་པའོ། །)པ་དང༌། །(དེ་ཡན་རྒྱལ་བོའི་ལྔའོ། །བློན་པོའི་ལྔ་ནི་ མཚམས་མེད་ལྔ་བྱེད་པ་ཡན་བཞི་དང་ལོག་ལྟའི་ཚབ་ཏུ་)གྲོང་ལ་སོགས་པ་ (ས་ལྗོངས་ (མདོ་)ཡུལ་འཁོར་ (མདོ་) འཇོམས་པའི་)འཇིག་པ་ནི། །(ལྔ་པའོ། །དེ་དག་)རྩ་བའི་ལྟུང་བར་རྒྱལ་བས་གསུངས། །(ལས་དང་པོ་པའི་ བརྒྱད་ནི་)བློ་སྦྱངས་མ་བྱས་སེམས་ཅན་ལ། །(མདོ)སྟོང་པ་ཉིད་ནི་བརྗོད་པ་དང༌། །(དང་པོའོ། །) སངས་རྒྱས་ལ་ནི་ཞུགས་པ་དག །རྫོགས་པའི་བྱང་ཆུབ་བཟློག་པ་དང༌། །(གཉིས་པའོ། །)སོ་སོ་ ཐར་བ་ཡོངས་སྤངས་ཏེ། །ཐེག་པ་ཆེ་ལ་སྦྱོར་བ་དང༌། །(གསུམ་པའོ། །)སློབ་པའི་ཐེག་པ་ཆགས་ ལ་སོགས། །སློང་བར་འགྱུར་བ་མིན་ཞེས་འཛིན། །ཕ་རོལ་དག་ཀྱང་འཛིན་བཅུག་དང༌། ། (བཞི་པའོ། །)རང་གི་ཡོན་ཏན་བརྗོད་པ་དང༌། །རྙེད་པ་དང་ནི་བཀུར་བསྟི་དང༌། །ཚིགས་བཅད་ རྒྱུ་ཡིས་གཞན་སྨོད་དང༌། །(ལྔ་པའོ། །)བདག་ནི་ཟབ་མོ་བཟོད་པའོ་ཞེས། །ལོག་པ་ཉིད་ནི་སྨྲ་བ་ དང༌། །(དྲུག་པའོ། །)དགེ་སྦྱོང་ (རྒྱལ་རིགས་འགའ་ཞིག་གིས་)ཆད་པས་གཅོད་ (དུ་)འཇུག་དང༌། །(གནོད་པ་ དེས་དགེ་སྦྱོང་དེ་དག་)དཀོན་མཆོག་གསུམ་གྱི་ (ནོར་)སྦྱིན་ (པར་)བྱེད་ (དུ་འཇུག་ཅིང་)དང༌། །སྦྱིན་པ་ལེན་ པར་བྱེད་པ་དང༌། །(བདུན་པའོ། །)ཞི་གནས་འདོར་བར་བྱེད་པ་དང༌། །ཡང་དག་འཇོག་གི་ ལོངས་སྤྱོད་རྣམས། །ཁ་ཏོན་བྱེད་ལ་སྦྱིན་པ་ (ནི་བརྒྱད་པའོ། །མདོ་ཉིད་ལས་སོ། །)རྣམས། །དེ་དག་རྩ་ བའི་ལྟུང་བ་སྟེ། །སེམས་ཅན་དམྱལ་བ་ཆེན་པོའི་རྒྱུ། །རྨི་ལམ་འཕགས་པ་མཁའ་སྙིང་པོའི། ། མདུན་དུ་འདུག་སྟེ་བཤགས་པར་བྱ། །ཞེས་སོ། །འདིའི་གྲོང་འཇིག་ཡན་སྔར་བྱས་ (ནོར་མདོ་མ་ གཟིགས་སྣང་)ཤིང་དྲིལ་བས་བཅུ་བདུན་དུ་ཐུབ་དགོངས་ལས་བཤད་ཀྱང་རྒྱལ་བློན་ལས་དང་ པོ་པ་སོ་སོར་ཕྱེ་ན་བཅོ་བརྒྱད་དམ་ཚིག་ཟིན་གྱི་རྐང་གྲངས་བགྲངས་ན་བཅུ་བཞི་ཡོད་དེ་ ནམ་མཁའི་སྙིང་པོའི་མདོའི་དོན་ནོ། །བྱང་སར་གསུངས་པའི་བཞི་བོའི་དོན་ཙམ་ཡང་ཞི་ ལྷས་གསུངས་ཏེ། སྔ་མ་དེའི་མཇུག་ཐོགས་སུ། བྱང་ཆུབ་སེམས་ནི་ཡོངས་ (གཏོང་ལས་ཞེས་དཔང་ ལོ།)འདོར་དང༌། །ཆགས་དང་སེར་སྣ་མི་བཟད་པས། །སློང་ལ་སྦྱིན་པར་མི་བྱེད་དང༌། ། 1-1-194 བསྒྲིམས་ (འབད་པས་ཞེས་ཐུབ་དགོངས་སུ་དཔང་ལོས་བསྒྱུར།)ཏེ་དགའ་བར་བྱེད་པ་ན། །སེམས་ཅན་ལ་ ནི་མི་བཟོད་པར། །ཁྲོས་པས་སེམས་ཅན་བརྡེག་པ་དང༌། །ཉོན་མོངས་བ་དང་གཞན་མཐུན་ པས། །(ཉོན་མོངས་པས་གཞན་རྗེས་ཞུགས་ཏེ་ཞེས་དཔང་ལོས་བསྒྱུར།)ཆོས་ལྟར་བཅོས་པ་བརྗོད་པའོ། །(ཚན་ པ་འདི་དཔང་ལོས་གསུམ་དུ་འདོད་)ཞེས་སོ། །སྔ་འགྲེལ་དུ་འགའ་ཞིག་གི་ལུགས་གནས་པར་བྱ་བའི་ ཕྱིར་བསྡུ་ཚིག་བརྗོད་ཅེས་གསུངས་སོ། །བྱང་ (བྱང་སེའི་སྡེ་སྣོད་དང་ཨ་བྷ་)སའི་དོན་སྡོམ་པ་ཉི་ཤུ་ པར། རྙེད་དང་བཀུར་བསྟི་ཆགས་སོགས་ཀྱིས། །བདག་བསྟོད་གཞན་ལ་སྨོད་པ་དང༌། །སྡུག་ བསྔལ་མགོན་མེད་གྱུར་པ་ལ། །སེར་སྣས་ཆོས་ནོར་མི་སྟེར་དང༌། །གཞན་གྱིས་བཤགས་ ཀྱང་མི་ཉན་པར། །ཁྲོས་པས་གཞན་ལ་བརྡེག་པ་དང༌། །ཐེག་པ་ཆེན་པོ་ཡོངས་སྤངས་ཏེ། ། དམ་ཆོས་འདྲར་སྣང་སྟོན་པའོ། །(བྱང་སེའི་སྡེ་སྣོད་དུ་གསུངས་པའི་དོན་ཞེས་ཨ་བྷྱའོ། །)ཞེས་སོ། །ཐུབ་ དགོངས་སུ། །ལྟུང་བ་བཞི་བོ་འདི་རྣམས་ནི་བདག་ལ་བསྟོད་པ་དང་གཞན་ལ་སྨོད་པ་ཞེས་པ་ ལ་སོགས་པས་སོ་སོར་གཉིས་ཉིད་དག་སྟེ་བརྒྱད་རྣམས་སོ། །(ནམ་སྙིང་དུ་བཅུ་བདུན་བྱང་སེའི་སྡེ་སྣོད་ ཀྱི་དོན་སྡོམ་པ་ཉི་ཤུ་པར་བཞིར་བཤད་པ་འགལ་ཞེ་ན། མ་ཡིན་ཏེ་གང་ཟག་འབྲིང་དང་ཆུང་ངུ་དང་ཆེན་པོའི་བྱེ་བྲག་གིས་ལྔ་དང་ བརྒྱད་དང་བཞིའོ། །ཞེས་ལྟུང་བའི་རབ་ཏུ་དབྱེ་བ་བསྟན་ལ། གང་ཟག་གཅིག་གི་ལྟུང་བ་གང་ཡིན་པ་དེ་རྣམས་གཞན་དག་གི་ ཡང་ངོ་ཞེས་སོགས་རྒྱས་པར་ཤེས་པར་བྱའོ། །)ཞེས་སོ། །འདི་སེམས་ཙམ་ལུགས་གྱི་རྩ་ལྟུང༌། སྔར་བཤད་ དབུ་མ་ལུགས་ཞེས་གསུངས་པ་རྣམས་ནི་ནོར་ཏེ་བཞི་བོ་འདིར་སྔར་བཤད་རྣམས་འདུས་ པར་བཤད་དེ། ཐུབ་དགོངས་སུ། དེ་ལྟ་ན་རེ་རེ་ལ་ལྟུང་བ་བཅུ་བདུན་བཅུ་བདུན་རྣམས་སུ་ ཐལ་བར་འགྱུར་རོ། །ཞེ་ན། དེ་ལྟ་མ་ཡིན་ཏེ། སྡེ་སྣོད་དུ་གསུངས་པའི་བཞི་བོ་རྣམས་ཉིད་དུ་ གཞན་རྣམས་འདུས་པའི་ཕྱིར་རོ། །དེ་ལྟར་ན་ལྔ་བོ་རྣམས་ཀྱི་གཉིས་པ་ (དམ་ཆོས་སྤོང་བ་)ནི་ཐེག་ པ་ཆེན་པོ་སྤོང་བས་བསྡུས་ཏེ། ཐེག་པ་ཆེན་པོར་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ དག་ཀྱང་སྟོན་ཏེ་དེ་སྤངས་པས་དེ་དག་ཀྱང་སྤངས་པའོ། །གསུམ་པ་དང་བཞི་པ་དག་བརྡེག་ 1-1-195 པས་སོ། །ལོག་པར་ལྟ་བ་འཛིན་པ་ནི། །དམ་ཆོས་འདྲར་སྣང་སྟོན་པ་དང༌། །ཞེས་དང༌། གྲོང་ ལ་སོགས་པ་འཇིག་པ་ནི་བརྡེག་པས་སོ། །བརྒྱད་པོ་རྣམས་ཀྱི་དང་པོ་ནི་ཐེག་པ་ཆེན་པོ་སྤོང་ བ་སྟེ་བློ་མ་སྦྱངས་པ་ནི་སྟོང་པ་ཉིད་སྤོང་བར་བྱེད་ཅེས་སོགས་དང༌། གཉིས་པ་ནི་དམ་ཆོས་ འདྲར་སྣང་སྟོན་པ། གསུམ་པ་དང་བཞི་པ་དང་ལྔ་པ་དང་དྲུག་པ་རྣམས་བདག་བསྟོད་གཞན་ ལ་སྨོད་པ་སྟེ། (གསུམ་པའི་སྐབས་ཀྱི་)ཐེག་པ་ཆེན་པོ་ནི་བྱང་ཆུབ་སེམས་དཔའ་རང་གིའོ། །དཀོན་ མཆོག་གསུམ་གྱི་དཀོར་འཕྲོག་པ་དང་ངུར་སྨྲིག་འཕྲོག་པ་དང་ (ཀ)། (མཚམས་མེད་ལྔའི་)དགེ་ འདུན་གྱི་དབྱེན་དང་ (ཁ)། (དཀོན་མཆོག་གསུམ་གྱི་སྦྱིན་བྱེད་སོགས་)བདུན་པ་ནི་སེར་ (ག)སྣ་དང་ཆགས་ པ་དག་གིས་ནོར་མི་སྟེར་ (དེ་ཡང་ཞེས་པས་སོ། །)བ་སྟེ། དེ་ལྟར་ནི་ཤིན་ཏུ་དྲག་པོའི་སེར་སྣ་དང་ ཆགས་པ་དག་ནི་གང་ལས་ཕ་རོལ་རྫས་དེ་ལ་ལོངས་སྤྱོད་པའི་དོན་ཅན་ཡང་མི་བཟོད་དེ། ཚུར་ (ཀ་)འཕྲོག་པར་བྱེད། འབྱེད་ (ཁ་)པར་བྱེད། (གསུམ་གྱི་རྫས་)སྟེར་ (ག་)ཏུ་འཇུག་པ་དང་བྱིན་ པ་ལེན་པ་ཡང་ངོ༌། །ཞི་གནས་གཏོང་དུ་འཇུག་པ་ནི་རྟོགས་པའི་ཆོས་ལ་སེར་སྣས་ (བསྡུས་)ཏེ། སེར་སྣ་དྲག་པོས་རང་ཡང་མི་སྟོན་ལ་ཕ་རོལ་ཡང་སོ་སོར་གཏོང་དུ་འཇུག་གོ །བསམ་གཏན་ པ་རྣམས་ལ་སྦྱིན་པར་བྱ་བ་ཀློག་པ་བ་རྣམས་ལ་སྟེར་དུ་འཇུག་པ་ནི་ནོར་ལ་སེར་སྣས་བསྡུས་ ཏེ། འགའ་ཞིག་གི་གང་ཟག་ (བསམ་གཏན་པ་ལྟ་བུ་)འགའ་ཞིག་ཉིད་ལ་སེར་སྣར་འགྱུར་བའི་ཕྱིར་ རོ་ཞེས་སོ། །ཡང་བྱང་ཆུབ་སེམས་ནི་ཡོངས་འདོར་ཞེས་སོགས་ཀྱི་དོན་དུ་མངོན་ཏེ། བྱང་ ཆུབ་ཀྱི་སེམས་གཏོང་བ་ནི་ཐེག་ཆེན་སྤོང་བས་ (བསྡུས་)ཏེ་ཞེས་སོ། །ཡང་ (རྒྱལ་བློན་གྱི་ལྔ་ལྔ་སོགས་ ནམ་སྙིང་གི་མདོའི་རྩ་ལྟུང་)དེ་ནི་སྡོམ་པ་ཐོབ་པའི་སྡོམ་པ་འཇིག་པའི་རྒྱུ་ནི་མ་ཡིན་ནོ། །དེ་ལྟ་མོད་ ཀྱི་སྡོམ་པ་མ་བླངས་བའི་སྔར་བསྐྲུན་པའི་དགེ་བའི་རྩ་བ་ལྷ་དང་མིའི་བདེ་བ་ཕུན་སུམ་ ཚོགས་པ་རྣམ་པར་གཅོད་པའི་རྒྱུ་ཡིན་ཏེ་ཞེས་སོགས་སོ། །སྡོམ་པ་གཏོང་རྒྱུ་ངེས་པ་ཅན་ཡིན་ ན་བྱང་སེའི་སྡེ་སྣོད་དུ་གསུང་དགོས་པ་ལ་མ་གསུངས་ཞེས་ (བྱང་སར་འདི་ལྟ་སྟེ། ཕམ་པའི་ཆོས་རྣམས་ 1-1-196 བྱས་པས་དགེ་སློང་གི་སོ་སོ་ཐར་བའི་སྡོམ་པ་བཏང་བར་འགྱུར་བ་བཞིན་དུ་བྱང་ཆུབ་སེམས་དཔས་ཕམ་པའི་གནས་ལྟ་བུའི་ཆོས་ ལ་ལན་གཅིག་ཙམ་ཀུན་ཏུ་སྤྱད་པས་ནི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་བཏང་བར་མི་ འགྱུར་རོ། །བྱང་ཆུབ་སེམས་དཔས་ནི་ཡང་དག་པར་བླངས་པ་ཡོངས་སུ་བཏང་དུ་ཟིན་ཀྱང༌། ཚེ་འདི་ལ་བྱང་ཆུབ་སེམས་དཔའི་ ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་ཕྱིར་ནོད་པའི་སྐལ་བ་ཡོད་དེ། འདི་ལྟ་སྟེ། དགེ་སློང་སོ་སོར་ཐར་བའི་སྡོམ་པ་ལ་ གནས་པ་ཕམ་པ་བྱུང་བ་བཞིན་དུ་སྐལ་བ་མེད་པ་ཁོ་ནར་འགྱུར་བ་མ་ཡིན་ནོ་ཞེས་སོ། །)སོ། །བསླབ་བཏུས་སུ་གལ་ ཏེ་རྒྱལ་རིགས་ལ་སོགས་པ་དེ་དག་བྱང་སེམས་པ་ཡིན་ན་ཇི་ལྟར་དེ་དག་གི་ལྟུང་བ་ངེས་ཤིང་ གཞན་དག་གི་མ་ངེས། ཅི་སྟེ་དེ་དག་སྡོམ་པ་ཅན་མིན་ན་དེ་དག་གི་ལྟུང་བར་ཇི་ལྟར་རྣམ་པར་ བཞག སྡོམ་པ་ཅན་དེ་དག་ཉེས་པ་དེས་ཟིན་པར་ཡང་ཇི་ལྟར་འགྱུར་ཞེ་ན། འདིར་ཉེས་པ་ མེད་དེ། གང་དུ་གང་དག་ལ་མང་དུ་འབྱུང་བ་དེ་དག་ལ་དེར་རང་མིང་ནས་སྨོས་ཏེ་བསྟན་ པས་འཇིགས་པ་བསྐྱེད་པའི་ཕྱིར་བཟློག་ (དགོས་པའོ། །)གོ །ཐམས་ཅད་ཀྱིས་ཀྱང་ཕན་ཚུན་དུ་ ལྟུང་བ་ཐམས་ཅད་སྤང་བར་བྱའོ། །རང་བཞིན་གྱིས་ཁ་ན་མ་ཐོ་བ་ཆེ་བས་ན་གང་གིས་ཡང་ དག་པར་མ་བླངས་པ་ན། ཡང་སྐལ་བ་མེད་པ་དང་དགེ་བའི་རྩ་བ་ཆད་པར་འགྱུར་བ་དེས་ སྡོམ་པ་ཅན་ལ་ཤིན་ཏུ་ཆེར་འགྱུར་ཏེ། ཞེས་སྡོམ་ལྡན་ལ་རྩ་ལྟུང་དུ་གསུངས་པ་ལྟར་ཁས་བླང་ དགོས་སོ། །ཡན་ལག་གི་ལྟུང་བ་ནམ་སྙིང་གི་མདོ་དང་བསླབ་བཏུས་སུ་མ་གསུངས་ཀྱང་བྱང་ སར་རྒྱས་པར་གསུངས་པའི་དོན། སྡོམ་པ་ཉི་ཤུ་པར། དཀོན་མཆོག་གསུམ་པོ་རྣམ་མི་མཆོད། ། ཅེས་ནས། རྫུ་འཕྲུལ་སྡིག་ལས་སོགས་མི་བྱེད། །ཀྱི་བར་ཉེས་བྱས་བཞི་བཅུ་རྩ་དྲུག་ཀུན་ ནས་དཀྲིས་པས་བྱས་པ་ཉོན་མོངས་ཅན་དང་བརྗེད་ངས་པ་ལ་སོགས་པས་བྱས་པ་ཉོན་ མོངས་ཅན་མིན་པ་རྣམས་སོ། ། གཉིས་པ་ལ། མཚན། མཚོན། གཞི་གསུམ་ལས། དང་པོ་ནི། བྱང་སེམས་ཀྱིས་སྤང་ བྱ་གཞི་དང་བཅས་པ་སྤོང་བའམ་དགེ་བ་མཐའ་དག་སྒྲུབ་པའམ་སེམས་ཅན་ཐམས་ཅད་ཀྱི་ 1-1-197 དོན་བྱ་བར་འདོད་པའི་སེམས་པ་དབང་རྒྱུན་ཆགས་རང་ངམ་སྐྱེ་བོ་གཞན་གྱི་རྣམ་པར་རིག་ བྱེད་ལས་ཐོབ་པ་སྟེ། སྤྱོད་འཇུག་ཏུ། སྤོང་པའི་སེམས་ནི་ཐོབ་པ་ལ། །ཚུལ་ཁྲིམས་ཕ་རོལ་ ཕྱིན་གསུངས་ཏེ། །ཞེས་སོ། །བྱེ་བྲག་ཏུ། བྱང་སེའི་བླངས་པ་བརྡ་བྱུང་གི་ཚུལ་ཁྲིམས་གང་ ཞིག སྡིག་པ་མཐའ་དག་སྤོང་སེམས་པ་དབང་རྒྱུན་ཆགས། གང་ཞིག་དགེ་བ་མཐའ་དག་ བསྒྲུབ་སེམས་པ་དབང་རྒྱུན་ཆགས། གང་ཞིག་སེམས་ཅན་ཐམས་ཅད་ཀྱི་དོན་སྒྲུབ་འདོད་ ཀྱི་སེམས་པ་དབང་རྒྱུན་ཆགས་རྣམས། བྱང་སེའི་བླངས་པ་བརྡ་བྱུང་གི་སྡོམ་པའི། དགེ་བ་ ཆོས་སྡུད་ཀྱི། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ཀྱི་མཚན་ཉིད་དུ་རུང་ངོ༌། །སྤྱིར་བྱང་ཆུབ་ སེམས་དཔའི་ཚུལ་ཁྲིམས་ཀྱི་མཚན་ཉིད། ཚུལ་ཁྲིམས་གང་ཞིག་ཐེག་ཆེན་སློབ་པའི་རྒྱུད་ ཀྱིས་བསྡུས་པའོ། །དབང་ནི། སྤྱིར་ས་བོན་དབང་དང་མངོན་གྱུར་གསུམ་མངོན་པར་བཤད་ པ་ལས་ད་ལྟ་མངོན་དུ་མ་གྱུར་ཀྱང་དེ་བདེ་བླག་ཏུ་འབྱུང་བའི་ནུས་པ་ཁྱད་པར་ཅན་ཞིག་སྟེ། དེ་འབྱུང་བའི་མཐུ་ཁྱད་པར་བ་ཐོབ་པ་ཞིག་གོ །གཉིས་པ་ནི། དགེ་བ་མཐའ་དག་གི་སྡོམ་དུ་ གྱུར་པ་དང༌། མི་དགེ་བ་མཐའ་དག་སྡོམ་ཞིང་འཆིང་བ་དང༌། གནས་སྐབས་མཐར་ཐུག་ཏུ་ བདེ་བའི་མཆོག་སྟེར་བས་སྡོམ་པའོ། །ངེས་ཚིག་གི་བཤད་པའོ། ། གསུམ་པ་ནི། གསུམ་ཡོད་ལ། བྱང་སེའི་ཚུལ་ཁྲིམས་ངོ་བོ་གཅིག་ཉིད་མི་དགེ་བ་སྤོང༌། དགེ་བ་བསྒྲུབ། སེམས་ཅན་གྱི་དོན་བྱེད་པའི་ཆ་ནས་གསུམ་དུ་བཞག་པས་ཏེ་ནོར་བུ་གཅིག་ ཉིད་མུན་པ་སེལ་ནོར་སྡུད། རིམས་ནད་ལ་ཕན་པ་བཞིན་ནོ་ཞེས་གསུངས་ (བོད་བྱིན་པོ་)ལ། ཁ་ ཅིག་དེ་གསུམ་ངོ་བོ་ཐ་དད་ཡིན་ཏེ། བྱང་སར། བྱང་ཆུབ་སེམས་དཔའི་སྡོམ་པའི་ཚུལ་ཁྲིམས་ ནི་སོར་ཐར་བའི་སྡོམ་པ་ཡང་དག་པར་བླངས་པ་རིས་བདུན་པོ་དགེ་སློང་དང༌། དེ་མ་དང༌། དགེ་སློབ་མ། ནས། དགེ་བསྙེན་མའི་ཚུལ་ཁྲིམས་གང་ཡིན་པ་སྟེ་ཞེས་དང༌། དགེ་བའི་ཆོས་ སྡུད་པའི་ཚུལ་ཁྲིམས་ནི་བྱང་སེམས་པའི་སྡོམ་པའི་ཚུལ་ཁྲིམས་ཡང་དག་པར་བླངས་པའི་ 1-1-198 འོག་ཏུ་བྱང་ཆེན་གྱི་ཕྱིར་ལུས་ངག་གི་དགེ་བ་བསགས་པ་ཐམས་ཅད་ཅེས་སོ། །ཐུབ་དགོངས་ སུ་ལྡོག་པའི་ཚུལ་ཁྲིམས་ཀྱིས་ཚུལ་ཁྲིམས་ཀྱི་རང་བཞིན་སྡོམ་པའི་ཚུལ་ཁྲིམས་བརྟན་པོར་ བྱས་ནས་འཇུག་པའི་ཚུལ་ཁྲིམས་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་དང་ཞེས་སོ། །འཇུག་པའི་ ཚུལ་ཁྲིམས་འདིའི་རྟེན་དུ་ལྡོག་པའི་ཚུལ་ཁྲིམས་ཏེ་ཞེས་བཤད་དོ། །ཞེས་གསུངས་སོ། །ལུང་ གི་སྒྲ་ཇི་གཞིན་པར་བྱས་ན་བྱང་སེའི་སྡོམ་པའི་ཚུལ་ཁྲིམས་དེ་སོ་ཐར་རིས་བདུན་གྱི་སྡོམ་ པར་འགྱུར་བས་དགོངས་པ་ནི། སོ་ཐར་རིས་བདུན་གྱི་སྤང་བྱ་སྲོག་གཅོད་སོགས་འདིར་ ཡང་སྤོང་བ་ཙམ་ཡིན་ལ་དེས་ན་བྱང་སེའི་འདི་ཚུལ་ཁྲིམས་ཐམས་ཅད་པའོ་ཞེས་གསུངས་ (ཐོགས་མེད་)པའོ། །སྤྱི་རིགས་དེ་གསུམ་ངོ་བོ་གཅིག་ཅིང་གནས་སྐབས་རྫས་ཐ་དད་པ་ཡོད་ དེ། རྣམ་མཁྱེན་དང་སངས་རྒྱས་བཞིན་ཞེས་རྟོགས་པར་བྱའོ། །གསུམ་པ་ལ། ཉམས་པ་ཉེས་ དམིགས་ཀྱི་འབྲས་བུ་ནི། ཏིང་རྒྱལ་ལས། ཚུལ་ཁྲིམས་འཆལ་བ་ངན་འགྲོ་དེར་འགྲོ་སྟེ། །དེ་ ལ་ཐོས་པ་མང་པོས་སྐྱོབ་མི་ནུས། །ཞེས་སོགས་ཤེས་པར་བྱའོ། །གཉིས་པ་ཐོབ་པ་ཕན་ཡོན་ ལ། ཐུན་མོང་པ་བ་སེམས་བསྐྱེད་དང་འདྲ། ཐུན་མོང་མིན་པ་ལ་གནས་སྐབས་མཐར་ཐུག་ གིའོ། །དང་པོ་ལ། ལས་མཐའི། སྤྱོད་པའི། སྐྱེས་ཐོབ་ཀྱི་ཚུལ་ཁྲིམས་གསུམ་ལས། དང་པོ་ ནི། སྒྲིབ་གཉིས་ཀྱིས་དག་པར་བྱ་བའི་ཕྱིར་ད་ལྟ་ཉིད་ནས་མི་དགེ་བ་མཐའ་དག་སྤང་བར་ བྱའོ། །ཞེས་གོ་བགོས་ནས་སྦྱོར་བས་མི་དགེ་བ་ཅི་རིགས་ཀྱིས་སྤོང་བ། བདེ་བའི་ཕར་ཕྱིན་ སོགས་ཐོབ་བྱའི་ཕྱིར་ད་ལྟ་ཉིད་ནས་དགེ་བ་མཐའ་དག་སྒྲུབ་པར་བྱའོ་ཞེས་གོ་བགོས་ནས་ སྦྱོར་བས་དགེ་བ་ཅི་རིགས་སུ་སྒྲུབ་པ། སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བའི་ཕྱིར་ད་ལྟ་ཉིད་ ནས་གཞན་ཕན་བྱའོ་ཞེས་གོ་བགོས་ནས་སྦྱོར་བས་གཞན་དོན་ཅི་རིགས་སུ་བྱེད་པ་གསུམ་ རིམ་བཞིན་དེ་གསུམ་གྱི་ལས་མཐའའོ། །གཉིས་པ་ནི། ཛེ་ཏཱ་རིས། ལས་དང་པོ་ལ་སྡོམ་པའི་ ཚུལ་ཁྲིམས་གཙོ་ཆེ་བའི་ཕྱིར་ཡིད་དམ་གྱི་སྤྱོད་པ་བྱའོ། །འདི་ཡན་ལག་བདུན་པ་སོགས་ལ་ 1-1-199 བཤད་དོ། །མོས་སྤྱོད་པ་ལ་དགེ་བ་ཆོས་སྡུད་གཙོ་ཆེ་བས་ཏིང་ངེ་འཛིན་གྱི་སྤྱོད་པ་བྱའོ། །ས་ ལ་གནས་པ་ལ་སེམས་ཅན་དོན་བྱེད་གཙོ་ཆེ་བས་སེམས་ཅན་བསྟེན་པའི་སྤྱོད་པ་བྱའོ་ཞེས་ ཡིད་དམ་བླང་བར་བཤད་དོ། ། གསུམ་པ་ནི། འགལ་རྐྱེན་མ་བྱུང་ན་ཚེ་རབས་ཐམས་ཅད་དུ་ཚུལ་ཁྲིམས་རྒྱུན་མ་ཆད་ པར་དོན་གཉིས་ཚུལ་བཞིན་མཛད་པ་ཆོས་ཚོལ་བ་རྟག་ཏུ་ངུ་ལྟ་བུ། སེམས་ཅན་སྨིན་པར་ བྱེད་པ་དགའ་མཆོག་ལྟ་བུ། བཤེས་གཉེན་བསྟེན་པ་ནོར་བཟང་ལྟ་བུ་འབྱུང་ངོ༌། །གཉིས་པ་ ནི། སྤངས། རྟོགས། འཕྲིན་ལས་གསུམ་མོ། ། གསུམ་པ་ལ། སྐྱབས་འགྲོ་སེམས་བསྐྱེད་ཀྱི་ཁྱད་པར། སེམས་བསྐྱེད་སྡོམ་པའི་ཁྱད་ པར་རོ། །དང་པོ་ནི། རྒྱུའི་སྐྱབས་འགྲོ་དང་སེམས་བསྐྱེད་རྟེན་དང་བརྟེན་པའི་ཁྱད་པར་ཡོད་ ལ་འབྲས་བུའི་སྐྱབས་འགྲོ་དང་དེ་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དེ། སྐྱབས་གནས་ཀྱི་གོ་ འཕང་དེ་ཐོབ་པར་འདོད་པས་དེ་དཔུང་གཉེན་དུ་འཛིན་ཅིང་ཁས་ལེན་པའི་ཆ་ནས་སྐྱབས་ འགྲོ། དེའི་གོ་འཕང་དེ་གཞན་དོན་དུ་ཐོབ་འདོད་ཀྱི་བློ་བསྐྱེད་པའི་ཆ་ནས་སེམས་བསྐྱེད་ དེ་རྒྱལ་ས་ཐོབ་འདོད་པས་རྒྱལ་བོ་ལ་དཔུང་གཉེན་ཞུ་བ་དང༌། དེ་ཐོབ་འདོད་ཀྱི་བློ་བསྐྱེད་ པ་བཞིན་ནོ་ཞེས་གསུང་མོད། ཐེག་ཆེན་གྱི་སྐྱབས་འགྲོ་ཀུན་ལ་གཞན་དོན་དུ་སངས་རྒྱས་ འདོད་པའི་བློ་སྔོན་དུ་གཏོང་བར་གསུངས་ཏེ། འདིའི་ནི་དེ་དངོས་འདོད་པས་ཁས་ལེན་ ཞེས་སོ། །ཡང་དེ་ཐོབ་འདོད་དང་དེ་དཔུང་གཉེན་དུ་འཛིན་པའི་བློ་གཉིས་སྔ་ཕྱིར་འབྱུང་ ཞིང་འཛིན་སྟངས་མི་འདྲ་བས་ངོ་བོ་གཅིག་ཏུ་ག་ལ་རུང༌། སྐྱབས་འགྲོ་གཉིས་སུ་གང་ལས་ གསུངས་ཡང་བརྟག་པར་བྱའོ། །གཉིས་པ་ལ། ཛེ་ཏཱ་རིས། གཞན་དོན་དུ་སེམས་བསྐྱེད་པར་ བྱའོ་ཞེས་ཁས་འཆེ་བ་སྨོན་པ་སེམས་བསྐྱེད། སེམས་བསྐྱེད་མི་ཉམས་པར་བྱའོ་ཞེས་ཁས་ འཆེ་བ་འཇུག་པ་སེམས་བསྐྱེད། གཞན་དོན་དུ་བྱང་སེའི་བསླབ་པ་མཐའ་དག་གཟུང་བར་ 1-1-200 ཁས་འཆེ་བ་སྨོན་པའི་སྡོམ་པ། སྡོམ་པ་གཟུང་བ་ལྟར་སློབ་པར་ཁས་འཆེ་བ་འཇུག་པའི་སྡོམ་ པ་ཡིན་པས་སྔར་སེམས་བསྐྱེད་བརྟན་པར་བྱས་ནས་ཕྱིས་སྡོམ་པ་ལེན་པར་བཞེད་དོ། །ཇོ་ བོ་རྗེ་ནི་སྨོན་པ་སྔར་བླངས་ནས་འཇུག་པ་སེམས་བསྐྱེད་དང་སྡོམ་པ་གཅིག་ཏུ་མཛད་ནས་ ཕྱིས་ལེན་པར་བཞེད་དེ་དེས་མཛད་པའི་ཆོ་ག་དང་ལམ་སྒྲོན་རང་འགྲེལ་བལྟའོ། །འཕགས་ སེང་ལྟར་ན་སེམས་སེམས་བྱུང་གི་ཁྱད་ཡོད་པར་མངོན་ཞིང༌། མཁས་པའི་དབང་བོས་ (ལུང་ སྙེར་)ཁྱད་ཆེ་བའི་རྒྱུ་མཚན་ནི་ལྟར་སྣང་ངོ༌། །ཁྱད་མེད་ན་བསླབ་བཏུས་སུ་སེམས་བསྐྱེད་སོ་ སྐྱེ་ལ་ཡོད་པར་བསྒྲུབས་ནས་ཅི་སོར་མ་ཆུད་པ་ལ་ཡང་བྱང་སེམས་ཀྱི་སྡོམ་པ་ཡོད་དམ་ཞེ་ན་ ཡོད་པར་རིག་པར་བྱ་སྟེ་ཞེས་གསུངས་པ་ཟློས་པར་འགྱུར་གསུང་བ་ནི་ལེགས་སོ། །ཡང་ན་ སྨོན་འཇུག་ལ་ཆོ་གས་མ་བླངས་པ་ཡང་ཡོད་ཅིང་འདིར་བཤད་བརྡ་བྱུང་གི་སྡོམ་པ་ལ་ཐོག་ མར་ཆོ་གས་བླང་དགོས་པའི་ཁྱད་དང༌། (ཕྱིའི་རྒྱུན་གྱིས་འཇུག་པའང་ཡོད་དེ་ཐོབ་ལ་མ་བཏང་ན་ཚེ་ཕྱི་མར་ཡང་ ཡོད་པ་བཞིན་ནོ། །)འདིའི་རྟེན་ནམ་སྔོན་དུ་སེམས་བསྐྱེད་འགྲོ་དགོས་ཤིང་དེའི་རྟེན་ནམ་སྔོན་དུ་ འདི་འགྲོ་མི་དགོས་པ་སོགས་ཁྱད་དུ་མ་ཤེས་པར་བྱའོ། །ས་སྐྱ་པའི་ (པཎྜི་ཆེན་)ཞལ་ནས། སྨོན་ པའི་སེམས། སྨོན་པ་སེམས་བསྐྱེད། (ཕྱི་མ་)དེ་མི་ཉམས་པར་བསྲུང་བ་གསུམ། འཇུག་པའི་ སེམས། དེ་སེམས་བསྐྱེད། འཇུག་པ་སེམས་བསྐྱེད་མི་ཉམས་པར་བསྲུང་བ་གསུམ་ལས་ སེམས་བསྐྱེད་རྐྱང་བ་མིན་ལ་སྨོན་འཇུག་སེམས་བསྐྱེད་ལ་སྤང་བྱ་གཞི་དང་བཅས་པ་སྤོང་ སེམས་ཡོད་ན་སྡོམ་པར་འགྱུར་ཏེ་དེའི་མཚན་ཉིད་ཡོད་པས་སོ། །འོ་ན་སྤྱོད་འཇུག་ཏུ། བྱང་ ཆུབ་སྨོན་པའི་སེམས་ལས་ནི། །འཁོར་ཚེ་འབྲས་བུ་ཆེ་འབྱུང་ཡང༌། །(རྗེས་མཐུན་པ་དང་)ཇི་ལྟར་ འཇུག་པའི་སེམས་བཞིན་དུ། །བསོད་ནམས་རྒྱུན་ཆགས་འབྱུང་བ་མེད། །ཅེས་པ་དང་འགལ་ ཞེ་ན། དེ་སྨོན་སེམས་རྐྱང་པ་ལ་དགོངས་སོ་གསུང་ངོ༌། །སྤྱོད་འཇུག་གི་གཞུང་དེའི་དགོངས་ པ་དེ་མིན་པར་མངོན་ཞིང་སྤྱིར་དེ་ལྟར་རིགས་སོ། ། 1-1-201 གཉིས་པ་ལ། བོད་སྔ་རབས་དག་བྱམས་པ་ནས་བརྒྱུད་དེ་ཐོགས་མེད་ཙནྟྲ་གོ་མི་ཇོ་ བོ་རྗེ་སོགས་ (བཀའ་གདམས་པ་)ཕྱག་ལེན་དུ་མཛད་པ་སེམས་ཙམ་ལུགས་དང༌། འཇམ་དཔལ་ ལས་བརྒྱུད་ཀླུ་སྒྲུབ་ཞི་ལྷ་ (སུ་ནྱ་ཤྲཱི་)སོགས་ཕྱག་ལེན་དུ་མཛད་པ་ནི་དབུ་མ་ལུགས་ཏེ། འདི་ གཉིས་ལ། རྟེན། བསྐྱེད། བསྲུང༌། ཕྱིར་བཅོས་བཞི་མི་འདྲ་ཞིང༌། སེམས་ཙམ་ལུགས་འདི་ སོ་ཐར་རིགས་བདུན་ཅན་ཁོ་ན་ལ་དང༌། དབུ་མ་ལུགས་ལེན་འདོད་དང་དོན་གོ་ན་རྒྱལ་བོ་ ལྷ་ཀླུ་སོགས་ཀུན་ལ་སྐྱེ་ཞེས་སོགས་རྒྱ་ཆེར་གསུང་པ་ནི། བྱང་བཟང་གིས། སོ་སོར་ཐར་ པའི་སྡོམ་པ་ནི་བྱང་ཆུབ་སེམས་དཔའི་སྡོམ་པའི་ཡན་ལག་ཏུ་གྱུར་པ་ཡིན་ཏེ། ཕྱོགས་གཅིག་ ཉིད་དུ་རིག་པར་བྱའོ། །དེའི་ཕྱིར་སོ་སོར་ཐར་པའི་སྡོམ་པ་གཞན་དང་ལྡན་པ་འདིས་བྱང་ ཆུབ་སེམས་དཔའི་སྡོམ་པ་ཡང་དག་པར་ལེན་པའི་སྣོད་དུ་གྱུར་པ་ལ་བསླབ་པའི་ཚིགས་འདི་ ཡང་སྦྱིན་པར་བྱ་ཞེས་སོགས་དང༌། ལམ་སྒྲོན་དུ། སོ་སོར་ཐར་བ་རིགས་བདུན་གྱི། །རྟག་ ཏུ་སྡོམ་གཞན་ལྡན་པ་ལ། །བྱང་ཆུབ་སེམས་དཔའི་སྡོམ་པ་ཡི། །སྐལ་བ་ཡོད་ཀྱི་གཞན་དུ་ མིན། །ཞེས་བཤད་པའི་དོན་དུ་རློམ་པར་སྣང་སྟེ། དེ་དག་ནི་བྱང་སེའི་ཡང་དག་པར་བླངས་ པ་བརྡ་བྱུང་གི་ཚུལ་ཁྲིམས་ཀྱི་སྡོམ་པའི་རྟེན་སྟོན་གྱི་སེམས་བསྐྱེད་ཙམ་གྱི་རྟེན་སྟོན་པར་མི་ སྣང་བས་མ་བརྟགས་པ་འབའ་ཞིག་ཏུ་སྣང་བས་སྙིང་པོ་མེད་དོ། །ཡང་ལམ་སྒྲོན་རང་འགྲེལ་ དུ། སློབ་དཔོན་འཕགས་པ་ཀླུ་སྒྲུབ་དང༌། སློབ་དཔོན་འཕགས་པ་ཐོགས་མེད་དང་སློབ་ དཔོན་འཕགས་པ་ཤནྟ་དེ་བ་རྣམས་སྨོན་པ་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་ཆོ་ག་འདི་ཐ་དད་ པ་མེད་ཅིང་མཐུན་པ་དང༌། ད་ལྟར་བདག་གི་བླ་མ་བྱང་ཆུབ་བཟང་པོ་དང་བླ་མ་རྗེ་བཙུན་ སུ་ཝ་ར་ (གསེར་གླིང་པ་)ན་དྷི་བ་དག་ཀྱང་འཕགས་པ་དེ་དག་གི་རྗེས་སུ་འབྲང་བ་དང་བདག་ ཀྱང་བླ་མ་དེ་དག་གི་རྗེས་སུ་འབྲང་པས་ཞེས་པ་དང་འགལ་ཞིང༌། འཇམ་དཔལ་དང་བྱམས་ པས་གསུངས་པའི་སེམས་བསྐྱེད་མི་འདྲ་བའི་ཁྱད་ཆེན་པོ་ཅན་ཞིག་ཡོད་ན་སྡོང་བོ་བཀོད་ 1-1-202 པར་འོང་བར་རིགས་ཏེ་ནོར་བཟང་གིས་དེ་གཉིས་ཀ་ལ་བརྟེན་ཅིང་ཞུས་པར་གསུངས་པའི་ ཕྱིར་དང༌། ཇོ་བོ་རྗེས་བདག་ལ་སློབ་མའི་ཚོགས་ཀྱིས་གསོལ་བ་བཏབ་ནས་བྱས་པའི་ཆོ་ གའི་ཐབས་ཅུང་ཞིག་གིས་བཀོད་པ་ནི་འཕགས་པ་ཀླུ་སྒྲུབ་དང་འཕགས་པ་ཐོགས་མེད་དང༌། འཕགས་པ་ཤན་ཏ་དྷི་བ་དག་གི་ལུགས་ཡིན་ནོ་ཞེས་ཁོང་དུ་ཆུད་པར་བྱའོ་ཞེས་པས་ཆེས་ གནོད་ཅིང༌། མདོ་ཀུན་བཏུས་ཀྱི་འགྲེལ་པར། འཕགས་པ་ཀླུ་སྒྲུབ་དང་འཕགས་པ་ཐོགས་ མེད་ཀྱིས་གསུངས་པ་དག་ནི་མཐུན་པ་ཉིད་ཀྱིས་ཆོས་དེ་དག་ཉམས་སུ་བླང་བ་ནི་ཞེས་སོ། ། ཀླུ་སྒྲུབ་དང་ནི་ཐོགས་མེད་གཉིས། །གྲུབ་པའི་མཐའ་ཡང་མཚུངས་སོ་ཞེས། །རིན་ཆེན་ འབྱུང་གནས་ཞི་བ་སྨྲ། །ཞེས་སོ། །དེ་ཡང་ཀླུས་སེམས་བསྐྱེད་ཀྱི་ཆོ་ག་གསུངས་ཀྱི། སྡོམ་ པའི་ཆོ་ག་མ་གསུངས་ཤིང༌། ཐོགས་མེད་ཀྱིས་བྱང་སར་ཚུལ་ཁྲིམས་ཀྱི་སྡོམ་པའི་ཆོ་ག་ མཛད་ཀྱི་སེམས་བསྐྱེད་ཀྱི་མི་སྣང་ཞིང་ཞི་འཚོ་ཡང་དེ་ཇི་བཞིན་ནོ། །བྱང་བཟང་དང་ཇོ་བོ་ རྗེས་གཉིས་ཀས་མཛད། ཛེ་ཏཱ་རིས་སྨོན་འཇུག་དང༌། སྡོམ་པ་ལེན་པ་སོ་སོར་མཛད། སྤྱོད་ འཇུག་ཏུ། ཇི་ལྟར་སྔོན་གྱི་ཞེས་སོགས་ཀྱིས་དང་པོས་སེམས་བསྐྱེད་དང་ཕྱི་མས་སྡོམ་པ་ལེན་ པར་ཤེར་འབྱུང་དང༌། དེ་ཡན་དུ་སྨོན་པ་ཡན་བསྐྱེད་ནས་བྱང་ཆུབ་སེམས་ནི་འདིར་སྡོམ་པ་ སྟེ་ཞེས་སོགས་ཏེ། འདིས་སྡོམ་པ་ལེན་ཞེས་དགེ་ལྷའོ། །ནག་པོ་པས་ཚིགས་བཅད་གཉིས་ པོ་དེས་སེམས་བསྐྱེད་དང་སྡོམ་པ་གཉིས་ཀ་ལེན་ཞེས་སོ། །ཛེ་ཏཱ་རི་ཡང་ཚིག་དེ་འདོན་པ་ བསྒྱུར་ཞིང༌། བྱང་ཆུབ་ཐུགས་ཞེས་པ་ལ་བརྟེན་ནས་སེམས་བསྐྱེད་དང་བསླབ་པ་ཞེས་པ་ལ་ བརྟེན་ནས་སྡོམ་པ་གཟུང་བར་མཛད་དོ། །འདི་ཉམས་སུ་ལེན་པ་ལ་སེམས་བསྐྱེད་ཀྱི་ཆོ་ག སྡོམ་པའི་ཆོ་ག དེ་གཉིས་ཀྱི་བསླབ་བྱ། ཕྱིར་བཅོས་སོ། ། དང་པོ་ལ་གསུམ་སྟེ། སྦྱོར་བ་སེམས་ཀྱི་ཐ་བ་སྦྱང༌། དངོས་གཞི་བྱང་ཆུབ་སེམས་ཀྱི་ས་ བོན་གདབ། རྗེས་རང་གཞན་དགའ་བ་བསྐྱེད་དེ་བརྟན་པར་བྱ་བའོ། །དང་པོ་ལ། ཕལ་ཆེར་ 1-1-203 དུ་འདིར་རྟེན་བཤམ་པ་མ་གསུངས་ཤིང་སྡོམ་པ་ལེན་པའི་སྐབས་སུ་གསུངས་ཤིང་བསྟན་པ་ ལ་འཇུག་པའི་རིམ་པར་ (རད་ཀིར་ཀྱིས་བྱས་)དོན་གསུངས་པས། དང་པོ་རྟེན་བཤམ། (འདི་ནས་ཇོ་བོ་) སངས་རྒྱས་བྱང་སེམས་ཐམས་ཅད་ལ་ཕྱག་མཆོད་སོགས་སྔོན་དུ་འགྲོ་བས་དགེ་བའི་བཤེས་ གཉེན་ལ་སྟོན་པའི་འདུ་ཤེས་བསྐྱེད་ནས། (པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་ཐལ་མོ་སྦྱར་ནས་ཞེས་ ཛེ་ཏཱ་རིའོ། །)གཉིས་པ་འདི་སྐད་ཅེས་གསོལ་བ་གདབ་པར་བྱ་སྟེ། (དེ་ཡན་ཇོ་བོ་དངོས།) རིགས་ཀྱི་ བུ་སྐྱབས་གསུམ་སྔོན་དུ་འགྲོ་བ་ཅན་གྱི་སེམས་བདག་ལ་སྩོལ་ཅིག་ཅེས་ལན་གསུམ་གསོལ་ བ་གདབ་པོ། །བཤེས་གཉེན་དེས་ཀྱང་ཇི་ལྟར་ནུས་པ་བཞིན་དུ་སྦྱིན་ནོ་ཞེས་ཁས་བླང་ངོ་ཛེ་ ཏཱ་རིས་སོ། །གསུམ་པ་ཡན་ལག་བདུན་པ་བཟང་སྤྱོད་ལྟར་རམ། སྤྱོད་འཇུག་ལྟར་གང་མོས་ བྱ་ཞིང༌། ཕྱི་མ་ལྟར་ན་སྐྱབས་འགྲོ་ཡན་ལག་གཅིག་ཏུ་པཎྜི་ཏ་དག་འཆད་ཅིང་ཕྱག་འཚལ་ བ་མཆོད་པའི་ནང་དུ་བསྡུས་སོ། །གང་ལྟར་ཡང་བསྔོ་བའི་བར་སློབ་དཔོན་གྱིས་ཐོག་དྲངས་ ནས་རྗེས་ཟློས་བཅུག་སྟེ་བྱས་ནས། སྐྱབས་འགྲོ་ནི། རིགས་ཀྱི་བུ་ཁྱོད་ཀྱིས་འདི་སྐད་སྨོས་ ཤིག་ཅེས་བརྗོད་དེ། དགོངས་གསོལ་འོག་ལྟར་བྱས་ནས། བདག་མིང་འདི་ཞེས་བགྱི་བ་ ཡིས། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སངས་རྒྱས་ལ་ནི་སྐྱབས་སུ་མཆི། །ཆོས་དང་བྱང་ ཆུབ་སེམས་པ་ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། །དགོངས་ (ཛེ་ཏ་རིས་ཏེ་སྤྱོད་འཇུག་ཏུ་ བཤད་)གསོལ་དང་བཅས་པ་ལན་གསུམ་མོ། །ཇོ་བོ་རྗེ་ནི་སློབ་དཔོན་དགོངས་གསོལ་ཙམ་ རེ་རེར་སྨོས་ནས་ལྷུག་པའི་ཚིག་གིས་བྱས་སོ། །འཕགས་པ་ཀླུས་སངས་རྒྱས་བྱང་སེམས་ལ་ དགོངས་གསོལ་དང༌། གསུམ་པོ་དེའི་ཡོན་ཏན་མང་པོ་སྨོས་ནས་མཛད་སྣང་ངོ༌། །གཉིས་ པ་ལ། བསམ་པ་སྦྱང༌། ཆོ་ག་དངོས་སོ། །དང་པོ་ནི། འདི་སྐད་བརྗོད་ཅིང་དོན་སེམས་སུ་ འཇུག་པར་བྱ་སྟེ། ལུས་དང་དེ་བཞིན་ལོངས་སྤྱོད་དང༌། །དུས་གསུམ་དགེ་བ་ཐམས་ཅད་ ཀྱང༌། །སེམས་ཅན་ཀུན་གྱི་དོན་སྒྲུབ་ཕྱིར། །ཕངས་ (ལྟོས་མེད་ཅེས་ཛེ་ཏཱ་རིས་)པ་མེད་པར་བཏང་ 1-1-204 བར་བགྱི། །(ད་ཕྱིན་ཆད་)གང་དག་བདག་ལ་ཁ་ཟེར་རམ། །གཞན་དག་གནོད་པ་བྱེད་པའམ། ། དེ་བཞིན་འཕྱར་ཀ་གཏོང་ཡང་རུང༌། །ཐམས་ཅད་བྱང་ཆུབ་སྐལ་ལྡན་ཤོག །དེ་བཞིན་ནམ་ མཁའི་མཐའི་གཏུགས་པའི། །སེམས་ཅན་ཁམས་ནི་རྣམ་ཀུན་ཏུ། །ཐམས་ཅད་མྱ་ངན་འདས་ བར་དུ། །བདག་ནི་ཉེར་འཚོའི་རྒྱུར་ཡང་ཤོག །མགོན་པོའི་སྤྱན་སྔར་རྫོགས་པ་ཡི། །བྱང་ ཆུབ་ཏུ་ནི་སེམས་བསྐྱེད་དོ། །སེམས་ཅན་དེ་དག་ཐམས་ཅད་ཀུན། །བྱང་ཆུབ་བདེ་ལ་འགྲོན་ དུ་འབོད། །ཅེས་སྨོན་པའི་མཚན་ཉིད་སྔོན་དུ་བྱའོ་ཞེས་ཛེ་ཏཱ་རིས་སོ། །ལེགས་ཏེ། བསླབ་ བཏུས་སུ། བྱང་ཆུབ་ཏུ་སྨོན་པའི་སེམས་ནི་སངས་རྒྱས་སུ་འགྱུར་བར་བྱའོ་ཞེས་སེམས་སྨོན་ པ་ལས་སྐྱེས་པ་ཡིན་ནོ་ཞེས་སོ། །དེས་ན་དེའི་ཚིག་ཐ་མ་བཞིས་སྨོན་པ་སེམས་བསྐྱེད་བྱས་ ནས། ཇི་ལྟར་ཞེས་སོགས་སྡོམ་པ་ལེན་ཞེས་དགེ་ལྷ་འཆད་པ་མི་ལེགས་སོ། །གཉིས་པ་ནི། གཉིས་ཀས་མ་ཡེངས་པར་བྱས་ལ་རྗེས་ཟློས་བཅུག་སྟེ། ཕྱོགས་བཅུ་རྣམས་ (ཇོ་བོ་)ན་བཞུགས་ པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། (ཀླུས་ དེ་ཡན་ལས་མེད་)སློབ་དཔོན་བདག་ལ་དགོངས་སུ་གསོལ། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་ པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དག་སྔོན་བྱང་ཆུབ་སེམས་དཔའི་ སྤྱད་པ་སྤྱོད་པའི་ཚེ། སེམས་ཅན་ཐམས་ཅད་བསྒྲལ་བ་དང༌། སེམས་ཅན་ཐམས་ཅད་གྲོལ་ བ་དང༌། སེམས་ཅན་ཐམས་ཅད་དབུགས་དབྱུང་བ་དང༌། སེམས་ཅན་ཐམས་ཅད་ཡོངས་ སུ་མྱ་ངན་ལས་འདའ་བ་དང༌། སེམས་ཅན་ཐམས་ཅད་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་ དགོད་པའི་སླད་དུ་ཇི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཐུགས་བསྐྱེད་ པ་དེ་བཞིན་དུ་བདག་མིང་འདི་ཞེས་བགྱི་བ་ཡང་དུས་འདི་ནས་བཟུང་སྟེ་བྱང་ཆུབ་ཀྱི་སྙིང་པོ་ ལ་མཆིས་ཀྱི་བར་དུ་སེམས་ཅན་ཐམས་ཅད་བསྒྲལ་བ་དང༌། སེམས་ཅན་ཐམས་ཅད་དགྲོལ་ བ་དང༌། སེམས་ཅན་ཐམས་ཅད་དབུགས་དབྱུང་བ་དང༌། སེམས་ཅན་ཐམས་ཅད་ཡོངས་སུ་ 1-1-205 མྱ་ངན་ལས་བཟླ་བ་དང༌། སེམས་ཅན་ཐམས་ཅད་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་དགོད་ པའི་སླད་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ཇི་ལྟར་ སྔོན་གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང༌། བྱང་ཆུབ་སེམས་དཔའ་ཆེན་པོ་དེ་དག་ གིས་དངོས་པོ་ཐམས་ཅད་དང་བྲལ་བ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་གཟུང་བ་དང་ འཛིན་པ་རྣམ་པར་སྤངས་པ། ཆོས་བདག་མེད་པ་མཉམ་པ་ཉིད་ཀྱི་ (དང་ཞེས་ཡེ་ཤེས་སྙིང་པོས་)རང་ གི་སེམས་གདོད་མ་ནས་མ་སྐྱེས་པ། སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་བསྐྱེད་ པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བ་ཡང་དུས་འདི་ནས་བཟུང་སྟེ་བྱང་ཆུབ་ཀྱི་སྙིང་ པོ་ལ་མཆིས་ཀྱི་བར་དུ་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་ དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་བདུད་དཔུང་དང་བཅས་ པ་ཕམ་པར་མཛད་དེ། ཉིད་མངོན་པར་རྫོགས་པར་སངས་རྒྱས་པ་དེ་བཞིན་དུ། བདག་མིང་ འདི་ཞེས་བགྱི་བ་ཡང་བདུད་དཔུང་དང་བཅས་པ་མཐའ་དག་ཕམ་པར་བགྱིས་ཏེ་བདག་ མངོན་པར་རྫོགས་པར་སངས་རྒྱ་བར་བགྱིའོ། །ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་ བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་ཉིད་མངོན་པར་རྫོགས་པར་ སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་དེ་བཞིན་དུ་བདག་མིང་འདི་ཞེས་འགྱི་ བ་ཡང་ཉིད་མངོན་པར་རྫོགས་པར་སངས་རྒྱས་ཏེ་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་ བགྱིའོ། །ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ སངས་རྒྱས་དེ་དག་གིས་ཉིད་མངོན་པར་རྫོགས་པར་སངས་རྒྱས་ནས་ཚོགས་ཡོངས་སུ་ བསྡུད་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བ་ཡང་ཉིད་མངོན་པར་རྫོགས་པར་སངས་ རྒྱས་ཏེ་ཚོགས་ཡོངས་སུ་སྡུད་པར་བགྱིའོ། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་པར་བགྱི། ། སེམས་ཅན་ཐམས་ཅད་བདག་གིས་འགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་ 1-1-206 པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །དེ་སྐད་ལན་གསུམ་བཟླས་ཞེས་ འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་ཆོ་ག་ཇི་བཞིན་ནོ། །དེའི་དང་པོའི་རིམ་པ་དེས་སྨོན་པ་ དང༌། རིམ་པ་གཉིས་པས་སོ་སྐྱེའི་འཇུག་པ་དང་དོན་དམ་སེམས་བསྐྱེད་གཉིས་ཀ་མཛད་ པར་སྣང་སྟེ། (རིམ་པ་གསུམ་མཛད་པ་ནི་དང་པོས་འབྲས་བུ་ལ་སྨོན། གཉིས་པས་རྒྱུ་ལམ་ལ་འཇུག་པར་སྨོན། གསུམ་པས་ འབྲས་བུ་ཐོབ་ནས་ཇི་ལྟར་བྱ་བ་ལ་སྨོན་པའོ། །) ཡེ་ཤེས་སྙིང་པོས་རྣལ་འབྱོར་བསྒོམ་པའི་ལམ་དུ། དངོས་ པོ་ཐམས་ཅད་དང་བྲལ་བ། ཞེས་སོགས་ཚིག་ལྔ་ཞེས་སོགས་བཤད་པ་བྱས་ནས། ཇི་ལྟར་ (དེ་རྐྱང་འདྲ་དཔྱད་)དེ་སྔོན་དུ་བཏང་བའི་སྨོན་པ་བྱང་ཆུབ་ཀྱི་སེམས། དོན་དམ་པའི་ངོ་བོ་ཉིད་ལ་ དཔྱོད་པའི་མཚན་ཉིད་ཤེས་རབ་དང་མཚུངས་པར་ལྡན་པ་ནི་འཇུག་པའི་སེམས་ཞེས་བྱའོ། ། (དེས་འཇིག་རྟེན་པའི་འཇུག་སེམས་བསྟན་)དེ་ཁོ་ན་ཉིད་ངེས་པ་ལ་འཇུག་པའི་ཐབས་ཡིན་པའི་ཕྱིར་ རོ། །(འཇིག་རྟེན་པའི་འཇུག་སེམས་ལས་)གཞན་གང་ཞིག་དཔྱོད་པས་ཀུན་ནས་མ་བསླང་པའི་སེམས་ ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་ཀྱི་ངོ་བོ་ཁོང་དུ་ཆུད་པ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ ཡོངས་སུ་ཤེས་པ་ཉིད་ཀྱི་ (འཇུག་པའི་)སེམས་ཞེས་བྱའོ་ཞེས་བཤད་དེ་དེ་ཁོ་ན་ལྟར་རོ། །པཎྜི་ ཏ་གཞན་རྣམས་ཀྱིས་མཛད་པའི་ཆོ་ག་ལ་ཕལ་ཆེར་སྨོན་པ་ཙམ་ལས་མི་སྣང་ཞིང༌། བསྡུས་ ཏེ་ལེན་ན་དགོངས་གསོལ་སྔར་དང་འདྲ། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ ཐུགས་ནི་བསྐྱེད་པ་དང༌། །དེ་དག་བྱང་ཆུབ་ཐུགས་བསྲུང་ལ། །དུས་ཀུན་ཏུ་ནི་གནས་པ་ལྟར། ། དེ་བཞིན་འགྲོ་ལ་ཕན་དོན་དུ། །བདག་གིས་བྱང་ཆུབ་སེམས་བསྐྱེད་དེ། །དེ་བཞིན་དུ་ནི་ དུས་ཀུན་ཏུ། །བདག་གིས་དེ་ནི་བསྲུང་བར་བགྱི། །ཞེས་ལན་གསུམ་གྱི་བར་དུ་སྨོན་པ་དང་ འཇུག་པའི་སེམས་གཟུང་བར་ (ཛེ་ཏཱ་རིས་)བྱའོ། །ཞེས་ཡིད་དམ་བླང་བར་རོ། །མཇུག་ཏུ་སློབ་ དཔོན་གྱིས་ (མྱང་འདས་སུ་འཇུག་པའི་)ཐབས་ཡིན་ནོ། །སློབ་མས་ (དེ་ཡིན་པ་དེ་)ལེགས་སོ་བརྗོད་ཅེས་ (བུ་སོགས་)གསུང་ངོ༌། །གལ་ཏེ་དོན་དམ་སེམས་བསྐྱེད་ཀྱི་ཆོ་ག་བཤད་པ་མེད་པས་འཁྲུལ་ལོ་ 1-1-207 ཞེ་ན། སྔར་བཤད་ལྟར་འཕགས་པ་ཀླུའི་དགོངས་པ་ངོས་འཛིན་ཡེ་ཤེས་སྙིང་པོས་མཛད་ཅིང་ ཆོ་ག་ནི་སློབ་དཔོན་ཉིད་ཀྱིས་སོ། །དེ་དེའི་དགོངས་པ་མིན་ན། དེའི་ཆོ་ག་གང་ཡིན་མེད་དོ་ ཞེ་ན། (གསང་འདུས་)རིམ་ལྔར། བྱང་ཆུབ་སེམས་ནི་དོན་དམ་ཞེས་བྱ་བ། །སྐལ་བཟང་སློབ་མ་ བཟང་པོ་མན་ངག་ཐོབ༌། །ཐལ་མོ་སྦྱར་ནས་མེ་ཏོག་འཛིན་པ་ཡིས། །བླ་མ་ལས་ནི་སླར་ཡང་ བླང་བར་བྱ། །ཞེས་སློབ་དཔོན་གྱིས་གསུངས་པ་དང་འགལ་ལོ། །དེ་ཆོ་ག་ཙམ་ལས་མི་སྐྱེ་ བས་ཆོ་ག་མི་འཐད་དོ་ཞེ་ན། དབང་བཞིའམ། བཞི་པའི་ཡང་ཆོ་ག་མི་འཐད་པར་འགྱུར་ཏེ་ ཆོ་ག་ཙམ་ལས་དངོས་སུ་མི་སྐྱེས་པས་སོ་ཞེས་སེམས་སོ། །གསུམ་པ་ནི་དོན་ཡིད་ལ་སེམས་ བཞིན་པས། དེང་དུས་བདག་ཚེ་འབྲས་བུ་ཡོད། །མི་ཡི་སྲིད་པ་ལེགས་པར་ཐོབ། །དེ་རིང་ སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་དེང་བདག་གྱུར། །ད་ནི་བདག་གིས་ཅི་ ནུས་ཀྱང༌། །རིགས་དང་མཐུན་པའི་ལས་བརྩམས་ཏེ། །སྐྱོན་མེད་བཙུན་པའི་རིགས་འདི་ལ། ། རྙོག་པར་མི་འགྱུར་དེ་ལྟར་བྱ། །ཞེས་རང་དགའ་བ་བསྐྱེད་ཅིང༌། །བདག་གིས་དེ་རིང་སྐྱོབ་ པ་ཐམས་ཅད་ཀྱི། །སྤྱན་སྔར་འགྲོ་བ་བདེ་གཤེགས་ཉིད་དང་ནི། །བར་དུ་བདེ་ལ་འགྲོན་དུ་ བོས་ཟིན་གྱིས། །ལྷ་དང་ལྷ་མིན་ལ་སོགས་དགའ་བར་གྱིས། །ཞེས་གཞན་དགའ་བ་བསྐྱེད་ ཅིང༌། དེ་བསླབ་བྱ་མདོ་ཙམ་བརྗོད། གཏང་རག་བཟང་ (ས་སྐྱ་བུ་སྟོན་)པོ་བྱའོ། ། གཉིས་པ་ནི། རྟེན་ནི་སོ་ཐར་རིས་བདུན་ཅན་ཡིན་ན་སྟེན་ཁྱད་པར་ཅན་ཡིན་ལ་དེ་ངེས་ པ་ཅན་དུ་མི་དགོས་ཏེ། ལམ་སྒྲོན་རང་འགྲེལ་ལས། ད་ནི་བྱང་ཆུབ་སེམས་དཔའི་སྡོམ་པའི་ རྟེན་ཁྱད་པར་ཅན་བསྟན་པར་འདོད་ནས། སོ་སོ་ཐར་བ་རིས་བདུན་ཞེས་སོགས་བཀོད་དོ། ། འདི་ནི་དག་པའི་རྟེན་དུ་བཞག་ཅེས་སོགས་དང༌། འདི་ལྟར་འཇུག་པའི་གོ་རིམ་དུ་བྱས་པ་ དང༌། ཡང་ན་སྔོན་ཆད་ཐེག་པ་ཆེན་པོའི་བག་ཆགས་མེད་པ་དག་ལ་ནི་སོ་སོ་ཐར་བ་རིས་ བདུན་གང་ཡང་རུང་བའི་སྡོམ་པ་སྔོན་དུ་འགྲོ་བ་ཡིན་ནོ་ཞེས་སོགས་བཤད་ཅིང༌། ཐུབ་ 1-1-208 དགོངས་སུ། དབང་བོ་རྟུལ་བོ་ནི་ཇི་སྲིད་འཚོ་བ་པའི་དགེ་བསྙེན་གྱི་སྡོམ་པ་ལ་སོགས་པ་གང་ ཡང་རུང་བ་སྔོན་མ་ཅན་ཁོ་ནས་སོ་ཞེས་སོ། །ཡང་གང་ཞིག་དགེ་བསྙེན་དང་དགེ་བསྙེན་མ་ དང༌། ནས། དགེ་སློང་ (བསྡུས་སོ་ཁར་ཐོན་)མའི་དབྱེ་བས་ཇི་སྲིད་འཚོ་བ་པའི་སོ་སོ་ཐར་བའི་སྡོམ་ པ་བདུན་པོ་རྣམས་ལས་གང་ཡང་རུང་བའི་སོ་སོ་ཐར་བའི་སྡོམ་པ་ལ་གནས་པ་ཉིད་ཀྱིས་ བྱང་ཆུབ་སེམས་དཔའི་སྡོམ་པ་བླང་བར་བྱའི་གཞན་གྱིས་མ་ཡིན་ཏེ། གཞན་ལ་བྱང་ཆུབ་ སེམས་དཔའི་སྡོམ་པ་མི་སྐྱེ་བའི་ཕྱིར་རོ་ཞེས་ཟེར་བ་དེ་ནི་ཐེག་པ་ཆེན་པོ་ལ་ཡོངས་སུ་ངལ་བ་ མང་པོ་མ་བྱས་པ་སྟེ། གལ་ཏེ་སོ་སོ་ཐར་བའི་སྡོམ་པ་མེད་པར་བྱང་ཆུབ་སེམས་དཔའི་སྡོམ་ པ་མི་སྐྱེ་ན་ནི། དེའི་ཚེ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལ་སོགས་པ་དང༌། དེའི་རྗེས་སུ་འབྲང་ བའི་གཞུང་དུ། འདི་དེའི་རྩ་བར་བཤད་པར་འགྱུར་རོ། །དགོས་པ་ནི་གདོན་མི་ཟ་བར་བརྗོད་ པར་བྱ་བ་ཡིན་ཏེ། དཔེར་ན་ཐེག་པ་ཆེན་པོར་བྱང་ཆུབ་ཀྱི་བར་དུ་གསུམ་ལ་སྐྱབས་སུ་འགྲོ་ བ་ལྟ་བུའོ་ཞེས་སོ། །གལ་ཏེ་ངེས་པར་སོ་ཐར་རིས་བདུན་གང་རུང་རྟེན་དུ་དགོས་ (དཔང་ལོཙྪ་བ་ ཡང་གསུང་བར་སྣང་)ན་ལྷའི་ནང་དང་ཐེག་དམན་གྱི་མིང་ཡང་མི་གྲག་པའི་དག་པའི་ཞིང་ན་བྱང་ སེའི་ཚུལ་ཁྲིམས་ཀྱི་སྡོམ་པ་མེད་པ་དང༌། བྱང་སེའི་སྡོམ་པ་ཅན་དེ་ཤི་བའི་འོག་ཏུ་བྱང་སེའི་ སྡོམ་པ་མེད་པས་ཁྱབ་པར་འགྱུར་ཏེ། དེའི་རྟེན་ཏུ་ངེས་པར་དགོས་པའི་སོ་ཐར་རིས་བདུན་ བཏང་བས་སོ། །དེས་ན་སྲོག་གཅོད་སོགས་ལྔའམ་བཅུ་སོགས་སྤོང་བའམ་སྤངས་པ་དང༌། དེ་སྤངས་པའི་རིས་བདུན་མ་ཕྱེད་པར་སྣང་སྟེ་སྤྲོས་པས་ཆོག་གོ །དེའི་ཆོ་ག་དངོས་ལ། སྦྱོར་ དངོས་རྗེས་གསུམ་ལས། དང་པོ་ནི། བླང་པའི་ཡུལ་སློབ་དཔོན་ནི། བྱང་སེའི་སྡོམ་པ་ལ་ གནས་པ། དེའི་ཆོ་ག་ཤེས་པ། དེ་འབོགས་པའི་སྒོ་ནས་སློབ་མ་རྗེས་སུ་བཟུང་བར་ནུས་པའི་ (བྱང་སེམས་ཞེས་བྱང་སར་)དགེ་བའི་བཤེས་གཉེན་ནོ། །ལེན་པ་པོ་ནི། བྱང་སེམས་ཁྱིམ་པའམ་ (བྱང་ སར་)རབ་བྱུང་བྱང་སེའི་ཚུལ་ཁྲིམས་གསུམ་ལ་སློབ་པར་འདོད་ཅིང་ཆོ་ག་བཞིན་དུ་བྱང་ཆུབ་ 1-1-209 མཆོག་ཏུ་སེམས་བསྐྱེད་བྱས་པའོ། །ཚུལ་ནི། སློབ་དཔོན་དེའི་ (བྱང་)རྐང་བ་ལ་གཏུགས་ཏེ་ ཕྱག བྱས་ནས་གསོལ་བ་གདབ་པ་ནི། རིགས་ཀྱི་བུ་ཁྱོད་ (དམ་ཚེ་དང་ལྡན་པའམ་བཙུན་པ་གང་ཉེ་བས་ ཞེས་གནས་བརྟན་བྱང་བཟང་ངོ༌། །ཇོ་བོ་སློབ་དཔོན་ཁྱོད་ཅེས་སོ། །)ལས་བདག་བྱང་ཆུབ་སེམས་དཔའི་ཚུལ་ ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བ་ནོད་པར་འཚལ་གྱིས་དེ་ལས་གནོད་པ་མ་མཆིས་ན་ བདག་ལ་ཐུགས་བརྩེ་བའི་སླད་དུ་ཅུང་ཟད་ཅིག་ (སར་ཞི་)གསན་ཅིང་བསྩལ་པའི་རིགས་སོ་ ཞེས་བརྗོད་དོ་ཞེས་ (སར་ཞི་འཚོ་)སོ། །ལན་གསུམ་ཞེས་བྱང་བཟང་དང་ཇོ་བོ་རྗེའོ། །དེ་ནས་ བྱང་སེམས་ནུས་པ་དེས་བྱང་སེམས་འདོད་པ་དེ་ལ་བྱང་སེའི་སྡོམ་པའི་ཕན་ཡོན་རྒྱ་ཆེར་ བརྗོད་ནས་བསླབ་པའི་གཞིའི་ལྕི་ཡང་དག་ཀྱང་བརྗོད་ཅིང་སྤྲོ་བ་ཡང་བསྐྱེད་ (སར་ཞི་)དེ། འདི་ སྐད་ཅེས། རིགས་ཀྱི་བུ་ཁྱོད་ཉོན་ཅིག ཁྱོད་འདི་ལྟར་སེམས་ཅན་ (སྲིད་པའི་རྒྱ་མཚོ་ལས་ཞེས་ཐུབ་ དགོངས་)མ་རྒལ་བ་རྣམས་ (བྱང་ཆུབ་སེམས་ཀྱིས་)བསྒྲལ་བ་དང༌། མ་གྲོལ་བ་རྣམས་དགྲོལ་བ་དང༌། དབུགས་མ་ཕྱིན་པ་ (དམྱལ་བ་ལ་སོགས་པ་ཞེས་མན་སྙེར་)རྣམས་དབུགས་ (རྣམ་བཤད་རིགས་པར། དབུགས་ འབྱིན་པ་ནི་ངན་འགྲོ་ལས་འདས་པ་ལ་འཇོག་པ་དང༌། ཉོན་མོངས་དང་སྡུག་བསྔལ་ལས་གཏན་དུ་གྲོལ་བར་མཛད་པ་དང༌། བདེན་པ་མཐོང་བ་ལ་འཇོག་པ་དང༌། ལུང་དང་ཤེར་རབ་རྣམ་པར་དག་པ་ལ་འགོད་པ་བཞི་བཤད། འཇམ་དཔལ་གྲགས་པས་ འཇིགས་ཤིང་སྐྲག་པ་ཐམས་ཅད་དང་བྲལ་བ་ནི་དབུགས་ཕྱིན་པའོ། །ཞེས་མཚན་བརྗོད་འགྲེལ་ཆེན་ནོ། །)དབྱུང་བ(ངན་འགྲོ་ ལས་འདས་པ་ལ་འཇོག་པ་སོགས་བཞི་རྣམ་བཤད་རིགས་པར་)འོ། །(སྒྲིབ་པ་མེད་པའི་དབྱིངས་སུ་ཞེས་ཐུབ་དགོངས་) ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་ (མི་གནས་པའི་)མྱ་ངན་ལས་བཟླ་བ་དང༌། སངས་རྒྱས་ཀྱི་གདུང་རྒྱུན་མི་གཅད་པར་འདོད་དམ། དེ་ལ་ཁྱོད་ཀྱིས་སེམས་བསྐྱེད་པ་བརྟན་ པ་དང་ཡི་དམ་ལ་བརྟན་པར་བྱའོ་ཞེས་སྔར་མི་ཤེས་པའི་རིགས་མཐོང་ནས་སྤྲོ་བ་བསྐྱེད་པའི་ ཕྱིར་ (སར་ཞི་)བརྗོད་དོ། །(དེ་ཡན་ནི་ཆོ་ག་དངོས་ལ་མ་ཞུགས་པ་ཞིག་གི་གོང་ལ་སོགས་པར་བྱ་བའི་ཚུལ་ལོ། །འདི་མན་ཆོ་ ག་རྩོམ་པ་ནའོ། །)དེའི་ (འདི་ཡན་ཇོ་བོ་དངོས་)འོག་ཏུ་དེ་པ་ཤཱཀྱ་ཐུབ་པའི་བླུགས་སྐུའམ་རས་བྲིས་ལ་ 1-1-210 སོགས་པ་ (སའི་དོན་ཇོ་བོ་དངོས་)མདུན་དུ་བཞག་ཅིང་དེ་པ་ཤཱཀྱ་ཐུབ་པ་སོགས་ཕྱོགས་བཅུའི་ འཇིག་རྟེན་ཐམས་ཅད་ན་བཞུགས་པའི་སངས་རྒྱས་བྱང་སེམས་ཐམས་ཅད་བསམས་ལ་ཅི་ ནུས་ (ས་ཞི་)པའི་མཆོད་པ་དང་ཕྱག་བྱས་ལ། དེ་མ་ཐག་ཏུ་དགེ་བའི་བཤེས་གཉེན་སྟན་མཐོན་ པོ་ལ་འདུག་པ་ལ་སྟོན་པའི་འདུ་ཤེས་ (དེ་ཡན་ཇོ་བོ་དངོས་)ཀྱིས་ཕྱག་བྱས་ཏེ་པུས་མོ་གཡས་པའི་ ལྷ་ང་ས་ལ་བཙུགས་པའམ་ཙོག་བུར་འདུག་སྟེ་ཐལ་མོ་སྦྱར་ནས་སློབ་དཔོན་ལ་བསྐུལ་ (ཇོ་བོ་) ཏེ་རིགས་ཀྱི་བུའམ་ཚེ་དང་ལྡན་པའམ་བཙུན་པས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ སྡོམ་པ་ཡང་དག་པར་བླང་བ་བདག་ལ་བསྩལ་ཏུ་གསོལ་ (ས་སོགས་དེ་ཡན་)ཞེས་ལན་གསུམ་ (ཇོ་ བོ་)མོ། །དེ་ནས་དགེ་བའི་བཤེས་གཉེན་འདུག་གམ་འགྲེང་ཡང་རུང་སྟེ་འདི་སྐད་ཅེས། རིགས་ཀྱི་བུའམ་ཆོས་ཀྱི་ (སར་)སྤུན་མིང་འདི་ཞེས་བྱ་བ་ཁྱོད་བྱང་ཆུབ་སེམས་དཔའ་ཡིན་ནམ། བྱང་ཆུབ་ཏུ་སྨོན་ལམ་བཏབ་བམ། ཞེས་དྲིའོ། །དེས་ཀྱང་ལགས་སོ་ཞེས་ཁས་ལོངས་ཤིག དེ་ནས་དགེ་བཤེས་དེས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསླབ་པ་རྣམས་དང་བྱང་ ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་དེ་དག་ཅི་བདག་ལས་ལེན་པར་འདོད་དམ་ (ཨ་བྷ་ཡ་ དོན་)ཞེས་སློབ་མ་ལ་དྲིའོ། །དེས། དེ་ལྟར་ལེན་པར་འཚལ་ལོ་ཞེས་ཁས་ལེན་པར་གྱུར་ན། གཉིས་པ་དངོས་གཞི་བྱང་སེའི་སྡོམ་པ་སྦྱིན་པར་བྱ་སྟེ། (འགྲེང་ངམ་འདུག་ཀྱང་རུང་བྱང་བཟང་ངོ༌། །བཙུན་ པའམ་ཚེ་དང་ལྡན་པའམ་)རིགས་ཀྱི་བུ་ (ཇོ་བོས་)མིང་འདི་ཞེས་བྱ་བ་ཁྱོད་བདག་ (ཇོ་བོ་)བྱང་ཆུབ་ སེམས་དཔའ་མིང་འདི་ཞེས་བྱ་བ་ལས་ (ཇོ་བོ་དངོས་)འདས་པའི་བྱང་ཆུབ་ (འདི་མན་ས་ཞི་སོགས་ཀུན་) སེམས་དཔའ་ཐམས་ཅད་ཀྱི་བསླབ་པའི་གཞིར་གྱུར་པ་གང་ཡིན་པ་རྣམས་དང༌། (ས་ཞི་བྱང༌།) ཚུལ་ཁྲིམས་སུ་གྱུར་པ་གང་ཡིན་པ་དང༌། མ་འོངས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ ཀྱི་བསླབ་པའི་གཞིར་གྱུར་པ་གང་ཡིན་པ་རྣམས་དང༌། ཚུལ་ཁྲིམས་སུ་གྱུར་པ་གང་ཡིན་པ་ དང༌། (ཇོ་བོ་)ད་ལྟ་ན་ཕྱོགས་བཅུ་དག་ན་ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ 1-1-211 ཀྱི་བསླབ་པའི་གཞི་གང་ཡིན་པ་རྣམས་དང༌། ཚུལ་ཁྲིམས་གང་ཡིན་པ་དང༌། བསླབ་པའི་ གཞི་གང་དག་དང་ཚུལ་ཁྲིམས་གང་དག་ལ་འདས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ ཀྱིས་བསླབས་པར་གྱུར་པ་དང༌། མ་འོངས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་སློབ་པར་ འགྱུར་བ་དང༌། ཕྱོགས་བཅུ་དག་ན་ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའི་བསླབ་པའི་གཞི་ཐམས་ཅད་དང༌། བྱང་ཆུབ་སེམས་ དཔའི་ཚུལ་ཁྲིམས་ཐམས་ཅད་དེ། སྡོམ་པའི་ཚུལ་ཁྲིམས་དང༌། དགེ་བའི་ཆོས་སྡུད་པའི་ཚུལ་ ཁྲིམས་དང༌། སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་ནོད་དམ། ཞེས་ (ས་དངོས་)སྨྲོས་ཤིག དེས་ཀྱང་ནོད་ལགས་སོ་ཞེས་ཁས་ (ས་སོགས་དངོས་)ལོངས་ཤིག དེ་ལྟར་སློབ་དཔོན་གྱིས་ལན་ (ཇོ་བོ་)གསུམ་གྱི་བར་དུ་ལེན་ནམ་ (ཇོ་བོ་)ཞེས་བརྗོད་ཅིང་ (ཇོ་བོ་)སློབ་མས་ (ཇོ་བོ་)རབ་ཏུ་ (ཇོ་བོ་) ལེན་ལེགས་སོ་ (ཇོ་བོ་)ཞེས་ལན་གསུམ་བརྗོད་ (ཇོ་བོ་)པས་སྡོམ་པ་བླངས་པར་འགྱུར་རོ། ། ཐབས་ལེགས་བྱའོ། །གསུམ་པ་རྗེས་ནི། བྱང་སེའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་ བླང་བ་ལན་གསུམ་གྱི་བར་དུ་ཕོག་ཅིང་ཁས་ལེན་དུ་ཡང་བཅུག་ནས་ནོད་པའི་བྱང་སེ་མ་ ལངས་པར་དེ་པའི་སྐུ་གཟུགས་དེ་ཉིད་ (ས་ཞི་དངོས་)ཀྱི་སྤྱན་སྔར་ཕྱོགས་བཅུའི་སངས་རྒྱས་དང་ བྱང་སེམས་ཐམས་ཅད་ལ་ཡན་ལག་ (ཇོ་བོ་)ལྔས་ཕྱག་འཚལ་ཏེ་ཐལ་མོ་སྦྱར་ནས་འདི་ (ས་)ལྟར་ མཁྱེན་པར་མཛད་དུ་གསོལ་བར་བྱ་སྟེ། བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བྱ་བ་འདིས། བདག་བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བགྱི་བ་ལས་བྱང་ཆུབ་སེམས་དཔའི་ཚུལ་ ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བ་ལན་གསུམ་གྱི་བར་དུ་མནོས་ (ཀུན་)ལགས་ཏེ། བདག་མིང་འདི་ཞེས་བགྱི་བ་ལས་བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བགྱི་བ་འདིས། བྱང་ ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་ལ་བདག་དཔང་དུ་གྱུར་ པར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་ཏུ་འཕགས་པའི་མཆོག་ 1-1-212 ལྐོག་ཏུ་གྱུར་ཀྱང༌། ཐམས་ཅད་དུ་ (ཆོས་ཐམས་ཅད་ཇོ་བོ་)སེམས་ཅན་ཐམས་ཅད་ (ཀྱི་དོན་ཞེས་བྱང་བཟང་ )ལྐོག་ཏུ་མ་གྱུར་པའི་ཐུགས་མངའ་བ་རྣམས་ལ་མཁྱེན་པར་གསོལ་ལོ་ཞེས་ལན་གསུམ་གྱི་ བར་དུ་ཕྱག་འཚལ་ (ཇོ་བོ་)ཞིང་བརྗོད་པར་བྱའོ། །དེ་ནས་བླ་མ་གདན་ལ་འདུག་གམ་ (དོན་ཐོབ་) འགྲེང་ཡང་རུང༌། འདི་སྐད་བརྗོད་དེ། མིང་འདི་ཞེས་བྱ་བ་ཁྱོད་ (ཇོ་བོ་དངོས་)ཉོན་ཅིག འདི་ནི་ ཆོས་ཉིད་ཡིན་ཏེ་བྱང་ཆུབ་སེམས་དཔས་བྱང་སེའི་ཚུལ་ཁྲིམས་ (སར་)ཀྱི་སྡོམ་པ་ཡང་དག་པར་ ལེན་པའི་ལས་བརྗོད་པ་རྫོགས་ (ཇོ་བོ་)པ་དེའི་ཚེ་ (ཇོ་བོ་)ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ ཐམས་ཅད་དུ་སངས་རྒྱས་དང་ (ས་ཆེན་པོར་ཆུད་པའི་ཞེས་སར་)བྱང་སེམས་ཐམས་ཅད་ལ། ལྷས་ འདི་ལྟ་བུ་འབྱུང་བར་འགྱུར་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་དག་གིས་འདི་ ལྟར་སངས་རྒྱས་ཀྱི་ཞིང་ཆེ་གེ་མོ་ཞིག་ན། བྱང་ཆུབ་སེམས་དཔའ་ཆེ་གེ་མོ་ཞེས་བྱ་བས། བྱང་ ཆུབ་སེམས་དཔའ་མིང་འདི་ཞེས་བྱ་བ་ལ། བྱང་སེམས་ཀྱི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་ པར་བླང་བ། ལེགས་པར་མནོས་སོ་ཞེས་ཡང་དག་པར་མཁྱེན་པར་འགྱུར་རོ། །(བྱང་སེ་)དེ་ལ་ སངས་རྒྱས་བཅོམ་ལྡན་འདས་དེ་དག་དང་བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱིས་ཐུགས་བརྩེ་ བས་བུ་དང་སྤུན་ལྟ་བུར་དགོངས་པར་འགྱུར་རོ། །དེ་ལྟར་དགོངས་པས་བསོད་ནམས་དང་ ཡེ་ཤེས་ཀྱི་ཚོགས་འཕེལ་བར་འགྱུར་རོ་ཞེས་བརྗོད་པར་བྱའོ། །ཡང་དེས་དེ་ལ་འདི་སྐད་ ཀྱང་བརྗོད་དོ། །མིང་འདི་ཞེས་བྱ་བ་ཁྱོད་ཉོན་ཅིག བྱང་ཆུབ་སེམས་དཔའི་སྡོམ་པ་ཡང་དག་ པར་བླང་བ་འདི། དད་པ་མེད་པ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། གང་གི་ཕྱིར་དད་པ་ མེད་པ་རྣམས་ལ་བྱང་ཆུབ་སེམས་དཔའི་སྡོམ་པ་རབ་ཏུ་བསྟན་ན་དད་པ་མེད་པའི་སེམས་ ཅན་དེ་དག་གིས་བྱང་ཆུབ་སེམས་དཔའི་སྡོམ་པ་ལ་མ་དད་པས་སྤོང་བར་བྱེད་དེ། དེས་ན་ཇི་ སྙེད་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྡོམ་པ་ལ་གནས་པ་དེ་ལ་བསོད་ནམས་ ཀྱི་ཕུང་པོ་དང་ལྡན་པར་གྱུར་པ་དེ་སྙེད་ཀྱི་བསོད་ནམས་མ་ཡིན་པའི་ཕུང་པོ་དང་མ་དད་པ་དེ་ 1-1-213 ལྡན་པར་འགྱུར་རོ། །གང་གི་ཕྱིར་བྱང་ཆུབ་སེམས་དཔས་སེམས་ཅན་སྡུག་བསྔལ་ཐམས་ ཅད་ལས་ཡོངས་སུ་བསྲུངས་བར་བྱ་བ་ཡིན་པས་གཞན་སྡིག་པ་ལས་ལྡོག་པར་བྱ་སྟེ། དེའི་ ཕྱིར་མཆོག་ཏུ་དགེ་བའི་བྱང་ཆུབ་སེམས་དཔས་གསང་བར་བྱ་བ་ཡིན་ནོ་ཞེས་ (དོན་ཐོབ་)བརྗོད་ དོ། །དེ་ནས་སྡོམ་པ་འཇིག་པའི་རྒྱུ་ཕམ་པ་དང་ཉེས་བྱས་ཉོན་མོངས་ཅན་དང་དེ་མིན་པ་ རྣམས་ཀྱང་བསྟན་པར་བྱ་ཞིང༌། མདོར་བསྡུས་པ་སྡོམ་པ་ཉི་ཤུ་པ་དང་བྱང་སེའི་ཚུལ་ཁྲིམས་ ཀྱི་ལེའུ་བཤད་པར་བྱའོ་ཞེས་ཇོ་བོ་རྗེ་སྟེ་བྱང་སེའི་དགོངས་པའོ། །བསྡུས་ཏེ་ལེན་ན། ཇི་ལྟར་ སྔོན་གྱི་བདེ་བཤེགས་ཀྱིས། །བྱང་ཆུབ་སེམས་དཔའི་བསླབ་གཟུང་སྟེ། །དེ་དག་བྱང་སེམས་ བསླབ་པ་ལ། །རིམ་པ་བཞིན་དུ་གནས་པ་ལྟར། །དེ་བཞིན་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་ སྡོམ་པ་གཟུང་བགྱི་ཞིང༌། །དེ་བཞིན་བསླབ་པ་དེ་དག་ལ། །རིམ་པ་བཞིན་དུ་གནས་པར་ བགྱི། །ལན་གསུམ་བརྗོད་པས་སྡོམ་པ་སྦྱིན་ནོ། །ལྟུང་བ་དང་ལྟུང་མེད་ཀྱི་གཟུགས་བརྙན་ ཡང་སྐབས་ཇི་ལྟ་བར་དགེ་བཤེས་ཀྱིས་སྟོན་ནོ། །དེ་ནས་ལངས་ཏེ་དཀོན་མཆོག་ལ་ཕྱག་ བཙལ་དགེ་བཤེས་ཀྱི་རྐང་བ་གཉིས་ལ་གཏུགས་ཏེ་ནུས་པ་བཞིན་ཡོན་ཕུལ་ནས། དེང་དུས་ བདག་ཚེ་ནས། དེ་ལྟར་བྱའི་བར་སོགས་སྔར་ལྟར་རོ། །ཛེ་ཏཱ་རིས་སོ། །(ཡི་དམ་བླང་བ་)སེམས་ བསྐྱེད་སྡོམ་པ་ལྷན་ཅིག་ལེན་ན། དགོངས་གསོལ་སྔར་དང་འདྲ། ཇི་ལྟར་སྔོན་གྱི་བདེ་ བཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང༌། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། ། དེ་དག་རིམ་བཞིན་གནས་པ་ལྟར། །དེ་བཞིན་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་ བསྐྱེད་བགྱི་ཞིང༌། །དེ་བཞིན་དུ་ནི་བསླབ་པ་ལ། །རིམ་པ་བཞིན་དུ་བསླབ་པར་བགྱི། །ལན་ གསུམ་མོ་ཞེས་ནག་པོ་པས་བཤད་དོ། ། གསུམ་པ་ལ། སེམས་བསྐྱེད་གཉིས་ཀྱི་བསླབ་བྱ་གང་ཡིན་སྡོམ་པའི་ཡང་ཡིན་པས་ཐུན་ མོང་དུ་བཤད་ན། སྨོན་འཇུག་ཐུན་མོང་གི་བསླབ་བྱ་མདོར་བསྟན། སོ་སོའི་བསླབ་བྱ་རྒྱས་ 1-1-214 པར་བཤད། ཆོས་གཅིག་གིས་དོན་བསྡུ་བའོ། །དང་པོ་ནི། ཐེག་ཆེན་དགེ་བའི་བཤེས་གཉེན་ ལ་གུས་པ། དཀོན་མཆོག་གསུམ་གྱི་གདུང་རྒྱུན་མི་གཅོད་པ། སེམས་ཅན་བློས་ (སྤྱི་བྱེ་བྲག་གི་) མི་སྤོང་བ་སྟེ། བསླབ་པར་བྱ་བའི་ཆོས་གསུམ། ལྟུང་བ་དང་ལྟུང་བ་མེད་པའི་གཟུགས་བརྙན། ལྟུང་བ་མེད་པ་དང་ལྟུང་བའི་གཟུགས་བརྙན་ཏེ་ཤེས་པར་བྱ་བའི་ཆོས་བཞི། ཞུམ་པ་སྒྱིད་ ལུག་པ་འཁོར་བའི་ཉེས་པས་སྐྲག་པ་སྟེ་བྱང་ཆུབ་སེམས་ཀྱི་མི་མཐུན་ཕྱོགས་གསུམ་སྤང་བ་ ལ་བསླབ་པོ། །གཉིས་པ་ལ་གཉིས་ཏེ། སྨོན་པའི་འཇུག་པའིའོ། །དང་པོ་ལ་འགལ་རྐྱེན་སྤང་ བ། མཐུན་རྐྱེན་བསྒྲུབ་པའོ། །དང་པོ་ནི། ནག་པོའི་ཆོས་བཞི། མི་དགེ་བའི་གྲོགས་བསྟེན་ པ། བསམ་པ་ཕྲག་དོག་པ། རྒྱུད་འཁོན་དུ་འཛིན་པ། ཉེར་ལེན་ཡིད་གསོད་པ། ཐམས་ཅད་ དུ་དམན་པ་ལ་མོས་པ་སྟེ་བྱང་སེམས་མི་འཕེལ་བའི་རྒྱུ་དྲུག་སྤང་བ་ལ་བསླབ་པོ། །གཉིས་ པ་ནི། རྫོགས་པའི་བྱང་ཆུབ་ཐོབ་པར་བྱ་སྙམ་པ་འབྲས་བུ་ལ་སྨོན་པ། ས་དང་ལམ་ཐམས་ ཅད་ལ་བསླབ་པར་བྱ་སྙམ་པ་ཐབས་ལ་སྨོན་པ། སེམས་ཅན་ཐམས་ཅད་ཀྱི་རེ་བ་བསྐང་ བར་བྱ་སྙམ་པ་འཕྲིན་ལས་ལ་སྨོན་པ་སྟེ་སྐྱེ་བུ་དམ་པའི་སྨོན་པ་གསུམ་དང༌། སྔར་བཤད་ སྤང་བྱ་སྤོང་བྱེད་ཀུན་ལ་བསླབ་པོ། །གཉིས་པ་ལ་འགལ་རྐྱེན་སྤང༌། མཐུན་རྐྱེན་བསྒྲུབ་ པའོ། །དང་པོ་ནི། གཞན་སྨིན་པ་ལ་རང་སྨིན་དགོས་པས་རང་སྨིན་པའི་གེགས་ཐོས་པ་ལ་ མི་མོས། བསམ་པ་ལ་གཡེལ། བསྒོམ་པ་ལ་ལྷོད་པ་སྟེ་ཤེས་རབ་ཀྱི་གེགས་གསུམ། སྦྱོར་བ་ ལེ་ལོ་ཆེ་བ། སྤྱོད་པ་གཞན་མ་དད་པ། དངོས་གཞིའི་དུས་སུ་ཕན་མི་འདོགས། འདོགས་ཀྱང་ ཆོས་མིན་པས་ཕན་འདོགས། རྗེས་ལམ་གོལ་བ་ལ་སྦྱོར་བ་སྟེ། གཞན་དོན་མི་འགྲུབ་པའི་རྒྱུ་ ལྔ་སྤོང་བའོ། །གཉིས་པ་ལ་གཉིས་ཏེ། མི་ཉམས་པའི་རྒྱུ། འཕེལ་བའི་རྐྱེན་ལ་བསླབ་པའོ། ། དང་པོ་ལ། ཚེ་འདིར་མི་ཉམས་པའི་རྒྱུ་སེམས་བསྐྱེད་སྐྱེས་པའི་ཕན་ཡོན། ཉམས་པའི་ཉེས་ དམིགས། རྙེད་དཀའ་བ་དྲན་པ་སྟེ་གསུམ། ཕྱི་མར་མི་ཉམས་པའི་རྒྱུ་ཡན་ལག་བདུན་པ་ 1-1-215 རྒྱུན་དུ་བྱེད་པ། རྒྱལ་བ་སྲས་བཅས་ལ་གསོལ་བ་འདེབས་པ། བདུད་ལས་ཤེས་ཏེ་འབད་ པས་སྤོང་བ་སྟེ་ཕྱིན་ཅི་མ་ལོག་པའི་ཐབས་གསུམ། འདི་ཕྱི་ཐམས་ཅད་དུ་མི་ཉམས་པའི་རྒྱུ། སེམས་ཅན་ཐམས་ཅད་ལ་རང་བས་གཅེས། སྤྱིར་ཆོས་ལ་ནོར་བུ་རིན་ཆེན་པས་གཅེས། བྱེ་ བྲག་བྱང་ཆུབ་ཀྱི་སེམས་ལ་གཞན་དང་མི་མཉམ་ཞིང་མིག་འབྲས་བས་གཅེས། དགེ་བཤེས་ ལ་དམིགས་བུ་བས་གཅེས། འབྱུང་འགྱུར་གྱི་སངས་རྒྱས་ལ་རང་གི་འཚོ་བ་བས་གཅེས་ པས་མྱུར་དུ་ཐོབ་པར་འདུན་པ་སྟེ་བླ་ན་མེད་པའི་འདུན་པ་ལྔ་ལ་བསླབ་པར་བྱའོ། །གཉིས་ པ་ནི། སྲོག་གི་ཕྱིར་ཡང་རྫུན་མི་སྨྲ་བ། གདུལ་བྱ་ཐེག་ཆེན་ལ་སྦྱོར་བ། བྱང་སེམས་ལ་སྟོན་ པའི་འདུ་ཤེས། གཡོ་སྒྱུ་མེད་པར་སེམས་ཅན་ཐམས་ཅད་ལ་ལྷག་པའི་བསམ་པས་སྤྱོད་པ་ སྟེ་ནག་ཆོས་བཞིའི་གཉེན་པོ་དཀར་ཆོས་ (བྱང་ས་འོད་སྲུང་ལེའུ་)བཞི་དང་ཚད་མེད་བཞི་ལ་བསླབ་ པོ། །གསུམ་པ་ནི། དཔལ་ཕྲེང་གི་མདོར། བྱང་སེམས་ཀྱི་སྨོན་ལམ་གང་ག་ཀླུང་གི་བྱེ་མ་ སྙེད་ཐམས་ཅད་སྨོན་ལམ་ཆེན་པོ་གཅིག་ཏུ་འདུས་ཏེ་དམ་པའི་ཆོས་ཡོངས་སུ་འཛིན་པར་རོ། ། ཞེས་དང༌། སེང་གེས་ཞུས་པར། གྲོང་དང་གྲོང་ཁྱེར་རྣམས་སུ་འམ། །གང་དུ་གནས་པའི་ ཡུལ་རྣམས་སུ། །བྱང་ཆུབ་ལ་ནི་ཡང་དག་འཛུད། །དེས་ནི་སེམས་འདོར་མི་འགྱུར་རོ། །ཞེས་ སོ། །འཕགས་པ་ཡི་གེ་མེད་པ་ཟ་མ་ཏོག་རྣམ་སྣང་གི་སྙིང་པོ་ལས། རིགས་ཀྱི་བུ་གང་བྱང་ སེམས་རྟག་པར་རྒྱུན་དུ་མངོན་པར་བསྲུང་བར་བྱ་བའི་ཆོས་གཅིག་སྟེ། རིགས་ཀྱི་བུ་བྱང་ སེམས་གང་བདག་མི་འདོད་པ་དེ་གཞན་ལ་མི་བྱའོ། །རིགས་ཀྱི་བུ་གང་ལ་ལ་ཞིག་གིས་ཆོས་ གཅིག་པོ་དེ་བསྲུངས་ན་དེས་དེ་པའི་བསླབ་པའི་གཞི་ཐམས་ཅད་བསྲུངས་བར་འགྱུར་རོ། ། ཞེས་སོགས་ཤེས་པར་བྱའོ། །བྱང་ས་སོགས་སུ། སྡོམ་པ་བླངས་བས་རྩ་བ་དང་ཡན་ལག་གི་ ལྟུང་བ་རྣམས་མི་འབྱུང་བར་བསླབ་པར་བཤད་དོ། ། བཞི་པ་ལ། བསླབ་བཏུས་སུ། ཉིན་དང་མཚན་མོ་ལན་གསུམ་དུ། །ཕུང་པོ་གསུམ་པ་ (སྡིག་ 1-1-216 བཤགས་ཡི་རང་སངས་རྒྱས་བསྐུལ་བ་ལ་བསླབ་བཏུས་ལས་སོ། །སྤྱོད་འཇུག་ཏུ་བསྔོ་བ་དང་གསུམ་ལ་བཤད་དོ། །)གདོན་ བྱ་ཞིང༌། །རྒྱལ་དང་བྱང་ཆུབ་སེམས་བརྟེན་པས། །ལྟུང་བའི་ལྷག་མ་ (རྩ་ལྟུང་གཞན་སོགས་ཞེས་ ཤེར་འབྱུང་ལུས་ངག་གི་དགེ་ལྷས་)དེས་ཞི་བྱ། །ཞེས་པ་ལྟར་ཀུན་དཀྲིས་ཆེན་པོས་རྩ་ལྟུང་བྱུང་བ་ཉི་ མའི་སུམ་ཆ་ཙམ་ཐུན་ཚོད་ལས་འདས་ན་གཏོང་བས་སྟོབས་བཞི་ཚང་བའི་བཤགས་པ་བྱས་ ལ་སླར་རང་ངམ་གཞན་ལས་བླང༌། ཉེས་པ་གཞན་རྣམས་ཕུང་པོགསུམ་པ་དང་དེ་པའི་ཡི་གེ་ བརྒྱ་པ་སོགས་ཀྱིས་བཤགས་པར་བྱའོ། །ཡང་ན་རྗེ་བཙུན་ནམ་མཁའི་སྙིང་པོ་ལ་གསོལ་བ་ བཏབ་པའི་སྒོ་ནས་བཤགས་བསྡམས་བྱས་ཏེ་བསླབ་བཏུས་སུ་བལྟའོ། །སྡོམ་པ་ཉི་ཤུ་པར་ (ཀུན་དཀྲིས་ཆེན་པོས་ཕམ་པ་སྤྱད་ན་)སྡོམ་པ་སླར་ཡང་བླང་བར་བྱ། །ཟག་པ་འབྲིང་ (ཀུན་དཀྲིས་འབྲིང་གིས་ སྤྱད་པ་)ནི་གསུམ་ལ་བཤགས། །གཅིག་གི་མདུན་དུ་ (ཆེ་འབྲིང་གི་)ལྷག་མ་ (ཀུན་དཀྲིས་ཆུང་ངུས་བསྐྱེད་པ་) རྣམས། །(ཞེས་ཞི་འཚོ་གནས་བརྟན་བྱང་བཟང་ངོ༌། །)ཞེས་པ་ལྟར་སྨོན་སེམས་སྤངས་སམ་ཀུན་དཀྲིས་ ཆེན་པོས་ཕམ་པ་བྱུང་ན་བསྐྱར་ནས་ལེན། འབྲིང་གིས་སྤྱད་ན་གསུམ་ལ། ཉེས་བྱས་རྣམས་ གཅིག་ལ་སྟེ་རྒྱས་པར་བྱང་ས་དང་སྡོམ་པ་ཉི་ཤུ་པ་དང་དེའི་འགྲེལ་པ་ཞི་འཚོ་དང་བྱང་བཟང་ གིས་མཛད་པ་སོགས་ལས་ཤེས་པར་བྱའོ། ། གཉིས་པ་ལ། དེའི་མཚན་ཉིད། དམིགས་ཡུལ། རབ་དབྱེ་ (དེ་གསུམ་ཤེར་འབྱུང༌།)ས་མཚམས་ སོ། །དང་པོ་ལ་གསུམ་ལས། སྔ་འགྲེལ་ནི། སེམས་བསྐྱེད་པ་རང་ (འགའ་ཞིག་དངོས་ཏེ་འདུན་པ་ སོགས། འགའ་ཞིག་གྲོགས་ཏེ་སྦྱིན་སོགས། འགའ་ཞིག་འབྲས་བུ་སྟེ་བགྲོད་གཅིག་སོགས་ཞེས་ཆོས་བཤེས་སོ། །)གི་ངོ་བོ་ གང་ལ་དམིགས་པ་སྟེ་དོན་དུ་གཉེར་བྱའི་ཡུལ་དང་བཅས་པ་ཤླཽ་ཀ་གཅིག་གིས་གསུངས་པ། རྩ་བ་ནི། (འགྲེལ་ཆེན་)སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ (འགྲེལ་ཆེན་)གྱིས་བྱང་ཆུབ་མཆོག་ཏུ་སེམས་ བསྐྱེད་པ་ནི་མཚོན་བྱ། མཚན་ཉིད། གཞན་ནི་རང་ལས་གཞན་པའི་སེམས་ཅན་ (ཤཱན་དོན་རད་ ཀིར་དངོས་)ཐམས་ཅད་དོ། །དོན་ནི་ཕན་པ་སྟེ་ཤིན་ཏུ་མཐར་ཕྱིན་པའི་མྱང་འདས་ཏེ་བླ་མེད་ 1-1-217 བྱང་ཆུབ་པོ། །(དོན་ནི་འཁོར་བ་དང་འཁོར་བའི་རྒྱུ་ལས་སྒྲལ་བ་དང་སངས་རྒྱས་དང་སངས་རྒྱས་ཀྱི་རྒྱུ་ལ་འགོད་པ་སྟེ་ཞེས་ རད་ཀིར་རོ། །) དེའི་ཕྱིར་རམ་ (དངོས་)ཆེད་དུའོ། །དེ་ལྟར་ན་གཞན་གྱི་དོན་དུ་ཡང་དག་པར་རྫོགས་ པའི་བྱང་ཆུབ་འདོད་པའི་ (རད་ཀིར་)བློའོ། ། དག་ (རད་ཀིར་)ལྡན་ནོ། །(གསུམ་འགྲེལ་གནོད་འཇོམས་སུ། སེམས་ཞེས་བྱ་བ་ནི་འདིར་མངོན་པར་འདོད་པ་ལ་བྱ་སྟེ་བྱང་ཆུབ་སེམས་དཔའི་ཆོས་ཐམས་ཅད་སངས་རྒྱས་ཀྱི་ཆོས་ཐམས་ཅད་ ལ་མངོན་པར་འདོད་པ་སྐྱེས་པ་བསྟན་པ་ལ་སེམས་བསྐྱེད་པའི་ལེའུ་ཞེས་བྱའོ། །ཞེས་སོ། །)མདོ་ནི། བྱང་སེམས་ཅི་ ནས་བདག་བླ་མེད་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བ་དང༌། གཞན་གྱི་དོན་བསྒྲུབ་པར་བྱའོ། ། དེ་ལྟར་དོན་དུ་གཉེར་བར་བྱེད་པ་ཡིན་ནོ་ཞེས་ཨཱརྱ་དང་ཐུབ་དགོངས་སོ། །གཞན་ནི་བྱང་ ཆུབ་མདོར་བསྟན་དང་སྦྱོར་ཞིང་སྔ་མ་ནི་སྐབས་འདི་ན་མི་སྣང་ངོ༌། །མཚོན་བྱའི་སྒྲ་བཤད་ན། ཤེས་བྱ་ཐམས་ཅད་ཁོང་དུ་ཆུད་པས་བྱང་ཆུབ། དེའི་རྒྱུར་དགེ་བ་རྒྱ་ཆེན་པོ་སོག་པའམ་ བསགས་པས་སེམས་ (ཙིཏྟ་)དེ་རྒྱུ་ཕུན་ཚོགས་ལས་བྱུང་བའམ་འབྱུང་བས་བསྐྱེད་པའོ། ། ཨཱརྱས། བསྐྱེད་པ་སྨོས་པ་ནི་ (སྔར་)མ་བསྐྱེད་པ་ (ཕྱིས་)བསྐྱེད་པར་ཤེས་པར་བྱེད་པ་ཡིན་པའི་ ཕྱིར་ན་སེམས་ཀྱི་རྟོགས་པའི་ཆོས་ལ་དང་པོའི་མཚམས་ཀྱི་དངོས་པོ་བསྟན་པའི་དོན་དུའོ། ། (བསྐྱེད་པ་དང་འབྱུང་བ་དོན་གཅིག་ཅེས་ངོ་བོ་ཉིད་མེད་པའོ། །སེམས་རྒྱུད་ཀྱི་སྟེང་དུ་དུས་འདི་ཙམ་ནས་འབྱུང་ཞེས་ཤེས་པའི་ དོན་ཡིན་ཞེས་པའོ། །)ཞེས་སོ། །གསུམ་པ་ལ་གཉིས། མཚན་ཉིད་དབྱེ་བ་དང་བཅས་པ། མཚན་ ཉིད་ལ་རྩོད་པ་སྤོང་བའོ། །དང་པོ་ནི། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནི། མཚོན་བྱའོ། ། མཚན་ཉིད་གཞན་གྱི་དོན་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པའི་བློའོ། ། འཕགས་སེང་ལྟར་ན་སྔར་ལུས་སུ་བཀོད་དོ། །སྐྱེས་བུ་ཅི་འདྲ་ཞིག་གི་ཡིན་ཞེ་ན། རང་ཉིད་ དང་པོར་སངས་རྒྱས་སུ་གྲུབ་ནས་གདུལ་བྱ་གཞན་གྱི་དོན་གྱི་ཕྱིར་དུ་མངོན་མཐོ་ངེས་ལེགས་ སོགས་ཀྱི་སྐལ་བ་ཡོད་པ་ཇི་ལྟ་བ་བཞིན་དུ་དེ་ཐོབ་པའི་ཐབས་བསྒྲུབ་པ་ལ་འབད་པར་བྱའོ་ ཞེས་སེམས་པ་ཅན་རྣམས་ཀྱིའོ། །དེས་ན་བཞེད་ཚུལ་གྱིས་ཕྱེ་ན་རྒྱལ་བོ་ལྟ་བུའི་སེམས་ (ཤཱནྟིས་ 1-1-218 )བསྐྱེད་དེ་འདིས་བསྟན་ཅིང༌། སྔོན་ལ་སེམས་ཅན་སངས་རྒྱས་ལ་བཀོད་ནས་གདོད་རང་ འཚང་རྒྱ་བ་ཕྱུགས་རྫི་ལྟ་བུའི་སེམས་བསྐྱེད་ཀྱང་ཡོད་དེ། འཇམ་དཔལ་ལྟ་བུའོ། །དེའི་ཞིང་ བཀོད་ (རྒྱལ་པོ་ནམ་མཁའ་)དུ། བདག་ནི་བྱང་ཆུབ་རིངས་ཚུལ་དུ། །འཚང་རྒྱར་མོས་ཤིང་སྤྲོ་བ་ མེད། །སེམས་ཅན་གཅིག་གི་དོན་གྱི་ཕྱིར། །ཕྱི་མཐའི་བར་དུ་གནས་པར་བགྱི། །ཞེས་པས་ དེ་བསྟན་ཞེས་དེའི་ (འགྲེལ་པར་རོ། །)ཤཱནྟིས་སོ། །དེ་གཉིས་ཤཱནྟིས་བཤད་དོ། །རང་གཞན་མཉམ་ དུ་འཚང་རྒྱ་བར་འདོད་པ་མཉན་པ་ལྟ་བུ་ཡོད་གསུངས་ (བོད་ཕལ་ཆེར་)སྟེ་ཁུངས་ཁོ་བོས་ནི་མ་ མཐོང་ངོ༌། །དེ་འདྲའི་མཚན་ཉིད་ཅན་གྱི་སེམས་བསྐྱེད་ལ་ངོ་བོའི་སྒོ་ནས་ཕྱེ་ན། བསམ་ (བུདྡྷ་ཤྲཱི་) པས་སྨོན་པ་དང་སྦྱོར་བས་ (བུདྡྷ་ཤྲཱི་)འཇུག་པའི་ངོ་བོ་ཉིད་རྣམ་པ་གཉིས་སོ། །འདི་གཉིས་ཀྱི་ ཁྱད་པར་ལ། སངས་རྒྱས་ཡེ་ཤེས་ནི་སོ་སྐྱེའི་སྨོན་པ། ས་རབ་དགའ་ (ཆོས་བཤེས་དངོས་)ནས་ འཇུག་སེམས་ཡོད་པར་བཞེད། ལོཙྪ་བའང༌། བྱང་ཆུབ་མ་ཐོབ་པ་ན་ཐོབ་པར་སྨོན་པ་སྨོན་ སེམས་དང༌། ཐོབ་ནས་ཕྱིན་དྲུག་ལ་འཇུག་པ་འཇུག་པ་སེམས་བསྐྱེད་ཡིན་པས་སོ་སྐྱེ་ལ་མེད་ པར་བཞེད་དོ། །འོ་ན་སོ་སྐྱེ་ལ་བྱང་སེའི་ཚུལ་ཁྲིམས་ཀྱི་སྡོམ་པ་མེད་པར་འགྱུར་ཏེ། དེའི་རྟེན་ ནམ་ངོ་བོ་འཇུག་པ་སེམས་བསྐྱེད་མེད་པས་སོ། །འདོད་ན། བྱང་སར། དེ་ལེན་པའི་སྔོན་དུ་ སྡོམ་པ་དེའི་བསླབ་བྱ་སོགས་མི་ཤེས་པའི་རིགས་ལ་བསྒྲགས་པར་བྱ་ཞེས་སོགས་ཤིན་ཏུ་ གསལ་ལོ། །གཞན་ཡང་སྐྱོན་ཤེས་པར་བྱའོ། །ཤཱནྟིས་སྨོན་ (པ་དང་)འཇུག་གོ །ཅིའི་ཕྱིར་ཞེ་ (བསྡུས་)ན། འབྲས་བུ་དང་རྒྱུ་ལ་འདོད་ཅེས་པའི་ཕྱིར་རོ། །ཇི་ལྟར་ཞེ་ན། འབྲས་བུའི་དམ་པ་ འདོད་པ་ནི་སྨོན་པ་ཡིན་ལ་དེའི་རྒྱུ་ལ་འབད་པ་ནི་འཇུག་ (ལེགས་སོ། །)པ་ཡིན་ནོ། །ལ་ལ་ན་རེ། དོན་དམ་པའི་བྱང་ཆུབ་ཀྱི་སེམས་སྟོང་པ་ཉིད་ལ་དམིགས་པ་ནི་འཇུག་པ་ཡིན་ལ། ཀུན་རྫོབ་ བྱང་ཆུབ་ཀྱི་སེམས་སྙིང་རྗེ་གཙོ་བོར་གྱུར་པ་ནི་སྨོན་པ་ཡིན་ནོ། །ལ་ལ་ན་རེ། དགེ་བའི་རྩ་བ་ མངོན་པར་འདུ་བྱེད་པ་ནི་འཇུག་པ་ཡིན་ལ། མངོན་པར་འདུ་མི་བྱེད་པ་ནི་སྨོན་པ་ཡིན་ནོ་ 1-1-219 ཟེར་རོ། །ལ་ལ་ནི། བསམ་པ་རྣམ་པར་དག་པ་ནི་སྨོན་པར་འདོད་དེ། སྨོན་ལམ་ཡིན་པའི་ ཕྱིར་རོ། །སྦྱོར་བ་ཕུན་སུམ་ཚོགས་པ་ནི་འཇུག་པར་འདོད་དེ། ཉམས་སུ་ལེན་པའི་ཕྱིར་རོ་ ཟེར། ཞེས་མདོ་ཀུན་བཏུས་འགྲེལ་པར་བཤད་དོ། །འདོད་ཚུལ་མང་དུ་ལམ་སྒྲོན་འགྲེལ་ པར་བྱུང་ངོ༌། །འདིར་འཕགས་པ་ཞི་བ་ལྷའི་དགོངས་པ་ནི། ལམ་དུ་འགྲོ་བའམ་ཞུགས་པ་ མིན་པར་འགྲོ་འདོད་པ་ལྟར་བྱང་ཆུབ་ཆེན་པོའི་ལམ་ཉམས་ལེན་ལ་སྦྱོར་བས་མ་ཞུགས་པར་ དེ་ཐོབ་པར་སྨོན་པའི་སེམས་བསྐྱེད་དེ་ཐོག་མའི་སྨོན་པ་སེམས་བསྐྱེད། ལམ་དུ་འགྲོ་བཞིན་ པ་ལྟར་བྱང་ཆེན་གྱི་ལམ་ལ་སྦྱོར་བས་ཞུགས་པའི་སེམས་བསྐྱེད་དེ་ལམ་གྱི་འཇུག་པ་སེམས་ བསྐྱེད་དེ། སྤྱོད་འཇུག་ཏུ། འགྲོ་བར་འདོད་དང་འགྲོ་བ་ཡི། །བྱེ་བྲག་རིམ་བཞིན་ཤེས་པ་ ལྟར། །དེ་བཞིན་མཁས་པས་འདི་གཉིས་ཀྱི། །བྱེ་བྲག་རིམ་བཞིན་ཤེས་པར་བྱ། །ཞེས་སོ། ། ཤེར་འབྱུང་དང་དགེ་ལྷས། འགྲོ་བར་འདོད་ཀྱི་འགྲོ་བ་ཉིད་ནི་མ་ཡིན་ནོ་ཞེས་དཔེ་ལ་འཆད་ དོ། །བུདྡྷ་ཤྲཱིས་ཀྱང༌། བསམ་པས་སྨོན་པ། སྦྱོར་བས་འཇུག་པ་ཞེས་སོ། །ཆོས་བཤེས་ནི། སྨོན་པ་ནི་སྨོན་པ་ཙམ་སྟེ་ཚོགས་བསགས་པས་སེམས་དེ་བསྐྱེད་པའི་ཆོ་གས་བླང་བ་ཡང་མ་ བྱས་པའོ། །(འདི་ཤེར་འབྱུང་ཡང་ངོ༌། །) འཇུག་པ་ནི། དགེ་བཤེས་ལས་ཡང་དག་པར་བླངས་པ་ནས་ བརྩམས་ཏེ་བར་ཆད་མེད་ལམ་གྱི་བར་དུ་གཏོགས་པའི་སྒྲུབ་པའི་སྤྱོད་པའོ། །ཞེས་དང༌། དེ་ ཞི་ལྷའི་དགོངས་པར་འཆད་དོ། །ཁ་ཅིག་ཕྱིར་མི་ལྡོག་ཐོབ་པའི་འཇུག་པ། མ་ཐོབ་པའི་སྨོན་ པར་འདོད་ཅེས་ཆོས་བཤེས་སོ། །དཔལ་ཡེ་ཤེས་གྲགས་པས། འདུན་སོགས་གསུམ་གྱི་དབྱེ་ བ་ལས། །སྨོན་པའི་སེམས་ནི་རྣམ་པ་གསུམ། །འཇུག་པ་ཞེས་བྱའི་སེམས་རྣམས་ནི། །བཅུ་ དགུ་རྣམས་སུ་འདོད་པ་ཡིན། །ཞེས་ཏེ། ཐུབ་དགོངས་སུ་ཡང་ངོ༌། །ཤེར་འབྱུང་ནི། ཉེར་ གཉིས་པོ་འཇུག་པ་ཁོ་ན་ཡིན་གྱི་སྨོན་པ་མེད་གསུང་ངོ༌། །ཀ་ཤིས། དེ་ལ་འགྲོ་བ་མཐའ་དག་ ལ་ཕན་པའི་སངས་རྒྱས་སུ་གྱུར་ཅིག་ཅེས་ཐོག་མར་དོན་དུ་གཉེར་བ་ནི་སྨོན་པའི་སེམས་སོ། ། 1-1-220 གང་ཕན་ཆད་སྡོམ་པ་བཟུང་སྟེ་ཚོགས་རྣམས་ལ་ཞུགས་པ་དེ་ནི་འཇུག་པའི་སེམས་སོ། ། ཞེས་ཏེ། འཇུག་པ་དང་སྡོམ་པ་གཅིག་ཏུ་བཞེད་པར་མངོན་ནོ། །ཁ་ཅིག་ (རྟ་ནག་རིན་ཡེ་)སྨོན་ འཇུག་ངོ་བོ་གཅིག་ཅེས་དང༌། ཁ་ཅིག་ (རལ་གྲི་)ངོ་བོ་ཐ་དད་ཅེས་འདོད། སྤྱིར་རྒྱ་གར་པའི་ འཆད་ཚུལ་ལྟར་ན་ངོ་བོ་མི་གཅིག་པར་གསལ་མོད། དང་པོ་རིམ་ཅན་དུ་འཐོབ་ཅིང་ཕྱིས་ འཇུག་པ་ལ་སྨོན་པའང་ངོ་བོ་གཅིག་ཅེས་རུང་སྙམ་མོ། །(ཤེར་འབྱུང་གིས་གཞན་སྨོན་པ་ལ་ནི་འདུན་པ་ ཙམ་ཉིད་ཀྱིས་ན་ཐམས་ཅད་ལ་ཁྱད་པར་མེད་པའི་ཕྱིར་རོ། །ཞེས་ལས་དང་པོ་པའི་ས་ནས་ཁྱད་པར་མེད་པར་བཤད་དོ། །) སྐྱེ་ ཚུལ་གྱིས་དབྱེ་ན། བླངས་པ་བརྡ་ལས་བྱུང་པའི་དང༌། དོན་དམ་སེམས་བསྐྱེད་དེ། གྲོགས་ སྟོབས་རྒྱུ་སྟོབས་རྩ་བའི་སྟོབས། །ནས། གཞན་གྱིས་བསྟན་པའི་སེམས་བསྐྱེད་བཤད། ། ཅེས་དང་རྫོགས་པའི་སངས་རྒྱས་རབ་བསྙེན་བྱས། །བསོད་ནམས་ཡེ་ཤེས་ཚོགས་རབ་ བསགས། །ཆོས་ལ་མི་རྟོག་ཡེ་ཤེས་ནི། །སྐྱེས་ཕྱིར་དེ་ནི་དམ་པར་འདོད། །ཅེས་སོགས་རྒྱས་ པར་ཤེས་པར་བྱ་སྟེ། གཞན་གྱིས་བསྟན་ཅིང་རྣམ་པར་རིག་བྱེད་ལས་སེམས་བསྐྱེད་པ་ནི་ བརྡ་བྱུང༌། ས་དང་པོ་ཡན་གྱི་མཉམ་བཞག་རིམ་བཞིན་ནོ། །ས་མཚམས་ཀྱིས་ཕྱེ་ན། སེམས་ བསྐྱེད་དེ་ནི་ས་རྣམས་ལ། །(ཚོགས་སྦྱོར་ལ་)མོས་ (པའི་)དང་ (དང་པོ་ནས་འདུན་པའི་བར་ལ་)ལྷག་བསམ་ དག་པ(འི་)དང༌། །(དག་པ་ས་གསུམ་ལ་)རྣམ་པར་སྨིན་པ་གཞན་དུ་འདོད། །དེ་བཞིན་ (སངས་རྒྱས་ཀྱི་ ས་ལ་)སྒྲིབ་པ་སྤངས་པ་ (ཡི་སེམས་བསྐྱེད་དོ། །)འོ། །ཞེས་སོ། །དཔེའམ་གྲོགས་གཙོ་ཆེ་བའི་སྒོ་ནས་ ཕྱེ་ན། འོག་ཏུ་འཆད་པ་ལྟར་རམ་བློ་གྲོས་མི་ཟད་པའི་མདོ་ལྟར་ཉེར་གཉིས་སོ། །བཞེད་ཚུལ་ གྱིས་ཕྱེ་བ་བཤད་ཟིན་ཏོ། །གཉིས་པ་ལ། རྩོད་ལན་གཉིས་ལས། དང་པོ་ནི། བྱང་ཆུབ་ཏུ་ སེམས་བསྐྱེད་པ་ཆོས་ཅན། ཇི་ལྟར་ན་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པ་དེ་ཡིན་ པར་འགྱུར་ཏེ་མིན་པར་ཐལ། གཙོ་བོ་སེམས་ཡུལ་ཁྱད་པར་དུ་འཕགས་པ་གཞན་ (གསེར་ཆོས་ བཤེས་)དོན་དང་བྱང་ཆུབ་སྣང་བ་སྟེ་དམིགས་པ་ཅན་དུ་འབྱུང་བ་མ་ཡིན་ནམ་ཏེ་ཡིན་པའི་ (ཆོས་ 1-1-221 བཤེས་དོན་)ཕྱིར། ཁྱབ་སྟེ། དེ་འདྲའི་འདོད་པ་ཉིད་ནི་སེམས་ལས་བྱུང་བ་ཡིན་པའི་ཕྱིར། ལ་ སྦྲེལ་ཚིག་གོ །དེར་ཐལ་དགེ་བའི་ཆོས་ལ་འདུན་པ་ཡིན་པའི་ཕྱིར། དེར་ཐལ། གཞན་དོན་ བྱང་ཆུབ་དེ་དོན་དུ་གཉེར་བའི་བློ་ཡིན་པས་སོ། །ཞེ་ན། གཉིས་པ་ལ་གཉིས། རྒྱུ་མིང་འབྲས་ ལ་བཏགས་པའི། གྲོགས་མིང་གྲོགས་ཅན་ལ་བཏགས་པའི་ལན་ནོ། །དང་པོ་ནི། སེམས་ བསྐྱེད་དེ་དེ་འདྲའི་འདོད་པ་དངོས་མིན་པ་བདེན་མོད་ཀྱི་འོན་ཀྱང་མཚན་ཉིད་སྟོན་པའི་རྩ་ ཚིག་འདིར་སེམས་བསྐྱེད་ལ་དེའི་མིང་གིས་ཉེ་བར་བཏགས་པ་ལ་བརྟེན་པ་ཡིན་པས་སེམས་ སེམས་བྱུང་དུ་ཐལ་བའམ། སེམས་བྱུང་སེམས་སུ་འགྱུར་བའི་ཉེས་པ་མེད་དོ། །གསེར་ནི་ཉེ་ བར་གདགས་པས་གཅིག་ཏུ་བྱས་པ་ལ་ཉེས་པ་མེད་ཟེར་རོ། །བཏགས་པ་བ་ལ་དེའི་ཆོས་ གསུམ་ཚང་དགོས་པས། དེར་འདོགས་པའི་རྒྱུ་མཚན་ནི། སེམས་ (འགྲེལ་ཆེན་)ཅན་སྡུག་བསྔལ་ གྱི་རྒྱ་མཚོར་ནུབ་པ་རྣམས་བལྟས་ནས་དེ་འདོན་འདོད་ཀྱི་བསམ་པ་ (འགྲེལ་ཆེན་)དགེ་བའི་ཆོས་ ལ་འདུན་པའི་མཚན་ཉིད་ཅན་གྱི་དོན་དུ་གཉེར་བ་དེ་རྒྱུར་ཡོད་ན་བྱང་ཆུབ་ཀྱི་དོན་དུ་ (ཨཱརྱ་) སེམས་བསྐྱེད་པར་བྱེད་ (ཨཱརྱ་)པས་རྩ་བར་བཤད་པའི་རྒྱུ་གཞན་དོན་འདོད་པ་སྨོས་པས་ འབྲས་བུ་སེམས་བསྐྱེད་བསྟན་པ་ཡིན་ནོ། །ཏེ་ནི་ལྷག་མ་ཅན་གྱི་ཚིག་གོ །ཉི་མའི་འོད་ཟེར་ ལ་ཉི་མ་ཞེས་པ་བཞིན་ནོ། །དགོས་པ་ནི། སེམས་ཅན་སྡུག་བསྔལ་ལས་སྒྲོལ་བ་དེ་ལྟར་ཏེ་དེ་ ལྟ་བུ་ལ་འདུན་ཅིང་ (ཨཱརྱ་)དོན་དུ་གཉེར་བའི་བྱང་ཆུབ་སེམས་དཔའི་འདུན་པ་ལས་སྦྱོར་བའི་ བརྩོན་འགྲུས་འབྱུང་བས་དེ་དག་གི་དགེ་བའི་ཆོས་སེམས་བསྐྱེད་སོགས་ཐམས་ཅད་རྣམ་ པར་ཏེ་ཁྱད་པར་དུ་འཕེལ་བར་འགྱུར་རོ་ཞེས་ཤེས་པར་བྱ་བའི་ཕྱིར་བཏགས་སོ། །དེ་ལྟར་ན་ ཞེས་འདོན་པ་མ་དག་གོ །གཉིས་པ་ནི། ལན་རྣམ་པ་གཅིག་ཏུ་ན་འདིར་གྲོགས་ཀྱི་མིང་གིས་ བཏགས་སོ། །རྒྱུ་མཚན་ནི། སངས་རྒྱས་སུ་གྱུར་ཅིག་ཅེས་པའི་སྨོན་ལམ་ནི་ཐེག་ཆེན་སེམས་ བསྐྱེད་ཀྱི་གྲོགས་ཡིན་ཞིང་དེ་ནི་བྱང་ཆུབ་དོན་དུ་གཉེར་བ་སྟེ་ཡང་དག་པར་རྫོགས་པའི་བྱང་ 1-1-222 ཆུབ་འདོད་པ་ཉིད་ཡིན་ལ་དེ་འདྲའི་སྨོན་ལམ་དེ་དང་ལྷན་ཅིག་སྤྱོད་པ་སྟེ་མཚུངས་པར་ལྡན་ པའི་སེམས་བསྐྱེད་པ་ལ་གྲོགས་དེ་འདྲའི་སྨོན་ལམ་དེའི་སྒྲར་བཏགས་ནས་བསྟན་པ་ཡིན་ནོ། ། ཨཱརྱ་ནི། དོན་གཉེར་ནི་སྨོན་ལམ་ཡིན་ཞིང་སེམས་བསྐྱེད་པའི་སྐབས་སུ་ནི་དོན་གཉེར་གཙོ་ ཆེ་བས་ལྷན་ཅིག་སྤྱོད་པའི་སེམས་བསྐྱེད་ལ་དོན་གཉེར་དུ་བསྟན་ཞེས་སོ། །(དོན་ནི་དེ་སེམས་ བསྐྱེད་ཀྱི་གྲོགས་ཡིན་ཅིང་དེའི་གནས་སྐབས་སུ་དེ་གཙོ་ཆེ་བས་དེའི་མིང་གིས་བཏགས་ཞེས་སྦྱོར་བ་འགོད་དེ་འགྲེལ་ཆེན་ཡང་ དོན་དེ་འདོད་དོ། །) དགོས་པ་ནི། ཚུལ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ལ་དེ་འདྲའི་སྨོན་ ལམ་དང་མཚུངས་པར་ལྡན་པའི་སེམས་བསྐྱེད་དེ་སྐྱེའོ། །ཞེས་ཤེས་པར་བྱ་བའི་ཕྱིར་ བཏགས་པ་ཡིན་ནོ། །བུདྡྷ་ཤྲཱི་ནི། འདོད་པ་དེ་རྣམ་རིག་གི་བདག་ཉིད་ཡིན་པས་དེ་སྐད་ བཤད་ཀྱི་གཞན་དུ་ན་རྒྱུ་འབྲས་དང་གྲོགས་ལ་དེའི་མིང་བཏགས་པས་དེའི་རང་གི་ངོ་བོ་ཇི་ ལྟར་འགྲུབ་ཟེར་རོ། ། གཉིས་པ་ལ། དྲི་བས་མཚམས་སྦྱར། རྩ་འགྲེལ་བསྡུ་གསུམ་གྱིས་ལན་གདབ། ལན་ གྱི་མདོ་ལུང་རྒྱས་པར་མ་བྲིས་པའི་རྒྱུ་མཚན་ནོ། །དང་པོ་ནི། སེམས་བསྐྱེད་ཀྱི་ངོ་བོ་བསྟན་ ཟིན་ནས་ཡང་འདི་གཏན་ལ་དབབ་ཅེས་པའོ། །གོ་འཕང་གང་འདོད་པའི་བདག་ཉིད་ཡང་ དག་པར་རྫོགས་པའི་བྱང་ཆུབ་དེ་ནི་གང་ཡིན། ཕུགས་ཀྱི་ཆེད་དུ་བྱ་བ་གང་གི་དོན་དུ་སེམས་ བསྐྱེད་པ་གཞན་གྱི་དོན་ནི་གང་ཡིན་ཞེ་ན། གཉིས་པའི་རྩ་བ་ནི། ཇི་ (ཆོས་བཤེས་དངོས་)ལྟར་དྲིས་ པ་དེ་དང་དེ་ནི་བླ་མའི་ལུང་གིས་མདོ་ལས་ཇི་སྐད་བསྟན་པ་བཞིན་དུ་ཤེས་པར་བྱ་ཞིང་མདོ་ ལས་ཀྱང་དེ་དག་བསྡུས་པ་དང༌། རྒྱས་པའི་སྒོ་ནས་བརྗོད་པར་ཤེས་པར་བྱའོ། །ཞེས་ཚིག་ རྣམ་པར་སྦྱར་རོ། །(དེ་ཡན་དངོས།) རྗེ་བཙུན་ཉིད་ཀྱིས་རང་དགར་བསྟན་པ་སྤང་ཞིང་མདོ་ལས་ ཤེས་པར་བྱ་བའི་ཕྱིར་མདོ་བཞིན་ཞེས་སྨོས་སོ་ (དོན་དངོས་)ཞེས་ཆོས་བཤེས་སོ། །མདོ་བཞིན་ ནི་མདོ་དང་རྗེས་སུ་མཐུན་པར་བྱས་ཀྱི་རང་དགར་ནི་མིན་ནོ་ཞེས་རད་ཀིར་རོ། །འགྲེལ་པ་ 1-1-223 ནི། སེམས་བསྐྱེད་ཀྱི་དོན་དུ་གཉེར་བྱའི་ཡུལ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་གཞན་ གྱི་དོན་བསྟན་ནོ་ཞེས་དྲང་ངོ༌། །ཏེ་ནི་ལྷག་མ་ཅན་ནོ། །གང་ལས་ན། རྒྱལ་བའི་ཡུམ་རྒྱས་ (སྟོང་ ཕྲག་བརྒྱ་པ་)འབྲིང་ (ཉི་ཤུ་ལྔ་པ་)བསྡུས་པ་ (བརྒྱད་སྟོང་པ་ཞེས་གསེར་)རྣམ་པ་གསུམ་ཆར་ལས་སོ། །ཀྱང་ ནི་རེ་རེར་མ་ཟད་ཅེས་པའོ། །སྔར་མཆོད་བརྗོད་འགྲེལ་པར། དེའི་ཡོན་ཏན་འདོད་པའི་ གང་ཟག་གཉིས་ཀ་ཡང་ཞེས་པ་ལྟར་རོ། །གང་གི་སྒོ་ནས་ན། ཡུམ་བསྡུས་པ་ལས་མདོར་ བསྡུས་པ་དང་རྒྱས་འབྲིང་གིས་རྒྱས་པར་བསྟན་པའི་སྒོ་ནས་སོ། །ཁ་ཅིག་རེ་རེས་ཡང་བསྡུས་ རྒྱས་གཉིས་ཀར་བསྟན་ཟེར་ན། བསྡུས་པ་དང་རབ་ཏུ་བསྡུས་པ་ལས་དེ་ལྟར་ག་ལ་བསྟན་ ཞེས་ཆོས་བཤེས་སོ། །ཇི་ལྟར་ན། རྒྱས་འབྲིང་བསྡུས་པའི་མདོའི་དོན་དང་མི་འགལ་བར་ ཏེ་རང་བཟོར་མིན་གྱི་མདོ་ལས་དེ་ཁོ་ན་སྐད་གསུངས་སོ། །ཞེས་ཟུར་གྱིས་བསྟན་ཏེ་འདི་ནི་ ཚིག་ལེའུར་བྱས་པ་རིལ་ལ་སྦྱར་རོ་ཆོས་བཤེས་སོ། །གསེར་ནི། དཀོན་མཆོག་རྣམ་བདུན་ གྱི་མདོ་དང་སྡོང་པོ་བཀོད་པ་ལ་སོགས་ཀྱི་མདོའི་དོན་ཞེས་ཏེ། སློབ་དཔོན་འདིའི་དགོངས་ པ་ནི་མིན་ཏེ། རྩ་བའི་མདོ་བཞིན་དུ་ཞེས་པའི་འགྲེལ་ཚིག་གོ །ཚིག་གང་དང་གང་གིས་ ན། ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་ མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཤེར་ཕྱིན་པ་ལ་བརྩོན་པར་བྱའོ། །ཞེས་ བྱང་ཆུབ་ཤེས་པར་བྱེད་པའི་དོན་ཅན་གྱི་ངག་གིས་བྱང་ཆུབ་མདོར་བསྟན་ནོ། །སྦྱིན་པ་ལ་ སོགས་པ་ཐམས་ཅད་ལ་སྦྱར་ཏེ་གསུངས་པས་བྱང་ཆུབ་རྒྱས་པར་བཤད་དེ། ཤཱ་རིའི་བུ་འདི་ལ་ བྱང་ཆེན་པོ་མི་གནས་པའི་ཚུལ་གྱིས་ཤེར་ཕྱིན་ལ་གནས་ཏེ་སྦྱིན་པར་བྱ་བ་དང་སྦྱིན་པ་པོ་ དང་ལེན་པ་པོ་མི་དམིགས་པའི་ཕྱིར་ཡོངས་སུ་བཏང་བ་མེད་པའི་ཚུལ་གྱིས་སྦྱིན་པའི་ཕར་ ཕྱིན་ཡོངས་སུ་རྫོགས་པར་བྱའོ། །(མདོར་སྣང༌།) ལྟུང་བ་དང་མི་ལྟུང་བའི་བྱ་བ་མེད་པའི་ཕྱིར་ ཚུལ་ཁྲིམས། འཁྲུག་པ་མེད་པའི་ཕྱིར་བཟོད་པ། ལུས་དང་སེམས་ཀྱི་བརྩོན་འགྲུས་ཉམས་ 1-1-224 པ་མེད་ (མདོ་)པའི་ཕྱིར་བརྩོན་འགྲུས། རོ་མྱང་བ་མེད་པའི་ཕྱིར་བསམ་གཏན། ཆོས་ཐམས་ ཅད་མི་དམིགས་པའི་ (རྒྱས་འབྲིང་དངོས་)ཕྱིར་ཤེར་ཕྱིན་ཡོངས་སུ་བསྒྲུབ་པ་སྟེ་རྫོགས་པར་བྱའོ། ། ཞེས་བྱང་ཆུབ་ཤེས་བྱེད་ཀྱི་ངག་གིས་རྒྱས་པར་བསྟན་ནོ། །སྡུད་པར། བྱང་ཆུབ་ཅེས་བྱར་ དྲུག་པོ་འདི་ཀུན་རོ་གཅིག་འགྱུར། །ཞེས་པས་བྱང་ཆུབ་རྒྱས་བཤད་དུ་འོང་གསུང་ངོ༌། །(བོད།) སེམས་བསྐྱེད་དེ་དང་དེ་ནི་མདོ་བཞིན་བརྗོད་ཅེས་པ་ཡིན་གྱི་འཕགས་སེང་སོགས་ཀྱི་འདི་ མིན་ཞེས་ཀུན་མཁྱེན་ཆེན་པོ་གསུང་ངོ༌། །གདུལ་བྱའི་སྐལ་བ་ཇི་ལྟ་བ་བཞིན་དུ་ཕྱོགས་ བཅུའི་སེམས་ཅན་ཟག་མེད་ཀྱི་ཕུང་པོ་ལྔ་ནས་ལྷག་མེད་ལ་འགོད་པའི་བར་གྱིས་གཞན་དོན་ བསྟན་ཏེ། བྱང་ཆེན་པོ་ཤར་ཕྱོགས་ཀྱི་འཇིག་རྟེན་གང་ཀླུང་བྱེ་མ་སྙེད་ན་སེམས་ཅན་ཇི་སྙེད་ འཁོད་པ་དེ་དག་ཐམས་ཅད་ཚུལ་ཁྲིམས་ཀྱི། ཏིང་འཛིན། ཤེས་རབ རྣམ་གྲོལ། དེའི་ཡེ་ཤེས་ མཐོང་བའི་ཕུང་པོ་ལ། རྒྱུན་འབྲས། ཕྱིར་འོང༌། མི་འོང་བའི། དགྲ་བཅོམ། རང་བྱང་ཆུབ། ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་ཀྱི་བར་ལ་འགོད་པར་འདོད་པས་ཤེར་ ཕྱིན་འདི་ཉིད་ལ་སྒྲུབ་པ་སྟེ་བསླབ་པར་བྱའོ། །དེ་བཞིན་དུ་ཕྱོགས་དགུ་ལ་སྦྱར་རོ། །ཞེས་ པས་གཞན་དོན་མདོར་བསྟན་ནོ། །སེམས་ཅན་སེར་སྣ་ཅན་རྣམས་ནི་སྦྱིན་པ་ལ། སོགས་ པས་ཚུལ་ཁྲིམས་འཆལ་བ་རྣམས་ཚུལ་ཁྲིམས་ལ། གནོད་སེམས་མང་བ་རྣམས་བཟོད་པ་ལ། ལེ་ལོ་ཅན་རྣམས་བརྩོན་འགྲུས་ལ། སེམས་གཡེངས་བ་རྣམས་བསམ་གཏན་ལ། ཤེས་རབ་ འཆལ་བ་རྣམས་ནི་ཤེས་རབ་ལ་དགོད་པར་འདོད་པས་ཤེར་ཕྱིན་ལ་བསླབ་པར་བྱའོ། །(ཇི་ བཞིན་ཨཱརྱས་བཤད་འགྲེལ་ཆེན་ཆོས་བཤེས་ཡང་ངོ༌། །) ཞེས་གཞན་དོན་རབ་ཏུ་སྟོན་པ་ལྷུར་ཏེ་གཙོར་བྱེད་པའི་ ངག་གིས་གཞན་དོན་རྒྱས་པར་བཤད་དོ། །ཕྱི་མ་འདི་བར་མར། སེམས་བསྐྱེད་ཡན་གྱི་མདོ་ ན་མི་སྣང་ཡང་སྐབས་གཞན་ན་ཡོད་ཅིང་གཞན་དོན་མདོར་བསྟན་དེ་སེམས་བསྐྱེད་ཚོགས་ གཉིས་ལྡན་གྱི་མཇུག་བྱང་ཕྱོགས་ལྡན་གྱི་བར་ན་སྣང་ངོ༌། །མདོ་རྣམས་སུ་མན་ངག་ལ་ལྟོས་ 1-1-225 པར་བྱ་བའི་ཕྱིར། དཀྲུགས་ཏེ་བསྟན་པ་ཡིན་ཞིང་རྗེ་བཙུན་གྱིས་བསྟན་པས་མདོ་ན་ཡོད་ པར་གསལ་བས་སྙམ་ནས་ལེ་བརྒྱད་མ་དང་སྦྱར་བར་སྣང་ངོ༌། །བསྡུ་བ་ནི། ཚུལ་དེ་ལྟར་ན་ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནི་ཆེད་དུ་བྱ་བ་གཞན་གྱི་དོན་གྱི་ཕྱིར་དུ་དངོས་ཡུལ་ཡང་ དག་པར་རྫོགས་པའི་བྱང་ཆུབ་འདོད་པའི་བདག་ཉིད་ཡིན་པར་ཤེས་པར་ (ངོ་བོ་ཆོས་བཤེས་དངོས་) བྱའོ། །ཆོས་བཤེས་ཀྱིས། དྲི་བ་གསུམ་བཀོད་ནས་སེམས་བསྐྱེད་དེའི་བློའི་ངོ་བོ་གང་ཡིན་ གྱི་ལན། སྦྱིན་བྱ་སྦྱིན་པོ་ལེན་པོ་མི་དམིགས་པར་སྒྲུབ་སོགས་ཀྱིས་བསྟན། བྱང་ཆུབ་གང་ ཡིན་གྱི་ལན། སྐལ་བ་བཞིན་མྱང་འདས་ལ་འགོད་པས་དོན་གྱིས་བསྟན། གཞན་དོན་གང་ ཡིན། སེར་སྣ་ཅན་སོགས་ཀྱིས་བསྟན་ཞེས་ཏེ་བུ་སྟོན་རིན་པོ་ཆེས་དེ་མིན་དུ་ལན་གསུམ་སྦྱར་ རོ། །གང་ཡང་དགོངས་པ་མིན་ནོ། །གསུམ་པ་ནི། (ཆོས་བཤེས་དངོས་)གལ་ཏེ་དེ་དང་དེ་དག་མདོ་ ལས་གསུངས་ན་ (དངོས་)ཇི་སྐད་གསུངས་པ་འདིར་སྨྲོས་ཤིག་ཅེས་ (དངོས་)འདྲི་ན། (དངོས་)ལན་ དུ། གཙུག་ལག་གི་གཞུང་ངམ་མདོ་སྐབས་ཀྱི་དོན་བྱང་ཆུབ་དང་གཞན་དོན་སྟོན་པ་ལྷུར་ ལེན་པ་ནི་རྒྱས་འབྲིང་བསྡུས་པ་ཐམས་ཅད་ལས་ཀྱང་གསུངས་མོད་ཀྱི་ཚིག་མངས་ན་མདོར་ བསྡུས་པ་ལ་དགའ་བའི་གདུལ་བྱའི་བློ་འཁྲུག་པར་འགྱུར་དོགས་ནས་ཤེས་བྱེད་ཀྱི་ཁུངས་ ཉིད་དུ་རྒྱས་པར་མ་བྲིས་ཀྱི་བརྗོད་མི་ནུས་པ་ནི་མ་ཡིན་ནོ་ཆོས་བཤེས་སོ། ། གསུམ་པ་ལ་གསུམ་ལས། སྔ་འགྲེལ་ནི། ཚུལ་དེ་ལྟར་སེམས་བསྐྱེད་པ་དམིགས་པ་དང་ རང་གི་ངོ་བོ་དང་བཅས་པ་བརྗོད་ཟིན་ནས། དེའི་རྗེས་སུ་སེམས་བསྐྱེད་དེའི་རབ་ཏུ་དབྱེ་བ་ རྣམ་པ་ཉི་ཤུ་རྩ་གཉིས་གསུངས་སོ། །རྒྱུ་མཚན་ནི། དེ་འཆད་པ་སྐབས་སུ་བབ་པ་ད་ནི་སྟེ་ དེའི་རྒྱུ་མཚན་གྱིས་སོ། །གང་གིས་ན། བར་སྐབས་ཀྱི་ཚིགས་སུ་བཅད་པ་གཉིས་ཀྱིས་སོ། ། དེ་ཡང་སྔར་སེམས་བསྐྱེད་མདོར་བསྡུས་ཏེ་གསུངས་པའི་ཁྱད་པར་གྱིས་རབ་དབྱེ་རྒྱ་ཆེར་ བསྟན་པའི་སྐབས་ཀྱི་ཁོངས་སུ་གཏོགས་པས་བར་ཚིགས་ཞེས་གསེར་ཏེ། འོག་མ་རྣམས་སུ་ 1-1-226 ཡང་བསྒྲེའོ། །རྩ་བ་ལ། སེམས་བསྐྱེད་དེ་ཡང་ (རད་ཀིར་སོགས་)དབྱེ་གཞི། དབྱེ་ངོ་ནི། བློ་གྲོས་མི་ ཟད་པའི་མདོར། དང་པོ་སེམས་མི་ཟད་པ། ནས། ཐ་མ་ཐབས་མཁས་ཀྱི་བར་ཉེར་གཉིས་ བསྟན་པ་དང་སྦྱར་རྒྱུ་ཡིན་པས་སྦྱར་ནས་བཤད་ན། སེམས་མི་ཟད་པ་ནི། དབྱིག་གཉེན་ གྱིས། སེམས་བསྐྱེད་པ་དང༌། བསམ་པ་དང༌། ཞེས་སོགས་འདོན་ཞིང༌། ཤཱནྟི་ཡང༌། དང་པོ་ སེམས་བསྐྱེད་ཉིད་ཡིན་ལྷག་མ་གྲོགས་ཞེས་སོ། །དེས་ན་སེམས་བསྐྱེད་པའམ་ (དབྱིག་གཉེན་དག་ ལྡན་སྙིང་མཆོག་)འདུན་པ་ནི་ས་དང་འདྲ་ཞེས་ཏེ། དབྱིག་གཉེན་གྱིས་ཆོས་ཐམས་ཅད་ཀྱི་གཞི་ བསྟན་ནོ། །ཞེས་པས་རྒྱུ་མཚན་འགྲེལ་པ་ལྟར་རོ། །དེ་ལ་གྲོགས་མེད་ལྷག་མ་གྲོགས་དང་ བཅས་ཞེས་དག་ལྡན་ནོ། །(དབྱིག་གཉེན་གྱི་དོན་དངོས་)བསམ་ལྡན་ནི་གསེར་ (དག་ལྡན་སོགས་)བཟང་ པོ། (འདྲ་རེ་རེར་སྦྱར་) སྦྱོར་ལྡན་ནི་ཟླ་ (མདོ་)བ་ཡར་ཚེས། ལྷག་བསམ་ལྡན་ནི་མེ། སྦྱིན་ལྡན་གཏེར། ཚུལ་ཁྲིམས་ལྡན་རིན་ཆེན་འབྱུང་གནས། བཟོད་ལྡན་མཚོ། བརྩོན་ལྡན་རྡོ་རྗེ། བསམ་གཏན་ ལྡན་རི། ཤེས་རབ་ལྡན་སྨན། ཚད་མེད་བཞི་ལྡན་ (ཤཱན་དངོས་)བཤེས་གཉེན་ནམ་མཛའ་ (རྒྱན་ ཤཱན་)ཆེན། མངོན་ཤེས་ལྡན་ཡིད་བཞིན་ནོར་བུ། བསྡུ་དངོས་ལྡན་ཉི་མ། སོ་སོ་ཡང་དག་རིག་ ལྡན་དྲི་ཟའི་གླུ་དབྱངས། (རྒྱན་ཤཱན།) རྟོན་ལྡན་རྒྱལ་བོ། ཚོགས་གཉིས་ལྡན་ (ཤཱནྟི་)བང་མཛོད། བྱང་ཕྱོགས་ལྡན་ལམ་པོ་ཆེ། ཞི་ལྷག་ལྡན་བཞོན་པ། གཟུངས་སྤོབས་ལྡན་བཀོད་མའི་ཆུ། ཆོས་ (དག་ལྡན་)བཤད་ལྡན་ནམ་ཆོས་ཀྱི་མདོ་བཞི་ (དབྱིག་གཉེན་སྙིང་མཆོག་)ལྡན་སྒྲ་སྙན་ནམ་སྙན་ (སྙིང་པོ་མཆོག་)སྨྲ། བགྲོད་ཅིག་ལམ་ལྡན་ཆུ་བོ། ཐབས་མཁས་ལྡན་སྤྲིན་ལྟ་བུའོ། །(དག་ལྡན།) སེམས་བསྐྱེད་བསམ་སྦྱོར་ལྷག་བསམ་དང༌། །ཕ་རོལ་ཕྱིན་དྲུག་ཚད་མེད་དག །མངོན་པར་ ཤེས་དང་བསྡུ་དངོས་དང༌། །སོ་སོར་རིག་རྟོན་ཚོགས་དག་དང༌། །བྱང་ཆུབ་ཕྱོགས་མཐུན་ཞི་ གནས་སོགས། །གཟུངས་སོགས་ཆོས་ཀྱི་མདོ་བཤད་དང༌། །བགྲོད་ཅིག་ལམ་དང་ཐབས་ མཁས་པའོ། །དང་པོ་སེམས་བསྐྱེད་པ་མི་ཟད་པ་ཡིན་ལ་ལྷག་མ་རྣམས་གྲོགས་དང་བཅས་ 1-1-227 པ་མི་ཟད་པ་ཞེས་བརྗོད་དོ། །དག་ལྡན་ནོ། །ཚད་མེད་མན་བཅུ་ཚན་གཉིས་པ་ལ། དུས་ ༤མདའ་༥དུས་༤མཚོ་༤དུས་༤ལག་༢པ། །སུམ་ཅུ་རྩ་བདུན་ལག་༢རྐང་༢མཚོ༤། །བཅུ་ཚན་ གཉིས་པའི་ཐ་དད་ཀྱིས། །མི་ཟད་བརྒྱད་ཅུ་དེ་དག་ཡིན། །ཞེས་དག་ལྡན་ཏེ། མདོ་དང་དབྱིག་ གཉེན་དང་མཐུན་པའོ། །ཐ་དད་ནི། དང་པོ་ནི་ཕྱི་མ་རྣམས་ཀྱི་རྒྱུ་ཁོ་ནའོ། །བར་བ་རྣམས་ཕྱི་ མའི་རྒྱུ་དང་སྔ་མའི་འབྲས་བུ་གཉིས་ཀའོ། །ཕྱི་མ་གཉིས་སྔ་མ་རྣམས་ཀྱི་འབྲས་བུ་ཁོ་ནའོ་ ཐུབ་དགོངས་སོ། །ཤཱནྟི་སོགས་ཀྱིར་མི་མངོན་ནོ། །གྲངས་ངེས། སེམས་བསྐྱེད་དེ་རྣམས་སུ་ ཕྱེ་བ་ཉིད་ཀྱིས་རྣམ་པ་ཉི་ཤུ་རྩ་གཉིས་ཡིན་ལ་དེས་རྒྱུ་དང་འབྲས་བུའི་བདག་ (གསེར་)ཉིད་ཅན་ གྱི་སེམས་བསྐྱེད་སོ་ (གསེར་)སྐྱེ་བྱང་སེམས་ (གསེར་)དེ་པའི་བར་གྱི་བསྡུས་པས་མ་ཚང་བའང་ མིན་ལྷག་པའང་མིན་པར་འདི་ཙམ་ (གསེར་)ཁོ་ནར་ངེས་སོ་གསེར་རོ། །འགྲེལ་པ་ལ། ཤེར་ འབྱུང་གིས། མིང་དང་དཔེ་དང་རང་གི་ངོ་བོ་དང་བསྡུ་བའི་སྒོ་ནས་ཤེས་པར་བྱ། ཞེས་པ་ལྟར་ ཡིན་གྱི། གྲོགས་དང་ཞེས་པ་ནི་ནོར་ཏེ། འགྲེལ་པར་ཆོས་ཀྱི་སྐུ་དང་ལྡན་ཞེས་ལྡན་མཐའི་ གསལ་བྱེད་དུ་བསྡུས་ཏེ་སྨོས་ཀྱི་རེ་རེ་ལ་སྦྱོར་དགོས་ཤིང༌། རད་ཀིར་གྱིས་རེ་རེ་བཞིན་སྦྱར་ རོ། །འོན་ཀྱང༌། ཆོས་བཤེས་ཀྱིས། འགའ་ཞིག་སེམས་བསྐྱེད་དངོས་གཙོ་བོར་སྟོན་པ་སྟེ་ བདུན་པ་ལ་སོགས་པའོ། །ཁ་ཅིག་དེ་འཕེལ་བའི་གྲོགས་ལ་དེར་གདགས་ཏེ་སྦྱིན་སོགས་སོ། ། ཁ་ཅིག་དེའི་འབྲས་བུ་ལ་དེར་གདགས་ཏེ་བགྲོད་ཅིག་ལམ་ལ་སོགས་པའོ་ཞེས་ཏེ་དཔྱད་དོ། ། མིང༌། དཔེ། ངོ་བོའམ་ཆོས་མཐུན་པའི་དོན་རྣམས་གོ་རིམ་བཞིན་སྦྱར་ན། གཞན་དོན་དུ་ བྱང་ཆེན་ལ་འདུན་པ་དེ་སེམས་བསྐྱེད་དངོས་སུ་བློ་གྲོས་མི་ཟད་པའི་མདོར་བཤད་མོད། སློབ་དཔོན་ལྟར་ན། དེ་དང་མཚུངས་པར་ལྡན་པ་ཞེས་ཀུན་ལ་སྦྱར་ཏེ། དེ་ནི་ལོ་ཐོག་སོགས་ ཀྱི་གཞི་ས་ལྟ་བུ་སྟེ། ཚོགས་ལམ་འབྲིང་ཡན་གྱི་ཆོས་དཀར་པོ་སངས་རྒྱས་ཀྱི་ (ཨཱརྱ་དག་ལྡན་) ཆོས་དང་དེའི་རྒྱུ་ (ཨཱརྱ་དག་)ཚོགས་སྐྱེ་ཞིང་འཕེལ་ (དག་ལྡན་)བའི་གཞིའི་དངོས་པོ་སྟེ་རྟེན་བྱེད་ 1-1-228 པའི་ཕྱིར། མདོ་བྱང་ཆུབ་མདོར་བསྟན་བཞིན་ (ཨཱརྱས་དྲངས་)ནོ། །ཕྱིན་དྲུག་རྫོགས་པར་བྱེད་ པའམ་དྲུག་གིས་བསྡུས་པའི་ཕན་བདེའི་བསམ་པ་དང་ལྡན་པ་ནི། བཞུ་བརྟུལ་ཅི་བྱས་ཡང་ རྫས་ཀྱི་ངོ་བོ་མི་འགྱུར་བ་གསེར་བཟང་པོ་ལྟ་བུ་སྟེ། རྫོགས་པའི་བྱང་ཆུབ་ཐོབ་ཀྱི་བར་དུ་ སེམས་ཅན་ཐམས་ཅད་ལ་ཕན་བདེ་སྒྲུབ་པ་ལས་མི་འགྱུར་བའི་ཕྱིར་རོ། །མདོ་བྱང་ཆུབ་རྒྱས་ བཤད་བཞིན་ (ཨཱརྱས་དྲངས་)ནོ། །སོ་བདུན་སོགས་ (མཐའ་ཡས་པ་སྨོས་སོ། །)རྫོགས་པར་བྱེད་པའི་ ལྷག་པའི་བསམ་པ་དང་ལྡན་པ་ནི། ཡར་ངོའི་ཟླ་བ་ཚེས་པ་དང་འདྲ་སྟེ། དྲན་པ་ཉེར་བཞག་ (ཤིན་ཏུ་མང་མདོ་ཤཱནྟི་)སོགས་དགེ་བའི་ཆོས་མཐའ་དག་གོང་ནས་གོང་དུ་རྣམ་པར་འཕེལ་བར་ འགྱུར་བའི་ཕྱིར། དྲན་པ་མི་དམིགས་པའི་ཕྱིར་དྲན་པ་ཉེ་བར་བཞག་པ་བཞི་ཡོངས་སུ་ རྫོགས་པར་བྱའོ། །ཞེས་སོགས་ཤིན་ཏུ་མང་བར་ཡོད་དོ། །སྐྱེ་མེད་གསུམ་བསྒོམ་པའི་སྦྱོར་ བ་དང་ལྡན་པ་ནི། མེ་དང་འདྲ་སྟེ། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་སྟེ་གཞི་ལམ་རྣམ་ གསུམ་བདེན་མེད་དུ་རྟོགས་པ་ལ་སྒྲིབ་པའི་བུད་ཤིང་ཅི་རིགས་བསྲེག་པར་བྱེད་པའི་ཕྱིར། ཁྱད་པར་རྟོགས་པར་འདོད་པས་ལྷག་བསམ་ཞེས་ཤཱནྟི་སོགས་མང་པོས་བཤད་དོ། །ཐམས་ ཅད་ཤེས་པ་ཉིད་ལ་ཤེས་པ་དང་མཐོང་བས་བལྟས་ནས་འདའ་བར་འདོད་པས་ཡུམ་བསྒོམ་ ཞེས་ཨཱརྱས་དྲངས་ (དོན་འདུག་)སོ། །རྒྱན་འགྲེལ་དང་དག་ལྡན་དུ། སྦྱོར་ལྡན་ཡར་ངོའི་ཟླ་ཚེས་ བཞིན་ཏེ། དགེ་ཆོས་འཕེལ་བར་འགྱུར་བས་སོ། །ལྷག་བསམ་ལྡན་མེ་དང་འདྲ་སྟེ། ཤིང་གི་ བྱེ་བྲག་གིས་མེ་བཞིན་དུ་གོང་ནས་གོང་དུ་ཁྱད་པར་དུ་འགྲོ་བའི་ཕྱིར་ཞེས་ཏེ། བློ་གྲོས་མི་ ཟད་པའི་མདོ་འགྲེལ་དུ་ཡང་ངོ༌། །འདི་དང་སྔ་མ་དཀོན་བརྩེགས་སུ་གོ་བཟློག་སྟེ་བསྟན་པ་ དང་མི་འགལ་ཏེ་སྤྱིའི་རིགས་ནས་གཅིག་གི་སྔོན་དུ་གཅིག་འབྱུང་བར་སྟོན་ཞེས་ཟླ་ཟེར་དང་ ཐུབ་དགོངས་ཀྱི་དོན་ནོ། །མི་རིགས་པར་མངོན་ནོ། །སློང་བ་རྣམས་ལ་བསམ་པ་ཇི་བཞིན་ (གསེར་)སྟེར་བ་སོགས་ཀྱི་སྦྱིན་པའི་ཕར་ཕྱིན་ལྡན་ནི། དུང་དང་དུང་ཆེན་པདྨ་པདྨ་ཆེན་ (མདོ་ལ་ 1-1-229 ལར་བཤད་)གྱི་གཏེར་ཆེན་པོ་འདྲ་སྟེ། ཟང་ཟིང་ལོངས་ (ཨཱརྱ་)སྤྱོད་ཀྱིས་སེམས་ཅན་ཐམས་ཅད་ ཚིམ་པར་བྱེད་ཀྱང་ (ཨཱརྱ་)མི་ཟད་པའི་ཕྱིར་ (སེར་སྣ་ཅན་རྣམས་སྦྱིན་པ་ལ་འཇོག་པར་འདོད་པ་དང་ཞེས་སོགས་ དྲུག་ཀ་ལ་ཨཱརྱས་དྲངས་པ་ནི་རྒྱས་འབྲིང་བསྡུས་གསུམ་ན་མི་སྣང་ངོ༌། །)རོ། །ཉན་ (ཨཱརྱ་)ཐོས་དང་རང་སངས་ རྒྱས་ཀྱི་ཐེག་པའི་སྦྱིན་པ་ཐམས་ཅད་རྗེས་སུ་ཡི་རང་དང་ལྡན་པའི་སེམས་བསྐྱེད་པ་གཅིག་ གིས་ཟིལ་གྱིས་གནོན་པར་འདོད་པས་ཤེར་ཕྱིན་ལ་བསླབ་ཅེས་སོ། །ལེགས་སྤྱད་ཀྱི་ལས་སུ་ གྱུར་པའི་ (གསེར་)ཚུལ་ཁྲིམས་ཕར་ཕྱིན་ལྡན་ནི། རིན་པོ་ཆེའི་འབྱུང་ཁུངས་ཀྱི་གནས་འདྲ་སྟེ། ཞི་ལྷག་མ་ཆགས་པ་སོགས་ཡོན་ཏན་རིན་པོ་ཆེ་ཐམས་ཅད་འབྱུང་བའི་རྟེན་གྱི་དངོས་པོ་བྱེད་ པའི་ཕྱིར། ཉན་རང་ཐེག་པ་པའི་ཚུལ་ཁྲིམས་ཞེས་སོགས། གནོད་པ་མནག་ནུས་པ་ (གསེར་) སོགས་ཀྱི་བཟོད་པའི་ཕར་ཕྱིན་ལྡན་ནི། རྒྱ་མཚོ་ཆེན་པོ་འདྲ་སྟེ། མི་འདོད་པ་ནད་དང་མཚོན་ སོགས་ཐམས་ཅད་ཐོག་ཏུ་བབ་པས་ཀྱང་སེམས་ (ཨཱརྱ་)མི་འཁྲུག་པའི་ཕྱིར། ཉན་རང་གི་ཐེག་ པ་པའི་བཟོད་པ་སོགས། དགེ་བ་ལ་སྤྲོ་བའི་བརྩོན་འགྲུས་ཕར་ཕྱིན་ལྡན་ནི། རྫས་ཀྱི་རྡོ་རྗེ་ཕ་ ལམ་ (ལུག་གི་རྭས་ཤིག་པར་མྱང་འདས་ཆེན་པོར་བཤད་དོ། །)འདྲ་སྟེ། དགེ་བ་བསྒྲུབ་པ་ལ་ཡིད་ཆེས་པ་ བརྟན་ཅིང་གཏིང་ཚུགས་པས་ལེ་ལོ་སོགས་ཀྱིས་མི་ཕྱེད་པའམ་མི་ཤིག་ (དག་ལྡན་)པའི་ཕྱིར། ཉན་རང་གི་ཐེག་པ་པའི་བརྩོན་འགྲུས་སོགས། ཡང་དག་པའི་དོན་ལ་སེམས་རྩེ་གཅིག་པའི་ བསམ་གཏན་ཕར་ཕྱིན་ལྡན་ནི། རིའི་རྒྱལ་བོ་རི་རབ་འདྲ་སྟེ། མཚན་མར་རམ་ཕྱིན་ཅི་ལོག་ གི་དམིགས་པའི་རྣམ་པར་གཡེང་བས་མི་བསྐྱོད་ཅིང་མི་བསྒུལ་བའི་ཕྱིར། ཉན་རང་ཐེག་པ་ པའི་བསམ་གཏན་སོགས་སོ། །ཕྱེ་མ་ལེབ་དང་འདབ་ཆགས་དང༌། །རྒྱ་མཚོ་དག་གིས་རི་ རབ་ལྟར། །བརྟན་པ་གྲོགས་ངན་སྡུག་བསྔལ་དང༌། །ཟབ་མོ་ཐོས་པས་མི་གཡོས་སོ། །ཞེས་ པ་ལྟར་རོ། །རང་བཞིན་མེད་རྟོགས་ཀྱི་ཤེས་རབ་ཀྱི་ཕར་ཕྱིན་ལྡན་ནི། སྨན་བཟང་པོ་འདྲ་སྟེ། ཆགས་སྡང་སོགས་ཉོན་མོངས་པ་དང༌། འཁོར་གསུམ་དུ་རྟོག་པ་སོགས་ཤེས་བྱའི་སྒྲིབ་པའི་ 1-1-230 ནད་རབ་ཏུ་ཞི་བར་བྱེད་པའི་ཕྱིར། ཉན་རང་ཐེག་པ་པའི་ཤེས་རབ་ཅེས་སོགས། ཕྱིན་དྲུག་ གིས་ (ཐུབ་དགོངས་)བསགས་པའི་དགེ་བའི་རྩ་བ་ཐམས་ཅད་རྫོགས་བྱང་དུ་ (ཐུབ་དགོངས་)བསྔོ་ བའི་ཐབས་མཁས་པའི་ཕར་ཕྱིན་ལྡན་ནི། དགེ་བའི་བཤེས་གཉེན་ (རྒྱན་དུ་མཛའ་ཆེན་བཞིན་ཞེས་ སོ། །)འདྲ་སྟེ། ཚད་མེད་བཞིས་ (བློ་གྲོས་མི་ཟད་པའི་མདོར་)གནས་སྐབས་ཐམས་ཅད་དུ་སེམས་ཅན་ གྱི་དོན་ཡོངས་སུ་མི་གཏོང་ཞིང་ཡལ་བར་མི་འདོར་པར་བསྒྲུབ་པའི་ཕྱིར། སེམས་ཅན་ ཐམས་ཅད་ཀྱི་དོན་དུ་སྦྱིན་པ་ཆུང་ངུ་བྱིན་ཡང་ཐབས་མཁས་པས་ཡོངས་སུ་བསྔོ་བའི་ཚུལ་ གྱིས་ཇི་ལྟར་ན་ཚད་མེད་གྲངས་མེད་པར་འགྱུར་སྙམ་ན་ཡང་བྱང་ཆེན་པོས་ཤེར་ཕྱིན་ལ་ བསླབ་ཅེས་སོགས་སོ། །(དབུས་མཐའི་འགྲེལ་ཐུབ་དགོངས་དངོས་སོ། །)སྐྱེ་བ་ཐམས་ཅད་དུ་ཕྱིན་དྲུག་ལ་ སྤྱོད་པར་སྐྱེ་བའི་སྨོན་ལམ་ (ཕྱི་མ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་དང་རིམ་གྲོ་རྣམ་པ་ཐམས་ཅད་ དཔག་ཏུ་མེད་པར་བྱ་བའི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དམ་པའི་ཆོས་ཡོངས་སུ་གཟུང་ཞིང་བསྲུང་བའི། ཆོས་ཀྱི་ ཚུལ་ཡང་དག་པར་གཟུང་བར་བྱ་བའི། དགའ་ལྡན་གྱི་གནས་ན་གནས་པ་ནས་ཡོངས་སུ་མྱ་ངན་ལས་འདས་པའི་བར་གྱི་བྱང་ ཆུབ་སེམས་དཔའི་སྤྱོད་པའི་རྣམ་པ་ཐམས་ཅད་ལེགས་པར་སྤྱད་པར་བྱ་བའི། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི། འཇིག་ རྟེན་གྱི་ཁམས་ཐམས་ཅད་རྣམ་པར་བསྟན་པར་བྱ་བའི། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའི། ཐེག་ཆེན་ལ་འཇུག་པར་ བྱ་བའི་ཕྱིར། བྱང་སེམས་ཐམས་ཅད་བསམ་སྦྱོར་གཅིག་པར་བྱ་བའི། ཡང་དག་པའི་སྤྱོར་བ་ཐམས་ཅད་འབྲས་བུ་ཡོད་པར་བྱ་ བའི། བླ་མེད་རྫོགས་པའི་བྱང་ཆུབ་ཏུ་མངོན་རྫོགས་རྒྱ་བའི་སྨོན་ལམ་ཆེན་པོའོ། ། གཟུངས་ཀྱི་དབང་ཕྱུག་རྒྱལ་བོས་ཞུས་པའི་ མདོར་བཤད་དོ། །དགོངས་འགྲེལ་འགྲེལ་པ་བམ་པོ་བཞི་བཅུ་པར་བཀོད་དོ། །)བཅུ་སོགས་ཀྱི་ (ཨ་བྷ་དངོས་)ཕར་ ཕྱིན་ལྡན་ནི། ཡིད་བཞིན་གྱི་ནོར་བུ་འདྲ་སྟེ། ཡིད་ཀྱིས་ཇི་ལྟར་སྨོན་པའི་འབྲས་བུ་འགྲུབ་ པའི་ཕྱིར་རོ། །སངས་རྒྱས་ཀྱི་སྐུ་བསྒྲུབ་པར་འདོད་པ་དང་མི་ཆེན་པོའི་མཚན་སུམ་ཅུ་རྩ་ གཉིས་ཐོབ་པར་འདོད་པས་ཞེས་སོགས། ཉི་མ་སོ་སོར་དེ་རྣམས་ལ་སོ་སོར་རྟོག་པ་དང་ བསྒོམ་ (དབུས་མཐའི་འགྲེལ་འགྲེལ་བཤད་ཐུབ་དགོངས་)པའི་སྟོབས་ཀྱི་ཕར་ཕྱིན་དང་ལྡན་པ་ནི། ཉི་མ་ 1-1-231 འདྲ་སྟེ། བསྡུ་དངོས་བཞིས་ (བློ་གྲོས་མི་ཟད་པའི་མདོ།)གདུལ་བྱའི་ལོ་ཐོག་ཡོངས་སུ་སྨིན་པར་བྱེད་ པའི་ཕྱིར། བྱང་ཆེན་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་ བྱ་བར་འདོད་པ་དང་ཟས་སྐོམ་སོགས། ནས། ཡོ་བྱད་དང་ལོངས་སྤྱོད་ཐམས་ཅད་ཀྱིས་ སེམས་ཅན་ཐམས་ཅད་ཡོངས་སུ་ཚིམ་པར་བྱའོ་སྙམ་ན་ཡང་ཤེར་ཕྱིན་ལ་བསླབ་པ་སོགས། ཐེག་ཆེན་གྱི་ (ཐུབ་དགོངས་དངོས་)དགོངས་པ་ཇི་ལྟ་བ་དང་སྒྲ་ཇི་ལྟ་བར་ཤེས་པའི་ཡེ་ཤེས་ཀྱི་ཕར་ ཕྱིན་ལྡན་ནི། ཆོས་ཀྱི་སྒྲ་དབྱངས་ནི་བརྡ་ཆད་དང་བསྟུན་ན་ལྷའི་རྔ་བོ་ཆེ་ཆོས་ཀྱི་སྒྲ་དབྱངས་ སྙན་པའམ་ (གསེར་གྱིས་གཞན་དུ་བཤད་ཀྱང་དོན་མིན།)རྒྱན་ལྟར་ན་དྲི་ཟའི་དབྱངས་སྙན་འདྲ་སྟེ། སོ་སོ་ ཡང་དག་རིག་ (བློ་གྲོས་མདོ།)བཞིས་གདུལ་བྱ་དད་ཅིང་འདུན་པར་བྱེད་པའི་ཆོས་སྟོན་པའི་ཕྱིར། སྟོང་གསུམ་པོའི་ཁམས་ཀྱི་ཤིང་དང་རྩ་ཞེས་སོགས་ནས་ས་ཆེན་པོའི་ལྷུན་དེ་དག་ཐམས་ཅད་ རྡུལ་ཤིན་ཏུ་ཕྲ་བའི་ཚུལ་དུ་ཤེས་པར་འདོད་པས་ཡུམ་ལ་བསླབ་ཅེས་དང༌། འོག་ཏུ། སྦྱིན་པ་ འདི་ལྟར་བྱིན་ན་ནི་འབྲས་བུ་ཆེན་པོར་འགྱུར་ཞེས་སོགས་སློབ་དཔོན་བློ་བརྟན་དང་སེང་ བཟང་ནི། ཡེ་ཤེས་ཀྱི་ཕར་ཕྱིན་ནི་མི་རྟོག་ཡེ་ཤེས་ཀྱི་རྗེས་ཐོབ་ཡིན་གྱི་མི་རྟོག་པ་མིན་ཞེས་ བཞེད་ལ། ཨ་བྷྱཱ་དང་ཞི་བ་འབྱུང་གནས་ནི། དེ་ནོར་ཞིང་ཤེར་ཕྱིན་གྱི་ངོ་བོ་རྗེས་ཐོབ་དག་པ་ འཇིག་རྟེན་པའི་ཡེ་ཤེས་ཡིན་གྱི་རྣམ་པར་རྟོག་པ་མིན་ཞེས་སོགས་བཤད་དོ། །འོན་ཀྱང་ཡང་ དག་མིན་པའི་རྣམ་རྟོག་ཏུ་མི་བཞེད་ཅིང་སྔ་མ་རིགས་སོ། །མངོན་པར་ཤེས་པ་དང་ལྡན་པ་ ནི། རྒྱལ་བོ་ཆེན་པོ་དང་འདྲ་སྟེ། གཞན་དོན་སྒྲུབ་པའི་མཐུ་ཐོགས་པ་མེད་པས་རྟོན་པ་བཞིས་ (བློ་གྲོས་མདོ་)གཞན་གྱི་དོན་ཆུད་མི་ཟ་བར་བསྒྲུབ་པའི་ཕྱིར། ཤར་ཕྱོགས་ཀྱི་སངས་རྒྱས་ཀྱི་ ཞིང་གང་གའི་ཀླུང་གི་བྱེ་མ་སྙེད་པོ་དེ་དག་ཐམས་ཅད་དུ་སེམས་བསྐྱེད་པ་གཅིག་གིས་འགྲོ་ བར་འདོད་པས་ཡུམ་ལ་བསླབ། ཕྱོགས་གཞན་དགུ་ལ་སྦྱར་རོ་ཞེས་དང༌། བསྐལ་བའི་མེ་ཁ་ དབུགས་གཅིག་གིས་ཞི་བར་འདོད་པས་དང༌། རྣམ་པར་འཐོར་རླུང་སེན་མོ་གཅིག་གིས་ 1-1-232 ཁེབས་པར་འདོད་སོགས་དང༌། ཕྱོགས་རེ་རེའི་སངས་རྒྱས་ལྷ་མིག་གིས་བལྟ་བར་འདོད། དེས་ཆོས་བསྟན་པ་ལྷའི་རྣ་བས་ཉན་པར་འདོད། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་ པ་ཤེས་པར་འདོད། དེ་རྣམས་ཀྱི་སྔོན་གྱི་གནས་རྗེས་སུ་དྲན་པར་འདོད། ཟག་པ་ཟད་པའི་ ཤེས་པ་མངོན་པར་བསྒྲུབ་པར་འདོད་ཅིང་ཡང་དག་པའི་མཐའ་མངོན་དུ་མི་བྱ་བར་འདོད་ པའི་བྱང་སེམས་ཞེས་སོ། །སྐབས་འདིར་མི་སྣང་ཡང་སྐབས་གཞན་དུ་ཡོད་པས་འདིར་དྲངས་ པར་སྣང་ངོ༌། །འོན་ཀྱང་གོང་དུ་མངོན་པར་ཤེས་པ་དྲུག་ལ་གནས་པར་འདོད་པས་ཞེས་པ་ ཡོད་པ་དེ་འདིར་དྲང་བར་བྱའོ། །བསོད་ནམས་ཡེ་ཤེས་ཀྱི་ཚོགས་དང་ལྡན་པ་ནི། རྫས་མང་ པོ་བཞག་པའི་བང་མཛོད་དང་འདྲ་སྟེ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མང་པོའི་ མཛོད་ལྟ་བུ་ཡིན་པའི་ཕྱིར་རོ། །ཕྱོགས་བཅུ་རེ་རེར་སྦྱར་ཏེ། སངས་རྒྱས་བཅོམ་ལྡན་འདས་ བྱང་སེའི་འཁོར་དང་ཉན་ཐོས་ཀྱི་འཁོར་དང་བཅས་པ་ཇི་སྙེད་ཅིག་བཞུགས་པ་དེ་དག་ ཐམས་ཅད་བསོད་སྙོམས་གཅིག་གིས་ཁྱད་པར་བྱ་བར་འདོད་སོགས། ན་བཟའ་སོགས་དང་ རྒྱུན་ཞུགས་ནས་མྱང་འདས་ལ་འགོད་པར་འདོད་པས་ཞེས་ (འདི་བཞིན་མདོར་བསྟན་དུ་དྲངས་) སོགས་སོ། །སྦྱིན་ཚུལ་བཟོད་པའི་ཕར་ཕྱིན་གསུམ་བསོད་ནམས། ཤེར་ཕྱིན་གཅིག་པུ་ཡེ་ ཤེས། བརྩོན་འགྲུས་བསམ་གཏན་གྱི་ཕར་ཕྱིན་ནི་གཉིས་ཀའི་ཕྱོགས་ཞེས་བྱང་སར་རོ། ། ཚུལ་མང་ངོ༌། །བསོད་ནམས་ཀྱི་འབྲས་བུ་བྱང་སེ་གནོད་པ་མེད་པར་འཁོར་བ་ན་འཁོར་ ཞིང་སྡུག་བསྔལ་གྱིས་ཤིན་ཏུ་གཟིར་བ་མེད། དགའ་མགུར་སེམས་ཅན་གྱི་དོན་བྱེད། ཡེ་ ཤེས་ལ་བརྟེན་ནས་འཚང་རྒྱ་ཞེས་བྱང་ (དོན་བསྡུས་)སར་རོ། །བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ ཆོས་ (ཨཱརྱ་)སོ་བདུན་དང་ལྡན་པ་ནི། ལམ་པོ་ཆེ་དང་འདྲ་སྟེ། འདས་ད་ལྟར་གྱི་འཕགས་པ་ སངས་རྒྱས་ཐམས་ཅད་གཤེགས་ཤིང་མ་འོངས་པ་རྣམས་རྗེས་སུ་གཤེགས་པའི་ལམ་ཡིན་ པའི་ཕྱིར། སངས་རྒྱས་བཅོམ་ལྡན་འདས་འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བ་རྣམས་ 1-1-233 ཀྱི་སངས་རྒྱས་ཀྱི་ཡོན་ཏན་ཤེས་པར་འདོད་པ་དང་ཐོབ་པར་འདོད་པས་ཞེས་དང༌། འདུས་ བྱས་མ་བྱས་ཟག་པ་ཡོད་མེད་དགེ་མི་དགེ་སོགས་ཀྱི་ཕ་རོལ་ཏུ་ཕྱིན་པར་འདོད་པས་ཡུམ་ལ་ བསླབ་ཅེས་སོ། །གྲོགས་སོ་བདུན་ལ་འཕགས་པ་ཀུན་དང་གྲོགས་ཅན་སེམས་བསྐྱེད་ལ་ ཐེག་ཆེན་འཕགས་པ་ཀུན་གཤེགས་ཞེས་རྒྱལ་སྲས་ཐོགས་མེད་ཅེས་བོ་དོང་པ་འཆད་དོ། ། སྙིང་རྗེ་དང་ཤེས་རབ་ལྷག་མཐོང་དང་ལྡན་པ་ནི། གཞོན་པ་རྟ་ཅང་ཤེས་སོགས་དང་འདྲ་སྟེ། ཐབས་ཤེས་ཟུང་འབྲེལ་དུ་འགྲོ་ (ཨཱརྱ་དོན་)བས་འཁོར་བ་དང་མྱ་ངན་ལས་འདས་པ་གང་དུ་ ཡང་མི་ལྟུང་བར་བྱང་སེམས་དེ་མི་གནས་པའི་མྱང་ (གསེར་དོན་དངོས་)འདས་སུ་བདེ་བླག་ཏུ་འགྲོ་ བའི་ཕྱིར། ཡང་ན་གཞན་དོན་གྱི་ཁུར་བདེ་བླག་ཏུ་ཁྱེར་ཏེ་ཞེས་ (བུ་)སོ། །ཉན་ཐོས་དང་རང་ སངས་རྒྱས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བར་དང༌། སངས་རྒྱས་ཐམས་ཅད་ཀྱི་ནང་གི་འཁོར་ (ནི་སངས་རྒྱས་ཀྱི་གསང་བ་ཕྲ་མོ་ལ་འཇུག་པའི་ཡེ་ཤེས་ལ་ཞུགས་པའོ། །ཨཱརྱ།)དུ་འགྱུར་བ་དང༌། འཁོར་མང་པོ་ དང་ལྡན་ཞིང་ཐོབ་འདོད། ཡོན་སྦྱོང་བར་ཞེས་སོགས། དོན་འཛིན་པའི་གཟུངས་དང་གཞན་ ལ་སྟོན་པའི་སྤོབས་པ་དང་ལྡན་པ་ནི། ཆུ་སྐྱེ་ (དག་ལྡན་)ཞིང་མི་ཟད་པར་འཛིན་ (དག་ལྡན་དངོས་) པའི་བཀོད་མའི་ཆུ་དང་འདྲ་སྟེ། གཟུངས་ཀྱི་མཐུས་སྔར་ཐོས་པའི་ཆོས་མི་བརྗེད་པར་འཛིན་ ཅིང་སྤོབས་པའི་མཐུས་སྔར་མ་ཐོས་པའི་ཆོས་འབྱིན་ཅིང་མི་ཟད་པར་སྟོན་ནུས་པའི་ཕྱིར། རྒྱན་འགྲེལ་གྱི་དགོངས་པའོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་ཕྱོགས་བཅུའི་འཇིག་ རྟེན་གྱི་ཁམས་སུ་ཆོས་གང་སྟོན་པ་དེ་དག་ཐམས་ཅད་དྲན་པའི་སྟོབས་དང་ཤུགས་གཅད་དུ་ མི་ཆོད་པས་ཡང་དག་པར་གཟུང་བར་འདོད་པ་དང་བླ་མེད་ཡང་དག་རྫོགས་བྱང་མངོན་ རྫོགས་སངས་རྒྱས་ཀྱི་བར་དུ་དེ་དག་ཐམས་ཅད་ཆུད་མི་ཟ་བར་འདོད་པས་དང༌། དེ་པ་ རྣམས་ཀྱི་མདོ་དང་དབྱངས་ཀྱིས་བསྙད་ནས། རྨད་དུ་བྱུང་བ་ཉན་ཐོས་དང་རང་སངས་རྒྱས་ ཀྱིས་མ་ཐོས་པ་གང་ཅི་སྟོན་ཀྱང་རུང་སྟེ་དེ་དག་ཐམས་ཅད་ཐོས་པར་འདོད་ཅེས་སོགས་སོ། 1-1-234 ། བཀོད་མའི་ཆུ་ཞེས་བྱ་བ་ནི་ཆུ་གཏིང་ནས་འབྱིན་པའོ། །ཆུ་མིག་ཅེས་བྱ་བ་ནི་ཆུ་གློ་ནས་ འབྱིན་པའོ་ཞེས་སོ། །ཆོས་ཀྱི་དགའ་སྟོན་དང་ལྡན་པ་ནི། སྒྲ་སྙན་པ་ནི། སྔར་ལྷའི་རྔ་ལ་སྦྱར་ ན་ལྷའི་རྔ་སྒྲའམ། སྙིང་པོ་མཆོག་ཏུ། སྙན་པར་སྨྲ་བའི་སྒྲ་ཞེས་ཏེ་གཏམ་སྙན་ (བོ་དོང་ཐོགས་མེད་) ནམ་ཕྲིན་ཡིག་སྙན་པོ་ལྟ་བུ་སྟེ། སྲིད་ཞི་ལས་ཐར་བ་བྱང་ཆེན་ནམ། འཁོར་བ་ལས་ཐར་བ་ མྱང་འདས་འདོད་པའི་གདུལ་བྱ་ལ་སྙན་པ། ཆོས་ཀྱི་སྡོམ་བཞི་སྒྲོགས་པའི་ཕྱིར་རོ། །ཕྱོགས་ བཅུ་རེ་རེར་སྦྱར་ཏེ། མུན་པ་མུན་ནག་ཏུ་གྱུར་པ་ལུས་ཀྱི་འོད་ཀྱིས་སྣང་བར་འདོད་ཅེས་ སོགས་དང༌། གང་དག་སངས་རྒྱས་ཀྱི་སྒྲ་དང་ཆོས་ཀྱི་སྒྲ་དང་དགེ་འདུན་གྱི་སྒྲ་མི་ཐོས་པའི་ འཇིག་རྟེན་དུ་སེམས་ཅན་དེ་དག་གིས་དེ་ཐོས་པར་བྱ་བ་དང༌། ཡང་དག་པའི་ལྟ་བ་ལ་དགོད་ པར་འདོད་ཅེས་སོགས་སོ། །མི་རྟོག་ཡེ་ཤེས་རྒྱུན་ཆད་མེད་པར་བགྲོད་པ་གཅིག་པའི་སངས་ རྒྱས་སའི་མཉམ་བཞག་གི་ལམ་དང་ལྡན་པ་ནི་ཆུ་བོ་ཆེན་པོའི་རྒྱུན་དང་འདྲ་སྟེ། མི་སྐྱེ་བའི་ (ཨཱརྱ་དངོས་)ཆོས་ལ་བཟོད་པ་ཐོབ་པས་མི་རྟོག་ཡེ་ཤེས་རང་གི་ངང་གིས་འཇུག་ཅིང་གཞན་གྱི་ དོན་བྱ་བ་འབད་མེད་ལྷུན་གྲུབ་ཏུ་ཐ་མི་དད་པར་འབྱུང་བའི་ཕྱིར་ཨཱརྱའི་དོན་ནོ། །འགྲེལ་ ཆེན་དུ། ཤེས་དང་ཤེས་བྱ་མཉམ་ཉིད་དུ་རྟོགས་པའི་ཐབས་ཤེས་དང་ཐུགས་རྗེས་གཞན་དོན་ ཞེས་སོ། །ཕྱོགས་བཅུ་རེ་རེར་སྦྱར་ཏེ། ཁམས་ན་སེམས་ཅན་འོན་ལོང་ནས། ངན་སོང་དུ་ལྟུང་ བ་རྣམས་སྡུག་བསྔལ་དེ་དང་དེ་ལས་ཐར་བར་བྱས་ཏེ་མིའི་ལུས་ཐོབ་པར་བྱ་སྙམ་སྟེ་དེ་དག་ ཚུལ་ཁྲིམས་ཏིང་ངེ་འཛིན་སོགས་ལ་འགོད་པར་འདོད་པས་ཡུམ་ལ་བསླབ་པར་བྱའོ་ཞེས་སོ། ། ཆོས་ཀྱི་སྐུ་སངས་རྒྱས་ཀྱི་རྗེས་ཐོབ་ཀྱི་ཡེ་ཤེས་དང་ལྡན་པ་ནི། སྣོད་ཀྱི་འབྱོར་བའི་རྒྱུ་སྤྲིན་ ལྟ་བུ་སྟེ། དགའ་ལྡན་གྱི་གནས་ན་བཞུགས་པ་དང་སོགས་པ་ལྷུམས་སུ་འཇུག་པ་སོགས་ཀུན་ ཏུ་སྟོན་པར་རུང་བ་ (ཞེས་པ་དང་ཐ་མ་གསུམ་སངས་རྒྱས་ཀྱི་སར་བཤད་པ་འགལ་ལོ་ཞེ་ན། འཇིག་རྟེན་གྱི་ཁམས་ཁ་ཅིག་ ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྤྲུལ་བའི་སྐུ་ཉིད་གདུལ་བྱའི་དབང་གིས་དགའ་ལྡན་ན་བཞུགས་པའི་བྱང་ཆུབ་ 1-1-235 སེམས་དཔར་སྣང་བས་རིམ་གྱིས་བྱང་ཆུབ་པར་ཡང་སྟོན་ཏེ་ཞེས་ལང་གཤེགས་དང་སྦྱར་རོ། །འཇིག་རྟེན་གྱི་ཁམས་ཁ་ཅིག་ཏུ་ནི་ བྱང་པ་ས་བཅུའི་དབང་ཕྱུག་དག་དགའ་ལྡན་ན་བཞུགས་ཤིང༌། རིམ་གྱིས་འཛམ་བུའི་གླིང་འདིར་མངོན་རྫོགས་རྒྱས་པར་ཡང་ དག་པའམ་སྤྲུལ་བ་སྟོན་ཞེས་ཆོས་བཤེས་སོ། །འདིར་ནི་དང་པོའི་དབང་དུ་བྱས་སོ། །)སྟེ་ནུས་པའི་ཕྱིར། བར་གྱི་དང་ རྣམས་བསྡུ་བའོ། །ཤཱ་བུ་གཞན་ཡང་བྱང་སེམས་དེ་པའི་སྤྱོད་ལམ་སྟོན་པར་འདོད་པ་དང༌། དེ་པའི་སྤྱོད་པ་དང་ཚུལ་རྣམ་པར་དག་པ་དང༌། དེ་པའི་སྐུའི་འཕྲིན་ལས་དང་གསུང་གི་འཕྲིན་ ལས་དང་ཐུགས་ཀྱི་འཕྲིན་ལས་ཐམས་ཅད་ཡེ་ཤེས་དག་པ་སྔོན་དུ་འགྲོ་བ་དང༌། གླང་པོ་ཆེའི་ ལྟ་སྟངས་ (ནི་འདིར་སངས་རྒྱས་སོགས་དེས་གཟིགས་པའི་སྟངས་སམ་ཐབས་སོ་འབུམ་ཊཱིཀ་)ཀྱིས་བལྟ་བར་འདོད་ པས་ཡུམ་ལ་བསླབ་པར་བྱའོ་ཞེས་སོ། །(གླང་ཆེན་ཅང་ཤེས་ཀྱིས་གཏེར་སོགས་མཐོང་ཡང་བསྟན་པར་འོས་པ་ སྟོན་མི་འོས་ན་མ་མཐོང་བ་ལྟར་བྱས་ནས་མི་སྟོན་ཞེས་འཆད་དེ། དཔལ་ལྡན་གྲགས་པའི་དགོངས་པའོ། །ཆེ་བར། གླང་པོ་ཆེའི་ ལྟ་སྟངས་ཞེས་པ་ནི། དམ་པ་རྣམས་ཀྱི་ལྟ་སྟངས་ཏེ། སྟེང་ན་འདུག་པ་ལ་བཀྱེད་དེ་མི་ལྟ། འོག་ན་འདུག་པ་ལ་བཏུད་དེ་མི་ལྟ། གཡས་གཡོན་ན་འདུག་པ་ལ་མིག་གཟུར་ཏེ། རྒྱབ་ན་འདུག་པ་ལ་མཇིང་བ་བསྒྱུར་ཏེ། ཐག་རིང་པོ་ན་འདུག་པ་ལ་སྒྲིམས་ཏེ། ཐག་ཉེ་བ་ན་འདུག་པ་ལ་སྒྲིམས་པ་མེད་པར་མི་ལྟའམ་ཇི་ལྟར་འདུག་པའི་སྤྱོད་ལམ་དང་ཇི་ལྟར་ལྟ་བའི་མིག་གིས་འཇིག་རྟེན་གྱི་ ཁམས་ཐམས་ཅད་དུ་སེམས་ཅན་ཐམས་ཅད་དང་ཆོས་ཐམས་ཅད་ལ་ལྟ་བ་ནི་དེ་པའི་ལྟ་སྟངས་སོ་ཞེས་འཆད་དོ་ཞེས་སོ། །) མི་ ཟད་པ་བརྒྱད་ཅུ་དང་སྦྱར་ནས་ཞིབ་ཏུ་ཡི་གེ་ལོགས་སུ་དགོད་དོ། །བསྡུ་བ་ནི། མིང་དང་དཔེ་ དང་ངོ་བོ་བསྟན་པའི་ཚུལ་དེ་ལྟར་ན། དེ་ཡང་ས་གསེར་ཟླ་བ་མེ། །ཞེས་བྱ་བ་ལ་སོགས་པས་ སེམས་བསྐྱེད་པ་ཉི་ཤུ་རྩ་གཉིས་བློ་གྲོས་མི་ཟད་པའི་མདོ་དང་ཆ་མཐུན་དུ་བཤད་པ་ཡིན་ནོ། ། བཞི་པ་ནི། སེམས་བསྐྱེད་ཉེར་གཉིས་ཡོད་པ་དེ་ལ་སྟེ་དེའི་ནང་ནས་དང་པོ་གསུམ་ནི་ ལས་དང་པོ་པའི་ས་ཚོགས་ལམ་གྱིས་བསྡུས་སོ། །དེ་ཡང་དང་པོ་གསུམ་ནི་གཞན་དོན་མངོན་ པར་འདོད་པ་ཆུང་ངུ་དང་འབྲིང་དང་ཆེན་པོའམ། (གསེར་)འདུན་པ་ཆུང་འབྲིང་ཆེན་པོ་ (རད་ཀིར་) 1-1-236 སྟེ། རིམ་བཞིན་ཚོགས་ལམ་ཆུང་འབྲིང་ཆེ་གསུམ་གྱིས་སོ། །གསུམ་པོ་དེའི་འོག་ཏུ་གཅིག སྦྱོར་ལྡན་ནི་ས་དང་པོ་ལ་འཇུག་པ་སྦྱོར་བའི་ལམ་གྱིས་བསྡུས་སོ། །བཞི་བོ་དེའི་འོག་ཏུ་ཡེ་ ཤེས་ལྡན་གྱི་བར་བཅུ་ནི་རབ་ཏུ་དགའ་བ་ལ་སོགས་པའི་ས་བཅུས་བསྡུས་ཏེ། དང་པོ་མཐོང་ བའི་ལམ་དང༌། གཉིས་པ་སོགས་དགུ་སྒོམ་པའི་ལམ་གྱི་སྤྱོད་ཡུལ་ཅན་ཏེ་དེའི་གནས་སྐབས་ སམ་ཆོས་ཡིན་ནོ། །བཅུ་བཞི་བོ་དེའི་འོག་ཏུ་མངོན་ཤེས་ལྡན་སོགས་ལྔ་ནི་ས་བཅུ་པའི་ཁྱད་ པར་གྱི་ལམ་གྱིས་སོ་ཞེས་ཨ་བྷ་སྟེ། ཆོས་བཤེས་ནི་བར་ཆད་མེད་རྩེས་སམ་སྐད་ཅིག་མས་ བསྡུས་པར་རོ། །བཅུ་དགུ་བོ་དེའི་འོག་ཏུ་སེམས་བསྐྱེད་པ་ཐ་མ་གསུམ་ནི་རིམ་བཞིན་དུ་ བྱང་སེའི་ས་དང་འབྲེལ་བ་སངས་རྒྱས་ཀྱི་ས་ལ་འཇུག་པའི་སྦྱོར་བའི་ལམ་དང་སངས་རྒྱས་ ཀྱི་སའི་དངོས་གཞི་མཉམ་བཞག་དང༌། མཇུག་སངས་རྒྱས་སའི་རྗེས་ཐོབ་དག་པ་འཇིག་ རྟེན་པའི་ཡེ་ཤེས་ཀྱིས་བསྡུས་པ་སྟེ་དེས་ན་དེ་གསུམ་སངས་རྒྱས་ཀྱི་སས་བསྡུས་ཏེ། (སེམས་གང་ གིས་དང་པོ་ལས་ལ་སྦྱོར་བ་དེ་ནི་སྦྱོར་བའི་ལས་སོ། །གང་གིས་ལས་རྫོགས་པར་བྱེད་པ་དེ་ནི་དངོས་གཞིའོ། །ལས་རྫོགས་པར་ བྱས་པ་ལས་སེམས་གང་གི་ལེགས་པར་བྱས་སོ། །ཞེས་བྱ་བ་ལ་སོགས་པར་སྨྲ་བ་དེ་ནི་མཇུག་སྟེ་ཞེས་གསེར་རོ། །) དེས་ན་ འདིར་བཤད་ཐེག་ཆེན་གྱི་སེམས་བསྐྱེད་པའི་རབ་ཏུ་དབྱེ་བ་ཉེར་གཉིས་ཆོས་ཅན། ལས་དང་ པོ་པའི་ས་ནས་གཟུང་སྟེ་སངས་རྒྱས་ཀྱི་སའི་བར་གྱིས་བསྡུས་པ་ཡིན་ནོ། །ཚོགས་ལམ་ཆུང་ ངུ་ནས་སངས་རྒྱས་ཀྱི་རྗེས་ཐོབ་ཡེ་ཤེས་ཀྱི་བར་གྱིས་བསྡུས་པ་དེ་ལྟར་ནའི་ཕྱིར་རོ། །(བུདྡྷ་ཤྲཱི་ ནི་དེའི་འོག་ཏུ་བཞི་དང་གཉིས་དང་གཉིས་ནི་ས་བརྒྱད་པ་དང་དགུ་པ་དང་བཅུ་པས་བསྡུས་ཞེས་ཏེ་སངས་རྒྱས་ལ་མ་སྦྱར་ཞིང༌། ཆོས་བཤེས་ཡང་སངས་རྒྱས་ལ་མི་སྦྱོར་བར་སྣང་ངོ༌། །བུདྡྷ་ཤྲཱིས། རྒྱལ་བའི་ལམ་ལ་འཇུག་པར་འདིར་བཤད་ལྟར་བཤད་དོ། །) ཨ་བྷ་ནི། གསུམ་གྱི་དང་པོ་སངས་རྒྱས་ཀྱི་བར་ཆད་མེད་ལམ་གྱིས་བསྡུས་པས་སངས་རྒྱས་ ཀྱི་སས་བསྡུས་ཞེས་སེང་བཟང་ཟེར་བ་ནོར། ཞེས་ཏེ་འགྲེལ་ཆེན་དང་མཐུན་ཞིང༌། འདིར་ ཚིག་སྐྱོན་ནོ། །གཉིས་ནི་འདི་དང་འདྲ་བར་ཟླ་ཟེར་དུ་མངོན་ནོ། །ཐུབ་དགོངས་སུ། དངོས་ 1-1-237 སྐུ་གཉིས་སམ་ཡེ་ཤེས་སྔ་མ་བཞི། མཇུག་སྤྲུལ་སྐུའམ་བྱ་སྒྲུབ་ (ཤེར་འབྱུང་གིས་སྨོན་པ་དང་འཇུག་པའི་ མཚན་ཉིད་ཅན་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ཀ་ཡང་གཞན་གྱི་དོན་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པ་ཉིད་ ལས་མི་འདའ་ཡང་ལུས་དང་ངག་དང་ཡིད་ཀྱི་ལས་ཡོད་པ་མེད་པ་ལས་མཚན་ཉིད་ཐ་དད་པར་རྟོགས་པར་བྱའི། དམིགས་པ་ ཐ་དད་པ་ནི་མ་ཡིན་ཏེ། གཞན་གྱི་དོན་དང་ཡང་དག་པར་རྫོགས་པའི་བྱང་ཆུབ་མོས་པའི་ཡུལ་ཡིན་པའི་ཕྱིར་རོ། །གལ་ཏེ་ཡང་ རབ་ཏུ་དབྱེ་བ་ཐ་དད་པ་མེད་པར་བརྗོད་པ་དེ་ལྟ་ནའང་འཇུག་པ་ཁོ་ནའི་ཡིན་གྱི་སྨོན་པའི་ནི་མ་ཡིན་ཏེ། དེ་ལ་ནི་སའི་དབྱེ་བས་ ཁྱད་པར་སྲིད་པའི་ཕྱིར་དང་གཞན་ལ་ནི་འདུན་པ་ཙམ་ཉིད་ཀྱིས་ཁྱད་པར་མེད་པའི་ཕྱིར་རོ། །ཞེས་སོ། །སྨོན་པ་ཙམ་ཆོ་གས་མ་ བླངས་པ་ཁོ་ན་ལ་སྨོན་སེམས་སུ་བཞེད་པར་སྣང་ངོ༌། །རྒྱལ་བའི་ལམ་ལ་འཇུག་པར། འདི་ནི་འཇུག་པ་བྱང་ཆུབ་ཀྱི། །སེམས་ཀྱི་ དབྱེ་བར་གསུངས་པ་ཡིན། །ཞེས་བུདྡྷ་ཤྲཱིས་ཏེ་ཤེར་འབྱུང་དང་མཐུན་ནོ། །)ཅེས་སོ། །(ས་མཚམས་དེ་དག་གཙོ་ཆེ་བའི་དབང་ དུ་བྱས་ (བུ་)གསུང་ཡང༌། དགོངས་པ་ནི་ཉེར་གཉིས་སུ་ཕྱེ་བའི་ནང་གི་དེ་དང་དེ་དག་ས་མཚམས་དེ་དང་དེ་དག་ཉིད་ན་ཡོད་ཀྱི་ གཞན་ན་མེད་ཅིང་སྤྱིར་སྦྱིན་ལྡན་ལྟ་བུ་གོང་འོག་ཀུན་ན་ཡོད་པར་བཞེད་དགོས་སོ། །མདོར་ན་ས་མཚམས་དེ་དང་དེའི་སེམས་ བསྐྱེད་རྣམས་འདུན་པ་སོགས་དེ་དང་དེ་གཙོ་ཆེ་ཞེས་དགོངས་པའོ།། །།) (གཉིས) བྱང་ཆུབ་ཀྱི་སེམས་བསྒྲུབ་པ་རྣམ་པར་དག་བྱེད་གདམས་ངག་བཤད་ པ། གཉིས་པ་ལ། གདམས་ངག་བཅུ་སྤྱིར་བསྟན། རྟོགས་དཀའ་དགེ་འདུན་བྱེ་བྲག་ཏུ་ བཤད་པའོ། །དང་པོ་ལ། སྔ་རྩ་འགྲེལ་པ། གྲངས་ངེས་ཀྱིས་མཇུག་བསྡུ་བའོ། ། དང་པོ་ནི། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཞེས་སོགས་ཀྱིས་སེམས་བསྐྱེད་པའི་ ངོ་བོ་གཙོ་བོར་བསྟན་ཅིང་ངོ་བོ་དེ་ཉིད་ཀྱི་གནས་སྐབས་ཙམ་ལ་རྣམ་པར་དབྱེ་བ་བཞག་ པའི་ཕྱིར་དབྱེ་བ་ཞར་ལ་བརྗོད་དོ་ཞེས་ཆོས་བཤེས་སོ། །རྣམ་མཁྱེན་གྱི་དངོས་པོ་བཅུ་ལ་ངོ་ བོ་བགྲང་གི་ཉེར་གཉིས་མི་བགྲང་བས་སམ། སེམས་བསྐྱེད་ནས་གདམས་ངག་ཉན་དགོས་ ཤིང་དེ་ལ་ཉེར་གཉིས་རྫོགས་ནས་ཉན་ན་སངས་རྒྱས་ཐོབ་ནས་ཉན་དགོས་པར་འགྱུར་བས་ 1-1-238 སེམས་བསྐྱེད་དང་པོ་ཐོབ་ནས་ཉན་པས་ཆོག་པས་དབྱེ་བ་ཉེར་གཉིས་ཞར་བྱུང་ཡིན་ཞེས་ ལམ་ཉམས་ལེན་ལ་ལྟོས་ནས་དེ་སྐད་བརྗོད་དོ། །དེ་བསྟན་ནས་ད་གདམས་ངག་འཆད་ པ་ལ། འདོམས་སོ། །གང་ལ་ན། བྱང་ཆུབ་ཀྱི་སེམས་དང་པོ་འདུན་ལྡན་དང༌། སོགས་པ་ བསམ་ལྡན་སོགས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལའོ། །བྱང་ཆུབ་ནི་རྫོགས་བྱང་ཏེ་དེ་ ལ་སེམས་པས་དང་སེམས་ཅན་ཀུན་གྱི་མཆོག་ཏུ་བྱེད་པར་འདོད་པས་སེམས་དཔའ་ཆེན་པོ་ ཞེས་སྙིང་མཆོག་གོ །བུདྡྷ་ཤྲཱི་དང་བོད་དག་དང་པོ་སོགས་གསུམ་ཞེས་འཆད་པ་ནི་ནོར་རོ། ། དུས་ནི། རྒྱུའི་སེམས་བསྐྱེད་རྣམས་རང་རང་གི་ས་མཚམས་གང་དང་གང་གི་དུས་ཇི་ལྟ་བ་ བཞིན་དུ་མི་ཉམས་ཤིང་འཕེལ་བར་བྱ་བའི་ཕྱིར་འབད་ཅིང་དེའི་རྒྱུར་གདམས་ངག་དོན་དུ་ གཉེར་བའི་ཚེའོ། །ཅིའི་དོན་དུ་ན། རྒྱུའི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ཉི་ཤུ་དང་དེས་འཕངས་ པ(འི་ཆོས་ནི་ཆོས་དཀར་པོ་ཐམས་ཅད་ཀྱི་གཞིའི་དངོས་པོ་སོགས་རྫོགས་པར་བྱ་བའི་ཕྱིར་རོ་ཞེས་གསེར་)འབྲས་བུའི་ (དངོས་)བྱང་ཆུབ་ཀྱི་སེམས་སངས་རྒྱས་སའི་ (དངོས་)ཆོས་རྣམས་འགྲུབ་པའམ་ཐོབ་ (དངོས་)པར་ བྱ་བའི་ཕྱིར་རྗེས་བསྟན་གྱི་དགོས་པའོ། །སྔར་ཡོན་ཏན་ཐོབ་པ་ (ནི་དགེ་བཤེས་སོགས་ལ་སེམས་ སྔར་བསྐྱེད་པས་གཞན་ལ་སྐྱབས་སུ་མི་འགྲོ་བ་ལ་སོགས་པའོ་ཞེས་གསེར་རོ། །)ཡོངས་སུ་བསྲུང་བའི་ (ནི་བསྐྱང་ བའོ་གསེར་རོ། །)དོན་གྱིས་ཏེ་དབང་གིས་གོང་མ་གོང་མར་མངོན་པར་འཕེལ་བའི་ཕྱིར་ (ནི་སེམས་ བསྐྱེད་སོགས་གོང་ནས་གོང་དུ་འཕེལ་བའི་རིམ་གྱིས་ལྷག་པར་བྱ་བའི་ཕྱིར་གསེར་རོ། །)ཏེ་ (དེ་ཡན་ཆོས་བཤེས་)གདམས་ པའི་དགོས་པའོ། །དེ་ལྟར་ན་དོན་དུ་གཉེར་བའི་དོན་ཐོབ་པའི་བྱ་བ་ཉེ་བར་སྟོན་པ་ནི་ (དངོས་) གདམས་པ་དང་རྗེས་བསྟན་ཏེ། དབྱེ་ན། གདམས་ངག་གང་ཞིག ཐོབ་ཟིན་པའི་ཡོན་ཏན་ སྐྱོང་བའི་དོན་གྱིས་མི་བརྗེད་པར་བྱེད་པ་གདམས་ངག་གདམས་པ། གང་ཞིག་མ་ཐོབ་པའི་ ཡོན་ཏན་ཐོབ་པར་བྱེད་པ་རྗེས་བསྟན་ནོ། །ཨཱརྱ་འགྲེལ་ཆེན་ནོ། །ཉན་སར། སེམས་དང་ ཤེས་རབ་ཀྱི་བསླབ་པ་ལ་འདོམས་པ་གདམས་པ། ཚུལ་ཁྲིམས་ལ་འདོམས་པ་རྗེས་བསྟན་དུ་ 1-1-239 བཤད་དོ། ། གཉིས་པ་ལ། སྐབས་འདིར་གདམས་ངག་ནི་ཡུལ་གྱི་དབང་ (རད་ཀིར་དངོས་)གིས་བཅུ་ཡི་ བདག་ཉིད་དུ་ཤེས་པར་བྱའོ། །བཅུ་གང་ཞེ་ན། སྒྲུབ་པ་ནི། ཤེར་ཕྱིན་ལ་སྤྱོད་པའོ། །ཤཱནྟིས་ སོ། །སེམས་བསྐྱེད་ནས་སངས་རྒྱས་ཐོབ་ཀྱི་བར་དུ་དཀར་ཆོས་མཐའ་དག་ལ་རྟེན་ནམ་དེ་ ཡུལ་དུ་བྱས་ནས་སྤྱིར་སློབ་པ་དང་ཁྱད་པར་དུ་གོ་འཇུག་ཚོགས་ངེས་སུ་བཤད་པའི་སྦྱོར་ མཐོང་སྒོམ་ཁྱད་པར་གྱི་ལམ་གྱི་རང་བཞིན་ལ་བསྒྲུབ་པ་རྣམས་ཇི་ལྟ་བ་བཞིན་རྟོགས་པ་ནི་ སྒྲུབ་པ་ལ་གདམས་པའོ། །རད་ཀིར་རོ། །དེ་དང༌། དམིགས་པ་བདེན་པ་བཞི་རྣམས་དང་ནི། རྟེན་སངས་རྒྱས་ལ་སོགས་དཀོན་མཆོག་གསུམ། མི་ཉམས་པའི་རྒྱུ་མ་ཞེན་པ། ལམ་གྱི་མི་སྐྱོ་ བའི་རྒྱུ་ཡོངས་སུ་མི་ངལ་བ་དང༌། ཐེག་དམན་དུ་མི་ལྟུང་བའི་རྒྱུ་ཐེག་ཆེན་གྱི་ལམ་ནི་ཡོངས་ སུ་འཛིན་པ་དང༌། གཞན་དྲིང་མི་འཇོག་པའི་རྒྱུ་སྤྱན་ལྔ་དང༌། དོན་གཉིས་རྫོགས་པའི་རྒྱུ་ མངོན་ཤེས་ཀྱི་ཡོན་ཏན་དྲུག་དང༌། སྒྲིབ་གཉིས་དག་པའི་རྒྱུ་མཐོང་ཞེས་བྱ་དང་སྒོམ་པ་ཞེས་ བྱ་བའི་ལམ་སྟེ་བཅུ་དང་དེ་ལ་གདམས་པའང་བཅུའོ། །དེ་ཡང་འདིར་བཤད་གདམས་ངག་ ཉན་པོ་ནི་སེམས་དང་པོ་བསྐྱེད་ནས་ཉན་ཏེ་བྱང་ཆུབ་ཀྱི་སེམས་དང་པོ་ལ་སོགས་པ་བསྐྱེད་ པའི་བྱང་ཆུབ་སེམས་དཔའ་ཞེས་པས་སོ། །སྟོན་པ་པོ་ཡང་སངས་རྒྱས་དང་བྱང་སེམས་ཅི་ རིགས་ཏེ། འོག་ཏུ། སངས་རྒྱས་ལ་སོགས་པ་ལ་ཞེས་འདི་དང་བུདྡྷ་ཤྲཱིའོ། །རད་ཀིར་ཡང༌། སངས་རྒྱས་སོགས་པས་བསྟན་པ་ལ་བསླབ་ཅེས་སོ། །དེ་ལྟ་མིན་ན་ཚོགས་ལམ་ཆུང་འབྲིང་ གི་ཉམས་ལེན་འདིར་མ་བསྟན་པར་འགྱུར་རོ། །ངོ་བོ་ནི། པཎྜི་ཏ་ཁ་ཅིག འོག་གི་བསྟོད་ བཀུར་སོགས་གྲགས་པ་ལས་འདས་ནས་སངས་རྒྱས་ཐུགས་དགེས་པའི་གནས་སྐབས་ལ་ བཞག་པ་ལྟར་རང་གིས་འདོམས་པ་སྟེ་ཉམས་སུ་ལེན་པ་ཉིད་ལ་བྱ་ཟེར་རོ། །ཆོས་བཤེས་ དེའི་བླ་མ་དང་བཅས་པ་ནི། དེ་ལྟར་རམ་ཡང་ན་སྔར་བཤད་པ་ལྟར་གཞན་གྱིས་འདོམས་པ་ 1-1-240 དང་གདམས་པ་ལྟར་སྒྲུབ་པ་ཡང་དེ་ཡིན་ཞེས་གསུང་ངོ༌། །ཞེས་སོ། །བྱེད་པ་པོ་དང་ལས་ལ་ ཡོད་པའི་གདམས་ངག་གཉིས་ཡོད་པས་ཕྱི་མ་ལེགས་སོ། །ཞིབ་པར་འཆད་ཚེ་རྟོགས་དགོས་ སོ། །ཉམས་སུ་ལེན་ཚུལ། མདོ་རྒྱན་དུ་དམིགས་པ་དྲུག ཡིད་བྱེད་བཅུ་གཅིག་གསུངས་པ་ ནི། འདིར་བཤད་ཉམས་སུ་ལེན་ཚུལ་དང་ཅུང་མི་འདྲ་བས་དེར་ཤེས་པར་བྱའོ། །འདིར་ཡང་ སེམས་གནས་པའི་ཐབས་དགུས་ལེན་དགོས་པས་དེ་བཤད་ན། དང་པོ་ཉིད་དུ་ཕྱིའི་དམིགས་ པ་ལས་སེམས་བཀུག་སྟེ་ནང་དུ་སེམས་རྩེ་གཅིག་ (བློ་བརྟན་)ཏུ་འཇོག་པ་ནི་འཇོག་པར་བྱེད་ པ། དེ་ཉིད་ལ་རྒྱུན་བསྲིངས་ཏེ་ཕྲ་མོར་བྱེད་པས་སེམས་མངོན་པར་སྡུད་པ་རྒྱུན་ (ཀུན་ཏུ་)དུ་ འཇོག་ (ཀུན་བཏུས་འགྲེལ་)པ། བརྗེད་ནས་ཕྱི་རོལ་ཏུ་ཡེངས་ན་དེར་ཤེས་ (བློ་)ནས་སླར་ནང་དུ་ བཀུག་པ་ནི་བླན་ (ངེས་པར་ཞེས་)ཏེ་འཇོག་པ། སེམས་ཕྱིར་མི་འཕྲོ་བར་བྱ་བའི་ཕྱིར་ (ཤཱནྟི་)དང་ པོ་ཉིད་ནས་དྲན་པས་གཟུང་སྟེ་སྒྲིམ་པ་ནི་ཉེ་བར་འཇོག་པར་བྱེད། ཏིང་ངེ་འཛིན་གྱི་ཡོན་ ཏན་ (རྒྱན་)མཐོང་ཞིང་རྣམ་གཡེང་ (རྒྱལ་སྲས་)གི་རྒྱུ་གཟུགས་སོགས་ཀྱི་ཉེས་དམིགས་མཐོང་ བས་སེམས་ཕྱིར་འཕྲོར་མི་སྟེར་བ་ནི་འདུལ་བར་བྱེད། རྣམ་གཡེང་རྟོགས་པའི་ཉེས་པ་ཤེས་ པས་ཕྱིར་འཕྲོར་མི་སྟེར་བ་ནི་ཞི་བར་བྱེད། བརྗེད་ནས་བརྣབ་སེམས་ལ་སོགས་པ་ལངས་ ན་དང་དུ་མི་ (རྒྱལ་སྲས་ཀུན་བཏུས་)ལེན་པ་ནི་རྣམ་ (ཉེ་བར་ཟེར་)པར་ཞི་བར་བྱེད། མངོན་པར་འདུ་ བྱེད་པ་ (འབད་རྩོལ་བློ་བརྟན་)དང་བཅས་པས་རྒྱུན་ཆད་མེད་པར་རང་ཤུགས་ཀྱིས་ (རྩ་བའི་དོན་)ནང་ དུ་གནས་པ་ནི་རྩེ་ (རྒྱུད་ཟེར་)གཅིག་ཏུ་བྱེད་པ། དེ་ཤིན་ཏུ་གོམས་པ་ན་འདུ་བྱེད་མེད་པར་ལྷུན་ གྱིས་གྲུབ་པར་ཏིང་ངེ་འཛིན་གྱི་རྒྱུན་གཡེང་བ་མེད་པར་འབྱུང་བ་ནི་མཉམ་པར་འཇོག་པ་སྟེ་ རྒྱལ་བོའི་སྲས་འཆད་དོ། །དམིགས་པ་ལ་ནི་སེམས་གཏད་ནས། །དེ་རྒྱུན་རྣམ་པར་གཡེང་མི་ བྱ། །རྣམ་གཡེང་མྱུར་དུ་རྟོགས་བྱས་ནས། །དེ་ལ་སླར་ནི་བརླན་པར་བྱ། །བློ་ལྡན་གོང་ནས་ གོང་དུ་ཡང༌། །སེམས་ནི་ནང་དུ་བསྡུ་བར་བྱ། །དེ་ནས་ཡོན་ཏན་མཐོང་པའི་ཕྱིར། །ཏིང་ངེ་ 1-1-241 འཛིན་ལ་སེམས་འདུལ་ལོ། །རྣམ་གཡེང་ (གི་སྐྱོན་གྱིས་ཏིང་ངེ་འཛིན་ལ་སེམས་མི་དགའ་བར་གྱུར་བ་ན་དེའི་) ཉེས་པ་མཐོང་བའི་ཕྱིར། །(ཏིང་འཛིན་)དེ་ལ་མི་དགའ་ཞི་བར་བྱ། །བརྣབ་སེམས་ཡིད་མི་བདེ་ ལ་སོགས། །(ཆགས་པ་དང་ནི་དཀྲུགས་པའི་སེམས། །ཞེས་དང༌། ཡུལ་ལ་ཆགས་པ་སྐྱེས་སམ་ཞེ་སྡང་ཞེས་སོགས་བློ་ བརྟན།) ལངས་པ་དེ་བཞིན་ཞི་བར་བྱ། །དེ་ནས་སྡོམ་བརྩོན་ (རྣལ་འབྱོར་པ་ཞེས་བློ་བརྟན་)ཅན་གྱིས་ ནི། །སེམས་ལ་མངོན་པར་འདུ་བྱེད་བཅས། །རང་གི་ངང་གིས་འབྱུང་བ་འཐོབ། །དེ་གོམས་ པ་ལས་འདུ་མི་བྱེད། །ཅེས་སོ། །འཕྲོས་རྒྱས་པར་རྒྱན་དུ་བལྟའོ། །བཅུའི་དང་པོ་ཚོགས་སྦྱོར་ བ་ལ། བདེན་པ་ནས་མངོན་ཤེས་བར་སྦྱོར་ལམ་པ་ལ་གདམས་སོ། །ལྷག་མ་གཉིས་གོ་སླའོ་ ཞེས་ཆོས་བཤེས་སོ། ། གསུམ་པ་ལ་བཞི་སྟེ། སྒྲུབ་པའི་ངོ་བོ། དམིགས་ཡུལ། རྟེན། སྒྲུབ་པ་ཕུན་ཚོགས་ཀྱི་རྒྱུ་ ལ་གདམས་པའོ། ། དང་པོ་ནི། འཇུག་པར་བྱའོ། །གང་ལ་ན། བྱང་ཆུབ་སེམས་ཀྱི་རབ་ཏུ་དབྱེ་བ་ཇི་སྐད་ བཤད་པ་ཉེར་ (གསེར་)གཉིས་ཀྱི་སྒྲུབ་པ་ (གསེར་)ཉམས་སུ་ལེན་པ་ལའོ། །དོན་ནི་ཉེར་གཉིས་ ཉམས་སུ་ལེན་པ་ལ་ཞེས་པར་སྣང་ངོ༌། །ཚུལ་གང་གིས་ན། བྱང་སེམས། བྱང་ཆུབ། ཡུམ། དེ་གསུམ་གྱི་མིང༌། བྱང་སེའི་ (འབྲིང་)སྤྱོད་པ། སྤྱོད། མི་སྤྱོད། གཉིས་ཀ་གཉིས་མིན། གཟུགས་ ནས་རྣམ་ཤེས་སོ་ཞེས་བྱ་བར་མི་དམིགས་པའི་ཚུལ་གྱིས་སོ། །ཤཱ་བུ་འདི་ལ་བྱང་ཆེན་ཡུམ་ལ་ སྤྱོད་པའི་ཚེ་བྱང་ཆེན་པོ་ (དུ་གྱུར་བཞིན་དུ་ཞེས་གནོད་འཇོམས་)ཡོད་བཞིན་དུ་ (ཞེས་བྱ་བ་ནི་ཆོས་ཉིད་ཀྱི་བྱང་ སེམས་ཡོད་པས་སོ་གནོད་འཇོམས།)བྱང་ཆུབ་བྱང་སེམས་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །དེའི་ མིང༌། (ཁར་ཐོན།) དེའི་སྤྱོད་པ། བྱང་ཆུབ། དེའི་མིང༌། (རྒྱས་འབྲིང་ལ་མེད། ཤེར་ཕྱིན། (གནོད་འཇོམས་སུ་ བྱང་ཆུབ་ཤེར་ཕྱིན་སྣང༌། མདོ་མི་སྣང༌།) མིང་སྤྱོད་ཅེས་བྱ་བར་མི་སྤྱོད་ཅེས་བྱ་བར། སྤྱོད་ཀྱང་སྤྱོད་ལ་ མི་སྤྱོད་ཀྱང་མི་སྤྱོད་ཅེས་བྱ་བར། སྤྱོད་པ་ཡང་མ་ཡིན་མི་སྤྱོད་པ་ཡང་མ་ཡིན་ཞེས་བྱ་བར། 1-1-242 གཟུགས་ཀྱང་ཚོར་འདུ་འདུ་བྱེད་རྣམ་ཤེས་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་སོ། །མི་ སྤྱོད་པ་ཡང་མ་ཡིན་ཡན་གྱིས་གང་ཟག་གི་བདག་མེད་དང༌། གཟུགས་ནས་རྣམ་ཤེས་མི་ མཐོང་གི་བར་གྱིས་ཆོས་བདག་མེད་བསྟན་ཞེས་གནོད་འཇོམས་གཉིས་སོ། །མདོར་ན་ཆོས་ དང་གང་ཟག་གི་བདག་མི་དམིགས་པའི་ཚུལ་གྱིས་སོ། །གསེར་ཡང་ངོ༌། །དེ་ཡང་ཁྱད་པར་ བཞི་ལྡན་ཏེ། རྣམ་པ་བདག་གཉིས་མི་དམིགས་པ་ཅན། ཆེད་དུ་བྱ་ (ཨཱརྱ་)བ་སེམས་ཅན་ཐམས་ ཅད་མྱ་ངན་ (ཨཱརྱ་)འདའ་བ། སྦྱོར་བ་ (ཨཱརྱ་)ཕྱིན་དྲུག ཐོབ་ (ཨཱརྱ་)བྱ་ (རྟོགས་པ་ཨཱརྱ་)ཆོས་སྐུ་འཐོབ་ (ཨཱརྱ་ཐོབ་)པ་བཞིས་ཉན་ཐོས་དང་སོགས་པ་རང་རྒྱལ་དང་ཐུན་མོང་མ་ཡིན་པའོ། །ཤཱ་རིའི་བུ་ གལ་ཏེ་ཕྱོགས་བཅུ་རེ་རེ་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་དགེ་སློང་ ཤཱ་བུ་དང་མོའུ་དགལ་གྱི་བུ་ཤ་སྟག་གིས་འདི་ལྟ་སྟེ། འདམ་བུ། འོད་མ། བུ་རམ་ཤིང༌། སྨྱིག་ མ། འབྲས་ཀྱི་ཚལ་ལམ། ཏིལ་གྱི་ཚལ་ (ཨཱརྱས་ངེས་པར་འབྱེད་པའི་ཆ་དང་མཐུན་པ་བཞི་བོ་རྣམས་དང་མཐོང་ བ་དང་སྒོམ་པའི་ལམ་དག་ལ་གོ་རིམ་བཞིན་དུ། གནོད་པ་ཆུང་ངུ་མི་བཟོད་པ་འདམ་བུ་ལྟར་ལས་དང་ཉོན་མོངས་པའི་གནོད་པ་ ཆུང་ངུ་མི་བཟོད་པ་དང༌། འོད་མ་ལ་མེ་དང་མཚོན་དག་གིས་ཅུང་ཟད་ཀྱིས་གནོད་མི་ནུས་པ་བཞིན་དུ། ལས་དང་ཉོན་མོངས་པ་ དྲག་པོའི་གནོད་བྱེད་དང་ཕྲད་ཀྱང་དགེ་བའི་རྩ་བ་མི་འཆད་པ་དང༌། བུ་རམ་ཤིང་རྩ་བ་དང་ཡལ་ག་སོགས་སུ་གྱུར་པ་དང་འདྲ་ བར་གནས་སྐབས་གཞན་ཐོབ་ཀྱང་ངན་སོང་ཆད་པའི་ཕྱིར་བདེ་འགྲོ་སྐྱེ་བ་རྣམས་སུ་རྒྱུན་མི་འཆད་པའི་སྦྱོར་བས་ཆོས་བསྒོམ་ པའི་མངར་བ་ལས་མི་འདའ་བ་ཉིད་དང༌། སྨྱིག་མ་སྐྱེ་མྱུར་བ་དང་འདྲ་བར། མྱུར་དུ་མངོན་པར་རྟོགས་པའི་ཕྱིར་མཐོང་བའི་ལམ་ རྟོགས་པར་བྱེད་པ་ཉིད་དང༌། འབྲས་དང་འདྲ་བར་འཕགས་པའི་གང་ཟག་རྣམས་ཀྱི་རྟོགས་པའི་འབྲས་བུ་མཆོག་ཉིད་ཡིན་པ་ དང༌། ཇི་ལྟར་ན་མཐོང་བ་ལ་མངོན་དུ་ཕྱོགས་པར་བྱེད་པའི་ཕྱིར་ཏིལ་དང་འདྲ་བར་མེ་ཏོག་ལ་སོགས་བའི་དངོས་པོ་ཐ་མི་དད་དུ་ ཟིན་ཀྱང་དུས་གཞན་དུ་བསྒོམས་པ་ལས་སྤངས་པའི་ཁྱད་པར་མཐོང་བའི་དབང་དུ་བྱས་ནས་དཔེ་དྲུག་པོ་རྣམས་ཡིན་པར་ཤེས་ པར་བྱའོ། །ཚལ་སྨོས་པའི་དོན་ཅི་ཡིན་ཞེ་ན། གང་ཟག་གི་ཁྱད་པར་རྣམས་ཀྱི་དབང་བོའི་ཁྱད་པར་ལ་སོགས་པ་ཐ་དད་པ་ཡིན་ ཡང་དྲོ་བར་གྱུར་པ་ལ་སོགས་པ་རྣམས་ཀྱི་རིགས་ཐ་མི་དད་པར་ཤེས་བར་བྱ་བའི་དོན་དུ་ཡིན་ཏེ། དོན་མང་པོ་བརྟག་པ་ན་ཡང་ 1-1-243 དཔེ་གཅིག་གིས་ཆོག་པར་འགྱུར་རོ། །ཞེས་སོ། །གནོད་མཇོམས་སུ་སྔ་མ་སྔ་མ་ཕྱི་མ་ཕྱི་མ་བས་ཤིན་ཏུ་བསྟུག་ཅིང་ཤིན་ཏུ་མཐོ་ བས་རིམ་པར་སྨོས་པར་འཆད་དེ་དེ་ཉིད་བལྟའོ། །)ལྟར་གང་བར་གྱུར་ཀྱང༌། དེ་དག་གི་ཤེས་རབ་གང་ཡིན་ པ་དེ་བྱང་སེམས་ཡུམ་ལ་སྤྱོད་པའི་ཤེས་རབ་ཉིན་གཅིག་བསྒོམ་པའི་བརྒྱའི་ཆར་ཡང༌། སྟོང་ དང༌། བརྒྱ་སྟོང་ནས་བྱེ་བ་བརྒྱ་སྟོང་གི་ཆ། གྲངས། ཆ། བགྲང༌། དཔེ། རྒྱུར་ཡང་མི་བཟོད་ དོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་བུ་དེ་ནི་འདི་ལྟར་བྱང་ཆེན་པོའི་ཤེས་རབ་ནི་སེམས་ཅན་ཐམས་ ཅད་ཡོངས་སུ་མྱ་ངན་ལས་བཟླ་བའི་དོན་དུ་ཉེ་བར་གནས་པ་ཡིན་ཏེ། ཉན་ཐོས་དང་རང་ སངས་རྒྱས་ཀྱི་ཤེས་རབ་ནི་དེ་ལྟ་བུ་མ་ཡིན་ནོ། །ཞེས་སོ། །ཇི་ལྟ་བུས་ན། ཀུན་རྫོབ་སྣང་ཙམ་ དང་དོན་དམ་པའི་བདེན་པ་སྟེ་དཔྱད་ན་ཅིར་ཡང་མེད་པའི་ཆོས་ཉིད་ལས་མི་འདའ་བས་ སོ། །ཞེས་སྣང་བཞིན་དུ་བདེན་པའི་དངོས་པོ་སྟོང་པར་རྟོགས་ནས་ཅིར་ཡང་མི་དམིགས་ པའི་ཚུལ་གྱིས་སློབ་པའམ་ཉམས་སུ་ལེན་པ་ནི། ལས་ལ་ཡོད་པའི་སྒྲུབ་པ་རང་གི་ངོ་བོ་ལ་ འདོམས་པ་སྟེ། དེ་ལྟར་སངས་རྒྱས་སོགས་ཀྱིས་འདོམས་པ་བྱེད་པ་པོ་ལ་ཡོད་པའི་སྒྲུབ་པ་ ལ་འདོམས་པའོ། །དང་ནི་སྡུད་ཚིག་གོ །རྒྱལ་བའི་སྲས་རྣམས་ཀྱིས་ནི་མེད་དང་ཡོད་པ་དང༌། ། སྒྲོ་འདོགས་སྐུར་བའི་རྟོག་དང་གཅིག་ཉིད་དུ་མ་ཉིད། །རང་དང་ཁྱད་པར་རྟོག་དང་མིང་དོན་ ཇི་བཞིན་དུ། །མངོན་པར་ཞེན་པའི་རྟོག་པ་ཡང་དག་སྤང་བར་བྱ། །ཞེས་པ་ལྟར། ཀུན་རྟོག་ གི་གཡེང་བ་བཅུའི་ཡུལ་མི་དམིགས་པར་མི་རྟོག་པའི་ཚུལ་གྱིས་ཞེས་ཤཱནྟིའི་དགོངས་པའོ། ། གཉིས་པ་ལ། ལུང་སྙེར་སྤྱི་དོན་རྒྱ་ཆེན་མཛད་པ་ནི་དེ་ཉིད་ལས་ཤེས་པར་བྱ་ཞིང་གོང་ འོག་དུ་མར་སྟོན་ཅིང་སྐབས་ལ་གང་བབ་བབ་ཏུ་སྟོན་ནོ། །ཐར་བ་དོན་གཉེར་གྱིས་ཤེས་བྱ། སྤང་བྱ། ཐོབ་བྱ། བསྟེན་བྱ་ལ་འདི་བཞིར་གྲངས་ངེས་ཏེ། རྒྱུར་བླར། ནད་ནི་ཤེས་བྱ་ནད་ཀྱི་ རྒྱུ་ནི་སྤང་བྱ་ལ། །བདེར་གནས་ཐོབ་བྱ་སྨན་ནི་བསྟེན་པར་བྱ་བ་ལྟར། །སྡུག་བསྔལ་རྒྱུ་དང་ དེ་འགོག་པ་དང་དེ་བཞིན་ལམ། །ཤེས་བྱ་སྤང་བྱ་རེག་པར་བྱ་ཞིང་བསྟེན་པར་བྱ། །ཞེས་སོ། ། 1-1-244 ཤེས་བྱ་ཐམས་ཅད་འདི་བཞིར་མ་འདུས་ཏེ་བརྟགས་མིན་ནམ་མཁའ་མི་རྟག་པའི་འགོག་པ་ མ་འདུས་ཤིང་ཀུན་བཏགས་ཡང་མ་བསྡུས་སོ། །དེ་བཞིན་ཉིད་མ་འདུས་པར་བཤད་པ་ནི་ བརྟགས་འགོག་བསྒོམས་པས་བྲལ་བའི་དབང་དུ་བྱས་ཀྱི་དོན་ལ་བརྟགས་འགོག་སྟེ། དཔལ་ཕྲེང་གི་མདོ་སོགས་བལྟའོ། །དེས་ན་འདིར་བཞི་སྟེ། འབྲས་བུ་སྡུག་བདེན་ལ། དེའི་ རྒྱུ་ཀུན་འབྱུང་ལ། དེ་འགགས་འགོག་བདེན་ལ། འགོག་རྒྱུ་ལམ་བདེན་ལ་གདམས་པའོ། ། དང་པོ་ལ། སྡུག་བསྔལ་བདེན་པའི་མཚན་ཉིད་ནི། ཉོན་མོངས་པའི་ཟག་བཅས་འབྲས་ བསྡུས་སོ། །སྡུག་བསྔལ་གསུམ་མམ་བརྒྱད་ཀྱིས་རབ་ཏུ་ཉོན་མོངས་པས་ན་སྡུག་བསྔལ། ཉོན་མོངས་པའི་ཟག་བཅས་འདི་རྣམས་སྡུག་བསྔལ་བར་འཕགས་པའི་ཡེ་ཤེས་ཀྱིས་ གཟིགས་པ་ལྟར་དེར་གནས་པས་ན་དེའི་དོན་དེར་བདེན་པའོ། །མཚན་གཞི་ནི། ཀུན་བཏུས་ སུ། སྡུག་བསྔལ་གྱི་བདེན་པ་གང་ཞེ་ན། སེམས་ཅན་སྐྱེ་བ་དང་སྐྱེ་བའི་གནས་ཀྱིས་ཀྱང་རིག་ པར་བྱའོ། །ཞེས་པས། ལས་ཉོན་གྱིས་བསྐྱེད་པའི་སྣོད་བཅུད་དོ། །སོ་སྐྱེས་རྟག་བདེ་སོགས་ སུ་འཛིན་པས་སོ་སྐྱེའི་བདེན་པ་མི་ཟེར་གྱི་འཕགས་པས་དེ་སྡུག་བསྔལ་སོགས་སུ་གཟིགས་ པས་འཕགས་པའི་བདེན་པ་ཟེར་རོ། །འོག་མ་གསུམ་ལ་ཡང་ངོ༌། །མཛོད་སོགས་སོ། །སྤྱིར་ སྡུག་ཀུན་ངོ་བོ་གཅིག ཀུན་འབྱུང་ལ་སྡུག་བསྔལ་ཡིན་པས་ཁྱབ། སྡུག་བསྔལ་ལ་ཀུན་ འབྱུང་ཡིན་པས་མ་ཁྱབ་སྟེ། ཉན་རང་དགྲ་བཅོམ་གྱི་གཟུགས་སོགས་ཕུང་པོའི་ཐ་མ་ (ཀུན་ བཏུས་)ལྟ་བུ་དང༌། དེའི་འཇིག་རྟེན་པའི་དགེ་བ་ (བསྡུ་བར་བཤད་)དང༌། སོ་སྐྱེའི་རྣམ་སྨིན་ལུང་མ་ བསྟན་ད་ལྟ་སྐྱེས་བུའི་རྩོལ་བ་ (བསྡུ་བར་)ལས་བྱུང་བའི་བདེ་སྡུག་བཏང་སྙོམས་ལུང་མ་བསྟན་ ལྟ་བུ་སྟེ་དཔྱད་ཅིང་ཤེས་པར་བྱའོ། །འདི་ལ་གང་ལ། ཇི་ལྟར་གདམས་གཉིས་ལས། དང་པོ་ ནི། སྡུག་བསྔལ་གྱི་བདེན་པ་ལའོ། །གཉིས་པ་ནི། ཀུན་འབྱུང་གི་འབྲས་བུར་གྱུར་པའི་ གཟུགས་ལ་སོགས་ (རིམ་པ་འདིས་སམ་)པ་དོན་དམ་པར་གཅིག་དང་དུ་བྲལ་ལ་སོགས་པའི་ཚད་ 1-1-245 མས་དཔྱད་ན་བདེན་པའི་དངོས་པོ་མེད་ (གསེར་)པའི་སྟོང་པ་ཉིད་དང་གཉིས་སུ་མེད་པའི་ཤེར་ ཕྱིན་པ་དག དེ་བཞིན་ཉིད་ཀྱི་ངོ་བོ་སྟེ་རང་བཞིན་ཅན་ཡིན་པས་དོན་དམ་པར་སྐྱེ་བ་མེད་ (གསེར་)པའི་ངོ་བོར་ཏེ་དེ་ཉིད་དུ་རང་བཞིན་གཅིག་པས་དོན་དམ་པར་དབྱེར་མེད་དོ་ཞེས་ རྟོགས་ནས་ཉམས་སུ་ལེན་པ་དང་དེ་ལྟར་འདོམས་པ་སྡུག་བདེན་ལ་འདོམས་པའོ། ། གཟུགས་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བྱའོ། །ནས། ཚོར་བ་འདུ་ཤེས་འདུ་བྱེད་རྣམ་ ཤེས། མིག་སོགས་དྲུག་གཟུགས་སོགས་དྲུག་ཁམས་བཅོ་བརྒྱད་མ་རིག་པ་སོགས་རྟེན་ འབྲེལ་བཅུ་གཉིས་ཆོས་ཐམས་ཅད་འདུས་བྱས་མ་བྱས་རང་བཞིན་སྟོང་ཉིད་ཀྱི་བར་རོ། ། གཉིས་པ་ལ། ཀུན་བདེན་གྱི་མཚན་ཉིད། ཉོན་མོངས་པའི་ཟག་བཅས་རྒྱུས་བསྡུས་སོ། ། སྡུག་བསྔལ་ཀུན་འབྱུང་བར་འཕགས་པས་གཟིགས་ཤིང་དེ་ལྟར་དུ་གནས་པས་དེའི་དོན་ དེར་བདེན་པའོ། །མཚན་གཞི་ནི། ཀུན་བཏུས་སུ། ཀུན་འབྱུང་བའི་བདེན་པ་གང་ཞེ་ན། ཉོན་ མོངས་པ་དང་ཉོན་མོངས་པའི་དབང་གིས་བྱུང་བའི་ལས་སོ་ཞེས་སོ། །འདི་ལ་གང་ལ་ གདམས་ན། ཀུན་འབྱུང་བའི་བདེན་པ་ལའོ། །ཇི་ལྟར་གདམས་ན། རང་བཞིན་སྟོང་པ་ཉིད་ དང་སྡུག་བསྔལ་གྱི་རྒྱུར་གྱུར་པའི་གཟུགས་ལ་སོགས་པ་ཀུན་འབྱུང་དག བདེན་དངོས་ ཀྱིས་སྟོང་པར་ཐ་མི་དད་པ་སྟེ་དབྱེར་མེད་པ་ཉིད་ཀྱིས་ན་གཟུགས་ལ་སོགས་པ་ཀུན་བདེན་ ནི་ཀུན་འབྱུང་བ་སྟེ་སྐྱེ་བ་དང་ (གསེར་དངོས་)འགོག་པ་སྟེ་འགག་པ་དང་ (གསེར་འཇིག་)ཆགས་ སོགས་ཀུན་ནས་ཉོན་མོངས་པ་དང་དད་སོགས་རྣམ་པར་བྱང་བའི་ཆོས་དེ་རྣམས་ལྡན་པ་ ཅན་མ་ཡིན་ནོ། །ཞེས་རྟོགས་ནས་ཉམས་སུ་ལེན་པ་དང༌། དེ་ལྟར་སྟོན་པ་གཉིས་ནི་ཀུན་ བདེན་ལ་འདོམས་པའོ། །གཟུགས་སྐྱེ་བའི་ཆོས་ཅན་ནམ་འགག་པའི། གཟུགས་ཀུན་ནས་ ཉོན་མོངས་པའམ་རྣམ་པར་བྱང་བའི་ཆོས་ཅན་དུ་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །དེ་ ཅིའི་ཕྱིར་ཞེ་ན། རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར་རོ། །ཞེས་སོགས་སོ། །གསུམ་པ་ལ། འགོག་ 1-1-246 བདེན་གྱི་མཚན་ཉིད། འདུས་མ་བྱས་གང་ཞིག རང་རྒྱུ་ལམ་བདེན་གྱི་བྲལ་འབྲས་ཡིན་པའོ། ། ཉོན་མོངས་སམ། སྡུག་བསྔལ་འགགས་པས་འགོག་པ། དེར་འཕགས་པས་གཟིགས་ཤིང་ གཟིགས་པ་ལྟར་གནས་པས་དེའི་དོན་བདེན་པས་འགོག་བདེན་ནོ། །བརྟགས་མིན་ནི་ འགོག་པ་བཏགས་པའོ། །དབྱེ་ན། འཇིག་རྟེན་པའི་ (ཀུན་བཏུས་)ལམ་གྱིས་ཉོན་མོངས་ཉམས་ སྨད་པས་ (བཏུས་)འགོག་པའི་འགོག་པ་བརྡའི་འགོག་པ་སྟེ་རྗེས་མཐུན་པ། འཕགས་པའི་ཤེས་ རབ་ཀྱིས་ཀུན་བཏུས་དངོས་ས་བོན་ཅི་རིགས་པར་བཅོམ་པས་བཀག་པའི་འགོག་པ་དོན་ དམ་པའི་འགོག་པ་སྟེ་མཚན་ཉིད་པ་གཉིས་དང༌། སློབ་ (རྒྱུན་ཞུགས་ཕྱིར་འོང་ཕྱིར་མི་འོང་ལ་བཤད་)པའི་ འབྲས་བུས་བསྡུས་པའི་འགོག་པ་མ་རྫོགས་པའི། མི་སློབ་ (དགྲ་བཅོམ་པ་ལ་བཤད་)པས་བསྡུས་པ་ རྫོགས་པའི་འགོག་པ་གཉིས་དང༌། དགྲ་བཅོམ་ཤེས་རབ་ཀྱིས་རྣམ་གྲོལ་གྱི་དེ་རྫུ་འཕྲུལ་ མངོན་ཤེས་སོགས་ཡོན་ཏན་གྱིས་མ་བརྒྱན་པས་རྒྱན་མེད་ཀྱི། གཉིས་ཀའི་ཆ་ལས་རྣམ་གྲོལ་ གྱི་དེ་ (རིག་པ་གསུམ་དང་མངོན་ཤེས་དྲུག་གི་ཡོན་ཏན་ལ་བཤད་)དེས་བརྒྱན་པས་རྒྱན་ཅན་གྱི་སྟེ་དེ་གཉིས་ དང༌། ཕུང་པོའི་ལྷག་བཅས་ལྷག་མེད་ཀྱི་དེ་ལྷག་མ་ཡོད་མེད་གཉིས་དང༌། སངས་རྒྱས་ (དངོས་) བྱང་ (དངོས་)སེམས་ཀྱི་མི་གནས་པའི་མྱང་འདས་ཀྱིས་བསྡུས་པ་དེ་སེམས་ཅན་ཐམས་ཅད་ལ་ ཕན་ (དངོས་)བདེའི་རྒྱུར་གནས་པས་ཁྱད་པར་དུ་འཕགས་པའི་འགོག་པ་སྟེ་ཚན་པ་ལྔའོ། །འདི་ ལ་གང་ལ་གདམས་ན། འགོག་པའི་བདེན་པ་ (གསེར་)ལའོ། །ཇི་ལྟར་གདམས་ན། བདེན་དངོས་ སམ་དྲི་མས་སྟོང་པའི་སྟོང་པ་ཉིད་དེ་ལ་ནི་ཆོས་ཅན། དོན་དམ་པར་ཉོན་མོངས་ཀྱི་ཆོས་ གཟུགས་མེད། ནས་ཞེས་པས་ཚོར་སོགས་མེད། ལས་ཀྱི་ཀུན་སློང་མ་རིག་པ་སྐྱེ་བ་མེད། ཡང་གིས་རྒ་ཤིའི་བར་དུ་སྐྱེ་བ་མེད་དོ། །རྣམ་བྱང་གི་ཆོས་མ་རིག་པ་འགག་པ་མེད། ཡང་ གིས་རྒ་ཤིའི་བར་དུ་འགག་པ་མེད། རྟོགས་པ་པོ་སངས་རྒྱས་མེད། ཀྱང་སྒྲས་རྒྱུན་ཞུགས་ སོགས་མེད། རྟོགས་བྱ་བྱང་ཆུབ་ཀྱི་དངོས་པོའི་བར་དུ་སྟེ་མཐར་ཐུག་པར་སྨོས་པའི་ཚིག་གོ ། 1-1-247 དེ་མེད་དོ། །རྒྱུ་མཚན་ནི། དོན་དམ་པར་འདུས་བྱས་ཀྱི་མཚན་ཉིད་སྐྱེ་བ་དང་འགག་པ(ར་མི་ འགྱུར་རྟག་པས་སོ་)དང༌། སྤང་གཉེན་གྱི་མཚན་ཉིད་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་ བ(ར་མི་འགྱུར་ཏེ་འགྱུར་བ་མེད་པས་སོ་)དང༌། གནས་སྐབས་ཀྱི་ཁྱད་པར་སྔར་ཡོད་ཉམས་པ་དང་སྔར་ མེད་འཕེལ་བ(ར་མི་འགྱུར་ཏེ་ཁྱབ་པའི་ཕྱིར་རོ་)ལ་སོགས་པ་དུས་གསུམ་དང་བྲལ་ (ཏེ་རྟག་པ་ལ་སོགས་པའི་ ཕྱིར་རོ་ཞེས་དག་ལྡན་)བའི་ཕྱིར་རོ། །སྟོང་པ་ཉིད་གང་ཡིན་པ་དེ་ནི་མི་སྐྱེ་མི་འགག་ཅིང༌། ཀུན་ནས་ ཉོན་མོངས་པ་མ་ཡིན། རྣམ་པར་བྱང་བ་མ་ཡིན། འགྲིབ་པ་མེད་ཅིང་འཕེལ་བ་མེད་པ་སྟེ། དེ་ ནི་འདས་པ་མ་ཡིན། མ་འོངས་པ་མ་ཡིན། ད་ལྟར་བྱུང་བ་མ་ཡིན་ནོ། །གང་ཡང་དེ་ལ་ནི། གཟུགས་མེད་དོ། །ཞེས་སོགས་སོ། །འདིར་སྟོང་པ་ཉིད་ཅེས་པའང༌། ཀླུའི་སེམས་འགྲེལ་ ལས། དགེ་དང་མི་དགེའི་རྣམ་རྟོག་རྣམས། །རྒྱུན་ཆད་པ་ཡི་མཚན་ཉིད་ཅན། །སངས་རྒྱས་ རྣམས་ཀྱིས་སྟོང་ཉིད་གསུངས། །གཞན་དུ་སྟོང་ཉིད་འདོད་པ་མིན། །ཞེས་པ་ལྟར་ཡིན་གྱི་ཅི་ མེད་ཅིང་མེད་ཞིག་ལ་མི་བཞེད་དོ། །བཞི་པ་ལ། ལམ་བདེན་གྱི་མཚན་ཉིད། ཟག་མེད་ འདུས་བྱས་གང་ཞིག འགོག་བདེན་གྱི་འབྲལ་རྒྱུ་ཡིན་པའོ། །དེ་དག་ནི་ཐུན་མོང་བ་དང་ བསྟུན་པའོ། །ཐུན་མོང་མ་ཡིན་པའི་ལུགས་ཀྱི་འགོག་བདེན་མཚན་ཉིད་པ་རང་བཞིན་རྣམ་ དག་གི་ཆོས་ཉིད་གཙོ་ཆེའོ། །མྱང་འདས་ཀྱི་གྲོང་ཁྱེར་དུ་ཕྱིན་པར་བྱེད་པས་ལམ་དེར་ འཕགས་པས་གཟིགས་ཤིང་གཟིགས་པ་ལྟར་གནས་པས་དེའི་ངོར་དེར་བདེན་པའོ། །མཚན་ གཞི་ནི། སྤྱིར་ལམ་ (ཀུན་བཏུས་)ལྔ་བཤད་དོ། །དེ་ཡང་ཀུན་བཏུས་འགྲེལ་པ་ལྟར་ན། ཚོགས་ སྦྱོར་ལམ་བདེན་རྗེས་སུ་མཐུན་པ། ཟག་མེད་ཀྱི་གསུམ་མཚན་ཉིད་པའོ། །ཁ་ཅིག སངས་ རྒྱས་ཀྱི་འདུས་བྱས་ཡེ་ཤེས་རྣམས་ལམ་བདེན་མིན་པར་འདོད་པ་ནི་ནོར་ཏེ། འོ་ན་འགོག་ བདེན་དུ་འགྱུར་ཏེ། ཐོབ་བྱའི་ཡེ་ཤེས་མཐར་ཐུག་པ་ཡིན་ཅིང་དེ་མིན་པས་སོ། །འདོད་ན། འདུས་མ་བྱས་སུ་འགྱུར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་སངས་རྒྱས་ཉིད་ཀྱི་ལམ་ 1-1-248 སྟེ། ཞེས་སོགས་དང་འགལ་ཞིང༌། རྣམ་པར་བྱང་བའི་བདེན་པ་གཉིས་ཀྱི་མཚན་ཉིད་འདོད་ ཆགས་དང་བྲལ་བའི་ཆོས་ཀྱི་སྐུ་ཅན་ཡིན་པའི་ཕྱིར། ཞེས་རྒྱུད་བླའི་འགྲེལ་པར་ (ཐུབ་པ་ཆོས་ཀྱི་ སྐུ་ཅན་ཕྱིར་གྱི་འགྲེལ་པར་)བཤད་པས་གནོད་དོ། །འདི་ལ་གང་ལ་ན། ལམ་གྱི་བདེན་པ་ (གསེར་) ལའོ། །ཇི་ལྟར་ན། ལམ་ (དངོས་)དང༌། རིག་སྒྲུབ་ (དོན་)ངེས་འབྱིན་ (དངོས་)ལ་འདོམས་པས་སོ། ། དང་པོ་ནི། སྦྱིན་ (ཨཱརྱ་)སོགས་དྲུག་ལམ་ (དངོས་)དུ་གྲགས་པའི་ཕྱིར་ལམ་ (ཨཱརྱ་)སྟེ་དེ་དོན་དམ་ པར་ངོ་བོས་སྟོང་པའི་ (མདོ་དོན་)ཕྱིར། ལམ་སྦྱིན་སོགས་ལ་ལམ་སྒྲུབ་པོ། བདག་ཉིད་ལྡན་པ་ དང་མི་ལྡན་པ་ནི་བརྩོན་མི་བརྩོན་ཏེ། དེ་གཉིས་མ་ཡིན་པ་ཉིད་དུ་ཞེས་པས་དེ་གཉིས་གང་དུ་ ཡང་མ་དམིགས་པར་ལམ་སྒྲུབ་པོ་ཞེས་ཉམས་སུ་ལེན་པ་དང་སྟོན་པའོ། །དེ་དམ་ཞེས་པས་ བསྡུས་སོ། །སྦྱིན་པའི་ཕར་ཕྱིན་ལ་བརྩོན་ཞེས་བྱ་བའམ་མི་བརྩོན་ཞེས་བྱ་བར་ཡང་དག་པར་ རྗེས་སུ་མི་མཐོང་ངོ༌། །ནས། རྣམ་མཁྱེན་གྱི་བར་ (མདོ་)རོ། །གཉིས་པ་ནི། དོན་དམ་པར་སྦྱར་ ས་སྦྱོར་བོ་གཉིས་སྟོང་པ་ (མདོ་དོན་དངོས་)ཉིད་ཡིན་པའི་ཕྱིར། ནང་སྦྱོར་པ་པོ་སྟོང་ (དག་ལྡན་)པ་ ཉིད་ཀྱི་ཏིང་ངེ་འཛིན་ (དག་ལྡན་དངོས་)བསྒོམ་པ་ནི་ཕྱི་སྦྱར་ས་སྟོང་པ་ཉིད་དང་ཕན་ཚུན་ལྡན་པ་ ནི་སྦྱོར་བའམ་སྡུད་པ། (མདོ་)མི་ལྡན་པ་ནི་མི་སྦྱོར་བའམ་འབྱེད་པ་ (མདོ་)སྟེ། སྦྱོར་མི་སྦྱོར་རམ་ འབྱེད་སྡུད་གང་ཡང་མ་ཡིན་པ་ཉིད་དུ་རྟོགས་ནས་སྒྲུབ་པོ་ཞེས་སོ། །སོགས་པ་ནང་སྦྱོར་བ་ པོ་མཚན་མེད་སྨོན་མེད་ཀྱི་ཏིང་ངེ་འཛིན་བསྒོམ་པ་ནི་ཕྱི་བསྒོམ་བྱ་མཚན་མེད་སྨོན་མེད་ཅེས་ སོགས་སྦྱར་རོ། །སྟོང་པ་ཉིད་དང་སྟོང་པ་ཉིད་དུ་མི་སྡུད་མི་འབྱེད་དེ་སྟོང་པ་ཉིད་ཀྱི་རྣལ་ འབྱོར་དང་ཡང་མ་ཡིན་ནོ་མཚན་མེད་སྨོན་མེད་ལ་འདོན་པ་བསྒྱུར་རོ། །འདིས་ལམ་བདེན་ རྣམ་པར་མི་རྟོག་པར་བསྟན་ཞེས་ཨཱརྱ་སྟེ། དེ་ཉིད་རིག་སྒྲུབ་ཡིན་ནོ། །ནང་ཏིང་ངེ་འཛིན་ གསུམ་བསྒོམ་པ་ལ་དག་ལྡན་དུ་དངོས་སུ་ཡོད་དོ། །གསེར་ནི། ནང་སྟོང་པ་ཉིད་ལ་ཕྱི་སྟོང་པ་ ཉིད་ཀྱིས་མི་སྦྱོར། ནས། སྟོང་ཉིད་བཅུ་དྲུག་ལ་སྦྱར་ཏེ་མདོ་དང་མི་མཐུན་ (མདོར་མེད་)ནོ། 1-1-249 ། གསུམ་པ་ནི། དོན་དམ་པར་དུས་གསུམ་མཉམ་ཉིད་ (ཨཱརྱ་སྟེ་སྤས་དོན་ཡོད་)ཀྱི་ཕྱིར། སྔོན་གྱི་ མཐའ་འཁོར་བ་ནས་ཕྱི་མའི་མཐའ་མྱང་འདས་སུ་ལྡན་མི་ལྡན་ཏེ་ངེས་པར་འབྱིན་མི་འབྱིན་ མ་ཡིན་པ་སྟེ་དེའི་སྤྲོས་བྲལ་དུ་རྟོགས་ནས་ལམ་སྒྲུབ་པོ། །ཞེས་སམ་དེ་ལྟར་ཉམས་སུ་ལེན་ པ་དང་སྟོན་པ་སྔོན་གྱི་མཐའ་ལ་ཕྱི་མའི་མཐའ་སྦྱོར་བར་མི་བྱེད་ཅེས་སོགས་དེ་དག་ནི་ལམ་ བདེན་ལ་འདོམས་པའོ། །དང་ནི་སྡུད་ཚིག་གོ །(རད་ཀིར་ནི། སྡུག་བསྔལ་ནི་ཀུན་འབྱུང་གི་འབྲས་བུ་སེམས་ ཅན་གྱིས་འཇིག་རྟེན་གྱིས་བསྡུས་པ། ཀུན་འབྱུང་ནི་སྡུག་བསྔལ་བསྐྱེད་བྱེད་རྒྱུར་གྱུར་པའི་སེམས་ཅན་གྱིས་བསྡུས་པ། འགོག་པ་ ནི་སྡུག་བསྔལ་ཟད་པ་མྱ་ངན་ལས་འདས་པ་འཇིགས་པ་ཐམས་ཅད་བཅོམ་པ། ཕུན་ཚོགས་ཐམས་ཅད་ཀྱི་རྒྱུ་དངོས་པོ་ཐམས་ ཅད་དང་བྲལ་བ་ཞིག་གོ །ལམ་ནི་འགོག་པའི་རྒྱུ་སྟེ་འཕགས་ལམ་ཡན་ལག་བརྒྱད་དོ་ཞེས་བྱེ་བྲག་སྨྲ་བའིའོ། །ཡང་རྣམ་ཤེས་ ཡོངས་སུ་གྱུར་བ་ཉོན་མོངས་དང་བཅས་པའི་འཁོར་བའི་གནས་སྐབས་འབྲས་བུར་གྱུར་བ་ནི་སྡུག་བདེན། རྣམ་ཤེས་ཡོངས་སུ་ གྱུར་བ་དེ་འདྲའི་འཇིག་རྟེན་ཕ་རོལ་གྱི་རྒྱུར་གྱུར་བ་ནི་ཀུན་འབྱུང་ངོ༌། །རྣམ་ཤེས་དེ་ཡོངས་སུ་གྱུར་བ་མཚན་དཔེ་འབར་བ་སྐྱོན་ མེད་ཅིང་ཡོན་ཏན་བྱེད་པ་འགོག་བདེན་ནོ། །རྣམ་ཤེས་ཡོངས་སུ་གྱུར་བས་ཕྱིན་བཅུ་འདུས་པ་ནི་ལམ་བདེན་ནོ། །དེ་ཐེག་ཆེན་ པའི་ཡིན་ཞེས་སོ། །དེ་ལྟར་སྟོན་པ་བདེན་བཞི་ལ་འདོམས་པའོ། །ཞེས་སོ།། །།) གསུམ་པ་ལ། སྤྱི་དང༌། ཡན་ལག་གི་དོན་གཉིས་སོ། །དང་པོ་ལ་གཉིས། སྐྱབས་གསུམ་ གྱི་རང་བཞིན། དེ་ལ་སྐྱབས་སུ་འགྲོ་བའི་ཚུལ་བསྟན་པའོ། ། དང་པོ་ལ། ཐེག་ཆེན་ཐུན་མོང་མ་ཡིན་པའི་ལུགས་དང༌། ཐེག་པ་ཐུན་མོང་གི་ལུགས་སོ། ། དང་པོ་ལ། དངོས་དང༌། སྐྱབས་གསུམ་དུ་བཞག་པའི་འཐད་པ། དོན་དམ་གྱི་སྐྱབས་གཅིག་ ཏུ་བསྟན། དཀོན་མཆོག་གི་སྒྲ་དོན་ནོ། །དང་པོ་ནི། རྒྱུད་བླར། གང་ཞིག་ཐོག་མ་དབུས་ མཐའ་མེད་ཞི་སངས་རྒྱས་ཉིད་རང་རྣམ་སངས་རྒྱས། །སངས་རྒྱས་ནས་ནི་མ་རྟོགས་རྟོགས་ ཕྱིར་འཇིག་མེད་རྟག་པའི་ལམ་སྟོན་པ། །མཁྱེན་བརྩེའི་རལ་གྲི་རྡོ་རྗེ་མཆོག་བསྣམས་སྡུག་ བསྔལ་མྱུ་གུ་གཅོད་མཛད་ཅིང༌། །སྣ་ཚོགས་ལྟ་ཐིབས་ཀྱིས་བསྐོར་ཐེ་ཚོམ་རྩིག་པ་འཇིག་ 1-1-250 མཛད་དེ་ལ་འདུད། །ཅེས་པས། ཡོན་ཏན་བརྒྱད་དང་ལྡན་ (ཐོགས་མེད་)པའི་སངས་རྒྱས་བསྟན་ ཏེ། མཚན་ཉིད་ནི། སྐྱབས་གནས་གང་ཞིག དོན་གཉིས་མཐར་ཕྱིན་པའོ། །དེ་ཡང༌། འདུས་ མ་བྱས་ཤིང་ལྷུན་གྱིས་གྲུབ། །གཞན་གྱི་རྐྱེན་གྱིས་རྟོགས་མིན་པ། །མཁྱེན་དང་བརྩེ་དང་ནུས་ པར་ལྡན། །དོན་གཉིས་ལྡན་པའི་སངས་རྒྱས་ཉིད། །ཅེས་ཏེ། འདུས་བྱས་ཀྱི་མཚན་ཉིད་སྐྱེ་ གནས་འཇིག་གསུམ་དང་བྲལ་བས་འདུས་མ་བྱས་པ། (རྩ་འགྲེལ།) སྤྲོས་པ་དང་རྣམ་ (འགྲེལ་པར་ དངོས་)རྟོག་ཐམས་ཅད་ཞི་བས་ལྷུན་གྲུབ། སངས་རྒྱས་ཉིད་ཀྱི་རང་བྱུང་ཡེ་ཤེས་ཀྱིས་རྟོགས་ བྱ་ཡིན་པས་སྒྲ་རྟགས་སོགས་གཞན་གྱི་རྐྱེན་གྱིས་དངོས་སུ་རྟོགས་བྱ་མིན་པའི་ཡོན་ཏན་ གསུམ་ལྡན་ནི། ངོ་བོ་ཉིད་སྐུ། དེ་ལྟར་རྨད་དུ་བྱུང་ཞིང་བསམ་དུ་མེད་པའི་ཁྱད་པར་ (དེ་ལྟར་ རྣམ་གསུམ་རྟོགས་ཕྱིར་མཁྱེན། །ཞེས་སོ། །)གསུམ་ལྡན་གྱི་སངས་རྒྱས་དེ་ཉིད་སློབ་དཔོན་མེད་པར་རང་ བྱུང་ཡེ་ཤེས་ཀྱིས་བརྗོད་དུ་མེད་པའི་རང་བཞིན་དུ་སངས་རྒྱས་པའམ་རྟོགས་པ་དེ་མཁྱེན་ པ། དེ་མཁྱེན་ནས་དེ་ལྟར་མ་རྟོགས་པར་དེ་ལྟ་བ་ལ་དམུས་ (དངོས་)ལོང་དུ་གྱུར་པ་རྣམས་ ཀྱིས་རྟོགས་པར་བྱ་བའི་ཕྱིར་འཇིག་མེད་འཇིག་རྟེན་ལས་འདས་པའི་ལམ་ (དངོས་)སྟོན་པ་ བརྩེ་བ། དེ་ལྟ་བུའི་མཁྱེན་བརྩེའི་རལ་གྲིས་ (གཉིས་ཀའི་དཔེ་དངོས་སུ་བཤད་)སྡུག་བསྔལ་གྱི་མྱུ་གུ་ གཅོད་པས་རལ་གྲི། མཁྱེན་བརྩེ་དེ་གཉིས་ཀྱིས་ (འཇིག་ཚོགས་ལ་ཞེན་པ་སྔོན་དུ་འགྲོ་བ་ཅན་གྱི་)ལྟ་བ་ (དངོས་)དང་ཐེ་ཚོམ་གྱིས་བསྡུས་པའི་མཐོང་སྤང་གི་ (རྩ་བར་དངོས་)ཉོན་མོངས་ལམ་མ་སྐྱེས་ (དོན་ )པའི་འཇིག་རྟེན་པའི་ (དངོས་)ཤེས་པས་སྐྱོན་ཡོན་སོགས་རྟོགས་དཀའ་ཞིང་འཇོམས་མི་ནུས་ (དོན་)པས་ཕིགས་པར་དཀའ་བའི་ཕྱིར་ (དངོས་)ན་ནགས་ཐིབས་པོས་བསྐོར་བའི་རྩིག་པ་དང་ འདྲ་ལ་དེ་འཇིག་པར་བྱེད་པས་རྡོ་རྗེ་རིན་པོ་ཆེ་དང་མཐུན་ (དངོས་)ནོ། །ཡོན་ཏན་ཕྱི་མ་གསུམ་ གཟུགས་སྐུའི་དབང་དུ་བྱས་པའོ། །(དེ་དག་ཡེ་ཤེས་སྣང་བ་རྒྱན་གྱི་མདོ་དང་སྦྱར་ནས་འགྲེལ་པར་བཤད་པ་བལྟ་ དགོས་སོ། །) དང་པོ་གསུམ་རང་དོན། ཕྱི་མ་གསུམ་གཞན་དོན་ནོ། །དོན་གཉིས་དང་བཅས་པས་ 1-1-251 ཡོན་ཏན་བརྒྱད་འགྲེལ་པར་དངོས་སུ་བཤད་དོ། །དེ་དག་ཀྱང༌། ཐོག་མ་དབུས་མཐའ་མེད་ པ་ཡི། །རང་བཞིན་ཡིན་ཕྱིར་འདུས་མ་བྱས། །ཞེས་ནས། ཕྱི་མ་གསུམ་གྱིས་གཞན་དོན་ཡིན། ། ཞེས་པའི་བར་དུ་གསུངས་སོ། ། གཉིས་པ་ནི། གང་ཞིག་མེད་མིན་ཡོད་མིན་ཡོད་མེད་མ་ཡིན་ཡོད་མེད་ལས་གཞན་ དུའང༌། །བརྟག་པར་མི་ནུས་ངེས་ཚིག་དང་བྲལ་སོ་སོ་རང་གིས་རིག་ཞི་བ། །དྲི་མེད་ཡེ་ ཤེས་འོད་ཟེར་སྣང་ལྡན་དམིགས་པ་ཀུན་ལ་ཆགས་པ་དང༌། །སྡང་དང་རབ་རིབ་རྣམ་པར་ འཇོམས་མཛད་དམ་ཆོས་ཉི་མ་དེ་ལ་འདུད། །འདིས་ཅི་བསྟན་ཞེ་ན། བསམ་མེད་གཉིས་མེད་ རྟོག་མེད་པ། །དག་གསལ་གཉེན་པོའི་ཕྱོགས་ཉིད་ཀྱིས། །གང་ཞིག་གང་གིས་ཆགས་བྲལ་ བ། །བདེན་གཉིས་མཚན་ཉིད་ཅན་དེ་ཆོས། །འདིས་ཡོན་ཏན་བརྒྱད་ཀྱིས་བསྡུས་པའི་ཆོས་ དཀོན་མཆོག་བརྗོད་དོ། །(དངོས་)བརྒྱད་གང་ཞེ་ན། (དངོས་)བརྟག་མིན་ཕྱིར་དང་བརྗོད་མིན་ ཕྱིར། །འཕགས་པས་མཁྱེན་ཕྱིར་བསམ་མེད་ཉིད། །ཞི་ཉིད་གཉིས་མེད་རྟོག་མེད་དེ། །དག་ སོགས་གསུམ་ནི་ཉི་བཞིན་ནོ། །ཞེས་པས་མུ་བཞིར་བརྟག་མི་ནུས་པས་རྟོག་གེའི་ཡུལ་མིན་ པའི་ཕྱིར་དང༌། ངེས་ཚིག་བརྡ་མངོན་བརྗོད་དག་གིས་བརྗོད་དུ་མེད་ཅིང༌། (དངོས་)སྒྲ། སྐད། བརྗོད་པ་ངག་གི་ཡུལ་མིན་པའི་ཕྱིར་དང༌། འཕགས་པས་སོ་སོ་རང་གིས་རིག་བྱ་ (དངོས་)ཡིན་ པའི་ཕྱིར་བསམ་མེད་དོ། །(རྩ་བའི་)ཞི་བ་ལ་གཉིས་ལས་ལས་ཉོན་ཞི་བ་གཉིས་མེད། དེའི་ རྒྱུ་ཚུལ་མིན་ཡིད་བྱེད་ཞི་བས་རྟོག་མེད་དོ། །ཁྱད་པར་དེ་གསུམ་ཅན་གྱི་འགོག་པ་དང༌། དེ་ མངོན་དུ་བྱེད་པའི་ལམ་བདེན་མཐོང་སྒོམ་ནི། ཉི་མ་དང་ཆོས་མཐུན་ཏེ། ངོ་བོ་ལ་ལྟོས་ཏེ་ཉེ་ ཉོན་གྱི་དྲི་མ་མེད་པས་དག་པ། ཇི་ལྟ་ཇི་སྙེད་ཀྱི་ཤེས་བྱ་སྣང་བར་བྱེད་པས་གསལ་བ། དེ་ཁོ་ ན་ཉིད་མཐོང་བའི་གེགས་ཀྱི་གཉེན་པོ་བྱེད་པས་གཉེན་པོར་མཐུན་ནོ། །དེས་ན། ཡོན་ཏན་ དང་པོ་གསུམ་ཅན་གྱི་འགོག་བདེན་ནི་གང་ཞིག་འདོད་ཆགས་དང་བྲལ་བ། ཕྱི་མ་གསུམ་ 1-1-252 ཅན་གྱི་ལམ་བདེན་ནི་གང་གིས་འདོད་ཆགས་དང་བྲལ་བ་སྟེ། ཆགས་བྲལ་ཉིད་ནི་འགོག་ པ་དང༌། །ལམ་གྱི་བདེན་པ་དག་གིས་བསྡུས། །གོ་རིམ་ཇི་བཞིན་དེ་དག་ཀྱང༌། །ཡོན་ཏན་ གསུམ་གསུམ་གྱིས་རིག་བྱ། །ཞེས་སོ། །མདོར་ན་ཆགས་བྲལ་རྣམས་ཀྱི་མཆོག་ཐེག་ཆེན་གྱི་ འགོག་ལམ་གང་རུང་ཡིན་པ་མཚན་ཉིད་དུ་དགོད་དོ། །(མདོ་དང་སྦྱར་ཏེ་འགྲེལ་པར་ཤེས་དགོས་སོ། །) གསུམ་པ་ནི། སེམས་དེ་རང་བཞིན་འོད་གསལ་བས་ན་ཉོན་མོངས་ངོ་བོ་མེད་གཟིགས་ པས། །གང་དག་འགྲོ་ཀུན་བདག་མེད་མཐའ་ཞི་ཡང་དག་རྟོགས་ནས་ཐམས་ཅད་ལ། ། རྫོགས་པའི་སངས་རྒྱས་རྗེས་ཞུགས་གཟིགས་པ་སྒྲིབ་པ་མེད་པའི་བློ་མངའ་བ། །སེམས་ ཅན་རྣམ་དག་མཐའ་ཡས་ཡུལ་ཅན་ཡེ་ཤེས་གཟིགས་མངའ་དེ་ལ་འདུད། །འདིས་ཅི་བསྟན་ ཞེ་ན། ཇི་བཞིན་ཇི་སྙེད་ནང་གི་ནི། །ཡེ་ཤེས་གཟིགས་པ་དག་པའི་ཕྱིར། །བློ་ལྡན་ཕྱིར་མི་ ལྡོག་པའི་ཚོགས། །བླ་མེད་ཡོན་ཏན་དང་ལྡན་ཉིད། །ཅེས་སོ། །སངས་རྒྱས་མིན་པའི་དེའི་ མཚན་ཉིད་ནི་རིག་གྲོལ་གྱི་ཡོན་ཏན་གྱི་འཕགས་པ་སློབ་པ་ཕྱིར་མི་ལྡོག་ཅེས་པའོ། །དེ་ཡང་ སེམས་ཀྱི་ཆོས་ཉིད་རང་བཞིན་གྱིས་འོད་གསལ་བར་དང༌། (དངོས།) ཉེ་བའི་ཉོན་མོངས་ གདོད་ནས་ཟད་ཅིང༌། (དངོས།) འགགས་པས་ (དངོས་)ངོ་བོ་མེད་པར་ (རྩ་བ་)གཟིགས་པས་འགྲོ་ བ་ཀུན་གྱི་བདག་གཉིས་ (དོན་དངོས་)མེད་པའི་མཐའ་སྟེ་ (དངོས་)བདག་གཉིས་གཟོད་མ་ནས་ ཞི་བའི་ངོ་བོ་ (དངོས་)ཉིད་དུ་རྟོགས་པ་ཇི་ལྟ་བ་རྟོགས་པ། འཇིག་རྟེན་ལས་འདས་པའི་ཤེས་ རབ་ (དངོས་)ཀྱིས་སེམས་ཅན་ཐམས་ཅད་ལ་ (དངོས་)ཐ་ན་དུད་འགྲོའི་སྐྱེ་གནས་པ་རྣམས་ལ་ ཡང་དེ་པའི་སྙིང་པོ་ (དངོས་)ཡོད་པར་མཐོང་བ་ཇི་སྙེད་པ་རྟོགས་ (ས་དང་པོ་ནས་སྐྱེ་འགྲེལ་པར་རོ། །)པ། ཡེ་ཤེས་དེ་གཉིས་ (དངོས་)ཀྱིས་ (དངོས་)གཞན་དང་ཐུན་མོང་མིན་པའི་འཇིག་རྟེན་ལས་འདས་ (དངོས་)པའི་ལམ་རྟོགས་པ་ (དངོས་)དེ་སོ་སོར་རང་གིས་ (རྩ་བ་)རིག་པ། དེ་གསུམ་རིག་པའོ། །ཡེ་ ཤེས་དང་པོས་ཁམས་རང་བཞིན་ (དངོས་)གྱིས་རྣམ་དག་མཐོང་བས་ཆགས་པའི་སྒྲིབ་པ་མེད། 1-1-253 གཉིས་པས་ཤེས་བྱ་མཐའ་མེད་རྟོགས་པས་ཐོགས་པའི་སྒྲིབ་པ་མེད། གསུམ་ (དངོས་)པ་ཕྱིར་ མི་ལྡོག་ (དངོས་)གི་བྱང་སེའི་སོ་སོ་རང་གིས་རིག་པའི་ཡེ་ཤེས་དེ་ནི་དེ་པའི་ཡེ་ཤེས་བླ་མེད་ དང་ཉེ་བར་གནས་པའམ་གང་དང་ལྡན་པས་ཕྱིར་མི་ལྡོག་གི་བྱང་སེ་སེམས་ཅན་ཐམས་ཅད་ ཀྱི་སྐྱབས་སུ་འགྱུར་ (ཀུན་དངོས། འདི་དངོས་སུ་མི་སྣང་)བས་དམན་པའི་སྒྲིབ་པ་མེད་པ་སྟེ་དེ་གསུམ་ གྲོལ་བའོ། །འདིར་ཐེག་དམན་གྱི་དགེ་འདུན་ནི་གཞན་ཕན་གྱི་བསམ་པ་མ་དག་པས་མཆོད་ (དངོས་)པའམ་སྐྱབས་ཀྱི་འོས་མིན་པས་མ་སྨོས་སོ། །དེ་རྣམས་འཕགས་པ་ཐོགས་མེད་ཀྱི་ དགོངས་པ་ལྟར་རོ། ། གཉིས་པ་ནི། སྟོན་པ་བསྟན་པ་སློབ་དོན་གྱི། །ཐེག་པ་གསུམ་དང་བྱེད་གསུམ་ལ། །མོས་ པ་རྣམས་ཀྱི་དབང་བྱས་ནས། །སྐྱབས་གསུམ་རྣམ་པར་བཞག་པ་ཡིན། །ཞེས་ཏེ་སྟོན་པའི་ ཡོན་ཏན་བསྟན་པའི་ (དངོས་)དོན་དུ་སངས་རྒྱས་ཉིད་དོན་དུ་གཉེར་བར་ཞུགས་པའི་བྱང་སེའི་ གང་ཟག་དང༌། སངས་རྒྱས་ལ་མཆོག་ཏུ་བྱ་བ་བྱེད་པར་མོས་པ་རྣམས་ཀྱི་དབང་དུ་བྱས་ནས་ སངས་རྒྱས་ནི་སྐྱབས་ཡིན་ཏེ། རྐང་གཉིས་རྣམས་ཀྱི་མཆོག་ཡིན་པའི་ཕྱིར་རོ་ཞེས་བཞག་ གོ །སྟོན་པའི་བསྟན་པའམ་ཡོན་ཏན་བསྟན་པའི་དོན་དུ་རང་ཉིད་རྟེན་འབྲེལ་གྱི་ཆོས་ (དངོས་) ཟབ་མོ་རྟོགས་པའི་ཕྱིར་ཞུགས་པར་རང་རྒྱལ་གྱི་གང་ཟག་དང༌། ཆོས་ལ་མཆོག་ཏུ་བྱ་བ་བྱེད་ པར་མོས་པ་རྣམས་ཀྱི་དབང་དུ་བྱས་ནས་ཆོས་ནི་སྐྱབས་ཡིན་ཏེ། འདོད་ཆགས་དང་བྲལ་བ་ རྣམས་ཀྱི་མཆོག་ཡིན་པའི་ཕྱིར་རོ་ཞེས་བཞག་གོ །སྟོན་པའི་བསྟན་པ་ལ་ལེགས་པར་ཞུགས་ པའི་སློབ་མའི་ཡོན་ཏན་བསྟན་པའི་དོན་དུ་གཞན་ལས་ཐོས་པའི་སྒྲས་རྗེས་སུ་རྟོགས་པའི་ ཕྱིར་ཞུགས་པ་ཉན་ཐོས་ཀྱི་གང་ཟག་དང་དགེ་འདུན་ལ་མཆོག་ཏུ་བྱ་བ་བྱེད་པར་མོས་པ་ རྣམས་ཀྱི་དབང་དུ་བྱས་ནས་དགེ་འདུན་ནི་སྐྱབས་ཡིན་ཏེ། ཚོགས་རྣམས་ཀྱི་མཆོག་ཡིན་པའི་ ཕྱིར་རོ་ཞེས་བཞག་གོ །མདོར་ན་ (སྟོན་པ་བསྟན་པ་སློབ་མའི་ཡོན་ཏན་བསྟན་པའི་)དོན་རྣམ་པ་གསུམ་ 1-1-254 གྱི་ (ཐེག་གསུམ་དང་བྱེད་པ་གསུམ་ལ་མོས་པའི་)གང་ཟག་དྲུག་གི་དབང་དུ་བྱས་ནས་བཅོམ་ལྡན་འདས་ ཀྱིས་སྐྱབས་གསུམ་དུ་བཞག་པ་འདི་ནི་ཀུན་རྫོབ་ལ་བརྟེན་ནས་སེམས་ཅན་རྣམས་ཐེག་པ་ ལ་རིམ་གྱིས་གཞུག་པའི་དོན་དུ་ཡིན་ནོ་ཞེས་འགྲེལ་པར་རོ། ། གསུམ་པ་ནི། སྤང་ཕྱིར་སླུ་བའི་ཆོས་ཅན་ཕྱིར། །མེད་ཕྱིར་འཇིགས་དང་བཅས་པའི་ཕྱིར། ། ཆོས་རྣམ་གཉིས་དང་འཕགས་པའི་ཚོགས། །གཏན་གྱི་སྐྱབས་མཆོག་མ་ཡིན་ནོ། །དམ་པའི་ དོན་དུ་འགྲོ་བ་ཡི། །སྐྱབས་ནི་སངས་རྒྱས་ཉག་གཅིག་ཡིན། །ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། ། ཚོགས་ཀྱང་དེ་ཡི་མཐར་ཐུག་ཕྱིར། །ཞེས་ཏེ། ཆོས་ (དོན་)ལ་གཉིས་ཀྱི་ལུང་གི་ཆོས་ནི་ལམ་ མངོན་པར་རྟོགས་པའི་མཐར་ཐུག་པ་ཙམ་ཡིན་པས་གཟིངས་ལྟ་བུ་སྟེ་རྟོགས་པའི་ཆོས་ཡིད་ ལ་བྱེད་པ་ན་སྤང་བྱ་ཡིན་པའི་ཕྱིར་དང༌། རྟོགས་པའི་ཆོས་སློབ་པའི་ལམ་བདེན་ནི་བརྫུན་ པ་ (མཐར་ཐུག་འགགས་ནས་འགྲོ་བས་)སླུ་བའི་ཆོས་ཅན་གྱི་ཕྱིར་དང༌། འགོག་བདེན་ནི་ཉན་ཐོས་ཀྱི་ ཚུལ་གྱིས་ཉོན་མོངས་དང་སྡུག་བསྔལ་མེད་པ་ཙམ་གྱིས་རབ་ཏུ་ཕྱེ་ལ་དེ་ལྟར་ན་མེད་དགག་ ཙམ་ལས་དོན་ལ་མ་འདས་པས་མེད་པ་ནི་སྐྱབས་སུ་འོས་པ་མ་ཡིན་ནོ། །འདིས་རང་སྟོང་ པའི་ལུགས་ཀྱི་འགོག་བདེན་མཐར་ཐུག་ཡང་སྐྱབས་མིན་པར་བསྟན་ནོ། །དགེ་འདུན་ཡང་ འདིར་ཉན་རང་གི་ཐམས་ཅད་དང༌། ཐེག་ཆེན་སློབ་ (དོན་)པ་སྟེ་དེ་ཡང་འཇིགས་པ་དང་བཅས་ པ་འཇིགས་པ་དེ་ལས་ངེས་པར་འབྱུང་བ་ཚོལ་བ་དེ་པ་ལ་སྐྱབས་སུ་སོང་བ་སློབ་པ་བྱ་བ་དང་ བཅས་པའོ། །ཇི་ལྟར་འཇིགས་ (དངོས་)པ་དང་བཅས་ཞེ་ན། ཉན་རང་སློབ་པ་ལྟ་ཅི་སྨོས་ (དོན་ )དེའི་དགྲ་བཅོམ་པ་ (དངོས་)རྣམས་ཀྱང་འཁོར་བའམ་དེའི་སྡུག་བསྔལ་ཐམས་ཅད་ལ་ཤིན་ ཏུ་འཇིགས་པའི་འདུ་ཤེས་འབྱུང་སྟེ་རལ་གྲི་གདེངས་པའི་གཤེད་མའི་སྐྱེས་བུ་ལ་བཞིན་ནོ་ ཞེས་སོགས་སོ། །ཐེག་ཆེན་གྱི་ཡང་ས་བདུན་མན་ཐེག་དམན་གྱིས་འཇིགས། ས་བརྒྱད་ཡན་ སྤངས་རྟོགས་མཐར་མ་ཕྱིན་པས་འཇིགས་བཅས་སུ་བཞག་གོ་ཞེས་རྒྱལ་སྲས་དངུལ་ཆུ་པ་ 1-1-255 གསུང་ངོ༌། །དེས་ན་དེ་དག་ (དངོས་)གཏན་གྱི་སྐྱབས་མིན་ནོ། །སྔར་བཤད་པའི་མཚན་ཉིད་ ཅན་གྱི་ཐུབ་པ་ནི་རྣམ་བྱང་གི་བདེན་པ་གཉིས་ཀྱི་མཚན་ཉིད་ཅན་གྱི་ཆོས་སྐུ་མངའ་བ་དང་ ཐེག་པ་གསུམ་གྱི་ཚོགས་ཀྱང་ཆོས་སྐུ་རྣམ་དག་དེ་ཐོབ་པས་མཐར་ཕྱིན་པར་འགྱུར་བའི་ཕྱིར་ རྟག་པའི་སྐྱབས་གཡུང་དྲུང་གི་སྐྱབས་དོན་དམ་པའི་སྐྱབས་ནི་གཅིག་ཉིད་དེ། འདི་ལྟ་སྟེ་དེ་ པ་དགྲ་བཅོམ་ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །འདི་རྒྱས་པར་དཔལ་ཕྲེང་གི་མདོ་ བཞིན་རྟོགས་པར་བྱའོ་ (འགྲེལ་པར་)ཞེས་སོ། །འདིར་ལམ་བདེན་ནི་སློབ་ལམ་གྱི་དབང་དུ་བྱས་ པ་སྟེ་ཐུབ་པ་ནི་རྣམ་པར་བྱང་བའི་བདེན་པ་གཉིས་ཀྱི་ཞེས་སོགས་བཤད་པས་སོ། ། བཞི་པ་ནི། (གསེར་སོགས་ནོར་བུ་དབུལ་བོ་ལ་དཀོན་པ་ལྟར་དད་སོགས་ནོར་གྱིས་ཕོངས་པའི་སེམས་ཅན་ལ་) འབྱུང་བ་ (འམ་རྙེད་པ་)དཀོན་ཕྱིར་ (ནོར་བུ་སྦྱངས་བ་དྲི་མ་མེད་པ་ལྟར་ཉེ་ཉོན་གྱི་)དྲི་མ་མེད་ (པའི་)ཕྱིར། །(ནོར་ བུ་རིན་ཆེན་ནི་གསལ་ཕྲོ་སོགས་བྱེད་པའི་མཐུ་ཡོད་པ་ལྟར་མངོན་ཤེས་དྲུག་སོགས་ཡོན་ཏན་གྱི་)མཐུ་ལྡན་ཕྱིར་དང་ (ནོར་ བུ་རྒྱལ་བོའི་སྤྱི་བོ་སོགས་སུ་འདོགས་ཤིང་རྒྱན་བྱེད་པ་ལྟར་དགེ་བ་ཐམས་ཅད་ཀྱི་རྒྱུར་གྱུར་པས་ལྷར་བཅས་)འཇིག་རྟེན་ གྱི། །རྒྱན་ (དུ་)གྱུར་ཕྱིར་དང་ (ནོར་བུ་རིན་ཆེན་ནོར་བུ་བཅོས་མ་ལས་མཆོག་ཡིན་པ་ལྟར་འཇིག་རྟེན་ལས་འདས་པས་ འཇིག་རྟེན་ཐམས་ཅད་ལས་)མཆོག་ཉིད་ཕྱིར། །(ནོར་བུ་རིན་ཆེན་གྱི་ངོ་བོ་ངན་པ་སོགས་སུ་འགྱུར་བ་མེད་པ་བཞིན་དུ་ བསྟོད་སྨད་སོགས་ཀྱིས་)འགྱུར་བ་མེད་ཕྱིར་དཀོན་མཆོག་ཉིད། །ཅེས་ཏེ། དཀོན་མཆོག་གསུམ་པོ་ ནོར་བུ་རིན་པོ་ཆེ་དང་ཆོས་དྲུག་གིས་མཐུན་པར་བརྗོད་དོ། ། གཉིས་པ་ནི། སྐྱབས་གསུམ་བདུན་ཅུ་བར། སངས་རྒྱས་དེའི་ཆོས་དགེ་འདུན་ནི། །ཐར་ བ་འདོད་པ་རྣམས་ཀྱི་སྐྱབས། །ཞེས་དང༌། ཐུབ་དབང་གི་ནི་སྐུ་གསུམ་དང༌། །མྱ་ངན་འདས་ དང་གང་ཟག་བརྒྱད། །ཅེས་པ་ལྟར་གསུམ་སྟེ་དེ་ཡང་ཨ་བྷ་ཡས། སངས་རྒྱས་ནི་རྣམ་མཁྱེན་ ནོ། །དེ་ཉིད་སངས་རྒྱས་སོ། །དེ་ནི་བྱང་ཆུབ་པོ། །དེ་ཉིད་ལམ་གྱི་འབྲས་བུའོ། །གཟུགས་ སྐུ་གཉིས་ཀྱང་ངོ༌། །བྱང་ཆུབ་ཀྱི་ལམ་འཁོར་བཅས་ཆོས་དཀོན་མཆོག་གོ །ལམ་དེའི་རྟེན་ 1-1-256 གཟུགས་སྐུའི་ངོ་བོ་ཕྱིར་མི་ལྡོག་གི་བྱང་སེའི་ཚོགས་དགེ་འདུན་དཀོན་མཆོག་གོ །བླ་མེད་ བྱང་ཆུབ་མྱང་འདས་ཆེན་པོ་ཆོས་དཀོན་མཆོག་ཏུ་སྐྱབས་གསུམ་བདུན་ཅུ་བར་འབྱུང་བ་ལྟར་ ན་གཟུགས་སྐུ་ཁོ་ན་སངས་རྒྱས་དཀོན་མཆོག་གོ །ལམ་དགེ་འདུན་དཀོན་མཆོག་གོ །ཡང་ རང་བཞིན་མེད་པའི་ཆོས་ཉིད་དྲི་བྲལ་བྱང་ཆེན་གྱི་སྤངས་བའི་ཆ་ཆོས་དཀོན་མཆོག བྱང་ ཆུབ་དེའི་རྟོགས་པའི་ཆ་དང་གཟུགས་སྐུ་སངས་རྒྱས་དཀོན་མཆོག་རྡོ་རྗེ་ལྟ་བུ་ལ་སོགས་ ཀྱི་ལམ་དགེ་འདུན་དཀོན་མཆོག་ཏུ་ (ལ་ལར་)བཞག་གོ །འདིར་སངས་རྒྱས་གཉིས་ཏེ། དོན་ དམ་པ་ནི་སྐུ་གསུམ་གྱིས་བསྡུས་པའོ། །ཐ་སྙད་པ་ནི་སྐུ་གདུང་གི་མཆོད་རྟེན། སྐུ་གཟུགས་ མཆོད་རྟེན། བྱང་སེའི་གཟུགས་ཏེ་འདི་རྣམས་ལ་མཆོད་ན་སངས་རྒྱས་མཆོད་པའོ། །ཞེས་ གསུངས་པས་སོ། །ཆོས་ཀྱང་གཉིས་ཏེ། དོན་དམ་པ་ནི་མྱང་འདས་སོ། །ཐ་སྙད་པ་ནི་ལམ་ དང་སངས་རྒྱས་ཀྱི་གསུང་རབ་གླེགས་བམ་རྣམས་སོ། །(འདི་རྣམས་ལ་མཆོད་ན་ཆོས་ལ་མཆོད་པར་ཨཱརྱ་ གསུང་ངོ༌། །)དགེ་འདུན་ཡང་གཉིས་ཏེ། དོན་དམ་པ་ནི་བྱང་སེམས་འཕགས་པ་རྣམས་དང་གང་ ཟག་བརྒྱད་དོ། །ཐ་སྙད་པ་ནི་སོ་སྐྱེ་ཡང་སྟེ་སྡེ་བ་བཞི་དང་དགེ་སློང་དང་དགེ་སློང་མའོ་ཞེས་ ཐུབ་དགོངས་སོ། །སློབ་དཔོན་ཟླ་གྲགས་ནི་བྱང་སེམས་སངས་རྒྱས་སུ་འདུས་པར་བཞེད་དེ། སྐྱབས་གསུམ་བདུན་ཅུ་པར། ཤཱར་རིའི་ (སྡེ་བའི་)ལུང་ལས་དགྲ་བཅོམ་གྱིས། །བྱང་ཆུབ་སེམས་ དཔར་ཕྱག་བྱས་ཏེ། །དཀོན་མཆོག་གསུམ་ལས་ཕྱི་རོལ་མིན། །སངས་རྒྱས་ནང་དུ་འདུས་ པར་དགོངས། །(དཔང་ལོས་ཐུབ་དགོངས་སུ་བསྒྱུར།) ཞེས་སོ། །བྱེ་བྲག་སྨྲ་བ་ནི་སྐྱབས་ཡུལ་སངས་ རྒྱས་ནི་མི་སློབ་པ་ཟད་མི་སྐྱེ་ཤེས་འཁོར་བཅས་ཏེ་གཟུགས་སྐུ་ནི་སྐྱབས་མིན་ཏེ་སོ་སྐྱེའི་ སྐབས་དང་ཁྱད་མེད་པས་སོ། །དགེ་འདུན་དུ་བྱེད་པའི་ཆོས་སློབ་མི་སློབ་ཀྱི་ལམ་གཉིས་ཀ་ སྐྱབས་ཡུལ་དགེ་འདུན་ནོ། །ཆོས་ནི་མྱང་འདས་འགོག་བདེན་ཏེ་དེ་ལ་སྐྱབས་སུ་འགྲོ་ཟེར་ རོ། །དེ་ཁ་ཆེ་བའི་ལུགས་ཀྱི་མཐར་ཐུག་གི་སྐྱབས་ལ་བསམ་མོ་གསུང་ངོ་། ། 1-1-257 གཉིས་པ་ལའང་ཐེག་ཆེན་དང༌། ཐུན་མོང་གི་ལུགས་གཉིས་སོ། །དང་པོ་ལ། ཐེག་ཆེན་ སྐྱབས་འགྲོའི་མཚན་ཉིད། སེམས་ཅན་སྡུག་བསྔལ་ལས་སྒྲོལ་བར་བཞེད་པའི་སྙིང་རྗེས་ བསླང་ནས་གཞན་དོན་དུ་སངས་རྒྱས་ཐོབ་པར་འདོད་པས་དཀོན་མཆོག་ལ་སྐྱབས་སུ་ཁས་ ལེན་པའི་སེམས་སམ་ངག་གི་རིག་བྱེད་གང་རུང་ངོ༌། །སྐྱབས་འགྲོ་འདི་ཡང༌། ངོ་བོ་རྒྱུ་འབྲས་ ལས་ལྡན་འཇུག་ཅེས་པ་དྲུག་གིས་རྟོགས་པར་བྱ་སྟེ། འདི་ནི་དེ་དངོས་འདོད་པས་ཁས་ལེན་ དེ་ཡང་སྙིང་རྗེ་ལས་རིག་བྱ། །དེ་ལས་རྣམ་པ་ཀུན་མཁྱེན་ཕན་དང་བདེ་བྱེད་དཀའ་ལ་སྐྱོ་བ་ མེད། །ངེས་པར་འབྱུང་བ་ཐེག་པ་ཀུན་གྱིས་རྟོན་པའི་ཡོན་ཏན་རྟག་ཏུ་ལྡན། །བརྡ་དང་ཆོས་ ཉིད་ཐོབ་པ་བློ་ལྡན་རྣམས་ཀྱི་སྐྱབས་འགྲོ་འདི་མཆོག་ཡིན། །ཞེས་སོ། །དེ་ཡང་ཀུན་ཏུ་འགྲོ་ བ། ཁས་ལེན། རྟོགས་པ། ཟིལ་གནོན་བཞིས་གཞན་ལས་མཆོག་སྟེ་རྒྱན་ལས་ཤེས་དགོས་ སོ། །ཕན་ཡོན་ནི། སྐྱབས་སུ་འགྲོ་བ་འདིར་སོང་དོན་ཆེན་ཏེ། །དེ་ནི་ཚད་མེད་ཡོན་ཏན་ ཚོགས་འཕེལ་འགྱུར། །འགྲོ་བ་འདི་ལ་སྙིང་རྗེའི་བསམ་པས་ཁྱབ། །མཚུངས་མེད་འཕགས་ ཆེན་ཆོས་ཀྱང་རྒྱས་པར་བྱེད། །ཅེས་ཏེ་ཡོན་ཏན་དཔག་མེད་འཕེལ་བ་རང་དོན། བསམ་པས་ འགྲོ་བ་ལ་སྙིང་རྗེས་ཁྱབ། སྦྱོར་བས་ཐེག་ཆེན་གྱི་ཆོས་རྒྱས་པར་བྱེད་པ་གཞན་དོན་ནོ། ། གཉིས་པ་ལ། རྒྱུ་གང་གིས། ཚུལ་ཇི་ལྟར། དུས་ཇི་ཙམ་དུ། བསླབ་བྱ། དབྱེ་བ། སྒྲ་དོན། ཕན་ཡོན་ནོ། །དང་པོ་ནི། སྡུག་བསྔལ་གྱིས་འཇིགས་པ་དང༌། དཀོན་མཆོག་གི་ཡོན་ཏན་ ལ་དད་པ་སོགས་ཅི་རིགས་པ་སྟེ། མདོ་རྒྱལ་མཚན་དམ་པ་ལས། གང་ཚེ་གང་ཞིག་སངས་ རྒྱས་དང༌། །ཆོས་དང་དགེ་འདུན་ལ་སྐྱབས་སོང༌། །ཞེས་ནས། སྐྱབས་དེ་གཙོ་བོ་ཡིན་པ་སྟེ། ། སྐྱབས་དེ་མཆོག་ཏུ་གྱུར་པ་ཡིན། །སྐྱབས་དེ་ལ་ནི་བརྟེན་ནས་ཀྱང༌། །སྡུག་བསྔལ་ཀུན་ལས་ གྲོལ་བར་འགྱུར། །ཞེས་སོ། །གཉིས་པ་ནི། སྤྱིར་ཐེག་པ་སྤྱིའི་ལུགས་ལ། མཚན་ཉིད་ནི། རང་རང་གི་སེམས་ཀྱིས་དམིགས་པའི་འཇིགས་པ་སྤང་བའི་ཕྱིར་དུ་དཀོན་མཆོག་གསུམ་ལ་ 1-1-258 བརྟེན་པར་ཁས་ལེན་པའི་རིག་བྱེད་དོ། །འདི་ལ་གཞན་རྒྱུད་ལ་གྲུབ་ཟིན་གྱི་དཀོན་མཆོག་ ལ་རྒྱུར་དང༌། རང་ལས་འབྱུང་འགྱུར་ལ་འབྲས་བུར་དམ་འཆའ་བ་གཉིས་རིམ་བཞིན་རྒྱུ་དང་ འབྲས་བུའི་སྐྱབས་འགྲོ་སྟེ། དང་པོ་རྒྱུད་བླ་གཉིས་པ་མདོ་རྒྱན་ལུགས་ཞེས་ལོཙྪ་བ་ཆེན་པོ་ སོགས་ (བུ་སྟོན་)གསུང་སྟེ་དཔྱད་པར་བྱའོ། ། གསུམ་པ་ནི། ཐེག་དམན་པ་ཇི་སྲིད་འཚོའི་བར། ཐེག་ཆེན་པ་བྱང་ཆུབ་ལ་མཆིས་ཀྱི་ བར་དུའོ། །བཞི་པ་ལ། ཐུན་མོང་གི་སོ་སོའིའོ། །དང་པོ་ནི་སྐྱེས་བུ་དམ་པ་དང་འགྲོགས་པ། དམ་པའི་ཆོས་ཉན་པ། ཚུལ་བཞིན་ཡིད་ལ་བྱ་བ། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པ་ དང༌། དབང་བོའི་སྒོ་བསྡམས་པ། སེམས་ཅན་ལ་སྙིང་བརྩེ་བ། དཀོན་མཆོག་མཆོད་པ་ལ་ བརྩོན་པ། སྡོམ་པ་ཅི་ནུས་ལེན་པའོ། ། གཉིས་པ་ནི། མྱང་འདས་ཆེན་པོར། གང་ཞིག་སངས་རྒྱས་སྐྱབས་འགྲོ་བ། །དེ་ནི་ཡང་ དག་དགེ་བསྙེན་ཏེ། །ནམ་དུའང་ལྷ་ནི་གཞན་དག་ལ། །སྐྱབས་སུ་སོང་བ་མ་ཡིན་ནོ། །དམ་ པའི་ཆོས་ལ་སྐྱབས་ཚོལ་ན། །འཚེ་ཞིང་གསོད་པའི་སེམས་དང་བྲལ། །དགེ་འདུན་ལ་ཡང་ སྐྱབས་སོང་བས། །མུ་སྟེགས་ཅན་ལ་ཕྱག་མི་བྱ། །ཞེས་དང༌། སྐྱབས་གསུམ་བདུན་ཅུ་པར། དགེ་བསྙེན་ཉིད་དུ་དམ་བཅས་ནས། །སྐྱབས་གསུམ་པོ་རྣམས་བསྲུང་བར་བྱ། །མུ་སྟེགས་ གཞན་ལ་གུས་པ་དང༌། །ཕྱག་དང་མཆོད་པ་རྣམས་མི་བྱ། །ཞེས་སོ། །རྒྱ་ཆེར་ཤེས་པར་བྱའོ། ། ལྔ་པ་ལ། ཐུན་མོང་ཡིན་མིན་རྒྱུ་འབྲས་ཀྱིས་བཤད་ཟིན་ཏོ། །བརྟན་མི་བརྟན་ནི། དཀོན་ མཆོག་གི་ཡོན་ཏན་ལ་ཤེས་ནས་དད་པས་བརྟན། གཞན་ནི་མི་བརྟན་ནོ། །གནས་སྐབས་ མཐར་ཐུག་གི་ནི། འཇིགས་སྐྱོབ་ལེགས་སྨོན་ཙམ་དང༌། ངེས་འབྱུང་གིའོ། ། དྲུག་པ་ནི། རྟག་ཏུ་ (ཉོན་མོངས་པའི། ལས་ཀྱི་ཚེའམ་སྐྱེ་བའི་ཉོན་མོངས་པ་སྟེ།)ཉོན་མོངས་ཚོགས་ཀུན་ 1-1-259 དང༌། །ཉེས་པར་སྤྱོད་པ་ (མི་དགེ་བཅུ་སོགས་)ཐམས་ཅད་དང༌། །རྒ་དང་འཆི་བ་དག་ལས་ཀྱང༌། ། སངས་རྒྱས་ཉིད་ནི་ཡོངས་སུ་སྐྱོབ། །འཚེ་བ་ (འོན་ལོང་སོགས་རྣ་བ་སོགས་ཐོབ་པར་བྱས་ཏེ་སྐྱོབ།)དག་ནི་ ཐམས་ཅད་དང༌། །ངན་སོང་ (བ་རྣམས་དེ་ལས་ཐར་བར་བྱས་ཏེ་སྐྱོབ།)དང་ནི་ཐབས་མིན་ (མུ་སྟེགས་ཅན་གྱི་ ལྟ་བ་རྣམས་དེ་ལས་ལོག་པར་བྱས་ཏེ་སྐྱོབ།)དང༌། །འཇིག་ཚོགས་ (སྡུག་བསྔལ་གྱི་ཕུང་པོ་ཅན་རྣམས་མྱང་འདས་དང་ རིགས་མ་ངེས་པ་རྣམས་)ཐེག་པ་དམན་ (པར་མི་ལྷུང་བར་བྱས་)དག་ལས། །སྐྱོབ་ཕྱིར་སྐྱབས་ཀྱི་དམ་པའོ། ། ཞེས་སོ། །དེས་ན་དཀོན་མཆོག་དེ་དག་ལ་སྡུག་བསྔལ་དང་སྒྲིབ་པའི་འཇིགས་པ་ལས་སྒྲོལ་ བའི་དཔུང་གཉེན་ཞུ་ཞིང༌། བསྙེན་ཏེ་སོང་བའམ་བསྙེན་པར་སོང་བས་སྐྱབས་འགྲོ་སྟེ། (སམ་ སྐྲི་ཏིའི་)ངེས་ཚིག་གི་བཤད་པའོ། ། བདུན་པ་ལ་གཉིས་ཏེ། མཐར་ཐུག་གི་གནས་སྐབས་ཀྱི་ཕན་ཡོན་ནོ། །དང་པོ་ནི། སངས་རྒྱས་ལ་སྐྱབས་སུ་སོང་བས་འཚང་རྒྱ། ཆོས་ལ་སོང་བས་ཆོས་ཀྱི་འཁོར་ལོ་བསྐོར། དགེ་འདུན་ལ་སོང་བས་འཁོར་དགེ་འདུན་གྱིས་བསྐོར་བའོ། ། གཉིས་པ་ནི། སྡོམ་པ་ཀུན་གྱི་རྒྱུར་དགོས་ཏེ། མཛོད་ལས། (དགེ་བསྙེན་ལས།) གཞན་ལའང་ བསྙེན་གནས་ཡོད་མོད་ཀྱི། །སྐྱབས་སུ་མ་སོང་བ་ལ་མེད། །ཅེས་དང༌། སྐྱབས་གསུམ་བདུན་ ཅུ་བར། དགེ་བསྙེན་གསུམ་ལ་སྐྱབས་འགྲོ་བ། །དེ་ནི་སྡོམ་བརྒྱད་རྩ་བ་ཡིན། །ཞེས་སོ། ། བསྲུང་བ་ཆེན་པོར་འགྱུར་ཏེ། སངས་རྒྱས་ཉིད་དེ་སྐྱབས་ནི་དཔེ་མེད་མཆོག་ཏུ་འདོད། །སྣ་ ཚོགས་འཇིགས་འགྱུར་འཇིག་ཚོགས་ཀུན་དང་ཐེག་པ་དང༌། །ངན་སོང་རྣམ་མང་སྡུག་བསྔལ་ ཐབས་མིན་སོང་བ་རྣམས། །སྐྱེ་དང་འཆི་དང་ཉོན་མོངས་ལས་རྣམས་ཀུན་ལས་བསྲུང༌། ། ཞེས་དང༌། ཕག་མོའི་རྟོགས་བརྗོད་ལས། གང་ཞིག་སངས་རྒྱས་སྐྱབས་འགྲོ་བ། །དེ་ནི་ངན་ འགྲོར་མི་འགྲོ་སྟེ། །ལྷ་ཡི་ལུས་ནི་སྤངས་ནས་ཀྱང༌། །ལྷ་ཡི་ལུས་སུ་སྐྱེས་པར་གྱུར། །ཆོས་ དང་དགེ་འདུན་ལ་ཡང་སྦྱར་རོ། །གཏམ་བརྒྱུད་ཀྱིས་བཤད་དོ། །ཆོས་ཐམས་ཅད་འབྱུང་བའི་ 1-1-260 སྒོ་སྟེ། རྒྱ་རོལ་ཏུ་གསུམ་ལ་སྐྱབས་སུ་འགྲོ་བ་ནི་ཆོས་སྣང་བའི་སྒོ་ (བརྒྱ་རྩ་བརྒྱད་)སྟེ་ཞེས་སོ། ། དམ་པའི་གྲངས་སུ་བགྲང་སྟེ། དམ་པའི་བྱ་བ་བྱས་ཤིང་ (དབང་ཕྱུག་སོགས་)ལོག་པར་མོས་པའི་ སྒྲིབ་པ་དང་བྲལ་བར་འགྱུར་རོ། ། གཉིས་པ་ཡན་ལག་གི་དོན་ལ། སངས་རྒྱས། ཆོས། དགེ་འདུན་ལ་གདམས་པའོ། །དང་ པོ་ལ། གང་ལ་ན། སངས་རྒྱས་དཀོན་མཆོག་ལའོ། །ཇི་ལྟར་ན་གསུམ་སྟེ། ཡུལ་ཡུལ་ཅན་ དུ་འབྲས་བུ་དང་རྒྱུར། རྒྱུ་མཚན་དང་རྒྱུ་མཚན་ཅན་དུ་མི་སྦྱོར་བར་གདམས་པའོ། །དང་པོ་ ནི། གཟུགས་སོགས་དང་ཡུལ་ཅན་རྣམ་མཁྱེན་དོན་དམ་པར་མ་དམིགས་པའི་ཕྱིར་གཟུགས་ སོགས་ཡུལ་རྣམ་མཁྱེན་ཡུལ་ཅན་དུ་ཞེན་ནས་མི་སྦྱོར་རོ་ཞེས་རྟོགས་ནས་སློབ་པ་དང་སྟོན་ པ་ཡང་སངས་རྒྱས་ལ་གདམས་པའོ། །གཟུགས་དང་རྣམ་མཁྱེན་ཉིད་དུ་མི་སྦྱོར་མི་འབྱེད་དེ། འདི་ལྟར་གཟུགས་ཉིད་ཀྱང་ཡང་དག་པར་རྗེས་སུ་མ་མཐོང་ན། ཞེས་སོགས་ནས་རྒ་ཤིའི་ བར་རོ། ། གཉིས་པ་ནི། སོགས་ཞེས་པས་སྦྱིན་སོགས་དྲུག་སྟོང་ཉིད་བཅུ་དྲུག བྱང་ཕྱོགས་སོ་ བདུན། འཕགས་པའི་བདེན་པ། བསམ་གཏན། ཚད་མེད། གཟུགས་མེད། རྣམ་ཐར། མཐར་ གནས། སྒོ་གསུམ། མངོན་ཤེས། ཏིང་འཛིན། གཟུངས་སྒོ། སྟོབས་བཅུ། མི་འཇིགས་བཞི། རིག་བཞི། བྱམས་སྙིང་རྗེ་ཆེན་པོ། མ་འདྲེས་པ་བཅོ་བརྒྱད་ཀྱི་བར་རྒྱུ་དང་རྣམ་མཁྱེན་འབྲས་ བུར་མི་སྦྱོར་རོ། །སྦྱིན་པའི་ཕར་ཕྱིན་དང་རྣམ་མཁྱེན་ཉིད་དུ་མི་སྦྱོར་མི་འབྱེད་དོ། །སྦྱིན་ཕར་ ཉིད་ཀྱང་ཡང་དག་པར་རྗེས་སུ་མ་མཐོང་ན་ཞེས་སོགས་མ་འདྲེས་བཅོ་བརྒྱད་ཀྱི་བར་དུ་སྦྱར་ སྣང་ངོ༌། ། གསུམ་པ་ནི། སངས་རྒྱས་དང་བྱང་ཆུབ་དང་རྣམ་མཁྱེན་དག་ཆོས་སྐུའི་བདག་ཉིད་དུ་ (གནོད་འཇོམས་དངོས་)མཚན་ཉིད་གཅིག་པ་ཉིད་ཀྱིས་སངས་རྒྱས་སུ་བྱེད་པའི་ཆོས་ཀྱི་མཚན་ 1-1-261 ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་སངས་རྒྱས་ཀྱི་རྒྱུའོ་ཞེས་དང༌། རྣམ་མཁྱེན་གྱིས་ ཆོས་ཐམས་ཅད་ཐུགས་སུ་ཆུད་པས་བྱང་ཆུབ་པོ་ཞེས་མི་སྦྱོར་རོ། །ཞེས་ཕྱི་མ་གནོད་འཇོམས་ དངོས་དང་དང་པོ་གཉིས་ཀྱང་གནོད་འཇོམས་ཀྱི་དོན་དངོས་ཏེ། དང་པོ་གཉིས་ལ། དེར་ (གནོད་ འཇོམས་)རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡུལ་ཡིན་ནོ་ཞེས་དམིགས་པའི་དངོས་པོར་རམ། གཟུགས་འདི་ནི་སྦྱིན་པ་ལ་སོགས་པ་བསོད་ནམས་བྱ་བའི་ངོ་བོར་ཡོངས་སུ་བསྔོས་ན་རྣམ་ པ་ཐམས་ཅད་མཁྱེན་པ་ཉིད་འབྲས་བུར་འགྱུར་རོ། །ཞེས་རྒྱུའི་དངོས་པོར་རྟོག་ན་རྣམ་པ་ ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་ཞེས་བྱའོ། །ཞེས་སོ། །སངས་རྒྱས་དང་རྣམ་མཁྱེན་ཉིད་ དུ་མི་སྦྱོར་ཞེས་དང༌། བྱང་ཆུབ་དང་རྣམ་མཁྱེན་ཉིད་དུ་མི་སྦྱོར་ཏེ་བྱང་ཆུབ་ཉིད་ཀྱང་ཡང་དག་ པར་རྗེས་སུ་མི་མཐོང་ཞེས་སོ། །དག་ལྡན་དུ། ཕུང་པོ་དང་སྐྱེ་མཆེད་རྣམས་ནི་དབྱེ་བས་མ་ མཐོང་བས་དེ་ལ་དེས་མི་སྦྱོར་རོ་ཞེས་བྱ་བ་ནི་སྦྱོར་བ་གཅིག་གོ །དེ་བཞིན་དུ། སྦྱིན་པའི་ཕར་ ཕྱིན་པ་ལ་སོགས་པའི་ལམ་འདིས་འབྲས་བུར་གྱུར་པ་ཞེས་བྱ་བ་ནི་གཉིས་པའོ། །དེ་བཞིན་ དུ་སངས་རྒྱས་དང་བྱང་ཆུབ་རྣམ་མཁྱེན་ཉིད་དང་མི་སྦྱོར་རོ། །དེ་ཡང་སངས་རྒྱས་དང་བྱང་ ཆུབ་དང་མི་སྦྱོར་ཏེ། གསུམ་པོ་དག་ཐ་དད་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་སངས་རྒྱས་ལ་ གདམས་པའོ། །ཞེས་སོ། །འདི་ཡང་གཞན་གྱིས་བོད་འདིར་མ་ཤེས་སོ། །མདོར་ན་འདི་ (ཨཱརྱ་) ནི་དམིགས་པར་བྱ་བ་ཡུལ་དང་དམིགས་པར་བྱེད་པ་ཡུལ་ཅན་དོན་དམ་པར་སྣང་བ་ (གསེར་) མེད་པར་མཉམ་པ་ཉིད་དུ་རྟོགས་པའི་ཡེ་ཤེས་མཐར་ཐུག་ནི་སངས་རྒྱས་ཡིན་ནོ་ཞེས་ལུང་ འབོགས་པ་སངས་རྒྱས་དཀོན་མཆོག་ལ་འདོམས་པའོ། །བྱེད་པ་པོ་དང་ལས་གཉིས་ཀ་ཤེས་ དགོས་སོ། ། གཉིས་པ་ལ། གང་ལ་ན་ཆོས་དཀོན་མཆོག་ལའོ། །ཇི་ལྟར་ན་ཡུལ་ཅན་ཐམས་ཅད་ མཁྱེན་པ་ཉིད་གསུམ་གྱི་ནང་ནས་གཞི་ཤེས་ཀྱི་ཡུལ་དུ་བསྡུས་པའི་གཞི་གཟུགས་སོགས་ 1-1-262 ཀྱིས་བསྡུས་པའི་ཆོས་ཐམས་ཅད་དོན་དམ་པར་ངོ་བོ་ཉིད་མེད་དོ་ཞེས་དང༌། གཟུགས་ (མདོ་ ཨཱརྱ་)དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་མེད་ཅེས་མི་སྦྱོར་སོགས། ལམ་ཤེས་ཀྱིས་ཡུལ་དུ་ བསྡུས་པའི་གཉེན་པོ་ལམ་གྱིས་བསྡུས་པའི་ཆོས་ཐམས་ཅད་བདེན་པའི་ངོ་བོ་མེད་དོ་ཞེས་ དང༌། སྦྱིན་པའི་ཕར་ཕྱིན་གྱི་དོན་དུ་ཡུམ་ལ་མི་སྤྱོད་དོ། །ཚུལ་ཁྲིམས་སོགས། སྟོང་ཉིད་བཅུ་ དྲུག་སོགས་དང་སོ་བདུན་ཏིང་འཛིན་གཟུངས་ཀྱི་སྒོའི་བར་མང་དུ་སྨོས་སོ། །རྣམ་མཁྱེན་ གྱིས་ཡུལ་དུ་བསྡུས་པའི་རྣམ་པས་བསྡུས་པའི་ཆོས་ཐམས་ཅད་ངོ་བོ་ཉིད་མེད་དོ་ཞེས་ཏེ། སྟོབས་བཅུ་མི་འཇིགས་བཞི་རིག་བཞི་བྱམས་སྙིང་རྗེ་མ་འདྲེས་བཅོ་བརྒྱད་ཀྱི་བར་གྱི་དོན་ དུ་ཡུམ་ལ་མི་སྤྱོད་དོ་ཞེས་སོ། །དེ་ལྟར་ན་གཞི་གཉེན་རྣམ་པ་མཐའ་དག་གིས་བསྡུས་པའི་ ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་གཏན་ལ་ཕབ་པས་ལུང་རྟོགས་ཀྱི་ཆོས་གང་ཡང་ངོ་བོ་ མེད་པར་རྟོགས་ནས་སྒྲུབ་པོ་ཞེས་སྟོན་པ་དང་ཉམས་ལེན་ཞེས་སོགས་སྔར་ལྟར་སྦྱར་རོ། ། གཞི་དང་གཉེན་པོ་དང་རྣམ་པ་མཐའ་དག་གིས་བསྡུས་པའི་ཆོས་ཐམས་ཅད་ངོ་བོ་མེད་ཅེས་ གསེར་དང་བུདྡྷ་ཤྲཱི་འདོན་ཅིང་འཆད་དོ། །བསྡུས་གསུམ་ལོ་ཙྪ་བ་བཞེད་པར་གྲགས་ཏེ་དཔེ་ མ་དག་པ་ཡིན་ནམ་སྙམ་མོ། །དག་ན་དང་པོ་ཡུལ་དུ། གཉིས་པ་ཐམས་ཅད། གསུམ་པ་ནང་ དུ་འདུ་བའོ། ། གསུམ་པ་ལ། གང་ལ་ན། དགེ་འདུན་དཀོན་མཆོག་ལའོ། །ཇི་ལྟར་ན། ཞུགས་གནས་ ཀྱི་མིང་ཅན་གང་ཟག་བརྒྱད་པོ་ལ་དབང་བོ་རྟུལ་བོ་དད་རྗེས་འབྲང་དང་སོགས་པ་རང་རྒྱལ་ གྱི་བར་གྱི་མིང་གིས་བཏགས་པའི་བྱེ་བྲག་གིས་གྲངས་ཉི་ཤུར་འཆད་པའམ་ངེས་པ་བྱང་ཆུབ་ སེམས་དཔའ་སྡིག་པ་མི་མངའ་བས་འཕགས་པ་ད་དུང་རྫོགས་བྱང་གི་དོན་དུ་བསླབ་རྒྱུ་ཡོད་ པས་སློབ་པ་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་རྣམས་བདེན་པའི་སྐྱེ་བ་མེད་པ་ཉིད་ དུ་རྟོགས་ནས་སྒྲུབ་པ་ལ་འཇུག་པར་བྱའོ་ཞེས་ལུང་འབོགས་པ་དགེ་འདུན་དཀོན་མཆོག་ 1-1-263 ལ་འདོམས་པའོ། །ཇི་ལྟར་བྱས་པས་བརྒྱད་དུ་འགྱུར་ཞེ་ན། འབྲས་བུ་ལ་གནས་པ་དང་པོ་ གསུམ་གྱི་མིང་ཅན་དང༌། འབྲས་བུ་ལ་ཞུགས་པ་བཞིའི་མིང་ཅན་གྱི་བྱེ་བྲག་གིས་སྐྱེས་བུ་ ཆེན་པོ་བདུན་པོའི་མིང་ཅན་དང༌། རང་སངས་རྒྱས་ཀྱི་མིང་ཅན་དང་ལྷན་ཅིག་ཏུ་བསྡོམས་ པས་སོ། །འོ་ན་དགུར་འགྱུར་ཏེ་དགྲ་བཅོམ་ཡང་ཡོད་པས་སོ་ཞེ་ན། ཐེག་ཆེན་དགྲ་བཅོམ་ པ་ཆོས་ཅན། སངས་རྒྱས་ལས་ལོགས་སུ་བཀར་བའི་དགེ་འདུན་གྱི་ནང་དུ་མ་གཏོགས་ཏེ། སངས་རྒྱས་དཀོན་མཆོག་གི་ཁོངས་སུ་གཏོགས་ཤིང་ཡིན་པ་ཉིད་ཀྱིས་སོ། །གཞན་རྣམས་ ཀྱིས་མ་ཤོད་དོ། །རད་ཀིར་ནི། སྐུ་གསུམ་གྱི་བདག་ཉིད་ནི་སངས་རྒྱས་སོ་ཞེས་འདོམས་པ་ སངས་རྒྱས་ལ་དང༌། ཆོས་ནི་ལུང་རྟོགས་ཏེ། བྱང་ཕྱོགས་སོགས་རྟོགས་པ་དང་བཅས་པའི་ ཡིད་ཀྱི་ཡོན་ཏན་དང༌། དེ་རྗོད་བྱེད་ཡན་ལག་བཅུ་གཉིས་ཀྱི་ཆོས་ངེས་པར་བྱེད་པ་ཆོས་ལ་ དང༌། བྱང་སེའི་སྡོམ་ལྡན་སོ་སྐྱེ་ནས་བཟུང་སྟེ་ས་བཅུ་ལ་གནས་པའི་བདག་ཉིད་ཆེན་པོ་དེ་ རྣམས་ནི་བྱང་སེའི་དགེ་འདུན་ནོ། །དགེ་སློང་གི་སྡོམ་ལྡན་ནས་བཟུང་སྟེ་གང་ཟག་བརྒྱད་ སོགས་ཉན་ཐོས་ཀྱི་དགེ་འདུན་ནོ་ཞེས་ངེས་བྱེད་དགེ་འདུན་ལ་གདམས་པ་ཞེས་ཏེ། སྔར་ བཤད་མཉམ་བཞག་གི་ལམ་ཁྱེར་དང་འདི་རྗེས་ཐོབ་ཤན་འབྱེད་པའི་གདམས་ངག་ཏུ་རུང་ བས་ཚུལ་གཉིས་གཉིས་ཤེས་དགོས་སོ། ། བཞི་པ་ལ་བཞི་སྟེ། སྒྲུབ་པའི་གེགས་སེལ་གྱི་ཆོས། སྒྲུབ་པ་ལ་གཞན་དྲིང་མི་འཇོག་པའི་ རྒྱུ་སྤྱན་ལྔ། དོན་གཉིས་ཕུན་སུམ་ཚོགས་པའི་རྒྱུ་མངོན་ཤེས་དྲུག །སྤང་བྱ་ཐམས་ཅད་སྤོང་ བའི་རྒྱུ་ལམ་ལ་གདམས་པའོ། ། དང་པོ་ལ་གསུམ་སྟེ། བྱ་བ་ངན་ཞེན་གྱི་ལེ་ལོ་སྤོང་བྱེད་མ་ཞེན་པར། སྒྱིད་ལུག་པའི་ ལེ་ལོ་སྤོང་བྱེད་མི་ངལ་བར། བདག་ཉིད་བརྙས་ནས་ཞུམ་པའི་གཉེན་པོར་ལམ་ཡོངས་སུ་ འཛིན་པར་གདམས་པའོ། །སྤྱོད་འཇུག་ཏུ། ལེ་ལོ་ངན་ལ་ཞེན་པ་དང༌། །སྒྱིད་ལུག་བདག་ 1-1-264 ཉིད་བརྙས་པའོ། །ཞེས་པ་ལྟར་རོ། །དང་པོ་ནི་གང་ལ་ན། མ་ཞེན་པའམ་མ་ (གསེར་)ཆགས་པ་ ལའོ། །ཅིའི་ཆེད་དུ་ན། དབང་རྟུལ་ (གསེར་)ལ་ལ་གནས་སྐབས་ཀྱི་བདེ་བ་ཕྲ་མོའི་རྒྱུ་བྱ་བ་ངན་ པ་ལ་མངོན་པར་ཞེན་ནས་སྒྲུབ་པ་ཉམས་སུ་མི་ལེན་པས་དེ་འདྲ་དེ་ལ་མ་ཞེན་པའི་ཆེད་ལ་སྟེ་ ཆེད་དུའོ། །ནམ་གྱི་ཚེ་ཞེན་ན། དམ་བཅས་པའི་དོན་བསྒྲུབ་པའི་བརྩོན་འགྲུས་བརྩམས་པ་ ཉིད་ཀྱིས་སྔར་ཇི་སྐད་བཤད་པའི་དོན་རྒྱུའི་སེམས་ (གསེར་)བསྐྱེད་དང་དེས་འཕངས་པའི་ཆོས་ ལ་སོགས་ (གསེར་དངོས་)པ་ལ་ནན་ཏན་བྱེད་པའམ་སྒྲུབ་ (གསེར་)པའི་དུས་ལ་སྟེ་དུས་སུའོ། །རྒྱུ་ གང་ལས་ཞེན་ན། ལུས་དང་སོགས་པས་ངག་ཡིད་ཀྱི་བྱ་བ་དམན་པ་ལ་བསོད་ཉམས་ཏེ་བདེ་ བར་རོ་མྱང་བ་ཉིད་ཀྱི་རྒྱུ་མཚན་གྱིས་སོ། །གསེར་གྱིས་བསོད་ཉམས་ཉིད་ཀྱིས་ཏེ་བདེ་བ་ ཉིད་ཀྱིས་སོ་ཞེས་སོ། །བོད་རྣམས་ནི་དེ་འདྲ་དེས་བསོད་ནམས་ཉམས་པར་བྱེད་པས་བསོད་ ཉམས་ཞེས་སོ། །ཇི་ལྟར་གདམས་ན། ཞེན་བྱ་ལུས་དང་སོགས་པ་ངག་ཡིད་དང་བདེ་བ་ཅུང་ ཟད་པ་སོགས་དེ་དག་དོན་དམ་པར་ངོ་བོ་ཉིད་མེད་པས་ཞེན་པར་མ་བྱེད་ཅེས་བསྟན་པའི་ འདོམས་པ་དང་བསྟན་པ་ལྟར་ལག་ལེན་ལ་འདེབས་པའི་གདམས་ངག་གཉིས་སོ། །ལུས་མི་ དམིགས་ངག་མི་དམིགས་ཡིད་མི་དམིགས་པ་དེའི་ཚེ། བྱང་ཆེན་པོའི་ལུས་དང་ངག་དང་ཡིད་ ཀྱི་གནས་ངན་ལེན་ཡོངས་སུ་སྦྱོང་བ་ཡིན་ནོ། །ཞེས་སོགས་སོ། ། གཉིས་པ་ལ་གང་ལ་ན། ཡོངས་སུ་ངལ་བ་མེད་པ་ལའོ། །ཅིའི་དོན་ན། དུས་ཅུང་ཟད་ལ་ རིང་བོར་རློམ་པའི་དངང་བའམ་ (གསེར་)འཇིགས་པའི་རང་བཞིན་ཅན་གྱི་དབང་རྟུལ་འགའ་ ཞིག་རློམ་སེམས་ལ་བརྟེན་ནས་སྒྲུབ་པ་བྱེད་པ་ལ་ཡོངས་སུ་སྟེ་ལྷག་པར་སྐྱོ་ཞིང་སྒྱིད་ལུག་སྟེ་ ཡིད་ཆད་ནས་འཕྲོ་གཅོད་པར་འགྱུར་བས། ངལ་བའམ་སྐྱོ་ནས་སྒྱིད་ལུག་པ་དེ་དགག་པའི་ ཆེད་དུའོ། །གང་གི་ཚེ་སྐྱོ་ཞེ་ན། དུས་ཡུན་རིང་བོ་ཞིག་ཏུ་ལམ་གོམས་པ་ལ་འབད་པར་བྱས་ ཀྱང་འདོད་པའི་དོན་བྱང་ཆུབ་ཐོབ་པ་ལ་སོགས་པ་མ་གྲུབ་པའི་ཚེ་ནའོ། །ཇི་ལྟར་གདམས་ 1-1-265 ན། ཀུན་རྫོབ་ཙམ་དུ་ཡང་ཡིད་ཆད་པ་དོན་སྒྲུབ་པའི་ཐབས་མིན་ལ་དོན་དམ་པར་ནི་མ་ མཐའ་གཟུགས་དང་ཚོར་བ་སོགས་པ་ནས་ཡ་མཐའ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ བར་ལ་སྟེ་བར་དུ་དེ་དག་ཅིར་ཡང་གྲུབ་པ་མེད་པས་དེ་དག་གང་ལ་ཡང་རློམ་སེམས་མེད་པ་ ཉིད་དུ་གྱིས་ཤིག་ཅེས་བསྟན་པའི་དང་བསྟན་པ་ལྟར་ལག་ལེན་ལ་འདེབས་པའི་གདམས་ ངག་གཉིས་ཡོད་དོ། །བྱང་ཆེན་ཤེར་ཕྱིན་ལ་སྤྱོད་ཚེ་གཟུགས་ལ་རློམ་པ་མེད། ཅེས་ནས། བླ་ མེད་རྫོགས་བྱང་ལ་རློམ་པ་མེད་ཅེས་སོ། །འདིར་ཕུང་པོ་ལྔ། སྐྱེ་མཆེད་བཅུ་གཉིས། རྣམ་ ཤེས་དྲུག དབང་བོ་དྲུག སྐྱེ་མཆེད་དྲུག ས་སོགས་ཁམས་དྲུག རྟེན་འབྲེལ་བཅུ་གཉིས། ཕྱིན་དྲུག་སྟོང་ཉིད་བཅུ་དྲུག བྱང་ཕྱོགས་སོ་བདུན། བདེན་བཞི། བསམ་གཏན་བཞི། ཚད་ མེད་བཞི། གཟུགས་མེད་བཞི། རྣམ་ཐར་བརྒྱད། མཐར་གནས་དགུ། སྒོ་གསུམ། མངོན་ ཤེས་དྲུག ཏིང༌། གཟུངས་སྒོ། སྟོབས་བཅུ། མི་འཇིགས་བཞི། རིག་བཞི། བྱམས། སྙིང་ རྗེ་ཆེན་པོ། བཅོ་བརྒྱད། འབྲས་བུ་བཞི། རང་བྱང་ཆུབ། ལམ་ཤེས། རྫོགས་བྱང་གི་བར་རོ། ། བོད་དག་འདྲེས་རྐང་བརྒྱ་རྩ་བརྒྱད་དང་ཉོན་མོངས་རྣམ་བྱང་གི་ཕྱོགས་སུ་ཕྱེ་བ་དང་བཅས་ པ་བྱེད་པ་ནི་འོལ་སྤྱི་ཙམ་དུ་ཟད་དོ། ། གསུམ་པ་ལ། གང་ལ་ན། ཐེག་ཆེན་གྱི་ལམ་ཡོངས་སུ་གཟུང་བ་ལའོ། །ཅིའི་དོན་དུ་ན། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་ལ་སོགས་པ་ལ་བརྗོད་ (གསེར་)བྱའི་དོན་མི་འདྲ་བ་ རེ་རེ་ཞེས་པས་སྣ་ཚོགས་པ་ཤེས་པར་བྱ་བའི་ཕྱིར་ལམ་གྱི་ལུང་ནོད་ཅིང་དཀའ་བ་སྤྱད་པར་ བྱ་དགོས་ན་དེ་འདྲ་བ་བདག་གིས་ག་ལ་ནུས་དེ་བས་ཚིགས་སུ་བཅད་པ་ (ཏོག་ལས། ཇི་ལྟར་ལས་ དང་ཉོན་མོངས་རྒྱུ་བཅས་བྱེད། །རྒྱུར་ལྡན་འབྱུང་དང་ལས་དང་ཉོན་མོངས་དག །ལྡོག་རྒྱུ་དེ་ཡང་འདྲེན་པས་རབ་ཏུ་གསུངས། ། གང་ན་སྐྱེ་དང་རྒ་དང་རྒུད་པའི་སྡུག་བསྔལ་ངེས་པར་མི་གནས་པ། །ཐར་པའི་མཆོག་དེ་ལྟ་བའི་ཁྱུ་མཆོག་དེ་ཡིས་རང་གི་མཁྱེན་ ཏེ་གསུངས། །ཞེས་གསུངས་པ་ལྟར་རོ། །)གཅིག་གི་དོན་རྟོགས་པ་ཙམ་གྱིས་འཕགས་ལམ་ཐོབ་པའི་ 1-1-266 ཐེག་པ་ལ་འཇུག་པ་མཆོག་གོ་སྙམ་དུ་ཐེག་ཆེན་གྱི་དཀའ་སྤྱད་ལ་སེམས་ཞུམ་པར་འགྱུར་ བས་དེ་སྤང་བའི་ཕྱིར་དུའོ། །ཇི་ལྟར་ན། ཆོས་རྣམས་གདོད་ནས་རང་བཞིན་གྱིས་མ་སྐྱེས་པ་ སྟེ་བདེན་པའི་སྐྱེ་མེད་དུ་རྟོགས་ནས་སྒོམས་ཤིག་དང་དེ་ལས་དེ་རྟོགས་ཀྱི་ཡེ་ཤེས་སྐྱེ་ཞིང་ དེ་སྐྱེས་ནས་སྐྱིལ་ཀྲུང་གཅིག་ལ་འདུག་བཞིན་དུ་སངས་རྒྱས་ཀུན་ལ་ཆོས་ཉན་ནུས་སོ་ཞེས་ འདོམས་ཤིང་ཇི་ལྟར་བསྟན་པ་ལྟར་བསླབ་ཅིང་ཉམས་སུ་ལེན་པའི་གདམས་ངག་གོ །དང་ ནི་སྡུད་ཚིག་གོ །(མདོའི་ཞུ་བར་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་གང་ལགས་)ཤཱ་བུ་ཡེ་ཤེས་ (གསུམ་འགྲེལ་དུ་ས་ བརྒྱད་པ་ལ་བྱང་སེ་རྣམས་ཀྱི་ཡེ་ཤེས་དེ་ལྟ་བུ་སྐྱེ་བ་དེ་ནི་རང་བཞིན་ཡིན་ཏེ། རྣམ་པར་སྨིན་པའི་ཡེ་ཤེས་སོ་ཞེས་དང༌། དེ་རྣམ་ མཁྱེན་པ་ཉིད་ཀྱི་རྒྱུ་ཡིན་པའི་ཕྱིར། རྒྱུ་ལ་འབྲས་བུ་བཏགས་ནས་རྣམ་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཞེས་བྱའོ། །)གང་དང་ལྡན་ པས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་ཀྱི་དེ་པ་དགྲ་བཅོམ་ པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་གའི་ཀླུང་གི་བྱེ་མ་སྙེད་ཀྱང་མཐོང་ངོ༌། །ཆོས་ ཀྱང་ཉན་ནོ་ཞེས་སོགས་ལྷོ་སོགས་ལ་སྦྱར་རོ། །ཕྱིན་དྲུག་ནས་རྣམ་མཁྱེན་གྱི་བར་བསྒོམ་སྟེ་ དེ་དག་མི་དམིགས་སོ་ཞེས་རེ་རེ་ནས་རྒྱས་པར་རོ། །གཞན་ཡང་ཞུམ་པས་འདོད་པའི་དོན་ མི་འགྲུབ་སྟེ། (ལེགས་པར་ཕ་རོལ་ཏུ་ཕྱིན་པའི་)སྐྱེས་རབས་སུ། ཞུམ་པས་ཕོངས་ལས་ཐར་ལ་མི་ཕན་ གྱི། །དེ་ཕྱིར་མི་དགའ་འཛིན་པ་བཏང་བར་གྱིས། །དགོས་པ་བསྒྲུབ་ལ་མཁས་རྣམས་སྲན་ ཐུབ་པ། །རབ་ཏུ་དཀའ་བའང་སླ་བས་ཐར་བར་འགྱུར། །ཞེས་སོགས་ལྟར་ཡིད་ལ་བྱའོ། ། གཉིས་པ་ལ། གང་ལ་དང༌། ཇི་ལྟར་རོ། །དང་པོ་སྤྱན་ལྔ་ལའོ། །འདི་ལ་རྒྱུ། ངོ་བོ། འབྲས་བུའོ། །དང་པོ་ནི། ཐེག་ཆེན་གྱི་སྤྱན་ལྔའི་རྒྱུ་ནི་ཕྱིན་དྲུག་སྟེ། བྱང་ཆེན་པོ་མིག་ལྔ་ ཡོངས་སུ་སྦྱང་བར་འདོད་པ་དང་ཐོབ་པར་འདོད་པས་ཕར་ཕྱིན་དྲུག་ལ་བརྩོན་པར་བྱའོ། ། ཞེས་སོ། །གཙོ་བོ་ཤེར་ཕྱིན་རྒྱུར་བཤད་དེ། ཤཱ་ར་དྭ་ཏིའི་བུ་ཤེར་ཕྱིན་པ་ནི་ཕ་རོལ་ཏུ་ཕྱིན་ པ་ཐམས་ཅད་དང་མིག་ལྔ་བསྐྱེད་པའོ་ཞེས་སོ། །རྣམ་པར་དག་པའི་ལམ་བསྒོམས་པ་ཅན་གྱི་ 1-1-267 ཤའི་སྤྱན་གྱི་རྒྱུར་རྫུ་འཕྲུལ་རྐང་བའང་འགྱུར་ཏེ། མདོ་རྒྱན་བཤད་སྦྱར་དུ། ཤའི་སྤྱན་ཞེས་ བྱ་བ་ནི་རྫུ་འཕྲུལ་གྱི་རྐང་བ་བསྒོམས་པས་ཞེས་པའོ། །བློ་བརྟན་མར་ཡང་དེ་ཉིད་དོ། །ངོ་བོ་ ཉིད་མེད་པས་སོ། ། གཉིས་པ་ལ་གསུམ་ལས། ཐེག་ཆེན་གྱི་དེའི་མཚན་ཉིད་ནི། རང་གི་བདག་རྐྱེན་རྫུ་ འཕྲུལ་རྐང་བའམ་གཟུང་འཛིན་བདེན་པའི་རང་བཞིན་མེད་རྟོགས་ཀྱི་ཤེས་རབ་བསྒོམ་པ་ ལས་རང་ཡུལ་ཇི་བཞིན་མཐོང་བའི་མིག་གོ །མཐོང་བ་དང་ནི་ཞེས་སོ། །གཉིས་པ་ནི། ཙཀྵུ་ ཞེས་སམ་ནེ་ཏྲ་ཞེས་སམ། ལོ་ཙ་ན་ཞེས་པ་མིག་ཡིན་ལ། དརྴ་ན་ལྟ་བྱེད། བྷཉྫ་ན་གསལ་ བྱེད། ན་ཡ་ན་འདྲེན་བྱེད་ཅེས་གསུངས་སོ། ། གསུམ་པ་ལ་དབྱེ་གཞི། བྱང་སེའི་སྤྱན་ཙམ་མོ། །འབུམ་ཊཱིཀ་ཏུ། སྔར་སྤྱན་ལྔ་བཤད་པ་ དེ་པའི་སྐབས་སུ་བསྟན། འདིར་ནི་བྱང་པའི་སྤྱན་ལྔ་བཤད་པའི་སྐབས་སུ་བསྟན་ཞེས་སོ། ། དབྱེ་ངོ་སྔ་ཕྱི་གཉིས་མིང་དོན་གྲངས་ཇི་ལྟ་བ་བཞིན་དུ་སྦྱར་ན། བྱང་སེའི་ཤའི་སྤྱན་ནི་དངོས་ པོ་སོ་སོར་ངེས་པ་དཔག་ཚད་བརྒྱ་ནས། སྟོང་གསུམ་ཚུན་ཆད་ཀྱི་གཟུགས་ཤིན་ཏུ་ཕྲ་བ་ཡང་ མཐོང་བས་དེའི་ཡུལ་ཅན་ནོ། །དེ་ཡང་བྱང་པའི་ས་མཐོ་དམའ་དང་ཡོན་ཏན་ཆེ་ཆུང་གི་རིམ་ པ་ལས་ལ་ལའི་ཤའི་མིག་གིས་དཔག་ཚད་བརྒྱ་ཚུན་ཆད་མཐོང༌། ལ་ལས་ནི་དཔག་ཚད་སྟོང་ མཐོང༌། ལ་ལས་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀུན་མཐོང་བ་ཡོད་དེ། མདོར་ན་དངོས་པོ་གཟུགས་ཅན་དུ་གྱུར་པ་ཐམས་ཅད་ལ་ཐོགས་པ་མེད་པར་འཇུག་པ་ནི་ བྱང་སེའི་ཤའི་ (ཕྱི་མ་འདི་ཆེ་བར་ཡོད།)མིག་གོ་ཞེས་སོ། །བྱང་སེའི་ཤའི་མིག་གིས་དཔག་ཚད་བརྒྱ་ མཐོང་བ་ཡོད་དོ། །ཉིས་བརྒྱ། སུམ་བརྒྱ། བཞི་བརྒྱ། ལྔ་བརྒྱ། སྟོང་གི་བར་དུ། འཛམ་བུའི་ གླིང༌། གླིང་གཉིས། གསུམ། བཞིའི་འཇིག་རྟེན་གྱིས་ཁམས། སྟོང་གི གཉིས་ཀྱི། སྟོང་གསུམ་ གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མཐོང་བ་ཡོད་དོ་ཞེས་སོ། །ཨཱརྱ་ལྟར་ན་དེ་བས་ལྷག་ 1-1-268 པ་མི་མཐོང་སྟེ། སྣང་བར། དེ་ནི་རྣམ་པར་སྨིན་པ་ལས་བྱུང་བ་ཉིད་ཀྱིས་ཡུལ་སོ་སོར་ངེས་ པའི་ཕྱིར་རམ། ཤའི་མིག་ནི་བདག་པོའི་ (རྐྱེན་མིག་དབང་གི་)འབྲས་བུའི་ (ཡང་ཡིན་ཡུལ་ཅན་ཡང་ཡིན་ པས་སོ། །འབྲས་བུ།)ཡུལ་ཅན་ཡིན་ལ། (སོ་སྐྱེའི་མིག་དབང་)དེ་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་ འཇིག་རྟེན་གྱི་ཁམས་ཀྱིས་བསྡུས་པའི་ཕྱིར་རོ་ཞེས་སོ། །འདིའི་བདག་རྐྱེན་མིག་གི་དབང་བོ་ འདི་ཉིད་ཁྱད་པར་ཅན་ཐ་མལ་གྱི་མིག་ལས་མཐོང་བ་རྒྱ་ཆེ་བར་གྱུར་པ་ལ་བརྟེན་པས་ཡུལ་ སོ་སོར་ངེས་པར་བཤད་པ་ཡིན་པར་མངོན་ནོ། །དེ་ཡང་བྱང་སེ་སོ་སྐྱེའམ་དབང་བོ་ལྔ་གནས་ མ་གྱུར་གྱི་བར་རོ། །ལྷག་མ་བཞིའི་བདག་རྐྱེན་ཡེ་ཤེས་ཡིན་ཞེས་བོད་ཀྱི་སློབ་དཔོན་རྣམས་ འཆད་དོ། །སྔོན་གྱི་ (མར་མེ་ཕུལ་བ་སོགས་)དགེ་བའི་རྣམ་པར་སྨིན་པ་ལས་བྱུང་བའི་བྱང་སེའི་ ལྷའི་སྤྱན་ནི། སེམས་ཅན་ཐམས་ཅད་ཀྱི་སྟེ་མཐའ་ཡས་པ་མང་པོའི་གང་ནས་འཆི་འཕོ་བ་ དང་གང་དུ་སྐྱེ་བ་རབ་ཏུ་ཤེས་ (ཨཱརྱས་འདི་བས་མ་བཤད་དོ། །)པ་སྟེ། རྒྱལ་ཆེན་བཞིའི་རིས་ཀྱི་མིག་ ནས་ (ཁ་ཐོན་)འོག་མིན་གྱི་ལྷའི་མིག་གང་ཡིན་པ་དེ་བྱང་སེས་ཤེས་ཀྱི་བྱང་སེའི་མིག་ (དང་དེའི་སྤྱོད་ ཡུལ་ཞེས་འབུམ་ཊཱིཀ་)ནི་རིས་བཞི་ནས་འོག་མིན་གྱི་ལྷ་རྣམས་ཀྱིས་མིག་ཤེས་སོ། །ལྷའི་མིག་དེ་ ལྟ་བུ་དང་ལྡན་པའི་བྱང་ཆེན་པོས་ནི་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་ཀླུང་གི་བྱེ་མ་ སྙེད་ཀྱི་སེམས་ཅན་རྣམས་ཀྱི་འཆི་འཕོ་དང་སྐྱེ་བ་རབ་ཏུ་ཤེས་སོ། །ལྷོ་ནས་ (དེ་བས་མེད་དོ་)སྟེང་ གི་བར་རོ། །འབུམ་ཊཱིཀ་ཏུ། བྱང་སེའི་ལྷ་མིག་དག་པས་འདོད་པ་དང་གཟུགས་ཀྱི་ལྷའི་མིག་ ཅི་འདྲ་བ་དང༌། དེ་དག་གི་སྤྱོད་ཡུལ་དང་ལྷ་དེ་དག་གི་བསམ་གཏན་དང་ཏིང་ངེ་འཛིན་དང༌། ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ཀྱི་སྐྱེ་བ་དང་ཚེ་འཕོ་བ་རྣམས་ཐོགས་མེད་དུ་ཤེས་ཤིང་ ཞེས་སོ། །བྱང་སེའི་ཤེས་རབ་ཀྱི་སྤྱན་ནི། འདུས་བྱས་མ་བྱས་དགེ་མི་དགེ་ (ཁ་ན་མ་ཐོ་བ་ཡོད་མེད་ ཀུན་ཉོན་ཡོད་མེད་འཇིག་རྟེན་འདས་མ་འདས་)ཟག་པ་དང་བཅས་མ་བཅས་ཀྱི་བར་གྱི་ཆོས་ཐམས་ཅད་ ལ་ཅིར་ཡང་རྣམ་པར་མི་རྟོག་པའི་སྒོ་ནས་དེ་ཐམས་ཅད་ཤེས་པ་སྟེ། ཤེས་རབ་ཀྱི་མིག་གང་ 1-1-269 དང་ལྡན་པས་འདུས་བྱས་སམ་འདུས་མ་བྱས་ཀྱི་ཆོས་ཅི་ཡང་མི་ཤེས་ཏེ་ཞེས་ཨཱརྱས་དྲངས་ སོ། །རྒྱས་འབྲིང་ན། སྔར་སྨོས་ལྟར་ (བསྡུས་)གྱི་ཆོས་ (དངོས་)གང་ཡང་མི་ཤེས་པ་མེད་པ་དང༌། ནས་ཆོས་གང་ཡང་མ་མཐོང་མ་ཐོས་མ་བསམ་པའམ་ཁོང་དུ་མ་ཆུད་པ་མེད་པ་འདི་ནི་ཤཱ་བུ་ བྱང་ཆེན་པོའི་ཤེས་རབ་ཀྱི་མིག་ཡོངས་སུ་དག་པའོ་ཞེས་སོ། །འབུམ་ཊཱིཀ་ཏུ་ཡང་མདོར་ན་ འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་མིང་གིས་སྨོས་པ་ཐམས་ཅད་ཤེས་རབ་ཀྱིས་ཐོགས་ པ་མེད་པར་འཇུག་ཅིང་མཁྱེན་པ་ལ་ཤེས་རབ་ཀྱི་མིག་ཡོངས་སུ་དག་པ་ཞེས་བྱའོ་ཞེས་སོ། ། བྱང་སེའི་ཆོས་ཀྱི་སྤྱན་ནི། འཕགས་པའི་གང་ཟག་ཐམས་ཅད་ཀྱི་རྟོགས་པའི་ཡུལ་ཅན་ཏེ། བྱང་ཆེན་པོའི་ཆོས་ཀྱི་མིག་གིས་གང་ཟག་འདི་ནི་དད་པའི། གང་ཟག་འདི་ནི་ཆོས་ཀྱི་རྗེས་སུ་ འབྲང་བ། ཞེས་ནས། འདི་ནི་རྫོགས་བྱང་ལས་ཕྱིར་ལྡོག་པར་མི་འགྱུར་རོ་ཞེས་པའི་བར་ ཨཱརྱས་སོ། །འོན་ཀྱང་དེའི་རྗེས་སུ་ཡང་འདི་ནི་བླ་མེད་བྱང་ཆུབ་ཏུ་ལུང་བསྟན་པའོ། །འདི་ནི་ ལུང་མ་བསྟན་པའོ། །འདི་ནི་ངེས་པའོ། །འདི་ནི་མ་ངེས་པའོ་ཞེས་སོགས་རབ་ཏུ་མང་པོ་སྣང་ ཞིང༌། བྱང་ཆེན་འདིས་མངོན་ཤེས་ཐོབ་པར་མི་འགྱུར་རོ་དང༌། (བྱང་སེ་)འདི་ལ་སངས་རྒྱས་ རྣམས་ལེགས་པ་བརྗོད་པར་མི་མཛད་འདི་སངས་རྒྱས་དང་ཉེ་བར་མི་གནས་སོགས་བཤད་ པས་སོ་སྐྱེའི་རྟོགས་པ་ཤེས་པར་བཤད་ཅིང་དེར་མ་ཟད་འདི་རྒྱལ་རིགས་བཞི་ནས་གཞན་ འཕྲུལ་དབང་བྱེད་ཀྱི་ལྷར་སྐྱེ་ཞེས་སོགས་ཡང་ངོ༌། །(མདོར། ཀུན་འབྱུང་བའི་ཆོས་ཅན་དེ་ཐམས་ཅད་ནི་ འགག་པའི་ཆོས་ཅན་ནོ་ཞེས་སོགས་ལ། འབུམ་ཊཱིཀ་ཏུ་མོས་སྤྱོད་ཀྱི་ས་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་སྐྱེ་ བའི་ཆོས་ཅན་དེ་ཐམས་ཅད་འགག་པའི་ཆོས་ཅན་དུ་ཤེས་པས་དབང་བོ་ལྔ་ཐོབ་པར་འགྱུར་བ་དེ་ལྟ་བུ་ཤེས་པ་ཡང་བྱང་སེའི་ ཆོས་ཀྱིས་མིག་ཡོངས་སུ་དག་པའོ། །ཞེས་སོ། །)སངས་རྒྱས་ཀྱི་སྤྱན་ནི། ཆོས་ཐམས་ཅད་རྣམ་པ་ཐམས་ ཅད་དུ་མངོན་པར་རྫོགས་པར་བྱང་ཆུབ་པའི་ཡུལ་ཅན་ཏེ། བྱང་ཆེན་པོ་བྱང་ཆུབ་ཀྱི་སེམས་ ཀྱི་རྗེས་ (རྒྱས་འབྲིང་སོགས་)ལ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་ནས་རྣམ་ (རྒྱས་ 1-1-270 འབྲིང་ཇི་བཞིན་)མཁྱེན་ཉིད་ཐོབ་པར་བྱེད་དོ། །དེ་ནི་དེ་པའི་སྟོབས་བཅུ་མི་འཇིགས་བཞི་བཅོ་ བརྒྱད་བྱམས་སྙིང་རྗེ་དགའ་བ་བཏང་སྙོམས་དང་སངས་རྒྱས་ཀྱི་ཆོས་རྣམ་པར་ཐར་བ་སྒྲིབ་ པ་མེད་པ་དང་ལྡན་པ་ཡིན། དེ་དང་ལྡན་པས་མ་མཐོང་མ་ཐོས་མ་ཤེས་པ་མེད་ཅེས་སོ། །(མདོ་ རྒྱན་འགྲེལ་ཆེན་དུ། སྤྱན་རྣམ་པ་ལྔ་རྣམ་པ་བཞིར་བཞག་སྟེ། གཟུགས་མཐོང་བ་དང༌། ཀུན་རྫོབ་ཀྱི་ཆོས་མཐོང་བ་དང༌། ཤེས་བྱ་ ཐམས་ཅད་ཁོང་དུ་ཆུད་པའོ། །དེ་ལ་གཟུགས་མཐོང་བ་རྣམ་པ་གཉིས་ཏེ། ལས་ཀྱི་རྣམ་སྨིན་ལས་བྱུང་བ་དང་བསམ་གཏན་གྱི་ འབྲས་བུའོ། །ལས་ཀྱི་རྣམ་པར་སྨིན་པ་ལས་གྲུབ་པའི་མིག་ལ་ནི་འཕྲུལ་གྱི་སྤྱན་ཞེས་བྱ་སྟེ། གང་སྟོང་གསུམ་གྱི་འཇིག་རྟེན་གྱི་ ཁམས་གཅིག་གི་ནང་ན་ཡོད་པའི་གཟུགས་ཀུན་མཐོང་བའོ། །བསམ་གཏན་གྱི་འབྲས་བུ་ནི་གཟུགས་ཀྱི་ཁམས་ཀྱི་བསམ་གཏན་ བཞི་བསྒྲུབ་པ་ལས་ཐོབ་སྟེ་གང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་ཡོད་པའི་གཟུགས་ཀུན་མཐོང་བ་སྟེ། དེ་ལ་ཡང་འཕྲུལ་གྱི་ སྤྱན་ཞེས་བྱའོ། །གང་གིས་དོན་དམ་པ་གང་འགག་པ་མེད་པའི་ཆོས་མཐོང་བ་ལ་ནི་ཤེས་རབ་ཀྱི་སྤྱན་ཞེས་བྱའོ། །གང་གིས་ཀུན་ རྫོབ་ཀྱི་ཆོས་མཐོང་བ་ལ་ནི་ཆོས་ཀྱི་སྤྱན་ཞེས་བྱའོ། །གང་གི་འདུས་བྱས་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་གཟིགས་པ་ལ་ནི་ སངས་རྒྱས་ཀྱི་སྤྱན་ཞེས་བྱའོ། །ཡང་ན་ཤའི་སྤྱན་དང༌། འཕྲུལ་གྱི་སྤྱན་ནི། སྤྲུལ་བའི་སྐུ་དང་ལོངས་སྤྱོད་རྫོགས་པའི་སྐུ་ལ་མངའ་ སྟེ། ཤའི་སྤྱན་གྱིས་ནི་ད་ལྟར་གྱི་གཟུགས་ཐམས་ཅད་མཐོང་ངོ༌། །འཕྲུལ་གྱི་སྤྱན་གྱིས་ནི་འདས་པ་དང་མ་འོངས་པའི་གཟུགས་ ཐམས་ཅད་མཐོང་ངོ༌། །བསམ་གཏན་བཞི་དང་སྙོམས་འཇུག་བཞི་དང༌། ཏིང་ངེ་འཛིན་ཐམས་ཅད་ཐུགས་སུ་ཆུད་པ་ནི་ཆོས་ཀྱི་ སྤྱན་ནོ། །ཀུན་ཏུ་འགྲོ་བའི་ལམ་དང༌། ལས་བདག་གིར་དང༌། མོས་པ་སྣ་ཚོགས་དང༌། ཁམས་སྣ་ཚོགས་མཁྱེན་པ་ནི་ཤེས་རབ་ ཀྱི་སྤྱན་ནོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་འོག་ཏུ་འཕགས་པ་དགྲ་བཅོམ་པ་དང༌། དེ་པ་རྣམས་ཀྱི་ཟག་པ་ཟད་པར་བྱ་བ་མཁྱེན་ པ་ནི་སངས་རྒྱས་ཀྱི་སྤྱན་ནོ། །ཞེས་བློ་བརྟན་ཏེ་གཞན་ཡང་ཚུལ་འགའ་ཡོད་དོ། །) གསུམ་འགྲེལ་དུ། གཟུགས་ ཐམས་ཅད་ལ་འཇུག་པའི་ཤེས་པ་ནི་ཤའི་མིག་གོ །ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་ ཐམས་ཅད་ཤེས་པ་ནི་ལྷའི། ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་ཤེས་རབ་ཀྱི། གནས་དང་ གནས་མ་ཡིན་པ་མཁྱེན་པ་མ་གཏོགས་པའི་ཤེས་པ་དགུ་བོ་དག་ནི་ཆོས་ཀྱི་མིག་གོ །རྡོ་རྗེ་ལྟ་ བུའི་ཏིང་ངེ་འཛིན་གྱི་ཡེ་ཤེས་ནི་སངས་རྒྱས་ཀྱི་མིག་ཡིན་ནོ་ཞེས་སོ། །མདོ་རྒྱན་བཤད་སྦྱར་ 1-1-271 དུ། ཤའི་སྤྱན་ཞེས་བྱ་བ་ནི་རྫུ་འཕྲུལ་གྱི་རྐང་བ་བསྒོམས་པས་བྱང་སེམས་གང་གིས་ན་སྟོང་ གསུམ་ལ་སོགས་པའི་འཇིག་རྟེན་གྱི་ཁམས་སུ་གཏོགས་པའི་གཟུགས་ཀྱི་དབྱེ་བ་ཤིན་ཏུ་ (ཆེ་ ཕྲ་བ་ཞེས་བློ་བརྟན་གཞན་འདི་བཞིན་ནོ། །)ཕྲ་བ་ཡང་མཐོང་བ་དེ་ལྟ་བུའི་རྣམ་པར་སྨིན་པའི་མིག་དེ་ལྟ་ བུ་མངོན་པར་འགྲུབ་སྟེ་ཞེས་དང༌། ལྷའི་སྤྱན་ནི་བསམ་གཏན་གྱིས་མངོན་པར་ (གཉིས་པ་དང་ གསུམ་པ་སོགས་གོམས་པ་ལས་གྲུབ་སྟེ་ཕྱོགས་དུས་གསུམ་གྱི་གཟུགས་ཆེ་ཕྲ་ཐམས་ཅད་མཐོང་བའོ་ཞེས་བློ་བརྟན་ནོ། །) འདུས་བྱས་པ་སྟེ། ཤའི་སྤྱན་བས་ཆེས་ཁྱད་དུ་འཕགས་པ་ཡིན་ནོ། །ཞེས་དང༌། ཤེས་རབ་ཀྱི་ སྤྱན་འཕགས་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ (སོགས་བློ་བརྟན་)དེ་བཞིན་ཉིད་ཀྱི་ཡུལ་ཅན་ ཡིན་ནོ། །ཆོས་ཀྱི་སྤྱན་ནི་མདོའི་སྡེ་དང་དབྱངས་ཀྱིས་བསྙད་པའི་སྡེ་ལ་སོགས་པའི་ཆོས་ ཐམས་ཅད་ལ། ཐམས་ཅད་དུ་ཐོགས་པ་མེད་པ་ཡིན་ནོ། །(འདི་ཇི་བཞིན་བློ་བརྟན་ནོ། །)ཞེས་སོ། །བློ་ བརྟན་ཡང་དེ་ལྟར་དུ་ཕལ་ཆེར་ཏེ་མཆན་བུ་ལྟར་དང༌། སངས་རྒྱས་ཀྱི་སྤྱན་ནི་ཟག་པ་ཡོད་ མེད་འདུས་བྱས་མ་བྱས་ལ་སོགས་པའི་ཆོས་ཐམས་ཅད་ཐུགས་སུ་ཆུད་པའོ་ཞེས་སོ། །རྒྱ་ ཆེར་མདོ་རྒྱན་གྱི་འགྲེལ་ཆེན་དུའོ། །ཐ་དད་ནི། ངོ་བོ་གཅིག་པའང་ཡོད་དེ། སངས་རྒྱས་ཀྱི་ ས་ནའོ། །དེར་མ་ཟད་དག་ས་ནའང་ངོ་བོ་གཅིག་ལ་འདིར་དང་པོ་ཡུལ་ངེས་པ་བཤད་པ་ནི་ མ་དག་ས་པའམ། སོ་སྐྱེའི་ལ་དགོངས་སོ། །མ་དག་སའི་སྐབས་སུ་ཕལ་ཆེར་ངོ་བོ་ཐ་དད་དེ་ ཡུལ་དང་ས་མཚམས་ཐ་དད་པས་སོ། །ས་མཚམས་ནི། དང་པོ་ཚོགས་ལམ་ནས་གཉིས་པ་ རྣམ་སྨིན་ལས་བྱུང་བ་ནི་ལྷ་རྣམས་ལ་ཡོད། (པས་ལྷར་སྐྱེས་པའི་སྦྱོར་ལམ་པ་ལ་ཡང་ཡོད་དམ་སྙམ་མོ། །)སྒོམ་ བྱུང་ནི་རྣལ་འབྱོར་པས་ཏིང་ངེ་འཛིན་བསྒོམས་པས་ཐོབ་ཅེས་བློ་བརྟན་ཏེ་བོད་དག་སྦྱོར་ ལམ་ནས་ཟེར་རོ། །གསུམ་པ་མཐོང་ལམ་མཉམ་བཞག་ནས། བཞི་པ་མཐོང་ལམ་རྗེས་ཐོབ་ ནས་སོ། །བློ་བརྟན་གྱིས་ལྔ་པ་ཉན་རང་དགྲ་བཅོམ་དང་སངས་རྒྱས་ལ་བཤད་དོ། །ཡང་ན་ རྡོར་ཏིང་ནའོ། །ཐུབ་དགོངས་སུ། དང་པོའི་བག་ཙམ་སྲོག་ཆགས་ཕལ་ཆེར་ལ། །གསུམ་པའི་ 1-1-272 བག་ཙམ་རྒྱུན་ཞུགས་འབྲས་ཞུགས་ལ། །བཞི་པའི་བག་ཙམ་ (གཉིས་ཀའི་ཆ་ལས་རྣམ་གྲོལ་གྱི་)དགྲ་ བཅོམ་པ་ལ་ཡོད། །ཅེས་སོ། །འབུམ་ཊཱིཀ་ཏུ། སངས་རྒྱས་ཀྱི་སྤྱན་གྱི་ཡོན་ཏན་དེ་ལྟ་བུ་བྱང་ པའི་ས་བཅུ་ལ་ཡོངས་སུ་སྦྱངས་པའི་རྒྱུས་ཐོབ་པའི་ཕྱིར་བྱང་ཆུབ་སེམས་དཔའི་སངས་རྒྱས་ ཀྱི་སྤྱན་ཞེས་བྱའོ། །ཞེས་སོ། །ལྔ་པའི་ངོ་བོ་ཙམ་ས་བདུན་པ་ནས་ཁས་ལེན་དགོས་ཏེ། བདུན་ པའི་ཡོངས་སྦྱོང་དུ་སངས་རྒྱས་ (མདོ་)ཀྱི་སྤྱན་ཐོབ་པ་སྟེ་ཞེས་སོ། །གྲངས་ངེས་ (ལ་སྤྱན་གཞིར་བྱས་ ལ་ཡུལ་མ་ལུས་པ་དང༌། ཕྱོགས་རེ་བ་མཐོང་བ་གཉིས་ལས། དང་པོ་སངས་རྒྱས་ཀྱི། གཉིས་པ་ལ་ཆོས་ཉིད་ཆོས་ཅན་མཐོང་བ་ གཉིས་སུ་ངེས། དང་པོ་ཤེས་རབ་ཀྱི། གཉིས་པ་ལ་སྣོད་བཅུད་མཐོང་བ་སྟེ། དང་པོ་ཤའི། གཉིས་པ་ལ་སོ་སྐྱེས་དང་འཕགས་པའི་ རྟོགས་པ་མཐོང་བ་གཉིས་ལས། དང་པོ་ལྷའི། གཉིས་པ་ཆོས་ཀྱི་མིག་ཅེས་བུ་སྟོན་རིན་པོ་ཆེའི་གསུང་ངོ༌། །)ཡུལ་ལྔ་ཡོད་ པའི་དབང་གིས་སོ། །(འདི་ཡན་བུ་རིན་ནོ། །) གསུམ་པ་ནི་བསྒྲུབ་པ་ལ་གཞན་དྲིང་མི་འཇོག་ཅིང་འཚང་རྒྱ་བ་སྟེ། (སྐབས་འདིའི་མཇུག་ བསྡུད་ཀྱི་མདོ་)མིག་ལྔ་བོ་དེ་དག་ལ་བསླབས་པའི་བྱང་ཆེན་པོ་རྣམས་ནི་བླ་མེད་རྫོགས་བྱང་དུ་ མངོན་འཚང་རྒྱའོ་ཞེས་སོ། །གཉིས་པ་ནི། སྤྱན་ཡུལ་བཅས་དོན་དམ་པར་དེ་བཞིན་ཉིད་དུ་ གཅིག་པ་ཉིད་དུ་སྟེ་སྤྲོས་བྲལ་ལམ་བདེན་མེད་དུ་རྟོགས་པར་བྱས་ནས་ཇི་ལྟ་བ་བཞིན་སྒྲུབ་ པོ་ཞེས་འདོམས་པ་དང་བསྟན་པ་ལྟར་སློབ་པ་གཉིས་སོ། །དང་ནི་སྡུད་ཚིག་གོ ། གསུམ་པ་ལ་གསུམ་ལས། གང་ལ་ན། མངོན་པར་ཤེས་པ་དྲུག་ལའོ། །འདི་ལ་རྒྱུ། ངོ་ བོ། འབྲས་བུའོ། །དང་པོ་ལ། ཐུན་མོང་གི་རྒྱུ་ལ་རྟེན་ནི། ཉན་ཐོས་པ་ལྟར་ན། ལྔ་ནི་བསམ་ གཏན་བཞི་དག་ན། །ཞེས་དང་པོ་ལྔ་བསམ་གཏན་བཞིའི་དངོས་གཞི་དག་པ་གང་རུང་ངོ༌། ། ཟག་ཟད་ས་ཀུན་ན་ཡོད་པར་བཤད་དོ། །ཐེག་ཆེན་ལྟར་ན། རྟེན་ནི་བཞི་པའི་དངོས་གཞི་ དག་པ། ཡེ་ཤེས་རྣམ་པར་མི་རྟོག་ (བློ་བརྟན་)པས་ཟིན། ཡིད་བྱེད་ནི། མངོན་ཤེས་གང་དང་གང་ རྒྱུ་གང་ (བློ་བརྟན་)དང་གང་གིས་འགྲུབ་པའི་རྒྱུ་མདོ་སྡེ་ལས་བཤད་པ་ལྟར་ཡིད་ལ་ (བློ་)བྱེད་པ་ 1-1-273 སྟེ་བསྡུ་བར། རླུང་ལྟར་ཡང་བ། རས་བལ་ལྟར་འཇམ། འགྲོ་ས་སོགས་ནམ་མཁར། ལུས་ སེམས་ཕན་ཚུན་གནས་པར་གཏོད་པ་ཕྲ་བའི། རིང་བོ་ཉེ་ཕྲ་མོ་རགས་པ་སོགས་སུ་མོས་པའི་ འདུ་ཤེས་ལྔས་རྫུ་འཕྲུལ་དང༌། སྐྱེ་བོ་སྣ་ཚོགས་འདུས་པའི་གླེག་ཅོར་གྱི་སྒྲའམ་ཆུ་ཀླུང་གི་ སྒྲའི་མཚན་མ་བཟུང་ནས་ (མཉམ་བཞག་ས་བའི་ཡིད་བྱེད་ཀྱིས་)ལྷ་མིའི་སྒྲ་ལ་སེམས་གཏོད་པས་ལྷའི་ རྣ་བ། རང་གི་ལུས་འདི་འདྲ་ལ་སེམས་འདི་འདྲར་གྱུར་པ་བཞིན་གཞན་ལའང་ཞེས་ལུས་ཀྱི་ མཚན་མ་བཟུང་ནས་སེམས་གཏད་པས་སེམས་ཤེས། (གྲུབ་ནས་ལུས་ལ་མི་ལྟོས་སོ། །)རང་ (སྔོན་གྱི་ སྤྱོད་པ་རྣམས་མ་འཁྲུགས་པར་དྲན་པའམ་)སེམས་འགག་མ་ཐག་གི་མཚན་མ་བཟུང་ནས་ལུགས་ལྡོག་ ཏུ་སྐྱེ་སེམས་ཀྱི་བར་དུ་ (བར་སྲིད་ཀྱི་སྐད་ཅིག་གཅིག་དྲན་ན་གྲུབ་པས་སོ། །)ཡིད་ལ་བྱེད་པས་སྔོན་གནས་ རྗེས་དྲན། སྣང་བའི་མཚན་མ་བཟུང་ནས་ལས་དགེ་མི་དགེས་སེམས་ཅན་ (དངོས་)སྣ་ཚོགས་ སུ་སྐྱེ་ (དོན་)འཆིར་འགྱུར་བའི་ཡིད་བྱེད་ཀྱིས་ལྷའི་མིག་གི་མངོན་ཤེས། རྣམ་ཐར་ཟིལ་གནོན་ ཟད་པར་གྱི་འདུ་ཤེས་ཀྱིས་འཕགས་པའི་རྫུ་འཕྲུལ་འགྲུབ་སྟེ་དེས་སྤྲུལ་བས་དངོས་པོའི་བྱ་ བ་བྱེད་ལ་གཞན་ནི་སྣང་བ་ཙམ་མོ་ཞེས་སོ། །དྲུག་པའི་སྦྱོར་བ་ནི། ཚུལ་གནས་ཐོས་དང་ བསམ་ལྡན་སོགས་སོ། །ཞེས་གང་སྤེལ་ལོ། །སོ་སོའི་རྒྱུ་ནི། ཀླུ་རྒྱལ་རྒྱ་མཚོས་ཞུས་པ་ལས། ཀླུའི་བདག་པོ་གཞན་ཡང་མར་མེ་བྱིན་པས་ནི་ལྷའི་མིག་གི སིལ་སྙན་དང་ཕེག་རྡོབ་པ་དང་ གླུ་དབྱངས་སྙན་པ་བྱིན་པས་ནི་ལྷའི་རྣ་བའི། ཀུན་ནས་ཉོན་མོངས་པ་མེད་པ་བྱིན་པས་ནི་ གཞན་གྱི་སེམས་ཤེས་པའི། གཞན་དགེ་བའི་ཆོས་དྲན་པར་བྱེད་ཅིང་བསྐུལ་བས་ནི་སྔོན་གྱི་ གནས་རྗེས་སུ་དྲན་པའི། གཞན་གྱི་འགྱོད་པ་བསལ་བས་ནི་རྫུ་འཕྲུལ་གྱི། ཆོས་བྱིན་པས་ནི་ ཟག་པ་ཟད་པའི་མངོན་པར་ཤེས་པ་རྣམ་པར་དག་པར་འགྱུར་རོ་ཞེས་སོ། ། ངོ་བོ་ལ་གསུམ་ལས། མཚན་ཉིད་ནི། རང་གི་བདག་རྐྱེན་བསམ་གཏན་གྱི་དངོས་གཞི་ ལ་བརྟེན་ནས་མངོན་ཤེས་མེད་པའི་སྐྱེ་བོ་ལ་ལྐོག་ཏུ་གྱུར་པའི་ཡུལ་སྣ་ཚོགས་པ་མངོན་སུམ་ 1-1-274 དུ་གྱུར་པའི་རིག་པ་ཞེས་པ་སྤྱིའིའོ། །(ཆོས་མངོན་པ་ཁ་ཅིག་དྲུག་པོ་དེ་རྣམ་གྲོལ་ལམ་གྱི་ངོ་བོ་ཤེས་རབ་སྟེ། མཛོད་ དུ། རྣམ་གྲོལ་བློ་ཞེས་སོ། །)བྱེ་བྲག་སྨྲ་བ་ནི་བཞི་ནི་ཀུན་རྫོབ་ཤེས་པའི་བློ་དང་སེམས་ཤེས་ནི་ཟག་ མེད་ཡིན་ན་ཆོས་ཤེས་རྗེས་ཤེས་ལམ་ཤེས་སོ། །ཟག་བཅས་ཡིན་ན་ཀུན་རྫོབ་ཤེས་པ་དང་ སེམས་ཤེས་ལྔའོ། །ཟག་ཟད་མངོན་ཤེས་ནི་ཟག་པ་ཟད་པ་མཁྱེན་པའི་སྟོབས་བཞིན་དུ་ ཤེས་པ་དྲུག་གམ་བཅུའོ་ཞེས་སོ། །བྱེ་བྲག་ཐེག་ཆེན་གྱི་དེའི་མཚན་ཉིད། རང་གི་བདག་རྐྱེན་ བསམ་གཏན་བཞི་པ་ཤིན་ཏུ་དག་པ་ལ་བརྟེན་ནས་སྔར་བཤད་དེ་འདྲའི་ཡུལ་མངོན་སུམ་དུ་ གྱུར་པའི་ཏིང་ངེ་འཛིན་དང་ཤེས་རབ་ (དང་དེ་གཉིས་དང་)མཚུངས་པར་ལྡན་པའི་བློ། བྱེ་བྲག་ཏུ་ ཐེག་ཆེན་གྱི་དྲུག་པོའི་རིམ་བཞིན། དེ་ལ་བརྟེན་ནས་རྫུ་འཕྲུལ་གྱི་རྣམ་འཕྲུལ་སྣ་ཚོགས་ཡང་ དག་པར་འབྱོར་བའི་ཏིང་ངེ་འཛིན་ཤེས་རབ་ (དང་དེ་གཉིས་དང་)མཚུངས་ལྡན་དང་བཅས་པ། སྒྲ་ སྣ་ཚོགས་ཉན་པ། སེམས་ཅན་གཞན་དག་གི་སེམས་ཀྱི་སྤྱོད་པ་ལ་འཇུག་པ། སྔོན་གྱི་མཐའི་ སྤྱོད་པ་རྗེས་སུ་དྲན་པ། སེམས་ཅན་རྣམས་ཀྱི་འཆི་འཕོ་དང་སྐྱེ་བ་མཐོང་བ། ཟག་པ་ཟད་པ་ ཤེས་པ་ཞེས་ཀུན་བཏུས་སོ། །(ཇི་བཞིན་ནོ། །)ཡང་ན་ཕྱི་མ་ལ་སྐྱེ་བ་ལས་ངེས་པར་འབྱུང་བའི་ ཐབས་ཤེས་པ་ཞེས་རྒྱན་ཏེ། (གཞན་གྱི་)སྐྱེ་ (བ་ཤེས་པ་ནི་འཆི་འཕོ་དང་སྐྱེ་བ་ཤེས་པ་)དང་ (ཅི་སྨྲ་བའི་)ངག་ (ཤེས་པ་ལྷའི་རྣ་བའི་)སེམས་ (ཤེས་པའི་སྔར་གྱི་)དགེ་དང་མི་དགེ་ (བས་)བསྐྱེད། །(པ་ཤེས་པ་ནི་སྔོན་གནས་རྗེས་ དྲན། གདུལ་བྱ་གང་ན་འཁོད་པ་)དེ་ཡི་གནས་ (སུ་འགྲོ་བ་ཤེས་པ་ནི་རྫུ་འཕྲུལ་)དང་ (སྐྱེས་པ་ལས་ངེས་པར་)འབྱུང་ བ་ (ཤེས་པ་ནི་ཟག་ཟད་དེ་དྲུག་གིས་ཡུལ་)མངོན་སུམ་ (དུ་གྱུར་པ་)གང༌། །(ཡིན་པའི་)ཤེས་ (བློ་བརྟན་ནོ། །)པ་ (འཇིག་རྟེན་གྱི་ཁམས་ཀུན་དང་དུས་གསུམ་)ཀུན་ (ཏུ་)འགྲོ་ (བས་སོ། །)རབ་ཏུ་དབྱེ་བཅས་ལ། །(འཇིག་རྟེན་གྱི་ ཁམས་ཀུན་དང་དུས་ཐམས་ཅད་དུ་འབྱུང་བས་)ཐོགས་མེད་ (དོ། །)བསྟན་པ་ཐོབ་པའི་ (བྱང་སེའོ། །)མཐུ་ (ནི་མངོན་ ཤེས་སོ་ཞེས་ཕྱི་མ་རྣམས་བློ་བརྟན་ནོ། །)ཡིན་ནོ། །ཞེས་སོ། ། གཉིས་པ་ནི། འགའ་ཞིག་ལ་ལྐོག་ཏུ་གྱུར་པའི་ཡུལ་མངོན་དུ་གྱུར་པའི་ཚུལ་གྱིས་ཤེས་ 1-1-275 པས་མངོན་ཤེས། ཡུལ་དུས་ཐམས་ཅད་དུ་བྱ་བ་ཐོགས་མེད་དུ་བྱེད་པས་མཐུ་སྟེ། རྒྱན་ འགྲེལ་ལས། ཤེས་པ་མངོན་སུམ་དུ་གྱུར་པ་ཐོགས་པ་མེད་པ་གང་ཡིན་པ་དེ་ནི་བྱང་ཆུབ་ སེམས་དཔའ་རྣམས་ཀྱི་མཐུ་མངོན་པར་ཤེས་པས་བསྡུས་པ་ཡིན་ནོ་ཞེས་སོ། ། གསུམ་པ་ལ་དབྱེ་གཞི་མངོན་ཤེས་ཙམ་མོ། །དབྱེ་ངོ་དྲུག་སྟེ། རྫུ་འཕྲུལ་གྱི་མངོན་ཤེས་ ནི། ས་གཡོ་བ་ (ས་ཞིང་ལ་དབང་ངོ་)དང༌། གཅིག་ཏུ་གྱུར་ཅིང་མང་པོར་འགྱུར་བ་སྣང་བར་གྱུར་ ཅིང་མི་སྣང་བར་བྱེད་པ་ (ས་ལུས་ལ་དབང་ངོ༌། །རྩིག་པ་དང་རྭ་བ་ལ་ཐད་ཀར་འགྲོ་རི་ལ་མི་ཐོགས་པ་སོགས་བྱེད་པ་ ལ་དབང་བ་བརྒྱད་ཅེས་ཛ་ཡ་ཨ་ནནྟའོ། །)སོགས་སྒྲུབ་པའི་མངོན་ཤེས་དང༌། ས་ཆེན་པོ་འདི་ཡང་གཡོ་ བར་བྱེད་ཅེས་སོགས། ལྷའི་རྣ་བའི་མངོན་ཤེས་ནི། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ ཐམས་ཅད་དེ་མཐའ་ཡས་མང་བོ་ན་གནས་པའི་སྒྲ་ཆུང་ངུ་དང་གཅིག་ཤོས་ཆེན་པོ་ཐོས་པའི་ མངོན་ཤེས་དང༌། ལྷ་དང་མི་གཉིས་ཀའི་སྒྲ་ཐོས་ཏེ་ (ནས་རློམ་སེམས་སུ་འགྱུར་བ་མེད་དོ། །)ཞེས་སོགས་ སོ། །གཞན་གྱི་སེམས་ཤེས་པའི་མངོན་ཤེས་ནི། །གཞན་གྱི་སེམས་འདོད་ཆགས་དང་བཅས་ པ་དང༌། སོགས་པ་བྲལ་བ་སོགས་ཤེས་པའི་མངོན་ཤེས་ཏེ། འདོད་ཆགས་དང་ལྡན་པའི་ སེམས་སོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ། །(རློམ་སེམས་སུ་འགྱུར་བ་མེད་དོ། །)ཞེས་ སོགས་སོ། །སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་ཤེས་ནི། རང་དང་གཞན་གྱི་ཚེ་རབས་ སྔ་མ་དུ་མ་རྗེས་སུ་དྲན་པའི་མངོན་ཤེས་སོ། །སྐྱེ་བ་གཅིག་ཀྱང་རྗེས་སུ་དྲན་ནོ། །(རློམ་སེམས་ སུ་འགྱུར་བ་མེད་དོ། །)ཞེས་སོགས་སོ། །ཚེ་འདིར་བསམ་གཏན་མངོན་པར་འདུ་བྱེད་པ་ལས་བྱུང་ བའི་ལྷའི་མིག་གི་མངོན་ཤེས་ནི། སེམས་ཅན་མཐའ་ཡས་པའི་འཆི་འཕོ་སྐྱེ་བ་དང་ཁ་དོག་ སྡུག་མི་སྡུག་བཟང་ངན་སོགས་གཟུགས་ཕྲ་རགས་ཐམས་ཅད་དེ་མཐའ་ཡས་མང་པོ་དང་ སེམས་ཅན་འདི་དག་ངན་འགྲོ། འདི་དག་བདེ་འགྲོར་འགྲོ་སོགས་མཐོང་བའི་མངོན་ཤེས་ ཏེ། ལྷའི་མིག་རྣམ་པར་དག་པ་མི་ལས་འདས་པས་སེམས་ཅན་འཆི་འཕོ་བ་དང་སྐྱེ་བ་དང་ 1-1-276 ཁ་དོག་སྡུག་པ་དང་ཞེས་སོགས་ (ལྷའི་སྤྱན་དང་འདིས་ཁྱད་པར་ནི། ཨཱརྱས། མིག་འདི་གཉིས་ཀྱི་ཁྱད་པར་ནི་འདི་ ཡིན་ཏེ། སྤྱན་ལྔས་བསྡུས་པའི་ལྷའི་སྤྱན་གང་ཡིན་པ་དེ་ནི་རྣམ་པར་སྨིན་པ་ལས་བྱུང་བ་ཡིན་ལ། མངོན་པར་ཤེས་པས་བསྡུས་ བ་འདི་ནི་བསམ་གཏན་མངོན་པར་འདུས་བྱས་པ་ལས་བྱུང་བ་ཡིན་ནོ་ཞེས་བཤད་མོད། ལྷའི་མིག་གི་མངོན་ཤེས་ཡང་མར་མེ་ ཕུལ་བའི་རྣམ་སྨིན་དུ་སྔར་ལུང་དྲངས་པས་ལྡོག་པའི་ཆ་ཤས་ཀྱིས་བཞག་པར་མངོན་ནོ། །སློབ་དཔོན་ནི་དང་པོ་འཆི་འཕོ་སྐྱེ་ བའི། གཉིས་པ་གཟུགས་ཕྲ་རགས་ཀྱི་ཡུལ་ཅན་གྱིས་ཕྱེའོ། །མདོ་རྒྱན་གྱི་འགྲེལ་ཆེན་བློ་བརྟན་མར། ལྷའི་སྤྱན་ཡང་བསམ་ གཏན་གཉིས་པ་སོགས་བསྒོམ་པ་ལས་གྲུབ་ཅེས་དང༌། དེའི་བཤད་སྦྱར་དུ་ཡང་དེ་སྐད་བཤད་པས་འཕགས་པའི་འདིས་ཁྱད་ མི་ཕྱེད་དོ། །)སོ། །བྱང་སེའི་ཟག་པ་ཟད་པའི་མངོན་པར་ཤེས་པ་ནི། ཆགས་སོགས་ཉོན་མོངས་ པ་དང་གཟུང་རྟོག་སོགས་ཤེས་བྱའི་སྒྲིབ་པ་སྤོང་བར་བྱེད་པའི་མངོན་ཤེས་ཏེ། ཟག་པ་ཟད་ པ་མངོན་དུ་བྱ་བའི་ཡེ་ཤེས་མངོན་པར་སྒྲུབ་ཀྱང་ཉན་ (བསྡུས་)རང་གིས་ཐོབ་པར་མི་བྱེད་ནས། དེས་རློམ་སེམས་སུ་འགྱུར་བ་མེད་དོ་ཞེས་སོ། །ཐ་དད་ནི། ཅི་རིགས་པ་སྟེ། དང་པོ་ལྔ་ཕྱི་ རོལ་བ་ལའང་ཡོད་དེ། རྟ་དབྱངས་ཀྱིས། དྲང་སྲོང་ཆེན་པོ་ལྔ་མངོན་ཤེས། །མཁའ་ལ་རྒྱང་ རིང་འགྲོ་བ་ཡང༌། །གང་ན་སྤྱོད་ཡུལ་འཆི་མེད་པ། །དེར་ནི་འགྲོ་བར་ནུས་པ་མེད། །ཅེས་ སོ། །ཉན་རང་ལའང་ཡོད་དོ། །དྲུག་པ་མཚན་ཉིད་པ་ཉན་རང་ལ་མེད་པར་འཆད་མོད་ཀྱི་ (རྡོ་ རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་འོག་ཏུ་འཕགས་པ་དགྲ་བཅོམ་པ་དང་དེ་པ་རྣམས་ཀྱི་ཟག་པ་ཟད་པར་བྱ་བ་མཁྱེན་པ་ནི་སངས་རྒྱས་ ཀྱི་སྤྱན་ཞེས་མདོ་རྒྱན་འགྲེལ་ཆེན་དུ།)གཉིས་ཀའི་ཆ་ལས་རྣམ་གྲོལ་ལ་ཡོད་དེ། ཉོན་སྒྲིབ་ལ་ཟག་པར་ འདིར་བཤད་ཀྱི་ཤེས་སྒྲིབ་ལ་མིན་ནོ། །ཐེག་ཆེན་ཚོགས་ལམ་ཆེན་པོ་ཡན་ཆད་ན་དང་པོ་ལྔ་ ཅི་རིགས་པར་ཡོད་དེ། ཐུབ་དགོངས་སུ། ཇི་ལྟར་རིགས་པ་ཚོགས་ཀྱི་སར་དང་གོང་མ་གོང་ མའི་སེམས་ཀྱི་གནས་སྐབས་རྣམས་སུ་ཡང་མཆོག་དང་རབ་མཆོག་ལ་སོགས་པའི་བྱེ་བྲག་ གིས་སྤྱན་ལྔ་རྣམས་སོ་སོར་ཐོབ་ལ་མངོན་པར་ཤེས་པ་དྲུག་རྣམས་ཀྱང་སྟེ་ཞེས་སོ། །དྲུག་ པའི་ངོ་བོ་རྫོགས་པ་ཙམ་ས་བརྒྱད་པ་ནས་ཡོད་དེ། དག་ལྡན་དུ། ཇི་ལྟར་ན་སངས་རྒྱས་ཀྱི་ 1-1-277 སྤྱན་དང་མངོན་པར་ཤེས་པ་དྲུག་པ་བྱང་པ་ལ་ཡོད་ཅེ་ན། བྱང་པ་ས་བརྒྱད་པ་ལ་ནི་དེ་གཉིས་ ཀ་ཐོབ་པ་ཡིན་ལ། སངས་རྒྱས་ཀྱི་ས་ལ་ནི་དེ་གཉིས་ཀ་ཡོངས་སུ་རྫོགས་པ་དང་ཡོངས་སུ་ དག་པ་དང་མཐར་ཕྱིན་པ་ཡིན་ནོ་ཞེས་ཏེ། ཐུབ་དགོངས་སུ་ཡང་ངོ༌། །རྗེས་མཐུན་པ་ས་དང་ པོ་ནས་ཡོད་དོ། །གྲངས་ངེས་ནི་ཀུན་བཏུས་སུ་ཀུན་ཏུ་འགྲོ་བ་དང༌། རྗེས་སུ་ཐོས་པ་དང༌། སྤྱོད་པ་ལ་འཇུག་པ་དང༌། འོང་བ་དང༌། འགྲོ་བ་དང༌། ངེས་པར་འབྱུང་བའི་ཕྱིར་ཡང་ངོ་ཞེས་ པས། ལུས་ཀྱི་ལས་མི་དགེ་བས་དག་པས་གདུལ་བྱའི་གནས་ཀུན་ཏུ་འགྲོ་བ། ངག་དག་པས་ ཅི་སྨྲས་པའི་ཚིག་ཐོས་ཤིང་ཤེས་པ། ཡིད་དག་པས་སེམས་ཅན་གྱི་སེམས་ཀྱི་སྤྱོད་པ་དང་ མཐུན་པར་འཇུག་པ་སྟེ་དང་པོ་གསུམ་དུ་ངེས་སོ། །ཚེ་རབས་བརྒྱུད་དེ་འོང་བ་ཤེས་པ་རྟག་ ལྟའི་གཉེན་པོ། མ་འོངས་པའི་སྐྱེ་བར་འགྲོ་བ་ཤེས་པ་ཆད་ལྟའི་གཉེན་པོ། ཁམས་གསུམ་ ལས་ངེས་པར་འབྱུང་བ་ཤེས་པ་མཐར་འཛིན་གྱི་གཉེན་པོ་སྟེ་ཕྱི་མ་གསུམ་དུ་ངེས་སོ། ། འབྲས་བུ་ནི། གང་གིས་འཕགས་དང་ལྷ་དང་ཚངས་པ་ཡིས། །གནས་པ་དཔེ་མེད་ རྒྱ་ཆེས་རྟག་ཏུ་གནས། །ཕྱོགས་སུ་དེ་སོང་སངས་རྒྱས་སེམས་ཅན་དག །ཡང་དག་མཆོད་ བྱེད་རྣམ་པར་དག་པ་བསྐྱེད། །ཅེས་ཏེ། རྣམ་ཐར་སྒོ་གསུམ་དང་འགོག་སྙོམས་ནི་འཕགས་ པའི་གནས་པ་ (ནི་ཉོན་མོངས་པ་ལས་རྣམ་པར་གྲོལ་བའི་མཚན་ཉིད་དོ་ཞེས་ཐུབ་དགོངས་སོ། །)ལྷའི་གནས་ (འདི་ ཐུབ་དགོངས་ནས་)བསམ་གཏན་གཟུགས་མེད་ཚད་མེད་བཞི་ཚངས་པའི་གནས་པར་བྱང་སའི་ བྱང་ཆུབ་ཀྱི་ལེའུར་རོ། །ཨཱརྱས། སེམས་ཅན་ཐམས་ཅད་ཆོས་ཐམས་ཅད་མཉམ་པ་ཉིད་ ལ་འགོད་པ། འཕགས་པའི་སྐྱེ་བོ་ཐམས་ཅད་ (མདོ་)བྱམས། ཡིད་དུ་འོང་བའི་ (མདོ་)ཡུལ་དང་ ཕྲད་ཅིང་མི་འོང་བ་མི་མྱོང༌། ལྷ་རྣམས་ཀྱིས་ (འདི་གཅིག་)ཕྱག་བྱ་བར་འོས། ལུང་བསྟན་ (མདོ་ དོན་དངོས་)འཐོབ་པ་སྟེ་འདི་ལ་གསུམ་སྟེ། དགེ་སློང་སུམ་བརྒྱ་སངས་རྒྱས་དཔལ་ཆེན་པོ་ཞེས་ བྱ་བར་དང༌། ལྷ་བུ་དྲུག་ཅུ་སེམས་བསྐྱེད་དེ། བྱམས་པ་མཉེས་པར་བྱེད་ཅིང་དེས་ལུང་སྟོན་ 1-1-278 པར་དང༌། འཁོར་དེའི་ནང་ནས་སྲོག་ཆགས་སྟོང་ཕྲག་བཅུ་སངས་རྒྱས་རྒྱན་གྱི་རྒྱལ་བོ་ཞེས་ པར་ (དང་འཁོར་དེའི་ནང་ནས་སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་སངས་རྒྱས་བྱང་ཆུབ་ཀྱི་ཡན་ལག་མེ་ཏོག་ཅེས་པར་) ལུང་བསྟན་ནོ། །འདིར་གསུང་སྒྲོས་ནོར་རོ། །བྱེད་ལས་སོགས་རྒྱན་ལས་རྒྱ་ཆེར་ཤེས་པར་ བྱའོ། །གཉིས་པ། ཇི་ལྟར་ན། གཟོད་མ་སྟེ་དོན་དམ་པར་རང་བཞིན་གྱིས་སྤྲོས་པ་ཐམས་ ཅད་ཞི་བ་ཉིད་དུ་རྟོགས་པར་བྱ་ཡི་རློམ་སེམས་སུ་མ་བྱེད་ཅེས་འདོམས་པ་དང༌། གདམས་པ་ ལྟར་ཉམས་སུ་ལེན་པ་གཉིས་སོ། །དང་སྡུད་ཚིག་གོ །མངོན་པར་ཤེས་པ་དེ་དག་གིས་རློམ་ སེམས་སུ་འགྱུར་བ་མེད་དོ། །འདི་ལྟར་རང་བཞིན་གྱིས་སྟོང་པའི་ཕྱིར་རོ་ཞེས་སོ། །གསུམ་ པ། ཅིའི་ཕྱིར་ (ཨཱརྱ་)དུ་གདམས་ (ཨཱརྱ་)པ་མཛད་སྙམ་ (ཨཱརྱ་)ན། མཐར་ཐུག་རྣམ་མཁྱེན་ཐོབ་པ་ སྟེ། མངོན་པར་ཤེས་པ་ཡོངས་སུ་དག་པས་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གཏོད་པར་ བྱེད་པ་ཡིན་ནོ། །ཞེས་སོ། ། བཞི་པ་ལ་གཉིས་ཏེ། །མཐོང་སྒོམ་ལ་གདམས་པའོ། །དང་པོ་ནི། གང་ལ་ན། མཐོང་བའི་ ལམ་ལའོ། །དེ་ཇི་འདྲ་ཞིག་ན། ཡུལ་བདེན་པ་བཞིས་བསྡུས་པའི་ཡེ་ཤེས་སྐད་ཅིག་མ་བཅུ་ དྲུག་གི་ངོ་བོ་ཉིད་ཆོས་བཟོད་བཞི་དང༌། རྗེས་སུ་ཤེས་པའི་བཟོད་པ་བཞི་དང༌། ཆོས་ཤེས་ པ་བཞི་དང༌། རྗེས་ཤེས་བཞིའི་བདག་ཉིད་ཅན་ནོ། །ཇི་ལྟར་ན། ཞི་ལྷག་ཟུང་འབྲེལ་དུ་སྦྱོར་ (ཉི་སྦས་ཆོས་བཤེས་སོགས་)བས་རྣལ་འབྱོར་རོ། །དེ་གང་ལ་ཡོད་པ་དེ་ནི་རྣལ་འབྱོར་པ་སྟེ་འདིར་ བྱང་སེམས་པ་ཆོས་ཐམས་ཅད་བདེན་པའི་ངོ་བོ་ཉིད་མེད་པ་སྟོང་པར་རྟོགས་པའི་རྒྱུ་མཚན་ གྱིས་སྒྱུ་མ་མཁན་རང་གིས་སྤྲུལ་བའི་སྒྱུ་མ་ལ་ཆགས་ཞེན་མེད་པ་བཞིན་དུ་ཆོས་ཐམས་ཅད་ ལ་མངོན་པར་ཞེན་པ་མེད་པའི་ལུས་ཏེ་རང་ (གསེར་དོན་)བཞིན་ཅན་ཡིན་པའི་གང་ཟག་གི་ མཐོང་ལམ་དེས་སྤང་བར་བྱ་བའི་སྒྲིབ་པ་ཀུན་བཏགས་སུ་གྱུར་པའི་དངོས་པོའི་གཉེན་པོ་ ཉིད་དུ་རྣམ་པར་སྒོམ་པར་བྱེད་དམ་བྱའོ་ཞེས་སྟོན་པ་དང༌། བསྟན་པ་ལྟར་ཉམས་སུ་ལེན་པ་ 1-1-279 གཉིས་ཀ་མཐོང་བའི་ལམ་ལ་འདོམས་པའོ། །དང་སྡུད་ཚིག་གོ །རབ་འབྱོར་ཁྱོད་བྱང་ཆེན་ པོ་རྣམས་ལ་ཤེར་པ་ལས་བརྩམས་ཏེ་སྤོབས་པ་བསྐྱེད་ཅིག ནས། འདུས་བྱས་ (འཁོར་བར་ཨཱརྱ་) ཀྱི་དབྱིངས་ཀྱིས་འདུས་མ་བྱས་ (མྱང་འདས་སུ་ཨཱརྱ་)ཀྱི་དབྱིངས་འདུས་མ་བྱས་ཀྱི་དབྱིངས་ཀྱིས་ འདུས་བྱས་ཀྱི་དབྱིངས། ཡང་དག་པར་རྗེས་སུ་མི་མཐོང་ངོའི་བར་རོ། ། གཉིས་པ་ནི། གང་ལ་ན། སྒོམ་པའི་ལམ་ལའོ། །དེ་ཇི་ཞིག་ཅེ་ན། ཐེག་ཆེན་གྱི་ཟག་མེད་ ཀྱི་སྒོམ་པའི་ལམ་ཆོས་ཅན། ཐེག་ཆེན་གྱི་མཐོང་ལམ་གྱི་ཡུལ་དེ་བཞིན་ཉིད་བསྒོམ་པ་ལས་ མ་གཏོགས་པའི་ལམ་མཚན་ཉིད་པ་སྟེ་རང་རྒྱུད་པ་གཅིག་ཏུ་རྣམ་པར་བཞག་པ་དོན་མཐུན་ ནི་བྱར་མེད་དེ། ཐེག་ཆེན་མཐོང་བའི་ལམ་དང་ཆོས་ཉིད་མངོན་སུམ་དུ་རྟོགས་པར་ཐ་དད་ མེད་ནས་འདྲ་བས་སོ། །རྟགས་གྲུབ་སྟེ། དེ་འདྲའི་སྒོམ་པའི་ལམ་ཆོས་ཅན། དེར་འདྲ་བར་ ཐལ། དེ་མ་ཐག་ཏུ་ཇི་སྐད་བཤད་པའི་ཐེག་ཆེན་གྱི་མཐོང་བའི་ལམ་གྱིས་མངོན་སུམ་དུ་བྱས་ པའི་དངོས་པོ་སྟེ་དོན་ཆོས་དབྱིངས་ལས་ཐ་མི་དད་པ་དེ་ཉིད་ལ་དམིགས་པའི་མངོན་སུམ་ ཡིན་པའི་ཕྱིར་རོ། །དེས་ན་དེ་གཉིས་ཆོས་ཉིད་མངོན་སུམ་དུ་མཐོང་བར་གཅིག་གོ །དཔེར་ ན་འདུས་བྱས་ལམ་ (ཨཱརྱ་དངོས་)དང༌། འདུས་མ་བྱས་སྤངས་པ་ (ཨཱརྱ་དངོས་)འགོག་པ་དག་སྟེ་དེ་ གཉིས་དོན་དམ་པར་སྟོང་པ་ཉིད་དུ་ (གསེར་)ངོ་བོ་གཅིག་པ་སྟེ་མཉམ་པ་ཉིད་ཀྱིས་ཕན་ཚུན་ རྫས་སོ་སོ་ཐ་དད་པར་གདགས་པར་མི་ནུས་པ་བཞིན་དུའོ། །འདུས་བྱས་མ་བྱས་ནི་ཨཱརྱས་ གོང་དེ་མ་ཐག་ཏུ་འཁོར་འདས་དང༌། འདིར་ལམ་སྤངས་ལའོ། །གསེར་ཟག་བཅས་ཟག་ མེད་ལའོ། །འདུས་བྱས་ཀྱི་དབྱིངས་མ་ཡིན་པར་ཡང་འདུས་མ་བྱས་ཀྱི་དབྱིངས་སུ་གདགས་ པར་མི་ནུས་སོ། །འདུས་མ་བྱས་ཀྱི་ཞེས་འདོན་པ་བསྒྱུར་ཅིང༌། མཐར་དེ་ཉིད་གདམས་ངག་ ཡིན་ཏེ་དེ་ཉིད་རྗེས་སུ་བསྟན་པ་ཡིན་ནོའི་བར་རོ། །འོན་ཀྱང་འདུས་བྱས་མ་བྱས་ཀྱི་དབྱིངས་ དག་ངོ་བོ་སྟེ་རང་བཞིན་གཅིག་ཅེས་སྦྱར་ཏེ་མདོ་དང་མཐུན་ནོ། །ཇི་ལྟར་གདམས་ན་དེ་ལྟར་ 1-1-280 ཡིན་མོད་ཀྱི་འོན་ཀྱང་མཐོང་ལམ་གྱི་རྗེས་སུ་སྒོམ་ལམ་དེ་རྣམ་པར་བསྒོམ་པར་བྱེད་དམ་ བྱའོ་ཞེས་སོ། །དེ་གཉིས་ཡུལ་གཅིག་པས་མཐོང་ལམ་གྱི་ཁོངས་སུ་སྒོམ་ལམ་འདུས་མོད། དེ་བསྒོམ་པ་དོན་མེད་ཅེ་ན། (གསེར་དངོས།)སྒོམ་ལམ་དེ་ (གསེར་)ནི་དེས་སྤང་བར་བྱ་བའི་དངོས་ པོ་སྒྲིབ་པ་ལྷན་སྐྱེས་ཀྱི་གཉེན་པོ་ཉིད་དུ་བསྒོམ་དགོས་སོ། །དེ་གཉིས་ཡུལ་གཅིག་པ་ཉིད་ ཀྱིས་ནུས་པ་ཐ་དད་ག་ལ་ཡོད་ཅེ་ན། ཆོས་ཉིད་མཐོང་བ་ཙམ་གྱིས་སྒོམ་སྤང་སྤོང་མི་ནུས་ཀྱི་ དེ་གོམས་པའི་སྒོམ་ལམ་གྱིས་སྒོམ་སྤང་སྤོང་བ་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཉིད་དེ་ རྒྱུ་འབྲས་ (དངོས་)ཀྱི་ཆོས་བསམ་ (དངོས་)གྱིས་མི་ཁྱབ་ (དངོས་)པའི་ཕྱིར་རོ་གསེར་རོ། །དེ་ལྟར་ འདོམས་པའོ། །ཞེས་བྱ་བའི་ཐ་ཚིག་གོ །སྟེ་ནི་འདིར་རྫོགས་ཚིག་གོ ། བཞི་པ་ནི། གདམས་ངག་སྟོན་པའི་སྐབས་འདིར་ཆོས་ཅན། ཐེག་ཆེན་གདམས་ངག་ནི་ རྣམ་པ་བཅུར་ངེས་པའོ། །བཅུ་པོ་འདི་ཙམ་ཁོ་ནས་བྱང་སེའི་སྒྲུབ་པའི་དོན་ཐམས་ཅད་ཕུན་ སུམ་ཚོགས་པར་འགྲུབ་པར་འགྱུར་བས་སོ། །དེར་ཐལ། འདི་ཙམ་ཁོ་ནས་བྱང་སེའི་སྒྲུབ་ པའི་ངོ་བོ་དམིགས་ཡུལ་རྟེན་འགལ་རྐྱེན་སྤོང་བའི་རྐྱེན་མཐུན་རྐྱེན་ཚང་བའི་རྐྱེན་ཐམས་ ཅད་ཚང་ཞིང་མ་ལྷག་པའི་ཕྱིར་ཞེས་སྟོན་པ། སྤྱིར་གདམས་ངག་དེ་ལྟར་བཤད་པར་བྱས་པ་ ན་རྒྱུའི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང་དེས་འཕངས་པའི་དཀར་པོའི་ཆོས་ཀྱི་ངོ་བོ་ཉིད་ ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྒྲུབ་པའི་རྣམ་པ་གང་ཡིན་པ་བདག་གཉིས་སུའམ་ཅིར་ ཡང་མི་དམིགས་པ་ཅན་དང༌། སྒྲུབ་པ་དེའི་བླང་དོར་གྱིས་དམིགས་པ་གང་ཡིན་པ་འཕགས་ པའི་བདེན་པ་བཞི་དང༌། རྟེན་གང་ཡིན་པ་སྐྱབས་གསུམ་དང༌། འགལ་རྐྱེན་སྤོང་བའི་རྐྱེན་ སྒྲུབ་པ་མི་ཉམས་པར་ (ཨཱརྱ་དངོས་)གོང་ནས་གོང་དུ་ཁྱད་པར་དུ་འགྲོ་བའི་རྒྱུ་གང་ཡིན་པ་བྱ་བ་ ངན་པའམ་བདེ་བ་དམན་པ་ལ་མ་ཆགས་པ་དང༌། སྒྲུབ་པ་ལས་མི་ལྡོག་པར་བགྲོད་བྱ་ (ཨཱརྱ་) ཇི་སྲིད་པར་འགྲོ་བའི་རྒྱུ་གང་ཡིན་པ་ཡོངས་སུ་མི་ངལ་བ་ཡི་མ་ཆད་པ་དང༌། ཐེག་ཆེན་ལས་ 1-1-281 ཐེག་པ་གཞན་དམན་ལམ་གྱིས་མི་འགྲོ་བ་སྟེ་དེར་མི་ལྟུང་བའི་རྒྱུ་གང་ཡིན་པ་ཐེག་ཆེན་གྱི་ ལམ་ཡོངས་སུ་འཛིན་པ་དང༌། མཐུན་རྐྱེན་བླང་དོར་རང་གིས་ཤེས་པས་སྒྲུབ་པ་ལས་གཞན་ གྱི་དྲིང་མི་འཇོག་པར་འགྲོ་བ་ཉིད་ཀྱི་རྒྱུ་གང་ཡིན་པ་སྤྱན་ལྔ་དང༌། ཚོགས་གཉིས་བསགས་ པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པའི་རྒྱུ་གང་ཡིན་པ་མངོན་པར་ཤེས་ པ་དྲུག་དང༌། སྒྲུབ་པ་མཐར་ཐུག་པའི་རྒྱུ་གང་ཡིན་པ་མཐོང་བ་དང་སྒོམ་པའི་ལམ་དག་སྟེ། དོན་གཉིས་སྒྲུབ་བྱེད་བཅུ་པོ་དེ་དག་ཐམས་ཅད་གདམས་ངག་གི་སྐབས་སུ་བསྟན་པའི་ཕྱིར་ རོ། ། གཉིས་པ་ལ་གསུམ་ལས། སྔ་འགྲེལ་ནི། དགེ་འདུན་དཀོན་མཆོག་གི་སྐབས་སུ་དེའི་ དབྱེ་བ་བདེ་བླག་ཏུ་རྟོགས་པར་བྱ་བའི་ཕྱིར་དུ་བརྗོད་དེ། བར་སྐབས་ཀྱི་ཚིགས་སུ་བཅད་པ་ གཉིས་སོ། ། གཉིས་པ་རྩ་བ་ལ། མཚོན་བྱེད་དཔེའི། མཚོན་བྱ་དོན་གྱི་དགེ་འདུན། དེ་དག་གི་རྣམ་ བཞག་དཔྱད་པའོ། ། དང་པོ་ལ། མཛོད་ལྟར་གཙོ་བོར་བཤད་ན། དབང་བོ་རྣོ་རྟུལ་དེ་དག་ཏུ། །དད་དང་ཆོས་ ཀྱི་རྗེས་འབྲང་བ། །སྒོམ་པས་སྤང་བྱ་མ་སྤངས་ན། །འབྲས་བུ་དང་པོ་ལ་ཞུགས་པ། །རྣམ་ ལྔའི་བར་བཅོམ་གཉིས་པ་ལ། །དགུ་པ་ཚུན་ཆད་ཟད་པ་ཡིན། །འདོད་པའམ་ཡང་ན་གོང་མ་ ལས། །ཆགས་བྲལ་གསུམ་པ་ལ་ཞུགས་པ། །གང་ཞིག་གང་ལ་ཞུགས་པ་ནི། །བཅུ་དྲུག་པ་ལ་ དེ་འབྲས་གནས། །དེ་ཚེ་དབང་བོ་རྣོ་རྟུལ་དག །དད་པས་མོས་དང་མཐོང་བས་ཐོབ། །འབྲས་ ཐོབ་འབྲས་བུའི་ཁྱད་པར་གྱི། །ལམ་ཐོབ་མེད་པས་དེ་ཡི་ཕྱིར། །འབྲས་གནས་ཁྱད་པར་བྱ་ བའི་ཕྱིར། །མི་བརྩོན་པ་ནི་ཞུགས་མ་ཡིན། །ཞེས་སོགས་ཏེ། འདི་ལ་ཆགས་བྲལ་སྔོན་སོང་ གི་སྐོར་དང༌། མཐར་གྱིས་པ་གཉིས་སོ། ། 1-1-282 དང་པོ་ལ། ཉན་ཐོས་མཐོང་ལམ་པ་དབང་རྟུལ་དད་རྗེས་འབྲང་དང་དབང་རྣོན་ཆོས་ རྗེས་འབྲང་གཉིས་པོས་མཐོང་ལམ་གྱི་སྔར་སྒོམ་སྤང་ཡེ་མ་སྤངས་སམ། ཡང་ན་དེའི་སྔར་ འཇིག་རྟེན་པའི་སྒོམ་ལམ་གྱིས་འདོད་པའི་སྒོམ་སྤང་གཅིག་ (འགྲེལ་བཤད་གཉིས་ཀ་)གམ་གཉིས་ སམ་གསུམ་མམ་བཞིའམ་ (གཉིས་ཀ་)ལྔ་མན་སྤངས་ནས་ད་ལྟ་བཅོ་ལྔ་བོ་གང་རུང་ལ་གནས་ པ་ཀུན་འབྲས་བུ་དང་པོ་རྒྱུན་ཞུགས་ལ་ཞུགས་པ་ཡིན་ནོ། །འབྲས་བུ་བཞི་ཅར་རིམ་གྱིས་ ཐོབ་པའི་དབང་དུ་བྱས་ན་རྒྱུན་ཞུགས་འབྲས་བུ་དང་པོ་ཡིན་པས་འདིར་དེའི་དབང་དུ་བྱས་ ཀྱི་སྤྱིར་འབྲས་བུ་དང་པོ་རྒྱུན་ཞུགས་ཁོ་ན་མིན་ཏེ། ཆགས་བྲལ་སྔོན་སོང་གི་འབྲས་གནས་ གཉིས་པོ་ཡང་སོ་སོར་འབྲས་བུ་དང་པོ་ཡིན་ (རང་འགྲེལ་སོགས་ཀྱི་དོན་དངོས་)ནོ། །བྱེ་བྲག་སྨྲ་བའི་ ལུགས་ལ། དེ་འདྲའི་གང་ཟག་གཉིས་མཚན་གཞི། རྒྱུན་ཞུགས་ཞུགས་པར་མཚོན། རྒྱུན་ ཞུགས་འབྲས་བུ་ཐོབ་ཕྱིར་བརྩོན་པའི་འཕགས་པའི་གང་ཟག་གོ །ཀུན་བཏུས་ལྟར་ན། ངེས་ འབྱེད་ཆ་མཐུན་སྟན་གཅིག་པ་ནས་བཟུང་སྟེ་སྔར་འདོད་པའི་སྒོམ་སྤང་ཡེ་མ་སྤངས་སམ་ ཞེས་སོགས་སྔར་ལྟར་སྦྱར་པ་མཚན་གཞི། དེར་མཚོན། རྒྱུན་ཞུགས་འབྲས་བུ་ཐོབ་ཕྱིར་ བརྩོན་པའི་སྦྱོར་ལམ་ཆོས་མཆོག་པའམ་མཐོང་ལམ་པའི་གང་ཟག་གང་རུང་ཡིན་པའོ། ། རྒྱལ་བོའི་སྲས་ཀྱིས། ངེས་པར་འབྱེད་པའི་ཆ་དང་མཐུན་པ་སྟན་གཅིག་པ་ནས་བཟུང་སྟེ་ དང་པོའི་འབྲས་བུ་མ་ཐོབ་པའི་བར་དུའོ། །ཞེས་སོ། །འདིར་ལྔ་མན་སྤངས་པའི་མཐོང་ལམ་ པ་དེ་རྒྱུན་ཞུགས་ཞུགས་པ་ཆགས་བྲལ་སྔོན་སོང་དང༌། དེ་བཅུ་དྲུག་པ་ལ་གནས་པ་དེ་དེའི་ འབྲས་གནས་ཆགས་བྲལ་སྔོན་སོང་དུ་འདོད་པ་ནི་ཆགས་བྲལ་སྔོན་སོང་གི་དོན་ལ་བློ་ཁ་མ་ ཕྱོགས་པའི་གཏམ་སྟེ། དེའི་དོན་ནི་ལམ་དང་གང་ཟག་དེ་དང་དེའི་སྤང་བྱའི་ངོ་སྐལ་དེ་མཐོང་ ལམ་གྱི་སྔར་འཇིག་རྟེན་པའི་སྒོམ་ལམ་གྱིས་སྤངས་ནས་དེ་རྗེས་མཐོང་ལམ་ཐོབ་ཅིང་ད་ལྟ་ སྐད་ཅིག་བཅོ་ལྔ་བོ་གང་རུང་ངམ་བཅུ་དྲུག་པ་ལ་གནས་པ་ཞིག་སྟེ། རྒྱུན་ཞུགས་སམ་ཕྱིར་ 1-1-283 འོང་གི་ཞུགས་འབྲས་སྔོན་དུ་མ་བཏང་བར་རིམ་བཞིན། ཕྱིར་འོང་ངམ་ཕྱིར་མི་འོང་གི་ཞུགས་ འབྲས་པ་སྟེ་འབྲས་བུ་ཐོད་རྒལ་དུ་ཐོབ་པར་བྱེད་པ་གཅིག་ཡིན་པ་ལ། ལྔ་པ་དེ་རྒྱུན་ཞུགས་ ཀྱི་སྤང་བྱ་མིན་པའི་ཕྱིར་དང༌། མཐོང་ལམ་གྱི་སྔར་སྲིད་རྩེའི་མཐོང་སྤང་འཇིག་རྟེན་པའི་ སྒོམ་ལམ་གྱིས་སྤོང་བ་མི་སྲིད་དེ། དེས་སྤོང་ན་འོག་ལ་རགས་པ་གོང་མ་ལ་ཞི་བར་བལྟས་ ནས་སྤང་དགོས་ཤིང་སྲིད་རྩེ་ལས་གོང་སའི་འཇིག་རྟེན་པ་མེད་པས་སོ། །འཇིག་རྟེན་འདས་ ཀྱིས་སྲིད་རྩེ་ལ། །ཆགས་བྲལ་གཞན་ལ་རྣམ་པ་གཉིས། །ཞེས་མཛོད་དོ། །འོ་ན་འདིར་ཆགས་ བྲལ་སྔོན་སོང་སྟོན་པ་ན་སྨོས་པ་ཅི་ཡིན་ཞེ་ན། མཐོང་ལམ་གྱི་སྔར་འདོད་པའི་སྒོམ་སྤང་ཅི་ རིགས་སྤངས་པ་ཀུན་ཕྱོགས་གཅིག་ཏུ་སྟོན་པར་བཞེད་ནས་བསྟན་པ་ཙམ་མོ། །ཆུ་མིག་པ་ སོགས། རྒྱུན་ཞུགས་ཞུགས་པ་རྒྱུན་ཞུགས་སུ་སྨྲ་བ་ནི་ནོར་བ་སྟེ། བཅུ་དྲུག་པ་ཐོབ་པར་ཐལ་ ཏེ། ཀུན་བཏུས་སུ། རྒྱུན་དུ་ཞུགས་པ་གང་ཞེ་ན། གང་མཐོང་བའི་ལམ་གྱི་སྐད་ཅིག་བཅུ་ དྲུག་པ་ལ་གནས་པའི་གང་ཟག་གོ་ཞེས་སོ། །རྒྱུ་མཚན་མཚུངས་པས་ཕྱི་མ་གསུམ་གྱི་ཞུགས་ པའང་ཕྱིར་འོང་སོགས་སུ་འགྱུར་རོ། །མཐོང་ལམ་གྱི་སྔར་འཇིག་རྟེན་པའི་སྒོམ་ལམ་གྱིས་ འདོད་པའི་སྒོམ་སྤང་གི་ཉོན་མོངས་དྲུག་པ་སྤངས་དེ་ཡན་མ་སྤངས་སམ། བདུན་པ་སྤངས་ བརྒྱད་པ་མ་སྤངས་སམ། བརྒྱད་པ་སྤངས་དགུ་པ་མ་སྤངས་པའི་ངང་ནས་མཐོང་ལམ་ཐོབ་ ད་ལྟ་མཐོང་ལམ་སྐད་ཅིག་བཅོ་ལྔ་བོ་གང་རུང་ལ་གནས་བཞིན་པའི་གང་ཟག་གང་ཡང་རུང་ བ་ཕྱིར་འོང་ཆགས་བྲལ་སྔོན་སོང་གི་ཞུགས་པའམ་ཆགས་བྲལ་སྔོན་སོང་གི་ཕྱིར་འོང་ཞུགས་ པ་ཞེས་བྱ་སྟེ། དེ་དེའི་མཚན་ཉིད་དམ། ཡང་ན་དེ་འདྲ་དེ་མཚན་གཞི། ཆགས་བྲལ་སྔོན་ སོང་གི་ཕྱིར་འོང་ཞུགས་པར་མཚོན། ཕྱིར་འོང་ཆགས་བྲལ་སྔོན་སོང་གི་འབྲས་གནས་ཐོབ་ ཕྱིར་བརྩོན་པའི་མཐོང་ལམ་པ། དེ་འདྲའི་ངང་ནས་མཐོང་ལམ་ཐོབ་ནས་ད་ལྟ་བཅུ་དྲུག་པའི་ རྟོགས་པ་ལ་གནས་བཞིན་པའི་གང་ཟག་གང་ཡང་རུང་བ། དེའི་འབྲས་གནས་ཏེ། དེ་དེའི་ 1-1-284 མཚན་ཉིད་དམ། ཡང་ན་དེ་འདྲ་མཚན་གཞི། ཕྱིར་འོང་ཆགས་བྲལ་སྔོན་སོང་འབྲས་གནས་ སུ་མཚོན། རྒྱུན་ཞུགས་སྔོན་དུ་མ་བཏང་བའི་ཕྱིར་འོང་འབྲས་གནས་གང་ཞིག བཅུ་དྲུག་ པའི་རྟོགས་པ་ལ་གནས་པའོ་ཞེས་པའོ། །རྒྱལ་བོའི་སྲས་ཀྱིས། འདི་ནི་རྒྱུན་དུ་ཞུགས་པའི་ འབྲས་བུ་མ་ཐོབ་པ་ཁོ་ནར་སྐད་ཅིག་མ་བཅུ་དྲུག་པ་ཁོ་ན་ལ་ལན་གཅིག་ཕྱིར་འོང་པ་ཡིན་ པར་འགྱུར་རོ། །ཞེས་སོ། །འོ་ན་འདིར་གཉིས་པ་ལ་ཞེས་འབྲས་བུ་གཉིས་པར་བཤད་པ་ དང་འགལ་ལོ་སྙམ་ན། སྔར་བཤད་ལྟར་འབྲས་བུ་བཞི་ཅར་རིམ་གྱིས་འཐོབ་པའི་དབང་དུ་ བྱས་ན་ཕྱིར་འོང་གཉིས་པ་ཡིན་པས་དེ་སྐད་བཤད་ཀྱི་དོན་ལ་ཁོ་རང་སྐབས་འདིར་འབྲས་བུ་ དང་པོའོ། ། བོད་ཁ་ཅིག་ན་རེ། འདི་ལ་འབྲས་གནས་ཙམ་དང་ཁྱད་པར་ཅན་ནོ། །དང་པོ་ནི། དེ་འདྲའི་དྲུག་པ་སྤངས། དེ་ཡན་མ་སྤངས་ཤིང་སྤོང་བའི་སྦྱོར་བ་ལའང་མི་བརྩོན་པའི་བཅུ་ དྲུག་པ་ལ་གནས་པའི་གང་ཟག་གོ །གཉིས་པ་ནི། འདོད་པའི་བདུན་པ་སྤོང་བའི་སྦྱོར་བ་ལ་ བརྩོན་པ་ནས་བཟུང་སྟེ་འདོད་པའི་དགུ་པ་སྤོང་བར་བརྩོན། དེ་ཡན་མ་སྤངས་པའི་གང་ཟག་ བཅུ་དྲུག་པའི་རྟོགས་པ་ལ་གནས་པའོ། །ཞེས་ཟེར་ཏེ་ཁོ་བོ་ནི་མི་འདོད་དོ། །མཐོང་ལམ་གྱི་ སྔར་འཇིག་རྟེན་པའི་སྒོམ་ལམ་གྱིས་འདོད་པའི་སྒོམ་སྤང་གི་ཉོན་མོངས་དགུ་པ་སྤངས། དེ་ ཡན་མ་སྤངས་པ་ནས་བསམ་གཏན་དང་པོའི་དེ་ཆེན་པོའི་ཆེན་པོ་སྤངས་དེ་ཡན་མ་སྤངས་ སོགས་ནས། གོང་མ་ཅི་ཡང་མེད་ཀྱི་དེ་སྤངས་སྲིད་རྩེའི་ཡེ་མ་སྤངས་པའི་བར་གང་རུང་གི་ ངང་ནས་མཐོང་ལམ་ཐོབ་ད་ལྟ་བཅོ་ལྔ་བོ་གང་རུང་ལ་གནས་བཞིན་པའི་གང་ཟག་གང་ཡང་ རུང་བ་ཕྱིར་མི་འོང་ཆགས་བྲལ་སྔོན་སོང་ཞུགས་པ་སྟེ། དེ་དེའི་མཚན་ཉིད་དམ། དེ་མཚན་ གཞི། དེར་མཚོན། དེའི་འབྲས་གནས་ཐོབ་ཕྱིར་བརྩོན་པའི་མཐོང་ལམ་པའོ། །དེ་འདྲའི་བཅུ་ དྲུག་པའི་རྟོགས་པ་ལ་གནས་བཞིན་པའི་གང་ཟག་གང་རུང་དེའི་འབྲས་གནས་ཏེ། དེ་དེའི་ མཚན་ཉིད་དམ། ཡང་ན་དེ་མཚན་གཞི། དེར་མཚོན། རྒྱུན་ཞུགས་དང་ཕྱིར་འོང་གང་ཡང་ 1-1-285 སྔོན་དུ་མ་བཏང་བའི་ཕྱིར་མི་འོང་འབྲས་གནས་གང་ཞིག་བཅུ་དྲུག་པའི་རྟོགས་པ་ལ་གནས་ པའོ། །འོ་ན་གསུམ་པ་ལ་ཞེས་པ་དང་འགལ་ཞེ་ན། སྔར་ལྟར་རོ། །སྔར་གྱི་དད་རྗེས་འབྲང་ ནི། བཅུ་དྲུག་པ་ལ་གནས་པ་ན་དད་པས་མོས་པ་ཞེས་བྱ་སྟེ། དད་པ་ལྷག་པས་མོས་པས་ རབ་ཏུ་ཕྱེ་བས་སོ། །ཤེས་རབ་མེད་པ་མིན་གྱིས་དེས་རབ་ཏུ་མ་ཕྱེ་བས་དེའི་མང་མི་འཐོབ་ པོ། །ཆོས་རྗེས་འབྲང་ནི། མཐོང་བས་ཐོབ་པ་ཞེས་བྱ་སྟེ། ཤེས་རབ་ལྷག་པས་ལྟ་བས་རབ་ ཏུ་ཕྱེ་བས་སོ། །དད་པ་མེད་པ་མིན་གྱི་དེས་རབ་ཏུ་མ་ཕྱེ་བས་དེའི་མིང་མི་འཐོབ་པོ་ཞེས་རྒྱལ་ བོ་སྲས་ཏེ། གང་སྤེལ་ཡང་དོན་དེའོ། །བོད་ཁ་ཅིག་ནི་འདི་ལའང་འབྲས་གནས་ཙམ་དང་ ཁྱད་པར་ཅན་གཉིས་སུ་དབྱེར་རུང་སྟེ། འདོད་པའི་དགུ་པ་སྤངས། དེ་ཡན་མ་སྤངས། སྤོང་ བའི་སྦྱོར་བ་ལ་མི་བརྩོན་པ་དང༌། དེ་ལ་བརྩོན་པ་ནས་སྲིད་རྩེའི་ཆེན་པོའི་ཆེན་པོ་སྤོང་བར་ བརྩོན་པ་མ་སྤངས་པའི་བར་རོ་ཞེས་ཟེར་ཏེ་ཁོ་བོ་ནི་མི་འདོད་དོ། །ཁ་ཅིག་སྔ་མའི་འབྲས་ གནས་ལ་གཉིས་ཡོད། འདི་ལ་འབྲས་གནས་ཙམ་པོ་ལས་མེད་ཅེས་དང༌། ཁ་ཅིག་གཉིས་ཀ་ ལ་འབྲས་གནས་ཙམ་པོ་ལས་མེད་ཟེར་རོ། །རྒྱུ་མཚན་ནི། དེའི་སྦྱོར་བ་ལ་བརྩོན་པ་ན་བཅུ་ དྲུག་པའི་རྟོགས་པ་བཏང་ཞིང་འདི་གཉིས་ལ་བཅུ་དྲུག་པའི་རྟོགས་པ་ལ་གནས་པས་ཁྱབ་ ཅེས་ཟེར་རོ། །ཁ་ཅིག་ན་རེ་འོ་ན་མཐར་གྱིས་པའི་སྐབས་སུའང་རྒྱུན་ཞུགས་འབྲས་གནས་ ཁྱད་པར་ཅན་ཡིན་པའི་ཕྱིར་འོང་ཞུགས་པ་འདོད་པའི་ལྔ་པ་མན་སྤངས་པ་གཅིག་མེད་པར་ འགྱུར་ཏེ། མཐར་གྱིས་པའི་སྐབས་སུ་དེ་འདྲའི་ལྔ་པ་སྤང་བའི་ཕྱིར་འོང་ཞུགས་པ་ཡིན་ན། སྒོམ་ལམ་ཟག་མེད་ཀྱི་དབང་བོ་ལྔ་པ་ཐོབ་པས་བཅུ་དྲུག་པའི་རྟོགས་པ་བཏང་བའི་ཕྱིར་ ཞེས་མཚུངས་སོ། །དེས་ན་དེ་འདྲའི་འབྲས་གནས་ཀྱི་གང་ཟག་གང་དགྲ་བཅོམ་ནི་མ་ཐོབ་ དུས་ཕྱིས་དེ་ཐོབ་ཕྱིར་དུ་བརྩོན་པ་གཅིག་ཡོད་མོད་དེ་སུ་ཞིག་ཡིན་སྨྲ་དགོས་སོ། །ཞེས་ཟེར་ རོ། །ཆུ་མིག་པ་སོགས། ཆགས་བྲལ་སྔོན་སོང་གི་ཕྱིར་འོང་མི་འོང་ཞུགས་པ་དེ་ཕྱིར་འོང་མི་ 1-1-286 འོང་དངོས་ཡིན་ཏེ། དྲུག་པ་སྤངས་པའི་དང་དགུ་པ་སྤངས་པའི་ཉན་ཐོས་སློབ་པའི་འཕགས་ པ་ཡིན་པས་སོ་གསུང་ངོ༌། །ཆགས་བྲལ་སྔོན་སོང་དང་མཐར་གྱིས་པའི་དེ་དང་དེ་ནི་མིན་ཏེ་ རྒྱུ་མཚན་སླ་ཞིང་གཞན་དངོས་སུ་མ་བཤད་དོ། །འོན་ཀྱང་དོན་གྱིས་ཐོབ་སྟེ་ཕྱིར་འོང་ཆགས་ བྲལ་སྔོན་སོང་དུས་ཕྱིས་ཕྱིར་མི་འོང་དུ་གྱུར་པ་དང་ལྔ་པ་མན་སྤངས་ནས་མཐོང་ལམ་ཐོབ་ རྗེས་སུ་ཕྱིར་འོང་དུ་གྱུར་པ་དང་མཐོང་ལམ་གྱི་སྔར་འཇིག་རྟེན་པའི་ལམ་གྱིས་རྣམ་གསུམ་ རྣམ་བཞི་སྤངས་པའི་རྒྱུན་ཞུགས་གང་གསུམ་མམ་བཞིའི་གཉེན་པོ་ཟག་མེད་མ་ཐོབ་པ་དང་ ཐོབ་པ་གཉིས་ཀ་དང་ (རད་སོགས་སུ་བཤད་)ཕྱིར་འོང་འབྲས་གནས་མཐོང་ལམ་གྱི་སྔར་བདུན་ བརྒྱད་སྤང་བ་དེའི་གཉེན་པོ་ཟག་མེད་ཐོབ་མ་ཐོབ་གཉིས་བཤད་པས་དེ་ཐོབ་པ་དེ་ཡང་དེ་ གཉིས་གང་ཡང་མིན་པས་སོ། །དེས་ན་ཆགས་བྲལ་སྔོན་སོང་དང་མཐར་གྱིས་པའི་གང་ཟག་ གིས་ཞུགས་འབྲས་ཀུན་མ་བསྡུས་ཤིང༌། དེ་གཉིས་དང་ལམ་གཅིག་ཅར་པ་གསུམ་ཀས་ ཡང་ཀུན་མ་བསྡུས་པས་འདི་ནི་གཙོ་ཆེ་བའི་དབྱེ་བསྡུ་ཙམ་དུ་ཟད་དེ་གངས་ཅན་འདིར་བློ་ཁ་ ཕྱོགས་པ་གཅིག་པུའོ། །དེས་ན་གནད་དེ་མ་ཤེས་པར། ཆགས་བྲལ་སྔོན་སོང་གི་ཕྱིར་འོང་མི་ འོང་དང༌། ཕྱིར་འོང་མི་འོང་གི་ཆགས་བྲལ་སྔོན་སོང་ལ་ཁྱད་པར་མེད་པར་འདོད་པ་ནི་ཞིབ་ ཞིབ་འདྲ་བའི་ཐ་སྙད་རྨོངས་པ་མགུ་བར་བྱེད་པ་ཙམ་དུ་ཟད་དོ། །དེ་ལྟར་ན་འབྲས་བུ་བར་ བ་གཉིས་ཁོ་ན་ལ་ཆགས་བྲལ་སྔོན་སོང་བཤད་ཀྱི་སྔ་ཕྱི་གཉིས་ལ་མེད་དེ། རྒྱུན་ཞུགས་ལ་ མེད་པར་སྔར་བཤད་ཟིན་ཅིང༌། དགྲ་བཅོམ་ལ་མེད་དེ་འཇིག་རྟེན་པའི་སྒོམ་ལམ་གྱིས་སྲིད་ རྩེའི་སྒོམ་སྤང་སྤོང་མི་སྲིད་པའི་ཕྱིར་དང༌། དེ་མ་སྤངས་ (རྒྱལ་སྲས་)པའི་དེ་མི་སྲིད་པའི་ཕྱིར་རོ། ། འདིར་འཇིག་རྟེན་པའི་ལམ་ནི་གོང་མའི་ཉེར་བསྡོགས་ཀྱིས་བསྡུས་པའི་ཕྱིར་ཞེས་གང་སྤེལ་ ལས་སོ། །གལ་ཏེ་རྣམ་པ་ལྔ་སྤངས་ཀྱང་སེམས་བཅུ་དྲུག་པ་ཐོབ་མ་ཐག་ནས་རྒྱུན་ཞུགས་ཁོ་ ན་ (རང་འགྲེལ་དངོས་)ཡིན་གྱི་ཕྱིར་འོང་ཞུགས་པ་ཅིས་མིན་ཞེ་ན། རྒྱུན་ཞུགས་འབྲས་གནས་ཙམ་ 1-1-287 པོ་ཐོབ་ནས་དེ་ལ་གནས་བཞིན་པ་ཡིན་ན་སྒོམ་སྤང་དང་པོ་ལ་སོགས་པའི་གཉེན་ (རྒྱལ་སྲས་) པོ་ཟག་མེད་མ་ཐོབ་པས་ཁྱབ་པོ། །དེས་ན་དེ་འདྲ་དེ་ཉོན་མོངས་སྔར་མ་སྤངས་པ་སྤོང་བའི་ ཕྱིར་དུ་འབྲས་བུ་གཞན་ཕྱིར་འོང་ཐོབ་པར་བྱ་བའི་ཆེད་དུ་མི་བརྩོན་པ་ཡིན་པས་དེ་ལ་ཞུགས་ པ་མིན་ནོ། །ཤུགས་ཀྱིས་ན་རབ་ཏུ་སྦྱོར་བའི་ཚེ་ཞུགས་པ་ཡིན་ནོ་ཞེས་བཤད་པར་འགྱུར་ ཏེ། གྲུབ་པའི་མཐའ་ལས། དེ་སྔོན་ཉོན་མོངས་པ་སྤངས་པའི་གཉེན་པོ་སྔར་མ་ཐོབ་པ་དང༌། དེའི་སྤངས་པ་ཟག་པ་མེད་པ་ཡང་སྐྱེའོ་ཞེས་འབྱུང་བས་སོ། །ཞེས་རྒྱལ་བོ་སྲས་སོ། །འདིར་ གཉེན་པོ་ནི་ཟག་མེད་ཡིན་གྱི་འཇིག་རྟེན་པ་སྔར་ནས་ཐོབ་ཟིན་པས་སོ། །དེ་བཞིན་དུ་འབྲས་ བུ་གཞན་གཉིས་ལ་ཡང་སྦྱར་རོ། །(རང་འགྲེལ།)ཞེས་སོ། ། གཉིས་པ་ལ་བཞི་ལས། རྒྱུན་ཞུགས་སྐོར་ལ། ཁ་ཆེ་བྱེ་བྲག་སྨྲ་བའི་ལུགས་ལྟར་ན། ཞུགས་པ་བཤད་ཟིན་ཅིང་འབྲས་གནས་ལ། ཙམ་པོ་དང༌། ཁྱད་པར་ཅན་གཉིས་སོ། །འབྲས་ གནས་སྒོམ་སྤང་བྱ་མ་ཟད། །རེ་ལྟར་ཐོགས་ན་ལན་བདུན་པ། །ཞེས་སོ། །སྤྱི་རིགས་ནས་ སྔར་འདོད་པའི་སྒོམ་སྤང་གཏན་མ་སྤངས་ད་ལྟ་སྤོང་བའི་སྦྱོར་བ་ལའང་མི་བརྩོན་པའི་རྒྱུན་ ཞུགས་འབྲས་གནས་ལ་མང་སྟེ་སྐྱེ་བ་གཅིག་བླངས་ནས་འདའ་བ། དེ་བཞིན་དུ། གཉིས་དང་ གསུམ་བཞི་ལྔ་དྲུག་བླངས་ནས་འདའ་བ་ཡང་ཡོད་དོ། །དེ་གཉིས་སམ་གསུམ་བླངས་ནས་མྱ་ ངན་ལས་མི་འདའ་བ་མ་ཡིན་མོད་ཀྱི་ཞེས་རྒྱལ་སྲས་སོ། །དེ་འདྲའི་རྒྱུན་ཞུགས་གཞིར་བྱས་ ལ་རེ་ལྟར་ཐོགས་ན་སྲིད་པ་ལན་བདུན་ལེན་པ་གཅིག་ཡོད་དོ། །དེ་འདྲའི་རྒྱུན་ཞུགས་དེ་ ཐམས་ཅད་ལན་བདུན་པ་མ་ཡིན་པས་རེ་ལྟར་ཐོགས་ན་ཞེས་བྱ་བ་ནི་ཐམས་ཅད་ཀྱི་ཐ་ཤལ་ ལོ་ཞེས་སོ། །རྒྱུན་ཞུགས་འབྲས་གནས་སྲིད་པ་ལན་བདུན་པ་མཚན་གཞི། རིམ་གྱིས་པའི་ རྒྱུན་ཞུགས་འབྲས་གནས་ཙམ་པོར་མཚོན། རིམ་གྱིས་པའི་རྒྱུན་ཞུགས་གང་ཞིག སྔར་སྒོམ་ སྤང་ཡེ་མ་སྤངས་ཤིང་སྤོང་བའི་སྦྱོར་བ་ལའང་མི་བརྩོན་པའི་གང་ཟག་གོ །དེའི་ནང་ཚན་ 1-1-288 སྲིད་པ་ལན་བདུན་པ་ལ། བྱེ་བྲག་སྨྲ་བ་དང་མདོ་སྡེ་བའམ་དེ་ཡན་གྱི་ལུགས་གཉིས་ལས། དང་པོ་ནི། མིར་བདུན་ལྷར་བདུན་བར་སྲིད་བདུན་བདུན་ཏེ་ཉེར་བརྒྱད་ལེན་ཡང་བདུན་ ཚན་དུ་འདྲ་བའི་ཕྱིར་ལན་བདུན་པ་ཞེས་བཤད་དེ། (དགེ་སློང་)གནས་བདུན་ལ་མཁས་པ་ (ཞེས་ བཤད་པ་ལྟ་བུའོ། །ཞེས་འགྲེལ་བཤད་དོ། །)དང་ཤིང་འདབ་མ་བདུན་པ་ཞེས་བྱ་བ་བཞིན་ནོ། །བདུན་ནི་ གཟུགས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །གཟུགས་ཀུན་འབྱུང་བ། གཟུགས་ འགོག་པ། གཟུགས་འགོག་པར་འགྲོ་བའི་ལམ། གཟུགས་ཀྱི་རོ་མྱང་བ། གཟུགས་ཀྱི་ཉེས་ དམིགས་དང༌། ངེས་པར་འབྱུང་བ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ། །ཞེས་པ་ དེ་བཞིན་དུ་ཚོར་འདུ་འདུ་བྱེད་རྣམ་ཤེས་ལ་ཡང་ངོ༌། །བདུན་ཚན་ལྔའམ་སུམ་ཅུ་རྩ་ལྔ་ལ་ མཁས་པ་ཡིན་ (གཉིས་ཀ་)ནོ། །འདབ་མ་བརྒྱ་ཕྲག་དུ་མ་ཡོད་ཀྱང་བདུན་ཚན་དུ་འདྲ་བས་ཤིང་ དེ་སྐད་དོ། །དཔེ་གཉིས་སྨོས་པ་དང་པོ་བསྟན་བཅོས་ལས་གཉིས་པ་འཇིག་རྟེན་ན་གྲགས་ (གཉིས་ཀ་)པས་སོ། །དེ་ཡང་དང་པོ་མིར་རྒྱུན་ཞུགས་ཐོབ་ན་མཐར་མིའི་རྟེན་ཁོ་ན། དང་པོ་ འདོད་ལྷར་ཐོབ་ན། འདོད་ལྷའི་རྟེན་ཁོ་ན་ལ་མྱ་ངན་ལས་འདའ་བར་བཤད་ (རང་འགྲེལ་དངོས་) པས་ལྷ་མིའི་སྐྱེ་བ་སྤེལ་མར་ལེན་པར་མངོན་པའམ་དང་པོ་གང་རུང་གཅིག་ཏུ་དྲུག་གཞན་ དེར་བདུན། མཐར་དང་པོར་འོང་ནས་སོ། །ལུགས་འདི་ལ་ཉེར་བརྒྱད་ཀྱི་དང་པོ་བར་སྲིད་ ནས་མགོ་འཛིན་དགོས་སོ། །(གཞན་དུ་ན་བར་སྲིད་ལ་འདའ་བར་འགྱུར་རོ། །)བར་སྐབས་སུ་འཕགས་ ལམ་མངོན་དུ་བྱེད་ཅིང་མྱ་ངན་ལས་མི་འདའ་སྟེ། དེ་སྲིད་དུ་སྲིད་པ་མྱོང་བར་འགྱུར་བའི་ ལས་ཀྱི་སྟོབས་བསྐྱེད་པའི་ཕྱིར་ (རང་དངོས་)རོ། །སྲིད་པ་བརྒྱད་པ་མི་འགྲུབ་སྟེ། དེ་སྲིད་ཀྱིས་ རྒྱུད་སྨིན་པས་སོ། །བདུན་ཚན་བཞིའམ་མདོ་སྡེ་བ་ལྟར་ན། བདུན་ངེས་པར་ལེན་དགོས་ ཏེ་སྦྲུལ་གོམས་པ་བདུན་པས་ཟིན་པ་དང་རིམས་ཉིན་བཞི་པ་བཞིན་ (རང་འགྲེལ་)ཏེ། བདུན་ ཕན་ཆད་དུ་ཡང་མིན་ཚུན་ཆད་དུ་ཡང་མིན་པར་དེ་ཉིད་དུ་འཆི་བ་དང་ཉི་མ་བཞི་ཚུན་མིན་ 1-1-289 ཕན་ཡང་མིན་པར་བཞི་ཞིག་འདེབས་པ་བཞིན་ (འགྲེལ་བཤད་གཉིས་ཀའི་)ནོ། །སྲིད་པ་ཐ་མའི་ཚེ་ སངས་རྒྱས་འབྱུང་བ་མེད་ (བསྟན་པ་ནུབ་ན་ཞེས་གང་སྤེལ་)ན་ཁྱིམ་པའི་རྟེན་ལ་དགྲ་བཅོམ་ཐོབ་ལ་ ཁྱིམ་ན་མི་གནས་སོ། །མི་སློབ་ལམ་ཐོབ་པའི་ཆོས་ཉིད་ཀྱི་མཐུས་དགེ་སློང་གི་མཚན་མའམ་ རྟགས་འཐོབ་པོ། །འདི་སངས་རྒྱས་དང་མ་ཕྲད་ན་རང་རྒྱལ་དགྲ་བཅོམ་ཚོགས་སྤྱོད་དུ་ འགྱུར་བར་སློབ་དཔོན་ཐོགས་མེད་ཀྱིས་དགོངས་འགྲེལ་འགྲེལ་པར་གསུངས་སོ། །མདོ་སྡེ་ བ་ན་རེ། འོ་ན་གང་ཟག་ལྟ་བ་ཕུན་སུམ་ཚོགས་པ་སྲིད་པ་བརྒྱད་འགྲུབ་པ་གནས་མེད་ཅེས་ མདོ་ལས་བཤད་པ་དང་འགལ་ཞེ་ན། དེ་འགྲོ་བ་གཅིག་ཏུ་དགོངས་སོ། །སྒྲ་ཇི་བཞིན་པར་ བྱས་ན་བར་སྲིད་ཡང་མེད་པར་འགྱུར་རོ། །འོ་ན་གོང་འཕོ་གཟུགས་སུ་སྐྱེ་བ་བཅུ་དྲུག་ལེན་ པར་བཤད་པ་དང་འགལ་ལོ་ཞེ་ན། (རྒྱུན་ཞུགས་བརྒྱད་མི་འགྲུབ་པའི་སྐབས་)འདིར་འདོད་ཁམས་ལ་ དགོངས་པས་སྐྱོན་མེད་དོ། །མདོ་སྡེ་པ་ན་རེ། གང་ཞིག་མིར་བདེན་པ་མཐོང་བ་དེ་ལྷ་རྣམས་ ཀྱི་ནང་དུ་ལན་གསུམ་འཁོར་ལ་མིར་ལན་གསུམ་ཁོ་ན་འཁོར་ནས་ལྷར་འོངས་ཏེ་འདའ། ལྷར་བདེན་པ་མཐོང་བ་ཡང་མིར་གསུམ་ལྷར་གསུམ་འཁོར་ནས་མིར་འོངས་ཏེ་འདའ་བས་ བདུན་ཁོ་ནའོ་ཞེས་ཟེར་རོ། །སློབ་དཔོན་ནི། བྱེ་བྲག་སྨྲ་བའི་གཞུང་འཛུགས་ཏེ། འོད་བསྲུང་ པ་རྣམས་ལྷ་རྣམས་སུ་ལན་བདུན་མི་རྣམས་སུ་ལན་བདུན་ཞེས་སོ་སོར་ཡང་འདོན་པས་འདི་ ལ་མངོན་པར་ཞེན་པར་མི་བྱའོ། །ཞེས་སོ། །དེས་ན་འདིས་ངེས་པར་ཉེར་བརྒྱད་དམ། བཅུ་ བཞི་བླང་དགོས་ཏེ་སྔར་བཤད་པ་ལྟར་རོ། །ཁ་ཅིག ལན་བདུན་པ་འདི་ཡང་ལན་བདུན་ ལེན་པའི་ངེས་པ་མེད་ལ་གོང་འཕོ་གཉིས་ཡང་འོག་མིན་དང་སྲིད་རྩེར་འགྲོ་བའི་ངེས་པ་མེད་ དེ། རྒྱལ་བོ་སྲས་སུ། གོང་དུ་འཕོ་བ་འོག་མིན་གྱི་མཐར་ཐུག་པར་འགྲོ་བ་དང༌། སྲིད་པའི་ རྩེ་མོའི་མཐར་ཐུག་པར་འགྲོ་བ་ཡང༌། འོག་མིན་དང་སྲིད་པའི་རྩེ་མོར་མ་ཞུགས་པར་བར་ སྐབས་སུ་མྱ་ངན་ལས་འདའ་བར་རུང་བར་བལྟ་སྟེ། ཞེས་དང༌། འོག་མིན་དང་སྲིད་པའི་རྩེ་ 1-1-290 མོའི་མཐར་ཐུག་པ་ཉིད་ནི་དེ་ཕན་ཆད་དུ་འགྲོ་བ་མེད་པའི་ཕྱིར་ཏེ། འོག་མིན་དང་སྲིད་པའི་ རྩེ་མོ་ལས་གོང་དུ་འགྲོར་མེད་པའི་ཕྱིར་རོ། །དཔེར་ན། རྒྱུན་དུ་ཞུགས་པ་མཆོག་ཏུ་ཐོགས་ན་ ལན་བདུན་པ་ཉིད་བཞིན་ཏེ། དེ་ལ་སྲིད་པ་གཉིས་སམ་གསུམ་མངོན་པར་གྲུབ་ནས་ཡོངས་ སུ་མྱ་ངན་ལས་འདའ་བ་མི་སྲིད་པ་མ་ཡིན་མོད་ཀྱི་དེ་ཕན་ཆད་སྲིད་པ་བརྒྱད་པ་མངོན་པར་ འགྲུབ་པར་མི་བྱེད་པས་མཆོག་ཏུ་ཐོགས་ན་ལན་བདུན་པ་ཞེས་བཤད་དོ་ཞེས་འབྱུང་ངོ་ཟེར་ རོ། །དོན་མ་གོ་བ་སྟེ། ཕྱིར་མི་འོང་ལྔའི་ནང་གི་ལྔ་པ་གོང་འཕོ་དེ་འོག་མིན་སྲིད་རྩེའི་མཐར་ ཐུག་པར་འགྲོ་ཞེས་པའི་དོན་ཡང་གོང་དུ་འཕོ་བའི་ཕྱིར་མི་འོང་དེ། དེ་གཉིས་གང་རུང་དུ་ ངེས་པར་འགྲོ་མི་དགོས་དེ་ཚུན་ཆད་དུ་ཡང་འདར་རུང་ཡང་དེ་གཉིས་ཕན་ཆད་དུ་འགྲོར་མེད་ པས་དེ་སྐད་བརྗོད་པ་སྟེ། དཔེར་ན་སྒོམ་སྤང་མ་སྤངས་པའི་རྒྱུན་ཞུགས་དེ་ཡང་ཐོགས་ན་ སྲིད་པ་ལན་བདུན་ལེན་པར་བཤད་པ་བཞིན་ཏེ། སྒོམ་སྤང་མ་སྤངས་པའི་རྒྱུན་ཞུགས་དེ་ལ་ སྲིད་པ་གཉིས་སམ་གསུམ་གྲུབ་ནས་ཀྱང་འདའ་བ་ཡོད་མོད་བརྒྱད་ཕན་མི་ལེན་པས་དེ་སྐད་ བརྗོད་ཅེས་པ་སྟེ། གངས་ཅན་དུ་དོན་འདི་སྔར་ཤེས་པ་བྱུང་བ་མི་འདྲ་སྟེ་ཁོ་བོ་གཅིག་པུའོ། ། རིམ་གྱིས་པའི་རྒྱུན་ཞུགས་སྲིད་པ་ལན་བདུན་པའི་མཚན་ཉིད། རིམ་གྱིས་པའི་རྒྱུན་ཞུགས་ འབྲས་གནས་ཙམ་པོ་གང་ཞིག འདོད་པར་ལྷ་མིའི་སྐྱེ་བ་བདུན་ནམ་བཅུ་བཞི་གང་རུང་ངེས་ པར་ལེན་པའི་གང་ཟག་གོ །དེ་ལྟར་ན་ཙམ་པོ་ལའང་རིགས་གཅིག་ནས་བདུན་ལེན་པའི་ བར་མང་ (སོ་སྐྱེ་སྲིད་པ་ལན་བདུན་པའང་ཡོད་པར་འགྲེལ་པ་འགྲེལ་བཤད་དོ། །)ངོ༌། ། གཉིས་པ་ཁྱད་པར་ཅན་ལ། རིགས་ནས་རིགས་སྐྱེ་དང༌། དེ་མིན་པའོ། །དང་པོ་ནི། རྣམ་ གསུམ་རྣམ་བཞི་ལས་གྲོལ་བ། །ཚེ་གཉིས་གསུམ་དུ་རིགས་ནས་རིགས། །ཞེས་ཏེ། རྒྱུན་ ཞུགས་ (རང་འགྲེལ་གང་སྤེལ་)དེ་ཉིད་ཚེ་དེ་ལ་འདོད་པའི་སྒོམ་སྤང་ཆེན་པོ་གསུམ་མམ་འབྲིང་གི་ ཆེན་པོ་སྤངས་དེ་ཡན་མ་སྤངས། རྟོགས་པ་སྒོམ་ལམ་ཟག་མེད་ཀྱི་དབང་བོ་ཆུང་གསུམ་མམ་ 1-1-291 འབྲིང་གི་ཆུང་ངུ་ཐོབ་པ། སྐྱེ་བ། གསུམ་སྤངས་ན་གསུམ་བཞི་སྤངས་ན་གཉིས་ལེན་པ་སྟེ། ལམ་རིམ་གྱིས་པའི་རྒྱུན་ཞུགས་ཁྱད་པར་ཅན་རིགས་ནས་རིགས་སྐྱེའི་མཚན་ཉིད་ནི། ལམ་ རིམ་གྱིས་པའི་རྒྱུན་ཞུགས་འབྲས་གནས་ཁྱད་པར་ཅན་གང་ཞིག འདོད་པའི་ལྷའམ་མི་ གང་རུང་རེ་རེ་ཚེ་གཉིས་ཡན་འཐུད་ནས་ལེན་པ། དབྱེ་ན། ལྷའི། མིའི་རིགས་ནས་རིགས་སྐྱེ་ གཉིས་ལས། དང་པོའི་མཚན་ཉིད། ཟུར་དང་པོ་འདྲ། འདོད་ལྷར་སྐྱེ་བ་གཉིས་ཞེས་སོགས། གཉིས་པ་ལ། ཟུར་དང་པོ་འདྲ། མིར་སྐྱེ་བ་ཞེས་སོགས་སོ། །(དེ་གཉིས་ནི་ལྷར་གཉིས་སམ་གསུམ་དུ་ འཁོར་ནས་ལྷའི་རིགས་དེའམ་གཞན་དུ་འདའ་བ་དང་མིར་གཉིས་སམ་གསུམ་འཁོར་ནས་གླིང་དེའམ་གཞན་དུ་འདའ་འོ་ཞེས་ སོ། །ཀུན་བཏུས་འགྲེལ་པར་རིགས་ནས་རིགས་སྐྱེ་ནི་རྒྱུན་དུ་ཞུགས་པ་ཉིད་དེ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་འཇུག་པ། ལྷའམ་མི་རྣམས་ཀྱི་ནང་དུ་ངེས་པར་སྲིད་པ་གཉིས་འཁོར་བར་བྱས་ནས་མྱ་ངན་ལས་འདའ་འོ། །ཞེས་རྒྱལ་བོའི་སྲས་སོ། །)ཁ་ ཅིག འདི་དག་ཡང་གཉིས་ཡན་ལེན་པའི་ངེས་པ་མེད་དེ། རང་འགྲེལ་དུ། སྐྱེ་བ་ནི་གལ་ཏེ་ གོང་མིའི་སྐལ་བ་དང་ལྡན་པའི་ཕྱིར་ཆེས་ཉུང་ངུར་ཡང་འགྱུར་བས་དེའི་ཕྱིར་སྨོས་སོ། །ཞེས་ པས་སོ་སྙམ་ན། མིན་ཏེ། རྩ་བ་དེར་ཟག་ (རང་འགྲེལ་སོགས་དོན་དངོས་)མེད་ཀྱི་དབང་བོ་དངོས་སུ་ མ་སྨོས་པ་ནི། རྒྱུན་ཞུགས་ཕྱིས་སྒོམ་སྤང་སྤོང་ན་དེའི་གཉེན་པོ་ཟག་མེད་ཀྱི་དབང་བོ་ངེས་ པར་ (གཉིས་ཀ་)འོང་བས་དོན་གྱིས་གྲུབ་སྟེ། དེས་འཇིག་རྟེན་པའི་ལམ་གྱིས་སྒོམ་ (རྒྱལ་སྲས་)སྤང་ སྤང་ནའང་དེའི་གཉེན་པོ་ཟག་མེད་འཐོབ་ལ། ཚེ་གཉིས་གསུམ་ཞེས་སྐྱེ་བ་སྨོས་པ་ནི། རྒྱུན་ ཞུགས་ (གསུམ་གའི་དངོས་)འབྲས་གནས་རྣམ་གསུམ་རྣམ་བཞི་ལས་གྲོལ་བ་ལ་ཚེ་དེའམ་བར་ དོའམ་སྐྱེས་ནས་འདའ་བའང་ (གསུམ་གའི་དོན་དངོས་)ཡོད་པའི་ཕྱིར། རིགས་ (གཉིས་ཀའི་དོན་)སྐྱེ་ འདིའི་སྐྱེ་བ་ངེས་པ་ཅན་བསྟན་པའི་ཕྱིར་དེ་སྐད་སྨོས་ཏེ། དེ་ནི་རྒྱུ་གང་ཡང་རུང་བ་ཞིག་མ་ ཚང་བས་རིགས་ནས་རིགས་སུ་སྐྱེ་བ་ཡིན་པར་མི་འདོད་དོ། །ཞེས་གང་སྤེལ་ཏེ། དེ་རྣམས་ རང་འགྲེལ་འགྲེལ་བཤད་གཉིས་ཀྱི་དགོངས་དོན་དངོས་སོ། །རྒྱུན་ཞུགས་འབྲས་གནས་ 1-1-292 གང་གིས་མཐོང་ལམ་གྱི་སྔར་འཇིག་རྟེན་པའི་ལམ་གྱིས་རྣམ་པ་གསུམ་དང་བཞི་སྤངས་ ཀྱང་དེའི་གཉེན་པོ་ཟག་མེད་མ་ཐོབ་ན་རིགས་ནས་རིགས་སྐྱེ་མིན་ལ་ཐོབ་ན་ཡིན་ནོ། །ཞེས་ རང་འགྲེལ་སོགས་སོ། །གལ་ཏེ་རྣམ་གཅིག་རྣམ་གཉིས་ལས་གྲོལ་བ་དེ་ཅི་ཡིན་ (རྒྱལ་སྲས་)ཞེ་ ན། ཁ་ཅིག་ན་རེ། རིགས་སྐྱེ་དེ་ཉིད་དེ་རྣམ་གསུམ་རྣམ་བཞི་ལས་གྲོལ་སྨོས་པ་ནི་དཔེར་ བརྗོད་དམ་མཐའ་བསྟན་པའོ་ཟེར་རོ། །ཁ་ཅིག་ (གཉིས་སྤངས་ན་)ཚེ་ལྔའམ་ (གཅིག་སྤངས་ན་)དྲུག་ པ་ཡིན་ཏེ། རྣམ་གསུམ་རྣམ་བཞི་ལས་གྲོལ་བ། །ཞེས་ཁྱད་པར་གྱི་ཚིག་སྨོས་པས་སོ་ཟེར་ ཏེ། འདི་བཤད་བྱེད་རྣམས་ཀྱིས་མ་དཔྱད་པས་དཔྱད་དགོས་ཞེས་རྒྱལ་སྲས་སོ། །གལ་ཏེ་ ལྔ་པ་སྤངས་པ་རིགས་ནས་རིགས་སྐྱེ་མིན་ནམ་ཞེ་ན། མིན་ཏེ། ལྔ་པ་སྤངས་ན་ཚེ་དེ་ལ་དྲུག་ པའང་སྤོང་བས་ཕྱིར་འོང་དུ་འགྱུར་བའི་ཕྱིར་རོ། །(གསུམ་གའི་དོན།) དེ་དག་ཁམས་གོང་མར་མི་ འགྲོ་སྟེ། འདོད་པར་ཚེ་ཡོངས་སུ་གྱུར་པའི་འཕགས་པ་འདོད་པའི་ཆགས་བཅས་ཡིན་པས་ སོ། །གཟུགས་སུ་ཚེ་ཡོངས་སུ་གྱུར་པ་ནི་གཟུགས་མེད་དུ་འཇུག་པ་སྲིད་དེ། སྲིད་རྩེར་འགྲོ་ བཞིན་ནོ། །འདོད་པར་ (རྒྱུན་ཞུགས་སམ་ཕྱིར་འོང་ཐོབ་ནས་ཚེ་གཉིས་པ་ལ་ཕྱིར་མི་འོང་དུ་གྱུར་པ་ནི།)ཚེ་ (གཉིས་ཀའི་ དོན་དངོས་)ཡོངས་གྱུར་པའི་འཕགས། །(པ་ཕྱིར་མི་འོང་ཡིན་ལ་དེ་ལ་བར་མ་དེར་འདའ་བ་སོགས་ཀྱི་དབྱེ་བ་དེ་མི་ སྲིད་དེ།)ཁམས་གཞན་དུ་ནི་འགྲོ་བ་མེད། །(པས་སོ། །དེའི་རྒྱུ་མཚན་ནི་རང་འགྲེལ་དུ་ཚེ་དེ་ཉིད་ལ་ཕྱིར་མི་འོང་གི་ འབྲས་བུ་ཐོབ་ནས་མྱ་ངན་ལས་འདའ་བའི་ཕྱིར་རོ་ཞེས་སོ། །)དེ་དང་གོང་མར་སྐྱེས་པ(འི་འཕགས་པ་)ནི། །ཡོངས་ ཉམས་ (དང་)དབང་བོ་འཕོ་མི་བརྟེན། །ཞེས་ཏེ། འདིས་དངོས་སུ་ཚེ་ཡོངས་སུ་གྱུར་པའི་ཕྱིར་ མི་འོང་བསྟན་ཅིང་ཞར་ལ་འདོད་པར་འཕགས་ཆོས་ཚེ་གཉིས་བསྟེན་པའི་ཆགས་བཅས་ཡང་ ཚེ་ཡོངས་སུ་གྱུར་པ་ཡིན་པར་འཆད་ལ། ཁ་ཅིག(དཔལ་ལྡན་བྱང་ཆུབ་རྩེ་མོ།) རང་འགྲེལ་སོགས་ སུ་ཕྱིར་མི་འོང་ལ་སྦྱར་བས་འདོད་པར་ཚེ་གྱུར་འཕགས་པ་ཁམས་གཞན་དུ་མི་འགྲོ་བ་ཞིག་ ཡིན་ན་ཕྱིར་མི་འོང་ཞིག་དགོས་གསུང་ངོ༌། ། 1-1-293 གཉིས་པ་ནི། རྒྱུན་ཞུགས་འབྲས་གནས་དེ་ཉིད་སྔར་འདོད་པའི་སྒོམ་སྤང་རྣམ་པ་ལྔའི་ བར་བཅོམ་པའི་རྒྱུན་ཞུགས་ཁྱད་པར་ཅན་ཞིག་གོ །(འདི་ཚེ་དྲུག་ལེན་སྲིད་ཟེར་བ་ནི་ཆེས་ནོར།) གཉིས་པ་ཕྱིར་འོང་སྐོར་ལ། ཞུགས་གནས་གཉིས་སོ། །དང་པོ་ནི། རྣམ་པ་ལྔ་ཡི་བར་ བཅོམ་པ། །གཉིས་པ་ལ་ནི་ཞུགས་པའང་ཡིན། །ཞེས་པས་དེ་འདྲ་དེ་ཉིད་འབྲས་བུ་གཉིས་པ་ ཕྱིར་འོང་ལ་ཞུགས་པའང་ཡིན་ལ་དྲུག་པ་སྤོང་བའི་བར་ཆད་མེད་ལམ་པའང་ཡིན་ནོ། །རིམ་ གྱིས་པའི་ཕྱིར་འོང་ཞུགས་པའི་མཚན་ཉིད། ལམ་རིམ་གྱིས་པའི་རྒྱུན་ཞུགས་འབྲས་གནས་ གང་ཞིག ཕྱིར་འོང་ཐོབ་ཕྱིར་བརྩོན་པ། (སྟེ་རིགས་སྐྱེ་ཡང་དེར་རྒྱལ་བོའི་སྲས་ཀྱིས་བཤད་དོ། །) གཉིས་པ་ལ། ཁྱད་པར་ཅན་མིན་པ་དང༌། ཡིན་པའོ། །དང་པོ་ནི། རྣམ་པ་དྲུག་པ་ཟད་ གྱུར་པ། །དེ་ནི་ལན་ཅིག་ཕྱིར་འོང་བ། །ཞེས་ཏེ། འདོད་པའི་སྒོམ་སྤང་གི་ཉོན་མོངས་དྲུག་པ་ སྤངས་ཤིང་དེ་ཡན་མ་སྤངས། སྤོང་བའི་སྦྱོར་བ་ལའང་མི་བརྩོན་པ་ཞིག་གོ །དེ་ལ་འདོད་པའི་ ཉོན་མོངས་ཆུང་ངུ་གསུམ་ལུས་ཤིང་དེས་འདོད་པར་ལན་གཅིག་ལས་སྐྱེ་མི་སྲིད་པས་སོ། །དེ་ ཡང་འདོད་ལྷར་ལན་གཅིག་སོང་ནས་མིར་ལན་གཅིག་འོང་སྟེ། སྐྱེ་བ་རིས་འདྲ་གཅིག་ལས་ མི་ལེན་པས་ལན་ཅིག་ཕྱིར་འོང་དུ་བཞག་གོ །གཉིས་པ་ནི། ཉེས་ཆ་བདུན་དང་བརྒྱད་ཟད་ པ། །ཚེ་གཅིག་བར་ཆད་གཅིག་པ་དང༌། །ཞེས་ཏེ། འབྲས་བུ་གཉིས་པ་ལ་གནས་པ་དེ་ཉིད། རྒྱུ་གསུམ་གྱིས་བར་ཆད་གཅིག་པ་སྟེ། ཉོན་མོངས་པའི་རྣམ་པ་བདུན་ནམ་བརྒྱད་སྤངས་པའི་ ཕྱིར་དང༌། དེའི་གཉེན་པོ་ཟག་པ་མེད་པའི་དབང་བོ་ཐོབ་པའི་ཕྱིར་དང༌། ཚེ་གཅིག་ལུས་ པའི་ཕྱིར་རོ། །ཞེས་པས། ལམ་རིམ་གྱིས་པའི་ཕྱིར་འོང་འབྲས་གནས་ཁྱད་པར་ཅན་བར་ ཆད་གཅིག་པའི་མཚན་ཉིད། རིམ་གྱིས་པའི་དེ་འབྲས་གནས་གང་ཞིག འདོད་པའི་སྒོམ་ སྤང་གི་ཉོན་མོངས་བདུན་པ་སྤོང་བར་བརྩོན་པའམ་བདུན་བརྒྱད་གང་རུང་སྤངས་པ་ཡིན་པ། ཕྱིར་འོང་འབྲས་གནས་བར་ཆད་གཅིག་པ་དེས་བརྒྱད་སྤངས་ན་ཕྱིར་མི་འོང་གི་འབྲས་བུ་ལ་ 1-1-294 ཉོན་མོངས་གཅིག་གིས་བར་ཆོད་ཅིང་བརྒྱད་པ་མ་སྤངས་ན་མྱང་འདས་ལ་ (ལྷའི་)ཚེ་གཅིག་ གིས་ཆོད་པས་བར་ཆད་གཅིག་པར་བརྗོད་དོ་ཞེས་རང་འགྲེལ་གྱི་དོན་གང་སྤེལ་ལོ། །(ལྷའི་ ནང་དུ་སྲིད་པ་གཅིག་འཁོར་ནས་འདའ་ཞེས་ཀུན་བཏུས་འགྲེལ་པར་རྒྱལ་སྲས་སོ། །)བདུན་བརྒྱད་སྤངས་པ་གཉིས་ ཀའང་ཚེ་གཅིག་པ་ཡིན་ལ་བདུན་སྤངས་ཙམ་དེ་ཉོན་མོངས་གཅིག་གི་བར་ཆད་གཅིག་པ་ མིན་ནོ། །ཕྱིར་འོང་འབྲས་གནས་གང་གིས་མཐོང་ལམ་གྱི་སྔར་འདོད་པའི་སྒོམ་སྤང་ཉོན་ མོངས་བདུན་པའམ་བརྒྱད་པ་སྤངས་ཀྱང་དེའི་གཉེན་པོ་ཟག་མེད་ཀྱི་དབང་བོ་ (གཉིས་ཀ་སྟེ་རང་ དོན་)མ་ཐོབ་ན་བར་ཆད་གཅིག་པ་མིན་ལ། (རྒྱལ་སྲས་རྐྱང་བའི་ཡིན་)དེ་ཐོབ་ན་བར་ཆད་གཅིག་པ་ ཡིན་ནོ་ཞེས་རང་འགྲེལ་གྱི་དོན་རྒྱལ་སྲས་སོ། ། གསུམ་པ་ཕྱིར་མི་འོང་གི་སྐོར་ལ། ཞུགས་གནས་གཉིས་ལས། དང་པོ་ནི། གསུམ་པ་ལ་ ནི་ཞུགས་པའང་ཡིན། །ཞེས་པས་འདིར་བཤད་བར་ཆད་གཅིག་པ་དེ་ཉིད་དེ། མཚན་ཉིད་ ནི། ལམ་རིམ་གྱིས་པའི་ཕྱིར་འོང་འབྲས་གནས་གང་ཞིག དེའི་ཕྱིར་མི་འོང་ཐོབ་ཕྱིར་བརྩོན་ པའོ། །གཉིས་པ་ལ། མཚན་གཞི་ནི། རིམ་གྱིས་པའི་འདོད་པའི་སྒོམ་སྤང་གི་ཉོན་མོངས་དགུ་ ཟད་པ་ནས་བཟུང་སྟེ། སྲིད་རྩེའི་བརྒྱད་ཟད་པ་དང༌། དེར་མ་ཟད་དགུ་པ་སྤང་བར་བརྩོན་ པའི་བར་ཐམས་ཅད་ཡིན་པས་མཛོད་དུ། དེ་དགུ་ཟད་པ་ཕྱིར་མི་འོང༌། །དེ་ནི་བར་སྐྱེས་འདུ་ བྱེད་དང༌། །འདུ་བྱེད་མེད་ཡོངས་མྱ་ངན་འདའ། །གོང་དུ་འཕོ་བ་རྣམས་ཞེས་ཏེ། མཚན་ཉིད། ལམ་རིམ་གྱིས་པའི་འབྲས་གནས་གང་ཞིག འདོད་པའི་སྒོམ་སྤང་ཉོན་མོངས་དགུ་ཟད་ ཅིང་སྲིད་རྩེའི་དགུ་པ་མ་སྤངས་པའི་འཕགས་པའོ། །དབྱེ་ན། ཙམ་པོ་ནི། ལམ་རིམ་གྱིས་ པའི་ཕྱིར་མི་འོང་འབྲས་གནས་གང་ཞིག འདོད་པའི་ཉོན་མོངས་དགུ་སྤངས་ཤིང་དེ་ཡན་ མ་སྤངས་སྤོང་བར་མི་བརྩོན་པ། ཁྱད་པར་ཅན་ནི། གང་ཞིག བསམ་གཏན་དང་པོའི་ཉོན་ མོངས་ཆེན་པོའི་ཆེན་པོ་སྤོང་བ་ལ་བརྩོན་པ་ནས་སྲིད་རྩེའི་སྒོམ་སྤང་གི་ཉོན་མོངས་དགུ་པ་ 1-1-295 མ་སྤངས་ཤིང་སྤོང་བར་བརྩོན་པའི་བར་གང་རུང་ཡིན་པའོ། །དབྱེ་ན། གཟུགས་སུ་ཉེར་འགྲོ། གཟུགས་མེད་དུ་ཉེར་འགྲོ། མཐོང་ཆོས་ཞི། ལུས་མངོན་བྱེད་བཞི་ལས། དང་པོ་ལ་གསུམ་སྟེ། མངོན་པར་འགྲུབ་ (རད་སོགས་)པ་ཙམ་གྱི། སྐྱེས་ནས་མྱོང་ (རད་)འགྱུར་གྱི་ལན་གྲངས་གཞན་ལ་ མྱོང་ (རད་)འགྱུར་གྱི་ལས་ཅན་ནོ། །དང་པོ། གཟུགས་ཀྱི་ (སྒོམ་སྤང་གི་)ཉོན་མོངས་མ་སྤངས་པའི་ ཕྱིར་མི་འོང་གཞིར་བྱས་ལ། དབང་རྣོན། ཉོན་མོངས་ཆུང་ངུ༌། གཟུགས་སུ་སྐྱེ་བའི་ཀུན་སྦྱོར་ སྤངས་མངོན་པར་འགྲུབ་པའི་ཀུན་སྦྱོར་མ་སྤངས་པས་གཟུགས་ཀྱི་བར་དོར་སྐྱེས་ནས་དེར་ ལམ་ཟག་མེད་བསྒོམ་ཏེ་དགྲ་བཅོམ་ཐོབ་ནས་ཚེ་མ་རྫོགས་པར་མྱུར་དུ་ལྷག་མེད་དུ་འདའ་ སྟེ་ (གཉིས་ཀ་དོན་དངོས་)དེ་ལ་མྱུར་བ་དང༌། མྱུར་བ་མིན་པ་དང༌། དུས་རིང་བོ་ཞིག་ན་འདའ་བ་ གསུམ་སྟེ། བར་དོའི་ཚེ་སྟོད། ཚེ་དཀྱིལ་གཉིས་དང༌། ཐ་མ་འདི་ཚེ་མ་རྫོགས་པའི་བར་དོའི་ མཇུག་གི་སྐབས་ལ་བཞག་དགོས་སོ། །དཔེར་ན། ཞོགས་མ་ (རྒྱལ་)ཆུང་ངུ་མེ་སྟག་གྲུབ་ཙམ་ ནས་འདའ་བ་དང༌། ལྕགས་ཀྱི་ཚ་ཚ་ཡར་བ་ཐུར་དུ་མ་ལོགས་པར་འདའ་བ་དང༌། དེ་ས་ལ་ མ་ལྷུང་ཙམ་དུ་འདའ་བ་ (དེ་གསུམ་སྲས་)བཞིན་ནོ། །(གཉིས་ཀར་བཤད་ཟེར་རོ། །)གཉིས་པ་ནི། དེའི་ དབང་འབྲིང༌། ཉོན་མོངས་ཡང་འབྲིང་པོ་ཅན། གཟུགས་སུ་སྐྱེ་བ་གཅིག་བླངས་ནས་འདའ་ བ་ལ་གསུམ་སྟེ། སྐྱེས་མ་ཐག་ལྷག་བཅས་སུ་འདའ་བ། ཚེ་དཀྱིལ་ཙམ་ལ་འབད་རྩོལ་ལ་ བརྟེན་ནས་ (ལྷག་བཅས་)འདའ་བ། ཚེ་རྫོགས་ནས་འབད་མེད་དུ་ལྷག་བཅས་ལྷག་མེད་དུ་ འདའ་ (རད་སྲས་སོགས་)བ་སྟེ། ལྕགས་ཀྱི་ཚ་ཚ་ཡར་བ་ས་ལ་བབས་མ་ཐག་དང༌། རྩྭ་ཤིང་ཅུང་ ཟད་བསྲེགས་ནས་དང༌། མང་བོ་ཚིག་ནས་འདའ་བ་བཞིན་ནོ། །དེ་ལྟར་གསུམ་ཚན་དང་ པོ་གཉིས་པོ་དེ་ཉོན་མོངས་དབང་བོའི་བྱེ་བྲག་ལས་དབྱེ་ཞིང་ལས་ནི་དང་པོ་གསུམ་མངོན་ པར་འགྲུབ་པའི། གསུམ་ཚན་གཉིས་པ་ནི་སྐྱེས་ནས་མྱོང་འགྱུར་དུ་འདྲའོ་ཞེས་སོ། །(རྒྱལ་ སྲས་ཀྱིས་གསུམ་ཚན་དང་པོ་གཉིས་ནི་ལས་ཀྱི་བྱེ་བྲག་ལས་ཁྱད་པར་དུ་གྱུར་པ་མེད་དོ། །ཞེས་སོ། །)གསུམ་པ་ནི། དེའི་ 1-1-296 དབང་རྟུལ། ཉོན་མོངས་ཆེན་པོ། ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་ཅན་སྐྱེ་བ་གོང་ དུ་བརྒྱུད་ནས་འདའ་དགོས་པ་སྟེ། དེ་ནི། བསམ་གཏན་སྤེལ་ན་འོག་མིན་འགྲོ། །དེ་འཕར་ ཕྱེད་འཕར་ཐམས་ཅད་དུ། །འཆི་འཕོ་གཞན་སྲིད་རྩེ་མོར་འགྲོ། །ཞེས་ཏེ། རྒྱུ་བསམ་གཏན་ (རད་)སྤེལ་ན་འོག་མིན་འགྲོ། རྒྱུ་དེ་མ་ (རད་)སྤེལ་བ་སྲིད་རྩེར་འགྲོའོ། ། དང་པོ་ནི། སྤྱིར་འདིར་ བཤད་བསམ་གཏན་སྤེལ་བའི་རྟེན་ནི། གླིང་གསུམ་གྱི་མི་དང༌། ཕྱིས་ཉམས་ན་གཟུགས་སུ་ ཡང་རུང་ལ། གང་ཟག་ནི། དགྲ་བཅོམ་དང་ཕྱིར་མི་འོང་ཅི་རིགས་སོ། །འདིར་འདོད་པའི་ རྟེན་ཅན་གྱི་ཕྱིར་མི་འོང་ཞིག་གཞན་ (རད་)པས་ལས་སུ་རུང་བ་དང༌། ལམ་སླ་བ་རྣམས་ཀྱི་ (ནང་ ནས་སྐྱོན་བརྒྱད་ལས་གྲོལ་བས་)མཆོག་ཡིན་པས་བཞི་པ་དང་པོར་སྤེལ་ཏེ། བདེན་པའི་རྣམ་པ་ཅན་ གྱི་བཞི་པ་ཟག་མེད། ཞི་རགས་ཀྱི་རྣམ་པ་ཅན་གྱི་ཟག་བཅས། ཡང་བཞི་པ་ཟག་མེད་རྒྱུན་ ཆགས་གསུམ་སྤེལ་ནས་སྙོམས་པར་འཇུག་ཅིང༌། དེ་ནས་རྒྱུན་ཕྲི་ནས་ (རད་)སྐད་ཅིག་ (རད་) གཉིས་ཟག་མེད་ (རད་)ལ། སྐད་ཅིག་གཉིས་ཟག་བཅས་ལ། ཡང་ཟག་མེད་སྐད་ཅིག་གཉིས་ ལ་འཇུག་པའི་བར་ནི་སྦྱོར་བ་ཡིན་ལ། དེ་ནས་སྐད་ཅིག་མ་རེ་རེ་བསྲེས་པས་སྤེལ་ནུས་ན་ དངོས་གཞི་གྲུབ་པས། དང་པོ་ (ཟག་མེད་ཟག་བཅས་)གཉིས་བར་ཆད་མེད་ལམ་ལྟ་བུ། གསུམ་ པ་ (ཟག་མེད་)རྣམ་གྲོལ་ལྟ་བུའོ། །དེ་ལྟར་བཞི་པ་སྤེལ་ནས་དེའི་སྟོབས་ཀྱིས་གཞན་ཡང་སྤེལ་ ལོ། །སློབ་དཔོན་ནི། སངས་རྒྱས་མིན་པས་སྐད་ཅིག་སྤེལ་མི་ནུས་པས། རྒྱུན་ཆགས་གསུམ་ ལ་ཇི་སྲིད་སྙོམས་པར་འཇོག་ནུས་ན་རྫོགས་པའོ་ཞེས་སོ། །འདི་ལ་ལྔ་ཡོད་དེ། དེ་ནི་རྣམ་པ་ ལྔ་ཡི་ཕྱིར། །གནས་གཙང་སྐྱེ་བ་ལྔ་ཁོ་ན། །ཞེས་པས་བཞི་པ་སྤེལ་བ་ལ་ཟག་མེད་གཉིས་ཀྱི་ བར་དུ་ཟག་བཅས་གཅིག་སྤེལ་བ་གསུམ་ (རད་)སྤེལ་ཏེ་ཆུང་ (སྲས་)ངུ༌། དེ་ཚན་པ་ (སྲས་)གཉིས། བཞི་ལ་གཉིས་སྤེལ་འབྲིང་ (སྲས་)དྲུག་སྤེལ། (རད།) (དང་པོ་གསུམ་སྤེལ་)དེ་ཚན་པ་གསུམ་དུ་འཇུག་ པས་ (སྲས་)ཆེན་པོ་དགུ་ (རད་)སྤེལ། (གསུམ་སྤེལ་)དེ་ཚན་པ་བཞི། བརྒྱད་ལ་བཞི་སྤེལ་ཤིན་ (སྲས་) 1-1-297 ཏུ་ཆེ་བ་ (རད་)བཅུ་གཉིས་སྤེལ་ (གསུམ་སྤེལ་)དེ་ཚན་པ་ལྔ། བཅུ་ལ་ལྔ་སྤེལ་བ་ཤིན་ཏུ་ཆེས་ཆེ་ བ་བཅོ་ལྔ་སྤེལ་ཏེ། མ་ཉམས་ན་གནས་གཙང་མ་ལྔར་སྐྱེ་མོད། དང་པོའི་རོ་མྱངས་པས་གོང་ མ་གསུམ་ལས་ཉམས་ཤིང་འདོད་པར་ཚེ་འཕོས་ཏེ་ཚངས་རིས་སུ་སྐྱེས། དེར་སྔོན་གོམས་ པའི་དབང་གིས་བཞི་པ་བཅོ་ལྔ་སྤེལ་བསྒོམས་ནས་བར་རྣམས་སུ་མ་ཞུགས་པར་འོག་མིན་ དུ་སྐྱེས་ནས་དགྲ་བཅོམ་ཐོབ་པ་དེ་དབང་རྣོན་འཕར་བ་སྔར་བཞིན་ལས་དེ་ཚངས་རིས་ནས་ གཙང་མའི་གནས་གཅིག་གམ་གཉིས་སུ་སྐྱེས་ནས་འོག་མིན་དུ་འཇུག་པ་དབང་འབྲིང་ཕྱེད་ དུ་འཕར་བ། དེ་ཚངས་ཆེན་མ་གཏོགས་གཟུགས་ཀྱི་གནས་གཞན་ཐམས་ཅད་དུ་རིམ་གྱིས་ སྐྱེས་ནས་མཐར་འོག་མིན་དུ་འཇུག་པ་དབང་རྟུལ་གནས་ཐམས་ཅད་དུ་འཆི་འཕོ་བའོ། །དེ་ དག་ནི་ལྷག་མཐོང་སྤྱད་པའོ། །ཚངས་ཆེན་ནི། དང་པོ་སྐྱེས་པའི་ཚངས་པ་ནི་སེམས་ཅན་ འདི་རྣམས་ངས་བསྐྱེད་པའོ་སྙམ། དེར་ཕྱིས་སྐྱེས་པ་རྣམས་ཀྱང་སྔར་གྱི་ཚངས་ཆེན་དེས་ངེད་ རྣམས་བསྐྱེད་ཅེས་ལྟ་བའི་གནས་ཡིན་པ་དང༌། དེའི་ཚངས་ཆེན་དེ་གནས་དེར་འགྲན་ཟླ་མེད་ པའི་ལས་བསགས་པས་གཙོ་བོ་གཅིག་ཏུ་ཟད་པས་ (དེ་དེར་སྐྱེས་ན་གཙོ་བོར་འགྱུར་དུ་འོང་ངོ༌། །)དེར་མི་ སྐྱེའོ། ། གཉིས་པ་ནི། གོང་འཕོ་བསམ་གཏན་མ་སྤེལ་བར་ཞི་གནས་ཤས་ཆེར་སྤྱད་ལ་སྙོམས་ འཇུག་རྣམས་ཀྱི་རོ་མྱང་བར་བྱེད་ཅིང་ཚངས་ཆེན་མ་གཏོགས་ཚངས་རིས་ནས་འབྲས་ (རད་) བུ་ཆེ་བའི་བར་ཐམས་ཅད་དུ་སོང་ནས་གཙང་མ་བོར་ཏེ་གཟུགས་མེད་བཞིར་རིམ་གྱིས་སོང་ ནས་སྲིད་རྩེར་དགྲ་བཅོམ་ཐོབ་པའོ། །ཕྱིར་མི་འོང་ལྔར་ཕྱེ་བའི་གོང་འཕོ་ནི་དེ་གཉིས་སུ་མ་ ཞུགས་པར་ཡང་འདར་རུང་ངོ༌། །འོག་མིན་འགྲོ་ནི་འོག་མིན་དང༌། སྲིད་རྩེར་འགྲོ་ནི་སྲིད་ རྩེར་ངེས་པར་འགྲོ་དགོས་ཏེ་སྔར་བཤད་དོ། །ཕྱིར་མི་འོང་གོང་འཕོ་ད་ཕྱིས་འོག་མིན་འགྲོའི་ མཚན་ཉིད། ཕྱིར་མི་འོང་གོང་འཕོ་གང་ཞིག ལྷག་མཐོང་ཤས་ཆེར་སྤྱད་པས་ཚངས་རིས་ 1-1-298 དང་འོག་མིན་དུ་ངེས་པར་སྐྱེ་བ། དེ་འཕར་བའི་མཚན་ཉིད། ཕྱིར་མི་འོང་འོག་མིན་འགྲོ་གང་ ཞིག མདུན་ན་འདོན་ནས་གྱ་ནོམ་སྣང་གི་བར་དུ་མ་ཞུགས་པར་ཚངས་རིས་ནས་འོག་མིན་ ཉིད་དུ་འཇུག་པ། གཞན་གཉིས་ལའང་བསྒྲེའོ། །ཕྱིར་མི་འོང་གོང་འཕོ་ད་ཕྱིས་སྲིད་རྩེར་ འགྲོའི་མཚན་ཉིད། ཕྱིར་མི་འོང་གོང་འཕོ་གང་ཞིག ད་ཕྱིས་གནས་གཙང་མ་དང་ཚངས་ ཆེན་མ་གཏོགས་གཟུགས་ཀུན་དང་གཟུགས་མེད་བཞི་ཅར་དུ་རིམ་གྱིས་སྐྱེས་ནས་མཐར་ སྲིད་རྩེར་དགྲ་བཅོམ་མངོན་དུ་བྱེད་པའོ། ། གཉིས་པ་ནི། གཞན་ནི་གཟུགས་མེད་འགྲོ་རྣམ་བཞི། །ཞེས་པས། གཟུགས་ཀྱི་ཉོན་ མོངས་སྤངས་ཀྱང་གཟུགས་མེད་ཀྱི་ཉོན་མོངས་མ་སྤངས་པའི་ཕྱིར་མི་འོང་ལ། དེར་སྐྱེས་ ནས་འདའ་བ། བྱེད་མེད། བྱེད་བཅས། གོང་འཕོ་བཞིའོ། །གཟུགས་མེད་དུ་སྐྱེ་བའི་བར་དོ་ མེད་པས་བར་དོར་འདའ་བ་མེད་ (གང་སྤེལ་)དོ། །མཚན་ཉིད་ནི། ལམ་རིམ་གྱིས་པའི་ཕྱིར་མི་ འོང་འབྲས་གནས་གང་ཞིག འདོད་པ་ནས་ཤི་འཕོས་ནས་གཟུགས་སུ་མི་སྐྱེ་བར་གཟུགས་ མེད་ཁམས་སུ་སྐྱེས་ནས་དགྲ་བཅོམ་ཐོབ་པར་བྱེད་པའོ། །དབྱེ་བ་བཞི་བོ་ལ་བརྟགས་ཤིང་ འགོད་དོ། །དེ་དག་མཐོང་ལམ་ཐོབ་པའི་རྟེན་དེ་ཉིད་ཀྱིས་ཕྱིར་མི་འོང་ཐོབ་པའི་དབྱེ་བའོ། ། གསུམ་པ་ནི། མཐོང་ལམ་གྱི་རྟེན་ལ་ཕྱིར་མི་འོང་ཐོབ་ནས་ཁམས་གོང་གི་ཉོན་མོངས་ ཀྱི་གཉེན་པོ་ཚེ་དེ་ལ་རྫོགས་པར་བྱས་ནས་ཚེ་དེ་ལ་དགྲ་བཅོམ་ཐོབ་པར་བྱེད་པའི་རིམ་གྱིས་ པའི་ཕྱིར་མི་འོང་ཞེས་པ། རིམ་གྱིས་པའི་ཕྱིར་མི་འོང་མཐོང་ཆོས་ཞིའི་མཚན་ཉིད་ (ཀུན་དགའ་བོ་ ལྟ་བུ་ཞེས་འཇམ་གསར་རོ། །)དེ། གཞན་ནི་འདི་ལ་མྱ་ངན་འདའ། །ཞེས་སོ། །མདོ་ལས། དམ་པའི་ འགྲོ་བ་བདུན་བཤད་པ་ནི། བར་དོར་འདའ་བ་གསུམ་སྐྱེས་ནས་འདའ་བ་གསུམ་གོང་འཕོ་ གཅིག་ཏུ་བགྲངས་པ་དང་བདུན་ནོ། །ཕྱིར་མི་འོང་དགུར་བཤད་པ་ནི། བར་དོར་གསུམ་སྐྱེས་ ནས་གསུམ་གོང་འཕོ་ལ་འཕར་གསུམ་མོ། །ཞེས་སོགས་བཤད་དོ། ། 1-1-299 བཞི་པ་ནི། འགོག་པ་ཐོབ་པའི་ཕྱིར་མི་འོང༌། །ལུས་ཀྱིས་མངོན་སུམ་བྱེད་པར་འདོད། ། ཅེས་པས། རིམ་གྱིས་པའི་ཕྱིར་མི་འོང་ལུས་མངོན་བྱེད་ཀྱི་མཚན་ཉིད། རིམ་གྱིས་པའི་ ཕྱིར་མི་འོང་གང་ཞིག འགོག་པའི་སྙོམས་འཇུག་དེ་སེམས་མེད་ལུས་གྱིས་མངོན་དུ་བྱེད་ པའོ། །དེ་ཡང་མིའི་རྟེན་ལ་ཕྱིར་མི་འོང་ཐོབ་ནས་གཟུགས་གཟུགས་མེད་ཀྱི་སྙོམས་འཇུག་ རྫོགས་པར་བྱས་ཤིང་འགོག་པའི་སྙོམས་འཇུག་ཐོབ་པར་བྱས་ནས་འདའ་བར་བྱེད་པ་ཞིག་ སྟེ། འདོད་པར་ཚེ་གྱུར་འཕགས་པ་ (རང་འགྲེལ་དངོས་)ཡིན་ན་ཚེ་དེ་ལ་འདའ། མ་གྱུར་པའི་རྟུལ་ ན་ཉམས་སྲིད་པས་ཕྱི་མ་ལ་གཟུགས་སུ་སྐྱེས་ནས་འགོག་པ་ལ་ཞུགས་པས་མྱང་འདས་དང་ འདྲ་བའི་ཆོས་ལུས་ཀྱིས་མངོན་དུ་བྱེད་ (རང་དངོས་)དོ། །ཅིའི་ཕྱིར་ལུས་ཀྱིས་ཤེ་ན། དེའི་ཚེ་ སེམས་མེད་པས་ལུས་ལ་བརྟེན་ཏེ་སྐྱེ་བའི་ཕྱིར། (ཐོབ་པས་མངོན་སུམ་དུ་གྱུར་པ་དང་ཤེས་པས་མངོན་སུམ་དུ་ གྱུར་པ་གཉིས་ལས།) དེ་ལས་ལངས་ནས་འགོག་སྙོམས་ནི་མྱང་འདས་ (ནི་ཆོས་ཐམས་ཅད་འཇུག་བཞི་པ་ )དང་འདྲ་བར་ (སེམས་སེམས་བྱུང་ཐམས་ཅད་)ཞི་བ་ཡིན་ནོ་སྙམ་དུ་སེམས་པར་འགྱུར་བ་ (ནི་ཤེས་པས་ མངོན་དུ་བྱས་པས་སོ་)རྣམ་ཤེས་དང་བཅས་པའི་ (རང་སྲས་གཉིས་ཀ་)ལུས་ཞི་བ་སྔོན་མ་ཐོབ་པ་ཐོབ་ (པས་ན་ཐོབ་པས་མངོན་དུ་བྱས་པའོ་ཞེས་གང་སྤེལ་ཏེ་རང་དོན་ནོ། །)པར་འགྱུར་རོ། །ཞེས་སོ། ། བཞི་པ་དགྲ་བཅོམ་སྐོར་ལ། ཉན་ཐོས་རིམ་གྱིས་པའི་དགྲ་བཅོམ་ཞུགས་གནས་གཉིས་ ལས། དང་པོ་ནི། ཕྱིར་མི་ (རད་)འོང་དེ་ཉིད་བསམ་གཏན་དང་པོའི་སྒོམ་སྤང་གི་ཉོན་མོངས་ གཅིག་ནས་སྲིད་རྩེའི་བརྒྱད་ཟད་པའི་བར་དང་དེར་མ་ཟད་དགུ་པ་སྤོང་བའི་བར་ཆད་མེད་ ལམ་རྡོ་རྗེ་ལྟ་བུའི་ཏིང་འཛིན་ལ་གནས་པའི་བར་ཐམས་ཅད་དེ་ཡིན་པས་དེ་རྣམས་མཚན་ གཞིའོ། །མཚན་ཉིད་ནི། རིམ་གྱིས་པའི་ཕྱིར་མི་འོང་འབྲས་གནས་ཁྱད་པར་ཅན་གང་ཞིག ཉན་ཐོས་དགྲ་བཅོམ་ཐོབ་ཕྱིར་བརྩོན་པ། སྤྱིར་འགོད་ན། ཉན་ཐོས་དགྲ་བཅོམ་ཞུགས་ པའི་མཚན་ཉིད། ཉན་ཐོས་ཀྱི་མི་སློབ་ལམ་ཐོབ་ཕྱིར་དུ་བརྩོན་བཞིན་པའི་འཕགས་པའི་ 1-1-300 གང་ཟག་གོ །སྲིད་རྩེའི་བར་ཆ་བརྒྱད་ཟད་པ། །དགྲ་བཅོམ་ཉིད་ལ་ཞུགས་པ་ཡིན། །དགུ་ པའི་བར་ཆད་མེད་ལམ་ཡང༌། །དེ་ནི་ (ཕྲ་རྒྱས་ཐམས་ཅད་འཇོམས་པའི་ནུས་པ་ཡོད་པས་)རྡོ་རྗེ་ལྟ་བུ་ཡིན། ། ཞེས་སོ། ། གཉིས་པ་ནི། ཉན་ཐོས་དགྲ་བཅོམ་གྱི་མཚན་ཉིད། སྲིད་རྩེའི་སྒོམ་སྤང་དགུ་པ་ཟད་ པའི་ཐོབ་པ་ཅན་གྱི་ཉན་ཐོས་འཕགས་པའི་གང་ཟག་སྟེ། དེ་ཟད་ཐོབ་དང་ཟད་པ་ཤེས། །དེ་ ཚེ་དེ་མི་སློབ་དགྲ་བཅོམ། །ཞེས་ཏེ། དགུ་པ་ཟད་པའི་ཐོབ་པ་དང་ལྷན་ཅིག་དེ་ཟད་པ་ཤེས་ པའི་རྣམ་གྲོལ་ལམ་ཐོབ་པ་ན་འབྲས་བུ་གཞན་གྱི་ཕྱིར་ད་བསླབ་ (རད་)བྱ་མེད་པས་མི་སློབ་ པ། (རད་)དེ་ཉིད་ཀྱི་ཕྱིར་གཞན་ (རད་)དོན་བྱེད་ (རད་)པར་འོས། ཆགས་བཅས་ཐམས་ཅད་ ཀྱིས་མཆོད་པར་འོས་པས་དགྲ་བཅོམ་མོ། །(རད་)དབྱེ་ན། དྲུག་ཡོད་པ་རྒྱས་པར་ཤེས་དགོས་ སོ། །རང་རྒྱལ་འོག་ཏུ་སྟོན་ནོ། །དེ་དག་ནི། མཛོད་ལྟར་བཤད་དོ། །མདོ་སྡེ་པའམ་དེ་ཡན་ ཆད་པ་དག་རྒྱུན་ཞུགས་ཅིག་ཅར་པ་འདོད་དེ། ཀུན་བཏུས་སུ། ཅིག་ཅར་ངེས་པར་འབྱིན་པ་ ནི་གང་བདེན་པ་རྣམས་མངོན་པར་རྟོགས་པར་བྱས་ནས་མི་ལྕོགས་པ་མེད་པ་ལ་བརྟེན་ཏེ། འཇིག་རྟེན་ལས་འདས་པའི་ལམ་གྱིས་ཁམས་གསུམ་ན་སྤྱོད་པའི་ཉོན་མོངས་པ་རྣམས་རྣམ་ པས་གཅིག་ཅར་སྤོང་སྟེ། འདི་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་དང་དགྲ་བཅོམ་པའི་འབྲས་ བུ་སྟེ་འབྲས་བུ་གཉིས་ལ་གདགས་སོ། །ཕལ་ཆེར་ནི་མཐོང་བའི་ཆོས་སམ། འཆི་བའི་ཚེ་ཀུན་ ཤེས་པ་ཐོབ་པར་བྱེད་དོ། །གལ་ཏེ་མི་བྱེད་ན་ཡང་དེ་སྨོན་ལམ་གྱི་སྟོབས་ཅན་ཡིན་ཏེ། སྨོན་ ལམ་གྱི་དབང་གིས་འདོད་པའི་ཁམས་ཉིད་དུ་སྐྱེས་ཏེ། སངས་རྒྱས་འབྱུང་བ་མེད་པ་ན་རང་ རྒྱལ་བར་ (ཚོགས་སྤྱོད་པར་)འགྱུར་རོ། །ཞེས་སོ། །ཞིབ་ཏུ་བཤད་པ་མི་སྣང་ཡང་མཐའ་ཅུང་ཟད་ དཔྱད་ན། ཉན་ཐོས་དབང་བོ་རྣོན་པོའི་ཡང་རྣོ་ཤེས་འགའ་ཞིག་ཁམས་གསུམ་གྱི་སྒོམ་སྤང་ ཆེན་པོའི་ཆེན་པོ་ནས་ཆུང་ངུའི་ཆུང་ངུའི་བར་དགུ་པོ་འཆིང་དྲིལ་དུ་སྤངས་ནས་མཐར་དགྲ་ 1-1-301 བཅོམ་མངོན་དུ་བྱེད་པ་སྟེ། དེ་ལ་རྒྱུན་ཞུགས་སྐོར་དང༌། དགྲ་བཅོམ་སྐོར་རོ། །དང་པོ་ལ། ཞུགས་གནས་གཉིས་ལས། དང་པོའི་མཚན་ཉིད་ནི། ཁམས་གསུམ་གྱི་སྒོམ་སྤང་ཆེ་འབྲིང་ ཆུང་དགུར་འཆིང་དྲིལ་དུ་སྤོང་བར་ཞུགས་པའི་ཉན་ཐོས་སྦྱོར་ལམ་སྟན་གཅིག་པའི་གང་ ཟག་གམ་ཉན་ཐོས་མཐོང་ལམ་སྐད་ཅིག་བཅོ་ལྔ་བོ་གང་རུང་ལ་གནས་པའི་གང་ཟག་གང་ རུང་ངོ༌། །འབྲས་གནས་ལ། ཙམ་པོའི་མཚན་ཉིད། དེ་ལྟར་ཞུགས་ཤིང་འདོད་པའི་ཆེན་པོའི་ ཆེན་པོ་མ་སྤངས་པའི་བཅུ་དྲུག་པའི་རྟོགས་པ་ལ་གནས་པའི་གང་ཟག ཁྱད་པར་ཅན་གྱི་ མཚན་ཉིད། ཉན་ཐོས་རྒྱུན་ཞུགས་ཅིག་ཅར་པ་གང་ཞིག འདོད་པའི་སྒོམ་སྤང་ཉོན་མོངས་ ཆེན་པོའི་ཆེན་པོ་ནས་སྲིད་རྩེའི་ཆུང་ངུའི་འབྲིང་གི་བར་གང་རུང་སྤངས་ཤིང་དེ་ཆུང་ངུའི་ཆུང་ ངུ་ཡན་མ་སྤངས་པའོ། །གཉིས་པ་ལ། ཞུགས་གནས་གཉིས་ལས་དང་པོ་ནི། ཉན་ཐོས་རྒྱུན་ ཞུགས་ཅིག་ཅར་པ་ཁྱད་པར་ཅན་དེ་མཚན་གཞི། ཉན་ཐོས་ཅིག་ཅར་པའི་དགྲ་བཅོམ་ཞུགས་ པར་མཚོན། ཉན་ཐོས་ཅིག་ཅར་པའི་མི་སློབ་ལམ་ཐོབ་ཕྱིར་བརྩོན་པའི་རྒྱུན་ཞུགས་ཁྱད་ པར་ཅན་ནོ། །དེའི་འབྲས་གནས་ཀྱི་མཚན་ཉིད། ཁམས་གསུམ་གྱི་སྒོམ་སྤང་ཆུང་ངུའི་ཆུང་ ངུ་དགུ་འཆིང་དྲིལ་དུ་སྤངས་པའི་ཉན་ཐོས་དགྲ་བཅོམ་པའོ། །འདིས་སྒོམ་སྤང་སྤོང་བའི་ཟག་ མེད་ཀྱི་ལམ་སྒོམ་ལམ་དགུ་ཡིན་ན་ནི་དེ་དགྲ་བཅོམ་མ་ཐོབ་ཀྱི་བར་དུ་རྒྱུན་ཞུགས་སུ་མི་འོང་ པར་སྣང་ལ་མ་ཡིན་ན་ནི་མཐོང་ལམ་ལས་མ་འདས་པས་མཐོང་ལམ་གྱིས་སྒོམ་སྤང་བརྒྱད་ ཅུ་རྩ་གཅིག་སྤོང་བར་འགྱུར་བ་ལ་སོགས་པའི་སྐྱོན་དུ་མར་འགྱུར་བས་ཇི་ལྟར་ཞེ་ན། ཚད་མ་ རྒྱན་མཛད་པ་ནི། ཟག་མེད་གསུམ་གྱི་དང་པོ་མཐོང་ལམ་གྱིས་སྤོང་བར་བཞེད་པར་གསལ་ ཏེ། དབང་བོ་རྣོན་པོའི་ལམ་དང་པོ་ཉིད་ (སྐྱོན་ཐམས་ཅད་ཟད་བྱེད་ཡིན་པས་)ལམ་ཐམས་ཅད་ཀྱི་རང་ བཞིན་ཡིན་པས་འཇིག་ལྟ་ལྷན་སྐྱེས་སྤོང་པས་རྒྱུན་ཞུགས་མཐོང་ལམ་ཐོབ་ནས་ཡང་སྲིད་ ཆད་པར་འདོད་པའི་ལུགས་དང་སློབ་དཔོན་གྱི་རང་གཞུང་སྦྱར་རོ། །འོན་ཀྱང་རྒྱུན་ཞུགས་ 1-1-302 ལ། བཅུ་དྲུག་པའི་རྟོགས་པ་ལ་གནས་པ་དགོས་པ་ཁ་ཆེ་བྱེ་བྲག་སྨྲ་པ་ལ་སོགས་པའི་ལུགས་ སུ་བྱས་ནས་འདིར་མི་དགོས་པར་ཁས་བླངས་ནས། འཇིག་རྟེན་ལས་འདས་པའི་ལམ་སྒོམ་ ལམ་ལ་བཤད་པར་བྱའོ། །འདི་ལ་ཕྱིར་འོང་མི་འོང་མེད་ཚུལ་ནི་སླ་ཞིང་རྒྱས་པར་ངག་ལས་ ཤེས་སོ། །ཀུན་བཏུས་འགྲེལ་པར། ལུས་མངོན་བྱེད་ཀྱང་རྣམ་ཐར་བརྒྱད་ལུས་ཀྱིས་མངོན་དུ་ བྱེད་པ་དང༌། རིགས་ནས་རིགས་སྐྱེ་ཡང་སྐྱེ་བ་ངེས་པར་གཉིས་འཁོར་ཞེས་དང༌། འོག་མིན་ འགྲོ་ཡང༌། ཚངས་རིས་ནས་བཟུང་སྟེ་རྒྱུན་མི་འཆད་པར་གནས་གཞན་ཐམས་ཅད་དུ་ལན་རེ་ རེ་སྐྱེས་ནས་འོག་མིན་དུ་ཞུགས་ཏེ་ཞེས་ཚངས་ཆེན་དུ་ཡང་སྐྱེས་པར་བཤད་དོ། །དགྲ་བཅོམ་ དྲུག་ཀྱང་ཚུལ་ཅུང་མི་འདྲ་བར་བཤད་ཅིང༌། དགྲ་བཅོམ་འབྲས་བུ་ལས་ཉམས་པར་འགྱུར་ མི་འགྱུར་སོགས་ལེགས་བཤད་དུ་མ་ཡོད་དེ། གྲུབ་ན་ཡིག་ཆ་ལོགས་པར་བྱ་སྙམ་པས་དང་ འདིར་མངས་པས་འཇིགས་ནས་མ་བྲིས་སོ།། །། གཉིས་པ་ལ། འཕགས་པ་སོགས་ལྟར་ན། ཞུགས་པའི་མིང་ཅན་ལྔ། གནས་པའི་མིང་ ཅན་བཅུ་བཞི། རང་རྒྱལ་གྱི་མིང་ཅན་གཅིག་གོ །ཡང་ན་འདྲ་བ་ལྔ་ཞེས་སོགས་སྦྱར་རོ། ། དང་པོ་ནི། ལམ་ཤེས་ཀྱི་མཐོང་ལམ་སྐད་ཅིག་བཅུ་དྲུག་པོ་རྣམས་སུ་བྱང་སེ་དབང་ བོ་རྟུལ་བོར་གྱུར་པ་དེ་ནི་དད་པས་རྗེས་འབྲང་ཞེས་བརྗོད་དེ། དད་པས་ལམ་དེའི་རྗེས་སུ་ འབྲང་བས་སོ། །(དད་པས་དེའི་ལམ་གྱི་ཞེས་གནོད་ཟླ་དང༌། དད་པས་ལམ་གྱི་རྗེས་ཞེས་དག་ལྡན་ནོ། །)བྱང་སེ་ མིའི་ནང་ནས་ཤི་འཕོས་ནས་མི་དང་སྐལ་བ་མཉམ་པ་ཉིད་དུ་སྐྱེས་པ་དེ་ནི་ཕྱིར་མི་ལྡོག་པ་མ་ གཏོགས་པར་དབང་བོ་རྟུལ་བ་ཡིན་ཏེ་ཤེར་ཕྱིན་ (དེ་ཡན་ཨཱརྱའི་འདི་མན་མངོན་འདུག་)གྱི་རྣལ་འབྱོར་ ལ་མྱུར་དུ་མཉམ་པར་གཞོག་པ་མ་ཡིན་ནོ། །དེ་ལ་ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་རྣམས་ མྱུར་དུ་མངོན་དུ་མི་འགྱུར་རོ་ཞེས་སོ། །(སོ་སྐྱེར་གསལ་)ཕྱིར་མི་ལྡོག་བཀོལ་བ་ནི། ས་དེར་ནི་ དབང་རྣོན་གྱིས་ཕྱིར་མི་ལྡོག་ཐོབ་པའི་ཕྱིར་རོ་ཞེས་པ་ཨཱརྱའོ། །དེ་འདྲའི་བཅུ་དྲུག་པོ་རྣམས་ 1-1-303 སུ་དབང་བོ་རྣོན་པོར་གྱུར་པ་དེ་ནི་ (དངོས་)ཆོས་ཀྱིས་རྗེས་འབྲང་སྟེ། ཤེས་རབ་ཀྱིས་ལམ་དེའི་ རྗེས་སུ་འབྲང་བས་སོ། །(ཨཱརྱ་དངོས།)ཆོས་ནི་ཤེས་རབ་སྟེ་དེས་ལམ་གྱི་རྗེས་སུ་འབྲང་བས་སོ་ ཞེས་དག་ལྡན་ནོ། །འགྲེལ་ཆེན་དང་ཟླ་ཟེར་དུ། དེ་གཉིས་སྐད་ཅིག་བཅོ་ལྔ་ལ་གནས་པ་ལ་ བཤད་དོ། །བྱང་སེ་ས་དང་པོ་པ་དབང་རྟུལ་འགའ་ཞིག་ཆོས་ཅན། རྒྱུན་ཞུགས་ཞུགས་པ་ དང་རྗེས་འབྲང་ངོ་ཞེས་རྣམ་བཞག་བྱར་རུང༌། ཞེས་སོགས་སྦྱོར་ཕྲེང་ན་ལེགས་པར་བཤད་ དོ། །བྱང་ཆེན་པོ་སངས་རྒྱས་ཀྱི་ཞིང་གཞན་ནམ་དགའ་ལྡན་གྱི་ལྷའི་རིས་ནས་ (མདོར་མི་ཡང་སྣང་) ཤི་འཕོས་ནས་འདིར་སྐྱེས་པ་དེ་ནི་དབང་བོ་རྣོན་པོར་འགྱུར་ཞེས་ (དོན་ཚང་ཙམ་)སོ། །ཇི་བཞིན་ མི་སྣང་ངོ༌། །འབྲས་བུ་དང་པོ་ལ་ཞུགས་པའི་མིང་ཅན་གཉིས་པོ་ས་དང་པོ་ལ་འགྲེལ་ཆེན། ཟླ་འོད་ (ཐུབ་དགོངས་ན་མེད་)དོ། །གསུམ་པ་ལ། ཨཱརྱས། ལམ་ཤེས་ཉིད་ལ་ས་དགུ་པོ་རྣམས་ ཀྱི་ཉོན་མོངས་ཆེན་པོའི་ཆེན་པོ་ལ་སོགས་པ་སྤོང་བའི་དོན་དུ་ཆུང་ངུའི་ཆུང་ངུ་ལ་སོགས་པའི་ དབྱེ་བས་སྒོམ་པའི་ལམ་རྣམ་པ་དགུ་འཆད་པར་འགྱུར་བ་གང་ཡིན་པ་དེ་ལས་དད་པ་དང་ ཆོས་ཀྱིས་རྗེས་སུ་འབྲང་བའི་གང་ཟག་གིས་གལ་ཏེ་རྣམ་པ་དྲུག་གམ་བདུན་པ་དང་བརྒྱད་ པ་སྔར་སྤངས་པར་གྱུར་ན་ནི་དེ་ལས་དེ་དག་འབྲས་བུ་གཉིས་པ་ལ་ཞུགས་པར་འགྱུར་རོ། ། གལ་ཏེ་རྣམ་པ་དགུ་པ་ཡང་སྤངས་པའི་ཕྱིར་འདོད་པའི་ཁམས་སམ་གོང་མ་ཅི་ཡང་མེད་ པའི་སྐྱེ་མཆེད་ཀྱི་བར་ལས་འདོད་ཆགས་དང་བྲལ་བར་གྱུར་ན་ནི་དེ་ལས་འབྲས་བུ་གསུམ་ པ་ལ་ཞུགས་པ་ཡིན་ནོ། །སྐད་ཅིག་མ་བཅུ་དྲུག་པ་ལ་ནི་དེ་གཉིས་ལན་གཅིག་ཕྱིར་འོང་བ་ དང་ཕྱིར་མི་འོང་བའི་འབྲས་བུ་ལ་གནས་པར་འགྱུར་གྱི་དགྲ་བཅོམ་ལ་མིན་ཞེས་སོགས་ ཏེ། མཐོང་ལམ་གྱི་སྔར་འཇིག་རྟེན་པའི་ལམ་གྱིས་ (འཇིག་རྟེན་པའི་སྒོམ་ལམ་གྱིས་ཞེས་ཤེར་འབྱུང་གིས་ སོ། །)འདོད་པའི་སྒོམ་སྤང་གི་ཉོན་མོངས་དྲུག་གམ་བདུན་ནམ་བརྒྱད་སྤངས་ནས་མཐོང་ལམ་ ཐོབ་བཅུ་དྲུག་པའི་རྟོགས་པ་ལ་གནས་པའི་བྱང་སེ་སྔར་དབང་རྟུལ་དད་རྗེས་འབྲང་དུ་གྱུར་ 1-1-304 པ་དེ་འདིར་འབྲས་བུ་གཉིས་པ་གསུམ་པ་དང་འདྲ་བའམ་དེའི་མིང་ཅན་རིམ་བཞིན་བདུན་ པ་དང་བཅུ་པ་ལ་ཞུགས་པའི་ལམ་རིམ་བཞིན་དྲུག་པ་དང་བརྒྱད་དམ་དགུ་ཐོབ་པ་ན་དད་ པས་མོས་པ་ཞེས་བརྗོད་དེ་དད་པ་ལྷག་པ་ཉིད་ཀྱིས་ན་ལྷག་པར་མོས་པས་རབ་ཏུ་ཕྱེ་བས་ སོ། །བྱང་སེ་ཐབས་ལ་མི་མཁས་པ་གང་དག་བསམ་གཏན་བཞི་ (མདོ་དངོས་)པོ་ལ་མཉམ་པར་ གཞོག་ཅིང་ཕར་དྲུག་ལ་ཡང་སྤྱོད་དེ་དེ་དག་བསམ་གཏན་ཐོབ་པས་ (ཆོས་བཤེས་ནི་ཐབས་མི་མཁས་ པས་འདུ་ཤེས་མེད་པའི་སྙོམས་འཇུག་མངོན་དུ་བྱས་ཏེ་དེར་སྐྱེ་བ་ཟློག་པར་མི་བྱེད་པར་)ལྷ་ཚེ་རིང་བོའི་ནང་དུ་སྐྱེས་ ཤིང་ (རང་ཞིག་གནས་ནས་ཤི་འཕོས་ཏེ་)གལ་ཏེ་མིའི་ (མདོ་ཉིད་)ནང་དུ་སྐྱེ་བ་ཐོབ་ནས་ (ཤེས་རབ་རྟུལ་བས་ དད་པས་མོས་ཀྱི་ཤེས་རབ་མེད་ཅེས་དགག་པའོ་ཞེས་སོ། །)སངས་རྒྱས་བཅོམ་ལྡན་འདས་དག་ལ་བསྙེན་ བཀུར་བྱེད་ན་ཡང་དེ་དག་དབང་བོ་རྟུལ་ཞིང་དབང་བོ་མི་རྣོ་བ་ཡང་ཡོད་དོ་ཞེས་སོ། །གལ་ ཏེ་འདུ་ཤེས་མེད་པ་པར་སྐྱེས་པའི་བྱང་སེ་དེ་གང་ཡིན། བདེན་མཐོང་མིན་ཏེ། བསམ་གཏན་ ལ་སོགས་ཀྱི་ཡན་ལག་ཟད་པ་དང༌། ཞེས་པས་སོ། །སྣང་བ་ཐོབ་སོགས་ཡང་མིན་ཏེ། མི་ ཁོམ་ཟད་པ་དང༌། ཞེས་པས་སོ། །དད་པའི་ས་པའང་མིན་ཏེ། འདིར་ཕྱིར་མི་ལྡོག་པའི་དགེ་ འདུན་ཞེས་པའི་སྐབས་སུ་མ་བབ་པས་སོ་ཞེ་ན། འདི་ལ་ཡུལ་ཨོ་དེ་ཤ་པའི་མཁས་པ་ (ཆེན་པོ་ སྣང་)དག་མགྲིན་གཅིག་ཏུ་འདིར་ཕྱིར་མི་ལྡོག་ནི་ཕལ་ཆེ་ཡི། གཞན་ཡང་ཡོད་དེ་ཕྱིར་མི་ལྡོག་ པ་མ་གཏོགས་པར་ཞེས་དམིགས་བསལ་ཡོད་ཟེར་རོ། །ཀོང་ཀན་པ་དག་ནི། སེམས་ཅན་ འདུ་ཤེས་མེད་པ་གཉིས་ཏེ། མི་ཁོམ་པ་དང༌། དེ་མིན་པའོ། །དང་པོ་ནི། ཕྱི་རོལ་པའི་ལམ་ ལ་སོགས་པ་ (འདོད་པས་)ཁམས་དང་ས་འོག་མ་འོག་མ་ (གསུམ་པ་མན་)སུན་ཕྱུང་ནས་དེར་སྐྱེས་པ་ དེ་དག་ནི་འཆི་བའི་ཚེ་ལོག་པར་ལྟ་བའི་ (མདོ་ཀུན་བཏུས་འགྲེལ་པར། ལྷ་ཚེ་རིང་བོ་ནི་འབྲས་བུ་ཆེ་བའི་ཕྱོགས་ གཅིག་ན་གནས་པའོ། །དེ་ཅིའི་ཕྱིར་མི་ཁོམ་པར་སྐྱེས་པ་ཡིན་ཞེ་ན། ལུས་དེ་ཞི་བ་དང་ཚེ་ཟད་པའི་ཚེ་ལྡོག་པར་ལྟ་བའི་ཕྱིར་རོ། ། ཞེས་ཤཱནྟིས་སོ། །)དབང་གིས་དམྱལ་བར་ལྟུང་བས་མི་ཁོམ་པར་བགྲང་ཞིང་བྱང་སེ་སོ་སྐྱེ་ (བདེན་ 1-1-305 པ་མ་མཐོང་ཟེར་)དག་བརྒྱ་ལམ་ན་བཤེས་གཉེན་ངན་པ་ལ་སོགས་པའི་སྟོབས་ཀྱིས་དེར་སྐྱེས་ ཀྱང་སངས་རྒྱས་ཀྱི་མཐུ་དང་རང་གི་བྱང་ཆུབ་ཀྱི་སེམས་ལ་སོགས་པའི་མཐུས་སྔར་བཤད་ དེ་དག་ལྟར་ (དམྱལ་བ་སོགས་སུ་མི་སྐྱེ་བའི་དོན་)ཉམས་པར་མི་འགྱུར་བས་ལྷ་ཚེ་རིང་བོར་སྐྱེས་ཀྱང་ མི་ཁོམ་པར་སྐྱེས་པ་མིན་ཏེ། ཞེས་མདོའི་དོན་དུ་སྨྲ་བའོ། །བཾ་ག་ལ་པ་དག་གིས། དྲོད་ལ་ སོགས་པའི་ཚེ་ཕལ་ཆེར་ཟད་པས་དེ་སྐད་བཤད་ཀྱི། ངེས་པར་ཟད་པ་བཟོད་པ་ཐོབ་པ་ཁོ་ ན་ནས་ཏེ། དེས་ན་ངན་འགྲོ་མེད་པས་ཆོས་ཆེན་ལ་བཟོད། ཅེས་འཆད་པས་འདི་ནི་དྲོད་རྩེ་ པ་ཡིན་ནོ། །དེ་དག་གནས་ངན་པ་དེར་ཡང་ཡུན་ཐུང་བ་དང་སྡུག་བསྔལ་ཆུང་བ་སོགས་སྦྱར་ རོ་ཟེར་རོ། །རྗེ་ (ཆོས་བཤེས་ཀྱི་བླ་མ་)བཙུན་གྱི་ཞལ་ནས་ནི་ (མཚན་ཉིད་པ་མིན་གྱི་)དགོས་པའི་དབང་ གིས་ (ཞུགས་པ་ལ་སོགས་པར་)བསྟན་པར་ཟད་པས་བར་ཆད་མེད་ལམ་གྱི་བར་དུ་ (ཅི་རིགས་པར་) སྦྱར་རོ་གསུང་ངོ་ཞེས་པ་རྣམས་ཆོས་བཤེས་སོ། །བར་བ་ལྟར་ཚོགས་ལམ་པའི་དུས་སུ་དེར་ སྐྱེས་པ་དེ་དབང་རྟུལ་དུ་འཐད་དོ་གསུང་ངོ༌། །(བུ།)སྔར་སོ་སྐྱེའི་དུས་སུ་ (ཨཱརྱའི་དོན་)དེར་སྐྱེས་ པའི་དབང་རྟུལ་འདོད་པའི་ལྔ་པ་སྤངས་པ་ད་ལྟ་དྲུག་པ་ (ཟླ་ཟེར་ན་ཡོད་)པ་ཕྱིར་འོང་ཞུགས་པ་ དད་མོས་པར་བརྗོད། དེ་ད་ལྟ་བརྒྱད་དགུ་པ་ཕྱིར་མི་འོང་ཞུགས་པ་དད་མོས་པར་བརྗོད་དོ། ། ཐུབ་དགོངས་སོ། །སྔར་བཤད་ལྟར་གྱི་བྱང་སེ་སྔར་དབང་རྣོན་ཆོས་རྗེས་འབྲང་དུ་གྱུར་པ་དེ་ འདིར་འབྲས་བུ་བར་བ་གཉིས་དང་འདྲ་བའམ་དེའི་མིང་ཅན་བདུན་པ་དང་བཅུ་པ་ལ་ཞུགས་ པའི་ལམ་དྲུག་པ་དང་བརྒྱད་དགུ་ཐོབ་པ་ན་མཐོང་བས་ཐོབ་པ་ཞེས་བརྗོད་དེ། ཤེས་རབ་ ལྷག་པས་ན་མཐོང་བའམ་ཤེས་ (འདི་དག་ལྡན་དངོས་)རབ་ཀྱིས་རབ་ཏུ་ཕྱེ་བས་སོ། །(ཨཱརྱའི།) བྱང་ སེམས་ཆེན་པོ་བསམ་གཏན་བཞི་གཟུགས་མེད་བཞི་བྱང་ཕྱོགས་སོ་བདུན་སྙིང་རྗེ་ལའང་ འཇུག་ཅིང་ཐབས་མཁས་པས་བསམ་གཏན་གཟུགས་མེད་ཀྱི་དབང་གི་མི་སྐྱེ་ཞེས་སོགས་ ནས། བསྐལ་བ་བཟང་པོ་འདི་ཉིད་ལ་འཚང་རྒྱའོ། །ཞེས་ཏེ་བསྡུས་པའོ། །(བདག་ཅག་གི་བཅོམ་ 1-1-306 ལྡན་འདས་བྱམས་པ་ལྟ་བུའོ། །ཞེས་གསུམ་འགྲེལ་དུ་སྟེ་དོན་འབུམ་ཊཱིཀ་ཡང་ངོ༌། །) བསྐལ་བ་བཟང་པོའི་སངས་ རྒྱས་སྟོང་དུ་བཞིས་མ་ཚང་བའོ་ཞེས་ (ཐུབ་དགོངས་) དག་ལྡན་ནོ། །ས་མཚམས་སྔར་ལྟར་འདོན་ པ་བསྒྱུར་རོ། ། འབྲས་གནས་ཀྱི་མིང་ཅན་ལ་གཉིས་ལས། མཐོང་ལམ་གྱི་སྔར་འཇིག་རྟེན་ (ཤེར་འབྱུང་) པའི་སྒོམ་ལམ་ (ཤེར་)གྱིས་འདོད་པའི་ཉོན་མོངས་གསུམ་མམ་བཞི་སྤངས་དེའི་གཉེན་པོ་ (ཨཱརྱ་ )ཟག་མེད་དབང་བོ་ཐོབ་སྐྱེ་བ་གསུམ་ (ཨཱརྱ་)མམ་གཉིས་སུ་མིར་རྒྱལ་ (ཐུབ་དགོངས་དངོས་)རིགས་ བྲམ་ཟེར་ཁྱིམ་བདག་ (དངོས་)ཏུ་སྐྱེ་བའི་ (དངོས་)བྱང་སེ་ནི། རྒྱུན་ཞུགས་མིའི་རིགས་ནས་རིགས་ སྐྱེའི་མིང་ཅན་ཏེ། རྒྱལ་ (ཨཱརྱ་)རིགས་བྲམ་ཟེའི་ཁྱིམ་བདག་གི་རིགས་ཆེ་ཞིང་མཐོ་བའི་རིགས་ སུ་སྐྱེས་ཏེ་དེ་ཡང་སྲིད་པ་ལ་རྐམ་པའི་ཕྱིར་མ་ཡིན་གྱི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ ཕྱིར་རོ། །ཞེས་སོ། །ཚུལ་སྔར་བཞིན་ལས། འདོད་ལྷ་དྲུག་ཏུ་སྐྱེ་བའི་བྱང་སེ་ནི། ལྷའི་རིགས་ ནས་རིགས་སྐྱེའི་མིང་ཅན་ཏེ། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས། ཞེས་ནས། གཞན་འཕྲུལ་ དབང་བྱེད་ཀྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེས་ཏེ་དེ་དག་ན་གནས་ཤིང་སེམས་ཅན་ སྨིན་པར་བྱེད་དོ། །ཞེས་སོ། །ས་གཉིས་པ་ནས་ལྔ་པའི་བར་ལ་ཐུབ་དགོངས་སོ། །ཟླ་འོད་དུ་ ལྔ་པ་རྐྱང་སྣང་སྟེ་འགྱུར་ཆད་དམ་སྙམ་མོ། ། གསུམ་པ་ཕྱིར་འོང་ནི། འཇིག་རྟེན་འདིར་ལན་གཅིག་འོངས་ཏེ་གཞན་དུ་འདའ་བས་དེ་ འདིར་བྱང་སེ་དེའི་མིང་ཅན་སངས་རྒྱས་ཐོབ་པ་ལ་ (མྱང་འདས་ལ་ཞེས་དག་ལྡན་ནོ། །)ཚེ་གཅིག་གིས་ བར་ཆོད་པས་བར་ཆད་གཅིག་པ་སྟེ་འདོད་པའི་ཉོན་མོངས་དྲུག་ལས་རིང་དུ་སོང་བས་རིང་ དུ་སོང་བའི་ས་པའོ་ཞེས་ཟླ་ཟེར་དུའོ། །ཐུབ་དགོངས་སུ་ཡང་བདུན་པ་ལའོ། །དབང་བོ་ཤིན་ ཏུ་རྣོན་པོ་ལ་དེ་རུང་ངོ༌། །འཕགས་པ་ནི། མཐོང་ལམ་གྱི་སྔར་ལམ་འཇིག་རྟེན་པས་འདོད་ པའི་ཉོན་མོངས་བདུན་དང་བརྒྱད་སྤང་དེའི་གཉེན་པོ་ཟག་མེད་ཐོབ་སྐྱེ་བ་གཅིག་ལུས་པས་ 1-1-307 ཕྱིར་འོང་ཙམ་པོ་ལས་ཁྱད་འཕགས་པས་བར་ཆད་གཅིག་པའོ། །ཞེས་སོ། །དེ་ལྟ་ན་ས་བརྒྱད་ དགུ་ལ་བཞག་དགོས་པར་མངོན་ནོ། །སྤང་བྱ་བརྒྱད་དགུ་སོགས་ནི་གཟུང་འཛིན་གྱི་རྣམ་ རྟོག་དགུ་པོ་ཡིན་པ་འཕགས་པའི་དགོངས་པར་ཐུབ་དགོངས་སུ་འཆད་དེ། ཨཱརྱའི་དགོངས་ པ་གཏན་མིན་ནོ། །བྱང་ཆེན་པོ་བསམ་གཏན་བཞི་ནས། མ་འདྲེས་བཅོ་བརྒྱད་ཀྱི་བར་ཐོབ་ པ་དག་བདེན་བཞི་ཁོང་དུ་ཆུད་པའི་དོན་དུ་སྤྱོད་ཀྱང་དེ་མངོན་དུ་མི་བྱེད་པ་དག་ཀྱང་ཡོད་ དོ། །དེ་དག་ནི་ཚེ་གཅིག་གིས་ཐོགས་པར་ཤེས་པར་བྱའོ། །ཞེས་སོ། །བར་ཆད་གཅིག་པ་ ནི་བསམ་གཏན་ནས་མ་འདྲེས་པའི་བར་ཐོབ་ཀྱང་ད་དུང་སངས་རྒྱས་མཆོད་སོགས་ཀྱི་ཕྱིར་ གནས་པ་ཚེ་གཅིག་གིས་ཐོགས་པ་སྟེ། (སུམ་ཅུ་རྩ་གསུམ་པའི་མདོར་དེས་སངས་རྒྱས་ལ་གདུགས་ཕུལ་བས་) འཇམ་དཔལ་ཁྱོད་ད་དུང་ཡང་དེ་པ་ལ་མཆོད་པའི་ལས་ཀྱིས་མ་ཚིམ་མམ། ཞེས་པ་ལྟ་བུའོ། ། ཞེས་ཆོས་བཤེས་སོ། ། བཞི་པ། ཕྱིར་མི་འོང་ནི། (མཛོད་)འོག་ས་དང་ད་ལྟ་གང་དུ་སྐྱེས་པ་དེར་ཕྱིས་མི་འོང་ (མཛོད་ འགྲེལ་)བ་སྟེ། དེའི་མིང་ཅན་ནི་འདིར་ལྔ་སྟེ། བྱང་སེ་ཕྱིར་མི་འོང་བར་དོར་འདའ་བའི་མིང་ ཅན་ནི། ས་བཅུ་པའི་བྱང་སེ་འདོད་པ་དང་གཟུགས་མེད་ཀྱི་བར་གྱི་འོག་ (དག་ལྡན་དངོས་)མིན་དུ་ སངས་རྒྱས་ནས་འདིར་བྱང་ཆུབ་པ་ལ་སོགས་སྟོན་ (ཨཱརྱ་)པ་སྟེ། ཚངས་རིས་ནས་འོག་མིན་གྱི་ ལྷ་རྣམས་ཀྱི་བར་དུ་སྐྱེ་བར་འགྱུར་ཞིང་དེར་སངས་རྒྱས་ནས་སེམས་ཅན་གྱི་དོན་བྱེད་པ་ཡོད་ དོ། །(འབུམ་དང་ལེ་མངས་ན་མེད།)ཞེས་སོ། །ཤཱནྟིས། དེ་ཉིད་དུ་ཞེས་པ་འདིར་འོག་མིན་ཉིད་དུ་ཞེས་ ཏེ་ལེགས་སོ། །ཨཱརྱས། ཚངས་རིས་ནས་འོག་མིན་གྱི་བར་གྱི་ལྷའི་རིས་གང་ཡང་རུང་བར་ ཞེས་དང༌། ཟླ་ཟེར་དུ། ཚངས་རིས་དང་འོག་མིན་གྱི་བར་དུ་ཞེས་དང༌། ཐུབ་དགོངས་སུ། ཚངས་རིས་ནས་བརྩམས་ནས་འོག་མིན་ཇི་སྲིད་པ་ཞེས་པ་འདིར་བར་མ་དོ་སྟེ། ལྷའི་རིས་ གང་ཡང་རུང་བར་སངས་རྒྱས་ཞེས་ཏེ། བར་མ་དོ་ཞེས་པ་བར་གང་ཡང་རུང་བ་ཞེས་པའི་ 1-1-308 དོན་དུ་འཆད་དོ། །ཆོས་བཤེས། ཚངས་རིས་སུ་སྐྱེས་ནས་ལུས་དེ་ཉིད་ཀྱིས་ཚོགས་བསགས་ ནས་རྫོགས་པར་འཚང་རྒྱ་བའོ་ཞེས་སོ། །བརྟག་མི་བཟོད་པས་ཤཱནྟི་ལྟར་རོ། །བྱང་སེའི་ཕྱིར་ མི་འོང་སྐྱེས་ནས་འདའ་བའི་མིང་ཅན་ནི། འོག་མིན་ནས་ (དག་ལྡན་ཟླ་ཟེར་གཉིས་ཀ་ན་ཀུན་ཡོད་) དགའ་ལྡན་དུ་དེ་ནས་འཛམ་གླིང་དུ་འོངས་ནས་ཁྱིམ་ནས་བྱུང་སྟེ་བྱང་ཆུབ་ཀྱི་ཤིང་དྲུང་དུ་ སྐྱིལ་ཀྲུང་བཅས་མ་ (དག་ལྡན་)ཐག་ཏུ་སེམས་དང་པོ་ (མདོ་)བསྐྱེད་ནས་དེས་ (མདོ་)སངས་རྒྱས་ ནས་དམ་ཆོས་བར་བསྐལ་ (དག་ལྡན་)ལམ་དེ་བས་ (དེའི་ཕྱོགས་གཅིག་ནི་བསྐལ་བ་ལ་)ལྷག་པར་ (འོ་དག་ ལྡན་ཐུབ་དགོངས་)གནས་པའི་ས་བཅུ་པ་པ་སྟེ། དང་པོ་སེམས་བསྐྱེད་པ་ཉིད་ཀྱིས་བླ་མེད་རྫོགས་ བྱང་དུ་འཚང་རྒྱ་ཞིང༌། ནས། དེ་དག་ཡོངས་སུ་མྱ་ངན་ལས་འདས་ཀྱང་དམ་པའི་ཆོས་བསྐལ་ བའམ་ (ནི་འདིར་བར་གྱི་བསྐལ་བའོ་དེའི་ཕྱོགས་གཅིག་ནི་)བསྐལ་བ་ལས་ལྷག་པར་ (འོ་ཞེས་དག་ལྡན་ཐུབ་ དགོངས་སོ། །)གནས་པ་དག་ཀྱང་ཡོད་དོ། །ཞེས་སོ། །འདིར་སེམས་དང་པོ་ནི་རྡོ་རྗེ་ལྟ་བུའོ། ། བྱང་སེ་ཕྱིར་མི་འོང་འདུ་བྱེད་པ་དང་བཅས་པས་འདའ་བའི་མིང་ཅན་ནི། སེམས་ཅན་ཐམས་ ཅད་ཀྱི་དོན་ལ་མངོན་པར་འདུ་བྱེད་པ་སྟེ་བརྩོན་པས་ཐོབ་པའི་ལམ་ཅན་ནོ། །དེ་གཉིས་ཀ་ དག་ཐུབ་ཟླ་གསུམ་སྟེ། ཨཱརྱའི་ཡང་ངོ༌། །བྱང་ཆེན་ཕྱིན་དྲུག་ལ་གནས་ཤིང་སེམས་ཅན་ རྣམས་ཀྱི་དོན་དུ་རྟག་ཏུ་བརྩོན་པས་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འདོང་ ཞིང་ (དེ་ཡན་ཐུབ་དགོངས་)སེམས་ཅན་རྣམས་ཀྱི་ངན་སོང་གི་ལམ་གསུམ་པོ་རྒྱུན་གཅོད་པ་ཡོད། ཅེས་དང༌། གོང་དུ་དེ་དག་ནི་བསྐལ་བ་ཚད་མེད་གྲངས་མེད་པས་བླ་ན་མེད་པར་འཚང་རྒྱའོ་ ཞེས་སོ། །འཕགས་པ་སྤྱན་རས་གཟིགས་སྒྲོལ་མ་འཇམ་པའི་དབྱངས་ལྟ་བུའོ་ཐུབ་དགོངས་ སོ། །བྱང་སེ་ཕྱིར་མི་འོང་འདུ་བྱེད་པ་མེད་པར་འདའ་བའི་མིང་ཅན་ནི། རིགས་ཀྱི་ཁྱད་པར་ ལས་ཤིན་ཏུ་མྱུར་བར་རྩོལ་བ་ཆུང་ངུས་འཚང་རྒྱ་བའི་བྱང་སེ་ས་བཅུ་པ་སྟེ། བྱང་ཆེན་སེམས་ དང་པོ་བསྐྱེད་པ་ (འདི་པདྨ་དཀར་པོ་ལྟར་ན་སེམས་བསྐྱེད་དང་པོ་རང་ཡིན་ཏེ་ཆོས་བཤེས་ཀྱི་ལུགས་ལའོ། །དོན་དེ་ཉིད་ 1-1-309 དོ། །)ཉིད་ཀྱིས་བྱང་སེའི་སྐྱོན་མེད་པར་ཞུགས་ནས་ཕྱིར་མི་ལྡོག་པའི་ས་ཐོབ་པ་ཡོད་དོ་ཞེས་ སོ། །(བྱང་སེའི་སྐྱོན་མེད་པ་ནི་ས་དང་པོ་སྟེ། འབུམ་ཊཱིཀ་ཏུ་ས་དང་པོ་ཐོབ་ནས་རིང་བོ་མ་ལོན་པར་ཕྱིར་མི་ལྡོག་པའི་ས་བརྒྱད་པ་ཐོབ་པར་བྱེད་པ་ དག་ཀྱང་ཡོད་དོ་ཞེས་བསྟན་པ་སྟེ་ཞེས་སོ། །) རང་བཞིན་དང་རྐྱེན་གྱིས་སེམས་དང་པོ་བསྐྱེད་པ་ཉིད་ཀྱིས་ཕྱིར་ མི་ལྡོག་གི་ས་ཐོབ་པས་བྱང་ཆུབ་པར་འགྱུར་བ་སྟེ་ཇི་ལྟར་དགེ་སློང་མི་འཁྲུགས་ (སངས་རྒྱས་མི་ འཁྲུགས་པ་དེར་གྱུར་)པ་དང༌། བྲམ་ཟེ་རྒྱ་མཚོའི་རྡུལ་དང་ (ཤཱཀ་ཐུབ་དེར་གྱུར་)འཁོར་བསྒྱུར་ནམ་ མཁའ་ (འཇམ་དབྱངས་དེར་གྱུར་)བཞིན་ནོ་ཞེས་ཆོས་བཤེས་ (ས་བཅུ་པ་ཡིན་དགོས་)སོ། །ཕྱིར་མི་འོང་ གོང་འཕོ་ནི་གོང་དུ་འགྲོ་ཡི་གང་དུ་སྐྱེས་པ་དེར་མི་འདའ་བ་ (ཨཱརྱ་ཐུབ་དགོངས་)སྟེ། དེ་ལ་འོག་ མིན་དང༌། སྲིད་རྩེར་འགྲོ་གཉིས་ཡོད་ལ། དང་པོ་བྱང་སེ་ཕྱིར་མི་འོང་འོག་མིན་འགྲོའི་མིང་ ཅན་ནི། འཁོར་ལོས་བསྒྱུར་རྒྱལ་དུ་གྱུར་པས་སེམས་ཅན་རྣམས་ལ་བདེ་བའི་ཡོ་བྱད་ཐམས་ ཅད་བསྒྲུབ་ཅིང་ཟས་འདོད་པ་ལ་ཟས་སྟེར། སོགས་ནས། སེམས་ཅན་དགེ་བཅུའི་ལམ་ལ་ བཞག་ནས་ཚངས་རིས་ནས་འོག་མིན་གྱི་བར་དུ་སྐྱེས་ནས་ཞིང་སྣ་ཚོགས་སུ་འཚང་རྒྱ་བ་སྟེ། མདོ་ཡང༌། ཚིག་དེའི་མཇུག་ཏུ། དག་ཀྱང་ཡོད་དོ་ཞེས་སོ། །(འདི་མདོ་གོང་འོག་མང་པོ་ཞིག་བསྡུས་པར་ སྣང༌།) ཤཱནྟི་བུདྡྷ་ཤྲཱི་དེ་གཅིག་ཏུ་བགྲང་ངོ༌། །ཨཱརྱ་སོགས་ལྟར་ན། དེས་མདོར་བསྟན་ནས། དབྱེ་ན་འཕར་སོགས་གསུམ་སྟེ། བྱང་སེ་ཕྱིར་མི་འོང་འཕར་བའི་མིང་ཅན་ནི། བྱང་སེ་སོ་སྐྱེའི་ སྐབས་སུ་ (ཆོས་བཤེས་དངོས་)དང་པོར་བསམ་གཏན་བཞི་རྫོགས་པ་ (དངོས་)ལས་རྐྱེན་འགའ་ཞིག་ གིས་ཉམས་པ་ན་སླར་བསམ་གཏན་དང་པོ་ཐོབ་པར་བྱས་ནས་ཚངས་རིས་སུ་སྐྱེས། དེར་ བསམ་གཏན་གོང་མ་རྣམས་ཐོབ་པར་བྱས་ནས་དུས་ཕྱིས་འཕགས་ལམ་ཐོབ་ (དེ་ཡན་ཆོས་བཤེས་ དངོས་)སྟེ་སྔར་གོམས་པའི་དབང་གིས་བཞི་པ་སྤེལ་ (ཨཱརྱ་)ཏེ་ཤི་ (ཨཱརྱ་ཆོས་བཤེས་)ནས་འོག་མིན་དུ་ སྐྱེས་ (ཨཱརྱ་ཆོས་བཤེས་)ཏེ་སླར་ཡང་ཞིང་སྣ་ཚོགས་སུ་བྱང་ཆུབ་པར་སྟོན་པའི་ས་བཅུ་པ་པ་སྟེ། བོད་དག་ནི། ས་བཅུ་པ་ལ་སྦྱོར་དགོས་པས་ཉམས་ཚུལ་བསྟན་ཞེས་གོང་འོག་བཞི་ལ་སྦྱོར་ 1-1-310 རོ། །བསམ་གཏན་བཞི་བསྒྲུབས་ཏེ་བསམ་གཏན་རྣམས་ལས་ཡོངས་སུ་ཉམས་ཏེ་བསམ་ གཏན་དང་པོ་བསྒྲུབས་ཏེ་ཚངས་རིས་ཀྱི་ལྷ་རྣམས་སུ་སྐྱེ་ཞིང་དེ་དག་ཏུ་ཡང་བསམ་གཏན་ རྣམས་བསྒྲུབས་ནས་འོག་མིན་གྱི་ལྷ་རྣམས་ཀྱི་ནང་དུ་སྐྱེས་ཏེ། སངས་རྒྱས་ཀྱི་ཞིང་སྣ་ཚོགས་ པ་རྣམས་སུ་བླ་མེད་བྱང་ཆུབ་ཏུ་འཚང་རྒྱ་བ་དག་ཡོད་དོ། །ཞེས་སོ། །བྱང་སེ་ཕྱིར་མི་འོང་ ཕྱེད་དུ་འཕར་བའི་མིང་ཅན་ནི། ཚུལ་སྔར་བཞིན་ལས་ཚངས་རིས་ནས་ཤི་འཕོས་ནས་གནས་ གཙང་དུ་སྐྱེས་ཏེ་གནས་གཙང་གི་གནས་གཅིག་ (ཨཱརྱ་)གམ་གཉིས་བརྒལ་ (ཨཱརྱ་)ཏེ་འོག་མིན་ དུ་སྐྱེས་ནས་ཞིང་གཞན་དུ་ཞེས་སོགས་ཏེ། ཚངས་པའི་འཇིག་རྟེན་ནས་ཤི་འཕོས་ནས་གནས་ གཙང་མར་སྐྱེས་ཏེ། གནས་གཙང་མའི་གནས་གཅིག་གམ་གཉིས་བརྒལ་ཏེ་འོག་མིན་དུ་ སྐྱེས་ནས་སངས་རྒྱས་ཀྱི་ཞིང་སྣ་ཚོགས་སོགས་སོ། །བྱང་སེ་ཕྱིར་མི་འོང་གནས་ཐམས་ཅད་ དུ་འཆི་འཕོ་བའི་མིང་ཅན་ནི། ཚངས་རིས་ནས་གཟུགས་ཀུན་ཏུ་སྐྱེས་ནས་འོག་མིན་དུ་འཇུག་ པའི་ས་བཅུ་པ་སྟེ། ཚངས་རིས་ནས་འོག་མིན་གྱི་ལྷའི་བར་དུ་སྐྱེས་ཏེ་ཐབས་མཁས་པས་ སེམས་ཅན་དམྱལ་བ་པ་དང་དུད་འགྲོའི་སྐྱེས་གནས་པ་དང་གཤིན་རྗེའི་འཇིག་རྟེན་པའི་ སེམས་ཅན་རྣམས་ལ་ཆོས་སྟོན། ཞེས་སོགས་སོ། །(དགོངས་)གོང་འཕོ་གཉིས་པ། བྱང་སེ་སྲིད་ རྩེའི་མཐར་ཐུག་འགྲོའི་མིང་ཅན་ནི། སྔར་སོ་སྐྱེའི་དུས་ (ཨཱརྱ་དགོངས་)སུ་སྙོམས་འཇུག་གཞན་ རྣམས་བསྒྲུབས་ཤིང་གནས་གཙང་མིན་པ་གཟུགས་ཀུན་ཏུ་སྐྱེས་ནས་གཟུགས་མེད་བཞིར་ རིམ་གྱིས་སོང་སྟེ་མཐར་སྲིད་རྩེ་ཕྱིན་ནས་ཕྱིས་འཕགས་ལམ་ཐོབ་སྟེ་ཞིང་སྣ་ཚོགས་སུ་འཚང་ རྒྱ་བའི་ས་བཅུ་པ་སྟེ། བསམ་གཏན་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་སྒྲུབ་པར་ བྱེད་པ་དག་ཚངས་རིས་ནས་དགེ་རྒྱས་ཀྱི་བར་གྱི་ལྷ་རྣམས་སུ་སྐྱེ་ཞིང་དེ་ནས་ནམ་མཁའ་ མཐའ་ཡས་སྐྱེ་མཆེད་ནས་སྲིད་པའི་རྩེ་མོའི་བར་དུ་སྐྱེ་བར་བྱེད་དེ། དེ་ནས་སངས་རྒྱས་ཀྱི་ ཞིང་སྣ་ཚོགས་སུ་སྐྱེ་བར་འགྱུར་རོ། །ཞེས་སོ། །བྱང་སེ་ཕྱིར་མི་འོང་གཟུགས་ཀྱི་ཆགས་ 1-1-311 བཅོམ་གྱི་མིང་ཅན་ནི། སྔར་སོ་སྐྱེའི་དུས་སུ་འདོད་པ་ནས་ཤི་འཕོས་ནས་གཟུགས་སུ་མ་ ཞུགས་པར་གཟུགས་མེད་དུ་སྐྱེས་ཤིང་ཕྱིས་ཚོགས་བསགས་ཏེ་ཞིང་སྣ་ཚོགས་སུ་འཚང་རྒྱ་ བའི་ས་བཅུ་པ་སྟེ། བསམ་གཏན་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་ཐོབ་པར་གྱུར་ པ་དེ་དག་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ནས་སྲིད་པའི་རྩེ་མོའི་བར་དུ་སྐྱེ་བར་འགྱུར་ཞིང་ དེ་ནས་སངས་རྒྱས་ཀྱི་ཞིང་སོགས་སོ། །འོ་ན། སྡུད་པར། བྱང་ཆུབ་ཡོན་ཏན་ཕ་རོལ་ཕྱིན་ ཉམས་འགྱུར་འོང་ཞེས། །གཟུགས་མེད་ཁམས་སུ་སྐྱེ་བ་དོན་དུ་གཉེར་མི་བྱེད། །ཅེས་དང༌། ཀུན་བཏུས་འགྲེལ་ (གོང་དུའང་བཤད་)བར་བྱང་སེམས་ནི་འདོད་པ་དང་གཟུགས་ན་སྤྱོད་པ་ཡིན་ གྱི་གཟུགས་མེད་པ་ན་སྤྱོད་པ་ནི་མ་ཡིན་ཏེ། སེམས་ཅན་ཡོངས་སུ་སྨིན་པའི་གནས་མིན་པའི་ ཕྱིར། མཐུའི་ཁྱད་པར་ཐོབ་པ་དག་དེར་མི་སྐྱེའོ་ཞེས་པ་དང་འགལ་ཞེ་ན། དེ་ནི་མཐུ་ཐོབ་པ་ བྱང་སེམས་དབང་རྣོན་གྱི་དབང་དུ་བྱས་ལ། འདིར་དབང་རྟུལ་སོ་སྐྱེའི་དབང་དུ་བྱས་པས་ འགལ་བ་མེད་དོ། །ཁ་ཅིག གཟུགས་མེད་ཀྱི་ཏིང་ངེ་འཛིན་ཐོབ་པས་དེར་འགྲོ་བའི་ནུས་པ་ ཡོད་པས་སམ་དེར་སོང་ན་གཞན་དོན་འགྲུབ་ན་འགྲོ་སྲིད་པ་ལ་དགོངས་སོ་གསུངས་པ་ནི། འདིར་བྱང་འཕགས་སྲིད་རྩེར་འགྲོ་བར་བསྟན་པར་བསམས་པ་སྟེ་ནོར་རོ། །དེ་ལྟར་ན་ འཕར་བ་གསུམ་སོགས་ལྔའི་མདོ་ཇི་བཞིན་རྒྱས་འབྲིང་ན་མི་སྣང་ཞིང་ལེའུ་བརྒྱད་མར་ཡོད་ ལ་ཨཱརྱ་ཤཱན་ཏི་སོགས་དེ་དང་སྦྱོར་བར་སྣང་ངོ༌། །འདི་དག་སྔར་བྱང་སེམས་སོ་སྐྱེའི་དུས་སུ་ དེ་དང་དེ་ལྟར་གྱུར་པ་ཉིད་ཀྱི་དབང་དུ་བྱས་ཀྱི་འཕགས་པ་ཐོབ་རྗེས་སུ་དེ་ལྟར་གྱུར་པ་མི་ སྲིད་ལ་ཉན་ཐོས་དང་ཆ་འདྲ་ཙམ་མིན་པ་ཇི་བཞིན་ཐམས་ཅད་དུ་སྦྱར་རྒྱུ་མེད་པ་ཁོ་ནའོ། ། པཎྜི་ཏ་ཞི་བ་འབྱུང་གནས་དང་ཆོས་རྗེ་ཀུན་མཁྱེན་ཆེན་པོ་དག མདོ་ཚིག་ཏུ་རློམ་པ་མང་པོ་ ཞིག་མངོན་རྟོགས་དང་སྦྱར་བའི་ཕྱིར་དུ་སེང་བཟང་གིས་རང་བཟོར་བརྩམས་གསུང་ངོ༌། ། དཔྱད་པ་འདི་ཡོད་དེ་ལེ་མངས་ལ་ཤླཽ་ཀ་ཉི་ཁྲི་ལྔ་སྟོང་ད་ལྟའི་རྒྱ་དཔེ་ལ་ཚང་ན་འཕགས་ 1-1-312 སེང་གི་རང་བཟོར་འོང་ལ་མ་ཚང་ན་མདོ་ཚིག་ཉམས་པ་ཡིན་པས་འགལ་བ་མེད་དམ་སྙམ་ སྟེ། པཎྜི་ཏ་དག་གིས། དེ་བགྲང་བ་ཙམ་ཞིག་མ་དྲན་པར་ཟད་དོ། །བྱང་སེ་ཕྱིར་མི་འོང་མཐོང་ བའི་ཆོས་ལ་ཞི་བ་ཐོབ་པའི་མིང་ཅན་ནི། མཚན་སོ་གཉིས་ཀྱིས་བརྒྱན་ཅིང་དབང་བོ་གསལ་ ཞིང་དག་པར་གྱུར་ནས་དེ་ལུས་ (འདི་དག་མདོ་ཇི་བཞིན་)ཡོངས་སུ་དག་པས་སྐྱེ་བོ་མང་པོ་དགའ་བ་ དང་མོས་པ་བསྐྱེད་དེ་འགྲོ་བ་མང་པོའི་སྙིང་དུ་སྡུག་ཅིང་དེ་དག་དེ་ལ་སེམས་མོས་པའི་དགེ་ རྩས་རིམ་གྱིས་ཐེག་པ་གསུམ་གྱིས་མྱང་འདས་ཐོབ་བྱེད་ཀྱི་ས་བཅུ་པ་སྟེ། བྱང་ཆེན་ཕྱིན་དྲུག་ ལ་སྤྱོད་ཚེ་མི་ཆེན་པོའི་མཚན་སུམ་ཏུ་རྩ་གཉིས་དང་ལྡན་པར་གྱུར་ཏེ་དབང་བོ་གསལ་ཞིང༌། ཞེས་སོགས་ནས། སེམས་མོས་པར་གྱུར་པའི་དགེ་བའི་རྩ་བ་དེ་ཉིད་ཀྱིས་རིམ་གྱིས་ཐེག་པ་ གསུམ་གྱིས་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་པ་དག་ཀྱང་ཡོད་དོ་ཞེས་དང༌། འོག་ཏུ་ འཁོར་ལོས་བསྒྱུར་བའི་རྒྱལ་སྲིད་བརྒྱ་སྟོང་དུ་མ་འཛིན་ཅིང་གནས་ནས་སངས་རྒྱས་བྱེ་བ་ ཁྲག་ཁྲིག་བརྒྱ་སྟོང་དུ་མ་མཉེས་པར་བྱེད་ཅེས་སོགས་སོ། །བྱང་སེ་ཕྱིར་མི་འོང་ལུས་ཀྱིས་ མངོན་སུམ་བྱེད་པའི་མིང་ཅན་ནི། སྙོམས་འཇུག་བརྒྱད་ལ་འགོག་པ་སྤེལ་བའི་ཐོད་རྒལ་གྱི་ སྙོམས་འཇུག་ཐོབ་པའི་ས་བཅུ་པ་སྟེ། དེ་ཡང་གནས་གྱུར་པའི་ལུས་ཀྱིས་ཆོས་སྐུ་མངོན་སུམ་ དུ་བྱེད་པའོ་ཞེས་ཨ་བྷ་ཡའོ། །(ཐུབ་དགོངས་སུ་ལུས་ནི་རྟེན་ཏེ། དེ་གནས་གྱུར་པས་ལུས་ཀྱིས་མངོན་སུམ་དུ་བྱེད་པ་ ནི་ལུས་ཀྱིས་མངོན་སུམ་དུ་བྱེད་པའོ། །དཔེར་ན་འཕགས་པ་བྱམས་པ་ (འགྲེལ་ཆེན་ལེའུ་བཅོ་བརྒྱད་པར་ཡང་བཤད།)ལྟ་བུ་སྟེ། སྙོམས་པར་འཇུག་པ་ཐོབ་པའི་ཕྱིར་ཆོས་ཀྱི་སྐུ་མངོན་སུམ་དུ་བྱེད་པའི་ཕྱིར་རོ་ཞེས་སོ། །)བྱང་ཆེན་པོ་ཤེར་ཕྱིན་པ་ལ་ སྤྱོད་པ་བསམ་གཏན་བཞི་ཚད་མེད་བཞི་གཟུགས་མེད་ཀྱི་སྙོམས་འཇུག་ (བསྡུས་)གིས་རྣམ་ པར་རྩེ་ཞིང་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་གོ །དེ་ལས་ལངས་ནས་འགོག་པའི་ སྙོམས་འཇུག་ལ་མཉམ་པར་གཞག་གོ །ནས། སྲིད་རྩེ་ནས་འགོག་པའི་བར་རྒྱ་ཆེར་སྦྱར་རོ། ། (དེ་ལྟར་ཕྱིར་མི་འོང་དགུ་པ་བཅུ་པ་ཆོས་སྤྲིན་ལ་ཐུབ་དགོངས་སུ་བཤད།) ཞུགས་པ་ལྔ་པ་དགྲ་བཅོམ་ཞུགས་ 1-1-313 པའི་བྱང་སེ་ནི། སྲིད་རྩེའི་ཉོན་མོངས་བརྒྱད་པ་ (ཨཱརྱ་ཟླ་ཟེར་དངོས་)སྤངས་པའི་ས་བཅུ་པ་བར་ ཆད་མེད་ལམ་པ་སྟེ། དེ་པའི་མཛད་པ་ཐོབ་པས་དེ་བཞིན་གཤེགས་པར་འཆད་འགྱུར་དེའོ་ ཞེས་ཨཱརྱའོ། །སེམས་ཅན་ལོག་པར་ལྟ་བའི་མུན་པ་ཅན་རྣམས་ལ་སངས་རྒྱས་ཀྱི་ཆོས་སྣང་ བར་བྱེད་པ་དང༌། བདག་ཉིད་ཀྱང་ནམ་བླ་མེད་རྫོགས་བྱང་དུ་སངས་རྒྱས་ཀྱི་བར་དུ་སངས་ རྒྱས་ཀྱི་ཆོས་ཀྱི་སྣང་བ་དེ་དང་ནམ་ཡང་འབྲལ་བར་མི་བྱེད་པ་དག་ཀྱང་ཡོད་དོ། །ཞེས་ (དགེ་ འདུན་གྱི་མདོ་མཇུག་མའོ། །)སོ། ། བྱང་སེ་བསེ་རུ་སྟེ་རང་སངས་རྒྱས་ཀྱི་མིང་ཅན་ནི། སངས་རྒྱས་དང་ཉན་ཐོས་མེད་པའི་ ཞིང་དུ་རང་སངས་རྒྱས་ཀྱི་གཟུགས་སུ་སྤྲུལ་ཏེ་ཐེག་པ་གསུམ་གྱིས་སེམས་ཅན་སྨིན་པར་ བྱེད་པའི་མཐར་ཕྱིན་པའི་བྱང་སེ་སྟེ། སངས་རྒྱས་མི་བཞུགས་ཤིང་ཉན་ཐོས་མེད་པའི་འཇིག་ རྟེན་གྱི་ཁམས་སུ་རང་བྱང་ཆུབ་ཏུ་མངོན་རྫོགས་རྒྱ་བ་ཡོད་དེ་དེ་དག་ཐབས་ལ་མཁས་པས་ སྲོག་ཆགས་བྱེ་བ་བརྒྱ་སྟོང་མང་པོ་ཐེག་པ་གསུམ་གྱིས་ཡོངས་སུ་སྨིན་པར་བྱས་ནས་བླ་མེད་ རྫོགས་བྱང་དུ་མངོན་འཚང་རྒྱའོ། །(ལེའུ་བརྒྱད་མར་ཡོད།) ཞེས་ཏེ། རྒྱས་འབྲིང་བསྡུས་པར་མེད་ དོ། །རང་རྒྱལ་དང་ཆ་གཉིས་ཀྱིས་མཐུན་ཏེ། གཞན་ལས་མ་ཐོས་པར་སངས་རྒྱས་ཀྱི་ཆོས་ སྣང་བར་བྱེད་པ་དང༌། རང་རྒྱལ་གྱི་ཆ་ལུགས་སུ་བྱེད་པའོ། །དག་ཟླ་ཐུབ་གསུམ་མོ། །ཆོས་ ཡང་དག་པར་སྡུད་པའི་མདོར། ནམ་སེམས་ཅན་རྣམས་རང་སངས་རྒྱས་ཀྱིས་འདུལ་བ་ན་ རང་སངས་རྒྱས་ཀྱི་གཟུགས་སུ་སྤྲུལ་ཏེ་རང་སངས་རྒྱས་ཀྱི་བྱང་ཆུབ་ཀྱི་ལམ་བསྟན་ནས་ སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད། ཅེས་སོ། །བསྐལ་བ་རྣམ་པར་སྣང་བ་ལ་འཇམ་ དཔལ་གྱིས་རང་རྒྱལ་དུ་སྤྲུལ་ནས་དོན་བྱས་པ་ལྟ་བུའོ། །དེ་དང་ནི་ཉི་ཤུའོ། །འདི་ (ཨཱརྱ་)ནི་ ཕྱིར་མི་ལྡོག་པའི་ (སེང་བཟང་ཨ་བྷ་ཡ་ཡང་ངོ༌། །)བྱང་སེའི་དགེ་འདུན་ཏེ། ཤཱ་བུ་སངས་རྒྱས་ཀྱི་ཆོས་ རྣམས་ཀྱི་མངོན་པར་རྟོགས་པ་འདི་གང་དག་ལ་ཡོད་པ་ཕྱིར་མི་ལྡོག་པའི་བྱང་སེ་ཡིན་པར་ 1-1-314 ཤེས་པར་བྱའོ་ཞེས་གསུངས་སོ། །ཞེས་ཨཱརྱའོ། །དད་རྗེས་འབྲང་གི་མདོ་དང་མི་མཐུན་ནོ། ། གསུམ་པ་ལ། ས། གྲངས། མཚན་བཏགས་སོ། །དང་པོ། ཨཱརྱའི་དགོངས་པ་ཡིན་ཞེས་ ཐུབ་དགོངས་སུ་སྟེ་དེ་ལྟར་སྦྱར་ཟིན་ཏོ། །བོད་དག་མི་འདྲ་བ་དུ་མ་འཆད་དོ། །དགེ་འདུན་གྱི་ མདོའི་མགོར་ཤེར་ཕྱིན་ལ་གནས་པས་ཞེས་པར། ཤཱནྟིས་ཞེས་བྱ་བ་ནི་ངེས་པར་འབྱེད་པའི་ ཆ་དང་མཐུན་པ་ལ་སོགས་པས་སོ། །ཞེས་སོགས་ཏེ། དེས་ན་དང་པོ་གཉིས་སྦྱོར་ལམ་པར་ འཆད་པར་མངོན་ནོ། །རད་ཀིར་ནི། འདིར་ཉི་ཤུ་ནི་འཕགས་པ་དང་གང་ཟག་ལ་དམ་བཅས་ པའོ་ཞེས་སོ། ། གཉིས་པ་ནི། འཕགས་པའི་དགོངས་པ་སྔར་བཤད་ལྟར་དུ་ཐུབ་དགོངས་སུ་བཤད་ཅིང་ དེ་ལྟར་ཡིན་ལ། བོད་དག་གིས་ཨཱརྱའི་དགོངས་པ་མ་ལོངས་སྣང་ངོ༌། །རད་ཀིར་ནི། རྗེས་ འབྲང་གཉིས་དད་ཐོབ་ཀྱི་བྱེ་བྲག་ཟེར་ཡང་གཞི་ཡིན་པས་མི་བགྲང་ཞིང་དད་ཐོབ་གཉིས། རྒྱུན་ཞུགས་ཙམ། རིགས་སྐྱེ་གཉིས། ཕྱིར་འོང་ཞུགས་འབྲས་གསུམ། ཕྱིར་མི་འོང་ཞུགས་ པ། འདའ་བ་བཞི། འཕར་གསུམ། མཐོང་ཆོས་ཞི། ལུས་མངོན་བྱེད། དགྲ་བཅོམ་ཞུགས་ པ། རང་རྒྱལ་དང་ཉི་ཤུར་བགྲང་ངོ༌། །གནད་ཀྱི་ཟླ་ཟེར་དང་འགྲེལ་ཆེན་འགྱུར་རྙིང་དུ། སྲིད་ རྩེར་འགྲོ་གཉིས་ཏེ། གཟུགས་ཀྱི་ཆགས་བྲལ་དང་མཐོང་བའི་ཆོས་ལ་ཞི་བ་ལུས་མངོན་བྱེད་ དོ། །གཞན་འགྲེལ་ཆུང་ལྟར་རོ། །དེ་དག་ཐམས་ཅད་རྗེ་བཙུན་བྱམས་པ་ལ་ཅོ་འདྲི་བ་སྟེ་མིང་ དངོས་སུ་སྨོས་ནས་ཉི་ཤུའོ། །ཞེས་གསུངས་པས་སོ། །དེས་ན་ཤཱནྟི་དང་བུདྡྷ་ཤྲཱིས། རྩ་བ་ཇི་ བཞིན་པར་ཉི་ཤུར་བགྲང་ཞིང་ (འཇམ་གསར་རལ་གྲི་ཡང་ངོ༌། །)དེ་རྗེ་བཙུན་གྱི་དགོངས་པའོ། །གནོད་ འཇོམས་གཉིས་སུ། མདོའི་དུམ་བུ་ཞེ་ལྔ་ཡོད་པ་ལྟར་སྦྱར་ཏེ་རྒྱལ་སྲས་ཞེ་ལྔ། དེ་ཡང་ཐབས་ མཁས་མི་མཁས་གཉིས་ཏེ། དད་རྗེས་འབྲང་དང་དད་མོས་ཀྱི་མདོ་དང་འདིར་སྦྱར་བ་གཉིས་ པོ་ཐབས་མི་མཁས་པ། ཞེ་གསུམ་ཐབས་མཁས་པ་འབའ་ཞིག་ཏུ་བཤད། འབུམ་ཊཱིཀ་ཏུ་ས་ 1-1-315 མཚམས་ཡང་ཅི་རིགས་སྦྱར་ཞིང་ཞིབ་ཏུ་བཤད་ལ། འདིར་ཨཱརྱས་བཤད་པའི་འཕར་གསུམ་ སོགས་ཀྱི་མདོ་དེར་མེད་དོ། །དེས་ན་མདོ་ལྟར་ན། བྱང་སེ་སྐྱེ་འཕགས་གཉིས་ཀ་ཡོད་ཅིང༌། རད་ཀིར་ནི། སྔར་དགེ་འདུན་ལ་གདམས་པར་ནི་འཕགས་པ་དང་དེ་མིན་ (ཁར་ཐོན་)པ་དང་ ཉན་ཐོས་དང་བྱང་སེམས་ཐུན་མོང་དུ་གསུངས་སོ། །ཞེས་པའི་ཕྱེད་བདེན་ནོ། །འདིར་ཉི་ཤུ་ ནི་འཕགས་པ་དང་དེ་ཡང་ཉན་ཐོས་དང་ཐུན་མོང་གི་དབྱེ་བ་སྟོན་ཞེས་རད་ཀིར་རོ། །ཆོས་ རྗེ་ཀུན་མཁྱེན་ཆེན་པོ་ནི་སེམས་བསྐྱེད་ཉེར་གཉིས་དང་དགེ་འདུན་ཉི་ཤུ་རྒྱས་འབྲིང་བསྡུས་ པའི་ཚིག་གིས་ཟིན་པའི་དོན་མིན་གྱི། དང་པོ་ནི་བློ་གྲོས་མི་ཟད་པའི་མདོ་དོན་ནོ། །གཉིས་ པ་ནི། ཐེག་དམན་གྱི་དགེ་འདུན་ཞར་ལ་བསྟན་པ་ཡིན། འཕགས་སེང་སོགས་ཀྱིས་མདོ་འདི་ དང་སྦྱོར་བ་ནི་ནོར་ཞེས་སོགས་གསུངས་སོ། །བརྗོད་པར་བྱ་བ་མང་སྟེ་བཞག་གོ ། གསུམ་པ་ནི། བྱང་སེམས་རྒྱུན་ཞུགས་སོགས་དེ་དག་དངོས་བཏགས་ཅི་ཞེ་ན། བཅོམ་ རལ་ནི། དོན་མཚན་ཉིད་པ་སྒྲ་བཏགས་པ་བ་སྟེ། དེ་དང་དེའི་མཚན་ཉིད་ཡོད་པས་སོ། །ཞེས་ སོ། །དགས་པོ་ནི། དངོས་དང༌། ཁྱུང་བོ་ནི། བཏགས་པ་ཞེས་སོ། །ཁ་ (ཆུ་མིག་)ཅིག ཕྱིར་ མི་ལྡོག་པ་འཁོར་ལོའི་མདོའི་ལུགས་ཀྱིས་མཚན་ཉིད་པ། མདོ་འདིའི་ལུགས་ཀྱིས་བཏགས་ པ་པ་ཞེས་ཟེར་བ་ནི་རྣམ་པར་འཁྱམས་སོ། །དེས་ན་མཚན་ཉིད་པ་མིན་ཏེ། ཀུན་བཏུས་སུ། ཅིའི་ཕྱིར་བྱང་སེའི་སྐྱོན་མེད་པ་ལ་ཞུགས་ནས་རྒྱུན་དུ་ཞུགས་པར་མི་འགྱུར་ཞེ་ན། རྒྱུན་ལ་ འཇུག་པ་ཡོངས་སུ་མ་གྲུབ་པའི་ཕྱིར་རོ། །ཅིའི་ཕྱིར་ལན་གཅིག་ཕྱིར་འོང་བར་ནི་འགྱུར་ཞེ་ ན། བསམ་བཞིན་དུ་སྲིད་པར་སྐྱེ་བ་ཚད་མེད་པ་ཡོངས་སུ་འཛིན་པའི་ཕྱིར་རོ། །ཅིའི་ཕྱིར་ ཕྱིར་མི་འོང་བར་མི་འགྱུར་ཞེ་ན། བསམ་གཏན་རྣམས་ཀྱིས་གནས་ཤིང་འདོད་པའི་ཁམས་ སུ་སྐྱེ་བའི་ཕྱིར་རོ། །ཞེས་པས་སོ། །དེས་ན་བཏགས་པ་བ་སྟེ། འདོགས་པའི་རྒྱུ་མཚན་ནི། དེ་དང་དེར་སྤྲུལ་ (ཆོས་བཤེས་)བ་དང་སྒྲ་འཇུག་ (ཆོས་བཤེས་)པའི་རྒྱུ་མཚན་ཆོས་འགའ་འདྲ་བ་ 1-1-316 སྟེ། ཐེག་པ་བརླབས་པོ་ཆེ་ནི་སྐྲག་གྱུར་ཅིང༌། །ཞེས་སོགས་སྔར་དྲངས་པ་ལྟར་དང༌། ཕྱིར་ མི་ལྡོག་པ་འཁོར་ལོའི་མདོར། ལོག་པ་བརྒྱད་ལས་ཡང་ (ཤིན་ཏུ་)དག་འདས། །རྣམ་པར་ཐར་ བ་བརྒྱད་ལ་རེག །ཡང་དག་བརྒྱད་ལ་ཞེན་པ་མེད། །དེ་ཕྱིར་བརྒྱད་པ་ཞེས་བྱའོ། །སངས་ རྒྱས་མཐོང་ལ་ཆགས་མེད་དེ། །སེམས་ཅན་དཔག་མེད་དད་པར་བྱེད། །དེ་ནི་དེ་ལ་ཆགས་ མེད་དེ། །དེ་ཕྱིར་བློ་ལྡན་དད་པས་འབྲང༌། །ཆོས་རྒྱུན་བསམ་གྱིས་མི་ཁྱབ་པ། །རྒྱུན་དེ་ལས་ ཀྱང་འདའ་མི་བྱེད། །ཆོས་ཉིད་དེ་ཡི་རྗེས་སུ་ཐོབ། །དེ་ཕྱིར་ཆོས་རྗེས་འབྲང་ཞེས་གསུངས། ། ལམ་ལ་རྒྱུན་ཞེས་ངས་བརྗོད་དེ། །བསམ་དུ་མེད་པས་སངས་རྒྱས་ལམ། །གང་དག་ལ་ལ་ དེར་ཞུགས་པ། །དེ་དང་དེ་ནི་རྒྱུན་ལ་གཞོལ། །གང་གིས་བྱང་ཆུབ་འགྲུབ་འགྱུར་པའི། །རྐྱེན་ རྣམས་མང་པོ་གང་གསུངས་པ། །བདག་གིས་ཤེས་པར་བྱའོ་ཞེས། །དེ་ཚོལ་བར་ནི་འོངས་ པ་ཡིན། །འགྲོ་བ་རྣམ་གསུམ་གང་དུ་ཡང༌། །དེ་ནི་ཕྱིར་ཞིང་མི་འགྲོ་སྟེ། །སངས་རྒྱས་ཆོས་ རྣམས་ཐོབ་པས་ན། །དེས་དེ་ཕྱིར་མི་འོང་ཞེས་བརྗོད། །གང་གིས་སེམས་ཅན་རབ་སྡུག་ བསྔལ། །ཉོན་མོངས་ཐམས་བཅད་དེ་ཡིས་བཅོམ། །ཉོན་མོངས་པ་ལས་རབ་ཏུ་གྲོལ། །དེས་ དེ་དགྲ་བཅོམ་ཞེས་བརྗོད་དོ། །མ་རིག་ནམ་མཁའ་ཇི་བཞིན་དུ། །ཆོས་རྣམས་ཐམས་ཅད་ མཚན་ཉིད་མེད། །འདི་ནི་མངོན་སུམ་གྱུར་པས་ན། །རང་རྒྱལ་བ་ཞེས་བརྗོད་པ་ཡིན། །ཞེས་ སོ། །བཏགས་པའི་དགོས་པ་ནི། དག་ལྡན་དུ། དེ་དག་ཉན་ཐོས་ཀྱི་གང་ཟག་དང་མིང་ཙམ་ མཐུན་པའི་སྒོ་ནས་དགེ་འདུན་དུ་ཡིད་ཆེས་པར་བྱ་བའི་དོན་དུའོ་ཞེས་སོ། །དངོས་ལ་གནོད་ བྱེད། སྔར་དྲངས་པ་ལྟར་དང༌། མདོ་དེར་བྱང་སེམས་ཉན་ཐོས་དང་རང་རྒྱལ་བཤད་པས་དེ་ དང་དེ་དངོས་སུ་འགྱུར་ཞིང་ཉན་རང་དག་ཉན་རང་བཏགས་པ་བར་འགྱུར་རོ། །འོན་ཀྱང་ ཕྱིར་མི་ལྡོག་པ་འཁོར་ལོའི་དོན། བཅོམ་རལ་ལྟར་གསལ་ཏེ་བློ་ཡུལ་དུ་མི་བདེའོ། ། འགྲེལ་པ་ལ་ལྔའི་དང་པོ་རྒྱུན་ཞུགས་ལ། ཞུགས་པ། ཙམ་པོ། ཁྱད་པར་ཅན་ནོ། །དང་ 1-1-317 པོ་ནི། འོག་ནས་འཆད་པར་འགྱུར་བའི་ལམ་ཤེས་པ་ཉིད་ཀྱིས་བསྡུས་པ་ (ཞེས་པས་བྱང་སེམས་ སུ་བསྟན་ནོ། །)མཐོང་བའི་ལམ་སྐད་ཅིག་བཅོ་ལྔ་གང་རུང་ལ་གནས་པ་ནི། འབྲས་བུ་དང་པོ་ རྒྱུན་ཞུགས་ལ་ཞུགས་པའི་མིང་ཅན་ཡིན་པ་སྟེ། བཅུ་དྲུག་པའི་རྟོགས་པ་ (གསེར་དོན་)ཐོབ་ཕྱིར་ བརྩོན་པའི་མཐོང་ལམ་པ་ཡིན་པས་སོ། །དེའང་ཡུན་རིང་བོས་ (གསེར་)ཤེས་པ་དབང་རྟུལ་ དད་པས་རྗེས་འབྲང་དང༌། མྱུར་བར་ཤེས་པ་དབང་རྣོན་ཆོས་ཀྱིས་རྗེས་འབྲང་གཉིས་སོ། ། གཉིས་པ་ནི་ཞུགས་པ་དེའི་འོག་ཏུ་འཇིག་རྟེན་པའི་སྒོམ་ལམ་ (ཤེར་འབྱུང་དངོས་)གྱིས་འདོད་ པ་ལ་ཆགས་པ་དང་མ་བྲལ་ (འགྲེལ་ཆེན་གསེར་)བ་མཐོང་ལམ་སྐད་ཅིག་མ་བཅུ་དྲུག་པ་ལ་བརྟེན་ ནས་གནས་པ་ནི། རྒྱུན་དུ་ཞུགས་པ་འབྲས་གནས་ཙམ་པོའི་མིང་ཅན་ཡིན་ནོ། །བཅོ་ལྔ་པ་ དང་བཅུ་དྲུག་པ་ཕྱེ་ནས་འགྲེལ་ཆེན་དང་ཟླ་ཟེར་གསེར་ཤེར་འབྱུང་ངོ༌། ། གསུམ་པ་ནི། ཙམ་པོ་དེའི་འོག་ཏུ་རྒྱུན་ཞུགས་དེ་ཉིད་འདོད་པའི་ལྷ་དང་མིའི་རིགས་ ནས་རིགས་སུ་སྐྱེ་བ་ཉིད་ཀྱིས་ཙམ་པོ་ལས་གཞན་ཁྱད་པར་ཅན་རྣམ་པ་གཉིས་ཡིན་ནོ། །རྩ་ བ་ལྟར་རོ། ། གཉིས་པ་ལ། གསུམ་ལས། ཞུགས་པའི་མིང་ཅན་ནི། རྒྱུན་ཞུགས་རྫོགས་པའི་འོག་ཏུ་ འདོད་པའི་སྒོམ་སྤང་ཉོན་མོངས་ལྔ་སྤངས་པ་དྲུག་ (འགྲེལ་ཆེན་སོགས་)པ་སྤོང་བ་ལ་བརྩོན་པས་ སམ། ཕྱིར་ (གསེར་)འོང་གི་འབྲས་བུ་བསྒྲུབ་པས་འབྲས་བུ་གཉིས་པ་ལ་ཞུགས་པ་སྟེ། དེ་ ཡང་སྔར་གྱི་དབང་བོ་རྟུལ་བོ་ནི་འདིར་དད་པས་མོས་པ་དང༌། རྣོན་པོ་ནི་འདིར་མཐོང་བས་ ཐོབ་པ་སྟེ་དེ་གཉིས་འདིར་གཅིག་ཁོ་ནར་བགྲང་དགོས་པ་ཡིན་ནོ། །རྒྱུ་མཚན་ནི། དེ་རེ་ རེར་བགྲངས་ན་ཉེར་གཅིག་ཏུ་འགྱུར་བས་སོ་ཞེས་དགོངས་སོ། །རྒྱུ་མཚན་གཞན་འོད་ཟེར་ མགོན་པོ་སོགས་འཆད་པ་ནི་རང་བཟོར་བས་སོ། ། གཉིས་པ། འབྲས་གནས་ཙམ་པོའི་མིང་ཅན་ནི། དེའི་འོག་ཏུ་འདོད་པའི་ཉོན་མོངས་ 1-1-318 དྲུག་པ་ (འགྲེལ་ཆེན་སོགས་)སྤངས་པས་ལན་ཅིག་ཕྱིར་འོང་པ་ཙམ་པོ་ཡིན་ནོ། ། གསུམ་པ། ཁྱད་པར་ཅན་གྱི་མིང་ཅན་ནི། དེའི་འོག་ཏུ་ཕྱིར་འོང་དེ་ཉིད་ཙམ་པོ་ལས་ གཞན་ལྷར་ (འགྲེལ་ཆེན་)སྐྱེ་བ་གཅིག་ལྷག་ལུས་པས་བར་ཆད་གཅིག་པ་ཡིན་ནོ། །རྩ་བ་ལྟར་ རོ། །ཆོས་བཤེས་ཀྱིས། ཕྱིར་འོང་པ་ནི་བསམ་གཏན་དང་ཚད་མེད་སོགས་ཐོབ་པས་དེ་དག་ གི་འབྲས་བུ་མངོན་དུ་མི་བྱེད་པར་དགའ་ལྡན་དུ་སྐྱེས་ཏེ་དེར་གནས་པ་མཐར་ཕྱིན་ནས་ འཛམ་བུའི་གླིང་འདིར་བབས་ནས་བྱང་ཆུབ་པར་སྟོན་པའོ། །ཞེས་སོ། །སྐབས་འདི་རྣམས་ སུ་ལྔ་པ་སོགས་སྤངས་ཞེས་པ་ནི། ཤེར་འབྱུང་གིས་འཇིག་རྟེན་པའི་སྒོམ་པའི་ལམ་གྱིས་ཞེས་ པ་ལྟར་ཏེ། དེ་ཡང་མཐོང་ལམ་གྱི་སྔོན་དུ་ཞེས་པར་འཕགས་པ་ལ་སོགས་པའི་དགོངས་པ་སྟེ་ ཆ་མཐུན་སྦྱོར་བ་ཙམ་མོ། ། གསུམ་པ། ཕྱིར་མི་འོང་ལ་གཉིས་ལས་ཞུགས་པ་ནི། ཕྱིར་འོང་དེའི་འོག་ཏུ་འདོད་པའི་ ཉོན་མོངས་བདུན་ནམ་ (འགྲེལ་ཆེན་)བརྒྱད་སྤངས་པ་ནི། ཕྱིར་མི་འོང་གི་འབྲས་ (གསེར་)བུ་བསྒྲུབ་ པས་འབྲས་བུ་གསུམ་པ་ལ་ཞུགས་པ་སྟེ། དེ་ལའང་སྔ་མ་བཞིན་དུ་དབང་རྟུལ་ནི་འདིར་དད་ མོས་དང༌། རྣོན་པོ་ནི་འདིར་མཐོང་བས་ཐོབ་པ་དག་སྟེ་གཉིས་གཅིག་ཁོ་ནར་བགྲང་དགོས་ པ་ཡིན་ནོ། ། གཉིས་པ་འབྲས་གནས་ནི། འདོད་པའི་ཉོན་མོངས་ (འགྲེལ་ཆེན་དངོས་)དགུ་པ་སྤངས་པས་ ཕྱིར་མི་འོང་བ་སྟེ། དེ་ལ་ལྔ་ལས། བར་མ་དོར་འདའ་བ་ནི། སྐྱེ་བའི་ཀུན་སྦྱོར་སྤངས་མངོན་ པར་འགྲུབ་པའི་ཀུན་སྦྱོར་མ་སྤངས་པས་གཟུགས་ཀྱི་བར་དོ་ (འགྲེལ་ཆེན་)འགྲུབ་པ་འམ་གྲུབ་ (གསེར་)པ་ན་ལམ་མངོན་དུ་བྱས་ནས་སྡུག་བསྔལ་གྱི་མཐའ་ཐོབ་པའོ། །དེ་དང་ (མཚན་)ཆ་འདྲ་ བའི་བྱང་སེམས་ནི་རྩ་བར་བཤད་པ་ལྟར་དགོས་སོ། །ཀུན་སྦྱོར་གཉིས་ཀ་མ་སྤངས་པས་ གཟུགས་སུ་སྐྱེས་ནས་སྡུག་བསྔལ་གྱི་མཐའ་ཐོབ་པར་བྱེད་པ་ནི། སྐྱེས་ནས་འདའ་བའོ། །ཆ་ 1-1-319 མཐུན་བྱང་སེའོ། །གཟུགས་སུ་སྐྱེས་ནས་མངོན་པར་འདུ་བྱེད་པ་དང་བཅས་པས་ལམ་མངོན་ དུ་བྱས་ནས་སྡུག་བསྔལ་གྱི་མཐའ་ཐོབ་པ་ནི། མངོན་པར་འདུ་བྱེད་པ་དང་བཅས་པ་དང༌། དེར་སྐྱེས་ནས་འབད་མེད་དུ་ལམ་མངོན་དུ་བྱས་ནས་འདའ་བ་ནི། མངོན་པར་འདུ་བྱེད་པ་ མེད་པར་ཡོངས་སུ་མྱ་ངན་ལས་འདའ་བ་ཞེས་བྱ་བར་རྣམ་པ་བཞིའོ། །ཆ་མཐུན་བྱང་སེ་སྟེ་ རྩ་བ་ལྟར་རོ། །(བར་དོར་འདའ་བ་ནི་ཚངས་པའི་འཇིག་རྟེན་དུ་སྐྱེས་ནས་ལུས་དེ་ཉིད་ཀྱིས་ཚོགས་བསགས་ཏེ་རྫོགས་པར་ འཚང་རྒྱ་བའོ། །)སྐྱེས་ནས་འདའ་བ་ནི་སྲིད་པ་ཐ་མ་པ་དང་ཚེ་ཚད་མེད་པར་བྱིན་གྱིས་བརླབས་ པའི་ཚེ་གཅིག་པོ་དེ་ལ་འཚང་རྒྱ་བའོ། །བྱེད་བཅས་ནི་འཇིག་རྟེན་ཁམས་དཔག་མེད་དུ་ འབད་པས་འགྲོ་བ་མང་པོ་གདུལ་ཞིང་དེར་ཡང་བདག་ཉིད་མ་སྨས་པར་དོན་བྱེད་པའི་དབང་ གིས་ལམ་སྤྱོད་པའོ། །ཞེས་ཆོས་ (བྱེད་མེད་སྔར་བཤད་དོ། །)བཤེས་སོ། ། ལྔ་པ་གོང་འཕོ་ལ། འོག་མིན་དང༌། སྲིད་རྩེར་འགྲོ་གཉིས་ལས། དང་པོ་ནི། དེའི་འོག་ ཏུ་ཕྱིར་མི་འོང་དེ་ཉིད་འོག་མིན་གྱི་མཐར་ཐུག་པར་འགྲོ་བ་སྟེ། དབྱེ་ན། འཕར་བ་དང༌། ཕྱེད་ དུ་འཕར་བ་དང༌། གནས་ཐམས་ཅད་དུ་འཆི་འཕོ་བ་ཉིད་ཀྱིས་འོག་མིན་དུ་འགྲོ་བས་གོང་དུ་ འཕོ་བ་སྲིད་རྩེར་འགྲོ་ལས་གཞན་རྣམ་པ་གསུམ་མོ། ། གཉིས་པ་ནི། དེའི་འོག་ཏུ་ཕྱིར་མི་འོང་དེ་ཉིད་སྲིད་པའི་རྩེ་མོའི་མཐར་ཐུག་པར་འགྲོ་བ་ ནི། གཟུགས་ཀྱི་ཉོན་མོངས་སྤངས་པས་གཟུགས་ཀྱི་འདོད་ཆགས་དང་བྲལ་བ་སྟེ། དབྱེ་ན་ མཐོང་བའི་ཆོས་ལ་ཞི་བ་ཐོབ་པ་དང༌། ལུས་ཀྱིས་མངོན་སུམ་དུ་བྱེད་པ་ཞེས་བྱ་བ་འོག་མིན་ འགྲོ་ལས་གཞན་རྣམ་པ་གཉིས་སོ། །ཞེས་འགྱུར་འདི་ལྟར་དུ་ཤེར་འབྱུང་འཆད་དོ། །འགྲེལ་ ཆེན་འགྱུར་སྙིང༌། ཆོས་བཤེས། གསེར་ནི། སྲིད་རྩེའི་མཐར་ཐུག་པར་འགྲོ་བ་སྟེ། (དེ་ལ་གཉིས་ ལས་ཞེས་ཆོས་བཤེས།) གཟུགས་ཀྱི་ཆགས་བྲལ་དང༌། མཐོང་བའི་ཆོས་ལ་ཞི་བ་ལུས་ཀྱིས་མངོན་ སུམ་དུ་བྱེད་པ་གཉིས་སོ་ཞེས་སོ། །རད་ཀིར་ཡང༌། སྲིད་རྩེར་འགྲོ་དང་གཟུགས་ཀྱི་ཆགས་ 1-1-320 བཅོམ་དབྱེ་བར་མི་བགྲང་ཟེར་རོ། །འདི་དག་ཐམས་ཅད། གང་ཞིག་ཡོད་པ་མི་མཐོང་མེད་ མཐོང་བ། །ཞེས་པ་ལྟར་གྱུར་སྣང་བས་རྣམ་པར་འཁྱམས་པ་ཞིག་སྟེ། ངག་ལས་ཤེས་པར་བྱ་ སྟེ་མངས་སུ་དོགས་པ་ཁོ་ནས་མ་བྲིས་སོ། ། བཞི་པ་ནི། དེའི་འོག་ཏུ་སྲིད་རྩེའི་བརྒྱད་སྤངས་པ་དགྲ་བཅོམ་པའི་འབྲས་བུ་ལ་ཞུགས་ པ་ཡིན་ནོ། །ལྔ་པ་རང་རྒྱལ་ནི། དེའི་འོག་ཏུ་ཉན་ཐོས་ཀྱི་སྡེ་སྣོད་ལ་དམིགས་ནས་རང་གི་ ལམ་མངོན་དུ་བྱས་ཏེ་སངས་རྒྱས་མི་འབྱུང་བ་ན་རང་སངས་རྒྱས་སུ་འགྱུར་བ་སྟེ་ཉི་ཤུའོ། །དེ་ ལྟར་འགྲེལ་ཆེན་ཇི་བཞིན་བཀོད་པ་སྟེ། ཤེར་འབྱུང་གསེར་ཡང་དེ་ཇི་བཞིན་ནོ། །འོན་ཀྱང་ འཆད་ཚུལ་དེ་ལྟར་སྦྱར་ན་ཐེག་དམན་ཉིད་ལ་འགྲིག་ཅིང༌། དངོས་སུ་དེ་ལྟར་བཤད་ནས་དེ་ དཔེར་བཞག་ནས་དོན་རྩ་བ་ལྟར་སྦྱར་ན་ལེགས་ཀྱི་གཞན་དུ་ན་སྙིང་པོ་མེད་པའི་གནས་ཆེན་ པོ་ཡོད་དོ། །འདི་དག་ཏུ་འཕགས་པས་ཆགས་བྲལ་སྔོན་འགྲོ་བཤད་པ་ནི་ཉན་ཐོས་ཀྱི་དཔེར་ སྦྱར་གྱི་དོན་མིན་ (བུ་)གསུང་པའང་དགོངས་པར་མི་སྣང་ངོ༌། །ཐུབ་དགོངས་སུ། ལྔ་པ་དྲུག་པ་ སྤངས་ཞེས་སོགས་འཕགས་པས་བཤད་པའི་དོན་གཟུང་འཛིན་གྱི་རྣམ་རྟོག་དགུ་ལ་འཆད་ པ་ནི་དགོངས་པ་གཏན་མིན་ནོ། །འདིར་ཆོས་བཤེས་ཀྱིས། ཉོན་མོངས་པ་དྲུག་གམ་བདུན་ བརྒྱད་སྤངས་པས་རྒྱུན་ཞུགས། སོགས་ནས། སྲིད་རྩེའི་བརྒྱད་སྤངས་དགྲ་བཅོམ་པའོ་ཞེས་ བྱ་བའི་བར་སྤངས་པས་གདགས་པ་ནི། ཆོས་མངོན་པ་ལས་གསལ་བ་དང༌། འདིར་དེ་ལྟར་ སྤངས་པ་གཙོ་བོར་མ་གྱུར་བའི་ཕྱིར་བརྗོད་པས་ཅི་ཞིག་བྱ་ཞེས་གསུང་པ་ནི་ཤིན་ཏུ་མད་དེ། སྔར་འགྲེལ་ཆེན་སོགས་ཀྱི་འཆད་ཚུལ་དེ་ལ་སྙིང་པོ་མེད་དོ། །ས་མཚམས་སྔར་བཤད་ལའང་ ཡིད་བརྟན་མི་སྣང་ངོ༌། །དེ་དག་གི་ལུགས་ལྟར་ནི་ངག་དོན་སྦྱོར་ཕྲེང་ལས་ཤེས་པར་བྱའོ།། །། གསུམ་པ་ལ། སྤྱི་དང༌། ཡན་ལག་གི་དོན་གཉིས་ལས། དང་པོ་ལ་གཉིས་ཏེ། རྟེན་བརྟེན་ 1-1-321 པའོ། །དང་པོ་ལ་གཉིས་ལས། ལུས་རྟེན་ནི། ཉན་ཐོས་ལྟར་ན། སྦྱོར་ལམ་དང་པོ་གསུམ་གླིང་ གསུམ་གྱི་མི་ཁོ་ན་ལ་སྐྱེ། སྐྱེས་ཟིན་འདོད་ལྷ་ལའང་ཡོད་དོ། །ཆོས་མཆོག་འདོད་པའི་ལྷ་མི་ གཉིས་ཀ་ལ་དང་པོ་སྐྱེར་རུང་ངོ༌། །ཐེག་ཆེན་ལྟར་ན། སྦྱོར་ལམ་དང་པོ་གསུམ་སེམས་བསྐྱེད་ སྐྱེ་བའི་རྟེན་ལ་རུང་ཞིང༌། ཆོས་མཆོག་མཐོང་ལམ་སྔར་དང་འདྲ་བར་འདོད་དོ། །སེམས་རྟེན་ ནི། བསམ་གཏན་ས་དྲུག་ལ་བརྟེན་ཅིང་འདོད་སེམས་རྣམ་གཡེང་ཆེ་བས་དང་གཟུགས་མེད་ ལྷག་མཐོང་ཆུང་བས་མི་བརྟེན་པར་མཛོད་དུ་བཤད་ཅིང་ཐེག་ཆེན་པ་ཡང་དེ་ལྟར་དུ་གསལ་ ལོ། ། གཉིས་པ་ལ་གསུམ་ལས། མཚན་ཉིད་ནི། ཐར་ཆའི་རྗེས་ཀྱི་ཐར་ལམ་གང་ཞིག བདེན་ པ་མངོན་རྟོགས་ལ་སྦྱོར་བའི་སོ་སྐྱེའི་ལམ། ཐེག་ཆེན་གྱི་དེའི་མཚན་ཉིད། ཐེག་ཆེན་གྱི་ཞེས་ བསྣན་ནོ། །ཉན་རང་གི་ལ་ཡང་ངོ༌། ། གཉིས་པ། མཚོན་བྱའི་སྒྲ་བཤད་ནི། བདེན་པ་མངོན་རྟོགས་ལ་སྦྱོར་བས་སྦྱོར། བྱང་ ཆུབ་ཏུ་ཕྱིན་པར་བྱེད་པས་ལམ་མོ། །ཡང་ན་མཁྱེན་གསུམ་གྱི་སྦྱོར་བ་བུད་ཤིང་གཞན་ཁྱད་ པར་ཅན་གྱིས་མེ་བཞིན་དུ་གོང་ནས་གོང་དུ་ཁྱད་པར་དུ་འགྲོ་བར་བྱེད་པས་རབ་ཏུ་གྱུར་པའི་ སྦྱོར་བ་ནི་རབ་ཏུ་སྦྱོར་བ་སྟེ། བར་ཆད་མེད་ན་མཐོང་ལམ་ཤིན་ཏུ་ཉེ་བར་བསྐྱེད་པའོ། །ཞེས་ ཐུབ་དགོངས་སོ། །ངེས་འབྱེད་ཆ་མཐུན་གྱི་གཞུང་དུ་འཆད་དོ། །འགྲེལ་ཆེན་དུ། གནས་ སྐབས་འདི་དག་ཐམས་ཅད་ནི་ལྷག་པར་མོས་པ་བརྟན་པ་ཡིན་པས་མོས་པ་སྤྱོད་པའི་ས་ ཞེས་བཤད་དོ་ཞེས་སོ། །མོས་པ་བརྟན་པ་ལས་དང་ཡོན་ཏན་གྱི་སོ་སོར་གནས་སུ་གྱུར་པ་ ཉིད་ཀྱིས་མོས་པས་སྤྱོད་པའི་སར་བརྗོད་དོ། །ཞེས་ཐུབ་དགོངས་སོ། །སྤྱིར་ཚོགས་སྦྱོར་བ་ གཉིས་ཀ་མོས་སྤྱོད་པ་ཡིན་ཏེ། ཀུན་བཏུས་འགྲེལ་པར། མོས་པས་སྤྱོད་པ་ཅན་གྱི་བྱང་ཆུབ་ སེམས་དཔའ་ནི་རིགས་ལ་གནས་པ་ཐོག་མར་སྨོན་ལམ་ཆེན་པོ་བཏབ་པ་ནས་བཟུང་ནས་ 1-1-322 རབ་ཏུ་དགའ་བའི་ས་ལ་མ་ཞུགས་ཀྱི་བར་དུ་སྟེ་སོ་སོ་རང་གི་འཇིག་རྟེན་ལས་འདས་པ་ཐོབ་ པ་མེད་པའི་ཕྱིར་རོ། །ཞེས་སོ། །ལུང་གི་སྙེ་མར། མོས་སྤྱོད་པ་སྦྱོར་ལམ་པ་ཁོ་ནར་བཤད་པ་ ནི་ནོར་རོ། ། གསུམ་པ། མཚན་གཞི་ལ་བཞི་སྟེ། ངོ་བོའི། ཆེ་འབྲིང་གི ཁྱད་པར་གྱི་དབྱེ་བ། ཕྱེ་བའི་ བློ་རིག་དཔྱད་པའོ། །དང་པོ་ལ། དེ་ཐེག་ཆེན་གྱི་དྲོད་རྩེ་བཟོད་མཆོག་བཞིའོ། །དང་པོ་ནི། ཚོགས་ལམ་རྫོགས་རྗེས་སུ་བྱང་སེམས་མཉམ་པར་བཞག་པས་གཟུགས་སོགས་འདི་དག་ ཐམས་ཅད་ཡིད་ཀྱི་རྣམ་རྟོག་ལ་སྣང་ (བློ་བརྟན་དངོས་)བར་ཟད་ཀྱི་དེ་ལས་མ་གཏོགས་པར། སེམས་ལས་ (དངོས་)ལོགས་ན་མ་མཐོང་བས་ཕྱིའི་དོན་བདེན་པ་མེད་པར་རྟོགས་ཤིང་ (དེ་ཡན་བློ་ བརྟན་)རྣམ་རྟོག་ཉིད་རང་སྤྱིའི་མཚན་ཉིད་ (དབྱིག་)དུ་སྣང་བར་མཐོང་བ་ཡེ་ཤེས་ཀྱི་ (འགྲེལ་ཆེན་) སྣང་བ་ཅུང་ཟད་གསལ་བ་ནི། སྣང་བ་ཐོབ་པ་ཅེས་བྱ་སྟེ་དྲོ་བའི་སྐབས་སོ། །དེ་ནས་དེ་འདྲར་ གྱུར་པ་ཡི། །བྱང་ཆུབ་སེམས་དཔའ་མཉམ་བཞག་པས། །ཡིད་ཀྱི་བརྗོད་པ་ (ནི་རྟོག་པའོ་)མ་ གཏོགས་པ། །དོན་ཀུན་རབ་ཏུ་མི་མཐོང་ངོ༌། །ཞེས་སོ། །མཚན་ཉིད་ནི། བྱང་སེའི་སྦྱོར་ལམ་ གང་ཞིག སྣང་བ་ཐོབ་པའི་ཏིང་ངེ་འཛིན་ (ཞི་གནས་)དང་ཤེས་རབ་ (ལྷག་མཐོང་)མཚུངས་ལྡན་ དང་བཅས་པ་སྟེ། ཀུན་བཏུས་སུ། དྲོ་བར་གྱུར་པ་གང་ཞེ་ན། སོ་སོ་ (གང་ཟག་)རང་གིས་བདེན་ པ་རྣམས་ལ་ (དམིགས་ནས་)སྣང་བ་ཐོབ་པའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་པར་ལྡན་ པ་དང་བཅས་པའོ། །ཞེས་སོ། །རྒྱལ་བོའི་སྲས་ཀྱིས། ཞི་གནས་དང་ལྷག་མཐོང་ནི་དྲོ་བར་ གྱུར་བར་རིག་པར་བྱའོ། །ཞེས་པས་བཞི་ཅར་ངོ་བོ་ཞི་ལྷག་གོ །གཉིས་པ་ནི། ཆོས་ཀྱི་སྣང་ བ་དེ་ཉིད་སྤེལ་བའམ། ཇེ་ཆེ་ཇེ་ཆེར་འཕེལ་ཞིང་རྒྱས་པར་བྱ་བའི་ (བློ་བརྟན་དངོས་)ཕྱིར་དུ་ཅུང་ ཟད་ཀྱང་མི་གནས་ (དབྱིག་)ཤིང་མི་འདུག་པར་བདག་མེད་པ་སྒོམ་པ་ལ་བརྩོན་འགྲུས་བརྟན་ པོ་རྩོམ་པས་ཡེ་ཤེས་ཀྱི་ (འགྲེལ་ཆེན་སྒོམ་རིམ་དང་བོ་ཐུབ་དགོངས་དངོས་)སྣང་ (དབྱིག་)བ་འབྲིང་ཙམ་དུ་ 1-1-323 གསལ་བ་ནི། སྣང་བ་མཆེད་པ་ (ཀུན་བཏུས་)སྟེ། ཆོས་ཀྱི་སྣང་བ་འཕེལ་པའི་ཕྱིར། །བརྩོན་ འགྲུས་བརྟན་པོ་ཀུན་ཏུ་རྩོམ། །ཞེས་སོ། །མཚན་ཉིད་ནི། བྱང་སེམས་པའི་སྦྱོར་ལམ་གང་ ཞིག་སྣང་བ་མཆེད་པའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་ལྡན་དང་བཅས་པའོ། །ཀུན་ བཏུས་སུ། སོ་སོ་རང་གིས་བདེན་པ་རྣམས་ལ་སྣང་བ་མཆེད་བའི་ཏིང་ངེ་འཛིན་དང་ཤེས་ རབ་མཚུངས་པར་ལྡན་པ་དང་བཅས་པའོ། །ཞེས་སོ། ། གསུམ་པ་ནི། ཆོས་ཀྱི་ (བློ་)སྣང་བ་དེ་ཤེས་ཆེར་འཕེལ་ནས་དོན་དུ་སྣང་བ་ཐམས་ཅད་ སེམས་ (དབྱིག་དངོས་)ཁོ་ནར་ཟད་ཀྱི་དོན་སེམས་ (དངོས་)ལས་གཞན་མིན་ནོ་ཞེས་མཐོང་བ་ཡེ་ ཤེས་ཀྱི་སྣང་བ་ (འགྲེལ་ཆེན་སོགས་)ཤིན་ཏུ་གསལ་བའི་སྦྱོར་ལམ་ནི། དེ་ཁོ་ (བློ་)ན་ (བློ་)ཉིད་ཀྱི་ ཕྱོགས་ (བློ་)གཅིག་ལ་ཞུགས་པ་ (ཀུན་བཏུས་)སྟེ། མཚན་ཉིད་ནི། གང་ཞིག དེ་ཁོ་ནའི་ (བློ་བརྟན་ )ཕྱོགས་གཅིག་ལ་ཞུགས་པའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་ལྡན་དང་བཅས་པའོ། ། ཀུན་བཏུས་སུ། སོ་སོ་རང་གིས་བདེན་པ་རྣམས་ཀྱི་ (གཟུང་བས་སྟོང་པའི་ (རྒྱལ་སྲས།)ཆོས་ཉིད་ལ་བཟོད་ པས།)ཕྱོགས་གཅིག་ལ་ཞུགས་པ་དང་ (འཛིན་པས་སྟོང་པའི་ཆོས་ཉིད་ (རྒྱལ་སྲས།)རྟོགས་པའི་རྗེས་སུ་མཐུན་ པས།)རྗེས་སུ་སོང་བའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་པར་ལྡན་པ་དང་བཅས་པའོ། ། ཞེས་སོ། །འདིའི་སྐབས་སུ་ཕྱིའི་གཟུང་བའི་རྣམ་གཡེང་སྤངས་ཤིང་འཛིན་པའི་རྣམ་གཡེང་ ལུས་སོ། །ཆོས་ཀྱི་སྣང་བ་འཕེལ་ནས་ནི། །སེམས་ཙམ་ལ་ནི་གནས་པར་འགྱུར། །དེ་ནས་ དོན་ཀུན་སྣང་བ་ནི། །སེམས་སུ་རབ་ཏུ་ཤེས་པར་འགྱུར། །དེ་ཚེ་དེ་ཡི་གཟུང་བ་ཡི། །རྣམ་ པར་གཡེང་བ་དེས་སྤོང་འགྱུར། །དེ་ནས་དེ་ལ་འཛིན་པ་ཡི། །རྣམ་པར་གཡེང་བ་འབའ་ཞིག་ ལུས། །ཞེས་སོ། །བཞི་པ་ནི། གཟུང་བ་མེད་ན་འཛིན་པ་ཡང་མེད་དོ་ཞེས་རྟོགས་ནས་འཛིན་ (བློ་བརྟན་དངོས་)པ་བདེན་འཛིན་གྱི་རྣམ་གཡེང་མེད་པའི་འཇིག་རྟེན་པའི་སྒོམ་བྱུང་གི་ཡེ་ཤེས་ ཀྱི་སྣང་བ་རྫོགས་ (འགྲེལ་ཆེན་སོགས་)པ་ནི་དེ་མ་ཐག་པའི་ཏིང་ངེ་འཛིན་ཅན་ཞིག་སྟེ། དེ་ཚེ་བར་ 1-1-324 ཆད་མེད་པ་ཡི། །ཏིང་ངེ་འཛིན་ལ་མྱུར་དུ་རེག །འདི་ལྟར་དེ་ཡི་མཇུག་ཐོགས་སུ། །འཛིན་ པའི་རྣམ་པར་གཡེང་བ་སྤོང༌། །འདི་དག་གོ་རིམ་བཞིན་དུ་ནི། །དྲོ་བར་གྱུར་སོགས་ཡིན་ཞེས་ བྱ། །ཞེས་སོ། །དེ་མ་ཐག་ཏུ་འཛིན་པའི་རྣམ་གཡེང་སྤོང་བར་བྱེད་ཅིང་དེ་མ་ཐག་ཏུ་ས་དང་ པོར་འཇུག་པས་ན་དེ་མ་ཐག་པའི་ཏིང་ངེ་འཛིན་ཞེས་བྱའོ། །ཞེས་བློ་བརྟན་ནོ། །མཚན་ཉིད་ ནི། གང་ཞིག དེ་མ་ཐག་པའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་ལྡན་དང་བཅས་པའོ། ། ཀུན་བཏུས་སུ། སོ་སོ་རང་གིས་བདེན་པ་རྣམས་ལ་དེ་མ་ཐག་པའི་སེམས་ཀྱི་ཏིང་ངེ་འཛིན་ དང་ཤེས་རབ་མཚུངས་པར་ལྡན་པ་དང་བཅས་པའོ། །ཞེས་སོ། །གཉིས་པ་ནི། ཆ་མཐུན་དེ་ དག་གིས་མཐོང་ལམ་བསྐྱེད་པར་མ་ངེས་པ་དང༌། ངེས་པ་དང༌། ཚེ་དེ་ལ་བསྐྱེད་ངེས་པ་དང་ གསུམ་སྟེ། རིམ་བཞིན་དུ་ཆོས་ལ་ངེས་རྟོག་གི་བཟོད་པ་ཆུང་འབྲིང་ཆེ་གསུམ་མོ། ། གསུམ་པ་ནི། དྲུག་སྟེ། (རྒྱལ་སྲས་དངོས།) རྗེས་སུ་མཐུན་པ་པ། ཁྱད་པར་བ། རབ་ཏུ་ རྟོགས་པ་པ། གཞན་ཏུ་ཡོངས་སུ་བསྒྱུར་བ་པ། སྐྱེ་བ་གཅིག་པ། སྟན་གཅིག་པའོ། །(དངོས།) དང་པོ་ནི། (དངོས་)གང་བདེན་པ་ལ་དམིགས་པའི་རྣམ་པའི་དགེ་རྩ་དང་བོ་ཉིད་དུ་ཆུང་ངུར་ འབྱུང་བའོ། །གཉིས་པ་ནི། དེ་འབྲིང་དུ་གྱུར་པ་སྟེ་སྔ་མ་དེ་བས་ཆེས་མཆོག་ཏུ་གྱུར་པས་སོ། ། གསུམ་པ་ནི། ཚེ་དེ་ཉིད་ལ་བདེན་པ་རྟོགས་པ་ཤས་ཆེན་པོར་གྱུར་པའོ། །བཞི་པ་ནི། མ་ ངེས་པའི་རིགས་ཅན་རྣམས་བྱང་ཆུབ་ཁྱད་པར་དུ་འགྱུར་བར་ཡོངས་སུ་བསྒྱུར་བ་དང༌། རང་ སངས་རྒྱས་རྣམས་ཚེ་རབས་གཞན་ལ་སློབ་དཔོན་མེད་པར་མངོན་རྫོགས་ཆུབ་པར་ཡོངས་ སུ་བསྒྱུར་བ། ཞེས་ (རྒྱལ་སྲས་)ཏེ། ཉན་ཐོས་རིགས་མ་ངེས་པ་རྣམས་བྱང་ཆུབ་ཁྱད་པར་ཅན་ རྫོགས་བྱང་དང་རང་རྒྱལ་རྣམས་ཡང་རྫོགས་བྱང་དུ་བསྒྱུར་བའམ། ཁ་ (བུ་སྟོན་)ཅིག ཉན་ ཐོས་སྦྱོར་ལམ་ལས་རང་རྒྱལ་གྱི། དེ་ལས་ཐེག་ཆེན་སྦྱོར་ལམ་དུ་བསྒྱུར་བའོ། །ཞེས་སོ། །ལྔ་ པ་ནི། ཚེ་དེ་ཉིད་ལ་མཐོང་ལམ་སྐྱེ་བའོ། །དྲུག་པ་ནི། སྟན་དེ་ཉིད་ལ་མཐོང་ལམ་སྐྱེ་བའོ། །དེ་ 1-1-325 དག་ཀུན་བཏུས་འགྲེལ་པར་བྱུང་ངོ༌། ། བཞི་པ་ནི། འདིར་མི་མཐུན་པ་མང་སྟེ། ལོཙྪ་བ་ཆེན་པོ་ (འབྲོམ་)སོགས་བྱང་སེའི་སྦྱོར་ ལམ་མཉམ་བཞག་རྣམས་ནི་རྣལ་འབྱོར་མངོན་སུམ་ཡིན་གྱི་དེའི་སྐབས་ན་རྟོག་པ་མེད་ གསུང་ངོ༌། །འབྲེ་དང་འདུལ་དཀར་སོགས་ནི། རྗེས་དཔག་གི་རྒྱུན་བཅད་ཤེས་ཡིན་ནོ་གསུང་ ངོ༌། །འཇམ་གསར་ནི། ཡུལ་སྟོང་ཉིད་སྣང་བའི་ཚོགས་དོན་ལ་རྗེས་དཔག་དང་བཅད་ཤེས་ གཉིས་སུ་ཡོད་དེ། གཅིག་དང་དུ་བྲལ་ལ་སོགས་གྱི་རྟགས་ལ་བརྟེན་པའི་རྗེས་དཔག་དང་ དེས་རྟོགས་ཟིན་ལ་ཕྱིས་འཇུག་པ་བཅད་ཤེས་སོ་གསུང་ངོ༌། །བཅོམ་རལ་ནི། ཚད་མིན་གྱི་ ནང་ནས་སྔར་འདྲིས་པའི་ཡུལ་བདག་མེད་མ་བརྗེད་པར་འཛིན་པའི་དྲན་པ་ཡིན་ནོ་ཞེས་སོ། ། ཆུ་མིག་པ་ནི། རྗེས་དཔག་དང་རྟོག་པ་བཅད་ཤེས་དང་ཡིད་དཔྱོད་ཅི་རིགས་ཡིན་ཞེས་དང༌། སྒྲ་དོན་འཛིན་པའི་རྟོག་པ་ཡིན་ཞེས་སོ། །འོད་ཟེར་མགོན་པོ་ནི། སྣང་ཡུལ་ལ་རྟོག་མེད་ལོག་ ཤེས། ཆོས་ཉིད་ཀྱི་རིགས་ལ་བཅད་ཤེས་ཆོས་ཉིད་དོན་ལ་གནས་པ་ལ་ལྟོས་ནས་ཡིད་དཔྱོད་ དོ་ཞེས་ཟེར་རོ། །དེ་ལ་མངོན་སུམ་དུ་འདོད་པ་ལ་ཆོས་ཉིད་མངོན་སུམ་དུ་མཐོང་བ་དང༌། མཐོང་སྤང་ས་བོན་སྤངས་པར་དང༌། རྟོག་བཅས་མིན་པ་དང༌། སོ་སྐྱེའི་རྟོགས་པ་མིན་པར་ ཐལ་ལོ། །འདོད་ན། ཀུན་བཏུས་སུ། ཤེས་བྱ་ལ་ལེགས་པར་མ་ཞུགས་པ་དང༌། སྒྲིབ་པ་དང་ བཅས་པ་དང༌། རྣམ་པར་རྟོག་པ་དང་བཅས་པ་དང༌། ཞེས་པ་དང་འགལ་ལོ། །བཞི་པ་ལ། ཁྱབ་པ་ཡོད་དེ། ཐུབ་དགོངས་སུ། གང་ཅིག་ཤོས་རྣམས་ཀྱི་མངོན་སུམ་དེ་ནི་དོན་དམ་པའི་ དབང་དུ་བྱས་ནས་མ་འཁྲུལ་བར་མི་བརྗོད་དོ། །གཞན་དུ་ཐམས་ཅད་རྣལ་འབྱོར་པ་ཁོ་ནར་ འགྱུར་གྱི་ཚུར་རོལ་མཐོང་བར་མི་འགྱུར་རོ། །ཞེས་སོ། །ཞེས་སོགས་སྐྱོན་འཛིན་པར་མཛད་ (བུ་སྟོན་སོགས་)དོ། །རྟགས་ཡང་དག་ལ་བརྟེན་པའི་རྗེས་དཔག་སོགས་སུ་འདོད་པ་ནི་འཁྲུལ་ བ་སྟེ། ཡང་དག་པའི་དོན་བསྒོམས་པའི་སྟོབས་ཀྱིས་ཆོས་ཉིད་ལ་གསལ་སྣང་ཅན་གྱི་ཡེ་ 1-1-326 ཤེས་མིན་པར་ཐལ་ལོ། །འདོད་དེ། འགྲེལ་ཆེན་དུ། ཡེ་ཤེས་ཀྱི་སྣང་བ་གསལ་ཞེས་སོགས་ (ཨ་བྷ་ཡ་)བཤད་པ་ནི་རང་རིག་ལ་ཡེ་ཤེས་གསལ་བར་བཤད་པ་ཙམ་མོ་ཞེས་ཆུ་མིག་པ་ཟེར་ རོ། །དེ་ལྟར་ན་བློ་རང་རིག་ཡོད་པར་བསྒྲུབ་པ་ཙམ་དུ་ཟད་མོད་དོན་ཁྱད་པར་བ་ཅི་ཡང་མེད་ དོ། །བཅོམ་རལ་ནི། ཡེ་ཤེས་རང་གི་ངོ་བོ་སྒྲིབ་པ་རགས་པས་དག་པས་གསལ་བར་བཤད་ ཀྱི་ཡུལ་བདག་མེད་གསལ་བ་མིན་ཟེར་ཏེ། ཡུལ་མི་གསལ་ན་སྒྲིབ་པས་དག་པའི་ཡེ་ཤེས་ གསལ་བོར་འགལ་ལོ། །འདི་དག་གི་དགག་པ་གཞུང་འཆད་པའི་ཐད་ཀར་སྟོན་ནོ། །བུ་སྟོན་ རིན་པོ་ཆེ་ནི། བློའི་ངོ་བོ་རང་རིག་ཡེ་ཤེས་ཏིང་ངེ་འཛིན་དང་ཤེས་རབ་སྟེ་མ་འཁྲུལ་བ་དང་ ཆ་མཐུན་པའི་རྟོག་མེད་འཁྲུལ་ཤེས་ཞིག་གོ་གསུང་ཞིང་དུས་ཕྱིས་ཡེ་ཤེས་མིན་པར་བཞེད་ དོ། །བྱང་སེའི་སྦྱོར་ལམ་མཉམ་བཞག་ཆོས་ཅན། སོ་སྐྱེའི་ལོག་ཤེས་མིན་པར་ཐལ། ཡུལ་ གྱི་གནས་ལུགས་ཡང་དག་པ་དེ་མཐོང་བའི་ཡེ་ཤེས་ཡིན་པའི་ཕྱིར། རྟགས་གསལ་ལུང་སྙེར་ ཁས་བླངས། ཁྱབ་པ་ཡོད་དེ། དེ་མ་ཡིན་ལ་དེར་འཛིན་ཕྱིར། །འཁྲུལ་ཞེས་རྣམ་ངེས་སོགས་ ལས་སོ། །ཡང་ན་རྟགས་ཟུར་དང་པོ་མ་གྲུབ་ན། ཆོས་ཉིད་གསལ་བར་སྣང་བ་འགལ། གཉིས་པ་ཡེ་ཤེས་མིན་ན། ཡེ་ཤེས་ཀྱི་ཚོགས་ཉི་ཤུ་མེད་པར་ཐལ་བ་དང༌། ཐུབ་དགོངས་ སུ། ཡེ་ཤེས་ཀྱི་སྣང་བ་ཤིན་ཏུ་གསལ་བ་སྐྱེས་པ་དེའི་ཚེ་བཟོད་པའི་གནས་སྐབས་ཏེ། ཞེས་ དང༌། བརྒྱད་སྟོང་འགྲེལ་ཆེན་ (དམིགས་རྣམ་རྫོགས་མཚམས་སུ་ཡོད་)དང་དབུ་མ་བསྒོམ་རིམ་དང་པོ་ དང་ཐུབ་དགོངས་སུ། ཡེ་ཤེས་ཀྱི་སྣང་བ་ཅུང་ཟད་གསལ་བས་ཡིད་ཙམ་ཁོ་ནར་བལྟ་བའི་ ཚེ་དྲོ་བར་གྱུར། ཅེས་དང༌། ཡེ་ཤེས་ཀྱི་སྣང་བ་འབྲིང་དུ་གསལ་བ་ནི་རྩེ་མོ། ཞེས་དང༌། ཡེ་ ཤེས་ཀྱི་སྣང་བ་ཤིན་ཏུ་གསལ་བ་སྐྱེ་བའི་ཚེ་བཟོད་པ། ཞེས་དང༌། ཡེ་ཤེས་ཀྱི་སྣང་བ་རྫོགས་ པར་གྱུར་པའི་ཚེ་ཆོས་མཆོག ཅེས་སོགས་དང་འགལ་ལོ། །ཡང་དག་པའི་ཆོས་ཉིད་གསལ་ སྣང་ཅན་ཡིན་ན་ཡེ་ཤེས་མིན་པར་ཡང་ཤིན་ཏུ་འགལ་ལོ། །དེས་ན་ཆོས་ཉིད་གསལ་སྣང་ 1-1-327 ཅན་དང་སོ་སྐྱེའི་འཁྲུལ་ཤེས་སུ་བཞེད་པ་ནི་ནང་འགལ་བ་སྟེ། ཆོས་ཆོས་ཉིད་རྣམ་འབྱེད་དུ། དེ་སྣང་བས་ཆོས་ཉིད་མི་སྣང་ཞིང་དེ་མི་སྣང་བས་ཆོས་ཉིད་སྣང་ངོ༌། །ཞེས། གཟུང་འཛིན་ གཉིས་སུ་སྣང་ན་དེ་མི་སྣང་བར་བཤད་ལ་སོ་སྐྱེའི་རྟོག་མེད་འཁྲུལ་ཤེས་ཡིན་ན་གཉིས་སྣང་ གི་ལོག་ཤེས་ལས་མ་འདས་སོ། །སོ་སྐྱེའི་རྟོག་མེད་འཁྲུལ་ཤེས་ཡིན་ན། ཡུལ་མ་ངེས་པ་ཡིན་ ལ། འདིས་གཟུང་འཛིན་བདེན་སྟོང་གི་མཚན་ཉིད་མ་ངེས་ན་གཟུང་འཛིན་གྱི་རྣམ་གཡེང་ཅི་ ལྟར་སྤོང༌། སྤྱིའི་ཚུལ་གྱིས་རྟོགས་ན་ནི་སྒྲ་དོན་འཛིན་པའི་རྟོག་པར་འགྱུར་རོ། །དེས་ན་བློའི་ ངོ་བོ་ཡང་དག་པའི་དོན་བསྒོམས་པ་ལས་བྱུང་བའི་ཡེ་ཤེས་ཆོས་ཉིད་གསལ་སྣང་ཅན་ཡིན་ པས་རྣལ་འབྱོར་མངོན་སུམ་དུ་ཁས་བླང་དགོས་ཏེ། དེ་ཡིན་ན་མངོན་སུམ་ལས་མ་འདས་ ཤིང་དབང་ཡིད་མངོན་སུམ་མིན་པའི་རྒྱུ་མཚན་སླ་ཞིང༌། རང་རིག་མངོན་སུམ་ཡིན་ན་སོ་ སྐྱེ་ལས་འོས་མེད་ལ་དེ་ཡིན་ན་ཁོའི་ཡུལ་དེ་ཉམས་སུ་མྱོང་ཞིང་རྫས་གཅིག་པ་དགོས་པས་ ཆོས་ཉིད་མྱོང་བ་དང་རྫས་གཅིག་གང་ཡང་མིན་པས་སོ། །འོ་ན་མཐོང་སྤང་སྤངས་པར་ཐལ། ཆོས་ཉིད་མངོན་སུམ་དུ་མཐོང་བས་སོ་ཞེ་ན། ས་དང་པོས་ཡང་མཆོག་གི་དོན་ལ་སོགས་པའི་ ཆོས་ཉིད་དགུའི་སྒྲིབ་པ་སྤངས་པར་ཐལ། དེ་དགུ་མངོན་སུམ་དུ་མཐོང་བས་སོ་ཞེས་སོགས་ ངེས་པར་མཚུངས་སོ། །ངོ་བོ་ཀུན་འབྱུང་གིས་བསྡུས་པར་བསྡུ་བར་བཤད་པ་དང་འགལ་ཞེ་ ན། སྤྱིར་ཟག་བཅས་ཀྱི་སྦྱོར་ལམ་ཙམ་ལ་དགོངས་པའམ་རྒྱུད་དབང་བཙན་པར་མཛད་པའོ། ། འཕགས་པར་ཐལ་ལོ་ཞེ་ན། མཐོང་སྤང་སྤངས་པའི་ཚུལ་གྱིས་ཆོས་ཉིད་མཐོང་བ་མིན་པས་ དེ་ཙམ་གྱིས་དེར་མི་འགྱུར་རོ། །འགྱུར་ན་ས་དང་པོ་པའང་སྒོམ་ལམ་དགུ་གང་རུང་གི་ཨཱརྱར་ ཐལ། མཆོག་གི་དོན་སོགས་ཆོས་ཉིད་དགུ་མངོན་སུམ་དུ་མཐོང་བས་སོ་ཞེས་མཚུངས་སོ། ། མི་འདྲ་སྟེ་སྒོམ་སྤང་རིམ་གྱིས་སྤོང་དགོས་པས་སོ་ཞེ་ན། མཐོང་སྤང་ཡང་ཕྲ་རགས་རིམ་ གྱིས་སྤོང་དགོས་སོ། །དེ་མིན་ན་མཐོང་ལམ་གྱིས་མཐོང་སྤང་མངོན་གྱུར་སྤོང་བ་དང༌། སྡུག་ 1-1-328 བསྔལ་ཆོས་བཟོད་ཀྱིས་ཀུན་སྤོང་བས་ཀུན་འབྱུང་ཆོས་བཟོད་སོགས་དོན་མེད་པར་འགྱུར་ རོ། །དེ་བཞིན་དུ། དབུས་མཐར། རྗེས་སུ་མཐུན་ལ་ཕྱིན་ཅི་ལོག །ཅེས་པའང་སྦྱོར་ལམ་ ཙམ་དང་རྒྱུད་དབང་བཙན་པར་མཛད་པའོ། །རྒྱུ་བླར། སོ་སོའི་སྐྱེ་བོ་ཕྱིན་ཅི་ལོག །བདེན་ པ་མཐོང་བ་བཟློག་པ་སྟེ། །ཞེས་པའང་སོ་སྐྱེ་སྤྱིར་བཏང་གི་དབང་དུ་མཛད་པའོ། །དེ་མིན་ ན་སྣང་བ་ཐོབ། མཆེད་ཅེས་སོགས་དང་འགལ་ལོ། །དེས་ན་སྐྱོ་མ་སྔ་བཙན་གྱི་དབང་དུ་མི་ བཏང་ངོ༌། །འདི་བློར་མི་ཤོང་ན་བུ་རིན་གྱི་རྗེས་སུ་འབྲང་བར་བྱའོ། །བྱང་སེའི་འདི་དག་ནི་ ཡོན་ཏན་ཁྱད་པར་ཅན་དུ་མ་དང་ལྡན་ཏེ། དཀོན་མཆོག་སྤྲིན་ལས། མོས་པ་སྤྱོད་པའི་ས་འདི་ ལ་གནས་པའི་བྱང་སེ་ནི་སོ་སོའི་སྐྱེ་བོ་ཡིན་ན་ཡང་བྱིས་པའི་རྒུད་པ་ཐམས་ཅད་ལས་ཡང་ དག་པར་འདས་ཤིང་ཏིང་ངེ་འཛིན་དང་གཟུངས་དང་རྣམ་པར་ཐར་པ་དང་མངོན་པར་ཤེས་ པ་ལ་སོགས་པའི་ཡོན་ཏན་གྲངས་མེད་པ་དང་ལྡན་པ་ཡིན་ནོ། །ཞེས་སོ། ། གཉིས་པ་ལ་གཉིས་ཏེ། ཁྱད་ཆོས་དང་བཅས་ཏེ་མདོར་བསྟན། ཁྱད་ཆོས་རྒྱས་བཤད་དོ། ། དང་པོ་ལ་གསུམ་ལས། སྔ་འགྲེལ་ནི། བྱང་སེ་ལས་དང་པོ་པ་སྔར་བཤད་དེ་ལྟར་གྱི་གདམས་ངག་ཐོབ་པ་བསོད་ ནམས་ཀྱི་ (གསེར་ཏེ་མདོ་རྒྱན་འགྲེལ་ཆེན་སོགས་དོན་)ཚོགས་དང་ལྡན་པས་ཡེ་ཤེས་ཀྱི་ཚོགས་འགྲུབ་ (རྒྱན་དོན་གསེར་)པར་བྱ་བའི་ཕྱིར་བསྐལ་བ་གྲངས་མེད་པས་ངེས་པར་འབྱུང་བའི་མོས་པས་ སྤྱོད་པའི་ས་སྦྱང་བའི་དོན་དུ་ཞུགས་པ་ (ཀུན་གསེར་)ལ་ངེས་པར་འབྱེད་པའི་ཡན་ལག་འབྱུང་ བས་ངེས་པར་འབྱེད་པའི་ཡན་ལག་ཆུང་ངུ་འབྲིང་ཆེན་པོ་ཆེན་པོའི་ཆེན་པོ་བཞི་སྟོན་ནོ། །(ཐུབ་ དགོངས།) ངེས་པ་ནི་མ་ལུས་པར་རོ། །འབྱེད་པ་ནི་འཇོམས་པའོ། །ཆ་ཕྱོགས་གཅིག་གོ །ཨི་ ཡ་ནི་ཕན་པ་སྟེ་རྒྱུ་རུ་གཏོགས་པའོ། །ཞེས་ཆོས་བཤེས་ཏེ། མཐོང་སྤང་མ་ལུས་པར་འཇོམས་ པའི་རྒྱུར་གཏོགས་པ་ཞེས་པའོ། །རད་ཀིར་ནི། རྟོག་མེད་ཀྱི་མཐོང་ལམ་སྐད་ཅིག་བཅུ་དྲུག་ 1-1-329 ནི་ངེས་འབྱེད་ཡན་ལག་རྒྱུ་ཞེས་སོ། །ལུས་སུ་ཡང་བཤད་ཟིན་ཏོ། །ཡང་དག་པའི་དོན་ངེས་ པས་རྒྱུད་མཐོང་སྤང་དང་འདྲེས་པ་འབྱེད་པས་མཐོང་ལམ་གྱི་རྒྱུ་ཞེས་ཀྱང་བྱའོ། ། གཉིས་པ་རྩ་བ་ལ། ཁྱད་པར་འཕགས་ཞེས་དྲང་ངོ༌། །གང་ན། བྱང་ཆུབ་ནི་ཆོས་སྐུ་ ཡང་དག་པའི་མཐའ་སྟེ་དེ་ལ་བསམ་པས་ན་སེམས་དཔའ་ཞེས་སྤྱོད་འཇུག་འགྲེལ་ཆེན་དུ་ ཤེར་འབྱུང་ངོ༌། །རང་གིས་ཉམས་སུ་ (རྣམ་འགྲེལ་)བཞེས་པའི་ལམ་མ་ནོར་བར་བསྟན་ནས་ ཉེས་པའམ་སྡུག་བསྔལ་ལས་སྒྲོལ་བ་སྐྱོབ་པ། དེའི་རྟོགས་པ་དྲོད་རྩེ་སོགས་ཀྱི་བདག་ཉིད་ རེ་རེ་ལ་ཆུང་དང་འབྲིང་དང་ཆེན་པོ་ཡོད་པ་རྣམས་སོ། །གང་ལས་ན། ཉན་ཐོས་དང་བསེ་ རུ་ལྟ་བུས་མཚོན་པ་རང་རྒྱལ་དང་བཅས་པ་སྟེ་ལྷན་ཅིག་པའི་དྲོད་ (རད་ཀིར་ཡང་)སོགས་དག་ ལས་སོ། །གང་གིས་ན། ཐེག་དམན་ལམ་གྱི་རྣམ་པར་འདོད་པའི་མི་རྟག་སོགས་བཅུ་དྲུག་ དམིགས་པར་ཡོད་པ་དང༌། ཞེས་ཤེར་འབྱུང་ངོ༌། །ཡང་ན་རང་གིས་བདེན་མེད་སྒྱུ་མ་ལྟར་ རྟོགས་པའི་བདེན་བཞི་སྒྱུ་མ་ལྟ་བུ་དམིགས་པ་དང༌། གང་ལ་ཡང་ཅིར་ཡང་མ་ཞེན་པའི་ རྟོགས་པ་ཤེས་པའི་རྣམ་པ་དང༌། ཅིར་ཡང་ཞེན་བྱར་མེད་པའི་སྟོང་ཉིད་དོན་རྣམ་དང༌། རྒྱུ་ འཆད་འགྱུར་ལྟར་དང༌། ཕྱི་ནང་གི་ཡོངས་སུ་འཛིན་པ་འཆད་འགྱུར་ལྟར་དང༌། དྲོད་སོགས་ བཞི་བོ་རིམ་པ་ཇི་བཞིན་དུ་འཆད་འགྱུར་གཟུང་འཛིན་གྱི་རྣམ་རྟོག་བཞི་བོ་མཚུངས་ལྡན་ དུ་བསྟེན་པ་སྟེ་གནས་པའམ་དང་པོར་ལྡན་ཞིང་རྒྱུན་གྱིས་བསྟེན་པ་སྟེ་འཇུག་པ་སྟེ་ལྔས་ སོ། །ཟླ་ཟེར་དག་ལྡན་དང་སློབ་དཔོན་ནོ། །སངས་རྒྱས་ཡེ་ཤེས། རྟོག་པ་མ་གཏོགས་པ་ བཞིས་སོ། །རད་ཀིར། བཞིའི་སྟེང་དུ་རྣམ་རྟོག་བཞི་བོ་སྤོང་པའི་སྦྱོར་བ་དང་ལྡན་པ་དང་ཆུང་ འབྲིང་ཆེན་པོས་འཕགས་ཞེས་དྲུག་གིས་སོ། །བོད་དག་ཨཱརྱའི་བཞེད་པའང་དེར་འཆད་པ་ ནི་དགོངས་པར་མི་སྣང་ཞིང་ཨཱརྱ་ཡེ་ཤེས་ཞབས་ཕུགས་འདྲ་བར་སྣང་སྟེ། ཁྱད་པར་བཞིས་ འཕགས་པའང་བརྗོད་པར་བྱ། ཞེས་སོགས་དེ་ཉིད་ལ་བལྟས་པས་སྐྱོ་མ་སྔ་བཙན་ལ་དབང་ 1-1-330 མ་ཤོར་ན་རྟོགས་པར་འགྱུར་རོ། ། འགྲེལ་པ་ལ་གསུམ་སྟེ། བྱང་སེའི་སྦྱོར་ལམ་ཁྱད་པར་ལྔ་ལྡན་དུ། ཉན་རང་གི་སྦྱོར་ལམ་ ལྔ་བྲལ་དུ། བྱང་སེའི་དམིགས་ཚུལ་སྣ་ཚོགས་སུ་བསྟན་པའོ། ། དང་པོ་ནི། ཁྱད་པར་དུ་འཕགས་པ་ཡིན་ནོ། །ཞེས་དྲང་ངོ༌། །གང་ན། བྱང་ཆུབ་སེམས་ དཔའ་རྣམས་ཀྱི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་བཞི་བོ་རེ་རེ་ལའང་ཆུང་ངུ་དང་འབྲིང་ དང་ཆེན་པོ་ཡོད་པ་རྣམས་ནིའོ། །ཆ་མཐུན་ཇི་འདྲ་ན། བསོད་ནམས་ཚོགས་ནི་ཡང་དག་ རྫོགས། །དེ་ནས་བློ་ལྡན་བསམ་པ་བརྟན། །དད་སོགས་དགེ་བའི་ཆོས་རྣམས་ཀྱིས། །རྒྱུད་ ནི་ཡོངས་སུ་བསྒོས་གྱུར་པ། །བསྐལ་བ་གྲངས་མེད་ངེས་འབྱུང་བས། །ཡེ་ཤེས་ཚོགས་ནི་ འགྲུབ་བྱའི་ཕྱིར། །མངོན་ཤེས་གདམས་ངག་བསྟན་པ་ཡིས། །སྤྱོད་པའི་ས་ལ་རབ་ཏུ་འཇུག ། ཅེས་པ་ལྟར་ཐོས་པ་དང་ལ་སོགས་པ་བསམ་པ་སྟེ་ཐོས་བསམ་འབའ་ཞིག་གཙོ་བོར་གྱུར་ བའི་བསོད་ནམས་ཀྱི་ཚོགས་རབ་ཀྱི་མཐར་ཕྱིན་པ་ཐོབ་པ་ཐར་བའི་ཆ་དང་མཐུན་པ་ཚོགས་ ལམ་གྱི་དད་པ་དང་བརྩོན་འགྲུས་སོགས་ཀྱི་མཚན་ཉིད་ཀྱི་དགེ་བའི་རྩ་བ་རྫོགས་པའི་འོག་ ཏུ་བྱུང་བ། བློའི་ངོ་བོ་འཇིག་རྟེན་པ་སོ་སྐྱེའི་རྒྱུད་ལ་གནས་པས་རྒྱུད་དབང་བཙན་པར་བྱས་ པས་འཇིག་རྟེན་པའི་བསྒོམས་པ་ལས་བྱུང་བའི་ཡེ་ཤེས། རྣམ་པ་འཕགས་པའི་བདེན་པ་ བཞི་རྟོགས་པ་མཐོང་ལམ་དང་རྗེས་སུ་མཐུན་པ་སྟེ་བདེན་པའི་རྣམ་པ་ཅན་ཡིན་གྱི་ཞི་རགས་ ཀྱི་རྣམ་པ་ཅན་ལྟ་བུ་མིན་པའོ། །གསེར་ནི། ཐོས་སོགས་མཐར་ཕྱིན་པས་ཐོབ་པའི་ཞེས་སོ། ། བཞི་གང་ཞེ་ན། གཙུབ་ཤིང་གཙུབས་པ་ན་མེའི་བཞིན་དུ་འཇིག་རྟེན་ལས་འདས་པའི་ཡེ་ ཤེས་ཀྱི་མེའི་སྔ་ལྟས་ཉིད་ (ཟླ་ཟེར་ཐུབ་དགོངས་དངོས་)ཀྱི་ཕྱིར་དྲོ་བར་གྱུར་བ་ཞེས་བྱ་བའི་དགེ་བའི་ རྩ་བ་དང༌། དེའི་འོག་ཏུ་དགེ་ (དངོས་)རྩ་གཡོ་བའི་ (དངོས་)རྩེ་མོར་གྱུར་པ་ (ཟླ་ཐུབ་)དང༌། དེའི་ འོག་ཏུ་ (ཐུབ་དངོས་)འཇིག་རྟེན་པའི་ཆོས་མཆོག་ལ་བཟོད་པར་ (བཟོད་པ་ནི་མི་སྐྱེ་བའི་ཆོས་ལ་མོས་པ་ 1-1-331 བརྟན་པོས་སོ། །བཟོད་པའི་ཕྱིར་རོ་ཞེས་ཟླ་ཟེར་)གྱུར་པ་དང༌། དེའི་འོག་ཏུ་འཇིག་རྟེན་པའི་ཆོས་ཀྱི་ (བུདྡྷ་ཤྲཱི་ ནི། ཀུན་ནས་ཉོན་མོངས་པའི་གཟུང་བ་མི་དམིགས་པ་དྲོ་བར་གྱུར་པ་དང༌། དེའི་འོག་ཏུ་རྣམ་པར་བྱང་བའི་གཟུང་བ་མི་དམིགས་ པ་རྩེ་མོར་གྱུར་པ་དང༌། དེའི་འོག་ཏུ་གང་ཟག་ཉིད་ལ་འཛིན་པ་མི་དམིགས་པ་བཟོད་པར་གྱུར་པ་དང༌། དེའི་འོག་ཏུ་སྐྱེས་བུ་ཉིད་ ཀྱིས་འཛིན་པ་མི་དམིགས་པ་ཆོས་ཀྱི་མཆོག་ཅེས་སོ། །)མཆོག་ (ཡིན་པའི་ཕྱིར་རོ། །ཞེས་ཟླ་ཟེར་རོ། །)ཅེས་བྱ་བ་བཞིའོ། ། (ངོས་འཛིན་བཞི་ཨ་བྷ་ཡའོ། །)གྱུར་པ་དང་རྣམ་པ་དང་བྱེ་བྲག་རྣམས་དོན་གཅིག་གོ་ཞེས་ཆུར་ལྷུང་ ངོ༌། །ཞེས་ཐུབ་དགོངས་སོ། །(ལ་ལར་གྱུར་པའི་སྒྲ་སྤྱིའི་ཚིག་ཏུ་བརྗོད་དེ་དྲོ་བར་གྱུར་པ་ཞེས་སོགས་དག་ལྡན་ཐུབ་ དགོངས་ཏེ་དྲོ་བར་གཏོགས་པ་ཞེས་པའི་དོན་ནོ། །ལ་ལར་གསལ་བའི་དབྱེ་བའི་མང་ཚིག་སྟེ་དྲོ་བ་རྣམས་ཞེས་སོགས་དག་ཐུབ་ བོ། །)གྱུར་པ་ནི་འཁྲུངས་པ་ལའང་ (ལྷ་དབང་བློ་སོགས་)བཤད་དོ། །ཆུང་ངུ་ལ་སོགས་པ་ནི་བཞི་ (བུདྡྷ་ ཤྲཱི་)པོ་དེའི་རིམ་གྱིས་སྐྱེ་བའི་ཚུལ་གྱིས་དང་པོར་སྐྱེ་བ་ཆུང་ངུ་བར་རུ་སྐྱེ་བ་འབྲིང་མཐར་སྐྱེ་ བ་ཆེན་པོའམ། ཡང་ན་བཞི་བོ་རེ་རེ་ལ་ཡང་བྱང་སེམས་དང་འབྲེལ་བ་སྟེ་དེའི་རིགས་ (གསེར་ དངོས་)ཅན་གྱི་ (དངོས་)དབང་བོ་རྟུལ་བོ་དང་ལ་སོགས་པ་འབྲིང་དང་རྣོན་པོའི་བྱེ་བྲག་གིས་རིམ་ བཞིན་ནོ། །སངས་རྒྱས་ཡེ་ཤེས་ནི། དད་སོགས་དབང་བོ་ཆུང་ངུས་ཡུལ་དུ་བྱས་པ་ནི་ཆུང་ངུ་ ཞེས་སོགས་སུ་བཞེད་དོ། །འདིར་བྱང་སེའི་སྦྱོར་ལམ་ཙམ་སྟོན་གྱི་གང་ཟག་རེ་རེའི་མི་སྟོན་ པས། གསུང་སྒྲོས་སུ་གཉལ་པ་སོགས་དང་རྩོད་ལན་བྱས་ནས་སངས་རྒྱས་ཡེ་ཤེས་ལྟར་ འཐད་གསུང་བ་རྣམས་དོན་མེད་དོ། །སམ་ཞེས་པ་ཕན་ཚུན་ལྟོས་པའམ། སྡུད་པ་སྟེ་གཉིས་ ཀ་ཡང་ཡིན་པར་སྟོན་པའོ། །གང་ལས་ན། ཉན་ཐོས་དང་རང་རྒྱལ་ལ་སོགས་པའི་དྲོ་བ་དང་ རྩེ་མོ་ལ་སོགས་པ་ལས་སོ། །གང་གིས་ན། ལྔ་ཡིས་ཏེ་འཆད་པར་འགྱུར་བའི་དམིགས་པའི་ ཁྱད་པར་གྱི་ངོ་བོ་ཉིད་བདེན་མེད་སྒྱུ་མ་ལྟར་རྟོགས་པའི་བདེན་པ་བཞིའི་དངོས་པོ་ (ནི་ཤེས་ པ་བསྐྱེད་པའི་ཕྱིར་ཞེས་གསེར་རོ། །)ལ་དམིགས་པ་དང༌། མི་རྟག་སོགས་ཆོས་སུ་ལྟ་བའི་མངོན་ཞེན་ གྱི་གཉེན་པོ་ཉིད་ཀྱིས་མངོན་པར་ཞེན་པ་ལ་སོགས་པ་མེད་པའི་རྣམ་པར་ཞུགས་པའི་ཤེས་ 1-1-332 རྣམ་དང༌། ཞེན་བྱར་མེད་པའི་ཆོས་ཉིད་དོན་རྣམ། ཐེག་པ་གསུམ་ཅར་གྱི་སྤངས་རྟོགས་ཐོབ་ པའི་ཐེག་ཆེན་ (ཨཱརྱའི་དོན་)མཐོང་ལམ་གྱི་རྒྱུའི་ངོ་བོའམ་གཙོ་བོ་དང༌། ཡང་ན་ཐེག་པ་གསུམ་ ཅར་གྱི་མྱང་འདས་ཐོབ་པའི་རྒྱུ་ཞེས་གསེར་རོ། །ཐེག་ཆེན་དགེ་བའི་བཤེས་གཉེན་སེམས་ མི་འགོང་བ་སོགས་འཚང་རྒྱ་བའི་ (གསེར་)ཐབས་ལ་མཁས་པའི་མཚན་ཉིད་ཅན་གྱིས་སངས་ རྒྱས་ཀྱི་བར་དུ་ཡོངས་སུ་འཛིན་པ་སྟེ་བདག་གིར་བྱས་པ་དང་ལྡན་པ་དང༌། རྩེ་མོས་བསྡུས་ པའི་མཐོང་བ་དང་སྒོམ་པས་སྤང་བར་བྱ་བའི་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་རྣམ་ པ་བཞི་བོ་འོག་ནས་འཆད་པར་འགྱུར་བའི་ཚུལ་དང་འབྲེལ་བ་སྟེ་མཚུངས་ལྡན་དུ་འབྱུང་ བས་སོ། །རད་ཀིར་ནི། སྤོང་བར་འབྲེལ་ཞེས་སོ། །ཨ་བྷྱ་ (ཐུབ་དགོངས་)ནི། འདི་དག་གི་གཉེན་ པོ་ནི་མཐོང་བའི་ལམ་མོ་ཞེས་སྣང་བར་བཤད་པས་སྒོམ་སྤང་དུ་འཕགས་པས་མ་བཤད་ཅིང་ དོན་ལའང་མིན་པས་སེང་བཟང་ནོར་ཟེར་རོ། །དེས་ན་འདིར་བཤད་རྟོག་པ་བཞི་མཐོང་སྤང་ དུ་ཁས་བླང་དགོས་ཏེ་ཨཱརྱས་སོ། ། གཉིས་པ་ནི། ལྔ་བོ་དེས་དེ་དེ་ལས་ཁྱད་པར་འཕགས་པའི་རྒྱུ་མཚན་ནི་དེ་ལྔ་ཉན་རང་ ལ་མེད་པས་སོ་ཞེས་སྟོན་པ་ནི། ཉན་རང་དེ་དག་གི་དྲོ་བར་གྱུར་པ་ལ་སོགས་པའི་དགེ་བའི་ རྩ་བ་རྣམས་ནི། གཟུགས་སུ་རུང་བ་དང་ལ་སོགས་པ་ཉམས་སུ་མྱོང་ (གསེར་)བ་ལ་སོགས་ པའི་མཚན་ཉིད་ཀྱི། བདེན་པའི་དངོས་པོའི་བདག་ཉིད་ཀྱི་བདེན་པ་བཞི་ལ་དམིགས་པ་ དང༌། གང་ཟག་གི་བདག་ཏུ་ལྟ་བའི་གཉེན་པོ་ཙམ་ཉིད་ཀྱིས་མི་རྟག་པ་ལ་སོགས་པའི་རྣམ་ པར་ཞུགས་པ་དང༌། ཐེག་དམན་རང་གི་ཐེག་པའི་འབྲས་བུ་རྟོགས་པ་ལྷག་བཅས་ལྷག་མེད་ མྱང་ (གསེར་)འདས་ཐོབ་པ་ (གསེར་)ཁོ་ནའི་ཆེད་དུ་འཇུག་པ་དང་ཕྱི་ནང་གི་ཡོངས་སུ་འཛིན་པ་ དང་བྲལ་བ་དང༌། འདིར་བསྟན་གཟུང་འཛིན་གྱི་རྣམ་པར་རྟོག་པ་རྣམ་པ་བཞི་དང་མཚུངས་ པར་མི་ལྡན་ཞིང༌། ཕྱིས་རང་གིས་དྲངས་པའི་ཟག་མེད་ལམ་གྱི་སྤང་བྱར་མི་ལྡན་པར་འབྱུང་ 1-1-333 ངོ་ཞེས་དེ་ལྟར་འབྱུང་བའི་ཕྱིར་རོ། །གང་ལས་ན། ཉན་ཐོས་ཀྱི་ལུགས་ལས་ཏེ་ལུང་ལས་སོ་ ཞེས་གསེར་ཏེ། ནོར་བ་ཡིན་ཏེ། ཁོ་རང་གི་གཞུང་ལས་ཁོ་རང་དགེ་བཤེས་དང་བྲལ་ཞེས་ སོགས་འཆད་པ་མི་འཐད་དོ། །དེས་ན་ཐེག་ཆེན་གྱི་གཞུང་ལུགས་ཤིག་ལས་གསུངས་པར་ གསལ་ལོ། །འདིར་བསྟན་རྣམ་རྟོག་བཞི་ཉན་རང་ལ་ལྡན་ཡང་སྤང་བྱར་མི་ལྡན་ཞེས་འཆད་ པ་ནི་ནོར་བ་སྟེ། དེ་ཉན་རང་ལའང་ལྡན་ན་དེས་བྱང་སེ་ཇི་ལྟར་འཕགས་སོམས་ཞིག གསུམ་པ་ལ་གཉིས་ཏེ། དོན་དངོས། རྩོད་པ་སྤང་བའོ། །དང་པོ་ནི། བྱང་སེམས་རྣམས་ ཀྱི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་ནི། བདེན་པ་བཞིའི་དངོས་པོ་ལ་དམིགས་པ་ ཡིན་ནོ། །ཇི་ལྟར་ན། གསེར་གྱིས། ཀུན་འབྱུང་ལ་རྒྱུའི། སྡུག་བསྔལ་ལ་འབྲས་བུའི། འགོག་ བདེན་ལ་ངོ་བོ་ཉིད་ཀྱི། ལམ་བདེན་ལ་ཆོས་ཉིད་ཀྱི་རྣམ་པས་སོ། །ཞེས་སོ། །ཤེར་འབྱུང་ གིས་རྟེན་འབྲེལ་གྱི་རང་བཞིན་གྱི་རྒྱུ། རྟོགས་བཞིན་པའི་འབྲས་བུ། སྟོང་པ་ཉིད་ཀྱི་མཚན་ ཉིད་ཀྱི་ངོ་བོ་ཉིད། ཐ་མི་དད་པའི་བདག་ཉིད་ཆོས་ཉིད། ཅེས་སོ། །ཆོས་བཤེས་ནི། ཐེག་པ་ མ་ལུས་པའི་རྒྱུར། འབྲས་བུ་སངས་རྒྱས་ཉིད་ཀྱི་མངོན་སུམ་པའི་རྒྱུར་གྱུར་བའི་སྒོ་ནས་སོ། ། ཆོས་དབྱིངས་ཀྱི་ངོ་བོ་སྟེ་རང་བཞིན་དུ་ངེས་པར་གནས་པ། ཆོས་དབྱིངས་ཀྱི་རང་བཞིན་ དེ་ཡང་ཀུན་རྫོབ་པའི་དམིགས་རྣམ་སོགས་བྱེ་བྲག་ཏུ་མར་རྟེན་འབྲེལ་གྱི་ཆོས་ཉིད་ཀྱི་རྣམ་ པའི་མཐུའི་ཆེ་བས་གནས། ཞེས་སོ། །འགྲེལ་ཆེན་ལྟར་ན། བཟོད་འབྲིང་གི་སྐབས་ཁ་ཅིག་ ཏུ་ནི་རྣམ་དག་གི རྒྱུའི་སྒོ་ནས། ཆོས་མཆོག་ཆུང་ངུའི་སྐབས་ཁ་ཅིག་ཏུ་ནི་ཏིང་ངེ་འཛིན་གྱི་ འབྲས་བུའི་སྒོ་ནས། བཟོད་ཆུང་གི་སྐབས་ཁ་ཅིག་ཏུ་ནི་བདེན་སྟོང་གི་ཆོས་ཉིད་གཟུགས་ སོགས་ཀྱི་རང་བཞིན་ཡིན་ཞེས་པའི་ངོ་བོ་ཉིད་ཀྱི་སྒོ་ནས་སམ་བདེན་གཉིས་ཀྱི་ངོ་བོ་ཉིད་ཀྱི་ སྒོ་ནས། ཁ་ཅིག་ཏུ་ནི་སྟེ་གཞན་དགུས་ཆོས་ཉིད་ཀྱི་རྣམ་པའི་སྒོ་ནས་ཇི་ལྟར་སྲིད་པ་བཞིན་ དུ་དམིགས་ཀྱི་མེད་པའི་རྣམ་པས་མིན་ནོ། །འདིས་བྱང་སེའི་སྦྱོར་ལམ་མཉམ་གཞག་འཁྲུལ་ 1-1-334 ཤེས་ཡིན་པ་ལ་གནོད་དོ། །རྣམ་པ་དེ་དག་གིས་དམིགས་པའི་རྒྱུ་མཚན་ནི། སངས་རྒྱས་པའི་ ཐབས་སམ་རྒྱུ་ལ་མཁས་པའི་སྟོབས་ཀྱིས་སོ། །འོན་ཀྱང་རྗེས་ཐོབ་ཏུ་རྒྱུ་འབྲས་ངོ་བོ་སྟེ་ཀུན་ རྫོབ་ཀྱི་རྣམ་པ་སྣ་ཚོགས་པ། མཉམ་གཞག་ཏུ་ཆོས་ཉིད་ཀྱི་རྣམ་པས་ཏེ་བདེན་གཉིས་ཀྱི་རྣམ་ པར་ཡིད་ལ་བྱེད་པའོ་ཞེས་ཀྱང་རུང་ངོ༌། །ལ་ནི་སྦྲེལ་ཚིག་གོ །སྔ་མ་བྱང་སེའི་སྦྱོར་ལམ་གྱིས་ རྣམ་པ་དུ་མའི་སྒོ་ནས་དམིགས་པར་བསྟན་མ་ཐག་བཞིན་དུ་སྦྱོར་ལམ་ལས་རྣམ་པ་གཞན་ བྱང་སེའི་མཐོང་སྒོམ་གྱིས་ཀྱང་བདེན་པ་བཞི་ལ་སྔ་མ་བཞིན་དུ་སྒོ་སྣ་ཚོགས་ནས་ཀུན་ཏུ་ དམིགས་སོ་ཞེས་བྱ་བར་ཤེས་པར་བྱའོ། །གསེར་ནི། རྣམ་པ་གཞན་མངོན་ཞེན་མེད་པ་ལ་ སོགས་པས་ཞེས་སོ། །(ཆུ་མིག་རལ་གྲི་བུ་སྟོན་སོགས་)ཁ་ཅིག་ནི་རྣམ་པ་གཞན་རྣམ་ཀུན་གྱི་སྦྱོར་ ལམ་སོགས་ཀྱིས་ཀྱང༌། ཞེས་སོ། །འདིར་ནི་མངས་སུ་དོགས་ནས་མདོར་བསྡུས་ཏེ་རྣམ་པར་ བཀྲོལ་བ་ཙམ་དུ་བརྗོད་པར་འདོད་པས་ཚིག་རྒྱས་པར་མ་སྤྲོས་སོ། ། གཉིས་པ་ནི། གལ་ཏེ་བདེན་བཞི་ལ་རྣམ་པ་བཅུ་དྲུག་མ་གཏོགས་པ་དུ་མའི་སྒོ་ནས་སྦྱོར་ མཐོང་སོགས་ཀྱིས་དམིགས་ན། མཛོད་དུ། དྲི་མེད་བཅུ་དྲུག་གཞན་རྣམ་མེད། །ཅེས་པ་དང་ འགལ་ལོ་ཞེ་ན། དེ་ནི་ཉོན་སྒྲིབ་ཙམ་གྱི་གཉེན་པོའི་དབང་དུ་བྱས་ཤིང༌། འདིར་ནི་སྒྲིབ་པ་མ་ ལུས་པའི་གཉེན་པོར་བསྒོམ་པས་སྐྱོན་མེད་ཅེས་སྟོན་པར་གཞུང་འདི་འཆད་དོ། །(རལ་གྲི་བུ་ སོགས།) གསེར་ནི། མང་བཀུར་བའི་སྡེ་བ་རྣམས་ངེད་ཀྱི་སྡེ་སྣོད་གསུམ་ལ་ཁྱེད་ཀྱི་ཐེག་པ་མི་ སྣང་བས། ཁྱེད་ཅག་གི་ཐེག་པ་ནི་སངས་རྒྱས་ཀྱིས་གསུངས་པ་མིན་ནོ་ཞེ་ན། ཐེག་ཆེན་ལས་ གཞན་ཐེག་དམན་གྱི་གྲུབ་མཐའ་ཁས་བླངས་པ་ལ་བརྟེན་ནས་ནི། ཐེག་ཆེན་ནི་གང་དུ་ཡང་ སངས་རྒྱས་ཀྱི་བཀའ་མ་ཡིན་ནོ་ཞེས་སུན་འབྱིན་པ་བརྗོད་པར་མི་བྱའོ། །གང་གི་ཕྱིར་ན། ཐེག་ཆེན་འདི་ནི་ཐེག་དམན་གྱི་གྲུབ་མཐའ་ལས་རྣམ་པར་བཞག་པའམ་ཚུལ་གཞན་ཏེ་ཁྱད་ པར་འཕགས་པ་ཁོ་ན་ཡིན་ཏེ་དེའི་ཕྱིར་ཁྱད་པར་ལྔས་འཕགས་ཟེར་ཡང༌། ཁྱད་པར་རྣམ་པ་ 1-1-335 བཅུས་འཕགས་ཏེ། ཐེག་ཆེན་བསྡུས་པར། (ཀུན་གཞིའི་རྣམ་ཤེས་ནི་)ཤེས་བྱའི་གནས་དང་ (ངོ་བོ་ཉིད་ གསུམ་ནི་ཤེས་བྱའི་)མཚན་ཉིད་ (དེ་རྣམ་རིག་ཙམ་ནི་མཚན་ཉིད་)དེར་འཇུག་ (པ་)དང༌། །(ཕར་ཕྱིན་དྲུག་ནི་)དེ་ (ལ་འཇུག་པ་)ཡི་རྒྱུ་འབྲས་ (སོ། །ས་བཅུ་ནི།)དེ(འི་རྒྱུ་འབྲས་སྒོམ་པའི་)རབ་དབྱེ་ (འོ། །)བ་དང༌། །(བྱང་སེའི་སྡོམ་ པ་ནི་ལྷག་པའི་ཚུལ་ཁྲིམས་དཔའ་བར་འགྲོ་སོགས་ལྷག་སེམས། རྣམ་པར་མི་རྟོག་ཡེ་ཤེས་ལྷག་པའི་ཤེས་རབ་སྟེ།) བསླབ་ པ་གསུམ་དང་ (མི་གནས་པའི་མྱང་འདས་)དེ་འབྲས་ (བུར་གྱུར་པའི་)སྤངས་པ་དང༌། །(སྐུ་གསུམ་ནི་དེའི་འབྲས་ བུ་)ཡེ་ཤེས་ (ས་བཅུ་བསྟན་པས་ཐེག་དམན་ལས་)ཐེག་པ་མཆོག་གྱུར་ཁྱད་པར་འཕགས། །(སློབ་དཔོན་ རང་གིས་སོ། །) བསྟན་འདི་འདི་ལྟར་གཞན་ན་མ་མཐོང་ལ། །འདི་དག་བྱང་ཆུབ་མཆོག་གི་རྒྱུར་ མཐོང་བས། །གནས་བཅུ་བསྟན་པས་ཁྱད་ཞུགས་གང་ཡིན་པ། །ཐེག་པ་ཆེན་པོ་སངས་རྒྱས་ བཀར་འདོད་དོ། །ཞེས་སོ། །ཐེག་ཆེན་བཀར་སྒྲུབ་པའི་ཚུལ་གཞན་ཡང་གསུངས་ཏེ། སྔར་ ལུང་མ་བསྟན་ལྷན་ཅིག་བྱུང༌། །སྤྱོད་ཡུལ་མ་ཡིན་གྲུབ་པ་དང༌། །ཡོད་དང་མེད་ན་ཡོད་མེད་ དང༌། །གཉེན་པོ་དང་ནི་སྒྲ་གཞན་ཕྱིར། །ཞེས་ཏེ། ཐེག་ཆེན་ཞེས་པ་འདི་སངས་རྒྱས་འདས་ པའི་འོག་ཏུ་དམ་པའི་ཆོས་ནུབ་ཅིང་མེད་པར་བྱ་བའི་ཕྱིར་ཤེར་ཕྱིན་སོགས་མེད་དོ་ཞེས་བྱས་ ཏེ་སངས་རྒྱས་ཀྱི་བཀའ་ཡིན་པར་བཏགས་ཀྱི་འདི་སངས་རྒྱས་ཀྱི་ཚིག་མིན་ནོ་ཞེ་ན། (བློ་ བརྟན།) འདི་དམ་པའི་ཆོས་ཀྱི་བར་ཆད་ཆེན་པོར་ཕྱིས་འབྱུང་བ་ཡིན་ན། (དབྱིག་གཉེན།) རྒྱལ་བོ་ ཀྲི་ཀྲིའི་རྨི་ལྟས་ (གླང་ཆེན་ཁྲོན་པ་ཕྱེ་དང་ཙནྡན་གླང་ཆེན་བེའུ། །དེ་བཞིན་ཀུན་དགའ་ར་བ་དང་ནི་སྤྲེས་དབང་བསྐུར། །མི་ གཙང་སྤྲེའུ་དང་རས་ཡུག་འཐབ་མོ་ཞེས་བྱ་བ། །རྨི་ལམ་བཅུ་ནི་རྒྱལ་བོ་ཀྲི་ཀྲིས་མཐོང་བ་ཡིན། །ཞེས། མཛོད་ཀྱི་འགྲེལ་བཤད་ རྒྱལ་བོ་སྲས་སུའོ། །ཆོས་ཀྱི་རྣམ་གྲངས་ཀྱི་བརྗེད་བྱང་དུ་བཅོ་བརྒྱད་བཤད་དོ། །)བཞིན་དུ་སྟོན་པས་སྔ་ནས་ཅིའི་ ཕྱིར་ལུང་མ་བསྟན། འདི་ཉན་ཐོས་ཀྱི་ཐེག་པ་དང་ལྷན་ཅིག་བྱུང་བར་དམིགས་ཀྱི་ཕྱིས་མིན་ པས། དུས་སྔ་ཕྱིའི་སྒོ་ནས་ཀྱང་བཀའ་མིན་དུ་ཇི་ལྟར་ཤེས། འདི་རྟོག་པ་ཁོ་ནས་བྱས་པའང་ མིན་ཏེ། ཟབ་ཅིང་རྒྱ་ཆེ་བའི་ཆོས་འདི་རྟོག་གེའི་སྤྱོད་ཡུལ་མིན་པའི་ཕྱིར་ཏེ། མུ་སྟེགས་ཅན་ 1-1-336 གྱི་བསྟན་བཅོས་ལ་དེ་ལྟ་བུ་མ་དམིགས་པས་སོ། །འོན་ཏེ་ཕྱིས་གཞན་ཞིག་སངས་རྒྱས་ནས་ བཤད་དོ་ཞེ་ན། འོ་ན་འདི་སངས་རྒྱས་ཀྱི་བཀར་གྲུབ་པོ། །ཡང་ཐེག་ཆེན་ཅུང་ཟད་ཡོད་དམ་ མེད། ཡོད་ན་ཤེར་ཕྱིན་ (བློ་བརྟན་)གྱི་མདོ་སོགས་འདི་ཉིད་ཡིན་དགོས་ཏེ། གཞན་མེད་པས་སོ། ། མེད་ན་ཉན་ཐོས་ཀྱི་ཐེག་པའང་མེད་པར་འགྱུར་ཏེ། སྟོན་པ་པོ་སངས་རྒྱས་མེད་པའི་ཕྱིརཏེ། སངས་རྒྱས་ཀྱི་ཐེག་པ་ (བློ་བརྟན་)མེད་པས་སོ། །དེ་ཡང་སངས་རྒྱས་ཀྱི་ཐེག་པ་མེད་པར་སངས་ རྒྱས་མི་འབྱུང་བས་སོ། །ཐེག་ཆེན་བསྒོམས་ན་ཉོན་མོངས་བའི་གཉེན་པོར་འགྱུར་ཏེ། མི་རྟོག་ ཡེ་ཤེས་ཀྱི་གནས་སུ་གྱུར་པས་སོ། །འདི་ལས་ཐམས་ཅད་མེད་པར་བཤད་པས་བཀའ་མིན་ ཞེ་ན་ (བློ་བརྟན་)ཤེར་ཕྱིན་གྱི་མདོར་ཤེར་ཕྱིན་སོགས་མེད་དོ་ཞེས་བཤད་པ་ནི་སྒྲ་ཇི་བཞིན་པའི་ དོན་མིན་ (གྱི་གཟུང་འཛིན་མེད་ཅེས་སོགས་སྟོན་)པས། དེར་བསམ་ནས་བཀའ་མིན་ཞེས་རྒོལ་བར་མི་ བྱའོ། །ཞེས་སོགས་རྒྱ་ཆེར་རྩ་འགྲེལ་འགྲེལ་བཤད་གཉིས་དང༌། ཁྱད་པར་དུ་འགྲེལ་ཆེན་ བློ་བརྟན་མ་ལས་ཤེས་པར་བྱའོ། །གཞན་ཡང༌། སྤྱོད་འཇུག་དང་དབུ་མ་སྙིང་པོ་རྩ་འགྲེལ་ (རྟོག་འབར་)སོགས་སུ་རྒྱ་ཆེར་གསུངས་པའང་ཤེས་པར་བྱ་ལ་བསྡུས་པ་ཙམ་ལུང་གི་སྙེ་མ་ལས་ ཀྱང་ངོ༌། །འདིར་མངས་དོགས་པས་བྲི་མ་ནུས་སོ། ། གཉིས་པ་ལ་གསུམ་སྟེ། དམིགས་རྣམ་རྒྱུ་གསུམ། མཚུངས་ལྡན་རྟོག་པ། ཡོངས་འཛིན་ གྱི་ཁྱད་པར་བཤད་པའོ། །དང་པོ་ལ། མཚམས་སྦྱར། དམིགས་རྣམ་རྒྱུ་གསུམ་བཤད་པ་ དངོས། བརྗོད་ཚུལ་ལ་རྩོད་སྤོང་ངོ༌། ། དང་པོ་ནི། ཁྱད་ཆོས་དམིགས་པ་དང་རྣམ་པའི་ཁྱད་པར་ཇི་ལྟ་བུ་ཡིན་ཞེ་ན། དེའི་ལན་ གདབ་པའི་ཕྱིར་དུ་སྦྱོར་ལམ་བཞིའི་དམིགས་པ་དང་རྣམ་པ་རྒྱུ་དང་བཅས་པ་དག་བར་ སྐབས་ཀྱི་ཚིགས་སུ་བཅད་པ་བདུན་གྱིས་བཤད་དེ་བར་ཚིགས་ལ་སྔར་ལྟར་བསྙད་དོ། ། གཉིས་པ་ལ་བཞི་སྟེ། དྲོད། རྩེ། བཟོད། མཆོག་གི་དམིགས་རྣམ་མོ། །དང་པོ་ལ་རྩ། 1-1-337 འགྲེལ། བསྡུ་གསུམ་ལས། དང་པོ་ནི། བྱང་སེའི་དྲོད་མཉམ་གཞག་ཅེས་རེ་རེར་སྦྱར་ཞིང༌། སྡུག་བསྔལ་ལ་སོགས་པའི་བདེན་པ་བཞིའི་རྟེན་ཡོད་པ་ཅན་ཏེ་དེའི་ཆོས་མི་རྟག་སྡུག་བསྔལ་ ལ་སོགས་པ་རྣམ་པ་བཅུ་དྲུག་པོ་དེ་དྲོད་ཆུང་ངུའི་དམིགས་པ་སྟེ་དམིགས་ཤིང་ཡུལ་དུ་བྱེད་ པས་ (རད་ཀིར་)ནའོ། །ཨཱརྱ་སོགས་ཀྱིས། རྣམ་པ་ལ་དམིགས་ཞེས་དངོས་སུ་བཤད་ཅིང༌། ཤེར་འབྱུང་གིས་ངེས་པ་ཅན་དུའོ། །དེ་ལའང་རུང་སྟེ་ཉན་ཐོས་པའི་ལུགས་ཀྱིས་བཅུ་དྲུག་གོ་ རྣམ་པ་ཁོ་ནར་འདོད་ཅིང༌། དེ་འདིར་དམིགས་པར་བྱས་ནས་རྣམ་པ་ཞེན་མེད་སྟོན་པས་ཁྱད་ འཕགས་སོ། །བོད་རྣམས་ནི། བཅུ་དྲུག་ཅན་གྱི་བདེན་བཞི་སྒྱུ་མ་ལྟ་བུ་དམིགས་པར་འཆད་ དོ། །ཡང་སྡུག་བདེན་མི་རྟག་སྡུག་བསྔལ་སྟོང་བདག་མེད་ཞི་སྟོང་མཚན་མེད་སྨོན་མེད་དུ་ ཤེས་བྱ། ཀུན་འབྱུང་སྤང་བྱ། འགོག་པ་མངོན་དུ་བྱ། ལམ་བསྒོམ་བྱ་སོགས་སུ་མངོན་པར་ ཞེན་པ་དང༌། ལ་སོགས་པ་ལྷག་པར་གནས་པ་ཀུན་ཤེས་པ་འགོག་པའམ་བཀག་པའི་ཡེ་ ཤེས་ཀྱི་རྟོགས་པའི་ཆ་དྲོད་ཆུང་ངུ་དེ་ཡི་ནི་ཤེས་རྣམ། དེ་དག་དེ་དང་དེར་མངོན་པར་ཞེན་བྱ་ སོགས་སུ་མེད་པའི་སྟོང་ཉིད་དོན་རྣམ་མོ། །མདོར་སྤང་བྱའི་སྒོ་ནས་བསྟན་ཏེ། བྱང་ཆེན་པོ་ ཡུམ་ལ་སྤྱོད་པའི་ཚེ་གཟུགས་མི་རྟག་ཅེས་བྱ་བར་མངོན་པར་ཞེན་པ་དང་ལྷག་པར་གནས་པ་ དང་ཀུན་ཤེས་པ་འདི་ནི་ཤཱ་བུ་བྱང་སེའི་མཐུན་པའི་ (སྟེ་ལུགས་སུ་འཇུག་པ་)ཆོས་ (ཞེས་ཨཱརྱ་སྟེ་ཀུན་རྫོབ་ ཏུ་དེ་ལྟར་གནས་པ་ཞིག་ལ་ཟེར་རོ། །བོད་རྒན་རྣམས་ཀྱིས་མ་གོ་བར་མཆན་འདྲ་བཏབ་སྣང་ངོ༌། །)ལ་སྲེད་པ་སྟེ་སྐྱོན་ (ནི་ཉོན་མོངས་པ་ཞེས་ཨཱརྱ་)དུ་འགྱུར་བའོ་ཞེས་སོགས་སྡུག་བསྔལ་སོགས་ལ་སྦྱར་རོ། །གཟུགས་ འདི་སྤང་བར་བྱའོ། །འདིས་གཟུགས་སྤང་བར་བྱའོ། །ཚོར་བ་སོགས་སོ། །འགོག་པ་འདི་ མངོན་དུ་བྱའོ། །འདིས་འགོག་པ་མངོན་དུ་བྱའོ། །ལམ་འདི་བསྒོམ་པར་བྱའོ། །འདིས་ལམ་ བསྒོམ་པར་བྱའོ། །ཞེས་སོགས་སོ། །དེ་ལ་ཕྱིན་ཅི་ལོག་གི་བློས་ཀུན་ནས་བསླང་སྟེ། དང་ པོར་ཡོད་མེད་སོགས་སུ་མངོན་པར་ཞེན་པ་ཆུང་ངུ༌། བར་དུ་དེ་ཉིད་རྒྱུན་དུ་ལྷག་པར་འཛིན་ 1-1-338 པའམ་དམིགས་པ་འབྲིང༌། མཐར་ཐུག་པར་བདེན་ཞེན་གཏིང་ཚུགས་པས་འཛིན་པ་ཀུན་ ཤེས་པ་སྟེ་ཆེན་པོའོ། ། དག་ལྡན་དུ། དངོས་པོར་ཤས་ཆེར་སྔར་མངོན་ཞེན་ནི་ཆེན་པོ། འབྲིང་ ནི་གནས་པ། ཆུང་ངུ་ནི་འདུ་ཤེས་པའོ། །ཞེས་ཏེ། ཟླ་ཟེར་ཡང་འགྱུར་ཉེས་པ་མིན་པ་དོན་ དེའོ། །ཅི་མངོན་ཞེན་མེད་པ་དེ་དེ་མེད་ཙམ་ཡིན་ན་ནི་གཉེན་པོར་མི་རིགས་ཏེ་མེད་དགག་ ཡིན་པས་སོ། །མངོན་ཞེན་མིན་པ་ཙམ་ཡིན་ན་མིག་སོགས་ཀྱང་གཉེན་པོར་འགྱུར་རོ་ཞེ་ན། མི་བདེན་པའི་རྟོག་པས་ཀུན་ནས་བསླང་བའི་ཡོད་མེད་དུ་ (ཨཱརྱ་དངོས་)འཛིན་པའི་བློ་ནི་སྤང་ བྱ་མངོན་ཞེན་ཡིན་ལ། དོན་དམ་པར་ཡོད་མེད་གཉིས་ (འགྲེལ་ཆེན་)མེད་པར་ཤེས་པ་ (མདོ་ལས་) འམ་དེ་འདྲའི་མངོན་ (མདོ་ཨཱརྱ་)ཞེན་དེ་མེད་པའི་ (ཨཱརྱ་དག་ལྡན་དོན་)ཡེ་ཤེས་ཀྱི་དངོས་པོ་ནི་གཉེན་ པོ་མངོན་ཞེན་མེད་པ་སྟེ་བུམ་ (ལྡན་)པས་དབེན་པའི་ཕྱོགས་ཉིད་བུམ་པ་མེད་པའོ། །ཞེས་ཨཱརྱ་ དག་ལྡན་བསྲེས་སོ། །ལྷག་པར་མི་གནས་ཀུན་མི་ཤེས་པ་ལ་ཡང་དེ་ལྟར་རོ་ཨཱརྱའོ། །(རད་ ཀིར་ནི་མངོན་ཞེན་མེད་པར་ཆོས་ཅན་ཆོས་རྣམས་གསལ་བ་ཙམ་ཉིད་དོ། །ཞེས་སོ། །) དྲོད་ནི་ (ཨཱརྱ་དངོས་)ཐེག་པ་ གསུམ་ཆར་གྱི་བྱང་ཆུབ་ (དག་)གསུམ་མམ་རྟོགས་པ་ (སློབ་དཔོན་)མྱང་འདས་སམ་ (གསེར་)ཡོན་ ཏན་འཐོབ་པའི་རྒྱུ་སྟེ། (དག་ལྡན་དུ་རྣམ་པ་གསུམ་ཐོབ་པའི་རྒྱུའོ། །གང་དག་རིགས་ལ་སོགས་པའི་སྟོབས་ཀྱིས་བྱང་ ཆུབ་དམ་པ་ཐོབ་པའི་ཕྱིར་རོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པའི་དྲོ་བ་ལ་སོགས་པས་ནི་ནམ་ཡང་བྱང་ཆུབ་དམ་པ་ཐོབ་ པར་མི་བྱེད་དོ། །ཞེས་སོ་ཟླ་ཟེར་ཡང་ངོ༌། །) ཐེག་པ་གསུམ་པོ་རྣམས་རྒྱ་ཆེར་བསྟན་ཏོ། །ཞེས་སོ། །སློབ་ དཔོན་དང་ཤཱནྟི་རད་ཀིར་སོགས་ནི། དྲོད་ལ་སོགས་པ་ཞེས་སོ། །མངོན་ཞེན་མེད་སོགས་དེ་ ཉིད་དོན་དམ་པར་གཟུགས་སོགས་ཆོས་ཐམས་ཅད་འདུ་འགོད་དེ་སྐྱེ་ (རད་ཀིར་གསེར་)འཇིག་ གམ་དགག་སྒྲུབ་སོགས་བཀག་པ་ཡིན་པས་གཟུགས་སོགས་ལ་མངོན་ཞེན་སོགས་མེད་པའི་ རྣམ་པ་དེ་ཉིད་དྲོད་འབྲིང་གི་དམིགས་པ་ཞེས་ཤེར་འབྱུང་ངོ༌། །ཡང་ན་དོན་དམ་པར་འདུ་ འགོད་འགོག་པ་སྟེ་མེད་པའི་ཁྱད་པར་ཅན་གྱི་གཟུགས་སོགས་སྒྱུ་མ་ལྟ་བུ་འབྲང་དམིགས་ 1-1-339 སོ། །འོག་གི་བྲལ་འདིར་སྦྱར་བ་དང་མཐའི་མེད་གནས་ལ་སྦྱོར་བ་ནི་ནོར་བའོ། །རད་ཀིར་ གྱིས་འགོག་ཅེས་གོང་མ་ལ་སྙེགས་ཞེས་སོ། །འགྱུར་གཞན་ཕལ་ཆེར་ (དག་གསེར་)གཟུགས་ སོགས་སྐྱེ་འཇིག་ཅེས་སོགས་ (དག་ལྡན་དུ་འདུ་བ་ནི་མིང་གིས་གཞན་ལས་རྟོགས་པ་འགོག་པ་ནི་མིང་གིས་གཞན་ ལ་སྟོན་པ་སྟེ་དེ་མེད་པ་དམིགས་པའོ། །ཞེས་སོ། །)གཟུགས་ཀྱིས་འདུ་བ་དང་ (ནི་སྐྱེ་བའོ། །)འགོད་པ་ (ནི་འགོག་ པའི་མོས་པ་ཡིད་བྱེད་ཀྱིས་)མ་འཚལ་ (དེ་ཁོ་ན་ཡིད་བྱེད་ཀྱིས་)མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ (འདི་རྒྱས་འབྲིང་ན་མེད་བརྒྱད་སྟོང་པར་ཡོད་དང་པོ་མདོར་བསྟན། མངོན་སུམ་གྱིས་མ་དམིགས་རྗེས་དཔག་གིས་རྗེས་སུ་མ་ མཐོང་ཞེས་ཟླ་ཟེར་རོ། །)ཞེས་སོགས་སོ། །རྒྱས་འབྲིང་དུ་ (ཡང་དག་པར་ཡོད་པ་མ་ཡིན་པ་ལ་སྒྲོ་བཏགས་པ་ནི་) འཕེལ་བ་ (འོ། །)དང་ (ཡང་དག་པར་ཡོད་པ་ལ་སྐུར་བ་ནི།)འགྲིབ་པ་ (འོ་ཞེས་གསུམ་འགྲེལ་ཏེ་འབུམ་ཊཱིཀ་ནི་དང་པོ་ འདྲ་གཉིས་པར་)མ་དམིགས་མ་འཚལ། ཞེས་སོགས་རྒྱ་ཆེར་རོ། །མེད་པ་ལ་སྒྲོ་འདོགས་པ་ནི་ འདུ་བ་ཡོད་པ་ལ་སྐུར་བ་འདེབས་པ་ནི་འགོད་པའོ། །ཀུན་བཏགས་གཞན་དབང་ (བ་ནི་རྒྱུན་དང་ མི་འདྲ་བ་ཉིད་ཀྱིས་སོ། །)དོན་དམ་པར་ཡོད་པར་བརྗོད་ན་སྒྲོ་འདོགས། ཡོངས་གྲུབ་ཆོས་ཉིད་དོན་ དམ་པར་མེད་པར་བརྗོད་པས་སྐུར་འདེབས་ཀྱི་མཐར་ལྷུང་ངོ༌། །ཞེས་བརྒྱད་སྟོང་འགྲེལ་པ་ (པཎྜི་ཏ་ཞི་བ་འབྱུང་གནས་)མན་ངག་རྗེས་སུ་འབྲང་བར་རོ། །གནས་བྲལ་ནི་རྒྱུན་ (ཨཱརྱ་དངོས་)མི་འདྲ་ བའོ། །གནས་པ་ནི་རྒྱུན་འདྲ་ (ཨཱརྱ་དངོས་)བའོ། །དེ་གཉིས་འགོག་ཞེས་ (རད་ཀིར་)སྙེགས་ཏེ་རྒྱུན་ འདྲ་མི་འདྲའི་མིང་ཐམས་ཅད་དོན་དམ་པར་མེད་པའི་ཆོས་ཉིད་འབྲིང་གི་དོན་རྣམ། འབྲིང་ གིས་དེར་རྟོགས་ཤེས་རྣམ་མོ། །བརྒྱད་སྟོང་པར་ (དག་ལྡན་དུ་མིང་དེ་སྟོན་བྱེད་ལ་གནས་པ་མེད་ཉན་པོ་ལ་ བྲལ་ཞིང་འཕོས་པ་མེད་པ་རྣམ་པའོ་ཞེས་མདོ་ལ་འབྲུ་བསྣོན་ནོ། །)མིང་དེ་ཡང་ (འདུས་བྱས་ཀྱི་ཆོས་བཞིན་དུའམ་རྒྱུན་གྱི་ངོ་ བོ་ལ་)གནས་པ་ཡང་མ་ལགས། (རྟག་པ་སོགས་མེད་པའི་ཕྱིར་འདུས་མ་བྱས་ཀྱི་ཆོས་དེ་བཞིན་དུ་)མི་གནས་པ་ (འདུས་མ་བྱས་ནམ་མཁའ་བཞིན་དུ་གནས་པ་)ཡང་མ་ལགས། (ཞེས་བཤད་པ་གཉིས་སོ། །)གནས་པ་དང་བྲལ་ བ་ཡང་མ་ལགས། གནས་པ་དང་བྲལ་བ་མ་ལགས་པ་ཡང་ (དེ་བཞིན་དུ་སྦྱར་རོ་ཞེས་ཞི་བ་འབྱུང་གནས་ 1-1-340 སོ། །)མ་ལགས་སོ། །ཞེས་སོ། །རྒྱས་འབྲིང་དུ་མིང་དེ་ (འདུས་བྱས་ཀྱི་ཆོས་ལྟར་)གནས་པ་མ་མཆིས། (ནམ་མཁའ་སོགས་འདུས་མ་བྱས་ལྟར་མི་གནས་པས་)ཐུག་པ་མ་མཆིས། (ཞེས་གནོད་འཇོམས་གཉིས་ཀས་སོ། །འབུམ་ ཊཱིཀ་ཏུ་གནས་མི་གནས་གཉིས་ཀྱི་མཐའ་མ་སྤངས་པས་དེ་གཉིས་མིན་པའི་དངོས་པོ་ཞིག་ཏུ་)བྱིན་གྱིས་བརླབས་པ་མ་ མཆིས་སོ། །ཞེས་སོ། །ཨཱརྱས། མིང་དེ་གནས་པ་ (སྐྱེ་བ་སྟོན་བྱེད་ལ་གནས་པ་)མ་མཆིས། (སྟོན་བྱེད་ལ་ )གནས་པ་དང་བྲལ་ (ནས་ཉན་པ་པོ་མ་འཕོས་པ་)བ་ (ནི་འགག་པའོ་ཞེས་ཨཱརྱ་)ཡང་མ་མཆིས་ (པ་རྣམ་པའོ་ཞེས་ དག་ལྡན།)ལགས་སོ། །ཞེས་དྲངས་ཤིང་འབྲུ་ནོན་སྔར་ལྟར་རོ། །ཡང་གཟུགས་སོགས་ཀྱི་མིང་ དེ་ཡང་ཐ་སྙད་དུ་བཏགས་པ་ཙམ་ཡིན་གྱི་དོན་དམ་པར་རྒྱུན་འདྲ་མི་འདྲའི་མིང་མེད་པའི་ རྣམ་པ་དེ་དྲོད་ཆེན་པོའི་དམིགས་པ། ཤེར་འབྱུང་ངོ༌། །ཡང་ན་དོན་དམ་པར་བརྗོད་དུ་མེད་ པའི་བཏགས་པ་ཙམ་གྱི་ཕུང་ཁམས་སྐྱེ་མཆེད་སངས་རྒྱས་ཀྱི་བར་དམིགས་པའོ། །ཨ་བྷ་ ཡའི་དོན་ནོ། །ཡང་ན་བྱང་སེའི་མིང་ནས་སངས་རྒྱས་ཀྱི་བར་གྱི་མིང་མི་དམིགས་པའོ། །ཤཱནྟི་ སྟེ་མདོ་དོན་དངོས་སོ། །བྱང་པ་ཞེས་ཆོས་ཀྱི་བརྡར་བགྱི་བ་དང་ཆོས་སུ་གདགས་པ་དེ་ཡང་ ཕུང་པོའམ་ཁམས་སམ་སྐྱེ་མཆེད་དམ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དུ་ བརྗོད་དུ་མ་མཆིས་ཏེ་ཆོས་སུ་བཏགས་པ་ཙམ་དུ་བས་སོ། །ཞེས་སོགས་རྣམ་པའི་མདོ་དང་ བསྲེས་ཏེ་རྒྱ་ཆེར་རོ། །རྣམ་པ་ནི། ཕུང་སྐྱེ་ཁམས་མ་འདྲེས་བཅོ་བརྒྱད་ཀྱི་བར་གང་གིས་ཀྱང་ དོན་དམ་པར་བརྗོད་དུ་མེད་པའི་ཆོས་ཉིད་དོན་རྣམ། དེས་དེར་རྟོགས་ཤེས་རྣམ་མོ། །དཔེར་ ན། རྨི་ལམ་ཞེས་བྱ་བའི་མིང་ནི་གང་གིས་ཀྱང་བརྗོད་དུ་མ་མཆིས་སོ། །ནས། སངས་རྒྱས་ཀྱི་ བར་རྒྱ་ཆེར་རོ། ། གཉིས་པ་ལ། དྲོད་ཆུང་འབྲིང་ཆེ་གསུམ་གྱི་དམིགས་རྣམ་དེ་ལ་སྟེ་དེའི་ནང་ནས་སྡུག་ བསྔལ་ལ་སོགས་པའི་བདེན་པ་བཞི་བོ་ལ་བརྟེན་པའི་ཆོས་མི་རྟག་པ་ལ་སོགས་པའི་རྣམ་ པ་བཅུ་དྲུག་ནི་དྲོད་ཆུང་ངུའི་དམིགས་པ་ཡིན་ནོ། །ཡང་ན་རྩ་བ་ལྟར་རོ། །སྡུག་བསྔལ་གྱི་ 1-1-341 བདེན་པ་ལ་མི་རྟག་སོགས་སུ་དང༌། ལ་སོགས་པས་ཀུན་འབྱུང་སྤང་བྱ་འགོག་པ་མངོན་དུ་བྱ་ ལམ་བསྒོམ་བྱ་སོགས་སུ་མངོན་པར་ཞེན་པ་དང་ལྷག་པར་དམིགས་པ་སོགས་པ་འདུ་ཤེས་ པ་འགོག་པའི་ཡེ་ཤེས་ཀྱི་རྟོགས་པའི་ཆ་དྲོད་ཆུང་དེའི་ཤེས་པའི་རྣམ་པ་བཀག་པའི་ཆོས་ ཉིད་དེའི་དོན་རྣམ་ཡིན་ནོ། །དེ་ལྟར་ན་དམིགས་པ་དེ་ལ་དམིགས་ནས་དེ་འདྲའི་རྣམ་པ་ཅན་ གྱི་བྱང་སེ་དབང་རྣོན་གྱི་དྲོད་སྐད་ཅིག་དང་པོ་ཆོས་ཅན། དྲོ་བ་ཆུང་ངུ་ཡིན་ཏེ་དེ་འདྲའི་དྲོད་ སྐད་ཅིག་དང་པོ་ཡིན་པས་སོ་ཞེས་སྦྱར་རོ། །འདི་འདྲ་འོག་ཏུ་ཡོད་པ་ཐམས་ཅད་བུདྡྷ་ཤྲཱིའི་ དགོངས་པའོ། །ཐེག་ཆེན་གྱི་དྲོ་བ་ལ་སོགས་པས་རྩེ་མོ་བཟོད་མཆོག་ཐམས་ཅད་ཀྱང་ཐེག་ པ་གསུམ་ཆར་གྱི་རྟོགས་པ་འཐོབ་པའི་རྒྱུའི་ངོ་བོའམ་དངོས་པོ་ཡིན་པར་ཁོང་དུ་ཆུད་པར་ བྱའོ། །སྔར་ལྟར་རོ། །ཡང་མོས་པ་ཡིད་བྱེད་ཀྱིས་སྒྲུབ་པ་དང་དགག་པ་དག གང་དུ་ཡང་ མི་དམིགས་ཤིང༌། དེ་ཁོ་ན་ཉིད་ཡིད་ལ་བྱེད་པས་དེར་མི་མཐོང་བའི་གཟུགས་ལ་སོགས་པ་ སྒྱུ་མ་ལྟ་བུ་ཞེས་བྱ་བ་ནི་དྲོད་འབྲིང་གི་དམིགས་པ་ཡིན་ནོ། །དག་གཉིས་ཚིག་གོ །ཡིད་བྱེད་ དེ་གཉིས་ནི་དམིགས་སུ་མེད་པའི་རྣམ་པར་བསྒོམ་པ་དང་པོར་ཨཱརྱས་བཤད་ཅིང་གཉིས་པ་ ནི་དོན་དམ་པ་མཐོང་བའོ། །ཡང་རང་རིག་གསལ་བ་ཀུན་ལ་ཁྱབ་པས་རྒྱུན་ཏེ་སྤྱིའོ། །(གསེར་ དངོས།) དེའི་ (གསེར་)འམ་དེ་དང་མི་འདྲ་བ་གསལ་བ་རང་མཚན་ (གསེར་)ནོ། །རྒྱུན་འདྲ་བ་སྤྱིའོ། ། འདི་གཉིས་ (གསེར་དངོས་)ཀྱི་མཚན་ཉིད་ནི། དོན་བྱེད་ནུས་མི་ནུས་སོ། །དེས་ན་སྤྱི་བརྗོད་པ་ དང་རང་མཚན་བརྗོད་པའི་སྒྲ་འཇུག་པའི་དོན་བརྗོད་བྱ་བདེན་པ་མེད་དེ། རྗོད་བྱེད་མིང་ ཐམས་ཅད་དོན་དམ་པར་མེད་པ་ཉིད་ཀྱིས་སོ། །གསེར་ཏེ། རྒྱུན་འདྲ་མི་འདྲ་བརྗོད་བྱ་ལ་ སྦྱར་གྱི་རྗོད་བྱེད་མིང་ལ་མི་སྦྱར་རོ། །དེས་ན་དོན་དམ་པར་རྗོད་བྱེད་མིང་མེད་པས་བརྗོད་ བྱ་རང་སྤྱིའི་མཚན་ཉིད་གང་ཡང་མེད་པའི་ཆོས་ཉིད་ཞེས་བྱ་བ་དེ་ནི་དྲོད་འབྲིང་དེའི་དོན་ རྣམ། དེ་རྟོགས་ཤེས་རྣམ་ཡིན་ནོ། །ཞེས་སྦྱར་རོ། །བོད་ (ཆུ་མིག་འོད་ཟེར་མགོན་པོ་)རྣམས་ནི། 1-1-342 གཞི་ཐ་དད་ཀྱི་ཆོས་མི་འདྲ་བ་བརྗོད་པ་རྒྱུན་མི་འདྲ་བས་ཏེ། སྒྲ་བྱས་བུམ་པ་ལྟོ་ལྡིར་ཞེས་ སོགས། གཞི་གཅིག་གི་ཆོས་དུ་མ་བརྗོད་པ་རྒྱུན་འདྲ་བ་སྟེ། སྒྲ་བྱས་མི་རྟག་ཤེས་བྱ་ཞེས་ སོགས་བཞིན་ནོ་ཟེར་རོ། །དམིགས་པ་དེ་ལ་དམིགས་ནས་རྣམ་པ་དེ་ཅན་གྱི་བྱང་སེའི་དབང་ རྣོན་གྱི་དྲོད་བར་དུ་སྐྱེ་བ་དེ་ཆོས་ཅན། དྲོད་འབྲིང་ཡིན་ཏེ། ཞེས་སོགས་སྔར་ལྟར་དགོད་དོ། ། ཡང་གཟུགས་ནས་སངས་རྒྱས་ཞེས་བྱ་བའི་བར་ཆོས་ཐམས་ཅད་དང་པོར་བརྡར་བཏགས་ པའི་ཆོས། ཕྱིས་ཐ་སྙད་དུ་བྱས་པའི་བཏགས་པ་ཙམ་ཡིན་པ་ཞེས་བྱ་བ་དེ་ནི་དྲོད་ཆེན་པོའི་ དམིགས་པ་ཡིན་ནོ། །དགེ་མི་དགེ་དངོས་པོ་ཡོད་མེད་ཀྱི་ (མདོ་)བར་གང་དུ་ཡང་བརྗོད་དུ་མེད་ པའི་ཆོས་ཉིད་དང་དེ་རྟོགས་པའི་ཆ་ཞེས་བྱ་བ་དེ་ནི་དྲོད་ཆེན་པོའི་རྣམ་པ་ཡིན་ནོ། །ཏེ་ལྷག་ མ་ཅན་ནམ་རྫོགས་ཚིག་གོ །དམིགས་པ་དེ་ལ་དམིགས་ནས་རྣམ་པ་དེ་ཅན་གྱི་བྱང་སེ་དབང་ རྣོན་གྱི་དྲོད་མཐར་ཐུག་པ་དེ། དྲོད་ཆེན་ཡིན་ཏེ། ཞེས་སྔར་ལྟར་རོ། །འོག་མ་རྣམས་སུ་ཡང་ འདོན་པ་བསྒྱུར་བ་གནད་ཆེའོ། ། གསུམ་པ་ནི། སྔར་བཤད་པའི་ཚུལ་དེ་ལྟར་ན། དམིགས་པ་མི་རྟག་ལ་སོགས། ཞེས་ སོགས་ཤོ་ལོ་ཀ་ཕྱེད་དང་གཉིས་ཀྱི་བསྟན་བྱའི་གཙོ་བོར་གྱུར་པའི་གང་ལ་དམིགས་པ་ཡུལ་ དང༌། གང་གིས་དམིགས་པའི་རྣམ་པ། རྒྱུ་དང་ལྡན་པའི་སྦྱོར་ལམ་ཆུང་འབྲིང་ཆེན་པོ་རྣམ་པ་ གསུམ་ཆོས་ཅན། དྲོ་བར་གྱུར་པ་ཡིན་ཏེ། མཐོང་ལམ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་མེ་ སྐྱེ་བའི་སྔ་ལྟས་སུ་གྱུར་པའི་སྦྱོར་ལམ་བཞིའི་དང་པོ་ཡིན་པའི་ཕྱིར་ (དྲོ་བར་གྱུར་པ་ཞེས་བྱ་བ་ནི་ཆུང་ འབྲིང་ཆེན་པོའི་རིགས་ཤེས་པར་བྱ་བའི་དོན་ནམ། ཡང་ན་དབང་བོ་རྟུལ་བོ་ལ་སོགས་པ་གང་ཟག་གི་རིགས་ཐ་དད་ཀྱང་འདིའི་ དམིགས་པ་ལ་སོགས་པའི་ཁྱད་པར་མེད་པར་ཤེས་པའི་དོན་དུ་ཡིན་ནོ། །རྩེ་མོར་གྱུར་པ་ལ་ཡང་དེ་བཞིན་དུ་བརྗོད་པར་བྱའོ། ། ཞེས་ཨཱརྱའོ། །)རོ། །(འདི་དང་ཐར་ལམ་ལ་ཁྱད་ཅི་ཡོད་ཅེ་ན། འདི་ནི་བར་ཆད་མེད་ན་མཐོང་ལམ་ཤིན་ཏུ་ཉེ་བར་འབྱུང་བ་ ཡིན་ནོ། །ཞེས་ཨཱརྱའོ། །) 1-1-343 གཉིས་པ་ལ། རྩ། འགྲེལ། བསྡུ་གསུམ་མོ། །དང་པོ་ལ། ཆུང་འབྲིང་ཆེ་གསུམ་གྱི་ དམིགས་རྣམ་གསུམ་གྱི་དང་པོ་ལ། བདེན་བཞིའི་དབང་དུ་མ་མཛད་པའི་དམིགས་རྣམ་ནི། གཟུགས་སོགས་མ་འདྲེས་པའི་བར་དེ་དག་ནི་དོན་དམ་པར་གཟུགས་སོགས་དེའི་ངོ་བོར་ རང་བཞིན་ཏེ་བདེན་པ་མེད་པའི་ཕྱིར་ན། དེ་རྣམས་ལ་མི་གནས་པ་སྟེ་ (གསེར་)བདེན་པར་ (གསེར་)མངོན་པར་མ་ཞེན་པ་ (གསེར་)སྟེ། མདོར་ན་དོན་དམ་པར་གཟུགས་སོགས་སུ་བདེན་ པར་ཞེན་བྱར་མེད་པའི་གཟུགས་སོགས་སྒྱུ་མ་ལྟ་བུ་དམིགས་པའོ། །གཟུགས་ལ་གནས་པར་ མི་བགྱིའོ། །སངས་རྒྱས་ཀྱི་ཆོས་བཅོ་བརྒྱད་ཀྱི་བར་རོ། །དེ་ཅིའི་སླད་དུ་ཞེ་ན། གཟུགས་ གཟུགས་ཀྱིས་སྟོང༌། ཞེས་སོགས་སོ། །རྣམ་པ་ནི། གཟུགས་སོགས་དང་དེའི་སྟོང་ཉིད་དེ་ དག་ཕན་ཚུན་གཅིག་གི་རང་བཞིན་གཅིག་སྟེ། རང་བཞིན་གཅིག་པས་གཟུགས་སོགས་སུ་ ཞེན་བྱས་སྟོང་པའི་རང་བཞིན་སྟོང་ཉིད་དེ་དོན་རྣམ། རྩེ་མོ་ཆུང་ངུས་དེ་རྟོགས་ཤེས་རྣམ་མོ། ། གཟུགས་ཀྱི་སྟོང་པ་ཉིད་གང་ལགས་པ་དེ་ཡང་གཟུགས་མ་ལགས། (འདིས་རྟག་པའི་མཐའ་བཀག) གཟུགས་ལས་ (རྫས་)གཞན་ན་ཡང་སྟོང་པ་ཉིད་མ་མཆིས་ (ཆད་པའི་མཐའ་བཀག་ཅེས་ཨཱརྱའོ། །)སོ། ། ཅིའི་སླད་དུ་ཞེ་ན། གཟུགས་ཉིད་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་གཟུགས་སོ། །ཞེས་ སོ། །བདེན་ (ཨཱརྱ་)བཞིའི་དབང་དུ་བྱས་པའི་དམིགས་རྣམ་ལ། མི་རྟག་སོགས་དང་རང་བཞིན་ སྟོང་ཉིད་དེ་རྣམས་དེ་དང་དེའི་ངོ་བོ་བདེན་པའི་དངོས་པོས་སྟོང་པས། གཟུགས་སོགས་དེ་ རྣམས་མི་རྟག་པ་དང༌། སོགས་པ་སྡུག་བསྔལ་བདག་མེད་ཞི་སྟོང་མཚན་མེད་སོགས་པར་ ཞེན་པས་མི་གནས་པ་སྟེ། དོན་དམ་པར་མི་རྟག་སོགས་སུ་ཞེན་བྱས་སྟོང་པའི་མི་རྟག་སོགས་ དམིགས་པའོ། །ཡང་ན་དེ་འདྲའི་གཟུགས་སོགས་དམིགས་པའོ། །གཟུགས་མི་རྟག་ཅེས་ བགྱི་བར་གནས་པར་མི་བགྱིའོ། །ཅི་སླད་དུ་ཞེ་ན། གཟུགས་མི་རྟག་པ་ནི་གཟུགས་མི་རྟག་ པས་སྟོང༌། ཞེས་སོགས་རྒྱ་ཆེར་རོ། །རྣམ་པ་ནི། མི་རྟག་སོགས་དང་རང་བཞིན་སྟོང་ཉིད་དེ་ 1-1-344 དག ཕན་ཚུན་གཅིག་གི་རང་བཞིན་གཅིག་སྟེ་རང་བཞིན་གཅིག་པས། མི་རྟག་སོགས་སུ་ ཞེན་བྱས་སྟོང་པའི་ཆོས་ཉིད་དོན་རྣམ། དེ་རྟོགས་ཤེས་རྣམ་མོ། །གཟུགས་མི་རྟག་པ་ཉིད་ཀྱི་ སྟོང་པ་ཉིད་གང་ལགས་པ་དེ་ཡང་གཟུགས་མི་རྟག་པ་ཉིད་མ་ལགས། གཟུགས་མི་རྟག་པ་ ཉིད་ལས་གུད་ན་སྟོང་པ་ཉིད་མ་མཆིས་ཏེ། གཟུགས་མི་རྟག་པ་ཉིད་ཀྱང་སྟོང་པ་ཉིད། སྟོང་ པ་ཉིད་ཀྱང་གཟུགས་མི་རྟག་པ་ཉིད་དོ། །སོགས་རྒྱ་ཆེར་རོ། །དེ་ལྟར་ན་གཟུགས་སོགས་དང་ མི་རྟག་སོགས་དང་སྟོང་ཉིད་སོགས་གང་གི་ཡང་མཚན་མར་མི་འཛིན་པའི་ཏིང་ངེ་འཛིན་ཁྱད་ པར་བ་དེ་འདྲ་ཞིག་བྱང་སེའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ (ནི་ཏིང་ངེ་འཛིན་གཞན་དང་གཞན་ཐོབ་པར་ བྱེད་པས་སོ། །ཞེས་ཨཱརྱའོ། །)ཆོས་ཐམས་ཅད་ཡོངས་སུ་མ་བཟུང་བ་ (ནི་མཚན་མར་མི་འཛིན་པའོ། །)ཞེས་བྱ་ བ་རྒྱ་ཆེ་བ་ཞེས་སོགས་མདོར་རོ། ། གཉིས་པ་ནི། གཟུགས་ནས་བཅོ་བརྒྱད་ (དང་ཡི་གེ་དང་གཅིག་དང་གཉིས་དང་ཐ་དད་ཅེས་མདོར་ཡོད།) བར་གྱི་ཆོས་རྣམས་ནང་སྟོང་ཉིད་ནས་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པའི་རྒྱུས། གཟུགས་ ནས་བཅོ་བརྒྱད་བར་གྱི་ (མདོ་དོན་ཇི་བཞིན་)མཚན་མར་མི་འཛིན་པ་སྟེ་དེ་འདྲའི་མཚན་མར་གཟུང་ བྱས་སྟོང་པའི་རྣམ་མཁྱེན་ནི་འབྲིང་གི་དམིགས་པ་སྟེ། བྱང་ཆེན་པོ་རྣམ་མཁྱེན་དུ་འབྱུང་བར་ འགྱུར་ཏེ་རྣམ་མཁྱེན་ཉིད་དེ་ཡང་ནང་སྟོང་པ་ཉིད་ནས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ ཉིད་ཀྱི་སླད་དུ་ཡོངས་སུ་གཟུང་པ་མ་མཆིས་པའོ། །དེ་ཅིའི་སླད་དུ་ཞེ་ན། དེ་ནི་མཚན་མས་ བརྗོད་པ་མ་ལགས་པ་སྟེ། དེ་ནི་འདི་ལྟར་མཚན་མ་ལས་ཉོན་མོངས་པ་འབྱུང་སྟེ། མཚན་མ་ དེ་དག་གང་ཞེ་ན། གཟུགས་ནི་མཚན་མའོ། །ནས། བཅོ་བརྒྱད་ (རེ་རེར་བགྲང་)ཀྱི་བར་དང༌། ཡི་ གེ་དང༌། གཅིག་དང༌། གཉིས་དང༌། ཐ་དད་དུ་བརྗོད་པ་ནི་མཚན་མ་སྟེ། དེ་ནི་ཉོན་མོངས་ པ་ཞེས་བགྱིའོ། །གལ་ཏེ་མཚན་མར་གཟུང་བ་ཞིག་ལགས་ན། ཀུན་ཏུ་རྒྱུ་ (ནི་མུ་སྟེགས་ཀྱི་རབ་བྱུང་ འགའ་ཞིག་སྟེ། ཞེས་རྒྱ་འགྲེལ་དུ་ཡོད་དོ། །)ཕྲེང་བ་ཅན་ཡང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ (ཀྱི་རྒྱུ་ཡིན་པས་ 1-1-345 དེ་སྐད་དུ་འགྲེལ་ཆེན་ནོ། །)འདི་ལ་དད་པ་ཐོབ་པར་མི་འགྱུར་རོ། །ཞེས་སོགས་རྒྱུ་མཚན་རྒྱ་ཆེར་རོ། ། (འགྲེལ་ཆེན་དུ། རང་གི་བསྟན་པ་ལ་མཚན་མར་བཟུང་བས་ཡུན་རིང་པོར་ཐར་བར་མ་མཐོང་བས་ཀུན་ཏུ་སྐྱོ་བར་གྱུར་པའོ། ། ཞེས་སོ། །)ཕྲེང་བ་ (བརྒྱད་སྟོང་པར། སྡེ་ཅན་ཞེས་སོ། །སྡུད་པར་བཟོ་སྦྱངས་ཞེས་སོ། །)ཅན་དཔེར་བྱས་པ་ནི། མུ་ སྟེགས་དང་འབྲེལ་བས་ (ཕྱིར་)ལོག་པར་རྟོགས་པ(འི་གནས་)ཡིན་ཡང་རྟོགས་པའི་སྟོབས་ཁོ་ ནས་དོན་དེ་མངོན་སུམ་དུ་བྱས་པ་ལ་དཔང་ཉིད་དུ་ཤེས་པར་བྱ་བའི་དོན་དུའོ་ཨཱརྱའོ། །རྣམ་ པ་ནི། མཚན་མ་དེ་དག་ནང་ཕྱི་གཉིས་ཀ་གཉིས་མིན་གང་དུ་ཡང་དོན་དམ་པར་ཡོད་པར་མི་ མཐོང་བའི་ཡེ་ཤེས་ཤེས་རྣམ། དེ་དེར་མཐོང་བྱར་མེད་པའི་ཆོས་ཉིད་དོན་རྣམ་མོ། །དེ་ཅིའི་ སླད་དུ་ཞེ་ན། འདི་ལྟར་ (ཕྲེང་བ་ཅན།)དེས་ཡེ་ཤེས་དེ་རྟོགས་པ་དང་ཐོབ་པར་བགྱི་བའི་ཚུལ་ གྱིས་ནང་དུ་ཕྱི་རོལ་དུ་ཕྱི་ནང་དུ་དེ་ལས་གཞན་དུ་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཞེས་ སོགས་སོ། ། གསུམ་པ་ནི། ཕུང་ཁམས་སྐྱེ་མཆེད་ཀྱིས་ཅི་ཞིག་བདག་དང་ཆོས་གང་གི་ཡིན་རྫས་ཡོན་ ཏན་བྱ་བ་ (ཡན་ཨཱརྱ་)རིགས་ (འགྲེལ་ཆེན་)འདུ་བ་བྱེ་བྲག་གང་ཡིན་པར་ཡོངས་སུ་རྟོག་པའམ་ བརྟག་ཏུ་མེད་པའི་ཤེས་རབ་གྱི་ཕར་ཕྱིན་དམིགས་པའོ། །ཤེར་ཕྱིན་ནི་ (རྫས་སོགས་བཞི་ཨཱརྱ་ དྲུག་འགྲེལ་ཆེན་ཏེ་དེ་རྣམས།)གང་ (ཡིན་)ཤེར་ཕྱིན་འདི་ནི་ (བདག་གམ་ཆོས་)གང་གི ཤེར་ཕྱིན་འདི་ནི་ (ཕུང་ཁམས་སྐྱེ་མཆེད་ཀྱི་)ཅི་ཞིག ཅིའི་ཕྱིར་དེ་ལ་ཤེར་ཕྱིན་ཞེས་ཡོངས་སུ་བརྟག་པར་བགྱི་སྟེ། ནས། ཆོས་གང་ཡང་ཡོད་པ་མ་ཡིན་ཞིང་མི་དམིགས་པ་དེ། ཤེར་ཕྱིན་ཡིན་ནམ་ཞེས་སྤྱོད་ན་ ཤེར་ཕྱིན་ལ་མི་སྤྱོད་དོ། །ཞེས་སོ། །རྣམ་པ་ནི། གཟུགས་ནས་ (ཨཱརྱ་)རྣམ་མཁྱེན་གྱི་བར་གྱི་ ཆོས་ཐམས་ཅད་ཅིར་ཡང་དམིགས་སུ་མེད་པར་རྟོགས་པའམ་ཅིར་ཡང་མི་དམིགས་པའམ་ མི་ཞེན་པའི་ཡེ་ཤེས་དེ་ཤེས་རྣམ། ཆོས་ཐམས་ཅད་ཅིར་ཡང་དམིགས་བྱར་མེད་པའི་ཆོས་ ཉིད་དོན་རྣམ་མོ། །ཚེ་ལྡན་ཤཱ་བུ་ནང་སྟོང་པ་ཉིད་ལ་སོགས་པའི་ཕྱིར་གཟུགས་མེད་ཅིང་མི་ 1-1-346 དམིགས་སོགས་ནས་རྣམ་མཁྱེན་བར་རོ། །བྱང་ཆེན་པོ་འདི་ལྟར་རྟོག་ཅིང་སེམས་པའི་ཚེ། སེམས་ཞུམ་པ་མེད་ཅིང་མི་འཇིགས་མི་དངང་སྐྲག་པར་མི་འགྱུར་ན་ཤེར་པ་དང་མ་བྲལ་བར་ ཤེས་པར་བྱའོ་ཞེས་སོ། །ཨཱརྱ་ལྟར་མདོ་དང་སྒྲིགས་ནས་དཔྱིས་ཕྱིན་པར་བཀོད་པ་སྟེ་དེ་དག་ ཡང་ཨཱརྱ་ལྟར་གངས་ཅན་དུ་ཁོ་བོ་འབའ་ཞིག་གིས་རྟོགས་སོ། །(དག་ཐུབ་ཏུ་རྐང་བ་དང་པོ་གཉིས་ཀྱིས་ དམིགས་པ་གསུམ་པས་རྣམ་པ། དེ་ནས་གཉིས་ཀྱིས་འབྲིང་གི་དམིགས་པ་གཅིག་གིས་རྣམ་པ། རྐང་བ་བདུན་པ་མན་ཨཱརྱ་ལྟར་ རོ། །) གཉིས་པ་ལ། གཟུགས་ལ་སོགས་པ་ཆོས་ཅན། དོན་དམ་པར་མངོན་པར་ཞེན་ནས་མི་ གནས་པ་སྟེ་གནས་བྱར་མེད་དེ། དོན་དམ་པར་རང་གི་ངོ་བོ་སྟོང་པ་ཉིད་ཀྱིས་སོ། །རྟགས་ མ་གྲུབ་ན། དེར་ཐལ། དོན་དམ་པར་རང་རང་གི་ངོ་བོ་དང་བྲལ་བའི་ངོ་བོ་ཉིད་ཡིན་པས་སོ། ། དེས་ན་དོན་དམ་པར་གཟུགས་སོགས་སུ་ཞེན་བྱར་མེད་པ་ཞེས་བྱ་བའི་གཟུགས་ལ་སོགས་ པ་ནི་རྩེ་མོ་ཆུང་ངུས་དམིགས་པ་ཡིན་ནོ། །ཡང་བྱང་སེ་ཆོས་ཅན། གཟུགས་ལ་སོགས་པ་དེ་ དག་ལ་རྟག་པ་དང་མི་རྟག་པ་དང་བདེ་སྡུག་ལ་སོགས་པ་ཉིད་དུ་ཞེན་ནས་མི་གནས་པར་ འཐད་དེ། སྟོང་པ་ཉིད་ལ། དོན་དམ་པར་མི་རྟག་པ་ལ་སོགས་པ་མེད་པ་ཉིད་ཀྱིས་སོ། །ཁྱབ་ པ་ཡོད་དེ། དོན་དམ་པར་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དང་སྟོང་པ་ཉིད་དག་ཕན་ ཚུན་ངོ་བོ་གཅིག་སྟེ་བདེན་དངོས་ཀྱིས་སྟོང་པར་མཉམ་པ་ཡིན་པས་སོ། །དེས་ན་གཟུགས་ སོགས་ལ་མི་རྟག་སོགས་གང་དུ་ཡང་མངོན་ཞེན་མེད་པའི་ཡེ་ཤེས་ཞེས་བྱ་བ་ནི་དེའི་ཤེས་ རྣམ། དེ་གང་དུ་ཡང་དོན་དམ་པར་ཞེན་བྱར་མེད་པའི་ཆོས་ཉིད་དོན་རྣམ་མོ། །ཡང་མི་རྟག་པ་ ཉིད་ལ་སོགས་པ་དང་སྟོང་པ་ཉིད་དག་ཆོས་ཅན། ཕན་ཚུན་བདག་ཉིད་གཅིག་པ་སྟེ་བདེན་ པའི་དངོས་པོ་མེད་པར་མཉམ་སྟེ། དོན་དམ་པར་རང་རང་གི་ངོ་བོ་བདེན་པའི་དངོས་པོ་ པ་མེད་པ་ཡིན་པས་སོ། །རྟགས་མ་གྲུབ་ན། དེར་ཐལ། ཆོས་ཀྱི་དབྱིངས་ཀྱི་ངོ་བོ་སྟེ། རང་ 1-1-347 བཞིན་ཅན་ཡིན་པ་ཉིད་ཀྱིས་སོ། །དེས་ན་ཕན་ཚུན་བདེན་མེད་དུ་རང་བཞིན་གཅིག་པའི་མི་ རྟག་པ་ལ་སོགས་པ་རྣམས་དང་སྟོང་པ་ཉིད་ཅེས་བྱ་བ་ནི་རྩེ་མོ་འབྲིང་གི་དམིགས་པ་ཡིན་ ནོ། །ཡང་གཟུགས་ལ་སོགས་པ་ཆོས་ཅན། རང་གིར་མི་བྱེད་པ་སྟེ། བདག་གིར་གཟུང་བྱས་ སྟོང་སྟེ། དོན་དམ་པར་རང་རང་གི་ངོ་བོ་བདེན་དངོས་བཀག་པ་ཉིད་ཀྱིས་སོ། །དེས་ན་ཆོས་ བདག་གིར་མི་འཛིན་པའི་ཡེ་ཤེས་ཞེས་བྱ་བ་ནི་དེའི་ཤེས་པའི་རྣམ་པ། དེར་གཟུང་བྱས་སྟོང་ པའི་ཆོས་ཉིད་དོན་རྣམ་མོ། །ཡང་གཟུགས་ཚོར་ལ་སོགས་པ་དེ་དག་ལ་ཆོས་ཅན། སྔོན་པོས་ མཚོན་པའི་གཟུགས་སོགས་པས་བདེ་སྡུག་ལ་སོགས་པའི་མཚན་མ་ཅིར་ཡང་མི་མཐོང་བ་སྟེ་ གཟུང་བྱར་མེད་དེ། དོན་དམ་པར་རང་རང་གི་ངོ་བོ་བདེན་དངོས་མེད་པ་ཉིད་ཀྱིས་སོ། །དེས་ ན་གཟུགས་སོགས་ཀྱི་མཚན་མ་ཅིར་ཡང་མཐོང་བྱར་མེད་པའི་གཟུགས་སོགས་ཞེས་བྱ་བ་ ནི་རྩེ་མོ་ཆེན་པོའི་དམིགས་པ་ཡིན་ནོ། །ཡང་གཟུགས་ (གསེར་)སོགས་ལ་དཔྱོད་པའི་ (གསེར་) རྒྱུ་ཤེས་རབ་ཀྱིས་ཆོས་གཟུགས་སོགས་དང་ཤེས་རབ་ (ཀུན་གསེར་)ཁོ་རང་ཡང་བདེན་པའི་སྐྱེ་ མེད་ (གསེར་)དུ་ཡང་དག་སྟེ་ཕྱིན་ཅི་མ་ལོག་པར་རབ་ཏུ་རྣམ་པར་འབྱེད་པའི་སྒོ་ནས་གཟུགས་ ནས་རྣམ་མཁྱེན་གྱི་བར་གྱི་དངོས་པོ་ཐམས་ཅད་དོན་དམ་པར་ཅིར་ཡང་མི་དམིགས་པ་ སྟེ་དམིགས་སུ་མེད་པར་ (ཞེས་པ་གཉིས་སུ་མེད་པར་དམིགས་པའི་བདག་ཉིད་དོ་ཞེས་རད་ཀིར་རོ། །)ངེས་པར་ རྟོགས་པ་སྟེ་མཐའ་གཅིག་ཏུ་རྟོགས་པའི་ཡེ་ཤེས་ཞེས་བྱ་བ་ནི་དེའི་ཤེས་པའི་རྣམ་པ། དེ་དག་ ཅིར་ཡང་དམིགས་བྱར་མེད་པའི་ཆོས་ཉིད་ (གསེར་)དོན་རྣམ་མོ། །ཤེར་འབྱུང་ནི། འདིར་ཡང་ སྔ་མ་སྔ་མའི་རྣམ་པ་ཕྱི་མ་ཕྱི་མའི་དམིགས་པ་ཡིན་པ་སློབ་དཔོན་གྱི་དགོངས་པར་འཆད་དོ། ། རྟགས་ལ་དགོད་དེ་སྔར་དྲོད་དུ་བསྟན་པའི་ཚུལ་གྱིས་ (རད་ཀིར་ཡང་དམིགས་རྣམ་སློབ་དཔོན་འདི་དང་ འདྲའོ། །)སོ། །ཕྱི་མ་འདི་གསེར་རོ། ། གསུམ་པ་ནི། བཤད་པའི་ཚུལ་དེ་ལྟར་ན། གཟུགས་སོགས་མི་གནས། ཞེས་སོགས་ 1-1-348 ཚིགས་བཅད་ཕྱེད་དང་གསུམ་གྱི་དངོས་བསྟན་གྱི་དམིགས་པ་དང་རྣམ་པ་དང་ལྡན་པའི་སྦྱོར་ ལམ་ཆུང་འབྲིང་ཆེན་པོ་རྣམ་པ་གསུམ་པོ་ཆོས་ཅན། རྩེ་མོར་གྱུར་པ་ཡིན་ཏེ། དད་སོགས་ སྟོབས་ལྔ་མ་ཐོབ་པས་འདུས་བྱས་ཀྱི་དགེ་བའི་རྩ་བ་གཡོ་བ་སྟེ་ཆད་སྲིད་པའི་རྩེ་མོ་ཆད་མི་ སྲིད་པར་ཕྱིན་པའི་སྦྱོར་ལམ་བཞིའི་གཉིས་པ་ཡིན་པའི་ཕྱིར་རོ། །མཛོད་དུ། རྩེ་མོ་ཐོབ་པ་ (ཉམས་ན་མཚམས་མེད་བྱེད་ཅིང་ངན་སོང་དུ་འགྲོ་སྲིད་ཡང་འདུས་བྱས་ཀྱི་དགེ་)རྩ་མི་འཆད། །ཅེས་སོ། ། གསུམ་པ་ལ། རྩ། འགྲེལ། བསྡུ་གསུམ་ལས། དང་པོ་ནི། གསུམ་ལས། དོན་དམ་པ་ རང་གི་རང་སྤྱིའི་ངོ་བོ་བདེན་དངོས་མེད་པའི་གཟུགས་སོགས་བཟོད་པ་ཆུང་ངུའི་དམིགས་ པའོ། །གཟུགས་ནི་གཟུགས་ཀྱི་རང་བཞིན་དང་བྲལ་བའོ། །ཚོར་སོགས་རྣམ་མཁྱེན་ནས། ཡང་དག་མཐའི་བར་རོ། །ཅི་ཕྱིར་ཞེ་ན། གཟུགས་ཀྱི་རང་བཞིན་ནི་དངོས་པོ་མེད་པའོ། ། ནས། ཡང་དག་མཐའི་བར་རོ། །ཡང་དོན་དམ་པར་སྤྱི་དང་ (ཨཱརྱ་)ཁྱད་པར་གྱིས་སམ་མཚན་ མཚོན་གྱི་དངོས་པོ་བདེན་པ་དེ་མེད་པའི་སྟོང་པ་དེ་གཟུགས་སོགས་ཀྱི་ངོ་བོ་སྟེ་རང་བཞིན་ ཡིན་པས་གཟུགས་སོགས་དོན་དམ་པར་སྤྱི་དང་ཁྱད་པར་རམ་མཚན་ཉིད་དང་མཚོན་བྱའི་ རང་བཞིན་མེད་པའི་ཆོས་ཉིད་བཟོད་ཆུང་ (ཟླ་ཟེར་དངོས་)གི་དོན་རྣམ། དེས་དེར་རྟོགས་ཤེས་ རྣམ་མོ། །ཤཱ་བུ་གཟུགས་ལ་གཟུགས་ཀྱི་མཚན་ཉིད་མེད་དོ། །ཞེས་ནས། ཡང་དག་མཐའི་ བར་དང༌། (ཆོས་རྣམས་ཀྱི་)མཚན་ཉིད་ལ་ཡང་ (ཀུན་རྫོབ་ཏུ་བརྗོད་པར་གྱི་ཆོས་རྣམས་ལས་ལོགས་ཤིག་ན་དོན་ དམ་པར་)མཚན་ཉིད་ཀྱི་རང་བཞིན་མེད་དོ། །མཚན་ཉིད་ཀྱི་རང་བཞིན་ལ་ཡང་ (ཨཱརྱས་མཚན་ཉིད་ ནི་སྤྱིར་རང་བཞིན་ནི་ཁྱད་པར་བཞག་ཅེས་སོགས་)མཚན་ཉིད་ཀྱི་རང་བཞིན་ (ཞེས་བྱ་བ་ཞིག་ལོགས་ཤིག་ན་)མེད་ དོ་ (ཞེས་འབུམ་ཊཱིཀ་)ཞེས་སོ། །ཡང་དོན་དམ་པར་ཀུན་ནས་ཉོན་མོངས་པའི་ཚེ་ཡང་སྐྱེ་བ་མེད་ ལ་རྣམ་བྱང་གི་ཚེ་ཡང་རྣམ་མཁྱེན་དུ་ངེས་འབྱུང་བདེན་དངོས་མེད་པའི་གཟུགས་སོགས་དེ་ དག་འབྲིང་གི་དམིགས་པའོ། །འབུམ་ཊཱིཀ་གི་དོན་ནོ། །ཤཱ་བུ་དེ་ནི་འདི་ལྟར་ (དོན་དམ་པར་)ཆོས་ 1-1-349 ཐམས་ཅད་མ་སྐྱེས་ (རྣམ་མཁྱེན་དུ་)མ་བྱུང་ (ཀུན་རྫོབ་ཙམ་དུ་ཞེས་འབུམ་ཊཱིཀ་)བའི་ཕྱིར་རོ། །ཞེས་ནས། (དོན་དམ་པར་)གཟུགས་གཟུགས་ཀྱིས་སྟོང་སྟེ་ (རང་བཞིན་གྱི་སྟོང་པར་)དེ་ལ་ (ཀུན་ནས་ཉོན་མོངས་པའི་ཚེ་) སྐྱེ་བ་ཡང་མི་དམིགས་ (རྣམ་པར་བྱང་བའི་ཚེ་ཡང་རྣམ་མཁྱེན་དུ་)འབྱུང་བ་ཡང་མི་དམིགས་ (ཞེས་འབུམ་ཊཱིཀ་ གོ །ཆེ་བར་ཆོས་ཉིད་ལ་སྦྱར་ནས་ཚུལ་དེ་ལྟར་རོ། །)ཞེས་སོགས་རྒྱ་ཆེར་རོ། །ཡང་གཟུགས་སོགས་ཐམས་ ཅད་དོན་དམ་པར་དེ་འདྲའི་སྐྱེ་བའམ་ངེས་འབྱུང་གང་ཡང་མེད་པར་རྟོགས་པའི་ཡེ་ཤེས་ ཤེས་རྣམ། དེ་དག་དེ་འདྲའི་སྐྱེ་བ་དང་ངེས་འབྱུང་མེད་པའི་ཆོས་ཉིད་དོན་རྣམ་མོ། །དེ་ལྟར་ ཆོས་ཐམས་ཅད་ (འབུམ་ཊཱིཀ་)སྟོང་པར་རྟོགས་ནས་བསྒོམས་པས་སྒོ་གསུམ་མཚན་ཞིང་དང་ བཅས་པ་རྣམ་པར་དག་པ་ཐོབ་པར་འགྱུར་བ་ཡང་དེའི་ཕན་ཡོན་གྱི་རྣམ་པའམ་བྱེད་པའི་ རྣམ་པ་སྟེ། འབུམ་ཊཱིཀ་ཏུ་ཕན་ཡོན་བསྟན་པའོ་ཞེས་སོ། །འགྲེལ་ཆེན་དུ། རྣམ་པར་དག་པའི་ རྒྱུར་གྱུར་པའི་ཕྱིར་རྒྱུའི་སྒོ་ནས་བསླབས་པས། ཞེས་སོ། །ལུས་ཡོངས་སུ་དག་པ་དང་ངག་ ཡོངས་སུ་དག་པ་དང་ཡིད་ཡོངས་སུ་དག་པ་དང་མཚན་ཡོངས་སུ་དག་པ་ཐོབ་པར་འགྱུར་ རོ། །ནས། དེ་ཐོབ་པས་ཆགས་སྡང་གཏི་སོགས་ཀྱི་སེམས་མི་བསྐྱེད་དེ་མ་བསྐྱེད་པས་རྟག་ཏུ་ རྫུས་ཏེ་སྐྱེ་ཞིང་སྦྱོང་སེམས་ཅན་སྨིན། (བསྡུས་སོ། །)ཞེས་སོགས་སོ། །འབྲས་བུ་རྣམ་དག་དེ་ཡང་ ཡང་དག་པར་འདའ་བ་གསུམ་གྱིས་བསྡུས་ཏེ། (ལས་ཉོན་གྱི་)རྣམ་སྨིན་ལས་འདའ་བ་ནི། སྒོ་ གསུམ་གྱི་ལས་མི་དགེ་བས་དག (འགྲེལ་ཆེན།) མཚན་ཡུལ་ན་གནས་པ་དང་གསལ་ལ་རྫོགས་ པས་ (དེ་གསུམ་འགྲེལ་ཆེན་)དག སྣོད་བཅུད་ཀྱི་ཞིང་འོག་ཏུ་བཤད་པ་ལྟར་དག (འགྲེལ་ཆེན།) ངན་ འགྲོའི་རྒྱུ་ལས་འདའ་བ། འདོད་ཆགས་དང་ལྡན་པའི་སེམས་མི་སྐྱེ་སོགས། ཡོངས་སུ་ཉམས་ པ་ལས་འདའ་བ། རྟག་ཏུ་རྫས་ཏེ་སྐྱེ་བའོ། །ཞེས་ཨཱརྱའོ། །ཡང་གཟུགས་ཚོར་སོགས་བཅོ་ བརྒྱད་ཀྱི་བར་དང་རྟག་མི་རྟག་བདེ་སྡུག་བདག་ཡོད་མེད་ཞི་མ་ཞི་དབེན་མི་དབེན་སོགས་ ཀྱི་མཚན་མར་ (ཆེན་པོས་)མ་ཞེན་པའི་གཟུགས་སོགས་ཆེན་པོའི་དམིགས་པའོ། །གཟུགས་ལ་ 1-1-350 སྤྱོད་ན་མཚན་མ་ལ་སྤྱོད་དོ། །ཞེས་ནས། གཟུགས་རྟག་ཅེས་བྱ་བར། ཞེས་སོགས་རྒྱ་ཆེར་ རོ། །ཡང་བཟོད་ཆེན་དེས་གཟུགས་སོགས་དེ་ཡིས་མཚན་མར་མི་བརྟེན་པ་སྟེ་ (གསེར་)མ་ཞེན་ པས་མོས་པ་ཡིད་བྱེད་ཀྱིས་མཚན་མར་མ་ཞེན་ཅིང་དེ་ཁོ་ན་ཡིད་བྱེད་ཀྱིས་མཚན་མར་འདུ་ ཤེས་པའམ་འཛིན་པ་མེད་པའི་ཡེ་ཤེས་དེ་ཤེས་རྣམ། མཚན་མའི་རྟེན་མེད་པས་མོས་པ་དང་ དེ་ཁོ་ན་ཡིད་བྱེད་ཀྱིས་མཚན་མར་གཟུང་བྱར་མེད་པའི་ཆོས་ཉིད་དོན་རྣམ་མོ། །གཟུགས་ ལ་མོས་ཤིང་འདུ་ཤེས་དེ་བྱིན་གྱིས་རློབ་ན། ཞེས་སོགས་ཀྱིས་སྤང་བྱ་བསྟན་པའི་ཤུགས་ལ་ འདི་འཕངས་ཤིང༌། གཟུགས་ལ་མི་སྤྱོད། ཞེས་སོགས་རྒྱ་ཆེར་འབྱུང་ངོ༌། །འཕགས་པས། གཟུགས་ལ་གནས་པ་མེད་ལྷག་པར་མོས་པ་མེད་ཀུན་ཤེས་པ་མེད། ཅེས་ཏེ། རྒྱས་འབྲིང་ན་ མི་སྣང་ངོ༌། ། གཉིས་པ་ལ། གསུམ་ལས། མཚན་ཉིད་ནི་གཟུགས་སུ་རུང་བ་སོགས། དེའི་ངོ་བོ་ཉིད་ ནི་གཟུགས་ལ་སོགས་པའོ། །ངོ་བོ་ཉིད་ནི་ས་ལ་སོགས་པའོ། །དེའི་མཚན་ཉིད་ནི་སྲ་བ་ལ་ སོགས་པ་སྟེ་ (གསེར་)འདི་དག་ཆོས་ཅན། དོན་དམ་པར་བདེན་པའི་ངོ་བོ་ཉིད་མེད་དེ། དོན་ དམ་པར་སྟོང་པ་ཉིད་དུ་གཅིག་པ་ཉིད་ཀྱིས་སོ། །དེས་ན་དོན་དམ་པར་བདེན་པའི་ངོ་བོ་མེད་ པའི་ (འགྲེལ་ཆེན་)ཁྱད་པར་ཅན་གྱི་གཟུགས་ལ་སོགས་པ་དང་དེའི་མཚན་ཉིད་དང་ས་སོགས་ དང་དེའི་མཚན་ཉིད་ཅེས་བྱ་བ་དེ་ནི་བཟོད་པ་ཆུང་ངུའི་དམིགས་པ་ཡིན་ནོ། །གསེར་རོ། ། ཡང་ན་རྩ་བ་ལྟར་ཏེ་ངོ་བོ་ཉིད་ནི་མཚོན་བྱ་སྟེ་མཚན་མཚོན་ནོ། །ཡང་དོན་དམ་པར་བདེན་ པའི་དངོས་པོ་མེད་པ་ཉིད་གཟུགས་ལ་སོགས་པའི་ངོ་བོའམ་རང་བཞིན་ཡིན་པར་རྟོགས་པ་ བཟོད་ཆུང་རྗེས་ཐོབ་ཀྱི་རྣམ་པ། དེ་ལྟར་ཡིན་པས་གཟུགས་སོགས་བདེན་མེད་དུ་རྟོགས་པ་ དེ་མཉམ་གཞག་གི་ཤེས་རྣམ། དེ་དེའི་རང་བཞིན་ཡིན་པ་རྗེས་ཐོབ་ཀྱི་དོན་རྣམ། གཟུགས་ སོགས་བདེན་མེད་ཀྱི་སྟོང་ཉིད་མཉམ་གཞག་གི་དོན་རྣམ་མོ། །འགྲེལ་ཆེན་དུ། ཀུན་རྫོབ་ 1-1-351 དང་དོན་དམ་པའི་སྒོ་ནས་རྣམ་པ་ནི། ཞེས་འདི་ལྟར་རོ། །གཟུགས་སོགས་རང་བཞིན་ནམ་ངོ་ བོ་མེད་པ་ཡིན་མོད་ཇི་ལྟར་བདེན་མེད་དེ་དེའི་རང་བཞིན་དུ་བརྗོད་ཟེར་ན། སྐྱེ་བོ་དམིགས་ པ་ཅན་ཕྱི་རོལ་ཞེན་པ་ (གསེར་)ཟེར་ཡང་རང་བཞིན་ཡོད་པར་ཞེན་པའི་ངོར་དེ་སྐད་བརྗོད་པ་ ཙམ་ཡིན་གྱི་དོན་དམ་པར་དེ་ལྟར་ཡང་བཞག་ཏུ་མེད་དོ་སྙམ་དུ་བསམ་པའོ། །སློབ་དཔོན་ འདི་སོགས་རང་སྟོང་པའི་ལུགས་དཔྱིས་ཕྱིན་ཏེ་གཞན་དག་ཀློག་པ་ཙམ་དུ་ཟད་དོ། །ཡང་ གཟུགས་ལ་སོགས་པ་ལ་ཆོས་ཅན། དོན་དམ་པར་ལས་ཉོན་ལས་སྐྱེ་བ་འཁོར་བ་ཡང་མེད། དེ་འགགས་པའི་མྱང་འདས་ཀྱང་མེད་དེ། དོན་དམ་པར་གདོད་ནས་རང་བཞིན་གྱིས་མ་སྐྱེས་ པ་ཉིད་ཀྱིས་སོ། །དེ་འདྲའི་སྐྱེ་མེད་ངེས་འབྱུང་མེད་པའི་གཟུགས་སོགས་ཞེས་བྱ་བ་ནི་བཟོད་ འབྲིང་གི་དམིགས་པ་ཡིན་ནོ། །ཡང་བཟོད་འབྲིང་གི་རྣལ་འབྱོར་ཆོས་ཅན། ལུས་ངག་ཡིད་ མཚན་ཞིང་ལ་སོགས་པ་རྣམ་པ་ཐམས་ཅད་དུ་རྣམ་པར་དག་པ་ཐོབ་ (ཤཱནྟི་)པའི་རྒྱུ་ (འགྲེལ་ཆེན་ )ཡིན་ཏེ། ཆོས་ཐམས་ཅད་ཀྱི་རང་གི་ངོ་བོ་སྟོང་ཉིད་ལ་གསལ་སྣང་སྐྱེས་ནས་རྟོགས་པའི་ སྟོབས་ཐོབ་པའི་སྦྱོར་ལམ་ཡིན་པ་ཁོ་ནས་སོ། །དེ་ལས་དེ་ཐོབ་པ་ཞེས་བྱ་བ་ནི་དེའི་ཕན་ ཡོན་གྱི་རྣམ་པ་ཡིན་ནོ། །ཞེས་སོགས་རྩ་བ་ལྟར་ངེས་པར་ཤེས་དགོས་སོ། །ཡང་གཟུགས་ སོགས་ཆོས་ཐམས་ཅད་ཆོས་ཅན། གཟུགས་སོགས་དང་ (གསེར་)རྟག་མི་རྟག་ (མདོ་)སོགས་ཀྱི་ མཚན་མ་དོན་དམ་པར་མེད་པ་ཉིད་དོ། །དོན་དམ་པར་རང་དང་སྤྱིའི་མཚན་ཉིད་དོན་བྱེད་ ནུས་ (གསེར་)མི་ནུས་སམ་གཟུགས་སུ་རུང་བ་སོགས་དང་སྐྱེ་འཇིག་སོགས་ཡོད་པར་མི་འཐད་ པས་སོ། །དེ་འདྲའི་མཚན་མ་མེད་པའི་གཟུགས་སོགས་ཐམས་ཅད་ཅེས་བྱ་བ་ནི་ཆེན་པོའི་ དམིགས་པ་ཡིན་ནོ། །ཡང་གཟུགས་ལ་སོགས་པ་ཆོས་ཅན། གཟུགས་སོགས་ཡོད་པར་ (གསེར་དངོས་)ཞེན་པའི་མོས་པ་ཡིད་ལ་བྱེད་པས་མི་མོས་ཏེ། ཁྱད་པར་གྱི་མཚན་མ་ཅིར་ཡང་ ཞེན་བྱར་དོན་དམ་པར་ (གསེར་) མེད། ཆོས་ཐམས་ཅད་སྟོང་ཉིད་དུ་ཤེས་ (གསེར་)པའི་དེ་ཁོ་ན་ 1-1-352 ཉིད་ཡིད་ལ་བྱེད་པས་ཁྱད་པར་གྱི་མཚན་མར་དོན་དམ་པར་ (གསེར་དོན་)འདུ་ཡོངས་སུ་ཤེས་ པ་མེད་དེ། དོན་དམ་པར་གདོད་ནས་རང་བཞིན་ཁོ་ནས་ཁྱད་པར་གྱི་མཚན་མ་རྣམས་ཀྱི་རྟེན་ དང་བྲལ་བ་ཉིད་ཀྱིས་སོ། །དེས་ན་རྩ་བར་བཤད་པ་ལྟར་ཞེས་བྱ་བ་ནི། ཆེན་པོའི་རྣམ་པ་ ཡིན་ནོ། །ཤེར་འབྱུང་ནི། སྔ་མའི་རྣམ་པ་ཕྱི་མའི་དམིགས་པ་ཡིན་པ་སློབ་དཔོན་གྱི་དགོངས་ པར་འཆད་པ་ལྟར་ཡང་ངོ༌། ། གསུམ་པ་ནི། སྔར་བཤད་པའི་ཚུལ་དེ་ལྟར་ན། གཟུགས་སོགས་ངོ་བོ་ཉིད་མེད། ཅེས་ སོགས་ཀྱི་དངོས་བསྟན་གྱི་དམིགས་པ་དང་རྣམ་པ་དང་ལྡན་པའི་སྦྱོར་ལམ་ཆུང་འབྲིང་ཆེ་ རྣམ་པ་གསུམ་པོ་ཆོས་ཅན། བཟོད་པར་གྱུར་པ་ཡིན་ཏེ། ཁྱོད་ཐོབ་པའི་སྐྱེས་བུ་ད་ཕྱིས་ལས་ ཉོན་གྱི་དབང་གིས་ངན་འགྲོར་སྐྱེ་བ་མེད་ཅིང་མི་སྐྱེས་པའི་ཆོས་ཆེན་པོ་ལ་བཟོད་ཅིང་ཡིད་དུ་ འོང་བའི་ཐོག་མའི་སྦྱོར་ལམ་ཡིན་པའི་ཕྱིར་རོ། །ལས་ཉོན་གྱི་དབང་གིས་མི་འགྲོའི་གཞན་ དུ་ཤཱ་རིའི་བུ་སོགས་མཛེས་དགའ་ཁྲིད་ནས་དམྱལ་བར་རྒྱུར་སོང་ངོ༌། །ཞེས་སོགས་མདོ་དུ་ མ་དང་འགལ་ལོ། །ཞེས་འགྲེལ་ཆེན་གྱི་དོན་ནོ། ། བཞི་པ་ལ། རྩ། འགྲེལ། དོན་གསུམ་ལས། དང་པོ་ལའང་གསུམ་ལས། ཆོས་ཐམས་ཅད་ སྐྱེས་པ་མེད་པའི་ཏིང་འཛིན་སོགས་བརྒྱ་ལྷག་ (ཨཱརྱ་)འདིར་སྨོས་སོགས་རྣམས་ཆོས་མཆོག་ ཆུང་ངུའི་དམིགས་པའོ། །ཏིང་ངེ་འཛིན་ཆོས་ཐམས་ཅད་སྐྱེ་བ་མེད་པ་ཞེས་བྱ་སྟེ། ཞེས་སོགས་ རྒྱ་ (དཔའ་བར་འགྲོ་བ་སོགས་)ཆེར་རོ། །ཏིང་ངེ་འཛིན་དེའི་བྱེད་པ་ནི། མྱུར་དུ་རྫོགས་པར་ (མདོར་) བྱང་ཆུབ་པ་སྟེ་དེ་ཉིད་རྣམ་པའོ། །ཞེས་དག་ལྡན་ནོ། །རད་ཀིར། དེའི་སྟེང་དུ་དཀའ་བ་མེད་ པར་འགྲོ་བའི་དོན་བྱེད་པ་བསྣན་ནས་དེ་རྣམ་པའོ། །ཞེས་སོ། །དེ་དེའི་བྱེད་པའི་རྣམ་པའམ་ རྗེས་ཐོབ་ཀྱི་དོན་རྣམ་དང༌། ཆོས་མཆོག་ཆུང་ངུ་རྗེས་ཐོབ་ཀྱི་ཏིང་ངེ་འཛིན་དེ་དག་གིས་མྱུར་ དུ་རྫོགས་བྱང་ཐོབ་པར་རྟོགས་པ་ཤེས་རྣམ་མོ། །ཏིང་ངེ་འཛིན་དེས་རྣམ་པར་སྤྱོད་པའི་བྱང་ 1-1-353 སེ་ཆེན་པོ་མྱུར་དུ་བླ་མེད་བྱང་ཆུབ་ཏུ་མངོན་འཚང་རྒྱའོ། །ཞེས་སོ། །ཡང་རང་རྒྱུད་ལྡན་གྱི་ བྱང་སེ་སངས་རྒྱས་སུ་ལུང་སྟོན་པའི་རྒྱུ་འཛིན་པའི་རྣམ་གཡེང་ཞི་བའི་ཆོས་ཉིད་ལ་མཉམ་ པར་བཞག་པའི་ཏིང་ངེ་འཛིན་ནི་ཆོས་མཆོག་འབྲིང་གི་དམིགས་པའོ། །བྱང་ཆེན་པོ་ཏིང་ངེ་ འཛིན་དེ་དག་གིས་རྣམ་པར་སྤྱོད་པ་དེ་ནི་སྔོན་གྱི་དེ་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་ པའི་སངས་རྒྱས་རྣམས་ཀྱིས་བླ་མེད་རྫོགས་བྱང་དུ་ལུང་བསྟན་ཏོ། །ད་ལྟར་བས་ཀྱང་བསྟན་ (བསྡུས་)ཞེས་སོ། །འདི་དག་ཏུ་བདེན་བཞི་ལ་དམིགས་ཞེས་གྲགས་པས་དེའི་དོན་བདེན་པ་ བཞི་ཅར་ལ་དམིགས་དགོས་པར་བསམ་ནས། ཡིག་ (འོད་ཟེར་མགོན་པོ་)འཇོག་དང་གསུང་སྒྲོས་ རྣམས་ནི་ནོར་བ་སྟེ། ལམ་ལ་དམིགས་ནའང་བདེན་པ་ལ་དམིགས་པའི་གོ་ཆོད་པ་ལ་སོགས་ པ་སྟེ་བཞི་སྡོམས་མི་དགོས་ཏེ་ངག་ལས་ཤེས་སོ། །ཡང་ཆོས་མཆོག་འབྲང་གི་ཡེ་ཤེས་དེས་ དེ་འདྲའི་ཏིང་ངེ་འཛིན་དེ་ལ་བདག་ནི་དུས་ཕྱིས་མཉམ་པར་འཇོག་གོ །འདས་པ་ན་བཞག་ པར་གྱུར་ཏོ། །ད་ལྟ་གཞག་གོ་སྙམ་པའི་རློམ་པ་ཟད་པའི་རྟོགས་པ་ཡེ་ཤེས་ཀྱི་ཆ་ཤེས་རྣམ། དེ་འདྲའི་རློམ་བྱར་དོན་དམ་པར་མེད་པའི་ཆོས་ཉིད་དོན་རྣམ་མོ། །བདག་ནི་མཉམ་པར་ འཇོག་གོ །བདག་གིས་མཉམ་པར་གཞག་པར་བྱའོ། །བདག་ནི་མཉམ་པར་བཞག་པར་གྱུར་ ཏོ། །ཞེས་རློམ་སེམས་སུ་འགྱུར་བ་མེད་དེ། དེ་ལ་རྣམ་པར་རྟོག་པ་དེ་དག་མེད་ཅིང་མི་རྒྱུའོ། ། ཞེས་སོ། །འདིས་བྱང་སེའི་སྦྱོར་ལམ་མཉམ་གཞག་སྒྲ་རྟོག་ཏུ་འདོད་པ་རྨེག་མེད་པར་བྱས་ སོ། །ཤཱནྟིས་ (དག་ལྡན་)ཏིང་ངེ་འཛིན། བདག་སྙོམས་པར་ཞུགས་པར་མི་དམིགས་ཤིང་རློམ་ པ་ཟད། ཅེས་སོ། །(སྙིང་པོ་མཆོག་ཏུ་གང་འདིས་ཏིང་ངེ་འཛིན་ལ་རློམ་པ་ཟད་ཅེས་སོ། །) ཡང་བསྒོམ་པོ་བྱང་སེ་ སྒོམ་ཏིང་ངེ་འཛིན་བསྒོམ་བྱ་ཡུམ་གསུམ་པོ་ཕན་ཚུན་ངོ་བོ་གཅིག་པ་སྟེ་དོན་དམ་པར་ (མདོ་དོན་) དབྱེར་ (འབུམ་ཊཱིཀ་དངོས་)མེད་ (དངོས་)པའི་བྱང་སེ། ཏིང་འཛིན། ཤེར་ཕྱིན་གསུམ་མམ་ཡང་ན་ གསུམ་པོའི་དེ་བཞིན་ཉིད་ཆེན་པོའི་དམིགས་པའོ། །ཤེར་ཕྱིན་ཉིད་ཀྱང་ཏིང་ངེ་འཛིན། ཏིང་ 1-1-354 ངེ་འཛིན་ཉིད་ཀྱང་བྱང་སེམས། བྱང་སེམས་ཉིད་ཀྱང་ཏིང་ངེ་འཛིན། ཞེས་དང༌། ཆོས་ཐམས་ ཅད་མཉམ་པ་ཉིད་ཀྱི་ཕྱིར། ཏིང་ངེ་འཛིན་བྱང་སེ། བྱང་སེ་ཏིང་ངེ་འཛིན། ཞེས་སོགས་སོ། །གསུམ་ གྱི་ཆོས་ཉིད་གཅིག་ཡིན་པས་ (མདོ་དོན་)དེ་སྐད་གསུངས་པ་ཁོ་ནའོ། །འདིར་ངོ་བོ་གཅིག་པ་ ནི་དོན་དམ་པར་དབྱེར་མེད་པའམ་ཆོས་ཉིད་གཅིག་པ་སྟེ། མདོར། ཆོས་ཐམས་ཅད་མཉམ་ པ་ཉིད་ཀྱི་ཕྱིར། ཏིང་ངེ་འཛིན་བྱང་སེ། སོགས་དང༌། འབུམ་ཊཱིཀ་ཏུ། དོན་དམ་པར་ཏིང་ངེ་ འཛིན་དང་བྱང་སེ་དབྱེར་མེད་པས། ཞེས་དང༌། ན་དམ་པར་ཆོས་ཐམས་ཅད་དངོས་པོ་མེད་ པའི་ཕྱིར། ཏིང་ངེ་འཛིན་དང་བྱང་སེ་དངོས་པོ་མེད་པར་རོ་གཅིག་པས་ (རྣམས་སྦྱོར་)ཞེས་སོ། ། ཡང་དོན་དམ་པར་ (འབུམ་ཊཱིཀ་)ཆོས་ཐམས་ཅད་མེད་པས་ (མདོ་)ཏིང་ངེ་འཛིན་དུ་རྣམ་པ་ཡོད་ མེད་ཀྱིས་སེམས་གང་གི་སྒོ་ནས་ཀྱང་མི་རྟོག་པའི་རྟོགས་པ་ཡེ་ཤེས་ཀྱི་ཆ་ཤེས་རྣམ། དོན་ དམ་པར་དེ་ལྟར་བརྟག་བྱར་མེད་པའི་ཆོས་ཉིད་དོན་རྣམ་མོ། །ཆོས་ཐམས་ཅད་མེད་པའི་ ཕྱིར་རྟོག་པ་མེད་དེ། དེ་ལྟར་ན་ཏིང་ངེ་འཛིན་དེ་ལ་རྟོག་པ་མེད་པ་ཡིན་ནོ། །སྔར་བསྟན་པའི་ ཚུལ་དེ་ལྟར་ན་བྱང་སེའི་ངེས་འབྱེད་ཆ་མཐུན་ནི་ཆོས་ཅན། བཅུ་གཉིས་ (རད་ཀིར་གྱིས་འཆད་ལ་) སུ་འགྱུར་ཏེ། ཁྱེད་བཞི་རེ་རེ་ལ་ཡང་ཆུང་དང་འབྲིང་དང་ཆེན་པོར་ཡོད་པ་ཡིན་པས་སོ། །དེ་ ལྟར་བཅུ་གཉིས་ནི་ངེས་འབྱེད་ཆ་མཐུན་ནོ། །ཞེས་དག་ལྡན་ནོ། ། གཉིས་པ་ལ། གསུམ་རིམ་བཞིན་ཏེ། གང་གིས་ཆོས་ཐམས་ཅད་སྐྱེ་བར་མི་བྱེད་པས་ ཆོས་ཐམས་ཅད་སྐྱེ་བ་མེད་པ་དང༌། གང་གིས་ཏིང་ངེ་འཛིན་ཐམས་ཅད་ཀྱི་སྤྱོད་ཡུལ་མྱོང་ བར་བྱེད་པས་དཔའ་བར་འགྲོ་བ་དང༌། ལ་སོགས་པ་རིན་ཆེན་ཕྱག་རྒྱ་ཟླ་བ་སྣང་བ་སོགས་ ཀྱི་ཏིང་ངེ་འཛིན་བརྒྱ་ཉི་ཤུ་སོགས་ (རྔོག་ལོས་འབུམ་དུ་)མཐའ་ཡས་པ་ (ཨཱརྱ་)བསྒོམ་པར་བྱའོ་ཞེས་ བྱ་བ་ཡིན་པས་བྱང་ཆུབ་ཀྱི་རྒྱུའི་ཏིང་ངེ་འཛིན་དེ་རྣམས་ནི་ཆོས་མཆོག་ཆུང་ངུའི་དམིགས་པ་ ཡིན་ནོ། །ཡང་སེམས་ཅན་མ་བརྒལ་པ་བསྒྲལ་ཞེས་སོགས་རང་གི་སྨོན་ལམ་དང༌། སྦྱིན་ 1-1-355 སོགས་བསོད་ནམས་དང༌། འཁོར་གསུམ་མི་རྟོག་པའི་ཡེ་ཤེས་ཀྱི་ཚོགས་གཉིས་དང༌། ཆོས་ ཀྱི་དབྱིངས་མི་འགྱུར་ཞིང་དག་ལ་བདེན་པའི་བྱིན་བརླབས་ཀྱི་སྟོབས་ཀྱིས་ཕྱོགས་བཅུའི་ འཇིག་རྟེན་གྱི་ཁམས་ཐམས་ཅད་སྟེ་མང་བོར་གདུལ་བྱའི་སྐལ་བ་ཇི་ལྟ་བ་བཞིན་དུ་འབད་ མེད་ལྷུན་གྱིས་གྲུབ་པར་ཏིང་ངེ་འཛིན་བརྒྱ་ཉི་ཤུ་སོགས་ཀྱི་བྱེད་པའམ་བྱ་བ་འཇུག་པས་ དེ་རྣམ་པའོ། །ཞེས་རྩ་བ་ལྟར་རོ། །ཆོས་དབྱིངས་དེ་དགག་བྱ་དེ་རྣམ་པར་གཅད་པའི་རྣམ་ གཅོད་ཙམ་ཡིན་ན་མེད་དགག་ཡིན་པས་བྱིན་བརླབས་ཅི་ཞིག་ཡོད་སོམས་ཤིག ཡང་ཐེག་ ཆེན་ཆོས་མཆོག་འབྲིང་གི་རྣལ་འབྱོར་པ་ཆོས་ཅན། ཁྱོད་ལ་འདས་ (མདོ་)ད་ལྟར་གྱི་སངས་ རྒྱས་རྣམས་ཀྱིས་སངས་རྒྱས་འཐོབ་པར་ལུང་སྟོན་པར་མཛད་དེ། གཟུང་བར་མ་ཟད་འཛིན་ པའི་རྣམ་གཡེང་ཞི་བའི་ཆོས་ཉིད་ལ་ཡང་དག་པར་ཞུགས་པའི་ཆོས་མཆོག་གི་ཏིང་ངེ་འཛིན་ དང་ལྡན་པ་སྟེ་རྒྱུད་ལ་ཡོད་བཞིན་པའི་སྐྱེས་བུ་ཡིན་པས་སོ། །ཁྱབ་པ་ཡོད་དེ། དེ་ཡིན་ན། དེ་ ལྟར་མཛད་པ་འདི་ནི་རྟེན་འབྲེལ་གྱི་ཆོས་ཉིད་ཡིན་ནོ། །དེ་འདྲའི་ཏིང་ངེ་འཛིན་ཞེས་བྱ་བ་དེ་ ནི་ཆོས་མཆོག་འབྲིང་གི་དམིགས་པ་ཡིན་ནོ། །ཡང་འཛིན་པའི་རྣམ་གཡེང་ཞི་བའི་ཆོས་ཉིད་ ལ་མཉམ་པར་བཞག་པའི་ཏིང་ངེ་འཛིན་གྱི་རང་གི་ངོ་བོ་སྟོང་ཉིད་ལ་རྩེ་གཅིག་པ་རྟོགས་པ་ སྟེ་ཐོབ་པའི་བྱང་སེ་ཆོས་མཆོག་འབྲིང་གི་རྣལ་འབྱོར་པ་ཆོས་ཅན། ཁྱོད་ཆོས་ཉིད་ལ་མཉམ་ པར་བཞག་དུས་ན་བདག་ནི་ད་ལྟ་མཉམ་པར་བཞག་པའོ། །སོགས་པས་འདས་པར་ཡང་ བཞག་པར་གྱུར་ཏོ། །མ་འོངས་པ་ན་བཞག་པར་བྱའོ་སྙམ་པའི་ཤེས་པ་རློམ་སེམས་དེ་རང་ རྒྱུད་ལ་མི་འབྱུང་སྟེ། དེའི་དུས་ན་ངར་འཛིན་གྱི་རྣམ་པར་རྟོག་པ་མངོན་གྱུར་ཐམས་ཅད་རང་ རྒྱུད་ལ་འབྱུང་བར་མི་འཐད་པས་སོ། །དེ་ལྟར་ན་དེ་ལྟར་རྟོག་པའི་རློམ་པ་ཟད་པའི་ཡེ་ཤེས་ ཞེས་བྱ་བ་ནི་དེའི་ཤེས་རྣམ་ཡིན་ནོ། །དོན་རྣམ་སྔར་ལྟར་རོ། །འདིས་སྒྲ་རྟོག་ཡིན་པ་བཀག་ ཅིང་གོང་དུ་ཡང་དག་པར་ཞུགས་ཞེས་པས་འཁྲུལ་ཤེས་ཡིན་པ་བཀག་གོ །ཡང་ཏིང་ངེ་ 1-1-356 འཛིན་དང་བྱང་པ་དང་ཤེར་ཕྱིན་པ་དང་དོན་རྣམ་པ་གསུམ་པོ་ཆོས་ཉིད་ཀྱིས་ངོ་བོ་གཅིག་གོ་ ཞེས་པ་སྟེ་སྔར་བཤད་ལྟར་ཞེས་བྱ་བའི་ཆོས་མཆོག་ཆེན་པོའི་དམིགས་པ་ཡིན་ནོ། །དོན་དམ་ པར་ (མདོ་)ཏིང་ངེ་འཛིན་ལ་སོགས་པའི་ཆོས་ཐམས་ཅད་ཡོད་པ་མ་ཡིན་པར་རྟོགས་པ་ཉིད་ ཀྱིས་བསྒོམ་བྱ་ཡུམ་སྒོམ་བྱེད་བྱང་སེ་འདི་ནི་བདག་གི་བསྒོམ་ཏིང་ངེ་འཛིན་ནོ་ཞེས་བསྒོམ་ ཏིང་ངེ་འཛིན་དུ་རྣམ་པར་མི་རྟོག་པའི་རྟོགས་པ་ཡེ་ཤེས་ཀྱི་ཆ་ཞེས་བྱ་བ་ནི་དེའི་ཤེས་རྣམ། དེ་ ལྟར་བརྟག་བྱར་མེད་པའི་ཆོས་ཉིད་དོན་རྣམ་མོ། །དེ་འདྲའི་མི་རྟོག་ཡེ་ཤེས་དེ་རྫོགས་བྱང་ ཐོབ་པའི་ཐབས་དམ་པ་ཡིན་པས་དེ་བསྐྱེད་པ་ལ་འབད་པར་བྱའོ་ཞེས་པའོ། །གསུམ་པ་ནི། ཚུལ་དེ་ལྟར་ན། ཏིང་འཛིན་དེ་ཡི་བྱེད་པ། ཞེས་སོགས་ཤོ་ལོ་ཀ་གཅིག་གི་དངོས་བསྟན་གྱི་ དམིགས་པ་དང་རྣམ་པ་དང་ལྡན་པ་ཆུང་སོགས་རྣམ་པ་གསུམ་པོ་ཆོས་ཅན། ཆོས་ཀྱི་མཆོག་ ཅེས་བྱ་བ་ཡིན་ཏེ། སོ་སྐྱེ་འཇིག་རྟེན་པའི་ཆོས་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་གྱུར་པའི་ སྦྱོར་ལམ་ཡིན་པའི་ཕྱིར་རོ། །མཐོང་སྤང་མ་སྤངས་པས་འཇིག་རྟེན་པ། ཁོའི་རྩལ་གྱིས་ མཐོང་ལམ་འདྲེན་པས་མཆོག་ཀྱང་ངོ༌། ། གསུམ་པ་ལ་གཉིས་ལས། རྩོད་པ་ནི། འདིར། དམིགས་པ་མི་རྟག་ཅེས་སོགས་དྲོད་ སོགས་བཅུ་གཉིས་ཀྱི་དམིགས་རྣམ་སྟོན་པའི་རྒྱན་གྱིས་སམ་སྐྲི་ཏའི་ཚིགས་བཅད་ཀྱིས་དྲོད་ སོགས་ཀྱི་དམིགས་ (དོན་)རྣམ་གྱི་རྟེན་ཆོས་ཅན་ཡང་ (གསེར་དངོས་)བསྟན་པར་རིགས་མོད་རྟེན་ (གསེར་)མེད་པའི་ཆོས་ཙམ་བསྒོམ་པར་མི་ (གསེར་དངོས་)རིགས་སོ། །དེས་ན་དེ་དག་གིས་རྟེན་ ཆོས་ཅན་མ་བསྟན་པར་ཆོས་ཙམ་བརྗོད་པ་མི་འཐད་དོ་ཞེ་ན། ལན་ལ་གཉིས་ཏེ། བདེན་པ་ རྟེན་དུ་དངོས་སུ་བསྟན་པའི་ལན། མ་བསྟན་ན་ཡང་འཆད་པོས་བཤད་བྱར་བསྟན་པའོ། །དང་ པོ་ནི། སྒྲའི་དབྱེ་བས་དོན་སྟོན་པར་བྱེད་པས་ན་དམིགས་པ་ཐམས་ཅད་ཆོས་ཀྱི་ཁྱད་པར་ ཅན་གྱི་ཆོས་ཅན་བརྗོད་པས་དང༌། རྣམ་པ་ཐམས་ཅད་ཆོས་ཅན་གྱི་ཁྱད་པར་ཅན་གྱི་ (ཁྱད་པར་ 1-1-357 དུ་བྱས་པའི་ཆོས་ཞེས་གསེར་རོ། །)ཆོས་བརྗོད་པའི་ཚུལ་གྱིས་བརྗོད་པར་བྱ་བ་ཡིན་ན་ཡང༌། དམིགས་ པ་མི་རྟག་ལ་སོགས་པ་བདེན་པའི་རྟེན་ཅན། ཞེས་བྱ་བ་དྲོད་ཆུང་ངུའི་དམིགས་པ་སྟོན་པར་ ཆོས་ཀྱི་ཁྱད་པར་ཅན་གྱི་ཆོས་ཅན་བརྗོད་པས་དེ་མ་གཏོགས་པར། དམིགས་པ་ལྷག་མ་བཅུ་ གཅིག་དང་རྣམ་པ་བཅུ་གཉིས་སྟོན་པའི་རྒྱན་གྱི་སམ་སྐྲི་ཏའི་ཚིགས་བཅད་ཐམས་ཅད་དུ་ དམིགས་པ་དང༌། རྣམ་པ་གཉིས་ག་ཆོས་ཅན་གྱི་ཁྱད་པར་ཅན་གྱི་ཆོས་བརྗོད་པའི་ཚུལ་གྱིས་ བརྗོད་པ་སྟེ་བརྩམས་པའི་ཚིག་རྣམས་ཀྱིས་ནི་དམིགས་རྣམ་གྱི་རྟེན་ཆོས་ཅན་ཀུན་ཏུ་དྲངས་ པ་ལྟ་བུར་ཐམས་ཅད་དུ་བཤད་པས་བདེན་པ་རྟེན་ཆོས་ཅན་དུ་དངོས་སུ་བསྟན་ནོ། །དེ་ཡང་ ཚིགས་བཅད་དེ་དག་གིས་བདེན་བཞིར་གཏོགས་པའི་དམིགས་རྣམ་སྨོས་ཤིང་དེ་དག་ནི་ བདེན་བཞིར་གཏོགས་པར་གྲགས་ཤིང་ཆོས་དང་ཆོས་ཅན་གཉིས་འབྲེལ་བའི་ཕྱིར། དྲོད་ སོགས་ཀྱིས་ཆོས་ཅན་མེད་པའི་ཆོས་ཙམ་བསྒོམ་པའི་སྐྱོན་མེད་དོ། །ཅི་ཆོས་བརྗོད་པས་ཆོས་ ཅན་རྟོགས་པ་ཡོད་དམ་ཞེ་ན། ཡོད་དེ། ལྡོག་པའི་ཁྱད་པར་གཞན་སྤོང་བའམ་རང་གིར་མི་ བྱེད་པ་དང༌། མི་སྤོང་པའམ་རང་གིར་བྱེད་པ་མ་གཏོགས་པར་གཞི་གཅིག་གི་ཆོས་བརྗོད་ དང་ཆོས་ཅན་བརྗོད་པའི་སྒྲ་འདི་དག་ལ་བརྗོད་བྱའི་དོན་བདག་ཉིད་གཅིག་གོ་བར་བྱེད་པ་ ལ་ཁྱད་པར་འགའ་ཡང་མེད་དེ། དཔེར་ན། བ་ལང་ཉིད་ཅེས་ཆོས་བརྗོད་དང༌། བ་ལང་ཞེས་ ཆོས་ཅན་བརྗོད་པ་གཉིས་ཀས་བ་ལང་མིན་པ་རྣམ་པར་བཅད་པ་ཙམ་སྟོན་པར་ཁྱད་མེད་ དོ། །ཞེས་སོགས་རྒྱས་པར་དཔལ་ལྡན་གྲགས་པའི་ལུགས་ལས་འབྱུང་བའི་ཕྱིར་རོ། །རྣམ་ འགྲེལ་དུ། ཀུན་ལ་རྫས་དང་དངོས་བརྗོད་པའི། །སྒྲ་ཡི་ཁྱད་པར་འདི་ཉིད་དེ། །དེ་ཕྱིར་དེ་ དག་བརྗོད་བྱ་ལ། །ཁྱད་པར་འགའ་ཡང་ཡོད་མ་ཡིན། །ཞེས་སོ་གསེར་རོ། །འོན་ཀྱང་ཁྱད་ པར་གཞན་རིགས་མི་མཐུན་སྤོང་མི་སྤོང་གསུང་པ་ནི་མི་ལེགས་སོ། །བ་ལང་རྟ་མིན་པ་ཉིད་ ནི་ཁྱད་པར་གཅིག་ཡིན་ལ་བ་ལང་མ་ཧེ་མིན་པ་དང་རྫས་ཉིད་སོགས་ཁྱད་པར་གཞན་ཏེ་དེ་ 1-1-358 སྤོང་མི་སྤོང་ནི། དེར་གནས་མི་གནས་ཞེས་དོན་དང༌། དེར་འཕེན་མི་འཕེན་སྒྲ་གཉིས་ལ་སྦྱར་ ཏེ་རྣམ་འགྲེལ་ལས་རྟོགས་དགོས་སོ། ། གཉིས་པ་ནི། དེ་ལས་ལན་གྱི་རྣམ་པ་གཅིག་ཏུ་ན། སྔར་བཤད་དེ་འདྲའི་རྒྱན་གྱིས་སམ་ སྐྲི་ཏའི་ཚིག་ལེའུར་བྱས་པ་རྣམས་སམ་སྐྲི་ཏའི་སྐད་ལ་སྡེབ་སྦྱོར་ཉམས་པའི་ཉེས་པ་སྤང་ བའི་ངོར། ཆོས་ཅན་བདེན་པ་ལས་ཐ་དད་པ་སྟེ་ཀུན་ཏུ་དྲངས་ཏེ་བརྗོད་པའམ་བརྩམས་སོ། ། དེ་ལྟར་ཡིན་ཀྱང༌། སྡུག་བསྔལ་ལ་སོགས་པའི་བདེན་པར་གཏོགས་པའི་ཆོས་ཁོ་ན་སྐབས་ འདིར་དམིགས་པ་དང་རྣམ་པ་ཡིན་པར་འཆད་པ་པོས་བཤད་དགོས་པར་ཤེས་པར་བྱ་བ་ ཡིན་ནོ། །ཅིའི་ཕྱིར་ཞེ་ན། མངོན་པར་ཞེན་ནས་འཇུག་པར་བྱ་བའི་ཡུལ་དང་གཟུང་བའི་ དོན་ལ་སོགས་པ་ཡིན་པ་བཀག་པ་དང་ལྡན་པའི་བདག་རྟག་པ་ལ་སོགས་པ་དག་རིམ་མམ་ གཅིག་ཅར་གྱིས་དོན་བྱེད་པར་མི་རིགས་པས་དེ་ཁོ་ནར་ཏེ་དོན་ལ་སྒྲུབ་པ་དང་དགག་པ་ གཉིས་ཏེ་སྐྱེ་འཇིག་དང་བྲལ་ཞིང་དེས་མཚོན་ནས་ཡུལ་གང་དུ་ཡང་མ་གྲུབ་པའི་ཕྱིར། ཀུན་ རྫོབ་དོན་དམ་གང་དུ་ཡང་མེད་པས་དམིགས་རྣམ་དེའི་རྟེན་དུ་མི་རིགས་ཤིང་དམིགས་རྣམ་ དེ་ཐར་པ་དོན་གཉེར་གྱི་བླང་དོར་བྱ་རྒྱུའི་ཆོས་ཞིག་ཡིན་པའི་ཕྱིར་རོ། །འོག་མ་དག་ལ་སྟེ་ གང་དུ་ཆོས་ཙམ་ཞིག་བསྟན་པ་དེར་སྔར་བཤད་དེ་བཞིན་དུ་ཐམས་ཅད་དུ་བདེན་བཞི་ཁོ་ན་ ཆོས་ཅན་ཡིན་པར་ཤེས་པར་བྱའོ་ཞེས་པ་རྣམས་གསེར་རོ། །གསལ་བར་དྲིལ་ན་སྦྱོར་འཕྲེང་ ཡིད་ཀྱི་མུན་སེལ་ལས་ཤེས་སོ། །འདིར་ཤེར་འབྱུང་ནི། ཉན་ཐོས་སོགས་ཀྱི་བདེན་བཞིའི་ རྣམ་པ་བཅུ་དྲུག་པོ་དེ། འདིར་དྲོད་ཆུང་ངུའི་དམིགས་པར་གྱུར་པ་ཡིན་ལ། དེ་བཞིན་དུ་དྲོད་ ཆུང་ངུ་རྣམ་པ་མངོན་པར་ཞེན་པ་ལྷག་པར་གནས་པ་ལ་སོགས་པ་བཀག་པ་དང་ལྡན་པ་ དག་དེ་ཁོ་ནར་འདུ་འགོད་དམ་སྒྲུབ་དགག་དང་བྲལ་བར་འགྱུར་བ་སྟེ་དེ་ཡིན་པས་འབྲིང་གི་ དམིགས་པར་བྱ་བ་ཡིན་ནོ། །འབྲིང་གི་རྣམ་པ་ཆོས་ཀྱི་བརྡ་རྒྱུན་འདྲ་མི་འདྲ་མེད་པ་དེ་ནི་ཆེན་ 1-1-359 པོའི་དམིགས་པ་ཡིན་ནོ། །རྩེ་མོ་ལ་སོགས་པ་འོག་མ་དག་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། ། ཞེས་སོ། །འཆད་ཤེས་ན་ཤིན་ཏུ་འགྲིག་པར་སྣང་ངོ༌། །(བུདྡྷ་ཤྲཱིས་ཐོག་མ་ཇི་ལྟ་བ་བཞིན་དུ་དམིགས་པ་ དང་རྣམ་པ་ཁྱད་པར་གྱི་ཆོས་ཅན་དང་ཆོས་བརྗོད་པར་རིགས་མོད། ཁྱད་པར་ཅན་གྱི་ཆོས་བརྗོད་པས་ཐམས་ཅད་དུ་བརྗོད་པ་ ནི་ཚིག་ལེའུར་བྱས་པ་སྡེབས་པའི་ངོར་ཡིན་པའི་ཕྱིར་དང༌། ཁྱད་པར་གཞན་སྤོང་བ་དང༌། མི་སྤོང་བ་མ་གཏོགས་པ་དོན་གྱི་ཁྱད་ པར་འགའ་ཡང་མེད་པས་མངོན་པར་ཞེན་པ་བཀག་པའི་སྡུག་བསྔལ་ལ་སོགས་པའི་བདེན་པར་གཏོགས་པ་ཞེས་སོགས་འདི་ ལྟར་རོ། །) ད་ཕལ་ཆེར་གྱིས། སམ་སྐྲི་ཏའི་ཚིགས་བཅད་ཀྱི་བརྗོད་ཚུལ་ལ་རྩོད་པ་ཡིན་པར་མ་ ཤེས་པར་བོད་སྐད་ལ་སྦྱར་བ་དང༌། བརླབ་ཅོལ་སྣ་ཚོགས་པ་ཞིག་སྨྲས་ཏེ་ཆ་མེད་པའི་རྒྱུས་ གཏམ་ཙམ་དུ་ཟད་དོ། ། གཉིས་པ་ལ། སྤྱི་དང་ཡན་ལག་གི་དོན་གཉིས་སོ། །དང་པོ་ལ། སྐབས་འདིར་རྟོག་ པ་བཞི་དང་གཉེན་ཚོགས་སུ་བརྒྱད་དང་རྩེ་མོར་བརྒྱད་བཤད་པ་ལ་འདིར་བཤད་བཞི་ནི། དངོས་པོ་ཙམ་ལ་བརྟེན་པ་དང་གཉེན་པོའི་ཕྱོགས་ལ་བརྟེན་པ་སྟེ་གཟུང་རྟོག་གཉིས་དང༌། གང་ཟག་རྫས་སུ་ཡོད་པའི་རྟེན་ཅན་དང་སྐྱེས་བུ་བཏགས་པར་ཡོད་པའི་རྟེན་ཅན་ (ཨཱརྱ་དངོས་) ཏེ་འཛིན་རྟོག་གཉིས་སོ། །དང་པོ་ནི། ཀུན་བྱང་གི་དངོས་པོ་ཐམས་ཅད་པའི་ཡུལ་ཅན་ཡིན་ གྱི་སོ་སོ་བ་ཁོ་ནའི་མིན་ཏེ། ཨཱརྱས། ཙམ་སྨོས་པ་ནི་ཁྱད་པར་བསལ་བའི་དོན་དུའོ། །ཞེས་ དང༌། གཟུང་བའི་རྣམ་པར་རྟོག་པ་དང་པོ་ནི་དངོས་པོ་ཐམས་ཅད་པ་ཁོ་ན་ཡིན་ལ་ཞེས་སོ། ། གཉིས་པ་ནི། རྣམ་པར་བྱང་བའི་དངོས་པོ་ཁོ་ནའི་ཡུལ་ཅན་ཡིན་གྱི་ཀུན་བྱང་ཐམས་ ཅད་པའི་ཡུལ་ཅན་མིན་ (བཙུན་པ་ཡང་ངོ༌། །)ཏེ་ཨཱརྱས། གཉིས་པ་ནི། རྣམ་པར་བྱང་པའི་དངོས་ པོ་ཁོ་ན་ (བཙུན་པ་ཡང་ངོ༌། །)པ་ཡིན་ཏེ་འདི་ནི་གཟུང་རྟོག་གཉིས་ཀྱི་ཁྱད་པར་རོ་ཞེས་སོ། །དེས་ ན་གཟུང་རྟོག་དང་པོ་འདི་གཟུང་རྟོག་གཉིས་པའང་ཡིན་ལ། གཉིས་པ་ནི་དང་པོ་མིན་ཏེ། ཨཱརྱས། དང་པོ་དེ་ནི་གཉིས་པའང་ཡིན་པ་དེ་ནི། དཔེར་ན། གཟུང་བའི་རྣམ་པར་རྟོག་པ་ 1-1-360 དང་པོར་གྱུར་པ་དངོས་པོ་ཐམས་ཅད་པ་བཞིན་ནོ། །གཉིས་པ་ཁོ་ན་ཡིན་གྱི་དང་པོ་མ་ཡིན་ པ་ནི་ (བཙུན་གྲོལ་ཡང་འདི་དང་དོན་ཁྱད་མེད་དོ། །)གཟུང་བའི་རྣམ་པར་རྟོག་པ་གཉིས་པ་རྣམ་པར་བྱང་ བ་ཙམ་ལ་བརྟེན་པ་བཞིན་ནོ། །ཞེས་སོ། །དེས་ན་ཡུལ་དང་པོ་སྤྱི་དང༌། གཉིས་པ་ཁྱད་པར་ རོ། །མིང་འདོགས་དེ་ལྟར་འགྲེལ་ཆེན་གྱི་ལུགས་གཅིག་དང་སངས་རྒྱས་ཡེ་ཤེས་ཤཱནྟི་ཨ་ བྷ་ཡང་ངོ༌། །དག་ཐུབ་ཏུ། གཞི་ནི་འཇིག་རྟེན་ལ་གྲགས་པའོ། །གཅིག་ཤོས་ནི་དེའི་གཉེན་ པོ་སྟེ་ཉན་ཐོས་ལ་སོགས་པ་ལ་རབ་ཏུ་གྲགས་པའོ། །ཞེས་དང༌། སྙིང་མཆོག་ཟླ་ཟེར་དུ་ཡང་ དང་པོ་དེ་ལྟར་སྣང་ངོ༌། །དེའི་དོན་ནི། ཡུལ་གཞིའམ་དངོས་པོ་ནི། འཇིག་རྟེན་ལ་གྲགས་ པའི་དངོས་པོའམ་གཞི་ཞིག་ཡིན་ལ། གཉེན་པོ་ནི། ཐེག་པ་གསུམ་དུ་སྤང་བྱའི་གཉེན་པོ་ རྣམ་བྱང་དུ་གྲགས་པ་སྟེ་དེ་ལ་དམིགས་པའི་རྟོག་པ་གཉིས་སོ། །འདིར་ཉོན་མོངས་དང་རྣམ་ བྱང་གཟུང་རྟོག་ཅེས་གཟུང་རྟོག་གཉིས་བཤད་ཅིང་གཟུང་རྟོག་དེ་གཉིས་རྫས་ཐ་དད་ཁོ་ ནར་འགྲེལ་ཆེན་དུ་བཤད་དོ། །རད་ཀིར་ཡང་དེ་ལྟར་འདོགས་སོ། །འཛིན་རྟོག་གཉིས་ལ། འདིར་མིང་ཙམ་མིན་པ་ཨཱརྱས་མ་བཤད་ཅིང༌། རྩེ་མོར་བཤད་པ་ལྟར་ན་སོ་སྐྱེས་བདག་རྫས་ སུ་ཡོད་པར་འཛིན་པས་སོ་སྐྱེའི་འཛིན་པ་ལ་རྫས་འཛིན་ཟེར། དེ་ལ་དམིགས་པའི་རྟོག་པ་ ལ་རྫས་འཛིན་གྱི་རྟོག་པ་ཞེས་བྱ། འཕགས་པས་བདག་བཏགས་པར་འཛིན་པས་འཕགས་ པའི་འཛིན་པ་ལ་བཏགས་འཛིན་ཟེར། དེ་ལ་དམིགས་པས་བཏགས་འཛིན་གྱི་རྟོག་པ་ཞེས་ བྱ་ཞེས་སོགས་ཞིབ་ཏུ་རྩེ་སྦྱོར་དུ་སྦྱོར་ཊཱིཀ་ཏུ་རྒྱས་པར་བཤད་ཟིན་ཏོ། །འདིར་བཤད་བཞི་ བོ་རིམ་བཞིན་ཆ་མཐུན་བཞིར་གྱུར་ཅེས། གྲོལ་སྡེ་གཉིས་སེང་གེ་དང་དག་ཐུབ་སོགས་སུ་ བཤད་ཅིང་བོད་རྣམས་འདོད་པས་ན། བུདྡྷ་ཤྲཱིས་དགག་པའི་རྣམ་པ་ཅན་ཞེས་བཤད་ཅིང༌། ཡེ་ཤེས་ཞབས་ཀྱིས། དངོས་པོ་ཙམ་ལ་བརྟེན་པ་ནི། གང་གིས་ཕུང་པོ་ལ་སོགས་པའི་དངོས་ པོ་ལ་བརྗོད་པ་ཙམ་དུ་ཤེས་པའོ། །གཉེན་པོ་ལ་བརྟེན་པ་ནི། གང་གིས་ཕར་ཕྱིན་པ་ལ་ 1-1-361 སོགས་པའི་རྣམ་པར་བྱང་བའི་དངོས་པོ་ཁོ་ན་ལ་སེམས་ཙམ་དུ་རྣམ་པར་འཇོག་པར་བྱེད་ པའོ། །གང་ཟག་གི་རྫས་ལ་བརྟེན་པ་ནི། གང་གིས་ན་འཛིན་པའི་རྣམ་པ་གང་ཟག་གི་རྫས་ སུ་སྒྲོ་བཏགས་པ་གཙོ་བོར་སེམས་ཅན་ལ་སོགས་པར་ལྟ་བའི་ཡུལ་གྱི་དངོས་པོ་འགོག་པར་ བྱེད་པའོ། །དེར་གདགས་པ་ལ་བརྟེན་པ་ནི། གང་གིས་དེར་གདགས་པ་ཙམ་ཡང་འཛིན་ པ་མ་ཡིན་པ་ཉིད་དུ་འབྱེད་པར་བྱེད་པའོ། །ཞེས་པ་ལྟར། ཨཱརྱ་སོགས་ལྟར་ན་ཀུན་བྱང་གི་ དངོས་པོ་ཙམ་མམ། སློབ་དཔོན་ལྟར་ན། ཉོན་མོངས་ཀྱི་གཟུང་བ་བདེན་པའི་རང་བཞིན་ མེད་པར་ཤེས་པ་དྲོད་ལ། རྣམ་བྱང་གི་གཟུང་བ་དེར་ཤེས་པ་རྩེ་མོ་ལ། རྫས་འཛིན་དེར་ ཤེས་བཟོད་པ་ལ། བཏགས་འཛིན་དེར་ཤེས་ཆོས་མཆོག་ལ་མཚུངས་པར་ལྡན་ནོ། །དེ་ཡང་ རྫས་ཐ་དད་པའི་མཚུངས་ལྡན་མིན་གྱི་ཆ་མཐུན་བཞི་བོ་དེ་དེ་ཡིན་པའི་ཚུལ་གྱིས་ལྡན་པའོ། ། (མཚུངས་པར་ལྡན་ཞེས་ཐུབ་དགོངས་སོ། །) གཉེན་ཚོགས་སུ་བརྒྱད་བཤད་པའི་མཐོང་སྤང་བཞི་འདི་ དང་མིང་འདྲ་ཞིང་དོན་ཡང་འདྲའོ། །འགྲེལ་ཆེན་དུ། ཨཱརྱ་ལྟར་མིང་བཏགས་སོ། །སྒོམ་སྤང་ བཞི་ཡང་འགྲེལ་ཆུང་དུ། །མིང་མཐོང་སྤང་དང་འདྲ་ཞིང༌། འགྲེལ་ཆེན་དུ། དངོས་པོ་ཙམ་གྱི་ རྣམ་པ་ལ་བརྟེན་པ། གཉེན་པོའི་རྣམ་པ་ལ་བརྟེན་པ། འཛིན་རྟོག་གཉིས་ཇི་བཞིན་ནོ། །དེས་ ན་རགས་པ་ཀུན་བཏགས་བཞི་མཐོང་སྤང༌། ཕྲ་བ་བཞི་སྒོམ་སྤང་དུ་བཞག་གོ །ཨཱརྱས། སྒོམ་ སྤང་བཞི་ལ། དངོས་པོ་ཙམ་གྱི་རྣམ་པ། གཉེན་པོའི་རྣམ་པ་ལ་བརྟེན་པ་གཉིས། འཕགས་ པའི་གང་ཟག་ཐམས་ཅད་དུ་བཏག་པ་ལ་བརྟེན་པ། བཏགས་པའི་རྒྱུ་མཚན་ལ་བརྟེན་པའི་ འཛིན་རྟོག་གཉིས་སོ། །རྩེ་མོའི་བརྒྱད་འོག་ཏུ་འཆད་དོ། །ཐུབ་དགོངས་སུ་ཡང༌། གཉེན་ ཚོགས་ཀྱི་སྤང་བྱ་བརྒྱད་ཀྱི་མིང་སློབ་དཔོན་ལྟར་རོ། །ཡང་འདིར་བཤད་ཀྱི་རྟོག་པ་བཞི་བོ་ མཐོང་སྤང་ཁོ་ན་ཡིན་གྱི་སྒོམ་སྤང་མེད་པས། སེང་བཟང་གིས་སྒོམ་སྤང་བཤད་པ་ཨཱརྱ་དང་ འགལ་བས་ནོར། ཞེས་ཐུབ་དགོངས་སུ་སྟེ། ཨཱརྱས། དེ་ལ་མཐོང་བའི་ལམ་གྱི་མི་མཐུན་པའི་ 1-1-362 ཕྱོགས་རྣམ་པར་རྟོག་པ་རྣམ་པ་བཞི་སྟེ་ཞེས་དང༌། གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་ བཞི་བོ་རྣམས་ཀྱི་གཉེན་པོ་མཐོང་བའི་ལམ་མོ། །ཞེས་སོགས་སོ། །བཙུན་གྲོལ་གྱིས་ཀྱང༌། མཐོང་བའི་ལམ་གྱི་སྤང་བར་བྱ་བ་རྣམ་པ་བཞི་བོ། ཞེས་སོ། །སློབ་དཔོན་རྗེས་འབྲང་བཅས་ དང་རད་ཀིར་ནི། ལམ་གཉིས་ཀའི་སྤང་བྱར་འཆད་པས་ཕྲ་རགས་སོ། །རྩེ་མོར་གཟུང་རྟོག་ འཛིན་རྟོག་གཉིས་ཀ་ཡིན་པ་ཨཱརྱས་བཤད་པ་ནི། སྤྱིར་བཤད་པ་ཙམ་ཡིན་གྱི་འདི་བཞི་ཆ་ མཐུན་བཞི་རེ་རེར་མཚུངས་ལྡན་དུ་བཤད་པས་གཞི་མཐུན་མེད་དོ། །འདི་དག་སྒྲུབ་རྟོག་ཏུ་ བྱས་ནས་འཛིན་སྟངས་དོན་དང་མཐུན་མི་མཐུན་དང་སྦྱོར་ལམ་དུ་སྤོང་བས་ཁྱད་ཆོས་ཡིན། ཞེས་སོགས་དང༌། རྫས་འཛིན་ཡང་ཡིན་རྟོག་པ་ཡང་ཡིན་པས་རྫས་རྟོག ཅེས་སོགས་དང༌། གཟུང་བ་ཉོན་མོངས་དོར་བྱའི་ཡུལ་དུ་འཛིན་པ་དང་རྣམ་བྱང་བླང་བྱར་འཛིན། ཞེས་སོགས་ འཆད་པ་དང༌། ལ་རྟོག་དང༌། དུ་རྟོག ཅེས་སོགས་རྣམ་གཞག་བྱེད་པ་རྣམས་ཀྱིས་ནི་དཔྱིས་ མ་ཕྱིན་ཅིང་འདི་སྦྱོར་བའི་ལམ་དུ་སྤོང་བ་མིན་ནོ། །ཞེས་ཤེར་འབྱུང་དང༌། འཕགས་སེང་ གིས་ཀྱང༌། མཐོང་སྒོམ་གྱིས་སྤོང་ཞེས་སོགས་དང་འགལ་ལོ། །རྒྱས་པར་འོག་ཏུ་འཆད་དོ། ། གཉིས་པ་ལ་བཞི་སྟེ། མཚམས་སྦྱར། བསྟན། བཤད། བསྡུ་བའོ། །དང་པོ་ནི། དམིགས་ རྣམ་རྒྱུ་གསུམ་དུ་མ་ཟད་རྣམ་པར་རྟོག་པ་བཞི་དང་ལྡན་པ་ཡང་བར་སྐབས་ཀྱི་ཚིགས་སུ་ བཅད་པས་བཤད་དོ། །ཅིའི་དོན་དུ་ན། དེའི་དོན་གསལ་བར་བསྟན་པའི་ཕྱིར་དུའོ། ། གཉིས་པ་ལ་གཉིས་ཏེ། གཟུང་རྟོག འཛིན་རྟོག་མདོར་བསྟན་ནོ། །དང་པོ་ལ། རྩ། འགྲེལ་ལས། དང་པོ་ནི། གཟུང་བར་རྣམ་པར་རྟོག་པ་ནི་རྣམ་ (གསེར་)པ་གཉིས་ཏེ། གང་ལས་ ཞེ་ན་ (གསེར་)གཞི་སྟེ་ (གསེར་དངོས་)སྲིད་པ་གཅིག་ནས་གཅིག་ཏུ་བརྒྱུད་པའི་བྱ་བ་བྱེད་ (གསེར་) པས་ཏེ་ཆགས་སོགས་ (གསེར་)མི་མཐུན་ཕྱོགས་ལ་དམིགས་པའི་དང༌། ཉོན་མོངས་དེ་ཡི་ གཉེན་པོ་ (གསེར་)ལམ་ལ་དམིགས་པའི་རྟོག་པའོ། །གཉིས་པོ་དེ་ལ་ནི་སོ་སོར་ཏེ་རེ་རེ་ཞིང་ 1-1-363 ཡང་རྨོངས་པ་མ་རིག་པ་སོགས་དགུ་དང༌། རྣམ་བྱང་ཕུང་པོ་ལ་སོགས་པ་ཡུལ་དགུ་ཡོད་པའི་ བྱེ་བྲག་གིས་རྣམ་པ་དགུ་དགུའོ། ། གཉིས་པ་ནི། གཟུང་བར་རྣམ་པར་རྟོག་པ་ཀུན་ནས་ཉོན་མོངས་པའི་གཞིའི་རྟེན་ཅན་ཏེ་ ཡུལ་ཅན་དང༌། ཉོན་མོངས་དེའི་གཉེན་པོའི་རྟེན་ཏེ་ཡུལ་ཅན་ཉིད་ཀྱིས་རྣམ་པ་གཉིས་ཡོད་ ཅིང་དེ་ལ་ཡང་མ་རིག་པ་ལ་སོགས་པ་དང༌། རྣམ་པར་བྱང་བའི་ཕུང་པོ་ཁམས་ལ་སོགས་པ་ ཡུལ་དགུ་དགུའི་རབ་ཏུ་དབྱེ་བས་ཡུལ་ཅན་རྟོག་པའང་རེ་རེ་ལ་དགུ་དགུའོ། །མཚན་ཉིད་ ནི། འདིར་བཤད་ཉོན་མོངས་གཟུང་རྟོག་གི་ནི་བྱང་སེའི་དྲོད་ལ་ལྡན་པའི་གཟུང་རྟོག་གང་ ཞིག་གཟུང་བ་ཀུན་ཉོན་ཙམ་བདེན་པའི་རང་བཞིན་མེད་པར་འཛིན་པ། བྱང་སེའི་སྦྱོར་རྩེ་ལ་ མཚུངས་པར་ལྡན་པ་གང་ཞིག་གཉེན་པོ་རྣམ་བྱང་རང་བཞིན་མེད་འཛིན་གྱི་གཟུང་རྟོག་གོ ། གཉིས་པ་ལ། རྩ། འགྲེལ་ལས། དང་པོ་ནི། དེར་མ་ཟད་འཛིན་པའི་རྟོག་པའང་རྣམ་ པ་གཉིས་ཡོད་པར་འདོད་དེ། གང་ན། རྫས་འཛིན་གྱི་རྟེན་ཅན་དང༌། བཏགས་འཛིན་གྱི་ རྟེན་ཅན་གྱིའོ། །རེ་རེ་ལ་ཡང་གཟུང་རྟོག་ཡུལ་གྱི་དབྱེ་བས་དགུ་ཡོད་པ་དེ་བཞིན་དུ་བདག་ རང་དབང་ཅན་གྱི་ངོ་བོ་སོགས་འཛིན་པའི་རྫས་འཛིན་དགུ་དང༌། བཏགས་པའི་ཕུང་ཁམས་ སོགས་རྟེན་ཏེ་ཡུལ་དུ་ཡོད་པའི་བཏགས་འཛིན་དགུ་ཡོད་པ་ལས་དགུ་དགུའོ། ། གཉིས་པ་ནི། ཡུལ་གང་ཟག་རྫས་སུ་ཡོད་པ་དང་སྐྱེས་བུ་བཏགས་པར་ཡོད་པ་ལ་ དམིགས་པས། དེ་འཛིན་པའང་རྫས་འཛིན་དང་བཏགས་འཛིན་གཉིས་ཡོད་ཅིང༌། དེ་ལ་ དམིགས་པའི་རྣམ་པར་རྟོག་པ་ཡང་རྫས་རྟོག་བཏགས་རྟོག་རྣམ་པ་གཉིས་ཡོད་པ་ཡིན་ལ། དེ་ལ་ཡང་བདག་རང་དབང་ཅན་སོགས་དང༌། བཏགས་པའི་ཕུང་པོ་ལ་སོགས་པ་ཡུལ་དགུ་ དགུ་ལ་དམིགས་པའི་རྫས་འཛིན་དགུ། བཏགས་འཛིན་དགུ་པོ་ཉིད་ཀྱིས་ཡུལ་ཅན་རྟོག་པ་ གཉིས་པོ་སོ་སོར་ཏེ་རེ་རེ་ལ་ཡང་གཟུང་རྟོག་གཉིས་ལ་དགུ་དགུ་ (ཤཱནྟིས་)ཡོད་པ་དེ་ལྟར་དུ་རྣམ་ 1-1-364 པ་དགུ་དགུའོ། །མཚན་ཉིད་ནི། བྱང་སེའི་སྦྱོར་ལམ་བཟོད་པ་ལ་མཚུངས་ལྡན་གྱི་འཛིན་རྟོག་ གང་ཞིག རྫས་འཛིན་རང་བཞིན་མེད་པར་རྟོགས་པ། ཆོས་མཆོག་ལ་ཞེས་སོགས་འདོན་པ་ བསྒྱུར་རོ། ། གསུམ་པ་ལ། རྟོག་པ་བཞི་བོ་དེ་ལ་ (གསེར་དངོས་)བརྗོད་པར་བྱ་བ་མང་དུ་ཡོད་ (གསེར་)ན་ ཡང་མདོར་བསྡུ་ན་རྟོག་པ་བཞིའི་དོན་ནི་ (གསེར་)འདི་ཡིན་ཏེ་བཞི་ལས། དང་པོ་ཉོན་མོངས་ གཟུང་རྟོག་བཤད་ན། དབྱེ་གཞི། བྱང་སེའི་སྦྱོར་ལམ་གྱི་བྱེད་ཆོས་ཀུན་ནས་ཉོན་མོངས་ པའི་གཞིའི་རྟེན་ཅན་གྱི་གཟུང་རྟོག་གོ །དབྱེ་ངོ༌། རྣམ་པར་རྟོག་པ་དགུ་རྣམས་སོ། །གྲངས་ ངེས་ནི། ཡུལ་དགུ་ཡོད་པ་ལས་ཏེ། དང་པོ་བཞི་ཉོན་མོངས་པའི་ངོ་བོ། དེ་ནས་གཉིས་ཉེས་ དམིགས། དེ་ནས་གཉིས་འཛིན་སྟངས། ཐ་མ་ནི་གཟུང་རྟོག་དང་པོ་དངོས་པོ་ཐམས་ཅད་ པའི་ཡུལ་ཅན་ཡིན་པའི་ལུགས་ཨཱརྱ་ལྟར་འདིར་ཤོར་བ་སྟེ། འདིར་རྟོག་པ་འདི་གཉིས་ཡུལ་ ཐ་དད་པས་ཁོ་རང་གཉིས་ཡང་ཐ་དད་པར་འདོད་པའི་ལུགས་ཡིན་པས་དེ་ཇི་བཞིན་མི་རུང་ བས་ཉོན་མོངས་ཀྱི་འབྲས་བུའོ་ཞེས་བྱ་དགོས་སོ། །ལ་ཞེས་པ་རེ་རེར་སྦྱར་ཏེ། བྱང་སེའི་ སྦྱོར་ལམ་དྲོད་མཉམ་བཞག་ལ་མཚུངས་པར་ལྡན་པའི་ཉོན་མོངས་གཟུང་རྟོག་ཆོས་ཅན་ ཡུལ་ལས་འབྲས་དང་དེ་ཁོ་ནའི་དོན་ལ་རྨོངས་པའི་མ་རིག་པ་ལ། དགག་རྟོག་ཡིན་ཏེ། དེ་ བདེན་པའི་རང་བཞིན་མེད་པར་རྟོགས་པའི་དྲོད་ཀྱི་རྟོག་པ་ཡིན་པས་སོ། །ཞེས་སོགས་སྦྱར་ ཏེ་ཤོད་ཅིག ཆོས་འདི་དག་ནི་བྱིས་པ་སོ་སོའི་སྐྱེ་བོས་ཇི་ལྟར་མངོན་པར་ཆགས་པར་བྱ་བ་ དེ་ལྟ་བུའི་རྣམ་པར་ཡོད་པ་མ་ཡིན་ནོ། །ཇི་ལྟར་མེད་པ་དེ་ལྟར་ཡོད་པ་ཡིན་ཏེ་དེ་ལྟར་ཡོད་པ་ མ་ཡིན་པ་དེའི་ཕྱིར་མ་རིག་པ་ཞེས་བྱའོ། །ཞེས་སོ། །ཟག་བཅས་ཀྱི་གཟུགས་ཚོར་ལ་སོགས་ པའི་ཕུང་པོ་ལ་སྟེ། གཟུགས་ནང་སྟོང་པ་ཉིད་ཀྱི་ཕྱིར་ཡོད་པ་མ་ཡིན་ནོ། །(དངོས་པོ་མེད་པའི་ངོ་བོ་ ཉིད་སྟོང་པ་ཉིད་ཀྱི་བར་རོ། །) ཞེས་སོགས་མ་འདྲེས་པའི་བར་རོ། །ཚོར་སོགས་ཟག་བཅས་ཀྱི་མིང་ 1-1-365 བཞི་དང་མིག་སོགས་གཟུགས་ཀྱི་ཕུང་པོ་ལ་དོན་ལ་མེད་པའི་ཆོས་བཏགས་ནས་མངོན་པར་ ཞེན་པའི་བློ་ལ་སྟེ། བྱིས་པ་སོ་སོའི་སྐྱེ་བོ་རྣམས། ཞེས་ནས། གང་མེད་པའི་ཆོས་དེ་དག་ ཡོངས་སུ་བཏགས་ནས་མིང་དང་གཟུགས་ལ་མངོན་པར་ཞེན། ཞེས་སོ། །རྟག་ཆད་ (གསེར་ དངོས་)ཀྱི་མཐའ་གཉིས་ལ་ཆགས་ཤིང་ཞེན་པ་ལ་སྟེ། ད་ (དོན་བསྡུས་)པའི་མཐའ་གཉིས་དག་ཏུ་ རྟོག་པར་བྱེད་དོ། །ཞེས་སོགས་སོ། །མ་རིག་པ་ནས་རྒ་ (བུདྡྷ་ཤྲཱི་དངོས་)ཤི་སོགས་ཀུན་ནས་ཉོན་ མོངས་པ་ (ནི་འདོད་ཆགས་སོགས་ཞེས་གསེར་)དང་སོ་བདུན་ (སེམས་དང་པོ་བསྐྱེད་པ་ནས་སངས་རྒྱས་པར་རམ་བུདྡྷ་ ཤྲཱི་)དང་བཅོ་བརྒྱད་ཀྱི་བར་རྣམ་པར་བྱང་བའི་ (ནི་མྱང་འདས་ཞེས་གསེར་)རང་བཞིན་མི་ཤེས་པ་ལ་ སྟེ། སྐྱེད་མཆེད་དང་ཁམས་དང་རྟེན་ཅིང་འབྲེལ་བར་འབྱུང་བ་མི་ཤེས་མི་མཐོང་ངོ༌། །བྱང་ རྩ་བདུན་མི་ཤེས་མི་མཐོང་ངོ༌། །སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་དུ་ (འདི་བཞིན་སྣང་)མི་ ཤེས་མི་མཐོང་ངོ༌། །(ཨཱརྱས་དྲངས་པ་བཞིན་མི་སྣང༌།)ཞེས་སོ། །སྦྱིན་སོགས་ (བུདྡྷ་ཤྲཱི་)ནས་བཅོ་བརྒྱད་ ཀྱི་བར་འཕགས་པའི་ལམ་ལ་མི་གནས་པ་ (ནི་མཐོང་བའི་ལམ་ལ་སོགས་པ་ལ་ཞེན་པའོ་ཞེས་གསེར།)ལ་ སྟེ་སྦྱིན་པའི་ཕར་ཕྱིན་ལ་གནས་པ་མ་ཡིན་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་ལ་ གནས་པ་མ་ཡིན། ཞེས་སོ། །(མདོ་དངོས།) གཟུགས་སོགས་བྱང་ཆུབ་ཀྱི་བར་དུ་ཕྱིན་ཅི་ལོག་ ཏུ་དམིགས་ (དམིགས་པ་ནི་གཟུགས་སོགས་ལ་ཞེན་པའོ་གསེར་)ཤིང་ཞེན་པ་ལ་སྟེ། ཤེར་ཕྱིན་མི་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ངོ༌། །དེ་ལྟར་སློབ་ན་རྣམ་མཁྱེན་ཉིད་དུ་མི་དམིགས་པའི་ཚུལ་ གྱི་འབྱུང་བ་ཡིན་ནོ། །ཞེས་སོགས་བདག་དང་ (གཞན་དུ་འདུ་ཤེས་པའོ་གསེར་)སེམས་ཅན་སོགས་སུ་ འཛིན་པ་ལ་སྟེ། ཤིན་ཏུ་རྣམ་པར་དག་པའི་ཕྱིར་བདག་མི་དམིགས་སོ། །སེམས་ཅན་འགྲོ་བ། གསོ་བ། སྐྱེས་བུ། གང་ཟག །ཤེད་ཅན། ཤེད་བདག །བྱེད་པོ། ཚོར་པོ། ཤེས་པོ། མཐོང་ པོ་མི་དམིགས་སོ། །(འདི་སྔ་མ་དེ་རྣམས་ཀྱི་འགོར་ཡོད།) ཞེས་སོགས་རྒྱ་ཆེར་རོ། །ཉོན་མོངས་ཀྱི་ རང་བཞིན་གདོད་ནས་རྣམ་པར་དག་པས་དེ་ལ་བསྐྱེད་པ་སྟེ་དོན་དམ་པར་སྐྱེ་བ་དང་སོགས་ 1-1-366 པ་འབྱུང་བ་སོགས་མེད་པའི་ཉོན་མོངས་ལ་ཞེས་སམ་ (རྣམ་པར་དག་པ་བསྐྱེད་པ་ལ་སོགས་པ་ནི་འཁོར་ གསུམ་རྣམ་པར་དག་པ་བསྐྱེད་པ་སྟེ། དེ་ཡང་དག་པར་སྦྱངས་པའི་དག་པ་གསུམ་མོ་ཞེས་གསེར་རོ། །)གང་གི་རང་བཞིན་ གདོད་ནས་དག་པའི་ཉོན་མོངས་པའི་འབྲས་བུ་བསྐྱེད་པ་སྟེ། (འཁོར་བ་བར་)སྐྱེ་བ་དང་འབྱུང་བ་ ལ་སོགས་པ་ལ་སྟེ། དག་ལྡན་དུ། སྐྱེ་བ་ལ་སོགས་པའི་རྣམ་པར་རྟོག་པའི་གཉེན་པོར་ནི། གང་སྐྱེ་བ་མེད་པ་ཞེས་སོགས་ནས། ཞེས་པ་སྟེ་ཤིན་ཏུ་ལེགས་སོ། །བཅོམ་ལྡན་འདས་རྣམ་ པར་དག་པ་གང་ལགས། ཆོས་ཐམས་ཅད་མ་སྐྱེས་པ་དང་མ་འགགས་སོགས་ནས་འབྱུང་བ་ མེད་མངོན་པར་འདུ་བྱ་བ་མེད་པ་ནི་རྣམ་པར་དག་པ་སྟེ། ཞེས་སོ། །ཨཱརྱས། མ་རིག་པའི་ རྣམ་པར་རྟོག་པ། ནས། རྣམ་དག་སྐྱེ་བ་ལ་སོགས་པའི་རྣམ་རྟོག ཅེས་སོ། །ཡུལ་མ་རིག་པ་ སོགས་ལ་དམིགས་ནས་དེ་རང་བཞིན་མེད་པར་རྟོགས་པའི་རྟོག་པ་ཡིན་པས། མ་རིག་པའི་ རྟོག་པ་ཞེས་སོགས་སུ་བྱའོ། །གཅིག་དང་ཐ་དད་ནི། དགག་རྟོག་ཏུ་འདོད་པ་ལྟར་ན། ཡུལ་ སོ་སོ་ཡིན་ཡང་ཡུལ་ཅན་རྟོག་པ་འདིར་བཤད་ངོ་བོ་གཅིག་གོ ། གཉིས་པ། རྣམ་བྱང་གཟུང་རྟོག་ནི། དབྱེ་གཞི། ཉོན་མོངས་ཀྱི་གཉེན་པོའི་རྟེན་ཅན་ གྱི་གཟུང་རྟོག་གོ །དབྱེ་ངོ༌། །རྣམ་བྱང་གི་གཟུང་བར་ཏེ་ཡུལ་སྦྱིན་སོགས་རྣམ་བྱང་ཕྱོགས་ སེམས་ (ཡེ་ཤེས་ཞབས་)ཙམ་དུ་འཛིན་པའི་རྣམ་པར་རྟོག་པ་དགུ་རྣམས་སོ། །གྲངས་ངེས་ནི། ཡུལ་དགུ་ཡོད་པའི་དབང་གིས་ཏེ། རྣམ་བྱང་གི་ངོ་བོ་གཅིག རྒྱུ་གསུམ། དམིགས་པ་གཅིག སྤྱོད་པ་གཅིག དབྱེ་བ་གསུམ་སྟེ་དགུ་ལ་སྦྱར་བའོ། །བྱང་སེའི་སྦྱོར་ལམ་རྩེ་མོ་མཉམ་ གཞག་ལ་མཚུངས་པར་ལྡན་པའི་རྣམ་བྱང་གཟུང་རྟོག་ཆོས་ཅན། རྣམ་བྱང་དུ་མ་སྤུངས་པའི་ (ཨཱརྱས་རྣམ་པར་བྱང་བའི་ཆར་གཏོགས་པའི་ཕུང་པོ་དང་ཞེས་སོགས་སོ། །)ཕུང་པོ་ལ་དགག་རྟོག་ཡིན་ཏེ། ཞེས་ སོགས་སྔར་ལྟར་བརྟགས་ཤིང་དགོད་དོ། །ཐབས་མི་མཁས་པས་གཟུགས་ལ་རྟོག་ཅིང་ཞེན་ ནས། རྣམ་ཤེས་ཀྱི་ (ཨཱརྱས་དྲངས་རྒྱས་འབྲིང་ན་མི་སྣང་)བར་རོ། །རྣམ་བྱང་གི་རྣམ་ཤེས་སྐྱེ་བའི་སྒོ་ 1-1-367 སྐྱེ་མཆེད་ (ཨཱརྱ་)ལ་སྟེ། མིག་ལ་རྟོག་ཅིང་ཞེན་ནས། ཡིད་དང༌། གཟུགས་ནས་ཆོས་ཀྱི་ (ཨཱརྱས་ སོ་རྒྱས་འབྲིང་ན་མི་སྣང་)བར་རོ། །རྣམ་བྱང་གི་རིགས་ (རིགས་ནི་ཁམས་བཅོ་བརྒྱད་དོ་གསེར་)འདྲ་བསྐྱེད་ པའི་ས་བོན་ཁམས་ལ་སྟེ། མིག་དང་གཟུགས་དང་མིག་གི་རྣམ་ཤེས་སོགས་ (ཨཱརྱ་མདོར་མེད་)སོ། ། སྔར་མ་བྱུང་བ་ལས་ (ཟླ་ཟེར་སྐྱེ་བ་ཞེས་སོ། །)སྐྱེ་བ་རྣམ་བྱང་གི་རྟེན་འབྲེལ་ལ་སྟེ། (དག་ལྡན་དུ་རྟེན་ཅིང་ འབྲེལ་བར་འབྱུང་བའི་དོན་གྱི་རྣམ་པར་རྟོག་པ་ཞེས་སོ། །རད་ཀིར་ཡང་ངོ༌། །)མ་རིག་པར་རྟོག་ཅིང༌། སོགས་ཏེ་ སྤང་བྱའི་སྒོ་ནས་འཕངས་སོ། །ཨཱརྱ་སོགས་ (ཤཱནྟི་ཨ་བྷྱ་)དོན་ཞེས་པ་ཀུན་ལའོ། །མེད་པ་ (ཨཱརྱ་ )ཙམ་བདག་ལྟ་ (ཨཱརྱ་)སོགས་ཀྱི་གཉེན་པོར་མི་རུང་བས་ནང་སྟོང་ནས། དངོས་པོ་མེད་པའི་ ངོ་བོ་ཉིད་ཀྱི་བར་སྟོང་པ་ཉིད་ཟབ་མོའི་དོན་ལ་སྟེ། ནང་སྟོང་པ་ཉིད། ནས། དངོས་པོ་མེད་ པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལའོ། །མེད་པ་ (ཨཱརྱ་)ཙམ་དོན་གཉིས་ཕུན་སུམ་ཚོགས་ པ་སྒྲུབ་བྱེད་མིན་པས་ཕྱིན་དྲུག་གི་དོན་ (ནི་འཚང་རྒྱ་བའོ་ཞེས་གསེར་)ལ་སྟེ། ཕར་ཕྱིན་དྲུག་ལ་རྟོག་ ཅིང་སོགས། ཡོད་པའི་བཟོད་ཤེས་ཀྱི་སྐད་ཅིག་མ་རྣམས་ (དེ་ཡན་ཨཱརྱ་)མཐོང་སྤང་སྤོང་བ་ལ་ ནུས་པ་ཅན་ (དོན་)དུ་འགྱུར་བས། སོ་བདུན་གྱི་ངོ་བོ་མཐོང་ (ཨཱརྱ་)ལམ་ལ་སྟེ། བྱང་རྩ་བདུན་ལ་ རྟོག་སོགས། ཡོད་པར་གནས་པས་རིམ་བཞིན་ཡན་ལག་ (ཨཱརྱ་)མི་འདྲ་བ་དང་དམིགས་ (ཨཱརྱ་ )པས་འདའ་བའི་སྒོམ་ལམ་བསམ་གཏན་གཟུགས་མེད་སོགས་ལ་སྟེ། བསམ་གཏན་རྣམས་ དང༌། ནས། གཟུགས་མེད་པའི། ཞེས་སོགས་སོ། །བསླབ་པ་རྫོགས་པའི་མཚམས་ཡིན་པས་ མི་སློབ་པའི་ལམ་ལ་སྟེ། རྣམ་མཁྱེན་གྱི་བར་ལ་རྟོག་སོགས་སོ། །སྟོང་པ་མན་གྱི་མདོ་རྒྱས་ འབྲིང་ནའང་ཡོད་ཅིང་གོང་མ་བཞིའི་མི་སྣང་ངོ༌། ། གསུམ་པ། རྫས་རྟོག་ལ། དབྱེ་གཞི། གང་ཟག་རྫས་སུ་ཡོད་པའི་རྟེན་ཅན་ཏེ་ཡུལ་ཅན་གྱི་ རྫས་འཛིན་རྟོག་པའོ། །དབྱེ་ངོ༌། བདག་ཏུ་འཛིན་པ་དགུ་ལ་འཛིན་པར་རྣམ་པར་རྟོག་པ་དགུ་ རྣམས་སོ། །གྲངས་ངེས། ཡུལ་དགུ་ཡོད་པ་ལས་ཏེ། དེ་ཡང་བདག་གི་ངོ་བོ་བཞི། རྟེན་ཆོས་ 1-1-368 ལྔ་འཛིན་པའི་རྫས་འཛིན་དགུ་ལ་མཇུག་ཏུ་ལ་སྦྱར་ཏེ། བྱང་སེའི་སྦྱོར་ལམ་བཟོད་པ་མཉམ་ གཞག་ལ་མཚུངས་ལྡནགྱི་རྫས་འཛིན་གྱི་རྟོག་པ་ཆོས་ཅན། གཞན་ལ་མི་ལྟོས་པས་རང་ དབང་ཅན་གྱི་བདག་འཛིན་ལ་དགག་རྟོག་ཡིན་ཏེ། ཞེས་སོགས་སྔར་ལྟར་དགོད་དོ། །བདག་ ཉེ་བར་མི་དམིགས་སེམས་ཅན་དང་སྲོག་གང་ཟག་ (ཨཱརྱས་དྲངས་)མི་དམིགས། ཞེས་སོགས་སོ། ། (ཚད་མས་བདག་མེད་པར་བརྟགས་པ་ནི་བདག་རང་དབང་ཅན་དུ་འཛིན་པའི་གཉེན་པོའོ། ། ཨཱརྱ།) འདི་སྔར་བདག་ ལ་སོགས་པ་དང་ཞེས་པའི་མདོར་སྣང་ངོ༌། །ཆ་ཤས་མེད་པས་གཅིག་པུའི་བདག་འཛིན་ལ་ སྟེ། གཟུགས་མི་དམིགས་རྣམ་ཤེས་མི་དམིགས་སོ་ཞེས་སོ། །(ཕུང་པོའི་དོན་གཅིག་པུར་འཛིན་པའི་ གཉེན་པོའོ། ། ཨཱརྱ།)བདག་རྣམ་ཤེས་སོགས་ཀྱི་རྒྱུར་འཛིན་པ་ལ་སྟེ། མིག་མི་དམིགས། ནས། ཆོས་ཀྱི་བར་རོ། །(སྐྱེ་མཆེད་ཀྱི་དོན་ནི་བདག་རྒྱུར་འཛིན་གྱི་གཉེན་པོའོ། ། ཨཱརྱ།) བདག་ལྟ་བ་པོ་དང་བལྟ་བྱ་ ལ་སོགས་པར་འཛིན་པ་ལ་སྟེ། མིག་དང་གཟུགས་དང་མིག་ཤེས་མི་དམིགས། ནས། ཡིད་ ཆོས་ཡིད་ཤེས་མི་དམིགས། ཞེས་སོ། །(ཁམས་ཀྱི་དོན་ནི་བདག་ལྟ་བོ་སོགས་སུ་འཛིན་པའི་གཉེན་པོའོ། ། ཨཱརྱ།) བདག་མ་རིག་པ་སོགས་ཀུན་ནས་ཉོན་མོངས་པའི་རྟེན་དུ་འཛིན་པ་ལ་སྟེ། (རྟེན་འབྲེལ་གྱི་དོན་ནི་ བདག་ཉོན་མོངས་ཀྱི་རྟེན་དུ་འཛིན་པའི་གཉེན་པོའོ། ། ཨཱརྱ།) རྟེན་ཅིང་འབྲེལ་བར་འབྱུང་བར་མི་དམིགས། (འདི་མདོར་མི་སྣང༌།) གཟུགས་མེད་པའི་ཁམས་མི་དམིགས་ཀྱི་ (འདི་སྣང་)བར་རོ། །མདོ་འདི་རྒྱས་ (པར་རྟེན་འབྲེལ་རེ་རེ་སྣང་)འབྲིང་ན་སྣང༌། བར་མར་དང་པོ་བཞི་མི་སྣང་ཞིང་ཕུང་སྐྱེ་ཁམས་མི་ དམིགས་ཞེས་པ་ཙམ་དུ་བསྡུས་སོ། །རྒྱས་པར་གོང་མ་རྣམས་སྣང་ངོ༌། །བདག་དེ་ཞི་ (བུདྡྷ་ཤྲཱི་ )རགས་སུ་ལྟ་བ་འཇིག་རྟེན་ (བུདྡྷ་ཤྲཱི་)པའི་ལམ་གྱིས་འོག་ས་ལ་འདོད་ཆགས་དང་བྲལ་བའི་ རྟེན་དུ་འཛིན་པ་ལ་སྟེ། (བསམ་གཏན་གཟུགས་མེད་ཀྱི་ཡན་ལག་དང་དམིགས་པས་འདའ་བའི་ཆགས་བྲལ་གྱི་དོན་ ནི་བདག་དེ་འདྲའི་ཆགས་བྲལ་གྱི་རྟེན་དུ་འཛིན་པའི་གཉེན་པོའོ། ། ཨཱརྱ།) གཟུགས་ཀྱི་ཁམས་མི་དམིགས་སོ། ། གཟུགས་མེད་པའི་ཁམས་མི་དམིགས་སོ། །རྒྱས་པར་ཡོད་དོ། །(འབྲིང་ན་མེད།) བདག་དེ་ 1-1-369 བདེན་པ་ (བུདྡྷ་ཤྲཱི་)མངོན་སུམ་དུ་མཐོང་བའི་ལམ་གྱི་རྟེན་དུ་འཛིན་པ་ལ་སྟེ། (བདེན་པ་མཐོང་པའི་དོན་ ནི། བདག་དེ་བདེན་པ་མཐོང་ལམ་གྱི་རྟེན་དུ་འཛིན་པའི་གཉེན་པོའོ། ། ཨཱརྱའོ། །)འཕགས་པའི་བདེན་པ་རྣམས་མི་ དམིགས། །ཞེས་ (གཉིས་ཀར་ཡོད་)སོ། །བདག་དེ་རྣམ་ཐར་བརྒྱད་དང་སྙོམས་འཇུག་དགུའི་སྒོམ་ པའི་ལམ་གྱི་རྟེན་དུ་འཛིན་པ་ལ་སྟེ། (ལུས་ཀྱི་མངོན་དུ་བྱེད་པའི་བསྒོམ་པའི་དོན་ནི་བདག་དེ་འདྲའི་སྒོམ་ལམ་ གྱི་རྟེན་དུ་འཛིན་པའི་གཉེན་པོའོ། ། ཨཱརྱ།) རྣམ་པར་ཐར་བ་རྣམས་དང་མཐར་གྱིས་གནས་པའི་སྙོམས་ པར་འཇུག་པ་དགུ་མི་དམིགས། (གཉིས་ཀར་རོ། །) ཞེས་སོ། །བདག་རང་གཞན་གྱི་དོན་བྱ་བ་ བྱས་པའི་རྟེན་དུ་འཛིན་པ་ལ་སྟེ། སྟོབས་བཅུ་ (བདེན་དངོས་སུ་)མི་དམིགས་སོགས་སོ། འདིར་རྫས་འཛིན་ དགུ་དང་དེའི་ཡུལ་ཅན་གྱི་རྟོག་པ་དགུ་སོ་སོར་འཕགས་པ་བཞེད་དེ། བདག་མི་དམིགས་ པར་ཚད་མས་བརྟག་པ་སོགས་མཆན་བུ་འདིར་བཀོད་པ་ལྟར་དགུ་རྫས་འཛིན་དགུའི་གཉེན་ པོར་བཤད་ལ། རྟོག་པ་དགུའི་གཉེན་པོ་མཐོང་ལམ་ཉིད་དུ་གསལ་བོར་བཤད་པས་སོ། །བློ་ རྩིང་དག་གིས་མི་ཤེས་སོ། ། བཞི་པ་བཏགས་རྟོག་ལ། དབྱེ་གཞི། སྐྱེས་བུ་བཏགས་པར་ཡོད་པའི་རྟེན་ཅན་གྱི་འཛིན་ རྟོག་གོ །དབྱེ་ངོ༌། བཏགས་པར་འཛིན་པ་དགུ་ལ་འཛིན་པར་རྣམ་པར་རྟོག་པ་དགུ་རྣམས་ སོ། །གྲངས་ངེས། ཡུལ་གྱི་དབང་གིས་ཏེ། དང་པོ་བཞི་ལས་ཀྱི་སྒྱུ་མ་ལས་བྱུང་བའི་བཏགས་ པ་ཙམ། ཕྱི་མ་ལྔ་ཡེ་ཤེས་ཀྱི་སྒྱུ་མ་ལས་བྱུང་བའི་བཏགས་པ་ཙམ་སྟེ། བཏགས་ཡོད་དགུ་ ལ་བཏགས་པར་འཛིན་པ་དགུ་ཡུལ་དུ་བྱས་པ་ལ་མཇུག་ཏུ་ལ་སྦྱར་ཏེ། བྱང་སེའི་སྦྱོར་ལམ་ ཆོས་མཆོག་མཉམ་གཞགས་ལ་མཚུངས་པར་ལྡན་པའི་རྟོག་པ་ཆོས་ཅན། ཟག་པ་དང་བཅས་ པའི་གཟུགས་སོགས་ཕུང་པོ་བཏགས་པར་ཡོད་པར་འཛིན་པ་ལ་དགག་རྟོག་ཡིན་ཏེ། ཞེས་ སོགས་བརྟགས་ཤིང་དགོད་དོ། །གཟུགས་ཀྱང་གཞན་ལ་སྒྱུ་མ་ཡང་གཞན་ཞིག་ཡིན་སྙམ་ མམ། ནས། རྣམ་ཤེས་ཀྱི་བར་ (ཨཱརྱ་)རོ། །དེ་ཡང་གཟུགས་སོགས་ཕུང་པོ་བཏགས་པ་ཙམ་ཡིན་ 1-1-370 ཏེ་ཕུང་པོ་ནི་སྤུངས་པའི་དོན་ཡིན་ཅིང་དེ་དོན་དམ་པར་ (ཨཱརྱ་)རྫས་སུ་མེད་པས་སོ། །སྐྱེ་མཆེད་ བཏགས་ཡོད་དུ་འཛིན་པ་ལ་སྟེ། མིག་ཀྱང་གཞན་ལ་སྒྱུ་མ་ཡང་གཞན་ཞིག་ཡིན་སྙམ་མམ། ཡིད་ཀྱི་བར་རོ། །མིག་སོགས་སྐྱེ་མཆེད་དོན་ལ་བཏགས་པ་ཙམ་སྟེ། དོན་དམ་པར་རྫས་སུ་ མེད་པས་སྐྱེ་སྒོའི་དོན་མེད་པས་ (ཨཱརྱ་)སོ། །མིག་གཟུགས་སོགས་ཀྱི་ཁམས་བཏགས་ཡོད་དུ་ འཛིན་པ་ལ་སྟེ། མིག་དང་གཟུགས་དང་མིག་གི་རྣམ་ཤེས་རྣམས་ཀྱང་གཞན་ཞེས་སོགས་སོ། ། ཁམས་ཀྱང་དོན་ལ་བཏགས་པ་ཙམ་སྟེ། དེ་དོན་དམ་པར་རྫས་སུ་མེད་པས་རིགས་ཀྱི་དོན་ མེད་པས་སོ། །མ་རིག་པ་སོགས་རྟེན་ཅིང་འབྲེལ་བར་འབྱུང་བ་བཏགས་ཡོད་དུ་འཛིན་པ་ ལ་སྟེ། རྟེན་ཅིང་འབྲེལ་བར་འབྱུང་བ་ཡང་གཞན་སོགས་སོ། །མ་རིག་པ་སོགས་རྟེན་འབྲེལ་ རྣམས་ཡང་བཏགས་ཡོད་ཙམ་སྟེ། དཔྱད་ན་ངོ་བོས་སྟོང་པས་དེ་རྣམས་སོ་སོ་དང་ཚོགས་ པ་ལ་སྐྱེ་བའི་དོན་མེད་པས་སོ། །(ཨཱརྱ།) སོ་བདུན་སོགས་རྣམ་པར་བྱང་བ་ (ནི་མྱང་འདས་སོ་ཞེས་ གསེར་)བཏགས་ཡོད་དུ་འཛིན་པ་ལ་སྟེ། བྱང་ཕྱོགས་སོ་བདུན་ཡང་གཞན་ལ་ཞེས་སོགས་ སོ། །སློབ་ལམ་གྱི་བྱང་ (བུདྡྷ་ཤྲཱི་)ཕྱོགས་ཀྱི་རྣམ་བྱང་ཡང་དོན་ལ་བཏགས་པ་ཙམ་སྟེ། གཟིངས་ དང་འདྲ་བར་གཏན་དུ་བ་མིན་པས་ (ཨཱརྱ་)སོ། །སྒོ་གསུམ་གྱི་ངོ་བོ་མཐོང་བའི་ལམ་བཏགས་ ཡོད་དུ་འཛིན་པ་ལ་སྟེ། སྟོང་ཉིད་མཚན་མེད་སྨོན་མེད་ཀྱང་གཞན་ལ། ཞེས་སོགས་སོ། །སྒོ་ གསུམ་པོ་དེ་ཡང་སྤངས་གཉེན་དུ་ཚོགས་པ་ཙམ་གྱིས། དོན་དམ་པར་ངོ་བོ་མ་གྲུབ་པས་སོ། ། བསམ་གཏན་གཟུགས་མེད་ (བུདྡྷ་ཤྲཱི་)ཀྱི་སྒོམ་ལམ་བཏགས་ཡོད་དུ་འཛིན་པ་ལ་སྟེ། བསམ་ གཏན་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་ཡང་གཞན། ཞེས་སོགས་སོ། །དེ་དག་ ཀྱང་ཡན་ལག་དང་དམིགས་པས་འདའ་བས། དོན་དམ་པར་རྫས་སུ་མེད་པས་སོ། །སྟོང་ ཉིད་རྟོགས་པའི་ཁྱད་པར་གྱི་ལམ་བཏགས་ཡོད་དུ་འཛིན་པ་ལ་སྟེ། སྟོང་ཉིད་ཐམས་ཅད་ ཀྱང་གཞན་ལ། ཞེས་སོགས་སོ། །སྟོང་པ་ཉིད་དེ་ཡང་བཏགས་པ་ཙམ་སྟེ། དགག་བྱ་ཀུན་ 1-1-371 བཏགས་པས་སྟོང་པ་ཙམ་ཡིན་པས་སོ། །སྟོབས་སོགས་མི་སློབ་པའི་ལམ་བཏགས་ཡོད་དུ་ འཛིན་པ་ལ་སྟེ། སྟོབས་བཅུ་ཡང་གཞན། ཞེས་སོགས་སོ། །མི་སློབ་ལམ་དེ་ཡང་དོན་ལ་ བཏགས་པ་ཙམ་སྟེ། བདེན་པའི་དངོས་མེད་སྒྱུ་མའི་རང་བཞིན་ཡིན་པས་སོ། །ཞེས་པ་རྣམས་ ཨཱརྱའོ། །སྤྱི་བྱེ་བྲག་གི་དང་རྣམས་ཟླས་དབྱེའོ། །ཕུང་པོ་བཏགས་པའི་རྟོག་པ་སོགས་འདིར་ བཤད་དགུ་ཆོས་ཅན། སྦྱོར་ལམ་གྱི་བྱེད་ཆོས་བཏགས་འཛིན་རྟོག་པ་ཡིན་ཏེ། བྱང་སེའི་ཆོས་ མཆོག་མཉམ་གཞག་ལ་མཚུངས་ལྡན་གྱི་འཛིན་རྟོག་གང་ཞིག ཕུང་སོགས་བཏགས་འཛིན་ བདེན་མེད་དུ་རྟོགས་པས་སོ། །ཞེས་སོ། །གོང་མ་གསུམ་ལ་ཡང་འདོན་པ་བསྒྱུར་རོ། །འདི་ དག་སྦྱོར་བ་དངོས་གཞི་རྗེས་ཀྱི་སྒོ་ནས་ཆ་མཐུན་བཞི་རེ་རེ་ན་ཡོད་པར་བུདྡྷ་ཤྲཱིས་སོ། །འོན་ ཀྱང་ཤཱནྟི་ལྟར་ན། དང་པོ་གསུམ་གྱི་མདོ་དེ་རྣམས་ཀྱིས་གཉེན་པོ་བསྟན་ནས་སྤང་བྱ་རྟོག་པ་ ཤུགས་བསྟན་དུ་གསལ་ཞིང་དགག་རྟོག་མི་བཞེད་པར་མངོན་ནོ། །ཟླ་ཟེར་དུ། རྣམ་པར་རྟོག་ པ་དེ་རྣམས་དྲོད་ཀྱིས་བསྲབས་པར་བྱེད་ཀྱི་རབ་ཏུ་སྤོང་བར་ནི་མི་བྱེད་དོ། །ཞེས་རེ་རེ་སྦྱར་ སྣང་བས་དགག་རྟོག་ཏུ་མི་བཞེད་པར་མངོན་ནོ། །ཤེར་འབྱུང་ (ཡང་སྒྲུབ་རྟོག་ཏུ་བཞེད་པ་ལྟར་སྣང་སྟེ་) ནི། ཀུན་ནས་ཉོན་མོངས་པའི་དངོས་པོ་དང་གང་ཟག་རྫས་སུ་ཡོད་པའི་རྟེན་ཅན་གཟུང་བ་ དང་འཛིན་པའི་རྣམ་པར་རྟོག་པ་དག་གིས་སྲིད་པར་སྐྱེ་བས་ན། རྣམ་པར་བྱང་བའི་དངོས་པོ་ དང་སྐྱེས་བུ་བཏགས་པར་ཡོད་པའི་རྟེན་ཅན་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་དག་ གིས་མྱ་ངན་ལས་འདས་པར་འགྱུར་བ་ཡིན་ནོ། །ཞེས་ཏེ། དགག་རྟོག་ཏུ་འདོད་པ་ལྟར་ན། དེ་ སྐད་བཤད་པ་ནི་རྟོག་པ་བཞིའི་ཡུལ་ལ་དགོངས་སོ་ཞེས་བྱའོ། །ཕུགས་ཏིག་པ་བཞག་དཀའ་ བར་སྣང་ངོ༌། ། བཞི་པ་ནི། སྔར་བཤད་དེ་ལྟ་བུའི་རྣམ་པར་རྟོག་པ་དགག་རྟོག་བཞི་དང་ངེས་པར་ འབྱེད་པའི་ཆ་དང་མཐུན་པ་མཉམ་གཞག་བཞི་བོ་གྲངས་བཞིན་དུ་མཚུངས་པར་ལྡན་པ་ཡིན་ 1-1-372 ནོ། །རྣམ་རྟོག་མཐའ་ཡས་ཀྱང་ལམ་དུ་གཏོགས་པ་ཁོ་ནའི་རྣམ་རྟོག་བསྟན་གྱི་གཞན་ནི་ཆེད་ དུ་བླང་དོར་བྱ་རྒྱུ་མིན་པས་མ་བསྟན་ཏོ། །ཞེས་གསེར་རོ། ། གསུམ་པ་ལ་གསུམ་ལས། སྔ་འགྲེལ་ནི། བྱང་སེའི་སྦྱོར་ལམ་གྱི་བྱེད་ཆོས་ཡོངས་སུ་ འཛིན་པའི་བཤེས་གཉེན་ཆོས་ཅན། དེའི་བྱེད་ཆོས་མདོར་བསྟན་དུ་བྱེད་ཆོས་རྟོག་པའི་སྔར་ གསུངས་པ་ལ་དགོས་པ་ཡོད་དེ། དེར་ཚིགས་སུ་བཅད་པ་སྦྱར་བ་དང་མཐུན་པར་སྡེབ་སྦྱོར་ མ་ཉམས་པར་བྱ་བའི་ཆེད་དུ་དེ་ལྟར་བཤད་པས་སོ། །དེ་ལྟར་ཡིན་ན་ཡང༌། དེ་ཆོས་ཅན། སླར་ཡང་བྱང་ཆོས་རྒྱས་བཤད་དུ་རྟོག་པའི་མཇུག་ཐོགས་སུ་བཤད་པ་ལ་དགོས་པ་ཡོད་དེ། དེར་དེའི་མཇུག་ཏུ་བཤད་པ་དེའི་སྟོབས་ཀྱིས་ཇི་སྐད་བཤད་པའི་རྟོག་པ་བཞི་ཡང་བྱང་སེའི་ སྦྱོར་ལམ་གྱི་ཁྱད་པར་བྱེད་ཆོས་སུ་འགྱུར་རོ་ཞེས་བསྟན་པའི་ཕྱིར་དུ་དེ་ལྟར་བཤད་པས་སོ། ། དེས་ན་བར་སྐབས་ཀྱི་ཚིགས་སུ་བཅད་པ་གཅིག་གིས་ཡོངས་འཛིན་སྟོན་ནོ། ། གཉིས་པ་རྩ་བ་ལ་བཞི་སྟེ། ནང་ཡོངས་ (སྙིང་མཆོག་ཟླ་ཟེར་དངོས་)འཛིན་ཐབས་མཁས། ཕྱི་ ཡོངས་འཛིན་དགེ་བཤེས། དེའི་མི་མཐུན་ཕྱོགས་སོ་སོར་ (སྙིང་ཟླ་དངོས་)བོར་བའོ། །དང་པོ་ནི། ཆོས་ཐམས་ཅད་ཀྱི་རང་བཞིན་སྤྲོས་བྲལ་ལ་སེམས་དང་པོར་མི་འགོང་པ་ཉིད་དང་སོགས་ པ་བར་དུ་མི་དངང༌། མཐར་ཤིན་ཏུ་སྐྲག་པར་མི་འགྱུར་བའི་བྱང་སེ་སྦྱོར་ལམ་པའི་ཐབས་ མཁས་དེ་ཆོས་ཅན། བྱང་སེ་སྦྱོར་ལམ་པའི་ཡོངས་འཛིན་ཡིན་ཏེ། དེ་དེ་འདྲ་དེ་ལ་འཇིགས་ དངང་སྐྲག་པ་ལ་སོགས་པར་མི་འགྱུར་བར་བྱེད་པའི་ཐབས་མཁས་དེ་ཡིན་པས་སོ། །མདོར། བྱང་ཆེན་པོ་མི་འཇིགས་མི་དངང་སྐྲག་པར་མི་འགྱུར་རོ། །ཞེས་སོགས། ཤཱནྟིས། (དག་ལྡན།) སྐྲག་པ་ཉིད་ནི་ཆུང་ངུ་དང་འབྲིང་དང་ཆེན་པོའི་རིམ་པ་ཇི་ལྟ་བར། སྐྲག་པ་དང་དངང་བ་དང་ ཤིན་ཏུ་དངང་བར་འགྱུར་བ། ཞེས་སོ། །འབུམ་ཊཱིཀ་ཏུ། ཉན་པའི་ཚེ་ཅུང་ཟད་འཇིགས་པ་ འཇིགས་པའོ། །དེའི་འོག་ཏུ་སེམས་པའི་ཚེ་འབྲིང་དུ་འཇིགས་པ་དངང་བའོ། །ཐ་མར་བསྒོམ་ 1-1-373 ཚེ་རབ་ཏུ་འཇིགས་པ་སྐྲག་པ། ཞེས་གསུངས་སོ། །(གནས་མིན་པ་ལ་འཇིགས་པ་ནི་སྐྲག་པ། རྒྱུན་དུ་འཇིགས་ པ་ནི་དངང་བ། དངང་བ་བརྟན་པར་གྱུར་བ་ནི་ཤིན་ཏུ་དངང་བ་ཞེས་བཙུན་གྲོལ་དང་འགྲེལ་ཆེན་ལས་སོ། །བརྗོད་འདོད་ཀྱིས་ཇི་ ལྟར་སྦྱར་ཡང་རུང་ངོ་། །) གཉིས་པ་ནི། སངས་རྒྱས་སྤྲུལ་སྐུ་ཆོས་ཅན། ཆོས་འདྲ། རྟགས་ནི། ཕན་པ་ཐོབ་པའི་ དོན་དུ་ཆོས་ཐམས་ཅད་བདག་གཉིས་ཀྱི་ངོ་བོ་ཉིད་མེད་པའི་ཤེས་རབ་སེམས་བསྐྱེད་བསྔོ་བ་ ལ་སོགས་པའི་ཐབས་དང་མི་ཕན་པ་སྤོང་བའི་དོན་དུ་བདུད་ལས་སྡིག་གྲོགས་སོགས་སྟོན་ པར་བྱེད་པའི་འཕགས་ཆེན་ཡིན་པས་སོ། །ཁྱབ་སྟེ། དེ་ལྟར་བསྟན་པས་དེ་འདྲའི་ཐབས་ ཤེས་དང་མི་ལྡན་པར་ལྟུང་བ་ལས་ཡོངས་སུ་འཛིན་པའོ། །བྱང་བའི་དགེ་བཤེས་ནི་གང་དེ་ ལ་གཟུགས་མི་རྟག་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་དགེ་རྩ་དེ་དག་ ཀྱང་རྣམ་མཁྱེན་ཉིད་མ་གཏོགས་པར་ཉན་ཐོས་ཀྱི་སའམ་རང་སངས་རྒྱས་ཀྱི་སར་ཡོངས་སུ་ བསྔོར་མི་འཇུག་པའོ། །ཞེས་སོ། ། གསུམ་པ་བཞི་པ་ནི། ཐབས་མཁས་དེ་ཡི་མི་མཐུན་ཕྱོགས་ཕར་ཕྱིན་ནས་མ་འདྲེས་པའི་ བར་དུ་མཚན་མར་དམིགས་ཏེ་བསྒོམ་ཞིང་རློམ་ (ཨཱརྱ་)པ་སོགས་ཐབས་མི་ (དག་ལྡན་)མཁས་པ་ བོར་བའོ། །ཐབས་མི་མཁས་པས་ཡུམ་ཟབ་མོ་འདི་ཐོས་ན་དངང་སྐྲག་ཀུན་ཏུ་སྐྲག་པས་ཟིན་ པར་འགྱུར། ཞེས་སོ། །དགེ་བཤེས་དེའི་མི་མཐུན་ཕྱོགས་མདོ་སྡེ་འདི་དག་ནི་རང་བཟོར་ བྱས་པ་སྟེ་མཉན་པར་མི་བྱའོ་སོགས་གཞུང་སྤོང་བའི་སྡིག་གྲོགས་ཕྱིན་དྲུག་ལས་བཟློག་ཅིང་ མོས་པ་མེད་པར་བྱེད་སོགས་ལམ་སྤོང་བའི་སྡིག་གྲོགས། ཉན་ཐོས་ཀྱིས་མངོན་དུ་གྱིས་བླ་ མེད་བྱང་ཆུབ་ཀྱིས་ཁྱོད་ལ་ཅི་ཞིག་བྱ་ཞེས་ཟེར་བ་དེ་ལྟ་བུའི་བདུད་ལས་མི་སྨྲ་མི་སྟོན་པ་འདི་ ནི་སྡིག་པའི་གྲོགས་པོར་རིགས་པར་བྱའོ། །ཞེས་པ་ལྟར་འབྲས་བུ་སྤོང་བའི་སྡིག་གྲོགས་ རྣམས་བོར་བའོ། །ཨཱརྱའི་དགོངས་པའོ། །(དག་ལྡན་དུ་དེའི་མི་མཐུན་ཕྱོགས་ནི་ཐབས་མི་མཁས་པ་དང་སྡིག་ 1-1-374 པའི་གྲོགས་པོའོ། ། ཞེས་སོ། །)འགྲེལ་པ་ལ། རྫོགས་པའི་སངས་རྒྱས་ནི་ཆོས་ཅན། དེའི་ཡོངས་སུ་ འཛིན་པ་ཡིན་ནོ། །དེའི་དགེ་བའི་བཤེས་གཉེན་ཁྱད་པར་ཅན་ཡིན་པས་སོ། །དེའི་རྒྱུ་མཚན་ ནི། རང་བཞིན་སྟོང་ཉིད་སོགས་ལ་དང་པོར་སེམས་མི་འགོང་བར་དུ་མི་དངང་མཐར་མི་སྐྲག་ པ་དང༌། སེམས་བསྐྱེད་བསྔོ་བ་ལ་སོགས་པའི་ཐབས་ལ་མཁས་པའི་སྒོ་ནས་རྒྱལ་བོ་འཆར་ བྱེད་ཀྱི་བཙུན་མོའི་མཆོག་སྔོ་བསངས་མ་ (ཐུབ་དགོངས་)ཤི་བ་བརྡ་སྤྲོད་པའི་ཚུལ་དུ་གདུལ་བྱའི་ བསམ་པ་དང་མཐུན་པ་ཇི་ལྟ་བ་བཞིན་དུ་དངོས་པོ་མཐའ་དག་བདག་གཉིས་མེད་པར་དང་ བསྔོ་བ་དང་བདུད་ལས་སྡིག་གྲོགས་སོགས་སྟོན་པར་བྱེད་པ་དང༌། ཕྱིན་དྲུག་གི་མི་མཐུན་ པའི་ཕྱོགས་སེར་སྣ་དང་འཆལ་ཚུལ་སོགས་དང་མི་ལྡན་པའི་སྐྱེས་བུ་ཡིན་པས་སོ། །ཡོངས་ འཛིན་གྱིས་འཕགས་པར་མི་རིགས་ཏེ་སངས་རྒྱས་ཡོངས་འཛིན་ཡིན་པས་དེ་རིགས་ཅན་ གསུམ་གའི་སྟོན་པར་འདྲ་བས་སོ་ཞེ་ན། དེར་འདྲ་ཡང་སྔར་བཤད་ལྟར་གྱི་ཐབས་ཤེས་རབ་ སོགས་དེ་དང་ལྡན་པ་དངོས་སུ་རྗེས་སུ་འཛིན་མི་འཛིན་གྱི་ཁྱད་ཡོད་དེ། ནོར་བུའམ་ཉི་མ་ བཞིན་ནོ། ། བཞི་པ། རྒྱུའམ་རྟེན་རིགས་ལ། སྤྱི་དང༌། ཡན་ལག་གི་དོན་གཉིས་སོ། །དང་པོ་ལ། (ཉན་རང་སངས་རྒྱས་ཀྱི་རིགས་)ཡོད་ (པ་)དང་ (ཞེས་བློ་བརྟན་)མཆོག་དང་མཚན་ཉིད་དང༌། །རྟགས་དང་ རིགས་རབ་དབྱེ་བ་དང༌། །ཉེས་དམིགས་དང་ནི་ཕན་ཡོན་དང༌། །དཔེ་རྣམ་གཉིས་ཏེ་ (རེ་རེ་ ལ་)རྣམ་པ་བཞི། །ཞེས་པ་ལྟར། བརྒྱད་ལས་དང་པོ། རིགས་ཀྱི་མཚན་ཉིད་བཤད་ན། རང་ བཞིན་དང་ནི་རྒྱས་པ་དང༌། །དེ་ནི་རྟེན་དང་བརྟེན་པ་དང༌། །ཡོད་མེད་ཉིད་དང་ཡོན་ཏན་ནི། ། སྒྲོལ་བའི་དོན་དུ་རིགས་ཞེས་བྱ། །ཞེས་ཏེ། སྤྱིར་ཐེག་པ་སོ་སོ་ལྟར་ན། བྱེ་བྲག་ཏུ་སྨྲ་བ་ནི། མདོ་ལས། བསོད་སྙོམས་དང་གནས་མལ་དང་ཆོས་གོས་ངན་ངོན་ཙམ་གྱིས་ཆོག་ཤེས་པ་ དང༌། སྤོང་བ་དང་བསམ་གཏན་ལ་དགའ་བ་འཕགས་པའི་རིགས། ཞེས་བཞི་གསུངས་པ་མ་ 1-1-375 ཆགས་པར་འདུས་པས། སེམས་བྱུང་མ་ཆགས་པ་འཕགས་པའི་རིགས་སུ་འདོད་དེ། མཛོད་ དུ། མ་ཆགས་འཕགས་རིགས། ཞེས་སོ། །ཡང་ (ཆོས་བཤེས་)སྐྱེ་མཆེད་དབང་བོའི་བྱེ་བྲག་ལ་ ཡང་འདོད་དེ། མཛོད་དུ། ཁ་ཅིག་དང་པོ་ནས་དེའི་རིགས། །ཁ་ཅིག་སྦྱངས་པ་ལས་གྱུར་ཏོ། ། ཞེས་སོ། །མདོ་སྡེ་བ། སྐྱེ་མཆེད་དྲུག་གི་ཁྱད་པར་སྒྲིབ་པ་སྤང་རུང་ལ་འདོད་དེ། བསྡུ་བར། སྒྲིབ་པ་གཉིས་ཀ་སྤང་དུ་མི་རུང་ན་རིགས་ཆད། ཉོན་སྒྲིབ་ཙམ་སྤང་དུ་རུང་ན་ཉན་རང་གི་ རིགས། གཉིས་ (དོན་བྱང་སར་ཡང་ཡོད་)ཀ་སྤང་དུ་རུང་ན་སངས་རྒྱས་ཀྱི་རིགས། ཞེས་གསུང་བུ་ བ་ནི་དཔྱད་དགོས་སོ། །སེམས་ཙམ་ལུགས། མདོ་རྒྱན་ནམ་བྱང་ས་བཞིན་ཞེས་གསུང་བ་ནི་ ནོར་ཏེ། ཆོས་བཤེས་དང་ཁྱེད་རང་གཉིས་ཀ་སེམས་ཙམ་པ་རང་བཞིན་དུ་གནས་པའི་རིགས་ ཆད་འདོད་པར་བཞེད་ལ་དེ་གཉིས་སུ་རང་བཞིན་དུ་གནས་པའི་རིགས་ཆད་མི་བཞེད་དོ། ། (རྒྱུ་དང་བྲལ་བ་ཞེས་པ་ནི་རྒྱས་པ་ཡིན་ཏེ། དེ་ལས། འགྲོ་ཀུན་དེ་ཡི་སྙིང་པོ་ཅན། །ཞེས་བཤད་པ་དང༌།) བྱང་སར། དེ་ ལ་རང་བཞིན་གྱིས་གནས་པའི་རིགས་ནི། བྱང་བ་རྣམས་ཀྱི་སྐྱེ་མཆེད་དྲུག་གི་ཁྱད་པར་གང་ ཡིན་པ་སྟེ། དེ་ནི་གཅིག་ནས་གཅིག་ཏུ་བརྒྱུད་དེ་འོངས་པ་ཐོག་མ་མེད་པའི་དུས་ཅན་ཆོས་ ཉིད་ཀྱིས་ཐོབ་པ་དེ་ལྟ་བུ་ཡིན་ནོ། །དེ་ལ་ཡང་དག་པར་སྒྲུབས་པའི་རིགས་ནི། སྔོན་དགེ་ བའི་རྩ་བ་གོམས་པར་བྱས་པ་ལས་ཐོབ་པ་གང་ཡིན་པ་སྟེ། ཞེས་སོ། །འདིས་ནི་སྐྱེ་མཆེད་ དྲུག་གི་ཆོས་ཉིད་གདོད་ནས་གནས་པའི་རང་བཞིན་འོད་གསལ་དེ་ཉིད་རང་བཞིན་དུ་གནས་ པའི་རིགས་ཡིན་པར་བསྟན་པའོ། །ཤནྟིས། རིགས་ཞེས་བྱ་བ་ནི་ཐོག་མ་མེད་པའི་དུས་ཅན་ རྒྱུ་དང་རྐྱེན་གྱིས་འདུས་མ་བྱས་པ་ཆོས་ཉིད་ཀྱིས་ཐོབ་པ་སྐྱེ་མཆེད་དྲུག་གི་ཁྱད་པར་ཡིན་ པའི་ཕྱིར་རོ། །ཞེས་པས་བྱང་སའི་ལུང་དེའི་དོན་ཐོག་མེད་ནས་བརྒྱུད་པ་ཆོས་ཉིད་ཀྱིས་ཐོབ་ པ་སྐྱེ་མཆེད་དྲུག་གི་ཁྱད་པར་འདུས་བྱས་ཞིག་ལ་དགོངས་པ་བླངས་པ་ (ཨཱརྱ་)ནི་ནོར་བ་ཁོ་ ནའོ། །དེས་ན་མདོ་རྒྱན་བྱང་སའི་དགོངས་པའང་ཆོས་དབྱིངས་ལ་དེར་བཞེད་པ་ཁོ་ནའོ། །རྒྱ་ 1-1-376 མཚོ་སྤྲིན་གྱིས། ངོ་བོ་ཉིད་ཀྱིས་གྲུབ་པའི་ཕྱིར་ཆོས་ཉིད་ཀྱིས་ཐོབ་པ་སྟེ་སུས་ཀྱང་མངོན་པར་ འདུས་མ་བྱས་པའི་ཕྱིར་དང་མ་འོངས་པའི་ཕྱིར་ཞེས་པའི་དོན་ནོ་ཞེས་དང༌། ( དེ་མདོ་རྒྱན་འགྲེལ་ དུའང༌། འཁོར་བ་ཐོག་མ་མེད་པའི་དུས་ནས་སྐྱེ་མཆེད་ཀྱི་ཁྱད་པར་སུས་མ་བྱས་མ་བཅོས་པར་མངོན་འཚང་རྒྱ་བར་འགྱུར་བའི་ ས་བོན་དང་ལྡན་པ་སྟེ་དེའི་སྐལ་བ་ཡོད་པའོ། །ཞེས་སོ། །ཡང་དེ་དགེ་བ་ཁོ་ན་དང་དེ་འདུས་མ་བྱས་སུ་ཐལ་བས་གནོད་དེ། རྒྱུད་ བླར། རང་བཞིན་འགྱུར་བ་མེད་པ་དང༌། །དགེ་དང་རྣམ་པར་དག་པའི་ཕྱིར། །ཞེས་སོ། །ཡང་)ཆོས་ཀྱི་དབྱིངས་ཀྱི་རྒྱུ་ མཐུན་པ་ལས་སྐྱེས་པའི་དགེ་བའི་རྩ་བས་འདུས་མ་བྱས་པའི་ཕྱིར་རོ་ཞེས་སོ། །དེས་ན་ཆོས་ ཉིད་ལ་རིགས་ཞེས་བྱ་སྟེ། སྡོང་བོ་བཀོད་པ་ལས། ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་ དཔའི་རིགས་ཞེས་བྱ་བ་འདི་ནི་ཆོས་ཀྱི་དབྱིངས་ལྷུར་ལེན་པ། ནམ་མཁའ་ལྟར་ཡངས་པ། རང་བཞིན་གྱིས་འོད་གསལ་བ་སྟེ། ཞེས་སོ། །(དེ་ལ་གནས་པ་ནི་མངོན་སུམ་དུ་རྟོགས་པའི་བྱང་ཆུབ་སེམས་ དཔའ་ནི་འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རིགས་སུ་སྐྱེས་པ་ཡིན་མ་འོངས་པའི། ད་ལྟར་བའི་སོགས་སོ། ། མདོ་རྒྱན་འགྲེལ་ཆེན་དུ། དེའི་དོན་འདི་ལྟར་བཤད་དེ། དེ་ལ་དེ་པ་ཅི་རིགས་ནི་ཆོས་ཀྱི་དབྱིངས་དང་རྣམ་པར་མི་རྟོག་པའི་ཡེ་ ཤེས་དེ༌། དེས་ས་དང་པོ་ཐོབ་ནས་ས་དང་པོ་ལ་དེ་པའི་རིགས་སུ་སྐྱེས་པ་ཞེས་བྱའོ། །ཞེས་ས་བཅུ་པའི་ལུང་དང་སྦྱར་རོ། །) དེས་ ན་ཁ་ཅིག་ (འོད་ཟེར་མགོན་པོ།)འདུས་བྱས་ཀྱི་སེམས་རིག་ཅིང་གསལ་ཙམ་འདི་རང་བཞིན་དུ་ གནས་པའི་རིགས་སུ་འདོད་པའང་དེ་དགེ་བ་ཁོ་ན་དང་དེ་འདུས་མ་བྱས་སུ་ཐལ་བས་གནོད་ དེ། རྒྱུད་བླར། རང་བཞིན་འགྱུར་བ་མེད་པ་དང༌། །དགེ་དང་རྣམ་པར་དག་པའི་ཕྱིར། །ཞེས་ སོ། །དེས་ན་ནོར་ལ། ཁ་ཅིག་ཆོས་དབྱིངས་དེར་བྱས་ན་བེམ་པོ་དང་དངོས་མེད་ཀྱང་སངས་ རྒྱས་ཀྱི་རིགས་ཅན་དུ་འགྱུར་བས་སེམས་ཀྱི་ཆོས་ཉིད་དྲི་བཅས་ཉིད་དེ་ཡིན་ཞེས་པའང༌། ཆོས་ཉིད་དུམ་བུར་ཆད་པར་ཐལ་བས་གནོད་ལ། ཀུན་གཞིའི་སྟེང་གི་ཟག་མེད་ཀྱི་ས་ (རལ་ གྲིས་བསླབ་གསུམ་རྒྱན་གྱི་མེ་ཏོག་ཏུ་བཤད་དོ། །)བོན་དེར་འདོད་པའང་དེ་འདུས་བྱས་སམ་འདུས་མ་བྱས་ ཡིན། དང་པོ་ནི་ཟག་བཅས་ཟག་མེད་སོགས་སུ་བརྟགས་པ་ལ་སོགས་བརྟགས་པས་འཇིག་ 1-1-377 སྟེ་ངག་ལས་ཤེས་སོ། །མཚན་ཉིད་ནི། གང་ལ་བརྟེན་ནས་ཐར་ལམ་ལ་འབད་ན་ཐར་བ་ཐོབ་ བྱེད་ཀྱི་འདུས་མ་བྱས་ཀྱི་དགེ་བ་ཞེས་པའོ། །འདུས་མ་བྱས་ཀྱི་དགེ་བ་གང་ཞིག ངོ་བོ་ཉིད་ སྐུའི་རྒྱུར་འགྱུར་བ་ཞེས་པ་ལམ་གྱི་སྐབས་ཀྱི་རང་བཞིན་དུ་གནས་པའི་རིགས་ཀྱི་མཚན་ཉིད་ དོ། །དེ་ལ་བརྟེན་ནས་རྐྱེན་གྱིས་བསྐྱེད་པའི་བྱང་ཆུབ་ཀྱི་རྒྱུར་གྱུར་བའི་དགེ་བ་འདུས་བྱས་ ཐམས་ཅད་རྒྱས་པའི་རིགས་ཏེ། མཚན་ཉིད་ནི། བྱང་ཆུབ་ཀྱི་རྒྱུར་གྱུར་བའི་དགེ་བ་འདུས་ བྱས་སོ། །ཐེག་གསུམ་སོ་སོར་ཡང་སྦྱར་ཏེ། རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་གྱུར་བའི་དགེ་བ་ འདུས་བྱས་ནི། ཐེག་ཆེན་གྱི་རྒྱས་རིགས་ཀྱིའོ། །གཞན་ལ་ཡང་ངོ༌། །རྒྱུད་བླར། གཏེར་དང་ འབྲས་བུའི་ཤིང་བཞིན་དུ། །རིགས་དེ་རྣམ་གཉིས་ཤེས་བྱ་སྟེ། །ཐོག་མེད་རང་བཞིན་གནས་ པ་དང༌། །ཡང་དག་བླངས་པ་མཆོག་ཉིད་དོ། །ཞེས་སོགས་དྲང་ཞིང་ཤོད་ཅིག འཇིག་རྟེན་ ལས་འདས་པའི་ཆོས་ཀྱི་ས་བོན་ལ་རིགས་ཞེས་བྱའོ། །ཞེས་རྒྱ་སྤྲིན་གྱིས་བཤད་པ་ལྟར་ གཟུང་ངོ༌། །དང་པོ་རྟེན་ཕྱི་མ་བརྟེན་པ། དང་པོ་རྒྱུར་ཡོད་བསྐྱེད་པའི་འབྲས་བུར་མེད། ཕྱི་མ་ གཉིས་ཀའོ། །སྒྲ་བཤད་ནི། ཡོན་ཏན་ནི་སྒྲོལ། ཞེས་སོགས་ཏེ། གོ་ཏྲ་ལས་གུ་ཎ་ཏཱ་ར་ཞེས་པ་ བསྒྱུར་ན། (རིགས་ལ་གོ་ཏྲ་ཞེས་ཡོན་ཏན་བླ་ན་མེད་ཅེས་གོའི་དོན་ནི་གུ་ཎ་ཡོན་ཏན་ཏྲ་ཡ་སྒྲོལ་ཞེས་སོ། །མདོ་རྒྱན་འགྲེལ་ ཆེན་ནོ། འདིར་རྒྱ་གར་གྱི་སྐད་ལ་རིགས་ལ་གོ་ཏྲ་ཞེས་འབྱུང་ཞེས་དང་ཡོན་ཏན་གྱི་དོན་དུ་དྲངས་ཞེས་པས་བོད་ལ་འདྲ་བར་མི་ འཁྲུལ་ལོ། །) ཡོན་ཏན་སྒྲོལ་བའི་དོན་གྱིས་རིགས་ཏེ་འདི་ལས་ཡོན་ཏན་སྒྲོལ་ཞིང་ (དབྱིག་)འབྱུང་ བའི་ཕྱིར་རོ། །ཡང་ན་ (འགྲེལ་ཆེན་བློ་བརྟན་མར་རིགས་ལ་)གོ་ཏྲ་སྟེ། གོ་དོན་དགུ་ལ་འཇུག་པ་ལས་ (ངག་ཕྱོགས་ས་དང་འོད་ཟེར་དང༌། །ཕྱུགས་དང་མིག་དང་རྡོ་རྗེ་དང༌། །མཐོ་རིས་ཆུ་དང་དོན་དགུ་ལ། །མཁས་པས་གོ་སྒྲ་ངེས་ པར་གདགས། །ཞེས་ཞིབ་མོ་རྣམ་ཐག་གི་རང་འགྲེལ་དུ་འཕགས་ཆེན་ཀླུས་སོ། །)འདིར་ཕྱོགས་སམ་ས་ལའོ། །ཏྲ་ ཡ་ན་སྐྱོབ་པ་སྟེ་ཕྱོགས་སམ་སས་བསྡུས་པའི་སེམས་ཅན་ (འདི་ཐུབ་དགོངས་སུའང་)སྐྱོབ་པས་གོ་ཏྲ་ སྟེ་རིགས་སོ། །ཡང་ན་ཀུ་ལ་སྟེ། ཀུརྦ་ནི་ངན་པ། ལ་ཡ་ཐིམ་ (བུ་རིན་གསུང་)པ་སྟེ་ངན་ཐིམ་ (ཆོས་ 1-1-378 བཤེས་)ཞེས་པའོ། །དེ་ཡང་སྙིང་རྗེའི་ (ཆོས་བཤེས་)དབང་གིས་དམྱལ་སོགས་འགྲོ་བ་ངན་པར་ ཐིམ་ (ཆོས་བཤེས་)པས་སམ། ཀུ་ནི་ཀུ་ཊ་སྟེ་བརྩེགས་ (བུ་རིན་)སམ་ཚོགས། ལ་ནི་ཨ་ལ་ (བུ་རིན་) ཡ་སྟེ་གཞིའམ་རྟེན་ཏེ། ཡོན་ཏན་གྱི་ཚོགས་ཀྱི་རྟེན་དུ་གྱུར་པས་ཀུ་ལའོ་ཞེས་ཕྱི་མ། གཉིས་ ཀར་ཆོས་བཤེས་ (དག་ཐུབ་ཏུ། གོ་ཞེས་པའི་བྱིངས་ག་མི་ནི་གནས་པ་ལ་འཇུག་སྟེ་ནམ་མཁའི་མཐའ་དག་ནི་ཐམས་ཅད་ དུ་སོང་བ་ཞེས་པ་བཞིན་མི་གཡོ་བའི་ཚུལ་གྱིས་འཛིན་པས་སྐྱོབ་པ་སྟེ་རིགས་སོ་ཞེས་སོ། །མི་གཡོ་བ་ནི་མི་ཉམས་ཤིང་བརྟན་ པའོ། །)སོ། །བྱང་སར། (འཇིག་རྟེན་ལས་འདས་པའི་ཆོས་ཀྱི་འབྱུང་གནས་ཡིན་པས་)རིགས་ (སོ་)དེ་ནི་ (འབྲས་ བུ་ངེས་པར་འཛིན་པས་)གཞི་དང༌། (འབྲས་བུ་འམ་གནས་པའི་རྒྱུན་འབྱུང་བར་བྱེད་པས་)སྟོན་པ་དང༌། (འབྲས་ བུ་འཕེལ་བར་བྱེད་པས་)རྒྱུ་དང༌། (འབྲས་བུའི་དུས་ནའང་འཇུག་པས་)རྟེན་དང༌། (རིམ་གྱིས་འབྱུང་བར་བྱེད་པས་ )ཉེར་གནས་དང༌། (འབྲས་བུའི་)སྔོན་དུ་འགྲོ་བ་དང༌། (འབྲས་བུ་གནས་པ་དེར་འགྲོ་བས་)གནས་ཞེས་ ཀྱང་བྱའོ། །རིགས་དེ་ནི། (འབྱུང་བའི་རྒྱུ་མཚན་ཡིན་པས་)ས་བོན་ཞེས་ཀྱང་བྱ། (རང་དང་རྗེས་སུ་མཐུན་པའི་ འབྲས་བུ་འཛིན་པས་)ཁམས་དང༌། (བཅོས་མ་མིན་པས་)རང་བཞིན་ཞེས་ཀྱང་བྱའོ། །ཞེས་སོ། །(ཞེས་པ་ རྣམས་ནི་རྒྱ་མཚོ་སྤྲིན་ནོ། །) ཐུབ་དགོངས་སུ་ཡང་ངོ༌། །གཉིས་པ། ཡོད་དང་ཞེས་པ། ཐེག་པ་ (བློ་བརྟན་ )གསུམ་གྱི་རིགས་ཡོད་པར་བསྟན་པས་དེ་འདྲའི་རིགས་ཡོད་པའི་སྒྲུབ་བྱེད་ལ་གསུམ་སྟེ། སྤྱིར་རིགས་ཡོད་པའི། གནས་སྐབས་ཐེག་གསུམ་གྱི་རིགས་ཡོད་པའི། རང་བཞིན་དུ་གནས་ པའི་རིགས་བསམ་གྱིས་མི་ཁྱབ་པའི་སྒྲུབ་བྱེད་དོ། ། དང་པོ་ནི། དཔལ་ཕྲེང་གི་མདོའི་དོན། རྒྱུད་བླར། གལ་ཏེ་སངས་རྒྱས་ཁམས་མེད་ན། ། སྡུག་ལ་སྐྱོ་བར་མི་འགྱུར་ཞིང༌། །མྱ་ངན་འདས་ལ་འདོད་པ་དང༌། །དོན་གཉེར་སྨོན་པའང་ མེད་པར་འགྱུར། །སྲིད་དང་མྱ་ངན་འདས་ལ་དེའི། །སྡུག་བདེའི་ (འདི་བཞིན་ཡོད་)སྐྱོན་ཡོན་ མཐོང་བ་འདི། །རིགས་ཡོད་ལས་ཡིན་གང་ཕྱིར་དེ། །རིགས་མེད་དག་ལ་མེད་ཕྱིར་རོ། །ཞེས་ སོ། ། 1-1-379 གཉིས་པ་ནི། (རྒྱུ་)ཁམས་ (སྣ་ཚོགས་ཏེ་བ་རུ་རའི་ཕུང་པོའི་མདོ་ལྟར་རོ། །)རྣམས་དང་ནི་ (རྐྱེན་ཐེག་པ་ གསུམ་ལ།)མོས་ (པས་རྟོགས་)པ་དང༌། །(ངེས་མ་ངེས་ཀྱི་)སྒྲུབ་པ་ཐ་དད་ (པའི་)དབྱེ་བ་དང༌། །འབྲས་ བུ་ (བྱང་ཆུབ་)ཐ་དད་ (པ་གསུམ་ལ་)དམིགས་ (འདི་རེ་རེ་ལ་སྦྱར་རོ། །)པའི་ཕྱིར། །(སེམས་ཅན་རྣམས་ལ་ཐེག་པ་ གསུམ་གྱི་)རིགས་ཡོད་ཉིད་དུ་ངེས་པར་བརྗོད། །ཅེས་སོ། ། གསུམ་པ་ནི། རྒྱུད་བླར། (ཁམས་རང་བཞིན་གྱིས་རྣམ་དག་)འདི་ལ་ (ཀུན་ཉོན་)བསལ་བྱ་ཅི་ཡང་ མེད། །ནས། (རང་གློ་བུར་བའི་དྲི་མ་དང་བྲལ་བ་ནི་འདིའི་རང་བཞིན་ཡིན་པས་སོ། །རྣམ་བྱང་གི་ཡོན་ཏན་གཞག་བྱ་ཅུང་ ཟད་ཀྱང་མེད་དེ། རྣམ་དབྱེ་མེད་པའི་ཆོས་དག་པའི་ཆོས་ཉིད་ནི་རང་བཞིན་ཡིན་པས་སོ། །)གྲོལ། །རྣམ་དབྱེར་བཅས་ པའི་མཚན་ཉིད་ཅན། །གློ་བུར་དག་གིས་ཁམས་སྟོང་གི ། རྣམ་དབྱེར་མེད་པའི་མཚན་ཉིད་ ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །ཞེས་ཏེ། དེ་ (འགྲེལ་ཆེན་)པའི་རིགས་ཁམས་ (འགྲེལ་ཆེན་ )རང་བཞིན་གྱིས་རྣམ་དག་ (འགྲེལ་ཆེན་)འདི་ལ་རང་གི་ངོ་བོ་ལ་ལྟོས་ཏེ་དྲི་མ་བསལ་དགོས་ཅི་ ཡང་མེད་དེ། རང་བཞིན་གྱིས་དག་པའི་ཕྱིར་རོ། །འདུས་མ་བྱས་པའི་སངས་རྒྱས་ཀྱི་ཡོན་ ཏན་གང་གའི་ (མདོའོ་)ཀླུང་གི་བྱེ་མ་སྙེད་ལས་མང་བ་རྣམས་གསར་དུ་བཞག་དགོས་མེད་དེ། དེ་རང་བཞིན་གྱིས་ཚང་བས་སོ། །དེའི་རྒྱུ་མཚན་ནི། རིམ་པ་ལྟར་དྲི་མ་ནི་དེ་ལས་རྣམ་དབྱེར་ བཅས་པས་འབྲལ་ལ་གཅིག་ཤོས་ནི་འབྲལ་མི་རུང་ཡིན་པའི་ཕྱིར་ (རྒྱུད་བླར། ཉེས་པ་གློ་བུར་དང་ ལྡན་དང༌། །ཡོན་ཏན་རང་བཞིན་ཉིད་ལྡན་ཕྱིར། །ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་ སོ། །)རོ། །དེས་ན་རང་བཞིན་གནས་པའི་ཁམས་དེ་ཕྱིན་ཅི་མ་ལོག་པའི་སྟོང་པ་ཉིད་ཡིན་ཏེ། སྒྲོ་སྐུར་དང་བྲལ་བའི་ཕྱིར་རོ། །ཞེས་བསྟན་པ་ཡིན་ནོ། །ཡང་དེ་བསམ་གྱིས་མི་ཁྱབ་པའི་ གནས་ཡང་ཡིན་ཏེ། སེམས་ཅན་གྱི་དུས་སུ་ཡོད་ཀྱང་རང་གི་ངོ་བོ་དྲི་མ་ཐམས་ཅད་ཀྱིས་ གདོད་ནས་དག་པ་ཡང་ཡིན་གནས་སྐབས་རྒྱུད་དབང་བཙན་དུ་བྱས་ནས་དྲི་མས་མ་དག་ པ་ཡང་ཡིན། དྲི་མེད་ཀྱི་དུས་སུ་རང་གི་ངོ་བོ་སྔར་དྲི་མར་རམ་དེས་གོས་པར་མ་གྱུར་བཞིན་ 1-1-380 དུ་རྒྱུད་དབང་བཙན་དུ་བྱས་པས་དྲི་མས་དག་པའི་ཡང་ཕྱིར་རོ། །རྒྱུད་བླར། དག་དང་ཉོན་ མོངས་ལྡན་ཕྱིར་དང༌། །ཀུན་ནས་ཉོན་མོངས་མེད་དག་ཕྱིར། །ཞེས་སོ། །དེ་ལྟར་རང་གི་ངོ་ བོ་དང་ཡོད་སའི་གནས་སྐབས་རྒྱུད་ཀྱི་དབང་དུ་བྱས་པའི་རྣམ་དབྱེ་འདི་མ་ཕྱེད་པའི་སྐྱོན་ གྱིས་སེམས་ཅན་ལ་བདེ་སྙིང་མེད་པ་དང་སེམས་ཅན་གྱི་སེམས་ཀྱི་ཆོས་ཉིད་རང་བཞིན་འོད་ གསལ་དེ་ངོ་བོ་ཉིད་སྐུ་མིན་པ་ལ་སོགས་པར་སྨྲ་བ་མང་ངོ༌། །སེམས་ཅན་ལ་དེ་པའི་སྙིང་པོ་ ཡོད་པར་ངེས་དོན་མདོ་ལྔ་སོགས་དང༌། རྒྱུད་བླ་སོགས་སུ་རྒྱ་ཆེར་བསྒྲུབས་ཤིང༌། དེ་མེད་ ན། རྒྱུད་བླར་གསུངས་པའི་རང་བཞིན་གྱི་རིགས་མེད་པར་འགྱུར་ཏེ་དེ་གཉིས་གཅིག་ཏུ་དེ་ ཉིད་དུ་རྒྱས་པར་རོ། །གལ་ཏེ་དེ་གཉིས་ཁྱད་ཆེ་སྟེ་བདེ་སྙིང་ནི་སྒྲིབ་པ་གཉིས་བྲལ་ཡིན་ལ་ གཅིག་ཤོས་ནི་གློ་བུར་དྲི་བཅས་སོ་ཞེ་ན། ངོ་བོའམ་རྒྱུད་དབང་བཙན་གྱིས་འཇོག དང་པོ་ ལྟར་ན། ཆོས་ཉིད་དུམ་བུར་ཆད་པར་ཐལ་བ་དང༌། རེས་བཟང་རེས་ངན་པར་འགྱུར་བ་དང༌། སངས་རྒྱས་ཀྱི་ཆོས་ཉིད་དང་སེམས་ཅན་གྱི་ཆོས་ཉིད་གཅིག་མིན་པར་འགྱུར་བ་དང༌། དེ་ བཞིན་ཉིད་དེ་རང་བཞིན་རྣམ་དག་མིན་པར་འགྱུར་བ་དང༌། ངོ་བོ་ཉིད་སྐུ་མི་རྟག་པར་འགྱུར་ ཏེ། སྔར་མེད་པར་ཕྱིས་ཡོད་པས་སོ། །ཞེས་སོགས་མཐའ་ཡས་སོ། །གཉིས་པ་ལྟར་ན། ཡོད་ སའི་རྒྱུད་ལ་ཁྱད་ཡོད་པར་ཁོ་བོ་ཅག་ཡང་འདོད་དོ། །དེས་ན་རྟེན་ཆོས་ཅན་དྲི་བཅས་ལ་ ཡོད་པ་ན་དྲི་བཅས་སུ་བཞག རྟེན་དྲི་མེད་ལ་ཡོད་པ་ན་དྲི་མེད་དུ་བརྗོད་པ་ཡིན་གྱི་ངོ་བོ་ལ་ དྲི་མ་གཏན་ནས་མེད་དེ། ནམ་མཁའ་བཞིན་ནོ། །འོ་ན་སེམས་ཅན་འདི་རྣམས་ཀྱི་ཤེས་བྱ་ ཐམས་ཅད་རྟོགས་པར་འགྱུར་ཏེ། ཁོའི་རྒྱུད་ལ་སངས་རྒྱས་མཚན་ཉིད་པ་ཡོད་པས་སོ། །ཞེ་ ན། ཡོད་ཀྱང་དེའི་རྒྱུད་ཀྱིས་བསྡུས་པའི་ཚུལ་གྱི་ཡོད་པ་མིན་གྱི་དེ་ཆོས་ཉིད་ཡིན་པས་ཆོས་ ཉིད་ཀྱིས་ཆོས་ཅན་ལ་ཁྱབ་པར་ཡོད་པའི་ཚུལ་དེས་ཡོད་པས་སྐྱོན་མེད་ལ། དེས་ན་ཡུམ་སྒྱུ་ འཕྲུལ་ཆེན་མོས་ཡང་ཤེས་བྱ་ཐམས་ཅད་ཤེས་པར་འགྱུར་ཏེ། དེའི་ལྷུམས་ན་རྫོགས་སངས་ 1-1-381 ཡོད་པས་སོ། །ཞེས་ཅི་སྟེ་མི་མཚུངས། གལ་ཏེ་ཚོགས་མ་བསགས་ཀྱི་སངས་རྒྱས་ཡོད་པར་ འགྱུར་ཏེ། སེམས་ཅན་གྱི་རྒྱུད་ཀྱི་སངས་རྒྱས་ཡོད་ཅིང་སངས་རྒྱས་དེས་སྔར་ཚོགས་གཉིས་ མ་བསགས་པས་སོ། །ཞེ་ན། ཚོགས་གཉིས་ལ་ཡང༌། ཀུན་བཏགས། རྣམ་བརྟགས་ཀྱི་དང༌། ཆོས་ཉིད་ཀྱི་གསུམ་ཡོད་དེ། བྱམས་ཞུས་སུ། གཟུགས་ནས། སངས་རྒྱས་སམ་ཆོས་ཉིད་ཡང་ དག་མཐའ་སོགས་ལ་གསུམ་གསུམ་དུ་བཤད་དོ། །དེས་ན་དེ་ཆོས་ཉིད་ཀྱི་ཚོགས་གཉིས་ཀྱི་ རང་བཞིན་དུ་གདོད་ནས་གནས་པས། ཚོགས་གཏན་མ་བསགས་མ་གྲུབ་ལ། དེ་ཐོབ་ཅིང་ མངོན་དུ་བྱེད་པ་ལ་འདུས་བྱས་ཀྱི་ཚོགས་གཉིས་བསག་དགོས་པ་ཡིན་ནོ། །སེམས་ཅན་དེ་ ཚོགས་མ་བསགས་ཀྱི་སངས་རྒྱས་སུ་འགྱུར་ཞེས་ཐལ་བ་འཕེན་པ་ནི། རྣམ་པར་མ་འཚམས་ པའི་རྨོངས་པ་སྟེ། ཡོད་པ་དང་ཡིན་པའི་ཁྱད་མ་ཕྱེད་པའོ། །ཁྱེད་ལྟར་ནའང༌། ཆོས་དབྱིངས་ ཡེ་ཤེས་དེ་སྒྲིབ་མེད་ཀྱི་ཡེ་ཤེས་ཡིན་ན་ནི། སངས་རྒྱས་ཡིན་པས་ཚོགས་བསག་དགོས་པས་ ཇི་ལྟར་བསགས། མིན་ན། ངོ་བོ་ཉིད་སྐུ་ཡེ་ཤེས་མིན་པར་འགྱུར་ལ། འདོད་ན། རྒྱུད་སྡེ་ ཀུན་དང་འགལ་ཞིང༌། ཡེ་ཤེས་ཞབས་ཨ་བྷ་ཡ་སོགས་དང་འགལ་ཞིང༌། ཁྱེད་རང་གི་ཁས་ བླངས་དང་ཡང་འགལ་ཏེ། ཆོས་དབྱིངས་ཡེ་ཤེས་དེ་སྒྲིབ་གཉིས་དང་བྲལ་བ་ཤེས་རབ་སྙིང་ རྗེ་གཉིས་སུ་མེད་པ་གནས་མ་ལུས་པར་གྱུར་པའི་ཡེ་ཤེས་སུ་ཁས་བླངས་སོ། །གལ་ཏེ་ཆོས་ དབྱིངས་བདེར་སྙིང་མིན་ཞེ་ན། མདོ་རྒྱུད་རྣམས་ལས་དེ་གཉིས་ལ་ཁྱད་མ་བཤད་ཅིང༌། ཐུབ་ དགོངས་སུ། གང་རང་བཞིན་གྱིས་རྣམ་པར་དག་པ་གློ་བུར་གྱི་དྲི་མ་རྣམས་ཀྱིས་མི་སྣང་བར་ བྱས་པའི་རིགས་དེ་ཉིད་ཕྱིས་དྲི་མ་མ་ལུས་པ་དང་བྲལ་བ་ལས་གསལ་བར་གྱུར་པ་ཉིད་དེ་ ནི་རྡོ་རྣམས་ལས་ལྕགས་དང་ཟངས་དང་དངུལ་དང་གསེར་གྱི་རིགས་དང་འདྲའོ། །ཆོས་ཉིད་ ཀྱི་བདག་ཉིད་ཀྱི་རིགས་འདི་ཁོ་ན་དེ་པའི་སྙིང་པོ་ཞེས་པར་གསུངས་སོ། །ཞེས་སོགས་དང་ འགལ་ལོ། །རྒྱས་པར་ཡི་གེ་ལོགས་སུ་དགོད་དོ། ། 1-1-382 གསུམ་པ། མཆོག་ཏུ་བསྟན་པ་ནི། (བྱང་སེའི་རིགས།)དེ་ (སྒྲིབ་གཉིས་སྤོང་བའི་)དགེ་ (བ་)ཁྱད་པར་ (དུ་)འཕགས་ (པའི་རྒྱུ་བྱེད་)པ་དང༌། །(སྟོབས་སོགས་དགེ་བ་)ཐམས་ཅད་ (ཀྱི་རྒྱུ་བྱེད་པ་)དང་ནི་ (དོན་གཉིས་ བསྒྲུབ་པས་)དོན་ཆེན་ (པོའི་རྒྱུ་བྱེད་པ་)དང༌། །(ལྷག་མེད་དུ་ཡང་)མི་ཟད་པ་ (ས་སྟོབས་སོགས། མི་ཟད་པར་འབྱུང་ བ་)ཡི་རྒྱུ་མཚན་ཕྱིར། །(དང་ཉན་ཐོས་སོགས་ཀྱི་རིགས་དེ་བཞི་ལས་བཟློག་པའི་བྱང་སེམས་ཀྱི་རིགས་དེ་ཉན་ཐོས་ སོགས་ཀྱི་རིགས་ལས་)རིགས་མཆོག་ཉིད་ཅེས་བརྗོད་པ་ཡིན། །ཞེས་སོ། །(མཆན་རྣམས་འགྲེལ་ཆེན་བློ་ བརྟན་མར་རོ། །) བཞི་པ་རྟགས་ནི། སྦྱོར་བའི་ (སྟེ་སེམས་བསྐྱེད་པ་ལ་སོགས་པ་)སྔོན་དུ་ (སྟེ་སྔོན་རོལ་ནས་སེམས་ཅན་སྡུག་ བསྔལ་བར་རྟོགས་ཏེ་དེ་བསལ་སྙམ་པའི་)སྙིང་རྗེ་དང༌། །(ཐེག་ཆེན་གྱི་ཆོས་ཐོས་པས་བ་སྤུ་ལྡང་བ་དང༌། མཆི་མ་འབྱིན་ པ་ལ་སོགས་པའི་)མོས་པ་དང་ནི་ (སྙིང་རྗེས་སེམས་ཅན་གྱི་དོན་དུ་མགོ་གཏོང་བ་སོགས་དང་ཚ་གྲང་སོགས་དཀའ་སྤྱད་ལ་ )བཟོད་པ་དང༌། །(ཕྱིན་དྲུག་གི་)དགེ་ལ་ཡང་དག་སྤྱོད་པ་ (རྣམས་)ནི། །(དུ་བ་ཡོད་སར་མེ་ལྟར་)རིགས་ ཀྱི་ (ཡོད་པའི་)རྟགས་སུ་ཤེས་པར་བྱ། །(མཆན་བུ་རྣམས་བློ་བརྟན་མར་རོ། །)ཞེས་སོ། ། ལྔ་པ་རབ་དབྱེ་ནི། རིགས་ནི་ངེས་དང་མ་ངེས་པ། །རྐྱེན་རྣམས་ཀྱིས་ནི་མི་འཕྲོགས་ དང༌། །འཕྲོགས་པ་ཉིད་དེ་མདོར་ན་རིགས། །དབྱེ་བ་འདི་ནི་རྣམ་པ་བཞི། །ཞེས་ཏེ། ངེས་མ་ ངེས་གཉིས་པོ་འཕྲོགས་མི་འཕྲོགས་གཉིས་གཉིས་སུ་ཕྱེ་བས་བཞིའོ། །ལང་གཤེགས་ལས། ཉན་རང་ཐེག་ཆེན་དུ་ངེས་པ་གསུམ། རིགས་མ་ངེས་པ། ཆད་པ་སྟེ་ལྔ་བཤད་དེ། (ཆོས་བཤེས་ སུ་དྲངས།) རིགས་ངེས་པ་ནི་བར་མ་ཆོད་པར་ལམ་དེའི་བྱང་ཆུབ་ཐོབ་ངེས་པ། མ་ངེས་པ་ནི། དེའི་བྱང་ཆུབ་མ་ཐོབ་བར་དུ་ལམ་གཞན་དུ་ཡང་འགྱུར་སྲིད་པ་སྟེ། དེ་ལྟ་ཡིན་ན་འཕགས་པ་ ཐམས་ཅད་ཐེག་ཆེན་དུ་རིགས་ངེས་པར་འགྱུར་རོ། །ཉན་ཐོས་ཀྱི་ལུགས་ནི་སྔར་བཤད་དོ། ། རང་རྒྱལ་ནི། བསེ་རུ་ལྟ་བུ་བསྐལ་བ་བརྒྱའི་བར་དུ་ཚོགས་བསགས་ཟིན་པའི་ཚོགས་ལམ་ ནས་ངེས། ཚོགས་སྤྱོད་ཆེ་བ་བཟོད་ཆེན་ནས་ཆུང་བ་སྒོམ་ལམ་མམ་མཐོང་ལམ་ནས་ངེས། 1-1-383 དེ་མན་མ་ངེས་གསུང་སྟེ། དང་པོ་དེ་ལྟར་ངེས་པ་ཅན་ཡིན་ལ། ཕྱི་མ་གཉིས་དཔྱད་དགོས་ པར་སྣང་ངོ༌། །བྱང་སེའི་ལ་དབང་བོ་རྣོ་འབྲིང་རྟུལ་གསུམ་ལས། རྣོ་ན་སྦྱོར་ལམ་ནས་ངེས་ཏེ། འགྲེལ་ཆེན་ལས། ལ་ལ་རིགས་མ་ངེས་པ་ཡིན་ཀྱང་དབང་བོ་རྣོ་བས་ངེས་པར་འབྱེད་པའི་ཆ་ དང་མཐུན་པའི་གནས་སྐབས་སུ་ཐབས་ཀྱི་ཁྱད་པར་བསམ་གྱིས་མི་ཁྱབ་པས་ཕྱིར་མི་ལྡོག་ པ་ཉིད་དུ་ངེས་པ་ཡིན་ནོ། །ཞེས་སོ། །ཚོགས་ལམ་མན་ཕལ་ཆེར་མ་ངེས་ཤིང་ངེས་པའང་མང་ པོ་ཡོད་དོ། །དབང་འབྲིང་མཐོང་ལམ་ནས་ངེས་དེ་མན་མ་ངེས་ཏེ། ཐུབ་དགོངས་སུ། དབང་ བོ་འབྲིང་ནི་རབ་ཏུ་དགའ་བར་ཕྱིར་མི་ལྡོག་སྟེ། ཇི་སྲིད་ས་རབ་ཏུ་དགའ་བ་མ་ཐོབ་ཀྱི་བར་ དུ་ངེས་པ་དང་ལྡན་པ་མ་ཡིན་ཏེ། ཞེས་སོ། །དབང་རྟུལ་ནི་ས་བརྒྱད་པ་ནས་ངེས་ཏེ། དེ་ཉིད་ དུ། དབང་བོ་རྟུལ་བོ་ནི་ས་མི་གཡོ་བ་ལ་ཕྱིར་མི་ལྡོག་སྟེ། ས་བརྒྱད་པ་ལ་ཐམས་ཅད་ངེས་ པ་ཉིད་ཀྱིས་ཕྱིར་མི་ལྡོག་པ་ཉིད་དུ་རྣམ་པར་བཞག་གོ །ཞེས་སོ། །ས་བདུན་པ་མན་མ་ངེས་ ཏེ། ཇི་སྲིད་ས་བརྒྱད་མ་ཐོབ་པ། །དེ་སྲིད་ཐེག་པ་དམན་པས་འཇིགས། །ཞེས་ (འཇམ་དཔལ་རྩ་ རྒྱུད་དམ་རྡོ་རྗེ་རྩེ་མོ་གང་རུང་གཅིག་ཏུ་ཡོད་)དང༌། དཔའ་བོས་ཕར་ཕྱིན་བསྡུས་པར། ཡིད་ནི་མཆོག་ཏུ་ གཡོ་བས་ལྡོག །དེ་ཕྱིར་དེ་ལ་དབུགས་མ་བྱུང༌། །ས་བཞིན་གཡོ་མེད་མ་ཐོབ་པར། །བརྟན་ མེད་མི་གཡོའི་ས་རྟོགས་དཀའ། །ཞེས་སོ། །ས་བཅུ་པར། བྱང་སེ་ས་བརྒྱད་པ་བ་སངས་རྒྱས་ ཀྱིས་མ་བསྐུལ་ན་མྱང་འདས་སུ་ལྟུང་བར་བཤད་པ་ནི། ཐེག་དམན་དུ་ལྟུང་བ་དངོས་མིན་གྱི་ དགོངས་པ་ཅན་གྱི་མྱང་འདས་ཏེ་དགོངས་གཞི་དུས་རེ་ཞིག་སེམས་ཅན་གྱི་དོན་རྒྱུན་ཆད་པ་ ཙམ་མོ། །ཨཱརྱས། ལམ་ཤེས་མཐོང་ལམ་བརྒྱད་པར་ཚད་མེད་བཞི་མ་བསྒོམས་ན་འགོག་ པར་ལྟུང་བར་བཤད་པ་ཡང་དུས་རེ་ཤིག་སེམས་ཅན་གྱི་དོན་རྒྱུན་ཆད་པ་ཙམ་ལ་དགོངས་ སོ། །འོ་ན་སར་ལྟུང་བའང་དེ་བཞིན་ནོ་ཞེ་ན། དེ་ལྟ་མ་ཡིན་ཏེ། ཉན་ཐོས་ལ་སོགས་པའི་སར་ ལྟུང་བ་ནི་རྟོགས་པ་སྟེ། ཞེས་པ་རྣམས་ཐུབ་དགོངས་སོ། ། 1-1-384 དྲུག་པ་ཉེས་པ་ནི། རང་བཞིན་གྱི་རིགས་ཡོད་ཀྱང་དེ་མ་སད་པའམ་ཞེ་སྡང་སོགས་ཀྱིས་ བསྒྲིབས་ན་སངས་རྒྱས་མི་ཐོབ་ (བློ་བརྟན་)པས་སྒྲིབ་པའི་སྐྱོན་སྟོན་ཞེས་ཏེ། (ཆགས་སྡང་སོགས་) ཉོན་མོངས་གོམས་ (ཤིང་མང་བ་)དང་ (མི་དགེ་བའི་ཆོས་ལ་དགའ་བའི་)གྲོགས་ངན་ (གྱིས་སྡིག་པ་ལ་སྦྱར་བ།) དང༌། །(ཡོ་བྱད་ཀྱིས་)ཕོངས་དང་ (བྲན་ལྟར་)གཞན་གྱི་དབང་ (དུ་གྱུར་ཏེ་དགེ་བ་བྱེད་དུ་མི་སྟེར་བ་)ཉིད་དེ། ། མདོར་ན་རིགས་ཀྱི་ཉེས་དམིགས་དག །རྣམ་པ་བཞིར་ནི་ཤེས་པར་བྱ། །ཞེས་སོ། ། བདུན་པ་ཡོན་ཏན་ནི། (བྱང་སེའི་རྒྱས་པའི་རིགས་ཡོད་པས་མཚམས་མེད་སོགས་བྱས་པས་བསྐལ་བའམ་ལོ་) རིང་མོ་ཞིག་ (གིས་བར་བཅད་)ནས་ངན་སོང་ (རང་ནས་ངན་སོང་འགྲོ་བ་དང༌། ཞེས་བསྒྱུར་རོ། །)དུ། །འགྲོ་ཞིང་ (སོང་ཡང་དུས་ཅུང་ཟད་འདུག་གི་)མྱུར་དུ་ཐར་བ་དང༌། །(དམྱལ་སོགས་ངན་སོང་)དེར་ཡང་སྡུག་བསྔལ་ (གཞན་ལས་)ཆུང་ངུ་མྱོང༌། །(མི་དགེ་བའི་ལས་ལ་)སྐྱོ་བཅས་ (ཞིང་དམྱལ་བའི་)སེམས་ཅན་ (དགེ་བ་ལ་འཇོག་ ཅིང་)སྨིན་པར་བྱེད། །(བློ་བརྟན་མར་ཏེ་རྒྱས་པར་དེ་ཉིད་བལྟའོ། །)ཅེས་སོ། །རང་བཞིན་རིགས་སད་པ་ རྒྱས་རིགས་ཡོད་པའི་རྟགས་སོ། ། བརྒྱད་པ་དཔེ་གཉིས་ནི། གསེར་གྱི་རིགས་བཞིན་ཤེས་པར་བྱ། །དགེ་བ་དཔག་ཏུ་མེད་ པའི་གནས། །ཡེ་ཤེས་དང་ནི་དྲི་མེད་ལྡན། །མཐུ་རྣམས་ཀྱི་ཡང་གནས་ཡིན་ནོ། །ཞེས་དང༌། རིན་ཆེན་མཆོག་རིགས་བཞིན་ཤེས་བྱ། །བྱང་ཆུབ་ཆེན་པོའི་རྒྱུ་མཚན་ཕྱིར། །ཡེ་ཤེས་ཆེ་དང་ ཏིང་འཛིན་འཕགས། །སེམས་ཅན་མང་བོའི་དོན་གནས་ཕྱིར། །ཞེས་སོ། །འོ་ན་རིགས་ཆད་ སྲིད་དམ་མི་སྲིད་ཅེ་ན། ཆོས་བཤེས་ཀྱིས་ (རྟུལ་བོས་རྟོགས་དཀར་བཞེད་ཅེས་པར་རོ། །)རྣལ་འབྱོར་སྤྱོད་ པ་བ་དག་ནི་རིགས་ཆད་པ་ས་བོན་མེས་ཚིག་པ་ལྟ་བུ་ཞེས་དེ་པའི་སྙིང་པོ་སྐུར་བ་སྨྲ་བར་བྱེད་ དོ། །ཞེས་སེམས་ཙམ་པ་རིགས་ཆད་འདོད་པར་བཤད་དེ་བརྟག་གོ །འདི་ལ་རང་བཞིན་གྱི་ རིགས་ཆད་པ་མི་སྲིད་དེ། ཆོས་ཉིད་མེད་པ་མི་སྲིད་པས་སོ། །ཤེར་ཕྱིན་མཆོག་དང་པོའི་ལུང་ སོགས་སྐབས་གཉིས་པར་དྲངས་པ་ལྟར་འདིར་ཆོས་བཤེས་སོ། །རྒྱས་པའི་རིགས་གཏན་ 1-1-385 ཆད་པ་ནི་སྲིད་ལ། སྤྱིར། ལ་ལ་ (མཚམས་མེད་སོགས་བྱེད་པ་)གཅིག་ཏུ་ (མི་དགེ་བ་སྤྱོད་དང་ཞེས་བསྒྱུར་) ཉེས་པར་སྤྱོད་ངེས་ཡོད། །ལ་ལ་ (ལོག་ལྟས་)དཀར་བོའི་ (དགེ་བའི་ཆོས་རྣམས་བཅོམ་ཞེས་བསྒྱུར་)ཆོས་ (འདུས་བྱས་ཀྱི་དགེ་རྩ་)རྣམས་ཀུན་ཏུ་བཅོམ། །ལ་ལ་ཐར་བ(འི་ཕྱོགས་དགེ་བ་མེད་ཅེས་བསྒྱུར་)ཆ་མཐུན་ (ཏེ་མྱང་འདས་ཐོབ་འགྱུར་གྱི་ཚོགས་གཉིས་ཀྱི་)དགེ་བ་མེད། །དཀར་བོ་ (ཆུང་ངུ་ཡོད་པ་རྒྱུ་དང་བྲལ་ཞེས་འདིའི་ འགྲེལ་ཆེན་བློ་བརྟན་མར་བསྒྱུར་རོ། །མཆན་གཞན་ཡང་དེའིའོ། །)དམན་པ་ (ཚོགས་གཉིས་མ་རྫོགས་ཀྱི་ཚོགས་ཅུང་ཟད་) ཡོད་པ་རྒྱུ་དང་བྲལ། །ཞེས་སོ། །དཀར་བོ་དམན་པ་ཡོད་པ་ཡན་བཞི་ (དབྱིག་གཉེན་)པོ་དེ་རེ་ཞིག་ འཚང་མི་རྒྱ་བའོ། །ཐེག་པ་གསུམ་ (བློ་བརྟན་)གྱི་མྱང་འདས་ཀྱི་རྒྱུ་རྒྱས་པའི་རིགས་མེད་པ་ནི་རྒྱུ་ རིགས་མེད་པ་ཞེས་པ་སྟེ་གཏན་ཡོངས་སུ་མྱ་ངན་ལས་མི་འདའ་བའོ། །(དབྱིག) ས་རྡོ་སོགས་ སེམས་ཅན་དུ་མི་འགྱུར་བ་དང་འདྲའོ། །ཞེས་བློ་བརྟན་མར་རོ། །སངས་རྒྱས་ཀྱི་རིགས་དེའི་ འབྲས་བུ་ཅི་ལྟ་བུ་ཞེ་ན། ཡོན་ཏན་ཤིན་ཏུ་རྒྱ་ཆེ་བྱང་ཆུབ་ཤིང་བསྐྱེད་ཕྱིར། །བདེ་དང་སྡུག་ བསྔལ་ཆེན་པོ་ཞི་བ་ཐོབ་བྱའི་ཕྱིར། །བདག་དང་གཞན་ལ་ཕན་བདེ་བྱེད་པ་འབྲས་བུའི་ཕྱིར། ། རིགས་མཆོག་དེ་ནི་རྩ་བ་བཟང་བོ་ལྟ་བུ་ཡིན། །ཞེས་སོ། །སྐུ་གཉིས་འགྲུབ་པ་སོགས་དང༌། བྱང་སར་རྒྱ་ཆེར་བཤད་དོ། ། གཉིས་པ་ལ། རིགས་ཀྱི་དབྱེ་བ་དང༌། རྩོད་སྤོང་ངོ༌། །དང་པོ་ལ། སྔ། རྩ། འགྲེལ། བསྡུ་ བཞིའོ། །དང་པོ་ནི། འཆད་འགྱུར་གྱི་སྒྲུབ་པ་ཉམས་སུ་ (ཆོས་བཤེས་)ལེན་པ་དང་ལྡན་པའི་ བྱང་སེ་ལ་ངེས་འབྱེད་ཆ་མཐུན་ཇི་སྐད་བཤད་ཟིན་པ་དང་མཐོང་བ་དང་སྒོམ་པ་ལ་སོགས་ པའི་ལམ་ལ་སོགས་པ་གཞན་ཡང་འབྱུང་བས་སྒྲུབ་པའི་རྟེན་རིགས་འཆད་དོ། །(ཆོས་བཤེས་ ཀྱི་ལུང་གཞན་དུ་བཤད་དེ་འབྲིང༌།) གཉིས་པ་ནི། ཆོས་དྲུག་གི་རྟེན་ལ་བྱང་ཆུབ་ཀྱི་རིགས་ཞེས་བྱ་ ཞེས་སོགས་ (ཨཱརྱ་)རེ་རེར་སྦྱར་ཞིང་དྲོད་ཀྱི་རྟོགས་པའི་ཆོས་ཀྱི་རྟེན་ཏེ། ནམ་མཁའ་ལ་བྱའི་ རྗེས་མེད་ཅིང་མི་དམིགས་སོ། །རབ་འབྱོར། དེ་བཞིན་དུ་བྱང་པའི་ཚིག་གི་དོན་མེད་ཅིང་མི་ 1-1-386 དམིགས་སོ། །ཅིའི་ཕྱིར་ན། བྱང་ཆུབ་ལ་ནི་སྐྱེ་བའམ་ཡོད་པའམ་དམིགས་པ་མེད། ཅེས་ སོགས། དེ་བཞིན་དུ་སྒྱུ་མའི་དཔེ་བརྒྱད་ལ་སྦྱར་རོ། །དྲོད་སོགས་ཀྱི་ཚིག་གི་དོན་བདག་དང་ སྐྱེ་མཆེད་དྲུག་བདེན་དངོས་པ་མེད་ཀྱི་དེའི་ཆོས་ཉིད་ (དག་ལྡན་)སྟོང་པ་ཉིད་ཆོས་དབྱིངས་ནི་ བྱང་སེམས་ཀྱི་ཚིག་གི་དོན་ནམ་ (དག་ལྡན་)གནས་ཏེ་དྲོད་སོགས་ཀྱི་རྟེན་རིགས་ཡིན་ཞེས་པ་ ཀུན་ལ་སྦྱར་ཏེ་ཤཱནྟིའི་དོན་ནོ། །ཨཱརྱས་ཀྱང་འདིས་ནི་བརྟེན་པ་བྱང་ཆུབ་ (ནི་དྲོད་སོགས་སོ་དག་ ལྡན་)རྫས་སུ་མེད་པས་སྐྱེ་མཆེད་དྲུག་གི་ཆོས་ཉིད་ཀྱི་མཚན་ཉིད་ཅན་གྱི་རིགས་ནི་བྱང་པའི་ སྒྲ་འཇུག་པའི་རྒྱུ་ (རིགས་)ཡིན་གྱི་དངོས་པོར་གྱུར་བའི་ཚིག་གི་དོན་ནི་མ་ཡིན་ནོ་ཞེས་སྟོན་ ཏོ། །ཞེས་སོ། །རྩེ་མོའི་རྟོགས་པའི་སྟེ། ཡང་དག་པའི་མཐའ་ལ་གནས་མེད་ཅེས་ (དེ་བཞིན་ཉིད་ སོགས་)སོགས་སོ། །བཟོད་པའི་རྟོགས་པའི་སྟེ། སྒྱུ་མའི་སྐྱེས་བུའི་གཟུགས་ལ་གནས་མེད་ སོགས་ (ཚོར་སོགས་)ཆོས་མཆོག་གི་རྟོགས་པའི་སྟེ། སྒྱུ་མའི་སྐྱེས་བུ་ནང་སྟོང་པ་ཉིད་ལ་སྤྱོད་ པའི་ཚིག་གི་དོན་མེད་དོ་སོགས་སོ། །(བཅོ་བརྒྱད་ཀྱི་བར།) མཐོང་ལམ་གྱི་རྟོགས་པའི་སྟེ། དེ་པའི་ གཟུགས་ལ་གནས་མེད་ཅེས་སོགས་ (རྒྱ་ཆེར་རོ། །)སྒོམ་ལམ་གྱི་རྟོགས་པའི་སྟེ། སྐྱེ་བ་མེད་པ་ལ་ གནས་མེད་དོ་ཞེས་སོགས། (འགག་མེད་སོགས་རྒྱ་ཆེར་རོ། །) དེ་དྲུག་དོན་དམ་པ་རྟོགས་པས་རྟོགས་ པ་སྟེ་ཞེས་དག་ལྡན་ནོ། །གཉེན་པོ་སྐྱེ་བའི་སྟེ། ཉི་མའི་དཀྱིལ་འཁོར་འཆར་བའི་ཚེ་མུན་པའི་ གནས་ (ནི་ནམ་མཁའ་དེ་ལ་རྫས་ཀྱི་)མེད། ཅེས་པའི་དཔེས་སོ། །མི་མཐུན་ཕྱོགས་ (ཨཱརྱ་དངོས་)སྤོང་ བའི་སྟེ། བསྐལ་བའི་མེ་འབར་ (དག་ལྡན་)བའི་ཚེ་ (ས་སོགས་)འདུ་བྱེད་ཀྱི་གནས་མེད་པའི་དཔེའི་ སྒོ་ (དོན་མེད་)ནས་སོ། །གཉེན་པོ་དང་སྤོང་བ་དེ་དག་ཡོངས་སུ་གཏུགས་པ་ནི་མཐར་ (ཟླ་འོད་) འགྲོ་བ་སྟེ། གཉེན་པོ་ཁྱད་པར་དུ་གྱུར་ཅིང་མཐར་ཐུག་པ་དང༌། མི་མཐུན་ཕྱོགས་ཟད་པའི་ མཐར་ཐུག་པའི་སྟེ། དེ་པ་དགྲ་བཅོམ་ཡང་དག་རྫོགས་རྒྱས་ཀྱི་ཚུལ་ཁྲིམས་ལ་ཚུལ་ཁྲིམས་ ངན་པའི་གནས་མེད་སོགས་སོ། །དག་ཟླ་ཐུབ་ཏུ་བཤད་ (དཔྱད་)དོ། །ཨཱརྱས། སྤང་གཉེན་ 1-1-387 གྱི་རྣམ་རྟོག་གཏུགས་པ་སྟེ་སྤངས་པ་ལ་འཆད་དོ། །སྲིད་ཞིར་མི་གནས་པའི་ཤེས་རབ་སྙིང་ བརྩེར་བཅས་པའི་སྟེ། ཉི་མ་དང་ཟླ་བའི་འོད་ལ་གནས་ (ནི་ནམ་མཁའ་དེ་ལ་གཟུགས་ཅན་གྱི་རྫས་)མེད་ (དག་ལྡན་)སོགས། སློབ་མ་ཉན་ཐོས་སོགས་དང་ཐུན་མོང་མིན་པའི་ཡོན་ཏན་གྱི་ (ཨཱརྱ་)སྟེ། ཉན་ ཐོས་དང་རང་སངས་རྒྱས་དང་གཟའ་དང་སྐར་མ་དང་ནོར་བུ་རིན་པོ་ཆེ་དང༌། གློག་གི་འོད་ ལ་གནས་མེད་ཅེས་སོགས་སོ། །གཞན་གྱི་དོན་དགེ་ (ཨཱརྱ་)ལེགས་གོང་ནས་གོང་དུ་ཁྱད་པར་ དུ་འགྲོ་བའི་ (ཨཱརྱ་)གོ་རིམ་མམ་རྒྱུའི་སྟེ་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་འོད་ལ་གནས་ མེད་ཅེས་སོགས་སོ། །སེམས་ཅན་གྱི་དོན་ (ཨཱརྱ་)དང་མཐོང་བའི་ཆོས་ལ་བདེ་བར་གནས་ (ཨཱརྱ་ )པའི་ཡེ་ཤེས་རྩོལ་བ་མི་མངའ་བར་ (ནི་སངས་རྒྱས་རྣམས་ཀྱི་སྟེ་དེ་ཉེ་བའི་རིགས་པ་འདིས་སངས་རྒྱས་ཀྱི་འོད་ དཔེར་བསྟན་ཞེས་སོ། །བཅུ་གསུམ་པ་བར་ཆད་མེད་ལྟ་བུ་ལ་བཞེད་པར་མངོན་ནོ། །)ཏེ་ལྷུན་གྲུབ་ (ཨཱརྱ་)ཏུ་འཇུག་པའི་ རྟེན་ལ་སྟེ། དེ་པ་དགྲ་བཅོམ་ཡང་དག་རྫོགས་རྒྱས་ཀྱི་འོད་ལ་གནས་མེད་ཅེས་སོགས་སོ། ། གནས་ (ཨཱརྱ་)ནི་རྟེན་གྱི་དངོས་ (ཨཱརྱ་)པོ་དེ་མེད་པ་ནི་ཆོས་ཉིད་དེ་རིགས་སོ། །གསུམ་པ་ལ། ངོ་ བོ། གོ་རིམ། གྲངས་ངེས་སོ། །དང་པོ་ནི། བསྒྲུབ་པའམ་རིགས་བཅུ་གསུམ་རེ་ཞིག་སྟེ་རིམ་ པར་སྟོན་པའི་དང་པོར་འདི་འཆད་ཅེས་པའོ། །བཅུ་གསུམ་གྱི་དང་པོར་འཇིག་རྟེན་པའི་ངེས་ པར་འབྱེད་པའི་ཆ་དང་མཐུན་པ་བཞི་རྣམས་སོ། །སྦྱོར་ལམ་དྲོད་ཀྱི་སེམས་ཀྱི་ཆོས་ཉིད་ཆོས་ ཅན། དྲོད་གནས་ (གསེར་དག་ལྡན་དོན་)བྱང་སེའི་རིགས་ཡིན་ཏེ། དེའི་རྟོགས་པ་མ་སྐྱེས་པ་སྐྱེས་ པ་དང་སྐྱེས་ཟིན་འཕེལ་བའི་རྟེན་དུ་གྱུར་བའི་ཆོས་ཉིད་ཡིན་པས་སོ། །ཞེས་སོ་སོར་སྦྱར་ རོ། །(རྟགས་ཆོས་དེ་ལྟར་གསེར་རོ། །)དེའི་འོག་ཏུའམ་རྗེས་ལ་འཇིག་རྟེན་ལས་འདས་པའི་མཐོང་བ་ དང་དེའི་རྒྱུན་གོམས་པའི་སྒོམ་པའི་ལམ་ (བུདྡྷ་ཤྲཱི་)ས་གཉིས་པ་ནས་བདུན་པའི་བར་རོ། །དེའི་ འོག་ཏུ་ཆོས་དྲུག་པོ་ (གསེར་དོན་དངོས་)དེ་དག་སྐྱེས་པའི་སྟོབས་ཀྱིས་རྐུན་པོ་བྱུང་བ་དང་འདྲ་ བར་དེའི་སྤང་བྱ་འགགས་པ་དང་དུས་མཉམ་དུ་སྐྱེ་བའི་ས་བརྒྱད་པའི་བར་ཆད་མེད་ལམ་ 1-1-388 མོ། །དེའི་འོག་ཏུ་སྔར་གྱི་དེ་རྣམས་སྐྱེས་པས་སྒོ་འཕར་གཅད་པ་དང་འདྲ་བར་སྤང་བྱ་བྱུང་བ་ འགག་ཅིང་འབྱུང་བ་འགོག་པའི་ས་དགུ་པའི་བར་ཆད་མེད་ལམ་མོ། །(རྐུན་པོ་བྱུང་བ་དང་སྒོ་འཕར་ བཅད་པ་དུས་མཉམ་པས་འདི་སྐྱོགས་བཤད་དུ་འགྲོ་ཡང་བུདྡྷ་ཤྲཱི་ལྟར་བྱས་སོ། །)ཆོས་བཤེས་ལྟར་ན། འདིས་དོན་ དྲུག་པོའི་བྲལ་བ་དང་བྲལ་ཐོབ་ནི་རིམ་བཞིན་འགག་སྐྱེ་ཞེས་སོ། །དེའི་འོག་ཏུ་ས་བཅུ་པ་ལ་ (བུདྡྷ་ཤྲཱི་)སྤང་གཉེན་དེ་དག་དོན་དམ་པར་མི་དམིགས་པར་རྟོགས་པས། སྤང་གཉེན་དེ་དག་ སྐྱེ་བ་དང་འགག་པ་དང་ལྡན་པའི་རྣམ་པར་རྟོག་པ་ཤེས་སྒྲིབ་སྤངས་པའི་བར་ཆད་མེད་ལམ་ མོ། །དེའི་འོག་ཏུ་ས་གསུམ་པོ་དེ་དག་ཉིད་ཀྱི་རྣམ་གྲོལ་ལམ་ལ། སངས་རྒྱས་ (གསེར་)ཐོབ་ ནས་གཞན་དོན་བྱའོ་ (གསེར་)ཞེས་པའི་སྔོན་གྱི་སྨོན་ལམ་དང༌། སྦྱིན་པ་ལ་སོགས་པ་བདེན་ པར་མི་འཛིན་པའི་ཐབས་ལ་མཁས་པའི་སྟོབས་ཀྱིས་འཁོར་བ་དང་མྱ་ངན་ལས་འདས་པ་ལ་ མི་གནས་པའི་མཚན་ཉིད་ཀྱི་ས་བརྒྱད་པའི་ཤེས་རབ་དང་ཐབས་རྣམ་གྲོལ་ལམ་གྱི་བསྡུས་ པའོ། །དེའི་འོག་ཏུ་དེ་འདྲའི་ཐབས་ཤེས་དེ་དག་སྐྱེས་པས་ཉན་ཐོས་ལ་སོགས་པ་དང་ཐུན་ མོང་མ་ཡིན་པའི་ཆོས་ (ཨཱརྱ་)འཇིག་རྟེན་མཐའ་ཡས་སུ་འཕྲོ་བའི་ཡེ་ཤེས་ (ཨཱརྱ་)སོ་སོ་རིག་བཞི་ ལ་སོགས་པ་དགུ་པའི་རྣམ་གྲོལ་ལམ་གྱིས་བསྡུས་པའོ། །གསེར་སྟོབས་བཅུ་ཟེར་རོ། །དེའི་ འོག་ཏུ་ཐེག་པ་གསུམ་གྱི་ལམ་ལ་འགོད་པའི་མཚན་ཉིད་ཀྱི་གཞན་གྱི་དོན་གྱི་གོ་རིམ་མོ། །ཇི་ ལྟར་འགོད་ན། གདུལ་བྱའི་བསམ་པ་ཇི་ལྟ་བ་བཞིན་དུའོ། །གང་གི་སྒོ་ནས་ན། དགོངས་ ལྡེམ་དགོངས་བརྒྱད་ཀྱི་སྒོ་ནས་སོ། །བརྒྱད་གང་ཞེ་ན། ལྡེམ་དགོངས་བཞི། དགོངས་པ་ བཞིའོ། །དང་པོ་ལ། ཉན་ཐོས་དང་ནི་ངོ་བོ་ཉིད། །དེ་བཞིན་ཉེས་པ་འདུལ་བ་དང༌། །བརྗོད་ པ་ཟབ་པ་ཉིད་ལ་ནི། །ལྡེམ་པོར་དགོངས་པ་འདི་རྣམ་བཞི། །ཞེས་ཏེ། སྒྲ་དོན་ནི། སྒྲ་སྦྱོར་ བམ་གཉིས་སུ། ལྡེའུ་ (འམ་ཡུལ་ལ་ལར་སྐ་སྒུགས་ཞེས་ཟེར། ལ་ལར་ལྡེམ་ཟེར་བྱིས་པ་རྩེད་མོའི་གབ་ཚིག་སྟེ་དཔེར་ བརྗོད་ངག་ལས་ཤེས་སོ། །)བཞིན་དུ་ཚིག་ཐེལ་གྱིས་མི་དབབ་པར་བསྒྱུར་ཏེ་བསྟན་པ་ཡིན་པས། 1-1-389 ལྡེམ་པོར་དགོངས་པ་བཞི་ཞེས་བྱ། །ཞེས་སོ། །སེམས་ཙམ་པའམ་རྣལ་འབྱོར་སྤྱོད་པའི་ དབུ་མ་པ་ལྟར་ན། ཉན་ཐོས་ཕྱི་རོལ་ལ་ཞེན་ (དབྱིག་གཉེན་)པ་བསྟན་པ་ལ་གཞུག་པའི་ཕྱིར་དུ་ གཟུགས་སོགས་ཕྱིའི་དོན་ཡོད་པར་བསྟན་པ་ལྟ་བུ་གཞུག་པ་ལ་ལྡེམ་དགོངས་ཏེ། ཉི་ཤུ་པར། གཟུགས་སོགས་སྐྱེ་མཆེད་ཡོད་པར་ནི། །དེས་འདུལ་བ་ཡི་སྐྱེ་བོ་ལ། །དགོངས་པའི་དབང་ གིས་གསུངས་པ་སྟེ། །རྫུས་ཏེ་སྐྱེ་བའི་སེམས་ཅན་ (ཡོད་པར་བསྟན་པའང་དེ་ཡིན་པ་)བཞིན། །ཞེས་ སོ། །མཚོན་པ་ཙམ་མོ། །མཚན་ཉིད་དམ་ངོ་བོ་ཉིད་གསུམ་ལ་དགོངས་ནས་ཆོས་ཐམས་ཅད་ མེད་ (དབྱིག་གཉེན་)དོ་ཡོད་དོ། །(གཞན་དུ་བཤད།) རང་བཞིན་གྱིས་མྱང་འདས་སོ། །ཞེས་ (བློ་བརྟན་ མར་)བསྟན་པ་མཚན་ཉིད་ལ་ལྡེམ་དགོངས་སོ། །གཟུགས་ནས་སངས་རྒྱས་ཀྱི་བར་མེད་དོ། ། སྒྱུ་མ་ལྟ་བུའོ། །(བློ་བརྟན་མར།) ནམ་མཁའ་བཞིན་ཞེས་པ་ལྟ་བུ་ལ་ཤཱནྟིས་སོ། །(ཤེར་ཕྱིན་མན་ ངག་ཏུ།)སངས་རྒྱས་ཆོས་ལ་བརྙས་པ་དང༌། །ལེ་ལོ་ཅུང་ཟད་ཆོག་ (རྔོག་དང་ཤེར་ཕྱིན་མན་ངག་)འཛིན་ དང༌། །ང་རྒྱལ་འདོད་ཆགས་སྤྱོད་པ་དང༌། །འགྱོད་དང་ (བྱང་སེ་)མ་ངེས་ (པ་ཐེག་ཆེན་ལས་)ལྡོག་ (འོ་ དབྱིག་གཉེན་)པ་ནི། །སེམས་ཅན་རྣམས་ཀྱི་སྒྲིབ་པ་སྟེ། །དེ་ཡི་གཉེན་པོར་ཐེག་མཆོག་ (ནི་ཐེག་ཆེན་ ནོ། །དབྱིག་གཉེན་ནོ། །)གསུངས། །ཞེས་པ་ལྟར། སངས་རྒྱས་ལ་བརྙས་པ་ལ་སོགས་པའི་སྒྲིབ་པ་ བརྒྱད་ཀྱི་གཉེན་པོ་ལ་ལྡེམ་དགོངས་བརྒྱད་དེ། ང་དེའི་ཚེ་སངས་རྒྱས་ (དབྱིག་)རྣམ་གཟུགས་ (དག་)ནས་འོད་སྲུངས་ (ཤཱནྟིའི་མན་ངག་)གྱི་བར་དུ་གྱུར་ཏོ། །ཞེས་པ་ལྟ་བུའོ། །སངས་རྒྱས་གང་ གའི་བྱེ་སྙེད་དང༌། མཉམ་པ་བསྙེན་བསྐུར་ན་གཟོད་ཐེག་ཆེན་རྟོགས་པ་སྐྱེའོ། །ཞེས་དང༌། བདེ་བ་ཅན་དུ་སྐྱེ་བར་སྨོན་ལམ་བཏབ་ན་དེར་སྐྱེའོ། །ཞེས་སོགས་ (དེ་བ་དྲེ་མེད་ཟླ་འོད་ཀྱི་མཚན་སྨོས་ པ་ཙམ་གྱིས་འཚང་རྒྱ་ཞེས་སོགས་དབྱིག་གཉེན་ཤཱནྟི།)དང༌། ལ་ལར་སྦྱིན་པ་སྨད་ལ། ལ་ལར་བསྔགས་ པ་ལྟ་བུ། སངས་རྒྱས་འགའི་ཞིང་གི་འབྱོར་བ་བསྔགས་པ་ལྟ་བུ། སངས་རྒྱས་ལ་ལའི་ཕུན་ སུམ་ཚོགས་པ་བསྔགས་པ་ལྟ་བུ། སངས་རྒྱས་བྱང་སེམས་ལ་གནོད་པ་བྱེད་ན་མཐོ་རིས་སུ་ 1-1-390 འགྲོ། ཞེས་པ་ལྟ་བུ། ཉན་ཐོས་སངས་རྒྱས་སུ་ལུང་བསྟན་པ་དང་ཐེག་པ་གཅིག་ཏུ་བཤད་པ་ ལྟ་བུ་རྣམས་རིམ་བཞིན་ནོ། །སྙིང་པོ་མེད་ལ་སྙིང་པོར་ཤེས། །ཕྱིན་ཅི་ལོག་ལ་ལེགས་པར་ གནས། །ཉོན་མོངས་པས་ནི་རབ་ཉོན་མོངས། །བྱང་ཆུབ་དམ་པ་ཐོབ་པར་འགྱུར། །ཞེས་པ་ ལ་ (བློ་བརྟན་གྱིས་ཚིག་དེའི་ཐད་ཀར་ནི་ཕུང་པོ་ལྔ་དང་འདོད་པའི་ཡོན་ཏན་ལྔ་ནི་སྙིང་པོའོ། །)དེ་ལ་དམ་པ་དང༌། (གཙོ་ བོར་འཛིན་པ་ནི་སྙིང་པོ་མེད་ལ་སྙིང་པོར་རྟོག་པའོ། །རྟག་བདེ་གཙང་བདག་ཏུ་འཛིན་པ་ནི་ཕྱིན་ཅི་ལོག་ལ་གནས་པའོ། །ཆགས་ སྡང་སོགས་ནི་ཉོན་མོངས་ཏེ་དེ་དག་ལ་རྟག་ཏུ་སྤྱོད་པས་སེམས་དྲི་མ་ཅན་དུ་བྱས་པ་ནི་ཉོན་མོངས་པས་ཉོན་མོངས་པའོ། །དེ་ ལྟར་ན་བྱང་ཆུབ་ཐོབ་ཅེས་པའི་དོན་ཞེས་འགྲེལ་ཆེན་དུའོ། །) སྙིང་པོ་ནི་སེམས་ཀྱི་རྣམ་གཡེང་ (གི་སྐད་དོད་ཨ་ས་ར། ས་ར་སེམས་ཕྱིར་གཡེང་བ་ལ་བྱ། ཨ་ས་བཀག་པས་མི་གཡེང་ཞིང་རྩེ་གཅིག་པའོ། །ཞེས་བློ་བརྟན་མར་རོ། །)སྟེ་དེ་མེད་པ་ ལ་སྙིང་པོ་མཆོག་གཙོ་བོར་སེམས་པ་དང༌། རྟག་བདེ་གཙང་བདག་ཏུ་འཛིན་པ་ལས་ཕྱིན་ཅི་ ལོག་མི་རྟག་སོགས་ལ་གནས། (རྟོགས་པའོ། །) ཡུན་རིང་ཆོས་ལ་དཀའ་སྤྱད་ཀྱི་ཉོན་མོངས་པས་ རབ་ཏུ་ཉོན་མོངས་པར་བྱས་ན་བྱང་ཆུབ་པར་འགྱུར། ཞེས་པ་བསྒྱུར་བ་ལ་ལྡེམ་དགོངས་སོ། ། གཉིས་པ་ནི། མཉམ་པ་ཉིད་དང་དོན་གཞན་དང༌། །དེ་བཞིན་དུ་ནི་དུས་གཞན་དང༌། ། གང་ཟག་གི་ནི་བསམ་པ་ལ། །དགོངས་པ་རྣམ་པ་བཞིར་ཤེས་བྱ། །ཞེས་ཏེ། རྒྱུ་ (ཚོགས་གཉིས་ )འབྲས་ (བུ་ཆོས་སྐུ་)བྱེད་པ་ (གཞན་དོན་)གསུམ་མམ་ཆོས་ (དབྱིག་སོགས་)སྐུ་མཉམ་པ་ལ་དགོངས་ ནས་ང་སངས་རྒྱས་ (དབྱིག་གཉེན་)རྣམ་གཟིགས་སུ་གྱུར། ཞེས་སོགས་ལྟ་བུའོ། །ཕ་དང་མ་ནི་ བསད་བྱ་ (ཀུན་བཏུས་སུ་)ཞིང༌། །ཞེས་སོགས་ལྟ་བུ་ (ཆོས་ལ་བརྙས་པའི་གཉེན་པོ་སྔར་བཤད་དེ་ལྟ་བུ་ལ་ཐེག་ བསྡུས་སུ་བཤད།)དོན་གཞན་ལ་དང༌། (ཐེག་བསྡུས་སུ། ཆོས་ཐམས་ཅད་ངོ་བོ་མེད་མ་སྐྱེས་ཞེས་སོགས་ལྟ་བུ་སྒྲ་ཇི་ བཞིན་པ་མིན་པའི་ཕྱིར་ཞེས་དབྱིག་གཉེན། རིན་ཆེན་མིང་གི་མཚན་བཟུང་བ་དང༌།) བདེ་བ་ཅན་དུ་སྐྱེ་བར་སྨོན་ ལམ་བཏབ་ན་སྐྱེ་ཞེས་པ་ལྟ་བུ་ (ཐེག་བསྡུས་དབྱིག་ཤཱནྟི་)དུས་གཞན་ལ་དང༌། སྦྱིན་པ་ལ་བསྟོད་ 1-1-391 སྨད་ལྟ་བུ་གང་ཟག་གི་བསམ་པ་ལ་དགོངས་ (དེ་བརྒྱད་ཐེག་ཆེན་འདིར་སྣང་བ་ལྟ་བུར་གཟུང་ཞིང་དེ་བརྒྱད་ ཀྱི་འགྲོ་དོན་ལ་འབད་པ་ནི། རྟ་འདུལ་སྦྱོང་བྱེད་པ་ལྟར་ངེས་པར་དུལ་བར་འགྱུར་བས་ཐེག་གསུམ་ལ་འགོད་པའི་གོ་རིམ་མོ། །) པའོ། །འདི་རྣམས་དྲང་ངེས་གང་ཡིན་ཞེ་ན། ཤཱནྟིས། དྲང་བའི་དོན་ནི་དེ་པས་བསྟན་པ་རྣམས་ དགོངས་པ་བཞི་དང་ལྡེམ་པོར་དགོངས་པ་བཞི་བཤད་ཅེས་ཤེར་ཕྱིན་མན་ངག་ཏུ་བཤད་པ་ ལྟར། བརྒྱད་ཀ་དྲང་དོན་འབའ་ཞིག་ཏུ་ (ཤཱནྟི་བོད་)ཕལ་ཆེར་བཞེད་ལ་ཆེན་པོ་ཁ་ (ཀུན་མཁྱེན་ཆེན་པོ་ ཆུ་མིག་པ་)ཅིག དྲང་ངེས་གཉིས་ཀ་ཡོད་དེ། ངེས་དོན་ནི། གཉེན་པོའི་ལྡེམ་དགོངས་གཉིས་ པ་དང་བརྒྱད་པ་ལྟ་བུའོ་གསུངས་སོ། །འདི་ལེགས་ཏེ་ཐེག་བསྡུས་སུ། དགོངས་པ་བཞི་དང་ ལྡེམ་པོར་དགོངས་པ་བཞིས་སངས་རྒྱས་ཀྱི་གསུང་ཐམས་ཅད་ཁོང་དུ་ཆུད་པར་བྱའོ། །ཞེས་ དང༌། མཚན་ཉིད་ལ་ལྡེམ་པོར་དགོངས་པ་ནི། (ཤེས་བྱའི་མཚན་ཉིད་ལ་གཞུག་པའི་ཕྱིར་རོ། །ཞེས་བཤད་སྦྱར་ རོ། །) གང་དུ་ཆོས་ཀྱི་མཚན་ཉིད་བསྟན་པས་ངོ་བོ་ཉིད་གསུམ་པོ་དག་སྟོན་པའོ། །གཉེན་པོ་ལ་ ལྡེམ་པོར་དགོངས་པ་ནི། གང་དུ་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོ་བསྟན་པའོ། །ཞེས་ པས་དེ་ཁོ་ན་ལྟར་ཡིན་ནོ། །སྤྱིར་དྲང་ངེས་ལ་སྒོ་མང་སྟེ། ཀུན་རྫོབ་སྟོན་པ་དྲང་དོན། དོན་ དམ་སྟོན་པ་ངེས་དོན། ལམ་དང་གང་ཟག་སྟོན་པ་དྲང་དོན། འབྲས་བུ་ (བློ་གྲོས་མི་ཟད་པས་བསྟན་ པའི་མདོར་)སྟོན་པ་ངེས་དོན། གང་ཟག་དང་སེམས་ཅན་སོགས་སྟོན་པ་དང༌། སྟོང་ཉིད་སྟོན་ པ་ལ་དྲང་ངེས་སུ་བཤད་པ་ (མདོ་ན་དངོས་སུ་ཡོད་)སོགས་ལས། ཤེར་ཕྱིན་མན་ངག་ཏུ། མདོ་གང་ དག་གི་དོན་སྒྲ་ཇི་བཞིན་པ་དེ་ནི་ངེས་པའི་དོན་ཏོ། །དེ་ནི་དེ་ལ་དོན་གཉིས་པ་ཡོད་པ་མ་ཡིན་ ཏེ། འདིས་དོན་ངེས་པ་ཁོ་ནའོ་ཞེས་བྱ་བས་ན་ངེས་པའི་དོན་ནོ། །གང་གིས་དོན་ངེས་ཞེ་ན། མདོ་དེ་ཉིད་དམ། དེ་ལས་གཞན་པ་དང༌། (དེ་ཡན་དངོས།) གཉིས་ཀས་ཀྱང་ངོ༌། །ཞེས་ཏེ། དང་ པོ་དགོངས་འགྲེལ་ལང་གཤེགས་སོགས། གཉིས་པ་བརྒྱད་སྟོང་པ་སོགས། གསུམ་པ་ཉི་ཁྲི་ ལྔ་སྟོང་པ་སོགས། ཞེས་སོགས་དང༌། མདོ་ཀུན་བཏུས་འགྲེལ་པར། ལུང་གི་དོན་རིགས་པས་ 1-1-392 བརྟགས་པ་དང༌། ལུང་བསྟན་པས་ནང་བྱན་བྱས་པ་དང༌། ལུང་གི་དོན་ལུང་གིས་བཤད་པ་ དང༌། ལུང་གི་དོན་ལུང་དང་མི་འགལ་བར་བསྟན་པ་སྟེ། མཚན་ཉིད་འདི་བཞིས་ངེས་པའི་ དོན་ཞེས་བྱའོ། །ཞེས་སོ། །ཤེར་ཕྱིན་མན་ངག་ཏུ། དེ་པ་དང་དེས་ཚད་མར་གནང་བའི་བྱང་ ཆུབ་སེམས་དཔའ་ལ་སོགས་པ་རྣམས་ཀྱིས་ངེས་པར་མཛད་པའི་དོན་ནི་དེ་ལས་གཞན་པའི་ དོན་དུ་དྲང་བར་མི་བྱ་སྟེ། བཅོམ་ལྡན་འདས་ཉིད་ཚད་མའི་སྐྱེས་བུར་གྱུར་པ་དང་ཐུག་པ་མེད་ པར་ཐལ་བར་འགྱུར་བའི་ཕྱིར་རོ། །ཞེས་སོ། །གང་གི་དོན་སྒྲ་ཇི་བཞིན་པར་གཟུང་དུ་མི་རུང་ བའི་མདོ་སོགས་ནི་དྲང་དོན་ཡིན་ཞེས་ཐོབ་པོ། །སྔར་དྲངས་པ་ལྟར། དྲང་བའི་དོན་ནི་དེ་པས་ བསྟན་པ་རྣམས་ཞེས་སོགས་ཤཱནྟིས་སོ། །དེ་པའི་གསུང་ལ་དྲང་དོན་ཡོད་མོད་དེའི་དགོངས་ འགྲེལ་བསྟན་བཅོས་ལས་དྲང་དོན་སྟོན་པ་མི་འཐད། ཅེས་རྒྱུ་མཚན་དང་བཅས་པ་མདོ་ ཀུན་བཏུས་འགྲེལ་ལོ། །འོ་ན་དགོངས་ལྡེམ་དགོངས་ཀྱི་ཁྱད་པར་ཅི་ན། སྤྱིར་ངོ་བོ་གཅིག་ སྟེ་དགོངས་པ་བཞི་གཉེན་པོ་ལ་ལྡེམ་དགོངས་ཀྱི་ནང་ན་སྣང་ཞིང་ལྡོག་ཆའི་ (ལྟོས་ས་ལ་ལྟོས་) ཁྱད་ཡོད་དེ། དགོངས་གཞི་གཙོ་བོར་བྱས་ནས་བསྟན་པའི་ངག་དགོངས་པ་ཅན། སྐབས་ཀྱི་ ཚིག་གི་དགོངས་པ་གཙོ་བོར་བྱས་ནས་བསྟན་པའི་ངག་ལྡེམ་དགོངས་ཏེ། (ཤཱནྟིས་)ཤེར་ཕྱིན་ མན་ངག་ཏུ། དེ་ལ་བརྗོད་པར་འདོད་པའི་དོན་བཤད་པ་ནི་དགོངས་པའོ། །བསྟན་པའི་སྒྲའི་ དགོངས་ (དགོས་པ་ཟེར་འདི་མ་དག་རྒྱ་དཔེ་གཉིས་ལ་དགོངས་པ་ཞེས་སོ། །)པ་བཤད་པ་ནི་ལྡེམ་པོར་དགོངས་ པའོ། །ཞེས་སོ། །ཡང་ན་ (འོད་ཟེར་མགོན་པོ་སོགས་)དགོས་པ་གཙོ་བོར་བྱས་པ་དང་དགོངས་དོན་ གཙོ་བོར་བྱས་པའོ། །(ཐེག་བསྡུས་བཤད་སྦྱར་དུ། དགོངས་པ་ནི་ཡིད་ལ་བཞག་པ་ཙམ་ཡིན་གྱི་ཕ་རོལ་གཟུང་བ་ལ་ ལྟོས་པར་ཁས་མི་ལེན་པའོ། །ལྡེམ་པོར་དགོངས་པ་ནི་དེ་ཉིད་ཕ་རོལ་བཟུང་བ་ལ་ལྟོས་པའོ། །ཞེས་སོ། །) ཞེས་ཐེག་བསྡུས་ བཤད་སྦྱར་ (རྔོག་ལོ་ནི་སྨྲ་བ་པོས་བསམ་པའི་དོན་ལས་གཞན་ཉན་པ་པོས་གོ་བར་བྱེད་པ་ནི་དགོངས་པ། སྨྲ་བ་པོས་བསམ་ པའི་དོན་དེ་ཉིད་ཉན་པ་པོས་གོ་བར་བྱེད་པ་ནི་ལྡེམ་དགོངས་སོ་ཞེས་སོ། །)རོ། །དེའི་འོག་ཏུ་འབད་རྩོལ་གྱི་ (ཕྱིས་ 1-1-393 ཞེས་གསེར་)མཚན་མ་མེད་ཅིང་འབད་མེད་ལྷུན་གྲུབ་ཏུ་གཞན་གྱི་དོན་གྱི་སྟེ་བྱེད་པའི་ཡེ་ཤེས་ ས་བཅུ་པའི་ཁྱད་པར་གྱི་ལམ་འབྱུང་བ་དེའི་རྟེན་ལ་རིགས་ཞེས་བྱའོ། །བུདྡྷ་ཤྲཱིའི་དགོངས་ པའོ། །ཡང་ན། ཡེ་ཤེས་རྩོལ་བ་མི་མངའ་བ་སངས་རྒྱས་ཀྱི་སྟེ་དེར་འཇུག་གམ་འབྱུང་བ་བཅུ་ པའི་ཁྱད་པར་ལམ། ཞེས་བྱ་སྟེ། ཤཱནྟི་རད་ཀིར་གྱིས། ཡེ་ཤེས་རྩོལ་བ་མི་མངའ་བ་སངས་ རྒྱས་རྣམས་ཀྱིའོ། །ཞེས་སོ། ། གཉིས་པ་ནི། དང་པོ་ཆོས་དྲུག་ནས་ཡེ་ཤེས་རྩོལ་བ་མི་མངའ་བའི་བར་འབྱུང་བ་དེའི་ ཕྱིར། བཅུ་གསུམ་པོ་འདི་ནི་དོན་ནམ་རྟོགས་པའི་གོ་རིམ་ཡིན་གྱི་བཤད་པའི་རིམ་པ་ཁོ་ ན་མིན་ནོ། །ཞེས་པའི་དོན་རེ་རེ་སྦྱར་ཟིན་ཏོ། །ཆོས་བཤེས་ཀྱིས་ས་མཚམས་བྱས་པ་དེའི་ འགྲེལ་པར་བལྟའོ། །ཆོས་བཤེས་ནི། བཅུ་གསུམ་པ་སངས་རྒྱས་ས་ལ་སྦྱོར་བ་མི་རིགས་ ཏེ་བྱང་སེམས་བཅུ་གསུམ་ཞེས་དང་འགལ་ཟེར་རོ། །ཤེར་འབྱུང་རད་ཀིར་སངས་རྒྱས་ལ་ འཆད་དོ། །(དེའི་ཡང་རིགས་ཡིན་ནོ་ཞེས་དོན་སྣང་ངོ༌། །) གསུམ་པ་ནི། བྱང་སེའི་བསྒྲུབ་པ་ཆོས་ཅན། བཅུ་གསུམ་པོ་འདི་ལ་ལྷག་ཆད་ཀྱིས་སྐྱོན་ མེད་དེ། བཅུ་གསུམ་པོ་འདིས་སྐྱེས་བུ་བྱང་སེའི་བྱང་ཆེན་སྒྲུབ་པའི་དོན་ཐམས་ཅད་ཕུན་སུམ་ ཚོགས་པར་ཚང་ཞིང་མ་ལྷག་པ་ཡིན་པས་སོ། །ཀྱང་གིས་གདམས་ངག་བཅུ་པོར་མ་ཟད་དོ ། དྲོད་སོགས་ཀྱི་རྒྱུ་ཡིན་པས་ཚོགས་ལམ་ཡང་བསྡུས་པས་དེའི་ཡང་རྟེན་ (མདོར་)དུ་གསུངས་ ཞེས་ (ཤཱནྟི་ཨ་བྷྱས་ཀྱང་ངོ༌། །)སོ། ། བཞི་པ་ནི། སྒྲུབ་པའི་ཆོས་སྒྲུབ་པ་བཞིའམ། (ཆོས་བཤེས།)སེམས་བསྐྱེད་ལ་སོགས་ (གསེར་) པ་ཉིད་ཀྱི་གནས་སྐབས་ཐ་དད་པའི་བྱེ་བྲག་གིས་བྱང་ཆུབ་ལ་དགོད་པའི་ཕྱིར་དུ་སེམས་ དཔས་བྱང་སེམས་བཅུ་གསུམ་པོར་ཕྱེ་བའི་སེམས་ཀྱི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་དེ་དེ་ ཆོས་ཅན། ཁྱོད་ཁོ་ན་ལ་སྒྲུབ་པའི་རྟེན་རང་བཞིན་གྱི་རིགས་ཞེས་བསྟན་པ་འཐད་དེ། ཇི་སྐད་ 1-1-394 བཤད་པའི་བྱང་སེའི་རྟོགས་པའི་ཆོས་ཀྱི་གཞིར་གྱུར་བའི་ཆོས་ཉིད་ཡིན་པས་སོ། །ཁོ་ན་ཞེས་ པས་ཆོས་ཅན་ཀུན་རྫོབ་པ་རྣམས་དེ་ཡིན་པ་གཅོད་པའོ། །(འདིར་བྱང་སེམས་བཅུ་གསུམ་པོ་ལ་རིགས་སུ་ བསྟན་ཞེས་གསེར་དུ་དང་འོག་ཏུ་བྱང་སེམས་རིགས་ཡིན་ན། ཞེས་སྨོས་ཡང་སྔར་བཤད་ལྟར་ཡིན་དགོས་སོ། །)རད་ཀིར་ནི། བྱང་སེ་ཚོགས་ལམ་པ་ཉིད་བཅུ་གསུམ་པོ་བསྐྱེད་པས་དེའི་རྟེན་རིགས་ཡིན་གྱི་ཆོས་དབྱིངས་ ནི་དམིགས་པ་ཡིན་གྱི་རྒྱུ་མིན་པས་དངོས་སུ་རིགས་མིན་ཟེར་རོ། །འོ་ན་ (ཐར་ཆ་ངེས་འབྱེད་)སེམས་ བསྐྱེད་སོགས་ཀྱི་ཡང་སྔོན་དུ་འགྲོ་བས་དང་པོར་བསྟན་པར་རིགས་ཞེ་ན། དོན་གྱི་རིམ་པ་ དེ་ལྟར་ཡིན་པ་བདེན་མོད་ཀྱི་འདི་ནི་འབྲས་བུ་སྔར་བཤད་ནས་རྒྱུ་ཕྱིས་འཆད་པ་བཤད་པའི་ རིམ་པ་ཡིན་ནོ། །འགྲེལ་ཆེན་ནོ། །(གསེར།) གཉིས་པ་ལ། རྩོད། ལན་ནོ། །དང་པོ་ལ་འདོད་པ་བརྗོད། དེ་ལ་སྐྱོན་བསྟན་པའོ། ། དང་པོ་ནི། གལ་ཏེ་ཆོས་ཀྱི་དབྱིངས་དེ་འཕགས་པའི་ཆོས་རྟོགས་པར་འགྱུར་བའི་རྒྱུ་ཡིན་ པའི་ཕྱིར་དེ་ (ཨཱརྱས་དེ་དོན་གྱི་རིམ་པ་དང༌། འདི་འབྲས་བུས་རྒྱུ་རྟོགས་པར་བྱེད་པས་རྟོགས་པའི་རིམ་པ་ཡིན་ནོ། །)ཁོ་ན་ འཕགས་པའི་རིགས་དང་དེའི་བདག་ཉིད་དམ་རང་བཞིན་ཅན་གྱི་བྱང་པ་བླ་མེད་སངས་རྒྱས་ ཀྱི་ཆོས་སྟོབས་སོགས་རྣམས་ཀྱི་རང་བཞིན་དུ་གནས་པའི་རིགས་ཅན་ཡིན་ནའོ། གཉིས་པ་ནི། དེ་ལྟར་ཡིན་པ་འོ་ན་ནི་རིགས་འཆད་སྐབས་འདིར་ཆོས་ཅན། བྱང་པ་ཁོ་ ན་སངས་རྒྱས་ཀྱི་རིགས་ཅན་མ་ཡིན་པར་ཐལ། ཆོས་དབྱིངས་ཉིད་སངས་རྒྱས་ཀྱི་རིགས་ ཡིན་པ་དེའི་ཚེའི་ཕྱིར། ཁྱབ་སྟེ། ཆོས་ཉིད་དེ་ནི་ཉན་རང་བྱང་སེ་ཀུན་ལ་སྤྱིར་ཏེ་ཐུན་མོང་ བར་གནས་པའི་ཕྱིར་སྙམ་པའི་སྐྱེ་བོ་བློ་དམན་པ་ལུང་མི་ཤེས་པ་དེ་རྣམས་ཀྱི་ངོར་ཏེ། དེ་ རྣམས་ལ་བརྩེ་བས་དེའི་མི་ཤེས་པ་བསལ་བའི་ཕྱིར་དོགས་པ་བསུ་བ་སྔར་གསུངས་ཤིང་ རྒོལ་བ་བསླང་ནས་རྩོད་ལན་བར་སྐབས་ཀྱི་ཚིགས་སུ་བཅད་པ་གསུངས་སོ། །འདིར་བཤད་ རིགས་ནི་ཆོས་ཅན། ཉན་རང་གི་མིན་པར་ཉན་རང་ལས་ཐ་དད་པ་བྱང་སེ་ཁོ་ནའི་རིགས་སུ་ 1-1-395 རུང་བ་མ་ཡིན་པར་ཐལ། ཆོས་དབྱིངས་ཡིན་པས་སོ། །ཁྱབ་སྟེ། དེ་ལ་ཆ་ཐ་དད་དུ་དབྱེར་ མེད་པར་ཉན་རང་བྱང་སེ་ཀུན་ལ་ཡོད་པའི་ཕྱིར་ཞེ་ན། ཞེས་པར་འདིར་བཤད་དོ། །(ཆོས་ བཤེས་མ་གཏོགས་)འགྲེལ་ཆེན་ཨཱརྱ་སོགས་ལྟར་ན། སྐབས་འདིར་ཆོས་ཅན། འདི་ནི་ཉན་ཐོས་ ཀྱི། འདི་རང་སངས་རྒྱས་ཀྱི། འདི་སངས་རྒྱས་ཀྱི་རིགས་སོ་ཞེས་རིགས་ནི་ཐ་དད་དུ་རུང་བ་ མ་ཡིན་པར་ཐལ། ཆོས་དབྱིངས་ཁོ་ན་རང་བཞིན་རིགས་ཡིན་པས་སོ། །ཁྱབ་སྟེ། ཆོས་ཀྱི་ དབྱིངས་ལ་ཆར་དབྱེར་མེད་བའི་ཕྱིར་ཞེ་ན། ལན་ལ། དོན་གྱི་སྒོ་ནས། དཔེ་ཡི་སྒོ་ནས་ལན་ ནོ། །དང་པོ་ནི། རྟེན་ཆོས་དབྱིངས་ལ་བརྟེན་པ་རྟོགས་པ་གོང་མ་གོང་མའི་རིམ་གྱིས་ཉན་ ཐོས་དང་སོགས་པ་རང་སངས་རྒྱས་ཀྱི་ཐེག་པའམ་ (དངོས་)ལམ་ཇི་ལྟ་བར་བྱང་སེས་དམིགས་ པ་དེ་བཞིན་དུ་བྱང་སེའི་ཆོས་ཀྱི་དབྱིངས་ཁོ་ན་ཉན་ཐོས་རང་རྒྱལ་སོགས་ཀྱི་རིགས་ཉིད་དུ་ ཐ་སྙད་འདོགས་སོ། །དེའི་རྒྱུ་མཚན་ནི། དེ་ཉན་རང་འཕགས་པ་སོགས་ཀྱི་རྟོགས་པའི་ཆོས་ རྟོགས་ཤིང་ཐོབ་པར་བྱ་བའི་ཕྱིར་དུ་རྒྱུའི་ངོ་བོ་ཉིད་དུ་རྣམ་པར་འཇོག་པའི་སྒོ་ནས་སོ། །ཞེས་ བྱ་བའི་ལན་ཞིག་ཀྱང་བྱམས་པས་གཟིགས་མོད་ཏེ། མདོ་སྡེ་ལས་བསྟན་པའི་ཕྱིར་རོ་གསེར་ དགོངས་སོ། །ཆོས་བཤེས་ནི། ཉན་ཐོས་པ་དག་སེམས་ཙམ་པ་ལྟར་རིགས་ཐ་དད་དང་ རིགས་ཆད་མི་འདོད་ཀྱི་སེམས་ཅན་ཐམས་ཅད་མ་ངེས་པའི་རིགས་ཅན་དུ་འདོད་པས་ཁྱེད་ ཀྱི་ལུགས་ཀྱི་རིགས་ངོ་བོ་གཅིག་ཡིན་ན་ཡང་རྐྱེན་གྱིས་བྱས་པའི་ཉན་ཐོས་དང་རང་རྒྱལ་ གྱི་ཐེག་པ་ལ་སོགས་རྟོགས་པའི་རིམ་གྱིས་དམིགས་པས་རིགས་ཐ་དད་འཐད་པར་འདོད་ པ་དེ་བཞིན་དུ་ཁོ་བོ་ཅག་ཀྱང་རང་བཞིན་རིགས་ཆོས་དབྱིངས་ཁོ་ནར་འདོད་ཀྱང་འཕགས་ པའི་ཆོས་རྟོགས་པར་བྱ་བའི་ཕྱིར་དུ་ཆོས་དབྱིངས་འཕགས་ཆོས་དེ་དང་དེའི་རྒྱུའི་ངོ་བོ་ཉིད་ དུ་རྣམ་པར་འཇོག་པའི་སྒོ་ནས་རིགས་ཁྱད་པར་ཅན་བཅུ་གསུམ་ཉིད་དུ་ཐ་སྙད་འདོགས་སོ། ། ཞེས་སོ། །ཡང་ན་སྦྱོར་ཕྲེང་བལྟའོ། ། 1-1-396 གཉིས་པ་ནི། དེ་ལྟ་མོད་ཀྱི་དེ་བཞག་ནས་བསྟན་པ་དང་གོ་བར་སླ་བའི་ཆོས་ཉིད་དུ་བྱས་ ནས་འཇིག་རྟེན་པའི་ཁ་དངགས་ཏེ་གྲགས་པའི་དཔེ་ཡིས་ལན་གཞན་དུ་སྟོན་ནོ། །མཐར་ ཐུག་གསུམ་དུ་དབྱེ་བ་མེད་པ་འདོད་ལ། གནས་སྐབས་ཁྱབ་པ་མེད་དེ། དཔེར་ན། ཉེར་ལེན་ འཇིམ་པ་གཅིག་ལས་མངོན་པར་གྲུབ་ཅིང་རྐྱེན་མེ་ལྕེ་གཅིག་གིས་སོ་བཏང་བའི་རྟེན་རྫ་བུམ་ དང་ལྷུང་བཟེད་ལ་སོགས་པ་གཅིག་ཡང་བརྟེན་པ་ནང་གི་བཅུད་སྦྲང་རྩི་ (ཤཱནྟི་རད་)དང་ལི་ཁར་ ར་སྟེ་བུ་རམ་དང་མར་ (རད་ཀིར་)དང་ཏིལ་ (ཤཱནྟི་)མར་ལ་སོགས་པའི་སྣོད་ཉིད་ཀྱིས་རྟེན་བུམ་ པ་ཐ་དད་པར་བཞག་པ་དེ་བཞིན་དུ། (ནམ་མཁའ་ལ་དབྱེ་བ་མེད་ཀྱང་ཕྱེ་མ་ལེབ་ཀྱི་ལམ། བྱ་ཁྱུང་གི་ལམ། ཉི་ མའི་ལམ་ཞེས་ཟླ་ཟེར་སྙིང་མཆོག་དོན་ནོ། །)བརྟེན་པའི་ཆོས་ཐེག་པ་གསུམ་གྱིས་བསྡུས་པ་རྟོགས་པར་ བྱ་བ་ཐ་དད་པའི་བྱེ་བྲག་ཉིད་ཀྱིས་རྟེན་རང་བཞིན་རིགས་ཐ་དད་དམ་དེའི་དབྱེ་བ་ཡོངས་སུ་ བརྗོད་ཅིང་བསྟན་ཏོ། ། ལྔ་པ་ལ་གསུམ་ལས། མཚམས་སྦྱར་བ་ནི། སྒྲུབ་པའི་རྟེན་དུ་གྱུར་པ་ཇི་སྐད་བཤད་པའི་ བྱང་སེ་བཅུ་གསུམ་པོའི་དམིགས་པ་གང་ཡིན་ཞེ་ན། དམིགས་པ་གསུངས་ཏེ། ཆོས་བཤེས་ སོ། །རྩ་བ་ནི། སྒྲུབ་ (མདོ་དོན་)པོའི་དམིགས་པ་ཆོས་ (ཨཱརྱ་)རྣམས་ཐམས་ཅད་དེའོ། །དེ་ཡང་གང་ ཡིན་ན་དེ་ཡང་དགེ་བ་དང་སོགས་པ་མི་དགེ་ལུང་མ་བསྟན་གསུམ་ཡིན་ནོ། །ཅི་དེ་དག་ཁོ་ ནར་ཟད་དམ་ཞེ་ན། (ཨཱརྱ།) འཇིག་རྟེན་པའི་རྟོགས་པ། ནས། ཐུབ་པའི་ཐུན་མོང་མིན་པར་རོ། ། (ཨཱརྱ་ཇི་བཞིན་ནོ། །)དགེ་བ་དང་མི་དགེ་བ་དང་ལུང་མ་བསྟན་པ་དང་འཇིག་རྟེན་པ་དང་འཇིག་ རྟེན་ལས་འདས་པ་དང༌། ཟག་པ་དང་བཅས་པ་དང་ཟག་པ་མེད་པ་དང༌། འདུས་བྱས་དང་ འདུས་མ་བྱས་དང༌། ཐུན་མོང་དང་ཐུན་མོང་མིན་པ་སྟེ། རབ་འབྱོར་དེ་དག་ནི་ཆོས་ཐམས་ ཅད་ཅེས་བྱའོ་ཞེས་སོ། །(དམིགས་པ་དེ་ལ་དམིགས་ནས་མེད་པར་སློབ་ཅེས་མདོར་རོ། །) འགྲེལ་པ་ནི། དུས་ རེ་ཞིག་བཅུ་གཅིག་གི་དང་པོར་འདི་བཤད་དོ། །གང་ན། དགེ་སོགས་སོ། །དེ་ཡང་སྤྱིར་ཞེས་ 1-1-397 (གསེར་)པ་ཉན་ཐོས་སོགས་དང་ཐུན་མོང་དུ་བཤད་ན། (གསེར་དངོས།)མིང་དོན་གོ་རིམ་བཞིན་ དུ་སྦྱར་ན། དགེ་སྦྱོང་ཚུལ་ནི་དྲི་མེད་ལམ། །ཞེས་ (མཛོད་ལས་སོ། །)པ་ལྟར། ལམ་ཟག་མེད་དང་ སོགས་པ་སྲོག་གཅོད་པ་སྤོང་བའི་ཚུལ་ཁྲིམས་སོགས་ཏེ། མཚན་གཞི། དགེ་བར་མཚོན། མི་ དགེ་བའི་འགལ་བའི་མི་མཐུན་ཕྱོགས་གང་ཞིག དམ་པས་བསྔགས་པར་བྱ་བ། དགེ་བའི་ ལས་སུ་མཚོན། སྤང་བྱ་མི་དགེ་བའི་གཉེན་པོར་གྱུར་པའི་ལས་སོ། །བསམས་བཞིན་མ་ ནོར་བར་ནི་གཞན་གསོད་པའི་ལས་དང༌། སོགས་པ་མ་བྱིན་ལེན་སོགས་བཅུ། མཚན་གཞི། མི་དགེ་བར་མཚོན། དགེ་བའི་འགལ་བའི་མི་མཐུན་ཕྱོགས་གང་ཞིག དམ་པས་སྨད་པར་ འོས་པ། དེའི་ལས་སུ་མཚོན། དགེ་བའི་ལས་ཀྱི་གནོད་བྱར་གྱུར་པའི་ལས། ཟུར་ཕྱི་མ་ཡང་ ངོ༌། །ལུང་དུ་མ་བསྟན་པའི་ལུས་ཀྱི་ལས་དང༌། སོགས་ངག་ཡིད་བཟོ་སྤྲུལ་སྤྱོད་ལམ་རྣམ་ སྨིན། (མདོ།) མཚན་གཞི། ལུང་དུ་མ་བསྟན་པར་མཚོན། དགེ་མི་དགེ་གང་དུ་ཡང་མི་རུང་བའི་ ཆོས་སོ། །དེའི་ལས་སུ་མཚོན། ཕན་ (ཆོས་བཤེས་)གནོད་དམ། དགེ་མི་དགེའི་སེམས་གང་གིས་ ཡང་མ་བསླང་བའི་ལས་སོ། །དེའི་འོག་ཏུ་ལུང་མ་བསྟན་ས་བོན་རུལ་བ་དང་འདྲ་བས་ (གསེར་ རད་ཀིར་དངོས་)དོར་ལ་དགེ་མི་དགེ་དེ་དག་ཉིད་ལ། འཇིག་རྟེན་པ་དང་འདས་པ་ལ་སོགས་པ་ རྣམ་པ་གཉིས་པོའི་དབྱེ་བ་སྟེ་ཟུང་དུ་སྦྱར་བ་ (ཆོས་བཤེས་)ཕྲག་བཞི་ཉིད་ཀྱིས་གསུམ་གྱི་ལྷག་མ་ རྣམས་ཏེ། རྩ་བའི་གྲངས་བཞིན་དུ་བསྟན་ན། (ན་ཚོད་རྒན་པོའི་ཟླས་དྲངས་པ་དེ་དང་སྐྱེས་མ་ཐག་པ་སོགས་ མཁས་པའི་ཟླས་དྲངས་པ་རྨོངས་པའོ་འདིར་) འཕགས་པའི་ཟླས་དྲངས་པའི་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ ཅད་ཀྱིས་བསྡུས་པའི་ (ཕྱིར་ཨཱརྱ་)ཕུང་པོ་ལྔ་དང་ཁམས་སྐྱེ་མཆེད་སོགས་འཇིག་རྟེན་པའོ། ། འཕགས་པའི་སྐྱེ་བོ་ཐམས་ཅད་ཀྱིས་བསྡུས་པའི་ (ཕྱིར་ཨཱརྱ་)བསམ་གཏན་བཞི་དང་གཟུགས་ མེད་མ་འདྲེས་སོགས་འཇིག་རྟེན་འདས་པའོ། །གང་ཟག་གི་བདག་ཏུ་ལྟ་བའི་གཉེན་པོ་ (ཨཱརྱ་) མ་ཡིན་པ་ཉིད་ཀྱིས་ཉེ་བར་ལེན་པའི་ཕུང་པོ་ལྔ་དང་ཁམས་སྐྱེ་མཆེད་བསམ་གཏན་བཞི་ 1-1-398 ཚད་མེད་བཞི་གཟུགས་མེད་མངོན་ཤེས་ལྔ་ནི་ཟག་བཅས་སོ། །ཉེར་ལེན་ནི། མ་འོངས་པའི་ ཕུང་པོ་ལ་འདུན་པ་དང་ད་ལྟར་བ་ལ་འདོད་ཆགས་ལ་ཀུན་བཏུས་སུ་བཤད། མཛོད་དུ་ཉོན་ མོངས་པ་ཐམས་ཅད་ལ་བཤད་དོ། །བདག་དེར་ལྟ་བའི་གཉེན་པོ་ (ཨཱརྱ་)ཆགས་སོགས་ཉོན་ མོངས་དང་མ་འབྲེལ་བའི་དྲན་པ་ཉེར་བཞག་བཞི་སོགས་སོ་བདུན་དང་ནས་མ་འདྲེས་པའི་ བར་ནི་ཟག་མེད་དོ། །ཀུན་བཏུས་སུ། ཟག་པ་དེའི་བདག་ཉིད་དང༌། ཟག་པ་དང་འབྲེལ་ བ་དང༌། ཟག་པས་བཅིངས་པ་དང༌། ཟག་པའི་རྗེས་སུ་འབྲེལ་བ་དང༌། ཟག་པའི་རྗེས་སུ་ མཐུན་པ་དང༌། ཟག་པའི་རྒྱུ་ལས་བྱུང་བའི་ཕྱིར་ཟག་པ་དང་བཅས་པར་བལྟའོ། །ཞེས་ཟག་ པའི་སྒོ་དྲུག་གང་རུང་དང་འབྲེལ་མ་འབྲེལ་དང༌། མཛོད་དུ། །ཟག་རྣམས་ཀུན་ཏུ་རྒྱས་པར་ འགྱུར། ཞེས་དམིགས་པའམ་མཚུངས་ལྡན་ཅི་རིགས་པའི་སྒོ་ནས་རྒྱས་སུ་རུང་བ་ལ་བཤད་ དོ། །(ཞིབ་ཏུ་ཤེས་དགོས།) ཟག་མེད་ལམ་གྱི་བདེན་པ་དང༌། །འདུས་མ་བྱས་རྣམས་གསུམ་ཡང་ སྟེ། །ཞེས་སོ། །འདོད་པའི་ཁམས་གཟུགས་གཟུགས་མེད་མ་འདྲེས་བཅོ་བརྒྱད་སོགས་ཆོས་ ཅན། འདུས་བྱས་ཡིན་ཏེ། རྒྱུ་དང་རྐྱེན་ལ་རག་ལས་པས་སྐྱེ་བའི་ཕྱིར། ཞེས་གོང་འོག་ཏུ་ བསྒྲེའོ། །རྒྱུ་རྐྱེན་ལ་མི་ལྟོས་པས་དེ་བཞིན་ཉིད་དང་འདོད་ཆགས་ཟད་པའི་འགོག་པ་སོགས་ འདུས་མ་བྱས་སོ། །ཐེག་པ་གསུམ་གྱི་འཕགས་པའི་སྐྱེ་བོ་མང་བོའི་རྒྱུད་ལ་འབྱུང་བའི་ (ཕྱིར་ ཨཱརྱ་)བསམ་གཏན་ཚད་མེད་གཟུགས་མེད་མངོན་ (ཨཱརྱ་)ཤེས་ལྔ་ནི་འཕགས་ཆུང་དང་སངས་ རྒྱས་ཐུན་མོང་གི་ཆོས་སོ། །ཐམས་ཅད་ཅེས་པ་ནི་སངས་རྒྱས་འབའ་ཞིག་ལ་མིན་གྱི་ཉན་ རང་བྱང་སེམས་ལ་ཡང་འབྱུང་བས་ཞེས་སྟོན་པའོ། །ཡང་དག་རྫོགས་སངས་རྒྱས་ཀྱི་རྒྱུད་ ལ་འབྱུང་བའི་ཆོས་ཅན་སྟོབས་བཅུ་སྟེ། རེ་རེ་ལའང་སྟོབས་དཔག་མེད་ཡོད་པས་དེའི་རྟེན་ ནམ་ཆོས་ཅན་ནོ། །ཁ་ཅིག སངས་རྒྱས་སུ་བྱེད་པའི་ཆོས་ཀྱི་གཙོ་བོ་སྟོབས་བཅུ་ཡིན་པས་ འདིར་ཆོས་ཅན་གྱི་སྒྲས་གཙོ་བོ་བསྟན་ལ་མི་འཇིགས་པ་ལ་སོགས་པའི་ཡོན་ཏན་ནི་ཆོས་ཀྱི་ 1-1-399 སྒྲས་སོ་ཞེས་འདོད་དོ། །ཞེས་པ་རྣམས་ཆོས་བཤེས་སོ། །དེ་ལྟར་ན་དགེ་ (ཆོས་བཤེས་)སོགས་ དེ་ལྟ་བུ་བཅུ་གཅིག་དང་སོགས་པས་དེ་མཚོན་པ་སྟེ་རྒྱས་པར་ནི་རང་སྤྱིའི་མཚན་ཉིད་མ་ལུས་ པ་བཟུང་ངོ༌། །དེས་ན་ཆོས་ཐམས་ཅད་ཅེས་བསྟན་ཏེ། རྒྱལ་སྲས་རྣམས་ཀྱི་མི་བསླབ་པའི། ། དངོས་དེ་གང་ནའང་ཡོད་མ་ཡིན། །ཞེས་བཤད་པ་ལྟར་རོ། །དེ་ཡང་སྒྲུབ་པ་པོའི་རྟོགས་ པ་ཇི་ལྟ་བ་བཞིན་གྱི་རིམ་གྱིས། ལས་དང་པོ་བས་ཞེན་ནས་དང་ཕྱི་མ་ཕྱི་མར་ཞེན་མེད་དུ་ དམིགས་སོ། །ཁ་ཅིག་བྱང་སེ་བཅུ་གསུམ་པོས་དང་པོར་དགེ་བ་ལ་དམིགས་པ་ནས་མཐར་ སྟོབས་བཅུ་ལ་རིམ་གྱིས་དམིགས་པ་ནི་རྟོགས་པའི་རིམ་པའོ་ཞེས་འདོད་དོ་ཞེས་པ་རྣམས་ ཆོས་ཤེས་སོ། །གསེར་ལྟར་ན། ཕུང་པོ་ལྔ་སོགས་དེ་ལྟ་བུ་དང་སོགས་པ་རེ་རེ་ལ་སྦྱར་རོ། ། དེ་ལྟར་དམིགས་པས་ན་སྤྱི་དང་བྱེ་བྲག་གི་སྒོ་ནས་དམིགས་པ་རྣམ་པ་བཅུ་གཅིག་གོ །ཤེར་ འབྱུང་ངོ༌། །རིགས་དང་དམིགས་པའི་ཁྱད་ནི། རང་བཞིན་གཙོ་བོར་གྱུར་བ་ནི་རིགས་ཡིན་ ལ། རྣམ་འགྱུར་གཙོ་བོར་གྱུར་བ་ནི་དམིགས་པ་ཡིན་ཞེས་པའོ། ། དྲུག་པ་ལ་གསུམ་ལས། མཚམས་སྦྱར་བ་ནི། དམིགས་པ་དེ་ལྟ་བུ་ལ་དམིགས་ནས་སྒྲུབ་ པའི་འབྲས་བུ་ (ཤེར་འབྱུང་)ཆེད་དུ་བྱ་བ་གང་ཡིན་ཞེ་ན། ཆེད་དུ་བྱ་བ་སྟོན་ནོ། ། རྩ་བ་ནི། གང་གི་དོན་དུ་ཚོགས་གཉིས་བསྐྱེད་ཅིང་ (རད་ཀིར་)སོག་པ་ནི་ཆེད་དུ་བྱ་བ་སྟེ་ འདི་ཤེས་པར་བྱའོ། །གང་གི་ན། རང་འབྱུང་བས་རང་འབྱུང་ (སྙིང་མཆོག་)གི་སྟེ་བྱང་སེམས་ ཀྱིའོ། །དེ་ཡང་རང་འབྱུང་དངོས་སངས་རྒྱས་ཏེ་དེའི་རྒྱུ་ཡིན་པས་དེར་བཏགས་སོ། །ཇི་འདྲ་ ཞིག་ཡིན་ན། ཆེན་པོ་གསུམ་གྱིས་སྒྲུབ་ (ཤཱནྟི་)པར་བྱ་བའོ། །ཇི་འདྲ་ཞིག་ཏུ་སྒྲུབ་ན། སེམས་ ཅན་ཀུན་གྱི་མཆོག་ཉིད་ཡིན་པའོ། །གསུམ་པོ་གང་ན། རྡོ་རྗེ་ལྟ་བུའི་ (མདོ་)སེམས། བརླབས་ པོ་ཆེའི་སེམས། མི་བསྒུལ་བའི་སེམས། ཕན་བདེའི་སེམས། མོས་པའི་ (ཨཱརྱ་)སེམས་བསྐྱེད་ པ་ལྔ་ནི་སེམས་ཆེན་པོ་ཉིད་དང་ (དེ་ལྔ་ནི་མདོ་ལས་རྒྱ་ཆེར་ཏེ་བསྡུ་ན། སེམས་ཅན་ཐམས་ཅད་ཀྱི་དོན་དུ་འཁོར་བ་ 1-1-400 དཔག་ཏུ་མེད་པར་བདག་གིས་གོ་ཆ་བགོས་ཏེ་བདོག་པ་ཐམས་ཅད་བཏང་བར་བྱའོ། །སེམས་ཅན་ཐམས་ཅད་ལ་སེམས་མཉམ་ པར་བྱའོ། །དེ་དག་ཐེག་པ་གསུམ་གྱི་མྱ་ངན་ལས་བཟླ་ཞིང་བཟླས་པ་མེད་པར་རྟོགས་པར་བྱ་ཞིང་ཉན་རང་དང་མ་འདྲེས་པའི་ ཡིད་བྱེད་ཀྱི་ཕྱིན་དྲུག་ལ་སྤྱོད་དེ། ཆོས་དབྱིངས་ཀུན་འགྲོ་རྟོགས་པ་དང་ཆོས་ཐམས་ཅད་ཚུལ་གཅིག་ཏུ་རྟོགས་པར་བྱ་ཞིང་ སེམས་ཅན་རེ་རེ་ཡང་བྱང་ཆུབ་མ་ཐོབ་བར་དུ་བདག་གིས་དེའི་སྡུག་བསྔལ་མྱོང་བར་བྱའོ། །ཞེས་སེམས་བསྐྱེད་ནས་ད་གཟོད་ བདག་གིས་ཚོགས་བསགས་ཏེ་འཚང་རྒྱའོ་སྙམ་པའི་སེམས་རྡོ་རྗེ་ལྟ་བུའིའོ། །སེམས་དང་པོ་བསྐྱེད་ཕྱིན་ཆད་ཉན་རང་སོགས་ཀྱི་ སེམས་མི་བསྐྱེད་པ་བརླབས་པོ་ཆེའི་སེམས། རྟག་ཏུ་རྣམ་མཁྱེན་ཡིད་ལ་བྱེད་ཅིང་དེའི་རློམ་སེམས་མེད་པ་མི་སྒུལ་བའི་སེམས། སེམས་ཅན་སྐྱོབ་ཅིང་མི་གཏོང་ལ་དེས་རློམ་སེམས་མེད་པ་ཕན་བདེའི་སེམས། རང་བཞིན་དབྱེར་ (མདོའོ། །)མེད་ཀྱི་ཆོས་ལ་ རྟག་ཏུ་དགའ་ཞིང་སྟོང་ཉིད་ཐམས་ཅད་དང་སོ་བདུན་དང་བཅོ་བརྒྱད་ཀྱི་བར་དང་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཆགས་པ་མེད་པས་ གྲོལ་ཞིང་གོས་པ་མེད་པའི་ཏིང་འཛིན་གྱི་བར་ལ་མི་དམིགས་པས་གནས་པའི་སེམས་ནི་མོས་པའི་སེམས་བསྐྱེད་པའོ། །མདོར་ མོས་པའི་རྣལ་འབྱོར་ཞེས་སོ། །)སེམས་ཅན་གྱི་ཕུང་པོ་ཆེན་པོ་དང་སེམས་ཅན་གྱི་སྡེ་ཆེན་པོ་ཀུན་གྱི་ མཆོག་ཉིད་དུ་བྱེད་པར་འགྱུར་བའི་ཕྱིར་སེམས་ཆེན་པོ་ཞེས་བྱའོ། །ཞེས་སོ། །(འདི་ཇི་བཞིན་ མི་སྣང༌།) ལྟ་བ་ཐམས་ཅད་སྤང་བའི་ཕྱིར་ཆོས་སྟོན་པར་བྱེད་པ་ནི་སྤོང་བ་ཆེན་པོ་སྟེ། ཐབས་ མཁས་པས་ལྟ་བའི་རྣམ་པ་དེ་དག་སྤང་བའི་ཕྱིར་མི་དམིགས་པའི་ཚུལ་གྱིས་ཆོས་སྟོན། ཞེས་ སོ། །ཚོགས་ལམ་ནས་སངས་རྒྱས་ཉིད་ཀྱི་བར་དུ་ཆགས་པ་མེད་པར་ཆོས་ཐམས་ཅད་རྟོགས་ པ་རྟོགས་པ་ཆེན་པོ་སྟེ། བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་མི་མཉམ་པ་དང་མཉམ་པའི་ སེམས། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ལགས་པའི་སེམས། ཟག་པ་མ་མཆིས་ཤིང་ཁམས་གསུམ་དུ་མ་གཏོགས་པའི་སེམས་གང་ལགས་པ་དེ་ཡང་རང་ བཞིན་གྱིས་སྟོང་པའི་སླད་དུ་ཆགས་པ་མ་མཆིས་པས་དེའི་ཕྱིར་བྱང་ཆེན་པོ་ཞེས་བྱའོ། །(རྒྱ་ ཆེར་རོ། །) ཞེས་སོ། །ཨཱརྱ་དག་ཟླ་སྟེ། རད་ཀིར་ཡང་སེམས་ཅན་ཀུན་མཆོག་ཏུ་བྱེད་ཅེས་པ་ གསུམ་ག་ལ་སྦྱར་རོ། །དེས་ན་འདིར་བཤད་ཆེད་དུ་བྱ་བ་ནི་ཆེན་པོ་གསུམ་གྱིས་སྒྲུབ་བྱ་ཡིན་ 1-1-401 ཞིང་སངས་རྒྱས་ཉིད་ལ་ཟེར་བས་ཆོས་སྐུའི་བདག་ཉིད་ཀྱི་འབྲས་བུ་ཆེད་དུ་བྱ་བ་ཞེས། ཤཱནྟི་ གཞོན་ནུ་དཔལ་སོགས་ཟེར་བ་འཐད་ལ་ཆེན་པོ་གསུམ་སློབ་ལམ་ནའང་ཡོད་ཅིང༌། ཁ་ཅིག་ དེ་ཡོད་པས་ཆེད་དུ་བྱ་བ་སློབ་ལམ་ན་ཡོད་ཅེས་གསུང་བ་ནི། གསུམ་དང་ཆེད་དུ་བྱ་བའི་ཁྱད་ མ་ཕྱེད་པར་སྣང་ཞིང༌། ཁ་ཅིག ཁྱད་མེད་དུ་བྱས་ནས་སངས་རྒྱས་ས་ཁོ་ནར་སྦྱོར་བའང་ མདོ་མ་མཐོང་བར་ཟད་དོ། །འདི་ཡང་གངས་ཅན་དུ་སྔར་མ་རྟོགས་སྣང་ངོ༌། །རྒྱ་གར་དུ་ཡང་ ཉུང་ངོ༌། །ཡང་འགྲེལ་བྱེད་གཞན་ནི། ཆེད་དུ་བྱ་བ་ཉིད་ཆེན་པོ་གསུམ་དུ་འཆད་ཅིང༌། ཁྱད་ པར་དུ་ཇི་སྙེད་པ་རྟོགས་པ་སེམས་ཆེན། སྒྲིབ་གཉིས་བག་ཆགས་དང་བཅས་པ་དང་བྲལ་བ་ སྤོང་ཆེན། སྟོབས་དང་མི་འཇིགས་པ་སོགས་རྟོགས་པ་སྟེ་ཐོབ་པ་ནི་རྟོགས་ཏེ་ཐོབ་ཆེན་ཞེས་ རད་ཀིར་རོ། །འགྲེལ་པ་ནི། ཤེས་པར་བྱའོ་ཞེས་དྲང་ངོ༌། །གང་ན། འབྲས་བུ་རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་ཀྱི་སྤངས་རྟོགས་རྣམ་པ་ཐམས་ཅད་དུ་ཡོངས་སུ་ཤེས་པའི་སྒོ་ནས་སངས་ རྒྱས་སུ་འབྱུང་བར་འགྱུར་བའི་བྱང་པ་རྣམས་ཉིད་ཀྱི་ཆེད་དུ་བྱ་བའོ། །ཇི་ལྟར་ན། གཞན་ དོན་སྤངས་རྟོགས་ (འདི་གསུམ་ཤེར་འབྱུང་དངོས་)ཆེན་པོ་ཉིད་གསུམ་དང་ལྡན་པས་རྣམ་པ་གསུམ་ དུའོ། །ཆེན་པོ་གསུམ་ལྡན་དགོས་པ་ཅིའི་ཕྱིར་ན། གསུམ་པོ་དེ་ཉིད་ཀྱི་དབང་དུ་བྱས་ཏེ་ཚུལ་ ཏེ་ལྟར་བསྒྲུབ་པ་ལ་འཇུག་པས་ཏེ། དེའི་ཕྱིར་རོ། །གསུམ་པོ་གང་ན། སེམས་ཅན་གྱི་ཕུང་པོ་ འཁོར་བ་པའི་ཚོགས་ (ཏེ་ཆེན་པོ་ནི་དཔག་ཏུ་མེད་པའོ། །གཅིག་ཀྱང་འཁོར་བ་ཐོག་མ་མེད་པ་ནས་འཇུག་པས་རྒྱུན་ཆེན་ པོར་འགྱུར་བས་དེ་བཅད་པའི་དོན་དུ་ཕུང་པོ་སྨོས་སོ། །ཨཱརྱའོ། །)དང་སྡེ་ཆེན་པོ་ནི་ཞུགས་གནས་ཀྱི་གང་ཟག་ ཅེས་ཨཱརྱསྟེ། དེ་རྣམས་ཀུན་གྱི་མཆོག་སངས་རྒྱས་ཉིད་དུ་བྱའོ། །(ཆོས་བཤེས་དངོས།) ཞེས་ཡིད་ ལ་བྱེད་པ་ (ཁ་རག་པ་ཐུགས་རྗེ་ཆེན་པོ་ཟེར་)སེམས་པ་ཆེན་པོ་ཉིད་དང༌། ཞེས་ཆོས་བཤེས་སོ། །ཤེར་ འབྱུང་ནི། དེ་གཞན་དོན་ཆེན་པོ་ཟེར་རོ། །ཆོས་དབྱིངས་ཀུན་འགྲོ་མ་དམིགས་པར་རྟོགས་ པའི་སེམས་ཆེན་དང༌། ཉོན་མོངས་བག་ཆགས་དང་བཅས་པ་སྤངས་པས་སྤོང་བ་ཆེན་པོ་ཉིད་ 1-1-402 དང༌། ཡུལ་དུས་ཀྱིས་ཆོད་པ་དང་དངོས་པོ་ཕྲ་བ་ཡང་ཤེས་པས་རྟོགས་པ་ཆེན་པོའོ། །ཞེས་ འགྲེལ་པའི་ཐད་དུ་སྟེ། དང་པོ་ཇི་ལྟ་བ་མཁྱེན་པ། གསུམ་པ་ཇི་སྙེད་པ་རྟོགས་པའོ། །ཡང་ རྩ་བར། དང་པོ་ཆོས་བཤེས་དང་དོན་འདྲ། གཉིས་པ་ཨཱརྱ་དང་འདྲ། གསུམ་པ་ལ་འདོད་ ཆགས་སོགས་མ་ལུས་པ་སྤངས་ནས་ཀྱང་བྱང་ཆུབ་རྟོགས་པར་བྱེད་པས་རྟོགས་ཆེན་ནོ་ཞེས་ དེ་རྣམས་གསེར་རོ། །དམིགས་པ་དང་ཆེད་དུ་བྱ་བའི་ཁྱད་པར་ནི། དམིགས་པ་ནི་དེའི་ཚེ་ (ཉེ་ བ་གསེར་)བ་ཡིན་ལ། ཆེད་དུ་བྱ་བ་ནི་མ་འོངས་པའི་ཚེ་ (བསྐལ་བ་ཟེར་ཨཱརྱ་)བ་ཡིན་ཏེ། (རྒྱང་རིང་བ་ ཞེས་གསེར།)མདའ་ལྟོང་སྦྱོར་བ་དང་འབེན་ལ་ཕོག་པ་ལྟ་བུ་ཞེས་ཨཱརྱའོ། ། བདུན་པ་ལ་གཉིས་ཏེ། སྒྲུབ་པ་སྤྱིའི་མཚམས་སྦྱར། སོ་སོའི་དོན་ནོ། །དང་པོ་ལ་གཉིས་ ཏེ། སྒྲུབ་པའི་ངོ་བོ། །བྱེ་བྲག་གི་ས་མཚམས་སོ། །དང་པོ་ནི། སྔར་བཤད་དེ་ལྟར་སྒྲུབ་པའི་ རྟེན་དུ་གྱུར་བ་རིགས་དང་སོགས་པ་དམིགས་པ་ཆེད་དུ་བྱ་བ་རྣམས་བརྗོད་ཟིན་ནས་དེའི་ སྐབས་སུ། ཁ་ཅིག་ན་རེ། སྔར་ (ཆོས་བཤེས་)སྒྲུབ་པ་ཞེས་པའི་མིང་ཙམ་ཞིག་ལན་དུ་མར་བྱུང་ བས་མིང་ཅན་སྒྲུབ་པ་དེའི་རང་གི་ངོ་བོ་གང་ཅི་ཞིག་ཡིན་སྟོན་ཅིག་ཅེ་ན། (ཀུན་ཆོས་བཤེས།) ལན་ ནི། ཡུལ་གྱིས་དང༌། སྦྱོར་བའི་སྒྲུབ་པ་གཉིས་ལས། དང་པོ་ནི། ཐོས་བསམ་གྱིས་གཏན་ལ་ དབབ་བྱའི་ཡུལ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་སྐབས་ལ་སྟེ་སྐབས་སུ་ནི་ཐོས་སོགས་ གསུམ་དང་ཤེས་རབ་གསུམ་སོགས་སུ་མ་ཕྱེ་བར་ (དོན་ཐོབ་)སྤྱིར་གོམས་པའི་མཐུ་མ་ཐོབ་པའི་ རྒྱུ་མཚན་གྱིས་དཀར་ (ཆོས་བཤེས་)པོ་དགེ་བའི་ཆོས་སྒོ་གང་ཡང་རུང་བ་ནས་སོགས་པའི་རྟེན་ བྱེད་པ་ཅན་གྱི་བྱང་སེའི་བྱ་བ་ནི་ཡུལ་གྱི་སྒྲུབ་ (ཤེར་འབྱུང་)པའོ། ། གཉིས་པ་ནི། རྣམ་པ་ཀུན་མངོན་རྫོགས་རྟོགས་པ་དང་སོགས་པ་རྩེ་མཐར་སྐད་རྣམ་ པ་བཞི་ལ་ཡུན་རིང་དུ་འདྲིས་པའི་མཐུས་མངོན་པར་རྟོགས་པ་བཞིའི་སྐབས་རེ་རེ་ཞིང་ཡང་ དགེ་བ་སྒྲུབ་པ་ཇི་སྙེད་པ་ཕར་ཕྱིན་པ་དྲུག་གི་རྟེན་ཅན་དུ་བསྡུས་ཏེ་སྒྲུབ་ནུས་པའི་སྒྲུབ་པ་ནི་ 1-1-403 སྦྱོར་ (ཤེར་འབྱུང་)བའི་སྒྲུབ་པ་སྟེ་དེ་ལྟར་གཉིས་སོ། །ཆོས་བཤེས་ཀྱི་དགོངས་པའོ། །གོ་ཆའི་ སྒྲུབ་པས་གཉིས་ཀ་བསྟན། གཞན་གསུམ་དང་པོའོ་ཞེས་ཆོས་བཤེས་ཏེ། གཞན་གསུམ་ གཉིས་པའོ་བྱས་ན་ཅུང་ལེགས་ཤིང་སྤྱིར་ནོར་ཏེ་ངག་ལས་ཤེས་ལ། འཆད་ཚུལ་དེ་མཛད་ ནས་སྤྱིར་སྒྲུབ་བྱེ་བྲག་སྒྲུབ་ཅེས་ (བུ་)བཞེད་པའང་ནོར་རོ། །གསེར་ལྟར་ན། འཕགས་པའི་ བདེན་པ་བཞི་ལ་སོགས་པར་སྤྱིར་ཏེ་ཐམས་ཅད་ལ་ཁྱབ་པའི་དགེ་བའི་ཆོས་ནི་ཆོས་དབྱིངས་ ཏེ་དེའི་རྟེན་ཅན་ནི་ཡུལ་ཅན་ནོ། །ཆོས་དབྱིངས་ཀུན་འགྲོ་རྟོགས་པའི་སྒྲུབ་པ་ནི་ཡུལ་མཁྱེན་ པ་གསུམ་གྱི་སྒྲུབ་པའོ་ཞེས་པར་མངོན་ནོ། །འོན་ཀྱང་འཕགས་སེང་གི་དགོངས་པ་འདིར་ མངོན་ཏེ། སྤྱིར་དཀར་ཆོས་སྒོ་གང་རུང་ནས་སྤྱོད་པའི་སྒྲུབ་པ་ནི་མཁྱེན་གསུམ་གྱི་དབང་དུ་ བྱས་པའི་སྒྲུབ་པ་ཡིན་གྱི་ངེས་པར་ཕྱིན་དྲུག་ཚང་བ་མི་དགོས་ཏེ་གཞི་ཤེས་ཀྱི་དབང་དུ་བྱས་ པའི་སྒྲུབ་པ་ཡང་ཡོད་པས་སོ་སྙམ་པའོ། །ཤེར་འབྱུང༌། སྤྱི་དང་བྱེ་བྲག་གི་སྒྲུབ་པ། ཞེས་ ཏེ། ཕྱི་མ་དེ་ལྟར་རམ་རད་ཀིར་དང་གཉིས་ཀྱི་དོན་སྦྱོར་ཕྲེང་ལྟར་ཤེས་དགོས་སོ། །ཆོས་སྐུ་ ལ་སྒྲུབ་པ་མེད་དེ་འབྲས་བུ་ཡིན་པས་བྱ་བ་མེད་དོ་ཞེས་འགྲེལ་ཆེན་ཏེ། རྣམ་མཁྱེན་ལའང་ མཚུངས་ཏེ་དེ་ཡིན་པའི་སྒྲུབ་པ་མེད་དོ། །དེ་སྒྲུབ་པ་ནི་གཉིས་ཀ་ལ་ཡོད་དོ། ། གཉིས་པ་ནི། སྤྱིར་སྒྲུབ་པ་གཉིས་ཡོད་པ་དེ་ལྟར་ན་སྒྲུབ་པ་བཞི་དང་ལམ་བཞི་རིམ་པ་ ཇི་ལྟ་བ་བཞིན་དུ། གོ་ཆའི་སྒྲུབ་པ་ནི་སྦྱོར་བའི་ལམ་གྱི་ངོ་བོ་ཉིད། འཇུག་པའི་སྒྲུབ་པ་ནི་ མཐོང་བའི་ལམ། ཚོགས་སྒྲུབ་ནི་སྒོམ་པའི་ལམ། ངེས་པར་འབྱུང་བའི་སྒྲུབ་པ་ཁྱད་པར་གྱི་ ལམ་གྱི་ངོ་བོ་ཉིད་དེ་དེ་ཉིད་ཡིན་ནོ། །ཆོས་བཤེས་ཀྱིས། ཤས་ཆེ་བའི་དབང་དུ་བྱས་ཟེར་རོ། ། ཤེར་འབྱུང་གསེར་ཆོས་ཏེ། ཐུབ་དགོངས་སུ་ཡང༌། འགྲེལ་ཆུང་གི་དོན་དེར་བཤད་ནས་ཤིན་ ཏུ་ནོར་ཟེར་རོ། །ཁ་ཅིག དེ་མིན་ཏེ་འགྲེལ་ཆེན་དང་མ་མཐུན་ཞེ་ན། དེ་དང་འདི་མི་འདྲ་བ་ མང་སྟེ་ངག་ལས་དྲིས་ཤིག འགྲེལ་ཆེན་ལྟར་ན། སྦྱོར་བ་ལ་དངོས་དང་བརྒྱུད་པ་དང་མངོན་ 1-1-404 སུམ་དུ་སྦྱོར་བ་ལས། གོ་ཆའི་སྒྲུབ་པ་ནི་མཐོང་ལམ་ལ་བརྒྱུད་པས་སྦྱོར་བ་ཚོགས་ལམ་གྱི་ ངོ་བོ་ཉིད། འཇུག་པའི་སྒྲུབ་པ་ནི་དངོས་སུ་སྦྱོར་བ་སྦྱོར་ལམ་དང་པོ་གསུམ་དང་ཆོས་མཆོག་ འབྲིང་མན་གྱི་ངོ་བོ་ཉིད། ཚོགས་སྒྲུབ་དང་བོ་བཅོ་ལྔ་མངོན་སུམ་དུ་སྦྱོར་བ་ཆོས་མཆོག་ཆེན་ པོའི་ངོ་བོ་ཉིད། ས་རབ་དགའ་དང་མཐོང་སྤང་གཉེན་པོའི་ཚོགས་སྒྲུབ་མཐོང་ལམ་གྱི་ངོ་ བོ། །ས་དགུ་དང་སྒོམ་སྤང་གཉེན་པོའི་ཚོགས་སྒྲུབ་སྒོམ་པའི་ལམ་གྱི་ངོ་བོ་ཉིད། ངེས་འབྱུང་ སྒྲུབ་པ་སྒོམ་པའི་ལམ་གྱི་ཁྱད་པར་གྱི་ལམ་གྱི་ངོ་བོ་ཉིད་ཀྱི་སྒྲུབ་པའི་མཚན་ཉིད་དེ་རང་ བཞིན་ནོ། །ཚིག་ཟིན་ལྟར་ན་ས་མཚམས་དེ་བས་མི་མཐོ་མི་དམའ་ཞེས་པའོ། །ཐོགས་མེད་ ཀྱི་གསུང་འགྲེལ་ཆེན་དང་ཐུབ་དགོངས་སུ་དྲངས་པ། དེ་ལ་གོ་ཆ་དང་འཇུག་པའི་སྒྲུབ་པ་ དག་ནི་གོ་རིམ་བཞིན་དུ་བརྒྱུད་པ་དང་དངོས་སུ་སྦྱོར་བའི་རང་བཞིན་ཚོགས་དང་མོས་པས་ སྤྱོད་པའི་སས་བསྡུས་པ་ཡིན་ནོ། །ཚོགས་ཀྱི་སྒྲུབ་པ་ནི་བརྩེ་བ་ནས་བརྩམས་ཏེ་གཟུངས་ཀྱི་ བར་ནི་མངོན་སུམ་དུ་སྦྱོར་བའི་རང་བཞིན་ཆོས་མཆོག་ཆེན་པོས་བསྡུས་པ་ཡིན་ནོ། །ས་དང་ པོ་རབ་ཏུ་དགའ་བའི་རང་བཞིན་དུ་གྱུར་བའི་སྒྲུབ་པ་ནི་མཐོང་བའི་ལམ་གྱི་བདག་ཉིད་ཡིན་ ལ། གཉིས་པ་ལ་སོགས་པའི་རང་བཞིན་ནི་སྒོམ་པའི་ལམ་གྱི་ངོ་བོ་ཉིད་ཡིན་ཞིང་གཉེན་པོའི་ ཕྱོགས་ཀྱི་བདག་ཉིད་ཅན་གྱི་ཚོགས་ཀྱི་སྒྲུབ་པ་ནི་ལམ་གཉིས་ཀའི་སྤྱོད་ཡུལ་ཅན་ཡིན་ནོ། ། ངེས་པར་འབྱུང་བའི་སྒྲུབ་པ་ནི་སྒོམ་པའི་ལམ་ལ་བརྟེན་པ་ཡིན་ནོ་ཞེས་གསུངས་སོ། །ཞེས་ སོ། །(ཐུབ་དགོངས་སུ་མཐོང་བ་དང་སྒོམ་པའི་ལམ་གཉིས་པོ་འདི་ལས་ཕྱི་མ་ནས་བཟུང་ནས་སེམས་བསྐྱེད་པ་ཉི་ཤུ་བའི་བར་ ནི་ངེས་པར་འབྱུང་པའི་སྒྲུབ་པ་སྟེ། ཞེས་ཏེ་སྒོམ་ལམ་དགུ་ན་ཡོད་པར་བཞེད་དོ། །འགྲེལ་ཆུང་དུ་ཁྱད་པར་གྱི་ལམ་ཞེས་པས་ཆོས་ བཤེས་ལྟར་མངོན་ནོ། །) བཞི་པ་འདི་ཆོས་བཤེས་བར་ཆད་མེད་རྩེ་དང་གཅིག ཅེས་སོགས་ཡང་ ཡང་དང༌། ཨཱརྱས། (ངེས་འབྱུང་སྒྲུབ་པ་གསུམ་པའི་ཐད་དུ་འདི་ནི་དམིགས་སུ་མེད་པའི་རྣམ་པས་བསྡུས་པའི་ལམ་ ནི་སེམས་ཅན་གྱི་དོན་དུ་ངེས་པར་འབྱུང་བའི་རྒྱུ་ཡིན་ནོ། །ཞེས་བསྟན་ཏེ། ལམ་ཡང་བྱང་བའི་ས་རྣམ་པ་བཅུས་བསྡུས་པ་ཡིན་ 1-1-405 ནོ། །ཞེས་སོ། །) ས་བཅུ་ཅར་ན་ཡོད་པར་བཤད་པར་མངོན་ཅིང་དེ་ལྟར་བུ་བཞེད་པ་ནི་ནོར་བར་ མངོན་ཏེ། འཕགས་པ་ཐོགས་མེད་དང་འགལ་བས་སོ། ། གཉིས་པ་ལ་བཞི་སྟེ། གོ །འཇུག ཚོགས། ངེས་སོ། །དང་པོ་ལ་གསུམ་ལས། སྔ་འགྲེལ་ ནི། བཞི་བོ་དེ་རྣམས་ཀྱི་ནང་ནས་དང་པོར་གོ་ཆའི་སྒྲུབ་པ་གསུངས་པ་ཡིན་ནོ། །རྒྱུ་མཚན་ ནི། སྒྲུབ་པ་བྱེད་དུས་གོ་ཆའི་བརྩོན་འགྲུས་བགོས་ཤིང་དེ་གོ་ཆའི་བརྩོན་འགྲུས་ཀྱི་ངོ་བོ་ཡིན་ པ་ཉིད་ཀྱིས་སོ། །རེ་རེར་དྲུག་དྲུག་ཚང་བར་སྒྲུབ་པ་ལ་སེམས་ཀྱི་སྲན་ཚུགས་པས་བར་ (འདི་ རྣམས་ཆོས་བཤེས་)དུ་གཅོད་པའི་མདའ་མཚོན་གྱིས་མི་ཕིགས་པས་གོ་ཆ་ཡིན་ལ་དེ་ཅན་ (དོན་དངོས་) གྱི་སྒྲུབ་པ་ལ་དེའི་སྒྲུབ་པ་ཞེས་བར་གྱི་ཚིག་མི་མངོན་པའོ། ། རྩ་བ་ལ་གཉིས་ཏེ། གོ་བགོས་ཡུལ་ཕྱིན་དྲུག་གཏན་ལ་དབབ། གོ་བགོས་པའི་སྒྲུབ་པའི་ ངོ་བོ་བཤད་པའོ། ། དང་པོ་ནི། གྲངས་དང་དེ་ཡི་མཚན་ཉིད་གོ་རིམ་དང༌། །ངེས་པའི་ཚིག་དང་གོམས་བྱ་ ཡོན་ཏན་དང༌། །(ཐེག་བསྡུས་སུ་གོམས་བྱ་ཡོན་ཏན་དང༌། ཞེས་བསྒྱུར་རོ། །)དེ་དག་རབ་དབྱེ་བསྡུ་དང་མི་ མཐུན་ནོ། །ཡོན་ཏན་ཕན་ཚུན་རྣམ་ངེས་ཡིན་ཞེས་བྱ། །འགྲེལ་བཤད་བློ་བརྟན་མར་ (བཤད་ སྦྱར་ན་ཅི་ཡང་མེད་)ཡོན་ཏན་ཕན་ཚུན་རྣམ་ངེས་གཅིག་ཏུ་བསྡུས་སོ། །རྒྱ་ཆེར་དེ་ཉིད་དམ་ལུང་ སྙེར་ཤེས་པར་བྱ་ཞིང་འདིར་མངས་སུ་དོགས་པས་ཅུང་ཟད་བཤད་ན། དྲུག་དང་བཞི་བཤད་ དྲུག་གི་ཁྱད་ཆོས་བཤད་པའོ། །དང་པོ་མཚན་ཉིད། མཚོན་བྱའི་སྒྲ་བཤད། མཚན་གཞིའི་ རབ་དབྱེའོ། །དང་པོ་ལ་ཕར་ཕྱིན་སྤྱིའི་མཚན་ཉིད། སྲིད་ཞིའི་ཕ་རོལ་ཏུ་ཕྱིན་པའམ་ཕྱིན་བྱེད་ གང་ཞིག འཁོར་གསུམ་དུ་མི་རྟོག་པའི་བློ་ཞེས་པ་དབུ་མ་འཇུག་པ་ལྟར་རོ། །བྱེ་བྲག་གི་ནི། སྦྱིན་པ་མི་མཐུན་ཕྱོགས་ཉམས་དང༌། །རྣམ་པར་མི་རྟོག་ཡེ་ཤེས་ལྡན། །འདོད་པ་ཐམས་ཅད་ ཡོངས་རྫོགས་བྱེད། །སེམས་ཅན་རྣམ་སྨིན་བྱེད་རྣམ་གསུམ། །(ཐེག་གསུམ་གྱི་སྨིན་པ།) ཞེས་དང༌། 1-1-406 དོན་རྣམས་གཏོང་བར་བྱེད་པ་དང༌། ཞེས་པས་སྦྱིན་བྱ་ཅི་རིགས་པ་ཡོངས་སུ་གཏོང་བའི་ ཆོས་བཞི་ལྡན་ཏེ། འགལ་ཟླ་སེར་སྣ་ཉམས་པ། (བློ་བརྟན་མར།) བདག་མེད་གཉིས་རྟོགས་པའི་ མི་རྟོག་ཡེ་ཤེས་ཀྱིས་ (འགྲེལ་བཤད་)ཟིན་པ། གང་ཅི་འདོད་པ་དེ་ལ་སྦྱིན་པས་འདོད་པ་རྫོགས་ པར་བྱེད་པ། སྦྱིན་པས་བསྡུས་ནས་སྐལ་བ་བཞིན་ཐེག་པ་གསུམ་གྱིས་སེམས་ཅན་སྨིན་ པར་བྱེད་པ་བཞིའོ། །དེ་བཞིན་དུ་གཞན་ལ་གནོད་པ་གཞི་དང་བཅས་པ་སྤོང་བའི་བློ་ཆོས་ བཞི་ལྡན། བཞིའི་དང་པོ་གཉིས་སླ་སྟེ་འོག་མ་རྣམས་སུ་ཡང་ངོ༌། །གསུམ་པ་ནི་སེམས་ཅན་ རྣམས་འདི་སྙམ་དུ་བྱང་སེ་འདིས་བདག་དང་ལོངས་སྤྱོད་ཆུང་མ་སོགས་ལ་གནོད་པ་མ་བྱས་ ན་ཅི་མ་རུང་སྙམ་པ་ལས་དེ་ཁོ་ན་བཞིན་གནོད་པ་མི་བྱེད་པར་ (དེ་ཡན་བློ་བརྟན་མར་)སྒོ་ (དབྱིག་) གསུམ་སྡོམ་པས་འདོད་པ་རྫོགས་པར་བྱེད་པའོ། །བཞི་པ་ཚུལ་ཁྲིམས་ཀྱིས་བསྡུས་ནས་ཞེས་ སོགས་སྔར་ལྟར་ཏེ་འོག་མ་ལ་ཡང་ངོ༌། །(ཡང་ན་ཡན་ལག་དྲུག་ལྡན་གྱི་ཚུལ་ཁྲིམས་ཆོས་བཞི་ལྡན། དེ་ཡན་ལག་ དྲུག་ཅེས་སོ། །དྲུག་ནི། ཚུལ་ཁྲིམས་དང་ལྡན་པར་གནས་པ། སོ་ཐར་གྱི་སྡོམ་པས་བསྡམས་པ། ཆོ་ག་ཕུན་ཚོགས། སྤྱོད་ཡུལ་ཕུན་ ཚོགས། ཁ་ན་མ་ཐོ་བ་ཕྲ་རབ་ཙམ་ལ་ཡང་འཇིགས་པར་ལྟ་བ། བསླབ་པའི་གཞི་རྣམས་ཡང་དག་པར་བླངས་ཏེ་སློབ་པའོ། །) མི་ འཁྲུགས་པའི་བློ་ཆོས་བཞི་ལྡན། ཆོས་གསུམ་པ་ནི་བྱང་སེ་ལ་གཞན་གྱིས་གནོད་པ་བྱས་ཀྱང་ དེ་རྗེས་སུ་འདིས་ལན་དུ་གནོད་པ་མ་བྱས་ན་ཅི་མ་རུང་སྙམ་པ་ལས་དེ་བཞིན་མི་བྱེད་ (བློ་བརྟན་ མར་དབྱིག་) པར་གནོད་པ་ལ་བཟོད་པས་སོ། །དགེ་བ་ལ་སྤྲོ་བའི་བློ་ཆོས་བཞི་ལྡན། གསུམ་ པ་ནི། སེམས་ཅན་གྱི་ལས་སུ་བྱ་བ་གང་དང་ (བློ་)གང་ཡོད་པའི་གྲོགས་ (དབྱིག་)བྱེད་པས་སོ། ། སེམས་རྩེ་གཅིག་པ་ཆོས་བཞི་ལྡན། གསུམ་པ་ནི། བསམ་གཏན་གྱི་མཐུས་རྫུ་འཕྲུལ་སྣ་ ཚོགས་བསྟན་ནས་སོ། །ཆོས་རབ་ཏུ་རྣམ་འབྱེད་ཀྱི་བློ་ཆོས་བཞི་ལྡན། གསུམ་པ་ནི་ཤེས་རབ་ ཀྱིས་ཆོས་ཀྱི་རང་སྤྱིའི་མཚན་ཉིད་ཤེས་པར་བྱས་ནས་ (བློ་བརྟན་མར་)སེམས་ཅན་གྱི་ཐེ་ཚོམ་ གཅོད་པས་སོ། །(དབྱིག) བཞིའི་མཚན་ཉིད་ནི། ཐབས། སྨོན་ལམ། སྟོབས། ཡེ་ཤེས་ཀྱི་རིམ་ 1-1-407 བཞིན། ཕྱིན་དྲུག་གི་དགེ་ (བློ་བརྟན་དབུས་མཐར་)བ་རྫོགས་བྱང་དུ་བསྔོས་པས་མི་ཟད་པར་བྱེད་ པའི་ཕར་ཕྱིན། ཚེ་རབས་དུ་མར་སངས་རྒྱས་མཉེས་པར་བྱེད་ཅིང་ཕྱིན་དྲུག་ལ་སྤྱོད་པར་སྐྱེ་ (བློ་)བའི་སེམས་ཀྱི་སྨོན་པའི་ཕར་ཕྱིན། སོ་སོར་རྟོག་པ་དང་བསྒོམ་པའི་སྟོབས་གཉིས་ཀྱིས་ ཕྱིན་དྲུག་གི་མི་མཐུན་ཕྱོགས་ཀྱིས་ཟིལ་གྱིས་མི་ནོན་པར་རྒྱུན་མི་འཆད་པར་སྦྱིན་སོགས་ལ་ འཇུག་པའི་ཕར་ཕྱིན། ཐེག་ཆེན་གྱི་ཆོས་ལ་སྒྲ་ཇི་བཞིན་དུ་རྟོག་པའི་རྨོངས་པ་དང་བྲལ་བས་ ཕྱིན་དྲུག་སོགས་ཐེག་ཆེན་གྱི་ཆོས་ལ་ལོངས་སྤྱོད་ཅིང་དེས་སེམས་ཅན་སྨིན་པར་བྱེད་པའི་ ཕར་ཕྱིན། ཞེས་དབུས་མཐའ་འགྲེལ་པ་འགྲེལ་བཤད་ལྟར་རོ། ། གཉིས་པ་ནི། དྲུག་གི་རིམ་བཞིན་སྐད་དོད་ལ། དཱ་ན་སྟེ། དཱ་རི་ཏྲ་དབུལ་བ། ནཱ་ཤ་སེལ་ པའམ་འཇོམས་པ་ (མེད་པར་བྱེད་བློ་བརྟན་)སྟེ། དབུལ་བ་འདོར་བས་དང༌། ཤཱི་ལ། ཤཱི་ཏ་བསིལ་བ། ལབྦྷ་ཐོབ་པ་སྟེ། ཚེ་འདིར་ཡུལ་ལ་ཆགས་པས་ཆགས་སྡང་སོགས་ཀྱིས་ཀུན་ནས་བླང་བའི་ སྒོ་གསུམ་གྱི་བྱ་བ་ངན་པ་སྣ་ཚོགས་པའི་སྡུག་བསྔལ་གྱིས་གདུང་བར་མི་བྱེད་པ་འཐོབ། ཚེ་ གཞན་དུ་ངན་སོང་དུ་མི་གདུང་ཞིང་ལྷ་མིའི་བསིལ་བ་ཐོབ་པར་འགྱུར། མཐར་མྱང་འདས་ཀྱི་ བདེ་བའི་བསིལ་བ་ཐོབ་པར་བྱེད་པས་སོ་བློ་བརྟན་མར་རོ། །ཀྵཱནྟི། ཀྵཱ་མ། (ཀྵོ་བྷ་འཁྲུག་པ་ཞེས་ རལ་གྲིས།) འཁྲུག་པ་ཤཱནྟི་ཞི་བ་སྟེ། ཁྲོ་བ་བཟོད་པས་དང༌། (ཀྵ་ནི་ཟད་པ། ཏི་ནི་བྱེད་པ་སྟེ་ཁྲོ་བ་ཟད་བྱེད་ ཅེས་བློ་བརྟན་མར་རོ། །) ཝཱིརྱ། (རལ་གྲི་བུ་)ཝི་ཝར་མཆོག ཡོ་ག་སྦྱོར་བ་སྟེ། དགེ་བ་མཆོག་དང་སྦྱོར་ བས་དང༌། (ཝི་ནི་དམ་པ། རྱ་ནི་སྦྱོར་བ་སྟེ། འཇིག་རྟེན་ལས་འདས་པའི་དགེ་རྩ་དམ་པ་ལ་སྦྱོར་ཞེས་བློ་བརྟན་མར་རོ། །) དྷྱཱ་ ན་ (དྷྱེ་བློ་བརྟན་མར།)དྷཱི་ཡིད། དྷ་ར་འཛིན་ནམ། མ་ན་ཡིད་དེ། ཡིད་ནང་དུ་འཛིན་པས་དང༌། པྲ་ ཛྙཱ། པར་མཱརྠ་དོན་དམ་པ། ཛྙཱ་ན་ཤེས་པས་ཏེ། དབུལ་བ་འདོར་བར་བྱེད་པ་དང༌། །བསིལ་བ་ ཐོབ་དང་ཁྲོ་བཟོད་དང༌། །མཆོག་སྦྱོར་བ་དང་ (བུ་)ཡིད་འཛིན་དང༌། །དོན་དམ་ཤེས་པའི་ཕྱིར་ བཤད་དོ། །ཞེས་སོ། །ཆོས་གང་འགྲུབ། འཕེལ། འཐོབ། སྤོང་བྱེད་དུ་རིགས་པ་ནི་ཐབས་སོ། ། 1-1-408 དེ་ལ་མཁས་པ་ནི། ཐོག་ཏུ་ཕེབས་པ་སྟེ། ཆོས་གང་འགྲུབ་པར་བྱ་བ་དང་རྣམ་པར་འཕེལ་ བ་དང༌། འཐོབ་པར་བྱ་བ་དང༌། སྤང་བར་བྱ་བའི་ཕྱིར་རིགས་པ་གང་ཡིན་པ་དེ་ནི་དེའི་ ཐབས་ཡིན་ནོ། །དེ་ལ་མཁས་པ་ནི་ཐོག་ཏུ་ཕེབས་པ་སྟེ་ཐབས་ལ་མཁས་པའོ། །སྤྱིར་རྣམ་ པ་དུ་མར་སྨོན་པ་ཡིན་མོད་ཀྱིས་འདིར་དགེ་བ་དང་མཐུན་པའི་སྐྱེ་བ་ལ་སྨོན་པས་སྨོན་ལམ། ། ཤེས་རབ་དང་དགེ་ཆོས་གོམས་པར་བྱེད་པས་མི་མཐུན་ཕྱོགས་ཀྱིས་ཟིལ་གྱིས་མི་ནོན་པས་ སྟོབས། །ཐེག་ཆེན་གྱི་ཆོས་ལ་སྒྲ་ཇི་བཞིན་གྱི་རྨོངས་པ་དང་བྲལ་ནས་ཇི་བཞིན་ཤེས་པས་ཡེ་ ཤེས་ཏེ། བློ་བརྟན་གྱི་ (དབུས་མཐའི་འགྲེལ་བཤད་)དགོངས་པའོ། །གསུམ་པ་ནི། གསུམ་གསུམ་ སྟེ། ཆོས་དང་ཟང་ཟིང་མི་འཇིགས་གཏོང༌། །ཞེས་དང༌། བརྡར་བཏགས་ཆོས་ཉིད་ཐོབ་པ་སྟེ། ། དང་པོ་སོ་ཐར་གཉིས་པ་ལ། །བསམ་གཏན་ཟག་མེད་ཀྱི་གཉིས་སོ། །མི་མཇེད་ཇི་མི་སྙམ་ ཤེས་དང༌། །ཞེས་དང༌། དེ་དག་ལ་ནི་དེ་རྣམ་བདུན། །ཞེས་ཏེ། ལུས་ཀྱི་བརྩོན་འགྲུས་ (རྔོག་) ལྔ་སྟེ། (བློ་)མི་དགེ་བ་སྤོང་ཞིང་དགེ་བ་སྒྲུབ་པའི་བརྩོན་འགྲུས་གང་དབང་ (གཉིས་ཀ་)ཤེས་ལྔ་ དང་མཚུངས་ (བཤད་སྦྱར་)ལྡན་དུ་གནས་པ་ལྔ་སྟེ་དེ་ནི་དབང་བོའི་ (བཤད་སྦྱར་དངོས། གཅིག་ན་མེད་)སྒོ་ བསྡམས་ཏེ་གནས་པས་ (སྦྱར་)ལྷག་པའི་ཚུལ་ཁྲིམས་ལ་གུས་སྦྱོར་རྟག་སྦྱོར་གྱི་བརྩོན་འགྲུས་ སོ། །སེམས་ཀྱི་བརྩོན་འགྲུས་གཉིས་ཏེ། (བློ་དངོས། གཅིག་དོན།) ལྷག་སེམས་ཀྱི་བསླབ་པ་ལ་ གུས་སྦྱོར་རྟག་སྦྱོར་གྱི་བརྩོན་འགྲུས་དྲུག་པའོ། །ལྷག་པའི་ཤེས་རབ་ཀྱི་བསླབ་པ་ལ་གུས་ རྟག་ (བློ་བརྟན་)སྦྱོར་གྱི་བརྩོན་འགྲུས་དེ་བདུན་པའོ། །(བཤད་སྦྱར།) དེ་ལྟར་བསླབ་པ་གསུམ་ ལ་གུས་རྟག་གི་སྦྱོར་བའི་སྒོ་ནས་བདུན་དུ་བློ་བརྟན་མར་ཏེ་བཤད་སྦྱར་དང་དོན་གཅིག་གོ ། བོད་དག་ (བུ་སོགས་)ནོར་བ་ཇི་སྙེད་ཅིག་སྨྲའོ། །བསམ་གཏན་ལ་རྟོག་བཅས་དཔྱོད་བཅས། རྟོག་མེད་དཔྱོད་ཙམ། རྟོག་མེད་དཔྱོད་མེད་ཀྱི་ (འགྲེལ་)བསམ་གཏན་གསུམ་མོ། །ཤེས་རབ་ ལ། འཇིག་རྟེན་པའི་ཤེས་རབ་འདས་པའི་ཤེས་རབ་ཆུང་ངུ་ཉན་རང་གིའོ། །འདས་ཆེན་བྱང་ 1-1-409 སེའི་ (བློ་བརྟན་མར་)འམ་ཐེག་ཆེན་གྱིའོ། །(ཐོས་བསམ་སྒོམ་པའི་ཤེས་རབ་གསུམ་དུ་ཡང་སྟེ། རད་ཀིར་སོགས།) ཐེག་བསྡུས་ལྟར་ན། སྤྱིའི་མཚན་ཉིད་དམ་པ་དྲུག་ལྡན་གྱི་ཤེས་པའོ། །དྲུག་ནི་བྱང་ཆུབ་ (ཐུབ་ དགོངས་སུ་འདི་ལྟར་བསྡུས་ཏེ་)ཀྱི་སེམས་ལ་བརྟེན་ (ཐུབ་དགོངས་སུ་)པས་གནས་དམ་པ། ཕྱི་ནང་ (བཤད་ སྦྱར་)གི་དངོས་པོ་མཐའ་ (རད་སྦྱར་གཉིས་)དག་གཏོང་ (སྦྱར་)བས་དངོས་པོ་དམ་པ། སེམས་ཅན་ ཐམས་ཅད་ལ་ཕན་བདེའི་ཆེད་དུ་སྤྱོད་པས་ཆེད་དུ་བྱ་བ་དམ་པ། འཁོར་ (བཤད་སྦྱར་)གསུམ་མི་ རྟོག་པའི་ (རད་ཉིད་)ཡེ་ཤེས་ཀྱིས་ཟིན་པས་ཐབས་ལ་མཁས་པ་དམ་པ། རྫོགས་བྱང་དུ་བསྔོས་ པས་ཡོངས་སུ་བསྔོ་བ་དམ་པ། སྒྲིབ་གཉིས་དག་པར་འགྲུབ་པས་ (དངོས་)རྣམ་པར་དག་པ་ དམ་པའོ། །དོན་བསྡུའོ། །རེ་རེ་ཡང་དྲུག་ཅེས་བཤད་སྦྱར་ཏེ་སོ་སོར་བཀོད་ན། ཡོངས་སུ་ གཏོང་བ་དམ་པ་དྲུག་ལྡན་ཞེས་སོགས་དགོད་དོ། །ངེས་ (རད་ཉིད་)ཚིག་ནི། འཇིག་རྟེན་པ་དང་ ཉན་རང་གི་སྦྱིན་སོགས་དགེ་བ་ཐམས་ཅད་ལས་ཕུལ་དུ་བྱུང་བར་ཕ་རོལ་ཏུ་འགྲོ་བས་ཕར་ ཕྱིན་ (དངོས་)རྣམས་སོ། །(རེ་རེའི་སྒྲ་བཤད་ནི་ཇི་བཞིན་)སེར་སྣ་དང་དབུལ་བ་འཇོམས་པ་དང་ལོངས་ སྤྱོད་ཆེན་པོ་དང་བསོད་ནམས་ཀྱི་ཚོགས་ཐོབ་པར་བྱེད་པས་སྦྱིན་པའོ། །འཆལ་བའི་ཚུལ་ ཁྲིམས་དང་ངན་འགྲོ་ཞི་བར་བྱེད་པ་དང་བདེ་འགྲོ་དང་ཏིང་ངེ་འཛིན་ཐོབ་པར་བྱེད་པས་ཚུལ་ ཁྲིམས་སོ། །ཁྲོ་བ་དང་འཁོན་པ་ཟད་པར་བྱེད་པ་དང་བདག་དང་གཞན་དག་ལ་བདེ་བར་ བྱེད་པས་བཟོད་པའོ། །ལེ་ལོ་དང་སྡིག་པ་མི་དགེ་བའི་ཆོས་རྣམས་དང་འབྲལ་བར་བྱེད་པ་ དང་དགེ་བའི་ཆོས་ཚད་མེད་པ་རྣམ་པར་སྤེལ་བར་བྱེད་པས་བརྩོན་འགྲུས་སོ། །རྣམ་པར་ གཡེང་བ་སེལ་བ་དང་ནང་དུ་སེམས་གནས་པ་སྒྲུབ་པར་བྱེད་པས་བསམ་གཏན་ནོ། །ལྟ་ བར་གྱུར་བ་དང་འཆལ་བའི་ཤེས་རབ་ཐམས་ཅད་སེལ་བ་དང་ཡང་དག་པར་རྣམ་པ་ཐམས་ ཅད་དུ་ཆོས་རྣམས་རབ་ཏུ་ཤེས་པས་ཤེས་རབ་བོ། །ཞེས་སོ། །(ཇི་བཞིན་ནོ། །) གསུམ་གསུམ་དུ་ བལྟ་བར་བྱ་སྟེ། ཞེས་ནས། དང་པོ་འདྲ། སྡོམ་པའི་དགེ་བའི་ཆོས་སྡུད་སེམས་ཅན་དོན་བྱེད་ 1-1-410 ཀྱི་ (དགོངས་འགྲེལ་)དང་གསུམ་པ་འདྲ་ (དགོངས་འགྲེལ་)གོ་ཆའི་ (རེ་རེ་སྦྱར་)སྦྱོར་བའི་ (སེམས་ཅན་གྱི་དོན་བྱ་ བའི་བརྩོན་འགྲུས་གསུམ་དུ་དགོངས་འགྲེལ་དུ་བཤད་)མི་ཞུམ་ཞིང་མི་ (མངོན་འགྲེལ་)འཁྲུགས་ལ་ཆོག་པར་མི་ འཛིན་པའི་བརྩོན་འགྲུས་དང༌། (མཐོང་ཆོས་ལ་)བདེ་བར་ (མདོ་)གནས་ (ཐེག་བསྡུས་)པའི་ (མངོན་སོགས་) ཡོན་ཏན་ (མདོ་)མངོན་པར་ (ཐེག་བསྡུས་)སྒྲུབ་པའི། སེམས་ (མདོ་)ཅན་གྱི་བྱ་བ་ (བསྡུས་)བསྒྲུབ་ པའི་བསམ་གཏན་ནོ། །(མདོ་དང་གཉིས།)རྣམ་པར་མི་རྟོག་པར་སྦྱོར་བའི། རྣམ་པར་མི་རྟོག་ པའི། རྣམ་པར་མི་རྟོག་པའི་རྗེས་ལ་ཐོབ་པའི་ཤེས་རབ་པོ། །དགོངས་འགྲེལ་དུ། ཀུན་རྫོབ་ ཤེས་པ། དོན་དམ་ཤེས་པ། སེམས་ཅན་གྱི་དོན་ལ་དམིགས་པ་གསུམ་དུ་བཤད་དོ། །གཉིས་ པ་ལ་གྲངས་ངེས་ནི། དང་པོ་གསུམ་གྱིས་ལོངས་སྤྱོད། བདེ་འགྲོའི་ལུས། སྐྱེ་བོ་ཐམས་ཅད་ དབང་དུ་གྱུར་བ་ཐོབ་པས་མངོན་མཐོའི་ལམ་དང༌། ཕྱི་མ་གསུམ་གྱིས་དགེ་བ་ལ་སྦྱོར་བའི། སེམས་ཅན་སྨིན་པའི། སངས་རྒྱས་ཀྱི་ཆོས་སྒྲུབ་པའི་ཐབས་གསུམ་གྱིས་ངེས་ལེགས་ཀྱི་ལམ་ སྟེ་དྲུག་ཏུ་ངེས་ཤིང་མི་མང་མི་ཉུང་ཞེས་ཀུན་བཏུས་འགྲེལ་ལོ། །གོ་རིམ་ནི། སྔ་མ་ལ་བརྟེན་ ཕྱི་མ་སྐྱེ། །དམན་དང་མཆོག་ཏུ་གནས་ཕྱིར་དང༌། །རགས་པ་དང་ནི་ཕྲ་བའི་ཕྱིར། །དེ་དག་ རིམ་པར་བསྟན་པ་ཡིན། །ཞེས་སོ། །འབྲས་བུ་ནི་ (བྲལ་འབྲས་རང་རང་གི་སྤང་བྱ་སྤང་བ། རྒྱུ་མཐུན་ཁྱད་ པར་ཅན་ཕྱི་མ། བདག་འབྲས་བྱང་ཆེན། མཐོང་ཆོས་ལ་བདག་གཞན་རྗེས་སུ་འཛིན་པ་སྐྱེས་བུ་བྱེད་འབྲས། རྣམ་སྨིན་ནི། དང་ པོ་གསུམ་གྱི་ནི།)རིམ་བཞིན། ལུས་དང་ལོངས་སྤྱོད་ཕུན་ཚོགས་དང༌། །བདེ་འགྲོ་གནས་པ་སྦྱིན་ བྱེད་དང༌། །ཕན་ཡོན་ལྔར་ (འཁོན་མེད་པ། དབྱེན་མེད་པ། བདེ་བ་དང་ཡིད་བདེ་བ་མང་བ། འགྱོད་པ་མེད་པར་ འཆི་བ། ཤི་ནས་བདེ་འགྲོར་སྐྱེ་བ་ལྔའོ། །)ནི་ཡང་དག་བཤད། །(ཕྱི་མ་གསུམ་གྱི་རྣམ་སྨིན་སེམས་ཅན་དབང་དུ་འགྱུར་ བ། ལུས་ལ་གནོད་པ་མེད་པ། དབང་ཆེ་བར་གྲགས་པ་གསུམ་རིམ་བཞིན་ནོ། །ཀུན་བཏུས་འགྲེལ་པ་རྒྱལ་སྲས་སོ། །) དྲན་ སོགས་ཡོན་ཏན་འཕེལ་བྱེད་དང༌། །བདེ་བ་སྐྱེ་བར་བྱེད་པ་དང༌། །(བྱེད་འབྲས།) ཀུན་ནས་ཉོན་ མོངས་ཤིན་ཏུ་གྲོལ། །(བྲལ་འབྲས།)ཞེས་པའི་དོན་བཤད་དོ། །བཅུ་པོའི་བྱེད་ལས་ནི། དབུས་ 1-1-411 མཐར། ལས་ནི་རྗེས་སུ་འཛིན་བྱེད་དང་། གནོད་མི་བྱེད་དང་དེ་ལ་བཟོད། །ཡོན་ཏན་འཕེལ་ དང་ (བསམ་གཏན་གྱི་མཐུས་རྫུ་འཕྲུལ་བསྟན་ནས་བསྟན་པ་འདི་ལ་)འཛུད་ནུས་དང༌། །རྣམ་པར་གྲོལ་བར་ བྱེད་པ་དང༌། །(ཕྱི་མ་བཞི་སྔར་གྱི་མཚན་ཉིད་ཀྱིས་ཤེས།)མི་ཟད་པ་དང་རྟག་འཇུག་དང༌། །ངེས་པར་ (རྒྱུན་མི་ ཆད་པར་ཕྱིན་དྲུག་ལ་འཇུག་པའོ། །)ལོངས་སྤྱོད་སྨིན་པར་བྱེད། །(སྔར་བཤད་མཚན་ཉིད་)ཅེས་སོ། །ཕན་ཚུན་ བསྡུ་བ་ནི། ཚུལ་ཁྲིམས་བཟོད་ཕར་གཉིས་མི་འཇིགས་པའི་སྦྱིན་པས་བསྡུས་ཏེ། གཞན་ལ་ གནོད་པ་མི་བྱེད་པ་དང་གཞན་གྱིས་བྱས་པ་ལ་བཟོད་པས་ཕ་རོལ་གདུང་བར་མི་བྱེད་པས་ སོ། །བརྩོན་འགྲུས་བསམ་གཏན་ཤེས་རབ་ཕར་ཆོས་སྦྱིན་གྱིས་བསྡུས་ཏེ། མི་སྐྱོ་བར་བསམ་ གཏན་རྣམས་བསྐྱེད་ནས་ཕ་རོལ་ཀྱི་བསམ་པ་ཤེས་ཏེ་ཤེས་རབ་ཀྱིས་ཇི་བཞིན་རྟོགས་ནས་ སྟོན་པས་སོ། །ཞེས་ཐུབ་དགོངས་དོན་ནོ། །དགེ་བ་ཆོས་སྡུད་ཀྱིས་ལྔ་བོ་ཐམས་ཅད་བསྡུས་ ཏེ། རྒྱུ་མཚན་སླའོ། །སྦྱིན་ཕར་ནི་ཟང་ཟིང་གི་སྦྱིན་པ། གཞན་ལྔ་མི་འཇིགས་པའི་སྦྱིན་པའོ། ། ཐམས་ཅད་ཆོས་ཀྱི་སྦྱིན་པ་སྟེ་གཞན་གྱི་སེམས་རྒྱུད་ལ་བསྐྱེད་པས་སོ། །ཞེས་དང༌། ཚུལ་ ཕར་ནི་སྦྱིན་ཕར་ཡིན་ལ། སྦྱིན་ཕར་ཡིན་ལ་ཚུལ་ཕར་མིན་པ་ཡོད་དེ། ཚུལ་ཕར་གྱིས་མ་ཟིན་ པའི་སྦྱིན་ཕར་རོ། །ཕྱི་མ་འདི་འོག་མ་རྣམས་ལའང་སྦྱར་རོ། །ཞེས་དང༌། (དཔྱད་དགོས།) སྦྱིན་ པ་ཡིན་ལ་སྦྱིན་ཕར་མིན་པ་བྱང་ཆེན་དུ་མ་བསྔོས་པའི་སྦྱིན་པའོ། །གཉིས་ཡིན་བསྔོས་པའོ། ། གཉིས་མིན་དེ་གཉིས་མ་གཏོགས་པའོ། །ཤེས་རབ་ཀྱི་བར་ལ་གསུམ་མོ། །ཞེས་པ་རྣམས་ ཀུན་བཏུས་འགྲེལ་པར་རོ། །ཐེག་བསྡུས་སུ། སྦྱིན་པ་ཡང་ཡིན་ལ་ཕ་རོལ་ཕྱིན་པ་མིན་པའང་ ཡོད་ཅེས་མུ་བཞིའོ་ཞེས་པ་ཙམ་གསུངས་པ་ལ། བཤད་སྦྱར་དུ། དང་པོ་དམ་པ་དྲུག་བྲལ་གྱི་ སྦྱིན་པ། གཉིས་པ་དྲུག་ལྡན་གྱི་ཚུལ་ཁྲིམས་སོགས། གསུམ་པ་དྲུག་ལྡན་གྱི་སྦྱིན་པ། གཉིས་ མིན་ནི་དྲུག་བྲལ་གྱི་ཚུལ་ཁྲིམས་སོགས་སོ་གཞན་ལ་སྦྱར་རོ། །འདིར་སྦྱིན་པ་དང་ཕར་ཕྱིན་ ཞེས་སོགས་སྦྱར་གྱི་སྦྱིན་པའི་ཕར་ཕྱིན་སོགས་མ་སྦྱར་རོ། ། 1-1-412 གཉིས་པ་ནི། གོ་ཆའི་སྒྲུབ་པ་གང་ཡིན་པ་དེ་བཤད་དོ་ཞེས་དྲང་ངོ༌། །གང་གིས་ན། དྲུག་ ཚན་དྲུག་གིས་སོ། །དེར་ཚུལ་གང་གི་སྒོ་ནས་འགྱུར་ན། དྲུག་པོ་དེ་དག་སོ་སོར་ཏེ་རེ་རེ་ལ་ ཡང་སྦྱིན་པ་ལ་སོགས་པ་རྣམ་པ་དྲུག་དྲུག་ཏུ་བསྡུས་ཤིང་ཚང་བའི་སྒོ་ནས་དེར་འགྱུར་རོ། ། ཇི་ལྟར་ན། མདོ་ལས་ཇི་ལྟར་ (དག་ལྡན་དངོས་)གསུངས་པ་བཞིན་དུའོ། །(དངོས།) སོ་དྲུག་ཇི་ལྟ་ བ་བཞིན་དུ་བཤད་པར་ཤེས་པར་བྱའོ་ཞེས་གསེར་རོ། །སྦྱིན་པ་གང་ཡོངས་སུ་གཏོང་བ་དེ་ དག་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡིད་བྱེད་ཀྱིས་མིན་གྱི་རྣམ་མཁྱེན་དང་ལྡན་པའི་ཡིད་ བྱེད་ཀྱིས་གཏོང་ཞིང་རྫོགས་བྱང་དུ་བསྔོ་བ། ཞེས་སོགས་རྒྱ་ཆེར་ཏེ་མདོ་ཉིད་བལྟའོ། ། འགྲེལ་པ་ལ་གཉིས་ཏེ། དྲུག་ཚན་དྲུག་ཏུ་དབྱེ་བ། དྲུག་ཏུ་བསྡུས་ཏེ་བསྟན་པའོ། །དང་པོ་ ནི། གོ་ཆ་དྲུག་ཚན་དྲུག་དང་ཕར་ཕྱིན་དྲུག་ཚན་དྲུག་སྟེ། ཆོས་ཀྱི་སྦྱིན་པ་དང་ཟང་ཟིང་གི་སྦྱིན་ པ་སོགས་སྦྱིན་པར་བྱེད་པ་ན་སྦྱིན་པ་དེ་ཉིད་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ་ རྫོགས་བྱང་དུ་བསྔོ་བར་གོ་བགོས་པ་སྦྱིན་ (ཆེ་ཆུང་གཉིས་)ཕར་གྱི་གོ་ཆ། དེ་ལྟར་བསྔོས་པ་སྦྱིན་ པའི་སྦྱིན་པ་དེ་ཉིད་ཀྱི་ཚེ་བདག་གཅིག་པུ་དུལ་ (གསེར་)བར་བྱའོ་ཞེས་སོགས་ཉན་ཐོས་ཀྱི་ ཡིད་བྱེད་སྤོང་བར་གོ་ (འཇོམས་གཉིས་ཨཱརྱ་)བགོས་པ་སྦྱིན་པའི་ཚུལ་ཁྲིམས་ཀྱི་གོ་ཆ། སྤོང་བའི་ བློ་ཉིད་སྦྱིན་ཚུལ་ལོ། །དེ་ཉིད་ཀྱི་ཚེ་སྐྱེ་བོ་ཐམས་ཅད་ཀྱིས་གཤེ་བ་ལ་སོགས་པའི་མི་སྙན་ པར་སྨྲ་བ་བཟོད་པར་གོ་བགོས་པ་སྦྱིན་པའི་བཟོད་པའི་གོ་ཆ། བཟོད་པ་དངོས་སྦྱིན་བཟོད། འཁོར་གསུམ་མ་དམིགས་པར་ཡིད་ལ་བྱེད་པའི་ཆོས་ཟབ་མོ་ལ་བཟོད་པ་ནི་བཟོད་པའི་གོ་ ཆའོ་ཞེས་གནོད་འཇོམས་གཉིས་སོ། །(རྣམ་མཁྱེན་གྱི་ཆོས་ལ་བཟོད་ཅིང་འདོད་པའི་ནི་བཟོད་པའི་གོ་ཆ་ཞེས་ ཨཱརྱའོ། །) དེ་ཉིད་ཀྱི་ཚེ་དགེ་ (གསེར་)བ་ལ་འདུན་པའམ་མངོན་ (གསེར་)པར་འདོད་པ་བསྐྱེད་པར་ གོ་བགོས་པ་ནི་སྦྱིན་པའི་བརྩོན་འགྲུས་ཀྱི་གོ་ཆ། དེ་བསྐྱེད་པ་སྦྱིན་བརྩོན། ཡང་དེ་ཉིད་ཀྱི་ཚེ་ (དངོས་)སྦྱིན་པ་བྱེད་པ་ལ་སྙོམ་ལས་མེད་པ་དང་མི་སྐྱོ་ཞིང་བརྩོན་འགྲུས་ཉམས་པར་མི་བྱེད་པ་ 1-1-413 དེའོ་ཞེས་འབུམ་ཊཱིཀ་ཀོ། (ཨཱརྱས་དགེ་རྩ་རྫོགས་བྱང་དུ་བསྔོ་བ་ལ་དེར་བཤད། གནོད་འཇོམས་ཆེ་བར་རྫོགས་བྱང་ དུ་བསྔོས་པས་སྦྱིན་པ་ལས་བརྩོན་འགྲུས་འཕེལ་བ་ནི་བརྩོན་འགྲུས་ཀྱི་གོ་ཆའོ་ཞེས་སོ། །) དེ་ཉིད་ཀྱི་ཚེ་ཐེག་པ་གཞན་ དམན་པ་དང་མ་འདྲེས་པའི་སེམས་རྩེ་གཅིག་པར་གོ་བགོས་པ་སྦྱིན་པའི་བསམ་གཏན་གྱི་གོ་ (གནོད་འཇོམས་གཉིས་)ཆ། རྩེ་གཅིག་པ་དངོས་སྦྱིན་པའི་བསམ་གཏན་ནོ། །རྫོགས་བྱང་དུ་བསྔོ་ བ་དེར་ཨཱརྱ་ (ལྟར་ན་བརྩོན་འགྲུས་དང་འདི་ལ་ཁྱད་མི་སྣང་ངོ༌། །)དང་འགྲེལ་ཆེན་ནོ། །དེ་ཉིད་ཀྱི་ཚེ་སྒྱུ་མ་ ལྟ་བུའི་འདུ་ཤེས་ཉེ་བར་གནས་པས་སྦྱིན་པར་བྱ་བ་དང་སྦྱིན་པོ་ལེན་པོ་མི་དམིགས་པར་གོ་ བགོས་པ་སྦྱིན་པའི་ཤེས་རབ་ཀྱི་གོ་ཆ། མི་དམིགས་པའི་བློ་སྦྱིན་པའི་ཤེས་རབ་པོ། །ཕྱི་མ་ འདི་ཨཱརྱའོ། །གཞན་ལྔ་ལ་ཡང་གོ་རིམ་བཞིན་དུ་ཚུལ་ཁྲིམས་བསྲུང་བྱ་སྲུང་བྱེད་མ་དམིགས་ པ་ལ་སོགས་པར་སྦྱར་ཏེ་སྔ་མ་དེ་བཞིན་དུ་ཚུལ་ཁྲིམས་བསྲུང་བར་བྱེད་པ་དྲུག་ཚན་གཉིས་ པ། བཟོད་པ་རྫོགས་པར་བྱེད་པ་གསུམ་པ། བརྩོན་འགྲུས་རྩོམ་པ་བཞི་པ། བསམ་གཏན་ སྒྲུབ་པ་ལྔ་པ། ཤེས་རབ་སྒོམ་པར་བྱེད་པ་དྲུག་པའོ། །ཡང་ན་གཞུང་ཚིག་ཇི་བཞིན་སྦྱར་ཏེ་ ཆོས་སྦྱིན་ལྟ་བུའི་ཕར་ཕྱིན་ཁོ་རང་སྦྱིན་ཕར་ཡིན་མོད། དེ་ལ་གཞན་ལྔ་ཚང་བར་བཤད་ནས་ སྦྱིན་བྱ་སོགས་མ་དམིགས་པའི་གོ་ཆ་ཉིད་ཀྱིས་སྔར་བཤད་དེ་ལྟར་བྱེད་པ་ནི་སྦྱིན་པའི་གོ་ ཆ་ཞེས་སོགས་གཞན་ལ་ཡང་ཞེས་གསེར་གླིང་བ་སྟེ་འགྲེལ་པ་འདིའི་དོན་དེ་ཡིན་ནོ། །མདོ་ ཉིད་གསལ་ལོ། ། གཉིས་པ་ནི། སྔར་བཤད་དེ་ལྟར་སྦྱིན་པ་ལ་སོགས་པའི་ཕར་ཕྱིན་པ་དྲུག་པོ་དེ་སྦྱིན་པ་ ལ་སོགས་པ་སོ་སོར་ཏེ་རེ་རེས་ཀྱང་བསྡུས་པ་དྲུག་ཚན་དྲུག་གིས་རྣམ་པ་སུམ་ཅུ་རྩ་དྲུག་ཏུ་ འགྱུར་བ་ཡིན་ནོ། །འོ་ན་གོ་སྒྲུབ་སོ་དྲུག་ཏུ་འགྱུར་རོ་ཞེ་ན། དེ་ལྟ་མོད་ཀྱི་གོ་ཆའི་སྒྲུབ་པ་རྣམ་ པ་དྲུག་ཏུ་བསྡུས་སོ། །རྒྱུ་ (ཆོས་བཤེས་)མཚན་ནི་སྦྱིན་པའི་དྲུག་སྦྱིན་པའི་རྒྱུ་ལས་བྱུང་ཞིང་དེའི་ ཉམས་ལེན་པས་ཕྱེ་བས་སྦྱིན་པར་ཆོས་མཐུན། སོགས་པས་ཚུལ་ཁྲིམས་ཀྱི་དྲུག་ཚུལ་ཁྲིམས་ 1-1-414 སུ་ཆོས་མཐུན་པ་སོགས་ཀྱི་ཕྱིར་ནའོ། །བསྡུས་པའི་དགོས་པ་ནི་རྒྱས་པར་བསྟན་པ་རྣམས་ བསྡུས་ན་གོ་སླ་བས་སོ། །དཔེར་ན། མདོའི་ལེའུ་མང་པོ་རྣམས་འཕགས་པ་རྣམ་གྲོལ་སྡེས་ ལེའུ་བརྒྱད་དུ་གདགས་པ་མཛད་པ་ལྟ་བུའོ་ཞེས་ཆོས་བཤེས་སོ། །ལེའུ་བརྒྱད་མ་འཕགས་ པས་བྱས་པར་བཞེད་དོ། །ཡང་ན་དྲུག་པོ་དེའི་སྦྱིན་པ་དྲུག་སྦྱིན་པར་མཐུན་ཞེས་ཀྱང་དེའི་ ལུགས་གཅིག་ཏུ་མངོན་ནོ། །བམ་པོ་གཉིས་པ་འཆད་དེ། གཉིས་པ་ལ་གསུམ་ལས། སྔ་འགྲེལ་ནི། ཚུལ་དེ་ལྟར་རྣམ་མཁྱེན་ཡིད་ལ་བྱེད་པས་ ཕྱིན་དྲུག་མཚན་མར་མི་དམིགས་པར་བསྒྲུབ་པར་གོ་བགོས་པ་ལ་ཐེག་ཆེན་ལ་འཇུག་པ་ འབྱུང་བས་སྒྲུབ་པ་གཉིས་པ་འཇུག་པའི་སྒྲུབ་པ་སྟོན་ནོ། །ཆོས་བཤེས་ནི། ཆོས་ཀྱི་དབྱིངས་ ལ་འཇུག་པ་ཐོབ་ནས་བསྒྲུབ་ཅེས་པ་སྟེ་དེ་ཡན་དུ་འདུན་པ་ཙམ་གྱིས་སྤྱོད་པ་སྟེ་ཞེས་མཐོང་ ལམ་ལ་སྦྱོར་རོ། ། རྩ་བ་ལ། འཇུག་ཡུལ་ཐེག་ཆེན། དེ་ལ་འཇུག་པའི་སྒྲུབ་པ་གཉིས་སོ། །དང་པོ་ལ། མཚན་ཉིད་ནི། རྫོགས་བྱང་མཐར་ཕྱིན་པའམ། དེར་བགྲོད་པའི་ཐབས་ཁྱད་པར་ཅན་ནོ། །དེ་ ལ་གཉིས་ལས། རྒྱུའི་ཐེག་ཆེན་གྱི་མཚན་ཉིད་ནི། རང་གང་གི་བཞོན་པར་གྱུར་བའི་སྐྱེས་བུ་ ད་ཕྱིས་རྫོགས་བྱང་དུ་བགྲོད་པར་བྱེད་པའི་ཐབས་ཁྱད་པར་ཅན། འབྲས་བུའི་ཐེག་ཆེན་གྱི་ མཚན་ཉིད། བགྲོད་བྱ་མཐར་ཐུག་པའོ། །སྒྲ་བཤད་ནི། (ཡན་ལག་བཅུ་གཉིས་སོགས་)དམིགས་པ་ (རྒྱ་)ཆེན་པོ་ཉིད་དང་ནི། །དེ་བཞིན་ (རང་གཞན་གྱི་དོན་)བསྒྲུབ་པ་ (ཆེན་པོ་)གཉིས་དག་དང༌། །(བདག་ མེད་གཉིས་ཀ་རྟོགས་པའི་)ཡེ་ཤེས་ (ཆེན་པོ་དང༌། གྲངས་མེད་གསུམ་དུ་གུས་སྦྱོར་རྟག་སྦྱོར་གྱི་)བརྩོན་འགྲུས་རྩོམ་ པ་ (ཆེན་པོ་)དང༌། །(འཁོར་བར་གནས་ཀྱང་ཉོན་མོངས་ཀྱིས་མི་གོས་པའི་)ཐབས་ལ་མཁས་པར་གྱུར་བ་ (ཆེན་ པོ་)དང༌། །(སྟོབས་དང་མི་འཇིགས་སོགས་)ཡང་དག་འགྲུབ་པ་ཆེན་པོ་དང༌། །(བྱང་ཆུབ་པ་དང་མྱང་འདས་སྟོན་ པ་སོགས་)སངས་རྒྱས་འཕྲིན་ལས་ཆེན་པོ་སྟེ། །ཆེན་པོ་འདི་རྣམས་དང་ལྡན་པས། །ཐེག་ཆེན་ 1-1-415 ཞེས་ནི་མངོན་པར་བརྗོད། །ཞེས་པ་ལྟར་ཆེན་པོ་བདུན་དང་ལྡན་པས་ (འདི་)ཐེག་ཆེན་ (གྱི་མཚན་ ཉིད་དུ་བཞག་པ་ཅུང་མི་ལེགས་སོ། །)ནོ། །མཚན་གཞི་ནི། དེ་བདུན་ཡང་དེ་ཡིན་ཞིང༌། ཐུབ་དགོངས་སུ་ སེམས་བསྐྱེད་ཉེར་གཉིས་ཁོ་ན་ཐེག་ཆེན་ནོ། །ཞེས་སོགས་ཏེ། ཐེག་ཆེན་གྱི་ས་བཅུ་ལམ་ལྔ་ སོགས་མཐའ་ཡས་སོ། ། གཉིས་པ་ནི། འཇུག་པའི་བསྒྲུབ་པ་ཤེས་པར་བྱའོ་ཞེས་དྲང་ངོ༌། །གང་དུ་ན། ཐེག་ཆེན་ ལ་དང་པོར་འཇུག་ཅིང་ཕྱིས་གོང་ནས་གོང་དུ་ཁྱད་པར་རྟོགས་པས་འཛེག་པ་ཡིན་པར་རོ། ། འགྲེལ་ཆེན་ནོ། །ཨཱརྱ་ནི། དོན་གཅིག་གསུང་ངོ༌། །འགྲོ་བའི་རྩོམ་པ་འཇུག་པ། དེ་ཉིད་ཐེག་ ཆེན་གྱི་ལམ་ལ་འཛེག་པའོ། །ཞེས་དག་ལྡན་ཏེ་ཟླ་ཟེར་ཡང་ངོ༌། །དབྱེ་ན་དུ་ཞེ་ན། བསམ་ གཏན་གཟུགས་མེད་ནས། རྣམ་ཀུན་མཁྱེན་པའི་ཚུལ་ལ་འཇུག་པའི་སྒྲུབ་པ་ཞེས་དགུའོ། ། འགྲེལ་པ་ལ། དང་པོ་རང་གི་རྣམ་རྟགས་མཚན་མ་རྣམས་ཀྱིས་བསམ་གཏན་དང་ གཟུགས་མེད་པའི་སྙོམས་པར་འཇུག་པ་ལ་སྦྱོར་བའི་བརྩོན་འགྲུས་ཀྱིས་ཡང་དག་པར་ གནས་པའི་མཚན་ཉིད་ཀྱི་འཇུག་པའི་སྒྲུབ་པ་སྟེ། བསམ་གཏན་དང་གཟུགས་མེད་པའི་ སྙོམས་པར་འཇུག་པ་ལ་མཉམ་པར་གཞོག་ཅིང་ལྡང༌། ཞེས་སོགས་རྒྱས་པར་རོ། །རྣམ་པ་ ནི་འདོད་པས་དབེན་ (དངོས་)སོགས་འོག་སའི་སྐྱོན་སྤངས་པ། རྟགས་ནི། རྟོག་དཔྱོད་སོགས་ གཉེན་པོའི་ཡན་ལག་གི་ཆ། མཚན་མ་ནི། དགའ་བདེ་སོགས་ཕན་ཡོན། ཡང་ན་ས་གོང་འོག་ གི་དབྱེ་བས་ཞི་རགས་སོགས་རྣམ་པའོ། །ས་གང་ལ་ཚོར་བ་གང་ཡོད་རྟགས་སོ། །སྙོམས་ འཇུག་གི་བདེ་བའི་རོ་མྱོང་བ་ནི་མཚན་མའོ། །ཞེས་ཨཱརྱའོ། །འདིར་མཐའ་དཔྱད་ན། ངོ་བོ། ཡན་ལག སྙོམས་པར་འཇུག་པ། ཉོན་མོངས། རྣམ་བྱང༌། ཚད་དང་དྲུག་གོ ། དང་པོ་ལ། མཛོད་དུ། བསམ་གཏན་དག་ནི་རྣམ་གཉིས་བཞི། །ཞེས་སྙོམས་འཇུག་གི་ བསམ་གཏན་ནམ་རྒྱུའི་བསམ་གཏན། སྐྱེ་བའམ་འབྲས་བུའི་བསམ་གཏན་གཉིས་ཡིན་ལ། 1-1-416 གཉིས་པོ་དེ་ལ་དང་པོ་ནས་བཞི་པའི་བར་བཞི་བཞིའོ། །དེའི་གཉིས་པ་ནི། མཛོད་དུ། དེར་སོ་ སོ་ཡི། །བསམ་གཏན་ས་ནི་གསུམ་པ་ཡིན། །བཞི་པ་ས་ནི་བརྒྱད་པ་ཡིན། །ཞེས་སོ། །གཉིས་ ཀྱི་དང་པོ་བཤད་ན་བཞི་ལས། དང་པོ་ལ། མཚན་ཉིད་ནི། སྙོམས་འཇུག་གི་བསམ་གཏན་ གང་ཞིག རྟོག་པའམ་དཔྱོད་པའི་ས་བ་ཡིན་པའོ། །དེ་ཡང་ཉོན་མོངས་ཅན་རྣམས་ཀྱང་ བསམ་གཏན་ཡིན་པའི་དབང་དུ་བྱས་པའོ། །ཡང་ན། གང་ཞིག རྟོག་དཔྱོད་གང་རུང་ཅན་ ནོ། །ཉོན་མོངས་ཅན་ནི་སྙོམས་འཇུག་གི་བསམ་གཏན་དངོས་མིན་ཏེ། དགའ་བདེ་སོགས་ ཡན་ལག་མེད་པས་སོ། །འོན་ཀྱང་ལོག་པར་རྩེ་གཅིག་པ་ཙམ་ཡོད་པས་སྒྲ་དོན་ཐོབ་པས་ དེར་བརྗོད་དེ། ས་བོན་རུལ་བ་བཞིན། ཞེས་འགྲེལ་བཤད་དུའོ། །ཡང་ན་རྒྱུ་སྙོམས་འཇུག་ གི་བསམ་གཏན་དང༌། སྙོམས་འཇུག་གི་བསམ་གཏན་གཉིས་སུ་འབྱེད་དགོས་པར་མངོན་ ཏེ། དང་པོའི་ཁྱད་པར་ཅན་ལ་ཟག་མེད་དག་པ་རོ་མྱང་ཅན་གསུམ་ཡོད་པར་རྩ་བར་བཤད་ དོ། །རོ་མྱང་ཅན་རྒྱུ་སྙོམས་འཇུག་གི་བསམ་གཏན་མིན་ཏེ། དགེ་བ་མིན་པའི་ཕྱིར། མཛོད་ ལས། སྙོམས་འཇུག་དགེ་བ་རྩེ་གཅིག་པ། །ཞེས་དང༌། རོ་མྱང་ཅན་སོགས་གཅོད་པ་ལ་དགེ་ བ་ཞེས་སྨོས་ཞེས་པའི་ཕྱིར་དང༌། དེ་ནི་སྙོམས་འཇུག་གི་བསམ་གཏན་ཉམས་བྱེད་ཡིན་པའི་ ཕྱིར་དང༌། འབྲས་བུ་སྐྱེ་བའི་བསམ་གཏན་དུ་སྐྱེ་མི་ནུས་ཏེ་དེར་སྐྱེ་བ་ལ་དག་པ་བ་དགོས་སོ། ། དེ་ཡང་ཉོན་མོངས་པའི་འདོད་ (འདོད་ཁམས་ཀྱི་ཆགས་སོགས་)པ་དང་མཚུངས་པར་ལྡན་པ་ལས་ དབེན། དངོས་པོའི་འདོད་པ་ལ་ (ཡུལ་ལྔ་དོན་དུ་གཉེར་ནས་)དམིགས་པ་ལས་དབེན། ཉོན་མོངས་ པའི་འདོད་པའི་རྒྱུ་ཅན་སྒོ་གསུམ་གྱི་ཉེས་སྤྱོད་ (མཚོན་གྱི་འདེབས་སོགས་)མི་དགེ་བ་མཐའ་དག་ གིས་དབེན་པ། རྟོག་དཔྱོད་ལ་སྐྱོན་དུ་མ་མཐོང་བས་ (དེ་ཡན་གནོད་འཇོམས་ཆེ་བ་བློ་གྲོས་མི་ཟད་པའི་མདོ་ འགྲེལ་སོགས་)འདོད་པ་ནི་རགས་དང་པོ་ནི་ཞིའོ་ཞེས་སེམས་པའམ་ (ཀུན་བཏུས་འཇུག་འགྲེལ་)ཤེས་ རབ་ལ་བརྟེན་ནས་ངོ་བོ་ཙམ་ཀུན་ཏུ་ཚོལ་བ་རྟོག་པ། སེམས་པའམ་ཤེས་རབ་ལ་བརྟེན་ནས་ 1-1-417 འདོད་པ་ནི་ཚེ་ཐུང་ཉོན་མོངས་མང་བ་སོགས་ཀྱིས་རགས། དང་པོ་དེ་ལས་བཟློག་པས་ཞིའོ་ སྙམ་དུ་ཁྱད་པར་ཞིབ་མོ་འབྱེད་པ་དཔྱོད་པ་ (ཀུན་བཏུས་མདོ་)སྟེ་འདོད་པའི་ (འདི་ཡན་གནོད་འཇོམས་) གཉེན་པོ་རྟོག་དཔྱོད་དང་བཅས་པ་འདོད་པའམ་སྒྲིབ་པ་ལས་དབེན་པ་ལས་སྐྱེས་པའི་ཕྱིར་ དབེན་པ་ལས་སྐྱེས་པ། འདོད་པའི་དོན་རྙེད་པ་དང་ (འདོད་པའི་ཉོན་མོངས་ཅན་གྱི་)གནས་ངན་ལེན་ ཐམས་ཅད་དང་བྲལ་བས་ལུས་སེམས་ཤིན་ཏུ་སྦྱངས་ཏེ་ལས་སུ་རུང་བའི་དགའ་བདེ་དང་ ལྡན་པའོ། །(བསམ་གཏན་དང་པོ་བསྒྲུབས་ཏེ་གནས་སོ་ཞེས་པ་དེ་རྫོགས་པར་བྱས་ཏེ་གནས་ཞེས་འབུམ་ཊཱིཀ ཉེ་བར་ བསྒྲུབས་ཏེ་ནི་སྙོམས་པར་ཞུགས་པའོ། །གནས་པ་ནི་རང་གི་རྗེས་སུ་མྱོང་བའོ། །དག་ལྡན་ནོ། །) ཡན་ལག་དེ་བཞི་ཡང་ བསམ་གཏན་དང་པོའི་ཡན་ལག་ཚང་བར་བགྲངས་ཀྱི་དང་པོ་གང་ཡིན་ལ་ཚང་མི་དགོས་ སོ། །རྟོག་དཔྱོད་སེམས་འཁྲུག་བྱེད་ཀྱི་སྐྱོན་དུ་མཐོང་བས་དེ་ལས་སེམས་ (གནོད་འཇོམས་ཐུབ་ དགོངས་)བཟློག་སྟེ་རྟོག་དཔྱོད་མེད་པའི་ཏིང་ངེ་འཛིན་གྱི་མཚན་མ་ལ་སེམས་ཉེ་བར་འདོགས་ (གནོད་)ཤིང་གཡེང་བར་སྤྱོད་པའི་དམིགས་པ་དང་བྲལ་ནས་རྩེ་ (གནོད་འཇོམས་ཆེ་བ་བློ་གྲོས་མི་ཟད་ པའི་མདོ་འགྲེལ་)གཅིག་ཏུ་དཔྱོད་ (སྤྱོད་དཔྱོད་)པའི་དམིགས་པ་ལ་ངང་ (རྒྱུད་)གཅིག་པས་ཞི་བ་དང་ རབ་ཏུ་དང་བའི་སེམས་སུ་འཇོག་པས་ནང་རབ་ཏུ་དང་བ། རྟོག་དཔྱོད་རྒྱུན་མི་འཆད་པར་ རྒྱུད་ལ་འཇུག་ (དག་)པ་མེད་པར་རྒྱུད་གཅིག་པའམ་རྟོག་དཔྱོད་ཀྱིས་གླགས་སམ་བར་ (རྨ་མེད་ པ་ཞེས་འཇུག་བཤད་དོ། །)ཆད་མེད་པར་རྒྱུད་གཅིག་ཏུ་གྱུར་པའོ། །མཚན་ཉིད་ནི། སྙོམས་འཇུག་ གི་བསམ་གཏན་གང་ཞིག་ནང་ཡོངས་སུ་དང་བ་དང་དགའ་པའི་ས་བའམ་དེ་གཉིས་ཀྱི་ ཡན་ལག་ཅན་ཞེས་པའོ། །གསུམ་པའི་མཚན་ཉིད། རྒྱུ་སྙོམས་འཇུག་གི་བསམ་གཏན་གང་ ཞིག དགའ་བ་ལ་འདོད་ཆགས་དང་བྲལ་ཞིང་བདེ་བའི་ས་བའམ་བདེ་བའི་ཡན་ལག་ཅན་ ནོ། །དགའ་བ་ཡང་རགས་ (ཐུབ་དགོངས་འཇུག་པའི་འགྲེལ་པ་)པ་ཉིད་ཀྱིས་བཏང་སྙོམས་སུ་བྱེད་པའི་ ཕྱིར་དང༌། དྲན་པ་དང་ཤེས་བཞིན་ཅན་ཏེ་དགའ་བའི་སྐབས་མི་འབྱེད་པའི་དོན་དུ་དྲན་པ་ཉེ་ 1-1-418 བར་གནས་ཤིང་སྐྱེས་པ་རྣམས་ཀྱང་ནམ་ཡང་དང་དུ་མི་བླང་བའི་ཕྱིར་དུ་ཤེས་རབ་ (བློ་གྲོས་མི་ ཟད་པའི་མདོ་འགྲེལ་དང་གནོད་འཇོམས་)ལན་མང་དུ་བྱེད་པ་དང་གཟུགས་ཀྱི་ལུས་དང་ཡིད་ཀྱི་ལུས་ ཀྱིས་ཚོར་བའི་བདེ་བ་དང་ཤིན་ཏུ་སྦྱངས་པའི་བདེ་བ་མྱོང་བར་བྱེད་པའོ། །བཞི་པའི་མཚན་ ཉིད། རྒྱུ་སྙོམས་འཇུག་གི་བསམ་གཏན་གང་ཞིག སྐྱོན་བརྒྱད་ལས་གྲོལ་ཞིང་ཚོར་བ་བཏང་ སྙོམས་ཅན་ནོ། །བདེ་སྡུག་ཡིད་བདེ་མི་བདེ་དང་བྲལ་ནས་ཚོར་བ་བཏང་སྙོམས་དང་ལྡན་ པ། སྐྱོན་ (བདེ་སྡུག་ཡིད་བདེ་མི་བདེ་དབུགས་འབྱུང་རྔུབ་རྟོག་དཔྱོད་བརྒྱད་དོ། །)བརྒྱད་ལས་གྲོལ་ (འཇུག་བཤད་) བས་དྲན་པ་དང་བཏང་སྙོམས་ཡོངས་སུ་དག་པ་ཅན་གྱི་རྩེ་གཅིག་པའོ། །གཟུགས་མེད་ བཞི་ལའང༌། རྒྱུ་སྙོམས་འཇུག་གི་དང༌། འབྲས་བུ་སྐྱེ་བའི་གཟུགས་མེད་བཞི་བཞི་བརྒྱད་དོ། ། སྐྱེ་བའི་གཟུགས་མེད་ནི་ནམ་མཁའ་མཐའ་ཡས་སོགས་ལྷའི་སྐྱེ་བ་བཞིའོ། །དང་པོ་ལ། རྒྱུ་ ནམ་མཁའ་མཐའ་ཡས་ཀྱི་སྙོམས་འཇུག་གི་མཚན་ཉིད། རྒྱུ་གཟུགས་མེད་ཀྱི་སྙོམས་འཇུག་ གང་ཞིག གཟུགས་ཀྱི་འདུ་ཤེས་བཤིག་སྟེ་ནམ་མཁའ་ (གནོད་འཇོམས་སོགས་)མཐའ་ཡས་སོ་ ཞེས་དམིགས་ཤིང་མོས་ (གནོད་འཇོམས་སོགས་)པ། དེ་ཡང་ཐམས་ཅན་ལ་ནམ་མཁའི་འདུ་ཤེས་ ཤིན་ཏུ་བསྒོམས་ (དག་ཐུབ་)པས་སྔོ་སེར་སོགས་ཁ་དོག གྱང་དང་ར་བ་རྩིག་པ་སོགས་སྒྲིབ་ པ། ཁང་བཟང་དང་སྐྱེད་མོས་ཚལ་ཉི་ཟླ་སོགས་སྣ་ཚོགས་ཀྱི་འདུ་ཤེས་དང་ (ཀུན་)བྲལ་ཏེ་དེ་ རྣམས་སྣང་བ་མེད་པར་ནམ་མཁའ་མཐའ་ (འཇུག་བཤད་)ཡས་པ་ཉིད་དམིགས་ (འཇུག་)པར་བྱེད་ པའོ། །དེ་ཡང་ཉེར་བསྡོགས་ཀྱི་ཚེ། འོག་ས་དང་ནམ་མཁའ་ལ་དམིགས་པའམ་དངོས་གཞི་ མ་ཐོབ་ཀྱི་བར་ནམ་མཁའ་ཁོ་ན་ལ་དམིགས། ཐོབ་ནས་རང་སའི་ཕུང་པོ་དང་ནམ་མཁའ་ ལ་དམིགས་པར་མངོན་ནོ། །རྒྱུ་རྣམ་ཤེས་ཀྱི་མཚན་ཉིད། གང་ཞིག ནམ་མཁའི་འདུ་ཤེས་ ལྡོག་སྟེ་རྣམ་ཤེས་མཐའ་ཡས་སོ་ཞེས་དམིགས་ཤིང་མོས་པ། རྒྱུ་ཅི་ཡང་གི་མཚན་ཉིད། གང་ ཞིག རྣམ་ཤེས་མཐའ་ཡས་སྙོམས་འཇུག་ལས་གོང་དུ་བསྐྱོད་པས་གཟུགས་གཟུགས་མེད་ 1-1-419 ཀྱི་དམིགས་པ་ཅི་ཡང་མེད་དོ་ཞེས་དམིགས་ཤིང་མོས་པ། རྒྱུ་འདུ་ཤེས་མེད་འདུ་ཤེས་མེད་ མིན་གྱི་མཚན་ཉིད། གང་ཞིག ཅི་ཡང་ཡོད་མེད་ཀྱི་འདུ་ཤེས་བཟློག་ཅིང་འདུ་ཤེས་ཕྲ་མོ་མ་ སྤངས་པ་ཅན་ནོ། ། གཉིས་པ་ནི། བསམ་གཏན་དང་པོ་ཡན་ལག་ལྔ་སྟེ། རྟོག་དཔྱོད་གཉིས་ནི། དང་པོའི་མི་ མཐུན་ཕྱོགས་ (བསྡུ་བར་)འདོད་པའི་འདོད་ཆགས་གནོད་སེམས་འཚེ་བའི་རྟོག་པ་སྡུག་བསྔལ་ ཡིད་མི་ (བསྡུ་བར་)བདེ་སོགས་སྤོང་བས་གཉེན་པོའི་ཡན་ལག་དགའ་བདེ་གཉིས་ཕན་ཡོན་གྱི་ ཡན་ལག རྩེ་གཅིག་པ་གནས་ཀྱི་ཡན་ལག་སྟེ། དེ་ལ་བརྟེན་ནས་རྟོག་དཔྱོད་སོགས་གཉེན་ པོ་འཇུག་ཅིང་ཕན་ཡོན་ (བློ་གྲོས་མི་ཟད་པའི་མདོ་འགྲེལ་)འབྱུང་བས་སོ། །གཉིས་པ་ཡན་ལག་བཞི་ སྟེ། ནང་ཡོངས་སུ་དང་བ་རྟོག་དཔྱོད་སྤོང་བས་གཉེན་པོའི། དགའ་བདེ་ཕན་ཡོན། རྩེ་གཅིག་ པ་གནས་སོ། །གསུམ་པ་ལྔ་སྟེ། དྲན་ཤེས་བཞིན་བཏང་སྙོམས་གསུམ་དགའ་བ་སྤོང་བས་ གཉེན་པོའི་ཡན་ལག བདེ་བ་ཕན་ཡོན། རྩེ་གཅིག་པ་གནས་སོ། །བཞི་པ་བཞི་སྟེ། དྲན་ པ་དང་བཏང་སྙོམས་གཡོ་བའི་སྐྱོན་ (བརྒྱད་)ཡོངས་སུ་དག་པ་བདེ་བ་སྤོང་བས་གཉེན་པོའི། ཚོར་བ་བཏང་སྙོམས་ཕན་ཡོན། རྩེ་གཅིག་པ་གནས་སོ། །(ཀུན་བཏུས་འགྲེལ་པ་རྒྱལ་བོའི་སྲས་སོ་ཤཱནྟིས་ ཀྱང་ངོ༌། །) འདིར་གསུམ་པ་དང་བཞི་པའི་གཉེན་པོའི་ཡན་ལག་བཏང་སྙོམས་ནི། སེམས་བྱུང་ འདུ་བྱེད་ཀྱི་བཏང་སྙོམས་ཡིན་ལ། སྤྱིར་བཏང་སྙོམས་ལ། འདུ་བྱེད། ཚོར་བ། ཚད་མེད་ཀྱི་ གསུམ་ཡོད་དོ། །བསྡུ་བར། བསམ་གཏན་དང་པོ་ལ་དྲན་ཤེས་བཞིན་བཏང་སྙོམས་གསུམ་ ཡོད་ཀྱང་རྟོག་དཔྱོད་ཀྱིས་བསྒྲིབས་པས་མ་སྨོས་སོ། །གཉིས་པ་ལའང་ཡོད་ཀྱང་དགའ་བའི་ ཉོན་མོངས་པས་ཀུན་ནས་དཀྲིས་པས་མ་སྨོས་པར་ནང་ཡོངས་སུ་དང་བའི་མིང་གིས་བསྟན། གསུམ་པར་རྟོག་དཔྱོད་དགའ་བ་དེ་དག་དང་བྲལ་བས་རང་མིང་གིས་སྨོས་སོ། །ཞེས་སོ། ། གཟུགས་མེད་རྣམས་ཡན་ལག་མི་འདྲ་བས་འདའ་བ་མིན་ཏེ། ཐམས་ཅད་ཡན་ལག་བཏང་ 1-1-420 སྙོམས་དང་རྩེ་གཅིག་པར་འདྲ་བས་སོ། །འོན་ཀྱང་དམིགས་པ་ལས་ཡང་དག་པར་འདའ་བ་ ཡིན་ལ་ཞི་རགས་ཀྱི་ཁྱད་ཡོད་དེ། རས་ཡུག་ཆུ་ཞེང་མཉམ་ཡང་སྦོམ་ཕྲའི་ཁྱད་ཡོད་པ་བཞིན་ ནོ། །ཞེས་ཨཱརྱའོ། །(ཀུན་བཏུས་དང་ཐུབ་དགོངས་སུ་གཟུགས་མེད་ལ་ཡན་ལག་མེད་པར་བཤད་དོ། །) གསུམ་པ་ནི། བསམ་གཏན་དང་པོ་ལ་ཡིད་ལ་བྱེད་པ་བདུན་གྱིས་སྙོམས་པར་འཇུག་སྟེ། མཚན་ཉིད་རབ་ཏུ་རིག་པ། མོས་པ་ལས་བྱུང་བ། རབ་ཏུ་དབེན་པ། དགའ་བ་སྡུད་པ། དཔྱོད་ པ། སྦྱོར་བའི་མཐའ། སྦྱོར་བའི་མཐའི་འབྲས་བུ་ཡིད་ལ་བྱེད་པའོ། །དང་པོ་ནི། མཉམ་ བཞག་གི་ས་བའི་ཡིད་ལ་བྱེད་པས་འདོད་ཁམས་འདི་ཉོན་མོངས་དང་སྡུག་བསྔལ་ཤས་ཆེ་ ཞིང་མང་པས་རགས། བསམ་གཏན་དང་པོ་ (སྲས་)དེ་དག་མེད་པས་ཞི་བའི་མཚན་ཉིད་དུ་ ཐོས་ (སྲས་)བསམ་གྱིས་རིག་པའོ། །གཉིས་པ་ནི། དེ་ནས་ (སྲས་ཐོས་བསམ་ལས་འདས་ནས་)གཅིག་ ཏུ་བསྒོམ་པའི་རྣམ་པས་དེ་འདྲའི་ཞི་རགས་ཀྱི་མཚན་མ་ལ་དམིགས་པའི་ཞི་ལྷག་བསྒོམ་ཞིང་ རྟོག་དཔྱོད་ཀྱིས་ཞི་རགས་སུ་མོས་པའོ། །གསུམ་པ་ནི། དེ་གོམས་ (སྲས་)པས་འདོད་པའི་སྒོམ་ སྤང་གི་ཉོན་མོངས་ཆེན་པོ་གསུམ་སྤང་བའི་ལམ་མོ། །བཞི་པ་ནི། དེའི་འོག་ཏུ་སྤོང་བ་ལ་ དགའ་བས་འདོད་པའི་ཉོན་མོངས་ (འོག་ཏུ་དངོས་)འབྲིང་སྤངས་ཏེ་དབེན་པའི་དགའ་བདེ་ཆུང་ ངུས་རེག་ནས་དུས་དུས་སུ་དད་པས་ (རྨུ་)རྨུགས་པ་དང་གཉིད་དང་རྒོད་པ་དང་བྲལ་བར་བྱ་ བའི་ཕྱིར་རབ་ཏུ་དགའ་བར་བྱེད་པའོ། །ལྔ་པ་ནི། འདོད་པའི་ཉོན་མོངས་སྤངས་མ་སྤངས་ ཤེས་པའི་ཆེད་དུ་སྡུག་པའི་མཚན་མ་ཡིད་ལ་བྱེད་པ་ལ་སོགས་པས་ཉོན་མོངས་སྐྱེ་མི་སྐྱེ་སོ་ སོར་རྟོག་པའོ། །དྲུག་པ་ནི། དེ་ནས་འདོད་པའི་ཉོན་མོངས་ཆུང་ངུ་གསུམ་སྤང་བའི་ཕྱིར་དང་ པོའི་དངོས་གཞི་ལ་ཐུག་གི་བར་དུ་གཉེན་པོ་ཡིད་ལ་བྱེད་པ་སྟེ། དྲུག་པོ་དེ་ (བསམ་གཏན་གཟུགས་ མེད་ལ་མཉམ་པར་བཞག་པའི་ཕྱིར་སྔ་ནས་གོམས་པའི་སེམས་ཀྱི་མིང་སྟེ།)ཉེར་བསྡོགས་སོ། །དེ་ལ་བརྟེན་ནས་ ཁམས་གསུམ་གྱི་ཉོན་མོངས་སྤོང་མི་ནུས་པ་མེད་པས་མི་ལྕོགས་པ་མེད་དོ་ཞེས་སྒྲ་སྦྱོར་བམ་ 1-1-421 གཉིས་ལས་སོ། །བདུན་པ་ནི། དང་པོའི་དངོས་གཞིའོ། །དེ་བཞིན་དུ་འོག་མ་རྣམས་སྡུག་ བསྔལ་ཆེ་ཞིང་ཚེ་ཐུང་གོང་མ་རྣམས་དེ་ལས་བཟློག་པས་རགས་པ་དང་ཞི་བར་རིག་ནས་རིམ་ པ་བཞིན་སྤང་བར་དང་ཐོབ་པར་བྱ་བའི་ཕྱིར་དུ་སེམས་འཇོག་པ་དང་པོ། (མཚན་ཉིད་རིགས་པ།) དེའི་ཡང་དག་པར་སྦྱོར་བ་རྩོམ་པ་གཉིས་པ། འོག་སའི་ཉོན་མོངས་ཆེན་པོ་སྤོང་བ་གསུམ་པ། འབྲིང་སྤོང་བ་བཞི་པ། ཐོབ་པར་མངོན་པར་ང་རྒྱལ་མེད་པ་ལ་སེམས་འཇོག་པ་ལྔ་པ། ཆུང་ ངུ་སྤོང་བ་དྲུག་པ། དངོས་གཞི་མྱོང་བ་བདུན་པ་སྟེ། དེས་སྲིད་རྩེའི་བར་དུ་སྙོམས་པར་འཇུག་ གོ །(ཀུན་བཏུས་འགྲེལ་པ་རྒྱལ་བོའི་སྲས་སོ། །) བཞི་པ་ནི། སྲེད་པ་ལྟ་བ་ང་རྒྱལ་མ་རིག་པ་བཞིས་ཉོན་མོངས་པ་ཅན་དུ་གྱུར་པས་ བསྒྲིབས་ལ་ལུང་དུ་མ་བསྟན་པར་འགྱུར་རོ། ། ལྔ་པ་ནི། དག་པའི་བསམ་གཏན་གཟུགས་མེད་ (སྲས་)འཇིག་རྟེན་པ་རྣམས་ཀྱང་དགེ་ བའི་ཕྱིར། ཀུན་ནས་དཀྲིས་ (སྲས་)པའི་དྲི་མ་དང་བྲལ་བས་རྣམ་བྱང་ཞེས་བྱ་ལ། རབ་ཀྱི་ མཐའི་ (ནི་མཛོད་དུ་བཞི་པར་བཤད་)ཆ་ལས་བྱུང་བའི་བསམ་གཏན་གཟུགས་མེད་ནི་ (མངོན་ཤེས་སོགས་) ཡོན་ཏན་ཁྱད་པར་ཅན་མངོན་པར་བསྒྲུབ་པའི་ཕྱིར་ཇི་ལྟར་འདོད་པ་བཞིན་དུ་ཐོབ་པ་ལ་ སོགས་པས་ལས་སུ་རུང་ (བར་སྣང་དཔྱད་)བའི་མཆོག་ཏུ་ཕྱིན་པར་ཁྲིད་པའི་ཕྱིར་རོ། ། དྲུག་པ་ནི། ཡིད་བྱེད་དེ་དག་ཆུང་འབྲིང་ཆེན་པོར་བསྒོམས་པས་བསམ་གཏན་བཞིའི་སྐྱེ་ བ་གསུམ་གསུམ་འགྲུབ་པོ། །གཟུགས་མེད་ན་གཞལ་མེད་ཁང་གི་གནས་གཞན་མེད་པས་ སྐྱེ་བའི་བྱེ་བྲག་མེད་ཀྱང་ཆུང་ངུ་ལ་སོགས་པར་བསྒོམས་པས་ཚེ་རིང་ཐུང་གིས་མཐོ་དམན་ དང་ཉོན་མོངས་ཉུང་མང་གིས་བཟང་ངན་གྱི་ཁྱད་ཡོད་དོ་ཞེས་ཀུན་བཏུས་འགྲེལ་བཅས་ སོ། །དེ་ནས་ཚོགས་གཉིས་ལ་སློབ་པའི་ཕྱིར་འཁོར་གསུམ་དག་པའི་སྦྱིན་པ་ལ་སོགས་པའི་ ཕ་རོལ་ཏུ་ཕྱིན་པ་དྲུག་ལའོ། །སེམས་ཅན་རྣམས་ཀྱི་ཉོན་མོངས་པ་རབ་ཏུ་སྤང་བར་བྱ་བའི་ 1-1-422 ཕྱིར་ཆོས་སྟོན་པ་འདི་ནི་སེམས་པ་ཆེན་པོའི་སྦྱིན་པའི་ཕར་ཕྱིན་ནོ། །ཞེས་སོགས་སོ། །མཐོང་ བ་དང་སྒོམ་པ་དང༌། མི་སློབ་པ་དང་ཁྱད་པར་གྱི་ལམ་ལའོ། །(མི་སློབ་ལམ་ལ་འཇུག་སྒྲུབ་མེད་ཅེས་ ཟླ་ཟེར་ཏེ་མི་སློབ་ལམ་ཡིན་པའི་དེ་མེད་པ་ལ་དགོངས་ཤིང་མི་སློབ་ལམ་ལ་འཇུག་པར་བཤད་པས་སྐྱོན་མེད་དོ། །) ཐེག་ པ་ཆེན་པོ་ནི་རྣམ་པ་ཐམས་ཅད་དུ་ (ཞེས་པ་མཁྱེན་གསུམ་གྱི་རྣམ་པ་བསྒོམ་པའི་དབང་དུ་བྱས་པའོ་ཨཱརྱ།)བྱང་ ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་བསྒོམ་པ་དང༌། ཞེས་སོགས་སོ། །དེ་ནས་གཞན་ དོན་བྱེད་པའི་བྱམས་སོགས་ཚད་མེད་བཞི་ལའོ། །བྱམས་པ་དང་ (ནི་ཡོན་ཏན་ནོ། །ལྷག་པ་ཡོན་ཏན་ ནོ། །བསམ་པས་ཆེ་བས་ཡངས་པ། འཕེལ་བས་རྒྱ་ཆེན། དམིགས་པས་སེམས་ཅན་ཚད་མེད་པ་ལ་དམིགས་པ། རྣམ་པར་མི་ རྟོག་པ་དང་བྱམས་པའི་རྣམ་པར་གཅིག་པས་མི་གཉིས་པ། རྣམ་འཚེའི་གཉེན་པོར་གྱུར་བས་ནང་གི་ཆོས་ལས་གྱུར་བའི་གནོད་ པ་མེད་པས་འཁོན་མེད་པ། ཕྱིའི་སེམས་ཅན་གྱིས་བྱས་པའི་གནོད་པ་མེད་པས་འགྲན་ཟླ་མེད་པ། ཕྱི་རོལ་འདུ་བྱེད་ལས་གྱུར་ བའི་གནོད་པ་མེད་པས་གནོད་པ་མེད་པ་སྟེ་འདོད་ཆགས་དང༌། དུག་དང་མེ་སོགས་ཀྱི་གནོད་པ་མེད་པས་སོ། །ཞེས་ཆེ་བར་ རོ། །འབུམ་ཊཱིཀ་དང་དག་ལྡན་སོགས་ལས་རྒྱ་ཆེར་ཤེས་པར་བྱའོ། །)ལྡན་པའི་སེམས་ (ནི་ཡོན་ཏན་ཅན་ཡིན་ལ་ཡོན་ ཏན་ནི་འདོད་པ་ན་སྤྱོད་པའི་འདེ་བ་སྒྲུབ་པས་)ཡངས་པ། (བསམ་གཏན་དང་པོ་གཉིས་ཀྱི་དགའ་བ་སྒྲུབ་པས་)རྒྱ་ཆེན་ པོར་གྱུར་བ། (གསུམ་པའི་བདེ་བ་སྒྲུབ་པས་)མི་གཉིས་པ། (འབྲས་བུ་བདེ་སོགས་)ཚད་མེད་པ་ (སྒྲུབ་པ་སྟེ་ སྔར་བཤད་གསུམ་པོ་བསྡུས་པའོ། །རྣམ་འཚེ་མེད་པས་)འཁོན་ (གཅུགས་མེད་པ་ཞེས་མདོར།)མེད་པ་ (ཞེས་པ་གཉེན་ པོ་ལས་བསྟན་ནས་གཉིད་རྨུགས་མེད་པས་)འགྲན་ཟླ་མེད་པ། (རྒོད་འགྱོད་མེད་པས་)སྒྲིབ་པ་མེད་པ་ (ནི་རྣམ་ པར་དག་པ། ལས་བསྟན་ནས་འབྲས་བུ་)གནོད་པ་མེད་པ་ (ཅན་ནོ་དེ་རྣམས་སེམས་ཅན་ལ་དམིགས་པའི་ཡོན་ཏན་ནོ། ། ཁམས་གསུམ་གྱི་སོ་སྐྱེ་དང་སློབ་པ་)ཐམས་ཅད་དུ་སོང་བ་ (སྟེ་དམིགས་པ་)ཤིན་ཏུ་བསྒོམས་པ་ (ནི་བསྒོམས་ པར་བྱས་པའོ། །དེ་གཉིས་ཆོས་ལ་དམིགས་པའོ། །)འཇིག་རྟེན་གྱི་ཁམས་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ་ (ནི་ཆོས་ཀྱི་བདག་མེད་གཙོ་བོར་གྱུར་བའི་སེམས་ཅན་ལ་དམིགས་པ་ཉིད་དོ། །མཐའ་མ་ཆད་པས་)ནམ་མཁའི་མཐའ་ གཏུགས་པ་ཐམས་ཅད་དང་ལྡན་པ་ (ནི་དམིགས་མེད་དོ་ཞེས་ཨཱརྱ།)ཞེས་སོགས་སྙིང་སོགས་རྒྱ་ཆེར་ 1-1-423 རོ། །འདི་ལ། རྒྱུ། ངོ་བོ། འབྲས་བུའོ། །རྒྱུ་ནི། བདེ་ (བ་)དང་སྡུག་བསྔལ་ (དང་)དེ་རྒྱུ་ (བཏང་སྙོམས་) ལས། །བྱང་ཆུབ་སེམས་དཔའི་སྙིང་རྗེ་སྟེ། །རྒྱུ་ (རིགས་)དང་ (བདག་རྐྱེན་)བཤེས་གཉེན་ (དེ་མ་ཐག་ རྐྱེན་རིག་པ་སྔ་མའོ། །)རང་བཞིན་ལས། །བྱང་ཆུབ་སེམས་དཔའི་སྙིང་རྗེའོ། །ཞེས་པ་སྙིང་རྗེའི་ དམིགས་རྐྱེན་ནོ། །གཞན་ནི་དབྱེ་བའི་སྐབས་ལས་ཤེས་སོ། །ངོ་བོ་ལ་མཚན་ཉིད། མཚོན་ བྱ། མཚན་གཞིའོ། །དང་པོ་ནི། བརྟན་པའི་ཚངས་པའི་མི་མཐུན་སྤངས། །རྣམ་པར་མི་རྟོག་ ཡེ་ཤེས་ལྡན། །དམིགས་པ་རྣམ་པ་གསུམ་ལ་འཇུག །སེམས་ཅན་རྣམས་ནི་ཡོངས་སྨིན་བྱེད། ། ཅེས། གནོད་སེམས་སོགས་མི་མཐུན་ཕྱོགས་སྤངས་པ། གཉེན་པོ་མི་རྟོག་ཡེ་ཤེས་དང་ལྡན་ པ། དམིགས་པ་སེམས་ཅན་དང་ཆོས་དང་དམིགས་པ་མེད་པ་ལ་འཇུག་པ། བྱེད་ལས་སེམས་ ཅན་སྨིན་པར་བྱེད་པ་ནི་ཐེག་ཆེན་གྱི་ཚད་མེད་སྤྱིའི་མཚན་ཉིད་དོ། །བྱེ་བྲག་ཏུ་ཐེག་ཆེན་གྱི་ བྱམས་པ་ཚད་མེད་པ་སོགས་བཞིའི་རིམ་བཞིན་དུ། རང་གི་བདག་རྐྱེན་བསམ་གཏན་ལ་ བརྟེན་ནས་སེམས་ཅན་ཚད་མེད་པ་བདེ་བ་དང་ཕྲད་པར་འདོད་པའི་ཏིང་ངེ་འཛིན་དང་ཤེས་ རབ་མཚུངས་ལྡན། སྡུག་བསྔལ་དང་བྲལ་བར་འདོད་པ། བདེ་བ་དང་མི་འབྲལ་བར་འདོད་ པ། ཆགས་སྡང་གི་ཉོན་མོངས་པ་མེད་པར་འདོད་པའོ། །སེམས་ཅན་རྣམས་ལ་བརྩེ་བ་ཅན། ། ཞེས་སོགས་ལྟར་རོ། །དག་ཟླ་ཐུབ་གསུམ་དང་མདོ་རྒྱན་བཤད་སྦྱར་དུ་བཏང་སྙོམས་ནི་ སེམས་ཅན་རྣམས་རྗེས་ཆགས་ཁོང་ཁྲོ་མེད་པར་སྨོན་པ་ལ་བཤད་ (ཀུན་བཏུས་དངོས་)གཞན་དུ་ རང་ཉིད་སེམས་ཅན་ལ་ཉེ་རིང་ཆགས་སྡང་མེད་པར་སྙོམས་པ་ལ་བཤད་དོ། །(ཀུན་བཏུས་སུ་ སེམས་ཅན་རྣམས་ལ་ཕན་པར་བསམ་པའི་གནས་པ་ཞེས་སོ། །བཤེས་སྤྲིང་འགྲེལ་པར། རིག་པར་ལྟ་བས་ན་བཏང་སྙོམས་ཏེ་ ཕྱོགས་སུ་མ་ལྷུང་བར་ལྟ་ཞེས་བྱ་བའི་དོན་ཞེས་སོ། །) གཉིས་པ་ནི། ལྷ་ཚངས་པར་སྐྱེ་བའི་རྒྱུ་ཡིན་པས་ཚངས་པའི་གནས། གནོད་འཇོམས་ གཉིས་སུ། སེམས་ཅན་ཚད་མེད་པ་ལ་དམིགས་ (བསོད་ནམས་དང་ཡེ་ཤེས་)ཚོགས་ཚད་ (འབུམ་ཊཱིཀ་) 1-1-424 མེད་པའི་རྒྱུར་གྱུར་སྟོབས་ (འབུམ་ཊཱིཀ་)བཅུ་སོགས་སངས་རྒྱས་ཀྱི་ (འབུམ་ཊཱིཀ་)ཆོས་ཚད་ (གཉིས་ཀ་) མེད་པ་ཐོབ་པའི་རྒྱུར་གྱུར་བ་དང༌། ཡེ་ཤེས་ཚད་ (འབུམ་ཊཱིཀ་)མེད་པའི་སྤྱོད་ཡུལ་དུ་གྱུར་པའི་ ཕྱིར་ཚད་མེད་ཅེས་བྱས་སོ། །ཞེས་སོ། །གསུམ་པ་ལ། སྤྱི་དང༌། བྱེ་བྲག་གི་དབྱེ་བ་གཉིས་སོ། ། དང་པོ་ལ། ལྟ་བ། ས་མཚམས། དམིགས་པ། བསམ་པའི་སྒོ་ནས་དབྱེ་བའོ། །དང་པོ་ནི། རྟག་གཅིག་རང་དབང་ཅན་གྱི་སེམས་ཅན་ལ། གཟུང་འཛིན་གཉིས་བདེན་གྱི་སེམས་ཅན་ལ། སྒྱུ་མ་ལྟ་བུའི་སེམས་ཅན་ལ་དམིགས་པ། སེམས་ཅན། ཆོས། དམིགས་མེད་ལ་དམིགས་པའི་ བྱམས་སོགས་གསུམ་དུ་སློབ་དཔོན་རབ་ཏུ་འགྱིང་བའི་རྡོ་རྗེས་བཤད་དོ། །དང་པོ་མུ་སྟེགས་ པའི། གཉིས་པ་ཉན་ཐོས་པའི། གསུམ་པ་ཐེག་ཆེན་པའིའོ། ། གཉིས་པ་ནི། བློ་གྲོས་མི་ཟད་པའི་མདོའི་ (ལས་ཐོག་མ་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ རྣམས་ཀྱི་བྱམས་པ་ནི་སེམས་ཅན་ལ་དམིགས་པའོ། །སྤྱོད་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱམས་པ་ནི་ ཆོས་ལ་དམིགས་པའོ། །མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་པའི་བྱང་སེམས་རྣམས་ཀྱི་བྱམས་པ་ནི་དམིགས་པ་མེད་པ་ལ་ དམིགས་པའོ། །ཞེས་སོ། །)དོན་གནོད་འཇོམས་གཉིས་སོགས་སུ་མོས་སྤྱོད་ཀྱི་ས་ལ་སེམས་ཅན་ལ་ དམིགས་པ། ས་དང་པོ་ནས་བདུན་པའི་བར་ལ་ཆོས་དེ་བཞིན་ (གཉིས་ཀ་)ཉིད་ལ་དམིགས་པ། ས་བརྒྱད་པ་ཡན་ནི་དམིགས་མེད་དོ་ཞེས་སོ། །སོ་སྐྱེའི་སེམས་ཅན་ལ། ཉན་རང་འཕགས་ པའི་ཆོས་ལ། ཐེག་ཆེན་འཕགས་པའི་དམིགས་མེད་དུ་ཆོས་མཆོག་ཏུ་བཤད་དོ། ། གསུམ་པ་ནི། སེམས་ཅན་བདེ་བ་འདོད་པ་སྡུག་བསྔལ་བདེ་བར་གནས་པ་ལ་དམིགས་ པ་སེམས་ཅན་ལ་དམིགས་པ། ཚད་མེད་བསྟན་པའི་ཆོས་ལ་དམིགས་པ། བདག་གཉིས་སུ་ མི་རྟོག་པས་དེ་བཞིན་ཉིད་ལ་དམིགས་པ་དམིགས་མེད་ཀྱིར་བཤད་དོ། །ཨཱརྱས། བར་བ་ནི་ སེམས་ཅན་དུ་གདགས་གཞི་སོ་སྐྱེ་དང་སློབ་པའི་ཆོས་ཇི་སྙེད་པ་ལ་དམིགས་པར་བཤད་དོ། ། 1-1-425 བཞི་པ་ནི། ཀྱེ་མ་ (དག་ཟླ་)སེམས་ཅན་བདེ་བ་དང་ལྡན་ན་རེ་དགའ་ལྡན་པར་གྱུར་གཅིག་ ལྡན་པར་བྱའོ་སྙམ་པ་སོགས་ཡི་རང་སྨོན་ལམ་གོ་ཆའི་ངོ་བོ་གསུམ་གསུམ་མོ། །(ཀྱེ་མ་སེམས་ ཅན་བདེ་བ་དང་ལྡན་ན་ཅི་མ་རུང༌། སྡུག་བསྔལ་དང་བྲལ་ན་ཅི་མ་རུང༌། བདེ་བ་དང་མི་འབྲལ་ན་ཅི་མ་རུང༌། ཉོན་མོངས་པ་ལས་ གྲོལ་ན་ཅི་མ་རུང་ཞེས་ཟླ་ཟེར་ཏེ་དག་ལྡན་ཡང་ངོ༌། །) གཉིས་པ་ལ། བཞི་ཅར་གྱི་དབྱེ་བ། བྱེ་བྲག་སྙིང་རྗེའི་དབྱེ་བའོ། །དང་པོ་ནི། གནོད་ འཇོམས་ཆེ་བར། བྱམས་པ་གསུམས་ཏེ། མོས་སྤྱོད་དུ་སེམས་ཅན་ལ། ས་བདུན་པའི་བར་དེ་ བཞིན་ཉིད་ལ། བརྒྱད་པ་ཡན་དམིགས་མེད་ལའོ། །སྙིང་རྗེ་གསུམ། སེམས་ཅན་སྡུག་བསྔལ་ ཅན། ཉེས་སྤྱོད་མང་བ། རྐྱེན་མི་ལྡན་པས་རྣམ་པར་མ་གྲོལ་བའི་སེམས་ཅན་ལ་དམིགས་ སོ། །དགའ་བ་གསུམ། བདེ་བའི་སེམས་ཅན། བདག་གི་ཚོགས་རྫོགས་པ། དམ་པའི་ཆོས་ ཀྱི་རོ་མྱང་བ་ལ་ (ཕྱི་མ་གཉིས་གོ་བཟློག་གམ་དཔྱད་)དམིགས་པའོ། །བཏང་སྙོམས་གསུམ་ནི། སེམས་ ཅན་གྱི་དོན་དཔྱད་པ་ལ་སྐལ་བ་ཡོད་མེད་ལ། རྙེད་མ་རྙེད་སོགས་འཇིག་རྟེན་གྱི་ཆོས་བརྒྱད་ སོགས་ལ་མཉམ་པ་ཉིད་དུ་ཚོགས་རྫོགས་པར་བྱ་བ་ལ་དུས་དང་དུས་མ་ཡིན་པ་ལ་དམིགས་ པའོ། །ཞེས་སོ། །ཕྱི་མ་གཉིས་ལུང་སྙེར་ནོར་རོ། །གཉིས་པ་ནི། (དྲུག་ནི་མི་མཐུན་ཕྱོགས་ཅན་དྲུག་ལ་ བརྩི་སྟེ།) བཀྲེན་ལ་བརྩེ་དང་མ་རུངས་པ་ལ་བརྩེ། །ཀུན་འཁྲུགས་ལ་བརྩེ་བག་མེད་རྣམས་ལ་ བརྩེ། །ཡུལ་གྱི་གཞན་དབང་ཅན་ལ་སྙིང་རྗེ་དང། །ལོག་པར་མངོན་པར་ཞེན་ལ་སྙིང་རྗེའོ། ། ཞེས་དྲུག་སྟེ། རབ་ (ཏུ་)འབར་ (བ་འདོད་པའི་བདེ་བ་ལ་ཆགས་པ་)དགྲ་ཡི་དབང་དུ་སོང༌། །(བ་བདུད་ཀྱིས་ བར་ཆད་བྱས་པ།) སྡུག་བསྔལ་གྱིས་ (ཟིལ་གྱི་)ནོན་ (པ་)མུན་པས་བསྒྲིབས། །(པ་ལས་རྒྱུ་འབྲས་ལ་རྨོངས་ པ།)བགྲོད་དཀའི་ལམ་ལ་ཀུན་ཏུ་ཞུགས། །(པ་རིགས་ཆད་པ།) འཆིང་བ་ཆེ་དང་ཡང་དག་ལྡན། ། (པ་ནི་མུ་སྟེགས་ཅན།) ཟས་ཆེན་དུག་དང་འདྲེས་ལ་ཞེན། །(པ་ནི་སྙོམས་འཇུག་གི་བདེ་བ་ལ་ཞེན་པ།) ལམ་ ནི་རབ་ཏུ་སྟོར་གྱུར་པ། །(ནི་མངོན་པའི་ང་རྒྱལ་ཅན།) ལམ་གོལ་རབ་ཞུགས་ (པ་རིགས་མ་ངེས་པ་ཐེག་དམན་ 1-1-426 ལ་ཞུགས་པ།)སྟོབས་ཆུང་བའི། །(བྱང་སེམས་ཚོགས་མ་རྫོགས་པའོ། །)སེམས་ཅན་རྣམས་ལ་སྙིང་རྗེའོ། ། ཞེས་པ་ལྟར་བཅུའོ། ། གསུམ་པ་ལ། མ་བསྒོམས་པའི་ཉེས་དམིགས། བསྒོམས་པའི་ཕན་ཡོན་ནོ། །དང་པོ་ ནི། ཉོན་མོངས་རྣམས་ཀྱིས་བདག་འཇོམས་སེམས་ཅན་འཇོམས་ཤིང་ཚུལ་ཁྲིམས་འཇོམས། ། (པས་ཚེ་འདིར་ཚུལ་ཁྲིམས་)ཉམས་ (པ་དང་)བཅས་ (ཤིང་གཞན་གྱིས་)རྙེད་པ་དམན་ཞིང་བསྲུང་ (བ་སྟེ་མི་སྟེར་ བ་)དང་དེ་བཞིན་ (ཏུ་ལྟ་དང་)སྟོན་པས་སྨད། །རྩོད་ (པ་དང་)བཅས་ (ཤིང་)མི་སྙན་ (པ་གྲགས་ངན་འབྱུང་ ངོ༌། །)དེ་ནི་ (ཚེ་)གཞན་དུ་མི་ཁོམ་གནས་སུ་སྐྱེ(འོ)། །(ཚེ་འདིར་)ཐོབ་ (པའི་ཡོན་ཏན་)དང་མ་ཐོབ་ (པ་ཕྱི་ མར་ཐོབ་པ་ཀུན་)ཉམས་པས་ཡིད་ལ་སྡུག་བསྔལ་ཆེན་པོ་འཐོབ། །ཞེས་པ་ལྟར། བྱམས་སོགས་ མ་བསྒོམས་ན་དེ་བཞིའི་མི་མཐུན་ཕྱོགས་ཀྱི་ཉོན་མོངས་ཀྱིས་དོན་མིན་པ་ཀུན་བསྐྱེད་དོ། ། གཉིས་པ་ནི། ཚངས་པའི་གནས་པས་གནས་པ་ཡི། །བློ་ལྡན་རྟག་ཏུ་ (གང་)འདོད་པར་སྐྱེ། ། (བ་རྣམ་སྨིན་གྱི་འབྲས་བུ།) དེས་ནི་ཚོགས་རྣམས་རྫོགས་ (པར་)བྱེད་ (པ་བདག་འབྲས་ཡིན་)ཅིང༌། །སེམས་ ཅན་རྣམས་ཀྱང་ཡོངས་ (སུ་)སྨིན་ (པར་)བྱེད། །(པ་སྐྱེས་བུ་བྱེད་འབྲས།) ཀུན་ཏུ་ (འམ་རྟག་ཏུ་)ཚངས་ (པའི་ གནས་པ་)དང་མི་འབྲལ་ (བ་རྒྱུ་མཐུན་གྱི་འབྲས་བུའོ། །)ལ། །དེ་ཡི་མི་མཐུན་ཕྱོགས་ (གནོད་སེམས་སོགས་) དང་བྲལ། །(བ་བྲལ་འབྲས་སོ། །)བག་མེད་གྱུར་ཀྱང་ (ཚད་མེད་)དེ་ཡི་ (འགལ་)རྐྱེན། །(གྱི་ཆོས་)མི་བཟད་ པས་ཀྱང་ (སེམས་གཞན་དུ་)མི་འགྱུར་རོ། །ཞེས་པ་ལྟར་འབྲས་བུ་ལྔའོ། །བཤེས་སྤྲིང་དུ། བྱམས་ དང་སྙིང་རྗེ་དག་དང་དགའ་བ་དང༌། །བཏང་སྙོམས་ཡང་དག་རྟག་ཏུ་སྒོམས་མཛོད་ཅིག །(དེ་ བསྒོམས་པས་)གོང་མ་ (ནི་མྱང་འདས་ཐོབ་པར་འགྱུར་རོ། །འོན་ཏེ་ཅི་ཞིག་ལྟར་མྱང་འདས་དེ་)བརྙས་པར་མ་གྱུར་ (པ་)དེ་ལྟར་ནའང༌། །ཚངས་པའི་འཇིག་རྟེན་ (གཟུགས་ཀྱི་ཁམས་སུ་ཁོང་ཁྲོ་དང་བྲལ་བའི་བསམ་གཏན་སྐྱོན་ མེད་པ་ཞི་བ་)བདེ་བ་ཐོབ་པར་འགྱུར། །(རོ་ཞེས་འགྲེལ་པར་རོ། །) ཞེས་སོགས་རྒྱ་ཆེར་ཤེས་པར་བྱའོ། ། ནང་སྟོང་ཉིད་ལ་སོགས་པར་མི་དམིགས་ཤིང་རྟག་བདེ་སོགས་སུ་དང་དེ་དག་མེད་པར་ཡང་ 1-1-427 (སྟོང་ཉིད་ཉི་ཤུའི་ཆོས་ཐམས་ཅད་མ་དམིགས་པའི་ཚུལ་གྱིས་བསྒོམ་པ་ནི།)མི་དམིགས་པ་དང་ལྡན་པ་ལ་ (ཞེས་སྙིང་ པོ་མཆོག་)དང༌། །ཐེག་ཆེན་པོ་ནི་ནང་སྟོང་པ་ཉིད་ཤེས་ཀྱང་དམིགས་པའི་ཚུལ་གྱིས་མ་ཡིན། ཞེས་སོགས་སོ། །ཕར་ཕྱིན་དྲུག་གི་དངོས་པོ་ཐམས་ཅད་ལ་འཁོར་གསུམ་རྣམ་པར་དག་པ་ དང༌། སྦྱིན་པ་པོ་དང་ལེན་པ་པོ་དང་སྦྱིན་པ་རྣམས་མི་དམིགས་པའི་ཚུལ་གྱིས། ཞེས་སོགས་ སོ། །མི་སློབ་པའི་ཆོས་རྣམས་ཀྱི་ཆེད་དུ་བྱ་བ་སྟེ་སྔར་རིང་དུ་འདྲེས་པ་རྣམས་བསྒོམ་པ་ (ཆོས་ བཤེས་)ལ་དང༌། རྣམ་མཁྱེན་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མ་འདྲེས་པས་ (སྒོམ་པ་པོ་བསྒོམ་བྱ་ བསྒོམ་པ་གང་ཡང་མེད་པ་དེ་ནི་)བསྒོམ་པ་རྣམ་པར་གཞིག་པའི་ (སྟེ་བསྒོམ་པ་མི་དམིགས་པའོ། །དེའི་ཆེད་དུ་དགེ་ བའི་ཆོས་རྣམས་བསྒོམ་པ་ནི་ཆེད་དུ་བྱ་བའི་འཇུག་པའོ་སྙིང་པོ་མཆོག་སྟེ་དག་ཟླ་ཡང་ངོ༌། །)དོན་དུ་བྱང་ཆུབ་ཀྱི་ཕྱོགས་ ཀྱི་ཆོས་སུམ་ཅུ་སོ་བདུན་དེ་མི་དམིགས་པའི་ཚུལ་གྱིས། ཞེས་སོགས་སོ། །འགྲེལ་ཆེན་དང་ རད་ཀིར་བུདྡྷ་ཤྲི་ནི་ཆེན་པོ་གསུམ་ལ་འཆད་དོ། །ཨ་བྷ་ཡ་དེ་མི་རིགས་ཞེས་པའོ། །གཞན་ གྱི་སེམས་ཤེས་པ་ལ་སོགས་པའི་མངོན་པར་ཤེས་པ་དྲུག་ལ་སྟེ། མངོན་པར་ཤེས་པ་ཐམས་ ཅད་ཡོངས་སུ་རྫོགས་པའི་ཕྱིར་སེམས་ཅན་ཡོངས་སུ་སྨིན་པར་བྱེད་དོ། །ཞེས་སོགས་སོ། ། དེ་ནས་འཚང་རྒྱ་བར་ (འགྲེལ་ཆེན་)སྤྲོ་བས་འབྲས་བུ་རྣམ་པ་ཐམས་ཅད་མཁྱེན་པའི་ཚུལ་ལ་ ཡང་དག་པར་གནས་པའི་མཚན་ཉིད་ཀྱི་སྒྲུབ་པ་སྟེ། རྣམ་མཁྱེན་ཉིད་ཐོབ་ནས་ཀྱང་ཆོས་ཀྱི་ འཁོར་ལོ་བསྐོར་བར་བྱེད་དོ། །ཞེས་སོ། དེ་ལྟར་ན་ཐེག་ཆེན་སྦྱོར་ལམ་གྱི་སྒྲུབ་པ་ཆོས་ཅན། འཇུག་པའི་སྒྲུབ་པ་ཡིན་ཏེ། བསམ་གཏན་སོགས་ཐེག་པ་ཆེན་པོའི་ཆོས་མཐའ་དག་ (ནི་སེམས་ བསྐྱེད་ལ་སོགས་པའོ་གསེར་རོ། །)སྦྱོར་པའི་བརྩོན་འགྲུས་ཀྱིས་གནོན་པའི་ངོ་བོ་ཉིད་ཀྱི་སྒྲུབ་པ་ཡིན་ པས་སོ། །དེ་ལ་རྣམ་པ་དགུའོ། ། གསུམ་པ་ལ་གཉིས་ཏེ། ཚོགས་སྒྲུབ་བཅུ་བདུན་སྤྱིར་བསྟན། རྟོགས་དཀའ་བ་བྱེ་བྲག་ཏུ་ བཤད་པའོ། ། 1-1-428 དང་པོ་ལ་གསུམ་ལས། སྔ་འགྲེལ་ནི། ཚུལ་དེ་ལྟར་ཐེག་ཆེན་གྱི་གཡུལ་དུ་འཇུག་པའི་ སྒྲུབ་པ་བྱས་པ་ལ་བྱང་ཆུབ་ཆེན་པོའི་རྒྱུ་ཚོགས་སྐྱེ་བས་སྒྲུབ་པ་གསུམ་པ་བྱང་ཆེན་སྒྲུབ་པའི་ ཚོགས་ཀྱི་སྒྲུབ་པ་འཆད་དོ། །(ཆོས་བཤེས་ཀྱིས་འཇུག་པ་བྱས་པ་སྟེ་མཐོང་ལམ་སྐྱེས་པ་ལ་ཚོགས་སྐྱེ་བ་སྟེ་སྒོམ་ལམ་ འབྱུང་བས་ཞེས་སོ། །) རྩ་བ་ལ། བརྩེ་དང་ནས་གཉེན་པོ་བརྒྱད་དེ་བཅུ་བདུན་པོ་དེ་ཚོགས་ཀྱི་སྒྲུབ་ པ་ཡི་རིམ་པ་ཡིན་པར་ཤེས་པར་བྱའོ། །འགྲེལ་པ་ལ། ངོ་བོ། ངེས་ཚིག གྲངས་ངེས་གསུམ་ མོ། །དང་པོ་ལ། སྒྲུབ་རྒྱུའི་ཚོགས་བཅུ་བདུན། དེ་སྒྲུབ་པའི་ཚོགས་སྒྲུབ་བཅུ་བདུན་ཡོད་ པས་ན་སྔ་རབས་རྣམས་ཀྱིས་དེ་མ་ཕྱེད་པར་ཚོགས་བཅུ་བདུན་ཉིད་ཚོགས་སྒྲུབ་བཅུ་བདུན་ དུ་འཆད་པ་ནི་དོན་སྤྱི་མ་ཤར་རོ། །འདི་ལ་སྒྲུབ་ཅེས་དྲང་ངོ༌། །བརྩེ་སོགས་ཐེག་པ་ཆེན་པོའི་ དོན་བཅུ་བདུན་སོགས་མཐའ་དག་གོ །(ནི་སེམས་བསྐྱེད་སོགས་ལའོ། །གསེར་རོ། །) རྣམ་པ་གང་གིས་ ན། བཅུ་བདུན་པོ་རྣམས་བདེན་པར་མི་དམིགས་པར་རྟོགས་པའི་སྒོ་ནས་སོ། །ཇི་ལྟར་ན། དོན་དམ་པར་ (གསེར་)སྒྲུབ་པ་མེད་ཀྱི་ཀུན་རྫོབ་ཀྱི་བདེན་པ་ལས་མི་འདའ་བར་རོ། །སྒྲུབ་རྒྱུ་ བཅུ་བདུན་པོ་གང་ཞེ་ན། ཇི་ཙམ་གྱིས་ན་བྱང་ཆེན་པོ་གོ་ཆ་ཆེན་པོ་བགོས་པ་ཞེས་བགྱི་བ་ ལགས། ཞེས་རབ་འབྱོར་གྱིས་ཞུས་པའི་ལན་དུ་དང་པོ་བཅུ་གསུངས་སོ། །དེ་ལ་དང་པོ་ནི། ཕྱོགས་བཅུའི་ངན་སོང་གསུམ་ན་གནས་པ་རྣམས་ཀྱི་སྡུག་བསྔལ་ཐམས་ཅད་ཞི་བར་བྱེད་ ཅིང་སངས་རྒྱས་བཞུགས་པའི་ཞིང་དུ་ལྷ་མིར་སྐྱེ་བར་བྱེད་པའི་རྣམ་པ་ཅན་གྱི་ཞེ་སྡང་མེད་ པའི་དགེ་རྩ་ནི་སྙིང་རྗེ་ཆེན་པོའི་ཚོགས་ཏེ། (ཨཱརྱ་སོགས་ཀུན་ནོ། །)སེམས་ཅན་དམྱལ་བ་རྣམས་ཀྱི་ མེའི་ཕུང་པོ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་མེད་པར་བྱ་སྟེ། ཞེས་སོགས་དང༌། བྱོལ་སོང་ དང་ཡི་དྭགས་ལས་རྣམ་པར་ལྡང་ངོ༌། །ཞེས་སོགས་སོ། །སྦྱིན་པའི་ཚོགས་ཏེ། ཟས་འདོད་ པ་རྣམས་ལ་ཟས། ཞེས་སོགས་སོ། །ཚུལ་ཁྲིམས་ཀྱི་ཚོགས་ཏེ། ཚུལ་ཁྲིམས་ཀྱི་ཕར་ཕྱིན་ལ་ གནས་ཤིང༌། ནས། སེམས་ཅན་རྣམས་དགེ་བ་བཅུའི་ལས་ཀྱི་ལམ་ལ་འགོད། ཅེས་སོགས་ 1-1-429 སོ། །བཟོད་པའི་སྟེ། བཟོད་པའི་ཕར་ཕྱིན་ལ་གནས་ཤིང༌། །ཞེས་སོགས་སོ། །བརྩོན་འགྲུས་ དང་བསམ་གཏན་དང་ཤེས་རབ་གསུམ་གྱི་མདོ་འདོན་པ་བསྒྱུར་རོ། །གཟུགས་སོགས་ ཡུལ་གྱི་སེམས་གཡེང་བ་ཞི་བར་བྱས་ནས་བསམ་གཏན་ནམ་ཏིང་ངེ་འཛིན་གང་བསྒོམ་པ་ དེ་ལ་སེམས་རྩེ་གཅིག་ཏུ་ཞུགས་པ་ནི་ཞི་གནས། ཞེས་སྒྲ་སྦྱོར་བམ་གཉིས་ཏེ། ཁྱད་པར་དུ་ རྣམ་མཁྱེན་ལ་སེམས་རྩེ་གཅིག་པས་གནས་ཤིང་སེམས་ཅན་ཐམས་ཅད་ཕྱིན་དྲུག་སོགས་ རྣམ་མཁྱེན་གྱི་བར་ལ་འགོད་པར་འདོད་པའི་སེམས་རྩེ་གཅིག་པ་ནི་ཞི་གནས་ཏེ་ (ནི་སེམས་རྩེ་གཅིག་ པའོ། །ཁྱད་པར་དུ་མཐོང་བ་ནི་ལྷག་མཐོང་སྟེ་ཤེས་རབ་ཅེས་རད་ཀིར་དང་དགོངས་འགྲེལ་ཆེན།)རྣམ་མཁྱེན་ཉིད་དང་ ལྡན་པའི་སེམས་ཀྱིས་གནས་ཤིང་སེམས་བསྐྱེད་པ་གཞན་གྱི་གོ་མི་འབྱེད་དེ། ཞེས་སོགས་ ནས། སེམས་ཅན་ཚད་མེད་པ་སྦྱིན་ཕར་ལ་དགོད། ནས། རྣམ་མཁྱེན་བར་རོ། །དེ་ལྟ་བུའི་ དགོད་བྱ་འགོད་བྱེད་སོགས་ཆོས་ཐམས་ཅད་བདེན་མེད་དུ་རབ་ཏུ་འབྱེད་པའི་བློ་ནི་ (སྐབས་ འདིར་)ལྷག་མཐོང་སྟེ། (ཤེས་རབ་ཀྱི་དངོས་པོའི་རང་བཞིན་ལྷག་པར་རྟོགས་པའི་མིང་ཡིན་པས་ལྷག་མཐོང་ཞེས་བྱ་ ཞེས་སྒྲ་སྦྱོར་བམ་གཉིས་ལས་སོ། །)རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་སླད་དུ་གོ་ཆ་མ་མཆིས་པའི་གོ་ཆ་ བགོས་པར་རིག་པར་བགྱིའོ། །(རབ་འབྱོར་)ཞེས་སོགས་རྒྱ་ཆེར་རོ། །དེ་གཉིས་ཡ་བྲལ་མིན་ པར་ཟུང་དུ་འབྲེལ་བའི་ལམ་གྱི་སྟེ། མེད་པ་དང༌། ཞེས་སོགས་ནས། མ་སྐྱེས་པ་ཉིད་དེ་ཤིན་ ཏུ་མི་དམིགས་པའི་རྣམ་པས། ཞེས་སོགས་དང༌། སངས་རྒྱས་ཀྱི་ཞིང་སྦྱོང། སོགས་ནས། མ་ བཅིངས་མ་གྲོལ་བ་དེའི་རྣམ་མཁྱེན་ཉིད་དུ་འཚང་རྒྱའོ། །ཞེས་སོ། །དེ་ནས་ཐེག་ཆེན་པོ་གང་ ལགས་ཞེས་ཞུས་ལན་དུ་ལྔ་གསུངས་ཏེ། རྣམ་མཁྱེན་ཡིད་ལ་བྱེད་པས་མི་དམིགས་པའི་ཚུལ་ གྱིས་ཕར་ཕྱིན་རྣམས་ལ་རང་སྤྱོད་ཅིང་གཞན་འཛིན་དུ་འཇུག་པ་ནི་ཐབས་ལ་མཁས་ (ཨཱརྱ་ དག་སྙིང་ཟླ་)པ་སྟེ། ཕྱི་ནང་གི་དངོས་པོ་ཡོངས་སུ་གཏོང་སྟེ་དེ་ཡང་སེམས་ཅན་ཐམས་ཅད་དང་ ཐུན་མོང་དུ་བྱས་ཤིང་བླ་མེད་རྫོགས་བྱང་དུ་མི་དམིགས་པའི་ཚུལ་གྱིས་བསྔོ། ཞེས་སོགས་ 1-1-430 ཕྱིན་དྲུག་རྒྱ་ཆེར་རོ། །དེ་ཡང་ཕྱིན་དྲུག་ནི་སངས་རྒྱས་ཀྱི་ཐབས་ཡིན་ལ་དེ་ལ་མཁས་པས་སོ། ། ཞེས་རད་ཀིར་རོ། །མདོ་རྒྱན་དུ། (སྙིང་རྗེ་དང་ཐབས་མཁས་ལས་གཞན་དུ་) བཤད་པ་ནི་མདོ་གཞན་གྱི་ དགོངས་པའོ། །འདིར་བཤད་ (དག་)སྟོང་ཉིད་ཉི་ཤུའི་ཡེ་ཤེས་ཀྱི་སྟེ། ཐེག་ཆེན་པོ་ནི་འདི་ལྟ་ སྟེ། ནང་སྟོང་པ་ཉིད། ཅེས་སོགས་སོ། །དག་པར་བྱེད་པས་བསོད་ནམས་ཏེ་དགེ་བའི་རྣམ་ གྲངས་སོ། །ཞེས་ཤེར་ (རྩ་ཤེས་འགྲེལ་ཆེན་ལེགས་ལྡན་མ་)སྒྲོན་དང་ཡང་དང་ཡང་དགེ་ལེགས་ཀྱི་ཆེད་ དུ་འགྱུར་བའི་ཕྱིར་བསོད་ནམས་སོ། །ཡང་ན་སྐྱེས་བུ་དག་ཏུ་འཇུག་པར་བྱེད་དག་པར་བྱེད་ པའི་ཕྱིར་བསོད་ནམས་ཞེས་ཐུབ་དགོངས་སོ། །མདོར་ན་གཞན་ལ་ཕན་ཞིང་བསོད་པས་ གསོས་ཤིང་གནས་པའི་མིང་སྟེ་བསོད་ནམས་ཞེས་བཏགས་ཞེས་བམ་གཉིས་སོ། །འདིར་ དེའི་རྒྱུ་ཏིང་ངེ་འཛིན་ཏེ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་དང༌། ཞེས་སོགས་སོ། །ཚོགས་ སྦྱོར་མཐོང་དང་སྒོམ་པའི་ལམ་སོགས་ཏེ། ཐེག་ཆེན་པོ་ནི། དྲན་པ་ཉེ་བར་བཞག་པ་བཞི་ དང༌། ཞེས་སོགས་ནས། བཅོ་བརྒྱད་ཀྱི་བར་རྒྱ་ཆེར་ངོས་འཛིན་དང་བཅས་པ་གསུངས་ སོ། །ཚིག་དང་དོན་ལ་སོགས་པའི་གཟུངས་བཞི་སྟེ། ཨ་ཞེས་བྱ་བ་ནི་མ་སྐྱེས་པའི་ཕྱིར་ཆོས་ ཐམས་ཅད་ཀྱི་སྒོའོ། ། ར་ནི་རྡུལ་དང་བྲལ་བས། པ་ནི་དོན་དམ་སྟོན་པས། ཙ་ནི་འཆི་འཕོ་ སྐྱེ་བ་མི་དམིགས་པས། ན་ནི་མིང་དང་བྲལ་ཞིང༌། ཞེས་སོགས་ཏེ། ཨ་ར་པ་ཙ་ནའོ། །རྒྱ་ ཆེར་ཡོད་དོ། །འདི་ལ་ངོ་བོ། དབྱེ་བ། བྱེད་ལས་སོ། །དང་པོ་ལ། (འཛིན་པར་བྱེད་པས་གཟུངས་ ཞེས་ཆེ་བར་རོ། །ཆོས་རྣམས་ཀྱི་ཚིག་དོན་འཛིན་པར་ནུས་པས་གཟུངས་ཏེ་མདོར་བསྡུས་ན་དྲན་པ་དང་ཤེས་རབ་ཅེས་འབུམ་ ཊཱིཀ་ཀོ།) བཟོད་པའི་གཟུངས་ནི། ཨ་ར་པ་ཙ་ན་ལ་སོགས་པའི་ཡི་གེའི་དོན་དེ་བཞིན་དུ་སྒྲོ་ བཏགས་ནས་བསྒོམས་པས་བསྒོམ་པ་རྫོགས་པ་ན་ཡི་གེ་དེའི་དོན་དམ་པ་ལ་བཟོད་པ་སྐྱེ་བ་ ནི། བཟོད་པའི་གཟུངས་ (དེ་ཡན་ཐུབ་དགོངས་དངོས་)ཏེ། དཔེར་ན་ (ཨའི་འདི་མན་དག་ལྡན་)དོན་སྐྱེ་བ་ མེད་པར་བཏགས་ (དག་ལྡན་)ཏེ་བསྒོམས་པས་བསྒོམ་པ་རྫོགས་པ་ན་ཆོས་ཐམས་ཅད་སྐྱེ་མེད་ 1-1-431 དུ་རྟོགས་པའི་བཟོད་པ་ཐོབ་སྟེ། དེས་ན་བཟོད་གཟུངས་སོ། །དག་ལྡན་ནོ། །དེས་ན་ཆོས་ ཐམས་ཅད་ཀྱི་གནས་ལུགས་རྟོགས་པའི་སྒོ་སྟེ་ཐབས་སོ། །གཞན་ཡང་བྱང་སེ་མོས་སྤྱོད་པས་ ཏདྱ་ཐ། ཨི་ཊི་མི་ཊི་ཀི་ཊི་བྷི་ཊི་བྷི་ཀྵཱན་ཏི་པ་དཱ་ནི་སྭཱ་ཧཱ། (རྒྱ་དཔེ་མང་པོ་ལ་གཏུགས་པས་འདི་ལྟར་སྣང༌། གཅིག་ལ་ཀི་ཊི་ནི་ཀྵཱན་ཏི་ཞེས་སོ། །)ཞེས་སོགས་ཀྱི་ཡི་གེའི་བརྗོད་བྱ་གང་ཡིན་བསམས་པས། དེ་མི་ མཐོང་ངོ་དེ་ནས་འདི་དག་གི་བརྗོད་བྱ་མེད་ཀྱི་བརྗོད་བྱ་མེད་པ་ཉིད་དེའི་དོན་ཡིན་པར་ངེས་ ཏེ་གཏན་ལ་འབེབས་ཤིང་སྔགས་དེ་དག་བརྗོད་པར་བྱ་བྱེད་དང་བྲལ་བར་བསྒོམས་ནས་ ཚུལ་དེས་ཆོས་ཐམས་ཅད་དེ་གཉིས་དང་བྲལ་བས་བརྗོད་དུ་མེད་པར་བསྒོམས་པས་ཆོས་ ཐམས་ཅད་ཀུན་བརྟགས་ཀྱིས་སྟོང་པར་མཐོང་ངོ༌། །དེ་མཐོང་བ་ན་ཆོས་ཐམས་ཅད་བརྗོད་ མེད་དུ་རྟོགས་པས་དགའ་བ་ཆེན་པོ་སྐྱེ་སྟེ་བཟོད་པའི་རྒྱུར་གྱུར་པའི་གཟུངས་སོ། །དེ་ནས་ དེ་མ་ཐག་དུ་ས་དང་པོའི་ཡེ་ཤེས་སྐྱེ་བ་དང་མཐུན་པའི་བཟོད་པ་སྐྱེ་སྟེ་དོན་དམ་པའི་ཆོས་ལ་ བཟོད་པས་ན་བཟོད་པའོ། །དེ་ལ་གཟུངས་ཀྱི་བཟོད་པའམ་ཡེ་ཤེས་ཞེས་བྱའོ། །དེ་མོས་སྤྱོད་ དུ་གཏོགས་སོ། །(བྱང་སར་ཡང་ངོ༌། །) ཚིག་གི་གཟུངས་ནི། ས་ཐོབ་ནས་སངས་རྒྱས་བྱང་སེམས་ ཀྱིས་བསྟན་པའི་ཆོས་ཀྱི་མིང་ཚིག་ཡི་གེའི་ཚོགས་ཚད་མེད་གྲངས་མེད་རྣམས་དུས་དཔག་ མེད་དུ་རིམ་པ་དེ་ཉིད་ཀྱིས་མ་བརྗེད་པར་འཛིན་པའི་དྲན་པ་དང་ཤེས་རབ་མཚུངས་ལྡན་ ནོ། །དེ་ཆོས་ཀྱི་གཟུངས་ (གནོད་འཇོམས་)ཞེས་སོ། །དོན་གྱི་གཟུངས་ནི། དེས་སྔར་གཟུང་བའི་ ཆོས་རྣམས་ཀྱི་དོན་ཚད་མེད་གྲངས་མེད་རྣམས་དུས་དཔག་མེད་དུ་མི་བརྗེད་པར་འཛིན་པའི་ དྲན་པ་དང་ཤེས་རབ་ (གཅིག་ཏུ་བྱས་ཞེས་ཟླ་ཟེར་)མཚུངས་ལྡན་ནོ། །གསང་སྔགས་ཀྱི་གཟུངས་ནི། གྲངས་མེད་དང་པོར་ཚོགས་བསགས་པས་ས་དང་བོ་ཐོབ་པ་ནས་བཟུང་སྟེ། སྔགས་ཀྱི་ཡི་གེ་ རྣམས་ཇི་ལྟར་འདོད་པ་བཞིན་དུ་བྱིན་གྱིས་རློབ་སྟེ། སྔགས་ཀྱི་ཡི་གེ་འདི་རྣམས་ཆོ་ག་འདི་ལྟ་ བུས་སེམས་ཅན་རྣམས་ཀྱི་ཡམས་དང་ཉེ་བར་འཚེ་བ་དང་ནད་འགོ་བ་དང་འཁྲུག་པ་ཐམས་ 1-1-432 ཅད་ཞི་བར་གྱུར་ཅིག ཅེས་སོགས་བྱིན་གྱིས་བརླབས་པས་དོན་དེ་རྣམས་གསང་སྔགས་ཀྱི་ ཚིག་དེ་དག་གིས་འགྲུབ་སྟེ་དེ་ལྟར་བྱིན་གྱིས་རློབ་པའི་ཡེ་ཤེས་ (གནོད་འཇོམས་)དེ་སྔགས་མཚན་ ཉིད་པ། དེའི་ཡུལ་ཡིན་པས་གསང་སྔགས་ཀྱི་ཚིག་དེ་རྣམས་བཏགས་པའོ། །ཡང་མནྟྲ་ཞེས་ (ཟླ་)པ། མན་ (གནོད་འཇོམས་)ཤེས་པའམ་ཡིད། ཏྲ་ཡ་ན་སྐྱོབ་པས་ཏེ་དེ་ཉིད་ཤེས་པ་དང་འགྲོ་ བ་སྐྱོབ་པས་སྟོང་ཉིད་ཀྱི་ཡེ་ཤེས་དང་སྙིང་རྗེ་དབྱེར་མེད་པ་ནི་གསང་སྔགས་སོ། །དེ་ཉིད་མ་ རིག་པ་སྤོང་ཞིང་རིག་པ་བསྐྱེད་པས་རིག་སྔགས་སོ། །ཡི་གེ་རྣམས་དེའི་ (རྒྱུ་མཐུན་)འབྲས་བུ་ ཡིན་པས་དེར་བཏགས་སོ། །རྣམ་མཁྱེན་གྱི་གཞི་ཡིན་པས་གསང་སྔགས་ཀྱི་གཞིའོ། །དང་ པོ་མོས་སྤྱོད་རྫོགས་པ་ནས་དང་གསུམ་ས་ཐོབ་ནས་སོ། །མདོ་གཞན་ (ས་བཅུ་པར་)དུ་ས་བཅུ་ ལ་གཟུངས་མི་འདྲ་བ་རེ་རེ་ཐོབ་ཅིང་བསྲུང་བྱེད་ཀྱི་གཟུངས་ཡང་སོ་སོར་གསུངས་པ་ཡོད་དོ། ། ཕལ་ཆེར་གནོད་འཇོམས་ཏེ་རྒྱ་ཆེར་བཤད་དོ། ། གཉིས་པ་ནི། (སྔོན་གྱི་)རྣམ་སྨིན་ (ལས་བྱུང་བ་དང་ཚེ་འདིར་མང་དུ་)ཐོས་ (པ་)ལས་ (བྱུང་བ་གཉིས་ཆུང་ངུ་) གོམས་པ་དང༌། །ཏིང་ངེ་འཛིན་གྱི་གཟུངས་དག་ནི། །(ཆེན་པོ།) ཆུང་ངུ་དང་ནི་ཆེན་པོ་སྟེ། །ཆེན་ པོ་དེ་ཡང་རྣམ་པ་གསུམ། །(མོས་སྤྱོད་པའི་ཆུང་ངུ༌། ས་བདུན་པའི་བར་འབྲིང༌། བརྒྱད་པ་ཡན་ཆེན་པོའོ། །) ཞེས་ སོགས་ཏེ་སྔར་བཤད་དང་ཚུལ་ཅུང་མི་འདྲའོ། ། གསུམ་པ་ནི། བྱང་ཆུབ་སེམས་དཔའ་ཡང་དང་ཡང༌། །དེ་ལ་ཡང་དག་བརྟེན་ནས་ནི། ། རྟག་ཏུ་དམ་པའི་ཆོས་དག་ཀྱང༌། །(གཞན་ལ་)སྟོན་ཅིང་ (རང་གིས་ཡང་དག་པར་)འཛིན་པར་བྱེད་ པ་ཡིན། །ཞེས་སོ། །ས་བཅུ་དང་གཉེན་པོ་བརྒྱད་འོག་ཏུ་འཆད་དོ། །གཉིས་པ་ནི། སམྦྷཱ་ར་ ཚོགས་ཡིན་པས། སམ་ཡང་དག་པར་འགྲུབ་པ། བྷཱ་ངོ་བོ། ར་འཛིན་པ་སྟེ། སྔར་ལྟར་སྒྲུབ་ ཅིང་ཉམས་སུ་བླངས་ (གསེར་)པས་ན་སྙིང་རྗེ་ལ་སོགས་པ་བཅུ་བདུན་པོ་འདི་དག་གིས་བྱང་ ཆེན་ཡང་དག་པར་འགྲུབ་པའི་ངོ་བོའམ་དངོས་པོ་ (གསེར་)ཐོབ་པས་བྱང་ཆུབ་ཆེན་པོ་འབྲས་ 1-1-433 བུར་ངེས་པར་འཛིན་པར་བྱེད་པའི་ཕྱིར་ན། སྙིང་རྗེ་ལ་སོགས་པ་ནི་བྱང་ཆེན་གྱི་རྒྱུའི་ཚོགས་ ཡིན་ནོ། ། གསུམ་པ་ནི། དེ་ཡིན་པས་སྒྲུབ་རྒྱུའི་ཚོགས་བཅུ་བདུན་ཡོད་པས་དེ་སྒྲུབ་པའི་ཚོགས་ཀྱི་ སྒྲུབ་པའང་རྣམ་པ་བཅུ་བདུན་ནོ། །དེ་ལྟར་འཆད་མ་ཤེས་ན་ལམ་གྱི་ཚོགས་ནི་དྲན་པ་ཉེར་ བཞགས་ནས་སངས་རྒྱས་ཀྱི་བར་བཤད་པ་ཆོས་མཆོག་ཆེན་པོ་ན་ཡོད་དམ་སོམས་ཤིགས། ཚོགས་ཞེས་པ་ཆོས་དུ་མའི་དོན་ནོ། །ཚོགས་ལམ་ནས་ཁྱད་པར་ལམ་གྱི་བར་དུ་ལྡན་མོད་ཀྱི་ ཁྱད་པར་ཅན་སྒོམ་ལམ་ནས་ཡོད་ཅེས་ཆོས་བཤེས་ཏེ། འདིར་ཆོས་མཆོག་ཆེན་པོ་ནས་ཞེས་ བྱའོ། ། གཉིས་པ་ལ་གསུམ་སྟེ། ཡེ་ཤེས། ས། གཉེན་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གཉིས། ཤེས་བྱ་སྟོང་ཉིད་ཉི་ཤུར་ཡོད་པས་ཡེ་ཤེས་ཉི་ཤུར་ཕྱེ། ཤེས་བྱ་སྟོང་ཉིད་ཉི་ཤུ་གཏན་ལ་ དབབ་པའོ། །དང་པོ་ནི། འདིར་སྟོང་ཉིད་ཉི་ཤུའི་ས་མཚམས་བྱེད་ན་ནི་འདུས་མ་བྱས་ནམ་ མཁའི་ས་མཚམས་བྱེད་པར་ནུས་སམ། ཡུལ་ཅན་ཡེ་ཤེས་ཀྱི་ས་མཚམས་འཇོག་ན། ཐེག་ ཆེན་ཚོགས་ལམ་དུ་སྤྱིའི་ཚུལ་གྱིས་རྟོགས། སྦྱོར་ལམ་དུ་གསལ་སྣང་སྐྱེས་པའི་ཚུལ་གྱིས་ རྟོགས། མཐོང་ལམ་དུ་གསར་དུ། སྒོམ་ལམ་དུ་མཐོང་ཟིན་གོམས། སངས་རྒྱས་སར་སྒྲིབ་ པ་ཐམས་ཅད་དང་བྲལ་བས་མཐར་ཕྱིན་པའི་ཚུལ་གྱིས་རྟོགས་སོ། །དེ་ཡང་བྱང་འཕགས་ རྣམས་སྟོང་རྒྱུའི་ཆོས་ཀུན་གྱིས་སྟོང་པར་ཅིག་ཅར་བསྒོམ་གྱི་ཆར་ཕྱེ་ནས་མི་སྒོམ་མོ། །འོན་ ཀྱང་འགྲེལ་ཆེན་ཐུབ་དགོངས་སོགས་ལྟར་ན། ཚོགས་བཅུ་བདུན་ཡོད་པ་དེ་ལ་སྟེ་དེའི་ནང་ ནས་ཡེ་ཤེས་ཀྱི་ཚོགས་ནི་རྣམ་པ་ཉི་ཤུའོ། །ཇི་ལྟར་བྱས་པས་ཞེ་ན། རེ་རེ་ལ་སྟོང་པ་ཉིད་ཀྱི་ ཡུལ་ཅན་གྱི་ཡེ་ཤེས་ཞེས་སྦྱར་ཏེ། ནང་དང༌། ཕྱི་དང༌། ཕྱི་ནང་དེ་གཉིས་ཀ་གསུམ་ཚོགས་ ལམ་ནས་སོ། །སྟོང་པ་ཉིད་ནི་སྦྱོར་ལམ་ནས་ (འགྲེལ་ཆེན་)སོ། །ཡང་ན་དང་པོ་གསུམ་ཚོགས་ 1-1-434 ལམ་ནས་བཟོད་པའི་བར་རོ། །བཞི་པ་ཆོས་མཆོག་ནའོ། །ཐུབ་དགོངས་སོ། །ཆེན་པོ་ནི་ས་ དང་པོ་ལས་སོ། །དོན་དམ་པ་ནི་གཉིས་པ་ལའོ། །འདུས་བྱས་ནི་གསུམ་པ་ལ། འདུས་མ་ བྱས་ནི་བཞི་པ་ལ། མཐའ་ལས་འདས་པ་ནི་ལྔ་པ་ན། ཐོག་མ་དང་ཐ་མ་མེད་པ་ནི་དྲུག་པ་ ནའོ། །དོར་བ་མེད་པ་ནི་བདུན་པ་ན། རང་བཞིན་དང༌། ཆོས་ཐམས་ཅད་ནི་བརྒྱད་པ་ན། རང་ གི་མཚན་ཉིད་དང༌། མི་དམིགས་པ་ནི་དགུ་པ་ན། དངོས་པོ་མེད་པའི་ངོ་བོ་ཉིད་དང༌། དངོས་ པོ་ནི་བཅུ་པ་ན། དངོས་པོ་མེད་པ་དང༌། རང་གི་ངོ་བོ་དང་གཞན་གྱི་ངོ་བོ་ནི་སངས་རྒྱས་ཀྱི་ ས་ནའོ། །ཞེས་རྒྱུ་མཚན་དབུས་མཐར་བཤད་པ་དང་སྦྱར་ཏེ་བཤད་དོ། །དགོངས་པ་ཡང་ ས་མཚམས་དེ་དང་དེའི་སྟོང་ཉིད་ཀྱི་ཡུལ་ཅན་གྱི་ཡེ་ཤེས་རྣམས་ཉི་ཤུ་བོ་དེ་དང་དེ་རྟོགས་པ་ གཙོ་ཆེ་ཞེས་པའོ། །དེས་ན་ས་དང་པོའི་མཉམ་བཞག་གི་ཡེ་ཤེས་ཆོས་ཅན། ཆེན་པོ་སྟོང་པ་ ཉིད་ཀྱི་ཡུལ་ཅན་གྱི་ཡེ་ཤེས་ཡིན་ཏེ། ཕྱོགས་བཅུའི་སྟོང་ཉིད་གཙོ་བོར་མངོན་སུམ་དུ་གསར་ དུ་རྟོགས་པའི་ཡེ་ཤེས་ཡིན་པས་སོ། །ཞེས་སོགས་འོག་མ་དང་སྦྲེལ་ནས་འདོན་པ་བསྒྱུར་ ཞིང་དགོད་དོ། ། གཉིས་པ་ནི། སྐབས་འདིར་ཤེས་བྱ་སྟོང་ཉིད་ཉི་ཤུ་པོ་མདོར་བསྡུས་ཏེ་ཚིགས་བཅད་ དུ་བྱས་ནས་སྨྲས་པ། ནང་ནི། མིག་སོགས་སྐྱེ་མཆེད་ཀྱི་དབང་བོ་དྲུག་སྟེ། དེ་དོན་དམ་པར་ རང་རང་ངོ་བོས་སྟོང་པའི་ཕྱིར་ན། དེ་བདེན་པས་སྟོང་པའི་སྟོང་ཉིད་ནི། ནང་སྟོང་པ་ཉིད་དོ། ། ཞེས་སོགས་འདོན་པ་བསྒྱུར་ཏེ། ཕྱི་རོལ་ནི་ཕྱིའི་ཡུལ་གྱི་སྐྱེ་མཆེད་དྲུག་གོ །སེམས་ཀྱིས་ ཟིན་པས་ནང་དབང་བོས་མ་བསྡུས་པས་ཕྱི་ཡིན་པས་དེ་ (སེན་མོ་སོགས། ཞེས་རད་ཀིར།) གཉིས་ཀ་ནི་ དབང་རྟེན་གྱིས་བསྡུས་པའོ། །དབུས་མཐའི་དོན་ནི་རྟེན་ཁོག་པ་ལ་འགྲེལ་པར་རོ། །ཆོས་ ཐམས་ཅད་སྟོང་པ་ཉིད་དུ་ཤེས་པ་ནི་སྟོང་པའི་དངོས་པོ་སྟེ་དེ་ནི་འདིར་ཆོས་ཐམས་ཅད་སྟོང་ པ་ཉིད་དོ། །(དབུས་མཐའ་ཨཱརྱ་སོགས། གང་ཟག་ལ་སོགས་པས་སྟོང་པ་ཞེས་རད་ཀིར།) ཕྱོགས་བཅུ་ནི་ (རད་ཀིར་ 1-1-435 ཡང་)ཆེན་པོ་སྟེ་དབྱིབས་ཆེ་བས་སོ། །སྣོད་ཀྱི་འཇིག་རྟེན་ནི་ཆེན་པོ་སྟེ་རྒྱ་ཆེ་བས་སོ་ཞེས་སོ། ། (ཟླ་ཟེར་དུ་གཉིས་ཀའོ། །) དོན་དམ་པ་ནི་མྱ་ངན་ལས་འདས་པའི་ལམ་ (རད་ཀིར་)སྟེ་དེ་ཡང་དམ་པ་ ནི་མྱང་འདས་སོ་དེའི་དོན་ནམ་ཐབས་ལམ་སྟེ་དམ་པའི་དོན་ཞེས་པའོ། །ཡང་ན་དོན་དམ་ནི་ མྱང་འདས་ (ཏེ་དེ་ནི་དྲི་མ་དང་བྲལ་བ་ཙམ་གྱིས་ཕྱེ་བས་ངོ་བོས་སྟོང་ཞེས་)ཨཱརྱ་ཟླ་ཟེར་རོ། །(འགྲེལ་ཆེན་)ཡང་ ན་ཆོས་ཐམས་ཅད་སྟོང་ཉིད་དུ་ཤེས་པའི་བློ་དེས་ཇི་ལྟར་མཐོང་བ་དེ་ཉིད་དོན་དམ་པའི་རྣམ་ པའོ་ཞེས་སམ་ (བློ་བརྟན་མར་)དོན་དམ་པའོ་སྙམ་དུ་རྟོགས་པ་དེ་དོན་དམ་པའོ་དབུས་མཐའ་ སྐོར་རོ། །(འགྲེལ་པ་གཉིས།) འདུས་བྱས་ནི་ (ཨཱརྱ་འགྲེལ་ཆེན་སོགས་)ཁམས་གསུམ་སྟེ་རྒྱུ་རྐྱེན་ལས་ སྐྱེས་པས་སོ། །དེ་ལས་གཅིག་ཤོས་སྐྱེ་འགགས་གནས་འགྱུར་བཞི་དང་བྲལ་བ་ནི་འདུས་མ་ བྱས་ཏེ་དོན་དམ་པར་བཟློག་ཕྱོགས་སྐྱེ་བ་སོགས་མེད་པས་ངོ་བོས་སྟོང་ངོ༌། །དབུས་མཐའི་ དོན་འདུས་བྱས་ལམ་བདེན་འདུས་མ་བྱས་མྱང་འདས་ལ་ (བློ་བརྟན་)བཤད་དོ། །རྟག་ཆད་ཀྱི་ མཐའ་ནི་མཐའ་དེ་ལས་དོན་དམ་པར་འདས་པ་སྟེ་མཐར་འཇོག་བྱེད་དབུས་དོན་དམ་པར་ མ་གྲུབ་པས་སོ། །དེས་ན་མཐའ་འདས་ནི་ (རྟག་པའི་དངོས་པོའོ། ། རད་ཀིར་)མཐའ་དེ་ཉིད་དོ། །ཡང་ ན་མཐའ་མེད་པས་མཐའ་འདས་ཏེ་ལོངས་སྤྱོད་རྫོགས་སྐུའོ། །དག་ལྡན་ནོ། །རྟག་ཏུ་སེམས་ ཅན་ལ་ཕན་པར་བྱའོ་སྙམ་པ་ནི་མཐའ་འདས་ཞེས་ (དབུས་མཐའི་དོན་བློ་བརྟན་ནོ། །)ཏེ། ཡུལ་སེམས་ ཅན་ལ་སྦྱར་ན་འཐད་དོ། །ཐོག་མ་དབུས་དང་ཐ་མ་མེད་པ་ནི་ཐོག་མ་དང་ཐ་མ་མེད་པའོ། ། ཞེས་སོ། །(ཨཱརྱ་འགྲེལ་ཆེན་) དེ་ནི་ (ཟླ་དག་ལྡན་རད་ཀིར་)འཁོར་བ་སྟེ། འཁོར་བ་མི་བཏང་བྱ་བའི་ ཕྱིར། །ཞེས་དབུས་མཐར་རོ། །དོར་སྤངས་བཏང་རྒྱུར་མེད་པ་ནི་དོར་བ་མེད་པ་ (ཨཱརྱ་འགྲེལ་ ཆེན་དེ་བས་མེད་)སྟེ་དགེ་ཕྱོགས་སོ་ཞེས་ཟླ་ཟེར་རོ། །ཐེག་ཆེན་ནོ་ཞེས་དག་ལྡན་དང༌། དོར་བ་ནི་ རྣམ་གཡེང་སྟེ་དེ་མེད་པ་ཟག་མེད་ལམ་ཞེས་རད་ཀིར་ཏེ་གསེར་ཡང་ངོ༌། །ལྷག་མེད་དུ་ཡང་ མི་འདོར་བའི་དགེ་བར་ (དབུས་མཐར་)དབྱིག་གཉེན་ནོ། །འཕགས་པ་ཐམས་ཅད་ཀྱིས་མ་བྱས་ 1-1-436 པ་ནི་རང་བཞིན་ཏེ། གློ་བུར་བ་མིན་གྱི་ཐོག་མེད་ནས་ཐེག་པ་གསུམ་གྱི་རིགས་སུ་སོ་སོར་ གནས་པའི་སྐྱེ་མཆེད་དྲུག་གམ། སངས་རྒྱས་ཀྱི་རིགས་དེ་བཞིན་ཉིད་དོ་ཞེས་བློ་བརྟན་ནོ། ། ཤེས་རབ་དང་སྙིང་རྗེ་ལ་ཕྱོགས་གླང་ངོ༌། །(དོན་བསྡུར་)ཆོས་དབྱིངས་ལ་དག་ལྡན་རད་ཀིར་རོ། ། འདུས་བྱས་མ་བྱས་ཀྱི་ཆོས་ཀུན་ནི་ཆོས་ཐམས་ཅད་དོ། །དེ་གཉིས་ལྟོས་ནས་བཞག་པས་ ངོ་བོས་ (ཨཱརྱ་)སྟོང་ཞེས་སོ། །(སྟོབས་སོགས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཅེས་དབུས་མཐར་སྐོར་རོ། །) འདུས་ བྱས་ཀྱི་ཆོས་ཀྱི་སྐྱེ་གནས་རྙིང་སོགས་སམ་གཟུགས་སུ་ (སྙིང་མཆོག་)རུང་བ་སོགས་ནི་རང་གི་ མཚན་ཉིད་དོ། །ཡང་ན་མཚན་དཔེ་རྣམས་ནི་རང་གི་མཚན་ཉིད་དེ་སྐྱེས་བུ་ཆེན་པོར་མཚོན་ པས་སོ། །དབུས་མཐའ་སྐོར་རོ། །འདས་པ་དང་སོགས་པ་མ་འོངས་ད་ལྟར་གསུམ་ཕན་ཚུན་ (ཨཱརྱ་)བཟློག་པར་མ་ (ཨཱརྱ་)དམིགས་པས་མི་དམིགས་པའོ། །རྒྱུ་རྐྱེན་ (གནོད་འཇོམས་)ལྡན་པའམ་ ཕྲད་པ་ལས་བྱུང་བ་ནི་ལྡན་པའམ་འདུས་ (མདོ་)པའོ། །དེ་ནི་རྟེན་ཅིང་འབྲེལ་འབྱུང་ཡིན་པས་ དོན་དམ་པར་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་ལ་དེ་ལྟར་ན་རྒྱུ་རྐྱེན་འདུས་པ་ནི་ཞེས་སྦྱར་ རོ། །ཅིག་ཤོས་ནི་གཞན་ (རད་ཀིར་དུ་)བསྒྱུར་ཉེ་བར་ལེན་ (ཨཱརྱ་སོགས་)པའི་ཕུང་པོ་ (མདོ་)ནི་ངོ་བོ་ སྟེ་དངོས་པོའོ། ། དེ་ཡང་ཕུང་པོའི་དོན་ནི་སྤུངས་པའི་དོན་ཡིན་ལ་སྤུངས་པ་ནི་དོན་དམ་པར་ མེད་པའི་དོན་ཡིན་པས་ཞེས་སོགས་སྦྱར་རོ། །འདུས་ (མདོ་)མ་བྱས་ནམ་མཁའ་ (ཨཱརྱ་)སོགས་ ནི་དངོས་པོ་མེད་པའོ། །དེ་ནི་སྒྲིབ་ (ཨཱརྱ་)བྱེད་སོགས་དངོས་པོའི་ཆོས་མེད་པ་ཙམ་ལ་བཏགས་ པས་ཞེས་སོགས་སྦྱར་རོ། །ཆོས་རྣམས་ཀྱི་གནས་ལུགས་མ་ནོར་ (མདོ་)བ་ནི་དེ་རྣམས་ཀྱི་ རང་གི་ངོ་བོ་སྟེ་ (ཨཱརྱ་)འཕགས་པ་རྣམས་ཀྱི་ཤེས་ (མདོ་)པ་ (ནི་མི་རྟོག་ཡེ་ཤེས་སོ་)དང་མཐོང་བས་ (ནི་ དེའི་རྗེས་ལས་བྱུང་བའི་དག་པ་འཇིག་རྟེན་པའི་ཡེ་ཤེས་སོ་ཞེས་འབུམ་ཊཱིཀ་ཀོ།)མ་བྱས་པའོ་ (མདོ་)ཞེས་སྦྱར་རོ། ། འོན་ཀྱང་འདི་ནི་ཤེས་པ་དང་མཐོང་བས་བྱས་པས་སྟོང་ཞེས་མདོ་དོན་ནོ། །ཆོས་རྣམས་ཀྱི་ ཆོས་ཉིད་དང་དེ་བཞིན་ཉིད་ཡང་དག་ (མདོ་)མཐའ་སོགས་ནི་རྟག་ཏུ་གནས་པས་བྱེད་པ་པོ་ 1-1-437 དོན་ (ཨཱརྱ་འགྲེལ་ཆེན་ཨ་བྷ་)གཞན་གྱི་ངོ་བོ་ཉིད་ཀྱིས་སྟོང་པའོ། །དེ་དོན་དམ་པར་རང་གི་ངོ་བོས་ སྟོང་ཞེས་སོགས་སྦྱར་རོ། །འོན་ཀྱང་ཆོས་ཉིད་སོགས་བརྒྱད་ནི་དེ་པ་རྣམས་བྱུང་ཡང་རུང་མ་ བྱུང་ཡང་རུང་རྟག་ཏུ་གནས་པས་དེ་དག་ནི་དོན་དམ་པར་ཕུང་པོ་ལ་སོགས་པའི་ཆོས་གཞན་ རྣམས་ཀྱིས་སྟོང་པ་ཉིད་ལ་གཞན་གྱི་དངོས་པོ་སྟོང་པ་ཉིད་ཅེས་བྱའོ་ཞེས་མདོ་དང་དེ་འགྲེལ་ (གནོད་འཇོམས་ཨཱརྱ་)ལས་བཤད་པས་རང་རང་གིས་སྟོང་པར་སྦྱོར་བ་ནི་འདིར་རང་བཟོའོ། ། སྟོང་གཞི་ཉི་ཤུ་ཡོད་པས་དེའི་སྟོང་པ་ཉིད་ནི་ཉི་ཤུར་འདོད་དོ། །སྟོང་ཉིད་ཟབ་མོ་འདི་དག་ མདོ་དང་བསྟན་བཅོས་དུ་མ་ལས་བཤད་ཚུལ་ཤེས་ཤིང་བྲི་བར་རིགས་ཀྱང༌། མངས་པས་ འཇིགས་པ་དང་འདིར་རང་སྟོང་པའི་ལུགས་ཉིད་ལ་མོས་པའི་དབང་དུ་བྱས་ནས་ཆ་ཙམ་ བསྟན་ནོ། །ཁ་ཅིག་འདི་དག་གིས་གཞན་དགག་པའི་སྒོ་ནས་སྟོང་ཉིད་འབའ་ཞིག་བསྟན་ གྱི་མངོན་རྟོགས་ཀྱི་གོ་རིམ་མ་བསྟན་ཟེར་བ་ལྟར་ན་མདོའི་ཚིག་དོན་ཙམ་བརྗོད་གྱི་བསྟན་ བཅོས་ཀྱི་དོན་མ་ཚང་བར་འགྱུར་རོ་ཞེས་ཨཱརྱའོ། ། གཉིས་པ་ལ། སྤྱི་དང༌། ཡན་ལག་གི་དོན་གཉིས་ལས། དང་པོ་ལ། སྤྱིར་ས་ཞེས་པ་ཕྱི་ རོལ་ཆོས་ཅན་གྱིས་བསྡུས་པ་འབྱུང་བ་ས་ལྟ་བུ་དང༌། རང་རིས་ཀྱི་སྡེས་བསྡུས་པ་ཐོས་པའི་ ས་ཞེས་སོགས་ས་བཅུ་བདུན་བསྟན་པ་ལྟ་བུ་དང༌། སྤང་བྱ་གཙོ་ཆེ་བ་ཁམས་གསུམ་ས་དགུ་ ལྟ་བུ་དང༌། སྤངས་རྟོགས་ཡོན་ཏན་གྱི་རྟེན་བྱེད་པའི་ས་དུ་མ་ཡོད་པ་ལས། འདིར་ཐ་མ་སྟེ། འདི་ལ་བདག་མེད་རྟོགས་པའི་བློ་གང་ཞིག་ཉན་ཐོས་ཀྱི་ལམ་གྱི་རྟེན་བྱེད་པ་ཉན་ཐོས་ཀྱི་ས་ གང་ཞིག་རང་རྒྱལ་ལམ་གྱི་རྟེན་བྱེད་པ་རང་རྒྱལ་གྱི་སའོ། །དབྱེ་ན། རིན་ཆེན་ཕྲེང་བར། ཇི་ ལྟར་ཉན་ཐོས་ཐེག་པ་ལ། །ཉན་ཐོས་ས་ནི་བརྒྱད་བཤད་པ། །ཞེས་ཏེ། ཞུགས་གནས་ཀྱི་ས་ བརྒྱད་དོ། །ཡང་དེའི་སྟེང་དུ་ཉན་ཐོས་ཀྱི་དཀར་པོ་རྣམ་པར་མཐོང་པའི་ས། རིགས་ཀྱི་ས་དང་ བཅས་པས་བཅུར་ཡང་ཡོད་དོ། །ཡང་དཀར་མཐོང༌། རིགས། བརྒྱད། མཐོང༌། བསྲབས། 1-1-438 འདོད་ཆགས་དང་བྲལ་བ། བྱས་པ་རྟོགས་པ། རང་རྒྱལ་གྱི་ས་སྟེ་བརྒྱད་དམ་འོག་ཏུ་འཆད་ པ་ལྟར་བརྒྱད་དོ། །ཐེག་ཆེན་གྱི་ལ། ཕལ་བ་དད་པའི་སའམ་ཚོགས་ཀྱི་ས། མོས་སྤྱོད་ཀྱི་ས་ སྟེ་གཙོ་བོ་སྦྱོར་ལམ་གྱི་སྐབས་སོ། །ཁྱད་པར་ཅན་འཕགས་པའི་ས་སྟེ་བཅུ་གཅིག་གོ །འདི་ ལ་གསུམ་ལས། མཚན་ཉིད་ནི། ཐེག་ཆེན་གྱི་སྙིང་རྗེ་ཆེན་པོ་སོགས་ཀྱིས་ཟིན་པའི་ཟག་མེད་ཡེ་ཤེས་གང་ ཞིག ཐེག་ཆེན་གྱི་སྤངས་རྟོགས་ཡོན་ཏན་གྱི་རྟེན་དུ་གྱུར་པའོ། །འཇུག་པའི་བཤད་པར། བྱང་པ་རྣམས་ཀྱི་སྙིང་རྗེ་ལ་སོགས་པས་ཡོངས་སུ་བཟུང་བའི་ཟག་པ་མེད་པའི་ཡེ་ཤེས་ཁོ་ན་ ཆར་རྣམ་པར་ཕྱེ་བ་ནི་སའི་མིང་འཐོབ་སྟེ། ཡོན་ཏན་གྱི་རྟེན་དུ་གྱུར་བ་ཉིད་ཀྱི་ཕྱིར་རོ། །ཞེས་ ཏེ། ཐུབ་དགོངས་སུ་ཡང་ངོ༌། །(ས་རྣམས་ཀྱི་རང་བཞིན་ནི་ཡེ་ཤེས་འཇིག་རྟེན་ལས་འདས་པའི་ངོ་བོ་ཉིད་དོ་ཞེས་ ཆོས་བཤེས་སོ། །) བྱེ་བྲག་ཏུ་ས་བཅུ་གཅིག་གི་མཚན་ཉིད་མཁས་པའི་ངག་ལས་བཟུངས་ཤིག གཉིས་པ་མཚོན་བྱའི་སྒྲ་བཤད་ནི། འབྱུང་བོ་དཔག་མེད་འཇིགས་མེད་ཕྱིར། །དཔག་ ཏུ་མེད་པ་དེ་དག་ལ། །ཕྱི་ཕྱིར་གོང་དུ་འགྲོ་ལྡན་ཕྱིར། །དེ་དག་ཉིད་ནི་སར་འདོད་དོ། །ཞེས་ ཏེ། བྷུ་མི་ཞེས་པ་ས་སྟེ་བྷཱུ་ཏ་འབྱུང་བོ་སྟེ་སེམས་ཅན། ཨ་མི་ཏ་དཔག་མེད། བྷཱུ་ལས་ཨ་བྷ་ ཡ་ཞེས་སྦྱར་ན་འཇིགས་མེད། ཡང་ཨ་མི་ཏ་དཔག་མེད་དེ་ཡོན་ཏན་དཔག་ཏུ་མེད་པ་ཅན་ ནོ། །ཡང་བྷཱུ་ལ། བྷཱུ་ཡ་བྷཱུ་ཡ་ཕྱི་ཕྱིར་ཏེ་ཡང་ཡང་ངོ༌། །མི་ལ་ག་མི་ནི་འགྲོ་བ་སྟེ། སེམས་ཅན་ དཔག་ཏུ་མེད་པ་རྣམས་ཀྱི་འཇིགས་པ་ཐམས་ཅད་སྤང་བར་བྱ་བའི་ཕྱིར། རེ་རེ་ལ་ཡང་ཡོན་ ཏན་དཔག་ཏུ་མེད་པ་དང་ལྡན་པའི་ས་དེ་དག་ལ་ཡང་ཡང་ས་གོང་མ་གོང་མར་འགྲོ་བ་དང་ ལྡན་པས་སའོ། ། མཚན་གཞི་ལ། འདིར་བཅུ་སྟེ། དེ་ཡང་སྦྱོང་བྱེད་ཀྱི་ཆོས་བཅུ་ཡོད་པས་བཅུར་ཕྱེ་བར་ འགྲེལ་ཆེན་ནོ། །འོན་ཀྱང་སྤངས་རྟོགས་ཡོན་ཏན་སོགས་མི་འདྲ་བ་བཅུ་ཡོད་པས་བཅུར་ 1-1-439 ཕྱེའོ། །འདི་ལ་བརྒྱད་དེ། རྟགས། ཡོན་ཏན། སྐྱེ་བ། སློབ་ཚུལ། སྤང་བྱ། སྤྱོད་པ། སྤངས་ རྟོགས། འབྲས་བུའི་ཁྱད་པར་རོ། ། དང་པོ་ལ་གཉིས་ལས། ཞུགས་པའི་རྟགས་ནི། (ས་གང་ལ་ཞུགས་པ་ལ་)སྣང་ (བ་)དང་བཅས་ དང་ (མ་ཞུགས་པ་ལ་)མོས་པ་ (སྟེ་གཅིག་ཏུ་བྱའོ། །)དང༌། །(ཟབ་ཅིང་རྒྱ་ཆེ་བ་ལ་སེམས་)མ་ཞུམ་པ་དང་ (དཀའ་ སྤྱད་ལ་སེམས་)མི་དམན་ (པ་)ཉིད། །(རང་གི་ཐོབ་པའི་ས་ལ་)གཞན་ (གྱི་)དྲིང་མི་འཇོག་ (པའི་)བདག་ ཉིད་དང༌། །ཐམས་ཅད་རབ་ཏུ་རྟོགས་པ་ (ནི་ས་ཐམས་ཅད་བསྒྲུབ་པ་ལ་མཁས་པའོ། །)དང༌། །(སེམས་ཅན་) ཀུན་ལ་ (བདག་དང་)སེམས་ནི་མཉམ་པ་ (སྟེ་རང་གཞན་མཉམ་པར་རྟོགས་པའོ། །)དང༌། །(སྙན་མི་སྙན་གྱི་) སྒྲས་བཀྲིར་ (མི་བཏུབ་པ་དང་)རྗེས་སུ་ཆགས་མེད་ (ནི་ཁོར་ལོ་བསྒྱུར་རྒྱལ་སོགས་ཀྱི་ཕུན་ཚོགས་ལའོ། །)དང༌། ། (མི་དམིགས་པར་འཚང་རྒྱ་བའི་)ཐབས་ཤེས་ (རྟག་ཏུ་སངས་རྒྱས་ཀྱི་)འཁོར་དུ་སྐྱེ་བ་ནི། །(ས་བཅུ་)ཀུན་ལ་ (བྱང་ཆུབ་སེམས་དཔའི་)རྟགས་སུ་འདོད་པ་ཡིན། །ཞེས་སོ། །གཉིས་པ་རྨི་ལམ་གྱི་རྟགས་ནི། ས་ བཅུ་པོ་ལ་རིམ་བཞིན་དུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གཏེར་བྱེ་བ་ ཁྲག་ཁྲིག་བརྒྱ་སྟོང་གིས་ཡོངས་སུ་གང་བར་མཐོང་ངོ༌། །ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་ འཇིག་རྟེན་གྱི་ཁམས་ལག་མཐིལ་ལྟ་བུར་གྱུར་བ་ལ་རིན་པོ་ཆེ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་ མས་ལེགས་པར་བརྒྱན་པར་མཐོང་ངོ། །ཡང་བདག་ཉིད་དཔའ་ཞིང་ལག་ཆ་དང་གོ་ཆ་སྲ་བ་ ཐོགས་ནས་ཕས་ཀྱི་རྒོལ་བ་ཐམས་ཅད་འདུལ་བར་མཐོང་ངོ༌། །ཡང་ཕྱོགས་བཞི་ནས་རླུང་གི་ དཀྱིལ་འཁོར་བཞིས་ཐམས་ཅད་དང་ལྡན་པའི་སའི་དཀྱིལ་འཁོར་ལ་མེ་ཏོག་སྣ་ཚོགས་ཀྱིས་ མངོན་པར་འཐོར་བར་མཐོང་ངོ༌། །ཡང་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་བུད་མེད་ཀྱིས་ མགོ་ལ་མེ་ཏོག་ཙམ་པ་ཀའི་ཕྲེང་བ་འདོགས་པར་མཐོང་ངོ༌། །ཡང་རྫིང་ཐེམ་སྐས་བཞི་དང་ ལྡན་པ་གསེར་གྱི་བྱེ་མ་བརྡལ་བ་རྙོག་པ་མེད་ཅིང་དྭངས་ལ་ཡན་ལག་ (བསིལ་དང་ཞིམ་དང་ཡང་བ་ དང༌། །དྭངས་དང་འཇམ་དང་དྲི་ང་མེད། །འཐུངས་ན་ལྟོ་ལ་མི་གནོད་དང༌། །མགྲིན་པ་ལ་ནི་མི་གནོད་པའོ། །ཞེས་སོ། །)བརྒྱད་ 1-1-440 དང་ལྡན་པའི་ཆུས་ཡོངས་སུ་གང་བ་ལ་མེ་ཏོག་ཨུཏྤལ་དང་ཀུ་མུ་ཏ་དང་པདྨ་དཀར་པོས་ བརྒྱན་པའི་ཆུ་མཐོང་སྟེ་དེ་ལ་བདག་ཉིད་རྩེ་དགའ་ཞིང་ལོངས་སུ་སྤྱོད་པ་མཐོང་ངོ༌། །ཡང་ ཕྱོགས་གཡས་གཡོན་གཉིས་ནས་སེམས་ཅན་དམྱལ་བའི་གཡང་ས་མཐོང་སྟེ་དེ་ལས་བདག་ ཉིད་མ་སྨས་མ་ཉམས་པར་སླར་ལྡོག་པར་མཐོང་ངོ༌། །ཡང༌། ཕྲག་པ་གཉིས་ན་རི་དྭགས་ཀྱི་ རྒྱལ་བོ་སེང་གེ་རལ་བ་ཅན་ཅོད་པན་ཐོགས་པས་གཅན་ཟན་ཕྲ་མོ་ཐམས་ཅད་སྐྲག་པར་བྱེད་ ཅིང་འདུག་པ་མཐོང་ངོ༌། །ཡང་འཁོར་ལོས་བསྒྱུར་བའི་རྒྱལ་བོ་མཐོང་སྟེ་སྐྱེ་བོ་བྱེ་བ་ཁྲག་ ཁྲིག་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་ཞིང་མདུན་གྱིས་བལྟས་ལ་མགོའི་སྟེང་ན་རིན་པོ་ཆེ་ སྣ་ཚོགས་ཀྱིས་སྤྲས་པའི་གདུགས་དཀར་པོ་འཛིན་པ་མཐོང་ངོ༌། །ཡང་དེ་པའི་སྐུ་མཐོང་སྟེ་ ཁ་དོག་གསེར་ལྟ་བུ་འོད་འདོམས་གང་བ་ཚངས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མས་ཡོངས་ སུ་བསྐོར་ཞིང་མདུན་གྱིས་བལྟས་ནས་ཆོས་སྟོན་པ་མཐོང་ངོ༌། །ཞེས་གསེར་འོད་དང་བློ་གྲོས་ མི་ཟད་པས་ཞུས་པ་གཉིས་ཅར་ལའོ། །དྲོད་ཐོབ་ནས་གཉིད་སོགས་སྒྲིབ་པ་ལྔ་མེད་པར་ བཤད་པས་ས་བཅུ་ཐོབ་པ་ལ་ཅི་ལྟར་རྨི་ལྟས་འོང་སྙམ་ན། གཉིད་ལ་གཉིས་ལས། འཇུག་ པ་རང་དབང་མེད་པར་སྡུད་བྱེད་ཉེ་ཉོན་གྱི་གཉིད་མེད་ཀྱང༌། ཆེད་དུ་བྱིན་གྱིས་བརླབས་པས་ ལུས་རྒྱས་པར་བྱེད་པ་དགེ་བར་བགྲང་བའི་གཉིད་ནི་ས་དེ་དག་ནའང་ཡོད་པས་སྐྱོན་མེད་དོ། ། སྐབས་མིན་པར་མཚན་མ་འདི་དག་བྱུང་ན་སྔགས་ཀྱི་མཐུའམ་བདུད་ཀྱི་བྱིན་བརླབས་སུ་ ཤེས་པར་བྱའོ་ཞེས་ཆོས་བཤེས་སོ། ། གཉིས་པ་ལ། སྤྱི་དང༌། བྱེ་བྲག་གི་ཡོན་ཏན་གཉིས་ལས། དང་པོ་ནི། ས་རྣམས་ཀུན་ལ་ རྣམ་ཀུན་ཏུ། །བློ་ལྡན་རྣམས་ཀྱི་ཕན་ཡོན་ནི། །ཞི་གནས་ལྷག་མཐོང་གཉིས་ཀ་ལ། །ལྔ་བོའི་ བདག་ཉིད་དག་ཏུ་འདོད། །ཅེས་ཏེ། སྐད་ཅིག་རེ་རེ་ལ་གནས་ངན་ལེན་ཟད་པར་བྱེད་དེ། (ཞི་ གནས་རྩེ་གཅིག་པས་ལུས་སེམས་ལས་སུ་རུང་བར་བྱས་པའི་རྒྱུས་ལུས་སེམས་ལས་སུ་མི་རུང་བའི་རྒྱུ་སྒྲིབ་གཉིས་འཇོམས་པར་ 1-1-441 བྱེད་པའོ། །ཞེས་བློ་བརྟན་ནོ། །)བུལ་ཏོག་གི་ཆུས་གོས་ཀྱི་དྲི་མ་བཞིན་དུ་ཞི་གནས་ཆུ་ལྟ་བུས་གནས་ ངན་ལེན་ལུས་ལས་འདག་པར་བྱེད་པའོ། །(བཤད་སྦྱར་སྐབས་གཞན་དུ། གཟུགས་ཡོད་མེད་འདུས་བྱས་མ་ བྱས་སོགས་)སྣ་ཚོགས་ཀྱི་འདུ་ཤེས་དང་བྲལ་བའི་ (ཞི་གནས་ཐོབ་པས་) ཆོས་ཀྱི་དགའ་བ་ (ནི་སེམས་མི་ གཡེང་བ་སྟེ་དེ་)ཐོབ་པ་སྟེ་ཞི་གནས་ཀྱི་གཉིས་དང༌། གཟུགས་ཅན་ཡིན་ (འགྲེལ་བཤད་གཉིས་)མིན་ ལ་སོགས་པའི་རྣམ་ (དབྱིག་བློ་བརྟན་དོན་) པར་ (རམ་ཕྱོགས་ (གཉིས་ཀ་)བཅུ་དུས་གསུམ་གྱི་ཆོས་ (བློ་)ཐམས་ཅད་ མཉམ་ (བློ་)པར་ཤེས་པས་ན་)ཡོངས་སུ་མ་ཆད་པའི་མཚན་ (བློ་)མ་མེད་པའི་ཆོས་ཀྱི་སྣང་བ་རབ་ཏུ་ ཤེས་པ་དང༌། རྣམ་པར་དག་པའི་སྐལ་བ་དང་མཐུན་པའི་རྒྱུ་མཚན་རྣམ་ (ལུས་ལས་སྲིན་བུ་ཕྱིར་ འཐོན་པ་ལུས་མི་གཙང་བས་སྦགས་པ་སྦྱོང་བར་མཐོང་བ་སོགས་ཞེས་སྐབས་གཞན་དུ་བཤད་སྦྱར་རོ། །)པར་མ་བརྟགས་ པ་དག་ཀུན་ཏུ་སྤྱོད་པར་འགྱུར་བ་གཉིས་ལྷག་མཐོང་གིའོ། །ཆོས་སྐུ་རྫོགས་པར་འགྲུབ་པའི་ ཕྱིར་དུ་དེའི་རྒྱུ་ཕྱིན་བཅུ་སོགས་གོང་ནས་གོང་དུ་འཛིན་པ་ནི་གཉིས་ཀའི་ཡོན་ཏན་ནོ། ། གཉིས་པ་ནི། ས་དང་པོ་ལ་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ཏེ། སྐད་ཅིག་གཅིག་གིས་ ཏིང་ངེ་འཛིན་བརྒྱ་སོ་སོར་ཐོབ་ཅིང་སྙོམས་པར་འཇུག་༡གོ །(ཏིང་ངེ་འཛིན་གྱི་ལས་ནི་)སངས་རྒྱས་ བརྒྱ་མཐོང་༢ངོ༌། །དེ་རྣམས་ཀྱིས་བྱིན་གྱིས་བརླབས་ཀྱང་ཤེས་༣སོ། །འཇིག་རྟེན་གྱི་ཁམས་ བརྒྱ་གཡོ་བར་བྱེད་༤ཅིང༌། སྣང་བར་ཡང་བྱེད་༥དོ། །ཞིང་བརྒྱར་འགྲོ༦འོ། །སེམས་ཅན་ བརྒྱ་ཡོངས་སུ་སྨིན་པར་༧བྱེད་དོ། །བསྐལ་བ་བརྒྱར་གནས་༨ཤིང༌། སྔོན་དང་ཕྱི་མའི་མཐར་ འཇུག་༩གོ །ཆོས་ཀྱི་སྒོ་བརྒྱ་རྣམ་པར་༡༠འབྱེད་དོ། །ལུས་བརྒྱ་སྟོན་པར་བྱེད་༡༡དོ། །ལུས་ དང་ལུས་ལ་ཡང་བྱང་སེའི་འཁོར་བརྒྱ་དང་ལྡན་པར་༡༢སྟོན་པར་བྱེད་དོ། །དེ་བཞིན་དུ་ བསྒྲེས་ཏེ། གཉིས་པ་སོགས་ལ་སྟོང་དང༌། འབུམ་དང༌། བྱེ་བ་ (ཁྲག་ཁྲིག་དང༌།)བརྒྱ་དང༌། བྱེ་བ་ (ཁྲག་ཁྲིག་སྟོང་དང་)སྟོང་དང༌། བྱེ་བ་ (ཁྲག་ཁྲིག་འབུམ་དང་)འབུམ། བྱེ་བ་ཁྲག་ཁྲིག་འབུམ་དང༌། སྟོང་ གསུམ་ (དངོས་)འབུམ་ཕྲག་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དང༌། སྟོང་གསུམ་གྱི་འཇིག་རྟེན་ 1-1-442 གྱི་ཁམས་གྲངས་མེད་འབུམ་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང༌། ཕྱོགས་བཅུའི་སངས་ རྒྱས་ཀྱི་ཞིང་གྲངས་མེད་པ་ལས་འདས་པའི་རྡུལ་ཕྲ་མོ་ཇི་སྙེད་པ་དེ་ (འདི་མདོ་དངོས་གཏུག་དགོས།) སྙེད་དོ། །ས་བཅུ་པའི་མདོར་ (ཐུབ་དགོངས་སུ་ཡོད།)རོ། ། གསུམ་པ་ནི། བློ་ལྡན་རྣམས་ཀྱི་ལས་དང་ནི། །གཞན་ཡང་སྨོན་ལམ་དག་དང་ནི། །ཏིང་ ངེ་འཛིན་དང་དབང་འབྱོར་བའི། །དབང་གིས་སྐྱེ་བར་འདོད་པ་ཡིན། །ཞེས་ཏེ། མོས་སྤྱོད་པ་ རྣམས་ལས་ཀྱིས་མངོན་པར་འདོད་ (ཐུབ་དགོངས་སུ་)པའི་གནས་སུ་སྐྱེ་བ་དང༌། ས་ཐོབ་པ་རྣམས་ སེམས་ཅན་སྨིན་པའི་ཕྱིར་དུ་དུད་འགྲོ་སོགས་གནས་དམན་པར་སྐྱེ་བ་ནི་སྨོན་ལམ་གྱི་དབང་ དང༌། བསམ་གཏན་རྣམས་ (ཀྱི་འབྲས་བུ་སྐྱེ་བ་)བཟློག་ནས་འདོད་ཁམས་སུ་སྐྱེ་བ་ཏིང་ངེ་འཛིན་ གྱི་དབང༌། སྤྲུལ་བས་དགའ་ལྡན་ན་གནས་པ་སོགས་དབང་འབྱོར་བའི་དབང་གིས་སྐྱེ་ (དབྱིག་ གཉེན་ལྟར་རོ། །)བ་སྟེ་དབང་གི་སྐྱེ་བ་བཞིའོ། །རྣམ་སྨིན་གྱི་སྐྱེ་བ་ནི། ས་བཅུ་ཐོབ་པ་རྣམས་རིམ་ བཞིན་དུ། ཛམྦུའི་གླིང༌། གླིང་བཞི། སུམ་ཅུ་རྩ་གསུམ། འཐབ་བྲལ། དགའ་ལྡན། འཕྲུལ་ དགའ། གཞན་འཕྲུལ་དབང་བྱེད་ཀྱི་རྒྱལ་བོ་དང༌། སྟོང་གི་བདག་པོ་ཚང་པ། སྟོང་གཉིས་ ཀྱི་བདག་པོ། སྟོང་གསུམ་གྱི་བདག་པོ། གནས་གཙང་མའི་ལྷའི་རྒྱལ་བོ་རྣམས་སུ་ཕལ་ཆེར་ སྐྱེའོ། །ཞེས་ས་བཅུ་པའི་མདོ་དོན་ནོ། ། བཞི་པ་ནི། ཆོས་ཉིད་རབ་ཏུ་རྟོགས་ནས་འདིར། །ལྷག་པའི་ཚུལ་ཁྲིམས་ལྷག་སེམས་ དང༌། །ལྷག་པའི་ཤེས་རབ་ལ་རྗེས་སློབ། །ཞེས་ཏེ། ས་དང་པོར་ཆོས་ཉིད་རྟོགས་ནས། གཉིས་པར་ཚུལ་ཁྲིམས་ཀྱི། གསུམ་པར་སེམས་ཀྱི་བསླབ་པ་དང༌། བཞི་པར་བྱང་ཕྱོགས་ལ་ མཁས་པ། ལྔ་པར་བདེན་གཉིས་ལ་མཁས་པ། དྲུག་པར་རྟེན་འབྲེལ་ལ་མཁས་པ་སྟེ་གསུམ་ པོ་དེར་ཤེས་རབ་ཀྱི་བསླབ་པ་ལ་སློབ་པོ། །དེ་ལྟར་བསླབས་པས་ས་བདུན་པར་མཚན་མ་ མེད་ཅིང་མངོན་པར་འདུ་བྱེད་པའི་ཡེ་ཤེས། བརྒྱད་པར་མཚན་མ་དང་འདུ་བྱེད་པ་གཉིས་ཀ་ 1-1-443 མེད་ཅིང་ཞིང་དག་པ། དགུ་པར་སེམས་ཅན་སྨིན་པར་བྱེད་པ། བཅུ་པར་གཟུངས་དང་ཏིང་ངེ་ འཛིན་གྱི་སྒོ་རྣམས་འགྲུབ་པའི་འབྲས་བུ་སྟེ། འབྲས་བུ་དམ་པ་འདི་བཞི་ནི། །ས་བཞི་བོ་ལ་ རབ་ཏུ་བརྟེན། །ཞེས་སོ། །དེ་ལྟར་སློབ་པ་དེ་ཉིད་ཟག་མེད་ཀྱི་ཕུང་པོ་ལྔ་སྦྱོང་བའང་ཡིན་ཏེ། (ས་དང་པོར་)ཆོས་ཉིད་རབ་ཏུ་རྟོགས་ནས་ (ས་གཉིས་ཀ་)འདིར། །ཚུལ་ཁྲིམས་ཀྱི་ནི་ཕུང་པོ་སྦྱོང༌། ། དེ་ཡི་འོག་ཏུ་ (གསུམ་པར་)ཏིང་ (ངེ་)འཛིན་ (གྱི་ཕུང་པོ་)དང༌། །(བཞི་ལྔ་དྲུག་པར་)ཤེས་རབ་ (ཀྱི་)ཕུང་པོ་ རྣམ་པར་སྦྱོང། །དེ་ལས་གཞན་པ་ (བདུན་སོགས་བཞི་བོ་)དག་ལ་ནི། །(སྔར་བཤད་འབྲས་བུ་བཞིའི་)སྒྲིབ་ (པ་)རྣམ་ (པ་)བཞི་དང་ (སངས་རྒྱས་ཀྱི་ས་ལ་)ཐོགས་པ་ཡི། །སྒྲིབ་པ་ (སྦྱངས་པ་)ལས་ནི་ (རིམ་པ་བཞིན་) རྣམ་ (པར་)གྲོལ་ (བའི་ཕུང་པོ་)དང༌། །(རྣམ་པར་)གྲོལ་བའི་ཡེ་ཤེས་ (ཀྱི་ཕུང་པོ་)རྣམ་པར་སྦྱོང༌། །ཞེས་ པ་ལྟར་རོ། ། ལྔ་པ་ནི། ས་ལ་འཇུག་པའི་མདོར། ཡན་ལག་བཅུ་གཅིག་རྫོགས་གྱུར་པས། །རབ་དགའ་ ལ་སོགས་ས་བཅུ་གཅིག །རྨོངས་གཉིས་གནས་ངན་ལེན་གཅིག་སྟེ། །མི་མཐུན་ཕྱོགས་ནི་ཐ་ དད་དོ། །ཞེས་པ་ལྟར། ས་བཅུ་གཅིག་ལ་རྨོངས་པ་གཉིས་གཉིས་དང་གནས་ངན་ལེན་རེ་རེ་ སྟེ་མིང་ཙམ་ཆོས་བཤེས་སུ་བཤད་ཅིང༌། (ལུང་གི་སྙེ་མ་དང་ལྷན་ཐབས་གཉིས་སུ་ཡང་བཤད་དོ། །)རྒྱས་པར་ དགོངས་འགྲེལ་འགྲེལ་པ་གསུམ་དང་བཅས་པ་ལས་ཤེས་པར་བྱའོ། ། དྲུག་པ་ནི། ཕར་ཕྱིན་བཅུ་སྟེ་སྔར་བཤད་ཟིན་ཅིང༌། ས་བཅུ་ལ་ཕར་ཕྱིན་བཅུ་རེ་རེ་གཙོ་ ཆེར་སྤྱོད་ཅིང༌། གཞན་ཕལ་བའི་ཚུལ་གྱིས་སྤྱོད་དེ་དབུས་མཐར། ཁྱད་པར་ཅན་དང་ཁྱད་ མེད་ནི། །ས་བཅུ་དག་ཏུ་ཤེས་པར་བྱ། །ཞེས་སོ། །རྒྱས་པར་ས་བཅུ་པའི་མདོར་ཤེས་པར་ བྱའོ། ། བདུན་པ་ལ། ས་བཅུ་པོའི་རྟོགས་པ་ལ་ཁྱད་ཅི་ཡོད་ཅེ་ན། མཉམ་གཞག་ཏུ་ཆོས་ཉིད་ ཙམ་རྟོགས་ཁྱད་མེད། ཆོས་ཉིད་བཅུ་ལ་སྒྲིབ་པ་བཅུ་སྤངས་པའི་རིམ་གྱིས་ངེས་པ་འདྲེན་ 1-1-444 ཚུལ་ལ་ཁྱད་ཡོད་པར་བསྟན། རྩོད་པ་སྤོང་བའོ། །དང་པོ་ནི། ས་བཅུ་གཅིག་གི་མཉམ་ བཞག་ན་ཆོས་ཉིད་ཙམ་མངོན་གསུམ་དུ་རྟོགས་པར་ཁྱད་པར་མེད་དེ། ཆོས་ཐམས་ཅད་ ཀྱི་ཆོས་དབྱིངས་གཅིག་ཉིད་ཡིན་པའི་ཕྱིར་ཏེ། མདོ་ལས། འཇམ་དཔལ་ཆོས་ཀྱི་དབྱིངས་ གཅིག་ཡང་དག་པའི་མཐའ་གཅིག་ཡིན་ན་སྣོད་དང་སྣོད་མིན་པར་ཇི་ལྟར་བརྟགས། ཅེས་ དང༌། ཨཱརྱ་དེ་བས། གང་གིས་དངོས་གཅིག་དེ་བཞིན་ཉིད་མཐོང་བ། །དེ་ཡིས་དངོས་ཀུན་དེ་ བཞིན་ཉིད་དུ་མཐོང༌། །ཞེས་སོགས་མཐའ་ཡས་སོ། ། གཉིས་པ་ནི། དེ་ལྟར་ཡིན་ཀྱང་ཆོས་དབྱིངས་བཅུས་སྒྲིབ་པ་བཅུ་སྤངས་པའི་སྒོ་ནས་ རྗེས་ཐོབ་ཀྱི་ཡང་དག་པའི་ངེས་པ་འདྲེན་པའི་སྒོ་ནས་རྟོགས་པ་ལ་ཁྱད་པར་ཡོད་དེ། དབུས་ མཐར། ཀུན་ཏུ་འགྲོ་དོན་མཆོག་གི་དོན། །རྒྱུ་མཐུན་དོན་གྱི་མཆོག་ཉིད་དང༌། །ཡོངས་སུ་ འཛིན་པ་མེད་དོན་དང༌། །རྒྱུད་རྣམས་ཐ་དད་མེད་དོན་དང༌། །ཉོན་མོངས་རྣམ་དག་མིན་དོན་ དང༌། །ཐ་དད་མེད་པའི་དོན་ཉིད་དང༌། །དྲི་མེད་འཕེལ་བ་མེད་དོན་དང༌། །དབང་ནི་རྣམ་པ་ བཞི་ཡི་གནས། །ཆོས་ཀྱི་དབྱིངས་ལ་མ་རིག་པ། །ཉོན་མོངས་ཅན་མིན་སྒྲིབ་པ་བཅུ། །ས་ བཅུའི་མི་མཐུན་ཕྱོགས་རྣམས་ཀྱི། །གཉེན་པོ་དག་ནི་ས་ཡིན་ནོ། །ཞེས་ཏེ། ས་དང་པོར། ཆོས་ ཉིད་དེ་རང་གཞན་ཐམས་ཅད་ལ་ཁྱབ་པ་ཀུན་ཏུ་འགྲོ་བའི་དོན་དུ་མངོན་སུམ་དུ་རྟོགས་པའི་ སྒྲིབ་པ་སྤངས་པས་དེ་རྟོགས་ཤིང་རང་གཞན་མཉམ་པར་རིག གཉིས་པར། རང་བཞིན་ གྱིས་འོད་གསལ་བར་ (བློ་བརྟན་)མཐོང་བས་ཆོས་དབྱིངས་དེ་ཉོན་མོངས་ཅན་ཡིན་ (བློ་)མིན་གྱི་ རྨོངས་ (བློ་)པ་ཀུན་སྦྱང་རུང་གི་མཆོག་གི་དོན་དུ་གཙོ་བོར་རྟོགས་ནས་དེ་ལ་རང་སྟོབས་ཀྱིས་ ངེས་པ་འདྲེན། གསུམ་པར་ཡོངས་སུ་དག་པའི་ཆོས་སྐུའི་མིང་ཅན་ཆོས་དབྱིངས་ཀྱི་དབང་ གིས་དེའི་རྒྱུ་མཐུན་པ་མདོ་ལ་སོགས་པའི་བསྟན་པའི་ཆོས་བྱུང་བའི་ཕྱིར་ན་ཆོས་དབྱིངས་ མཆོག་ཡིན་པས་དེ་དག་བྱེད་ཀྱི་བསྟན་པའི་ཆོས་རྒྱུ་དང་མཐུན་པའི་དོན་གྱི་མཆོག་ཏུ་མི་རྟོག་ 1-1-445 ཡེ་ཤེས་ཀྱིས་རིག་ནས་དེ་ལ་རང་སྟོབས་ཀྱིས་ངེས་པ་འདྲེན། བཞི་པར། ཆོས་དབྱིངས་དེ་ གང་གིས་ཀྱང་ཡོངས་སུ་འཛིན་པ་མེད་ཅིང་བདག་དང་བདག་གི་སོགས་གང་དུ་ཡང་གཟུང་ བྱ་མིན་པར་སྤྲོས་མེད་ཡེ་ཤེས་ཀྱིས་གཙོ་བོར་རྟོགས་པས་དེ་ལ་རང་སྟོབས་ཀྱིས་ངེས་པ་ འདྲེན། ལྔ་པར། སངས་རྒྱས་བྱང་སེམས་དང་རང་གི་རྒྱུད་རྣམས་ཆོས་དབྱིངས་ཐ་དད་མེད་ པའི་དོན་དུ་སེམས་ཀྱི་བསམ་པ་རྣམ་དག་མཉམ་པ་ཉིད་བཅུས་རྟོགས་ཏེ། དེ་ལ་རང་སྟོབས་ ཀྱིས་ངེས་པ་འདྲེན། བཅུ་ནི་དུས་གསུམ་སངས་རྒྱས་ཀྱི་ཆོས་རྣམ་པར་དག་པ་ལ། བསམ་པ་ མཉམ་པ་གསུམ། ཚུལ་ཁྲིམས་དང་སེམས་ཀྱི་བསླབ་པ་རྣམ་དག་ལ་སེམས་མཉམ་པ་གཉིས། ལྟ་བ་ཐེ་ཚོམ་ཡིད་གཉིས་འགྱོད་པ་སེལ་བས་རྣམ་པར་དག་པ་ལ་སེམས་མཉམ་པ་སྟེ་དེ་ནི་ ཤེས་རབ་ཀྱི་བསླབ་པ་ལའོ། །(དེ་ལྟར་བསླབ་གསུམ་ལའོ། །) ལམ་དང་ལམ་མིན་ཤེས་པ་རྣམ་དག་ ལ་དང༌། ལམ་ཤེས་པ་རྣམ་དག་ལ་དང༌། བྱང་ཕྱོགས་ཐམས་ཅད་གོང་ནས་གོང་དུ་རྣམ་དག་ ལ་དང༌། སེམས་ཅན་ཐམས་ཅད་སྨིན་པར་བྱེད་པ་རྣམ་དག་ལ་བསམ་པ་མཉམ་པ་རྣམས་སོ། ། དྲུག་པར། རྟེན་འབྲེལ་གྱི་དོན་ལ་ཉོན་མོངས་རྣམ་དག་གི་བདག་གམ་བདག་གི་གང་ཡང་ མེད་པར་རྟོགས་པས་ཆོས་དབྱིངས་དེ་རང་བཞིན་གྱིས་ཀུན་ནས་ཉོན་མོངས་པ་མིན་ (བློ་བརྟན་) ཅིང་རང་བཞིན་གྱིས་དག་པས་གློ་བུར་དུ་རྣམ་པར་དག་པའང་མིན་པར་མངོན་སུམ་དུ་རྟོགས་ ནས་དེ་ལ་རང་སྟོབས་ཀྱིས་ངེས་པ་འདྲེན། བདུན་པར། ཆོས་དབྱིངས་དེ་མདོ་ལ་སོགས་པའི་ ཆོས་ཀྱི་མཚན་མ་ཐ་དད་པའི་དོན་དུ་མཚན་མ་ཐམས་ཅད་སྟོང་པར་རོ་གཅིག་པའི་རྣམ་པའི་ ཡེ་ཤེས་ཀྱིས་མངོན་སུམ་དུ་རྟོགས་ཤིང་དེ་ལ་རང་སྟོབས་ཀྱིས་ངེས་པ་འདྲེན། བརྒྱད་པར། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ (དབྱིག་)པས་ཆོས་དབྱིངས་ (བློ་)རང་བཞིན་གྱིས་དག་པས་དྲི་ བཅས་ཀྱི་དུས་སུ་བྲི་བ་མེད་དྲི་མེད་ཀྱི་དུས་སུ་ཡང་འཕེལ་པ་མེད་པར་མངོན་སུམ་དུ་རྟོགས་ ཤིང་དེ་ལ་རང་སྟོབས་ཀྱིས་ངེས་པ་འདྲེན། ཉོན་ཡིད་གནས་གྱུར་བས་མི་རྟོག་ཡེ་ཤེས་ཤིན་ཏུ་ 1-1-446 དག་པ་ལ་དབང༌། དབང་ཤེས་ལྔ་གནས་གྱུར་བས་ཇི་ལྟར་འདོད་པ་བཞིན་སྟོན་པ་ཞིང་དག་ པ་ལ་དབང་བའི་གནས་ཉིད་དུ་རྟོགས། དགུ་པར། སོ་སོ་ཡང་དག་རིག་བཞི་ཐོབ་པས་ཡེ་ ཤེས་ལ་དབང༌། བཅུ་པར། ཇི་ལྟར་བཞེད་པ་བཞིན་སྤྲུལ་བ་རྣམས་ཀྱིས་སེམས་ཅན་གྱི་དོན་ མཛད་པས་ལས་ལ་དབང་བའི་གནས་ཉིད་དུ་རྟོགས་ཏེ། དབང་དེ་གཉིས་ཡིད་ཤེས་གནས་ གྱུར་བ་ལས་བྱུང་ངོ་ཞེས་པ་རྣམས་སངས་རྒྱས་གཉིས་པ་དབྱིག་གཉེན་དང་བློ་གྲོས་བརྟན་པ་ ལྟར་རོ། །ཕྱི་མ་བཞི་བོ་མདོ་རྒྱན་དུ་ཡང་ངོ༌། །ཡེ་ཤེས་ཞབས་སོགས་ལྟར་ན། ས་བཅུ་པའི་ མཉམ་གཞག་གི་སྐབས་ན་ཁྱད་མེད་ཅིང་རྗེས་ཐོབ་ཀྱི་སྐབས་སུ་ཁྱད་ཡོད་ལ་སའི་ཁྱད་པར་ ཡང་རྗེས་ཐོབ་ཀྱི་སྐབས་ཀྱི་དབང་དུ་བྱས་པར་བཞེད་དེ། སྡུད་འགྲེལ་དུ། གལ་ཏེ་འོ་ན་ནི་ རབ་ཏུ་དགའ་བའི་གནས་སྐབས་ཁོ་ནར་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་རྣམ་པར་དག་པའི་ ཕྱིར་ས་གཞན་དོན་མེད་པར་འགྱུར་རོ་ཞེ་ན། བདེན་ཏེ། ས་ཐམས་ཅད་ནི་མཚན་ཉིད་གཅིག་ པའི་ཕྱིར་འཇིག་རྟེན་ལས་འདས་པའི་གནས་སྐབས་ལ་ལྟོས་ནས་ཁྱད་པར་ཅི་ཡང་མེད་དོ། ། དག་པ་འཇིག་རྟེན་པའི་གནས་སྐབས་ཀྱི་ཡོན་ཏན་ནི་ཁ་ཅིག་མཐོང་བའི་སྐད་ཅིག་མས་ བསྒྲུབ་པར་བྱ་བ་ཡིན་ལ་ཁ་ཅིག་སྒོམ་པས་བསྒྲུབ་པར་བྱ་བ་ཡིན་ནོ། །སའི་ཁྱད་པར་རྣམ་ པར་བཞག་པ་ཡང་དེ་ལ་ལྟོས་པའི་ཕྱིར་ཉེས་པ་མེད་དོ། །ཞེས་སོ། །འོན་ཀྱང་ཆོས་ཉིད་ཀྱི་ངོ་ བོ་རྟོགས་པ་ལ་ཁྱད་མེད་ཅིང་ཇི་སྙེད་པ་རྟོགས་པ་སོགས་ནི་ཁྱད་ཤིན་ཏུ་ཆེ་ལ་ཆོས་དབྱིངས་ བཅུས་བསྒྲིབ་པ་སྤངས་པའི་སྒོ་ནས་རྟོགས་མ་རྟོགས་ཀྱི་ཁྱད་ཡོད་པ་སྔར་ལྟར་གནས་སོ། ། གསུམ་པ་ལ། ཆོས་ཉིད་ཆ་མེད་པས་གཅིག་རྟོགས་པས་ཀུན་རྟོགས་ན་མཐོང་ལམ་ པས་ངོ་བོ་ཉིད་སྐུ་མངོན་སུམ་དུ་མཐོང་བར་འགྱུར་རོ་ཞེ་ན། ཁ་ཅིག་ནི། དེ་འདོད་དེ་སངས་ རྒྱས་དང་བྱང་འཕགས་མཉམ་བཞག་ཁྱད་མེད་ཟེར་བ་ནི་ཤིན་ཏུ་ནོར་ཏེ། དེ་ལྟ་མོད་ཀྱི་ས་ རྡུལ་དང༌། །རྒྱ་མཚོ་བ་ལང་རྨིག་རྗེས་ཀྱི། །ཁྱད་པར་གང་ཡིན་སངས་རྒྱས་དང༌། །བྱང་ཆུབ་ 1-1-447 སེམས་དཔའི་ཁྱད་དེ་ཉིད། །ཅེས་སོགས་དང་འགལ་ལོ། །ཁ་ (བུ་རིན་)ཅིག་ངོ་བོ་ཉིད་སྐུའི་ངོ་ བོ་ཙམ་ཞིག་མཐོང་བ་འདོད། དེའི་ཁྱད་པར་མ་ལུས་པ་མཐོང་བ་མིན་ཏེ། ངོ་བོ་ཉིད་སྐུ་ནི་གློ་ བུར་གྱི་དྲི་མ་མ་ལུས་པས་དབེན་པས་ཕྱེ་ལ་དེ་མཐོང་ལམ་གྱི་ཡུལ་ཆོས་ཉིད་ལ་ཆ་མེད་དུ་མ་ གྲུབ་པོ་གསུང་ངོ༌། །མི་འཐད་དེ། ཆོས་ཉིད་ཆ་དང་བཅས་པར་ཐལ། ངོ་བོ་ཉིད་སྐུ་ཡང་དེ་ བཞིན་ཉིད་ཡིན་མཐོང་ལམ་གྱི་ཡུལ་ཆོས་ཉིད་ཡང་དེ་བཞིན་ཉིད་ཡིན། དེ་གཉིས་ཀྱི་ངོ་བོ་དེ་ དྲི་མ་མ་ལུས་པས་དབེན་མི་དབེན་སོ་སོར་ཡོད་པའི་ཕྱིར། རྟགས་གསལ་ཁས་སོ། །གལ་ཏེ་ རྟགས་མ་གྲུབ་སྟེ། མཐོང་ལམ་གྱི་ཡུལ་ཆོས་ཉིད་ཀྱི་ངོ་བོ་ཡང་དྲི་མ་ཀུན་གྱིས་དབེན་ནོ་ཞེ་ན། དོན་ལ་དེ་ལྟར་ཡིན་མོད། ཁྱེད་ལྟར་ན། དེ་ཆོས་ཅན། ངོ་བོ་ཉིད་སྐུར་ཐལ། ཆོས་ཉིད་གང་ ཞིག དྲི་མ་མ་ལུས་པ་དང་བྲལ་བས་སོ། །འཁོར་གསུམ་ཁས་སོ། །ཁ་ཅིག་ཆོས་ཉིད་ལ་ལྡོག་ པའི་ཆ་ཤེས་ཡོད་ཀྱི་རྫས་ཀྱི་ཆ་མེད་པའོ་ཞེ་ན། ཆོས་ཐམས་ཅད་ཀྱི་ཆོས་ཉིད་དེ་སྤྱིའི་མཚན་ ཉིད་ཀྱིས་སོ་སོར་གཅད་དུ་མེད་པར་བཤད་པ་དང་འགལ་ཞིང་གཅིག་ཏུ་བཤད་པ་དང་ཡང་ འགལ་ལོ། །ཡང་སྒྲོ་བཏགས་སུ་ཡང་འགྱུར་ཏེ། ལྡོག་པ་ཐ་དད་པའི་ཐ་དད་དེ་ཡིན་པས་ སོ། །ཞེས་པའི་ཁྱབ་པ་སྡེ་བདུན་མདོ་དང་བཅས་པར་བཤད་དོ། །ཡང་མཐོང་ལམ་པ་ཆོས་ ཅན། མཆོག་གི་དོན་ལ་སོགས་པ་ལ་སྒྲིབ་པ་སྤངས་པར་ཐལ། དེ་འདྲའི་ཆོས་ཉིད་མངོན་ སུམ་དུ་རྟོགས་པས་སོ་ཞེ་ན། ཁྱབ་པ་མེད་དེ། དེ་ལ་ཆོས་གོམས་པ་གསལ་བས་རང་སྟོབས་ ཀྱིས་ངེས་པ་དངོས་སུ་འདྲེན་པའི་སྒོ་ནས་མངོན་སུམ་དུ་རྟོགས་ན་དེར་འགྱུར་གྱི་མངོན་སུམ་ དུ་མཐོང་བ་ཙམ་གྱིས་དེར་མི་འགྱུར་ཏེ། དཔེར་ན། སྔོ་སོགས་རང་མཚན་འཛིན་པའི་མངོན་ སུམ་གྱིས་སྔོ་སོགས་རང་མཚན་དང་དེའི་མི་རྟོག་པ་སོགས་མངོན་སུམ་དུ་མཐོང་ཡང་དེ་སྔོ་ མིན་དུ་འཛིན་པ་སེལ་གྱི་དེ་རྟག་འཛིན་སོགས་མི་སེལ་བ་བཞིན་ནོ། །ཐུབ་དགོངས་སུ། ཆ་ གང་གོམས་པ་གསལ་བ་ཉིད་ལ་སོགས་པས་སྒྲོ་བཏགས་པའི་རྣམ་པ་སེལ་བར་ནུས་པ་དེ་ 1-1-448 ལ་དེའི་གེགས་ཀྱི་སྒྲིབ་པ་སྤངས་པའི་ཕྱིར་ཚད་མ་ཉིད་ཡིན་གྱི་གཞན་ལ་མ་ཡིན་ཏེ། སྐད་ ཅིག་མ་ཉིད་ལ་སོགས་པ་བཞིན་ནོ། །དེ་ལྟར་ན་འཕགས་པ་རྣམས་སོ་སོའི་སྐྱེ་བོ་རྣམས་ ལས་ཁྱད་པར་ཅི་ཡོད་ཅེས་ཀྱང་བརྗོད་པར་མི་བྱ་སྟེ་རྣམ་པ་ཇི་ཙམ་ཞིག་གསལ་བར་བྱས་ ནས་དེ་རྣམས་ཀྱི་ཤེས་པ་འཁྲུལ་བའི་རྒྱུ་མཚན་དང་བྲལ་བ་དེ་ཙམ་གྱིས་དེ་རྣམས་ཁྱད་པར་ དུ་འཕགས་པའི་ཕྱིར་རོ། །ཞེས་སོ། །དེས་ན་ས་བཅུའི་མཉམ་གཞག་གིས་ཀུན་ཏུ་འགྲོ་དོན་ སོགས་ཆོས་དབྱིངས་བཅུ་མངོན་སུམ་དུ་རྟོགས་པར་ཁྱད་མེད་ཅིང་དེ་དང་དེ་ལ་ཆོས་གོམས་ པ་གསལ་བའི་སྒོ་ནས་ངེས་པ་འདྲེན་ནུས་ཀྱི་རྟོགས་པའི་ཁྱད་ཡོད་དེ། འགྲེལ་ཆེན་དུ། ཆོས་ ཐམས་ཅད་བདག་མེད་པའོ་ཞེས་བསྒོམས་པས་ཆ་མེད་པ་ཉིད་ཀྱིས་ཆོས་དབྱིངས་བདག་ ཉིད་ཐམས་ཅད་ཀྱིས་རྟོགས་སུ་ཟིན་ཀྱང་ངེས་པ་བསྐྱེད་པ་ལ་ལྟོས་ནས་ཀུན་ཏུ་འགྲོ་བ་ལ་ སོགས་པའི་དོན་གྱིས་སོ་སོར་རྟོགས་པའི་ཕྱིར། ཞེས་སོ། །དབུས་མཐའི་འགྲེལ་བཤད་ དུ། དར་ལས་ཆོད་པའི་བུམ་པ་མཐོང་བ་ལྟར་ཆོས་ཉིད་གསལ་མི་གསལ་གྱི་ཁྱད་ཡོད་པར་ བཤད་པའི་དགོངས་པའང་དེ་ཡིན་ནོ། །ཁ་ཅིག་ (ཆུ་མིག་སོགས་དང་དབུ་མ་ཐལ་འགྱུར་བར་རློམ་པ་རྣམས་ སོ། །)ས་བཅུ་གཅིག་གི་མཉམ་གཞག་ན་སྣང་བ་གཏན་ནས་མེད་དེ། ལང་གཤེགས་སུ། སྣང་ མེད་གནས་པའི་རྣལ་འབྱོར་པ། །དེ་ཡིས་ཐེག་པ་ཆེན་པོ་མཐོང༌། །ཞེས་སོ་ཞེ་ན། འོ་ན་ཆོས་ ཉིད་སྣང་བའང་མེད་པར་འགྱུར་ལ། འདོད་ན། ཆོས་ཆོས་ཉིད་རྣམ་འབྱེད་དུ། དེ་མི་སྣང་བས་ ཆོས་ཉིད་སྣང༌། །ཞེས་པ་དང་འགལ་ཞིང༌། ཆོས་ཅན་ནམ་ཆོས་ཉིད་གང་ཡང་མ་རིག་པར་ འགྱུར། འདོད་ན། ཀུན་ཏུ་འགྲོ་དོན། ཞེས་སོགས་དང་འགལ་ལོ། །ལུང་དེའི་དོན་ནི་དངོས་ པོར་འཛིན་པའི་སྒོ་ནས་མཚན་མ་ཅི་ཡང་མི་སྣང་བ་ལ་དགོངས་ཀྱི་ཅི་ཡང་མི་སྣང་བ་ལ་ དགོངས་པ་མིན་ཏེ། ཤེར་ཕྱིན་མན་ངག་ཏུ། (མདོ་དེའི་དོན་བཤད་པར་)འདིར་ཡང་སྣང་བ་མེད་པ་ ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་མཚན་མ་མི་སྣང་སྟེ་དེ་བཞིན་ཉིད་ལ་དམིགས་ཞེས་བྱ་བའི་ 1-1-449 དོན་ཏོ། །ཞེས་ཤཱནྟཱིས་སོ། །ཆོས་བཤེས་ཀྱིས་ཀྱང༌། མིག་བཙུམས་པ་ལྟར་ཅི་ཡང་མི་མཐོང་བ་ མཐོང་ལམ་མིན་གྱི་སྣ་ཚོགས་མཐོང་ཡང་སྒྲོ་སྐུར་མི་མཐོང་བ་ཞེས་མ་ཡིན་དགག་ཏུ་གཟུང་ ངོ༌། །ཞེས་སོགས་བཤད་དོ། །མཉམ་གཞག་ན་དམིགས་པ་ (སྤྱོད་འཇུག་ཡེ་ཤེས་ཞབས་ཐུབ་དགོངས་ སོགས་)མེད་པར་བཤད་པ་ཐམས་ཅད་ཀྱང་མཚན་མར་གཟུང་ནས་དམིགས་པ་མེད་པ་ཁོ་ན་ ལ་དགོངས་པར་ཤེས་པར་བྱའོ། ། བརྒྱད་པ་ནི། ས་ཕྱི་མ་ཕྱི་མ་གནས་སྐབས་ཀྱི་འབྲས་བུ། མཐར་ཐུག་གི་འབྲས་བུ་སངས་ རྒྱས་ཀྱི་ས་ཀུན་ཏུ་འོད་དོ། ། གཉིས་པ་ལ། སྤྱིའི་མཚམས་སྦྱར། སའི་ཚོགས་དངོས་བཤད་པའོ། །དང་པོ་ནི། བྱང་ འཕགས་ཀྱི་སའི་ཚོགས་སྟོན་པ་ལ་རྗོད་བྱེད་བར་སྐབས་ཀྱི་ཚིགས་སུ་བཅད་པ་ཉི་ཤུ་རྩ་ གསུམ་གསུངས་སོ། །ཅིའི་དོན་དུ་ན། ས་དགུ་བོ་གང་དང་གང་གིས་ཡོངས་སུ་སྦྱོང་བར་ འགྱུར་བའི་ཆོས་གང་ཡིན་པ་དང༌། འབྲས་བུ་ས་བཅུ་པའི་མཚན་ཉིད་དེ་དག་བསྟན་པའི་ ཕྱིར་དུའོ། །འདི་དག་ཀྱང་ས་དེ་དང་དེ་མ་ཐོབ་པ་ཐོབ་བྱེད་ཀྱི་ཆོས་ཡིན་ཞིང་སློབ་དཔོན་གྱིས་ ཀྱང་དེར་གསལ་བོར་བསྟན་ཞེས་པཎྜི་ཏ་ཁ་ཅིག་གོ །ཁ་ཅིག་ནི། ཕྱིན་བཅུ་དངོས་པོར་མ་ དམིགས་པས་སོ་སོར་སྦྱོང་ཞིང་འཐོབ་ལ་འདི་དག་ནི་ས་དེ་དག་ཐོབ་རྗེས་སུ་ཤེས་ཆེར་རྒྱས་ པར་སྦྱོང་བའི་ཆོས་ཡིན་ནོ་ཟེར་རོ། །ཞེས་ཆོས་བཤེས་ཏེ། འགྲེལ་ཆེན་དུ་ཡང༌། ས་གང་གི་ ཡོངས་སུ་སྦྱོང་བར་འགྱུར་བའི་ཆོས་གང་ཡིན་པ་རྣམས་མ་རྫོགས་པ་དེ་སྲིད་དུ་ས་དེ་ཡིན་ལ་ རྫོགས་ནས་ནི་ས་གཞན་ཡིན་པར་ཤེས་པར་བྱའོ། །ཞེས་ཏེ་མདོ་དང་མཐུན་ནོ། ། གཉིས་པ་ལ་གཉིས་ཏེ། རྒྱུ་ས་དགུའི་ཡོངས་སྦྱོང༌། འབྲས་བུ་ས་བཅུ་པའི་མཚན་ཉིད་དོ། ། དང་པོ་ལ་དགུ་ལས། དང་པོའི་ཡོངས་སྦྱོང་ལ། རྩ། འགྲེལ་ལས། རྩ་བ་ལ། སྦྱོང་བྱེད་ཐབས་དང༌། སྦྱོང་ 1-1-450 ཚུལ་གྱི་ཤེས་རབ་བོ། །དང་པོ་ནི། ས་དང་པོ་ནི་རྫོགས་པར་ཐོབ་པར་འགྱུར་རོ། །ཏེ་ནི་ལྷག་ མ་ཅན་ནོ། །ཐབས་གང་གིས་ན། ཡོངས་སུ་སྦྱོང་བ་རྣམ་པ་བཅུ་ཡིས་སོ། །བཅུ་གང་ཞེ་ན། རྣམ་མཁྱེན་ཉིད་དང་ལྡན་པའི་སེམས་བསྐྱེད་པས་ཚོགས་གཉིས་ (འབུམ་ཊཱིཀ་)ཀྱི་དགེ་བ་མང་ བོ་གསོག་པའི་ (འབུམ་ཊཱིཀ་)ལྷག་པའི་བསམ་པ་དང་ས་བཅུ་ཐོབ་པར་བྱ་བ་དང་སྐྱོན་རྣམས་ སྤང་བའི་ཕྱིར་བསམ་པ་སྦྱོང་བའོ་ཞེས་མདོའི་སོགས་ཀྱི་དོན་འབུམ་ཊཱིཀ་གོ །སེམས་ཅན་ (གནོད་འཇོམས་)ཐམས་ཅད་ལ་ཕན་པའི་དངོས་པོ་ཐེག་ཆེན་ (འགྲེལ་ཆེན་)གྱི་ཆོས་ (འགྲེལ་ཆེན་)འཛིན་ པའམ་བསྡུ་བ་ (འབུམ་ཊཱིཀ་)བཞིས་ཕན་འདོགས་པ་ཉིད་དང༌། དེའི་རྒྱུ་ (དག་ལྡན་གནོད་འཇོམས་) སེམས་ཅན་རྣམས་ལ་བྱམས་ (འབུམ་ཊཱིཀ་)སྡང་མེད་པར་སེམས་མཉམ་པར་བྱས་ནས་ཚད་ (མདོ་) མེད་བཞི་བསྒྲུབ་པ་དང༌། (ས་དང་པོ་སྦྱིན་པའི་ཕར་ཕྱིན་གྱི་ས་བ་ཡིན་པས་ཞེས་གནོད་འཇོམས་)འཁོར་གསུམ་ མ་དམིགས་པར་སྦྱིན་པ་གཏོང་བ་དང༌། (དག་ས་ཐོབ་པ་ལ་ལས་དང་པོ་པ་ཡིན་པས་ཞེས་གནོད་འཇོམས་) རྣམ་མཁྱེན་ལ་བསྐུལ་ཞིང་གཞོག་ (མདོ་)ལ་རབ་ཏུ་གཞོག་ (མདོ་)པའི་བཤེས་གཉེན་བསྟེན་པ་ དང༌། རྣམ་མཁྱེན་དོན་དུ་གཉེར་བས་ (མདོ་འབུམ་ཊཱིཀ་དོན་)ཐེག་ཆེན་གྱི་དམ་པའི་ཆོས་ལ་ (དག་ ལྡན་)དམིགས་ནས་ཆོས་མ་ལུས་པ་ཐོས་བསམ་སྒོམ་ (འབུམ་ཊཱིཀ་)པས་ཚོལ་བ་དང༌། ཁྱིམ་གྱི་ འདུ་འཛིན་ལས་ངེས་པར་འབྱུང་བའམ་དེ་སྤངས་ཏེ་རྟག་ཏུ་སྟེ་ཚེ་རབས་ཐམས་ཅད་དུ་དེ་ (མདོ་) པའི་བསྟན་པ་ལ་རབ་ (མདོ་)ཏུ་འབྱུང་བའི་སེམས་ཉིད་དང་ལྡན་ཞིང་དེ་ལ་བར་ཆད་མེད་པ་ དང༌། སངས་རྒྱས་ཀྱི་སྐུ་མཚན་དཔེས་བརྒྱན་པ་མཐོང་ནས་དེ་ (འབུམ་)འདོད་པ་དང་སངས་ རྒྱས་ (གནོད་འཇོམས་)ལ་དགའ་བ་སྟེ། མོས་ (མདོ་)པ་ཡིད་ལ་བྱེད་པ་དང་མི་ (མདོ་)འབྲལ་བ་དང༌། ཅི་ནུས་ཀྱིས་སེམས་ཅན་སྨིན་ (འཇོམས་)པར་བྱ་དགོས་པས་ཐོག་མཐའ་བར་གསུམ་དུ་དགེ་བའི་ དམ་པའི་ཆོས་སྟོན་པ་དང༌། འཕགས་པ་ཐོགས་མེད་ཀྱིས། ཐོས་བསམ་སྒོམ་གྱི་ཤེས་རབ་ (འཇམ་དཔལ་གྲགས་པའང་)སྒྲུབ་པས་ཐོག་མཐའ་བར་དུ་དགེ་བར་བཤད། དབྱིག་གཉེན་གྱིས། 1-1-451 སོ་ཐར་བསམ་གཏན་ཟག་མེད་ཀྱི་སྡོམ་པ་གསུམ་ལ་བཤད། ཏིང་ངེ་འཛིན་རྒྱལ་བོའི་འགྲེལ་ པར། ཉན་རང་ཐེག་ཆེན་དུ་ཞུགས་པ་གསུམ་མཐར་སངས་རྒྱས་ཐོབ་པར་འགྱུར་བ་ལ་བཤད་ དོ། །(པཎྜི་ཏ་ཁ་ཅིག་མདོའི་གླིང་གཞི། མདོ་དངོས། མཐུན་འགྱུར་ཡི་རངས་གསུམ་ལ་འཆད། དགེ་ལྷས། བསྟན་བཅོས་ཀྱི་ མཆོད་བརྗོད། བསྟན་བཅོས་དངོས། བསྔོ་བ་གསུམ་ལ་འཆད།) ཇི་སྐད་སྨྲས་པ་ལྟར་བྱེད་པའི་བདེན་པའི་ ཚིག་ནི། བཅུ་པ་ཡིན་པར་འདོད་དོ། །གཉིས་པ་ནི། བཅུ་པོ་འདི་དག་དོན་དམ་པར་བདེན་ པའི་རང་བཞིན་མི་དམིགས་པར་རྟོགས་པའི་ཤེས་རབ་ཀྱིས་ཟིན་པས་ས་དང་པོ་རྫོགས་པར་ ཡོངས་སུ་སྦྱོང་བར་ཤེས་པར་བྱའོ། །ས་དང་པོ་ལ་གནས་པའི་བྱང་སེམས་ཡོངས་སུ་སྦྱོང་བ་ བཅུ་པོ་འདི་དག་བྱ་སྟེ། བཅུ་གང་ཞེ་ན། དེ་མི་དམིགས་པའི་ཚུལ་གྱིས་ལྷག་པའི་བསམ་པ་ (རྒྱས་འབྲིང་)ལ་སོགས་པ་ཡོངས་སུ་སྦྱང་བ་དང་ཞེས་སོགས་བསྟན་བཤད་དོ། །གཉིས་པ་ནི། རྫོགས་པར་འཐོབ་པ་ཡིན་ནོ། །ཞེས་དྲང་ངོ༌། །གང་ན། ས་དང་པོའོ། ། མིང་ཅི་ན། བྱང་ཆུབ་ ལ་ནི་ཉེ་བ་དང༌། །སེམས་ཅན་དོན་བསྒྲུབ་མཐོང་བ་ལ། །རབ་ཏུ་དགའ་བ་སྐྱེ་འགྱུར་ཏེ། །དེ་ ཕྱིར་རབ་དགའ་ཞེས་བརྗོད་དོ། །ཞེས་པ་ལྟར་རམ། འགྲེལ་ཆེན་དུ། སྔོན་མ་བྱུང་བའི་ཆོས་ ཉིད་རྟོགས་པའི་དགའ་བ་སྐྱེས་པས་རབ་ཏུ་དགའ་བའོ། །ཞེས་སོ། །གང་གིས་ན། ཐབས་ ཤེས་གཉིས་ལས། དང་པོ་ནི། རྩ་བའི་རིམ་པ་ཇི་ལྟ་བ་བཞིན་བཤད་ན་དགེ་བའི་གཞིའམ་ རྩ་བ་ཐམས་ཅད་ལ་རང་དོན་ཡིད་བྱེད་ཀྱི་གྱ་གྱུ་མེད་པ་རྣམ་མཁྱེན་ལ་རྩེ་གཅིག་པའི་ལྷག་ པའི་བསམ་པ་དང༌། རང་དང་གཞན་གྱི་དགོས་པ་སྟེ་དོན་བསྒྲུབ་པ་ལ་ཕན་པ་ཐེག་ཆེན་གྱིས་ ཆོས་འཛིན་ཅིང་རྣམ་མཁྱེན་གྱི་ཡེ་ཤེས་དོན་དུ་གཉེར་བ་དང༌། སེམས་ཅན་ཐམས་ཅད་ལ་ སེམས་རྩེ་གཅིག་པའི་བྱམས་སོགས་དང༌། བདོག་པ་ཕྱི་ནང་གི་དངོས་པོ་ཐམས་ཅད་ཡོངས་ སུ་གཏོང་བ་དང༌། རྣམ་མཁྱེན་ལ་འགོད་པའི་དགེ་བའི་བཤེས་གཉེན་བསྟེན་ནས་མགུ་བར་ བྱེད་པ་དང༌། ཐེག་པ་གསུམ་དུ་གཏོགས་པའི་དམ་པའི་ཆོས་ཀྱི་དམིགས་པ་སྟེ་རྟོགས་པ་ 1-1-452 ཚོལ་ཞིང་འདོད་པ་དང༌། རྒྱུད་ (འཇོམས་)མ་སྨིན་པས་ཁྱིམ་ན་གནས་པ་ལ་མངོན་པར་མི་དགའ་ བར་རབ་ཏུ་འབྱུང་བ་དང༌། བླ་ན་མེད་པའི་སངས་རྒྱས་ཀྱི་སྐུ་མཐོང་ནས་དེ་འདོད་ཅིང་ཡིད་ ལ་བྱེད་པ་དང༌། སེམས་ཅན་སྨིན་བྱེད་དམ་པའི་ཆོས་རབ་ཏུ་སྟོན་པ་དང༌། དམ་ (འགྲེལ་ཆེན་) བཅའ་རྫོགས་པར་བྱེད་པས་བདེན་པར་སྨྲ་བ་ཉིད་ཅེས་བྱ་བ་དེ་ལྟ་བུའི་མཚན་ཉིད་ཀྱི་ཆོས་ བཅུས་སོ། །བཅུ་ཅི་དགོས་ཞེ་ན། ས་དང་པོའི་ཡོན་ཏན་རྣམ་པ་ཐམས་ཅད་དུ་རྫོགས་པར་ བསྐྱེད་པར་བྱ་དགོས་པ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། ཡོངས་སུ་སྦྱོང་བའི་རྒྱུའི་ཁྱད་པར་ བཅུ་པོ་དེ་དོན་དམ་པར་ངོ་བོ་ཉིད་ཅིར་ཡང་མི་དམིགས་པར་རྟོགས་པའི་ཤེས་རབ་ཀྱིས་ཟིན་ པས་ཁྱད་པར་དུ་བྱས་པའི་མཚན་ཉིད་ཀྱི་ཡོངས་སུ་སྦྱོང་བ་དག་ཁོ་ནས་སོ། ། གཉིས་པ་ལ། རྩ་བ་ནི། (འཇོམས་)ས་གཉིས་པར་ཚུལ་ཁྲིམས་གཙོ་ཆེ་བས་ཉན་རང་གི་ སེམས་དང་དེ་མིན་པའི་ཚུལ་ཁྲིམས་ངན་པར་བྱེད་པ་དང་བྱང་ཆུབ་ཀྱི་བགེགས་སུ་འགྱུར་ བའི་ཆོས་གཞན་ཡིད་ལ་མི་བྱེད་པ་ཚུལ་ཁྲིམས་ཡོངས་སུ་དག་པ་དང༌། གང་གིས་ཕན་པ་ བྱས་པ་ (ཨཱརྱ་)ཤེས་ཤིང་ཕན་པ་ཅུང་ཟད་བྱས་པའང་ཆུང་བར་མི་ (ཨཱརྱ་)རྩི་ཞིང་མི་བརྙས་པར་ (ཨཱརྱ་)དྲིན་དུ་ (མདོ་)གཟོ་བ་དང༌། སེམས་ཅན་ཐམས་ཅད་ལ་གནོད་སེམས་དང་འཚེ་བ་མེད་ པའི་སེམས་ནི་བཟོད་པའི་མཐུ་ལ་གནས་པའོ། །སེམས་ཅན་ཐམས་ཅད་ཐེག་པ་གསུམ་ལ་ སྨིན་པར་བྱེད་པ་ནི་རབ་ཏུ་དགའ་ཞིང་སྤྲོ་བ་མྱོང་བ་དང༌། སེམས་ཅན་རེ་རེའི་དོན་དུ་ (ཀུན་ མདོ་)ཡང་བསྐལ་བ་མང་པོར་དམྱལ་བའི་སྡུག་བསྔལ་མྱོང་བར་སྤྲོ་ཞིང་སྐྱོ་བ་མེད་པ་ནི་སྙིང་ རྗེ་ཆེ་བའོ། །བླ་ (མདོ་)མ་ལ་བཀུར་སྟིའམ་བསྙེན་བཀུར་ (མདོ་)བ་དང༌། བླ་མ་ལ་སྟོན་པའི་ འདུ་ཤེས་སུ་བྱེད་པས་གུས་པས་གསུང་ཉན་ཞིང་དོན་བསྒྲུབ་པ་དང༌། བྱང་ཆུབ་ཀྱི་ (གནོད་ འཇོམས་)ཚོགས་རྫོགས་པའི་ཕྱིར་དུ་སྦྱིན་པ་ལ་སོགས་པའི་ཕར་ཕྱིན་ལ་བརྩོན་ཞིང་ (མདོ་)ཚོལ་ བའོ། །བརྒྱད་པ་ཞེས་པ་འགོ་ཚུལ་ཁྲིམས་ནས་གཟུང་བའོ། །མདོར་སེམས་ཅན་ཐམས་ཅད་ 1-1-453 ཡོངས་སུ་མི་བཏང་བའམ་སྐྱོབ་པ་དང༌། ཞེས་དང༌། གནོད་འཇོམས་སུ། རྩོམ་པ་ཐམས་ཅད་ ཀྱི་རྩ་བ་དེ་ཡིན་པས་ཞེས་གཅིག་ཏུ་བགྲང་ཞིང་ (འབུམ་ཊཱིཀ་ཡང་དེ་གཅིག་ཏུ་བགྲང་)བཀུར་སྟི་བླ་མ་ ལ་གུས་གཅིག་ཏུ་བྱས་སོ། །འདི་ལྟ་སྟེ། ཚུལ་ཁྲིམས་ཡོངས་སུ་དག་པ་དང༌། །ཞེས་སོགས་ སོ། །འགྲེལ་པ་ལ། རྫོགས་པར་ཐོབ་པ་ཡིན་ནོ། །གང་ན། ས་གཉིས་པའོ། །མིང་ཅི་ཞེ་ན། འཆལ་ཚུལ་རྩོལ་བའི་དྲི་བྲལ་ཕྱིར། །དྲི་མ་མེད་པའི་སར་འདོད་དོ། །ཞེས་ཏེ། ཚུལ་འཆལ་ དང་ཉན་རང་ཡིད་བྱེད་ཀྱི་དྲི་མ་མེད་པས་དྲི་མ་མེད་པའོ། །རིན་ཆེན་ཕྲེང་བར། གཉིས་པ་དྲི་ མ་མེད་ཅེས་བྱ། །ལུས་དང་ངག་དང་སེམས་ཀྱི་ལས། །བཅུ་ཅར་དྲི་མ་མེད་པའི་ཕྱིར། །ཞེས་ སོ། །ཐབས་གང་གིས་ན། དགེ་བའི་ཆོས་སྡུད་པ་དང༌། སེམས་ཅན་གྱི་དོན་བྱ་བ་དང༌། ཉེས་ སྤྱོད་སྡོམ་པའི་ཚུལ་ཁྲིམས་དང༌། གཞན་གྱིས་ཕན་པ་ཅུང་ཟད་བྱས་པའང་དྲན་ཞིང་དྲིན་དུ་ གཟོ་བ་དང༌། གཞན་གྱིས་གནོད་པ་བྱས་པ་དང་སོགས་པ་སྡུག་བསྔལ་དང་ཆོས་ཟབ་མོ་ལ་ བཟོད་པ་དང༌། སྔར་ (འགྲེལ་ཆེན་)སེམས་ཅན་སྨིན་པར་བྱས་པ་སོགས་དགེ་བའི་ཆོས་བསྒྲུབ་པ་ བྱས་པ་ལ་ཕྱིས་འགྱོད་པ་མེད་པ་དང༌། སྐྱེ་བོ་ཐམས་ཅད་ལ་བྱམས་པས་ཕན་པ་སྒྲུབ་པ་དང༌། ཉེ་བར་ལུང་འབོགས་པ་མཁན་པོ་དང་སློབ་དཔོན་ལ་སོགས་པ་ལ་འདུད་པ་དང༌། དགེ་བའི་ བཤེས་གཉེན་གྱིས་བསྟན་པའི་ཆོས་ཇི་བཞིན་སྒྲུབ་པ་དང༌། ལས་གཞན་མེད་པར་སྦྱིན་པ་ལ་ སོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བརྩོན་ཞིང་སྤྲོ་བ་ཞེས་བྱ་བ་དེ་ལྟ་བུའི་ཡོངས་སུ་སྦྱོང་བ་ རྣམ་པ་བརྒྱད་ཀྱིས་སོ། །ཤེས་རབ་ཇི་ལྟ་བུས་ན། སྔ་མ་ས་དང་པོར་བསྟན་པ་བཞིན་དུ་བདེན་ པར་མི་དམིགས་པའི་ཤེས་རབ་ཀྱིས་ཟིན་ནས་ཡོངས་སུ་སྦྱང་བ་བྱས་པའི་ཁྱད་པར་གྱིས་ སོ། །བརྒྱད་ཅི་དགོས་ན། སྔ་མ་བཞིན་དུ་ས་གཉིས་པའི་ཡོན་ཏན་རྫོགས་པར་བསྐྱེད་པ་ལ་ དགོས་ཞེས་འོག་མ་རྣམས་སུ་ཡང་ཤེས་པར་བྱའོ། ། གསུམ་པ་ལ། རྩ་བ་ནི། སངས་རྒྱས་རྣམས་ཀྱིས་འདིའམ་ཞིང་གཞན་དུ་བསྟན་པའི་ 1-1-454 དམ་པའི་ཆོས་ཐོས་པའམ་གཟུང་བར་བྱའོ་ཞེས་མི་ངོམས་པ་ཉིད་དང༌། ཟང་ཟིང་གི་རྙེད་པ་ ལྟ་ (མདོ་)ཅི་སྨོས་ཐ་ན་བྱང་ཆུབ་ལ་ཡང་འདོད་པ་མེད་པར་དམ་པའི་ཆོས་སྦྱིན་པ་དང་གཉིས་ ནི་རང་གཞན་གྱི་ཤེས་རབ་སྦྱོང་བའོ། །སངས་རྒྱས་ཀྱི་ཞིང་དག་པར་འགྱུར་བའི་དགེ་རྩ་ (མདོ་ གནོད་འཇོམས་)བསྐྱེད་ནས་དགེ་རྩ་འདིས་སངས་རྒྱས་ཀྱི་ཞིང་དག་པར་གྱུར་ཅིག་ཅེས་ (མདོ་གནོད་ འཇོམས་)བསྔོ་བ་ནི་སངས་རྒྱས་ཀྱི་ཞིང་སྣོད་བཅུད་ཀུན་སྦྱོང་བ་དང༌། སེམས་ཅན་སྨིན་པར་ འགྱུར་བ་དང་ཞིང་དག་པར་འགྱུར་བའི་དགེ་རྩས་ཉེ་བར་སྟོན་ཅིང་རྣམ་མཁྱེན་རྫོགས་ཀྱི་ བར་དུ་ནམ་ཡང་སྐྱོ་བར་མི་འགྱུར་བ་ནི་དཔག་ཏུ་མེད་པའི་འཁོར་བས་ཡོངས་སུ་མི་སྐྱོ་བ་སྟེ་ བྱ་དཀའ་བའི་སྤྱོད་པ་སྦྱོང་བ་དང༌། ཐེག་ཆེན་གྱི་སེམས་སྦྱོང་བ་ནི་ཉན་རང་གི་སེམས་ལ་སྨོད་ (མདོ་)པས་ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པ་ཞེས་བྱ་བ་རྣམས་ལ་རློམ་པ་མེད་པའི་བདག་ཉིད་དེ་ རྣམ་ལྔས་གསུམ་པ་སྦྱོང་ངོ༌། །མང་དུ་ཐོས་པས་མི་ངོམས་ཤིང་དེ་ལ་ཡང་ཡི་གེར་མངོན་པར་ མ་ཞེན་པ་དང༌། ཞེས་སོགས་སོ། །འགྲེལ་པ་ནི། རྫོགས་པར་རྟོགས་པ་ཡིན་ནོ། །གང་ན། ས་ གསུམ་པའོ། །མིང་ཅི་ན། ཆོས་ཀྱི་སྣང་བ་ཆེན་པོ་ནི། །བྱེད་པའི་ཕྱིར་ན་འོད་བྱེད་པ། །ཞེས་ཏེ། ཏིང་ངེ་འཛིན་གྱི་ (དབྱིག་གཉེན་)སྟོབས་ཀྱིས་རང་གཞན་ལ་ཆོས་ཀྱི་སྣང་བ་ཆེན་པོ་འགྱེད་པས་ (འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་སྣང་བ་བྱེད་པས་ཞེས་འགྲེལ་ཆེན་)འོད་བྱེད་པའོ། །རིན་ཆེན་ཕྲེང་བར། ཡེ་ཤེས་ཞི་བའི་འོད་འབྱུང་ཕྱིར། །ཞེས་སོ། །ཐབས་ནི། དམ་པའི་ཆོས། ཞེས་སོགས་ནས། སྟོན་པ་དང༌། རང་གི་སོགས་ནས། སྦྱོང་བ་དང༌། འདིའི་དོན་ནི། གནོད་འཇོམས་སུ། སངས་ རྒྱས་ཀྱི་ཞིང་ཞེས་བྱ་བའི་དངོས་པོ་འགའ་ཡང་མེད་ཀྱི་བདག་དང་གཞན་དག་ལ་དེ་ལྟ་དེ་ལྟར་ དུ་སྣང་བ་ཙམ་དུ་ཟད་པས་སེམས་ཡོངས་སུ་སྦྱང་བ་ཉིད་ལ་དེ་སྐད་བྱའོ། །ཞེས་སོ། །དྲི་མ་ མེད་པར་གྲགས་པས་བསྟན་པའི་མདོར། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བར་འདོད་པས་ རང་གི་སེམས་ཡོངས་སུ་སྦྱོང་བར་བྱའོ། །ཞེས་གསུངས་པ་དང་མཐུན་ནོ། །འོན་ཀྱང་སྣོད་ 1-1-455 ཀྱི་ཞིང་གང་དུ་སངས་རྒྱས་ན་དེའི་སེམས་ཅན་མཐའ་ཡས་པའི་དོན་སྒྲུབ་ཏུ་རུང་བའི་སྣོད་ དང༌། སྣོད་དེའི་སེམས་ཅན་མཐའ་ཡས་མཐོ་རིས་དང་བྱང་གྲོལ་ལ་འགོད་ནུས་ཤིང་དེའི་ སྐལ་བ་ཅན་དུ་བྱས་པ་ལ་དེ་སྐད་ཟེར་རོ་ཞེས་པ་གནད་ཀྱི་དོན་ནོ། །ཕར་ཕན་བཏགས་པའི་ སེམས་ཅན་རྣམས་དེ་དང་མི་མཐུན་པ་ཚུར་གནོད་པ་བྱེད་པ་དང་དྲིན་དུ་མི་གཟོ་བ་ལ་སོགས་ པ་འཁོར་བའི་ཉེས་པ་མཐོང་བས་གཞན་དོན་ལས་ཡོངས་སུ་མི་སྐྱོ་བ་དང་རང་ལ་ལྟོས་ནས་ མི་དགེ་བའི་ཆོས་མི་བྱེད་པ་ངོ་ཚ་ཤེས་པ། གཞན་ལ་ལྟོས་ནས་དེ་མི་བྱེད་པ་ཁྲེལ་ཡོད་པ་སྟེ། འདིར་ནི་རང་ལ་ལྟོས་ནས་ཉན་རང་གི་སེམས་སྤོང་བ་དང་གཞན་ལ་ལྟོས་ནས་དེ་སྤོང་བ་ལ་ སྦྱར་རོ། །ཞེས་བྱ་བ་དེ་ལྟ་བུའི་ཡོངས་སུ་སྦྱོང་བ་རྣམ་པ་ལྔས་སོ། །ཤེས་རབ་ཇི་ལྟ་བུས་ན། བདེན་པའི་ངོ་བོ་ཉིད་དུ་མི་རྟོག་པའི་ཤེས་རབ་ཀྱིས་ཟིན་པའི་ཡོངས་སུ་སྦྱོང་བ་བྱས་པས་སོ། ། ལྔ་ཅི་དགོས་ཞེ་ན། སྔ་མ་བཞིན་དུའོ། ། བཞི་པ་ལ། རྩ་བ་ནི། ནགས་སམ་དགོན་པ་ནི་དབེན་པའི་མིང་སྟེ། ཉན་རང་གི་ས་ (མདོ་ )ལས་འདའ་བའམ་དེའི་ཡིད་བྱེད་ཀྱིས་དབེན་པ་དང༌། རང་དོན་དུ་བླ་མེད་བྱང་ཆུབ་ལ་ཡང་ (མདོ་)འདོད་པ་མི་བསྐྱེད་པས་འདོད་པ་ཆུང་བ་དང༌། རྣམ་མཁྱེན་ཐོབ་ཀྱང་རློམ་སེམས་མེད་ པས་ཆོག་ཤེས་པ་དང་སྦྱངས་པའི་ཡོན་ཏན་གྱི་སྡོམ་པ་ཡང་དག་པར་བསྟེན་ (འགྲེལ་ཆེན་)པ་སྟེ་ མི་བཏང་བ་ (མདོ་)ནི་མཚན་མར་འཛིན་པའི་རྟོག་པ་སྡོམ་པ་ཆོས་ (མདོ་)ཟབ་མོ་ལ་དམིགས་ པའི་ (མདོ་འགྲེལ་ཆེན་)བཟོད་པ་མི་གཏོང་བ་སྟེ། རྟོག་པ་སྦྱོང་བ་ལ་བྱའི་ཕྱག་དར་ཁྲོད་པ་སོགས་ འབའ་ཞིག་ལ་མི་བྱའོ་ཞེས་གནོད་འཇོམས་གཉིས་སོ། །(མདོར་བསླབ་པ་ཐམས་ཅད་རྒྱུ་བ་མེད་པ་ནི་) བསླབ་པ་ཡོངས་སུ་མི་གཏོང་བ་ (འོ་ཞེས་སོ། །འགྲེལ་པའི་དོན་)ནི། བསླབ་པ་ཐམས་ཅད་ལ་རྣམ་ པར་རྟོག་པ་རྒྱུ་བ་མེད་པར་མི་རྟོག་པར་བསླབ་པ་སྟེ། ཉན་རང་གི་བསླབ་པ་རྟོག་བཅས་ རྣམས་ཡིད་ལ་མི་བྱེད་པའོ་ཞེས་འབུམ་ཊཱིཀ་སྟེ་ཆེ་བའི་ཡང་ངོ༌། །འདོད་ (འབུམ་ཊཱིཀ་)པའི་ཡོན་ 1-1-456 ཏན་ (འབུམ་ཊཱིཀ་)ལྔ་རྣམས་ (འབུམ་ཊཱིཀ་) ལ་སྐྱོན་དུ་ (འབུམ་ཊཱིཀ་)མཐོང་ནས་སྨོད་ཅིང་ཆགས་སེམས་ (འབུམ་ཊཱིཀ་)མི་བསྐྱེད་པ་ (འབུམ་ཊཱིཀ་)དང༌། མྱ་ངན་འདས་པ་ནི་འཁོར་པའི་རྒྱུར་ (འབུམ་ཊཱིཀ་)གྱུར་ བའི་ཆོས་ (མདོ་)ཐམས་ཅད་ལ་མངོན་པར་འདུ་མི་བྱེད་ཅིང་ (མདོ་)རྣམ་པར་མི་རྟོག་པའོ། །(འབུམ་ ཊཱིཀ་དེ་ཆེ་བ་ཡང་ངོ༌། །) ཕྱི་ནང་གི་ཆོས་གང་ལ་ཡང་ (མཚན་མ་དང་དངོས་པོར་ཞེས་ཊཱིཀ་)ཡོངས་སུ་འཛིན་ པ་མེད་པ་ནི་ (མདོ་)བདོག་ཀུན་གཏོང་བའོ། །རྣམ་ཤེས་གནས་ (མདོ་)པའི་ཡུལ་ལ་སེམས་མི་ འབྲང་ (འབུམ་ཊཱིཀ་)ཞིང་མ་ཆགས་པ་ (འབུམ་ཊཱིཀ་)ནི་སེམས་མི་ཞུམ་པ་དང༌། དངོས་པོར་ (མདོ་དོན་) ལྟ་བ་མེད་པ་བཅུས་སོ། །འདི་ལྟ་སྟེ། དགོན་པར་གནས་པ་དང༌། ཞེས་སོགས་སོ། །འགྲེལ་ པ་ལ། རྫོགས་པར་གནོན་པ་ཡིན་ནོ། །གང་ན། ས་བཞི་པའོ། །མིང་ཅི་ན། འདི་ལྟར་བྱང་ ཆུབ་ཕྱོགས་མཐུན་ཆོས། །རབ་ཏུ་སྲེག་བྱེད་འོད་ལྟ་བུ། །དེ་དང་ལྡན་ཕྱིར་ས་དེ་ནི། །གཉིས་ པོ་བསྲེག་པས་འོད་འཕྲོ་ཅན། །ཞེས་ཏེ། བྱང་ཆུབ་ཕྱོགས་མཐུན་གྱི་ཤེས་རབ་ (གཉེན་པོ་)ཀྱི་མེ་ ལས་སྒྲིབ་གཉིས་ཀྱི་བུད་ཤིང་སྲེག་ (ཟླ་ཟེར་)པའི་འོད་འཕྲོ་བས་འོད་འཕྲོ་བའོ། །ཡང་དག་ཡེ་ ཤེས་འོད་འབྱུང་ཕྱིར། །ཞེས་རིན་ཆེན་འཕྲེང་བར་རོ། །ཐབས་གང་གིས་ན། གྲོང་ལས་རྒྱང་ གྲགས་གཅིག་གིས་འཕགས་པའི་དགོན་པར་གནས་པའམ་རྩ་བ་ལྟར་དང༌། རྙེད་པ་མ་ཐོབ་ པ་ལ་ད་ཐོབ་པར་འདོད་ (ཨཱརྱ་)པ་མེད་པ་དང༌། རྙེད་པ་ཇི་ལྟར་ (ཨཱརྱ་)ཐོབ་པ་ལ་དེ་ལས་ལྷག་ པར་དོན་ (ཨཱརྱ་)དུ་གཉེར་བ་མེད་པ་དང༌། ཞེས་ཨཱརྱའོ། །ཆོས་གོས་ལ་སོགས་པ་ངན་པས་ཆོག་ པས་འདོད་པ་ཆུང༌། མང་ངོ་མི་འདོད་པས་ཆོག་ཤེས་པ་སྟེ། དང་པོས་ཚུལ་འཆོས། ཁ་གསག གཞོགས་སློང༌། ཐོབ་འཇལ་སྟེ་བཞི་སྤོང༌། གཉིས་པས་རྙེད་པས་རྙེད་པ་འདོད་པ་སྤོང་ཞེས་ མདོ་བཏུས་འགྲེལ་པར་ཤཱནྟིས་སོ། །ལུས་སེམས་ (ཤཱནྟིའི་མདོ་བཏུས་འགྲེལ་པར་)ལ་སོགས་པ་ལས་ སུ་རུང་བར་བྱེད་པས་སྦྱངས་པ་ (ཛ་ཡ་ཨ་ནན་ཏས། དཔེར་ན་བལ་ལམ་རས་བལ་ལམ་མ་བསེད་པ་དེ་བཀལ་བར་ མི་རུང་ལ་བསེད་ན་རུང་བར་འགྱུར་བ་དེ་བཞིན་དུ་བསོད་སྙོམ་དང་ཆོས་གོས་དང་མལ་སྟན་ལ་ཆགས་པས་སེམས་ལས་སུ་མི་ 1-1-457 རུང་བར་འགྱུར་ལ་དེ་སྦྱངས་པའི་ཡོན་ཏན་གྱིས་ལས་སུ་རུང་བར་འགྱུར་བའི་ཕྱིར་སྦྱངས་པའི་ཡོན་ཏན་ཞེས་བྱའོ། །ཞེས་འཇུག་ བཤད་དུའོ། །)བསླབ་པར་བྱ་བས་ (གསེར་)དེའི་ཡོན་ཏན་གྲངས་བཅུ་གཉིས་ཏེ། ཟས་བཟང་ (ཤཱན་ དངོས་)པོ་ལ་ཞེན་པའི་ (དངོས་)གཉེན་པོར་བསོད་སྙོམས་པ་སྟེ་དེ་ལ་ཅི་ཐོབ་ (ཤཱན་དངོས་)པ་ལེན་པ་ དང་མཐར་ (དངོས་)གྱིས་རྒྱུ་བའོ་ཤཱནྟིའོ། །རབ་སྒོ་གཅིག་པ། འབྲིང་སྒོ་མཐར་ཆགས་པ་འདིས་ ལུས་སྲོག་ཚངས་སྤྱོད་ཀྱི་བར་ཆད་དུ་འགྱུར་ན་སྒོ་བོར་ཡང་ཉེས་པ་མེད། ཁྱིམ་ཀྱི་བསླབ་པའི་ སྡོམ་པས་བསྡམས་པ་དང་ལྷུང་བཟེད་ཁ་སྦུབ་བྱས་པའི་སྒོ་མ་བོར་ན་ཉེས་པའོ། །གཞན་དུ་ བོར་མི་རུང་ངོ༌། །ཐ་མ་ཇི་ཙམ་རྙེད་པ་ལེན་པའོ། །མང་དུ་ (ཤཱན་དངོས་)ཟ་བའི་གཉེན་པོ་སྟན་ གཅིག་པ་སྟེ། སྟན་གྱི་མཐའ་ (སྟན་གཅིག་ལ་འདུག་ནས་ཇི་ཙམ་འདོད་དུ་ཟ། དེ་ལས་ལངས་ནས་མི་ཟ་བའོ། །འཇུག་ པའི་འགྲེལ་བཤད་)བ་དང་ཆུའི་མཐའ་བའོ་ (ཁ་བཤལ་ནས་མི་ཟ་བའོ། །)ཤཱནྟིའོ། །ཁ་ (བུ་སྟོན་)ཅིག་རབ་ ཟས་ཀྱི་མཐའ་བ་ (གསུམ་ཡོད་དོ། །)ཞེས་སོ། །(ཁར་ཟན་དང་པོ་ཆུད་ནས་གཞན་མི་ལེན་པ་ཡིན་ནམ་)ཡང་ཡང་ ཟ་བའི་གཉེན་པོ་ཕྱིས་མི་ལེན་པ་ (ནི་སྟན་ལ་འདུག་སྟེ་ཇི་ཙམ་ཟ་བར་ནུས་པ་དེ་ཙམ་བྱིན་ལེན་བྱས་ནས་ཟ་ཡི་བྱིན་ ལེན་མ་བྱས་པར་མི་ཟ་བའི་ཞེས་ཛ་ཡ་ཨ་ནནྟས་སོ། །)ཞེས་ཤཱནྟི་དང༌། ལེན་པ་ལ་ཞེན་པའི་གཉེན་པོར་དེ་ ཞེས་སོ། །(བུ་སྟོན་)གོས་བཟང་བོ་ལ་ཆགས་ (དངོས་) པའི་གཉེན་པོར་ཕྱག་དར་ཁྲོད་པ་སྟེ། (རོ་ གོས་ནི་)དམན་པའི་ (ཁྱིམ་བདག་སོགས་ཀྱིས་ལོངས་སྤྱོད་ནས་)བོར་ (ཤཱནྟི་དངོས་)བའི་ཕྱག་དར་ཁྲོད་གཉིས་ སོ། །འཇམ་པོ་ལ་དང་མང་པོ་ལ་ཞེན་པའི་གཉེན་པོར་ཕྱིང་བ་པ་ (ཐམས་ཅད་བལ་ལ་སོགས་པས་བྱས་ པའི་གོས་འཆང་བ་ཞེས་འགྲེལ་ཆེན་སོགས་)དང༌། ཆོས་གོས་གསུམ་པའོ། །(ཤ་འགག་སྟོད་གཡོགས་སྨད་གཡོག་ ཅེས་ཛ་ཡ་ཨ་ནནྟ། དཔྱད་དགོས་སོ། །) འདུ་འཛི་བླ་གབ་གཙུག་ལག་ཁང་འཁྲིག་པ་ལ་ཆགས་པའི་ གཉེན་པོར་དགོན་པ་བ། (འདི་ལ་རབ་ངོས་བསྐོར་བ་ཡེ་མེད་པ་འབྲིང་ངོས་གཉིས་སྐོར་བ་ཐ་མ་ངོས་བཞི་བསྐོར་ཞིང་ སྟེང་ན་)བླ་གབ་མེད་པ། ཤིང་དྲུང་པ་ (ནི་ཤིང་གི་རྩ་བར་ཞེས་ཛ་ཡའོ། །རབ་ཤིང་གཅིག་འབྲིང་ཤིང་གཉིས་ཐ་མ་ ནགས་སུ་གནས་པའོ། །)དུར་ཁྲོད་པ་བཞིའོ། །ཉལ་སོགས་དང་སྟན་ལ་ཆགས་གཉེན་དུ་ཙོག་བུ་པ་ 1-1-458 (རབ་གང་ལ་ཡང་མ་བརྟེན་པ་འབྲིང་ཀ་བ་སོགས་གཅིག་ལ་བརྟེན་པ་ཐ་མ་གསུམ་ལ་བརྟེན་པའོ། །)གཞི་ཇི་བཞིན་པའོ། ། (རྩའམ་ཤིང་ལོའི་སྟན་ལྟ་བུ་དང་པོ་ཇི་ལྟར་བཏིང་བའི་སྟན་ལ་ཉལ་གྱི་ཕྱིས་མི་འཆོས་པའོ། །ཞེས་ཕྱི་མ་འདི་འཇུག་པའི་འགྲེལ་ བཤད་ཛ་ཡ་ཨ་ནནྟས་སོ། །)ཞེས་ཤཱནྟིས་སོ། །དེ་དག་ཡང་དག་པར་སྡོམ་པ་དང༌། གཞན་དོན་དུ་ བསླབ་པ་བླངས་པ་སྲོག་དང་མིག་ལ་སོགས་པའི་ཕྱིར་ཡང་ཡོངས་སུ་མི་གཏོང་ན་ཟས་ནོར་ སོགས་ཀྱི་ཕྱིར་ལྟ་ཅི་སྨོས་པ་དང༌། འདོད་པའི་ཡོན་ཏན་གཟུགས་སྡུག་སོགས་ལ་ཕུང་ཁྲོལ་ གྱི་རྩ་བ་ཡིན་པའི་ཉེས་དམིགས་ཡོད་པར་ལྟ་བས། སྨོད་པ་དང་སྟེ། རྒྱ་ཆེར་རོལ་བར། རྟག་ ཏུ་གཟུགས་སྡུག་མཆོག་དང་སྒྲ་སྙན་དང༌། །དྲི་ཞིམ་རོ་མཆོག་རེག་པ་བདེ་བྱེད་པ། །དུས་ངན་ སྙི་ལ་འགྲོ་བ་འདི་དག་ཐོགས། །དཔེར་ན་རྔོན་པའི་སྙི་ལ་སྤྲེའུ་ཐོགས་བཞིན། །འདོད་པའི་ ཡོན་ཏན་མྱ་ངན་གནོད་པ་མང༌། །འཇིགས་བཅས་རྟག་ཏུ་སྒྲ་བྱེད་ཉོན་མོངས་བཅས། །རལ་ གྲིའི་སོ་འདྲ་དུག་སྡོང་ལོ་མ་མཚུངས། །ངན་སྐྱུགས་སྣོད་ལྟར་འཕགས་པའི་སྐྱེ་བོས་སྤངས། ། ཞེས་སོ། །གང་ལ་གང་འདུལ་གྱི་གདུལ་བྱའི་བློ་དང་འཚམ་པར་ཉན་ཐོས་སོགས་ཀྱི་མྱ་ངན་ ལས་འདས་པ་ལ་གཞོལ་བར་སྟོན་པར་བྱེད་པ་དང༌། བདོག་པ་ནོར་དང་གཉེན་སྡུག་དང་ ལུས་སྲོག་ཐམས་ཅད་ཡོངས་སུ་གཏོང་བ་ཆུང་འབྲིང་ཆེ་གསུམ་དང༌། དགེ་བ་སོགས་དང༌། དངོས་པོ་ཐམས་ཅད་ལ་དོན་དམ་པར་ཅི་ཡང་མི་ལྟ་བ་ཞེས་བྱ་བ་དེ་ལྟ་བུའི་ཡོངས་སུ་སྦྱོང་བ་ རྣམ་པ་བཅུས་སོ། །ཤེས་རབ་ཇི་ལྟ་བུ་ན། སྔ་མ་ལྟ་བུའོ། །བཅུ་དགོས་པའང་སྔ་མ་བཞིན་ནོ། ། ལྔ་པ་ལ། རྩ་བ་ནི། ས་ལྔ་པ་ནི་ཡང་དག་པ་སྟེ་རྫོགས་པར་འཐོབ་པོ། །གང་གི་ཚེ་ན། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་ཞིང་རྫུས་ཏེ་སྐྱེ་བ་དང་སྐྲ་བྲེགས་ཤིང་ ངུར་སྨྲིག་གི་གོས་གོན་པ་ཁྱིམ་པ་དང་འདྲིས་པ་སྤང་བ་དགེ་སློང་མ་དང་སེ་གོལ་གཏོག་པ་ ཙམ་དུ་ལྷན་ཅིག་མི་གནས་ཤིང་མ་ཆགས་ལ་ཆགས་པའི་སྒོ་ནས་ཆོས་གོས་ཐོབ་པར་མི་ 1-1-459 བྱེད་པས་དགེ་སློང་མ་དང་འདྲིས་པ་སྤོང་བ་དང༌། བདག་གིས་སེམས་ཅན་རྣམས་ལ་བདེ་བ་ བསྒྲུབ་པར་བྱེད་པ་ཡིན་པ་ལ་སེམས་ཅན་རྣམས་རང་རང་གི་བསོད་ནམས་ཀྱིས་བདེ་བར་ གྱུར་བ་ལས། སེར་སྣའི་སེམས་མི་བསྐྱེད་པ་ཁྱིམ་ལ་འཁྲེན་ནས་སྤོང་བ་དང༌། གང་དུ་གནས་ ན་ཐེག་དམན་གྱི་གཏམ་དང་སེམས་འབྱུང་བ་འདུ་འཛིར་གྱུར་པའི་གནས་སྤོང་བ་དང༌། དོན་ དམ་པར་ནང་གི་ཆོས་རྣམས་མི་མཐོང་བ་ནི་བདག་བསྟོད་སྤང་བ། ཕྱི་རོལ་གྱི་ཆོས་རྣམས་མི་ མཐོང་བ་ནི་གཞན་ལ་བརྙས་པ་སྤོང་བ། མི་དགེ་བའི་ལས་ཀྱི་ལམ་བཅུ་དང༌། རིགས་དང་ (འབུམ་ཊཱིཀ་)ཐོས་པ་ལ་སོགས་པས་བདག་ཆེས་ལྷག་སྙམ་པའི་ང་རྒྱལ་གྱི་རློམ་པས་ཁེངས་དང༌། ཆོས་ཐམས་ཅད་སྟོང་པ་ཡིན་པ་ལས་བདེན་པའི་ (འབུམ་ཊཱིཀ་)དངོས་པོར་ཕྱིན་ཅི་ལོག་དང༌། དེ་ བཞིན་ཉིད་དང་རྫོགས་བྱང་ (འབུམ་ཊཱིཀ་)ལ་ཐེ་ཚོམ་གྱི་བློ་ངན་དང༌། ཉོན་མོངས་པ་དུག་གསུམ་ བཟོད་ཅིང་དང་དུ་ལེན་ལ་དེའི་དབང་དུ་སོང་བ་སྟེ་སྔར་བཤད་བཅུ་པོ་འདི་ནི་རྣམ་པར་ སྤངས་པ་ནའོ། ། མདོར་ (བར་མར་)ཆོས་དྲུག་ (གནོད་སེམས་དང་བཅས་པ་)སྤང་ཞེས་དང་ཡང་བཅོ་ (མི་དགེ་བ་བཅུ་བསྣན་ ན་)བརྒྱད་སྤང་ཞེས་ཏེ་ཉེར་བཞིའོ། །འགྲེལ་པ་ལ། རྫོགས་པར་འཐོབ་པ་ཡིན་ནོ། །གང་ ན། ས་ལྔ་པའོ། །མིང་ཅི་ན། སེམས་ཅན་རྣམས་ཡོངས་སྨིན་བྱེད་ཅིང༌། །རང་གི་སེམས་ཀྱང་ བསྲུང་བའི་ཕྱིར། །བློ་ལྡན་རྣམས་ཀྱིས་སྦྱང་དཀའ་བ། །དེ་ཕྱིར་སྦྱང་དཀའ་ཞེས་བྱའོ། །ཞེས་ ཏེ། སེམས་ཅན་སྨིན་པ་དང་སེམས་ཅན་གྱི་ལོག་ (དབྱིག་)སྒྲུབ་ཀྱིས་རང་གི་སེམས་ཉོན་མོངས་ པར་མི་འགྱུར་བ་སྟེ་བྱ་དཀའ་བ་གཉིས་བྱེད་པས་སྦྱང་དཀའ་བའོ། །རིན་ཆེན་ཕྲེང་བར། ལྔ་ པ་ཤིན་ཏུ་སྦྱང་དཀའ་བདུད། །ཀུན་གྱིས་ཤིན་ཏུ་ཐུབ་དཀའི་ཕྱིར། །ཞེས་ཏེ། སྐད་དོད་དང་ བསྟུན་པའོ། །ཐབས་གང་གིས་ན། རྙེད་པ་དང་བཀུར་བསྟི་གྲགས་པ་ལ་སོགས་པའི་དོན་ དུ་རབ་བྱུང་དང་ཁྱིམ་པ་སོགས་དང་འགྲོགས་ཤིང་འདྲིས་པ་དང༌། སྦྱིན་བདག་དད་པ་ཅན་ 1-1-460 གྱི་ཁྱིམ་ཉེ་བར་མི་སྟོན་པ་དང༌། སྐྱེ་བོ་མང་པོའི་གྲོང་དང་གྲོང་ཁྱེར་ལ་སོགས་པར་གནས་པ་ དང༌། རྙེད་སོགས་ཀྱི་ཕྱིར་བདག་ལ་བསྔགས་པ་དང༌། ཕྲག་དོག་གིས་གཞན་ལ་སྨོད་པ་དང༌། མི་དགེ་བཅུ་དང༌། ཐོས་པ་དང་ཚུལ་ཁྲིམས་སོགས་ཀྱིས་མཁས་ཤིང་བཙུན་པར་རློམ་ཞིང་ བཤེས་གཉེན་སོགས་གཞན་ལ་མི་འདུད་པ་དང༌། དགེ་བ་ལ་བཟློག་སྟེ་མི་དགེ་བར། མི་དགེ་ བ་ལ་བཟློག་སྟེ་དགེ་བར་མངོན་པར་ཞེན་པ་དང༌། ལོག་པར་ལྟ་བ་དང་ལྟ་བ་མཆོག་འཛིན་ སོགས་བློ་གྲོས་ངན་པ་དང༌། འདོད་ཆགས་ཞེ་སྡང་ལ་སོགས་པའི་ཉོན་མོངས་པ་ཐམས་ཅད་ ལ་མངོན་དུ་ཕྱོགས་པར་བྱེད་པ་ཞེས་བྱ་བ་དེ་ལྟ་བུའི་མཚན་ཉིད་ཀྱི་ཆོས་བཅུ་རྣམ་པར་སྤོང་ ཞིང་དེ་ལས་བཟློག་པ་གཉེན་པོའི་ཆོས་སྤང་བྱའི་དོན་ནམ་ཤུགས་ཀྱིས་འཕངས་པ་ཡོངས་སུ་ སྦྱོང་བ་རྣམ་པ་བཅུས་སོ། །དེ་ཡང་སྔ་མ་བཞིན་དུ་ཞེས་གཉིས་སུ་དྲང་ངོ༌། །དེ་རྣམས་རགས་ པ་སྔར་མཐོང་ལམ་གྱི་ཚེ་སྤངས་ཀྱང་འདིར་ཕྲ་བ་སྤོང་བའོ། ། དྲུག་པ་ལ་རྩ་བ་ནི། ས་དྲུག་པ་ནི་ཡང་དག་སྟེ་རྫོགས་པར་འཐོབ་པོ། །གང་གིས་ན། སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་ཤེས་རབ་རབ་ཏུ་རྫོགས་པ་སྟེ་ (མདོ་དོན་)ལམ་བསྐྱེད་པ་དྲུག་གིས་སོ། །ཆོས་དྲུག་རྫོགས་པར་བྱ་སྟེ་ཕྱིན་དྲུག་གོ །ཞེས་སོ། ། ཡང་སློབ་མ་དང་ནི་བསེ་རུ་རང་རྒྱལ་གྱི་ས་ལ་དགའ་བ་དང༌། སྟོང་ཉིད་ལ་སྐྲག་པའི་སེམས་ སྤངས་པ་དང༌། བདོག་པ་བསླངས་ན་མི་ཞུམ་པ་དང༌། བདོག་པ་ཀུན་བཏང་ཡང་མི་དགའ་བ་ མེད་པ་དང༌། རང་དབུལ་ཡང་སློང་བ་པོ་མི་སྤོང་བར་སྦྱིན་ (མདོ་)པ་གཏོང་བ་སྟེ་ལམ་ (མདོ་དོན་ )མིན་སྤང་བ་དྲུག་གིས་སོ། །དྲུག་སྤང་བར་བྱ་སྟེ་བྱང་ཆུབ་ཀྱི་ལམ་མིན་ (འདི་འོག་མ་ཀུན་ལ་སྦྱར་) པས་ཉན་ཐོས་ཀྱི་སེམས་ཡོངས་སུ་སྤང་བར་བྱའོ། །ཞེས་སོགས་སོ། །འགྲེལ་པ་ལ། རྫོགས་ པར་ཀུན་ཤེས་པར་འགྱུར་བ་ཡིན་ནོ། །གང་ན། ས་དྲུག་པའོ། །མིང་ཅི་ན། ཤེས་རབ་ཕ་རོལ་ ཕྱིན་བརྟེན་ནས། །འཁོར་བ་དང་ནི་མྱ་ངན་འདས། །(ལ་མི་གནས་པའི་ཕྱིར་ཏེ།) གཉིས་འདིར་ (དབྱིག་ 1-1-461 )མངོན་དུ་གྱུར་བའི་ཕྱིར། །མངོན་དུ་གྱུར་བའི་ས་ཞེས་བཤད། །ཅེས་པ་ལྟར་མངོན་དུ་གྱུར་ བའོ། །རིན་ཆེན་ཕྲེང་བར། དྲུག་པ་མངོན་ཕྱོགས་ཞེས་བྱ་སྟེ། །སངས་རྒྱས་ཆོས་ལ་མངོན་ ཕྱོགས་ཕྱིར། །ཞེས་སོ། །ཐབས་གང་གིས་ན། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པ་དང་ དེའི་རྒྱུ་མཚན་གྱིས་སྤང་བྱ་དྲུག་སྤངས་པ་སྟེ། རང་དོན་ཡིད་བྱེད་སྤོང་བའི་ཚུལ་ཁྲིམས་དང་ རྣམ་མཁྱེན་ནམ་གཞན་དོན་ལ་རྩེ་གཅིག་པའི་བསམ་གཏན་གྱི་ཕར་ཕྱིན་རྫོགས་པས་ཉན་ ཐོས་དང་རང་སངས་རྒྱས་ཀྱི་ས་ལ་དགའ་ཞིང་འདོད་པའི་སེམས་སྤོང་བ་དང༌། སྟོང་ཉིད་ཀྱི་ ཆོས་ཟབ་མོ་ལ་བཟོད་པའི་ཕར་ཕྱིན་རྫོགས་པས་ཆོས་ཐམས་ཅད་ངོ་བོ་ཉིད་མི་དམིགས་པ་ ལ་སྐྲག་པའི་སེམས་སྤོང་བ་དང༌། སྦྱིན་ཕར་རྫོགས་པས་སྦྱིན་པ་ (བུདྡྷ་ཤྲཱི་)ལ་དང་པོར་འཇུག་ པའི་གེགས་སློང་བ་པོའི་སྐྱེ་བོས་ནོར་སོགས་བསླངས་ན་སེར་སྣས་ཟིལ་གྱིས་ནོན་ནས་ཞུམ་ པའི་སེམས་སྤོང་བ་དང༌། བྱིན་པ་ལ་སྤྲོ་དགའི་བརྩོན་འགྲུས་ཀྱི་ཕར་ཕྱིན་རྫོགས་པས་ (བུདྡྷ་ཤྲཱི་) བར་དུ་སྒྲུབ་པའི་གེགས་བདོག་པ་ཐམས་ཅད་སོགས་དང༌། ཐབས་མཁས་ཡུམ་རྫོགས་པས་ མཐར་ (བུདྡྷ་ཤྲཱི་)ཕྱིན་པའི་གེགས་ཟས་ནོར་གྱིས་ (བཏང་བས་ཞེས་བུདྡྷ་ཤྲཱི་)བཀྲེན་ཡང་སློང་བ་པོའི་ སྐྱེ་བོ་ཐོབ་པ་ (བུདྡྷ་ཤྲཱི་)མེད་པར་སྤོང་བའི་སེམས་སྤོང་བ་སྟེ་དེ་ལྟ་བུའི་ཡོངས་སུ་སྦྱོང་བ་བཅུ་ གཉིས་ཀྱིས་སོ། །དེ་ཡང་སྔ་མ་བཞིན་དུ་ཞེས་གཉིས་སུ་དྲང་ངོ༌། ། བདུན་པ་ལ། སྤང་གཉེན་གཉིས་ལས། དང་པོ་ལ། རྩ་འགྲེལ་ལྷན་གཅིག་བཤད་དེ། ང་རྒྱལ་ (ཨཱརྱ་ཤཱནྟི་)བས་བདག་སྟེ་ཕོང་པོ་སོགས་དེར་འཛིན་པ་དང༌། སེམས་པར་བྱེད་ (ཞི་འབྱུང་ )པས་སེམས་ཅན་ཏེ་རྟག་པའི་སེམས་ཅན་གྱི་མཚན་མར་འཛིན་པ་དང༌། སྐལ་བ་མཉམ་ པའི་རིས་རྫོགས་ཀྱི་བར་དུ་གནས་ (ཨཱརྱ་)པས་སྲོག་སྟེ་བདག་གི་སྲོག་བླང་བྱར་འཛིན་པ་ དང༌། ཡང་ཡང་ཐིམ་ (ཞི་འབྱུང་)པའམ་འབྱུང་ཞིང་ (ཤཱནྟི་མདོ་བཏུས་འགྲེལ་)འཇིག་པས་གང་ཟག་སྟེ་ དེ་རྟག་གཅིག་ཏུ་འཛིན་པ་དང༌། སྔོན་བྱུང་བ་ད་ལྟར་མེད་ (ཨཱརྱ་ཞི་འབྱུང་)པ་ཆད་པ་སྟེ་གཞན་ 1-1-462 དོན་དང་སེམས་ཅན་རྒྱུན་ཆད་པར་འཛིན་པ་དང༌། རང་བཞིན་གྱིས་ཡོད་པ་ནམ་ཡང་མེད་ པར་མི་འགྱུར་ (ཨཱརྱ་ཞི་འབྱུང་)བས་རྟག་པ་སྟེ་སངས་རྒྱས་ཀྱི་ཞིང་སོགས་བདེན་པའི་དངོས་པོར་ འཛིན་པ་དང༌། འཁོར་འདས་ལ་བླང་དོར་གྱི་མཚན་མར་འཛིན་པ་དང༌། མཐར་ཐུག་ཐེག་ པ་གསུམ་གྱི་རྒྱུ་རིགས་ཐ་དད་དུ་དང༌། མིང་གཟུགས་ཀྱི་ཕུང་པོ་ལ་ཆགས་ཤིང་འཛིན་ (འགྲེལ་ ཆེན་)པ་དང༌། ཁམས་དོན་དམ་པར་ཉེར་སྤྱོད་འཛིན་པར་དང༌། དེ་ཡང་ཡུལ་ཉེ་བར་སྤྱོད་པ་ རྣམ་ཤེས་དྲུག་སྟེ་དེ་རང་གི་འབྲས་བུར་འཛིན་པའོ། །ཞེས་སློབ་དཔོན་ཡེ་ཤེས་བཤེས་གཉེན་ གྱིའོ། །དབུས་མཐར་ཚོར་བ་དེ་ཉེར་སྤྱོད་དུ་བཤད་དོ། །ཕྱི་ནང་ (བུདྡྷ་)གི་སྐྱེ་མཆེད་བདེན་པར་ (བུདྡྷ་ཤྲཱི་)དང༌། ཁམས་གསུམ་པ་ལ་དང་བོར་མངོན་པར་ (མདོ་)ཞེན་ནས་གནས་པ་དང༌། དེ་ ནས་རྒྱུན་དུ་མངོན་པར་ཆགས་པ་དང༌། རྣམ་མཁྱེན་མི་ཐོབ་ (བུདྡྷ་ཤྲཱི་)ཅེས་སམ། གཞན་དོན་ བསྒྲུབ་མི་ནུས་ཞེས་སེམས་ཀུན་ཏུ་ཞུམ་པའི་འཛིན་པ་དང༌། (འགྲེལ་ཆེན།)འདི་མདོར་མི་སྣང་ ཁམས་གསུམ་ལ་བརྟེན་པ་དང་གནས་པ་ཞེས་པ་སྣང༌། དག་ལྡན་དུ། སེམས་ནི་རྟག་པ་ལ་ ཞེན་དང༌། །ཞེས་དང༌། རད་ཀིར་ནི། ཁམས་གསུམ་ལ་སེམས་ཞུམ་པ་ནི་སྔར་བཤད་གནས་ དང་ཆགས་གཉིས་ཀའོ་ཟེར་རོ། །གཟུགས་སྐུ་ཁོ་ན་ (འབུམ་ཊཱིཀ་)ལ་སངས་རྒྱས་དཀོན་མཆོག་ དང༌། ཡན་ལག་བཅུ་གཉིས་ (འབུམ་)ཁོ་ན་ལ་ཆོས་དང༌། ཟུང་བཞི་ (བུདྡྷ་)ཁོ་ན་ལ་དགེ་འདུན་དུ་ ལྟ་བའི་མངོན་ཞེན་གསུམ་དང༌། བྱང་སེ་དང་ཉན་ཐོས་ཀྱི་སྡོམ་པ་ལ་ཚུལ་ཁྲིམས་ཀྱི་དངོས་པོ་ (འབུམ་)དེར་ལྟ་ཞིང་མཚན་མར་འཛིན་པའི་མངོན་ཞེན་དང༌། ཆོས་ཐམས་ཅད་སྟོང་པ་ཉིད་ལ་ རྩོད་པ་ནི་ཡིད་གསོད་ (དག་ལྡན་)པའམ་སྐྱོ་བ་སྟེ་ཆོས་ཐམ་ཅད་སྟོང་ (འབུམ་)ན་ལས་ལེགས་ཉེས་ ཀྱི་འབྲས་བུ་ཡང་ (འབུམ་)མེད་སྙམ་ནས་སྟོང་ཉིད་ལ་སྐྲག་ཅིང་ཞུམ་ (མདོ་)པ་དང༌། སྟོང་ཉིད་དང་ འགལ་བའི་ཉེས་པ་ནི་དེ་དང་མི་ (དག་ལྡན་)མཐུན་པར་བྱེད་པ་བདེན་པར་འཛིན་པ་ཡོངས་སུ་ སྤངས་པ་སྟེ་ཉེས་པ་དེ་ལྟ་བུ་ཉི་ཤུ་རྒྱུད་གང་ལ་རྣམ་པར་ཆད་ཅིང་དེ་དང་བྲལ་ནས་དེ་ལས་ 1-1-463 བཟློག་པའི་ཆོས་དོན་ནམ་ཤུགས་ཀྱིས་འཕངས་པའི་ཡོངས་སུ་སྦྱོང་བ་རྣམ་པ་ཉི་ཤུས་རྫོགས་ པར་འཐོབ་ (རྩ་བ་)ཅིང་ཀུན་ཤེས་པར་འགྱུར་བ་ཡིན་ནོ། །གང་ན། ས་བདུན་པའོ། །མིང་ཅི་ ཞེ་ན། བགྲོད་གཅིག་ལམ་དང་འབྲེལ་བའི་ཕྱིར། །རིང་དུ་སོང་བའི་སར་འདོད་དོ། །ཞེས་ པ་ལྟར། བགྲོད་གཅིག་ལམ་དང་འབྲེལ་བས་ (མངོན་པར་འདུ་བྱེད་པའི་སྒོ་ནས་)མཚན་འཛིན་ལས་ རིང་དུ་སོང་བའོ། །(བདུན་པ་རིང་དུ་སོང་བ་སྟེ། །གྲངས་ནི་རིང་དུ་སོང་ལྡན་ཕྱིར། །ཞེས་རིན་ཆེན་ཕྲེང་བར་རོ། །)སྐད་ ཅིག་རེ་རེ་ལ་འགོག་པ་ལ་སྙོམས་པར་འཇུག་པས་དུས་དང་ཡོན་ཏན་གྱི་གྲངས་ཀྱིས་རིང་དུ་ སོང་བའོ་ཞེས་མི་ཕམ་བཤེས་གཉེན་ནོ། །དེ་ཡང་སྔ་མ་བཞིན་དུའོ་ཞེས་གཉིས་སུ་དྲང་ངོ༌། ། ཆོས་ཉི་ཤུ་མི་བྱ་སྟེ་འདི་ལྟ་སྟེ་བདག་ཏུ་འཛིན་པར་མི་བྱའོ། །ཞེས་སོགས་སོ། །གཉིས་པ་ལ། གསུམ་གྱི་སྔ་འགྲེལ་ནི། སྤང་བྱའི་དོན་གྱིས་འཕངས་པའི་གཉེན་པོའི་ཆོས་ཉིད་བསྟན་པའི་ ཕྱིར་གསུངས་ཏེ། གཉིས་པ་རྩ་བ་དང་གསུམ་པ་འགྲེལ་པ་ལྷན་ཅིག་བཤད་དེ། སྟོང་ཉིད་ ཀྱང་ཡོད་པར་མི་འཛིན་ (འབུམ་ཊཱིཀ་)ན་བདག་ལ་སོགས་ལྟ་ཅི་སྨོས་པས་དོན་དམ་པར་བདེན་ དངོས་ཀྱི་ངོ་བོས་སྟོང་པར་མངོན་སུམ་དུ་ཡང་དག་པར་ཤེས་པ་ནི་རྣམ་པར་ཐར་བའི་སྒོ་སྟོང་ པ་ཉིད་ཀྱི་ཡེ་ཤེས་ཏེ་ས་བདུན་པའི་རྒྱུད་ཀྱི་དེ་འདྲའི་ཡེ་ཤེས་ཆོས་ཅན། ཕུང་སོགས་བདག་ ཏུ་འཛིན་པའི་གཉེན་པོ་ཡིན་ཏེ། བདག་སོགས་ཆོས་ཀུན་དོན་དམ་པར་སྟོང་པར་མངོན་སུམ་ དུ་རྟོགས་པའི་སློབ་ལམ་ཡིན་པས་སོ། །ཞེས་སོགས་སྦྱོར་ཕྲེང་ཡིད་ཀྱི་མུན་སེལ་དུ་ཞིབ་ཏུ་ བསྟན་པ་ལྟར་ཤེས་པར་བྱའོ། །སེམས་ཅན་སོགས་ཀྱི་མཚན་མ་ཐམས་ཅད་དོན་དམ་པར་ (མདོ་)མེད་པར་དང། ཁམས་ (མདོ་)གསུམ་དང་སྲོག་སོགས་གང་ལ་ཡང་སྨོན་པ་མེད་པ་ཡང་ དག་པར་ཤེས་པས་རིམ་བཞིན་སེམས་ཅན་དང་སྲོག་འཛིན་སྤང་ངོ༌། །སྲོག་མི་གཅོད་སོགས་ དགེ་བ་བཅུའི་ལས་ཀྱི་ལམ་ལ་བསད་པར་བྱ་བ་དང༌། གསོད་པ་པོ་དང་བསད་པ་སྟེ་འཁོར་ གསུམ་དུ་དམིགས་པ་རྣམ་པར་དག་པ་དེར་མི་དམིགས་པ་དང་ལ་སོགས་པས་མི་རྐུ་སོགས་ 1-1-464 ཏེ་འཁོར་གསུམ་དག་པའི་དགེ་བཅུ་བསྒོམ་པ་རྫོགས་ (མདོ་)པས་གང་ཟག་ཏུ་འཛིན་པ་སྤོང་ ངོ༌། །སྐྱེ་བོ་སྡུག་བསྔལ་ཅན་ཐམས་ཅད་ལ་དམིགས་པའི་སྙིང་རྗེའིའམ་བརྩེ་བས་ཆད་འཛིན་ སྤོང་བ་དང༌། སངས་རྒྱས་ཀྱི་ཞིང་རྫོགས་པ་ (འགྲེལ་ཆེན་)ནས་བཟུང་སྟེ་དངོས་པོ་ཐམས་ཅད་ ལ་ཅིར་ཡང་དམིགས་ཤིང་རློམ་པ་མེད་པའི་ཡེ་ཤེས་ཀྱིས་རྟག་འཛིན་སྤོང་ངོ༌། །འཁོར་འདས་ (འབུམ་ཊཱིཀ་)ཀྱི་ཆོས་ཐམས་ཅད་དོན་དམ་པར་བྲི་བསྣན་ (མདོ་)ནམ་བླང་ (འབུམ་)དོར་མེད་པར་ མཉམ་པ་ཉིད་དུ་རྟོགས་པས་མཚན་འཛིན་སྤོང་ངོ༌། །མཐར་ཐུག་གི་ (ཤཱནྟི་)ཐེག་པ་ཐེག་པ་ཆེན་ པོ་བའི་ཚུལ་ (མདོ་དང་མི་མཐུན་)གཅིག་ཏུ་རྟོགས་པས་རྒྱུར་འཛིན་སྤོང་ངོ༌། །(ཆོས་ཐམས་ཅད་དོན་དམ་ པར་དངོས་པོ་མེད་པའི་རང་བཞིན་དུ་ཚུལ་གཅིག་ཏུ་རྟོགས། ཞེས་འབུམ་ཊཱིཀ) མིང་གཟུགས་དོན་དམ་ (མདོ་)པར་ མི་སྐྱེ་བར་ཡོངས་སུ་ཤེས་པས་ཕུང་འཛིན་སྤོང་ངོ༌། །ཁམས་སོགས་དོན་དམ་པར་སྐྱེ་འགག་ (འབུམ་)སོགས་ཀྱིས་སྟོང་པའི་ཆོས་ཟབ་མོ་ལ་ངེས་པར་རྟོགས་པའི་བཟོད་པ་ཤེས་ཤིང་ཁོང་ དུ་ཆུད་པའི་ཡེ་ཤེས་ཀྱིས་ཁམས་འཛིན་ (མདོར་དེ་གཉིས་གོང་འོག་བཟློག་)སྤོང་ངོ༌། །ཤེས་བྱའི་ཆོས་ ཕྱི་ནང་གི་སྐྱེ་མཆེད་རྣམས་ཐམས་ཅད་ཐེག་པ་ཆེན་པོའི་ཐབས་གཟུང་ (འབུམ་ཊཱིཀ་)འཛིན་ནམ་ ཡོད་མེད་རྟག་ཆད་གཉིས་མེད་ (མདོ་)ཀྱི་སྒོ་ནས་རྣམ་པ་གཅིག་ཏུ་རབ་ཏུ་སྟོན་ཅིང་རྟོགས་པས་ སྐྱེ་མཆེད་དུ་འཛིན་པ་སྤོང་ངོ༌། །ཆོས་ཐམས་ཅད་ལ་མཚན་མར་འཛིན་པའི་རྣམ་པར་རྟོག་པ་ ཐམས་ཅད་ཀུན་ཏུ་འཇོམས་པའམ་གཅོད་པ་མཚན་མར་མི་འཛིན་ (འབུམ་ཊཱིཀ་)ཅིང་རྣམ་རྟོག་ (ཊཱིཀ་མདོ་)མེད་པའི་ཡེ་ཤེས་ཀྱིས་ཁམས་གསུམ་ལ་གནས་འཛིན་སྤོང་ངོ༌། །གཟུགས་སོགས་ ཀྱི་མཚན་མར་འཛིན་པའི་འདུ་ཤེས་སམ་རྟོག་པ་མེད་པ་དང་འཇིག་ལྟ་སོགས་ལྟ་བ་ལྔ་འདོར་ བ་དང༌། འདོད་ཆགས་ཞེ་སྡང་ལ་སོགས་པའི་ཉོན་མོངས་སྤོང་བའི་ཡེ་ཤེས་ཀྱིས་ཁམས་ གསུམ་ལ་ཆགས་འཛིན་སྤོང་ངོ༌། །གཞན་དོན་དུ་རྣམ་མཁྱེན་ལ་རྩེ་གཅིག་པའི་ཞི་གནས་ངེས་ པར་སེམས་ཤིང་བསྒོམས་པས་ཞུམ་འཛིན་སྤོང་ངོ༌། །དོན་དམ་པའི་སངས་རྒྱས་ཆོས་སྐུར་ 1-1-465 ཤེས་པའི་ཤེས་རབ་ལྷག་མཐོང་དང་སྟོང་ཉིད་ལ་སེམས་མི་སྐྲག་པ་ལ་སོགས་པའི་ཐབས་ལ་ མཁས་པར་བྱེད་པའི་ཡེ་ཤེས་ཀྱིས་སངས་རྒྱས་སུ་འཛིན་པ་སྤོང་ངོ༌། །ཁམས་གསུམ་ལ་ (མདོ་) དགའ་ཞིང་ཆགས་ (ཊཱིཀ་)པའི་སེམས་དུལ་བའམ་ཉེ་བར་ཞི་བ་འགོག་ལམ་ཤེས་པའི་ (མདོར་དུལ་ ཞི་སོ་སོར་བཤད་དོ་)ཡེ་ཤེས་ཀྱིས་ཆོས་སུ་འཛིན་པ་སྤོང་ངོ༌། །གཟུགས་སོགས་ཆོས་ཐམས་ཅད་ལ་ ཐོགས་པ་མེད་པའི་ཡེ་ཤེས་སངས་རྒྱས་ཀྱི་སྤྱན་ (མདོ་)ཐོབ་པས་དགེ་འདུན་དུ་འཛིན་པ་སྤོང༌། ཚུལ་ཁྲིམས་ལ་སོགས་པའི་ཆོས་ཐམས་ཅད་ཆགས་ཤིང་མངོན་པར་ཞེན་པའི་སའམ་གནས་ མིན་པར་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཀྱིས་ཚུལ་ཁྲིམས་སུ་ལྟ་བ་སྤོང་ངོ༌། །རང་གར་ ཏེ་ཇི་ལྟར་འདོད་པ་བཞིན་དུ་དུས་མཉམ་དུ་སྟེ་གཅིག་ཅར་སངས་རྒྱས་ཀྱི་ཞིང་གཞན་ཐམས་ ཅད་དུ་འགྲོ་ཞིང་ཕྱིན་ནས་སྟོང་ཉིད་ཟབ་མོའི་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཡེ་ཤེས་ཀྱིས་ རྩོད་འཛིན་སྤོང་ངོ༌། །གདུལ་བྱའི་བསམ་པ་དང་མཐུན་པར་སངས་རྒྱས་ཀྱི་ཞིང་ཐམས་ཅད་ དུ་བདག་གི་ངོ་བོ་སྟེ་ལུས་རབ་ཏུ་སྟོན་པར་བྱེད་པའི་དངོས་པོ་བདེན་མེད་དུ་རྟོགས་པའི་ཡེ་ ཤེས་ཀྱིས་འགལ་འཛིན་སྤོང་བ་ཞེས་བྱ་བ་ཡོངས་སུ་སྤྱོང་བ་ཉི་ཤུ་པོ་འདིས་ཀྱང་སྔ་མ་བཞིན་ དུ་ས་བདུན་པ་རྟོགས་པར་འགྱུར་བ་ཡིན་ནོ། །ཐམས་ཅད་ལ་ས་བདུན་པའི་ཡེ་ཤེས་ཞེས་ སྦྱར་རོ། །སྤང་གཉེན་དེ་ལྟར་འགྲེལ་ཆེན་ལས་སོ། །(མདོ་དང་བསྟན་བཅོས་མི་མཐུན་པ་རེ་རེ་ཙམ་སྣང་ ངོ༌། །) འོན་ཀྱང་སྤང་གཉེན་ཇི་བཞིན་མིན་ཞེས་བཅོམ་རལ་འཆད་དོ། །མདོ་ནི། ཆོས་ཉི་ཤུ་ རྫོགས་པར་བྱ་སྟེ་འདི་ལྟ་སྟེ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱ་བ་དང༌། ཞེས་སོགས་སོ། ། བརྒྱད་པ་ལ། ས་བརྒྱད་པའི་ལས་སམ་ཡོངས་སྦྱོང་ནི་རྣམ་པ་འདི་བརྒྱད་མདོ་ལས་ བཤད་དོ། །བརྒྱད་གང་ན། རྩ་འགྲེལ་ལྷན་ཅིག་བཤད་དེ། སེམས་ཅན་ཐམས་ཅད་ཀྱི་ཡིད་ དམ་སེམས་ཀྱི་སྤྱོད་པ་ཆགས་པ་ཡོད་མེད་སོགས་ཇི་ལྟ་བ་བཞིན། ཡེ་ཤེས་གཅིག་གིས་ (མདོ་ )ཤེས་པ་དང༌། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་རྫུ་འཕྲུལ་ལ་སོགས་པའི་ 1-1-466 མངོན་པར་ཤེས་པ་ཐམས་ཅད་ (མདོ་དོན་)ཀྱིས་རྣམ་པར་རྩེ་བ་སྟེ་རོལ་བ་དང༌། སངས་རྒྱས་ཀྱི་ ཞིང་རྟེན་ཏེ་སྣོད་ཀྱི་ཞིང་བཟང་བོ་གསེར་དང་དངུལ་ལ་སོགས་པའི་ངོ་བོ་ལ་བཻཌཱུརྱས་མིག་ མངས་རིས་སུ་བྲིས་པ་ལ་སོགས་པར་བསྒྱུར་བའམ་སྒྲུབ་པ་དང༌། (མདོ་དང་ཅུང་མ་མཐུན།) སངས་ རྒྱས་ཀྱི་སྐུ་ཡོངས་སུ་བརྟག་པ་ནི་སངས་རྒྱས་ཀྱི་ཆོས་སྐུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་ པར་བྱེད་པ་དང༌། སངས་རྒྱས་བསྟེན་པ་ནི་སངས་རྒྱས་བསྙེན་བཀུར་བ་ལ་མདོར་བཤད་དོ། ། འདིར་གཞན་དོན་དུ་རྣམ་པ་ཐམས་ཅད་དུ་ཆོས་ཡོངས་སུ་བརྟག་པ་སྟེ་ཆོས་ལོག་སུན་འབྱིན་ ཅིང་ (རལ་གྲི་)ཕྱིན་ཅི་ (རལ་གྲི་)མ་ལོག་པ་སྟོན་པ་ལ་སོགས་པའི་ཕྱིར་ཏེ་རྒྱུ་མཚན་གྱིས་སངས་ རྒྱས་མཉེས་པར་བྱེད་པ་སྟེ་སྒྲུབ་པའི་མཆོད་པ་ཡིན་པའི་ཕྱིར་རོ། །སེམས་ཅན་གྱི་དབང་བོ་ རབ་ (མདོ་)དང་ཐ་མ་ཤེས་ (ཆོས་ཟབ་མོའི་སྣོད་དུ་གྱུར་སོགས་ཞེས་འབུམ་ཊཱིཀ་)པའམ་འཆི་འཕོ་སྐྱེ་བ་ཤེས་ པའི་ལྷའི་མིག་བསྐྱེད་པ་དང༌། སངས་རྒྱས་ཀྱི་ཞིང་བརྟེན་པ་སེམས་ཅན་གྱི་སེམས་ཡོངས་ སུ་ (འབུམ་ཊཱིཀ་རད་ཀིར་)དག་པར་བྱེད་པ་ནི་བཅུད་ཡོངས་སུ་སྦྱོང་བའོ། །གནས་སྐབས་ཐམས་ ཅད་དུ་ཆོས་ཐམས་ཅད་བདེན་མེད་སྒྱུ་མ་ལྟ་བུར་རྟོགས་པའི་ཏིང་ངེ་འཛིན་ལ་གནས་པ་དང༌། སེམས་ཅན་ཐམས་ཅད་དེ་མང་བོའི་དགེ་རྩ་འགྲུབ་པའི་དོན་དུ་འགྱུར་བར་མཐོང་ནས་བློ་ སྔོན་དུ་བཏང་བའི་ལྷ་ (ཊཱིཀ་)མི་ལ་སོགས་པའི་སྐྱེ་བ་ཡོངས་སུ་འཛིན་པ་ཞེས་བྱ་བ་ཡོངས་སུ་ སྦྱོང་བའི་ཆོས་དེ་ལྟ་བུ་རྣམ་པ་བརྒྱད་ཀྱིས་ས་བརྒྱད་པ་རྫོགས་པར་ཉམས་སུ་མྱོང་བར་འགྱུར་ བ་ཡིན་ནོ། །མིང་ཅི་ཞེ་ན། འདུ་ཤེས་གཉིས་ཀྱིས་མི་གཡོའི་ཕྱིར། །མི་གཡོ་བ་ཞེས་ངེས་པར་ བརྗོད། །ཅེས་ཏེ། མཚན་མ་ (དབྱིག་)ལ་དང་མཚན་མེད་ལ་རྩོལ་བའི་འདུ་ཤེས་གཉིས་ཀྱིས་ མི་གཡོ་བའོ། །མཚན་ (དབྱིག་)མ་དང༌། མངོན་པར་འདུ་བྱེད་པས་མི་གཡོ་ཞེས་ཐེག་བསྡུས་ ཏེ། འདུ་བྱེད་ནི་རྩོལ་བའི་རྣམ་པར་རྟོག་པར་རིན་ཕྲེང་འགྲེལ་པར་རོ། །ཆོས་བཞི་བོ་འདི་ དག་རྫོགས་པར་བྱ་སྟེ། སེམས་ཅན་ཐམས་ཅད་ཀྱི་སེམས་ཁོང་དུ་ཆུད་པར་བྱ་བ་དང༌། ཞེས་ 1-1-467 སོགས་དང༌། གཞན་ཡང་ཆོས་བཞི་རྫོགས་པར་བྱ་སྟེ་དབང་བོ་རབ་དང་ (བར་མར་)ཐ་མ་ཤེས་ པ་དང༌། ཞེས་སོགས་ཏེ། བཞི་ཕྲག་གཉིས་སོ་སོར་བྱས་པ་ནི་གང་རུང་གིས་ས་དེ་ཡོངས་སུ་ སྦྱོང་བར་ཤེས་པའི་དོན་དུ་ཡིན་ནོ་ཞེས་ཨཱརྱའོ། ། དགུ་པ་ལ། རྩ་བ་ནི། ཕྱིན་དྲུག་རྫོགས་ (མདོ་)པས་བཟང་པོ་སྤྱོད་པ་ལ་སོགས་པའི་སྨོན་ ལམ་མཐའ་ཡས་པ་ཕུན་ཚོགས་ (ཇི་ལྟར་སྨོན་པ་བཞིན་འགྲུབ་པའོ་ཞེས་འབུམ་ཊཱིཀ་)དང་ཞེས་རེ་རེར་སྦྱར་ རོ། །ལྷ་དང་ཀླུ་ལ་སོགས་པའི་སེམས་ཅན་ཐམས་ཅད་ཀྱི་སྐད་ཤེས་པ་ངེས་ (མདོ་)ཚིག་སོ་སོ་ ཡང་དག་པར་རིག་པ་ (སྐྱོན་མེད་པ་)ཁོང་དུ་ཆུད་པས་ཚིག་ལ་དབང་ཐོབ་པ་དང༌། རིག་པ་དང་ (སྐྱོན་མེད་པ་)གྲོལ་བར་ (མ་ཐོགས་པའི་)སྨྲ་བའི་སྤོབས་པ་ཆུ་བོའི་རྒྱུན་ལྟ་བུར་མི་ཟད་པ་སྤོབས་པ་ སོ་སོ་ཡང་དག་པར་རིག་ (མདོ་)པ་ཁོང་དུ་ཆུད་པས་དོན་ལ་དབང་ཐོབ་པ་དང༌། (དེ་གཉིས་ཆོས་སྟོན་ པ་ཕུན་སུམ་ཚོགས་པའི་རྒྱུའོ། །) ཚེ་རབས་ཐམས་ཅད་དུ་རྫུས་ཏེ་སྐྱེ་བས་མངལ་དུ་འཇུག་པ་མཆོག་ དང་ནི། དམ་ཆོས་སྤྱོད་ (འབུམ་ཊཱིཀ་)ནུས་པའི་བྱང་སེའི་ (མདོ་)རིགས་ཆེན་པོར་སྐྱེ་བ་དང༌། རིགས་ གང་ (མདོ་)གི་ནང་དུ་སྔོན་ (མདོ་)བྱང་སེམས་བྱུང་བའི་རུས་དང༌། རྒྱལ་རིགས་བྲམ་ཟེའི་རིགས་ ཆེ་ཞིང་མཐོ་བར་སྐྱེ་བ་བརྒྱུད་དམ་ཆོ་འབྲང་དང་ཞེས་མདོ་སྟེ། ཡང་ན་དེ་གཉིས་གོ་བཟློག་གོ ། རང་གིས་བྱང་ཆུབ་ལ་བཀོད་པའི་ (མདོ་)བྱང་སེའི་ (མདོ་)འཁོར་དང་ལྡན་པ་དང༌། སྐྱེས་མ་ཐག་ ཏུ་འཇིག་རྟེན་གྱི་ཁམས་སྣང་བས་རྒྱས་པར་བཀང་སྟེ་ (འཇིག་རྟེན་གྱི་ཁམས་དེ་དག་ཅེས་འབུམ་ཊཱིཀ་)རྣམ་ པ་དྲུག་ཏུ་གཡོ་བར་བྱེད་ (མདོ་)པར་སྐྱེ་བ་དག་དང༌། སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་ མ་དང་ལྷན་ཅིག་ཏུ་ངེས་འབྱུང་སྟེ་རབ་ཏུ་འབྱུང་ (འབུམ་ཊཱིཀ་)བ་དང༌། རྩ་བ་གསེར་ལྷུན་བཻཌཱུ་རྱ་ ཡལ་ག་རིན་ཆེན་བདུན། མེ་ཏོག་དང་ལོ་མ་རིན་ཆེན་ཐམས་ཅད་ལས་གྲུབ་པ། ཤིང་དེའི་དྲི་ བཟང་པོ་དང་ལོ་མས་འཇིག་རྟེན་མཐའ་ཡས་རྒྱས་པར་འགེངས་པའི་ (མདོ་)བྱང་ཆུབ་ཀྱི་ཤིང་ རྣམས་དང༌། སེམས་ཅན་སྨིན་ཞིང་དག་ (མདོ་)པར་བྱེད་པའི་ཡོན་ཏན་ཕུན་སུམ་ཚོགས་པ་ 1-1-468 ཐམས་ཅད་དང་ (ཊཱིཀ་)ལྡན་ (ཊཱིཀ་)པའོ། །ཆོས་བཅུ་གཉིས་རྫོགས་པར་བྱ་སྟེ་སྨོན་ལམ་མཐའ་ ཡས་པ་ཡོངས་སུ་གཟུང་བ་དང༌། ཞེས་སོགས་སོ། །འགྲེལ་པ་ལ། ས་དགུ་པ་རྫོགས་པར་ མངོན་དུ་བྱེད་པ་ཡིན་ནོ། །དེའི་མིང་ཅི་ན། སོ་སོ་ཡང་དག་རིག་བློ་བཟང༌། །(འདི་གཙོ་བོ་སྨོས་ཞེས་ དབྱིག་གཉེན།)ས་དེ་ལེགས་པའི་བློ་གྲོས་ཡིན། །(རིན་ཆེན་ཕྲེང་བ་དང་ཐེག་བསྡུས་ཡང་ངོ༌། །)ཞེས་ཏེ། དེ་ ཐོབ་པས་ཆོས་སྟོན་པ་ལ་མཁས་པས་ལེགས་པའི་བློ་གྲོས་སོ། །གང་གིས་ན། སྨོན་ལམ་ཞེས་ སོགས་གསུམ་སྔར་ལྟར་དང༌། འཇིག་རྟེན་པའི་སྐྱེ་བོ་ཐམས་ཅད་ཀྱིས་བསྔགས་པ་བུད་མེད་ ཀྱི་སྐྱོན་སོ་གཉིས་སམ་དྲུག་ཅུ་གཉིས་སོགས་དང་བྲལ་བའི་མངལ་དུ་འཇུག་པ་དང༌། རྒྱལ་ བོའི་རིགས་སུ་འཁྲུང་བ་ཐུབ་པ་ལྟ་བུ་དང་སོགས་པ་བྲམ་ཟེའི་རིགས་སུ་གནས་པ་སྟེ་འཁྲུང་ བ་བྱམས་པ་ལྟ་བུ་དང༌། ཉི་མ་དང་སོགས་པ་བུ་རམ་ཤིང་ལ་སོགས་པ་ལས་སྐྱེས་པ་ཉི་མའི་ གཉེན་ནམ་བུ་རམ་ཤིང་བའི་བརྒྱུད་ཅེས་པ་ལྟ་བུ་སྟེ་མའི་མངལ་དུ་མ་བཙས་པས་དང་པོའི་ རིགས་བཙུན་པར་གྲགས་པའོ། །(ཆོས་བཤེས་དངོས།)མངོན་པར་འབྱུང་བའི་མདོར་འཕགས་པ་ མོའུ་དགལ་གྱི་བུས་ཤཱཀྱ་རྣམས་ལ་བཤད་པ་ལྟར་རོ། །(ཆོས་བཤེས།) ཁ་ཅིག ཉི་མ་དང་གསེར་ དང་ནོར་བུ་ལ་སོགས་པའི་སྐུ་མདོག་ཅན་དུ་སྐྱེས་པ་ཞེས་འདོན་ནོ། །(དེ་ལྟར་བྱས་ན་མདོ་ཁ་ཅིག་ཏུ། ཁྱོད་སྐུ་གསེར་མདོག་འོད་གསལ་བའི། །ཚད་ནི་དམིགས་སུ་མ་མཆིས་སྟེ། །སྣང་གཅིག་མདོག་གཅིག་བཙོད་ཁ་དང༌། །མྱུར་ བར་ཤེལ་འོད་འདྲ་བར་གདའ། །ཞེས་པའང་ལེགས་པར་བཤད་པར་འགྱུར་རོ། །ཞེས་སོ། །) ཆོས་བཤེས་སོ། །མ་དང་ སོགས་པ་ཕ་དང་ལེགས་པར་འབྲེལ་བའི་གཉེན་བདུན་བརྒྱུད་ཚུན་དུ་འཇིག་རྟེན་གྱི་ཉེས་ པས་མ་གོས་པའི་ཆོ་འབྲང་དང༌། རང་དབང་བའི་འཁོར་འདུན་པ་ལྟ་བུ་དང༌། བཙས་པའི་ཚེ་ བརྒྱ་བྱིན་དང་ཚངས་པ་ལ་སོགས་པས་མངོན་པར་བསྟོད་ཅིང་བཀུར་བར་སྐྱེ་བ་དང༌། སངས་ རྒྱས་དང་བྱང་ཆུབ་སེམས་དཔའ་འམ་གཙང་མའི་ལྷ་ལ་སོགས་པས་ཁྱིམ་ནས་འབྱུང་བར་ བསྐུལ་ཏེ་ཁྱིམ་ནས་ངེས་པར་འབྱུང་བ་སྟེ། རྒྱ་རོལ་ཏུ། སྲིད་གསུམ་མི་རྟག་སྟོན་ཁའི་སྤྲིན་ 1-1-469 དང་འདྲ། །ཞེས་སོགས་ཀྱིས་ཐུབ་པ་འདི་བསྐུལ་བ་དང་མར་མེ་མཛད་གནས་གཙང་གི་ལྷས་ བསྐུལ་བ་ནི། བཙུན་མོའི་འཁོར་གྱི་ནང་འདིར་ནི། །ཡོན་ཏན་འབྱུང་གནས་གྱུར་བ་མེད། ། དྲང་སྲོང་རྒྱལ་མཚན་གནས་ནས་ནི། །བྱང་ཆུབ་དམ་པ་རྟོགས་པར་འགྱུར། །ལང་ཚོ་མྱུར་དུ་ འགྲོ་བ་ནི། །རླུང་གི་ཤུགས་པས་ལྷག་པར་མགྱོགས། །ཞེས་བྱང་སེའི་སྡེ་སྣོད་ལས་གསུངས་ པ་ལྟར་རོ། །འཚང་རྒྱ་བའི་རྟེན་ཡིད་བཞིན་གྱི་ནོར་བུ་དང་འདྲ་བར་དགོས་འདོད་འབྱུང་བའི་ བྱང་ཆུབ་ཀྱི་ཤིང་སྟོན་པ་འདིའི་ཨ་ཤྭད་ཐ་དང་སོགས་པ་བྱམས་པའི་ཀླུ་ཤིང༌། འཁོར་བ་ འཇིག་གི་པ་ལཀྵ། གསེར་ཐུབ་ཀྱི་ཨུ་དམ་ཝ་ར། འོད་སྲུངས་ཀྱི་ནྱ་གྲོ་དྷ་ལ་སོགས་པ་དང༌། སངས་རྒྱས་ཀྱི་ཆོས་ཀྱི་ངོ་བོར་གྱུར་བའི་ཡོན་ཏན་སྟོབས་སོགས་ (བུདྡྷ་ཤྲཱི་)ཐམས་ཅད་ཡོངས་སུ་ རྫོགས་པར་བྱེད་པ་ཞེས་བྱ་བ་དེ་ལྟ་བུའི་ཕུན་སུམ་ཚོགས་པའི་མཚན་ཉིད་ཡོངས་སུ་སྦྱོང་བ་ རྣམ་པ་བཅུ་གཉིས་པོས་སོ། །ཇི་ལྟ་བུས་ན། སྔ་མ་བཞིན་དུ་མི་དམིགས་པས་ཟིན་པའི་ཡོངས་ སུ་སྦྱོང་བ་བྱས་པའི་ཁྱད་པར་དག་གིས་སོ། ། གཉིས་པ་ལ། གསུམ་ལས། སྔ་འགྲེལ་ནི། རྒྱུའི་ས་དགུ་བོ་རྣམས་ཀྱི་ཡོངས་སུ་སྦྱོང་བ་ ཐབས་ཤེས་ཟུང་འབྲེལ་དེ་ལྟར་ངེས་པ་སྟེ་སོ་སོར་བསྟན་ནས་འབྲས་བུ་ས་བཅུ་པའི་མཚན་ ཉིད་འཆད་དོ། །གང་གི་སྒོ་ནས་ན་ས་འོག་མ་ཐམས་ཅད་ཀྱི་སྤངས་རྟོགས་ཡོན་ཏན་ཡར་ལྡན་ དུ་བསྡུ་བའི་སྒོ་ནས་སོ། །ཇི་ལྟར་ན། དགུའི་ཡོངས་སྦྱོང་ལས་མ་གཏོགས་པར་དེའི་ཡོངས་ སྦྱོང་དངོས་སུ་མ་བཤད་པར་རོ། །དེའི་རྒྱུ་མཚན་ནི། ས་དགུའི་འབྲས་བུའི་ས་ཉིད་དུ་གྱུར་ བའི་ཕྱིར་གྱིས་སོ། །རྒྱུའི་ས་ཡོངས་སུ་སྦྱོང་བ་རྣམས་ཀྱི་ཁྱད་པར་ཕུལ་དུ་གྱུར་བ་ཉིད་ཀྱིས་ འབྲས་བུའི་ས་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་དགོངས་ཏེ་འདིར་ཡོངས་སུ་སྦྱོང་བ་བཅུ་ པ་གཞན་ནི་མ་གསུངས་སོ་ཞེས་བུདྡྷ་ཤྲཱིའོ། །དེས་ན་དགུ་པའི་ཡོངས་སྦྱོང་བཅུ་གཉིས་པོ་ རྫོགས་པར་སྦྱངས་པ་ཉིད་བཅུ་པའི་ཡོངས་སྦྱོང་ཡིན་ནོ། ། 1-1-470 རྩ་བ་ནི། རྫོགས་པའི་སངས་རྒྱས་ལ་བཞུགས་པའི་ས་སློབ་ལམ་ཐ་མར་གནས་པའི་ས་ དེ་ནི་ཆོས་ཅན། བྱང་སེའི་ས་བཅུ་པ་ཡིན་པར་ཤེས་པར་བྱའོ། །རིགས་ལ་ (སྙིང་མཆོག་དག་ལྡན་) སོགས་པའི་ས་དགུ་ལས་འདས་ཤིང་ཡོན་ཏན་ཡར་ལྡན་དུ་ཐོབ་ནས་སློབ་པའི་ཡེ་ཤེས་གང་ གིས་གནས་པའི་ས་ཡིན་པས་སོ། །དཀར་བོ་རྣམ་པར་མཐོང་བའི་ས་ལས་འདའ་རིགས་ཀྱི་ ས་དང་ཞེས་སོགས་སོ། །འགྲེལ་པ་ལ། ཤེས་པར་བྱ་བ་ཡིན་ནོ་ཞེས་དྲང་ངོ༌། །གང་ན། སངས་ རྒྱས་ཀྱིས་སར་ཞུགས་པ་ལ་གནས་པ་དེ་ནིའོ། །གང་དུ་ན། བྱང་སེའི་ས་བཅུ་པ་ཡིན་པར་ རོ། །མིང་ཅི་ན། སྤྲིན་བཞིན་གཉིས་ཀྱིས་ནམ་མཁའི་ཆོས། །ཁྱབ་པའི་ཕྱིར་ན་ཆོས་ཀྱི་སྤྲིན། ། ཞེས་ཏེ། (སྤྲིན་གྱིས་ནམ་མཁའ་ཁྱབ་པ་བཞིན་དུ་)ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་གཉིས་ཀྱི་སྤྲིན་གྱིས་ སངས་རྒྱས་རྣམས་ལས་ཐོས་པའི་ཆོས་རྟེན་ལ་ཡོད་པ་ནམ་མཁའ་ལྟ་བུ་ལ་ཁྱབ་པས་ཆོས་ སྤྲིན་ནོ། །(དབྱིག་གཉེན་སོགས།) རིན་ཆེན་ཕྲེང་བར། བཅུ་པ་ (རྒྱལ་ཚབ་ཏུ་དབང་བསྐུར་བའི་ཕྱིར་)ཆོས་ ཀྱི་སྤྲིན་ (ཞེས་དག་ཟླ་ཟེར་རོ། །)ཡིན་ཏེ། །དམ་པའི་ཆོས་ཀྱི་ཆར་འབེབས་ཕྱིར། །ཞེས་སོ། །འོ་ན་ སངས་རྒྱས་ཀྱི་སར་འགལ་ལོ་ཞེ་ན། ས་བཅུ་པ་ལ་ནི་དེ་པའི་མཛད་པས་ (གོང་དུ་ཨཱརྱ་འདིར་བཙུན་ པས་སོ། །)ཉེ་བར་གནས་པས་སངས་རྒྱས་ (འབུམ་ཊཱིཀ་ཏུ་ཕྱིན་དྲུག་རྫོགས་སྟོབས་བཅུ་མ་འདྲེས་སོགས་བཅྭོ་བརྒྱད་ སོགས་དང་ལྡན་པས་དེར་བརྗོད་ཅེས་སོ། །)སུ་བརྗོད་པར་བྱ་བ་ཁོ་ནར་བལྟའི་དེ་ (གོང་དུ་ཨཱརྱ་འདིར་བཙུན་གྲོལ་ ལོ། །)པའི་རྟོགས་པ་རྫོགས་པར་མ་ཐོབ་པས་ཡང་དག་པར་རྫོགས་པའི་སངས་རྒྱས་དངོས་ནི་ མ་ཡིན་ཞེས་སྡེ་པ་ (ཨཱརྱ་)གཞན་ལས་འབྱུང་བའི་ཕྱིར་སངས་རྒྱས་ཀྱི་ས་ཞེས་བཞག་གོ །བཅུ་ པ་ཡིན་པའི་རྒྱུ་མཚན་ནི། ས་དགུ་ (འབུམ་ཊཱིཀ་ཏུ། དེ་ལྟར་ཉན་ཐོས་ཀྱི་ས་རྣམས་དང་བྱང་པའི་ས་དང་པོ་ལ་སོགས་ པ་ས་དགུ་ལས་འདས་ཞེས་ས་དགུ་ནི་བྱང་སེམས་ཀྱི་དགུ་བོ་ལ་འཆད་པར་གསལ་ལོ། །)འདས་ནས་ད་དུང་བྱང་ཆེན་ མ་ཐོབ་ཀྱང་སྨོན་ལམ་གྱི་མཐུས་དགའ་ལྡན་ན་གནས་པ་ལ་སོགས་པ་མཛད་པ་བཅུ་གཉིས་ ཀྱིས་འཚང་རྒྱ་བའི་སྦྱོར་བ་ཤེས་པ་གང་གིས་གནས་པའི་ཕྱིར་རོ། །ཆོས་བཤེས་སོ། །ས་དགུ་ 1-1-471 གང་ན། འདིར་མདོར་དཀར་པོ་རྣམ་པར་མཐོང་བའི་ས་བཤད། བྱས་པ་རྟོགས་པ་མི་སྣང་ བར་ཉན་ཐོས་ཀྱི་ས་དང་ཞེས་སོ། །གཞན་འདྲའོ། །དཀར་ས་ནི་མོས་སྤྱོད་ཀྱི་ས། རིགས་ ས་ནི་བཟོད་པ་ཆེན་པོའི་ས་ཞེས་བྱའོ་ཞེས་ཆེ་བར་རོ། །འབུམ་ཊཱིཀ དྲོད་རྩེ་ཐོབ་པ་ན་རྣམ་ བྱང་གི་ཆོས་དཀར་པོ་མཐོང་བས་དཀར་ས། རིགས་ས་ནི་བཟོད་མཆོག་ཐོབ་ཚེ་བདག་མེད་ རྟོགས་པས་བྱང་ཆུབ་གསུམ་གྱི་རིགས་དང་ལྡན་པའོ། །ཞེས་དང༌། ཐུབ་དགོངས་སུ། དཀར་ པོ་མཐོང་བའི་ས་ལྷག་མཐོང་འབའ་ཞིག་གི་གནས་སྐབས་ངེས་འབྱེད་ཆ་མཐུན་ལ་དང༌། རིགས་ས་ཆོས་མཆོག་གི་གནས་སྐབས་སོ། །ཞེས་སོ། །དེས་ན་ཉན་ཐོས་ཀྱི་དཀར་ས་ནས་ བྱས་རྟོགས་པར་བདུན་པོ་དེ་ཉན་ཐོས་ཀྱི་ས་དང་ཞེས་སྦྱོར་བ་མདོའི་དོན་དངོས་ཡིན་ནའང་ འགྲེལ་བྱེད་དག་འཁྲུལ་བར་ཟད་དོ། །འདིར་དོན་མིང་གོ་རིམ་བཞིན་དུ་སྦྱར་ན། ཁ་ཆེ་བའི་ ལུགས་ཀྱིས་ཉན་ཐོས་ཀྱི་བཟོད་ཆེན་ནས་ཆོས་མཆོག་གི་བར་ཐོབ་པ་ཕལ་ཆེར་ཉན་ཐོས་སུ་ རིགས་ངེས་པས་རིགས་ས་སྟེ་སོགས་པར་རང་རྒྱལ་ལམ་ཁ་ཅིག་ཐེག་ཆེན་གྱི་ཡང་སྡུད་དེ། དཀར་ས་དང་རིགས་ས་ཡིན་པ་ལ་དམན་ས་ཡིན་པས་ཁྱབ་པ་གཏན་མེད་དོ། །ཆོས་མཆོག་ ལ་གནས་པའི་ཉན་ཐོས་དབང་རྣོན་ལྷ་སྦྱིན་ཆོས་ཅན། རིགས་ཀྱི་ས་བ་ཡིན་ཏེ། དེ་འདྲའི་ དབང་རྣོན་ཡིན་པས་སོ། །ཉན་ཐོས་དབང་རྣོན་ལྷ་སྦྱིན་གྱི་ཆོས་མཆོག་ཆོས་ཅན། རིགས་ ས་ཡིན་ཏེ། ཞེས་སོགས་དགོད་དོ། །རིམ་གྱིས་པའི་ཉན་ཐོས་དབང་རྟུལ་གྱི་འབྲས་བུ་དང་ པོ་རྒྱུན་ཞུགས་ལ་ཞུགས་པའི་རྟོགས་པ་ཆོས་ཅན། བརྒྱད་པའི་ས་ཡིན་ཏེ། རིམ་གྱིས་པའི་ ཉན་ཐོས་ཀྱི་རྒྱུན་ཞུགས་ཞུགས་པའི་རྟོགས་པ་ཡིན་པས་སོ། །(ཁྱབ་པ་ཡོད་དེ་དགྲ་བཅོམ་ནས་བགྲངས་ ན་བརྒྱད་པར་འགྱུར་བས་སོ། །ཞེས་གནོད་འཇོམས་སོ། །) བྱེ་བྲག་སྨྲ་བ་སྐད་ཅིག་བཅོ་ལྔ་དང༌། མངོན་པ་ གོང་མར་སྦྱོར་ལམ་སྟན་གཅིག་པ་ནས་གཟུང་ངོ༌། །ཉན་ཐོས་དབང་རྟུལ་གྱི་རྒྱུན་དུ་ཞུགས་ པ་འབྲས་གནས་ཙམ་པོའི་རྟོགས་པ་ཆོས་ཅན། མཐོང་བའི་ས་ (སྐྱེ་བ་བདུན་ལུས་པའི་རྒྱུན་དུ་ཞུགས་ 1-1-472 པ་ཞེས་ཐུབ་དགོངས་)ཡིན་ཏེ། རྒྱུན་ཞུགས་འབྲས་གནས་ཙམ་པོའི་རྟོགས་པ་ཡིན་པས་སོ། །དེ་ འདྲའི་ལན་གཅིག་ཕྱིར་འོང་འབྲས་གནས་ཙམ་པོའི་རྟོགས་པ་ཆོས་ཅན། བསྲབས་པའི་ས་ ཡིན་ཏེ། ཕྱིར་འོང་འབྲས་གནས་ཙམ་པོའི་རྟོགས་པ་ཡིན་པས་སོ། །(ཁྱབ་པ་ཡོད་དེ་འདོད་པའི་ཉོན་ མོངས་དྲུག་པ་མན་བསྲབས་པས་སོ། །) དེའི་ཕྱིར་མི་འོང་འབྲས་གནས་ཙམ་པོའི་རྟོགས་པ་ཆོས་ཅན། འདོད་ཆགས་དང་བྲལ་བའི་ས་ཡིན་ཏེ། ཕྱིར་མི་འོང་འབྲས་ཙམ་པོའི་རྟོགས་པ་ཡིན་པས་སོ། ། (ཁྱབ་པ་ཡོད་དེ་འདོད་པའི་འདོད་ཆགས་དང་གནོད་སེམས་དང་བྲལ་བས་སོ། །ཞེས་གནོད་འཇོམས་གཉིས་སོ། །) དེའི་ དགྲ་བཅོམ་པ་ཉིད་ཀྱི་རྟོགས་པ་ཆོས་ཅན། བྱས་པ་རྟོགས་པའི་ས་ཡིན་ཏེ། ཉན་ཐོས་དགྲ་ བཅོམ་གྱི་རྟོགས་པ་ཡིན་པས་སོ། །(བྱ་བ་བྱས་སོ་ཞེས་ཤེས་པའི་ཕྱིར། ཞེས་ཐུབ་དགོངས་སོ། །) དེའི་ཞུགས་ པ་ལྷག་མ་ཕྱིར་འོང་མི་འོང་དགྲ་བཅོམ་ཞུགས་པ་གསུམ་གྱི་རྟོགས་པ་ཆོས་ཅན། (ཐུབ་དགོངས་ སུ་ཡང་ངོ༌། །) ཉན་ཐོས་ཀྱི་ས་ཡིན་ཏེ། ཉན་ཐོས་ཀྱི་ཞུགས་པ་ལྷག་མ་གསུམ་གང་རུང་གི་རྟོགས་ པ་ཡིན་པས་སོ། །དེ་ཡང་བཅུ་པའི་འདའ་བྱའི་ས་དགུའི་སྐབས་འདིར་དགུའི་ཡ་གྱལ་གཅིག་ ཏུ་བགྲངས་པའི་ཉན་ཐོས་ཀྱི་ས་ཞེས་པ་ཞུགས་པ་ལྷག་མ་གསུམ་གྱི་ས་ཡིན་པའི་རྒྱུ་མཚན་ ནི། ས་བཅུ་པར་ཚུལ་ཏེ་ཐེག་པ་གསུམ་གྱི་སློབ་པའི་ཡོན་ཏན་ཐམས་ཅད་བསྡུ་བར་རྣམ་པར་ བཞག་པར་དགོངས་ཤིང་གཞན་རྣམས་དངོས་སུ་བརྗོད་ལ་འདི་ལ་ཁྱད་པར་གྱི་ཚིག་ (འགྲེལ་ ཆེན་དངོས་)མེད་པས་སོ། །ཞེས་པའོ། །རང་སངས་རྒྱས་བསེ་ (ཨཱརྱ་)རུ་ལྟ་བུ་དང་ཚོགས་དང་ (ཨཱརྱ་) སྤྱོད་པའི་ས་རྣམས་རང་སངས་རྒྱས་ཀྱི་ས་རྣམས་དང༌། ཇི་སྐད་བཤད་ཟིན་པའི་ས་རྣམ་པ་ དགུ་བོ་གཅིག་ཁོ་ནར་བགྲང་སྟེ་དེ་ལྟར་བྱས་པས་དགུའོ། ། གསུམ་པ་ལ། གསུམ་ལས། སྔ་འགྲེལ་ནི། གཉེན་པོའི་ཚོགས་ལམ་གཉིས་ལས་ལོགས་ (ཆོས་བཤེས་)པར་མི་བཙལ་ལོ་ (ཆོས་བཤེས་)ཞེས་བསྟན་པའི་ཕྱིར་བར་སྐབས་ཀྱི་ཚིགས་སུ་བཅད་ པ་གཅིག་གསུངས་པ། རྩ་བ་ནི། བྱང་སེའི་མཐོང་དང་གོམས་སམ་སྒོམ་པའི་ལམ་ཟག་མེད་ 1-1-473 མཉམ་གཞག་དག་ཆོས་ཅན། ཁྱོད་ལ་སྤང་བྱའི་གཉེན་པོ་རྣམ་པ་བརྒྱད་ཅེས་བྱ་བར་ཡོད་དེ། གཟུང་རྟོག་བཞི་དང་འཛིན་པའི་རྣམ་རྟོག་བཞི་རྣམས་ཏེ་བརྒྱད་ཉེ་བར་ཞི་བར་བྱ་བའི་ཕྱིར་དུ་ འཇུག་པའི་ཕྱིར་རོ། །འགྲེལ་པ་ནི། ལམ་གཉིས་ལས་ལོགས་ན་འདིར་བཤད་གཉེན་ཚོགས་ མེད་པས་མཐོང་སྒོམ་གྱི་ལམ་གཉིས་པོ་ཁོ་ནའི་གནས་སྐབས། དེ་ཡང་ཀུན་རྫོབ་བརྐྱང་བ་ ལ་དམིགས་པའི་རྗེས་ཐོབ་ཀྱིས་འདིར་བཤད་རྟོགས་པ་སྤོང་མི་ནུས་པས་མཐོང་ལམ་མཉམ་ གཞག་དང་སྒོམ་ལམ་ཟག་མེད་སྒྲུབ་པ་སྒོམ་ལམ་ཁོ་ན་འདིར་གཉེན་ཚོགས་སུ་བཞག་པའི་ ཕྱིར་དེའི་ཁྱད་པར་ཞེས་སྨོས་སོ་ཞེས་ཆོས་བཤེས་སོ། །(ཐུབ་དགོངས་སུ་ཡང་ངོ༌། །) དེས་ན་དེ་དབྱེ་ གཞིའོ། །དབྱེ་ངོ༌། །གཉེན་པོ་རྣམ་པ་བརྒྱད་དོ། །གྲངས་ངེས། གཟུང་བའི་རྣམ་པར་རྟོག་པ་ ཀུན་ནས་ཉོན་མོངས་པའི་དངོས་པོ་ཙམ་གྱི་ཡུལ་ཅན་དང༌། གཉེན་པོའི་རྟེན་ཅན་ཏེ་གཟུང་ རྟོག་གཉིས་དང༌། འཛིན་པའི་རྣམ་པར་རྟོག་པ་གང་ཟག་རྫས་སུ་ཡོད་པའི་ཡུལ་ཅན་དང༌། སྐྱེས་བུ་བཏགས་པར་ཡོད་པའི་རྟེན་ཅན་གཉིས་མཐོང་སྒོམ་གྱི་ལམ་ལ་སོ་སོར་བཞི་བཞི་ སྤོང་བས་གཟུང་བ་དང་འཛིན་པར་རྣམ་པར་རྟོག་པ་བརྒྱད་ཉེ་བར་ཞི་བར་བྱ་བའི་ཕྱིར་དུ་ བདེན་པ་གཉིས་ཀའི་རྣམ་པ་ལ་བརྟེན་པ་སྟེ། (སྒྱུ་མ་ལྟ་བུ་དང་སྣང་མེད་དུའོ་ཞེས་རལ་གྲིས་སོ། །) སྣང་བ་ མ་བཀག་སྟོང་པ་མ་དོར་བའི་རྣམ་པར་བྱས་ནས་མངོན་དུ་བྱ་བ་སྟེ་བྱེད་པའི་ཡེ་ཤེས་ཀྱི་མི་ མཐུན་ཕྱོགས་བརྒྱད་ཡོད་པའི་རབ་ཏུ་དབྱེ་བ་བྱས་པས་བརྒྱད་དུ་ངེས་སོ། །ཁ་ཅིག་འདིར་ ནོར་རོ། །(རྟོག་པ་དང་པོ།)མདོ་ནི། གང་མཚན་ཉིད་མེད་པའི་ཆོས་རྣམས་འབྱུང་བར་འདོད་པ་ དེ་ནི་ (བཞི་ག་ལ་སྦྱར་)ཆོས་ཀྱི་དབྱིངས་འབྱུང་བར་འདོད་ཏུ་ཟད་དོ། །དེ་བཞིན་ཉིད་སོགས་མང་ ངོ༌། །(གཉིས་པ།) སྦྱིན་པའི་ཕར་ཕྱིན་འབྱུང་བར་འདོད་དུ་ཟད་དོ། །ཚུལ་ཁྲིམས་སོགས་མང་ ངོ༌། །(གསུམ་པ།) དགྲ་བཅོམ་པ་འབྱུང་བར་འདོད་དུ་ཟད་དོ། །རང་སངས་རྒྱས་སོགས་མང་ ངོ༌། །(བཞི་པ།) མིང་ (གཟུགས་ཚོར་སོགས་)འབྱུང་བར་འདོད་དུ་ཟད་དོ། །(གཟུགས་སུ་རུང་བས་གཟུགས་ཞེས་ 1-1-474 སོགས་)མཚན་མ་ (ཁམས་དང་འགྲོ་བ་དང་སྐྱེས་གནས་སོགས་)བརྡ་ (དེ་གསུམ་ཆར་)ཐ་སྙད་ (དང་)གདགས་པ་ (ཙམ་སྟེ་དོན་དམ་པར་སྟོང་པས་སོ་ཞེས་ཨཱརྱའོ། །)རྣམས་སོ། །མཐོང་སྤང་བཞིའོ། །སྒོམ་སྤང་བཞི་ནི། (དང་ པོ།)ཐེག་པ་དེ་གང་དུ་ཡང་གནས་པར་འགྱུར་བ་མེད་དེ། ཞེས་སོགས་རྒྱ་ཆེར་དང༌། (གཉིས་པ།) ཐེག་པ་དེས་སུ་ཡང་ངེས་པར་འབྱུང་བ་མེད་དོ། །ཞེས་སོགས་རྒྱ་ཆེར་དང༌། (གསུམ་པ།)ཤིན་ཏུ་ རྣམ་པར་དག་པའི་ཕྱིར་རྒྱུན་དུ་ཞུགས་པ་མི་དམིགས་པས་རྒྱུན་དུ་ཞུགས་པ་དམིགས་སུ་མེད་ དོ། །ཞེས་སོགས་རྒྱ་ཆེར་དང༌། (བཞི་པ།) རྒྱུན་དུ་ཞུགས་པའི་འབྲས་བུ་མི་དམིགས་པས་རྒྱུན་ དུ་ཞུགས་པའི་འབྲས་བུ་དམིགས་སུ་མེད་དོ། །ཞེས་ས་བཅུ་སོགས་རྒྱ་ཆེར་རོ། །(ཐུབ་དགོངས་ སུ། གཉེན་པོའི་ཚོགས་ཀྱིས་སྒྲུབ་པའི་སྐབས་སུ་ནི། དང་པོའི་གཟུང་བྱའི་དངོས་པོ་ནི། དེ་བཞིན་ཉིད་ལ་སོགས་པ་རྣམས་དང་ གཟུགས་ལ་སོགས་པ་རྣམས་དང༌། རྨི་ལམ་ལ་སོགས་པ་རྣམས་སོ། །གཉིས་པའི་གཟུང་བྱའི་དངོས་པོ་ནི། སྤྱིན་པ་ལ་སོགས་པ་ སངས་རྒྱས་ཀྱི་ཆོས་ཀྱི་མཐར་ཐུག་པ་རྣམས་སོ། །འཛིན་པ་ཡང་སྟེ་ཡུལ་དང་པོ་ནི། གང་ཟག་རྫས་སུ་ཡོད་པ་རྒྱུན་དུ་ཞུགས་པའོ། ། གཉིས་པ་ནི་རྒྱུན་དུ་ཞུགས་པ་ལ་སོགས་པ་ས་བཅུ་དཀར་པོ་རྣམ་པར་མཐོང་བ་སོགས་གང་ཟག་བཏགས་པར་ཡོད་པའོ། །ཞེས་ ཏེ་དག་ལྡན་གྱི་ཡང་དོན་དེ་ཉིད་དོ། །) དག་ཟླ་སྙིང་མཆོག་རད་ཀིར་བཞིར་དངོས་པོ་ཙམ་ལ་བརྟེན་པ་ གཉེན་པོ་ལ་བརྟེན་པ་གང་ཟག་རྫས་ལ་བརྟེན་པ། གང་ཟག་བཏགས་པ་ལ་བརྟེན་པ་བཞི་ བཞིར་འདྲ་བར་བཤད་དོ། །ཨཱརྱ་དང་པོ་བཞི་དེ་དང་འདྲ། སྒོམ་སྤང་ལ་དངོས་པོ་ཙམ་གྱི་རྣམ་ པ་ལ་བརྟེན་གཉེན་པོའི་རྣམ་པ་ལ་བརྟེན་ (དེ་གཉིས་འདྲ་ཞིང་གང་ཟག་རྫས་འཛིན་སྐྱེས་བུ་བཏགས་འཛིན། ཞེས་ འགྲེལ་ཆེན་ནོ། །)འཕགས་པའི་གང་ཟག་ཐམས་ཅད་དུ་བཏགས་པ་ལ་བརྟེན། བཏགས་པ་དེའི་ རྒྱུ་མཚན་ལ་བརྟེན་པ་ཞེས་སོ། ། བཞི་པ་ལ། གསུམ་ལས་སྔ་འགྲེལ་ནི། ཚུལ་དེ་ལྟར་ཚོགས་གཉིས་ཀྱི་དཔུང་བསགས་ པ་ནི་འཕགས་པ་བྱམས་པས་བརྙས་པ་ལྟར་སྤང་བྱའི་གཡུལ་ལས་རྒྱལ་བའི་ངེས་པར་འབྱུང་ བ་འཐོབ་པས་སྒྲུབ་པ་བཞི་པ་ངེས་པར་འབྱུང་བའི་སྒྲུབ་པ་གསུངས་སོ། །རྩ་བ་ནི། ཆེད་དུ་ 1-1-475 བྱ་བའི་ངེས་འབྱུང་སྒྲུབ་པ་སོགས་རྣམ་པ་བརྒྱད་ཀྱི་བདག་ཉིད་འདི། ངེས་འབྱུང་སྒྲུབ་པ་ཡིན་ པར་ཤེས་པར་བྱའོ། །འགྲེལ་པ་ནི། དབྱེ་གཞི་ནི། ཆོས་ཐམས་ཅད་མི་དམིགས་པར་རྟོགས་ པ་ཉིད་ཀྱིས་ཆེད་དུ་བྱ་བ་སོགས་སུ་ངེས་པ་ཁོ་ནར་འབྱུང་བའི་སྒྲུབ་པ་ཙམ་ནིའོ། །དབྱེ་ངོ༌། ། ཆེད་དུ་བྱ་བའི་ངེས་འབྱུང་སྒྲུབ་པ་སོགས་རྣམ་པ་བརྒྱད་དོ། །གྲངས་ངེས་ནི། ངེས་པར་འབྱུང་ བའི་ས་རྣམ་པ་བརྒྱད་དུ་ཡོད་པ་ཡིན་པས་དེར་འབྱུང་བྱེད་བརྒྱད་དོ། །འབྱུང་ས་བརྒྱད་གང་ ན། ཐོག་མར་གཙོ་བོ་ (འགྲེལ་ཆེན་)ཡིན་པས་ཆེད་དུ་བྱ་བ་ཇི་སྐད་བཤད་པའི་ (འགྲེལ་ཆེན་)ཆེན་པོ་ གསུམ་དང༌། ཐེག་པ་ཆེན་པོ་འདིས་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ གྱིས་མནན་ཏེ་འབྱུང་བ་ཡིན་ནོ། །ཞེས་སོགས་སོ། །(འགྲེལ་ཆེན་)དེ་ཡང་མཉམ་པ་ཉིད་རྟོགས་ པ་མེད་པར་མི་འབྱུང་བས་ཆོས་ཐམས་ཅད་རང་བཞིན་མེད་པར་མཉམ་པ་ཉིད་དུ་རྟོགས་པ་ དང༌། ཐེག་པ་དེ་ནི་ནམ་མཁའ་དང་མཉམ། ཞེས་སོགས་སོ། །དེ་ཡང་སེམས་ཅན་གྱི་དོན་མ་ བྱས་པར་བསོད་ནམས་བསགས་པ་མི་སྲིད་པས་ (འགྲེལ་ཆེན་)སེམས་ཅན་ཐམས་ཅད་ཀྱི་དོན་ བྱེད་པར་ཏེ་རྒྱ་ཆེན་པོ་མཐའ་ཡས་པར་བྱེད་པ་དང༌། ཐེག་ཆེན་པོ་འདི་ལ་སེམས་ཅན་ཚད་ མེད་གྲངས་མེད་པའི་གོ་སྐབས་ཡོད་ (བརྒྱད་སྟོང་)ཅེས་སོགས་སོ། །འབད་རྩོལ་དང་བཅས་ནས་ སེམས་ཅན་གྱི་དོན་ཚང་བར་ (འགྲེལ་ཆེན་)མི་འགྲུབ་པས་འབད་རྩོལ་གྱི་མཚན་མ་མེད་པར་ གཞན་དོན་ཐམས་ཅད་བྱེད་པ་ཉིད་ཀྱིས། འགྲོ་འོང་གནས་གསུམ་མི་དམིགས་པའི་ལྷུན་གྱིས་ གྲུབ་པ་ཉིད་དང༌། ཐེག་ཆེན་པོ་དེ་ལ་འོང་བ་འགྲོ་བ་གནས་པ་མི་དམིགས་ཞེས་སོགས། དེ་ ཡང་རྟག་ཆད་ཀྱི་མཐའ་བྲལ་རྟོགས་པ་མེད་པར་མི་ (འགྲེལ་ཆེན་)འབྱུང་བས། སྔོན་ཕྱིའམ་རྟག་ པ་དང་ཆད་པའི་མཐའ་དང་བྲལ་བའི་ངོ་བོ་དུས་གསུམ་མཉམ་ཉིད་དུ་རྟོགས་པའི་གནས་ སྐབས་ཀྱི་ཁྱད་པར་དང༌། དུས་གསུམ་མཉམ་པ་ཉིད་ལ་བསླབས་ཤིང་རྣམ་མཁྱེན་རྫོགས་ པར་བྱ། །ཞེས་སོགས། དེ་ཡང་ཐེག་པ་གསུམ་པོའི་རྟོགས་པའམ་ཡོན་ཏན་ཐོབ་པ་མེད་པར་ 1-1-476 མི་འབྱུང་བས་ (འགྲེལ་ཆེན་)དོན་དམ་པར་ཐོབ་བྱ་ཐོབ་བྱེད་ཀྱི་འབྲེལ་བ་དགག་པའི་ (ཨཱརྱ་འགྲེལ་ ཆེན་)ཚུལ་གྱིས་ཐེག་པ་གསུམ་གྱི་སྤངས་རྟོགས་ཀྱི་དོན་ཐམས་ཅད་ཐོབ་པ་དང༌། འདས་མ་ འོངས་ད་ལྟར་གྱི་བྱང་ཆེན་པོ་རྣམས་ཀྱིས་ཐེག་ཆེན་པོ་འདི་ལ་བསླབས་ནས་རྣམ་མཁྱེན་ཉིད་ ཐོབ་པར་གྱུར་ཏོ་ཐོབ་པོ་འཐོབ་པར་འགྱུར་རོ་ཞེས་སོགས་སོ། །དེ་ཡང་རྣམ་མཁྱེན་རྟོགས་ པ་མེད་པར་མི་ (འགྲེལ་ཆེན་)འབྱུང་བས་སྔར་གཉེན་ཚོགས་ཀྱི་མཐར་ཐུག་པའི་སྐབས་དང་པོ་ འདིར་ཇི་སྐད་བཤད་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང༌། ཞེས་ཆོས་བཤེས་ཏེ། འོན་ ཀྱང་གང་དང་ཡང་དག་ལྡན་པས་ཞེས་དང༌། སེམས་བསྐྱེད་ཉེར་གཅིག་གཉིས་པ་སོགས་སོ། ། སེམས་ཅན་ཉིད་བྱང་ཆུབ་ཡིན་པ་དེའི་ཕྱིར་བྱང་སེམས་ཞེས་བྱའོ། །བྱང་ཆུབ་དེས་ཀྱང་ཆོས་ ཐམས་ཅད་ཀྱི་རྣམ་པ་ཤེས་ཏེ། ཞེས་སོགས། དེ་ཡང་ཁྱད་པར་གྱི་ལམ་མེད་པར་མི་ (འགྲེལ་ ཆེན་དངོས་)འབྱུང་བས་རྣམ་མཁྱེན་དེའི་ཁྱད་པར་གྱི་ལམ་རྡོ་རྗེ་ལྟ་བུའོ། །སྦྱིན་པའི་ཕར་ཕྱིན་ ནི་འཇིག་རྟེན་པ་ཡང་ཡོད་འཇིག་རྟེན་ལས་འདས་པ་ཡང་ཡོད། ཞེས་སོགས་སོ། །འབྱུང་ས་ གཞན་ཡང་ཡོད་དོ་ཞེ་ན། ངེས་པར་འབྱུང་བར་བྱ་བའི་གཞི་དེ་ལྟ་བུ་དག་ལས་ཁྱད་པར་དུ་ འཕགས་པའི་ཆོས་གཞན་མེད་པའི་ཕྱིར་རོ། །དེ་ཡང་དང་པོ་སེམས་བསྐྱེད་ནི་བྱང་ཆུབ་ཀྱི་ས་ བོན་ཡིན་པས་བསྟན། དེ་ནས་གདམས་ངག་ནི་ཐོག་མར་ཤེས་པར་བྱ་བ་ཤེས་ཕྱིར་བསྟན། དེ་ནས་ཆ་མཐུན་བཞི་ནི་འདས་ལམ་གྱི་སྦྱོར་བ་ཡིན་པས་བསྟན། དེ་ནས་རྟེན་རིགས་ནི་རྟེན་ བདག་འཛིན་སྤང་ཕྱིར་བསྟན། དེ་ནས་དམིགས་པ་ནི་དེ་ལ་རྨོངས་པ་སྤང་ཕྱིར་བསྟན། དེ་ ནས་ཆེད་དུ་བྱ་བ་ནི་ལོག་པའི་ཆེད་དུ་བྱ་བ་སྤང་ཕྱིར་དང་ཡང་དག་པའི་ཆེད་དུ་བྱ་བ་ཤེས་ ཕྱིར་བསྟན། དེ་ནས་བསྒྲུབ་པའི་བར་ཆད་སོ་སོར་བཅོམ་པ་གོ་སྒྲུབ་དྲུག་གོ །གང་གིས་ཐེག་ ཆེན་ལ་འཛེག་པ་འཇུག་སྒྲུབ་དགུ། གང་གིས་རྒྱུའི་མཐར་ཐུག་ཐོབ་པར་བྱེད་པ་ཚོགས་སྒྲུབ་ བཅུ་བདུན། གང་གིས་འབྲས་བུའི་མཐར་ཐུག་གནོན་པ་ངེས་འབྱུང་སྒྲུབ་པ་བརྒྱད་དོ་ཞེས་ 1-1-477 དག་ལྡན་ནོ། །གསུམ་པ་ནི། ལས་ཞེས་པ་ངེས་བཟུང་ངམ་ཡུལ་གྱི་བདུན་པའོ། །སྐབས་ ནི་ལེའུའམ་ཡོངས་སུ་ (ཆོས་བཤེས་)བཅད་པ། དང་པོ་ནི་གཉིས་པ་ལ་ལྟོས་ (ཆོས་བཤེས་)པའམ་ མཆོག་གི་དོན་ (ཆོས་བཤེས་)ཏེ་རྣམ་མཁྱེན་ནི་སྐབས་མ་ལུས་པའི་ལུས་ཡིན་ (ཆོས་བཤེས་)པས་སོ། ། འོ་ནི་རྫོགས་ཚིག་གོ། །།