2-1-1 ཇོ་ནང་ཆོས་མཛོད་ཆེན་མོ་ལས། ཀུན་དགའ་ཡེ་ཤེས་རྒྱ་མཚོའི་གསུང་འབུམ། ༼པོད་གཉིས་པའོ།།༽ 2-1-2 2-1-3 དཀར་ཆག ཐོག་མའི་གླེང་བརྗོད།.........................................................................(1) ཀུན་དགའ་ཡེ་ཤེས་རྒྱ་མཚོའི་རྣམ་ཐར་ཉུང་བསྡུས།...........................(1) དཔལ་འཁོར་ལོ་སྡོམ་པ་རྩ་རྒྱུད་ཉུང་ངུའི་ཊཱི་ཀ་གསང་བ་ཀུན་གྱི་ རྒྱན་ཞེས་བྱ་བ།................(1) འཇམ་དཔལ་རྡོ་རྗེ་འཇིགས་མཛད་ཀྱི་མན་ངག་རྭ་ལོའི་སྙན་རྒྱུད་ ཐུན་མོང་མ་ཡིན་པ་བཞུགས། བསྲུང་འཁོར་རྡོ་རྗེ་བྲག་རྫོང་མའི་བརྒྱུད་འདེབས་བཞུགས། དཔལ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོ་ལྕམ་དྲལ་འཁོར་བཅས་ཀྱི་ བསྙེན་ཐབས་བཞུགས། བསྙེན་པར་རྫོགས་པའི་མཁན་བརྒྱུད་ཀྱི་གསོལ་འདེབས། དཔལ་དུས་ཀྱི་འཁོར་ལོའི་བཟླས་དམིགས་ཉེར་མཁོ་བཞུགས། བཀའ་བབས་དྲུག་ལྡན་གྱི་ཁྲིད་ཡིག་འཕགས་ཡུལ་གྲུབ་པའི་ ཞལ་ལུང་བཞུགས། པར་བྱང་སྨོན་ཚིག.........................................................................(304) 2-1-4 2-1-5 ༄༅། །དཔལ་འཁོར་ལོ་སྡོམ་པ་རྩ་རྒྱུད་ཉུང་ངུའི་ཊཱི་ཀ་ གསང་བ་ཀུན་གྱི་རྒྱན་ཞེས་བྱ་བ་ བཞུགས་སོ།། ༄༅། །ༀ་སྭཱ་སྟི། བླ་མ་དང་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། ། ཀུན་ཁྱབ་བདེ་བ་ཆེན་པོའི་ཡེ་ཤེས་ནི། ། ལྷན་ཅིག་སྐྱེས་དགའི་རྩེ་མོར་རྟག་སོན་པའི། ། ཟུང་འཇུག་སྙིང་པོའི་ཡེ་ཤེས་མངོན་གྱུར་པ། ། རྗེ་བཙུན་བླ་མ་མཆོག་ལ་གུས་པས་འདུད། ། དཔལ་ལྡན་ཁྱབ་བདག་འགྱུར་མེད་མཆོག་གི་བདེ་བ་ཡེ་ཤེས་གཟི་འོད་འབར་བའི་ཧེ་རུ་ ཀ །རྣམ་པ་ཀུན་ལྡན་རྡོ་རྗེ་ཕག་མོར་མཉམ་པར་སྦྱོར་བས་ཟག་མེད་བདེ་ལ་དགེས་རོལ་བ། །བགྲངས་ཡས་མཁའ་འགྲོ་དྲ་བའི་སྡོམ་པ་མ་ལུས་རིགས་དང་དཀྱིལ་འཁོར་ཀུན་གྱི་གཙོ་བོ་ མཆོག །འཁོར་ལོའི་དབང་ཕྱུག་རྡོ་རྗེ་བཙུན་མོར་བཅས་པའི་ཞབས་ལ་དངོས་པོ་ཀུན་གྱིས་ ཕྱག་བགྱིའོ། །རྒྱུད་རྣམས་ཀུན་གྱི་སྙིང་པོ་མཆོག །ཤིན་ཏུ་རྟོགས་དཀའ་རྡོ་རྗེའི་ཚིག །བླ་མའི་ ཞལ་ལུང་གིས་གསལ་བ། །ཆ་ཤས་ཙམ་ཞིག་བྲི་བར་བྱ། ། དེ་ལ་རྣལ་འབྱོར་མའི་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ། བཅོམ་ལྡན་འདས་དཔལ་འཁོར་ལོ་ 2-1-6 སྡོམ་པའི་རྩ་བའི་རྒྱུད་འདི་འཆད་པ་ལ། ལེའུ་དང་པོས་མདོར་བསྟན། ལེའུ་གཉིས་པ་ནས་ ལྔ་བཅུ་པའི་ཕྱེད་གང་དུ་དགའ་བ་དེར་འགྱུར་རོ། །ཞེས་པ་ཡན་ཆད་ཀྱིས་རྒྱས་པར་བཤད། དེ་ནས་གཞན་ཡང་བཤད་བྱ་བ། ཞེས་པ་མན་ཆད་ལེའུ་ཕྱེད་དང་གཉིས་ཀྱིས་དོན་བསྡུ་བ་ དང་གསུམ་ལས། དང་པོ་ལ་གླེང་བསླང་བའི་ཚུལ་གྱིས་དགོས་འབྲེལ་གྱི་ངག་བཀོད་པ་དང༌། གླེང་གཞི་ཕུན་སུམ་ཚོགས་པའི་སྒོ་ནས་འབྲས་བུའི་གསང་བ་གཙོ་བོར་འཆད་པ་དང༌། གཞི་ དང་ལམ་གྱི་གསང་བ་གཙོ་བོར་སྟོན་པ་ཉན་པར་གདམས་པ་དང༌། རིགས་ལྡན་མ་མཆོད་ པའི་ཆོ་ག་དང༌། ལམ་གྱི་གསང་བ་ངོས་བཟུང་བ་དང༌། ལམ་གྱི་ཡན་ལག་དམ་ཚིག་གི་ ཚོགས་བཤད་པ་དང༌། ཕྱག་རྒྱ་བཞིའི་དོན་བཤད་པ་དང༌། གནས་ཀྱི་ངེས་པ་བསྟན་པ་དང་ བརྒྱད་ལས། དང་པོ་ནི། དེ་ནས་གཞན་ཡང་བཤད་བྱ་བ། །ཞེས་སོགས་ཤོ་ལོ་ཀ་ཕྱེད་དང་གཉིས་ ཀྱིས་བསྟན། དེ་ནས་ཞེས་པ་ལ། འགའ་ཞིག་རྩ་རྒྱུད་རྒྱས་པ་བསྟན་པའི་རྗེས་དེ་ནས། ཞེས་ འཆད་ཅིང༌། འདི་སྐད་བདག་གི་ཐོས་པ་ཞེས་པའི་གླེང་གཞིའི་ཚིག་བསྡུས་པའི་རྒྱུད་འདི་ ལ་མེད་ཀྱང༌། རྩ་རྒྱུད་རྒྱས་པ་ལ་ཡོད་ཅེས་སྨྲ་བ་དང༌། ཡང་འགའ་ཞིག དེ་ནས་ཞེས་པ་ཨ་ ཐ་སྟེ། བཀྲ་ཤིས་པའི་དོན་ལ་འཇུག ཅེས་སྨྲ་བ་དང༌། ཡང་འགའ་ཞིག་དེ་ནས་ཞེས་པ་འོག་ ནས་འཆད་པར་འགྱུར་བའི་དོན་རྣམས་ལ་སྙེག་དགོས་པ་ཡིན་ཞེས་འཆད་པ་སོགས། བཞེད་ ལུགས་མི་གཅིག་པ་སྣ་ཚོགས་པ་ཞིག་ཡོད་ཀྱང༌། རང་ལུགས་ལ། དང་པོ་འཐད་པ་ཡིན་ ཞིང༌། འོན་ཀྱང་རྩ་རྒྱུད་རྒྱས་པ་ལ། འདི་སྐད་བདག་གིས་ཐོས་པའི། ཞེས་སོགས་ཀྱི་གླེང་ གཞིའི་ཚིག་ཡོད་པར་འདོད་པ་ནི་མི་འཐད་དེ། བྱང་ཆུབ་སེམས་དཔའི་འགྲེལ་བ་རྣམས་ལ་ དེ་ལྟར་མེད་པར་གསུངས་པས་སོ། །གསང་ནི་ར་ཧ་སྱ་ཞེས་པ་སྦས་པའི་དོན་ཏེ། ཕལ་གྱིས་ རྟོགས་དཀའ་ཞིང༌། མི་མངོན་པར་གྱུར་པ་སྟེ། དཔེར་ན། ས་འོག་གི་གཏེར་དེ་སྐྱེ་བོ་ཕལ་པ་ 2-1-7 རྣམས་ཀྱིས་མི་མཐོང་ལ། དེ་རྙེད་ན་དོན་ཆེན་པོ་དང་ལྡན་པ་ཡིན་པ་ལྟར། འདིར་ཡང་ཉན་ ཐོས་དང༌། རང་སངས་རྒྱས་དང༌། ཕ་རོལ་ཏུ་ཕྱིན་པ་དང༌། རྣལ་འབྱོར་རྒྱུད་མན་ཆད་དུ་སྦས་ པས་ན་རྙེད་དཀའ་ཞིང༌། གང་ཞིག་རྙེད་ན་དོན་ཆེན་པོ་དང་ལྡན་པས་ན་གསང་བ་ཞེས་བྱ་ལ། དེ་ཉིད་བཤད་པར་བྱའོ། །ཚུལ་ཇི་ལྟར་འཆད་ན། མདོར་བསྡུས་པའི་སྒོ་ནས་བཤད་པར་བྱ་ ཡི། རྩ་རྒྱུད་རྒྱས་པ་ལྟར་ཤིན་ཏུ་རྒྱས་པའི་སྒོ་ནས་ནི་མ་ཡིན་ནོ། །ཡང་འགྱུར་འགའ་ཞིག་ ལྟར། མདོར་བསྡུས་པ་སྟེ་རྒྱས་པའོ། །ཞེས་འདོན་པ་ལྟར་ན། ཚིག་མདོར་བསྡུས་པའི་སྒོ་ནས་ འཆད་ཀྱི། དོན་གྱི་རྣམ་གྲངས་མ་ཚང་བ་མེད་པ། ཤིན་ཏུ་རྒྱས་པའི་སྒོ་ནས་བཤད་པར་བྱའོ། །ཞེས་བཤད་ཀྱང་རུང་ངོ༌། །གང་བཤད་ན། ཧེ་རུ་ཀ་དཔལ་ཡང་དག་སྦྱོར། །ཞེས་པ་སྟེ། ཧེ་ རུ་ཀ་དཔལ་ནི་དཔལ་ཧེ་རུ་ཀ་སྟེ། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། ཧེ་ནི་རྒྱུ་སོགས་སྟོང་པ་ཉིད། །རྒྱུ་ནི་ཚོགས་དང་བྲལ་བ་སྟེ། །ཀ་ནི་གང་དུའང་མི་གནས་པའོ། །ཞེས་ངེས་དོན་གྱི་དཔལ་ཧེ་ རུ་ཀ་ནི། ཁྱད་ཆོས་ཡང་དག་པར་སྦྱོར་བ་དང་ལྡན་པ་སྟེ། ཐབས་དང་ཤེས་རབ་བམ། སྐུ་དང་ ཡེ་ཤེས་སམ། བདེ་བ་དང་སྟོང་པ་མཉམ་པར་སྦྱོར་བའོ། །དགོས་པ་གང་གི་ཕྱིར་འཆད་ཅེ་ན། འདོད་པའི་དོན་ཀུན་སྒྲུབ་བྱེད་ལ། །བླ་མ་ལས་ཀྱང་བླ་མ་སྟེ། །ཞེས་པས་བསྟན། དེ་ཡང་ལུས་ ཅན་སེམས་ཅན་ཐམས་ཅད་ཀྱི་འདོད་པའི་དོན་ཀུན་སྒྲུབ་པར་བྱེད་པ་སྟེ། དེ་ཡང་ཉན་རང་གི་ ལམ་གྱིས་ཀྱང་སེམས་ཅན་རྣམས་ཀྱི་འདོད་དོན་ཅུང་ཟད་སྒྲུབ་པར་བྱེད་པ་ཡིན་ལ། དེ་བས་ ཀྱང་ཕ་རོལ་ཏུ་ཕྱིན་པའི་ལམ་གྱི་འདོད་པའི་དོན་སྒྲུབ་པ་མཆོག་ཏུ་གྱུར་པ་ཡིན་ཞིང༌། དེ་བས་ ཀྱང་བྱ་སྤྱོད་རྣལ་འབྱོར་རྒྱུད་གསུམ་གྱི་ལམ་གྱི་འདོད་དོན་སྒྲུབ་པ་མཆོག་ཡིན་ལ། དེ་བས་ ཀྱང་མཆོག་ཏུ་གྱུར་པ་གསང་སྔགས་བླ་མེད་ཀྱི་ལམ་ཡིན་པས་ན། བླ་མ་ལས་ཀྱང་བླ་མ་ཞེས་ སྨོས་པར་མཛད་པ་ཡིན་ནོ། །མཁའ་འགྲོ་མ་ཡི་དྲ་བ་སྡོམ། །ཞེས་པ་ནི། དྲ་བ་ནི་ཚོགས་པའི་ དོན་ཏེ། མཁའ་འགྲོ་མའི་ཚོགས་པ་འཁོར་གྱི་ལྷ་ཚོགས་རྣམས་སྡོམ་པར་བྱེད་པའི་གཙོ་བོ་ནི། 2-1-8 དཔལ་ཧེ་རུ་ཀའོ་ཞེས་ཕྱི་བསྐྱེད་རིམ་ལྟར་འཆད་པ་དང༌། ནང་ལྟར་ན། མཁའ་འགྲོ་མ་ནི་རྩ་ སྟེ། རྩའི་ཚོགས་པ་རྣམས་དབུ་མར་སྡོམ་པར་བྱེད་པ་དང༌། ངེས་པའི་དོན་དུ་མཁའ་འགྲོ་མའི་ དྲ་བ་རྣམ་པ་ཐམས་ཅད་པ་སྒྱུ་འཕྲུལ་གྱི་དྲ་བ་རྣམས་འགྱུར་མེད་ལྷན་ཅིག་སྐྱེས་པའི་ངོ་བོར་ སྡོམ་པའོ། །དེ་རྣམས་ཀྱི་དགོས་འགྲེལ་གྱི་ངག་སྟོན་པའི་ཚུལ་ནི། ཧེ་རུ་ཀ་དཔལ་ཡང་དག་སྦྱོར། །མཁའ་འགྲོ་མ་ཡི་དྲ་བའི་སྡོམ། །ཞེས་ཚིག་གཉིས་པོ་ དེས་བརྗོད་བྱ་བསྟན་ཞིང༌། དེ་ནས་གསང་བ་བཤད་བྱ་བ། །མདོར་བསྡུས་པ་སྟེ་རྒྱས་པ་མིན། །ཞེས་པས་བརྗོད་བྱེད་དང༌། །འདོད་པའི་དོན་ཀུན་སྒྲུབ་བྱེད་ལ། །ཞེས་པས་དགོས་པ་དང༌། བླ་མ་ལས་ཀྱང་བླ་མ་སྟེ། །ཞེས་པས་ཉིང་དགོས་རྣམས་བསྟན་པ་ཡིན་ནོ། །དོན་ཚན་གཉིས་ པ་གླེང་གཞི་ཕུན་སུམ་ཚོགས་པའི་སྒོ་ནས། འབྲས་བུའི་གསང་བ་འཆད་པ་ནི། གསང་བ་ མཆོག་གི་དགེས་པ་ན། །ཞེས་སོགས་ཚིག་དྲུག་གིས་བསྟན། འདི་ལ་ཡང༌། གླེང་གཞི་ཚིག་ བརྒྱད་ཀྱི་བསྟན་པར་འདོད་པ་སོགས་མི་གཅིག་པ་སྣ་ཚོགས་སུ་སྨྲ་བ་བྱུང་ཡང༌། སློབ་དཔོན་ སྤྱོད་པའི་རྡོ་རྗེས་གསང་བའི་དེ་ཁོ་ན་ཉིད་དུ་ཚིག་དྲུག་པོ་དེ་གླེང་གཞིར་བཤད་པ་དང༌། ཕྱག་ རྡོར་སྟོད་འགྲེལ་ལས་ཀྱང་དེ་བཞིན་དུ་གསུངས་པས་གླེང་གཞི་སྟོན་བྱེད་ཀྱི་རྒྱུད་ཚིག་དྲུག་པོ་ དེ་ཙམ་ཡིན་ནོ། །འདི་ལ་དོན་གྱི་གཙོ་བོ་འབྲས་བུའི་གསང་བ་བཤད་པ་དང༌། དོན་གྱི་ཡན་ ལག་བཤད་པ་གཉིས་ལས། དང་པོ་ནི། སྟོན་པ་ཕུན་སུམ་ཚོགས་པ་སོགས་འབྲས་བུ་ཕུན་སུམ་ཚོགས་པ་ལྔ་ནི། བོད་ ཀྱི་ཕྱོགས་འདིར་དྲང་བའི་དོན་ཡིན་པར་འཆད་པ་མང་ཡང་དེ་ནི་མ་ཡིན་ཏེ། སྒྲོན་གསལ་ ལས། འོད་གསལ་བ་ནི་རབ་སྟོན་དང༌། །ཟུང་དུ་འཇུག་པ་རྟོགས་པ་གང༌། །རྣམ་པ་གཉིས་སུ་ མཐའ་བཤད་དེ། །མཐའ་ནི་མུ་ཐུག་པ་ཡི་ཚིག །ཅེས་སློབ་པའི་ཟུང་འཇུག་ཙམ་ཡང་མཐར་ ཐུག་ངེས་དོན་ཡིན་པར་བཤད་ན། འབྲས་བུ་མཐར་ཐུག་མི་སློབ་པའི་ཆོས་ངེས་དོན་ཡིན་པ་ 2-1-9 ལྟ་ཅི་སྨོས། དེ་ལྟར་ན་འདིར་བསྟན་གྱི་ཕུན་སུམ་ཚོགས་པ་ལྔ་ནི། དོན་དམ་པའི་སངས་རྒྱས་ ཀྱི་རྣམ་བཞག་འཆད་པར་བྱེད་པ་ཡིན་པས། ངེས་པའི་དོན་མཐར་ཐུག་པའོ། །འདི་ལ་གསང་ བ་མཆོག་གི་དགྱེས་པ་ན། །ཞེས་པས་གནས་ཕུན་སུམ་ཚོགས་པ་དང༌། ཐམས་ཅད་བདག་ ཉིད་རྟག་ཏུ་བཞུགས། །ཞེས་པས་དུས་ཕུན་སུམ་ཚོགས་པ་དང༌། མཁའ་འགྲོ་ཀུན་དངོས་ སོགས་ཚིག་གསུམ་གྱི་སྟོན་པ་ཕུན་སུམ་ཚོགས་པ་དང༌། མཁའ་འགྲོ་དྲ་བའི་སྡོམ་པ་ཡིན། །ཞེས་པས་འཁོར་ཕུན་སུམ་ཚོགས་པ་ བསྟན་པ་ཡིན་ཞིང༌། ཆོས་ཕུན་སུམ་ཚོགས་པ་ནི། སྟོན་པ་ཕུན་སུམ་ཚོགས་པ་ལས་ གཞན་དུ་མེད་དེ། སྟོན་པ་འཁོར་ལོ་སྡོམ་པ་ཉིད། །འཁོར་ལོ་སྡོམ་པའི་རྒྱུད་ཀྱི་བརྗོད་བྱར་ འཇོག་དགོས་པ་ཡིན་པས་སོ། །དེས་ན་བརྟག་གཉིས་ལས། འཆད་པ་པོ་ང་ཆོས་ཀྱང་ང༌། །རང་གི་ཚོགས་ལྡན་ཉན་པ་ང༌། །ཞེས་གསུངས་པའང་འདི་ལྟ་བུ་ཡིན་ནོ། །ཅི་སྟེ་སྟོན་པ་ ཕུན་ཚོགས་ལས། ཆོས་ཕུན་སུམ་ཚོགས་པ་སྟོན་བྱེད་ཀྱི་ཚིག་ལོགས་སུ་བྱེད་ན། ཐམས་ཅད་ བདག་ཉིད་ཞེས་པས་བསྟན་པ་ཡིན་ནོ། །དེ་ལ་གནས་ཕུན་སུམ་ཚོགས་པ་ནི། ཕལ་གྱི་རྟོགས་ པར་དཀའ་བས་ན། གསང་བ་སྟེ་དེ་ནི་སྟོང་པ་ཉིད་ཡིན་ལ། དེ་ནི་རང་བཞིན་གྱི་མ་གྲུབ་ཙམ་ དང༌། རིག་སྟོང་ཙམ་མ་ཡིན་གྱི། རྣམ་པ་ཐམས་ཅད་པ་ཡོངས་སུ་འཆར་བའོ། །དེ་ཡང་དངོས་ པོ་ངན་པའམ། །དམན་པའི་ཆོས་མ་ཡིན་གྱི་མཆོག་ཏུ་བཟང་ཞིང་དགེ་ལ། རྙེད་པར་དཀའ་ བས་ན་མཆོག་ཡིན་ཞིང༌། དེ་ནི་སྟོན་པ་ཕུན་སུམ་ཚོགས་པ་བདེ་བ་ཆེན་པོ་དགེས་པ་བསྐྱེད་ པར་འགྱུར་བའི་གནས་དེ་ན། སྟོན་པ་ཕུན་སུམ་ཚོགས་པ་བཞུགས་ཞེས་པའོ། །ཐམས་ཅད་ བདག་ཉིད་ཞེས་པ་ནི། གནས་ཕུན་སུམ་ཚོགས་པའི་ཁྱད་ཆོས་དང༌། སྟོན་པ་ཕུན་སུམ་ཚོགས་ པ་གཉིས་ཅར་གྱི་ཁྱད་ཆོས་སུ་སྦྱོར་བ་ལས། དང་པོ་ལྟར་ན། གནས་ཕུན་སུམ་ཚོགས་པ་སྟོང་ པ་ཉིད་དེ་རྣམ་པ་ཐམས་ཅད་ཀྱི་བདག་ཉིད་ཅན་ཡིན། ཞེས་འཆད་པའོ། །དུས་ཕུན་སུམ་ 2-1-10 ཚོགས་པ་ནི། གནས་དེར་སྟོན་པ་བདེ་བ་ཆེན་པོ་དུས་རེས་འགའ་བ་མ་ཡིན་པར། དུས་དང་ གནས་སྐབས་ཐམས་ཅད་དུ་རྟག་ཏུ་བཞུགས་པའོ། །སྟོན་པ་ཕུན་སུམ་ཚོགས་པ་བདེ་བ་ཆེན་ པོའི་མཚན་ཉིད་ནི། མཁའ་འགྲོ་ཀུན་དངོས་དང༌། སེམས་དཔའ་དང༌། རྡོ་རྗེ་སེམས་དཔའ་ དང༌། བདེ་བའི་མཆོག་དང༌། རང་བྱུང་དང༌། བཅོམ་ལྡན་དང༌། དཔའ་བ་སྟེ་ཁྱད་ཆོས་སམ། མཚན་ཉིད་བདུན་ནོ། ། དང་པོ་ནི། ཇི་སྐད་དུ། ཌཻཾ་ནི་ནམ་མཁར་འགྲོ་བ་སྟེ། །སྐད་ཀྱི་བྱིངས་ལས་རབ་ཏུ་ བཏགས། །ནམ་མཁའ་ཀུན་ཏུ་སྤྱོད་གྲུབ་པས། །མཁའ་འགྲོ་མ་ཞེས་རབ་ཏུ་བརྗོད། །ཞེས་ གསུངས་པ་ལྟར། ནམ་མཁའ་སྟོང་པ་ཉིད་ལ། རིག་པ་ཡེ་ཤེས་གྱ་གྱུར་སྤྱོད་ཅིང་འགྲོ་བས་ ན་མཁའ་འགྲོ་མ་སྟེ། དབྱིངས་སྟོང་པ་ཉིད་ལ། རིག་པའི་ཡེ་ཤེས་འགྲོ་བ་ནི། ཇི་ལྟ་བའི་ཡེ་ ཤེས་གཙོ་ཆེ་བ་ཡིན་ལ། ཀུན་དངོས་ཞེས་པས་མ་ལུས་ཤིང་ལུས་པ་མེད་པའི་ཤེས་བྱ་ཐམས་ ཅད་ཡེ་ཤེས་ཀྱི་མཁྱེན་པ་ནི། ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཏེ། དེས་ནི་ཇི་ལྟ་བ་དང༌། ཇི་ སྙེད་པ་མཁྱེན་པའི་ཡེ་ཤེས་སུ་བསྟན་པ་དང༌། གཉིས་པ་ནི། སེམས་དཔའ་སྟེ་ཡེ་ཤེས་ལྔའི་ ངོ་བོ་ཉིད་དུ་བསྟན་པ་དང༌། གསུམ་པ་ནི་རྡོ་རྗེ་སེམས་དཔའ་སྟེ། རྡོ་རྗེ་ནི་མི་ཕྱེད་པའི་དོན་ གྱི་ན། འགྱུར་བ་མེད་པའི་ཡེ་ཤེས་ཡིན་ཞིང༌། སེམས་དཔའ་ནི་ས་ཏྭ་ཞེས་པ་སྙིང་སྟོབས་དང་ དངས་མ་ལ་ཡང་འཇུག་པས་ན། སྐབས་འདིར་དངས་མའམ། བཅུད་ཀྱི་དོན་དུ་འཆད་དགོས་ པ་ཡིན་ཞིང༌། དེ་ལྟར་ན། འགྱུར་བ་མེད་པའི་ཡེ་ཤེས་ནི། ཆོས་ཐམས་ཅད་ཀྱི་ཆོས་ཉིད་ཡིན་ པས་ན། རྡོ་རྗེ་སེམས་དཔའ་འོ། ། བཞི་པ་ནི། བདེ་བའི་མཆོག་སྟེ། གང་འགྱུར་བ་མེད་པའི་ཡེ་ཤེས་དེ་ཉིད་བདེ་བ་ཆེན་ པོར་འཆད་པའོ། །ལྔ་པ་ནི། འདི་ནི་རང་བྱུང་ཞེས་པ་སྟེ། མི་འགྱུར་བའི་བདེ་བ་ཆེན་པོ་འདི་ ནི་རྒྱུ་དང་རྐྱེན་གྱིས་མངོན་པར་འདུས་མ་བྱས་པས་ན་གདོད་མ་རང་བྱུང་གི་ཡེ་ཤེས་སུ་བསྟན་ 2-1-11 པའོ། །དྲུག་པ་ནི། བཅོམ་ལྡན་ཞེས་པ་སྟེ་བདུད་བཞི་བཅོམ་ཞིང༌། དབང་ཕྱུག་ལ་སོགས་ པའི་ཡོན་ཏན་དྲུག་དང་ལྡན་པའོ། །བདུན་པ་ནི། དཔའ་ཞེས་པ་སྟེ་རང་གི་རྒྱུད་ཀྱི་བདུད་ བཞི་བཅོམ་པར་མ་ཟད། གདུལ་བྱ་གཞན་དག་གི་ཡང་བདུད་བཞི་སོགས་མི་མཐུན་པའི་ ཕྱོགས་ཐམས་ཅད་འཇོམས་པ་ལ་མཆོག་ཏུ་དཔའ་བའོ། །དེ་ལྟར་ཁྱད་ཆོས་བདུན་དང་ལྡན་ པའི་སྟོན་པ་ཕུན་སུམ་ཚོགས་པ་བདེ་བ་ཆེན་པོའི་ཡེ་ཤེས་ནི། རྣམ་པ་ཐམས་ཅད་པར་ཡང་ འཆར་བས་ན། ཐམས་ཅད་བདག་ཉིད་ཅེས་སྟོན་པ་ཕུན་ཚོགས་ཀྱི་ཁྱད་ཆོས་སུ་ཡང་སྦྱར་རོ། །འཁོར་ཕུན་སུམ་ཚོགས་པ་ནི། མཁའ་འགྲོ་དྲ་བའི་སྡོམ་པ་ཡིན། །ཞེས་པ་སྟེ། དེ་ཡང་སངས་ རྒྱས་རང་སྣང་གི་འཁོར་མཁའ་འགྲོ་མའི་ཚོགས་པ་མཐའ་ཡས་པ་རྣམས་ནི། སྟོན་འཁོར་ཐ་ མི་དད་པ་ཡིན་པས། དེ་རྣམས་ནི་སྟོན་པ་བདེ་བ་ཆེན་པོའི་ངོ་བོར་སྡོམ་པའོ། །ཡང་གདུལ་ བྱ་གཞན་སྣང་གི་འཁོར་དེ་རྣམས་ཀྱང༌། སྟོན་པ་ཕུན་སུམ་ཚོགས་པ་དང་འབྲེལ་བ་ཡིན་ཏེ། གདུལ་བྱ་དེ་རྣམས་རྒྱུད་ཡོངས་སུ་དག་པ་ལས། སྟོན་པ་ཕུན་སུམ་ཚོགས་པའི་སྣང་བ་ཡོངས་ སུ་ཤར་ཞིང༌། དེའི་ཚེ་འཁོར་རྣམས་སྟོན་པས་དབང་མཛད་པའི་ཕྱིར། མཁའ་འགྲོ་མ་ཡི་དྲ་བ་ སྡོམ་ཞེས། སྡོམ་པའི་དོན་དུ་འཆད་དོ། ། གཉིས་པ་ཡན་ལག་གི་དོན་འཆད་པ་ལ། བསྐྱེད་རིམ་ལྟར་བཤད་པ་དང༌། རྫོགས་རིམ་ ལྟར་བཤད་པ་གཉིས་ལས། དང་པོ་ལ། སྤྱིར་བསྐྱེད་པའི་རིམ་པའི་བསྐྱེད་ཚུལ་གྱི་ཆོ་ག་ཡང་ རྣམ་པ་བཞིར་འདུས་པ་ཡིན་ཏེ། སྐད་ཅིག་ཙམ་གྱི་བསྐྱེད་པ་རྫུས་སྐྱེས་ཀྱི་ཚུལ་དང༌། ས་ བོན་དང་ཕྱག་མཚན་ལས་བསྐྱེད་པ་དྲོད་གཤེར་སྐྱེས་ཀྱི་ཚུལ་དང༌། མངོན་བྱང་ལྔ་ལས་རྟེན་ གཞལ་ཡས་ཁང་དང༌། བརྟེན་པ་ལྷ་རྣམས་དུས་གཅིག་ཏུ་བསྐྱེད་པ་སྒོང་སྐྱེས་ཀྱི་ཚུལ་དང༌། ཐོག་མར་མངོན་བྱང་ལྔ་ལས་རྒྱུ་རྡོ་རྗེ་འཛིན་པ་བསྐྱེད་པ་དང༌། དེ་ཉིད་ཐིག་ལེར་ཞུ་སྟེ་གླུས་ བསྐུལ་བ་ལས། འབྲས་བུ་རྡོ་རྗེ་འཛིན་པར་བཞེངས་ཏེ་འཁོར་གྱི་ལྷ་ཚོགས་རྣམས་སྤྲོ་བ་ནི། 2-1-12 མངལ་སྐྱེས་ཀྱི་ཚུལ་ལོ། ། དེ་རྣམས་དང་སོ་སོར་སྦྱར་ཏེ་འཆད་པ་ལ། ཐོག་མར་མངལ་སྐྱེས་ཀྱི་ཚུལ་དུ་བཤད་ན། གསང་བའི་དེ་ཁོ་ན་ཉིད་ལས། གསང་བ་ས་ཡི་ཁམས་ཡིན་ཏེ། དེ་བཞིན་མཆོག་ནི་ཆུ་ཡིན་ ཏེ། །དགེས་པ་ཞེས་བྱ་མེ་ཡིན་ཏེ། །རླུང་ནི་ཐམས་ཅད་བདག་ཉིད་གནས། །རྟག་ཏུ་བཞུགས་ འདིར་ནམ་མཁའ་སྟེ། །བདེ་བ་ཆེན་པོའི་རང་བཞིན་ནོ། །ཞེས་པ་ལྟར། གསང་བ་མཆོག་ གི་དགེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །ཞེས་བྱ་བའི་ཚིག་གཉིས་པོ་ འདིས་རྟེན་གཞལ་ཡས་ཁང་བསྟན་པ་ཡིན་ཏེ། རྟག་ཏུ་བཞུགས་པ་ནམ་མཁའི་ཁམས་ཀྱིས་ ནི། འབྱུང་བ་བཞིའི་རྟེན་ཆོས་འབྱུང་དང་འབྱུང་བཞིའི་སྟེང་ན་གནས་པའི་རི་རབ་ལྷུན་པོ་ གཉིས་ཅར་བསྟན་པ་ཡིན་ཏེ། དེ་གཉིས་ཅར་བདེ་བ་ཆེན་པོའི་དག་པར་སྦྱོར་དགོས་པས་སོ། །གཞན་འབྱུང་བ་བཞི་པོ་རྣམས་ཀྱི་ནི། འབྱུང་བཞིའི་དཀྱིལ་འཁོར་རིམ་པ་བཞིན་བསྟན་པ་ དང༌། གཞལ་ཡས་ཁང་ནི། དེ་རྣམས་ཀྱི་ཤུགས་ལ་བསྟན་པ་ཡིན་ནོ། ། མཁའ་འགྲོ་ཀུན་དངོས་སེམས་དཔའ་ནི། །ཞེས་པས་རྒྱུ་རྡོ་རྗེ་འཆང་བསྐྱེད་བྱེད་མངོན་ བྱང་ལྔ་བསྟན་པ་ཡིན་ཏེ། མཁའ་འགྲོ་སངས་རྒྱས་ཀུན་གྱི་དངོས་པོ་སྟེ་ངོ་བོར་གྱུར་པ་སེམས་ དཔའ་ཡེ་ཤེས་ལྔའི་རང་བཞིན་མངོན་པར་བྱང་ཆུབ་པ་ལྔ་ལས་རྒྱུ་རྡོ་རྗེ་འཛིན་པ་མཛད་པ་ དང་བཅས་པ་ནི། རྡོ་རྗེ་སེམས་དཔའ་ཞེས་པས་བསྟན་ཅིང༌། དེ་ཉིད་ཐིག་ལེར་ཞུ་བ་ནི། བདེ་ བའི་མཆོག་ཅེས་པས་བསྟན་ནོ། །སླར་ཡང་ཞུ་བ་གླུས་བསྐུལ་ཏེ། འབྲས་བུ་རྡོ་རྗེ་འཛིན་པར་ བཞེངས་པ་ནི། འདི་ནི་རང་བྱུང་བཅོམ་ལྡན་དཔའ། །ཞེས་པས་བསྟན་པ་དང༌། འཁོར་གྱི་ ལྷ་ཚོགས་སྤྲོ་བ་ནི། མཁའ་འགྲོ་དྲ་བའི་སྡོམ་པ་ཡིན། །ཞེས་པས་བསྟན་ནོ། །སྒོང་སྐྱེས་ཀྱི་ ཚུལ་དང་སྦྱར་ན། རི་རབ་བསྐྱེད་པ་ཡན་ཆད་སྔར་དང་འདྲ་བ་ལས། ཉི་ཟླ་ཁ་སྦྱོར་རམ། ཟླ་ བ་ཁ་སྦྱོར་ནི། མཁའ་འགྲོ་ཀུན་དངོས་སེམས་དཔའ་ནི། །ཞེས་པས་བསྟན་ཅིང༌། དེ་གཉིས་ 2-1-13 ཀྱི་དབུས་སུ་ས་བོན་དང་ཕྱག་མཚན་སྒོམ་པ་ནི་རྒྱུ་རྡོ་རྗེ་འཛིན་པ་ཉིད་ཡིན་པས་རྡོ་རྗེ་སེམས་ དཔའ་ཞེས་པས་བསྟན་པ་དང༌། དེ་རྣམས་གཅིག་ཏུ་འདྲེས་པ་ནི། བདེ་བ་ཆེན་པོ་ཞེས་པས་ བསྟན་པ་དང༌། དེ་ལས་རྟེན་གཞལ་ཡས་ཁང་དང༌། བརྟེན་པ་གཙོ་འཁོར་གྱི་ལྷ་རྣམས་དུས་ གཅིག་ཏུ་གྲུབ་པ་ནི། འདི་ནི་རང་བྱུང་བཅོམ་ལྡན་དཔའ། །མཁའ་འགྲོ་དྲ་བའི་སྡོམ་པ་ཡིན། །ཞེས་པས་བསྟན་ནོ། །དྲོད་གཤེར་སྐྱེས་ལྟར་སྦྱར་ན། རྟེན་གཞལ་ཡས་ཁང་བསྐྱེད་པ་ཡན་ ཆད་སྔར་དང་འདྲ་བ་ལས། ས་བོན་དང་ཕྱག་མཚན་སྒོམ་པ་ནི། མཁའ་འགྲོ་ཀུན་དངོས་ སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །ཅེས་པས་བསྟན་ཅིང༌། དེ་ལས་ གཙོ་འཁོར་གྱི་ལྷ་རྣམས་གྲུབ་པར་གྱུར་པ་ནི། རིམ་པ་བཞིན་དུ། འདི་ནི་རང་བྱུང་བཅོམ་ ལྡན་དཔའ། །མཁའ་འགྲོ་དྲ་བའི་སྡོམ་པ་ཡིན། །ཞེས་པས་བསྟན་ནོ། །རྫུས་སྐྱེས་ཀྱི་ཚུལ་ ལྟར་ན། ཚད་མེད་བཞི་སྒོམ་པ་དང༌། ཤུ་ནྱཱ་ཏའི་སྔགས་ཀྱི་སྟོང་པ་ཉིད་དུ་སྒོམ་པའི་ཚུལ་གྱིས་ སེམས་བདེ་སྟོང་ལ་མཉམ་པར་འཇོག་པ་ནི། མཁའ་འགྲོ་ཀུན་དངོས་སེམས་དཔའ་ནི། །རྡོ་ རྗེ་སེམས་དཔའ་བདེ་བའི་མཆོག །ཞེས་པས་བསྟན། དེའི་ངང་ལས་སྐད་ཅིག་ཙམ་གྱི་གཙོ་ འཁོར་རྣམས་གྲུབ་པ་ནི། རིམ་པ་བཞིན་དུ། འདི་ནི་རང་བྱུང་བཅོམ་ལྡན་དཔའ། །མཁའ་ འགྲོ་དྲ་བའི་སྡོམ་པ་ཡིན། །ཞེས་པས་བསྟན་ནོ། ། གཉིས་པ་རྫོགས་རིམ་ལྟར་འཆད་པ་ནི། གླེང་གཞི་ཚིག་དྲུག་པོ་འདིས། རིམ་བཞི་ལུགས་ ལྡོག་ཏུ་བསྟན་པའམ། ཡང་ན་རྒྱུད་རིམ་ཚིག་ཟིན་གྱིས་དངོས་སུ་མ་བསྟན་པའི་དབང་དུ་བྱས་ ཏེ། རིམ་པ་གསུམ་ལུགས་ལྡོག་ཏུ་བསྟན་པ་ཡིན་ནོ། །དེ་ལ་དང་པོ་གསང་རིམ་ནི། གསང་བ་ མཆོག་གི་ཞེས་སོགས་ཚིག་གཉིས་ཀྱིས་བསྟན་ཏེ། གསང་བ་དང༌། མཆོག་དང༌། དགེས་པ་ དང༌། ཐམས་ཅད་བདག་ཉིད་དང༌། རྟག་ཏུ་བཞུགས་པ་སྟེ། ལྔ་པོ་དེ་རྣམས་སྔར་ལུང་དྲངས་ ཟིན་པ་ལྟར། འབྱུང་བ་ལྔར་བཤད་པ་དང༌། ཡང་ལྔ་པོ་དེ་ཉིད་བདུད་རྩི་ལྔར་ཡང་བཤད་པ་ 2-1-14 ཡིན་ཏེ། ལུང་སྔ་མའི་འཕྲོས་ལས། བཤང་བ་གསང་བ་ཞེས་གསུངས་ཏེ། །ལྕི་བ་མཆོག་ཅེས་ བྱ་བར་བརྗོད། །ཁུ་བ་དགྱེས་པ་ཞེས་གསུངས་ཏེ། །ཁྲག་ནི་ཐམས་ཅད་བདག་ཉིད་གནས། །ཤ་ནི་རྟག་ཏུ་བཞུགས་པ་ཡིན། །ཞེས་གསུངས་པ་ལྟར། བདུད་རྩི་ལྔ་ཡང་ཕུང་པོ་ལྔ་དང་ དོན་གཅིག་པས། །དེ་ལྟར་ན་གསང་རིམ་གྱི་སྐབས། མ་དག་རགས་པའི་ཕུང་ཁམས་བཅུ་པོ་ རྣམས་རིམ་པས་ཡོངས་སུ་གནས་གྱུར་ཏེ། ཟུང་འཇུག་ཡེ་ཤེས་ཀྱི་སྐུར་གྱུར་པ་ཉིད་བསྟན་པ་ ཡིན་ནོ། །ཡེ་ཤེས་ཀྱི་རིམ་པ་ནི། མཁའ་འགྲོ་ཀུན་དངོས་སོགས་ཚིག་གཉིས་ཀྱིས་བསྟན་ཏེ། མཁའ་འགྲོ་ནི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་པོ་རྣམས་ཡིན་ཞིང༌། ཀུན་དངོས་ནི་དེ་རྣམས་ ཀྱི་བཅུད་དུ་གྱུར་པ། སེམས་དཔའ་བྱང་ཆུབ་ཀྱི་སེམས་ཀྱི་དངས་མ། རྡོ་རྗེ་ནི་བརྟན་པའི་དོན་ ཏེ། འཁོར་ལོ་བཞིར་ཡས་བབས་ཀྱི་དགའ་བ་བཞི་པའི་ཚུལ་གྱིས་བསྟན་པར་བྱས་པ་དང༌། དེ་ནས་སླར་ཡང༌། མས་བརྟན་གྱི་དགའ་བ་བཞི་རྗེས་དྲན་བཅུ་དྲུག་པོ་རྣམས་ནི་ཡས་བབས་ ཀྱི་བདེ་བ་ལས་མཆོག་ཏུ་གྱུར་པས་ན། བདེ་བའི་མཆོག་ཅེས་པས་བསྟན་ནོ། ། སྔགས་ཀྱི་རིམ་པ་ནི། འདི་ནི་རང་བྱུང་བཅོམ་ལྡན་དཔའ། །ཞེས་པས་བསྟན་ཏེ། དེ་ཡང་ རླུང་སེམས་དབུ་མར་ཡོངས་སུ་འགགས་པ་ལས། གཏུམ་མོ་འབར་བའི་སྟོབས་ཀྱིས། སེམས་ གསལ་སྟོང་གི་ཏིང་ངེ་འཛིན་རང་ཤུགས་ཀྱིས་མངོན་དུ་གྱུར་པ་ནི། འདི་ནི་རང་བྱུང་ཞེས་པས་ བསྟན་ཅིང༌། འདི་ཉིད་ལམ་དུས་ཀྱི་ཆོས་སྐུ་ཡང་ཡིན་ཏེ། སམ་པུ་ཊིར། རང་བྱུང་ངོ་བོ་འདི་ ཉིད་ནི། །ཆོས་ཀྱི་སྐུར་ནི་རབ་ཏུ་གྲགས། །ཞེས་པས་བསྟན་ནོ། །དེ་ལྟ་བུའི་རང་བྱུང་གི་ཡེ་ ཤེས་དེ་ནི། རྟགས་ལྔ་སོགས་ཡོན་ཏན་གྱི་ཆོས་དུ་མ་དང་ལྡན་པས། བཅོམ་ལྡན་དང༌། རྣམ་ རྟོག་འཇོམས་པར་བྱེད་པས་ན་དཔའ་བའོ། །མཁའ་འགྲོ་དྲ་བའི་སྡོམ་པ་ཡིན། །ཞེས་པ་ སྔགས་རིམ་དང་སྦྱོར་བའི་ཚེ། མཁའ་འགྲོ་དྲ་བ་ནི་རྩའི་ཚོགས་པ་ཡིན་ལ། རྩ་གནས་གཞན་ རྣམས་སུ་རྒྱུ་བའི་རླུང་རྣམས་རོ་རྐྱང་གཉིས་སུ་སྡོམ་པར་བྱེད་པ་དང༌། དེ་གཉིས་ཀྱང་དབུ་ 2-1-15 མར་སྡོམ་པར་བྱེད་པའོ། །དེ་ལྟར་ན་རིམ་པ་གསུམ་པོ་དེ་གང་སྒོམ་པའི་གཞི་ནི་རྒྱུད་ཀྱི་རིམ་ པའོ། །ཡང་ན་མཁའ་འགྲོ་དྲ་བའི་སྡོམ་པ་ཡིན། །ཞེས་པས་རྒྱུད་རིམ་བསྟན་པ་སྟེ། རྒྱུད་ ཀྱི་རིམ་པ་ནི། འཁོར་ལོ་བཞི་ལ་སོགས་པའི་རྩའི་ཚོགས་པ་དང༌། ཡི་གེ་དང༌། །ཐིག་ལེ་ལ་ སོགས་པ་རྣམ་པར་རྟོག་པས་སྒོམ་པ་ལས། དེ་ལ་གསལ་སྣང་སྐྱེས་པའི་ཕྲ་ཐིག་མཚན་མ་ དང་བཅས་པའི་རྫོགས་རིམ་མོ། ། དོན་ཚན་གསུམ་པ་གཞི་དང་ལམ་གྱི་གསང་བ་གཙོ་བོར་སྟོན་པ་ཉན་པར་གདམས་པ་ ནི། སྒྲ་ཡི་ཚུལ་ལས་ངེས་བྱུང་ཞིང་ཞེས་པ་ནས། རྒྱུད་ལས་གསུང་པ་མཉན་པར་བགྱི་ཞེས་ པའི་བར་ཚིག་དགུས་བསྟན་པ་ཡིན་ལ། མར་པ་དོ་པའི་འགྱུར་རྐྱང་ལྟར་ན། རྣལ་འབྱོར་བླ་ ན་མེད་པ་ཡི། །རྒྱུད་འདི་ཉིད་ནི་བཤད་པར་བགྱིས། །ཞེས་ཚིག་བཅུས་བསྟན་ནོ། །འདི་ལ་ གཞིའི་གསང་བ་དང་སྦྱར་ཏེ་བཤད་པ་དང༌། ལམ་གྱི་གསང་བ་དང་སྦྱར་ཏེ་བཤད་པ་དང༌། འཕྲོས་དོན་གྱི་བཤད་པ་དང་གསུམ་ལས། དང་པོ་ནི། སྒྲ་ཡི་ཚུལ་ཞེས་པ་ནི། སྒྲའི་སྐད་དོད་ལ་ནཱ་ད་ཞེས་པ་ཡོད་པ་ཡིན་པས། གཞོམ་མེད་ཀྱི་ནཱ་ད་སྒྲ་དབྱངས་ཐམས་ཅད་པའི་ཚུལ་དང༌། ངེས་བྱུང་བ་ནི། དེ་དང་ལྷན་ཅིག་ ཏུ་གྱུར་པ་རྣམ་པ་ཐམས་ཅད་པའི་གཟུགས་སོ། །དམ་ཚིག་སྤྱོད་པ་ནི། འདའ་བར་མི་བྱ་བའི་ དོན་གྱིས་ན་དམ་ཚིག་སྟེ། ནམ་དུ་ཡང་འགྱུར་བ་མེད་པའི་ཚུལ་ལས་མི་འདའ་བས་ན་འགྱུར་ མེད་ཀྱི་བདེ་ཆེན་དང༌། དམ་ཚིག་སྤྱོད་པ་འགྱུར་མེད་བདེ་བ་དེའི་སྤྱོད་ཡུལ་ནི་རྣམ་པ་ཐམས་ ཅད་པའི་སྒྲ་གཟུགས་དེ་ཡིན་ལ། དེ་གཉིས་ངོ་བོ་གཉིས་ཆོས་སྤངས་པའི་ཟུང་འཇུག་ཡིན་ ཡང༌། བདེ་བ་ཆེན་པོ་ལ་སྤྱོད་ཡུལ་ཅན་དང༌། རྣམ་པ་ཐམས་ཅད་པ་ལ་སྤྱོད་ཡུལ་གྱི་ཚུལ་དུ་ བཤད་པའོ། །དེ་ནི་ཐོག་མ་འདས་པའི་དུས་དང༌། དབུས་ད་ལྟར་བ་དང༌། ཐ་མ་མ་འོངས་ པ་སྟེ། དུས་གསུམ་པོ་ཐམས་ཅད་ལ་ཁྱབ་པའི་ཚུལ་གྱིས་ཡང་དག་པར་གནས་པ་ཡིན་ལ། 2-1-16 གནས་ལུགས་དེ་ནི་སོ་སོ་སྐྱེ་བོ་དང༌། ཉན་ཐོས་དང༌། རང་སངས་རྒྱས་དང༌། བྱང་སེམས་ འཕགས་པ་རྣམས་ཀྱིས་རྟོགས་ཤིང་རྙེད་པར་མི་འགྱུར་བས། འཇིག་རྟེན་གསུམ་ན་ཆེས་ཤིན་ ཏུ་རྙེད་པར་དཀའ་བའོ། །དེས་ན་གནས་ལུགས་དེ་རྟོགས་པར་འགྱུར་བའི་སྐབས་མི་སྲིད་ དམ་སྙམ་ན། ཐབས་ལ་བརྟེན་ནས་རྟོགས་པར་འགྱུར་བ་ཡིན་ཞེས་དཔེ་དང་བཅས་ཏེ་འཆད་ པ་ནི། བསྲུབ་བྱ་སྲུབ་བྱེད་ཡང་དག་སྦྱོར། །ཇི་ལྟ་བ་ནི་དེ་བཞིན་ནོ། །ཞེས་པའི་འགྱུར་ལྟར་ འབྲུ་མནན་ན་བདེ་བ་ཡིན་ཏེ། མེ་ནི་བསྲུབ་བྱ་རྩུབ་སྟན་དང༌། །སྲུབ་བྱེད་རྩུབ་ཤིང་གཉིས་ ལ་གནས་པ་ཡིན་ཡང༌། ཐབས་ཀྱི་སྦྱོར་བ་གང་ཡང་མ་བྱས་ན་མེ་རྙེད་པར་མི་འགྱུར་ཞིང༌། རྩུབ་ཤིང་དང་རྩུབ་སྟན་ཡང་དག་པར་སྦྱོར་བའི་ཐབས་ལས། མེ་རྙེད་པར་འགྱུར་བ་ཇི་ལྟ་ བ་བཞིན་དུ། གདོད་མའི་གནས་ལུགས་ཟུང་འཇུག་གི་ཡེ་ཤེས་དེ་ཡང་དུས་ཐམས་ཅད་དུ་ རྟག་ཏུ་ཁྱབ་པར་གནས་ཀྱང༌། ཐབས་ལ་མ་བརྟེན་པར་མངོན་དུ་མི་འགྱུར་བ་ཡིན་ལ། ལམ་ ཉམས་སུ་བླངས་པ་ལས་ཡེ་ཤེས་དེ་མངོན་དུ་འགྱུར་བ་ཡིན་པས་སོ། །དེ་ཡང་དྲི་མེད་འོད་ ལས། ཇི་ལྟར་མེ་ནི་ཤིང་ལ་རྟག་གནས་ཀྱང༌། །བཅད་དང་དབྱེ་བའི་ཐབས་ཀྱིས་མི་མཐོང་ སྟེ། །རྩུབ་ཤིང་རྩུབ་སྟན་ལག་པས་བསྲུབ་པ་ལས། །དེ་ལས་གནས་པ་དག་ཀྱང་མཐོང་བར་ འགྱུར། །ཞེས་གསུངས་པ་ལྟར་རོ། ། གཉིས་པ་ལ་གཙོ་བོའི་དོན་དང༌། ཡན་ལག་གི་དོན་གཉིས་ལས། དང་པོ་ནི་རྫོགས་ རིམ་ལྟར་བཤད་པ་སྟེ། སྒྲའི་ཚུལ་ནི་གཏུམ་མོ་འབར་བ་ལ་བྱ་ལ། དེ་ལ་ཡང་ལས་ཀྱི་གཏུམ་ མོ་དང༌། ཡེ་ཤེས་ཀྱི་གཏུམ་མོ་གཉིས་ཡོད་པ་ལས། ཕྱི་མ་མཆོག་དངོས་སུ་བཤད་པས། སྔ་ མ་ཡང་ཞར་བྱུང་དུ་གོ་བར་ནུས་པ་ཡིན་ལ། དེ་ལྟ་ན་ཡེ་ཤེས་ཀྱི་གཏུམ་མོ་འབར་བ་ནི་སྒྲའི་ ཚུལ་དང༌། དེ་ལས་ངེས་པར་བྱུང་བ་ནི། གཏུམ་མོའི་འབར་སྣང་གི་ལྷ་སྐུ་རྣམ་པ་ཐམས་ཅད་ པ་ཉིད་ཡིན་ལ། དམ་ཚིག་སྤྱོད་པ་ནི་བྱང་ཆུབ་ཀྱི་སེམས་འཕོ་བ་མེད་པའི་ཚུལ་གྱིས་བསྟན་ 2-1-17 ཅིང༌། མི་འདའ་བར་བྱེད་པ་སྟེ། འདི་ལ་ཡང་རྒྱུ་ཞུ་བདེ་འགྱུར་མེད་དང་། འབྲས་བུ་མི་འགྱུར་ བའི་བདེ་བ་གཉིས་ཅར་ཡོད་པ་ཡིན་ཞིང༌། སྤྱོད་ཡུལ་ཅན་ཞེས་པ་ཡང་ལམ་དུས་ཀྱི་མི་འགྱུར་ བའི་བདེ་བ་དང༌། སྟོང་གཟུགས་གཉིས་ཡུལ་ཡུལ་ཅན་དུ་སྦྱོར་བའོ། །དེ་ལྟ་བུའི་ཞུ་བདེ་ལ་ སོགས་པ་དེ་རྣམས་ཀྱང༌། དུས་གསུམ་གྱི་སེམས་ཅན་རྣམས་ལ་གནས་ཀྱང་རྙེད་པར་དཀའ་ བ་ཡིན་ཞེས་བཤད་ཀྱང་རུང་མོད། འོན་ཀྱང་འདི་ནི་སྔ་མའི་ཁྱད་ཆོས་སུ་སྦྱོར་ཏེ། ཐོག་མ་ དགའ་བ་དང་སྣང་བའི་ཡེ་ཤེས། དབུས་མཆོག་དགའ་དང་མཆེད་པའི་ཡེ་ཤེས། ཐ་མ་ཁྱད་ དགའ་དང་ཐོབ་པའི་ཡེ་ཤེས། འཇིག་རྟེན་གསུམ་དུ་རྙེད་པར་དཀའ་བ་ལྷན་ཅིག་སྐྱེས་དགའ་ དང༌། འོད་གསལ་བའི་ཡེ་ཤེས་སོ། །ཞེས་འཆད་དོ། །འོ་ན་དེ་ལྟ་བུའི་ཡེ་ཤེས་དེ་དཔེ་གང་ གིས་མཚོན་པར་ནུས་ཞེ་ན། བསྲུབ་བྱ་ཤེས་རབ་ཀྱི་པདྨ་དང༌། སྲུབ་བྱེད་ཐབས་ཀྱི་རྡོ་རྗེ་ཡང་ དག་པར་སྦྱོར་བར་བྱས་པ་ལས་ཀྱི་ཕྱག་རྒྱའི་བདེ་བ་དེ་བཞིན་ནོ། །ཞེས་པའོ། ། གཉིས་པ་ཡན་ལག་གི་དོན་ནི། བསྐྱེད་རིམ་ལྟར་འཆད་པ་སྟེ། སྒྲའི་ཚུལ་ངེས་པར་བྱུང་ བ་ནི། ནཱ་ད་ལས་ལྷ་རྣམས་བསྐྱེད་པའི་དོན་ཏེ། འདི་ལ་ཡང་མངལ་སྐྱེས་ཀྱི་ཚུལ་ལྟར་ན་ ནམ་མཁའི་ནཱ་ད་རྒྱུ་རྡོ་རྗེ་འཛིན་པའི་ཞལ་དུ་ཞུགས་པ་ལས། སླར་ཡང་འབྲས་བུ་རྡོ་རྗེ་འཛིན་ པ་འཁོར་གྱི་ལྷ་ཚོགས་དང་བཅས་པ་གྲུབ་པའི་དོན་དང༌། སྒོང་སྐྱེས་ལྟར་ན་ནམ་མཁའི་ནཱ་ ད་མངོན་བྱང་གི་ཉི་ཟླ་ཁ་སྦྱོར་གཉིས་ཀྱི་དབུས་སུ་ཞུགས་ཏེ། དེ་ལས་རྟེན་དང་བརྟེན་པར་ བཅས་པའི་དཀྱིལ་འཁོར་གྱི་འཁོར་ལོ་གྲུབ་པའི་དོན་ནོ། །དམ་ཚིག་སྤྱོད་པ་ནི། གཙོ་འཁོར་ གྱི་ལྷ་ཐམས་ཅད་ཡབ་ཡུམ་ཁ་སྦྱོར་གྱི་དམ་ཚིག་ལས་མི་འདའ་བ་དང༌། དེའི་སྤྱོད་ཡུལ་ནི་ རྟེན་གཞལ་ཡས་ཁང་བསྟན་པའོ། །དཀྱིལ་འཁོར་གྱི་ལྷ་ཡང་འཇིག་རྟེན་གསུམ་ན་རྙེད་པར་ དཀའ་བ་ཐོག་མ་སྟེ། ནམ་མཁའ་ལ་སྤྱོད་པ་དང༌། དབུས་ཏེ་ས་སྟེང་ན་སྤྱོད་པ་དང༌། ཐ་མ་ སྟེ་ས་འོག་ན་སྤྱོད་པའི་གནས་གསུམ་གྱི་དཔའ་བོ་དང་མཁའ་འགྲོ་མ་རྣམས་ཡང་དག་པར་ 2-1-18 གནས་པའོ། །དེ་ལྟ་བུའི་བསྐྱེད་རིམ་གྱི་ལྷ་རྣམས་ཀྱང་ལས་སམ་ཡེ་ཤེས་ཀྱི་ཕྱག་རྒྱའི་བདེ་ བས་རྒྱས་ཐེབས་པ་གཅིག་དགོས། ཞེས་པ་ལ། ཇི་ལྟར་སྲུབ་དང་སྲུབ་པ་ཡི། །སྦྱོར་བ་བྱས་ པ་དེ་བཞིན་ནོ། །ཞེས་པས་བསྟན་ནོ། ། གསུམ་པ་འཕྲོས་དོན་གྱི་བཤད་པ་ནི། འབྲས་བུའི་གསང་བ་དང་སྦྱར་ནས་འཆད་པ་ སྟེ། སྒྲའི་ཚུལ་ནི་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་དང༌། ངེས་པར་བྱུང་བ་ནི། རྣམ་པ་ ཐམས་ཅད་དང་ལྡན་པའི་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་དང༌། དམ་ཚིག་སྤྱོད་པ་ནི་ཐུགས་འགྱུར་མེད་ ཀྱི་བདེ་བ་ཆོས་ཀྱི་སྐུ་རྣམས་བསྟན་པ་ཡིན་ལ། དེ་གསུམ་ཅར་ཡང་དུས་གསུམ་ཅར་ལ་ཁྱབ་ པའི་ཚུལ་གྱི་རྟག་ཏུ་གནས་པ་དང༌། འཇིག་རྟེན་གསུམ་དུ་རྙེད་པར་དཀའ་བ་དང༌། དེ་ལྟ་བུའི་ འབྲས་བུ་སྐུ་གསུམ་པོ་དེ་ཡང༌། བདེ་བ་ཆེན་པོའི་རང་བཞིན་ཡིན་ཞིང༌། དཔེ་ཞུ་བདེས་ཀྱང་ མཚོན་པར་བྱེད་པ་ཡིན་པ་ནི། ཇི་ལྟར་སྲུབ་དང་ཞེས་སོགས་ཀྱིས་བསྟན་ནོ། །དེ་ལྟར་ན་དོན་ དེ་རྣམས་རྩ་རྒྱུད་རྒྱས་པ་ལས་ཇི་ལྟར་འབྱུང་བ་བཞིན། འདིར་ཡང་མདོར་བསྡུས་པའི་ཚུལ་ གྱིས་བཤད་པར་བྱ་ཡི་ཉན་པར་གྱིས་ཤིག་ཅེས་གདམས་པ་ཡིན་ལ། དེར་མ་ཟད། སྔགས་ བཟླས་བསམ་གཏན་ལ་སོགས་དང༌། །ཆོ་གའི་ཡེ་ཤེས་སྦྱོར་ཉིད་ཀྱང་བཤད་པར་བྱའོ། །ཞེས་སྦྲེལ་ལོ། །འདི་ལ་བསྐྱེད་རིམ་ལྟར་བཤད་པ་དང༌། རྫོགས་རིམ་ལྟར་བཤད་པ་གཉིས་ ལས། དང་པོ་ནི། སྔགས་བཟླས་པ་དང༌། བསྐྱེད་པའི་རིམ་པའི་བསམ་གཏན་དང༌། ཞི་བ་དང༌། རྒྱས་པ་དང༌། དབང་དང༌། མངོན་སྤྱོད་ལ་སོགས་པའི་ལས་དང༌། དངོས་གྲུབ་ཀྱི་ཆོ་ག་དང༌། སྔགས་རྒྱུད་ཀྱི་སྦྱོར་བ་རྣམས་ཀྱང་བཤད་པར་བྱའོ། །ཞེས་པ་དང༌། གཉིས་པ་ལྟར་ན། སྔགས་བཟླས་ནི་རྡོ་རྗེའི་བཟླས་པ་ལ་སོགས་པ་རླུང་གི་སྦྱོར་བ་ རྣམས་དང༌། བསམ་གཏན་ནི་བདེ་སྟོང་གི་ཡེ་ཤེས་དང༌། ཆོ་ག་དང་སྦྱོར་བ་ནི། སྤྱོད་པ་དང་ 2-1-19 ཉེ་རྒྱུ་སྟེ། དེ་རྣམས་ཀྱང་བཤད་པར་བྱ། ཞེས་པའོ། །མར་དོའི་འགྱུར་ལྟར་ན། རྣལ་འབྱོར་བླ་ ན་མེད་པའི་རྒྱུད་དང་། རྩ་རྒྱུད་བསྡུས་པ་འདི་ཉིད་དུ། གོང་དུ་བསྟན་པ་དེ་རྣམས་བཤད་པར་ བྱ། ཞེས་པའོ། ། དོན་ཚན་བཞི་པ་རིགས་ལྡན་མ་མཆོད་པའི་ཆོ་ག་ལ། རིགས་ལྡན་མ་མཆོད་པའི་ཆོ་ག་ སྤྱིར་བཤད་པ་དང༌། ཕོ་ཉ་མོའི་དངོས་གྲུབ་སྒྲུབ་ཚུལ་བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ནི། བར་མ་དབུགས་དབྱུང་མཆོག་དག་དང༌། །ཞེས་སོགས་ཤོ་ལོ་ཀ་གཅིག་གིས་ བསྟན། འདི་ལ་ཕྱིའི་རིགས་ལྡན་མ་མཆོད་པ་དང༌། ནང་གི་རིགས་ལྡན་མ་མཆོད་པ་དང༌། གསང་བའི་རིགས་ལྡན་མ་མཆོད་པ་དང་གསུམ་ལས། དང་པོ་ལ། མཆོད་པའི་རྫས་དང༌། མཆོད་པར་བྱེད་པ་པོ་དང༌། མཆོད་པའི་དུས་དང༌། མཆོད་པའི་ཡུལ་དང་བཞི་ལས། དང་པོ་ནི། བར་མ་ཞེས་པ་རང་བྱུང་གི་རྫས་རཀྟ་ཉིད་ཡིན་ལ། དེ་ཡང་ན་ཚོད་ཆུང་བ་ ཡང་མ་ཡིན། ན་ཚོད་ཆེས་སྨིན་པ་ཡང་མ་ཡིན་པར། བར་སྐབས་ཀྱི་དུས་ཀྱི་རཀྟ་ལ་དེ་སྐད་ ཅེས་བྱའོ། །མཆོག་ཅེས་པས་བྱང་ཆུབ་ཀྱི་སེམས་དཀར་པོ་དང༌། དྲི་ཞེས་པས་དྲི་ཆེན་དང༌། ཆུ་ཞེས་པས་དྲི་ཆུ་དང༌། དབུགས་དབྱུང་ཞེས་པས་ཤ་ཆེན་ཏེ། མདོར་ན། ཤ་ལྔ་དང་བདུད་རྩི་ ལྔ་དང༌། ལྷ་སྒོམ་པ་དང༌། སྔགས་བཟླ་བ་དང༌། ཚོགས་ཀྱི་འཁོར་ལོ་དང༌། མཆོད་པ་དང༌། གཏོར་མའི་ཁྱད་པར་སྣ་ཚོགས་པས་ཀྱང་མཆོད་པར་བྱེད་ཅེས་པའོ། ། གཉིས་པ་ནི། རྣལ་འབྱོར་པས་ཞེས་པ་སྟེ། ཏིང་ངེ་འཛིན་ཅུང་ཟད་སྐྱེས་པའི་སྒྲུབ་པ་པོས་ མཆོད་པར་བྱེད་དོ། ། གསུམ་པ་ནི། རབ་ཐུན་བཞི་ལ་སོགས་པའམ། ཡང་ན་ནམ་ཕྱེད་ཀྱི་དུས་ལྟ་བུ་དང༌། དེ་ ལྟ་མིན་ན་ཡར་ངོས་མར་ངོའི་ཚེས་བཅུ་དང༌། དེ་ཡང་མི་ནུས་ན་ལོ་རེའི་དགུན་ཟླ་འབྲིང་པོའི་ 2-1-20 དུས་ཁྱད་པར་ཅན་རྣམས་ལ་རྟག་ཏུ་མཆོད་པར་བྱེད་པའོ། ། བཞི་པ་ནི། རིགས་ལྡན་མ་རྣམས་ཞེས་པ་སྟེ། སྒྲུབ་པ་པོ་ལ་དངོས་གྲུབ་སྟེར་བར་འགྱུར་ བའི་རིགས་སུ་གནས་པའི་འཇིག་རྟེན་དང༌། འཇིག་རྟེན་ལས་འདས་པའི་རྡོ་རྗེ་མཁའ་འགྲོ་ མ་རྣམས་ཡིན་ལ། དེ་རྣམས་མཆོད་པའི་ཚུལ་ནི། སྒྲུབ་པ་པོ་ལ་དེ་རྣམས་མངོན་དུ་མ་གྱུར་པ་ དེ་སྲིད་དུ། ལྷ་སྒོམ་སྔགས་བཟླས་མཆོད་གཏོར་ཡེ་ཤེས་ཀྱི་ཕྱག་རྒྱའི་རྗེས་ཆགས་རྣམས་ཀྱི་ མཆོད་པར་བྱེད་པ་ཡིན་ལ། སྔོན་དུ་གྱུར་པ་ན། གཙོ་བོར་རྗེས་ཆགས་སྙོམས་འཇུག་གི་བདེ་ བས་མཆོད་པར་བྱེད་པའོ། ། གཉིས་པ་ནང་གི་རིགས་ལྡན་མ་མཆོད་པ་ནི། ནང་གི་རིགས་ལྡན་མ་ནི། རྩ་དབུ་མ་ཡིན་ ལ། དེ་མཆོད་པའི་ཚུལ་ནི། བར་མ་རཀྟ་དང༌། མཆོག་བྱང་སེམས་དང༌། དྲི་ཆེན་དང༌། དྲི་ ཆུ་སྟེ་དེ་རྣམས་ཀྱི་རྩ་རོ་རྐྱང་གཉིས་དང༌། བཤང་ལྕིའི་རྩ་གཉིས་ཏེ། དེ་རྣམས་སུ་རྒྱུ་བའི་རླུང་ དང༌། བྱང་ཆུབ་ཀྱི་སེམས་རྣམས། ཨ་ཝ་དྷུ་ཏིའི་ནང་དུ་ཡོངས་སུ་འཇུག་པར་བྱས་པ་ལས། དབུ་མ་རྒྱས་པར་འགྱུར་བའི་ཚུལ་གྱིས་སོ། །མཆོད་པར་བྱེད་པ་པོ་དང༌། མཆོད་པའི་དུས་ནི། རྫོགས་པའི་རིམ་པའི་ཡེ་ཤེས་ཅུང་ཟད་སྐྱེས་པའི་རྣལ་འབྱོར་པས། རླུང་དབུ་མར་འགགས་ པའི་དུས་སུ་མཆོད་པར་བྱེད་དོ། ། གསུམ་པ་གསང་བའི་རིགས་ལྡན་མ་མཆོད་པ་ནི། དེ་ལ་མཆོད་པའི་ཡུལ་སྟོང་པ་ཉིད་ ཀྱི་ཡེ་ཤེས་ནི། གསང་བའི་རིགས་ལྡན་མ་ཡིན་ལ། དེ་མཆོད་པའི་རྫས་ནི། རྣལ་འབྱོར་པ་ རང་ཉིད་ཀྱི་ཤ་ལྔ་དང༌། བདུད་རྩི་ལྔའི་དྭངས་མ་གཏུམ་མོའི་མེས་ཡོངས་སུ་ཞུ་བ་བརྟན་པར་ བྱས་པའི་ཞུ་བདེས་སྟོང་པ་ཉིད་ཀྱི་ཡེ་ཤེས་ལ་རྒྱས་འདེབས་པའི་ཚུལ་གྱིས་མཆོད་པར་བྱེད་ པ་དང༌། དུས་ནི་སྟོང་པའི་ཡེ་ཤེས་ནམ་སྐྱེས་པ་དེའི་ཚེ་མཆོད་པར་བྱེད་པའོ། །དེ་ཡང་སྙིང་ པོ་བསྡུས་པ་ལས། རྫས་དང་གསང་བ་ཡེ་ཤེས་སོ། །ཞེས་ཕྱི་ནང་གསང་བའི་རིགས་ལྡན་མ་ 2-1-21 རྣམས་མཆོད་པའི་རྫས་གསུངས་པ་ཡིན་ནོ། ། གཉིས་པ་ནི། ཕོ་ཉ་ལྷན་ཅིག་སྐྱེས་གྲུབ་ནི། །ཞེས་སོགས་ཤོ་ལོ་ཀ་གསུམ་གྱིས་བསྟན། འདི་ལ་ཡང་ཕྱི་དང་ནང་གི་ཕོ་ཉ་མོ་གཉིས་ལས། དང་པོ་ནི། སྒྲུབ་པ་པོ་ལ་ལྷན་ཅིག་སྐྱེས་པའི་དངོས་གྲུབ་སྟེར་བར་བྱེད་པ་པོ་ནི་རྣམ་པ་ གསུམ་སྟེ། མཆོག་ལྷན་སྐྱེས་ཀྱི་ཕོ་ཉ་མོ་དང༌། འབྲིང་ཞིང་སྐྱེས་ཀྱི་ཕོ་ཉ་མོ་དང༌། ཐ་མ་སྔགས་ སྐྱེས་ཀྱི་ཕོ་ཉ་མོའོ། ། དེ་ལ་དང་པོ་ནི། ས་དང་པོ་ནས་སངས་རྒྱས་ཀྱི་སའི་བར་གྱི་ཡེ་ཤེས་ཇི་ལྟར་རིགས་པ་ ཐུགས་རྒྱུད་ལ་མངའ་ཞིང༌། འོག་མིན་ནས་བཟུངས། དག་པའི་ཞིང་རབ་འབྱམས་སུ་ཡོངས་ སུ་སྤྱོད་པའི་ཕོ་ཉ་མོ་ཡིན་ལ། གཉིས་པ་ནི། ཚོགས་སྦྱོར་གྱི་ཡེ་ཤེས་རྒྱུད་ལ་སྐྱེས་པ་རང་རྒྱུད་པའམ། སངས་རྒྱས་ཀྱི་ རྣམ་པར་འཕྲུལ་པ་ཡིན་ན་ཡང༌། ལམ་དེ་ཙམ་ཐུགས་རྒྱུད་ལ་མངའ་བའི་ཚུལ་སྟོན་པ། མ་ དག་པའི་ཞིང་རྣམས་སུ་ཡོངས་སུ་སྤྱོད་ཅིང༌། དེར་སྐྱེས་ཙམ་ཉིད་ནས་ཕོ་ཉ་མོར་གྱུར་པའོ། ། གསུམ་པ་ནི། སྐྱེ་བས་ཐོབ་པ་མ་ཡིན་པར། དབང་བསྐུར་བ་མནོས་ཤིང༌། དམ་ཚིག་ དང་ལྡན་པར་བྱས་ཏེ། རིག་སྔགས་སྒྲུབ་པ་ལས། རིག་སྔགས་ཀྱི་ཁྱད་པར་ཅི་རིགས་པ་གྲུབ་ པར་གྱུར་པ། སྦྱོར་བྱུང་གིས་ཐོབ་པའི་ཕོ་ཉ་མོའོ། །འདི་རྣམས་མངོན་དུ་གྱུར་ཅིང་མཉེས་པར་ བྱས་པ་ལས། དངོས་གྲུབ་ཐོབ་པའི་ཚུལ་ཡང༌། དང་པོས་མཆོག་གི་དངོས་གྲུབ་དང༌། གཉིས་ པས་ཐུན་མོང་གི་དངོས་གྲུབ་དང༌། གསུམ་པས་དང་པོ་གཉིས་མཉེས་པར་བྱེད་པའི་གཞི་ ཡིན་ཞེས་བླ་མ་གོང་མ་རྣམས་འཆད་ཀྱང༌། དེ་ལྟ་ན། གཉིས་པ་ཡང༌། དང་པོ་མཉེས་བྱེད་ཀྱི་ རྒྱུ་ཡིན་པའི་ཕྱིར། མ་ངེས་པར་འགྱུར་བས། དེ་ལྟར་ན་གསུམ་པས་ནི། ཕྲ་མོའི་དངོས་གྲུབ་ རྣམས་འགྲུབ་པར་བྱེད་པའོ། །དེ་རྣམས་མཆོད་པའི་ཚུལ་ཡང༌། སྔོན་དུ་མ་གྱུར་པ་དེ་སྲིད་དུ། 2-1-22 བཟླས་སྒོམ་དང༌། མཆོད་གཏོར་སོགས་ཀྱི་མཆོད་པ་གོང་རིགས་ལྡན་མའི་སྐབས་དང་འདྲ་ བ་ཡིན་ཞིང༌། སྔོན་དུ་གྱུར་ཏེ་དེ་དང་དེའི་འདུ་བ་ཐོབ་པར་གྱུར་པ་ན། རྗེས་ཆགས་ཀྱི་མཆོད་ པར་བྱེད་པ་ཡིན་པ་ལས། ཡིད་ནི་ནང་དུ་ཆུད་པ་ཞེས་པ་ནི། ཕོ་ཉ་མོ་རྣམས་དང་མཉམ་པར་ སྦྱར་བ་ལས་ཡིད་ཅེས་པ་རང་གི་དྭངས་མ་བྱང་ཆུབ་ཀྱི་སེམས་རྗེས་ཆགས་ཀྱི་མེས་ཡོངས་སུ་ ཞུ་བ་འཁོར་ལོ་བཞིར་བརྟན་པར་བྱས་པ་ནི། ནང་དུ་ཆུད་པའི་དོན་ནོ། །ཡང་ན་ཡིད་ནང་དུ་ ཆུད་པའི་དོན་རྫོགས་རིམ་གྱི་སྐབས་ཡིན་ན། བདག་དང་རིག་མ་གཉིས་ཀ་རྫོགས་རིམ་གྱི་ ལྷ་སྐུར་གསལ་བ་དང༌། བསྐྱེད་རིམ་པ་ཡིན་ན། བདག་དང་རིག་མ་གཉིས་ཀར་ཡིད་ངོར་ ལྷ་སྐུའི་རྣམ་པར་ཡོངས་སུ་ཤར་བ་ལ་བྱ་ཞིང༌། དེ་དག་ལ་ནང་དུ་ཆུད་པའི་དོན་དུ་འཇོག་ པའང༌། ཕྱི་རོལ་གྱི་དོན་ཡོངས་སུ་སྤངས་ཏེ། རང་གི་སེམས་ཉིད་ལྷའི་སྐུའི་རྣམ་པར་ཡོངས་ སུ་སྣང་བས་སོ། །འདོད་པའི་དངོས་གྲུབ་སྒོམ་པར་བྱ་བ་ནི། ཕོ་ཉ་མོ་དེ་རྣམས་མཉེས་པ་ ལས། འདོད་པའི་དངོས་གྲུབ་གོང་དུ་བསྟན་པ་དེ་རྣམས་ཐོབ་པར་འགྱུར་བའོ། །དེ་ནས་ སླར་ཡང་རང་རྫས་ཐིག་ལེས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མཆོད་པར་བྱ། ཞེས་ པ་ནི་མས་བརྟན་གྱི་རིམ་པས་རང་གི་རྫས་ཐིག་ལེ་བྱང་ཆུབ་ཀྱི་སེམས་དེ་ཉིད་གྱེན་དུ་བསྒྲོད་ པ་ལས། རང་གི་སངས་རྒྱས་ཕུང་པོ་ལྔ་དང༌། བྱང་ཆུབ་སེམས་དཔའ་དབང་པོ་དྲུག་སོགས། ཕུང་ཁམས་ཀྱི་ཚོགས་པ་རྣམས་རྒྱས་པའི་ཚུལ་གྱིས་མཆོད་པར་བྱེད་པའོ། །འདི་ལ་ཡང་ བསྐྱེད་རྫོགས་གཉིས་ཀྱི་སྐབས་སུ་ལམ་གྱི་རྟོགས་པ་མཐོན་པོར་གྱུར་པ་ཞིག་ཡིན་ན་རྡོ་རྗེ་སྤྲོ་ བ་འབྱུང་བ་ཡིན་ནོ། ། གཉིས་པ་ནི། རྫོགས་རིམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གྱི་དངོས་གྲུབ་སྟེར་བར་བྱེད་པའི་ ཕོ་ཉ་མོ་ནི་གསུམ་སྟེ། མཆོག་ཡེ་ཤེས་ཀྱི་གཏུམ་མོ་དང༌། འབྲིང་སྔགས་ཀྱི་གཏུམ་མོ་དང༌། ཐ་ མ་རྫས་ཀྱི་དབུ་མའོ། །དེ་མཆོད་པའི་ཚུལ་ཡང༌། ལས་སམ་ཡེ་ཤེས་ཀྱི་ཕྱག་རྒྱའི་རྗེས་ཆགས་ 2-1-23 སམ། རང་ལུས་ཀྱི་གཏུམ་མོ་ཡོངས་སུ་འབར་བའི་མཐུ་ལས། བྱང་ཆུབ་ཀྱི་སེམས་ཡོངས་སུ་ ཞུ་བ་འཁོར་ལོ་བཞིར་དགའ་བ་བཞིའི་ཡེ་ཤེས་རིམ་པས་བརྟན་པར་བྱས་པའི་ཡས་བབས་ ཀྱི་མཐར། སླར་ཡང་གྱེན་དུ་དབུ་མའི་ནང་དུ་ཡོངས་སུ་ཆུད་ཅིང༌། མས་བརྟན་གྱི་རིམ་པས། སྟེང་དུ་བསྒྲོད་པ་ལས། རགས་པའི་དབུ་མ་ཡེ་ཤེས་ཀྱི་དབུ་མར་དག་པར་འགྱུར་བ་ཡིན་ནོ། །རང་རྫས་ཐིག་ལེས་སངས་རྒྱས་དང༌། །བྱང་ཆུབ་སེམས་དཔའ་མཆོད་པར་བྱ། །ཞེས་པའི་ དོན་ནི། རང་རྫས་ཀུན་རྫོབ་རྫས་ཀྱི་ཐིག་ལེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་བརྡས་ བསྟན་པ། ཕུང་ཁམས་ཀྱི་དྭངས་མ་ཡེ་ཤེས་ལ་ཐིམ་པའི་ཚུལ་གྱིས་མཆོད་པར་བྱེད་པ་སྟེ། འདི་ནི་མི་འགྱུར་བའི་བདེ་བར་གྱུར་པའོ། །མཐོང་བའམ་ནི་རེག་པ་དང༌། །ཞེས་སོགས་ཤོ་ལོ་ ཀ་གཅིག་གིས་ཕོ་ཉ་མོ་རྣམས་དང་འཕྲད་ཅིང་སྔོན་དུ་གྱུར་པའི་ཕན་ཡོན་སྟོན་པ་སྟེ། སྡིག་པ་ ཡོངས་སུ་མ་བྱང་བར། །ཕོ་ཉ་མོ་རྣམས་ཀྱི་འདུ་བ་ཐོབ་པ་ཙམ་ལས། གྲོལ་བ་ཐོབ་པ་ཇི་ལྟར་ ཡོད་སྙམ་ན། ཕོ་ཉ་མོ་རྣམས་མངོན་དུ་གྱུར་ཅིང༌། ཕྲད་པ་ཉིད་ཀྱིས་སྡིག་པ་དཔག་ཏུ་མེད་པ་ དག་པར་འགྱུར་བ་ཡིན་ཏེ། ཕོ་ཉ་མོ་རྣམས་མིག་གིས་མཐོང་བ་དང༌། ལུས་ཀྱིས་ཡོངས་སུ་ རེག་པ་དང༌། མངོན་དུ་གྱུར་པ་ན། རྣ་བས་ཐོས་ཤིང༌། ཡིད་ལ་དྲན་པ་ཙམ་གྱིས་ཀྱང༌། སྡིག་ པ་ཀུན་ལས་རྣམ་པར་གྲོལ་བར་འགྱུར་བ་འདི་ལ་ཐེ་ཚོམ་མེད། ཅེས་པའོ། །རྣལ་འབྱོར་པ་ ཉིད་བསོད་ནམས་མཆོག །དག་བྱེད་སྡིག་པ་འཇིག་བྱེད་པ། །ཞེས་པས། ཕོ་ཉ་མོ་དང་ཕྲད་ པའི་སྒྲུབ་པ་པོའི་ཕན་ཡོན་སྟོན་པ་སྟེ། དེ་ཡང༌། ཕོ་ཉ་མོའི་འདུ་བ་ཐོབ་པའི་རྣལ་འབྱོར་པ་ནི། །བསོད་ནམས་མཆོག་དང་ལྡན་པ་ཡིན་ཏེ། སྒྲུབ་པ་པོ་དེའི་བསོད་ནམས་དག་པ་སྟེ། བསོད་ ནམས་སྐྱོན་མེད་ཅིང་རྒྱས་པར་འགྱུར་བ་དང༌། སྡིག་པ་སྟེ་མི་མཐུན་པའི་ཕྱོགས་ཐམས་ཅད་ འཇིག་པར་བྱེད་པས་སོ། ། དོན་ཚན་ལྔ་པ་ལམ་གྱི་གསང་བ་ངོས་བཟུང་བ་ནི། སྔགས་བཟླས་པ་དང་བསམ་གཏན་ 2-1-24 དང༌། །བདེ་བས་ཀྱང་ནི་འགྲུབ་པར་འགྱུར། །ཞེས་པས་བསྟན། དེ་ཡང་གཞུང་སྔ་ཕྱིའི་ འཚམས་སྦྱོར་ཚུལ་ནི། རིགས་ལྡན་མ་མཆོད་པར་བྱས་པ་དང༌། ཕོ་ཉ་མོ་བསྒྲུབས་པས་དངོས་ གྲུབ་ཐོབ་པར་འགྱུར་བར་མ་ཟད། སྔགས་བཟླས་པ་དང༌། བསམ་གཏན་དང༌། བདེ་བ་ཆེན་ པོས་ཀྱང་འགྲུབ་པར་འགྱུར་རོ་ཞེས་མཚམས་སྦྱར། གཞུང་འདི་ལ་འགའ་ཞིག་སྔགས་ཀྱི་ བཟླས་པ་དང༌། བསྐྱེད་པའི་རིམ་པའི་བསམ་གཏན་དང༌། བདེ་བ་རྫོགས་པའི་རིམ་པའོ་ཞེས་ འཆད་པ་ཡོད་ཀྱང༌། རང་ལུགས་ལ་འདི་ལ་བསྐྱེད་རིམ་ལྟར་འཆད་པ་དང༌། རྫོགས་རིམ་ ལྟར་འཆད་པ་གཉིས་ལས། དང་པོ་ལ། སྔགས་བཟླས་པ་ནི། བཟླས་བྱའི་སྔགས་རིན་ཆེན་རྣམ་པ་བཞི་ལ་སོགས་ པའི་སྔགས་རྣམས་དང༌། དེ་བཟླ་བའི་ཚུལ་དོ་ལིའི་བཟླས་པ་དང༌། ཁྱོགས་ཀྱི་བཟླས་པ་དང༌། སྤྲོས་བསྡུའི་བཟླས་པ་དང༌། བཀོད་པའི་བཟླས་པ་ལ་སོགས་པའི་ཚུལ་རྣམས་བསྟན་པ་ཡིན་ ལ། བསམ་གཏན་དང་ཞེས་པས། བསྐྱེད་པའི་རིམ་པའི་རྣལ་འབྱོར་ཏིང་ངེ་འཛིན་གསུམ་ དང༌། བསྙེན་སྒྲུབ་ཡན་ལག་བཞི་དང༌། རྣལ་འབྱོར་བཞི་ལ་སོགས་པ་དང༌། བྱེ་བྲག་ཏུ། ཞི་ བ་དང༌། རྒྱས་པ་དང༌། དབང་དང༌། མངོན་སྤྱོད་སྟེ་ལས་བཞི་སོ་སོའི་རྣལ་འབྱོར་ཡང་བསྟན་ པ་ཡིན་ནོ། །བདེ་བས་ཀྱང་ཞེས་པས་ཕྲ་ཐིག་གི་རྣལ་འབྱོར་ལ་བརྟེན་ནས་ཐོབ་པའི་བདེ་ བས། ལྷར་སྣང་ལ་རྒྱས་འདེབས་པར་བྱེད་པ་དང༌། བདེ་བ་དེ་ཉིད་ལྷ་སྐུའི་རྣམ་པར་འཆར་ བར་བྱེད་པའི་སྐྱེད་རིམ་གྱི་བདེ་བ་བསྟན་པ་ཡིན་ཞིང༌། དེ་རྣམས་ཀྱིས་ཐུན་མོང་གི་དངོས་ གྲུབ་ཐམས་ཅད་འགྲུབ་པར་འགྱུར་བ་ཡིན་ནོ། ། གཉིས་པ་ལ། མི་ཟབ་པ་རྫོགས་རིམ་གྱི་དབང་དུ་བྱས་ན། སྔགས་བཟླས་པ་དང་ཞེས་ པས་རྡོ་རྗེའི་བཟླས་པ་ལ་སོགས་པའི་རླུང་གི་རྣལ་འབྱོར་རྣམས་དང༌། བསམ་གཏན་དང་ ཞེས་པས། ཡིག་འབྲུ་ཐིག་ལེ་ལ་སོགས་པ་བསྒོམས་ཏེ་སེམས་འཛིན་པའི་མན་ངག་དང༌། 2-1-25 བདེ་བས་ཀྱང་ཞེས་པས། ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱའི་རྣལ་འབྱོར་བསྟན་པ་ཡིན་ནོ། །དོན་ གྱི་གཙོ་བོ་རྫོགས་རིམ་དངོས་ལྟར་བཤད་ན། སྔགས་བཟླས་པ་དང་ཞེས་པས་འཛིན་པའི་ ཡན་ལག་དང༌། བསམ་གཏན་དང་ཞེས་པས། བསམ་གཏན་གྱི་ཡན་ལག་དང༌། བདེ་བས་ ཀྱང་ཞེས་པས། ཏིང་ངེ་འཛིན་གྱི་ཡན་ལག་སྟེ། འབྲས་བུའི་ཡན་ལག་གསུམ་དངོས་སུ་བསྟན་ པས། རྒྱུའི་ཡན་ལག་སོར་བསྡུད་དང༌། སྲོག་རྩོལ་དང༌། རྗེས་དྲན་རྣམས་ཤུགས་ལ་རྟོགས་ པར་ནུས་ཏེ། རྒྱུ་རྣམས་ནི། འབྲས་བུའི་སྔོན་དུ་འགྲོ་བར་མངོན་སུམ་དུ་གྲུབ་པས་སོ། ། དོན་ཚན་དྲུག་པ་ལམ་གྱི་ཡན་ལག་དམ་ཚིག་གི་ཚོགས་བཤད་པ་ལ། དམ་ཚིག་སྤྱིར་ བཤད་པ་དང༌། ཁྱད་པར་གྱི་དམ་ཚིག་ཞི་བའི་ལྟུང་བ་བཤད་པ་གཉིས་ལས། དང་པོ་ནི། སྤྱིར་དམ་ཚིག་ནི་རྣམ་པ་གསུམ་སྟེ། བསྲུང་བའི་དམ་ཚིག་དང་། སྒྲུབ་པའི་ དམ་ཚིག་དང༌། བརྟེན་པའི་དམ་ཚིག་དང་གསུམ་ལས། དང་པོ་ནི། རྩ་བའི་ལྟུང་བ་བཅུ་བཞི་ལ་སོགས་པ། སྤང་བྱ་ལྡོག་པའི་དམ་ཚིག་དང༌། ཕྱི་ མ་གཉིས་བླང་བྱ་སྒྲུབ་པའི་དམ་ཚིག་གོ །དེ་ཡང་དང་པོ་ནི། འདའ་བར་མི་བྱ་བའི་དོན་གྱིས་ ན་དམ་ཚིག་དང༌། ཕྱི་མ་གཉིས་ནི་རྟོགས་པ་བསྐྱེད་པར་བྱེད་པའི་དོན་གྱིས་ན་དམ་ཚིག་གོ །དེ་རྣམས་དུས་རྟག་ཏུ་བསྐྱང་བར་བྱ་སྟེ། དང་པོ་སྤང་ཞིང་བསྲུང་བའི་སྒོ་ནས་སྐྱང་བ་དང༌། ཕྱི་མ་གཉིས་བླང་ཞིང་སྒྲུབ་པའི་སྒོ་ནས་སྐྱང་བར་བྱེད་པའོ། །དེ་ཡང་སྐྱང་བའི་ཐབས་ནི། ཤིན་ཏུ་མཉམ་བཞག་ཅེས་པ་སྟེ། །འདི་སྐབས་ཀྱི་མཉམ་པར་བཞག་པ་ཡང་ཏིང་ངེ་འཛིན་ ལ་སེམས་རྩེ་གཅིག་ཏུ་མཉམ་པར་བཞག་པའི་དོན་མ་ཡིན་གྱི། དྲན་པ་དང་ལྡན་པ་སྟེ། དམ་ ཚིག་དེ་རྣམས་སྤང་བླང་བྱེད་པ་ཡང༌། དྲན་པ་དང་ལྡན་པ་ལ་འབྱུང་བ་ཡིན་གྱི། དེ་དང་མི་ལྡན་ ན་མི་འབྱུང་ངོ༌། །དེས་ན་དྲན་པ་དངོས་སུ་བསྟན་པས། མི་ཤེས་པའི་གཉེན་པོར་ཤེས་བཞིན་ དང༌། བག་མེད་ཀྱི་གཉེན་པོར་བག་ཡོད་དང༌། མ་གུས་པའི་གཉེན་པོར་གུས་པར་བྱེད་པ་ 2-1-26 དང༌། ཉོན་མོངས་པ་མང་བའི་གཉེན་པོར་དེ་དང་དེའི་གཉེན་པོ་བསྟེན་པ་སོགས། དམ་ཚིག་ རྐྱང་བའི་རྒྱུ་ཚོགས་གཞན་རྣམས་ཀྱང་ཤུགས་ལ་བསྟན་པ་ཡིན་ནོ། །དམ་ཚིག་སྐྱང་དགོས་ པའི་རྒྱུ་མཚན་ནི། རྩ་བའི་ལྟུང་བ་བཅུ་བཞི་སོགས་དམ་ཚིག་ཆེན་པོ་རྣམས་ཉམས་ན་དངོས་ གྲུབ་མི་ཐོབ་པ་ལྟ་ཞོག བསྟེན་བྱ་བཟའ་བའི་དམ་ཚིག་སོགས། དམ་ཚིག་ཕྲ་མོ་གཞན་རྣམས་ ཉམས་པས་ཀྱང་དངོས་གྲུབ་ཐོབ་པར་མི་འགྱུར་རོ། །དངོས་གྲུབ་དེ་ཡང་ཅི་ཞེ་ན། དཀྱིལ་ འཁོར་དུ་དབང་བསྐུར་དངོས་གྲུབ་ཅེས་པ་སྟེ། དཀྱིལ་འཁོར་དུ་དབང་སྐུར་བ་ཐོབ་པའི་དུས་ སུ་རིགས་སྔགས་ཀྱི་ནུས་པ་སློབ་མའི་རྒྱུད་ལ་ཡོངས་སུ་འཕོས་པར་གྱུར་པ་དེ་ལ་སྔགས་ཀྱི་ དམ་ཚིག་ཐོབ་པ་ཞེས་བྱ་ལ། དེ་དངོས་གྲུབ་ཐམས་ཅད་ཀྱི་རྒྱུར་གྱུར་པ་ཡིན་པས། དམ་ཚིག་ ཡོངས་སུ་ཉམས་ན་དངོས་གྲུབ་ཀྱི་རྒྱུ་དེ་ཉིད་ཉམས་དམད་པར་གྱུར་ཏེ། དངོས་གྲུབ་ཐོབ་ པར་མི་འགྱུར་བ་ཡིན་ནོ། །དེའི་ཤུགས་ལ་དམ་ཚིག་མ་ཉམས་པའི་ཕན་ཡོན་ཀྱང་སྟོན་པར་ འགྱུར་བ་ཡིན་ཏེ། དམ་ཚིག་ལྡན་པས་དཀྱིལ་འཁོར་དུ། །དབང་བསྐུར་དངོས་གྲུབ་ཐོབ་པར་ འགྱུར། །ཞེས་གསུངས། གཉིས་པ་ནི་སྦྲང་རྩི་འཚལ་དང་ག་པུར་བཅས། །ཞེས་སོགས་ཚིག་དགུས་བསྟན། འདི་ ལ་ཕྱི་ལྟར་བཤད་པ་དང༌། ནང་ལྟར་བཤད་པ་གཉིས་ལས། དང་པོ་ལ། རྫས་དང༌། དེ་བྱིན་གྱིས་རློབ་པའི་ཏིང་ངེ་འཛིན་དང༌། སྒྲུབ་པའི་ཚུལ་དང༌། བསྟན་པའི་ཚུལ་དང༌། ཕན་ཡོན་དང་ལྔ་ལས། དང་པོ་ནི། སྦྲང་རྩི་ཞེས་པས་ཚིལ་ཆེན་དང༌། འཚལ་ཞེས་པས་རཀྟ་དང༌། ག་པུར་ཞེས་ པས་བྱང་ཆུབ་ཀྱི་སེམས་དང༌། དམར་པོ་ཞེས་པས་ཤ་ཆེན་དང༌། ཙནྡན་ཞེས་པས་བཤང་བ་ རྣམས་བསྟན་པ་ཡིན་ལ། བཅས་པ་ཞེས་པས། དེར་དངོས་སུ་མ་བསྟན་པའི་བདུད་རྩི་ལྔ་ དང༌། ཤ་ལྔ་པོ་རྣམས་བསྟན་པ་ཡིན་ནོ། །ཚོགས་ཀྱི་དབུས་སུ་བཞག་པར་བྱ། །ཞེས་པ་ནི། 2-1-27 བཞག་ཚུལ་འོག་ཏུ་རྒྱས་པར་འཆད་པར་འགྱུར་རོ། །ཏིང་ངེ་འཛིན་ནི་རྡོ་རྗེ་ཀུན་ཞེས་པ་ནི། དཀྱིལ་འཁོར་གྱི་གཙོ་བོ་བདག་ཉིད་ཧེ་རུ་ཀ་དང༌། མཚན་ཞེས་པ་ནི་དེའི་ཕྱག་མཚན་ཏེ་ཐོད་ པ་དང༌། མཚན་མ་འཛིན་ཞེས་པ་ནི། རྡོ་རྗེས་མཚན་པ་སྟེ་རྡོ་རྗེ་དངོས་སུ་བསྟན་པས། ཟླ་བ་ དང༌། ཨོཾ་ཡིག་ཡང་ཤུགས་ལ་འཕངས་པའོ། །འདིས་ནི་གོང་གི་རྫས་དེ་རྣམས་བྱིན་གྱིས་རློབ་ པར་བྱེད་པའི་ཏིང་ངེ་འཛིན་ཏེ། དེ་ཡང་ཐོད་པའི་ནང་དུ། ཤ་ལྔ་དང༌། བདུད་རྩི་ལྔ་སོགས། རྫས་དེ་རྣམས་ཡོངས་སུ་བཀོད། དེའི་སྟེང་དུ་ཨོཾ་དང༌། ཟླ་བ་དང༌། རྡོ་རྗེ་རྣམས་བསྒོམས་ཏེ། སྦྱངས་རྟོགས་སྦར་གསུམ་དུ་བྱེད་པ་ནི། འདིས་བསྟན་པའོ། ། གསུམ་པ་དེ་བསྟན་པའི་ཚུལ་ནི། སྦོམ་པོ་སྟེ་མཐེ་བོང་དང༌། མཐའ་དག་སྟེ་སྲིན་ལག་ ཡིན་ཞིང༌། དེ་ལྟར་མཐེབ་སྲིན་སྦྱར་བས། བདུད་རྩི་དེ་ཉིད་བླངས་ཏེ། ཕུད་བླ་མ་ཡི་དམ་ ལ་འབུལ་ཞིང༌། དེ་ནས་རང་ཉིད་ཀྱིས་རྣལ་འབྱོར་རིག་པ་སྟེ། ལྷ་དང༌། སྟོང་པ་ཉིད་ཀྱི་རང་ བཞིན་དུ་རིག་ཅིང་ཤེས་པའི་སྒོ་ནས་ལོངས་སྤྱོད་པར་བྱེད་པའོ། །དེ་ལྟར་ཞི་བའི་བཏུང་བ་ བཞིན་མྱངས་ན། ཞེས་པའི་དོན་ནི། དེ་ཡང་སྔོན་རི་ས་འཛིན་ཞེས་བྱ་བ་ན། ཤིན་ཏུ་ཞི་བ་ ཞེས་བྱ་བའི་རྩ་ཡོད་པ་བླངས་ཏེ། བ་གླང་གི་ཀོ་བའི་ནང་དུ་བརྡུངས་ཏེ། གངྒའི་ཆུ་དང་བསྲེས་ ཏེ་བཏུང་པས། སྔོན་དྲང་སྲོང་མང་པོ་ལུས་དེ་ཉིད་ཀྱིས་ལྷར་གྱུར་ཏོ་ཞེས། བྲམ་ཟེ་རྣམས་སྨྲ་ བར་བྱེད་པ་དེ་ནི། དཔེ་ཙམ་སྟེ། ཞི་བའི་བཏུང་བ་མཚན་ཉིད་པ་མ་ཡིན་ལ། ཞི་བའི་བཏུང་ བ་མཆོག་ཏུ་གྱུར་པ་དམ་ཚིག་གི་རྫས་དེ་ཉིད་བཏུང་ཞིང་མྱངས་པས་ན། དངོས་གྲུབ་རྟག་པ་ སྟེ། འཆི་བ་མེད་པ་ལ་སོགས་པའི་དངོས་གྲུབ་ཐོབ་པར་འགྱུར་བའོ། །དེ་ལྟ་བུའི་དམ་ཚིག་ གི་རྫས་འདི་ནི། འཆི་བ་མེད་པའི་བདུད་རྩི་བཅུ་ཕྱེད་དེ། ལྔར་འགྱུར་བ་ཡིན་ལ། གཞན་ཡང་ འགྲོ་བ་ཐམས་ཅད་དབང་དུ་བྱེད་པ་ལ་སོགས་པའི་དངོས་གྲུབ་ཐམས་ཅད་འཇུག་པ་སྟེ་ཐོབ་ པར་བྱེད་པའང་ཡིན་ནོ། །དོན་དེ་རྣམས་རྣལ་འབྱོར་པ་ལས་དང་པོ་པས། ནང་མཆོད་བདུད་ 2-1-28 རྩི་མྱོང་བར་བྱེད་པ་དང༌། ཡང་དམ་རྫས་བདུད་རྩི་རིལ་བུ་སྒྲུབ་པར་བྱེད་པ་དང༌། ཚོགས་ ཀྱི་འཁོར་ལོ་ལ་སོགས་པའི་ཆོ་ག་ཡང་དེ་ཉིད་དོ། །དེ་ལ་བདུད་རྩི་མྱང་བའི་ཆོ་ག་དང་སྦྱར་ ན། སྦྲང་རྩི་འཚལ་དང་ག་བུར་བཅས། །དམར་པོ་ཙནྡན་སྦྱར་བ་ནི། །ཞེས་པས་བྱིན་གྱིས་ རླབས་བྱའི་རྫས་ཆང་ལྟ་བུ་ཞིག་བསྟན་པ་དང༌། ཚོགས་ཀྱི་དབུས་སུ་བཞག་པར་བྱ། །ཞེས་ པ་ནི། རང་གིས་སྒོམ་པའི་ཏིང་ངེ་འཛིན་གྱིས། དཀྱིལ་འཁོར་གྱི་ལྷ་ཚོགས་ཀྱི་དབུས། གཙོ་ བོའི་མདུན་དུ་བཞག་པར་བྱ་བ་དང༌། རྡོ་རྗེ་ཀུན་མཚན་མཚན་མ་འཛིན། །ཞེས་པ་ནི། ཐོད་ པའི་ནང་གི་རྫས་ལ། སྦྱངས་རྟོགས་སྦར་གསུམ་གྱིས་དམིགས་པ་བྱེད་པ་བསྟན། སྦོམ་པོ་ མཐའ་དག་རྩེ་སྦྱར་བས། །རྣལ་འབྱོར་རིག་པས་རྟག་ཏུ་སྤྱད། །ཞི་བའི་བཏུང་བ་བཞིན་མྱང་ ན། །ཞེས་པས་བདུད་རྩི་དེ་ཉིད་མཐེབ་སྲིན་གྱིས་བླངས་ཏེ། སྟོང་པ་ཉིད་དུ་ཤེས་པའི་སྒོ་ནས། ཐིགས་གཏོར་བྱེད་ཅིང༌། ལྷ་རྣམས་ཀྱི་ལྗགས་རྡོ་རྗེའི་སྦུ་གུས་དྲངས་ཏེ་མྱང་བ་བསྟན། དེ་མན་ ཆད་ནི་ཕན་ཡོན་ནོ། །ཡང་དམ་རྫས་བདུད་རྩི་རིལ་བུ་ལྟ་བུ་སྒྲུབ་པ་ལ། སྦྲང་རྩི་སོགས་ཚིག་ གཉིས་ཀྱིས་ཤ་ལྔ། བདུད་རྩི་ལྔ་དངོས་སམ་རྗེས་མཐུན་པ་སྟེ། དམ་ཚིག་གི་རྫས་བསྟན་པ་ དང༌། ཚོགས་ཀྱི་དབུས་སུ་བཞག་པར་བྱ། །ཞེས་པས་རྫས་དེ་ཉིད་དཀྱིལ་འཁོར་གྱི་ཁང་པ་ ལྟ་བུའི་དབུས་སུ་འཇོག་པ་བསྟན་པ་དང༌། རྡོ་རྗེ་ཀུན་ཞེས་པས། སྒྲུབ་པ་པོ་རང་ཉིད་དཔལ་ ཧེ་རུ་ཀའི་རྣལ་འབྱོར་ལ་གནས་པར་བསྟན་པ་དང༌། མཚན་མཚན་མ་འཛིན་ཞེས་པས། རྫས་ དེ་བྱིན་གྱིས་རློབ་པའི་ཏིང་ངེ་འཛིན་སྔགས་དང་བཅས་པ་བསྟན་པ་དང༌། སྦོམ་པོ་སོགས་ ཚིག་གསུམ་གྱིས། དམ་རྫས་རིལ་བུ་དེ་ཉིད་མཐེབ་སྲིན་གྱིས་བླངས་ཏེ་མྱང་བ་བསྟན་པ་དང༌། དེ་ཡན་ཆད་ཕན་ཡོན་ནོ། །ཡང་ཚོགས་ཀྱི་འཁོར་ལོ་ལྟར་ན། སྦྲང་རྩི་སོགས་ཚིག་གཉིས་ཀྱིས་ ཚོགས་རྫས་བསྟན་པ་དང༌། ཚོགས་ཀྱི་དབུས་སུ་བཞག་པར་བྱ། །ཞེས་པས། རྫས་དེ་ཉིད་ དམ་ཚིག་དང་ལྡན་པའི་དཔའ་བོ་དང་རྣལ་འབྱོར་མ་ཚོགས་པའི་དབུས་སུ་བཞག་པ་དང༌། རྡོ་ 2-1-29 རྗེ་ཀུན་ཞེས་པས། བདག་མདུན་གྱི་དཀྱིལ་འཁོར་བསྟན་པ་དང༌། མཚན་མཚན་མ་འཛིན་ ཞེས་པས། ཚོགས་རྫས་རྣམས་བྱིན་གྱིས་རློབ་པར་བྱེད་པའི་ཏིང་ངེ་འཛིན་བསྟན་པ་དང༌། སྦོམ་པོ་མཐའ་དག་རྩེ་སྦྱར་བས། ཞེས་པས། ཚོགས་ཕུད་འབུལ་བ་དང༌། རྣལ་འབྱོར་རིག་ པས་རྟག་ཏུ་སྤྱད། །ཞི་བའི་བཏུང་བ་བཞིན་མྱངས་ན། །ཞེས་པས། ལྷའི་རྣལ་འབྱོར་དང་སྟོང་ པ་ཉིད་ཀྱི་ཏིང་ངེ་འཛིན་ལ་གནས་པའི་སྒོ་ནས་རྣལ་འབྱོར་པ་རྣམས་ཚོགས་རྫས་ལ་ལོངས་ སྤྱོད་པ་དང༌། ལྷག་མའི་གཏོར་མའང་བསྟན་པ་ཡིན་ལ། ལྷག་མ་རྣམས་ནི་ཕན་ཡོན་ནོ། ། གཉིས་པ་ནང་ལྟར་བཤད་པ་ནི། སྦྲང་རྩི་འཚལ་དང་ག་བུར་བཅས། །དམར་པོ་ཙནྡན་ སྦྱར་བ་ནི། །ཞེས་པས་རང་དང་རིག་མ་གཉིས་ཀྱི་བདུད་རྩི་ལྔའི་དྭངས་མ་བསྟན་པ་ཡིན་ལ། ཚོགས་ཀྱི་དབུས་སུ་བཞག་པར་བྱ། །ཞེས་པས་ནི། རང་དང་རིག་མའི་ཕུང་ཁམས་ཀྱི་ཚོགས་ པའི་དབུས་ན་བདུད་རྩི་ལྔའི་དྭངས་མ་དེ་ཉིད་གནས་པ་ཡིན་ཞེས་བསྟན་པ་ཡིན་ཅིང༌། སྦོམ་ པོ་མཐའ་རྟག་རྩེ་སྦྱར་བས། །ཞེས་པས། སྦོམ་པོ་ནི་ཐབས་ཀྱི་རྡོ་རྗེ་དང༌། མཐའ་རྟག་ནི་ཤེས་ རབ་ཀྱི་པད་མ་མཉམ་པར་སྦྱར་བ་དང༌། དེ་ཡང་རྩེ་སྦྱར་ཞེས་གསུངས་པས། ཐབས་ཤེས་ ཀྱི་དབུ་མའི་མས་སྣ་ཁ་ཁ་མུ་ཁའི་རྩ་གཉིས་ཕྲད་པའི་དོན་ནོ། །རྡོ་རྗེ་ཀུན་མཚན་མཚན་མ་ འཛིན། །ཞེས་པ་ནི། ཐབས་ཤེས་མཉམ་པར་སྦྱར་བའི་རྗེས་ཆགས་ཀྱིས། བྱང་ཆུབ་ཀྱི་སེམས་ ཡོངས་སུ་ཞུ་བ་འཁོར་ལོ་བཞིར་བརྟན་པ་ནི་རྡོ་རྗེའི་དོན་དང༌། དེ་ཡང་མགྲིན་པ་ལ་སོགས་ པའི་གནས་སོ་སོར་བྱང་ཆུབ་ཀྱི་སེམས་རིམ་པས་བརྟན་པར་བྱས་པས། དགའ་བཞིའི་ཡེ་ ཤེས་སོ་སོར་ངོ་འཕྲོད་པ་ནི། མཚན་མ་འཛིན་པའི་དོན་ཏེ། བྱང་ཆུབ་ཀྱི་སེམས་གནས་དེ་ དང་དེར་སླེབ་པ་ལ་དགའ་བའི་ཡེ་ཤེས་དེ་དང་དེའི་རྟགས་སམ་མཚན་མས་རྒྱས་ཐེབས་པའི་ དོན་ནོ། །ཞི་བའི་བཏུང་བ་བཞིན་མྱངས་ན། །ཞེས་པའི་དོན་ནི། རྩ་གཉིས་ཀྱི་རྩེར་བྱང་ཆུབ་ ཀྱི་སེམས་དཀར་དམར་ཡོངས་སུ་བབས་པ་ལྷན་སྐྱེས་ཀྱི་དུས་དེར་ཐབས་ཤེས་གཉིས་ཀར་ 2-1-30 ནུས་པ་ཐོབ་པ་ཡིན་ན། ཁམས་དཀར་དམར་གཅིག་ཏུ་འདྲེས་པ་ཐབས་ཀྱིས་ཀྱང་ཤེས་རབ་ ཀྱི་དམར་ཆ་དང་འདྲེས་པའི་རང་གི་བྱང་ཆུབ་ཀྱི་སེམས་མས་བརྟན་པའི་ཚུལ་གྱིས་གྱེན་དུ་ གཤེགས་ཏེ་མྱོང་བར་བྱེད་པ་དང༌། ཤེས་རབ་ཀྱིས་ཀྱང་ཐབས་ཀྱི་དཀར་ཆ་དང་འདྲེས་པའི་ རང་ཉིད་ཀྱི་རྡུལ་གྱི་ཁམས་ཡོངས་སུ་དྲངས་ཏེ་མྱོང་བར་བྱེད་པ་ཡིན་ལ། དེ་ལྟར་མྱངས་པའི་ ཕན་ཡོན་ནི། དངོས་གྲུབ་རྟག་པ་ཐོབ་པར་འགྱུར། །འདི་ནི་མི་འཆི་བཅུ་ཕྱེད་འགྱུར། །དངོས་ གྲུབ་ཐམས་ཅད་འཇུག་བྱེད་ཡིན། །ཞེས་པ་སྟེ། དེ་ལྟར་རྣལ་འབྱོར་པ་རང་ཉིད་ཀྱིས་ལུས་ལ་ བདུད་རྩི་ལྔའི་དྭངས་མ་གཞིར་གནས་ཀྱི་ཚུལ་གྱིས་ཡོད་པ། ཤེས་རབ་ཀྱི་རྡུལ་གྱི་དྭངས་མ་ དང་འདྲེས་པའི་བྱང་ཆུབ་ཀྱི་སེམས་དེ་ཉིད་དང་འདྲེས་པ་ལས། གཞིར་གནས་ཀྱི་བདུད་རྩི་ལྔ་ པོ་དེ་རྣམས་ཀྱང༌། འཆི་བ་མེད་པར་བྱེད་པའི་ནུས་པ་དང་ལྡན་པར་གྱུར་པ་དང༌། གཞན་ཡང་ དངོས་གྲུབ་རྣམ་གྲངས་ཐམས་ཅད་འཇུག་པར་བྱེད་པར་འགྱུར་རོ། ། དོན་ཚན་བདུན་པ་ཕྱག་རྒྱ་བཞིའི་དོན་བཤད་པ་ནི། མཆོད་བཞི་དཔའ་བོ་ཆེན་པོ་ནི། །ཞེས་སོགས་ཚིག་བདུན་གྱིས་བསྟན། དེ་ཡང་མཆོད་པ་བཞི་ནི། ཕྱིའི་མཆོད་པ་སོགས་བཞི་ ལ་འཆད་པ་རྒྱ་འགྲེལ་གྱི་ལུགས་འགའ་ཞིག་ལ་ཡོད་ཀྱང༌། འདིར་ནི་ལས་དང༌། ཆོས་དང༌། དམ་ཚིག་དང༌། ཕྱག་རྒྱ་ཆེན་པོ་སྟེ། ཕྱག་རྒྱ་བཞིའི་དོན་དུ་འཆད་པ་ཡིན་ཞིང༌། དེ་རྣམས་ལ་ མཆོད་པ་བཞིར་འཇོག་པའི་རྒྱུ་མཚན་ཡང༌། སེམས་བདེ་བ་ཆེན་པོས་གང་ཞིང༌། མཆོད་པར་ བྱེད་པས་ན། དེ་སྐད་ཅེས་བྱ་སྟེ། མཆོད་པའི་སྐད་དོད་པཱུ་ཛ་ཞེས་པ་ཡོད་ལ། པཱུ་ལ་ཡི་གེ་ བསྣན་ཏེ། པུརྞ་དང༌། ཛ་ལ་ཡི་གེ་བསྣན་པའི་ངེས་པས། ཛྙེ་ཡ་སྟེ། པུརྞ་ཛྙེ་ཡ་ནི། ཤེས་པ་ གང་བ་སྟེ། སེམས་བདེ་བས་གང་བའི་དོན་ནོ། །ཕྱག་རྒྱ་བཞིའི་ངོས་འཛིན་ལ་ཡང༌། འགའ་ ཞིག་མི་མོ་ལས་ཀྱི་ཕྱག་རྒྱ་དང༌། ཡིད་ཀྱི་སྒོམ་པའི་རིག་མ་ལ་ཆོས་རྒྱ་དང༌། གཏུམ་མོའི་ཡེ་ ཤེས་ལ་དམ་རྒྱ་དང༌། བདེ་སྟོང་གི་ཡེ་ཤེས་ལ་ཕྱག་ཆེན་དུ་འདོད་པ་དང༌། ཡང་འགའ་ཞིག་ 2-1-31 གཏུམ་མོའི་ཡེ་ཤེས་ལ་ཆོས་རྒྱ་དང༌། ཡིད་ཀྱི་སྒོམ་པའི་རིག་མ་ལ་དམ་རྒྱར་འདོད་པ་སོགས་ འདོད་ལུགས་མི་གཅིག་པ་སྣ་ཚོགས་ཞིག་ཡོད་ཀྱང༌། རང་ལུགས་སུ་སྐབས་འདིའི་ཕྱག་རྒྱ་ བཞིའི་ངོས་འཛིན་ནི། ནུ་མ་དང་སྐྲར་ལྡན་པའི་མི་མོ་ནི་ལས་ཀྱི་ཕྱག་རྒྱ་དང༌། ཡིད་ཀྱིས་སྒོམ་ པའི་རིག་མ་ཡང༌། ལས་རྒྱའི་རྣམ་པ་ཉིད་ཡིད་ལ་བྱེད་པ་ཡིན་པས། ལས་རྒྱའི་ཁོངས་སུ་ བསྡུ་ཞིང༌། ཆོས་རྒྱ་ནི་བདེ་སྟོང་གི་ཡེ་ཤེས་ཕྱི་རོལ་གྱི་སྣང་བ་རྣམས་ལ་ཕར་རྒྱས་བཏབ་པས། སྣང་བ་རྣམས་ནང་གི་བདེ་བ་འཕེལ་བའི་གྲོགས་སུ་གྱུར་པ་ལ་ངོས་འཛིན་པ་དང༌། དམ་རྒྱ་ ནི་གཏུམ་མོའི་རྣལ་འབྱོར་སོགས་ལ་ངོས་འཛིན་པ་དང༌། ཕྱག་ཆེན་ལ་རྣམ་མེད་དང༌། རྣམ་ བཅས་གཉིས་ཡོད་པ་ལས། ཕྱི་མ་གཙོ་བོར་བཟུང་ངོ༌། །དཔའ་བོ་ཆེན་པོ་ནི་ཞེས་པ། མི་ཐུབ་ ཟླ་བའི་འགྲེལ་པར། དཔལ་ཧེ་རུ་ཀ་ལ་བོད་པའི་ཚིག་དུ་འཆད་ཀྱང༌། རང་ལུགས་དཔའ་ བོ་ཆེན་པོ་སྒྲུབ་པ་པོ་རང་ཉིད་ཀྱི་ཞེས་པའི་དོན་དུ་བཤད་ནས། དེ་ལྟར་སྒྲུབ་པ་པོ་རང་ཉིད་ ཀྱིས་གོང་གི་ཕྱག་རྒྱ་བཞི་པོ་དེ་རྣམས་ལས། ཇི་ལྟར་རིགས་རིགས་སུ་བསྒོམས་ཏེ། འདོད་པ་ བདེ་བ་ཆེན་པོ་བསྒྲུབ་པར་བྱ། ཞེས་པའོ། །དབང་གཉིས་སྙོམས་པར་འཇུག་པ་ནི། །སྙོམས་ པར་འཇུག་པ་དེ་ཉིད་འཛིན། །ཞེས་པའི་དོན། བླ་མ་གོང་མ་རྣམས་ལས་རྒྱའི་སྐབས་ཐབས་ ཤེས་ཀྱི་དབང་པོ་གཉིས་སྙོམས་པར་འཇུག་པ་དང༌། དམ་རྒྱའི་སྐབས་ནང་བདེ་སྟོང་གི་ཡེ་ ཤེས་དང་། ཕྱི་རོལ་གྱི་སྣང་བ་གཉིས། ཡུལ་ཡུལ་ཅན་དུ་སྦྱོར་བ་ནི། དབང་པོ་གཉིས་སྙོམས་ པར་འཇུག་པ་དང༌། དམ་རྒྱའི་སྐབས་ལྟེ་བའི་གཏུམ་མོ་དང༌། སྤྱི་བོའི་ཧཾ་ཡིག་གཉིས་སྙོམས་ པར་འཇུག་པ་དང༌། ཕྱག་ཆེན་གྱི་སྐབས། བདེ་སྟོང་གི་དབང་པོ་གཉིས་སྙོམས་པར་འཇུག་ པའོ་ཞེས་འཆད་ཀྱང༌། རང་ལུགས་ནི་དབང་པོ་གཉིས་སྙོམས་པར་འཇུག་པ་དངོས་ནི། ལས་ དང་ཡེ་ཤེས་ཀྱི་ཕྱག་རྒྱ་དང་མཉམ་པར་སྦྱར་བ་ལས། ཞུ་བདེའི་ཡེ་ཤེས་བསྐྱེད་ཅིང༌། དེ་ཉིད་ བརྟན་པར་བྱེད་པ་ནི། དམ་རྒྱ་དང༌། བརྟན་ཅིང་གོང་མ་དང་མཚམས་སྦྱོར་བར་བྱེད་པ་ཆོས་ 2-1-32 རྒྱ་སྟེ། དེ་ལྟར་དབང་པོ་གཉིས་སྙོམས་པར་འཇུག་པས། དེ་ཁོ་ན་ཉིད་མི་འགྱུར་བའི་བདེ་བ་ འཛིན་པར་བྱེད་པའོ། །དེ་ཡང་འཛིན་པའི་དོན་ནི། མ་ཐོབ་པ་ཐོབ་པར་བྱེད་པ་དང༌། ཐོབ་ པ་བརྟན་པར་བྱེད་པ་དང༌། བརྟན་པ་འཕེལ་བར་བྱེད་པ་གསུམ་ཅར་ལ་འཇུག་གོ །དེ་ལྟར་ དེ་ཁོ་ན་ཉིད་ཀྱི་བདེ་བ་དེ་ཇི་ལྟ་བུ་སྙམ་ན། ལྷ་དང་མི་སོགས་ཁམས་གསུམ་ན་གནས་པའི་ སེམས་ཅན་ཐམས་ཅད་ཀྱི་བདེ་བ་རྣམས་ཕྱོགས་གཅིག་ཏུ་བསྡུས་པས་ཀྱང༌། རྡོ་རྗེ་ཧེ་རུ་ཀའི་ རྣལ་འབྱོར་ཏེ། དེ་འཛིན་པར་བྱེད་པའི་སྒྲུབ་པ་པོའི་རྒྱུད་ཀྱི་དེ་ཁོ་ན་ཉིད་ཀྱི་བདེ་བ་དེའི་བཅུ་ དྲུག་གི་ཆར་ཡང་མི་ཕོད། ཅེས་པའོ། །འདིར་བཅུ་དྲུག་ཅེས་གསུངས་པ་ནི། བདེ་བ་ཆེན་པོ་དེ་ ཉིད་དགའ་བ་བཅུ་དྲུག་གི་དབྱེ་བས། ཆ་བཅུ་དྲུག་དང་ལྡན་པའི་དོན་ནོ། །ཡང་མཆོད་པ་བཞི་ པོའི་ངོས་འཛིན། སྙིང་པོ་བསྡུས་པ་ལས། ཉོན་མོངས་པ་འདོད་ཆགས་དགའ་བའི་ཡེ་ཤེས་ ཀྱིས་འཆིང་བར་བྱེད་པ་དང༌། ཞེ་སྡང་མཆོག་དགའི་ཡེ་ཤེས་ཀྱིས་འཆིང་བར་བྱེད་པ་དང༌། གཏི་མུག་ཁྱད་དགའི་ཡེ་ཤེས་ཀྱིས་འཆིང་བར་བྱེད་པ་དང༌། དངོས་པོར་འཛིན་པའི་རྣམ་རྟོག་ ལྷན་སྐྱེས་ཀྱི་ཡེ་ཤེས་ཀྱིས་འཆིང་བར་བྱེད་པ་རྣམས་ལ་བཤད་དོ། ། དོན་ཚན་བརྒྱད་པ་གནས་ཀྱི་ངེས་པ་བསྟན་པ་ནི། རི་བོ་ཚང་ཚིང་རི་སུལ་ལམ། །ཞེས་ སོགས་ཤོ་ལོ་ཀ་གཅིག་གིས་བསྟན། འདི་ལ་སྒྲ་ཇི་བཞིན་པའི་བཤད་པ་དང༌། ཇི་བཞིན་པ་ མ་ཡིན་པའི་བཤད་པ་གཉིས་ལས། དང་པོ་ནི། རི་བོ་དང༌། ཚང་ཚིང་ནགས་ཚལ་སྟུག་པོའི་དབུས་དང༌། རི་སུལ་ནི། འགྱུར་ འགའ་ཞིག་ལས། སྨན་ལྗོངས་དང༌། ཡང་འགའ་ཞིག་ལས། ཕུག་ཞེས་བསྒྱུར་བ་སྣ་ཚོགས་ ཡོད་ཀྱང༌། རྡོ་རྗེ་མཁའ་འགྲོ་ལས། ཕུག་ཏུ་བཤད་པས། དེ་བཞིན་དུ་འཆད་དགོས་པ་དང༌། ཆུ་བོ་ཆེན་པོའི་ངོགས་ནི། རྒྱ་མཚོ་ཆེན་པོའི་འགྲམ་དང༌། དུར་ཁྲོད་ཆེན་པོ་བརྒྱད་དང་བཅུ་ དྲུག་ལ་སོགས་པ་གདོད་ནས་གྲུབ་པའི་དུར་ཁྲོད་དེ། གནས་ཀྱི་ངེས་པ་ལྔ་པོ་དེར་དཀྱིལ་ 2-1-33 འཁོར་གྱི་འཁོར་ལོ་བྲི་བར་བྱ། ཞེས་གསུངས་པས་དངོས་སུ་ཕྱིའི་དཀྱིལ་འཁོར་འབྲི་བའི་ གནས་སྟོན་པ་ཡིན་ཞིང༌། བསྙེན་པ་བྱ་བའི་གནས་དང༌། སྒྲུབ་པའི་དུས་ཀྱི་དཀྱིལ་འཁོར་ གང་དུ་འབྲི་བའི་གནས་ཀྱང་ཤུགས་ཀྱིས་བསྟན་པ་ཡིན་ནོ། ། གཉིས་པ་ལ། དྲང་དོན་དང་ངེས་དོན་གཉིས་ལས། དང་པོ་ནི། རྡོ་རྗེ་མཁའ་འགྲོ་ལས་ གསུངས་པ་ལྟར། རི་བོས་ནི་ཕྱག་རྒྱ་ལོ་བཅུ་གཅིག་ལོན་པ་དང༌། ཚང་ཚིང་གིས་ནི་ཕྱག་རྒྱ་ ལོ་བཅུ་གཉིས་ལོན་པ་དང༌། ཕུག་གིས་ནི། ལོ་བཅུ་དྲུག་ལོན་པ་དང༌། ཆུ་བོ་ཆེན་པོའི་ངོགས་ ཀྱིས་ནི་ལོ་ཉི་ཤུ་ལོན་པ་དང༌། གདོད་ནས་གྲུབ་པའི་དུར་ཁྲོད་ཀྱིས། ལོ་ཉེར་ལྔ་ལོན་པའི་ ཕྱག་རྒྱ་རྣམས་བསྟན་པ་ཡིན་ལ། གནས་ཀྱི་ངེས་པ་ལྔ་པོ་དེར། ཞུ་བདེ་ལྷན་སྐྱེས་ཀྱི་དཀྱིལ་ འཁོར་བྲི་བར་བྱ་ཞེས་བསྟན་པའོ། ། ཡང་རང་ལུས་ལ་སྦྱར་ན། གནས་དང་པོ་བཞི་པོ་རྣམས་ཀྱིས་རིམ་པ་བཞིན་དུ། དཔྲལ་ མགྲིན་སྙིང་ག་ལྟེ་བའི་འཁོར་ལོ་རྣམས་བསྟན་ཅིང༌། གནས་ལྔ་པས་ནི། དབུ་མའི་མས་སྣ་ ཀྵ་ཡིག་གི་གནས་སམ། གསང་བའི་འཁོར་ལོ་བསྟན་པ་ཡིན་ལ། གནས་དེ་རྣམས་སུ་ཞུ་བདེ་ ལྷན་ཅིག་སྐྱེས་པའི་དཀྱིལ་འཁོར་བྲི་བར་བྱ། ཞེས་ཀྱང་བཤད་དོ། ། གཉིས་པ་ནི། རི་བོ་རླུང་ལ་སོགས་པས་གཡོ་བར་མི་ནུས་པ་བཞིན་གནས་ལུགས་འགྱུར་ མེད་ཀྱི་ཡེ་ཤེས་ནི། བདག་འཛིན་ལ་སོགས་པས་གཡོ་བར་མི་ནུས་པ་དང༌། ཚང་ཚིང་ནི་ བསྒྲོད་པར་དཀའ་བ་བཞིན་དུ། གནས་ལུགས་དེ་དཔེ་དང་གཏན་ཚིགས་ལ་སོགས་པ་རྗེས་ སུ་དཔག་པའི་རིགས་པས་རྟོགས་པར་དཀའ་བ་དང༌། ཕུག་ནི་ཆུས་གང་བ་བཞིན་དུ། ཉམས་ མྱོང་གི་བདུད་རྩིའི་ཆུས་ཡོངས་སུ་གང་བ་དང༌། རྒྱ་མཚོ་ཆེན་པོ་ནི་གཏིང་ཟབ་ཅིང༌། ཁ་རྒྱ་ཆེ་ བ་བཞིན་དུ། བདེ་བ་ཆེན་པོ་དེ་ཉིད་ཀྱང་ཟབ་ཅིང་རྒྱ་ཆེ་བ་གཉིས་ཀར་དང་ལྡན་པ་དང༌། དུར་ ཁྲོད་རྣམས་སུ་རོ་སྲེག་པར་བྱེད་པ་བཞིན། བདེ་ཆེན་དེ་ཉིད་འདོད་ཆགས་ཆེན་པོའི་ཡེ་ཤེས་ 2-1-34 ཡིན་པས། ཉོན་མོངས་ལ་སོགས་པ་བསྲེག་པར་བྱེད་པའོ། །དེ་ལྟར་གནས་ལུགས་འགྱུར་ མེད་ཀྱི་བདེ་བ་ཆེན་པོའི་གནས་དེར། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ ཉིད་ཀྱི་དཀྱིལ་འཁོར་བྲི་བར་བྱ། ཞེས་པའི་དོན་ནོ། །འདི་ནི་ཁྱད་གཞི་བདེ་བ་ཆེན་པོ། ཁྱད་ ཆོས་རྣམ་ཀུན་མཆོག་ལྡན་གྱི་དཀྱིལ་འཁོར་དང་ལྡན་པར་སྟོན་པའོ། །ཧེ་རུ་ཀ་མངོན་པར་ བརྗོད་པ་ལས། དཀྱིལ་འཁོར་ལ་འཇུག་པའི་ལེའུ་སྟེ་དང་པོ་རྣམ་པར་བཤད་ཟིན་ཏོ།། །། ༈ དེ་རྣམས་ཀྱི་དོན་མངོན་པར་རྟོགས་པར་བསྡུས་ནས་བཤད་ན། སྤྱིར་རྒྱུད་ཀྱི་བརྗོད་ བྱ་ཐམས་ཅད། རྒྱུད་གསུམ་དུ་འདུས་པས་དེ་དང་སྦྱར་ནས་བཤད་ན། གཞིའི་གསང་བ་རྒྱུ་ རྒྱུད་བཤད་པ་དང༌། ལམ་གྱི་གསང་བ་ཐབས་རྒྱུད་བཤད་པ་དང༌། འབྲས་བུའི་གསང་བ་ འབྲས་རྒྱུད་བཤད་པ་དང་གསུམ་ལས། དང་པོ་ནི། ཧེ་རུ་ཀ་དཔལ་ཡང་དག་སྦྱོར། །མཁའ་འགྲོ་མ་ཡི་དྲྭ་བ་སྡོམ། །ཞེས་པས་སྤྱིར་ རྒྱུད་ཀྱི་བརྗོད་བྱ། རྒྱུད་གསུམ་ཅར་སྟོན་པ་ཡིན་ཡང་། རྒྱུ་རྒྱུད་ལྟར་བཤད་ན། ཆོས་ཐམས་ ཅད་ཀྱི་གནས་ལུགས་རྒྱུ་རྒྱུད་རང་བཞིན་གྱིས་འོད་གསལ་བ་ནི། ཤྲི་ཧེ་རུ་ཀའི་དོན་རྣམ་ པར་ཐར་པ་སྒོ་བཞིའི་བདག་ཉིད་ཅན། སྤྲོས་པ་ཐམས་ཅད་དང་བྲལ་བ་སྟོང་པ་ཉིད་ཀྱི་རང་ བཞིན་ཡིན་པ་དང༌། དེ་ཡང་སྟོང་ཙམ་དང༌། རིག་ཙམ་མ་ཡིན་པར་ཐབས་བདེ་བ་ཆེན་པོ་དང་ ཡང་དག་པར་སྦྱོར་བའི་ཟུང་འཇུག་གི་མཚན་ཉིད་ཅན་དང༌། དེ་ཡང་འཁོར་འདས་ཀྱི་རྣམ་པ་ ཐམས་ཅད་དུ་ཡོངས་སུ་ཤར་བ་རྣམས། བདེ་བ་ཆེན་པོ་གཅིག་གི་ངོ་བོར་སྡོམ་པ་ཡིན། ཞེས་ པའི་དོན་དུ་འཆད་པ་དང༌། དེའི་རྣམ་པ་ཐམས་ཅད་པ་དེ་ཡང་ཇི་ལྟ་བུ་ཞེ་ན། སྒྲའི་ཚུལ་ལས་ ངེས་བྱུང་ཞིང༌། །ཞེས་གཞོམ་མེད་ཀྱི་ནཱ་དའི་སྒྲ་རྣམ་པ་ཐམས་ཅད་པ་དང༌། སྲིད་ཞིའི་སྣང་ བརྙན་རྣམ་པ་ཐམས་ཅད་པའོ་ཞེས་སྟོན་པ་དང༌། དམ་ཚིག་སྤྱོད་པའི་སྤྱོད་ཡུལ་ཅན། །ཞེས་ པས་བཤད་མ་ཐག་པའི་རྣམ་པ་ཐམས་ཅད་པ་དེ་དང༌། དམ་ཚིག་འགྱུར་མེད་ཀྱི་བདེ་བ་ཆེན་ 2-1-35 པོ་གཉིས་ངོ་བོ་དབྱེར་མེད་པའི་ཟུང་འཇུག་ཡིན་ཀྱང༌། ཡུལ་ཡུལ་ཅན་གྱི་ཚུལ་དུ་བཤད་པ་ ཡིན། ཞེས་པའི་དོན་དང༌། ཐོག་མ་དབུས་མཐར་རྣམ་པར་གནས། །འཇིག་རྟེན་གསུམ་དུ་ རྙེད་པར་དཀའ། །ཞེས་པས། རྒྱུ་རྒྱུད་དེ་དུས་གསུམ་པོ་ཐམས་ཅད་དུ་རྣམ་པར་གནས་ཀྱང༌། རང་གི་ངོ་བོ་དུས་ལས་ཡོངས་སུ་གྲོལ་བ་དང༌། འཇིག་རྟེན་གསུམ་པོ་ཐམས་ཅད་ལ་ཆོས་ ཉིད་ཀྱི་ཚུལ་གྱིས་ཁྱབ་ཅིང་གནས་པ་ཡིན་ཡང༌། ཕལ་གྱི་རྟོགས་པར་དཀའ་བ་ཡིན་ཞེས་པའི་ དོན་དང༌། འཇིག་རྟེན་གསུམ་ཞེས་པས་གཞི་འཁོར་བའི་ཆོས་རྣམས་རྒྱུ་རྒྱུད་ཀྱི་བསྡུས་པའི་ ཆོས་ཡིན་པར་ཟུར་གྱིས་བསྟན་པ་ཡིན་ནོ། ། གཉིས་པ་ལ། ལམ་གྱི་རྩ་བ་དམ་ཚིག་དང༌། ལམ་དངོས་རིམ་པ་གཉིས་དང༌། བོགས་ འབྱིན་སྤྱོད་པ་དང་གསུམ་ལས། དང་པོ་ལ། དམ་ཚིག་མ་ཐོབ་པ་ཐོབ་པར་བྱེད་པ་དབང་ བསྐུར་གྱི་ཆོ་ག་དང༌། ཐོབ་པ་མི་ཉམས་པར་བྱེད་པ་དམ་ཚིག་གི་ཚོགས་སྐྱང་བ་དང་གསུམ་ ལས། དང་པོ་ནི། རི་བོ་ཚང་ཚིང་སོགས་ཤོ་ལོ་ཀ་གཅིག་གིས་དཀྱིལ་འཁོར་གང་དུ་འབྲི་བའི་ གནས་དང༌། དེར་བྲི་བྱའི་དཀྱིལ་འཁོར་རྡུལ་ཚོན་རས་བྲིས་སོགས་བསྟན་པ་དང༌། དཀྱིལ་ འཁོར་སྒྲུབ་པའི་ཆོ་ག་ནི། གསང་བ་མཆོག་གི་དགོས་པ་ན། །ཞེས་སོགས་ཀྱིས་ཆོས་འབྱུང༌། འབྱུང་བཞི། རི་རབ་དང་བཅས་པའི་སྟེང་དུ་སྤྱོད་ཡུལ་ཞེས་པས་གཞལ་ཡས་ཁང་སྒོམ་པ་ དང༌། དེར་མཁའ་འགྲོ་ཀུན་དངོས་སེམས་དཔའ་ནི། ཞེས་སོགས་ཀྱི་མངོན་བྱང་ལྔའམ། ས་ བོན་ཕྱག་མཚན་ནམ། སྐད་གཅིག་ཙམ་ལས་ལྷ་རྣམས་བསྐྱེད་པའི་ཚུལ་དང༌། བསྐྱེད་བྱའི་ལྷ་ ནི། འདི་ནི་རང་བྱུང་བཅོམ་ལྡན་དཔའ། །མཁའ་འགྲོ་དྲྭ་བའི་སྡོམ་པ་ཡིན། །ཞེས་གཙོ་འཁོར་ གྱི་ལྷ་རྣམས་དང༌། དེ་རྣམས་ཀྱང་ཡབ་ཡུམ་ཁ་སྦྱོར་གྱི་དམ་ཚིག་ལས་མི་འདའ་བ་ནི། དམ་ ཚིག་ཅེས་པས་བསྟན་པ་དང༌། འཁོར་གྱི་ལྷ་ཡང༌། འཁོར་ལོ་གསུམ་གྱི་བདག་ཉིད་དུ་གནས་ 2-1-36 པ་ནི། །ཐོག་མ་དབུས་མཐར་རྣམ་པར་གནས། །འཇིག་རྟེན་གསུམ་དུ་རྙེད་པར་དཀའ། །ཞེས་པས་བསྟན་ནོ། །དེ་ལྟར་སྒྲུབ་པའི་དཀྱིལ་འཁོར་ལ་མཆོད་པ་འབུལ་བ་ནི། བར་མ་ དབུགས་དབྱུང་མཆོག་དག་དང༌། ཞེས་སོགས་ཤོ་ལོ་ཀ་གཅིག་དང༌། སྦྲང་རྩི་འཚལ་དང་ག་ བུར་བཅས། །ཞེས་སོགས་ཤོ་ལོ་ཀ་གཅིག་གིས་བསྟན། སློབ་དཔོན་བདག་ཉིད་འཇུག་ཅིང་ དབང་བླང་བ་དང༌། སློབ་མ་དབང་བསྐུར་བ་ནི། དབང་བསྐུར་ཞེས་པས་བསྟན་ཞིང་སྦོམ་པོ་ མཐའ་དག་རྩེ་སྦྱར་བས་ཞེས་པས་གསང་དབང་དང༌། དབང་གཉིས་སྙོམས་པར་འཇུག་པས་ ནི་ཞེས་པས་ཤེས་རབ་ཡེ་ཤེས་ཀྱི་དབང་ཤུགས་ཀྱིས་བསྟན་པ་ཡིན་ནོ། ། གཉིས་པ་ནི། ཤིན་ཏུ་ཉམས་བཞག་སྒྲུབ་པ་པོས། །ཞེས་སོགས་ཤོ་ལོ་ཀ་གཅིག་གིས་ དམ་ཚིག་སྤྱི་དང༌། སྦྲང་རྩི་འཚལ་དང་ཞེས་སོགས་ཀྱིས་སྒྲ་ཇི་བཞིན་པའི་བཤད་པས་བཟའ་ བའི་དམ་ཚིག་དང༌། དེའི་སྦས་དོན་གྱི་བཤད་པས། བསྟེན་བྱའི་དམ་ཚིག་རྣམས་བཤད་པ་ ཡིན་ནོ། ། གཉིས་པ་ལམ་གྱི་ངོ་བོ་རིམ་གཉིས་བཤད་པ་ལ། ལམ་གྱི་ངོ་བོ་ནི་བསྐྱེད་རྫོགས་གང་ ཡིན་ཡང་སྤྲོས་པ་ཐམས་ཅད་དང་བྲལ་བའི་སྟོང་པ་དང༌། སྟོང་པ་དེ་དང་ཡང་དག་པར་སྦྱོར་ བའི་བདེ་བ་དང༌། སྣང་བརྙན་འགག་མེད་དུ་འཆར་བའི་གསལ་བ་སྟེ། བདེ་གསལ་མི་རྟོག་ པའི་རང་བཞིན་ཅན་ནི། ལམ་གྱི་ངོ་བོ་ཡིན་ཞེས་འཆད་པ་ནི། ཧེ་རུ་ཀ་དཔལ་ཡང་དག་སྦྱོར། །མཁའ་འགྲོ་མ་ཡི་དྲྭ་བ་སྡོམ། །ཞེས་པས་བསྟན། དེ་ལྟ་བུའི་ལམ་དེ་ལ་དབྱེ་ན། བསྐྱེད་རིམ་ དང་རྫོགས་རིམ་གཉིས་ཡོད་པ་ལས། དང་པོ་ནི། ལྷ་སྐུའི་རྣམ་པ་སྒོམ་པའི་བསམ་གཏན་སྐུ་དང༌། སྔགས་བཟླ་བ་གསུང་དང༌། བདེ་བ་ནི་ཐུགས་རྡོ་རྗེའོ་ཞེས་བསྐྱེད་རིམ་རྡོ་རྗེ་གསུམ་དུ་རྣམ་པར་འཇོག་པ་དང༌། རྫོགས་ པའི་རིམ་པ་ཡང༌། སྟོང་པ་ཉིད་ཀྱི་གཟུགས་ལ་བསམ་གཏན་པ་སྐུ་དང༌། སྲོག་འཛིན་སྔགས་ 2-1-37 བཟླས་པ་གསུང་དང༌། བདེ་བ་ནི་ཐུགས་ཏེ་རྫོགས་པའི་རིམ་པ་ཡང་རྡོ་རྗེ་གསུམ་གྱི་རང་ བཞིན་ནོ། །ཞེས་འཆད་པ་ནི། སྔགས་བཟླས་པ་དང་བསམ་གཏན་དང༌། །བདེ་བས་ཀྱང་ནི་ འགྲུབ་པར་འགྱུར། །ཞེས་པས་བསྟན། དང་པོ་བསྐྱེད་པའི་རིམ་པ་ཉམས་སུ་བླང་བའི་ཚུལ་ནི། གསང་བ་མཆོག་གི་དགེས་པ་ན། །ཞེས་པ་ནས། འཇིག་རྟེན་གསུམ་དུ་རྙེད་པར་དཀའ། །ཞེས་པའི་བར་གྱིས་བསྟན་པ་ཡིན་ཏེ། དེ་ཡང༌། ཆོས་འབྱུང༌། འབྱུང་བཞི། རི་རབ་དང་བཅས་པ་ནི་གསང་བ་མཆོག་གི་སོགས་ཚིག་ གཉིས་ཀྱིས་བསྟན། དེའི་སྟེང་དུ་གཞལ་ཡས་ཁང་སྒོམ་པ་ནི། སྤྱོད་ཡུལ་ཞེས་པས་བསྟན། དེར་སྒོང་སྐྱེས་སྦྱོང་བྱེད་ལྟར་ན། ཉི་ཟླ་ཁ་སྦྱོར་གཉིས་བསྒོམས་ནས། དེའི་རྗེས་སུ་སྒྲའི་ ཚུལ་ལས་ངེས་བྱུང་ཞིང༌། ཞེས་པས་བསྟན་པའི་ནཱ་ད་སྐབས་དེར་ཉི་ཟླའི་དབུས་སུ་ཡོངས་ སུ་ཞུགས་ནས། གཞན་བསྐྱེད་ཚུལ་གླེང་གཞིའི་སྐབས་སུ་བཤད་པ་ལྟར་དང༌། ཡང་མངལ་ སྐྱེས་སྦྱོང་བྱེད་ལྟར་ན་གཞལ་ཡས་ཁང་གི་དབུས་སུ་མངོན་བྱང་ལྔ་ལས་རྒྱུ་རྡོ་རྗེ་འཛིན་པ་ བསྐྱེད་པ་དང༌། དེ་ནས་སྒྲ་ཚུལ་ལས་བསྐྱེད་པ་ནམ་མཁའི་ནཱ་ད་ཡོངས་སུ་ཞུགས་ཏེ། ཡབ་ ཡུམ་གཉིས་ཐིག་ལེའི་གོང་བུར་ཞུ་བ་སླར་ཡང་གླུས་བསྐུལ་ཏེ། འབྲས་བུ་རྡོ་རྗེ་འཛིན་པར་ བཞེངས་ཏེ་འཁོར་ཚོགས་སྤྲོ་བའོ། ། རྫུས་སྐྱེས་སྦྱོང་བྱེད་ལྟར་ན། ཤུ་ནྱཱ་ཏས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་སྒོམ་པའི་དུས་ སྔགས་ཀྱི་སྒྲར་སྣང་བ་ནི་སྒྲ་ཚུལ་ལས་བསྐྱེད་པ་ཡིན་ཅིང༌། དྲོད་གཤེར་སྐྱེས་སྦྱོང་བྱེད་ལ། སྟོང་པའི་ངང་ལས། ས་བོན་ཕྱག་མཚན་སོགས་སྒོམ་པའི། ས་བོན་གྱི་ནཱ་ད་ཉིད་སྒྲ་ཚུལ་ལོ། ། དེ་ལྟར་བསྐྱེད་ཚུལ་རྣམ་པ་བཞི་པོ་དེ་དག་གིས་བསྐྱེད་པའི་གཙོ་འཁོར་གྱི་ལྷ་རྣམས་ནི། འདི་ནི་རང་བྱུང་བཅོམ་ལྡན་དཔའ། །མཁའ་འགྲོ་དྲྭ་བའི་སྡོམ་པ་ཡིན། །ཞེས། ཚིག་གཉིས་ པོ་དེས་གོ་རིམ་བཞིན་དུ་བསྟན་པ་དང༌། ལྷ་ཚོགས་རྣམས་ཡབ་ཡུམ་ཁ་སྦྱོར་དུ་གནས་པ་ 2-1-38 ནི། དམ་ཚིག་ཞེས་པས་བསྟན་ཅིང༌། དེ་ལྟར་དཀྱིལ་འཁོར་གྱི་འཁོར་ལོ་རགས་པ་སྒོམ་པ་ནི་ སྤྲུལ་སྐུ་ལམ་བྱེད་དང༌། ཐོག་མ་དབུས་མཐར་རྣམ་པར་གནས། །ཞེས་པས། ལུས་ཀྱི་དཀྱིལ་ འཁོར་སྒོམ་པའམ། དངོས་སུ་མི་སྒོམ་ཀྱང༌། དཀྱིལ་འཁོར་གྱི་ལྷ་རྣམས་གནས་སོགས་ས་ བཅུའི་དག་པ་ཅན་དུ་སྒོམ་པ་ནི་ལོངས་སྐུ་ལམ་བྱེད་དང༌། འཇིག་རྟེན་གསུམ་དུ་རྙེད་པར་ དཀའ། ཞེས་པས་འཇིག་རྟེན་གསུམ་དུ་རྙེད་པར་དཀའ་བའི་ཡེ་ཤེས་བྱང་ཕྱོགས་སོ་བདུན་ གྱི་དག་པ་སྒོམ་པ་ནི། ཆོས་སྐུ་ལམ་བྱེད་དང༌། དེ་ལྟར་དཀྱིལ་འཁོར་གྱི་ལྷ་རྣམས་ལ་མཆོད་པ་འབུལ་བ་ནི། གོང་གི་དཀྱིལ་འཁོར་སྒྲུབ་ པའི་མཆོད་པ་སྟོན་བྱེད་ཀྱི་རྒྱུད་ཚིག་དེ་གཉིས་ཀྱིས་བསྟན་ཅིང༌། ཕྲ་ཐིག་གི་རྣལ་འབྱོར་གྱི་ བདེ་བ་སྒོམ་པ་ནི། མཆོད་གཞི་དཔའ་བོ་ཆེན་པོ་ནི། །ཞེས་པས་བསྟན་ནོ། ། གཉིས་པ་རྫོགས་པའི་རིམ་པ་ལ། གང་ལ་སྒོམ་པའི་གཞི། རྩ་ཐིག་རླུང་གསུམ་གྱི་རྣམ་ བཞག བསྒོམ་བྱ་ཕྱག་རྒྱ་བཞིའི་དོན། རྫོགས་རིམ་གྱི་ངོ་བོ་ངོས་བཟུང་བ། དཔེ་དང་དོན་གྱི་ ཁྱར་པར། ལམ་གྱི་རིམ་པ་ཇི་ལྟར་བསྒྲོད་པའི་ཚུལ་དང་ལྔ་ལས། དང་པོ་ནི། གསང་བ་མཆོག་གི་དགེས་པ་ན། །ཞེས་སོགས་ཚིག་གཉིས་ཀྱིས་བསྟན། གཉིས་པ་ནི། རྫོགས་པའི་རིམ་པའི་བསྒོམ་བྱ། ཡང་ན་ལས་ཀྱི་ཕྱག་རྒྱ། ཡང་ན་ཆོས་ཀྱི་ ཕྱག་རྒྱ། ཡང་ན་གཏུམ་མོ་སོགས་དམ་ཚིག་གི་ཕྱག་རྒྱ། ཡང་ན་ཕྱག་རྒྱ་ཆེན་པོ་སྟེ། དེ་བཞི་ པོ་གང་རུང་གཅིག་བསྒོམས་པས་རླུང་སེམས་དབུ་མར་ཐིམ་པའི་བདེ་སྟོང་རྫོགས་པའི་རིམ་ པའི་ཡེ་ཤེས་པ་རྒྱུད་ལ་སྐྱེ་བར་འགྱུར་བ་ཡིན་པས་བསྒོམ་བྱ་ཞེས་བསྟན་པ་ཡིན་ལ། དེ་ཡང་། མཆོད་གཞི་དཔའ་བོ་ཆེན་པོ་ནི། །ཇི་ལྟར་འདོད་པ་བྱ་བ་སྟེ། །ཞེས་པས་བསྟན་ནོ། ། གསུམ་པ་ནི། གཏུམ་མོ་འབར་བའི་ཉམས་མྱོང་དང༌། བྱང་ཆུབ་ཀྱི་སེམས་ཞུ་བའི་བདེ་ བ་གཉིས་ཡིན་ཞེས་འཆད་པ་ནི། སྒྲ་ཡི་ཚུལ་ལས་ངེས་བྱུང་ཞིང༌། །དམ་ཚིག་སྤྱོད་པའི་སྤྱོད་ 2-1-39 ཡུལ་ཅན། །ཞེས་ཚིག་གཉིས་པོ་དེས་གོ་རིམ་བཞིན་དུ་བསྟན་པ་ཡིན་ནོ། ། བཞི་པ་ནི། ཇི་ལྟར་བསྲུབ་དང་སྲུབ་པ་ཡི། །སྦྱོར་བ་བྱས་པ་དེ་བཞིན་ནོ། །ཞེས་དང༌། དབང་གཉིས་སྙོམས་པར་འཇུག་པ་ཉིད། ཅེས་པས་དཔེའི་ཡེ་ཤེས་དང༌། སྙོམས་པར་འཇུག་ པས་དེ་ཉིད་འཛིན། །ཞེས་པས་དོན་གྱི་ཡེ་ཤེས་བསྟན་པ་ཡིན་ཞིང༌། དེའི་ཆེ་བ་ནི། ལྷ་དང་ མིའི་སོགས་ཚིག་གསུམ་གྱིས་བསྟན་ནོ། །ལྔ་པ་ནི་མཁའ་འགྲོ་དྲྭ་བའི་སྡོམ་པ་ཡིན་ཞེས་རྒྱུད་ ཀྱི་རིམ་པ་དང༌། འདི་ནི་རང་བྱུང་བཅོམ་ལྡན་དཔའ། །ཞེས་སྔགས་ཀྱི་རིམ་པ་དང༌། མཁའ་ འགྲོ་ཀུན་དངོས་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །ཅེས་ཡེ་ཤེས་ཀྱི་ རིམ་པ་དང༌། གསང་བ་མཆོག་གི་དགེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །ཞེས་གསང་བའི་རིམ་པ་སྟེ། ལམ་རིམ་པ་བཞི་རིམ་པས་རྒྱུད་ལ་སྐྱེས་ནས། མཆོག་གི་དངོས་ གྲུབ་ཐོབ་པར་འགྱུར་བ་ཡིན་ནོ། ། གསུམ་པ་བོགས་འབྱིན་སྤྱོད་པ་ལ། སྤྱི་དང་བྱེ་བྲག་གཉིས་ལས། དང་པོ་ནི། ཆོ་གའི་ ཡེ་ཤེས་སྦྱོར་ཉིད་ཀྱང༌། །ཞེས་དང༌། མཐོང་བ་འམ་ནི་རེག་པ་དང༌། །ཞེས་པ་ནས། དག་ བྱེད་སྡིག་པ་འཇིག་བྱེད་པ། །ཞེས་པའི་བར་གྱིས་བསྟན། གཉིས་པ་རྒྱུད་འདིའི་ཐུན་མོང་མ་ ཡིན་པ་ནི། རིགས་ལྡན་མ་མཆོད་པ་དང༌། ཕོ་ཉ་མོའི་དངོས་གྲུབ་སྒྲུབ་པ་སྟེ། དེ་ཡང་རིག་པ་ བརྟུལ་ཞུགས་ཀྱི་སྤྱོད་པའི་རྒྱུའམ་སྦྱོར་བའི་ཚུལ་དང་རིག་རྟུལ་དངོས་གཉིས་ཀ་ལ་དེ་དག་ ཉམས་སུ་བླང་བར་བྱ་བ་ཡིན་ལ། དེ་སྟོན་པ་ནི། བར་མ་དབུགས་དབྱུང་མཆོག་དག་དང༌། །ཞེས་སོགས་ཤོ་ལོ་ཀ་གཅིག་དང༌། ཕོ་ཉ་ལྷན་ཅིག་སྐྱེས་གྲུབ་ནི། །ཞེས་པ་ནས། བྱང་ཆུབ་ སེམས་དཔའ་མཆོད་པར་བྱ། །ཞེས་པའི་བར་གྱིས་བསྟན་ནོ། ། གསུམ་པ་འབྲས་བུའི་རྒྱུད་ལ། །ཞི་སོགས་ཀྱི་ལས་དང༌། རིལ་བུ་མིག་སྨན་སོགས་ཐུན་ མོང་གི་དངོས་གྲུབ་དང༌། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་དང་གསུམ་ལས། 2-1-40 དང་པོ་གཉིས། འབྲས་རྒྱུད་ཀྱི་ཁོངས་སུ་བསྡུ་བར་བྱ་བ་ཙམ་ཡིན་ལ། འབྲས་རྒྱུད་དངོས་ ནི་ཕྱི་མའོ། །དེ་ལ་དང་པོ་ནི། སྔགས་བཟླས་བསམ་གཏན་ལ་སོགས་དང༌། །ཆོ་གའི་ཡེ་ཤེས་ སྦྱོར་ཉིད་ཀྱང༌། །ཞེས་པས་བསྟན། གཉིས་པ་ནི། དངོས་གྲུབ་ཐམས་ཅད་འཇུག་བྱེད་ཡིན། །ཞེས་པས་བསྟན། གསུམ་པ་ནི། དངོས་གྲུབ་རྟག་པ་ཐོབ་པར་འགྱུར། །ཞེས་པས་བསྟན་ པ་ཡིན་ཞིང༌། འབྲས་བུའི་རྒྱུད་ནི། རྒྱུ་རྒྱུད་དེ་ཉིད་མངོན་དུ་གྱུར་པ་ལ་དེར་འཇོག་པ་ཡིན་ ལ། དེའི་ངོ་བོ་ནི་སྐུ་གསུམ་གྱི་བདག་ཉིད་ཅན་ཏེ། གསུང་གཞོམ་མེད་ཀྱི་སྒྲ་དབྱངས་ཐམས་ ཅད་པ་ལོངས་སྤྱོད་རྫོགས་པའི་སྐུ་དང༌། སྐུ་རྣམ་པ་ཐམས་ཅད་པ་སྤྲུལ་པའི་སྐུ་དང༌། ཐུགས་ འགྱུར་མེད་ཀྱི་བདེ་བ་ཆོས་ཀྱི་སྐུ་སྟེ། དེ་རྣམས་ནི། སྒྲ་ཡི་ཚུལ་ལས་ངེས་བྱུང་ཞིང༌། །དམ་ཚིག་ སྤྱོད་པའི་སྤྱོད་ཡུལ་ཅན། །ཞེས་པས་བསྟན། ཡང་རྡོ་རྗེ་བཞིར་ཡང་བསྟན་པ་ཡིན་ཏེ། ཤྲི་ཧེ་རུ་ ཀའི་ཡི་གེ་བཞིའི་དོན་ནོ། །དེ་ལྟར་སྐུ་གསུམ་དང་རྡོ་རྗེ་བཞི་པོ་དེ་ཉིད་ཀྱང་བདེ་བ་དང༌། སྟོང་ པ་ཟུང་དུ་འཇུག་པ་དང༌། སྐུ་དང་ཡེ་ཤེས་ཟུང་དུ་འཇུག་པའི་མཚན་ཉིད་ཅན་ཡིན་ཞེས་འཆད་ པ་ནི། ཧེ་རུ་ཀ་དཔལ་ཡང་དག་སྦྱོར། །མཁའ་འགྲོ་མ་ཡི་དྲྭ་བ་སྡོམ། །ཞེས་པས་བསྟན། དེ་ ཉིད་དུས་གསུམ་པོ་ཐམས་ཅད་དུ་འགྱུར་བ་མེད་པར་རྟག་ཏུ་གནས་པ་ཡིན། ཞེས་འཆད་པ་ ནི། ཐོག་མ་དབུས་མཐར་རྣམ་པར་གནས། །ཞེས་པས་བསྟན། དེ་ལྟར་འབྲས་བུའི་རྒྱུད་དེ་ ཉིད་གནས་ཕུན་སུམ་ཚོགས་པ་ཡེ་ཤེས་ཀྱི་ཆོས་འབྱུང་ཆེན་པོར། འཁོར་རང་སྣང་གི་དཔའ་ བོ་མཁའ་འགྲོའི་ཚོགས་པ་མཐའ་ཡས་པའི་དབུས་སུ། དུས་ནམ་དུ་ཡང་ཆད་པ་མེད་པར་ དུས་ཐམས་ཅད་ཀྱི་བདག་ཉིད་དུ། སྟོན་པ་ཕུན་སུམ་ཚོགས་པ་གོང་དུ་བསྟན་པའི་ཁྱད་ཆོས་ བདུན་དང་ལྡན་པ་དེ་ཉིད། ཆོས་ཕུན་སུམ་ཚོགས་པ་ཟུང་འཇུག་གི་ལམ་སྟོན་ཅིང་བཞུགས་ ཞེས་པའོ། །དེ་དག་གིས་ནི་ལེའུ་དང་པོའི་མངོན་པར་རྟོགས་པ་བསྡུས་ཏེ་བསྟན་ཟིན་ཏོ། ། དེ་ནས་ལེའུ་གཉིས་པ་ནས། ལེའུ་ལྔ་བཅུ་པའི་བྱེད་ཡན་གྱིས་རྒྱས་པར་བཤད་པ་ལས། 2-1-41 དང་པོར་ལེའུ་གཉིས་པ་ལ། སྒྲ་ཇི་བཞིན་པའི་བཤད་པ་དང༌། ཇི་བཞིན་པ་མ་ཡིན་པའི་ བཤད་པ་གཉིས་ལས། དང་པོའི་དབང་དུ་བྱས་ན། ལེའུ་འདིའི་བརྗོད་བྱའི་དོན་ཐམས་ཅད་ རྣམ་པ་ལྔར་འདུས་པ་ཡིན་ཏེ། སློབ་དཔོན་གྱི་མཚན་ཉིད་དང༌། སའི་ཆོ་ག་དང༌། དཀྱིལ་ འཁོར་བྲི་ཞིང་གཟུགས་བརྙན་གྱི་དཀྱིལ་འཁོར་བསྐྱེད་པ་དང༌། བུམ་པ་འགོད་པ་དང༌། དཀྱིལ་འཁོར་སྒྲུབ་ཅིང་མཆོད་པ་དང་ལྔའོ། །དེ་དག་ཀྱང་གོ་རིམ་ཁྲིགས་ཆགས་སུ་མེད་ པར༌། འཐོར་ཐབས་སུ་གནས་པ་ཡིན་པ་ལས། དང་པོ་ནི། སློབ་དཔོན་མཚན་ཉིད་ཐམས་ཅད་ལྡན། །ཞེས་སོགས་ཚིག་ལྔས་བསྟན། དེ་ ཡང་རྡོ་རྗེ་སློབ་དཔོན་རྒྱུད་ལས་ཇི་སྐད་གསུང་པའི་མཚན་ཉིད་ཐམས་ཅད་ལྡན་པའོ། །ཞེས་ སྤྱིར་བཤད་ནས། ཁྱད་པར་དུ་སྟོན་པ་ནི་ཡང་དག་པའི་གནས་ལུགས་དེ་ཁོ་ན་ཉིད་ཀྱི་དོན་ གསལ་སྣང་ཅུང་ཟད་སྐྱེས་པའི་སྒོ་ནས་ཤེས་པ་དང་རྒྱུད་ཀྱི་རྡོ་རྗེའི་ཚིག་རྣམ་པར་ཤེས་པ་ དང༌། དཔལ་ལྡན་ཁྲག་འཐུང་གི་གསང་སྔགས་ཤེས་པ་སྟེ། བསྙེན་པ་ལས་སུ་རུང་བས་ ཅུང་ཟད་འགྲུབ་པ་དང་སྔགས་དང་རྒྱུད་ཀྱི་སྦྱོར་བ་ཐམས་ཅད་ཤེས་པ་དང་ཁྲོ་བ་མེད་པ་ལ་ སོགས་པ་ཉོན་མོངས་པ་ཤས་ཆུང་བ་དང་དམ་ཚིག་གཙང་བ་དང༌། དེ་ཉིད་བཅུ་ལ་མཁས་པ་ དང༌། ཡེ་ཤེས་ཕ་རོལ་འགྲོ་ནི་དེ་ལྟར་ཤེས་པའི་ཕ་རོལ་ཏུ་སོན་པའོ། ། གཉིས་པ་ནི། རྒྱུད་ཀྱི་དངོས་བསྟན་འདིར་ས་སྦྱང་བ་དང༌། བཟུང་བ་གཉིས་ཙམ་ གསུངས་པ་ལས། དང་པོ་སྦྱང་པ་ཡང༌། ལས་དང་བྱ་བས་སྦྱོང་བ་ཙམ་ཞིག་གསུངས་པ་ཡིན་ ལ། གཞན་ས་བླང་བ་དང༌། བརྟག་པ་དང༌། སྐོ་སྦྱངས་རྣམས་ནི་གཞན་ནས་ཁ་འགེངས་ དགོས་སོ། །འདིར་གསུངས་པའི་ས་སྦྱང་བ་ནི། དེ་ལ་ལྕི་བ་མ་ལྷུང་བས། །ཞེས་སོགས་ཤོ་ལོ་ ཀ་ཕྱེད་དང་གཉིས་ཀྱིས་བསྟན། དེའི་དོན་ནི། བའི་ལྕི་བ་ས་ལ་མ་ལྷུང་བ་ཉེ་བར་བླངས་ཏེ། དཀྱིལ་འཁོར་གྱི་སར་ཉེ་བར་བྱུག་པ་དང༌། དུར་ཁྲོད་དུ་རོ་བསྲེགས་པའི་ཐལ་བ་དང༌། མི་ 2-1-42 འཆི་བཅུ་ཕྱེད་བདུད་རྩི་ལྔ་དང་བཅས་པ་ཡིས་ཀྱང༌། དཀྱིལ་འཁོར་གྱི་ས་གཞི་ཉེ་བར་བྱུགས་ ཏེ། དེར་དཀྱིལ་འཁོར་གྱི་འཁོར་ལོ་བྲི་བའི་བྱ་བ་ཡང་དག་པར་བརྩམ་མོ། ། གཉིས་པ་ས་བཟུང་བ་ནི། ཐོད་པས་སྤྱི་བོར་རྒྱན་བྱས་ཤིང༌། །ཞེས་པ་ནས། རྩེ་གསུམ་ པས་ཀྱང་གཞིག་མི་ནུས། །ཞེས་པའི་བར་གྱིས་བསྟན། དེའི་དོན་ཡང་དག་ས་ཡོངས་སུ་ བཟུང་བར་བྱེད་པའི་སྒྲུབ་པ་པོ་དང་པོར་ཆས་སུ་འཇུག་པར་བྱ་སྟེ། ཐོད་པའི་ཕྲེང་བས་སྤྱི་བོ་ བརྒྱན་པར་བྱས་ཤིང༌། ཡན་ལག་ཐམས་ཅད་ལ་ཐལ་ཆེན་གྱིས་བྱུགས་པ་དང༌། གུག་བསྐྱེད་ དེ་རུས་པའི་རྒྱན་དྲུག་གི་ལུས་ལ་རྣམ་པར་བརྒྱན་ཅིང༌། རུས་འཕྲེང་རུས་པར་ཡང་དག་ལྡན། །ཞེས་པ། གུག་བསྐྱེད་དེ་ཉིད་ངོས་འཛིན་པར་བྱེད་པའི་ཚིག་ཏུ་སྦྱོར་བའམ། ཡང་ན་རུས་པའི་ སེ་རལ་ཁས་བརྒྱན་པའི་དོན་དུ་འཆད་ཅིང༌། ཐོད་པ་དུམ་བུ་གཅིག་པའི་འཁོར་ལོས་མགོ་ བོར་ཡང་དག་པར་བརྒྱན་པ་དང༌། རུས་པའི་ཕྲེང་བ་རྣམ་པར་ལྡན་པ་ནི། མི་མགོ་ལྔ་བཅུའི་ དོ་ཤལ་ཡིན་པས། དེ་མཚོན་བྱེད་རུས་པའི་ཕྲེང་བ་ཙམ་གྱིས་ཀྱང་རུང་བ་ཡིན་ནོ། །ཁ་ཊྭཱཾ་ག་ ནི་ལག་ན་གནས་པ་སྟེ་མཚོན་ཆར་འཛིན་པའོ། །དེ་ལྟར་ཆས་སུ་ཞུགས་ནས། བདག་ཉིད་ཤྲི་ ཧེ་རུ་ཀའི་དམ་ཚིག་སེམས་དཔར་བྱས་ཤིང་བསྐྱེད་ནས། དེའི་འོག་ཏུ་ཡེ་ཤེས་སེམས་དཔའ་ དཔལ་ལྡན་ཧེ་རུ་ཀ་སྤྱན་དྲངས་ཏེ། བདག་ལ་ཉིད་ཐིམ་པར་བྱས་ཏེ། དམ་ཡེ་དབྱེར་མེད་ཀྱི་ ཧེ་རུ་ཀར་དྲན་པར་བྱའོ། །འཁོར་ལོ་འདིའི་སྙིང་གར་འགོད། །ཞེས་པ་ནི། ལུས་ཀྱི་དཀྱིལ་ འཁོར་གྱི་འཁོར་ལོ་བདག་ཉིད་ཧེ་རུ་ཀར་གསལ་བ་འདིའི་སྙིང་ག་སྟེ། ལུས་ཀྱི་ནང་དུ་འགོད་ པར་བྱེད་པ་སྟེ། འདིས་ལུས་དཀྱིལ་སྒོམ་པ་བསྟན་པ་ཡིན་ནོ། །དེ་ལྟར་བདག་ཉིད་གོ་བགོས་ ནས། །ཞེས་པ་ལུས་ཀྱི་དཀྱིལ་འཁོར་ནི་གོ་ཆ་ཆེན་པོ་ཡིན་ཞིང༌། གཞན་ཡང་དཔའ་བོའི་ གོ་ཆ་དང༌། དཔའ་མོའི་གོ་ཆ་ཡང་འགོད་པར་བྱེད་པ་ནི། གོ་བགོས་པའི་དོན་ནོ། །དེ་ནས་ འདིར་དངོས་སུ་མ་གསུངས་ཀྱང༌། མིག་བྱིན་གྱིས་རློབ་པ་དང༌། བགེགས་ལ་བཀའ་བསྒོས་ 2-1-43 ཏེ་ཕྱིར་སྤྲོད་པ་དང༌། སྐོར་བ་བྱེད་པ་རྣམས་ཁ་བསྐོང་བར་བྱ་དགོས་པ་ཡིན་ལ་ཕུར་གདབ་ ཀྱང་སྐབས་འདི་འམ། འོག་གང་རུང་ཞིག་ཏུ་བྱེད་དགོས་པས་ཁ་བསྐང་ངོ༌། །དེ་ནས་རྡོ་རྗེའི་ རྭ་བ་རྣམས་ནི་ཕྱོགས་སུ་དགོད་པ་སྟེ་སྒོམ་པ་དང༌། འོག་ཏུ་མཚོན་ཆ་དགོད་པ་སྟེ། སྣ་ཚོགས་ རྡོ་རྗེའི་ས་གཞིར་སྒོམ་པ་དང༌། འཁོར་ལོ་གནས་པའི་བདག་ཉིད་མཉམ་ཞེས་པ་ནི། དཀྱིལ་ འཁོར་གང་དུ་འབྲི་བའི་ཕྱོགས་དེའི་ཐད་མཉམ་པར། འཁོར་ཡུག་ཏུ་རྡོ་རྗེའི་དྲྭ་བ་སྒོམ་པ་ དང༌། སྟེང་དུ་མདའི་དྲ་བ་བྱ་བ་དང༌། མཁའ་སྤྱོད་དུ་རྡོ་རྗེའི་གུར་སྒོམ་པ་སྟེ། དེ་དག་གིས་ ནི་གོ་ཆ་སྟེ་བསྲུང་བའི་འཁོར་ལོ་འགྱུར་བ་ཡིན་ནོ། །དེ་ལྟར་གོ་ཆ་ཡོངས་སུ་བགོས་པའི་ཕན་ ཡོན་ནི། ལྷའི་གདོན་སུམ་ཅུ་རྩ་གསུམ་པའི་གདོན་རྣམས་ཀྱིས་ཀྱང་བཞིག་ཅིང་གནོད་པར་ མི་ནུས་ན། གཞན་གྱིས་ལྟ་སྨོས་ཀྱང་ཅི་དགོས། ཞེས་པའོ། །དཀྱིལ་འཁོར་བྲི་ཞིང་གཟུགས་ བརྙན་གྱི་དཀྱིལ་འཁོར་བསྐྱེད་པ་ལ། མདོར་བསྟན་པ་དང༌། རྒྱས་པར་བཤད་པ་གཉིས་ ལས། དང་པོ་ནི། དཀྱིལ་འཁོར་འབྲི་བའི་ལས་ལ་འཇུག་པའི་ཐོག་མར། བདག་ཉིད་རབ་ཏུ་ བསྲུང་བར་བྱ་བ་སྟེ། དཔལ་ཧེ་རུ་ཀའི་ང་རྒྱལ་ལ་གནས་པས། གོ་ཆ་གསུམ་གྱི་སྔགས་ཀྱིས་ ལུས་ལ་བརྒྱན་པ་དང༌། ཕྱག་རྒྱས་བརྒྱན་པ་ནི། སྒྲུབ་གྲོགས་ཕྱག་རྒྱ་དང་བཅས་པ་སྟེ། དེ་ ཡང་ཐིག་སྣ་འཛིན་པའི་ལས་ཀྱི་སློབ་མ་རྡོ་རྗེ་ཕག་མོའམ། ཁནྚ་རོ་ཧར་སྒོམ་པར་བྱེད་པའང༌། ཕྱག་རྒྱས་བརྒྱན་པའི་དོན་ནོ། །དེ་ལྟར་དངོས་གྲུབ་ཐམས་ཅད་རབ་ཏུ་སྟེར་བའི་ཧེ་རུ་ཀའི་ དཀྱིལ་འཁོར་གདུག་པ་ཅན་ཐམས་ཅད་འཇིགས་པར་བྱེད་པ་བྲི་བར་བྱ་ཞེས་མདོར་བསྟན་ ནས། རྒྱས་པར་བཤད་པ་ལ། ཐིག་གདབ་པ་དང༌། རྡུལ་ཚོན་འདུ་བྱ་བ་དང༌། དཀྱིལ་འཁོར་ བྲི་བ་དང༌། གཟུགས་བརྙན་བསྐྱེད་པ་ལྷན་ཅིག་ཏུ་བཤད་པ་དང་གསུམ་ལས། དང་པོ་ནི། ཐིག་སྐུད་སེམས་མེད་དེ་རོའི་སྐྲ་ལ་སོགས་པའི་སྲད་བུ་དང༌། ཐིག་ཆལ་ཀྱང་ 2-1-44 རྒྱུ་ཏི་ར་སྟེ། ཁྲག་ཆེན་པོས་བྱེད་པ་ཡིན་ལ། ཡང་ན་ཐིག་ཆལ་གང་ཡང་རུང་བ་ལ། ཁྲག་ ཆེན་ཅུང་ཟད་བསྲེས་པས་ཀྱང་རུང་ངོ༌། །ཚུལ་དེ་ལྟ་བུས་དཔལ་ལྡན་ཁྲག་འཐུང་གི་གྲོང་ཁྱེར་ མཆོག དཀྱིལ་འཁོར་འཇིགས་པ་ཐིག་གདབ་བྱ། །ཞེས་སོ། །དཀྱིལ་འཁོར་གྱི་ཚད་ཀྱང་རྩ་ ཐིག་ཡན་ལ་ཁྲུ་གང་དུ་ཡོད་པ་ནི་ཐུགས་ཀྱི་དཀྱིལ་འཁོར་དང༌། ཁྲུ་བཞི་དང༌། ཁྲུ་བརྒྱད་ཡོད་ པ་ནི་རིམ་པས་གསུང་དང་སྐུའི་དཀྱིལ་འཁོར་རོ། །དེ་ཡང་དཀྱིལ་འཁོར་ཆེན་པོ་སྒོ་བཞི་པ། ཀུན་ནས་ཟུར་བཞི་དང་ལྡན་པ། རྟ་བབས་བཞིས་རྣམ་པར་བརྒྱན་པ་དང༌། ཐིག་སྐུད་ཀྱང་ སྔགས་པས་ཉིས་འགྱུར་དུ་རྣམ་པར་སྤྱད་ཅིང༌། ཐིག་གདབ་པ་ལ་སོགས་པའི་གནས་སྐབས་ འདི་དག་ཏུ་ཡང༌། ཚོགས་ཀྱི་འཁོར་ལོ་དང༌། གཏོར་མ་ལ་སོགས་པའི་མཆོད་པས། མཁའ་ འགྲོ་དྲྭ་བའི་བདེ་མཆོག་མཆོད་དོ། ། གཉིས་པ་ནི། གོང་གི་དུར་ཁྲོད་དུ་ནི་ཀུན་སྤྱོད་ཅིང་། །ཞེས་སོགས་ཤོ་ལོ་ཀ་གཅིག་གི་ བསྟན། དེ་ཡང་དུར་ཁྲོད་དུ་ཀུན་ཏུ་སྤྱོད་པ་ནི། དཀྱིལ་འཁོར་གང་དུ་འབྲི་བའི་གནས་དེ་ཉིད། དུར་ཁྲོད་ཆེན་པོ་བརྒྱད་དང༌། བཅུ་དྲུག་ཏུ་མོས་པར་བྱེད་དགོས་པ་ཡིན་ལ། རྡུལ་ཚོན་གྱི་ རྒྱུ་ནི། རོ་བསྲེགས་པའི་སོལ་བའི་ཕྱེ་མས་རྡུལ་ཚོན་ནག་པོ་བྱ་བ་དང༌། དུར་ཁྲོད་ཀྱི་སོ་ཕག་ གིས་རྡུལ་ཚོན་དམར་པོ་བྱ་བ་དང༌། གཞན་བརྟག་གཉིས་ལས་བཤད་པའི་སྐྱེས་པའི་རུས་ པའི་བྱེ་མས་རྡུལ་ཚོན་དཀར་པོའོ། །ལྡོང་རོས་ཀྱིས་ནི་རྡུལ་ཚོན་སེར་པོའོ། །ཀུན་མའི་ལོ་མ་ དང༌། སྐྱེས་པའི་རུས་པའི་ཕྱེ་མ་དག་གིས་ནི། རྡུལ་ཚོན་ལྗང་ཁུའོ། །ཞེས་གསུངས་པ་ལྟར། རྡུལ་ཚོན་དེ་དག་གིས་དཀྱིལ་འཁོར་འབྲི་བ་ཡང༌། དངོས་གྲུབ་སྒྲུབ་པའི་དཀྱིལ་འཁོར་ལ། དེ་ལྟར་དགོས་པ་ཡིན་ཞིང༌། དབང་བསྐུར་དང་རབ་གནས་ལ་སོགས་པའི་དུས་སུ། རིན་པོ་ ཆེའི་ཕྱེ་མ་དང༌། འབྲས་ཀྱི་ཕྱེ་མ་ལ་སོགས་པ་མཆོག་ཏུ་གྱུར་པ་དང༌། གཞན་ཡང༌། རྡུལ་ཚོན་ ལ་རོ་སོལ་སོགས་ཅུང་ཟད་བསྲེས་པས་ཀྱང་དེའི་དོན་འགྲུབ་བོ། ། 2-1-45 གསུམ་པ་ནི། དེ་ལྟ་བུའི་དཀྱིལ་འཁོར་དེའི་དབུས་སུ། པད་མ་འདབ་མ་དང་བཅས་ཤིང༌། ལྟེ་བར་ཉི་མའི་དཀྱིལ་འཁོར་འབར་བ་དང་བཅས་པའམ། ཡང་ན་པད་མ་དེ་ཉིད་འོད་རབ་ཏུ་ འབར་བ་དང་བཅས་པ། གེ་སར་དང་ཡང་དག་པར་ལྡན་པ་བཞག་པ་སྟེ་བྲི་ཞིང༌། ཡིད་ཀྱིས་ ཀྱང་བསྒོམ་པར་བྱའོ། །ཨ་བྷི་དྷ་ན་ལས། ཡི་གེའི་དཀྱིལ་འཁོར་དང་པོ་སྟེ། །གཉིས་པ་མཚན་ མའི་དཀྱིལ་འཁོར་ཡིན། །གཟུགས་བརྙན་དགོད་པ་གསུམ་པ་སྟེ། །ལག་པའི་ཕྱག་རྒྱ་བཞི་ པའོ། །མེ་ཏོག་དགྲམ་པ་ལྔ་པ་སྟེ། །དྲུག་པ་ཚོགས་ཀྱི་དཀྱིལ་འཁོར་རོ། །ཞེས་དཀྱིལ་འཁོར་ ལ་མཚན་མ་འགོད་ཚུལ་མི་འདྲ་བ་དྲུག་གསུངས་པ་ལས། འདིར་ལྷ་སོ་སོའི་གཟུགས་བརྙན་ དགོད་པ་སྟེ། དེ་ཡང་པདྨའི་ལྟེ་བར་དགོད་པར་བྱ་བ་ནི། དཔལ་ཧེ་རུ་ཀ་སྟེ། དེ་ཡང་དྲག་པོ་ དབང་ཕྱུག་ཆེན་པོ་ཤིན་ཏུ་ཁྲོས་པ་འཇིགས་བྱེད་ཆེན་པོའི་གཟུགས་ཅན་ཏེ། དེ་དང་འདྲ་བ་ དང༌། གཟི་བརྗིད་དང་མདངས་དཔག་ཏུ་མེད་པ་དང་ལྡན་ཞིང༌། འོད་ཟེར་རབ་ཏུ་འབར་ བ་དང༌། ཧ་ཧ་ཞེས་རབ་ཏུ་བཞད་པའི་ཉམས་ཅན། ཐོད་སྐམ་གྱི་ཕྲེང་བའི་རྒྱན་དང་ལྡན་པ། བཟང་པོའི་སྤྱན་གསུམ་དང་ལྡན་ཞིང༌། ཞལ་བཞི་མངའ་བ། གླང་པོ་ཆེའི་པགས་པ་རྣམ་པར་ བགོས་པ། སྨིན་མ་བཟང་པོ་དང་ལྡན་ཞིང༌། རྡོ་རྗེ་ནག་པོའི་ཕྲེང་བས་དབྱེས་ཏེ་སྐྲ་འཚམས་ བརྒྱན་པ། ཕྱག་ན་ཁ་ཊྭཱཾ་ག་བསྣམས་ཤིང༌། ཐོད་རློན་བརྒྱ་ཕྱེད་ཀྱི་ཕྲེང་བས་རྣམ་པར་བརྒྱན་ པ་སྟེ། དཔལ་ཧེ་རུ་ཀའི་མཚན་ཉིད་འདི་ཙམ་ཞིག་རྩ་རྒྱུད་ལས་གསུངས་པ་ཡིན་ཞིང༌། སྐུའི་ རྣམ་འགྱུར་གཞན་རྣམས་ནི་བཤད་རྒྱུད་སོ་སོ་དང༌། སློབ་དཔོན་སོ་སོའི་མན་གང་ལ་བརྟེན་ ནས་འདྲ་མིན་སྣ་ཚོགས་སུ་བྱུང་བའོ། །དཔལ་ཧེ་རུ་ཀའི་མདུན་དུ་གནས་པའི་དཔའ་མོ་ནི། རྡོ་རྗེ་ཕག་མོ་སྟེ་དེ་ཡང་འཇིགས་པའི་གཟུགས་ཅན། དཔལ་ཧེ་རུ་ཀ་ལ་ཞལ་མངོན་དུ་ཕྱོགས་ པ། སྤྱན་གསུམ་དང་ལྡན་ཞིང༌། དྲག་པོའི་གཟུགས་ཅན་དུ་བྲི་བར་བྱ་ཞིང༌། ཕྱག་གཡོན་པའི་ ཕྱག་མཚན་ཐོད་པའི་ནང༌། ཨནྡྲ་སྟེ་མིའི་སྒྱུ་མས་གང་བ་འཛིན་པ། ཁ་སྟེ་ཞལ་དང་གསང་བ་ 2-1-46 ནས་རུ་ཏི་ར་སྟེ་ཁྲག་གི་རྒྱུན་འཛག་ཅིང༌། ལྷ་དང༌། ལྷ་མིན། མི་དང་བཅས་པ་རྣམས་ཕྱོགས་ ཀུན་དུ་སྡིགས་མཛུབ་ཀྱིས་སྡིགས་པར་བྱེད་པའོ། །ཧེ་རུ་ཀ་དང༌། ཕག་མོ་གཉིས་ལ། ཕྱག་ མཚན་ཁ་ཊྭཱཾ་ག་དང༌། ཐོད་པ་གཉིས་ལས་མ་གསུངས་ལ། དེ་གཉིས་ནི་ཐབས་དང་ཤེས་རབ་ མཚོན་བྱེད་དོ། །རབ་གཏུམ་མ་ལ་སོགས་པའི་མཁའ་འགྲོ་མ་ཉི་ཤུ་རྩ་བཞི། རྡོ་རྗེ་ཕག་མོའི་ རིགས་ལས་བྱུང་བ་ཡིན་ཞིང༌། དེ་རྣམས་འཁོར་ལོ་གསུམ་གྱི་ཕྱོགས་བཞི་དང༌། མཚམས་ བཞིར་བྲི་བ་དང༌། རྡོ་རྗེ་ཕག་མོ་ནི་དཀྱིལ་འཁོར་གྱི་འཁོར་ལོའི་ལྟེ་བར་མཆོད་པར་བྱ་བ་ དང༌། དེ་བཞིན་དུ་འདིར་ཡང༌། ཐོད་པའི་དུམ་བུ་ལ་སོགས་པའི་དཔའ་བོ་ཉེར་བཞི་ཡང༌། སྔར་བཞིན་དུ། འཁོར་ལོ་གསུམ་གྱི་ཕྱོགས་མཚམས་སུ་འགོད་པར་བྱ་བ་དང༌། དེ་ཡང་ སྒྲུབ་པ་པོ་གལ་ཏེ་དངོས་གྲུབ་ཐོབ་པར་འདོད་པ་རྣམས་ཀྱིས། ཡུམ་ཉེར་བཞི་པོ་རྣམས་དང་ གཉིས་མེད་དུ་བྱས་ཏེ། དཔའ་བོ་ཉེར་བཞི་མཆོད་པར་བྱའོ། །འདིར་མ་མོ་བཅུ་གཉིས་མ་ གསུངས་ཀྱང་འོག་ཏུ་བསྟན་པས། འདིར་ཡང་བླང་བར་བྱ་བ་ཡིན་ལ། དེ་ལྟར་ན། རྟེན་དང་ བརྟེན་པའི་དཀྱིལ་འཁོར་འབྲི་བ་དང༌། བྲིས་པ་དང་མཐུན་པར་དེ་དང་དེ་ཡིད་ཀྱིས་སྒོམ་པར་ བྱེད་པ་ནི་གཟུགས་བརྙན་བསྐྱེད་པའི་དོན་ནོ། །བུམ་པ་འགོད་པ་ནི། རྩ་བ་ནག་པོ་ལ་སོགས་ མེད། །ཅེས་པ་ནས། བུམ་པ་དགུ་པ་དབུས་སུ་བཞག ཅེས་པའི་བར་གྱིས་བསྟན་དེ་ཡང༌། རྩ་ བ་མེད་པ་ནི། དབང་བསྐུར་བའི་དུས་ཀྱི་བུམ་པ་ལ་ཞབས་སྟེགས་མེད་པའི་དོན་དང༌། བུམ་ པ་དེ་ལ་ལས་སྒྲུབ་པའི་ཁྱད་པར་དམིགས་གསལ་ཕྲན་བུ་མ་གཏོགས། ཁ་དོག་ཡང་ནག་པོ་ མེད་པ་དང༌། སོགས་པའི་སྒྲས། བུག་ཆག་མེད་པ་ཞིག་དགོས་པར་བསྟན་པའོ། །བུམ་རྫས་ ཀྱི་ཁྱད་པར། མུ་ཏིག་དང༌། གསེར་དང༌། རིན་པོ་ཆེ་སྟེ་ཕ་ལམ་དང༌། བྱུ་རུ་དང༌། དངུལ་དང༌། ཟངས་མ་ལ་སོགས་པ་འཇུག་པར་བསྟན་པ་ཡིན་ལ། འགའ་ཞིག དངུལ་དང༌། ཟངས་ཞེས་ པས་བུམ་པའི་རྒྱུ་བསྟན་པར་འདོད་པ་ཡང་ཡོད་མོད་ཀྱི། གོང་དུ་བཤད་པ་དེ་ཉིད་འཐད་པའི་ 2-1-47 ཕྱོགས་སོ། །རྒྱུད་ཀྱི་དངོས་བསྟན་ལ་བུམ་རྫས་དེ་ཙམ་ཞིག་ལས་མ་བཤད་མོད། འོན་ཀྱང༌། འབྲུ་དང་སྨན་ལ་སོགས་པ་རྣམས་ཀྱང་གཞན་ནས་བཤད་པ་ལྟར་ཁ་བསྐང་ངོ༌། །ཡང་འགའ་ ཞིག བཟའ་བ་ཀུན་གྱིས་ལེགས་བཀང་བའི། །ཞེས་པས། འབྲུ་དང་སྨན་སོགས་བུམ་རྫས་ ཀྱི་ཁྱད་པར་བསྟན་པར་འདོད་པ་ནི་མི་ལེགས་ཏེ། སྣོད་ནི་སྟེང་དུ་བཞག་པར་བྱ། །ཞེས་པ་ དང་འབྲེལ་བའི་ཚིག་ཏུ་བྱུང་བས། བཟའ་བ་རྣམ་པ་སྣ་ཚོགས་པས་བཀང་བའི་ཐོད་པ་ལ་ སོགས་པའི་སྣོད་བུམ་པའི་སྟེང་དུ་བཞག་པར་བྱ་བ་ཙམ་བསྟན་པ་ཡིན་ནོ། །མགྲིན་པ་སྲད་ བུས་དཀྲིས་པའི་དོན་ནི། བུམ་པའི་མགུལ་པ་ལ་སྲད་བུས་བསྐོར་བ་ལྔའམ་བདུན་དུ་དཀྲི་ བར་བྱེད་པ་སྟེ། འདི་ལ་བོད་ཀྱི་ཕྱོགས་འདིར་སྲོག་ལྔ་པའམ་བདུན་པ་ཞེས་ཟེར་བ་དེའོ། །ཁ་ འདབ་མས་བརྒྱན་པར་བྱ་བ་ནི། བུམ་པའི་ཁ་རྒྱན་བསྟན་པ་དང༌། །གོས་ཟུང་གིས་ནི་ལེགས་ དཀྲིས་པ། །ཞེས་པ། མི་རྣམས་ལ་སྟོད་གཡོགས་དང་སྨད་གཡོགས་གཉིས་འབྱུང་བ་བཞིན་ དུ། བུམ་པ་ལ་ཡང་གོས་ཟུང་གིས་དཀྲི་བར་བྱ་བ་ཡིན་ལ། དེ་ལྟར་བུམ་པ་བརྒྱད་ནི་དཀྱིལ་ འཁོར་གྱི་སྒོ་བཞི་དང༌། གྲྭ་བཞིར་དགོད་པར་བྱ་བ་དང༌། བུམ་པ་དགུ་པ་རྣམ་རྒྱལ་བུམ་པ་ནི། དཀྱིལ་འཁོར་གྱི་དབུས་སུ་འཇོག་པར་བྱ་བ་ཡིན་ནོ། །ཅི་སྟེ་འདི་ལ་དཀྱིལ་འཁོར་གྱི་དབུས་ སུ་འགོད་པར་མི་བདེ་ན། དཀྱིལ་འཁོར་གྱི་ཤར་དུ་འཇོག་པ་ནི་བླ་མའི་མན་ངག་ལག་ལེན་ ཙམ་སྟེ། རྒྱུད་ཀྱི་དངོས་བསྟན་ལ་དཀྱིལ་འཁོར་གྱི་དབུས་ཉིད་དུའོ། །འདིར་བུམ་པ་འགོད་པ་ ཙམ་ཞིག་གསུངས་ཀྱི། སྒྲུབ་པའི་ཚུལ་དངོས་སུ་མ་གསུངས་ཀྱང༌། སློབ་དཔོན་སོ་སོའི་མན་ ངག་བཞིན་སྦྱོར་དགོས་པ་ཡིན་ལ། བུམ་པ་དགོད་པ་ཡང་སྟ་གོན་གྱི་ཉིན་བུམ་པ་སྒྲུབས་ཏེ་ དཀྱིལ་འཁོར་བྲིས་ཟིན་པ་ན་འགོད་པ་དང༌། དཀྱིལ་འཁོར་སྒྲུབ་པའི་ཉིན་བུམ་པ་བསྒྲུབས་ ཏེ་འགོད་པ་གཉིས་ཅར་དང་འདི་མི་འགལ་ལོ། །དེ་ལྟ་བུའི་བུམ་པ་དེ་ལ་གསེར་དང༌། དངུལ་ དང༌། རིན་པོ་ཆེ་དང༌། མུ་ཏིག་གི་ཕྲེང་བ་ལ་སོགས་པ་རྣམས་ཀྱིས་རྒྱན་གྱི་ཚུལ་དུ་མཛེས་པར་ 2-1-48 བྱས་པ་སྟེ། ད་ལྟ་ལག་ལེན་ལ་གཟུངས་རྡོར་ལ། མེ་ཏོག་གི་ཕྲེང་བ་དང༌། རིན་པོ་ཆེའི་ཕྲེང་བ་ ལ་སོགས་པ་བྱེད་པའང་ཤུགས་ཀྱིས་བསྟན་པ་ཡིན་ནོ། ། ལྔ་པ་དཀྱིལ་འཁོར་སྒྲུབ་ཅིང་མཆོད་པ་ལ། རྒྱན་དགྲམ་པ་དང༌། བྱུར་བསལ་བ་དང༌། དཀྱིལ་འཁོར་སྒྲུབ་པ་དངོས་དང༌། དེ་ལ་མཆོད་པ་འབུལ་བ་དང་བཞི་ལས། དང་པོ་ནི། དཀྱིལ་འཁོར་ཀུན་ཏུ་སོགས་ཚིག་གཉིས་ཀྱིས་བསྟན་ཏེ། དཀྱིལ་འཁོར་གྱི་ ཕྱོགས་ཀུན་ཏུ་རིན་པོ་ཆེ་དང༌། གསེར་ལ་སོགས་པས་མཛེས་པར་སྤྲས་པ་སྟེ། གཞན་ཡང་ས་ རྒྱན། གནམ་རྒྱན་སོགས་རྒྱན་གྱི་ཁྱད་པར་སྣ་ཚོགས་པ་དགྲམ་པར་བྱ་བ་ཡིན་ནོ། ། གཉིས་པ་ལ། བྱུར་བསལ་གྱི་སྔོན་དུ་མཆོད་པ་དང༌། དེ་དངོས་གཉིས་ལས། དང་པོ་ ནི། གྲོང་མཆོག་སོགས་ཚིག་གཉིས་ཀྱིས་བསྟན། འདི་ཡང་བྲིས་པའི་དཀྱིལ་འཁོར་དེ་ཉིད་ ལ། ཐོག་མར་མཆོད་པས་མཆོད་པར་བྱས་ན་ནི། ཕྱིས་དངོས་གྲུབ་འགྲུབ་པ་ལ་སོགས་པའི་ རྟེན་འབྲེལ་ཁྱད་པར་ཅན་སྒྲིག་པར་བྱེད་པ་ཡིན་པས། དངོས་གྲུབ་འགྲུབ་པ་ཉིད་དུ་ཐེ་ཚོམ་ མེད་པར་བསྟན་པའོ། །དེ་ཡང་རབ་གནས་ལ་སོགས་པའི་དུས་སུ་རྒྱ་གར་གྱི་ལག་ལེན་ལ་ རྟེན་ལ་བགེགས་སྐྲོད་པའི་ཐོག་མར་མཆོད་པ་འབུལ་བར་བྱེད་པ་ནི། རྟེན་དེ་ཉིད་བདེ་བར་ གཤེགས་པའི་སྐུ་གཟུགས་སུ་གྲུབ་ཙམ་ཉིད་ནས་མཆོད་པའི་ཡུལ་ཡིན་པས་སྐུ་གཟུགས་ལ་ ནི་མཆོད་པ་བྱ་ལ། སྐུ་གཟུགས་དེ་དག་ལ་གནས་པའི་བགེགས་རྣམས་ནི་བསྐྲད་པར་བྱ་བ་ ཡིན་ཞེས་ཤེས་དགོས་པ་ཡིན་ནོ། ། གཉིས་པ་ནི། བདག་ཉིད་ཀུན་ནས་ཞེས་སོགས་ཚིག་གཉིས་ཀྱིས་བསྟན། དེའི་དོན་ ཡང༌། སྒྲུབ་པ་པོ་བདག་ཉིད་དཔལ་ཧེ་རུ་ཀའི་ང་རྒྱལ་གྱིས་དཀྱིལ་འཁོར་གྱི་སྒོ་བཞི་ནས་དྲི་ བཟང་གི་ཆུ་ལ་སུམ་བྷ་བཟླས་པས་བསང་གཏོར་བྱ་བའོ། །བདག་ཉིད་ཀུན་ནས་ཞལ་གྱི་ ནི། ཞེས་པ་ལྟར་ན། བདག་ཉིད་ཧེ་རུ་ཀ་ཞལ་བཞི་པའི་ཏིང་ངེ་འཛིན་གྱིས་དཀྱིལ་འཁོར་ལ་ 2-1-49 བསང་གཏོར་བྱེད་པ་ཙམ་བསྟན་པ་ཡིན་ནོ། །འདི་ད་ལྟ་ལག་ལེན་ལ་བྲིས་པའི་དཀྱིལ་འཁོར་ ལ་སྦྱང་པ་རྣམ་པ་གཉིས་དང༌། ཁྲུས་གསོལ་སོགས་བྱུར་བསལ་རྒྱས་པ་བྱེད་པ་འདི་ཉིད་དོ། ། གསུམ་པ་ནི། ནམ་མཁའི་མཁའ་འགྲོ་མ་སོགས་ཤོ་ལོ་ཀ་གཉིས་ཀྱིས་བསྟན། དེའི་དོན་ ཡང་ནམ་མཁའི་མཁའ་འགྲོ་མ་རབ་གཏུམ་མ་ལ་སོགས་པ་བརྒྱད་པོ་རྣམས་ནི་སྒྲུབ་པ་པོའི་ ཡིད་ཀྱི་ཏིང་ངེ་འཛིན་གྱིས་སྟེང་སྟེ་མཁའ་སྤྱོད་རྣམ་པར་དག་པའི་ཐུགས་འཁོར་དུ་དགོད་ པར་བྱ་བ་དང༌། ཨེ་ར་ཝ་ཏི་ལ་སོགས་པའི་ས་སྟེང་ན་སྤྱོད་པའི་མཁའ་འགྲོ་མ་བརྒྱད་པོ་གང་ ཡིན་པ་རྣམས་ནི། དཀྱིལ་འཁོར་གྱི་འཁོར་ལོ་འདི་ཉིད་དང་ཐད་མཉམ་པར་གྱུར་པ། ས་སྟེང་ རྣམ་པར་དག་པའི་གསུང་འཁོར་དུ་དགོད་པ་དང༌། གང་ཡང་ས་འོག་ན་སྤྱོད་པའི་མཁའ་འགྲོ་ མ་འཁོར་ལོའི་ཤུགས་ཅན་མ་ལ་སོགས་པ་བརྒྱད་པོ་ནི། ས་འོག་རྣམ་པར་དག་པ། སྐུ་འཁོར་ དུ་དགོད་པར་བྱ་བ་དང༌། མ་མོ་བཅུ་གཉིས་པོ་ཐམས་ཅད་ལས། སྒོ་འཚམས་མ་བརྒྱད། དམ་ ཚིག་འཁོར་ལོའི་ཕྱོགས་མཚམས་བརྒྱད་དུ་དགོད་པ་དང༌། རྣལ་འབྱོར་མ་བཞི་བདེ་ཆེན་ འཁོར་ལོའི་ཕྱོགས་བཞིར་དགོད་པར་བྱ་བའོ། །འདིར་དཔལ་ཧེ་རུ་ཀ་དངོས་སུ་མ་གསུངས་ ཀྱང་གོང་དུ་བསྟན་པས་འདིར་ཡང་སྦྱར་བར་བྱ་བ་ཡིན་ནོ། ། བཞི་པ་ནི། སྒྲུབ་པོ་དངོས་གྲུབ་གང་འདོད་ཀྱང༌། །ཞེས་པ་ནས། རབ་མཉམ་བཞག་པས་ མཆོད་པར་བྱ། ཞེས་པའི་བར་དང་གོང་གི་སྒྲུབ་པོ་དངོས་གྲུབ་གང་འདོད་ཀྱང༌། མར་མེ་བརྒྱ་ ནི་དབུལ་བར་བྱ། །ཞེས་པས་བསྟན། དེ་ཡང་སྒྲུབ་པ་པོ་དངོས་གྲུབ་ཀྱི་ཁྱད་པར་གང་འདོད་ ཀྱང༌། དྲི་དང་མེ་ཏོག་དང༌། བདུག་སྤོས་དང༌། མར་མེ་རྣམས་བརྒྱ་བརྒྱ་དབུལ་བར་བྱ་བ་སྟེ། རབ་ལྷ་རེ་རེ་བཞིན་བརྒྱ་བརྒྱ་དང༌། དེ་ལྟ་མིན་ན། འཁོར་ལོ་ལྔ་ལ་བརྒྱ་བརྒྱ་དང༌། མ་མཐའ་ ན་ཡང་ཐམས་ཅད་ལ་ཐུན་མོང་དུ་བརྒྱ་བརྒྱ་དབུལ་བར་བྱའོ། །ཡང་གོང་དུ་གསུངས་པའི་ མར་མེ་བརྒྱ་ནི། འགའ་ཞིག་ཞུན་ཆེན་གྱི་མར་མེ་ལ་འདོད་པ་དང༌། ཡང་འགའ་ཞིག་མར་མེ་ 2-1-50 བརྒྱ་ཟད་མཚམས་སུ་སླར་ཡང་མར་མེ་བརྒྱ་འབུལ་དགོས་པའི་ཕྱིར། མར་མེ་བརྒྱ་སྟེགས་ ནས་འཇོག་དགོས་པའི་ཡིན་ཞེས་འཆད་ཀྱང༌། རང་ལུགས་ནི། མར་མེ་ནི་སྒྲོན་མ་ལྔ་སྟེ་ཤ་ ལྔའི་གཏོར་མ་བརྒྱ་འབུལ་བའི་དོན་དུ་འཆད་དོ། །དེ་ལྟར་མཆོད་པ་དེ་རྣམས་ཀྱིས། །དཔལ་ ལྡན་ཁྲག་འཐུང་དཀྱིལ་འཁོར་གནས། །དཔའ་བོ་རྣལ་འབྱོར་མ་མཆོད་བྱ། །ཞེས་པའོ། །གཞན་ཡང་མཆོད་པའི་ཁྱད་པར་རྒྱལ་མཚན་དམར་པོ་དང༌། སེར་པོ་དང༌། དཀར་པོ་དང༌། ནག་པོ་རྣམས་ནི་དཀྱིལ་འཁོར་ཆེན་པོའི་མཚམས་བཞིར་འཛུགས་པ་དང༌། རྒྱལ་མཚན་ སེར་སྐྱ་ནི་གཙོ་བོ་གང་ལ་ཞལ་བསྟན་པའི་ཕྱོགས་དེ་ཉིད་དུ་འཛུགས་པ་དང༌། གཞན་ཡང༌། གོས་རྣམ་པ་སྣ་ཚོགས་པ་དང༌། མེ་ཏོག་གི་ཕྲེང་བའི་ཁྱད་པར་དུ་མ་དང༌། སྟེང་དུ་བླ་བྲེ་དང༌། དར་དཔྱངས་དང༌། འཕན་དང༌། ཡོལ་བ་ལ་སོགས་པས་མཛེས་པར་སྤྲས་ཏེ་མཆོད་པར་བྱ་ བ་དང༌། སུམ་བྷ་བཟླས་པའི་མདའ་བརྒྱད་བསྲུང་བའི་དོན་དུ། དཀྱིལ་འཁོར་གྱི་ཕྱོགས་ མཚམས་བརྒྱད་དུ་དགོད་པ་དང་། གཞན་ཡང་བཟའ་བཏུང་རྣམ་པ་སྣ་ཚོགས་པས་མཆོད་ པ་སྟེ། འདིས་ཚོགས་ཀྱི་འཁོར་ལོའི་མཆོད་པ་བསྟན་པ་ཡིན་ནོ། །དེ་ལྟར་མཆོད་པ་འབུལ་ བ་དེ་དག་གི་སྐབས་སུ། སྒྲུབ་པ་པོ་སེམས་རྣམ་གཡེངས་ཀྱི་དབང་དུ་མ་སོང་བར། རང་དང་ མཆོད་ཡུལ་གྱི་དཀྱིལ་འཁོར་ལྷར་ཡོངས་སུ་གསལ་བའི་ཏིང་ངེ་འཛིན་དང༌། མཆོད་བྱ་མཆོད་ བྱེད་མཆོད་ཡུལ་རྣམས་རང་བཞིན་སྟོང་པ་ཉིད་དུ་ཤེས་པའི་ཏིང་ངེ་འཛིན་ལ་སེམས་ཤིན་ཏུ་ མཉམ་པར་བཞག་པས་མཆོད་པར་བྱའོ། །འདིའི་སྔ་ཕྱི་ཐམས་ཅད་དུ་སྒྲུབ་པོ་ཞེས་ཡང་ནས་ ཡང་དུ་གསུངས་པའི་ཕྱིར། དངོས་གྲུབ་སྒྲུབ་པའི་དོན་དུ་དཀྱིལ་འཁོར་འབྲི་ཞིང་མཆོད་པ་ ཉིད་གཙོ་བོར་བསྟན་པའང་ཡིན་ནོ། ། གཉིས་པ་སྒྲ་ཇི་བཞིན་པ་མ་ཡིན་པ་སྦས་དོན་གྱི་བཤད་པ་ལ། དེ་ཡང༌། དངོས་གྲུབ་ ཐམས་ཅད་རབ་སྟེར་བའི། །ཞེས་སོགས་གཟུགས་བརྙན་བསྐྱེད་པ་སྟོན་བྱེད་ཀྱི་རྒྱུད་ཚིག་ 2-1-51 རྣམས་ཀྱི་སྦས་དོན་ནི། དཔལ་ཧེ་རུ་ཀ་ལྷ་དྲུག་ཅུ་རྩ་གཉིས་ཀྱི་རྟེན་དང་བརྟེན་པར་བཅས་ པའི་དཀྱིལ་འཁོར་ཐོབ་བྱའི་འབྲས་བུར་འཇོག་པ་ཡིན་ལ། དེ་དག་གི་སྐབས་སུ་མཁའ་འགྲོ་ དྲྭ་བའི་བདེ་མཆོག་མཆོད། ཅེས་པ་དང༌། གཉིས་མེད་དཔའ་བོ་མཆོད་པར་བྱ། །ཞེས་སོགས་ མཆོད་པར་བྱ། ཞེས་པའི་ཚིག་རྣམས་ཀྱི་སྦས་དོན་ནི། མཆོད་པར་བྱ་བའི་ཡུལ། ནང་སྦས་ དོན་གྱི་འཁོར་ལོ་སྡོམ་པའི་ལྷ་ཚོགས་དཀྱིལ་འཁོར་དང་བཅས་པ་རྣམས་ཡིན་ལ། དེ་ཡང་ཅི་ ཞེ་ན། ཇི་སྐད་དུ། དཀྱིལ་འཁོར་ལུས་སུ་གསུངས་པ་སྟེ། །དཀྱིལ་འཁོར་བྷ་གར་གསུངས་ པ་དང༌། །དཀྱིལ་འཁོར་བྱང་ཆུབ་སེམས་ཉིད་དེ། །དཀྱིལ་འཁོར་གསུམ་དུ་རབ་ཏུ་བརྗོད། །ཅེས་གསུངས་པ་ལྟར། ལུས་ཀྱི་དཀྱིལ་འཁོར་དང༌། བྷ་གའི་དཀྱིལ་འཁོར་ནི། རྩ་རྣམས་ ཀྱི་ཁོང་སྟོང་སྤྱི་དང༌། ཁྱད་པར་དུ་ཡང་འཁོར་ལོ་བཞིའི་ལྟེ་བའི་སྒོ་རྣམས་དང༌། བྱང་ཆུབ་ སེམས་ཀྱི་དཀྱིལ་འཁོར་ནི། རྩ་དེ་དག་ཏུ་རྒྱུ་བའི་རླུང་དང་བྱང་ཆུབ་ཀྱི་སེམས་རྣམས་སོ། །དེ་ ལ་རྩའི་གཙོ་མོ་བཞི་ནི་རྡོ་རྗེ་ཕག་མོ་དང་བཅས་པའི་ཧེ་རུ་ཀ བཞུགས་གནས་པད་མའི་ལྟེ་ བ་དང་བཅས་པ་དང༌། དེ་བཞིན་དུ་གསུམ་བསྐོར་མ་ལ་སོགས་པ་བཞི་ནི། མཁའ་འགྲོ་མ་ སོགས་རྣལ་འབྱོར་མ་བཞི་རང་གང་དུ་བཞུགས་པའི་པད་འདབ་དང་བཅས་པ་དང༌། མི་ཕྱེད་ མ་ལ་སོགས་པ་བརྒྱད། ཐུགས་འཁོར་གྱི་ལྷ་རྟེན་དང་བཅས་པ་དང༌། སྐྱོན་མ་ལ་སོགས་པ་ བརྒྱད་གསུང་འཁོར་གྱི་ལྷ་རྟེན་དང་བཅས་པ་དང༌། ཡིད་བཟང་མ་སོགས་བརྒྱད་སྐུ་འཁོར་ གྱི་ལྷ་རྟེན་དང་བཅས་པ་དང༌། བུ་ག་བརྒྱད་ཀྱི་རྩས་ནི་སྒོ་མཚམས་མ་བརྒྱད་རྟེན་དམ་ཚིག་ འཁོར་ལོའི་སྒོ་མཚམས་བརྒྱད་དང་བཅས་པ་ཉིད་ཡིན་པས། རྩ་སུམ་ཅུ་རྩ་བདུན་པོ་རྣམས་ ཡབ་ཡུམ་གཉིས་མེད་ལྷ་སུམ་ཅུ་རྩ་བདུན་གྱི་སྦས་དོན་དུ་འཇོག་པ་ཡིན་ལ། ཡང་ལྟེ་བ་ས། སྙིང་ག་ཆུ། མགྲིན་པ་མེ། སྤྱི་བོ་རླུང༌། རྒལ་ཚིགས་རི་རབ། དབང་པོ་རྣམས་ནི་གཞལ་ཡས་ ཁང་གི་རྒྱན་སོགས། འཁོར་ལོ་བཞི་དང༌། རྒལ་ཚིགས་ཀྱི་དབྱུག་པ་དང༌། མིག་སོགས་དབང་ 2-1-52 པོ་རྣམས་ལ་ནི། འབྱུང་བཞི་རི་རབ་གཞལ་ཡས་ཁང་དང་བཅས་པའི་སྦས་དོན་དུ་འཆད་པ་ ཡིན་པས། དེ་རྣམས་ནི་མཆོད་བྱའི་ཡུལ་ཡིན་ལ། མཆོད་པའི་ཚུལ་ནི། བྱང་ཆུབ་ཀྱི་སེམས་ དྭངས་མར་གྱུར་པ་ན། རྩ་རྣམས་ཀྱང་དྭངས་མར་འགྱུར་བ་ཡིན་པས། དེའི་ཚེ་རྩ་རྣམས་ དྭངས་མར་གནས་གྱུར་པའི་ཚུལ་གྱིས་མཆོད་པ་ཡིན་ནོ། ། འདི་ཡེ་ཤེས་ཀྱི་རིམ་པའི་སྐབས་སུ་སྦྱོར་བ་ཡིན་ཏེ། རྩ་ཁམས་རྣམས་དྭངས་མར་གྱུར་ པའི་ཆ་ཕྲ་མོ། རྒྱུད་ཀྱི་རིམ་པ་ཉིད་ན་ཡང་ཡོད་པ་ཡིན་ཡང༌། ཡེ་ཤེས་ཀྱི་རིམ་པ་མ་ཐོབ་པ་དེ་ སྲིད་དུ། དྭངས་མར་གྱུར་པའི་ཆ་སྟོབས་ཆུང་བ་ཡིན་ལ། དེ་ཐོབ་པ་ན་རྩ་ཁམས་རྣམས་འབྱུང་ ལུས་དྭངས་མར་འགྱུར་བ་ཡིན་ཞིང༌། གསང་རིམ་ཐོབ་པ་ན། འབྱུང་ལུས་དྭངས་མའི་ཆ་དེ་ ཉིད་ཀྱང་ཡོངས་སུ་དག་སྟེ། ཤིན་ཏུ་དྭངས་མ་ཡེ་ཤེས་ཀྱི་རྩ་ཁམས་སུ་འགྱུར་བ་ཡིན་ནོ། །བུམ་ པ་འགོད་པའི་སྦས་དོན་ནི། བུ་ག་བརྒྱད་དུ་རྒྱུ་བའི་རླུང་རྣམས་རིམ་པས་ཡོངས་སུ་བཟློག་སྟེ་ འགག་པར་འགྱུར་བ་ནི། ཕྱོགས་མཚམས་བརྒྱད་དུ་བུམ་པ་བརྒྱད་དགོད་པའི་སྦས་དོན་དང༌། མཐར་དེ་རྣམས་དབུ་མའི་ནང་དུ་ཡོངས་སུ་འགགས་པ་ནི། བུམ་པ་དགུ་པ་དབུས་སུ་འགོད་ པའི་སྦས་དོན་ནོ། །འདི་ནི་སྣ་བུག་གཉིས་གཅིག་ཏུ་སྡོམ་པ་ཡིན་པས། སྐུའི་སྒོ་དགུ་འགག་ པའི་དོན་ནོ། །འདི་རྣམས་སུ་རླུང་ཡོངས་སུ་རྒྱུ་བས་དབང་ཤེས་དྲུག་སྐྱེ་བར་འགྱུར་བའང་ ཡིན་ཏེ། མིག་གི་སྒོ་གཉིས་ནས། རླུང་རྒྱུས་པས་མིག་ཤེས་སྐྱེ་བ་དང༌། དེ་བཞིན་དུ་རྣ་བ་དང༌། སྣ་དང༌། ཁའི་བུ་ག་རྣམས་ནས་རྒྱུས་པས། རྣ་བ་སྣ་ལྕེའི་རྣམ་ཤེས་སྐྱེ་བ་དང༌། ཆུ་ལམ་ནས་རྒྱུ་ བའི་རླུང་གིས་ལུས་ཀྱི་རྣམ་ཤེས་དང༌། བཤང་ལམ་ནས་རྒྱུ་བའི་རླུང་གིས་ཡིད་ཀྱི་རྣམ་ཤེས་ ཀྱི་གྲོགས་བྱེད་པ་ཡིན་ནོ། །དེ་ལྟར་ན་དེར་རྒྱུ་བའི་རླུང་རྣམས་ནང་དུ་འགགས་པས། དབང་ ཤེས་དྲུག་ཀྱང་རིམ་པས་འགག་པར་འགྱུར་བ་ཡིན་ནོ། །དཀྱིལ་འཁོར་གྱི་སྒོ་བཞི་ནས་བསང་ གཏོར་བྱེད་པའི་སྦས་དོན་ནི། ཕྱོགས་བཞིའི་འབྱུང་བ་བཞིའི་རླུང༌། དབུ་མའི་ནང་དུ་འགག་ 2-1-53 པར་འགྱུར་བ་སྟེ། འདི་ནི་གསུང་གི་སྒོ་བཞི་ནང་དུ་བཟློག་པའི་དོན་ནོ། །ནམ་མཁའི་མཁའ་ འགྲོ་མ་རྣམས་ནི། ཡིད་ཀྱི་ཐམས་ཅད་སྟེང་དུ་བགོད། །ཞེས་པའི་སྦས་དོན། གནས་དང་ཉེ་ བའི་གནས་གཉིས་ཀྱི་ས་ཐོབ་པར་གྱུར་པ་དང༌། ས་སྟེང་མཁའ་འགྲོ་མ་གང་ཡིན་དཀྱིལ་ འཁོར་ཀུན་ཏུ་དགོད་པར་བྱ། ཞེས་པའི་སྦས་དོན། ཞིང་དང་ཉེ་བའི་ཞིང་དང༌། ཚན་དྷོ་དང༌། ཉེ་བའི་ཚན་དྷོའི་ས་རྣམས་ཐོབ་པར་གྱུར་པ་དང༌། གང་ཡང་ས་འོག་མཁའ་འགྲོ་མ། དེ་ནི་ས་ འོག་རྣམས་སུ་དགོད། ཞེས་པའི་སྦས་དོན། འདུ་བ་དང༌། ཉེ་བའི་འདུ་བ། དུར་ཁྲོད་དང༌། ཉེ་བའི་དུར་ཁྲོད་དེ། ས་བཞི་པོ་དེ་རྣམས་ཐོབ་པར་གྱུར་པ་སྟེ། གནས་སོགས་ས་བཅུའི་སྦས་ དོན་ནོ། །མ་མོ་ཐམས་ཅད་ཕྱོགས་དང་ནི། །ཕྱོགས་མཚམས་རྣམས་སུ་དགོད་པར་བྱ། །ཞེས་ པའི་སྦས་དོན་ནི། བུ་ག་བརྒྱད་ཀྱི་རྩ་རླུང་རྣམ་པར་དག་པ་དང༌། འབྱུང་བ་བཞིའི་རླུང་རྣམ་ པར་དག་པའོ། །དེ་ལྟར་ན་གོང་དང་ཟློས་པར་འགྱུར་བ་ཡང་ཡིན་ནམ་སྙམ་ན། མ་ཡིན་ཏེ། གསང་རིམ་གྱི་ཐོག་མའི་སྐབས། བུ་ག་བརྒྱད་དང༌། འབྱུང་བ་བཞིའི་རྩ་རླུང་རྣམས་ཐོག་མར་ དག་པའི་མགོ་རྩམ་པ་ནི། འཐུང་སྤྱོད་དེ། མོས་སྤྱོད་ཀྱི་ས་ཡིན་ལ། དེ་ནས་རིམ་གྱི་ས་འགག་ བཞིན་དུ། གནས་སོགས་ས་བཅུ་པོ་རིམ་གྱིས་བསྒྲོད་པའི་མཐར། བུ་ག་བརྒྱད། འབྱུང་བ་ བཞིའི་རླུང་དང་བཅས་པ་ཡོངས་སུ་འགག་པར་འགྱུར་བ་ནི་ཉེ་བའི་མཐུང་སྤྱོད་དོ། །དེ་ལྟར་ ན་མ་མོ་བཅུ་གཉིས་ཀྱི་དག་པ་དང་སྦྱོར་རྒྱུའི་རྩ་བཅུ་གཉིས་རླུང་དང་བཅས་པ་འདི་རྣམས་ལ། གསང་རིམ་གྱི་ཐོག་མར་འགག་པའི་མགོ་བརྩམས་ནས། མཐར་གསང་རིམ་ས་བཅུའི་རྗེས་ སུ་ཡོངས་སུ་རྫོགས་པ་འགག་པར་འགྱུར་བ་ཡིན་པས། ལན་གཉིས་སུ་བཟློས་པའི་སྐྱོན་མེད་ དོ། །དེས་ན་སྙིང་པོ་བསྡུས་པ་ལས། དང་པོ་ཐ་མར་རྣམ་པར་ཁྱབ། །ཅེས་གསུངས་པ་ལྟར་རོ། །དེ་ལྟར་ན་དེ་རྣམས་གསང་བའི་རིམ་པའི་སྐབས་ཀྱི་རླུང་རྣམས་འགག་པའི་རིམ་པ་དང་སྦྱོར་ རོ། །སྒྲུབ་པོ་དངོས་གྲུབ་གང་འདོད་ཀྱང༌། །དྲི་དང་མེ་ཏོག་བདུག་སྤོས་དང༌། །མར་མེ་བརྒྱ་ 2-1-54 ཡང་དབུལ་བྱ་ཞིང༌། ཞེས་པའི་སྦས་དོན་ནི། སྙིང་པོ་བསྡུས་པ་ལས། དྲི་ནི་ཕོ་ཉ་མོ་ཡིན་ཏེ། །ཁྲག་ནི་མེ་ཏོག་ཉིད་དུ་བརྗོད། །རྡུལ་འབྱེད་པ་ནི་གདུག་པ་སྟེ། །ཁ་སྦྱོར་མར་མེར་ཤེས་པར་ བྱ། །ཞེས་གསུངས་པ་ལྟར་དྲིའི་སྦས་དོན་ཡེ་ཤེས་ཀྱི་རིམ་པའི་སྐབས། ལས་སམ་ཡེ་ཤེས་ ཀྱི་ཕྱག་རྒྱ་དང་མཉམ་པར་སྦྱོར་བ་དང༌། །མེ་ཏོག་གི་སྦས་དོན། ལྟེ་བའི་གཏུམ་མོ་ཉིད་ཡིན་ ལ། གདུག་སྤོས་ཀྱི་སྦས་དོན། ལས་མེའི་ཕྱག་རྒྱ་དང་མཉམ་པར་སྦྱར་བ་ལས། དེ་ཡོངས་ སུ་འབར་བ་དང༌། མར་མེའི་སྦས་དོན། དེས་སྤྱི་བོའི་ཧཾ་ཡིག་ཡོངས་སུ་ཞུ་བའི་ཡས་བབས་ ཀྱི་དགའ་བཞི་ཐ་མ་ལྷན་ཅིག་སྐྱེས་པའི་ཡེ་ཤེས། དཔྱིད་ཐིག་ཁ་སྦྱོར་དུ་གྱུར་པ་དེའི་ཚེ་ལུས་ ཀྱི་ཕུང་ཁམས་ཀྱི་ཚོགས་པ་བརྒྱ་བདེ་བའི་འཁོར་ལོ་རྒྱས་ཐེབས་པ་ནི། མར་མེ་བརྒྱའི་སྦས་ དོན་ནོ། །སླར་ཡང་མས་བརྟན་གྱི་སྐབས། གཏུམ་མོ་གྱེན་དུ་འབར་བའི་སྟོབས་ཀྱིས། ཕུང་ ཁམས་བརྒྱ་བདེ་བའི་ངོ་བོར་ཤར་བ་དེ་ཉིད། སླར་ཡང་གསལ་སྟོང་གི་ཡེ་ཤེས་བརྒྱར་གྱུར་ པ་ནི། སྒྲུབ་པོ་དངོས་གྲུབ་གང་འདོད་ཀྱང༌། །མར་མེ་བརྒྱ་ནི་དབུལ་བར་བྱ། །ཞེས་པའི་ སྦས་དོན་ནོ། །འདི་ནི་ཡེ་ཤེས་ཀྱི་རིམ་པའི་སྐབས་ཡིན་ཏེ། དེ་མན་ཆད་དུ་རྩ་སྟོང་ཕྲག་བདུན་ ཅུ་རྩ་གཉིས་ཀྱི་དྭངས་མ་མཐའ་དག་ཡོངས་སུ་ཞུ་བའི་དགའ་བ་བཞིའི་ཡེ་ཤེས་མེད་ལ། དེ་ མེད་པས་ན། ཕུང་ཁམས་ཀྱི་ཚོགས་པ་མཐའ་དག་བདེ་བའི་ངོ་བོར་འཆར་བའང་མེད་ཅིང༌། ཡེ་ཤེས་ཀྱི་རིམ་པ་ཐོབ་པ་ན། དེ་དག་ཡོད་པས་སོ། །རྒྱལ་མཚན་དམར་དང་དེ་བཞིན་སེར། །དཀར་དང་ནག་དང་སེར་སྐྱ་དང༌། །ཞེས་པའི་སྦས་དོན་ནི། རྒྱལ་མཚན་དམར་པོ་ནི་རཀྟ་ དང༌། སེར་པོ་ནི་བཤང་བ་དང༌། དཀར་པོ་ནི་བྱང་སེམས་དང༌། ནག་པོ་ནི་དྲི་ཆུ་དང༌། སེར་ སྐྱ་ནི་ཤ་ཆེན་གྱི་དྭངས་མ་སྟེ། དེ་ལྟར་བདུད་རྩི་ལྔ་དངོས་སུ་གསུངས་པས། ཕུང་པོ་ལྔ་དང༌། འབྱུང་བ་ལྔའང་དེ་དང་གནད་གཅིག་པའི་ཕྱིར། ཕུང་ཁམས་ཀྱི་དྭངས་མ་ཐམས་ཅད་གསང་ རིམ་གྱི་སྐབས། མས་བརྟན་པའི་རིམ་པས་གྱེན་དུ་གཤེགས་པར་གྱུར་པ་ནི། རྒྱལ་མཚན་ 2-1-55 གྱེན་དུ་བསྒྲེང་བ་དང༌། མི་མཐུན་པའི་གཡུལ་ལས་རྣམ་པར་རྒྱལ་བ་སྟེ། གསང་རིམ་གྱི་ སྐབས་ཁམས་ཀྱི་བསྒྲོད་པ་འགག་པའི་ཚུལ་ལོ། །དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་ལས། དཀྱིལ་འཁོར་གྱི་འཁོར་ལོ་མཆོད་པའི་ལེའུ་སྟེ་གཉིས་པ་རྣམ་པར་བཤད་ཟིན་ཏོ། ། ༈ ལེའུ་གསུམ་པ་དབང་བསྐུར་བའི་ཆོ་ག་ལ། སྒྲ་ཇི་བཞིན་པ་དང༌། ཇི་བཞིན་པ་མ་ཡིན་ པའི་བཤད་པ་གཉིས་ལས། དང་པོ་ལ། སློབ་དཔོན་མཉེས་པར་བྱ་བ། སློབ་དཔོན་གྱིས་དཀྱིལ་འཁོར་གྱི་ལྷ་ལ་ མཆོད་པ། དབང་བསྐུར་བའི་ཆོ་ག དབང་བསྐུར་བའི་ཕན་ཡོན། རྒྱུད་འདིར་གསུངས་པའི་ དབང་དང༌། དཀྱིལ་འཁོར་རྙེད་དཀའ་བར་བསྟན་པ་དང་གསུམ་ལས། དང་པོ་ནི། དེ་ནས་སྒྲུབ་པོས་དངོས་ཀུན་གྱི། །ཞེས་སོགས་ཤོ་ལོ་ཀ་གཅིག་གིས་བསྟན། དེའི་དོན་ནི། དེ་ནས་ཞེས་པ་དོན་གྱི་འགྲེལ་སྟོན་པ་མ་ཡིན་གྱི། ཚིག་གི་འབྲེལ་ཏེ། སྔ་མ་ བཤད་པའི་རྗེས་དེ་ནས། ཞེས་པའོ། །སྒྲུབ་པ་པོས་ཞེས་པ་ནི། ད་ལྟ་སྒྲུབ་པོ་མ་ཡིན་ཡང༌། ཕྱིས་སྒྲུབ་པ་པོར་འགྱུར་བས་ན། དེ་སྐད་ཅེས་གསུངས་ཏེ། དབང་བསྐུར་ཞུ་བའི་དང་པོར། སློབ་དཔོན་དངོས་པོ་ཀུན་གྱིས་ཏེ། རང་གི་ལུས་ངག་ཡིད་གསུམ་གྱི་སྒོ་མཐའ་དག་ནས་ མཉེས་པར་བྱ་བ་དང༌། དེའི་ཡང་དགོས་པ། དངོས་གྲུབ་ཐོབ་པར་འདོད་པའི་ཕྱིར་དུ། ཤིན་ ཏུ་མཉམ་པར་བཞག་པ་སྟེ། དྲན་ཤེས་བཞིན་དང་ལྡན་པའི་སྒོ་ནས། ནུས་པ་ཅི་ཡོད་ཀྱིས་བླ་ མ་མཆོད་པར་བྱ་དགོས་པ་ཡིན་ནོ། །འདིས་ནི་དཔོན་སློབ་ཀྱི་འགྲེལ་བརྟག་པ་དང༌། བླ་མ་ བསྟེན་པའི་ཚུལ་དང༌། སློབ་མ་རྗེས་བཟུང་གི་ཆོ་ག་རྣམས་བསྟན་པ་ཡིན་ནོ། ། གཉིས་པ་ནི། དྲིལ་དཔྱངས་མེ་ཏོག་སྤོས་ཀྱི་བརྒྱན། །ཞེས་པ་ནས། འདོད་པ་ཀུན་ལྡན་ མཆོད་ནས་ནི། །ཞེས་པའི་བར་གྱིས་བསྟན། འདི་ལ་ཡང་དོན་གྱི་གཙོ་བོ་སྔར་མ་བཤད་པའི་ མཆོད་པའི་རྣམ་གྲངས་སྟོན་པར་བྱེད་པ་སྟེ། དཀྱིལ་འཁོར་གྱི་ཁང་པ་ལ་དྲིལ་བུའི་ཕྲེང་བ་ 2-1-56 དཔྱང་བ་སྟེ་བརྒྱན་པ་དང༌། གཞན་ཡང་མེ་ཏོག་དང༌། སྤོས་ཀྱིས་རྒྱན་པར་བྱ་བ་དང༌། ཤིན་ཏུ་ སྒྲ་སྙན་པའི་དྲིལ་བུ་འཁྲོལ་ཞིང༌། རྡོ་རྗེ་སོར་བཞིན་པས། མཚན་བརྒྱ་རྩ་བརྒྱད་པ་ལ་སོགས་ པས་བསྟོད་པ་དང༌། རྔ་པ་ཊ་ཧ་བརྡུང་བ་དང་ལྷན་ཅིག་གར་བྱ་བས་མཆོད་པ་དང༌། ཧ་ཧ་ ཞེས་བརྗོད་པ་ལ་སོགས་པ་བཞད་པ་རྣམ་པ་བརྒྱད་ཀྱིས་གླུས་མཆོད་པར་བྱེད་པའོ། །ཡང་ ན་འདིས་རྗེས་ཆགས་ཀྱི་མཆོད་པ་བསྟན་པ་ཡིན་ཏེ། དྲིལ་དཔྱངས་ཞེས་པས་ལོ་བཅུ་གཉིས་ ལོན་པ་ཐུགས་ཀྱི་ཕྱག་རྒྱ་དང༌། ཤིན་ཏུ་སྒྲ་སྙན་དྲིལ་བུ་འཁྲོལ། །ཞེས་པས་ལོ་བཅུ་དྲུག་ལོན་ པ་གསུང་གི་ཕྱག་རྒྱ་དང༌། སྒྲུབ་པ་པོས་ནི་རྔ་བརྡུངས་ཤིང༌། །ཞེས་པས་ལོ་ཉི་ཤུ་ལོན་པ་སྐུའི་ ཕྱག་རྒྱ་རྣམས་བསྟན་པ་ཡིན་ཞིང༌། དེ་གསུམ་ལས་གང་ཡང་རུང་བ་ཞིག་དང་མཉམ་པར་ སྦྱར་བའི་རྗེས་ཆགས་ཀྱིས། དགའ་བཞི་ལུགས་འབྱུང་དང༌། ལུགས་ལྡོག་གིས་དཀྱིལ་འཁོར་ གྱི་ལྷ་རྣམས་མཆོད་པར་བྱེད་པ་ནི་ཧ་ཧ་ཞེས་ནི་བརྗོད་པར་བྱ། ཞེས་པས་བསྟན་ནོ། །དེའི་ རྒྱུ་མཚན་ཧ་ཧ་ལ་སོགས་པ་བཞད་པ་རྣམ་པ་བརྒྱད་ནི། ལུགས་འབྱུང་དང༌། ལུགས་ལྡོག་གི་ དགའ་བ་རྣམ་པ་བརྒྱད་དོ། ། ཡང་ན། གསང་བ་སྤྱིའི་ཆོ་ག་ལས་འབྱུང་བ་ལྟར། སློབ་དཔོན་གྱིས་དཀྱིལ་འཁོར་སྒྲུབ་ པའི་ཚེ། དངོས་ཀྱི་རིག་མ་དང་མཉམ་པར་སྦྱར་བའི་རྗེས་ཆགས་ལས། དཀྱིལ་འཁོར་གྱི་ལྷ་ ཚོགས་རྣམས་མཁའ་འགྲོ་བྱེད་པའང་ཤུགས་ཀྱིས་བསྟན་པར་འགྱུར་མོད་ཀྱི། དཀྱིལ་འཁོར་ སྒྲུབ་པའི་ཚུལ་སྔར་བཤད་ཟིན་པས། དཀྱིལ་འཁོར་མཆོད་པ་ཉིད་གཙོ་བོར་བསྟན་པ་ཡིན་ ནོ། །ཡང་བླ་མ་གོང་མ་རྣམས་དེ་དག་གི་ཤེས་རབ་ཡེ་ཤེས་ཀྱི་དབང་བསྟན་པར་བཞེད་མོད་ ཀྱི། འོན་ཀྱང་འདི་དག་ནི་དཀྱིལ་འཁོར་མཆོད་པ་སྟོན་པའི་སྐབས་ཡིན་པའི་ཕྱིར་དང༌། ཤེས་ རབ་ཡེ་ཤེས་སྟོན་བྱེད་ཀྱི་རྒྱུད་ཚིག་སྒྲུབ་པོ་མཁའ་འགྲོ་མ་ལྷན་ཅིག་ཞེས་པས་བསྟན་པ་ཡིན་ ནོ། །དེ་ལྟར་སྔར་བཤད་པའི་ཆོ་ག་ཇི་ལྟ་བ་བཞིན་དུ། དཀྱིལ་འཁོར་གྱི་འཁོར་ལོ་འདོད་པའི་ 2-1-57 ཡོན་ཏན་ཀུན་དང་ལྡན་པ་དེ་ཉིད་མཆོད་པར་བྱའོ། །ཞེས་པ་ནི་དོན་བསྡུ་བའོ། ། གསུམ་པ་ལ་དཀྱིལ་འཁོར་དུ་འཇུག་པ་དང༌། ཞུགས་ནས་དབང་བསྐུར་བ་དངོས་དང༌། རྗེས་ཡོན་འབུལ་བ་དང་གསུམ་ལས། དང་པོ་ནི། དེ་ཡི་བུ་སྡུག་གདོང་ལ་ནི། །ཞེས་པ་ནས། གནས་ནི་དེ་ལ་བསྟན་པར་བྱ། །ཞེས་པའི་བར་གྱིས་བསྟན། དེ་ཡང་སློབ་དཔོན་གྱིས་དཀྱིལ་ འཁོར་མཆོད་པའི་རྗེས་དེ་ནས། རྡོ་རྗེ་སློབ་དཔོན་དེ་ཡིས་རང་གི་བུ་སྡུག་པ་རྡོ་རྗེ་སློབ་མའི་ གདོང་པ་དར་གྱིས་བཀབ་པར་བྱ་བ་ནི། གདོང་གཡོགས་བཅིང་བ་དང༌། སློབ་མའི་ཐལ་མོ་ མེ་ཏོག་གིས་ཡོངས་སུ་དགང་བར་བྱ་བ་ནི། མེ་ཏོག་སྦྱིན་པ་དང༌། དེ་ལྟར་བྱིན་པའི་མེ་ཏོག་དེ་ ཉིད། དཀྱིལ་འཁོར་གྱི་འཁོར་ལོ་ལ་ཡོངས་སུ་གཏོར་བར་བྱེད་པ་ཡིན་མོད་ཀྱི། འོག་ཏུ་རྒྱས་ པར་འཆད་པར་འགྱུར་བ་དང༌། དེ་ནས་དཀྱིལ་འཁོར་ལ་བསྐོར་བ་བྱས་ནས། དཀྱིལ་འཁོར་ གྱི་ནང་དུ་སློབ་དཔོན་གྱིས་སློབ་མ་བཞུགས་པར་བྱ་བ་ཡིན་ལ། ཤིན་ཏུ་མཉམ་པར་བཞག་པ་ ཡི། །ཞེས་གསུངས་པ། སློབ་དཔོན་དང་སློབ་མ་གཉིས་ཀར་ཏིང་ངེ་འཛིན་ལ་སེམས་མཉམ་ པར་བཞག་པའི་དོན་ནོ། །གོང་གི་མེ་ཏོག་རབ་ཏུ་གཏོར། ཞེས་པ་དེ་ཉིད་རྒྱས་པར་འཆད་པ་ ནི། དེ་ནས་ལྷོ་ཕྱོགས་གྲོང་ཁྱེར་ཏེ། དཀྱིལ་འཁོར་གྱི་ཤར་སྒོ། འཇིག་རྟེན་པའི་ལྷོ་ལ་ཡོངས་ སུ་བསྟན་པ་ཡིན་པས། ལྷོ་ཕྱོགས་ཀྱི་གྲོང་ཁྱེར། དཀྱིལ་འཁོར་ཆེན་པོའི་ཤར་སྒོ་ནས། རྡོ་རྗེ་ སློབ་མའི་སྙིམ་པར་བཟུང་བའི་མེ་ཏོག་རབ་ཏུ་གཏོར་བར་བྱའོ། །དེ་ལྟར་གཏོར་བ་ན་ལྷ་དྲུག་ ཅུ་རྩ་གཉིས་ཀྱི་ལྷ་དང༌། ལྷ་གང་དུ་བཞུགས་པའི་དཀྱིལ་འཁོར་གྱི་གནས་གང་དང་གང་དུ་མེ་ ཏོག་བབས་པར་གྱུར་པ་ན། རྡོ་རྗེ་སློབ་མ་དེ་ལྷ་དེ་དང་དེའི་རིགས་ཡིན་ཞེས་བསྟན་པར་བྱའོ། །དེ་ནས་དཔལ་ལྡན་ཧེ་རུ་ཀ་ལ་སོགས་པའི་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་གྱི་ འཁོར་ལོ་དེ་ཁོ་ན་ཉིད་དང་བཅས་པ། སློབ་མ་དེ་ལ་བསྟན་པར་བྱའོ། །དེས་ན་སྐབས་འདིར། འཇུག་པའི་ཆོ་ག་ལ། གདོང་གཡོགས་བཅིང་བ། མེ་ཏོག་སྦྱིན་པ་བསྐོར་བ་བྱེད་པ། མེ་ཏོག་ 2-1-58 ཕུལ་ཏེ་རིགས་བརྟག་པ། ལྷ་ངོ་བསྟན་པ་རྣམས་དངོས་སུ་གསུངས་པ་ཡིན་ནོ། ། གཉིས་པ་ནི་དེ་ནི་དེའི་མིང་དུ་གྱུར་ཞེས་པ་ནས། དེར་དེ་ཡང་དག་བསྟན་པར་བྱ་ཞེས་ པའི་བར་གྱིས་བསྟན། མར་དོ་འགྱུར་རྐྱང་སོགས་འགའ་ཞིག་ལས། དེ་ནི་དེ་ཡི་མིང་དུ་ འགྱུར། སློབ་དཔོན་གྱིས་ནི་མིང་བསྟན་བྱ། ཞེས་ཚིག་གཉིས་ལྷག་པོར་བྱུང་བ་ནི། །ངེས་ པར་དགོས་པ་ཡིན་ཏེ། སྙིང་པོ་བསྡུས་པར། དེ་ཉིད་ལ་ངེས་དོན་གྱི་བཤད་པ་མཛད་པའི་ ཕྱིར། དེས་ན་དེ་མེད་པ་རྣམས་ཆད་པའི་སྐྱོན་ནོ། །དེ་ལྟར་ན་སྔར་མེ་ཏོག་ཕུལ་བའི་ཚེ། ཁཎྚ་ ཀ་པཱ་ལ་ལྟ་བུ་ཞིག་ལ་མེ་ཏོག་ཕོག་པར་གྱུར་པ་དེའི་ཚེ། སློབ་མ་དེ་ནི་ཁཎྚ་ཀ་པཱ་ལ། དེའི་མིང་ དུ་འགྱུར་བ་ཡིན་ཅིང༌། དེ་ལ་སློབ་དཔོན་གྱིས་ཀྱང་དེ་བཞིན་དུ་མིང་བསྟན་པར་བྱ་བ་ཡིན་ ནོ། །འདིས་ནི་དབང་གི་དངོས་གཞིའི་མིང་དབང་ཙམ་ཞིག་བསྟན་པ་ཡིན་ལ། དེ་ནས་སློབ་ དཔོན་ལེགས་པར་ནི། །ཞེས་སོགས་ཀྱིས། གསང་དབང་རྒྱས་པར་བསྟན་པ་དང༌། གང་གི་ ལྷ་ཡི་སོགས་ཚིག་གཉིས་ཀྱི་དབང་གོང་མ་གསུམ་ཐུན་མོང་དུ་བསྟན་པ་ཡིན་ནོ། །དེ་ནས་ སློབ་མ་ཕྱི་ཉིན་ལ། །ཞེས་པ་ནས་ཡར་བླངས་ཏེ། དབང་བཞི་ཉིན་ཞག་སོ་སོར་སྐུར་བའི་ དབང་དུ་མཛད་དེ། ཕྱི་ཉིན་ཏེ་ཞག་ཕྱི་མ་ལྟ་བུ་ལ། དེ་ནས་སློབ་དཔོན་གྱིས་ལེགས་པར་ མཉམ་པར་བཞག་སྟེ། སློབ་མ་ལ་གསང་དབང་བསྐུར་བའི་དོན་དུ། ཕྱག་རྒྱ་དང་མཉམ་པར་ སྦྱར་བའི་རྗེས་ཆགས་ཀྱིས་ཕྱག་རྒྱ་ཉིད་མཆོད་པར་བྱའོ། །དེའི་དོན་ཡང་ཕྱག་རྒྱ་དང་མཉམ་ པར་སྦྱར་བའི་དགའ་བ་བཞིའི་ཡེ་ཤེས་ཡུན་རིང་དུ་སྒོམ་པར་བྱས་ཤིང༌། ལྷན་ཅིག་སྐྱེས་པའི་ ཡེ་ཤེས་བརྟན་པར་བྱས་པའི་བྱང་ཆུབ་ཀྱི་སེམས་ཉིད་སློབ་མའི་རྒྱུད་ལ་ཡེ་ཤེས་སྐྱེ་བའི་རྫས་ སུ་འགྱུར་བ་ཡིན་གྱི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བརྟན་པར་མ་བྱས་པའི་བྱང་ཆུབ་ཀྱི་སེམས་ དཀྱུས་མ་ཉིད་དེར་འགྱུར་བ་མ་ཡིན་ནོ། །མཚལ་ཆེན་ཞེས་པ་སྤྱིར་ཐབས་ཤེས་གཉིས་ཅར་ གྱི་བྱང་ཆུབ་ཀྱི་སེམས་སློབ་མའི་ཁར་དབབ་པའི་ཕྱིར། ཤེས་རབ་ཀྱི་རཀྟ་ཡང་འབྱུང་བ་ཡིན་ 2-1-59 མོད་ཀྱི། འདིར་རཀྟ་ཞེས་པ་རྗེས་སུ་ཆགས་པ་ལ་ཡང་འཇུག་པ་ཡིན་པས། རྗེས་སུ་ཆགས་ པའི་བྱང་ཆུབ་ཀྱི་སེམས་ལུས་ངག་ཡིད་གསུམ་བྱིན་གྱིས་རློབ་པའི་ཕྱིར་སྔགས་ལན་གསུམ་ དུ་བཟླས་པས་བྱིན་གྱིས་རླབས་ཏེ། སློབ་མ་དེ་ལ་ཐིག་ལེ་བྱ་བ་སྟེ། ཁར་སྦྱིན་པ་ཡིན་ནོ། །འདི་ལ་འགའ་ཞིག་གནས་གསུམ་དང་སྔར་བྱང་སེམས་ཀྱི་ཐིག་ལེ་བྱེད་པར་འདོད་པའང་ ཡོད་མོད་ཀྱི། རང་ལུགས་ནི། ཁར་དབབ་པ་ལ་ཐིག་ལེ་བྱས་པའི་དོན་ནོ། །དེ་ནས་གདོང་ཕྱེ་ དཀྱིལ་འཁོར་བསྟན། །ཞེས་པས་སྔར་གསང་རྫས་ལ་རྣམ་རྟོག་དགག་པའི་ཕྱིར། གོས་ཀྱིས་ གདོང་བཀབ་ཡོད་པ། གསང་རྫས་ཁར་དབབ་ཟིན་པའི་རྗེས་ཐོགས་དེ་ནས། གདོང་ཕྱེ་ནས་ དུས་འཁོར་གྱི་གསང་དབང་གི་སྐབས་སུ་བྱེད་པ་ལྟར། ཕྱག་རྒྱའི་བྷ་གའི་དཀྱིལ་འཁོར་བལྟ་ བར་བསྟན་པ་ཡིན་ནོ། །ཡང་ན་འདིས་གོང་འཇུག་པའི་སྐབས་ཀྱི་གདོང་གཡོགས་ཕྱེ་ནས་ལྷ་ ངོ་སྟོན་པ་བསྟན་པའང་ཡིན་ནོ། །གང་གི་ལྷ་ཡི་གནས་གང་ཡིན། །དེར་དེ་ཡང་དག་བསྟན་ པར་བྱ། །ཞེས་པ་ནི། བྷ་གའི་དཀྱིལ་འཁོར་དང་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ དང༌། དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཏེ། གསུམ་པོ་དེ་རྣམས་ནི་གསང་དབང་ སོགས་ཀྱི་དབང་གི་ཡེ་ཤེས་ཀྱི་ལྷའི་དཀྱིལ་འཁོར་ཡིན་པ་དང༌། དབང་གི་ཡེ་ཤེས་ལ་ལྷར་ འཇོག་པ་ཡིན་ཏེ། བརྟག་གཉིས་ལས། གང་ཕྱིར་ལུས་ལས་བྱུང་པ་ཡི། །ལྷ་ཞེས་མངོན་པར་ བརྗོད་པར་བྱ། །ཞེས་གསུང་པ་ལྟར་རོ། །ལྷ་དེ་དག་གི་གནས་ནི་དབང་གི་ཡེ་ཤེས་དེ་རྣམས་ སྐྱེད་པར་བྱེད་པའི་ཐབས་ཏེ། དེ་ལྟར་དཀྱིལ་འཁོར་དང་ལྷ་དང༌། ལྷ་དེ་སྒྲུབ་པར་བྱེད་པའི་ ཐབས་དེ་རྣམས་བསྟན་པར་བྱ། ཞེས་པའོ། ། གསུམ་པ་ལ་གཉིས་ལས། དང་པོ་ནི། དབང་བསྐུར་བ་ཐོབ་པའི་རྗེས་དེ་ནས། དཀྱིལ་ འཁོར་གྱི་འཁོར་ལོ་དང་སློབ་དཔོན་རིག་མར་བཅས་པ་ལ་དང་བའི་སེམས་ཀྱི་རབ་ཏུ་འདུད་ ཅིང༌། ཕྱག་འཚལ་བར་བྱས་ནས། གཡོན་ནས་བརྩམས་པའི་རིམ་པས་སྐོར་བ་རབ་ཏུ་བྱས་ 2-1-60 ནས། ཆོ་ག་ཇི་ལྟ་བ་བཞིན་དུ་དཀྱིལ་འཁོར་དང་སློབ་དཔོན་གྱི་ཞབས་ཀྱི་པད་མ་ལ་ཕྱག་ བྱའོ། གཉིས་པ་ནི། དེ་ནས་བླ་མ་ལ་བཀའ་དྲིན་རྗེས་སུ་དྲན་པའི་ཡོན་དེ་བཞིན་གཤེགས་ པས་རྒྱུད་སྡེ་རྣམས་སུ་གསུངས་པ་བཞིན་འབུལ་བར་བྱ་བ་ཡིན་པ་དང༌། ཁྱད་པར་དུ་ཡང༌། རིན་པོ་ཆེའི་རིགས་ཀྱི་མཁའ་འགྲོ་མའི་ཡོན་དུ་གསེར་བརྒྱ་སྟོང་འབུལ་བ་དང༌། རྣམ་སྣང་ གི་རིགས་ཀྱི་མཁའ་འགྲོ་མ་ལ་རིན་པོ་ཆེ་རྣམ་པ་སྣ་ཚོགས་པ་དང༌། པདྨའི་རིགས་ཀྱི་མཁའ་ འགྲོ་མ་ལ་རས་ཟུང་བརྒྱ་སོགས་ན་བཟའི་ཁྱད་པར་སྣ་ཚོགས་པ་དང༌། ལས་ཀྱི་རིགས་ཀྱི་ མཁའ་འགྲོ་མ་ལ་གླང་པོ་དང༌། རྟ་དང༌། འོག་གི་བྲན་ཕོ་བྲན་མོ་རྣམས་འབུལ་བ་དང༌། རྡོ་ རྗེ་སེམས་དཔའ་ཞི་བ་རྒྱུ་རྡོ་རྗེ་འཛིན་པ་དང་འབྲས་བུ་རྡོ་རྗེ་འཛིན་པ་ལ། ཡུལ་འཁོར་འབུལ་ བ་དང༌། རྣ་རྒྱན་སོགས་བརྒྱན་གྱི་ཁྱད་པར་རྣམས་ནི་རྡོ་རྗེ་མཁའ་འགྲོ་མ་རྣམས་ལ་འབུལ་བ་ དང༌། སྲིང་མོ་དང༌། ཆུང་མ་དང༌། བུ་མོ་རྣམས་དཔལ་ཧེ་རུ་ཀ་ལ་འབུལ་བའོ། །དེར་མ་ཟད་ ཀྱང་དེ་ནས་བརྩམས་ཏེ་ཇི་སྲིད་སངས་རྒྱས་མ་ཐོབ་ཀྱི་བར་དུ་རྡོ་རྗེ་སློབ་དཔོན་ལ། བྲན་དུ་ བློ་ལྡན་སེམས་ཀུན་ཏུ་དང་བས་བདག་ཉིད་ཀྱང་དབུལ་བར་བྱ་བ་ཡིན་ནོ། །དེ་ལྟར་ཡོན་གྱི་ ཁྱད་པར་དེ་རྣམས་ངེས་པ་ཅན་དུ་འབུལ་དགོས་པའི་ཚུལ་སྒྲུབ་པ་པོས་རབ་ཏུ་ངེས་པར་བྱའོ། ། བཞི་པ་ཕན་ཡོན་ནི། དེ་ནས་དེ་ལ་མཁའ་འགྲོ་མ། །ཞེས་པ་ནས། རྒྱུད་རྣམས་ཀུན་གྱི་ སྒྲུབ་པོར་གསུངས། །ཞེས་པའི་བར་གྱིས་བསྟན། དེའི་དོན་ནི། དབང་བསྐུར་བ་ཕྱིན་ཅི་མ་ ལོག་པར་ཐོབ་པའི་རྗེས་དེ་ནས། རྡོ་རྗེ་སློབ་མ་དེ་ལ་མཁའ་འགྲོ་མ་རྣམས་དང༌། རྣལ་འབྱོར་ མ་རྣམས་མཉེས་པར་འགྱུར་རོ། །འདིར་མཁའ་འགྲོ་མ་དང༌། རྣལ་འབྱོར་མ་མིང་གི་རྣམས་ གྲངས་སུ་བྱ་བ་ཡིན་ལ། སྤྱིར་ནས་ལས་ཀྱི་རྫུ་འཕྲུལ་དང་ལྡན་པའི་བུད་མེད་ཀྱི་ཁྱད་པར་ 2-1-61 འགའ་ཞིག་ལ། སྲིན་མོར་འཇོག་པ་དང༌། དེ་ཉིད་ཀྱི་ནང་ཚན་རིག་སྔགས་གྲུབ་པ་རྣམས་ ནི་མཁའ་འགྲོ་མ་དང༌། དེའི་ནང་ཚན་སེམས་ཏིང་ངེ་འཛིན་ལ་མཉམ་པར་བཞག་པའི་རྣལ་ འབྱོར་གྲུབ་པ་རྣམས་ནི་རྣལ་འབྱོར་མར་འཇོག་པ་ཡིན་ནོ། །དེ་ལྟར་རྡོ་རྗེ་མཁའ་འགྲོ་མ་ རྣམས་མཉེས་པར་གྱུར་པ་ལས། མཁའ་འགྲོ་མ་དང༌། ལཱ་མ་དང༌། ཁཎྚ་རོ་ཧ་དང༌། གཟུགས་ ཅན་མ་སྟེ། སྙིང་པོའི་རྣལ་འབྱོར་མ་བཞིའི་རྣམ་པར་སྤྲུལ་པ་དང༌། དེ་དག་གི་འཁོར་དུ་གྱུར་ པའི་ཞིང་སྐྱེས་ཀྱི་མཁའ་འགྲོ་མ་རྣམས་དང༌། སྒྲུབ་པ་པོ་འདུ་བ་ཐོབ་སྟེ། དེ་རྣམས་དང་ལྷན་ ཅིག་ཏུ་རྣམ་པར་སྤྱོད་པར་བྱེད་པ་ཡིན་ན། གཞན་སྒོ་མཚམས་མ་རྣམས་དང༌། འཁོར་ལོ་ གསུམ་གྱི་མཁའ་འགྲོ་མ་རྣམས་ཀྱི་རྣམ་པར་འཕྲུལ་བ་དང༌། འཁོར་དུ་གྱུར་པའི་ཞིང་སྐྱེས་ཀྱི་ ཕོ་ཉ་མོ་རྣམས་དང་འདུ་བ་ཐོབ་པར་འགྱུར་བ་ལྟ་རྨོས་ཀྱང་ཅི་དགོས་ཞེས་པའོ། །དཔེ་འགའ་ ཞིག་ལས། མཁའ་སྤྱོད་ཅེས་འབྱུང་བ་ནི་མ་དག་པ་སྟེ། དེ་དང་རྣམ་སྤྱོད་འགྲོ་བ་ཀུན། །ཞེས་ སོ། །འདིའི་སྒྲ་ཇི་བཞིན་པ་མ་ཡིན་པས་ཤེས་རབ་ཡེ་ཤེས་ཀྱི་དབང་སྟོན་པ་ཡིན་ཏེ། མཁའ་ འགྲོ་མ་སོགས་བཞི་ནི་པདྨ་ཅན་མ་སོགས་ཕྱག་རྒྱ་རིགས་བཞི་བསྟན་པ་ཡིན་ཞིང༌། དེ་རྣམས་ དང་སྒྲུབ་པ་པོ་ལྷན་ཅིག་ཏུ་མཉམ་པར་སྦྱོར་བའི་རྗེས་ཆགས་ཀྱི་སྤྱོད་པ་རྣམ་པར་སྤྱོད་པའི་ དོན་ནོ། །དེ་ལྟར་འདུ་བ་ཐོབ་པར་གྱུར་པའི་མཁའ་འགྲོ་མ་དེ་དག་གིས་ཡོངས་སུ་བསྐུལ་བ་ ལས་ཆུ་ལས་སྐྱེས་པ་ཆུ་སྲིན་དང་ཐང་ལས་སྐྱེས་པ་སྟག་གཟིག་སོགས་འགྲོ་བ་ཀུན་གྱིས་སྒྲུབ་ པ་པོ་རང་ཉིད་ཀྱི་ལས་ཅི་དང་ཅི་བགྱི་བར་འདོད་པ་ཐམས་ཅད་དེ་ལྟར་དུ་བགྱིད་པར་ཐེ་ཚོམ་ མེད་དོ། །དེ་ལྟར་རྣལ་འབྱོར་མཆོག་འདི་ལ་བརྟེན་ནས་རིག་པ་འཛིན་པའི་དངོས་གྲུབ་ཐོབ་ པར་གྱུར་པ་ན། དེ་ནི་འཇིག་རྟེན་གསུམ་དུ་མི་ལྡོག་ཅིང་ཞེས་པ་སྟེ། དངོས་གྲུབ་གཞན་གྱི་ འཕྲོག་པར་མི་ནུས་པ་དང༌། མི་སྣང་བའི་དངོས་གྲུབ་དང༌། ཕུག་སྟེ་ས་འོག་གི་དངོས་གྲུབ་ དང༌། ནམ་མཁའ་ལ་རྒྱུ་བ་སྟེ། མཁའ་སྤྱོད་ཀྱི་དངོས་གྲུབ་དང༌། རྐང་མགྱོགས་ཀྱི་དངོས་ 2-1-62 གྲུབ་དང༌། དེ་བཞིན་དུ་བཅུད་ལེན་གྱི་སྦྱོར་བས། འཆི་བ་མེད་པར་བྱེད་པ་སོགས་དངོས་ གྲུབ་ཀྱི་ཁྱད་པར་དེ་རྣམས་སྒྲུབ་པ་པོ་རང་ཉིད་ཡིན་ལ་འདོད་པ་ཙམ་གྱིས་རྟག་པར་རྒྱུན་དུ་ སྐྱེད་པར་འགྱུར་ཞེས་པའོ། །འདི་ཡང་བྱ་རྒྱུད་ལ་སོགས་པ་རྣམས་སུ་སྐལ་པ་བཅུ་དྲུག་གི་ བར་དུ་དངོས་གྲུབ་དེ་ཉིད་གནས་པ་དང༌། དེ་ནས་ཉམས་པར་འགྱུར་བ་སོགས་དུས་རེ་ཞིག་ པར་གསུངས་པ་ཡིན་གྱི། འདིར་དངོས་གྲུབ་དེ་རྣམས་ནམ་དུ་ཡང་ཉམས་པར་མི་འགྱུར་ བར། རྟག་ཏུ་གནས་པའི་དོན་ནོ། །གཞན་ཡང་རིག་པ་འཛིན་པའི་ལུས་གྲུབ་པ་མ་ཡིན་ཡང༌། རགས་པའི་ལུས་འདི་ཉིད་ཀྱི་གཟུགས་དུ་མར་བྱེད་པ་དང༌། ནམ་མཁའ་ལ་ཐོག་མེད་དུ་འགྲོ་ བར་འགྱུར་བ་དང༌། སྤྱིར་མཁའ་འགྲོ་མ་རྣམས་དང༌། ཁྱད་པར་དུ་ཆེས་ཆེ་བའི་མཁའ་འགྲོ་ མ་རྣམས་དང༌། བརྒྱ་བྱིན་དང༌། འཁོར་ལོས་སྒྱུར་བ་སོགས་འགྲོ་བ་ཐམས་ཅད་ཟིལ་གྱིས་ ངེས་པར་གནོན་ནུས་པ་དང༌། སྒྲུབ་པ་པོ་དེའི་ལྟ་སྟངས་ཀྱི་ཁྱད་པར་ལན་གཅིག་ཙམ་བལྟས་ པའི་སྦྱོར་བ་ཡིས་ཀྱང༌། སྐད་ཅིག་གཅིག་ལ་རེངས་པ་སོགས་བྱེད་ནུས་པའོ། །སྤྱིར་ལྟ་སྟངས་ བཞི་དང་བཅུ་དྲུག་ལ་སོགས་པ་གསུངས་པ་ནི་མཚོན་པ་ཙམ་སྟེ། ལྟ་སྟངས་ཀྱི་ཁྱད་པར་ ནི་མཐའ་ཡས་པ་སྟེ། དཔེར་ན་སྒྲུབ་པ་པོའི་ལྟ་སྟངས་ཀྱི་བྱེད་པ་འགའ་ཞིག་གིས། རི་ནམ་ མཁར་བྱེད་པ་དང༌། ཡང་འགའ་ཞིག་གིས། ནམ་མཁའ་ཉིད་རི་བོར་བྱེད་པ་སོགས། འདི་མི་ འབྱུང་བྱ་བ་མེད་པའོ། །དབང་བསྐུར་བའི་ཕན་ཡོན་དགག་ཕྱོགས་ནས་བཤད་པ་ནི། སྔགས་ པས་དཀྱིལ་འཁོར་ཆེན་པོ་མ་མཐོང་ཞིང༌། དབང་མ་ཐོབ་པར་གང་ཞིག་ང་རྣལ་འབྱོར་པ་ ཉིད་ཡིན་ཞེས་ཁས་འཆེ་བ་ནི། དཔེར་ན། ནམ་མཁའ་སྟོང་པ་ལ་ཁུ་ཚུར་གྱིས་བརྡེག་པ་དང༌། སྨིག་རྒྱུ་ལ་ཆུར་འཁྲུལ་ནས། དེའི་རྗེས་སུ་བསྙེགས་ཏེ་ཆུ་འཐུང་བར་འདོད་པ་དང་མཚུངས་ ཏེ། དངོས་གྲུབ་གང་ཡང་ཐོབ་པར་མི་འགྱུར་བས་སོ། །འདིར་བསྟན་པའི་དབང་བསྐུར་དང༌། དཀྱིལ་འཁོར་གྱི་ལྷ་དང༌། སྔགས་ལ་སོགས་པའི་རྣལ་འབྱོར་འདི་ནི། སྦྱོར་བ་ཐམས་ཅད་ 2-1-63 ཀྱི་མཆོག་དང༌། རབ་དང༌། དམ་པར་གྱུར་པ་ཡིན་ནོ། །དེའི་རྒྱུ་མཚན་རྣལ་འབྱོར་འདི་ལ་ གནས་པའི་སྒྲུབ་པ་པོ་གང་ཞིག་དུས་རྟག་ཏུ་རང་ཉིད་འདོད་པར་གྱུར་ན། གོང་དུ་བསྟན་པ་ ལྟར་གྱི་དེ་ནི་ལྷ་མི་སོགས་འགྲོ་བ་ཐམས་ཅད་ཟིལ་གྱིས་གནོན་པར་ནུས་པའོ། །འཁོར་ལོ་ སྡོམ་པའི་དཀྱིལ་འཁོར་འདིར་དབང་བསྐུར་བ་ཐོབ་པའི་རྣལ་འབྱོར་པ་དེ་ནི་རྒྱུད་རྣམས་ཀུན་ གྱི་སྒྲུབ་པ་པོར་གསུངས་སོ། །འདིའི་དོན་ཡང༌། གསང་སྔགས་བླ་མེད་ཀྱི་དཀྱིལ་འཁོར་དུ་ དབང་བསྐུར་གཏན་ནས་མ་ཐོབ་པར། རིམ་གཉིས་ཀྱི་རྣལ་འབྱོར་སྒོམ་ན་ཚེ་འདིར་ནད་དང་ འཚེ་བ་སོགས་བཀྲ་མི་ཤིས་པ་འབྱུང་བ་དང༌། ཕྱི་མར་ཡང་དམྱལ་བར་སྐྱེ་བ་ལ་སོགས་པའི་ ཉེས་དམིགས་ཆེན་པོ་འབྱུང་བ་ཡིན་ལ། ཡང་དཔེར་ན་གསང་བ་འདུས་པ་ལྟ་བུའི་དཀྱིལ་ འཁོར་དུ་དབང་བསྐུར་པ་ཚད་དང་ལྡན་པ་ཐོབ་པའི་རྣལ་འབྱོར་པས། དགེས་རྡོར་ལྟ་བུའི་ དཀྱིལ་འཁོར་དུ་དབང་བསྐུར་བ་མ་ཐོབ་རུང༌། དེའི་བསྐྱེད་རྫོགས་ཀྱི་དོན་བསྒོམས་ན། གོང་ དུ་བཤད་པའི་ཉེས་དམིགས་དེ་རྣམས་མི་འབྱུང་བའི་སྟེང་དུ། བྱིན་རླབས་དང་དངོས་གྲུབ་ཅི་ རིགས་པ་འབྱུང་པ་ནི་ཡོད་པ་ཡིན་ལ། འདིར་ནི་དེ་ཙམ་ཡང་མ་ཡིན་པར་འཁོར་ལོ་སྡོམ་པའི་ དཀྱིལ་འཁོར་དུ་དབང་བསྐུར་བ་ཚད་དང་ལྡན་པ་ཐོབ་ཅིང༌། དམ་ཚིག་ལ་གནས་པའི་སྒྲུབ་ པ་པོ་དེ། གསང་འདུས་སོགས་རྒྱུད་སྡེ་གཞན་དང་གཞན་དག་གི་དབང་མ་ཐོབ་རུང༌། འདུས་ པ་སོགས་ཀྱི་བསྐྱེད་རྫོགས་བསྒོམས་པས། བྱིན་རླབས་དང་དངོས་གྲུབ་དེ་དང་དེའི་དགོས་ དབང་ཐོབ་པ་དང་མཉམ་པ་ཙམ་དུ་ཆེས་ཆེ་བར་འབྱུང་བ་ཡིན་ལ། འོན་ཀྱང་སློབ་མ་གཞན་ ལ་འདུས་པ་ལ་སོགས་པའི་དཀྱིལ་འཁོར་དུ་དབང་བསྐུར་བར་ནི་མི་བྱ་སྟེ། རང་ཉིད་ཀྱི་མ་ ཐོབ་པར་གཞན་ལ་བསྐུར་བ་ནི། རྡོ་རྗེ་འཆང་ཆེན་པོའི་བསྟན་པ་ལ་གནོད་པར་འགྱུར་བའི་ ཕྱིར། འོན་ཀྱང་རྫོགས་རིམ་གྱི་ཡེ་ཤེས་མཆོག་རྒྱུད་ལ་སྐྱེས་པའི་རྣལ་འབྱོར་པ་ལ་ནི། དེ་ཡང་ མ་ངེས་པས་འདུས་པ་ལ་སོགས་པའི་དཀྱིལ་འཁོར་དུ་སློབ་མ་ལ་དབང་བསྐུར་དུ་རུང་སྟེ། ཇི་ 2-1-64 སྐད་དུ། ཡེ་ཤེས་སྨྲ་བ་པོ་རྣམས་ལ། །ཡེ་ཤེས་གཅིག་པུས་ལས་ཀུན་བྱེད། །ཅེས་པ་ལྟར་རོ། །ཡང་གོང་དུ་བསྟན་པའི་དབང་བསྐུར་བའི་ཕན་ཡོན་དེ་རྣམས། དབང་བསྐུར་ཐོབ་ཙམ་གྱིས་ འབྱུང་བ་མ་ཡིན་ལ། སྤྱིར་དབང་བསྐུར་བའི་ཕན་ཡོན་རྒྱ་ཡན་པ་ལ་འཇོག་པ་ཡང་མ་ཡིན་ཏེ། གཞན་དུ་ན། དུས་མ་འོངས་པ་ཞིག་ཏུ་རྫོགས་པའི་སངས་རྒྱས་ཐོབ་པ་ཡང༌། དབང་བསྐུར་ བའི་ཕན་ཡོན་ལས་འབྱུང་བའི་ཕྱིར་རོ། །དེ་ལྟར་ན་འདིའི་མཚམས་ཡང་སྦྱོར་བའི་དུས་སུ་ཡེ་ ཤེས་དངོས་སུ་ཕེབས་པ། དངོས་གཞི་དབང་རྣམས་ཀྱི་དཔེའི་ཡེ་ཤེས་རྒྱུད་ལ་སྐྱེས་པ་སྟེ། དེ་ ཡང་རང་ལུས་སྣང་སྟོང་རྒྱུ་མ་ལྟ་བུའི་ལྷ་སྐུའི་གསལ་སྣང་དུས་དེར་ཤར་བ་ནི་བུམ་དབང་གི་ དཔེའི་ཡེ་ཤེས་དང༌། གསང་རྫས་མྱངས་པ་ལས། གཞོན་ནུ་མའི་བདེ་བ་ལྟ་བུ་ཉམས་སུ་མྱོང་ བ་ནི་གསང་དབང་གི་དཔེའི་ཡེ་ཤེས་དང༌། ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་གང་རུང་གི་རྗེས་ ཆགས་ལས། ཞུ་བདེ་ལྷན་ཅིག་སྐྱེས་པའི་བདེ་བ་ཉམས་སུ་མྱོང་བ་ནི། ཤེས་རབ་ཡེ་ཤེས་ཀྱི་ དཔེའི་ཡེ་ཤེས་ཏེ། དེ་རྣམས་ཐོབ་པ་ཞིག་དགོས་པ་ཡིན་ལ། དེའི་སྟེང་དུ་དམ་ཚིག་ལ་གནས་ ཤིང༌། བརྩོན་འགྲུས་དང་ལྡན་པས་བསྒྲུབས་ཏེ་བར་ཆད་ཀྱི་དབང་དུ་མ་སོང་ན། དངོས་གྲུབ་ ཀྱི་ཁྱད་པར་དེ་རྣམས་ཚེ་འདི་ཉིད་ལ་ཐོབ་པར་ངེས་པའོ། ། ལྔ་པ་ནི། རྒོད་དང་བལྟ་བ་ལག་བཅངས་ཞེས་པ་ནས། དེ་ཀུན་དཔལ་ལྡན་ཁྲག་འཐུང་ ནས། །ཞེས་པའི་བར་གྱིས་བསྟན། དེ་ཡང་རྒོད་པའི་བདེ་བ་ལམ་དུ་བྱེད་པའི་བདག་ཉིད་ སྤྱོད་པའི་རྒྱུད་དང༌། བལྟ་བའི་བདེ་བ་ལམ་དུ་བྱེད་པའི་བདག་ཉིད་བྱ་བའི་རྒྱུད་དང༌། ལག་ བཅངས་ཀྱི་བདེ་བ་ལམ་དུ་བྱེད་པའི་བདག་ཉིད་རྣལ་འབྱོར་རྒྱུད་དང༌། འཁྱུད་པ་དང༌། དབང་པོ་གཉིས་སྦྱོར་གྱི་བདེ་བ་ལམ་དུ་བྱེད་པའི་བདག་ཉིད་བླ་མེད་ཀྱི་རྒྱུད་སྡེ་གཞན་རྣམས་ ཏེ། དེ་རྣམས་སུ་ཤིན་ཏུ་ཟབ་པའི་དཀྱིལ་འཁོར་གྱི་ཆོ་ག་འདི་མ་གསུངས་སོ། །ཞེས་པའམ། ཡང་ན་འཁོར་ལོ་སྡོམ་པའི་དབང་བསྐུར་བའི་ཆོ་ག་འདི་ནི། རྒོད་པ་དང༌། བལྟ་བ་དང༌། 2-1-65 ལག་བཅངས་དང༌། གཉིས་གཉིས་འཁྱུད་ཀྱི་བདེ་བ་རྣམས་ལམ་དུ་བྱེད་པའི་བདག་ཉིད་ཅན་ ཡིན་ལ། འདི་ཉིད་རྒྱུད་སྡེ་གཞན་རྣམས་སུ་མ་གསུངས་སོ། །ཞེས་པའི་དོན་ནོ། །དེ་བཞིན་དུ། ད་ལྟ་རྒྱུད་སྡེ་རྣམས་ཀྱི་ནང་ནས་ཆེས་མཆོག་ཏུ་གྱུར་པ་ཡིན་པར་གྲགས་པ་དེ་ཉིད་འདུས་པ་ དང༌། སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་པ་སྒྱུ་མ་བདེ་མཆོག་དང༌། གསང་བ་འདུས་པ་ དང༌། རྡོ་རྗེ་འཇིགས་བྱེད་ལ་སོགས་པའི་རྒྱུད་རྣམས་སུ་དཀྱིལ་འཁོར་རྣམས་ཀྱི་མཆོག་འདི་ ནི་སྔར་མ་བྱུང་ཞིང༌། ཕྱིས་ཀྱང་འབྱུང་བར་མི་འགྱུར་རོ། །དེ་ལྟར་ན་སྡོམ་པའི་རྒྱུད་འདི་ཉིད་ ཀྱི་སྔ་རོལ་དུ་བཤད་ཟིན་པའི་དཀྱིལ་འཁོར་རྣམས་དང༌། ད་ལྟ་མ་བཤད་པར་མ་འོངས་པ་ ན་འཆད་པར་འགྱུར་བའི་དབང་དང༌། དཀྱིལ་འཁོར་གྱི་ཆོ་ག་གང་ཅི་ཡང་རུང་བ་དེ་ཀུན་གྱི་ གནས་སམ། གཞིར་གྱུར་པ་ནི། དཔལ་ལྡན་ཁྲག་འཐུང་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་ འདི་ཉིད་དོ། །དེ་ཉིད་འདུས་པ་འཁོར་སྡོམ་འམ། །ཞེས་པ་ནི་མ་དག་པ་སྟེ། དེ་ཉིད་འདུས་པ་ བདེ་མཆོག་གམ། །ཞེས་འདོན་དགོས་པ་ཡིན་ལ། འགའ་ཞིག་སྡོམ་པའི་བསྡུས་རྒྱུད་འདིར་ གསུངས་པའི་དཀྱིལ་འཁོར་ཆོ་ག་དང་བཅས་པ་འདི། འཁོར་ལོ་སྡོམ་པའི་རྩ་རྒྱུད་རྒྱས་པར་ ཡང་མ་གསུངས་ཞེས། འབྲུ་གནོན་པ་ནི་ཆེས་མི་འཐད་དེ། རྒྱུད་རྒྱས་པ་ལས་ཇི་སྐད་འབྱུང་བ་ བཞིན། དབང་པོ་དམན་པ་རྣམས་རྗེས་སུ་བཟུང་བའི་ཕྱིར། བསྡུ་བར་མཛད་པས་ན། འདིར་ བཤད་ཐམས་ཅད་དེ་ན་ཡོད་པ་དང༌། འདིར་མ་བཤད་པའི་རྣམ་གྲངས་གཞན་ཡང་དེ་ན་ཡོད་ སྲིད་དེ། དེ་ནི་དབང་པོ་མཆོག་གི་དོན་དུ་གསུངས་པའི་རྒྱུད་རྒྱས་པ་ཡིན་པའི་ཕྱིར་རོ། ། གཉིས་པ་སྒྲ་ཇི་བཞིན་པ་མ་ཡིན་པ་སྦས་དོན་གྱི་བཤད་པ་ནི། དཀྱིལ་འཁོར་དུ་དབང་ བསྐུར་ཞེས་པའི་མཚན་གྱི་དོན། སྦས་དོན་དུ་བཤད་པ་ནི། དཀྱིལ་འཁོར་ནི་ཡེ་ཤེས་ཀྱི་རྩ་ཨ་ ཝ་དྷུ་ཏཱི་ཉིད་ཡིན་ལ། དེར་སློབ་མ་འཇུག་པ་ནི། དཔྱིད་ཀྱི་རྒྱལ་པོ་བྱང་ཆུབ་ཀྱི་སེམས་འགྲོ་ འོང་བྱེད་པའོ། །གཞུང་དངོས་ལ་སྦྱར་བ་ནི། དེ་ལྟར་ཆོ་ག་བཞིན། དཀྱིལ་འཁོར་འདོད་པ་ 2-1-66 ཀུན་ལྡན་མཆོད་ནས་ནི། །ཞེས་པའི་སྦས་དོན་ནི། ཙཎྚ་ལི་ཡེ་ཤེས་ཀྱི་དཀྱིལ་འཁོར་ཉིད་ཡིན་ ཅིང༌། དཀྱིལ་འཁོར་ལ་འདོད་པའི་ཡོན་ཏན་སྣ་ཚོགས་པས་བརྒྱན་པའི་སྦས་དོན། གཏུམ་མོ་ འབར་བའི་ཡེ་ཤེས་ཀྱིས། དོན་དམ་གྱི་དཀྱིལ་འཁོར་གསལ་བར་བྱེད་པ་ཉིད་དོ། །འདིའི་ གཏུམ་མོ་ཡང་སྔགས་ཀྱི་གཏུམ་མོ་སྟེ། འབྱུང་བའི་ཁམས་ཀྱི་བསྡུས་པ་ལས་ཀྱི་གཏུམ་མོའི་ ཆ་ཤས་ཡང་ཡོད་ཅིང༌། ཡེ་ཤེས་ཀྱི་གཏུམ་མོ་དང་ཡང་འདྲེས་པར་གྱུར་པའི་གཏུམ་མོ་ལ། དེ་ སྐད་ཅེས་བྱའོ། །དེ་ལྟར་གཏུམ་མོའི་དཀྱིལ་འཁོར་གནས་ལུགས་ཀྱི་ཡེ་ཤེས་གསལ་བར་ བྱེད་པའི་རྒྱན་དང་ལྡན་པ་དེ་ཉིད་ལ་གནད་དུ་བསྣུན་པ་ལས། གཏུམ་མོ་དེ་དངོས་སུ་མ་ འབར་ཀྱང༌། དེ་ལ་གནད་དུ་རེག་པའི་ཚུལ་གྱིས་མཆོད་པའོ། །དེ་ཡི་བུ་སྡུག་གདོང་ལ་ནི། །དར་གྱིས་ལེགས་པར་བཀབ་ནས་ནི། །ཞེས་པའི་སྦས་དོན་ནི། རྩ་འཁོར་ལོ་བཞིའི་རྩ་མདུད་ གྱི་སྒོ་ཡོངས་སུ་འགགས་པ་གྲོལ་དུ་ཉེ་བར་གྱུར་པའི་གནས་སྐབས་དེ་ཉིད་དེ། སློབ་མའི་ གདོང་དར་གྱིས་བཀབ་པ་ཡང་མི་རིང་བ་ཉིད་དུ་དབྱེ་བར་འགྱུར་བའི་མཚོན་དོན་ནོ། །ཤིན་ ཏུ་མཉམ་པར་བཞག་པ་ཡི། །སྒྲུབ་པོ་ཡི་བྱས་ནས་གཞུག །ཅེས་པའི་སྦས་དོན་ནི། རྩ་ཨཱ་ཝ་ དྷཱུ་ཏིའི་མས་སྣ་ལྟེ་འོག་ཏུ་ལན་བདུན་དུ་བསྐོར་བའི་ཚུལ་གྱིས་འཁྱིལ་ཏེ་གནས་པ་ལ། གདན་ བཞིར་རྩ་ཀླུ་དབང་འཁྱིལ་བ་ཞེས་བཤད་པ་དེ་ཡིན་ལ། དེའི་མས་སྣ་ན་ལས་ཀྱི་གཏུམ་མོ་ཀྵ་ ཡིག་གནས་པ་ཡིན་པ། དབུ་མའི་ནང་དུ་ལས་ཀྱི་རླུང་གསར་པ་སྐྱེས་པ་དེས། ལས་ཀྱི་གཏུམ་ མོ་དེ་སྦར་ཏེ། དབུ་མའི་ནང་དུ་ལན་བདུན་བསྐོར་བའི་ཚུལ་གྱིས་ཡར་སོང་སྟེ། ལྟེ་བའི་ཨཾ་ ཡོངས་སུ་གསོས་པར་གྱུར་པའོ། །མེ་ཏོག་གིས་བཀངས་སྙིམ་པ་དག རབ་ཏུ་གཏོར་ནས་ཞེས་ པའི་སྦས་དོན་ནི། མེ་ཏོག་ནི་དམར་ཆའི་དྭངས་མ་ལྟེ་བའི་གཏུམ་མོ་ཉིད་ཡིན་ཅིང༌། སྙིམ་པ་ ནི་རྩ་རོ་མ་ཉིད་ཡིན་ཏེ། འདིའི་རྒྱས་བཤད་ལས། དེ་ནས་ལྷོ་ཕྱོགས་གྲོང་ཁྱེར་དུ། །བསྟེན་ ནས་སྙིམ་པའི་མེ་ཏོག་གཏོར། །ཅེས་པའི་ལྷོ་ཕྱོགས་གྲོང་ཁྱེར་གྱི་སྦས་དོན་ལུས་ཀྱི་གཡས་ 2-1-67 ཕྱོགས་ན་གནས་པའི་རོ་མ་ཉིད་དོ། །དེ་ལྟར་ལྟེ་བའི་གཏུམ་མོ་དེ་ཉིད། གཡས་ཕྱོགས་རོ་མའི་ ལམ་ནས་སོང་སྟེ། སྤྱི་བོའི་ཧཾ་ལ་རེག་པ་ནི། དཀྱིལ་འཁོར་གང་དུ་མེ་ཏོག་བབས། །ཞེས་པའི་ སྦས་དོན་ནོ། །དེ་ཡི་རིགས་དེ་བསྟན་པར་བྱ། །དཔལ་ལྡན་ཧེ་རུ་ཀ་སོགས་པའི། །གནས་ནི་ དེ་ལ་བསྟན་པར་བྱ། །ཞེས་པའི་སྦས་དོན་ནི། དེ་ལྟར་གཏུམ་མོས་སྤྱི་བོའི་ཧཾ་ལ་རེག་པ་ན། ཧཾ་ ཡིག་ཅུང་ཟད་ཞུ་བའི་བྱང་ཆུབ་ཀྱི་སེམས་དང་འདྲེས་པའི་ཐིག་ལེ་རྐྱང་མའི་ནང་ནས་ཡོངས་ སུ་འབབ་པའི་བྱང་ཆུབ་ཀྱི་སེམས་དེ་ཉིད་སྤྱི་བོའི་ཧཾ་ཡིག་དེའི་རིགས་ལས་བྱུང་བ་ཡིན་ལ། དེ་ཉིད་ལ་དཔལ་ལྡན་ཧེ་རུ་ཀའི་གནས། སྤྱི་བོའི་འཁོར་ལོ་ལ་སོགས་པ། འཁོར་ལོ་བཞིའི་ལྟེ་ བའི་གནས་བསྟན་པར་བྱ་བ་སྟེ། འཁོར་ལོ་བཞིའི་ལྟེ་བར་བྱང་ཆུབ་ཀྱི་སེམས་དེ་ཉིད་ཡོངས་ སུ་འགྲོ་ཞིང༌། རྐྱང་མའི་ནང་ནས་རིམ་གྱིས་བབས་ཏེ། ལྟེ་བའི་གཏུམ་མོ་ལ་རེག་པ་དེའི་ཚེ། བྱང་ཆུབ་ཀྱི་སེམས་ཀྱི་འོད་ཟེར་གྱིས་རྩ་གནས་ཐམས་ཅད་ཡོངས་སུ་ཁྱབ་པའི་མཐུ་ལས། ཕྱོགས་ཐམས་ཅད་འོད་ཀྱིས་ཁྱབ་པའི་སྣང་བ་དང༌། གཞོམ་མེད་ཀྱི་སྒྲ་འབྱུང་བར་འགྱུར་བ་ ནི། དེ་ནི་དེའི་མིང་དུ་འགྱུར། །སློབ་དཔོན་གྱིས་ནི་མིང་རབ་བསྟན། །ཞེས་མིང་དབང་བསྐུར་ བའི་སྦས་དོན་ནོ། །དེ་ལྟར་རོ་རྐྱང་གི་འབར་འཛག་ཡང་ནས་ཡང་དུ་བྱུང་བའི་མཐུ་ལས། ཕྱག་ རྒྱའི་མཚོན་དོན་ལྟེ་བའི་གཏུམ་མོ་བྱང་ཆུབ་ཀྱི་སེམས་ཀྱིས་ཡང་ནས་ཡང་དུ་མཆོད་པར་བྱ་བ་ ནི། དེ་ནས་སློབ་དཔོན་ལེགས་པར་ནི། །མཉམ་པར་བཞག་སྟེ་ཕྱག་རྒྱ་མཆོད། །ཅེས་པའི་ སྦས་དོན་ནོ། །དེ་ནས་ལྟེ་བའི་གཏུམ་མོ་དབུ་མའི་ནང་ནས་ཡར་འབར་ཏེ་འཁོར་ལོ་བཞིའི་ རྩ་མདུད་ཀྱི་སྒོ་རྣམས་འབྱེད་པར་བྱེད་པ་ནི། དེ་ནས་གདོང་ཕྱེ་དཀྱིལ་འཁོར་བསྟན། །ཞེས་ པའི་སྦས་དོན་ནོ། །ལྟེ་བའི་གཏུམ་མོ་མགྲིན་པའི་ༀ་ཡིག་གི་དམར་ཆ་དང་འཕྲད་པར་གྱུར་པ་ དེའི་ཚེ། མགྲིན་པའི་གཏུམ་མོའི་རླུང་གི་ཤུགས་ཀྱིས། ལྟེ་བའི་གཏུམ་མོ་འབར་བ་ཉིད་ལན་ གསུམ་དུ་ལྡོག་ཅིང༌། སླར་ལན་གསུམ་དུ་འབར་བར་འགྱུར་བ་ནི། འཚལ་ཆེན་ལན་གསུམ་ 2-1-68 བཟླས་པ་ཡི། །ཞེས་པའི་སྦས་དོན་ཏེ། འཚལ་ཆེན་ནི་ཁྲག་ཆེན་ཏེ་དམར་ཆའི་དྭངས་མ་ཡིན་ པ་དང༌། ལན་གསུམ་བཟླས་པ་ནི། ལྡོག་པ་དང་འབར་བ་ལན་གསུམ་དུ་འབྱུང་བའི་དོན་ནོ། །དེ་ནས་གཏུམ་མོའི་མེ་དེ་ཉིད། མགྲིན་པའི་གཏུམ་མོ་དང་ཡོངས་སུ་འདྲེས་ཏེ། གྱེན་དུ་འབར་ བ་སྤྱི་བོའི་ཧཾ་ལ་རེག་པ་ལས། ཧཾ་ལས་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་དབུ་མའི་ནང་ན་མར་ བབས་ཏེ། ལྟེ་བའི་གཏུམ་མོ་དང་འདུ་འཕྲོད་བྱུང་བ་ནི། དེ་ལ་ཐིག་ལེ་བྱ་བ་ཡིན། ཞེས་པའི་ སྦས་དོན་ཏེ། ལྟེ་བའི་གཏུམ་མོ་དེ་ལ་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་བྱ་བའི་དོན་ནོ། །དེའི་ ཚེ་ཡང༌། གཞོམ་མེད་ཀྱི་སྒྲ་དབྱངས་དང༌། ཕྱོགས་ཐམས་ཅད་འོད་ཀྱིས་ཁྱབ་པར་གྱུར་བའི་ གསལ་སྣང༌། སྔར་རོ་རྐྱང་གི་སྐབས་ཀྱི་འབར་འཛག་ཕྲད་པ་ལས་ཀྱང་སྟོབས་ཆེ་བར་འབྱུང་ བ་ཡིན་ནོ། །དེ་ལྟར་དབུ་མའི་ནང་དུ་འབར་འཛག་ཡང་ཡང་བྱས་པར་གྱུར་པ་ལས། མཐར་ གཏུམ་མོའི་མེས་སྨིན་མཚམས་གནད་ཀྱི་སྒོ་ཡོངས་སུ་ཕྱེ་སྟེ། རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ པོ་ཐམས་ཅད་དུ་གཏུམ་མོའི་མེ་འོད་ཀྱིས་ཁྱབ་པར་གྱུར་པ་ལས། དེ་དག་ལ་གནས་པའི་བྱང་ ཆུབ་ཀྱི་སེམས་རྣམས་ཡོངས་སུ་ཞུ་བ། གནས་གཅིག་ནས་གཅིག་ཏུ་ཡོངས་སུ་བརྒྱུད་དེ། སྤྱི་ བོའི་ཧཾ་ལ་རེག་པར་གྱུར་པ་ནི། དེ་བཞིན་གཤེགས་པའི་རྒྱུད་ལ་འགྲོ་འོང་བྱེད་པ་སྟེ། གང་ གིས་ལྷ་ཡི་གནས་གང་ཡིན། །དེར་དེ་ཡང་དག་བསྟན་པར་བྱ། ཞེས་པའི་སྦས་དོན་ནོ། །ཧེ་རུ་ ཀ་མངོན་པར་བརྗོད་པ་ལས་ཡོན་དང་བཅས་པའི་དབང་བསྐུར་བའི་ཆོ་གའི་ལེའུ་སྟེ་གསུམ་ པ་རྣམ་པར་བཤད་ཟིན་ཏོ།། །། ༈ ལེའུ་བཞི་པ་ནི། དེ་ཁོ་ན་ཉིད་རྣམ་པ་བཞི་སྟོན་པར་བྱེད་པ་སྟེ། དེ་ཡང་གང་ཞེ་ན། དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དང༌། ལྷའི་དེ་ཁོ་ན་ཉིད་དང༌། བཟླས་བརྗོད་ཀྱི་དེ་ཁོ་ན་ཉིད་ དང༌། ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་དང་བཞིའོ། །འདི་ལ་བསྐྱེད་རིམ་གྱི་དེ་ཉིད་བཞི་བཤད་པ་ དང༌། རྫོགས་རིམ་གྱི་དེ་ཉིད་བཞི་བཤད་པ་གཉིས་ལས། 2-1-69 དང་པོ་ལ་ཡང་བཞི་ལས། དང་པོ་ནི། དེ་ནས་རྣལ་འབྱོར་མ་རྣམས་ནི། །ས་ལ་རྣམ་པར་ རོལ་བ་སྟེ། །ཞེས་པས་བསྟན། དེའི་དོན་ཡང༌། རྣལ་འབྱོར་མ་སུམ་ཅུ་རྩ་བདུན་དཔའ་བོ་ ཉེར་ལྔ་དང་བཅས་པ་རྣམས་ནི། རང་རང་གང་དུ་བཞུགས་པའི་གནས་རྣམས་སུ་རྣམ་པར་ རོལ་པར་འགྱུར་ཏེ། གཙོ་བོ་ཡབ་ཡུམ་དབུས་ཀྱི་ལྟེ་བ་དང༌། མཁའ་འགྲོ་མ་བཞི་ཕྱོགས་ཀྱི་ འདབ་མ་བཞི་དང༌། རབ་གཏུམ་མ་ལ་སོགས་པ་དཔའ་མོ་ཉེར་བཞི་ཐབས་དང་བཅས་པ། སྐུ་གསུང་ཐུགས་ཀྱི་འཁོར་ལོའི་རྩིབས་རྣམས་དང༌། སྒོ་མཚམས་མ་བརྒྱད། དམ་ཚིག་འཁོར་ ལོའི་སྒོ་མཚམས་བརྒྱད་དང་། ཕྱི་རོལ་དུར་ཁྲོད་བརྒྱད་བསྲུང་བའི་འཁོར་ལོ་དང་བཅས་པ་ རྣམས་སུ། རྣམ་པར་རོལ་ཞིང་གནས་པའོ། ། གཉིས་པ་ནང་ལུས་ཀྱི་དཀྱིལ་འཁོར་ནི། དཔྱིད་དང་ཐིག་ལེ་ཁ་སྦྱོར་བ་དཔལ་ཧེ་རུ་ ཀ་ཡབ་ཡུམ། སྙིང་གའམ་ལྟེ་བའི་འཁོར་ལོ་དང༌། མཁའ་འགྲོ་མ་བཞི་སྙིང་གའི་ཕྱོགས་ཀྱི་ འདབ་མ་བཞི་དང༌། སྐུ་གསུང་ཐུགས་ཀྱི་དཔའ་བོ་དཔའ་མོ་རྣམས་སྤྱི་བོ་ནས། དཔུས་མོའི་ བར་གྱི་ཡུལ་ཉེར་བཞི་པོ་རྣམས་དང༌། སྒོ་མཚམས་མ་བརྒྱད། ལུས་ཀྱི་བུ་ག་བརྒྱད་དང༌། སྐྲ་ སེན་མེ་རི་འབར་བའི་བར་དུ་སྤྱོད་ཅིང་གནས་པའོ། །དེ་ལྟར་ན་ཕྱི་དཀྱིལ་དང༌། ལུས་དཀྱིལ་ གྱི་ལྷ་རྣམས་གང་དུ་བཞུགས་པའི་གནས་ལ་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་ཅེས་བྱའོ། ། གཉིས་པ་ལྷའི་དེ་ཁོ་ན་ཉིད་ནི། བརྩོན་ཆེན་འཁོར་ལོ་བསྒྱུར་མ་དང༌། །ཞེས་པ་ནས། འདི་དག་སྔོན་ཉིད་གྲུབ་པ་ཡིན། །ཞེས་པའི་བར་གྱིས་བསྟན། དེ་ཡང་སྐུ་འཁོར་གྱི་བྱང་ཤར་ གྱི་རྩིབས་ན་བཞུགས་པའི་བརྩོན་འགྲུས་ཆེན་མོ་ནས་བཟུང་། ཐུགས་འཁོར་གྱི་ཤར་རྩིབས་ ན་བཞུགས་པའི་རབ་གཏུམ་མའི་བར་མས་ནས་རིམ་པ་བཞིན་གསུང་བ་ནི། ལྷ་རྣམས་ བཟློག་སྟེ་འགོད་པའི་དོན་ནོ། །ལུས་དཀྱིལ་ལ་ཡང༌། རྩ་ཉེར་བཞི་དམིགས་པའི་བརྟེན་ནམ། བསྐྱེད་གཞིར་བྱས་ཏེ་ལུས་ཀྱི་གནས་སོ་སོར་དཔའ་མོ་ཉེར་བཞི་པོ་ཉིད་སྒོམ་པར་བྱེད་པའོ། 2-1-70 །དེ་ལྟར་མཁའ་འགྲོ་མ་ཉི་ཤུ་རྩ་བཞི་པོ་སྐུ་དང༌། གསུང་དང༌། ཐུགས་ཀྱི་འཁོར་ལོའི་དབུས་ སུ་སྒོམ་པ་ནི། ཇི་ལྟར་ཕྱི་རོལ་ཏུ་སྐུ་གསུང་ཐུགས་ཀྱི་འཁོར་ལོའི་རྩིབས་རྣམས་ལ་དཔའ་མོ་ ཉེར་བཞི་སྒོམ་པ་དེ་བཞིན་དུ། ནང་ལུས་དཀྱིལ་ལ་ཡང་སྤྱི་བོ་ལ་སོགས་པའི་གནས་རྣམས་ སུ། རྩ་རྣམས་མཁའ་འགྲོ་མ་ཉེར་བཞི་སྒོམ་པར་བྱེད་པའོ། །འདི་དག་སྔོན་ཉིད་གྲུབ་པ་ ཡིན། །ཞེས་པ་ནི། ཆོས་ཉིད་གནས་ལུགས་ཀྱི་དཔའ་མོ་ཉེར་བཞི་གདོད་ནས་གྲུབ་པ་ཡིན་ པ་ལྟ་སྨོས་ཀྱང་ཅི་དགོས། སྤྲུལ་པའི་སྐུའི་དཔའ་མོ་ཉེར་བཞི་པོ་འདི་རྣམས་ཀྱང༌། སྔོན་ཐོག་ མ་མེད་པའི་དུས་ཉིད་ནས་གྲུབ་པ་ཡིན་གྱི། དུས་འདི་ཙམ་ནས་གྲུབ་ཞེས་ཚད་བཟུང་བར་མི་ ནུས་པ་དང༌། ནང་ལུས་དཀྱིལ་གྱི་བསྐྱེད་གཞི་རྩ་ཁམས་རྣམས་ནི། ལུས་གྲུབ་ཙམ་ཉིད་ནས་ གྲུབ་པ་ཡིན་གྱི། ཕྱིས་གསར་དུ་བྱུང་བ་མ་ཡིན་ནོ། ། གསུམ་པ་སྔགས་ཀྱི་དེ་ཁོ་ན་ཉིད་ནི། རང་མིང་བརྗོད་པའི་སྔགས་ལ་ནི། །ཞེས་པ་ནས། གྲུབ་རྩོལ་འདོད་པ་ཐམས་ཅད་བྱེད། །ཅེས་པའི་བར་གྱིས་བསྟན། དེ་ཡང་དཔའ་མོ་ཉེར་ བཞི་པོ་དེ་རྣམས་ཀྱི་བཟླས་བྱའི་སྔགས་ནི། རང་རང་གི་མིངབརྗོད་པའི་སྔགས་ལ། མཐར་ཧཱུཾ་ གཉིས་དང༌། ཕཊ་སྦྱར་བ་སྟེ། དཔེར་ན་པྲ་ཙནྡྲེ་ཧཱུཾ་ཧཱུཾ་ཕཊ། ཅེས་པ་ལྟ་བུའོ། །དཔའ་མོ་ཉེར་ བཞི་སྒོམ་པའི་རྣལ་འབྱོར་མཆོག སྔགས་དང་བཅས་པ་འདི་མཐོང་ན། གཞན་རིག་སྔགས་ དང་ལྷ་ནི་རྩ་དང་མཚུངས་ཤིང༌། འདི་ནི་མེ་དང་མཚུངས་སོ། །དེ་ཡང་མེས་རྩ་སྲེག་པར་བྱེད་ པ་བཞིན་དུ། འདིའི་ལྷ་དང་རིག་སྔགས་ཀྱི་ནུས་པས། གཞན་གྱི་ལྷ་དང༌སྔགས་ཀྱི་ནུས་པ་ རྣམས་ཟིལ་གྱིས་གནོན་ནུས་པའི་དོན་ནོ། །བཟླས་བྱའི་སྔགས་རང་མིང་གི་མཐར་ཧཱུཾ་གཉིས་ དང་ཕཊ་སྦྱར་བ་ཙམ་དུ་མ་ཟད། མགོ་བོར་ཨོཾ་ཡང་སྦྱོར་དགོས་པ་ཡིན་ཏེ། དེ་ནི་སྔགས་ ཐམས་ཅད་ཀྱི་ནུས་པ་གསལ་བར་བྱེད་པ་སྟེ། དངོས་གྲུབ་ཐམས་ཅད་སྩོལ་བར་བྱེད་པ་དང༌། འདོད་པ་སྟེ་ཞི་བ་ལ་སོགས་པའི་ལས་ཐམས་ཅད་གྲུབ་པར་བྱེད་པའོ། ། 2-1-71 གཉིས་པ་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་ནི། ཁྱིམ་དུ་དཀྱིལ་འཁོར་མཐོང་བ་ཡིས། །ཞེས་པ་ སྟེ། བསྐྱེད་རིམ་གྱི་ལྷ་སྐུ་ལ་བདེ་བས་རྒྱས་འདེབས་པར་བྱེད་པ་ཕྲ་ཐིག་གི་རྣལ་འབྱོར་རམ། གཏུམ་མོ་འཁོར་ལོ་བཞི་པའི་རྣལ་འབྱོར་རམ། ལས་ཀྱི་ཕྱག་རྒྱའི་རྣལ་འབྱོར་ལྟ་བུ་སྒོམ་པར་ བྱེད་པ་སྟེ། དེ་ལྟར་བསྒོམས་པ་ལས་ཕྲ་ཐིག་དང༌། ལས་ཀྱི་ཕྱག་རྒྱའི་རྣལ་འབྱོར་གཉིས་ལ་ བརྟེན་པ་ཡིན་ན། ཐབས་ཤེས་ཀྱི་རྡོ་རྗེ་དང༌། པད་མ་མཉམ་པར་སྦྱར་བའི་ཁྱིམ་དུ། ཐིག་ ལེ་བྱང་ཆུབ་ཀྱི་སེམས་ཀྱི་དཀྱིལ་འཁོར་མཐོང་བ་ཡིན་ལ། མཐོང་ཚུལ་ནི། བདེ་བའི་ངོ་བོར་ མཐོངབའོ། །གཏུམ་མོ་འཁོར་ལོ་བཞི་པ་ལ་བརྟེན་པ་ཡིན་ན། རྩ་འཁོར་ལོ་བཞིའི་ལྟེ་བའི་ ཁྱིམ་དུ། ཐིག་ལེ་བྱང་ཆུབ་ཀྱི་སེམས་ཀྱི་དཀྱིལ་འཁོར་མཐོང་བ་སྟེ། མཐོང་ཚུལ་ནི་བདེ་བའི་ ངོ་བོར་མཐོང་བའོ། །དེ་ལྟ་བུའི་བདེ་བ་དེས་ལྷར་སྣང་ལ་རྒྱས་བཏབ་པ་ན། ལྷ་སྐུ་ཉིད་བདེ་ བའི་ངོ་བོར་ཤར་བ་ནི། སྐབས་འདིའི་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་དོ། །དེའི་ཕན་ཡོན་ནི། དེ་ཤེས་ སོགས་ཚིག་གཉིས་ཀྱིས་བསྟན། དེའི་དོན་ནི། ལྷར་སྣང་བདེ་བའི་ངོ་བོར་ཡོངས་སུ་ཤེས་པར་ བྱས་ཏེ་དུས་རྟག་ཏུ་སྒོམ་པ་ནི། དངོས་གྲུབ་ཀྱི་ཁྱད་པར་དེ་བཞིན་གཤེགས་པས་གསུངས་ པ་རྣམས་ཐོབ་པར་འགྱུར་ཞེས་པའོ། །དཔའ་བོ་ཉིད་འགྱུར་གྲུབ་པ་ནི། །ཞེས་པ། དེ་ཁོ་ན་ ཉིད་ཕྱི་མ་གསུམ་ཅར་ལ་སྦྱོར་བ་ཡིན་ཏེ། སྔར་ལྷའི་དེ་ཁོ་ན་ཉིད་ཀྱི་སྐབས་སུ། དཔའ་མོ་ ཉེར་བཞི་ཙམ་ལས་མ་གསུངས་པ་ལ། དཔའ་བོ་ཉིད་འགྱུར་གྲུབ་པ་ནི། །ཞེས་པས། ཐབས་ དཔའ་བོ་ཉེར་བཞི་ཡང་བསྟན་པ་དང༌། སྔགས་ཀྱི་དེ་ཁོ་ན་ཉིད་སྔར་དཔའ་མོ་ཉེར་བཞི་ཁོ་ན་ ལས་གཞན་མ་གསུངས་པ་ལ། རྒྱུད་ཚིག་འདིས། ཐབས་དཔའ་བོ་ཉེར་བཞི་ལ་ཡང་སྔགས་ དགོས་པར་བསྟན་པ་དང༌། ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་ལ་ཡང༌། ཕྲ་ཐིག་དང་ལས་ཀྱི་ཕྱག་རྒྱའི་ བདེ་བ་དང༌། གཏུམ་མོའི་རྣལ་འབྱོར་གང་བསྒོམས་ཀྱང༌། ཐབས་དཔའ་བོ་དང་བཅས་པར་ བསྒོམ་དགོས་པར་བསྟན་པ་ཡིན་ནོ། ། 2-1-72 གཉིས་པ་རྫོགས་རིམ་གྱི་དེ་ཁོ་ཉིད་བཞི་བསྟན་པ་ལ། དང་པོ་དཀྱིལ་འཁོར་གྱི་དེ་ཁོ་ན་ ཉིད་ནི། རྣལ་འབྱོར་མ་རྩ་སུམ་ཅུ་རྩ་བདུན་པོ་རྣམས་ནི། རང་གི་ལུས་ཀྱི་སྤྱི་བོ་ལ་སོགས་པའི་ གནས་རྣམས་སུ། རྣམ་པར་རོལ་ཞིང་གནས། ཞེས་པས་བསྟན་པ་ཡིན་ལ། འདི་སྔར་ལུས་ དཀྱིལ་གྱི་སྐབས་སུ་བཤད་པ་དང་ཟློས་པར་མི་འགྱུར་ཏེ། དེར་ནི་རྩ་ཁམས་རྣམས་དམིགས་ རྟེན་དུ་བྱས་ནས། དེ་ཉིད་རྣམ་པར་རྟོག་པས་ལྷ་སྐུར་སྒོམ་པར་བྱེད་པ་ཡིན་ལ། འདིར་ནི་རྩ་ གཙོ་བོར་དངོས་སུ་གསུངས་པ་ཡིན་ཡང༌། གཞན་རང་ལུས་ཀྱི། གནས་པ་རྩ། གཡོ་བ་རླུང༌། བཀོད་པ་བྱང་ཆུབ་ཀྱི་སེམས་ཀྱི་དཀྱིལ་འཁོར་རྣམས་ལ་གནད་དུ་བསྣུན་པ་ལས། རྫོགས་ རིམ་གྱི་ཡེ་ཤེས་སྐྱེ་བའི་ཕྱིར་དེའི་གནས་སམ་གཞིར་གྱུར་པས་ན། གཞི་གསུམ་པོ་དེ་ལ་ དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་ཅེས་བཞག་པ་ཡིན་ནོ། ། གཉིས་པ་ལྷའི་དེ་ཁོ་ན་ཉིད་ནི། དེ་ལ་གནད་དུ་བསྣུན་པས། རླུང་སེམས་དབུ་མར་ འགགས་པ་ལས། གསལ་སྟོང་བདེ་བའི་ཡེ་ཤེས་ཁྱད་པར་ཅན་རང་ཤར་བ་དེ་ལ། སྤྱིར་ རྫོགས་རིམ་གྱི་ལྷ་ཞེས་འཇོག་པ་ཡིན་ལ། དེའི་ནང་ཚན་ཞལ་ཕྱག་གི་རྣམ་པ་ཅན་གྱི་ལྷ་སྐུ་ ནི། རྫོགས་རིམ་གྱི་ལྷའི་དེ་ཁོ་ན་ཉིད་ཀྱི་གཙོ་བོར་འཇོག་པ་ཡིན་ནོ། །དེ་ལ་ཡང༌། སྤྱི་བོར་ རྩ་རླུང་ཐིག་ལེ་ཐིམ་པ་ལས་བྱུང་བའི་རྫོགས་རིམ་གྱི་ལྷ་སྐུ་དང༌། དེ་ལས་ཀྱང་མཆོག་ཏུ་གྱུར་ པ་སྤྱི་གཙུག་གི་རྩ་ཐིག་རླུང་གསུམ་ཐིམ་པ་ལས་བྱུང་བའི་རྫོགས་རིམ་གྱི་ལྷ་དང༌། དེ་བཞིན་ དུ་དཔུས་མོར་གནས་པའི་རྩ་ཐིག་རླུང་གསུམ་ཐིམ་པ་ལས་བྱུང་བའི་རྫོགས་རིམ་གྱི་ལྷ་སྟེ། སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་ཁྱད་པར་དུ་གྱུར་པའི་རིམ་པ་ཉི་ཤུ་རྩ་བཞི་ཡོད་པ་ནི། དཔའ་མོ་ ཉེར་བཞིར་བཤད་པའི་དོན་ནོ། །རྫོགས་རིམ་གྱི་སྔགས་ཀྱི་དེ་ཁོ་ན་ཉིད་ནི། རང་མིང་བརྗོད་ པའི་སྔགས་ལ་ནི། །ཞེས་སོགས་ཀྱིས་བསྟན་པ་སྟེ། འདི་ནི་རླུང་སེམས་དབུ་མར་མ་ཞུགས་ པ་འཇུག་པར་བྱེད་པ་དང༌། ཞུགས་པ་བརྟན་པར་བྱེད་པའི་ཐབས་མཚན་མ་དང་བཅས་པའི་ 2-1-73 རྫོགས་རིམ། ལས་དང་པོ་པ་རྣམས་ཀྱིས་སྒོམ་པར་བྱེད་པའི་རྣལ་འབྱོར་ཏེ། ལས་ཀྱི་ཕྱག་ རྒྱའི་རྣལ་འབྱོར་དང༌། གཏུམ་མོ་དང༌། ཐིག་ལེ་སྒོམ་པ་དང༌། འོད་ཟེར་གྱི་སྤྲོ་བསྡུ་དང༌། བུམ་ པ་ཅན་དང༌། རྡོ་རྗེའི་བཟླས་པ་ལ་སོགས་པའི་རྣལ་འབྱོར་ལ་རང་མིང་བརྗོད་པའི་སྔགས་ ཞེས་གསུང་བ་ཡིན་ལ། རྣལ་འབྱོར་དེ་རྣམས་གང་ཡང་རུང་པ་གཅིག་འབད་པས་བསྒོམས་པ་ ལས། རླུང་དབུ་མར་འགགས་པ་དང༌། དེ་ལས་གཏུམ་མོ་འབར་བ་དང༌། བྱང་ཆུབ་ཀྱི་སེམས་ ཞུ་བ་ལས། ལམ་དུས་ཀྱི་ཡེ་ཤེས་ལྔ་འབྱུང་བ་ནི། མཐར་ནི་ཧཱུཾ་ཧཱུཾ་ཕཊ་དང་སྦྱར། ཞེས་པའི་ཧཱུཾ་ ཡིག་གིས་བསྟན་པ་ཡིནལ། དེ་ལས་ཡང་ཐབས་ཤེས་ཀྱི་ཆ་གཉིས་ཡོད་པ་ནི་ཧཱུཾ་གཉིས་དང༌། བྱང་ཆུབ་ཀྱི་སེམས་ཞུ་བ་བརྟན་པར་བྱེད་པ་ནི་ཕཊ་ཀྱིས་བསྟན་པ་ཡིན་ཞིང༌། སྔགས་ཀྱི་ མགོར་ཨོཾ་སྦྱོར་བས་ནི་དེ་ལྟ་བུའི་ཡེ་ཤེས་དེ། རང་གི་རིག་པར་སྟོན་པའོ། །རྫོགས་རིམ་གྱི་ཡེ་ ཤེས་ཀྱི་དེ་ཁོ་ན་ཉིད་ནི། ཁྱིམ་དུ་དཀྱིལ་འཁོར་མཐོང་བ་ཡིན། །ཞེས་པས་བསྟན་པ་སྟེ། རང་ ལུས་དང༌། གཞན་ལུས་ཀྱི་ཐབས་གང་ལ་བརྟེན་པ་ཡིན་ཡང་རུང༌། ཞུ་བདེ་ལྷན་ཅིག་སྐྱེས་པ་ དང༌། རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སོ། །ལྷན་སྐྱེས་གཉིས་པོ་དེ་ཡོངས་སུ་ཤེས་ཏེ་ རྟག་ཏུ་སྒོམ་པར་བྱས་པས་ནི། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་དེ་བཞིན་གཤེགས་པས་ གསུངས་པ་ཐོབ་པར་འགྱུར། ཞེས་པའོ། །ལེའུ་འདིས་དབང་བཞི་པའི་ཡེ་ཤེས་སྟོན་པ་ཡིན་ ཏེ། རྫོགས་རིམ་གྱི་ལྷའི་དེ་ཉིད་མ་རྟགས་པར་ཤར་བའི་ལྷ་སྐུའི་སྣང་བརྙན་ཅན་དེ་རྫོགས་ རིམ་གྱི་ཡེ་ཤེས་ཀྱི་དེ་ཉིད། བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དང་ཟུང་དུ་འཇུག་པ་ནི། བཞི་པའི་ཡེ་ཤེས་སོ། །ཧེ་རུ་ཀ་མངོན་པར་བརྗོད་པ་ལས། དཔའ་བོ་དང༌། རྣལ་འབྱོར་མ་ གཉིས་སུ་མེད་པར་དགོད་པའི་ཆོ་གའི་ལེའུ་སྟེ་བཞི་པ་རྣམ་པར་བཤད་ཟིན་ཏོ།། །། ༈ ལེའུ་ལྔ་པ། རྩ་སྔགས་ཀྱི་གསལ་བྱེད་ཀྱི་སྔགས་བཏུ་བ་ལ། སྔགས་བཏུའི་དཀྱིལ་ འཁོར་བཤད་པ། སྔགས་བཏུ་བ་དངོས། སྔགས་ཀྱི་ཕན་ཡོན་དང་གསུམ་ལས། 2-1-74 དང་པོ་ནི། དེ་ནས་ཐམས་ཅད་ཆོས་འབྱུང་བར། །ཞེས་པ་ནས། འདོད་པའི་དོན་ཀུན་ སྒྲུབ་བྱེད་པ། །ཞེས་པའི་བར་གྱིས་བསྟན། འདི་ལ་སྒྲ་ཇི་བཞིན་དང་ཇི་བཞིན་མ་ཡིན་པ་ གཉིས་ལས། དང་པོ་ནི། སྟོང་པ་ཉིད་ཀྱི་རང་བཞིན་ཐམས་ཅད་ཆོས་འབྱུང་བ་སྟེ། གྲུ་གསུམ་གྱི་ དབྱིབས་ཅན་འབྲི་བར་བྱ་བ་དང༌། དེའི་ནང་དུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ མི་ཤིགས་པའི་ཡི་གེ་ཨ་ཡིག་གམ། ནཱ་ད་གང་རུང་གཅིག་འབྲི་བར་བྱེད་པ་ནི། སྣ་ཚོགས་ལྟེ་ བར་མི་ཤིགས་དགེ། །ཞེས་པའི་དོན་ནོ། །དེ་ལྟར་བྲིས་ནས་འོག་ནས་འཆད་པར་འགྱུར་བའི་ ཆོ་ག་ཇི་ལྟ་བ་བཞིན་དུ། སྔགས་ཀྱི་ཆོས་ཀུན་གཅིག་ཏུ་བསྡུས་པར་བྱའོ། །དེ་ཡང་སྔགས་ ཀྱི་ཚིག་ནི་འདི་དག་ཡིན་ཏེ། ཨཱ་ལི་བཅུ་དྲུག་དང༌། ཀྵ་ཡིག་སྤངས་པའི་ཀཱ་ལི་སྟེ། ཡི་གེ་ལྔ་ བཅུ་པོ་དེ་རྣམས་མཉམ་པོར་པད་མའི་འདབ་མ་བརྒྱད་ལ་དགོད་པར་བྱ་བ་ཡིན་ལ། དེ་ཡང་ སྡེ་ཚན་སོ་སོར་སྒྱུར་བར་བྱ་བ་ཡིན་ཏེ། ཨ་ཀ་ཙ་ཊ་ཏ་པ་ཡ་ཤའི་སྡེ་ཚན་བརྒྱད་པོ་དེ་རྣམས། ཕྱོགས་ཀྱི་འདབ་མ་བཞི་དང༌། འཚམས་ཀྱི་འདབ་མ་བཞི་རུ་ནི། འགོད་དགོས་པར་ཤེས་ པར་བྱས་པ་ལས། སྐབས་འདིར་གསལ་བྱེད་ཉིད་འཐུ་བ་ཡིན་པས། དབྱངས་གི་སྡེ་ཚན་ སྤངས་པའི་ཐུབ་པ་མཆོག་སྟེ། གསལ་བྱེད་ཀྱི་སྡེ་ཚན་བདུན་པོས་རྒྱན་པར་བྱ་ཞིང༌། སྡེ་ཚན་ བདུན་པོ་དེར་གནས་པའི་དཔའ་བོ་སྟེ། སྔགས་རྣམས་བསྡུ་བར་བྱའོ། །དེ་ལྟར་བཏུས་པའི་ སྔགས་དེ་ཞི་བ་ལ་སོགས་པའི་འདོད་དོན་ཐམས་ཅད་སྒྲུབ་པར་བྱེད་པ་ཡིན་ནོ། ། གཉིས་པ་ལ་ཆགས་ལམ་ལྟར་བཤད་པ་དང༌། གྲོལ་ལམ་ལྟར་བཤད་པ་གཉིས་ལས། དང་པོ་ནི། ཆོས་འབྱུང་ནི་ཕྱག་རྒྱའི་བྷ་ག དེའི་ནང་གི་པད་འདབ་བརྒྱད་ནི་སྐྱེ་གནས་གི་ ནང་གི་རྩ་བརྒྱད་དང་། ལྟེ་བའི་ཨ་ཡིག་ནི་དབུ་མའི་མས་སྣ་ཁ་ཁ་མུ་ཁའི་རྩ་ཤིན་ཏུ་རྣོ་བ་དེ་ ཉིད་ཡིན་ལ། འདབ་མ་བརྒྱད་པོ་རྣམས་ལ་བཀོད་པའི་ཨཱ་ལའི་ཡི་གེ་རྣམས་ནི་རྩ་དེ་དག་ཏུ་ 2-1-75 གནས་པའི་རླུངས་དང་། ཐིག་ལེ། བྱེད་ལས་དང་། ནུས་པ་སྣ་ཚོགས་པའི་ཏིང་ངེ་འཛིན་ཅན་ དེ་ཉིད་ཡིན་ཞིང་། པད་འདབ་ཀྱི་དབྱངས་གསལ་རྣམས་ལས་སྔགས་འཐུ་བ་ནི། ཕྱག་རྒྱ་དང་ མཉམ་པར་སྦྱར་བ་ལས། ཤེས་རབ་ཀྱི་རྩ་རླུངས་ཐིག་ལེ་དེ་དག་གི་ནུས་པ་ཐབས་རང་ཉིད་ ལ་སྤར་བཏབ་པ་བཞིན་དུ་སྨིན་ཏེ་བདེ་བའི་རྣམ་འགྱུར་མི་འདྲ་བ་སྣ་ཚོགས་འབྱུང་བ་ཉིད་ ཡིན་ལ། བསྡུ་ཟིན་པའི་སྔགས་ནི། དེ་དག་གི་མཐར་ནོར་བུའི་རྩེ་མོར་བྱང་ཆུབ་ཀྱི་སེམས་ བརྟན་པར་བྱས་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སོ། ། གཉིས་པ་གྲོལ་ལམ་ལྟར་བཤད་པ་ནི། ཆོས་འབྱུང་ནི། ཨི་ཡིག་གི་འཁོར་ལོ་གཉིས་ཏེ། སྤྱི་བོ་ལྟེ་བའི་འཁོར་ལོའོ། །པདྨ་འདབ་བརྒྱད་ནི་ཝཾ་ཡིག་གི་འཁོར་ལོ་གཉིས་ཏེ། སྙིང་ག་དང་ ། མགྲིན་པའི་འཁོར་ལོའོ། །འདབ་མ་ལ་གནས་པའི་དབྱངས་གསལ་རྣམས་ནི་རྩ་འཁོར་ ལོ་བཞི་གཙོ་བོར་གྱུར་པའི་རྩ་དང་། དེ་དག་ལ་གནས་པའི་རླུངས་དང་། ཐིག་ལེ་ནུས་པ་སྣ་ ཚོགས་པའི་རང་བཞིན་ཅན་རྣམས་ཡིན་ལ། སྔགས་འཐུ་བ་ནི། ཏིང་ངེ་འཛིན་གྱི་མཐུ་ལས། རྩ་ཐིག་རླུངས་གསུམ་གྱི་འདུ་འཕྲོད་སྣ་ཚོགས་པ་འབྱུང་བ་ཉིད་ཡིན་ཞིང་། དེ་ལྟར་བསྡུས་ པའི་སྔགས་ནི། དེ་ལས་བྱུང་བའི་ཡེ་ཤེས་སོ། །འདི་དག་ནི་རིམ་པ་བཞི་ལས། རྒྱུད་རིམ་ གྱི་སྐབས་སུ་སྦྱོར་བར་བྱེད་པ་ཡིན་ཏེ། དེ་ཡང་བུམ་ཅན་ལ་སོགས་པ་རླུང་གི་སྦྱོར་བའམ། གཏུམ་མོའི་རྣལ་འབྱོར་རམ། ཐིག་ལེའི་རྣལ་འབྱོར་རམ། ཁྱད་པར་ཅན་གྱི་རྣམ་པར་མི་རྟོག་ པའི་ས་སོགས་བསྒོམས་པ་ལས། ནམ་ཞིག་ཙ་ན་རྡོ་རྗེའི་ལུས་ལ་གནད་དུ་རེག་པར་གྱུར་ཏེ། ལུས་ཀྱི་རྩ་ཁམས་རླུང་གསུམ་གྱི་འདུ་འཕྲོད་འབྱུང་བ་ཡིན་ཞིང་། དེ་ལྟར་བྱུང་བ་ལ་བརྟེན་ ནས། རྣམ་པར་རྟོག་པས་ཆེར་གཏད་བསྒོམས་པ་ལ་མ་ལྟོས་པར། གསལ་སྟོང་བདེ་བའི་ ཏིང་ངེ་འཛིན་རང་ཤུགས་ཀྱིས་སྐྱེ་བར་འགྱུར་བ་ནི་རྒྱུད་རིམ་གྱི་ཡེ་ཤེས་སོ། །ཡང་ཆགས་ ལམ་ལྟར་ན། ཕྱག་རྒྱ་དང་མཉམ་པར་སྦྱར་བ་ལས། བྱང་ཆུབ་ཀྱི་སེམས་དབབ་བཟུང་ཡང་ 2-1-76 ནས་ཡང་དུ་བྱས་པའི་ཞུ་བདེ་སྒོམ་པར་བྱས་པ་ལས། མཐར་མཉམ་པར་སྦྱར་བའི་དུས་དེ་ མ་ཡིན་པའི། དུས་སྐབས་གཞན་རྣམས་སུ་ཡང་། ཞུ་བདེའི་ཡེ་ཤེས་དེ་ཉིད་འཆར་བར་ནུས་ ཤིང་། དེ་དག་གི་མཐུ་ལས། རང་ལུས་ཀྱི་རྩ་རླུང་ཐིག་ལེའི་འདུ་འཕྲོད་ཡང་དང་ཡང་དུ་བྱུང་ བའི་མཐུ་ལས། གསལ་སྟོང་བདེ་བའི་ཏིང་ངེ་འཛིན་རང་ཤུགས་ཀྱིས་ཤར་བའང་རྒྱུད་ཀྱི་རིམ་ པའོ། །སྔགས་རིམ་སོགས་ལམ་གོང་མ་རྣམས་ཀྱི་ཡེ་ཤེས་ཀྱང་ལུས་ཀྱི་རྩ་རླུང་ཐིག་ལེའི་འདུ་ འཕྲོད་ལས་བྱུང་བ་ཡིན་ཡང་། དེ་དག་ཏུ་སྔར་རྒྱུད་རིམ་གྱི་སྐབས་སུ་བྱུང་བའི་རྒྱུན་དེ་ཉིད་ གོང་འཕེལ་དུ་གྱུར་པ་ཙམ་ཡིན་ལ། རྒྱུད་རིམ་གྱི་སྐབས་སྔར་དེ་འདྲ་གཏན་ནས་མ་ཐོབ་པ་ ལ་སྐབས་འདིར་ལུས་ཀྱི་རྩ་རླུང་ཐིག་ལེ་ལ་གནད་དུ་བསྣུན་པ་ལས། དེ་ལ་གནད་དུ་རེག་སྟེ་ དེ་དག་གིས་ཡོངས་སུ་བསྐུལ་བའི་གསལ་སྟོང་བདེ་བའི་ཏིང་ངེ་འཛིན་རང་ཤར་དུ་བྱུང་བའི་ ཐོག་མ་འདི་ཡིན་པས་ན། སྔགས་བསྡུའི་དཀྱིལ་འཁོར་གྱི་སྦས་དོན་རྒྱུད་རིམ་དང་སྦྱོར་བའི་ རྒྱུ་མཚན་དེ་ཡིན་ནོ། །གཉིས་པ་ནི། བཞི་པ་ཡི་ནི་ལྔ་པ་དང་། །ཞེས་པ་ནས། དེ་བཞིན་ཉི་ཤུ་ རྩ་དྲུག་པའོ། །ཞེས་པའི་བར་ཏེ། ཡབ་ཀྱི་རྩ་བའི་སྔགས་ཀྱི་ལུས་ཀྱི་ཡི་གེ་རྣམས་བགོད་པ་ནི་ བཞི་པ་སྟེ། ཨཱ་ལིའི་སྡེ་ཚན་བོར་བའི་ཀཱ་ལིའི་སྡེ་ཚན་བཞི་ཡིན་ལ། ལྔ་པ་ནི་དེའི་མཐའ་མ་ན་ ཡོད་པའི་ཡི་གེ་ནའོ། །དེ་བཞིན་དུ་སྡེ་ཚན་ལྔ་པའི་ལྔ་པ་ནི་ཡི་གེ་མའོ། །ལྔ་པའི་བཞི་པ་ནི་བྷ། དང་པོའི་གསུམ་པ་ནི་ག ཀ་ནས་བགྲངས་པའི་ཉི་ཤུ་རྩ་དགུ་པ་ནི། ཆུའི་ཡི་གེ་ཝ། བཞི་པའི་ དང་པོ་ནི་ཏ། མཐར་གནས་པའི་བཞི་པ་ནི་ཝ། དེ་ཉིད་ཀྱིས་ནི་གཉིས་པ་ནི་ར། སུམ་ཅུ་པ་ནི་ ཤ ཉི་ཤུ་རྩ་དྲུག་པ་ནི་ཡ་སྟེ་རྐང་པ་དང་པོའི་ལུས་སོ། །དེ་བཞིན་བརྒྱའི་ཕྱེད་ལྔ་བཅུ་སྟེ། དེའི་ ཕྱེད་ནི་ཉི་ཤུ་རྩ་ལྔ་པ་ནས་ཡོད་པའི་མ། སུམ་ཅུ་གསུམ་པ་ཧ། དང་པོ་ཀ་སྡེ་ཡིན་ལ་དེའི་དང་ པོ་ནི་ཀ མཐར་གནས་པའི་གསུམ་པ་ནི་ལ། བར་འདིར་ས་དང་ནི་གཉིས་ཀྱི་ལུས་བསྡུ་བ་མ་ བསྟན་པ་ནི་འོག་ལེའུ་བདུན་པ་ནས་འབྱུང་བས་འདིར་མ་བསྟན་པ་ཡིན་གསུང་། དང་པོའི་ 2-1-77 གསུམ་པ་ནི་ག སུམ་ཅུ་གཉིས་པ་པ། བཞི་པའི་ལྔ་པ་ན། ལྔ་པའི་བཞི་པ་བྷ། མཐར་གནས་ པའི་དང་པོ་ཡ་སྟེ། རྐང་པ་གཉིས་པའི་ལུས་སོ། །གཉིས་པ་ཡི་ནི་གསུམ་པ་ཛ། གསུམ་པའི་ དང་པོ་ཊ། ལྔ་པའི་ལྔ་པ་མ། དང་པོའི་དང་པོ་ཀ དེ་བཞིན་ཀ་ནས་བགྲངས་པའི་བཅུ་བཞི་པ་ ཊ། དེ་བཞིན་མཁས་པས་བཅུ་དྲུག་པ་ཏ། གསུམ་པའི་དང་པོ་ཊ། དེ་བཞིན་ཉི་ཤུ་རྩ་དྲུག་པ་ཡ་ སྟེ། རྐང་པ་གསུམ་པའི་ལུས་སོ། །བཞི་པའི་གསུམ་པ་ད། ཨུཥྨ་ནི་དྲོད་ཀྱི་ཡི་གེ་ཡིན་ལ། དེའི་ གཉིས་པ་ཥ། དང་པོའི་དང་པོ་ཀ དེ་བཞིན་ཉི་ཤུ་རྩ་བདུན་པ་ར། ཉི་ཤུ་རྩ་བརྒྱད་པ་ལ། དང་ པོའི་གསུམ་པ་ག ལྔ་པའི་བཞི་པ་བྷ། དེ་བཞིན་དུ་སུམ་ཅུ་རྩ་གཅིག་པ་ཥ། བཅོ་ལྔ་པ་ཉིད་ནི་ ཎ། དེ་བཞིན་ཉི་ཤུ་རྩ་ལྔ་པ་མ། དང་པོའི་གཉིས་པ་ཥ། དེ་བཞིན་ཉི་ཤུ་རྩ་དྲུག་པ་ཡ་སྟེ། རྐང་ པ་བཞི་པའི་ལུས་སོ། །ཡི་གེ་སུམ་ཅུ་རྩ་གཉིས་པ་པ། ཨུཥྨ་ནའི་ཐ་མ་ཧ། སུམ་ཅུ་རྩ་གཉིས་པ་ ས། ལྔ་པའི་བཞི་པ་བྷ། གཉིས་པའི་གསུམ་པ་ཛ། ལྔ་པའི་བཞི་པ་བྷ། ཨུཥྨ་ནའི་གསུམ་པ་ས། གཞན་ཡང་ཉི་ཤུ་རྩ་བདུན་པ་ར། ཨན་ཏསྠའི་དང་པོ་ཡ་སྟེ། རྐང་པ་ལྔ་པའི་ལུས་སོ། །ཉི་ཤུ་རྩ་ གཅིག་པ་ས། ཨན་ཏསྠའི་གཉིས་པ་ར། དེ་བཞིན་ཡང་ནི་སུམ་ཅུ་པ་ཤ ལྔ་པ་ཡི་ནི་དང་པོ་པ། ཨུཥྨའི་དང་པོ་ཤ དེ་བཞིན་ཡི་གེ་རྒྱ་ཉིད་དོ། །བཞི་པའི་དང་པོ་ཏ། ཨུཥྨའི་དང་པོ་ཤ དེ་བཞིན་ དུ་ཉི་ཤུ་རྩ་བརྒྱད་པ་ལ། དང་པོའི་གཉིས་པ་ཁ། གསུམ་པའི་དང་པོ་ཊ། དང་པོའི་གསུམ་པ་ག བཞི་པའི་བཞི་པ་དྷ། ཨན་ཏཥྠའི་གཉིས་པ་ར། གསུམ་པའི་ཡང་ལྔ་པ་ཎ་སྟེ། རྐང་པ་དྲུག་པའི་ ལུས་སོ། །ཡི་གེ་བྱ་ནི་དེ་ཉིད་དོ། །དང་པོའི་བཞི་པ་གྷ། དེ་ནས་ཀ་ནས་བགྲངས་པའི་བརྒྱད་ པ་ཛ། བཞི་པའི་ལྔ་པ་ན། ལྔ་པའི་ལྔ་པ་མ། དེ་བཞིན་ཉི་ཤུ་རྩ་བདུན་པ་ར། བཞི་པའི་བཞི་པ་ དྷ། སླར་ཡང་ཉི་ཤུ་རྩ་བདུན་པ་ར། དེ་བཞིན་ཉི་ཤུ་རྩ་དྲུག་པ་ཡ་སྟེ། རྐང་པ་བདུན་པའི་ལུས་ སོ། །ཉི་ཤུ་རྩ་ལྔ་པ་མ། སུམ་ཅུ་རྩ་གསུམ་པ་ཧ། བཞི་པའི་བཞི་པ་དྷ། ལྔ་པའི་ལྔ་པ་མ། བཞི་ པའི་ལྔ་པ་ན། དང་པོའི་དང་པོ་ཀ དེ་བཞིན་ཉི་ཤུ་རྩ་བདུན་པ་ར། ཨན་ཏསྠའི་བཞི་པ་ཝ། དེ་ 2-1-78 བཞིན་ཉི་ཤུ་རྩ་གཅིག་པ་ཡི་གེ་པ། ཨུཥྨའི་གཉིས་པ་ཡི་གེ་ཥ། དེ་བཞིན་ཉི་ཤུ་རྩ་དྲུག་པ་ཡི་གེ་ ཡ་སྟེ། དེ་བཞིན་རྐང་པ་བརྒྱད་པའི་ལུས་བསྡུ་བའོ། །ༀ་ཀ་ར་ཀ་ར་སོགས། དཔེ་འགའ་ཞིག་ ལས་མི་འབྱུང་ཡང་། ཡོད་པ་ཉིད་ལེགས་སོ། ། གསུམ་པ་ནི། རིག་པའི་རྒྱལ་པོ་སོགས་ཤོ་ལོ་ཀ་ཕྱེད་དང་གཉིས་ཀྱིས་བསྟན། རིགས་ པའི་རྒྱལ་པོའི་གསང་སྔགས་ནི། །རྩ་བའི་སྔགས་འདི་ཡིན་ལ། འདི་ཡུན་རིང་དུ་སྒྲུབ་མི་ དགོས་པར། འབད་མེད་དུ་འགྲུབ་པར་འགྱུར་བས་ན། སྒྲུབ་པ་ཐམས་ཅད་རྣམས་སྤང་ པའོ། །ཞེས་སོ། །རིག་སྔགས་འདི་ལས་ཤིན་ཏུ་མཆོག་ཏུ་གྱུར་པ་འཇིག་རྟེན་གསུམ་ན་གང་ ཡང་མེད་དེ། དཔལ་ལྡན་ཁྲག་འཐུང་གི་གསང་སྔགས་འདི་ཤེས་ན། རིགས་སྔགས་གཞན་ དག་སྙིང་པོ་མེད་པའི་རྩ་དང་མཚུངས་ཞེས་པའོ། །ཧེ་རུ་ཀ་མངོན་པར་བརྗོད་པ་ལས་རྩ་བའི་ སྔགས་ཀྱི་ཡི་གེ་བསྡུ་བ་ཞེས་བྱ་བའི་ཆོ་གའི་ལེའུ་སྟེ་ལྔ་པ་རྣམ་པར་བཤད་ཟིན་ཏོ།། །། ༈ ལེའུ་དྲུག་པ་ནི། གཞན་ཡང་འོག་ཏུ་འཆད་པར་འགྱུར་བའི་ཡི་གེ་ཉི་ཤུ་རྩ་གཉིས་པ། དཔལ་ཧེ་རུ་ཀའི་སྙིང་པོ་དང་། ཡི་གེ་བདུན་པ་ནི་ཉེ་བའི་སྙིང་པོའོ། །གོ་ཆེའི་དཔའ་བོ་དྲུག་ གི་སྔགས་བསྡུ་བ་ནི། ཡ་སོགས་བརྒྱད་པའི་ས་བོན་དང་། ཞེས་སོགས་ཏེ། ཡ་ནས་བགྲངས་ པའི་བརྒྱད་པའི་ས་བོན་ནི་ཧ་ཡིན་ལ། གུག་བསྐྱེད་བཅུ་གཉིས་ནི་མ་ནིང་གི་ཡི་གེ་བཞི་སྤངས་ པའི་ལྷག་མ་དབྱངས་བཅུ་གཉིས་པོ་རྣམས་ཡིན་ལ། ཡི་གེ་བར་མ་དོར་བྱས་ལ། ཞེས་པའི་ དོན་ནི། ཨ་དང་ཨི་དང་ཨཱུ་རིང་པོ་རྣམས་དང་། ཨཻ་ཀེ་ཤ་ཅན་དང་། ཨཽ་ན་རོ་ཉིས་བརྩེགས་ ཅན་ཏེ་དྲུག་པོ་དེ་རྣམས་བོར་བའི་ལྷག་མ་དྲུག་ཧ་ཡིག་གི་སྲོག་ཏུ་ཞུགས་པ་སྟེ། ཧ་ཧི་ཧེ་ཧོ་ཧྃ་ ཧཿ ཞེས་པ་རྣམས་སོ། །དེ་རྣམས་ནི་ཡན་ལག་དྲུག་བྱིན་གྱིས་རློབས་པར་བྱེད་པ་སྟེ། དཔལ་ ཧེ་རུ་ཀའི་སྐུའི་གནས་རྣམས་སུ་བགོད་པར་བྱ་བ་དཔའ་བོ་དྲུག་ཡིན་ལ། ཡི་གེ་དེ་རྣམས་དང་ མཉམ་པར་སྦྱོར་བ། ཡི་གེ་རེ་རེ་ཡང་དག་པར་སྦྱར་དགོས་པ་ཡིན་ཏེ། ༀ་ཡིག་དང་ཧ། ན་ 2-1-79 མ་དང་ཧི། སྭཱཧཱ་དང་ཧཱུྃ། བཽ་ཥཊ་དང་ཧེ། ཧཱུཾ་ཧཱུཾ་དང་ཧོ། ཕཊ་དང་ཧྃ་ཡང་དག་པར་ལྡན་པའོ། །དེ་ཉིད་སྒྲུབ་པ་པོའི་ཧེ་རུ་ཀའི་སྙིང་པོར་ཤེས་པར་བྱའོ། །དྲུག་པོ་དེ་རྣམས་གནས་གང་དུ་ འགོད་པའི་ངེས་པ་ཡང་། དང་པོ་སྙིང་ག་དང་། གཉིས་པ་སྤྱི་བོ་དང་། གསུམ་པ་སྤྱི་གཙུག་ དང་། བཞི་པ་ཕྲག་པ་དང་། ལྔ་པ་མིག་དང་། དྲུག་པ་ཚིགས་ཆེན་བརྒྱད་པོ་རྣམས་ལ་འགོད་ པར་བྱེད་པ་ཡིན་ལ། བཞི་པ་ལ་གོ་ཆ་དང་། དྲུག་པ་ལ་མཚོན་ཆ་ཞེས་གསུངས་པའི་གོ་ཆ་ནི། གཞན་གྱི་གནོད་པ་བསྲུང་བར་བྱེད་པ་ཡིན་ལ། མཚོན་ཆ་ནི་གཞན་གྱིས་བྱས་པའི་གནོད་པ་ ཉིད་བཟློག་སྟེ། སླར་གནོད་པ་བྱེད་པ་པོ་ལ་གནོད་པར་འགྱུར་བའོ། །ཧེ་རུ་ཀ་མངོན་པར་ བརྗོད་པ་ཞེས་བྱ་བ་ལས། དཔའ་བོ་དྲུག་གི་གོ་ཆ་བསྡུ་བའི་ལེའུ་སྟེ་དྲུག་པ་རྣམ་པར་བཤད་ ཟིན་ཏོ།། །། ༈ དེ་ནས་ལེའུ་བདུན་པ་ནི། སྔགས་ལེའུ་ལྔ་པར་རྩ་སྔགས་ཀྱི་གསལ་བྱེད་རྣམས་བསྡུས་ ཟིན་པ་ལ། མདུན་གྱི་དེ་མིག་ལས་དབྱངས་ཡིག་བསྡུས་ཏེ། གསལ་བྱེད་རྣམས་ལ་སྦྱོར་བར་ བྱེད་པ་ཡིན་པ་ལས། འདིར་དམིགས་གསལ་རྣམས་ལ་དེ་དང་དེ་དང་། གཞན་རྣམས་ལ་ཨ་ ཡིག་རེ་རེ་སྲོག་ཏུ་འཇུག་པར་བྱ་བ་ཡིན་ནོ། །ལུས་ཀྱི་ཡི་གེ་བསྡུ་བའི་ཚེ་ༀ་བརྒྱད་དང་ཧཱུཾ་ཕཊ་ རྣམས་ཀྱི་གོ་ས་བཞག་པར་བྱའོ། །དེ་ལྟར་ལེའུ་ལྔ་པས་རྐང་པ་བརྒྱད་པའི་ལུས་བསྡུས་པའི་ གསལ་བྱེད་ཀྱི་ཡི་གེ་ལ་དབྱངས་ཀྱི་ཡི་གེ་ཡན་ལག་ཏུ་སྦྱར་བའི་ཕྱིར་ལེའུ་བདུན་པ་བཤད་ པར་བྱ་སྟེ། དེ་ནས་ནི་ལེའུ་ལྔ་པས་ལུས་བསྡུས་པའི་རྗེས་ལའོ། །དབྱངས་ཡི་གེ་བཅུ་གསུམ་ པ་ནི་ཨོ་ཡིན་ལ། ཡི་གེ་གཉིས་པ་ནི་ཡོད་པའི་ༀ་བཞག་པའི་ལུས་ཀྱི་ཡི་གེ་ན་ནས་བགྲངས་ པའི་གཉིས་པ་དག་ནི་མ་ཡིན་ལ་དེ་སྟེང་དུ་སྔར་གྱི་ༀ་སྦྱར་བས་མོའོ། །དབྱངས་ཡིག་བཅུ་ གཅིག་པས་ཨེ་ལུས་ཀྱི་ཡི་གེ་དྲུག་པ་ཏ་ལ་ཡང་དག་བརྒྱན་པ་ཏེའོ། །དབྱངས་ཀྱི་བཞི་པ་ཨཱི་ ལུས་ཀྱི་ཡི་གེ་བདུན་པ་ཝ་ལ་སྦྱར་བས་ཝཱིའོ། །དབྱངས་ཡིག་བཅུ་གཅིག་པ་ཨེ་སྒྲུབ་པ་པོ་ 2-1-80 ཡི་གེ་བསྡུ་བ་ལ་མཁས་པས་ལུས་ཀྱི་ཡི་གེ་བརྒྱད་པ་ར་ལ་སྦྱར་བས་རེའོ། །དབྱངས་ཡིག་ གཉིས་པ་ཨཱ་ལུས་ལ་ཡི་གེ་དགུ་པ་ཤ་ལ་བརྒྱན་པས་ཤ་སྟེ། རྐང་པ་དང་པོའི་བསྒྱུར་བྱེད་ བསྟན་ཏོ། །དབྱངས་ཡིག་གཉིས་པ་ཧ་ལ་སྦྱར་བས་ཧཱའོ། །དབྱངས་ཡིག་གཉིས་པ་ཨཱ་ཀ་ནས་ བགྲངས་པའི་ཡི་གེ་ཉི་ཤུ་རྩ་གཅིག་ལ་སྦྱར་བས་པཱ་རིང་པོར་འགྲོ་ལ། དེ་ལུས་ཀྱི་ཡི་གེ་བཅུ་ གཉིས་ལ་དང་སྦྱར་བས་ལྤཱའོ། །ཀ་ནས་བགྲངས་པའི་ཡི་གེ་ཉི་ཤུ་པ་ན། དབྱངས་ཀྱི་གསུམ་ པ་ཨི། ལུས་ཀྱི་ཡི་གེ་བཅོ་ལྔ་པ་གའོ། །སྦྱར་ཞེས་པ་ནི་གའི་འོག་ཏུ་ན་སྦྱར་ཏེ་དེའི་སྟེང་དུ་ ཨི་བཞག་པས་གྣིའོ། །དབྱངས་ཡིག་བཅོ་ལྔ་པ་ཨཾ་ལུས་ཀྱི་ཡི་གེ་བཅུ་དྲུག་པ་སའི་སྟེང་དུ་ མཛེས་པར་བྱས་པས་སཾ་ངོ་། །དབྱངས་ཡིག་གསུམ་པ་ཨི་ལུས་ཀྱི་ཡི་གེ་བཅུ་བདུན་པ་ན་ ལ་སྦྱར་བར་ནིའོ། །ཡང་དབྱངས་ཡིག་གཉིས་པ་ཨཱ་ལུས་ཀྱི་ཡི་གེ་བཅོ་བརྒྱད་པ་བྷ་ལ་སྦྱར་ བས་བྷཱ་སྟེ། རྐང་པ་གཉིས་པའི་བསྒྱུར་བྱེད་དོ། །དབྱངས་ཡིག་གི་ནི་གཉིས་པ་ཨཱ་ལུས་ཀྱི་ཡི་ གེ་ཉི་ཤུ་རྩ་གཅིག་པ་ཊ་ལ་སྦྱར་བས་ཊཱའོ། །མ་མོའི་ལྔ་པ་ཨུ་ལུས་ཀྱི་ཡི་གེ་ཉི་ཤུ་གསུམ་པ་ཀ་ ལ་སྦྱར་བས་ཀུའོ། །དབྱངས་ཡིག་བཅུ་གསུམ་པ་ཨོ་ལུས་ཀྱི་ཡི་གེ་བཞི་པ་ཊ་ལ་སྦྱར་བས་ ཊོའོ། །གསལ་བྱེད་ཀྱི་ལྔ་སྡེ་ལྔའི་དང་པོ་ཀ་བླངས་ནས་ནི་ལུས་ཀྱི་ཡི་གེ་ཉི་ཤུ་ལྔ་པ་ཏའི་འོག་ ཏུ་སྦྱར་བས་ཏྐའོ། །དབྱངས་ཡིག་གཉིས་པ་ཨཱ་ལུས་ཀྱི་ཡི་གེ་ཉི་ཤུ་དྲུག་པ་ཊ་ལ་སྦྱར་བས་ ཊཱའོ། །རྐང་པ་གསུམ་པའི་བསྒྱུར་བྱེད་དོ། །ལུས་ཀྱི་ཉི་ཤུ་བརྒྱད་པ་ད་ལ་དབྱངས་ཡིག་བཅོ་ ལྔ་པ་ཨཾ་དང་སྦྱར་བས་དཾའོ། །ལུས་ཀྱི་ཡི་གེ་ཉི་ཤུ་དགུ་པ་ཥ་ལ་ཀ་སྡེ་གསུམ་པའི་དང་པོ་ཊ། ཡང་དག་ལྡན་ནི་ཥའི་འོག་ཏུ་སྦྱར་བས་ཥྚའོ། །དེ་ལ་འོག་གི་ཆར་མེའི་ས་བོན་ར་དང་བཅས་ པས་ཥ། དེ་ལ་དབྱངས་ཡིག་གཉིས་པ་ཨཱ་སྦྱར་བས་ཥྚའོ། །ལུས་ཀྱི་ཡི་གེ་སུམ་ཅུ་རྩ་གཅིག་ པ་ར་ལ་དབྱངས་ཡིག་གཉིས་པ་ཨཱ་དང་སྦྱར་བས་རཱའོ། །ལུས་ཀྱི་ཡི་གེ་སུམ་ཅུ་སོ་གཉིས་པ་ ལ། དབྱངས་ཡིག་བཅུ་གསུམ་པ་ཨོ་དང་ལྡན་པས་ལོའོ། །ལུས་ཀྱི་ཡི་གེ་སུམ་ཅུ་རྩ་གསུམ་ 2-1-81 པ་ག་ལ་པ་ཉི་མའི་ས་བོན་ར་དང་ཡང་དག་ལྡན་པར་བྱས་པས་གྲའོ། །ཕྱི་མོའི་བཞི་པ་ཨཱི་ ལུས་ཀྱི་ཡི་གེ་སུམ་ཅུ་རྩ་བཞི་པ་བྷ་ལ་ལྡན་པར་བྱས་པས་བྷཱི་སྟེ། དེས་སྒྲུབ་པ་པོའི་འདོད་པའི་ དོན་ཀུན་སྒྲུབ་པར་བྱེད་པ་ཡིན་ནོ། །ཕྱི་མོའི་ལྔ་པ་ཨུ་ལུས་ཀྱི་ཡི་གེ་སུམ་ཅུ་བདུན་པ་མ་དང་ ལྡན་པས་མུ་སྟེ། དེས་མཁའ་འགྲོ་མ་རྣམས་སྒྲུབ་བྱེད་ཡིན་ནོ། །ལུས་ཀྱི་ཡི་གེ་སུམ་ཅུ་བརྒྱད་ པ་ཁ་དབྱངས་ཡིག་གཉིས་པ་ཨཱ་དང་སྦྱར་བས་ཁཱའོ། །དེས་ལྷ་རྣམས་སྒྲུབ་པར་བྱེད་པ་ལ་ ཐེ་ཚོམ་མེད་དེ། རྐང་པ་བཞི་པའི་བསྒྱུར་བྱེད་དོ། །ལུས་ཀྱི་ཡི་གེ་བཞི་བཅུ་གཉིས་པ་ས་ལ་ མེའི་ས་བོན་ར་འོག་ཏུ་སྦྱར་བས་སྲའོ། །ལུས་ཀྱི་བཞི་བཅུ་གསུམ་པ་བྷ་ལ་དབྱངས་ཡིག་ལྔ་ པ་ཨུ་དང་སྦྱར་བས་བྷུའོ། །ལུས་ཀྱི་བཞི་བཅུ་ལྔ་པ་བྷ་ལ་དབྱངས་ཀྱི་ཡི་གེ་གཉིས་པ་ཨཱ་སྦྱར་ བས་བྷཱའོ། །དབྱངས་ཀྱི་ལྔ་པ་ཨུ་ལུས་ཀྱི་བཞི་བཅུ་རྩ་དྲུག་པ་ས་ལ་ལྡན་པར་བྱས་པས་སུ་སྟེ། འདིས་དཔའ་བོ་ཐམས་ཅད་རབ་ཏུ་མཆོད་པ་ཡིན་ནོ། །ལུས་ཀྱི་བཞི་བཅུ་རྩ་བདུན་པ་ར་ལ་ དབྱངས་ཡིག་གཉིས་པ་ཨཱ་དང་སྦྱར་བས་རཱ་སྟེ། དེ་རྡོ་རྗེ་སེམས་དཔའ་མཆོག་ཏུ་འདོད་ཅེས་ བྱ་སྟེ། རྐང་པ་ལྔ་པའི་བསྒྱུར་བྱེད་དོ། །ལུས་ཀྱི་ཡི་གེ་ལྔ་བཅུ་རྩ་གཅིག་པ་ཤ་ལ་དབྱངས་ཡིག་ ལྔ་པ་ཨུས་མཛེས་པར་བྱས་པ་ཤུའོ། །ལུས་ཀྱི་ལྔ་བཅུ་རྩ་གཉིས་པ་ས་ལ་དབྱངས་ཡིག་གཉིས་ པ་ཨཱ་དང་སྦྱར་བས་སཱ་སྟེ། འདིས་ལྷ་རྣམས་ཐམས་ཅད་སྒྲུབ་བྱེད་ཡིན་ལུས་ཀྱི་ཡི་གེ་ལྔ་བཅུ་ རྩ་གསུམ་པ་ཤ་ལ་དབྱངས་ཡིག་བཅུ་གསུམ་པ་ཨོ་དང་སྦྱར་བས་ཤོའོ། །ཡི་གེ་རྣམས་ལས་ འདི་མཆོག་ཡིན་ཏེ། འདིས་དགྲ་རྣམས་ངེས་པར་གསོད་པར་བྱེད་པ་ཡིན་ནོ། །ལུས་ཀྱི་ཡི་གེ་ ལྔ་བཅུ་རྩ་དྲུག་པ་ཤ་ལ་དབྱངས་ཡིག་དྲུག་པ་ཨཱུ་དང་ལྡན་པས་ཤཱུའོ། །ལུས་ཀྱི་ཡི་གེ་ལྔ་བཅུ་ རྩ་དགུ་པ་ཊ་ལ་ཨནྟསྠའི་བཞི་པ་ཝ་སྦྱར་བས་ཊྭ། དེ་ལ་དབྱངས་ཡིག་གཉིས་པ་ཨཱ་དང་ལྡན་ པར་བྱས་པས་ཊྭཱའོ། །དེའི་སྟེང་དུ་དེ་བཞིན་དབྱངས་ཡིག་བཅོ་ལྔ་པ་ཨཾ་སྦྱར་བས་ཊྭཱཾ་སྟེ། དེས་ དངོས་གྲུབ་ཐམས་ཅད་སྒྲུབ་བྱེད་ཡིན། ལུས་ཀྱི་ཡི་གེ་དྲུག་ཅུ་རྩ་གཅིག་ཉིད་དྷ་ལ་དབྱངས་ 2-1-82 ཡིག་གཉིས་པ་ཨཱ་དང་སྦྱར་བས་དྷཱ་སྟེ། འདི་ཉིད་ཡི་གེ་མཆོག་ནི་ཡིན་པར་བཤད་དོ། །ལུས་ ཀྱི་ཡི་གེ་དྲུག་ཅུ་རྩ་གཉིས་པ་ར་ལ་དབྱངས་ཡིག་གསུམ་པ་ཨི་སྦྱར་བས་རི་སྟེ། འདི་ནི་མཁའ་ འགྲོ་མའི་ཡི་གེ་མཆོག་ཏུ་འདོད། ལུས་ཀྱི་ཡི་གེ་དྲུག་ཅུ་རྩ་གསུམ་པ་ཎ་ལ་དབྱངས་ཡིག་བཅུ་ གཅིག་པ་ཨེ་དང་ལྡན་པ་ཎེའོ། །འདི་ནི་མཛེས་པའི་ཡི་གེ་ཀུན་མཆོག་ཡིན་ཏེ། རྐང་པ་དྲུག་ པའི་བསྒྱུར་བྱེད་དོ། །ལུས་ཀྱི་ཡི་གེ་དྲུག་ཅུ་བཞི་པ་བྱ་ལ་དབྱངས་ཡིག་གཉིས་པ་ཨཱ་དང་ལྡན་ པས་བྱཱའོ། །འདི་ནི་སྒྲུབ་བྱེད་ཐར་པའི་སྤྱན་ཆེན་པོ་ཞེས་བྱའོ། །ལུས་ཀྱི་ཡན་ལག་དྲུག་ཅུ་རྩ་ ལྔ་པ་གྷ་ལ་རྡོ་རྗེ་སེམས་དཔའ་ཕྱེ་བ་ར་སྦྱར་བས་གྷྲའོ། །ལུས་ཀྱི་ཡི་གེ་དྲུག་ཅུ་རྩ་དྲུག་པ་ཛ་ལ་ དབྱངས་ཡིག་གསུམ་པ་ཨི་སྦྱར་བས་ཛིའོ། །དེ་ནི་དངོས་གྲུབ་ཀུན་སྦྱིན་པར་བྱེད་པ་ཡིན་པར་ བདེ་བར་གཤེགས་པས་གསུངས་སོ། །ལུས་ཀྱི་ཡི་གེ་དྲུག་ཅུ་རྩ་བདུན་པ་ན་ལ་དབྱངས་ཀྱི་ ཡི་གེ་གཉིས་པ་ཨཱ་དང་ལྡན་པས་ནཱ་སྟེ། འདིས་རྣལ་འབྱོར་མའི་དགོངས་པ་ཀུན་དེ་ཉིད་བྱེད་ པར་ཐེ་ཚོམ་མེད་དོ། །ལུས་ཀྱི་ཡི་གེ་དྲུག་ཅུ་རྩ་བརྒྱད་པ་མ་ལ་ཡི་གེ་བ་འོག་གི་ཆར་སྦྱར་བས་ མྦའོ། །ལུས་ཀྱི་ཡི་གེ་བདུན་ཅུ་རྩ་གཅིག་པ་ར་ལ་དབྱངས་ཡིག་གཉིས་པ་ཨཱ་སྦྱར་བས་རཱའོ། །དེའི་ཆེ་བ་གོ་བར་ཟད་དོ། །དེ་ནི་རྐང་པ་བདུན་པའི་བསྒྱུར་བྱེད་དོ། །ལུས་ཀྱི་ཡི་གེ་བདུན་ ཅུ་རྩ་བཞི་པ་ཧ་ལ་དབྱངས་ཡིག་གཉིས་པ་ཨཱ་དང་སྦྱར་བས་ཧཱའོ། །དེ་ནི་གདོད་ནས་གྲུབ་ པའི་ཡི་གེ་ཡིན་པར་དེ་བཞིན་གཤེགས་པས་ཞལ་ནས་གསུངས་སོ། །ལུས་ཀྱི་ཡི་གེ་བདུན་ ཅུ་རྩ་ལྔ་པ་དྷ་ལ་མ་མོའི་དྲུག་པ་ཨཱུ་དང་ལྡན་པས་དྷཱུའོ། །དེའི་ཆེ་བ་ནི་གོ་བར་ཟད་དོ། །ལུས་ ཀྱི་ཡི་གེ་བདུན་ཅུ་རྩ་དྲུག་པ་མ་ལ་དབྱངས་ཡིག་གཉིས་པ་ཨཱ་དང་ལྡན་ཞིང་དེའི་འོག་ཏུ་མེའི་ ས་བོན་ར་དང་ལྡན་པ་ལ་ཡི་གེ་བ་དང་སྦྱར་བར་བྱ་སྟེ། དོན་ལ་མ་ལ་འོག་ཏུ་བ་སྦྱར་བ་ལ་ར་ སྟ་བཏགས་དེའི་ཞབས་སུ་བ་སྦྱར་བས་མྦྲའོ། །དེའི་ཆེ་བ་ནི་དེ་ལས་ཡི་གེ་གཞན་དག་མཛེས་ པ་ཡོད་པ་མ་ཡིན་ནོ། །ལུས་ཀྱི་ཡི་གེ་བདུན་ཅུ་རྩ་བདུན་པ་ན་ལ་དེའི་འོག་ཏུ་དྷ་དང་སྦྱར་བ་ 2-1-83 ནྡྷའོ། །དེ་ནི་མཁའ་འགྲོ་མ་ཡི་མཛེས་པར་འདོད་དོ། །ལུས་ཀྱི་ཡི་གེ་བདུན་ཅུ་རྩ་བརྒྱད་པ་ ཀ་ལ་དབྱངས་ཡིག་གཉིས་པ་ཨཱ་དང་སྦྱར་བས་ཀཱའོ། །དེ་ནི་འབྲས་བུའི་རྒྱུའི་མཆོག་ཡིན་ པར་འདོད་དོ། །ལུས་ཀྱི་ཡི་གེ་བརྒྱད་བཅུ་རྩ་གཅིག་པ་ལ་དབྱངས་ཡིག་བཞི་པའི་མཐའ་དབུ་ ཡིས་ཁྱད་དབྱེ་བས་སུའོ། །དེའི་ཆེ་བ་ནི་གདོད་ནས་དངོས་གྲུབ་ཐམས་ཅད་གྲུབ་པར་བྱེད་པ་ འདི་ཡིན་ཏེ། དངོས་གྲུབ་ཀུན་གྲུབ་པར་བྱེད་པ་ལ་འདི་འཇུག་པར་བྱེད་པ་ཡིན་ནོ། །ལུས་ ཀྱི་ཡི་གེ་བརྒྱད་ཅུ་རྩ་གཉིས་པ་ཥ་ལ་དབྱངས་ཡིག་གཉིས་པ་ཨཱ་སྦྱར་བས་ཥཱའོ། །དེ་ནི་རྐང་པ་ བརྒྱད་པའི་བསྒྱུར་བྱེད་དོ། །དེ་ལྟ་བུའི་རྩ་བའི་སྔགས་དེའི་ཆེ་བ་ནི་འདི་ནི་བཅོམ་ལྡན་འདས་ ཀྱི་རྩ་བའི་སྔགས་སུ་སྒྲུབ་པ་པོ་མཁས་པ་རྣམས་ཀྱིས་ཤེས་པར་བྱའོ། །དེ་ལྟ་བུའི་སྔགས་དེ་ ནི་དངོས་གྲུབ་གཉིས་པོ་ཀུན་གྱི་གནས་ཏེ་རྒྱུ་ཡིན་ཞིང་། གཞན་ཡང་འདིས་མཁའ་འགྲོ་མ་ ཡི་སྙིང་འཇོམས་ཤིང་འགུགས་པར་བྱེད་པར་ཡ་ཡིན་ལ། དེ་ཡང་གང་གི་སྔགས་ཡིན་ཞེ་ན། དཔལ་ལྡན་ཁྲག་འཐུང་གི་ལྷའི་རྩ་བའི་སྔགས་རིག་སྔགས་ཐམས་ཅད་ཀྱི་རྒྱལ་པོ་ཀླགས་པ་ ཙམ་གྱིས་དངོས་གྲུབ་གཉིས་འགྲུབ་ཅིང་དོན་ཡོད་པ་ཡིན་ནོ། །དེ་ཡང་ༀ་ནི་རྐང་པ་བརྒྱད་ པོ་ཐམས་ཅད་ཀྱི་དང་པོར་སྦྱར་བར་བྱ་ཞིང་ཧཱུཾ་གཉིས་དང་ཕཊ་ནི་རྐང་པ་བརྒྱད་པོ་ཀུན་གྱི་ མཐར་སྦྱར་རོ། །དེ་ལྟ་བུའི་སྔགས་འདི་ནི་བཅོམ་ལྡན་འདས་ཀྱི་རྩ་བའི་སྔགས་ཏེ། འདིས་ དངོས་གྲུབ་ཐམས་ཅད་འགྲུབ་པར་བྱེད་པ་ཡིན་ནོ། །དེ་ཡང་བསྡུས་པའི་སྔགས་དངོས་ནི་ འོག་ལེའུ་ཉི་ཤུ་རྩ་ལྔ་པ་ནས་སྟོན་པ་ཡིན་ལ། ལེའུའི་མཚན་ལ་ཧེ་རུ་ཀ་མངོན་པར་བརྗོད་པ་ ཞེས་བྱ་བ་སྤྱི་མཚན་དེ་ལས། ལེའུ་འདིའི་བྱེ་བྲག་གི་མཚན་ནི་རྩ་བའི་སྔགས་ཀྱི་ཡན་ལག་ བསྡུ་བའི་ཆོ་གའི་ལེའུ་སྟེ། བདུན་པ་ནི་གྲངས་ཀྱི་གནས་གཞན་ནོ། །ཧེ་རུ་ཀ་མངོན་པར་ བརྗོད་པ་ཞེས་བྱ་བ་ལས། སྔགས་བསྡུ་བའི་ཆོ་གའི་ལེའུ་སྟེ་བདུན་པ་རྣམ་པར་བཤད་ཟིན་ ཏོ།། །། 2-1-84 ༈ དེ་ནས་ལེའུ་བརྒྱད་པ་ནི། ཐམས་ཅད་ཀྱི་བདག་ཉིད་དཔལ་ཧེ་རུ་ཀ་ནི། དཔའ་མོ་ཉེར་ བཞི་པོ་རྣམས་དང་ཡང་ཀུན་ཏུ་སྤྱོད་པ་ཡིན་ཏེ། དཔའ་བོ་ཉེར་བཞི་པོ་རྣམས་ལ་དཔལ་ཧེ་རུ་ ཀ་ཉིད་བཞུགས་ཏེ། དཔའ་མོ་ཉེར་བཞི་དང་མཉམ་པར་སྦྱོར་བས། བདེ་བ་ཆེན་པོ་སྐུ་ཉམས་ སུ་བསྟར་བར་མཛད་པ་ཡིན་ལ། དེའི་ཕྱིར་ན་མཁའ་འགྲོ་མའི་དྲ་བ་སྟེ་ཚོགས་པ་ཐམས་ ཅད་སྡོམ་པར་མཛད་པ་པོ་ནི། འཁོར་ལོ་བདེ་མཆོག་ཡིན་པར་འདོད་དོ། །ཡི་གེ་ཉེར་གཉིས་ པའི་སྔགས་འདི་ནི། རིག་པའི་རྒྱལ་པོའི་སྙིང་པོ་ཡིན་ལ། འདི་ལྟ་བུ་ནི་སྔར་ཡང་མ་བྱུང་ཞིང་ ། ཕྱིས་ཀྱང་འབྱུང་བར་མི་འགྱུར་རོ། །གོ་ཆའི་དཔའ་མོ་དྲུག་གི་སྔགས་བསྡུ་བ་ནི། ༀ་ཡི་གེ་ བམ་སྦྱོར་བ་དང་། དེ་བཞིན་དུ་ཧཾ་དང་ཡོཾ། ཧྲིཾ་དང་མོཾ། ཧྲེཾ་དང་ཧྲིཾ། ཧཱུཾ་དང་ཧཱུཾ། ཕཊ་དང་ཕཊ་ ཡང་དག་པར་སྦྱར་བའི་སྔགས་འདི་ནི། རྣལ་འབྱོར་མ་དྲུག་གི་སྔགས་ཡིན་ལ། སྤྱིར་ལྷ་དང་ སྔགས་རྣམ་པར་དབྱེ་བ་མེད་པའི་ཕྱིར། སྔགས་དེ་ཉིད་ལྷ་རྣལ་འབྱོར་མ་དྲུག་ཉིད་ཀྱང་ཡིན་ ནོ། །བཛྲ་བཻ་རོ་ཙ་ནིའི་སྔགས་འདི་མཁའ་འགྲོ་མ་རྡོ་རྗེ་ཕག་མོའི་རིག་པ་ཆེ་སྟེ། གསང་སྔགས་ ཡིན་ལ། དེའི་ཕན་ཡོན་ནི། མ་བྱུང་འབྱུང་བར་མི་འགྱུར་རོ། །ཞེས་རྙེད་དཀའ་བར་གསུངས་ སོ། །ས་སྟེང་ན་ནི་རིན་ཆེན་བཞི། །འཕྲེང་བའི་སྔགས་ནི་དམ་པ་ཡིན། །ཞེས་པ་ནི། ཡབ་ཡུམ་ གྱི་རྩ་སྔགས་དང༌། སྙིང་པོ་དང༌། ཉེ་སྙིང་དང༌། དཔའ་བོ་དང་། དཔའ་མོའི་གོ་ཆའི་སྔགས་ཏེ། ཡབ་ཡུམ་སོ་སོར་ཕྱེ་ན་སྔགས་བརྒྱད་དང༌། གཉིས་མེད་དུ་བྱས་ན་བཞི་སྟེ། དེ་རྣམས་ལ་རིན་ ཆེན་བཞིའི་སྔགས་ཞེས་བྱ་ལ། དེའི་རྒྱུ་མཚན་ཡང༌། རིན་པོ་ཆེ་ནི་རྙེད་དཀའ་ཞིང༌། གང་ཞིག་ རྙེད་པ་དེ་ལ་དགོས་འདོད་མ་ལུས་པ་འབྱུང་བ་བཞིན་དུ་སྔགས་འདི་ལས་ཀྱང་དངོས་གྲུབ་ ཀྱི་འདོད་དོན་མ་ལུས་པ་འབད་མེད་དུ་འབྱུང་བས་ན། རིན་པོ་ཆེ་དང་མཚུངས་པར་བསྟན་ པའོ། །དེས་ན་སའི་སྟེང་ན་རིན་ཆེན་རྣམ་པ་བཞིའི་ཕྲེང་བའི་སྔགས་འདི་ནི། སྔགས་ཐམས་ ཅད་ཀྱི་མཆོག་དང་དམ་པ་ཡིན་ཞེས་གསུངས་སོ། །སྔགས་དེ་རྣམས་ཐམས་ཅད་རྡོ་རྗེ་མཁའ་ 2-1-85 འགྲོ་མའི་རིག་སྔགས་ཡིན་ཏེ། དཔལ་ཧེ་རུ་ཀའི་སྔགས་རྣམས་ཀྱང༌། རྡོ་རྗེ་ཕག་མོ་ཉིད་ཀྱི་ གསུངས་པས་སོ། །ཧེ་རུ་མངོན་པར་བརྗོད་པ་ཞེས་བྱ་བ་ལས། གོ་བཟློག་པའི་སྙིང་པོ་དང༌། རྣལ་འབྱོར་མ་དྲུག་གི་སྔགས་བཏུ་བའི་ཆོ་གའི་ལེའུ་སྟེ་བརྒྱད་པ་རྣམ་པར་བཤད་ཟིན་ཏོ།། །། ༈ ལེའུ་དགུ་པ་རྩ་སྔགས་ཀྱི་ལས་ཚོགས་ལ། མདོར་བསྟན་པ་དང༌། རྒྱས་པར་བཤད་ པ་དང༌། ཕན་ཡོན་གྱི་ཚུལ་གྱིས་དོན་བསྡུ་བ་དང་གསུམ་ལས། དང་པོ་ནི། དེ་ནས་རྩ་བའི་ སྔགས་ཀྱི་ནི། ཞེས་སོགས་ཚིག་དྲུག་གིས་བསྟན། དེ་ཡང་སྔགས་བཏུ་བ་བཤད་པའི་རྗེས་དེ་ ནས། རྩ་བའི་སྔགས་ཀྱི་ལས་ཚོགས་མཆོག་ཏུ་གྱུར་པ་མང་པོ་ཞིག་ཡོད་པ་རྣམས་གོ་རིམ་ཇི་ ལྟ་བ་བཞིན་དུ། དེ་ནི་རྣམ་པར་བཤད་པར་བྱ་སྟེ། འདིས་ནི་ས་སྟེང་ས་འོག་ས་བླ་སྟེ་འཇིག་ རྟེན་གསུམ་ན་ལས་དང༌། དངོས་གྲུབ་དང༌། འདོད་པའི་ཁྱད་པར་གང་ཡོད་པ་རྣམས་སྐད་ ཅིག་གཅིག་གིས་འགྲུབ་པར་འགྱུར་ཞིང༌། ཞི་བ་དང༌། རྒྱས་པ་དང༌། དབང་དང༌། མངོན་སྤྱོད་ ལ་སོགས་པའི་ལས་རྣམས་ཐམས་ཅད་བྱེད་པའོ། །དེ་ལྟར་ལས་ཚོགས་རྣམས་ཐོགས་མེད་དུ་ འགྲུབ་པ་ལ་ཡང༌། སྔགས་ཀྱི་སྒྲ་དང་གཟུགས་ལ་གསལ་སྣང་ཐོབ་སྟེ། རང་གི་ཡིད་ཡུལ་དུ་ སྔགས་ཀྱི་སྒྲ་དངོས་སུ་རྣ་བས་དུང་གི་སྒྲ་ལྟ་བུ་ཐོས་པ་ཙམ་དུ་འཆར་ཐུབ་པ་དང༌། སྔགས་ཀྱི་ གཟུགས་ཡང་མིག་གིས་གཟུགས་དངོས་སུ་མཐོང་བ་ལྟ་བུའི་གསལ་སྣང་ཡིད་ཡུལ་དུ་ཤར་ ཞིང༌། དེ་ལྟར་དམིགས་ཡུལ་ཤིན་ཏུ་གསལ་བ་དེ་ལ། རྣམ་གཡེང་གི་དབང་དུ་མ་སོང་བར་ སེམས་རྩེ་གཅིག་ཏུ་གནས་པའི་སྒོ་ནས། བཟླས་བརྗོད་ཁྲིའམ་སྟོང་ལ་སོགས་པས་ཀྱང་ལས་ རྣམས་ཐོགས་མེད་དུ་སྒྲུབ་ནུས་པ་ཡིན་ལ། སྔགས་ཀྱི་སྒྲ་གཟུགས་ལ་གསལ་སྣང་ཐོབ་པར་ མ་ཟད། བསྐྱེད་རིམ་རགས་པ་ལ་ཡང་བརྟན་པ་ཐོབ་པ་ཞིག་དགོས་སོ། ། གཉིས་པ་ལ། སྔགས་ཀྱི་ཕན་ཡོན་གྱི་ཚུལ་གྱིས་ལས་འགྲུབ་པར་བཤད་པ་དང༌། ལས་ 2-1-86 ཚོགས་ཀྱི་ཆོ་ག་བཤད་པ་གཉིས་ལས། དང་པོ་ནི། ལྷ་ཐམས་ཅད་ཀྱི་སྐྱེ་གནས་དང༌། ཞེས་པ་ ནི། ལྷའི་སྐྱེ་གནས་ཐམས་ཅད་དང༌། ཞེས་པའི་དོན་ཡིན་པས། ལྷའི་སྐྱེ་གནས་ཀྱི་རིགས་སུ་ གྱུར་པ། ལྷ་མ་ཡིན་ཡང་བསྟན་པ་དང༌། ལྷ་ཐམས་ཅད་ཀྱི་གནས་དང༌། ཞེས་པ་ནི། འདིའི་ གནས་ཞེས་པ། སྡེ་ཚན་གྱི་དོན་ཡིན་པས། ལྷ་རང་གི་སྡེ་ཚན་དུ་གྱུར་པ། ལྷའི་འགྲོ་བ་དངོས་ དང༌། མཐའ་ཡས་ལ་སོགས་པའི་ཀླུ་ཐམས་ཅད་དང་། གནོད་སྦྱིན་ཐམས་ཅད་དང༌། དྲི་ཟ་ ཐམས་ཅད་སྒྲུབ་པ་པོ་རང་ཉིད་ཀྱིས་གསོད་པར་འདོད་ན། རྩ་བའི་སྔགས་ལ་འདི་དང་འདི་ ལྟ་བུ་མཱ་ར་ཡ་ཕཊ་ཅེས། སྤེལ་ཚིག་དང་བཅས་པའི་སྔགས་ཀྱི་སྒྲ་གཟུགས་དྲན་པ་ཙམ་གྱིས་ གསོད་པར་བྱེད་དོ། །སྤྲིན་རྣམས་འཐོར་བར་བྱེད་པ་ནི། སྔ་མ་ཉིད་ནས་ཆར་མི་འབབ་པར་ བྱེད་པ་དང༌། དེ་བཞིན་དུ་ཆར་འབེབས་པར་བྱེད་པ་དང༌། འབེབས་བཞིན་པ་བཟློག་པར་བྱེད་པ་སྟེ། བཅོད་པར་བྱེད་པ་དང༌། རྒྱ་མཚོ་སྐེམ་པར་བྱེད་པ་དང༌། ཆུ་བོ་ཆེན་པོའི་རྒྱུན་ཕྱོགས་ལས་ བཟློག་སྟེ་གྱེན་དུ་འབབ་པར་སྟོན་པར་བྱེད་པ་དང༌། དབང་པོ་སྟེ་ཐོག་བཟློག་པར་བྱེད་པ་ དང༌། རྩ་བའི་སྔགས་ཀྱི་གསང་སྔགས་བཟླས་བརྗོད་འབུམ་བྱས་ན། ས་གཞི་རྣམ་པ་དྲུག་ ཏུ་གཡོ་བར་བྱེད་པ་དང༌། ལྗོན་ཤིང་ལ་འཛེགས་ཏེ་དེའི་རྩེ་མོ་ནས། རང་གང་དུ་འདོད་པ་ དེར་འགྲོ་བར་བྱེད་པ་སྟེ། འདི་ནི་མཁའ་སྤྱོད་ཀྱི་གནས་ཆུང་ངུ་རྣམས་སུ་འགྲོ་བར་བྱེད་པའོ། །གཞན་གྱི་རིག་སྔགས་ཀྱི་ནུས་པ་ཐམས་ཅད་འཕྲོག་པར་བྱེད་པ་སྟེ། འདི་ལ་ཡང་གཞན་གྱི་ རིག་སྔགས་ཀྱི་ནུས་པ་མེད་པར་བྱས་པ་ཙམ་ཞིག་དང༌། དེའི་རིག་སྔགས་ཀྱི་ནུས་པ་རང་ཉིད་ ལ་ཚུར་ལེན་པར་བྱེད་པའི་དབྱེ་བ་རྣམ་པ་གཉིས་འབྱུང་བ་ཡིན་ལ། དངོས་གྲུབ་ཐམས་ཅད་ འཕྲོག་པར་བྱེད་པ་ལ་ཡང་དེ་བཞིན་ནོ། །ཁྲག་འདྲེན་པར་བྱེད་པ་ནི། འགྲོ་བ་གཞན་གྱི་ལུས་ ལ་གནས་པའི་ཁྲག་ཡོངས་སུ་དྲངས་ཏེ་ཕ་རོལ་པོ་དེ་གསོད་པར་བྱེད་པའམ། ཡང་ན་དེའི་ 2-1-87 ལུས་ཀྱི་མདངས་སྟོབས་ལ་སོགས་པ་ཉམས་པར་བྱེད་པ་དང༌། སླར་ཡང་གཏོང་བར་བྱེད་པ་ ནི་སྔར་གྱི་ཁྲག་དྲངས་པ་དེ། སླར་འགྲོ་བ་དེའི་ལུས་ལ་གཏོང་བར་བྱེད་པའམ། ཡང་ན་དེ་ མ་ཐག་ཏུ་ལུས་ལ་ཁྲག་ལ་སོགས་པ་ཡོངས་སུ་འཕེལ་ཏེ་གནོད་པ་མི་འབྱུང་བར་བྱེད་པའོ། །སྒྲུབ་པ་པོ་རང་ཉིད་ཀྱི་གཟུགས་བརྒྱ་ཕྲག་དུ་མར་བྱེད་པ་དང༌། སྒྲུབ་པ་པོ་རང་ཉིད་འདོད་ ན་འགྲོ་བ་རྣམས་ལ་གཟུགས་སྣ་ཚོགས་པ་སྣང་བར་བྱེད་ཅིང༌། འདོད་ན་དེ་དག་སྐད་ཅིག་ གཅིག་ལ་མི་སྣང་བར་བྱེད་པ་དང༌། ཀླ་ཀློ་ལ་སོགས་པ་གདུག་པ་ཅན་དག་གི་ཁང་བཟང་ དང༌། ཤིང་གི་རྩེ་མོ་ལ་སོགས་པ་ཕྱེ་མར་བྱེད་པ་དང༌། དུག་བདུད་རྩིར་སྒྱུར་བར་བྱེད་པ་ དང༌། བདུད་རྩི་ཡང་དུག་ཏུ་བསྒྱུར་བར་བྱེད་པ་དང༌། ཟླ་བ་སྟེ་འོ་མ་ཆུའི་བརྡས་བསྟན་པ་ཆང་ དུ་བསྒྱུར་བར་བྱེད་པ་དང༌། ཆུའི་བརྡས་བསྟན་པའི་ཆང༌། ཟླ་བའི་བརྡས་བསྟན་པའི་འོ་མར་ བསྒྱུར་བར་བྱེད་པ་དང༌། ཤ་ལྔ་དང༌། བདུད་རྩི་ལྔ་ལ་སོགས་པའི་དྲི་ངན་པ་རྣམས་འཕྲོགས་ ཏེ། བཟང་པོར་བྱེད་པ་དང༌། དྲི་བཟང་ངན་དག་རང་གང་དུ་འདོད་པ་དེར་འཕོ་བར་བྱེད་པ་ དང༌། ནམ་མཁའ་ལྡིང་སོགས་ཀྱི་རྒྱུད་ཚིག་འདི་འགའ་ཞིག་རིགས་ཀྱི་བུ་སྐྱེད་པར་བྱེད་པ་ ལ་སྦྱོར་བར་བྱེད་པ་ཡོད་ཀྱང༌། རང་ལུགས་ནི་ཐིག་ལེ་བྱང་ཆུབ་ཀྱི་སེམས་བསྐྱེད་རྫོགས་ཀྱི་ རླུང་གི་རྣལ་འབྱོར་དང༌། དམིགས་པ་ལ་སོགས་པའི་ཐབས་ལ་མ་ལྟོས་པར། རིག་སྔགས་ ཀྱི་ནུས་པ་ཉིད་ཀྱིས་བརྟན་པར་བྱེད་པ་སྟེ། ནམ་མཁའ་ལྡིང་གི་གདོང་ནི་མཁའ་འགྲོ་གདོང་ སྟེ། ཐབས་ཤེས་ཀྱི་རྩ་གཉིས་ཕྲད་པ་ལས། ཟླ་བ་སྟེ་བྱང་ཆུབ་ཀྱི་སེམས་གཉིས་དེར་འདུས་ པ་དང༌། དེ་ཡང་ལྷ་མོ་དང་ཀུན་ཏུ་སྤྱོད་པ་སྟེ་མཉམ་པར་སྦྱར་བ་ལས་འབྱུང་བ་ཡིན་ལ། དེའི་ ཚེ་སྔགས་ཀྱི་ནུས་པས། བྱང་ཆུབ་ཀྱི་སེམས་འཕོ་མེད་དུ་བརྟན་པར་བྱས་པ་ལས། འགྲོ་བ་ སྟེ་རང་གི་ལུས་ཀྱི་ཕུང་ཁམས་ཀྱི་ཚོགས་པ་རྣམས་འབྱིན་པ་སྟེ། འཕེལ་ཞིང་རྒྱས་པར་བྱེད་ པ་དང༌། དེ་ལྟ་བུའི་མིའི་མཆོག་དེའི་ལག་མཐིལ་ན་ཡོད་པའི་དཔལ་དང་། ཚེ་དང༌། བསོད་ 2-1-88 ནམས་དང༌། འབྱོར་པ་ལ་སོགས་པ་གང་གིས་ཀྱང་མི་འཕྲོག་པར་འགྱུར་རོ། །རྣམ་པ་དེ་ལྟ་ བུ་དང་ལྡན་པའི་དངོས་གྲུབ་ཀྱི་ཁྱད་པར་ཐམས་ཅད་དོན་མེད་དུ་མི་འགྱུར་བར། འབྲས་ བུ་དང་བཅས་པར་འགྱུར་རོ། །གཞན་ཡང་དྲན་པ་ཙམ་གྱིས་བསྒྲུབ་བྱ་གསོད་པར་བྱེད་པ་ དང༌། མེ་བསྐྱེད་པ་སྟེ་འབར་བར་བྱེད་པ་དང༌། ས་འོག་རྣམ་པར་འཇོམས་ཏེ་ལྷ་མིན་གྱི་ཁང་ བཟང་ལ་སོགས་པ་འབིགས་པར་བྱེད་པ་དང༌། སེར་བ་འབེབས་པ་དང༌། དྲན་པ་ཙམ་གྱིས་ གློག་བསྐྱེད་པར་བྱེད་པ་དང༌། མུ་སྟེགས་ཀྱི་ལྷ་ཐམས་ཅད་ཀྱི་གཟུགས་བརྙན་འཕར་བ་དང་ གཡོ་བ་སོགས་གར་བྱེད་དུ་འཇུག་པ་དང༌། གང་ཞིག་བསྒྲུབ་བྱའི་མིང་ནས་བཟུང་སྟེ་སྔགས་ བཟླས་ན་དེ་དེའི་མོད་ལ་འཆི་བར་འགྱུར་བ་དང༌། འདི་ལ་ལན་གཅིག་ཅེས་གསུངས་པ་ནི་ དུས་མྱུར་བ་ལ་དགོངས་པ་ཡིན་ལ། འདིས་ནི་བསྒྲུབ་བྱའི་མིང་ལ་སོགས་པ་གསུངས་པས། ལས་ཚོགས་ཀྱི་ཆོ་ག་བསྟན་པ་ཡིན་ནོ། །གཞན་ཡང་སྒྲུབ་པ་པོ་རང་ཉིད་འདོད་ན་ས་མ་ལུས་ པ་རྣམས་དབང་དུ་འདུས་ཏེ། དེ་དག་ལ་ལོངས་སྤྱོད་པར་འགྱུར་བ་དང༌། འདོད་ན་བསྡུད་ པར་འགྱུར་རོ། །ཞེས་པ་ནི། སྔ་མ་ཐམས་ཅད་ལ་ཡང་སྟེ། དཔེར་ན་ལྷ་ལ་སོགས་པའི་འགྲོ་ བ་རྣམས་བསད་པ་འདོད་ན་སླར་ཡང་གསོ་བར་བྱེད་པ་ལ་སོགས་པ་ཐམས་ཅད་ལ་སྦྱར་ རོ། །བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་གི་རྩ་སྔགས་ཀྱི་ལས་འདི་ལ་ནི། ཕྱི་དྲོ་སྤོང་བ་ སོགས་བརྟུལ་ཞུགས་མི་དགོས། དེ་བཞིན་དུ་སྤྱོད་པ་དང༌། བསྙུང་བར་གནས་པ་མི་དགོས་ ཏེ། ཆོ་ག་འདིས་ཅི་འདོད་པའི་ལས་རྣམས་བྱའོ། །དེས་ན་རྒྱུད་འདིར་ལས་ཚོགས་ཀྱི་ཆོ་ག་ གང་ཞིག་སྒྲུབ་པའི་མིང་ནས་བཟུང་སྟེ། ཞེས་སོགས་དེ་དང༌། གལ་ཏེ་ཁྲོས་པས་ལན་གཅིག་ བཟླས་ན། ཞེས་པ་ནས། མངལ་འཕོ་བའི་ལས་ཚོགས་ཀྱི་བར་ཏེ། ལས་ཚོགས་ཀྱི་ཆོ་ག་བཅུ་ གཉིས་སམ། བཅུ་གསུམ་རྒྱུད་ཀྱི་དངོས་བསྟན་ལ་གསུངས་པ་ཡིན་ལ། གཞན་གོང་གི་ལྷ་ ཐམས་ཅད་ཀྱི་སྐྱེ་གནས་དང༌། ཞེས་སོགས་ཐམས་ཅད་རྒྱུད་ཀྱི་དངོས་བསྟན་ལ་ཕན་ཡོན་གྱི་ 2-1-89 ཚུལ་དུ་གསུངས་པ་ཡིན་གྱི། ལས་ཚོགས་ཀྱི་ཆོ་ག་མ་གསུངས་མོད། བླ་མའི་མན་ངག་གིས་ ནི། ཐམས་ཅད་ལ་ལས་ཚོགས་ཀྱི་ཆོ་ག་རེ་སྦྱོར་བར་མཛད་པ་ཡིན་ནོ། །སྤྱིར་གོང་དུ་བསྟན་ པ་ལྟར། སྔགས་ཀྱི་སྒྲ་གཟུགས་དང༌། བསྐྱེད་རིམ་རགས་པ་ལ་གསལ་སྣང་ཐོབ་པའི་རྣལ་ འབྱོར་པ་དེ། ལས་ཚོགས་ཀྱི་ཆོ་ག་ལ་མ་ལྟོས་པར། ལས་དེ་དང་དེ་འགྲུབ་པ་ཡིན་ལ། ཅི་ སྟེ་མ་འགྲུབ་ན། ལན་གཉིས་དང༌། གསུམ་ལ་སོགས་པ་བསྐྱར་བས་ངེས་པར་འགྲུབ་པ་ ཡིན་མོད། དབང་པོའི་ཁྱད་པར་ཤིན་ཏུ་རྟུལ་བ་འགའ་ཞིག་ལ། དེས་ཀྱང་མི་འགྲུབ་པ་ཡོད་ པས། ལས་ཚོགས་ཀྱི་ཆོ་ག་ལ་བརྟེན་ནས་སྒྲུབ་དགོས་པའི་ཕྱིར། རྩ་སྔགས་ཀྱི་འཁོར་ལོ་ བྲིས་ཏེ། སྒྲུབ་དགོས་པ་ཡིན་ནོ། །གལ་ཏེ་ཁྲོས་པས་རང་གི་སྙིང་གར་ཧཱུཾ་མཐིང་ནག་གི་མཐར་ རྩ་སྔགས་ཁ་དོག་ནག་པོས་བསྐོར་བ་ལས། འོད་ཟེར་ནག་པོ་མི་ཟད་པ་འཕྲོས་ཏེ་བསྒྲུབ་ བྱའི་ལུས་ལ་འཕོག་ཅིང་དཀྲུགས་པས། དེ་བསད་པར་བསམ་ལ། སྔགས་ལན་གཅིག་ལ་ སོགས་པ་བཟླས་པས་བསྒྲུབ་བྱ་བྱེ་བ་སོགས་དཔག་ཏུ་མེད་པ་གསོད་པར་འགྱུར་རོ། །གལ་ ཏེ་ཞི་བའི་བསམ་པས་རང་གི་སྙིང་གར་ཟླ་བ་ལ་ཧཱུཾ་ཡིག་དཀར་པོའི་མཐར་རྩ་སྔགས་ཁ་དོག་ དཀར་པོས་བསྐོར་བ་ལས་འོད་ཟེར་དཀར་པོ་སྤྲོས་ཏེ་བསྒྲུབ་བྱ་ལ་ཕོག་པས་དེ་སླར་གསོས་ པར་བསམ་ལ་སྔགས་བཟླས་པས། བསྒྲུབ་བྱ་བསད་པ་དེ་སླར་གསོས་པར་འགྱུར་རོ། །དུར་ ཁྲོད་ཀྱི་སོལ་བ་ལ། ཞེས་གསུངས་པའི་སོལ་བ་ནི། རྒྱ་གར་དུ་སྐྱེས་པ་ཤི་བར་གྱུར་པའི་བུད་ མེད། བུ་ཚ་མ་སྐྱེས་པ། རང་འཆི་བར་འདོད་པ་དེ། གསོན་པོ་ཉིད་ལ་དུར་ཁྲོད་དུ་བསྲེག་ པར་བྱེད་པ་ཡིན་པས། དེ་ལྟ་བུའི་སོལ་བ་ལ་སྔགས་བཟླས་པ། བསྒྲུབ་བྱའི་གཟུགས་བརྙན། རྐང་རྗེས་ཀྱི་ས་ལ་སོགས་པ་ལ་བྱས་པའི་སྙིང་གར་འཁོར་ལོ་བཅུག་སྟེ། གོང་དུ་བསྟན་པའི་ སྔགས་བཟླས་པའི་སོལ་བས། ཡང་ནས་ཡང་དུ་ཕོག་པར་བྱས་ན། བསྒྲུབ་བྱ་དེ་དེའི་མོད་ལ་ ལྟུང་བར་བྱེད་དོ། །བཤད་མ་ཐག་པའི་དུར་ཁྲོད་ཀྱི་ཐལ་བ་ལ་སྔགས་བཟླས་ཏེ། འཁོར་ལོ་ 2-1-90 དང་བཅས་པའི་བསྒྲུབ་བྱའི་གཟུགས་བརྙན་ལ་ཡང་ཡང་དུ་ཕོག་པར་བྱས་ན། དེ་དེའི་མོད་ ལ་ཤ་ཟ་སྟེ། འདྲེས་དེ་ལ་ཞུད་འབྱུང་བ་དང༌། དེའི་ཁོག་ཏུ་འཇུག་པ་ལ་སོགས་པའི་གནོད་པ་ མི་ཟད་པས་བཟུང་བར་འགྱུར་རོ། །ཡང་དུར་ཁྲོད་ཀྱི་སོལ་བ་ལ། སྔགས་བཟླས་པས་སྤང་ ལེབ་སྟེ། ཤིང་ལེབ་བམ། རྩིག་པའམ། མཚན་མ་གང་ཡང་རུང་བ་ཞིག་ལ་བསྒྲུབ་བྱ་གང་ གི་མིང་བྲིས་པའི་འཁོར་ལོ་བྱས་ཏེ་ཆོ་ག་ཇི་ལྟ་བ་བཞིན་བསྒྲུབས་ན། གཟའ་མིག་དམར་ལ་ སོགས་པའི་གདོན་ཆེན་པོས་བཟུང་བར་འགྱུར་རོ། །ཡང་དབང་དུ་བྱེད་པའི་འཁོར་ལོ་བྲིས་ ཤིང་བསྒྲུབས་ཏེ། དེ་བསྒྲུབ་བྱའི་གཟུགས་བརྙན་གྱི་སྙིང་གར་བཅུག་སྟེ། དེ་ལ་ཨ་ཏི་མུག་ ཏིའི་ལྕུག་མ་ནུབ་ཏུ་སྐྱེས་པ་བླངས་ཏེ། སྔགས་བཟླས་པས་ཡང་ནས་ཡང་དུ་བསྣུན་པར་བྱས་ ན། བསྒྲུབ་བྱ་དེ་དེའི་མོད་ལ་རླུང་གི་ཤུགས་ཀྱིས་རང་གི་དྲུང་དུ་འོངས་ཏེ། དབང་དུ་བྱེད་ པར་འགྱུར་རོ། །དེ་བཞིན་དུ་སེག་མ་ལ་སྔགས་བཟླས་ནས། འཁོར་ལོ་སྙིང་གར་བཅུག་པའི་ བསྒྲུབ་བྱའི་གཟུགས་བརྙན་ལ། ཡང་ཡང་བརྡེག་ན། བསྒྲུབ་བྱ་དེ་རེངས་པར་འགྱུར་རོ། །གུ་ གུལ་སོགས་ཀྱི་རྫས་ལ་སྔགས་བཟླས་པ་སྤོས་སུ་སྦྱར་ན། སེམས་ཅན་ཐམས་ཅད་དེ་འཇིག་ རྟེན་པའི་ལྷ་ཆེས་ཆེ་བ་རྣམས་ཀྱང་འབེབས་པར་འགྱུར་རོ། །རང་གི་ལག་པའི་མཐིལ་དུ་ རྩ་སྔགས་ཀྱི་ཞི་བའི་འཁོར་ལོ་བྲིས་ཏེ། དུག་ཞི་བར་འགྱུར་པའི་སྤེལ་ཚིག་དང་བཅས་པའི་ སྔགས་བཟླས་ཏེ། དེ་ཉིད་བསྒྲུབ་བྱ་དུག་གིས་ཟིན་པ་ལ་བཀབ་ན། དུག་གསོས་པར་བྱེད་ དོ། །མཁའ་འགྲོ་མའི་ཕྱག་རྒྱས་བཏབ་པ་ལ། སྔགས་བཟླས་པའི་ཆུས་བཏབ་ན། མཁའ་ འགྲོ་མའི་སྔགས་ཀྱིས་རེངས་པ་གྲོལ་བར་བྱེད་དོ། །ཀ་ར་ཝི་རའི་ལྕུག་མའི་ནང་དུ་འཁོར་ལོ་ བཅུག་ཅིང༌། ལྕུག་མ་ཉིད་ལ་འདི་ཞེས་བྱ་བའི་མངལ་འདི་ལ་འཕོ་བར་གྱུར་ཅིག ཅེས་སྤེལ་ ཚིག་དང་བཅས་པའི་སྔགས་བྲིས་ཏེ། མངལ་ཡོད་པ་དེ་ཉིད་ལ་བྱབས་ཏེ་གང་དུ་འཕོ་བར་ འདོད་པ་དེར་སྐྱུར་བར་བྱས་པས། མངལ་འཕོ་བར་འགྱུར་རོ། ། 2-1-91 གསུམ་པ་ནི། དཔལ་ལྡན་ཁྲག་འཐུང་གསང་སྔགས་ནི། །ཞེས་པ་ནས། བཅུད་ལ་སོགས་ པ་འགྲུབ་པར་གྱུར། །ཞེས་པའི་བར་གྱིས་བསྟན། དེའི་དོན་ཡང༌། དཔལ་ལྡན་ཁྲག་འཐུང་ ཧེ་རུ་ཀའི་རྩ་བའི་སྔགས་ཀྱི་གསང་སྔགས་འདི། མི་ཤེས་པ་སྟེ་མ་འགྲུབ་པར་དངོས་གྲུབ་ཀྱི་ ཁྱད་པར་མངོན་པར་འདོད་པ་ནི། དཔེར་ན་རྨོངས་པ་གང་ཞིག་ཕུབ་མ་བརྡུངས་ཀྱང༌། འབྲས་ བུ་མི་འབྱུང་བ་བཞིན་དུ། རིལ་བུ་མིག་སྨན་ལ་སོགས་པའི་དངོས་གྲུབ་རྣམས་དང༌། བདེ་བ་ སྟེ་ལོངས་སྤྱོད་དང་འཁོར་གཡོག་སོགས། འབྱོར་བའི་ཁྱད་པར་རྣམས་མི་ཡིས་ཐོབ་པར་མི་ འགྱུར་རོ། །གཞན་ཡང་དཔལ་ཧེ་རུ་ཀའི་གསང་སྔགས་དང༌། ལྷའི་རྣལ་འབྱོར་མི་ཤེས་པའི་ རྣལ་འབྱོར་པ་རྣམས་རྣལ་འབྱོར་ཐོབ་པར་འདོད་ཀྱང༌། ངལ་བ་དོན་མེད་དུ་འགྱུར་བ་ཡིན་ ཏེ། འབྲས་བུ་ཐོབ་པར་མི་འགྱུར་བས་སོ། །དེས་ན། དེ་བཞིན་གཤེགས་པས་ཡང་དག་པར་ གསུངས་པའི་ཕྱག་རྒྱ་སྟེ་ལག་པའི་ཕྱག་རྒྱ་ལ་འཆིང་བ་དང༌། དངོས་གྲུབ་སྒྲུབ་གྲོགས་ཕྱག་རྒྱ་ མ་དང༌། ལྷའི་སྐུ་གཟུགས་ཀྱི་ཕྱག་རྒྱ་དེ། དེ་རྣམས་དང༌། གསངས་སྔགས་ཀྱི་བཟླས་བརྗོད་ གཉིས། བཟའ་བཏུང་སོགས་ཚོགས་ཀྱི་འཁོར་ལོ་དང༌། སྟོན་མོ་དང་བཅས་ཏེ་སྒྲུབ་པོ་པོས་ བསྒྲུབས་ན། བཅུད་ལེན་ལ་སོགས་པའི་དངོས་གྲུབ་འགྲུབ་པར་འགྱུར་རོ། ། དེ་རྣམས་ངེས་དོན་རྫོགས་པའི་རིམ་པ་དང་སྦྱར་ཏེ་བཤད་ན། ངེས་དོན་རྫོགས་རིམ་གྱི་ རྩ་སྔགས་ནི། ས། ཆུ། མེ། རླུང༌། ནམ་མཁའ། རྣམ་ཤེས། ཟླ་ཉི་སྟེ། ཁམས་བརྒྱད་པོ་དེ་ རྣམས་དྭངས་མར་གྱུར་པའི་ཡེ་ཤེས་ཉིད་ཡིན་ཅིང༌། དེ་ཡང་རྩ་བའི་སྔགས་ལ་རྐང་པ་བརྒྱད་ ཡོད་པ་བཞིན་དུ། འདིར་ཡང་ཁམས་བརྒྱད་དྭངས་མར་གྱུར་པའི་ཡེ་ཤེས་སོ། །ཁམས་བརྒྱད་ པོ་དེ་ནང་རྡོ་རྗེའི་ལུས་ཀྱི་ལྟེ་བ་ས། སྙིང་ག་ཆུ། མགྲིན་པ་མེ། སྤྱི་བོ་རླུང༌། རྩ་རོ་རྐྱང་གཉིས་ ཟླ་ཉི། དབུ་མའི་ཡས་སྣ་དང་མས་སྣ་ནམ་མཁའ་དང་རྣམ་ཤེས། རིམ་པ་བཞིན་དུ་སྦྱོར་བར་ བྱ་བའང་ཡིན་མོད་ཀྱི། འོམ་ཀྱང་སྐབས་འདིར་མི་ཕྱེད་མ་ལ་སོགས་པའི་རྩ་ཉེར་བཞི་དང༌། 2-1-92 དེ་དག་ན་གནས་པའི་རླུང་དང་ཁམས་ཉེར་བཞི་སྟེ། དེ་རྣམས་ཐམས་ཅད་ཁམས་བརྒྱད་ཀྱི་ཆ་ ཤས་འདུས་པའི་རང་བཞིན་ཡིན་པས། དེ་རྣམས་དྭངས་མར་གྱུར་པའི་ཡེ་ཤེས་ནི་རྩ་བའི་ སྔགས་ལ། ཀ་ར་ཀ་ར་ལ་སོགས་པའི་རྐང་པ་ཉེར་བཞི་ཡོད་པའི་ངེས་དོན་ནོ། །དེ་ལྟར་ རྫོགས་རིམ་གྱི་རྩ་སྔགས་དེའི་ཕྲིན་ལས་ནི། འོག་ནས་འཆད་པར་འགྱུར་བ་འདི་རྣམས་ཡིན་ ཏེ། ལྷ་ཐམས་ཅད་ཀྱི་སྐྱེ་གནས་དང༌། ཞེས་པ་ནས། དྲི་ཟ་ཐམས་ཅད་དྲན་པ་ཙམ་གྱིས་གསོད་ པར་བྱེད་དོ། །ཞེས་པའི་བར་གྱི་སྦས་དོན་ནི། ལྷ་ལ་སོགས་པའི་འགྲོ་བ་དེ་རྣམས་ཀྱི་མཚོན་ དོན་ནོ། །རྩ་མདུད་རྣམས་ཡིན་ཅིང༌། དེ་རྣམས་གསོད་པར་བྱེད་པ་ནི། རྩ་མདུད་རྣམས་ འཇིག་པར་བྱེད་པའི་དོན་ཡིན་ལ། སྔར་རྩ་རྣམས་ཤིན་ཏུ་མ་དུལ་བར་གནས་པ་ལ། དེ་ནས་ དུལ་ཏེ་མཉེན་ལྕུག་དང་ལྡན་པར་གྱུར་པའོ། །སྤྲིན་རྣམས་མཐོར་བར་བྱེད་དོ། །ཞེས་པའི་ སྦས་དོན་ནི། ཐབས་ཤེས་ཀྱི་རྡོ་རྗེ་པདྨ་མཉམ་པར་སྦྱར་བའི་རྐྱེན་གྱིས་ལྷན་ཅིག་སྐྱེས་པའི་ཡེ་ ཤེས་སྐྱེས་པ་ན། རྣམ་པར་རྟོག་པའི་སྤྲིན་རྣམས་འཐོར་བར་བྱེད་པའོ། །ཆར་འབེབས་པར་ བྱེད་དོ། །ཞེས་པ་ནི། བྱང་ཆུབ་ཀྱི་སེམས་ཀྱི་ཆར་པ་འཁོར་ལོ་བཞིར་ཡས་བབས་ཀྱི་ཚུལ་ གྱིས་འབེབས་པར་བྱེད་པ་དང༌། བཟློག་པར་བྱེད་དོ། །ཞེས་པ་ནི། མས་བརྟན་གྱི་རིམ་པས་ སླར་གྱེན་དུ་བཟློག་པར་བྱེད་པའོ། །རྒྱ་མཚོ་སྐེམ་པར་བྱེད་དོ། །ཞེས་པ་ནི། རྡོ་རྗེ་དང༌། པདྨ་ མཉམ་པར་སྦྱར་བ་ལས། ཤེས་རབ་ཀྱི་དབུ་མའི་མས་སྣའི་རྩ་ནང་དུ། ཐབས་ཀྱི་བྱང་ཆུབ་ཀྱི་ སེམས་ཀྱི་ཆ་ཤས་སྤྲོས་ནས། ཐབས་ཤེས་གཉིས་ཆར་གྱི་བྱང་ཆུབ་ཀྱི་སེམས་གནས་པ་ནི། རྒྱ་མཚོ་ཡིན་ལ། དེ་ཉིད་ཐབས་ཀྱི་ཡོངས་སུ་དྲངས་ཏེ། རྩ་ནང་དེ་སྟོང་པར་བྱས་པ་ནི་སྐམས་ པའི་དོན་ནོ། །ཆུ་བོ་རྒྱུན་ཕྱོགས་ལས་བཟློག་སྟེ་འབབ་པར་སྟོན་ཏོ། །ཞེས་པ་ནི་བྱང་ཆུབ་ཀྱི་ སེམས་ཀྱི་བསྒྲོད་པ་དུས་རྟག་ཏུ་སྟེང་དུ་འགྲོ་བ་སྟེ། འདི་ནི་སྔ་མ་ཆར་བཟློག་པ་དང་མི་ མཚུངས་ཏེ་སྔ་མ་ནི་རླུང་ལ་སོགས་པའི་སྟོབས་ཀྱིས་གྱེན་དུ་བཟློག་པར་བྱེད་པ་ཡིན་ལ། འདི་ 2-1-93 ནི་གསང་རིམ་གྱི་སྐབས་སུ་ཡས་བབས་ཀྱི་དུས་བྱང་ཆུབ་ཀྱི་སེམས་མར་འོང་བ་དང༌། ཡས་ བརྟན་གྱི་ཚེ་སྟེང་དུ་འགྲོ་བའི་ཚུལ་ཙམ་ཡོད་ཀྱང༌། སྤྱིར་བྱང་ཆུབ་ཀྱི་སེམས་ཀྱི་བསྒྲོད་པ་འོག་ ཏུ་འབབ་པའི་སྐབས་མི་སྲིད་པར། དུས་རྟག་ཏུ་གྱེན་དུ་བསྒྲོད་པ་འབའ་ཞིག་གོ །དབང་པོ་ བཟློག་པར་བྱེད་དོ། །ཞེས་པ་ནི་སྔར་དབང་ཤེས་རྣམས་ཐ་མལ་པར་གནས་པ་ལ། དེ་ལས་ བཟློག་སྟེ་བདེ་སྟོང་གི་ངོ་བོར་འཆར་བ་ནི་དབང་པོ་བཟློག་པའི་དོན་ནོ། །གསང་སྔགས་འདི་ བཟླས་བརྗོད་འབུམ་བྱས་ན་ས་གཡོ་བར་བྱེད་དོ། །ཞེས་པ་ནི། གསང་གནས་ནས་ནོར་བུའི་ བར་དུ་རླུང་དང་བྱང་ཆུབ་ཀྱི་སེམས་འཆིང་བར་བྱེད་པ་ནི་གསང་སྔགས་ཀྱི་བཟླས་བརྗོད་ ཡིན་ལ། འབུམ་ནི་མཚོན་པ་སྟེ་དེ་ལྟར་ཡང་ཡང་དུ་བཅིངས་པ་ལས། དབུ་མའི་མས་སྣའི་རྩ་ མདུད་ཀྱི་ས་གཞི་གཡོ་བ་སྟེ་འཇིག་པར་བྱེད་པའོ། །ཤིང་ལ་འཛེགས་ཏེ་གང་དུ་འདོད་པ་དེར་ འགྲོ་བར་འགྱུར་རོ། །ཞེས་པ་ནི་ཐབས་ཤེས་ཀྱི་དབུ་མའི་མས་སྣའི་རྩ་གཉིས་ཕྲད་པ་ལས། བྱང་ཆུབ་ཀྱི་སེམས་གཉིས་དེར་འདུས་པ་དབུ་མའི་ནང་གི་ཤིང་ལ་འཛེགས་ཏེ། གང་དུ་འདོད་ པའི་གནས་སྤྱི་བོ་དང་དབང་པོ་ལ་སོགས་པའི་གནས་རྣམས་སུ་འགྲོ་བར་བྱེད་པའོ། །སྔགས་ ཐམས་ཅད་འཕྲོག་པར་བྱེད་དོ། །ཞེས་པ་ནི། དབུ་མའི་ནང་དུ་སྔགས་ཀྱི་གཏུམ་མོ་ཡོངས་སུ་ འབར་ཏེ། གཞོམ་མེད་ཀྱི་སྒྲ་དབྱངས་བྱུང་བ་ན། ཁམས་གསུམ་གྱི་སྔགས་ཐམས་ཅད་ཕྲོགས་ པ་ལྟར་དེར་འབྱུང་བ་སྟེ། སྒྲུབ་པ་པོ་དེས་རིག་སྔགས་ཀྱི་ཁྱད་པར་གསར་དུ་བྱེད་ནུས་པ་ལ་ སོགས་པ་འབྱུང་བའོ། །དངོས་གྲུབ་ཐམས་ཅད་འཕྲོག་པར་བྱེད་དོ། །ཞེས་པ་ནི། རྫོགས་པའི་ རིམ་པའི་ཡེ་ཤེས་སྒོམ་པ་ལས། ལྟེ་བར་གནས་པའི་ཨ་ཀ་ཙ་ཊ་ཏ་པ་ཡ་ཤའི་མཚོན་དོན་གྱི་ རླུང་དང༌། ཐིག་ལེ་རྣམས་ཡོངས་སུ་དག་པས། རིལ་བུ་མིག་སྨན་ལ་སོགས་པའི་དངོས་གྲུབ་ རྣམས་འགྲུབ་པ་ཡིན་ལ། དེའི་ཚེ་གཞན་གྱི་དངོས་གྲུབ་རྣམས་ཕྲོགས་པ་ལྟར་དེར་སླེབ་པའི་ དོན་ནོ། །ཁྲག་འདྲེན་པར་བྱེད་པ་དང༌། སླར་ཡང་གཏོང་བར་བྱེད་དོ། །ཞེས་པ་ནི། ཁྲག་ 2-1-94 གཏུམ་མོའི་མེ་ཡིན་ལ། དེ་ཉིད་རྗེས་ཆགས་ཀྱི་ཚེ་གྱེན་དུ་འབར་བ་ནི་ཁྲག་འདྲེན་པའི་དོན་ དང༌། དེས་སྤྱི་བོའི་བྱང་ཆུབ་ཀྱི་སེམས་ཞུ་བ། རྡོ་རྗེ་ནོར་བུའི་བར་དུ་བབས་པ་སླར་ཡང་ གཏུམ་མོའི་མེ་ཉིད་ཀྱིས་བྱང་ཆུབ་ཀྱི་སེམས་གྱེན་དུ་སྐྱེལ་ཞིང༌། སྤྱི་བོར་བསྐྱལ་ཟིན་པ་ན། སླར་ཡང་གཏུམ་མོ་ཉིད་མར་འོངས་ཏེ། གསང་གནས་སུ་སླེབ་པ་ནི། ཁྲག་གཏོང་བའི་དོན་ ཡིན་ལ། འདི་ལྟ་བུ་ནི་ཞུ་བདེ་འགྱུར་མེད་ཐོབ་པ་ནས་བཟུང་འབྱུང་བ་ཡིན་པས། ཡེ་ཤེས་ཀྱི་ རིམ་པའི་ཕྱེད་ཕྱི་མ་དང༌། གསང་རིམ་གྱི་སྐབས་སུ་འོ། །གཟུགས་བརྒྱ་ཕྲག་དུ་མར་བྱེད་དོ། །ཞེས་པ་ནི། རླུང་སེམས་ཙམ་གྱི་ལྷ་སྐུ་དཔག་ཏུ་མེད་པ་སྤྲོ་བར་བྱེད་པའི་དོན་ནོ། །འདོད་ན་ སྣང་བར་བྱེད་ཅིང༌། འདོད་ན་མི་སྣང་བར་བྱེད་དོ། །ཞེས་པ་ནི། ཡེ་ཤེས་ཀྱི་སྣང་བ་རྒྱས་པ་ དང༌། མ་དག་པའི་སྣང་བ་ནུབ་པར་བྱེད་པའི་དོན་ནོ། །ཁང་བཟང་དང༌། ཤིང་གི་རྩེ་མོ་ལ་ སོགས་པ་ཕྱེ་མར་བྱེད་དོ། །ཞེས་པ་ནི། ཁང་བཟང་ཤེས་རབ་ཀྱི་པདྨ་དང༌། ཤིང་གི་རྩེ་མོ་ ཐབས་ཀྱི་རྡོ་རྗེ་མཉམ་པར་སྦྱར་བ་ལས། གསང་གནས་ཀྱི་རྩ་མདུད་འཇིག་པར་མ་ཟད། རྩ་ འཁོར་གཞན་རྣམས་ཀྱི་ཡང་རྩ་མདུད་འཇིག་ཅིང༌། ཕྱེ་མར་བྱེད་དོ། །དུག་བདུད་རྩིར་བྱེད་པ་ དང༌། བདུད་རྩི་ཡང་དུག་ཏུ་བྱེད་དོ་ཞེས་པ་ནི། ཉོན་མོངས་པ་རྣམས་ནི་དུག་ཡིན་ཅིང༌། དེ་ ཉིད་རྣལ་འབྱོར་པ་ལ་ལམ་གྱི་ཡེ་ཤེས་སུ་གྱུར་པ་ནི། དུག་བདུད་རྩིར་བྱས་པའི་དོན་དང༌། ཡང་འདོད་པའི་ཡོན་ཏན་རྣམས་ཀྱིས་ནང་གི་ཡེ་ཤེས་ཀྱི་གྲོགས་བྱེད་པའི་ཕྱིར། རྣལ་འབྱོར་ པ་ལ་བདུད་རྩིར་གྱུར་པ་ཡིན་ལ། དེ་ལྟར་ན་ཡང་དེ་ཉིད་ལ་མ་ཞེན་པར་དུག་ལྟར་ཞེན་པ་ མེད་པ་ནི། བདུད་རྩི་ཡང་དུག་ཏུ་བྱེད་པའི་དོན་ནོ། །ཟླ་བ་ཆུར་བྱེད་པ་དང༌། ཆུ་ཟླ་བར་བྱེད་ དོ། །ཞེས་པ་ནི། ཟླ་བའི་བརྡས་བསྟན་པ་བྱང་ཆུབ་ཀྱི་སེམས་རགས་པ་ཆུའི་བརྡས་བསྟན་པ་ ཐིག་ལེ་དྭངས་མར་བྱེད་པའི་དོན་ཡིན་ཅིང༌། དེ་ལྟར་བྱས་པ་ན་སེམས་བདེ་སྟོང་གི་ཡེ་ཤེས་ ལ་གནས་པར་འགྱུར་ལ། དེའི་ཚེ་ཤེས་རབ་དང༌། སྦྱོར་བའི་རྗེས་ཆགས་དང༌། གཏུམ་མོའི་ 2-1-95 རྣལ་འབྱོར་ལ་སོགས་པའི་ཐབས་ལ་མ་ལྟོས་པར་དེ་ཁོ་ནས་རླུང་གསར་པ་འགག་ཅིང༌། དེ་ ལས་གཏུམ་མོའི་མེ་འབར་ཏེ། རགས་པའི་བྱང་ཆུབ་ཀྱི་སེམས་ཞུ་བར་བྱེད་པ་ནི་ཆུ་ཟླ་བར་ བྱེད་པའི་དོན་ནོ། །བདེ་སྟོང་གི་ཡེ་ཤེས་ལ་མཉམ་པར་བཞག་པས། བྱང་ཆུབ་ཀྱི་སེམས་ ཡོངས་སུ་ཞུ་བའི་བདེ་བ་བསྐྱེད་པར་བྱེད་པ་འདི་ལ་རྣམ་མེད་ཕྱག་ཆེན་ཞེས་བཤད་པ་དེའོ། །དྲི་རྣམས་འཕྲོག་པར་བྱེད་དོ། །ཞེས་པ་ནི། བདུད་རྩི་ལྔ་པོ་རྣམས་དྲི་ཡིན་ལ། དེ་ཉིད་དབུ་ མར་དྭངས་མའི་ཡེ་ཤེས་སུ་གྱུར་པ་ནི། འཕྲོག་པའི་དོན་ནོ། །འདི་ནི་གསང་རིམ་གྱི་སྐབས་སུ་ རྩ་རླུང་ཐིག་ལེ་རྣམས་དྭངས་མ་ཡེ་ཤེས་སུ་གནས་གྱུར་པའི་སྐབས་ཉིད་ཡིན་ལ། དུག་བདུད་ རྩིར་བྱེད་པ་ནས། ཆུ་ཟླ་བར་བྱེད་པའི་བར་དེ་རྣམས་ཡེ་ཤེས་ཀྱི་རིམ་པ་ནས་འབྱུང་བ་ཡིན་ ནོ། །གང་དུ་འདོད་པ་དེར་འཕོ་བར་བྱེད་དོ། །ཞེས་པ་ནས། ཡེ་ཤེས་ཀྱི་གཏུམ་མོ་འབར་བ་ ཐོབ་པ་ན། རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་པོ་གང་འདོད་དུ་གཏུམ་མོ་འབར་བ་དང༌། བྱང་ ཆུབ་ཀྱི་སེམས་ཞུ་བ་འབྱུང་བའོ། །དེ་ཡང་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་པོ་རྣམས་སུ་འབར་ བའི་གཏུམ་མོའི་མེ་སྔགས་ཀྱི་གཏུམ་མོ་འབར་བ་ཡིན་པས། ཡེ་ཤེས་ཀྱི་གཏུམ་མོ་ཁོ་ན་ཡིན་ པའི་ངེས་པ་མེད་ཀྱང༌། སྤྱིར་ཡེ་ཤེས་ཀྱི་གཏུམ་མོ་འབར་བའི་ནུས་པ་ཐོབ་པ་ལ་བརྟེན་ནས། རྩ་གནས་གང་འདོད་དུ་གཏུམ་མོའི་མེ་འཕོ་ཐུབ་པ་ཡིན་ཅིང༌། འདི་ཡང་ཡེ་ཤེས་ཀྱི་རིམ་པ་ རྒྱུད་ལ་སྐྱེས་པ་ནས་འབྱུང་བ་ཡིན་ནོ། །ནམ་མཁའ་ལྡིང་གི་ཞེས་པ་ནས། མི་འཕྲོག་པར་ འགྱུར་རོ། །ཞེས་པ་ནི། ཕྱག་རྒྱ་གསུམ་དང་མཉམ་པར་སྦྱར་བ་ལས། རང་ཉིད་ཀྱི་ནམ་ མཁའ་ལྡིང་གི་གདོང་སྟེ། དབུ་མའི་མས་སྣའི་རྩ་ནང་དུ། ཟླ་བ་བྱང་ཆུབ་ཀྱི་སེམས་འདུས་པ་ སྟེ། འབབ་པ་སྟོང་པ་ཉིད་རྣམ་པ་ཐམས་ཅད་པར་ཡོངས་སུ་ཤར་བའི་ལྷ་མོ་དང་ཀུན་ཏུ་སྤྱོད་ པ་ལས། དེས་བྱང་ཆུབ་ཀྱི་སེམས་ཡོངས་སུ་འཆིངས་པར་གྱུར་ཏེ། མས་བརྟན་པ་ན། ཐིག་ལེ་ རྣམས་ཡོངས་སུ་དག་སྟེ། ཡེ་ཤེས་སུ་གནས་གྱུར་པའི་ཚེ། འགྲོ་བ་སྟེ་ལྷ་སྐུའི་སྣང་བརྙན་ 2-1-96 དཔག་ཏུ་མེད་པ་འབྱིན་པ་སྟེ་སྤྲོ་བར་བྱེད་པ་དང༌། དེའི་ཚེ་མིའི་མཆོག་རྣལ་འབྱོར་པ་དེའི་ ལག་མཐིལ་ན་ཡོད་པའི་དཔལ། མངོན་ཤེས་དང༌། རྫུ་འཕྲུལ་དང༌། ཏིང་ངེ་འཛིན་དང༌། ཡོན་ཏན་གྱི་ཁྱད་པར་མཐའ་ཡས་པ་ཐོབ་པར་འགྱུར་རོ། །རྣམ་པ་དེ་ལྟ་བུ་དང་ལྡན་པའི་ དངོས་གྲུབ་ཐམས་ཅད་འབྲས་བུ་དང་བཅས་པར་འགྱུར་རོ། །ཞེས་པ་ནི། གོང་དུ་བསྟན་པའི་ ལྷ་སྐུ་དང༌། བདེ་སྟོང་གི་ཡེ་ཤེས་དང༌། ཡོན་ཏན་གྱི་ཁྱད་པར་ཐོབ་པ་རྣམས་ནམ་དུའང་ ཉམས་པར་མི་འགྱུར་བས་ན་འབྲས་བུ་དང་བཅས་པའི་དོན་ནོ། །དྲན་པ་ཙམ་གྱིས་གསོད་ པར་བྱེད་པ་དང༌། མེ་བསྐྱེད་པར་བྱེད་དོ། །ཞེས་པ་ནི། གསང་རིམ་གྱི་སྐབས་དྲན་པ་ཙམ་ གྱིས་ཏེ། སྐད་ཅིག་མ་སྔ་མ་ལ་ལས་རླུང་ཡིན་པ། སྐད་ཅིག་ཕྱི་མར་དེ་ཡོངས་སུ་འགགས་ཏེ། ཡེ་ཤེས་ཀྱི་རླུང་དུ་གྱུར་པ་ནི། ལས་རླུང་གསོད་པར་བྱེད་པའི་དོན་ནོ། །དེའི་ཚེ་ཡེ་ཤེས་ཀྱི་ གཏུམ་མོ་མཐའ་ཡས་པ་འབར་བ་ནི། མེ་བསྐྱེད་པར་བྱེད་པའི་དོན་ནོ། །ས་འོག་རྣམ་པར་ འཇོམས་པར་བྱེད་པ་དང༌། སོགས་ནི། ས་འོག་ནི་གསང་གནས་ཀྱི་འཁོར་ལོ་ཡིན་ལ། འཇོམས་པར་བྱེད་པ་ནི། དེའི་རྩ་མདུད་གྲོལ་བའི་དོན་ཡིན་ཅིང༌། འདི་ཐོག་མར་འབྱུང་བས་ དངོས་སུ་སྨོས་ནས། གཞན་གཙུག་ཏོར་གྱི་བར་གྱི་རྩ་མདུད་གྲོལ་བ་ཡང་བསྟན་པ་ཡིན་ནོ། །ནམ་མཁའ་ལྡིང་གི་གདོང༌། ཞེས་པ་ནས། འདིའི་བར་གསང་རིམ་གྱི་སྐབས་དང་སྦྱོར་བ་ ཡིན་ནོ། །འོ་ན་དེ་ལྟ་བུའི་རྩ་མདུད་གྲོལ་བ་ལ་སོགས་པ་དེ་རྣམས་རྒྱུ་གང་ལས་འབྱུང་ཞེ་ན། སེར་བ་འབེབས་པར་བྱེད་དོ་ཞེས། སེར་བ་ནི་སྲ་ཞིང་འཁྲེགས་པ་ཡིན་པ་ལྟར། ཞུ་བདེ་ཤིན་ ཏུ་བརྟན་པར་གྱུར་པ་དང༌། དྲན་པ་ཙམ་གྱིས་གློག་བསྐྱེད་དོ་ཞེས། དབུ་མའི་ནང་ཁེངས་པར་ ནུས་པའི་གློག་གཏུམ་མོའི་མེ་སྦོར་ནུས་པ་ལས་སོ། །ལྷ་ཐམས་ཅད་ཀྱི་གཟུགས་བརྙན་གར་ བྱེད་དུ་འཇུག་གོ །ཞེས་པ་ནི། འདིར་ལྷ་ནི་རླུང་ཡིན་ལ། གཟུགས་བརྙན་ནི་དེ་ཉིད་ལྷའི་ གཟུགས་སུ་གྱུར་པ་ཉིད་ཡིན་ཅིང༌། གར་བྱེད་པ་ནི། དེས་འཕྲིན་ལས་སྣ་ཚོགས་པ་བྱེད་ནུས་ 2-1-97 པ་སྟེ། འདི་ནི་སྲོག་གཟུགས་གྲུབ་པས་ཞི་བ་ལ་སོགས་པའི་ལས་ཐམས་ཅད་ཐོགས་མེད་དུ་ སྒྲུབ་པར་བྱེད་པའོ། །ས་མ་ལུས་པ་རྣམས་ལ་ལོངས་སྤྱོད་པར་འགྱུར་རོ། །ཞེས་པ་ནི། གསང་ རིམ་གྱི་སྐབས་ས་བཅུ་གཉིས་སམ་བཅུ་དྲུག་རིམ་པས་ཐོབ་པར་འགྱུར་བའོ། །འདོད་ན་ བསྡུད་པར་འགྱུར་རོ། །ཞེས་པ་ནི། ས་དེ་དག་ལ་རང་ཉིད་ཀྱི་རྒྱུད་ཀྱི་དཀར་དམར་རླུང་ གསུམ་གྱི་སྣང་བ་ལ་སོགས་པའི་མ་དག་པའི་དངོས་པོ་རྣམས་དང༌། གཞན་རང་ཉིད་ལ་སྣང་ བའི་མ་དག་པའི་ཆོས་རྣམས་རིམ་པས་བསྡུད་པར་འགྱུར་བའོ། །བཅོམ་ལྡན་འདས་འདི་ལ་ སོགས་པའི་དོན་ནི། ངེས་དོན་གྱི་བཅོམ་ལྡན་འདས་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ འདི་ལ་ནི་བགྲང་འཕྲེང་དང༌། བཟླས་བརྗོད་ལ་སོགས་པའི་བརྟུལ་ཞུགས་དང༌། སྤྱོད་པ་ དང༌། བསྙུང་བར་གནས་པ་ལ་སོགས་པ་མི་དགོས་ཏེ། ངེས་དོན་གྱི་རྩ་སྔགས་ཀྱི་ཆོ་ག་འདིས་ མཆོག་དང༌། ཐུན་མོང་གི་དངོས་གྲུབ་ཅི་འདོད་པའི་ལས་རྣམས་བྱའོ། ། དེ་ཡན་གྱི་ཕན་ཡོན་གྱི་ཚུལ་དུ་གསུངས་པ་རྣམས་རྫོགས་པའི་རིམ་པ་དང་སྦྱར་ནས་ བཤད་ཟིན་པ་ཡིན་ལ། དེ་ནས་ལས་ཚོགས་བཅུ་གསུམ་པོ་རྣམས་ཀྱི་མིང་ནི་ངེས་དོན་ཙམ་ འཆད་པ་ནི། གང་ཞིག་སྒྲུབ་པའི་མིང་ནས་བཟུང་སྟེ་ལན་གཅིག་བཟླས་ན། དེ་དེའི་མོད་ལ་ འཆི་བར་འགྱུར་རོ། །ཞེས་པ་ནི། བསྒྲུབ་བྱ་ཐིག་ལེ་དང༌། དེའི་མིང་རླུང་སྟེ། རླུང་དང་ཐིག་ ལེ་རྡོ་རྗེ་ནོར་བུར་ཡོངས་སུ་བཟུང་བ་ཐུན་གཅིག་ཏུ་བསྒོམས་ན། ལས་རླུང་དེ་དེའི་མོད་ལ་ འཆི་བ་སྟེ་འགག་པར་འགྱུར་རོ། །འདི་ནི་ལས་རླུང་འགགས་པའི་ཆ་ནས་གསུངས་པ་ཡིན་ ཀྱང༌། ལས་རླུང་འགགས་པ་ན་མི་འགྱུར་བའི་བདེ་བའི་སྐད་ཅིག་སྐྱེ་བར་འགྱུར་བ་ཡིན་པས། གསང་རིམ་ནས་འབྱུང་བ་ཡིན་ནོ། །བྱ་བ་ཡོད་པར་བྱེད་པ་ནི། ངེས་དོན་གྱི་རྩ་སྔགས་བདེ་ སྟོང་གཉིས་སུ་མེད་པའི་ཡེ་ཤེས་དེས། ཤིན་ཏུ་མང་བའི་འདུ་ཤེས་བྱེ་བ་གསོད་པ་སྟེ་འགག་ པར་བྱེད་པ་དང༌། འཚོ་བར་འགྱུར་བ་ནི། འདུ་ཤེས་དང་རྣམ་པ་འདྲ་བའི་ཡེ་ཤེས་ཀྱི་འདུ་ 2-1-98 ཤེས་སྐྱེད་པར་བྱེད་པ་སྟེ། འདི་ནི་ལམ་དུས་ཀྱི་སོ་སོར་རྟོག་པའི་ཡེ་ཤེས་སོ། །ལྟུང་བར་བྱེད་ པའི་ངེས་དོན་ནི། རླུང་རྣམས་དབུ་མའི་ནང་ཞུགས་པ་དང༌། ཤ་ཟས་བཟུང་བའི་ངེས་དོན་ ནི། ཤ་ཟ་ནི་མཁའ་འགྲོ་སྟེ། དབུ་མ་ཤ་ཟའི་ནང་དུ་རླུང་རྣམས་བཟུང་ཞིང་གནས་པ་དང༌། གདོན་ཆེན་པོས་བཟུང་བའི་ངེས་དོན་ནི། གྲ་ཧ་ཞེས་པ་གདོན་གྱི་སྐད་དོད་དང༌། གཟའི་སྐད་ དོད་གཉིས་ཆར་ལ་ཡོད་པ་ལས། སྐབས་འདིར་གདོན་གྱི་ནང་ཚན་གཟའ་དང་། དེའི་ཡང་ ནང་ནས། སྒྲ་གཅན་ཏེ་དབུ་མའི་ནང་གི་མི་ཤིགས་པའི་ཐིག་ལེ་ལ། རླུང་རྣམས་ཐིམ་པར་ གྱུར་པའོ། །དེ་ལྟར་དབུ་མའི་ནང་དུ་རླུང་ཞུགས་གནས་ཐིམ་གསུམ་ཁྱད་པར་ཅན་དུ་གྱུར་པ་ རླུང་རྣམས་མཐའ་དག་མི་ཤིགས་པའི་ཐིག་ལེ་ལ་ཐིམ་པར་གྱུར་པ་ན། དབུ་མའི་ནང་ནས་ གཏུམ་མོ་འབར་བར་ནུས་པ་ཡིན་ལ། དེ་ལྟ་བུའི་གཏུམ་མོ་དེ་སྨིན་མཚམས་གནད་ཀྱི་སྒོ་ཕྱེ་ ནས། རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་པོ་ཐམས་ཅད་དུ་སོན་པ་ན། དེར་གནས་པའི་བྱང་ཆུབ་ ཀྱི་སེམས་ཀྱི་དྭངས་མ་ཐམས་ཅད་ཡོངས་སུ་བསྡུས་ནས། སྤྱི་གཙུག་གསེར་གྱི་སྒོ་ཛ་ལནྡྷ་ར་ ནས། སླར་ཡང་འཇུག་པར་བྱེད་པ་ནི། རླུང་གི་ཤུགས་ཀྱིས་འོང་བར་འགྱུར་བའི་ངེས་དོན་ ནོ། །དེ་ལྟར་དེ་བཞིན་གཤེགས་པའི་རྒྱུད་ལ་འགྲོ་འོང་བྱུང་བ་ན། དབུ་མའི་ནང་དུ་འབར་ འཛག་ཡང་ཡང་འབྱུང་བ་ཡིན་པ་ལས། གཏུམ་མོའི་མེས་སྤྱི་བོའི་ཧཾ་ལ་བརྡེག་པ་སྟེ་རེག་པ་ ན། རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་བྱང་ཆུབ་ཀྱི་སེམས་ཀྱི་དྭངས་མ་མཐའ་དག་སྤྱི་བོའི་ཧཾ་ ལ་འདུས་པ་ཡོངས་སུ་ཞུ་སྟེ། འཁོར་ལོ་བཞིར་རིམ་པས་བརྟན་པར་གྱུར་པ་ནི། རེངས་པར་ འགྱུར་བའི་ངེས་དོན་ནོ། །དེ་ལྟར་འཁོར་ལོ་བཞི་སོ་སོར་བྱང་ཆུབ་ཀྱི་སེམས་བརྟན་པ་ན། དེ་ དག་གི་རྩ་མདུད་གྲོལ་བར་གྱུར་ཏེ། དབུ་མ་ནས་རོ་རྐྱང་དང༌། རོ་རྐྱང་ནས་དབུ་མ་ལ་སོགས་ པ་རྩ་གནས་གང་འདོད་དུ་འབར་འཛག་འགྲོ་བར་ནུས་པ་ནི། གང་དུ་འདོད་པ་དེར་འགྲོ་བར་ འགྱུར་རོ། །ཞེས་པའི་ངེས་དོན་ནོ། ། 2-1-99 དེ་ལྟར་བྱང་ཆུབ་ཀྱི་སེམས་བརྟན་པར་གྱུར་པ་ལས། རྩ་གནས་ཐམས་ཅད་དུ་བྱང་ཆུབ་ ཀྱི་སེམས་འབེབ་པར་ནུས་པ་ནི། སེམས་ཅན་ཐམས་ཅད་འབེབས་པར་འགྱུར་རོ། །ཞེས་ པའི་ངེས་དོན་ནོ། །ལྟུང་བར་བྱེད་པའི་ངེས་དོན་ནས་བཟུང་། འདིའི་བར་སྔགས་རིམ་དང༌། ཡེ་ཤེས་ཀྱི་རིམ་པའི་ཕྱེད་སྔ་མ་ལ་སྦྱོར་བ་ཡིན་ནོ། །དུག་གིས་ཟིན་པའི་དུག་གསོས་པར་བྱེད་ པའི་ངེས་དོན་ནི། ཐིག་ལེ་བྱང་ཆུབ་ཀྱི་སེམས་ནོར་བུའི་བར་དུ་མར་འོངས་པ། དུག་གིས་ཟིན་ པ་དང༌། སླར་ཡང་སྤྱི་བོའི་བར་དུ་བཟློག་པ་ནི། དུག་གསོས་པའི་དོན་ནོ། །རེངས་པ་གྲོལ་ བར་བྱེད་པའི་ངེས་དོན་ནི། དེ་ལྟར་བྱང་ཆུབ་ཀྱི་སེམས་ལུགས་འབྱུང་དང་ལུགས་བཟློག་གི་ གནས་སྐབས་དེར། བདེ་སྟོང་གི་ཡེ་ཤེས་རང་གིས་རིག་པ་ནི། མ་རིག་པའི་མཁའ་འགྲོ་མས་ རྒྱས་བཏབ་པའི་རེངས་པ་ལས་གྲོལ་བ་སྟེ། རང་གིས་རིག་པ་ནི། མ་རིག་པའི་རྨོངས་པ་བྲལ་ བའི་དོན་ནོ། །མངལ་འཕོ་བའི་ངེས་དོན་ནི། གསང་རིམ་གྱི་ས་བཅུ་གཉིས་པོ་རྣམས་སུ་གོང་ ནས་གོང་དུ་འཕོ་བར་འགྱུར་བའི་དོན་ནོ། །དོན་བསྡུའི་ཚིག་རྣམས་རྫོགས་རིམ་དང་སྦྱར་ ཏེ་འཆད་པ་ནི། ངེས་དོན་རྫོགས་རིམ་གྱི་རྩ་བའི་སྔགས་འདི། མི་ཤེས་པ་སྟེ་མ་འགྲུབ་པར། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་མངོན་པར་ཐོབ་པར་འདོད་པ་ནི། རྨོངས་པ་གང་ཞིག་ འབྲས་འདོད་པས། །ཕུབ་མ་བརྡུང་བ་དང་མཚུངས་ཏེ། །འདོད་པའི་འབྲས་བུ་ཐོབ་པར་མི་ འགྱུར་བས་སོ། །རྫོགས་རིམ་གྱི་རྩ་བའི་གསང་སྔགས་འདི་མེད་པར་མཆོག་གི་དངོས་གྲུབ་ དང༌། བདེ་བ་སྟེ་ཐུན་མོང་གི་དངོས་གྲུབ་གཉིས་མེད་དེ། སྒྲུབ་པ་པོ་ཡིས་ཐོབ་པར་མི་འགྱུར་ རོ། །རྫོགས་རིམ་གྱི་གསང་སྔགས་འདི་མི་ཤེས་པའི་རྣལ་འབྱོར་པ་རྣམས། རྣལ་འབྱོར་ ཐོབ་པར་འདོད་པ་ནི་ངལ་བ་དོན་མེད་པ་སྟེ། འདོད་པའི་འབྲས་བུ་ཐོབ་པར་མི་འགྱུར་རོ། །རྫོགས་རིམ་གྱི་གསང་སྔགས་འདི་ནི་རང་ཉིད་ཅི་འདོད་པའི་མཆོག་དང་ཐུན་མོང་གི་དངོས་ གྲུབ་ཐམས་ཅད་སྦྱིན་པར་བྱེད་པ་ཡིན་ནོ། །རྫོགས་རིམ་གྱི་རྩ་བའི་སྔགས་འདི་ལ་བརྟེན་ 2-1-100 ནས། མཆོག་གི་དངོས་གྲུབ་འགྲུབ་པ་ཡང༌། ཕྱག་རྒྱ་དང་ལྷན་ཅིག་ཏུ་བཟའ་བ་དང༌། བཏུང་ བ་དང༌། ཚོགས་ཀྱི་འཁོར་ལོའི་སྟོན་མོ་ལ་སོགས་པ། འདོད་པའི་ཡོན་ཏན་ལྔ་ལ་ལོངས་སྤྱོད་ པའི་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་སྤྱད་པ་ལས་འགྲུབ་པར་འགྱུར་བ་ཡིན་ནོ། །འདིས་ནི་ སྤྲོས་བཅས་ཀྱི་སྤྱོད་པ་ཉིད་གཙོ་བོར་བསྟན་པ་ཡིན་ནོ། །ཧེ་རུ་ཀ་མངོན་པར་བརྗོད་པ་ཞེས་ བྱ་བ་ལས་རྩ་བའི་ཆོ་གའི་ལེའུ་སྟེ་དགུ་པ་རྣམ་པར་བཤད་ཟིན་ཏོ།། །། ༈ ལེའུ་བཅུ་པ་འདི་སྙིང་པོའི་ལས་ཚོགས་སྟོན་པར་བྱེད་པ་ཡིན་པ་ལས། མདོར་བསྟན་གྱི་ ཚུལ་གྱིས་བཤད་པར་ཞལ་གྱི་བཞེས་པ་དང༌། དོན་དངོས་རྒྱས་པར་བཤད་པ་དང་གཉིས་ ལས། དང་པོ་ནི། དེ་ནས་སོགས་ཤོ་ལོ་ཀ་གཅིག་གིས་བསྟན། དེ་ཡང་རྩ་སྔགས་ཀྱི་ལས་ཚོགས་ བཤད་པའི་རྗེས་དེ་ནས། དཔལ་ཧེ་རུ་ཀ་དང་གཉིས་སུ་མེད་པར་སྦྱོར་བ། སྙིང་པོ་ཡི་གེ་ཉེར་ གཉིས་པའི་གསང་སྔགས་འདི། སྒྲུབ་པ་པོ་གང་གིས་ཤེས་པ་སྟེ། འགྲུབ་པ་ཙམ་གྱིས་དངོས་ གྲུབ་ཐམས་ཅད་འགྲུབ་པར་ཐེ་ཚོམ་མེད་པ་ཡི་སྐུ་གསུམ་པོ་ནི་བཤད་པར་བྱ། ཞེས་པའོ། །ཧེ་ རུ་ཀ་དང་གཉིས་མེད་དུ་སྦྱོར་བའི་སྙིང་པོ་ལ་ཡང༌། དྲང་དོན་བསྐྱེད་རིམ་གྱི་སྙིང་པོ་ནི། ཡི་གེ་ ཉེར་གཉིས་པོ་ཉིད་ཡིན་ལ། ངེས་དོན་རྫོགས་རིམ་གྱི་སྙིང་པོ་ནི། སྟོང་ཉིད་ཉི་ཤུ་དང༌། བདག་ མེད་པ་གཉིས་ཏེ། སྟོང་པའི་ཡེ་ཤེས་ཉེར་གཉིས་པོ་དེ་ནི། ཡི་གེ་ཉེར་གཉིས་ཀྱི་ངེས་དོན་སྟོང་ པའི་ཕྱོགས་ཡིན་ལ། དེ་ལས་ཡེ་ཤེས་ཀྱི་དབང་པོ་ལྔ་འདུས་པའི་སྐུ་དང༌། ཡེ་ཤེས་ཀྱི་འདོད་ ཡོན་ལྔ་འདུས་པའི་གཞལ་ཡས་ཁང་མཆོད་པའི་བཀོད་པ་དང་བཅས་པ། ཀུན་ཁྱབ་བདེ་བ་ ཆེན་པོ་སྟེ་བཅུ་གཅིག་པོ་དེ་ཉིད་འབྱུང་ཞིང༌། དེ་ལ་ཡང་ཐབས་ཤེས་རབ་ཀྱི་ཆ་རེ་རེ་ཡོད་པ་ ནི། ཡི་གེ་ཉེར་གཉིས་ཀྱི་ངེས་དོན་ནོ། ། གཉིས་པ་ལ། སྐུ་གསུམ་བཤད་པ་དང༌། ལས་རྒྱས་པའི་རྣམ་གྲངས་བཤད་པ་གཉིས་ 2-1-101 ལས། དང་པོ་ལ་ཡང༌། ལམ་གྱི་སྐུ་གསུམ་དང༌། འབྲས་བུའི་སྐུ་གསུམ་བཤད་པ་གཉིས་ལས། དང་པོ་ལ་བསྐྱེད་རིམ་དང་། རྫོགས་རིམ་གྱི་སྐུ་གསུམ་གཉིས་ལས། དང་པོ་ལ་ཡང་། སྐུ་ གསུམ་གྱི་སྒྲུབ་པ་དང་། སྐུ་གསུམ་དངོས་གཉིས་ལས། དང་པོ་ནི། ལྷ་རྣམས་བྱང་ཕྱོགས་སོ་ བདུན་གྱི་ཡེ་ཤེས། བདེ་བ་ཆེན་པོའི་རང་བཞིན་དུ་མོས་པར་བྱེད་པ་ནི། ཆོས་སྐུའི་སྒྲུབ་པ་ དང་། ལུས་ཀྱི་དཀྱིལ་འཁོར་སྒོམ་པ་ནི་ལོངས་སྐུའི་སྒྲུབ་པ་དང་། ཕྱི་དཀྱིལ་གྱི་ལྷ་རགས་པ་ སྒོམ་པ་ནི། སྤྲུལ་སྐུའི་སྒྲུབ་པ་སྟེ། དེ་ལྟར་གོམས་པ་ལས། བྱང་ཕྱོགས་སོ་བདུན་གྱི་ཡེ་ཤེས་ བདེ་བའི་རང་བཞིན་གྱི་ལྷ་རྣམས་ལ་རྒྱས་བཏབ་པ་ན། རྒྱས་ཐེབས་ཏེ། ལྷ་རྣམས་བདེ་བའི་ རང་བཞིན་གྱི་བྱང་ཕྱོགས་སོ་བདུན་གྱི་དག་པར་ཉམས་སུ་མྱོངས་བ་ནི་བསྐྱེད་རིམ་གྱི་སྤྲུལ་ སྐུ་དང་། ལུས་དཀྱིལ་གྱི་ལྷ་ལ་སོགས་པ། ལྷ་སྐུ་ཕྲ་མོ་རྣམས་ལ་ཡང་གསལ་སྣང་གྲུབ་ཅིང་ ། ལུས་དཀྱིལ་བསྒོམས་པའི་མཐུ་ལས། བདེ་བའི་ཡེ་ཤེས་སྐྱེས་པ་ནི་བསྐྱེད་རིམ་གྱི་ལོངས་ སྐུ་དང་། ཕྱི་དཀྱིལ་ལྷ་སྐུ་རགས་པ་ལ་གསལ་སྣང་ཐོབ་པ་ནི། བསྐྱེད་རིམ་གྱི་སྤྲུལ་སྐུའོ། །འདི་ནིའཁོར་ལོ་སྡོམ་པའི་ཐུན་མོངས་མ་ཡིན་པའི་བསྐྱེད་རིམ་སྐུ་གསུམ་ལམ་བྱེད་ཡིན་ལ། འཆི་བ་ཆོས་སྐུ། བར་དོ་ལོངས་སྐུ། སྐྱེ་བ་སྤྲུལ་སྐུ་ལམ་བྱེད་ནི། བླ་མེད་སྤྱི་ལ་གྲགས་པའོ། །རྫོགས་རིམ་ལ་ཡང་། དངོས་དང་སྒྲུབ་པ་གཉིས་ལས། དང་པོ་ནི། རླུང་སེམས་དབུ་མར་ འགགས་པ་ལས་གཏུམ་མོ་འབར་བའི་སྟོབས་ཀྱི་གསལ་སྟོང་གི་ཡེ་ཤེས་ཁྱད་པར་ཅན་འབྱུང་ བ་ནི་ཆོས་སྐུ་དང་། འདི་ནི་སྔགས་རིམ་ནས་བཟུང་སངས་རྒྱས་ཀྱི་བར་དུ་ཡོད་དོ། །དེ་ནས་ ཡེ་ཤེས་ཀྱི་རིམ་པའི་སྐབས་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་ཐིག་ལེ་མཐའ་དག་ཡོངས་སུ་ ཞུ་བའི་ཡས་བབས་ཀྱི་དགའ་བ་རྣམས་ནི་བདེ་བ་ལ་ལྷག་པར་སྤྱོད་པ་ཡིན་པའི་ཕྱིར། ལོངས་ སྤྱོད་རྫོགས་པའི་སྐུ་སྟེ། འདི་ཡང་ཡེ་ཤེས་ཀྱི་རིམ་པ་ནས། སངས་རྒྱས་ཀྱི་བར་དུ་ཡོད་དོ། །དེ་ནས་གསང་རིམ་གྱི་སྐབས། རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་པོ་ཐམས་ཅད་དུ་བྱང་ཆུབ་ 2-1-102 ཀྱི་སེམས་ཀྱི་དངས་མ་སླེབ་པ་ན། ལྷ་སྐུའི་སྣང་བརྙན་དཔག་ཏུ་མེད་པ་འབྱུང་བ་ནི་སྤྲུལ་པའི་ སྐུའོ། །དེ་ལྟར་སྤྱི་དོན་གྱི་ཚུལ་གྱིས་ངེས་པར་བྱས་ནས། གཞུང་ཚིག་དང་སྦྱར་ཏེ་བཤད་པ་ ལ། བསྐྱེད་རིམ་ལྟར་བཤད་པ་དང༌། རྫོགས་རིམ་ལྟར་བཤད་པ་གཉིས་ལས། དང་པོ་ནི། བསྐྱེད་རིམ་གྱི་ཆོས་སྐུའི་སྒྲུབ་པ་པོས། བསྒོམ་བྱ་དཀྱིལ་འཁོར་གྱི་ལྷ་བྱང་ ཕྱོགས་ཀྱི་དག་པ་ཅན་རྣམས་ལ་བསྐྱེད་རིམ་གྱི་ཞུ་བདེས་རྒྱས་བཏབ་ཅིང་བསྒོམས་པ་ལས། གང་གི་ཚེ་བསྐྱེད་རིམ་གྱི་ཆོས་ཀྱི་སྐུའི་ལུས་ཅན་ཁ་བྱང་ཕྱོགས་སོ་བདུན་གྱི་རང་བཞིན་ གྱི་ལྷ་རྣམས་བདེ་བའི་ངོ་བོར་ཡོངས་སུ་ཤར་བ་དེའི་ཚེ། དེ་ནི་བསྐྱེད་རིམ་གྱི་ཆོས་སྐུ་ཡིན་ ཞེས། ཧེ་རུ་ཀས་བཤད་དོ། །ཡང་སྒྲུབ་པ་པོས་བསྒོམ་བྱ་ལུས་ཀྱི་དཀྱིལ་འཁོར་བསྒོམས་པ་ ལས། གང་གི་ཚེ་བསྐྱེད་རིམ་གྱི་ལོངས་སྤྱོད་རྫོགས་པའི་སྐུའི་ལུས་ཅན། ལུས་དཀྱིལ་གྱི་ལྷ་ སྐུ་ཕྲ་མོའི་གསལ་སྣང་བདེ་བ་དང་བཅས་པ་ཐོབ་པར་འགྱུར་བ་དེའི་ཚེ། དེ་ནི་བསྐྱེད་རིམ་ གྱི་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ཞེས། ཧེ་རུ་ཀ་ང་སྨྲ་འོ། །བསྐྱེད་རིམ་གྱི་སྤྲུལ་སྐུའི་སྒྲུབ་པ་ པོས། བསྒོམ་བྱ་ཕྱི་དཀྱིལ་རགས་པ་སྒོམ་པར་བྱས་པ་ལས། གང་གི་ཚེ་བསྐྱེད་རིམ་གྱི་སྤྲུལ་ པའི་སྐུའི་ལུས་ཅན། ལྷ་སྐུ་རགས་པ་ལ་གསལ་སྣང་ཐོབ་པར་འགྱུར་བ་དེའི་ཚེ། དེ་ནི་བསྐྱེད་ རིམ་གྱི་སྤྲུལ་པའི་སྐུ་ཡིན་ཞེས། ཧེ་རུ་ཀ་ངས་བཤད། ཅེས་པའོ། ། གཉིས་པ་ནི། རྫོགས་རིམ་གྱི་ཆོས་སྐུའི་སྒྲུབ་པ་པོས་བསྒོམ་བྱ་རླུང་སེམས་དབུ་མར་ སྡུད་བྱེད་ཀྱི་ཐབས། རྫོགས་པའི་རིམ་པའི་རྣལ་འབྱོར་གང་ཡང་རུང་བ་སྒོམ་པར་བྱས་པ་ ལས། གང་གི་ཚེ་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པའི་མཐར་གཏུམ་མོ་འབར་ བའི་རང་བྱུང་གི་ཡེ་ཤེས་སྐྱེས་པར་འགྱུར་བ་དེའི་ཚེ། དེ་ནི་རྫོགས་རིམ་གྱི་ཆོས་སྐུ་ཡིན་ཞེས་ བཤད་དོ། །རྫོགས་རིམ་གྱི་ལོངས་སྐུའི་སྒྲུབ་པ་པོས། བསྒོམ་བྱ་ལས་དང༌། ཡེ་ཤེས་ཀྱི་ཕྱག་ རྒྱ་གང་རུང་ལ་བརྟེན་ནས། བྱང་ཆུབ་ཀྱི་སེམས་བརྟན་པར་འགྱུར་བའི་རྒྱུ། དགའ་བ་བཞིའི་ 2-1-103 ཡེ་ཤེས་སྒོམ་པར་བྱས་པ་ལས། གང་གི་ཚེ་རྫོགས་རིམ་གྱི་ལོངས་སྐུའི་ལུས་ཅན། བྱང་ཆུབ་ ཀྱི་སེམས་འཁོར་ལོ་བཞིར་བརྟན་པར་འགྱུར་བ་དེའི་ཚེ། དེ་ནི་རྫོགས་རིམ་གྱི་ལོངས་སྐུ་ཡིན་ ཞེས་ཧེ་རུ་ཀ་ང་སྨྲའོ། །རྫོགས་རིམ་གྱི་སྤྲུལ་སྐུའི་སྒྲུབ་པ་པོས། བསྒོམ་བྱ་ཞུ་བདེ་འགྱུར་མེད་ ཀྱི་ཡེ་ཤེས་སྒོམ་པ་ལས། གང་གི་ཚེ་རྫོགས་རིམ་གྱི་སྤྲུལ་སྐུའི་ལུས་ཅན། གཏུམ་མོའི་འབར་ སྣང་གི་ལྷ་སྐུ་དཔག་ཏུ་མེད་པ་སྤྲོ་བར་འགྱུར་བ་དེའི་ཚེ། དེ་ནི་རྫོགས་རིམ་གྱི་སྤྲུལ་པའི་ སྐུར་ཧེ་རུ་ཀ་ངས་བཤད་དོ། །བསྐྱེད་རྫོགས་ཀྱི་སྐུ་གསུམ་གྱི་སྦྱོར་ཚུལ་དེ་ལྟར་དུ་བཤད་པ་ ནི། འཁོར་ལོ་སྡོམ་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡིན་པའི་ཕྱིར། རྒྱུད་ཚིག་དང་གཙོ་ བོར་སྦྱར་བ་ཡིན་ལ། གཞན་བསྐྱེད་རིམ་ལ་སྐྱེ་འཆི་བར་དོ་གསུམ་སྦྱོང་བྱེད། སྤྲུལ་ལོངས་ ཆོས་གསུམ་དུ་བཞག་པ་དང་ལྷ་སྐུ་སྒོམ་པ་སྤྲུལ་སྐུ། སྔགས་བཟླ་བ་ལོངས་སྐུ། བསྐྱེད་རིམ་ གྱི་བདེ་བ་ཆོས་སྐུར་འཇོག་པ་དང༌། ཡང་རྫོགས་རིམ་གྱི་ཕྱོགས་ལ། རླུང་སེམས་དབུ་མར་ འགགས་པ་ལས་བྱུང་བའི་གསལ་བ་སྤྲུལ་སྐུ། བདེ་བ་ལོངས་སྐུ། སྟོང་པ་ཆོས་སྐུར་འཆད་པ་ དང༌། ཡང་འོད་གསལ་བདེ་བ་ཆེན་པོ་ཆོས་སྐུ། རླུང་སེམས་ཙམ་ལས་གྲུབ་པའི་ལྷ་སྐུ་མཉམ་ བཞག་སྒྱུ་མ་ལོངས་སྐུ། དེ་ཉིད་མ་དག་པའི་སྣང་བ་ཐམས་ཅད་ལ་བསྲེ་བ་རྗེས་ཐོབ་སྒྱུ་མ་ སྤྲུལ་སྐུར་འཆད་པ་སྟེ། དེ་རྣམས་ཐམས་ཅད་སྤྱིར་རྒྱུད་ཚིག་འདིས་བསྟན་པ་ནི་ཡིན་ནོ། ། གཉིས་པ་ནི། དེ་ལྟར་བསྐྱེད་རྫོགས་ཀྱི་སྐུ་གསུམ་པོ་དེ་རྣམས་སྒོམ་པ་ལས། འབྲས་བུ་ མཐར་ཐུག་པའི་ཆོས་དང༌། ལོངས་སྤྱོད་རྫོགས་པ་དང༌། སྤྲུལ་པའི་སྐུ་ཡང་དག་པར་ཐོབ་ པར་འགྱུར་བ་གདོན་མི་ཟ་ཞིང༌། བདག་ཉིད་ཤྲི་ཧེ་རུ་ཀ་འགྲུབ་པར་འགྱུར་བ་འདི་ལ་ཐེ་ཚོམ་ མེད། ཅེས་པའོ། །ཤྲི་ཧེ་རུ་ཀའི་ཡི་གེ་བཞི་པོ་འདིས། སྐུ་བཞིའང་བསྟན་པ་ཡིན་ཏེ། ཧེ་དང་རུ་ དང་ཀ་དང་གསུམ་གྱིས་ཆོས་ལོངས་སྤྲུལ་གསུམ་དང༌། ཤྲི་ཡིས་ནི་ངོ་བོ་ཉིད་ཀྱི་སྐུའོ། །ལས་ རྒྱས་པའི་རྣམ་གྲངས་བཤད་པ་ལ། བཤད་པར་ཞལ་གྱིས་བཞེས་པ་དང༌། དེ་དངོས་བཤད་ 2-1-104 པ་གཉིས་ལས། དང་པོ་ནི། གསང་སྔགས་སོགས་ཚིག་གཉིས་ཀྱིས་བསྟན། དེ་ཡང་སྙིང་པོ་འདི་ཡི་གསང་ སྔགས་ནི་བཤད་པར་བྱ་ཡི། སྒྲུབ་པ་པོ་རྣམས་ཉོན་ཅིག ཞེས་པའོ། ། གཉིས་པ་ལ། སྒྲ་ཇི་བཞིན་དང༌། ཇི་བཞིན་མ་ཡིན་པ་གཉིས་ལས། དང་པོ་ནི། རྒྱུད་ཀྱི་ དངོས་བསྟན་ལ། ཕན་ཡོན་གྱི་ཚུལ་དུ་བསྟན་པ་ཡིན་ཞིང༌། བླ་མའི་མན་ངག་གིས་ནི། ལས་ ཚོགས་ཀྱང་སྦྱོར་བར་མཛད་པ་ཡིན་ནོ། །དེ་ཡང་སྙིང་པོའི་སྔགས་འདི་འགྲུབ་པ་ཞིག་གིས། སླར་ཡང་ལས་སྒྲུབ་པའི་དོན་དུ་བཟླས་བརྗོད་འབུམ་ལ་སོགས་པ་བྱས་པས། ནམ་མཁའ་ ལ་དཔག་ཚད་བྱེ་བ་འཕགས་པར་འགྱུར་ཞིང་། དེ་ཉིད་ལ་འགྲོ་འོང་ནུས་པ་དང་།གཟུགས་ བརྒྱ་ཕྲག་དུ་མར་བྱེད་པ་སོགས་འབྱུང་བ་དང་། སྤེལ་ཚིག་དང་བཅས་ཏེ་སྔགས་བཟླས་པས། ཁང་བཟང་སྟེ་རྫོང་ལྟ་བུ་དང་། ལྗོན་ཤིང་དང་། ཁྱིམ་ལ་འཛེགས་ཏེ་རྣལ་འབྱོར་མ་རྣམས་ དང་ལྷན་ཅིག་དཔག་ཚད་བྱེ་བའི་བར་དུ་འགྲོ་བར་འགྱུར་བ་དང་། དེ་ནི་ནམ་མཁའ་ལ་འགྲོ་ ཞིང་འོང་བར་བྱེད་པ་ཡིན་གྱི། གཞན་པ་གཞི་ལ་འགྲོ་འོང་བྱེད་པར་མི་འགྱུར་རོ། །སྒྲུབ་པ་པོ་ དེ་འདོད་ན་གཟུགས་སྣང་བར་འགྱུར་ཞིང་། འདོད་ན་མི་སྣང་བར་འགྱུར་བ་དང་། འདོད་ན་ བྱིས་པ་དང་། རྒན་པོ་དང་། དར་ལ་བབས་པའི་གཟུགས་འཛིན་པར་འགྱུར་བ་དང་། གླང་པོ་ ནས། རྔ་མོའི་བར་གྱི་སྲོག་ཆགས་དགུའི་གཟུགས་འཛིན་པར་གསུངས་པ་མཚོན་བྱེད་དེ། དེ་ དག་ལ་སོགས་པ་རྐང་བཞི་པའི་སྲོག་ཆགས་མཐའ་ཡས་པའི་གཟུགས་འཛིན་པར་འགྱུར་བ་ དང་། ཡང་རྨ་བྱ་ནས་ཁྲའི་བར་དགུའི་གཟུགས་འཛིན་པར་གསུངས་པ་ཡངས། དེ་དག་ལ་ སོགས་པ་འདབ་ཆགས་མཐའ་ཡས་པའི་གཟུགས་འཛིན་པར་འགྱུར་བ་དང་། ཚིག་འཕྲོག་པ་ ནི། གཞན་གྱི་ངག་གི་ནུས་པ་ཉམས་པར་བྱེད་པ་དང་། མཐོང་བ་འཕྲོག་པ་ནས། ལྕེ་འཕྲོག་ པའི་བར་རྣམས་ནི་ལོང་བར་བྱེད་པ་དང་། འོན་པར་བྱེད་པ་དང་། དྲི་མི་ཚོར་བར་བྱེད་པ་དང་ 2-1-105 ། ལྐུག་པར་བྱེད་པའོ། །གང་གི་འདོད་པའི་ཁྲག་འདྲེན་པར་བྱེད་པ་ནི། ཕ་རོལ་པོའི་ཁྲག་ འདྲེན་པར་བྱེད་པ་སྟེ། དེ་དག་ལ་སོགས་པ་གཞན་ཡང་གནོད་པའི་ལས་མཐའ་ཡས་པ་བྱེད་ དོ། །འདི་དག་ཀྱང་རིགས་སྔགས་འགྲུབ་པ་ཞིག་གིས། གང་དང་གང་འདོད་པ་དེ་སྤེལ་ཚིག་ དང་བཅས་ཏེ། སྔགས་ཀྱི་བཟླས་པ་ཅུང་ཟད་བྱས་པས། ལས་དེ་རྣམས་འགྲུབ་པར་འགྱུར་བ་ ཡིན་ལ། ཅི་སྟེ་སྒྲུབ་པ་པོ་བསོད་ནམས་དམན་པས་མ་འགྲུབ་ན། སྙིང་པོའི་འཁོར་ལོ་བྲིས་ལ། ཆོ་ག་ཇི་ལྟ་བ་བཞིན་འཁྲུལ་འཁོར་རྫས་དང་བཅས་ཏེ་སྒྲུབས་པས། ལས་དེ་དག་ཐོགས་མེད་ དུ་འགྲུབ་པར་ནུས་པ་ཡིན་ནོ། །དེ་ཡང་འོག་ནས་འཆད་པར་འགྱུར་བ་ལྟར། སྐྱེ་བ་བདུན་ པའི་གཽ་རོ་ཙ་ན་བླངས་ཏེ། རང་གི་དཔྲལ་བར་ཐིག་ལེ་བྱས་ལ། སྙིང་པོའི་བཟླས་པ་བྱས་ པས། ནམ་མཁའ་ལ་དཔག་ཚད་བྱེ་བ་ལ་སོགས་པར་འཕགས་པར་འགྱུར་ཞིང་། སུམ་ཅུ་ རྩ་གསུམ་གྱི་གནས་ལ་སོགས་པར་འགྲོ་བ་དང་། དེ་ནས་སླར་འོང་བར་ནུས་པར་འགྱུར་རོ། །གཟུགས་བརྒྱ་སྟོང་དུ་མར་བྱེད་པ་ནི། སྐྱེ་བ་བདུན་པའི་གཽ་རོ་ཙ་ན་དང་། བ་གླང་ལ་སོགས་ པ་གཟུགས་གང་དང་གང་འཛིན་པར་འདོད་པ་དེའི་གཽ་རོ་ཙ་ན་དང་བསྲེས་ནས། དཔྲལ་བར་ ཐིག་ལེ་བྱས་ཏེ། སྤེལ་ཚིག་དང་བཅས་པའི་སྔགས་བཟླས་ན། གཟུགས་བརྒྱ་སྟོང་དུ་མ་སྟོན་ པར་བྱེད་ནུས་པར་འགྱུར་རོ། །གལ་ཏེ་གཽ་རོ་ཙ་ན་མ་རྙེད་ན། བ་གླང་ལ་སོགས་པའི་ཐོད་ པ་སྣ་ཚོགས་པའི་ནང་དུ་ས་བླུག་པ་ལ་ཆུས་བྲན་ཏེ། ཡུང་དཀར་བཏབ། དེ་སྨིན་པ་དང་ ས་ལ་མ་ལྷུང་བར་བླངས་ཏེ་མ་འདྲེས་པར་སྔར་གྱི་ཐོད་པ་སྣ་ཚོགས་ཀྱི་ནང་དུ་བཅུག་ནས། སྙིང་པོའི་སྔགས་བཟླས་ན། གཟུགས་དུ་མ་སྟོན་པར་བྱེད་དོ། །ཁང་བཟང་དང་། ཤིང་དང་ ། ཁྱིམ་ལ་འཛེགས་ཏེ་ཞེས་སོགས་ནི་འཁྲུལ་འཁོར་ལ་བརྟེན་པའི་ལས་ཚོགས་ཏེ། དེ་ཡང་ བ་རུ་རའི་ཤིང་ལ་ཡི་གེ་ཉེར་གཉིས་པའི་འཁོར་ལོ་ཇི་ལྟ་བ་བཞིན་བྲིས་ལ། རབ་གནས་བྱས་ ནས། འཁོར་ལོ་ཇི་ལྟ་བ་བཞིན་བསྒྲུབས་ཏེ། དེ་ནས་འཁོར་ལོ་དེ་རང་གི་ལུས་ལ་བཏགས་ 2-1-106 ཏེ། ཁང་བཟང་དང་། ཁྱིམ་ལ་སོགས་པ་ལ་འཛེགས་ནས། རང་གང་འདོད་པའི་མིའི་བུ་མོ་ལ་ སོགས་པའི་རྣལ་འབྱོར་མ་རྣམས་དང་ལྷན་ཅིག་དཔག་ཚད་བྱེ་བའི་བར་དུ་འགྲོ་བར་འགྱུར་ བ་དང་། ནམ་མཁའ་ལ་འགྲོ་ཞིང་སླར་འོང་ལ། དེ་ནི་དེ་ལྟར་འགྲུབ་ངེས་པ་ལས། གཞན་ དུ་མི་འགྲུབ་པར་མི་འགྱུར་རོ། །ཡང་སྐྱེ་བ་བདུན་པའི་གཽ་རོ་ཙ་ནའི་ཐིག་ལེ་རང་གི་དཔྲལ་ བར་བྱས་ཏེ། སྤེལ་ཚིག་དང་བཅས་པའི་སྔགས་བཟླས་པས། རང་འདོད་ན་ལུས་སྣང་བར་ འགྱུར་ཞིང་། ཡང་རང་ཉིད་འདོད་ན་ལུས་མི་སྣང་བར་འགྱུར་རོ། །སྲོག་ཆགས་སྣ་ཚོགས་ཀྱི་ གཟུགས་འཛིན་པར་བྱེད་པ་ནི། སེམས་ཅན་སྣ་ཚོགས་ཀྱི་གཽ་རོ་ཙ་ནའི་ཐིག་ལེ་དཔྲལ་བར་ བྱས་ཏེ། སྤེལ་ཚིག་དང་བཅས་པའི་སྔགས་བཟླས་པས་རང་ཉིད་འདོད་ན་བྱིས་པ་ལ་སོགས་ པ་གང་དང་གང་འདོད་པའི་གཟུགས་འཛིན་པར་འགྱུར་རོ། །ཚིག་འཕྲོག་པ་ལ་སོགས་པ་ ཡང་འཁྲུལ་འཁོར་ལ་བརྟེན་པའི་ལས་ཚོགས་ཡིན་ཏེ། དེ་ཡང་འབྲི་བའི་གཞི་གྲོ་ག་ལ་ལན་ ཚ་དང་། ཉེ་ཚེ་ལ་སོགས་པས་དབུས་སུ་པདྨ་འདབ་བརྒྱད་བྲིས་ལ། དེ་ལ་མུ་ཁྱུད་ཀྱིས་བསྐོར་ ཏེ། དབྱངས་ཡིག་གཡོན་བསྐོར་དུ་འགོད། དེའི་ཕྱི་རོལ་ཏུ་འཁོར་ལོ་རྩིབས་བཅུ་དྲུག་པ་ བྲིས་ལ། དེ་ལ་ཡང་མུ་ཁྱུད་ཀྱིས་བསྐོར་ཏེ། ཀཱ་ལི་གཡས་བསྐོར་དུ་བཀོད། རྩིབས་བཅུ་དྲུག་ པོ་རྣམས་ལ་ཡི་གེ་ཉེར་གཉིས་ཀྱི་ༀ་ནས་བརྩམས་ཡི་གེ་བཅུ་དྲུག་གཡོན་བསྐོར་དུ་བགོད། ནང་གི་པདྨ་འདབ་བརྒྱད་ཀྱི་ཕྱོགས་ཀྱི་འདབ་མ་བཞི་ལ། ཡི་གེ་ལྷག་མ་བཞི་གཡོན་བསྐོར་ དུ་བགོད། མཚམས་བཞིར་བསྒྲུབ་བྱའི་མིང་ཚིག་འཕྲོག་པ་ལ་སོགས་པ་ལས་གང་དང་གང་ འདོད་པའི་སྤེལ་ཚིག་དང་བཅས་པ་བགོད། ལྟེ་བ་ལ་སྭཱ་དང་ཧཱ་གཉིས་བཀོད་དོ། །དེ་ནས་ དེ་ལ་རབ་ཏུ་གནས་པ་བྱས་ལ། བསྒྲུབ་བྱའི་གཟུགས་བརྙན་བྱས་པའི་སྙིང་ཁར་འཁོར་ལོ་ བཅུག གཟུགས་བརྙན་གྱི་ལྕེ་ལ་མི་རུས་ཀྱི་ཚེར་མ་རྣོན་པོ་བཙུགས་ཏེ། ཨ་མུ་ཀ་སྱ་ཝཀྲ་ཨ་ པ་ཧ་ར་ཡེ། ཅེས་པ་ལ་སོགས་པའི་སྤེལ་ཚིག་དང་བཅས་པའི་སྙིང་པོ་བཟླས་ན། ཕ་རོལ་པོའི་ 2-1-107 ཚིག་འཕྲོག་པ་སྟེ། སྨྲ་མི་ཤེས་པར་འགྱུར་རོ། །དེ་བཞིན་དུ་གཞན་འདྲ་བ་ལས། སྤེལ་ཚིག་ བརྒྱུད་པ་དང་། མིག་ལ་སོགས་པའི་མ་ཚེར་མ་བཙུགས་ཏེ། སྔགས་བཟླས་ན། མཐོང་བ་ འཕྲོག་པ་ལ་སོགས་པའི་ལས་རྣམས་འགྲུབ་པར་འགྱུར་རོ། ། གཉིས་པ་ནི། སྙིང་པོ་བཟླས་པས་ཞེས་པ་ནི། ཡིད་ངོར་ཤར་བའི་ལྷ་སྐུ་དང༌། བདེ་སྟོང་ གི་ཡེ་ཤེས་སྒོམ་པ་ལས། རླུང་སེམས་ཙམ་ལས་གྲུབ་པའི་སྒྱུ་མའི་སྐུ་འོད་ཟེར་དཔག་ཚད་བྱེ་ བའི་བར་དུ་སྤྲོ་བར་འགྱུར་བ་དང༌། འགྲོ་བ་དང༌། འོང་བར་འགྱུར་རོ། །ཞེས་པ་ནི། དེ་ལྟ་ བུའི་ལྷ་སྐུ་ལ། བདེ་བས་རྒྱས་བཏབ་ཅིང༌། བདེ་བ་ལ་ལྷ་སྐུས་རྒྱས་བཏབ་པའི་དོན་དང༌། དེ་ ལྟར་རྒྱས་བཏབ་པ་ལས། ལྷ་སྐུ་དེ་ཉིད་གོང་འཕེལ་དུ་གྱུར་ཏེ། དེ་ལས་ལྷ་སྐུའི་སྣང་བ་དཔག་ ཏུ་མེད་པ་སྤྲོ་ནུས་པ་ནི། གཟུགས་བརྒྱ་སྟོང་དུ་མར་བྱེད་པའི་དོན་དང༌། ཁང་བཟང་དང༌། ཞེས་སོགས་ནི། དེ་ལྟར་རླུང་སེམས་ཙམ་གྱི་དཔལ་ཧེ་རུ་ཀའི་སྐུ། འཁོར་རྣལ་འབྱོར་མའི་ ཚོགས་དཔག་ཏུ་མེད་པ་དང་བཅས་པ་དེ་ཉིད་ལས་གྲུབ་པའི། ཁང་བཟང་གཞལ་ཡས་ཁང་ དང༌། དེའི་ནང་དུ་ཡང་ལྷ་སོ་སོའི་གནས་འཁོར་ལོའི་རྩིབས་ལ་སོགས་པའི་ཁྱིམ་དང༌། ཤིང་ མཚོན་བྱེད་དེ། མཆོད་པའི་བཀོད་པ་དཔག་ཏུ་མེད་པ་དང་བཅས་པ། འོད་ཟེར་དཔག་ཚད་ བྱེ་བའི་བར་དུ་ཁྱབ་པར་སྤྲོ་བའོ། །ནམ་མཁའ་ལ་འོང་ཞིང་འགྲོ་ལ། གཞན་དུ་མི་འགྱུར་རོ། །ཞེས་པ་ནི། བདེ་སྟོང་གི་ནམ་མཁའ་ལ། སྐུ་དེ་ཉིད་འཇུག་པའི་ཚུལ་གྱིས་འགྲོ་བ་དང༌། ལྡང་ བའི་ཚུལ་གྱིས་འོང་བ་སྟེ། འདིས་ནི་སྒྱུ་མའི་སྐུ་འོད་གསལ་ལ་ལྡང་འཇུག་བྱེད་པ་བསྟན་པ་ ཡིན་ཞིང༌། དེ་ཡང་ལྡང་འཇུག་ངེས་པར་ནུས་པ་ཡིན་གྱི། དེ་ལ་རང་དབང་མི་འབྱོར་བའི་ཚུལ་ གྱིས་མི་ནུས་པ་མ་ཡིན་པས་ན། གཞན་དུ་མི་འགྱུར་ཞེས་པའོ། །འདོད་ན་སོགས་ནི། ཡེ་ཤེས་ ཀྱི་སྣང་བ་རྒྱས་པ་དང༌། མ་དག་པའི་སྣང་བ་འགག་པའི་དོན་ནོ། །འདོད་ན་བྱིས་པ་དང༌། ཞེས་པ་ནས། ཁྲའི་གཟུགས་འཛིན་པར་འགྱུར་རོ། །ཞེས་པའི་བར་གྱིས། དེ་ལྟ་བུའི་སྒྱུ་མའི་ 2-1-108 སྐུ་དེ་རྗེས་ཐོབ་ཏུ། མ་དག་པའི་སྣང་བ་རྣམས་ལ་བསྲེས་པ་ལས། རྣལ་འབྱོར་པ་རང་ཉིད་ ལ་ཁམས་གསུམ་པའི་གཟུགས་བརྙན་སྣང་བར་འགྱུར་ཞིང༌། གདུལ་བྱ་རྣམས་ཀྱི་སྣང་ངོར། བྱིས་པ་ནས། ཁྲའི་བར་གྱི་གཟུགས་དེ་དང་དེར་སྣང་བས། འགྲོ་བའི་དོན་ཅི་རིགས་སྤྱོད་པ་ ཡིན་ཞིང༌། སྐྱེ་བ་སྤྲུལ་སྐུའི་ལམ་ཁྱེར་ཡང་དེ་ཉིད་ཀྱིས་འབྱུང་བ་ཡིན་ནོ། །དེ་རྣམས་རྒྱུ་གང་ ལས་འགྲུབ་ན། ཚིག་འཕྲོག་པ་དང༌། ཞེས་པ་ནས། གནོད་པར་བྱེད་པའོ། །ཞེས་པའི་བར་ གྱིས་ཏེ། ཚིག་དང༌། ལྕེ་འཕྲོག་པ་ནི། ལྕེའི་རྣམ་ཤེས་དང༌། མཐོང་བ་འཕྲོག་པ་མིག་དང༌། རྣ་ བ་འཕྲོག་པ་རྣ་བ་དང༌། སྣ་འཕྲོག་སྣའི་རྣམ་ཤེས་ཏེ། འདིར་དངོས་སུ་དབང་ཤེས་བཞི་དང༌། གཞན་ལུས་དང༌། ཡིད་ཀྱི་རྣམ་ཤེས་ཀྱང་སྟེ། དབང་ཤེས་དྲུག་གི་རླུང་དབུ་མར་འགག་པ་ དང༌། ཁྲག་འདྲེན་པ་སྟེ། གཏུམ་མོ་འབར་བ་ལས་དེ་ཉིད་ཐོབ་པར་འགྱུར་བའོ། །ཧེ་རུ་ཀ་ མངོན་པར་བརྗོད་པ་ཞེས་བྱ་བ་ལས། སྐུ་གསུམ་གྲུབ་པའི་སྙིང་པོའི་སྔགས་ཀྱི་ཆོ་གའི་ལེའུ་ སྟེ། བཅུ་པ་རྣམ་པར་བཤད་ཟིན་ཏོ།། །། ༈ ལེའུ་བཅུ་གཅིག་པ་འདི། སྙིང་པོའི་ལས་སྐྱེ་བདུན་གྱི་དངོས་གྲུབ་སྒྲུབ་པར་བྱེད་པའི་ ཐབས་སྟོན་པ་ཡིན་པ་ལ། དེ་བཤད་པར་ཞལ་གྱིས་བཞེས་པ་དང༌། སྐྱེ་བ་བདུན་པའི་མཚན་ ཉིད་བཤད་པ་དང༌། དངོས་གྲུབ་སྒྲུབ་པའི་ཚུལ་དང༌། དེ་ལྟར་སྒྲུབ་པ་ལས། དངོས་གྲུབ་ཇི་ ལྟར་ཐོབ་པའི་ཚུལ་བཤད་པ་དང་བཞི་ལས། དང་པོ་ནི། དེ་ནས་སོགས་ཤོ་ལོ་ཀ་གཅིག་གིས་བསྟན། དེ་ཡང་ལེའུ་བཅུ་པ་བཤད་པའི་ རྗེས་དེ་ནས། སྙིང་པོའི་ལས་གཞན་ཡང་སྒྲུབ་པ་པོས་རྫས་ཀྱི་ཁྱད་པར་གང་ཞིག་བསྟེན་པ་ ཙམ་གྱིས་མྱུར་དུ་དངོས་གྲུབ་ཆེན་པོ་དག་ལ་འཇུག་པར་འགྱུར་བའི་དངོས་གྲུབ་ཐོབ་པའི་ ཐབས་བཤད་པར་བྱ། ཞེས་པའོ། ། གཉིས་པ་ནི། སྐྱེས་བུ་གང་གི། ཞེས་པ་ནས། སྐྱེ་བ་བདུན་དུ་མིར་གྱུར་པ་ཡིན་ཏེ། ཞེས་ 2-1-109 པའི་བར་གྱིས་བསྟན། དེ་ཡང་སྐྱེས་བུ་གང་གི་ལུས་ཀྱི་རྔུལ་དྲི་ཞིམ་པར་འགྱུར་བ་དང༌། ངག་ ཚིག་བདེན་པར་སྨྲ་བ་དང༌། ཡུན་རིང་པོར་མིག་མི་འཛུམ་པར་བལྟ་བ་དང༌། ཁྲོ་བ་མེད་པས་ ངང་རྒྱུད་འཇམ་པར་གྱུར་པ་དང༌། ཁ་ནས་དབུགས་དྲི་ཞིམ་པོ་དག་འབྱུང་བ་དེ་ནིསྐྱེ་བ་བདུན་ བར་མ་ཆད་དུ་མིར་གྱུར་པ་ཡིན་པས། དེ་ཉིད་རྟགས་དེའི་གོ་རོ་ཙ་ན་དངོས་གྲུབ་ཀྱི་རྫས་སུ་ ལེན་དགོས་པ་ཡིན་ཞིང༌། དེ་བརྟག་པའི་ཚུལ་བཤད་རྒྱུད་ལས་འབྱུང་བ་ལྟར། མར་ངོའི་བཅུ་ བཞིའི་མཚན་མོ་མི་རྐང་གི་སྒྲོན་མེ་སྦར་བ་ལ། རྒོད་རྐང་གི་སྦུགས་ནས་རང་གིས་བལྟས་པ་ ན། སྐྱེས་བུ་དེ་ལ་གྲིབ་མ་བདུན་བྱུང་ན། གདོན་མི་ཟ་བར་སྐྱེ་བ་བདུན་པ་ཡིན་པར་ངེས་སོ། ། གསུམ་པ་ནི། དུས་ཀྱིས་ཤི་བར་གྱུར་པ་ན། དེའི་དྲི་ཞིམ་པོ་དེ་རྣམས་ན། སྙིང་ག་ལ་ བརྟེན་པའི་ཕྱོགས་ན་གོ་རོ་ཙ་ན་ཡོད་ཅིང༌། དེ་ཡང་གི་ཧཾ་ཉིད་ཡིན་ལ། སྔར་སྐྱེ་བུ་དེའི་ལུས་ ཀྱི་དྲི་ཞིམ་པ་ཡང་དེའི་མཐུ་ལས་བྱུང་བ་ཡིན་ཞིང༌། དེ་ཉིད་སྒྲུབ་པ་པོས་བསྲུངས་བ་བྱས་ཏེ་ བླངས་ལ། དཀྱིལ་འཁོར་གྱི་དབུས་སུ་བཞག་སྟེ། རིག་སྔགས་གྲུབ་པའི་རྣལ་འབྱོར་པས། སླར་ཡང་དངོས་གྲུབ་ཀྱི་དོན་དུ། དཔལ་ཧེ་རུ་ཀའི་སྔགས་བརྒྱ་རྩ་བརྒྱད་ལ་སོགས་པ་ཇི་ལྟར་ རིགས་པར་བཟླས་ཏེ། རྫས་དེའི་ཐིག་ལེ་རང་ཉིད་ཀྱི་དཔྲལ་བ་ལ་སོགས་པའི་གནས་སུ་བྱེད་ པའོ། ། བཞི་པ་ནི། དེ་ལྟར་བྱས་ན་རང་ཉིད་སྟེང་དུ་ལྡིང་བར་འགྱུར་ཞིང༌། དཔག་ཚད་བྱེ་བར་ འགྲོ་བར་འགྱུར་བའི་མཁའ་སྤྱོད་ཀྱི་དངོས་གྲུབ་ཐོབ་པ་དང༌། ཡང་རྫས་དེ་ཟོས་པ་ཙམ་གྱིས། དུས་གསུམ་གྱི་ཤེས་བྱ་ཐམས་ཅད་ཡོངས་སུ་ཤེས་པའི་ཡེ་ཤེས་ཅན་དུ་འགྱུར་བ་དང༌། ཡང་ དཔག་ཚད་ལྔ་བཅུར་སོང་ནས། ཉིན་མཚན་གཅིག་གིས་སླར་ཡང་འོང་བར་འགྱུར་བ་སྟེ། འདི་ནི་རྐང་མགྱོགས་ཀྱི་དངོས་གྲུབ་བོ། །དངོས་གྲུབ་གསུམ་པོ་དེ་རྣམས་ཀྱང་རིམ་པ་བཞིན་ དུ། རབ་འབྲིང་ཐ་མ་གསུམ་གྱི་དངོས་གྲུབ་ཡིན་ཅིང༌། དེ་གསུམ་ཅར་ལ་ཇི་ལྟར་རིགས་པར་ 2-1-110 རྒས་པ་མེད་ཅིང༌། ཚེ་རིང་པོར་གནས་པ་སོགས། ལྷའི་ལུས་ཐོབ་པར་འགྱུར་རོ། །དེར་མ་ ཟད་དཔལ་ཧེ་རུ་ཀའི་སྙིང་པོ། སྒྲུབ་པ་པོ་གང་གིས་ཤེས་པ་སྟེ། གྲུབ་པར་གྱུར་པ་དེས། དངོས་ གྲུབ་གང་དང་གང་འདོད་པ་དེ་དང་དེ་ཐོབ་པར་འགྱུར་རོ། །དེ་རྣམས་སྒྲ་ཇི་བཞིན་པ་མ་ཡིན་ པ་རྫོགས་རིམ་དང་སྦྱར་ནས་བཤད་པ་ནི། སྐྱེ་བ་བདུན་ནི་བྱང་ཆུབ་ཀྱི་སེམས་ཏེ། དེ་ཡང་ ཁ་ཟས་ཟོས་པ་ལས། དྭངས་མ་བདུན་འགྱུར་གྱི་ཚུལ་གྱིས་འབྱུང་བ་དང༌། སྐྱེ་བ་བདུན་པའི་ སྙིང་གར་གནས་པའི་གོ་རོ་ཙ་ན་ནི། འཁོར་ལོ་བཞིའི་ལྟེ་བར་གནས་པའི་བྱང་ཆུབ་ཀྱི་སེམས་ ཅུང་ཟད་བརྟན་པར་གྱུར་པ་དང་། དེ་བླངས་པ་ནི། དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་དེ་གསང་ གནས་སུ་ཕབ་པ་དང༌། སྔགས་བརྒྱ་རྩ་བརྒྱད་བཟླས་པ་ནི། རླུང་བརྒྱ་རྩ་བརྒྱད་མཐའ་དག་ འདུས་པའི་རླུང་གིས། དེ་ཡོངས་སུ་བཅིངས་པ་ལས། སྟེང་དུ་ལྡིང་བ་ནི། རྩོལ་མེད་དུ་མས་ བརྟན་པའི་ཚུལ་གྱིས་བྱང་ཆུབ་ཀྱི་སེམས་ཀྱི་བསྒྲོད་པ་སྟེང་དུ་ལོག་པ་དང༌། དེ་ཟོས་པ་ཙམ་ གྱི་དུས་གསུམ་གྱི་ཡེ་ཤེས་ཅན་དུ་འགྱུར་བ་ནི། བྱང་ཆུབ་ཀྱི་སེམས་དེ་འཁོར་ལོ་བཞི་དང༌། དབང་པོ་སོ་སོའི་གནས་སུ་དྲངས་པ་ལས། ཆོས་ཐམས་ཅད་ཡོངས་སུ་ཤེས་པའི་མངོན་པར་ ཤེས་པ་དྲུག་ལ་སོགས་པ་འཆར་བར་འགྱུར་བའོ། །འདིའི་མན་ངག་སློབ་དཔོན་རྡོ་རྗེ་དྲིལ་བུ་ པས། རྣམ་པ་སྣ་ཚོགས་རྡོ་རྗེའི་རིམ་པར་གསུངས་པ་དེའོ། །དཔག་ཚད་ལྔ་བཅུར་སོང་ནས་ ཉིན་མཚན་གཅིག་གིས་འོང་བར་འགྱུར་རོ། །ཞེས་པ་ནི། དེའི་ཚེ་རྫུ་འཕྲུལ་གྱི་རོལ་པ་རྣམ་པ་ སྣ་ཚོགས་པ་ཐོབ་པར་འགྱུར་བའི་དོན་ནོ། །ལྷའི་ལུས་ཀྱང་ཐོབ་པར་འགྱུར་རོ། །ཞེས་པ་ནི། མ་དག་རགས་པའི་ལུས་ཡོངས་སུ་དག་སྟེ། འཇའ་ཚོན་ལྟ་བུའི་ལྷའི་ལུས་སུ་འགྱུར་བའི་དོན་ ནོ། །ཧེ་རུ་ཀ་མངོན་པར་བརྗོད་པ་ཞེས་བྱ་བ་ལས། སྐྱེ་བ་བདུན་པའི་མཚན་ཉིད་ཀྱི་ཆོ་གའི་ ལེའུ་སྟེ་བཅུ་གཅིག་པ་རྣམ་པར་བཤད་ཟིན་ཏོ།། །། ༈ དེ་ནས་ལེའུ་བཅུ་གཉིས་པ་ཉེ་སྙིང་གི་ལས་ཚོགས་སྟོན་པ་ལ། བཤད་པར་ཞལ་གྱི་ 2-1-111 བཞེས་པའི་ཚུལ་གྱིས། མདོར་བསྟན་པ་དང༌། རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། དེ་ནས་སོགས་ཤོ་ལོ་ཀ་གཅིག་གིས་བསྟན། དེ་ཡང་ལེའུ་བཅུ་གཅིག་པ་བཤད་ པའི་རྗེས་དེ་ནས། ཉེ་བའི་སྙིང་པོ་འདིས་ནི་དངོས་གྲུབ་ཐམས་ཅད་འགྲུབ་པར་བྱེད་པ་ཡིན་ ཞིང༌། དེ་ཡང་འཇིག་རྟེན་གསུམ་ན་དངོས་གྲུབ་ཀྱི་ཁྱད་པར་གང་ཅུང་ཟད་ཡོད་པ་དེ་ཀུན་ འབད་པ་མེད་པར་སྐད་ཅིག་གིས་འགྲུབ་པར་འགྱུར་བ་འདི་བཤད། ཅེས་པའོ། །དེ་ཡང་གང་ ཞེ་ན། ༀ་ཧྲཱི་ཧ་ཧ་ཧཱུཾ་ཧཱུཾ་ཕཊ། ཅེས་པ་འདི་ནི་ཉེ་བའི་སྙིང་པོའོ། །འདི་ལ་ཡང་བསྐྱེད་རིམ་དང༌། རྫོགས་རིམ་གྱི་ཉེ་སྙིང་གཉིས་ལས། དང་པོ་ནི། ཡི་གེ་བདུན་པའི་གསང་སྔགས་འདི་ཉིད་ཡིན་ལ། གཉིས་པ་ནི། དེས་མཚོན་ པའི་དོན་བུམ་པ་ཅན་གྱི་སྦྱོར་བ་ཁྱད་པར་ཅན་ལ་བརྟེན་ནས་རླུང་དབུ་མར་འགགས་པའི་ རྣམ་པར་མི་རྟོག་པའི་ཡེ་ཤེས་ཐུགས་རྡོ་རྗེའི་རྒྱུ་དང༌། ཡེ་ཤེས་ཀྱི་གཏུམ་མོ་འབར་བ་ལས་ དམར་ཆ་འགགས་པའི་གསལ་སྟོང་གི་ཡེ་ཤེས་གསུང་རྡོ་རྗེའི་རྒྱུ་དང༌། ཞུ་བདེ་སྒོམ་པ་ལས་ ཐིག་ལེ་འགགས་པའི་བདེ་བ་ཆེན་པོའི་ཡེ་ཤེས་སྐུ་རྡོ་རྗེའི་རྒྱུ་སྟེ། རྒྱུ་རྣམ་པ་གསུམ་དང༌། འབྲས་བུ་རྡོ་རྗེ་བཞི་ནི། སྤྲོས་པ་ཐམས་ཅད་དང་བྲལ་བའི་སྟོང་པ་ཉིད་ཀྱི་ཡེ་ཤེས་ཐུགས་རྡོ་ རྗེ་དང༌། གཞོམ་མེད་ཀྱི་སྒྲ་དབྱངས་རྣམ་པ་ཐམས་ཅད་པ་གསུང་རྡོ་རྗེ་དང༌། རྣམ་པ་ཐམས་ ཅད་པའི་སྐུའི་སྣང་བརྙན་ཅན་སྐུ་རྡོ་རྗེ་དང༌། ཀུན་ཁྱབ་བདེ་བ་ཆེན་པོའི་ཡེ་ཤེས་ཏེ། བདུན་པོ་ དེ་ནི་ཡི་གེ་བདུན་གྱི་ངེས་དོན་ཡིན་ལ། དེ་ཡང་རྒྱུའི་མཚན་ཉིད་ཅན་གསུམ་དང༌། འབྲས་བུའི་ མཚན་ཉིད་ཅན་བཞི་སྟེ། དེ་རྣམས་བཟློག་ཆས་ཕྱེ་བ་ཙམ་ཡིན་གྱི། དོན་ལ་ཡེ་ཤེས་གཅིག་ ལ། མཚན་ཉིད་བདུན་པོ་ཚང་བར་གྱུར་པ་ནི་རྫོགས་རིམ་གྱི་ཉེ་སྙིང་ངོ༌། །འདིའི་འབྲས་བུ་ ཞེས་པའང༌། འབྲས་བུ་མཐར་ཐུག་པ་མ་ཡིན་གྱི། རྫོགས་རིམ་གྱི་གནས་སྐབས་ཉིད་ཀྱིས་སོ། །ཉེ་སྙིང་གི་ལས་ཚོགས་ཉི་ཤུ་རྩ་ལྔ་གསུངས་པ་རྣམས་ངེས་དོན་རྫོགས་རིམ་གྱི་སྐབས་འདིར་ 2-1-112 གྲངས་མཉམ་གྱི་དག་པ་ཙམ་སྦྱོར་བ་ཡིན་ཏེ། ཡན་ལག་གི་ལས་ཚོགས་ཉེར་བཞི། འཕགས་ པའི་ས་ཉེར་བཞིའི་དག་པ་ཅན་དང༌། ལས་ཚོགས་ཀྱི་གཙོ་བོ་མཁའ་སྤྱོད་སྒྲུབ་པ་ནི། འབྲས་ བུ་མཐར་ཐུག་པ་མི་སློབ་པའི་ཟུང་འཇུག་གི་དག་པ་ཅན་ནོ། །ཡང་ལས་ཚོགས་འདི་དག་ལྷའི་ དག་པར་སྦྱར་བ་ནི། ཡན་ལག་ཉེར་བཞི་དཔའ་བོ་ཉེར་བཞི་དང༌། མཁའ་སྤྱོད་སྒྲུབ་པ་དཔལ་ ཧེ་རུ་ཀའི་དག་པ་ཅན་ནོ། །འདིར་གསུང་པའི་ལས་ཚོགས་ཉེར་ལྔ་ནི། ས་གཡོ་བར་བྱེད་པ་ དང༌། འབྱུང་པོ་རྣམས་འགུགས་པར་བྱེད་པ་དང༌། རྒྱ་མཚོ་སྐེམ་ཞིང་རེངས་པར་བྱེད་པ་དང༌། མཁའ་འགྲོ་མ་མངག་གཞུག་ཏུ་བྱེད་པ་དང༌། སྐྱེ་བ་བདུན་པ་སོགས་ལྐོག་གྱུར་མཐོང་བར་ བྱེད་པ་དང༌། ལྟ་སྟངས་གིས་རེངས་པར་བྱེད་པ་དང༌། མཁའ་སྤྱོད་ཀྱི་རིལ་བུ་སྒྲུབ་པར་བྱེད་ པ་དང༌། ཁྲག་འདྲེན་པར་བྱེད་པ་དང༌། ཀླད་པ་ན་བར་འགྱུར་བ་དང༌། ལྟ་སྟངས་ཀྱིས་རྒྱས་ འདེབས་པར་བྱེད་པ་དང༌། ལྟུང་བར་བྱེད་པ་དང༌། འཆི་བར་བྱེད་པ་དང༌། ཕ་རོལ་གནོན་ པར་བྱེད་པ་དང༌། གཟུགས་བསྒྱུར་བར་བྱེད་པ་དང༌། སྒྲིབ་ཤིང་གི་ཚུལ་གྱིས་མི་སྣང་བར་ བྱེད་པ་དང༌། གཡོ་བར་བྱེད་པ་དང༌། མཁའ་འགྲོ་མ་ཐམས་ཅད་བསྐྲོད་པར་བྱེད་པ་དང༌། ཡང་སྒྲིབ་ཤིང་གི་ཚུལ་གྱིས་མི་སྣང་བར་བྱེད་པ་དང༌། བཅིང་བར་བྱེད་པ་དང༌། མཁའ་འགྲོ་ མའི་སྦྱོར་བ་འཕྲོག་པར་བྱེད་པ་དང༌། སྐྱེས་པ་དང་བུད་མེད་མི་དབྱེ་བར་བྱེད་པ་དང༌། ཆུ་བོ་ རྒྱུན་ཕྱོགས་ལས་བཟློག་པར་བྱེད་པ་དང༌། རྦ་རླབས་གནོན་པར་བྱེད་པ་དང༌། ཆར་གཅོད་ པར་བྱེད་པ་དང༌། ཕ་རོལ་གྱི་དམག་དཔུང་གནོན་པར་བྱེད་པ་སྟེ་ཉི་ཤུ་རྩ་ལྔའོ། ། དང་པོ་ནི། གསང་སྔགས་འདི་ལན་འབུམ་བཟླས་པས་འཇིག་རྟེན་གསུམ་གཡོ་བར་ བྱེད་དོ། །ཞེས་པས་བསྟན། གཉིས་པ་ནི། ལྷ་དང་ཞེས་པ་ནས། འགུག་པར་བྱེད་དོ་ཞེས་ པའི་བར་གྱིས་བསྟན། གསུམ་པ་ནི་རྒྱ་མཚོ་དང༌། ཞེས་པ་ནས་རེངས་པར་བྱེད་དོ། །ཞེས་ པའི་བར་གྱིས་བསྟན། བཞི་པ་ནི། གང་དུ་ཞེས་པ་ནས། མངག་གཞུག་བྱེད་པར་འགྱུར་རོ། 2-1-113 །ཞེས་པའི་བར་གྱིས་བསྟན། ལྔ་པ་ནི། དེ་ཆུ་ལ་ཡོངས་སུ་བཟླས། ཞེས་པ་ནས་མཐོང་བར་ འགྱུར་རོ། །ཞེས་པའི་བར་གྱིས་བསྟན། དྲུག་པ་ནི། ཡིད་ལ་མངོན་པར་མངགས། ཞེས་པ་ ནས། རེངས་པར་འགྱུར་རོ། །ཞེས་པའི་བར་གྱིས་བསྟན། བདུན་པ་ནི། མི་རོའི་རྐང་མཐིལ་ གྱི་ལྤགས་པ་བླངས་ཏེ། ཞེས་པ་ནས་དཔའ་བོ་རང་ཉིད་ཀྱིས་གསུངས་པ་ཡིན་ནོ། །ཞེས་པའི་ བར་གྱིས་བསྟན། བརྒྱད་པ་ནི། དཔལ་ཧེ་རུ་ཀའི་ཞེས་པ་ནས་ཁྲག་འདྲེན་པར་བྱེད་དོ། །ཞེས་ པའི་བར་དང༌། དེའི་རྗེས་བཟུངས་གཡོན་པས། ཞེས་པ་ནས། འཇུག་པར་འགྱུར་རོ། །ཞེས་ པའི་བར་གྱིས་བསྟན་ཏེ། དེ་གཉིས་ལས་ཚོགས་གཅིག་གོ །དགུ་པ་ནི། མངོན་པར་བཟླས་ ཏེ། ཞེས་པ་ནས། འགྱུར་རོ་ཞེས་པའི་བར་དང༌། དེའི་རྗེས་བཟུང་ནི། གསང་སྔགས་ཞེས་པ་ ནས། ཞི་བར་འགྱུར་རོ། །ཞེས་པའི་བར་གྱིས་བསྟན། བཅུ་པ་ནི། གི་ཧཾ་ལ་བཟླས་ཏེ། ཞེས་ པ་ནས། རྒྱས་བཏབ་པར་འགྱུར་རོ། །ཞེས་པའི་བར་གྱིས་བསྟན། བཅུ་གཅིག་པ་ནི། འཛུག་ མོ་ལ། ཞེས་པ་ནས། ལྟུང་བར་འགྱུར་རོ། །ཞེས་པའི་བར་གྱིས་བསྟན། བཅུ་གཉིས་པ་ནི། གསང་སྔགས་བཟླས་པས། ཞེས་པ་ནས། འཆི་བར་འགྱུར་རོ་ཞེས་པ་དང༌། དེའི་རྗེས་འཛིན་ ནི། ཆུ་ལ་བཟླས་ཏེ། ཞེས་པ་ནས། འཚོ་བར་འགྱུར་རོ། །ཞེས་པའི་བར་གྱིས་བསྟན། བཅུ་ གསུམ་པ་ནི། སྔགས་བཟླས་ལ། ཞེས་པ་ནས། གནོན་པར་འགྱུར་རོ། །ཞེས་པའི་བར་དང༌། དེའི་རྗེས་འཛིན་ནི། ཚིག་གིས་གྲོལ་བར་འགྱུར་རོ། །ཞེས་པས་བསྟན། བཅུ་བཞི་པ་ནི། རྨེ་ ཤ་ཅན་གྱི། ཞེས་པ་ནས། གཟུགས་འཛིན་པར་འགྱུར་རོ། །ཞེས་པའི་བར་གྱིས་བསྟན། བཅོ་ ལྔ་པ་ནི། སྦྱིན་སྲེག་གི། ཞེས་པ་ནས། མི་མཐོང་ངོ་ཞེས་པའི་བར་དང༌། དེའི་རྗེས་འཛིན་ནི། ཆུ་ལ་ཞེས་པ་ནས། སྣང་བར་འགྱུར་རོ་ཞེས་པའི་བར་གྱིས་བསྟན། བཅུ་དྲུག་པ་ནི། ཐོད་པའི་ ཕྱག་རྒྱ་ཞེས་པ་ནས། མྱོས་པར་འགྱུར་རོ། །ཞེས་པའི་བར་དང༌། དེའི་རྗེས་འཛིན་ནི། ཡིད་ ཀྱིས་ནི་གྲོལ་བར་འགྱུར་རོ། །ཞེས་པས་བསྟན། བཅུ་བདུན་པ་ནི། གང་གི་མིང་ནས། ཞེས་ 2-1-114 པ་ནས། འོང་བར་འགྱུར་རོ། །ཞེས་པའི་བར་གྱིས་བསྟན། བཅོ་བརྒྱད་པ་ནི། ཁང་སྟོང་དུ་ ཞེས་པ་ནས། མི་སྣང་བར་འགྱུར་རོ། །ཞེས་པའི་བར་དང༌། དེའི་རྗེས་འཛིན་ནི། དཀྲོལ་ན་ སྣང་བར་འགྱུར་རོ། །ཞེས་པས་བསྟན། བཅུ་དགུ་པ་ནི་ཐོད་པ་ལ་མངོན་པར་བཟླས་ཏེ། ཞེས་ པ་ནས། བཅིང་བར་འགྱུར་རོ། །ཞེས་པའི་བར་གྱིས་བསྟན། ཉི་ཤུ་པ་ནི། མཁའ་འགྲོ་མའི་ སྦྱོར་བ་ཐམས་ཅད་འཕྲོག་པར་འགྱུར་རོ། །ཞེས་པས་བསྟན། ཉེར་གཅིག་པ་ནི། བརྟེན་དང༌། ཞེས་པ་ནས། མི་དབྱེ་བར་འགྱུར་རོ། །ཞེས་པའི་བར་དང༌། དེའི་རྗེས་འཛིན་ནི། ཡིད་ཀྱིས་ ནི་གྲོལ་བར་འགྱུར་རོ། །ཞེས་པས་བསྟན། ཉེར་གཉིས་པ་ནི། བསེག་མ་ལ། ཞེས་པ་ནས། འབབ་པར་འགྱུར་རོ། །ཞེས་པའི་བར་གྱིས་བསྟན། ཉེར་གསུམ་པ་ནི། བསེག་མ་ཉིད་ཀྱིས། ཞེས་པ་ནས། གནོན་པར་འགྱུར་རོ། །ཞེས་པའི་བར་དང༌། དེའི་རྗེས་འཛིན་ནི། ཡིད་ཀྱིས་ནི་ བཟློག་པར་འགྱུར་རོ། །ཞེས་པས་བསྟན། ཉེར་བཞི་པ་ནི། སྟེང་དུ་བལྟས་ཏེ། ཞེས་པ་ནས། གཅོད་པར་འགྱུར་རོ། །ཞེས་པའི་བར་གྱིས་བསྟན། ཉེར་ལྔ་པ་ནི། གཞན་གྱི་དཔུང་ཞེས་པ་ ནས། རྡོ་རྗེའི་ལུས་ཅན་དུ་འགྱུར་རོ། །ཞེས་པའི་བར་གྱིས་བསྟན་ནོ། ། དེ་དག་གི་ལས་ཚོགས་སྒྲུབ་པའི་ཚུལ་ནི། ཉེ་སྙིང་གི་འཁོར་ལོ་རྩིབས་དྲུག་པ། ལྟེ་བ་མུ་ འཁྱུད་དང་བཅས་པའི་ཕྱི་རོལ་རྡོ་ར་དང༌། མེ་རིས་བསྐོར་བའི་ལྟེ་བར་ལས་ཞི་དྲག་གི་དབྱེ་ བས། ཉི་མའམ ཟླ་བ་ལ་ཡི་གེ་བདུན་པའི་ནང་གི་ཧཱུཾ་ཡིག་གཅིག་དང༌། རྩིབས་དྲུག་ལ་ཡི་གེ་ དྲུག་པོ་རྣམས་འབྲི། ལྟེ་བའི་ཧཱུཾ་གི་ཐ་མར། ཨོཾ་ཆེ་གེ་མོའི་ནད་ཞི་བར་མཛོད་ཅིག ཅེས་པ་ལྟ་ བུའི་ལས་སོ་སོའི་དབྱེ་བའི་སྤེལ་ཚིག་འབྲི་བ་ཡིན་ནོ། །ཡང་འཁོར་ལོའི་ལུགས་གཅིག་ལ། འཁོར་ལོ་རྩིབས་དྲུག་པའི་ལྟེ་བར། པད་མ་འདབ་མ་དྲུག་པ། ལྟེ་བ་དང་འདབ་མ་དྲུག་ལ། ཡི་གེ་བདུན་པའི་སྔགས་དང༌། རྩིབས་དྲུག་ལ། གོ་ཆའི་དཔའ་བོའི་སྔགས་འབྲི་ཞིང༌། ཕྱི་ རོལ་རྡོ་ར་མེ་རི་སོགས་ཀྱིས་བསྐོར་བ་ཞིག་ཀྱང་བཞེད་དོ། །ས་གཡོ་བའི་ལས་སྦྱོར་ལ། 2-1-115 འཁོར་ལོ་དེ་ལྟ་བུ་སྤེལ་ཚིག་ལ་ས་གཡོ་བར་མཛོད་ཅིག ཅེས་པ་བྲིས་ལ། དེ་དཀྱིལ་འཁོར་ གྱི་དབུས་སུ་བཞག་སྟེ། སྤེལ་ཚིག་དང་བཅས་པའི་སྔགས་ལན་འབུམ་ལ་སོགས་པ་བཟླས་ པས་བསྒྲུབས་ཤིང༌། གྲུབ་པའི་རྟགས་བྱུང་བ་ན། མཆོད་ཅིང་བསྟོད་ལ་གནས་དབེན་པར་ བཞག་སྟེ། ནམ་ས་གཡོ་བར་འདོད་པ་དེའི་ཚེ། འཁོར་ལོ་ལ་དམིགས་ཏེ་སྔགས་བཟླས་ན། འཇིག་རྟེན་གསུམ་པོ་ཡང་གཡོ་བར་བྱེད་དོ། །ཡུལ་སོ་སོའི་ཐད་ཀྱི་ས་གཡོ་བར་འདོད་ན། འཁོར་ལོ་དེ་ཕྱོགས་དེར་ས་འོག་ལྟ་བུར་སྦས་ཏེ། དེ་ལ་དམིགས་ནས་བཟླས་པ་བྱའོ། །དུར་ ཁྲོད་ཀྱི་རས་ལ། རོའི་སེན་སྤྱི་དང༌། ཁྲག་དང༌། རྒྱ་ཚོས་ཀྱི་ཁུ་བ་བསྲེས་པས་སྔར་བཤད་པའི་ འཁོར་ལོ་བྲིས་ཤིང༌། སྤེལ་ཚིག་ལ་ཆེ་གེ་མོ་ཨ་ཀཪྵ་ཡ་ཛཿ ཞེས་པ་བྲིས་ལ་འཁོར་ལོ་དེ་ཉིད་ བསྒྲུབས་ཤིང༌། གྲུབ་པའི་རྟགས་བྱུང་བ་ན། དེ་རང་ནི་ལུས་ལ་བཅངས་པའམ། ཡང་ན་ བསྒྲུབ་བྱའི་རྐང་རྗེས་ཀྱི་ས་དང༌། ལཉྪ་དང༌། ཙན་དན་དམར་པོ་དང༌། ཀེ་ཚེ་བསྲེས་པ་ལ་ བསྒྲུབ་བྱའི་ལིང་ག་བྱས་ཏེ། དེའི་སྙིང་གར་འཁོར་ལོ་བཅུག་ཅིང༌། སྤེལ་ཚིག་དང་བཅས་པའི་ བཟླས་པ་བྱས་ན། ལྷ་ལ་སོགས་པའི་འགྲོ་བ་རྣམས་ཀྱང་འགུགས་པར་ནུས་ན། གཞན་ལྟ་ཅི་ སྨོས། རྒྱ་མཚོ་སྐེམ་ཞིང་རེངས་པར་བྱེད་པ་ནི། སྔར་བཤད་པའི་འཁོར་ལོ་རྒྱ་མཚོ་སྐེམ་པར་ མཛོད་ཅིག ཅེས་སྤེལ་ཚིག་དང་བཅས་པ་བྲིས་ལ། འཁོར་ལོ་བསྒྲུབས་ཏེ། གྲུབ་པའི་རྟགས་ བྱུང་བ་ན། དེ་རྒྱ་མཚོ་ལ་སོགས་པའི་གནས་སུ་བཅུག་པ་ན། རྒྱ་མཚོ་དང༌། ཆུ་བོ་དང༌། རྫིང་ བུ་ལ་སོགས་པ་སྐེམ་པར་བྱེད་པ་དང༌། རེངས་པ་ནི། དེ་དག་ལ་མི་བྱིང་བར་བྱེད་པའོ། །མཁའ་འགྲོ་མ་མངག་གཞུག་དུ་བྱེད་པ་ནི། ཟངས་ཀྱི་གླེགས་བུ་ལ། བཟང་པོ་རིས་ཀྱིས་སྔར་ བཤད་པའི་འཁོར་ལོ་སྤེལ་ཚིག་དང་བཅས་པ་བྲིས་ལ། སྔགས་བཟླ་ཞིང་བསྒྲུབས་ཏེ། གྲུབ་ པའི་མཚན་མ་མཐོང་བ་ན། རང་གི་ལུས་ལ་བཅངས་པས། མཁའ་འགྲོ་མ་རང་གི་བྲན་དུ་ འཁོར་བར་འགྱུར་རོ། །སྐྱེ་བ་བདུན་པ་ལ་སོགས་པ་ཤེས་པ་ནི། ཙན་དན་དཀར་པོའི་ཆུས་ 2-1-116 སྔར་བཤད་པའི་འཁོར་ལོ་སྤེལ་ཚིག་དང་བཅས་པ་བྲིས་ལ། བསྒྲུབས་ཤིང༌། གྲུབ་པའི་ མཚན་མ་མཐོང་བ་ན། ཉེ་སྙིང་བཟླས་པའི་ཆུས་འཁོར་ལོ་དེ་དཀྲུས་ལ། དེའི་ཁུ་བས་བདག་ ཉིད་ཀྱི་མིག་ལ་གཏོར་ཞིང༌། དཀྲུས་ན་སྐྱེ་བ་བདུན་པ་གང་ན་ཡོད་ཤེས་པར་འགྱུར་བ་དང༌། སྐྱེས་བུ་གང་གི་ཚེ་ཟད་ཅིང་འཆི་བའི་རྟགས་དང༌། ཚེ་རིང་པོར་གནས་པའི་རྟགས་ཤེས་པར་ འགྱུར་ཏེ། སྐྱེས་བུ་དེ་ཡན་ལག་མ་ཚང་བར་མཐོང་ན་ཚེ་ཟད་པའི་རྟགས་དང༌། ཁ་དོག་དམར་ པོ་དང་སེར་པོར་མཐོང་ན་ནད་ཀྱི་རྟགས་དང༌། ཁ་དོག་དཀར་པོར་མཐོང་ན་ཚེ་རིང་པོར་ གནས་པའི་རྟགས་སོ། །ལྟ་སྟངས་ཀྱིས་རེངས་པར་བྱེད་པ་ནི། སྔར་བཤད་པའི་འཁོར་ལོ་ སྤེལ་ཚིག་ལ་བསྒྲུབ་བྱ་ཆེ་གེ་མོ་བལྟས་པ་ཙམ་གྱིས་རེངས་པར་མཛོད་ཅིག ཅེས་པ་བྲིས་ལ། སྒྲུབས་ཤིང༌། གྲུབ་པའི་རྟགས་མཐོང་བ་ན། འཁོར་ལོ་དེ་དཀྲུས་ལ། རང་གི་མིག་ལ་མངོན་ པར་སྔགས་ནས། བསྒྲུབ་བྱ་གང་ལ་བལྟས་པ་དེ་རེངས་པར་འགྱུར་རོ། །མཁའ་སྤྱོད་ཀྱི་རིལ་ བུ་སྒྲུབ་པ་ནི། མི་རོའི་རྐང་མཐིལ་གྱི་ལྤགས་པ་དང༌། མིའི་ཁྲག་དང༌། གི་ཧཾ་དང༌། གུར་གུམ་ དང༌། སྣག་ཁྲག་རྣམས་བསྲེས་པའི་རིལ་བུའི་ནང་དུ། མིག་བུ་མིག་སྟེ། རྣ་བའི་མིག་སྨན་ བཅུག་ལ། གྲིབ་མ་ལ་སྐམས། རིལ་བུའི་ཕྱི་རོལ་ཏུ། གསེར་དང༌། དངུལ་དང༌། ལྕགས་ཀྱི་ འདབ་མ་གསུམ་གྱིས་དཀྲིས་ཏེ། རབ་ཏུ་གནས་པ་བྱས་ལ། ཟླ་བ་མར་གྱི་ངོའི་སྐར་མ་རྒྱལ་ ལ་བབ་པ་ན། དུར་ཁྲོད་ནས་རོ་བླངས་ཏེ། དེ་ཉིད་ལ་བྱུར་གསལ་བ་དང༌། དྲི་བཟང་གི་ཆུས་ རོའི་ནང་དུ་བླུག་ཅིང༌། ཕྱི་ནས་ཀྱང་དཀྲུས་ལ། དེ་དཀྱིལ་འཁོར་གྱི་དབུས་སུ་བཞག་སྟེ། དཔལ་ཧེ་རུ་ཀར་བསྐྱེད་པའི་རོའི་ཁ་ནང་དུ་རིལ་བུ་བཅུག འཁོར་ལོ་ལ་བརྟེན་པ་ཡིན་ན། འཁོར་ལོ་བྲིས་ཏེ་རང་གི་ལག་པ་གཡོན་པ་འཁོར་ལོ་དང་བཅས་པས་རོའི་ཁ་བཀབ་ལ། སྔགས་སྟོང་རྩ་བརྒྱད་ལ་སོགས་པ་བཟླས་པ་ན། རོའི་ལྕེས་རིལ་བུ་ཕུལ་ཏེ། རང་གི་ལག་ཏུ་ སྟེར་བའམ། ཡང་ན་རིལ་བུ་དེ་ཉིད་ལས་འོད་འཕྲོ་བ་དང༌། དུ་བ་འཐུལ་པ་ལ་སོགས་པ་བྱུང་ 2-1-117 ན། རིལ་བུ་དེ་རང་གི་ཁར་བཅུག་པའམ། ལག་ཏུ་ཐོགས་ན། དེའི་མོད་ལ་རང་གི་ལུས་མི་ སྣང་བར་འགྱུར་ཞིང༌། གྲིབ་མ་ཡང་མི་སྣང་བར་འགྱུར་ཏེ། ལྷ་རྣམས་ཀྱིས་ཀྱང་མི་མཐོང་ན། མི་རྣམས་ཀྱི་ལྟ་ཅི་སྨོས། འདི་ནི་རིག་པ་འཛིན་པའི་དངོས་གྲུབ་སྒྲུབ་པའི་ལས་ཚོགས་སུ་རྒྱུད་ འདིར་དཔལ་ཧེ་རུ་ཀ་རང་ཉིད་ཀྱིས་གསུངས་པ་ཡིན་ནོ། །ཡང་རིལ་བུ་དེ་ཁ་ནས་བཏོན་ན་ ལུས་སྣང་བར་འགྱུར་རོ། །ཁྲག་འདྲེན་པ་ནི། ཉེ་སྙིང་གི་འཁོར་ལོ་སྤེལ་ཚིག་དང་བཅས་པ་ བྲིས་ལ། དེ་མཛུབ་མོའི་རྩེ་ལ་སྦྲགས་ཏེ། འཁོར་ལོ་དང་བཅས་པའི་མཛུབ་མོས་དཔའ་བོ་ཤི་ བའི་ཐོད་པ་ཤ་མེད་པར་བྱས་པ་ལ་མཉེས་ཤིང༌། ཁྲག་འདྲེན་པར་བསམས་ཏེ། དཔལ་ཧེ་རུ་ ཀའི་ཉེ་བའི་སྙིང་པོའི་སྔགས་སྤེལ་ཚིག་དང་བཅས་པ་བཟླས་པས། ཁྲག་འདྲེན་པར་བྱེད་དོ། །ཡང་ལག་པ་གཡོན་པའི་མཛུབ་མོས་ཡང་ཡང་མཉེ་ཞིང༌། ཁྲག་སླར་འཇུག་པར་གྱུར་ཅིག་ པར་བསམ་ན། བསྒྲུབ་བྱའི་ལུས་ལ་ཁྲག་སླར་འཇུག་པར་འགྱུར་རོ། །ཀླད་པ་ན་བར་འགྱུར་ བ་ནི། ཉེ་སྙིང་སྤེལ་ཚིག་དང་བཅས་པ་བཟླ་བཞིན་དུ། དཔའ་བོ་ཤི་བའི་མགོ་བོའི་ཐོད་པ་ལ། འཁོར་ལོ་དང་བཅས་པའི་ཁུ་ཚུར་གྱིས་བསྣུན་ཏེ། བསྒྲུབ་བྱ་གང་གི་མིང་ནས་སྨོས་ཏེ། སྔགས་ བཟླས་ན། དེའི་ཀླད་པ་ན་བར་འགྱུར་རོ། །དེའི་རྗེས་འཛིན་ནི། བསྒྲུབ་བྱའི་ནད་དེ་གསོ་བའི་ བསམ་པས། གསང་སྔགས་ཡིད་ལ་དྲན་པ་ཙམ་བྱས་ཏེ། སྔར་གྱི་ཐོད་པ་དེ་འོ་མས་བཀངས་ ན་ཀླད་པ་ན་བ་དེ་ཉེ་བར་ཞི་བར་འགྱུར་རོ། །རྒྱས་བཏབ་པ་ནི། དུད་འགྲོ་ལ་སོགས་པ་གང་ ཡང་རུང་བའི་གི་ཧཾ་ལ། ཉེ་སྙིང་སྤེལ་ཚིག་དང་བཅས་པའི་སྔགས་བཟླས་ཏེ། རང་གི་དཔྲལ་ བར་ཐིག་ལེ་བྱས་ནས། བསྒྲུབ་བྱ་གང་ལ་བལྟས་པ་དེ་རྒྱས་བཏབ་པ་སྟེ་རེངས་པར་འགྱུར་ རོ། །ལྟུང་བར་བྱེད་པ་ནི། འཁོར་ལོ་སྤེལ་ཚིག་དང་བཅས་པ་བྲིས་ལ། དེ་འཛུབ་མོ་གཡོན་པ་ ལ་བཏགས་ཤིང༌། ཉེ་སྙིང་བཟླས་ཏེ། བསྒྲུབ་བྱ་གང་ལ་སྡིགས་མཛུབ་བྱས་པས། དེ་དེའི་ མོད་ལ་ལྟུང་བར་འགྱུར་རོ། །འཆི་བར་བྱེད་པ་ནི། ཉེ་སྙིང་གི་འཁོར་ལོ་བསད་པའི་ལས་དང་ 2-1-118 རྗེས་སུ་མཐུན་པའི་འཁོར་ལོ་བྲིས་ཏེ་བསྒྲུབས། དེ་བསྒྲུབ་བྱའི་རྐང་རྗེས་ཀྱི་ས་ལས་བྱས་པའི་ ལིང་གའི་སྙིང་གར་བཅུག་པ་ལ། འཁོར་ལོ་གཞན་བྲིས་པ་ཞིག་དང་ལྡན་པའི་ལག་པས་དེ་ ལ་བསྣུན་ཞིང༌། བསྒྲུབ་བྱ་གང་གི་མིང་ནས་སྨོས་ཏེ་སྔགས་བཟླས་ན། དེ་དེའི་མོད་ལ་འཆི་ བར་འགྱུར་རོ། །དེའི་རྗེས་འཛིན་ནི། ཆུ་ལ་སྔགས་བཟླས་ཏེ། ས་ལ་ཏེ་བསྒྲུབ་བྱའི་གཟུགས་ བརྙན་གྱི་ལིང་ག་ལ་བཏབ་ན། སླར་འཚོ་བར་འགྱུར་རོ། །དམག་དཔུང་གནོན་པར་བྱེད་པ་ ནི། འཁོར་ལོ་དང་ལྡན་པས་སྔགས་བཟློས་ཤིང༌། འཛུབ་མོའི་རྩེ་མོས་ཕ་རོལ་གྱི་དམག་སྟོང་ ལ་སྡིགས་མཛུབ་བྱས་ན་དེ་ཐམས་ཅད་གནོན་ཅིང་རེངས་པར་འགྱུར་རོ། །དེའི་རྗེས་འཛིན་ ནི། སྔགས་བཟློས་ཤིང༌། དེ་རྣམས་གསོས་པར་གྱུར་ཅིག་པའི་སྨོན་ལམ་བཏབ་པའི་ཚིག་ གིས་གྲོལ་བར་འགྱུར་རོ། །གཟུགས་འཛིན་པར་འགྱུར་བ་ནི། རྨེ་ཤ་ཅན་ཤན་པའི་རོ་ བསྲེགས་པའི་ཐལ་བ་ལས། བསྒྲུབ་བྱའི་གཟུགས་བརྙན་གྱི་ལིང་ག་བྱས་ལ། དེའི་སྙིང་གར་ སྤེལ་ཚིག་དང་བཅས་པའི་འཁོར་ལོ་བྲིས་པ་བཅུག་སྟེ། སྔགས་བཟླས་ཏེ་བསྒྲུབས། དེ་ནས་ ལས་སྦྱོར་གྱི་དུས་སུ་ལིང་ག་འཁོར་ལོ་དང་བཅས་པ་དེ་ཉིད་སྦྱིན་བསྲེག་བྱས་པའི་ཐལ་བ་ལ་ སྔགས་བཟླས་བརྗོད་བརྒྱ་བྱས་ནས། བསྒྲུབ་བྱ་སེམས་ཅན་གང་སྟེ། བྲམ་ཟེ་ལ་སོགས་པའི་ རིགས་བཟང་པོ་གང་ཡང་རུང་བ་རྗེས་སུ་དྲན་པར་བྱས་ཏེ། དེའི་ལུས་ལ་ཐལ་བ་དེས་བསྣུན་ ན། རིགས་ངན་རྨེ་ཤ་ཅན་དེའི་གཟུགས་འཛིན་པར་འགྱུར་རོ། །མི་སྣང་བར་བྱེད་པ་ནི། དྲག་ པོའི་སྦྱིན་སྲེག་གི་མེའི་ཐལ་བ་ལས། བསྒྲུབ་བྱའི་གཟུགས་བརྙན་གྱི་ལིང་ག་བྱས། དེའི་སྙིང་ གར་འཁོར་ལོ་བཅུག་པ་ལ། སྤེལ་ཚིག་དང་བཅས་པའི་སྔགས་བཟླས་བརྗོད་བརྒྱ་བྱས་ཏེ། ལིང་ག་ལ་ཐལ་བ་བསྣུན་ན། བསྒྲུབ་བྱ་དེ་ལྷ་དེ་ཉིད་ཀྱིས་ཀྱང་མི་མཐོང་བར་འགྱུར་རོ། །དེའི་ རྗེས་འཛིན་ནི། ཆུ་ལ་སྔགས་ལན་བདུན་བཟླས་པས་གཟུགས་བརྙན་ལ་གཏོར་ན། སླར་སྣང་ བར་འགྱུར་རོ། །མྱོས་པར་བྱེད་པ་ནི། ཐོད་པའི་ཕྱག་རྒྱ་ནི་ལག་པའི་ནང་དུ་འཁོར་ལོ་བྲིས་ཏེ། 2-1-119 ཁ་སྦྱར་བཅིངས་ལ་སྟེ། ཐལ་མོ་ཁོང་སྟོང་དུ་སྦྱར་ལ། རང་གི་དབུགས་མི་འབྱིན་པར། བསྒྲུབ་ བྱ་གང་གི་མིང་ནས་སྨོས་ཏེ་སྔགས་བཟླས་ན། བསྒྲུབ་བྱ་སྨྱོ་བར་འགྱུར་བའམ། ཡང་ན་ཐོད་ པའི་ཕྱག་རྒྱ་ཁ་སྦྱོར་ནི། ཁྱི་སྨྱོན་གྱི་ཐོད་པ་ཁ་སྦྱོར་གྱི་ནང་དུ། མིང་སྤེལ་དང་བཅས་པའི་ འཁོར་ལོ་བཅུག་ལ། རང་གི་དབུགས་མི་འབྱིན་པར། བསྒྲུབ་བྱའི་མིང་ནས་སྨོས་ཏེ་སྔགས་ བཟླས་ཤིང༌། དུར་ཁྲོད་དུ་ཐོད་པ་དེ་སྦས་ན། བསྒྲུབ་བྱ་དེ་སྨྱོ་བར་འགྱུར་རོ། །དེ་བཞིན་དུ་སྐྱེ་ བོ་སྟོང་ཡང་མྱོས་པར་འགྱུར་རོ། །དེའི་རྗེས་འཛིན་ནི། འཁྲུལ་འཁོར་སྟོན་ཏེ་འོ་མས་དཀྲུས་ ལ། ཡིད་ཀྱིས་གྲོལ་བར་གྱུར་ཅིག་པར་སྨོན་ལམ་བཏབ་ན་གྲོལ་བར་འགྱུར་རོ། །བུད་མེད་ དབང་དུ་བྱེད་པ་ནི། འཁོར་ལོ་དང་ལྡན་པས། བསྒྲུབ་བྱ་གང་གི་མིང་ནས་སྨོས་ན། རང་གི་ གཙུག་ཕུད་ལ་སྔགས་ལན་བདུན་བཟླས་ཏེ་མདུད་པ་བྱས་ན། མཁའ་འགྲོ་མ་བུད་མེད་ ཐམས་ཅད་འོང་བར་འགྱུར་རོ། །མི་སྣང་བར་བྱེད་པ་ནི། འཁོར་ལོ་དང་ལྡན་པས་རྒྱལ་པོའི་ དཀོར་ཁང་ལ་སོགས་པའི་ཁང་སྟོང་དུ་སོང་སྟེ། སྔགས་ལན་བརྒྱ་བཟླས་ཤིང༌། ལག་པ་ གཉིས་ཀྱིས་རང་གི་སྐྲ་སྤྱི་བོར་བཅིངས་ལ། མིག་བསྒྲད་དེ། ཇི་སྲིད་སྔགས་བཟླས་པ་དེ་སྲིད་ དུ། རང་མི་སྣང་བར་འགྱུར་རོ། །གཙུག་ཕུད་དཀྲོལ་ན་སླར་སྣང་བར་འགྱུར་རོ། །གཞན་ བཅིང་བ་ནི། གསེག་མ་སྟེ་གྱོ་མོ་ལ་འཁོར་ལོ་བྲིས་ཏེ། རབ་གནས་བྱས་ནས་བཅུག་སྟེ། དཔའ་བོའི་ཐོད་པའི་ནང་དུ་བླུགས་ལ། སྤེལ་ཚིག་དང་བཅས་པའི་སྔགས་བཟླ་བཞིན་དུ་ཁང་ སྟེང་ནས། སྟེང་དང༌། འོག་དང༌། ཕྱོགས་མཚམས་རྣམས་སུ་གཏོར་ན། ལྷ་ལ་སོགས་པ་ ཐམས་ཅད་བཅིངས་པ་སྟེ་དེ་དག་གིས་གནོད་པར་མི་ནུས་པར་འགྱུར་རོ། །ཡང་སྔར་གྱི་སྦྱོར་ བ་དེ་ཉིད་ཀྱིས། མཁའ་འགྲོ་མའི་སྦྱོར་བ་སྟེ། གནོད་པ་དུ་མ་ཡང་འཕྲོག་པར་འགྱུར་རོ། །སྐྱེས་པ་དང༌། བུད་མེད་མི་དབྱེ་བར་བྱེད་པ་ནི། ལྕེ་སྤྱང་གི་མཇུག་མ་ལ་སྔགས་བཟླས་ཏེ། མལ་ཁྲིའི་འོག་ཏུ་སྦས་ནས། སྟན་དང་མལ་ཁྲི་ལ་སྐྱེས་པ་དང༌། བུད་མེད་འདུག་པ་ལ་བལྟས་ 2-1-120 ཏེ། སྔགས་ཉེ་སྙིང་ལན་བརྒྱ་བཟླས་ན་ཁྱི་ལྟར་འདོམ་མི་དབྱེ་བར་འགྱུར་རོ། །ཡང་ལྕེ་སྤྱང་གི་ མཇུག་མ་རང་གི་རྐང་པ་གཡོན་པའི་འོག་ཏུ་མནན་ལ། རྐང་པ་གཡོན་པ་གཡས་པས་མནན་ ཏེ་སྔགས་བཟླས་ན་ཡང་མི་དབྱེ་བར་འགྱུར་རོ། །ཡང་ཡིད་ཀྱིས་གྲོལ་བར་གྱུར་ཅིག་པར་ སྨོན་ལམ་བཏབ་ན་གྲོལ་བར་འགྱུར་རོ། །ཆུ་བོ་གྱེན་ལ་བཟློག་པ་ནི། གྱོ་མོ་ལ་འཁོར་ལོ་ བྲིས་ཏེ་རབ་གནས་བྱས་པ་དུམ་བུར་བཅག་ནས་སྔགས་བཟླས་ཏེ་ཆུ་བོར་བཅུག་ན། རྒྱུན་ ལས་བཟློག་སྟེ་འབབ་པར་འགྱུར་རོ། །གསེག་མ་སྟེ་གྱོ་མོ་དེ་ཉིད་ཀྱིས་གཏོར་བས། ཆུའི་རྦ་ རླབས་ཀྱང་ནོན་པར་འགྱུར་རོ། །ཆར་གཅོད་པ་ནི། རང་ཁང་སྟེང་དུ་བལྟས་ཏེ། ཉེ་སྙིང་སྟོང་ བཟླས་ཏེ་གསེག་མ་དེ་ཉིད་གཏོར་ན་ཆར་ཆེན་པོ་གཅོད་པར་འགྱུར་རོ། །གཞན་གྱི་མཚོན་ཆ་ བཟློག་པ་ནི། བསྙེན་པ་མངོན་དུ་སོང་བས། ལྡོང་རོས་སམ། ཡུང་བས་ལག་པ་གཡོན་པའི་ མཐིལ་ལ་འཁོར་ལོ་བྲིས་ལ། རབ་གནས་བྱས་ཏེ། ཉེ་བའི་སྙིང་པོ་སྟོང་བཟླས་ནས་ཁུ་ཚུར་ བཅངས་ལ་གཡུལ་དུ་ཞུགས་ན་གཞན་གྱི་མཚོན་ཆས་གནོད་པར་མི་འགྱུར་རོ། །དཔལ་ཧེ་རུ་ ཀ་མངོན་པར་བརྗོད་པ་ཞེས་བྱ་བ་ལས། ཉེ་བའི་སྙིང་པོའི་ལས་ཀྱི་ཆོ་ག་སྟེ། བཅུ་གཉིས་པ་ རྣམ་པར་བཤད་ཟིན་ཏོ།། །། ༈ བཅུ་གསུམ་པ་གོ་ཆའི་ལས་སྟོན་པ་ལ། བཤད་པ་ཞལ་གྱིས་བཞེས་པའི་ཚུལ་གྱིས་ མདོར་བསྟན་པ་དང༌། དོན་དངོས་རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། དེ་ནས་སོགས་ཤོ་ལོ་ཀ་གཅིག་གིས་བསྟན། དེའི་དོན་ནི། ལེའུ་བཅུ་གཉིས་ པ་བཤད་པའི་རྗེས་དེ་ནས། གོ་ཆའི་ལས་རྣམས་ཀྱིས་ནི། འཇིག་རྟེན་གསུམ་ན་གང་ཞིག་ ཡོད་པའི་ཡིད་ལ་འདོད་པ་ཀུན་འགྲུབ་པར་བྱེད་པའི་ལས་ཚོགས་ཀྱི་ཆོ་ག་མང་དུ་ཡོད་པ་ རྣམས་གོ་རིམ་ཇི་ལྟ་བ་བཞིན་དུ་བཤད་པར་བྱ། ཞེས་པའོ། །གོ་ཆའི་སྔགས་དེ་ལ་ཡང༌། དྲང་ དོན་བསྐྱེད་རིམ་གྱི་སྔགས་དང༌། ངེས་དོན་རྫོགས་རིམ་གྱི་སྔགས་གཉིས་ལས། 2-1-121 དང་པོ་ནི། ཨོཾ་ཧཱ་སོགས་དཔའ་བོའི་གོ་ཆ་དང༌། ཨོཾ་བཾ་སོགས་དཔའ་མོའི་གོ་ཆའི་སྔགས་ རྣམས་སོ། །གཉིས་པ་ནི། རང་ལུས་ཀྱི་རྩ་འཁོར་ལོ་བཞི་དང༌། དབུ་མའི་ཡས་སྣ་མས་སྣ་ གཉིས་ཏེ། དྲུག་པོ་དེ་རྣམས་ནི་དཔའ་བོ་དྲུག་དང༌། དབང་ཤེས་དྲུག་རླུང་དང་བཅས་པ་ རྣམས་ནི། དཔའ་མོ་དྲུག་སྟེ། དབང་ཤེས་དྲུག་གི་རླུང་རྣམས། འཁོར་ལོ་དྲུག་གི་ལྟེ་བར་ ཞུགས་ཏེ། དབུ་མའི་ནང་གི་མི་ཤིགས་པའི་ཐིག་ལེ་ལ་ཐིམ་པར་གྱུར་པའི་ཡེ་ཤེས་ནི། ངེས་ དོན་གྱི་གོ་ཆའི་སྔགས་སོ། །འདིར་ལས་ཚོགས་བཅུ་གཉིས་གསུངས་པ་ནི་གསང་རིམ་གྱི་ས་ བཅུ་གཉིས་ཀྱི་དག་པ་ཅན་དང༌། ལྷའི་དག་པ་ནི། གོ་ཆའི་དཔའ་བོ་དཔའ་མོ་བཅུ་གཉིས་སོ། །འདིར་ལས་ཚོགས་ཀྱི་རྣམ་གྲངས་བཅུ་གཉིས་བསྟན་པ་ཡིན་ཏེ། ལམ་བསྲུང་དང་སྒྲིབ་ཤིང་ གིས་མི་སྣང་བ་དང༌། རེངས་པ་དང༌། ཁྲག་འདྲེན་པ་དང༌། རིམ་གྱིས་འདེབས་པ་དང༌། ཚིག་ འཕྲོག་པ་དང༌། རྒྱ་མཚོ་རེངས་པ་དང༌། རྣལ་འབྱོར་མ་དབང་དུ་བྱེད་པ་དང༌། མཁའ་སྤྱོད་ ཀྱི་རིག་འཛིན་དང༌། ཐམས་ཅད་ཐུན་མོངས་དུ་འཇུག་པའི་མན་ངག་དང༌། ཤིང་དུ་འགྱུར་བ་ དང༌། གཟུགས་སྣ་ཚོགས་སུ་སྒྱུར་བར་བྱེད་པ་སྟེ་བཅུ་གཉིས་སོ། ། དང་པོ་ནི། དེ་ལ་གོ་ཆ་ཞེས་པ་ནས། མི་སྣང་བར་འགྱུར་རོ། །ཞེས་པའི་བར་གྱིས་བསྟན། གཉིས་པ་ནི། གོ་ཆ་བཟློས་བཞིན་དུ། ཞེས་པ་ནས། མི་མཐོང་ངོ༌། །ཞེས་པའི་བར་གྱིས་ བསྟན། གསུམ་པ་ནི། གོ་ཆའི་སྔགས། ཞེས་པ་ནས། མི་གཡོ་འོ་ཞེས་པའི་བར་དང༌། དེའི་ རྗེས་འཛིན་ནི། སྔགས་བཟླས་ཏེ། ཞེས་པ་ནས། འགྱུར་རོ་ཞེས་པའི་བར་གྱིས་བསྟན། བཞི་ པ་ནི། རང་གི་ཁྲག་གི་ཞེས་པ་ནས། འདྲེན་པར་བྱེད་དོ། །ཞེས་པའི་བར་གྱིས་བསྟན། ལྔ་པ་ ནི། གང་གི་ཁྱིམ་ཞེས་པ་ནས། བཏབ་པར་འགྱུར་རོ་ཞེས་པའི་བར་དང༌། དེའི་རྗེས་འཛིན་ ནི། ཆུ་ལ་ཞེས་པ་ནས། འགྱུར་རོ་ཞེས་པའི་བར་གྱིས་བསྟན། དྲུག་པ་ནི། གང་གིས་ཞེས་པ་ ནས། འགྱུར་རོ་ཞེས་པའི་བར་གྱིས་བསྟན། བདུན་པ་ནི། ཆུ་བོ་དང་ཞེས་པ་ནས། རྒྱ་མཚོ་ 2-1-122 བཞིན་དུ་གནས་སོ། །ཞེས་པའི་བར་གྱིས་བསྟན། བརྒྱད་པ་ནི། ལག་པ་གཉིས་ཞེས་པ་ནས། འགྲོ་བར་འགྱུར་རོ། །ཞེས་པའི་བར་གྱིས་བསྟན། དགུ་པ་ནི། སྐར་མ་རྒྱལ་ལ། ཞེས་པ་ནས། སྟེང་གི་རྒྱུན་དུ་འགྲོ་བར་འགྱུར་རོ། །ཞེས་པའི་བར་གྱིས་བསྟན། བཅུ་པ་ནི། དབང་པོ་གང་ དང་སོགས་ཤོ་ལོ་ཀ་གཅིག་གིས་བསྟན། དེའི་དོན་ཡང༌། དཔེར་ན། མིག་གི་དབང་པོ་གང༌། གཟུགས་གང་གི་ལམ་དུ་འགྱུར་བ་ན། དབང་པོ་དེ་དང༌། ཡུལ་གཟུགས་དེའི་ངོ་བོ་སྟོང་པ་ ཉིད་ཀྱི་རང་བཞིན་དུ་ཤེས་པར་བྱ་དགོས་པ་ཡིན་ཞིང༌། དེ་ལྟར་སྟོང་པ་ཉིད་ཀྱི་ཡེ་ཤེས་དང༌། བདེ་སྟོང་གི་ཡེ་ཤེས་ལ། མཆོག་ཏུ་མཉམ་པར་བཞག་པའི་སྦྱོར་བ་ཡིས། གོང་འོག་གི་ལས་ ཚོགས་ཐམས་ཅད་འགྲུབ་པར་འགྱུར་བ་ཡིན་ཏེ། དེ་བས་ལྷག་པ་སངས་རྒྱས་ཀྱི་རང་བཞིན་ དུ་ཡང་འགྱུར་བའི་ཕྱིར་རོ། །དེ་ལྟར་ན་སྒྱུ་མ་ལྟ་བུར་ཡོངས་སུ་ཤེས་ཤིང༌། བདེ་སྟོང་གི་ཏིང་ ངེ་འཛིན་ལ་ཅུང་ཟད་སེམས་བརྟན་པར་གྱུར་པ་ནི། ལས་ཚོགས་རྣམས་འགྲུབ་པའི་རྒྱུའི་ ཡན་ལག་མཆོག་ཏུ་གྱུར་པ་ཡིན་ནོ། །ཡང་འགྱུར་འགའ་ཞིག་ལས། མཉམ་པར་མ་བཞག་ སྦྱོར་བ་ཡིས། །ཞེས་འདོན་པ་ལྟར་ན། མཉམ་པར་མ་བཞག་པ། རྗེས་ཐོབ་ཀྱི་གནས་སྐབས་ ཐམས་ཅད་དུ་ཡང༌། དབང་ཡུལ་ཐམས་ཅད་བདེ་སྟོང་དུ་ངང་གིས་འཆར་བ་བསྟན་པ་ཡིན་ནོ། །འདིའི་སྔ་མའི་མཚམས་སྦྱོར་ལུགས་ནི། གོང་དུ་བསྟན་པ་ལྟར་སྔགས་རྒྱུད་ཀྱི་སྦྱོར་བས་རྣམ་ པ་སྣ་ཚོགས་སུ་བསྒྱུར་བ་དེ་མི་འབྱུང་ངོ་སྙམ་ན། དེ་ལྟར་འབྱུང་སྟེ། ཆོས་ཐམས་ཅད་ནི་བདེན་ པར་མེད་པ་བློ་རྣམ་པར་རྟོག་པས་རྟགས་པ་ཙམ་ཡིན་པའི་ཕྱིར། གང་དང་གང་དུ་སྒོམ་པ། དེ་ དང་དེར་འགྱུར་བ་ཡིན། ཞེས་པ་ལ། ཚིག་བཅད་འདི་བྱུང་བ་ཡིན་ནོ། །བཅུ་གཅིག་པ་ནི། ཤིང་ཡོངས་འདུའི་ཞེས་པ་ནས། ཤིང་དུ་འགྱུར་རོ། །ཞེས་པའི་བར་དང༌། དེའི་རྗེས་འཛིན་ནི། ཆུ་ལ་ཞེས་པ་ནས། འགྱུར་རོ་ཞེས་པའི་བར་གྱིས་བསྟན། བཅུ་གཉིས་པ་ནི། འདི་དག་གླང་པོ་ ཆེའི་རྐང་རྗེས། ཞེས་པ་ནས། གླང་པོ་ཆེར་འགྱུར་རོ། །ཞེས་པའི་བར་གྱིས་བསྟན་ནོ། །འདི་ 2-1-123 དག་གི་ནང་ནས་ལས་ཚོགས་གཉིས་པ་དང༌། གསུམ་པའི་མིང་ཙམ་དང༌། བཞི་པ་རྣམས་ལ། སྙིང་པོ་བསྡུས་པར་རྫོགས་རིམ་གྱི་བཤད་པ་མཛད་པ་ཡིན་ཏེ། རྒྱལ་པོའི་ཕོ་བྲང་གི་ངེས་དོན་ རྩ་འཁོར་ལོ་བཞི་དང༌། དབུ་མའི་མས་སྣའི་རྩ་འཁོར་ཡིན་ལ། སླས་ཀྱི་ནང༌། བཙུན་མོའི་ཕོ་ བྲང་ནི། གཙུག་ཏོར་གྱི་འཁོར་ལོ་དང༌། དེར་ཞུགས་པ་ནི་རླུང་གཙུག་ཏོར་གྱི་འཁོར་ལོའི་ནང་ དུ་ཞུགས་པ་དང༌། བཙུན་མོའི་ཕོ་བྲང་དུ་ཞུགས་ནས། བཙུན་མོ་རྣམས་དང་ལྷན་ཅིག་ཏུ་རོལ་ པར་བྱེད་པ་ནི། འཁོར་ལོའི་ནང་དེར་རླུང་ཐིམ་པ་ལས། ཁམས་དཀར་དམར་འབར་འཛག་ གི་འདི་འཕྲོད་འབྱུང་བ་དང༌། ཕོ་བྲང་གི་ནང་དུ་ཞུགས་པའི་སྒྲུབ་པ་པོ་མི་སྣང་བར་གྱུར་པ་ ནི། ཁམས་དཀར་དམར་གྱི་འདུ་འཕྲོད་བྱུང་བ་དེའི་ཚེ། རྣམ་རྟོག་མངོན་གྱུར་པ་འགགས་ པར་འགྱུར་བ་དང༌། ཕོ་བྲང་གི་ནང་ནས་སྒྲུབ་པ་པོས་རང་གང་འདོད་པའི་དངོས་པོ་བླངས་ ཏེ་འགྲོ་བར་འགྱུར་བ་ནི། དེ་ལས་བདེ་སྟོང་གི་ཡེ་ཤེས་ཐོབ་པའི་དོན་དང༌། ལྷ་རྣམས་ཀྱིས་ ཀྱང་མི་མཐོང་ངོ༌། །ཞེས་པ་ནི། དེ་ལྟ་བུའི་བདེ་སྟོང་གི་ཡེ་ཤེས་དེ། གཟུང་འཛིན་གྱི་རྣམ་པར་ རྟོག་པའི་བགས་ཆགས་ཀྱང་སྤོང་བར་འགྱུར་བའི་དོན་ནོ། །འདིས་ནི་གཙུག་ཏོར་གྱི་འཁོར་ ལོ་སོགས་རྩ་འཁོར་རྣམས་ཀྱི་ལྟེ་བ་དང་དབུ་མའི་ནང་དུ་རླུང་ཞུགས་ཤིང་ཐིམ་པའི་རྐྱེན་གྱིས་ དམར་ཆ་འབར་བས་དཀར་ཆ་ཞུ་བའི་བདེ་སྟོང་གི་ཡེ་ཤེས་ཁྱད་པར་ཅན་སྐྱེ་བ་ཡིན་ལ། དེའི་ ཚེ་རྣམ་རྟོག་མངོན་གྱུར་བ་འགགས་ཤིང༌། གཟུང་འཛིན་གྱི་བག་ཆགས་ཀྱང་རིམ་པས་སྤོང་ བར་བྱེད་པ་ཞིག་ཡོད་པའི་རྫོགས་རིམ་རྣམས་ཀྱི་མཚན་ཉིད་བསྟན་པ་ཡིན་ནོ། །རེངས་པར་ བྱེད་པའི་ངེས་དོན་ནི། དེ་ལྟར་འབར་འཛག་གི་བདེ་སྟོང་ཡང་ནས་ཡང་དུ་གོམས་པར་བྱས་ པ་ལས། བྱང་ཆུབ་ཀྱི་སེམས་རེངས་པ་སྟེ། བརྟན་པར་འགྱུར་བའི་དོན་ནོ། །ལས་ཚོགས་བཞི་ པའི་ངེས་དོན་ནི། ལས་ཀྱི་ཕྱག་རྒྱ་དང་མཉམ་པར་སྦྱར་བ་ལས། བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ ལེ། རྡོ་རྗེ་ནོར་བུར་བབས་པ་ནི། ཐིག་ལེ་བྱས་པའི་ངེས་དོན་དང༌། དུས་དེར་རོ་རྐྱང་གཉིས་ 2-1-124 ནས་རྒྱུ་བའི་རླུང་དང༌། དབུ་མའི་རླུང་གསུམ་ཅར་ཨ་ཝ་དྷཱུ་ཏིའི་ནང་དུ་ཞུགས་ཏེ། དེས་གཏུམ་ མོ་འབར་བས། བྱང་ཆུབ་ཀྱི་སེམས་མས་བརྟན་པར་འགྱུར་བ་ནི། ཁྲག་འདྲེན་པའི་ངེས་དོན་ ནོ། །འདི་ཡང་སྔགས་རིམ་གྱི་ཕྱེད་ཕྱི་མ་ནས་བཟུང་། གཞན་ལུས་ཤེས་རབ་དང་འབྲེལ་བའི་ རྫོགས་རིམ་སྤྱིའི་མཚན་ཉིད་བསྟན་པ་ཡིན་ནོ། །དབང་པོ་གང་དང་གང་ལ་འགྱུར། །ཞེས་ སོགས་ཀྱི་བསམ་གཏན་གྱི་ཡན་ལག་རྒྱས་པར་བཤད་པ་ཡིན་པ། ཕྱག་རྡོར་སྟོད་འགྲེལ་ ལས་གསུངས་པ་ལྟར་རོ། །ཧེ་རུ་ཀ་མངོན་པར་བརྗོད་པ་ལས། གོ་ཆའི་སྔགས་ཀྱི་ཆོ་གའི་ ལེའུ་སྟེ། བཅུ་གསུམ་པ་རྣམ་པར་བཤད་ཟིན་ཏོ།། །། ༈ ལེའུ་བཅུ་བཞི་པས། བོང་ཞལ་ཅན་གྱི་རྣལ་འབྱོར་སྟོན་པ་ཡིན་པ་ལ། མདོར་བསྟན་ པ་དང༌། རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། དེ་ནས་སོགས་ཤོ་ལོ་ཀ་གཅིག་གིས་བསྟན། དེ་ཡང་ལེའུ་བཅུ་གསུམ་པ་ བཤད་པའི་རྗེས་དེ་ནས། བོང་བུའི་རྣལ་འབྱོར་གྱི་བདག་ཉིད་དེ་ནི་བཤད་པར་བྱའོ། །དེ་ ཡང་དགོས་པ་གང་གི་ཕྱིར་ཞེ་ན། ཡིད་ཀྱི་ཤུགས་ཏེ། དམིགས་པ་ལ་སེམས་གནས་མི་ཐུབ་ པར། རྣམ་པར་རྟོག་པའི་ཤུགས་དྲག་ཏུ་འཕྲོ་བ་བཟློག་པའི་ཕྱིར་དང༌། དེ་ལས་སྒྲུབ་པ་པོས་ དངོས་གྲུབ་འགྲུབ་པར་འགྱུར་བའི་ཕྱིར་དུའོ། །འདི་ནི་སྔར་བསྐྱེད་པའི་རིམ་པ་བསྒོམས་ཏེ། གསལ་སྣང་ཅུང་ཟད་སྐྱེས་སུ་ཟིན་ཀྱང༌། རྣམ་རྟོག་འཕྲོ་རྒོད་ཤས་ཆེ་བས། དམིགས་པ་དེ་ལ་ སེམས་ཡུན་རིང་དུ་གནས་པར་མ་ནུས་ན། བོགས་འདོན་སྤོགས་ཆོག་གི་ཚུལ་གྱིས་བོང་ཞལ་ ཅན་གྱི་རྣལ་འབྱོར་འདི་བསྒོམས་པས། རྣམ་པར་རྟོག་པའི་འཕྲོ་རྒོད་ཀྱི་ཤུགས་བཟློག་སྟེ། དམིགས་པ་ལ་སེམས་གནས་པར་འགྱུར་བ་ཡིན་ནོ། ། གཉིས་པ་ལ། བསྙེན་པ་དང༌། ལས་སྦྱོར་དང༌། ཕན་ཡོན་བཤད་པ་གསུམ་ལས། དང་ པོ་ནི། རྣལ་འབྱོར་མ་ནི་ལཱ་མའི་གཟུགས། །ཞེས་སོགས་ཚིག་ལྔས་བསྟན། དེའི་དོན་ནི་རྣལ་ 2-1-125 འབྱོར་མ་རྡོ་རྗེ་ཕག་མོ་དང༌། ལཱ་མ་དང༌། མཁའ་འགྲོ་མ་དང༌། ཁཎྜ་རོ་ཧ་དང༌། གཟུགས་ ཅན་མ་སྟེ། གཙོ་འཁོར་ལྔ་པོ་དེ་དངོས་སུ་གསུངས་པ་ཡིན་ལ། རྣལ་འབྱོར་མ་གསུངས་པའི་ ཤུགས་ལ། དཔལ་ཧེ་རུ་ཀ་ཡང་སྟེ། གཙོ་འཁོར་ལྔ་པོ་ཞལ་རས་བོང་བུའི་རྣམ་པ་ཅན་ལ། ཁྲག་གིས་བྱུགས་པའམ། ཞལ་གྱི་གྲྭ་ནས་ཁྲག་འཛག་པའི་གདོང་ཅན། མཁའ་འགྲོ་མ་རྣམས་ ཀྱི་ཕྱག་ན་རྩེ་གསུམ་ཐོགས་པ་སྟེ། དེ་ཡང་ཕྱག་གཡས་པའི་གྲི་གུག་གི་ཚབ་ཏུ་འཛིན་པའམ། ཡང་ན་མཁའ་འགྲོ་མ་རྣམས་ཕྱག་བཞི་པ་ལྟར་ན། ཕྱག་གཡས་གཉིས་ཀྱིས་གྲི་གུག་དང༌། ཌ་ མཱ་རུ། གཡོན་གཉིས་ཀྱིས་རྩེ་གསུམ་དང་ཁ་ཊྭཱཾ་ག་འཛིན་པའང་བཤད་ཅིང༌། རྣལ་འབྱོར་དེ་ ལྟ་བུའི་སྒོ་ནས་བསྙེན་པ་བྱ་བ་ཡིན་ནོ། ། གཉིས་པ་ནི། ཚེ་ཟད་པ་དང་ཚེ་རིང་བ། །ཞེས་པ་ནས། སྟོང་གི་སྟེང་དུ་སྐད་ཅིག་འགྲོ། ཞེས་པའི་བར་གྱིས་བསྟན། དེ་ཡང་འབྲས་ཕྱེ་ལས་བྱས་པའི་བོང་བུའི་གཟུགས་བརྙན་བྱས་ ལ། འཁྲུལ་འཁོར་དང་སྦྲགས་ཏེ་བསྒྲུབས་ན། དེའི་ནང་དུ་འཁོར་ལོའང་བཅུག གང་ལྟར་ ཁ་ནས་བཤང་ལམ་གྱི་བར་ཐལ་བྱུང་དུ་མཐོང་བར་བྱས་ལ། དཀྱིལ་འཁོར་གྱི་དབུས་བཞག་ སྟེ། བསྒྲུབ་པ་ལས། དེ་ཉིད་བོང་བུར་མཐོང་བ་ལ་སོགས་པ་གྲུབ་པའི་རྟགས་བྱུང་བ་ན། དེའི་ ཁའི་བུ་ག་ནས་བལྟས་པས། རང་གཞན་གྱི་ཚེ་ཟད་པ་དང༌། ཚེ་རིང་བ་ལ་སོགས་པའི་རྟགས་ སྣང་ཐམས་ཅད་མཐོང་བ་ཡིན་ལ། དེར་མ་ཟད་རང་གཞན་གྱི་སྐྱེ་བ་སྔ་ཕྱི་བརྟག་པ་ལ་ཡང༌། ཐོག་མར་རང་གི་གཟུགས་བརྙན་མེ་ལོང་ལ་ཡོངས་སུ་འཆར་བར་བྱས་ཏེ། དེ་ལ་རང་ཉིད་ ཀྱི་བོང་བུའི་ཁའི་བུ་ག་ནས། ཕར་ལྟས་པ་ན། རང་ཉིད་སྐྱེ་བ་སྔ་མར་བོང་བུར་སྐྱེས་ན། རང་ གི་གཟུགས་བརྙན་བོང་བུར་མཐོང་བ་དང༌། དེ་བཞིན་དུ་འགྲོ་བ་གང་ཡིན་གྱི་གཟུགས་སུ་ མཐོང་བར་འགྱུར་བ་ཡིན་ནོ། །དེ་ནས་གཞན་ལ་ཡང་སྟེ། བོང་བུའི་ཁའི་བུ་ག་ནས་རང་ཉིད་ ཀྱི་ཕ་རོལ་པོའི་གཟུགས་ལ་བལྟས་པ་ན། གླང་པོའི་གཟུགས་ཅན་སོགས་འགྲོ་བ་གང་དང་ 2-1-126 གང་དུ་སྔར་སྐྱེས་པ་དང༌། ད་སྐྱེ་འགྱུར་རྣམས་ཤེས་པར་འགྱུར་བ་ཡིན་ལ། གཞན་ཡང་འགྲོ་ བ་གང་དང་གང་གི་ལུས་ཅན་དུ་བར་མ་ཆད་སྐྱེ་བ་བདུན་བླངས་པའང་ཤེས་པར་འགྱུར་བ་ ཡིན་ཏེ། དེའི་གཟུགས་བདུན་དུ་མཐོང་བའི་ཕྱིར་རོ། །དེ་ལྟར་ཤེས་པའི་རྣལ་འབྱོར་པ་དེ་ནི་ དངོས་གྲུབ་སྒྲུབ་པའི་སྐྱེས་བུར་འགྱུར་བ་ཡིན་ཏེ། བ་གླང་དང་ཁྱི་ལ་སོགས་པའི་སྐྱེ་བ་བདུན་ པ་ལས་ཀྱིས་ཤི་བར་གྱུར་པའི་ཤ་ཁྲག་གི་ལྷ་རྣམས་གཏོར་མས་མཉེས་པར་བྱ་བ་དང༌། སྦྱིན་ སྲེག་གི་མཆོད་པ་ལ་སོགས་པ་བྱས་ཏེ། གཟུགས་དེ་དང་དེར་སྒྱུར་ནུས་པར་གསོལ་བ་བཏབ་ ན། དེ་དང་དེར་འགྱུར་བ་ཡིན་ནོ། །ཡང་མིའི་སྐྱེ་བ་བདུན་པའི་སྙིང་ལ་སོགས་པའི་དབང་ པོ་ལྔ་དང༌། ཤ་ཁྲག་བླངས་ནས་དངོས་གྲུབ་ཀྱི་རྫས་སུ་བྱས་ཏེ། དངོས་གྲུབ་བསྒྲུབས་པ་ན། འགྲུབ་པའི་མཚན་མ་མཐོང་བའི་ཚེ། རྫས་དེ་བསྟེན་པ་ཙམ་གྱིས། དཔག་ཚད་བརྒྱ་ཕྲག་སྟོང་ གི་སྟེང་དུ་སྐད་ཅིག་གིས་འགྲོ་ནུས་པ། མཁའ་སྤྱོད་ཀྱི་རིག་པ་འཛིན་པར་འགྱུར་རོ། ། བཞི་པ་ནི། བོང་ཞལ་ཅན་གྱི་རྣལ་འབྱོར་དང༌། གསང་སྔགས་འདི་ནི་རྣལ་འབྱོར་མཆོག་ དང་དམ་པར་གྱུར་པ་ཡིན་ཏེ། འདིས་ནི་མཁའ་འགྲོ་མ་ཐམས་ཅད་ཀྱི་རིག་སྔགས་ཀྱི་སྦྱོར་ བ་གྲུབ་པར་བྱེད་པ་ཡིན་ལ། གཞན་ཡང་རྣལ་འབྱོར་པས་དངོས་གྲུབ་ཐོབ་པའི་མཚན་མ་ མཐོང་ནས། སྔགས་གང་ཅུང་ཟད་བཟློས་པས། འདོད་པའི་དངོས་གྲུབ་ཟླ་བ་གཅིག་གིས་ འགྲུབ་པར་འགྱུར་བ་ཡིན་ཞིང༌། གསང་བ་འདིའི་སྔགས་ནི་སྙིང་པོ་ཡི་གེ་ཉེར་གཉིས་པ་ཤིན་ ཏུ་བཟང་ཞིང་དགེ་བ་ཉིད་ཡིན་ཞེས། རྩ་རྒྱུད་འདིར་སྔགས་སྙིང་པོ་ཡིན་པར་གསུངས་ལ། བཤད་རྒྱུད་མངོན་བརྗོད་བླ་མར་བོང་ཞལ་ཅན་གྱི་སྔགས་ཉེ་སྙིང་ཡིན་པར་གསུངས་མོད། རྩ་བཤད་གུང་སྤྲོས་ན། སྙིང་པོ་དང་ཉེ་སྙིང་གང་རིགས་ཞིག་གིས་འགྲུབ་པ་ཡིན་ནོ། །རྣལ་ འབྱོར་བ་གང་ཞིག་དཀྱིལ་འཁོར་དང༌། ལྷ་དང༌། སྔགས་དང༌། ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་ཤེས་ པ་ནི། དེ་འདིར་རྣལ་འབྱོར་པ་ཉིད་དུ་འགྱུར་བར་ཐེ་ཚོམ་མེད་དེ། དེ་ཁོ་ན་ཉིད་དཔལ་ཧེ་རུ་ང་ 2-1-127 ཡིས་བསྟན་པ་ནི། མཁའ་འགྲོ་མའི་དྲྭ་བ་སྟེ། ཚོགས་པ་ཐམས་ཅད་སྡོམ་པར་བྱེད་པ༌། བདེ་ བའི་མཆོག་ཡིན་ནོ། །འདི་དག་གི་ངེས་དོན་རྫོགས་རིམ་ནི། ལྟེ་འོག་སོར་བཞིར་རྩ་མདུད་གྲུ་ གསུམ་གྱི་རྣམ་པ་ནི། བོང་བུའི་གདོང་པ་དང༌། རྩ་རོ་རྐྱང་གཉིས་ཀྱི་མས་སྣ་གཡས་གཡོན་དུ་ གནས་པ་ནི། བོང་བུའི་ཞལ་གྱི་རྣ་བ་གཉིས་དང༌། ལྷ་ལྔ་བོང་བུའི་ཞལ་ཅན་དུ་སྒོམ་པ་ནི། རྩ་ མདུད་གྲུ་གསུམ་དེའི་ནང་དུ། ས་ཆུ་མེ་རླུང་ནམ་མཁའི་ཐིག་ལེ་མདོག་ལྔ་པ་གནས་པའི་དོན་ དང༌། དེ་ལྟར་གནས་པ་དེ། ལྟེ་བའི་གཏུམ་མོ་ཡེ་ཤེས་ཀྱི་གཏུམ་མོར་གྱུར་པ་ན། ཐིག་ལེ་ལྔ་པོ་ དེ་ལས་ཀྱང་ཡེ་ཤེས་ཀྱི་གཏུམ་མོ་འབར་ཏེ། དབུ་མའི་ནང་ན་ཡར་སོང༌། དེ་བཞིན་གཤེགས་ པའི་རྒྱུད་ལ་འགྲོ་འོངས་བྱས་པ་ལས། གསལ་བའི་ཡེ་ཤེས་མཐའ་ཡས་པ་སྐྱེ་བར་འགྱུར་བ་ ནི། བོང་ཞལ་ཅན་གྱི་རྣལ་འབྱོར་ལ་བརྟེན་ནས། ཚེ་ཟད་པ་དང༌། རིང་བ་ལ་སོགས་པ་ཤེས་ པའི་གསལ་སྣང་འཆར་བའི་ངེས་དོན་ནོ། །འདིའི་མན་ངག་ནི་རྡོ་རྗེ་དྲིལ་བུ་པས་བཀྲལ་བའི། ཛ་ལནྡྷ་རའི་རིམ་པ་སྟེ། །ལྟེ་བ་ཆུ་སོའི་མཚམས་སུ་ནི། །མདོག་ལྔར་ལྡན་པའི་ཐིག་ལེ་མཆོག །ཅེས་སོགས་སོ། །དཔལ་ཧེ་རུ་ཀ་མངོན་པར་བརྗོད་པའི་ལས། དཔལ་ཧེ་རུ་ཀ་བོང་བུའི་རྣལ་ འབྱོར་མཛད་པའི་ཆོ་གའི་ལེའུ་སྟེ་བཅུ་བཞི་པའོ།། །། ༈ རིགས་ལྡན་མ་མཆོད་པའི་ཚུལ་རྒྱས་པར་བཤད་པ་ལ། རིགས་ལྡན་མའི་ངོ་བོ། མཚན་ཉིད། བརྟག་ཐབས། རིགས་ལྡན་མ་མཆོད་པ་དང་བཞི་ལས། དང་པོ་ནི། ལེའུ་བཞི་བཅུ་ཞེ་གཅིག་པས་བསྟན་པ་ཡིན་ལ། གཉིས་པ་ནི། ལེའུ་བཅུ་དྲུག་ པ་ནས། བཅུ་དགུ་པའི་བར་གྱི་ལེའུ་བཞིས་བསྟན་པ་དང༌། གསུམ་པ་ལ། ངག་བརྡ་དང༌། ལུས་བརྡ་གཉིས་ལས། དང་པོ་ལ། ཡེ་གེ་གཅིག་པའི་ངག་བརྡ་ལེའུ་བཅོ་ལྔ་པ་དང༌། ཡི་གེ་ མང་པོའི་ངག་བརྡ་ལེའུ་ཉེར་བཞི་པས་བསྟན་པ་ཡིན་ཞིང༌། གཉིས་པ་ལུས་བརྡ་ནི་ལེའུ་ཉི་ ཤུ་པ་དང༌། ཉེར་གཅིག་པ་དང༌། ཉེར་གཉིས་པ་གསུམ་གྱིས་བསྟན་པ་ཡིན་ནོ། །བཞི་པ་ནི། 2-1-128 ལེའུ་ཉེར་གསུམ་པས་བསྟན་པ་ཡིན་ནོ། །དེ་ཡང་སྤྱིར་རིགས་ལྡན་མའི་སྐད་དོད་ལ། ཀ་ལ་ ཀི་ཞེས་པ་དང༌། ཀུ་ལ་ཀ་ཞེས་པ་གཉིས་ཅར་ཡོད་པ་ཡིན་ལ། དེའི་དོན་ནི། སྒྲུབ་པ་པོ་ལ་ དངོས་གྲུབ་སྟེར་བའི་རིགས་སུ་གནས་པས་ན། དེ་སྐད་ཅེས་བྱའོ། །དེ་ལ་ཡང་ཕྱིའི་རིགས་ ལྡན་མ་དང༌། ནང་གི་རིགས་ལྡན་མ་གཉིས་ཡོད་པ་ལས། དང་པོ་ནི། ཕ་ཉ་མོ་རྣམ་པ་གསུམ་ཡིན་ལ། གཉིས་པ་ལ། རྩ་ལ་བཞག་པ་དང༌། ཁམས་ ལ་བཞག་པ་གཉིས་ལས། དང་པོ་ནི། རྩ་ཨ་ཝ་དྷཱུ་ཏི་ཉིད་ཡིན་ལ། དེའི་ལོངས་སྤྱད་བྱ་ནི། ཐིག་ལེ་དང༌། ལོངས་སྤྱོད་པའི་ཚུལ་ཨ་ཝ་དྷཱུ་ཏིའི་ནང་གི་ཐིག་ལེ་བྱང་ཆུབ་ཀྱི་སེམས་དེར་ གནས་པའི་རླུང་གིས་ཡོངས་སུ་དྲངས་ཏེ། རྩ་གནས་གཞན་རྣམས་སུ་འགྲོ་བར་བྱེད་པ་དང༌། དེའི་ཚེ་ལམ་དུ་མ་བྱས་པའི་སྐབས། སེམས་ཅན་རྣམས་ལ་མདངས་དང༌། སྟོབས་དང༌། ཚེ་ ལ་སོགས་པ་འཕེལ་ཞིང་རྒྱས་པར་བྱེད་པ་དང༌། ཡང་རྩ་གནས་གཞན་རྣམས་ན་གནས་པའི་ ཐིག་ལེ། དེ་དག་ན་གནས་པའི་རླུང་གིས་ཡོངས་སུ་དྲངས་ཏེ། དབུ་མར་ཐིམ་པར་བྱས་པ་ ན། ནད་དང་འཆི་བ་ལ་སོགས་པའི་རྒུད་པ་བསྐྱེད་པར་བྱེད་པ་ཡིན་ནོ། །རྣལ་འབྱོར་མས་ ནང་གི་རིགས་ལྡན་མ་དྷཱུ་ཏི་ལ་གནད་དུ་བསྣུན་ཅིང༌། སྒོམ་པར་བྱས་པ་ལས། དྷཱུ་ཏིར་གནས་ པའི་ཐིག་ལེ་རླུང་དང་བཅས་པ་རྩ་གནས་གཞན་རྣམས་སུ་སོང་བ་ན། དེ་རྣམས་དབུ་མའི་ དབང་དུ་བྱས་པས་ཡེ་ཤེས་སྐྱེ་བའི་གྲོགས་སུ་གྱུར་ཏེ། བདེ་སྟོང་གི་ཏིང་ངེ་འཛིན་སྐྱེ་བར་བྱེད་ པ་ཡིན་ལ། རྩ་གཞན་རྣམས་ཀྱི་ཐིག་ལེ་རླུང་གིས་ཡོངས་སུ་དྲངས་ཏེ་དབུ་མར་ཐིམ་པ་ན། གཟུང་འཛིན་མ་དག་པའི་སྣང་བ་རྣམས་དབྱིངས་སུ་འགོག་པར་བྱེད་པ་ཡིན་ནོ། །དེ་ལ་ནང་ གི་རིགས་ལྡན་མ་ཨ་ཝ་དྷཱུ་ཏི་མཆོད་པར་བྱ་བའི་ཚུལ། གཏུམ་མོ་འབར་ཞིང༌། བྱང་ཆུབ་ཀྱི་ སེམས་ཞུ་བའི་འབར་འཛག་གིས་སོ། ། གཉིས་པ་ཁམས་ལ་བཞག་པ་ནི། ཡེ་ཤེས་ཀྱི་གཏུམ་མོ་ཉིད་ནང་གི་རིགས་ལྡན་མ་ཡིན་ 2-1-129 ལ། དེ་མཆོད་པའི་ཚུལ་ནི། དེ་ལ་ཐིག་ལེ་བྱང་ཆུབ་ཀྱི་སེམས་ཡོངས་སུ་ཞུ་བ་འབབས་པའི་ ཚུལ་གྱིས་སོ། ། དེ་ལྟར་སྤྱི་དོན་གྱི་ཚུལ་གྱིས་བཤད་ནས། གཞུང་དོན་དངོས་འཆད་པ་ལ། ལེའུ་བཅོ་ལྔ་ པ་འདི་ཡི་གེ་གཅིག་པའི་ངག་བརྡ་སྟོན་པ་ལ། བཤད་པར་དམ་བཅའ་བ་དང༌། བརྡ་དངོས་ དང༌། དེ་བསྟེན་པའི་ཡུལ་བཤད་པ་དང་གསུམ་ལས། དང་པོ་ནི། དེ་ནས་སོགས་ཤོ་ལོ་ཀ་གཅིག་གིས་བསྟན། དེ་ཡང་ལེའུ་བཅུ་བཞི་པ་བཤད་ པའི་རྗེས་དེ་ནས། རྣལ་འབྱོར་མ་རྣམས་དང༌། ཐབས་རང་ཉིད་སྡོམ་པ་སྟེ། འདུ་བ་ཐོབ་པར་ འགྱུར་བ་ཐམས་ཅད་ལ། སྒྲུབ་པ་པོ་གང་ཞིག་གིས་འོག་ནས་འཆད་པར་འགྱུར་བའི་ལུས་ དང༌། ངག་གི་བརྡ་ཤེས་པར་འགྱུར་བ། དེ་ཉིད་ཀྱིས་མཁའ་འགྲོ་མ་རྣམས་དང༌། འདུ་བ་ཐོབ་ པར་འགྱུར་ཞིང༌། དེ་ལས་དངོས་གྲུབ་འགྲུབ་པར་འགྱུར་བ་ནི། ཐེ་ཚོམ་མེད་པར་བཤད་པ་ ཡིན་ཞེས། འོག་ནས་འཆད་པར་འགྱུར་བའི་བརྡ་ཐམས་ཅད་བཤད་པར་ཞལ་གྱིས་བཞེས་པ་ ཡིན་ནོ། ། གཉིས་པ་ནི། ཌ་ཞེས་བྱ་བ་སྐྱེས་བུར་བཤད། ཞེས་པ་ནས། སོ་ཞེས་བྱ་བ་ཆགས་པ་ ཡིན། ཞེས་པའི་བར་བཞི་བཅུ་ཞེ་གཅིག་ནི། དངོས་བསྟན་དེ་ཉིད་དེ། འདི་དག་ནི་ཡི་གེ་རེ་ རེ་བཞིན་བརྡ་ཡིན་ཏེ། ཞེས་གསུངས་པ་ཡིན་ལ། དེ་ཡང་རྣལ་འབྱོར་པས་ངག་གིས་བརྡ་བྱས་ པ། མཁའ་འགྲོ་མས། དེའི་བརྡ་ཤེས་པ་དེའི་ཚེ། མཁའ་འགྲོ་མ་དེ་ནི་རྣལ་འབྱོར་པའི་སྲིང་ མོར་ཤེས་པར་བྱ་ཞིང༌། ཐབས་དཔའ་བོ་རང་ཉིད་མཁའ་འགྲོ་མ་དེའི་མིང་པོ་ཡིན་པར་ཤེས་ པར་བྱའོ། ། གསུམ་པ་ནི། ངག་གི་བརྡ་འདི་དག སྔགས་ཀྱི་ཐེག་པ་ལ་དད་པ་དང་མི་ལྡན་པའི་སྐྱེ་ བོ་རྣམས་ལ་སྦྱིན་པ་སྟེ། བསྟན་པར་མི་བྱའོ། །འོ་ན་སུ་ལ་སྦྱིན་ན། སྔགས་ཀྱི་དམ་ཚིག་གི་ 2-1-130 མཆོག་རྣམས་ལ། རང་གི་སྲོག་ལྟར་ཡིད་དུ་འོང་བ་སྟེ། དགའ་བས་གཅེས་པར་འཛིན་པ་ རྣམས་ལ། ཞིང་དུ་རྒྱུ་བ་དང༌། ཚོགས་ཀྱི་འཁོར་ལོ་ལ་སོགས་པའི་སྐབས། ཕན་ཚུན་བརྡ་དང་ བརྡའི་ལན་བྱེད་པའི་དགོས་པ་དང་ལྡན་པ་རྣམས་ལ་སྦྱིན་པར་བྱའོ། །ཡི་གེ་གཅིག་པའི་ངག་ བརྡ་བཞི་བཅུ་ཞེ་གཅིག་པོ་འདི་རྣམས་ཀྱི་གྲངས་མཉམ་གྱི་དག་པ་ནི། ལྷ་སུམ་ཅུ་རྩ་བདུན་ མཆོད་པ་བཞི་དང་བཅས་པའི་དག་པའོ། །དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་ཞེས་བྱ་བ་ ལས། བརྡའི་ལེའུ་སྟེ་བཅོ་ལྔ་པ་རྣམ་པར་བཤད་ཟིན་ཏོ།། །། ༈ དེ་ནས་རྣམ་པར་དག་པའི་མཁའ་འགྲོ་མ་དང༌། དབང་གི་མཁའ་འགྲོ་མ་དང༌། ཚོགས་པའི་མཁའ་འགྲོ་མ་དང༌། ལཱ་མའི་མཁའ་འགྲོ་མ་སྟེ་བཞི་པོ་འདི་རྣམས་ཀྱི་མཚན་ཉིད་ སྟོན་པར་བྱེད་པ་ལ། ལེའུ་བཞི་པོ་འདི་རྣམས་རིམ་པས་བྱུང་བ་ཡིན་པ་ལ། དང་པོ་ནི། མཁའ་འགྲོ་མའི་རིགས་དང༌། གཉིས་པ་ནི་གཟུགས་ཅན་མའི་རིགས་དང༌། གསུམ་པ་ནི་ཁཎྜ་རོ་ཧའི་རིགས་དང༌། བཞི་པ་ནི། རང་མིང་གིས་བསྟན་པ་ལྟར། ལཱ་མའི་ རིགས་སོ། །དེ་དག་ཀྱང་མཁའ་འགྲོ་མ་བཞི་པོ་དངོས་མ་ཡིན་ཀྱང༌། དེ་དང་དེའི་སྤྲུལ་པ་དང་ འཁོར་སོགས། དེའི་རིགས་སུ་རྟོགས་པ་ཡིན་ལ། འདི་དག་ཀྱང་འཇིག་རྟེན་པའི་མཁའ་འགྲོ་ མ། སྦྲུལ་དང་སྟག་ལ་སོགས་པའི་སྲོག་ཆགས་རྣམས་ལ་ཞོན་ཏེ། ནམ་མཁའ་ལ་ཐོགས་མེད་ དུ་འགྲོ་བར་བྱེད་པ་སོགས་ནི། མཁའ་འགྲོ་མའི་རིགས་དང༌། སྟག་དང༌། སེང་གེ་དང༌། གླང་ པོ་ལ་སོགས་པའི་གཟུགས་སྣ་ཚོགས་སུ་སྒྱུར་བར་བྱེད་པ་ནི་གཟུགས་ཅན་མ་དང༌། ལུས་ཀྱི་ དུམ་བུ་འགའ་ཞིག་མི་དང༌། འགའ་ཞིག་སྟག་དང༌། སེང་གེ་ལ་སོགས་པ་མི་འདྲ་བ་སྣ་ཚོགས་ པར་སྐྱེས་པ་ནི། དུམ་སྐྱེས་མའི་རིགས་དང༌། ཁྲག་ལ་རོལ་ཞིང་དགེ་བ་ཅན་ལ་འཆད་པ་མི་ སྟེར་བ་ནི་ལཱ་མའི་རིགས་སོ། ། དེ་ལྟར་ལེའུ་བཅུ་དྲུག་པས་རྣམ་པར་དག་པའི་མཁའ་འགྲོ་མའི་མཚན་ཉིད་སྟོན་པ་ལ། 2-1-131 དམ་བཅའི་ཚུལ་གྱིས་མདོར་བསྟན་པ་དང༌། རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། དེ་ནས་སོགས་ཚིག་བཅུ་གཅིག་གིས་བསྟན། དེ་ཡང་ལེའུ་བཅོ་ལྔ་པ་བཤད་ པའི་རྗེས་དེ་ནས། དངོས་གྲུབ་ཆེན་པོ་རྣམས་ཐོབ་པར་བྱེད་པའི་ཐབས། གསང་བ་སྟེ་ཤིན་ ཏུ་ཟབ་པ། སྒྲུབ་པ་པོ་ལ་བཤད་པར་བྱ། ཞེས་པའོ། །བཤད་པར་བྱ་བའི་ཡུལ་ཡང༌། གསང་ སྔགས་ལ་དད་པ་རབ་དང་ལྡན་ཞིང༌། མཆོག་དུ་དམ་ཚིག་ལ་གནས་པར་གྱུར་པའི་སྣོད་དེ་ ལ། རབ་ཏུ་བསྟན་པར་བྱའོ། །དེ་ལྟར་སྒྲུབ་པ་པོ་དད་པ་ཅན་དེ་ལ། དངོས་གྲུབ་རབ་ཏུ་སྦྱིན་ པ་པོ་མཁའ་འགྲོ་མ་དེ་དང་ཡིད་དགའ་བ་སྟེ། བདེ་བ་ཆེན་པོའི་སྒོ་ནས། སྒྲུབ་པ་པོ་དེ་ལ་ དངོས་གྲུབ་འགྲུབ་པ་སོགས་འཇིག་རྟེན་ཕྱི་མར་ཕན་པར་བྱེད་པ་ཡིན་ལ། དེ་ལྟ་བའི་མཁའ་ འགྲོ་མ་དེ་ནི། འོག་ནས་འཆད་པར་འགྱུར་བའི་ཁ་དོག་དང༌། དྲི་ལ་སོགས་པའི་མཚན་ཉིད་ ལེགས་པར་བརྟགས་ཏེ། དེ་དང་ལྡན་པའི་རྣལ་འབྱོར་མ་དེ། དཔའ་བོས་གཉིས་སུ་མེད་པར་ བསྟེན་པར་བྱ་ཞིང༌། དེ་ལྟར་གཉིས་སུ་མེད་པར་བསྟེན་པའི་ཐབས་དེ་ཉིད་ཤེས་པ་ཙམ་གྱིས་ ནི། སྒྲུབ་པ་པོས་དངོས་གྲུབ་ཐོབ་པར་འགྱུར་བའོ། ། གཉིས་པ་ལ། བླ་མ་གོང་མ་རྣམས་ཐོག་མར་རྣལ་འབྱོར་མ་བདུན་གྱི་ཁ་དོག་སོགས་ཀྱི་ མཚན་ཉིད་བསྟན་ནས། དེ་དག་གི་སྤྱོད་ཚུལ་ཉིད་སླར་ཡང་འཆད་པར་བྱེད་པ་ལ། འདི་དག་ རང་བརྒྱའི་མདོག་གིས་ཁྱབ། །ཅེས་སོགས་ཀྱིས་བསྟན་པར་བྱས་ནས། རྣལ་འབྱོར་མ་བདུན་ པོ་དང་འོག་གི་རྣལ་འབྱོར་མ་དྲུག་པོ་ངོ་བོ་གཅིག་པར་བཞེད་པ་ཡིན་ལ། འོན་ཀྱང་རྒྱུད་ཀྱི་ དངོས་བསྟན་གྱི་སྐབས་འདིར། དེ་དག་ལ་སྤྱི་དང༌། ཁྱད་པར་གྱི་དབྱེ་བ་ཡོད་པ་ཡིན་ཏེ། རྣལ་ འབྱོར་མ་བདུན་པོ་རྣམས་ནི་སྤྱིར་བསྟན་པ་ཡིན་ཞིང༌། དེའི་ནང་ཚན། དམ་ཚིག་ལ་གནས་ པར་ངེས་པའི་རྣལ་འབྱོར་མའི་རིགས་བྱེ་བྲག་ཏུ་འཆད་པ་ནི། ཕྱི་མ་ཉིད་ཡིན་ལ། དེ་ཡང་ རིགས་ཀྱི་མཚན་ཉིད་དྲུག་མ་ཡིན་གྱི། ལྔར་བྱེད་དགོས་པ་ཡིན་ནོ། །དེ་ལྟར་ན་རྣལ་འབྱོར་མ་ 2-1-132 བདུན་གྱི་མཚན་ཉིད་སྤྱིར་བཤད་པ་དང༌། དམ་ཚིག་ཅན་གྱི་རྣལ་འབྱོར་མའི་མཚན་ཉིད་བྱེ་ བྲག་ཏུ་བཤད་པ་གཉིས་ལས། དང་པོ་ལ། རྒྱུ་རྡོ་རྗེ་སེམས་དཔའི་རིགས་ཀྱི་དང༌། རིན་ཆེན་ འབྱུང་ལྡན་གྱི་རིགས་ཀྱི་དང༌། ཧེ་རུ་ཀའི་རིགས་ཀྱི་དང༌། འོད་དཔག་མེད་ཀྱི་རིགས་ཀྱི་དང༌། རྡོ་རྗེའི་རིགས་ཀྱི་དང༌། ལས་ཀྱི་རིགས་ཀྱི་དང༌། རྣམ་སྣང་གི་རིགས་ཀྱི་རྣལ་འབྱོར་མ་བཤད་ པ་དང་བདུན་ལས། དེ་ཐམས་ཅད་ལ་རེ་རེ་བཞིན། ཁ་དོག་གི་ཁྱད་པར་དང༌། དབྱིབས་ཀྱི་ ཁྱད་པར་དང༌། གོས་ཀྱི་ཁྱད་པར་དང༌། དྲིའི་ཁྱད་པར་དང༌། གང་ལ་དགའ་བའི་ཁྱད་པར་ དང༌། ལྔ་ལྔས་འཆད་དགོས་པ་ཡིན་པ་ལས། རྒྱུད་ཚིག་གིས་དངོས་སུ་མ་ཟིན་པ་རྣམས་ ལ། ཁ་བསྐངས་ཏེ་བཤད་དགོས་པ་ཡིན་ནོ། །དེ་ལ་དང་པོ་ནི། བུད་མེད་པར་རྩ་ལྟར་དཀར་ ཞིང༌། ཞེས་སོགས་ཚིག་དྲུག་གིས་བསྟན། དེ་ཡང་བུད་མེད་གང་ཞིག་ཁ་དོག་གི་ཁྱད་པར་ པད་མའི་རྩ་བར་ལྟར་དཀར་ཞིང༌། དབྱིབས་ཀྱི་ཁྱད་པར་པདྨའི་འདབ་མ་ལྟར་མིག་དཀྱུས་ རིང་བ། གོས་ཀྱི་ཁྱད་པར་རྟག་ཏུ་གོས་དཀར་པོ་ལ་མངོན་པར་དགའ་བ། དྲིའི་ཁྱད་པར་ཙན་ དན་དཀར་པོའི་དྲི་ལུས་ལ་བྲོ་བ། དགའ་བའི་ཁྱད་པར། བདེ་བར་གཤེགས་པའི་འདུས་པ་ སྐུ་གཟུགས་དང༌། མཆོད་རྟེན་དང༌། དགེ་འདུན་རྣམས་ལ་དགའ་བར་གྱུར་པ་དེ་ནི། རིགས་ རྒྱུད་དེ་རིགས་ཐམས་ཅད་ཀྱི་ཁྱབ་བདག་རྒྱུ་རྡོ་རྗེ་སེམས་དཔའི་རིགས་ལས་བྱུང་བར་ཤེས་ པར་བྱའོ། ། གཉིས་པ་ནི། བུད་མེད་གང་གཙོ་མའི་གསེར་འདྲ་ཞིང༌། །ཞེས་སོགས་ཤོ་ལོ་ཀ་གཅིག་ གིས་བསྟན། དེ་ཡང༌། བུད་མེད་གང་ཁ་དོག་གསེར་བཙོ་མ་ལྟར་སེར་བའི་མདངས་དང་ལྡན་ ཞིང༌། དབྱིབས་ཀྱི་ཁྱད་པར། མིག་རིན་པོ་ཆེ་འབར་བ་འདྲ་བ། གོས་ཀྱི་ཁྱད་པར་དམར་པོ་ དང་། སེར་པོ་ལ་དགའ་བ། དྲིའི་ཁྱད་པར་འཛའ་ཏིའི་མེ་ཏོག་དང༌། ཙམྤ་ཀའི་དྲི་དང་ལྡན་ པ། གང་ལ་དགའ་བའི་ཁྱད་པར། ཚོང་འདུས་ལ་སོགས་པ་རྣམས་སུ་སོང་སྟེ། རིན་པོ་ཆེ་ལ་ 2-1-133 སོགས་པ་ནོར་གྱི་ཁྱད་པར་ལ་མངོན་པར་དགའ་བ་དེ་ཡང༌། དཔའ་བོའི་རྗེས་འགྲོ་སྟེ། རིན་ ཆེན་འབྱུང་ལྡན་གྱི་རིགས་སུ་གྱུར་པ་ཡིན་ནོ། ། གསུམ་པ་ནི། ཐམས་ཅད་ཨུཏྤལ་ཞེས་སོགས་ཤོ་ལོ་ཀ་གཅིག་གིས་བསྟན། དེ་ཡང་ ཁ་དོག་གི་ཁྱད་པར། མེ་ཏོག་ཨུཏྤ་ལ་ལྟར་སྔོ་སངས་དང་ལྡན་ཞིང༌། དབྱིབས་ཀྱི་ཁྱད་པར་ མིག་ཤིན་ཏུ་ཟླུམ་པ། ཁྲོ་ཉམས་དང་བཅས་པ། གོས་ཀྱི་ཁྱད་པར་སྔོན་པོ་ལ་དགའ་བ། དྲིའི་ ཁྱད་པར་ལུས་ལ་ཨུཏྤ་ལ་སྔོན་པོའི་དྲི་ཡོད་པ། དགའ་བའི་ཁྱད་པར་འཐབ་པ་དང༌། རྩོད་པ་ སོགས་གཡུལ་ལ་དགའ་བ་དེ་ནི། དཔའ་བོ་ཧེ་རུ་ཀའི་རིགས་ཡིན་ནོ། ། བཞི་པ་ནི། ཤིན་ཏུ་རྣམ་དག་སོགས་ཤོ་ལོ་ཀ་གཅིག་གིས་བསྟན། དེ་ཡང་ཤིན་ཏུ་རྣམ་ པར་དག་པའི་བུད་མེད་གང་ཞིག ཁ་དོག་གི་ཁྱད་པར་པད་མ་དཀར་པོའི་མདོག་དང་ལྡན་ ཞིང༌། དབྱིབས་ཀྱི་ཁྱད་པར་པད་མ་འབར་བ་ལྟར་མིག་རྩ་དམར་ཞིང་མིག་དཀྱུས་རིང་བ། དྲིའི་ཁྱད་པར་པད་མའི་རྩ་བའི་དྲི་བྲོ་བ། གོས་ཀྱི་ཁྱད་པར་དམར་པོ་ལ་དགའ་ཞིང༌། དགའ་ བའི་ཁྱད་པར་འཁྲིག་ཚིག་སྨྲ་བ་སོགས་ཆགས་པའི་རོལ་པ་ལ་དགའ་བ་དེ་ཡང༌། དཔའ་བོའི་ བློ་སྟེ་འོད་དཔག་མེད་ཀྱི་རིགས་སོ། ། ལྔ་པ་ནི། དམར་ཞིང་སོགས་ཤོ་ལོ་ཀ་གཅིག་གིས་བསྟན། བུད་མེད་གང་ཞིག ཁ་དོག་ གི་ཁྱད་པར་དམར་ཞིང་སེར་སྐྱའི་མདངས་དང་ལྡན་པ། དབྱིབས་ཀྱི་ཁྱད་པར་ཧ་ཅང་རིང་བ་ དང༌། ཐུང་བ་སོགས་མ་ཡིན་པར། གཟུགས་བྱད་བཟང་བ། གོས་ཀྱི་ཁྱད་པར་དམར་པོ་ལ་ དགའ་བ་དང༌། དྲིའི་ཁྱད་པར་མཱ་ལི་ཀཱ་དང༌། ཨུཏྤ་ལའི་དྲི་བྲོ་བ། དགའ་བའི་ཁྱད་པར་ཁྲོ་ བས་ཕ་རོལ་གནོན་པ་ལ་དགའ་བ་དེ་ནི། རྡོ་རྗེའི་རིགས་ལས་བྱུང་བ་ཡིན་ནོ། ། དྲུག་པ་ནི། སེར་ཞིང་ཞེས་སོགས་ཤོ་ལོ་ཀ་གཅིག་གིས་བསྟན། དེ་ཡང་བུད་མེད་གང་ ཞིག ཁ་དོག་གི་ཁྱད་པར་སེར་ཞིང་སྔོ་བསངས་སུ་ཡོད་པ་དང༌། དབྱིབས་ཀྱི་ཁྱད་པར་མིག་ 2-1-134 དཀྱུས་རིང་བ། གོས་ཀྱི་ཁྱད་པར་དཀར་པོ་ལ་དགའ་བ་དང༌། དྲིའི་ཁྱད་པར་ཤིང་ཤྲཱི་ཤའི་མེ་ ཏོག་གི་དྲི་དང་ལྡན་པ། དགའ་བའི་ཁྱད་པར་བཟོའི་ལས་སྣ་ཚོགས་ལ་མངོན་པར་དགའ་བ་ དེ་ནི། དེ་བཞིན་གཤེགས་རིགས་དོན་ཡོད་གྲུབ་པའི་རྗེས་སུ་འགྲོ་བ་ཡིན་ནོ། ། བདུན་པ་ནི། བུད་མེད་གང་ཞིག ཁ་དོག་གི་ཁྱད་པར་དམར་བ་དང༌། གོས་ཀྱི་ཁྱད་པར་ ཁ་དོག་དམར་པོ་དེའི་མདོག་ཅན་གྱི་གོས་འཆང་ཞིང༌། དབྱིབས་ཀྱི་ཁྱད་པར་རབ་ཏུ་ཞི་བའི་ རྣམ་པ་ཅན་དང༌། དགའ་བའི་ཁྱད་པར་བདེ་གཤེགས་འདུས་པའི་དོན་ལ་དགའ་བ་དང༌། དྲིའི་ཁྱད་པར་རྟག་ཏུ་ག་བུར་གྱི་དྲི་དང་ལྡན་པ་ནི། རྣམ་སྣང་གི་རིགས་ཀྱི་རྗེས་སུ་འགྲོ་བའི་ མཁའ་འགྲོ་མ་ཡིན་ལ། དེ་ལྟར་རྣལ་འབྱོར་མའི་རིགས་ཀྱི་དབྱེ་བ་རྣམས་ནི་བདུན་པོ་དེར་ རབ་ཏུ་བཤད་པ་ཡིན་ལ། ཐམས་ཅད་ལ་ཐུན་མོང་དུ་འཇུག་པའི་མཚན་ཉིད་ནི། གཡོན་པའི་ ཀུན་སྤྱོད་ལ་དུས་རྟག་ཏུ་དགའ་བར་གྱུར་པའོ། ། གཉིས་པ་ནི། རྣལ་འབྱོར་མ་བདུན་པོ་འདི་དག་གི་ནང་ནས། དམ་ཚིག་ལ་ངེས་པར་ གནས་པའི་རྣལ་འབྱོར་མ་རྣམས་ཀྱི་མཚན་ཉིད་ལ། མདོར་བསྟན་པ་དང༌། རྒྱས་པར་བཤད་ པ་གཉིས་ལས། དང་པོ་ནི། རང་གི་ཞེས་སོགས་ཤོ་ལོ་ཀ་གཅིག་གིས་བསྟན། རིགས་ལྔ་པོ་དེ་རྣམས་ཀྱི་ རང་རང་གི་ཕྱག་རྒྱའི་རིགས་ཀྱི་ཁྱབ་པ་ནི། རིགས་ལྔ་པོ་རང་རང་གི་ཕྱག་རྒྱ་བཅིང་བ་སྟེ། དེ་ ཡང༌། ཚེས་བརྒྱད་དམ་བཅུ་བཞིའམ། གནམ་སྟོང་དང༌། ཡར་ངོ་མར་ངོའི་ཚེས་བཅུ་སོགས་ དུས་ཁྱད་པར་ཅན་རྣམས་ལ། རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱ་སོགས་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ གང་ཡང་རུང་བ་དང༌། རྡོ་རྗེ་རྩེ་ལྔ་པ་སོགས་མི་བསྐྱོད་པའི་རིགས་ཀྱི་ཕྱག་རྒྱ་གང་ཡང་རུང་ བ་དང༌། རིན་པོ་ཆེ་སོགས་རིན་འབྱུང་གི་ཕྱག་རྒྱ་གང་ཡང་རུང་བ་དང༌། པད་མ་སོགས་འོད་ དཔག་མེད་ཀྱི་རིགས་ཀྱི་ཕྱག་རྒྱ་གང་ཡང་རུང་བ་དང༌། འཁོར་ལོ་སོགས་རྣམ་སྣང་གི་ཕྱག་ 2-1-135 རྒྱ་གང་ཡང་རུང་བ་དང༌། རལ་གྲིའམ་རྒྱ་གྲམ་སོགས་དོན་གྲུབ་ཀྱི་ཕྱག་རྒྱ་སྟེ། དེ་རྣམས་ལས་ ཇི་ལྟར་རིགས་པ་རང་ཤུགས་ཀྱིས་འཆང་བར་བྱེད་པ་ནི། དེ་དང་དེའི་རིགས་ཡིན་པ་དང༌། དེ་བཞིན་དུ་རང་རང་གི་རིགས་ཀྱི་རིག་པའི་ཡི་གེ་ཡང༌། ཁ་དོག་སྟེ་རིགས་དྲུག་ཏུ་འགྱུར་བ་ ཡིན་པ། དུས་ཁྱད་པར་ཅན་དེ་རྣམས་ལ་སྨྲ་བར་བྱེད་པ་སྟེ། འདི་ལ་བླ་མ་གོང་མ་རྣམས་བྲུཾ། ཨཾ། ཛྲིཾ། ཁཾ། ཧཱུཾ་ཞེས་རིགས་སོ་སོའི་ཡི་གེ་གསལ་པོར་ངག་ནས་བརྗོད་པ་ལ་བཤད་ཀྱང༌། དེ་ ལྟ་ན། ཉ་པ་དང༌། གདོལ་བ་ལ་སོགས་པའི་གནས་རྣམས་སུ་སྤྱོད་པའི་བུད་མེད་ཀྱིས་སྔགས་ དེ་ལྟ་བུ་སྨྲ་བ་ཐོས་ན། རིགས་དེ་དང་དེའི་རྣལ་འབྱོར་མ་ཡིན་པ་ཤིན་ཏུ་ཤེས་པར་བླ་བ་ཡིན་ མོད། འོན་ཀྱང་དེ་ལྟ་བུའི་བརྗོད་པ་མངོན་གསལ་ཅན་འབྱུང་བ་དཀའ་བ་ཡིན་པས། ངག་ གི་བརྗོད་པའི་ཤུགས་ལ། ཡི་གེ་ལྔ་པོ་དེ་དང་འདྲ་རུང་གི་བརྗོད་པ་འབྱུང་བ་ཡིན་པས། དེ་ བརྟགས་ཏེ་ཤེས་པར་བྱའོ། །ཡང་དུས་ཁྱད་པར་ཅན་དེ་རྣམས་ལ་རང་རང་གི་རིགས་ལས་ བྱུང་བའི་ཚིག་མང་དུ་སྨྲ་བ་སྟེ། དེ་ཡང་བུད་མེད་གང་འཐབ་མོ་དང༌། ཁྲོ་བའི་ཚིག་མང་དུ་ སྨྲ་བ་ནི་རྡོ་རྗེའི་རིགས་ཀྱི་ཚིག་དང༌། ང་རྒྱལ་དང༌། སེར་སྣ་དང༌། ཁེངས་པའི་ཚིག་མང་དུ་ སྨྲ་བ་ནི། རིན་པོ་ཆེའི་རིགས་ཀྱི་ཚིག་དང༌། མི་ཤེས་ཤིང་རྨོངས་པ་སྤྱི་བཏོལ་དུ་མང་དུ་སྨྲ་བ་ ནི། རྣམ་སྣང་གི་རིགས་ཀྱི་ཚིག་དང༌། འཁྲིག་ཚིག་སོགས་འདོད་པའི་གཏམ་མང་དུ་སྨྲ་བ་ནི། པད་མའི་རིགས་ཀྱི་ཚིག་དང༌། བཟོ་དང་ལས་ཀྱི་ཚིག་མང་དུ་སྨྲ་བ་ནི། ལས་ཀྱི་རིགས་ཀྱི་ ཚིག་གོ །དེ་ལྟར་རང་རིགས་ཀྱི་ཕྱག་རྒྱ་འཆའ་བ་དང༌། རང་རིགས་ཀྱི་སྙིང་པོ་བཟླ་བ་དང༌། རང་རིགས་ཀྱི་ཚིག་སྨྲ་བ་སྟེ། གསུམ་པོ་དེ་རྣམས་ནི། འོག་ནས་འཆད་པར་འགྱུར་བའི་ལྔ་ ཅར་ལ་ཚང་བ་ཡིན་ནོ། ། གཉིས་པ་རྒྱས་པར་བཤད་པ་ལ། ལུས་གཡོན་པའི་དམ་ཚིག་ལ་གནས་པ་དང༌། ངག་ གི་བརྗོད་པའི་དམ་ཚིག་ལ་གནས་པ་དང༌། སེམས་ཀྱི་གུས་པའི་དམ་ཚིག་ལ་གནས་པ་དང༌། 2-1-136 ཆགས་པ་སྤྱོད་པའི་དམ་ཚིག་ལ་གནས་པ་དང༌། བརྡའི་དམ་ཚིག་ལ་གནས་པ་དང་ལྔ་ལས། དང་པོ་ནི། གཡོན་ནས་ཞེས་སོགས་ཚིག་དྲུག་གིས་བསྟན། དེ་ཡང་བུད་མེད་གང་རྐང་ པ་གཡོན་པ་སྔོན་ལ་སྒྱུར་ཏེ་འགྲོ་བ་དང༌། ལག་པ་གཡོན་གྱིས་མཚོན་པའི་བརྡ་བྱེད་པ་དང༌། དེའི་ཚེ་རྣལ་འབྱོར་པས་ཀྱང༌། ལག་པ་གཡོན་པས་བརྡའི་ལན་བཏབ་པར་བྱ་བ་དང༌། མིག་ གཡོན་པའི་བལྟ་བས་རྣམ་པར་བལྟ་བ་དང༌། ལྷ་མོ་སྟེ་མཁའ་འགྲོ་མ་རྣམས་དང་ལྷན་ཅིག་ཏུ་ འཚོགས་ནས་དགའ་བར་སྨྲ་བ་དེ་ནི། དམ་ཚིག་དང་ལྡན་པའི་མཁའ་འགྲོ་མའི་མཚན་ཉིད་དུ་ བཤད་དོ། ། གཉིས་པ་ནི། བུད་མེད་གང་སོགས་ཚིག་དྲུག་གིས་བསྟན། དེ་ཡང་བུད་མེད་གང་ཞིག་ གུས་པར་བྱེད་པའི་ངང་ཚུལ་དང་ལྡན་པར་བྱེད་པ་ཡིས། རང་རིགས་ཀྱི་ས་བོན་བྲུཾ་ཞེས་པ་ལ་ སོགས་པ་རབ་ཏུ་སྟོན་ཞིང༌། གུས་པ་དང་ལྡན་པས། རང་རང་གི་རིགས་ཀྱི་བྱ་བ། རིན་འབྱུང་ གི་རིགས་ལ་ནོར་སྒྲུབ་པ་དང༌། རྡོ་རྗེའི་རིགས་ལ་ཁྲོ་བས་ཕ་རོལ་གནོན་པ་དང༌། པད་མའི་ རིགས་ལ་ཆགས་པའི་བྱ་བ་དང༌། དོན་གྲུབ་ཀྱི་རིགས་ལ་ལས་ཀྱི་མཐའ་ལ་བརྩོན་པར་བྱེད་ པ་སོགས་ཀྱི་བྱ་བ་མི་འདོར་ལ། རང་གི་གཙུག་ལག་སྟེ་དམ་བཅས་པའི་ཚིག་མི་སྤོང་ཞིང༌། རང་གི་རིག་པ་བཟློས་པར་བྱེད་པ་ནི། དམ་ཚིག་དང་ལྡན་པའི་མཁའ་འགྲོ་མར་བསྟན་པ་ ཡིན་ནོ། ། གསུམ་པ་ནི། ཕྱག་འཚལ་སོགས་ཤོ་ལོ་ཀ་གཅིག་གིས་བསྟན། དེ་ཡང་བུད་མེད་གང་ ཞིག་ཕྱག་འཚལ་བའི་ཚུལ་ཡང་ཡང་བྱེད་པ་དང༌། རང་གི་ལག་པ་གཡོན་པས་སྐྲ་ཡང་ནས་ ཡང་དུ་འཆིང་བ་དང༌། གཡོན་པའི་ལུས་ཀྱི་རྟག་ཏུ་འདུད་པའི་ཚུལ་བྱེད་ཅིང༌། ལྷ་མོ་སྟེ་མཁའ་ འགྲོ་མ་རྣམས་དང་ལྷན་ཅིག་ཏུ་འདུས་ཏེ་མང་དུ་སྨྲ་བར་བྱེད་པ་དེ་ནི། བདེན་པར་འགྲོ་བའི་ དམ་ཚིག་ལ་གནས་པའི་མཁའ་འགྲོ་མའོ། ། 2-1-137 བཞི་པ་ནི། མཐེ་བོང་སོགས་ཚིག་དྲུག་གིས་བསྟན། དེ་ཡང་བུད་མེད་གང་མཐེ་བོང་ གཡོན་པས་ས་ལ་རྟག་པར་རི་མོ་འབྲི་བར་བྱེད་ཅིང༌། རང་གི་ལག་པས་མགོ་བོ་ཡང་ནས་ ཡང་དུ་འཕྲུག་པར་བྱེད་པ་དང༌། འདོད་ཆགས་ཀྱི་མིག་ཟུར་དུ་བལྟ་ཞིང༌། ལག་པ་གཡོན་པ་ སྟོན་པ་དང༌། དེ་ལྟ་བུའི་བུད་མེད་དེའི་རང་བཞིན་དྲན་པས་ནི། སྒྲུབ་པ་པོ་ལ་རྗེས་ཆགས་ཀྱི་ བདེ་བས་ཕན་པར་བྱེད་པའོ། །སྒྲུབ་པོའི་ཡུལ་ལ་ཞེས་གསུང་པ་ནི། རྣམ་དབྱེ་དང་པོའི་དོན་ གྱི་བདུན་པའོ། ། ལྔ་པ་ནི། འཁུར་བའམ་ཞེས་སོགས་ཚིག་དྲུག་གིས་བསྟན། དེ་ཡང༌། བུད་མེད་གང་རང་ གི་འཁུར་བའམ། ཀོས་ལྐོ་དག་དང༌། སྣ་དག་དུ་ནི་སོར་མོ་སྟོན་པ་དང༌། ཟུར་གྱིས་བལྟ་ཞིང༌། རང་རང་གི་རིགས་ཀྱི་སྔགས་ལན་གཅིག་བཟླས་ནས། རིག་པ་སྟེ་རང་གི་ལྷ་ལ་རྟག་པར་ བལྟ་བ་དེ་ནི། བདེན་པར་འགྲུབ་པའི་རྣལ་འབྱོར་མ། ངེས་པར་དམ་ཚིག་ཅན་ཡིན་ནོ། ། གཉིས་པ་དེ་རྣམས་ངེས་དོན་དང་རྫོགས་པའི་རིམ་པ་དང་སྦྱར་བ་ནི། རྣལ་འབྱོར་སེམས་ ཀྱི་རིགས་ཀྱི་རྣལ་འབྱོར་མ་ནི། དབུ་མའི་ཡས་སྣ་ནས་འབར་བའི་གཏུམ་མོ་སྟེ། པདྨའི་རྩ་བ་ ལྟར་དཀར་ལ་སེར་བའི་མདངས་ཅན་གྱི་གཏུམ་མོ་དང༌། དེ་འབར་བའི་ཚེ་གོས་དཀར་པོ་ལ་ དགའ་བའི་ངེས་དོན། ཕྱིའི་གོས་ཤུན་པ་དང་མཚུངས་པའི་ཉོན་མོངས་པ་བལྟ་བ་ངན་པའི་ ཉམས་འཆར་བ་དང༌། ཙན་དན་གསར་པའི་དྲི་དང་ལྡན་པའི་ངེས་དོན་ཙན་དན་གྱི་དྲི་ཆེ་ཆུང་ འབྲིང་ཡིན་པ་ལྟར་བདེ་གསལ་གྱི་ཉམས་འབྲིང་དུ་གྱུར་པ་དང༌། བདེ་གཤེགས་འདུས་པ་ ཉིད་ལ་དགའ་ཞེས་པའི་ངེས་དོན། ཡོན་ཏན་གྱི་ཁྱད་པར་ལྷའི་མིག་གི་མངོན་ཤེས་ཐོབ་པར་ འགྱུར་བ་སྟེ། དེ་ནི་རིགས་རྒྱུད་རྡོ་རྗེ་སེམས་དཔའ་དབུ་མའི་ཡས་སྣ་ལས་བྱུང་བར་ཤེས་ པར་བྱའོ། །རིན་འབྱུང་གི་རིགས་ཀྱི་མཁའ་འགྲོ་མ་ནི། དཔྲལ་བའི་འཁོར་ལོ་ལས་གཏུམ་ མོ་ཁ་དོག་སེར་པོ་འབར་བ་སྟེ། བུད་གང་བཙོ་མའི་གསེར་འདྲ་ཞིང༌། །ཞེས་པའི་ངེས་དོན་ 2-1-138 དང༌། དེའི་ཚེ་ཉོན་མོངས་པ་འདོད་ཆགས་དང༌། སེར་སྣའི་ཉམས་འཆར་བ་ནི། དཀར་དང་ སེར་བའི་གོས་ལ་དགའ། །ཞེས་པའི་ངེས་དོན་དང༌། བདེ་གསལ་གྱི་ཉམས་སྟོབས་ཆེ་བར་ གྱུར་པ་ནི། ཛཱ་ཏི་ཙམྤའི་དྲི་དང་ལྡན། །ཞེས་པའི་ངེས་དོན་དང༌། དེའི་ཚེ་ཡོན་ཏན་གྱི་ཁྱད་ པར་རྣ་བའི་མངོན་ཤེས་ཐོབ་པར་འགྱུར་བ་སྟེ། དེ་ཡང་དཔའ་བོའི་རྗེས་འགྲོ་རིན་ཆེན་འབྱུང་ ལྡན། དཔྲལ་བའི་འཁོར་ལོར་གཏུམ་མོ་འབར་བ་ལས་སོ། །ཧེ་རུ་ཀའི་རྣལ་འབྱོར་མའི་ རིགས་ཀྱི་ངེས་དོན་ནི། རྡོ་རྗེ་ནོར་བུར་གཏུམ་མོ་སྔོ་སངས་འབར་བར་འགྱུར་བ་སྟེ། ཐམས་ ཅད་ཨུཏྤལ་ལྟར་སྔོ་སངས། ཞེས་པའི་ངེས་དོན་དང༌། དེའི་ཚེ་ཉོན་མོངས་པ་ཞེ་སྡང་གི་ཉམས་ འཆར་བ་ནི། དྲི་དང་གོས་ནི་སྔོ་ལ་དགའ། །ཞེས་པ་དང༌། དུས་དེར་བདེ་གསལ་གྱི་ཉམས་ ནང་དུ་འཁྱིལ་ཏེ་གནས་པ་བརྟན་པར་གྱུར་པ་ནི། ཨུཏྤལ་སྔོན་པོའི་དྲི་ཡོད་པ། །ཞེས་དང༌། ཡོན་ཏན་གྱི་ཁྱད་པར་སྣའི་མངོན་ཤེས་སྐྱེ་བར་འགྱུར་བ་སྟེ། དེ་ནི་དཔའ་བོ་བཟང་རྡོ་རྗེ་ནོར་ བུར་གཏུམ་མོ་འབར་བ་ལས་སོ། །པདྨའི་རིགས་ཀྱི་རྣལ་འབྱོར་མ་ནི། མགྲིན་པའི་འཁོར་ ལོ་གཏུམ་མོའི་མེ་དཀར་ལ་དམར་བ་འབར་བ་སྟེ། ཤིན་ཏུ་ཞེས་སོགས་ཚིག་གཉིས་ཀྱི་ངེས་ དོན་དང༌། དེའི་ཚེ་ཉོན་མོངས་པ་ནོར་རྫས་ལ་མངོན་པར་ཆགས་པའི་ཉམས་སྐྱེ་བ་དང༌། བདེ་གསལ་ཀྱི་ཉམས་ཆུང་ངུར་འབྱུང་བ་ནི། རྟག་ཏུ་པད་མའི་རྩ་བའི་དྲི། །ཞེས་དང༌། ཡོན་ ཏན་གྱི་ཁྱད་པར་ལྕེའི་མངོན་ཤེས་སྐྱེ་བར་འགྱུར་བ་སྟེ། དེ་ནི་དཔའ་བོའི་བློ་འོད་དཔག་མེད་ མགྲིན་པའི་འཁོར་ལོར་གཏུམ་མོ་འབར་བའོ། །རྡོ་རྗེའི་རིགས་ཀྱི་རྣལ་འབྱོར་མ་ནི། སྙིང་ ཁའི་འཁོར་ལོར་གཏུམ་མོའི་མེ་དམར་ཞིང༌། སེར་བའི་མདངས་ཅན་འབར་བ་སྟེ། དམར་ ཞིང་སེར་སྐྱའི་བུད་མེད་གང༌། །ཞེས་པ་དང༌། དེའི་ཚེ་ཉོན་མོངས་པ་ཐེ་ཚོམ་གྱི་ཉམས་འཆར་ བ་ནི། གོས་ནི་དམར་བ་དང༌། ཞེས་པ་དང༌། བདེ་གསལ་གྱི་ཉམས་སྟོབས་ཆེ་བར་འཆར་བ་ ནི། མ་ལི་ཀ་དང་ཨུཏྤལ་དྲི། །ཞེས་དང༌། ཡོན་ཏན་གྱི་ཁྱད་པར་ཡིད་ཀྱི་མངོན་ཤེས་འཆར་བ་ 2-1-139 སྟེ། དེ་ནི་རྡོ་རྗེའི་རིགས་སྙིང་གའི་འཁོར་ལོར་གཏུམ་མོ་འབར་བ་ལས་བྱུང་བའོ། །དོན་གྲུབ་ ཀྱི་རིགས་ཀྱི་མཁའ་འགྲོ་མ་ནི། གསང་གནས་ཀྱི་འཁོར་ལོར་གཏུམ་མོའི་མེ་སེར་ཞིང་ལྗང་ བ་འབར་བ་སྟེ། སེར་ཞིང་ལྗང་བའི་བུད་མེད་གང༌། །ཞེས་དང༌། དེའི་ཚེ་ཉོན་མོངས་པ་གཏི་ མུག་གི་ཉམས་འཆར་བ་ནི། གོས་ནི་དཀར་ལ་དགའ་བ་དང༌། །ཞེས་དང༌། བདེ་གསལ་གྱི་ ཉམས་སྟོབས་ཆུང་ངུར་འཆར་བ་ནི། ཤྲཱི་ཤའི་དྲི་ཡི་མེ་ཏོག་ལྡན། །ཞེས་དང༌། ཡོན་ཏན་གྱི་ ཁྱད་པར་ལུས་ཀྱི་མངོན་ཤེས་སྐྱེ་བར་འགྱུར་བ་སྟེ། དེ་དག་ནི་དོན་ཡོད་གྲུབ་པ་གསང་གནས་ ཀྱི་འཁོར་ལོར་གཏུམ་མོ་འབར་བ་ལས་བྱུང་བའོ། །རྣམ་སྣང་གི་རིགས་ཀྱི་རྣལ་འབྱོར་མ་ ནི། ལྟེ་བའི་འཁོར་ལོར་གཏུམ་མོའི་མེ་ཁ་དོག་དམར་པོ་འབར་བ་སྟེ། བུད་མེད་གང་ཞིག་ཁ་ དོག་དམར། །ཞེས་དང༌། དེའི་ཚེ་ཉོན་མོངས་པ་འདོད་ཆགས་ཀྱི་ཉམས་འཆར་བ་ནི། དེ་ཡི་ མདོག་ཅན་གོས་འཆང་ཞིང༌། །ཞེས་པ་དང༌། བདེ་གསལ་གྱི་ཉམས་ཤིན་ཏུ་རྒྱ་ཆེ་བར་གྱུར་པ་ ནི། རྟག་ཏུ་ག་བུར་དྲི་དང་ལྡན། །ཞེས་དང༌། ཡོན་ཏན་གྱི་ཁྱད་པར་མངོན་པར་ཤེས་པ་དྲུག་ གར་སྐྱེ་བར་འགྱུར་བ་སྟེ། རྣམ་སྣང་གི་རིགས་ལྟེ་བའི་འཁོར་ལོར་གཏུམ་མོ་འབར་བ་ལས་ བྱུང་བ་ཡིན་ནོ། །འདི་དག་ནི་དུས་ཀྱི་འཁོར་ལོར་འཛིན་པའི་ཕྱེད་སྔ་མ་ལ། འཁོར་ལོ་དྲུག་གི་ ལྟེ་བར་རླུང་རྣམས་ཐིག་ལེ་ལ་ཐིམ་པའི་རྐྱེན་གྱིས། ས་ཆུ་མེ་རླུང་ནམ་མཁའི་ཁམས་ཀྱི་གཏུམ་ མོ་ནང་སེལ་ལྔ་ལྔ་དང་བཅས་པ་ཉེར་ལྔ་འབར་བར་གསུངས་པ་དང་གནད་གཅིག་ཅིང༌། སྔགས་རིམ་གྱི་ཕྱེད་ཕྱི་མ་ནས་འབྱུང་བ་ཡིན་ནོ། །ཡང་སྒྲུབ་པ་པོ་ཞིག་གིས་དབུ་མའི་ཡས་སྣ་ ནས་གཏུམ་མོ་འབར་བར་འགྱུར་བའི་རྒྱུ་ཚོགས་རྣམས་ཚང་སྟེ། རིམ་པས་འབར་བར་འགྱུར་ བ་ཞིག་ཡིན་པ་ལ་རྡོར་སེམས་ཀྱི་རིགས་ཀྱི་ཕོ་ཉ་མོ་ཞིག་དང་འདུ་བ་ཐོབ་པར་གྱུར་པས། འཕྲལ་ཉིད་དུ་དབུ་མའི་ཡས་སྣ་ནས་གཏུམ་མོ་འབར་བའི་ཡེ་ཤེས་སྐྱེ་བ་ཡིན་པས། ཕྱིའི་ཕོ་ ཉ་མོ་དང༌། ནང་གི་ཕོ་ཉ་མོའི་འབྲེལ་བ་དེ་ལྟར་དུ་འབྱུང་བ་ཡིན་ནོ། །དཔལ་ཧེ་རུ་ཀ་མངོན་ 2-1-140 པར་བརྗོད་པ་ཞེས་བྱ་བ་ལས། རྣལ་འབྱོར་མ་བདུན་གྱི་མཚན་ཉིད་ངེས་པར་བརྟག་པའི་ཆོ་ གའི་ལེའུ་སྟེ། བཅུ་དྲུག་པ་རྣམ་པར་བཤད་ཟིན་ཏོ།། །། ༈ ལེའུ་བཅུ་བདུན་པ་ལ། མདོར་བསྟན་པ་དང༌། རྒྱས་པར་བཤད་པ་དང༌། དོན་བསྡུ་ བ་དང་གསུམ་ལས། དང་པོ་ནི། དེ་ནས་སོགས་ཤོ་ལོ་ཀ་གསུམ་གྱིས་བསྟན། དེ་ཡང་ལེའུ་ བཅུ་དྲུག་པ་བཤད་པའི་རྗེས་དེ་ནས། ཆགས་བྲལ་རྣམས་ཀྱིས་ཤིན་ཏུ་རྙེད་པར་དཀའ་བའི་ རྣལ་འབྱོར་མ་རྣམས་ཀྱི་མཚན་ཉིད་བཤད་པར་བྱའོ། །དེ་བཞིན་མཁའ་འགྲོ་མ་རྣམས་ཀྱིས། །བདུད་རྩི་ལྔ་ནི་ཡང་དག་འབྱུང༌། །ཞེས་པ་ནི། འོག་ནས་འཆད་པར་འགྱུར་བའི་མཁའ་འགྲོ་ མ་རྣམས་ཀྱི་ལུས་ལས། བདུད་རྩི་ལྔའི་དྭངས་མ་ཡང་དག་པར་འབྱུང་བ་ཡིན་པ་ཐབས་ཀྱིས་ དེ་ཉིད་ཡོངས་སུ་བླངས་ཏེ་ལུས་ལ་ཁྱབ་པར་བྱས་ན་བཅུད་ལེན་མཆོག་ཏུ་འགྱུར་བ་དང༌། ཡང་ན། བདུད་རྩི་ལྔའི་དྭངས་མ་ཁམས་བཅུད་ལེན་གྱི་ཚུལ་དུ་བཟའ་བར་བྱས་པས་ཀྱང༌། བདུད་རྩིར་འགྱུར་བའོ། །མཁའ་འགྲོ་མ་རྣམས་གང་ཞེ་ན། །ཡ་མི་ནི་དང༌། སྐྲག་བྱེད་མ་དང༌། འདོད་ལྡན་མ་དང༌། འཇིག་གཟུགས་མ་དང༌། ཀུན་ཏུ་སྤྱོད་མ་དང༌། མཛེས་མ་དང༌། བྷ་སུ་ ར་སྟེ་རྣམ་པ་བདུན་པོ་དེ་རྣམས་ནི། སྤྱིར་མཁའ་འགྲོ་ཉེར་བཞི་ལ་སོགས་པ་ཐམས་ཅད་སྡུད་ པར་བྱེད་པ་མོ་ཡིན་མོད་ཀྱང༌། བདུན་པོ་དེ་རྣམས་ཀྱང་སྡུད་པར་བྱེད་པ་མོ་ནི་པདྨ་གར་གྱི་ དབང་ཕྱུག་མ་ཡིན་པ་འདིར་ཤེས་པར་བྱའོ། །དེ་དག་ནི་འཇིག་རྟེན་ལས་འདས་པ་ཡེ་ཤེས་ ཀྱི་མཁའ་འགྲོ་མ་ཡིན་ཞིང༌། དེ་དག་གི་རིགས་སུ་གྱུར་པ་ཞིང་གི་རྣལ་འབྱོར་མ་ནི། གཟུགས་ ཅན་མ་དང༌། ཙུམྤི་ཀ་དང༌། ལཱ་མ་དང༌། ཡོངས་འགྱུར་མ་དང༌། བྱིས་བཅས་མ་དང༌། མི་ བཟློག་མ་དང༌། ཨེ་ཧི་ཀ་སྟེ་རྣམ་པ་བདུན་པོ་དེ་རྣམས་ཡིན་ཞིང༌། དེ་དག་ཀྱང་གོང་གི་བདུན་ པོ་རྣམས་དང་རེ་རེ་བཞིན་སྦྱར་བར་བྱའོ། ། གཉིས་པ་རྒྱས་པར་བཤད་པ་ལ་བདུན་ལས། དང་པོ་གཟུགས་ཅན་མའི་མཚན་ཉིད་ནི། 2-1-141 མངོན་པར་ཞེས་སོགས་ཚིག་ལྔས་བསྟན། དེ་ཡང་བུད་མེད་གང་ཡུལ་རྣམས་ལ་མངོན་པར་ ཞེན་པས་བལྟ་བ་སྟེ། ཡུན་རིང་དུ་གཞིགས་སྟེ་བལྟ་བ་དང༌། སྐྱེས་པ་མཐོང་ན་སྨིན་མ་གཡས་ པ་དང༌། བུད་མེད་མཐོང་ན་སྨིན་མ་གཡོན་པ་འདེགས་པའི་གར་བྱེད་ཅིང༌། བྱད་ཀྱི་མདངས་ དབྱིབས་སྔོན་ཡོད་པ་དེ་ཉིད། འཕྲལ་དུ་བསྡུད་པ་སྟེ། རྣམ་འགྱུར་གཞན་སྟོན་པ་དང༌། ཕྱིས་ ནི་བྱད་བཞིན་གྱི་མདངས་དབྱིབས་སྔར་བཞིན་འཇོག་པར་བྱེད་པ་དེ་ནི་གཟུགས་ཅན་མར་ ཤེས་པར་བྱ་སྟེ། དཔའ་བོས་གཉིས་མེད་དུ་བསྟེན་པར་བྱ་བའོ། ། གཉིས་པ་ཙུམྤི་ཀ་ནི། སྡུག་པའམ་ཞེས་སོགས་ཤོ་ལོ་ཀ་གཅིག་གིས་བསྟན། དེ་ཡང༌། རེས་འགའ་སྡུག་པའི་རྣམ་འགྱུར་དང༌། རེས་འགའ་མི་སྡུག་པའི་རྣམ་འགྱུར་སྟོན་པར་བྱེད་ ཅིང༌། བྱིས་པ་ལ་འཁྱུད་ཅིང་ཙུམྤ་སྟེ། འོ་བྱེད་པ་ལ་དགའ་བར་གྱུར་པ་དེ་ནི། ཙུམྤི་ཀར་ཤེས་ པར་བྱ་སྟེ། མཁའ་འགྲོ་མ་དེ་ནི་སྒྲུབ་པ་པོས་བསྟེན་བྱ་མཆོག་ཡིན་ཏེ། སྡིག་པ་སྟེ་ཚེ་འདིར་མི་ མཐུན་པའི་ཕྱོགས་ཟད་པར་བྱེད་པ་ཡིན་ནོ། ། གསུམ་པ་ལཱ་མ་ནི། ཟས་ཟ་ཞེས་སོགས་ཚིག་དྲུག་གིས་བསྟན། དེ་ཡང་བུད་མེད་གང་ ཞིག་ཟས་ཟ་བ་ན། མིག་གཡས་གཡོན་དུ་ཟུར་དུ་ཡང་ཡང་བལྟ་ཞིང༌། གདོང་དག་ལ་ཁྲོ་ གཉེར་དང་ལྡན་པ་དང༌། སྨིན་མ་བསྒྱུར་ཞིང་བསྐྱོད་པར་བྱེད་པ་དང༌། ལག་པས་སྡིགས་ མཛུབ་བྱེད་ཅིང༌། འཇིགས་པ་བསྐྱེད་པར་བྱེད་པ་གང་ཡིན་པ་དེ་ནི། ལཱ་མ་ཡིན་པར་བསྟན་ པའོ། ། བཞི་པ་ཡོངས་བསྒྱུར་མ་ནི། སྟག་དང་ཞེས་སོགས་ཤོ་ལོ་ཀ་གཅིག་གིས་བསྟན། བུད་ མེད་གང་ཞིག་སྟག་དང༌། སེང་གེ་དང༌། བྱི་ལ་དང༌། ལྕེ་སྤྱང་དང༌། ར་དང༌། ཉ་སྟེ་དེ་རྣམས་ ཐམས་ཅད་འཇིགས་པར་བྱེད་པ་དེ་ནི། མཁའ་འགྲོ་ཡོངས་བསྒྱུར་མ་ཡིན་པར་བཤད་དོ། ། ལྔ་པ་བྱིས་བཅས་མ་ནི། ཤིན་ཏུ་ཞེས་སོགས་ཤོ་ལོ་ཀ་གཅིག་གིས་བསྟན། དེ་ཡང་བུད་ 2-1-142 མེད་གང་ཞིག ཤིན་ཏུ་དགའ་བས་ཡང་དང་ཡང་དུ་རྒོད་པ་དང༌། གནས་གཅིག་ནས་གཅིག་ ཏུ་སོང་ནས། ཡུན་རིང་པོར་སླར་ཡང་མི་བཟློག་པ་དང༌། རྗེས་སུ་ཆགས་པ་ན། གསལ་པོར་ རྒོད་པ་སྟེ། དེ་ནི་ཁཎྜ་རོ་ཧ་སྟེ། བྱིས་བཅས་མར་བཤད་དོ། ། དྲུག་པ་མི་ཟློག་མ་ནི། ཡིད་ནི་ཞེས་སོགས་ཚིག་དྲུག་གིས་བསྟན། དེ་ཡང་བུད་མེད་གང་ ཞིག ཡིད་ཀུན་ཏུ་སྐྱོ་བ་སྟེ། འཁྲུགས་པར་གྱུར་པས། རྐང་པ་དང༌། ལག་པ་དང༌། བོང་བ་ དང༌། གོས་ཀྱི་མཐའ་དང༌། ཤིང་སྟེ་དེ་དག་གང་ཡང་རུང་བ་གཅིག་གིས། མི་ལ་སོགས་པའི་ འགྲོ་བ་རྣམས་ལ་རེག་པ་ན། དེ་མ་ཐག་ཏུ་འཆི་བར་འགྱུར་བ་དེ་ནི་མི་ཟློག་མར་ཤེས་པར་བྱ་ སྟེ། ནུས་པ་ཐོབ་པའི་རྣལ་འབྱོར་པ་མ་གཏོགས། སྒྲུབ་པ་པོ་རྣམས་ཀྱིས་བསྟེན་བྱ་མིན་པར་ གྲགས་ཏེ། དེ་བསྟེན་ན་སྒྲུབ་པ་པོ་རང་ཉིད་ལ་བར་ཆད་དུ་འགྱུར་བས་སོ། ། བདུན་པ་ཨེ་ཧི་ཀ་ནི། རྒོད་དང་ཞེས་སོགས་ཤོ་ལོ་ཀ་གཅིག་གིས་བསྟན། བུད་མེད་གང་ ཞིག་རྒྱུ་མེད་པར་རྒོད་པ་དང༌། ངུ་བ་དང༌། རབ་ཏུ་ཁྲོ་བར་གྱུར་པ་དེ་ནི། ཨེ་ཧི་ཀར་དྲན་པར་ བྱ་སྟེ། ལྷ་མོ་དེ་ནི་ངག་ཚིག་གསོང་པོ་སྟེ་བདེན་པར་སྨྲ་བ་ཡིན་ནོ། །བདུན་གར་ལ་ཐུན་མོང་ དུ་འཇུག་པའི་མཚན་ཉིད་ནི། སངས་རྒྱས་པ་དང་རྟག་ཏུ་སྨྲ། །དེ་ནི་རྡོ་རྗེའི་རིགས་ལས་བྱུང༌། །ཞེས་པ་ལྟར། མཁའ་འགྲོ་མ་གང་ཞིག་སངས་རྒྱས་ལ་སྐྱབས་སུ་སོང་ཞིང༌། སངས་རྒྱས་ཀྱི་ ལྷ་ཁང་དང༌། སྐུ་གཟུགས་དང༌། མཆོད་རྟེན་རྣམས་ལ་གུས་ཤིང༌། དགེ་འདུན་ལ་རྟག་ཏུ་གུས་ པས་སྨྲ་བ་དེ་ཉིད། རྡོ་རྗེའི་རིགས་ལས་བྱུང་བའི་མཁའ་འགྲོ་མ་ཡིན་ལ། གཞན་མུ་སྟེགས་ བྱེད་ཀྱི་མཁའ་འགྲོ་མ། གོང་དུ་བཤད་པའི་མཚན་ཉིད་དེ་དག་ཚང་བ་རྣམས་ནི་བསྟེན་པར་ བྱ་བ་མ་ཡིན་ནོ། །རིགས་བརྒྱད་པ་གར་དབང་མའི་རིགས་ཀྱི་ཞིང་གི་མཁའ་འགྲོ་མ་ནི། བརྒྱད་པོ་དེ་དག་གི་མཚན་ཉིད་ཅི་རིགས་རིགས་ནས་བསྡུས་པའི་ཚུལ་གྱིས་ཚང་བ་ཡིན་ནོ། ། དེ་དག་གི་ཕྱག་རྒྱ་བཤད་པ་ནི། མཁའ་འགྲོ་མ་རིགས་བདུན་པོ་དེ་དག་གི། རང་རང་ 2-1-143 གི་རིགས་ཀྱི་ཕྱག་རྒྱ། དཔའ་བོ་སྒྲུབ་པ་པོས། དེ་རྣམས་བསྙེན་པར་བྱ་བའི་ཕྱིར་དང༌། དེ་ དག་གི་མཚན་མ་ལ་བལྟ་བའི་ཕྱིར། ཤེས་པར་བྱ་སྟེ། གཟུགས་ཅན་མའི་མཚན་མ་ཐོད་པ་ དང༌། ཙུམྤི་ཀའི་དགྲ་སྟ་དང༌། ལཱ་མའི་མཆེ་བ་དང༌། ཡོངས་གྱུར་མའི་འཁོར་ལོ་དང༌། བྱིས་ བཅས་མའི་རྒྱལ་མཚན་དང༌། མི་ཟློག་མའི་རལ་གྲི་དང༌། ཨེ་ཧི་ཀའི་དུང་དང༌། བརྒྱད་པ་ གར་དབང་མའི་སྐྲག་བྱེད་དེ། རྡོ་རྗེར་བཤད་དོ། །དེ་དག་ནི་དཔའ་བོའི་དབང་ཕྱུག་མཁའ་ འགྲོ་མ་ཐམས་ཅད་ཀྱི་རིགས་ཀྱི་ཕྱག་རྒྱ་ཡིན་པར་བཤད་དོ། །དེ་ཡང་མཁའ་འགྲོ་མ་བརྒྱད་ པོ་དེ་རྣམས་སྒྲུབ་པ་པོ་ལས་དང་པོ་པས་མཆོད་ཅིང་མཉེན་པར་བྱ་བའི་ཆེད་དུ་དེ་དག་གི་ཕྱག་ མཚན་བརྒྱད་པོ་དེ་རྣམས་བྲིས་ཏེ། མཆོད་པར་བྱེད་པའང་ཡིན་ལ། ཡང་མཁའ་འགྲོ་མ་དེ་ དག་གི་དཔྲལ་བའམ། མཁུར་ཚོས་སུ་ཐོད་པ་ལ་སོགས་པའི་མཚན་མ་རི་མོའི་ཚུལ་གྱིས་ཡོད་ པ། རྣལ་འབྱོར་པས་བལྟ་བར་བྱ་བའང་ཡིན་ནོ། ། དེ་དག་གི་དོན་སྒྲ་ཇི་བཞིན་པ་མ་ཡིན་པ་ངེས་དོན་རྫོགས་རིམ་དང་སྦྱར་ནས་བཤད་ པ་ནི། གཟུགས་ཅན་མ་ལ་སོགས་པ་མཁའ་འགྲོ་མ་བདུན་པོ་དེ་ནང་རང་ལུས་ཀྱི་ལྟེ་བའི་ རྩ་འདབ་བདུན་ལ་ཀ་སྡེ་དང༌། ཙ་སྡེ་དང༌། ཊ་སྡེ་དང༌། ཏ་སྡེ་དང༌། པ་སྡེ་དང༌། ཡ་སོགས་ མཐར་གནས་ཀྱི་སྡེ་པ་དང༌། ཤ་སོགས་དྲོ་བའི་སྡེ་པ་སྟེ། དེ་རྣམས་ཀྱི་བརྗོད་པ་འབྱུང་བའི་ ནུས་པ་ཅན་གྱི་རྩ་ཐིག་ལས་གཏུམ་མོ་འབར་བར་གྱུར་པ་ཉིད་ཡིན་ལ། བརྒྱད་པ་གར་དབང་ མ་ནི། ལྟེ་བའི་འདབ་མ་ལ་ཨ་སོགས་དབྱངས་ཀྱི་སྡེ་པ་འབྱུང་བའི་ནུས་པ་ཅན་གྱི་རྩ་ཐིག་ ལས་གཏུམ་མོ་འབར་བའོ། །དེ་ལྟར་ནང་ངེས་དོན་གྱི་གཟུགས་ཅན་མ་ཀ་སྡེ་འབྱུང་བའི་ནུས་ པ་ཅན་གྱི་ཐིག་ལེ་ལས་གཏུམ་མོ་འབར་བའི་ཡེ་ཤེས་སྐྱེས་པ་ན། རྣལ་འབྱོར་པ་དེ་ལ་ལུས་ ཉམས་སུ་མངོན་པར་ཞེན་པས་བལྟ་བ་དང༌། ཞེས་སོགས་གཟུགས་ཅན་མའི་མཚན་ཉིད་ རྣམས་འབྱུང་བའོ། །ནང་གི་ཙུམྤི་ཀ་ཙ་སྡེ་འབྱུང་བའི་ནུས་པ་ཅན་གྱི་ཐིག་ལེ་ལས་གཏུམ་མོ་ 2-1-144 འབར་བ་ན། རྣལ་འབྱོར་པ་དེ་ལ་ཉམས་ཀྱི་ཚུལ་དུ་སྡུག་པའམ། ཡང་ན་མི་སྡུག་པའི་ཞེས་ སོགས་ཙུམྤི་ཀའི་མཚན་ཉིད་ཀྱི་བཤད་པ་རྣམས་འབྱུང་བ་ཡིན་ནོ། །ནང་གི་ལཱ་མ་ཊ་སྡེ་འབྱུང་ བའི་ནུས་པ་ཅན་གྱི་ཐིག་ལེ་ལས། གཏུམ་མོ་འབར་བ་ན། རྣལ་འབྱོར་པ་དེ་ལ་ཉམས་ཀྱི་ ཚུལ་དུ་ཟས་ཟ་བ་ན་ཟུར་དུ་བལྟ། ཞེས་སོགས་ལཱ་མའི་མཚན་ཉིད་ཀྱི་བཤད་པ་རྣམས་འབྱུང་ བ་ཡིན་ནོ། །ནང་གི་ཡོངས་གྱུར་མ་ཏ་སྡེ་འབྱུང་བའི་ནུས་པ་ཅན་གྱི་ཐིག་ལེ་ལས། གཏུམ་མོ་ འབར་བ་ན། རྣལ་འབྱོར་པ་དེ་ལ་ཕག་དང་སེང་གེ་བྱི་ལ་དང༌། ཞེས་སོགས་ཡོངས་གྱུར་མའི་ མཚན་ཉིད་ཀྱི་བཤད་པ་དེ་རྣམས་འབྱུང་བ་ཡིན་ནོ། །ནང་གི་བྱིས་བཅས་མ་པ་སྡེ་འབྱུང་བའི་ ནུས་པ་ཅན་གྱི་ཐིག་ལེ་ལས་གཏུམ་མོ་འབར་བ་ན། རྣལ་འབྱོར་པ་དེ་ལ་ཉམས་ཀྱི་ཚུལ་དུ་ ཤིན་ཏུ་དགའ་བ་རྒོད་པ་དང༌། ཞེས་སོགས་བྱིས་བཅས་མའི་མཚན་ཉིད་ཀྱི་བཤད་པ་རྣམས་ འབྱུང་བ་ཡིན་ནོ། །ནང་གི་མི་ཟློག་མ་ཡ་སྡེ་འབྱུང་བའི་ནུས་པ་ཅན་གྱི་ཐིག་ལེ་ལས་གཏུམ་མོ་ འབར་བ་ན། རྣལ་འབྱོར་པ་དེ་ལ་ཡིད་ནི་ཀུན་ཏུ་སྐྱོ་བ་དང༌། ཞེས་སོགས་མི་ཟློག་མའི་མཚན་ ཉིད་ཀྱི་བཤད་པ་རྣམས་འབྱུང་བ་ཡིན་ནོ། །ནང་གི་ཨེ་ཧི་ཀ་ཤ་སྡེ་འབྱུང་བའི་ནུས་པ་ཅན་ གྱི་ཐིག་ལེ་ལས་གཏུམ་མོ་འབར་བ་ན། རྣལ་འབྱོར་པ་དེ་ལ་ཉམས་ཀྱི་ཚུལ་དུ། རྒོད་དང་རྒྱུ་ མེད་པ་རྒྱུ་ནི། །ཞེས་སོགས་ཨེ་ཧི་ཀའི་མཚན་ཉིད་དུ་བཤད་པ་རྣམས་འབྱུང་བ་ཡིན་ནོ། །ནང་ གི་གར་དབང་མ་ཨ་སོགས་དབྱངས་ཡིག་འབྱུང་བའི་ནུས་པ་ཅན་གྱི་ཐིག་ལེ་ལས་གཏུམ་མོ་ འབར་བ་ན། རྣལ་འབྱོར་པ་དེ་ལ་མཁའ་འགྲོ་མ་བདུན་པོ་རྣམས་ཀྱི་མཚན་ཉིད་ཅི་རིགས་ རིགས་ནས་བསྡུས་པའི་ཉམས་སྐྱེ་བར་འགྱུར་ཞིང༌། དེའི་ཚེ་སངས་རྒྱས་དང༌། དགེ་འདུན་ དང༌། ལྷ་ཁང་ལ་སོགས་པའི་ཉམས་རྟག་ཏུ་འཆར་བར་འགྱུར་བ་ཡིན་ནོ། །རྣལ་འབྱོར་མ་ བརྒྱད་པོ་དེ་རྣམས་ཀྱི་མཚན་མ་བརྒྱད་ཀྱི་ངེས་དོན་ནི། བུ་ག་བརྒྱད་ཀྱི་རླུང་རྣམས་འགགས་ པ་རབ་ཀྱི་མཐར་ཕྱིན་པ་ན། ལྟེ་བའི་རྩ་འདབ་བརྒྱད་ཀྱི་ཐིག་ལེ་ལས་གཏུམ་མོ་འབར་བར་ 2-1-145 འགྱུར་བ་ཡིན་ཅིང༌། དེ་དག་ཀྱང་དུས་གཅིག་ཏུ་ཐོབ་པ་མ་ཡིན་གྱི། རིམ་གྱིས་འབར་བའི་ གནས་སྐབས་ཐོབ་པར་འགྱུར་ཞིང༌། མཐར་ཐམས་ཅད་ལས་གཏུམ་མོ་འབར་བར་གྱུར་པ་ དེའི་ཚེ། གཏུམ་མོའི་མེ་ཚང་ཤིན་ཏུ་རིང་བར་འགྲོ་བས་ན། དེ་བཞིན་གཤེགས་པའི་རྒྱུད་ ལ་འགྲོ་འོང་བྱེད་ནུས་པ་འབྱུང་བའང་འདི་ལས་སོ། །དེ་ལྟར་ན་འདི་ནི་སྔགས་རིམ་གྱི་ཕྱེད་ ཕྱི་མ་ནས་འབྱུང་བ་ཡིན་ནོ། །དེ་ཡང་ལྟེ་བའི་རྩ་འདབ་བརྒྱད་ཀྱི་ཐིག་ལེ་སོ་སོ་ལས་གཏུམ་ མོ་འབར་བའི་རྒྱུ་ཚོགས་ཕལ་ཆེར་ཚང་ནས། རིམ་པས་འབར་རུང་གི་སྒྲུབ་པ་པོ་ཞིག་གིས། ཕྱིའི་མཁའ་འགྲོ་མ་བརྒྱད་པོ་སོ་སོ་དང་འདུ་བ་ཐོབ་པར་གྱུར་པ་ན། དེའི་རྐྱེན་གྱིས་ནང་གི་ གཏུམ་མོ་འབར་བར་གྱུར་པ་ཡིན་ནོ། །འདི་ནི་དུས་ཀྱི་འཁོར་ལོ། གཏུམ་མོ་ལྟེ་བའི་འཁོར་ལོ་ དགུ་ཡི་བསྣུན་པའི་ལག་འགྲོ་ཙརྩི་ཀ་སོགས་ལྷག་པའི་ལྷ་དང་ལྡན་པ་ལའོ། །ཞེས་གསུངས་ པ་དང་གནད་གཅིག་གོ །དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་ཞེས་བྱ་བ་ལས། རྣལ་འབྱོར་ མ་ཐམས་ཅད་ཀྱི་གཟུགས་ཡོངས་སུ་རྫོགས་པ་དང༌། ཕྱག་མཚན་གྱི་ཕྱག་རྒྱ་བསྟན་པའི་ཆོ་ གའི་ལེའུ་སྟེ། བཅུ་བདུན་པ་རྣམ་པར་བཤད་ཟིན་ཏོ།། །། ༈ ལེའུ་བཅོ་བརྒྱད་པ་ལ། མདོར་བསྟན་པ་དང༌། རྒྱས་པར་བཤད་པ་གཉིས་ལས། དང་ པོ་ནི། དེ་ནས་ཞེས་སོགས་ཤོ་ལོ་ཀ་གཅིག་གིས་བསྟན། དེའི་དོན་ཡང༌། ལེའུ་བཅུ་བདུན་ པའི་རྗེས་དེ་ནས། སྔ་མའི་མཚན་ཉིད་ལས་གཞན་ཡང་བཤད་པར་བྱའོ། །དེ་ཡང་དགོས་པ་ གང་གི་ཕྱིར་དུ་ན། མཁའ་འགྲོ་མ་རྣམས་ཀྱི་མཚན་ཉིད་ནི། སྒྲུབ་པ་པོ་གང་གིས་ཡང་དག་ པར་ཤེས་པ་ཡི། མཁའ་འགྲོའི་དམ་ཚིག་ལ་གནས་པའོ། ། གཉིས་པ་རྒྱས་པར་བཤད་པ་ལ། དོན་ཚན་རྣམ་པ་བརྒྱད་ཡོད་པ་ལས། དང་པོ་འཇིག་ རྟེན་ལས་འདས་པ་ལ་གར་དབང་གི་རིགས་ཀྱི་ཕོ་ཉ་མོ་དང༌། འཇིག་རྟེན་པ་མ་མོ་བརྒྱད་ ཀྱི་ནང་ནས། ཚངས་མ་སྟེ། དེ་འཆད་པ་ནི། དམར་ཞིང་ཞེས་སོགས་ཤོ་ལོ་ཀ་གཉིས་ཀྱིས་ 2-1-146 བསྟན། དེ་ཡང་བུད་མེད་གང་དམར་ཞིང་སེར་བའི་མདོག་དང་ལྡན་ཅིང༌། པད་མའི་དྲི་ནི་ རྣམ་པར་གཏོང་བ་སྟེ་ལུས་ལ་དྲོ་བ་དང༌། ཆགས་སྡང་རྨོངས་གསུམ་དང་བྲལ་བའི་ལྟ་སྟངས་ རང་བཞིན་པ། ཞི་བའི་བལྟ་བ་དང༌། དེ་ལ་ཡང་ཡུན་རིང་དུ་བལྟ་བས་ན། ཞེན་པའི་ལྟ་བ་ རྗེས་སུ་འགྲོ་བ་དང༌། སེན་མོ་དང་མིག་ཀུན་ཏུ་དམར་ཞིང་རང་གི་ཁྱིམ་དུ་པད་མ་འབྲི་ཞིང་དེ་ ལ་མཆོད་པར་བྱེད་པ་ནི། པད་མ་གར་དབང་གི་རིགས་ལས་བྱུང་བ་ཡིན་པར་ཤེས་པར་བྱའོ། ། གཉིས་པ་ནི་འཇིག་རྟེན་ལས་འདས་པ་ཧེ་རུ་ཀའི་ཐུགས་ཀྱི་ཕོ་ཉ་མོ་དང༌། འཇིག་རྟེན་པ་ དྲག་མོ་སྟེ། དེ་འཆད་པ་ནི། སྨིན་མའི་དབུས་ན་ཞེས་སོགས་ཚིག་བདུན་གྱིས་བསྟན། དེ་ཡང་ བུད་མེད་གང་གི་སྨིན་མའི་དབུས་ན། རྩེ་གསུམ་ལྟ་བུའི་རི་མོ་ཡོད་ཅིང༌། ལུས་ཀྱི་ཁ་དོག་སྔོ་ སངས་སྐྱ་མོ་དང་ལྡན་པ། དུས་རྟག་ཏུ་མི་བསྐྱོད་པའི་རིགས་ཀྱི་ལྷ་སྒོམ་ཞིང༌། དེ་ལ་མངོན་ པར་གུས་པ། ཁྱིམ་དུ་རྡོ་རྗེ་འབྲི་ཞིང༌། དེ་ལ་རྟག་པར་མཆོད་པ་བྱེད་པའི་མཁའ་འགྲོ་མ་དེ་ དཔལ་ལྡན་ཧེ་རུ་ཀའི་རིགས་ལས་བྱུང་བ་ཡིན་པར་ཤེས་པར་བྱའོ། ། གསུམ་པ་ནི། འཇིག་རྟེན་ལས་འདས་པ་ཧེ་རུ་ཀའི་གསུང་གི་ཕོ་ཉ་མོ་དང༌། འཇིག་རྟེན་ པ་གཞོན་ནུ་མ་སྟེ། དེ་འཆད་པ་ནི་གང་གི་ཞེས་སོགས་ཤོ་ལོ་ཀ་ཕྱེད་དང་གསུམ་གྱིས་བསྟན། དེ་ཡང༌། བུད་མེད་གང་གི་དཔྲལ་བར་རྩེ་གསུམ་མམ། མདུང་ཐུང་ལྟ་བུའི་རི་མོ་དག་ཀྱང་ སྣང་བར་འགྱུར་ཞིང༌། མིག་རྩ་དམར་བ། ལུས་ཀྱི་ཤ་མདོག་དམར་སེར་དུ་ཡོད་པ། དེ་བཞིན་ དུ་རྐང་པ་དང་ལག་པའི་མཐིལ་རྣམས་ཁ་དོག་དམར་པོར་ལྡན་ཞིང༌། ར་སྐྱེས་དང་ཁྱིམ་བྱ་ དག་ལ་དགའ་ཡང་རྟག་ཏུ་ཡིད་དགའ་བར་འགྱུར་ཞིང༌། དེ་ཡི་ཁྱིམ་དུ་རྡོ་རྗེའི་མཚན་མ་བྲིས་ ནས། རྟག་ཏུ་མཆོད་པ་བྱེད་པ་དེ་ནི། ཤྲཱི་ཧེ་རུ་ཀའི་རིགས་ལས་བྱུང་བའི་མཁའ་འགྲོ་མ་ཡིན་ པར་གདོན་མི་ཟའོ། ། 2-1-147 བཞི་པ་ནི། འཇིག་རྟེན་ལས་འདས་པ་གཙོ་མོ་རྡོ་རྗེ་ཕག་མོའི་རིགས་ཀྱི་ཕོ་ཉ་མོ་དང༌། འཇིག་རྟེན་པ་ཁྱབ་འཇུག་མ་སྟེ། དེ་འཆད་པ་ནི། འཁོར་ལོ་ཞེས་སོགས་ཤོ་ལོ་ཀ་ཕྱེད་དང་ གསུམ་གྱིས་བསྟན། དེ་ཡང༌། བུད་མེད་གང་གི་དཔྲལ་བའམ་ལག་པའི་མཐིལ་དུ་འཁོར་ ལོའི་རི་མོ་སྣང་བར་འགྱུར་ཞིང༌། ཁ་དོག་སྔོན་པོ་སྤྲིན་སྔོན་དང་འདྲ་བ། དུས་རྟག་ཏུ་དཔྲལ་ བར་གོས་འཆང་བ་སྟེ། གོས་ཀྱི་མགོ་གཡོགས་པར་བྱེད་པ། ལོངས་སྤྱོད་དང་ལྡན་པ་སོགས་ སྐལ་བ་ཆེན་པོ་ཕུན་སུམ་ཚོགས་ཤིང༌། མཆོག་ཏུ་བདེན་པར་སྨྲ་བ་གང་ཡིན་པ་དང༌། ཁྱིམ་དུ་ འཁོར་ལོའི་མཚན་མ་འབྲི་བར་བྱེད་ཅིང༌། རྟག་ཏུ་དེ་ལ་མཆོད་པར་བྱེད་པ་དེ་ནི། རྡོ་རྗེ་ཕག་ མོའི་རིགས་ལས་བྱུང་བའི་མཁའ་འགྲོ་མ་སྟོབས་ཀྱིས་དྲེགས་པ་སྟེ། གཞན་པས་ཀྱང་སྟོབས་ ཆེ་བར་གྱུར་པའོ། ། ལྔ་པ་ནི། འཇིག་རྟེན་ལས་འདས་པ་ལས་ཀྱི་ཕག་མོའི་རིགས་ཀྱི་ཕོ་ཉ་མོ་དང༌། འཇིག་ རྟེན་པ་ཕག་མོ་སྟེ། དེ་འཆད་པ་ནི། གང་ཞིག་ཞེས་སོགས་ཚིག་བཅུ་གཅིག་གིས་བསྟན། དེ་ ཡང་བུད་མེད་གང་ཞིག་མིག་སྨན་ལྟར་མདོག་གནག་ཅིང༌། སོ་དཀར་ཞིང་མཐོ་བ་དང༌། རྟག་ ཏུ་སྡུག་པར་འགྱུར་བ་སྟེ། གསོད་པ་སོགས་གནོད་པའི་ལས་བྱེད་པ་དང་སེམས་སྟོབས་དང་ ལྡན་པར་གྱུར་པ་དང༌། རྟག་ཏུ་ཁྲུས་ལ་དགའ་བར་གྱུར་པ་དང༌། མང་དུ་སྨྲ་བར་མི་བྱེད་ཅིང་ ཁྱིམ་དུ་རྡོ་རྗེ་བྲིས་ཏེ། རྟག་ཏུ་དགའ་བས་དེ་ལ་མཆོད་པར་བྱེད་པ་དེ་ནི། ལས་ཀྱི་རྡོ་རྗེ་ཕག་ མོའི་རིགས་ལས་བྱུང་བ་སྟེ། དེའི་གྲོགས་མཁའ་འགྲོ་མ་སྟོང་ཕྲག་བཅོ་ལྔ་དང་ལྡན་པ་ཡིན་ པས། དེ་དང་འདུ་བ་ཐོབ་པ་ན། མཁའ་འགྲོ་མ་སྟོང་ཕྲག་བཅོ་ལྔ་པོ་རྣམས་དང་ཡང་འདུ་བ་ ཐོབ་པར་འགྱུར་བ་ཡིན་ནོ། ། དྲུག་པ་ནི། འཇིག་རྟེན་ལས་འདས་པ་ཁཎྜ་རོ་ཧའི་རིགས་ཀྱི་ཕོ་ཉ་མོ་དང༌། འཇིག་རྟེན་ པ་དབང་མོ་སྟེ། དེ་འཆད་པ་ནི། སེར་ཞིང་ཞེས་སོགས་ཚིག་བཅུ་གསུམ་གྱིས་བསྟན། དེ་ 2-1-148 ཡང་བུད་མེད་གང་ཞིག་ལུས་ཀྱི་མདོག་གསེར་ཀྱི་མདོག་འདྲ་བར་སྣང་བ་དང༌། མིག་མི་གཡོ་ བར་བལྟ་ཞིང༌། བ་སྤུ་གྱེན་དུ་ལངས་པ་དང༌། རྡོ་རྗེའི་རི་མོ་དཔྲལ་བའམ། ལག་པའི་མཐིལ་ དུ་སྣང་བར་འགྱུར་བ་དང༌། གསོད་པ་སོགས་གདུག་པའི་ལས་ལ་ངེས་པར་དགའ་བ་དང༌། རྟག་ཏུ་རྒྱལ་སྲིད་ལ་མངོན་པར་དགའ་ཞིང༌། ངག་ཚིག་བདེན་པར་སྨྲ་བ་དང༌། ལུས་ལས་མ་ ལི་ཀའི་དྲི་འབྱུང་ཞིང༌། ཁྱིམ་དུ་རྡོ་རྗེ་འབྲི་ཞིང་རྟག་པར་དེ་ལ་མཆོད་པར་བྱེད་པ་དེ་ནི། ཁཎྜ་ རོ་ཧའི་རིགས་ལས་བྱུང་བའི་རྣལ་འབྱོར་མའི་དབང་ཕྱུག་མཆོག་གོ ། བདུན་པ་ནི། འཇིག་རྟེན་ལས་འདས་པ་ཧེ་རུ་ཀའི་སྐུའི་འཕྲིན་ལས་སྒྲུབ་པའི་ཕོ་ཉ་མོ་ དང༌། འཇིག་རྟེན་པ་ཙ་མུནྟྲི་ཏེ། དེ་འཆད་པ་ནི། གང་ཞིག་ཞེས་སོགས་ཚིག་བཅུས་བསྟན། དེ་ ཡང་བུད་མེད་གང་ཞིག། རྟག་པར་ཤ་ལ་དགའ་བ། སྐེམ་ཞིང་མིག་སྨན་ལྟར་མདོག་གནག་ པ། དཔྲལ་བར་མདུང་གི་རྩེ་ལྟ་བུའི་རི་མོ་ཡོད་པ། དེ་ཡང་གསོད་པ་སོགས་གདུག་པའི་ལས་ ལ་མངོན་པར་དགའ་བ། རྟག་ཏུ་དུར་ཁྲོད་དག་ཏུ་འགྲོ་ཞིང༌། འཇིགས་པ་དང༌། གཙང་སྦྲ་ མེད་པ། གང་གི་དཔྲལ་བའི་ཐིག་ལེ་དང༌། ཁྱིམ་དུ་ཐོད་པ་འབྲི་ཞིང༌། མཆོད་པར་བྱེད་པ་དེ་ ནི། དཔལ་ཧེ་རུ་ཀའི་རིགས་ལས་བྱུང་བའི་མཁའ་འགྲོ་མ་ཡིན་པ་ཤེས་པར་བྱའོ། ། བརྒྱད་པ་ནི། འཇིག་རྟེན་ལས་འདས་པ་ཕག་མོའི་རིགས་ཀྱི་ཕོ་ཉ་མོ་དང༌། འཇིག་རྟེན་ པ་ཚོགས་ཀྱི་བདག་མོ་སྟེ། དེ་འཆད་པ་ནི། སྤྲིན་གྱི་ཞེས་སོགས་ཤོ་ལོ་ཀ་གཉིས་ཀྱིས་བསྟན། དེ་ཡང་བུད་མེད་གང་སྤྲིན་གྱི་མདོག་ཅན་སོ་མི་མཉམ་པར་གནས་ཤིང༌། རྟག་ཏུ་གསོད་པ་ སོགས་གདུག་པའི་ལས་ལ་དགའ་བ། གཡོན་གྱི་མཆེ་བ་རྣམ་པར་གཙིགས་པ། ཁྱིམ་དུ་དགྲ་ སྟ་འབྲི་ཞིང༌། དེ་ལ་རྟག་ཏུ་མཆོད་པར་བྱེད་པ་དེ་ནི། ལོག་པར་འདྲེན་པའི་རིགས་ལས་བྱུང་ བའི་མཁའ་འགྲོ་མ་ཡིན་པར་ཐེ་ཚོམ་མེད་དོ། །དེ་ལྟར་འོག་མ་འདི་ལ། ལོག་པར་འདྲེན་མ་ ཞེས་འཇིག་རྟེན་པའི་མཁའ་འགྲོ་མ་དངོས་སུ་གསུངས་པས། གོང་མ་བདུན་ལ་ཡང༌། འཇིག་ 2-1-149 རྟེན་པ་རེ་རེ་ཡོད་པར་ཤུགས་ཀྱིས་བསྟན་པ་ཡིན་ལ། གོང་མ་བདུན་ལ་འཇིག་རྟེན་ལས་ འདས་པའི་མཁའ་འགྲོ་མ་དངོས་སུ་གསུངས་པས། བརྒྱད་པ་འདི་ལ་ཡང་དེ་ཡོད་པ་ཤུགས་ ཀྱིས་བསྟན་པ་ཡིན་ནོ། ། འཇིག་རྟེན་པའི་ཕོ་ཉ་རྣམ་པ་བརྒྱད་ནི། མ་མོ་བརྒྱད་པོ་ཉིད་ཡིན་ལ། འཇིག་རྟེན་ལས་ འདས་པའི་ཕོ་ཉ་མོ་བརྒྱད་ནི། ཧེ་རུ་ཀའི་སྐུ་གསུང་ཐུགས་ཀྱི་འཕྲིན་ལས་ཀྱི་ཕོ་ཉ་མོ་གསུམ་ དང༌། ཕག་མོ་ལ་གཙོ་མོ་རྡོ་རྗེ་ཕག་མོ་དང༌། ལས་ཀྱི་ཕག་མོ་དང༌། ཙརྩི་ཀ་དང༌། དབྱངས་ ཅན་མ་དང༌། གཽ་རི་དང༌། ཕག་མོ་སྟེ། དེ་དག་གི་ཟླས་ཕྱེ་བའི་ཕག་མོ་རྒྱུད་སྡེ་འོག་མར་འོད་ ཟེར་ཅན་མར་གསུངས་པ་སྟེ། དེ་ལྟར་ཕག་མོ་གསུམ་གྱི་རིགས་ཀྱི་ཕོ་ཉ་མོ་གསུམ་དང༌། ཁཎྜ་ རི་ཧའི་རིགས་ཀྱི་ཕོ་ཉ་མོ་དང༌། དེ་གོས་དཀར་མོ་ཡིན་པས། དེའི་ཡབ་ཏུ་གྱུར་པ་པདྨ་གར་ དབང་གི་རིགས་ཀྱི་ཕོ་ཉ་མོ་སྟེ་རྣམ་པ་བརྒྱད་དོ། །དེ་དག་གི་དོ་བསྡུ་བ་ནི། མཁའ་འགྲོ་མ་ ཞེས་སོགས་ཤོ་ལོ་ཀ་གཅིག་སྟེ། བཤད་ཟིན་པའི་མཁའ་འགྲོ་མ་བརྒྱད་པོ་དེ་རྣམས་ནི་མཁའ་ འགྲོ་མའི་ཚོགས་པ་དཔག་ཏུ་མེད་པའི་གཙོ་མོ་ཡིན་པའི་ཕྱིར། འདི་དག་ལ་ཚོགས་ཀྱི་དབང་ མོ། ཞེས་བྱ་ཞིང༌། དེ་ཡང་དཔལ་ཧེ་རུ་ཀའི་རིགས་ལས་བྱུང་བའི་སྒྲུབ་པ་པོ་ལ་ཕན་པའི་ཕྱིར། དེ་དག་གི་གསང་བའི་མཚན་ཉིད་རབ་ཏུ་བཤད་པ་ཡིན་ཞེས་པ་འོ། ། ད་ནི་དེ་རྣམས་ངེས་དོན་རྫོགས་པའི་རིམ་པ་དང་སྦྱར་ཏེ་བཤད་པ་ནི། ས་དང༌། ཆུ་དང༌། མེ་དང༌། རླུང་དང༌། ཟླ་བ་དང༌། ཉི་མ་དང༌། ནམ་མཁའ་སྒྲ་གཅན་དང༌། རྣམ་ཤེས་དུས་མེ་ སྟེ། དེ་རྣམས་ཀྱི་གཏུམ་མོ་འབར་བ་ནི་མཁའ་འགྲོ་མ་བརྒྱད་ཀྱི་ངེས་དོན་ནོ། །དེ་ཡང་ཉི་མའི་ གཏུམ་མོ་ཁ་དོག་དམར་སེར་དུ་ཡོད་པས། དེ་འབར་བ་ན་རྣལ་འབྱོར་པ་ལ་ཕྱོགས་ཐམས་ ཅད་འོད་ཟེར་དམར་སེར་གྱི་དྲ་བས་ཁྱབ་པའི་ཉམས་འབྱུང་བ་དང༌། གཞན་ཡང་སྒྲུབ་པ་པོའི་ སེན་མོ་དང༌། མིག་དམར་པོར་འགྱུར་བ་དང༌། ཞི་བའི་ལྟ་སྟངས་འགྲུབ་པ་དང༌། པདྨའི་དྲི་ 2-1-150 དང༌། ཁྱིམ་དུ་པདྨ་འབྲི་བ་གཉིས་ཀྱི་ངེས་དོན། དེའི་ཚེ་ཏིང་ངེ་འཛིན་གྱི་ཉམས་ཕུགས་བཟང་ བོ་ཡང༌། འཕྲལ་དུ་ཤུགས་ཆུང་བའི་ཚུལ་གྱིས་གནས་པའོ། །ཟླ་བའི་གཏུམ་མོ་ནི། ཁ་དོག་ སྔོ་སངས་དང༌། སྐྱ་བོར་ཡོད་ཅིང༌། དེ་འབར་བ་ན། ཕྱོགས་ཐམས་ཅད་སྔོ་སངས་དང༌། སྐྱ་ འོད་ཀྱིས་ཁྱབ་པའི་ཉམས་འབྱུང་ཞིང༌། དེ་ལྟ་བུའི་གཏུམ་མོ་དེ་རྩ་རོ་རྐྱང་དབུ་མ་གསུམ་ཆར་ གྱི་ནང་ནས་ཡོངས་སུ་འབར་ཏེ། སྨིན་མཚམས་གྱི་ཐད་དུ་སླེབ་པ་ན། རྩེ་གསུམ་གྱིས་བསྣུན་ པ་ལྟ་བུའི་ཟུང་དུ་སྐྱེ་ཞིང༌། རྡོ་རྗེའི་རིགས་ཀྱི་ལྷ་སྐུའི་ཉམས་ཡང་དང་ཡང་དུ་འཆར་ཞིང༌། དེ་ ལྟ་བུའི་ཏིང་ངེ་འཛིན་དེ་ནི་རྡོ་རྗེ་ལྟར་ཤིན་ཏུ་བརྟན་པར་གྱུར་པའོ། །མེ་ཁམས་ཀྱི་གཏུམ་མོ་ འབར་བ་ན་ཕྱོགས་ཐམས་ཅད་འོད་དམར་པོ་དང༌། ཐིག་ལེ་དམར་པོས་གང་བའི་ཉམས་ འཆར་ཞིང༌། མིག་དང་རྐང་ལག་རྣམས་ཁ་དོག་དམར་པོར་འགྱུར་བའམ། ཡང་ན་མིག་དང་ རྐང་ལག་རྣམས་ལ་རྣམ་འགྱུར་སྣ་ཚོགས་བྱེད་པའི་ལུས་ཉམས་སྐྱེ་བ་དང༌། ར་སྐྱེས་དང༌། ཁྱིམ་བྱ་ལ་སོགས་པའི་དུད་འགྲོ་ལ་ཡིད་དགའ་བའི་ཉམས་འཆར་བ་དང༌། དེ་ལྟ་བུའི་ཏིང་ངེ་ འཛིན་དེ་ནི་རྡོ་རྗེ་ལྟར་ཤིན་ཏུ་བརྟན་པའོ། །རླུང་ཁམས་ཀྱི་གཏུམ་མོ་འབར་བ་ན། འོད་སྔོན་ པོ་དང༌། ཐིག་ལེ་སྔོན་པོའི་ཉམས་འཆར་ཞིང༌། དཔྲལ་བའི་འཁོར་ལོ་དང༌། ལག་པའི་འཁོར་ ལོ་རྣམས་སུ་རླུང་དང་ཐིག་ལེ་འཁོར་ལོ་ལྟར་འཁོར་བ་དང༌། གོས་འཆང་བའི་ངེས་དོན། དེའི་ ཚེ་ཉོན་མོངས་པའི་ཉམས་སྣ་ཚོགས་པ་སྐྱེ་བ་དང༌། རང་གི་ངག་ལ་བདེན་པའི་ཚིག་འགྲུབ་ པར་འགྱུར་བའོ། །མིག་སྨན་ལྟར་གནག་པ་དང༌། སོ་དཀར་བའི་ངེས་དོན་ནི། སྒྲ་གཅན་གྱི་ གཏུམ་མོ་ཁ་དོག་དཀར་ནག་འདྲེས་མར་ཡོད་ཅིང་དེ་འབར་བ་ན་ཕྱོགས་ཐམས་ཅད་དཀར་ ནག་འདྲེས་པའི་འོད་དང་ཐིག་ལེས་ཁྱབ་པའི་ཉམས་དང༌། དྲག་པོའི་ལས་ཐམས་ཅད་འགྲུབ་ པར་འགྱུར་བ་དང༌། རྣལ་འབྱོར་པ་རང་ཉིད་སེམས་སྟོབས་ཤིན་ཏུ་ཆེ་བར་གྱུར་ཞིང༌། ཁྲུས་ ལ་དགའ་བའི་ཉམས་དང༌། ངག་ཚིག་སྨྲ་མི་ཐུབ་པའི་ཉམས་སྐྱེ་ཞིང༌། དེའི་ཚེ་ཏིང་ངེ་འཛིན་ 2-1-151 རྡོ་རྗེ་ལྟར་ཤིན་ཏུ་བརྟན་པར་གྱུར་པ་ཡིན་ལ། གཏུམ་མོ་དེ་འབར་བ་ན། རྩ་སྟོང་ཕྲག་བཅོ་ལྔ་ པོ་ཐམས་ཅད་འོད་ཀྱིས་ཁེངས་ནུས་པ་ཡིན་ལ། དེ་ཡང་འཁོར་ལོ་བཞི་དང༌། ནོར་བུ་དང༌། གསང་གནས་དང༌། གཙུག་ཏོར་རྣམས་ལས་གྱེས་པའི་རྩ་སྟོང་ཕྲག་གཉིས་གཉིས་ཏེ་བཅུ་ བཞི་དང༌། ཡན་ལག་ལས་གྱེས་པའི་སྟོང་ཕྲག་གཅིག་སྟེ་བཅོ་ལྔའོ། །ས་ཁམས་ཀྱི་གཏུམ་མོ་ ནི། ཁ་དོག་སེར་པོ་ཡིན་ཞིང་དེ་འབར་བ་ན། གསེར་གྱི་མདོག་ཅན་གྱི་འོད་དང་། ཐིག་ལེས་ ཁྱབ་པའི་སྣང་བ་འཆར་ཞིང༌། ལྟ་སྟངས་བཞི་ལ་སོགས་པ་འགྲུབ་པར་འགྱུར་བ་དང༌། བ་སྤུ་ དང༌། དཔྲལ་བ་དང༌། ལག་པར་ཐིག་ལེས་གང་བ་དང༌། འདིར་ཡང་དྲག་པོའི་ལས་རྣམས་ འགྲུབ་པར་འགྱུར་བ་ཡིན་ཞིང༌། རྣལ་འབྱོར་པ་རང་ཉིད་ལ། གཞན་གྱིས་རྒྱལ་པོར་འཁུར་ བ་ལ་སོགས་པ་འབྱུང་བ་དང༌། བདེན་པའི་ཚིག་འགྲུབ་ཅིང༌། ཏིང་ངེ་འཛིན་གྱི་ཉམས་རྡོ་རྗེ་ ལྟར་བརྟན་ཞིང༌། མ་ལི་ཀའི་དྲི་ལྟར་རྒྱ་ཆེན་པོར་འཕྲོ་བ་ཡིན་ནོ། །དུས་མེའི་གཏུམ་མོ་ནི། ཁ་ དོག་ནག་པོར་འབར་བས་ན། དེའི་ཚེ་འོད་ནག་པོ་དང༌། ཐིག་ལེ་ནག་པོས་ཁྱབ་པའི་ཉམས་ དང༌། དཔྲལ་བར་མདུང་གི་རྩེས་བསྣུན་པ་ལྟ་བུའི་ཟུང་དུ་སྐྱེ་ཞིང༌། འདིར་ཡང་དྲག་པོའི་ ལས་ཐམས་ཅད་འགྲུབ་པ་དང་དུར་ཁྲོད་དུ་འགྲོ་བ་ལ་དགའ་ཞིང༌། འཇིགས་པ་དང་གཙང་ སྦྲ་ལ་སོགས་པའི་རྣམ་རྟོག་མེད་པ་དང༌། དཔྲལ་བར་རླུང་དང་ཐིག་ལེ་འཁོར་བ་དང༌། རྩའི་ ཁྱིམ་རྣམས་སུ་ཐིག་ལེ་བྱང་ཆུབ་ཀྱི་སེམས་ཀྱིས་གང་བར་འགྱུར་བའོ། །ཆུ་ཁམས་ཀྱི་གཏུམ་ མོ་སྤྲིན་གྱི་མདོག་ཅན་ཡོངས་སུ་འབར་བ་ན། ཕྱོགས་ཐམས་ཅད་འོད་ཟེར་དང་ཐིག་ལེ་ནག་ པོས་ཁྱབ་པའི་ཉམས་འབྱུང་ཞིང༌། སོ་མི་མཉམ་པའི་ངེས་དོན། དུས་དེར་ཉམས་མཐོ་དམན་ སྣ་ཚོགས་སུ་འབྱུང་བ་དང༌། འདིར་ཡང་དྲག་པོའི་ལས་རྣམས་འགྲུབ་ཅིང༌། གཡོན་གྱི་རྩ་ རྐྱང་མ་ནས་བྱང་ཆུབ་ཀྱི་སེམས་འབབ་པ་ནི། གཡོན་གྱི་མཆེ་བ་གཙིགས་པའི་ངེས་དོན་དང༌། དེའི་ཚེ་ཐོག་མར་སྡུག་བསྔལ་གྱི་ཉམས་ཀྱིས་སྣ་དྲངས་ནས། དགྲ་སྟའི་ངེས་དོན། དེའི་རྗེས་ 2-1-152 སུ་རྣམ་རྟོག་གཅོད་པའོ། །གཏུམ་མོ་བརྒྱད་པོ་དེ་རྣམས་ཀྱང༌། རྩ་འཁོར་སོ་སོ་ནས་ཐམས་ ཅད་ཚང་བར་འབར་བ་ཡིན་ལ། རྩ་གནས་གཞན་རྣམས་སུ་ཡང་ཇི་ལྟར་རིགས་པ་འབར་བ་ ཡིན་ནོ། །དེ་དག་གི་སྐབས་སུ་སྨིན་མཚམས་དང༌། དཔྲལ་བར་ཟུང་ངུ་སྐྱེ་བ་ལ་སོགས་པ་ འབྱུང་བ་ཡང༌། སྨིན་མཚམས་གནད་ཀྱི་སྒོ་བྱེ་བའི་ལྟས་ཡིན་པས། འདི་དག་སྔགས་རིམ་གྱི་ སྐབས་ནས་འབྱུང་བ་ཡིན་ནོ། །ཧེ་རུ་ཀ་མངོན་པར་བརྗོད་པ་ཞེས་བྱ་བ་ལས། རྣལ་འབྱོར་མ་ ཐམས་ཅད་ཀྱི་ཁ་དོག་གི་མཚན་ཉིད་དང༌། མཚན་མའི་ཆོ་གའི་ལེའུ་སྟེ། བཅོ་བརྒྱད་པ་རྣམ་ པར་བཤད་ཟིན་ཏོ།། །། ༈ ལེའུ་བཅུ་དགུ་པ་ལཱ་མའི་རིགས་ཀྱི་མཁའ་འགྲོ་མའི་མཚན་ཉིད་བཤད་པ་ལ། མདོར་བསྟན་པ་དང༌། རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། དེ་ནས་ཞེས་སོགས་ཤོ་ ལོ་ཀ་གཅིག་གིས་བསྟན། དེ་ཡང་ལེའུ་བཅོ་བརྒྱད་པའི་རྗེས་དེ་ནས། གཞན་ཡང་བཤད་པར་ བྱའོ། །དེ་ཡང་གང་ཞེ་ན། ལཱ་མའི་རིགས་ཀྱི་མཁའ་འགྲོ་མའི་མཚན་ཉིད་ཀྱི་ཁྱད་པར་དང༌། ཡན་ལག་གི་ཚོགས་རྣམས་ནི་སྒྲུབ་པ་པོ་ཡིས་ཤེས་པར་བྱའོ། ། གཉིས་པ་རྒྱས་པར་བཤད་པ་ལ། འདིར་དངོས་སུ་བསྟན་པའི་ལཱ་མའི་རིགས་ཀྱི་མཁའ་ འགྲོ་མ་ལྔའི་མཚན་ཉིད་དང༌། རྒྱུད་འདིར་སྦས་པ་ལཱ་མའི་རིགས་ཀྱི་མཁའ་འགྲོ་མ་དྲུག་པ་ སྟེ། མཁའ་འགྲོ་མ་དྲུག་གི་མཚན་ཉིད་བཤད་པར་བྱ་བ་ཡིན་ནོ། །དེ་ཡང་རྒྱུད་ཀྱི་དངོས་ བསྟན་ལ། མཁའ་འགྲོ་མ་ལྔ་པོ་འདི་རྣམས་རྒྱལ་བ་རིགས་ལྔར་གསུངས་པ་མེད་ཀྱང༌། བླ་ མ་གོང་མ་རྣམས་དེ་ལྟར་དུ་འཆད་པ་ལྟར་ན། དང་པོ་འོད་དཔག་མེད་ཀྱི་རིགས་ཀྱི་ལཱ་མའི་ མཚན་ཉིད་ནི། གང་གི་བཞིན་གྱི་དཀྱིལ་འཁོར་ནི། །ཞེས་པ་ནས། མཚན་ཉིད་གྱུར་པ་འདི་ དག་ཡིན། །ཞེས་པའི་བར་གྱིས་བསྟན། གཉིས་པ་རིན་འབྱུང་གི་རིགས་ཀྱི་ལཱ་མའི་མཚན་ཉིད་ནི། མཆུ་ནི་འཕྱང་ཞིང་མིག་དཀྱུས་ 2-1-153 རིང༌། །ཞེས་པ་ནས། མཚན་ཉིད་གྱུར་པ་འདི་དག་ཡིན། །ཞེས་པའི་བར་གྱིས་བསྟན། གསུམ་པ་མི་བསྐྱོད་པའི་རིགས་ཀྱི་ལཱ་མའི་མཚན་ཉིད་ནི། གང་གི་མཁུར་ཚོས་དག་ཏུ་ ནི། །ཞེས་པ་ནས། ཕྱག་རྒྱའི་ལན་ནི་ཡིན་པར་བཤད། །ཞེས་པའི་བར་གྱིས་བསྟན། རྣམ་སྣང་ གི་རིགས་ཀྱི་ལཱ་མའི་མཚན་ཉིད་ནི། ཐུང་ཞིང་བྱིན་པ་སྦོམ་པ་དང༌། །ཞེས་པ་ནས། །མཚན་ ཉིད་གྱུར་པ་འདི་དག་ཡིན། །ཞེས་པའི་བར་གྱིས་བསྟན། དོན་གྲུབ་ཀྱི་རིགས་ཀྱི་ལཱ་མའི་ མཚན་ཉིད་ནི། ལུས་ཀུན་ལ་ནི་བ་སྤུ་ཡོད། །ཅེས་པ་ནས། མཚན་ཉིད་གྱུར་པ་འདི་དག་ཡིན། །ཞེས་པའི་བར་གྱིས་བསྟན། ལཱ་མའི་རིགས་ཀྱི་མཁའ་འགྲོ་མ་ལྔ་པོ་འདི་དག་རྒྱལ་བ་རིགས་ ལྔའི་རིགས་སུ་འཇོག་ཚུལ་དེ་ལྟར་དུ་བཤད་པ་ནི། བཤད་རྒྱུད་རྡོ་རྗེ་འཕྲེང་བ་ལས་གསུངས་ པ་ཉིད་ཁུངས་སུ་མཛད་པ་ཡིན་ཅིང༌། ནཱ་རོ་པའི་མན་ངག་འཛིན་པའི་བླ་མ་གོང་མ་རྣམས་ཀྱི་ བཤད་སྒྲོས་དང་ཅུང་ཟད་མི་མཐུན་པར་ཡོད་དོ། །ལཱ་མ་དྲུག་པ་རྩ་བའི་རྒྱུད་འདི་དང༌། མངོན་ བརྗོད་བླ་མ་ཁ་སྦྱོར་ཐིག་ལེ་སོགས་བཤད་རྒྱུད་རྣམས་སུ་ཡང་སྦས་པ་ཡིན་ཅིང༌། དེའི་ཕྱིར། ཁ་བ་ཅན་གྱི་ལྗོངས་འདིར་སྔོན་གྱི་བཤད་སྒྲོས་མཛད་པ་པོ་མཐའ་དག་གིས། འདི་སྦས་པའི་ ཚུལ་མ་རྟོགས་པས་ཡི་གེ་རིས་སུ་འཁོད་པ་མེད་ཀྱང༌། རྒྱ་གར་མཁས་པའི་ཞལ་ལུང་ལས་ བྱུང་བ། བླ་མའི་མན་ངག་ནི་འདི་ཡིན་ཏེ། ཁྱིམ་དུ་མཚན་མ་བྲིས་ནས། མཆོད་པ་བྱ་བའི་ཚུལ་ ཡང་གཞན་རྣམས་ལ་རེ་རེ་བཞིན་ཡོད་པ་ལ། རྡོར་སེམས་ཀྱི་རིགས་ཀྱི་ལཱ་མ་ལ་དེ་མེད་པས། དེ་ཡང་སྦས་པ་ཡིན་ཞིང༌། རྣམ་སྣང་གི་རིགས་ཀྱི་ལཱ་མའི་མཚན་ཉིད་ཀྱིས་བསྟོད་ནས་ཀྱང༌། ཅུང་ཟད་ཅིག་སྦས་ཤིང་མ་ཚང་བར་མངོན་ཏེ། དེའི་མཚན་ཉིད་ལ་ཐུང་ཞིང་བྱིན་པ་སྦོམ་པ་ དང༌། ཞེས་སོགས་ཚིག་གསུམ་ལས་མ་བྱུང་བའི་ཕྱིར་རོ། །དེ་ལྟར་རྡོར་སེམས་དང༌། རྣམ་ སྣང་གི་རིགས་ཀྱི་ལཱ་མའི་མགོ་འཇུག་གཉིས་སྦས་པའི་བར་དེར་མི་བསྐྱོད་པའི་རིགས་ཀྱི་ ལཱ་མའི་མཁའ་འགྲོ་མ་ཡོངས་སུ་རྫོགས་པར་སྦས་པ་ཡིན་ནོ། །དེའི་སྦས་དོན་ནི། བུད་མེད་ 2-1-154 གང་ཞིག་ལཱ་མའི་རིགས་ལྔ་པོ་དེའི་མཚན་ཉིད་སྤྱི་རིགས་རིགས་འདུས་པའི་ཚུལ་གྱིས་ཚང་ བ་དང༌། དུས་སྔར་བཤད་པ་དེ་ཐམས་ཅད་ལ། ཁྱིམ་དུ་ཁ་ཊྭཱཾ་ཧ་བྲིས་ཏེ། མཆོད་པར་བྱེད་པ་ ནི། ལཱ་མ་དྲུག་པའོ། །རྡོར་སེམས་ཀྱི་རིགས་ཀྱི་ལཱ་མའི་དུས་དང༌། ཕྱག་མཚན་སྦས་པའི་དོན་ ནི། དུས་བཅོ་ལྔ་དང༌། གནམ་སྟོང་གཉིས་ལ་ཁྱིམ་དུ་རྡོ་རྗེ་རྩེ་དགུ་པ་བྲིས་ཏེ་མཆོད་པ་བྱེད་ པའོ། །རྣམ་སྣང་གི་རིགས་ཀྱི་མཁའ་འགྲོ་མའི་མཚན་ཉིད་ཀྱི་བསྟོད་ཀྱི་ཆ་སྦས་པའི་དོན་ནི། བཞིན་གྱི་དཀྱིལ་འཁོར་དང༌། མིག་ཟླུམ་པ། མཆེ་བ་ལྷག་གེར་ཡོད་པ། རོལ་མོ་ལ་དགའ་བ། ལུས་ཀྱི་ཁ་དོག་དཀར་ཞིང༌། སྐྲ་ཡང་དཀར་ཞིང་འཁྱིལ་བའོ། །དེས་ན་རྒྱུད་ཀྱི་དངོས་བསྟན་ ལ་སྐུའི་རིགས་ཀྱི་ལཱ་མ་དང་། གསུང་གི་རིགས་ཀྱི་ལཱ་མ་དང་། ཐུགས་ཀྱི་རིགས་ཀྱི་ལཱ་མ་དང་ ། ཧེ་རུ་ཀའི་རིགས་ཀྱི་ལཱ་མ་དང་། ལས་ཀྱི་ཕག་མོའི་རིགས་ཀྱི་ལཱ་མ་སྟེ་རྣམ་པ་ལྔ་གསུངས་པ་ ཡིན་ལ། དེ་རྣམས་ལ་བཤད་རྒྱུད་རྡོ་རྗེ་ཕྲེང་བར་རིམ་པ་བཞིན་དུ། པདྨ་དང་། རིན་པོ་ཆེ་དང་ ། རྡོ་རྗེ་དང་། རྣམ་སྣང་དང་། ལས་ཀྱི་རིགས་སུ་གསུངས་པ་ཡིན་ནོ། །དེ་ལྟར་ན་འོད་དཔག་ མེད་གསུང་གི་རིགས་ཡིན་པ་ལ། སྐུའི་རིགས་སུ་འཇོག་པའི་རྒྱུ་མཚན་ཅི་ཞེ་ན། དེ་ནི་པདྨའི་ རིགས་གསུང་ལ། སྐུས་རྒྱས་བཏབ་སྟེ། སྐུའི་རིགས་སུ་བཞག་པ་ཡིན་ལ། དེ་བཞིན་དུ་རྡོར་ སེམས་ཀྱི་རིགས་བདེ་བ་ཆེན་པོས་ཐུགས་རྡོ་རྗེ་མི་བསྐྱོད་པ་ལ་རྒྱས་བཏབ་སྟེ། རྡོར་སེམས་ ཐུགས་སུ་བཞག་པ་དང་། ཧེ་རུ་ཀའི་རིགས་ལ། རྣམ་སྣང་གི་རིགས་སུ་བཤད་པ་ཡང་། ཧེ་ རུ་ཀའི་ཡུམ་རྡོ་རྗེ་ཕག་མོ། རྣམ་སྣང་གི་རིགས་ཡིན་པ་ལ་དགོངས་ནས། དེར་བཞག་པ་ཡིན་ ལ། ཕག་མོ་ལ་ལས་ཀྱི་རིགས་སུ་བཤད་པ་ཡང་། འདིའི་ཕག་མོ་ལས་ཀྱི་ཕག་མོ་ཡིན་པ་ལ་ དགོངས་སོ། ། ད་ནི་དེ་རྣམས་ངེས་དོན་རྫོགས་པའི་རིམ་པ་དང་སྦྱར་ཏེ་བཤད་པ་ནི། སྤྱིར་རྩ་གནས་ རྣམས་སུ་ཡང་རྒྱུ་བར་བྱེད་ཅིང༌། གཙོ་བོར་རྡོ་རྗེ་ནོར་བུའི་རྩ་ལ་ཡོངས་སུ་གནས་པའི་གཏུམ་ 2-1-155 མོ་གཞི་དུས་སུ། རྡོ་རྗེ་དང་པད་མ་སད་པར་བྱེད་ཅིང༌། བུ་དང་བུ་མོའི་ཤ་ཁྲག་ལ་སོགས་པ་ སྐྱེད་པར་བྱེད་པའི་ནུས་པ་ཅན་ཞིག་ཡོད་པ་ཡིན་ལ། དེ་ཡེ་ཤེས་ཀྱི་གཏུམ་མོར་གྱུར་པ་ལ་ འདུ་ཤེས་དང༌། ཆུ་ཁམས་ཀྱི་རང་བཞིན་གྱི་གཏུམ་མོ་འབར་བ་ནི། པད་མའི་རིགས་ཀྱི་ལཱ་ མའི་ངེས་དོན་དང༌། ཚོར་བ་དང༌། ས་ཁམས་ཀྱི་རང་བཞིན་གྱི་གཏུམ་མོ་འབར་བ་ནི། རིན་ པོ་ཆེའི་རིགས་ཀྱི་ལཱ་མའི་ངེས་དོན་དང༌། །རྣམ་ཤེས་ཀྱི་ཕུང་པོ་དང༌། ནམ་མཁའི་ཁམས་ཀྱི་ རང་བཞིན་གྱི་གཏུམ་མོ་འབར་བ་ནི། རྡོ་རྗེའི་རིགས་ཀྱི་ལཱ་མའི་ངེས་དོན་དང༌། གཟུགས་ ཕུང་དང༌། ཆུ་ཁམས་ཀྱི་རང་བཞིན་གྱི་གཏུམ་མོ་འབར་བ་ནི། རྣམ་སྣང་གི་རིགས་ཀྱི་ལཱ་མའི་ ངེས་དོན་དང༌། འདུ་བྱེད་དང༌། རླུང་ཁམས་ཀྱི་རང་བཞིན་གྱི་གཏུམ་མོ་འབར་བ་ནི། ལས་ཀྱི་ རིགས་ཀྱི་ལཱ་མའི་ངེས་དོན་དང༌། ཡེ་ཤེས་ཀྱི་ཁམས་བདེ་བ་འབའ་ཞིག་པའི་གཏུམ་མོ་འབར་ བ་ནི། རྡོ་རྗེའི་རིགས་གཉིས་པ་མི་བསྐྱོད་པའི་རིགས་ཀྱི་ལཱ་མའི་ངེས་དོན་ནོ། །དེ་དག་ཀྱང༌། ཕུང་ཁམས་སུ་བཞག་པ་ནི། གཏུམ་མོ་དེ་ཉིད་ཀྱི་ཐབས་ཀྱི་ཆ་ཕུང་པོ་དང༌། ཤེས་རབ་ཀྱི་ཆ་ ཁམས་སོ། །དེ་རྣམས་རེ་རེ་བཞིན་ཞིབ་ཏུ་སྦྱར་ཏེ་བཤད་ན། ནོར་བུར་གནས་པའི་གཏུམ་ མོ་འདུ་ཤེས་དང་མེ་ཁམས་ཀྱི་རང་བཞིན་ཅན་ཡོངས་སུ་འབར་ཏེ། རྩ་སྟོང་ཕྲག་བདུན་ཅུ་རྩ་ གཉིས་པོ་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སེམས་རྣམས་སྤྱི་བོར་འདུས་ཏེ་ཞུ་བ། རྡོ་རྗེ་ནོར་བུའི་ རྩེ་མོའི་བར་དུ་སླེབ་པ། གཏུམ་མོ་དེ་ཉིད་ཀྱི་ཡོངས་སུ་བཅིངས་ཤིང༌། དེས་གྱེན་དུ་བཟློག་པ་ ལས། རྩ་འཁོར་ལོ་སོ་སོའི་ལྟེ་བར་མི་འགྱུར་བའི་ཐིག་ལེ་ཡུན་རིང་དུ་བརྟན་པར་བྱས་ཤིང༌། དེའི་འོད་ཀྱི་རྩ་གནས་ཐམས་ཅད་ཁྱབ་པར་གྱུར་པ་ནི། པད་མའི་ཕྱག་རྒྱ་དང༌། རུས་སྦལ་ གྱི་ཕྱག་རྒྱ་སྦྱིན་པའི་ངེས་དོན་ཏེ། པདྨས་ནི་ལྟེ་བ་བསྟན་ཞིང༌། འདབ་མ་རྣམས་རིང་དུ་ཁྱབ་ པ་དང༌། རུས་སྦལ་ཡང༌། ལུས་ནང་དུ་གནས་ཤིང༌། ཡན་ལག་རྣམས་ཕྱིར་སྐྱོང་བར་བྱེད་པ་ བཞིན་ནོ། །དེ་ལྟར་བྱང་ཆུབ་ཀྱི་སེམས་དེ་ཉིད་སྤྱི་བོའི་བར་དུ་བཟློག་སྟེ། སླར་གཏུམ་མོ་དང༌། 2-1-156 ཐིག་ལེའི་ནུས་པ་ཅན་གྱི་རླུང་གཉིས་དབུ་མའི་ནང་ཡོངས་སུ་འགེངས་པའི་ཚུལ་གྱིས་མར་ ཡོང་སྟེ། ནོར་བུར་གཏུམ་མོ་བརྟན་པ་ནི། ཕྱག་རྒྱའི་ལན་ལྤགས་པ་དང༌། སྤྱི་བླུགས་སྦྱིན་པའི་ ངེས་དོན་ཏེ། ལྤགས་པ་སྲུབས་མེད་པ། ཆུས་ཁེངས་པ་དང༌། རིལ་པ་སྤྱི་བླུགས་ཆུས་ཡོངས་ སུ་ཁེངས་པ་བཞིན་ནོ། །ཚེས་བཅུ་ལ་ཁྱིམ་དུ་པདྨ་འབྲི་བའི་ངེས་དོན་ནི། ཚེས་བཅུ་ཁྱད་པར་ གྱི་དགའ་བའི་ཕྱེད་ཀྱི་དུས་སུ་བདེ་སྟོང་གཉིས་སུ་མེད་པའི་ཏིང་ངེ་འཛིན་གྱི་ཁྱིམ་དུ། ཉམས་ འདོད་ཆགས་ཆེན་པོ་ཡོངས་སུ་རྒྱས་པའི་པད་མ་འབྲི་བའོ། །གཏུམ་མོ་དེ་འབར་བའི་རྣལ་ འབྱོར་པའི་ལུས་ངག་སེམས་ལ་ཉམས་ཀྱི་ཚུལ་དུ། གང་ཞིག་བཞིན་གྱི་དཀྱིལ་འཁོར་ནི། ཞེས་སོགས་པད་མའི་རིགས་ཀྱི་ལཱ་མའི་མཚན་ཉིད་རྣམས་འབྱུང་བ་ཡིན་ནོ། ། གཉིས་པ་ནི། ནོར་བུར་གནས་པའི་གཏུམ་མོ་ཚོར་བ་དང༌། ས་ཁམས་ཀྱི་རང་བཞིན་ ཅན་ཡོངས་སུ་འབར་ཏེ། རྩ་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སེམས་སྤྱི་བོར་འདུས་ཏེ་ཞུ་བ། ནོར་ བུའི་བར་དུ་བབས་པ་གཏུམ་མོ་དེ་ཡོངས་སུ་བཅིངས་ཤིང༌། དེས་གྱེན་དུ་བཟློག་སྟེ། རོ་རྐྱང་ དབུ་གསུམ་གྱི་ནང་བྱང་ཆུབ་ཀྱི་སེམས་ཀྱིས་ཡོངས་སུ་ཁེངས་ཏེ་འགྲོ་བ་ནི། ཕྱག་རྒྱ་མདུང་རྩེ་ གསུམ་པ་སྟོན་པའི་ངེས་དོན་དང༌། དེའི་ཚེ་རྩ་རྐྱང་མ་གཙོ་བོར་ཡོངས་སུ་དག་པར་འགྱུར་བ་ ནི། རྐང་པ་གཡོན་པའི་སྐུམ་པའི་གར་སྟོན་པའི་ངེས་དོན་ནོ། །ཚུལ་དེས་བྱང་ཆུབ་ཀྱི་སེམས་ སྤྱི་བོར་བཟློག་ཟིན་པ་ན། གཏུམ་མོ་དང༌། ཐིག་ལེའི་ནུས་པ་ཅན་གྱི་རླུང་གཉིས་ཀྱིས། རྩ་ གསུམ་པོ་མར་ཡོངས་སུ་འགེངས་པའི་ཚུལ་གྱིས་ཡོང་ཞིང༌། དེའི་ཚེ་ཡང་རྐྱང་མ་གཙོ་བོར་ དག་པར་འགྱུར་བ་ནི། ཕྱག་རྒྱའི་ལན་གྱི་ངེས་དོན་ནོ། །ཚེས་བཅུ་བཞི་དང༌། བརྒྱད་ལ་ཁྱིམ་ དུ་མདུང་རྩེ་གསུམ་པ་བྲིས་ནས་མཆོད་པའི་ངེས་དོན་ནི། ཚེས་བརྒྱད་མཆོག་དགའི་མཐའ་ དང༌། བཅུ་བཞི་ལྷན་སྐྱེས་ཀྱི་དབུས་སུ། རྩེ་གསུམ་འབྲི་བའི་ངེས་དོན། བདེ་གསལ་མི་རྟོག་ པ་གསུམ་གྱི་མཚན་ཉིད་དང་ལྡན་པའི་ཏིང་ངེ་འཛིན་སྐྱེ་བའོ། །གཏུམ་མོ་དེ་འབར་བའི་དུས་ 2-1-157 ཀྱི་སྒྲུབ་པ་པོའི་ལུས་ངག་ཡིད་གསུམ་གྱི་ཉམས་ལ། མཆུ་ནི་འཕྱང་ཞིང་མིག་དཀྱུས་རིང༌། །ཞེས་སོགས་རིན་ཆེན་རིགས་ཀྱི་ལཱ་མའི་མཚན་ཉིད་རྣམས་འབྱུང་བ་ཡིན་ནོ། ། གསུམ་པ་ནི། ནོར་བུར་གནས་པའི་གཏུམ་མོ་རྣམ་ཤེས་ཀྱི་ཕུང་པོ་དང༌། ནམ་མཁའི་ ཁམས་ཀྱི་རང་བཞིན་ཅན་ཡོངས་སུ་འབར་བས་རྩ་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སེམས་རྣམས་ སྤྱི་བོར་འདུས་ཤིང༌། ནོར་བུར་བབས་པ། གཏུམ་མོ་དེ་ཉིད་ཀྱི་ཡོངས་སུ་བཅིངས་ཏེ། བཟློག་ པའི་དུས་སུ་བྱང་ཆུབ་ཀྱི་སེམས་དབུ་མའི་ནང་དུ་ཤུགས་དང་ལྡན་པ་མདུང་བསྣུན་པ་ལྟ་བུའི་ ཚུལ་གྱིས་འགྲོ་བ་ནི་མདུང་གི་ཕྱག་རྒྱ་སྟོན་པའི་ངེས་དོན་དང༌། དེའི་ཚེ་གཞོམ་མེད་ཀྱི་སྒྲ་ འབྱུང་བ་ནི། ཕྱག་རྒྱ་དྲིལ་བུ་སྟོན་པའི་ངེས་དོན་ནོ། །ཚུལ་དེས་སྤྱི་བོའི་བར་དུ་བཟློག་ཟིན་པ་ ན། གཏུམ་མོ་དང༌། ཐིག་ལེའི་ནུས་པ་ཅན་གྱི་རླུང་གཉིས་དབུ་མའི་ནང་ན་མར་ཤུགས་དང་ ལྡན་པ་མདུང་བསྣུན་པ་ལྟ་བུའི་ཚུལ་གྱིས་འགྲོ་བ་དང༌། གཞོམ་མེད་ཀྱི་སྒྲ་འབྱུང་བ་ནི། ཕྱག་ རྒྱའི་ལན་དང་། མདུང་དང༌། དྲིལ་བུ་བཟློག་སྟེ་སྟོན་པའི་ངེས་དོན་ནོ། །ཡར་ངོ་མར་ངོའི་ ཚེས་བཅོ་ལྔ་ལ། ཁྱིམ་དུ་རྡོ་རྗེ་འབྲི་ཞིང༌། མཆོད་པའི་ངེས་དོན་ནི། ཚེས་བཅོ་ལྔ་ལྷན་སྐྱེས་ཀྱི་ དགའ་བའི་དུས་སུ། བདེ་སྟོང་གི་ཏིང་ངེ་འཛིན་མི་ཤིགས་པ། རྡོ་རྗེ་ལྟ་བུ་འབྱུང་བའི་དོན་ནོ། །གཏུམ་མོ་དེ་འབར་བའི་ཚེ། རྣལ་འབྱོར་པའི་ལུས་ངག་ཡིད་གསུམ་གྱི་ཉམས་ལ། གང་གི་ མཁུར་ཚོས་དག་ཏུ་ནི། །ཞེས་སོགས་རྡོ་རྗེའི་རིགས་ཀྱི་ལཱ་མའི་མཚན་ཉིད་རྣམས་འབྱུང་བར་ འགྱུར་ཞིང༌། ཁུང་བུར་གྱུར་པ་གནས་གྱུར་ཅིང༌། །ཞེས་པའི་ཁུང་བར་གྱུར་པ་ནི། དེའི་ཚེ་སྟོང་ ཉམས་སྣ་ཚོགས་སྐྱེ་བའི་དོན་ནོ། ། བཞི་པ་ནི། ནོར་བུར་གནས་པའི་གཏུམ་མོར་གཟུགས་ཕུང་དང༌། ཆུ་ཁམས་ཀྱི་རང་ བཞིན་ཅན་ཡོངས་སུ་འབར་བས། རྩ་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སེམས་སྤྱི་བོར་འདུས་ཤིང༌། ཞུ་བ་ནོར་བུའི་བར་དུ་བབས་པ། གཏུམ་མོ་དེ་ཡོངས་སུ་བཅིངས་ཤིང༌། དེས་གྱེན་དུ་བཟློག་ 2-1-158 པའི་དུས། འཁོར་ལོ་སོ་སོའི་ལྟེ་བར་དུང་གི་སྦུབས་ལྟར་ཡོངས་སུ་འཁྱིལ་བའི་ཚུལ་གྱིས་ ཡར་འགྲོ་བ་དང༌། རྩ་དབུ་མའི་ནང་གི་ལྟེ་བ་ནས། བྱང་ཆུབ་ཀྱི་སེམས་ཀྱི་ཟེགས་མ་འཁོར་ ལོའི་རྩིབས་ཀྱི་རྣམ་པས་རྩ་གནས་གཞན་རྣམས་སུ་འཁོར་བའི་ཚུལ་གྱིས་འགྲོ་བ་ནི། དུང་གི་ ཕྱག་རྒྱ་དང༌། འཁོར་ལོའི་ཕྱག་རྒྱ་སྟོན་པའི་ངེས་དོན་ནོ། །དེ་ལྟར་བྱང་ཆུབ་ཀྱི་སེམས་སྤྱི་བོའི་ བར་དུ་བཟློག་ཟིན་པ་ན། སླར་ཡང་གཏུམ་མོ་དང༌། ཐིག་ལེའི་ནུས་པ་ཅན་གྱི་རླུང་དབུ་མའི་ ནང་ན་མར་དུང་གི་སྦུབས་འཁྱིལ་བའི་ཚུལ་དང༌། རྩ་འཁོར་རྣམས་ཀྱི་ལྟེ་བ་ལས། རླུང་དང་ གཏུམ་མོའི་འོད་ཟེར་རྩ་གནས་གཞན་རྣམས་སུ་ཁྱབ་པའི་ཚུལ་གྱིས་འོང་བ་ནི། ཕྱག་རྒྱའི་ ལན་བཟློག་ནས་སྟོན་པའི་ངེས་དོན་ནོ། །ཚེས་བཅུ་བཞི་ཁྱིམ་དུ་རྡོ་རྗེ་འབྲི་བའི་ངེས་དོན་ནི། ཚེས་བཅུ་བཞི་ལྷན་སྐྱེས་ཀྱི་ཕྱེད་ཀྱི་དུས་སུ། བདེ་བའི་ཡེ་ཤེས་ཤིན་ཏུ་འཐུག་པ་རྡོ་རྗེ་ལྟར་ གཞིག་པར་མི་ནུས་པ་འབྱུང་བའི་དོན་ནོ། །གཏུམ་མོ་དེ་འབར་བའི་ཚེ། རྣལ་འབྱོར་པ་ལ་ ཉམས་ཀྱི་ཚུལ་དུ། ཐུང་ཞིང་བྱིན་པ་སྦོམ་པ་དང༌། ཞེས་སོགས་རྣམ་སྣང་གི་རིགས་ཀྱི་ལཱ་མའི་ མཚན་ཉིད་ཁ་བསྐོངས་དང་བཅས་པ་འབྱུང་བ་ཡིན་ནོ། ། ལྔ་པ་ནི། ནོར་བུར་གནས་པའི་གཏུམ་མོ་འདུ་བྱེད་དང༌། རླུང་ཁམས་ཀྱི་རང་བཞིན་ཅན་ ཡོངས་སུ་འབར་བས། རྩ་གནས་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སེམས་སྤྱི་བོར་འདུས་ཤིང་ཞུ་བ། ནོར་བུའི་བར་དུ་བབས་ཏེ། གཏུམ་མོ་དེ་ཉིད་ཀྱི་ཡོངས་སུ་བཅིངས་ཤིང༌། སླར་ཡང་དེས་གྱེན་ དུ་བཟློག་པའི་ཚེ། རྩ་འཁོར་རྣམས་ཀྱི་ལྟེ་བའི་ནང་ན་ཡར་མདུང་ལྟར་དྲང་པོར་འགྲོ་བ་དང༌། རྩ་འདབ་རྣམས་ལ་སྦྲུལ་ལྟར་འཁྱོག་འགྲོས་ཀྱི་ཚུལ་གྱིས་འགྲོ་བ་ནི། མདུང་གི་ཕྱག་རྒྱ་དང༌། ཀླུའི་ཕྱག་རྒྱ་བསྟན་པའི་ངེས་དོན་ནོ། །ཚུལ་དེས་སྤྱི་བོའི་བར་དུ་བཟློག་ཟིན་པ་ན། སླར་ཡང་ གཏུམ་མོ་དང༌། ཐིག་ལེའི་ནུས་པ་ཅན་གྱི་རླུང་གཉིས་དབུ་མའི་ནང་ན་མར་དྲང་པོར་འགྲོ་བ་ དང༌། རྩ་འདབ་རྣམས་ལ་འཁྱོག་འགྲོས་ཀྱི་ཚུལ་གྱིས་འགྲོ་བ་ནི། མདུང་དང༌། ཀླུའི་ཕྱག་རྒྱ་ 2-1-159 བཟློག་སྟེ། སྟོན་པའི་ངེས་དོན་ནོ། །ཚེས་བཅུ་གཅིག་གི་དུས་སུ་ཁྱིམ་དུ་མཆེ་བ་འབྲི་བའི་ངེས་ དོན་ནི། ཚེས་བཅུ་གཅིག་ཁྱད་དགའི་མཇུག་གི་དུས་སུ། ཉོན་མོངས་དང་རྣམ་རྟོག་ཟ་བར་ བྱེད་པའི་བདེ་སྟོང་གི་ཏིང་ངེ་འཛིན་སྐྱེ་བའི་དོན་ནོ། །གཏུམ་མོ་དེ་འབར་བའི་ཚེ། རྣལ་འབྱོར་ པའི་ལུས་ངག་ཡིད་གསུམ་གྱི་ཉམས་ལ། ལུས་ཀུན་ལ་ནི་བ་སྤུ་ཡོད། །ཞེས་སོགས་རྣམ་སྣང་ གི་རིགས་ཀྱི་ལཱ་མའི་མཚན་ཉིད་རྣམས་འབྱུང་བ་ཡིན་ལ། ལུས་ཀུན་ལ་བ་སྤུ་ཡོད་པའི་དོན་ ནི། བྱང་ཆུབ་ཀྱི་སེམས་ཀྱི་བ་སྤུའི་བར་དུ་ཁྱབ་པའི་དོན་ནོ། ། དྲུག་པ་ནི། ནོར་བུར་གནས་པའི་གཏུམ་མོ་བདེ་བ་འབའ་ཞིག་པའི་རང་བཞིན་ཅན་ ཡོངས་སུ་འབར་བས། རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་པོ་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སེམས་ སྤྱི་བོར་འདུས་ཏེ་ཞུ་བ། ནོར་བུའི་བར་དུ་བབས་ཤིང༌། གཏུམ་མོ་དེ་ཉིད་ཀྱིས་ཡོངས་སུ་ བཅིངས་ཏེ། སླར་ཡང་དེས་གྱེན་དུ་བཟློག་པའི་ཚེ། བྱང་ཆུབ་ཀྱི་སེམས་རྩ་གནས་ཐམས་ཅད་ དུ་གྱེས་པའི་ཚུལ་གྱིས་ཁྱབ་པ་ནི། ཕྱག་རྒྱ་རྡོ་རྗེ་སྟོན་པའི་ངེས་དོན་ཏེ། རྡོ་རྗེའི་ར་ཕྱིར་གྱེས་ པ་བཞིན་ནོ། །དེའི་ཚེ་གཞོམ་མེད་ཀྱི་སྒྲ་འབྱུང་བ་ནི། ཕྱག་རྒྱ་དྲིལ་བུ་སྟོན་པའི་ངེས་དོན་ཏེ། ཚུལ་དེས་བྱང་ཆུབ་ཀྱི་སེམས་སྤྱི་བོའི་བར་དུ་བཟློག་ཟིན་པ་ན། གཏུམ་མོ་དང༌། ཐིག་ལེའི་ ནུས་པ་ཅན་གྱི་རླུང་གཉིས་མར་ཡོང་བའི་ཚེ་ཡང༌། རྩ་གནས་ཐམས་ཅད་དུ་གྱེས་པའི་ཚུལ་ གྱིས་ཁྱབ་པ་དང༌། གཞོམ་མེད་ཀྱི་སྒྲ་འབྱུང་བ་ནི། ཕྱག་རྒྱའི་ལན་རྡོ་རྗེ་དང༌། དྲིལ་བུ་བཟློག་ སྟེ་སྟོན་པའི་ངེས་དོན་ནོ། །དུས་དེ་ཐམས་ཅད་ལ་ཁྱིམ་དུ་ཁ་ཊྭཾ་ག་བྲིས་ཏེ། མཆོད་པ་བྱེད་པའི་ ངེས་དོན་ནི། ལྷན་སྐྱེས་ཀྱི་དུས་སུ་དབུ་མའི་ནང་བྱང་ཆུབ་ཀྱི་སེམས་ཀྱིས་ཡོངས་སུ་གང་བའི་ ཡེ་ཤེས་སྐྱེ་བའི་ངེས་དོན་ནོ། །གཏུམ་མོ་དེ་འབར་བའི་ཚེ། རྣལ་འབྱོར་པའི་ལུས་ངག་སེམས་ ཀྱི་ཉམས་ལ། ལཱ་མའི་རིགས་ལྔ་ཅར་གྱི་མཚན་ཉིད་ཅི་རིགས་རིགས་ནས་ཚང་བ་འབྱུང་བའོ། །དེ་ལྟར་གཏུམ་མོ་དྲུག་པོ་འདི་དག་ཀྱང་གོ་རིམ་གསང་བའི་འཁོར་ལོའི་ས་གཉིས་ལས། 2-1-160 ལས་ཀྱི་རིགས་ཀྱི་ལཱ་མའི་ངེས་དོན་གྱི་གཏུམ་མོ་འབར་བ་དང༌། ལྟེ་བའི་ས་གཉིས་ལ་སྔར་གྱི་ སྟེང་དུ། རིན་པོ་ཆེའི་རིགས་ཀྱི་ངེས་དོན་གྱི་གཏུམ་མོ་འབར་བ་དང༌། སྙིང་གའི་ས་གཉིས་ལ། རྡོ་རྗེའི་རིགས་ཀྱི་ལཱ་མའི་ངེས་དོན་གྱི་གཏུམ་མོ་འབར་བ་དང༌། མགྲིན་པའི་ས་གཉིས་ལ་སྔར་ གྱི་སྟེང་དུ། པད་མའི་རིགས་ཀྱི་ལཱ་མའི་ངེས་དོན་གྱི་གཏུམ་མོ་འབར་བ་དང༌། དཔྲལ་བའི་ ས་གཉིས་ལ་སྔར་གྱི་སྟེང་དུ། རྣམ་སྣང་གི་རིགས་ཀྱི་ལཱ་མའི་ངེས་དོན་གྱི་གཏུམ་མོ་འབར་བ་ དང༌། གཙུག་ཏོར་གྱི་ས་གཉིས་ལ། སྔར་གྱི་སྟེང་དུ་རྡོ་རྗེའི་རིགས་གཉིས་པ་མི་བསྐྱོད་པའི་ རིགས་ཀྱི་ལཱ་མའི་ངེས་དོན་གྱི་གཏུམ་མོ་འབར་བ་སྟེ། དེའི་ཕྱིར་འདི་དག་ནི་གསང་རིམ་གྱི་ སྐབས་སུ་འབར་བ་ཡིན་ནོ། །དཔལ་འཁོར་ལོ་སྡོམ་པ་ལས། རྣལ་འབྱོར་མ་ཐམས་ཅད་ཀྱི་ ཕྱག་རྒྱ་དང༌། ཕྱག་རྒྱའི་ལན་བསྟན་པའི་ལེའུ་སྟེ། བཅུ་དགུ་པ་རྣམ་པར་བཤད་ཟིན་ཏོ།། །། ༈ དེ་ནས་ལེའུ་ཉི་ཤུ་པར་ལག་པའི་བརྡ་ཉི་ཤུ་རྩ་བདུན་དང༌། ༈ ལེའུ་ཉེར་གཅིག་པར་ལུས་བརྡ་ཉི་ཤུ་རྩ་གཅིག་དང༌། ༈ ལེའུ་ཉེར་གཉིས་པར་ཡང་་ལུས་བརྡ་ཉི་ཤུ་རྩ་བདུན་གསུངས་པ་རྣམས་ནི་དངོས་ བསྟན་ཉིད་དོ།། །། ༈ ལེའུ་ཉེར་གསུམ་པ་འདི་རིགས་ལྡན་མ་མཆོད་པའི་བསྟན་པ་ཡིན་ལ། དམ་བཅའི་ ཚུལ་གྱིས་མདོར་བསྟན་པ་དང༌། དོན་དངོས་རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། དེ་ནས་ཞེས་སོགས་ཤོ་ལོ་ཀ་གཅིག་གིས་བསྟན། དེ་ཡང་ལེའུ་ཉེར་གཉིས་ པའི་རྗེས་དེ་ནས། དོན་གཞན་ཡང་བཤད་པར་བྱའོ། །དེ་ཡང་གང་ཞེ་ན། མཁའ་འགྲོ་མའི་ རྣམ་རོལ་ཏེ་ཀུན་ཏུ་སྤྱོད་པ་གང་གི་རིང་ནས། དཔའ་བོ་སྒྲུབ་པ་པོ་ཡིས། དཔའ་བོ་རང་གི་ སྲིང་མོར་ཤེས་པར་འགྱུར་བའོ། ། གཉིས་པ་ནི། དམ་ཚིག་ཅན་ཞེས་སོགས་ཀྱིས་བསྟན། དེ་ཡང༌། དམ་ཚིག་ཅན་གྱི་མཁའ་ 2-1-161 འགྲོ་མ་གང་སྒྲུབ་པ་པོ་ལ་རྗེས་སུ་ཆགས་པར་གྱུར་པ་ནི། དཔའ་བོ་སྒྲུབ་པ་པོའི་ལོངས་སྤྱོད་ པར་བྱ་བའི་གནས་སམ། གཞི་ཡིན་པའི་ཕྱིར། ས་གཞི་བཞིན་ཞེས་གསུངས་པ་ཡིན་ལ། དེ་ ལྟར་ལོངས་སྤྱོད་པའི་གཞི། རིག་མ་དེ་ཉིད་ལ། དབང་བསྐུར་བ་ལ་སོགས་པས། རྒྱུད་སྨིན་ པའི་ས་གཞིར་བྱས་ནས་ནི། རྣལ་འབྱོར་མ་ཡི་ཚོགས་པ་གཅིག་ཏུ་སྡོམ་པ་སྟེ། འདུས་པ་ ལ། སྒྲུབ་པ་པོས་མཆོད་པར་བྱ་བའོ། །རིག་མ་རྒྱུད་སྦྱང་བའི་སྒོ་ནས། ས་གཞིར་བྱེད་པ་ནི། བརྟག་གཉིས་ལས། བྱང་ཆུབ་ས་བོན་གདབ་པ་དང༌། །སྦྱང་བ་ཡིས་ནི་བཟུང་བར་བྱ། །ཞེས་ གསུངས་པ་ལྟར་ཡིན་པ་ལ། མངལ་སྐྱེས་ཀྱི་ཕོ་ཉ་མོ་ཡིན་ན། དབང་བསྐུར་བ་དང༌། རིམ་ པ་གཉིས་ཀྱི་ཏིང་ངེ་འཛིན་བརྟན་པ་ལ་སོགས་པའི་སྒོ་ནས་སྨིན་པར་བྱ་དགོས་པ་ཡིན་ལ། ཞིང་གི་ཕོ་ཉ་མོ་ལ་ནི། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དུ་སྐད་ཅིག་གིས་དབང་བསྐུར་བའམ། ཡང་ན་དམ་ལ་བཞག་ཅིང༌། མིང་བཏགས་པ་ཙམ་གྱིས་སྨིན་པར་བྱས་པ་ཡིན་ནོ། །གོ་བཟློག་ པ་ཡིས་བལྟ་བ་ནི། །ཞེས་སོགས་ཀྱི་དོན། དམ་པ་སྔ་མ་ཕལ་ཆེར། རྗེས་ཆགས་ཀྱི་བརྡ་ཡིན་ པར་འཆད་པ་སོགས་སྣ་ཚོགས་ཞིག་བྱུང་ཀྱང༌། རང་ལུགས་ནི། ཕོ་ཉ་མོའི་ཀུན་ཏུ་སྤྱོད་པའི་ ཚུལ་རྒྱས་པར་འཆད་པ་སྟེ། དེ་ཡང་གཞུང་ཉིད་ཀྱི་གོ་རིམ་འཁྲུགས་པའི་ཚུལ་གྱིས་བཞུགས་ པས། འདིར་འཁྲུགས་སྡེབ་སྟེ་བཤད་པར་བྱ་བ་ལ། དེ་བཞིན་མཁའ་འགྲོ་ལས་བྱུང་བའི་ ཞེས་པ་ནས། དེ་ཡི་མཚན་མ་ཤེས་པར་བྱ། །ཞེས་པའི་བར་ཐོག་མར་བཤད་དགོས་པ་ཡིན་ ཏེ། དེ་ཡང༌། དམ་ཚིག་ཅན་གྱི་མཁའ་འགྲོ་མ་སྒྲུབ་པ་པོ་ལ་རྗེས་སུ་ཆགས་པར་གྱུར་པའི་ཞིང་ གི་ཕོ་ཉ་མོ་ཉི་ཤུ་རྩ་ལྔ་ཚོགས་པར་བྱས་ལ། རི་མོ་གསུམ་པོ་ཡོངས་སུ་བཟླུམ། ཞེས་ཚོགས་ ཁང་གི་ནང་དུ་ཐུགས་གསུང་སྐུའི་འཁོར་ལོའི་རི་མོ་རིམ་པ་གསུམ་ཟླུམ་པོར་ཡོངས་སུ་བྱ་བ་ སྟེ། རིམ་པ་དང་པོ་ལ་ཐུགས་འཁོར་གྱི་དཔའ་མོ་བརྒྱད་ཀྱི་གནས་སུ། རིག་མ་བརྒྱད་འགོད་ པར་བྱེད་པ་དང༌། དེའི་ཕྱི་རོལ་གསུང་གི་མཁའ་འགྲོ་མ་བརྒྱད་ཀྱི་གནས་སུ་རིག་མ་བརྒྱད་ 2-1-162 བཞག་པར་བྱ་བ་དང༌། དེའི་ཕྱི་རོལ་སྐུའི་དཔའ་མོ་བརྒྱད་ཀྱི་གནས་སུ་རིག་མ་བརྒྱད་འགོད་ ཅིང༌། དབུས་ཀྱི་གནས་སུ་སྒྲུབ་པོ་རང་ཉིད་དང༌། དེའི་མདུན་རྡོ་རྗེ་ཕག་མོའི་གནས་སུ། རིག་མ་གཅིག་འགོད་པར་བྱ་བའོ། །དེ་ལྟར་ཡོངས་སུ་བཀོད་ནས། སོ་སོའི་མདུན་དུ་མཆོད་ པ་དང༌། རང་རང་གི་དམ་རྫས་རྣམས་ཡོངས་སུ་བཀོད་དེ། ཕྱི་མཆོད་དང༌། ནང་གི་མཆོད་ པས་མཉེས་པར་བྱས་ནས། གསང་བའི་མཆོད་པའི་སྐབས་ཐོག་མར་རང་ཉིད་དཔལ་ཧེ་རུ་ ཀ་དང༌། དབུས་ཀྱི་རིག་མ་རྡོ་རྗེ་ཕག་མོ་གཉིས་རྗེས་ཆགས་ཀྱི་བདེ་བ་སྒོམ། དེ་ནས་ཤར་གྱི་ རབ་གཏུམ་མ་རྡོ་རྗེ་ཕག་མོའི་གནས་དང༌། རྡོ་རྗེ་ཕག་མོ་རབ་གཏུམ་མའི་གནས་སུ་བྱོན་ནས། རབ་གཏུམ་མ་ལ་རྗེས་ཆགས་ཀྱི་སྤྱོད་པ་བྱ་ཞིང༌། དེ་ནས་ཡང༌། རབ་གཏུམ་མ་རང་གནས་ སུ་བྱོན་ནས་རྡོ་རྗེ་ཕག་མོ་དབུས་ཀྱི་གནས་སུ་འཁོད་པ་ལ་རྗེས་ཆགས་ཀྱི་སྙོམས་འཇུག་བྱ། ཡང་བྱང་གི་གཏི་མུག་མ་དབུས་ཀྱི་གནས་དང༌། རྡོ་རྗེ་ཕག་མོ་གཏི་མུག་མའི་གནས་སུ་འཁོད་ དེ། སྒྲུབ་པ་པོས་གཏི་མུག་མ་ལ་སྙོམས་འཇུག་བྱ། དེ་ནས་ཡང་གཏི་མུག་མ་རང་གནས་སུ་ བཟློག་ཅིང༌། རྡོ་རྗེ་ཕག་མོ་དབུས་སུ་བྱོན་པ་དང༌། སྙོམས་འཇུག་བྱ་བ་ལ་སོགས༌པ་རིམ་ པས་འཁོར་བར་འགྱུར་བ་ནི། བསྐོར་བར་ཤེས་བྱ་སྟེ། ཞེས་པའི་དོན་ཡིན་ལ། རྣམ་འགྱུར་ ཞེས་པ་ནི། རྡོ་རྗེ་ཕག་མོའི་གནས་སུ་མཁའ་འགྲོ་མ་གཞན་བཀོད་པ་ན། དེ་ཕག་མོའི་རྣམ་ པར་འགྱུར་ཞིང༌། ཕག་མོ་ཉིད་གཞན་གྱི་རྣམ་པར་འགྱུར་བའོ། །དེ་ལྟར་ན། རི་མོ་གསུམ་པོ་ ཡོངས་སུ་བཟླུམ། །ཞེས་བྱ་བ་ནི་ཀུན་སྤྱོད་ཉེར་བཞི་བསྟན་པ་ཡིན་ལ། དེ་ཡང་ཞག་གཅིག་ ལ་འཕོ་བ་ཉི་ཤུ་རྩ་བཞི་འབྱུང་བ་དང༌། དེ་རེ་རེ་ལ་རླུང་དགུ་བརྒྱ་པ་ཕྲག་རེ་རེ་རྒྱུ་བ་སྟེ། དེའི་ དུས་དང༌། མཁའ་འགྲོ་ཉི་ཤུ་རྩ་བཞིའི་ཀུན་སྤྱོད་སྦྱོར་དགོས་པའང་ཡིན་ཞིང་དེ་ལྟར་ན་ཞག་ གཅིག་ལ་ཀུན་སྤྱོད་ཉེར་བཞི་ཚར་གཅིག་རྫོགས་པ་ཡིན་ནོ། །མཁའ་འགྲོ་མ་རྣམས་རྣམ་ངེས་ འགྲོ། །ཞེས་པས། མ་མོ་བཅུ་གཉིས་ཀྱི་ཀུན་སྤྱོད་བསྟན་པ་ཡིན་ལ། དེ་ཡང་མཁའ་འགྲོ་མ་ 2-1-163 བཞིའི་ཀུན་སྤྱོད་ཐུན་མཚམས་བཞི་དང༌། སྒོ་མཚམས་མ་བརྒྱད་ཀྱི་ཀུན་སྤྱོད་ཐུན་མཚམས་ བརྒྱད་དང་སྦྱོར་དགོས་པ་ཡིན་ལ། འོན་ཀྱང་དེ་དག་གི་ཀུན་སྤྱོད་བསྐོར་ཚུལ་ནི་གྲངས་མང་ ཉུང་གི་ཁྱད་པར་མ་གཏོགས་གོང་བཞིན་ནོ། །སྤྱིར་རིག་མ་གྲངས་མང་དུ་ཡོད་ན་རྣལ་འབྱོར་ མ་སུམ་ཅུ་རྩ་བདུན་གྱི་གནས་སུ་རིག་མ་མང་པོ་བསྡོམས་ཏེ་འགོད་པར་བྱ་བ་དང༌། ཡང་ རིག་མ་ཉུང་ངུ་ལས་མེད་ན། རེ་རེས་ཀྱང་ལྷ་མང་པོའི་གནས་འཛིན་པར་བྱེད་པ་སོགས་ཡོད་ པས། ལྷའི་གྲངས་དང༌། རིག་མའི་གྲངས་ངེས་བཟུངས་ཅན་དུ་མཉམ་པར་དགོས་པ་མ་ཡིན་ ནོ། །དེ་ཡི་མཚན་མ་ཤེས་པར་བྱ། །ཞེས་པ་ནི། དེ་དག་གི་མཚན་ཉིད་ཤེས་པར་བྱ་བའི་དོན་ ནི། དེ་ལྟར་མཁའ་འགྲོ་མ་རྣམས་ཀྱི་ཀུན་ཏུ་སྤྱོད་པ་བསྐོར་བའི་ཚུལ་གྱིས་མཆོད་པར་བྱས་ པ་ལས། དེའི་ཚེ་དེ་ཡི་གདོང་ནི་འཇིག་འགྱུར་བ། །ཞེས་དང༌། བཞིན་ནི་རྣམ་པར་འགྱུར་ བ་ཉིད། །རྟག་ཏུ་བདེ་བས་སྨིན་མ་གཡོ། །ཞེས་ལུས་ཀྱི་རྣམ་འགྱུར་འབྱུང་བ་སྟེ། དཔེར་ ན། ཕག་མོའི་གནས་སུ་མཁའ་འགྲོ་མ་ཉིད་འཁོད་པ་ན། མཁའ་འགྲོ་མའི་གདོང་འཇིག་པ་ སྟེ། སྔར་གྱི་རྣམ་འགྱུར་ལས། གཞན་ཕག་མོའི་རྣམ་པར་འགྱུར་བ་དང༌། ཕག་མོ་ཉིད་མཁའ་ འགྲོ་མའི་གནས་སུ་བཀོད་པ་ན། མཁའ་འགྲོ་མའི་རྣམ་པར་འགྱུར་བ་སོགས་འབྱུང་བ་ཡིན་ ཞིང༌། སྔར་བཤད་ཚིག་ནི་ཉམས་པ་ཉིད། །ཅེས་པ་ཡང༌། ལུས་ཀྱི་རྣམ་འགྱུར་འགྱུར་བར་ མ་ཟད། ངག་གི་ས་བོན་དང༌། སྙིང་པོའི་ཚིག་དང༌། ཆགས་པའི་སྒྲ་ཡང་ཕན་ཚུན་དུ་འགྱུར་ བ་ཡིན་ནོ། །དེའི་ཚེ་སྒྲུབ་པ་པོ་ལ་རིག་མ་དང་མཉམ་པར་སྦྱར་བའི་བདེ་སྟོང་གི་ཉམས་དང༌། རིག་མ་ལ་ཡང་ཐབས་དང་མཉམ་པར་སྦྱར་བའི་བདེ་སྟོང་གི་ཉམས་ཤིན་ཏུ་གསལ་བ་རྡོ་རྗེ་ ལྟ་བུར་བརྟན་པ་འབྱུང་བ་ཡིན་ལ། དེ་ནས་མཁའ་འགྲོ་མ་ཉིད་རང་གི་གནས་ཤར་ཕྱོགས་ལྟ་ བུར་བཟློག་པར་འགྱུར་བ་ནི། གློ་བུར་དུ་ནི་བཟློག་འགྱུར་བ་ཞེས་པས་བསྟན་ནོ། །མཁའ་ འགྲོ་མ་རྣམས་དང་ཀུན་ཏུ་སྤྱོད་པའི་སྐབས་འཇིག་རྟེན་ལ་གྲགས་པའི་སྦྱོར་བ་དྲུག་ཅུ་རྩ་བཞི་ 2-1-164 ལ་སོགས་པའི་རྣམ་པར་རོལ་པ་དུ་མ་བྱ་བ་ཡིན་ལ། དེ་ཡང་འཁྱུད་པའི་སྦྱོར་བ་ལ་བརྒྱད། འོ་བྱེད་པ་ལ་བརྒྱད། སེན་མོས་འདེབས་པ་ལ་བརྒྱད། སོས་འདེབས་པ་ལ་བརྒྱད། རྡོ་རྗེ་ དང༌། པད་མ་སྦྱོར་བར་བྱེད་པ་ལ་བརྒྱད། ངག་གི་གཞད་པ་རྣམ་པ་བརྒྱད། འཁྲིག་ཐབས་ བརྒྱད། གོ་བཟློག་པའི་སྦྱོར་བ་ལ་བརྒྱད་དེ་དྲུག་ཅུ་རེ་བཞིའི་ནང་ནས། སྒྲ་ནི་ཁུ་བྱུག་སྐད་ལྟ་ བུ། །ཞེས་བཞད་པའི་སྦྱོར་བ་དང༌། གོ་བཟློག་པ་ཡི་བལྟ་བ་ནི། །ཞེས་གོ་བཟློག་པའི་སྦྱོར་བ་ སྟེ། དེ་དག་ལ་སོགས་པ། སྦྱོར་བ་དྲུག་ཅུ་རྩ་བཞི་པོ་ཐམས་ཅད་ཤེས་པར་བྱ་ཞེས་པ་ནི། སྣ་ ཚོགས་མྱུར་ཏུ་ཤེས་བྱ་བ། །ཞེས་པས་བསྟན་ནོ། །འདི་ཡི་མཚན་མ་ཁྱིམ་དུ་ནི། །ཞེས་པ་ནས། ཁ་སྦྱོར་མེ་ལོང་ལས་ཤེས་བྱ། །ཞེས་པའི་བར་ལ། སྔར་གྱི་འཕྲོས་མཁའ་འགྲོ་མའི་ཀུན་སྤྱོད་ ལ་སྦྱར་ཏེ་བཤད་པ་དང༌། བསྐྱེད་རིམ་ཕྲ་ཐིག་དང་སྦྱར་ཏེ་བཤད་པ་གཉིས་ལས། དང་པོ་ལྟར་ན། མཁའ་འགྲོ་མའི་གནས་སུ་པད་མ་ཅན་གྱི་ཕྱག་རྒྱ་དང༌། གཟུགས་ཅན་ གནས་སུ་གླང་ཆེན་མ་དང༌། ཁཎྜ་རོ་ཧའི་གནས་སུ་རི་མོ་ཅན་མ་དང༌། གཟུགས་ཅན་མའི་ གནས་སུ་དུང་ཅན་མ་དང༌། དབུས་ཕག་མོའི་གནས་སུ་སྣ་ཚོགས་ཅན་མ་རྣམས་བཀོད་དེ། དེ་ དག་དང་མཉམ་པར་སྦྱར་བ་ལས། རྡོ་རྗེ་དང༌། པད་མའི་ཁྱིམ་དུ་ཤེས་རབ་ཀྱི་དབུ་མའི་མས་ སྣའི་རྩ་ཤིན་ཏུ་རིང་བ། རྡོ་རྗེ་ལྟ་བུའི་རྩ་ཡོད་པ་ནི། དབུས་ཀྱི་ཕྱ་རྒྱ་དང༌། དེ་བཞིན་དུ་བྱང་གི་ ཕྱག་རྒྱ་ལ་དབུ་མའི་མས་སྣའི་རྩ་རལ་གྲི་ལྟ་བུ་ཡོད་པ་དང༌། ནུབ་ཀྱི་ཕྱག་རྒྱ་ལ། དབུ་མའི་ མས་སྣའི་རྩ་མདུང་ལྟ་བུ་དང༌། ལྷོའི་ཕྱག་རྒྱ་ལ་དབུ་མའི་མས་སྣའི་རྩ་རྒྱལ་མཚན་ལྟ་བུ་ཡོད་ པ་དང༌། ཤར་གྱི་ཕྱག་རྒྱ་ལ། དབུ་མའི་མས་སྣའི་རྩ་མེ་ལོང་ཁ་སྦྱོར་ཏེ། འཁོར་ལོ་ལྟ་བུའི་ རྣམ་པ་ཡོད་པ་རྣམས་གསལ་བར་འཐོན་ཏེ། ཐབས་ཀྱི་ནོར་བུའི་བུ་གར་ཡོངས་སུ་ཆུག་པ་ན། མེ་ལོང་སྟེ་བྱང་ཆུབ་ཀྱི་སེམས་འཕོ་བ་མེད་པར་དེ་ཉིད་ཀྱིས་འཆིང་བར་བྱེད་པའོ། །དེ་ལྟར་ རྩ་དེ་ལྟ་བུའི་མཚན་མ་དང༌། གཟུགས་སུ་བྱ་བ་དང༌། མཚན་ཉིད་དེ། འདི་དག་དང་ལྡན་པ་ 2-1-165 དེ་ནི། མཁའ་འགྲོ་མ་རྣམས་ཀྱི་མཆོག་ཡིན་པར་ཤེས་པར་བྱའོ། །དེ་ལྟར་བསྟན་པའི་མཁའ་ འགྲོ་མའི་ཀུན་ཏུ་སྤྱོད་པ་ནི། རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་སྤྱོད་པའི་སྐབས་ཉིད་དུ་གཙོ་ བོར་བྱ་བ་ཡིན་ལ། དེ་ཡང་མཁའ་འགྲོ་མའི་ཀུན་ཏུ་སྤྱོད་པ་དེ་དག་བསྒྲུབས་པ་ལས། ཀུན་ སྤྱོད་བདུན་ཅུ་རྩ་གཉིས་པོ་ཡོངས་སུ་དག་པར་འགྱུར་བའི་ཉེ་བའི་རྒྱུ་བྱེད་པ་ཡིན་ཞིང༌། རྣལ་ འབྱོར་པ་ནུས་པ་ཐོབ་པས་ཀྱང་ཚུལ་དེ་ལྟར་དུ་ཉམས་སུ་བླངས་པས། རིག་བརྟུལ་ཀྱི་སྤྱོད་ པའི་རྒྱུར་འགྲོ་བའང་ཡིན་ལ། སྒྲུབ་པ་པོ་ལས་དང་པོ་པ་རྣམས་ཀྱིས་ནི། ལྷ་དྲུག་ཅུ་རྩ་གཉིས་ ལྟ་བུ་བསྒོམས་ཏེ་ཡིད་ཀྱིས་རིམ་པ་བཞིན་དུ། རྣལ་འབྱོར་མ་སུམ་ཅུ་རྩ་བདུན་པོ་རྣམས་དང༌། རེ་མོས་ཀྱིས་བསྐོར་ཏེ་རྗེས་ཆགས་ཀྱིས་མཆོད་པར་བྱ་བ་དང༌། མདུན་དུ་མཎྜལ་གྱི་སྟེང་དུ་ རྣལ་འབྱོར་མ་སུམ་ཅུ་རྩ་བདུན་བཞུགས་པ་ལ་སྔར་གྱི་བསྐོར་ཚུལ་གྱིས་མཆོད་པ་བྱ་བ་ཡང་ རིགས་ལྡན་མ་མཆོད་པའོ། །འདིས་མཚན་མ་སོགས་བསྐྱེད་རིམ་ཕྲ་ཐིག་ལྟར་བཤད་པ་ནི། རང་ཉིད་དཔལ་ཧེ་རུ་ཀ་ཡབ་ཡུམ་སྙོམས་པར་ཞུགས་པའི་རྡོ་རྗེ་དང༌། པད་མའི་ཁྱིམ་གྱི་ནང་ རྩ་གཉིས་ཕྲད་པའི་དབུས་སུ་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེའི་ནང་དུ། ཕྱག་མཚན་རྡོ་རྗེ་ཕྲ་ མོའི་དབུས་སུ་མེ་ལོང་སྟེ། དཀྱིལ་འཁོར་གྱི་འཁོར་ལོ་སྒོམ་པ་དང༌། དེ་བཞིན་དུ། རལ་གྲི་ དང༌། རིན་པོ་ཆེའི་རྒྱལ་མཚན་དང༌། མདུང་ཐུང་དང༌། མེ་ལོང་ཁ་སྦྱོར་ཏེ། འཁོར་ལོ་རྣམས་ ལ་ཡང་ངོ༌། །དཔལ་འཁོར་ལོ་སྡོམ་པ་ལས། མཁའ་འགྲོ་མའི་མཚན་མ་ཕྱག་རྒྱའི་མཚན་ཉིད་ ཀྱི་ཆོ་གའི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པ་རྣམ་པར་བཤད་ཟིན་ཏོ།། །། ༈ ལེའུ་ཉེར་བཞི་པས། ངག་གི་བརྡ་དྲུག་ཅུ་རེ་གཉིས་དང༌། དེ་དག་གི་སེབ་དུ་ལུས་བརྡ་ དྲུག་གསུངས་པའི་གྲངས་མཉམ་གྱི་དག་པ་ནི། ངག་བརྡ་དྲུག་ཅུ་རེ་གཉིས་པོ་ལྷ་དྲུག་ཅུ་རྩ་ གཉིས་དང༌། ལུས་བརྡ་དྲུག དེ་དག་ལ་རྒྱས་འདེབས་པའི་གོ་ཆའི་དཔའ་བོ་དྲུག་གི་དག་པར་ སྦྱོར་བ་ཡིན་ནོ།། །། 2-1-166 ༈ ལེའུ་ཉི་ཤུ་རྩ་ལྔ་པ་ནི། སྔ་མའི་རྗེས་དེ་ནས། འདི་བཤད་པར་བྱའོ། །དེ་ཡང་སྦ་བྱ་ཞེས་ པ་ནི། ཡུལ་གང་ལ་སྦ་ན། འཁོར་ལོ་སྡོམ་པའི་རྒྱུད་དང་ཡོངས་སུ་མཇལ་ཞིང༌། ལམ་འདིར་ ཞུགས་པ་ཡིན་ཡང༌། འདིའི་ཆེད་དུ་བྱ་བའི་གདུལ་བྱ་སྐལ་བ་དང་ལྡན་པ་མ་ཡིན་པ། མོས་པ་ དམན་པའི་སེམས་ཅན་དག་ལས་དང་དངོས་གྲུབ་ལ་རྨོངས་ཤིང༌། མི་ཤེས་པའི་སེམས་དང་ ལྡན་པ་རྣམས་ལའོ། །གང་སྦས་ན། རྐང་པ་བརྒྱད་ཀྱི་མཐར་སྦྱར་བར་བྱ་བའི་ལས་སྔགས། འདོད་པའི་དོན་ཀུན་འགྲུབ་པར་བྱེད་པ་དེའོ། །དེ་ཡང་བླ་མ་གོང་མ་རྣམས་རྐང་པ་བརྒྱད་ ཀྱི་མཐར་ཧཱུཾ་ཧཱུཾ་ཕཊ་དང༌། མགོ་བོར་ཨོཾ་སྟེ་དེ་རྣམས་སྦས་པ་ཡིན་ལ། གང་དུ་སྦས་ན་གོང་ སྔགས་བཏུའི་སྐབས་སུ་སྦས་ཞེས་འཆད་པ་ཡིན་ཡང༌། དེར་ནི་སྦས་པ་མ་ཡིན་ཏེ། ཨོཾ་ནི་དང་ པོར་སྦྱར་བར་བྱ། །ཧཱུཾ་དང་ཕཊ་ནི་ཐ་མར་སྦྱར། །ཞེས་དངོས་སུ་གསུངས་པས་སོ། །དེ་ལྟར་ ན། ཨོཾ་ན་མོ་བྷ་ག་ཝ་ཏེ་བཱི་རི་ཤཱ་ཡ་ཆེ་གེ་མོ་ཝ་ཤཾ་ཀུ་རུ་ཧུཾ་ཧཱུཾ་ཕཊ། ཞེས་པ་ལ་སོགས་པ་རྐང་ པ་རེ་རེའི་མཐར་ལས་སྔགས་འཇུག་པའི་མཚམས་སྦས་པ་ཡིན་ནོ། །རྩ་བའི་སྔགས་ཀྱི་དོན་ རྣམས་ནི་ལོགས་སུ་འཆད་པར་འགྱུར་རོ། །དཔལ་འཁོར་ལོ་སྡོམ་པ་ལས། རྩ་བའི་སྔགས་ཀྱི་ ཆོ་གའི་སྦས་པའི་ལེའུ་སྟེ་ཉི་ཤུ་རྩ་ལྔ་པ་རྣམ་པར་བཤད་ཟིན་ཏོ།། །། ༈ ལེའུ་ཉི་ཤུ་རྩ་དྲུག་པ་ལ། གཞུང་སྔ་ཕྱིའི་མཚམས་སྦྱོར་བ་དང༌། ཕོ་ཉ་མོའི་སྒྲུབ་པ་ བཤད་པ་དང༌། དམ་ཚིག་གི་ཚོགས་བཤད་པ་དང༌། སྒྲུབ་པ་པོའི་དབྱེ་བ་བསྟན་པ་དང་བཞི་ ལས། དང་པོ་ནི། དེ་ནས་ཞེས་སོགས་ཤོ་ལོ་ཀ་གཅིག་གིས་བསྟན། དེ་ཡང་ལེའུ་ཉི་ཤུ་རྩ་ལྔ་ པའི་རྗེས་དེ་ནས། གཞན་ཡང་བཤད་པར་བྱའོ། །དེ་ཡང་འཇིག་རྟེན་གསུམ་པོ་དག་ན། འདི་ དང་མཚུངས་པ་གང་ཅི་ཡང་རུང་བ་ཡོད་པ་མ་ཡིན་པའི། ཤྲཱི་ཧེ་རུ་ཀའི་སྔགས་བཤད་མ་ཐག་ པ་དེ་ཡོངས་སུ་ཤེས་ན། དེ་ཉིད་ཁོ་ན་བསྒྲུབ་པར་བྱ་བ་ཡིན་གྱི། གཞན་གསང་སྔགས་ཐམས་ 2-1-167 ཅད་ནི་ཡོངས་སུ་འདོར་བར་བྱ་བའོ། །དེ་ཡང་སྔགས་འདི་དང་སྔགས་གཞན་ཞིག་འདམ་ཁ་ བྱུང་ན། འདི་ཁོ་ན་ཡོངས་སུ་བཟུངས་ནས། གསང་སྔགས་གཞན་རྣམས་འདོར་བའི་དོན་ནོ། ། གཉིས་པ་ལ། ཕོ་ཉ་གསུམ་གྱི་སྒྲུབ་པ་མདོར་བསྟན་པ་དང༌། སྔགས་སྐྱེས་ཀྱི་སྒྲུབ་པ་བྱེ་ བྲག་ཏུ་བཤད་པ་གཉིས་ལས། དང་པོ་ནི། རིམ་དང་ཞེས་སོགས་ཤོ་ལོ་ཀ་གཅིག་གིས་བསྟན། དེ་ཡང༌། རིམ་དང་རིམ་ ལས་བཟློག་པ་ཡི། །ཞེས་པའི་དོན་འཆད་ཚུལ་མི་གཅིག་པ་ཁ་རེ་བྱུང་ཡང༌། རང་ལུགས་ ནི། སྔགས་སྐྱེས་ཀྱི་སྒྲུབ་པ་ལ་བརྟེན་ནས། ཞིང་སྐྱེས་སྒྲུབ་པ་དང༌། དེ་ལ་བརྟེན་ནས་ལྷན་ སྐྱེས་སྒྲུབ་པར་བྱེད་པ་ནི་ལུགས་འབྱུང་གི་རིམ་པ་དང༌། ཡང་ལྷན་སྐྱེས་ཀྱི་བཀའ་ལ་བརྟེན་ ནས་ཞིང་སྐྱེས་ཀྱི་བཀའ་དང༌། དེའི་བཀས་ཡོངས་སུ་བསྐུལ་བ་ལས་སྔགས་སྐྱེས་སྒྲུབ་པ་པོ་ ལ་འགྲུབ་སྟེ་མཉེས་པར་འགྱུར་བ་ཡིན་པ་ནི། རིམ་པ་ལས་བཟློག་པའོ། །དེ་ལྟར་ན་སྒྲུབ་པ་ པོས། སྔགས་སྐྱེས། ཞིང་སྐྱེས། ལྷན་སྐྱེས་གསུམ་པོ་སྔ་མ་སྔ་མ་ལ་བརྟེན་ནས། ཕྱི་མ་ཕྱི་མ་ སྒྲུབ་པར་བྱེད་པ་ཡིན་ཀྱང༌། དེ་འགྲུབ་ཅིང༌། མཉེས་པ་ནི། ཕྱི་མ་ཕྱི་མས་ཡོངས་སུ་བསྐུལ་ བ་ལས་འབྱུང་བ་ཡིན་ནོ། །དེ་ལྟར་རིམ་པ་དང༌། རིམ་པ་ལས་བཟློག་པ་ཡི། ཕོ་ཉ་གསུམ་ པོ་རྣམས་ནི། ཡང་དག་པར་དངོས་གྲུབ་ཀྱི་གྲོགས་མཛད་པའི་ཚུལ་གྱིས་གནས་པའོ། །དེ་ ཡང་ཞིང་སྐྱེས་ཀྱི་ས་འོག་སྟེ། ཐུན་མོང་གི་དངོས་གྲུབ་སྟེར་བར་བྱེད་པ་དང༌། ལྷན་སྐྱེས་ཀྱི་ ས་སྟེང་གྲུབ་སྟེ། མཆོག་གི་དངོས་གྲུབ་སྟེར་བར་བྱེད་པ་ཡིན་ལ། བདག་གི་ཕོ་ཉ་མོ་སྔགས་ སྐྱེས་ཀྱིས་ནི། མཆོག་དང་ཐུན་མོང་གི་དངོས་གྲུབ་གཉིས་ཀར་གྱི་གྲོགས་བྱེད་པས་ན། ཀུན་ ཏུ་འགྲོ་ཞེས་བསྟན་པ་ཡིན་ལ། འདིས་ལོགས་སུ་དངོས་གྲུབ་སྒྲུབ་མི་ནུས་པའང་མ་ཡིན་ཏེ། ཕྲ་མོའི་དངོས་གྲུབ་རྣམས་སྟེར་བར་བྱེད་པས་སོ། ། གཉིས་པ་ནི། གང་ཞིག་རྟག་ཏུ་སྔགས་སྦྱིན་པ། །དེ་ཡི་དེ་ཉིད་ཆོ་གར་བཤད། །ཅེས་པ་ 2-1-168 ཡར་བླངས་ཏེ། དེ་ཡང་བུད་མེད་གང་ཞིག་སྒྲུབ་པ་པོ་རང་ཉིད་ཀྱི་ཕོ་ཉ་མོར་སྒྲུབ་ཏུ་རུང་བ་ལྷ་ དང་བླ་མས་ལུང་བསྟན་པའམ། རང་ཉིད་ཀྱིས་བརྟགས་ལས་ཡོངས་སུ་ཤེས་པའི་བུད་མེད་དེ་ ལ་སྔགས་སྦྱིན་པ་སྟེ། དབང་བསྐུར་ནས་དམ་ཚིག་དང་ལྡན་པར་བྱེད་པ་དེ་ཉིད་སྔགས་སྐྱེས་ ཀྱི་ཕོ་ཉ་མོ་སྒྲུབ་པ་དེ་ཡི་ཆོ་གར་བཤད་དོ། །དེ་ལྟ་བུའི་སྔགས་སྐྱེས་དེ་ཡང་གང་ཞེ་ན། མ་དང་ ཞེས་སོགས་ཚིགས་གཉིས་ཀྱིས་བསྟན་པ་ལྟར། རང་ཉིད་གསང་དབང་ཞུ་བའི་དུས་ཀྱི། སློབ་ དཔོན་གྱི་ཕྱག་རྒྱ་ནི་མ་དང༌། རང་ཉིད་དང་སློབ་དཔོན་གཅིག་པར་གྱུར་པའི་བུད་མེད་ནི་སྲིང་ མོ་དང༌། རང་ཉིད་ཀྱིས་དབང་བསྐུར་བ་སྦྱིན་པར་བྱས་པའི་བུད་མེད་ནི་བུ་མོ་དང༌། རང་ཉིད་ ཀྱིས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའི་དུས་ཀྱི་ཕྱག་རྒྱ་ནི་ཆུང་མ་སྟེ། དེ་དག་ལ་སོགས་ པའི་ཕོ་ཉ་ཀུན་གནས་པའོ། །དེ་ལྟ་བུའི་ཕོ་ཉ་དེས་སྒྲུབ་པ་པོ་ལ། དངོས་གྲུབ་སྟེར་བའི་ཚུལ་ ནི། ཕོ་ཉ་མོ་དེ་ཀུན་འགྲུབ་སྟེར། །ཞེས་སོགས་ཀྱི་བསྟན་པ་ལྟར། སྔགས་སྐྱེས་ཀྱི་ཕོ་ཉ་མོ་དེ་ སྒྲུབ་པ་པོས་མཉེས་པར་བྱས་པ་ལས། དངོས་གྲུབ་ཀུན་སྟེར་བར་བྱེད་པ་ཡིན་ལ། དེ་མཉེས་ པར་བྱེད་པའི་ཚུལ་ཡང༌། ཕོ་ཉ་མོ་དེ་མིག་གིས་མཐོང་བ་དང༌། ལུས་ཀྱིས་ཡོངས་སུ་རེག་པ་ དང༌། ཙུམྤ་ན་སྟེ་འོ་བྱེད་པ་དང༌། ཡོངས་སུ་འཁྱུད་པ་ལ་སོགས་པ། རྗེས་ཆགས་ཀྱི་སྤྱོད་པ་ སྣ་ཚོགས་པ་དང་བཅས་ཏེ་སྙོམས་པར་ཞུགས་པ་ལས། རྣལ་འབྱོར་གྱི་གནས་ཐབས་ཤེས་ ཀྱི་རྩ་གཉིས་ཡོངས་སུ་ཕྲད་པ། ནོར་བུའི་རྩེ་མོར་བྱང་ཆུབ་ཀྱི་སེམས་ཡོངས་སུ་བཅིངས་པའི་ ལྷན་སྐྱེས་ཀྱི་བདེ་བ་ཉིད་ཀྱིས་མཆོད་པས་མཉེས་པར་བྱེད་པ་ཡིན་ནོ། །དེ་ལྟར་སྔགས་སྐྱེས་ ཀྱི་ཕོ་ཉ་མོ་དེ་མཉེས་པ་ན། ཞིང་སྐྱེས་དང༌། ལྷན་སྐྱེས་ཀྱི་རྣལ་འབྱོར་མའི་ཚོགས་པ་ཇི་སྙེད་ པ་ཐམས་ཅད་ཀྱང་སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ་བར་མངོན་དུ་ཕྱོགས་པར་བྱེད་པར་བཤད་ དོ། །དེ་ལྟ་བུའི་སྔགས་སྐྱེས་སྒྲུབ་པའི་ཆོ་ག་དབང་བསྐུར་བ་སྦྱིན་པ་དེ་ཡང་ལུང་བསྟན་པ་ལ་ སོགས་པ་ཐོབ་པའི་བུད་མེད་དམ་ཚིག་ལ་གནས་པར་བསླུ་བ་མེད་པའི་བདེན་པ་ཅན་ཀུན་ 2-1-169 ལ་སྦྱིན་པར་བྱ་བ་ཡིན་གྱི། དེ་ལས་གཞན་དུ་གྱུར་པ་རྣམས་ལ་ནམ་ཡང་མ་ཡིན་ནོ། །ཞེས་པ་ ནི། བདེ་ཅན་ཀུན་ལ་སྦྱིན་བྱ་ཡི། །གཞན་དུ་ནམ་ཡང་མ་ཡིན་ནོ། །ཞེས་པས་བསྟན་ནོ། ། གསུམ་པ་ལ། དམ་ཚིག་བཤད་པར་ཞལ་གྱིས་བཞེས་པ་དང༌། དམ་ཚིག་དངོས་བཤད་ པ་གཉིས་ལས། དང་པོ་ནི། དེ་ནས་ཞེས་སོགས་ཚིག་གཉིས་ཀྱིས་བསྟན། དེ་ཡང་རྣལ་འབྱོར་ ཕ་རྒྱུད་རྣམས་སུ་ཡང་ཤིན་ཏུ་རྙེད་པར་དཀའ་བའི་དམ་ཚིག ཧེ་རུ་ཀ་ང་ཡིས་བསྟན་པར་བྱ། ཞེས་པའོ། ། གཉིས་པ་ནི། སྐྱེས་པ་བུད་མེད་གཡོན་ནས་འགྲོ། །ཞེས་པ་ནས། ཕོ་ཉ་མོ་རྣམས་ཡང་ དག་གནས། །ཞེས་པའི་བར་གྱིས་བསྟན། དེ་ཡང་འཁོར་ལོ་སྡོམ་པའི་སྒྲུབ་པ་པོ་སྐྱེས་པ་དང་ བུད་མེད་གང་ཡིན་ཡང་རུང༌། གཡོན་ནས་འགྲོ་བ་སྟེ། གཡོན་པའི་ཀུན་སྤྱོད་ལ་འཇུག་པ་ དང༌། འདིའི་འགྲོ་བ་ནི་འཇུག་པའི་དོན་ཏེ། དཔེར་ན་ཡུལ་དུས་དེ་དང་དེར། ཚོང་ཟོག་དེ་དང་ དེ་འཇུག་པ་ལ། དེའི་དུས་སུ་ཟོང་འདི་འགྲོ་ཞེས་བརྗོད་པ་བཞིན་ནོ། །དེས་ན་གཡོན་པའི་ ཀུན་སྤྱོད་ཀྱི་དམ་ཚིག་ལ་གནས་པར་བྱས་པས། དཔའ་བོ་དང༌། རྣལ་འབྱོར་མ་རྣམས་ཀྱིས་ སྒྲུབ་པ་པོ་དེ་ལ་འདོད་པའི་དངོས་གྲུབ་སྟེར་བར་བྱེད་པ་ཡིན་ནོ། །དེ་ལྟ་ན་གྲོང་ཁྱིམ་སོ་སོ་ དང༌། ཡུལ་ཉི་ཤུ་རྩ་བཞི་ལ་སོགས་པའི་ཞིང་རྣམས་སུ་གནས་པའི་རྡོ་རྗེ་རྣལ་འབྱོར་མ་རྣམས་ ཀྱིས་སྒྲུབ་པ་པོས་གཡོན་པའི་ཀུན་སྤྱོད་བྱས་པ་མི་མཁྱེན་པའི་ཕྱིར། འདོད་པའི་དངོས་གྲུབ་ སྩོལ་བ་མེད་དོ་སྙམ་ན་ཁྱིམ་དང༌། ཞིང་སོ་སོར་ཡོངས་སུ་གནས་པའི་རྣལ་འབྱོར་མ་ཐག་ཤིན་ ཏུ་རིང་བར་གནས་པ་རྣམས་ཀྱིས་ཀྱང༌། མངོན་པར་ཤེས་པས་ཡོངས་སུ་མཁྱེན་ཏེ། དངོས་ གྲུབ་སྟེར་བར་མཛད་པ་ཡིན་ནོ། །ཧེ་རུ་ཀ་ལས་སྦྱོར་གཞན་མེད། །ཅེས་པ་ནི། ཧེ་རུ་ཀ་འཁོར་ ལོ་སྡོམ་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་རྣལ་འབྱོར་ཁོ་ན་བསྒོམ་པར་བྱ་བ་ཡིན་ གྱི། དེ་ལས་གཞན་པའི་རྣལ་འབྱོར་སྒོམ་པར་བྱ་བ་མ་ཡིན་པ་དང༌། སྤྱིར་ཡང་ཤེས་རབ་རྣལ་ 2-1-170 འབྱོར་མའི་ཚོགས་པ་རྣམས་ལ་གུས་པར་བྱ་དགོས་པ་ཡིན་ལ། ཁྱད་པར་དུ་ཡང༌། སྔགས་ སྐྱེས་དང༌། ཞིང་སྐྱེས་དང༌། ལྷན་སྐྱེས་ཀྱི་རྣལ་འབྱོར་མ་རྣམས་ནི་སྒྲུབ་པ་པོ་རང་ཉིད་ཀྱི་སློབ་ དཔོན་ཉིད་ཡིན་པས་ཤིན་ཏུ་གུས་པར་བྱ་དགོས་པ་དང༌། དེ་ལྟར་བཤད་མ་ཐག་པའི་དམ་ ཚིག་དེ་དག་ལ་གནས་པའི་སྒྲུབ་པ་པོ་འཁོར་ལོ་སྡོམ་པའི་རྒྱུད་འདི་རུ་ནི་ལེགས་པར་འགྱུར་ བ་ཉིད་ཡིན་ཏེ། དངོས་གྲུབ་ཀྱི་ཁྱད་པར་རྣམས་མྱུར་ཏུ་ཐོབ་པར་འགྱུར་བས་སོ། ། བརྙས་མི་བྱ་ཞིང་སྤང་མི་བྱ། །ཞེས་པས་ནི། རྩ་ལྟུང་བཅུ་པ་དང༌། བདུན་པ་གཉིས་མ་ གཏོགས། ལྷག་མ་བཅུ་གཉིས་པོ་བསྟན་པ་ཡིན་ཏེ། རྩ་ལྟུང་དང་པོ་དང༌། གསུམ་པ་དང༌། དྲུག་པ་དང༌། བརྒྱད་པ་དང༌། བཅུ་བཞི་པ་རྣམས་ནི། རིམ་པ་བཞིན་དུ། སློབ་དཔོན་དང༌། རྡོ་ རྗེ་སྤུན་དང༌། རང་གཞན་གྱི་གྲུབ་པའི་མཐའ་དང༌། རང་ཉིད་ཀྱི་ཕུང་པོ་དང་བུད་མེད་རྣམས་ ལ་བརྙས་པར་བྱས་པ་ཡིན་ལ། རྩ་ལྟུང་གཉིས་པ་དང༌། བཞི་པ་དང༌། ལྔ་པ་དང༌། དགུ་པ་ དང༌། བཅུ་གཅིག་པ་རྣམས་ནི། རིམ་པ་བཞིན་དུ། སློབ་དཔོན་གྱི་བཀའ་དང༌། བྱམས་པ་ དང༌། བྱང་ཆུབ་ཀྱི་སེམས་དང༌། རང་བཞིན་གྱིས་དག་པའི་ཆོས་དང༌། མིང་སོགས་དང་བྲལ་ བ་གནས་ལུགས་དེ་བཞིན་ཉིད་རྣམས་སྤངས་པའོ། །ཚོགས་ཀྱི་འཁོར་ལོ་ལ་སོགས་པའི་དུས་ སུ། དམ་ཚིག་གི་རྫས་མི་བརྟེན་པའི་རྩ་ལྟུང་བཅུ་གསུམ་པ་ནི། བརྙས་སྤངས་གཉིས་ཆར་ ཡིན་ནོ། །ཅི་ནུས་པས་ནི་མཆོད་པར་བྱ། །ཞེས་པ་ནི། བླ་མ་དང༌། ཡི་དམ་དང༌། རྡོ་རྗེ་མཁའ་ འགྲོ་མ་རྣམས་མཆོད་པར་བྱེད་པའོ། །དེ་ལྟར་དམ་ཚིག་དེ་རྣམས་ལ་ཡང་དག་པར་གནས་ པའི་སྒྲུབ་པ་པོ་ལ། ཁྭ་གདོང་ལ་སོགས་པའི་མ་མོ་བརྒྱད་པོ་འདི་དག་མོས་པ་དང༌། དད་པ་ འཕེལ་བར་བྱེད་པ་སྟེ་མཉེས་པར་གྱུར་པས་རྟག་ཏུ་བུ་སྡུག་པོ་ལྟར་སྐྱོང་བར་མཛད་པ་དང༌། རྟག་པར་དངོས་གྲུབ་རྣམས་ཀྱི་ཡང་རྒྱུར་གྱུར་པ་ཡིན་ནོ། །དམ་ཚིག་རྣམས་ཀྱང་སྐྱོང་བའོ། །ཞེས་པས། གཡོན་པའི་ཀུན་སྤྱོད་ལ་གནས་པའི་དམ་ཚིག་བསྟན་པ་དང༌། ལྷ་མོ་གཞན་དང་ 2-1-171 ཀུན་སྦྱོར་བ། །ཞེས་སོགས་ཚིག་གཉིས་ཀྱིས་སྔགས་སྐྱེས་ཀྱི་སྒྲུབ་པ་བྱེད་པའི་དུས་ཀྱི་དམ་ ཚིག་བསྟན་པ་སྟེ། དེ་ཡང་སྒྲུབ་པ་པོ་རང་ཉིད་ཀྱི་སྔགས་སྐྱེས་ཀྱི་ཕོ་ཉ་མོ་ཇི་ཙམ་བཟུང་བ་ དེ་མ་གཏོགས། ལྷ་མོ་སྟེ་བུད་མེད་གཞན་དང་ཀུན་ཏུ་སྦྱོར་བ་རྣམ་པར་རྨོངས་པ་སྟེ། བསྙེན་ བཀུར་དང༌། འདོད་ཆགས་ལ་སྲེད་པས་བྱ་བ་མ་ཡིན་ནོ། །འདི་ལ་མལ་འགྱུར་ལས། འདོད་ ལ་ཆགས་པར་འགྱུར་འགྲོ་བ། །ཞེས་འབྱུང་ཡང༌། འགྱུར་གཞན་ལས། རྣམ་པར་རྨོངས་པས་ འདོད་པ་མིན། །ཞེས་འབྱུང་བ་བདེའོ། །དེ་ཡང་རང་ཉིད་ཀྱི་སྔགས་སྐྱེས་ཀྱི་ཕོ་ཉ་མོས་བཀའི་ གནང་བ་བྱུང་བ་མ་ཡིན་པར། བུད་མེད་གང་ཞིག་བྱད་བཞིན་མཛེས་པ་དང༌། རྒྱལ་རིགས་ རྗེ་རིགས་སོགས་ནོར་དང་ལྡན་པ་དག་ལ་ཉོན་མོངས་པའི་བསམ་པས་ཕྱག་རྒྱར་བསྟེན་ན། ཕོ་ཉ་མོའི་དམ་ཚིག་ཉམས་ཏེ། ཕོ་ཉའི་དངོས་གྲུབ་ཐོབ་པར་མི་འགྱུར་རོ། །གཉིས་སུ་མེད་ དང༌། ཞེས་པ་ནི། གཟུང་བ་དང༌། འཛིན་པ་གཉིས་མེད་པའི་སྟོང་པ་ཉིད་བདེ་བ་ཆེན་པོ་དང་ ཡང་དག་པར་སྦྱོར་བ་སྒོམ་པར་བྱེད་པ་དང༌། ཐོགས་པ་མེད་པ་ནི། འཁོར་ལོ་སྡོམ་པའི་ལམ་ འདི་ལས་ལམ་གཞན་མཆོག་ཏུ་འཛིན་པ་ཡོངས་སུ་སྤངས་ཏེ། ལམ་གཞན་གྱི་ཡིད་མི་འཕྲོག་ པ་ཞིག་དགོས་པ་ཡིན་ལ། མི་གཡོ་བདག་གཞན་གཉིས་ཡོད་པ། །ཞེས་པའི་ཚིག་ཡོད་པ་ ལྟར་ན། བདག་གཞན་གཉིས་མེད་པ་གཉིས་མེད་དང༌། མི་གཡོ་བ་ནི། ལམ་གཞན་ལ་ཡིད་ མི་གཡོ་བ་ཐོགས་མེད་དང་སྦྱོར་བ་ཡིན་ནོ། །དམ་ཚིག་སྤྱོད་པ་སྤྱད་པ་དང༌། ཞེས་པས། རིག་ མ་བསྟེན་པའི་དམ་ཚིག་བསྟན་པ་ཡིན་ཏེ། དེ་ཡང་སམྦུ་ཊཱི་ལས་གསུངས་པ་ལྟར། རབ་ཞག་ རེ་བཞིན་ཐུན་བཞིའམ་དྲུག་ཏུ་བསྟེན་པ་དང༌། དེ་ལྟ་མིན་ན་ཟླ་བ་རེ་དང༌། ལོ་རེའི་མཚམས་ སུ་བསྟེན་དགོས་པ་ཡིན་ལ། འདི་དག་ཀྱང་ཕྱག་རྒྱ་བསྟེན་པའི་ནུས་པ་དང་ལྡན་པ་རྣམས་ལ་ ཡིན་གྱི། ནུས་པ་དང་མི་ལྡན་པ་རྣམས་ཀྱིས་ནི། ཡེ་ཤེས་ཀྱི་རིག་མ་བསྟེན་པ་སྟེ། ལྷ་དྲུག་ཅུ་ རྩ་གཉིས་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམས་ཏེ། གསང་བའི་མཆོད་པ་བྱེད་པ་ལྟ་བུའོ། 2-1-172 །བུད་མེད་དབང་ཕྱུག་ཤིན་ཏུ་སྦྱོར། །ཞེས་པ་ནི། འདི་ཡང་ཕོ་ཉ་མོའི་སྒྲུབ་པའི་དུས་ཀྱི་དམ་ ཚིག་སྟེ། བུད་མེད་དབང་ཕྱུག་ནི། ཐ་མལ་པའི་བུད་མེད་མ་ཡིན་པར། ཕོ་ཉ་གསུམ་པོ་གང་ ཡང་རུང་བ་སྟེ། དེ་དང་ཤིན་ཏུ་སྦྱོར་བ་ནི། དཔེར་ན་ཞིང་སྐྱེས་ཀྱི་སྒྲུབ་པ་ལ་ཞུགས་ཏེ། དེའི་ སྒྲུབ་པ་མཐར་མ་ཕྱིན་པ་དེ་སྲིད་དུ། ཞིང་སྐྱེས་ཀྱི་ཕོ་ཉ་མོ་དང་རྟག་ཏུ་མཉམ་པར་སྦྱོར་བ་སྟེ། ཉིན་ཞག་རེ་རེ་བཞིན། ཐུན་དྲུག་དང༌། བཞི་ལ་སོགས་པའོ། །ཚངས་སྤྱོད་དེ་བཞིན་བསམ་ གཏན་གནས། །ཞེས་པ་ནི། བྱང་ཆུབ་ཀྱི་སེམས་འཕོ་བ་མེད་པའི་ཚངས་སྤྱོད་ལ་གནས་ཤིང༌། དེའི་ཚེ་དགའ་བ་བཞི་ལ་སོགས་པའི་བདེ་བ་སྒོམ་པ་ནི་བསམ་གཏན་ལ་གནས་པའི་དོན་ནོ། །ཁྲོ་མེད་རྒྱུན་གྱིས་ཀུན་ཏུ་སྤྱོད། །ཞེས་པ་ནི། ཤེས་རབ་ཀྱི་བདུད་རྩི་ལྔ་ལ་སོགས་པ་ལེན་ པར་བྱེད་པ་ལ། རྣམ་པར་རྟོག་པའི་སྒོ་ནས་ཁྲོ་བའི་ཚུལ་གྱིས་སྤོང་བ་མ་ཡིན་པར། དུས་རྒྱུན་ དུ་གུས་པའི་ཚུལ་གྱིས་ཀུན་ཏུ་སྤྱོད་པར་བྱེད་པའོ། །དེ་ལྟར་གཡོན་པའི་ཀུན་སྤྱོད་དང༌། ལྷ་ མོ་གཞན་དང༌། འདོད་རྨོངས་གི་ཀུན་ཏུ་སྦྱོར་བ་དང༌། གཉིས་མེད་བདེ་སྟོང་གི་ལྟ་བ་སྒོམ་ པ་དང༌། ཐོགས་མེད་ལམ་གཞན་གྱི་མི་དཀྲི་བ་དང༌། རིག་མ་བསྟེན་པར་བྱ་བ་དང༌། བུད་ མེད་དབང་ཕྱུག་དང་ཤིན་ཏུ་སྦྱོར་བ་དང༌། འཕོ་མེད་ཚངས་སྤྱོད་ཀྱི་བསམ་གཏན་ལ་གནས་ པ་དང༌། ཕྱག་རྒྱའི་བདུད་རྩི་ལྔ་མི་སྤོང་ཞིང་བསྟེན་པ་སྟེ་བརྒྱད་པོ་འདི་རྣམས་འཁོར་ལོ་སྡོམ་ པའི་ཐུན་མོང་མ་ཡིན་པའི་དམ་ཚིག་གི་ཀུན་ཏུ་སྤྱོད་པ་ཡིན་ནོ། །བརྒྱད་པོ་དེ་དག་ཀྱང་གཙོ་ བོར་ཕོ་ཉ་གསུམ་གྱི་སྒྲུབ་པ་ལ་གནས་པའི། སྒྲུབ་པ་པོ་ཡིས་རྟག་ཏུ་ཤེས་པར་བྱས་ནས་ སྤང་བླང་དུ་བྱ་བ་ཡིན་ནོ། །རྒྱུད་ཀུན་གྱི་ཐུན་མོང་པའི་དམ་ཚིག་རྩ་བའི་ལྟུང་བ་བཅུ་བཞི་ལ་ སོགས་པ་རྣམས་ནི། གཞན་དོན་དུ་འགྱུར་བ་ལ་སོགས་པའི་རྒྱུ་མེད་པར་ཉམས་པར་མི་བྱ་བ་ སྟེ། ཡང་དག་པར་བསྲུང་དགོས་པ་ཡིན་ལ། དེ་ལྟར་ན་དད་པ་དང་བཅས་པས། དམ་ཚིག་དེ་ དག་བླང་བར་བྱ་ཡིན་ནོ། །དམ་ཚིག་ཕྲ་མོ་དེ་རྣམས་སྤངས་བླང་དུ་བྱས་པ་ལས། ཕན་ཡོན་ 2-1-173 མིག་གིས་དངོས་སུ་མཐོང་བ་དང༌། ལག་པས་རེག་ཏུ་ཡོད་པ་ལྟ་བུ་མ་ཡིན་མོད། འོན་ཀྱང་ དམ་ཚིག་དེ་རྣམས་སྤང་བླང་དུ་བྱས་པ་དང༌། མ་བྱས་པ་ལས་སེམས་རྣམ་པར་གྲོལ་བ་དང༌། གྲོལ་བར་མི་འགྱུར་བའི་ཁྱད་པར་ཆེན་པོ་ཡོད་པ་ཡིན་ནོ། །དེ་ལྟར་བཤད་པའི་གསང་བ་འདི་ ནི། སྣོད་མིན་ལ་མི་བསྟན་ཞིང༌། རབ་ཏུ་འབད་དེ་སྦ་བར་བྱ་དགོས་པ་ཡིན་ལ། འདིས་ནི་རྩ་ ལྟུང་བདུན་པ་བསྟན་པའང་ཡིན་ནོ། །བློ་ལྡན་མཐེའུ་ཆུང་བསྐྱོད་པ་ནི། །ཞེས་པའི་དོན། བློ་ ལྡན་སྒྲུབ་པ་པོས། མཐེའུ་ཆུང་གི་སྒྲས་བསྟན་པ། ཕོ་ཉ་མོ་རྣམས་ཡིན་ལ་དེའི་གསང་བའི་ རྩ་ཡོངས་སུ་འཚོལ་ཞིང་བསྐྱོད་པའི་རྗེས་ཆགས་ཀྱི་སྒོ་ནས། མཆོད་པར་བྱས་ན། ཕོ་ཉ་མོ་ རྣམས་ཡང་དག་པར་དགྱེས་པའི་ཚུལ་གྱིས་གནས་པར་འགྱུར། ཞེས་པ་སྟེ། འདིས་ནི་ཤེས་ རབ་ཡེ་ཤེས་ཀྱི་དབང་གི་དམ་ཚིག་བསྟན་པ་ཡིན་ནོ། ། བཞི་པ་ནི། དག་དང་ཞེས་སོགས་ཤོ་ལོ་ཀ་གཅིག་གིས་བསྟན། དེ་ཡང་སྒྲུབ་པ་པོ་ནི་རྣམ་ པ་གསུམ་སྟེ། མ་དག་པ་དང༌། དག་པ་དང་མ་དག་པ་འདྲེས་མ་དང༌། དག་པའི་སྒྲུབ་པ་པའོ། །དང་པོ་ནི། མཉེས་པར་བྱེད་པའི་ཡོན་ཏན་དང་ལྡན་པའི་མི། གཉིས་པ་ནི། གསལ་བྱེད་ཀྱི་ ཡོན་ཏན་དང་ལྡན་པའི་མི། གསུམ་པ་ནི་རྣམ་པར་དག་པའི་ཡོན་ཏན་དང་ལྡན་པའི་མིའོ། །དེ་ ཡང་དང་པོ་ནི་བསྐྱེད་པའི་རིམ་པའི་ཏིང་ངེ་འཛིན་བསྒོམས་ནས། ལྷ་རྣམས་མཉེས་པར་གྱུར་ པའི་ཡོན་ཏན་དང་ལྡན་པ་ཡིན་ཀྱང༌། རང་བཞིན་བརྒྱད་ཅུའི་རྣམ་པར་རྟོག་པས་མ་དག་པས་ ན། མ་དག་པའི་སྒྲུབ་པ་པོར་འཇོག་པ་ཡིན་ལ། གཉིས་པ་ནི། རྫོགས་རིམ་བདེ་སྟོང་གི་ཏིང་ ངེ་འཛིན་དང་པོར་སྐྱེས་པས་གསལ་བར་བྱས་པ་ཙམ་ཡིན་ཡང༌། ཤིན་ཏུ་གོམས་པར་གྱུར་པ་ མ་ཡིན་ཞིང༌། རང་བཞིན་བརྒྱད་ཅུའི་རྣམ་རྟོག་རྫོགས་པར་སྤངས་པའང་མ་ཡིན་པ་སྟེ། འདི་ ནི་རྒྱུད་རིམ་ནས། ཡེ་ཤེས་ཀྱི་རིམ་པའི་ཕྱེད་སྔ་མ་མན་ཆད་ལ་གནས་པའི་སྒྲུབ་པ་པོའོ། ། གསུམ་པ་ནི། རང་བཞིན་བརྒྱད་ཅུའི་རྣམ་རྟོག་གིས་རྣམ་པར་དག་པ་སྟེ། ཡེ་ཤེས་ཀྱི་ 2-1-174 རིམ་པའི་ཕྱེད་ཕྱི་མ་ནས། གསང་རིམ་ལ་གནས་པའི་སྒྲུབ་པ་པོའོ། །དཔལ་འཁོར་ལོ་སྡོམ་པ་ ལས། སློབ་མ་ཡོངས་སུ་བརྟག་པ་དང༌། སྡོམ་པའི་ཆོ་གའི་ལེའུ་སྟེ་ཉི་ཤུ་རྩ་དྲུག་པ་རྣམ་པར་ བཤད་ཟིན་ཏོ།། །། ༈ ལེའུ་ཉི་ཤུ་རྩ་བདུན་པ་ལ། བཤད་པར་ཞལ་གྱིས་བཞེས་པ་དང༌། ཕོ་ཉ་མོའི་སྒྲུབ་པ་ བཤད་པ་དང༌། གཙང་སྦྲ་གསུམ་བཤད་པ་དང༌། གཏོར་མའི་ཆོ་ག་བཤད་པ་དང་བཞི་ལས། དང་པོ་ནི། དེ་ནས་ཞེས་སོགས་ཚིག་གཉིས་ཀྱིས་བསྟན། དེ་ཡང་ལེའུ་ཉེར་དྲུག་པའི་རྗེས་དེ་ ནས། དཔའ་བོའི་སྤྱོད་པ་དང༌། དཔའ་བོའི་བརྟུལ་ཞུགས་དང༌། དཔའ་བོས་ཕོ་ཉ་མོ་རབ་ཏུ་ སྒྲུབ་པར་བྱེད་པའི་ཚུལ་རྣམས་བཤད་པར་བྱའོ། །ཞེས་པའི་དོན་ནོ། ། གཉིས་པ་ལ། ཕོ་ཉ་མོའི་སྒྲུབ་པ་ལ་འཇུག་པའི་ཡན་ལག་བཤད་པ་དང༌། ཕོ་ཉ་མོའི་ སྒྲུབ་པ་དངོས་བཤད་པ་གཉིས་ལས། དང་པོ་ལ་ཡང༌། ཕོ་ཉ་མོ་སྒྲུབ་པའི་དགོས་པ། ཕོ་ཉ་མོ་ འཚོལ་བའི་ཚུལ། ཕོ་ཉ་མོའི་དཔེ། ཕོ་ཉ་མོའི་ཕན་ཡོན་དང་བཞི་ལས། དང་པོ་ནི། མྱུར་ཏུ་སྒྲུབ་བྱེད་འཇུག་པར་འགྱུར། །ཞེས་པ་སྟེ། ཕོ་ཉ་མོའི་སྒྲུབ་པ་ལ་ བརྟེན་ནས། དངོས་གྲུབ་རྣམས་དུས་མྱུར་བ་ཉིད་དུ་ཐོབ་པ་ལ་འཇུག་པར་འགྱུར་བའོ། ། གཉིས་པ་ནི། མཚན་ཉིད་ཅེས་སོགས་ཚིག་གསུམ་གྱིས་བསྟན། དེ་ཡང་ཕོ་ཉ་མོའི་ གཟུགས་ཏེ། རང་བཞིན་རྣམས་དང་བརྡ་དང༌། བརྡའི་ལན་ལ་སོགས་པ་མཚོན་པ་སྟེ། གོ་ བར་བྱས་པ་ཡིས་མཚན་ཉིད་ཐམས་ཅད་ཡོངས་སུ་ཤེས་པར་བྱས་ནས། ཡུལ་ཉི་ཤུ་རྩ་བཞི་ ལ་སོགས་པའི་ཞིང་རྣམས་སུ། དེ་འཚོལ་བའི་ཕྱིར་འགྲོ་བར་བྱེད་པ་ཡིན་ནོ། ། གསུམ་པ་ནི། ཕོ་ཉ་རལ་གྲིའི་སོ་འདྲ་ཞིང༌། །ཞེས་པ་སྟེ། དཔེར་ན་ཤིན་ཏུ་རྣོ་ངར་དང་ ལྡན་པའི་རལ་གྲིའི་སོས། འཁྲུལ་འཁོར་ལེགས་ན་ཕ་རོལ་པོ་གསོད་པར་བྱེད་ཅིང༌། དེ་ལྟ་ མིན་ན་རང་ཉིད་གསོད་པར་བྱེད་པ་བཞིན་དུ། ཕོ་ཉ་རྣམ་པ་གསུམ་གྱི་སྒྲུབ་པ་ཡང༌། ཚུལ་ 2-1-175 བཞིན་དུ་འགྲུབ་ན་དངོས་གྲུབ་ཐམས་ཅད་བདེ་བླག་ཏུ་ཐོབ་པར་འགྱུར་བ་ཡིན་ཅིང༌། དམ་ ཚིག་ཉམས་པ་ལ་སོགས་པའི་ཉེས་པས། ཇི་བཞིན་མ་འགྲུབ་ན། དངོས་གྲུབ་ཐོབ་པ་ལྟ་ཞོག རང་ཉིད་འཆི་བ་ལ་སོགས་པའི་བར་དུ་གཅོད་པ་ཆེན་པོར་འགྱུར་བ་ཡིན་ནོ། ། བཞི་པ་ནི། དག་བྱེད་ཞེས་སོགས་ཚིག་ལྔས་བསྟན། དེ་ཡང་ཕོ་ཉ་རྣམ་པ་གསུམ་གྱི་སྒྲུབ་ པ་ཉམས་སུ་བླང་བར་བྱས་པས། སྒྲུབ་པ་པོ་རང་ཉིད་ཀྱི་ཚེ་འདིའི་ཆགས་ཆེ་ཉམས་ང་ལ་ སོགས་པ་མི་མཐུན་པའི་ཕྱོགས་རྣམས་དང༌། ཕྱི་མར་ལས་ཀྱི་སྒྲིབ་པ་དཔག་ཏུ་མེད་པ་དག་ པར་བྱེད་ཅིང༌། ཡང་ཚེ་འདིར་ཚེ་དང་བསོད་ནམས་འབྱོར་པ་ལ་སོགས་པ་རྣམས་དང༌། ཕྱི་ མར་དགེ་ཆོས་ཡོན་ཏན་གྱི་ཚོགས་དཔག་ཏུ་མེད་པ་འཕེལ་བར་བྱེད་པ་ཡིན་ལ། དེ་བཞིན་ དུ་ཕོ་ཉ་མོ་རྣམས་དང༌། སྒྲུབ་པ་པོ་ལེགས་པར་འདྲེས་པ་སྟེ། འགྲོགས་པ་ལས། དངོས་གྲུབ་ ཐོབ་པར་འགྱུར་བའང་ཡིན་ལ། དེ་ཡང་རལ་གྲི་མིག་སྨན་ལ་སོགས་པ་ཐུན་མོང་གི་དངོས་ གྲུབ་རྣམས་ནི། དེ་དང་དེ་སྒྲུབ་པའི་བཟླས་བརྗོད་དང༌། བསམ་གཏན་ལ་སོགས་པ་མེད་པར་ ཡང༌། ཕོ་ཉ་མོའི་འདུ་བ་ཐོབ་པ་ཉིད་ཀྱིས། མྱུར་བ་སྟེ་དཀའ་བ་མེད་པར་འགྲུབ་པར་འགྱུར་ བ་ཡིན་ནོ། །དེ་བཞིན་ཕོ་ཉ་ལེགས་འདྲེས་པ། །ཞེས་པའི་འདྲེས་པ་ཞེས་པ། འགྲོགས་པར་ བསྒྱུར་བ་མང་པོ་ཡོད་ཀྱང༌། སྤྱིར་འདྲེས་པའི་དོན་འགྲོགས་པ་ལ་ཡང་འཆད་རྒྱུ་ཡོད་པ་དང༌། འདིའི་སྐད་དོད་ལ་ཡང༌། འདྲེས་པའི་སྐད་དོད་མིལླི་ཞེས་ཡོད་པ་དང༌། ཁྱད་པར་དུ་ཡང་ཕོ་ ཉ་གསུམ་འདྲེས་པ་སྟེ། བསྲེ་བའི་དོན་དུ་འཆད་དགོས་པ་སོགས་ཡོད་པས། དཀྱུས་ཀྱི་འགྱུར་ ཉིད་བདེའོ། ། གཉིས་པ་ལ། ཕོ་ཉ་མོ་སྒྲུབ་པར་བྱེད་པའི་བསྙེན་པ་དང༌། ཉེར་སྒྲུབ་དང༌། སྒྲུབ་ཆེན་དང་ གསུམ་ལས། དང་པོ་ནི། སྔགས་དང་ཕྱག་རྒྱ་སྒྲུབ་པ་པོས། །ཞེས་པ་ནས། དེ་ཉིད་དུ་ནི་དེ་ དབྱེར་མེད། །ཅེས་པའི་བར་གྱིས་བསྟན། དེའི་དོན་ཡང་ཐོག་མར་སྒྲུབ་པ་པོས་འཁོར་ལོ་བདེ་ 2-1-176 མཆོག་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམས་ཏེ། བསྐྱེད་རིམ་རགས་པ་ ལ་གསལ་སྣང་ཅུང་ཟད་ཐོབ་པ་དང༌། སྔགས་ཀྱི་ནུས་པ་ཡང་ཅུང་ཟད་ཀྱང་འགྲུབ་ཅིང༌། རླུང་ གི་སྦྱོར་བ་ལ་གོམས་པར་བྱས་པས། ཐིག་ལེ་འཆིང་བའི་ནུས་པ་དང་ལྡན་པ་གཅིག་གིས། ཕོ་ ཉ་མོ་སྒྲུབ་པའི་བསྙེན་པ་ལ་འཇུག་པ་ཡིན་ནོ། །དེ་ཡང་སྔགས་ཀྱི་སྒྲ་གཟུགས་དང༌། ཕྱག་ རྒྱ་འཁོར་ལོ་སྡོམ་པའི་ལྷའི་སྐུ་ལུས་ཀྱི་དཀྱིལ་འཁོར་དང་བཅས་པ་གསལ་བར་བསྒོམས་ཏེ། ཚོགས་ཀྱི་འཁོར་ལོའི་ཚུལ་གྱིས་རང་ཉིད་ལ་མཆོད་པར་བྱེད་པ་དང༌། མདུན་དུ་ཡང་འཁོར་ ལོ་བདེ་མཆོག་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་ལ། མཆོད་གཏོར་གྱིས་ ཡང་ནས་ཡང་དུ་མཉེས་པར་བྱེད་པ་ནི། མཆོད་པ་ཉིད་ལ་རབ་ཏུ་འཇུག །ཅེས་པའི་དོན་ཡིན་ ལ། ཕོ་ཉ་མོ་སྒྲུབ་པའི་སྐབས་འདི་དག་ཏུ། འཁོར་ལོ་སྡོམ་པ་འདི་ལས་གཞན་པའི་ལྷ་མཆོད་ པ་ལ་སོགས་པ་མེད་པ་སྟེ། མི་བྱ་བ་ཡིན་ལ། འདི་ཁོ་ན་མཆོད་པས་དངོས་གྲུབ་ཐོབ་པར་ མི་བསླུ་བ་ནི། བསྟན་བཅོས་ཏེ་རྒྱུད་འདི་ཉིད་དུ་ངེས་པ་གསུངས་པ་ཡིན་ནོ། །མལ་འགྱུར་ ལས། འདི་ལས་གཞན་པའི་མཆོག་མེད་དེ། །ཞེས་པ་ཡོད་ཀྱང༌། རྒྱ་དཔེ་ལས། ཨེ་དཏཱ་པུ་ ཛཱ་པ་རཾ་ནསྟི་ཞེས་པ་ཡོད་པས། པཱུ་ཛཱ་ནི་མཆོད་པ་དང༌། ཨ་པ་ར་གཞན་ནམ་མཆོག་གི་དོན་ ཡིན་པ་ལས། སྐབས་འདིར་གཞན་དུ་བསྒྱུར་བའི་ཕྱིར། དེ་ལས་གཞན་མཆོག་གི་སྐད་དོད་ མེད་པས་ན། འདི་ལས་གཞན་པའི་མཆོག་མེད་དེ། །ཞེས་འདོན་དགོས་སོ། །བསམ་པའི་ ཁྱད་པར་ཕོ་ཉའི་ལམ་ལ་མངོན་པར་དགའ་བ་སྟེ། ཕོ་ཉ་མོ་དང་འཕྲད་འདོད་ཀྱི་བསམ་པ་ དྲག་པོ་དང༌། དེ་ལ་བརྟེན་ནས་དངོས་གྲུབ་ཐོབ་འདོད་ཀྱི་བསམ་པ་དྲག་པོ་དགོས་པ་ཡིན་ ཅིང༌། དེས་ན་མཆོད་གཏོར་འབུལ་བ་ལ་སོགས་པའི་སྐབས་སུ་ཡང༌། ཕོ་ཉ་མོ་དང་མྱུར་དུ་ འཕྲད་པ་དང༌། དེ་ལས་དངོས་གྲུབ་འགྲུབ་པའི་འདོད་པའི་དོན་ལ་གསོལ་བ་དྲག་ཏུ་འདེབས་ པར་བྱ་དགོས་པ་ཡིན་ནོ། །གཞན་ཡང་སྒྲུབ་པ་པོ་རང་ཉིད་ཀྱི་སྔགས་སྐྱེས་སུ་བསྒྲུབས་པའི་ 2-1-177 རིག་མ་དང་ལྷན་ཅིག་ཏུ། ཁ་ཟས་ལ་རིག་སྔགས་དང༌། ཕྱག་རྒྱ་སྟེ་སྦྱངས་རྟོགས་སྦར་བ་ལ་ སོགས་པའི་བྱིན་གྱིས་བརླབས་པ་དང་ཡང་དག་པར་ལྡན་པས། ཚོགས་ཀྱི་འཁོར་ལོའི་ཟས་ ལ་རྟག་ཏུ་ལོངས་སྤྱད་པར་བྱ་བ་ཡིན་ནོ། །གཞན་ཡང་ཉལ་བ་དང༌། ལྡང་བ་དང༌། འགྲོ་བ་ ལ་སོགས་པའི་སྤྱོད་ལམ་ཀུན་ལ་འཇུག་པའི་དུས་སུ་ཡང༌། ལྷ་སྐུའི་གསལ་སྣང་དང༌། སྔགས་ ཀྱི་སྒྲ་གཟུགས་དྲན་པའི་ཏིང་ངེ་འཛིན་ལ། སྒྲུབ་པ་པོ་ལེགས་པར་མཉམ་པར་བཞག་པ་བྱ་ དགོས་པ་ཡིན་ནོ། །གཞན་ཡང་བྲམ་ཟེ་རྒྱལ་རིགས། རྗེ་རིགས། དམངས་རིགས་གདོལ་པ་ ལ་སོགས་པ། རིགས་མཆོག་དམན་གྱི་བུད་མེད་ཀུན་ལ་ཡང་གཙང་རྨེ་མེད་པར་ལོངས་སྤྱད་ པར་བྱ་ཞིང༌། ཁ་ཟས་བདུད་རྩི་ལྔ་ལ་སོགས་པ་བཟའ་བྱ་མ་ཡིན་པ་རྣམས་དང༌། དཀར་ གསུམ་མངར་གསུམ་སོགས་བཟའ་བྱ་རྣམས་ལ་ཡང༌། གཙང་རྨེའི་རྣམ་པར་རྟོག་པས་མི་ རྟོག་པར་དེ་རྣམས་ཐམས་ཅད་དེ་ཁོ་ན་ཉིད་དུ་དབྱེ་བ་མེད་པར་ཤེས་པའི་ཚུལ་གྱིས་ལོངས་ སྤྱད་པར་བྱའོ། །དེ་ཡང་རིགས་དང༌། རིགས་མིན་དང༌། བཟའ་བྱ་དང༌། བཟའ་བྱ་མིན་པ་ རྣམས་དེ་ཁོ་ན་ཉིད་དུ་དབྱེ་བ་མེད་པར་ཤེས་ཚུལ་ཡང་རྣམ་པ་གཉིས་ཏེ། རང་བཞིན་སྟོང་པ་ ཉིད་ཀྱི་དག་པར་རོ་གཅིག་པ་དང༌། ལྷ་སྐུའི་དག་པར་ཡང་རོ་གཅིག་ཏུ་ཤེས་པའོ། །དེ་ལྟར་ ཚུལ་དེ་ལྟ་བུའི་སྒོ་ནས་ཕོ་ཉ་མོ་སྒྲུབ་པའི་བསྙེན་པ་ཟླ་བ་དྲུག་ལ་སོགས་པ་བྱས་པ་ལས། རང་ གི་འཁོར་གྱི་རིགས་མ་དེ་དག་གི་ནང་ནས། གང་ཡང་རུང་བ་དག་གི་སྔགས་སྐྱེས་ཀྱི་ཕོ་ཉ་ མོ་འགྲུབ་སྟེ། དེ་དང་ཕྲད་པར་འགྱུར་བའམ། དེ་ལྟ་མིན་ན་ཕྱོགས་གཞན་ནས་འོངས་པའི་ སྔགས་སྐྱེས་ཀྱི་ཕོ་ཉ་མོ་ཞིག་དང་ཕྲད་པར་འགྱུར་བ་ཡིན་ནོ། ། གཉིས་པ་ཉེར་སྒྲུབ་ལ། གང་ལ་བྱ་བའི་ཡུལ་སྔགས་སྐྱེས་ཀྱི་ཕོ་ཉ་མོ་ཞིག་ལ་བརྟེན་ ནས་བྱ་དགོས་པ་ཡིན་པ་ལས། དེའི་མཚན་ཉིད་ནི། བླ་མ་བརྒྱུད་པའི་ཞེས་སོགས་འོག་གི་ ཚིག་གསུམ་པོ་དེ་ཡར་བླངས་ནས་བཤད་ན། དེ་ཡང་བླ་མ་བརྒྱུད་པའི་རིམ་པ་ལས་ཐོབ་ 2-1-178 པའི་དབང་བསྐུར་བས། སྔགས་སྐྱེས་སུ་སྒྲུབ་པའི་བུད་མེད་དེ། ལྷ་སྐུ་ལ་གསལ་སྣང་ཐོབ་ ཅིང༌། རིག་སྔགས་ལེགས་པར་ལྡན་པ་སྟེ། འགྲུབ་པ་ནི་སྔགས་སྐྱེས་ཀྱི་ཕོ་ཉ་མོ་རྣམས་སུ་ ཡང་དག་པར་བཤད་པའོ། །ཉེར་སྒྲུབ་བྱེད་པ་པོའི་རྣལ་འབྱོར་པའི་མཚན་ཉིད་ནི། ཕྱག་རྒྱ་ ཞེས་སོགས་འོག་གི་ཚིག་གསུམ་པོ་ཡར་བླངས་ཏེ་བཤད་ན། དེ་ཡང༌། རྣལ་འབྱོར་པ་གང་ ཞིག་ཕྱག་རྒྱ་དང་ལེགས་པར་སྦྱོར་བའི་ངང་ཚུལ་ཏེ། རང་བཞིན་དང་ལྡན་པ་ནི། མཚན་ཉིད་ དང་པོ་ཡིན་ལ། དེ་ཡང་སྒྲུབ་པ་པོ་ཕྱག་རྒྱའི་དབང་དུ་ཕར་མི་འགྲོ་ཞིང༌། ཕྱག་རྒྱ་ཉིད་སྒྲུབ་པ་ པོའི་དབང་དུ་ཚུར་འདུ་བ་ཞིག་དགོས་པ་ཡིན་ལ། དེ་ཡང་སྒྲུབ་པ་པོའི་རླུང་དང་ཐིག་ལེ་རིག་ མས་དབང་བསྐུར་བར་བྱ་བ་མ་ཡིན་པར། དེའི་རླུང་དང་ཐིག་ལེ་སྒྲུབ་པ་པོས་བདྲེན་པ་ལ་ སོགས་པའི་སྒོ་ནས། སྒྲུབ་པ་པོས་དབང་དུ་བྱེད་པ་དང་དངོས་གྲུབ་སྒྲུབ་པ་ལ་སོགས་པའི་བྱ་ བ་གང་དང༌། གང་ཡང་སྒྲུབ་པ་པོ་རིག་མའི་རྗེས་སུ་མི་འབྲང་བར། རིག་མ་ཉིད་སྒྲུབ་པ་པོའི་ རྗེས་སུ་འབྲང་བ་ཞིག་དགོས་པ་ཡིན་ལ། མདོར་ན་ཕྱག་རྒྱ་ཇི་ལྟ་བུ་ཞིག་དང་ཕྲད་ཀྱང༌། དེའི་ དབང་དུ་རང་ཉིད་མི་འགྱུར་བའི་གདེངས་ཚད་ཐོབ་པ་ཞིག་དགོས་པ་ཡིན་ནོ། །ཆགས་མེད་ ཅེས་པ་ནི། མཚན་ཉིད་གཉིས་པ་སྟེ། ཉོན་མོངས་པ་འདོད་ཆགས་ལ་སོགས་པའི་དབང་དུ་ མི་འགྲོ་བར། དེ་ཉིད་ཡེ་ཤེས་ཆེན་པོར་བསྒྱུར་ནུས་པ་ཞིག་དགོས་པ་དང༌། གཏོང་དང་ཞེས་ པ་ནི། མཚན་ཉིད་གསུམ་པ་སྟེ། རང་ཉིད་ཀྱི་ལུས་དང་ལོངས་སྤྱོད་ཐམས་ཅད་དམིགས་པས་ སེམས་ཅན་གྱི་དོན་དུ་ཡོངས་སུ་བཏང་བ་ན། རང་དོན་གྱི་འཁྲི་བའི་རྣམ་པར་རྟོག་པ་དུས་ དེར་འགགས་ཏེ། སེམས་ཅན་ལ་གཏོང་བར་ནུས་པའི་སྙིང་སྟོབས་དང་ལྡན་པ་ཞིག་དགོས་ པ་དང༌། ཚུལ་ཁྲིམས་ལྡན་ཞེས་པ་ནི། མཚན་ཉིད་བཞི་པ་སྟེ། བྱང་ཆུབ་ཀྱི་སེམས་འཕོ་མེད་ དུ་འཆིང་བའི་ཚུལ་ཁྲིམས་དང་ལྡན་པ་ཞིག་དགོས་པ་དང༌། ཡེ་ཤེས་རྒྱུ་སྐྱེས་ཡང་དག་རྫོགས། །ཞེས་པ་ནི། མཚན་ཉིད་ལྔ་པ་སྟེ། ཡེ་ཤེས་ཀྱི་རྒྱུ་ནི་སྒྲུབ་པ་པོ་རང་ཉིད་ཀྱི་ལུས་ཡིན་ལ། དེ་ 2-1-179 ལས་སྐྱེས་པའི་དགའ་བ་བཞི་ལུགས་འབྱུང་དང༌། ལུགས་ལྡོག་རྫོགས་པར་ངོ་འཕྲོད་ཅིང༌། དེ་དང་དེའི་ཡེ་ཤེས་ཡུན་རིང་དུ་བསྟེན་ཐུབ་པ་ཞིག་དགོས་པ་སྟེ། མཚན་ཉིད་ལྔ་དང་ལྡན་ པའི་སྒྲུབ་པ་པོའོ། །དེ་ལྟར་སྒྲུབ་པ་པོ་དེས་ཕོ་ཉ་མོའི་ཉེ་བར་སྒྲུབ་པ་ལ་འཇུག་པར་བྱ་བ་ལ། སྤྱིར་ཕོ་ཉ་མོའི་དངོས་གྲུབ་སྒྲུབ་པའི་ཆོ་ག་ལ་སྤྱོད་པའི་ཚེ་ཕོ་ཉ་མོའི་ཉེར་སྒྲུབ་ཀྱི་དབྱེ་བ་ནི་ རྣམ་པ་གཉིས་ཡོད་པ་ཡིན་ཏེ། མིའི་རྟེན་ཅན་གྱི་སྔགས་སྐྱེས་ཀྱི་ཕོ་ཉ་མོ་གཅིག་པུ་ཁོ་ན་ལ་ བརྟེན་ནས་ཉེར་སྒྲུབ་བྱ་བ་དང༌། ཡང་ན། ཟས་རྙེད་པ་ནི་གཉིས་པའོ། །ཞེས་མིའི་རྟེན་ཅན་ གྱི་སྔགས་སྐྱེས་ཀྱི་ཕོ་ཉ་མོ་མ་རྙེད་ན། གནོད་སྦྱིན་མོ་ལ་སོགས་པ་མི་མ་ཡིན་གྱི་ཕོ་ཉ་མོ་སྒྲུབ་ པར་བྱེད་པ་ཡིན་ཅིང༌། དེ་ལ་ནི། བརྡ་དང༌། བརྡའི་ལན་དང༌། གླུ་དང༌། གར་ལ་སོགས་པ་ ཚོགས་ཀྱི་འཁོར་ལོའི་རོལ་པ་དང་བཅས་ཏེ་ཡང་དག་པར་སྒྲུབ་དགོས་པ་ཡིན་ནོ། །དེ་ལྟར་ སྒྲུབ་ཚུལ་རྣམ་པ་གཉིས་པོ་དེ་ནི། སྒྲུབ་པ་དང་ཉེ་བ་སྟེ། ཉེ་བའི་སྒྲུབ་པ་ཡིན་ཞེས་པའོ། །དེ་ གཉིས་ཆར་ལ་ཡང་ཐུན་མོང་དུ། རང་ག་ཞེས་སོགས་ཚིག་ལྔས་བསྟན་པ་དེ་རྣམས་དགོས་པ་ ཡིན་ཏེ། དེ་གཉིས་ཅར་ལ་སྙོམས་པར་འཇུག་པའི་ཚེ། ཀཱ་མ་རཱུ་པ་ལ་སོགས་པའི་ཞིང་རྣམས་ ཀྱི་གནས་སུ། གདོད་ནས་གྲུབ་པར་བཞུགས་པའི་ཞིང་སྐྱེས་ཀྱི་མཁའ་འགྲོ་མ་རྣམས། སྒྲུབ་ པ་པོའི་ཏིང་ངེ་འཛིན་དང༌། སྔགས་ཀྱི་བཟླས་པས་སྤྱན་དྲངས་ཏེ། སྔགས་སྐྱེས་ཀྱི་ཕོ་ཉ་མོ་ དེ་དག་གི་ལས་ལ་ཡོངས་སུ་འཇུག་པ་ཉིད་ཡང་ཡང་བྱེད་དགོས་པ་ཡིན་ཏེ། དགའ་བ་བཞི་ ལུགས་འབྱུང༌དང་། ལུགས་ལྡོག་སྒོམ་པ་རེ་རེ་བཞིན་བྱ་དགོས་པ་ཡིན་ནོ། །འདི་ལ་ཡང་ ཞིང་སྐྱེས་ཀྱི་ཕོ་ཉ་མོ་གང་ཡང་རུང་བ་གཅིག་གིས་སྒྲུབ་པ་པོ་ལ་དངོས་གྲུབ་སྟེར་བར་འགྱུར་ བའི་ཕྱིར། དེ་ཉིད་ཁོ་ན་སྔགས་སྐྱེས་ཀྱི་ལུས་ལ་བཅུག་པས་ཆོག་པ་ཡིན་ཀྱང༌། དེ་ཉིད་ཅི་ ཡིན་ཤེས་པར་དཀའ་བའི་ཕྱིར། ཡུལ་ཉེར་བཞི་ན་བཞུགས་པའི་ཞིང་སྐྱེས་ཀྱི་མཁའ་འགྲོ་ མ་ཐམས་ཅད་སྤྱན་དྲངས་ཏེ་སྟིམ་པ་ཡིན་ནོ། །དེ་ལྟར་ཞིང་སྐྱེས་ཀྱི་ཕོ་ཉ་མོ་སྔགས་སྐྱེས་ཀྱི་ 2-1-180 ལུས་ལ་ཡོངས་སུ་འཇུག་དགོས་པའི་རྒྱུ་མཚན་ཡང་རང་དགའ་ཉིད་དེ་གནས་ལུགས་ལྷན་ ཅིག་སྐྱེས་པའི་དེ་ཁོ་ན་ཉིད་མཚོན་པར་ནུས་པ་དང༌། ཐུན་མོང་གི་དངོས་གྲུབ་འགྲུབ་པར་ འགྱུར་བའི་ནུས་པ་དེ་ལ་ཡོད་པས་སོ། །དེ་ལྟར་ཕོ་ཉ་མོའི་ཉེར་སྒྲུབ་ཉམས་སུ་བླངས་པའི་ དགོས་པ་ནི། ཕོ་ཉ་རྣམས་ནི་ཡང་དག་བསྐུལ། །ཞེས་པ་སྟེ། ཞིང་སྐྱེས་ཀྱི་ཕོ་ཉ་མོ་རྣམས་ཀྱི་ ཐུགས་རྒྱུད་ཡང་དག་པར་བསྐུལ་བར་བྱེད་པའོ། །ཕ་ཉ་མོའི་ཉེར་སྒྲུབ་ཀྱི་སྐབས། ཉིན་ཞག་ ཕྲུགས་གཅིག་གི་བྱ་བ་ནི། བསམ་པའི་བདག་ཉིད་ཞེས་སོགས་ཏེ་མཚན་མོ་གཉིད་ལོག་པ་ ཡང་ཐ་མལ་པ་མ་ཡིན་པར། གཉིད་ཀྱི་འོད་གསལ་བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་ ཆུག་པ་ཞིག་དགོས་པ་ཡིན་ལ། ནང་པར་གཉིད་ལས་ལྡང་བའི་ཚེ་ཡང་འོད་གསལ་གྱི་ངང་ ལས། དཔལ་ཧེ་རུ་ཀའི་དཀྱིལ་འཁོར་གྱི་འཁོར་ལོར་ལྡང་བ་དང༌། དེ་ཉིད་ཀྱི་སྒོ་ནས། ལུས་ ཀྱི་བྱ་བ་ཕྱག་འཚལ་བ་དང༌། ཁྲུས་ལ་སོགས་པ་ཀུན་བྱ་དགོས་པ་དང༌། ཡན་ལག་སྟེ་ཐལ་ མལ་པའི་ལུས་ལས་འདས་པའི་མཚོན་བྱ་ལུས་དཀྱིལ་གྱི་ལྷ་རྣམས་ནི། རང་ཉིད་ཧེ་རུ་ཀར་ གསལ་བའི་ལུས་ལ་གནས་པར་ཀུན་ཏུ་སྤྱད་པ་དང༌། རང་ཉིད་ཀྱི་ལུས་རང་བཞིན་སྟོང་པ་ ཉིད་དང༌། རྣམ་པ་ཕྱི་ནང་གི་ལྷ་སྐུར་གསལ་བ་དང༌། དེ་ཉིད་ཞུ་བདེས་ཡོངས་སུ་རྒྱས་ཐེབས་ པའི་བདེ་བར་འཆར་བ་སྟེ། རྣམ་པ་གསུམ་པོ་དེའི་སྒོ་ནས་རང་ཉིད་ཀྱི་ལུས་དག་པར་བྱེད་པ་ དང༌། རང་གི་ངག་ཀྱང་སྔགས་ཀྱི་སྒྲ་གཟུགས་སུ་ཤེས་ཤིང༌། དེ་ཉིད་ཀྱིས་རང་ཉིད་ལྷ་སྐུར་ གསལ་བ་ལ་ཡང་དབྱེར་མེད་པའི་ཚུལ་གྱིས་བྱིན་གྱིས་རློབ་པར་བྱེད་པ་དང༌། རྣལ་འབྱོར་ གྱི་གནས་རིག་མ་ལྷ་སྐུར་གསལ་བ་ལུས་དཀྱིལ་གྱི་ལྷ་དང་བཅས་པ་དེ་ཉིད་ངེས་པར་སྒྲུབ་པ་ པོ་ཉིད་ཀྱི་ཡུལ་དུ་བྱེད་པའམ། ཡང་ན་འདིའི་དོན་སྒྲུབ་པ་པོ་རིག་མ་དང་མཉམ་པར་སྦྱར་བ་ ལས། རིག་མ་ལ་བརྟེན་ནས་ཐབས་ལ་བདེ་སྟོང་གི་ཏིང་ངེ་འཛིན་གསལ་བར་འཆར་བ་དང༌། ཐབས་ལ་བརྟེན་ནས་ཤེས་རབ་མ་ལ་བདེ་སྟོང་གི་ཏིང་ངེ་འཛིན་གསལ་བར་འཆར་བའི་ཕྱིར། 2-1-181 ཐབས་ཤེས་གཉིས་པོ་ཕན་ཚུན་དུ་བདེ་སྟོང་གི་ཏིང་ངེ་འཛིན་ངེས་པར་བསྟན་པའི་དོན་ནོ། །གཞན་ཡང་མཚོན་བྱ་སྟེ། གོ་ཆ་གསུམ་གྱི་རང་ཉིད་ལ་རྒྱས་བཏབ་པ་དེ་ཉིད་ལ། འགོམ་པར་ མི་བྱ་བ་སྟེ། དེ་ཉིད་མ་བརྗེད་པར་དུས་རྟག་ཏུ་སྒོམ་པ་དང༌། དམ་ཚིག་ཅན་གྱི་རྣལ་འབྱོར་པ་ རྣམས་ལ་ཁྲོ་བར་མི་བྱ་བ་དང༌། དབང་བསྐུར་བ་ལས་འདའ་བར་མི་བྱ་བ་སྟེ། དབང་བཞིའི་ དོན་དྲན་པའི་སྒོ་ནས། དབང་ཡང་ནས་ཡང་དུ་བླང་བར་བྱ་བ་དང༌། ཕྱག་རྒྱ་དེ་དང་ལྷན་ཅིག་ ཏུ་བདེ་བ་ཆེན་པོ་སྤེལ་བར་བྱ་བ་དང༌། ཁ་ཟས་ཐམས་ཅད་ཚོགས་ཀྱི་འཁོར་ལོའི་ཆོ་ག་དང་ ལྡན་པའི་སྒོ་ནས་བཟའ་བའི་དམ་ཚིག་གི་སྤྱོད་པ་ཉིད་དུ་བྱ་བ་དང༌། དེ་ཐམས་ཅད་ཀྱི་དགོས་ པ་ནི། གྲོལ་བའི་དོན་དང་དེ་དོན་དུ། །ཞེས་པ་སྟེ། མཆོག་དང་ཐུན་མོང་གི་དངོས་གྲུབ་ཐོབ་ པའི་དོན་དུའོ། ། གསུམ་པ་ནི། རྨོངས་པས་འཁྲུལ་པ་རྣམ་པར་སྤངས། །ཞེས་པ་ནས། རབ་ཏུ་ཞི་ཞིང་ངལ་ བ་ཐུལ། །ཞེས་པའི་བར་གྱིས་བསྟན། འདི་ནི་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་ཉིད་ཡིན་ལ། དེའི་ནང་ནས་ཀྱང༌། ཀུན་དར་གསང་སྟེ་སྤྱོད་པ་ཉིད་ཡིན་ནོ། །དེ་ཡང་ཉེར་སྒྲུབ་ཉིད་ཉམས་ སུ་བླངས་པ་ལས། སྔགས་སྐྱེས་ཀྱི་ཕོ་ཉ་མོ་ལ་ཞིང་སྐྱེས་ཀྱིས་བྱིན་གྱིས་བརླབས་པའི་རྟགས་ བྱུང་སྟེ། སྒྲུབ་པ་ལ་འཇུག་པའམ། ཡང་ན་ཉེར་སྒྲུབ་ཉམས་སུ་བླངས་པ་ལ་བརྟེན་ནས། དེའི་ མཐར་ཞིང་སྐྱེས་ཀྱི་ཕོ་ཉ་མོ་དང་ཕྲད་ནས། དེའི་རྗེས་སུ་སྒྲུབ་པ་ལ་འཇུག་པ་གཉིས་ཆར་ཡོད་ དོ། །དེ་ཡང་རྨོངས་པས་འཁྲུལ་པ་རྣམ་པར་སྤངས། །ཞེས་པ་ནི། སྤྱིར་རྨོངས་པས་འཁྲུལ་པ་ ནི། ཐ་མལ་གྱི་རྣམ་པར་རྟོག་པ་རྣམས་ཡིན་ལ། དེ་སྤོང་བ་ཡང་སྤྱི་ཙམ་ནས་སྤོང་བ་མ་ཡིན་ གྱི། བརྟག་གཉིས་ལས། ཡིད་ནི་བརྟན་ནམ་གཡོ་འམ་ཞེས། །རང་གི་སེམས་ནི་སོ་སོར་ བརྟག །ཅེས་གསུངས་པ་ལྟར། ཉོན་མོངས་པ་ལ་སོགས་པའི་རྣམ་པར་རྟོག་པ་སྐྱེ་བའི་ཡུལ་ ཆེད་གཏད་བསྟེན་པ་ན། ཡུལ་དེའི་རྐྱེན་གྱིས་ཉོན་མོངས་དང༌། རྣམ་རྟོག་སྐྱེ་མི་སྐྱེ་བརྟག་པ་ 2-1-182 དང༌། སྐྱེས་ཀྱང་ཡེ་ཤེས་ཆེན་པོར་བསྒྱུར་ནུས་མི་ནུས་ཡོངས་སུ་བརྟག་པའི་དོན་ནོ། །དེའི་ ཕྱིར་དུ་མཚན་མོ་དུར་ཁྲོད་ལ་སོགས་པའི་གནས་རྣམས་སུ་ལུས་གཅེར་བུ་ནམ་མཁའི་གོས་ ཅན་དུ་བྱ་བ་དང༌། ལུས་ཀྱི་མཚན་མ་ཡོངས་སུ་བསྒྱུར་ཏེ། བདག་ཉིད་ཧེ་རུ་ཀའི་སྐུ་མདོག་ ནག་པོ་དང༌། ཕྱག་རྒྱ་རྡོ་རྗེ་ཕག་མོའི་སྐུ་མདོག་དམར་པོར་བསྒྱུར་བར་བྱ་བ་དང༌། སྲོག་ ཆགས་ཀྱི་ཡན་ལག་སྟེ་ལུས་ལས་བྱུང་བའི་ལྤགས་པ་གོས་སུ་གྱོན་པ་སྟེ། གླང་ལྤགས་དང༌། སྟག་ལྤགས་དང༌། མི་ལྤགས་ལ་སོགས་པ་གྱོན་ཅིང་མགུལ་རྒྱན་དང༌། གདུ་བུ་དང༌། རྣ་ རྒྱན་དང༌། སྤྱི་བོའི་ནོར་བུ་དང༌། མཆོད་ཕྱིར་ཐོགས་དང༌། ཐལ་བ་སྟེ་ཕྱག་རྒྱ་དྲུག་གི་བརྒྱན་ གྱིས་རྣམ་པར་བརྒྱན་པ་ནི། མཚན་མོའི་དུས་ཀུན་ཏུ་རྣམ་པར་གནས་པར་བྱ་བ་དང༌། སྤྱོད་ པའི་གྲོགས་ནི། ཕྱག་རྒྱ་ལྔ་དང་ཡང་དག་ལྡན། །དུས་ཀུན་ཏུ་ནི་ཡང་དག་སྤྱད། །ཅེས་པ་སྟེ། རིག་མ་ལྔ་དང་ཡང་དག་པར་ལྡན་པ་ལ། མཚན་མོའི་དུས་ཀུན་ཏུ་ནི། ཡང་དག་པར་སྤྱད་ ཅེས་གསུངས་པ་ནི། རིག་མ་ལྔའི་དཀྱིལ་འཁོར་གྱི་དབང་དུ་མཛད་དེ། མཚོན་བྱེད་ཙམ་དུ་ གསུངས་པ་ཡིན་ལ། གཞན་དེ་བས་མང་བ་དང༌། རིག་མ་གཅིག་ལ་བརྟེན་པས་ཀྱང་ཆོག་ པ་ཡིན་ནོ། །དེ་ལྟར་རིག་མ་དང་ལྷན་ཅིག་ཏུ། ཆ་ལུགས་བསྒྱུར་བའི་ཁྱད་པར་དེ་དག་དང་ བཅས་ཏེ། མཚན་མོ་དུར་ཁྲོད་ལ་སོགས་པར་ཡོངས་སུ་རྒྱུ་བའི་ཚེ། མཆོད་ཕྱིར་ཐོགས་ནི་ ཡོངས་སྤངས་བཅངས། །ཤྲཱི་ཧེ་རུ་ཀར་བྱིན་གྱིས་རླབས། །ཞེས་པ་ལྟར། དཔེར་ན་བྲམ་ཟེ་ རྣམས་ནི། མཆོད་ཕྱིར་ཐོགས་ཐོགས་ན་གཙང་སྦྲའི་སྤྱོད་པ་ལ་གནས་པར་བྱེད་པ་དང༌། དེ་ ལ་མི་གནས་ན། མཆོད་ཕྱིར་ཐོགས་བཅངས་པ་ལ་དགོས་པ་མེད་པས། དེ་འདོར་བར་བྱེད་ པ་ཡིན་པ་ལ། རྣལ་འབྱོར་པས་མཆོད་ཕྱིར་ཐོགས་ཡོངས་སུ་སྤངས་པ་དེ་ཉིད་གཙང་བ་ཡིན་ པར་བྱེད་པ་ནི་མཚོན་པ་ཙམ་སྟེ། འཇིག་རྟེན་ན་གཙང་བ་དང༌། བཟང་བ་དང༌། མཆོག་ཡིན་ པར་གྲགས་པ་རྣམས། རྣལ་འབྱོར་པ་ལ་དེ་ལས་བཟློག་པ་དང༌། འཇིག་རྟེན་ན་ཤིན་ཏུ་མི་ 2-1-183 གཙང་བ་བཤང་བ་དང༌། ལྕི་བ་ལ་སོགས་པ་མི་གཙང་བ་རྣམས། ཤྲཱི་ཧེ་རུ་ཀའི་སྔགས་དང༌། ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབས་ཏེ་བཟའ་བར་བྱ་བ་སོགས། སྤྱོད་པ་ཐམས་ཅད་ཁྱི་ ཕག་དང་མཚུངས་པར་ཀུན་ཏུ་སྤྱོད་པའོ། །དེའི་ཚེ་ཕྱག་རྒྱ་དང་མཉམ་པར་སྦྱར་བའི་བདེ་བ་ ཆེན་པོ་བསྒོམས་པ་ལས། དེའི་རྗེས་སུ་དེ་བས་ཀྱང་ལྷག་པའི་བདེ་སྟོང་གི་ཡེ་ཤེས་སྐྱེ་བ་ནི། སྤྱོད་པས་བོགས་ཐོན་པ་སྟེ། བདེ་བ་སྤྱོད་པས་བདེ་ཐོབ་འགྱུར། །ཞེས་གསུངས་པའི་དོན་ ནོ། །ཅི་སྟེ་རིག་མ་དང་མཉམ་པར་སྦྱར་བའི་བདེ་བ་བསྒོམས་པའི་རྗེས་སུ། དེ་བས་ལྷག་པའི་ བདེ་སྟོང་གི་ཡེ་ཤེས་སྐྱེས་པའི་སྒོ་ནས་བོགས་ཐོན་པ་མ་བྱུང་ན། རེ་ཤིག་སྤྱོད་པ་བྱ་མ་རན་པ་ ཡིན་པས། རང་གི་ཁྱིམ་ཉིད་དུ་སྔར་གྱི་ཉེར་སྒྲུབ་ཉིད་ཉམས་སུ་བླང་བར་བྱ་བ་ཡིན་ནོ། །སྤྱོད་ པ་མཐར་ཕྱིན་པའི་ཚད་ནི། རབ་ཏུ་ཞི་ཞིང་ངལ་བ་ཐུལ། །ཞེས་པ་སྟེ། སྤྱོད་པ་སྤྱད་པའི་ཚེ་ ཉོན་མོངས་པ་འདོད་ཆགས་དང༌། ཞེ་སྡང་ལ་སོགས་པ་ཐམས་ཅད་ཡེ་ཤེས་ཆེན་པོར་ཡོངས་ སུ་སྒྱུར་ནུས་པ་ལ། རང་གི་ཁྱིམ་དུ་སྒོམ་པ་བས་ཀྱང་སྟོབས་ཆེ་བར་གྱུར་ཏེ། སེམས་རྒྱུད་ཉོན་ མོངས་པས་རབ་ཏུ་ཞི་ཞིང༌། བཀྲེ ས་སྐོམ་དང༌། ཚ་གྲང་དང༌། འཇིགས་སྐྲག་ལ་སོགས་པའི་ ངལ་བས་གནོད་པར་མི་འགྱུར་བའོ། །དེ་ལྟ་བུའི་བརྟུལ་ཞུགས་ཀྱི་སྤྱོད་པ་དེ་ཡང༌། མཚན་མོ་ གསལ་བ་སྟེ། དེ་ལྟར་བྱ་ཞིང༌། ཉིན་པར་དེ་ལྟ་བུའི་སྤྱོད་པ་ཡོངས་སུ་གསངས་ཏེ། རང་རང་ གི་རིགས་ཀྱི་བྱ་བ་ལ་གནས་པར་བྱ་བ་དང༌། ཁྱད་པར་དུ་ཡང༌། བྱེད་པའི་ཡེ་ཤེས་ཏེ་མཚན་ མོའི་དུས་སུ་བརྟུལ་ཞུགས་ཀྱི་སྤྱོད་པ་བྱེད་པའི་ཆོ་གའི་ཚུལ་དེ་ཉིད། མི་སུས་ཀྱང་མ་ཤེས་ པར་བྱས་ཏེ། འབད་པ་ཆེན་པོས་ཤིན་ཏུ་སྦ་དགོས་པ་ཡིན་ནོ། ། གསུམ་པ་ནི། མཆོད་ཕྱིར་ཐོགས་ནི་ཡོངས་སྤངས་བཅངས། །ཞེས་འཇིག་རྟེན་ན་གྲགས་ པའི་གཙང་བ་རྣམས་ལས་ཡོངས་སུ་བཟློག་པ། ཤྲཱི་ཧེ་རུ་ཀའི་སྔགས་དང་ཕྱག་རྒྱས་བྱིན་གྱིས་ བརླབས་པའི། གཙང་བའི་ཁྱད་པར་དེ་ཡང་ཇི་ལྟ་བུ་ཞེ་ན་རྣམ་པ་གསུམ་ཡོད། ཅེས་འཆད་པ་ 2-1-184 ལ། གཙང་སྦྲ་གསུམ་སྟོན་བྱེད་ཀྱི་རྒྱུད་ཚིག་འདི་རྣམས་བྱུང་བ་ཡིན་ནོ། ། འདི་ལ་མདོར་བསྟན་པ་དང༌། རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། གཙང་སྦྲ་ གསུམ་དུ་ཤེས་བྱ་ཞིང༌། །ཞེས་པས་བསྟན། གཉིས་པ་ལ་གསུམ་ལས། དང་པོ་ནི། ཕོ་ཉ་མོ་ རྣམས་དང་མཉམ་པར་སྦྱོར་བ་ནི། གཙང་སྦྲ་དང་པོ་ཡིན་ལ། དེ་ཡང་རང་གི་རིགས་ཀྱི་རྒྱུན་ བྲམ་ཟེ། རྒྱལ་རིགས། རྗེ་རིགས་ལ་སོགས་པའི་རིགས་ལ་རྣམ་པར་གནས་བཞིན་པའི་ངང་ ནས། རིགས་དང་རིགས་མ་ཡིན་པ་རྣམས་ལ་མི་ལྟ་བ་སྟེ། རྟོག་པ་མེད་པར་སྤྱོད་པ་དང༌། འཇིག་རྟེན་དུ་ཡང་ཕྱག་འཚལ་བ་དང༌། མྱ་ངན་ལ་སོགས་པའི་དུས་མ་གཏོགས། གཙུག་ཕུད་ འཆིང་བར་བྱེད་པ་ཡིན་པ་ལ་རྣལ་འབྱོར་པས། དུས་བརྟག་ཏུ་གཙུག་ཕུད་བཅིང་བ་ཡོངས་སུ་ སྤོང་བར་བྱེད་པ་སོགས་འཇིག་རྟེན་དང་འགལ་བའི་སྤྱོད་པ་སྣ་ཚོགས་པ་བྱེད་པའོ། །གཙང་ སྦྲ་གཉིས་པ་ནི། ཤ་ལྔ་དང་བདུད་རྩི་ལྔ་ལ་སོགས་པའི་བཟའ་བྱ་ཡིན་མིན་ཐམས་ཅད་སྦྱངས་ རྟོགས་སྦར་གསུམ་གྱི་སྒོ་ནས། ཟླ་བ་སྟེ་བདུད་རྩིར་བྱས་པ་ཡོངས་སུ་བསྟེན་པར་བྱེད་པ་ ཡིན་པར་འདོད་དོ། །གཙང་སྦྲ་གསུམ་པ་ནི། ཚོགས་ཀྱི་འཁོར་ལོ་དེར་འདུས་པའི་དཔའ་བོ་ དང་རྣལ་འབྱོར་མ་ཐམས་ཅད། ཟས་ཀྱི་སྣོད་གཅིག་ཏུ། ཁ་ཟས་ལ་ལོངས་སྤྱོད་པ་ཉིད་ཡིན་ པར་བཤད་དོ། །དེ་དག་ནི་ཕྱིའི་གཙང་སྦྲ་གསུམ་པ་ཡིན་ལ། ནང་གི་གཙང་སྦྲ་གསུམ་ནི། ཕོ་ ཉ་མོ་དང་མཉམ་པར་སྦྱར་བ་ལས། གཙུག་ཕུད་བཅིང་བ་སྤངས་པའི་དོན། སྤྱི་བོའི་ཧཾ་ཡིག་ ཡོངས་སུ་ཞུ་བ་ནི། གཙང་སྦྲ་དང་པོ་དང༌། ཐབས་ཤེས་ཀྱི་རྩ་གཉིས་ཕྲད་པའི་དབུས་སུ། ཟླ་ བ་སྟེ་བྱང་ཆུབ་ཀྱི་སེམས་དཀར་དམར་གཉིས་ཡོངས་སུ་འདྲེས་པ་ནི། གཙང་སྦྲ་གཉིས་པ་ དང༌། ཐབས་ཀྱིས་ཤེས་རབ་ཀྱི་དམར་ཆ་དང་འདྲེས་པའི་བྱང་ཆུབ་ཀྱི་སེམས་དྲངས་ཏེ་ལུས་ ལ་ཁྱབ་པར་བྱེད་པ་དང༌། ཤེས་རབ་ཀྱིས་ཀྱང་ཐབས་ཀྱི་དཀར་ཆའི་ཆ་ཤས་དང་ཡོངས་སུ་ འདྲེས་པའི་དམར་ཆས་ལུས་ལ་ཁྱབ་པར་བྱེད་པ་ནི། ནང་གི་གཙང་སྦྲ་གསུམ་པ་ཡིན་པར་ 2-1-185 འཆད་དོ། །དེ་ལྟར་གཙང་སྦྲ་གསུམ་པོ་དེ་དག་ནི་རྣལ་འབྱོར་པས་ཕོ་ཉ་མོ་སྒྲུབ་པའི་བསྙེན་ པ་དང༌། ཉེར་སྒྲུབ་དང༌། སྒྲུབ་པ་རྣམས་ཀྱི་དུས་རྟག་ཏུ་རབ་ཏུ་བསྐྱངས་པས། གཙང་མ་དག་ པའི་དངོས་གྲུབ་ཆུང་འབྲིང་ཆེ་གསུམ་རིམ་གྱིས་ཐོབ་པར་འགྱུར་བ་ཡིན་ཏེ། ཕྱི་ནང་གི་གཙང་ སྦྲ་དང་པོ་ལ་བརྟེན་ནས། རིལ་བུ་མིག་སྨན་སོགས་ཐུན་མོང་གི་དངོས་གྲུབ་ཆུང་ངུ་ཐོབ་ པར་འགྱུར་བ་དང༌། ཕྱི་ནང་གི་གཙང་སྦྲ་གཉིས་པ་ལ་བརྟེན་ནས། གཟུགས་ཁམས་ཀྱི་རིག་ འཛིན་སོགས་ཐུན་མོང་གི་དངོས་གྲུབ་འབྲིང་པོ་ཐོབ་པ་དང༌། ཕྱི་ནང་གི་གཙང་སྦྲ་གསུམ་པ་ ལ་བརྟེན་ནས། གཟུགས་ཁམས་ཀྱི་རིག་འཛིན་ཐུན་མོང་གི་དངོས་གྲུབ་ཆེན་པོའམ། མཆོག་ གི་དངོས་གྲུབ་ཐོབ་པར་འགྱུར་བ་ཡིན་ནོ། །དེ་ལྟར་ཕྱི་ནང་གི་གཙང་སྦྲ་གསུམ་པོ་གང་ལས་ དངོས་གྲུབ་དེ་རྣམས་ཅིའི་ཕྱིར་འབྱུང་བར་མི་འགྱུར་ཏེ། ངེས་པར་འབྱུང་བ་ཡིན་ནོ། ། གཉིས་པ་དེའི་ཕན་ཡོན་ནི། རྩ་བའི་རྒྱུད་དེ་ཉིད་འདུས་པ་དང༌། སྒྱུ་མ་བདེ་མཆོག་ དང༌། གསང་བ་འདུས་པའི་རྒྱུད་དང་། དཔལ་མཆོག་དང་པོ་དང༌། རྡོ་རྗེ་འཇིགས་བྱེད་ཀྱི་ རྒྱུད་རྣམས་ལས་གསུངས་པའི་རིལ་བུ་མིག་སྨན་ལ་སོགས་པའི་དངོས་གྲུབ་རྣམས། དེ་དང་ དེའི་སྔགས་བཟླས་པ་དང༌། བརྟུལ་ཞུགས་ལ་སོགས་པ་ཇི་སྐད་བཤད་པ་བཞིན་སྒྲུབ་པ་ ལས། དངོས་གྲུབ་དེ་དང་དེ་འགྲུབ་པར་འགྱུར་བ་ཡིན་པ་ལ། འཁོར་ལོ་སྡོམ་པའི་རྒྱུད་འདིར་ དེ་དག་བཟླས་བརྗོད་དང༌། བརྟུལ་ཞུགས་ལ་མ་ལྟོས་པར། ཕྱི་ནང་གི་གཙང་སྦྲ་གསུམ་གྱི་ བསམ་གཏན་ལ་གནས་པ་ཙམ་གྱིས་ནི། སྔགས་པས་དེ་དག་སྐད་ཅིག་གིས་འགྲུབ་པར་ འགྱུར་བ་ཡིན་ནོ། །དེ་ལྟ་ན་ཡང༌། ཕོ་ཉའི་ལམ་ལ་ཞུགས་པའི་སྒྲུབ་པ་པོ་རྣམས་ཀྱིས་གཙང་ སྦྲ་གསུམ་པོ་སྤྱོད་དགོས་པར་བདེན་ན་ཡང༌། རང་ལུས་ཐབས་ལྡན་རྣལ་འབྱོར་གྱི་ལམ་ ལ་དགའ་བས། དེ་ཇི་ལྟར་སྤྱོད་དགོས་སྙམ་ན། དེས་ཀྱང་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་ སྤྱོད་དགོས་པའི་ཕྱིར། མཐར་གཙང་སྦྲ་གསུམ་པོ་འདི་དག་ནི་ཡང་དག་པར་སྤྱོད་དགོས་པ་ 2-1-186 ཡིན་ནོ། །གཞན་ཡང་གཙང་སྦྲ་གསུམ་པོ་འདི་དག་སྤྱད་པ་ལས། བསོད་ནམས་ཚད་མེད་པ་ འབྱུང་བ་དང༌། སྒྲུབ་པ་པོའི་ཡོན་ཏན་རྒྱ་ཆེན་པོ་ཐོབ་པར་འགྱུར་བའི་ཚད་ནི། སྐྱེས་བུ་གང་ ལ་གདོང་སྟོང་ཕྲག་གཅིག་ཡོད་པས་བརྗོད་ན། བརྗོད་ཐུབ་པ་ལ་རག་གི། ཁ་ཅིག་གིས་ནི་ བརྗོད་པར་མི་ནུས་སོ། །དེར་མ་ཟད་དཔལ་ལྡན་ཁྲག་འཐུང་གི་ཡེ་ཤེས་ཆེན་པོ་དྲི་མ་མཐའ་ དག་གིས་རྣམ་པར་དག་ཅིང༌། ཡོན་ཏན་གྱི་མཚན་ཉིད་ཀུན་རྫོགས་པ་ཡང༌། དེ་ལས་འགྲུབ་ པར་འགྱུར་བ་ཡིན་ནོ། །བདེ་བའི་བསོད་ནམས་ཆུ་འཐུང་བ། ཞེས་པས་ནི། སྔར་བཤད་ཟིན་ པའི་ནང་གི་གཙང་སྦྲ་གསུམ་བསྟན་པ་ཡིན་ལ། སྔར་བཤད་ཟིན་པ་དང༌། ད་འཆད་འགྱུར་གྱི་ གཙང་སྦྲའི་ཕན་ཡོན་རྣམས་གཙོ་བོར་ནང་གི་གཙང་སྦྲ་ཉིད་ལས་འབྱུང་བ་ཡིན་ནོ། །དེ་ལྟར་ ཕྱི་ནང་གི་གཙང་སྦྲ་གསུམ་ལ་གནས་པའི་སྒྲུབ་པ་པོ་དེས་ལས་ཀྱི་སྒྲིབ་པ་དཔག་ཏུ་མེད་པ་ དག་པར་བྱེད་པ་དང༌། སྡིག་པ་སྟེ། ཚེ་འདིའི་བྱུར་ཆགས་སྐལ་ངན་ཐམས་ཅད་ཀྱང་འཇིག་ པར་བྱེད་པ་ཡིན་ལ། སྒྲུབ་པ་པོ་དེ་དང་སྐྱེ་བོ་གཞན་རེག་པ་དང༌། གཏམ་སྨྲ་བས་ཀྱང་སྐྱེ་བོ་ དེ་ཀུན་སྡིག་པ་ཀུན་ལས་རྣམ་པར་གྲོལ་བར་འགྱུར་ཞིང༌། དེ་ལྟ་བུའི་སྒྲུབ་པ་པོ་དེའི་ལུས་ཚེ་ སྐལ་པའི་བར་དུ་གནས་པ་དང༌། ངག་གིས་སེམས་ཅན་གྱི་བསམ་པ་དང་མཐུན་པར་ཆོས་ སྟོན་ནུས་ཤིང༌། ངག་ལ་ནུས་པ་རྙེད་པའི་སྒོ་ནས་ལུས་ངག་སྐྱོན་མེད་པར་སྤྱོད་པར་བྱེད་པའི་ སྒྲུབ་པ་པོ་གང་ཞིག མིའི་མཆོག་སྡིག་པ་ཐམས་ཅད་རྣམ་པར་དག་པའི་བདག་ཉིད། བདེ་ བར་གཤེགས་པའི་ས་རབ་ཏུ་དགའ་བ་ལ་སོགས་པ་རྣམས་ཀྱང་ཚེ་འདི་ཉིད་ལ་ཐོབ་པར་ འགྱུར་བ་ཡིན་ལ། ཅེ་སྟེ་དེ་ལྟར་མ་ཐོབ་ན་ཡང༌། སྐྱེ་ཞིང་སྐྱེ་བར་དེ་བཞིན་གཤེགས་པའི་ རིགས་སུ་གྱུར་པའི་ཆོས་ལྡན་གྱི་ལྷ་དང་མིའི་རིག་པ་འཛིན་པའི་རྒྱལ་པོར་འགྱུར་བ་ཡིན་ནོ། ། བཞི་པ་ནི། དེ་ལྟར་ཞེས་པ་ནས། སྦྱོར་བས་མ་མོ་རྣམས་མཉེས་འགྱུར། །ཞེས་པའི་བར་ 2-1-187 གྱིས་བསྟན། དེ་ཡང༌། དེ་ལྟར་རྟག་ཏུ་མཆོད་བྱས་ནས། །ཞེས་པའི་ཚིག་གིས་སྙེག་མཚམས་ གོང་དུ། སྔགས་དང་ཕྱག་རྒྱ་སྒྲུབ་པ་པོས། །མཆོད་པ་ཉིད་ལ་རབ་ཏུ་འཇུག །ཅེས་པ་དེ་ལ་ སྙེག་དགོས་པ་ཡིན་ནོ། །དེ་ཡང་གཏོར་མ་སྦྱིན་པའི་བསམ་པ་ནི། དཔལ་ཧེ་རུ་ཀ་འཁོར་དང་ བཅས་པ་ལ་དད་པ་དང་ལྡན་པས་སྦྱིན་པ་དང༌། ཆོ་ག་ནི་འཇིག་རྟེན་དང༌། འཇིག་རྟེན་ལས་ འདས་པའི་ལྷ་རང་རང་སོ་སོའི་སྔགས་དང༌། ཆོ་ག་ཇི་ལྟ་བ་བཞིན་གྱི་སྦྱོར་བས་ཅི་འདོད་ པ་སྦྱིན་པར་བྱ་བ་ཡིན་ལ། དུས་ནི་མར་ངོ་དང༌། ཡར་ངོའི་ཚེས་བཅུར་གྱུར་པ་ལ། མྱུར་དུ་ གཏོར་མའི་འགྲོན། ཕཻཾ་ཞེས་པ་ལ་སོགས་པའི་ཚུལ་གྱིས་འབད་པས་སྤྱན་དྲངས་ཏེ། མཆོད་ པར་བྱ་བ་ཡིན་ནོ། །རྡོ་རྗེ་ལྷ་མོ་ནི། རྡོ་རྗེ་མཁའ་འགྲོ་མ་རྣམས་ཡིན་ལ། དེར་མ་ཟད་དཔལ་ ཧེ་རུ་ཀ་ལ་སོགས་པའི་ཐབས་དཔའ་བོ་རྣམས་ཀྱང་ཤུགས་ལ་བསྟན་པ་ཡིན་ཏེ། གཙོ་བོ་རྡོ་ རྗེ་ལྷ་མོ་དངོས་སུ་བསྟན་པས། དེ་དག་དེའི་རྗེས་སུ་འབྲང་བའི་ཕྱིར་རོ། །དེ་ལྟར་མཆོད་པའི་ ཡུལ་དེ་རྣམས་ལ་ཐུན་མོངས་མ་ཡིན་པའི་དམ་རྫས་མྱོས་བྱེད་དང༌། ཤ་ལ་སོགས་པའི་བཟའ་ བཅའ་སྣ་ཚོགས་པས། སྒྲུབ་པ་པོ་དད་པའི་སེམས་དང་ལྡན་པས་མཆོད་པར་བྱ་བ་ཡིན་ཅིང༌། དེ་ལྟར་མཆོད་པའི་ཕན་ཡོན་ནི། ཧེ་རུ་ཀ་དཔལ་འཁོར་དང་བཅས་པ་རྣམས་དགའ་ཞིང་ མགུ་བའི་སེམས་མཆོག་དང་ལྡན་པར་འགྱུར་བ་ཡིན་ཞིང༌། དེ་ལ་བརྟེན་ནས་དེ་རྣམས་ཀྱི་ ལག་ནས་དངོས་གྲུབ་མཆོག་སྟེར་བ་སྟེ། སྩོལ་བར་མཛད་པ་ཡིན་ནོ། །སྤྱིར་གཏོར་མ་ཙམ་ ལ་བརྟེན་ནས་དངོས་གྲུབ་ཐོབ་པར་མ་ཡིན་ཀྱང༌། ཕོ་ཉ་མོ་འགྲུབ་པའི་སྒྲུབ་པ་པོས་གཏོར་ མའི་ཆོ་ག་ལ་བརྟེན་ནས། ལས་ཀྱི་དངོས་གྲུབ་ཅི་རིགས་པ་ཐོབ་པ་ཡོད་པ་ཡིན་ནོ། །དེ་ལྟ་ བུའི་གཏོར་མ་དེ་ཡང༌། ཉིན་ཞག་རེ་རེ་བཞིན་གྱི་དུས་ཀྱི་དབང་དུ་བྱས་ན། མཚན་མོ་ཕྱེད་ཀྱི་ དུས་སུ་བརྟུལ་ཞུགས་ཅན་སྒྲུབ་པ་པོས་སྐྲ་གྲོལ་ཞིང༌། གཅེར་བུར་གྱུར་པས་གཏོར་མ་སྦྱིན་ ཞིང༌། དེའི་དུས་སུ་ཡང༌། བདག་ཉིད་ཤྲཱི་ཧེ་རུ་ཀར་ཡོངས་སུ་ཤེས་པའི་ང་རྒྱལ་ལ་གནས་པའི་ 2-1-188 སྒོ་ནས། གཏོར་མའི་ལས་ལ་སྦྱོར་བས། འཇིག་རྟེན་དང༌། འཇིག་རྟེན་ལས་འདས་པའི་མ་ མོ་རྣམས་མཉེས་པར་འགྱུར་བ་ཡིན་ནོ། །དཔལ་འཁོར་ལོ་སྡོམ་པ་ལས། སྤྱོད་པ་དང་བརྟུལ་ ཞུགས་དང༌། མཆོད་པ་དང༌། གཏོར་མའི་ཆོ་གའི་ལེའུ་སྟེ། ཉི་ཤུ་རྩ་བདུན་པ་རྣམ་པར་བཤད་ ཟིན་ཏོ།། །། ༈ ལེའུ་ཉེར་བརྒྱད་པ་ལ། བཤད་པར་ཞལ་གྱིས་བཞེས་པ་དང༌། དོན་དངོས་བཤད་ པ་གཉིས་ལས། དང་པོ་ནི། དེ་ནས་མཆོད་པ་རྣམ་དག་བདག །ཅེས་པ་སྟེ། ལེའུ་ཉི་ཤུ་རྩ་ བདུན་པའི་རྗེས་དེ་ནས། རྣམ་པར་དག་པའི་བདག་ཉིད་ཀྱི་མཆོད་པ་བཤད་པར་བྱ། ཞེས་ པའོ། །གཉིས་པ་ལ་དོན་ཚན་དང་པོ་ཚོགས་ཀྱི་དཀྱིལ་འཁོར་བཤད་པ་ནི། མྱ་ངན་འདས་ པར་ངེས་འགྲོ་བ། །ཞེས་སོགས་ཚིག་བདུན་གྱིས་བསྟན། དེ་ཡང་མྱ་ངན་ལས་འདས་པ་བདེ་ སྟོང་གཉིས་སུ་མེད་པའི་ཡེ་ཤེས་ལས། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་གྱི་ འཁོར་ལོ་ངེས་པར་འགྲོ་བ་སྟེ། འཆར་བའི་དོན་ཡིན་ལ། དེ་ཡང་བདག་ཉིད་དཔལ་ཧེ་རུ་ཀར་ གྱུར་པ་ལ་མཆོད་པ་དང༌། སངས་རྒྱས་ཀུན་ཏེ་ནུས་པ་ཐོབ་པའི་རྣལ་འབྱོར་པ་བཞི། རྒྱལ་ བ་རིགས་བཞིར་སྒོམ་པ་དང༌། སོགས་པའི་སྒྲས་ནུས་པ་ཐོབ་པའི་རྣལ་འབྱོར་མ་བཞི་ཡུམ་ བཞིར་སྒོམ་པ་དང༌། སྲས་བཅས་ཞེས་པ་ནི། ཞི་བའི་དབང་དུ་མཛད་དེ། བྱང་ཆུབ་སེམས་ དཔའ་སྒོམ་པའི་དོན་ཡིན་ལ། དྲག་པོ་ལ་ནི་དཔའ་བོ་ཉེར་བཞི་དང༌། རྣལ་འབྱོར་མ་ཉེར་ བཞི་སྟེ། དེ་དག་གི་གནས་སུ་ནུས་པ་ཐོབ་པའི་རྣལ་འབྱོར་ཕོ་མོ་དེ་སྙེད་རེ་བཀོད་དེ། དེ་དང་ དེའི་རྣལ་འབྱོར་ལ་གནས་པར་བྱེད་པ་ཡིན་ནོ། །བརྟན་པ་དག་དང༌། ཞེས་པས་རྟེན་གཞལ་ ཡས་ཁང་ཚོགས་ཀྱི་ཁང་པ་དང༌། གཡོ་བ་དང་ཞེས་པས། སྔར་མ་བསྟན་པའི་ལྷ་ཚོགས་ གཞན་ཡོད་པའང་བསྟན་པ་ཡིན་ལ། དཔུན་དང་སྡུག་པ་ཞེས་པའི་དཔུན་ནི་ལྷ་ཐབས་རྣམས་ དང༌། སྡུག་པ་ནི་དེ་དག་གི་ཡུམ་ཤེས་རབ་མ་རྣམས་སོ། །དེ་ལྟར་ཚོགས་ཀྱི་དཀྱིལ་འཁོར་ 2-1-189 གྱི་འཁོར་ལོ་བསྐྱེད་པའི་ཚུལ་ཡང་རྫོགས་རིམ་པ་རླུང་སེམས་ཙམ་གྱི་སྐུ་གྲུབ་པ་ཞིག་ཡིན་ན་ ནི། ཐོག་མར་བདེ་སྟོང་གི་ཏིང་ངེ་འཛིན་ལ་མཉམ་པར་བཞག་ནས། དེ་ནས་རླུང་སེམས་ཙམ་ ལས་གྲུབ་པའི་དཀྱིལ་འཁོར་གྱི་འཁོར་ལོ་སྤྲུལ་བར་བྱེད་པ་ཡིན་ལ། བསྐྱེད་རིམ་པ་ཡིན་ན། བསྐྱེད་རིམ་གྱི་བདེ་སྟོང་གི་ཏིང་ངེ་འཛིན་ལ་མཉམ་པར་བཞག་ནས། དེའི་ངང་ལས། བསྐྱེད་ ཆོག་རྒྱས་བསྡུས་ཇི་ལྟར་རིགས་པས་དཀྱིལ་འཁོར་གྱི་འཁོར་ལོ་ཡོངས་སུ་བསྐྱེད་ཅིང༌། གནས་སོ་སོར་བཀོད་པའི་སྒྲུབ་པ་པོ་རྣམས་ཀྱང༌། ལྷ་དེ་དང་དེའི་རྣལ་འབྱོར་ལ་གནས་པར་ བྱེད་དགོས་པ་ཡིན་ནོ། །དེ་ལྟར་དེ་ཉིད་མཆོད་པའི་ཚུལ་ནི། ཟླ་བ་འདུས་པའི་སྒོ་ནས་ཏེ། དེ་ ལ་ཕྱིའི་ཟླ་བ་འདུས་པ་ནི། ཤ་ལྔ་དང་བདུད་རྩི་ལྔ་ལ་སོགས་པ། བཟའ་བྱ་ཡིན་མིན་ཐམས་ ཅད་ལ་དེར་འདུས་ཀྱི་དཔའ་བོ་དང༌། རྣལ་འབྱོར་མ་རྣམས་ལྷན་ཅིག་ཏུ་སྦྱངས་རྟོགས་སྦར་ གསུམ་གྱི་སྒོ་ནས་བདུད་རྩིར་བྱས་པ་སྣོད་གཅིག་ཏུ་ལོངས་སྤྱོད་པར་བྱེད་པ་ཡིན་ལ། ནང་གི་ ཟླ་བ་འདུས་པ་ནི། ཐབས་ཤེས་ཀྱི་ཚོགས་པ་དེ་རྣམས་མཉམ་པར་སྦྱར་བ་ལས། བྱང་ཆུབ་ཀྱི་ སེམས་ཡོངས་སུ་ཞུ་བ། ཐབས་ཤེས་ཀྱི་རྩ་གཉིས་ཀྱི་དབུས་སུ་འདུས་པའི་བདེ་བ་སྒོམ་པར་ བྱེད་པའོ། །ཚོགས་ཀྱི་དཀྱིལ་འཁོར་འདི་ནི། ཀུན་དར་གསང་སྟེ་སྤྱོད་པ་དང༌། །ཀུན་དར་ འཇིག་རྟེན་པའི་མངོན་དུ་སྤྱོད་པ་གཉིས་ཀྱི་སྐབས་སུ་འབྱུང་སྲིད་པ་ཙམ་ཡིན་ཀྱང༌། ཕལ་ ཆེར་མི་འབྱུང་བ་ཤས་ཆེ་བ་ཡིན་ལ། ཀུན་བཟང་གི་སྤྱོད་པའི་སྐབས་སུ་ངེས་པར་འབྱུང་བ་ ཡིན་ནོ། ། དོན་ཚན་གཉིས་པ། ཀུན་དར་འཇིག་རྟེན་པའི་མངོན་དུ་སྤྱོད་པ་སྟོན་པ་ནི། དཔུན་དང་ བུ་དང་ལྷན་ཅིག་ཏུ། །ཞེས་སོགས་ཚིག་བཅུ་གཅིག་གིས་བསྟན། དེ་ཡང་ཀུན་དར་གསང་སྟེ་ སྤྱོད་པའི་སྐབས། ཆགས་སོགས་ཉོན་མོངས་པ་དང༌། ཚ་གྲང་བཀྲེ ས་སྐོམ་སོགས་ཀྱི་རྫི་བར་ མི་ནུས་པར། ཐམས་ཅད་ཡེ་ཤེས་ཆེན་པོར་རོ་སྙོམ་ཐུབ་པ་ན། རང་ཉིད་རྣལ་འབྱོར་པ་ཡིན་ 2-1-190 པ་ཡོངས་སུ་གསང་སྟེ། སྨྱོན་པའི་སྤྱོད་པས་སྐྱེ་བོ་རྣམས་ཀྱི་མངོན་དུ་སྤྱོད་པ་སྤྱོད་པར་བྱེད་ པ་ཡིན་ལ། དེའི་སྐབས་སུ། དཔེར་ན། ཤིན་ཏུ་སྙིང་ཉེ་བར་གྱུར་པའི་དཔུན་དང༌། ཕ་བུ་ལ་ སོགས་པ་རྣམས་སྐྱིད་སྡུག་མཉམ་པར་ལྷན་ཅིག་ཏུ་བྱེད་པ་བཞིན། རྣལ་འབྱོར་པ་དེས་ཀྱང་ སེམས་ཅན་ཐམས་ཅད་དང་བདེ་དང་སྡུག་བསྔལ་ཀུན་མཉམ་པ་ཉིད་དུ་བྱེད་པ་སྟེ། རང་ཉིད་ གལ་ཆེ་དང༌། འགྲོ་བ་གཞན་གལ་ཆུང་དུ་མི་བྱེད་པར། བདག་གཞན་མཉམ་པ་དང༌། བརྗེ་ བའི་བྱང་ཆུབ་ཀྱི་སེམས་ཐུན་མོང་མ་ཡིན་པ་རྒྱུད་ལ་སྐྱེས་པ་ཞིག་དགོས་པ་ཡིན་ལ། དེའི་ཚེ་ རང་ཉིད་སྔགས་ཀྱི་རྣལ་འབྱོར་པ་ཡིན་པར་གཞན་གྱིས་མ་ཤེས་པར་བྱེད་དགོས་པའི་ཕྱིར། གསང་སྔགས་དང༌། དེ་བཞིན་དུ་ཕྱག་རྒྱ་དང༌། རིམ་གཉིས་ཀྱི་ཡེ་ཤེས་ལ་སོགས་པ་གཞན་ ལ་བསྟན་པར་མི་བྱ་ཞིང༌། བསྟན་པ་ལ་མ་དད་པའི་སེམས་ཅན་ཐམས་ཅད་ནུས་པའི་སྒོ་ནས་ སུན་འབྱིན་པ་སྟེ། འདུལ་བར་བྱེད་དགོས་པ་དང༌། བཤང་ལྕི་སོགས་མི་གཙང་བའི་དངོས་ པོ་སྣ་ཚོགས་པ་ལ་སྦྱངས་རྟོགས་སྦར་གསུམ་གྱི་ཏིང་ངེ་འཛིན་གྱི་སྒོ་ནས་ཁ་དོག་དྲི་རོ་ངན་པ་ དེ་རྣམས་ཡོངས་སུ་དག་སྟེ། རྣལ་འབྱོར་པ་རང་སྣང་ལ་བདུད་རྩི་རོ་མཆོག་ཕུན་སུམ་ཚོགས་ པར་གྱུར་པའི་ཟས་ལ་རྟག་ཏུ་བཟའ་བའི་དམ་ཚིག་གི་སྒོ་ནས་ལོངས་སྤྱོད་པར་བྱེད་པ་དང༌། གསང་སྔགས་ཏེ་དབང་བསྐུར་བ་གང་ཟག་སུ་ལའང་སྦྱིན་པར་མི་བྱ་ཞིང༌། མན་ངག་རྣམས་ ཀྱང་གཞན་ལ་བསྟན་པར་མི་བྱ་སྟེ། རང་ཉིད་ཀྱི་དེ་ཉམས་པར་འགྱུར་བའི་ཕྱིར་རོ། །འོན་ ཀྱང་སྒྲུབ་པ་པོ་རང་ཉིད་དང༌། སྤྱོད་ཡུལ་གཅིག་ཏུ་གྱུར་པའི་དམ་ཚིག་དང་ལྡན་པ་རྣམས་ལ་ ནི། ཅི་རིགས་པའི་མན་ངག་རྣམས་བསྟན་པས་རུང་བའང་ཡིན་ནོ། ། དོན་ཚན་གསུམ་པ་འབྱུང་བཟློག་གི་བསླབ་བྱ་བསྟན་པ་ལ། དང་པོ་ཉེར་སྒྲུབ་ཀྱི་དམ་ ཚིག་ནི། རང་ཉིད་ཀྱིས་སྒྲུབ་པའི་ཕོ་ཉ་མོ་དེ་རྣམས་མ་གཏོགས་པའི་བུད་མེད་གཞན་ལ་ བསམ་པ་འདོད་རྨོངས་ཀྱི་སྒོ་ནས་འགྲོ་བ་སྟེ་བསྒྲོད་པར་མི་བྱེད་ཅིང༌། རང་ཉིད་ཀྱི་ཕོ་ཉ་མོ་དེ་ 2-1-191 ཉིད་ལ། ཉིན་རེ་བཞིན་ཐུན་དྲུག་གམ། བཞི་ལ་སོགས་པའི་སྒོ་ནས་རྟག་ཏུ་ཞེན་ཅིང་འབད་པ་ ཆེན་པོས་ལོངས་སྤྱོད་པར་བྱ་བ་ཡིན་ཏེ། དེ་ལས་ཐར་པ་ཐོབ་པར་འགྱུར་བའི་ཕྱིར་རོ། ། གཉིས་པ་སྤྱོད་པ་སྤྱིའི་དམ་ཚིག་ནི། སྐྱེ་གནས་དམན་པ་མཛེ་སྤྲང་ལ་སོགས་པ་རྣམས་ ལ་མི་གནས་པ་སྟེ་བརྙས་པར་མི་བྱ་ལ། རྒྱལ་པོ་ལ་སོགས་པ་རྣམས་ལ་ཕྱག་དང༌། བསྙེན་ བཀུར་ལ་སོགས་པ་བྱ་བ་མ་ཡིན་ནོ། ། གསུམ་པ་ཕོ་ཉ་སྒྲུབ་པ་སྤྱིའི་དམ་ཚིག་ནི། གོང་དུ་བསྟན་པ་ལྟར་གྱི་མ་དང༌། སྲིང་མོ་ དང༌། བུ་མོ་དང༌། ཆུང་མ་ལ་སོགས་པའི་རིག་མ་གསང་སྔགས་གྲུབ་པར་གྱུར་པ་ནི། སྔགས་ སྐྱེས་ཀྱི་ཕོ་ཉ་མོ་ཉིད་དུ་གནས་པ་ཡིན་ལ། དེ་ཉིད་ལ་ཕོ་ཉ་མོའི་ཉེར་སྒྲུབ་བྱེད་པ་ལ་ཡང༌། དཀྱིལ་འཁོར་གྱི་འཁོར་ལོ་ལ་གསལ་སྣང་སྒྲུབ་པ་དང༌། བྱང་ཆུབ་ཀྱི་སེམས་དབབ་བཟློག་ གི་འཁོར་ལོ་ལ་རང་དབང་འབྱོར་བ་ནི། འཁོར་ལོས་དེ་བཞིན་གྲུབ་པ་ལ། །ཞེས་པའི་དོན་ ཡིན་པས། དེ་ལྟ་བུ་ཞིག་གི་ཕོ་ཉ་མོའི་ཉེར་སྒྲུབ་ལ་འཇུག་པ་ཡིན་གྱི། གཞན་དུ་ན་བྱ་བ་མ་ ཡིན་ཏེ། དཀའ་ཐུབ་སྟེ། དམ་ཚིག་ངེས་པར་ཟད་པར་འགྱུར་བ་ལ་སོགས་པའི་སྒོ་ནས། ཉེས་ དམིགས་སུ་འགྱུར་བའི་ཕྱིར་རོ། །དེ་ལྟར་མི་དང༌། མི་མ་ཡིན་པ་གང་ཡང་རུང་བའི། སྔགས་ སྐྱེས་ཀྱི་ཕྱག་རྒྱ་དེ་ལ། མཆོག་ལྷན་སྐྱེས་དང༌། དབུས་ཞིང་སྐྱེས་དང༌། ཐ་མ་སྔགས་སྐྱེས་ རྣམས་ལྷན་ཅིག་ཏུ་དེ་ཉིད་ལ་ཞུགས་པར་བྱ་དགོས་པ་ཡིན་ཅིང༌། བསྐྱེད་རིམ་གྱི་སྐབས་ཕོ་ཉ་ གསུམ་བསྲེས་ཀྱི་དམིགས་པ་ཙམ་སྒོམ་པ་ནི། མཆོག་དབུས་ཐ་མ་ལྷན་ཅིག་འགུགས། །ཞེས་ པས་བསྟན་ནོ། །དེ་ལྟར་རྫས་ནི་རྣམ་ངེས་ཡིན་ཞེས་པ་ནི། དེ་ལྟར་ཉམས་སུ་བླངས་པ་ལ་ བརྟེན་ནས། ཕོ་ཉ་རྣམ་པ་གསུམ་གྱི་རྫས་ཀྱི་དངོས་པོ་རྣམས་ངེས་ཏེ་འགྲུབ་པར་བྱེད་པ་ཡིན་ ལ། དེ་ཡང་དཔེར་ན། སྔགས་སྐྱེས་ཀྱི་ཕོ་ཉ་སྒྲུབ་པའི་སྐབས། རིག་སྔགས་གྲུབ་པའི་ཕྱག་རྒྱ་ མ་དང་མ་ཕྲད་པ་དེ་སྲིད་དུ། སྔགས་སྐྱེས་ཀྱི་རྫས་མ་ཡིན་ལ། རང་གིས་སྔགས་སྐྱེས་སུ་སྒྲུབ་ 2-1-192 པའི་བུད་མེད་དེ་དག་གི་ནང་ནས་གང་ཡང་རུང་བ་དག་གི་རིག་སྔགས་གྲུབ་པ་ན། སྔགས་ སྐྱེས་ཀྱི་རྫས་སུ་གྱུར་པ་ཡིན་པ་དང༌། དེ་བཞིན་དུ་སྔགས་སྐྱེས་ཀྱི་ཕོ་ཉ་མོ་དེ་ལ། ཞིང་སྐྱེས་ ཡང་ཡང་བཀུག་སྟེ་འཇུག་པ་ལ་སོགས་པ་བྱེད་པའི་སྐབས། ཞིང་སྐྱེས་ཀྱི་སྒྲུབ་པ་ཙམ་ཡིན་ ཡང༌། ཞིང་སྐྱེས་ཀྱི་རྫས་དངོས་མ་ཡིན་ལ། ནམ་ཞིག་སྔགས་སྐྱེས་དེ་ཉིད་ལ། ཞིང་སྐྱེས་ ཡོངས་སུ་ཞུགས་ཏེ། སྒྲུབ་པ་པོ་རང་ཉིད་དང་ཞིང་སྐྱེས་འཕྲད་པར་གྱུར་པའམ། ཡང་ན་ཞིང་ སྐྱེས་ཀྱི་མཁའ་འགྲོ་མ་གཞན་ཞིག་དང་དངོས་སུ་འཕྲད་པ་ནི། ཞིང་སྐྱེས་ཀྱི་རྫས་རྣམ་པར་ ངེས་པ་ཡིན་པ་དང༌། དེ་བཞིན་དུ། ཞིང་སྐྱེས་ལ་བརྟེན་ནས་ལྷན་སྐྱེས་མ་འགྲུབ་པ་དེ་སྲིད་དུ། ལྷན་སྐྱེས་ཀྱི་རྫས་མ་ཡིན་ཅིང༌། ལྷན་སྐྱེས་ཀྱི་ཕོ་ཉ་མོ་དང་མཇལ་བ་ན། ལྷན་སྐྱེས་ཀྱི་རྫས་ རྣམ་པར་ངེས་པ་ཡིན་ནོ། །གཡོན་པའི་ཀུན་སྤྱོད་ནི། འཇིག་རྟེན་ན་རྟག་གཡོན་ནས་སྤྱོད། ཅེས་སོགས་ཚིག་བདུན་གྱིས་བསྟན། དེ་ཡང་འཇིག་རྟེན་ཐམས་ཅད་རྟག་ཏུ་གཡོན་ནས་སྤྱོད་ པ་སྟེ། གཡོན་ལས་བྱུང་བ་ཡིན་ལ། དེ་ཡང་འགའ་ཞིག་གཡོན་ཤེས་རབ་སྟོང་པ་ཉིད་ལས་ འཇིག་རྟེན་ཐམས་ཅད་འབྱུང་བ་ཡིན་ཞེས་འཆད་པ་དང༌། ཡང་གཡོན་ཤེས་རབ་བུད་མེད་ ལས་འགྲོ་བ་ཐམས་ཅད་བྱུང་བ་ཡིན་ཞེས་འཆད་པ་དང༌། ཡང་གཡོན་ས་བོན་ལས་འགྲོ་བ་ ཐམས་ཅད་བྱུང་བ་ཡིན་ཞེས་འཆད་པ་རྣམས་དོན་གྱི་ཕྱོགས་རེ་ནས་འགལ་བ་མེད་ཀྱང༌། གཙོ་བོའི་དོན་མ་ཡིན་ལ། དེས་ན་གཡོན་པ་ཐབས་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ ལས། ཤེས་རབ་དཀྱིལ་འཁོར་གྱི་འཁོར་ལོ་འབྱུང་བ་ནི། འཇིག་རྟེན་ཀུན་གཡོན་ནས་སྤྱོད་ པའི་དོན་གྱི་གཙོ་བོ་ཡིན་ལ། དེ་ལྟ་ན་གཡོན་པ་ཤེས་རབ་ཏུ་མི་འཇོག་པར། ཐབས་སུ་འཇོག་ པ་མི་འཐད་དོ་སྙམ་ན་མ་ཡིན་ཏེ། གཡོན་པ་ཉིད་ཀྱང་རྩ་རྐྱང་མའི་ནང་ནས་འབབ་པའི་ ཐབས་ཀྱི་ཆ་ཁམས་དཀར་པོ་དང་འབྲེལ་བ་ཡིན་པའི་ཕྱིར་དང༌། ཐབས་ཤེས་ཕན་ཚུན་རྒྱས་ བཏབ་ཏུ་གྱུར་པའང་ཡིན་པ་དང༌། ཤེས་རབ་བུད་མེད་རྣམས་མཉེས་པར་འགྱུར་བའི་གཙོ་བོ་ 2-1-193 ཐབས་ཡིན་པས། ཐབས་གཡོན་པའི་ཀུན་སྤྱོད་ཀྱིས་ཤེས་རབ་བུད་མེད་རྣམས་མཉེས་པར་ འགྱུར་བའི་རྒྱུ་མཚན་དེ་ཡིན་ནོ། །དེས་ན་རང་གི་ལག་པ་གཡོན་པའི་སོར་མོ་རྣམས་རིགས་ ལྔ་དང༌། ལག་མཐིལ་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་སུ་བྱིན་གྱིས་བརླབས་པས། ལུས་ ཀྱི་ཆ་ཐམས་ཅད་ལ་རེག་ཅིང༌། བྱིན་གྱིས་བརླབས་པར་བྱས་ཏེ། གཡོན་པའི་ཀུན་སྤྱོད་ཀྱི་ དག་པ་ཤེས་པའི་སྒོ་ནས་དེ་བྱ་བ་ཡིན་ནོ། །དེས་ན་རྐང་པ་གཡོན་པ་སྔོན་ལ་འདོར་བས་ནི་ལྟེ་ བའི་འཁོར་ལོ་དང༌། ལག་པ་གཡོན་པ་སྔོན་དུ་བསྒྱུར་བ་ནི། སྙིང་གའི་འཁོར་ལོ་དང༌། གཡོན་ གྱི་སྤྱོད་པས་རབ་ཏུ་འདུད་ཅིང་མཆོད་པར་བྱེད་པས་ནི། སྤྱི་བོའི་འཁོར་ལོ་དང༌། ཤེས་རབ་ མ་ལ་ལུས་ཀྱི་གཡོན་པས་འཁྲིལ་བར་བྱེད་པས་གསང་གནས་ཀྱི་འཁོར་ལོ་དང༌། ལག་པ་ གཡོན་པས་ཚིམས་པར་བཟའ་བས་མགྲིན་པའི་འཁོར་ལོ་དག་པར་བྱེད་པ་ཡིན་ནོ། །དེ་ལ་ ཕྱིའི་གཡོན་པའི་ཀུན་སྤྱོད་ནི། ལུས་ཀྱི་གཡོན་པས་བྱ་བ་རྣམས་བྱེད་པ་དང༌། ནང་གི་གཡོན་ པའི་ཀུན་སྤྱོད་ནི་རྩ་འཁོར་ལོ་རྣམས་དག་པར་འགྱུར་བའི་འབྲེལ་བ་དང༌། གསང་བའི་ གཡོན་པའི་ཀུན་སྤྱོད་ནི། ཤེས་རབ་ཀྱི་དབུ་མའི་མས་སྣའི་རྩ་གཡོན་ཕྱོགས་ན་གནས་པ་ ཡོངས་སུ་འཚོལ་བས་སྙོམས་པར་འཇུག་པར་བྱ་བ་དང༌། དེ་ཁོ་ན་ཉིད་ཀྱི་གཡོན་པའི་ཀུན་ སྤྱོད་ནི། གཡོན་པའི་ཀུན་སྤྱོད་ཀྱི་མཚོན་དོན་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ལས། གསལ་བ་དཀྱིལ་འཁོར་གྱི་འཁོར་ལོ་འགག་མེད་དུ་འཆར་བ་ཡོངས་སུ་ཤེས་པའོ། །ཕོ་ཉ་ མོའི་སྒྲུབ་ཆེན་ལ། ཚོགས་ཀྱི་དཀྱིལ་འཁོར་བྱ་བའི་ཚུལ་གོང་དུ་བཤད་ཟིན་ཅིང༌། དེའི་སྒོ་ བསམ་བསྟན་པ་ནི། བརྟུལ་ཞུགས་ཞེས་སོགས་ཤོ་ལོ་ཀ་གཉིས་ཀྱིས་བསྟན། དེའི་དོན་ཡང༌། བརྟུལ་ཞུགས་མ་ཉམས་པ་ནི། ལྷ་སྐུའི་གསལ་སྣང་དང༌། བདེ་སྟོང་གི་ཡེ་ཤེས་དང༌། གཞན་ དོན་གྱི་སྙིང་རྗེ་ཆེན་པོ་གསུམ་གྱི་བརྟུལ་ཞུགས་མ་ཉམས་པ་སྟེ། དེ་དག་རྩོལ་མེད་ལྷུན་གྲུབ་ ཏུ་འབྱུང་བ་མ་ཡིན་ཀྱང་དེ་དག་མ་ཉམས་པར་བསྟེན་པའི་རྩོལ་བ་མི་འདོར་བས། བརྟུལ་ 2-1-194 ཞུགས་རྣམ་པ་གསུམ་པོ་དེ་དང་ནམ་དུ་ཡང་མི་འབྲལ་བ་ཡིན་ནོ། །བརྟུལ་ཞུགས་རྫོགས་པ་ ནི། བྱང་ཆུབ་ཀྱི་སེམས་འཕོ་བ་མེད་པའི་ཚུལ་ཁྲིམས་གོང་ནས་གོང་དུ་འཕེལ་ཞིང་རྫོགས་ པར་འགྱུར་བ་དང༌། དེ་ལྟ་བུའི་སྒྲུབ་པ་པོ་དེ་ནི་གཙང་སྦྲ་རྣམ་པ་གསུམ་ལ་སོགས་པའི་དམ་ ཚིག་ལ་བརྩོན་པར་གནས་པ་དང༌། ཕོ་ཉ་མོ་རྣམས་དང་ལྷན་ཅིག་ཏུ་ཁ་ཟས་ལ་སོགས་པའི་ འདོད་པའི་ལོངས་སྤྱོད་ཐམས་ཅད་ལ་ལོངས་སྤྱོད་ཅིང༌། དེ་དག་ཀྱང་བདེ་བ་ཆེན་པོའི་ཡེ་ ཤེས་སུ་རོ་མཉམ་པར་བྱེད་པ་ཡིན་ལ། དེའི་ཚེ་ཕྱག་རྒྱ་རིགས་ལྔ་ལ་སོ་སོར་ཀུན་ཏུ་སྤྱོད་པ་ ལས། ལམ་དུས་ཀྱི་ཡེ་ཤེས་ལྔ་འཆར་བར་འགྱུར་བ་སྟེ། དེ་ཡང་རྡོ་རྗེའི་རིགས་ཀྱི་ཕྱག་རྒྱ་མོ་ དང་མཉམ་པར་སྦྱར་བ་ལས་བྱུང་བའི་བདེ་སྟོང་གི་ཡེ་ཤེས་མཚན་མའི་སྤྲོས་པ་ཐམས་ཅད་ དང་བྲལ་བ། བདེ་སྟོང་གཅིག་གི་ངོ་བོར་གནས་པ་ཆོས་དབྱིངས་ཡེ་ཤེས་དང༌། རྣམ་སྣང་གི་ རིགས་ཀྱི་ཕྱག་རྒྱ་དང་མཉམ་པར་སྦྱར་བ་ལས། བདེ་སྟོང་གི་ཡེ་ཤེས་རང་ཉིད་ཀྱིས་རང་གི་ ངོ་བོ་ཡོངས་སུ་རིག་པ་མེ་ལོང་ལྟ་བུའི་ཡེ་ཤེས་དང༌། རིན་འབྱུང་གི་རིགས་ཀྱི་ཕྱག་རྒྱ་དང་ མཉམ་པར་སྦྱོར་བ་ལས། བདེ་སྟོང་གི་ཡེ་ཤེས་བདག་གཞན་དང༌། ཆེ་ཆུང་དང༌། བཟང་ངན་ ལ་སོགས་པ་མཉམ་པ་ཉིད་དུ་གྱུར་པའི་མཉམ་ཉིད་ཡེ་ཤེས་དང༌། པད་མའི་རིགས་ཀྱི་ཕྱག་ རྒྱ་དང་མཉམ་པར་སྦྱར་བ་ལས། ཀུན་རྫོབ་ཀྱི་ཆོས་ཐམས་ཅད་ལས་ཡོངས་སུ་དམིགས་པ་ ན། དེ་དང་དེ་མ་འདྲེས་པ་ཡོངས་སུ་ཤེས་ཤིང༌། དེ་དག་ཀྱང་བདེ་སྟོང་གི་ཡེ་ཤེས་སུ་གྱུར་པ་ ནི་སོར་རྟོག་ཡེ་ཤེས་དང༌། དོན་གྲུབ་ཀྱི་རིགས་ཀྱི་རིག་མ་དང་མཉམ་པར་སྦྱར་བ་ལས། བདེ་ སྟོང་གི་ཡེ་ཤེས་རྣམ་པ་མ་འདྲེས་ཤིང༌། རང་བཞིན་སྟོང་པ་ཉིད་ཡིན་པ་མ་རྟོགས་པའི་སེམས་ ཅན་རྣམས་ཀྱི་དོན་སྒྲུབ་པར་བྱེད་པའི་བྱ་སྒྲུབ་ཡེ་ཤེས་རྣམས་སྒྲུབ་པ་པོས་དམིགས་པའི་ཁྱད་ པར་ལ་བརྟེན་ནས་སྐྱེ་བ་ཡིན་ནོ། །རིགས་བཞི་རུ་ནི་རབ་ཏུ་གྲགས། །ཞེས་པ་ནི། སྐུ་གསུང་ ཐུགས་ཡེ་ཤེས་རྡོ་རྗེ་བཞིའི་བདེ་བ་ཆེན་པོ་སྟོན་པ་སྟེ། དེ་ཡང༌། ཕྱག་རྒྱ་དང་མཉམ་པར་སྦྱར་ 2-1-195 བའི་བདེ་སྟོང་གི་ཡེ་ཤེས་སྣང་སྟོང་གི་ལྷ་སྐུར་གཙོ་བོར་འཆར་བ་ནི་སྐུ་རྡོ་རྗེ་དང༌། ཡང་ཕྱག་ རྒྱ་དང་མཉམ་པར་སྦྱར་བའི་བདེ་བ། གཞོམ་མེད་ཀྱི་སྒྲ་དབྱངས་སོགས་སྒྲ་གྲགས་སྟོང་དུ་ གཙོ་བོར་འཆར་བ་ནི། གསུང་རྡོ་རྗེ་དང༌། ཕྱག་རྒྱ་དང་མཉམ་པར་སྦྱར་བའི་བདེ་སྟོང་གི་ཡེ་ ཤེས་དེ་ཉིད་བདེ་བའི་ངོ་བོར་གཙོ་བོར་འཆར་བ་ནི། ཐུགས་རྡོ་རྗེ་དང༌། ཡང་ཕྱག་རྒྱ་དང་ མཉམ་པར་སྦྱར་བའི་བདེ་སྟོང་གི་ཡེ་ཤེས་དེ་ཉིད་རང་བཞིན་སྟོང་པ་ཉིད་ཀྱི་ངོ་བོར་གཙོ་ཆེར་ འཆར་བ་ནི། ཡེ་ཤེས་རྡོ་རྗེའོ། །རིགས་གཅིག་ལ་ནི་ཀུན་ཏུ་སྤྱོད། །ཅེས་པ་ནི། བདེ་སྟོང་གི་ཡེ་ ཤེས་གཅིག་ཏུ་སྟོན་པ་སྟེ། དེ་ཡང་ཕྱག་རྒྱ་དང་མཉམ་པར་སྦྱར་བའི་བདེ་སྟོང་གི་ཡེ་ཤེས་དེ་ ཉིད་སྐུ་སྣང་སྟོང་དང༌། གསུང་གྲགས་སྟོང་གཉིས་ཀྱང༌། བདེ་སྟོང་གཅིག་གི་ངོ་བོར་གྱུར་ པའོ། །དེ་དག་ཀྱང་ཕྱག་རྒྱ་རིགས་ལྔ་སོ་སོ་ལ་བརྟེན་ནས། ཡེ་ཤེས་ལྔ་སོ་སོར་སྒྲུབ་པ་དེ་ཉིད་ ལས། རིགས་བཞིའི་སྐབས་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་དེ་དག་རེ་རེ་བཞིན་རྒྱས་འདེབས་ པར་བྱེད་པ་དང༌། ཡང་དེ་རྣམས་ཐམས་ཅད་ལ་བདེ་སྟོང་གཅིག་གིས་རྒྱས་འདེབས་པར་བྱེད་ པ་སྟེ། རིགས་ལྔ་རིགས་བཞི་རིགས་གཅིག་རྣམས་དེ་ལྟར་དུ་བསྟན་པ་ཡིན་ནོ། །དེ་ལྟར་རྣལ་ འབྱོར་པས་དངོས་གྲུབ་སྒྲུབ་པའི་དོན་དུ། ཕོ་ཉ་མོ་དེ་བདེ་བ་ཆེན་པོས་རབ་ཏུ་མཆོད་པར་ བྱེད་པ་ཡིན་ནོ། །སྒྲུབ་ཆེན་ལ་གནས་པའི་སྒྲུབ་པ་པོ་དེས། གཞན་དོན་སྤྱོད་ཚུལ་ནི། བསད་ བསྐྲད་སོགས་དྲག་པོའི་ལས་སྒྲུབ་ན། བ་གླང་གི་ཤ་དང༌། རྟ་ཤ་དང༌། ཁྱི་ཤ་དང༌། སྣ་ཚོགས་ པ་ཞེས་པས་མི་ཤ་དང༌། གླང་པོ་ཆེའི་ཤ་ཡང་སྟེ། དེ་ལ་སོགས་པའི་ཤ་སྣ་ཚོགས་པའི་རྫས་ དང༌། དཀྱིལ་འཁོར་གྲུ་གསུམ་བྱས་ནས་ནི། །ཞེས་པ། ཚོགས་ཀྱི་དཀྱིལ་འཁོར་གྱི་ཁང་པ་ ཡང་དབྱིབས་གྲུ་གསུམ་དུ་བྱེད་པ་དང༌། དེར་འདུས་པའི་སྒྲུབ་པ་པོ་རྣམས་ཀྱི་ལྟེ་བར་མེའི་ དཀྱིལ་འཁོར་གྲུ་གསུམ་གྱི་དབུས་སུ། དཀྱིལ་འཁོར་གྱི་ལྷ་རྣམས་བཞུགས་པར་དམིགས་ལ། ཤ་ལ་སོགས་པའི་རྫས་དེ་དག་སྦྱངས་རྟོགས་སྦར་གསུམ་གྱི་སྒོ་ནས་བདུད་རྩིར་བྱིན་གྱིས་ 2-1-196 བརླབས་ཤིང༌། གདུག་པ་ཅན་རྣམས་བཀུག་སྟེ་དེ་ལ་བསྟིམ་པ་སོགས་བྱས་ནས། ནང་གི་ སྦྱིན་སྲེག་གི་ཚུལ་གྱིས་རྣལ་འབྱོར་པ་རྣམས་ཀྱིས་ཁ་ཟས་ལ་ལོངས་སྤྱད་ན། སངས་རྒྱས་ རྣམས་ཀྱང་ངེས་པར་འཇིག་ན། གཞན་ཐ་མལ་པ་རྣམས་ལྟ་སྨོས་ཀྱང་ཅི་དགོས། ཞེས་ཕུལ་ བྱུང་གི་ཚིག་གམ། ཡང་ན་རིག་སྔགས་དང༌། ནུས་པ་ཅི་རིགས་གྲུབ་པ་ལ། སངས་རྒྱས་ཀྱི་སྒྲ་ འཇུག་པས། དེ་དག་ཀྱང་འཇིག་ན། གཞན་ལྟ་སྨོས་ཀྱང་ཅི་དགོས། ཞེས་པའོ། །དེ་བཞིན་དུ། དཔའ་བོ་སྒྲུབ་པ་པོ་རྣམས་ཀྱིས་དཀར་གསུམ་མངར་གསུམ་སོགས་ཡིད་དུ་འོང་བའི་ཟས་ལ་ སྔགས་དང་ཕྱག་རྒྱར་ལྡན་པའི་སྒོ་ནས། ཡེ་ཤེས་ཀྱི་བདུད་རྩིའི་སྨན་དུ་བྱིན་གྱིས་བརླབས་ཏེ། ཚོགས་ཀྱི་དཀྱིལ་འཁོར་བཟླུམ་པོ་དང༌། རྣལ་འབྱོར་པ་རྣམས་ཀྱི་ལྟེ་བར་ཡང༌། མེ་ཐབ་ དཀར་པོའི་དབུས་སུ། ལྷ་ཚོགས་རྣམས་བཞུགས་པར་དམིགས་ལ། ནང་གི་སྦྱིན་སྲེག་གི་ཚུལ་ གྱིས་ལོངས་སྤྱད་པས། ཞི་བའི་ལས་འགྲུབ་པ་ཡིན་ལ། དེ་བཞིན་དུ། དབང་རྒྱས་གཉིས་ ལའང་རིགས་འདྲེའོ། །ཤྲཱི་ཧེ་རུ་ཀའི་སྤྲུལ་པ་ནི། ཞེས་པ་ནི། དེ་ལྟར་ལས་རྣམ་པ་སྣ་ཚོགས་པ་ འགྲུབ་པ་དེ་དག་ཀྱང༌། ཤྲཱི་ཧེ་རུ་ཀའི་སྤྲུལ་པ་སྟེ། འཕྲིན་ལས་ཡིན་ལ། དེ་ཡང་ནང་གི་སྦྱིན་ སྲེག་གི་ཚུལ་གྱིས་ཚོགས་ཀྱི་འཁོར་ལོ་ལ་ཉེ་བར་ལོངས་སྤྱོད་པས་འགྲུབ་པ་ནི། རྒྱུད་འདིར་ གསུངས་ཀྱི། བསྟན་བཅོས་ཏེ་རྒྱུད་གཞན་ཀུན་ལས་སྤངས་པ་སྟེ་མ་གསུངས་སོ། །རྣལ་ འབྱོར་རྟག་ཏུ་བསྲུང་བར་བྱ་བ་ནི། སྟོང་པ་ཉིད་དང་སྙིང་རྗེ་ཆེན་པོའི་ཡེ་ཤེས་དང་མི་འབྲལ་ བར་བྱེད་པ་ཡིན་ཞིང༌། ཞི་རྒྱས་དབང་དྲག་ལ་སོགས་པའི་ལས་རྣམས་དག་ནི་གེགས་མེད་ཇི་ ལྟ་བ་བཞིན་འགྲུབ་པར་འགྱུར་བ་འདིར་ནི། གཞན་དུ་རྟོགས་པ་སྟེ། འགྱུར་བ་མ་ཡིན་ནོ། །འདི་ནི་ཕོ་ཉ་མཆོག་བཟང་པོ། །ཞེས་སོགས་ཀྱི་དོན་ནི། ཞིང་སྐྱེས་ཀྱི་ཕོ་ཉ་མོ་རྣམས་ཀྱི་ནང་ ནས་ཀྱང༌། ཆེས་མཆོག་དང༌། བཟང་པོར་གྱུར་པ་མངོན་པར་མཆོད་པ་ལ་བརྩོན་པར་བྱ་ ཞིང༌། དེའི་ཚེ། ལྷན་སྐྱེས་ཀྱི་ཕོ་ཉ་མོ། ཞིང་སྐྱེས་ཀྱི་ཕོ་ཉ་མོ་དེ་ལ་འཇུག་པའི་དམིགས་པ་བྱས་ 2-1-197 པ་ཙམ་གྱིས། ལྷན་སྐྱེས་ཀྱི་ཕོ་ཉ་མོ་དེ་ལ་ཡོངས་སུ་ཞུགས་ཏེ། དེ་དང་ལྷན་ཅིག་ཏུ་རྟག་ཏུ་ གནས་པར་འགྱུར་བ་ཡིན་ཏེ། གོང་སྔགས་སྐྱེས་ལ། ཞིང་སྐྱེས་འཇུག་པའི་སྐབས་དང་མི་འདྲ་ བར། གང་ལ་འཇུག་པའི་གཞི་ཕོ་ཉ་མོ་མཆོག་ཏུ་གྱུར་པ་དང༌། དེ་ལ་འཇུག་པར་བྱེད་པ་པོའི་ སྒྲུབ་པ་པོ་ཆེས་ནུས་པ་དང་ལྡན་པའི་དབང་གིས་སོ། །དེ་ལྟར་ཕོ་ཉ་མོ་དེ་ལ་འདོད་ཆགས་ ཆེན་པོས་རྗེས་སུ་ཆགས་པ་ལས། མས་བརྟན་གྱི་དགའ་བའི་ལོངས་སྤྱོད་ཡོངས་སུ་རྫོགས་ཏེ། བྱང་ཆུབ་ཀྱི་སེམས་གཙུག་ཏོར་ཏུ་བརྟན་པ་ན། རྣལ་འབྱོར་པ་ཉིད་ལྷན་སྐྱེས་ཀྱི་ཕོ་ཉ་མོའི་ རྫས་རྣམ་པར་འབྱེད་པ་སྟེ། རྒྱས་པ་ཉིད་ཡིན་ནོ། །དེ་ཡང་རྫོགས་རིམ་པས། གསང་རིམ་པ་ བཅུ་གཉིས་རྫོགས་པའི་མཐར། ལྷན་སྐྱེས་ཀྱི་ཕོ་ཉ་མོ་ཉིད་དང་འདུ་བ་ཐོབ་པར་གྱུར་པ་ནི། ལྷན་སྐྱེས་ཀྱི་རྫས་རྣམ་པར་འབྱེད་པའི་དོན་ཡིན་ལ། བསྐྱེད་རིམ་པས་ཀྱང༌། ལུས་གནས་ གྱུར་པའི་དངོས་གྲུབ་སྒྲུབ་པའི་ཚེ། འབྱུང་ལུས་དྭངས་མའི་བྱང་ཆུབ་ཀྱི་སེམས་མས་བརྟན་ པའི་ཚུལ་གྱིས་དགའ་བའི་ལོངས་སྤྱོད་རྫོགས་པའི་མཐར། ལྷན་སྐྱེས་ཀྱི་ཕོ་ཉ་མོའི་རྫས་དང་ འདུ་བ་ཐོབ་པར་འགྱུར་བ་ཡིན་ནོ། །དེ་ལྟ་བུའི་དོན་ཡང༌། བླ་མ་བརྒྱུད་པའི་མན་ངག་ལ་ དགའ་ཞིང༌། དེའི་དོན་རྟོགས་པ་ཞིག་གིས། དེ་ལྟར་འགྲུབ་པ་ཡིན་གྱི། མན་ངག་མེད་པར་ རྟོག་གེ་པ་རྣམས་ཀྱིས་ནི་ཡུལ་མ་ཡིན་ནོ། །དེ་ལྟར་ཕོ་ཉ་མོའི་སྒྲུབ་ཆེན་སྤྱོད་པའི་རྣལ་འབྱོར་ པ་དེ་ནི། གཞན་གྱི་དོན་རྒྱ་ཆེར་འགྲུབ་པས། སེམས་ཅན་རྣམས་ལ་བདེ་བ་དང༌། ཕུན་སུམ་ ཚོགས་པ་སྟེར་བའི་སྦྱིན་བདག་མཆོག་ཡིན་པར་གསུངས་སོ། །དཔལ་འཁོར་ལོ་སྡོམ་པ་ ལས། ནང་གི་སྦྱིན་བསྲེག་དང༌། རིགས་ལྡན་མའི་ཆོ་གའི་ལེའུ་སྟེ། ཉི་ཤུ་རྩ་བརྒྱད་པ་རྣམ་ པར་བཤད་ཟིན་ཏོ།། །། ༈ ལེའུ་ཉེར་དགུ་པ་འདིས། སྔར་གྱི་ཕོ་ཉ་མོ་སྒྲུབ་པའི་མ་ཚང་བ་ཁ་བསྐོང་གི་ཚུལ་དུ་ བཤད་པ་ལ། བཤད་པར་ཞལ་གྱིས་བཞེས་པ་དང༌། དོན་དངོས་གཉིས་ལས། དང་པོ་ནི། 2-1-198 དེ་ནས་ཞེས་སོགས་ཤོ་ལོ་ཀ་གཅིག་གིས་བསྟན། དེ་ཡང་ལེའུ་ཉེར་བརྒྱད་པའི་རྗེས་དེ་ནས། སྔར་མ་བཤད་པའི་དོན་གཞན་ཡང་བསྟན་པར་བྱའོ། །དེ་ཡང་གང་ཞེ་ན། ཁྱད་པར་གྱི་ཕོ་ཉ་ མོའི་མཚན་ཉིད་ཤེས་པར་བྱ་བ་ཡིན་ལ། དེའི་དགོས་པ་ནི། དམ་ཚིག་ལ་གནས་པའི་མཁའ་ འགྲོ་མར་སྒྲུབ་པ་པོ་གང་གིས་ཡང་དག་པར་ཤེས་པར་འགྱུར་བའི་ཆེད་དུའོ། ། གཉིས་པ་ནི། ཕོ་ཉ་མོ་གང་གིས་སྒྲུབ་པོ་མིང་པོའམ། ཕའམ། བདག་པོ་ཉིད་དུ་སྐད་ཅིག་ གིས་མཐོང་བར་འགྱུར་བ་ཡིན་ལ། དེའི་མཚན་ཉིད་ནི། མགྲིན་པ་དང་སྙིང་གའི་རྩ་བཟང་ བས། ལྕེ་སྦོམ་པ་དང༌། སྤྱི་བོ་དང༌། སྤྱི་གཙུག་དང༌། དབང་པོ་རྣམས་ཀྱི་རྩ་བཟང་བས། མིག་ དམར་སེར་ཏེ་ཁམ་པར་ཡོད་པ་དང༌། ལྟེ་བ་དང༌། གསང་གནས་ཀྱི་རྩ་བཟང་བས། སྐྱེ་གནས་ ཀྱི་ནང་རྩུབ་པ་དང༌། ལུས་ཐམས་ཅད་བྱང་ཆུབ་ཀྱི་སེམས་ཀྱིས་གང་བས། ལུས་ཀྱི་སྤུ་རྣམས་ དམར་སེར་དུ་ཡོད་པ་ཡིན་ལ། དེ་ནི་སྔར་བཤད་པའི་ཕོ་ཉ་མོ་སུམ་ཅུ་རྩ་གཉིས་པོ་གང་ཡང་ མ་ཡིན་པར། དེ་དག་ལས་མཆོག་ཏུ་གྱུར་པའི་ཕོ་ཉ་མོ། རིགས་ཀུན་འདུས་པ་རྡོ་རྗེ་ཕག་ མོའི་རིགས་ཡིན་ཞིང༌། དེ་ནི་མཆོག་དང་ཐུན་མོང་གི་དངོས་གྲུབ་ཀུན་སྒྲུབ་པའི་ཐུན་མོང་ དུ་གྱུར་པའི་ཕོ་ཉ་མོའོ། །དེ་ལྟ་བུའི་ཕོ་ཉ་མོ་དེ་བསྟེན་པའི་སྒྲུབ་པ་པོའི་མཚན་ཉིད་ནི། དོན་ དམ་པའི་སྔགས་སྒྲ་གྲགས་སྟོང་དུ་བཟླས་པ་སྟེ་ཤེས་པ་དང༌། སྔར་བཤད་པའི་བརྟུལ་ཞུགས་ རྣམ་པ་གསུམ་ལ་རྟག་ཏུ་དགའ་བ་དང༌། དེ་ལ་དུས་རྟག་ཏུ་མཉམ་པར་བཞག་པའི་དྲན་པ་ དང་ཡང་དག་པར་ལྡན་པ་ཞིག་དགོས་པ་ཡིན་ནོ། །དེ་རྣམས་ནང་ངེས་པའི་དོན་དང་སྦྱར་ན། མཁའ་འགྲོ་མ་སུམ་ཅུ་རྩ་གཉིས་ཀྱི་ངེས་དོན་དུ་བཤད་པའི་གཏུམ་མོ་དེ་དག་མ་ཡིན་པའི་ དེ་དག་ལས་ཆེས་མཆོག་ཏུ་གྱུར་པའི་གཏུམ་མོ། དབུ་མའི་ནང་ཡོངས་སུ་ཁེངས་པའི་གཏུམ་ མོ་འབར་བ་ནི། ལྕེ་སྦོམ་པ་དང༌། དེའི་ཚེ་དབང་ཤེས་དྲུག་གར་གྱི་མངོན་ཤེས་འཆར་བ་ནི། མིག་དམར་སེར་དང༌། གཏུམ་མོ་དེ་འབར་བ་ན། ཕྱི་རོལ་ཏུ་ལྷ་དང༌། ལྷ་མིན་ཐམས་ཅད་ 2-1-199 འཇིགས་ཤིང་སྐྲག་པ་དང༌། ནང་དུ་རྩ་མདུད་ཡོངས་སུ་འབྲལ་བའི་རྩུབ་པའི་ཉམས་དང༌། དེའི་རྗེས་སུ་རྣམ་པར་རྟོག་པ་གཅོད་པ་ནི། སྐྱེ་གནས་ཀྱི་ནང་རྩུབ་པ་དང༌། དེ་ལྟ་བུའི་གཏུམ་ མོ་དེ། རྣལ་འབྱོར་པའི་བ་སྤུ་བྱེ་བ་ཕྲག་ཕྱེད་དང་བཞི་པོ་ཐམས་ཅད་ལ། ནུས་པ་མི་འདྲ་བའི་ གཏུམ་མོ་རེ་རེ་ཁྱབ་པ་ནི། སྤུ་དམར་སེར་རྣམས་ཀྱི་ངེས་དོན་ནོ། །དེ་ལྟ་བུའི་གཏུམ་མོ་དེ་ནི། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཀྱི་ཐུན་མོང་མ་ཡིན་པའི་རྒྱུར་གྱུར་པ་ཡིན་ལ། དེའི་ཚེ་ སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་བསམ་གྱིས་མི་ཁྱབ་པ་སྐྱེ་བར་འགྱུར་བ་ནི། མིང་ པོའམ་ཞེས་སོགས་ཀྱི་དོན་ནོ། །ཕོ་ཉ་མོ་སོགས་གནས་དང་བཅས། །ཞེས་སོགས་ནི། ཀུན་ཏུ་ བཟང་པོའི་སྤྱོད་པ་སྤྱོད་པའི་སྒྲུབ་པ་པོ་དེ། ཕྱག་རྒྱ་ཕོ་ཉ་མོ་དང་ལྷན་ཅིག་ཏུ། པུ་ལི་ར་མ་ཡ་ ན་ལ་སོགས་པའི་གནས་ཉི་ཤུ་རྩ་བཞི་པོ་རྣམས་སུ་རྒྱུས་པ་ན། དེ་ན་བཞུགས་པའི་ཞིང་སྐྱེས་ ཀྱི་མཁའ་འགྲོ་མ་ཆེས་མཆོག་ཏུ་གྱུར་པ། སྡེ་ཚན་ཉི་ཤུ་རྩ་བཞི་པོ་རྣམས་དང་འདུ་བ་ཐོབ་ པ་ལས། གསང་རིམ་གྱི་ས་བཅུ་གཉིས་པོ་རྣམས་རིམ་གྱིས་ཐོབ་པར་འགྱུར་བ་ཡིན་ལ། དེ་ ཡང༌། པུ་ལི་ར་མ་ཡ་ནར་གནས་པའི་ཞིང་སྐྱེས་ཀྱི་མཁའ་འགྲོ་མ་མཆོག་དང་འདུ་བ་ཐོབ་པ་ ན། སྤྱི་བོའི་རྩ་ཁམས་ཡོངས་སུ་ཐིམ་པར་འགྱུར་བ་དང༌། དེ་བཞིན་དུ། ཛ་ལནྡྷ་ར་དང༌། ཨོ་ ཌི་ཡ་ཎ་དང༌། ཨརྦུ་ཏ་ན་བཞུགས་པའི་ཞིང་སྐྱེས་ཀྱི་མཁའ་འགྲོ་མ་མཆོག་རྣམས་དང་རིམ་ པས་འདུ་བ་ཐོབ་པ་ལས། སྤྱི་གཙུག་དང༌། རྣ་བ་གཡས་དང༌། ལྟག་པ་རྣམས་ཀྱི་རྩ་ཁམས་ རླུང་གསུམ་ཡོངས་སུ་ཐིམ་པ་ལས། ས་དང་པོ་ཐོབ་པར་འགྱུར་བ་སོགས་འབྱུང་བ་ཡིན་ནོ། །བསྐྱེད་རིམ་པ་ལྟར་ན་ཡང་ལུས་ཀྱི་རིག་པ་འཛིན་པའི་དངོས་གྲུབ་སྒྲུབ་པའི་སྐབས་རགས་ པའི་རྩ་ཐིག་རླུང་གསུམ་འབྱུང་ལུས་དྭངས་མའི་ཁམས་སུ་གནས་གྱུར་ཚུལ་འདི་དང་ཕྱོགས་ འདྲ་འབྱུང་བ་ཡིན་ནོ། །དེ་ལྟ་བུའི་ཕོ་ཉ་མོ་རྣམས་ཀྱིས་སྒྲུབ་པ་པོ་ལ་སྤྱོད་པ་སྟེ་ཐུན་མོང་གི་ དངོས་གྲུབ་དང༌། གྲོལ་བ་སྟེ་མཆོག་གི་དངོས་གྲུབ་ཀྱི་འབྲས་བུ་སྟེར་བར་བྱེད་པ་ཡིན་ལ། 2-1-200 དེ་ཡང་ཕོ་ཉ་མོ་རེ་རེའི་འདུ་བ་ཐོབ་པར་གྱུར་པ་ལས། ངོས་སྐལ་གྱི་སྒྲིབ་པ་རེ་རེ་སྤངས་པ་ ནི། མཆོག་གི་དངོས་གྲུབ་སྟེར་བ་དང༌། དེའི་ཚེ་འབྱོར་པ་སོགས་ཕུན་སུམ་ཚོགས་པའི་ཁྱད་ པར་རེ་རེ་ཐོབ་པ་ནི། ཐུན་མོང་གི་དངོས་གྲུབ་ཐོབ་པའོ། །དེ་ལྟར་ས་བཅུ་གཉིས་པོ་དེ་རྣམས་ ཐོབ་པའི་སྔོན་དུ་ཡང་འདོད་པའི་དོན་ཀུན་སྒྲུབ་པར་བྱེད་པའི། ངེས་དོན་གྱི་རྩ་སྔགས་རྟག་ ཏུ་བཟློས་པ་སྟེ། སྒོམ་པ་ལས་རྒྱུ་བ་རླུང་དང༌། མི་རྒྱུ་བ་རྣམ་པར་རྟོག་པ་ཡོངས་སུ་འགགས་ པ་ལས། དྲོད་ཀྱི་ཡེ་ཤེས་སྐྱེ་བར་འགྱུར་བ་ནི། ཇི་ལྟར་དྲོ་བའི་བྱ་བ་དག མངོན་པར་འབད་ པས་རྟོགས་པར་བྱ། །ཞེས་བསྟན་པ་ཡིན་ལ། དེ་ལྟ་བུའི་དྲོད་དེ་ལ་དབྱེ་ན་སྣང་བའི་ས་དྲོད་ ཆུང་ངུ་དང༌། མཆེད་པའི་ས་དྲོད་འབྲིང་དང༌། ཐོབ་པའི་ས་དྲོད་ཆེན་པོ་སྟེ་གསུམ་དུ་ཡོད་པ་ ནི། འཇིག་རྟེན་གསུམ་ཞེས་པས་བསྟན་པ་ཡིན་ནོ། །དེའི་ཚེ་བདུད་ཀུན་རབ་ཏུ་ཞི་བར་བྱེད། །ཅེས་གསུངས་པ་ལྟར། ཕྱིའི་བདུད་དང༌། ནང་གི་བདུད་བཞི་པོ་རྣམས་རབ་ཏུ་ཞི་བར་བྱེད་པ་ ཡིན་པ་ལ། དེ་ནི་དུས་ཀྱི་འཁོར་ལོ་འཛིན་པའི་སྟོབས་ཀྱིས་བདུད་བཞི་ཉམས་པར་གསུངས་ པ་དང་གནད་གཅིག་གོ །དེ་ལྟ་བུའི་དྲོད་མ་ཐོབ་པ་དེ་སྲིད་དུ། རིག་པ་བརྟུལ་ཞུགས་ཀྱི་སྤྱོད་ པ་བྱར་མི་རུང་བ་ཡིན་ལ། དེ་ཐོབ་ནས་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་སྤྱོད་དུ་རུང་ཞིང༌། དེ་ སྤྱད་པས་དྲོད་ཀྱི་ཡེ་ཤེས་རྣམས་མཐར་ཕྱིན་པར་འགྱུར་བ་ཡོད་པ་ནི། རྣལ་འབྱོར་རོལ་པའི་ འབྲས་བུ་སྟེར། །ཞེས་པས་བསྟན་ཏེ། རྣལ་འབྱོར་གྱི་རོལ་པ་ནི། རིག་པ་བརྟུལ་ཞུགས་ཀྱི་ སྤྱོད་པ་ཡིན་ཞིང༌། དེས་འབྲས་བུ་སྟེར་བར་གསུངས་སོ། །དེ་ལྟར་དྲོད་ཀྱི་ཡེ་ཤེས་འདི་རྣམས་ ཐོག་མའི་རྒྱུ། ངེས་དོན་རྩ་བའི་སྔགས་ཀྱི་གསང་སྔགས་འདི་ལས་ངེས་པར་བྱུང་བ་ཡིན་ཞིང༌། དེ་མཐར་ཕྱིན་པ་ལ་རིག་བརྟུལ་གྱི་སྤྱོད་པ་མ་སྤྱད་པས་ཆོག་མོད། འོན་ཀྱང་ལས་ཀྱི་ཕྱག་རྒྱ་ ལ་ངེས་པར་བརྟེན་དགོས་པ་དང༌། དེ་བསྟེན་པའི་ཚུལ་ཡང༌། དེ་ལ་བརྟེན་ནས་སྒྲུབ་བྱེད་ཞུ་ བདེ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བསྐྱེད་ནས། དེས་བསྒྲུབ་བྱ་རང་བཞིན་ལྷན་ཅིག་སྐྱེས་པའི་ 2-1-201 ཡེ་ཤེས་མཚོན་པར་བྱེད་པ་ལ་བརྩོན་པར་བྱེད་དགོས་པ་ཡིན་གྱིས། ལས་རྒྱ་དང་བྲལ་ན་དྲོད་ ཀྱི་ཡེ་ཤེས་མཐར་ཕྱིན་པར་མི་ནུས་སོ། །ཞེས་འཆད་པ་ནི། གསང་སྔགས་འདི་ལས་བྱུང་བ་ ཡིན། །ཞེས་སོགས་ཚིག་ལྔས་བསྟན་ནོ། །ཕོ་ཉའི་རྣལ་འབྱོར་མཆོག་དང་ལྡན་པའི་སྒྲུབ་པ་པོ་ ལ་དམོད་པ་དང༌། རྣལ་འབྱོར་དེ་དང་བྲལ་བའི་ཉེས་དམིགས་བསྟན་པ་ནི། འདོད་པའི་ཞེས་ སོགས་ཀྱིས་བསྟན། དེ་ཡང་འདོད་པའི་དོན་དངོས་གྲུབ་ཀུན་སྒྲུབ་པར་བྱེད་པའི་ཕོ་ཉ་གསུམ་ གྱི་ལམ་ལ་གནས་པའི་རྣལ་འབྱོར་པ་ཆེན་པོ་ལ། སྐྱེས་བུ་གང་ཞིག་སྡང་བར་བྱེད་པ་དེ་ནི། ཁྱིའི་སྐྱེ་བ་བརྒྱར་སྐྱེས་ཏེ་སྡུག་བསྔལ་དཔག་ཏུ་མེད་པ་མྱོང་བ་དང༌། དེ་ལས་ཐར་ཏེ་མིར་ སྐྱེས་ན་ཡང་རྨེ་ཤ་ཅན་གྱི་ནང་དུ་སྐྱེ་བར་འགྱུར་བ་ཡིན་ནོ། །རྣལ་འབྱོར་མཆོག་དེ་དང་བྲལ་ བའི་ཉེས་དམིགས་ནི། དཔེར་ན་མི་ལ་ལ་དག མར་མངོན་པར་འདོད་པས། ཆུ་ཉིད་འབད་ པས་སྲུབས་པར་གྱུར་ཀྱང༌། མར་གསར་འབྱུང་བར་མི་འགྱུར་བས། ལུས་ཉོན་མོངས་པ་སྟེ་ ངལ་བ་ཁོ་ནར་ཟད་པ་ལྟར། ལམ་འདི་དང་བྲལ་ན་དངོས་གྲུབ་ཐོབ་པའི་ཕྱིར། འབད་པ་ཇི་ ཙམ་བྱས་ཀྱང་ངལ་བ་ཁོ་ནར་ཟད་དོ། །དེ་བཞིན་དུ། ལམ་འདི་དང་བྲལ་ན་སློབ་མས་བླ་མའི་ མན་ངག་འཛིན་པར་བྱེད་པ་དང༌། དེ་ལ་མཆོད་པར་བྱེད་པ་སོགས་ནི། ཚེ་འདིའི་འཚོ་བའི་ ཐབས་ཀྱི་རྒྱུ་ཁོ་ནའི་ཕྱིར་རོ། །རྣལ་འབྱོར་མཆོག་འདིའི་ཕན་ཡོན། རྣལ་འབྱོར་མཆོག་འདི་ ལ་བརྟེན་པ་ནི། ལམ་བཟང་པོར་གྱུར་པ་ཡིན་ལ། དེ་ལས་གཞན་དུ་གྱུར་པ་ནི། དོན་མེད་པ་ ཁོ་ནའོ། །དེ་ལྟ་བུའི་རྣལ་འབྱོར་པ་ཆེ་མཆོག་དཔའ་བོ་དེ་ནི། ཡུལ་ཕྱོགས་གང་ན་གནས་པར་ གྱུར་པའི་རིགས་ངན་ཀླ་ཀློ་ཡིན་ན་ཡང༌། ཡུལ་དུ་ཡོངས་སུ་བཏགས་པ་སྟེ་བྱང་ཞིང་རྣམ་པར་ དག་པ་ཡིན་ཏེ། སེམས་ཅན་རྣམས་རྗེས་སུ་བཟུང་བའི་རྒྱུར། རྣལ་འབྱོར་པ་དེའི་རྒྱུད་ལ། དཔལ་ཧེ་རུ་ཀ་ང་ནི་རྟག་པར་གནས་པ་ཡིན། །ཞེས་པའོ། །དཔལ་འཁོར་ལོ་སྡོམ་པ་ལས། ཕོ་ཉ་མོའི་མཚན་ཉིད་དང༌། ནུས་པའི་སྐབས་ཀྱི་ལེའུ་སྟེ། ཉི་ཤུ་རྩ་དགུ་པ་རྣམ་པར་བཤད་ 2-1-202 ཟིན་ཏོ།། །། ༈ ལེའུ་སུམ་ཅུ་པ་འདི་རྫ་རྔ་བཅིངས་པའི་སྔགས་བཏུ་བསྟན་པ་ཡིན་པ་ལ། དངོས་ བསྟན་གྱི་བཤད་པ་རྟོགས་པར་སླ་བས་མ་བྲིས་ལ། ངེས་དོན་རྫོགས་རིམ་གྱི་བཤད་པ་ནི། ས་ཡི་ཆ་ནི་མཉམ་ཡིད་འོང༌། །ཞེས་པ་ནི། རང་གི་སེམས་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་ བ། ཆོས་ཐམས་ཅད་ལ་མཉམ་པ་ཉིད་དུ་གྱུར་པ་དང༌། དེ་ཉིད་ལ་བྱང་ཆུབ་ཀྱི་སེམས་འཕོ་ བ་མེད་པ་བཅིངས་པའི་བདེ་བ་ཆེན་པོས་ཁྱབ་པར་བྱས་པ་ནི། ཙན་དན་གྱིས་ནི་ཉེ་བར་ བསྐུ། །ཞེས་པས་བསྟན་པ་དང༌། བདེ་བའི་བརྟེན་བྱང་ཆུབ་ཀྱི་སེམས་ཉིད། ཤེས་རབ་ཀྱི་ པད་མའི་རྩ་མཛེས་པའི་སྤྱི་བོར་ཞུ་བ། སླར་ཡང་ཡོངས་སུ་བཟློག་སྟེ། སྟོང་པ་ཉིད་ཀྱི་རང་ བཞིན་དུ་བྱེད་པ་ནི། དྲི་བཟང་དྲི་ལྡན་ས་ལ་ནི། །ཞེས་པས་བསྟན་པ་དང༌། ཡང་ཕྱག་རྒྱ་དང་ མཉམ་པར་སྦྱར་བ་ལས། མེ་ཏོག་ཤེས་རབ་མའི་རཀྟ་རང་ཉིད་ཀྱི་དཀར་ཆ་དང་ཡོངས་སུ་ འདྲེས་པ། དབུ་མའི་ནང་ན་ཡར་དྲངས་ཏེ། སྤྱི་བོར་ཐིམ་པའི་ཚུལ་གྱིས་མཆོད་པ་ནི། མེ་ཏོག་ སིལ་མ་གཅལ་བཀྲམ་ཞིང༌། །ཞེས་པས་བསྟན་པ་ཡིན་ལ། དེ་ཡང་མཐོང་ལམ་ཐོབ་ཁའི་ ཉེ་རྒྱུའི་དབང་བསྐུར་བའི་དུས་ཀྱི་ཤེས་རབ་མའི་རཀྟ་དང་ལྷན་ཅིག་ཏུ་བྱང་ཆུབ་ཀྱི་སེམས་ མས་བརྟན་པར་བྱེད་པ་ལ་བྱང་ཆུབ་ཡན་ལག་བདུན་གྱི་ཡེ་ཤེས་དངོས་སུ་ཡོད་པས་ན། དེ་ ནི་འབྲས་བུ་འཕགས་ལམ་ཡན་ལག་བརྒྱད་འབྱུང་བའི་མེ་ཏོག་ཡིན་པས་སོ། །དེའི་ཚེ་རྣམ་ པར་རྟོག་པ་ཐམས་ཅད་ཡོངས་སུ་བསྲེག་པར་བྱེད་པ་ནི། སྤོས་ཀྱི་དྲི་ཡིས་ཉམས་དགར་བྱས། །ཞེས་པའི་དོན་ནོ། །སྔགས་བཏུའི་དཀྱིལ་འཁོར་གྱི་ཕྱི་ཟླུམ་པོར་བྱས་པ་དེ་ལ། དེ་ལས་རྫ་རྔ་ བྱས་ནས་ནི། །ཞེས་རྫ་རྔའི་ཁ་ཟླུམ་པོར་ཡོད་པའི་དོན་དུ་བཤད་པའི་ངེས་དོན་ནི། རྫ་རྔའི་ སྐད་དོད་ལ། མུ་ར་ཛ་ཞེས་པའི་ཡི་གེ་གསུམ་གྱི་རླུང་ལྡང་འཇུག་གནས་པ་གསུམ་སྐུ་གསུང་ ཐུགས་རྡོ་རྗེའི་ངོ་བོར་གདོད་མ་ནས་གནས་པ་བསྟན་པ་ཡིན་ཞིང༌། དེའི་དབུས་སུ་རེ་མིག་ 2-1-203 དགུ་ཡོད་པའི་དབུས་མ། མི་ཤིགས་པའི་རླུང་དང༌། རེ་མིག་གཞན་བརྒྱད་པོ་རྣམས་དེ་ལ་བྱུང་ བའི་རགས་པའི་རླུང་རྣམས་མཚོན་པ་ཡིན་ལ། དེ་ལྟར་ལུང་དེ་དག་གི་ལྡང་འཇུག་གནས་པ་ གསུམ། སྐུ་གསུང་ཐུགས་རྡོ་རྗེར་ལམ་དུ་བྱས་པ་ལས། སྟོང་པ་བཞིའི་ཡེ་ཤེས་ཡང་ཡང་སྐྱེ་ བ་ནི་སྔགས་འཐུ་བཞིན་པ་དང༌། དེ་ལས་དགའ་བ་བཞིའི་ས་ཐོབ་པར་གྱུར་པ་ནི། བཏུས་ ཟིན་པའི་སྔགས་ཏེ་སུམ་བྷ་ལ་རྐང་པ་བརྒྱད་ཡོད་པའི་ངེས་དོན་ནོ། །དཔལ་འཁོར་ལོ་སྡོམ་ པ་ལས། རྫ་རྔ་བཅིང་བའི་སྔགས་བཏུའི་ཆོ་གའི་ལེའུ་སྟེ། སུམ་ཅུ་པ་རྣམ་པར་བཤད་ཟིན་ཏོ།། །། ༈ ལེའུ་སུམ་ཅུ་སོ་གཅིག་པ་ལ། བཟའ་ཚོགས་བཤད་པ་དང༌། སྣོད་ལ་དཔྱད་པ་ དང༌། ལག་མཆོད་བཤད་པ་དང་གསུམ་ལས། དང་པོ་ནི། དེ་ནས་ཞེས་སོགས་ཤོ་ལོ་ཀ་ ཕྱེད་དང་གསུམ་གྱིས་བསྟན། དེ་ཡང་ལེའུ་སུམ་ཅུ་པའི་རྗེས་དེ་ནས། ཤ་ཆེན་ཏེ་མི་ཤའི་སྦྱིན་ སྲེག་སོགས་དག་གིས་གདུག་པ་ཅན་ཀུན་འཇིག་པར་བྱེད་པ་ཡིན་ལ། དེའི་རྣལ་འབྱོར་ནི་རྡོ་ རྗེ་སྐྱེས་ཁྲོ་བོའི་རྣལ་འབྱོར་ལ་བརྟན་པ་ཡིན་པར་བཤད་དོ། །འདི་ནི་གདུག་པ་ཅན་ཐམས་ ཅད་འཇིག་པར་བྱེད་པ་མི་བཟད་པ་སྟེ་སྟོབས་དང་ལྡན་པར་བཤད་དོ། །འདི་ལག་ཏུ་བླང་ བའི་ཚུལ་ནི། མི་ཤ་འདུས་བྱས་ལ། དེའི་སྟེང་དུ་བག་ཟན་ལས་བྱས་པའི་ལིང་ག་བཞག་ལ། རང་ཉིད་རྡོ་རྗེ་ཁྲོ་བོའི་རྣལ་འབྱོར་ལ་གནས་པས། བསྒྲུབ་བྱ་དགུག་གཞུག་བྱས་ཏེ། ལིང་ ག་ཤ་ཆེན་དང་བཅས་པ་ལ་བསྟིམ། དེ་ཡོངས་སུ་བསྒྲལ་ཏེ་བདུད་རྩིར་བྱིན་གྱིས་བརླབས་ པ། ཚོགས་ཀྱི་འཁོར་ལོ་བཟའ་བའམ། སྦྱིན་སྲེག་དང༌། གཏོར་མ་ཕུལ་བས། གདུག་པ་ཅན་ འཇིགས་པར་བྱེད་པ་ཡིན་ནོ། །བླ་མ་གོང་མ་རྣམས་ཁྱི་དང༌། ཕག་དང༌། ཟངས་ཀྱི་གཙུག་ ཕུད། ཁྱིམ་བྱའི་ཤ་རྣམས་ལ་ཡང་སྔར་བཞིན་དྲག་པོའི་ལས་སྒྲུབ་པར་བཞེད་པ་ཡིན་ན་ཡང༌། འདི་ནི་ཁྱི་ཤ་ལ་བརྟེན་ནས། ཞི་བ་དང༌། ཕག་ཤ་ལ་བརྟེན་ནས་དབང་དང༌། ཁྱིམ་བྱའི་ཤ་ལ་ 2-1-204 བརྟེན་ནས་རྒྱས་པའི་ལས་སྒྲུབ་པར་བྱེད་པ་ཡིན་ལ། སྒྲུབ་ཚུལ་ནི་ཁྱི་ཤའི་སྟེང་དུ། ལིང་ག་ བཞག་སྟེ། དེ་ཉིད་ལ་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་བཀུག་ཅིང་བསྟིམས་ནས། བསྒྲལ་བ་བདུད་རྩིར་བྱིན་གྱིས་བརླབས་པ་ཚོགས་འཁོར་སོགས་སུ་བྱ་བ་དང༌། ཕག་ཤ་ དང༌། ཁྱིམ་བྱའི་ཤ་བདུད་རྩིར་བྱིན་གྱིས་བརླབས་ནས། ཚོགས་ཀྱི་འཁོར་ལོ་བཟའ་བ་དང༌། སྦྱིན་སྲེག་ཏུ་འབུལ་བ་དང༌། གཏོར་མར་འབུལ་བ་བྱས་པས་ལས་དེ་དང་དེ་འགྲུབ་པར་ འགྱུར་བ་ཡིན་ནོ། །ལས་དེ་རྣམས་སྒྲུབ་པའི་སྐབས། རྟོག་དཔྱོད་ཀྱིས་རྣམ་པར་མ་དཔྱད་ པར། ཡིད་རྩེ་གཅིག་པའི་ཚུལ་གྱིས་བྱའོ། །རྒྱུ་མཚན་གང་གི་ཕྱིར་ན། འགྲུབ་མི་འགྲུབ་དང༌། ཡིན་མ་ཡིན་ལ་སོགས་པའི་ཐེ་ཚོམ་མེད་པར་བྱས་ནས། འགྲུབ་པའི་ཡིད་ཆེས་དང་ལྡན་པས་ བསྒྲུབས་ན། ཞི་བ་ལ་སོགས་པའི་ལས་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་འགྲུབ་ཅིང༌། རྒྱལ་སྲིད་ཐམས་ཅད་ཀྱང་རབ་ཏུ་འགྲུབ་པར་འགྱུར་རོ། ། གཉིས་པ་ནི། དུང་དང་ཞེས་སོགས་ཚིག་དྲུག་གིས་བསྟན། དེ་ཡང་གཏོར་མའི་སྣོད་ མིའི་ཐོད་པར་བྱས་ན། དེ་ཤིན་ཏུ་མི་གཙང་བའི་ཕྱིར་མི་རུང་ངོ་སྙམ་ན། དུང་དང༌། མུ་ཏིག་ དང༌། ཉ་ཕྱིས་ཏེ་གསུམ་ཆར་མི་དགེ་བའི་ལས་ལས་གྲུབ་པ། དུད་འགྲོའི་ལུས་ལས་བྱུང་བ་ དེ་རྣམས་ལ། སྐྱེ་བོ་རྣམས་རྒྱུ་མཚན་ཏེ། ཡ་མཚན་པར་འཛིན་ན། མི་རྣམས་ནི་རྒྱུ་དགེ་བས་ བསྐྱེད་པ་ཡིན་པས་ན། ཆོས་ཀྱི་སྐུའི་ལུས་ཅན། མིའི་ཐོད་པ་ལ་སུ་ཞིག་དམོད་དེ། ཅིའི་ཕྱིར་ ཡ་མཚན་པར་མི་བྱེད། ཅེས་པའོ། །དེར་མ་ཟད་དཔའ་བོ་ཧེ་རུ་ཀའི་རྒྱན་དུ་ཡང༌། ཐོད་པའི་ ཕྲེང་བ་འཕྱང་བ་དང༌། ཟླ་བ་ཕྱེད་པས་རྒྱན་དུ་བྱས་པ་ནི། དཔའ་བོའི་དབང་ཕྱུག་དཔལ་ཧེ་རུ་ ཀ་ཡིན་པར་བཤད་དོ། ། དེ་རྣམས་ངེས་དོན་རྫོགས་པའི་རིམ་པ་དང་སྦྱར་བ་ལ། ཤ་ཆེན་ནི་འདུས་བྱས་ཕུང་ ཁམས་ཀྱི་ཚོགས་པ་ཐམས་ཅད་ཡིན་ཞིང༌། དེ་རྣམས་འོད་གསལ་བའི་རྡོ་རྗེར་འཇིག་པར་ 2-1-205 བྱེད་པ་ཡིན་པ་ལ། དེའི་ཚུལ་ནི་སྤྱི་བོའི་ཧཾ་ཡིག་ཞུ་བའི་ཚོར་བ་བདེ་བ་ནི་ཁྱི་ཤ་དང༌། དེས་ ལུས་ཐམས་ཅད་ལ་ཁྱབ་པ་ནི་ཕག་ཤ་སྟེ། ཕག་ཤའི་དོན་འདིར་ལུས་སུ་བཤད་པ་དང༌། ཧཾ་ ཡིག་འཇུ་བྱེད་ནི་ཁྱིམ་བྱའི་ཤ་ལྟེ་བའི་གཏུམ་མོ་འབར་བས་སོ། །དེ་ལྟ་བུའི་བདེ་བ་དེ་ཉིད་ སྟོང་པའི་ངོ་བོར་བྱེད་པ་ནི་བཟའ་བ་དང༌། བདེ་བའི་ངོ་བོ་བྱེད་པ་ནི་གཏོར་མ་དང༌། བདེ་ སྟོང་གཉིས་པོ་གཅིག་གིས་གཅིག་ལ་རྒྱས་འདེབས་པར་བྱེད་པ་ནི། སྦྱིན་སྲེག་གི་དོན་ནོ། །དེ་ ལྟར་ཡང་ནས་ཡང་དུ་བསྒོམས་པ་ལས། མུ་ཏིག་སྟེ། རྩའི་མཆོག་རོ་རྐྱང་དབུ་གསུམ་དང༌། ཉ་ ཕྱིས་ཏེ་འབྲིང་པོ་འཁོར་ལོ་བཞིའི་རྩ་དང༌། དུང་སྟེ་ཐ་མ་དེ་ལས་སྐྱེས་པའི་རྩ་གཞན་རྣམས་ བདེ་སྟོང་གི་ཡེ་ཤེས་དེས་དག་པར་བྱེད་པ་ཡིན་ལ། དེའི་ཚུལ་ཡང་རྩ་རྣམས་ཀྱི་ཁོང་སྟོང་དག་ པ་ནི། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང༌། རྩ་ཉིད་རྣམ་པར་དག་པ་ནི་སྨོན་པ་མེད་པ་ དང༌། དེར་རྒྱུ་བའི་རླུང་དག་པ་ནི། མཚན་མ་མེད་པ་དང༌། དེར་གནས་པའི་ཐིག་ལེ་རྣམ་པར་ དག་པ་ནི་རྣམ་པར་ཐར་པའི་སྒོ་འདུས་མ་བྱས་པ་སྟེ། ཐོད་པའི་ངེས་དོན་ནོ། །འདི་ནི་གསང་ རིམ་གྱི་སྐབས་རྩ་འཁོར་ལོ་རེ་རེ་བཞིན་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ཀྱིས་གང༌། ཞེས་ པའི་དོན་དམ་བྱང་ཆུབ་ཀྱི་སེམས་སོ། །དེ་ལྟ་བུའི་བདེ་སྟོང་དེ་ཉིད་གོང་ནས་གོང་དུ་འཕེལ་ བར་གྱུར་པ་ནི། ཐོད་པའི་ཕྲེང་བ་འཆང་བའི་དོན་དང༌། དེ་ལས་ཟུང་འཇུག་གི་སྐུ་འགྲུབ་པ་ ནི། ཟླ་བ་ཕྱེད་པས་བསྟན་པ་ཡིན་ལ། དེ་ཡང་མི་སློབ་པའི་ཟུང་འཇུག་ཡོངས་སུ་རྫོགས་པ་མ་ ཡིན་གྱི། སློབ་པའི་ཟུང་འཇུག་ཙམ་ཡིན་ནོ། །ཞེས་པ་ནི་ཟླ་བ་ཕྱེད་པས་བརྒྱན་པའི་ངེས་དོན་ དང༌། དེ་ཉིད་རྡོ་རྗེ་འཆང་ངམ་དཔལ་ཧེ་རུ་ཀ་ཉིད་ཡིན་ཞེས་པ་ནི། དཔའ་བོའི་དབང་ཕྱུག་ ཡིན་པར་བཤད། ཅེས་པའི་དོན་ནོ། ། གསུམ་པ་ནི། བརྡ་ནི་ལྔ་པོ་བསྟན་པ་དག །ཅེས་པ་ནས། མཁའ་འགྲོ་དྲྭ་བའི་བདེ་མཆོག་ ཡིན། །ཞེས་པའི་བར་གྱིས་བསྟན། དེ་ཡང་སྒྲུབ་པ་པོའི་ལག་པ་གཡོན་གྱིས་སོར་མོ་ལྔ་ནི་ 2-1-206 འབྱུང་བ་ལྔའི་དྭངས་མ་ཡེ་ཤེས་ལྔའི་བརྡར་ནི་བསྟན་པར་བྱ་བ་ཡིན་ལ། འདི་ནི་དཔའ་བོ་ཧེ་ རུ་ཀ་རིགས་ལྔ་པོ་རྣམས་ཀྱི་གནས་ཡིན་ཏེ། དེ་ལྟར་ཤེས་པའི་སྒོ་ནས་བརྡ་རྣམས་ལ་རབ་ཏུ་ འཇུག་པར་འགྱུར་བའོ། །དེ་ཡང་གཡོན་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ལས། དག་ པའི་དཀྱིལ་འཁོར་གྱི་འཁོར་ལོ་རྟེན་དང་བརྟེན་པར་བཅས་པ་ཀུན་འབྱུང་བ་ཡིན་ལ། ཀུན་ རྫོབ་མ་དག་པ་རྒྱུ་བ་དང༌། མི་རྒྱུ་བའི་ཁམས་གསུམ་གྱི་འགྲོ་བ་ཀུན་ཀྱང༌། བདེ་སྟོང་གཉིས་ སུ་མེད་པའི་ཡེ་ཤེས་དཀྱིལ་འཁོར་དང་བཅས་པ་དེའི་གློ་བུར་གྱི་དྲི་མ་སེམས་བདེ་བ་འཁྲུལ་ བཅས་དང་ལུས་བདེ་བ་འགྱུར་བཅས་ལས་བྱུང་བ་ཡིན་པས་སོ། །ལག་མཆོད་དངོས་ལ། མཆོད་པ་འབུལ་བའི་ཡུལ་ལྷ་འགོད་པ་ནི། མཐེ་བོང་ལ་རྡོ་རྗེ་སེམས་དཔའ་དང༌། མཛུབ་མོ་ ལ་རྣམ་པར་སྣང་མཛད། གུང་མོ་ལ་པདྨ་གར་གྱི་དབང་ཕྱུག སྲིན་ལག་ལ་དངོས་གྲུབ་ཐམས་ ཅད་རབ་ཏུ་སྩོལ་བའི་དཔའ་བོ་ཧེ་རུ་ཀ་དང༌། མཐེའུ་ཆུང་ལ་མཁའ་སྙིང་སྟེ་རྡོ་རྗེ་ཉི་མ་མི་ བཟད་པའི་གཟུགས་དང་ལྡན་པ་དང༌། སོར་མོ་ཀུན་འདུས་པའི་སེན་མོའི་ངོས་ལ་རྟ་མགྲིན་ ཏེ། རྟ་མཆོག་འགོད་པ་ཡིན་ལ། ཧེ་རུ་ཀ་རིགས་དྲུག་པོ་འདི་དག་གཡོན་བདེ་སྟོང་གཉིས་སུ་ མེད་པའི་ཡེ་ཤེས་ཀྱི་རྒྱུ་ལས་བྱུང་བ་ཡིན་ཞིང་། དྲུག་པོ་འདིར་ན་དཔའ་བོ་ཐམས་ཅད་འདུས་ པ་ཡིན་ནོ། །ལག་པའི་མཐིལ་དུ་པད་མ་འདབ་མ་ལྔ་པའི་ལྟེ་བར་རྡོ་རྗེ་ཕག་མོ་དང༌། འདབ་ མ་ལྔ་ལ་གཤིན་རྗེ་མ་དང༌། རྨོངས་བྱེད་མ་དང༌། སྐྲག་བྱེད་མ་དང༌། བསྐྱོད་བྱེད་མ་དང༌། ཙནྚི་ཀ་སྟེ་དེ་རྣམས་འགོད་པ་ཡིན་ལ། རྒྱབ་ཏུ་རྡོ་རྗེ་མཁའ་འགྲོ་མ། འདི་ནི་ལག་ཏུ་འགོད་ པ་སྟེ། ཞེས་དང༌། དབུས་སུ་དཔའ་བོ་ཀུན་གྱི་གནས། །ཞེས་མཁའ་འགྲོ་མ་སུམ་ཅུ་རྩ་བདུན་ དང༌། དཔའ་བོ་ཉི་ཤུ་རྩ་ལྔ་སྟེ། ལྷ་དྲུག་ཅུ་རྩ་གཉིས་འགོད་པ་དང༌། ལག་པའི་སའི་ཁམས་ སྤྱན་མ། ཆུ་ཁམས་མཱ་མ་ཀི། མེ་ཁམས་གོས་དཀར་མོ། རླུང་ཁམས་སྒྲོལ་མ། ནམ་མཁའི་ ཁམས་ཙུམྤི་ཀ་སྟེ། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ཡིན་ལ། དེ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ 2-1-207 ཕྱིན་མའང་ཡིན་ནོ། །དེ་རྣམས་ལ་ཕྱི་མཆོད། ནང་མཆོད། གོང་བུའི་རྫས་རྣམས་ཀྱིས་མཆོད་ པ་ནི། དེ་ལྟར་ཆོ་གའི་སྦྱོར་བ་ཡིས། །དཔའ་བོ་ཐམས་ཅད་མཆོད་པར་བྱ། །ཞེས་པས་བསྟན་ ནོ། །དེ་ནས་གཤེགས་སུ་གསོལ་བ་ནི། མཁས་པ་རྒྱབ་ཏུ་གཤེགས་སུ་གསོལ། །ཞེས་ཡོ་ག་ ཤུདྡོའི་སྔགས་ཀྱིས་རང་ཉིད་ཀྱི་ལུས་ལ་བསྡུ་བར་བྱེད་པའོ། །གསང་བ་འདི་ནི་མི་བཤད་ ཅིང༌། །རབ་ཏུ་འབད་དེ་སྦ་བར་བྱ། །ཞེས་གསང་དགོས་པར་བསྟན་པ་དང༌། དེ་ལྟར་ལག་ པ་གཡོན་པ་བྱིན་གྱིས་བརླབས་པ་དེས་དཔའ་བོ་རྣམས། རྣལ་འབྱོར་མ་རྣམས་དང་ལྷན་ཅིག་ ཟས་ལ་ལོངས་སྤྱོད་པ་རྩོམ་པ་དང༌། དཔའ་བོ་རྣམས་ཤེས་རབ་མ་དང་མཉམ་པར་སྦྱོར་བ། ལག་པའི་ལྷ་རྣམས་ལུས་ལ་བསྡུས་ཤིང་བྱིན་གྱིས་བརླབས་པས། མཁའ་འགྲོ་དྲྭ་བའི་ཚོགས་ པ་རྣམས་བདེ་བ་མཆོག་གིས་མཆོད་པར་བྱེད་པ་ཡིན་ནོ། །དཔལ་འཁོར་ལོ་སྡོན་པ་ལས། བཟའ་བ་དང༌། སྦྱིན་སྲེག་དང༌། གཏོར་མའི་བྱ་བ་ལས། ལག་པའི་བརྡའི་ཆོ་གའི་ལེའུ་སྟེ། སུམ་ཅུ་རྩ་གཅིག་པ་རྣམ་པར་བཤད་ཟིན་ཏོ།། །། ༈ ལེའུ་སུམ་ཅུ་སོ་གཉིས་པ་ལ། བཤད་པར་ཞལ་གྱིས་བཞེས་པ་དང༌། དོན་དངོས་ གཉིས་ལས། དང་པོ་ནི། དེ་ནས་ཞེས་སོགས་ཤོ་ལོ་ཀ་གཅིག་གིས་བསྟན། དེ་ཡང་ལེའུ་སུམ་ ཅུ་རྩ་གཅིག་པའི་རྗེས་དེ་ནས། སྔར་མ་བཤད་པའི་དོན་གཞན་ཡང་དག་པར་བཤད་པར་ བྱའོ། །དེ་ཡང་གང་ཞེ་ན་བཟའ་བ་དང༌། སྟོན་མོ་འདུས་པ་སྟེ་ཙ་རུ་བཤད་པར་བྱའོ། །དེའི་ དོན་ནི། དམ་ཚིག་དང་ལྡན་པའི་རྣལ་འབྱོར་པ་རྣམས་སྣོད་གཅིག་ཏུ་འདུས་ཏེ་ཚོགས་ཀྱི་ འཁོར་ལོ་ལ་ལོངས་སྤྱོད་པའོ། །དགོས་པ་གང་གི་ཕྱིར་དུ་ན། སྒྲུབ་པ་པོ་གང་གིས་དེ་ལྟ་བུ་ ཡང་དག་པར་ཤེས་པས། མྱུར་ཏུ་དངོས་གྲུབ་ཐོབ་པར་འགྱུར་བའོ། ། གཉིས་པ་ལ། ཕྱུགས་ཆེན་སྒྲུབ་པ་དང༌། རོ་ལངས་སྒྲུབ་པ་དང༌། བསྐྱེད་པའི་རིམ་པ་ བཤད་པ་དང་གསུམ་ལས། དང་པོ་ནི། སྒྲུབ་པོས་སྔར་བསྟན་རིམ་པ་ཡི། །ཞེས་པ་ནས། 2-1-208 འདོད་པའི་དོན་ནི་འགྲུབ་པར་འགྱུར། །ཞེས་པའི་བར་གྱིས་བསྟན། དེ་ཡང་ཕྱུགས་སྒྲུབ་པ་ ནི། ཕྱི་རོལ་མུ་སྟེགས་བྱེད་རྣམས་ཀྱང་བྱེད་པ་ཡིན་ཏེ། མུ་སྟེགས་བྱེད་ཀྱི་རྣལ་འབྱོར་པ་ནུས་ པ་ཐོབ་པ་དག་གིས། ལྷ་མཆོད་པའི་ཕྱིར་དུ་མི་དང༌། དུད་འགྲོ་ལ་སོགས་པ་དགུག་པའི་ སྔགས་དང་དམིགས་པ་བྱས་པས། འགྲོ་བ་དེ་དག་གི་སེམས་སྔགས་ཀྱིས་ཡོངས་སུ་བསྒྱུར་ ཏེ། དེ་ཉིད་དུ་རང་ཤུགས་ཀྱིས་ཡོང་བར་འགྱུར་བ་ཡིན་ལ། དེ་ཡང་མི་ནི། མཆོད་སྦྱིན་དོན་ དུ་རང་ཉིད་འཆི་བར་འདོད་པའི་བསམ་པ་འབྱུང་བ་ཡིན་ལ། དུད་འགྲོ་རྣམས་ནི་གཞན་དུ་ མི་འབྲོས་པར་བག་ཕབ་སྟེ་གནས་པ་ལ། གྲིབ་སྦྱང་བ་ལ་སོགས་པའི་ཆོ་ག་སྔོན་དུ་འགྲོ་བས་ ཡོངས་སུ་བསྒྲལ་བའི་ཤ་ཁྲག་ཙནྚི་ཀ་སོགས་ལྷ་རྣམས་ལ་མཆོད་སྦྱིན་དུ་ཕུལ་བས། དབང་ དང་དྲག་པོའི་ལས་ལ་སོགས་པའི། ལས་ཀྱི་དངོས་གྲུབ་ཅི་རིགས་པ་འགྲུབ་པར་འགྱུར་བ་ ཡིན་ནོ། །འདིར་ཡང་དེ་དང་མཚུངས་པ་སྟེ། བསད་གསོ་ནུས་པའི་རྣལ་འབྱོར་པ་དག་གི་ ཕྱུགས་ཆེན་སྒྲུབ་པ་དངོས་སུ་བྱར་རུང་བ་ཡིན་ཏེ། ཕྱུགས་དེ་ཐོག་མར་ཡོངས་སུ་བསད་ནས། ཤ་ཁྲག་གི་གཏོར་མས་འཇིག་རྟེན་དང༌། འཇིག་རྟེན་ལས་འདས་པའི་ལྷ་རྣམས་མཉེས་པར་ བྱས་ནས། དངོས་གྲུབ་སྒྲུབ་པར་བྱེད་པ་དང༌། སླར་ཡང་དེ་དག་ཡོངས་སུ་གསོས་ཏེ་ཚེ་རིང་ དུ་གནས་པ་ལ་སོགས་པ། བདེ་བ་དང་ལྡན་པར་བྱེད་པའོ། །དེ་ལྟར་ནུས་པ་མ་ཡིན་པའི་རྣལ་ འབྱོར་པ་དག་གིས་ནི། འོག་ནས་འཆད་པར་འགྱུར་བའི་སྲོག་ཆགས་རྣམས་ཀྱི་ཤ་བསྲེས་ པའི་ཟན་ལ་དེ་དང་དེའི་གཟུགས་བྱས་ཏེ། གདུག་པ་ཅན་ལ་སོགས་པ་དགུག་གཞུག་བྱས་ཏེ། མཐར་ཡོངས་སུ་བསྒྲལ་བ་བདུད་རྩིར་བྱིན་གྱིས་བརླབས་ཏེ། ཚོགས་ཀྱི་འཁོར་ལོའམ། སྦྱིན་ སྲེག་གམ། གཏོར་མར་བྱས་པས། ལས་ཕྲན་བུ་འགྲུབ་པར་འགྱུར་བའང་ཡིན་ནོ། །ཕྱུགས་ ཆེན་སྒྲུབ་པའི་རྒྱུད་ཚིག་འདི་དག་ལོ་ཆེན་འགྱུར་ལ་མེད་པ་ནི། བོད་ཀྱི་ཕྱོགས་འདིར། དུས་ དེར་སྦྱོར་སྒྲོལ་གྱི་ཆོས་ལོག་སྣ་ཚོགས་སྤྱོད་པའི་སྐབས་ཡིན་པས། དེ་དར་བར་འགྱུར་གྱིས་ 2-1-209 དོགས་ཏེ་ཆེད་གཏད་མི་སྒྱུར་བ་ཡིན་ནོ། ། གཞུང་དོན་དངོས་ནི། སྒྲུབ་པ་པོ་ཡིས་སྔར་འཇིག་བྱེད་རྡོ་རྗེ་སྐྱེས་ཡིན་བཤད། ཞེས་ པའི་སྐབས་སུ་བསྟན་པའི་རིམ་པ་ཡིས། ཕྱུགས་རྣམས་དགུག་པར་བྱ་ཡིན་ཞིང༌། དགུག་བྱའི་ ཕྱུགས་ཡང་རྣམ་པ་ལྔ་སྟེ། མི་དང༌། རུས་སྦལ་དང༌། རྔ་མོ་དང༌། ལྕེ་སྤྱང་དང༌། རྟ་ལ་སོགས་པ་ རྣམས་དངོས་གྲུབ་སྒྲུབ་པའི་དཀྱིལ་འཁོར་གྱི་དྲུང་དུ་ཕྱུགས་འདི་དག་ནི། དངོས་གྲུབ་འགྲུབ་ པའི་ཡན་ལག་ཏུ་གྱུར་པ་ཡིན་ནོ། །དེ་ཡང་ས་སྟེངས། ས་འོག ས་བླའི་དངོས་གྲུབ་ཀྱི་རིགས་ ཐམས་ཅད་ལ་ནི། ཕྱུགས་མཆོག་སྟེ། མི་ཉིད་མཆོག་ཏུ་གྱུར་པ་ཡིན་ལ། གཞན་ས་སྟེངས་ནི་ དངོས་གྲུབ་སྒྲུབ་པ་ལ། རྐང་བཞི་རྣམས་ལས་གླང་པོ་ཆེ་དང༌། མཁའ་སྤྱོད་ཀྱི་དངོས་གྲུབ་ སྒྲུབ་པ་ལ། འདབ་ཆགས་རྣམས་ལས་ངང་པ་དང༌། ས་འོག་གི་དངོས་གྲུབ་སྒྲུབ་པ་ལ། ཆུར་ གནས་པའི་སྲོག་ཆགས་རྣམས་ལས་རུས་སྦལ་ཉིད་མཆོག་ཡིན་ལ། འདི་ལ་མལ་འགྱུར་ལས། དུད་འགྲོ་རྣམས་ནི་ཕྱུགས་ཡིན་ནོ། །ཞེས་ཡོད་ཀྱང༌། ཆུར་གནས་རྣམས་ལས་རུས་སྦལ་ལོ། །ཞེས་ཡོད་པ་བདེའོ། །དེ་ལྟ་བུའི་ཕྱུགས་བསྒྲལ་བའི་ཤ་ཁྲག་ལ། ལྷ་རྣམས་ཞལ་གཡོ་བ་སྟེ། དགེས་པར་འགྱུར་བ་ཡིན་ལ། གཞན་ཡང་དངོས་གྲུབ་སྒྲུབ་པའི་དཀྱིལ་འཁོར་དུ། སྔར་མ་ བཤད་པའི་ཕྱུགས་ནི་འདི་རྣམས་རྣམ་པར་བཤད་དེ། ཁྭ་དང༌། ཆུ་སྐྱར་དང༌། གཞད་དང༌། ཁྲུང་ཁྲུང་དང༌། རི་སྐེག་དང༌། ཀ་དམ་པ་སྟེ་དྲུག་པོ་དེ་ལ་རྩོད་པ་མེད་ཅིང༌། གཞན་འགའ་ ཞིག་འདབ་ཆགས་ཀྱི་སྲོག་ཆགས་འཆད་པའི་སྐབས་འདིར། ལྕེ་སྤྱང་འབྱུང་བ་ནི་མི་འཐད་ ཅེས་གསུངས་ཀྱང༌། དེ་ཡང་མ་ངེས་པས། ལྕེ་སྤྱང་སྟེ་བདུན་དང༌། སྐྱེ་གཉིས་སྔགས་ཆེན་པོ། ཞེས་པ་ནི། སྔགས་ཆེན་པོའི་སྐད་དོད། མཧཱ་མནྟྲི་བློན་པོ་ཆེན་པོ་ལ་ཡང་འཇུག་པས། སྐབས་ འདིར་སྐྱེ་གཉིས་ནི། བྱ་ཡིན་ལ། དེའི་བློན་པོ་ཆེན་པོ་ནི་ནེ་ཙོའོ། །དེ་ལྟར་ཕྱུགས་དེ་རྣམས་ ཡོངས་སུ་བསྒྲལ་བའི་ཤ་ཁྲག་ཚོགས་ཀྱི་འཁོར་ལོར་བཟའ་བ་དང༌། གཏོར་མར་འབུལ་བ་ 2-1-210 དང༌། སྦྱིན་སྲེག་ཏུ་འབུལ་བ་སོགས་བྱས་པས། འདོད་པའི་དོན་གྱི་དངོས་གྲུབ་རྣམས་འགྲུབ་ པར་འགྱུར་རོ། ། གཉིས་པ་ནི། ཀྲིཥྞ་ཤྭ་ནི་ཐུག་པ་དང༌། །ཞེས་པ་ནས། རྒྱུད་འདིར་ཐེ་ཚོམ་མེད་པ་ཡིན། །ཞེས་པའི་བར་གྱིས་བསྟན། དེ་ཡང་ཕྱུགས་ཆེན་སྒྲུབ་པའི་རྗེས་སུ་འདི་འབྱུང་བའི་རྒྱུ་མཚན་ ནི། རོ་ལངས་སྒྲུབ་པ་ལ་ཕྱུགས་ཆེན་སྒྲུབ་པ་འདི་ཤིན་ཏུ་སྔགས་པའི་ཡན་ལག་ཏུ་འགྱུར་བའི་ ཕྱིར། དེ་ལྟར་གསུངས་པ་ཡིན་ལ། དེ་ཡང་ལྷས་གནང་བ་ཐོབ་པ་ན། རོ་ལངས་སྒྲུབ་པར་བྱ་ བ་ཡིན་ཅིང༌། འདི་དངོས་གྲུབ་ཆེན་པོ་ཡིན་པས། གནང་བ་མ་ཐོབ་པར་སྒྲུབ་ཏུ་རུང་བ་མ་ ཡིན་ནོ། །དེས་ན་དུར་ཁྲོད་ནས་ཧ་ཅང་རྒན་པ་དང༌། ཧ་ཅང་གཞོན་ཆེས་པ་མ་ཡིན་པའི་མི་ རོ་རུལ་པ་དང༌། རྨ་ཡོད་པ་ལ་སོགས་པ་མ་ཡིན་པ་བླངས་ཏེ། བསྲུང་བ་བྱས་ལ། དེའི་ནང་དུ་ ཚ་བ་གསུམ་ལ་སོགས་པའི་སྨན་བཟང་པོ་དག་གིས་ཡོངས་སུ་བཀང་ཞིང༌། མེ་ཏོག་གི་ཕྲེང་ བ་ལ་སོགས་པས་བརྒྱན་པར་བྱས་པ། སྒྲུབ་པའི་དཀྱིལ་འཁོར་གྱི་དབུས་སུ། ཤིང་གདན་ ལ་སོགས་པའི་སྟེང་དུ་བཞག་ལ། རྡོ་རྗེ་ཆོ་ག་གསུམ་བསྐྱེད་ལ་སོགས་པའི་སྒོ་ནས། ཧེ་རུ་ཀ་ ཕྱག་གཉིས་པར་བསྐྱེད་པའི་ཐུགས་ཀར་སྔགས་ཀྱི་ཕྲེང་བ་སྒོམ་ལ། སྒོ་མཚམས་མ་བརྒྱད་ དང༌། འཁོར་ལོ་གསུམ་གྱི་ལྷ་ཚོགས་ཡང་ཡང་བཀུག་ཅིང༌། དེ་ལ་བསྟིམ་པའི་དམིགས་པ་ བྱས་ལ། སྔགས་ཀྱི་བཟླས་པ་བྱས་ཏེ་སྒྲུབ། འགྲུབ་པའི་ལྟས་ལ། ཧེ་རུ་ཀ་འཁོར་སྲིན་པོ་ དཔག་ཏུ་མེད་པས་བསྐོར་ཏེ་འབྱོན་པ་ལ་སོགས་པ། བྱུང་བ་ན་དེ་ལ་འཇིགས་པར་མི་བྱ་བར་ མཆོད་ཡོན་འབུལ་བ་དང༌། ཡང་ན་རང་གི་སྒྲུབ་ཁང་གི་མཐའ་བསྐོར་དུ། བྱ་དང༌། གཅན་ ཟན་རྣམ་པ་སྣ་ཚོགས་པ་འཇིགས་པའི་སྐད་མི་ཟད་པ་འདོན་པ་ལ་སོགས་པ། འཇིགས་ཤིང་ ཡ་ང་བའི་ཆོ་འཕྲུལ་རྣམ་པ་སྣ་ཚོགས་པ་འབྱུང་བ་ཡིན་ཞིང༌། དེའི་ཚེ་ཏིང་ངེ་འཛིན་ལ་སེམས་ བརྟན་པར་གནས་ནས་འཇིགས་སྐྲག་གི་དབང་དུ་མ་སོང་བ་བྱ་དགོས་པ་ཡིན་ལ། དེ་ནས་རོ་ 2-1-211 ལངས་ཀྱི་ལྷ་ཉིད་རོ་ལ་ཡོངས་སུ་ཞུགས་ཏེ། འདར་བ་དང༌། འཁྲིག་པ་དང༌། གཡོ་བ་དང་ བཅས་པར་གྱུར་པ་ན། དེའི་མདུན་དུ་མེ་ཐབ་བཅས་ཏེ། འཛེམ་པ་སྟེ་འཇིགས་པ་མེད་པར་ མེ་ནང་དུ་རོ་ལངས་གི་ལྷ་སྤྱན་དྲངས་ཏེ། དེའི་ཁར་ཁྱི་མོ་ནག་མོའི་འོ་ཐིག་དང༌། མ་ཤ་དང༌། འབྲས་ནག་རྣམས་ཐུན་མོང་མ་ཡིན་པའི་དམ་རྫས་ཡིན་པས། ངེས་པར་དགོས་ལ། གཞན་ ཡང་སྲེག་རྫས་མང་པོ་དང་བཅས་ཏེ། སྦྱིན་བསྲེག་བརྒྱ་རྩ་བརྒྱད་འབུལ་བར་བྱའོ། །དེ་ནས་ རོ་དེ་ལངས་ནས། དངོས་གྲུབ་ཅི་བགྱི་ཞེས་སྨྲ་བར་གྱུར་ན། ས་འོག་གི་དངོས་གྲུབ་དང༌། སྟེང་ འགྲོ་སྟེ། མཁའ་སྤྱོད་ཀྱི་དངོས་གྲུབ་དང༌། རལ་གྲི་དང༌། ཚར་གཅོད་པ་དང༌། ཕན་འདོགས་ པའི་ཚིག་གི་ནུས་པ་དང༌། རིལ་བུ་དང༌། མིག་སྨན་དང༌། གཏེར་དང༌། རྐང་མགྱོགས་དང༌། བཅུད་ལེན་གྱི་དངོས་གྲུབ་དག་ལས་གང་ཡང་རུང་བ་གཅིག་འཚལ་ལོ། །ཞེས་སྨྲས་པ་ན། རང་གིས་སྨྲས་པའི་དངོས་གྲུབ་གཅིག་པོ་དེ་སྦྱིན་པར་བྱས་ནས་ནི། རོ་ལངས་དེ་མི་སྣང་བར་ འགྲོ་བར་འགྱུར་རོ། །གཞན་དུ་མིན། ཞེས་པ་ནི། དེས་བྱིན་པའི་དངོས་གྲུབ་དེ་རང་ཉིད་ཀྱིས་ ངེས་པར་ཐོབ་པའི་དོན་ཡིན་ལ། སྟེང་དང་འོག་ཏུ་ཕོ་ཉ་འགྲུབ། །ཅེས་པ་ནི། རང་ཉིད་སྟེང་ དུ་འགྲོ་བར་འདོད་ན། རོ་ལངས་དེ་ཉིད་ཀྱི་ཡོངས་སུ་འཁྲིད་པའི་ཕོ་ཉ་བྱས་ནས་མཁའ་སྤྱོད་ ཀྱི་གནས་རྣམས་སུ་འགྲོ་བ་དང༌། ཡང་དེ་ཉིད་ཀྱིས་ཁྲིད་དེ། ས་འོག་ཀླུའི་འཇིག་རྟེན་རྣམས་ སུ་འགྲོ་བ་འབྱུང་བ་ཡིན་ལ། ཡང་ན་རོ་ལངས་དེས་བྱིན་པ་ན། ཙནྚི་ཀ་ལ་སོགས་པའི་ས་སྟེང་ གི་ལྷ་རྣམས་དང༌། ཀླུ་ལ་སོགས་པའི་ས་འོག་གི་འགྲོ་བ་རང་གི་ཕོ་ཉ་མངག་གཞུག་ཏུ་འགྲུབ་ པའི་དོན་ནོ། །དེ་ལྟར་རོ་ལང་གི་དངོས་གྲུབ་འདི་ནི། འཁོར་ལོ་སྡོམ་པའི་རྒྱུད་འདིར་བསྟན་ པ་བཞིན་བསྒྲུབས་ན། ཐེ་ཚོམ་མེད་པར་འགྲུབ་པ་ཡིན་ནོ། ། གསུམ་པ་ནི། བ་གླང་གནས་ཀྱིས་མི་བྱིང་དང༌། །ཞེས་པ་ནས། སྒྲུབ་པ་པོས་ནི་འགྲུབ་ པར་འགྱུར། །ཞེས་པའི་བར་གྱིས་བསྟན། དེ་ཡང༌། བ་གླང་གནས་ནི་ས་དང༌། མི་བྱིང་བའམ་ 2-1-212 སྟེང་ལྡིང་ནི་ཆུ་དང༌། སྐེམ་བྱེད་ནི་མེ་དང༌། རྩ་ན་གནས་པ་ནི་རླུང་སྟེ། འབྱུང་བཞིའི་དཀྱིལ་ འཁོར་སྒོམ་པར་བསྟན་པ་དང༌། དེའི་སྟེང་དུ་རི་རབ་སྒོམ་པ་ནི། བྲག་ཆེན་པོ་ཡི་ངོ་བོ་རུ། །ཞེས་མལ་འགྱུར་དང༌། འགྱུར་གཞན་ལས། དུང་ཆེན་པོ་ཡི་ངོ་བོ་བྱ། །ཞེས་གསུངས་པས་ བསྟན་པ་ཡིན་མོད། འོན་ཀྱང་དུང་ཆེན་པོ་ནི་བདེ་བ་ཆེན་པོ་ཡིན་པས། རི་རབ་ནི་བདེ་བ་ཆེན་ པོ་རྣམ་པར་དག་པ་ཡིན་པའི་ཕྱིར། དོན་ལ་ཁྱད་པར་མེད་དོ། །བསྐྱེད་པའི་རིམ་པའི་རྣལ་ འབྱོར་ནི། །མཆོག་གི་དངོས་གྲུབ་མྱུར་དུ་སྨིན་པར་བྱེད་པའི་ལམ་ཡིན་ནོ། །དེ་ལྟར་རི་རབ་ ཀྱི་སྟེང་དུ། གཞལ་ཡས་ཁང་སྒོམ་པ་འདིར་མ་གསུངས་ཀྱང༌། གོང་ལེའུ་གཉིས་པའི་སྐབས་ སུ་བསྟན་པ་ཉིད། འདིར་ཁ་བསྐང་དགོས་པ་ཡིན་ནོ། །དེ་ནས་གཞལ་ཡས་ཁང་གི་དབུས་ སུ་མངོན་བྱང་ལྔ་ལས། རྒྱུ་རྡོ་རྗེ་འཛིན་པ་ཞལ་བཞི་པ། ཕྱག་བཞི་པ་ནས་ཇི་སྲིད་ཕྱག་འབུམ་ གྱི་བར་དུ་ཡོད་པ། སྐུ་མདོག་དཀར་པོ། ཁྲོ་བོ་ཆེན་པོའི་རྣམ་པར་སྒོམ་པ་ཡིན་ལ། དགེས་ རྡོར་དང༌། གཤིན་རྗེ་གཤེད་སོགས་སུ་རྒྱུ་རྡོ་རྗེ་འཛིན་པ་ཅུང་ཟད་ཞི་བ་དང༌། འབྲས་བུ་རྡོ་ རྗེ་འཛིན་པ་ཁྲོ་བོར་བཤད་པ་སོགས་ཡོད་ཀྱང༌། འདིར་ནི་རྒྱུ་རྡོ་རྗེ་འཛིན་པ་ཉིད་ཀྱང་ཆེས་ ཁྲོས་པར་གསུངས་སོ། །རྡོ་རྗེ་ཕག་མོ་ནི། རྒྱུ་རྡོ་རྗེ་འཛིན་པ་དེའི་སྐུ་མདོག་དང༌། མཚོན་ཆ་སྟེ་ ཕྱག་མཚན་འཆང་བ་ལ། ཧེ་རུ་ཀ་གཟིགས་ཞེས་གསུངས་པ་ཡིན་ལ། རྒྱུད་ཀྱི་དངོས་བསྟན་ ལྟར་ན། ཡུམ་རྡོ་རྗེ་ཕག་མོ་སྐུ་མདོག་དང༌། ཕྱག་མཚན་ཡབ་དང་མཚུངས་པར་གསུངས་ པས། རྡོ་རྗེ་ཕག་མོ་ཡང༌། རྒྱུ་རྡོ་རྗེ་འཛིན་པ་དང་རང་མཚུངས་ཀྱི་རྣམ་པ་ཅན་དུ་གསལ་བ་ ཡིན་ལ། དེས་ན་བླ་མ་གོང་མ་དག རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ་ཉིད་ཀྱི་དབང་དུ་མཛད་ ནས། རྡོ་རྗེ་ཕག་མོ་ནི། ཕག་མོ་དེ་ཉིད་ཀྱི་སྐུ་མདོག་དང༌། མཚོན་ཆ་འཆང་ཞེས་འབྲུ་གནོན་ པར་མཛད་པ་ནི། འདིའི་ཚིག་དོན་ལ་མ་ཞུགས་ལ། ཅི་སྟེ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོར་ བྱེད་པའི་དབང་དུ་བྱས་ནས་འཆད་ན། སྐུ་མདོག་དང་རིགས་དོན་གཅིག་པས། རྡོ་རྗེ་ཕག་མོ་ 2-1-213 དེ་ཡི་ནི། རིགས་དང་མཚོན་ཆ་འཆང་ལ་གཟིགས། །ཞེས་རྡོ་རྗེ་ཕག་མོ་རྣམ་སྣང་གི་རིགས་སུ་ བཞག་པ་སོགས་ཡོད་ཀྱང༌། འདིར་ནི་རྒྱུ་རྡོ་རྗེ་འཛིན་པ་དེའི་རིགས་དང༌། མཚོན་ཆ་འཆང་བ་ ཡིན་ཞེས་བཤད་ན་ལེགས་སོ། །དེ་ཡང་རྒྱུ་རྡོ་རྗེ་འཛིན་པ་རྡོ་རྗེ་སེམས་དཔའི་རིགས་ཡིན་པ་ བཞིན༌། རྡོ་རྗེ་ཕག་མོ་ཡང་དེའི་རིགས་དང༌། འབྲས་བུ་རྡོ་རྗེ་འཛིན་པ་མི་བསྐྱོད་པའི་རིགས་ ཡིན་པ་བཞིན། དེའི་ཚེ་རྡོ་རྗེ་ཕག་མོ་ཡང་མི་བསྐྱོད་པའི་རིགས་སུ་འཇོག་པ་ཡིན་ལ། དེ་ཉིད་ ཀྱི་ཕྱིར་ཕྱག་མཚན་ཡང་ཡབ་དང་མཚུངས་པར་རྡོ་རྗེ་འཛིན་པའོ། །དེ་ལྟ་བུའི་རྒྱུ་རྡོ་རྗེ་འཛིན་ པ་ལ། ཐོད་པའི་ཕྲེང་བ་དང༌། ཐལ་ཆེན་དང་ཕྱག་རྒྱ་ལྔ་དང༌། ཉེ་བའི་ཕྱག་རྒྱ་ལྔ་ལ་སོགས་ པ་ཡིས་རྣམ་པར་བརྒྱན་པ། དབུ་སྐྲ་རལ་པའི་ཅོད་པན་ཅན། ཕྱག་མཚན་མདུང་དང་ལྡན་ པ། ཞལ་གྱི་མཆེ་བ་ཅུང་ཟད་གཙིགས་པ། ཡི་དྭགས་ཆེན་པོ་དབང་ཕྱུག་དབུ་མར་བཅས་པ་ གདན་དུ་བྱས་པའོ། །འབྲས་བུ་རྡོ་རྗེ་འཛིན་པ་ནི། དེ་ནས་རྟག་ཏུ་སྒྲུབ་པ་པོས། །སྔགས་ཀྱི་ ལྷ་ནི་ཤེས་པས་སྒོམ། །ཞེས་པས་བསྟན་པ་ཡིན་ལ། དེ་ཡང་། རྒྱུ་རྡོ་རྗེ་འཛིན་པ་བསྒོམས་ པའི་རྗེས་དེ་ནས། རྟག་ཏུ་སྒྲུབ་པ་པོས། རང་སྔགས་ཀྱི་ལྷའི་རིགས་ནི་ཡོངས་སུ་ཤེས་པའི་ སྒོ་ནས། འབྲས་བུ་རྡོ་རྗེ་འཛིན་པ་སྒོམ་པར་བྱའོ། །དེ་ཡང༌། མི་བསྐྱོད་པ་ཧེ་རུ་ཀ་སྒོམ་ན་སྐུ་ མདོག་སྔོན་པོ་དང༌། དེ་བཞིན་དུ་སངས་རྒྱས་ཧེ་རུ་ཀ་དཀར་པོ། རིན་འབྱུང་ཧེ་རུ་ཀ་སེར་པོ། པདྨ་ཧེ་རུ་ཀ་དམར་པོ། དོན་གྲུབ་ཧེ་རུ་ཀ་ལྗང་ཁུར་སྒོམ་པའི་དོན་ནོ། །དེ་ལྟ་བུའི་འབྲས་བུ་ རྡོ་རྗེ་འཛིན་པ་དེ་ཉིད་ལ་ཡང༌། ཡོན་ཏན་ཏེ་བྱིན་གྱིས་བརླབས་པའི་ཁྱད་པར། གོ་ཆ་བགོད་ པ། ཡེ་ཤེས་སྤྱན་འདྲེན། དབང་བསྐུར་རྒྱས་བཏབ་རྣམས། སྒྲུབ་པ་པོས་བྱས་པས་ནི། འགྲུབ་ པར་འགྱུར་རོ། །ཞེས་སྐབས་འདིར་དང་པོ་སྦྱོར་བ་ཡོངས་རྫོགས་གསུངས་པ་ཡིན་ནོ། །གོང་ གི་རྒྱུད་ཚིག ཡང་ན་རུས་སྦལ་དག་གིས་སོ། །ཞེས་པས། འབྱུང་བཞི་རི་རབ་དང་བཅས་ པའི་སྟེང་དུ། མངོན་བྱང་ལྔ་ལས། གཞལ་ཡས་ཁང་དང༌། དཀྱིལ་འཁོར་གྱི་ལྷ་དུས་གཅིག་ 2-1-214 ཏུ་བསྐྱེད་པ་ནི། དཔེར་ན་རུས་སྦལ་ལུས་དང༌། ཕྱིའི་གནས་དུས་གཅིག་ཏུ་གྲུབ་པ་བཞིན་ཏེ། འདིས་ནི་རྒོང་སྐྱེས་སྦྱོང་བྱེད་ལོ་ཡི་པའི་ལུགས་ལྟར་རོ། ། ད་ནི་དེ་རྣམས་ངེས་དོན་རྫོགས་པའི་རིམ་པ་དང་སྦྱར་ཏེ་འཆད་པ་ནི། ཕྱུགས་སྒྲུབ་པའི་ སྐབས། མི་ལ་སོགས་པ་ཕྱུགས་རྣམ་པ་ལྔ་གསུངས་པ་ནི། ལུས་ལ་གནས་པའི་འབྱུང་བ་ ལྔའི་རླུང་དང༌། ཐིག་ལེ་རྣམས་བསྟན་པ་དང༌། ཡང་ཕྱུགས་ཀྱི་མཆོག་མི་དང༌། གླང་པོ་དང༌། འདབ་ཆགས་དང༌། རུས་སྦལ་ཏེ་ཕྱུགས་རྣམ་པ་བཞི་པོ་དེ་རྣམས་ཀྱི་ནི། འཁོར་ལོ་བཞིའི་ལྟེ་ བར་གནས་པའི་ཐིག་ལེ་རླུང་དང་བཅས་པ་རྣམས་བསྟན་པ་དང༌། དེ་ནས་ཁྭ་ལ་སོགས་པའི་ ཕྱུགས་རྣམ་པ་སྣ་ཚོགས་པ་དེ་རྣམས་ཀྱིས། ཉོན་མོངས་དང་རྣམ་རྟོག་སྣ་ཚོགས་སྐྱེ་བའི་རླུང་ དང༌། ཐིག་ལེ་སྣ་ཚོགས་པ་རྣམས་བསྟན་པ་ཡིན་ལ། དེ་རྣམས་ལུས་ཀྱི་ཕྱོགས་ནས་དབུ་མའི་ ནང་དང༌། སེམས་ཀྱི་ཕྱོགས་ནས་འོད་གསལ་དུ་ཞུགས་པ་ནི། ཕྱུགས་སྒྲོལ་བའི་ངེས་དོན་ དང༌། དེ་ནས་དེ་རྣམས་ཡེ་ཤེས་གཅིག་གི་ངོ་བོར་རོ་སྙོམ་དུ་གྱུར་པ་ནི། ཕྱུགས་བསྒྲལ་བའི་ ཤ་ཁྲག་བཟའ་བའི་ངེས་དོན་ནོ། །འདི་ནི་རིམ་པ་ཕྱི་མ་ཉིད་ཀྱི་སྐབས་སུ་འབྱུང་བ་ཡིན་ནོ། །ཡང་བ་གླང་ལྷས། ས་རླུང་དང༌། སྟེང་ལྡིང་ཆུ་རླུང་དང༌། སྐེམ་བྱེད་མེ་རླུང་དང༌། རྩ་གནས་ རླུང་གི་རླུང་དང༌། མི་ཕྱེད་པ་ཡེ་ཤེས་དང༌། རུས་སྦལ་རྣམ་ཤེས་རྣམས་ཡིན་ལ། དེ་ལྟར་ཡེ་ ཤེས་དེ་ཉིད་འབྱུང་བ་བཞིའི་རླུང་གི་དྭངས་མར་གནས་པ་ཡིན་ཞིང༌། རྣམ་ཤེས་ཀྱང་འབྱུང་ བཞིའི་རླུང་ཕྲ་མོའི་ངོ་བོར་གནས་པ་ནི། དངོས་གྲུབ་སྟེ་ནང་ན་ས་བོན་མི་གསལ་བའི་ཚུལ་ གྱིས་གནས་པ་ཡིན་ལ༌། སྨིན་འགྱུར་ཏེ་དེ་ཉིད་མངོན་དུ་གྱུར་ཏེ་སྣ་སྒོ་ནས་རྒྱུ་བ་ན། ཞལ་ བཞི་ནི་མགོན་པོ་བཞིའི་རླུང་དང༌། ཕྱོགས་བཞི་ནི་ལྷ་མོ་བཞིའི་རླུང་དང༌། ཕྱག་གསུམ་གྱི་ བར་ནི། དེ་ལས་རྣམ་རྟོག་རྣམ་པ་སྣ་ཚོགས་སྐྱེ་བའི་དོན་ཏེ། འདི་དག་ནི་གཞིའི་གསང་བ་ ཉིད་བསྟན་པ་ཡིན་ལ། རླུང་དེ་ལམ་དུ་བྱེད་ཚུལ་ནི། སྔགས་ཀྱི་ལྷ་ནི་ཤེས་ནས་སྒོམ། །ཞེས་ 2-1-215 པས་བསྟན་པ་སྟེ། སྔགས་ནི་རླུང་ཡིན་ལ། དེ་རྣམས་སོ་སོའི་ལྷའི་ངོ་བོར་ཤེས་ནས་སྒོམ་པ་ སྟེ། པད་མའི་མགོན་པོའི་རྒྱུ་བ་འོད་དཔག་མེད་དང༌། ལས་ཀྱི་མགོན་པོའི་རྒྱུ་བ་དོན་གྲུབ་ དང༌། རྡོ་རྗེ་མགོན་པོའི་རྒྱུ་བ་མི་བསྐྱོད་པ་དང༌། རིན་ཆེན་མགོན་པོའི་རྒྱུ་བ་རིན་ཆེན་འབྱུང་ ལྡན་དུ་ཤེས་པ་དང༌། དེ་དག་ལ་ཡང་ནང་སེལ་རེ་རེ་བཞིན། སྤྱན་མ་དང༌། མཱ་མ་ཀི་དང༌། གོས་དཀར་མོ་དང༌། སྒྲོལ་མ་སྟེ། བཞི་བཞིར་ཤེས་དགོས་པ་ཡིན་ལ། བསྐྱེད་རིམ་པ་ཡིན་ན། རླུང་དེ་དང་དེ། ལྷ་དེ་དང་དེའི་ངོ་བོར་མོས་པའི་ཚུལ་གྱིས་སྒོམ་པ་ཡིན་ལ། རྫོགས་རིམ་པ་ལ་ ནི། རླུང་རྣམས་བདེ་སྟོང་གི་ཡེ་ཤེས་ཀྱི་ངོ་བོར་ཤེས་པ་ཉིད་ལྷར་ཤེས་པའི་དོན་ནོ། །གཞན་ ཡང་རླུང་གི་རྣལ་འབྱོར་དེ་དག་ལ་ཐུན་མོང་དུ། སྐུ་མདོག་དཀར་པོའི་ངེས་དོན་བདེ་བ་ཆེན་ པོ་དང༌། ཁྲོ་བོ་ཆེན་པོའི་ངེས་དོན། བདེ་བས་རྣམ་རྟོག་འགགས་པ་དང༌། རྡོ་རྗེ་ཕག་མོའི་ངེས་ དོན། རྣམ་རྟོག་འགགས་པའི་མི་རྟོག་པ་ལས། སྣང་བ་དང་བཅས་པའི་སྟོང་པ་ཉིད་འཆར་བ་ སྟེ། དེ་རྣམས་ཀྱིས་རྒྱས་ཐེབས་པ་གཅིག་དགོས་པ་ཡིན་ལ། ཚུལ་དེ་ལྟར་བསྒོམས་པ་ལས། ས་དང༌། ཆུ་དང༌། མེ་དང༌། རླུང་གི་རླུང་རྣམས་སྟོབས་སུ་གྱུར་པའི་ཡོན་ཏན་གྱི་ཁྱད་པར་ རྣམས་ཐོབ་པར་འགྱུར་བ་ཡིན་ནོ། །དཔལ་འཁོར་ལོ་སྡོམ་པ་ལས། དུད་འགྲོ་ཕྱུགས་དང༌། རོ་ལངས་སྒྲུབ་པ་དང༌། བསྐྱེད་པའི་རིམ་པའི་ཆོ་གའི་ལེའུ་སྟེ། སུམ་ཅུ་རྩ་གཉིས་པ་རྣམ་པར་ བཤད་ཟིན་ཏོ།། །། ༈ ལེའུ་སུམ་ཅུ་རྩ་གསུམ་པ་ལ། དམ་བཅའི་ཚུལ་གྱིས་བཤད་པར་ཞལ་གྱིས་བཞེས་ པ་དང༌། དོན་དངོས་བཤད་པ་གཉིས་ལས། དང་པོ་ནི། དེ་ནས་ཞེས་སོགས་ཚིག་གཉིས་ ཀྱིས་བསྟན། དེ་ཡང་ལེའུ་སུམ་ཅུ་རྩ་གཉིས་པའི་རྗེས་དེ་ནས། སྒྲུབ་པ་པོ་རྣམས་ཀྱིས་སྦྱོར་བ་ མཆོག་ཏུ་གྱུར་པ། གཞན་ཀུན་ལ་མེད་པར་གྱུར་པ་འདི་བཤད་པར་བྱ། ཞེས་པའོ། ། གཉིས་པ་ལ། ཡོ་བྱད་དང༌། དུས་དང༌། ཆོ་ག་དང་གསུམ་ལས། དང་པོ་ནི། བཟའ་དང་ 2-1-216 ཞེས་སོགས་ཚིག་ལྔས་བསྟན། དེ་ཡང་ཚོགས་ཀྱི་འཁོར་ལོ་བྱ་བའི་ཡོ་བྱད་བཟའ་བ་དང༌། བཅའ་བ་རྣམ་པ་སྣ་ཚོགས་པ་རྣམས་ནུས་པ་ཅི་ཡོད་ཀྱིས་ཚོགས་པར་བྱ་བ་ཡིན་ལ། ཅི་སྟེ་ བཟའ་བ་དང༌། བཅའ་བའི་ཁྱད་པར་བཟང་ཞིང་མང་བ་དང༌། ཤ་ལྔ་བདུད་རྩི་ལྔའི་རྫས་ དངོས་སུ་མེད་པར་གྱུར་ཀྱང༌། རང་གི་ཇི་ཙམ་འབྱོར་བའི་བཟའ་བ་དེ་ཤ་ལྔ་དང༌། བདུད་རྩི་ ལྔ་པོ་ཉིད་དུ་བྱིན་གྱིས་རླབས་པར་བྱ་དགོས་པ་ཡིན་ཞིང༌། འདིར་ལྔ་ཞེས་གསུངས་པ་ནི། ལྔ་ ཚན་དུ་གྲངས་མཉམ་པའི་ཕྱིར། དེ་ལྟར་བསྟན་པ་ཡིན་གྱི། སྤྱིར་ནི་ཤ་ལྔ་དང༌། བདུད་རྩི་ལྔ་ སྟེ། བཅུ་འབྱུང་བ་ཡིན་ཞིང༌། དེ་ལྟར་བཟའ་བ་དང༌། བཅའ་བ་རྒྱ་ཆེན་པོ་དེ་རྣམས་ཚོགས་ཀྱི་ འཁོར་ལོའི་ཡོ་བྱད་ཡིན་ནོ། ། གཉིས་པ་ནི། མཚན་མོའི་དུས་ནི་ཉིད་དུ་བྱ། །ཞེས་པས་བསྟན། གསུམ་པ་ནི། དེ་ནས་ ཞེས་སོགས་མན་ཆད་ཀྱིས་བསྟན་པ་ཡིན་ཞིང༌། དེའི་དོན་ཡང༌། དེ་ནས་སྒྲུབ་པ་པོ་རང་ཉིད་ དང༌། དེར་ཚོགས་པའི་རྣལ་འབྱོར་པ་གཞན་རྣམས་ལ་ཡང་སྟེ། རིག་མ་རྡོ་རྗེ་ཕོ་ཉ་མོ་རབ་ ཏུ་སྦྱིན་པ་སྟེ། དེར་བཞག་པར་བྱ་བ་ཡིན་ཞིང༌། དེ་ལྟར་ཚོགས་ཀྱི་འཁོར་ལོའི་ཁ་ཟས་ལ། དཔའ་བོ་དང༌། རྣལ་འབྱོར་མ་རྣམས་ཚིམ་པར་ལོངས་སྤྱད་ནས། དེ་ནས་རྗེས་ཆགས་སྙོམས་ འཇུག་གི་ཚིམ་པར་བྱེད་པ་ནི། རིག་མའི་བྷ་གའི་དབུས་ཀྱི་གཡོན་ཕྱོགས་སུ། དབུ་མའི་མས་ སྣའི་རྩ་ན་ར་ན་སི་ཀའི་མིང་ཅན་གྱི་མགོ་བོ་བསྟན་ནས་ཡོད་པ། ཡོངས་སུ་སྐུལ་བར་བྱས་ ནས། སྒྲུབ་པ་པོ་རང་གི་རྡོ་རྗེ་ནོར་བུའི་རྩེ་མོའི་དཔང་པར། མགོ་བོའི་བརྡས་བསྟན་པའི་རྩ་ དེ་ཉིད་བཞག་པ་སྟེ་འཕྲད་པར་བྱས་ནས། དཔའ་བོ་སྒྲུབ་པ་པོས། ཤེས་རབ་མ་དང་གཉིས་ སུ་མེད་པས། རྗེས་ཆགས་ཀྱིས་མཆོད་པར་བྱའོ། །དེ་ལྟར་ཕྱག་རྒྱ་དང་མཉམ་པར་སྦྱར་བའི་ སྐབས། འཁྱུད་པ་དང་ཙུམྤ་ལ་སོགས་པ། རྣམ་པ་སྣ་ཚོགས་པའི་དགའ་བའི་ཡེ་ཤེས་ཀྱི་ བདེ་བ་ལ་དམིགས་ཏེ། སེམས་ཀྱི་རང་བཞིན་བདེ་བར་གནས་པ་དེ་ཉིད་དང༌། སེམས་ཅན་ 2-1-217 ཐམས་ཅད་འཕྲད་འདོད་བྱམས་པའི་རྣམ་པ་ཅན་དང༌། དེ་ལྟ་བུའི་བདེ་བ་དེ་བསྐྱེད་བྱེད་ཀྱི་ ཕྱག་རྒྱ་ལ་མ་ཞེས་འཇོག་པ་དང༌། དེ་བཞིན་དུ་མཆོག་དགའི་ཡེ་ཤེས་ཀྱི་བདེ་བ་སེམས་ཅན་ སྡུག་བསྔལ་སྐྱོབ་འདོད་ཀྱི་སྙིང་རྗེའི་རྣམ་པར་འཆར་བར་བྱེད་ཅིང༌། དེའི་བདེ་བ་བསྐྱེད་པའི་ ཆ་ནས་སྲིང་མོ་དང༌། ཁྱད་པར་གྱི་དགའ་བའི་ཡེ་ཤེས་ནི། སེམས་ཅན་རྣམས་བདེ་བ་དེ་དང་ མི་འབྲལ་བར་འདོད་པའི་དགའ་བ་ཚད་མེད་ཀྱི་རྣམ་པར་འཆར་བར་བྱེད་པ་དང༌། དེ་སྐྱེད་ བྱེད་ཀྱི་ཆ་ནས་བུ་མོ་དང༌། ལྷན་སྐྱེས་ཀྱི་དགའ་བའི་ཡེ་ཤེས་ཆགས་སྡང་མཐའ་དག་དང་ བྲལ་བའི་བདེ་བ་དེ་ཉིད་ལ། སེམས་ཅན་ཐམས་ཅད་གནས་པར་འདོད་པའི་བཏང་སྙོམས་ ཚད་མེད་ཀྱི་རྣམ་པར་འཆར་བར་བྱེད་ཅིང༌། བདེ་བ་དེ་སྐྱེད་པར་བྱེད་པའི་ཆ་ནས། ཆུང་མར་ འཇོག་པ་ཡིན་ལ། དེ་ནས་བྱང་ཆུབ་ཀྱི་སེམས་མས་བརྟན་པར་གྱུར་པ་ན། བདེ་བའི་རྣམ་ གྲངས་སྣ་ཚོགས་པ་འབྱུང་བ་ནི། གཉེན་སྣ་ཚོགས་པའི་ཕྱག་རྒྱའོ། །དེ་ལྟར་འདི་འདྲ་བའི་ རྗེས་ཆགས་ཀྱི་ཆོ་གའི་སྦྱོར་བ་ཡིས། སྒྲུབ་པ་པོའི་སེམས་རྒྱུད་འདོད་ཆགས་ལ་སོགས་པ་ ཉོན་མོངས་པས་བཅིངས་པ། དེ་ཉིད་མ་སྤངས་བཞིན་དུ། དེ་དག་ལས་གྲོལ་བར་འགྱུར་བ་ ཉིད་དོ། །དེ་ལྟར་ཡང་ནས་ཡང་དུ་ཉམས་སུ་བླངས་པའི་རྗེས་དེ་ནས། སྒྲུབ་པ་པོ་བསྐྱེད་རིམ་ པ་ཡིན་ན། རིགས་སྔགས་ཀྱི་ནུས་པ་མྱུར་དུ་འགྲུབ་པར་འགྱུར་བ་དང༌། རྫོགས་རིམ་པ་ཡིན་ ན། ངེས་དོན་གྱི་སྔགས་བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་འགྲུབ་པར་འགྱུར་བ་ཡིན་ནོ། །དེ་ལྟར་འགྲུབ་པ་དེ་ཡང་ཇི་སྲིད་འབྱུང་བ་བཞི་ཡོད་ཀྱི་བར་དུ་ཉམས་པར་མི་འགྱུར་བ་སྟེ། འབྱུང་བ་བཞི་མེད་པའི་སྐབས་མི་སྲིད་པའི་ཕྱིར། སྔགས་གྲུབ་པ་དེ་ཉིད་དུས་རྟག་ཏུ་ཉམས་ པར་མི་འགྱུར་བའི་དོན་ནོ། ། སློབ་དཔོན་ཞེས་སོགས་ཤོ་ལོ་ཀ་གཅིག་པོ་འདི་ལ་འཆད་ཚུལ་ལུགས་གཉིས་ཡོད་པ་ ལས། དང་པོ་ནི། ཕོ་ཉ་མོ་སྒྲུབ་པའི་རྣལ་འབྱོར་པས། ཚོགས་ཀྱི་འཁོར་ལོ་དང་བཅས་པའི། 2-1-218 རྡོ་རྗེ་ཕོ་ཉ་མོའི་ཕྱག་རྒྱ་སློབ་དཔོན་ལ་ཕུལ་ཞིང་མཉེས་པར་བྱས་ན། བསོད་ནམས་མཆོག་ ཐོབ་པར་འགྱུར་བ་ཡིན་ཏེ། རྡོ་རྗེ་སློབ་དཔོན་གྱི་ལུས་ལ་ཕྱོགས་བཅུའི་སངས་རྒྱས་དང༌། བྱང་ ཆུབ་སེམས་དཔའ་ཐམས་ཅད་གནས་ནས། སྒྲུབ་པ་པོའི་ཚོགས་རྫོགས་པའི་ཕྱིར། མཆོད་པ་ ལེན་པར་མཛད་པ་ཡིན་ལ། དཔའ་བོ་དེ་བཞིན་རིག་མ་ལའང༌། །ཞེས་དཔའ་བོ་སྟེ་སངས་ རྒྱས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བརྟེན་ནམ། གནས་ནི་སློབ་དཔོན་གྱི་ཕྱག་རྒྱ་ཉིད་ཡིན་ པར་ཡང་ཐེ་ཚོམ་མེད་པས། ཕྱག་རྒྱའི་ལུས་ལ་ཡང༌། དཔའ་བོ་དང་རྣལ་འབྱོར་མ་རྣམས་ བཞུགས་ནས་སྒྲུབ་པ་པོའི་མཆོད་པ་ལེན་པར་མཛད་པ་ཡིན་ནོ། །འདིའི་འཆད་ཚུལ་གཉིས་ པ་ནི། དཔའ་བོ་རྣམས་ཀྱི་སྟན་དག་དང༌། །ཕྱག་རྒྱ་ཉིད་དུ་ཐེ་ཚོམ་མེད། །ཅེས་པས་ཚོགས་ཀྱི་ དཀྱིལ་འཁོར་བསྟན་པ་སྟེ། མི་ལྤགས་ལ་སོགས་པའི་དཔའ་བོ་རྣམས་ཀྱི་སྟན་དང༌། གཡུང་ མོ་ལ་སོགས་པའི་རྣལ་འབྱོར་མ་སུམ་ཅུ་རྩ་བདུན་གྱི་ཕྱག་རྒྱ་ཉིད་ཐེ་ཚོམ་མེད་པར་འགོད་ པར་བྱ། ཞེས་པའི་དོན་དང༌། དེ་ལྟར་ཚོགས་དཀྱིལ་བཀོད་ནས། སློབ་དཔོན་ལུས་སུ་གནས་ སུ། །སྒྲུབ་པ་པོ་ཡི་མཆོད་པ་བླ། །ཞེས་པ་སྟེ། འདི་ནི་གོང་དུ་བཤད་ཟིན་པ་ལྟར། སློབ་དཔོན་ རྣལ་འབྱོར་མ་ཉིད་ཡིན། །ཞེས་ཕོ་ཉ་མོ་རྣམས་སྒྲུབ་པ་པོའི་སློབ་དཔོན་དུ་བཤད་པ་དང༌། དེའི་ལུས་ལ་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་གནས་ནས། སྒྲུབ་པ་པོའི་ཚོགས་ རྫོགས་པའི་ཕྱིར། མཆོད་པ་ལེན་པར་མཛད་པ་ཡིན་ནོ། །དེ་ལྟར་སྒྲུབ་པ་པོ་ལྷ་སྐུ་དང༌། བདེ་ སྟོང་ལ་སེམས་ཤིན་ཏུ་མཉམ་པར་བཞག་པས། གླུ་དང༌། གར་ལ་སོགས་པ་རོལ་པ་སྣ་ཚོགས་ པའི་སྒོ་ནས་ཀྱང༌། བདེ་སྟོང་གི་ཡེ་ཤེས་སྤེལ་བར་བྱའོ། །ལུས་ཅན་ཐམས་ཅད་དུས་ཇི་སྲིད་ དུ། རྣལ་འབྱོར་ཡེ་ཤེས་ཏེ། ཞུ་བདེ་འགྱུར་མེད་ཀྱི་ཡེ་ཤེས་ལ་མ་ཞེན་པ་སྟེ། དེ་རྩོལ་མེད་དུ་ མི་འབྱུང་བ་དེ་སྲིད་དུ། ལས་ཉོན་གྱིས་འཁོར་བར་དབང་མེད་དུ་འཁོར་བར་འགྱུར་ཞིང༌། མྱ་ ངན་དང་སྡུག་བསྔལ་གྱི་སེམས་གཡེང་བར་འགྱུར་བ་ཡིན་ལ། ཇི་སྲིད་ཞུ་བདེ་འགྱུར་མེད་ཀྱི་ 2-1-219 ཡེ་ཤེས་ལ། དང་པོར་ཕྱི་རོལ་གྱི་རྐྱེན་གྱིས་མི་གནོད་ཙམ་དང༌། དེ་ནས་ཕྱིའི་རྐྱེན་གྱིས་ནང་ གི་ཡེ་ཤེས་ཀྱི་གྲོགས་བྱས་ཏེ་འཕེལ་བར་འགྱུར་བ་དང༌། དེ་ལ་ཡང་འབད་རྩོལ་གྱིས་སྒྲིམ་མི་ དགོས་པར། རྩོལ་མེད་ལྷུན་གྲུབ་ཀྱི་ཚུལ་གྱིས་མཉམ་རྗེས་ཐམས་ཅད་དུ་རྒྱུན་མི་འཆད་པར་ བྱུང་ན། འཁོར་བ་ལས་གྲོལ་བར་འགྱུར་ཞིང༌། མྱ་ངན་དང་སྡུག་བསྔལ་གྱིས་སེམས་གཡེང་ བར་མི་འགྱུར་ཞེས་པའོ། །དེས་ན་སྒྲུབ་པ་པོས་བཟའ་བཏུང་དང་རྗེས་ཆགས་ལ་སོགས་པ་ དངོས་པོ་ཀུན་གྱི་སྒོ་ནས། རྡོ་རྗེ་ཕོ་ཉ་མོར་གྱུར་པའི་ཕྱག་རྒྱ་ཐམས་ཅད་མཆོད་པར་བྱ་ཞིང༌། དེ་ལྟར་མཆོད་པ་དེ་ཡིས་ནི། །སྒྲུབ་པ་པོ་རང་ཉིད་ལ། མཆོད་པ་མཆོག་ཐོབ་པར་འགྱུར་བ་ ཡིན་ཞིང༌། དེ་ལ་བརྙས་པ་ཡིས་ནི། སྒྲུབ་པ་པོ་རང་ཉིད་དམྱལ་བར་ངེས་པར་བསྲེག་པར་ འགྱུར་རོ། །མཆོད་པ་དེ་ནི་མཆོག་འགྱུར་ཏེ། །ཞེས་པ་ནི་མ་དག་པ་སྟེ། མཆོད་པ་ཡིས་ནི་ མཆོད་འགྱུར་ཏེ། །ཞེས་འདོན་དགོས་སོ། །རྣལ་འབྱོར་མ་ཡི་རྒྱུད་རྣམས་ཀྱིས། །ཕྱག་རྒྱ་ཆེན་ པོ་དང་པོར་བསྒྲུབས། །ཞེས་པ་ལ། འགའ་ཞིག་ལྷ་སྐུ་ཕྱག་རྒྱ་ཆེན་པོ་ལ་འཆད་པ་ནི། གོང་དུ་ ཡང་དེ་ཉིད་ཡང་ནས་ཡང་དུ་བཤད་ཟིན་པའི་ཕྱིར་དང༌། འོག་གི་ཚིག་རྣམས་དང་ཡང་འགྲེལ་ མེད་པའི་ཕྱིར་མི་འཐད་ལ། དེས་ན་འདིར་ཕྱག་རྒྱ་ཆེན་པོ། ཞེས་པ་ཡང༌། མཧཱ་མུ་དྲ་ལ། མོ་ རྟགས་རིང་པོར་ཡོད་པས། ཕྱག་རྒྱ་ཆེན་མོ་ཞེས་བྱ་ལ། དེ་ཡང༌། རྣལ་འབྱོར་མའི་རྒྱུད་ཀྱི་ ཕྱག་རྒྱ་ཆེན་མོ་དང་པོར་སྒྲུབ་པར་བྱ། ཞེས་པའོ། །དེ་ཡང་ཅི་ཞེ་ན། མངལ་སྐྱེས་ཀྱི་ཕོ་ཉ་ མོ་ཕྱག་རྒྱ་གཞན་ལས་མཆོག་ཏུ་གྱུར་པ་ཡིན་པའི་ཕྱིར། སྤྱིར་ཕྱག་རྒྱ་ཆེན་མོར་གྱུར་པ་ཡིན་ ཡང༌། སྐབས་འདིར་མངལ་སྐྱེས་ཀྱི་ཕོ་ཉ་མོ་ལ་ཞིང་སྐྱེས་ཡང་ཡང་འཇུག་པ་ལ་སོགས་པའི་ སྒོ་ནས། མངལ་སྐྱེས་ལ་བརྟེན་ནས་ཞིང་སྐྱེས་བསྒྲུབས་པ་ན། འགྲུབ་པའི་རྟགས་སུ་མངལ་ སྐྱེས་དེའི་ལུས་ལས། དུ་བ་འཐུལ་བ་དང༌། འོད་འཕྲོ་བ་དང༌། མེ་འབར་བ་དང༌། ཁྲུ་བཅུ་ གཉིས་ནས་སྟོང་གི་བར་དུ་ནམ་མཁའ་ལ་འཕར་བ་སོགས་བྱུང་ན། དེ་ནས་ཞིང་སྐྱེས་ཀྱི་ཕོ་ཉ་ 2-1-220 མོ་གཞན་ཞིག་དང་ཕྲད་པར་འགྱུར་བའམ། དེ་ཉིད་ལ་ཞིང་སྐྱེས་ཡོངས་སུ་ཞུགས་ཏེ། སྒྲུབ་ པ་པོ་རང་ཉིད་ལ་ཞིང་སྐྱེས་ཀྱི་བྱ་བ་བྱས་པར་གྱུར་པ་དེའི་ཚེ། ཕྱག་རྒྱ་ཆེན་པོ་འགྲུབ་པ་ཡིན་ ལ། དེ་ནས་དེ་ཉིད་ལ་རབ་ཏུ་འབད་པ་དང༌། ཀུན་ནས་དྭངས་པ་ཆེན་པོས་མཆོད་པར་བྱའོ། །དེ་ཡང་ཚུལ་ཇི་ལྟ་བུས་མཆོད་ན། ཕྱག་རྒྱ་ཆེན་མོ་ཞིང་སྐྱེས་ཀྱི་ཕོ་ཉ་མོ་འགྲུབ་པ་དེའི་འོག་ ཏུ། དཔའ་བོ་སྒྲུབ་པ་པོ་ཡིས་དཔའ་བོའི་ཀུན་ཏུ་སྤྱོད་པ་བྱ་བའི་ཚུལ་གྱིས་མཆོད་དོ། །དེ་ཡང་ སྔར་མཁའ་འགྲོ་མའི་ཀུན་སྤྱོད་དུ་བཤད་པ་ལྟར། ཕོ་ཉ་མོ་བཅུ་གཉིས་སམ། ཉི་ཤུ་རྩ་བཞི་ ལ་སོགས་པ་ཡོངས་སུ་བཀོད་དེ། དེ་དག་གི་གནས་སུ་སྒྲུབ་པ་པོ་རང་ཉིད་བསྐོར་རེས་ཀྱིས་ ཕྱིན་ཏེ། ཀུན་ཏུ་སྤྱོད་པར་བྱ་བ་ཡིན་ནོ། །དེ་ལྟར་མཆོད་པར་བྱས་པ་དེ་ནས་ནི། སྒྲུབ་པ་པོས་ སྟེང་དུ་འགྲོ་བ་སྟེ། མཁའ་སྤྱོད་ཀྱི་རིག་འཛིན་དང༌། འོག་ཏུ་འགྲོ་བ་སྟེ། ས་འོག་གི་རིག་པ་ འཛིན་པ་ལ་སོགས་པའི་དངོས་གྲུབ་རྣམས་ཐོབ་པར་འགྱུར་བ་དང༌། གཞན་ཡང༌། ཞི་བ་དང་ རྒྱས་པ་དང༌། དབང་དང༌། དགུག་པ་དང༌། བསད་པ་དང༌། བསྐྲད་པ་དང༌། རྨོངས་པ་དང༌། རེངས་པ་དང༌། དབྱེ་བ་ལ་སོགས་པ། ཚར་གཅོད་པ་དང༌། ཕན་འདོགས་པའི་ལས་རྣམས་ གང་ཅི་ཡང་རུང་བ་ཀུན་སྒྲུབ་པ་པོས་སྨོན་མི་དགོས་པར། འགྲུབ་པར་འགྱུར་བ་གདོན་མི་ ཟའོ། །དཔལ་འཁོར་ལོ་སྡོམ་པ་ལས། གསང་བའི་མཆོད་པ་དང༌། བསྙེན་བཀུར་གྱི་ཆོ་གའི་ ལེའུ་སྟེ། སུམ་ཅུ་རྩ་གསུམ་པ་རྣམ་པར་བཤད་ཟིན་ཏོ།། །། ༈ དེ་ནས་ལེའུ་སུམ་ཅུ་རྩ་བཞི་པ་ལ། དམ་བཅའི་ཚུལ་གྱིས་བཤད་པར་ཞལ་གྱི་བཞེས་ པ་དང༌། དོན་དངོས་གཉིས་ལས། དང་པོ་ནི། དེ་ནས་ཞེས་སོགས་ཤོ་ལོ་ཀ་གཅིག་གིས་ བསྟན། དེ་ཡང་ལེའུ་སུམ་ཅུ་རྩ་གསུམ་པའི་རྗེས་དེ་ནས། མཁའ་འགྲོ་མ་དྲ་བའི་འཁོར་ལོའི་ ཆོ་ག་རྒྱས་པ། ལས་གང་ཞིག་སྦྱིན་སྲེག་གི་ལས་ནི། ཀུན་ཏུ་བརྗོད་པས་དངོས་གྲུབ་ཐམས་ ཅད་འགྲུབ་པར་ཐེ་ཚོམ་མེད་པ་དེ་བཤད་པར་བྱ། ཞེས་པའོ། ། 2-1-221 གཉིས་པ་ལ། སྔོན་འགྲོ་བདག་བསྐྱེད་དང་། དངོས་གཞི་སྦྱིན་སྲེག་གི་ཆོ་ག་དངོས་ བཤད་པ་གཉིས་ལས། དང་པོ་ནི། དཔའ་བོ་ཀུན་དང་ཞེས་སོགས་ཚིག་ལྔས་བསྟན། དེ་ཡང་ སྔར་དང་པོ་སྦྱོར་བ་བསྟན་ཟིན་པའི་རྗེས་སུ། འདིས་དཀྱིལ་འཁོར་རྒྱལ་མཆོག་བསྟན་པ་སྟེ། ཨ་ཝ་དྷཱུ་ཏིའི་གནས་དེ་བཞིན། སྨིན་མའི་བར་དུ་ངེས་པར་བཞག ཅེས་པ་ཐོག་མར་བཤད་ པར་བྱ་སྟེ། རང་ཉིད་འབྲས་བུ་རྡོ་རྗེ་འཛིན་པར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་ པས། སངས་རྒྱས་སྲས་དང་བཅས་པ་ཐམས་ཅད་སྨིན་མཚམས་ནས་ཡོངས་སུ་ཞུགས་ཏེ། ཨ་ ཝ་དྷཱུ་ཏིའི་ནང་ནས་བརྒྱུད་དེ་བྱང་ཆུབ་ཀྱི་སེམས་སུ་ཞུ་བ། ཡུམ་གྱི་མངལ་གནས་སུ་དཀྱིལ་ འཁོར་གྱི་འཁོར་ལོ་གྱུར་པ་དང༌། དེ་ནས། དཔའ་བོ་ཀུན་དང་རྣལ་འབྱོར་མའི། །པད་མའི་ལྟེ་ བར་ངེས་པར་སྦྱར། །ཞེས་པ་ནི། མཁའ་ནང་གི་དཔའ་བོ་དང་རྣལ་འབྱོར་མ་ཀུན་ཕྱིར་སྤྲོས་ ཏེ། ཕྱིའི་དཀྱིལ་འཁོར་གྱི་པད་མའི་ལྟེ་བ་སྟེ། རང་རང་བཞུགས་པའི་གནས་རྣམས་སུ། ངེས་ པར་སྦྱར་བ་སྟེ། འགོད་པའི་དོན་ནོ། །དེ་ནས་ཡེ་ཤེས་སྤྱན་འདྲེན། དབང་བསྐུར་རྒྱས་གདབ། ལས་རྒྱལ་མཆོག་རྣམས་ཤུགས་ལ་བསྟན་པ་ཡིན་ཞིང༌། དཔའ་བོ་རྨེ་བརྩེགས་ཆགས་བྱས་ལ། །ཞེས་པ་ནི། ཨུ་ཙུཥྨ་ཞེས་པ། འཆོལ་བ་དང༌། རྨེ་བརྩེགས་གཉིས་ཆར་ལ་འཇུག་པ། སྐབས་ འདིར་རྨེ་བརྩེགས་སུ་བསྒྱུར་བ་སྟེ། དཔའ་བོ་ཧེ་རུ་ཀ་མགོ་འཕྲེང་གིས་བརྒྱན་པ་སོགས། ཁྲོ་ བོ་འཆོལ་པའི་ཆ་ལུགས་སུ་ཡོད་པས་ནས། དཔའ་བོ་རྨེ་བརྩེགས་ཞེས་གསུངས་པ་ཡིན་ཞིང༌། ཆགས་བྱས་ལ། ཞེས་པ་ནི། རང་ཉིད་དཔལ་ཧེ་རུ་ཀའི་སྐུར་གསལ་བ་ལ་ཡེ་ཤེས་ཀྱི་རིག་ མ་ལ་རྗེས་སུ་ཆགས་པའི་བདེ་བ་བསྒོམས་ཏེ། དེས་རྒྱས་ཐེབས་པ་གཅིག་དགོས་པ་ཡིན་ ནོ། །དེ་ནས་མེས་བསྲེག་པ་སྟེ་སྦྱིན་སྲེག་གི་ཆོ་ག་ལ་འཇུག་པ་ཡིན་གྱི། གཞན་བདག་བསྐྱེད་ དཀྱིལ་འཁོར་གྱི་འཁོར་ལོ་སྒོམ་པ་སྔོན་དུ་མ་སོང་བར། འཇུག་པ་མིན་ཏེ། དེ་ལ་ཞུགས་ཀྱང་ དོན་མེད་པར་འགྱུར་བའི་ཕྱིར་རོ། ། 2-1-222 གཉིས་པ་ལ་བསྲེག་རྫས་དང༌། མདུན་བསྐྱེད་ཀྱི་དཀྱིལ་འཁོར་བཤད་པ་གཉིས་ལས། དང་པོ་ནི། གོ་མཾ་ཞེས་སོགས་ཤོ་ལོ་ཀ་གཅིག་གིས་བསྟན། དེ་ཡང་གོ་མཾ་ས། བ་གླང་གི་ཤ། རུ་ཏི་ར་ཏེ་ཁྲག་དང་བཅས་པའི་བསྲེག་བྱ་ལྔ་པོ་དག་ཡིན་ལ། དེ་ཡང་གང་ཞེ་ན། ཡམ་ཤིང་ དང༌། མར་ཁུ་དང༌། ཟས་དང༌། འབྲུ་དང༌། ནགས་ཀྱི་བདག་པོ་སྟེ། རྩ་དང་མེ་ཏོག་རྣམས་ ཡིན་ཀྱང༌། ད་ལྟ་ངེས་པར་དགོས་པ་ལ། དུར་བ་དང༌། ཀུ་ཤ་གཉིས་སོ། །དེ་ལྟར་བསྲེག་བྱ་ ལྔ་ནི། རིག་བྱེད་ལས་ཀྱང་བསྟན་པ་ཡིན་ལ། དེར་མ་ཟད། འབར་བའི་མེ་ལ། ཤ་ལྔ་དང༌། བདུད་རྩི་ལྔ་སྟེ། རྫས་བཅུ་པོ་དེ་རྣམས་ཀྱང་སྲེག་པར་བྱ་བ་ཡིན་ཞིང༌། འདིར་དགུ་ཞེས་ གསུངས་པ་ནི། ཤ་ཆེན་དང༌། དེའི་དྭངས་མ་གཉིས་གཅིག་ཏུ་སྡོམས་པའོ། ། གཉིས་པ་ནི། དེ་ནས་འབར་འཕྲེང་རྒྱ་མཚོར་ནི། ཞེས་སོགས་ཏེ། དེ་ནས་ཐབ་ནང་དུ། མེ་ལྕེ་འབར་བའི་ཕྲེང་བ་འཁྲུགས་པའི་རྒྱ་མཚོ་དེའི་དབུས་སུ་ནི། དཀྱིལ་འཁོར་གྱི་འཁོར་ ལོ་ཕྱོགས་ཀུན་ནས་སྒོ་ཡོད་པས་ན། ཀུན་ནས་སྒོ་ཡི་དཀྱིལ་འཁོར་གྱི། །འཁོར་ལོ་བསམ་ པར་བྱ་བ་དང༌། །དེའི་དབུས་སུདཔའ་བོའི་དབང་པོ་ཞལ་བཞི་པ་དང༌། དཔའ་བོ་དེ་ཉིད་ཀྱི་ གནས་ཀྱི་འདབ་མ་བཞི་ལ། ཕོ་ཉ་མོ་བཞི་སྟེ། སྙིང་པོའི་རྣལ་འབྱོར་མ་བཞི་དང༌། འཁོར་ལོ་ གསུམ་ལ་དཔའ་བོ་ཉེར་བཞི་པོ་ཀུན། རང་རང་གི་དཔའ་མོ་དང་གཉིས་སུ་མེད་པ་དང༌། དེའི་ ཤུགས་ལ་སྒོ་མཚམས་མ་བརྒྱད་ཀྱང་བསྟན་པ་ཡིན་ལ། ཆོ་གའི་རིམ་པ་ཇི་བཞིན་དུ། ཞེས་ པས་ནི། དེ་ལྟར་དཀྱིལ་འཁོར་གྱི་འཁོར་ལོ་བསྐྱེད་པ་ཡང༌། མངོན་བྱང་ལྔའམ། ས་བོན་ཕྱག་ མཚན་ནམ། སྐད་ཅིག་ཙམ་ལ་སོགས་པ་ཆོ་གའི་རིམ་པ་ཇི་ལྟ་བ་བཞིན་དུ་བསྐྱེད་པ་དང༌། བསྐྱེད་ཟིན་པའི་ལྷ་དེ་རྣམས་ལ་ཡང་གོ་ཆ་བགོད་པ་དང༌། ཡེ་ཤེས་སྤྱན་འདྲེན། དབང་བསྐུར་ རྒྱས་གདབ་ལ་སོགས་པ་ཆོ་གའི་རིམ་པ་ཇི་ལྟ་བ་བཞིན་སྒྲུབ་དགོས། ཞེས་པའོ། །ཁཎྜ་རོ་ ཧ་ཕྱི་རོལ་སྦྱོར། །ཞེས་པ་ནི། རང་ཉིད་ཀྱི་ཐུགས་ཀ་ནས། ཁཎྜ་རོ་ཧ་དཔག་ཏུ་མེད་པ་སྤྲུལ་ 2-1-223 ཏེ། ཕྱི་རོལ་གྱི་ལས་སྣ་ཚོགས་པ་དེས་བྱེད་པར་མོས་པ་དང༌། ད་ལྟ་ལག་ལེན་ལ། ཁཎྜ་རོ་ ཧ་སྒྲུབ་པའི་ལས་བུམ་གྱི་ཆུས་བསངས་བ་ལ་སོགས་པའི་ལས་བྱེད་པའོ། །རང་གི་གཟུགས་ སུ་མངོན་ཞེན་པ། །ཞེས་སོགས་ཀྱིས། ལས་བཞི་སོ་སོའི་སྦྱིན་སྲེག་གི་དབྱེ་བ་བསྟན་པ་ཡིན་ ཏེ། ཞི་བའི་ལས་སྒྲུབ་ན། དཀྱིལ་འཁོར་གྱི་འཁོར་ལོའི་དབུས་སུ་བཞུགས་པའི་ལྷ་རྣམས་ཞི་ བ་རང་གི་གཟུགས་སུ་མངོན་པར་ཞེན་པ་སྟེ། དེ་ལྟར་དུ་སྒོམ་པ་དང༌། དེ་བཞིན་དུ་དབང་ལ་ རང་གི་གཟུགས་ཆགས་པའི་ཉམས་དང༌། རྒྱས་པ་ལ་འཛུམ་ཞིང་སྒེག་པའི་ཉམས་དང༌། དྲག་ པོ་ལ་ཁྲོས་པའི་ཉམས་ལྡན་དུ་བསྒོམ་པར་བྱ་བ་ཡིན་ནོ། །དེ་ལྟར་དཀྱིལ་འཁོར་གྱི་འཁོར་ ལོའི་ལྷ་ཚོགས་རྣམས་སྒོམ་པའི་ཚུལ་དེ་ལྟར་དུ་བསྟན་པ་ནི། དངོས་གྲུབ་རྣམས་རིམ་བཞིན་ གསལ་བ་སྟེ། ཐོབ་པར་བྱེད་པ་ཡིན་ནོ། །སྦྱིན་སྲེག་གི་ཆོ་ག་འདི་དག་ཀྱང༌། རིག་པའི་རྒྱ་ མཚོ་སྟེ། རྒྱུད་རྒྱས་པར་ཤིན་ཏུ་རྒྱས་པའི་ཚུལ་གྱིས་གསུངས་པ་ལས། དཔའ་བོས་རྒྱུད་འདིར་ མདོར་བསྡུས་ནས་གསུངས་པ་ཡིན་ནོ། །དེ་ལྟར་སྦྱིན་བསྲེག་གི་སྐབས་སུ་ཡང༌། སྒྲུབ་པ་པོ་ རང་ཉིད། རྡོ་རྗེ་ཕོ་ཉ་མོ་དང་གཉིས་སུ་མེད་པར་སྦྱོར་བའི་སྒོ་ནས་བསྒྲུབས་ན། དངོས་གྲུབ་ འགྲུབ་པར་འགྱུར་བ་འདི་ལ་ཐེ་ཚོམ་མེད། ཅེས་པའོ། ། ད་ནི་དེ་རྣམས་ངེས་དོན་རྫོགས་པའི་རིམ་པ་དང་སྦྱར་ཏེ་འཆད་པ་ལ། འདི་ནས་བཟུང་ ལེའུ་བཞིའི་སྦས་དོན་གྱི་ཕྱག་རྒྱ་བཞི་བསྟན་པར་འཆད་པ་ཡིན་ལ། ཕྱག་རྒྱ་བཞིའི་ངོས་ འཛིན་ཡང༌། སྡོམས་ཕྱི་མ་གསུམ་གྱི་ལུགས་བཞིན་བྱ་དགོས་པ་ཡིན་ཏེ། ཕྱག་རྒྱ་ཆེན་པོ་ནི། གདོད་མའི་གནས་ལུགས་དང༌། དེ་ལ་དམིགས་ཏེ་རྣམ་པར་མི་རྟོག་པའི་ཚུལ་གྱིས་ཉམས་ སུ་བླངས་པ་ལས། གནས་ལུགས་ཀྱི་རྣམ་པ་མཚོན་པར་བྱེད་པའི་ལམ་དང༌། ལས་ཀྱི་ཕྱག་ རྒྱ་ནི། མི་མོ་དང་དམིགས་པ་དང་བཅས་པའི་ལུས་ཀྱི་འཁྲུལ་འཁོར་གྱི་སྦྱོར་བ་ལ་སོགས་པ། ལུས་ཀྱི་བྱེད་པ་ལ་བརྟེན་ནས་སྐྱེས་པའི་ཡེ་ཤེས་དང༌། ཆོས་ཀྱི་ཕྱག་རྒྱ་ནི། རླུང་ལ་སོགས་ 2-1-224 པ་ངག་གི་སྦྱོར་བ་ལ་བརྟེན་ནས་སྐྱེས་པའི་ཡེ་ཤེས་དང༌། དམ་ཚིག་གི་ཕྱག་རྒྱ་ནི། སེམས་ཀྱི་ ཏིང་ངེ་འཛིན་ལ་བརྟེན་ནས་སྐྱེས་པའི་ཡེ་ཤེས་སོ། །དེ་ལ་དང་པོ་ནི། ལེའུ་འདིའི་ངེས་དོན་ གྱིས་འཆད་པ་སྟེ། རྟོགས་བྱ་གནས་ལུགས་ཀྱི་ཕྱག་རྒྱ་ཆེན་པོ་ནི། སྤྲོས་པ་ཐམས་ཅད་དང་ བྲལ་བའི་ཡེ་ཤེས་རྣམ་པ་ཐམས་ཅད་པར་འཆར་བ་ཞིག་ཡིན་ལ། དེ་ནི་འབར་ཕྲེང་རྒྱ་མཚོ་ ཞེས་པ་དང༌། དཔའ་བོའི་དབང་པོ་ཞལ་བཞི་པ། །ཞེས་དང༌། རིག་པའི་རྒྱ་མཚོ་དཔའ་བོ་ ཡི། །ཞེས་པ་རྣམས་ཀྱིས་བསྟན་པ་ཡིན་ལ། དེ་ཉིད་མི་འགྱུར་བའི་བདེ་བ་ཆེན་པོ་དང་ཟུང་ དུ་འཇུག་པ་ནི། དཔའ་ཀུན་གཉིས་སུ་མེད་བདེ་བ། །ཞེས་པས་བསྟན་པ་ཡིན་ནོ། །དེ་ལྟ་ བུའི་གནས་ལུགས་ཟུང་འཇུག་དེ་ཆོས་ཐམས་ཅད་ལ་རྒྱས་འདེབས་པར་བྱེད་པ་ཡིན་པས་ན། ཕྱག་རྒྱ་ཆེན་པོར་འཇོག་པ་དང༌། སྲེག་རྫས་ཀྱི་ངེས་དོན། དེའི་གློ་བུར་གྱི་དྲི་མ་ཕུང་ཁམས་སྐྱེ་ མཆེད་རྣམས་ཡིན་ཞིང༌། དེ་ཉིད་ཡེ་ཤེས་ཀྱི་མེས་བསྲེག་པར་བྱེད་དགོས་པ་ཡིན་ནོ། །གནས་ ལུགས་དེ་ལ་དམིགས་ནས་རྣམ་པར་མི་རྟོག་པའི་ཚུལ་གྱིས་ཉམས་སུ་བླངས་པ་ལས། དེའི་ རྣམ་པ་དངོས་སུ་མཚོན་ནུས་པ་ནི། ལམ་གྱི་ཕྱག་ཆེན་ཏེ། འདི་ནི། སྔགས་བཟླས་པ་དང་ བསམ་གཏན་དང༌། །བདེ་བས་ཀྱང་ནི་འགྲུབ་པར་འགྱུར། །ཞེས་ལེའུ་དང་པོར་མདོར་བསྟན་ པ་དེ་ཉིད། འདིར་རྒྱས་པར་འཆད་པ་ཡིན་ལ། དེ་ཡང༌། དཔའ་བོ་ཀུན་དང་རྣལ་འབྱོར་མའི། །པད་མའི་ལྟེ་བར་ངེས་པར་སྦྱར། །ཞེས་པ་ནི། དཔའ་བོ་ཐིག་ལེ་ཀུན་དང༌། རྩ་རྣལ་འབྱོར་མ་ རྣམས། རྩ་འཁོར་ལོ་བཞིའི་པད་མའི་ལྟེ་བ་དབུ་མར་འཇུག་པར་བྱ་བ་ནི། རྫོགས་རིམ་ཀུན་ གྱི་ཐུན་མོང་བ་ཡིན་པས། སྐབས་འདིར་མདོར་བསྟན་གྱི་ཚུལ་གྱིས་བཤད་ནས། ཨ་ཝ་དྷཱུ་ ཏིའི་གནས་དེ་བཞིན། །སྨིན་མའི་བར་དུ་ངེས་པར་གཞུག །ཞེས་པས། རྩ་ཨ་ཝ་དྷཱུ་ཏིའི་ཡས་ སྣའི་གནས། སྨིན་མའི་དབུས་སུ། ལྟ་སྟངས་དང་ལྷན་ཅིག་སེམས་གཏད་པར་བྱས་པས། དེར་རླུང་སེམས་འདུ་བར་འགྱུར་བ་སོར་སྡུད་ཉིད་བསྟན་པ་ཡིན་ལ། ཡང་ན་སྨིན་མའི་བར་ 2-1-225 དུ། ཞེས་གསུངས་པས། སྲོག་རྩོལ་གྱི་ལྟ་སྟངས་ཡང་བསྟན་པ་ཡིན་ནོ། །དཔའ་བོ་འཆོལ་པ་ ཆགས་བྱས་ལ། །ཞེས་པ་ནི། དཔའ་བོ་རང་གི་སེམས་ཉིད་སྟོང་པ་ཉིད་ཀྱི་གཟུགས་སྒྲ་དྲི་རོ་ རེག་བྱ་རྣམས་དང་འཆོལ་པ་སྟེ་འདྲེས་པ་ལ། སེམས་ཆགས་པར་བྱེད་པ་ནི། ཡུལ་ཡུལ་ཅན་ གཅིག་ཏུ་འདྲེས་པ་ལ་སེམས་པར་བྱེད་པ་སྟེ། བསམ་གཏན་གྱི་ཡན་ལག་གོ །དེ་ལྟར་སོར་ བསམ་གཉིས་ཀྱིས་རྩ་ལམ་སྦྱང་བ་སྔོན་དུ་སོང་ནས། གཏུམ་མོ་འབར་བ་ཡིན་གྱི། གཞན་དུ་ མ་ཡིན། ཞེས་པ་ལ། དེ་ནས་མེས་བསྲེག་གཞན་དུ་མིན། །ཞེས་སོ། །དེ་དག་གིས་ནི་བསམ་ གཏན་དང༌། ཞེས་པ་རྒྱས་པར་བཤད་པ་ཡིན་ལ། སྔགས་བཟླས་པ་དང༌། ཞེས་པ་རྒྱས་པར་ འཆད་པ་ནི། དེ་ནས་འཛིན་པའི་སྐབས་སུ་གཏུམ་མོའི་མེ་འབར་བར་འགྱུར་བ་ནི། དེ་ནས་ འབར་བའི་མེ་ལ་ནི། །ཞེས་པས་བསྟན་པ་ཡིན་ལ། དེ་ཡང་ལྟེ་བ་དང༌། སྙིང་ག་དང༌། མགྲིན་ པ་དང༌། སྤྱི་བོ་དང༌། གཙུག་ཏོར་རམ། དབུ་མའི་ཡས་སྣ་སྟེ། ལྔ་པོ་དེ་རྣམས་ལས་འབར་ བར་འགྱུར་བ་ནི། འབད་པས་བསྲེག་བྱ་ལྔ་དག་བྱ། །ཞེས་པའི་དོན་ནོ། །དེ་ནས་འཛིན་པའི་ ཕྱེད་ཕྱི་མའམ། ཡེ་ཤེས་ཀྱི་རིམ་པར་བྱང་ཆུབ་ཀྱི་སེམས་ཡོངས་སུ་ཞུ་བའི་དགའ་བ་བཞིའི་ ཡེ་ཤེས་སྐྱེ་བའི་སྐབས། གོ་མཾ་ས་ཏེ། ལུས་ཐིག་ལེ་འཛག་བཅས་དང༌། རུ་ཏི་ར་སྟེ། སེམས་ བདེ་བ་ཆགས་བཅས་དང་བཅས་པའི་ཕུང་པོ་ལྔ་དང༌། འབྱུང་བ་བཞིའི་རྣམ་པར་རྟོག་པ་ རྣམས་བསྲེགས་ཏེ་འགགས་པར་འགྱུར་བ་ནི། གོ་མཾ་ས་དང་རུ་ཏིར་བཅས། །བསྲེག་བྱ་དགུ་ ནི་བྱ་བ་ཡིན། །ཞེས་པས་བསྟན་ནོ། །དེ་ནས་རྗེས་དྲན་གྱི་སྐབས་འབར་འཕྲེང་ཏེ། ཡེ་ཤེས་ ཀྱི་གཏུམ་མོ་རྣམ་པ་ཐམས་ཅད་པ་འབར་བར་འགྱུར་བ་ནི། དེ་ནས་འབར་འཕྲེང་རྒྱ་མཚོར་ ནི། །ཞེས་པས་བསྟན་པ་དང༌། དེ་ལྟ་བུའི་གཏུམ་མོ་དེ་ཉིད་རང་གི་སེམས་ཀྱི་སྣང་བ་ཙམ་ ལས་གྲུབ་པའི་ལྷ་སྐུའི་གཟུགས་སུ་གྲུབ་པ་ནི། རང་གི་གཟུགས་སུ་མངོན་ཞེན་པ། །ཞེས་ པས་བསྟན་པ་དང༌། དེ་ཉིད་རྣམ་པ་ཐམས་ཅད་པར་འཆད་པ་ནི། དཔའ་བོའི་དབང་པོ་ཞལ་ 2-1-226 བཞི་པ། །ཞེས་པས་བསྟན་ཅིང༌། དེ་ཉིད་ཀྱང་ཡབ་ཡུམ་ཁ་སྦྱོར་གྱི་རྣམ་པ་ཅན་ཡིན། ཞེས་ འཆད་པ་ནི། དཔའ་བོའི་གནས་ཀྱི་འདབ་མ་ལ། །ཕོ་ཉ་མོ་ནི་བཞི་པོ་དག །ཅེས་པས་བསྟན་ ནོ། །ཕྱི་རོལ་དཀྱིལ་འཁོར་གྱི་འཁོར་ལོའི་ངེས་དོན། སྒྲུབ་པ་པོ་དེའི་སེམས་ཀྱི་དམིགས་པས་ ཇི་ཙམ་དམིགས་ཐུབ་པའི་ཕྱོགས་ཐམས་ཅད། གཏུམ་མོའི་འབར་སྣང་ལས་གྲུབ་པའི་ལྷ་སྐུ་ ཁ་སྦྱོར་གྱི་འོད། ཁམས་གསུམ་པའི་གཟུགས་བརྙན་གྱིས་ཁྱབ་པར་འགྱུར་བ་ནི། ཀུན་ནས་ སྒོ་ཡི་འཁོར་ལོ་བསམ། །ཞེས་དང༌། འཁོར་ལོའི་དབུས་སུ་བསྟན་པར་བྱ། །འཁོར་ལོ་འདི་ དག་བརྟན་པ་ནི། །ཞེས་པ་རྣམས་ཀྱིས་བསྟན་ནོ། །དེ་ནས་དཔའ་བོ་ཐིག་ལེ་ཀུན། རྣམ་པ་ ཐམས་ཅད་པའི་གཟུགས་དང་གཉིས་སུ་མེད་པར་གྱུར་པའི། འགྱུར་མེད་ཀྱི་བདེ་བ་ཐོབ་པར་ གྱུར་པ་ནི་ཏིང་ངེ་འཛིན་ཏེ། དཔའ་ཀུན་གཉིས་སུ་མེད་བདེ་བ། །ཞེས་པས་བསྟན་ནོ། །དེ་ དག་གིས་ནི། བདེ་བས་ཀྱང་ནི་འགྲུབ་པར་འགྱུར། །ཞེས་པའི་དོན་རྒྱས་པར་བཤད་པ་ཡིན་ ཞིང༌། དེ་ལྟར་འཛིན་པ་ཕན་ཆད་ཀྱི་ཏིང་ངེ་འཛིན་དེ་རྣམས་རྐྱེན་མངལ་སྐྱེས་དང༌། ཞིང་སྐྱེས་ ཀྱི་ཕོ་ཉ་མོ་དང་གཉིས་སུ་མེད་པར་སྦྱོར་བས། མྱུར་ཏུ་འགྲུབ་པར་འགྱུར་བ་འདི་ཐེ་ཚོམ་མེད་ དེ། ཕྱི་རོལ་ལས་ཀྱི་ཕྱག་རྒྱ་ཙམ་དང༌། མཉམ་པར་སྦྱར་བའི་རྐྱེན་གྱིས། ནང་གི་ཁཎྜ་རོ་ཧ་ གཏུམ་མོ་ཉིད་འབར་བར་འགྱུར་བ་ཡིན་ནོ། །ཕོ་ཉ་མོ་མཆོག་དེ་ལ་བརྟེན་ནས། གཏུམ་མོ་ འབར་བ་ལ་སོགས་པའི་ཡེ་ཤེས་གོང་འཕེལ་དུ་འགྱུར་བ་ལྟ་སྨོས་ཀྱང་ཅི་དགོས། ཞེས་འཆད་ པ་ནི། ཕོ་ཉ་གཉིས་མེད་སྦྱོར་བའི་བདག །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་བསྒྲུབ་ བྱ་དང༌། དེའི་སྒྲུབ་བྱེད་ནི། ཁཎྜ་རོ་ཧ་ཕྱི་རོལ་སྦྱོར། །ཞེས་པས་བསྟན་ནོ། །དཔལ་འཁོར་ལོ་ སྡོམ་པ་ལས། ཕོ་ཉ་མོའི་གཉིས་སུ་མེད་པའི་སྦྱིན་སྲེག་དང༌། ལས་ཀྱི་ཆོ་གའི་ལེའུ་སྟེ། སུམ་ ཅུ་རྩ་བཞི་པ་རྣམ་པར་བཤད་ཟིན་ཏོ།། །། ༈ ལེའུ་སུམ་ཅུ་རྩ་ལྔ་པ་ལ། བཤད་པར་ཞལ་གྱིས་བཞེས་པ་དང༌། དོན་དངོས་བཤད་ 2-1-227 པ་གཉིས་ལས། དང་པོ་ནི། དེ་ནས་ཞེས་སོགས་ཚིག་གཉིས་ཀྱིས་བསྟན། ལེའུ་སུམ་ཅུ་རྩ་ བཞི་པའི་རྗེས་དེ་ནས། ལས་ཀྱི་མཆོག་རབ་ནི། རིམ་པ་ཇི་ལྟ་བ་བཞིན་གྱི་མཚོན་པ་སྟེ། བཤད་པར་བྱ་ཞེས་པའོ། ། གཉིས་པ་ལ། གཉིས་སུ་མེད་པའི་གནས་བཟླས་པ་དང༌། དུས་མིན་གྱི་འཆི་བ་བསླུ་བ་ བཤད་པ་གཉིས་ལས། དང་པོ་ནི། མཆོད་པ་གཉིས་མེད་སྦྱོར་བདག་ཉིད། །ཅེས་པ་ནས། འབུགས་པ་མདའ་ཡིས་སྦྱར་བར་བྱ། །ཞེས་པའི་བར་གྱིས་བསྟན། དེ་ཡང༌། ཐབས་དང་ ཤེས་རབ་གཉིས་སུ་མེད་པར་སྦྱོར་བའི་བདག་ཉིད་གསང་བའི་མཆོད་པ་དང་བཅས་པའི་ སྔགས་ཀྱི་བཟླས་པས། ཞི་བ་ལ་སོགས་པའི་ལས་སོ་སོར་སྦྱར་བར་བྱ་བ་ཡིན་ལ། གང་ཡང་ རྒྱུད་འདིར་རབ་ཏུ་གྲགས་པ་སྟེ། གསུངས་པའི་རིན་ཆེན་རྣམ་པ་བཞི་ལ་སོགས་པའི་སྔགས་ དེ་ཡི་ལས་བཞི་སྒྲུབ་ཚུལ་ལ་སོགས་པའི་དབྱེ་བ། གོ་རིམ་ཇི་ལྟ་བ་བཞིན་བཤད་པར་བྱ་སྟེ། ཞི་བ་ལ། སྔགས་ཀྱི་ཁ་དོག་དཀར་པོ་དང༌། དེ་བཞིན་དུ་རྒྱས་པ་ལ་སེར་པོ་དང༌། དབང་ལ་ དམར་པོ་དང༌། དྲག་པོ་ལ་ཁ་དོག་ནག་པོར་བྱེད་པ་ཉིད་བླ་མ་གོང་མ་རྣམས་བཞེད་ལ། རྒྱུད་ འདི་ཉིད་ཀྱི་བསྟན་ཚོད་ལ། ཞི་རྒྱས་ལ་དཀར་པོ་དང༌། རྨོངས་རེངས་ལ་སེར་པོ་ཉིད་ཡིན་ པར་བཤད་དོ། །དེ་བཞིན་དུ་ལས་སོ་སོ་ལ། ཕོ་ཉ་ཁཎྜ་རོ་ཧ་དཔག་ཏུ་མེད་པ་སྤྲོས་ཏེ། ལས་ དེ་དང་དེ་སྒྲུབ་པར་བྱེད་པའམ། ཡང་ན་ཞི་བ་ལ་གཟུགས་ཅན་མ་དང༌། དབང་ལ་ཁཎྜ་རོ་ ཧ་དང༌། རྒྱས་པ་ལ་ལཱ་མ་དང༌། དྲག་པོ་ལ་མཁའ་འགྲོ་མ་རྣམས་སྤྲོ་བའང་ཡིན་ནོ། །སོགས་ པའི་སྒྲས། ལས་སོ་སོ་ལ་ཕྱོགས་དང༌། དུས་དང༌། བསམ་པ་དང༌། འདུག་སྟངས་ལ་སོགས་ པ་བསྟན་པའང་ཡིན་ནོ། །དེ་བཞིན་དུ་ཞི་བ་ལ་སྔགས་ཀྱི་ཕྲེང་བ་མདའ་ཡི་ཤུགས་བཞིན་ དུ་ཡོངས་སུ་འཁོར་བ་དང༌། དྲག་པོ་ལ་སྔགས་ཀྱི་ཕྲེང་བ་རྣམས། ཕན་ཚུན་འདུད་པ་སྲད་ བུ་བསྒྲིལ་བ་ལྟ་བུའི་ཚུལ་གྱིས་འཁོར་བ་ནི། ཞི་དྲག་གི་ལས་གང་ལ་བྱ་བའི་ཡུལ་ཉིད་ཀྱི་ 2-1-228 གཉིས་སུ་ཕྱེ་བ་ཡིན་ལ། དེ་བཞིན་དུ། ཞི་བ་ལ་སྔགས་ཀྱི་ཕྲེང་བ་རྣམས་འཇམ་ཞིང་ལྷོད་ པའི་ཚུལ་གྱིས་འགྲོ་བ་ཡིན་གྱི། གྲག་ཅིང་རྩུབ་པའི་སྒོ་ནས་འགྲོ་བ་མ་ཡིན་ལ། དྲག་པོ་ལ་ནི་ དེ་ལས་བཟློག་པའོ། །ས་བོན་ཕྲེང་བ་དེ་ནས་འཛིན། །ཞེས་པ་ནི། ས་བོན་གྱི་མཐར་སྔགས་ ཀྱི་ཕྲེང་བས་ཡོངས་སུ་བསྐོར་བ་བཀོད་པའི་བཟླས་པ་བསྟན་པ་ཡིན་ལ། དྲག་པོའི་ལས་ལ་ ནི། སྔགས་ཀྱི་སྤེལ་ཚིག་གི་མཐའ་རུ་ཧཱུཾ་ཡིག་གནས་པ་སྟེ་སྦྱར་བར་བྱ་བ་ཡིན་ལ། དེས་ནི་ བསྒྲུབ་བྱ་རྣམས་གསོད་པ་ལ་སོགས་པའི་སྒོ་ནས་འགོག་པར་གྱུར་ནས། གོམ་པ་གཅིག་ཀྱང་ འགྲོ་བར་མི་ནུས་པའོ། །ཁ་སྦྱོར་སྦྱོར་བར་གྱུར་པ་དང༌། །ཞེས་པ་ནི། སྤེལ་ཚིག་གི་ཐ་མར་ཧཱུཾ་ སྦྱོར་བར་མ་ཟད། ཐོག་མར་ཡང་སྦྱར་ཏེ། ཧཱུཾ་ཡིག་ཁ་སྦྱོར་གྱི་དབུས་སུ། སྤེལ་ཚིག་འཇུག་པ་ སྟེ། དཔེར་ན་དྲག་པོ་ལ། ཨོཾ་ཧྲི་ཧ་ཧ་ཧཱུཾ་མཱ་ར་ཡ་ཧཱུཾ་ཧཱུཾ་ཕཊ། ཞེས་པ་དང༌། ཞི་བ་ལ། ཨོཾ་ཧྲི་ཧ་ ཧ་ཨོཾ་ཤནྟིཾ་ཀུ་རུ་ཨོཾ་ཧཱུཾ་ཕཊ། རྒྱས་པ་ལ། ཨོཾ་ཧྲི་ཧ་ཧ་སྭཱཧཱ་པུཥྟིཾ་ཀུ་རུ་སྭཱཧཱ་ཧཱུཾ་ཕཊ། ཅེས་པ་དང༌། དབང་ལ། ཨོཾ་ཧྲི་ཧ་ཧ་ཧྲཱིཿཝ་ཤཾ་ཀུ་རུ་ཧྲཱི་ཧཱུཾ་ཕཊ། ཅེས་པ་ལྟ་བུའོ། །རྡོ་རྗེ་ལི་གུ་རྒྱུད་བཅིངས་ པས། ཞེས་པ་ནི་དབང་གི་ལས་ལ། སྔགས་ཀྱི་ཕྲེང་བ་རྣམས། ལྕགས་སྒྲོག་ལྟ་བུའི་ཚུལ་གྱིས་ འཁོར་བ་སྟེ། ཡི་གེ་སྔ་མའི་འོད་ཟེར་ལྕགས་ཀྱུ་ལྟ་བུས། ཕྱི་མ་དང་སྦྲེལ་བ་དང༌། ཕྱི་མའི་འོད་ ཟེར་ལྕགས་ཀྱུ་ལྟ་བུས་སྔ་མ་དང་སྦྲེལ་བའོ། །རྡོ་རྗེས་ཕྱེ་བ་ཉིད་དང་ནི། །ཞེས་པ་ནི། དྲག་པོ་ ལ་སྔགས་ཀྱི་ཕྲེང་བ་ལས། རྡོ་རྗེ་ལ་སོགས་པའི་མཚོན་ཆ་དཔག་ཏུ་མེད་པ་སྤྲོས་ཏེ། བསྒྲུབ་ བྱ་ཕྱེ་མར་བྱེད་པ་དང༌། དེ་བཞིན་དུ་སྦྲང་བུ་ཆུན་པོས་བསྐོར། །ཞེས་པ་ནི། རྒྱས་པའི་ལས་ ལ། སྔགས་འཕྲེང་ལས་འོད་ཟེར་གྱི་ཆུན་པོ་དཔག་ཏུ་མེད་པ་འཕྲོ་བ། རྨ་བྱའི་སྒྲོའི་ཆུན་པོ་ལྟ་ བུ་དང༌། དབང་ལ་སྔགས་ཀྱི་ཕྲེང་བ་ལས་སྤྲོས་པའི་ཕོ་ཉ་རྣམས་བསྐོར་ཞིང་ལྡིང་བའི་ཚུལ་ གྱིས་བསྒྲུབ་བྱ་འགུགས་པར་བྱེད་པ་ནི། སྦྲང་བུ་ནམ་མཁའ་ལ་འཕུར་ཞིང་ལྡིང་བ་བཞིན་ནོ། །དེས་ན་འདི་ལ་སྒྲོའི་ཆུན་པོ་སྦྲང་རྩིར་བཤད། ཅེས་ཡོད་པ་ཉིད་བདེའོ། །དེ་བཞིན་དུ་དབང་ 2-1-229 གི་ལས་ལ། ཕོ་ཉ་ལྕགས་ཀྱུ་ཐོགས་པ་རྣམས་ཀྱིས། ལྕགས་ཀྱུས་དགུག་པ་དང༌། གཏུན་ཤིང་ གིས་ནི་བསྒྲུབ་བྱ་དཀྲུག་ཅིང་གསོད་པར་བྱེད་པ་དང༌། རྡོ་རྗེ་ཁྭ་ཡིས་བསྒྲུབ་བྱ་རྣམས་བཟའ་ བར་བྱ་བ་དང༌། ཡང་དབང་དགུག་ལ། ཕོ་ཉ་མདའ་གཞུ་ཐོགས་པས་བསྒྲུབ་བྱའི་སྙིང་ག་ ནས་མདས་འབུག་པར་བྱེད་པ་ཡིན་ནོ། ། གཉིས་པ་ནི། དུས་མིན་ཞེས་སོགས་ཤོ་ལོ་ཀ་གཅིག་གིས་བསྟན། དེ་ཡང་རང་གི་སྙིང་ ག་ནས། ཁཌྜ་རོ་ཧ་དཀར་པོ་ཕྱག་ན་ཁ་ཊྭཱཾ་ག་ཐོགས་པ་དཔག་ཏུ་མེད་པ་སྤྲོས་ཏེ། བསྒྲུབ་བྱའི་ མགོ་བོར་ཁ་ཊྭཱཾ་གའི་སྒྲས། ཤི་བ་ལས་བསླང་བ་དང༌། ཁ་ཊྭཱཾ་ག་ལས་བདུད་རྩིའི་རྒྱུན་དཔག་ ཏུ་མེད་པ་བསྒྲུབ་བྱའི་ལུས་ལ་འབེབས་པ་དང༌། དེ་བཞིན་དུ་ཁཎྜ་རོ་ཧ་མཆོད་ཡོན་གྱི་སྣོད། ཐོད་པའི་ནང་ཡེ་ཤེས་ཀྱི་བདུད་རྩིས་གང་བ་ཐོགས་པ་དཔག་ཏུ་མེད་པ་སྤྲོས་ཏེ། བསྒྲུབ་བྱའི་ ཁ་ལ་བླུགས་པས་ཤི་བ་ཡང་གསོས་པར་འགྱུར་ན། གཞན་དུས་མ་ཡིན་པའི་འཆི་བའི་བར་ ཆད་ལས་རྒྱལ་བ་ལྟ་སྨོས་ཀྱང་ཅི་དགོས། འདིའི་མན་ངག་ཁ་ཆེ་པཎ་ཆེན་གྱིས་བདེ་མཆོག་ དཀར་པོའི་ཚེ་སྒྲུབ་ཉིད་ཀྱང་ཡིན་ནོ། ། ད་ནི་དེ་རྣམས་ངེས་དོན་རྫོགས་པའི་རིམ་པ་དང་སྦྱར་ནས་འཆད་པ་ལ། འདི་ནི་ཆོས་ཀྱི་ ཕྱག་རྒྱ་རླུང་གི་རྣལ་འབྱོར་དང་སྦྱར་ནས་འཆད་པ་སྟེ། གང་ཡང་རབ་ཏུ་གྲགས་པའི་སྔགས། །དེ་ཡི་དབྱེ་བ་རིམ་བཞིན་བཤད། །ཅེས་པ་ནི། སྔགས་ནི་རླུང་སྟེ། དེ་ཡི་དབྱེ་བ་སྔར་མ་ བཤད་པའི་དབྱེ་བའི་ཁྱད་ཆོས་འགའ་ཞིག་རིམ་པ་ཇི་ལྟ་བ་བཞིན་བཤད་པར་བྱའོ། །དེ་ཡང་ མེ་རླུང་དམར་པོ། ཆུ་རླུང་དཀར་པོ། ས་རླུང་སེར་པོ། རླུང་གི་རླུང་ཁ་དོག་ནག་པོ་སྟེ། ཐབས་ མགོན་པོ་བཞིའི་རླུང་དང༌། དེ་དག་ལ་ཡང་ནང་སེལ་དུ། ཕོ་ཉ་སྟེ། ཤེས་རབ་ལྷ་མོ་བཞིའི་ རླུང་ཡང་གོས་དཀར་མོའི་རླུང་དམར་པོའི་དམར་པོ་དང༌། སྤྱན་མའི་རླུང་དམར་པོའི་སེར་ པོ་དང༌། སྒྲོལ་མའི་རླུང་དམར་པོའི་ལྗང་ཁུ་དང༌། མཱ་མ་ཀིའི་རླུང་དམར་པོའི་སྔོན་པོ་སྟེ་པད་ 2-1-230 མའི་མགོན་པོ་ལ་ཡང༌། ཤེས་རབ་ལྷ་མོ་བཞིའི་རླུང་ཡོད་པ་བཞིན། གཞན་གསུམ་ལ་ཡང་ ཡོད་དོ་ཞེས་པ་ནི། ཁ་དོག་ཕོ་ཉ་ལ་སོགས་སྔགས། །ཞེས་པས་བསྟན་ནོ། །དེ་ལྟར་འབྱུང་ བ་བཞིའི་རླུང་རྣམས་སྣ་སྒོ་ནས་ཡོངས་སུ་རྒྱུ་བ་དང༌། སླར་ཡང་ནང་དུ་འཇུག་པའི་ཚུལ་གྱིས་ ཡང་ནས་ཡང་དུ་འཁོར་བ་ཡིན་པ་ལ། ཕྱིར་འགྲོ་བའི་རིང་ཐུང་གི་ཚད་ནི། ས་རླུང་སོར་བཅུ་ གཉིས་དང༌། ཆུ་རླུང་བཅུ་གསུམ་དང༌། མེ་རླུང་བཅུ་བཞི་དང༌། རླུང་གི་རླུང་བཅོ་ལྔ་དང༌། ནམ་མཁའི་རླུང་སོར་བཅུ་དྲུག་གི་བར་དུ་འགྲོ་ཞིང༌། སླར་ཡང་ནང་དུ་འཇུག་པར་འགྱུར་བ་ ནི། མདའ་ཡི་ཤུགས་བཞིན་ཡོངས་སུ་འཁོར། །ཞེས་པས་བསྟན་ནོ། །དེ་ལྟར་ཐབས་མགོན་ པོ་བཞིའི་རླུང་ལ། ཤེས་རབ་ལྷ་མོ་བཞིའི་རླུང་གིས་འདུད་པ་སྟེ་འཁྱུད་པར་གྱུར་པ་ནི། དཔེར་ ན། པད་མའི་མགོན་པོའི་རླུང་མེ་ཉིད་ལ་ཡང༌། མེ་ལ་མེ་དང༌། མེ་ལ་ཆུ་དང༌། མེ་ལ་རླུང་དང༌། མེ་ལ་ས་རྣམས་ཀྱིས་འཁྱུད་པ་ནི། ཕན་ཚུན་འདུད་པའི་གསང་སྔགས་ནི། །ཞེས་པས་བསྟན། ལས་བཞི་སྒྲུབ་པའི་ཡུལ་སོ་སོ་ཉིད་ཀྱི་དབྱེ་བས། ཆུ་རླུང་ལ་བརྟེན་ནས་ཞི་བ་དང༌། ས་རླུང་ ལ་བརྟེན་ནས་རྒྱས་པ་དང༌། མེ་རླུང་ལ་བརྟེན་ནས་དབང་དང༌། རླུང་གི་རླུང་ལ་བརྟེན་ནས་ དྲག་པོའི་ལས་རྣམས་སོ་སོར་སྦྱར་བར་བྱ་བ་ཡིན། ཞེས་པ་ནི། ཡུལ་ཉིད་ཀྱིས་ནི་ཕྱེ་བ་ཡིན། །ལས་ནི་སོ་སོར་སྦྱར་བར་བྱ། །ཞེས་པས་བསྟན་ནོ། །དེ་ལྟར་ཞི་བའི་ལས། འཇམ་ཞིང་ལྷོད་ པ་ཆུ་རླུང་ལ་བརྟེན་ནས་འགྲུབ་པ་ཡིན་གྱི། དྲག་ཅིང་རྩུབ་པ་མེ་རླུང་ལ་བརྟེན་ནས་འགྲུབ་པ་ མ་ཡིན་ཞིང༌། དྲག་པོ་ལ་ནི་དེ་ལས་གོ་བཟློག་པ་ཡིན། ཞེས་འཆད་པ་ནི། ཞི་བ་ལ་ནི་ལྷོད་པ་ སྟེ། དྲག་ཅིང་རྩུབ་པ་མ་ཡིན་ནོ། །ཞེས་པས་བསྟན་ནོ། །ས་བོན་ཕྲེང་བ་དེ་ནས་འཛིན། །ཧཱུཾ་ ནི་མཐའ་རུ་གནས་པ་ཡིན། །ཅེས་པ་ནི། སྔགས་ཀྱི་ས་བོན་ཨ་ལི་ཀ་ལིའི་ཕྲེང་བ་ཐམས་ཅད་ ཡོངས་སུ་འཛིན་པ་ནི། ཨོཾ་ཡིག་དང༌། ཨཱཿཡིག་དང༌། ཧཱུཾ་ནི་ཐ་མར་གནས་པའི་ཡི་གེ་གསུམ་ པོ་དེ་ཡིན་ལ། དེ་ལྟར་རླུང་རྣམས་ཡི་གེ་འབྲུ་གསུམ་གྱི་རང་བཞིན་དུ་བྱེད་པ། རྡོ་རྗེའི་བཟླས་ 2-1-231 པ་བསྟན་པ་ཡིན་ཞིང༌། དེ་ལྟ་བུའི་རྡོར་བཟླས་དེས་བསྒྲུབ་བྱ་རླུང་རྣམས་དབུ་མའི་ནང་དུ་ འགོག་པར་བྱས་ནས། གོམ་པ་གཅིག་ཀྱང་ཐར་བར་མི་འགྱུར་རོ། །ཞེས་པ་ནི། བསྒྲུབ་བྱ་ འགོག་པར་གྱུར་ནས་ནི། །གོམ་པ་གཅིག་ཀྱང་མི་འགྲོའོ། །ཞེས་པས་བསྟན། བུམ་པ་ཅན་གྱི་ སྦྱོར་བ་ལ། གནས་སྐབས་དྲུག་ཡོད་པའི་དང་པོ། སྟེང་འོག་གི་རླུང་གཉིས་འབད་རྩོལ་དང་ བཅས་པས་ཁ་སྦྱོར་དུ་བྱེད་པ་ནི། ཁ་སྦྱོར་སྦྱོར་བར་གྱུར་པ་དང༌། ཞེས་པས་བསྟན་པ་དང༌། གཉིས་པ་ནི། སྲོག་ཐུར་ཅུང་ཟད་འདྲེས་པས། འབད་རྩོལ་ཆེར་མི་དགོས་པར། སྟེང་ མནན་པས་འོག་འཐེན་པར་འགྱུར་བ་དང༌། འོག་འཐེན་པས་སྟེང་ནོན་པར་འགྱུར་བ་སྟེ། རྡོ་ རྗེ་ལུ་གུ་རྒྱུད་བཅིངས་པས། ཞེས་པས་བསྟན་པ་དང༌། གསུམ་པ་ནི། དེ་ནས་རྩ་མདུད་རྣམས་ཡོངས་སུ་ཕྱེ་བས། རྩ་རྣམས་ཀྱི་ནང་དུ་རླུང་རྣམས་ འཇུག་པར་འགྱུར་བ་ནི། རྡོ་རྗེ་ཕྱེ་བ་ཉིད་དང་ནི། ཞེས་པས་བསྟན་པ་དང༌། བཞི་པ་ནི། རྩ་ཐམས་ཅད་ཀྱི་ནང་རླུང་གིས་ཡོངས་སུ་ཁེངས་ཏེ་གནས་པར་འགྱུར་བ་ ནི། དེ་ཚེ་བུང་བ་བཞིན་དུ་འཁོར། །ཞེས་པས་བསྟན་པ་དང༌། ལྔ་པ་ནི། རྩ་གནས་སོ་སོ་ན་ གནས་པའི་རླུང་རྣམས་ཡོངས་སུ་བཀུག་སྟེ། དབུ་མའི་ནང་དུ་འཇུག་པར་བྱེད་པ་ནི། ལྕགས་ ཀྱུ་ཉིད་ཀྱིས་དགུག་པ་དང༌། །ཞེས་པས་བསྟན་པ་དང༌། དྲུག་པ་ནི་རླུང་རྣམས་དབུ་མའི་ནང་ དུ་ཐིམ་པར་བྱེད་པ་སྟེ། གཏུན་ཤིང་གིས་ནི་དཀྲུག་པར་བྱ། །ཞེས་པས་བསྟན་ནོ། །རྡོ་རྗེ་ཁ་ ཡིས་བཟའ་བར་བྱ། །འབུག་པ་མདའ་ཡིས་སྦྱར་བར་བྱ། །ཞེས་པས་ནི། བཙན་ཐབས་ཀྱི་ སྦྱོར་བ་སྣ་ཚོགས་པ་དག་བསྟན་པ་ཡིན་ནོ། །ཡང་ན། རྡོ་རྗེ་ཕྱེ་བ་ཉིད་དང་ནི། །ཞེས་པས། དབྱུང་བ་དང༌། ལྕགས་ཀྱུ་ཉིད་ཀྱི་དགུག་པ་དང༌། །ཞེས་པས་དགང་བ་དང༌། དེ་བཞིན་སྦྲང་ བུ་ཆུན་པོས་བསྐོར་ཞེས་པས་བགང་དབྱུང་གཉིས་ཀར་དང༌། ཁ་སྦྱོར་སྦྱོར་བར་གྱུར་པ་དང༌། །ཞེས་པས་བུམ་པ་ཅན་གྱི་སྦྱོར་བ་རྣམས་བསྟན་པ་ཡིན་ཞིང༌། གཞན་དེ་རྣམས་ཀྱི་བཙན་ 2-1-232 ཐབས་ཀྱི་སྦྱོར་བ་སྣ་ཚོགས་པ་བསྟན་པའང་ཡིན་ནོ། །ཡན་ལག་ཁ་ཊྭཱཾ་ག་དང་སྦྱར། །ཞེས་པ་ ནི། དབུ་མའི་ནང་ཐིག་ལེ་བྱང་ཆུབ་ཀྱི་སེམས་ཀྱིས་ཡོངས་སུ་གང་བ་དང༌། ཐོད་པའི་མཆོད་ ཡོན་སྣོད་དུ་ནི། །ཞལ་དུ་མཚོན་ཆ་ངེས་པར་སྦྱར། །ཞེས་པས་ནི། སྤྱི་བོ་བདེ་ཆེན་གྱི་འཁོར་ ལོ་རྩ་འདབ་སུམ་ཅུ་རྩ་གཉིས་པོ་ཐམས་ཅད་ལས་བྱང་ཆུབ་ཀྱི་སེམས་ཡོངས་སུ་ཞུ་བ་འཕོ་ མེད་དུ་འཆིང་བར་བྱེད་པ་རྣམས་བསྟན་པ་ཡིན་ཞིང༌། དེ་དག་གིས་ནི་དུས་མ་ཡིན་པའི་འཆི་ བ་ལས་རྒྱལ་བར་འགྱུར་བ་ཡིན་ཏེ། དུས་ཀྱི་འཁོར་ལོར། འཆི་ལྟས་བསླུ་བ་རྣལ་འབྱོར་པའི། །འདི་ནི་དགའ་བ་རྣམས་ཀྱི་འགྱུར། །ཞེས་གསུངས་པ་དང་གནད་གཅིག་གོ །རྒྱུད་ཚིག་འདི་ དག་གིས་བླ་མ་གོང་མ་རྣམས་གཏུམ་མོ་འཁོར་ལོ་བཞི་པའི་དམིགས་པ་བསྟན་པར་བཞེད་ པ་ཡང༌། རྣམ་གྲངས་ཙམ་དུ་ཁས་བླང་བར་བྱ་བ་ཡིན་པ་དང༌། སློབ་དཔོན་ནག་པོ་སྤྱོད་པ་ པས། དུས་མིན་འཆི་ལས་རྣམ་རྒྱལ་ཞིང༌། །ཞེས་སོགས་རྒྱུ་རྡོ་རྗེ་འཛིན་པའི་ཕྱག་མཚན་དང༌། ཁ་སྦྱོར་སྦྱོར་བར་གྱུར་པ་དང༌། །ཞེས་སོགས་ཀྱིས་རྒྱུ་རྡོ་རྗེ་འཛིན་པ་ཞུ་བར་བྱེད་པའི་ཚུལ་ དུ་འཆད་པར་མཛད་པ་ཡང་ཁས་བླང་བར་བྱའོ། །དཔལ་འཁོར་ལོ་སྡོམ་པ་ལས། གཉིས་སུ་ མེད་པའི་གནས་དང༌། དུས་མ་ཡིན་པའི་འཆི་བ་སླུ་བའི་ཆོ་གའི་ལེའུ་སྟེ། སུམ་ཅུ་རྩ་ལྔ་པ་རྣམ་ པར་བཤད་ཟིན་ཏོ།། །། ༈ དེ་ནས་ལེའུ་སུམ་ཅུ་རྩ་དྲུག་པ་ལ། བཤད་པར་ཞལ་གྱིས་བཞེས་པ་དང༌། དོན་དངོས་ བཤད་པ་གཉིས་ལས། དང་པོ་ནི། དེ་ནས་ཞེས་སོགས་ཤོ་ལོ་ཀ་གཅིག་གིས་བསྟན། དེ་ཡང་ ལེའུ་སུམ་ཅུ་རྩ་ལྔ་པའི་རྗེས་དེ་ནས། ལས་ཀྱི་ཕྱག་རྒྱའི་མཆོད་པ་ཆེན་པོ་དང༌། དེའི་ཚེ་ཐབས་ ཤེས་ཀྱི་ལུས་ལ་སྔགས་བགོད་པའི་ཚུལ་རབ་ཏུ་གྲགས་པ་བཤད་པར་བྱ་བའོ། །དེའི་དགོས་ པ་ནི། ལས་ཀྱི་ཕྱག་རྒྱའི་མཆོད་པ་འདི་དག་གིས་མྱུར་དུ་དངོས་གྲུབ་འགྲུབ་པར་ཐེ་ཚོམ་མེད་ པའོ། ། 2-1-233 གཉིས་པ་ལ། གཞུང་གི་ཕྱེད་དང་པོས་ལས་ཀྱི་ཕྱག་རྒྱ་བཤད་པ་དང༌། ཕྱེད་ཕྱི་མ་འཆད་ པ་གཉིས་ལས། དང་པོ་ནི། མཚན་མ་གཉིས་ལ་སྔགས་སྦྱོར་བས། །ཞེས་པ་ནས། དག་པའི་ ལུས་ཀྱིས་དེ་བཞིན་བྱ། །ཞེས་པའི་བར་གྱིས་བསྟན། དེ་ཡང་། ཐབས་ཤེས་ཀྱི་མཚན་མ་ གཉིས་ལ། ཡི་གེ་བྱཱ་དང༌། དྱཱ་ལ་སོགས་པའི་སྔགས་སྦྱོར་བ་སྟེ། བགོད་པའི་སྒོ་ནས་མཁའ་ གསང་བྱིན་གྱིས་རློབ་པ་སྟེ། དེ་ཚུལ་བཤད་རྒྱུད་ཀུན་སྤྱོད་ལས། སྔགས་པས་དཔའ་བོ་རྣལ་ འབྱོར་མ་བྱིན་རླབས། །ཡི་གེ་དྱཱ་ནི་སྣ་རྩེར་ཡང་དག་སྦྱར། །བྱཱ་ནི་མཚན་གྱི་ལྟེ་བར་རྣམ་པར་ བགོད། །ཞེས་པ་ལྟར་རོ། །དེ་ལྟར་ཤེས་རབ་ལས་ཀྱི་ཕྱག་རྒྱ་མཁའ་འགྲོ་རྡོ་རྗེ་ཕག་མོ་དང༌། ཐབས་རང་ཉིད་དཔའ་བོ་ཧེ་རུ་ཀར་གསལ་བས། གཉིས་སུ་མེད་པར་རྗེས་ཆགས་ཀྱི་སྤྱོད་ པ་ཡོངས་སུ་བརྩོམ་པ་ཡིན་ལ། དེའི་ཚེ་ཤེས་རབ་མའི་གནས་ལྔ་བྱིན་གྱིས་རློབ་པའི་ཡི་གེ་ རྣམས་ཀྱི་འོད་ཟེར་གྱིས་པདྨའི་ནང་གང་བར་མོས་ཤིང༌། དེ་བཞིན་དུ་ཐབས་ཀྱི་གནས་ལྔ་ བྱིན་གྱིས་རློབ་པའི་ཡི་གེ་རྣམས་ཀྱི་འོད་ཟེར་གྱིས་ཀྱང་རྡོ་རྗེའི་ནང་གང་བར་མོས་དགོས་པ་ ཡིན་ལ། དེའི་དགོས་པ་ནི། ཐབས་ཤེས་ཀྱི་རྡོ་རྗེ་པད་མའི་ནང་ན། འབྱུང་བ་ལྔའི་རང་བཞིན་ གྱི་རྩ་རྣམ་པ་ལྔ་ཡོད་པ། ཐབས་ཤེས་མཉམ་པར་སྦྱར་ཞིང༌། བྱང་ཆུབ་ཀྱི་སེམས་འཕོ་མེད་དུ་ བྱས་པ་ལས། རྩ་དེ་རྣམས་གསལ་ཞིང་རྒྱས་པར་འགྱུར་བ་ཞིག་ཡོད་པ་དེ་ཉིད། དྲི་མ་མེད་ ཅིང་རྒྱས་པར་འགྱུར་བའི་དོན་དུའོ། །དེ་ལྟར་རྣལ་འབྱོར་མ་ལས་ཀྱི་ཕྱག་རྒྱ་ལ། སྒྲུབ་པ་པོ་ མཁས་པས་མཆོད་པར་བྱ་བ་ཡིན་ཞིང༌། གཞན་ཡང་ལས་ཀྱི་ཕྱག་རྒྱ་གནོན་པ་སྟེ། དབང་ དུ་བྱེད་པའི་ལས་ནི། མཚོན་ཆ་སྟེ་གོ་ཆ་རྣམས་གསལ་བར་སྒོམ་པ་ཡིན་ལ། དེ་ཡང་ཐབས་ ལ་དཔའ་བོའི་གོ་ཆ་དང༌། ཤེས་རབ་ལ་དཔའ་མོའི་གོ་ཆ་དང༌། གཉིས་ཅར་ལ་གོ་ཆ་ཆེན་པོ་ ལུས་ཀྱི་དཀྱིལ་འཁོར་རྣམས་སྒོམ་དགོས་པ་ཡིན་ཞིང༌། གཞན་ཡང་སྔགས་པས་མཁའ་འགྲོ་ མ་ལས་ཀྱི་ཕྱག་རྒྱ་དང་མཉམ་པར་སྦྱོར་བ་ལ། ཐབས་ཤེས་ཀྱི་གནས་གསུམ་དུ་ཡབ་ཡུམ་ 2-1-234 གྱི་སྙིང་པོ་སྟེ་སྔགས་རྣམས་ཀྱང་བགོད་པར་བྱ་བ་ཡིན་ལ། འདི་ལ་སློབ་དཔོན་ནག་པོ་སྤྱོད་ པའི་མན་ངག་ལ། ཐབས་ཀྱི་སྙིང་གར་ཧཱུཾ་དང༌། མགྲིན་པར་ཉེ་སྙིང་དང༌། དཔྲལ་བར་སྙིང་ པོ་རྣམས་འགོད་པ་དང༌། ཤེས་རབ་ལ་སྙིང་གར་ཡུམ་གྱི་སྙིང་པོ་དང༌། མགྲིན་པར་ཡུམ་གྱི་ ཉེ་བའི་སྙིང་པོའི་སྙིང་པོ་དང༌། དཔྲལ་བར་ཉེ་སྙིང་རྣམས་འགོད་པར་མཛད་པ་ཡིན་ལ། ཀུན་ སྤྱོད་ལས། ལྟེ་བ་སྙིང་ག་ཁ་དང་དཔྲལ་བ་རུ། །སྔགས་ཀྱི་ཚོགས་དང་བཅས་པས་བྱིན་གྱིས་ བརླབས། །ལྟེ་བ་སྙིང་གར་རྣ་འབྱོར་མ། །སངས་རྒྱས་མཁའ་འགྲོ་མ་ཡིས་ཏེ། །ལྕེ་དང་ལྕེའུ་ གཉིས་སུ་ནི། །དཔའ་བོས་བྱིན་གྱིས་བརླབས་པར་བྱ། །རྣལ་འབྱོར་མ་དང་དཔའ་གཉིས་ མེད། །ཅེས་གསུངས་པ་ལྟར་རོ། །དེ་ལྟར་བློ་ལྡན་སྒྲུབ་པ་པོས། ཤེས་རབ་མཁའ་འགྲོ་མ་ལ་ སྲུབ་པར་བྱ་བ་ཡིན་ཞིང༌། དེའི་སྔོན་དུ་རྩ་དང༌། རླུང་དང༌། ཐིག་ལེ་གསུམ་ལ་ཅུང་ཟད་དབང་ འབྱོར་བའི་སྒོ་ནས། ལུས་དག་པར་བྱས་པ་སྟེ། རླུང་ལས་རྣམ་པར་རྒྱལ་བ་ཐོས་པ་ཞིག་གིས་ དེ་བཞིན་དུ་བྱ་བ་ཡིན་ནོ། །ཡེ་ཤེས་ཀྱི་ཕྱག་རྒྱ་ཡང༌། ལས་ཀྱི་ཕྱག་རྒྱའི་ནང་ཉིད་དུ་འདུ་བར་ འགྱུར་བ་ཡིན་ནོ། །དེ་ནི་ལས་རྒྱའི་རྣམ་པ་ཡིད་ཀྱིས་སྒོམ་པ་ཡིན་པའི་ཕྱིར་རོ། ། གཉིས་པ་ནི། དཔའ་བོ་མཆོད་པའི་ཆོ་ག་ཤེས། །ཞེས་པ་ནས། མི་དང་བཅས་པ་མྱུར་ འགྲུབ་འགྱུར༌། །ཞེས་པའི་བར་གྱིས་བསྟན། །དེ་ཡང༌། དཔའ་བོ་ཧེ་རུ་ཀ་རྗེས་ཆགས་ཀྱིས་ མཆོད་པའི་ཆོ་ག་ཡང་དག་པར་ཤེས་པས། ཞི་བ་ལ་སོགས་པའི་ལས་རྣམས་ནི། །འབད་པ་ ཉིད་ཀྱིས་བསྒྲུབ་པར་བྱའོ། །དེའི་རྣམ་པར་དབྱེ་བ་ནི་གཉིས་ཏེ། རྗེས་སུ་འཛིན་པ་དང༌། ཚར་ གཅོད་པའོ། །དང་པོའི་བསམ་པ་ནི་རང་དགའ་སྟེ་ཞི་བ་དང༌། དགའ་བ་དང་མགུ་བའི་སེམས་ ཀྱིས་བྱ་བ་ཡིན་ཞིང༌། གཉིས་པ་ནི། དེ་ལས་ཕྱིན་ཅི་ལོག་ཏུ་ངེས་པར་སྦྱར་བ་སྟེ། སྡང་བ་ དང་གནོད་པའི་བསམ་པའོ། །དེ་ལྟར་ཚར་བཅད་རྗེས་འཛིན་གྱི་ལས་ཀྱི་དངོས་པོ་དམིགས་ པ་ལ་སོགས་པ་ཡང་སོ་སོར་རྣམ་པར་བསྒོམ་པར་བྱ་བ་དང༌། ཁྱད་པར་དུ་ཡང་དབང་དྲག་ 2-1-235 གཉིས་ལ། ཁ་སྦྱོར་དབྱེ་བས་སྐྱོབ་པའི་ལྷ་དང་ཡོངས་སུ་ཕྱེ་བར་བྱས་ནས་ནི། ཕོ་ཉ་སྤྲོ་བ་ལ་ སོགས་པ་རྩ་ཡི་ལམ་དུ་སྦྱར་བར་བྱ་བ་ཡིན་ཞིང༌། དེ་ལྟ་བུའི་ལས་ཡང་ཕྱག་རྒྱ་ལ་བརྟེན་ནས་ སྒྲུབ་པར་བྱ་བ་ཡིན་པ་ལ། དེ་ཡང་ཕྱག་རྒྱ་ཐ་མལ་པ་མ་ཡིན་པར། ཕོ་ཉ་མོ་སྒྲུབ་པ་ལ་རབ་ཏུ་ ཞུགས་ཏེ། དེ་དང་མཉམ་པར་སྦྱོར་བ་འདིས་ལས་ཐམས་ཅད་རབ་ཏུ་སྒྲུབ་པར་བྱས་ན། ལས་ གང་ལ་བྱ་བའི་ཡུལ། ལྷ་དང༌། ལྷ་མིན་དང༌། མི་ལ་སོགས་པ་རྣམས་ལ་ཞི་བ་དང༌། རྒྱས་པ་ དང༌། དབང་དང༌། མངོན་སྤྱོད་ལ་སོགས་པའི་ལས་རྣམས་མྱུར་དུ་འགྲུབ་པར་འགྱུར་རོ། ། དེ་དག་གི་དོན་རྒྱས་པར་བཤད་ན། ཕོ་ཉ་མོ་དང་མཉམ་པར་སྦྱར་བ་ལས། བྱང་ཆུབ་ ཀྱི་སེམས་རྡོ་རྗེ་ནོར་བུར་བཅིངས་པའི་ལྷན་སྐྱེས་ཀྱི་བདེ་བའི་ངང་ལས། རང་ཉིད་ལྷ་དྲག་ པོར་གསལ་འདེབས་པ་དང༌། བསྒྲུབ་བྱ་ལ་གནོད་སེམས་དྲག་པོ་ཡང་བསྒོམ་པར་བྱ་ལ། དེ་ ནས་བྱང་ཆུབ་ཀྱི་སེམས་གྱེན་དུ་བཟློག་པའི་སྐབས། རང་གི་བ་སྤུའི་བུ་ག་རྣམས་ནས། རྡོ་ རྗེ་མཁའ་འགྲོ་མ་ལ་སོགས་པའི་ཕོ་ཉ་དཔག་ཏུ་མེད་པ་སྤྲོས་ཏེ། གནོད་བྱེད་ཀྱི་བསྒྲུབ་བྱ་ མེ་རླུང་གི་སྟེང་དུ་བཞག་སྟེ། རང་གི་མདུན་དུ་སྐད་ཅིག་ཉིད་ལ་བཀུག་པར་བསམ། དེ་ནས་ རང་ལུས་ལས་འོད་ཟེར་ནག་པོ་དཔག་ཏུ་མེད་པ་སྤྲོས། བསྒྲུབ་བྱ་ལ་ཕོག་པས། བསྒྲུབ་བྱ་ དེ་ལ་ཉོན་མོངས་དྲག་པོ་སྐྱེས་ཏེ། མཚམས་མེད་ལྔ་སོགས་ལས་ཀྱི་སྡིག་པ་མི་བཟད་པ་བྱས་ པར་བསམ། དེ་ནས་རང་གིས། འདིས་ནི་ལས་མི་ཟད་པ་རྣམ་པ་སྣ་ཚོགས་པ་བྱས་སོ་ཞེས། སངས་རྒྱས་བྱང་ཆུབ་སེམས་དཔའ་ལ་བསྒྲལ་བའི་གནང་བ་ཞུ་ཞིང༌། དེའི་ལུས་ལ་གནས་ པའི་ཡེ་ཤེས་ཀྱི་ལྷ་རྣམས་མཆོད་པ་ཕུལ་ཏེ། དེ་དང་དབྱེ་བར་བྱ་བ་དང༌། འཇིག་རྟེན་གྱི་ལྷ་ བསྲུང་སྐྱོབ་བྱེད་པ་རྣམས་ལ་གཏོར་མ་སྦྱིན་ཏེ། འདི་དང་དབྱེ་བར་གྱིས་ཤིག ཅེས་བརྗོད། དེ་ནས་ཀྱང་བསྲུང་སྐྱོབ་བྱས་ན། ཕོ་ཉ་ཕུར་བུ་ཐོགས་པ་རྣམས་ཀྱིས། ལྷ་དེ་རྣམས་ལ་ཕུར་ བུས་བཏབ་པས། ཐལ་བ་རྡུལ་དུ་རློག་པར་བསམ་པ་ནི། ཁ་སྦྱོར་དབྱེ་བ་ཡིན་ལ། དེ་ནས་ 2-1-236 ཡང་རང་ཉིད་ལ་ཕོ་ཉ་དཔག་ཏུ་མེད་པ་སྤྲོས་ཏེ། དེ་རྣམས་ཀྱིས་བསྒྲུབ་བྱ་བསྲུང་སྐྱོབ་བྲལ་ བ་དེའི་བུ་ག་དགུ་ནས་ཡོངས་སུ་ཞུགས་ཏེ། ལུས་ནང་གི་རྩ་རྣམས་ཡོངས་སུ་གཅོད་ཅིང༌། ཕོ་ ཉ་རྣམས་ཀྱིས་དེའི་ཁྲག་རྣམས་བཏུངས་པར་བསམ་པ་ནི། རྩའི་ལམ་དུ་སྦྱང་བར་བྱ་བ་ཡིན་ ལ། དེ་ནས་ཕོ་ཉ་རྣམས་ཀྱིས་ལུས་ཀྱི་ཕྱི་ནས་ཀྱང་ཡོངས་སུ་བསྟུབས་ཏེ། བསད་པར་བསམ་ མོ། །དེ་ནས་དབང་དགུག་གི་ལས་ལ། སྔར་བཞིན་བདེ་སྟོང་གི་ངང་ལས། རང་ཉིད་ཧེ་རུ་ ཀ་དམར་པོར་བསྒོམས་ཞིང༌། བསྒྲུབ་བྱ་དེ་ལ་རྗེས་སུ་ཆགས་པའི་བསམ་པ་དང་ལྡན་པས། ཐིག་ལེ་གྱེན་དུ་བཟློག་པའི་ཚེ། བ་སྤུའི་བུ་ག་ནས་ཕོ་ཉ་དམར་པོ་ལྕགས་ཀྱུ་ཞགས་པ་མེ་ལོང་ ཐོགས་པ་དཔག་ཏུ་མེད་པ་སྤྲོས་ཏེ། བསྒྲུབ་བྱའི་གནས་སུ་སླེབ་པ་ན། འོད་ཟེར་དམར་པོས་ ཕྱོགས་ཐམས་ཅད་ཁེབས་པར་གྱུར་པ་ན། ཉི་མའི་འོད་ཀྱིས་ས་གཞི་ཞུ་བ་བཞིན། བསྒྲུབ་བྱ་ དེ་ཉིད་ཀྱི་ལུས་སེམས་ཤིན་ཏུ་ཞུ་བའི་རྣམ་པར་གྱུར་ཞིང༌། དེ་ནས་ཡེ་ཤེས་ཀྱི་ལྷ་རྣམས་སྔར་ བཞིན་དབྱེ་བ་དང༌། འཇིག་རྟེན་པའི་ལྷ་རྣམས་ལ། འདིའི་ལུས་སྲོག་ལ་གནོད་པ་མི་བྱེད་ ཀྱི། དབང་དུ་བྱེད་པ་ལ་བར་ཆད་དུ་འགྲོ་བའི་བསྲུང་སྐྱོབ་མ་བྱེད་ཅིག ཅེས་བརྗོད། དེ་ནས་ ཀྱང་བསྲུང་ན། དེ་རྣམས་ལ་ཕོ་ཉ་རྣམས་ཀྱིས་ཕུར་བུ་དམར་པོས་བཏབ་པས་མྱོས་པར་གྱུར་ པར་བསམ། དེ་ནས་བསྒྲུབ་བྱ་དེ་ཉིད་དགའ་བཞིན་དུ། ཕོ་ཉ་རྣམས་ཀྱིས་བཀུག་སྟེ། རང་གི་ མདུན་དུ་སླེབ་པར་བསམ། དེ་ནས་རང་ལུས་ལས་འོད་ཟེར་དམར་པོ་སྤྲོས་ཏེ། བསྒྲུབ་བྱའི་བུ་ ག་དགུ་ནས་ཞུགས། རྩའི་ནང་ཐམས་ཅད་འོད་ཟེར་དམར་པོ་བདུད་རྩི་དང་བཅས་པས་གང་ བར་མོས་ཤིང༌། རང་གི་དབང་དུ་གྱུར་བར་བསམ་མོ། །ཞི་རྒྱས་གཉིས་ལ་སྔར་བཞིན་བདེ་ སྟོང་གི་ངང་ལས། ཞི་རྒྱས་ཀྱི་ལྷར་སྒོམ་པ་དང༌། བསྒྲུབ་བྱ་ལ་དགེ་ཞིང༌། ཕན་པའི་བསམ་ པ་དང་ལྡན་པའི། ཐིག་ལེ་བཟློག་པའི་ཚེ། བ་སྤུའི་བུ་ག་ནས་ཕོ་ཉ་དཔག་ཏུ་མེད་པ་སྤྲོས་ཏེ། བསྒྲུབ་བྱ་མདུན་དུ་བཀུག་པ་ལ། བདུད་རྩི་དཀར་པོ་སྤྱི་བོ་ནས་བླུགས་ཞིང་རྩ་གནས་རྣམས་ 2-1-237 སུ་སོན་པས། མི་མཐུན་པའི་ཕྱོགས་ཞི་བ་དང༌། བདུད་རྩི་སེར་པོ་སྤྱི་བོ་ནས་བླུགས་ཞིང༌། རྩ་ གནས་རྣམས་སུ་སོན་པས། ཚེ་དང་བསོད་ནམས་རྒྱས་ཤིང༌། རིན་པོ་ཆེའི་ཆར་བབས་པར་ བསམ་མོ། །ཡང་རྒྱུད་ཚིག་འདི་དག་གིས། ཕྱིན་ཅི་ལོག་ཏུ་ངེས་པར་སྦྱར། །ཞེས་དང༌། རྩ་ ཡི་ལམ་དུ་སྦྱར་བར་བྱ་ཞེས་སོགས་ཀྱི། སློབ་དཔོན་ནག་པོ་སྤྱོད་པ་པ་དཀྱིལ་འཁོར་རྒྱལ་ མཆོག་གི་ལྷ་རྣམས་སྤྲོ་བར་བཞེད་པ་དང༌། ཡང་སྔར་གྱི་ལས་རྒྱའི་འཕྲོས་ལས། བྱང་ཆུབ་ཀྱི་ སེམས་བཟློག་པ་ནི། ཕྱིན་ཅི་ལོག་ཏུ་ངེས་པར་སྦྱར། །ཞེས་དང༌། བྱང་ཆུབ་ཀྱི་སེམས་རྣམས་ རྩ་ཐམས་ཅད་ལ་བགྲམ་པར་བྱེད་པ་ནི། རྩ་ཡི་ལམ་དུ་སྦྱར་བར་བྱ། །ཞེས་པས་བསྟན་པའང་ ཡིན་ནོ། ། ད་ནི་དེ་རྣམས་ངེས་དོན་རྫོགས་པའི་རིམ་པ་དང་སྦྱར་ཏེ་འཆད་པ་ལ། འདི་ནི་དམ་ཚིག་ གི་ཕྱག་རྒྱ་སྟེ། དཔའ་བོ་ནི་སྙིང་གའི་དཔྱིད་ཡིན་ལ། དེ་མཆོད་པའི་ཆོ་ག་ནི། ཐིག་ལེ་ལྟེ་བའི་ གཏུམ་མོ་ཡོངས་སུ་འབར་བ་ཡིན་ཞིང༌། དེ་ལྟར་དཔྱིད་ཐིག་ཁ་སྦྱོར་དུ་གྱུར་པ་ནི། ནང་གི་ རྐྱེན་ཡིན་ལ། དེ་ནི་དཔའ་བོ་མཆོད་པའི་ཆོ་ག་ཤེས། །ཞེས་པས་བསྟན་པ་དང༌། ཕྱིའི་རྐྱེན་ ནི། ཕོ་ཉ་མོ་དང་མཉམ་པར་སྦྱོར་བར་བྱེད་པ་ཡིན་ཞིང༌། དེ་ནི། སྦྱོར་བས་རབ་ཏུ་སྒྲུབ་རྣམས་ ལ། །འདི་ཡིས་རབ་ཏུ་བསྒྲུབ་བྱ་སྟེ། །ཞེས་པས་བསྟན་པ་ཡིན་ཞིང༌། དེ་ལྟར་རྐྱེན་གཉིས་པོ་ དེ་ཡོངས་སུ་ཤེས་པས་ནི། འོག་ནས་འཆད་པར་འགྱུར་བའི་ལས་འདི་རྣམས་འབད་པ་ཉིད་ ཀྱིས་བྱ། ཞེས་པའོ། །དེ་ཡང་གང་ཞེ་ན། བྱང་ཕྱོགས་སོ་བདུན་གྱི་ཡེ་ཤེས་ཉིད་ཡིན་པ་ལ། དྲན་པ་ཉེར་བཞག་བཞི་ནི། རྣམ་དབྱེ་རང་དགར་སྔགས་པས་ནི། །ཕྱིན་ཅི་ལོག་ཏུ་ངེས་པར་ སྦྱར། །ཞེས་པས་བསྟན་པ་སྟེ། མི་གཙང་བ་ལ་སོགས་པ་ཕྱིན་ཅི་ལོག་བཞིའི་གཉེན་པོར་ ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ། དྲན་པ་ཉེར་བཞག་བཞི་ངེས་པར་སྦྱར། ཞེས་པ་ ཡིན་ཞིང༌། ཡང་དག་སྤོང་བ་བཞི་ནི། ཚར་བཅད་པ་དང་ཕན་གདགས་ཕྱིར། །ལས་ཀྱི་དངོས་ 2-1-238 པོ་རྣམ་པར་སྒོམ། །ཞེས་པས་བསྟན་པ་སྟེ། དེ་ཡང་སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་མི་ བསྐྱེད་པ་དང༌། སྐྱེས་པ་སྤོང་བ་ནི། མི་དགེ་བ་ཚར་གཅོད་པ་དང༌། དགེ་བའི་ཆོས་མ་སྐྱེས་པ་ བསྐྱེད་པ་དང༌། སྐྱེས་པ་བསྲུང་བ་ནི། དགེ་བ་ལ་ཕན་བཏགས་པ་ཡིན་པའི་ཕྱིར། ལས་དགེ་ སྡིག་གི་དངོས་པོ་རྣམས་དེ་བཞིན་དུ། རྣམ་པར་བསྒོམ་པར་བྱ་བ་ཡིན་ལ། བྱང་ཕྱོགས་ལྷག་ མ་རྣམས་ཀྱང༌། སྡེ་ཚན་གཉིས་པོ་དེར་འདུས་པ་ཡིན་ཏེ། མཉམ་བཞག་དྲན་པ་ཉེར་བཞག་ བཞི་དང༌། རྗེས་ཐོབ་ཀྱི་སྤྱོད་པ་ཡང་དག་སྤོང་བ་བཞིར་འདུས་པས་སོ། །དེ་ལྟར་ན་སྡེ་ཚན་ གཉིས་པོ་དེ་ཉིད་ཀྱི་དབྱེ་བ་ལས་ཡོངས་སུ་ཕྱེ་ནས་ནི། རྩ་སུམ་ཅུ་རྩ་བདུན་རྣམ་པར་དག་ པའི་ལམ་བྱང་ཕྱོགས་སུམ་ཅུ་རྩ་བདུན་དུ་ཡོངས་སུ་ཕྱེ་བ་ཡིན་ལ། བྱང་ཕྱོགས་སོ་བདུན་པོ་ ཐམས་ཅད་ཀྱང་བདེ་སྟོང་གི་ཡེ་ཤེས་ཀྱི་ངོ་བོར་གྱུར་པ་ཡིན། ཞེས་པ་ནི། གོང་གི་རང་དགར་ ཞེས་པས་བསྟན་པ་ཡིན་ནོ། །དེ་ལྟར་བྱང་ཕྱོགས་སོ་བདུན་གྱི་ཡེ་ཤེས་དེ་རྣམས་ཕྱི་ནང་གི་ རྐྱེན་གཉིས་དང་བཅས་ཏེ་བསྒྲུབས་ན། མི་རྣམས་ཀྱིས་འགྲུབ་པ་ལྟ་སྨོས་ཀྱང་ཅི་དགོས། ལྷ་ དང༌། ལྷ་མིན་རྣམས་ཀྱིས་ཀྱང་མྱུར་བ་ཉིད་དུ་འགྲུབ་པར་འགྱུར་རོ། །ཞེས་པ་ནི། ལྷ་དང་ལྷ་ མིན་རྣམས་དང་ནི། །མི་དང་བཅས་པས་མྱུར་འགྲུབ་འགྱུར། །ཞེས་པའོ། །དཔལ་འཁོར་ལོ་ སྡོམ་པ་ལས། དེ་ཁོ་ན་ཉིད་ཀྱི་མཆོད་པ་དང༌། ལས་ཀྱི་ཆོ་གའི་ལེའུ་སྟེ། སུམ་ཅུ་རྩ་དྲུག་པ་ རྣམ་པར་བཤད་ཟིན་ཏོ།། །། ༈ དེ་ནས་ལེའུ་སུམ་ཅུ་རྩ་བདུན་པ་ལ། བཤད་པར་ཞལ་གྱིས་བཞེས་པ་དང༌། དོན་ དངོས་བཤད་པ་གཉིས་ལས། དང་པོ་ནི། དེ་ནས་ཞེས་སོགས་ཚིག་གཉིས་ཀྱིས་བསྟན། དེ་ ཡང་ལེའུ་སུམ་ཅུ་རྩ་དྲུག་པའི་རྗེས་དེ་ནས། གཟུགས་ཏེ་མི་ལ་སོགས་པའི་འགྲོ་བ་རྣམས་ གནོན་པ་སྟེ། དབང་དུ་བྱེད་པའི་ཆོ་གའོ། ། གཉིས་པ་ནི། དེ་ལྟར་དབང་དུ་བྱེད་པ་ཡང༌། གསང་སྔགས་རྣམས་ཡབ་ཡུམ་ཕན་ཚུན་ 2-1-239 ཁ་སྦྱོར་དུ་སྦྱར་བའི་སྒོ་ནས་བཟླ་བར་བྱ་དགོས་པ་ཡིན་ལ། དེ་ལྟར་ན་གཙོ་བོ་ཡབ་ཡུམ་དང༌། འཁོར་ལོ་གསུམ་གྱི་ལྷ་རྣམས་ལ་ཁ་སྦྱོར་གྱི་སྔགས་གྲུབ་ཀྱང༌། མ་མོ་བཅུ་གཉིས་པོ་རྣམས་ལ་ ཇི་ལྟར་ཞེ་ན། མཁའ་འགྲོ་མ་བཅུ་གཉིས་ཀྱི་སྔགས་ཀྱང་རང་རང་གི་ཐབས་དང་ལྷན་ཅིག་ཏུ་ ཁ་སྦྱོར་དུ་བྱེད་དགོས་པ་ཡིན་ལ། དེའི་ཚུལ་ནི། སྒོ་མཚམས་མ་བརྒྱད་ཀྱི་སྔགས་དང༌། ཡབ་ ཀྱི་རྐང་བརྒྱད་སྤེལ་བ་དང༌། མཁའ་འགྲོ་མ་བཞིའི་སྔགས་དང༌། སུམྦྷ་སྤེལ་བ་སོགས་བཤད་ པ་ལྟར་རོ། །དེ་ལྟར་སྔགས་ཁ་སྦྱོར་དུ་བཟླས་པའི་བསྙེན་པ་སྔོན་དུ་སོང་བས། དབང་དུ་ བྱེད་པའི་ལས་བདུན་པོ་འདི་རྣམས་བསྒྲུབ་པར་བྱའོ། །དང་པོ་ནི། ཟོས་ནས་ཞེས་སོགས་ ཚིག་དྲུག་གིས་བསྟན། དེ་ཡང༌། སྒྲུབ་པ་པོས་ཁ་ཟས་ཟོས་ཞིང་མིད་པའི་རྗེས་ལ། སྔགས་ སྤེལ་ཚིག་དང་བཅས་པ་བཟླས་པའི་མཐར། ཁ་ཟས་དེ་ཉིད་སྐྱུག་པར་བྱ་ཞིང༌། སླར་ཡང་དེ་ ཉིད་ལ། སྔགས་ཀྱི་བཟླས་པ་མཚན་མོ་བདུན་དུ་བྱ་ཞིང༌། དེ་རྫོགས་པ་དང་སྐྱུག་པའི་རྫས་དེ་ ཉིད་གཞན་གྱིས་མ་ཤེས་པར་བཟའ་བ་དང༌། བཏུང་བ་དག་ལ་སྦྱར་ཏེ། བསྒྲུབ་བྱ་ལ་བྱིན་ན། དེ་ཇི་སྲིད་འཚོའི་བར་དུ་རང་གི་དབང་དུ་འགྱུར་བར་གདོན་མི་ཟའོ། ། གཉིས་པ་ནི། སེར་སྐྱའི་ཞེས་སོགས་ཚིག་ལྔས་བསྟན། དེ་ཡང་བ་སེར་སྐྱའི་མར་རང་ གིས་འཐུང་ནས། སྤེལ་ཚིག་དང་བཅས་ཏེ། བཟླས་པ་བྱས་པའི་མཐར་སྐྱུག་པར་བྱ་ཞིང༌། དེ་ ལྟར་སྐྱུག་པ་དེའི་ཕྱེད་ཀྱིས་རང་གི་གདོང་དཀྲུས་ཤིང༌། ཕྱེད་ཀྱི་ཆ་ཤས་ནས་ཁ་ཟས་ལ་ཅུང་ ཟད་སྦྱར་ཏེ་བསྒྲུབ་བྱ་ལ་བྱིན་ན། གལ་ཏེ་བསྒྲུབ་བྱ་རྟག་ཏུ་རང་ཉིད་ལ་ཁྲོས་པར་གྱུར་པ་ ཡང༌། རང་གི་གདོང་མཐོང་བ་ཙམ་གྱིས་དབང་དུ་འགྱུར་རོ། ། གསུམ་པ་ནི། ཏིལ་མར་ཞེས་སོགས་ཚིག་དྲུག་གིས་བསྟན། དེ་ཡང་སྒྲུབ་པ་པོ་རང་ཉིད་ ཀྱི་ལུས་ལ་ཏིལ་མར་གྱིས་བྱུག་པ་བྱས་ཤིང༌། འབྲས་ས་ལུ་བཏགས་པའི་ཕྱེ་མས་དྲིལ་ཕྱིས་སུ་ བྱས་པ་ལ། སྣུམ་འཁུར་བཟོས་ཏེ། སྤེལ་ཚིག་དང་བཅས་པའི་སྔགས་བཟླས་པ་བྱས་ནས་ནི། 2-1-240 ཁ་ཟས་ལ་རབ་ཏུ་སྦྱར་བ་བསྒྲུབ་བྱ་ལ་བྱིན་ན། གལ་ཏེ་རང་ཉིད་ཀྱི་ཆེ་གེ་མོ་དབང་དུ་བྱེད་པ་ ལས་གྲོལ་བར་གྱིས་ཤིག ཅེས་པའི་སྔགས་བཟླ་བ་ལ་སོགས་པའི་སྒོ་ནས། ལས་མ་བཏང་ ན། དེ་ཇི་སྲིད་འཚོའི་བར་དུ་དབང་དུ་འགྱུར་རོ། ། བཞི་པ་ནི། ཏིལ་ནག་ཅེས་སོགས་ཚིག་དགུས་བསྟན། དེ་ཡང༌། ཏིལ་ནག་དང༌། ཀེ་ཚེར་ བཅས་པ་ཟོས་ནས། སྐྱུག་པར་བྱ་བ་དང༌། དེ་ལྟར་སྐྱུག་པ་དེ་དང༌། རུ་ཏ་དང༌། ལག་སྐྱེས་ཏེ་ སེན་མོ་དང༌། བཤང་ལམ་ནས་བྱུང་བའི་སྲིན་བུ་དང༌། རང་གི་སྲིན་ལག་གི་ཁྲག་དང༌། སྭ་ཤུ་ ཀྲ་སྟེ། རང་གི་ཐིག་ལེ་རྣམས་བརྟགས་ཤིང་བསྲེས་པ་ལ། སྤེལ་ཚིག་དང་བཅས་པའི་སྔགས་ ཀྱི་བཟླས་པ་བྱས་ཏེ། བཟའ་བཏུང་ལ་བསྲེས་ནས་བསྒྲུབ་བྱ་ལ་སྟེར་བའམ། བསྒྲུབ་བྱའི་ གོས་ལ་བྱུགས་ཏེ་ལུས་ལ་རེག་པར་གྱུར་པའམ། རང་གི་མིག་སྨན་དུ་བྱུགས་ཏེ་བལྟས་པ་ ཙམ་གྱིས། ཇི་སྲིད་འཚོའི་བར་དུ་དབང་དུ་འགྱུར་བར་གདོན་མི་ཟའོ། ། ལྔ་པ་ནི། བ་གླང་ཞེས་སོགས་ཚིག་གསུམ་གྱིས་བསྟན། བ་གླང་གི་ཤ ཁྲག་གིས་བསྐུས་ པ་སྦྱིན་སྲེག་ཏུ་བྱས་ན། དེའི་མོད་ལ་བསྒྲུབ་བྱ་རང་གི་དབང་དུ་འགྱུར་བའམ། གལ་ཏེ་མ་ འོངས་ན། དེ་འཆི་བར་འགྱུར་རོ། ། དྲུག་པ་ནི། གལ་ཏེ་ཞེས་སོགས་ཚིག་གསུམ་གྱིས་བསྟན། དེ་ཡང་ཐབ་ཁུང་གི་དབུས་སུ་ དཔལ་ཧེ་རུ་ཀ་འཁོར་བཅས་བསྐྱེད་ནས། དེའི་མདུན་དུ་བདག་ཉིད་འདུག་པར་མོས་ལ། བ་ གླང་གི་ཤ་ཁྲག་གི་སྦྱིན་བསྲེག་བྱ་བ་དང༌། བདུན་པ་ནི། སྦྱིན་སྲེག་མཐར་ནི་གཏོར་མ་བྱ། །ཞེས་པ། སྦྱིན་སྲེག་གི་མཐར་བ་གླང་ གི་ཤ་ཁྲག་གི་གཏོར་མ་བྱ་བ་དང༌། དེ་དག་གིས་ནི་ཁམས་གསུམ་གྱི་འགྲོ་བ་ཐམས་ཅད་སྐད་ ཅིག་གིས་འགུགས་པར་འགྱུར་བ་ཡིན་ལ། མཚན་བདུན་གྱིས་ཞེས་པ་ནི་མཚོན་བྱེད་དེ། མྱུར་ དུ་འགྲུབ་པར་འགྱུར། ཞེས་པའོ། །འཇིག་རྟེན་གསུམ་ན་རྙེད་པར་དཀའ་བའི་སྔགས་ཀྱི་དམ་ 2-1-241 ཚིག་གི་སྤྱོད་པའི་མཚན་ཉིད། ཕྱུགས་ཆེན་སྒྲུབ་པ་ལ་སོགས་པ། སྔར་བཤད་པ་དེ་རྣམས་ རྟག་ཏུ་རང་སྔགས་ཏེ། རྒྱུད་གཞན་རྣམས་སུ་ཤིན་ཏུ་སྦས་པ་ཡིན་ཞིང༌། འདིར་ཅུང་ཟད་ བསྟན་པ་འདི་ཡང་རབ་ཏུ་འབད་པ་ཆེན་པོས་གསང་བར་བྱའོ། །ལས་ཚོགས་དེ་དག་གི་སྦས་ དོན་རྫོགས་པའི་རིམ་པ་ཇི་སྙེད་ཅིག་ཡོད་པ་རྣམས་ནི། རྙེད་པར་མི་འགྱུར་ཞིང༌། འཕྲལ་དུ་ བསོད་ནམས་དང་ལྡན་པ་ཡིན་ཡང་། གསང་སྔགས་ཀྱི་སྐལ་བ་དམན་པའི་གང་ཟག་གིས་ འགྲུབ་པར་མི་འགྱུར་ལ། འཕྲལ་བསོད་ནམས་ཆུང་ཡང༌། སྔགས་ཀྱི་སྐལ་བ་དང་ལྡན་པའི་ སྒྲུབ་པ་པོས། ཧེ་རུ་ཀ་ང་མཉེས་པར་བྱས་པས་འགྲུབ་པར་འགྱུར། ཞེས་པའོ། ། ད་ནི་དེ་རྣམས་ངེས་དོན་རྫོགས་པའི་རིམ་པ་དང་སྦྱར་ཏེ་བཤད་པ་ནི། ཕན་ཚུན་སྦྱོར་ བའི་གསང་སྔགས་ནི། །མཁའ་འགྲོ་མ་དང་གཅིག་ཏུ་སྦྱར། །ཞེས་པས་འཁོར་ལོ་ལ་བརྟེན་ པའི་གཏུམ་མོའི་རྣལ་འབྱོར་རྣམས་བསྟན་པ་ཡིན་ཏེ། དེ་ཡང༌། འཁོར་ལོ་གཉིས་ཁ་སྦྱོར་དུ་ བྱེད་པ་ནས་བཟུང༌། འཁོར་ལོ་བཞི་ལ་སོགས་པའི་བར་དུ་བསྒོམ་པ་དང༌། དེ་ལྟར་སྒོམ་པ་ ལ་ཡང༌། མཁའ་འགྲོ་མ་དབུ་མར་རོ་རྐྱང་གཉིས་གཅིག་ཏུ་སྦྱར་བར་བྱས་ནས། སྔགས་ཏེ་ གཏུམ་མོ་འབར་བ་ལས། ཐིག་ལེ་ཞུ་བའི་བདེ་སྟོང་གི་ཡེ་ཤེས་སྐྱེ་བར་འགྱུར། ཞེས་པའོ། །ལས་ཚོགས་དང་པོའི་ངེས་དོན་ནི། རྩ་འཁོར་ལོ་བཞི་གང་རུང་གི་ལྟེ་བར། ཡིག་འབྲུ་དང་ ཐིག་ལེ་གང་རུང་ཞིག་བསྒོམས་ཏེ། དེ་ལ་སེམས་ཟིན་ཅིང་གསལ་སྣང་འགྲུབ་པ་ནི། ཁ་ཟས་ ཟོས་པའི་དོན་དང༌། དེ་ལ་བརྟེན་ནས་རླུང་རྣམས་ཐིམ་པར་གྱུར་པ་ནི། མིད་པའི་དོན་དང༌། དེ་ལྟར་ཡང་ནས་ཡང་དུ་བསྒོམས་ཏེ། བརྟན་པ་ཐོབ་པའི་མཐར། སླར་ཡང་འོད་ཟེར་སྤྲོ་བསྡུ་ བྱེད་པ་ནི། སྐྱུག་པའི་དོན་དང༌། མཚན་མོ་བདུན་རྫོགས་པ་སྟེ། དེ་ལ་བརྟན་པ་ཐོབ་པ་ན། བཟའ་བ་ཡུལ་ལྔ་དང༌། བཏུང་བ་དབང་པོ་ལྔ་སྟེ། དབང་ཤེས་བདེ་སྟོང་དུ་འཆར་བར་འགྱུར་ ཞིང༌། ཐབས་འདི་ལ་བརྟེན་ནས། སྒྲུབ་པ་པོ་ཇི་སྲིད་འཚོའི་བར་དུ་དབང་དུ་འགྱུར་བ་སྟེ། 2-1-242 འོད་གསལ་དུ་འགྱུར་བ་གདོན་མི་ཟའོ། །འདི་ལྟ་བུའི་རྫོགས་རིམ་ནི། དཔེར་ན། སློབ་དཔོན་ རྡོ་རྗེ་དྲིལ་བུ་པའི་མན་ངག ས་བོན་དང་བཅས་པའི་བདག་བྱིན་རླབས་པའི་རིམ་པ་ལྟ་བུའོ། །ལས་ཚོགས་གཉིས་པའི་ངེས་དོན་ནི། འོད་ཟེར་སྤྲོ་བསྡུ་དང་བཅས་ཏེ་རླུང་ནང་དུ་རྔུབ་པ་ནི། བ་སེར་སྐྱའི་མར་འཐུང་བའི་ངེས་དོན་དང༌། སླར་ཕྱིར་གཏོང་བ་ནི། སྐྱུག་པའི་དོན་དང༌། ནང་ དུ་གནས་པ་དང༌། ཕྱི་རོལ་ཏུ་གནས་པ་ནི། རང་གི་གདོང་དཀྲུས་པའི་དོན་དང༌། དེ་ལྟར་སྒོམ་ པ་ན། ཤིན་ཏུ་འདུལ་དཀའ་བའི་རྣམ་རྟོག་རྣམས་ཡོངས་སུ་ཐུལ་ཏེ། འོད་གསལ་དུ་འགྱུར་རོ། །ལས་ཚོགས་གསུམ་པའི་ངེས་དོན་ནི། རྩ་སྣ་ཚོགས་པ་རྣམས་ལ་གནས་པའི་ཏིལ་མར་རླུང་ དང༌། ས་ལུ་ཐིག་ལེ་རྣམས་ལུས་ལ་བསྐུས་པའི་དོན། ལུས་ཀྱི་གནས་དེ་དང་དེར་གནད་དུ་ བསྣུན་ཞིང༌། དབུ་མར་བསྡུས་པ་ལས། ནམ་ཞིག་དེ་རྣམས་དབུ་མས་དབང་བྱས་པ་ནི། སྣུམ་ འཁུར་གྱི་དོན་ཡིན་ཞིང༌། དེ་ལྟར་ཤིན་ཏུ་གོམས་པར་བྱས་ན་ཡང༌། སྒྲུབ་པ་པོ་ཇི་སྲིད་འཚོའི་ བར་དུ་འོད་གསལ་དུ་འགྱུར་བ་ཡིན་ནོ། །ལས་ཚོགས་བཞི་པའི་ངེས་དོན་ནི། ཏིལ་ནག་དང༌། ཀེ་ཚེ་དང༌། རུ་ཏ་རྣམས་ནི། སྟེང་གི་རྩ་རོ་རྐྱང་དབུ་གསུམ་དང༌། ལག་སྐྱེས་ལྕི་བའི་རྩ་དང༌། བཤང་ལམ་ལས་བྱུང་བའི་སྲིན་བུ་ནི། བཤང་བའི་རྩ་དང༌། རང་གི་ཁྲག་རཀྟའི་རྩ་དང༌། སྭ་ ཤུ་ཀྲ་ཁུ་བ་འབབ་པའི་རྩ་སྟེ། རྩ་བདུན་པོ་དེ་རྣམས་ཀྱི་རྩ་མདུད་ཡོངས་སུ་དབྱེ་སྟེ། འོག་གི་ རྣམས་སྟེང་དང༌། སྟེང་གི་རྣམས་འོག་ཏུ་འདྲེན་པ་ལ་སོགས་པ་དམིགས་པ་དང་བཅས་པའི་ འཁྲུལ་འཁོར་གྱིས་བྱས་པས། དབང་ཤེས་བདེ་སྟོང་དུ་འཆར་བ་ལ་སོགས་པ་སྣ་ཚོགས་པ་ འབྱུང་བ་ཡིན་ཞིང༌། དེས་ཀྱང་འོད་གསལ་དུ་འགྱུར་བ་ཡིན་ནོ། །ལས་ཚོགས་ལྔ་པའི་ངེས་ དོན་ནི་སྣང་བ་ཐམས་ཅད་ལ་བདེ་སྟོང་གི་ཡེ་ཤེས་ཀྱི། རྒྱས་འདེབས་པར་བྱེད་པ་ཡིན་ནོ། །ལས་ཚོགས་དྲུག་པ་དང༌། བདུན་པ་གཉིས་ཀྱི་ངེས་དོན་ནི། བདེ་སྟོང་གི་ཡེ་ཤེས་ཀྱིས་ཕྱིའི་ སྣང་བ་རྣམས་ལ་རྒྱས་བཏབ་པས། དེ་རྣམས་སྟོང་པའི་ངོ་བོར་འཆར་བ་ནི་སྦྱིན་སྲེག་གི་ངེས་ 2-1-243 དོན་དང༌། དེ་རྣམས་བདེ་བར་འཆར་བ་ནི་གཏོར་མའི་ངེས་དོན་ནོ། །དེ་ལྟར་ལས་ཚོགས་ བདུན་གྱི་ངེས་དོན་དེ་རྣམས་སྒོམ་པ་ལས། སྒྲུབ་པ་པོའི་ལུས་ངག་ཡིད་གསུམ་འོད་གསལ་དུ་ འཇུག་པར་འགྱུར་བ་ཡིན་ཞེས་པ་ནི། ཁམས་གསུམ་སྐད་ཅིག་གིས་འགུགས་འགྱུར། །ཞེས་ པས་བསྟན་ནོ། །དེས་ན་ལེའུ་འདིའི་ངེས་དོན་ནི། ཕྲ་ཐིག་གི་རྣལ་འབྱོར་སྣ་ཚོགས་པ་དག་ བསྟན་པ་ཡིན་ཞིང༌། ལེའུ་འདིའི་མཚན་ལ་ཡང༌། ནང་གི་བདག་ཉིད་ཀྱི་དབང་དུ་བྱ་བའི་ཁྱད་ པར་ཞེས་གསུངས་པ་ཡང༌། གོང་གི་ལས་ཚོགས་དེ་རྣམས་ལ་ཡང༌། ནང་སྦས་དོན་གྱི་བཤད་ པ་ཡོད་ཅེས་ཐ་མའི་གསལ་བྱེད་ཀྱི་ཚུལ་དུ་གསུངས་པ་ཡིན་ནོ། །དཔལ་འཁོར་ལོ་སྡོམ་པ་ ལས། ནང་གི་བདག་ཉིད་ཀྱི་དབང་དུ་བྱ་བའི་ཁྱད་པར་དུ་བྱ་བའི་ལེའུ་སྟེ། སུམ་ཅུ་རྩ་བདུན་ པ་རྣམ་པར་བཤད་ཟིན་ཏོ།། །། ༈ ལེའུ་སུམ་ཅུ་རྩ་བརྒྱད་པ་ལ། བཤད་པར་ཞལ་གྱིས་བཞེས་པ་དང༌། དོན་དངོས་ བཤད་པ་གཉིས་ལས། དང་པོ་ནི། དེ་ནས་ཞེས་སོགས་ཤོ་ལོ་ཀ་གཅིག་གིས་བསྟན། དེ་ཡང་ ལེའུ་སུམ་ཅུ་རྩ་བདུན་པའི་རྗེས་དེ་ནས། གོང་དུ་བཤད་ཟིན་པའི་བརྡ་རྣམས་དང་མཁའ་འགྲོ་ མ་སུམ་ཅུ་རྩ་གཉིས་ལ་སོགས་པའི་ལུས་ཀྱི་མཚན་ཉིད་གང་ཡིན་པ་དང༌། དཔའ་བོའི་ཡན་ ལག་གི་དབྱེ་བ་རྣམས་གོང་དུ་བཤད་པ་དེ་བཞིན་དུ་ཤེས་པར་བྱས་ནས། སྤྱོད་པའི་ལེའུ་འདི་ བཤད་པར་བྱ། ཞེས་པའོ། །དོན་དངོས་ལ། དཔའ་བོའི་དབང་ཕྱུག་མི་འབྲི་ཞིང༌། །ཞེས་པ་ ནས། དེ་ལ་དངོས་གྲུབ་འབྱུང་བར་འགྱུར། །ཞེས་པའི་བར་གྱིས་དམ་ཚིག་སྤྱིར་བསྟན་ནས། དེ་མན་ཆད་ཀྱི་སྤྱོད་པ་བསྟན་པ་ཡིན་ནོ། །དེ་ཡང་དཔའ་བོའི་དབང་ཕྱུག་དཔལ་ཧེ་རུ་ཀའི་ སྐུ་གཞན་ལ་སྟོན་པ་ལྟ་ཅི་སྨོས། རང་ཉིད་ཀྱིས་ཀྱང་རི་མོར་མི་འབྲི་ཞིང༌། རྒྱུད་འདི་གང་ ཟག་གང་གི་ཐད་དུ་ཡང་མི་འདོན་པ་དང༌། གཡོན་པའི་ཀུན་སྤྱོད་ལེགས་པར་གསང་ཞིང་སྦ་ བ་དང༌། གསང་བའི་མཚན་ཉིད་མཁའ་འགྲོ་མ་རྣམས་ཀྱི་སྔགས་ནི། བག་མེད་པས་གཞན་ 2-1-244 གྱི་དྲུང་དུ་འདོན་ན། དེ་ལ་དཔལ་ཧེ་རུ་ཀ་ང་མི་བལྟ་སྟེ། མཁའ་འགྲོ་མ་སྟོང་ཕྲག་དུ་མ་ཡི། གསང་བ་སྒྲོག་པ་པོ། ངན་པའི་བདག་ཉིད་ཅན་དེ་ཟ་བར་འགྱུར་བ་དང༌། དམ་ཚིག་རྣམས་ འཇོམས་པར་འགྱུར་ཞིང༌། བྱ་བ་ངན་པར་སྤྱོད་པ་དེ། བྲམ་ཟེ་གསོད་པ་ལ་སོགས་པའི་སྡིག་ པའི་ལས་མི་ཟད་པ་རྣམས་ལ་འཇུག་པར་ཐེ་ཚོམ་མེད་དོ། །གཞན་ཡང་སྡིག་པའི་ལས་སྤྱོད་ ཅིང༌། རྨོངས་པའི་བདག་ཉིད་ཅན། རང་གིས་རང་བསླུས་པར་གྱུར་པ་ངན་པའི་བདག་ཉིད་ དེ། རྡོ་རྗེ་མཁའ་འགྲོ་མ་རྣམས་ཀྱིས་ཟོས་པར་གྱུར་ཀྱང༌། དེ་ལ་ཧེ་རུ་ཀ་ང་ནི་སྐྱོབ་པར་མི་ བྱེད་ཅིང༌། གསང་བ་པ་མཁའ་འགྲོ་མ་རྣམས་ཀྱི་ནང་ན། དེ་ལྟ་བུའི་སྒྲུབ་པ་པོ་དེ་ནི་ཤས་ རྒྱུའི་ཕྱུགས་དང་འདྲ་བར་གནས་པ་ཡིན་ནོ། །གཞན་ཡང་བླ་མ་ལ་འཁུས་པ་དང༌། དམ་ཚིག་ ཉམས་པའི་སྒྲུབ་པ་པོ། མཐོ་རིས་ཀྱི་འཇིག་རྟེན་ལས་ཉམས་ཏེ། ངན་སོང་དུ་ལྟུང་བར་འགྱུར་ རོ། །ཧེ་རུ་ཀའི་སྔགས་དང་རྒྱུད་ཀྱི་སྦྱོར་བ་འདི་ལ་འཇིགས་པར་བལྟ་ཞིང༌། གང་ཞིག་དམ་ ཚིག་ཚུལ་བཞིན་དུ་སྲུང་བར་བྱེད་པ་དེ་ལ་ནི། མཁའ་འགྲོ་མ་རྣམས་དགེ་བ་སྟེ། འཛུམ་པའི་ གདོང་དང་བཅས་ཤིང༌། མཉེས་པར་འགྱུར་ལ། དེ་ཉིད་ལ་དཔལ་ཧེ་རུ་ཀ་ང་ནི་ཕན་འདོགས་ པར་བྱེད་དོ། །བླ་མས་ཀྱང་ནི་དེ་ལ་དགོངས་པར་འགྱུར་ཞིང༌། དེ་ལྟར་སྒྲུབ་པ་པོ་ཤིན་ཏུ་ གསང་ཞིང་སྦ་བར་བྱེད་པ་དང༌། མཁའ་འགྲོ་མ་ལ་རྟག་པར་དགའ་བ་སྟེ། གུས་པར་གྱུར་པ་ དེ་ལ། དངོས་གྲུབ་རྣམས་འབྱུང་བར་འགྱུར་རོ། ། གཉིས་པ་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་བཤད་པ་ལ། སྔོན་དུ་འགྲོ་བ་དྲོད་ཀྱི་རྣམ་ བཞག་དང༌། བརྟུལ་ཞུགས་ཀྱི་སྤྱོད་པ་དངོས་བཤད་པ་གཉིས་ལས། དང་པོ་ནི། སྒྲུབ་པ་པོ་ནི་དཔའ་ཉིད་འགྱུར། །ཞེས་པ་ནས། ཨོཾ་དང་ཧཱུཾ་གི་ཁྱད་པར་དབྱེ། །ཞེས་པའི་བར་གྱིས་བསྟན། དེ་ཡང་དྲོད་ཐོབ་པའི་སྒྲུབ་པ་པོ་ནི། བཀྲེ ས་སྐོམ་དང༌། ཚ་གྲང་ དང༌། འཇིགས་སྐྲག་ལ་སོགས་པ་གང་གིས་ཀྱང་རྫི་བར་མི་ནུས་པའི་ཕྱིར། དཔའ་བོ་ཉིད་ 2-1-245 དུ་འགྱུར་བ་ཡིན་ལ། དེ་ལྟ་བུའི་སྒྲུབ་པ་པོ་དཔའ་བོ་ཧེ་རུ་ཀ་ཉིད་ཀྱི་ཏིང་ངེ་འཛིན་དང་ནམ་ ཡང་མི་འབྲལ་བར་གྱུར་པ་དེ་ལ། ཁམས་གསུམ་གྱི་འབྱུང་པོ་ཐམས་ཅད་དང༌། ནམ་མཁའ་ ལ་རྒྱུ་བའི་མཁའ་འགྲོ་མ་རྣམས་ཀྱིས་ཇི་ལྟར་རིགས་རིགས་སུ་མཆོད་པར་འགྱུར་བ་ཡིན་ ལ། དེ་ལྟར་དྲོད་ཐོབ་པའི་སྒྲུབ་པ་པོ་དེ་ནི། རྣལ་འབྱོར་བདེ་སྟོང་གི་ཏིང་ངེ་འཛིན་གྱིས་ཡིད་ དྲངས་ཏེ། མཉམ་བཞག་ལ་རྟག་ཏུ་འཇུག་པ་ལ་དགའ་བར་འགྱུར་བ་ཡིན་ཞིང༌། སྔར་བླ་ མས་ཡང་དག་པར་སྦྱིན་པའི་མན་ངག་གི་དོན། རང་གི་ཉམས་འོག་ཏུ་ཆུག་པས། ཉམས་མྱོང་ གི་སྒོ་ནས་རིག་པར་འགྱུར་བ་ཡིན་ལ། དེས་ནི་ཧེ་རུ་ཀའི་བརྟུལ་ཞུགས་འཛིན་པ་སྟེ། གདུག་ པ་ཅན་འདུལ་ན། བདེ་སྟོང་གི་ཡེ་ཤེས་ཞེ་སྡང་གི་སྣང་ཆར་འཆར་བར་བྱས་ཤིང༌། འདུན་པ་ བསྒྱུར་བའི་མཐུ་ལས། དགྲ་བགེགས་རྣམས་འཇོམས་པར་ནུས་པ་དང༌། དེ་བཞིན་དུ་བདེ་ སྟོང་གི་ཏིང་ངེ་འཛིན་འདོད་ཆགས་ཀྱི་རྣམ་ཆར་ཡོངས་སུ་ཤར་བ་འདུན་པ་བསྒྱུར་བ་དང་ བཅས་པས། འགྲོ་བ་དབང་དུ་འདུ་བ་སོགས། བདེ་སྟོང་གི་ཏིང་ངེ་འཛིན་ཁོ་ནའི་མཐུ་ལས། ལས་ཐམས་ཅད་འགྲུབ་པར་འགྱུར་བའོ། །ཡང་སྒྲུབ་པ་པོ་དེས་རང་གི་མདུན་དུ་རྡོ་རྗེ་སློབ་ དཔོན་དང༌། དཔའ་བོ་ཧེ་རུ་ཀའི་སྣང་བརྙན་མངོན་སུམ་དུ་མཐོང་བར་གྱུར་པའམ། རང་ཉིད་ དཔལ་ཧེ་རུ་ཀ་སློབ་དཔོན་རིགས་བདག་གི་ཚུལ་གྱིས་བཞུགས་པར་མཐོང་ཞིང་མཐོང་ཞིང་ སྟེ། ཡང་ནས་ཡང་དུ་མཐོང་ན། རང་ལ་ཀུན་ཏུ་དགའ་བ་ཁྱད་པར་ཅན་སྐྱེ་བར་འགྱུར་བ་ཡིན་ ཞིང༌། དེ་ལྟར་དགའ་བ་ཁྱད་པར་ཅན་ཐོབ་པའི་སྒྲུབ་པ་པོས། ཁམས་བརྒྱད་དང༌། ཡུལ་ཉི་ཤུ་ རྩ་བཞིའི་རླུང་དང༌། ཐིག་ལེ་དབུ་མར་ཡོངས་སུ་དག་པའི་བདེ་སྟོང་གི་ཡེ་ཤེས། ངེས་དོན་གྱི་ རྩ་བའི་སྔགས་ཀྱི་གསང་སྔགས་མཆོག་དེ་དང༌། ངེས་དོན་གྱི་ཡི་གེ་བདུན་པའི་གསང་སྔགས་ ཉིད་སྒྲུབ་པ་པོ་གང་ཞིག་འཛིན་པར་བྱེད་པ་ཡིན་ནོ། །ཡང་འགྱུར་འགའ་ཞིག་ལས། ལན་ བདུན་དུ་ནི་བརྗོད་པར་བྱ། །ཞེས་པ་ལྟར་ན། ངེས་དོན་གྱི་རྩ་སྔགས་དེ་ཉིད་ཡང་ནས་ཡང་དུ་ 2-1-246 སྒོམ་པའི་དོན་ནོ། །དེ་ལྟ་བུའི་དྲོད་ཀྱི་ཡེ་ཤེས་དེ་ཉིད་འཕེལ་བར་བྱེད་པ་ནི། ཨོཾ་ཡིག་ལྷ་སྐུ་ དང༌། ཧཱུཾ་ཡིག་བདེ་སྟོང་གི་ཡེ་ཤེས་ཀྱི་ཁྱད་པར་དབྱེ་བ་སྟེ། །རྒྱས་ཤིང་འཕེལ་བར་བྱེད་པའོ། །ཡང་འདི་ལ་སྲོག་ཅན་ཞེས་པ་ལྟར་ན། སྲོག་སྟེ་རླུང་རྣམས་བདེ་སྟོང་གི་ཡེ་ཤེས་དང་བསྲེ་ བར་བྱེད་པའོ། ། གཉིས་པ་ལ། སྤྲོས་བཅས་དང༌། སྤྲོས་མེད་ཀྱི་བྱ་བའི་རིམ་པ་ཐུན་མོང་དུ་བསྟན་པ་དང༌། སྤྲོས་མེད་དང༌། ཤིན་ཏུ་སྤྲོས་མེད་ཀྱི་སྒོམ་བསམ་གཏན་པ་དང༌། རིག་པ་བརྟུལ་ཞུགས་ཀྱི་ སྤྱོད་པའི་གནས་ཀྱི་ཁྱད་པར་བསྟན་པ་དང༌། རོ་ལངས་སྒྲུབ་པའི་སྤྱོད་པ་བཤད་པ་དང༌། ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་བཤད་པ་དང་ལྔ་ལས། དང་པོ་ནི། དེ་རྣམས་ཞེས་སོགས་ཤོ་ལོ་ ཀ་གཅིག་གིས་བསྟན། དེའི་དོན་ཡང༌། ཚོགས་ཀྱི་དཀྱིལ་འཁོར་ཡོངས་སུ་བཀོད་དེ་སྒྲུབ་པ་ པོ་རང་ཉིད་དང༌། དེར་ཚོགས་པའི་རྣལ་འབྱོར་མ་རྣམས་ཕན་ཚུན་ཕྱག་དང༌། ཕྱག་གི་ལན་ བྱ་ཞིང༌། དེ་བཞིན་དུ་མཆོད་པ་དང༌། མཆོད་པའི་ལན་ལ་སོགས་པའི་སྒོ་ནས། དུས་རྟག་ཏུ་ དཔའ་བོ་ཆེན་པོ་སྒྲུབ་པ་པོ་རང་ཉིད་དང༌། རང་གི་འཁོར་དུ་གྱུར་པའི་དཔའ་བོ། རྣལ་འབྱོར་ མ་དེ་རྣམས་དང་ལྷན་ཅིག་ཚོགས་ཀྱི་འཁོར་ལོའི་རོལ་པར་ལྡན་པར་ཐེ་ཚོམ་མེད་དོ། ། གཉིས་པ་ནི། དེ་ཡི་ཞེས་སོགས་ཚིག་ལྔས་བསྟན། དཔའ་བོ་ཆེན་པོ་སྒྲུབ་པ་པོ་དེ་ཡི་ ཐུགས་ཀ་ནས། རྡོ་རྗེ་ཕག་མོ་དང༌། དཔའ་བོ་ཉེར་བཞི་དང༌། རྣལ་འབྱོར་མ་ཉེར་བཞི་དང༌། ཕོ་ཉ་སྟེ་མ་མོ་བཅུ་གཉིས་ལ་སོགས་པ་སྤྲོས་ཏེ། ལས་ཀྱི་ཕྱག་རྒྱ་རྣམས་ལ་སྟིམ་ཞིང༌། ལྷ་ དེ་དང་དེའི་ངོ་བོར་སྒོམ་དགོས་པ་ཡིན་ལ། དེ་ལྟར་དེ་རྣམས་དང་ལྷན་ཅིག་ཏུ། འདོད་པའི་ ཡོན་ཏན་སྣ་ཚོགས་པ་ལ་ལོངས་སྤྱོད་པས། སྣང་བ་ཐམས་ཅད་བདེ་སྟོང་གི་ཡེ་ཤེས་གཅིག་ གི་ངོ་བོར་རོ་སྙོམ་པར་བྱས་པ་ན། རོ་སྙོམ་ཐུབ་སྟེ། དེའི་རྗེས་སུ། དེ་ལས་ཆེས་ཁྱད་པར་དུ་ འཕགས་པའི་བདེ་སྟོང་གི་ཡེ་ཤེས་གང་ཞིག ལེགས་པར་སྐྱེས་པ་ནི། བོགས་ཐོན་པ་ཡིན་ 2-1-247 ནོ། །དེ་ལྟ་བུའི་སྒྲུབ་པ་པོ་དེ་ནི། སྲོག་ཆགས་སྐྱེ་བོ་ཐམས་ཅད་ཀྱི་བསོད་ནམས་ཀྱི་དཔལ་དུ་ མཐོང་བ་སྟེ། མངོན་དུ་གྱུར་པ་ཡིན་ཞེས་པའམ། ཡང་ན་སྲོག་ཆགས་རྣམས་བསོད་ནམས་ དང་ལྡན་མི་ལྡན་ལ་སོགས་པའི་ལྐོག་གྱུར་རྣམས་སྒྲུབ་པ་པོ་དེས་མཐོང་ཞིང་ཤེས་པའི་དོན་ ནོ། ། གསུམ་པ་ནི། ཆུ་བོ་ཞེས་སོགས་ཤོ་ལོ་ཀ་གཉིས་ཀྱིས་བསྟན། དེ་ཡང་ཆུ་བོ་དང༌། རྒྱ་མཚོ་ དང༌། རྫིང་བུ་དང༌། རི་བོ་དང༌། བཞི་མདོ་དང༌། ལྟེ ང་ཀ་དང༌། ཁྲོན་པ་དང༌། ཁང་སྟོང་དང༌། ལམ་སྲང་སྟེ་གནས་དེ་ཐམས་ཅད་དུ་ནི། སྒྲུབ་པ་པོ་ཞིང་སྐྱེས་ཀྱི་མཁའ་འགྲོ་མ། ཀུན་ཏུ་ཞེན་ པས་ལྟ་བ་སྟེ། བཞིགས་རྟགས་བཅུག་སྟེ། འཚོལ་བའི་ཕྱིར། དེ་དག་ཏུ་རྒྱུ་ཞིང་གནས་དགོས་ པ་ཡིན་ལ། དེ་བཞིན་དུ། མཁའ་སྤྱོད་རྣམ་པར་དག་པ། པཱུ་ལི་ར་མ་ཡ་ན་ལ་སོགས་པའི་ གནས་བརྒྱད་དང༌། ས་འོག་རྣམ་པར་དག་པ། པྲེ་ཏ་པུ་རི་ལ་སོགས་པ་བརྒྱད་དང༌། གཞུང་ གིས་དངོས་སུ་མི་གསལ་ཡང༌། ས་སྟེང་རྣམ་པར་དག་པ་ཀ་མ་རུ་པ་ལ་སོགས་པ་བརྒྱད་དེ་ ཡུལ་ཉི་ཤུ་རྩ་བཞི་དང༌། འཇིགས་པ་ཆེན་པོའི་དུར་ཁྲོད་ཆེན་པོ་བརྒྱད་རྣམས་སུ། ཞིང་སྐྱེས་ ཀྱི་མཁའ་འགྲོ་མ་ཡོངས་སུ་འཚོལ་བའི་ཕྱིར། སྒྲུབ་པ་པོ་རྒྱུ་ཞིང་གནས་དགོས་པ་ཡིན་ནོ། ། བཞི་པ་ནི། རོ་ལངས་ཞེས་སོགས་ཤོ་ལོ་ཀ་གཅིག་གིས་བསྟན། འདི་ནི་འོག་ཏུ་རྒྱས་པར་ འཆད་པར་འགྱུར་བ་ལྟར། གཞན་རྐྱེན་གྱིས་དངོས་གྲུབ་སྒྲུབ་པ་སྟེ། སྒྲུབ་པ་པོ་དཔལ་ཧེ་རུ་ ཀ་འཇིགས་པའི་གཟུགས་ཅན་གྱི་ང་རྒྱལ་དང༌། གསལ་སྣང་ལ་ཤིན་ཏུ་གནས་ཤིང༌། བདེ་ སྟོང་གི་ཏིང་ངེ་འཛིན་སྟོབས་ཆེན་པོ་དང་ལྡན་པས། རོ་ལངས་ཆེན་པོ་རྣམས་ཀྱི་གནས་དུ་མ་ ཞིག་ཏུ་སོང་སྟེ། རོ་ལངས་དེ་དག་དང་ལྷན་ཅིག་ཏུ། དཔའ་བོ་སྒྲུབ་པ་པོ་ཅི་བདེ་བར། རིག་པ་ བརྟུལ་ཞུགས་ཀྱི་སྤྱོད་པའི་སྒོ་ནས་རོལ་པར་མཛད་པས། གཞན་རྐྱེན་ལ་བརྟེན་ནས་དངོས་ གྲུབ་ཐོབ་པར་འགྱུར་བ་ཡིན་ནོ། ། 2-1-248 ལྔ་པ་ནི། རི་སུལ་ཞེས་སོགས་ཤོ་ལོ་ཀ་གཅིག་གིས་བསྟན། དེ་ཡང་རི་སུལ་དང༌། ཚང་ ཚིང་དང༌། གསང་བ་སྟེ། ཕུག་པ་ལ་སོགས་པའི་དབེན་པའི་ཕྱོགས་དེ་དང༌། དེ་དག་ཏུ་ སྒྲུབ་པ་པོ་བསྐྱེད་རིམ་པ་ཡིན་ན། གསང་བའི་མི་མོ་རྣལ་འབྱོར་མ་སྟེ། ཡེ་ཤེས་ཀྱི་རིག་མ་ དང༌། རྫོགས་རིམ་པ་ཡིན་ན་སྟོང་གཟུགས་ཀྱི་རིག་མ་དང་མཉམ་པར་སྦྱོར་བས། བྷུ་སུ་ཀུའི་ སྤྱོད་པ་ལ་ས་སྟེང་དུ་རོལ་ཞིང་གནས་པའོ། །ལེའུའི་མཚན་གྱི་སྐབས། རྣལ་འབྱོར་མའི་ས་ ནི། སྤྱོད་པའི་གནས་དང༌། གསང་བའི་དཔའ་བོ་ནི། དྲོད་ཐོབ་པའི་སྒྲུབ་པ་པོའི་མཚན་ཉིད་ དང༌། སྔགས་ཀྱི་ཆོ་ག་ནི། སྤྱོད་པ་སྤྱོད་ཚུལ་ལོ། །དཔལ་འཁོར་ལོ་སྡོམ་པ་ལས། རྣལ་འབྱོར་ མའི་ས་དང༌། གསང་བའི་དཔའ་བོ་སྔགས་ཀྱི་ཆོ་གའི་ལེའུ་སྟེ། སུམ་ཅུ་རྩ་བརྒྱད་པ་རྣམ་པར་ བཤད་ཟིན་ཏོ།། །། ༈ ལེའུ་སུམ་ཅུ་རྩ་དགུ་པ་ལ། སྔ་མའི་རྗེས་དེ་ནས། གྲུབ་པའི་རྣལ་འབྱོར་པ་ཆེན་པོ། རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ། ཕོ་ཉའི་སྒྲུབ་པ་དང་བཅས་པ་ལ་ཡོངས་སུ་ཞུགས་ཏེ། ཕོ་ ཉ་མོ་དང་མཉམ་པར་སྦྱོར་བའི་བདེ་སྟོང་གི་ཏིང་ངེ་འཛིན་དང༌། སྔགས་རྣམ་པ་བརྒྱད་པོ་ བཞེད་པའི་སྒོ་ནས། དཔའ་བོ་དང༌། མཁའ་འགྲོ་མ་རྣམས་ཀྱི་ཐུགས་རྒྱུད་བསྐུལ་བར་བྱེད་ དགོས་པ་ཡིན་ལ། སྔགས་རྣམ་པ་བརྒྱད་ནི། ཧ་ཧཱ་ཧི་ཧཱི་ཧུ་ཧཱུ་ཧེ་ཧེ་བརྒྱད་དམ། ཡང་ན་སྙིང་ སྟོབས་བརྒྱད་རྣམ་པར་དག་པའི་ཡེ་ཤེས་ལ་འཆད་དོ། །དེ་ལྟ་བུའི་རྣལ་འབྱོར་པ་དེ་ཕྲ་ཐིག་ ལ་བརྟན་པ་ཐོབ་པ་ཡིན་པས་སྔགས་ཀྱི་སྒྲ་རྣམས་གཞོམ་མེད་ཀྱི་སྒྲ་དང་རྗེས་མཐུན་པ་དབུ་ མའི་ནང་ནས་སྔགས་ཀྱི་རང་སྒྲ་འབྱུང་བར་འགྱུར་བ་ཡིན་ནོ། །དེ་ལྟར་ཐུགས་རྒྱུད་བསྐུལ་བ་ ལས། དངོས་གྲུབ་སྩོལ་བ་པོའི་ལྷ་ཡང་དག་པར་མཐོང་བར་འགྱུར་ཞིང༌། དེ་ལས་དངོས་གྲུབ་ སྩོལ་བར་འགྱུར་བ་གདོན་མི་ཟའོ། །དེ་ཡང་ཚུལ་ཇི་ལྟར་མཐོང་ན། མི་བཟད་པའི་རྡོ་རྗེ་རྣལ་ འབྱོར་མ། འཁོར་རྡོ་རྗེ་སྲིན་པོ་ཤིན་ཏུ་འཇིགས་པར་བྱེད་པའི་གཟུགས་ཅན། འཇིགས་པའི་ 2-1-249 སྒྲ་རྣམ་པ་མང་པོ་སྒྲོག་པ་དང་བཅས་པ་མཐོང་བར་འགྱུར་བ་ཡིན་ལ། དེ་ལ་གལ་ཏེ་དཔའ་ བོ་སྒྲུབ་པ་པོ་འཇིགས་ཤིང་སྐྲག་པས་རྣམ་པར་འབྱེར་བར་བྱས་ན། དངོས་གྲུབ་ཐོབ་པར་ མི་འགྱུར་ལ། གལ་ཏེ་དཔའ་བོ་སྒྲུབ་པ་པོ་འཇིགས་པ་མེད་པར་གནས་ན། ཕྱག་རྒྱ་ཆེན་མོ་ ཞིང་སྐྱེས་ཀྱི་ཕོ་ཉ་མོ་དེ་ཉིད་ལ། ལྷན་སྐྱེས་ཀྱིས་བྱིན་གྱིས་བརླབས་ཏེ། སྔགས་ཀྱི་ལུས་ཅན་ གྱི་ཕོ་ཉ་མོར་འགྱུར་བ་ཡིན་ལ། དེ་གྲུབ་པ་ན། དངོས་གྲུབ་སྟེར་བར་བྱེད་པ་པོའི་རྡོ་རྗེ་རྣལ་ འབྱོར་མ་འཁོར་དང་བཅས་པ་རྣམས་ཀྱི་ལག་པ་གཡོན་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ ཀྱིས་ཐུགས་རྗེས་བཟུང་ནས་ནི། རྣལ་འབྱོར་མ་དེ་རྣམས་ཀྱི་རང་གི་གནས་སུ་འཁྱེར་བར་ བྱེད་པ་ཡིན་ཞིང༌། དེར་ཁྱེར་བ་ན། ལོངས་སྤྱོད་ཀྱི་ཁྱད་པར་མཁའ་འགྲོ་མ་དེ་དག་དང་ལྷན་ ཅིག་ཏུ་འདོད་པའི་ཡོན་ཏན་སྣ་ཚོགས་པ་ལ་རྟག་ཏུ་མངོན་པར་བརྩེ་བར་བྱེད་དེ། བདེ་བ་ ཅན་གྱི་གནས་དང་འདྲ་བར་འགྱུར་རོ། །དེ་བས་ཀྱང་ལྷག་པའི་དངོས་གྲུབ། ཧེ་རུ་ཀ་དཔལ་ གྱི་གནས་ཏེ་གོ་འཕངས་ཐོབ་པར་འདོད་པས། དེ་རྣམས་ལ་གསོལ་བ་བཏབ་ན། དེ་དག་ གིས་མཁའ་ལ་འགྲོ་བའི་གནས་ཏེ། འོག་མིན་དུ་ཁྱེར་ནས། སྒྲུབ་པ་པོའི་ལུས་ཀྱི་ཁྱད་པར་ སྔགས་ཀྱི་ལུས་འཇའ་ཚོན་ལྟ་བུའི་ལྷ་སྐུར་འགྱུར་བ་ཡིན་ལ། ལུས་དེ་ལ་འཁོར་བའི་རྒས་པ་ དང༌། སྐྱེ་བ་དང༌། འཆི་བ་ལ་སོགས་པ་མེད་དོ། །དེའི་འཕྲིན་ལས་ཀྱི་ཁྱད་པར་ནི། འགྲོ་བ་ ཐམས་ཅད་ཀྱི་དོན་རྒྱ་ཆེར་སྤྱོད་པར་ནུས་པའོ། །འདི་ནི་དཔའ་བོའི་རིམ་པ་ལ་བརྟེན་ནས་ བསྒྲུབ་དགོས་པ་ཡིན་ཞིང༌། རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་ཕོ་ཉ་མོའི་སྒྲུབ་པ་དང་བཅས་ ཏེ། ཡོངས་སུ་སྤྱད་པས། ལུས་ཀྱི་རྩ་ཁམས་རྣམས་རིམ་གྱིས་དག་སྟེ། སྔགས་ཀྱི་ལུས་སུ་ འགྱུར་བ་ལ་མ་ལྟོས་པར། གཞན་རྐྱེན་གྱི་སྟོབས་ཀྱིས། མྱུར་བ་ཉིད་དུ་སྔགས་ཀྱི་ལུས་འདོད་ གཟུགས་ཀྱི་རིག་པ་འཛིན་པར་འགྱུར་བའོ། །དཔལ་འཁོར་ལོ་སྡོམ་པ་ལས། ཧ་ཧ་ཞེས་རྒོད་ པའི་ལེའུ་སྟེ། སུམ་ཅུ་རྩ་དགུ་པ་རྣམ་པར་བཤད་ཟིན་ཏོ།། །། 2-1-250 ༈ ལེའུ་བཞི་བཅུ་པ་ལ། བཤད་པར་ཞལ་གྱིས་བཞེས་པ་དང༌། དོན་དངོས་བཤད་པ་ གཉིས་ལས། དང་པོ་ནི། དེ་ནས་ཞེས་སོགས་ཚིག་གཉིས་ཀྱིས་བསྟན། དེ་ཡང་ལེའུ་སུམ་ཅུ་ རྩ་དགུ་པའི་རྗེས་དེ་ནས། ད་ནི་དོན་གཞན་ཡང་བཤད་པར་བྱའོ། །དེ་ཡང་གང་ཞེ་ན། ལས་ ཀྱི་ཆོ་ག་གང་གིས་མི་རྣམས་དབང་དུ་འགྱུར་བའོ། ། གཉིས་པ་ནི། ས་ལ་གནས་པའི་མི་རྣམས་དབང་དུ་བྱེད་པའི་ལས་གང་ཡིན་པ་རྣམས། དཔལ་ཧེ་རུ་ཀའི་རྣལ་འབྱོར་དང༌། སྔགས་ཀྱི་ཆོ་ག་ལ་གནས་པས། དཔའ་བོའི་སྐུ་སྒོམ་པ་ དང༌། སྔགས་བཟླས་པས་འགྲུབ་པར་འགྱུར་རོ། །དེ་ཡང་སྒྲོན་མ་ལྔ་མྱོས་བྱེད་དང་བཅས་པ་ དང༌། ཉའི་ཤ་དང་ལྡན་པས། དཔའ་བོའི་དབང་པོ་ཧེ་རུ་ཀ་འཁོར་དང་བཅས་པ། ཐབ་ནང་ དུ་ཉི་མ་བདུན་གྱིས་སྒྲུབ་པར་བྱེད་ཅིང༌། ཁྱད་པར་དུ་ཡང་མཚན་མོའི་དུས་སུ། སྦྱིན་སྲེག་གི་ མཆོད་པ་བྱེད་པ་ལ་གཞོལ་ན། དངོས་གྲུབ་རྒྱ་ཆེན་པོ་སྩོལ་བར་འགྱུར་རོ། །དེ་ཡང་གོང་གི་ སྲེག་རྫས་བརྒྱ་རྩ་བརྒྱད་དང་ལྡན་པ་ཉིད་ཀྱིས། ཐུན་གསུམ་དུ་སྦྱིན་སྲེག་གི་སྒོ་ནས་སྒྲུབ་པ་ བྱས་ན། རྒྱལ་པོ་དཔུང་དང་བཅས་པ་ཞག་བདུན་གྱིས་དབང་དུ་འགྱུར་བ་དང༌། དེ་བཞིན་ དུ། དེའི་ཕྱེད་ལྔ་བཅུ་རྩ་བཞི། དཔའ་བོ་སྟེ་གྱད་ཆེན་པོ་དང༌། དེའི་ཕྱེད་ཉི་ཤུ་རྩ་བདུན་གྱིས་ བློན་པོ་དང༌། སུམ་ཅུ་རྩ་གཉིས་ཀྱིས་རྒྱལ་ཕྲན་དང༌། ཉི་ཤུས་བྲམ་ཟེ་དང༌། བདུན་གྱིས་རྒྱལ་ རིགས་དང༌། ལྔས་རྗེ་རིགས་དང༌། གསུམ་གྱིས་དམངས་རིགས་དང༌། སྦྱིན་སྲེག་གཅིག་ གིས་མཐར་སྐྱེས་རྣམས་དབང་དུ་བྱེད་པ་ཡིན་ནོ། །དེ་ལྟར་དཔའ་བོ་ཧེ་རུ་ཀས། མིའི་རིགས་ རྣམས་རིམ་གྱིས་དབང་དུ་བྱེད་པའི་ཚུལ་འདི་ལ་ཡང༌། རྩ་བའི་བསྙེན་པ་མ་ཡིན་པར་སྒྲུབ་ པ་ལ་འཇུག་པའི་སྔོན་དུ། ཟླ་བ་གཅིག་བསྙེན་པར་བྱས་ནས། དེ་ནས་གོང་གི་སྦྱིན་སྲེག་གི་ སྒྲུབ་པ་ཡང་དག་པར་སྤྱད་པ་ཡིན་ཞིང༌། དེ་ལྟར་ན་གསང་སྔགས་དང་ལྡན་པའི་སྒྲུབ་པ་པོས། འགྲོ་བ་ཐམས་ཅད་དགུག་པར་བྱའོ། །དཔའ་བོ་ཧེ་རུ་ཀའི་ཆོ་ག་འདི་ཡིས་ནི། འདོད་པའི་ 2-1-251 ཡོན་ཏན་རྣམ་པ་སྣ་ཚོགས་པ་བསྟན་ན་འགྲུབ་པར་འགྱུར་བ་ཡིན་ལ། སྒྲུབ་པ་པོ་ས་སྟེང་ན། དཔལ་ལྡན་སྐལ་བ་བཟང་པོར་འགྱུར་བ་ཡིན་ཏེ། དཔེར་ན་འདོད་པའི་ཁམས་ཀྱི་དབང་ཕྱུག་ བཞིན་ནོ། །དེ་ལྟར་སྒྲུབ་པ་པོ་ལ། མཁའ་འགྲོ་མ་རྣམས་ཀྱི་ཡིད་འོང་སྟེ། མཉེས་པར་འགྱུར་ བ་གདོན་མི་ཟའོ། ། དེ་ནི་དེ་རྣམས་ངེས་དོན་རྫོགས་པའི་རིམ་པ་དང་སྦྱར་ཏེ་འཆད་པ་ནི། དཔའ་བོ་དཔྱིད་ དང་ཐིག་ལེ་བཟླས་པས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་བ་ཡིན་ཞེས་ པ་ནི། དཔའ་བོ་བཟླས་པས་འགྲུབ་པར་འགྱུར། །ཞེས་པས་བསྟན་པ་དང༌། དེའི་ཚུལ་ཡང་ སྒྲོན་མ་སྟེ། རྩ་རྣམས་དང༌། མྱོས་བྱེད་དེ་ཐིག་ལེ་རྣམས་དང༌། ཉ་ཤ་སྟེ་རྩ་རྒྱུས་ལ་སོགས་ པ་ལུས་ཀྱི་ཚོགས་པ་གཞན་རྣམས་སོ། །ཉི་མ་སྟེ་གཏུམ་མོ་ཡེ་ཤེས་ཀྱི་མེ་རྩ་གནས་ཐམས་ ཅད་དུ་བདུན་ཏེ་ཡང་ནས་ཡང་དུ་འབར་བ་ལས། མཚན་མོ་སྟེ་རྣམ་པར་རྟོག་པ་འགགས་པ་ ལས། དངོས་གྲུབ་རྒྱ་ཆེན་སྩོལ་བར་འགྱུར་བ་ཡིན་ལ། དེ་ལྟར་གཏུམ་མོ་ཡེ་ཤེས་ཀྱི་མེ་དང་ རླུང་བརྒྱ་རྩ་བརྒྱད་འདྲེས་པར་གྱུར་པ་ལས། རླུང་རྣམས་ཐུན་གསུམ་ཏེ། ཡི་གེ་འབྲུ་གསུམ་ གྱི་ངེས་དོན། སྐུ་སྣང་སྟོང༌། གསུང་གྲགས་སྟོང༌། ཐུགས་བདེ་སྟོང་རྣམས་སུ་འགྱུར་བ་ཡིན་ ཞིང༌། དེ་ལས་རྒྱལ་པོ་སྟེ། རླུང་བཅུ་ཐིག་ལེ་དང་རྩའི་དཔུང་དང་བཅས་པ་འགག་པར་འགྱུར་ བ་ཡིན་ནོ། །དེའི་ཚུལ་ཡང༌། དཔའ་བོ་ཆེན་པོ་གཙུག་ཏོར་གྱི་འཁོར་ལོ། དབྱངས་དང༌། གསལ་བྱེད་ལྔ་བཅུ་རྩ་བཞི་འབྱུང་བར་འགྱུར་བའི་ནུས་པ་ཅན་གྱི་རླུང་དང་ཐིག་ལེ་ལ་སོགས་ པ་ཐིམ་པར་འགྱུར་བ་དང༌། བློན་པོ་ཆེན་པོ་སྤྱི་བོའི་འཁོར་ལོ། སོ་དང་སེན་མོ་ལ་སོགས་པའི་ ཁམས་ཉི་ཤུ་རྩ་བཞི་ཐིམ་པར་འགྱུར་བ་དང༌། རྒྱལ་ཕྲན་མགྲིན་པའི་འཁོར་ལོ། རྩ་སུམ་ཅུ་ རྩ་གཉིས་ན་གནས་པའི་རོ་དྲུག་གི་ནུས་པ་སུམ་ཅུ་རྩ་གཉིས་ཐིམ་པར་འགྱུར་བ་དང༌། བྲ་ཟེ་ སྙིང་གའི་འཁོར་ལོ་ཁམས་ལྔ་ལ་ནང་སེལ་འབྱུང་བ་བཞི་བཞིས་ཕྱེ་བ་ཉི་ཤུ་ཐིམ་པར་འགྱུར་ 2-1-252 བ་དང༌། རྒྱལ་རིགས་ལྟེ་བའི་འཁོར་ལོ། ས། ཆུ། མེ། རླུང་། ནམ་མཁའ་རྣམ་ཤེས་ཏེ་བདུན་ ཐིམ་པར་འགྱུར་བ་དང༌། རྗེ་རིགས་གསང་བའི་འཁོར་ལོ་བདུད་རྩི་ལྔ་ཐིམ་པར་འགྱུར་བ་ དང༌། དམངས་རིགས་རྡོ་རྗེའི་རྐེ ད་པའི་འཁོར་ལོ་ཁུ་རྡུལ་རླུང་གསུམ་ཐིམ་པར་འགྱུར་བ་ དང༌། མཐར་སྐྱེས་རྡོ་རྗེ་ནོར་བུའི་འཁོར་ལོ་ལས་རླུང་གཅིག་པོ་ཐིམ་པར་འགྱུར་བ་སྟེ། དེ་ དག་ཀྱང་གསང་རིམ་གྱི་སྐབས། རྡོ་རྗེ་ནོར་བུའི་འཁོར་ལོ་ནས་བཟུང་སྟེ་རིམ་གྱིས་ཐིམ་པ་ ལས། གཙུག་ཏོར་གྱི་འཁོར་ལོ་ཐིམ་པ་ན། ཕུང་ཁམས་ཀྱི་ཚོགས་པ་མཐའ་དག་འགག་པར་ འགྱུར་བ་ཡིན་པས་སོ། །དེ་ལྟར་ཐོབ་པ་ཡང༌། ཟླ་བ་གཅིག་ནས་ཡང་དག་སྤྱད། །ཅེས་པ་ལ་ སོགས་པ་མན་ཆད་ཀྱིས་བསྟན་པའི། རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་སྤྱད་པས་འགྲུབ་པར་ འགྱུར་བ་ཡིན་ནོ། །དཔལ་འཁོར་ལོ་སྡོམ་པ་ལས། རིགས་ལྔ་པོ་དབང་དུ་བྱ་བ་དང༌། ཕྱག་རྒྱ་ ཆེན་པོ་བསྟན་པའི་ཆོ་གའི་ལེའུ་སྟེ། བཞི་བཅུ་པ་རྣམ་པར་བཤད་ཟིན་ཏོ།། །། ༈ ལེའུ་བཞི་བཅུ་ཞེ་གཅིག་པ་འདི་ལ། ལས་ཆེན་བཅུ་གཉིས་ངོས་བཟུང་བ་དང༌། ཡུལ་ ཉི་ཤུ་རྩ་བཞི་དཔའ་མོ་ཉི་ཤུ་རྩ་བཞི་གནས་པའི་ཚུལ་སྤྱིར་བཤད་པ་དང༌། ཁྱད་པར་དུ་ཕོ་ཉ་ མོ་གང་དུ་གནས་པའི་ཡུལ་དང་བཅས་པའི་མཚན་ཉིད་བཤད་པ་དང༌། རིགས་ལྡན་མ་ཇི་ ལྟར་མཆོད་པའི་ཚུལ་དང་བཞི་ལས། དང་པོ་ནི། དེ་ནས་ཞེས་སོགས་ཚིག་བཅུ་གསུམ་གྱིས་ བསྟན། དེ་ཡང་འདི་ཡན་ཆད་དུ་གསུངས་པའི་ལས་ཚོགས་རྣམས་ཡབ་དཔལ་ཧེ་རུ་ཀ་ཁོ་ན་ ལ་བརྟེན་པ་ཡིན་ཞིང༌། དེ་རྣམས་ཀྱི་དོན་བསྡུའི་ཚུལ་དུ། ལས་ཆེན་བཅུ་གཉིས་ངོས་བཟུང་ བར་མཛད་པ་ཡིན་ནོ། །དེ་ཡང་སྔ་མའི་རྗེས་དེ་ནས། ལས་ཚོགས་རབ་དང༌། མཆོག་ཏུ་གྱུར་ པ་ལས་ཆེན་བཅུ་གཉིས་པོ་འདི་དག་ནི། སྒྲུབ་པ་པོ་གང་གིས་སྔགས་ཀྱི་དེ་ཉིད་ཡོངས་སུ་ ཤེས་པས་བསྒྲུབས་ན། ཐོགས་མེད་དུ་འགྲུབ་པར་འགྱུར་བ་ཡིན་ནོ། །དེ་ཡང་གང་གང་ཞེ་ན། དབང་དུ་བྱེད་པ་དང༌། དགུག་པ་དང༌། དབྱེ་བ་དང༌། བསད་པ་དང༌། བསྐྲད་པ་དང༌། སེམས་ 2-1-253 མྱོས་པར་བྱེད་པའི་རྨུགས་པ་དང༌། ལུས་རེངས་པར་བྱ་བ་དང༌། སེམས་འཁྲུལ་པའི་རྨོངས་ པ་དང༌། ཚིག་འཕྲོག་པ་སྟེ་ངག་རེངས་པར་བྱེད་པ་དང༌། ལྐུགས་པར་འགྱུར་བ་དང༌། འོན་ པ་དང༌། ལོང་བ་དང༌། མ་ནིང་ཉིད་དུ་བྱ་བ་སྟེ། འདི་རྣམས་གཅིག་ཏུ་བསྡུས་ནས་ཡན་ལག་ ཉམས་པར་བྱ་བ་དང༌། བསྒྲུབ་བྱའི་གཟུགས་དུད་འགྲོ་ལ་སོགས་པ་སྣ་ཚོགས་སུ་བསྒྱུར་བར་ བྱེད་པ་ནི། གཟུགས་ཡོངས་སུ་རྗེ་བ་སྟེ། དེ་ལྟར་ཕ་རོལ་གནོན་པའི་ལས་ཆེན་བཅུ་གཉིས་ པོ་འདི་དག་ནི། དངོས་གྲུབ་སྟེ་ལས་དེ་དང་དེ་འགྲུབ་པར་རུང་བའི་སྒྲུབ་པ་པོ་ལ་ནི། དྲན་པ་ ཙམ་གྱིས་འགྲུབ་པར་འགྱུར་བ་གདོན་མི་ཟའོ། ། གཉིས་པ་ནི། ཤར་དང་བྱང་གི་གནས་ལ་སོགས་ཞེས་པ་ནས། ཡིད་ཀྱི་ཤུགས་ཀྱིས་ འཇུག་པ་ཡིན། །ཞེས་པའི་བར་གྱིས་བསྟན། དེ་ཡང་དཀྱིལ་འཁོར་གྱི་འཁོར་ལོ་གསུམ་པོ་ རྣམས་ལ། ཤར་དང༌། བྱང་དང༌། ནུབ་དང༌། ལྷོ་སྟེ་ཕྱོགས་གཡོན་བསྐོར་དང༌། མཚམས་ གཡས་བསྐོར་གྱི་གནས་རྣམས་དང༌། སོགས་པའི་སྒྲས། དུར་ཁྲོད་བརྒྱད་ལ་སོགས་པའི་ གནས་རྣམས་སུ། ཡེ་ཤེས་ཀྱི་མཁའ་འགྲོ་མ་སུམ་ཅུ་རྩ་བདུན་པོ་ཐམས་ཅད་ཡང་དག་པར་ གནས་པ་ཡིན་ལ། དེ་ལྟར་ཡེ་ཤེས་ལྡན་པའི་རྣལ་འབྱོར་མ་སུམ་ཅུ་རྩ་བདུན་པོ་དེ་རྣམས། རང་རང་གི་སྤྲུལ་པའི་སྐུ། ཞིང་སྐྱེས་ཀྱི་མཁའ་འགྲོ་མ་རྣམས། ཡུལ་ཉེར་བཞི་དང་དུར་ཁྲོད་ བརྒྱད་ལ་སོགས་པའི་ཡུལ་དང༌། ཡུལ་དུ་མངོན་པར་སྐྱེ་བ་ཡིན་ནོ། །དེ་ལྟར་རྣལ་འབྱོར་མ་ སུམ་ཅུ་རྩ་བདུན་པོ་ཐམས་ཅད་ཀྱང༌། རྡོ་རྗེ་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་གཙོ་མོར་གྱུར་པ་ ཡིན་ཏེ། རེ་རེ་བཞིན་དུ་ཡང༌། འཁོར་ཚོགས་དཔག་ཏུ་མེད་པ་ལ་དབང་བསྒྱུར་བར་བྱེད་པ་ ཡིན་ཞིང༌། དེ་རྣམས་ནི་རྡོ་རྗེ་མཁའ་འགྲོ་མ་རྣམས་ཡིན་པར་བཤད་དོ། །དེ་རྣམས་གང་དུ་ གནས་པའི་ཡུལ་ཉེར་བཞི་ནི། ཀུ་ལུ་ཏ་དང༌། དགོན་པ་ནི། མྱང་ངམ་ཏེ་མ་རུ་དང༌། སིནྡྷུའི་ ཡུལ་དང༌། གྲོང་ཁྱེར་ཏེ་ན་ག་ར་དང༌། གསེར་གྱི་གླིང་དང༌། སཽ་རཥྚ་དང༌། དེ་བཞིན་དུ་ཁྱིམ་གྱི་ 2-1-254 ལྷ་ཏེ། གྲྀ་ཧ་དེ་བ་དང༌། ཡི་དྭགས་གྲོང་པྲེ་ཏ་པུ་རི་དང༌། ཁ་བའི་གནས་ཧི་མ་ལ་ཡ་དང༌། ཀཉྩི་དང༌། ལམྤ་ཀའི་ཡུལ་དང༌། ཀ་ལིངྐ་དང༌། ཀོ་ས་ལ་དང༌། ཏྲྀ་ཤ་ཀུ་ནེ་དང༌། ཨོ་ཊེ་ དང༌། ཀ་མ་རཱུ་པ་དང༌། མ་ལ་ཝ་དང༌། ལྷ་མོའི་མཁར། དི་ཝི་ཀོ་ཊ་དང༌། རསྨི་ཤྭ་ར་དང༌། གོ་ ཏ་ཝ་རི་དང༌། ཨརྦུ་ཏ་དང༌། ཨུ་རྒྱན་དང༌། ཛ་ལནྡྷ་ར་དང༌། པུ་ལི་ར་མ་ཡ་ན་སྟེ། ཡུལ་ཉེར་ བཞི་དང༌། སོགས་པའི་སྒྲས་དུར་ཁྲོད་བརྒྱད་ལ་སོགས་པའི་ཡུལ་འདི་དག་ན་གནས་པའི་བུ་ མོ་སྟེ་མཁའ་འགྲོ་མ་གང༌། རང་རང་གི་ཐབས་དཔའ་བོ་དང་གཉིས་སུ་མེད་པའི་རྣལ་འབྱོར་ མ་དེ་ཀུན། རང་ཉིད་ཇི་ལྟར་འདོད་པའི་གཟུགས་རྣམ་པ་སྣ་ཚོགས་སུ་བསྒྱུར་བ་ཅན་ཏེ། དེ་ རྣམས་ཡིད་ཀྱི་ཤུགས་ཏེ། དུས་སྐད་ཅིག་གིས་སྒྲུབ་པ་པོ་གང་དུ་གནས་པའི་སར་རྫུ་འཕྲུལ་ གྱིས་ཡོངས་སུ་བྱོན་ཏེ། སྒྲུབ་པ་པོའི་རྒྱུད་ལ་བྱིན་རླབས་འཇུག་པར་མཛད་པ་ཡིན་ནོ། ། གསུམ་པ་ནི། རྣལ་འབྱོར་མ་དྲུག་ཀུ་ལུ་ཏ། །ཞེས་པ་ནས། འགྲོ་བ་ཐམས་ཅད་འདི་ཡིས་ ཁྱབ། །ཞེས་པའི་བར་གྱིས་བསྟན། འདི་ལ་འཆད་ཚུལ་མི་གཅིག་པ་སྣ་ཚོགས་བྱུང་ཡང༌། རང་ལུགས་ནི་འདི་བཞིན་ཡིན་ཏེ། གོ་ཆའི་རྣལ་འབྱོར་མ་དྲུག་གི་རིགས་ཀྱི་ཞིང་སྐྱེས་ཀྱི་ མཁའ་འགྲོ་མ་རྣམས་ནི། ཀུ་ལུ་ཏར་གནས་པ་དང༌། མྱང་ངམ་གྱི་ཡུལ་ན་ཚངས་མ་ལ་སོགས་ པའི་མ་མོ་བརྒྱད་དམ་ཁ་གདོང་མ་ལ་སོགས་པའི་མ་མོ་བརྒྱད་པོ་རྣམས་གནས་པ་དང༌། སིནྡྷུ་ ཉིད་དུ་གོང་དུ་བཤད་ཟིན་པའི་ལཱ་མ་རིགས་ལྔ་པོ་རྣམས་གནས་པ་དང༌། རིགས་ཀྱི་གཙོ་མོ་ ཚོགས་ཀྱི་བདག་མོ་བརྒྱད་པོ་རྣམས་ན་ག་རར་གནས་པ་དང༌། ལམྤ་ཀ་དང༌། སོ་སོ་རཥྚར་ ཚོགས་ཀྱི་བདག་མོ་བརྒྱད་པོ་དེ་རྣམས་ཀྱི་རིགས་ཀྱི་ལྷ་མོ་སྟེ། འཁོར་དུ་གྱུར་པའི་མཁའ་ འགྲོ་མ་རྣམས་གནས་པ་དང༌། ཡི་དྭགས་གྲོང་དུ་མཁའ་འགྲོ་མ་ནག་མོ་ཆེན་མོར་བཅས་པའི་ རུ་པི་ནི་སྟེ། གཟུགས་སྣ་ཚོགས་སུ་བསྒྱུར་བའི་མཁའ་འགྲོ་མ་རྣམས་གནས་པ་དང༌། འདིའི་ ནག་མོ་ཆེན་མོ་ནི་འདོད་ཁམས་དབང་ཕྱུག་མའོ། །ཁ་བའི་རི་དང༌། ཀཉྩི་དང༌། པཉྩ་ལ་ལྔ་ 2-1-255 ལེན་ཏེ་ཨོ་ཏྲེ་དང༌། ཁྱིམ་གྱི་ལྷ་དང༌། ཀ་ལིངྐ་ཏེ་ལྔ་པོ་དེ་རྣམས་སུ་བརྟུལ་ཞུགས་འཛིན་པ་སྟེ། དམ་ཚིག་ཅན་གྱི་མཁའ་འགྲོ་མ་ལྔ་པོ་རྣམས་གནས་པ་ཡིན་ནོ། །ཀོ་ས་ལ་དང༌། ཡི་དྭགས་ གྲོང་སྟེ་ཀ་མ་རུ་པ་དང་ཉེ་བར་གྱུར་པའི་གནས་རྣམས་སུ། བུད་མེད་པད་རྩ་ལྟར་དཀར་ཞིང༌། །ཞེས་པ་ལ་སོགས་པས་བསྟན་པའི་རྡོ་རྗེ་མཁའ་འགྲོ་མ་རིགས་བདུན་པོ་རྣམས་དང༌། སྦོམ་ དབང་ཕྱུག་སྲིན་མོ་རལ་པ་གཅིག་མ་དང༌། དེ་དག་གི་འཁོར་དུ་གྱུར་པའི་ཤ་ཟ་བའི་མཁའ་ འགྲོ་མ་རྣམས་གནས་པ་དང༌། དྲི་ཤ་ཀུ་ནེར་ཁཎྜ་རོ་ཧ་སྟེ་མགོ་བརྙན་དང༌། ལག་བརྙན་རྣམ་ པ་སྣ་ཚོགས་པ་དང་ལྡན་པའི་མཁའ་འགྲོ་མའི་རིགས་གནས་པ་དང༌། དེ་བཞིན་དུ། པུ་ལུ་ ར་མ་ཡ་ན་དང༌། གསེར་གླིང་དུ་རྨེ་ཤ་ཅན་ཏེ། བྲན་ཕོ་བྲན་མོ་སོགས་གཏུམ་མོའི་རིགས་ཀྱི་ མཁའ་འགྲོ་མ་རྣམས་གནས་པ་ཡིན་ལ། དེ་ལྟར་བུད་མེད་དེ་མཁའ་འགྲོ་མ་སྟོང་ཕྲག་ཉི་ཤུ་ རྩ་གཅིག་ནི། མཁའ་འགྲོ་མའི་གཙོ་མོ་ཡིན་ལ། གཞན་ཡང་དེ་དག་ནི་འཁོར་དུ་གྱུར་པའི་ མཁའ་འགྲོ་མའི་རིགས་དེ་ལས་ལྷག་པ་ཇི་སྙེད་པ་ཡོད་པ་རྣམས། དཔལ་ལྡན་ཧེ་རུ་ཀའི་ དཀྱིལ་འཁོར་གྱི་འཁོར་ལོ་གནས་པའི་རྣལ་འབྱོར་མ་ཡིན་ལ། དེ་རྣམས་ཤྲཱི་ཧེ་རུ་ཀའི་སྲུབས་ པ་ཆེ་སྟེ། ཡུམ་ཡང་ཡིན་ཞིང༌། དེ་རྣམས་རེ་རེ་བཞིན། དཔལ་ཧེ་རུ་ཀ་དེའི་དཀྱིལ་འཁོར་གྱི་ གཙོ་མོར་གྱུར་པའང་ཡིན་ནོ། །མཁའ་འགྲོ་མའི་རིགས་ཇི་སྙེད་པ་ཐམས་ཅད་ཀྱང༌། རྣལ་ འབྱོར་མ་ཉི་ཤུ་རྩ་བདུན་དུ་འདུས་པར་གྱུར་པ་ཡིན་ཞིང༌། འཛམ་བུ་གླིང་པའི་ཡུལ་ཉི་ཤུ་རྩ་ བཞིར། མཁའ་འགྲོ་མ་ཉི་ཤུ་རྩ་བཞི་གདོད་ནས་གྲུབ་པར་བཞུགས་པ་ནི། གླིང་འདིའི་གདུལ་ བྱ་རྣམས་འདུལ་པའི་དོན་དུ་མཚོན་བྱེད་ཙམ་ཡིན་གྱི། གཞན་མཁའ་འགྲོ་མ་ཉི་ཤུ་རྩ་བཞི་པོ་ འདི་ཡིས་རྒྱུ་བ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་དང༌། མི་རྒྱུ་བ་སྣོད་ཐམས་ཅད་གཞལ་ཡས་ ཁང་སྟེ། འཇིག་རྟེན་གསུམ་གྱི་འགྲོ་བ་ཐམས་ཅད་ལ། རྟེན་དང་བརྟེན་པའི་ལྷ་འདི་ཡིས་ཁྱབ་ པ་ཡིན་ནོ། །གོང་གི་ལྔ་ལེན་ནི། བླ་མ་གོང་མ་རྣམས་མ་ལ་ཝ་ཡིན་པར་བཞེད་ཀྱང༌། དེ་ནི་མི་ 2-1-256 འཐད་དེ་མ་ལ་ཝ་ནི་ནུབ་ཕྱོགས་ན་ཡོད་པ་ཡིན་ཞིང༌། འདི་ནི་གངྒའི་ལྷོ་བྱང་གཉིས་ཀྱི་སའི་ ཆ་ཞིག་ལ་བྱང་ཕྱོགས་ལྔ་ལེན་དང༌། ལྷོ་ཕྱོགས་ལྔ་ལེན་ཞེས་འདུལ་བ་ལུང་ལས་གསུངས་ པས་སོ། །དེས་ན་འདི་ནི་ཨོ་ཊེ་ཉིད་ཡིན་ནོ། །ཡང་གསེར་གླིང་ནི། ཛ་ལནྡྷ་ར་ཡིན་པར་ བཞེད་པ་ཡང་མི་འཐད་དེ། དེ་ལ་དེའི་མིང་འདོགས་པའི་རྒྱུ་མཚན་མེད་པའི་ཕྱིར། དེ་ལྟར་ན་ འདི་ནི། སྐུ་འཁོར་གྱི་ལྷོ་ཕྱོགས་གསེར་གླིང་ཉིད་ཡིན་པར་འཆད་དགོས་པ་ཡིན་ལ། འདིའི་ སྐད་དོད་ལ། ཀ་ན་ཀ་རི་ཞེས་པ་ཡོད་པས། འགའ་ཞིག་གི་གསེར་རི་ཞེས་པར་སྒྱུར་མོད། འོན་ཀྱང་དེའི་ངོས་འཛིན་ནི་གསེར་གླིང་ཉིད་ལ་འཆད་དགོས་སོ། །ཡུལ་ཆེན་འདི་རྣམས་ལ་ ཡང༌། ཡུལ་དེ་དང་དེ་དངོས་དང༌། དེར་ཤིན་ཏུ་བགྲོད་དཀའ་བ་དག་ལ། དེ་དང་དེའི་ཚབ་ རེ་ཡོད་པར་གསུངས་པ་ཡིན་ནོ། །དེ་ལྟར་ན་སྐུ་འཁོར་གྱི་གནས་བརྒྱད་དང༌། གསུང་འཁོར་ གྱི་གནས་བརྒྱད་པོ་རྣམས་ཚང་བར་གསུངས་པ་ཡིན་ལ། ཐུགས་འཁོར་གྱི་གནས་སུ་ལི་ར་ མ་ཡ་ན་མ་གཏོགས། གཞན་འདིར་དངོས་སུ་མ་གསུངས་མོད། འོན་ཀྱང་པུ་ལི་ར་མ་ཡ་ན་ ལ་སོགས་པའི་ཐུགས་འཁོར་གྱི་གནས་བརྒྱད་པོ་རྣམས་སུ་གཏུམ་མོའི་རིགས་ཅན་གྱི་མཁའ་ འགྲོ་མ་རྣམས་གནས་པ་ཡིན་ནོ། །དེས་ན་འཁོར་ལོ་སྡོམ་པའི་སྐབས་འདིར་ཐུགས་འཁོར་ ནི་གནས་དང་ཉེ་བའི་གནས་ཀྱི་ས་སྟེ། དུས་དང་པོར་ཐོབ་པ་ཡིན་པས་ན། དེའི་ཚེ་ཞིང་སྐྱེས་ ཀྱི་མཁའ་འགྲོ་མ་ཡང་རྨེ་ཤ་ཅན་གྱི་རིགས་ཅན། ཅུང་དམན་པར་གྱུར་པ་དང༌། དེ་ནས་རིམ་ པས་ཇེ་བཟང་དུ་གྱུར་ཏེ། ཉེ་བའི་དུར་ཁྲོད་ས་བཅུ་པའི་ཐ་མ་ལ། ཀུ་ལུ་ཏ་ན་གནས་པའི་ཞིང་ སྐྱེས་ཀྱི་མཁའ་འགྲོ་མ་མཆོག་ཏུ་གྱུར་པ། གོ་ཆའི་རྣལ་འབྱོར་མ་དྲུག་གི་རིགས་ཅན་དང་འདུ་ བ་ཐོབ་པར་འགྱུར་བ་ཡིན་ནོ། ། བཞི་པ་ནི། མཁའ་འགྲོ་མ་འདིའི་དམ་ཚིག་ནི། །ཞེས་པ་ནས། གཡོན་པའི་མཆོད་ལ་ རབ་ཏུ་འཇུག །ཞེས་པའི་བར་གྱིས་བསྟན། དེ་ཡང་སྒྲུབ་པ་པོ་རང་ཉིད་ཀྱིས་ཡིད་ཀྱི་སྤྲུལ་ 2-1-257 པའི། ཕྱི་དང་ནང་གི་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་ལ། ཕོ་ཉ་གསུམ་གཅིག་ཏུ་བསྲེ་ བའི་དམིགས་པ་སྒོམ་པར་བྱས་པ་དེ་ཉིད་ལ། རྡོ་རྗེ་མཁའ་འགྲོ་མ་རྣམས་ཀྱིས་བྱིན་གྱིས་རློབ་ པར་འགྱུར་བ་ཡང་མཁའ་འགྲོ་མ་འདི་དག་གི་དམ་ཚིག་ཡིན་ནོ། །དེ་ལྟར་བྱིན་གྱིས་བརླབས་ པ་ལ་བརྟེན་ནས། དཀར་པོ་དམར་པོ་ལ་སོགས་པའི་བསམ་གཏན་དང༌། ལས་དང་དངོས་ གྲུབ་གང་ཅི་ཡང་རུང་བ་ས་སྟེང་ན་ཡོད་པ་ཐམས་ཅད་རྫོགས་པར་འགྱུར་བ་ཡིན་ནོ། །རྒྱུ་ མཚན་དེའི་ཕྱིར། སྔགས་པས་དུས་རྟག་ཏུ་ཕྱི་ནང་གི་དཀྱིལ་འཁོར་གསལ་བར་བསྒོམས་ ནས། དེ་ལ་ཕོ་ཉ་གསུམ་བསྲེ་བའི་ཏིང་ངེ་འཛིན་ལ་སེམས་མཉམ་པར་བཞག་པས། དུས་ མཚན་མོ་ནམ་མཁའི་གོས་ཅན་ལུས་གཅེར་བུ། རུས་པའི་རྒྱན་ཅན་དུ་བྱས་ཤིང༌། ལག་པའི་ ཕྱག་རྒྱ་དང༌། རྐང་པའི་གར་སྟབས་ལ་སོགས་པའི་མཆོད་པས་རང་བྱུང་དུ་གདོད་ནས་གྲུབ་ པའི་དཔའ་བོ་དང༌། རྣལ་འབྱོར་མ་ཀུན་རྟག་ཏུ་མཆོད་པར་བྱས་ན། སྒྲུབ་པ་པོ་གལ་ཏེ་སྐྱེས་ པ་ཡིན་ན་གཡོན་པ་སྟེ་དཔའ་མོ་ཀུན་དང༌། རྣལ་འབྱོར་མ་ཡིན་ན། དཔའ་བོ་ཀུན་དགྱེས་ པར་འགྱུར་ཞིང༌། དེ་ལས་མ་ལུས་ཤིང་ལུས་པ་མེད་པའི་དངོས་གྲུབ་ཐམས་ཅད་འགྲུབ་ཅིང༌། གཡོན་བདེ་སྟོང་གཉིས་སུ་མེད་པའི་མཆོད་པ་ལ་འཇུག་པར་འགྱུར་རོ། །མཚན་མོ་ནམ་ མཁའི་གོས་ཅན་བྱ། །ཞེས་པ་སྒྲ་ཇི་བཞིན་པ་མ་ཡིན་པ་ལྟར་བཤད་ན། རྗེས་སུ་ཆགས་པ་ ལས་མཚན་མོ་སྟེ། རྣམ་པར་རྟོག་པ་ནུབ་པ་དང༌། ནམ་མཁའི་གོས་ཅན་ཏེ་ལུས་ཐམས་ཅད་ ལ་བདེ་བས་ཁྱབ་པར་བྱེད་པའོ། །ཕྱག་རྒྱ་གར་གྱི་མཆོད་པ་ཡིས། །ཞེས་པ་སྒྲ་ཇི་བཞིན་པ་མ་ ཡིན་པ་ལྟར་བཤད་ན། ཕྱག་རྒྱ་ནི་ལས་ཀྱི་ཕྱག་རྒྱ་བསྟེན་པར་བྱ་བ་དང༌། གར་ནི་སྦྱོར་ཐབས་ ཀྱི་རོལ་པ་རྣམ་པ་སྣ་ཚོགས་པའི་སྒོ་ནས་རྗེས་ཆགས་ཀྱིས་མཆོད་པར་བྱེད་པའོ། །དཔལ་ འཁོར་ལོ་སྡོམ་པ་ལས། ཡུལ་ཉི་ཤུ་རྩ་བཞིའི་དཀྱིལ་འཁོར་དགོད་པའི་ཆོ་གའི་ལེའུ་སྟེ། བཞི་ བཅུ་ཞེ་གཅིག་པ་རྣམ་པར་བཤད་ཟིན་ཏོ།། །། 2-1-258 ༈ ལེའུ་བཞི་བཅུ་ཞེ་གཉིས་པ་འདིས། ཞིང་སྐྱེས་ལ་བརྟེན་ནས་ལྷན་སྐྱེས་སྒྲུབ་པའི་ ཚུལ་དང༌། དེ་འགྲུབ་སྟེ་དངོས་གྲུབ་ཇི་ལྟར་ཐོབ་པའི་ཚུལ་རྣམས་སྟོན་པ་ཡིན་ལ། འདི་ལ་ མདོར་བསྟན། རྒྱས་བཤད། དོན་བསྡུ་གསུམ་ལས། དང་པོ་ནི། དེ་ནས་ཞེས་སོགས་ཚིག་ གཉིས་ཀྱིས་བསྟན། དེ་ཡང་སྔ་མའི་རྗེས་དེ་ནས། དོན་གཞན་ཡང་བཤད་པར་བྱའོ། །དེ་ ཡང་གང་ཞེ་ན། དཔའ་བོ་སྒྲུབ་པ་པོ་ཤེས་རབ་མ་དང་མཉམ་པར་སྦྱར་བ་ལས། རྩ་གཉིས་ ཕྲད་མཚམས་སུ་མེ་ཏོག་ཤེས་རབ་མའི་རཀྟ་དང༌། ཆུ་རང་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་གཉིས་ ཡོངས་སུ་འདྲེས་པ་དབུ་མའི་ནང་ན་ཡར་ཡོངས་སུ་དྲངས་ཏེ་འཐུང་བར་བྱས་ནས་ནི། གཞོམ་ མེད་ཀྱི་སྒྲ་གཞད་པ་རྣམ་པ་བརྒྱད་ཀྱི་སྔགས་རྗེས་སུ་དྲན་པར་བྱའོ། ། གཉིས་པ་ལ། ཞིང་སྐྱེས་ལ་བརྟེན་ནས་ལྷན་སྐྱེས་འགྲུབ་པའི་ཚུལ་སྤྱིར་བཤད་པ་དང༌། གཟུགས་དང་ལས་ཀྱི་གསང་བ་ཁྱད་པར་དུ་བཤད་པ་གཉིས་ལས། དང་པོ་ནི། ཕྱག་རྒྱ་ལྷན་ ཅིག་སྒྲུབ་པ་པོས། །ཞེས་པ་ནས། འདིས་ནི་གཞད་པ་དག་ཏུ་བྱ། །ཞེས་པའི་བར་གྱིས་བསྟན། འདི་ལ་ཡང༌། འཐུང་དང་དེ་བཞིན་སྦྱིན་པ་ཡང༌། །ཞེས་པ་ཡན་ཆད་ལ་ཕྱི་ལྟར་བཤད་པ་དང༌། ནང་ལྟར་བཤད་པ་གཉིས་ལས། དང་པོ་ནི། ཞིང་སྐྱེས་ཀྱི་ཕྱག་རྒྱ་དང་ལྷན་ཅིག་སྒྲུབ་པ་པོས་དུས་མཚན་མོ། བཅུད་མཆོག་ བཟའ་བཅའ་སྣ་ཚོགས་པ་ལ། ཡི་གེ་འབྲུ་གསུམ་དང༌། ཨོཾ་སརྦ་བཛྲ་གཱ་མི་ནཱི་ལ་སོགས་པའི་ སྔགས་ལན་གསུམ་གྱིས་བདུད་རྩིར་བྱིན་གྱིས་བརླབས་ནས། ཞི་བའི་བཏུང་བ་དེ་ཉིད་སྒྲུབ་ པ་པོ་རང་ཉིད་ཀྱིས་འཐུང་ཞིང་ལོངས་སྤྱོད་པ་དང༌། མཛའ་བ་འདུས་པའི་འཁོར་ཚོགས་ རྣམས་ལ་ཡང་སྦྱིན་པར་བྱེད་པའོ། ། གཉིས་པ་ནི། དོན་གྱི་གཙོ་བོ་སྟེ། ཞིང་སྐྱེས་དགེས་པར་རབ་ཏུ་མཐར་ཕྱིན་ནས། དེ་ལ་ བརྟེན་ནས་ལྷན་སྐྱེས་ཀྱི་ཕོ་ཉ་མོ་སྒྲུབ་པར་བྱེད་པ་ལ། ཞིང་སྐྱེས་ཀྱི་ཕྱག་རྒྱ་མོ་དང་ལྷན་ཅིག་ 2-1-259 སྒྲུབ་པ་པོས་མཉམ་པར་སྦྱར་བ་ལས། ཐབས་ཤེས་ཀྱི་དབུ་མའི་མས་སྣའི་རྩ་གཉིས་ཡོངས་ སུ་ཕྲད་པས། གཉིས་ཀའི་རོ་རྐྱང་གི་རླུང་དབུ་མར་ཡོངས་སུ་འགགས་པ་ལས། མཚན་མོ་སྟེ། རྣམ་པར་མི་རྟོག་པ་སྐྱེ་བར་འགྱུར་བ་དང༌། དེ་ནས་གཏུམ་མོ་འབར་ཞིང་བཅུད་མཆོག་བྱང་ ཆུབ་ཀྱི་སེམས་ཡོངས་སུ་ཞུ་བའི་བདེ་བ་བཟའ་ཞིང་ཉམས་སུ་མྱོང་བ་ལས། ནོར་བུར་གཡོ་ མེད་དུ་འཆིང་བར་བྱེད་པ་ལ། ལུས་ཀྱི་འཁྲུལ་འཁོར་གྱི་སྦྱོར་བ་དང༌། ངག་རླུང་གི་སྦྱོར་བ་ དང༌། སེམས་ཏིང་ངེ་འཛིན་གྱི་ཁྱད་པར་སྟེ། གསུམ་པོ་དེ་རྣམས་ཀྱིས་འཆིང་བར་བྱེད་པ་ནི། སྔགས་གསུམ་བྱས་པ་འདི་ཉིད་ཀྱིས། །ཞེས་པའི་དོན་ཡིན་ལ། དེ་ཡང་རྫོགས་རིམ་གྱི་སྒྲུབ་ པ་པོས་བཙན་ཐབས་ཀྱི་སྦྱོར་བས་འཆིང་དགོས་པའི་ངེས་པ་མེད་མོད། འོན་ཀྱང་ལུས་ངག་ ཡིད་ཀྱི་སྦྱོར་བ་རྣམ་པ་གསུམ་གྱིས་བྱང་ཆུབ་ཀྱི་སེམས་འཆིང་བར་འགྱུར་བ་ཡིན་ནོ། །དེ་ ལྟར་ཡང་དང་ཡང་དུ་བསྒོམས་པ་ལས། ལྷན་སྐྱེས་ཀྱི་ཕོ་ཉ་མོ་འགྲུབ་པའི་བདེ་བ་ཐོབ་པར་ འགྱུར་བ་ཡིན་ནོ། །དེས་ན་ཞིང་སྐྱེས་ལ་ལྷན་སྐྱེས་ཡོངས་སུ་བསྐུལ་བའི་ཕྱག་རྒྱ་དང་མཉམ་ པར་སྦྱར་བའི་ལྷན་ཅིག་སྐྱེས་པའི་བདེ་བ་སྒྲུབ་པ་པོ་རང་ཉིད་ཀྱིས་འཐུང་ཞིང་ཉམས་སུ་མྱོང་ བར་བྱས་པས། ལྷན་སྐྱེས་ཀྱི་ཕོ་ཉ་མོ་མཉེས་པར་འགྱུར་བར་མ་ཟད། དེར་འདུས་པའི་ཐབས་ ཤེས་ཀྱི་ཚོགས་པ་གཞན་དང་གཞན་ལ་ཡང༌། ལྷན་སྐྱེས་ཀྱི་བདེ་བ་སྦྱིན་པ་སྟེ་ངོ་འཕྲོད་པར་ བྱས་པས་ཀྱང་དེ་མཉེས་པར་འགྱུར་བ་ཡིན་ནོ། །དེ་ལྟར་ཉམས་སུ་བླངས་པ་ལས། ཞིང་ སྐྱེས་ལ། ལྷན་སྐྱེས་ཡོངས་སུ་ཞུགས་ཏེ། མཆོད་པ་ལེན་པར་མཛད་ལ། སྒྲུབ་པ་པོ་རང་ཉིད་ ཀྱིས། ལྷན་སྐྱེས་མངོན་སུམ་དུ་མཐོང་བར་མ་གྱུར་པའི་སྐབས་དེར། ཤེས་རབ་ཀྱི་ལུས་ལྷ་ སྐུར་གསལ་བ་ལ། སྒྲུབ་པ་པོས་ཤིན་ཏུ་སེམས་དམིགས་པར་བྱེད་པ་དང༌། བསྐྱེད་རིམ་པ་ ཡིན་ན། དེའི་སྔགས་བཟླ་བ་དང༌། རྫོགས་རིམ་པས་ཤེས་རབ་མའི་བདེ་བ་ཉམས་སུ་མྱོང་ བ་དེ་ལ། ལྷག་པར་དམིགས་པར་བྱེད་དགོས་པ་ཡིན་ལ། འདི་ནི་འོག་གི། ཕྱག་རྒྱ་སྔགས་ 2-1-260 ནི་རྗེས་དྲན་བྱ། །ཞེས་པས་བསྟན་ནོ། །དེ་ལྟར་སྒོམ་པ་ལས། ལྷན་སྐྱེས་ཀྱི་ཕོ་ཉ་མོ་དང་ཞལ་ མཇལ་བར་འགྱུར་བ་ཡིན་ལ། དེ་ཡང་མཇལ་ཚུལ་རབ་འབྲིང་ཐ་མ་གསུམ་སྟེ། ཐ་མ་ཕོ་ཉ་ མོ་དེ་སྒྲུབ་པ་པོ་རང་ཉིད་ཀྱི་ལུས་ལ་རེག་པར་ནི་མི་མཛད་ན། སྒྲུབ་པ་པོ་རང་ཉིད་ཀྱིས་ཀྱང༌། རེག་པ་ལ་སོགས་པ་མི་བྱེད་པར། དཔལ་ཧེ་རུ་ཀའི་བསྙེམས་པ་དང་བཅས་པས། བལྟ་བའི་ སྒོ་ནས་རྗེས་སུ་ཆགས་པར་བྱས་པ་ལས། རང་ཉིད་ལ་མཚན་མོ་སྟེ་ཡས་བབས་ཀྱི་དགའ་བ་ བཞི་དང༌། ཉིན་མོ་སྟེ་མས་བརྟན་གྱི་དགའ་བ་བཞི་སྟེ། དགའ་བ་རྣམ་པ་བརྒྱད་བཞད་པའི་ སྒྲ་དང་བཅས་པ་འབྱུང་བ་ཡིན་ལ། དེ་ཡང་བཞད་པའི་སྒྲ་སྟོབས་ཆེ་བར་འབྱུང་བ་ནི། ཐོག་ མ་ཡས་བབས་ཀྱི་དགའ་བའི་ལྷན་སྐྱེས་དང༌། ཐ་མ་མས་བརྟན་གྱི་དགའ་བའི་ལྷན་སྐྱེས་ཀྱི་ དུས་སུ་བདེ་བ་དང་ལྷན་ཅིག་པའི་བཞད་པ་གཞོམ་མེད་ཀྱི་སྒྲ་འབྱུང་བ་ཡིན་ལ། དེ་ཡང་ཡས་ བབས་ལ་རླུང་འགགས་པའི་སྒྲ་དང༌། མས་བརྟན་ལ་ཐིག་ལེ་བརྟན་པའི་སྒྲ་འབྱུང་བ་ཡིན་ ཞིང༌། དེ་ལྟ་བུའི་སྒྲ་དེས་ཀྱང་ནང་གི་བདེ་བ་འཕེལ་བར་བྱེད་པ་ཡིན་པ་དང༌། བདེ་བ་སྒྲ་དང་ བཅས་པ་དེ་ལྷ་སྐུའི་སྣང་བར་འཆར་བར་བྱེད་དགོས་པ་ཡིན་ལ། དེ་ཡང་རྫོགས་རིམ་པ་ཡིན་ ན། ཡེ་ཤེས་ཀྱི་ལྷ་སྐུ་འགག་མེད་དུ་འཆར་བར་འགྱུར་བ་དང༌། བསྐྱེད་རིམ་པ་ཡིན་ཡང་དུས་ དེར་རྣམ་རྟོག་གིས་བསྐྱེད་པ་ལ་མ་ལྟོས་པར། ལྷ་སྐུའི་གསལ་སྣང་རང་ཤུགས་ཀྱིས་འཆར་བ་ ཞིག་འབྱུང་བ་ཡིན་ནོ། །དེ་ཡང་བདེ་བ་ནི་ཐུགས་དང༌། དགའ་བའི་བཞད་སྒྲ་ནི་གསུང་དང༌། ལྷ་སྐུ་ནི་སྐུའོ། །དེ་དག་ཀྱང་རྒྱུད་ཀྱིས་བསྟན་ཚུལ་ནི། བལྟ་བའི་བསྙེམས་པ་དྲེགས་ལྡན་པ། །མཚན་མོའམ་དེ་བཞིན་ཉིན་མོ་ནི། །འདིས་ནི་བཞད་པ་དག་ཏུ་བྱ། །ཐོག་མཐའ་བཞད་པའི་ ཕྱག་རྒྱ་བྱ། །ཞེས་འཁྲུགས་དེ་བཞིན་དུ་སྡེབས་དགོས་པ་ཡིན་ལ་མཇལ་ཚུལ་ཐ་མ་འདི་ལས་ ནི། དངོས་གྲུབ་ཐོབ་ཚུལ་ཡང་ཐ་མར་འབྱུང་བ་ཡིན་ནོ། །ལྷན་སྐྱེས་ཀྱི་ཕོ་ཉ་མོ་དང་མཇལ་ ཚུལ་འབྲིང་ནི། རེག་དང་ལྷན་ཅིག་གཙོ་མོ་ཆེ། །ཞེས་པ་སྟེ། གཙོ་མོ་ཆེ་ནི། ལྷན་སྐྱེས་ཀྱི་ཕོ་ 2-1-261 ཉ་མོ་ཡིན་ལ། དེ་སྒྲུབ་པ་པོ་རང་ཉིད་ཀྱི་མངོན་སུམ་དུ་མཇལ་ནས། དེས་རང་ཉིད་ཀྱི་ལུས་ཀྱི་ ཕྱི་ལ་ཡོངས་སུ་རེག་པ་ཙམ་མཛད་ན། རང་ཉིད་ཀྱིས་ཀྱང་དེ་དང་ལྷན་ཅིག་རེག་པའི་སྒོ་ནས་ རྗེས་ཆགས་ཀྱིས་མཆོད་པར་བྱས་པ་ལས། ཡས་བབས་དང༌། མས་བརྟན་གྱི་དགའ་བ་རྣམ་ པ་བརྒྱད་བཞད་པའི་སྒྲ་དང་བཅས་པ་འབྱུང་བ་དང༌། དེ་ཉིད་ལྷའི་སྐུར་འཆར་ཚུལ་རྣམས་ སྔར་བཞིན་འབྱུང་བ་ཡིན་ལ་འདི་ལས་ནི་དངོས་གྲུབ་ཐོབ་ཚུལ་ཡང་འབྲིང་དུ་འབྱུང་བ་ཡིན་ ནོ། །ལྷན་སྐྱེས་ཀྱི་ཕོ་ཉ་མོ་དང༌། མཇལ་ཚུལ་རབ་ནི། བདེན་པ་ཚངས་པར་སྤྱོད་པ་དང༌། །ཞེས་པས་བསྟན། གཙོ་མོ་ཆེ་ལྷན་སྐྱེས་ཀྱི་ཕོ་ཉ་མོ་དང༌། སྒྲུབ་པ་པོ་རང་ཉིད་མངོན་སུམ་དུ་ མཇལ་བའི་ཚེ། དེས་རང་ཉིད་ལ་སྙོམས་པར་འཇུག་པའི་བྱ་བ་རྩོམ་པར་མཛད་པ་ན། རང་ གིས་ཡང་གཉིས་སྦྱོར་གྱིས་སྒོ་ནས། རྗེས་ཆགས་ཀྱིས་མཆོད་པར་བྱས་པ་ལས་ཐིག་ལེ་བྱང་ ཆུབ་ཀྱི་སེམས་བརྟེན་པ་སྟེ་ནམ་ཡང་འཕོ་བ་མེད་པའི་ཚངས་པར་སྤྱོད་པ་འབྱུང་བ་ཡིན་ཏེ། རྫོགས་རིམ་པ་ཡིན་ན། ཞུ་བདེ་འགྱུར་མེད་དངོས་དང༌། བསྐྱེད་རིམ་པ་ལ་ཡང་དེ་དང་ཕྱོགས་ མཐུན་པ་སྟེ། རགས་པའི་ཐིག་ལེ་འགྱུར་མེད་དུ་བྱེད་པ་འབྱུང་བ་ཡིན་ནོ། །འདིར་ཡང་ཡས་ བབས་དང༌། མས་བརྟན་གྱི་དགའ་བ་རྣམ་པ་བརྒྱད་བཞད་པ་རྣམ་པ་བརྒྱད་དང་བཅས་པ་ལྷ་ སྐུར་འཆར་ཚུལ་སོགས་སྔར་བཞིན་འབྱུང་བ་ཡིན་ཞིང༌། འདི་ལས་ནི་དངོས་གྲུབ་ཐོབ་ཚུལ་ ཡང་རབ་ཏུ་གྱུར་པ་འབྱུང་བ་ཡིན་ལ། དེ་ལྟར་ན་ལྷན་སྐྱེས་ཀྱི་ཕོ་ཉ་མོ་མངོན་དུ་གྱུར་ནས། ཐ་ མ་བལྟ་བའི་རྗེས་ཆགས་དང༌། འབྲིང་རེག་པའི་རྗེས་ཆགས་དང༌། མཆོག་སྙོམས་པར་འཇུག་ པའི་རྗེས་ཆགས་གང་རུང་གི་སྒོ་ནས་མཆོད་པར་བྱས་པ་ལས་དངོས་གྲུབ་ཐོབ་པར་འགྱུར་ བའི་ཚུལ་ནི། ཐོག་མ་ཐ་མ་དབུས་མེད་པ། །འཁོར་ལོས་བསྒྱུར་བའང་དེ་བཞིན་ནོ། །ཞེས་པ་ སྟེ། དེ་ལྟར་ལྷན་སྐྱེས་ཀྱི་ཕོ་ཉ་མོ་ལ་དངོས་སུ་རྗེས་ཆགས་ཀྱི་མཆོད་པས་མཉེས་པར་བྱས་པ་ ལས། སྒྲུབ་པ་པོ་རྫོགས་རིམ་པ་ཡིན་ན། ཐོག་མ་ཐ་མ་དབུས་མེད་པ་སྟེ། དུས་གསུམ་ལས་ 2-1-262 འདས་པའི་གནས་ལུགས་སྤྲོས་བྲལ་གྱི་ཡེ་ཤེས་དོན་དམ་དབྱིངས་མངོན་སུམ་དུ་རྟོགས་པར་ འགྱུར་བ་དང༌། ལུས་ཡེ་ཤེས་ཀྱི་སྐུ་དབང་ཕྱུག་བརྒྱད་དང་ལྡན་པའི་འཁོར་ལོས་བསྒྱུར་བར་ འགྱུར་བ་ཡིན་ལ། བསྐྱེད་རིམ་པ་ཡིན་ན། སེམས་ཀྱི་གནས་ལུགས་སྤྲོས་བྲལ་གྱི་ཡེ་ཤེས་ལ་ གསལ་སྣང་ཐོབ་པར་འགྱུར་བ་དང༌། ལུས་ཕྲ་ཡང་བརྒྱད་དང་ལྡན་པའི་རིག་པ་འཛིན་པའི་ འཁོར་ལོས་སྒྱུར་བར་འགྱུར་བ་ཡིན་ནོ། ། གཉིས་པ་ལ། མདོར་བསྟན། རྒྱས་བཤད་གཉིས་ལས། དང་པོ་ནི་གཟུགས་དང་ཞེས་ སོགས་ཚིག་གཉིས་ཀྱིས་བསྟན། དེ་ཡང་གཟུགས་ཀྱི་གསང་བ་དང༌། ལས་ཀྱི་གསང་བ་གང་ ཇི་ལྟར་གནས་པ་རྣམས་བཤད་པར་བྱ་ཡི། དཔའ་བོ་སྟེ་འཁོར་ཚོགས་རྣམས་ཉོན་ཅིག ཅེས་ པའོ། །དེ་ཡང་གསང་བ་ཞེས་པ་ནི། ཞིང་སྐྱེས་ཀྱི་ལུས་ལ། ལྷན་སྐྱེས་ཡོངས་སུ་ཞུགས་ཏེ། སྒྲུབ་པ་པོའི་མཆོད་པ་ལེན་པར་ནི་མཛད་ལ། འོན་ཀྱང་དེ་ལ་དེ་ཞུགས་པ་སྒྲུབ་པ་པོས་མངོན་ སུམ་དུ་མ་མཐོང་བས་ན། གསང་བ་ཡིན་ཞིང༌། འོན་ཀྱང་དེ་ཞུགས་པའི་རྟགས་ནི། གཟུགས་ དང་ལས་ཀྱི་གསང་བ་རྣམས་ཡིན་ནོ། ། གཉིས་པ་ལ། སྒྲུབ་པ་པོ་ལ་འབྱུང་བའི་གཟུགས་ཀྱི་གསང་བ་བཞི་བཤད་པ་དང༌། ཕྱག་ རྒྱ་ལ་འབྱུང་བའི་ལས་ཀྱི་གསང་བ་བཞི་བཤད་པ་དང༌། ཐབས་ཤེས་གཉིས་ཅར་ལ་འདྲེས་ མར་འབྱུང་བའི་ཐུན་མོང་གི་གསང་བ་བཞི་བཤད་པ་དང་གསུམ་ལས། དང་པོ་ནི། རྟག་ཏུ་ཞེས་སོགས་ཤོ་ལོ་ཀ་ཕྱེད་དང་གཉིས་ཀྱིས་བསྟན། དེ་ཡང་ཞིང་སྐྱེས་ ལ་ལྷན་སྐྱེས་ཞུགས་པའི་རྟགས་སུ། ཐབས་སྒྲུབ་པ་པོ་རང་ཉིད་ཀྱི་གཙུག་ཏོར་དང༌། དཔྲལ་ བའི་འཁོར་ལོ་བྱང་ཆུབ་ཀྱི་སེམས་ཀྱིས་ཡོངས་སུ་གང་བའི་བདེ་བ་ཁྱད་པར་ཅན་སྐྱེས་པ་ ན། དེ་ལྟར་མ་རྟོགས་པའི་སེམས་ཅན་རྣམས་ལ་སྙིང་རྗེ་དཔག་ཏུ་མེད་པ་སྐྱེས་ཏེ། སྒྲུབ་པ་པོ་ དེའི་མིག་ནས་འཆི་མ་འབྱུང་བ་དང༌། ཡང་མགྲིན་པ་དང༌། སྙིང་གའི་འཁོར་ལོ་བྱང་ཆུབ་ཀྱི་ 2-1-263 སེམས་ཀྱིས་ཡོངས་སུ་གང་བ་ལས། མངོན་པར་ཤེས་པ་ཅི་རིགས་པ་སྐྱེ་ཞིང༌། དེ་ལས་ཆོས་ ལ་ཡིད་ཆེས་པའི་དད་པ་རྣམ་པར་དག་པ་སྐྱེས་ནས། དེ་ལ་ཤིན་ཏུ་ངོ་མཚར་བར་གྱུར་ཏེ། སྒྲུབ་པ་པོ་དེའི་ལུས་ཀྱི་བ་སྤུ་ལྡང་བར་གྱུར་པ་དང༌། ལྟེ་བའི་འཁོར་ལོ་བྱང་ཆུབ་ཀྱི་སེམས་ ཀྱིས་ཡོངས་སུ་གང་བ་ལས། རྣམ་པར་རྟོག་པ་ཤིན་ཏུ་ནུབ་པས། ཐམས་ཅད་རོ་མཉམ་དུ་ གྱུར་ཏེ། ལུས་གཅེར་བུར་གྱུར་པ་སོགས་གང་ལ་ཡང་འཛེམ་པ་མེད་པ་དང༌། གསང་གནས་ ཀྱི་འཁོར་ལོ་བྱང་ཆུབ་ཀྱི་སེམས་ཀྱིས་ཡོངས་སུ་གང་བས༌། བྱང་ཆུབ་ཀྱི་སེམས་གསང་བའི་ རྡོ་རྗེ་ལས་འགོམ་པར་མི་བྱེད་པ་ནི། ནམ་དུ་ཡང་བཏུང་བར་མི་འགྱུར་བ་སྟེ། དེ་ལྟར་བཞི་པོ་ དེ་རྣམས་ནི་གཡོན་པ་སྟེ་དཔའ་མོ་རྣམས་ཀྱི་དབང་ཕྱུག་ཐབས་དཔའ་བོ་ཉིད་ཀྱི་ཕྱག་རྒྱ་སྟེ། གཟུགས་ཀྱི་ཚོགས་ཀྱི་གསང་བའི་རིམ་པ་ལས་བྱུང་བའི་རྟགས་ཡིན་ནོ། ། གཉིས་པ་ནི། དབུགས་འབྱིན་ཞེས་སོགས་ཤོ་ལོ་ཀ་གཅིག་གིས་བསྟན། དེ་ཡང་དབུགས་ འབྱིན་བསྐྱོད་པ་ནི། ཐབས་ཀྱི་དབུ་མའི་མས་སྣའི་རླུང༌། ཤེས་རབ་ཀྱི་དབུ་མའི་མས་སྣའི་རྩ་ ནང་ནས་ཡོངས་སུ་ཞུགས་ཏེ། དབུ་མའི་ནང་ནས་རྩ་གནས་གཞན་དུ་སོང་སྟེ་དེ་རྣམས་བསྐྱོད་ པ་ལས་རྩ་མདུད་གྲོལ་བར་བྱེད་པ་ཡིན་ཞིང༌། འདི་ནི་ཤེས་རབ་ལ་དངོས་སུ་གསུངས་པ་ ཡིན་ཡང༌། ཐབས་ལ་ཡང་དེ་ཉིད་གོ་བཟློག་པའི་ཚུལ་དུ་འབྱུང་བ་ཡིན་ནོ། །རྒོད་པ་ནི་ཕོ་ ཉ་མོ་དེ་ངག་ཉམས་རྣམ་པ་སྣ་ཚོགས་པ་སྨྲ་བ་དང༌། སྒེག་པ་ནི། ཕོ་ཉ་མོ་དེའི་གཟུགས་སྔར་ ལས་ཡོངས་སུ་འགྱུར་ཏེ། ཤིན་ཏུ་མཛེས་པའི་ལྷའི་རྣམ་པའམ། ཁྲོ་བའི་ཉམས་ལྡན་གྱི་ལྷའི་ ལུས་སུ་འགྱུར་བ་དང༌། གར་གྱི་ངོ་མཚར་ནི། ཕོ་ཉ་མོ་དེ་ཉིད་ངོ་མཚར་བའི་སྤྱོད་ལམ་རྣམ་པ་ སྣ་ཚོགས་པ་བྱེད་པ་སྟེ་བཞིའོ། །སྣ་ཚོགས་མདུན་དུ་བྱས་ནས་ནི། །ཞེས་པ་ནི། ཐབས་ཤེས་ གཉིས་ཅར་ལ་བློ་སྔོན་དུ་སོང་བ་མ་ཡིན་པར་མཆོང་ཞིང་རྒྱུགས་ན། བྲག་རི་ལ་ཡང་འདམ་ བཞིན་དུ་རྐང་པ་དང༌། ལག་པའི་རྗེས་འབྱུང་བ་ལ་སོགས་པ་སྣ་ཚོགས་པའི་རྟགས་མདུན་ 2-1-264 ཏེ་མངོན་སུམ་དུ་བྱས་ནས་ནི། ཞིང་སྐྱེས་ལ་ལྷན་སྐྱེས་ཀྱི་ཕོ་ཉ་མོ་རབ་གཏུམ་མ་ལྟ་བུ་ཞུགས་ པར་ཡོངས་སུ་ཤེས་ན། དེ་ཉིད་ཕྱག་རྒྱ་སྟེ་རབ་གཏུམ་མའི་སྐུའི་རྣམ་པར་རྗེས་སུ་དྲན་པར་བྱ་ བ་དང༌། བསྐྱེད་རིམ་པ་ཡིན་ན་དེའི་སྔགས། ཨོཾ་པྲ་ཙནྟྲ་ཧཱུྃ་ཕཊ། ཅེས་པ་ལ་སོགས་པ་རྗེས་སུ་ དྲན་པར་བྱ་བ་དང༌། རྫོགས་རིམ་པ་ཡིན་ན། སྔགས་ནི་བདེ་བ་སྟེ། ཕོ་ཉ་མོའི་བདེ་བ་ཆེན་པོ་ དེ་ཉམས་སུ་མྱོང་བ་དེ་ཉིད་ལ་དམིགས་ནས། རང་གིས་ལྷག་པར་རྗེས་སུ་དྲན་པར་བྱ་བ་ཡིན་ ནོ། ། གསུམ་པ་ནི། ཧ་ཧ་ཞེས་སོགས་ཤོ་ལོ་ཀ་གཅིག་གིས་བསྟན། དེ་ཡང་ཧ་ཧ་ཧེ་ཧེ་རྣམ་ བརྒྱད་རྒོད། །ཅེས་པ་སྟེ། ཧ་ཧ་ཧེ་ཧེ་སྟེ་ཡས་བབས་ཀྱི་དགའ་བ་བཞི་དང༌། ཡང་ཧ་ཧ་ཧེ་ཧེ་ སྟེ་མས་བརྟན་གྱི་དགའ་བ་བཞི་སྟེ། དགའ་བ་རྣམ་པ་བརྒྱད་རྒོད་པ་དང༌། སྣ་ཚོགས་དབང་ ཕྱུག་མཆོག་ཏུ་དགའ། །ཞེས་པ་ནི། ཐབས་ཤེས་གཉིས་ཅར་གྱི་བློ་སྔོན་དུ་འགྲོ་བའི་སྒོ་ནས། དགའ་བ་སྟེ། བདེ་བའི་ཡེ་ཤེས་ལ་མཉམ་པར་བཞག་ནས། ཤིང་སྐམ་པོ་ཡང་རློན་པར་བྱའོ་ སྙམ་པའི་འདུན་པ་བཏང་བས། དེ་དང་དེར་འགྱུར་བ་སོགས། སྣ་ཚོགས་པའི་གྲུབ་པའི་ རྟགས་ཅི་རིགས་པ་ལ་དབང་འབྱོར་བར་འགྱུར་བ་དང༌། ཧ་ཧའི་རྣམ་པ་ཉེ་བར་བརྟག །ཅེས་ པ་ནི། ཧ་གཉིས་ནི་ཐབས་ཤེས་གཉིས་རྗེས་ཆགས་ཀྱི་བདེ་བ་རྐྱེན་བཟང་ངན་ཐམས་ཅད་ཀྱི་ མཚུངས་པར་བསྐྱེད་ཅིང་འཕེལ་བར་བྱེད་པ་དང༌། ངུ་བར་བྱེད་པ་རྟགས་ཏུ་སྔགས། །ཞེས་པ་ ནི། རང་གི་ནང་གི་བདེ་བའི་ཡེ་ཤེས་མ་རྟོགས་པའི་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་སྐྱེས་ ནས་ངུ་བར་བྱེད་པ་སྟེ་བཞིའོ། ། གསུམ་པ་དོན་བསྡུ་བ་ནི། དེ་ཉིད་ཀྱིས་དེ་དགར་འགྱུར་ཞིང༌། །ཞེས་སོགས་ཚིག་དྲུག་ གིས་བསྟན། དེ་ཡང་བཤད་མ་ཐག་པའི་གཟུགས་དང༌། ལས་ཀྱི་གསང་བ་དེ་ཉིད་ཀྱིས་ནང་ དུ་དགའ་བའི་ཡེ་ཤེས་དེ་འཕེལ་ཞིང་རྒྱས་པར་འགྱུར་བ་ཡིན་ལ། དེའི་ཚེ་རང་ཉིད་ཀྱི་རིག་ 2-1-265 སྔགས་དང་བསམ་གཏན་གསར་དུ་ལེགས་པར་སྦྱོར་ནུས་པ་འབྱུང་བ་དང༌། གཙོ་མོ་ཞིང་ སྐྱེས་ལ། ལྷན་སྐྱེས་ཡོངས་སུ་ཞུགས་པའི་ཕོ་ཉ་མོ་རྣམས་དང་ལྷན་ཅིག་ཏུ་བ་སྤུ་ལྡང་བའི་བདེ་ བ་རྒྱུན་མི་འཆད་པར་འབྱུང་བ་དང༌། ཐབས་ཀྱི་རྡོ་རྗེ་ལས། ཐིག་ལེ་བྱང་ཆུབ་ཀྱི་སེམས་ནམ་ དུ་ཡང་འགོམ་པར་མི་བྱ་བ་དང༌། ཤེས་རབ་ཀྱིས་ཀྱང་རྡོ་རྗེ་དབུ་མའི་མས་སྣའི་རྩ་ལས་བྱང་ ཆུབ་ཀྱི་སེམས་ནམ་དུ་ཡང་འགོམ་པར་མི་བྱ་བ་ཡིན་ནོ། །དེ་ལྟར་གཡོན་ལྷན་སྐྱེས་ཀྱི་ཕོ་ཉ་ མོས་ཡོངས་སུ་རྟག་པ་སྟེ་གོ་བར་མཛད་པ་ཡིན་ནོ། །ལེའུ་འདིའི་མཚན་མ་མཁའ་འགྲོ་མའི་ གཟུགས་ཡོངས་སུ་རྗེ་བ་ཞེས་པ་ནི། ཞིང་སྐྱེས་ཀྱི་ཕོ་ཉ་མོ་ལ། ལྷན་སྐྱེས་ཀྱི་ཕོ་ཉ་མོ་ཡོངས་ སུ་ཞུགས་ཏེ་དེར་འགྱུར་བ་དང༌། དེ་ལྟར་གྱུར་པ་དང༌། སྒྲུབ་པ་པོ་རང་ཉིད་འདུ་བ་ཐོབ་པ་ན། རང་གི་ལུས་ཀྱང་རིག་པ་འཛིན་པའམ། ཡེ་ཤེས་ཀྱི་སྐུར་རྗེ་བར་འགྱུར་བ་ཡིན་ལ། རྒོད་པའི་ སྔགས་ཀྱི་ཆོ་ག ཞེས་པ་ནི་གཞད་པ་རྣམ་པ་བརྒྱད་ཀྱི་སྔགས་སོ། །དཔལ་འཁོར་ལོ་སྡོམ་པ་ ལས། མཁའ་འགྲོ་མའི་གཟུགས་ཡོངས་སུ་བརྗེ་བ་དང༌། རྒོད་པའི་སྔགས་ཀྱི་ཆོ་གའི་ལེའུ་སྟེ། བཞི་བཅུ་རྩ་གཉིས་པ་རྣམ་པར་བཤད་ཟིན་ཏོ།། །། ༈ ལེའུ་བཞི་བཅུ་རྩ་གསུམ་པ་ལ། དམ་བཅའ་བ་དང༌། དོན་དངོས་དང༌། ལེའུའི་མཚན་ བསྟན་པ་དང་གསུམ་ལས། དང་པོ་ནི། དེ་ནས་ཞེས་སོགས་ཚིག་གཅིག་གིས་བསྟན། དེ་ཡང་ ལེའུ་སྔ་མའི་རྗེས་དེ་ནས། དཔའ་བོ་དང༌། རྣལ་འབྱོར་མ་རྣམས་ཀྱི་ཐུགས་རྗེས་གཟིགས་པ་ ལ་བརྟེན་ནས། དངོས་གྲུབ་ཐོབ་པར་འགྱུར་བའི་ལྟས་བཤད་པར་བྱ། ཞེས་པའོ། ། གཉིས་པ་ལ། དངོས་གྲུབ་ཐོབ་པའི་ལྟས་བཤད་པ་དང༌། ལས་ཚོགས་བཤད་པ་གཉིས་ ལས། དང་པོ་ལ་ཡང་མདོར་བསྟན་རྒྱས་བཤད་གཉིས་ལས། དང་པོ་ནི། དཔའ་བོ་དང་ནི་ ཞེས་སོགས་ཚིག་གསུམ་གྱིས་བསྟན། དེ་ཡང་སྒྲུབ་པ་པོ་དཔའ་བོ་ཧེ་རུ་ཀའི་རྣལ་འབྱོར་པ་ ཡིན་ན། རྡོ་རྗེ་ཕག་མོ་དང་གཉིས་སུ་མེད་པར་སྒོམ་པ་ལ། གསལ་སྣང་ཐོབ་པའི་མི་དང༌། 2-1-266 སྒྲུབ་པ་པོ་རྡོ་རྗེ་རྣལ་འབྱོར་མ་སྒོམ་པ་ཡིན་ན། དཔལ་ཧེ་རུ་ཀ་དང་གཉིས་སུ་མེད་པར་བྱས་ པའི་ཏིང་ངེ་འཛིན་ལ་གསལ་སྣང་ཐོབ་པའི་མི་སྟེ། སྒྲུབ་པ་པོ་དེས་འོག་ནས་འཆད་པར་ འགྱུར་བའི་གནས་ཀྱི་དབྱེ་བ་ཤེས་ནས། དེ་རྣམས་དངོས་གྲུབ་འགྲུབ་པའི་རྒྱུ་ཏིང་ངེ་འཛིན་ སྒོམ་པ་ལ་རྟག་ཏུ་མངོན་པར་དགའ་བའོ། ། གཉིས་པ་ནི། ལམ་གྱི་བཞི་མདོའམ་ཁྱིམ་དག་གམ། །ཞེས་པ་ནས། སྒྲུབ་པ་པོ་ནི་རྟག་ཏུ་ གནས། །ཞེས་པའི་བར་གྱིས་བསྟན། དེ་ཡང་ལམ་གྱི་བཞི་མདོའམ། ཁྱིམ་དག་གམ། དཔའ་ བོའི་གནས་ཀྱི་དུར་ཁྲོད་དམ། རི་བོ་སྟེ་སྐབས་འདིར་གནས་ཀྱི་དབྱེ་བ་བཞི་གསུངས་པ་འདི་ དག་ཏུ། གོང་དཔའ་བོ་དང་ནི་གཉིས་མེད་མི། །ཞེས་མདོར་བསྟན་གྱི་སྐབས་སུ་གསུངས་པའི་ སྒྲུབ་པ་པོ་མཚན་ཉིད་དང་ལྡན་ཞིང༌། དམ་ཚིག་ལ་གནས་པ་ལ། མཁའ་འགྲོ་མ་ཡིས་ཐག་ རིང་པོ་ནས་ཀྱང་བྱིན་གྱིས་རློབ་ཅིང་ཐུགས་རྗེས་གཟིགས་པར་འགྱུར་ཏེ། དཔེར་ན་བོད་ཡུལ་ དང༌། རྒྱ་ནག་སོགས་ན་གནས་པའི་སྒྲུབ་པ་པོ་ལ། ཨོ་ཌི་ཡ་ན་ན་བཞུགས་པའི་མཁའ་འགྲོ་ མ་རྣམས་ཀྱིས་བྱིན་གྱིས་རློབ་པར་འགྱུར་བ་ལྟ་བུའོ། །སྐབས་འདིར་ཕོ་ཉ་མོའི་སྒྲུབ་པ་དང་ རྗེས་སུ་འབྲེལ་ན། སྔགས་སྐྱེས་དང༌། ཞིང་སྐྱེས་གང་རུང་གི་ཕྱག་རྒྱ་འམ། དེ་ལྟ་མིན་ན་ལས་ ཀྱི་ཕྱག་རྒྱ་མཚན་ཉིད་དང་ལྡན་པ་དང་ལྷན་ཅིག སྒྲུབ་པ་པོ་ལུས་གཅེར་བུ། སྐྲ་གྲོལ་ཞིང༌། ཐ་ མལ་པའི་གོས་ལས་གཞན་པ། སྟག་ལྤགས་དང༌། མི་ལྤགས་སོགས་ཀྱིས་ལེགས་པར་བཀབ་ ཅིང༌། རུས་པའི་རྒྱན་གྱིས་བརྒྱན་ནས། སྒྲུབ་པ་པོ་ཕྱིའི་སྤྲོས་པ་ལ་གཞོལ་བ་ཡིན་ན་དངོས་ གྲུབ་སྒྲུབ་པའི་དཀྱིལ་འཁོར་ཆུ་ཚོན་ལ་སོགས་པས་འབྲི་བར་བྱ་ཞིང༌། ནང་ལ་གཞོལ་བ་ཡིན་ ན། ཡིད་ཀྱི་དཀྱིལ་འཁོར་ཙམ་བསྒོམས་ཏེ། མཆོད་པ་དང༌། གཏོར་མ་དང༌། ཕྱི་ནང་གི་སྦྱིན་ བསྲེག་དང༌། རྗེས་ཆགས་ཀྱི་མཆོད་པ་ལ་སོགས་པའི་ལས་ཉིད་ཀྱིས་ནི་ཡོངས་སུ་གྲོལ་བ་སྟེ། དངོས་གྲུབ་ཐོབ་པར་འགྱུར་བ་ཡིན་ལ། རང་ཉིད་ཐ་མལ་པའི་ང་རྒྱལ་སྤངས་ཏེ། ལྷའི་རྣལ་ 2-1-267 འབྱོར་དང་ལྡན་པས་འདོད་པའི་ཡོན་ཏན་ཐམས་ཅད་ལ་ལོངས་སྤྱད་ཀྱང༌། དེ་དག་གི་ཉེས་ པས་རེག་པར་མི་འགྱུར་བའོ། །དེ་ལྟར་མཆོད་གཏོར་སོགས་ལས་རྣམས་ཐམས་ཅད་རྩོམ་པ་ ལ་མངོན་དུ་རྩ་བའི་སྔགས་བཟླས་པ་དང༌། སུམྦྷ་བརྗོད་པས་བགེགས་ལ་སྡིགས་ཤིང་བསྲུང་ བའི་འཁོར་ལོ་བསྒོམས་ཏེ། ཕྱོགས་བཅིང་བར་བྱས་ནས་འཇུག་དགོས་པ་ཡིན་ཅིང༌། དེ་ལྟར་ བསྲུང་འཁོར་སྒོམ་པའི་སྟོབས་ཀྱི་ལྷ་དང་ལྷ་མིན་གྱི་ཚོགས་ཀྱིས་ཀྱང་མ་མཐོང་བར་མཆོད་པ་ ལ་སོགས་པ་བྱ་བ་ཡིན་ནོ། །དེ་ནས་སྔོན་དུ་བསྙེན་པ་སོང་ཟིན་པའི་རྗེས་སུ། ཡི་གེ་བདུན་པ་ ལ་དངོས་གྲུབ་ཀྱི་ལྟས་གསལ་བར་མཛོད་ཅིག ཅེས་སྤེལ་ཚིག་དང་བཅས་པ་ཁྲི་ཕྲག་གཅིག་ བཟླས་པས། ཀ་ར་ཝི་རའི་མེ་ཏོག་ལ་བསྔགས་ཏེ། མེ་ཏོག་དེས་རང་གི་སྙིམ་པ་བཀངས་ཏེ། ནམ་མཁའ་ལ་གྱེན་དུ་རེ་རེ་བཞིན་འཐོར་བར་བྱའོ། །དེ་ལྟར་བྱས་པ་ན། མེ་ཏོག་མཐའ་དག་ ས་གཞི་ལ་མ་ལྷུང་པར་བར་སྣང་ཉིད་དུ་མི་སྣང་བར་གྱུར་ན། དངོས་གྲུབ་ཐོབ་པར་འགྱུར་ བའི་ལྟས་ཡིན་པ་ལྟ་སྨོས་ཀྱང་ཅི་དགོས། མེ་ཏོག་གཅིག་དང་གཉིས་ལ་སོགས་པ་ཡང་ས་ལ་ མ་ལྷུང་པར་མི་སྣང་བར་གྱུར་ན། དངོས་གྲུབ་ཀྱི་ལྟས་ཡིན་ནོ། །འདི་ལ་ཡང་མེ་ཏོག་སྟེང་གི་ ནམ་མཁའ་མཐོན་པོར་སོང་སྟེ་མི་སྣང་བར་གྱུར་ན་མཁའ་སྤྱོད་དང༌། བར་སྣང་ནས་འཕྲེད་ ཕྱོགས་སུ་སོང་ནས་མི་སྣང་བར་གྱུར་ན་ས་སྟེང་དང༌། མེ་ཏོག་འོག་ཏུ་ས་ལ་འབབ་པར་ཉེ་བ་ ལ་མི་སྣང་བར་གྱུར་ན། ས་འོག་གི་དངོས་གྲུབ་ཐོབ་པར་བཤད་དོ། །དེ་ལྟ་བུའི་དངོས་གྲུབ་ ཀྱི་ལྟས་མཐོང་བ་ཡང༌། ཕྱི་ནང་གི་གནས་ཀྱི་ཁྱད་པར་ལ་གནས་ན། མཁའ་འགྲོ་མ་སྟོང་ཕྲག་ གི་གནས་ལ་དབང་བྱེད་པར་འགྱུར་རོ། །གཞན་ཡང་ལྷ་མོ་དབྱངས་ཅན་མ་ལ་སོགས་པ་ངག་ གི་དབང་ཕྱུག་མ་རྣམས་དང༌། ཕུར་བུ་དང༌། པ་སངས་ལ་སོགས་པ་གསུང་གི་དབང་ཕྱུག་ རྣམས་འགུགས་པར་འགྱུར་བ་དང༌། ལྷ་དང་ལྷ་མོ་ཐམས་ཅད་ཀྱི་གཏམ་ཤེས་པ་དང༌། རྒྱུ་ སྐར་རྣམས་མངོན་སུམ་དུ་རྒྱུ་བ་ཤེས་པར་འགྱུར་བ་དང༌། ས་འོག་ལ་སོགས་པ་ན་གང་ཡོད་ 2-1-268 པ་ཐམས་ཅད་ཤེས་པར་འགྱུར་རོ། །ཡུལ་ཡུལ་དེ་བཞིན་དགོན་པ་དང༌། །ཞེས་པ་ལ། འགྱུར་ འགའ་ཞིག་ལས། གྲོང་གྲོང་ཞེས་ཡོད་པས། གྲོང་གི་སྐད་དོད་གྲ་མ་ཞེས་པ་ཡོད་པའི་ཕྱིར། སྤྱིར་སྐད་དོད་དང་དེ་འགྲིག་མོད། འོན་ཀྱང་གྲོང་དང་དེ་བཞིན་གྲོང་དགོན་པ། །ཞེས་བཏོན་ ན་གོ་བདེའོ། །དེ་ཡང་གོང་དུ་གནས་ཀྱི་དབྱེ་བ་བཞི་གསུངས་པ་ནི། སྙིང་པོའི་རྣལ་འབྱོར་མ་ བཞིའི་གནས་དང༌། སྐབས་འདིར་སྤྱིར་གནས་ཀྱི་དབྱེ་བ། གྲོང་དང༌། དགོན་པ་དང༌། གྲོང་ ཁྱེར་དང༌། བཞི་མདོ་དང༌། དཔའ་བོའི་ཁྱིམ་ཏེ་འཐབ་མོའི་གནས་དང༌། རི་རྩེ་དང༌། མཚན་ མ་སྟེ། དབང་ཕྱུག་གི་ལིང་གའི་དྲུང་དང་བརྒྱད་གསུངས་པ་ཡིན་ཀྱང༌། གྲོང་དང༌། གྲོང་ཁྱེར་ གཉིས་གཅིག་ཏུ་བསྡོམས་ཏེ་བདུན་གྱི་སྟེང་དུ། གོང་གི་དུར་ཁྲོད་བསྣན་ནས་བརྒྱད་པོ་དེ་ རྣམས་ནི། གོ་རིམ་ཇི་ལྟ་བ་བཞིན་དུ། གཏུམ་དྲག་གི་དུར་ཁྲོད་ལ་སོགས་པ་སྒོ་མཚམས་མ་ བརྒྱད་དང༌། པྲེ་ཏ་པུ་རི་ལ་སོགས་པ་སྐུ་འཁོར་གྱི་གནས་བརྒྱད་དང༌། ཀཱ་མ་རཱུ་པ་ལ་སོགས་ པ་གསུང་འཁོར་གྱི་གནས་བརྒྱད་དང༌། པུ་ལི་ར་མ་ཡ་ན་ལ་སོགས་པ་ཐུགས་འཁོར་གྱི་ གནས་བརྒྱད་ཡིན་པས། གལ་ཏེ་སྒྲུབ་པ་པོ་ཡུལ་ཉེར་བཞི་དང༌། དུར་ཁྲོད་བརྒྱད་དུ་དངོས་ སུ་རྒྱུ་མ་ཐུབ་ན། ལྷ་དེ་དག་ལ་མེ་ཏོག་ཕོག་པའི་རིགས་ཀྱི་དབང་གིས། གནས་བརྒྱད་པོ་ གང་རུང་དེ་དག་ཏུ་བསྒྲུབས་པས། དེ་དང་དེར་སྒྲུབ་པའི་གོ་ཆོད་པ་ཡིན་ནོ། །དེ་ལྟར་སྒྲུབ་པ་ པོ་དུས་རྟག་ཏུ་སྙིང་པོ་དང༌། ཉེ་སྙིང་མཚོན་བྱེད་དེ། གཞན་རྩ་སྔགས་དང༌། གོ་ཆའི་སྔགས་ ལ་སོགས་པ་འདོན་པ་སྟེ། བཟླས་པ་ལ་བརྟེན་ནས། ལྷ་དང་མི་ཡིས་མཐོང་བར་མི་འགྱུར་ རོ། །དེ་བས་ན་ཡུལ་ཕྱོགས་དང་གནས་ཀྱི་ཁྱད་པར་གོང་དུ་བཤད་པ་འདི་དག་ཏུ། སྒྲུབ་པ་ པོ་རྟག་ཏུ་གནས་ནས་དངོས་གྲུབ་སྒྲུབ་པའི་བྱ་བ་ལ་ཡོངས་སུ་ཞུགས་ན། དངོས་གྲུབ་འགྲུབ་ པར་འགྱུར་བ་ཡིན་ནོ། ། གཉིས་པ་ལས་ཚོགས་བཤད་པ་ལ། མནན་པ་ལ་སོགས་པའི་ལས་ཚོགས་བདུན་བཤད་ 2-1-269 པ་དང༌། ལས་སོ་སོའི་བསམ་གཏན་ཕན་ཡོན་དང་བཅས་པ་བཤད་པ་དང༌། ཁུ་ཚུར་གྱིས་ རེངས་པར་བྱེད་པའི་ལས་ཚོགས་བཤད་པ་དང༌། ལས་འགྲུབ་པའི་རྒྱུ་ཕན་ཡོན་བཅས་པ་ བཤད་པ་དང་བཞི་ལས། དང་པོ་ལ་བདུན་ལས། དང་པོ། གནོད་པར་བྱེད་པའི་ལས་ཚོགས་ནི། ཤིང་རྩེར་ཁ་ དོག་དམར་བསམས་ནས། །ཞེས་སོགས་ཚིག་ལྔས་བསྟན། འདི་ལ་ས་འཛིན་ཞེས་པ་རྒྱལ་པོ་ རྣམས་ཀྱང་གནོན་པར་བྱེད་ཅེས་པའོ། ། གཉིས་པ་རྨི་ལམ་བརྟག་པ་ནི། བདག་གི་ལུས་ལ་རྣམ་བགོད་དེ། །ཞེས་སོགས་ཤོ་ལོ་ ཀ་ཕྱེད་དང་གསུམ་གྱིས་བསྟན། གསུམ་པ་པྲ་སེ་ན་དབབ་པ་ནི། དེ་བཞིན་དུ་སྔགས་བཟླས་ རལ་གྲི་ཆུ། །ཞེས་སོགས་ཤོ་ལོ་ཀ་ཕྱེད་དང་གཉིས་ཀྱིས་བསྟན། བཞི་པ་ནད་ཞི་བར་བྱེད་ པ་ནི། དེ་ནས་དཔའ་བོའི་ཡི་གེ་བདུན་ཞེས་སོགས་ཤོ་ལོ་ཀ་ཕྱེད་དང་གསུམ་གྱིས་བསྟན། འདིའི་མཐེ་བོང་ཙམ་གྱིས་སྐད་ཅིག་གིས། །ཞེས་པ་ནི་མ་དག་པ་སྟེ། མཐོང་བ་ཙམ་གྱིས་སྐད་ ཅིག་གིས། །ཞེས་པ་ཡིན་ནོ། །ལྔ་པ་ནད་དང་དུག་བྱབས་པ་ནི། ཟླ་བའི་དབུས་སུ་རྣམ་བགོད་ ཅིང༌། །ཞེས་སོགས་ཤོ་ལོ་ཀ་གསུམ་གྱིས་བསྟན། དྲུག་པ་རྒྱས་པའི་སྦྱིན་སྲེག་ནི། མཚན་མོ་ གསང་བ་ལ་གནས་ཏེ། །ཞེས་སོགས་ཚིག་དགུས་བསྟན། བདུན་པ་གང་དུ་འདོད་པར་སྐྱེ་བ་ ལེན་པར་བྱེད་པ་ནི། ཡང་ན་གསང་སྔགས་རྒྱལ་པོ་ནི། །ཞེས་སོགས་ཤོ་ལོ་ཀ་གཅིག་གིས་ བསྟན། འདིས་ནི་གོང་དུ་འཕོ་བ་ཡང་བསྟན་པ་ཡིན་ནོ། ། གཉིས་པ་ལ་ལས་སོ་སོའི་བསམ་གཏན་དང༌། སེར་པོ་དང༌། དཀར་པོའི་ཕན་ཡོན་ བཤད་པ་གཉིས་ལས། དང་པོ་ནི། དཀར་པོ་ཡིས་ནི་ཞི་བར་འགྱུར། །ཞེས་སོགས་ཚིག་དྲུག་ གིས་བསྟན། འདི་བླ་མ་གོང་མ་རྣམས་ལས་བཞི་སོ་སོའི་སྦྱིན་སྲེག་གི་ཐབ་ཀྱི་ཁ་དོག་ཙམ་ བསྟན་པར་བཞེད་པ་ནི་མི་ལེགས་ཏེ། ཕྱིའི་རྫས་ཐམས་ཅད་དང༌། ནང་གི་ཏིང་ངེ་འཛིན་ 2-1-270 ཐམས་ཅད་ཀྱི་ཁ་དོག་སོ་སོར་བསྟན་པ་ཡིན་ནོ། །སེར་པོས་གནོན་པར་གསུངས་པ་ནི། དུས་ འཁོར་དང་མཐུན་པར་བྱུང་ཞིང༌། རྒྱས་པའི་ལས་ལ་ཁ་དོག་སེར་པོ་ཡིན་པར་བཤད་པའི་ རྒྱུད་རྣམས་ལས་གསུངས་ལ། སློབ་དཔོན་ད་རི་ཀ་པས་དུས་འཁོར་དང་མཚུངས་པར་དཀར་ པོ་ཡིན་པར་གསུངས་སོ། ། གཉིས་པ་ལ། སེར་པོའི་ཕན་ཡོན་དང༌། དཀར་པོའི་ཕན་ཡོན་གཉིས་ལས། དང་པོ་ནི། སེར་པོས་དཔུང་ནི་གནོན་པ་དང༌། །གྲུ་དང་འཁྲུལ་འཁོར་གླང་པོ་གནོན། །ཞེས་ཚིག་གཉིས་ ཀྱིས་བསྟན། གཉིས་པ་ནི། དཀར་པོས་བསམ་པ་ཙམ་གྱིས་འགྲུབ། །ཞེས་སོགས་ཤོ་ལོ་ཀ་ཕྱེད་དང་ གཉིས་ཀྱིས་བསྟན། གསུམ་པ་ནི་རིམས་དང་གདོན་དང་བརྗེད་བྱེད་ནི། །ཞེས་སོགས་ཤོ་ ལོ་ཀ་ཕྱེད་དང་ལྔས་བསྟན། བཞི་པ་ནི། ལུས་ཀྱི་སྦྱོར་བ་དང་པོ་སྟེ། །ཞེས་པ་ནས། དམོད་ བཟླས་ཕན་འདོགས་ནུས་པ་ཡིན། །ཞེས་པའི་བར་གྱིས་བསྟན། དེ་ཡང་ཡི་གེ་བདུན་པ་ལ་ སོགས་པའི་སྔགས་ཀྱི་རྒྱལ་པོས་ལས་རྣམས་འགྲུབ་པར་འགྱུར་བའི་རྒྱུ་ནི་རྣམ་པ་བཞི་སྟེ། ལུས་ཀྱི་སྦྱོར་བ་སྟེ། ལྷ་སྐུ་ལ་གསལ་སྣང་ཐོབ་པ་ནི་དང་པོ་དང༌། དེ་བཞིན་དུ། སྔགས་ཀྱི་ སྒྲ་གཟུགས་ལ་གསལ་སྣང་ཐོབ་པས་ནུས་པ་རྙེད་པ་ནི་གཉིས་པ་དང༌། ཕྱིའི་འཁྲུལ་འཁོར་ ལ་སྤེལ་ཚིག་སོགས་ལས་ཀྱི་ཆོ་ག་རྣམས་ཚུལ་བཞིན་དུ་ཤེས་པ་ནི་གསུམ་པ་དང༌། དམིགས་ པ་མེད་པ་སྟོང་ཉིད་སྒྱུ་མ་ལྟ་བུ་ལ་གསལ་སྣང་ཐོབ་པ་ནི་བཞི་པ་ཡིན་ནོ། །དེ་ལྟར་བཞི་པོ་ དེ་དག་དང་ལྡན་ན། ས་གཞི་ཆེན་པོ་རྒྱ་མཚོ་སྐེ་རགས་སུ་རྟགས་པའི་སྟེང་ན་ཡོད་པའི་ལས་ ཐམས་ཅད་ངེས་པར་འགྲུབ་པར་འགྱུར་བ་འདི་ལ་ཐེ་ཚོམ་མེད་ཅིང༌། ཁམས་གསུམ་ན་རྒྱུ་བ་ སེམས་ཅན་དང༌། མི་རྒྱུ་བ་ཐམས་ཅད་ལ་གནོད་པར་བྱེད་པའི་དམོད་པ་འདེབས་པ་དང༌། སླར་འཚོ་བ་སོགས་ཕན་འདོགས་པའི་ཚིག་གི་ནུས་པ་འགྲུབ་པར་འགྱུར་བ་ཡིན་ནོ། །ལེའུ་ 2-1-271 འདིའི་ཉེ་སྙིང་གི་ལས་ཚོགས་ཡིན་ཡང༌། འཁོར་ལོ་ནི་དབུས་སུ་པད་མ་འདབ་མ་དྲུག་པའི་ ལྟེ་བར་ཧཱུཾ་དང༌། འདབ་མ་དྲུག་ལ་ཡི་གེ་ལྷག་མ་དྲུག་འགོད་ཅིང༌། དེའི་ཕྱི་རོལ་ཏུ་འཁོར་ལོ་ རྩིབས་དྲུག་ལ། གོ་ཆའི་དཔའ་མོ་དྲུག་གི་སྔགས་བྲིས་པའི་འཁོར་ལོ་དང་བཅས་ཏེ་སྒྲུབ་པར་ བླ་མ་གོང་མ་རྣམས་བཞེད་པ་ཡིན་ནོ། ། ད་ནི་དེ་རྣམས་ཀྱི་ངེས་དོན་རྫོགས་པའི་རིམ་པ་ནི། གོང་དུ་བཤད་ཟིན་པའི་ཉེ་སྙིང་གི་ དེ་ཁོ་ན་ཉིད་ལ་བརྟེན་ནས། རྩ་ཐིག་རླུང་གསུམ་དབང་དུ་གྱུར་པ་ནི། དཔའ་བོ་དང༌། མཁའ་ འགྲོ་མ་རྣམས་ཀྱིས་གཟིགས་པའི་ངེས་དོན་དང༌། དེ་ལས་སྙིམ་པ་སྟེ་རྩའི་ནང༌། མེ་ཏོག་ ཁམས་དཀར་དམར་འདྲེས་པའི་བྱང་ཆུབ་ཀྱི་སེམས་ཀྱིས་ཡོངས་སུ་གང་བ་དང༌། དེའི་ཚུལ་ ཡང༌། མཁའ་ལ་སྤྱོད་པ་གྱེན་དུ་འཐོར། །ཞེས་པ་སྟེ། བྱང་ཆུབ་ཀྱི་སེམས་ནོར་བུ་ནས་སྤྱི་བོའི་ བར་ཏལ་མར་གྱེན་དུ་སོང་ཞིང༌། དེ་ལས་རྩ་གནས་ཐམས་ཅད་ཡོངས་སུ་གང་བ་དང༌། མེ་ ཏོག་བྱང་ཆུབ་ཀྱི་སེམས་ས་གཞི་སྟེ་འོག་ཏུ་ནམ་དུ་ཡང་ལྷུང་བར་མི་འགྱུར་བར། དེའི་བསྒྲོད་ པ་རྟག་ཏུ་གྱེན་དུ་ཕྱོགས་པ་ལས་ནི། ཐ་མལ་རགས་ལུས་ཡོངས་སུ་དག་སྟེ། ཕལ་པ་ལ་མི་ སྣང་བ་ཡོན་ཏན་བརྒྱད་དང་ལྡན་པའི་ལུས་ཐོབ་པར་འགྱུར་རོ། །དེ་ཡང་ལུས་དེ་ནི་གནོན་ པར་བྱེད་པ་ས་ཁམས་ཀྱི་དྭངས་མའི་ཡོན་ཏན་ལྡན་པ་དང༌། རྨི་ལམ་གསལ་བར་བྱེད་པ་ རླུང་ཁམས་ཀྱི་དྭངས་མའི་ཡོན་ཏན་དང༌། པྲ་སེ་ན་ཕབ་པ་ལས་གསལ་བར་སྣང་བ་སོགས་ མེ་ཁམས་ཀྱི་དྭངས་མའི་ཡོན་ཏན་དང༌། ནད་ཞི་བར་བྱེད་པ་སོགས་ཆུ་ཁམས་ཀྱི་དྭངས་མའི་ ཡོན་ཏན་དང༌། ནད་དང་དུག་བྱབས་པར་བྱེད་པ་ཟླ་བའི་དྭངས་མའི་ཡོན་ཏན་དང༌། རྒྱས་ པར་བྱེད་པ་ཉི་མའི་དྭངས་མ་དང༌། སྐྱེ་བ་ལེན་པར་བྱེད་པ་རྣམ་ཤེས་ཀྱི་ཁམས་ཀྱི་དྭངས་མ་ དང༌། རེངས་པ་ནམ་མཁའི་ཁམས་ཀྱི་དྭངས་མའི་ཡོན་ཏན་དང་ལྡན་པ་ཡིན་ནོ། །དེ་ལྟར་ཡོན་ ཏན་བརྒྱད་དང་ལྡན་པའི་སྐུ་དེ་ཐོབ་ནས། ས་གཞི་ཤིང་དང་བཅས་པ་དང༌། །ཞེས་སོགས་སྒྲ་ 2-1-272 ཇི་བཞིན་པ་ཉིད་འབྱུང་བ་ཡིན་ནོ། །ལེའུ་མཚན་བསྟན་པ་ནི། དཔལ་འཁོར་ལོ་སྡོམ་པ་ལས། ཉེ་བའི་སྙིང་པོའི་ལས་སྒྲུབ་པའི་ཆོ་གའི་ལེའུ་སྟེ། བཞི་བཅུ་རྩ་གསུམ་པ་རྣམ་པར་བཤད་ཟིན་ ཏོ།། །། ༈ ལེའུ་བཞི་བཅུ་རྩ་བཞི་པ་ལ། དམ་བཅའི་ཚུལ་གྱིས་མདོར་བསྟན་པ་དང༌། དོན་ དངོས་བཤད་པ་དང༌། ལེའུའི་མཚན་བསྟན་པ་དང་གསུམ་ལས། དང་པོ་ནི། དེ་ནས་ཞེས་ སོགས་ཤོ་ལོ་ཀ་གཅིག་གིས་བསྟན། དེ་ཡང་ལེའུ་སྔ་མའི་རྗེས་དེ་ནས། ཡི་གེ་བདུན་པ་དང་ ཡང་དག་པར་ལྡན་པའི་གོ་ཆའི་དཔའ་མོ་དྲུག་གི་སྔགས་བསྒྲུབས་པས། གང་དུ་འགུགས་ པའི་ལས་ཡང་དག་པར་བརྩོམ་པ་དེ་ཡི་ལས་ནི། མྱུར་དུ་འགྲུབ་པར་འགྱུར་བ་བཤད་པར་ བྱ། ཞེས་པའོ། །དེ་ཡང་རྨད་དུ་བྱུང་བའི་ལས་རྣམས་དཀའ་བས་ཡུན་རིང་དུ་སྒྲུབ་མི་དགོས་ པར། ཤིན་ཏུ་བདེ་བས་མྱུར་བ་ཉིད་དུ་འགྲུབ་པར་འགྱུར་བ་ལ། ཕོ་ཉ་མོ་ཡང་དག་པར་རྙེད་ ནས་བསྒྲུབ་ན་དེ་ལྟར་དུ་འགྱུར་བ་ཡིན་ནོ། །འདི་ནི་གོང་དུ་བཤད་ཟིན་པ་རྣམས་དང༌། སླར་ ཡང་འཆད་པར་འགྱུར་བའི་ལས་ཐམས་ཅད་ལ་ཡིན་ནོ། །འོ་ན་སྔར་དེ་ལྟར་མི་གསུང་བར། འདིར་གསུང་བའི་རྒྱུ་མཚན་ཅི་ཞེ་ན། འདི་ནས་བཟུང་རྡོ་རྗེ་ཕག་མོའི་ལས་ཚོགས་སྟོན་པར་ འགྱུར་བ་ཡིན་པས་ན། ཕོ་ཉ་མོ་ལ་བརྟེན་ནས་ལས་རྣམས་མྱུར་དུ་འགྲུབ་པར་འགྱུར། ཞེས་ དེ་དང་འབྲེལ་ཆགས་པའི་དབང་དུ་མཛད་ནས་འདིར་གསུངས་པ་ཡིན་ནོ། །ལས་འགྲུབ་ པའི་ཡན་ལག་ཏུ་བྱེད་པའི་ཕོ་ཉ་མོ་ནི། ཞིང་སྐྱེས་ཀྱི་ཕོ་ཉ་མོའམ། ཡང་ན་དེ་བསྐུལ་ནུས་པའི་ སྔགས་སྐྱེས་ཀྱི་ཕོ་ཉ་མོ་གཉིས་པོ་གང་རུང་ཞིག་ཡིན་གྱི། མཆོག་ལྷན་སྐྱེས་ཀྱི་ཕོ་ཉ་མོ་མ་ཡིན་ ཏེ། དེ་ཙམ་ན་ལས་དང་ཐུན་མོང་གི་དངོས་གྲུབ་ཆེད་གཏད་སྒྲུབ་མི་དགོས་པའི་ཕྱིར་རོ། ། གཉིས་པ་ལ། འཁོར་ལོ་བཤད་པ་དང༌། དེ་ལ་བརྟེན་པའི་ལས་ཚོགས་བཤད་པ་གཉིས་ ལས། དང་པོ་ནི། དེ་བཞིན་དུ་ནི་ཡི་གེ་བདུན་ཞེས་སོགས་ཤོ་ལོ་ཀ་གཅིག་གིས་བསྟན། དེ་ 2-1-273 ཡང་ཡི་གེ་བདུན་པའི་སྔགས། ནང་གི་རྩིབས་དྲུག ལྟེ་བ་དང་བཅས་པ་ལ་རྣམ་པར་འགོད་ ཅིང༌། གོ་ཆའི་རྣལ་འབྱོར་མ་དྲུག་གི་སྔགས་དེའི་ཕྱི་རོལ་གྱི་འཁོར་ལོའི་རྩིབས་དྲུག་ལ་བཀོད་ པའི་འཁོར་ལོ་འབྲི་བར་རྒྱུད་ཀྱི་དངོས་བསྟན་ལ་གསུངས་པ་ཡིན་ལ། བླ་མ་གོང་མ་རྣམས་ཀྱི་ མན་ངག་ལས། ནང་གི་པད་འདབ་དྲུག་ལ། རྣལ་འབྱོར་མ་དྲུག་དང༌། ཕྱིའི་རྩིབས་དྲུག་ལ། ཉེ་སྙིང་འགོད་པར་གསུངས་སོ། ། གཉིས་པ་ལ། འཁོར་ལོ་ལ་བརྟེན་ནས་འགུགས་པའི་ལས་དང༌། སྦྱིན་སྲེག་ལ་བརྟེན་ ནས་འགུགས་པའི་ལས་དང༌། གནོན་པའི་ལས་དང༌། སྨྱོ་བར་བྱེད་པའི་ལས་དང་བཞི་ལས། དང་པོ་ནི། གཡོན་པའི་ཞེས་སོགས་ཚིག་ལྔས་བསྟན། དེ་ཡང་གོང་གི་འཁོར་ལོ་དེ་བྲིས་གཞི་ སྤེལ་ཚིག་སོགས་དབང་དགུག་གི་ལས་བཞིན་དུ་བྲིས་ལ། ཡི་གེ་བདུན་པ་དང༌། གོ་ཆའི་རྣལ་ འབྱོར་མ་དྲུག་གི་སྔགས་ལ། འདི་ཞེས་བྱ་བ་ཨ་ཀཪྵ་ཡ་ཛཿཞེས་པའི་སྤེལ་ཚིག་བརྟགས་ལ་ འཁོར་ལོ་དེ་སྒྲུབ། འགྲུབ་པའི་རྟགས་བྱུང་བ་ན། བསྒྲུབ་བྱའི་རྐང་རྗེས་ཀྱི་ས་ལ་ལིང་ག་བྱས་ པའི་སྙིང་གར་འཁོར་ལོ་དེ་འཇུག་པ་ནི། གནས་ཞེས་པས་བསྟན་པ་དང༌། ཡང་རང་གི་ལག་ པ་གཡོན་པར་གྲོ་ག་ལྟ་བུ་ལ་འཁོར་ལོ་དེ་འདྲ་བ་ཞིག་བྲིས་པ་སྦྱར་བས་བསྐུལ་བ་དང༌། ལིང་ ག་དེ་ཉིད་བསྒྲུབ་བྱ་དེའི་གཟུགས་དངོས་འཛིན་པར་བསམས་ནས། སྒྲུབ་པ་པོའི་ཁ་ནས་ སྤེལ་ཚིག་དང་བཅས་པའི་གསང་སྔགས་རྒྱལ་པོ་བཟློས་བཞིན་དུ། འཁོར་ལོ་སྙིང་གར་ཡོད་ པའི་བསྒྲུབ་བྱའི་ལིང་ག་གང་ལ། ལག་པ་གཡོན་པའི་འཁོར་ལོ་དེ་བསྟན་ནས་བསྐུལ་བར་ བྱས་པ་དེས་ནི། བསྒྲུབ་བྱ་ངེས་པར་འགུགས་པར་འགྱུར་རོ། ། གཉིས་པ་ནི། ཙན་དན་ཞེས་སོགས་ཤོ་ལོ་ཀ་བཞིས་བསྟན། དེ་ཡང༌། ཙན་དན་དམར་ པོའི་རྡུལ་ཏེ་ཕྱེ་མ་དང༌། ཀེ་ཚེ་དང་དེ་བཞིན་དུ་ལན་ཚ་དང༌། བསྒྲུབ་བྱའི་རྐང་རྗེས་ཀྱི་ས་ རྣམས་གཅིག་ཏུ་བསྡུས་ནས་བཏགས་པ། རང་གི་ལག་པ་གཉིས་ལ་དགུག་པའི་འཁོར་ལོ་ 2-1-274 སྔར་བཞིན་དུ་བྲིས་པའི་བར་དུ་ཡོངས་སུ་མཉེས་ནས་ནི། རྫས་དེ་རྣམས་ཆ་གཉིས་སུ་བགོས་ པའི། གཅིག་ལ་བསྒྲུབ་བྱའི་ལིང་ག་བྱས་ལ། དེའི་སྙིང་གར་ཡང་སྒྲུབ་པའི་འཁོར་ལོ་བཅུག་ ཅིང་དེ་ལ་བསྒྲུབ་བྱ་མངོན་པར་བསྲེས་པ་སྟེ་ཡང་ཡང་དགུག་པའི་སྦྱོར་བ་བརྩམས་པར་བྱའོ། །རྫས་ཕྱེད་པོ་དེ་བསྲེག་རྫས་ལ་ཡོངས་སུ་བསྲེས་ཏེ། དུས་མཚན་མོ་རྨེ་ཤ་ཅན་གྱི་ཁྱིམ་གྱི་མེ་ འམ། དུར་ཁྲོད་དུ་རོ་བསྲེགས་པའི་མེ་གང་རུང་ཞིག་ནས་བླངས་པའི་སྦྱིན་སྲེག་གི་མེ་ནང་དུ། རྣལ་འབྱོར་མ་དྲུག་གི་སྔགས་ཀྱི་སྦྱིན་སྲེག་ཇི་སྲིད་བརྒྱ་ཡི་བར་དུ་བཟླས་པ་བྱས་ཏེ། སྔར་གྱི་ ཕྱེ་མ་དེ་རྣམས་བསྲེགས་ན། བསྒྲུབ་བྱ་དེ་ཉིད་ངེས་པར་འགུགས་པར་འགྱུར་ཏེ། ས་ཡི་བདག་ པོ་རྒྱལ་པོ་དང༌། དེའི་ནོར་ཡང་དབང་དུ་འགྱུར་བ་ཡིན་ལ། སྦྱོར་བ་འདི་ནི་འགྲུབ་པར་འགྱུར་ བ་ཡིན་གྱི། གཞན་མི་འགྲུབ་པ་དག་ཏུ་ནི་ཧེ་རུ་ཀ་ང་སྨྲའོ། ། གསུམ་པ་ནི། རྡུལ་དེ་ཉིད་ནི་བླངས་ནས་སུ། །ཞེས་སོགས་ཤོ་ལོ་ཀ་གཉིས་ཀྱིས་བསྟན། དེ་ཡང་ཙན་དན་དམར་པོའི་རྡུལ་ལ་སོགས་པ། བཤད་མ་ཐག་པའི་རྫས་བཞི་པོ་དེ་བླངས་ ནུས་སུ། ལྕགས་ཕྱེ་དང་རྣམ་པར་བསྲེས་པ་ཆ་གཉིས་སུ་བྱས་པའི་ཆ་གཅིག་བསྒྲུབ་བྱའི་ལིང་ ག་བྱས་ལ། དེའི་སྙིང་གར་སྔགས་ཀྱི་འཁོར་ལོ་བྲིས་གཞི་སྤེལ་ཚིག་སོགས་གནོན་པའི་ལས་ ཇི་བཞིན་དུ་བྱས་པ་བཅུག་ལ། དེ་སྔར་གྱི་རྫས་ཆ་གཅིག་དུར་ཁྲོད་ཀྱི་རས་ལ་བཏུམ་པའི་ ནང་དུ་བཅུག་ནས། ལམ་གྱི་བཞི་མདོ་རུ་སོར་བརྒྱད་ཙམ་བརྐོས་པའི་འོག་ཏུ་བཅུག་ཅིང་ སྦས་ལ། དེའི་ཚེ་ཉེ་སྙིང་དང་གོ་ཆའི་སྔགས་ལ། དགྲ་བོ་ཆེ་གེ་མོ་སྟམ་བྷ་ཡ་ནན། ཞེས་པ་ བཟླ་ཞིང་སྦས་ན་བསྒྲུབ་བྱ་དེ་ཉིད་མྱུར་དུ་གནོན་པར་འགྱུར་རོ། །དེའི་རྗེས་བཟུངས་ནི། ཕྱེ་ མ་ཞེས་སོགས་ཤོ་ལོ་ཀ་གཅིག་གིས་བསྟན། དེ་ཡང་སྔར་གྱི་ཕྱེ་མ་བཏུམས་པའི་སྣོད་ལིང་ག་ དང་བཅས་པ་སྟོན་ནས། དེ་འབད་པས་བའི་འོ་མ་ལ་ཞི་བའི་སྔགས་བཟླས་པས་བཀྲུས་ན། དེར་ནི་གསོས་པར་འགྱུར་ལ། དེ་ལྟར་ཇི་སྐད་བཤད་པའི་ཚར་བཅད། རྗེས་ནི་ལས་དེ་དག་ 2-1-275 འགྲུབ་པར་ཐེ་ཚོམ་མེད་པ་ཡིན་ནོ། ། བཞི་པ་ནི། ཕྱེ་མ་དེ་ཉིད་བླངས་ནས་ནི། །ཞེས་སོགས་ཚིག་བདུན་གྱིས་བསྟན། དེ་ ཡང༌། ཙན་དན་གྱི་རྡུལ་ལ་སོགས་པ་ཕྱེ་མ་བཞི་པོ་དེ་བླངས་ནས་ནི། མྱོས་བྱེད་ལྔ་སྟེ། རྡ་རྡུ་ རའི་རྩ་བ་དང༌། སྡོང་བུ་དང༌། ལོ་མ་དང༌། མེ་ཏོག་དང༌། འབྲས་བུ་དེ་ལྔ་དང་ལྡན་པའི་རྫས་ ཆ་གཉིས་སུ་བྱས་པའི། ཆ་གཅིག་ལ་བསྒྲུབ་བྱའི་ལིང་ག་བྱས་པའི་སྙིང་གར་དྲག་པོའི་འཁོར་ ལོ་བཅུག་ལ། དེ་ཉིད་སྔར་གྱི་རྫས་ཆ་གཅིག་དུར་ཁྲོད་ཀྱི་རས་ལ་བཏུམས་པའི་ནང་དུ་བཅུག་ ནས། ཉེ་སྙིང་དང་གོ་ཆའི་སྔགས་ལ། དགྲ་བོ་འདི་ཞེས་བྱ་བ་སྨྱོ་བར་གྱིས་ཤིག་ཅེས་པའི་ བཟླས་བརྗོད་ལན་བརྒྱ་ཕྲག་ལ་སོགས་པ་བྱས་ནས་དུར་ཁྲོད་དུ་སྦས་ན་བསྒྲུབ་བྱ་དེ་འཕྲལ་ ཉིད་དུ་སྨྱོ་བར་འགྱུར་རོ། །དེའི་རྗེས་བཟུང་ནི། སྟོན་པ་ཞེས་སོགས་ཀྱིས་བསྟན། དེ་ཡང་ སྔར་གྱི་མནན་གཏད་དུ་སྦས་པ་དེ་ཉིད་བཏོན་ནས། རྫས་དེ་དག་གི་གོས་དུར་ཁྲོད་ཀྱི་རས་ དང་བྲལ་ནས་ནི། འབད་པས་བའི་འོ་མ་ལ་ཞི་བའི་སྔགས་བཟླས་པས་གཏོར་ཞིང་བཀྲུས་ན། སླར་གསོས་པར་བྱེད་པ་དང༌། ཇི་སྐད་བཤད་པའི་ལས་འདི་འགྲུབ་པར་འགྱུར་བ་འདི་ལ་ཐེ་ ཚོམ་མེད་དོ། ། དེ་རྣམས་ཀྱི་ངེས་དོན་རྫོགས་པའི་རིམ་པ་ནི། ཉེ་སྙིང་གི་ངེས་དོན་ལམ་དུས་ཀྱི་སྐུ་གསུང་ ཐུགས་རྡོ་རྗེའི་ཡེ་ཤེས་དང༌། གོ་ཆའི་རྣལ་འབྱོར་མ་དྲུག་གི་སྔགས་ཀྱི་ངེས་དོན། ཡུལ་དྲུག་ བདེ་བའི་ངོ་བོར་ཤར་བའི་ཡེ་ཤེས་ཏེ། དེ་དག་གི་རྒྱུར་གྱུར་པ་ནི། ལས་ཚོགས་རྣམ་པ་བཞི་པོ་ འདིའི་ངེས་དོན་རྫོགས་པའི་རིམ་པ་རྣམས་ཡིན་ཏེ། དེ་ཡང་ལས་ཚོགས་དང་པོའི་ངེས་དོན། རྩ་འཁོར་ལོ་བཞི་དང༌། གསང་གནས་དང༌། ནོར་བུའི་འཁོར་ལོ་དང༌། ལྟག་པའི་འཁོར་ལོ་ དང༌། གཙུག་ཏོར་གྱི་འཁོར་ལོ་སྟེ། འཁོར་ལོ་བརྒྱད་པོ་དེ་རྣམས་ལ་གནད་དུ་བསྣུན་པས། དེ་ དག་ཁ་སྦྱོར་དུ་གྱུར་ཏེ། རླུང་སེམས་འདུས་པ་ལས། ངེས་དོན་གྱི་སྔགས་དེ་ཐོབ་པར་འགྱུར་ 2-1-276 བ་དང༌། ཡང་ལས་ཚོགས་གཉིས་པ་སྦྱིན་སྲེག་ལ་བརྟེན་ནས་དགུག་པའི་ངེས་དོན་ནི། དུར་ ཁྲོད་དབུ་མའི་ནང་དུ་ཡེ་ཤེས་ཀྱི་གཏུམ་མོ་འབར་བ་ལས་ཀྱང༌། ངེས་དོན་གྱི་སྔགས་དེ་ཐོབ་ པར་འགྱུར་བ་དང༌། ལས་ཚོགས་གསུམ་པ་གནོན་པའི་ངེས་དོན་ནི། གཏུམ་མོ་འབར་བ་ལས་ རྣམ་རྟོག་འགག་པར་འགྱུར་བ་ཡིན་ལ། དེ་ལས་ཀྱང་ངེས་དོན་གྱི་སྔགས་དེ་ཐོབ་པར་འགྱུར་ བ་དང༌། ལས་ཚོགས་བཞི་པ་སྨྱོ་བར་བྱེད་པའི་ངེས་དོན་ནི། བྱང་ཆུབ་ཀྱི་སེམས་ཡོངས་སུ་ཞུ་ བའི་བདེ་བས། ཕུང་ཁམས་སྐྱེ་མཆེད་ཐམས་ཅད་མྱོས་པར་འགྱུར་བ་སྟེ། དེ་ལས་ཀྱང་ངེས་ དོན་གྱི་སྔགས་དེ་འགྲུབ་པར་འགྱུར་བ་ཡིན་ནོ། །ལེའུའི་མཚན་བསྟན་པ་ནི། དཔལ་འཁོར་ ལོ་སྡོམ་པ་ལས། རྣལ་འབྱོར་མ་དྲུག་དང༌། ཡི་གེ་བདུན་གྱི་ལས་ཀྱི་ཆོ་གའི་ལེའུ་སྟེ། བཞི་བཅུ་ རྩ་བཞི་པ་རྣམ་པར་བཤད་ཟིན་ཏོ།། །། ༈ ལེའུ་བཞི་བཅུ་རྩ་ལྔ་པ་ལ། མཚམས་སྦྱར་བ་དང༌། དོན་དངོས་དང༌། ལེའུའི་མཚན་ བསྟན་པ་དང་གསུམ་ལས། དང་པོ་ནི། དེ་ནས་ཞེས་སོགས་ཚིག་གཉིས་ཀྱིས་བསྟན། དེ་ཡང་ ལེའུ་སྔ་མའི་རྗེས་དེ་ནས། དོན་གཞན་ཡང་བཤད་པར་བྱའོ། །དེ་ཡང་གང་ཞེ་ན། ལས་ཀྱི་ རབ་མཆོག ངག་གི་དབང་ཕྱུག་གི་དངོས་གྲུབ་སྒྲུབ་པར་བྱེད་པའོ། ། གཉིས་པ་ལ། ངག་གི་དབང་ཕྱུག་ལ་སོགས་པའི་ལས་ཚོགས་ལྔ་བཤད་པ་དང༌། ལས་ འགྲུབ་པའི་ཁྱད་པར་གྱི་རྒྱུ་བཤད་པ་དང༌། བསྐོར་བ་ལ་སོགས་པའི་ལས་ཚོགས་གསུམ་ བཤད་པ་དང་གསུམ་ལས། དང་པོ་ལ། ངག་གི་དབང་ཕྱུག་ལ་སོགས་པའི་ལས་ཚོགས་དྲུག་ ཡོད་པ་ལས། དང་པོ་ནི། དངོས་གྲུབ་སྒྲུབ་ཏུ་རུང་བའི་རྣལ་འབྱོར་པས། དང་པོར་བསྙེན་པ་ ཁ་གསོ་བའི་ཕྱིར་དུ། གོ་ཆའི་དཔའ་མོ་དྲུག་གི་སྔགས་ཁྲི་ཕྲག་གཅིག་གིས་བསྙེན་པ་བྱ། དེ་ ནས་ཡང་རང་གི་སྙིང་གར་འཁོར་ལོ་རྩིབས་དྲུག་པའི་ལྟེ་བར་ཧེ་རུ་ཀའམ། རྡོ་རྗེ་ཕག་མོ་གང་ རུང་དང༌། རྩིབས་རྣམས་ལ་དཔའ་མོ་དྲུག་གསལ་བར་བསྒོམས་ཏེ། དེ་ལ་དམིགས་ནས། གོ་ 2-1-277 ཆའི་དཔའ་མོ་དྲུག་གི་སྔགས་ལ། ཝཱ་གི་ཤྭ་ར་སཱ་དྷ་ཡ། ཞེས་པའི་སྤེལ་ཚིག་བཏགས་ལ། ཁྲི་ ཕྲག་གཅིག་གིས་བསྙེན་པ་བྱ། དེ་ནས་ཀ་ར་ཝི་རའི་མེ་ཏོག་དམར་པོ་བརྒྱ་རྩ་བརྒྱད་བླངས་ ནས། དེ་བའི་འོ་མས་བཀྲུ་ཞིང༌། བསྲུང་བ་དང༌། བགེགས་བསྐྲོད་པ་ལ་སོགས་པ་བྱས་ན། སྒྲུབ་པའི་དཀྱིལ་འཁོར་གྱི་དབུས་སུ་སྟེགས་བུའི་སྟེང་དུ་བཞག་ལ། མེ་ཏོག་དེ་དག་རེ་རེ་ བཞིན་གོ་ཆའི་དཔའ་མོ་དྲུག་གི་རང་བཞིན་དུ་མོས་ལ། མེ་ཏོག་རེ་རེ་ལ་སྤེལ་ཚིག་དང་བཅས་ པའི་སྔགས་ཀྱི་བཟླས་བརྗོད་བརྒྱ་བརྒྱ་བྱ་བ་ཡིན་ཞིང༌། དེ་ནས་ལིང་ག་ལྷ་དབང་ཕྱུག་ཆེན་ པོའི་བརྟེན་དུ་བྱས་པའི་སྤྱི་བོར་མེ་ཏོག་རེ་རེ་བཞིན། སྔགས་ལན་བདུན་བདུན་བཟླས་ཏེ་ བསྣུན་པར་བྱ། དེ་ལྟར་ལྷའི་རྣལ་འབྱོར་ལ་ཤིན་ཏུ་མཉམ་པར་བཞག་པས་ཉི་མ་བདུན་དུ་བྱ་ བ་ཡིན་ཞིང༌། དེ་ནས་ཞག་གསུམ་དུ་ཚོགས་ཀྱི་འཁོར་ལོ་དང༌། མཆོད་གཏོར་རྒྱ་ཆེར་བྱས་ལ། སྔགས་ཀྱི་བཟླས་པ་ལ་བརྩོན་པར་བྱ། དེ་ལྟར་ཉིན་ཞག་བཅུ་གཅིག་པ་ལ། མེ་ཏོག་དེ་དག་ བླངས་ནས། ཆུ་བོ་ཆེན་པོར་སོང་ནས་ནི། དེ་དག་རེ་རེ་བཞིན། སྔགས་བཟླ་བ་བཞིན་དུ་ཆུ་ ལ་དོར་ནས། ཐམས་ཅད་ཆུ་ལ་དོར་ཟིན་པ་ན། ཆུ་བོར་མེ་ཏོག་ཐ་མར་ནི། །ཞེས་པ་ནི་མཚོན་ བྱེད་དེ། མེ་ཏོག་གཅིག་གམ། མང་པོ་ཡང་སྟེ། ཆུ་བོའི་རྒྱུན་ཕྱོགས་ལས་ཡར་གྱེན་དུ་བཟློག་ སྟེ། རབ་ཏུ་འབབ་ན་མེ་ཏོག་ཆུ་དང་བཅས་པ་སྒྲུབ་པ་པོས་བླངས་ནས་ནི། སོས་མ་རེག་པར་ དེ་འཐུངས་ན། གསང་བའི་རྒྱུད་ལས་འབྱུང་བའི་སྒྲུབ་པ་པོས། ཚིག་སྟེ་ངག་གི་དབང་ཕྱུག་ ཆེན་པོ་འགྲུབ་པར་འགྱུར་རོ། །དེ་ལ་ངག་གི་དབང་ཕྱུག་ཆེན་པོ་ནི་ཉིན་རེ་ལ་ཚིགས་བཅད་ སྟོང་ཕྲག་རེ་འཛིན་ནུས་པ་དང༌། འབྲིང་པོ་ལྔ་བརྒྱ་རེ་དང༌། ཐ་མ་ཚིགས་བཅད་བརྒྱ་ཕྲག་རེ་ འཛིན་ནུས་པའོ། ། གཉིས་པ་མཐེའུ་ཆུང་བསྐྱོད་པས་འགུགས་པར་བྱེད་པ་ནི། དེ་ནས་སྐྱེ་གནས་བརྒྱ་ བཅིངས་ལ། །ཞེས་སོགས་ཤོ་ལོ་ཀ་གཉིས་ཀྱིས་བསྟན། དེ་ཡང་གྲོ་ག་ལ་སོགས་པ་ལ། རྣལ་ 2-1-278 འབྱོར་མ་དྲུག་གི་འཁོར་ལོ་བྲིས་ལ། རབ་གནས་བྱས་ཏེ། སྐུད་པ་དམར་པོས་དཀྲིས་རྒྱབ། བསྒྲུབ་བྱའི་རྐང་རྗེས་ཀྱི་ས་ལ་ལིང་ག་བྱས་པའི་སྙིང་གར་འཁོར་ལོ་དེ་བཅུག་ནས། སྐུད་པ་ དམར་པོ་གསང་གནས་ནས་བཏོན་ཏེ། རང་གི་སྲིན་ལག་ལ་དཀྲི། དེ་ནས་ཡིད་ཀྱིས་བསྒྲུབ་ བྱ་ཡང་ཡང་བཀུག་ནས་ལིང་ག་ལ་བསྟིམས་པས། དེ་བསྒྲུབ་བྱ་དངོས་ཉིད་དུ་གནས་པར་ བསམས་ལ། དཔའ་མོའི་གོ་ཆའི་སྔགས་ལ་སྤེལ་ཚིག་བཏགས་པ་བརྒྱ་རྩ་བརྒྱད་ལ་སོགས་ པ་བཟླས་ནས། བསྒྲུབ་བྱའི་ལིང་ག་ལ་མངོན་དུ་ཕྱོགས་པས་རང་གི་སྐྱེ་གནས་ཀྱི་ཕྱག་རྒྱ་དེ་ ལ་བརྟེན་ནས། མཐེའུ་ཆུང་བསྐྱོད་པས། རང་གི་སྲིན་ལག་ལ་བཏགས་པའི་སྐུད་པ་དེ་ཐེང་ ཐེང་ཡོང་བར་བྱེད་དོ། །ཚུལ་དེ་ལྟར་ཐུན་གསུམ་ལ་སོགས་པའི་སྒོ་ནས་བསྒྲུབས་ན། སྒྲུབ་པ་ པོ་བྲམ་ཟེ་གསོད་པ་ལ་སོགས་པའི་སྡིག་ཅན་ཡིན་ན་ཡང༌། ཞག་བདུན་གྱིས་བརྒྱ་བྱིན་ཡང་ ངེས་པར་འགུགས་ནུས་སོ། ། གསུམ་པ་སེང་ལྡེ ང་གི་མེ་ལ་སྲོ་བས་འགུགས་པར་བྱེད་པ་ནི། ཙན་དན་དམར་པོའི་ རྡུལ་ལས་ནི། །ཞེས་སོགས་ཚིག་བཅུ་གཅིག་གིས་བསྟན། དེ་ཡང་ཙན་དན་དམར་པོའི་རྡུལ་ དང༌། བསྒྲུབ་བྱའི་རྐང་རྗེས་ཀྱི་ས་ལས། བསྒྲུབ་བྱའི་གཟུགས་ལིང་གར་བྱས་ལ། དེ་ལ་ཚ་ བ་གསུམ་གྱི་སྐྱོ་མས་ལུས་ལ་བཀུ་ཞིང༌། དེའི་སྟེང་དུ་པྲ་ཚིལ་གྱིས་ཀྱང་ལིང་གའི་ལུས་ལ་ བྱུགས་ལ། སྒྲུབ་པ་པོ་ཡིས་དེའི་གསང་གནས་སུ་སྔགས་ཀྱིས་བྱིན་གྱིས་བརླབས་པའི་ཟངས་ མའི་ཁབ་ཀྱིས་ཕུག་ནས་སུ། སེང་ལྡེ ང་གི་མེའི་འདག་མ་དུ་བ་མེད་པ་ལ། དཔའ་མོའི་གོ་ཆའི་ སྔགས་སྤེལ་ཚིག་དང་བཅས་པ་ལན་བརྒྱ་ལ་སོགས་པ་བཟླས་ཏེ་བསྲོས་ན། རྒྱལ་པོ་བློན་ པོར་བཅས་པ་དང༌། །རྒྱལ་པོའི་མདུན་ན་འདོན་དང༌། ཆུང་མ་འཁོར་དང་བཅས་པ་མྱུར་དུ་ འགུགས་པར་བྱེད་པ་ཡིན་ནོ། ། བཞི་པ་དུར་ཁྲོད་ཀྱི་མེ་ལ་གདུངས་པས་འགུག་པར་བྱེད་པ་ནི། མི་ཡི་བདག་པོ་འཁོར་ 2-1-279 བཅས་ནི། །ཞེས་སོགས་ཚིག་བཅུ་གཅིག་གིས་བསྟན། དེ་ཡང་མི་ཡི་བདག་པོ་འཁོར་དང་ བཅས་པ་སོགས་བསྒྲུབ་བྱ་འགུགས་པར་འདོད་ན། གྲོ་གའི་འདབ་མའམ། དུར་ཁྲོད་ཀྱི་རས་ ལ་གོ་ཆའི་དཔའ་མོ་དྲུག་གི་འཁོར་ལོ་སེན་རྩི་དང༌། གི་ཧཾ་དག་གིས་ལྟེ་བར་མིང་སྤེལ་དང་ བཅས་པ་བྲིས་ནས་ནི། འཁོར་ལོ་དེ་ཉིད་སྒྲུབ་ལ། བསྒྲུབ་བྱའི་རྐང་རྗེས་ཀྱི་ས་ལས་ལིང་ག་ བྱས་ཏེ། དེའི་སྙིང་གར་འཁོར་ལོ་བཅུག་ལ། ལིང་ག་པྲ་ཚིལ་གྱིས་གཡོགས། དེ་སྤེལ་ཚིག་ དང་བཅས་པའི་སྔགས་བརྒྱ་རྩ་སོགས་བཟླས་ནས་དུར་ཁྲོད་ཀྱི་མེ་ལ་ལིང་ག་དེ་གདུངས་ ཤིང༌། ཇི་སྲིད་པྲ་ཚིལ་མ་ཞུ་བར་དུ་སྲོས་པར་གྱུར་ན། འཁོར་ལོས་བསྒྱུར་བའི་རྒྱལ་པོ་དང་ བཅས་པ་ཡང་ངེས་པར་འགུགས་པར་ནུས་པ་ཡིན་ནོ། །དུར་ཁྲོད་མེ་དེ་འགྲུབ་ཕྱིར་བཤད། །ཅེས་པ་ནི། ལས་ཚོགས་འདི་སྔ་མ་རྣམས་ཀྱིས་མ་གྲུབ་པ། བདེ་བླག་ཏུ་འགྲུབ་པར་བྱེད་ པའི་སྤོགས་ཆོག་ལྟ་བུ་ཡིན་གསུང་། ལྔ་པ་གོང་བུ་དགུག་པ་ནི། བསྒྲུབ་བྱའི་རྐང་རྗེས་ཀྱི་ས་དང་ཙན་དན་དམར་པོའི་ཕྱེ་མ་ དང༌། དུར་ཁྲོད་ཀྱི་ཐལ་བ་རྣམས་སྒྲུབ་པ་པོས་གཅིག་ཏུ་བསྡུས་ལ། ལག་མཐིལ་གཉིས་སུ་ དགུག་པའི་འཁོར་ལོ་བྲིས་ཏེ། རྡུལ་དེ་དག་ལག་པ་གཉིས་ཀྱིས་མཉེས་ལ། ལག་པའི་འཁོར་ ལོ་རྣམས་མི་མངོན་པ་བྱ། ཕྱེ་མ་དེ་རྣམས་ཆ་གཉིས་སུ་བྱས་ཏེ། ཆ་གཅིག་སྦྱིན་སྲེག་གི་མེ་ལ་ ཕྱེ་མ་ཐམས་ཅད་བསྲེགས་པས་འགྲུབ་ཅིང༌། ཡང་རྡུལ་ཏེ་ཕྱེ་མ་ཆ་གཅིག་པོ་དེ་བླངས་ནས་ནི། དུར་ཁྲོད་ཀྱི་རས་ལ་སོགས་པར་བཏུམས་ནས། སྒྲུབ་པ་པོས་ཡིད་མ་ཡེངས་པར། དབུགས་ མི་འབྱིན་པ་སྟེ། འགོག་པའི་བཟླས་པའི་སྒོ་ནས་དུར་ཁྲོད་དུ་སྦས་ན། བསྒྲུབ་བྱ་བརྒྱལ་ཞིང་ སེམས་དང་བྲལ་བ་འདྲ་བ་དང༌། རྨོངས་ཤིང་སེམས་ཉོན་མོངས་པར་གྱུར་པས། རླུང་གི་ ཤུགས་ཀྱིས་ནམ་མཁའ་ལ་འོངས་ནས་ནི། སྒྲུབ་པ་པོའི་སྟེང་དུ་ལྟུང་བར་འགྱུར་རོ། ། གཉིས་པ་ལས་འགྲུབ་པའི་ཁྱད་པར་གྱི་རྒྱུ་བཤད་པ་ནི། ཕྱུགས་སམ་ཞེས་སོགས་ཚིག་ 2-1-280 གསུམ་གྱིས་བསྟན། དེ་ཡང་ལྷ་སྐུ་དང༌། སྔགས་ཀྱི་སྒྲ་གཟུགས་ལ་གསལ་སྣང་ཐོབ་པ་དང༌། ཕྱི་རོལ་ལས་ཀྱི་ཆོ་ག་ལ་མཁས་པ་དང༌། སྟོང་པ་ཉིད་ལ་གསལ་སྣང་ཐོབ་པ་ཞིག་གིས། དངོས་གྲུབ་དང་ལས་རྨད་དུ་བྱུང་བ་རྣམས་ཀྱང་འབད་པས་བསྒྲུབས་ན། རིམ་པས་འགྲུབ་ པར་འགྱུར་བ་ཡིན་མོད། འོན་ཀྱང་དཀའ་བ་མེད་པར་མྱུར་བ་ཉིད་དུ་འགྲུབ་པ་ལ། རབ་ཕོ་ ཉ་མོ་དང༌། འབྲིང་ལས་ཀྱི་ཕོ་ཉ་མོ་སྟེ། ལྷ་མོ་ཙནྚི་ཀ་ལ་སོགས་པ་བསྒྲུབས་ཏེ་བཀའ་སྡོད་ དུ་བྱེད་པ་དང༌། ཐ་མ་ཕྱུགས་སྒྲུབ་པ་སྟེ་གསུམ་པོ་དེ་རྣམས་གང་རུང་ཞིག་ལ་བརྟེན་ན། བྱ་ བ་སྟེ་ལས་དང་དངོས་གྲུབ་འདི་ནི་མྱུར་བ་ཉིད་དུ་འཛིན་པ་སྟེ་འགྲུབ་པར་འགྱུར་རོ། །དོན་ ཚན་གསུམ་པ་ལ། བསྐོར་བ་ལ་བརྟེན་ནས་དགུག་པ་དང༌། ངག་གི་དབང་ཕྱུག་སྒྲུབ་པའི་ ལས་དང༌། གཟུགས་བརྙན་ལ་བརྟེན་ནས་དགུག་པ་དང་གསུམ་ལས། དང་པོ་ནི། ཀ་ར་ཝི་ རའི་ལྕུག་མ་ནི། །ཞེས་སོགས་ཚིག་དགུས་བསྟན། དེ་ཡང་ཤིང་ཀ་ར་ཝི་རའི་ལྕུག་མ་སྡོང་བུ་ ལས་ནུབ་ཕྱོགས་སུ་བསྟན་ནས་སྐྱེས་པ་བརླན་དང་བཅས་པ། ཆེ་ཆུང་དཔུང་པའི་ཚད་མཉམ་ པ་ཞིག་བཅད་དེ་བསྲུང་བ་བྱས་ནས་བླངས། དེ་ཉིད་ལ་ཟངས་ཀྱི་ཁབ་ལྟ་བུས་དགུག་པའི་ འཁོར་ལོ་སྤེལ་ཚིག་དང་བཅས་པ་བྲིས་ལ། ཆོ་ག་ཇི་ལྟ་བ་བཞིན་དུ་སྒྲུབས། འགྲུབ་པའི་ མཚན་མ་མཐོང་བ་ན། སྐྱེས་པ་ཤི་བའི་རོ་དང༌། དེའི་བུད་མེད་གསོན་པོར་ལྷན་ཅིག་ཏུ་དུར་ ཁྲོད་དུ་བསྲེགས་པའི་འབར་བའི་མེ་ལ། ཀ་ར་ཝི་རའི་ལྕུག་མ་འཁོར་ལོ་དང་བཅས་པ་དེ་དོར་ ནས་བསྲོ་བར་བྱ་ལ། ཇི་སྲིད་དེ་མ་ཚིག་པར་མྱུར་དུ་སོང་སྟེ་དེ་བླངས་ནས། དཔའ་མོ་དྲུག་གི་ རིག་པ་སྤེལ་ཚིག་དང་བཅས་པ་ལན་བདུན་བཟླས་ནས། དེས་བསྒྲུབ་བྱ་ལ་གཡབ་པའི་ཚུལ་ གྱིས་བསྐོར་ན་ནི། བསྒྲུབ་བྱ་བུད་མེད་དང་སྐྱེས་པ་གང་ཡིན་ཡང་རུང༌། དེ་ཡི་སྐད་ཅིག་ཉིད་ ལ་རླུང་གི་ཤུགས་ཀྱིས་ཏེ། མྱུར་བ་ཉིད་དུ་འོང་བར་འགྱུར་རོ། ། གཉིས་པ་ནི། ཀ་ར་ཝི་རའི་མེ་ཏོག་དམར། །ཞེས་སོགས་ཤོ་ལོ་ཀ་ཕྱེད་དང་དྲུག་གིས་ 2-1-281 བསྟན། དེ་ཡང་འདི་ལ་འཁོར་ལོ་བྲིས་ཏེ་སྒྲུབས། དེ་ནས་ཀ་ར་ཝི་རའི་མེ་ཏོག་དམར་པོ་བརྒྱ་ རྩ་བརྒྱད་སྔགས་བརྒྱ་རྩ་བརྒྱད་བཟླས་ལ། སྐར་མ་རྒྱལ་ལ་བབ་པའི་ཚེ་བླང་བར་བྱ་ཞིང༌། དེ་ རྣམས་ལ་སྒྲུབ་པ་པོས་གི་ཧཾ་གིས་གོས་པར་བྱུགས་ལ། ཆུ་དང་བཅས་པ་སྣོད་ཀྱི་ནང་དུ་བཞག་ པ། འཁོར་ལོའི་སྟེང་དུ་བཞག་སྟེ། ཇི་སྲིད་རྟགས་མ་བྱུང་གི་བར་དུ་སྒྲུབ་པ་བྱ། རྟགས་བྱུང་ བ་ན། རང་ཆུ་བོ་ཆེན་པོར་ལྟེ་བ་ནུབ་ཙམ་གྱི་བར་དུ་ཞུགས་ནས་ནི། རང་གི་ལག་པ་གཉིས་ ལ། གི་ཧཾ་ལྟ་བུས་འཁོར་ལོ་ཡང་འབྲི་བར་བྱ་ལ། དེ་ནས་མེ་ཏོག་རྣམས་ཆུར་དོར་ལ། དེ་དག་ ཐམས་ཅད་དམ། གང་ཡང་རུང་བ་དག་མི་འཁྱེར་བར་ཆུ་ལ་གནས་པར་གྱུར་པ་དེ། རིག་ པ་སྟོང་བཟླས་ནས་ནི། ལག་པས་བླངས་ལ། མེ་ཏོག་དེ་དག་ལག་པ་གཉིས་ཀྱི་འཁོར་ལོའི་ བར་དུ་མཉེས་ནས་ཆུ་དང་བཅས་པ་བཏུང་བར་བྱའོ། །དེ་ནས་ནི་སྒྲུབ་པ་པོ་དེ་ཡིས། བདེན་ ཚིག་གི་དངོས་གྲུབ་འགྲུབ་པར་འགྱུར་རོ། །དེ་ཡང་ཇི་ལྟ་བུའི་ཚིག་འགྲུབ་ན། རྒྱལ་པོའམ། རྒྱལ་པོའི་ཆུང་མ་ནི་ཡིད་ཀྱིས་ཁུག་ཅིག་ཅེས་དྲན་ཅིང་བརྗོད་པ་ཙམ་གྱིས་ངེས་པར་འགུགས་ པར་འགྱུར་བ་དང༌། དེ་བཞིན་དུ་ལྷ་དང་ལྷ་མིན་མི་རྣམས་ཀྱང་མྱུར་བ་ཉིད་དུ་དབང་དུ་བྱེད་ པར་འགྱུར་བ་དང༌། གལ་ཏེ་སྒྲུབ་པ་པོ་ཁྲོས་པའི་ཚིག་གིས་གསོད་པར་གྱུར་ཅིག ཅེས་པའི་ ཚིག་བརྗོད་པ་ཙམ་གྱིས་གསོད་པར་འགྱུར་བ་དང༌། དེ་བཞིན་དུ་དབྱེ་བ་དང༌། བསྐྲད་པ་ལ་ སོགས་པ་ཚར་གཅོད་པ་ནི། སྒྲུབ་པ་པོའི་ཚིག་ཙམ་ཉིད་ཀྱིས་བྱེད་པར་འགྱུར་རོ། །དེ་བཞིན་ དུ་ཚིག་ཙམ་གྱིས་ཆུ་བོ་ཆེན་པོ་སོགས་གཅོད་པར་བྱེད་པ་དང༌། ཤིང་རྟ་མི་འགྲོ་བར་བྱེད་པ་ དང༌། སྒྱོགས་དང༌། མེ་མདའ་ལ་སོགས་པའི་འཁྲུལ་འཁོར་འཇོམས་པར་བྱེད་པ་དང༌། རྒྱ་ མཚོའི་རྦ་རླབས་གནོན་པར་བྱེད་པ་དང༌། གླང་པོ་དང༌། རྟ་དང༌། དེ་བཞིན་དུ་སྤྲིན་འཐོར་ བར་བྱེད་པ་དང༌། སྐྱེས་བུའམ། འདབ་ཆགས་ཐམས་ཅད་གནོན་པའོ། །འདི་ལ་བྱ་བ་རྣམས་ ཞེས་པ་ནི་མ་དག་པ་སྟེ། འདིའི་སྐད་དོད་ལ། པཀྵི་ཞེས་པ་ཡོད་པས་སོ། །དེ་ལྟར་ན། ཡིད་ལ་ 2-1-282 གང་དང༌། གང་འདོད་པ་ཐམས་ཅད་ཚིག་ཙམ་གྱིས་བྱེད་པར་འགྱུར་བ་ཡིན་ནོ། ། གསུམ་པ་ནི། དེ་ནས་གཞན་ཡང་ལས་བཤད་པ། །ཞེས་སོགས་ཤོ་ལོ་ཀ་ཕྱེད་དང་དྲུག་ གིས་བསྟན། དེ་ཡང་སྔ་མའི་རྗེས་དེ་ནས། ལས་ཀྱི་ཆོ་ག་གཞན་ཡང་བཤད་པར་བྱའོ། །དེ་ ཡང་གང་ཞེ་ན། བུད་མེད་ཐམས་ཅད་རྨོངས་པ་སྟེ། །སེམས་འཁྲུགས་པར་བྱས་པས། དགུག་ པ་ཡི་ནི་སྦྱོར་བ་དག །དཔའ་བོ་ཆེན་པོ་རང་ཉིད་ཀྱིས་གསུངས་པ་དེའོ། །དེ་ཡང་ཀ་ར་ཝི་རའི་ མེ་ཏོག་དམར་པོ་ཡང་དག་པར་བླངས་ནས། འཁོར་ལོ་བྲིས་པའི་སྟེང་དུ་བཞག་ལ། སྒྲུབ་པ་ བྱ་ཞིང༌། འགྲུབ་པའི་རྟགས་བྱུང་བ་ན། སྤེལ་ཚིག་དང་བཅས་པའི་རིག་པ་ལན་བདུན་ལ་ སོགས་པ་བཟླས་ནས། ལྷ་མོ་ཙནྚི་ཀའི་སྐྱེ་གནས་ཏེ། རྒྱ་གར་དུ། ལྷ་མོའི་བྷ་གའི་རྣམ་པའམ། ཆོས་འབྱུང་གྲུ་གསུམ་པའི་རྣམ་པ། རྡོ་དང་རྫ་ལས་བྱས་པ་ལྷ་མོའི་སྐུ་བརྟེན་དུ་བྱས་ནས། དེ་ ལ་ཁྲག་མཆོད་ལ་སོགས་པ་བྱེད་པ་ཞིག་ཡོད་པ་དེ་ཡིན་ལ། བླ་མ་གོང་མ་རྣམས་ནི་ལྷ་མོ་ཙནྚི་ ཀའི་གཟུགས་བརྙན་བྱས་པའི་སྐྱེ་གནས་ཡིན་པར་འཆད་དོ། །དེ་ལྟར་དེའི་དབུས་སུ་ཀ་ར་ཝི་ རའི་མེ་ཏོག་དེ་གཉིས་ཁ་སྦྱོར་དུ་བྱས་ནས་བཞག་གོ །ཚུལ་དེ་ལྟ་བུ་གཞན་སུས་ཀྱང་མ་ཤེས་ པར་བྱས་པའི། ཤིན་ཏུ་གསང་བའི་ཚུལ་ལ་གནས་པར་བྱས་ནས། ལས་ལ་ངེས་པར་སྦྱར་བ་ ཡིན་ལ། དེ་ཡང༌། གཉིས་མེད་ཡེ་ཤེས་ཏེ། སྟོང་པ་ཉིད་དང༌། ལྷའི་རྣལ་འབྱོར་དང་ལྡན་པའི་ སྔགས་པས། དཔའ་མོའི་གོ་ཆའི་སྔགས་སྤེལ་ཚིག་དང་བཅས་པ་བརྒྱ་ཕྲག་གཅིག་ཏུ་བཟླས་ པ་བྱའོ། །དེ་ནས་སྐྱེ་གནས་ཀྱི་དབུས་ཀྱི་མེ་ཏོག་དེ་བླངས་ནས། སྒྲུབ་པ་པོ་ཡི་མེ་ཏོག་གཅིག་ གིས་ནི། བསྒྲུབ་བྱ་གང་དང༌། གང་ལ་བསྣུན་པ་དེའི་མོད་ལ་དབང་དུ་འགྱུར་བ་ཡིན་ལ། མེ་ ཏོག་གཅིག་ནི་ཙནྚི་ཀའི་སྐུ་གཟུགས་ཡིན་ན་དེའི་མགོ་བོ་དང་ཡང་ན་སྐྱེ་གནས་ལ་བསྣུན་པར་ བྱེད་པའོ། །དེ་ཡང་བསྒྲུབ་བྱ་དེ་ཉིད་ལ་ཤིན་ཏུ་དད་པས། བརྒྱལ་ཞིང་དྲན་མེད་དུ་གྱུར་པའི་ ཚུལ་གྱིས་སེམས་དང་བྲལ་བ་དང༌། ཡན་ལག་གི་ཚིགས་ཀུན་གཞན་དབང་སྟེ། དད་པའི་ 2-1-283 སེམས་ཀྱིས་ཡོངས་སུ་ཞིག་པར་གྱུར་པས། སྒྲུབ་པ་པོ་རང་ཉིད་ལ་ཡིད་ཆེས་པའི་སེམས་ འཇུག་པར་འགྱུར་ཞིང༌། དེ་ལས་སྐད་ཅིག་གིས་དབང་དུ་བྱེད་པ་ཡིན་ལ། འདི་ནི་མངོན་སུམ་ དུ་འགྲུབ་པ་སྟེ། དོན་ཡོད་གདོན་མི་ཟ་བར་དབང་དུ་བྱེད་པ་ཡིན་ནོ། ། དེ་རྣམས་ཀྱི་ངེས་དོན་ནི། རྫོགས་རིམ་གྱི་གོ་རིམ་སྟོན་པ་སྟེ། ལས་ཚོགས་དང་པོ་ངག་གི་ དབང་ཕྱུག་སྒྲུབ་པའི་ངེས་དོན་ནི། རྫོགས་རིམ་གྱི་ཡེ་ཤེས་དང་པོ་སོར་སྡུད་ཙམ་མཐར་ཕྱིན་ པའི་ཚེ། སྔགས་འབྲས་འགྲུབ་པ་དང༌། དེ་ལྟར་ཉིན་ཞག་བཅུ་གཅིག་ལ། ཞེས་པ་ནི། སོར་ སྡུད་དེ་ཉིད་ལ་མཐོ་དམན་གྱི་རིམ་པ་བཅུ་གཅིག་ཡོད་པ་བསྟན་པ་ཡིན་ནོ། ། གཉིས་པ་མཐེ་ཆུང་བསྐྱོད་པ་ལ་བརྟེན་ནས་དགུག་པའི་ངེས་དོན་ནི། རླུང་རྣམས་དབུ་ མར་ཅུང་ཟད་ཐིམ་པ་ལས། ཚངས་པའི་མེ་འབར་བ་སྟེ། འདི་ནི་ཡན་ལག་དྲུག་གི་སྲོག་རྩོལ་ གྱི་རིམ་པ་དང་པོར་སྐྱེས་པ་དང༌། རིམ་པ་བཞིའི་སྔགས་རིམ་གྱི་དང་པོར་འབར་བ་ཡིན་ནོ། ། གསུམ་པ་སེང་ལྡེ ང་གི་མེ་ལ་བསྲོ་བས་དགུག་པར་བྱེད་པའི་ངེས་དོན་ནི། སེང་ལྡེ ང་གི་ མེ་དེ་ཤིན་ཏུ་རྣོ་ཞིང་ཚ་བ་ཡིན་པ་བཞིན་དུ་འདིར་ཡང་ཚངས་པའི་མེ་འབར་བའི་རྗེས་སུ། ལྟེ་ བའི་གཏུམ་མོ་དྲོད་ཀྱི་རང་བཞིན་ཅན་ཤིན་ཏུ་འབར་བར་གྱུར་པའོ། ། བཞི་པ་དུར་ཁྲོད་ཀྱི་མེ་ལ་གདུངས་པས་དགུག་པར་བྱེད་པའི་ངེས་དོན་ནི། དུས་དེར་ ལས་དང༌། ཡེ་ཤེས་ཀྱི་ཕྱག་རྒྱ་དང༌། མཉམ་པར་སྦྱར་བ་ལས། དྲོད་ཀྱི་རང་བཞིན་ཅན་གྱི་ གཏུམ་མོ་འབར་བ་དེ་བདེ་བའི་ཉམས་དང་ལྡན་པའི་གཏུམ་མོ་འབར་བར་གྱུར་པའོ། ། ལྔ་པ་སྦྱིན་སྲེག་ལ་བརྟེན་ནས་དགུག་པའི་ངེས་དོན་ནི། དེ་ནས་སྔགས་རིམ་གྱི་སྐབས་ རོ་རྐྱང་གི་འབར་འཛག་རྫོགས་ནས། དབུ་མའི་ནང་ནས་གཏུམ་མོ་འབར་བར་གྱུར་པའི་ཚེ། དབུགས་མི་འབྱིན་པ་སྟེ། རླུང་རྣམས་མི་ཤིགས་པའི་ཐིག་ལེ་ལ་ཐིམ་པར་འགྱུར་བ་སྟེ། འདི་ ལ་སྒྲུབ་པ་པོ་ཡིས་གཅིག་བསྡུས་ལ། ཞེས་པ་ཡང་རོ་རྐྱང་གི་རླུང་གཉིས་དབུ་མར་གཅིག་ཏུ་ 2-1-284 བསྡུས་པའི་དོན་ནོ། །ལས་ཚོགས་དྲུག་པ་བསྐོར་བས་དགུག་པའི་ངེས་དོན་ནི། ཡེ་ཤེས་ཀྱི་ གཏུམ་མོ་འབར་བ་སྟེ། འདི་ལ་འབར་འགྱུར་རོ་བསྲེགས་མེ་ལ་དོར། །ཞེས་པ་ཡང༌། བཟུང་ འཛིན་རྣམ་རྟོག་གི་རོ་བསྲེགས་པའི་མེ་ཡེ་ཤེས་ཀྱི་གཏུམ་མོ་ཡིན་པར་བསྟན་པ་ཡིན་ནོ། །ལས་ཚོགས་བདུན་པ་ངག་གི་དབང་ཕྱུག་གཉིས་པའི་ངེས་དོན་ནི། ཡེ་ཤེས་ཀྱི་གཏུམ་མོའི་ འབར་སྣང་ལས། གཞོམ་མེད་ཀྱི་སྒྲ་དབྱངས་གྲུབ་པ་སྟེ། འདི་ནི་ཡན་ལག་དྲུག་གི་རྗེས་དྲན་ གྱི་རིམ་པ་དང༌། རིམ་པ་བཞི་ལས། མས་བརྟན་རྗེས་དྲན་བཅུ་དྲུག་གི་སྐབས་སུ་འབྱུང་བ་ ཡིན་ནོ། །བརྒྱད་པ་གཟུགས་བརྙན་ལ་བརྟེན་ནས་དགུག་པའི་ངེས་དོན་ནི། སྐྱེ་གནས་དབུས་ སུ་བཞུག་པར་བྱ། །ཞེས་གསུངས་པས། ཕྱག་རྒྱ་རྣམ་པ་གསུམ་གྱིས་སྐྱེ་གནས་ཀྱི་དབུས་ སུ་སྙོམ་པར་གཞུག་པར་བྱ་བ་སྟེ། ཡན་ལག་དྲུག་གི་རྗེས་དྲན་དང༌། ཏིང་ངེ་འཛིན་གྱི་རིམ་ པ་དང༌། གསང་རིམ་ས་བཅུ་གཉིས་ལ་སོགས་པ་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ། ཕྱག་རྒྱ་ རྣམ་པ་གསུམ་གྱི་རོལ་པས། གོང་འཕེལ་དུ་འགྱུར་བ་ཡིན་ནོ། །དེ་ལྟར་ན་རྫོགས་རིམ་འདི་ དག་གི་ངོ་བོ་སྔར་ཡང་ཡང་བཤད་ཟིན་མོད། འོན་ཀྱང་དེའི་གོ་རིམ་སྔར་མ་བསྟན་པ་འདིར་ བསྟན་པ་ཡིན་ནོ། ། གསུམ་པ་ནི། དཔལ་འཁོར་ལོ་སྡོམ་པ་ལས། རྣལ་འབྱོར་མ་དྲུག་གི་གོ་ཆའི་དངོས་གྲུབ་ དང༌། དགུག་པའི་ཆོ་གའི་ལེའུ་སྟེ། བཞི་བཅུ་རྩ་ལྔ་པ་རྣམ་པར་བཤད་ཟིན་ཏོ།། །། ༈ ལེའུ་བཞི་བཅུ་རྩ་དྲུག་པ་འདི། ཡི་གེ་ཧ་ལྔའི་ལས་ཚོགས་སྟོན་པ་ཡིན་ལ། འདི་ལ་ བཤད་པར་ཞལ་གྱིས་བཞེས་པ་དང༌། དོན་དངོས་དང༌། ལེའུའི་མཚན་བསྟན་པ་དང་གསུམ་ ལས། དང་པོ་ནི། དེ་ནས་ཞེས་སོགས་ཤོ་ལོ་ཀ་གཅིག་གིས་བསྟན། དེ་ཡང་ལེའུ་སྔ་མའི་རྗེས་ དེ་ནས། གཞན་ཡང་བཤད་པར་བྱའོ། །དེ་ཡང་གང་ཞེ་ན། ཡི་གེ་ཧ་ལྔས་ལས་རྣམས་ཐམས་ ཅད་གྲུབ་པར་བྱེད་པ། གང་ཞིག་ཤེས་པ་ཙམ་གྱིས་མྱུར་དུ་དངོས་གྲུབ་ཐམས་ཅད་ཐོབ་པར་ 2-1-285 བྱེད་པ་དེ་བཤད་དོ། ། གཉིས་པ་ལ། ཡི་གེ་ཧ་ལྔ་ངོས་བཟུང་བ་དང་། དེའི་ལས་ཚོགས་བཤད་པ་གཉིས་ལས། དང་པོ་ནི། ཧེ་ཞེས་སོགས་ཚིག་གཉིས་ཀྱིས་བསྟན། དེ་ཡང་མལ་འགྱུར་ལས། ཧཱེ་དང་། ཧཱ་ དང་། ཧཱུཾ་དང་། ཧཾ་དང་། ཧཿསྟེ་ཡི་གེ་ལྔ་པོ་དེ་རྣམས་ཡིན་པར་བཤད་ལ། བྷ་ཝ་བྷ་ཏྲས། ཧཱ་ དང་། ཧཱི་དང་། ཧཱུཾ་དང་། ཧཻ་དང་། ཧཽ་སྟེ་རིང་པོ་ལྔ་པོ་དེ་ཡིན་པར་བཤད་ལ། དེའི་རྒྱུ་མཚན་ དཔའ་བོའི་གོ་ཆའི་སྔགས་ཀྱི་སྐབས། ཧ་ཡིག་ལ་ཨ་ཨི་ཨུ་ཨེ་ཨོ་སྟེ་དབྱངས་དེ་རྣམས་ཞུགས་ པ་ཡིན་པ་ལ། སྐབས་འདིར་དེ་རྣམས་མ་ཡིན་པར། དབྱངས་རིང་པོ་ལྔ་ཞུགས་པ་ཡིན་ཞེས་ འཆད་དོ། །དེས་ན་ཐོག་མར་ཡི་གེ་ཧ་ལྔའི་བསྙེན་པ་སྔོན་དུ་སོང་པས་ཡང་དངོས་གྲུབ་ཀྱི་དོན་ དུ་ཁྲི་ཕྲག་ལ་སོགས་པ་བཟླས་ནས། དེ་ནས་ལས་ཚོགས་སྒྲུབ་པ་ལ་འཇུག་པ་ཡིན་ལ། ལྷ་ཧེ་ རུ་ཀ་ཡབ་ཡུམ་གང་རུང་ཞིག་གི་རྣལ་འབྱོར་ལ་གནས་པས་སྒྲུབ་པོ། །གཉིས་པ་ལ། གསོད་ པའི་ལས་དང༌། ཁྲག་འདྲེན་པའི་ལས་དང༌། རྒྱལ་པོ་དཔུང་དང་བཅས་པ་བརླག་པར་བྱེད་ པའི་ལས་དང༌། ལས་དེ་ཐམས་ཅད་ལ་ཐུན་མོང་དུ་འཇུག་པའི་སྦྱིན་སྲེག་དང༌། གཏོར་མའི་ བྱ་བ་དང་གཟུགས་ཡོངས་སུ་བསྒྱུར་བ་དང༌། སྦྲུམ་མ་འཕོ་བ་དང༌། སྡིགས་མཛུབ་སྒྲུབ་པ་ དང༌། དྲུག་ལས། དང་པོ་ནི། ལག་པ་མཉེས་པས་བསྐུལ་ཚིག་བཅས། །ཞེས་སོགས་ཚིག་གསུམ་གྱིས་ བསྟན། དེ་ཡང་རོ་རས་སམ། སྤྲེའུའི་ལྤགས་པ་ལ་སོགས་པ་ལ། དུག་ཁྲག་གིས་བསད་པའི་ འཁོར་ལོ་བྲིས་ལ། བསྒྲུབ་པ་བྱ་ཞིང་འགྲུབ་པའི་རྟགས་མཐོང་བ་ན། དེ་སྦྱིན་སྲེག་གི་མེ་ལ་ བསྲེགས་ཏེ་ཐལ་བར་བཏང༌། དེ་ནས་རང་གི་ལག་པ་གཉིས་ལ། དུག་ཁྲག་གིས་ཡི་གེ་ཧ་ ལྔའི་བསད་པའི་འཁོར་ལོ་བྲིས་ཏེ། སྔར་གྱི་ཐལ་བ་ལག་པ་གཉིས་ཀྱི་བར་དུ་མཉེ་ཞིང༌། ཡི་ གེ་ཧ་ལྔ་ལ་བསྐུལ་ཚིགས་དང་བཅས་པའི་སྔགས་བཟླས་ན། དགྲ་བོ་ཁ་ནས་ཁྲག་འཛག་ 2-1-286 ཅིང༌། དེའི་མོད་ལ་འཆི་བར་འགྱུར་རོ། ། གཉིས་པ་ནི། ཤིན་ཏུ་མཛེས་པའི་ཐོད་གནས་པ། །ཞེས་སོགས་ཤོ་ལོ་ཀ་གཅིག་གིས་ བསྟན། དེ་ཡང་ཤིན་ཏུ་མཛེས་པའི་ཐོད་པ་ལ། ཁབ་ཤིན་ཏུ་རྣོན་པོ་དག་གིས། དེའི་ནང་དུ་ དགུག་པའི་འཁོར་ལོ་བྲིས་ལ། རི་མོ་རྣམས་གྲི་ཁྲག་གིས་གང་བར་བྱས་ལ། འཁོར་ལོ་དེ་ སྒྲུབས། འགྲུབ་པའི་མཚན་མ་མཐོང་བ་ན། རང་གི་སྲིན་ལག་གི་ཁྲག་གཏར་ཏེ། དེས་འཁོར་ ལོ་དེ་མཉེ་བར་བྱ་ཞིང༌། ཐོད་པའི་ནང་དུ་བསྒྲུབ་བྱའི་ཁྲག་ནང་དུ་བཀུག་པར་བསམས་ལ། བསྐུལ་ཚིག་དང་བཅས་པའི་སྔགས་ཇི་སྲིད་མ་ཉམས་ཀྱི་བར་དུ་བཟླས་ན། དེས་ནི་བསྒྲུབ་ བྱའི་ལུས་ལ་ཁྲག་ཟད་པས། ཡོངས་སུ་བསྐམས་ཏེ་རྣམ་པར་འཇིག་པ་སྟེ། འཆི་བར་འགྱུར་ རོ། ། གསུམ་པ་ནི། གལ་ཏེ་ཁྲོ་བ་འབར་བ་དང༌། །ཞེས་སོགས་ཤོ་ལོ་ཀ་གཅིག་གིས་བསྟན། དེ་ཡང་གལ་ཏེ་སྒྲུབ་པ་པོ་ཤིན་ཏུ་ཁྲོ་བའི་ཉམས་དང་བཅས་པས་འབར་བ་དང༌། མིག་དམར་ པོར་གྱུར་པ་སྟེ་སྡང་མིག་དང་བཅས་པས་ཡི་གེ་ཧ་ལྔ་སྤེལ་ཚིག་དང་བཅས་པ་ཤིན་ཏུ་ཁྲོ་བའི་ སེམས་ཀྱིས་བཟླས་ཤིང་སྒྲུབ་ལ་འགྲུབ་པའི་མཚན་མ་མཐོང་ན་ནི་འཁོར་ལོ་དེ་མནན་གཏད་ དུ་སྦས་ན་རྒྱལ་པོ་དཔུང་ཚོགས་བཞོན་པ་དང་བཅས་པ་ཡང་མྱུར་བ་ཉིད་དུ་བརླག་པར་བྱེད་ དོ། ། བཞི་པ་ནི། བྱི་ལ་དང་ནི་ནེའུ་ལེ་དང༌། །ཞེས་སོགས་ཚིག་ལྔས་བསྟན། དེ་ཡང་ལེའུ་ འདིའི་ལས་ཚོགས་སྔར་བཤད་ཟིན་པ་དང༌། ད་འཆད་འགྱུར་གྱི་ལས་དེ་རྣམས་སྒྲུབ་པའི་ དུས་སུ་འཁོར་ལོ་སྤེལ་ཚིག་དང་བཅས་པ་བྲིས་ལ། བྱི་ལ་དང༌། ནེའུ་ལེ་དང༌། ཁྱི་དང༌། ཁྭ་ དང༌། ཝ་དང༌། ཆུ་སྐྱར་རྣམས་ཀྱི་ཤ་ཁྲག་གིས་རྡོ་རྗེ་མཁའ་འགྲོ་མ་རྣམས་ལ་གཏོར་མ་དང༌། སྦྱིན་སྲེག་བྱས་པས་ལས་འདི་དག་མྱུར་བ་ཉིད་དུ་འགྲུབ་པ་ཡིན་པར་རྒྱུད་འདིར་གསུངས་པ་ 2-1-287 ལ་ཐེ་ཚོམ་མེད་དོ། ། ལྔ་པ་ནི། རི་བོང་ལ་སོགས་སྤུ་ལས་ནི། །ཞེས་སོགས་ཤོ་ལོ་ཀ་གཅིག་གིས་བསྟན། དེ་ ཡང་ཐོག་མར་རི་བོང་ལ་སོགས་པ་སེམས་ཅན་གང་དང་གང་གི་གཟུགས་སུ་སྒྱུར་པའི་སྤུ་ བླངས་ཤིང༌། དེ་དང་མཉམ་དུ་འཁོར་ལོ་སྤེལ་ཚིག་དང་བཅས་པ་བྲིས་ཏེ་སྒྲུབ། གྲུབ་པའི་ རྟགས་བྱུང་བ་ན། སྤུ་དེ་དག་ལ་སྲད་བུ་བྱས་ཏེ། འཁོར་ལོ་དེ་ལ་དཀྲིས་ཤིང༌། བསྒྲུབ་བྱ་ལ་ འདོགས་པའི་ཐག་པ་ཡང་ཡོང་བར་བྱས་ལ། ཧ་ལྔ་སྤེལ་ཚིག་དང་བཅས་པ་ལན་སྟོང་ལ་ སོགས་པ་བཟླས་ནས། བསྒྲུབ་བྱ་གང་གི་མགུལ་དུ་བཅིངས་པར་གྱུར་པ་དེ་ནི། དེ་དང་འདྲ་ བར་གང་བཏགས་པ་དེའི་གཟུགས་སུ་འགྱུར་རོ། ། དྲུག་པ་ནི། ལག་པ་བཟླས་བརྗོད་སྟོང་བྱས་ཏེ། །ཞེས་སོགས་ཚིག་ལྔས་བསྟན། དེ་ཡང་ ཤིང་ལེབ་བམ། གྲོ་ག་ལ་འཁོར་ལོ་སྤེལ་ཚིག་དང་བཅས་པ་བྲིས་ལ་སྒྲུབ། འགྲུབ་པའི་རྟགས་ བྱུང་བ་ན། འཁོར་ལོ་དེ་བཀྲུས་ལ། དེའི་ཁུ་བས། རང་གི་ལག་པ་གཡོན་པ་ལ་ཡང་འཁོར་ལོ་ སྤེལ་ཚིག་དང་བཅས་པ་བྲིས་ནས་བཟླས་བརྗོད་སྟོང་བྱས་ཏེ་ཀ་ར་ཝི་རའི་མེ་ཏོག་ལ་ཡི་གེ་ ཧ་ལྔ་རེ་རེ་མངོན་པར་བཟླས་ཏེ། ལག་མཐིལ་གྱི་འཁོར་ལོའི་ཡི་གེ་རེ་རེའི་སྟེང་དུ་བཞག དེ་ དང་བཅས་པའི་ལག་པས་སྦྲུམ་མ་ལ་རེག་ཅིང༌། བྱབས་པའི་ཚུལ་གྱིས། མངལ་ནང་དུ་འཕོ་ བར་འདོད་པ་དེ་ལ་སྤོ་བའི་ཚུལ་བྱས་ན། མངལ་རྣམ་པར་འཕོ་བར་འགྱུར་རོ། །དེའི་རྗེས་ བཟུང་ནི། བཏང་ན་ཐར་བར་འགྱུར་བ་ཡིན། །ཞེས་སོགས་ཏེ། ཡང་ཐར་བར་འགྱུར་བའི་ འཁོར་ལོ་སྤེལ་ཚིག་དང་བཅས་པ་བྲིས་ལ། བཟླས་པ་བྱས་ཤིང༌། སྔར་གྱི་ལས་དེ་ཡོངས་སུ་ བཏང་ན་ཐར་བར་འགྱུར་བ་ཡིན་ནོ། ། བདུན་པ་ནི། གང་ལ་སྡིགས་མཛུབ་བྱས་ཏེ་འཆི། །ཞེས་པ་སྟེ། ཡང་ཡི་གེ་ཧ་ལྔའི་བསད་ པའི་འཁོར་ལོ་བྲིས་ལ། རང་གི་སྡིགས་མཛུབ་ཀྱིས་བཟུང་སྟེ་བསྒྲུབ་པ་བྱ། འགྲུབ་པའི་ 2-1-288 རྟགས་བྱུང་ན། འཁོར་ལོ་དེ་མི་མངོན་པར་ཁུ་ཚུར་གྱི་ནང་དུ་བཅུག་ནས། བསྒྲུབ་བྱ་གང་ལ་ སྡིགས་མཛུབ་བྱས་པས་དེ་འཆི་བར་འགྱུར་རོ། །དེའི་རྗེས་བཟུང་ནི། སླར་ཡང་འཚོ་བར་བྱེད་ པ་ཡིན། །ཞེས་སོགས་ཏེ། འཁོར་ལོ་བཀྲུ་བ་ལ་སོགས་པའི་སྒོ་ནས་ལས་དེ་ཡོངས་སུ་བཏང་ ན། བསྒྲུབ་བྱ་སླར་འཚོ་བར་འགྱུར་རོ། ། དེ་རྣམས་ཀྱི་ངེས་དོན་ནི། རྫོགས་རིམ་གྱི་བྱང་ཕྱོགས་སོ་བདུན་གྱི་ནང་ནས་དབང་པོ་ལྔ་ དང༌། སྟོབས་ལྔ་དང་སྦྱོར་བར་བྱེད་པ་ཡིན་ཏེ། ལས་ཚོགས་སྒྲུབ་པའི་གཞི་སྔགས་ཡི་གེ་ཧ་ ལྔ་ནི། དབང་པོ་ལྔ་དང༌། ལས་ཚོགས་ལྔ་པོ་རྣམས་ནི་སྟོབས་ལྔ་དང་སྦྱོར་བར་བྱེད་པ་ཡིན་ ལ། དེ་ཡང་དད་པའི་སྟོབས་ནི་ལས་ཚོགས་དང་པོ་སྟེ། མ་དད་པ་ལ་སོགས་པ་གསོད་པར་ བྱེད་པས་སོ། །བརྩོན་འགྲུས་ཀྱི་སྟོབས་ནི། ལས་ཚོགས་གཉིས་པ་སྟེ། དགེ་ཆོས་ཡོན་ཏན་ གྱི་ཚོགས་ཐམས་ཅད་འདྲེན་པར་བྱེད་པ་དང༌། དྲན་པའི་སྟོབས་ནི་ལས་ཚོགས་གསུམ་པ་སྟེ། དམིགས་ཡུལ་མ་བརྗེད་པར་བྱེད་པའི་དྲན་པས་ནི། ཉོན་མོངས་པའི་དཔུང་ཚོགས་ཐམས་ ཅད་འཇོམས་པར་བྱེད་པ་དང༌། ཏིང་ངེ་འཛིན་གྱི་སྟོབས་ནི་ལས་ཚོགས་བཞི་པ་སྟེ། ཏིང་ ངེ་འཛིན་འགྲུབ་པའི་མཐུ་ལས། གཟུགས་སྣ་ཚོགས་སུ་བསྒྱུར་བ་ལ་སོགས་པ། ཆོ་འཕྲུལ་ ཐམས་ཅད་ལ་དབང་འབྱོར་བར་འགྱུར་བ་དང༌། ཤེས་རབ་ཀྱི་སྟོབས་ནི་ལྔ་པ་དང༌། དྲུག་པ་ སྟེ། དེ་གཉིས་ལ་ཚར་གཅོད། རྗེས་བཟུང་གཉིས་གཉིས་འབྱུང་བ་ཡང༌། ཤེས་རབ་ཀྱི་སྟོབས་ ཀྱིས་རང་རྒྱུད་ཀྱི་ཉོན་མོངས་པ་ལ་སོགས་པའི་སྤང་བྱ་རྣམས་སྤོང་བའི་ཚུལ་གྱིས་ཚར་གཅོད་ པ་དང༌། གཉེན་པོ་ཡོན་ཏན་གྱི་ཚོགས་རྣམས་བསྐྱེད་པའི་ཚུལ་གྱིས་རྗེས་སུ་འཛིན་པ་ཡིན་ ནོ། ། གསུམ་པ་ནི། དཔལ་འཁོར་ལོ་སྡོམ་པ་ལས། ཡི་གེ་ཧ་ལྔའི་ལས་ཀྱི་ཆོ་གའི་ལེའུ་སྟེ། བཞི་བཅུ་རྩ་དྲུག་པ་རྣམ་པར་བཤད་ཟིན་ཏོ།། །། 2-1-289 ༈ ལེའུ་བཞི་བཅུ་རྩ་བདུན་པ་ལ། བཤད་པར་ཞལ་གྱིས་བཞེས་པ་དང༌། དོན་དངོས་ དང༌། ལེའུའི་མཚན་བསྟན་པ་དང་གསུམ་ལས། དང་པོ་ནི། དེ་ནས་ཞེས་སོགས་ཚིག་གཅིག་ གིས་བསྟན། དེ་ཡང་ལེའུ་སྔ་མའི་རྗེས་དེ་ནས། དོན་གཞན་ཡང་བཤད་པ་བྱ། ཞེས་པའོ། ། གཉིས་པ་ལ། མདོར་བསྟན་རྒྱས་བཤད་གཉིས་ལས། དང་པོ་ནི། མཁའ་འགྲོ་ཞེས་ སོགས་ཚིག་གསུམ་གྱིས་བསྟན། དེ་ཡང་རྡོ་རྗེ་ཕག་མོའི་སྙིང་པོ་ཡི་གེ་ཉི་ཤུ་པ་འདི། འཇིག་ རྟེན་དང་འཇིག་རྟེན་ལས་འདས་པའི་མཁའ་འགྲོ་ཐམས་ཅད་ཀྱི་སྙིང་པོར་གྱུར་པ་ཡིན་ལ། དེའི་རྒྱུ་མཚན་རྡོ་རྗེ་ཕག་མོ་ལ་སོགས་པའི་རྣལ་འབྱོར་མ་སུམ་ཅུ་རྩ་བདུན་གྱིས་མཁའ་འགྲོ་ མ་ཐམས་ཅད་བསྡུས་པ་ཡིན་ཞིང༌། རྣལ་འབྱོར་མ་སུམ་ཅུ་རྩ་དྲུག་ཀྱང༌། རྡོ་རྗེ་ཕག་མོས་ བསྡུས་པའི་ཕྱིར་རོ། །དེ་ལྟར་མཁའ་འགྲོ་ཀུན་གྱི་སྙིང་པོ་འདི་ནི་བརྗོད་པ་ཙམ་གྱིས་ཀྱང་ དངོས་གྲུབ་ཐམས་ཅད་བསྐྱེད་པར་བྱེད་པ་ཡིན་ཞེས་ཆེ་བའི་ཚུལ་གྱིས་བསྟན་པའོ། ། གཉིས་པ་ལ་དོན་ཚན་ཉི་ཤུ་ཡོད་པ་ལས། དང་པོ་དབང་དུ་བྱེད་པ་ནི། དེ་ལ་ཞེས་སོགས་ ཀྱིས་བསྟན། གཉིས་པ་རྒྱས་པར་བྱེད་པ་ནི། རྟག་ཏུ་ཞེས་སོགས་ཀྱིས་བསྟན། གཉིས་པོ་དེ་ རྒྱུད་ཀྱི་དངོས་བསྟན་ལ། ཕན་ཡོན་གྱི་ཚུལ་གྱིས་གསུངས་པ་ཡིན་ཀྱང༌། བླ་མའི་མན་ངག་གི་ དེ་གཉིས། ལས་ཚོགས་སུ་མཛད་པ་ཡིན་ནོ། །དང་པོ་ནི་ཡུམ་གྱི་སྙིང་པོའི་འཁོར་ལོ་བྲིས་གཞི་ སོགས། དབང་གི་ལས་སྤྱི་དང་མཐུན་པ་ཞིག་བྲིས་ལ། དཀྱིལ་འཁོར་གྱི་དབུས་སུ་བཞག་སྟེ། མཁའ་འགྲོ་མའི་རིག་པ་ཆེན་པོ་སྤེལ་ཚིག་དང་བཅས་ཏེ་སྒྲུབ་ལ། གྲུབ་པའི་རྟགས་བྱུང་བ་ན། སྨད་འཚོང་མའི་ཁྱིམ་ལ་སོགས་པར་སྦས་ན། རྒྱལ་རིགས་ལ་སོགས་པ་རིགས་ཐམས་ཅད་ དབང་དུ་བྱེད་པར་འགྱུར་རོ། ། གཉིས་པ་ནི། རྒྱས་པའི་འཁོར་ལོ་བྲིས་པ། ཆོ་ག་ཇི་ལྟ་བ་བཞིན་དུ་བསྒྲུབས་ཤིང༌། དུས་ རྟག་ཏུ་སྤེལ་ཚིག་དང་བཅས་པའི་བཟླས་པ་བྱས་པས་ནི། བསྒྲུབ་བྱ་ལ་དཔལ་ཆེན་པོ་བསྐྱེད་ 2-1-290 པར་འགྱུར་རོ། ། གསུམ་པ་རིགས་རྒྱུད་གཅོད་པ་ནི། དྲག་པོའི་འཁོར་ལོ་བྲིས་ལ། དེ་དང་ལྷན་ཅིག་ཏུ་ མིའི་རྗེ་ངར་གྱི་རུས་པའི་རྒྱུ་ལས། ཕུར་བུ་སོར་དྲུག་པ་བྱས་པ་གཅིག་དཀྱིལ་འཁོར་གྱི་དབུས་ སུ་བཞག་སྟེ་སྒྲུབ། འགྲུབ་པའི་རྟགས་བྱུང་བ་ན་བསྐུལ་ཚིག་དང་བཅས་པའི་སྔགས་བརྒྱ་ རྩ་བརྒྱད་མངོན་པར་བཟླས་ནས། བསྒྲུབ་བྱ་གང་གི་སྒོར་སྦས་ན། དེའི་རིགས་རྒྱུད་རྣམས་ གཅོད་པར་འགྱུར་རོ། །དེ་བཞིན་དུ་ཞིང་དང༌། ར་བ་དང༌། མ་ཧེ་དང༌། གླང་པོ་ཆེ་དང༌། རྟའི་ གནས་སུ་ས་བསྐོས་ཏེ་སྦས་ན། དེ་ཐམས་ཅད་བརླག་པར་འགྱུར་རོ། ། བཞི་པ་ནི། དེ་ནས་རྒྱལ་པོའམ་ཞེས་སོགས་ཀྱིས་བསྟན། དེ་ཡང་རྒྱལ་པོའམ། རྒྱལ་ པོའི་བློན་པོ་དབང་དུ་བྱ་བར་འདོད་ན། དབང་གི་འཁོར་ལོ་བྲིས་ལ་རབ་གནས་ལ་སོགས་པ་ བྱས་ཏེ་སྒྲུབ། དེ་ནས་རྒྱལ་པོ་ལ་སོགས་པའི་བསྒྲུབ་བྱ་གང་དང་གང་ཡིན་པའི་སྒོའི་ས་དང༌། རྐང་རྗེས་ཀྱི་ས་ལས་བྱས་པའི་བསྒྲུབ་བྱའི་གཟུགས་བརྙན་སོར་བརྒྱད་པ་བྱས་ལ། དེའི་སྙིང་ གར་འཁོར་ལོ་བཅུག་པ་སྒྲུབ་པ་པོ་མཁས་པས་ཕྱོགས་གཅིག་ཏུ་བཞག་ནས། ཉིན་ཞག་དང་ པོ་ལ། འཁོར་ལོ་མདུན་བསྐྱེད་ཀྱི་ལྷ་དང་བཅས་པ་ལ། མ་ཏུ་ལུང་ཀའི་མེ་ཏོག་དང་འབྲས་ བུ་བསྲེས་ཏེ་སྦྱིན་སྲེག་བརྒྱ་དང༌། སྟོང་ལ་སོགས་པ་བྱས་ནས། གཟུགས་བརྙན་འཁོར་ལོ་ དང་བཅས་པ་དེ་སྨད་འཚོང་མའི་ཁྱིམ་ལ་སོགས་པར་མནན་པ་བྱས་ན། བསྒྲུབ་བྱ་དེ་དབང་ དུ་འགྱུར་རོ། །སརྦ་བུདྡྷའི་སྔགས་འདི་ཉིད་དང༌། ལས་ཚོགས་ཀྱི་ཆོ་ག་བཤད་མ་ཐག་པ་དེའི་ སྒོ་ནས་དགུག་པ་དང༌། གནོན་པ་དང༌། རྨོངས་པ་དང༌། སྐེམ་པ་དང༌། སྨུགས་པ་དང༌། ཚིག་ འཕྲོག་པ་དང༌། ལོང་བར་བྱེད་པ་དང་སླར་ཡང་གཏོང་བར་བྱེད་པ་སྟེ། འདི་ཡན་ལ་ལས་ ཚོགས་བཅུ་གཉིས་སོ། །བཅུ་གསུམ་པ་སྐྱེས་པ་བུད་མེད་དུ་བྱེད་པ་ནི། དེ་ནས་སྐྱེས་པ་ཞེས་ སོགས་ཀྱིས་བསྟན། དེ་ནས་སྐྱེས་པ་བུད་མེད་དུ་བྱ་བར་འདོད་ན། རོ་ལ་བཏགས་པའི་མེ་ 2-1-291 ཏོག་དང༌། ཀ་ཀ་ཨནྡྲི་ཀའི་འབྲས་བུ་དང་བཀྲེ ས་པའི་སྟེ་བྱ་རོག་གི་སེན་མོ་དང༌། མི་རོའི་རྐང་ པའི་འོག་གི་པགས་པ་ཆ་མཉམ་པར་བྱས་ལ། རི་བོང་གི་ཁྲག་དང་བཏགས་ཏེ། རིལ་བུ་བྱས་ པ་གྲིབ་མ་ལ་བསྐམས། ཐོད་པ་ཁ་སྦྱོར་ལ་སོགས་པའི་ནང་དུ་བཅུག་ནས། དཀྱིལ་འཁོར་གྱི་ དབུས་སུ་བཞག་སྟེ་འཁོར་ལོ་དང་ལྷན་ཅིག་སྒྲུབ། གྲུབ་པའི་རྟགས་བྱུང་བ་ན། ཞག་བཟང་པོ་ གཟའ་སྐར་དགེ་བའི་ཉིན་ཞག་ལ། རང་གི་ལག་པ་ལ་བཅིངས་ཏེ། ཉི་མ་བཅུ་གཅིག་ཏུ་ཡུམ་ གྱི་སྙིང་པོ་ལ། གང་གི་ལུས་ལ་རེག་པའི་སྐྱེས་པ་བུད་མེད་དུ་མཛོད་ཅིག ཅེས་པའི་སྤེལ་ཚིག་ བཏགས་ལ་བཟླས་པ་བྱ། ཉི་མ་བཅུ་གཉིས་པ་ལ་རིལ་བུ་སྐྱེས་པ་གང་གི་མགོ་ལ་བཞག་པ་ དེ་བུད་མེད་དུ་འགྱུར་རོ། ། བཅུ་བཞི་པ་སྐྱེས་པ་ཁྱིར་བྱ་བ་ནི། དེ་ནས་སྐྱེས་པ་ཁྱིར་བྱ་བར་འདོད་ན། ཞེས་སོགས་ ཀྱིས་བསྟན། དེ་ནས་བསྒྲུབ་བྱ་སྐྱེས་པ་ཁྱིར་བྱ་བར་འདོད་ན། འཁོར་ལོ་སྤེལ་ཚིག་དང་ བཅས་པ་བྲིས་ལ། རྒྱ་ལྕགས་ཀྱི་ཕྱེ་མ་དང་ལྷན་ཅིག ནེའུ་ལེའི་རོའི་སྤྱི་བོར་བཞག་ལ། མཚན་མོ་བདུན་གྱི་བར་དུ་བཟླས་བརྗོད་བརྒྱ་སྟོང་སོགས་མང་དུ་བྱ། ཉིན་ཞག་བརྒྱད་པ་ ལ། གུར་གུམ་དང༌། སྔར་གྱི་ལྕགས་ཕྱེ་མཉམ་པོར་བྱས་པའི་ཕྱེ་མ་འཁོར་ལོ་དང་བཅས་པ་ སྔགས་ལན་བརྒྱ་རྩ་བརྒྱད་བཟླས་ལ། སྦྱིན་བསྲེག་བརྒྱ་བྱས་པའི་ཐལ་བ་བསྒྲུབ་བྱ་གང་གི་ སྤྱི་བོར་བཞག་པ་དེ་ཁྱིར་འགྱུར་རོ། །དེའི་རྗེས་བཟུང་ནི། མཚན་མོའི་དུས་སུ་ཞེས་སོགས་ ཀྱིས་བསྟན། དེ་ཡང་དུས་མཚན་མོ་མཁའ་འགྲོ་མ་རྣམས་མཆོད་གཏོར་གྱི་མཉེས་པར་བྱས་ ན་སྔར་བཞིན་རྣལ་མར་འགྱུར་རོ། ། བཅོ་ལྔ་པ་རྫས་རྫས་མ་ཡིན་པར་བྱེད་པ་ནི། རྫས་རྫས་མ་ཡིན་པར་འདོད་ན། །ཞེས་ སོགས་ཀྱིས་བསྟན། འདི་ལ་ཡང་འཁོར་ལོ་སྤེལ་ཚིག་དང་བཅས་པ་བསྒྲུབས་པའི་མཐར། གསེར་ཤིང་གི་འབྲས་བུ་སྦྱིན་བསྲེག་བརྒྱ་བྱས་ལ། དེའི་ཚེ་འཁོར་ལོ་ཡང་སྦྱིན་སྲེག་གི་མེ་ལ་ 2-1-292 བསྲེགས་པའི་ཐལ་བ། གསེར་དངུལ་ལ་སོགས་པའི་རྫས་རྣམས་ལ་གཏོར་ན། རྫས་མ་ཡིན་ པ་སོལ་བ་ལ་སོགས་པར་འགྱུར་རོ། །དེའི་རྗེས་བཟུང་ནི། ཨ་རུ་རའི་སྦྱིན་བསྲེག་བྱས་ན་ རྣལ་མར་འགྱུར་རོ། །ཞེས་པའོ། ། བཅུ་དྲུག་པ་གློ་བུར་པ་བསྐྱེད་པ་ནི། དེ་ནས་གློ་བུར་བ་ཞེས་སོགས་ཀྱིས་བསྟན། དེ་ཡང་ བསྒྲུབ་བྱ་ལ་ཐོག་དང༌། གཟེར་ལ་སོགས་པ་གློ་བུར་བའི་གནོད་པ་རྣམས་བསྐྱེད་པར་འདོད་ ན། བྱ་ཆེན་པོ་ཀངྐའི་གནས་ཏེ་ཚང་གི་ཤིང་རྣམས་ཀྱིས་སྦྱིན་བསྲེག་བྱས་ན། ཞག་བདུན་གྱི་ གཟེར་དང༌། ཐོག་ལ་སོགས་པ་གློ་བུར་བའི་འཚེ་བ་འབྱུང་བར་འགྱུར་རོ། །དེའི་རྗེས་བཟུང་ སླར་བཟློག་པ་ནི། འབྲས་ཕུག་གི་སྦྱིན་བསྲེག་བྱས་ན་བཟློག་པར་འགྱུར་རོ། །ཞེས་པའོ། ། བཅུ་བདུན་པ་བྱི་ལའི་གཟུགས་སུ་བསྒྱུར་བ་ནི། བྱི་ལའི་སྤུ་ཞེས་སོགས་ཀྱིས་བསྟན། དེ་ ཡང་ཟླ་བ་གཟས་ཟིན་པའི་ཚེ། བྱི་ལའི་སྤུ་བསྡུས་ནས་བླངས་པ་དང་ལྷན་ཅིག སྤེལ་ཚིག་ དང་བཅས་པའི་འཁོར་ལོ་བྲིས་པ་སྒྲུབ། འགྲུབ་པའི་རྟགས་བྱུང་བ་ན། བསྒྲུབ་བྱ་གང་གི་མིང་ ནས་སྨོས་ནས་བྱི་ལར་གྱུར་ཅིག ཅེས་པའི་སྤེལ་ཚིག་དང་ལྡན་པའི་སྦྱིན་སྲེག་བྱས་པའི་མེ་ལ། རི་བོང་གི་སྤུ་འཁོར་ལོ་དང་བཅས་པ་བསྲེགས་ཏེ། དེའི་ཐལ་བ་བླངས་ནས་བསྒྲུབ་བྱ་གང་གི་ མགོ་བོར་བྱིན་ན། བྱི་ལར་འགྱུར་རོ། །དེའི་རྗེས་བཟུང་ནི། སླར་བཟློག་ན་རྣལ་མར་འགྱུར་ རོ། །ཞེས་པ་སྟེ། ཐལ་བ་ཕྱིས་ཏེ། ཆེ་གེ་མོ་སླར་གསོས་པར་གྱུར་ཅིག་པའི་སྤེལ་ཚིག་དང་ བཅས་པས་རྣལ་མར་འགྱུར་རོ། ། བཅོ་བརྒྱད་པ་ནི། བྱ་རོག་གི་རྒྱུས་པ་ལས། ཞེས་པ་ནས། བྱ་རྒོད་ཀྱི་གཟུགས་འཛིན་ པར་འགྱུར་རོ། །ཞེས་པའི་བར་ནི། ལས་ཚོགས་གཅིག་སྟེ། འཁོར་ལོ་སྤེལ་ཚིག་དང་བཅས་ པ་བྲིས་ལ། བྱ་རོག་གི་རྒྱུས་པ་ལས་བྱས་པའི་སྲད་བུས་དཀྲིས་རྒྱབ་ཅིང་འདོགས་པའི་ཐག་ པ་ཡང་ཡོང་བར་བྱས་ཏེ་སྒྲུབ། འགྲུབ་པའི་རྟགས་བྱུང་བ་ན། སྔགས་བརྒྱ་རྩ་བརྒྱད་མངོན་ 2-1-293 པར་བཟླས་ཏེ། བསྒྲུབ་བྱ་གང་གི་མགུལ་དུ་བཅིངས་པ་དེ་ཁྭར་འགྱུར་རོ། །སེམས་ཅན་གང་ དང་གང་གི་ཞེས་པ་ནས། གཟུགས་འཛིན་པར་འགྱུར་རོ། །ཞེས་པའི་བར་ནི་གོ་བདེའོ། ། བཅུ་དགུ་པ་བ་ལང་དུ་བསྒྱུར་བ་ནི། བ་གླང་ནི་སྤུ་ལས། ཞེས་པ་ནས། དེ་དང་དེའི་ གཟུགས་སུ་འགྱུར་རོ། །ཞེས་པའི་བར་གྱིས་བསྟན། དེ་ཡང་འཁོར་ལོ་སྤེལ་ཚིག་དང་བཅས་ པ་བྲིས་པ། བ་གླང་གི་སྤུ་ལས་བྱས་པའི་སྲད་བུས་དཀྲིས་ལ་འདོགས་པའི་ཐག་པ་ཡང་ཡོང་ བར་བྱས་ཏེ་སྒྲུབ། འགྲུབ་པའི་རྟགས་བྱུང་བ་ན། ལན་བརྒྱ་རྩ་བརྒྱད་བཟླས་ནས། བསྒྲུབ་ བྱ་གང་གི་མགུལ་དུ་བཅིངས་ན། དེ་བ་གླང་དུ་འགྱུར་རོ། །དེ་བཞིན་དུ་གང་དང་གང་ཞེས་པ་ ནས། དེའི་གཟུགས་སུ་འགྱུར་རོ། །ཞེས་པའི་བར་ཡང་སྔར་བཞིན་ནོ། །དེའི་རྗེས་བཟུང་ནི། དཀྲོལ་ན་ཐར་བར་འགྱུར་རོ། །ཞེས་པའོ། ། ཉི་ཤུ་པ་འབྲུ་ལ་དགུག་པ་ནི། འབྲུ་ལ་བཟླས་ལ། ཞེས་སོགས་ཀྱིས་བསྟན། གང་དགུག་ པའི་འབྲུ་དེ་བླངས་ལ། དེ་ཆ་གཉིས་སུ་བྱས་པའི་ཆ་གཅིག་གི་སྟེང་དུ་འཁོར་ལོ་སྤེལ་ཚིག་དང་ བཅས་པ་བྲིས་པ་བཞག་ལ། སྔགས་བཟླས་ཤིང་སྒྲུབ། འགྲུབ་པའི་མཚན་མ་མཐོང་བ་ན། དེ་ ནོར་གྱི་བདག་པོའི་ཁྱིམ་དུ་བཅུག་ལ། འབྲུའི་ཆ་ལྷག་མ་བུམ་པའི་ནང་དུ་བླུག་སྟེ་ཆུས་ཡོངས་ སུ་བཀངས་ནས། དེར་ལྷ་བསྐྱེད་ཅིང་སྔགས་བཟླས་པའི་སྒོ་ནས་བུམ་པ་བསྒྲུབས་པས། ནོར་ གྱི་བདག་པོ་བདག་ཉིད་ཀྱི་སྤྱི་བོ་ནས་དབང་བསྐུར་ན། མཚན་མོ་བདུན་གྱིས་འབྲུ་ཐམས་ ཅད་འགུགས་པར་འགྱུར་རོ། ། དེ་རྣམས་ཀྱི་ངེས་དོན་ནི། ཡུམ་གྱི་སྙིང་པོ་ཡི་གེ་ཉི་ཤུ་པ་ནི། སྟོང་ཉིད་ཉི་ཤུ་མངོན་སུམ་དུ་ རྟོགས་པའི་ཡེ་ཤེས་སུ་འཇོག་པ་དང༌། ལེའུ་འདིའི་ལས་ཚོགས་རྣམས་ནི། བྱང་ཆུབ་ཡན་ལག་ བདུན་དང༌། འཕགས་ལམ་ཡན་ལག་བརྒྱད་དང་སྦྱོར་བ་ཡིན་ལ། དེ་ཡང་སྟོང་ཉིད་མངོན་ སུམ་དུ་རྟོགས་པའི་ཡེ་ཤེས་ལ། བྱང་ཕྱོགས་བཅོ་ལྔ་པོ་དེ་རྣམས་འབྱུང་བའི་ཕྱིར་སྔགས་ཀྱི་ 2-1-294 ངེས་དོན་དང༌། ལས་ཚོགས་ཀྱི་ངེས་དོན་གཉིས་ཀྱིས་འབྲེལ་དེ་བཞིན་དུ་འཆད་པ་ཡིན་ནོ། །དང་པོ་རིགས་ཐམས་ཅད་དབང་དུ་བྱེད་པའི་ངེས་དོན་ཡང་དག་པའི་ལྟ་བ་ཡིན་ཞིང༌། དེ་ནི་ ཆོས་ཐམས་ཅད་ལ་དབང་བསྒྱུར་བར་བྱེད་པ་ཡིན་པས་སོ། །དཔལ་བསྐྱེད་པའི་ངེས་དོན་ནི། ཡང་དག་པའི་རྟོག་པ་སྟེ། རང་ཉིད་ཀྱིས་རྟོགས་པའི་ཡང་དག་པའི་ལྟ་བ་དེ་གཞན་ལ་སྟོན་ པར་འདོད་པའི་བློ་སྐྱེས་པ་ལས། གདུལ་བྱ་གཞན་ལ་དེ་སྟོན་པ་འབྱུང་ཞིང༌། དེ་ལས་གདུལ་ བྱའི་རྒྱུད་ལ། མྱ་ངན་ལས་འདས་པའི་དཔལ་ཆེན་པོ་བསྐྱེད་པར་འགྱུར་བས་སོ། །རིགས་ རྒྱུད་གཅོད་པར་བྱེད་པའི་ངེས་དོན་ནི། ཡང་དག་པའི་ངག་སྟེ་དེས་གདུལ་བྱ་གཞན་རྒྱུད་ ཀྱི་ཉོན་མོངས་པའི་རིགས་རྒྱུད་རྣམས་གཅོད་པར་བྱེད་པས་སོ། །སྐྱེས་པ་བུད་མེད་དུ་བྱ་བ་ དང༌། སྐྱེས་པ་ཁྱིར་བྱ་བ་གཉིས་ཀྱི་ངེས་དོན་ནི། ཡང་དག་པའི་ལས་ཀྱི་མཐའ་སྟེ། རང་རྒྱུད་ ལ་དགེ་བ་འཕེལ་བར་མ་ཟད། དགེ་བའི་རྣམ་གྲངས་རེ་རེས་ཀྱང་གདུལ་བྱ་རྣམས་ཀྱི་རྒྱུད་ལ་ དགེ་བ་དཔག་ཏུ་མེད་པ་འཕེལ་བའི་ཚུལ་གྱིས། ལས་རྣམས་དགེ་བར་བསྒྱུར་བར་བྱེད་པས་ སོ། །རྫས་རྫས་མ་ཡིན་པར་འགྱུར་བའི་ངེས་དོན་ནི། ཡང་དག་པའི་འཚོ་བ་སྟེ། དེ་ཡང་ཡང་ དག་པའི་འཚོ་བ་ལ་གནས་པ་ལ། དཔེར་ན་འབྲས་བྲེ་གང་ཕུལ་བས་དེའི་འབྲས་བུ་འབྲས་བྲེ་ གང་ཙམ་འབྱུང་བ་མ་ཡིན་པར། ལོངས་སྤྱོད་དཔག་ཏུ་མེད་པ་ལ་དབང་བསྒྱུར་བར་འགྱུར་ བས་སོ། །གློ་བུར་བ་རྣམས་བསྐྱེད་པའི་ངེས་དོན་ནི། ཡང་དག་པའི་རྩོལ་བ་སྟེ། དེ་ལས་ནི། ཏིང་ངེ་འཛིན་ལ་སོགས་པའི་ཡོན་ཏན་རྣམས་གློ་བུར་དུ་སྐྱེ་བར་འགྱུར་བས་སོ། །རི་བོང་གི་ གཟུགས་སུ་བསྒྱུར་བ་ནས། བ་གླང་ལ་སོགས་པ་རྐང་བཞི་པའི་གཟུགས་སུ་བསྒྱུར་བའི་བར་ གྱི་ངེས་དོན་ནི། ཡང་དག་པའི་ཏིང་ངེ་འཛིན་ཏེ། ཆོ་འཕྲུལ་རྣམ་པ་སྣ་ཚོགས་ལ་དབང་བསྒྱུར་ བ་ཏིང་ངེ་འཛིན་གྱི་མཐུ་ལས་འབྱུང་བས་སོ། །འབྲུ་དགུག་པའི་ངེས་དོན་ནི། ཡང་དག་པའི་ དྲན་པ་སྟེ། དེ་ལས་དམིགས་ཡུལ་ལ་གསལ་སྣང་སྐྱེ་བ་སོགས་ཡོན་ཏན་རྣམས་འགུགས་ 2-1-295 པར་འགྱུར་བས་སོ། །ཡང་དེ་ནས་རྒྱལ་པོའམ། རྒྱལ་པོའི་བློན་པོ་དབང་དུ་བྱ་བར་འདོད་ པས། ཞེས་སོགས་ཀྱིས་བསྟན་པའི་དབང་དུ་བྱེད་པའི་ངེས་དོན་ནི། ཏིང་ངེ་འཛིན་ཡང་དག་ བྱང་ཆུབ་ཀྱི་ཡན་ལག་སྟེ། དེས་ནི། རྣམ་པར་འཕྲུལ་པ་སྣ་ཚོགས་པ་ལ་དབང་འབྱོར་བར་ འགྱུར་བས་སོ། །དགུག་པའི་ངེས་དོན་ནི། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་སྟེ། དེས་ དམིགས་པ་ལ་སེམས་རྩེ་གཅིག་ཏུ་གནས་པའི་ཏིང་ངེ་འཛིན་འགུགས་པར་འགྱུར་བས་སོ། །གནོན་པའི་ངེས་དོན་ནི། བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་སྟེ། དེས་ཕ་རོལ་ གནོན་པར་ནུས་པ་ལ་སོགས་པའི་ཡོན་ཏན་ཐོབ་པར་འགྱུར་བས་སོ། །རྨོངས་པར་བྱེད་པའི་ ངེས་དོན་ནི། དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་སྟེ། དགའ་བདེས་སེམས་མྱོས་པར་ འགྱུར་བས་སོ། །སྐེམ་པར་བྱེད་པའི་ངེས་དོན་ནི། ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ ཡན་ལག་སྟེ། དེས་གནས་ངན་ལེན་རྣམས་སྐེམ་པར་བྱེད་པས་སོ། །རྨུགས་པར་བྱེད་པའི་ ངེས་དོན་ནི། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་སྟེ། བདེ་སྡུག་གི་དྲན་པ་མེད་པར་ བཏང་སྙོམས་གཅིག་ཏུ་གྱུར་པས་སོ། །ཚིག་འཕྲོག་པར་བྱེད་པའི་ངེས་དོན་ནི། ཆོས་རབ་ཏུ་ རྣམ་འབྱེད་ཡང་དག་བྱང་ཆུབ་ཀྱི་ཡན་ལག་སྟེ། དེས་ནི་རྒོལ་བའི་ཚིག་འཕྲོག་པ་ལ་སོགས་པ་ འབྱུང་བས་སོ། །ལོང་བར་བྱེད་པའི་ངེས་དོན་ནི། མཐོང་སྤངས་ལ་སོགས་པའི་སྒྲིབ་པ་སྤངས་ པ་དང༌། སླར་ཡང་གཏོང་བར་བྱེད་པའི་ངེས་དོན་ནི། དེ་ལས་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ ལ་སོགས་པ་ཐོབ་པར་འགྱུར་བའོ། ། གསུམ་པ་ལེའུའི་མཚན་ནི། དཔལ་འཁོར་ལོ་སྡོམ་པ་ལས། སངས་རྒྱས་ཐམས་ཅད་ ཀྱི་མཁའ་འགྲོ་མའི་ལས་ཐམས་ཅད་པའི་ཆོ་གའི་ལེའུ་སྟེ། བཞི་བཅུ་རྩ་བདུན་པ་རྣམ་པར་ བཤད་ཟིན་ཏོ།། །། ༈ ལེའུ་བཞི་བཅུ་རྩ་བརྒྱད་པ་ལ། བཤད་པར་ཞལ་གྱིས་བཞེས་པ་དང༌། ལེའུ་དངོས་ 2-1-296 དང༌། ལེའུའི་མཚན་བསྟན་པ་དང་གསུམ་ལས། དང་པོ་ནི། དེ་ནས་ཞེས་སོགས་ཚིག་གཅིག་ གིས་བསྟན། དེ་ཡང་ལེའུ་སྔ་མའི་རྗེས་དེ་ནས། དོན་གཞན་ཡང་བཤད་པར་བྱ། ཞེས་པའོ། ། གཉིས་པ་ལ་སྔགས་བཤད་པ་དང༌། དཀྱིལ་འཁོར་བཤད་པ་གཉིས་ལས། དང་པོ་ལ། སྔགས་ཀྱི་མཚན་ཉིད་དང༌། སྔགས་ཀྱི་ཆེ་བ་དང༌། སྔགས་དངོས་དང༌། སྔགས་ཀྱི་ཕན་ཡོན་ བཤད་པ་དང་བཞི་ལས། དང་པོ་ནི། མཁའ་འགྲོ་ཀུན་གྱི་ཞེས་སོགས་ཚིག་གཉིས་ཀྱིས་བསྟན། དེ་ཡང་རྣལ་ འབྱོར་མ་ཀུན་གྱི་སྙིང་པོ་ཡི་གེ་ཉི་ཤུ་པ་འདི་ནི། མཁའ་འགྲོ་མ་ཀུན་གྱི་སྡོམ་པའམ། བདེ་བའི་ མཆོག་ཡིན་ནོ། ། གཉིས་པ་ནི། འདོད་པའི་ལས་ཀུན་སྒྲུབ་པ་པོ། །ཞེས་སོགས་ཚིག་ལྔས་བསྟན། དེ་ཡང་ སྙིང་པོ་འདི་ནི་འདོད་པའི་ལས་ཞི་བ་ལ་སོགས་པ་ཀུན་དང༌། དངོས་གྲུབ་ཐམས་ཅད་སྒྲུབ་ པར་བྱེད་པ་པོ་ཡིན་ལ། དེ་ཡང་སྔགས་འདི་ཤིན་ཏུ་འགྲུབ་པ་དག་གིས་ནི་ཆོ་ག་ལ་མ་ལྟོས་ པར། དྲན་པ་ཙམ་གྱིས་ནི་འཇིག་རྟེན་གསུམ་པོ་གཡོ་བར་བྱེད་པ་སྟེ། ས་སྟེང་ས་འོག་ས་བླ་ གསུམ་ན་ཡོད་པའི་ལས་དང་དངོས་གྲུབ་ཐམས་ཅད་འགྲུབ་པར་བྱེད་པའོ། །ཡང་སྔགས་ འདི་རྗེས་སུ་སྟེ། ཡང་ཡང་དྲན་པ་ཙམ་གྱིས་ཀྱང༌། ཡང་དག་པ་ཕྱག་རྒྱ་ཆེན་པོ་མཆོག་གི་ དངོས་གྲུབ་རིམ་གྱིས་སྟེར་བར་བྱེད་པ་ཡིན་ནོ། ། གསུམ་པ་ནི། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི། ཞེས་སོགས་སོ། །བཞི་པ་ནི། སྔགས་འདི་བཟླས་ པས་འགྲུབ་པ་སྟེ། ཞེས་སོགས་ཤོ་ལོ་ཀ་ཕྱེད་དང་བཞིས་བསྟན། དེ་ཡང་སྙིང་པོ་ཡི་གེ་ཉི་ཤུ་ པའི་སྔགས་འདི་ཅུང་ཟད་བཟླས་པས་ཀྱང་འགྲུབ་པར་འགྱུར་བ་ཡིན་ཞིང༌། གྲུབ་པ་ན། ཞི་ བ་ལ་སོགས་པའི་ལས་རྣམས་ཀུན་ཐོགས་མེད་དུ་བྱེད་པ་ཡིན་ནོ། །དགེ་བ་ཡིན་ཞེས་པ་ནི། བཟང་བ་སྟེ། དེ་ཡང་མཐར་ཐུག་ཏུ་ན། སངས་རྒྱས་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ 2-1-297 ཡེ་ཤེས་པ་རྡོ་རྗེ་རྣལ་འབྱོར་མའི་སྙིང་པོའི་རྣམ་པར་སྣང་བ་ཡིན་པས་ན། མཆོག་ཏུ་བཟང་ ཞིང་དགེ་བའོ། །དེ་ལྟ་བུའི་སྔགས་དེ་ནི་མཁའ་འགྲོ་སྒོ་མཚམས་མ་བརྒྱད་དང༌། རྣལ་འབྱོར་ མ་འཁོར་ལོ་གསུམ་གྱི་དཔའ་མོ་རྣམས་དང༌། ཁཎྜ་རོ་ཧ་དང༌། ལཱ་མ་དང༌། སོགས་པའི་ སྒྲས། གཟུགས་ཅན་མ་དང༌། མཁའ་འགྲོ་མ་སྟེ་རྣལ་འབྱོར་མ་སུམ་ཅུ་རྩ་བདུན་པོ་ཐམས་ ཅད་ཀྱི་སྔགས་ཡིན་ཞིང༌། དེར་འཇིག་རྟེན་དང༌། འཇིག་རྟེན་ལས་འདས་པའི་མཁའ་འགྲོ་ མ་ཐམས་ཅད་འདུས་པའི་ཕྱིར། མདོར་ན་སྔགས་འདི་ཉིད་མཁའ་འགྲོ་མའི་རིགས་སུ་གྱུར་ པ་ཐམས་ཅད་ཀྱི་སྔགས་ཡིན་པར་བཤད་དོ། །གཞན་ཡང་ས་འོག་དང༌། མཐོ་རིས་དང༌། མི་ ཡུལ་ཏེ། འཇིག་རྟེན་གསུམ་པོ་དག་ན། ལས་དང་དངོས་གྲུབ་ཀྱི་ཁྱད་པར་གང་དག་ཡོད་ པ་རྣམས། སྔགས་འདི་བཀླགས་པ་ཙམ་གྱིས་དེ་དག་ཐམས་ཅད་འགྲུབ་པར་འགྱུར་བ་ཡིན་ པས། སྔགས་འདི་ལས་ཤིན་ཏུ་མཆོག་ཏུ་གྱུར་པ་གང་ཡིན་པ། འཇིག་རྟེན་གསུམ་ན་ཅི་ཡང་ ཡོད་པ་མ་ཡིན་ལ། གང་གི་ཕྱིར་སྔགས་འདི་ནི་བླ་ན་མེད་པའམ། གོང་ན་མེད་པ་སྟེ། ལས་ རྣམས་ཐམས་ཅད་སྒྲུབ་པར་བྱེད་པ་ཡིན་ནོ། ། གཉིས་པ་ལ། མདོར་བསྟན་རྒྱས་བཤད་གཉིས་ལས། དང་པོ་ནི། མཁའ་འགྲོ་མ་ནི་ཞེས་ སོགས། ཚིག་གཉིས་ཀྱིས་བསྟན། དེ་ཡང་མཁའ་འགྲོ་མ་ཀུན་གྱི་གནས། དཀྱིལ་འཁོར་གྱི་ འཁོར་ལོ་ནི་མདོར་བསྡུས་པའི་ཚུལ་གྱིས་འདིར་བཤད་པར་བྱ་ཡི། ཤིན་ཏུ་རྒྱས་པའི་སྒོ་ནས་ ནི་མ་ཡིན་ནོ། ། གཉིས་པ་ལ། ཡབ་བཀའི་དཀྱིལ་འཁོར་བཤད་པ་དང༌། ཡུམ་བཀའི་དཀྱིལ་འཁོར་ བཤད་པ་གཉིས་ལས། དང་པོ་ལ། ཕྱི་དཀྱིལ་དང༌། ནང་དཀྱིལ་དང༌། དེ་དག་སངས་རྒྱས་ བྱང་ཆུབ་སེམས་དཔའ་ཀུན་གྱི་དགོངས་པར་བསྟན་པ་དང༌། དཔའ་བོ་དང༌། མཁའ་འགྲོ་མ་ ཀུན་འདུས་པར་བསྟན་པ་དང་བཞི་ལས། དང་པོ་ལ། གཞལ་ཡས་ཁང་གི་འོག་གཞི་བཤད་ 2-1-298 པ་དང༌། བརྟེན་པ་ལྷ་རྣམས་བཤད་པ་དང༌། རྟེན་གཞལ་ཡས་ཁང་བཤད་པ་དང༌། དཀྱིལ་ འཁོར་གྱི་འཁོར་ལོ་བསྒོམས་ཤིང་མཆོད་པར་གདམས་པ་དང་བཞི་ལས། དང་པོ་ནི། མེ་ཏོག་ཞེས་སོགས་ཚིག་གཉིས་ཀྱིས་བསྟན། དེ་ཡང་མེ་ཏོག་དང༌། འབྲས་ བུ་སྣ་ཚོགས་ཀྱིས་བརྒྱན་པའི་རི་བོ་བཟང་པོ་བྲི་བ་སྟེ། བསྒོམ་པར་བྱ་ཞེས་རི་རབ་སྒོམ་པ་ དངོས་སུ་བསྟན་པས། ཆོས་འབྱུང་དང་འབྱུང་བཞི་ཡང་ཤུགས་ཀྱིས་བསྟན་པ་ཡིན་མོད། འོན་ ཀྱང་བ་གླང་གནས་དང་སྟེངས་ལྡིང་དང༌། །ཞེས་སོགས་གོང་དུ་བསྟན་ཟིན་པས་སོ། ། གཉིས་པ་ནི། དེ་ཡི་སྟེང་དུ་རྟག་བསྒོམས་པ། །ཞེས་པ་ནས། རྣལ་འབྱོར་མ་ནི་རབ་ གཏུམ་སོགས། །ཞེས་པའི་བར་གྱིས་བསྟན། དེ་ཡང་རི་རབ་ལྷུན་པོ་དེའི་སྟེང་དུ་བསྒོམ་པར་ བྱ་བའི་ལྷ་ནི། མཁའ་འགྲོ་མ་དང༌། ལཱ་མ་དང༌། ཁཎྜ་རོ་ཧ་དང༌། གཟུགས་ཅན་མ་སྟེ་སྙིང་ པོའི་རྣལ་འབྱོར་མ་བཞི་དང༌། དཔའ་བོ་རྣམས་ཀྱི་ནང་ནས་དཔའ་བོ་མཆོག་ཏུ་གྱུར་པ་རིན་ འབྱུང་དང༌། འོད་དཔག་མེད་དང༌། དོན་གྲུབ་དང༌། རྣམ་སྣང་སྟེ་རྒྱལ་བ་རིགས་བཞིའི་ངོ་ བོ། ཧ་ཧ་ཧེ་ཧེ་ཞེས་པ་སྟེ་མཚམས་ཀྱི་ཐོད་པ་བཞི་དང༌། དེ་བཞིན་དུ་དཔའ་བོ་ཉི་ཤུ་རྩ་བཞི་ ནི། རེ་རེ་བཞིན་དུ་ཡང་འཁོར་དཔའ་བོ་དཔག་ཏུ་མེད་པ་དང་བཅས་པ་དང༌། དཔའ་མོ་ཉི་ ཤུ་ཡང༌། རེ་རེ་བཞིན་འཁོར་ཚོགས་དཔག་ཏུ་མེད་པ་དང་བཅས་པ་ཡིན་པའི་ཕྱིར། དཔའ་བོ་ དཔའ་མོ་ཉེར་བཞི་པོ་རེ་རེ་བཞིན། མཁའ་འགྲོའི་དྲ་བ་བདེ་མཆོག་ཡིན་ནོ། །དཔའ་བོ་ཉེར་ བཞི་པོ་དེ་ཡང་གང་ཞེ་ན། ལྷ་རྣམས་ཟློག་སྟེ་འགོད་པའི་རིམ་པས། ལུགས་བཟློག་ཏུ་བསྟན་ པ་སྟེ། རྡོ་རྗེ་སེམས་དཔའ་དང༌། རྣམ་པར་སྣང་མཛད་དང༌། པདྨ་གར་དབང་དང༌། །དཔལ་ ཧེ་རུ་ཀ་དང༌། ནམ་མཁའི་སྙིང་པོ་དང༌། རྟ་མགྲིན་དང༌། རིན་ཆེན་རྡོ་རྗེ་དང༌། སྟོབས་པོ་ཆེ་ སྟེ་སྐུ་འཁོར་བ་བརྒྱད་དང༌། མིག་མི་བཟང་དང༌། འཇིགས་བྱེད་ཆེན་པོ་དང༌། རྡོ་རྗེ་བཟང་པོ་ དང༌། རབ་བཟང་དང༌། རྡོ་རྗེ་ཧཱུཾ་མཛད་དང༌། དཔའ་བོ་ཆེན་པོ་དང༌། རྡོ་རྗེ་རལ་པ་ཅན་དང༌། 2-1-299 མྱུ་གུ་ཅན་ཏེ་གསུང་འཁོར་བ་བརྒྱད་དང༌། དེ་བཞིན་དུ། རྡོ་རྗེའི་ལུས་ཏེ་སྐུ་དང༌། རྡོ་རྗེ་འོད་ དང་འོད་དཔག་མེད་དང༌། ལྷའི་དགྲ་དང༌། མཆེ་བ་རྣམ་པར་གཙིགས་པ་དང༌། ཀེང་རུས་ ཆེན་པོ་དང༌། ཐོད་པའི་དུམ་བུ་སྟེ་ཐུགས་འཁོར་བ་བརྒྱད་དོ། །འདིར་སྒོ་མཚམས་མ་བརྒྱད་ མ་གསུངས་ཀྱང༌། མ་མོ་ཐམས་ཅད་ཕྱོགས་དང་ནི། །ཕྱོགས་མཚམས་རྣམས་སུ་འགོད་པར་ བྱ། །ཞེས་གོང་དུ་བཤད་ཟིན་པ་ལྟར། སྒོ་མཚམས་མ་བརྒྱད་ཡང་སྟེ། ལྷ་དྲུག་ཅུ་རྩ་གཉིས་ ཀྱི་དཀྱིལ་འཁོར་འདིར་དངོས་སུ་གསུངས་པ་ཡིན་ལ། སོགས་པའི་སྒྲས་འདི་ལས་མང་བའི་ དཔའ་བོ། དཔའ་མོའི་འཁོར་ཚོགས་ཇི་སྙེད་པ་དང་བཅས་པའི་དཀྱིལ་འཁོར་གྱི་འཁོར་ ལོའང་ཡོད་པར་བསྟན་པ་ཡིན་ནོ། །དེ་ལྟར་ཁྱབ་བྱེད་དཔའ་བོ་ཉི་ཤུ་རྩ་བཞི་པོ་འདིས། ཁྱབ་ བྱ་བརྟན་གཡོའི་འགྲོ་བ་འདི་དག་ཐམས་ཅད་ལ་ཆོས་ཉིད་ཀྱི་ཚུལ་གྱིས་ཁྱབ་པ་ཡིན་པ་དང༌། ཀུན་རྫོབ་ཏུ་འགྲོ་བ་སེམས་ཅན་གྱི་རྒྱུད་ལ། དཔའ་བོ་ཉེར་བཞི་སྤྲུལ་པའི་སྐུ་རེ་རེས་ཁྱབ་ པར་བསྟན་པའང་ཡིན་ནོ། །དེ་ལྟར་དཔའ་བོ་ཉེར་བཞི་པོ་དེ་རྣམས་ཀྱང༌། རང་རང་གི་ཤེས་ རབ་མཁའ་འགྲོ་མ་རེ་རེ་དང་མཉམ་པར་སྦྱོར་བ་ཁ་སྦྱོར་གྱི་སྐུ་ཅན་དུ་སྒོམ་དགོས་པ་ཡིན་ལ། དེ་ལྟ་བུའི་ཤེས་རབ་རྣལ་འབྱོར་མ་རྣམས་ཀྱང་གང་ཞེ་ན། རབ་གཏུམ་མ་ལ་སོགས་པ་ཉི་ཤུ་ རྩ་བཞི་གོང་ལེའུ་གཉིས་པར་བཤད་ཟིན་པ་དེ་རྣམས་སོ། ། གསུམ་པ་ནི། བྱ་བ་ཀུན་ལ་སྒྲུབ་པ་པོས། །འཁོར་ལོ་བཞུགས་པ་བལྟ་བར་བྱ། །ཞེས་པ་ སྟེ། མཆོག་དང་ཐུན་མོང་གི་དངོས་གྲུབ་གི་བྱ་བ་ཀུན་ལ་སྒྲུབ་པ་པོས། ལྷ་དྲུག་ཅུ་རྩ་གཉིས་ པོ་དེ་རྣམས། རྟེན་གཞལ་ཡས་ཁང་གྲུ་བཞི་སྒོ་བཞིའི་དབུས་སུ་འཁོར་ལོ་རིམ་པ་ལྔ་ཡོད་པའི་ གནས་དེར་བཞུགས་པར་བལྟ་བར་བྱའོ། ། བཞི་པ་ནི། གྲུབ་འདོད་ཤིན་ཏུ་མཉམ་བཞག་པས། །ཞེས་སོགས་ཤོ་ལོ་ཀ་གཅིག་གིས་ བསྟན། དེ་ཡང༌། དངོས་གྲུབ་ཐོབ་པར་འདོད་པའི་སྒྲུབ་པ་པོ་སེམས་ཤིན་ཏུ་མཉམ་པར་ 2-1-300 བཞག་པས་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་གྱི་འཁོར་ལོའི་བདག་ཉིད་རྟག་ཏུ་ བསྒོམ་པར་བྱ་ཞིང༌། སྔར་ལེའུ་གཉིས་པ་དང༌། རིགས་ལྡན་མ་མཆོད་པའི་སྐབས་སུ་བཤད་ པའི་ཆོ་ག་ཡིས། མཁའ་འགྲོ་དྲྭ་བའི་བདེ་མཆོག་དཀྱིལ་འཁོར་གྱི་འཁོར་ལོ་མཆོད་པར་བྱའོ། ། གཉིས་པ་ལུས་དཀྱིལ་བཤད་པ་ནི། འཁོར་ལོ་ཆེན་པོ་གྲུབ་ཀུན་གནས། །ཞེས་པས་ བསྟན། དེ་ཡང་ཕྱིའི་དཀྱིལ་འཁོར་གྱི་འཁོར་ལོ་ལས། མཆོག་ཏུ་གྱུར་པས་ན། ལུས་ཀྱི་དཀྱིལ་ འཁོར་ལ། འཁོར་ལོ་ཆེན་པོ་ཞེས་གསུངས་པ་ཡིན་ཞིང༌། དེ་ནི་མཆོག་དང་ཐུན་མོང་གི་དངོས་ གྲུབ་ཀུན་གྱི་གནས་སུ་གྱུར་པ་ཡིན་ནོ། ། གསུམ་པ་ནི། འདི་ནི་ཞེས་སོགས་ཚིག་གཉིས་ཀྱིས་བསྟན། དེ་ཡང༌། ལྷ་དྲུག་ཅུ་རྩ་ གཉིས་ཀྱི་དཀྱིལ་འཁོར་འདི་ནི། སངས་རྒྱས་བྱེ་བ་དང༌། དཔའ་བོ་སྟེ་བྱང་ཆུབ་སེམས་དཔའ་ བྱེ་བས་རབ་ཏུ་གསུངས་པ་ཡིན་པའི་ཕྱིར། འདི་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ ཐམས་ཅད་ཀྱི་མགྲིན་གཅིག་ཏུ་གསུངས་པའི་དགོངས་དོན་བླ་ན་མེད་པ་ཡིན་ནོ། ། བཞི་པ་ནི། མཁའ་འགྲོ་མ་ཞེས་སོགས་ཚིག་གཉིས་ཀྱིས་བསྟན། དེ་ཡང་མཁའ་འགྲོ་མ་ སྟོང་ཕྲག་ཉི་ཤུ་རྩ་གཅིག་པོ་རེ་རེ་བཞིན་འཁོར་བྱེ་བ་བྱེ་བ་དག་ཏུ་འགྱུར་བ་སྟེ་ཡོད་པ་ཡིན་ ཞིང༌། དེ་ཐམས་ཅད་ཀྱང་རྣལ་འབྱོར་མ་སུམ་ཅུ་རྩ་བདུན་དུ་འདུས་པའི་ཕྱིར། དཀྱིལ་འཁོར་ གྱི་འཁོར་ལོ་འདི་བསྒོམས་པས། མཁའ་འགྲོ་མ་ཐམས་ཅད་བསྒོམ་པར་འགྱུར་བ་ཡིན་ནོ། ། གཉིས་པ་ཡུམ་བཀའི་དཀྱིལ་འཁོར་ནི། རྣལ་འབྱོར་མ་ནི་མཁའ་འགྲོ་ཉིད། །ཞེས་ སོགས་ཤོ་ལོ་ཀ་གཅིག་གིས་བསྟན། དེ་ཡང་རྣལ་འབྱོར་མ་གཙོ་མོ་རྡོ་རྗེ་ཕག་མོ་དང༌། མཁའ་ འགྲོ་མ་དང༌། གཟུགས་ཅན་མ་དང༌། དུམ་སྐྱེས་མ་དང༌། ལཱ་མ་སྟེ་སྙིང་པོའི་རྣལ་འབྱོར་མ་ བཞི་དང༌། འཁོར་ལོ་གསུམ་གྱི་དཔའ་མོ་ཉེར་བཞི་དང༌། སྒོ་མཚམས་མ་བརྒྱད་དེ། ཡུམ་ 2-1-301 བཀའ་ལྷ་སུམ་ཅུ་རྩ་བདུན་གྱི་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམས་པས་ཀྱང་དངོས་གྲུབ་ཀུན་ འགྲུབ་པར་བྱེད་ཅིང༌། མཆོག་ཏུ་དགེ་བ་ཡིན་ནོ། ། ལེའུ་འདིའི་ངེས་དོན་ནི། སྙིང་པོ་ཡི་གེ་ཉི་ཤུ་པའི་ངེས་དོན་ཙམ་འཆད་པ་ཉིད་ཡིན་ཞིང༌། དེ་ལ་ཡང་སྦྱང་བྱ་སེམས་ཅན་རྣམས་ལ་གཞི་དུས་སུ་ཁམས་ལྔ་ལ། ནང་སེལ་འབྱུང་བ་རེ་ རེས་ཕྱེ་བའི་ཁམས་ཉི་ཤུའི་དྭངས་མ་བདེ་བ་འགྱུར་བཅས་དང་བཅས་པ་དམར་ཆས་དབང་ བྱས་པས། རྣལ་འབྱོར་མའི་སྔགས་སུ་འཇོག་པ་དང༌། སྦྱོང་བྱེད་ནི། ཡས་བབས་ཀྱི་དགའ་ བ་བཞི་དང༌། མས་བརྟན་གྱི་དགའ་བ་བཅུ་དྲུག་སྟེ། ཉི་ཤུ་པོ་དེ་རྣམས་ལམ་དུས་ཀྱི་སྟོང་ཉིད་ ཉི་ཤུར་ཡོངས་སུ་ཤར་བའི་ཡེ་ཤེས་དང༌། སྦྱངས་འབྲས་ནི། གཞིའི་ཆོས་ཉིད་མངོན་དུ་གྱུར་ པ་སྟོང་ཉིད་ཉི་ཤུ་མངོན་སུམ་དུ་རྟོགས་པའི་ཡེ་ཤེས། བདེ་བ་ཆེན་པོས་བརྒྱན་པའོ། །འདིར་ དགའ་བ་ཉི་ཤུ་དང༌། སྟོང་ཉིད་ཉི་ཤུ་སྦྱོར་ཚུལ་ནི། ཕྱི་སྟོང་པ་ཉིད་དང༌། ཡས་བབས་ཀྱི་དགའ་ བ་དང་པོ་སྦྱོར་བ་སོགས་གོ་རིམ་བཞིན་དུ་སྦྱར་རོ། །ལེའུའི་མཚན་བསྟན་པ་ནི། དཔལ་ འཁོར་ལོ་སྡོམ་པ་ལས། དཔའ་བོ་དང༌། མཁའ་འགྲོ་མའི་གསང་བའི་གནས་ཀྱི་ཆོ་གའི་ལེའུ་ སྟེ། བཞི་བཅུ་རྩ་བརྒྱད་པ་རྣམ་པར་བཤད་ཟིན་ཏོ།། །། ༈ ལེའུ་བཞི་བཅུ་རྩ་དགུ་པ་ལ། བཤད་པར་ཞལ་གྱིས་བཞེས་པ་དང༌། ལེའུ་དངོས་ དང༌། ལེའུའི་མཚན་བསྟན་པ་དང་གསུམ་ལས། དང་པོ་ནི། དེ་ནས་ཞེས་སོགས་ཤོ་ལོ་ཀ་ གཅིག་གིས་བསྟན། དེ་ཡང་སྔ་མའི་རྗེས་དེ་ནས། དོན་གཞན་ཡང་བཤད་པར་བྱའོ། །དེ་ ཡང་གང་ཞེ་ན། སྐྱེ་བ་བདུན་པའི་ཕྱུགས་ལ་བརྟེན་ནས་དངོས་གྲུབ་སྒྲུབ་པའི་ཆོ་གའོ། །དེའི་ དགོས་པ་ནི། གང་ཞིག་ཤེས་པ་ཙམ་གྱི་ནི། །ལྷའི་ལུས་སུ་འགྱུར་བ་ལ་སོགས་པའི་དངོས་ གྲུབ་མྱུར་དུ་ཐོབ་པར་འགྱུར་བའོ། ། གཉིས་པ་ལ། ཕྱུགས་ཀྱི་གཟུགས་བརྙན་བྱ་བའི་རིམ་པ་དང༌། ཕྱུགས་ངོས་བཟུང་བ་ 2-1-302 དང༌། སྐྱེ་བ་བདུན་པའི་མཚན་ཉིད་བསྟན་པ་དང༌། དེ་ལ་བརྟེན་ནས་ལས་ཚོགས་སྒྲུབ་པ་ དང༌། སྐྱེ་བ་བདུན་པའི་ཕན་ཡོན་བསྟན་པ་དང༌། ཕྱུགས་ཀྱི་ཁ་བསྐོངས་ཕན་ཡོན་དང་བཅས་ པ་སྟེ་དྲུག་ལས། དང་པོ་ནི། ས་ལུ་ཞེས་སོགས་ཚིག་གཉིས་ཀྱིས་བསྟན། དེ་ཡང་རྒྱུད་ཀྱི་ དངོས་བསྟན་ལ། རུས་སྦལ་ལ་སོགས་པའི་ཕྱུགས་ཐམས་ཅད་ཀྱི་གཟུགས་བརྙན་བྱེད་པར་ གསུངས་པ་ཡིན་ལ། འོན་ཀྱང་བླ་མ་གོང་མ་རྣམས་སྤྱི་འགྲོའི་དབང་དུ་མཛད་ནས། བོང་བུའི་ གཟུགས་བརྙན་བྱེད་པར་གསུང་ངོ༌། །གང་ལྟར་འབྲས་ས་ལུ་བཏགས་པའི་ཟན་ལ་བོང་བུའི་ གཟུགས་བརྙན་བྱས། དེའི་སྙིང་གར་ཡུམ་གྱི་སྙིང་པོའི་འཁོར་ལོ་སྐྱེ་བ་བདུན་པ་ཤེས་པར་ གྱིས་ཤིག་པའི་སྤེལ་ཚིག་དང་བཅས་པ་བྲིས་ཤིང་སྒྲུབ་པ་ཡོངས་སུ་བཅུག་སྟེ། དཀྱིལ་འཁོར་ ལ་སོགས་པའི་དབུས་སུ་བཞག་ནས་བསྒྲུབ་པ་བྱ། འགྲུབ་པའི་རྟགས་མཐོང་བ་ན་གཟུགས་ བརྙན་དེའི་བཤང་ལམ་གྱི་བུག་པ་ནས། མེ་ལོང་གི་ནང་དུ་བལྟས་པ་ན། རང་གི་སྐྱེ་བ་སྔ་ཕྱི་ ལ་སོགས་པ་ཐམས་ཅད་ཡོངས་སུ་ཤེས་པར་འགྱུར་ལ། དེ་ཤེས་པ་ན་གཟུགས་བརྙན་དེ་ཕྱེ་ མར་བཏང་ནས་ཟོས་ཤིང༌། སྔགས་བཟླ་བཞིན་དུ་མེ་ལོང་ལ་རང་གིས་བལྟས་པས། མི་དང་ དུད་འགྲོར་གྱུར་པའི་འགྲོ་བ་ཐམས་ཅད་ཀྱི་སྐྱེ་བ་བདུན་པའི་མཚན་ཉིད་སྟོན་པར་འགྱུར་རོ། ། གཉིས་པ་ནི་རུས་སྦལ་ཞེས་སོགས་ཤོ་ལོ་ཀ་གཅིག་གིས་བསྟན། དེ་ཡང་རུས་སྦལ་དང༌། ཕག་དང༌། རྔ་མོ་དང༌། ཝ་དང༌། ཁྭ་དང༌། འུག་པ་དང༌། བྱ་རྒོད་དང༌། ཁྲུང་ཁྲུང་དང༌། ཁྲ་དང༌། ས་ར་ས་སྟེ་བཞད་ཆེན་པོ་དང་བཅུའོ། །འདིར་ཕྱུགས་བཅུ་གསུངས་པའི་རྒྱུ་མཚན་ནི། འཁོར་ ལོ་གསུམ་གྱི་ལྷ་རྣམས་གནས་སོགས་ས་བཅུར་ཡོངས་སུ་ཕྱེ་བ་རྣམས་མཉེས་པར་བྱེད་པའི་ དམ་ཚིག་གི་རྫས་སོ། །དེ་ཡང་སྐུ་འཁོར་གྱི་བྱང་ཤར་དང༌། ནུབ་བྱང་གི་རྩིབས་ལ་གནས་ པའི་ལྷ་རྣམས་ལ་རུས་སྦལ་དང༌། ལྷོ་ནུབ་དང༌། ཤར་ལྷོའི་རྩིབས་ལ་གནས་པའི་ལྷ་རྣམས་ 2-1-303 ལ་ཕག་དང༌། ལྷོ་དང༌། ནུབ་ན་གནས་པའི་ལྷ་ལ་རྔ་མོང་དང༌། བྱང་དང༌། ཤར་རྩིབས་ལ་ གནས་པའི་ལྷ་རྣམས་ལ་ཝ་དང༌། དེ་བཞིན་དུ་ཁྭ་དང༌། འུག་པ་དང༌། བྱ་རྒོད་དང༌། ཁྲུང་ཁྲུང་ སྟེ་བཞི་པོ་དེ་རྣམས་གསུང་དཀྱིལ་གྱི་ལྷ་རྣམས་ཀྱི་དམ་རྫས་དང༌། ཐུགས་འཁོར་གྱི་མཚམས་ ཀྱི་རྩིབས་བཞི་ལ་གནས་པའི་ལྷའི་དམ་རྫས་ཁྲ་དང༌། ཕྱོགས་ཀྱི་རྩིབས་བཞི་ལ་གནས་པའི་ ལྷའི་དམ་རྫས་བཞད་ཆེན་པོའོ། །དེ་ལྟར་སྐྱེ་བ་བདུན་པའི་ལས་དང༌། དངོས་གྲུབ་སྒྲུབ་པའི་ སྐབས་ཕྱུགས་བཅུ་པོ་དེ་དག་དངོས་སུ་བསྒྲལ་བའི་ཤ་ཁྲག་གམ། དེ་རྣམས་ཀྱི་ཤ་བསྲེས་པའི་ སོ་སོའི་གཟུགས་བརྙན་བྱས་པ་བཟའ་བའམ། སྦྱིན་བསྲེག་གམ། གཏོར་མར་བྱེད་པའོ། ། གསུམ་པ་ལ། སྐྱེ་བ་བདུན་པའི་མཚན་ཉིད་སྤྱིར་བསྟན་པ་དང༌། མིའི་སྐྱེ་བ་བདུན་པའི་ མཚན་ཉིད་བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ནི། དེ་ཡི་མཚན་ཉིད་ཞེས་སོགས་ཚིག་ ལྔས་བསྟན། དེ་ཡང་སྔར་བཤད་པའི་མེ་ལོང་དེ་ལ་བལྟས་པ་ན། མི་དང་དུད་འགྲོ་གང་ཡིན་ ཡང་རུང༌། སྐྱེ་བ་གཅིག་ཏུ་བླངས་པ་ལ་གཟུགས་བརྙན་གཅིག་དང༌། དེ་བཞིན་དུ་སྐྱེ་བ་ གཉིས་བར་མ་ཆད་དུ་བླངས་པ་ལ་གཟུགས་བརྙན་གཉིས་དང༌། དེ་བཞིན་དུ་གསུམ་དང༌། བཞི་དང༌། ལྔ་དང༌། དྲུག་དང༌། བདུན་གྱི་བར་དུ་མེ་ལོང་ལ་གཟུགས་བརྙན་བྱུང་བ་དེ། འགྲོ་ བ་དེ་དང་དེར་བརྒྱུད་མར་སྐྱེ་བ་བདུན་བླངས་པ་ཡིན་པར་གདོན་མི་ཟའོ། ། གཉིས་པ་ལ། གང་གི་ཁ་ཡི་དྲི་ཞིམ་ཞིང༌། །ཞེས་སོགས་ཚིག་བདུན་གྱིས་བསྟན། དེ་ཡང་ མི་སྐྱེ་བ་བདུན་པའི་མཚན་ཉིད་ནི། མེ་ལོང་གི་ནང་དུ་གཟུགས་བརྙན་བདུན་འབྱུང་བ་ཙམ་དུ་ མ་ཟད། སྐྱེས་བུ་གང་གི་ཁ་ཡི་དབུགས་དྲི་ཞིམ་པ་དང༌། ཡུན་རིང་དུ་མིག་མི་འཛུམ་པར་རྣམ་ པར་བལྟ་བ་དང༌། ངག་ཚིག་བདེན་པར་སྨྲ་ཞིང་གཞན་གྱིས་མཐོང་བ་ཙམ་གྱིས་དགའ་བ་ བསྐྱེད་པར་འགྱུར་བ་དང༌། རྟག་ཏུ་དམ་པའི་ཆོས་ལ་དགའ་བར་འགྱུར་བ་དང༌། རང་གི་སྐྱེ་ བ་སྔ་མ་ཡོངས་སུ་ཤེས་པ་དང༌། ལུས་ཀྱི་དྲི་ནི་རྟག་ཏུ་དྲི་ཞིམ་པོ་དང་ལྡན་པ་སྟེ། མཚན་ཉིད་ 2-1-304 འདི་དག་དང་ལྡན་པ་ནི་སྐྱེ་བ་བདུན་པ་ཡིན་ནོ། ། བཞི་པ་ལ། སྐྱེ་བ་བདུན་པའི་ཤ་ལ་བརྟེན་པའི་ལས་ཚོགས་དང༌། དེའི་གོ་རོ་ཙ་ན་ལ་ བརྟེན་པའི་ལས་ཚོགས་དང༌། ཤིང་ལོའི་ཁུ་བ་ལ་བརྟེན་པའི་ལས་ཚོགས་དང༌། སྤུ་ལ་བརྟེན་ པའི་ལས་ཚོགས་དང་བཞི་ལས། དང་པོ་ནི། དེ་ནི་ཟོས་པ་ཙམ་གྱིས་ནི། །ཞེས་སོགས་ཤོ་ལོ་ཀ་ ཕྱེད་དང་གཉིས་ཀྱིས་བསྟན། དེ་ཡང་ལྷ་ལ་གནང་བ་ཞུ་བའི་དོན་དུ་དཀྱིལ་འཁོར་བཞེངས་ ཏེ་སྔགས་བཟླས་པའི་སྒོ་ནས་སྒྲུབ་པ་བྱས་པ་ན། ལྷས་གནང་བ་བྱིན་ཞིང་ལུང་བསྟན་པ་ཐོབ་ པར་གྱུར་པའམ། ལས་འགྲུབ་པའི་མཚན་མ་བཟང་པོ་མཐོང་བར་གྱུར་ནས་འཇུག་པར་བྱ་བ་ ཡིན་ནོ། །མི་སྐྱེ་བ་བདུན་པ་ཡིན་པར་ཡོངས་སུ་ཤེས་པ་ན། འགའ་ཞིག་དེའི་རྣམ་པར་ཤེས་ པ་འཕོ་བར་བྱེད་དགོས་ཞེས་འཆད་པ་དང༌། ཡང་འགའ་ཞིག་དེ་བྱང་ཆུབ་སེམས་དཔའ་ཡིན་ པས། རང་གིས་ཤ་ཁྲག་བླངས་པས་དེ་ཚེ་ཡོངས་སུ་བཏང་སྟེ་ལུས་འདོར་བར་བྱེད། ཅེས་ འཆད་པ་ཡོད་ཀྱང༌། དོན་ཇི་བཞིན་མིན་ལ། དེས་ན་ལྷས་གནང་བ་བྱིན་ཞིང་ལུང་བསྟན་པ་ ཐོབ་པ་ན། སྐྱེ་བ་བདུན་པའི་ཤ་རང་བཞིན་གྱིས་ཡོངས་སུ་ཤི་བ་ལ་སོགས་པས་རྙེད་པར་ འགྱུར་བ་ཡིན་ནོ། །དེ་ལྟར་སྐྱེ་བ་བདུན་པའི་ཤ་ཐོད་པ་ལ་སོགས་པའི་སྣོད་ཀྱི་ནང་དུ་བཅུག་ སྟེ། སྒྲུབ་པའི་དཀྱིལ་འཁོར་གྱི་དབུས་སུ་འཁོར་ལོའི་སྟེང་དུ་བཞག་སྟེ། སྔགས་བཟླ་ཞིང་ སྒྲུབ། འགྲུབ་པའི་མཚན་མ་བྱུང་བ་ན། ཤ་དེ་ཟོས་པ་ཙམ་གྱིས་ནི། ཐ་མལ་པའི་ལུས་མི་སྣང་ བར་གྱུར་ཏེ་ལྷའི་གཟུགས་འཛིན་པར་འགྱུར་རོ། །གཞན་ཡང་ཤ་དེ་བསྣམ་པའམ། རེག་པ་ ཙམ་མམ། དཔྲལ་བར་ཁྲག་གི་ཐིག་ལེ་ལ་སོགས་པ་བྱས་པ་དེའི་མོད་ལ། ལས་དེ་དང་དེ་ འགྲུབ་པར་འགྱུར་བ་ཡིན་ཞིང༌། འདི་ནི་རང་གང་དགའ་བའི་གཟུགས་རྣམ་པ་སྣ་ཚོགས་པ་ འཆང་བར་འགྱུར་རོ། ། གཉིས་པ་ནི། དེ་ཡི་སྙིང་གའི་ཞེས་སོགས་ཤོ་ལོ་ཀ་གཉིས་ཀྱིས་བསྟན། དེ་ཡང་སྐྱེ་བ་ 2-1-305 བདུན་པ་དེ་དག་གི་སྙིང་གའི་གོ་རོ་ཙ་ན་བླངས་ནས་སྔར་བཞིན་སྒྲུབ་པའི་དཀྱིལ་འཁོར་གྱི་ དབུས་སུ་འཁོར་ལོ་དང་ལྷན་ཅིག་བཞག་སྟེ། ཡུམ་གྱི་སྙིང་པོའི་སྔགས་བཟླས་ནས་སྒྲུབ། འགྲུབ་པའི་མཚན་མ་མཐོང་བ་ན། གོ་རོ་ཙ་ནའི་ཐིག་ལེ་དེའི་དཔྲལ་བར་བྱས་པས། རང་དང་ གཞན་སེམས་ཅན་གང་དང་གང་གི་གཟུགས་སུ་བྱེད་པར་འདོད་པ་དེ་དང་དེའི་གཟུགས་སུ་ འགྱུར་བར་ཐེ་ཚོམ་མེད་དོ། །འདིས་ཀྱང་ཐ་མལ་པའི་ལུས་མི་སྣང་བའི་དངོས་གྲུབ་ཐོབ་པར་ འགྱུར་བ་ཡིན་ནོ། ། གསུམ་པ་ནི། མཁས་པས་ཞེས་སོགས་ཤོ་ལོ་ཀ་གཅིག་གིས་བསྟན། དེ་ཡང་མཁས་ པས་ཤིང་ལོའི་ཁུ་བ་དང༌། སྐྱེ་བ་བདུན་པའི་གོ་རོ་ཙ་ན་ལྷན་ཅིག་ཏུ་བླངས་ནས་སྔར་བཞིན་ དུ་སྒྲུབ་ལ། འགྲུབ་པའི་རྟགས་བྱུང་བ་ན། དཔྲལ་བར་ཐིག་ལེ་བྱས་ན། ཤིང་དེའི་གཟུགས་ འཛིན་པར་ཐེ་ཚོམ་མེད་དོ། །ཤིང་མཚོན་བྱེད་དེ་བརྟེན་པའི་གཟུགས་རྣམ་པ་སྣ་ཚོགས་པ་ འཛིན་པར་བྱེད་པའོ། ། བཞི་པ་ནི། ཕྱུགས་ཉིད་ཀྱི་ནི་བ་སྤུ་དག །ཞེས་སོགས་ཤོ་ལོ་ཀ་ཕྱེད་དང་གཉིས་ཀྱིས་ བསྟན། དེ་ཡང་གཟུགས་གང་དང་གང་དུ་བསྒྱུར་བར་བྱ་བའི་ཕྱུགས་དེ་ཉིད་ཀྱི་བ་སྤུ་དང༌། ཕྱུགས་དེའི་ཡན་ལག་ལྔ་སྟེ། ཤ་དང༌། རུས་པ་དང༌། པགས་པ་དང༌། སོ་དང༌། སེན་མོ་རྣམས་ སྤུ་དང་བསྲེས་ལ། སྐྱེ་བ་བདུན་པའི་གོ་རོ་ཙ་ན་དང་ལྷན་ཅིག་འཁོར་ལོ་དང་བཅས་ཏེ་སྔར་ བཞིན་སྒྲུབ། འགྲུབ་པའི་མཚན་མ་མཐོང་བ་ན། སྤུ་ལས་བྱས་པའི་སྐུད་པས་ལག་པ་དང༌། སྤྱི་བོར་བཅིངས་ན། ཕྱུགས་དེ་དང་དེའི་གཟུགས་སུ་འགྱུར་བར་ཐེ་ཚོམ་མེད་དོ། ། ལྔ་པ་ནི། རྣལ་འབྱོར་པ་ཉིད་ཅེས་སོགས་ཤོ་ལོ་ཀ་གཅིག་གིས་བསྟན། དེ་ཡང་རྣལ་ འབྱོར་པ་ལྷ་སྒོམ་ཞིང་སྔགས་བཟླས་པ་ལ་བརྩོན་པས་ནུས་པ་དང་ལྡན་པ་དངོས་གྲུབ་འགྲུབ་ ཏུ་རུང་བ་ཡིན་ཡང༌། རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་ལ་སོགས་པ་སྤྱོད་ཅིང༌། དངོས་གྲུབ་ 2-1-306 སྒྲུབ་པ་ནི་ཤིན་ཏུ་དཀའ་ཞིང༌། ལུས་སེམས་ཉོན་མོངས་པར་གྱུར་པས་དངོས་གྲུབ་ཀྱི་ལམ་ འགོག་པ་སྟེ། ཕལ་ཆེར་དངོས་གྲུབ་མི་ཐོབ་པར། ཚེའི་དུས་བྱེད་པ་ཉིད་མང་བ་ཡིན་ལ། གོང་ དུ་བཤད་ཟིན་པའི་སྐྱེ་བ་བདུན་པའི་རྫས་དེ་ལ་བརྟེན་ནས་དངོས་གྲུབ་ཆེན་པོ་རྣམས་ཀྱང་ འབད་རྩོལ་ཆེན་པོ་ལ་མ་ལྟོས་པར་འགྲུབ་པར་འགྱུར་བ་ཡིན་ནོ། །འདི་ལ་དཀའ་ཞིང་སྡིག་ ལ་མངོན་དགའ་རྣམས། །ཞེས་མལ་འགྱུར་ལ་ཡོད་ཀྱང༌། དཀའ་ཞིང་ཉོན་མོངས་ལ་དགའ་ ཉིད། །ཅེས་པ་བདེའོ། ། དྲུག་པ་ནི། གླང་པོ་རྟ་དང་བ་གླང་དང༌། །ཞེས་སོགས་ཤོ་ལོ་ཀ་ཕྱེད་དང་གསུམ་གྱིས་ བསྟན། དེ་ཡང་གླང་པོ་ནི་རྡོ་རྗེ་ཕག་མོ་མཉེས་པར་བྱེད་པའི་དམ་རྫས་དང༌། རྟ་དང༌། བ་གླང་ དང༌། རུས་སྦལ་དང༌། རྔ་མོང་རྣམས་ནི་རིམ་པ་བཞིན་དུ། མཁའ་འགྲོ་མ་ལ་སོགས་པ་སྙིང་ པོའི་རྣལ་འབྱོར་མ་བཞིའི་དམ་རྫས་དང༌། ཕག་དང༌། ཝ་དང༌། ཁྭ་དང༌། འུག་པ་དང༌། བྱ་རྒོད་ དང༌། ཁྲུང་ཁྲུང་དང༌། ཁྲ་དང༌། བཞད་ཆེན་པོ་སྟེ་བརྒྱད་པོ་དེ་རྣམས་ནི། ཁྭ་གདོང་མ་སོགས་ བརྒྱད་ཀྱི་དམ་རྫས་སོ། །དེ་ལྟར་སྐྱེ་བ་བདུན་དུ་གྱུར་པའི་ཕྱུགས་དེ་དག་ལ་བརྟེན་ནས། ལས་ དང་དངོས་གྲུབ་བསྒྲུབས་པས། གཟུགས་བཟང་བ་དང༌། ངན་པ་དང༌། ལྷའི་གཟུགས་ཏེ་རིག་ པ་འཛིན་པ་ལ་སོགས་པ་རང་གང་འདོད་དུ་འགྱུར་རོ། །གཞན་ཡང་རྣལ་འབྱོར་པ་དཔའ་བོ་ ཆེན་པོ་རང་གང་དགའ་བའི་གཟུགས་རྣམ་པ་སྣ་ཚོགས་པར་སྐྱེ་བར་འགྱུར་ཏེ། སྤྲུལ་ནུས་པ་ དེ་ནི་ཐེ་ཚོམ་མེད་དོ། །དེས་ན་སྐྱེ་བ་བདུན་པའི་ལས་སྦྱོར་འདི་ལས་ཤིན་ཏུ་མཆོག་ཏུ་གྱུར་པ་ ནི། འཇིག་རྟེན་གསུམ་ན་ཡོད་པ་མ་ཡིན་ནོ། ། དེ་དག་གི་ངེས་དོན་རྫོགས་པའི་རིམ་པ་ལ། ལས་ཚོགས་རྣམ་པ་བཞིའི་ངེས་དོན་ནི་རྫུ་ འཕྲུལ་གྱི་རྐང་པ་བཞི་སྟེ། ལས་ཚོགས་དང་པོ་སྐྱེ་བ་བདུན་པའི་ཤ་ལ་བརྟེན་པ་ནི། འདུན་ པའི་རྫུ་འཕྲུལ་གྱི་རྐང་པ་སྟེ། དཔེར་ན་ཤ་དེ་ཟོས་པ་དང༌། སྣམ་པ་དང༌། རེག་པ་དང༌། ཁྲག་ 2-1-307 གི་ཐིག་ལེ་ལ་སོགས་པ་སྣ་ཚོགས་པ་བྱས་པས། རང་གང་འདོད་པའི་གཟུགས་སྣ་ཚོགས་ འཆང་བ་ལྟར་འདུན་པའི་རྫུ་འཕྲུལ་གྱི་རྐང་པ་ཡང༌། དམིགས་ཡུལ་གཅིག་ལ་འདུན་པའི་སྒོ་ རྣམ་པ་སྣ་ཚོགས་པའི་སྒོ་ནས་དམིགས་ཤིང་འདུན་པར་བྱས་པར་བྱས་པ་ལས། ཡོན་ཏན་གྱི་ ཁྱད་པར་ཐོབ་པར་འགྱུར་བས་སོ། ། གཉིས་པ་གོ་རོ་ཙ་ན་ལ་བརྟེན་པའི་ལས་ཚོགས་ཀྱི་ངེས་དོན་ནི། བརྩོན་འགྲུས་ཀྱི་རྫུ་ འཕྲུལ་གྱི་རྐང་པ་སྟེ། གོ་རོ་ཙ་ན་ལ་བརྟེན་ནས། ལས་དང་དངོས་གྲུབ་མྱུར་བ་ཉིད་དུ་འགྲུབ་ པ་ལྟར། འདིས་ཀྱང་ཡོན་ཏན་གྱི་ཚོགས་རྣམས་མྱུར་བ་ཉིད་དུ་འགྲུབ་པར་བྱེད་པས་སོ། ། གསུམ་པ་ཤིང་ལོའི་ཁུ་བ་ལ་བརྟེན་པའི་ངེས་དོན་ནི། སེམས་གྱི་རྫུ་འཕྲུལ་གྱི་རྐང་པ་སྟེ། མི་ལ་སོགས་པའི་གཡོ་བ་སེམས་ཅན། ཤིང་ལ་སོགས་པའི་བརྟན་པའི་དངོས་པོར་འགྱུར་བ་ ནི། འབྱུང་མི་སྲིད་པ་ལྟ་བུ་བྱུང་བས་ངོ་མཚར་བ་ཡིན་པ་ལྟར། ཏིང་ངེ་འཛིན་ལ་བརྟེན་ནས་ ཀྱང་བསམ་གྱིས་མི་ཁྱབ་ཅིང༌། ཡ་མཚན་པའི་རྫུ་འཕྲུལ་རྣམ་པ་སྣ་ཚོགས་པ་འབྱུང་བས་སོ། ། བཞི་པ་ཕྱུགས་ཀྱི་བ་སྤུ་དང༌། ཡན་ལག་ལྔ་ལ་བརྟེན་པའི་ལས་ཚོགས་ཀྱི་ངེས་དོན་ ནི། སྤྱོད་པའི་རྫུ་འཕྲུལ་གྱི་རྐང་པ་སྟེ། དེ་ཡང་ཡན་ལག་ལྔ་དང་ལྡན་པ་ལྟར། སྤྱོད་པ་ཡང་ དམིགས་ཡུལ་གཅིག་ལ་ངོ་བོ་དང༌། མཚན་ཉིད་དང༌། ཁྱད་པར་དང༌། རྟེན་དང་བརྟེན་པ་ལ་ སོགས་པ་རྣམས་ལ་རྣམ་པར་དཔྱོད་པའི་ཡན་ལག་མང་པོ་དང་ལྡན་པས་སོ། །འདིར་ཐིག་ལེ་ བྱས་ནས་ཞེས་སོགས་མང་པོ་འབྱུང་བ་ནི། རྫུ་འཕྲུལ་རྐང་བཞི་དེ་རྣམས་བདེ་བ་ཆེན་པོའི་ཡེ་ ཤེས་ཀྱིས་བརྒྱན་པའི་དོན་ནོ། །ལེའུའི་མཚན་བསྟན་པ་ནི། དཔལ་འཁོར་ལོ་སྡོམ་པ་ལས། སྐྱེ་བ་བདུན་པ་སྒྲུབ་པར་བྱ་བའི་གཟུགས་ཡོངས་སུ་བརྗེ་བའི་ཆོ་གའི་ལེའུ་སྟེ། བཞི་བཅུ་རྩ་ དགུ་པ་རྣམ་པར་བཤད་ཟིན་ཏོ།། །། ༈ ལེའུ་ལྔ་བཅུ་པའི་དུམ་བུ་དང་པོས་སྦྱིན་སྲེག་གཙོ་བོར་བསྟན་པ་ཡིན་ལ། དུམ་བུ་ཕྱི་ 2-1-308 མས་ནི། འབྲས་བུའི་གསང་བ་སྟོན་ཞིང༌། རྩ་བའི་ས་བཅད་གསུམ་པ་དོན་བསྡུའི་མགོ་ཡིན་ ནོ། །འདི་ལ་བཤད་པར་ཞལ་གྱིས་བཞེས་པ་དང༌། ལེའུ་དངོས་དང༌། ལེའུའི་མཚན་བསྟན་པ་ དང་གསུམ་ལས། དང་པོ་ནི། དེ་ནས་ཞེས་སོགས་ཤོ་ལོ་ཀ་གཅིག་གིས་བསྟན། དེ་ཡང་ལེའུ་ སྔ་མའི་རྗེས་དེ་ནས། སྦྱིན་སྲེག་གི་ཆོ་ག་ལ་བརྟེན་ནས། ངེས་པར་དབང་དུ་བྱེད་པར་འགྱུར་ བའི་ཐབས་གང་ཞིག་ཤེས་པ་ཙམ་གྱིས་ནི་དེ་ལ་བརྟེན་ནས་རིམ་པས་མྱུར་དུ་དངོས་གྲུབ་ ཐོབ་པར་འགྱུར་བ་དེ་བཤད་པར་བྱ། ཞེས་པའོ། ། གཉིས་པ་ལ། དུམ་བུ་དང་པོ་བཤད་པ་དང༌། གཉིས་པ་བཤད་པ་གཉིས་ལས། དང་ པོ་ལ་དབང་དུ་བྱེད་པ་ལ་སོགས་པའི་སྦྱིན་སྲེག་རྣམ་པ་ལྔ་བཤད་པ་དང༌། ཐུན་མཚམས་ཀྱི་ སྤྱོད་པ་བཤད་པ་དང༌། སྔར་གྱི་སྦྱིན་སྲེག་གི་འཕྲོས་བཤད་པ་དང་གསུམ་ལས། དང་པོ་ལ་ ལྔ་ལས། དང་པོ་ནི། གོ་མཾ་ས་དང་ཞེས་སོགས་ཤོ་ལོ་ཀ་གཅིག་གིས་བསྟན། དེ་ཡང་དབང་ གི་སྦྱིན་བསྲེག་གཞན་སྤྱི་དང་འདྲ་བ་ལ། བསྲེག་རྫས་ཀྱི་ཁྱད་པར་གོ་མཾ་ས་ཏེ་བ་གླང་གི་ཤ་ དང་མྱོས་བྱེད་བསྲེས་པ་ལག་པ་གཡོན་པས་སྦྱིན་བསྲེག་དུ་བྱས་ན། སངས་རྒྱས་ཀྱང་རང་གི་ དབང་དུ་འགྱུར་ན། ཕྲན་ཚེགས་ཀྱི་མི་རྣམས་སྨོས་ཅི་དགོས། ཞེས་ཕུལ་བྱུང་གི་ཚིག་དུ་བརྗོད་ པའམ། ཡང་ན་སངས་རྒྱས་ནི་རིག་སྔགས་ཅུང་ཟད་གྲུབ་པའི་སྒྲུབ་པ་པོ་སྟེ། དེ་ཡང་དབང་དུ་ བྱེད་ནུས་ན། གཞན་ཕལ་པ་རྣམས་སྨོས་ཅི་དགོས། ཞེས་པའོ། ། གཉིས་པ་ནི། སྐྱུག་པ་ཞེས་སོགས་ཤོ་ལོ་ཀ་གཅིག་གིས་བསྟན། དེ་ཡང་རང་གི་ཁ་ཟས་ ཟོས་པ་སླར་སྐྱུག་པ་དང༌། མི་གཞན་གྱི་སོ་ཤིང་དོར་བ་བླངས་པ་དང༌། དེ་བཞིན་དུ་རང་གི་ ལུས་ལ་ཏིལ་མར་གྱིས་བྱུགས་པ། བག་ཕྱེ་ལ་སོགས་པས་མཉེས་ཤིང༌། དྲིལ་ཕྱིས་བྱས་པ་ རྣམས་མྱོས་བྱེད་དང་ལྷན་ཅིག་བསྲེས་པས། སྦྱིན་བསྲེག་བྱ་ཞིང༌། དེའི་ཚེ་བསྒྲུབ་བྱའི་མིང་ ནས་སྨོས་ཏེ། ཆེ་གེ་མོ་ཝ་ཤཾ་ཀུ་རུ་ཧོ། ཞེས་པའི་སྤེལ་ཚིག་བཻ་རོ་ཙ་ནའི་སྔགས་ལ་བཏགས་ 2-1-309 ནས་སྦྱིན་བསྲེག་བྱས་ན། ཁམས་གསུམ་པོ་དག་དབང་དུ་འགྱུར་རོ། ། གསུམ་པ་ནི། ཟླ་མཚན་ཞེས་སོགས་ཤོ་ལོ་ཀ་གཅིག་གིས་བསྟན། དེ་ཡང་བུད་མེད་ཀྱི་ ཟླ་མཚན་གྱི་ཁྲག་དང༌། རང་གི་ཁ་ཟས་ཟོས་ནས་སླར་ཡང་སྐྱུགས་པའི་ཟས་དང༌། མི་ཡི་སྐྲ་ ཕྱེ་མར་བྱས་པ་དང་ལྷན་ཅིག་ལྡན་པའི་བསྲེག་རྫས་ཀྱིས་སྦྱིན་བསྲེག་བྱས་ན། བསྒྲུབ་བྱ་མོད་ ལ་འགུགས་པར་འགྱུར་བ་ཡིན་ནོ། །དེ་ཡན་ལ་དབང་དགུག་སྦྲགས་པའི་སྦྱིན་བསྲེག་གསུམ་ བྱུང་བ་ཡིན་ལ། བཞི་པ་ནི། རང་གི་ལུས་ཞེས་སོགས་ཤོ་ལོ་ཀ་གཅིག་གིས་བསྟན། དེ་ཡང་རང་གི་ལུས་ ལས་བྱུང་བའི་སྐྱུགས་པ་དང༌། རང་གི་སྐྲ་ཕྱེ་མར་བྱས་པ། ནིམྤའི་ཤིང་གི་མེ་ལ་རབ་སྦྱར་ཏེ་ སྦྱིན་བསྲེག་བྱས་ན། བསྒྲུབ་བྱ་མོད་ལ་དབྱེ་བར་འགྱུར་བ་ཡིན་ནོ། ། ལྔ་པ་ནི། རབ་མཉམ་ཞེས་སོགས་ཤོ་ལོ་ཀ་གཅིག་གིས་བསྟན། དེ་ཡང་སྒྲུབ་པ་པོ་ལྷའི་ རྣལ་འབྱོར་ལ་ཡིད་རབ་ཏུ་མཉམ་པར་བཞག་པས་རྡ་རྡུ་ར་སྟེ་ཐང་ཁྲོམ་གྱི་ཤིང་གིས་སྦྱིན་ བསྲེག་གི་མེ་བྱས་པ་ལ། ཁྭའི་གཤོག་པ་དང༌། ཚ་བའི་ཉུང་མར། ཀེ་ཚེའི་སྣུམ་དང་བསྲེས་ བའི་སྦྱིན་བསྲེག་བྱས་ན། བསྒྲུབ་བྱ་འཕྲལ་ཉིད་དུ་འཆིང་བའམ། གནས་ནས་བསྐྲད་པར་ འགྱུར་རོ། ། གཉིས་པ་སྤྱོད་ལམ་ནི། གཉིད་ལོག་ཞེས་སོགས་ཤོ་ལོ་ཀ་གཅིག་གིས་བསྟན། དེ་ཡང་ གཉིད་ལོག་པ་ཉལ་བའི་རྣལ་འབྱོར་དང༌། མ་ལོག་པ་སད་དུས་སུ་སྤྱོད་ལམ་གྱི་རྣལ་འབྱོར་ དང༌། གཉིད་ལས་ལང་བའི་ཚེ་ལྡང་བའི་རྣལ་འབྱོར་དང༌། ཟས་ལ་སྤྱོད་པ་ཁ་ཟས་ཀྱི་རྣལ་ འབྱོར་དང༌། སོགས་པའི་སྒྲས་གཏོར་མ་དང༌། བཟླས་པའི་རྣལ་འབྱོར་ལ་སོགས་པ་དང༌། མེ་ཐུ་ན་ནི་སྙོམས་འཇུག་བྱེད་པ། རྗེས་ཆགས་ཀྱི་རྣལ་འབྱོར་ཏེ་དེ་དག་གི་དུས་སུ། སྔགས་ པས་དུས་རྟག་ཏུ་སྔགས་ཡིད་ལ་དྲན་ཞིང༌། ཟློས་པར་བྱེད་པ་ཡིན་ཏེ། དཔེར་ན་རྗེས་ཆགས་ 2-1-310 ཀྱི་རྣལ་འབྱོར་གྱི་ཚེ། མཁའ་གསང་བྱིན་གྱིས་རློབ་པའི་སྔགས་དང༌། གཏོར་མ་དང༌། ཁ་ཟས་ ཀྱི་རྣལ་འབྱོར་ལ་ཡི་གེ་འབྲུ་གསུམ་བཟླས་པས་བདུད་རྩིར་བྱིན་གྱིས་རློབ་པ་དང༌། ལྡང་བའི་ ཚེ། ཀ་ར་ཀ་ར་ལ་སོགས་པའི་སྔགས་ཀྱི་སྒྲས་བསྐུལ་བར་མོས་དགོས་པ་དང༌། སྤྱོད་ལམ་གྱི་ རྣལ་འབྱོར་གྱི་ཚེ། སྔགས་ཡང་ཡང་ཡིད་ལ་དྲན་ཞིང་ཟློས་པར་བྱེད་དགོས་པས་སོ། །དེ་ལྟ་ བུའི་སྒྲུབ་པ་པོ་ལ། བདུད་ཀྱི་བར་ཆད་ནམ་ཡང་ཡོད་པ་མ་ཡིན་ནོ། ། གསུམ་ལ་སྦྱིན་བསྲེག་ལ་བརྟེན་པའི་ལས་ཚོགས་བདུན་ཡོད་པ་ལས། དང་པོ་ནི་ལྕེ་ སྤྱང་ནི་ཞེས་སོགས་ཤོ་ལོ་ཀ་གཅིག་གིས་བསྟན། དེ་ཡང༌། ལྕེ་སྤྱང་གི་ཤའི་སྦྱིན་བསྲེག་བྱས་ ན། དེ་ལྟར་བྱས་པའི་ཟླ་བ་གསུམ་གྱི་རྗེས་ལ། མི་སྟེ་སྒྲུབ་པ་པོ་དེའི་བདུན་བརྒྱུད་ཚུན་ཆད་ ཀྱི་རིགས་ཀྱི་དབུལ་བ་འཇིག་པར་འགྱུར་བ་ཡིན་ནོ། །འདི་ལ་འགའ་ཞིག་ཏུ་སྦྱིན་བསྲེག་དེ་ བྱས་ན། རིགས་ཀྱི་དབུལ་བ་སེལ་བའི་དོན། སྔར་རང་ལ་བུ་མེད་པ་ལ། བུ་མང་པོ་འབྱུང་ བར་འགྱུར་བའི་དོན་དུ་འཆད་དོ། ། གཉིས་པ་ནི། ཤ་ཆེན་ཞེས་སོགས་ཤོ་ལོ་ཀ་གཉིས་ཀྱིས་བསྟན། དེ་ཡང༌། ཤ་ཆེན་གྱི་ བསྲེག་རྫས་དག་གིས་སྒྲུབ་པ་པོ་ལ་ལ་ཞིག་མྱོས་བྱེད་ཆང་དང་ལྡན་པས། སྦྱིན་སྲེག་བརྒྱ་རྩ་ བརྒྱད་ཀྱི་བར་དུ་ཞག་རེ་ལ་སྲོད་དང་ནམ་གུང༌། ཐོ་རངས་ཏེ་མཚན་མོའི་ཐུན་གསུམ་དུ་སྦྱིན་ བསྲེག་བྱེད་ན། ཟླ་བ་དྲུག་གིས་ས་མ་ལུས་པ་རྣམས་ལ་ལོངས་སྤྱོད་པའི་ཚུལ་གྱིས་དབང་དུ་ འགྱུར་ཞིང༌། རྡོ་རྗེ་མཁའ་འགྲོ་མ་རྣམས་སྦྱིན་བསྲེག་གིས་དགེས་པར་གྱུར་ན། སྒྲུབ་པ་པོ་ལ་ རྒྱལ་སྲིད་སྟེར་བར་གདོན་མི་ཟའོ། ། གསུམ་པ་ནི། ལྷ་རྣམས་ཐམས་ཅད་བསྒོམས་ནས་ནི། །ཞེས་པ་ནས། སྣ་ཚོགས་ གཟུགས་ནི་འཛིན་ཞིང་རོལ། །ཞེས་པའི་བར་གྱིས་བསྟན། སྦྱིན་སྲེག་གང་ལ་འབུལ་བའི་ ཡུལ་གྱི་ལྷ་གཙོ་རྐྱང་ཙམ་མ་ཡིན་པར། དཀྱིལ་འཁོར་གྱི་འཁོར་ལོ་ཡོངས་སུ་རྫོགས་པའི་ལྷ་ 2-1-311 རྣམས་ཐམས་ཅད་བསྒོམས་ནས་ནི། སྔ་དྲོའམ་དགོང་ཁ་ལྟ་བུ་ཐུན་གཉིས་ཀྱི་བར་དུ་ཤ་ཆེན་ དང༌། མྱོས་བྱེད་ཀྱི་སྦྱིན་བསྲེག་བྱས་ན་རང་གི་ལུས་དེ་ཉིད་ཀྱིས་མཁའ་ལ་སྤྱོད་པའི་དངོས་ གྲུབ་ཐོབ་པར་འགྱུར་བ་ཡིན་ནོ། །གཞན་ཡང་གོ་མཾ་ཡུ་སྟེ་ལྕེ་སྤྱང་གི་ཤ་དང༌། མྱོས་བྱེད་ཀྱིས་ ཕྱིའི་སྦྱིན་བསྲེག་དང༌། ནང་གི་སྦྱིན་བསྲེག་བཟའ་ཚོགས་སུ་བྱས་ན། སྒྲུབ་པ་པོ་དེའི་ལག་ཏུ་ དབང་ལ་སོགས་པའི་དངོས་གྲུབ་ཐམས་ཅད་མྱུར་དུ་འགྲུབ་པར་འགྱུར་བ་ཡིན་ཞིང༌། དེ་ཡང་ སྔགས་ཀྱི་བཟླས་བརྗོད་དང་བཅས་པས། དུས་མཚན་མོ་བྱས་ན་ཡུལ་འཁོར་གཅིག་འཇིག་ པ་སྟེ་དབང་དུ་བྱེད་པར་འགྱུར་རོ། །དེ་ལྟར་ཉིན་རེ་བཞིན་སྔགས་ཀྱི་བཟླས་པ་དང་བཅས་ པས་ཕྱི་ནང་གི་སྦྱིན་བསྲེག་ཉིན་རེ་བྱས་ན་ནི། སྒྲུབ་པ་པོ་དེ་རྒྱལ་པོ་ཉིད་དུ་བྱེད་པར་འགྱུར་ རོ། །དེ་ལྟར་སྦྱིན་བསྲེག་དང༌། གཏོར་མ་དང༌། བཟའ་བ་ལ་བརྟེན་ནས་སྒྲུབ་པའི་ཆོ་ག་འདི་ ལས་རབ་དང་མཆོག་ཏུ་གྱུར་པ་གཞན་དག་ནི་འཇིག་རྟེན་གསུམ་པོ་དག་ན་ཡོད་པ་མ་ཡིན་ ནོ། །གཞན་ཡང༌། རྡོ་རྗེ་མཁའ་འགྲོ་མ་རྣམས་བཟའ་བ་དང༌། གཏོར་མ་དང༌། སྦྱིན་བསྲེག་ གི་མཉེས་པར་བྱས་ན་རྣལ་འབྱོར་པ་ཆེན་པོ་རང་ཉིད་ཅི་དགའ་བར་འཆི་བ་སྟེ་ལོ་མང་པོའི་ བར་དུ་འཚོ་བར་འགྱུར་བ་དང༌། དེ་མ་ཐག་ཏུ་འཆི་བར་འགྱུར་བ་སོགས་རང་གི་ཡིད་ལ་ཅི་ འདོད་པར་འཆི་བ་ལ་དབང་འབྱོར་བར་འགྱུར་བ་དང༌། རང་གི་རྣམ་པར་ཤེས་པ་འགྲོ་བ་སྣ་ ཚོགས་པའི་གཟུགས་ལ་རང་གང་འདོད་པ་བཞིན་འཕོས་ཏེ། དེའི་གཟུགས་འཛིན་ཞིང་རོལ་ པར་འགྱུར་བ་སྟེ། འདིས་གྲོང་དུ་འཇུག་པ་བསྟན་པ་ཡིན་ནོ། ། བཞི་པ་ནི། བིལ་བ་ཞེས་སོགས་ཤོ་ལོ་ཀ་གཅིག་གིས་བསྟན། དེ་ཡང་བིལ་བའི་འབྲས་ བུ་དང༌། དེ་བཞིན་དུ་ཤིང་པ་ལཀྵ་དང༌། ཨུ་དུམྦ་ར་དང་གསུམ་གྱིས་སྦྱིན་བསྲེག་འབུམ་བྱས་ ན། མྱུར་དུ་ནོར་གྱི་བདག་པོ་ཆེན་པོར་འགྱུར་རོ། ། ལྔ་པ་ནི། གོ་མཾ་ས་དང་ཞེས་སོགས་ཤོ་ལོ་ཀ་གཅིག་གིས་བསྟན། དེ་ཡང་གོ་མཾ་ས་ཏེ་བ་ 2-1-312 གླང་གི་ཤ་དང༌། མྱོས་བྱེད་ཆང་བསྲེས་པས་སྦྱིན་བསྲེག་བྱས་ཏེ། རྣལ་འབྱོར་དབང་ཕྱུག་ལྷ་ རྣམས་མཉེས་པར་བྱས་ན། སྒྲུབ་པ་པོ་དབུལ་པོ་ཉིད་དུ་ག་ལ་འགྱུར་ཏེ། མི་འགྱུར་བར་རྒྱལ་ སྲིད་ཀྱི་དཔལ་ལ་ལོངས་སྤྱོད་པར་འགྱུར་རོ། ། དྲུག་པ་ནི། གོ་མཾ་ཡུ་ནི་ཞེས་སོགས་ཤོ་ལོ་ཀ་ཕྱེད་དང་གཉིས་ཀྱིས་བསྟན། དེ་ཡང་གོ་མཾ་ ཡུ་སྟེ་ལྕེ་སྤྱང་གི་ཤས་སྦྱིན་བསྲེག་བྱས་པའི་རྒྱུས་དངོས་གྲུབ་རྣམས་ཅི་བདེ་བར་འགྲུབ་པར་ འགྱུར་བ་ཡིན་ལ། དེའི་ཕྱིར་གོ་མཾ་ཡུའི་སྦྱིན་བསྲེག་གིས་མྱུར་དུ་ནོར་གྱི་བདག་པོ་རྣམ་ཐོས་ སྲས་དང་མཉམ་པར་འགྱུར་རོ། །བརྟུལ་ཞུགས་ཞེས་སོགས་ནི། རྒྱུད་འདིར་བསྟན་པའི་ལས་ ཚོགས་ཐམས་ཅད་བརྟུལ་ཞུགས་དང༌། གཙང་སྦྲ་ལ་སོགས་པའི་སྤྱོད་པ་མེད་ན་ཡང༌། རྡོ་རྗེ་ མཁའ་འགྲོ་མ་རྣམས་མཉེས་པ་ལས། དེས་གནང་བ་ལ་བརྟེན་ནས་ལྷག་པའི་ཚེ་སྟེ། ཚེ་ཡུན་ རིང་དུ་གནས་པ་སོགས་དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར་བ་ཡིན་ནོ། །གནང་བས་ ཞེས་པའི་སྐ་དོད་ལ་བི་ཤིཥྚ་ཞེས་པ་ཡོད་པ། དེ་ཁྱད་འཕགས་ལ་འཇུག་པས། ཁྱད་འཕགས་ དངོས་གྲུབ་ཐོབ་པར་འགྱུར། །ཞེས་འབྱུང་ངོ༌། །ལྷག་པའི་ཚེ་ཞེས་པ་དུར་བ་ལ་ངོས་འཛིན་ ཞིང༌། དེ་ཁ་འཆིང་བའི་ལས་ཚོགས་ཀྱི་རྫས་ཡིན་པར་བླ་མ་གོང་མ་རྣམས་བཞེད་ཀྱང༌། གོང་ དུ་བསྟན་པ་ལྟར་ཚེ་ཡུན་རིང་དུ་གནས་པ་སོགས་ཁྱད་པར་འཕགས་པའི་དངོས་གྲུབ་ཐོབ་ པར་འགྱུར་ཞེས་གཞུང་སྔ་མའི་འཕྲོས་སུ་སྦྱར་བར་བྱའོ། ། བདུན་པ་ནི། ཀུསྨནྡྷ་ཞེས་སོགས་ཞེས་སོགས་ཤོ་ལོ་ཀ་གཅིག་གིས་བསྟན། དེ་ཡང་ ཀུསྨནྡྷ་དང༌། མུད་ག་སྟེ་སྲན་ཆུང་དང༌། མ་ཤ་སྲན་ལེབ་དང༌། ཙ་ན་ཀའི་འབྲུ་དང༌། སྦྲང་ རྩིའི་རྩིས་མ་པྲ་ཚིལ་དང༌། ཀེ་ཚེ་དང༌། ཤིང་ཏ་མ་ལའི་འདབ་མ་རྣམས་བླངས་ཏེ་སྦྱིན་བསྲེག་ བྱས་ན་བསྒྲུབ་བྱ་གང་ཞིག་ཁ་འཆིང་བ་སྟེ། ངག་འཆིང་བར་བྱ་བ་ཡིན་ནོ། །སྦྱིན་བསྲེག་ཁོ་ ན་ལ་བརྟེན་ནས་ལས་དེ་དང་དེ་འགྲུབ་པ་ནི། རྣལ་འབྱོར་པ་ནུས་པ་མཆོག་དང་ལྡན་པས་ 2-1-313 ཡིན་ཞིང༌། དེ་ལྟ་མིན་ན། བཻ་རོ་ཙ་ནའི་འཁོར་ལོ་བྲིས་ཏེ། འཁོར་ལོ་སྒྲུབ་པ་དང་ལྷན་ཅིག་ སྦྱིན་བསྲེག་བྱས་ན་ངེས་པར་འགྲུབ་པར་འགྱུར་བ་ཡིན་ནོ། །རྣལ་འབྱོར་ཅི་འདོད་གྱུར་པ་ ཡི། །གང་དུ་དགའ་བ་དེར་འགྱུར་རོ། །ཞེས་པ་ནི། རྒྱུད་འདིར་བསྟན་པའི་ལས་ཚོགས་འདི་ དག་ལ་བརྟེན་ནས། རྣལ་འབྱོར་པ་ཅི་དང་ཅི་འདོད་པར་གྱུར་པ་ཡིས། རང་གང་དུ་དགའ་བ་ དེ་ཐོབ་པར་འགྱུར་བ་ཡིན་ནོ། །དེ་རྣམས་ཀྱི་ངེས་དོན་ནི། ས་བཅུ་ན་གཙོ་བོར་སྤྱོད་པའི་ཕ་ རོལ་ཏུ་ཕྱིན་པ་བཅུ་དང་སྦྱོར་བར་བྱེད་པ་ཡིན་ལ། དེ་ལ་དབང་དུ་བྱེད་པའི་ལས་ཚོགས་དང་ པོ་གཉིས་ཀྱི་ངེས་དོན་ནི། ས་བཅུ་པ་ཆོས་ཀྱི་སྤྲིན་གྱི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དེའི་ ཇི་ལྟ་བ་དང༌། ཇི་སྙེད་པའི་ཡེ་ཤེས་ཀྱི་རྫོགས་པའི་སངས་རྒྱས་ཐོབ་པའི་ཚུལ་གྱིས་དབང་དུ་ འགྱུར་བ་ཡིན་ན། གཞན་རྣམས་སྨོས་མི་དགོས་པས་སོ། །ས་དགུ་པའི་སྟོབས་ཀྱི་ཕ་རོལ་ཏུ་ ཕྱིན་པ་ནི། ལས་ཚོགས་གསུམ་པ་འགུགས་པའི་ངེས་དོན་ཏེ། དེས་མ་ལུས་ཤིང་ལུས་པ་མེད་ པའི་ཡོན་ཏན་རྣམས་འགུགས་པར་འགྱུར་བས་སོ། །ལས་ཚོགས་བཞི་པ་དབྱེ་བར་བྱེད་པའི་ ངེས་དོན་ནི། ས་བརྒྱད་པའི་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་སྟེ། སྨོན་ལམ་གྱི་སྟོབས་ཀྱིས་མི་ མཐུན་པའི་ཕྱོགས་རྣམས་དབྱེ་བར་འགྱུར་བས་སོ། །ས་བདུན་པའི་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་ པ་ནི། ལས་ཚོགས་ལྔ་པ་ཐུན་མཚམས་ཀྱི་སྤྱོད་པ་དང་བཅས་པའི་ངེས་དོན་ཏེ། བྱང་ཆུབ་ སེམས་དཔའ་ཐབས་ལ་མཁས་པའི་ཁྱད་པར་གྱིས་གཉིད་ལོག་པ་ལ་སོགས་པའི་སྤྱོད་ལམ་ ཐམས་ཅད་དགེ་བར་འགྱུར་བ་དང༌། བསྒྲུབ་བྱ་གསོད་པ་དང་སྐྲོད་པ་ཡང་ཐབས་མཁས་ཀྱི་ འཕྲིན་ལས་ཡིན་པས་སོ། །རིགས་ཀྱི་དབུལ་བ་འཇིག་པར་བྱེད་པ་དང༌། རྒྱལ་སྲིད་ཐོབ་པར་ འགྱུར་བའི་ལས་ཚོགས་གཉིས་ཀྱི་ངེས་དོན་ནི། ས་ལྔ་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་ པ་སྟེ། བསམ་གཏན་ལ་བརྟེན་ནས་ཉེས་པ་རྣམས་འཇིག་པར་འགྱུར་བ་དང༌། ཡོན་ཏན་གྱི་ འབྱོར་པ་རྣམས་རྒྱས་པར་འགྱུར་བས་སོ། །སྦྱིན་བསྲེག་ལ་བརྟེན་ནས་མཁའ་སྤྱོད་ཀྱི་དངོས་ 2-1-314 གྲུབ་སྒྲུབ་པ་ཕན་ཡོན་དང་བཅས་པའི་ངེས་དོན་ནི། ས་དྲུག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་སྟེ། དེས་ནི་རྫོགས་རིམ་གྱི་ལྷ་རྣམས་ཐམས་ཅད་ཤེས་པར་འགྱུར་བ་དང༌། ཐུན་གཉིས་ཏེ། བདེན་པ་གཉིས་དང༌། ཕྱི་དང་ནང་གི་བྱ་བ་ཐམས་ཅད་ཤེས་པར་འགྱུར་བ་དང༌། ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་མཆོག་ཏུ་གྱུར་པ་འཇིག་རྟེན་གསུམ་ན་ཡོད་པ་མ་ཡིན་པས་ སོ། །ས་གཉིས་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། རྣལ་འབྱོར་ཆེན་པོ་རང་དགར་འཆི། །སྣ་ཚོགས་གཟུགས་ནི་འཛིན་ཅིང་རོལ། །ཞེས་པའི་ངེས་དོན་ཏེ། ཚུལ་ཁྲིམས་ལ་བརྟེན་ནས་ རང་ཉིད་ཇི་ལྟར་འདོད་པར་སྐྱེ་འཆི་ནུས་པས་སོ། །ས་དང་པོའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ ནི། རྒྱས་པའི་སྦྱིན་སྲེག་གསུམ་གྱི་ངེས་དོན་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས། ལོངས་སྤྱོད་ཀྱི་འབྱོར་བ་རྒྱས་པར་འགྱུར་བས་སོ། །ས་གསུམ་པའི་བཟོད་པའི་ཕ་རོལ་ཏུ་ ཕྱིན་པ་ནི། ཁ་འཆིང་བར་བྱེད་པའི་ངེས་དོན་ཏེ། གནོད་པའི་ལན་མི་བྱེད་པར་འགྱུར་བས་སོ། །ས་བཞི་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། རྣལ་འབྱོར་ཅི་འདོད་གྱུར་པ་ཡི། །གང་ དུ་དགའ་བ་དེར་འགྱུར་རོ། །ཞེས་པའི་ངེས་དོན་ཏེ། བརྩོན་འགྲུས་བརྩམས་པས། ཅི་འདོད་ པའི་ཡོན་ཏན་ཐམས་ཅད་ཐོབ་པར་འགྱུར་བས་སོ། །དུམ་བུ་གཉིས་པ། འདི་ནས་བཟུང་ རྩ་བའི་ས་བཅད་གསུམ་པ་དོན་བསྡུ་བ་ཡིན་པས། འདི་ལ་བཤད་པར་ཞལ་གྱིས་བཞེས་པ་ དང༌། དོན་དངོས་གཉིས་ལས། དང་པོ་ནི། དེ་ནས་ཞེས་སོགས་ཚིག་གཅིག་གིས་བསྟན། དེ་ཡང་སྔ་མའི་རྗེས་དེ་ནས། སྔར་བཤད་ཟིན་པའི་དོན་གྱི་རྣམ་གྲངས་གཞན་ཡང་བཤད་པར་བྱ། ཞེས་པའོ། ། གཉིས་པ་ལ་མདོར་བསྟན། རྒྱས་བཤད་གཉིས་ལས། དང་པོ་ནི། གནས་ལ་སོགས་པའི་ རྣལ་འབྱོར་མ། །ཞེས་སོགས་ཚིག་གསུམ་གྱིས་བསྟན། འདི་ལ་འགྱུར་གཞན་ལས། རྣལ་ འབྱོར་མ་ཡི་གནས་དང་ས། ཞེས་འབྱུང་བ་ཉིད་བདེ་བ་ཡིན་ཏེ། རྣལ་འབྱོར་མའི་རྒྱུད་དུ་ 2-1-315 བསྟན་པའི་ས་བཅུ་གཉིས་ལ། གནས་ལ་སོགས་པའི་མིང་གིས་བསྟན་པ་ནི། ཧེ་རུ་ཀ་དཔལ་ གྱི་སྐུའི་ཡན་ལག་སྟེ། ཆ་ཤས་ཡིན་ཞེས་པའོ། །འདི་ལ་སངས་རྒྱས་ཀྱི་གཟུགས་ཀྱི་སྐུའི་སྤྱི་བོ་ པཱུ་ལི་ར་མ་ལ་ཡ་དང༌། སྤྱི་གཙུག་ཛཱ་ལནྡྷ་ར་དང༌། རྣ་བ་གཡས་ཨོ་ཌི་ཡ་ན་དང༌། ལྟག་པར་ ཨརྦུ་ཏར། ཁཎྜ་ཀ་པཱ་ལ་དང༌། རབ་གཏུམ་མ་ལ་སོགས་པ་ཐུགས་འཁོར་གྱི་ལྷ་བཞི་བཞུགས་ པ་ནི་གནས་ཡིན་པ་ནས། དེའི་མཐེ་བོང་མ་རུ་དང༌། པུས་མོ་ཀུ་ལུ་དར་རྣམ་པར་སྣང་མཛད་ དང༌། འཁོར་ལོས་བསྒྱུར་མ་དང༌། རྡོ་རྗེ་སེམས་དཔའ་དང༌། བརྩོན་འགྲུས་ཆེན་མོ་བཞུགས་ པ་ནི་ཉེ་བའི་དུར་ཁྲོད་དེ། དཔལ་ཧེ་རུ་ཀའི་གཟུགས་ཀྱི་སྐུའི་ཆ་ཤས་དེ་རྣམས། གནས་ སོགས་ས་བཅུ་གཉིས་དང༌། ཡང་དེའི་ཞབས་མཐིལ་རླུང་སོགས་རྟེན་གྱི་དཀྱིལ་འཁོར་ཡང་ ཡིན་ནོ། །ཆོས་ཀྱི་སྐུའི་ཆ་ཤས་གནས་སོགས་ས་བཅུ་གཉིས་སུ་འཇོག་པ་ནི། ཆོས་ཉིད་གདོད་ མའི་ས་བཅུ་གཉིས་ཏེ། ཆོས་དབྱིངས་རང་བཞིན་རྣམ་པར་དག་པ་དེ་ལ། ངོ་བོའི་སྒོ་ནས་ དབྱེ་བ་མེད་ཀྱང༌། བཟློག་ཆ་བཅུ་གཉིས་ཏེ་ཆོས་ཉིད་དེ་སྤྱི་བོ་དང༌། གཙུག་ཏོར་དང༌། རྣ་བ་ གཡོན་དང༌། ལྟག་པ་སྟེ་དེ་དག་ན་གནས་པའི་རྩ་ཐིག་རླུང་གསུམ་གདོད་ནས་རྣམ་པར་དག་ པའི་ལྡོག་ཆ་ནས། དོན་དམ་པའི་གནས་ཡིན་པ་ནས་བཟུང་། མཐེ་བོང་དང་པུས་མོ་ན་གནས་ པའི་རྩ་ཐིག་རླུང་གསུམ་གདོད་ནས་རྣམ་པར་དག་པའི་ལྡོག་ཆ་ནས། དོན་དམ་པའི་ཉེ་བའི་ དུར་ཁྲོད་དུ་འཇོག་པ་ཡིན་ནོ། །དེ་ལྟར་ཆོས་སྐུའི་ཡན་ལག་གནས་སོགས་ས་བཅུ་གཉིས་པོ་ དེ་ཀུན་ཏུ་བརྟན་གཡོ་ཐམས་ཅད་ཀྱི་བདག་ཉིད་དེ་ཆོས་ཉིད་དུ་གྱུར་པ་ཡིན་ལ། གཟུགས་ ཀྱི་སྐུའི་ཡན་ལག་རྟེན་གྱི་དཀྱིལ་འཁོར་གྱི་བརྟེན་སྣོད་ཀྱི་འཇིག་རྟེན་དང༌། ཁཎྜ་ཀ་པཱ་ལ་ལ་ སོགས་པའི་ལྷ་རྣམས་ཀྱི་ནི། གཡོ་བ་སེམས་ཅན་ཐམས་ཅད་ལ་ཁྱབ་པ་ཡིན་ནོ། །རྒྱུ་མཚན་ དེའི་ཕྱིར་ཕྱིའི་ཡུལ་ཅན་ཉེར་བཞི་ལ་སོགས་པ་རྣམས་སུ་ཡང༌། དེ་དག་གི་སྤྲུལ་པའི་སྐུ་དཔའ་ བོ་དང༌། རྣལ་འབྱོར་མ་བཞུགས་པ་དང༌། ལུས་ཀྱི་གནས་སོ་སོའི་རྩ་ཐིག་རྣམས་དེ་དག་གིས་ 2-1-316 བྱིན་གྱིས་བརླབས་པས་དེ་དང་དེར་གནད་དུ་བསྣུན་པ་ལས་གྲོལ་བར་འགྱུར་བ་ལ་སོགས་ པ་ཡིན་ནོ། ། གཉིས་པ་ནི། གནས་ནི་རབ་ཏུ་དགའ་བའི་ས་ཞེས་པ་ནས། གསང་བའི་དེ་ཉིད་གསུངས་ པ་ཡིན། །ཞེས་པའི་བར་ཏེ། གནས་ནི་རབ་ཏུ་དགའ་བའི་ས་དང༌། དེ་བཞིན་དུ་ཉེ་བའི་གནས་ དྲི་མ་མེད་པའི་ས་དང༌། ཞིང་ནི་འོད་བྱེད་པའི་ས་དང༌། ཉེ་བའི་ཞིང་ནི་འོད་འཕྲོ་བའི་ས་དང༌། ཚནྡོ་ཧ་ནི་མངོན་དུ་གྱུར་པའི་ས་དང༌། ཉེ་བའི་ཚནྡྷོ་ཧ་ནི་སྦྱང་དཀའ་བའི་ས་དང༌། འདུ་བ་རིང་ དུ་སོང་བའི་ས་དང༌། ཉེ་བའི་འདུ་བ་མི་གཡོ་བའི་ས་དང༌། དུར་ཁྲོད་ལེགས་པའི་བློ་གྲོས་ཀྱི་ ས་དང༌། ཉེ་བའི་དུར་ཁྲོད་ཆོས་ཀྱི་སྤྲིན་གྱི་སའོ། །ཤྲཱི་ཧེ་རུ་ཀའི་ཡུལ་ཉེར་བཞི་དང༌། དུར་ཁྲོད་ ཆེན་པོ་བརྒྱད་དུ་ལོངས་སྤྱོད་པར་བྱེད་པའོ། །དེ་ཡང༌། འདི་ནི་ནང་གི་བདག་ཉིད་ས། །ཞེས་ པ་སྟེ། ཐོབ་བྱ་འབྲས་བུའི་ས་བཅུ་གཉིས་དང༌། ཐོབ་བྱེད་ལམ་གྱི་ས་བཅུ་གཉིས་པོ་རྣམས་ ནང་གི་བདག་ཉིད་ཀྱི་སའི་གཙོ་བོ་ཡིན་ལ། གཞན་ལུས་ཀྱི་དཀྱིལ་འཁོར་ཡང་ནང་གི་ས་ཡིན་ ཞིང༌། ཕྱིའི་ས་ནི་ཕྱི་རོལ་གྱི་ཡུལ་ཉེར་བཞི་དུར་ཁྲོད་བརྒྱད་དང་བཅས་པ་རྣམས་སོ། །དེ་ཡང་ སྦྱིན་བསྲེག་གི་ངེས་དོན་གྱི་སྐབས་སུ་བཤད་ཟིན་པའི་ཕ་རོལ་ཏུ་ཕྱིན་པ་བཅུའི་ས་རྣམས་ལ། རྣལ་འབྱོར་མ་ཡི་བརྡའི་སྐད་དུ། པཱུ་ཛ་ཨོ་ཨ་ཞེས་པ་ལ་སོགས་པས་གང་བསྟན་པ་རྣམས་ནི་ མཐོ་རིས་ཏེ་མཁའ་སྤྱོད་ཀྱི་གནས་བརྒྱད་དང༌། ས་སྟེང་གི་གནས་བརྒྱད་དང༌། ས་འོག་གི་ གནས་བརྒྱད་དེ་ཉི་ཤུ་རྩ་བཞིར་ཡོངས་སུ་ཕྱེ་བ་ནི། དཔའ་བོ་ཧེ་རུ་ཀའི་སྐུའི་ཡན་ལག་སྟེ། དེ་ ནི་བརྟན་གཡོ་ཐམས་ཅད་ཀྱི་བདག་ཉིད་ཡིན་ནོ། །དེ་ལྟར་པཱུ་ལ་སོགས་པའི་རྣལ་འབྱོར་མའི་ བརྡས་བསྟན་པའི་ས་བཅུ་པོ་དེ་ལ། གོང་དུ་བཤད་པ་ལྟར། ཕྱི་དང་ནང་གི་བདག་ཉིད་ཅན་གྱི་ གནས་སོ། །དཔལ་ལྡན་ཁྲག་འཐུང་ནི། མ་ལུས་ཤིང་ལུས་པ་མེད་པའི་ཆོས་ཐམས་ཅད་ལ་ དབང་བསྒྱུར་བས་ན། རྒྱལ་པོ་ཆེ་དང༌། ཇི་ལྟར་འདོད་པ་ཀུན་དབང་འབྱོར་བས་ན། དབང་ 2-1-317 ཕྱུག་གཙོ་ཡིན་ལ། དེ་ལྟར་ཧེ་རུ་ཀའི་ཆོས་སྐུའི་ཆ་ཤས་དོན་དམ་པའི་ས་བཅུ་གཉིས་པོ་དེ་ནི། རྣམ་པ་ཐམས་ཅད་པ་ཡིན་པའི་ཕྱིར། ཀུན་ཏུ་ཕྱག་དང༌། ཀུན་ཏུ་ཞབས་དང༌། ཀུན་ཏུ་སྤྱན་ དང༌། ཀུན་ཏུ་དབུ་དང༌། ཀུན་ཏུ་ཞལ་དང༌། ཀུན་ཏུ་ཐོས་ལྡན་ཏེ་སྙན་དང༌། མདོར་ན་ཁྱབ་བྱ་ འཇིག་རྟེན་ཐམས་ཅད་ལ། ཁྱབ་བྱེད་ཀྱི་ཚུལ་དེ་ལྟ་བུས་གཡོགས་པ་སྟེ། ཁྱབ་པར་རྣམ་པར་ བཞུགས་པ་ཡིན་ནོ། །རྒྱུ་མཚན་དེ་བས་ན་དངོས་གྲུབ་སྒྲུབ་པར་བྱ་བའི་ཕྱིར། གནས་སོགས་ ས་བཅུ་གཉིས་ཀྱི་དག་པ་ཅན་གྱི་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམས་ཤིང༌། དེ་ལ་ཕོ་ཉ་ གསུམ་བསྲེ་བ་ལ་སོགས་པའི་བསམ་གཏན་དང་ལྡན་པའི་སེམས་ཀྱིས་བསྒྲུབ་པར་བྱ་དགོས་ པ་ཡིན་ལ། དེ་ལྟར་སྒྲུབ་པ་པོ་ལ་ཕན་པའི་ཕྱིར། གསང་བའི་དེ་ཉིད་ཕོ་ཉ་གསུམ་གྱི་མན་ངག་ གསུངས་པ་ཡིན། ཞེས་པའོ། །ལེའུའི་མཚན་ནི། དཔལ་འཁོར་ལོ་སྡོམ་པ་ལས། དབང་གི་ སྦྱིན་བསྲེག་དང༌། གནས་ལ་སོགས་པའི་ས་བསྟན་པའི་ཆོ་གའི་ལེའུ་སྟེ། ལྔ་བཅུ་པ་རྣམ་པར་ བཤད་ཟིན་ཏོ།། །། ༈ ལེའུ་ལྔ་བཅུ་རྩ་གཅིག་པ་འདི། ལམ་དང་གཞིའི་གསང་བའི་དོན་བསྡུ་བ་ཡིན། འདི་ལ་བཤད་པར་དམ་བཅའ་བ་དང༌། དོན་དངོས་དང༌། རྒྱུད་ཀྱི་མཚན་ལེའུའི་གྲངས་དང་ བཅས་པ་སྟོན་པ་དང་གསུམ་ལས། དང་པོ་ནི། དེ་ནས་ཞེས་སོགས་ཤོ་ལོ་ཀ་གཅིག་གིས་བསྟན། དེ་ཡང་ལེའུ་སྔ་མའི་རྗེས་ དེ་ནས། སྔར་བཤད་ཟིན་པའི་དོན་ལ་ངེས་པ་རྙེད་པའི་ཕྱིར། དོན་གྱི་རྣམ་གྲངས་གཞན་ཡང་ བཤད་པར་བྱ། ཞེས་པའོ། །དེ་ཡང༌། དཔལ་འཁོར་ལོ་སྡོམ་པའི་བསྐྱེད་རྫོགས་ཀྱི་མན་ངག་ འདི་ནི་ཤིན་ཏུ་རྙེད་དཀའ་བ་ཡིན་ཏེ། དཔའ་བོ་ཧེ་རུ་ཀ་ང་ཡིས་རྒྱུད་འདིར་བརྡ་ཡི་སྐད་དུ་ སྦས་པ་ཡིན་པས་སོ། །དེ་ཡང་ངེས་དོན་རྫོགས་པའི་རིམ་པ་རྣམས་བསྐྱེད་རིམ་དང༌། ལས་ ཚོགས་ལ་སོགས་པའི་བརྡ་ཡིས་སྦས་པ་ཡིན་པས་ན། འདིའི་ལས་ཚོགས་རྣམས་ལ། སྦས་ 2-1-318 དོན་རྫོགས་རིམ་གྱི་བཤད་པ་གཞན་པས་མང་བ་འབྱུང་བའང་རྒྱུ་མཚན་དེའོ། ། གཉིས་པ་ལ། ལམ་གྱི་གསང་བ་བཤད་པ་དང༌། གཞིའི་གསང་བ་བཤད་པ་དང༌། དེ་ ལ་འཇུག་པའི་སྒོ་བཤད་པ་དང་གསུམ་ལས། དང་པོ་ལ་ལམ་གྱི་གསང་བ་དངོས་དང༌། དེའི་ ཕན་ཡོན་དང༌། བསྐྱེད་རིམ་གྱི་ཁ་བསྐོངས་བཤད་པ་དང་གསུམ་ལས། དང་པོ་ནི། གོས་ དང་ཕྱག་རྒྱ་ལྔ་ལ་སོགས་ཞེས་པ་ནས། མདོར་བསྡུས་ནས་ནི་བཤད་པ་ཡིན། །ཞེས་པའི་ བར་ཏེ། འདི་ལ་བསྐྱེད་རིམ་ཁོ་ནའི་དེ་ཉིད་བཅུ་བཞི་དང༌། རྫོགས་རིམ་ཁོ་ནའི་དེ་ཉིད་བཅུ་ བཞི་དང༌། རྒྱུད་དོན་ཡོངས་སུ་རྫོགས་པའི་དེ་ཉིད་བཅུ་བཞི་དང་གསུམ་ལས། རྒྱུད་ཀྱི་དོན་ བསྡུའི་སྐབས་འདིར་ཕྱི་མ་ཉིད་འཆད་དགོས་པ་ཡིན་པས། དེ་ལ་དང་པོ་གོས་ཀྱི་དེ་ཉིད་ནི། འདིའི་སྐད་དོད་ལ། ཝ་ས་ན་ཞེས་པ། གནས་ལ་ཡང་འཇུག་པས་ན། སྐབས་འདིར་གནས་ ཀྱི་དེ་ཉིད་དེ། དེ་ཡང་བསྙེན་པ་དང༌། སྒྲུབ་པ་དང༌། ལས་སྦྱོར་གྱི་གནས་དང༌། རྡུལ་ཚོན་ གྱི་དཀྱིལ་འཁོར་ལ་སོགས་པ་ཕྱི་དབྱིབས་ཀྱི་གཞལ་ཡང་ཁང་དང༌། ཡིད་ཀྱི་བསྒོམས་པའི་ དཀྱིལ་འཁོར་ལ་སོགས་པ་ནི་གནས་ཀྱི་དེ་ཉིད་དོ། །ཕྱག་རྒྱ་ལྔའི་དེ་ཉིད་ནི་འདའ་བར་མི་བྱ་ བའི་དོན་གྱིས་ན་ཕྱག་རྒྱ་སྟེ། དཔེར་ན་རྒྱས་བཏབ་པ་ཤིག་པར་མི་ནུས་པ་བཞིན་ནོ། །དེས་ ན་སྐབས་འདིར་བསྲུང་བའི་དམ་ཚིག་དང༌། བཟའ་བའི་དམ་ཚིག་དང༌། མི་འབྲལ་བའི་ དམ་ཚིག་དང༌། མཉམ་བཞག་གི་དམ་ཚིག་དང་རྗེས་སྤྱོད་ཀྱི་དམ་ཚིག་དང༌། རིག་པ་བརྟུལ་ ཞུགས་ཀྱི་སྤྱོད་པ་རྣམས་སོ། ། གསུམ་པ་ཤེས་རབ་ཡན་ལག་གི་དེ་ཉིད་ནི། མདོ་དང་ཐུན་མོང་བའི་སྟོང་ཉིད་དང༌། སྔགས་ཀྱི་ཐུན་མོང་མ་ཡིན་པའི་སྟོང་པ་ཉིད་སྒོམ་པའི་ཁྱད་པར་དང༌། ལས་ཀྱི་ཕྱག་རྒྱ་སྤྱི་ དང༌། རིགས་ལྡན་མ་རྣམས་མཆོད་པའི་ཚུལ་དང༌། དེ་དག་གི་མཚན་ཉིད་དང༌། བརྡ་དང༌། བརྡའི་ལན་ལ་སོགས་པ་རྣམས་སོ། ། 2-1-319 བཞི་པ་ཕུར་བུ་དྲྭ་བ་སྟེ། བསྲུང་བའི་དེ་ཉིད་ནི། སྲུང་བ་དང༌། བཟློག་པ་དང༌། བསད་ པ་ལ་སོགས་པ་དྲག་པོའི་ལས་དང༌། ཕྱུགས་ཆེན་དང༌། རོ་ལངས་དང༌། སྐྱེ་བ་བདུན་པ་ལ་ སོགས་པ་སྒྲུབ་པ་རྣམས་སོ། ། ལྔ་པ་ཨཱ་ལི་ཀཱ་ལིའི་དེ་ཉིད་ནི། རྒྱུ་སྔགས་རིན་ཆེན་རྣམ་པ་བཞི་ལ་སོགས་པ་རྣམས་དང༌། དེས་བསྐྱེད་པའི་འབྲས་བུ་སྐྱེ་གནས་རྣམ་པ་བཞི་སྦྱོང་བྱེད་གང་རུང་གིས་བསྐྱེད་པའི༌། སྐྱེ་བ་ སྤྲུལ་སྐུའི་ལམ་ཁྱེར་རྣམས་དང༌། རྫོགས་རིམ་གྱི་རླུང་སེམས་དབུ་མར་མ་ཐིམ་པ་ཐིམ་པར་ བྱེད་པའོ། ། དྲུག་པ་སྟོང་པའི་དེ་ཉིད་ནི། བསྐྱེད་རིམ་ལ་ཡེ་ཤེས་ཚོགས་གསོག་སྟོང་ཉིད་སྒོམ་པ་འཆི་ བ་ཆོས་སྐུ་ལམ་ཁྱེར་དང༌། རྫོགས་རིམ་ལ། ཕུང་ཁམས་འོད་གསལ་དུ་བསྡུ་བའོ། ། བདུན་པ་སྒྲའི་དེ་ཉིད་ནི། བསྐྱེད་རིམ་ལ་བར་དོ་ལོངས་སྐུ་ལམ་ཁྱེར་དང༌། རྫོགས་རིམ་ ལ་རླུང་སེམས་དབུ་མར་ཐིམ་པའི་རྗེས་སུ་གཏུམ་མོ་འབར་བའོ། ། བརྒྱད་པ་བསྡུས་པའི་དེ་ཉིད་ནི། བསྐྱེད་རིམ་ལ། དམ་ཚིག་པ་ལ། ཡེ་ཤེས་པ་བསྲེ་བ་ དང༌། རྫོགས་རིམ་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་སོ། ། དགུ་པ་བདུད་རྩི་ཚིམས་བྱེད་ཀྱི་དེ་ཉིད་ནི། བསྐྱེད་རིམ་ལ་གཏོར་མ་དང༌། སྦྱིན་བསྲེག་ དང༌། ཚོགས་འཁོར་དང༌། མཆོད་པ་ལ་སོགས་པ་རྣམས་དང༌། ལས་སྒྲུབ་པའི་སྐབས། ཞི་ བའི་བཏུང་བ་ལ་སོགས་པ་བཅུད་ལེན་གྱི་རྫས་དང༌། རྫོགས་རིམ་ལ། བྱང་ཆུབ་ཀྱི་སེམས་ཞུ་ བའི་དགའ་བ་བཞིའི་ཡེ་ཤེས་ཉམས་སུ་མྱོང་བའོ། ། བཅུ་པ་མྱ་ངན་འདས་པའི་དེ་ཉིད་ནི། བསྐྱེད་རིམ་ལ་བྱང་ཕྱོགས་སོ་བདུན་གྱི་དག་པ་ དང༌། དཀྱིལ་འཁོར་ཉེར་བསྡུ་ཉིད་ཡིན་ལ། རྫོགས་རིམ་གྱི། རྗེས་སྤྱོད་སྣང་བ་ཐམས་ཅད་ ལ་བདེ་སྟོང་གི་རྒྱས་འདེབས་པར་བྱེད་པའོ། ། 2-1-320 བཅུ་གཅིག་པ་ལག་པའི་མཆོད་པ་དེ་ཉིད་ནི། བསྐྱེད་རྫོགས་གཉིས་ཆར་གྱི་ཐུན་མོང་དུ་ རྒྱུད་འདིའི་ཐུན་མོང་མ་ཡིན་པའི་དམ་ཚིག་བརྒྱད་པོ་རྣམས་དང༌། རྫོགས་རིམ་ལ་སྤྱིར་ལས་ ཀྱི་ཕྱག་རྒྱ་དང༌། བྱེ་བྲག་ཏུ། ཕོ་ཉ་རྣམ་པ་གསུམ་གྱི་སྒྲུབ་པའོ། ། བཅུ་གཉིས་པ་དབང་བསྐུར་བའི་དེ་ཉིད་ནི་སློབ་མ་ལ་དབང་བསྐུར་བ་དང་ལྷ་ལ་རབ་ཏུ་ གནས་པ་དང༌། བདག་ཉིད་དབང་བླང་བ་དང༌། ཉེ་རྒྱུའི་དབང་བསྐུར་བ་རྣམས་སོ། ། བཅུ་གསུམ་པ་གོ་ཆ་ཆེན་པོའི་དེ་ཉིད་ནི། ལས་ཀྱི་དཀྱིལ་འཁོར་དང༌། ཁྲོ་བོ་སྒོམ་པ་ དང༌། ལས་ཚོགས་ཀྱི་སྐབས་རྫས་དང༌། སྔགས་དང༌། འཁྲུལ་འཁོར་ལ་སོགས་པའི་སྒོ་ནས་ བསྲུང་བ་དང༌། མདོ་དང་ཐུན་མོང་བ་ལ་བྱམས་པ་དང༌། བཟོད་པ་དང༌། སྟོང་པ་ཉིད་སྒོམ་པ་ རྣམས་སོ། ། བཅུ་བཞི་པ་སྔགས་ཀྱི་མཆོད་པའི་དེ་ཉིད་ནི། སྔར་མ་བཤད་པའི་ཞི་བ་དང༌། རྒྱས་པ་ དང༌། དབང་དང༌། མངོན་སྤྱོད་ལ་སོགས་པའི་ལས་རྣམས་དང༌། ཐུན་མོང་གི་དངོས་གྲུབ་ སྟེ་རྒྱུད་ཀྱི་སྦྱོར་བ་རྣམས་སོ། །དེ་ལྟར་དེ་ཁོ་ན་ཉིད་བཅུ་བཞི་ནི་མདོར་བསྡུས་ནས་བཤད་པ་ ཡིན་ནོ། ། གཉིས་པ་ལ། བརྩོན་འགྲུས་ཅན་ལ་ཚེ་འདིར་འབྱུང་བའི་ཕན་ཡོན། བར་ཆད་ཅན་ལ་སྐྱེ་ བ་བརྒྱུད་ནས་འབྱུང་བའི་ཕན་ཡོན། ལེ་ལོ་ཅན་ལ་འཆི་ཁར་འབྱུང་བའི་ཕན་ཡོན། ཞར་བྱུང་ རྒྱུད་འདིར་མ་དད་པའི་ཉེས་དམིགས་བསྟན་པ་དང་བཞི་ལས། དང་པོ་ནི། མི་མཆོག་ཞེས་སོགས་ཚིག་གསུམ་གྱིས་བསྟན། དེ་ཡང་མིའི་མཆོག་སྒྲུབ་པ་ པོ་གང་ཞིག་བརྩོན་འགྲུས་དང་ལྡན་པས་རྒྱུད་འདིའི་གསང་སྔགས་ཀྱི་ཀུན་ཏུ་སྤྱོད་པ་རྣམས་ ཡོངས་སུ་སྤྱོད་པ་དེ་ནི། ཚེ་འདི་ཉིད་ལ་སྡིག་པ་སྟེ། སྒྲིབ་པ་ཐམས་ཅད་རྣམ་པར་དག་ནས། དེ་བཞིན་གཤེགས་པའི་ས་ཟུང་འཇུག་གི་གོ་འཕང་ཐོབ་པར་འགྱུར་བ་ཡིན་ནོ། ། 2-1-321 གཉིས་པ་ནི། སྐྱེ་ཞིང་སྐྱེ་བར་བདེ་གཤེགས་ཀྱི། །ཞེས་པ་ནས། ཡང་ན་འཁོར་ལོས་ བསྒྱུར་བ་ཐོབ། །ཞེས་པའི་བར་ཏེ། དེ་ཡང་ཚེ་འདི་དང་བར་དོ་ལ་སོགས་པར་དངོས་གྲུབ་ མ་ཐོབ་ཀྱང་རྒྱུད་འདིའི་བསྐྱེད་རྫོགས་ཀྱི་དོན་ཅུང་ཟད་ཉམས་སུ་བླངས་ཤིང༌། མོས་པ་དང་ ལྡན་པ་དེ་ནི། སྐྱེ་ཞིང་སྐྱེ་བར་བདེ་བར་གཤེགས་པའི་རིགས་སུ་སྐྱེ་བར་འགྱུར་བ་དང༌། དེའི་ ནང་ནས་ཀྱང༌། ཆོས་དང་ལྡན་པའི་རྒྱལ་པོར་འགྱུར་བ་ཡིན་ལ། དེ་ནི་ཇི་སྲིད་སྔོན་བསག་ པའི་སྡིག་པའི་བག་ཆགས་ཀུན་ཟད་པའི་མཚན་ཉིད་ཅན་ཡིན་ཞིང༌། སྐྱེས་བུ་གང་ཞིག་རྒྱུད་ འདི་ནས་བཤད་པའི་དོན་རྟག་ཏུ་སྒོམ་པར་བྱེད་པ་དེ་ནི། ས་ལ་འདོད་པ་ཀུན་གྱི་དབང་ཕྱུག་ ཆེན་པོ། ཚངས་པ་དང༌། བརྒྱ་བྱིན་དང༌། འཁོར་ལོས་བསྒྱུར་བའི་རྒྱལ་པོ་ལ་སོགས་པར་ འགྱུར་རོ། །དཔེར་ན། མར་གྱིས་གང་བའི་སྣོད་མེ་ཡི་དབུས་སུ་བཞག་ན་ནི། མར་གསར་ཞུ་ ཞིང་སྣོད་ཀྱི་དྲི་མ་དག་པར་འགྱུར་བ་བཞིན། ཤྲཱི་ཧེ་རུ་ཀའི་མཚན་གྱི་སྔགས་བཟླས་པ་ཙམ་ གྱིས་ཀྱང༌། སྡིག་པ་དཔག་ཏུ་མེད་པ་འཇིག་པར་འགྱུར་བ་དང༌། དཔལ་ཧེ་རུ་ཀའི་སྐུའི་རྣམ་ པ་ཡིད་ལ་སྒོམ་ཞིང་སེམས་པ་ཙམ་མམ། རྒྱུད་འདི་ཀློག་པ་དང༌། འདོན་པ་དང༌། ཡི་གེར་ བྲིས་པ་ཙམ་གྱིས་ཀྱང་མཐོ་རིས་ཀྱི་ལོངས་སྤྱོད་ཐོབ་པར་འགྱུར་བའམ། ཡང་ན་འཁོར་ལོས་ བསྒྱུར་བའི་རྒྱལ་པོ་ཐོབ་པར་འགྱུར་བ་ཡིན་ནོ། ། གསུམ་པ་ནི། རྣལ་འབྱོར་པ་རྣམས་འཕོ་བའི་ཚེ་ཞེས་སོགས་ཚིག་དགུས་བསྟན། དེ་ཡང་ རྣལ་འབྱོར་པ་གང་ཞིག་འཆི་འཕོ་བའི་ཚེ། དཔལ་ལྡན་ཁྲག་འཐུང་སོགས་དཔའ་བོ་མཁའ་ འགྲོ་རྣམས་དེ་ལ་ཞལ་མངོན་སུམ་དུ་བསྟན་ནས། ལག་ན་མེ་ཏོག་སྣ་ཚོགས་པ་ཐོགས་ཤིང༌། རྒྱལ་མཚན་དང༌། བ་དན་སྣ་ཚོགས་པ་དང༌། རོལ་མོའི་སྒྲ་སྣ་ཚོགས་པ་དང་བཅས་ཏེ། སྣ་ ཚོགས་པའི་གླུ་ཡི་མཆོད་པས་མངོན་པར་མཆོད་ནས། ཡེ་ཤེས་ཀྱི་ལུས་ཅན་གྱི་དབའ་བོ་དང༌། རྣལ་འབྱོར་མ་རྣམས་ཀྱི་གནས་དག་པའི་ཞིང་མཁའ་ལ་འགྲོ་བའི་གནས་སུ་འཁྱེར་བ་ཡིན་ 2-1-322 ནོ། །དེའི་ཚེ་འཆི་བ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་ཙམ་སྟེ། དཔེར་ན་སྐྱེད་མོས་ཚལ་ནས། སྐྱེད་མོས་ཚལ་དུ་འགྲོ་བ་བཞིན་ནོ། །ཚུལ་དེ་འདྲ་བའི་སྒྲུབ་པ་པོ་དཔའ་ཆེན་ཏེ་སྐྱེས་པ་དང༌། རྣལ་འབྱོར་མ་སྟེ་བུད་མེད་ས་སྟེང་ན་ནི་རྙེད་པར་དཀའ། ཞེས་པའོ། །དེ་ཡང༌། སྒྲུབ་པ་པོ་ ཚེ་འདིར་ཉམས་རྟོགས་མཆོག་ཏུ་གྱུར་པ་ཞིག་ཤི་ནས་བར་དོར་རླུང་སེམས་ཙམ་གྱི་སྐུ་འགྲུབ་ སྟེ། ཚུལ་དེ་ལྟར་འབྱུང་བ་ཞིག་ཡོད་མོད། འོན་ཀྱང་དེ་ནི་ཉམས་མྱོང་དེ་ཙམ་སྐྱེས་ནས། དེ་ ལྟར་འབྱུང་བ་ཡ་མི་མཚན་ལ། ཡང་སྒྲུབ་པ་པོ་འགའ་ཞིག་དམ་ཚིག་དང༌། སྡོམ་པ་ལ་ཤིན་ ཏུ་གནས་པ་དང༌། རྟག་ཏུ་ཆོས་བཞིན་དུ་སྤྱོད་ཅིང༌། དད་པ་དང་ལྡན་པས་ལམ་སྒོམ་པ་དང་ མ་བྲལ་ན། ཚེ་འདིར་བསྐྱེད་རྫོགས་ཀྱི་རྟོགས་པ་མཐོན་པོ་མེད་ཀྱང༌། འཆི་བའི་ཚེ་དཔའ་ བོ་དང༌། མཁའ་འགྲོ་མ་རྣམས་ཀྱིས་ཞལ་མངོན་སུམ་དུ་བསྟན་ནས། དེ་དག་གིས་བྱིན་གྱིས་ བརླབས་པའི་སྟོབས་ཀྱིས་མཁའ་སྤྱོད་ཀྱི་གནས་སུ་འཁྲིད་པར་བྱེད་པའང་ཡོད་དོ། །འདི་ལྟ་ བུ་ནི་བླ་མེད་ཀྱི་ལམ་གང་ལའང་འབྱུང་མོད། འོན་ཀྱང་ཕོ་ཉ་གསུམ་བསྲེས་ལ་སོགས་པའི་ མན་ངག་གི་ཁྱད་པར་གྱི་རྒྱུད་འདི་གཞན་པས་དེ་ལྟར་འབྱུང་བ་ལ་ཆེས་ཁྱད་པར་དུ་འཕགས་ པ་ཡིན་ནོ། ། བཞི་པ་ནི་དཔལ་ལྡན་ཞེས་སོགས་ཤོ་ལོ་ཀ་གཅིག་གིས་བསྟན། དེ་ཡང་དཔལ་ལྡན་ཧེ་ རུ་ཀའི་རྒྱུད་ཆེན་པོ་འདི། གང་གིས་ཐོག་མར་ཡོངས་སུ་ཤེས་ནས། ཕྱིས་དེ་ལ་མ་དད་པར་ གྱུར་པ་ནི། ཆོས་དང་འབྱོར་པས་དབུལ་བར་འགྱུར་བ་དང༌། སྡུག་བསྔལ་གྱིས་གདུངས་པ་དེ་ ལ་རྟག་ཏུ་འབྱུང་བར་འགྱུར་བ་ཡིན་ནོ། ། གསུམ་པ་བསྐྱེད་རིམ་གྱི་ཁ་སྐོང་བཤད་པ་ལ། བརྒྱན་གྱི་ཁ་བསྐོང་པ་དང༌། ཏིང་ངེ་ འཛིན་གྱི་ཁ་བསྐོང་གཉིས་ལས། དང་པོ་ནི། མགུལ་རྒྱན་ཞེས་སོགས་ཤོ་ལོ་ཀ་གཅིག་གིས་ བསྟན། དེ་ཡང་མགུལ་རྒྱན་དང༌། གདུབ་བུ་དང༌། དཔུང་རྒྱན་དང༌། རྣ་ཆ་དང༌། ཚངས་པའི་ 2-1-323 སྐུད་པ་དང༌། མགོ་བོའི་ཕྲེང་བའི་དོ་ཤལ་དང༌། སྐེ་རགས་དྲིལ་བུ་བསིལ་བསིལ་གྱི་སྒྲ་སྒྲོག་ པ་དང་བཅས་པས་བརྒྱན་པའོ། ། གཉིས་པ་ནི། རི་སྟེང་ཞེས་སོགས་ཤོ་ལོ་ཀ་གསུམ་གྱིས་བསྟན། དེ་ཡང་རི་རབ་ཀྱི་སྟེང་ དུ། སྣ་ཚོགས་པད་མའི་ལྟེ་བར་ཨཱ་ལི་ཀཱ་ལི་ལས་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་ འཁོར་གཅིག་ཏུ་སྐྱེས་པ་སྟེ། འདིས་ནི་ལོ་ཡི་པའི་ལུགས་ཀྱི་བསྐྱེད་ཚུལ་གསལ་བར་བསྟན་པ་ ཡིན་ནོ། །དེ་ལྟར་བསྐྱེད་པའི་གཙོ་བོ་ཧེ་རུ་ཀའི་ཞབས་གཡས་ཀྱིས་ལྷ་མོ་དབུ་མ་དང༌། གཡོན་ པས་དེའི་བདག་པོ་འཇིགས་བྱེད་ཆེན་པོ་རྣམ་པར་གནོན་པར་མཛད་པ་ཡིན་ཞིང༌། ཕྱག་ དང་པོ་གཉིས་ཀྱིས་རྡོ་རྗེ་དང༌། དྲིལ་བུ་འཛིན་པས་ཡུམ་གྱི་སྐུ་ལ་འཁྱུད་པ། ཉི་ཤུ་རྩ་བཞིའི་ ཕྱེད་བཅུ་གཉིས་ཏེ། འདི་འགའ་ཞིག་སྤྱན་བཅུ་གཉིས་དང༌། འགའ་ཞིག་མ་མོ་བཅུ་གཉིས་ ལ་འཆད་པ་སོགས་ཡོད་ཀྱང༌། རང་ལུགས་ཕྱག་བཅུ་གཉིས་དང་ལྡན་པའི་དོན་ནོ། །དེ་ནི་ དཔའ་བོ་ཉི་ཤུ་རྩ་བཞི་དང༌། རྣལ་འབྱོར་མ་སུམ་ཅུ་རྩ་དྲུག་གི་འཁོར་ཚོགས་ཀྱིས་ཡོངས་སུ་ བསྐོར་བའི། ཤྲཱི་ཧེ་རུ་ཀ་རྒྱལ་པོ་ཆེན་པོ་དེའི་གོ་འཕང་སྟེ། རྟེན་དང་བརྟེན་པའི་དཀྱིལ་འཁོར་ གྱི་འཁོར་ལོ་མཆོག་དེ་ནི་བསྒོམ་པར་བྱའོ། །དཔའ་བོ་ཀུན་དང་རྣལ་འབྱོར་མའི་འཁོར་དང་ བཅས་པའི་དབུས་སུ་བཞུགས་པའི་དཔལ་ཧེ་རུ་ཀ་ཤེས་རབ་རྡོ་རྗེ་ཕག་མོ་དང་མཉམ་པར་ སྦྱོར་བ་དང་ལྡན་པའོ། །འདི་ལ་འབྱོར་ལྡན་པ་ཞེས་པ་ནི། མ་དག་པ་སྟེ། འཁོར་ཚོགས་ དབུས་སུ་སྦྱོར་ལྡན་པ། །ཞེས་པ་ཡིན་ལ། དེ་ལྟར་གཙོ་འཁོར་ཐམས་ཅད་མཆོད་པ་རྣམ་པ་ སྣ་ཚོགས་པས་དགེས་པར་བྱ་ཞིང༌། ཐམས་ཅད་ཀྱང་ཐབས་ཤེས་གཉིས་མེད་དུ་གྱུར་པ་སྟེ། དཔའ་བོ་ཉེར་བཞི་རྣམས་རང་རང་གི་ཤེས་རབ་དང་གཉིས་མེད་དུ་སྦྱོར་བ་དང༌། མ་མོ་བཅུ་ གཉིས་གཙོ་བོ་ཧེ་རུ་ཀ་ཉིད་ཀྱི་རྗེས་སུ་འབྲང་བའི་ཡུམ་ཡིན་པའི་ཕྱིར། དེ་དང་གཉིས་མེད་དུ་ སྦྱོར་བའོ། །ཡང་ན་འདིས་བསྐྱེད་རིམ་གྱི་རྗེས་སུ་རྫོགས་རིམ་བདེ་སྟོང་གི་ཡེ་ཤེས་བསྒོམས་ 2-1-324 ཏེ། ལྷ་ཚོགས་ཐམས་ཅད་ལ་དེས་རྒྱ་འདེབས་པར་བྱེད་པ་བསྟན་པའང་ཡིན་ནོ། །འབྱིན་ དང་སྡུད་པར་བྱེད་པ་ཡིན། །ཞེས་པ་འདི་ལ་དོན་གསུམ་སྟེ། དཀྱིལ་འཁོར་རྒྱལ་མཆོག་གི་ལྷ་ ཚོགས་རྣམས་འབྱིན་པ་སྟེ། ལྷ་ཚོགས་དེ་ལྟ་བུ་དཔག་ཏུ་མེད་པ་སྤྲོ་བ་དང༌། དེས་སེམས་ཅན་ གྱི་དོན་བྱས་ཏེ། སླར་ཡང་སྡུད་པར་བྱེད་པ་བསྟན་པ་ཡིན་པ་དང༌། ཡང་གཙོ་བོ་ཉིད་ཀྱིས་ འཁོར་ཚོགས་རྣམས་སྤྲོ་བ་དང༌། སླར་ཡང་ཉེར་བསྡུའི་ཚེ་གཙོ་བོ་ཉིད་ལ་བསྡུ་བར་བསྟན་པ་ དང༌། ཡང་ན་རྫོགས་རིམ་བདེ་སྟོང་གི་ཡེ་ཤེས་ལས། ལྷ་ཚོགས་དཔག་ཏུ་མེད་པ་སྤྲོ་བ་དང༌། བསྡུ་བའང་བསྟན་པ་ཡིན་ནོ། ། བཞི་པ་ལམ་འདི་ལ་དད་པར་གདམས་པ་ནི། མོས་པ་དུ་མའི་ཞེས་སོགས་ཤོ་ལོ་ཀ་ གསུམ་གྱིས་བསྟན། དེ་ཡང་རྒྱུད་འདིར། ཕྱུགས་ཆེན་སྒྲུབ་པ་སོགས་ཞེ་སྡང་དང་འབྲེལ་བ་ དང༌། ཕོ་ཉའི་སྒྲུབ་པ་སོགས་འདོད་ཆགས་དང་འབྲེལ་བ་མང་དུ་གསུངས་པའི་ཕྱིར། དེ་དག་ ཐར་པའི་ལམ་དུ་མི་འགྱུར་རོ་སྙམ་ན། དེ་ལྟར་མ་ཡིན་ཏེ། མོས་པ་དུ་མའི་སེམས་ཅན་རྣམས་ ལ་ཕྱུགས་སྒྲུབ་པ་སོགས་སྤྱོད་པ་རྣམ་པ་སྣ་ཚོགས་པ་སྟོན་པར་མཛད་པ་ཡིན་ཞིང༌། དེ་ནི་ ཐབས་ལ་མཁས་པའི་ཚུལ་སྣ་ཚོགས་པས། མོས་པ་དང་བསམ་པ་སྣ་ཚོགས་པའི་ཚུལ་དུ་ཡོད་ པའི་གདུལ་བྱ་རྣམས་ལ་ཕན་པའི་ཕྱིར། སངས་རྒྱས་ཉིད་ཀྱིས་སྟོན་པར་མཛད་པ་ཡིན་པས་ ན། དེ་དག་ནི་ཐར་ལམ་མ་ཡིན་པ་ལྟར་སྣང་ཡང༌། དེ་ཉམས་སུ་བླངས་པས་ཐར་པའི་ལམ་ བླ་ན་མེད་པར་འགྱུར་བ་ཡིན་ནོ། །དེས་ན་ཟབ་མོའི་ཆོས་དེ་ལྟ་བུ་སྟོན་པ་ལ་མོས་པར་མ་གྱུར་ ཀྱང༌། དེ་ལ་དམད་པར་མི་བྱ་སྟེ། ཆོས་ཉིད་བསམ་གྱིས་མི་ཁྱབ་པ་ཡིན་པ་དྲན་པར་བྱ་སྟེ། དཔེར་ན་ཡུང་ང་དང༌། འཚལ་ལ་བསྲེས་པས་ཁ་དོག་ལྗང་ཁུར་འགྱུར་བ་ལ་ཡང༌། རྒྱུ་མཚན་ བཤད་རྒྱུ་མེད་ཀྱང༌། དངོས་པོ་རང་གི་ཆོས་ཉིད་དེ་ལྟར་ཡིན་པ་ལྟར། ཕྱུགས་ཆེན་སྒྲུབ་པ་ སོགས་དེ་དག་གིས་ཀྱང༌། སངས་རྒྱས་སྒྲུབ་པའི་ཐབས་བླ་ན་མེད་པར་འགྱུར་བའི་རྒྱུ་མཚན་ 2-1-325 བཤད་རྒྱུ་མེད་ཀྱང༌། དེ་ལྟར་འགྱུར་བ་དངོས་པོའི་ཆོས་ཉིད་ཡིན་པའི་ཕྱིར་རོ། །དེས་ན་དངོས་ པོ་རྣམས་ཀྱི་ཆོས་ཉིད་དེ། བདག་གི་ཡུལ་མ་ཡིན་ཏེ། བདག་ཉིད་ཀྱི་ཆོས་ཉིད་ཟབ་མོ་མི་ཤེས་ པ་ཡིན་པའི་ཕྱིར་རོ། །འོ་ན་དེ་ལྟ་བུ་གང་གི་ཡུལ་ཡིན་ན། རྫོགས་སངས་རྒྱས་དང༌། དེའི་སྲས་ བྱང་ཆུབ་སེམས་དཔའ་འཕགས་པ་སོགས་བདག་ཉིད་ཆེན་པོ་རྣམས་ཀྱིས་མཁྱེན་པས་ན། དེ་ དག་གི་ཡུལ་ཡིན་ནོ། །དེ་ཡང་དཔེར་ན་ཡི་གེ་ཉེར་གཉིས་པ་ལ་སོགས་པའི་སྔགས་དང༌། དེའི་འབྲས་བུ་ལྷའི་རྣལ་འབྱོར་དང༌། དེ་དག་དང་ལྡན་པས་ཕྱུགས་ཆེན་སྒྲུབ་པ་སོགས། རྒྱུད་ ཀྱི་སྦྱོར་བ་ཉམས་སུ་བླངས་པ་ལས། གྲོལ་བའི་རྒྱུར་འགྱུར་བ་ཡང་སངས་རྒྱས་རྣམས་ཀྱིས་ གསར་དུ་སྦྱོར་བར་མཛད་པ་མ་ཡིན་གྱི། དེ་དག་དངོས་པོའི་ཆོས་ཉིད་དུ་གདོད་ནས་གནས་ པ། སངས་རྒྱས་ཀྱིས་མངོན་སུམ་དུ་མཁྱེན་ནས། གཞན་ལ་བསྟན་པར་མཛད་པ་ཡིན་ནོ། ། གཉིས་པ་གཞིའི་གསང་བ་བཤད་པ་ནི། སངས་རྒྱས་རྣམས་ནི་ཞེས་སོགས་ཚིག་བདུན་ གྱིས་བསྟན། དེ་ཡང་སངས་རྒྱས་རྣམས་ནི་འཇིག་རྟེན་དུ་བྱུང་ཡང་རུང༌། མ་བྱུང་ཡང་རུང༌། གནས་ལུགས་གདོད་མའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ཆོད་ཉིད་ནི། རྣམ་པ་ཀུན་ཏུ་ འཕེལ་འགྲིབ་སྤངས་པས་གནས་པ་ཡིན་ཏེ། དེ་ཉིད་གློ་བུར་བ་མ་ཡིན་པར། གདོད་ནས་ གྲུབ་པའི་ཆོས་ཉིད་ཡིན་པའི་ཕྱིར། སྐྱོན་ཡོན་འཕེལ་འགྲིབ་གང་ཡང་ཡོད་པ་མ་ཡིན་ནོ། །དེར་མ་ཟད་ཀུན་རྫོབ་རྒྱུ་རྐྱེན་རྟེན་འབྲེལ་གྱི་སྣང་བ་བསམ་གྱིས་མི་ཁྱབ་པ་དངོས་པོ་རྣམས་ ཀྱི་ཆོས་ཉིད་འདི་ཡང༌། སངས་རྒྱས་བྱུང་རུང་མ་བྱུང་རུང༌། རྒྱུ་འབྲས་ཀྱི་རིམ་པ་བསླུ་མེད་དུ་ འབྱུང་བ་དངོས་པོའི་ཆོས་ཉིད་ཡིན་པའི་ཕྱིར་རོ། །དེས་ན་གནས་ལུགས་གདོད་མ་ཡང་དག་ པར་གྲུབ་པ་ནི། བསམ་གྱིས་མི་ཁྱབ་པའི་ཆོས་ཉིད་ཡིན་ཞེས། དེ་ལྟར་དུ་རྣམ་པར་བཞག་ ཀྱང༌། འཇིག་རྟེན་ཀུན་རྫོབ་རྟེན་འབྲེལ་རྣམ་པ་སྣ་ཚོགས་པ་ཀུན་ལ་ཡང་ཡོངས་སུ་དམད་ པར་མི་བྱ་སྟེ། སྣོད་བཅུད་ཀྱི་འགྲོ་བ་འདི་བསམ་ལས་འདས་ཤིང༌། སངས་རྒྱས་རྣམས་ཀྱི་ 2-1-326 རྣམ་པར་རོལ་པ་ཡང་བསམ་གྱིས་མི་ཁྱབ་པའི་ཕྱིར་དང༌། རྟེན་འབྲེལ་སྣ་ཚོགས་པ་དེ་ཡང་ ཆོས་ཉིད་རྣམ་པ་ཐམས་ཅད་པ་དེའི་མདངས་ཡིན་པའི་ཕྱིར་རོ། ། གསུམ་པ་ཆོས་ཉིད་དེ་ལ་འཇུག་པའི་སྒོ་བསྟན་པ་ནི། ཇི་སྲིད་ཞེས་སོགས་ཤོ་ལོ་ཀ་ གཅིག་གིས་བསྟན། དེ་ཡང་མདོ་སྡེ་རྣམས་དང༌། བྱ་བའི་རྒྱུད་དང༌། སྤྱོད་པའི་རྒྱུད་དང༌། རྣལ་འབྱོར་གྱི་རྒྱུད་དང༌། གསང་བ་སྟེ་རྣལ་འབྱོར་བླ་མེད་སྤྱི་དང༌། མཐའི་རྒྱུད་འདི་ཉིད་དེ། དེ་ལྟར་དབྱེ་བ་ནི་སེམས་ཅན་མོས་པ་སྣ་ཚོགས་པས་འཇུག་པ། ལམ་དེ་དང་དེ་ལ་དགའ་བ་ རྣམས་རྗེས་སུ་བཟུང་བའི་ཕྱིར། དེ་དག་བསྟན་པ་ཡིན་ནོ། ། གསུམ་པ་རྒྱུད་ཀྱི་མཚན་ལེའུའི་གྲངས་དང་བཅས་པ་བསྟན་པ་ནི། དཔལ་ཧེ་རུ་ཀ་ ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་འབུམ་པའི་ནང་ནས་ཕྱུང་བ་དངོས་གྲུབ་ཀྱི་ཆོ་ག་ཤིན་ཏུ་རྨད་ དུ་བྱུང་བ། བསྟན་བཅོས་ཐམས་ཅད་ཀྱི་རྒྱལ་པོ་དཔལ་ཧེ་རུ་ཀ་དཔའ་བོ་ཆེན་པོ་བཀླགས་ པས་འགྲུབ་པ་ཐམས་ཅད་མཁྱེན་པ་གཞན་གྱིས་མི་ཐུབ་པ་གདོད་ནས་གྲུབ་པའི་མཆོག་ གི་མཆོག།དཔལ་འཁོར་ལོ་སྡོམ་པ་ཞེས་བྱ་བའི་རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་རྒྱལ་པོ་ལས། ལེའུ་ལྔ་བཅུ་རྩ་གཅིག་པ་རྣམ་པར་བཤད་ཟིན་ཏོ།། །། ༈ དེ་ལྟར་ན་དཔལ་འཁོར་ལོ་སྡོམ་པ་རྩ་བའི་རྒྱུད་ཀྱི་ཚིག་གི་དོན་དང་སྦས་པའི་དོན་ དཔྱིས་ཕྱིན་པར་བཤད་ཟིན་ཏོ།། །། སངས་རྒྱས་བྱང་སེམས་ཀུན་གྱི་བསྒྲོད་གཅིག་ལམ། ། དཔའ་བོ་མཁའ་འགྲོ་ཀུན་གྱི་གསང་བའི་མཛོད། ། ཟབ་ཅིང་རྒྱ་ཆེ་གང་ཡིན་འདིར་བཤད་ཀྱི། ། སྐལ་ལྡན་ཀུན་གྱི་དགའ་བའི་དགའ་སྟོན་མཛོད། ། མྱུར་ཞིང་བདེ་བའི་ལམ་གྱི་མཆོག ། 2-1-327 ལེགས་པར་བཤད་པའི་བསོད་ནམས་གང༌། ། དེ་ལས་མཐའ་ཡས་འགྲོ་བ་རྣམས། ། ཧེ་རུ་ཀ་དཔལ་གནས་ཐོབ་ཤོག ། ཅེས་པ་དཔལ་འཁོར་ལོ་བདེ་མཆོག་རྩ་བའི་རྒྱུད་ཉུང་ངུའི་ཊཱི་ཀ་གསང་བ་ཀུན་གྱི་རྒྱན་ ཞེས་བྱ་བ་འདི། གཞུང་འགྲེལ་ཚད་ལྡན་ཀུན་གྱི་སྙིང་པོ་བསྡུས་ཏེ། བླ་མ་དམ་པའི་གསུང་ ལས་འབྱུང་བ་བཞིན་ཤཱཀྱའི་དགེ་སློང་ཀུན་དགའ་ཡེ་ཤེས་རྒྱ་མཚོས་བཀོད་པའོ།། །།མངྒ་ ལཾ། མ་ཡིག་འབྲས་དཔེ་རྙིང༌། ཕྱི་ཁ། ༡༤༡ པོ་ཏ་ལའི་ཡི་གེ་སྤས་ལེགས་གཉིས་ལ་གཏུག 2-1-328 ༄༅། །འཇམ་དཔལ་རྡོ་རྗེ་འཇིགས་མཛད་ཀྱི་མན་ངག་རྭ་ལོའི་ སྙན་རྒྱུད་ཐུན་མོང་མ་ཡིན་པ་བཞུགས། ཤིན་ཏུ་གསང་བའི་བཀའ་རྒྱ་ཡོད། ༄༅། །ༀ་སྭཱ་སྟི། ཆོས་ཀུན༵་སྒྲིབ་མེད་གཟིགས་པ་མཁྱེན་པའི་གཏེར། །ལེགས་བཤད་ དག༵འ་སྟོན་འགྱེད་ལ་མཐུ་གྲུབ་པས། །དམ་ཆོས་རྒྱ་མཚོའི་སྙིང༵་པོ༵་གསལ་མཛད་པ། ཁྱབ་ བདག་བླ་མས་རྟག་ཏུ་ཤིས་པར་མཛོད། །འཇམ་དཔལ་ཐུགས་ཀྱི་རྡོ་རྗེ་གཤིན་རྗེ་གཤེད། །མི་ བཟད་ཁྲོ་བོ་ཆེན་པོ་འཇིགས་པའི་སྐུ། །ཡེ་ཤེས་མེ་ལྕེ་འབར་བའི་འོད་དཔུང་གིས། །བདུད་ སྡེ་འཇོམ་བྱེད་བྷཻ་ར་ཝ་ཡིས་སྐྱོངས། །རྟོག་བདུན་བརྗོད་བྱའི་སྙིང་པོའི་དོན། །རྭ་ལོའི་ཐུགས་ བཅུད་རྨད་བྱུང་བ། །སྙན་ནས་སྙན་དུ་བརྒྱུད་པ་ཡི། །ཞལ་གདམས་བླ་མའི་གསུང་བཞིན་ འབྲི། ། འདིར་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་ཐུན་མོང་མ་ཡིན་པའི་ཞལ་གྱི་གདམས་པ་ལ། བསྙེན་པ་དང་རྗེས་སུ་འབྲེལ་བའི་ཞལ་གདམས་དང༌། སྒྲུབ་པ་དང་རྗེས་སུ་འབྲེལ་བའི་ཞལ་ གདམས་དང༌། ལས་སྦྱོར་དང་རྗེས་སུ་འབྲེལ་བའི་ཞལ་གདམས་དང་གསུམ་མོ། ། དང་པོ་ལ། ཐུན་མོང་བསྐྱེད་རིམ་གྱི་ཞལ་གདམས་དང༌། ཐུན་མོང་མ་ཡིན་པ་མཆོག་གི་ བསྙེན་པའི་ཞལ་གདམས་དང་གཉིས་ལས། དང་པོ་ལ། ཚོགས་ཞིང་གི་སྐབས་སུ་དཀྱུས་ནས་ འབྱུང་བ་ལྟར། བླ་མ་མི་བསྐྱོད་པས་དབུ་བརྒྱན་པའི་རྡོ་རྗེ་འཇིགས་བྱེད་ཀྱི་དཀྱིལ་འཁོར་ལ། བླ་མ་སྟེང་གི་ཆ་ལ་སྒོམ་པ་དང༌། རིགས་བདག་གི་ཚུལ་དུ་བསྒོམ་པ་མ་ཡིན་པར། རྩ་བའི་བླ་ 2-1-329 མ་དང་ངོ་བོ་དབྱེར་མེད་པ་འཁོར་ལྷ་བཅུ་གསུམ་མམ་དགུའམ་བརྒྱད་ཀྱིས་བསྐོར་བ་དང༌། གཞན་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བཛྲ་ས་མ་ཛཿ ཞེས་ སྤྱན་དྲངས། ཨ་མྲྀ་ཏའི་སྔགས་སམ། ཡ་མཱནྟ་ཀས་ཕྱིར་འབྲང་གི་བགེགས་བསྐྲད་ཅིང་བྱུར་ དང་བཀྲ་མི་ཤིས་པ་ཐམས་ཅད་བསངས་ཤིང་སྦྱངས་བར་བསམ་པ་ནི། ཐུན་མོང་མ་ཡིན་ པའི་ཞལ་གྱི་གདམས་པ་དང་པོའོ། ། གཉིས་པ་ནི། རྒྱུན་བཤགས་ཡན་ལག་བདུན་པའི་སྐབས། དཀོན་མཆོག་གསུམ་ལ་ བདག་སྐྱབས་མཆི། །ཞེས་པ་དང༌། སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་ དུ་བདག་སྐྱབས་མཆི། །ཞེས་པའི་སྐབས་སུ་ཐུན་མོང་མ་ཡིན་པའི་དཀོན་མཆོག་གསུམ་ལ་ སྐྱབས་སུ་འགྲོ་བ་སྟེ། མདུན་གྱི་བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་ཆེན་པོ་ནི། སངས་ རྒྱས་དཀོན་མཆོག་དང༌། རྩ་སྔགས་དང་སྙིང་པོ། ཉེ་སྙིང་ལ་སོགས་པའི་སྔགས་རྣམས་ནི་ ཆོས་དཀོན་མཆོག་དང༌། ཐུན་མོང་མ་ཡིན་པའི་འཁོར་རྣམས་ནི་དགེ་འདུན་དཀོན་མཆོག་སྟེ། དེ་རྣམས་ཡིད་ཡུལ་དུ་འཆར་བར་བྱས་ཏེ། དེ་རྣམས་ལ་སྐྱབས་སུ་འགྲོ་བ་ནི། ཐུན་མོང་མ་ ཡིན་པའི་ཞལ་གདམས་གཉིས་པའོ། །མཐར་ཚོགས་ཞིང་རྣམས་གཤེགས་སུ་གསོལ་བ་དང༌། མི་དམིགས་པར་སྦྱངས་པ་དང༌། རང་ལ་བསྟིམ་པ་ལ་སོགས་པའི་ལུགས་དུ་མ་ཡོད་ཀྱང༌། སྐབས་འདིར་རང་ལ་བསྡུ་བ་གཙོ་ཆེ་ལ། འདི་ནི་ཐུན་མོང་མ་ཡིན་པའི་ཞལ་གདམས་མ་ཡིན་ ཀྱང་འཕྲོས་དོན་གྱི་ཚུལ་དུ་གསུང་ངོ༌། ། གསུམ་པ་ནི། ཐུན་མོང་པ་ལ་བསྲུང་འཁོར་གྱི་ནང་དུ་ཆོས་འབྱུང་སྒོམ་པ་ཡིན་ཀྱང༌། ཐུན་མོང་མ་ཡིན་པའི་སྐབས་འདིར་བསྲུང་འཁོར་གྱི་ཕྱི་རོལ་ཏུ་ཆོས་འབྱུང་སྒོམ་པ་ཡིན་ལ། དེ་ཡང་མཆོག་སྒྲུབ་པ་ལ་ཆོས་འབྱུང་གྲུ་གསུམ་ཕྱི་དཀར་ལ་ནང་དམར་བ། དྲག་པོའི་ལས་ ལ་ཆོས་འབྱུང་གྲུ་གསུམ་ནག་པོ། མེ་རབ་ཏུ་འབར་བ་བསྒོམ་པ་ནི། ཐུན་མོང་མ་ཡིན་པའི་ 2-1-330 ཞལ་གདམས་གསུམ་པའོ། །ཆོས་འབྱུང་བསྲུང་འཁོར་ཐོད་ར་དང་བཅས་པ་བསྒོམ་པའི་ཚུལ་ ནི། ཆོས་འབྱུང་གི་ཕྱི་རོལ་ཏུ་བསྲུང་འཁོར་བསྒོམ་པ་ལ་ནི། སླར་ཡང་ཆོས་འབྱུང་གི་ནང་དུ་ རྡོ་རྗེའི་ས་གཞི། དེའི་སྟེང་དུ་ཕྱི་རོལ་ཏུ་དུར་ཁྲོད་དང༌། དེ་ལས་ཅུང་ཟད་ཀྱི་དམའ་བར་ཁྲག་ གི་རྒྱ་མཚོ་དང༌། དེའི་དབུས་སུ་རིན་པོ་ཆེའི་རི་བོ་ཁ་དོག་ནག་པོ་ཁྲག་མཚོ་དང༌། དུར་ཁྲོད་ ལས་ཅུང་ཟད་ཀྱི་མཐོ་བར་གྱུར་པའི་སྟེང་དུ་ཐོད་ར་བསྒོམ་མོ། །ཆོས་འབྱུང་གི་ནང་དུ་བསྲུང་ འཁོར་བསྒོམ་པའི་རིགས་ལ་དམིགས་པ་ནི། ཆོས་འབྱུང་གི་ནང་དུ་བསྲུང་འཁོར་གྱི་རྡོ་རྗེའི་ ས་གཞི། ཕྱི་རོལ་ཕྱོགས་ཀུན་ཏུ་རྡོ་རྗེའི་ར་བ་ཟླུམ་པོར་བསྐོར་བའི་ནང་གི་འཁོར་ཡུག་ཏུ་དུར་ ཁྲོད་ཆེན་པོ་བརྒྱད་དང༌། དེ་ལས་ཅུང་ཟད་ཀྱི་དམའ་བའི་ནང་དུ་ཁྲག་གི་རྒྱ་མཚོས་བསྐོར་བ། དེའི་དབུས་སུ་རིན་པོ་ཆེའི་རི་བོའི་སྟེང་དུ་ཐོད་ར་བསྒོམ་མོ། ། བཞི་པ་ནི། ཐོད་རའི་ནང་དུ་ཡཾ་ལས་རླུང་གི་དཀྱིལ་འཁོར་དབྱིབས་ཟླུམ་པོ། དུ་བ་ འཐུལ་བར་བྱེད་པ་ཁ་དོག་ནག་པོ། རླུང་ནག་འཚུབ་མའི་རྣམ་པར་བསྒོམ་ཞིང་དེ་ལས་ཀྱང་ ཕྱོགས་ཀུན་ཏུ་རླུང་ནག་འཚུབ་མའི་རྣམ་པ་དཔག་ཏུ་མེད་པ་སྤྲོས་པས་སྡང་བར་བྱེད་པའི་ དགྲ། གནོད་པར་བྱེད་པའི་བགེགས་ཐམས་ཅད་ཕྱོགས་ཀུན་ཏུ་གཏོར་ཏེ་ལྷག་མ་ཙམ་ཡང་ མེད་པར་བརླག་པར་བསམ་པ་ནི། ཐུན་མོང་མ་ཡིན་པའི་ཞལ་གྱི་གདམས་པ་བཞི་པའོ། ། ལྔ་པ་ནི། རྒྱུའི་འཇམ་དཔལ་སྒོམ་པའི་བར་སྒྲུབ་ཐབས་ཀྱི་དཀྱུས་ནས་འབྱུང་བ་བཞིན་ བྱས་ལ། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་དེ་བཞིན་གཤེགས་པ་རིགས་ལྔ་ཁྲོ་བོའི་ རྣམ་པ་དང༌། དེ་བཞིན་གཤེགས་མ་རྣམས་ཀྱང་ཁྲོ་མོའི་ཉམས་དང་བཅས་ཤིང༌། བྱང་ཆུབ་ སེམས་དཔའ་ཡང་ཁྲོ་བོའི་རྣམ་པར་སྤྱན་དྲངས་ཏེ། འཇམ་དཔལ་གདན་དང་བཅས་པ་ཉི་མ་ ལ་ཐིམ་པར་སྒོམ། ཉི་མའི་དཀྱིལ་འཁོར་ལས་ཀྱང་ཚ་ཟེར་འབར་བ་དཔག་ཏུ་མེད་པ་ཕྱོགས་ ཀུན་ཏུ་སྤྲོས་པས། དགྲ་བགེགས་སྤྱི་དང༌། དམིགས་གསལ་ཅན་གྱི་དགྲ་བགེགས་ཐམས་ 2-1-331 ཅད་ཐལ་བ་ཙམ་ཡང་མ་ལུས་པར་བསྲེགས་པར་བསམ་པ་ནི་ཐུན་མོང་མ་ཡིན་པའི་ཞལ་ གདམས་ལྔ་པའོ། ། དྲུག་པ་ནི། ཡང་དེའི་འོད་ཟེར་གྱིས། ཨཱ་ལི་ཀཱ་ལི་དང་སྔགས་འཕྲེང་རྣམས་རང་རང་ གི་སྒྲ་འབྲུག་ལྟར་སྒྲོག་པ་དཔག་ཏུ་མེད་པ་སྤྱན་དྲངས་ཏེ་ཉི་མ་ལ་བསྟིམས་པས། ཧཱུཾ་ནག་ པོ་འོད་ཟེར་འཕྲོས་པ་རི་ཙམ་ཞིག་གསལ་འདེབས་པའི་བར་དཀྱུས་བཞིན་ལས། ཧཱུཾ་ཞེས་ པའི་སྒྲ་འབྲུག་སྟོང་ལྡིར་བ་ལྟ་བུའི་སྒྲས་ཕྱོགས་ཐམས་ཅད་ཁྱབ་པར་བསམ་ཞིང༌། སྒྲ་དེས་ བེར་ལངས་པ་ལྟ་བུར་གྱུར་ཏེ། དགྲ་བགེགས་ཐམས་ཅད་ཀྱི་གནས་རྣམས་ཞིག་ཅིང་ཤིན་ཏུ་ སྐྲག་པས་བརྒྱལ་བར་གྱུར་པར་བསམ། ཡང་ཧཱུཾ་ལས་དུག་གི་སྤྲིན་ནམ་མཁའ་གང་བ་སྤྲོས་ ཏེ་དེ་ལས་ནད་དང་དུག་ཆུའི་ཆར་བ་དཔག་ཏུ་མེད་པ་བྱུང་ནས་དགྲ་བགེགས་ཐམས་ཅད་ རུལ་མྱགས་ཤིང་བསྔོས་པས་རྡུལ་དུ་བརླག་པར་བསམ་པ་ནི། ཐུན་མོང་མ་ཡིན་པའི་ཞལ་ གདམས་དྲུག་པའོ། ། བདུན་པ་ནི། འོད་ཟེར་འཕྲོས་པས་ཕྱག་མཚན་རྣམས་སྤྱན་དྲངས་ལ་བསྟིམས་པས། ཧཱུཾ་ དེ་ཉིད་རྡོ་རྗེ་མཐིང་ནག་རྭ་གདེངས་པ་འོད་ཟེར་འཕྲོ་བ་བསྒོམ་པའི་བར་དཀྱུས་བཞིན་ལས། རྡོ་རྗེ་དེ་ལས་ཁྲོ་ཆུང་དང༌། ཕྱག་མཚན་གྱི་ཚོགས་དཔག་ཏུ་མེད་པ་སྤྲོས་པས་ཕྱག་མཚན་མེ་ འབར་བ་རྣམས་ཀྱིས་དགྲ་བགེགས་ཐམས་ཅད་ཚར་བཅད་ཅིང་ཁྲོ་ཆུང་རྣམས་ཀྱིས་སེམས་ ཅན་ཐམས་ཅད་ཀྱང་རྡོ་རྗེ་འཇིགས་བྱེད་ཀྱི་སྐུའི་རྣམ་པར་བསྒྱུར་ཅིང་གོ་འཕང་ལ་བཀོད། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་རྡོ་རྗེ་འཇིགས་བྱེད་ཀྱི་རྣམ་པར་གྱུར་ཏེ་རྡོ་ རྗེ་ལ་ཐིམ་པར་བསྒོམ་པ་ནི། ཐུན་མོང་མ་ཡིན་པའི་ཞལ་གདམས་བདུན་པའོ། ། བརྒྱད་པ་ནི། དེ་ནས་རང་ཉིད་འབྲས་བུ་རྡོ་རྗེ་འཇིགས་བྱེད་ཀྱི་སྐུའི་རྣམ་པར་ལམ་གྱིས་ གྲུབ་པར་བསམ་སྟེ། ཉུང་མཐའ་ལ་ཡང༌། ཧྲཱིཿཥྚིཿ བདུན་ཙམ་གྱིས་སྔགས་ཀྱི་ལྷར་སྒྲུབ་པ་ནི། 2-1-332 ཐུན་མོང་མ་ཡིན་པའི་ཞལ་གདམས་བརྒྱད་པའོ། ། དགུ་པ་ནི། ཞལ་ཕྱག་གསལ་འདེབས་དཀྱུས་བཞིན་ལས། སྐུ་ལས་སྤྲུལ་པའི་ཕོ་ཉ་སྤྲོ་ བའི་སྐབས་སུ། ངེས་པའི་འཁོར་དང༌། མ་ངེས་པའི་འཁོར་གཉིས་ལས། དང་པོ་ལ་མངགས་ པ་དང༌། ཕོ་ཉ་གཉིས་ལས། དང་པོ་ནི། སྲིན་པོ་དང༌། མཁའ་འགྲོ་མ་གཉིས། གཉིས་པ་ ནི། གཤིན་རྗེ་དང༌། མ་མོ་གཉིས་སོ། །དེ་རྣམས་སྤྲོ་བའི་ཚུལ་ནི། མར་མེ་ལས། མར་མེའི་ འོད་བཞིན་དུ། རང་ཉིད་འཇིགས་བྱེད་ཆེན་པོའི་སྐུར་གསལ་བའི་སྣང་ཆ་ལས་དུར་ཁྲོད་ཆེན་ པོ་བརྒྱད་དུ། སྲིན་པོ་དང༌། མཁའ་འགྲོ་མ་དང་། གཤིན་རྗེ་དང་མ་མོ་སྟེ། དེ་རྣམས་གསལ་ འདེབས་པ་ནི། སྲིན་པོ་བརྒྱད་གཡས་རལ་གྲི་དང༌། གཡོན་ཐོད་ཁྲག་འཛིན་པ། ཡང་ན་ གཡས་ཀྱི་ཕྱག་མཚན་གྲི་གུག་དང་འདམ་ཁ་ཡིན་ཀྱང༌། ཕྱག་ལེན་ལ་རལ་གྲི་གཙོ་ཆེ་བར་ མཛད་དེ། སྲིན་པོའི་ཞལ་དུ་དགྲ་བགེགས་ཐམས་ཅད་ཆོམ་ཆོམ་གསོལ་བས་ཞལ་མཆིལ་ དམར་པོ་ཐོར་ཐོར་འཐོར་བར་བསམ། མཁའ་འགྲོ་མ་བརྒྱད་ནི། གཡས་གྲི་ཁུག་དང༌། གཡོན་ཐོད་ཁྲག་འཛིན་པ། གཤིན་རྗེ་བརྒྱད་ནི་གཡས་རལ་གྲི་དང༌། གཡོན་ཞགས་པ་ འཛིན་པ། དེའི་ཡུམ་མ་མོ་བརྒྱད་ནི། གཡས་རྩེ་གསུམ་དང༌། གཡོན་ཐོད་ཁྲག་འཛིན་པ། དེ་ རྣམས་ཐམས་ཅད་ཀྱང་སྐུ་མདོག་ནག་པོར་བསྒོམ་མོ། །གཉིས་པ་ནི། མ་ངེས་པའི་འཁོར་ནི། བྲན་ཕོ་མོ་སྟེ། ཐམས་ཅད་ཀྱང་སྐུ་མདོག་མ་ངེས་པ། མགོ་བརྙན་སྣ་ཚོགས་པའི་རྣམ་པ། སྐུ་ དང་གཞལ་ཡས་ཁང་དང༌། དུར་ཁྲོད་ལ་སོགས་པ་གནས་མ་ངེས་པ་ནས་ཕར་འཕྲོ་བ་དང༌། ཚུར་གནས་མ་ངེས་པ་རྣམས་སུ་བསྡུ་བར་བྱེད་པ་ནི། ཐུན་མོང་མ་ཡིན་པའི་ཞལ་གདམས་ དགུ་པའོ། །དེ་ནས་དམ་ཚིག་པ་བསྐྱེད་ཟིན་པའི་སྐབས་དང༌། ཡེ་ཤེས་པ་རང་ལ་བསྟིམ་པ་ ལ་སོགས་པའི་སྐབས་སུ། དྲག་ཤུལ་གྱི་ཉམས་དང་ལྡན་པས། རི་རྣམས་སྙིལ་ཞིང་རྒྱ་མཚོ་ དྲག་ཏུ་འཁྲུགས་པ་དང༌། གཟའ་སྐར་ཐང་ལ་ལྷུང་བ་ལ་སོགས་པ་གཟི་བྱིན་དང་མཐུ་སྟོབས་ 2-1-333 དཔག་ཏུ་མེད་པ་དང་ལྡན་པར་བསམ། མིག་ཏུ་ཀྵིཾཿལ་སོགས་པའི་ས་བོན་གྱི་ཡི་གེ་དེ་རྣམས་ སའི་སྙིང་པོ་ལ་སོགས་པ་ལྷ་སོ་སོའི་རང་བཞིན་དུ་མོས། སྤྱི་བོར་གནས་པའི་ཨོཾ་ཡིག་རྣམ་ སྣང་དང༌། རིན་འབྱུང་གཅིག་ཏུ་བསྡུས་པ་སྐུ་རྡོ་རྗེ་དང་མགྲིན་པའི་ཨཱཿ ཡིག་འོད་དཔག་མེད་ དང༌། དོན་གྲུབ་གཅིག་ཏུ་འདུས་པ་གསུང་རྡོ་རྗེ་དང༌། ཐུགས་ཀའི་ཧཱུཾ་ཡིག་མི་བསྐྱོད་པ་ཐུགས་ རྡོ་རྗེའི་རང་བཞིན་དུ་མོས་སོ། ། བཅུ་པ་ནི། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། རྡོ་རྗེ་འཇིགས་བྱེད་སྤྲུལ་པའི་སྐུ་རི་ རབ་ཀྱི་རྩེའམ། ཁོང་གསེང་ན་བཞུགས་པ་དེ་ཉིད་སྐད་ཅིག་ཉིད་ལ་མདུན་དུ་སྤྱན་དྲངས། གོང་ཚོགས་ཞིང་གི་སྐབས་ལྟར་བསངས་པ་བྱས་ལ། ༀ་ཧྲཱིཿ ཥྚིཿ ཧཿ ཞེས་པའམ། ༀ་བཛྲ་ ལཱ་སྱ་ཧཱུཾ། ཞེས་པའམ། ཨརྒྷཾ་ལ་སོགས་པ་གང་རུང་གིས་མཆོད་པ་ལས། ཕྱག་ལེན་ལ་ཕྱི་མ་ གཙོ་ཆེ་བར་མཛད་ནས། ༀ་བཛྲ་ཨཾ་གུ་ཤ་ཛཿ ཞེས་སོགས་སམ། བསྡུ་ན་ཛཿ ཧཱུཾ་བཾ་ཧོཿ ཞེས་ པས་རང་ལ་བསྟིམས་པས་བཀྲག་མདངས་གཟི་བྱིན་དཔག་ཏུ་མེད་པ་སྐྱེས་པར་མོས་ལ། བརྟན་པའི་ཕྱིར་དུ། ཡ་མཱནྟ་ཀ་ལན་གསུམ་སོགས་བཟླ་བ་ནི། ཞལ་གདམས་བཅུ་པའོ། ། བཅུ་གཅིག་པ་ནི། ཡང་སྙིང་ག་ནས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་བྱང་ སེམས་རྣམས་རྡོ་རྗེ་འཇིགས་བྱེད་ཀྱི་སྐུའི་རྣམ་པར་གྱུར་པ་རྣམས། ཡ་མཱནྟ་ཀའི་སྔགས་ཀྱིས་ འཇིགས་བྱེད་དུ་སྒྲུབ་ལ། སྤྱན་འདྲེན་པ། བསངས་པ། མཆོད་པ་བསྟིམ་པའི་བར་སྔར་བཞིན་ ལས། རང་ཉིད་སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན་འདུས་སུ་མོས་ལ། བརྟན་པའི་ཕྱིར་ དུ་ཡ་མཱནྟ་ཀ་སྔར་བཞིན་བཟླ་བ་ནི། ཞལ་གྱི་གདམས་པ་བཅུ་གཅིག་པའོ། ། བཅུ་གཉིས་པ་ནི། སྔར་བཞིན་འོད་ཟེར་སྤྲོས་པས་གདོད་ནས་གྲུབ་པའི་རྡོ་རྗེ་འཇིགས་ བྱེད་ཀྱི་སྐུ་ནམ་མཁའ་ཁྱབ་པར་བཞུགས་པ་དེ་ཉིད་རང་གི་མདུན་ཏུ་མངོན་དུ་གྱུར་པའི་ཚུལ་ གྱིས་བཛྲ་ས་མ་ཛཿ སྤྱན་དྲངས། བསངས་པ། མཆོད་པ། བསྟིམ་པ་རྣམས་སྔར་བཞིན་བྱས། 2-1-334 རང་ཉིད་གདོད་ནས་གྲུབ་པའི་ལོངས་སྐུ་རྡོ་རྗེ་འཇིགས་བྱེད་དངོས་ཡིན་སྙམ་དུ་མོས། ཡ་མཱནྟ་ ཀའི་སྔར་བཞིན་བརྟན་པར་བྱེད་པ་ནི། ཞལ་གྱི་གདམས་པ་བཅུ་གཉིས་པའོ། ། དེ་ཡང་ཡེ་ཤེས་སྤྱན་འདྲེན་གྱི་ཞལ་གདམས་གསུམ་པོ་འདི་རྣམས་ལ། ཐོག་མཐའ་ གཉིས་ལ་སྤྱན་འདྲེན། བསངས་པ། མཆོད་པ། བསྟིམ་པ། བརྟན་པར་བྱེད་པ་སྟེ། དོན་ ཚན་ལྔ་ལྔ་དང༌། བར་བ་ལ་འོད་ཟེར་གྱིས་འཇིགས་བྱེད་ཀྱི་སྐུར་བསྒྱུར་བ་སྔར་གྱིས་ལྷར་ སྒྲུབ་པ། སྤྱན་འདྲེན་པ། བསངས་པ། མཆོད་པ། བསྟིམ་པ་བརྟན་པར་བྱེད་པ་སྟེ། དོན་ཚན་ བདུན་ནོ། །རང་ཉིད་འཇིགས་བྱེད་དུ་གྱུར་པ་ལ། མིག་ཏུ་ཀྵི་ལཾ་སོགས་པ་བཀོད་པའི་ཚེ་རྒྱུད་ ཐ་དད་པའི་ཚུལ་གྱིས་རང་ཉིད་བསྲུང་བའི་ཕྱིར་བཀོད་པ་ཡིན་ལ། སྤྲུལ་སྐུ་རྡོ་རྗེ་འཇིགས་ བྱེད་བསྟིམ་པའི་སྐབས་སུ་རང་ཉིད་འཇིགས་བྱེད་དུ་གསལ་བའི་སྤྱན་དང་ཕྱག་དང་དབུ་ལ་ སོགས་པ་རྣམས། སྤྲུལ་སྐུ་རྡོ་རྗེ་འཇིགས་བྱེད་ཀྱི་དེ་དང་དེ་ཡིན་སྙམ་པའི་ང་རྒྱལ་བསྐྱེད་དོ། །སངས་རྒྱས་བྱང་སེམས་འཇིགས་བྱེད་ཀྱི་རྣམ་པར་གྱུར་པ་རྣམས་རང་ལ་བསྟིམ་པའི་སྐབས་ སུ་སྤྱན་ལ་སོགས་པའི་སྐུ་ལུས་ཀྱི་ཆ་ཤས་རྣམས། སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་དེ་ དང་དེ་ཡིན་སྙམ་པའི་ང་རྒྱལ་བསྐྱེད་དོ། །གདོད་ནས་གྲུབ་པའི་གནས་ལུགས་ཆོས་ཉིད་ཀྱི་ ལོངས་སྐུ་རྡོ་རྗེ་འཇིགས་བྱེད་བསྟིམ་པའི་སྐབས་སུ། རང་ཉིད་རྡོ་རྗེ་འཇིགས་བྱེད་དུ་གསལ་ བའི་སྐུ་གསུང་ཐུགས་རྣམས། ཆོས་ཉིད་གདོད་མའི་རྡོ་རྗེ་འཇིགས་བྱེད་ཀྱི་སྐུ་གསུང་ཐུགས་ དངོས་ཡིན་སྙམ་པའི་ང་རྒྱལ་བསྐྱེད་དོ། ། བཅུ་གསུམ་པ་ནི། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས། དབང་གི་ལྷ་རིགས་ལྔ། ཡུམ་བཞི། བྱང་ཆུབ་སེམས་དཔའ་བརྒྱད། ལྷ་མོ་དྲུག་རྣམས་སྤྱན་འདྲེན་པ་ལས། ཐམས་ ཅད་ཀྱང་ཁྲོ་བོའི་རྣམ་པ། རིགས་ལྔ་དང་སེམས་དཔའ་རྣམས་གཡས་རང་རང་གི་ཕྱག་མཚན་ ཕྱར་བ། གཡོན་རང་རང་གི་ཕྱག་མཚན་འཛིན་པས། སོ་སོའི་ཡུམ་ཁྲོ་ཉམས་དང་བཅས་ 2-1-335 པ་ལ་འཁྱུད་པ། ཞབས་གཡས་བསྐུམ་གཡོན་བརྐྱང་གི་ཚུལ་གྱིས་བཞུགས་པར་མདུན་དུ་ སྤྱན་དྲངས་ཏེ་བསང་བ་བྱ་བ་ནི། ཞལ་གདམས་བཅུ་གསུམ་པའོ། །དེ་ནས་རིགས་བདག་མི་ བསྐྱོད་པས་རྒྱས་བཏབ་པའི་བར་དཀྱུས་བཞིན་ནོ། ། བཅུ་བཞི་པ་ནི། དབང་གི་ལྷའི་ཐུགས་ཀ་ནས་འོད་ཟེར་གཙོ་བོར་སྤྲོ་ཞིང༌། རང་གི་སྙིང་ ག་ནས་ཀྱང་འོད་ཟེར་དཔག་ཏུ་མེད་པ་སྤྲོས་པས་འཁོར་འདས་ཀྱི་སྣོད་བཅུད་ཐམས་ཅད་ཀྱི་ བཀྲག་མདངས་བཅུད་ཐམས་ཅད་དང་སངས་རྒྱས་བྱང་སེམས་རྣམས་ཀྱི་སྐུའི་བྱིན་རླབས་ འོད་ཟེར་དཀར་པོའི་རྣམ་པར་སྤྱན་དྲངས་ཏེ། ཛཿཧཱུཾ་བཾ་ཧོཿ ཞེས་པས་རང་ལ་བསྟིམས་པས། རང་ཉིད་ལ་གཟི་བྱིན་དཔག་ཏུ་མེད་པ་སྐྱེས་པར་མོས་ལ། ༀ་ཡ་མཱནྟ་ཀ་ཧཱུཾ་ཕཊ། ༀ་ༀ་ༀ། ཞེས་བཟླ་བ་ནི། ཞལ་གདམས་བཅུ་བཞི་པའོ། ། བཅོ་ལྔ་པ་ནི། དབང་ལྷ་དང༌། རང་གི་སྙིང་ག་ནས་འོར་ཟེར་འཕྲོས་པས་འཁོར་འདས་ ཀྱི་སྣོད་བཅུད་ཐམས་ཅད་ཀྱི་མདངས་དང༌། ཡེ་ཤེས་མི་ཤིགས་པའི་བཅུད་རྣམས་དང༌། སངས་རྒྱས་བྱང་སེམས་ཀྱི་གསུང་གི་བྱིན་རླབས་འོད་ཟེར་དམར་པོའི་རྣམ་པར་སྤྱན་དྲངས་ ཏེ། རང་ལ་བསྟིམས་པས་སྔར་བས་ཀྱང་གཟི་བྱིན་འཕེལ་བར་བསམ་ལ། ཡ་མཱནྟ་ཀའི་ མཐར། ཨཱཿཨཱཿཨཱཿ ཞེས་བཟླ་བ་ནི། ཞལ་གདམས་བཅོ་ལྔ་པའོ། ། བཅུ་དྲུག་པ་ནི། དབང་ལྷ་དང་རང་གི་སྙིང་ག་ནས་འོད་ཟེར་འཕྲོས། འཁོར་འདས་སྣོད་ བཅུད་ཐམས་ཅད་ཀྱི་མདངས་དང༌། བཅུད་རྣམས་དང་སངས་རྒྱས་བྱང་སེམས་ཀྱི་ཐུགས་ཀྱི་ བྱིན་རླབས་རྣམས་འོད་ཟེར་སྔོན་པོའི་རྣམ་པར་སྤྱན་དྲངས་ཏེ་བསྟིམ་པས། གཟི་བྱིན་ལྷག་ པར་འཕེལ་བར་བསམ་ལ། ཡ་མཱནྟ་ཀའི་མཐར། ཧཱུཾ་ཧཱུཾ་ཧཱུཾ། ཞེས་བཟླ་བ་ནི། ཞལ་གདམས་ བཅུ་དྲུག་པའོ། ། བཅུ་བདུན་པ་ནི། དབང་གི་ལྷའི་ཐུགས་ཀ་ནས་དང༌། རང་གི་སྙིང་ག་ནས་འོད་ཟེར་ 2-1-336 འཕྲོས་པས། འཁོར་འདས་ཀྱི་སྣོད་བཅུད་ཐམས་ཅད་ཀྱི་བཀྲག་མདངས་སྤྱི་དང༌། ཁྱད་པར་ རང་རང་སོ་སོའི་ཡོན་ཏན། དཔེར་ན་སའི་ཡོན་ཏན་སྲ་བ་དང༌། དེ་བཞིན་དུ་ཆུའི་བརླན་ གཤེར་དང༌། མེའི་དྲོད་དང༌། རླུང་གི་ཡོན་ཏན་གཡོ་བ་ལ་སོགས་པ་རྣམས་དང༌། སེམས་ཅན་ སོ་སོའི་ཡོན་ཏན་གྱི་ཁྱད་པར་རྣམས་དང༌། སངས་རྒྱས་བྱང་སེམས་ཀྱི་སྐུ་གསུང་ཐུགས་ཀྱི་ བྱིན་རླབས་དང༌། ཡོན་ཏན་གྱི་ཁྱད་པར་སྣ་ཚོགས་པ་རྣམས་ཏེ། མདོར་ན་འཁོར་འདས་ཀྱི་ བརྟན་གཡོ་ཐམས་ཅད་ཀྱི་ཐབས་སྣང་བའི་ཆ་ཐམས་ཅད་འོད་ཟེར་སེར་པོའི་རྣམ་པར་སྤྱན་ དྲངས་ཤིང༌། དེ་དང་ལྷན་ཅིག་ཏུ་རྒྱན་དང༌། ན་བཟའི་ཁྱད་པར་མང་པོ་ཡང་ཚུར་བསྡུས། རང་ ལ་བསྟིམས་པས་འོད་ཟེར་རྣམས་རང་ལ་ཐིམ་ཞིང༌། ན་བཟའ་རྣམས་གླང་ལྤགས་ལ་ཐིམ། རྒྱན་གྱི་ཁྱད་པར་རྣམས་སྐུའི་རྒྱན་ཆ་རྣམས་ལ་ཐིམ་པས། རྒྱན་རྣམས་ཀྱང་འོད་འབར་ཞིང་ འཕྲོ་བའི་རྣམ་པ་དང༌། རང་ཉིད་ཀྱི་གཟི་བྱིན་ཡང་ལྷག་པར་རྒྱས་པར་བསམ་ཞིང༌། མཆོད་ ཡོན། མེ་ཏོག །བདུག་སྤོས། སྣང་གསལ། དྲི་མཆོག །ཞལ་ཟས་སོགས་མཆོད་པའི་ཁྱད་པར་ སྣ་ཚོགས་པ་རང་ཉིད་ལ་འབྱུང་བར་བསམ་ལ། ཡ་མཱནྟ་ཀའི་མཐར། སྭཱ་སྭཱ་སྭཱ། ཞེས་བཟླ་བ་ ནི། ཞལ་གདམས་བཅུ་བདུན་པའོ། ། བཅོ་བརྒྱད་པ་ནི། དབང་ལྷ་དང༌། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས། འཁོར་ འདས་ཀྱི་བརྟན་གཡོ་ཐམས་ཅད་ཀྱི་མདངས་དང༌། བཅུད་རྣམས་དང༌། ཁྱད་པར་དུ་ཡང་ དེ་དག་གི་ཤེས་རབ་སྟོང་པའི་ཆ་རྣམས་འོད་ཟེར་ལྗང་གུའི་རྣམ་པར་སྤྱན་དྲངས་ཤིང༌། དེ་ དག་དང་ལྷན་ཅིག་ཏུ་གྲི་གུག་ལ་སོགས་པ་མཚོན་ཆ་སྣ་ཚོགས་པ་ཡང་བཀུག་སྟེ། རང་ཉིད་ ལ་བསྟིམས་པ་ལས། འོད་ཟེར་རྣམས་རང་གི་སྐུ་ལུས་ལ་ཐིམ་པས་གཟི་བྱིན་སྔར་ལས་ཀྱང་ ལྷག་པར་རྒྱས། མཚོན་ཆ་རྣམས་ཕྱག་མཚན་སོ་སོ་ལ་ཐིམ་པས། ཕྱག་མཚན་རྣམས་ཀྱང་མེ་ ལྕེ་འབར་བར་གྱུར་པར་བསམ་ལ། རང་ཉིད་ལ་ཁྲག་གི་མཆོད་ཡོན། དབང་པོ་ལྔའི་མེ་ཏོག 2-1-337 །ཤ་ཆེན་གྱི་བདུག་སྤོས། ཞུན་ཆེན་གྱི་སྣང་གསལ། མཁྲིས་པའི་དྲི་ཆབ། ཤ་ཁྲག་གི་ཞལ་ ཟས། ཞིང་ཆེན་གྱི་བླ་རེ། རྒྱུ་རློན་གྱི་ལྡ་ལྡི་སོགས་དྲག་པོའི་མཆོད་པ་སྣ་ཚོགས་པ་བྱུང་བར་ བསམ་ལ། ཡ་མཱནྟ་ཀའི་མཐར། ཧཱ་ཧཱ་ཧཱ། ཞེས་བཟླ་བ་ནི་ཞལ་གདམས་བཅོ་བརྒྱད་པའོ། ། བཅུ་དགུ་པ་ནི། དབང་གི་ལྷའི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་སྤྲོས། འཁོར་ འདས་སྣོད་བཅུད་རྣམས་ཀྱི་སྤྲོས་བྲལ་སྟོང་བའི་ཆ་རྣམས་འོད་ཟེར་སྔོན་པོའི་རྣམ་པར་སྤྱན་ དྲངས་ཤིང༌། དེ་དང་ལྷན་ཅིག་ཏུ་ཚངས་པ་དང་བརྒྱ་བྱིན་ལ་སོགས་པ་འཇིག་རྟེན་ན་མཐུ་ དང་སྟོབས་ཆེ་བར་གྱུར་པའི་སྐྱེ་འགྲོ་རྣམས་བཀུག་སྟེ། ཞབས་འོག་གི་སྲོག་ཆགས་རྣམས་ལ་ བསྟིམ། འོད་ཟེར་རྣམས་རང་ལ་ཐིམ་པས་གཟི་བྱིན་དཔག་ཏུ་མེད་པ་རྒྱས་པར་མོས་ལ། ཡ་ མཱནྟ་ཀའི་མཐར། ཧི་ཧི་ཧི། ཞེས་བཟླ་བ་ནི་ཞལ་གདམས་བཅུ་དགུ་པའོ། ། ཉི་ཤུ་པ་ནི། དེ་ནས་རང་གི་སྙིང་ག་ནས་ཕག་མོ་དང་དབྱངས་ཅན་མ་དང༌། རོ་ལངས་མ་ དང་རྡོ་རྗེ་མཁའ་འགྲོ་མ་སྟེ་བཞི་པོ་གང་རུང་ཞིག་རྗེས་ཆགས་ཀྱི་དོན་དུ་སྤྲོ་བ་ཡིན་པ་ལས། ཕག་མོ་དང༌། དབྱངས་ཅན་མ་གཉིས་དགྲ་ནག་ནས་འབྱུང་བ་ལྟར། ཞལ་གསུམ་ཕྱག་དྲུག་མ་ དང༌། རྡོ་རྗེ་རོ་ལངས་མ་ཞལ་གསུམ་ཕྱག་དྲུག་མའམ། ཞལ་གཅིག་ཕྱག་གཉིས་མ་གང་རུང་ དུ་བསྒོམ་ཞིང༌། རྡོ་རྗེ་མཁའ་འགྲོ་མ་ནི་དགྲ་ནག་ནས་འབྱུང་བ་ལྟར། ཞལ་གསུམ་ཕྱག་དྲུག་ མར་བསྒོམ་མོ། །དེ་ལྟར་རང་གི་སྙིང་ག་ནས་ལྷ་མོ་བཞི་པོ་གང་རུང་ཞིག་འཁོར་སྒེག་སོགས་ ལྷ་མོ་བརྒྱད་དང་བཅས་པ་སྤྲོས། ཐབས་ཤེས་ཀྱི་མཁའ་གསང་བྱིན་གྱིས་བརླབས་ལ། རང་ ཉིད་ལ་ཡུམ་བཞི་པོ་གང་རུང་ཞིག་གིས་འཁྱུད་པར་བསམ་ལ། སྒེག་སོགས་ལྷ་མོ་བརྒྱད་པོ་ རྣམས་ཀྱང༌། མཐའ་སྐོར་དུ་གླུ་དང་གར་ལ་སོགས་པ་ཆགས་པའི་རོལ་རྩེད་སྣ་ཚོགས་པ་བྱེད་ པར་མོས་ལ། རང་ཉིད་ཡབ་ཡུམ་སྙོམས་པར་ཞུགས་པས་དགའ་བཞིའི་ཡེ་ཤེས་སྐྱེས་པར་ མོས་ལ་ༀ་ཨཱཿཧཱུཾ་ༀ་སརྦ་ཏཱ་ཐ་ག་ཏ་ཨ་ནུ་རཱ་ག་ན་སོགས་བརྗོད་པ་ནི་གསང་བའི་མཆོད་པ་ 2-1-338 སྟེ། ཞལ་གདམས་ཉི་ཤུ་པའོ། ། དེ་ནས་གཟུགས་སྒྲ་ལ་སོགས་དྲུག་པོ་ནི། །ཞེས་སོགས་འདོན་བཞིན་པས་རྗེས་ཆགས་ ཀྱིས་བདེ་བ་དང༌། ལྷ་མོའི་རོལ་རྩེད་སོགས་སྣང་སྟོང་སྒྱུ་མ་ལྟ་བུར་ཤེས་པར་བྱས་ནས། སྙིང་ག་ནས་སྤྲོས་པ་དེ་དག་སླར་རང་གི་སྙིང་གར་བསྡུའོ། །དཀྱུས་ནས་འབྱུང་བ་བཞིན་གྱི་ བསྟོད་པས་བསྟོད་ཅིང༌། རང་ཉིད་ལ་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་རྣམས་ཀྱིས་བྲག་ ཆ་ལྟ་བུའི་སྒྲས་བསྟོད་པར་བསམ་མོ། །བདུད་རྩི་མྱང་བ་དཀྱུས་ནས་འབྱུང་བ་ལྟར་བྱེད་དོ། ། ཉེར་གཅིག་པ་ནི། རང་ཉིད་འཇིགས་བྱེད་ཆེན་པོར་གསལ་བའི་མདུན་དུ་འབྲུབ་ཁུང་ ཞིག་གསལ་གདབ། ཧྲཱིཿཥྚིཿའི་མཐར་དམིགས་གསལ་ཅན་གྱི་དགྲ་ཡོད་ན། མིང་ནས་སྨོས་ལ་ ཨ་ཀཪྵ་ཡ་ཛཿ ཞེས་པ་དང༌། དེ་ལྟ་བུར་མེད་ན་སརྦ་ཤ་ཏྲུན་ཨ་ཀཪྵ་ཡ་ཛཿ ཞེས་བརྗོད་པས་ ཞབས་འོག་གི་སྲོག་ཆགས་རྣམས་ལས་ཕོ་ཉའི་ཚོགས་དཔག་ཏུ་མེད་པ་སྤྲོས་ཏེ། དམིགས་ ཀྱིས་གསལ་བའི་དགྲ་ཡོད་ན་དེ་ཉིད་བཀུག་ཅིང༌། དེ་ལྟ་བུ་མེད་ན་ཕྱོགས་བཅུའི་གདུག་པ་ ཅན་ཀུན་བཀུག་ནས། ཐམས་ཅད་ཀྱང་གཅིག་ཏུ་འདུས་པར་གྱུར་ཏེ། འབྲུབ་ཁུང་གི་ནང་ དུ་བཅུག་པར་མོས་ལ། ཛཿཧཱུཾ་བྃ་ཧོཿ ཞེས་བརྗོད་དོ། །དེ་ནས་རང་གི་སྙིང་ག་ནས་སྐུ་སྟོད་ རྡོ་རྗེ་འཇིགས་བྱེད་ཕྱག་གཉིས་པའི་རྣམ་པ་ཅན་ལ། སྨད་ཕུར་བའི་དབྱིབས་ཅན་སྤྲོས་ལ། ཧྲཱིཿཥྚིཿའི་མཐར་སརྦ་ཤ་ཏྲུན་ཀཱི་ལ་ཡ་ཧཱུཾ་ཕཊ། ཅེས་པ་གསུམ་བཞི་ཙམ་བརྗོད་པས། དགྲ་ བོའི་ལུས་སེམས་ཕྲལ་ཞིང་དབང་ཆེན་གསེར་གྱི་ས་གཞི་ལ་སྒྲག་པར་བསམ། དེ་ནས་ཧྲཱིཿཥྚིའི་ མཐར་སརྦ་ཤ་ཏྲུཾ་ཚིནྡྷ་ཚིནྡྷ་བིནྡྷ་བིནྡྷ་མཱ་ར་ཡ་ཧཱུཾ་ཕཊ། ཅེས་ལན་གསུམ་མམ་བཞི་ཙམ་བརྗོད་ པས། མཚོན་ཆ་སྣ་ཚོགས་ཐོགས་པའི་ཕོ་ཉ་དྲག་གཏུམ་རྣམས་ཀྱི་དགྲ་བགེགས་ཀྱི་ལུས་ རྣམས་དུམ་བུར་གཏུབ་པས། ཕྱི་ནང་ཐམས་ཅད་དུ་ཤ་ཁྲག་གི་ཚོགས་ཐོད་པའི་སྣོད་དང༌། མི་ལྤགས་ཀྱི་གཡང་བཞིའི་སྣོད་རྣམས་སུ་དཔག་ཏུ་མེད་པ་བྱུང་བར་བསམ། དེ་ལྟ་བུའི་ཤ་ 2-1-339 ཁྲག་གི་ཚོགས་པ་རྣམས་འཇིགས་བྱེད་ཆེན་པོའི་ཞལ་དགུ་པོ་རྣམས་ནས་འོད་ཟེར་གྱི་སྦུ་གུས་ དྲངས་ཏེ། ཤ་ཆོམ་རུས་ཆོམ་དུ་གསོལ་བར་བསམ་ཞིང༌། ངེས་པ་དང་མ་ངེས་པའི་འཁོར་ རྣམས་དང༌། ཞབས་འོག་གི་སྲོག་ཆགས་རྣམས་ཀྱིས་ཀྱང་ཧབ་ཐོབ་ཏུ་ཁྱེར་ཞིང་གསོལ་བར་ མོས་ལ། ཧྲཱིཿཥྚིཿའི་མཐར་བཛྲ་བྷཻ་ར་ཝ་ཨ་དྷི་པ་ཏི་ཨེ་དམ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཧཱུཾ་ཧཱུཾ་ཕཊ། ཅེས་པ་ལན་གསུམ་བརྗོད་དོ། །དེ་ནི་དྲག་པོའི་མཆོད་པ་སྟེ། ཞལ་གདམས་ཉེར་གཅིག་པའོ། ། ཉི་ཤུ་རྩ་གཉིས་པ་ནི། ཞི་ཁྲོ་སྦྲག་སྒྲུབ་བྱེད་པ་སྟེ། དྲག་པོའི་མཆོད་པ་གྲུབ་རྗེས་སུ་རང་ ཉིད་ཀྱི་ཐུགས་ཀའི་རྒྱུའི་འཇམ་དཔལ་གནས་གྱུར་ཏེ། འཇམ་དབྱངས་དཀར་པོ་ཞལ་བཞི་ ཕྱག་བརྒྱད་པ་ཞལ་བཞི་ཀ་དཀར་པོ། ཕྱག་དང་པོ་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ ཡུམ་ལ་འཁྱུད་པ། དེའི་འོག་མ་གཉིས་ཀྱིས་རལ་གྲི་དང་པོ་ཏི་འཛིན་པ། དེའི་འོག་མ་གཉིས་ ཀྱིས་མདའ་དང་ཞུ་འཛིན་པ། དེའི་འོག་མ་གཉིས་ཀྱིས་ལྕགས་ཀྱུ་དང་ཞགས་པ་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སྐུ་མདོག་ དམར་མོ་གྲི་གུག་དང་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པ། འཇམ་དབྱངས་ཀྱི་ཐུགས་ཀར་ ཟླ་བ་ལ་དྷཱིཿ དཀར་པོ། ཡུམ་གྱི་ཐུགས་ཀར་ཉི་མ་ལ་ཧྲཱིཿ དམར་པོ། དྷཱིཿ ཡི་མཐར་རྩ་སྔགས་ སྙིང་པོ་ཉེ་སྙིང་རྣམས་ཀྱིས་བསྐོར་བར་དམིགས་ལ། ཧྲཱིཿ དྷཱིཿ ཞེས་པ་ལན་ཁ་ཡར་བཟླས་ པའི་མཐར་ཡ་མཱནྟ་ཀ །ཧྲཱིཿཥྚིཿ ཡ་མ་ར་ཛཿ རྣམས་བཟླའོ། །སྔགས་འཕྲེང་ལས་བདུད་རྩི་ དམར་པོ་རླན་གཤེར་དྲོད་ཀྱི་རང་བཞིན་ཅན་དཔག་ཏུ་མེད་པ་བྱུང༌། འཇམ་དཔལ་གྱི་སྐུ་ ལུས་གང༌། བ་སྤུའི་བུ་ག་ནས་བྱུང༌། སྙིང་ག་ཆོས་ཀྱི་འཁོར་ལོ་གང་རྩ་སྟོང་ཕྲག་བདུན་ཅུ་རྩ་ གཉིས་ནས་བརྒྱུད། རང་ཉིད་རྡོ་རྗེའི་འཇིགས་བྱེད་ཀྱི་སྐུ་ལུས་ཐམས་ཅད་གང༌། དྲི་ནན་ནག་ པོ་དང་སྡིག་སྒྲིབ་ཐམས་ཅད་བཀྲུས་ཤིང་སྦྱངས། དྭངས་གསལ་འོད་ཀྱི་རང་བཞིན་དག་པའི་ 2-1-340 ཤེལ་ལྟར་གྱུར། བདུད་རྩི་རྣམས་རིམ་གྱི་འདུས། འཇམ་དཔལ་གྱི་བ་སྤུའི་བུ་ག་ནས་འདུས། ཐུགས་ཀའི་དྷིཿལ་ཐིམ། དེ་ལྟ་བུའི་དམིགས་པ་ལ་སེམས་གཏད་ནས་བཟླས་པ་བྱའོ། །ཞི་ཁྲོ་ སྦྲག་སྒྲུབ་ཀྱི་བསྙེན་པ་བྱེད་པའི་སྐབས་དེ་ཁོ་ན་ལ་དམིགས་པ་གཏོད་ཅིང༌། རྒྱུན་གྱི་ཉམས་ ལེན་ལ་ནི། ཐོག་མར་ཞི་ཁྲོ་སྦྲག་སྒྲུབ་ཀྱི་དམིགས་པ་དང༌། བཟླས་པ་ཅུང་ཟད་བྱས་ལ། སེམས་དཔའ་གསུམ་བརྩེགས་དཀྱུས་བཞིན་དུ་སྒོམ་ལ་བཟླས་པ་བྱའོ། །ཞི་ཁྲོ་སྦྲགས་སྒྲུབ་ ཀྱི་དམིགས་པ་དེ་ལ་བརྟེན་ནས་ཤེས་རབ་འཕེལ་བར་བྱེད་ན། འཇམ་དབྱངས་ཀྱི་ཐུགས་ ཀར་དྷིཿ ཡིག་མཐར། ༀ་བཛྲ་ཏིཀྵྣན་དྷིཿ ཞེས་པའི་སྔགས་ཀྱིས་བསྐོར་བར་བསམ་ཞིང༌། དེ་ རྣམས་ལས་འོད་ཟེར་དཀར་པོའི་ཚོགས་དཔག་ཏུ་མེད་པ་འཕྲོས། འཇམ་པའི་དབྱངས་ཀྱི་སྐུ་ ལུས་ཐམས་ཅད་གང༌། བ་སྤུའི་བུ་ག་ནས་ཕྱིར་འཕྲོས། རང་ཉིད་ཀྱི་ལུས་ཀྱི་ནང་ཐམས་ཅད་ གང་བ་སྤུའི་བུ་ག་ནས་ཕྱིར་འཕྲོས་པས། མེ་རི་དང་འདྲེས་ཏེ་འོད་ཟེར་གྱི་ཚོགས་རྣམས་ཀྱིས་ མི་ཤེས་པའི་མུན་པ་བསལ། ཤེས་རབ་ཀྱི་སྣང་བ་ལ་བཀོད། སངས་རྒྱས་བྱང་ཆུབ་སེམས་ དཔའི་མཁྱེན་པ་རྣམས་འོད་ཟེར་གྱི་རྣམ་པར་བསྡུས་ཏེ། རང་གི་སྙིང་ཁའི་སྔགས་འཕྲེང་ལ་ ཐིམ་པར་བསམ་ལ། གོང་གི་སྔགས་དེ་བཟླའོ། ། ཡང་དབང་སྡུད་ཀྱི་དམིགས་པ་ནི། སྐུ་མདོག་དམར་པོ་བསྒྱུར། བསྡུ་ན་གཡས་ལྕགས་ ཀྱུ་དང་གཡོན་ཞགས་པ་འཛིན་པ་བསྐྱེད། རྒྱན་དང་ཡུམ་སོགས་སྔར་བཞིན་བསྒོམ། འཇམ་ དབྱངས་ཀྱི་ཐུགས་ཀར་དྷཱིཿཡི་མཐར། ༀ་མ་ཧཱ་ར་ག་བཛྲ་ར་ག་ཡ་སརྦ་སཏྭ་ན་ཧོཿ ཞེས་པས་ བསྐོར་བར་དམིགས། ཡང་ན་ཡབ་ཀྱི་ཐུགས་ཀར་ཟླ་བའི་སྟེང་དུ་དྷཱིཿ ཡིག་དམར་པོས་མཐའ་ བསྐོར་དུ། ༀ་མཉྫུ་ཤྲཱི་ཝ་ཤཾ་ཀུ་རུ་ཧྲཱི་ཛཿ ཞེས་པ་ཁ་དོག་དམར་པོས་བསྐོར་བར་བསྒོམ། དེ་ ནས་སྔགས་བཟླས་པས་འོད་ཟེར་དམར་པོ་དཔག་ཏུ་མེད་པ་བྱུང༌། འཇམ་དཔལ་གྱི་སྐུ་ལུས་ གང༌། བ་སྤུའི་བུ་ག་ནས་ཕྱིར་བྱུང༌། རང་ཉིད་འཇིགས་བྱེད་ཀྱི་སྐུ་ལུས་གང༌། བ་སྤུའི་བུ་ག་ 2-1-341 ནས་ཕྱིར་འཕྲོས་འོད་ཟེར་གྱི་རྩེ་མོ་ལ་ཕོ་ཉ་དྲག་གཏུམ་དཔའ་བ་རྟུལ་ཕོད་དང་བཅས་པའི་ ཉམས་ཅན། ལྕགས་ཀྱུ་དང་ཞགས་པ་ཐོགས་པ་དཔག་ཏུ་མེད་པ་སྤྲོས། དབང་དུ་བསྡུ་རྒྱུའི་ བསྒྲུབ་བྱ་ཕོ་མོ་གང་ཡིན་ཐམས་ཅད་ཞགས་པས་བཅིངས། ལྕགས་ཀྱུས་སྐྱེས་པའི་སྙིང་ཁ་ དང༌། བུད་མེད་ཀྱི་གསང་བ་ནས་ཕུག་སྟེ་སྐད་ཅིག་ཉིད་ལ་དྲངས་ནས། རང་གི་ཞབས་གཉིས་ ཀྱི་བར་རམ་མདུན་དུ་ཉི་མའི་སྟེང་དུ་བཀུག །དེ་དག་ཐམས་ཅད་གན་རྐྱལ་ནས་བརྒྱལ་བ་ དང༌། མྱོས་པའི་རྣམ་པ་ཅན་གསལ་བཏབ། རང་གི་ཐུགས་ཀ་ནས་འོད་ཟེར་དམར་པོ་འཕྲོས། དེ་དག་ལ་ཕོག་པས་ལུས་ཀྱི་ནང་ཐམས་ཅད་འོད་དམར་པོས་གང་བས། རང་ལ་ཤིན་ཏུ་ དགའ་བ་དང་གུས་པ་དང་དད་པའི་རྣམ་པས། ཐལ་མོ་སྦྱར་ནས་འདུག་པར་བསམ། སྔགས་ བཟླས་ནས་ཐུན་འཇོག་པའི་ཚེ་དེ་དག་དེ་ཉིད་དུ་མི་དམིགས་པར་བསམ་པ་མ་གཏོགས་ཕར་ སྤྲོ་བ་སོགས་མི་དགོས་སོ། །ཡང་འཇམ་དབྱངས་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་ཆུབ་ ཀྱི་སེམས་སྦྱོར་མཚམས་ནས་བབས། སྙིང་གའི་རྩ་བཞི་ནས་རིམ་གྱིས་བརྒྱུད། ལུས་ཐམས་ ཅད་ཁྲིག་མེར་ཏེ་གང་བར་བསམ་ལ་གོང་གི་སྔགས་དེ་བཟླའོ། །དེ་རྣམས་ནི་ཞི་ཁྲོ་སྦྲགས་ སྒྲུབ་ཀྱི་གདམས་པ་སྟེ། ཞལ་གདམས་ཉེར་གཉིས་པའོ། ། ཉེར་གསུམ་པ་ནི། སྲོག་སྒྲུབ་སྟེ། དེ་ཡང་རང་གི་སྙིང་ཁར་ལྷ་མོ་དབྱངས་ཅན་མ་སྐུ་ མདོག་དམར་མོ། དམར་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་གྲི་ གུག་དང་ཐོད་པ་ཁྲག་གིས་གང་བའམ། མགོ་བོ་རིལ་བོ་འཛིན་པ། གཡས་གཉིས་ཀྱིས་པོ་ ཏིས་མཚན་པའི་པདྨ་དང༌། འཁོར་ལོ་དང༌། གཡོན་གཉིས་ཀྱི་རིན་པོ་ཆེས་མཚན་པའི་པི་ ཝཾ་དང་རལ་གྲི་འཛིན་པ། ཞབས་གཡས་བསྐུམ་གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པ་ སྟག་ལྤགས་ཀྱི་ཤམ་ཐབས་སོགས་ཞི་མ་ཁྲོའི་རྣམ་པར་གསལ་བཏབ། དེའི་ཐུགས་ཀར་ཉི་ མ་ལ་ས་བོན་ཧྲཱིཿ ཡིག་གམ། དོ་ཡིག །དེའི་མཐར། ༀ་པི་ཙུ་པི་ཙུ་པྲཛྙཱ་ཝརྡྷ་ནི། ཛྭ་ལ་ཛྭ་ལ་ 2-1-342 མེ་དྷ་ཝརྡྷ་ནི། དྷི་རི་དྷི་རི། བུདྡྷི་ཝརྡྷ་ནི་ཡེ་སྭཱཧཱ། ཞེས་པ་རྣམས་ཁ་དོག་དམར་པོར་དམིགས་ ལ། དེ་ལས་འོད་ཟེར་དཀར་པོའི་ཚོགས་དཔག་ཏུ་མེད་པ་སྤྲོས། དབྱངས་ཅན་མའི་བ་སྤུའི་ བུ་ག་ནས་ཐོན། རང་གི་ལུས་ཀྱི་ནང་ཐམས་ཅད་གང༌། བ་སྤུའི་བུ་ག་ནས་ཕྱིར་སྤྲོས་མེ་རི་ དང་འདྲེས་པའི་མེ་འོད་ཀྱིས་སེམས་ཅན་རྣམས་ཀྱི་མི་ཤེས་པའི་མུན་པ་བསལ། སངས་རྒྱས་ ཀྱི་བྱིན་རླབས་རྣམས་མཁྱེན་པའི་ངོ་བོར་སྤྱན་དྲངས་ཏེ་སྙིང་གའི་སྔགས་འཕྲེང་ལ་ཐིམ་པར་ བསམ་ལ། གོང་གི་སྔགས་བཟླ་བར་བྱེད་པ་ནི། ཤེས་རབ་འཕེལ་བར་བྱེད་པའོ། ། དབང་སྡུད་ཀྱི་དམིགས་པ་ནི། སྙིང་ཁའི་སྔགས་འཕྲེང་ལས་འོད་ཟེར་དམར་པོའི་ཚོགས་ སྤྲོས། དབྱངས་ཅན་མ་དང་རང་གི་བ་སྤུའི་བུ་ག་ནས་ཕྱིར་སྤྲོས། ཁམས་གསུམ་ཐམས་ཅད་ དབང་དུ་བསྡུས། སངས་རྒྱས་ཀྱི་བྱིན་རླབས་རྣམས་འོད་ཟེར་དམར་པོའི་རྣམ་པར་སྤྱན་དྲངས་ ཏེ། རང་གི་སྙིང་གའི་སྔགས་འཕྲེང་ལ་ཐིམ་པར་བསམ་ལ། གོང་གི་སྔགས་བཟླའོ། །རྒྱུད་ འཇམ་པར་བྱེད་པ་ནི། རང་གི་སྙིང་གར་དབྱངས་ཅན་མ་དང༌། དབྱངས་ཅན་མའི་ཐུགས་ཀའི་ སྔགས་འཕྲེང་སྔར་བཞིན་གསལ་བཏབ་ལ། སྔགས་འཕྲེང་ལས་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་ བྱུང་སྐུ་ལུས་ཀྱི་ནང་ཐམས་ཅད་གང༌། གསང་གནས་ནས་ཐོན། རང་གི་ལུས་ཀྱི་ནང་ཐམས་ ཅད་གང་ཞིང་བཀྲུས་པས། ཉམས་བདེ་བ་དང་ལྡན་པར་མོས་ལ། གོང་གི་སྔགས་བཟླའོ། ། ཐུགས་རྒྱུད་བསྐུལ་བ་ནི། རང་གི་ལྟེ་བར་དབྱངས་ཅན་མ། དེའི་གསང་གནས་སུ་ཆོས་ འབྱུང་གྲུ་གསུམ་གྱི་ནང་དུ་ཉི་མ་ལ་ཧཱུཾ་དེའི་མཐར་ཉེ་སྙིང་སྙིང་པོ་རྩ་སྔགས་རྣམས་ཀྱིས་ བསྐོར་བ། རང་གི་སྙིང་ཁར་ཉི་མ་ལ་དབྱངས་ཅན་མའི་ས་བོན་དང༌། སྔགས་འཕྲེང་གིས་ བསྐོར་བ་ལས་འོད་ཟེར་དམར་པོའི་ཚོགས་དཔག་ཏུ་མེད་པ་བྱུང༌། ལྟེ་བ་ན་བཞུགས་པའི་ དབྱངས་ཅན་མའི་གསང་གནས་ཀྱི་སྔགས་འཕྲེང་ལ་ཐིམ་པས། ཐུགས་རྒྱུད་རང་དབང་མེད་ པར་བསྐུལ་བར་བསམ་མོ། །གསང་གནས་ཀྱི་སྔགས་ལས་ཀྱང་འོད་ཟེར་འཕྲོས། ཐུགས་ 2-1-343 ཀའི་ཡི་གེ་ལ་ཐིམ། དེ་རྣམས་ནི་སྲོག་བསྒྲུབ་སྟེ། ཞལ་གྱི་གདམས་པ་ཐུན་མོང་མ་ཡིན་པ་ཉེར་ གསུམ་པའོ། ། ཉེར་བཞི་པ་ནི། ཐུན་མོང་མ་ཡིན་པའི་བསྲུང་བ་སྟེ། དེ་ཡང་ཉིན་བསྲུང་བ་ནི་རང་ཉིད་ འཇིགས་བྱེད་དུ་གསལ་བའི་ལུས་ཀྱི་གཡོན་སྐེད་པ་ཙམ། མཚེར་བའི་གནས་སུ་གཤིན་རྗེ་ སྐུ་མདོག་ནག་པོ། གཡས་རལ་གྲི་དང༌། གཡོན་ཕུབ་འཛིན་པ། སྤྱན་གསུམ་སྟག་ལྤགས་ དང་སྦྲུལ་རྒྱན་སོགས། ཁྲོ་བོའི་རྒྱན་དང་ཆ་ལུགས་ཡོངས་སུ་རྫོགས་པའི་སྐུ་ཅན་ཞིག་གསལ་ བཏབ་ལ། ༀ་ཡ་མ་མ་ཐ་ན་ཧཱུཾ་ཕཊ། ཅེས་པའི་སྔགས་འདི་མང་ཉུང་ཅི་རིགས་པ་བཟླའོ། །དུས་ཀྱི་ཁྱད་པར་སྐྱ་རེངས་ཤར་བ་ཙམ་ལ་བསྔགས་པར་བཤད་དོ། ། མཚན་བསྲུང་ནི། སྔར་གྱི་གནས་སུ་གཤིན་རྗེ་སྐུ་མདོག་ནག་པོ། གཡས་རལ་གྲི། གཡོན་ ཕུབ་འཛིན་པ། རྨོག་སོག་གོ་ཆས་བརྒྱན་པ། འཇིག་རྟེན་པའི་ཆ་ལུགས་ཅན་ཞིག་དམིགས་ ལ། ༀ་ཧྲཱིཿཀཱ་ལ་རུ་པ་ཧཱུཾ་ཁཾ་ཞེས་པ་མང་ཉུང་ཅི་རིགས་པ་བཟླའོ། ཁྱད་པར་ཅན་གྱི་དུས་ནི་ མུན་ཚབ་ཚུབ་ལའོ། །དེ་གཉིས་ཀ་ལའང་རབ་ཏུ་འབར་བའི་སྤྱན་སྟེང་འོག་ཐམས་ཅད་དུ་ གཟིགས་པ། སྤྱན་གསུམ་ལས་མེ་ལྕེའི་ཚོགས་དཔག་ཏུ་མེད་པ་སྤྲོས་པས། རང་ཉིད་རྡོ་རྗེ་ འཇིགས་བྱེད་ཀྱི་སྐུ་ལུས་ཀྱི་ནང་ཐམས་ཅད་གང་བར་བསམ་མོ། །དེ་གཉིས་ནི་འཇིག་རྟེན་ པའི་གཤིན་རྗེ་གཤེད་ཀྱི་བསྲུང་བ་ཡིན་ལ། འཇིག་རྟེན་ལས་འདས་པའི་བསྲུང་བ་ནི། རང་ གི་ལུས་ཀྱི་གཡས་ཕྱོགས། མཆིན་པའི་གནས་སུ་གཤིན་རྗེ་དེ། གཡས་རྡོ་རྗེས་མཚན་པའི་ བེ་ཅོན་དང༌། གཡོན་ཞགས་པ་འཛིན་པ། སྐུ་ལས་མེ་འོད་འཕྲོས་པས། ལུས་ཀྱི་ནང་ཐམས་ ཅད་གང་བར་བསམ་ལ། ༀ་ཧྲཱིཿཀྲུཾ་བྲུཾ་སྲུཾ་སྟྲུཾ་ཧཱུཾ་ག །ཞེས་པ་བརྒྱ་རྩ་ལ་སོགས་པ་ཅི་རིགས་པ་ བཟླའོ། །ཞལ་གདམས་ཉེར་བཞི་པའོ། ། ཉེར་ལྔ་པ་ནི། ལས་གཤིན་གྱི་སྒྲུབ་ཐབས་ནི། སྙིང་ག་ནས་སྤྲོ་བ་དང༌། སྤྱན་འདྲེན་པ་ 2-1-344 གཉིས་ལས་དང་པོ་ནི། རང་གི་སྙིང་ག་ནས་ཡི་གེ་ཡཿ གཅིག་སྤྲོས། མདུན་དུ་ལས་ཀྱི་གཤིན་ རྗེ་སྐུ་མདོག་སྔོན་པོ། གཡས་དབྱུག་པ་དང༌། གཡོན་ཞགས་པ་འཛིན་པ། ཁྲོ་ཞལ་སྤྱན་གསུམ་ པ། སྦྲུལ་རྒྱན་དང༌། སྟག་ལྤགས་གྲོལ་བའམ། གཅེར་བུ་ལིང་ག་གྱེན་དུ་བསྒྲེང་བའི་རྣམ་པ་ ཅན་དུ་གསལ་བཏབ། དེ་གཡོན་དུ་ཡུམ་ཙ་མུན་ཊི་རྩེ་གསུམ་དང་ཐོད་ཁྲག་འཛིན་པའི་རྣམ་པ་ ཅན་སྐད་ཅིག་ཙམ་གྱིས་གསལ་བཏབ་ལ། ས་མ་ཡ་སྟྭཾ། ཞེས་དམ་ལ་བཞག །མཆོད་བསྟོད་ བྱ། རང་ཉིད་འཇིགས་བྱེད་དུ་གསལ་བའི་ཡི་དམ་གྱི་སྔགས་འཕྲེང་གི་མཐར། ལས་གཤིན་ གྱི་སྔགས་ཀྱིས་བསྐོར་བར་དམིགས་ལ། ཐོག་མར་ཡི་དམ་གྱི་སྔགས་དང༌། དེའི་རྗེས་སུ་ཆོས་ ཀྱི་རྒྱལ་པོའི་རྟོག་པ་ལས་བྱུང་བའི་སྔགས་རིང་དེ་ལན་བདུན་བརྒྱད་ཙམ་བཟླས་ལ། དེ་ནས། ཡ་མཱ་ཀཱ་ལ་རུ་པ་ཧཱུཾ་ཕཊ་ཏ་ཨ་ཞེས་པ་བཟླས་ལ། རང་གི་སྙིང་གའི་ས་བོན་སྔགས་འཕྲེང་ དང་བཅས་པ་ལས་འོད་ཟེར་དཀར་པོའི་ཚོགས་དཔག་ཏུ་མེད་པ་སྤྲོས། ལས་ཀྱི་གཤིན་རྗེ་ ཡབ་ཡུམ་ལ་ཕོག་པས། རང་གི་འགལ་རྐྱེན་བར་ཆད་ཐམས་ཅད་ཞི་བ་དང༌། ལས་གཤིན་ འཁོར་བཅས་ཀྱི་རང་ལ་འཚུབ་པ་དང་འཁུ་ལྡོག་གི་རྣམ་པ་ཐམས་ཅད་ཞི་ཞིང་མཐུ་སྟོབས་ དང་གཟི་བྱིན་དཔག་ཏུ་མེད་པ་རྒྱས་པར་བསམ་ལ། མཐའ་བསྐོར་དུ་རང་ལ་བསྐོར་བ་བྱེད་ པར་མོས་སོ། །ཡང་སྙིང་གའི་སྔགས་འཕྲེང་ལས་འོད་ཟེར་དམར་པོའི་ཚོགས་དཔག་ཏུ་མེད་ པ་སྤྲོས། ལས་ཀྱི་གཤིན་རྗེ་ལ་ཕོག་པས་རང་གི་དབང་དུ་འདུས་ཤིང་བྲན་བཞིན་དུ་བཀའ་ ཉན་པར་བསམ་མོ། །ཡང་སྙིང་གའི་ས་བོན་སྔགས་འཕྲེང་དང་བཅས་པ་ལས་འོད་ཟེར་སྔོན་ པོའི་ཚོགས་དཔག་ཏུ་མེད་པ་སྤྲོས། ལས་ཀྱི་གཤིན་རྗེ་ལ་ཕོག་པས་རང་ལ་སྡང་བར་བྱེད་ པའི་དགྲ། གནོད་པར་བྱེད་པའི་བགེགས་ཐམས་ཅད་ཚར་གཅོད་པ་ལ་སོགས་པ་དྲག་པོའི་ ལས་ཐམས་ཅད་ཐོགས་མེད་དུ་སྒྲུབ་པའི་ལས་མཛད་པར་བསམ་ལ་མཐའ་སྐོར་དུ་བསྐོར་ བ་མཛད་པར་མོས་སོ། །དེ་ནས་ཐུན་གྱི་མཐར་ལས་གཤིན་གྱི་གཏོར་བསྔོའམ། ཡི་དམ་གྱི་ 2-1-345 གཏོར་མའི་ཞོར་ལ་གཏོར་མ་ཕུལ་ལ། རང་གི་ལྟེ་བར་ཡི་གེ་ཡཿ གཅིག་གསལ་བཏབ་ལ། དེ་ ལ་ལས་གཤིན་ཡུམ་དང་བཅས་པ་བསྡུའོ། །གཉིས་པ་སྤྱན་འདྲེན་པ་ནི། རང་གི་སྙིང་ག་ནས་ འོད་ཟེར་འཕྲོས་པས་ལྷོ་ཕྱོགས་རིམ་པ་བདུན་གྱི་ས་འོག་ནས་ལས་ཀྱི་གཤིན་རྗེ་སྤྱན་དྲངས་ ལ། ཨ་མྲྀ་ཏས་སྔགས་སམ། ཡ་མཱནྟ་ཀས་བསང་བ་བྱ། གཞན་སྔར་བཞིན་ལས། མཐར་ གཤེགས་སུ་གསོལ། དེ་ནི་ཞལ་གདམས་ཉེར་ལྔ་པའོ། ། ཉེར་དྲུག་པ་འཁོར་ལོའི་བསྙེན་པ་ནི། རང་གི་ལྟེ་བའི་ནང་འཁོར་ལོ་རྩིབས་བརྒྱད་པ། དེའི་ཕྱི་བསྐོར་རྩིབས་བཅུ་གཉིས། དེའི་ཕྱི་བསྐོར་དུ་དྲུག་ཅུ་རེ་བཞི་རྣམས་སུ་ཡོད་པ་ལས། དེ་རྣམས་ཡོངས་སུ་གྱུར་པ་ལས། འཁོར་ལོ་ནང་བསྐོར་ལ་རེ་མིག་བརྒྱད། དེའི་ཕྱི་ལ་རེ་ མིག་བཅུ་གཉིས། དེའི་ཕྱི་ལ་རེ་མིག་བཅུ་དྲུག་སྟེ། ཐམས་ཅད་ཀྱི་བར་རྣམས་རྩིག་པ་འཐེན་ པ་ལྟ་བུ་ལ་ཐོག་ཕུབ་བྱེད་ན་ལྕགས་མཁར་སྒོ་མེད་དང༌། ཐོག་ཕུབ་མི་བྱེད་ན་འབྲུབ་ཁུང་ལྟ་ བུའོ། །རེ་མིག་གི་དབུས་སུ་ཡཿ ཡིག་དང༌། ཤར་ནས་གཡས་བསྐོར་དུ། ཀྵེ་མ་མེ་ད་དང༌། ཕྱི་ བསྐོར་གྱི་རེ་མིག་བཅུ་གཉིས་ལ། ཛཿས་དོ་རུ་ཎ་ཡོ་ནི་ར་ཡཙྪ་ནི་ར། ཞེས་པ་རྣམས་འགོད་པ་ ཡིན་པ་ལས། དེ་ཡང་ལྷོ་མའི་ཐད་དུ་ར་དང་དེ་ནས་ཛཿསོགས་གཡས་བསྐོར་དུ་བཀོད། ཕྱིའི་ རེ་མིག་ལ། ༀ་དང་ཧྲཱིཿགཅིག་ཏུ་བྱས་ན་ན་གཉིས་གཅིག་ཏུ་བྱས་པའི་སྙིང་པོའི་སྔགས་འགོད་ ཅིང༌། ཡིག་འབྲུ་མེད་པའི་རེ་མིག་སྟོང་པ་རྣམས་སུ། གཏི་མུག་གི་ས་བོན་མཾ་དང༌། སེར་སྣའི་ ས་བོན་བཾ་དང༌། འདོད་ཆགས་ཀྱི་ས་བོན་ཏཾ་དང༌། ཕྲག་དོག་གི་ས་བོན་ཨི་བཾ་དང༌། ཞེ་སྡང་ གི་ས་བོན་དཾ་རྣམས་ལས་བྱུང་བའི་བདུད་བཞིའི་རྣམ་པ་ཅན་གྱི་བགེགས་དང་དགྲ་སྟེ་གནས་ པར་བསམ་ལ། འཇམ་རླུང་བཟུང་ཞིང་འགོག་བཟླས་ཀྱི་ཚུལ་གྱིས། ༀ་ཡ་མ་རཱ་ཛ་ས་དོ་མེ་ ཡ་ཧཱུཾ་ཕཊ། ༀ་ཡ་མེ་དོ་རུ་ཎ་ཡོ་ད་ཡ་ཧཱུཾ་ཕཊ། ༀ་ཡ་ད་ཡོ་ནི་ར་ཡཀྵེ་ཡ་ཧཱུཾ་ཕཊ། ༀ་ཡཀྵེ་ཡཙྪ་ ནི་ར་མ་ཡ་ཧཱུཾ་ཕཊ། ཅེས་རྩ་སྔགས་དུམ་བུ་བཞིར་བྱས་ཏེ་བཟླ་བ་ཡིན་པ་ལས། དམིགས་པ་ 2-1-346 ནི་ཡིག་འབྲུ་རྣམས་ལས་མེ་ལྕེ་དང་ཕོ་ཉ་དཔག་ཏུ་མེད་པ་སྤྲོས། རེ་མིག་སྟོང་པ་རྣམས་ལ་ ཡོད་པའི་དགྲ་བགེགས་ཐམས་ཅད་ཚར་བཅད་པར་བསམ་མོ། །གྲངས་ནི་ཁྲི་ཕྲག་ལྔ་ཙམ་ ཟླ་བ་ཡིན་པ་ལས། ཐུན་རེ་ལ་སྔགས་ཚན་རེ་རེ་བྱས་ཏེ་བཟླ་བ་ནི་ཅུང་ཟད་རྩུབ་པ་ཡིན་ཞིང༌། ཐོག་མར་སྔགས་ཚན་དང་པོ་ཁྲི་ཕྲག་ལྔ་འགྲོ་བར་བྱས་ལ། དེ་ནས་རིམ་པས་ཚན་པ་རེ་རེ་ བཞིན་ཁྲི་ཕྲག་ལྔ་ལྔ་བཟླ་བ་ནི་འཇམ་པ་ཡིན་ནོ། །དེ་བཞིན་དུ་ཧྲཱིཿཥྚིཿབཟླ་ཞིང་རེ་མིག་ཕྱི་མ་ ལ་དམིགས་པ་སྔར་བཞིན་གཏད་དོ། །དེ་ནི་གཤིན་རྗེ་སྤྱིའི་འཁོར་ལོའོ། ། རྡོ་རྗེ་འཇིགས་བྱེད་ཀྱི་ཐུན་མོང་མ་ཡིན་པའི་འཁོར་ལོ་ལ། སྤྱིར་རྟོག་བདུན་ལས་ ཧྲཱིཿཥྚིཿརྐྱང་བའི་འཁོར་ལོ་དང༌། ཧྲཱིཿཥྚིཿདང་ཡ་མ་རཱ་ཛ་སྦྲགས་པའི་འཁོར་ལོ་སྟེ་གཉིས་པོ་ དེ་གསལ་བར་གསུངས་ཤིང༌། ཧྲཱིཿཥྚིཿརྐྱང་བའི་འཁོར་ལོ་གསུངས་པའི་ཤུགས་ལ། ཡ་མཱནྟ་ ཀ་དང༌། ཡ་མ་རཱ་ཛ་རྐྱང་བའི་འཁོར་ལོའང་བསྟན་ཅིང༌། ཧྲཱིཿཥྚིཿདང་ཡ་མ་རཱ་ཛ་སྦྲགས་པའི་ འཁོར་ལོ་བསྟན་པའི་ཤུགས་ལ། ཧྲཱིཿཥྚིཿདང་ཡ་མཱནྟ་ཀ་སྦྲགས་པ་དང༌། ཡ་མ་རཱ་ཛ་དང༌། ཡ་ མཱནྟ་ཀ་སྦྲགས་པའི་འཁོར་ལོ་དང༌། གསུམ་ཆར་སྦྲགས་པའི་འཁོར་ལོ་སྟེ་བདུན་ཡོད་པ་ལས། ནང་གི་བསྙེན་པའི་སྐབས་འདིར་ཧྲཱིཿཥྚིཿདང༌། ཡ་མ་རཱ་ཛ་སྦྲགས་པའི་འཁོར་ལོ་སྒོམ་པར་ བྱེད་པ་ཡིན་ཏེ། དེ་ཡང་རང་གི་ལྟེ་བར་འཁོར་ལོ་ཕྱི་བརྒྱད་ནང་བརྒྱད། རེ་མིག་གི་བར་དང་ ཕྱི་ནང་གི་མཚམས་ལ་ལྕགས་རི་འཐེན་པ་ལ། ཐོག་ཕུབ་མི་བྱེད་ན་འབྲུབ་ཁུང་དང༌། ཐོག་ ཕུབ་བྱེད་ན་ལྕགས་མཁར་དུ་མོས་ལ། ལྟེ་བར་ཡཾ་ལས་རླུང་གི་དཀྱིལ་འཁོར། དེའི་སྟེང་དུ་ རཾ་ལས་མེའི་དཀྱིལ་འཁོར་རཾ་གྱིས་མཚན་པ། ཆོས་འབྱུང་གཉིས་བརྩེགས་ཀྱི་རྣམ་པ་ཅན་ གྱི་སྟེང་དུ། གཡས་གཡོན་དུ་རཾ་རེ་རེ། དེའི་བར་དུ་ཎི་དང་དྲི་གནོད་བྱེད་ཐམས་ཅད་ཅེས་པ་ ལྟ་བུ་དང༌། དམིགས་གསལ་ཡོད་ན་དགྲ་བགེགས་འདི་ཞེས་བྱ་བ་ཞེས་པའི་མིང་དང༌། དེའི་ སྟེང་དུ་ཡཿཡིག་གཤིན་རྗེ་གཤེད་ཀྱི་ངོ་བོས་མནན་པར་བསམ། རེ་མིག་ནང་མ་ལ་ཕྱོགས་ 2-1-347 བཞིར་ཧཱུཾ་ཤ་ཏྲུཾ་མཱ་ར་ཡ་ཧཱུཾ་ཞེས་པ་དང༌། མཚམས་བཞི་ལ་ཕཊ་ཤ་དྲུཾ་མཱ་ར་ཡ་ཕཊ། ཅེས་པ་ དང༌། རེ་མིག་རེ་རེའི་མཐའ་སྐོར་དུ་ཧྲཱིཿཥྚིཿས་བསྐོར་བ། རེ་མིག་ཕྱི་མའི་ཕྱོགས་དང་མཚམས་ ཀྱི་སྔགས་སྤྱི་གོང་དང་འདྲ་བ་ལས། རེ་མིག་རེ་རེའི་མདུན་ནས་རིམ་པ་བཞིན་དུ། ཡ་མ་རཱ་ཛ་ ཞེས་པ་དང༌། དེ་བཞིན་དུ་ས་དོ་མེ་ཡ་དང༌། ཡ་མེ་དོ་རུ་དང༌། ཎ་ཡོ་ད་ཡ་དང༌། ཡ་ད་ཡོ་ནི་ དང༌། ར་ཡ་ཀྵེ་ཡ་དང༌། ཡཀྵེ་ཡཙྪ་དང༌། ནི་ར་མ་ཡ་དང་། ཞེས་པའི་ཡི་གེ་བཞི་བཞིས་བསྐོར་ བར་བསམ་ལ། རླུང་ཅུང་ཟད་བཟུང་ལ། ལྟེ་བའི་མེ་རླུང་གི་སྟེང་ན་གནས་པའི་རཾ་གཉིས་ ཀྱི་བར་གྱི་དགྲ་བགེགས་ཀྱི་མིང་དང༌། དེའི་སྟེང་གི་ཡཿཡིག་ལ་སེམས་གཙོ་བོར་གཏད་ ཅིང༌། ༀ་ཡ་མཱནྟ་ཀ་ཤ་ཏྲུཾ་མཱ་ར་ཡ་ཧཱུཾ་ཕཊ། ཅེས་པ་ཁྲི་ཕྲག་གཅིག་ཙམ་བཟླས་ལ། དེ་བཞིན་ དུ་ༀ་ཧྲཱིཿཥྚིཿབི་ཀྲི་ཏཱ་ན་ན་ཤ་ཏྲུཾ་མཱ་ར་ཡ་ཧཱུཾ་ཕཊ། ཅེས་པ་ཕྱོགས་མཚམས་ཀྱི་རེ་མིག་བརྒྱད་པོ་ རྣམས་ལ་རིམ་པ་བཞིན་དུ་བཟླས་ལ། རྒྱས་པར་ན་ཐམས་ཅད་ལ་ཁྲི་ཕྲག་རེ་རེ་དང༌། བསྡུ་ ན་ཐམས་ཅད་སྡོམ་པ་ལ་ཁྲི་ཕྲག་གཅིག་གོ །དེ་བཞིན་དུ་ཕྱིའི་རེ་མིག་ལ་དམིགས་ལ་ཕྱོགས་ བཞི་ལ། ༀ་ཡ་མ་རཱ་ཛ་ཤ་ཏྲུཾ་མཱ་ར་ཡ་ཧཱུཾ། ཞེས་པ་ལྟ་བུ་མཐར་ཧཱུཾ་ཡོད་པ་དང༌། མཚམས་བཞི་ ལ། ༀ་ས་དོ་མེ་ཡ་ཤ་ཏྲུཾ་མཱ་ར་ཡ་ཕཊ། ཅེས་པ་ལྟ་བུ་ཕཊ་ཐ་མར་ཡོད་པ་བྱའོ། །གྲངས་ནི་རྒྱས་ པར་ན་ཁྲི་ཕྲག་རེ་རེ་དང༌། བསྡུ་ན་ཐམས་ཅད་སྡོམ་པ་ལ་ཁྲི་ཕྲག་གཅིག་བཟླ་ཞིང༌། བཟླས་ པའི་དངོས་གཞིའི་དམིགས་པ། ཡིག་འབྲུ་ལས་འོད་ཟེར་འཕྲོ་བ་ལ་སེམས་གཏད་ཅིང༌། ཐུན་གྱི་མཇུག་ཏུ་དྲག་པོའི་དམིགས་པ་ནི། འཁོར་ལོའི་ལྟེ་བ་ན་གནས་པའི་གནོད་བྱེད་ཀྱི་ མིང་དེ་ཉིད་དགྲ་བགེགས་ཀྱི་གཟུགས་སུ་གྱུར་པར་བསམ་ཞིང༌། ཡིག་འབྲུ་རྣམས་ལས་ཕོ་ ཉ་དྲག་གཏུམ་སྣ་ཚོགས་པ་མཚོན་ཆ་ཐོགས་པས་དགྲ་བགེགས་ཀྱི་ལུས་དུམ་བུར་གཏུབ་ པ་དང་། མེས་བསྲེགས་པ་དང༌། དུག་དང་ནད་ཀྱི་ཆར་ཕབ་སྟེ་ལུས་རུལ་ཞིང་མྱགས་པར་ བྱེད་པ་སོགས་སྔགས་བརྒྱ་ཙམ་གྱི་རིང༌། ཐུན་གྱི་ཐ་མར་དམིགས་པ་དེ་ལྟ་བུ་བྱའོ། །དེ་ལྟར་ 2-1-348 འཁོར་ལོ་གཉིས་པོའི་བསྙེན་པ་ལེགས་པར་སོང་ནས། དྲག་པོའི་དམིགས་པའི་བསྙེན་པ་ ཞག་བདུན་ལ་སོགས་པ་ཅི་རིགས་པ་བྱ་བ་ལས། དེ་ཡང་རང་ཉིད་རྡོ་རྗེ་འཇིགས་བྱེད་ཀྱི་རྣམ་ པར་གསལ་བའི་ཐུགས་ཀའི་རྒྱུའི་འཇམ་དཔལ་རྡོ་རྗེའི་འཇིགས་བྱེད་ཀྱི་སྐུའི་རྣམ་པར་གྱུར་ པ་ལ། ཡིད་ཀྱིས་མཆོད་པ། བསྟོད་པ། གཏོར་མ་འབུལ་བ་རྣམས་བྱས་ལ། དྲག་པོའི་ལས་ འགྲུབ་པར་མཛད་དུ་གསོལ། ཅེས་གསོལ་བ་བཏབ་པས་འཇིགས་བྱེད་ཀྱི་ཐུགས་ཀ་ནས་ཧཱུཾ་ སྔོན་པོ་ཞིག་སྤྲོས། ལྟེ་བའི་འཁོར་ལོ་ལ་ཐིམ་པས། རླུང་དང་མེའི་དཀྱིལ་འཁོར་གྱི་སྟེང་དུ་ རྡོ་རྗེ་ས་གཞིའི་སྟེང་དུ་གོང་གི་འཁོར་ལོ་གཉིས་པོ་གང་འཐད་ཅིག་གསལ་བཏབ། ཐུགས་ ཀའི་འཇིགས་བྱེད་ཀྱི་སྐུ་ལས་ཧཱུཾ་ཡིག་སྔོན་པོ་དང༌། ཕོ་ཉའི་ཚོགས་དཔག་ཏུ་མེད་པ་སྤྲོས། ལྟེ་ བའི་འཁོར་ལོའི་ནང་གི་ཡིག་འབྲུའམ། ཡང་ན་ཡིག་འབྲུ་རྣམས་ལྷར་གྱུར་པ་ལ་ཐིམ། དགྲ་ བགེགས་ཐམས་ཅད་ཚར་གཅོད་ཅིག །ཅེས་བཀའ་བསྒོས་པས་ཡིག་འབྲུའམ་ལྷ་སྐུ་རྣམས་ ལས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕོ་ཉའི་ཚོགས་དཔག་ཏུ་མེད་པ་སྤྲོས། དམིགས་གསལ་ཅན་གྱི་དགྲ་བགེགས་ཡོད་ན་དེ་དང༌། མེད་ན་ཕྱོགས་བཅུའི་གདུག་པ་ཅན་ གྱི་དགྲ་བགེགས་ཐམས་ཅད་མེ་རླུང་གི་སྟེང་དུ། ལྕགས་ཀྱུ་ཞགས་པས་སྦྱོར་བས་བཀུག་སྟེ། འཁོར་ལོའི་ལྟེ་བའི་ཡཿཡིག་གི་དབུས་ཀྱི་དགྲ་བགེགས་མིང༌། དགྲ་བགེགས་ཀྱི་གཟུགས་ སུ་གྱུར་པ་ལ་ཐིམ་པར་བསམ་ཞིང༌། ༀ་ཡ་མཱནྟ་ཀ་ཤ་དྲུཾ་ཨ་ཀཪྵ་ཡ་ཛཿཛཿ ཞེས་པ་དང༌། དེ་ བཞིན་དུ་སྙིང་པོ་དང༌། རྩ་སྔགས་ལ་ཡང་སྦྱར་བ་བཟླ་ཞིང་མཐར། ཛཿཧཱུཾ་བཾ་ཧོཿ ཞེས་བརྗོད་ དོ། །དེ་ནས་ཡིག་འབྲུ་རྣམས་ལས་འཇིག་རྟེན་ལས་འདས་པའི་ཁྲོ་བོ་དཔག་ཏུ་མེད་པ་སྤྲོས། དེ་དག་གིས་དགྲ་བགེགས་ཀྱི་ལུས་མཚོན་ཆ་སྣ་ཚོགས་པས་དུམ་བུར་གཏུབས་ཤིང༌། ཤ་ ཁྲག་རྣམས་ཞལ་དུ་གསོལ་བར་བསམ། ཡང་དགྲ་བགེགས་ཀྱི་ལུས་སྔར་བཞིན་གྲུབ་པ་ལ་ ཡིག་འབྲུའམ་ལྷ་སྐུ་རྣམས་ལས་གཤིན་རྗེ་དང༌། སྲིན་པོ་དང༌། མཁའ་འགྲོ་མ་དང༌། མ་མོ་ 2-1-349 ལ་སོགས་པ་འཇིག་རྟེན་པའི་ལྷ་ཚོགས་སྤྲོས་ཏེ། དེ་དག་གི་མཚོན་ཆ་སྣ་ཚོགས་པས་ལུས་ དུམ་བུར་གཏུབས་ཤིང་ཤ་ཁྲག་ཞལ་དུ་གསོལ་བར་བསམ། ཡང་དགྲ་བགེགས་ཀྱི་ལུས་ སྔར་བཞིན་གྲུབ་པ་ལ། བྱ་དང་གཅན་ཟན་དང༌། སྦྲུལ་གདུག་པ་ཅན་དཔག་ཏུ་མེད་པ་སྤྲོས་ ཏེ། དགྲ་བགེགས་ཀྱི་ཤ་རུས་རྣམས་ཟོས་པར་བསམ། ཡང་སྔར་བཞིན་གྲུབ་པ་ལ། དུག་གི་ ཆར་ཕབ་སྟེ་ལུས་ཐམས་ཅད་རུལ་ཞིང་མྱགས་པར་བསམ། ཡང་ལུས་སྔར་བཞིན་གྲུབ་པ་ལ། ནད་ཀྱི་ཆར་བ་ཁྲག་གི་རྣམ་པ་ཅན་དཔག་ཏུ་མེད་པ་བབས་ཏེ་ཚར་བཅད་པར་བསམ། ཡང་ ལུས་སྔར་བཞིན་གྲུབ་པ་ལ། མེས་བསྲེགས་ཤིང་མཐར་ཐལ་བ་རྣམས་ཀྱང་རླུང་གིས་ཁྱེར་ བར་བསམ་མོ། །དེ་དག་གི་རིང་ལ། ༀ་ཧྲཱིཿཥྚིཿབི་ཀྲིཏཱ་ན་ན་གནོད་བྱེད་དགྲ་བགེགས་ཐམས་ ཅད་མཱ་ར་ཡ་ཧཱུཾ་ཕཊ། ཅེས་པ་དང༌། དེ་བཞིན་དུ་ཡ་མཱནྟ་ཀ་དང༌། ཡ་མ་རཱ་ཛ་ལ་ཡང་བཏགས་ ལ་བཟླའོ། །དེ་དག་གི་སྐབས་སུ་ཡང་བུམ་པ་ཅན་གྱི་སྦྱོར་བས་འགོག་བཟླས་བྱ་ཞིང༌། ཅི་སྟེ་ མི་ནུས་ན་ཡིད་ཀྱིས་བཟླས་པ་བྱའོ། །དེ་ལྟར་ན་ནང་གི་འཁོར་ལོའི་བསྙེན་པ་སྔོན་དུ་ལེགས་ པར་སོང་ན་ཕྱིའི་འཁོར་ལོ་ལ་བརྟེན་པའི་ལས་ཚོགས་རྣམས་ཐོགས་མེད་དུ་འགྲུབ་པར་གྱུར་ རོ། །ཞལ་གདམས་ཉེར་དྲུག་པའོ། ། ༈ ས་བཅད་གཉིས་པ་མཆོག་གི་བསྙེན་པ་རྫོགས་རིམ་གྱི་གདམས་པ་ལ། མཚན་མོ་རྒྱུ་ བའི་རྣལ་འབྱོར། རྭ་བསྒོམ་པའི་ཞལ་ཤེས། མཚན་མ་གྱེན་བསྒྲེངས་ཏེ་གསུམ་ལས། དང་པོ་ནི། ལུས་གནད་ལེགས་པར་བཅས་ལ། ཞལ་ཕྱག་ལྷག་མ་རྣམས་རྩ་བའི་ཞལ་ ཕྱག་ལ་བསྡུས་ལ། རང་ཉིད་ཞལ་གཅིག་ཕྱག་གཉིས་པར་གསལ་བའི་མ་ཧེའི་ཞལ་གྱི་སྣ་རྩེ་ ལ་སེམས་གཏད་ཅིང༌། རླུང་དལ་བུས་ཕྱིར་བུས་ལ། སྣ་རྩེར་རླུང་གི་རེག་བྱ་ལ་སེམས་གཏད། ཚུལ་དེ་ལྟ་བུ་ཐུན་བཞིར་བཅད་ལ་ཟླ་ཕྱེད་ལ་སོགས་པར་བསྒོམ་ལ། དེ་ནས་རླུང་དལ་བུས་ ནང་དུ་རྔུབ་ཅིང༌། སྣ་རྩེར་རླུང་གི་རེག་བྱ་ལ་སེམས་གཏད། དེ་ཡང་ཟླ་ཕྱེད་ཙམ་གྱི་བར་དུ་ 2-1-350 བསྒོམ། དེ་ནས་རླུང་དལ་བུས་ཕྱིར་བུས་ཤིང༌། དལ་བུས་ནང་དུ་རྔུབ་ལ་སྣ་རྩེར་རླུང་གི་རེག་ བྱ་ལ་སེམས་གཏད་དོ། །དེ་ནས་རང་ཉིད་ཀྱི་ལུས་ནང་ནས་རླུང་རྣམས་འོད་ཟེར་སྣ་ལྔའི་རྣམ་ པས་རླུང་རྣམས་ཕྱིར་འགྲོ་བ་དང༌། མཉམ་དུ་སྣ་བུག་གཉིས་ནས་ཕྱིར་སོང་བརྟན་གཡོ་སྣོད་ བཅུད་ཐམས་ཅད་ལ་ཕོག་པས། ཐམས་ཅད་གདོས་བཅས་ཀྱི་རྣམ་པ་སྤངས་ཏེ་འོད་དུ་ཡལ་ ཡལ་འདུག་པར་བསམ་ལ། བདེན་མེད་ཡིན། སྒྱུ་མ་ལྟ་བུ་ཡིན་སྙམ་པའི་དྲན་འདུན་དྲག་ཏུ་ བྱ། དེ་ནས་རླུང་འོད་ཟེར་གྱི་རྣམ་པ་ཅན་རྣམས་ནང་དུ་དལ་བུས་རྔུབ་པ་དང་མཉམ་དུ། སྣ་ བུག་གཉིས་ནས་ཞུགས་ཏེ་ལུས་ནང་ཐམས་ཅད་གང་བས། རང་ཉིད་རྡོ་རྗེ་འཇིགས་བྱེད་ ཀྱི་རྣམ་པར་གསལ་བ་དེ་ཉིད་དྭངས་གསལ་འོད་དུ་ཡལ་ཡལ་བར་འདུག་པར་བསམ་ལ། བདེན་མེད་ཡིན། སྒྱུ་མ་ལྟ་བུ་ཡིན་སྙམ་པའི་དྲན་འདུན་དྲག་ཏུ་བྱའོ། ། དེ་ནས་མཚན་མོ་རྒྱུ་བའི་དམིགས་པ་དངོས་གཞི་ནི། མཚན་མོ་ཡིན་ན་དེ་དང༌། ཉིན་མོ་ ཡིན་ན་མུན་ཁུང་དུ་འདུག་ལ། ལུས་གནད་ལེགས་པར་བཅས། མིག་གི་ལྟ་སྟངས་སྣ་རྩེ་ལ་ གཏད། སེམས་རླུང་ཕྱིར་འགྲོ་ནང་འགྲོ་ལ་ཅུང་ཟད་གཏད་ཅིང༌། གཞན་བཟོ་བཅོས་མེད་ པར་ཤིག་གེ་བཞག །དེ་དག་ནི་དམིགས་ཆེན་གཅིག་ལས་ཕྱེ་བའི་དམིགས་ཕྲན་ལྔའོ། །དེ་ ཡི་བོགས་འདོན་ཡན་ལག་ཏུ་འདི་ལྟར་བསྒོམ་པར་བྱ་བ་ཡིན་ཏེ། རང་དང་སྣོད་བཅུད་ཐམས་ ཅད་འོད་དུ་ཡུལ་ཡུལ་བ། སྣང་ཡང་བདེན་པའི་སྟོང་པ་དེ་ལ་དམིགས་པའི་གཞི་བྱས་ལ་ཅུང་ ཟད་ཅིག་བཞག་གོ །དེ་ནས་ས་རྡོ་རི་བྲག་རྩི་ཤིང་ནགས་ཚལ་ལ་སོགས་པ་གཟུགས་ཅན་ དུ་སྣང་བའི་རྣམ་རྟོག་ཅི་ཤར་བ་ཐམས་ཅད་མེད་བཞིན་དུ་འཁྲུལ་བའི་སྣང་བ་སྒྱུ་མ་ལྟ་བུར་ ཤེས་པར་བྱས་ལ། དེ་ནས་དབྱིངས་སུ་ཡལ་བར་བསམ་ཞིང༌། བཟོ་བཅོས་མེད་པར་བཞག །དེ་ནི་གཟུགས་ཕུང་གི་རྣམ་རྟོག་དབྱིངས་སུ་བཀོད་པ་སྟེ། ཟླ་ཕྱེད་ལ་སོགས་ཅི་རིགས་པར་ བསྒོམ་མོ། །དེ་ལ་འབྱོངས་ན་དུས་གསུམ་དུ་སྣང་བའི་བདེ་སྡུག་གི་རྣམ་རྟོག་ཡིད་ལ་ཤར་བ་ 2-1-351 རྣམས་སྒྱུ་མ་ལྟ་བུར་ཤེས་པར་བྱས་ལ་དབྱིངས་སུ་ཡལ་བར་བསམ་ཞིང༌། བཟོ་བཅོས་མེད་ པར་བཞག །དེ་ནི་ཚོར་ཕུང་དབྱིངས་སུ་སྐྱེལ་བ་སྟེ། སྔར་བཞིན་འབྱོངས་འབྱོངས་ཀྱི་བར་དུ་ བསྒོམ་མོ། །དེ་ནས་འདི་དང་འདི་ལྟ་བུའོ་སྙམ་དུ་འཛིན་པའི་མིང་དོན་གྱི་འདུ་ཤེས་རྣམས་སྒྱུ་ མ་ལྟ་བུར་ཤེས་པར་བྱས་ལ་དབྱིངས་སུ་སྐྱེལ་ཞིང༌། བཟོ་མེད་དུ་བཞག་སྟེ་འདུ་ཤེས་ཀྱི་ཕུང་ པོ་དབྱིངས་སུ་སྐྱེལ་བ་སྟེ། དེ་མ་འབྱོངས་ཀྱི་བར་དུ་བསྒོམ་མོ། ། དེ་ནས་འདོད་ཆགས་ཞེ་སྡང་ལ་སོགས་པ་མི་དགེ་བའི་ལས་ཀྱི་རྣམ་རྟོག་དང༌། དད་པ་ ངེས་འབྱུང་ལ་སོགས་པ་དགེ་བའི་ལས་ཀྱི་རྣམ་རྟོག་སྟེ། འདུ་བྱེད་ཀྱི་རྣམ་རྟོག་ཐམས་ཅད་ ཀྱང་སྒྱུ་མ་ལྟ་བུར་ཤེས་པར་བྱས་ལ་དབྱིངས་སུ་སྐྱེལ་ཞིང༌། བཟོ་མེད་དུ་བཞག་གོ །དེ་ནི་ འདུ་བྱེད་ཀྱི་ཕུང་པོའི་རྣམ་རྟོག་དབྱིངས་སུ་སྐྱེལ་བ་སྟེ་མ་འབྱོངས་ཀྱི་བར་དུ་བསྒོམ་མོ། །དེ་ ནས་མིག་གིས་གཟུགས་དངོས་སུ་མཐོང་བ་དང༌། དེ་བཞིན་དུ་རྣ་བས་སྒྲ་དང༌། སྣས་དྲི་དང༌། ལྕེས་རོ་དང༌། ལུས་ཀྱིས་རེག་བྱ་ལ་སོགས་པ་དངོས་སུ་མྱོང་བ་རྣམས་ཀྱང་སྒྱུ་མ་ལྟ་བུར་ ཤེས་པར་བྱས་ལ། སྔར་བཞིན་དབྱིངས་སུ་ཡལ་བར་བསམ་ལ། བཟོ་མེད་དུ་བཞག །དེ་ནི་ རྣམ་ཤེས་ཀྱི་ཕུང་པོ་དབྱིངས་སུ་སྐྱེལ་བ་སྟེ། མ་འབྱོངས་ཀྱི་བར་དུ་བསྒོམ་མོ། །དེ་ནས་འགྲོ་ འཆག་ཉལ་འདུག་ཟས་ཟ་བ་གཏམ་སྨྲ་བ་སོགས་སྤྱོད་ལམ་ཐམས་ཅད་ལ་ཡང་སྔར་བཞིན་ སྒྱུ་མ་ལྟ་བུར་ཤེས་པ་དང༌། དབྱིངས་སུ་སྐྱེལ་ཞིང་མ་བཅོས་པར་བཞག་གོ །དེ་ལྟར་དམིགས་ པའི་རྣམ་གྲངས་དྲུག་ཏུ་བྱེད་པའི་རྒྱུ་མཚན་ནི། སྦྱིན་སྲེག་གི་རྟོག་པར་ཤ་དྲུག་གི་སྦྱིན་སྲེག་བྱ་ བར་གསུངས་པའི་ངེས་དོན་བསྒོམ་པའི་ཚུལ་ཡིན་ནོ། །དེ་དག་ནི་མཚན་མོ་རྒྱུ་བའི་ཞལ་གྱི་ གདམས་པའོ། ། དེའི་ཡན་ལག་ཏུ་སྦྱོར་བ་བཅུད་ལེན་གྱི་དམིགས་པ་ལ་ནང་གི་བཅུད་ལེན་དང༌། ཕྱིའི་ བཅུད་ལེན་གཉིས། དང་པོ་ནི། རང་ཉིད་རྡོ་རྗེ་འཇིགས་བྱེད་ཕྱག་གཉིས་པར་གསལ་བའི་ 2-1-352 སྨིན་མཚམས་སུ་ཧཱུཾ་ནག་པོ། སྤྱི་གཙུག་ཏུ་ཧཾ་དཀར་པོ་མགོ་བོ་ཐུར་དུ་བསྟན་པ། ལྕེ་ཆུང་དུ་སུཾ་ དཀར་པོ་མགོ་བོ་ཐུར་དུ་བསྟན་པ། ཀླུ་ལྷག་ལྡན་ཞེས་བྱ་བ་སྦྲུལ་གྱི་རྣམ་པ་ཞིག་སྒོམ་པ་ཡིན་ པ་ལས། དེའི་མཇུག་མའི་ནང་ཙམ་དུ་སྨིན་མཚམས་ཀྱི་ཧཱུཾ་ཆུད་པ། སྦྲུལ་གྱི་བཤང་ལམ་གྱི་ ཐད་དུ་ཧཱུཾ་དཀར་པོ་མགོ་བོ་ཐུར་དུ་བསྟན་པ་དེ་གནས་པ། སྦྲུལ་གྱི་མགོ་བོ་ཐུར་དུ་བསྟན་པའི་ ཁ་ནང་དུ་སུཾ་དཀར་པོ་མགོ་བོ་ཐུར་དུ་བསྟན་པ་དེ་ཚུད་པར་བསམ། སྙིང་གའི་པདྨ་འདབ་ བརྒྱད་ཀྱི་ལྟེ་བ་ལ་ལརྟུའི་ཨི་མགོ་བོ་ཐུར་དུ་བསྟན་པ། འདབ་མ་བརྒྱད་ལ་ཕཊ་རེ་རེར་ཡོད་ པ། ཐམས་ཅད་ཀྱང་དཀར་རམ་མེ་བ་ཞིག་དམིགས་ལ། རླུང་ཕྱིར་སྣ་ནས་བུས་ལ་ནང་དུ་ རྔུབ་པའི་ཚེ། སོ་བསྲེགས་ནས་སའི་སྒྲ་དང་བཅས་ཏེ་ལྕེ་སྟེང་ནས་དྲངས་ལ། སྨིན་མཚམས་ ཀྱི་ཧཱུཾ་ལས་བདུད་རྩིའི་ཚོགས་དཔག་ཏུ་མེད་པ་བྱུང༌། སྦྲུལ་གྱི་མཇུག་མའི་ནང་ནས་ཞུགས་ ཏེ། སྤྱི་བོར་སྦྲུལ་གྱི་བཤང་ལམ་གྱི་ཐད་དུ་སླེབས་པ་ན་ཧཾ་ལས་བདུད་རྩིའི་རྒྱུན་བྱུང་སྦྲུལ་གྱི་ ལུས་ནང་ནས་བརྒྱུད་དེ་ཁ་ནང་གི་སུཾ་ལ་རེག་པས། དེ་ལས་བདུད་རྩིིའི་ཚོགས་དཔག་ཏུ་མེད་ པ་བྱུང༌། མགྲིན་པ་ནས་བརྒྱུད། སྙིང་གའི་པདྨ་འདབ་བརྒྱད་ཀྱི་ཡི་གེ་རྣམས་ལ་ཐིམ་པས། དེ་དག་ལས་བདུད་རྩིའི་ཚོགས་མཐའ་ཡས་པ་བྱུང་སྟེ། ལུས་ཀྱི་ནང་ཐམས་ཅད་གང་བར་ བསམ་ལ། རླུང་བུམ་པ་ཅན་བཟུང་ངོ༌། ། གཉིས་པ་ཕྱིའི་བཅུད་ལེན་ནི། རང་ཉིད་རྡོ་རྗེ་འཇིགས་བྱེད་ཕྱག་མང་དུ་གསལ་བའི་ ཐུགས་ཀར་ཧཱུཾ་ལས་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་སྤྲོས་པས་བརྟན་གཡོ་སྣོད་བཅུད་ ཐམས་ཅད་ལ་ཕོག་ཅིང༌། ཕྱོགས་བཅུའི་དགྲ་བགེགས་ཐམས་ཅད་ཚར་བཅད་པའི་ཤ་ཁྲག་ ནམ་མཁའ་གང་བ་རྣམས་རྡོ་རྗེ་འཇིགས་བྱེད་ཀྱི་ཁྲོ་ཞལ་བརྒྱད་པོ་རྣམས་ཀྱིས་གསོལ་བར་ བསམ་ཞིང༌། སྣོད་བཅུད་ཐམས་ཅད་ཀྱི་བཀྲག་མདངས་རྣམས་འཇམ་དཔལ་གྱི་ཞལ་ནས་ དྲངས་ཤིང་ཐུགས་ཀར་སླེབས་པ་ན་དེ་གཉིས་དབྱེར་མེད་དུ་གྱུར་ཏེ་བདུད་རྩིར་ཞུ་ཞིང་ 2-1-353 མཐར་ལུས་ཐམས་ཅད་གང་བར་མོས་ལ་བུམ་པ་ཅན་བཟུང་ངོ༌། ། མཚན་མོ་རྒྱུ་བའི་ཡན་ལག་ཏུ་སྦྱོར་བ་ནང་གི་སྦྱིན་སྲེག་ནི། རང་ཉིད་རྡོ་རྗེ་འཇིགས་བྱེད་ དུ་གསལ་བའི་སྤྱི་བོར་བདུད་རྩིའི་བུམ་པ་མགོ་ཐུར་དུ་བསྟན་པ། ཞབས་ཁྲོལ་ཚགས་སུ་ཡོད་ པའི་ནང་བདུད་རྩིས་གང་བ། སྙིང་གར་རྒྱུའི་འཇམ་དཔལ་ལམ་ཡང་ན་རྡོ་རྗེ་ཞིག་བསྒོམ། ལྟེ་ བའི་རྩ་བདུད་གྲུ་གསུམ་གྱི་ནང་དུ་ཆོས་འབྱུང་རྩ་བ་ལྟེ་འོག་ཏུ་ཟུག་ཅིང་གདེངས་ཀ་ལྟེ་བའི་ ཐད་དུ་སླེབ་པའི། མེ་ཐབ་ཀྱི་རྣམ་པ་ཅན་དུ་གསལ་བཏབ། དེའི་ནང་དུ་འཁོར་ལོ་གཉིས་ པོ་གང་རུང་ཞིག་ཡིག་འབྲུ་དང་བཅས་པ་གསལ་འདེབས་པ་ལས། གཤིན་རྗེ་གཤེད་སྤྱིའི་ འཁོར་ལོ་གཙོ་ཆེ་བར་མཛད་དོ། །དེ་ནས་རླུང་རོ་བསལ་ལ། གསང་གནས་ཀྱི་རླུང་འཐེན། དེ་ནས་བཤང་སྒོའི་རླུང་ཡང་འཐེན་ཞིང་ལྟེ་བར་སླེབས་པ་ན། ཆོས་འབྱུང་གི་ནང་ཐམས་ ཅད་དུ་མེ་ལྕེ་འབར་ཏེ་སྙིང་གར་སླེབས་པ་ན། ཡི་དམ་གྱི་མེ་རིའམ་འོད་ཟེར་དང་འདྲེས་ ཏེ། འབར་བའི་མེ་ནང་དུ་བཞུགས་པར་བསམ་ཞིང༌། སྙིང་གའི་ཡི་དམ་གྱི་ཐུགས་ཀ་ནས་ འོད་ཟེར་འཕྲོས་པས་བརྟན་གཡོ་ཐམས་ཅད་ཀྱི་བཀྲག་དང་མདངས་རྣམས་བདུད་རྩིའི་རྣམ་ པར་བཀུག་ནས་རང་གི་སྤྱི་བོ་ནས་ཞུགས། བུམ་པའི་ཞབས་ནས་ཞུགས་ཏེ་བུམ་པའི་ནང་ གི་བདུད་རྩི་དང་འདྲེས་ཏེ། བདུད་རྩིའི་ཚོགས་དཔག་ཏུ་མེད་པ་བབས་ཏེ། སྙིང་གར་མེ་ལྕེ་ འབར་བའི་སྟེང་དུ་བབས་པས་ཚིམ་པར་བསམ་ལ། རྔུབ་ཆུང་བྱས་ལ་སྟེང་རླུང་དྲག་ཏུ་མནན། འོག་རླུང་རང་སར་གློད་ཅིང༌། ཡི་དམ་གྱི་སྔགས་གསུམ་པོ་གང་རུང་གི་མཐར། ༀ་ཨགྣེ་ཡེ་ཧཱུཾ་ ཕཊ་སྭཱཧཱ། ཞེས་པ་བཟླའོ། །ལས་བཞི་སོ་སོའི་ལྡེ་ཁ་བསྒྱུར་ན་གཞན་གོང་དང་འདྲ་བ་ལས། ཞི་བ་ལ་མེ་སྔགས་ཀྱི་མཐར་ཤནྟིཾ་ཀུ་རུ་སྭཱཧཱ། ཞེས་དང༌། མེ་ལྕེ་དཀར་པོ་འབར་བར་བསམ། དེ་བཞིན་དུ་དབང་ལ་བ་ཤཾ་ཀུ་རུ་ཧོཿ ཞེས་པ་དང༌། མེ་ལྕེ་དམར་པོ། རྒྱས་པ་ལ་ཚེ་དང་བསོད་ ནམས་པུཥྚིཾ་ཀུ་རུ་ༀ་ཞེས་པ་དང༌། མེ་ལྕེ་སེར་པོ། དྲག་པོ་ལ་དགྲ་བགེགས་ཐམས་ཅད་མཱ་ར་ 2-1-354 ཡ་ཕཊ། ཅེས་པ་དང༌། མེ་ལྕེ་དམར་ནག་འབར་བར་བསམ་མོ། །དྲག་པོའི་ལས་ཀྱི་དམིགས་ པ་ནི། རང་ཉིད་རྡོ་རྗེ་འཇིགས་བྱེད་ཞལ་ཕྱག་ཡོངས་རྫོགས་སུ་གསལ་བའི་སྤྱི་བོའི་བུམ་པ་ མི་བསྒོམས་པ་མ་གཏོགས་གཞན་སྔར་དང་འདྲ་བ་ལས། སྙིང་གའི་ཡི་དམ་གྱི་ཐུགས་ཀ་ནས་ འོད་ཟེར་འཕྲོས། ཕྱོགས་བཅུའི་དགྲ་བགེགས་བཀུག་ལ་ཞལ་དགུ་པོ་རྣམས་ཀྱིས་ཤ་ཆོམ་ རུས་ཆོམ་དུ་གསོལ་བ་རྣམས་སྙིང་གར་མེ་ལྕེ་འབར་བའི་སྟེང་དུ་ཅིལ་ཅིལ་ཞུ་བར་བསམ་མོ། །འདི་ནི་ནང་གི་དྲག་པོའི་སྦྱིན་སྲེག་གོ །དེ་ནས་ཡང་གཞན་སྔར་དང་འདྲ་བ་ལས། སྙིང་ གའི་ཡི་དམ་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། བརྟན་གཡོ་ཐམས་ཅད་ཀྱི་བཀྲག་མདངས་ རྣམས་བདུད་རྩིའི་རྣམ་པར་བཀུག་པ་རྣམས་རང་གི་སྒོ་དགུ་ནས་ཞུགས། སྙིང་གར་མེ་ལྕེ་ འབར་བའི་སྟེང་དུ་བབས་ཤིང་ཞུ་བར་བསམ་མོ། །འདི་ནི་རླུང་སེམས་དབུ་མར་ཐིམ་པ་དང་། རླུང་དུལ་བར་གྱུར་པའི་ཐབས་སོ། །དེ་དག་ནི་མཚན་མོ་རྒྱུ་བའི་མན་ངག་དང་རྗེས་སུ་འབྲེལ་ བའི་མན་ངག་ཞལ་གྱི་གདམས་པའོ། ། གཉིས་པ་རྭ་སྒོམ་པའི་ཞལ་ཤེས་སམ། ཞལ་དགུ་པོའི་རྫོགས་རིམ་ལ་སྔོན་འགྲོ་དང༌། དངོས་གཞི་གཉིས་ལས། དང་པོ་ནི། ལུས་གནད་བཅས་ལ་ཉིན་གཅིག་རླུང་ཕྱིར་འབུད་པ་འབའ་ཞིག་བྱས་ཤིང༌། དེ་ཡང་ཐུན་བཞིར་བཅད་དེ་གྲངས་ལྔ་བརྒྱ་ལ་སོགས་པ་བྱ། ཡང་ཉིན་གཅིག་ལུས་གནད་ བཅས་ལ་རླུང་རང་བབས་སུ་བཞག་ཚུལ་དེ་ལྟ་བུ་ཟླ་གཅིག་ལ་སོགས་པ་བསྒོམས་ན། ལུས་ ལྡང་བ་ཡང་བ་དང༌། ནད་བྱང་ལ་སོགས་པ་འབྱུང་ངོ༌། །དེ་ནས་འཇམ་རླུང་བཟུང་ལ་མགོ་བོ་ ལ་སོགས་པ་ལུས་ཀྱི་གནད་ཐམས་ཅད་ཁུ་ཚུར་གྱིས་བརྡེག་པ་དང༌། ཤུགས་དང་ལྡན་པས་ ལུས་ཐམས་ཅད་ལ་འཕུར་མཉེ་བྱེད་པ་དང༌། མགོ་དང་རྐང་ལག་ལ་སོགས་པ་སྤྲུགས་པ་ དང༌། ཡན་ལག་རྣམས་བརྐྱང་བསྐུམ་བྱེད་པ་སོགས་དང༌། འཇམ་རླུང་བཟུང་སྟེ་གྱེན་ལ་རྒྱུག་ 2-1-355 པ་དང༌། ཐུར་ལ་རྒྱུག་པ་དང༌། འཁྲབ་པ་དང༌། ངག་ནས་ཧ་འདོན་ཞིང་འཁྲབ་པ་སོགས་བྱའོ། ། དེ་ལྟར་བྱས་པས་འཁྲུ་སྐྱུག་དང་ནད་གཞི་ལྡང་བ་སོགས་བྱུང་ན། ཕྱིས་གེགས་མི་འབྱུང་ བས་ལེགས་ཤིང༌། སྐབས་འདིར་གཞན་ནས་འབྱུང་བ་ལྟར་གྱི་ལུས་སྦྱོང་སྦྱར་ན་ཡང་ལེགས་ གསུང་ངོ༌། ། དངོས་གཞི་ནི། རང་ཉིད་རྡེ་རྗེ་འཇིགས་བྱེད་ཞལ་ཕྱག་ཡོངས་སུ་རྫོགས་པའམ། ཞལ་ གཅིག་ཕྱག་གཉིས་པར་ཇི་ལྟར་བདེ་བར་གསལ་བའི་ལྟེ་འོག་སོར་བཞིའམ་སོར་བརྒྱད་ཙམ་ དུ་མ་ཧེའི་ཞལ་རྭ་དང་བཅས་པ། དབུ་སྐྲ་དང༌། མགྲིན་པ་སོགས་མེ་འབར་བའི་བསྒྲིབས་པ། དཔེར་ན་མེ་དཔུང་གི་དབུས་ནས་མ་ཧེའི་ཞལ་འཐོན་པ་ལྟ་བུ་ཞིག་བསྒོམ། འདི་ལ་དམིགས་ པ་གསལ་ན་མདུན་རྒྱབ་གཡས་གཡོན་མཚམས་བཞི་སོགས་གང་ནས་བལྟས་ཀྱང་མ་ཧེའི་ ཞལ་ཡོད་པའི་ཀུན་ཏུ་ཞལ་དུ་བསྒོམ། དེ་ལྟ་བུ་ལས་དང་པོ་པ་ལ་མི་གསལ་ན། མདུན་དུ་ བསྟན་པའི་མ་ཧེའི་ཞལ་གཅིག་ཀ་བསྒོམ། ལུས་ཀྱི་དབུས་སུ་རྩ་དབུ་མ་ཁ་དོག་སྔོན་པོ་ཡས་ སྣ་རང་གི་སྤྱི་བོ་དང༌། མས་སྣ་ལྟེ་འོག་མ་ཧེའི་ཞལ་གྱི་སྤྱི་བོ་བརྒྱུད་དེ་རྐན་གྱི་སྦུབས་སུ་ཟུག་ པ། གཡས་ཕྱོགས་ཀྱི་རྭ་ལ་དུམ་བུ་གསུམ་དུ་བྱས་པའི་སུམ་གཅིག་ཡར་སོང༌། གསུམ་གཉིས་ མར་ལུས་པ་ཙམ་གྱི་མཚམས་སུ་ཐོག་མར་ཐིག་ལེ་སེར་པོ་ཞིག་རྭ་ནང་དུ་ཡོད་པ་དེ་ཕྱིར་ བརྡོལ་དེ། རྭའི་ཕྱི་ངོས་ལ་ཁྲོ་ཞལ་སེར་པོ་ལྟག་པའི་ཆ་ལ་བརྟེན་པ། ཤིང་སྡོང་གི་སྦལ་ལྟ་བུ་ ཞིག་གསལ་བཏབ། རང་གི་གཡས་ཕྱོགས་སུ་རོ་མ་སེར་པོ་ཡས་སྣ་སྤྱི་བོ་དང༌། མས་སྣ་ཁྲོ་ ཞལ་སེར་པོའི་ཞལ་ལ་ཟུག་པར་བསམ། ལུས་གནད་རྐང་བ་སྐྱིལ་ཀྲུང༌། ལག་པ་ཁུ་ཚུར་བརླ་ བཞག་བྱ། རླུང་སྦྱོར་ནི། རླུང་རོ་བསལ་ལ། རླུང་ནང་དུ་ཧཱུཾ་གི་སྒྲས་དལ་བུས་རྔུབ་ལ་ཁ་སྦྱོར་ དུ་བཟུང༌། དེ་ནས་ཕྱིར་དྲག་ཏུ་བུས་ལ། ནང་དུ་དྲག་ཏུ་རྔུབ་ལ་གྲུག་ཞུད་ཀྱི་རླུང་སྦྱོར་ཅུང་ 2-1-356 ཟད་བྱ་ཞིང༌། དེ་ནས་ཕྱིར་དལ་བུས་བཏང་ངོ༌། །དེ་དག་གི་སྐབས་སུ་དམིགས་པ་ནི་རང་ཉིད་ ཀྱི་ལུས་ནང་ནས་རླུང་ཐམས་ཅད་ཁ་དོག་སེར་པོའི་རྣམ་པས་བྱུང༌། རོ་མའི་ནང་ནས་བརྒྱུད་ ནས་མར་སོང་ཁྲོ་ཞལ་གྱི་ཞལ་ནས་ཞུགས། རྭའི་ནང་ནས་མར་སོང༌། མ་ཧེའི་ཞལ་གྱི་རྐན་ གྱི་སྦུབས་ཀྱི་དབུ་མའི་མས་སྣ་ནས་ཞུགས་ཏེ། སོར་བཞི་ཙམ་སོང་བ་ན་ཡལ་བར་བསམ་མོ། །དེ་ནི་ས་རླུང་འཛིན་པའི་ཐབས་སོ། །ཐུན་གྱི་མཐར་ཁྲོ་ཞལ་སེར་པོ་དེ་ཉིད་ཐིག་ལེ་སེར་པོར་ གྱུར་ཏེ་རྭའི་ནང་དུ་ཞུགས། མཐར་ཡལ་བར་བསམ་མོ། ། ཆུ་རླུང་འཛིན་པའི་ཐབས་ནི། ལུས་གནད་པདྨའི་སྐྱིལ་ཀྲུང་དང༌། ལག་པ་གཉིས་ བརྐྱངས་ཏེ་པུས་མོའི་སྟེང་དུ་བཞག་སྟེ་ཟླ་གམ་གྱི་ཚུལ་དུ་བྱ། དམིགས་པ་ནི་ལྟེ་འོག་གི་མ་ ཧེའི་ཞལ་གྱི་གཡོན་གྱི་རྭ་ཡི་རྩ་བའི་ནང་དུ་ཐིག་ལེ་དཀར་པོ་དེ་ཡོངས་སུ་གྱུར་པ་ལས། རྭའི་ ཕྱི་རོལ་ཀྱི་རྩ་བར་གཡོན་ཞལ་དང་པོ་དཀར་པོ་རྨོངས་པར་བྱེད་པ་གསལ་བཏབ་པའི་ལུས་ ཀྱི་གཡོན་ཕྱོགས་སུ་རྐྱང་མ་དཀར་པོ་ཡས་སྣ་སྤྱི་བོ་དང༌། མས་སྣ་ལྟེ་བའི་མ་ཧེའི་གཡོན་ ཕྱོགས་ཀྱི་ཞལ་དཀར་པོའི་ནང་དུ་ཆུད་པར་བསྒོམ། རླུང་རོ་བསལ་ལ། རླུང་ནང་དུ་སྒྲ་དང་ བཅས་ཏེ་རྔུབ། རྔུབ་པ་རྫོགས་མཚམས་སུ་ཁ་ནང་གི་རླུང་ཡང་སྒྲ་བཅས་སུ་རྔུབ་སྟེ་བུམ་པ་ ཅན་གྱི་རླུང་སྦྱོར་བྱ། དམིགས་པ་ནི་ལུས་ཀྱི་ནང་ནས་རླུང་ཐམས་ཅད་འོད་ཟེར་དཀར་པོའི་ རྣམ་པས་བྱུང༌། རྐྱང་མའི་ནང་ནས་ཤོང་ཚད་དུ་སོང་རྭའི་རྩའི་ཞལ་གྱི་ནང་ནས་ཞུགས། མ་ ཧེའི་ཞལ་གྱི་རྐན་གྱི་སྦུབས་ཀྱི་དབུ་མའི་མས་སྣ་ནས་ཞུགས། སོར་བཞི་ཙམ་ནས་ཡལ་བར་ བསམ། རྐྱང་མའི་ནང་ནས་ཞུགས་པ་མ་ཡིན་པའི་རླུང་ཐམས་ཅད་ཀྱང་ཁྲོ་ཞལ་དཀར་པོའི་ ཞལ་གྱི་གྲྭ་ཟུར་ནས་ཞུགས་པར་མོས་སོ། །འདིའི་དམིགས་རྟེན་སྣོད་གང་རུང་ཞིག་ཆུས་གང་ བ་ལ་མིག་གཏད། ཐུན་འཇོག་ཁར་ཁྲོ་ཞལ་དཀར་པོ་ཐིག་ལེ་དཀར་པོ་ཞིག་ཏུ་གྱུར་ཏེ། རྭའི་ ནང་དུ་ཞུགས་པར་བསམ་ཞིང་མཐར་ཡལ་དམིགས་སོ། ། 2-1-357 མེ་རླུང་འཛིན་པའི་ཐབས་ནི། ལུས་གནད་སེམས་དཔའི་སྐྱིལ་ཀྲུང་དང༌། ལག་པ་གཉིས་ ཁུ་ཚུར་མཁལ་ཁུང་གཉིས་ལ་བརྟེན་པའི་ལག་པ་གྲུ་མོ་ཅུང་ཟད་བརྐྱངས་ཏེ། མེའི་དཀྱིལ་ འཁོར་གྲུ་གསུམ་གྱི་ཚུལ་དུ་བྱ། དམིགས་པ་ལྟེ་འོག་གི་མ་ཧེའི་ཞལ་དང༌། དབུ་མ་སོགས་ སྔར་དང་འདྲ་བ་ལས། གཡས་ཕྱོགས་ཀྱི་རྭའི་སྐེད་པ་ཙམ་གྱི་ནང་དུ་ཐོག་མར་ཐིག་ལེ་དམར་ པོ། དེ་ཡོངས་སུ་གྱུར་པ་ལས་རྭའི་ཕྱི་རོལ་དུ་ཁྲོ་ཞལ་དམར་པོ། རོ་མ་དམར་པོ་ཞལ་དུ་ཆུད་ པར་བསམ། རླུང་སྦྱོར་ནི། རླུང་རོ་བསལ་ལ། ནང་དུ་རྔུབ་ལ་ཁ་སྦྱོར་དུ་ཅུང་ཟད་ཞིག་བཟུང་ ལ། དེ་ནས་གསང་གནས་ཀྱི་རླུང་དང༌། བཤང་སྒོའི་རླུང་དྲག་ཏུ་འཐེན་ཞིང་རླུང་ཁ་སྦྱོར་སྟོད་ དུ་དྲངས་ཤིང་སྐེད་པ་ཉག་ཙམ་བྱ། དེ་ནས་རླུང་ལྟེ་བར་ཕབ་ལ་སངས་ཀྱིས་བཏང་ངོ༌། ། དམིགས་པ་ནི་ལུས་ནང་ནས་རླུང་ཐམས་ཅད་ཁ་དོག་དམར་པོའི་རྣམ་པས་སྟོད་སྨད་ ཐམས་ཅད་ནས་བྱུང༌། རོ་མའི་ནང་ནས་ཞུགས་ཏེ། ཁྲོ་ཞལ་དམར་པོའི་ཞལ་གྱི་ནང་ནས་ ཞུགས། རོ་མའི་ནང་དུ་མ་ཞུགས་པའི་རླུང་ཐམས་ཅད་ཁྲོ་ཞལ་དམར་པོའི་ཞལ་གྱི་གྲྭ་ཟུར་ ནས་ཞུགས་ཏེ། ཐམས་ཅད་ཀྱང་རྭའི་ནང་དུ་བརྒྱུད་དེ་མ་ཧེའི་རྐན་སྦུབས་ཀྱི་དབུ་མའི་མས་ སྣ་ནས་ཞུགས། སོར་བཞི་ཙམ་དུ་ཡལ་བར་བསམ། འདིའི་དམིགས་རྟེན་མར་མེ་ལྟ་བུ་ཞིག་ ལ་མིག་གཏད། ཐུན་འཇོག་ཁར་ཁྲོ་ཞལ་དམར་པོ་དེ་ཉིད་ཐིག་ལེ་དམར་པོ་ཞིག་ཏུ་གྱུར་ཏེ་ རྭའི་ནང་དུ་མི་དམིགས་པར་བསམ་མོ། རླུང་གི་རླུང་འཛིན་པ་ནི། ལུས་གནད་ཟླུམ་པོའི་ འདུག་སྟངས་སུ་བྱེད་པར་བཤད་ཀྱང༌། ད་ལྟ་ལག་ལེན་ལ་རྐང་པ་རྡོ་རྗེ་སྐྱིལ་ཀྲུང་འཆུག་པར་ བྱ་ཞིང་ལག་གཉིས་ཁུ་ཚུར་བྱས་ལ་འཕོང་ཚོས་གཡས་གཡོན་གྱི་ཐད་ཀྱི་གདན་སྟེང་དུ་བཞག །རླུང་སྦྱོར་ནི། རླུང་དལ་བུས་ཕྱིར་བསལ་ཞིང༌། ནང་དུ་ཡང་ཤུགས་ཆུང་ངུས་དལ་བུས་རྔུབ་ ལ་ནང་དུ་ཁ་སྦྱོར་དུ་བཟུང་ལ། གསུས་པ་སྨད་ཕྱིར་ཕུལ་ལ་ལྡིར་བར་བྱ། རླུང་གཏོང་བའི་ ཚེ་ལྟོ་བ་མ་ཞུམ་པར་བྱས་ལ་སངས་ཀྱིས་གཏོང༌། དམིགས་པ་ནི། ལྟེ་བའི་མ་ཧེའི་རྭ་གཡོན་ 2-1-358 ཕྱོགས་ཀྱི་རྩེ་མོའི་ཆ་ལ་ཐོག་མར་ནང་དུ་ཐིག་ལེ་ནག་པོ། དེ་ཕྱིར་ཐོན་ནས་ཡོངས་སུ་གྱུར་པ་ ལས་ཁྲོ་ཞལ་ནག་པོ། དེའི་ཞལ་དུ་རྐྱང་མ་ཁ་དོག་ནག་པོའི་མས་སྣ་ཟུར་བ། གཞན་སྔར་དང་ འདྲ་བ་ཞིག་བསྒོམ་ལ། རླུང་སྦྱོར་གྱི་སྐབས་སུ་ལུས་ཀྱི་ནང་ནས་རླུང་རྣམས་ཁ་དོག་ནག་པོའི་ རྣམ་པས་སྟོད་སྨད་ཐམས་ཅད་ནས་བྱུང༌། རྐྱང་མའི་ནང་ནས་ཞུགས། ཁྲོ་ཞལ་ནག་པོའི་ཞལ་ དུ་ཞུགས་ཤིང༌། རྐྱང་མའི་ནང་དུ་མ་ཆུད་པའི་རླུང་ཐམས་ཅད་ཞལ་གྱི་གྲྭ་ཟུར་ནས་ཞུགས་ ཤིང་ཐམས་ཅད་ཀྱང་རྭའི་ལམ་བརྒྱུད། མ་ཧེའི་ཞལ་གྱི་རྐན་སྤུབས་དབུ་མའི་མས་སྣ་ནས་ ཞུགས་ཏེ། སོར་བཞི་ཙམ་དུ་ཡལ་བར་བསམ་ཞིང༌། འདི་ལ་དམིགས་རྟེན་དཀར་ཁུང་ནས་ རླུང་གི་རེག་བྱ་ལུས་ལ་ཕོག་པར་བྱ་ཞེས་བཤད་ཀྱང༌། སྐབས་འགར་དེ་ལྟར་བྱ་ཞིང༌། རྒྱུན་ དུ་བྱས་ན་རླུང་ཁམས་ལྡང་བས་དེ་ལྟར་མི་བྱ་གསུང༌། རྣམ་ཤེས་ཀྱི་རླུང་འཛིན་པ་ནི། ལྟེ་འོག་ གི་མ་ཧེའི་ཞལ་གྱི་གཡོན་ཕྱོགས་ཀྱི་རྭའི་དཀྱིལ་གྱི་ནང་དུ་ཐོག་མར་ཐིག་ལེ་དུད་ཁ། དེ་ཕྱིར་ ཐོན་ཏེ་ཡོངས་སུ་གྱུར་པ་ལས་ཁྲོ་ཞལ་དུད་ཁ་ཞིག་བསྒོམ། ལུས་ཀྱི་གཡོན་ཕྱོགས་སུ་རྐྱང་མ་ དུད་ཁའི་མས་སྣ་ཁྲོ་ཞལ་དུད་ཁའི་ནང་དུ་ཟུག་པ། གཞན་སྔར་དང་འདྲ་བ་ལས་ལུས་གནད་ རྐང་པ་སེམས་སྐྱིལ་ལམ་རྡོ་རྗེ་སྐྱིལ་ཀྲུང་གང་རུང་ཞིག་བྱས་ལ། ལག་པ་མཉམ་བཞག་བྱ། རླུང་སྦྱོར་ནི། རླུང་རོ་བསལ། ནང་དུ་རྔུབ་ལ་བུམ་ཅན་བཟུང་ལ། མདུན་ངོས་སུ་ཕྱིར་ཕུལ། རྒྱབ་ངོས་སུ་ཕུལ་ལ་ལྟོ་བ་ཚིགས་པ་ལ་གཅེར་བ་བྱས་ལ་བཏང་ངོ༌། །དམིགས་པ་ནི། རླུང་ དུད་ཁའི་རྣམ་པས་ལུས་ནང་ནས་བྱུང་རྐྱང་མའི་ནང་ནས་ཞུགས། ཞལ་དུད་ཁའི་ནང་ནས་ ཞུགས། རྐྱང་མའི་ནང་དུ་མ་ཞུགས་པའི་རླུང་ཐམས་ཅད་ཀྱང་ཞལ་གྱི་གྲྭ་ཟུར་ནས་ཞུགས་ཏེ། མ་ཧེའི་རྐན་སྦུབས་ནས་བརྒྱུད་དེ་དབུ་མའི་མས་སྣ་ནས་ཞུགས་ཏེ། སོར་བཞི་ཙམ་དུ་ཡལ་ བར་བསམ། མཐར་ཞལ་དུད་ཁ་ཐིག་ལེ་དུད་ཁར་གྱུར་ཏེ། རྭའི་ནང་དུ་ཞུགས་ལ་ཡལ་བར་ བསམ་མོ། ། 2-1-359 ནམ་མཁའི་རླུང་འཛིན་པ་ནི། གཡས་ཕྱོགས་ཀྱི་རྭའི་རྩ་བར་ཁྲོ་ཞལ་སྔོན་པོ་སྒོམ་པ་ དང༌། རོ་མ་ཡང་ཁ་དོག་སྔོན་པོར་བྱེད་པ་དང༌། རླུང་རྣམས་ཀྱང་ཁ་དོག་སྔོན་པོར་བྱེད་པའི་ ཁྱད་པར་མ་གཏོགས་ལུས་གནད་རླུང་སྦྱོར་དམིགས་པ་ལ་སོགས་པ་བཤད་མ་ཐག་པ་དང་ འདྲའོ། །སྲིན་ཞལ་དམར་པོ་བསྒོམ་པའི་ཚུལ་ནི། རང་གི་ལྟེ་འོག་གི་མ་ཧེའི་ཞལ་གྱི་སྟེང་དུ་ སྲིན་ཞལ་དམར་པོ་དེའི་སྤྱི་བོ་ནས་བརྒྱུད་དེ། མ་ཧེའི་རྐན་སྦུབས་སུ་དབུ་མའི་མས་སྣ་ཟུག་ པར་བསམ་ལ། རླུང་སྦྱོར་དང་ལུས་གནད་ཀྱི་ཁྱད་པར་ནི། རྐང་པའི་བྲང་ས་ལ་བཙུགས་ཤིང་ རྟིང་བ་གཉིས་གྱེན་དུ་བསྟན་པའི་སྟེང་དུ་འཕོང་བཞག་པའམ། དེ་མི་བདེ་ན་རྐང་མཐིལ་ས་ ལ་བཞག་པས་ཙོག་པུའི་འདུག་སྟངས་དང་རླུང་རོ་བསལ་བའི་སྐབས་སུ་ལག་པ་གཉིས་གྱེན་ དུ་བརྐྱངས་ཤིང༌། འོག་རླུང་དྲག་ཏུ་འཐེན་ཞིང༌། འཕོང་ཡང་ཅུང་ཟད་བཏེག་ཅིང༌། རླུང་ཕྱི་ རོལ་ཏུ་ཅུང་ཟད་བཟུང༌། ནང་དུ་རྔུབ་པ་དང་མཉམ་དུ་ལག་པ་གཉིས་ཁུ་ཚུར་བཅིངས་པ་ལ་ མཆན་ཁུང་གཡས་གཡོན་གཉིས་སུ་བཅུག་ཅིང༌། པུས་མོ་གཉིས་ས་ལ་བཙུགས་ཤིང་འཕོང་ ཡང་རྟིང་བའི་སྟེང་དུ་བཞག །རླུང་ཁ་སྦྱོར་དུ་བཟུང་ཞིང་དེ་ནས་རླུང་ཁ་སྦྱོར་དེ་ཉིད་སྟོད་དུ་ འཐེན་ཞིང༌། མགོ་དང་རོ་སྟོད་གཡས་སུ་ལན་གསུམ་བསྐོར་བ་དང༌། གཡོན་དུ་ལན་གསུམ་ བསྐོར་བར་བྱ། རླུང་ཕྱིར་འབུད་པའི་ཚེ་ལག་པ་གཉིས་གྱེན་དུ་བརྐྱང་བ་སོགས་སྔར་བཞིན་ བྱའོ། །དམིགས་པ་ནི། ལུས་ཀྱི་སྨད་ཀྱི་ཆ་ནས་ཐུར་སེལ་གྱི་རླུང་གཙོ་བོར་གྱུར་པའི་རླུང་ རྣམས་ཁ་དོག་སྣ་ཚོགས་པའི་རྣམ་པས་བྱུང་སྟེ། སྲིན་ཞལ་གྱི་ཞལ་ནས་ཞུགས། མ་ཧེའི་དབུ་ མའི་ནང་ནས་བརྒྱུད། རྐན་སྦུབས་ཀྱི་དབུ་མའི་མས་སྣ་ནས་ཞུགས་ཏེ་སོར་བཞི་ཙམ་ནས་ ཡལ་བར་བསམ་མོ། །འདི་ནི་ཐུར་སེལ་གྱི་རླུང་སྟོད་དུ་འདྲེན་པའི་ཐབས་སོ། ། སྲོག་གི་རླུང་སྨད་དུ་འདྲེན་པའི་ཐབས་ནི། ལུས་གནད་སེམས་དཔའི་སྐྱིལ་ཀྲུང་ལ་ལག་ པ་གཡས་གཡོན་གཉིས་ཀྱིས་རྐང་བའི་བོལ་གོང་གི་སྟོད་ཙམ་ལ་འཇུ་བའམ། ཡང་ན་དེ་དང་ 2-1-360 དེའི་ཐད་ཀྱི་གདན་སྟེང་དུ་བཙུགས་ལ། རོ་སྟོད་སྒུར་བ་དང༌། དགྱེ་བ་རེ་མོས་སུ་བཤད་ཀྱང༌། རླུང་ཕྱིར་འབུད་པའི་ཚེ་སྒུར་བ་དང༌། གཞན་རོ་སྟོད་སོགས་ལུས་སྐྱེད་པར་བྱ་ཞིང༌། རླུང་ སྦྱོར་ནི། རླུང་རོ་བསལ་བའི་ཚེ་ཐུར་སེལ་གྱི་རླུང་ཡང་དྲག་ཏུ་འཐེན་ནས། ཁ་སྣ་གཉིས་ཀར་ ནས་རྔུབ་ལ་ནང་དུ་འཛིན་པའི་ཚེ། འོག་རླུང་རང་གནས་སུ་བཞག་ཅིང༌། སྟེང་རླུང་གསང་ གནས་ཀྱི་བུ་གའི་ཕྱོགས་སུ་དྲག་ཏུ་གནོན་པ་དང༌། བཤང་སྒོའི་ཕྱོགས་སུ་འཕུལ་བ་རེ་མོས་ སུ་བྱ། དེ་ནས་རླུང་ཕྱིར་འབུད་པའི་ཚེ། ཐུར་སེལ་འཐེན་ཞིང་རྔུབ་པའི་ཚེ་ཁ་སྣ་གཉིས་ཀར་ ནས་དུས་གཅིག་ཏུ་རྔུབ་པ་སོགས་སྔར་བཞིན་བྱའོ། །དམིགས་པ་ནི། ལྟེ་འོག་གི་མ་ཧེའི་ཞལ་ སོགས་དགུ་ཆར་ཡོད་པ་ལ་ལམ་ཙམ་དམིགས་ལ། གཙོ་བོར་སྲིན་ཞལ་གྱི་སྟེང་དུ་འཇམ་ དཔལ་གྱི་ཞལ་སེར་པོ་བསྒོམ་ལ། ལུས་ཀྱི་སྟོད་ཀྱི་ཆ་མགོ་བོ་དང་ལག་པའི་སོར་མོ་ཚུན་ཆད་ ཀྱི་ནང་ནས་རླུང་ཁ་དོག་སྣ་ཚོགས་པ་དཔག་ཏུ་མེད་པ་བྱུང་བ་རྣམས་འཇམ་དཔལ་གྱི་ཞལ་ ནས་ཞུགས། སྲིན་ཞལ་དང་མ་ཧེའི་དབུ་གཙུག་ནས་བརྒྱུད་དེ། མ་ཧེའི་ཞལ་གྱི་ནང་ཙམ་དུ་ ཡལ་བར་བསམ་མོ། ། སྲོག་དང་ཐུར་སེལ་མཉམ་པར་བྱེད་པའི་ཐབས་ནི། རྩ་ཞལ་ལ་བརྟེན་ནས་སྒོམ་པ་སྟེ་ ལུས་གནད་ནི་རྐང་པ་ཡ་གཅིག་གིས་བཤང་སྒོ་བཀག་ཅིང༌། ཡ་གཅིག་གིས་གསང་གནས་ མནན། ལག་པ་ཁུ་ཚུར་བརླའི་སྟེང་དུ་བཞག་ཅིང༌། མིག་སྟེང་དུ་བལྟའོ། །རླུང་སྦྱོར་ནི། ཁ་ སྣ་གཉིས་ཀར་ནས་རླུང་བུས་ཤིང༌། ནང་དུ་སྣ་ནས་རྔུབ་ལ་ཁ་སྦྱོར་དུ་བཟུང་ཞིང༌། ལྟོ་བ་ ཚིགས་པ་ལ་གཅེར། མིག་གྱེན་དུ་བསྒྲད་ལ། རྐང་ལག་གིས་སོར་མོ་བསྐུམས་ཤིང་ལུས་ཀྱི་ ཉྭ་བཞི་བསྒྲིམ་མོ། །དམིགས་པ་ནི། ལྟེ་འོག་གི་མ་ཧེའི་ཞལ་གྱི་ནང་ཙམ་དུ། རཾ་མཾ་ཀྵ་དམར་ པོ་ཞིག་གསལ་འདེབས་པ་ལས་རཾ་སྒོམ་པ་གཙོ་ཆེ། རང་གི་སྙིང་གའི་ཐད་ཀྱི་དབུ་མའི་ནང་ དུ་ཧཱུཾ་སྔོན་པོ་འོད་ཟེར་འཕྲོ་བ་ཞིག་བསྒོམ། སྤྱི་བོའི་ཐད་ཀྱི་དབུ་མའི་ནང་དུ་ཧཾ་དཀར་པོ་མགོ་ 2-1-361 ཐུར་དུ་བསྟན་པ་ཞིག་དམིགས་ལ། རཾ་ལས་མེ་འབར་དབུ་མའི་ནང་དུ་བརྒྱུད་དེ། སྤྱི་བོའི་ཧཾ་ ལ་རེག་པས་ཧཾ་ལས་བདུད་རྩིའི་རྒྱུན་བབས་པ། སྙིང་གའི་ཧཱུཾ་ལ་བབས་པས་ཚིམ་ཞིང་རྒྱས་ པར་བསམ་ལ་གཏུམ་མོའི་མེ་རང་གནས་སུ་ལོག །ཡང་གཏུམ་མོའི་མེ་འབར་བ་སོགས་སྔར་ བཞིན་བསྒོམ་མོ། །འདི་ལ་སྦྱོར་བ་དྲུག་དང་ལྡན་པ་སྟེ དབང་པོའི་མཆོག་གྱེན་དུ་བགྲད་པ་ དང༌། རོ་འཛིན་རྐན་ལ་སྦྱར་བ་དང༌། རྒྱ་མཚོ་རི་རབ་ལ་གཅེར་བ་དང༌། གླིང་བཞི་དབང་དུ་ བསྡུ་བ་དང༌། རླུང་ཕྱིར་འབུད་པའི་ཚེ་ཁ་སྣ་གཉིས་ཅར་ནས་བུམ་པའི་སྟོབས་ཀྱིས་ཧའི་སྒྲ་ འབྱུང་བའི་ངག་གི་འགྱུར་བ་དང༌། ལུས་ཉྭ་བཞི་བསྒྲིམས་པ་དང་དྲུག །རྐང་པ་གཡས་གཡོན་ གཉིས་ཀྱི་རྟིང་པས་བཤང་སྒོ་འགག་པ་དང༌། གསང་གནས་གནོད་པ་གཉིས་རེས་མོས་སུ་བྱ། དེ་དག་ནི་རྭ་སྒོམ་པའི་ཞལ་ཤེས་སམ་ཞལ་དགུའི་རྫོགས་རིམ་མོ། ། གསུམ་པ་མཚན་མ་གྱེན་བསྒྲེང་ལ། སྔོན་འགྲོ་དང༌། དངོས་གཞི་དང༌། རྗེས་གསུམ་ ལས། དང་པོ་ནི། རང་ཉིད་རྡོ་རྗེ་འཇིགས་བྱེད་དུ་གསལ་བའི་ལུས་ཀྱི་དབུས་སུ་རྩ་དབུ་མ་ཆོས་ བཞི་དང་ལྡན་པ་ཡས་སྣ་སྤྱི་གཙུག་ཏུ་ཟུག་ཅིང་མས་སྣ་གསང་གནས་སུ་ཟུག་པའི་སྤྱི་བོར་ཧཾ་ དཀར་པོ། རྡོ་རྗེ་ནོར་བུར་ཐིག་ལེ་ཡུངས་འབྲུ་ཙམ་མམ་སྲན་མ་ཙམ་ཁ་དོག་དཀར་པོ་ཞིག་ བསྒོམ་ལ། ལུས་གནད་ལེགས་པར་བཅས་ལ། ཧཱུཾ་གི་སྒྲས་རླུང་ཕྱིར་འབུད་པའི་ཚེ་རྡོ་རྗེ་ནོར་ བུའི་ཐིག་ལེ་དབུ་མའི་ནང་ནས་ཡར་ཧྲིལ་གྱིས་སོང་སྟེ། སྤྱི་བོའི་ཧཾ་ལ་ཐིམ་པར་བསམ། ཧཾ་ དེ་ཉིད་འདར་ཁྲིལ་ཁྲིལ་འདུག་པ་ལ་སེམས་གཏད་ལ། རླུང་ཕྱིར་ཐུབ་ཚད་དུ་བཟུང༌། ནང་ དུ་རྔུབ་པའི་ཚེ་སྤྱི་བོའི་ཧཾ་ལས་ཐིག་ལེ་སྐྱ་ཧྲིལ་གྱིས་བྱུང་སྟེ། དབུ་མའི་ནང་ནས་མར་སོང་སྟེ་ རྡོ་རྗེ་ནོར་བུར་ལྷན་གྱིས་སླེབ་པར་བསམ་ལ་དེ་ལ་སེམས་གཏད་ཅིང་རླུང་ཅུང་ཟད་བཟུང་ངོ༌། །དེའི་གོ་ཟློག་ནི། རང་གི་སྤྱི་བོར་དབུ་མའི་ནང་དུ་ཐིག་ལེ་དམར་པོ། རྡོ་རྗེ་ནོར་བུའི་རྩེ་མོར་ 2-1-362 ཨ་དམར་པོར་བསྒོམ་ལ། རླུང་རོ་བསལ། རླུང་ནང་དུ་རྔུབ་པའི་ཚེ་ཧྲཱིཿསྒྲ་ཡིད་ལ་དྲན་པར་ བྱས་ཏེ་རྔུབ་ལ། རྔུབ་པ་རྫོགས་མཚམས་སུ་ཥྚིཿ་ཞེས་པའི་སྒྲ་ཡིད་ལ་དྲན་པར་བྱེད་ཅིང༌། དེའི་ སྐབས་སུ་དམིགས་པ་ནི། སྤྱི་བོའི་ཐིག་ལེ་དམར་ཧྲིལ་གྱིས་དབུ་མའི་ནང་ནས་མར་སོང་སྟེ། ནོར་བུའི་ཨ་ལ་ཐིམ་གྱིས་ཐིམ་པར་བསམ་ཞིང༌། ཨ་འདར་ཁྲིལ་ཁྲིལ་འདུག་པ་ལ་སེམས་ གཏད་ཅིང༌། རླུང་ཁ་སྦྱོར་ཐུབ་ཚད་དུ་བཟུང༌། རླུང་ཕྱིར་འབུད་པའི་ཚེ་ནོར་བུ་ནས་ཐིག་ལེ་ དམར་ཧྲིལ་གྱིས་བྱུང༌། དབུ་མའི་ནང་ནས་ཡར་སོང༌། སྤྱི་བོར་སླེབ་པར་བསམ་མོ། །དེ་ནས་ རང་ཉིད་འཇིགས་བྱེད་དུ་གསལ་བའི་ལུས་ཀྱི་དབུས་སུ་རྩ་དབུ་མ། སྙིང་ག་དང་ལྟེ་བར་ཧཱུཾ་རེ་ རེ་བསྒོམ། དེ་ནས་རླུང་ཕྱིར་ཁ་ནས་ཧའི་སྒྲས་བུས་ལ། ནང་དུ་རྔུབ་པའི་ཚེ་སྣ་ནས་རྔུབ་ཅིང༌། ཧའི་སྒྲ་ཡིད་ལ་དྲན་པར་བྱ། དེ་ནས་རླུང་ཁ་སྦྱོར་དུ་བཟུང་ལ་དེ་ཉིད་ཕོ་བར་དྲངས་ཤིང༌། ཕོ་ སྟོད་ཀྱི་ཆ་ལྡིར་བར་བྱ་ཞིང༌། སྙིང་གའི་ཧཱུཾ་ལ་སེམས་གཏད། ཡང་ཁ་སྦྱོར་དེ་ཉིད་རྒྱུ་ཞབས་སུ་ མནན་ཞིང་ཕྱིར་བསྐྱེད་ལ་ལྡིར་བ་བྱ་ཞིང་ལྟེ་བའི་ཧཱུཾ་ལ་སེམས་གཏད་དོ། ། གཉིས་པ་དངོས་གཞི་ལ། དངོས་དང་། བོགས་འདོན་གཉིས་ལས། དང་པོ་ནི། ལུས་ གནད་སྤྱི་དང་མཐུན་པར་བཅས་ལ། ལྟ་སྟངས་སྨིན་མཚམས་ཀྱི་ཐད་ཀྱི་ནམ་མཁའ་ལ་བལྟ། རླུང་སྦྱོར་ནི། རླུང་རོ་བསལ་ལ་རླུང་ཕྱི་རོལ་ཏུ་ཐུབ་ཚད་དུ་བཟུང་ཞིང༌། མ་ནིང་གི་རླུང་གི་ མིང་ཅན་ཁོག་ནང་གི་རླུང་ཤུགས་ཡང་ཁ་སྦྱོར་དུ་བཟུང༌། རླུང་བུས་ལ་ཕྱི་རོལ་ཏུ་གཞིལ་བ་ ཡང་བྱའོ། ། གཉིས་པ་བོགས་འདོན་ལ། རླུང་སྦྱོར་གསུམ་ལས། དང་པོ་ནི། ལུས་བསྐྱེད་ཅིང་ལག་ པ་གཉིས་ཁུ་ཚུར་བཅིངས་ཏེ་བསྣོལ་བ་རྒྱབ་ཏུ་ས་ལ་བཙུགས། རླུང་སངས་ཀྱིས་བུས་ལ་ ཕྱིར་ཐུབ་ཚད་དུ་བཟུང༌། ནང་གི་རླུང་གི་ཤུགས་ཁ་སྦྱོར་དུ་བཟུང་བ་དེ་ཉིད་སྟོད་དུ་འཐེན་ འཐེན་བྱ་ཞིང་ཕྱིར་བུས་ལ་གཞིལ་བ་ཡང་བྱའོ། །རླུང་སྦྱོར་གཉིས་པ་ནི། ལུས་ཅུང་ཟད་སྒུར་ 2-1-363 བའི་ལག་པ་ཁུ་ཚུར། བཅིངས་པ་མདུན་དུ་ས་ལ་བཞག །རླུང་རོ་བསལ་ལ་ཕྱི་རོལ་ཏུ་ཐུབ་ ཚད་དུ་བཟུང༌། དེ་ནས་ནང་དུ་རྔུབ་ལ་རླུང་ཁ་སྦྱོར་དུ་བཟུང་ཞིང་སྐེད་པ་ཉག་བྱ། མི་ཐུབ་པ་ ན་ཁ་ནས་གཏོང་ངོ༌། །རླུང་སྦྱོར་གསུམ་པ་ནི། ལུས་གནད་ལག་པ་ཁུ་ཚུར་བརླ་བཞག་གམ། བརླའི་རྩ་བའི་གདན་སྟེང་དུ་བཞག་ལ་རླུང་རོ་བསལ། ཕྱིར་ཐུབ་ཚད་དུ་བཟུང༌། ནང་དུ་ཁོག་ ནང་གི་གསང་གནས་ཀྱི་རླུང་གི་ཤུགས་དང༌། བཤང་སྒོའི་རླུང་གི་ཤུགས་གཉིས་དུས་གཅིག་ ཏུ་འཐེན། དུས་གཅིག་ཏུ་འཐེན་མི་ཐུབ་ན་རེས་མོས་ཀྱིས་འཐེན། དེ་ནས་རླུང་ནང་དུ་རྔུབ་ལ་ ཁ་སྦྱོར་དུ་བཟུང༌། དེ་ཉིད་མདུན་གསང་གནས་ཕྱོགས་སུ་གནོན་པ་དང༌། རྒྱབ་བཤང་སྒོའི་ ཕྱོགས་སུ་གནོན་པ་རེས་མོས་བྱ་ཞིང༌། དེ་ནས་རླུང་གཏོང༌། དངོས་གཞི་དང༌། བོགས་འདོན་ གྱི་སྐབས་ཀྱི་དམིགས་པ་ནི། མི་རྟོག་པར་འཇོག་པ་ཁོ་ན་ཉིད་ཡིན་ཞིང༌། དེ་ལྟར་ཐབས་དེ་ རྣམས་ལ་བརྟེན་ནས་བསྒོམས་པས་རླུང་ནང་དུ་རྔུབ་རྒྱུ་མེད་པར་ཕྱི་རོལ་ཏུ་ཡལ་བ་ལྟ་བུར་ གྱུར་ན་ཅུང་ཟད་འབྱོངས་པ་ཡིན་ཞིང༌། དེ་ནས་ཡོན་ཏན་རྣམས་རིམ་གྱིས་སྐྱེའོ། །དེ་ཡང་ཡུན་ རིང་དུ་དངོས་གཞིའི་རླུང་སྦྱོར་དེ་ཉིད་གོམས་པར་བྱས་ལ། དེའི་རྗེས་སུ་བོགས་འདོན་གྱི་རླུང་ སྦྱོར་དང་པོ་ལྟ་བུ་ཞིག་ཐུན་གྱི་རྗེས་སུ་བཅུ་གཅིག་གམ་ཉེར་གཅིག་ལ་སོགས་པར་བསྒོམ་པ་ ཞག་བདུན་ལ་སོགས་པར་བྱའོ། །དེ་བཞིན་དུ་རླུང་སྦྱོར་གཉིས་པ་དང༌། གསུམ་པ་ལ་སོགས་ པ་ཡང་དེ་མཚུངས་བྱ་ཞིང༌། མཐར་གསུམ་ཆར་ཐུན་གྱི་རྗེས་སུ་གྲངས་ཇི་ལྟར་རིགས་པ་ བསྒོམ་པ་ཞག་བདུན་ལ་སོགས་པར་བྱའོ། །བོགས་འདོན་གྱི་དམིགས་པ་འདི་རྣམས་སྐབས་ སུ་བྱ་བ་ཡིན་གྱིས་དུས་རྒྱུན་དུ་དངོས་གཞིའི་རླུང་སྦྱོར་ཉིད་སྒོམ་མོ། ། གསུམ་པ་རྗེས་ལ། འདྲེན་དང་འགྲེམ་གཉིས་ལས། དང་པོ་ལ། ཐུན་མོང་དང་ཐུན་མོང་ མ་ཡིན་པ་གཉིས་ཡོད་པ་ལས། དང་པོ་ལ་ཐིག་ལེ་བཟུང་བ་ནི། མིག་སྟེང་དུ་བསྒྲད། ལག་ པའི་སོར་མོ་ཤིན་ཏུ་བསྐུམ་པ་སྙིང་གའི་ཐད་དུ་བསྣོལ་བའམ། ཡང་ན་བྲང་གཡས་གཡོན་ 2-1-364 གཉིས་ཀྱི་ཐད་དུ་སྦྱར། རྐང་པའི་སོར་མོ་རྣམས་ཤིན་ཏུ་བསྐུམ་པར་བྱས་ལ། ལུས་ཉྭ་བཞི་ སྒྲིམ་ཞིང་ལྟོ་བ་ཚིགས་པ་ལ་གཅེར། ཐུར་སེལ་གྱི་རླུང་བཤང་སྒོར་དྲག་ཏུ་གློད་དོ། །ཐིག་ལེ་ ཟློག་པ་ནི། དུད་འགྲོའི་འགྱུར་བ་བཞི་ལས། གླང་ཆེན་ཧིཾ་ནི། ལུས་གནད་སེམས་སྐྱིལ་ལམ། པུས་མོ་གཉིས་བཙུགས་པ་ལས། ལག་པ་གཉིས་མདུན་དུ་བཙུགས་ལ་ལུས་ཅུང་ཟད་སྒུར་ བར་བྱ། སྣ་ནས་ཧིཾ་གི་སྒྲས་རླུང་ཕྱིར་བསལ་ལ། ལུས་ཅུང་ཟད་སྒུར་བ་དང༌། དེ་ནས་མགོ་ དང་ལྟག་པ་བསྐྱེད་བྱས་ལ། ལྟོ་བ་ཚིགས་པ་ལ་གཅེར་བར་བྱའོ། །སྟག་མོའི་ངུར་ནི། ལུས་ གནད་བྱེད་ལུགས་སྤྱི་གོང་དང་འདྲ་བ་ལས། རླུང་སྣ་ནས་ངུར་སྒྲ་དང་བཅས་འབུད་པའོ། །ཅེ་ སྤྱང་ཧག་ནི། གཞན་སྔར་དང་འདྲ་བ་ལས། རླུང་ཁ་ནས་ཧག་ཅེས་པའི་སྒྲས་འབུད་པའོ། །ཝ་ ཡི་སྣོམ་ནི། རླུང་སྣ་ནས་བུས་ལ་འབུད་ཐག་ཆོད་པ་དང༌། སླར་ཡང་ནང་དུ་མ་རྔུབ་པར་ལན་ གསུམ་ལ་སོགས་པ་འབུད་དོ། ། གཉིས་པ་ཐུན་མོང་མ་ཡིན་པ་ལ་དངོས་དང༌། ཡན་ལག་གཉིས་ལས། དང་པོ་བཟུང་བ་ ནི། ལུས་གནད་སྤྱི་དང་མཐུན་པར་བཅས་ལ་རླུང་རོ་བསལ། འོག་སྒོ་གློད་ནང་དུ་རྔུབ་ཅིང༌། སྟེང་རླུང་བཤང་སྒོའི་གནས་སུ་དྲག་ཏུ་མནན་ཅིང༌། དེ་ནས་རླུང་གི་ཤུགས་མདུན་ཕྱོགས་སུ་ ཕུལ་ལ། གསུས་པ་ལྡིར་གྱིས་བྱ་ཞིང་གསང་གནས་ནས་སླར་ཡང་གྱེན་དུ་ལོག་སྟེ། སྐེད་པའི་ ཐད་ཙམ་དུ་སླེབ་པར་བསམ་ལ་སྐེད་པ་ཉག་བྱའོ། །དེ་ལྟ་བུ་ལན་གསུམ་བྱའོ། །ཐུན་མོང་མ་ ཡིན་པའི་བཟློག་པ་ནི། ལུས་སྤྱི་གཡོན་ཕྱོགས་སུ་གཅུས་ཏེ། སོག་རྩེ་འཕྲོད་པར་བྱ། མགོ་ གཡས་སུ་གཅུས་ལ་རླུང་སྣ་ནས་བུས་ལ་སྟོང་འདྲེན་བྱ། དེ་ནས་རླུང་ནང་དུ་བཟུང་ལ། ལུས་ དྲང་པོར་བསྲངས་ཏེ། ལྟོ་བ་གཡོན་དུ་ལན་གསུམ་བསྐོར། དེ་རྗེས་མགོ་དང་རོ་སྟོད་ཡང་ལན་ གསུམ་དུ་བསྐོར་རོ། །དེ་རྗེས་རླུང་བུས་ལ་སྟོང་འདྲེན་བྱའོ། །གཡས་ཕྱོགས་ལ་ཡང་དེ་གོ་ ཟློག་པའོ། །དེ་ནི་ཐུན་མོང་མ་ཡིན་པའི་སྟོང་འདྲེན་གྱི་རླུང་སྦྱོར་དངོས་སོ། ། 2-1-365 གཉིས་པ་ཡན་ལག་ལའང་གཉིས་ལས། དང་པོ་ནི་ལག་གཉིས་བསྣོལ་བ་རྒྱབ་ཏུ་ བཙུགས། རྐང་པ་སྐྱིལ་ཀྲུང་བྱ། དེ་ནས་རླུང་སངས་ཀྱིས་བུས་ལ་ཕྱི་རོལ་ཏུ་བཟུང་ཞིང༌། ལྟག་ པ་སྐྱེད་ལ་སྟོང་འདྲེན་བྱ། དེ་ནས་རྔུབ་ལ་རླུང་ཁ་སྦྱོར་དུ་བཟུང་ལ་དགང་འདྲེན་བྱའོ། ། གཉིས་པ་ནི། ལག་པ་གཉིས་བསྣོལ་བ་མདུན་དུ་བཙུགས། ལུས་ཅུང་ཟད་སྒུར་ལ། རླུང་ རོ་བསལ་ཞིང༌། རླུང་ཕྱི་རོལ་ཏུ་བཟུང་ལ་ལྟག་པ་སྒུར་ཞིང་སྟོང་འདྲེན་བྱ། ཡང་ནང་དུ་རྔུབ་ ཅིང་ཁ་སྦྱོར་དུ་བཟུང་ལ་དགང་འདྲེན་བྱའོ། །གཉིས་པ་འགྲིམས་ལ་ཐུན་མོང་དང་ཐུན་མོང་ མ་ཡིན་པ་གཉིས་ལས། ཐུན་མོང་བ་ནི། སེང་གེ་རྣམ་རོལ་སྤྱི་དང་མཐུན་པ་དེ་ཡིན་ཞིང༌། ཐུན་ མོང་མ་ཡིན་པ་ལ་སྡོམ་ནི། ལག་པ་ཞགས་པ་འཕང་ཞིང་དཀྲུག་སྡེབ་བྱ། ཞེས་པའི་དོན་ནི། རླུང་བཟུང་ཞིང༌། ལག་པ་གཡས་མགོ་ལ་བསྐོར་ཞིང༌། ལན་གསུམ་ཞགས་པ་ལྟར་འཕངས། དེ་བཞིན་དུ་གཡོན་པ་ལ་ཡང་བྱ། ལག་པ་གཉིས་དུས་གཅིག་ཏུ་འཕངས་ཤིང༌། མགོ་དང་ ལུས་སྤྲུག་པ་དང༌། འཕོངས་ས་ལ་བསྡེབས་སོ། །དེ་བཞིན་དུ་རླུང་ཕྱིར་བཏང་ཞིང་ཧ་སྒྲ་དང་ བཅས་ལ་མགོ་ལུས་སྤྲུག་ཅིང༌། འཕོང་ས་ལ་བརྡེབས་སོ། །ཡང་སྡོམ་ནི། ཁུ་ཚུར་པུས་མོར་ བཞག་ལ་གཅུས་ཤིང་སྤྲུག་ཅེས་པ། ལག་པ་གཉིས་ཁུ་ཚུར་བྱས་པ་པུས་མོའི་སྟེང་དུ་བཞག །རླུང་བཟུང་ལ་རོ་སྟོད་གཡས་སུ་གཅུ་བ་དང༌། གཡོན་དུ་གཅུ་བ་བྱ་ཞིང༌། མགོ་ལུས་ཐམས་ ཅད་སྤྲུག་གོ །ཡང་སྡོམ་ནི། ཁུ་ཚུར་པུས་མོ་ནས་བརྩམས་ནུ་ཐད་དྲངས། །གྲུ་མོ་བརྒྱངས་ལ་ རྩིབས་ལོག་ངོས་ལ་བརྡེག །ཅེས་པའི་དོན་ནི། ལག་པ་ཁུ་ཚུར་པུས་མོ་ནས་བརྩམས་ནས་ནུ་ མའི་ཐད་དུ་དྲངས། གྲུ་མོ་བརྒྱངས་ལ་རྩིབས་མའི་ངོས་ལ་ལན་གསུམ་བརྡེག་གོ ། (འདིར་སྡོམ་ནི། །རོ་སྟོད་སྒུར་ཞིང་ལག་གཉིས་ཆུར་བཙལ་ཏེ། །གཡས་གཡོན་དབུས་སུ་དྲག་ཏུ་བརྐྱང་བ་དང༌། །རླུང་ ཕྱིར་བཟུང་ལ་རྡོར་བསྡམ་སྤྱི་བོར་བརྡེག །ནང་དུ་རྔུབ་ལ་མཉམ་བཞག་བྱ་བའོ། །ངག་དབང་ཚོགས་གཉིས་རྒྱ་མཚོའི་མཆན་ ཡིན།) ལག་པ་གཉིས་ཤེད་བཅུག་སྟེ། རོ་སྟོད་སྒུར་ཞིང་གྱེན་ངོས་ཀྱི་གཡས་ཕྱོགས་སུ་དྲག་ཏུ་ 2-1-366 སྐྱོང་བ་དང༌། གཡོན་ཕྱོགས་སུ་ཡང་སྐྱོང་བ་དང༌། དབུས་དྲང་ཐད་མགོའི་ཐད་དུ་ཡང་དྲག་ ཏུ་བརྐྱངས་ཤིང༌། རླུང་ཕྱིར་ཅུང་ཟད་བཟུང་ལ། དེ་ནས་ལག་པའི་སོར་མོ་རྣམས་ཕན་ཚུན་ བསྣོལ་བའི་ལག་མཐིལ་སྤྱི་གཙུག་ལ་བརྡེག་ཅིང༌། རླུང་རྔུབ་ལ་ནང་དུ་བཟུང༌། ལག་པ་ མཉམ་བཞག་བྱའོ། ། དེ་ནས་རླུང་དང་བསྲེ་བ་ནི། རླུང་བུམ་པ་ཅན་འཛིན་པའོ། །དབྱིངས་སུ་སྐྱེལ་བ་ནི། དངོས་གཞིའི་རླུང་སྦྱོར་ཅི་རིགས་བསྒོམ་ཞིང༌། སེམས་མི་རྟོག་པར་བཞག་གོ །སྐབས་འདིར་ གོང་གི་ཧྲཱིཿཥྚིཿཧ་ཞེས་པའི་རླུང་ཁ་སྦྱོར་ཡང་སྦྱར་རོ། །དེ་དག་གིས་ནི་མཚན་མོ་རྒྱུ་བའི་ཞལ་ གདམས་རྣམས་སོང་ནས། དེའི་རྗེས་སུ་ཡན་ལག་ཕྲ་མོ་རྣམས་སྟོན་པ་ལས། དང་པོ་རྭའི་ ཁྲིད་ནི། རྭ་ཞལ་མི་བྱེད་ན། རྭ་ཐུང་བ་ལ་སོར་བཅུ་དྲུག་པ་དང༌། རིང་པ་ལ་ཉི་ཤུའོ། །རྭ་ཞལ་ བྱེད་ན་ཐུང་བ་སོར་ཉི་ཤུ་དང༌། རིང་པ་ཉི་ཤུ་རྩ་བཞིའོ། །དེ་ལ་ཐོག་མར་སོར་ཉི་ཤུའི་དབང་ དུ་བྱས་ཏེ། རང་ཉིད་འཇིགས་བྱེད་ཆེན་པོར་གསལ་བའི་རྭ་ཤིན་ཏུ་རྣོ་བ། སོར་ཉི་ཤུའི་ཚད་དུ་ ཡོད་པའི་གཡས་ཕྱོགས་ཀྱི་རྭའི་ནང་དུ་རྩེ་མོ་ནས་བརྩམས་ཏེ། ༀ་ཡ་མ་རཱ་ཛ་ས་དོ་མེ་ཡ་ཡ་ མེ་དོ་རུ་ཎ་ཡོ་ད་ཡ་ཧཱུཾ་ཧཱུཾ་ཕཊ། ཅེས་པའི་ཡི་གེ་ཉི་ཤུ་པ་ཁ་དོག་སྔོན་པོར་ཡོད་པ་ལ་དམིགས་ ལ་སྔགས་དེ་ཉིད་བཟླའོ། །གཡོན་ཕྱོགས་ཀྱི་རྭའི་ནང་དུ་རྩེ་མོ་ནས་བརྩམས་ལ། ༀ་ཡ་ད་ཡོ་ ནི་ར་ཡ་ཀྵེ་ཡ་ཡ་ཀྵེ་ཡཙྪ་ནི་ར་མ་ཡ་ཧཱུཾ་ཧཱུཾ་ཕཊ། ཅེས་པ་ཁ་དོག་སྔོན་པོར་ཡོད་པ་ལ་དམིགས་ ལ་སྔགས་དེ་ཉིད་བཟླའོ། །སྔགས་ཚན་གཉིས་པོ་རྭ་གཡས་གཡོན་གཉིས་ལ་ཐུན་རེ་མོས་ བྱ་ཞིང༌། ཚུལ་དེ་ལྟ་བུས་ཁྲི་ཕྲག་གཅིག་གིས་བསྙེན་པ་བྱའོ། །གྲངས་བསྙེན་སོང་ནས། ཚེ་ སྒྲུབ་ཀྱི་དམིགས་པ་ནི། རྭ་ནང་གི་སྔགས་རྣམས་ཁ་དོག་དཀར་པོ་བསྒོམ་ཞིང་སྙིང་གར་ཉི་མ་ ལ་ཧཱུཾ་སྔོན་པོ་དམིགས་ལ། རྭ་གཡས་གཡོན་གྱི་ནང་གི་སྔགས་རྣམས་ལས་བདུད་རྩི་དཀར་ པོ་དཔག་ཏུ་མེད་པ་བྱུང་རྭའི་ནང་ཁེངས་པས། རྭ་སྔོ་སངས་དུ་སོང་སྟེ། རྭའི་ཕྱི་རོལ་ཏུ་མེ་ལྕེ་ 2-1-367 ལྷབ་སྟེ་འབར། རྭ་ནང་གི་བདུད་རྩི་རྣམས་རིམ་གྱིས་ཞལ་གྱི་རྐན་སྦུབས་སུ་སླེབ་པར་བསམ། ཕྱག་གཡོན་གྱི་ཐོད་པའི་ནང་གི་བདུད་རྩི་ཡ་ཀྵེ་མ་མེ་ད་ཞེས་པའམ། བྷྲུཾ་ཨཾ་ཛྲཾ་ཁཾ་ཧཱུཾ་ཞེས་པ་ ཡོངས་སུ་གྱུར་པ་ལས་བདུད་རྩི་དཔག་ཏུ་མེད་པར་གྱུར། བརྟན་གཡོ་སྣོད་བཅུད་ཐམས་ཅད་ ཀྱི་བཀྲག་མདངས་ཡེ་ཤེས་མི་ཤིགས་པ་ཐམས་ཅད་བཀུག་སྟེ། དེ་ལ་ཐིམ་པ་རྩ་ཞལ་གྱིས་ དྲངས་ཏེ། ཞལ་དུ་སླེབ་པ་རྭ་ནང་ནས་བྱུང་བའི་བདུད་རྩི་རྣམས་དང་འདྲེས་ཏེ། ཐུགས་ཀའི་ ཧཱུཾ་ལ་ཐིམ་པས། བཀྲག་མདངས་དང་གཟི་བརྗིད་རྒྱས་པར་བསམ་ལ། རླུང་བུམ་ཅན་བཟུང་ ཞིང༌། ཡིད་ཀྱིས་ཧྲཱིཿཥྚིཿཡི་མཐར། ཡ་མཱནྟ་ཀ་ༀ་བྷྲཱུཾ་བཛྲ་ཨཱ་ཡུ་ཤེ་ཛཿཧཱུཾ་ཨཿཞེས་འགོག་བཟླས་ ཀྱི་ཚུལ་གྱིས་བཟླ། དེ་ལྟ་བུ་མི་ཐུབ་ན་ཐོག་མར་རླུང་ཅི་རིགས་བཟུང་ལ། དེ་ནས་ངག་བཟླས་ བྱའོ། །རྭ་རིང་བའི་སྒོམ་ཚུལ་ནི། སོར་ཉི་ཤུ་རྩ་བཞི་ཡོད་པའི་རྩེ་མོར་ཐིག་ལེ། ༀ་ཡ་མཱནྟ་ཀ་ ཡ་མ་རཱ་ཛ་ས་དོ་མེ་ཡ་ཡ་མེ་དོ་རུ་ཎ་ཡོ་ད་ཡ་ཧཱུཾ་ཧཱུཾ་ཕཊ། ཅེས་པ་དང༌། གཡོན་ཕྱོགས་སུ་ཡང་ རྩེ་མོར་ཐིག་ལེ། དེ་ནས། ༀ་ཡ་མཱནྟ་ཀ་ཡ་ད་ཡོ་ནི་ར་ཡ་ཀྵེ་ཡ་ཡ་ཀྵེ་ཡཙྪ་ནི་ར་མ་ཡ་ཧཱུཾ་ཧཱུཾ་ཕཊ། ཅེས་པ་བཀོད་ལ་གཞན་སྔར་དང་འདྲའོ། །རྭ་ཐུང་བར་བསྒོམ་ན་སོར་བཅུ་དྲུག་ཡོད་པའི་ གཡས་ཕྱོགས་ལ་ཡ་མ་རཱ་ཛའི་ཡི་གེ་བཅུ་དྲུག་དང༌། གཡོན་ཕྱོགས་ལ་ཡང༌། ཡ་ད་ཡོ་ནི་ལ་ སོགས་པའི་ཡི་གེ་བཅུ་དྲུག་དང༌། གཞན་ཐམས་ཅད་གོང་དང་འདྲའོ། ། རྭ་དང་ལིང་གའི་དག་པ་སྦྱོར་ཚུལ་ནི། རྭ་སོར་བཅུ་དྲུག་གིའི་ཕྱོགས་ལ། གཡས་ལ་ བཅུ་དྲུག་དང༌། གཡོན་ལ་བཅུ་དྲུག་སྟེ། སུམ་ཅུ་སོ་གཉིས་ནི། ཕྱི་རོལ་ཏུ་དཀར་ཕྱོགས་ནག་ ཕྱོགས་ཟླ་བའི་འཕེལ་འགྲིབ་བྱེད་པ་དང༌། ནང་དུ་ཁམས་ཀྱི་འཕོ་བ་དང་སྦྱོར་བ་དང༌། རྭ་ རིང་བའི་ཕྱོགས་ལ་གཡས་ལ་ཉེར་བཞི་དང༌། གཡོན་ལ་ཉེར་བཞི་སྟེ། བཞི་བཅུ་ཞེ་བརྒྱད་ དེའི་སྟེང་དུ་ལིང་ག་སོར་བཅུ་གཉིས་བསྣན་པས་དྲུག་ཅུ་ནི། ཆུ་ཚོད་དྲུག་ཅུ་རྣམ་པར་དག་པ་ དང༌། འབྲིང་པོ་རྭ་ཉི་ཤུ་ཡང་བཅུ་དྲུག་གི་སྟེང་དུ་སླར་བཞི་བཞི་བསྣན་པ་ཡིན་པས་དགའ་བ་ 2-1-368 བཅུ་དྲུག་གི་དག་པར་སྦྱོར་ཞིང༌། ལིང་ག་སོར་བཅུ་གཉིས་ནི་རླུང་འཕོ་བ་བཅུ་གཉིས་ཀྱི་དག་ པར་སྦྱར་རོ། ། དེ་ནས་ལིང་ག་སྒྲུབ་པ་ནི། རང་ཉིད་འཇིགས་བྱེད་དུ་གསལ་བའི་ལིང་ག་གྱེན་དུ་བསྒྲེང་ བ། གསང་གནས་ནས་བཤང་སྒོའི་ཐད་དུ་རྩེ་མོ་སོར་བཞིའམ་སོར་གསུམ་ཙམ་གྱེན་དུ་ གཞལ་བའི་རྒྱབ་ངོས་ལ་ཅུང་ཟད་ཉེ་བའི་དབུས་སུ་གསང་གནས་ཀྱི་རྩིབ་བརྒྱད་པ། ཁ་དོག་ དཀར་པོ་ལྟེ་བ་དབུ་མའི་མས་སྣས་ཕུག་པ། འདབ་མ་བརྒྱད་ལ་ཡ་མ་རཱ་ཛའི་སྔགས་ཀྱིས་ བསྐོར་བ། ལིང་ག་སྐྱེ་མཚམས་སུ་ཉི་མའི་དཀྱིལ་འཁོར་དེའི་ལྟེ་བ་ལ་ཡང་རྩས་ཕུག་པ། མཐའ་བསྐོར་དུ་ཧྲཱིཿཥྚིཿ ཁ་དོག་དམར་པོས་བསྐོར་བ། རྡོ་རྗེའི་མགུལ་བར་རྡོ་རྗེ་སྔོན་པོ་རྩེ་ ལྔ་པ་ཕྱེད་པ། དེའི་ལྟེ་བ་དང་དབུས་ཀྱི་རྭ་ཡང་རྩས་ཕུག་པ། ལྟེ་བའི་མཐའ་བསྐོར་དུ་ཕ་དང་ ཊ་གཉིས་སོ་སོར་ཕྲལ་བའི་ཡ་མཱནྟ་ཀ་སྔོན་པོས་བསྐོར་བ། རྡོ་རྗེ་ནོར་བུར་ཐིག་ལེ་དམར་པོ་ ཉི་དཀྱིལ་ལྟ་བུ་དེའི་སྟེང་དུ། ཨ་ཀཪྵ་ཡ་ཧཱུཾ་ཕཊ། ཅེས་པ་ཁ་དོག་དམར་པོས་བསྐོར། འབྲས་ བུ་གཉིས་ལ་སོམ་རེ་རེ་བསྒོམ། ཐོག་མར་བསྙེན་པ་བྱ་སྟེ། འཁོར་ལོ་བཞི་པོ་དེ་རྣམས་ལ་ དམིགས་པ་གཏད་ལ་སྔགས་རྣམས་ཁྲི་ཕྲག་རེ་བཟླའོ། །དེ་ནས་གྲངས་བསྙེན་སོང་ནས་ འདི་ལྟར་བསྒོམ་པར་བྱ་སྟེ། འབྲས་བུ་སོམ་ལས་རེག་བྱ་ཤིན་ཏུ་ཚ་བའི་འོད་ཟེར་ཁ་དོག་སྣ་ ཚོགས་པ་འཕྲོས་དབུ་མའི་སྦུབས་ནས་བརྒྱུད་དེ་གསང་གནས་ཀྱི་འཁོར་ལོར་སླེབས་པས། ལུས་ཀྱི་གནས་ཐམས་ཅད་ནས་འོད་ཟེར་དཀར་པོའི་ཚོགས་དཔག་ཏུ་མེད་པ་བྱུང༌། གསང་ ནས་ཀྱི་འཁོར་ལོ་ལ་ཐིམ་པས་དྲག་ཏུ་འཁོར་ཞིང་འོད་ཟེར་དཀར་པོ་འཕྲོ་བ་ལ། འབྲས་བུ་ སོམ་ལས་བྱུང་བའི་འོད་ཟེར་རེག་བྱ་ཤིན་ཏུ་ཚ་བ་དེ་ཕོག་པས། འོད་ཟེར་དཀར་པོ་རྣམས་ དུམ་བུར་འཐོར་ཞིང་འཁོར་བ་ལ་སེམས་གཏད་ལ། ཡ་མ་རཱ་ཛའི་ཡིད་བཟླས་ཅུང་ཟད་བྱ། དེ་ནས་གསང་གནས་ཀྱི་འཁོར་ལོ་ཡིག་འབྲུ་དང་བཅས་པ་ཐམས་ཅད་འོད་ཟེར་དང་འདྲེས་ 2-1-369 པར་གྱུར་ཏེ། དེ་རྣམས་རྩའི་བུ་ག་ནས་བརྒྱུད་དེ། རྡོ་རྗེའི་སྐེད་པའི་ཉི་དཀྱིལ་སྔགས་འཕྲེང་ དང་བཅས་པ་ལ་རེག་པས་འོད་ཟེར་དམར་པོ་འབར་ཞིང་འཕྲོ་བ་དྲག་ཏུ་འཁོར་བ་ལ་སེམས་ གཏད་ལ། ཧྲཱིཿཥྚིཿཡིད་བཟླས་ཅུང་ཟད་བྱ། ཉི་དཀྱིལ་སྔགས་ཕྲེང་དང་བཅས་པ་ཡང་འོད་ཟེར་ དང་འདྲེས་ཏེ། དེ་རྣམས་རྩའི་བུ་ག་ནས་བརྒྱུད། རྡོ་རྗེའི་མགུལ་བའི་རྡོ་རྗེ་སྔགས་འཕྲེང་དང་ བཅས་པ་རེག་པས་འོད་ཟེར་སྔོན་པོ་འབར་ཞིང་འཕྲོ་བ་དྲག་ཏུ་འཁོར་བ་སེམས་གཏད་ལ། ཡ་མཱནྟ་ཀའི་ཡིད་བཟླས་ཅུང་ཟད་བྱ། དེ་ནས་རྡོ་རྗེ་སྔགས་འཕྲེང་དང་བཅས་པ་ཡང་འོད་ཟེར་ དང་པོ་འདྲེས་ཏེ། དེ་རྣམས་རྩེའི་བུ་ག་ནས་བརྒྱུད་རྡོ་རྗེ་ནོར་བུའི་ཐིག་ལེ་དམར་པོ་སྔགས་ འཕྲེང་དང་བཅས་པ་ལ་རེག་པས། འོད་ཟེར་སྣ་ཚོགས་འཕྲོ་ཞིང་འཁོར་བ་ལ་སེམས་གཏད་ ལ། ཨ་ཀཪྵ་ཡ་སོགས་ཀྱི་ཡིད་བཟླས་ཅུང་ཟད་བྱ། དེ་ནས་ནོར་བུ་ནས་གསང་གནས་ཀྱི་བར་ དུ་ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ ཞེས་པའི་ཡི་གེ་བཅུ་གཉིས་པོ་རྣམས་ཁ་ དོག་དཀར་པོ། མུ་ཏིག་གི་འཕྲེང་བ་བསྟར་ལ་བརྒྱུས་པ་ལྟ་བུ་ཞིག་བསྒོམ། རླུང་ཕྱིར་བུས་ ལ་དབུགས་ཐེངས་གཅིག་གམ་ཡང་ན་ཡི་གེ་རེ་རེ་ལ་དབུགས་ཐེངས་རེ་རེ་ལྟ་བུ་ཡང་བྱས་ ཏེ། གང་ན་ཡང་ཨ་ཡིག་ལ་སོགས་པའི་སྒྲ་དང་བཅས་ཨ་སྟོང་འདྲེན་བྱ་ཞིང༌། འོད་ཟེར་སྣ་ ཚོགས་པ་ཨ་ལ་ཐིམ། ཨ་ཨཱ་ལ་ཐིམ། རིམ་པའི་གསང་གནས་སུ་ཨཾ་ཨཱཿལ་ལྷན་གྱིས་ཐིམ་ པས། འོད་ཟེར་སྣ་ཚོགས་པ་འཕྲོས་ཏེ་ལུས་ཐམས་ཅད་གང་བར་མོས། དེ་ནས་རླུང་རྔུབ་ལ་ ཁ་སྦྱོར་དུ་བཟུང་བས། ལུས་ཀྱི་ཕྱི་ནས་མེ་ལྕེ་ལྷབ་ཀྱིས་འབར་བར་བསམ། དེ་ནས་གསུས་ པ་ཕྱིར་བསྐྱེད་ཅིང༌། རོ་སྟོད་ཀྱི་ཆ་ཡང་ལྡིར་བྱས་ལ། ལུས་གཡས་སུ་བསྐོར་བ་དང༌། གཡོན་ དུ་བསྐོར་བ་དང༌། རོ་སྟོད་གཡས་སུ་གཅུ་པ་དང་། གཡོན་དུ་གཅུ་པ་དང༌། ལུས་ཐམས་ཅད་ སྤྲུགས་པ་སྟེ། དེ་རྣམས་ལན་གསུམ་གསུམ་བྱས་པས་མེ་ལྕེ་ཡང་ཤིན་ཏུ་འབར་བར་གྱུར་ ཏེ། ལུས་ཀྱི་སྟངས་སྟབས་དང་མཐུན་པར་གཡས་སུ་ཆེས་ཆེར་འབར་བ་ལ་སོགས་པར་ 2-1-370 བསམ་མོ། །འདི་མཚན་མ་གྱེན་བསྒྲེང་གི་ཡན་ལག་ཏུ་སྦྱོར་བ་སྟེ། གསང་གནས་ལ་སོགས་ པའི་གནས་བཞི་པོ་ལྟེ་བ་ལ་སོགས་པའི་འཁོར་ལོ་བཞི་དང་གནད་གཅིག་པ་ཞིག་ཡོད་པས། འཁོར་ལོ་བཞི་དང་འབྲེལ་བའི་དགའ་བཞིའི་ཡས་བབས་དང༌། མས་བརྟན་གྱི་རིམ་པས་ཡེ་ ཤེས་ཡང་སྐྱེ་བར་འགྱུར་བ་ཡིན་ནོ། ། རྭ་སྒྲུབ་པ་ནི། རང་འཇིགས་བྱེད་དུ་གསལ་བའི་རྭ་གཉིས་ཧྲཱིཿལས་བྱུང་བའི་རྭ་རྣོ་ཞིང་མི་ བཟད་པ་རི་རབ་ལ་སོགས་པ་ཡང་བཤིག་པར་ནུས་པ། མེ་ལྕེ་འབར་བ་ཧྲཱིཿས་མཚན་པ་ཞིག་ ཏུ་གྱུར་པར་དམིགས་ལ། ༀ་ཧྲཱིཿཀྲུཾ་བྲུཾ་སྲུཾ་སྟྲུཾ་ཧཱུཾ་གཿཞེས་པ་བཟླ། གྲངས་བསྙེན་ཁྲི་ཕྲག་གཅིག་ གོ། ། སྡིགས་མཛུབ་སྒྲུབ་པ་ནི། རང་གི་ལག་པ་གཡས་གཡོན་སྡིགས་མཛུབ་བྱས་ལ། དེ་ཉིད་ ཧཱུཾ་ནག་པོ་མེ་འབར་བ་ལས་བྱུང་བའི་སྡིགས་མཛུབ་ཧཱུཾ་གིས་མཚན་པ། གཡས་པ་ལ་རྩ་བ་ ནས་རིམ་པ་བཞིན་དུ་ༀ་ཧི་ཧཱི་ཧ་ཧཱ་ཧི་ཧཱི་སྭཱཧཱ། ཞེས་པ་དང༌། གཡོན་པ་ལ་རྩེ་མོ་ནས་རིམ་པ་ བཞིན་དུ་ༀ་ཞེས་པ་ལ་སོགས་པའོ། །དེ་རྣམས་ལ་དམིགས་པ་གཏད་ལ་སྡིགས་མཛུབ་འཆའ་ བཞིན་དུ། སྔགས་དེ་ཉིད་གྲངས་བསྙེན་ཁྲི་ཕྲག་གཅིག་བཟླའོ། །ༀ་ཧི་ཧི་ཧ་ཧ་ཧེ་ཧེ་བཛྲ་ཏརྫ་ སཱ་དྷ་ཡ་སཱ་དྷ་ཡ་སྭཱཧཱ། ཞེས་པ་ཡང་ཅི་རིགས་བཟླའོ། ། ལྟ་སྟངས་སྒྲུབ་པ་ནི། རང་ཉིད་འཇིགས་བྱེད་དུ་གསལ་བའི་སྤྱན་གསུམ་གྱི་འབྲས་བུ་ སྟོང་པར་སྦྱངས། སྟོང་པའི་ངང་ལས་ཕཊ་ནག་པོ་ལས་བྱུང་བའི་རབ་ཏུ་འབར་བའི་སྤྱན་ཕཊ་ ཀྱིས་མཚན་པ་ལ། སྤྱན་གཡས་གཡོན་གཉིས་ལ་སྔགས་འབྲུ་དྲུག་གིས་སྤྲས་པར་དམིགས་ ལ། ༀ་མ་མེ་མ་མི་མ་མུ་སྭཱཧཱ། ཞེས་གྲངས་བསྙེན་ཁྲི་ཕྲག་གཅིག་བཟླ། དེ་ནས། ༀ་མ་མེ་མ་ མི་མ་མུ་བཛྲ་ཏིཥྚི་སཱ་དྷ་ཡ་སཱ་དྷ་ཡ་སྭཱཧཱ། ཞེས་པ་ཅི་རིགས་བཟླའོ། ། ༈ ཞལ་དགུ་སྒྲུབ་པ་ནི། རང་ཉིད་རྡོ་རྗེ་འཇིགས་བྱེད་ཞལ་ཕྱག་ཡོངས་རྫོགས་སུ་གསལ་ 2-1-371 བའི་མ་ཧེའི་ཞལ་ཐོག་མར་སྟོང་པར་སྦྱངས། སྟོང་པའི་ངང་ལས་སླར་ཡང་བྷཾ་ལས་མ་ཧེའི་ ཞལ་གྱི་དཔྲལ་བར་བྷཾ་ཡིག་གིས་མཚན་པ་ཞིག་གསལ་བཏབ་ལ། ༀ་ཡ་མཱནྟ་ཀ་བཛྲ་བྷཻ་ར་བ་ བྷཾ་སྭཱཧཱ། ཞེས་པའམ། ཧཱུཾ་ཕཊ་ཅེས་ཇི་ལྟར་རིགས་པ་སྦྱོར་ལ། གྲངས་བསྙེན་ཁྲི་ཕྲག་གཅིག་ གཅིག་བཟླའོ། །དེའི་རིགས་འགྲེ་བར་བྱས་ཏེ། སྲིན་ཞལ་གྱི་ས་བོན་བྷ་དང༌། སྔགས་ནི། ༀ་ ཡ་མཱནྟ་ཀ་བཛྲ་བྷཻ་ར་ཝ་བྷ་སྭཱཧཱ། ཞེས་པ་དང༌། སྟེང་ཞལ་གྱི་ས་བོན་བྷི། སྔགས་ཀྱང་ཧྲག་ཏུ་ བཅུག་པ་མ་གཏོགས་སྔར་བཞིན། གཡས་ཞལ་སྔོན་པོའི་ས་བོན་བྷུ། སྔགས་ཀྱང་ས་བོན་ གྱི་ཁྱད་པར་མ་གཏོགས་འདྲ། གཡས་ཞལ་གཉིས་པ་དམར་པོའི་ས་བོན་བྷཻ། སྔགས་ཀྱང་ ས་བོན་གྱི་ཁྱད་པར་མ་གཏོགས་འདྲ། གཡས་ཞལ་གསུམ་པ་སེར་པོའི་ས་བོན་བྷོ། སྔགས་ ཀྱང་ས་བོན་གྱི་ཁྱད་པར་མ་གཏོགས་སྔར་བཞིན། གཡོན་ཞལ་དང་པོ་དཀར་པོའི་ས་བོན་བྷཽ། སྔགས་ཀྱང་ས་བོན་ཧྲག་ཏུ་བཅུག་པ་མ་གཏོགས་འདྲ། གཡོན་ཞལ་གཉིས་པ་དུད་ཁའི་ས་ བོན་བྷཾ། སྔགས་ཀྱང་ས་བོན་གྱི་ཁྱད་པར་མ་གཏོགས་འདྲ། གཡོན་ཞལ་གསུམ་པ་ནག་པོའི་ ས་བོན་བྷཿ སྔགས་ཀྱང་ༀ་ཡ་མཱནྟ་ཀ་བཛྲ་བྷཻ་ར་ཝ་བྷཿསྭཱཧཱ། ཞེས་པའམ། ཧཱུཾ་ཕཊ་ཅེས་པ་ གང་རུང་ངོ༌། །ཐམས་ཅད་ཀྱང་གྲངས་བསྙེན་ཁྲི་ཕྲག་རེ་རེ་བཟླའོ། །ཞལ་དགུ་པོ་ཐམས་ཅད་ ལ་ཡང་ཞལ་སོ་སོ་སྟོང་པར་སྦྱངས། སྟོང་པའི་ངང་ལས་ས་བོན་སོ་སོ་ལས། ཞལ་དེ་དང་དེའི་ དཔྲལ་བ་རང་རང་གི་ས་བོན་གྱིས་མཚན་པ་ལ་དམིགས་ནས། སྔགས་སོ་སོ་བཟླ་ཞིང༌། འདི་ དག་ཐམས་ཅད་ལ་སྙིང་པོའི་སྔགས་ཀྱིས་བྱིན་རླབས་བྱའོ། ། དེ་ཡན་ཆད་ཀྱིས་བསྙེན་པ་དང་རྗེས་སུ་འབྲེལ་བའི་ཞལ་གདམས་མཐའ་དག་སོང་ནས། དེའི་རྗེས་སུ་ཉེར་སྒྲུབ་བམ་བསྙེན་པ་ཆུང་ངུའི་ལག་ལེན་ནི། ཐོག་མར་བགེགས་གཏོར། དེ་ ནས་སྤྱི་གཏོར་དང༌། གཞི་བདག་གཏོར་མ་རྣམས་བཏང་ལ། ས་བླང༌། དེ་ནས་མངོན་རྟོགས་ བསྒོམ་ལ་བཟླས་པ་ཅི་རིགས་བྱ་ཞིང༌། ཡུངས་དཀར་དང་ཐལ་བ་ལ་ཡང་སྔགས་ཀྱིས་བཏབ་ 2-1-372 ཅིང༌། ཡ་མཱནྟ་ཀའི་སྔགས་ཀྱིས་སྣ་དྲངས་ལ། བདུད་རྩི་འཁྱིལ་བའི་སྔགས་དྲག་ཏུ་འདོན་ བཞིན་པས། ས་གཞི་ལ་ཡུངས་དཀར་དང༌། ཐལ་བ་གཏོར་རོ། །དེ་ནས་སའི་ལྷ་མོ་ལྷག་པར་ གནས་པར་བྱ་ཞིང༌། དེའི་རྗེས་སུ་བུམ་པ་བསྒྲུབ་པར་བྱའོ། ། དེ་ནས་ཐིག་ཚོན་བྱིན་བརླབ་ནི། ཐིག་སྐུད་བསངས་སྦྱངས། སྟོང་པའི་ངང་ལས་ཡ་ མཱནྟ་ཀའི་སྔགས་ཀྱི་ཕུང་པོར་གྱུར་བར་བསམ་ལ། ཡ་མཱནྟ་ཀ་མང་དུ་བཟླ་ཞིང་ཧྲཱིཿཥྚིཿཡང་ཅི་ རིགས་པ་བཟླའོ། །རྡུལ་ཚོན་བསངས་སྦྱངས། སྟོང་པའི་ངང་ལས་ཡ་མ་རཱ་ཛའི་སྔགས་ཀྱི་ ཕུང་པོར་གྱུར་པར་དམིགས་ལ། ཡ་མ་རཱ་ཛ་མང་དུ་བཟླ་ཞིང༌། ཧྲཱིཿཥྚིཿཡང་ཅི་རིགས་བཟླའོ། །དེ་ནས་ལས་ཐིག་དང༌། ཡེ་ཐིག་གི་དབྱེ་བ་མི་དགོས་ཤིང༌། རང་ཉིད་འཇིགས་བྱེད་དང་ལས་ ཀྱི་རྡོ་རྗེ་ཡིན་ན་འཇིགས་བྱེད་ཕྱག་གཉིས་པ་དང༌། སྒྲུབ་གྲོགས་རིག་མ་ལྟ་བུ་ཡིན་ན་རྡོ་རྗེ་ རོ་ལངས་མར་བསྒོམ་ལ་ལས་ཐིག་བཏབ། དེ་ནས་སྔགས་བཟླ་བཞིན་པས་དཀྱིལ་འཁོར་ འབྲིའོ། །འདི་དག་གི་སྐབས་སུ་སྒྲུབ་པོ་གཅིག་གིས་སྦྱིན་སྲེག་བྱ་ཞིང་གཅིག་གིས་གཏོར་མ་ གཏོང་ངོ༌། །དེ་ལྟ་བུའི་མི་འགྲུབ་ན། རང་ཉིད་ཀྱི་དྲུག་ཅུ་རྩ་བཞི་དང་བཅས་པའི་གཏོར་མ་ རྒྱས་པ་ཞིག་དང༌། སྦྱིན་སྲེག་རྒྱས་པ་ཞིག་བྱའོ། །དེ་ཡང་རྡུལ་ཚོན་གྱི་རྒྱུ་ནི་དུར་ཁྲོད་ཀྱི་སོ་ ཕག་ལ་སོགས་པ་ལས་འགྲུབ་ན་བྱ་བ་ཡིན་ཀྱང༌། དེ་ལྟ་བུ་འགྲུབ་དཀའ་བས་ཤ་ཆེན་དང་ ཁྲག་ལ་སོགས་པ་བསྲེས། སྒྲུབ་པའི་སྐབས་འདིར་ཞག་མང་པོར་འཇོག་དགོས་པའི་ཕྱིར་ རྡུལ་མཚོན་མི་གསལ་བར་འགྱུར་བས་ཆུ་ཚོན་ལྟ་བུས་བྲིས་ན་ཡང་ཤིན་ཏུ་ལེགས། དཀྱིལ་ འཁོར་ནི་འགྲུབ་ན་མཚན་ཉིད་ཡོངས་རྫོགས་དང༌། མ་འགྲུབ་ན་རྩིག་པ་ཡན་ཆད་བྲིས་ལ། ནང་དུ་ལྷ་སྣམ་སོགས་ལེགས་པར་བྲིས། ཕ་གུ་དང་རྟ་བབས་ལ་སོགས་པ་དང༌། སྣ་ཚོགས་ རྡོ་རྗེ་པད་རྭ་ཉི་མ་ལ་སོགས་པ་སྤངས་པའི་ཕྱི་རོལ་ཏུ་དུར་ཁྲོད་ལེགས་པར་བྲིས། དེ་ལྟར་ དཀྱིལ་འཁོར་རྒྱས་བསྡུས་ཇི་ལྟར་རིགས་པ་བྲི་བ་ལས། རྒྱས་པའི་ཕྱོགས་ལ་རྩིག་པ་ཡན་ 2-1-373 ཆད་བྲིས་ཟིན་པ་དང༌། མཚན་མ་རྣམས་འགོད་དགོས་པ་ཡིན་ནོ། །དེ་ནས་དཀྱིལ་འཁོར་ དང་གདན་དང་ཕྱག་མཚན་ལ་སོགས་པ་སྦྱངས་པ་བྱས་ལ། དེ་རྗེས་གདན་དང་མཚན་མ་ རྣམས་དགོད་པ་ཡིན་པ་ལས། འགྲུབ་ན་ཕྱག་མཚན་མཐའ་དག་འབུར་དོད་དུ་བྲི། དེ་ལྟ་བུ་མ་ འགྲུབ་ན་གཞན་རྣམས་བྲིས་མ་དང༌། གཙོ་བོ་དང༌། རོ་ལངས་བརྒྱད་ཀྱི་ཕྱག་མཚན་རྣམས་ འབུར་དོད་དུ་ངེས་པར་བྱའོ། ། དེ་ཡང་ཐུན་མོང་བ་ཙམ་ལ་གཙོ་བོའི་མཚན་མ་གྲི་གུག་ལགས་ཀྱང༌། ཐུན་མོང་མ་ཡིན་ པའི་ཟབ་མོའི་ཕྱོགས་ལ། གཙོ་བོ་དང༌། རོ་ལངས་བརྒྱད་ཀར་གྱི་ཕྱག་མཚན་རལ་གྲིའོ། །དེ་ ཡང་ལྕགས་སམ་ཤིང་ལྟ་བུ་ལ་བྱས་ཏེ། གཙོ་བོའི་དེ་ཅུང་ཟད་ཆེ་བ་དང༌། གཞན་རྣམས་དེ་ ལས་ཅུང་ཟད་ཀྱིས་ཆུང་བར་བྱ་བ་ཡིན་ནོ། །གདན་ཡང་མི་རོ་ཡོངས་རྫོགས་ཀྱི་གཟུགས་ བརྙན་ཤོག་བུའམ་རས་ལྟ་བུ་ལ་བྱ། ཡང་ན་བག་ཟན་ནམ་འཇིམ་པ་ལྟ་བུ་ལ་ཤ་ཆེན་དང༌། གྲི་ ཁྲག་ལྟ་བུ་བསྲེས་ལ་རོའི་གཟུགས་སུ་བྱའོ། །ༀ་ཧཱུཾ་ཧཱཿ ཞེས་པ་བརྒྱ་རྩ་བརྒྱད་བཟླས་ལ་གཙོ་ བོའི་གདན་བཀོད། ༀ་པྲེ་ཏ་ཨཱུལྐ་ཡ་ཧཱུཾ་ཕཊ། ཅེས་ཉེར་གཅིག་ཙམ་བཟླས་ལ་ཤར་གྱི་གདན་ བཀོད། དེ་ནས། ༀ་པྲེ་ཏ་བི་མཱནྟ་ཀ་ཧཱུཾ་ཕཊ། ཅེས་པ་ཉེར་གཅིག་ཙམ་བཟླས་ལ་ལྷོའི་གདན་ བཀོད། ༀ་པྲེ་ཏ་ཛྭ་ལ་ཧཱུཾ་ཕཊ། ཅེས་པ་ཉེར་གཅིག་ཙམ་བཟླས་ལ་ནུབ་ཀྱི་གདན་བཀོད། ༀ་ ཀྵི་པྲ་པྲེ་ཏ་ཨུཏྤ་ཊ་ཧཱུཾ་ཕཊ། ཅེས་པ་ཉེར་གཅིག་ཙམ་བཟླས་ལ་བྱང་གི་གདན་བཀོད། དེ་ནས་ ༀ་ཧཱུཾ་ལཾ་ཧཱ། ཞེས་པ་ཉེར་གཅིག་ཙམ་རེ་བཟླས་ཏེ། མཚམས་ཀྱི་གདན་རྣམས་བཀོད་ལ། བཀོད་གྲུབ་པ་དང༌། སླར་ཡང་བརྟན་པའི་ཕྱིར་དུ་གཙོ་བོའི་གདན་གྱི་སྔགས་བདུན་ཙམ་རེ་ དང༌། འཁོར་གྱི་གདན་བཀོད་པའི་སྔགས་རྣམས་གསུམ་ཙམ་རེ་བཟླའོ། ། ཕྱགས་མཚན་འགོད་པ་ནི། སྙིང་པོ་བརྒྱ་རྩ་དང༌། གཞན་གཉིས་ཅི་རིགས་བཟླས་ལ། གཙོ་བོའི་ཕྱག་མཚན་བཀོད། འཁོར་རྣམས་ལ། ༀ་ཧཱུཾ་ཧྲཱི་ཊི་ཥཿ ཞེས་པ་ཉེར་གཅིག་ཙམ་ 2-1-374 རེ་བཟླས་ལ། ཕྱག་མཚན་རྣམས་རིམ་པ་བཞིན་དུ་བཀོད། སླར་ཡང་བྱིན་རླབས་བརྟན་པའི་ ཕྱིར་དུ་གཙོ་བོ་ལ་བདུན་ཙམ་དང༌། འཁོར་རྣམས་ལ་གསུམ་ཙམ་རེ་བཟླའོ། ། དེ་ནས་རྡུལ་ཚོན་ལྷག་མ་རྣམས་ལེགས་པར་བྲིས་ལ། མཆོད་གཏོར་རྣམས་བཤམ་ལ་ ཐོག་མར་བདག་བསྐྱེད་དང༌། དེ་ནས་མདུན་བསྐྱེད་དཀྱིལ་འཁོར་སྒྲུབ་མཆོད་བཞིན་དུ་བྱས་ ལ། ཡེ་ཤེས་སྤྱན་འདྲེན་དབང་བསྐུར་རྒྱས་བཏབ་རྣམས་གྲུབ་མཚམས་སུ་འོག་ནས་འབྱུང་ བའི་སྔགས་སོ་སོས་གཙོ་བོ་ལ་ཉེར་གཅིག་ཙམ་དང༌། འཁོར་རྣམས་ལ་བདུན་ཙམ་རེ་བཟླས་ ལ་བྱིན་གྱིས་བརླབས། དེ་ནས་མཆོད་འཕྲེང་སོགས་དཀྱིལ་ཆོག་ནས་འབྱུང་བ་ལྟར་བྱས་ ཤིང༌། དེ་ནས་གཏོར་མ་ཕུལ་ལ་བཟླས་པ་བྱ་བ་ཡིན་པ་ལས། དེ་ཡང་འཇིག་རྟེན་པའི་ལྷོ་ དཀྱིལ་འཁོར་གྱི་ཤར་ཕྱོགས་ནས། ༀ་བཛྲ་ཨུངྒ་ཊ་ས་མཱ་ཡ་པྲ་བེ་ཤ་ཡ་ཧཱུཾ། ཞེས་པས་སྒོ་ཕྱེ། དེ་ནས་སྙིང་པོའི་མཐར་ༀ་བཛྲ་པྲ་བེ་ཤ་ཡ་ཧཱུཾ། ཞེས་པས་དཀྱིལ་འཁོར་གྱི་ཤར་ཕྱོགས་ནས་ ཞུགས་ཏེ། རེ་མིག་གི་ནང་མགོ་བོའི་མཚན་མའི་སྟེང་དུ། རང་ཉིད་འཇིགས་བྱེད་ཀྱི་རྣམ་པས་ གནས་པར་བསམ་ལ་བཟླས་པར་བྱའོ། ། འདི་ལ་གཤིན་རྗེ་ལྟར་སྒྲུབ་པ་དང༌། སྲིན་པོ་ལྟར་སྒྲུབ་པ་དང༌། དབང་ཕྱུག་ལྟར་སྒྲུབ་པ་ དང༌། མགོན་པོ་ལྟར་སྒྲུབ་པ་སྟེ་བཞི་ཡོད་པ་ལས། གཤིན་རྗེ་ལྟར་བསྒྲུབ་པ་ལ། ཕོ་བརྒྱད་ རལ་གྲི་དང་ཐོད་ཁྲག་འཛིན་པ། མོ་བརྒྱད་ཀྱི་ངོ་བོ་རོ་ལངས་ཀྱི་བཞོན་པ་ལ་བཞོན་པར་ བསྒོམ་ལ། སྔགས་ནི། ཡ་མ་མེ་ད་ཀྵེ་ༀ་ཧཱུཾ་ཧྲཱི་ཊི་ཤ །ཞེས་པ་ནི་གཤིན་རྗེ་ཕོ་བརྒྱད་ཀྱི་ས་བོན་ དང༌། བཞོན་པ་བརྒྱད་ཀྱི་སྔགས་ནི། ༀ་བཛྲ་ཙརྩ་ཡ་ཙརྩ་ཡ་ཧཱུཾ་ཕཊ། ཅེས་པའི་མཇུག་ལ་ ཕྱོགས་བཞི་མཚམས་བརྒྱད་ཀྱི་གདན་འགོད་པའི་སྔགས་རྣམས་བཏགས་ལ་བཟླའོ། ། སྲིན་པོ་ལྟར་སྒྲུབ་པ་ནི། སྲིན་པོ་ཕོ་བརྒྱད་ནི། རལ་གྲི་དང་ཐོད་ཁྲག་འཛིན་པ། སྲིན་མོ་ བརྒྱད་ཀྱི་ངོ་བོ་ནི། རོ་ལངས་བརྒྱད་ཀྱི་བཞོན་པ་ལ་བཞོན་པར་བསྒོམ་ལ་ༀ་བཛྲ་ར་ཀྵ་ས་ 2-1-375 བྷ་ཀྵ་ཡ་ཨི་ཏི་ཧཱུཾ་ཕཊ། ཅེས་པའི་མཐར། ༀ་ཧཱུཾ་ཧྲཱི་ཊི་ཥ། ཞེས་པ་བཏགས་ལ་བཟླའོ། །རོའི་ བཞོན་པའི་སྔགས་ནི། ༀ་རུ་རུ་རོ་རུ་ཧཱུཾ་ཕཊ། ཅེས་པའི་མཐར་ཕྱོགས་མཚམས་ཀྱི་གདན་ བརྒྱད་འགོད་པའི་སྔགས་བཏགས་ལ་བཟླའོ། ། དབང་ཕྱུག་ལྟར་སྒྲུབ་པ་ནི། རོ་ལངས་ཆེན་པོ་བརྒྱད་གྲི་ཐོད་འཛིན་པ། རོའི་གདན་ལ་ གནས་པར་བསྒོམ། སྔགས་ནི། ༀ་བྷ་ཧཱུཾ་ཕཊ། དེ་བཞིན་དུ། བྷི་བྷུ་བྷེ་བྷཻ་བྷོ་བྷཽ་བྷཿ ཞེས་པ་ས་ བོན་གྱི་མགོ་བོར། ༀ་དང་མཇུག་ཏུ་ཧཱུཾ་ཕཊ། ཞེས་པ་སྦྱར། དེ་དག་རེ་རེའི་མཐར། ༀ་ཧཱུཾ་ཧྲཱི་ཊི་ ཥ། ཞེས་པ་བཏགས་ལ་བཟླ་བ་ནི་ཕོ་བརྒྱད་ཀྱི་སྔགས་དང༌། མོ་བརྒྱད་ཀྱི་སྔགས་ནི། ༀ་ཧྲཱིཿཧ་ ཧཱུཾ་ཕཊ། ཅེས་པའི་མཐར་གདན་བརྒྱད་ཀྱི་སྔགས་རྣམས་རིམ་པ་བཞིན་བཏགས་ལ་བཟླའོ། ། མགོན་པོ་ལྟར་སྒྲུབ་པ་ནི། རོ་གདན་གྱི་སྟེང་དུ་མགོན་པོ་བརྒྱད་ཀྱི་གྲི་གུག་དང་ཐོད་པ་ འཛིན་པ། སྐུ་མདོག་ནག་པོར་བསྒོམ་ལ། སྔགས་ནི། ༀ་མཧཱ་ཀཱ་ལ་ཧཱུཾ་ཕཊ། ཅེས་པའི་མཐར། ༀ་ཧཱུཾ་ཧྲཱི་ཊི་ཤ །ཞེས་པ་བཏགས་ལ་བཟླའོ། །མགོན་པོ་བརྒྱད་ཡབ་རྐྱང་ཁོ་ན་ཡིན་ལ། དེ་ཡང་ སྒྲུབ་ལུགས་བཞི་པོ་དེ་ཕྱིར་རང་གི་མོས་པ་དང་བསྟུན་པའམ་བརྟག་པ་ལ་ཇི་ལྟར་བབས་པ་ གཅིག་བྱ་བ་ཡིན་ཀྱང་གཤིན་རྗེ་ལྟར་སྒྲུབ་པ་གཙོ་ཆེ་བར་མཛད་དོ། ། དེ་ཡང་བཟླས་པའི་གཙོ་བོ། རྩ་སྔགས་དང༌། སྙིང་པོ་དང༌། ཉེ་སྙིང་རྣམས་ལ་བྱ་བ་ཡིན་ ཞིང༌། མཇུག་ཏུ་འཁོར་སྔགས་རྣམས་ཀྱང་ཅི་རིགས་བཟླ་ཞིང༌། ཐུན་གྱི་མཇུག་ཏུ་གཏོར་ མ་འབུལ་ལོ། །ཡང་ན་གཤིན་རྗེ་ཕོ་དང༌། སྲིན་པོ་ཕོ་དང༌། དབང་ཕྱུག་ཕོ་རྣམས་བཞོན་ པའི་ཚུལ་དུ་རོ་ལངས་ཕོ་བརྒྱད་དུ་བྱས་ལ། མོའི་ཚུལ་དུ་སྒྲུབ་ན་ཡང་རུང་ངོ༌། །བཟླས་པའི་ དམིགས་པ་ནི། རང་ཉིད་འཇིགས་བྱེད་དུ་གསལ་བའི་ཐུགས་ཀ་དང༌། མདུན་བསྐྱེད་ཀྱི་ ཐུགས་ཀར་རྒྱུའི་འཇམ་དཔལ། དེའི་ཐུགས་ཀར་ཉི་མ་ལ་ཧཱུཾ་གི་མཐར་སྔགས་ཀྱི་འཕྲེང་བས་ བསྐོར་བར་དམིགས་ལ། རང་གི་སྙིང་གའི་སྔགས་འཕྲེང་ལས་འོད་ཟེར་འཕྲོས། ཕྱོགས་ 2-1-376 བཅུའི་སངས་རྒྱས་བྱང་སེམས་རྣམས་མཆོད་པས་མཉེས་པར་བྱས། སེམས་ཅན་ཀྱི་སྡིག་ སྒྲིབ་སྦྱངས། སངས་རྒྱས་ཀྱི་བྱིན་རླབས་རྣམས་འོད་ཟེར་གྱི་རྣམ་པས་སྤྱན་དྲངས་ཏེ། རང་ གི་སྙིང་གའི་སྔགས་འཕྲེང་ལ་ཐིམ། ཡང་སྙིང་ཁའི་སྔགས་འཕྲེང་ལས་འོད་ཟེར་དཔག་ཏུ་ མེད་པ་སྤྲོས། མདུན་བསྐྱེད་ཀྱི་ཐུགས་ཀའི་སྔགས་འཕྲེང་ལ་ཕོག་པས། འོད་ཟེར་གྱི་རྩེ་མོ་ ལས་མཆོད་པ་དཔག་ཏུ་མེད་པ་སྤྲུལ་ཏེ། མཆོད་པས་མཉེས་པར་བྱས། འོད་ཟེར་རྣམས་ཚུར་ འདུས་རང་གི་སྙིང་གའི་སྔགས་འཕྲེང་ལ་ཐིམ་པར་བསམ། དེ་ལྟ་བུའི་དམིགས་པ་སྔགས་ བརྒྱ་ཚར་རེ་ལ་བསྐྱར་གྱིན་བྱའོ། །མཐར་ཐུན་འཇོག་ཁར། རང་གི་སྙིང་ཁའི་སྔགས་འཕྲེང་ འོད་ཟེར་འབར་བ་ལས་ངོ་བོ་སངས་རྒྱས་ཀྱི་བྱིན་རླབས། རྣམ་པ་འོད་ཟེར་དཀར་པོའི་གོང་ བུ་ཞིག་ཆད་དེ། སྙིང་གའི་སྟོད་ཙམ་དུ་གནས་པར་བསམ་ལ། རང་གི་སྙིང་གའི་སྔགས་འཕྲེང་ གི་བྱིན་རླབས་བརྟན་པའི་ཕྱིར་ཡི་གེ་བརྒྱ་པ་ལན་གསུམ་བརྗོད། དེ་ནས་འཕྲེང་བ་དཀྱིལ་ འཁོར་དབུས་སམ་མདུན་དུ་བཞག་ལ། འོད་ཟེར་གྱི་གོང་བུ་དེ་ཉིད་རང་གི་ཁ་སྒོའམ། སྤྱི་ བོའམ་སྙིང་ག་གང་རུང་ནས་ཐོན་ཏེ་མདུན་བསྐྱེད་ཀྱི་ཐུགས་ཀའི་སྔགས་འཕྲེང་ལ་ཐིམ་པས་ བྱིན་རླབས་ཕུལ་བར་བསམ། སྒྲུབ་པ་ཟླ་དྲུག་བྱེད་ན་ཟླ་བ་ལྔའི་རིང་ལ་དམིགས་པ་དེ་ཉིད་ ཁོ་ན་བྱ་ཞིང༌། ཟླ་བ་དྲུག་པ་ལ་ཐུན་གྱི་མཇུག་ཏུ་སྔགས་འཕྲེང་སྐོར་ལྔ་ཙམ་གྱི་རང་ལ་མདུན་ བསྐྱེད་ཀྱི་ཐུགས་ཀའི་སྔགས་འཕྲེང་ལས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་རྣམས་འོད་ཟེར་གྱི་ རྣམ་པས་བྱུང་སྟེ། རང་གི་སྙིང་གའི་སྔགས་འཕྲེང་ལ་ཐིམ་པས་བཀྲག་མདངས་གཟི་བརྗིད་ རྒྱས་པར་བསམ་མོ། །སྒྲུབ་པ་ཟླ་བ་ལྔ་དང་བཞི་དང་གསུམ་ལ་སོགས་པ་བྱེད་ན་ཡང་དེའི་ རིགས་འགྲེ། ཟླ་བ་ཕྱེད་གཉིས་བྱེད་ན་ཟླ་བ་གཅིག་གོང་གི་དམིགས་པ་དེ་ཀ་བྱེད་ཅིང༌། ཟླ་ བ་ཕྱེད་ཀྱི་རིང་ལ་མདུན་བསྐྱེད་ལས་བྱིན་རླབས་ལེན་པའི་དམིགས་པ་དེ་བྱ་ཞིང༌། འཁོར་ རྣམས་ལས་ཀྱང་དངོས་གྲུབ་ལེན་པའི་དམིགས་པ་བྱའོ། །མཐར་སྔགས་ཀྱི་ནོར་བུ་འབུལ་བ་ 2-1-377 ཡང་བྱའོ། །དངོས་གྲུབ་ལེན་པའི་དམིགས་པ་བྱེད་པའི་སྐབས་ཀྱི་བཟླ་བྱའི་སྔགས་གསུམ་པོ་ གང་རུང་ཞིག་གི་མཐར། ༀ་མཧཱ་བཛྲ་བྷཻ་ར་ཝ་སརྦ་སིདྡྷི་ད་ཡ་ཀ་ཊཾ་ཧཱུཾ་ཀུཾ་དྲཾ་ཊ། (དཔེ་ལ་ལར་དྷྭཾ་ ཟེར་བ་ཡོད།) ཅེས་པ་བཟླ་ཞིང༌། འཁོར་རྣམས་ཀྱང་རང་རང་གི་སྔགས་ཀྱི་མཐར། ༀ་ཧཱུཾ་ཙཾ་སརྦ་ སིདྡྷི་ད་ཡ་ཀ་ཧཱུཾ། ཞེས་པའང་བཟླའོ། །ཐུན་གྱི་མཐར་རང་ཉིད་དཀྱིལ་འཁོར་ནས་ཕྱིར་ཐོན་ ཏེ། དགེ་བ་བསྔོ་ཞིང༌། གཏོར་མ་འབུལ་ལ་སྤྱོད་ལམ་ལ་འཇུག་གོ །དེ་ཡང་འགྲུབ་ན་ཐུན་རེ་ རེ་བཞིན་སྦྱིན་སྲེག་བྱེད་པ་ཡིན་ཀྱང༌། དེ་བཞིན་མི་འགྲུབ་ན་ཐུན་ཇི་ལྟར་རིགས་པ་གཅིག་ལ་ ངེས་པར་བྱ་དགོས་ཤིང༌། ཅི་སྟེ་དེ་ཡང་མ་ལྕོགས་ན་ཉེར་སྒྲུབ་གྲུབ་མཚམས་སུ་ཞག་འགའ་ ཞིག་སྦྲེལ་ཏེ་བྱའོ། །ཉེར་སྒྲུབ་ཀྱི་སྐབས་འདིར་ཅི་སྟེ་རྡུལ་ཚོན་གྱི་དཀྱིལ་འཁོར་འབྲི་བ་མ་ ཐུབ་ན། ཕྱག་མཚན་རྣམས་གོང་བཞིན་བཀོད་པའི་དབུས་སུ། རས་བྲིས་ཤིང་ལྟ་བུ་ཞིག་ལ་ བརྟེན་ནས་བཀྲམ་མོ། ། ཕྱག་མཚན་སོ་སོའི་སྔགས་ནི། དེ་ཡང་རེ་མིག་བརྒྱད་ཀྱི་ནང་གི་མགོ་བོ་ལ་སོགས་པ་ བརྒྱད་ཀྱི་སྔགས་ནི། ༀ་ཨཱཿཧྲཱིཿཧཱུཾ་ཕཊ། ༀ་ཨཱཿཥྚིཿཧཱུཾ་ཕཊ། ༀ་ཨཱཿབི་ཧཱུཾ་ཕཊ། ༀ་ཨཱཿཀྲི་ཧཱུཾ་ཕཊ། ༀ་ཨཱཿཏ་ཧཱུཾ་ཕཊ། ༀ་ཨཱཿཨ་ཧཱུཾ་ཕཊ། ༀ་ཨཱ་ན་ཧཱུཾ་ཕཊ། ༀ་ཨཱཿན་ཧཱུཾ་ཕཊ། ཤར་གྱི་ལྷ་སྣམ་གྱི་ མཚན་མ་དྲུག་གི་སྔགས་ནི། ༀ་ཨཱཿཡ་ཧཱུཾ་ཕཊ། ༀ་ཨཱཿམ་ཧཱུཾ་ཕཊ། ༀ་ཨཱཿར་ཧཱུཾ་ཕཊ། ༀ་ཨཱཿཛ་ ཧཱུཾ་ཕཊ། ༀ་ཨཱཿས་ཧཱུཾ་ཕཊ། ༀ་ཨཱཿད་ཧཱུཾ་ཕཊ། ལྷོའི་ལྷ་སྣམ་གྱི་མཚན་མ་དྲུག་གི་སྔགས་ནི། ༀ་ ཨཱཿཡ་ཧཱུཾ་ཕཊ། ༀ་ཨཱཿམེ་ཧཱུཾ་ཕཊ། ༀ་ཨཱཿདོ་ཧཱུཾ་ཕཊ། ༀ་ཨཿརུ་ཧཱུཾ་ཕཊ། ༀ་ཨཱཿཎ་ཧཱུཾ་ཕཊ། ༀ་ ཨཿཡོ་ཧཱུཾ་ཕཊ། ནུབ་ཀྱི་ལྷ་སྣམ་གྱི་མཚན་མ་དྲུག་གི་སྔགས་ནི། ༀ་ཨཱཿཡ་ཧཱུཾ་ཕཊ། ༀ་ཨཱཿད་ཧཱུཾ་ ཕཊ། ༀ་ཨཱཿཡ་ཧཱུཾ་ཕཊ། ༀ་ཨཱཿནི་ཧཱུཾ་ཕཊ། ༀ་ཨཱཿར་ཧཱུཾ་ཕཊ། ༀ་ཨཱཿཡ་ཧཱུཾ་ཕཊ། བྱང་གི་ལྷ་ སྣམ་གྱི་མཚན་མ་དྲུག་གི་སྔགས་ནི། ༀ་ཨཱཿཡ་ཧཱུཾ་ཕཊ། ༀ་ཨཱཿཀྵེ་ཧཱུཾ་ཕཊ། ༀ་ཨཱཿཡ་ཧཱུཾ་ཕཊ། ༀ་ཨཱཿཙྪ་ཧཱུཾ་ཕཊ། ༀ་ཨཱཿནི་ཧཱུཾ་ཕཊ། ༀ་ཨཱཿར་ཧཱུཾ་ཕཊ། ཅེས་པ་རྣམས་སོ། །རོ་ལངས་བརྒྱད་ 2-1-378 ཀྱི་སྔགས་ནི། ༀ་ཨཱཿཡ་ཧཱུཾ་ཕཊ། ༀ་ཨཱཿམཱན་ཧཱུཾ་ཕཊ། ༀ་ཨཱཿཏ་ཧཱུཾ་ཕཊ། ༀ་ཨཱཿཀ་ཧཱུཾ་ཕཊ། ༀ་ ཨཱཿཧཱུཾ་ཧཱུཾ་ཕཊ། ༀ་ཨཱཿཧཱུཾ་ཧཱུཾ་ཕཊ། ༀ་ཨཱཿཕཊ་ཧཱུཾ་ཕཊ། ༀ་ཨཱཿཕཊ་ཧཱུཾ་ཕཊ། ཅེས་པ་རྣམས་སོ། །གདན་བརྒྱད་ཀྱི་སྔགས་ནི། ༀ་ཨཱཿམེ་ཧཱུཾ་ཕཊ། ༀ་ཨཱཿཡ་ཧཱུཾ་ཕཊ། ༀ་ཨཱཿད་ཧཱུཾ་ཕཊ། ༀ་ཨཱཿཡ་ ཧཱུཾ་ཕཊ། ༀ་ཨཱཿཀྵེ་ཧཱུཾ་ཕཊ། ༀ་ཨཱཿཡ་ཧཱུཾ་ཕཊ། ༀ་ཨཱཿམ་ཧཱུཾ་ཕཊ། ༀ་ཨཱཿཡ་ཧཱུཾ་ཕཊ། ཅེས་པ་ རྣམས་སོ། །གོང་གི་བྱིན་གྱི་བརླབས་པའི་སྐབས་དང༌། བཟླས་པའི་སྐབས་གཉིས་ཀར་དུ་ རོ་ལངས་བརྒྱད་དང༌། གདན་བརྒྱད་ལ་སོགས་པ་སོ་སོའི་སྔགས་གོང་དུ་བཤད་ཟིན་པ་འདི་ དང༌། འདི་སྐབས་ཀྱི་སྔགས་རྣམས་རྒྱ་ཉིས་རིམ་གྱི་ཚུལ་གྱིས་གཉིས་ཀར་བཟླ་བར་བྱའོ། །ཕྱག་མཚན་སོ་སོའི་སྔགས་རྣམས་ཀྱང་བྱིན་གྱིས་རློབས་པ་དང༌། བཟླས་པའི་གནས་སྐབས་ གཉིས་ཀར་བཟླ་བར་བྱའོ། །དེ་ཡན་ཆད་ཀྱིས་ཉེར་སྒྲུབ་ཀྱི་སྐོར་རྣམས་སོང་ནས། ། ད་ནི་སྒྲུབ་པའི་རིམ་པ་རྣམས་བཤད་པར་བྱ་སྟེ། དཀྱིལ་འཁོར་འབྲི་ཚུལ་སོགས་ནས་ བཟུང༌། མདུན་བསྐྱེད་ཀྱི་དཀྱིལ་འཁོར་གྱི་ནང་དུ་འཇུག་པའི་བར་ཉེར་སྒྲུབ་ཇི་ལྟ་བ་བཞིན་ ལས། ཡུམ་བཞི་ཁར་བསྒོམ་ན་ཕྱོགས་ཀྱི་རེ་མིག་བཞིའི་མཚན་མའི་མདུན་དུ་ཐོད་པ་བཞི་བྲི། ཡང་ན་དབྱངས་ཅན་མ་དང༌། རྡོ་རྗེ་མཁའ་འགྲོ་མ་གང་རུང་ཞིག་བསྒོམས་ན། ཤར་ཕྱོགས་ཀྱི་ རེ་མིག་གི་མདུན་དུ་མཚན་མ་ཐོད་པ་གཅིག་བཀོད། དཀྱིལ་འཁོར་སྒྲུབ་པའི་གནས་སྐབས་ སུ་ཡང་ཡུམ་བཞི་ཁར་བསྒོམས་ན། ཤར་དུ་ཙར་ཙི་ཀ །ལྷོར་ཕག་མོ། ནུབ་ཏུ་དབྱངས་ཅན་ མ། བྱང་དུ་གོ་རི་རྣམས་དགྲ་ནག་ནས་འབྱུང་བ་བཞིན་བསྒོམ་ལ་བྱིན་གྱིས་བརླབས་པ་དང༌། བཟླས་པའི་གནས་སྐབས་སུ་ཡང༌། ༀ་མོ་ཧཱ་ར་ཏི་ཧཱུཾ་ཕཊ། ༀ་པི་ཙུ་ན་རཱ་ཏི་ཧཱུཾ་ཕཊ། ༀ་ར་ ག་རཱ་ཏི་ཧཱུཾ་ཕཊ། ༀ་བཛྲ་རཱ་ཏི་ཧཱུཾ་ཕཊ། ཅེས་པ་བཟླ། དབྱངས་ཅན་མའམ་རྡོ་རྗེ་མཁའ་འགྲོ་ མ་གང་རུང་ཞིག་བསྒོམས་ན། དབྱངས་ཅན་མའི་སྔགས་ༀ་པུ་ཙུ་སོགས་དང༌། རྡོ་རྗེ་མཁའ་ འགྲོའི་སྔགས། ༀ་བཛྲ་ཌཱ་ཀི་ནཱི་ཧཱུཾ་ཕཊ། ཅེས་པ་བཟླའོ། །དེ་ནས་རང་ཉིད་གཙོ་བོ་དང་དབྱེར་ 2-1-379 མེད་དུ་གྱུར་ཏེ། རང་དཀྱིལ་འཁོར་གྱི་དབུས་ན་གཙོ་བོའི་ཚུལ་དུ་གནས་པར་མོས་ལ་བཟླས་ པ་ལ་འཇུག་པར་བྱའོ། ། བཟླས་པའི་དམིགས་པ་ནི། རང་ཉིད་ཀྱི་ཐུགས་ཀར་རྒྱུའི་འཇམ་དཔལ། དེའི་ཐུགས་ ཀར་ཉི་མ་ལ་ཧཱུཾ་གི་མཐར་སྔགས་ཀྱིས་བསྐོར་བར་དམིགས་ལ། དེ་ལས་འོད་ཟེར་སྣ་ཚོགས་ དཔག་ཏུ་མེད་པ་སྤྲོས་ཕྱོགས་བཅུའི་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ མཆོད་པས་མཉེས་པར་བྱས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། འོད་ཟེར་སླར་ འདུས་རང་ལ་ཐིམ་པར་བསམ་མོ། །དེ་ལྟར་སྒྲུབ་པ་ཟླ་དྲུག་བྱེད་ན། ཟླ་བ་ལྔའི་རིང་ལ་ དམིགས་པ་དེ་དག་བྱ་ཞིང༌། ཟླ་བ་དྲུག་པ་ལ་དངོས་གྲུབ་ལེན་པའི་དམིགས་པ་བྱ་སྟེ་དེ་ཡང་ ཐུན་མཇུག་ལ་སྙིང་པོ་ལ་སོགས་པའི་མཐར། ༀ་མཧཱ་བཛྲ་བྷཻ་ར་ཝ་སོགས་གཙོ་བོའི་དངོས་ གྲུབ་ལེན་པའི་སྔགས་དང༌། འཁོར་སོ་སོའི་སྔགས་ཀྱི་མཐར་ༀ་ཧཱུཾ་ཙཾ་སོགས་འཁོར་གྱི་དངོས་ གྲུབ་ལེན་པའི་བཟླས་པ་ཡང་ཅུང་ཟད་བྱ་ཞིང༌། རང་གི་སྙིང་གའི་སྔགས་འཕྲེང་འོད་ཟེར་ འཕྲོས། ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་སྐུ་གསུང་ཐུགས་ཀྱི་ བྱིན་རླབས་ཐམས་ཅད་འོད་ཟེར་ཀྱི་རྣམ་པར་སྤྱན་དྲངས་ཏེ། རང་ཉིད་ཀྱི་ཐུགས་ཀའི་སྔགས་ འཕྲེང་དང༌། འཁོར་ཐམས་ཅད་ཀྱི་ཐུགས་ཀའི་སྔགས་འཕྲེང་ལ་ཕོག་པས་བཀྲག་མདངས་ གཟི་བརྗིད་རྒྱས་པར་བསམ་ལ། སྔགས་བཟླའོ། ། ཐུན་མཚམས་ལ་འཇུག་པ་དང༌། དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་རང་ཉིད་རྡོ་ རྗེ་འཇིགས་བྱེད་ཕྱག་གཉིས་པའི་རྣམ་པས་དཀྱིལ་འཁོར་ནས་ཐོན་ཏེ། བཅོམ་ལྡན་འདས་རྡོ་ རྗེ་འཇིགས་བྱེན་ཆེན་པོས་བདག་ལ་དངོས་གྲུབ་མ་ལུས་པ་སྩལ་ཏུ་གསོལ། ཅེས་གསོལ་བ་ བཏབ་ལ། གཏོར་མ་ཕུལ་ལོ། །བསྙེན་སྒྲུབ་སྦྲགས་མའི་སྐབས་འདིར་བར་ཆད་འཇུག་པའི་ སྒོ་ཤིན་ཏུ་ཆེ་བས། ཨུཥྞི་ཥའི་བསྲུང་བཟློག་རང་ཉིད་ཀྱིས་སྲོད་ཐུན་ལ་བྱ་ཞིང༌། སྒྲུབ་གྲོགས་ 2-1-380 དམ་ཚིག་གཙང་བ་དག་གི་ཐུན་བཞི་ལ་སོགས་པར་བསྲུང་འཁོར་སྒོམ་དུ་འཇུག་གོ །དེ་ཡན་ ཆད་ཀྱི་སྒྲུབ་པའམ། བསྙེན་སྒྲུབ་སྦྲགས་མའི་ཞལ་གདམས་རྣམས་སོང་ནས། ། ད་ནི་སྒྲུབ་ཆེན་གྱི་ཞལ་གདམས་རྣམས་བསྟན་པར་བྱ་སྟེ། དཀྱིལ་འཁོར་འབྲི་བ་དང༌། སྒྲུབ་ཚུལ་སོགས་གོང་བཞིན་ལས། གཙོ་བོའི་མཚན་མ་རལ་གྲིའི་མདུན་དུ་ཐོད་སྣོད་ལ་ སོགས་པར་མར་ཁུའམ། ཆང་ལ་སོགས་པ་ལ་དམ་རྫས་བཏབ་པའམ་ཡང་ན་ཐོད་པ་ལ་ སོགས་པའི་སྣོད་ཀྱི་ནང་དུ་བདུད་རྩི་རིལ་བུ་ལྟ་བུ་ཞིག་དངོས་གྲུབ་ཀྱི་རྫས་སུ་བཞག །བདག་ བསྐྱེད་གྲུབ་མཚམས་སུ་ཐོད་པ་དང༌། དེའི་ནང་གི་རྫས་གཉིས་ཅར་ལ་བགེགས་བསྐྲད་པ་ དང༌། ཨ་མྲྀ་ཏ་དང་ཡ་མཱནྟ་ཀ་ལ་སོགས་པས་མང་དུ་བསྔགས་ཤིང༌། མདུན་བསྐྱེད་སྒྲུབ་པ་ ལ་འཇུག་ཅིང་ཐོད་པའི་ནང་གི་རྫས་དང་བཅས་པ་མདུན་བསྐྱེད་ཀྱི་ལྟེ་བའི་ནང་དུ་གནས་པ་ ལ་བསངས་སྦྱངས། དེ་ཡང་དབུས་སུ་ཧཱུཾ་དང༌། དེའི་མཐར་ཡ་མཱནྟ་ཀས་བསྐོར་བར་བསམ། དེ་ཡོངས་སུ་གྱུར་པ་ལས། ཁུ་བ་ཡིན་ན་བདུད་རྩིའི་རང་བཞིན་དུ་གྱུར་པའི་དབུས་སུ་རྡོ་རྗེ་ འཇིགས་བྱེད་བསྐྱེད་པ་ཡིན་ཞིང༌། གོང་བུའི་རྫས་ཡིན་ན་དེ་ཤིན་ཏུ་ཆེ་བར་གྱུར་པའི་རྩེ་མོའི་ ཕྱོགས་སུ་ས་བོན་ཧཱུཾ་ལས་རྡོ་རྗེ་འཇིགས་བྱེད་ཕྱག་གཉིས་པ་ཆུང་ངུ་ཞིག་བསྐྱེད་དོ། །དེ་ནས་ གཏོར་མ་འབུལ་བའི་བར་གོང་བཞིན་བྱས་ལ། རང་ཉིད་རྡོ་རྗེ་འཇིགས་བྱེད་ཀྱི་རྣམ་པས་ དཀྱིལ་འཁོར་གྱི་སྒོ་ནས་ཞུགས་ཏེ་གཙོ་བོ་དང་རང་གཉིས་སུ་མེད་པར་གྱུར་པའི་ལྟེ་བར་ཐོད་ ནང་གི་རྫས་ཀྱི་ནང་གི་འཇིགས་བྱེད་དང་བཅས་པ་གནས་པར་བསམ་ལ། སྔགས་གསུམ་པོ་ གང་རུང་གི་མཐར། དངོས་གྲུབ་ལེན་པའི་སྔགས་བཏགས་ལ་བཟླ། དམིགས་པ་ནི། རང་གི་ཐུགས་ཀའི་སྔགས་འཕྲེང་ལས་འོད་ཟེར་གྱི་ཚོགས་དཔག་ཏུ་ མེད་པ་འཕྲོས། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་བྱིན་རླབས་རྣམས་ སྔགས་དང༌། དེ་ཡང་འོད་ཟེར་འབར་ཞིང་བདུད་རྩི་འཛག་པའི་རྣམ་པ་ཅན་དཔག་ཏུ་མེད་ 2-1-381 པའི་རྣམ་པར་སྤྱན་དྲངས་ཏེ། རང་གི་ཐུགས་ཀའི་སྔགས་འཕྲེང་ལ་ཐིམ་བཀྲག་མདངས་རྒྱས་ པར་བསམ་ཞིང༌། དེ་ལས་སྔགས་དང་འོད་ཟེར་བདུད་རྩི་འཛག་པའི་རྣམ་པ་ཅན་གྱི་བྱིན་ རླབས་ཀྱི་ཆ་ཤས་ཞིག །ལྟེ་བའི་རྫས་ནང་གི་འཇིགས་བྱེད་ལ་ཐིམ་པས་བཀྲག་མདངས་རྒྱས་ པར་བསམ་མོ། ། ཐུན་མཚམས་ལ་འཇུག་པའི་སྐབས་སུ་རང་ཉིད་ཕྱག་གཉིས་པའི་རྣམ་པས་ཕྱིར་ཕྱུང་ སྟེ། གཏོར་མ་ཕུལ་བ་སོགས་བྱའོ། །དེ་ཡང་སྒྲུབ་ཆེན་གྱི་སྐབས་འདིར་གྲུབ་ན་ཞག་བདུན་ ལ་སོགས་པ་བྱེད་པའི་ཚེ། མཚན་མོ་གཉིད་མི་ལོག་པར་བཟླས་པ་བྱ་བ་ཡིན་ཀྱང༌། ཅི་སྟེ་ མ་འགྲུབ་ན་ཞག་དྲུག་གི་རིང་ལ་མཚན་ཕྱེད་ཀྱི་བར་དུ་བཟླས་པ་བྱ་ཞིང༌། དེ་ནས་དཀྱིལ་ འཁོར་གྱི་ནང་ནས་ཐོན་ཏེ། ཡི་དམ་གྱི་གཏོར་མ་འབུལ་བ་དང༌། ཕྱོགས་སྐྱོང་ལ་ཡང་དྲུག་ཅུ་ རྩ་བཞི་ཕུལ་ལ། དེ་ནས་རང་ཉིད་འཇིགས་བྱེད་ཕྱག་གཉིས་པའི་ང་རྒྱལ་གྱིས་ལག་པ་གཡས་ སུ་རལ་གྲི་དང༌། གཡོན་དུ་ཐོད་པ་ཆང་གིས་གང་བ་ཐོགས་ལ་སྒྲུབ་ཁང་གི་ཕྱི་རོལ་ཏུ་ཕྱིན་ ཏེ། ཤ་ཁྲག་དང་བཅས་པའི་གཏོར་མ་དྲུག་ཅུ་རྩ་བཞི་ལ། ཐོད་པའི་ནང་གི་ཆང་ནས་བླུག་ལ་ གཏོར་མ་རྒྱས་པར་བཏང་ལ། ཚམས་རྔམས་དང་བཅས་པས། ཧྲཱིཿཥྚིཿདང༌། ཧཱུཾ་ཧཱུཾ་ཧ་ཧ་ཧོ་ཧོ་ཧེ་ ཧཻ་ཞེས་པ་འདོན་བཞིན་པས། དཀྱིལ་འཁོར་ལ་བསྐོར་བ་བྱས་ལ། དེ་ནས་བཛྲ་ཨུད་གྷ་ཊ་ཡ་ ས་མཱ་ཡ་པྲ་བེ་ཤ་ཡ་ཧཱུཾ། ཞེས་པས་དཀྱིལ་འཁོར་གྱི་སྒོ་ནས་ཞུགས་ཏེ། གཙོ་བོའི་སྐུའི་མདུན་ དུ་འདུག་པར་མོས་ལ། བདག་ལ་དངོས་གྲུབ་མ་ལུས་པ་སྩལ་ཏུ་གསོལ། ཞེས་གསོལ་བ་དྲག་ ཏུ་བཏབ་བོ། །དེ་ནས་གཉིད་ལ་སོགས་པ་ལོག་ན་དཀྱིལ་འཁོར་ནས་ཕྱིར་ཐོན་ཏེ། སྒྲུབ་ཁང་ ཉིད་དུ་ཉལ་ལོ། ། ཞག་བདུན་པ་ལ། ནམ་གོང་གི་སྦྱིན་སྲེག་དང༌། གཏོར་མ་འབུལ་བ་དང༌། ཕྱི་རོལ་ཏུ་ དྲུག་ཅུ་རྩ་བཞི་གཏོང་བ། དཀྱིལ་འཁོར་ལ་སྐོར་བ་བྱེད་ཅིང༌། ནང་དུ་ཞུགས་ལ་དངོས་གྲུབ་ 2-1-382 སྩོལ་བར་གསོལ་བ་བཏབ་ལ། རང་ཉིད་གཙོ་བོ་དང་དབྱེར་མེད་དུ་གྱུར་པར་བསམ་ལ་ བཟླས་པ་བྱ། དེ་ནས་སླར་ཡང་ནམ་ལངས་དུ་ཉེ་བ་ན་ཕྱག་གཉིས་པའི་རྣམ་པས་ཕྱིར་ཐོན་ ཏེ། འགྲུབ་ན་སྦྱིན་སྲེག་དང༌། གཏོར་མ་གཏོང་བ་སོགས་བྱ། མ་འགྲུབ་ན་མཆོད་པ་གསར་ བ་བཤམས་ལ་བྱིན་གྱིས་བརླབས་ལ། མཆོད་པ་རྣམས་ཕུལ་ལ། དཀྱིལ་འཁོར་གྱི་ནང་དུ་ ཞུགས་ཏེ། དངོས་གྲུབ་སྩོལ་བར་གསོལ་བ་དྲག་ལ་ཡུན་རིང་བར་བཏབ་པས། མདུན་བསྐྱེད་ རྡོ་རྗེ་འཇིགས་བྱེད་ཀྱིས་དངོས་གྲུབ་ཀྱི་རྫས་རང་ལ་གནང་བར་བརྩམས་པ་ན། རང་ཉིད་ ཀྱིས་ཀྱང༌། ན་མཿཏེ་ཧཱུཾ། ན་མཿམེ་ཧཱུཾ། ན་མོ་ན་མཿཧཱུཾ། ཞེས་ཕྱག་འཚལ་ཞིང་ཧྲཱིཿཥྚིཿབཟླས་པས་ རང་ལ་དངོས་གྲུབ་ཀྱི་རྫས་ཏེ་སྩལ་བ་ལ་ལག་པ་གཉིས་ཀྱིས་བླངས་ལ། སྐུ་གསུང་ཐུགས་ཀྱི་ དངོས་གྲུབ་ཐམས་ཅད་དུ་མོས་པས་རྫས་ཏེ་བཟའ་བའམ། བཏུང་བས་དངོས་གྲུབ་ཐམས་ ཅད་ཐོབ་པར་མོས། དེ་ནས་དཀྱིལ་འཁོར་གཤེགས་གསོལ་བྱ་བ་ཡིན་པ་ལས། ཉེར་སྒྲུབ་ དང༌། སྒྲུབ་པའི་སྐབས་སུ་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྡུ་བ་ཡིན་ལ། སྒྲུབ་ ཆེན་གྱི་སྐབས་འདིར་མདུན་བསྐྱེད་ཀྱི་ལྷ་ཚོགས་ཐམས་ཅད་རང་ལ་ༀ་ཨཱཿཧཱུཾ་དང་ཡོ་ག་ཤུདྡྷ་ སོགས་བཟླ་བཞིན་པས་རང་ལ་བསྡུའོ། །དེ་ལ་སྒྲུབ་པ་པོ་དངོས་གྲུབ་འགྲུབ་པའི་སྐལ་བ་ དང་ལྡན་པ་དག་གིས་རིལ་བུ་མིག་སྨན་རོ་ལངས་སོགས་ཀྱི་དངོས་གྲུབ་རྣམས་ཀྱང་ཚུལ་འདི་ ཁོ་ནས་ཆོ་གས་སྒྲུབ་པ་ཡིན་ལ། ད་ལྟ་ལས་དང་པོ་པ་རྣམས་ཀྱིས་མོས་པ་ལམ་བྱེད་ཀྱི་ཚུལ་ གྱིས་སྒྲུབ་པ་ཡིན་ནོ། །གཞན་དག་རྡོ་རྗེ་འཇིགས་བྱེད་ཀྱི་རྣལ་འབྱོར་གྱིས་རིལ་བུ་མིག་སྨན་ ལ་སོགས་པའི་དངོས་གྲུབ་སྒྲུབ་པ་ཡང་དགྲ་ནག་ནས་འབྱུང་བའི་ཆོ་གས་སྒྲུབ་དགོས་སོ། །ཞེས་སྨྲ་བ་ནི་རྟོག་བདུན་ནས་བཤད་པའི་མན་ངག་ཟབ་མོ་འདི་ལྟ་བུ་དང་མི་ལྡན་ཞིང་མ་ རྟོགས་པར་ཟད་དོ། །དེ་དག་གིས་ནི་ཐུན་མོང་མ་ཡིན་པའི་ཞལ་གྱི་གདམས་པ་རྣམས་བཤད་ ཟིན་ཏོ། ། 2-1-383 འདིར་སྨྲས་པ། ཟབ་ཡངས་ཆོས་ཀྱི་གཏིང་མཐའ་མི་མངོན་པ། །ཐམས་ཅད་མཁྱེན་ཅིང་ གཟིགས་པའི་ཡེ་ཤེས་ཡུལ། །གང་ལ་གང་དགའ་དེ་དེའི་གདུལ་བྱ་ལ། །བསྐལ་བའི་རིམ་ པར་སྟོན་འདི་རྒྱལ་བའི་སྲོལ། །དེ་ཕྱིར་སྙིང་ལ་ཞེ་སྡང་མེ་འབར་བའི། །གདུག་ཅན་གང་དེ་ འདུལ་བའི་ཐབས་ཀྱིས་འཕྲུལ། །བརྗོད་བྱ་རབ་ཟབ་རྗོད་བྱེད་རྡོ་རྗེའི་ཚིག །རྟོག་བདུན་ འཇམ་པའི་རྡོ་རྗེས་ཉེ་བར་བསྟན། །གང་དེའི་དགོངས་དོན་བླ་མེད་པ། །མཐུ་སྟོབས་དཔའ་ བོ་རྭ་ལོ་ཡིས། །མན་ངག་སྙན་ནས་སྙན་བརྒྱུད་པ། །མཁས་རློམ་ཕལ་གྱི་མིང་ཙམ་ཡང༌། །རྣ་ བའི་ལམ་དུ་མ་གྲགས་པ། །ཨུ་དུམ་བ་རའི་མེ་ཏོག་ལྟར། །ཤིན་ཏུ་རྙེད་དཀའི་ལམ་བཟང་ འདི། །བླ་མའི་དྲིན་ལས་ལེགས་རྙེད་པ། །བརྗེད་པ་འཇིགས་ནས་ཡི་གེར་བྲིས། །བྱིས་པའི་ བློ་ནི་དོན་ལ་རྨོངས། །དེ་ཕྱིར་ནོར་དང་འཁྲུལ་བའི་ཆ། །འདི་ལ་གང་བྱུང་དེ་དང་དེ། །རྒྱལ་བ་ རྒྱ་མཚོའི་ཚོགས་ལ་བཤགས། །འདིར་འབད་དགེ་བ་ཐོབ་དེ་ཡིས། །འགྲོ་རྣམས་འཇམ་པའི་ རྡོ་རྗེ་ཡི། །གོ་འཕང་བླ་མེད་ཐོབ་པར་ཤོག །ཅེས་པའང་རྗེ་བཙུན་ཐམས་ཅད་མཁྱེན་པ་ ཀུན་དགའ་སྙིང་པོའི་གསུང་རྒྱུད་ལས་བྱུང་བ། ཤཱཀྱའི་དགེ་སློང་ཡེ་ཤེས་རྒྱ་མཚོས་ཟིན་བྲིས་ སུ་བྱས་པའོ། །དགེའོ།། །། བཀྲ་ཤིས།། དེ་ནས་ནང་མཆོད་ནི། དམིགས་པ་བྱིན་རླབས་རྣམས་རྟོག་བདུན་ལས་མ་གསུངས་ ཀྱང༌། གདོང་དྲུག་གི་རྒྱུད་ལས་དངོས་སུ་གསུངས་པས། ཐོད་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ ནང་དུ་ཤ་ལྔ་དབུས་དང་ཕྱོགས་བཞིར་ན་ག་ཀུ་ད་ཧ་ཤ་ལྔའི་ངོ་བོ་ཡིན་པར་བསམ། ཡ་ཀྵེ་མ་ མེ་ད་ལྔ་གཤིན་རྗེ་རིགས་ལྔའི་ངོ་བོར་མོས། མཚམས་བཞིར་དབུས་དང་ལྔར། བྱང་སེམས་དྲི་ ཆེན། དྲི་ཆུ། ཀླད་པ། རཀྟ་རྣམས་རིམ་བཞིན། ཛ་ས་མ་རུས་ཧཱུཾ་མཚན་པ་ཡུམ་ཙར་ཙི་ཀ །ཕག་ མོ། དབྱངས་ཅན་མ། གོ་རི་བཞིའི་ངོ་བོར་མོས། རང་གི་ཐུགས་ཀར་འོད་འཕྲོས། དེ་དག་ལ་ ཕོག་པས་དེ་ཐམས་ཅད་ཞི་ཞིང་འདྲེས་པའི་ནང་དུ་སྣ་ཚོགས་རྡོ་རྗེའི་ལྟེ་བའི་སྟེང་མི་བསྐྱོད་པ་ 2-1-384 སྔོན་པོ་རྡོ་རྗེ་དྲིལ་བུ་འཛིན་པ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ་འཁྱུད་པ། ཤར་རྭའི་སྟེང་དུ་ རྣམ་སྣང་དཀར་པོ་འཁོར་ལོ་འཛིན་པ། སྤྱན་མ་ལ། ལྷོར་རིན་འབྱུང་སེར་པོ། མཱ་མ་ཀཱི། ནུབ་ ཏུ་འོད་དཔག་མེད་དམར་པོ། དབྱངས་ཅན་མ་བྱང་རྭའི་སྟེང་དུ་དོན་ཡོད་གྲུབ་པ་ལྗང་གུ་རལ་ གྲི་འཛིན་པ། ཡུམ་སྒྲོལ་མ་ལ་འཁྱུད་པ། ཐམས་ཅད་གཡས་རང་རང་གི་ཕྱག་མཚན། གཡོན་ པ་ཐམས་ཅད་དྲིལ་བུ་འཛིན་པའོ། །ཡབ་ཡུམ་སྙོམས་འཇུག་བྱས་པའི་སྒྲས་སངས་རྒྱས་བྱང་ སེམས་ཐམས་ཅད་སྤྱན་དྲངས། ཡབ་ཀྱི་ཞལ་དུ་ཞུགས། བྱང་ཆུབ་སེམས་ཀྱི་བདུད་རྩིར་ཞུ། ཡུམ་གྱི་པདྨར་བབས། ཡབ་ཡུམ་རྣམས་རྗེས་ཆགས་ཀྱི་རོལ་པས་བདུད་རྩི་ཞུ། རྫས་རྣམས་ ལ་ཐིམ་པས། བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་པར་བསམ། ཐམས་ཅད་ལ་དགེ་ཞིང་བཀྲ་ ཤིས་པར་གྱུར་ཅིག ། མ་ཡིག་ཏཱ་ར་ནཱ་ཐའི་གསུང་འབུམ་འཛམ་ཐང་བྲིས་མ་དབུ་མེད་དང་། སྐུ་འབྲིང་གི་ཕྱག་དཔེ་གཉིས་ཡིན། 2-1-385 ༄༅། །བསྲུང་འཁོར་རྡོ་རྗེ་བྲག་རྫོང་མའི་ བརྒྱུད་འདེབས་བཞུགས། ༀ་སྭཱ་སྟི། རིགས་ཀུན་ཁྱབ་བདག་རྒྱལ་བ་རྡོ་རྗེ་འཆང༌། །ཟུང་འཇུག་ཡེ་ཤེས་མཆོག་ མངའ་རྡོ་རྗེའི་གུར། །གྲུབ་པ་མཆོག་གི་ས་བརྙེས་མཆོག་སྲེད་ལ། །གསོལ་བ་འདེབས་སོ་ བདག་རྒྱུད་བྱིན་གྱི་རློབས། །པཎ་ཆེན་གྲུབ་པའི་རྩེར་སོན་ནོར་གླིང་པ། །མཁས་པའི་ཕུལ་ ཕྱིན་དད་བྱེད་གོ་ཆའི་ཞབས། །འཇིག་རྟེན་མིག་གཅིག་རིན་ཆེན་བཟང་པོ་ལ། །གསོལ་བ༴ །རིག་སྔགས་ནུས་པ་མཐར་ཕྱིན་བྲག་སྟེང་པ། །གངས་ཅན་བསྟན་པའི་བདག་པོ་ས་ཆེན་ ལ། །གསོལ་བ༴ །མཁས་དབང་རིག་འཛིན་མངའ་བརྙེས་བསོད་ནམས་རྩེ། །གསང་སྔགས་ རྒྱ་མཚོའི་མཐར་སོན་རྗེ་བཙུན་པ། །ལྔ་རིག་མཁས་པའི་གཙུག་རྒྱན་ས་པཎ་ལ། །གསོལ་ བ༴ དམ་ཆོས་འཁོར་ལོ་བསྒྱུར་བ་འཕགས་པའི་ཞབས། །དམ་ཅན་བྲན་དུ་འཁོལ་བ་ཀུན་ དགའ་གྲགས། །མཁས་བཙུན་བཟང་པོ་དཔལ་འཛིན་ཀུན་བསོད་ལ། །གསོལ་བ༴ །གསང་ ཆེན་གདམས་པའི་མཛོད་འཛིན་རིན་ཆེན་རྒྱལ། །ཁམས་གསུམ་འགྲོ་བའི་བླ་མ་ཆོས་ཀྱི་རྗེ། །ངུར་སྨྲིག་འཛིན་དབང་དཔལ་ལྡན་ཚུལ་ཁྲིམས་ལ། །གསོལ་བ༴ །དབང་ལུང་གདམས་པའི་ གཏེར་མཛོད་ངོར་ཆེན་པ། །རྡོ་རྗེ་འཛིན་པ་བློ་གྲོས་དབང་ཕྱུག་ཞབས། །སྨྲ་བ་ཟླ་མེད་པཎ་ ཆེན་ཆོས་རྗེ་ལ། །གསོལ་བ༴ །རིན་ཆེན་བྱང་ཆུབ་ཐུགས་མངའ་གཞོན་ནུའི་མཚན། །བརྟུལ་ ཞུགས་གྲུབ་པའི་དཔའ་བོ་གྲོལ་མཆོག་ཞབས། །རབ་ཞི་དུལ་བའི་དཔལ་འཛིན་རྡོ་རིང་ དབོན། །གསོལ་བ༴ །མ་ལུས་རིགས་ཀྱི་ཁྱབ་བདག་རྡོ་རྗེ་འཛིན། །བཤེས་གཉེན་དམ་པར་ 2-1-386 སྣང་བ་སྒྲོལ་བའི་མགོན། །ཟབ་དོན་སྨྲ་བའི་ཁྱུ་མཆོག་ཡེ་ཤེས་ཞབས། །གསོལ་བ༴ །ནུས་ མཐུའི་རླབས་མངའ་ཀུན་དགའ་དོན་ཡོད་དང༌། །མཚན་ལེགས་དར་རྒྱས་ཀུན་དགའ་དོན་ གྲུབ་དང༌། །ཡོན་ཏན་ལྷུན་གྲུབ་རྩ་བའི་བླ་མ་ལ། །གསོལ་བ༴ །ཡོན་ཏན་གཏེར་མཛོད་ རིན་ཆེན་མཉམ་བཞག་དང༌། །གདམ་པའི་མཛོད་འཛིན་ངག་དབང་ཡོན་ཏན་དང༌། །ཟབ་ ལམ་མཐར་ཐུག་ཀུན་དགའ་དར་རྒྱས་ཞབས། །གསོལ་བ༴ །ཁྱབ་བདག་བླ་མ་ཀུན་དགའ་ བློ་བཟང་དང༌། །ཟབ་དོན་སྤེལ་མཛད་ངག་དབང་བསམ་གཏན་སོགས། །མཆོག་གསུམ་ ཀུན་འདུས་རྩ་བརྒྱུད་བླ་མ་ལ། །གསོལ་བ༴ །རྡོ་རྗེ་བྲག་རྫོང་དམར་ནག་འཇིགས་རུང་བར། ། མི་ཕྱེད་བསྲུང་བའི་འཁོར་ལོ་བརྟན་བཞུགས་པའི། །རབ་འཇིགས་ཁྲོ་ཆེན་རྣམ་བཅུའི་ ཏིང་འཛིན་གྱིས། །མི་མཐུན་གཡུལ་ལས་རྒྱལ་བར་བྱིན་གྱིས་རློབས། །དུས་གསུམ་རྒྱལ་བ་ ཀུན་གྱིས་ཡེ་ཤེས་ལས། །རྣམ་པར་འཕྲུལ་བའི་རིག་སྔགས་སྒྲ་བརྒྱ་པ། །གྲགས་སྟོང་བརྗོད་ བྲལ་རྣམ་མང་བཟླས་བརྗོད་ཀྱིས། །གསང་སྔགས་ནུས་པ་བརྟན་པར་བྱིན་གྱིས་རློབས། །ཞི་ རྒྱས་དབང་དང་དྲག་པོའི་མངོན་སྤྱོད་ཀྱིས། །འཕྲིན་ལས་ཐོགས་པ་མེད་པར་ཀུན་འགྲུབ་ ནས། །གང་ལ་གང་འདུལ་འགྲོ་བའི་དོན་སྤྱོད་ཅིང༌། །ཐུབ་བསྟན་ཉིན་མོར་བྱེད་པར་བྱིན་ གྱིས་རློབས། །རྡོ་རྗེ་ནག་པོ་ཆེན་པོར་གུར་གྱིས་མགོན་པོའི་བསྲུང་འཁོར་རྡོ་རྗེ་བྲག་རྫོང་མའི་ བརྒྱུད་པའི་གསོལ་འདེབས་འདི་ཡང་དགེ་སློང་བརྟན་པའི་རྡོ་རྗེ་བས་བསྐུལ་བའི་ངོར། དགེ་ སློང་ཡེ་ཤེས་རྒྱ་མཚོས་ཐུན་གཅིག་ལ་བྲིས་པ་དགེའོ།། །།དགེ་ལེགས་འཕེལ།། བརྒྱུད་པའི་ཁ་སྐོང་ནི་ཡང་ན། ལུང་རིགས་སྨྲ་བའི་ཁྱུ་མཆོག་སྒྲོལ་བའི་མགོན། །མཐུ་ སྟོབས་འགྲན་ཟླ་མེད་པར་དོན་ཡོད་ཞབས། །ངག་ནུས་མཐར་ཕྱིན་མཚན་ལེགས་སངས་ རྒྱས་ལ། །གསོལ་བ༴ །མཐུ་སྟོབས་མཁྱེན་པའི་བྱིན་རླབས་རྣམ་པར་རྒྱལ། །གནས་ལུགས་ མཐར་ཕྱིན་ཡོན་ཏན་ལྷུན་གྲུབ་ཞབས། །གདམས་པའི་མཛོད་འཛིན་ངག་དབང་རྣམ་པར་ 2-1-387 རྒྱལ། །གསོལ་བ༴ །དམ་པས་རྗེས་གཟུང་ཀུན་དགའ་དར་རྒྱལ་མཚན། །རྡོ་རྗེ་འཛིན་དངོས་ འཕྲིན་ལས་རྣམ་རྒྱལ་ཞབས། །མཐུ་སྟོབས་མངའ་བདག་ལྷུན་གྲུབ་རྒྱ་མཚོ་ལ། །གསོལ་བ༴ ། མ་ཡིག་ཏཱ་ར་ནཱ་ཐའི་གསུང་འབུམ་འཛམ་ཐང་བྲིས་མ་ཡིན། 2-1-388 ༄༅། །དཔལ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོ་ ལྕམ་དྲལ་འཁོར་བཅས་ཀྱི་བསྙེན་ ཐབས་བཞུགས། ༄༅། །ༀ་སྭཱ་སྟི། བླ་མ་དང་ནི་ཧེ་རུ་ཀ །མཆོག་ཏུ་གུས་པར་རབ་བཏུད་དེ། །ནག་ པོ་ཆེན་པོ་ལྕམ་དྲལ་གྱི། །བསྙེན་པའི་མན་ངག་མདོ་ཙམ་བཤད། །དེ་ལ་སྤྱིར་རྐྱང་སྒྲུབ་དང༌། སྦྲགས་སྒྲུབ་གཉིས། དང་པོ་ལ། ཕོ་རྐྱང་དུ་སྒྲུབ་པ་དང༌། མོ་རྐྱང་དུ་སྒྲུབ་པ་དང༌། འཁོར་རྐྱང་ དུ་སྒྲུབ་པ་དང་གསུམ་མོ། དང་པོ་ནི། གུར་མགོན་ཡབ་རྐྱང་དུ་སྒྲུབ་པ་སྟེ། འདི་ལ་བཀའ་སྡོད་ལྟར་སྒྲུབ་པ་དང༌། ཚོགས་བདག་ལྟར་སྒྲུབ་པ་དང༌། གནོད་སྦྱིན་ལྟར་སྒྲུབ་པ་དང༌། གཤིན་རྗེ་ལྟར་སྒྲུབ་པ་དང་ བཞི་ལས། དང་པོ་ནི། རང་ཡི་དམ་དུ་གསལ་བའི་མདུན་དུ༴ མགོན་པོ་བཀའ་གཉན་གྱི་ཚུལ་ དུ་བྱས་ནས་སྒྲུབ་པའོ། །གཉིས་པ་ནི་རང་ཉིད་མགོན་པོར་བྱས་ཏེ་སྒྲུབ་བོ། །གསུམ་པ་ནི། སྒྲུབ་ལུགས་གཉིས་པོ་གང་རུང་སྟེ་རྒྱས་པའི་ལས་སྒྲུབ་པ་ལ་ཤིན་ཏུ་བསྔགས་སོ། །བཞི་པ་ ནི། ལུགས་གཉིས་པོ་གང་རུང་སྟེ་དྲག་པོའི་ལས་སྒྲུབ་པ་ལ་ཤིན་ཏུ་བསྔགས་པའི་དེ་ལྟར་དུ་ སྒྲུབ་པའོ། ། གཉིས་པ་ནི། གུར་མགོན་བཀའ་གནོན་དུ་ཡོད་པ་ལ་ཡང་མ་ལྟོས། བཀའ་ཉན་གྱི་ འཁོར་ཡོད་པ་ལ་ཡང་མ་ལྟོས་པར་ལྷ་མོ་རྐྱང་པར་སྒྲུབ་པའོ། །འདི་ལ་ཡང་འཇམ་ལུགས་སུ་ སྒྲུབ་པ་དང༌། རྩུབ་ལུགས་སུ་སྒྲུབ་པའོ། །དང་པོ་ནི་ཨེ་ཀ་ཛ་ཊི་བཀའ་གནོན་བྱས་ཏེ་སྒྲུབ་ 2-1-389 པའོ། །འདི་ལ་ཡང་ཡུམ་ཆེན་ཨེ་ཀ་ཙ་ཏིའི་ལྟོ་བར་བསྐྱེད་པ་ཤིན་ཏུ་འཇམ་ལུགས་དང༌། སྙིང་ ཁར་བསྐྱེད་པ་ཅུང་ཟད་རྩུབ་ལུགས་སུ་སྒྲུབ་པའོ། །གཉིས་པ་ནི་ཡུམ་ཆེན་ཨེ་ཀ་ཛ་ཊི་བཀའ་ གནོན་ཡོད་པ་ལ་མ་ལྟོས་པར་དཔལ་ལྡན་ལྷ་མོ་སྒྲུབ་པའོ། ། གསུམ་པ་འཁོར་རྐྱང་དུ་བསྒྲུབ་པ་ནི། ལྕམ་དྲལ་བཀའ་གནོན་དུ་ཡོད་པ་ལ་མ་ལྟོས་པར་ འཁོར་རྐྱང་དུ་སྒྲུབ་པའོ། །དེ་ཡང་ལྷ་ཆེན་བརྒྱད། ཀླུ་ཆེན་བརྒྱད། གཟའ་ཆེན་བརྒྱད། །རྒྱུ་ སྐར་ཉི་ཤུ་རྩ་བརྒྱད། ཞིང་སྐྱོང་བརྒྱད། གཤན་རྗེ་བརྒྱད། འཇིག་བྱེད་བརྒྱད། མ་མོ་བརྒྱད་ པོ། མདོར་ན་སྣང་སྲིད་ལྷ་སྲིན་སྡེ་བརྒྱད་མཐའ་དག་རྐྱང་པ་སྒྲུབ་པ་སྟེ། དེ་ནི་ཐུན་མོང་བའི་ འཁོར་རྐྱང་སྒྲུབ་པའོ། །ཐུན་མོང་མ་ཡིན་པའི་འཁོར་རྐྱང་བསྒྲུབ་པ་ནི། ལྕམ་དྲལ་བཀའ་ གནོན་དུ་ཡོད་པ་ལ་མ་ལྟོས་པ། ཕྱིའི་ལས་མགོན་གཅེར་བུ་ཟངས་གྲི་ཅན། ནང་གི་ལས་ མཁན་བེར་ནག་ཟངས་གྲི་ཅན། གསང་བའི་ལས་མཁན་པུ་ཏྲ་མིང་སྲིང་རྣམས་རྐྱང་པར་སྒྲུབ་ པའོ། ། གཉིས་པ་སྦྲགས་སྒྲུབ་ལ་ཡབ་ཡུམ་སྦྲགས་སྒྲུབ་མིང་སྲིང་སྦྲགས་སྒྲུབ་ལྕམ་དྲལ་སྦྲགས་ སྒྲུབ་གཙོ་འཁོར་སྦྲགས་སྒྲུབ་དང་བཞིའོ། ། དང་པོ་ནི་མགོན་པོ་ལྷ་མོ་གཉིས་འཇིག་རྟེན་གྱི་གཟའ་མི་ལྟ་བུའི་ཚུལ་གྱིས་སྒྲུབ་པའོ། །གཉིས་པ་ནི་མགོན་པོ་དང་ལྷ་མོ་གཉིས་འཇིག་རྟེན་གྱི་མིང་སྲིང་ལྟར་སྒྲུབ་པའོ། །གསུམ་པ་ ནི་ལྷ་མོ་ཤིན་ཏུ་རྩུབ་པའི་མགོན་པོ་བཀའ་གནོན་དུ་བྱས་ཏེ་སྒྲུབ་པའོ། །བཞི་པ་ནི་ལྕམ་དྲལ་ ལྷ་གསུམ་ལ་ཐུན་མོང་བ་དང་ཐུན་མོང་མ་ཡིན་པའི་འཁོར་རྣམས་ཀྱིས་བསྐོར་ཏེ་སྒྲུབ་པ་སྟེ། འདི་ལ་ཐུན་མོང་གི་གཙོ་འཁོར་སྦྲགས་སྒྲུབ་དང་ཐུན་མོང་མ་ཡིན་པའི་གཙོ་བོར་སྦྲགས་སྒྲུབ་ བོ། །དེ་ཡང་རྐྱང་སྒྲུབ་ལས་སྦྲགས་སྒྲུབ་ཟབ་སྦྲགས་སྒྲུབ་ལ་ཡང་ཕྱི་མ་ཕྱི་མ་རིམ་པས་ཟབ་ པས་ལྕམ་དྲལ་ལྷ་གསུམ་ལས་གནོད་སྦྱིན་ཡབ་ཡུམ་དང་པུ་ཏྲ་མིང་སྲིང་གསུམ་གྱིས་བསྐོར་ 2-1-390 བ་ནི་ཆེས་ཤིན་ཏུ་ཟབ་པར་གྲགས་སོ། ། དེ་ལྟར་ན་ལྷ་བརྒྱད་སྦྲགས་སྒྲུབ་ཀྱི་སྒོ་ནས། བསྙེན་པ་ལས་འཇུག་པར་བྱ་སྟེ། འཚམས་ལ་འཇུག་པའི་སྔ་རོལ་ཏུ་ནག་པོ་ཆེན་པོ་ལ་བསྐངས་བཤགས་རྒྱས་པར་ཕུལ་ལ། གཟའ་སྐར། དགའ་བའི་དགོང་མོའི་ཆ་བགེགས་གཏོར་བཏང་ལ་བགེགས་བསྐྲད་ཅིང༌། མཚམས་ཐོ་རྣམས་བཙུགས་ཤིང༌། ཤེས་ཤིང་ནུས་ན་ཐོ་བཞི་རྒྱལ་ཆེན་བཞིར་བསྐྱེད་པ་ དང༌། གཏོར་མ་ཕུལ་ཏེ་བར་ཆད་བསྲུང་བའི་འཕྲིན་ལས་བཅོལ། སྒྲུབ་ཁང་གི་ནང་གི་རང་ གི་མདུན་ཕྱོགས་སུ་ཡི་དམ་ཆོས་སྐྱོང་གི་བྲིས་སྐུ་བཀྲམ་ཞིང་ལག་ལེན་བཞིན་མཆོད་གཏོར་ བཤམས་ལ། བདུན་ཕྲག་གཅིག་གམ་གཉིས་སམ་ཇི་ལྟར་རིག་པར་ཡི་དམ་གྱི་བསྙེན་པ་ཁ་ གསོས། དེ་མཚམས་ནི་མགོན་པོའི་བསྙེན་པ་དངོས་གཞི་ལ་འཇུག་སྟེ། རེ་རེའི་མགོར་ཡི་ དམ་གྱི་བདག་བསྐྱེད་རྒྱས་བསྡུས་ཇི་ལྟར་རིག་པ་བཟླས་པ་ཅུང་ཟད་རེ་དང་བཅས་པ་སྔོན་ དུ་བཏང་ལ། མགོན་པོ་ལྕམ་དྲལ་ལྷ་བརྒྱད་ཡོངས་རྫོགས་གཏོར་ཆོག་བཞིན་བསྐྱེད་ལ་དམ་ བཞག་གི་བར་བྱ། དེ་ནས་མཆོད་བསྟོད་བསྡུས་པ་ཞིག་བྱས་ལ། མགོན་པོའི་བཟླས་པ་ལ་ འཇུག །ཐུན་འཇོག་ཁར་གཏོར་མ་ཁ་གསོས་ལ་གཏོར་མ་ཕུལ། མཆོད་བསྟོད་འཕྲིན་ལས་ བཅོལ་བ་དཀྱུས་བཞིན་བྱས་ལ་ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐངས། མ་འབྱོར་བའི་བཟོད་ པར་གསོལ། གཤེགས་སུ་མི་གསོལ་བར་སུ་པྲ་ཏིཥྛའི་བརྟན་ཞུགས་ཕུལ་ལ། དགེ་བ་བྱང་ ཆུབ་ཏུ་བསྔོ་ཐུན་མཚམས་ལ་འཇུག་གོ ། བཟླས་པའི་དམིགས་པ་ནི། རང་ཡི་དམ་དུ་གསལ་བ་དང༌། མདུན་དུ་མདུན་བསྐྱེད་ མགོན་པོ་གཙོ་འཁོར་བརྒྱད་བཀའ་སྡོད་ཀྱི་ཚུལ་དུ་བཞུགས་པར་བསམ། རང་གི་ཐུགས་ ཀའི་ཉི་མའི་སྟེང་དུ་རྡོ་རྗེ་རྩེ་ལྔ་པ་རྭ་གདེངས་པ། དབུས་རྭ་སྦུབས་ཅན་དུ་ཡོད་པའི་ལྟེ་བར་ ཉི་མ་ལ་ཧཱུཾ་སྔོན་པོ། དེའི་མཐའ་སྐོར་དུ་མགོན་པོའི་སྙིང་པོ་དང་རྩ་སྔགས་གཉིས་ཀྱིས་བསྐོར། 2-1-391 དེའི་ཕྱི་རོལ་ཏུ་ལས་མགོན་གྱི་སྔགས་ཀྱིས་བསྐོར་བ་སྟེ། དེ་རྣམས་ཐམས་ཅད་གཡས་བསྐོར། དེའི་ཕྱི་རོལ་ཏུ་ཡི་དམ་གྱི་སྔགས་ཀྱིས་ཀྱང་བསྐོར་བར་བསམ་མོ། ། མདུན་གྱི་མགོན་པོའི་ཐུགས་ཀར་འཁོར་ལོ་སྔོན་པོ་རྩིབས་བརྒྱད་པའི་སྟེང་དུ་གྲི་གུག་ སྔོ་ནག་ཡུ་བའི་རྭ་སྦུབས་སྟོང་དུ་ཡོད་པའི་ལྟེ་བར་ཉི་མ་ལ་ཧཱུཾ་ནག་པོ། ལྷ་མོའི་ཐུགས་ཀར་ རལ་གྲི་ཡུ་བ་སྦུབས་སྟོང་དུ་ཡོད་པའི་ལྟེ་བར་ཉི་མ་ལ་བྷྱོཿ ལས་མགོན་རྣམས་ལ་ཡང་རང་ རང་གི་ཐུགས་ཀར་ཕྱག་མཚན་སོ་སོའི་ལྟེ་བར་ཧཱུཾ་རེ་རེ་བསྒོམ། དེ་ནི་རང་གི་ཐུགས་ཀའི་ཧཱུཾ་ ལས་སྙིང་པོ་ཡི་གེ་བཅུ་པ་ལས་འོད་ཟེར་ཁ་དོག་སྣ་ཚོགས་པའི་རྩེ་མོ་ལ་དམ་རྫས་མཆོད་ པའི་སྤྲིན་དཔུང་བསམ་གྱིས་མི་ཁྱབ་པ་དང་བཅས་པ་སྤྲོས། རང་གི་ཞལ་ནས་ཐོན་མགོན་ པོའི་ཞལ་དུ་ཞུགས་གྲི་གུག་གི་དབུས་སུ་རྭའི་སྦུབས་ནས་མར་སོང་ནས། ལྟེ་བར་ཧཱུཾ་ཡིག་ ལ་གཡས་སྐོར་བྱས་སིབ་སིབ་ཐིམ་པས། སྐུ་ལུས་ཀྱི་ནང་ཐམས་ཅད་འོད་ཟེར་གྱི་གང་བས། ནང་སྤངས་རྟོགས་དང་ནུས་མཐུ་རྒྱས། ཕྱི་དམ་རྫས་ཀྱི་སྐུ་ལུས་རྒྱས་ཏེ། གཟི་བརྗིད་བཀྲག་ མདངས་ཕུན་སུམ་ཚོགས་པར་བསམ། མགོན་པོའི་ཐུགས་ཀའི་ཧཱུཾ་ལས་སྙིང་པོའི་འོད་ཟེར་ཁ་ དོག་ལྔ་ལྡན་འཕྲོས། མགོན་པོའི་ལྟེ་བ་ནས་ཐོན་བདག་གི་ལྟེ་བར་ཞུགས་ཏེ། སྙིང་ཁའི་ཧཱུཾ་གི་ ཞབས་ཀྱུ་ལ་ཐིམ་པས། བདག་ལ་སྲོག་སྙིང་ཕུལ་བར་བསམ་ཞིང༌། ཇི་ལྟར་འདོད་པའི་དོན་ ཐམས་ཅད་མྱུར་བ་ཉིད་དུ་སྒྲུབ་པར་བསམ་ལ། མགོན་པོའི་སྙིང་པོ་སྟོང་ཕྲག་གཉིས་ཙམ་ བཟླས། དེ་ནི་ལྷ་མོའི་བསྙེན་པ་ནི། བདག་ཉིད་ཀྱི་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས། འཇིག་ རྟེན་གྱི་ཁམས་ཀྱི་དགྲ་བགེགས་གདུགས་པ་ཅན་ཐམས་ཅད་ཚར་བཅད། དེ་དག་གི་ནུས་ མཐུ་ཐམས་ཅད་འོད་ཟེར་ནག་པོའི་རྣམ་པར་སྤྱན་དྲངས། བདག་གི་ཐུགས་ཀའི་ཧཱུཾ་ལ་ཐིམ། སླར་ཡང་འོད་ཟེར་འཕྲོས་རྒྱལ་བ་སྲས་དང་བཅས་པའི་མཐུ་སྟོབས་ཐམས་ཅད་སྤྱན་དྲངས། ཧཱུཾ་ལ་ཐིམ། ཡང་འོད་ཟེར་འཕྲོས་རང་ལུས་འོད་ཀྱི་ཕུང་པོ་ཆེན་པོ་གྱུར་པར་བསམ་ཏེ་ཧཱུཾ་ལ་ 2-1-392 ཐིམ། ཧཱུཾ་ཡོངས་སུ་གྱུར་པ་ལས། པདྨ་ཉི་མ་མི་རོ་དམར་སེར་མགོ་གཡས་སུ་བསྟན་པའི་སྟེང་ དུ་ནག་པོ་ཆེན་པོ་ཡན་ལག་བཞི་རྫོགས་སུ་བསྐྱེད་ལ། བདག་ཉིད་ནག་པོ་ཆེན་པོའི་ཐུགས་ ཀར་འཁོར་ལོ་སྔོན་པོ་རྩིབས་བརྒྱད་པའི་སྟེང་དུ་གྲི་གུག་གི་ལྟེ་བར་ཧཱུཾ་ཡིག་ནག་པོ་དེའི་ མཐར་ལྷ་མོའི་སྙིང་པོ། དེའི་མཐའ་སྐོར་དུ་ལས་མཁན་ཕོ་མོའི་སྔགས་དེའི་ཕྱི་རོལ་ཏུ་མགོན་ པོ་སྙིང་པོ་དང་རྩ་སྔགས། དེའི་ཕྱི་རོལ་ཏུ་ཡི་དམ་སྔགས་ཀྱིས་བསྐོར་བར་བསམ་ལ། བདག་ ཉིད་ནག་པོ་ཆེན་པོར་གསལ་བའི་ཐུགས་ཀའི་ཧཱུཾ་ལས་སྔགས་ཀྱི་སྤྲོ་བསྡུ་བྱ་ཚུལ་ཡང་དེའི་ རིགས་འགྲེའོ། ། ལྷ་མོ་ལ་མགོན་པོའི་ཕྱེད་དེ་སྟོང་ཕྲག་གཅིག །ལས་མགོན་ལ་ཡང་ཕྱེད་དེ་ལྔ་སོགས་ གྲངས་དེའི་རིགས་འགྲེ་དགོས་ལ། མདོར་ན་མགོན་པོའི་སྙིང་པོ་འབུམ་ཕྲག་བཅུ་དྲུག །ལྷ་ མོའི་བསྙེན་སྔགས་འབུམ་ཕྲག་བརྒྱད། ལས་མགོན་ལ་ཡང་འབུམ་ཕྲག་བཞི་སྟེ། དེའི་མགོན་ པོ་ལྕམ་དྲལ་འཁོར་བཅས་ཀྱི་བདག་དང་ལྷ་ཉེ་བའི་བསྙེན་པ་ཡོངས་སུ་རྫོགས་པའོ། །ཤ་ ས་ནས་བསྙེན་པ་འབུམ་ཕྲག་བཞི། རྡོ་རྗེ་བྲག་རྫོང་མ་ལ་བརྟེན་པར་བླ་མ་གོང་མ་རྣམས་ཀྱི་ ལེགས་པར་བཤད་པའི་དགོངས་དོན་ཇི་ལྟ་བ་བཞིན། དཔལ་ལྡན་བླ་མ་དམ་པ་ཁྱབ་བདག་ སྒྲོལ་བའི་མགོན་པོ་ཀུན་དགའ་སྙིང་པོའི་གསུངས་ལས་བྱུང་བ་རྣམས་ལས་མདོར་བསྡུས་ཏེ་ ཤཱཀྱའི་དགེ་སློང་ཀུན་དགའ་ཡེ་ཤེས་རྒྱ་མཚོས་དོན་གཉེར་འགའ་རེས་བསྐུལ་བའི་ངོར་སྦྱར་ བའོ།། །། སརྦ་མངྒ་ལཾ།། མ་ཡིག་ཏཱ་ར་ནཱ་ཐའི་གསུང་འབུམ་བྲིས་མ་ཡིན། 2-1-393 བསྙེན་པར་རྫོགས་པའི་མཁན་བརྒྱུད་ཀྱི་གསོལ་འདེབས། ༄༅། །ༀ་སྭ་སྟི། འདྲེན་མཆོག་མཉམ་མེད་ཐུབ་དབང་བཅོམ་ལྡན་འདས། །ཤེས་ རབ་ཅན་གྱི་མཆོག་གྱུར་ཤཱ་རིའི་བུ། །བསླབ་གསུམ་ལ་གུས་མཆོག་གྱུར་སྒྲ་གཅན་འཛིན། ། གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཡོན་ཏན་མཛོད་མངའ་བྲམ་ཟེ་སྒྲ་ གཅན་འཛིན། །སྟོང་ཉིད་ཟབ་མོའི་དོན་གཟིགས་ཀླུ་སྒྱུབ་ཞབས། །མང་ཐོས་སྡོམ་བརྩོན་ པུ་ཎ་མ་ཏི་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །མཁྱེན་པའི་སྤྱན་ ཡངས་ཆོས་ཀྱི་བཟང་པོ་དང༌། །རྣམ་དག་ཚུལ་གནས་གུ་ན་པ་ཏི་དང༌། །རླབས་ཆེན་སྤྱོད་ པ་མངའ་བའི་ཆོས་ཀྱི་ཕྲེང༌། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཆོས་ ཀྱི་མངའ་བདག་འབྱུང་གནས་སྦས་པ་དང༌། །ལྔ་བརྒྱའི་ཐམས་ཅད་མཁྱེན་པ་ཤཱཀྱ་ཤྲི། ། ཁྲིམས་ལྡན་འདུས་པའི་རྗེ་བོ་རྡོ་རྗེ་འཛིན། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་ རློབས། །ངུར་སྨིག་རྒྱལ་མཚན་འཛིན་པའི་འོད་ཟེར་དཔལ། །གཅིག་ཏུ་ཆོས་ལ་གཞོལ་ བའི་བསོད་ནམས་དཔལ། །ཡོན་ཏན་མཛོད་མངའ་བཀྲ་ཤིས་ཚུལ་ཁྲིམས་ལ། །གསོལ་ བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཡེ་ཤེས་རྒྱལ་མཚན་མཁས་བཙུན་བཟང་པོའི་ མཆོག།ཀུན་དགའ་བཟང་པོ་སྡོམ་བརྩོན་རྡོ་རྗེ་འཛིན། །ཤཱཀྱ་མཆོག་ལྡན་གནས་ལྔ་རིག་ པའི་མཆོག །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །བློ་གྲོས་བཟང་པོའི་ ལུང་རིག་སྨྲ་བའི་ཕུལ། །ཀུན་དགའ་རྒྱལ་མཚན་བསྟན་མཁས་ཡོན་ཏན་ལྡན། །ཐམས་ ཅད་མཁྱེན་པ་ཀུན་དགའ་སྙིང་པོ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །གདམས་པའི་མཛོད་འཛིན་རིན་ཆེན་རྒྱ་མཚོ་དང༌། །གཞུང་ལུགས་མཐར་ཕྱིན་བློ་གྲོས་རྣམ་ 2-1-394 པར་རྒྱལ། །གནས་བརྟན་འདུལ་འཛིན་བློ་གྲོས་རྒྱ་མཚོ་ལ། །གསོལ་བ་འདེབས་སོ་བདག་ རྒྱུད་བྱིན་གྱིས་རློབས། །མཁས་བཙུན་གྲུབ་བརྙེས་ངག་དབང་ཕྲིན་ལས་དང༌། །མཁས་ གྲུབ་དམ་པ་ངག་དབང་བློ་གྲོས་མཚན། །བསྟན་པའི་སྲོག་ཤིང་ངག་དབང་རྣམ་རྒྱལ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །སྒྲུབ་པ་མཐར་ཕྱིན་བཤེས་གཉེན་ མཁས་བཙུན་བཟང་། །བསླབ་གསུམ་རྣམ་དག་ཀུན་དགའ་རྒྱ་མཚོ་དང༌། །སྡོམ་བརྩོན་ དམ་པ་སྙིང་པོ་བསྟན་པ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །གནས་ ལུགས་མངོན་གྱུར་ཀུན་དགའ་ཆོས་འཕེལ་ཞབས། །རྩོད་དུས་ཐུབ་བསྟན་གསལ་བྱེད་ཆོས་ ཀྱི་རྗེ། །ཀུན་དགའི་མཚན་འཆང་ཡོན་ཏན་རྒྱ་མཚོའི་གཏེར། །གསོལ་བ་འདེབས་སོ་བདག་ རྒྱུད་བྱིན་གྱིས་རློབས། །ཐུབ་བསྟན་རྒྱ་མཚོའི་སྙིང་པོ་སོ་ཐར་གྱི། །ཚུལ་ལ་ལེགས་གནས་ ཐོས་བསམ་སྒོམ་པ་ཡི། །ཤེས་རབ་སྣང་བ་བསྐྱེད་ནས་རྣམ་གྲོལ་བའི། །གོ་འཕང་བླ་མེད་ ཐོབ་པར་བྱིན་གྱིས་རློབས། །ཞེས་བསྙེན་པར་རྫོགས་པའི་མཁན་བརྒྱུད་ཀྱི་གསོལ་འདེབས་ འདི་ཡང་ཤཱཀྱའི་དགེ་སློང་ཡེ་ཤེས་རྒྱ་མཚོས་སྦྱར་བའོ། །ཁ་སྐོང་ཤྭ་ལོ་ཀ་བཞི་འདི་ངྷརྨཱ་བྷ་ དྲས་བྲིས་པ་ལགས། ༈ ཀུན་དགའི་རྗེས་སུ། དགེ་སློང་རྡོ་རྗེ་འཛིན་པ་བསྟན་འགྲོའི་དཔལ། །ཀུན་དགའ་ མཉམ་ཉིད་མདོ་སྔགས་ཆོས་ཀྱི་མཛོད། །མཁན་ཆེན་དམ་པ་རིན་ཆེན་བཟང་པོའི་ཞབས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཐུབ་བསྟན་རྒྱ་མཚོའི༴སོགས་སོ། །མ་ ཏིས་སོ། ། མཁན་བརྒྱུད་གསོལ་འདེབས་ཀྱི་ཁ་སྐོང༌། ༈ མཁན་བརྒྱུད་གསོལ་འདེབས་ཁ་སྐོང་འདི་ལ་སླར་ཡང་མཁོ་བ་ནི། མཁན་ཆེན་ དམ་པ་རིན་ཆེན་བཟང་པོའི་ཞབས་ཀྱི་རྗེས་སུ། དུས་ངན་སྨག་རུམ་ཁྲོད་དུ་རྒྱལ་བསྟན་ 2-1-395 གྱི། །ལུགས་བཟང་སོ་ཐར་རིགས་བརྒྱད་སླར་སྤེལ་མཁན། །བརྟན་མཁས་ཀུན་བཟང་བློ་ གྲོས་རབ་བརྟན་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཐུབ་བསྟན་ རྒྱ་མཚོའི༴ ཅེས་མཁན་བརྒྱུད་གསོལ་འདེབས་ཀྱི་ཁ་སྐོང་འདི་སླར་ཡང་ངག་དབང་ཡེ་ཤེས་ ལ་མཁོ་བར་རྟེན་གུ་ཎ་བྷ་དྲས་སྐྱབས་མགོན་མ་ཏི་རིན་པོ་ཆེའི་གསུང་རབ་ཀྱི་ཞབས་ཏོག་ཏུ་ དམིགས་ནས་བྲིས་པའོ། །དགེ། 2-1-396 ༄༅། །དཔལ་དུས་ཀྱི་འཁོར་ལོའི་བཟླས་དམིགས་ ཉེར་མཁོ་བཞུགས། ༄༅། །ན་མོ་གུ་རུ། ཐུབ་པའི་བསྟན་པ་དམ་པའི་ཆོས་ཀྱི་སྙིང་པོ་ལས་ཀྱང་སྙིང་པོ་ ཟབ་པ་ལས་ཀྱང་ཟབ་པ་གསང་ཆེན་ལས་ཀྱང་གསང་ཆེན་རྒྱུད་སྡེའི་མཐར་ཐུག་དཔལ་དུས་ ཀྱི་འཁོར་ལོའི་བསྐྱེད་རིམ་ཀྱི་རྣལ་འབྱོར་ཉམས་སུ་ལེན་པའི་ཚུལ་མདོ་ཙམ་ནི་འདི་ཡིན་ ཏེ། སྤྱིར་བསྙེན་པ་གང་ལའང་ཐོག་མ་འཚམ་འོག་ཏུ་མི་མང་ཉུང་གང་བཅུག་ཀྱང་ཆོག་ཅིང་ ། མཚམས་འོག་སུ་མ་བཅུག་པ་ཕྱིས་མི་འཇུག་ཚམས་འདེབས་དགོངས་མོགལ་བྱ། གྲོལ་བ་ སྔ་གྲོ་ལ་བྱེད། ཐུན་གྱི་སྐབས་ངག་བསྡམ་ཤིང་སྔགས་གང་འགྲུབ་བགྲོང་། ངག་བཅད་པའི་ སྔགས་དེ་བསྙེན་པའི་གྲངས་སུ་བརྩི་ཞིང་། བསྙེན་པའི་འཕྲེང་བ་གཞན་གྱིས་མི་མཐོང་བ་ བྱེད་དགོས། ཐུན་མཚམས་སུ་ངག་བཅད་མཐའ་གཅིག་ཏུ་མི་དགོས་མོད། འོན་ཀྱང་གཏམ་ ཅལ་ཅོལ་མི་སྨྲ་ཞིང་། སྒྲུབ་གཡོག་པས་ཀྱང་སྐད་གསར་བ་ཚོར་བ་རྣམས་མི་ཤོད། ཁྱད་པར་ བསྙེན་པའི་མི་ལོང་པས་སྡུག་པ་དང་དྭོག་པ་དང་ཚབ་ཚོབ་དང་རིག་པ་བཅུར་བཅུར་ཉི་མ་ གཅིག་ལ་གྲངས་འདི་ཙམ་སོང་མ་སོང་མི་བྱེད་བློ་བདེ་བའི་ངོས་ནས་ལྷོད་ལྷོད་བྱས་ཏེ། སྤྱོད་ ལམ་བག་ཡངས་ཙམ་བརྟེན་སྐྲ་སེན་མི་འདྲེགས་གདན་མི་དཀྲུག བླ་མའི་གསོལ་འདེབས་ དང་གཏོར་སྐབས་ཀྱི་གསོལ་འདེབས་འདུན་པ་དྲག་པོ་གལ་ཆེ། མངོན་རྟོགས་ཀྱི་མགོ་ མཇུག་ཐམས་ཅད་དུ་སེམས་མ་ཡངས་པ་དགོས་ཤིང་། དམིགས་པ་གསལ་རུང་མི་གསལ་ རུང་ཚིག་སོ་སོའི་ཐད་དུ་རྣམ་པ་ལམ་ལམ་དྲན་པའི་འཆར་སྒོ་རེ་གཅེས། བཟླས་པའི་སྐབས་ 2-1-397 དགྲ་ལ་ཞེ་སྡང་གཉེན་ལ་བྱམས་པ། འཚང་འདྲི་སམ་ཁེ་ཕོགས་སོགས་སྔར་མི་དྲན་པ་མང་ པོ་དྲན་པ་དང་། དཔེ་ཆ་ལྟ་བ་དང་ཤོར་བ་སོགས་བདུད་ཀྱི་བར་ཆད་དུ་གོ་བར་བྱས་ནས། སྤྲོས་པ་ཐམས་ཅད་གཅོད། སྤྱིར་ཐུན་བཞི་བཤད་ནའང་སྔགས་འགྲོ་ཚ་བའི་སྐབས་སུ་ཐུན་ དགོངས་ཐུན་གཉིས་བྱེད། ཐུན་མཚམས་ཉིན་གུང་ལ་ཡོངས་བ་མཛད། གཏོར་མ་དགོང་ཐུན་ ཀྱི་མཇུག་སྟོད་ཀྱི་དུས་སུ་བསྔོ་བའི་མཆོག་ལགས། དེ་ལ་འདིར་སྒྲུབ་ཐབས་སྐུ་གསུང་ཐུགས་ ཀྱི་དཀྱིལ་འཁོར་གྱི་ལྷ་དང་ལྷ་མོ་དག་འདིར་འདུས་པའི་ཕྱིར། སྐུ་གསུང་ཐུགས་ཡོངས་ རྫོགས་བསྒོམས་པ་དང་། ཕན་ཡོན་ཁྱད་པར་མེད་ལགས། དེ་སྒོམ་པའི་ཚུལ་ནི་ཐོ་རངས་ཀྱི་ དུས་སུ་སྐྱབས་སེམས་སྔོན་དུ་འགྲོ་བའི་ཁྲུས་ལ་སོགས་པ་བྱ་ལ། ཁ་དག་པའི་དོན་དུ་བདུད་ རྩི་རིལ་བུ་ཁར་བཅུག་གམ་ནང་མཆོད་མྱང་ནས། རྡོ་རྗེའི་ཞལ་དག་པ་ལ་སོགས་པའི་རྗེས་ ལ། ཁྲོ་བོ་བཅུའི་བསྲུང་འཁོར་ཙམ་དང་། ལམ་བསྟེན་པ་ལ་སོགས་མཐར་ཐུགས་དཀྱིལ་ མངོན་རྟོགས་ཀྱི་གཞུང་བསྲང་ཏེ་སྙེན་སྒྲུབ་ཡན་ལག་བཞི་སྒོ་ནས་བསྒོམ་པར་བྱའོ། ། འདིར་སྒྲུབ་ཐབས་ཀྱི་གོ་དོན་རྣམས་བྲི་བར་མི་ལང་བའི་མ་བཤད་ལགས། ཡང་དེ་ལས་ ཚིག་ཉུང་བར་མོས་ནས་ལྷ་དགུ་དང་ལྔ་དང་ལྷན་སྐྱེས་དཔའ་བོ་གཅིག་པའི་བར་གང་ཡང་ རུང་བར་གཅིག་ལ་བརྟེན་ནས་སྒོམ་པར་བྱས་ཏེ། བཟླས་པའི་བར་དུའོ། །དེ་ལ་འདིར་སྐུ་ གསུང་ཐུགས་ཀྱི་སྔགས་བཟླས་ཚུལ་ནི་འདི་ལྟར་བཟླས་པའི་དགོས་པ། བཟླས་པའི་ཡན་ ལག བཟླས་བྱ་སྔགས་ཀྱི་རང་བཞིན། བཟླས་པའི་གྲངས་སུ་དབྱེ་བ། ཇི་ལྟར་བཟླས་པའི་ ཚུལ་རྣམས་སོ། ། དང་པོ་ནི་སེམས་ཀྱི་དྲི་མར་སྦྱང་བ་དང་། ངག་གིས་ནུས་པ་རྙེད་པ་དང་། ཡེ་ཤེས་ཀྱི་ ལྷའི་ཐུགས་རྒྱུད་བསྐུལ་བ་དང་། སྙན་གསན་འབེབས་པའི་འབོད་པ་ལྟ་བུ་དང་ཆོས་ཉིད་ ཀྱི་བཟླས་པའི་སྒྲིབ་པ་ཅུང་ཟད་ཅུང་ཟད་ཟད་པ་ན་ཡེ་ཤེས་ཀྱི་ལྷ་དང་ཅེ་ཉེར་འགྱུར་བ་དང་། 2-1-398 གནས་སྐབས་སུ་ལྷའི་བྱ་བ་བྱེད་བྱས་པ་དང་། སངས་རྒྱས་ཀྱི་གསུང་རྡོ་རྗེའི་སྔགས་སུ་གྱུར་ པའོ། །རིགས་སྔགས་དེ་ལན་གཅིག་གི་ཆོག་པ་མ་ཡིན་མོད། རྟག་ཏུ་ཡང་ཡང་སྐྱོར་བཟླས་ བྱས་པས་ལྷ་འགྲུབ་པ་ནི་བཟླས་པའི་དགོས་པའོ། ། གཉིས་པ་སྔགས་ཀྱི་ཡན་ལག་མ་ཉམས་པར་བཟླས་པ་ནི། སྔགས་རང་ཉིད་ལ་རིང་ཐུང་ གུང་སྐྱིད་ཡིག་འབྲུ་རྣམས་ལྷག་ཆད་ནོར་གསུམ་སྤངས་པ་དང་། མཐུན་པའི་རྐྱེན་ཕྱོགས་དུས་ བསམ་པ་མཆོད་སྔགས་ཀྱི་མཐའ་བསྒྱུར་ལ་སོགས་པའོ། ། གསུམ་པ་ནི། སྒྲུབ་བྱ་ལྷའི་མིང་གི་ཡི་གེ་དང་པོ་ནི། ཐུགས་རྡོ་རྗེའི་སྔགས་དང་ལྷན་ ཅིག་མིང་ཉིད་ནི་གསུང་རྡོ་རྗེའི་སྔགས་མིང་ལས་ལྷག་པ་ནི་སྐུ་རྡོ་རྗེའི་སྔགས་སོ། །ཡང་རྣམ་ བཞག་དེ་དང་མི་འདྲ་བ་ནི་རྩ་སྔགས་སྙིང་པོ་ཉེ་སྙིང་ལ་ས་བོན་རྣམས་སྐུ་གསུང་ཐུགས་ཡེ་ ཤེས་རྡོ་རྗེའི་བཟླས་སྔགས་ཀྱང་ཤེས་པར་བྱའོ། །དེ་ལ་འདིར་བརྟན་སྣོད་བཅུད་མ་ལུས་པ་ གཅིག་ཏུ་འདུས་པ་དུས་ཀྱི་འཁོར་ལོ་ཤེས་རབ་མ་དང་བཅས་པའི་སྔགས་ནི། ༀ་ཧྐྵྨླྺྼྻྂ་སྭཱཧཱ། ཞེས་པ་རྩ་བའི་བསྙེན་པ་སྔགས་རྣམ་བཅུ་དབང་ལྡན་ཡིན། ༀ་ཨཱཿཧཱུཾ་ཧོ་ཧྐྵྨླྺྼྻྂ་སྭཱཧཱ། ཞེས་པ་སྙིང་ པོ་དང་ༀ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ ཞེས་པ་རིག་དྲུགས་གི་ས་བོན་སྟེ། དེ་ཡང་སྙིང་པོའོ། །ༀ་ཧྲཾ་ཧྲིཾ་ཧྲྼིཾ་ ཧྲུཾ་ཧྲླིཾ་ཧྲ་སྭཱཧཱ། ཞེས་པ་ལས་ཐམས་ཅད་སྒྲུབ་པ་ལ་ཡན་ལག་དྲུག་གི་སྔགས་ཞེས་ཀྱང་བྱ་སྟེ། ཉེ་སྙིང་། ༀ་ཧཱུཾ་སྭཱཧཱ། ཞེས་པ་ཡེ་ཤེས་རྡོ་རྗེའི་སྔགས་དང་། ༀ་ཀཾ་སྭཱཧཱ། ཞེས་པ་དང་། སྒྲུབ་ བྱ་ལྷའི་མིང་གི་ཡི་གེ་དང་པོ་ནི་ཐུགས་ཀྱི་ཡི་གེ་ཐུགས་རྡོ་རྗེ་ལྷའི་རྣམ་པ་སྟེ། ཡི་གེའི་སྟེང་དུ་ ཁམས་དྲུག་གིས་མནན་ཅིང་མགོ་བོར་ༀ་དང་གཞུགག་ཏུ་སྐུལ་ཚིག་འདོགས་འབྲེལ་ཡོད་པ་ ལ་ལས་དྲུག་གིས་མཐའ་ཅན་ནི་ཐུགས་ཀྱིས་བཟླས་པ་ཡིན། ༀ་ཀ་ལ་ཙཀྲ་ཡ་སྭཱཧཱ། ཞེས་པ་ གསུང་གི་བཟླས་སྔགས་ཡིན། ༀ་ཨཱཿཧཱུཾ་ཧོཿཧཾ་ཀྵཿཧྐྵྨླྺྼྻྂ་ཀ་ལ་ཙཀྲ་ཧུཾ་ཧཱུཾ་ཕཊཿ ཞེས་པ་དང་། ༀ་ ན་མོ་བྷ་ག་ཝ་ཏེ་ཀ་ལ་ཙཀྲ་ཡ་སྭཱཧཱ། ཞེས་པ་དང་། ༀ་ཀ་ལ་ཙཀྲ་མ་མ་ཝ་རེ་ད་སྭཱཧཱ། ཞེས་པ་ 2-1-399 དང་། ༀ་ཀ་ལ་ཙཀྲ་སརྦ་སིདྡྷི་ད་ཡ་ཀ་སྭཱཧཱ། ཞེས་པ་སྟེ། དེ་རྣམས་སྐུའི་བཟླས་སྔགས་ཞེས་ བྱ་སྟེ། རྩ་སྔགས་ཀྱང་ཡིན་བཅོམ་ལྡན་འདས་ཀྱི་རྐང་པ་བཅུ་དྲུག་པ་དང་བདུན་ཅུ་རྩ་གཉིས་ པ་གཙོ་བོའི་འཕྲེང་སྔགས་ཆེན་མོ་ཡན་ལག་དྲུག་གི་སོ་སོའི་སྔགས་སྟེ་ལུས་ཀྱི་ཆ་ཤས་ཀྱི་ ཚོགས་སྐུ་ཡོངས་སུ་རྫོགས་པའི་སྔགས་ཡིན་པའི་ཕྱིར་ན་སྐུའི་བཟླས་སྔགས་ཡིན་ནོ། །སྤྱིར་ འཕྲེང་སྔགས་ཞེས་པ་ལས་ཀྱི་ཡན་ལག་དང་མཚུངས་པས་ཡན་ལག་གི་སྔགས་ཞེས་བྱའོ། །དེ་བཞིན་དུ་སྣ་ཚོགས་ཡུམ་ལ་ༀ་ཕྲེཾ་སྭཱཧཱ། ཞེས་པ་དང་། འཁོར་རྣམས་ལ་སྔགས་བཟླ་བ་ནི་ ནུས་མ་ལ། ༀ་ཨ་ཨཱ་ཨཾ་ཨཱ་ཧ་ཧཱ་ཧཾ་ཧཿསྭཱཧཱ། སངས་རྒྱས་ཡབ་ཡུམ་སེམས་དཔའ་ཡབ་ཡུམ་ ཁྲོ་བོ་ཡབ་ཡུམ་རྣམས་ལ། ༀ་ཨ་ཨཱ་ཨི་ཨཱི་རྀ་རཱྀ་ཨུ་ཨཱུ་ལྀ་ལཱྀ་ཨཾ་ཨ་སྭཱཧཱ། ༀ་ཨ་ཨཱ་ཨེ་ཨཻ་ཨར་ ཨཱར་ཨོ་ཨཽ་ཨལ་ཨཱལ་ཨཾ་ཨ་སྭཱཧཱ། ༀ་ཧ་ཧཱ་ཡ་ཡཱ་ར་རཱ་ཝ་ཝཱ་ལ་ལཱ་ཧཾ་ཧ་སྭཱཧཱ། ཞེས་སྡེ་ཚན་རེ་ རེ་ལ་ཐོག་མཐར་སྦྱར་སྔགས་དང་སྒྱུར་སྔགས་སྦྱར་བ་ཉིད་གཙོ་བོར་བཟླ་བ་དང་། སྤྲོ་ན་ཡི་ གེ་རེ་རེ་བཞིན་ཐོག་མཐའི་སྔགས་སྦྱར་བའང་ཡིན་ནོ། །དེ་རྣམས་ཐུགས་དཀྱིལ་ཀྱི་ལྷ་རྣམས་ ལ་བཟླས་སྔགས་ཡིན། འདི་སྐུ་གསུང་ཐུགས་གང་ལ་བྱེད་ན་སྐུ་གསུང་ཐུགས་ཀྱི་ཟླས་ཕྱེ་ བའི་ཐུགས་ཀྱི་བཟླས་སྔགས་ཡིན་ལགས། བཟླས་བྱ་སྔགས་ཀྱི་རང་བཞིན་དེ་རྣམས་ཡིན། རྒྱུད་ཀྱི་རྒྱལ་པོ་ལས་དངོས་སུ་གསུངས་པའི་སྔགས་ཀྱི་རྣམ་གྲངས་མང་མོད་འོན་ཀྱང་དེང་ སང་ལག་ལེན་ལ་འདི་ཙམ་མེད་པར་སྣང་། བཞི་པ་བཟླས་པའི་གྲངས་ཀྱང་དབྱེ་བ་ནི། འདིའི་དབང་བསྐུར་ཐོབ་ནས་རྩ་ལྟུང་དང་ བརྡུལ་ཞུགས་ཉེར་ལྔ་སོགས་དམ་ཚིག་རྣམ་དག་བསྲུངས་ནས་སྔགས་ཀྱི་ལྷ་ལ་གུས་པའི་ ཚད་དུ་བཞག་པ་གཅིག་བསྐྱེད་རིམ་ལ་བརྟན་པ་ཐོབ་ཅིང་གསལ་བའི་ཐད་ནས་རྣམ་བཅུ་ དབང་ལྡན་སྙིང་པོ་རིགས་དྲུག་གི་ས་བོན་ཉེ་སྙིང་རྣམས་གང་ཡང་རུང་བ་ཞིག་བྱེ་བ་རེ་བཟླས་ པ་བྱེད། དེའི་བཅུ་ཆ་སྦྱིན་སྲེག་དང་བཅས་པ་སོང་ཞིང་། དེའི་རྗེས་ལྷ་ལ་གུས་པས་ཚུལ་ 2-1-400 གྱིས་ཐུགས་བསྐུལ་ལས་དྲུག་པོ་འདི་དག་འབུམ་ཕྲག་རེ་རེ་བྱས་ནས་གསུངས་གི་བཟླས་ པ་འབུམ་ཕྲག་བཅུ་དེའི་བཅུ་ཆ་སྦྱིན་སྲེག་དང་བཅས་ནས་སྐུའི་བཟླས་པ་འབུམ་ཕྲག་བརྒྱ། སྦྱིན་སྲེག་འབུམ་ཕྲག་བཅུ་ཕྲེང་སྔགས་ཆེན་མོ་ཡང་ཅི་རིགས་པར་བཟླས་བྱས་པས་མཆོག་ ཏུ་འགྱུར་རོ། །བཟླས་བརྗོད་མཐར་ཕྱིན་པར་ཡིན་ཚད་ལ་ནི་དངོས་གྲུབ་ཐོགས་མེད་དུ་ འགྲུབ་པའི་དོན་དུ་རིགས་སྔགས་ཀྱི་ལྷ་གནད་ལ་བོར་བ་ཡིན་གྱི་ལས་དང་པོ་ལ་ནི་མི་དགོས་ སོ། །ཡང་བྱེ་བའི་བཟླས་པ་འདི་ཉིད་ཚར་གཉིས་སམ་གསུམ་མམ་བཞིར་བསྐྱར་ཀྱིན་སོང་ ན་ལས་དང་དངོས་གྲུབ་ཐོགས་མེད་དུ་འགྲུབ་ལགས། ཡང་ན་རྣམ་བཅུ་དབང་ལྡན་སྙིང་པོ་ རིགས་དྲུག་གིས་ས་བོན་ཉེ་སྙིང་རྣམས་བྱེ་བ་རེ་རེ་ལས་དྲུག་དང་གསུང་གི་བཟླས་པ་དང་། སྐུའི་བཟླས་པ་འཕྲེང་སྔགས་སྦྱིན་སྲེལ་དང་བཅས་པ་རྣམས་གོང་བཞིན་བྱས་པ་དངོས་གྲུབ་ མཆོག་ཐོབ་པར་ངེས། འཁོར་རྣམས་ལ་བླཟས་པ་བྱེད་ན་གོང་དུ་བཤད་པའི་སྡེ་ཚན་བཞི་པོ་ དག་འབུམ་ཕྲག་རེ་ཡིན་ལགས། དམིགས་པ་བསྟན་པོ་ཅན་ལ་ནི་འགོག་བཟླས་སམ་ཡིད་ བཟླས་ཀྱི་སྒོ་ནས་ཡུད་ཙམ་རེ་ལ་ཡང་བརྒྱ་སྟོང་ཁྲི་འབུམ་མང་པོ་འགྲོ་བ་ཡོད་པས་སྔགས་ ཚེགས་པོ་སྲི་མང་པོར་ལོང་བའམ། བྱེ་བ་སོགས་བཟླ་བ་ལ་ཡུན་རིང་མི་འགོར་བ་ཡོད་ ལགས། ཚུལ་འདི་བླ་མ་གོང་མ་རྣམས་ཀྱི་ལག་ལེན་བཟང་པོའི་རྒྱུན་ད་ལྟའི་བར་དུ་མ་ནུབ་ པ་ཡིན་ནོ། ། ལྔ་པ་སྔགས་ཇི་ལྟར་བཟླས་པའི་དམིགས་པ་ནི། རང་ཉིད་དུས་ཀྱི་འཁོར་ལོ་ཁ་སྦྱོར་ དུ་གསལ་བའི་ཐུགས་ཀར་ཟླ་ཉི་སྒྲ་གཅན་རྣམས་བརྩེགས་པའི་གདན་ལ་རྣམ་བཅུ་དབང་ ལྡན་གྱི་ཡི་གེ་ཁ་དོག་སྔོན་པོའམ་ལས་ཐམས་ཅད་པ་ལ་ནི་ལྗང་ཁུས་ཀྱང་རུང་དེ་ལས་འོད་ ཟེར་འཕྲོས་འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། སླར་བསྡུས་ཏེ་རྣམ་བཅུ་དབང་ ལྡན་བརྩིགས་པ་ལ་ཐིམ་པར་བསམ་ནས་སྔགས་བཟླས་བྱ། སངས་རྒྱས་བྱང་སེམས་ཐམས་ 2-1-401 ཅད་དུས་ཀྱི་འཁོར་ལོ་བཞེངས་ནས་བཟླས་གྲོགས་གནང་བར་མོས། འཁོར་བར་འཁྱམས་ པའི་སེམས་ཅན་རྣམས་ཀྱང་འོད་ཟེར་གྱི་རིགས་པ་ཙམ་གྱི་དོན་བྱས་ཏེ་དུས་ཀྱི་འཁོར་ལོ་གོ་ འཕང་ཐོབ་ནས་ཟླ་གྲོགས་བྱེད་པར་མོས། ཡང་རྣམ་བཅུ་དབང་ལྡན་ལས་བཞི་སོགས་ཀྱི་ ལྷ་ཚོགས་མཁའ་ཁྱབ་ཏུ་སྤྲོས་ཏེ། ཞི་བས་འདུལ་བར་འོས་པ་རྣམས་ཞི་བའི་འཕྲིན་ལས་ཀྱི་ ནད་གདོན་སོགས་ཞི་བར་བྱས། དེ་བཞིན་དུ་རྒྱས་པའི་ལྷ་ཚོགས་ཀྱི་ལོངས་སྤྱོད་རྒྱས་པ་དང་ ། དབང་གི་ལྷ་ཚོགས་ཀྱི་ཅི་འདོད་པ་དབང་དུ་བྱ་བ་དང་། དྲག་པོ་ལྷ་ཚོགས་ཀྱི་མི་སྡུག་པའི་ མཚོན་ཆ་དཔག་ཏུ་མེད་པ་ཐོག་ནས་བགེགས་ཀྱི་ཚོགས་ཚར་བཅད་ནས་མི་བསྐྱོད་པའི་ཞིང་ དུ་གནས་གྲུབ་པར་བསམ་ནས་སྔགས་བཟླས་བྱ། ཡང་སྙིང་གའི་ན་དཱ་ལས་ལྷ་ཚོགས་སྤྲོས་ དོན་གཉིས་བྱས་ཚུར་བསྡུས་ཏེ་ན་དཱ་ལ་ཐིམ་པ་ནི། སྤྲོས་བསྡུས་བཟླས་པའམ་དམ་ཚིག་གི་ བཟླས་པའོ། །བླ་མའི་ཞལ་ནས་རྣམ་བཅུ་དབང་ལྡན་འདི་དམིགས་པ་གསལ་ཞིང་བསྐྱེད་ ཤེས་ན་རྒྱ་ཡིག་ལན་ཙ་བཞིན་དུ་སྒོམ་ན་ལེགས་གསུངས། གནས་བཞིར་རྡོ་རྗེ་བཞིར་ས་ བོན་གསལ་བཏབ་ནས་སྙིང་གར་གདན་གསུམ་གྱི་སྟེང་དུ་རྣམ་བཅུ་དབང་ལྡན་ལས་འོད་ ཟེར་སྤྲོས་བསྡུས་བྱེད་པ་ནི་སྙིང་པོ་བཟླས་ཚུལ་ཡིན་རིགས་དྲུག་གི་ས་བོན་དང་ཉེ་སྙིང་རྣམས་ ལུས་ཀྱི་གནས་དྲུག་ཏུ་བཀོད་ནས་འོད་ཟེར་སྤྲོས་བསྡུས་བྱེད་ཉེ་སྙིང་ལ་ཡི་གེ་དྲུག་པོ་རེ་རེའི་ གནས་སྟེང་འོག་ཏུ་ༀ་དང་སྭཱཧཱ་རེ་རེ་སྒོམ་ཏེ་དྲག་པོ་ལ་ནི་མེ་དང་མཚོན་ཆ་འདྲེས་མ་སྤྲོས་ ནས་དུག་མཚོན། སྔགས་སྦྱོར་ངན་པ་སོགས་ཕ་རོལ་གྱི་གདུག་རྩུབ་འཇོམས་པའི་དམིགས་ པ་ནི་ཁྱད་པར་ཡིན། ཡང་ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ང་རྒྱལ་ལ་གནས་པའི་སྔགས་ ཕྲེང་རྣམས་ཕྱི་རོལ་ནས་རང་གི་ཞལ་དུ་ཞུགས་སྐུའི་དབྱིབས་བརྒྱུད་རྡོ་རྗེའི་ལམ་ནས་ལྷ་མོའི་ པད་མར་སོན་ཨ་ཝ་དྷུ་ཏཱིའི་ལམ་ནས་སྟེང་དུ་བྱུང་སྟེ་ཡུམ་གྱི་ཞལ་ནས་ཐོན། རང་གི་ཞལ་ དུ་ཞུགས་སྙིང་ཁའི་ན་དཱ་ལ་ཐིམ་པ་ནི་དོ་ལི་སྟེ་ཁྱོགས་ཀྱི་བཟླས་པའོ། །ཡང་སྙིང་གའི་ན་ 2-1-402 དཱ་ལས་སྔགས་འཕྲེང་རྣམས་ཁ་དོག་ནག་པོ་འོད་ཟེར་དམར་པོ་འཕྲོ་བ་ལ་འཕྲེང་རྡོག་ལྟར་ གནས་པ་ལ་འོད་ཟེར་སྣ་ལྔ་འཕྲེང་ཐག་གི་ཚུལ་དུ་བརྒྱུས་པ་རང་གི་ཞལ་ནས་ཐོན། ཡུམ་གྱི་ ཞལ་དུ་ཞུགས་ཐུགས་གའི་ཕྲེཾ་སེར་པོ་ལ་ཐིམ་ཡང་ཕྲེཾ་ལས་འབྱུང་ལྷ་མོའི་པད་མ་ནས་རང་གི་ རྡོ་རྗེ་ནོར་བུ་ཞུགས་པ་སོགས་ཏེ་ཡེ་ཤེས་ཀྱི་བཟླས་པའི་དེ་གཉིས་གར་མགལ་མེའི་འཁོར་ ལོ་གླད་ལ་འཁོར་བ་བཞིན་འཁོར་ལོའི་བཟླས་པའོ། །སྤྱི་བོའི་ཧཾ་དང་ལྟོ་བའི་ཧོ་གདོད་ནས་ གྲུབ་པ་དེ་ལས་སྔགས་ཀྱི་སྒྲ་འབྱུང་བར་མོས་པ་ནི་རང་བཞིན་གྱི་བཟླས་པའོ། །སྙིང་གའི་ སྔགས་འཕྲེང་གློག་པའི་ཚུལ་བྱེད་པ་ནི་བཀོད་པའི་བཟླས་པའོ། །སྔགས་ཀྱི་ཡིག་འབྲུའི་རྣམ་ པ་དང་སྒོའི་རྣམ་པ་གསལ་བ་སྔགས་ཀྱི་བཟླས་པ་དང་། ལྷ་སྐུ་གསལ་བཏབ་ནས་ལྷའི་རྣམ་ པ་ཡང་ཡང་སྒོམ་པ་གཟུགས་ཀྱི་བཟླས་པ་དང་། དེ་དག་ཀྱང་སྟོང་པ་ཉིད་དུ་རྗེས་སུ་དྲན་པ་ ཡང་ཡང་བསྒོམ་པ་ནི་རྣམ་པར་བཟླས་པའོ། །གོང་གི་འཁོར་ལོའི་བཟླས་པ་དེ་ཉིད་ཁྲོ་བོའི་ བཟླས་པ་ཡིན་པ་ངག་བཟླས་ཤགས་དྲག་པོ་ཁྲོ་བཟླས་སུ་གྲགས་པ་ཡིན་ལ། དེའི་སྐབས་སུ་ ལས་བཞིའི་དམིགས་པ་དང་། སྦྱར་ན་ཞི་བ་སྔགས་འཕྲེང་དཀར་པོ་ཡིག་འབྲུ་རེ་རེ་བཞིན་ འོད་ཟེར་དཀར་པོ་འཕྲོ་བ་དཀྱིལ་འཁོར་གྱི་འཁོར་བ་ལྷོད་ཅིང་དལ་གྱི་འགྲོའོ། །རྒྱས་པ་ ལ་སྔགས་འབྲུ་སེར་པོ་རེ་རེ་ལས་འོད་ཟེར་ཡི་གེ་སྨད་ཀྱི་ཕྱོགས་ལ་ཅི་རྒྱས་རྩེ་མོ་ཅུང་ཟད་ འཁྱིལ་བའི་རྣམ་པ་ཅན་མང་པོ་བཤིབས་པའི་རྨ་བྱའི་སྒྲོ་ཕོན་འདྲ་བའོ། །དབང་ལ་སྔགས་ འབྲུ་དམར་པོ་འོད་ཟེར་དམར་པོ་ཅན་ཡི་གེ་སྔ་མའི་ཞབས་འོད་ཟེར་ལྕགས་ཀྱུ་ལྟ་བུར་ཡོད་ ཅིང་། ཕྱེ་མའི་མགོ་ལ་འོད་ཟེར་ཞག་མིག་ལྟ་བུ་ཡོད་པ་དེ་ལ་ལྕགས་ཀྱུ་ལྟ་བུ་དེ་བཏབས་ནས་ སྔ་མའི་ཕྱེ་མ་དྲངས་བ་ལུ་གུ་ར྅ཡུད་ལྟ་བུའི། དྲག་པོ་ལ་སྔགས་སྲད་བུ་ནག་པོ་ལྟ་བུའི་ཚུལ་ ཡི་གེ་སྔ་མ་སྔ་མ་ཕྱི་མས་ཕུལ་ཞིང་ཤིན་ཏུ་མྱུར་བ་མདའི་ཤུགས་ལྟར་འགྲོ་བའོ། །སྔགས་ལས་ སྤྲོས་པའི་ཕོ་ཉ་ཡང་སོ་སོ་ནས་ཡིན་ནོ། །ལས་དྲུག་པོ་རྣམས་ནི་གདན་གསུམ་གྱི་སྟེང་དུ་ཀཱ་ 2-1-403 ཡིག་དེའི་སྤྱི་བོར་ཧཾ་སོགས་ཁམས་དྲུག་གི་ས་བོན་ཚེག་དྲག་དང་བཅས་རང་རང་གི་སྔགས་ ཀྱི་ཡིག་འབྲུའི་སྟེང་དུ་ༀ་འོག་ཏུ་སྐུལ་སྔགས་ཕཊ་དང་ཧཱུཾ་ལས་སོ་སོའི་སྐབས་དང་སྦྱར་བ་ ལས་ཀྱི་ཁ་དོག་དང་མཐུན་པའི་འོད་ཟེར་སྤྲོས་གཙོ་བོ་རང་ཉིད་ཀྱི་སྐུ་གང་ལས་དང་རྗེས་སུ་ མཐུན་པའི་བྱ་བ་བྱས་པར་བསམ། ཡི་གེའི་ཁ་དོག་ནི་སྟེང་གི་ༀ་ལྷ་དེ་ཉིད་ཀྱི་སྐུ་མདོག་དང་ མཚུངས་ལ་ཀཱ་ཡིག་དང་སྐུལ་སྔགས་རྣམས་ལས་ཀྱི་ཁ་དོག་དུ་བྱེད། ཧ་སོགས་ཁམས་དྲུག་ གི་ས་བོན་དག་འབྱུང་བ་རང་རང་གི་ཁ་དོག་ཏུ་བྱའོ། །དེ་ཡང་ལས་དྲུག་གི་ཁ་དོག་ནི་སེར་པོ་ ནག་པོ་དམར་པོ་དཀར་པོ་ཡང་དམར་པོ་དཀར་པོའོ། །བསྣུན་སོགས་ལས་དྲུག་གི་བྱེད་རྒྱུའི་ ལྷ་ནི་སྔར་སློབ་དཔོན་གྱི་དབང་དག་བསྐུར་བའི་དུས་ཀྱི་བྱིན་གྱིས་རླབས་པའི་སྔགས་ཀྱི་རྒྱུན་ སློབ་མའི་སེམས་རྒྱུད་ལ་བཞག་པའི་བསྐྱེད་རིམ་གྱི་ལྷ་སྐུར་བཞེངས་པ་ཡིན་པས་གཙོ་བོ་ བདག་ཉིད་ཀྱི་ལྷ་དམ་ཚིག་པ་ཉིད་ལ་ཡིན་དེ་འདྲེའི་ལྷ་དེས་སྒྲུབ་པ་པོ་ལ་དངོས་གྲུབ་མི་སྩོལ་ ན་ཐུགས་བསྐུལ་ལས་དྲུག་བརྩམས་པ་ཡིན་ནོ། །དེ་ལ་འདིར་སྔགས་ཀྱི་མཚོན་ཆས་སྔགས་ ཀྱི་ལྷ་ལ་བསྣུན་པ་སོགས་ལས་དྲུག་གང་ལ་བྱ་བའི་ཡུལ་ནི་ཐུགས་ཀྱིས་ཡི་གེ་ཀཱ་ཡིག་སྟེ་ལྷའི་ རྣམ་པར་སྒོམ་པར་བྱའོ། །དེའི་སྤྱི་བོར་ཁམས་དྲུག་གི་ས་བོན་ཞེས་པ་ནམ་མཁའ་རླུང་མེ་ཆུ་ ས་ཡེ་ཤེས་ཀྱི་ཡི་གེ་ཧཿཡཿརཿཝཿལཿཐིག་ལེ་སྡེ་དྲུག་གོ །དེ་ལ་ཧཿནི་ནམ་མཁའི་ཁམས་སྟོང་ ཉིད་ཀྱི་ཡི་གེ་སྔགས་ཀྱི་མཚོན་ཆས་ལྷ་བསྣུན་པས་སྔགས་ཀྱི་ལྷ་སྡིགས་ཤིང་བརྒྱལ་བའོ། །དེ་ བཞིན་དུ་ཧཿནི་རླུང་གི་ཡི་གེའི་སྔགས་ཀྱི་ལྷ་དབབས་པའི་འོག་ཏུ་ཆུད་པའོ། །རཿནི་མེའི་ཡི་ གེ་སྔགས་ཀྱི་ལྷ་ཚ་བའི་གདུང་ནས་ཚུར་ཁ་ཕྱོགས་པའམ་འོག་ཏུ་ཆུད་པའོ། །ཝཿནི་ཆུའི་ཡི་གེ་ སྔགས་ཀྱི་ལྷ་རྗེས་སུ་བསླང་བ་ཡིན། ལཿནི་ས་ཁམས་ཀྱི་ཡི་གེ་སྔགས་ཀྱི་ལྷའི་ནུས་པ་རྒྱས་ པར་བྱེད་པའོ། །ཐིག་ལེ་ནི་ཡེ་ཤེས་ཀྱི་ཡི་གེ་སྔགས་ཀྱི་ལྷ་མཉེས་ནས་དངོས་གྲུབ་མཆོག་ སྩོལ་ཏེ་ལྷ་དབང་དུ་གྱུར་པའོ། །སྔགས་ཉིད་ཀྱི་ལས་དེ་ལྟར་གྲུབ་པའོ། །སྐུལ་སྔགས་རྣམས་ 2-1-404 ཀྱང་འབྱུང་བ་རྣམས་ལ་ཕན་འདོག་ཤིང་གྲོགས་པོའི་ཚུལ་ཀྱིས་ཡི་གེ་སོ་སོའི་མཐའ་ལ་སྦྱར་ དགོས་སོ། །ལན་དྲུག་ལ་དམིགས་པའི་ཁྱད་པར་དེ་ལས་གཞན་མི་དགོས་ལགས། ད་ནི་ ཐུགས་སྐུལ་ལེགས་པར་གྲུབ་པ་ཡིན་ནོ། ། གསུང་བཟླས་སྔགས་དང་སྐུའི་བཟླས་སྔགས་ཕྲེང་སྔགས་ཆེན་མོ་དང་བཅས་པ་རྣམས་ ཐུགས་ཀར་གདན་གསུམ་གྱི་སྟེང་དུ་ཧཱུཾ་ལས་སྔགས་དེ་དང་དེས་སྐོར་བ་སྒོམ་ནས་འོད་ཟེར་ སྤྲོས་བསྡུ་བྱེད་པ་ཡིན། འཁོར་གྱི་བཟླས་པ་ལ་ཡང་དེས་རིགས་འདྲེའོ། །ཡང་བཟླས་ལུགས་ གཅིག་ལ་ཐུགས་ཀར་གདན་གསུམ་གྱི་སྟེང་དུ་ཧཱུཾ་དེའི་མཐར་རྣམ་བཅུ་དབང་ལྡན་གྱི་སྔགས་ བཀོད་ནས་འོད་ཟེར་སྤྲོས་བསྡུས་བྱེད་པ་ཡིན་ཏེ་འཇིགས་བྱེད་སོགས་བསྐྱེད་རིམ་གཞན་ གྱི་ལུགས་ལྟར་ཁ་ཅིག་གིས་བཞེད་ལ། ཡང་མན་ངག་ལས་བྱུང་བ་ཡིད་བཟླས་ནི་རང་ཁ་ སྦྱོར་དུ་གསལ་བའི་རང་སེམས་ཁྲིག་གེ་བསྟོས་ཏེ། རང་སེམས་བཟོ་བཅོས་མེད་པར་ལྷོད་ དེ་བཞག རེས་འགའ་སྣོད་བཅུད་ལྷའི་སྐུས་གང་བ་དེ་ཐམས་ཅད་རྩ་བའི་སྐུ་ལ་བསྡུས་ནས་ སེམས་འཛིན། རེས་འགའ་ཕྱག་རྒྱ་དང་ལྷན་ཅིག་འདུས་པ་ལས་ལུས་ཀྱི་གནས་དྲུག་བྱང་ སེམས་བདེ་བའི་གང་བ་ལ་སེམས་བསྲེས་ནས་སེམས་རང་གྲོལ་དུ་བཞག ཡང་སྒོམ་པས་ སྐྱོ་ནས་ཐུགས་ཀའི་སྔགས་ཕྲེང་ལ་བལྟས་ནས་ཡིད་མྱུར་ཙམ་དུ་བཟླས། ཡང་སྣང་ཆ་ཐམས་ ཅད་ལྷར་གསལ་བ་ལ་སེམས་བསྲེས་ནས་མཁོན་རང་སར་བཞག་པ་དང་། དེ་ཐམས་ཅད་ ཚུར་བསྡུས་པ་དང་ཡབ་ཡུམ་དུ་གསལ་བའི་བདེ་བའི་རང་རྒྱུད་གང་བ་དང་སྔགས་འཕྲེང་ལ་ བལྟས་ནས་མྱུར་བ་གློག་པ་སྟེ་སྡེ་ཚན་བཞི་པོ་དེ་རྣམས་རེ་མོས་བྱེད་པ་ཡིན། དེ་བཞིན་དུ་རྡོར་ བཟླས་ནི་བགྲང་འཕྲེང་དང་སྔགས་བཟླས་མི་དགོས་པར་ལུས་གནད་ལེགས་པར་བྱས་རླུང་ རོ་ལན་གསུམ་བསལ་ནས་སྙིང་ཁའི་ས་བོན་ལས་སྔགས་ཀྱི་ཡིག་འབྲུ་དབུགས་ཕྱིར་འབྱུང་ བ་ལྷན་ཅིག་དུ་སྣ་བུག་གཡས་པ་ནས་སྔགས་ཀྱི་ཐ་མས་སྣ་དྲངས་ཏེ་འགྲོ་བ་དང་ལྷན་ཅིག་ 2-1-405 ཀ་ལི་ཚོགས་དང་སྔགས་ཀྱི་ཡིག་འབྲུ་དབུགས་ནང་དུ་འཇུག་པ་དང་ལྷན་ཅིག་དུ་ༀ་སོགས་ སྔགས་ཀྱི་ཐོག་མའི་སྣ་དྲངས་ཏེ་སྣ་བུག་གཡོན་པ་ནས་འཇུག་ཅིང་སྙིང་ཁའི་ས་བོན་ལ་ཐིམ་ རླུང་གནས་པ་ནས་ས་བོན་གཅིག་པུ་ལ་སེམས་གཏོད་པ་སྟེ་སྐྱེད་རིམ་གྱི་རྡོར་བཟླས་ཡིན་ནོ། །ཡང་འབྲུ་གསུམ་གྱི་རྡོར་བཟླས་ནི་ལུས་གནད་རླུང་བསལ་བྱས་ནས་ལུས་ཀྱི་ནང་དུ་རྩ་དབུ་ མ་སྔོན་པོ་སྦོམ་ཕྲ་མདའ་སྙུག་ཙམ་ལྟེ་བ་ནས་གཙུག་ཏོར་བར་དུ་གནས་དེའི་གཡས་སུ་རོ་མ་ དམར་མོ་དང་། གཡོན་དུ་རྐྱང་མ་དཀར་མོ་སྟེ་དབུ་མ་གསུམ་གཤིབ་ཏུ་འདུག་པར་མོས། དེ་ ནས་རླུང་ཕྱིར་འགྲོ་ཚེ་སྣ་བུག་གཡས་ནས་འོད་ཟེར་དམར་པོ་ཨཱ་ཡིས་སྒྲ་དང་བཅས་པ་འོད་ ཟེར་གྱི་སྣེ་ལ་ཨཱཿཡིག་དང་བཅས་ཏེ་འགྲོ་བ་དང་། རླུང་ཚུར་འོང་བའི་ཚེ་སྣ་བུག་གཡོན་ནས་ འོད་ཟེར་དཀར་པོ་ༀ་གྱི་སྒྲ་དང་བཅས་འོད་ཟེར་གྱི་སྣེ་ལ་ༀ་ཡིག་དང་བཅས་ཏེ་འོང་བར་ བསམ། ཡི་གེ་གཉིས་པོ་དབུ་མ་ནས་འགྲོ་འོང་བྱེད། རླུང་གནས་པའི་ཚེ་དབུ་མའི་ནང་དུ་འོད་ ཟེར་སྔོན་པོ་ཧཱུཾ་གི་སྒྲ་དང་བཅས་ཏེ་ལྟེ་བར་ཧཱུཾ་ཡིག་ལ་སེམས་གཏད་དོ། །ཕྱིར་འགྲོ་བ་གསལ་ ཆ་ནང་དུ་འོང་བ་བདེ་ཆ་གནས་པ་མི་རྟོག་པའི་ཆ་གཙོ་ཆེ། ནང་དུ་འོང་བ་ཡེ་ཤེས་ཀྱི་དཀྱིལ་ འཁོར་སྤྱན་དྲངས། ཕྱིར་འགྲོ་བ་གཤེགས་སུ་གསོལ། གནས་པ་བཞུགས་སུ་གསོལ་བའི་བྱ་ བ་ཐམས་ཅད་འགྲུབ་ལགས། འབྲུ་གསུམ་འདི་སྔགས་གཞན་ཐམས་ཅད་ཀྱི་ཆོས་ཉིད་ཡིན་ པས་རྡོར་བཟླས་དངོས་སམ་རྫོགས་རིམ་གྱི་རྡོར་བཟླས་ཀྱང་ཡིན། རྒྱུད་སྡེ་ལས་འབྲུ་གསུམ་ རྡོར་བཟླས་མི་འདྲ་བ་དུ་མ་དང་གཞན་སྔགས་ཀྱི་ཡི་གེ་མང་པོའི་རྡོར་བཟླས་མཐའ་གཅིག་ ཏུ་མ་ངེས་པ་དུ་མ་ཞིག་འབྱུང་ནའང་མི་འགལ་ཏེ། སྤྱིར་དབྱངས་གསལ་གྱི་ཡི་གེ་ཐམས་ ཅད་སྐྱེས་པ་བུད་མེད་མ་ནིང་གསུམ་དུ་འདུས་ཏེ་རྀ་ལྀ་མ་བཞི་མ་གཏོགས་པའི་དབྱངས་ བཅུ་གཉིས་བུད་དང་ང་ཉ་ཎ་ན་མ་གཏོགས་པའི་གསལ་བྱེད་རྣམས་སྐྱེས་པ་དང་། དབྱངས་ གསལ་ལྷག་མ་དགུ་པོ་རྣམས་ནི་མ་ནིང་ངོ་། ། 2-1-406 དེ་ལ་དབྱངས་རྣམས་ༀ་སུ་འདུས་གསལ་བྱེད་རྣམས་ཨཱཿརུ་འདུས་ལ་མ་ནིང་རྣམས་ཧཱུཾ་ དུ་འདུས། དེའི་ཕྱིར་ཕ་ཡབ་རྐྱང་གི་སྔགས་ཨ་ཡུམ་རྐྱང་གི་སྔགས་ༀ་ཁ་སྦྱོར་གྱི་སྔགས་ཧཱུཾ་ངོ་། །ལྷ་རྣམས་ཀྱི་གསང་བ་གསུམ་གྱི་སྔགས་ཀྱང་ཡིན། བསྐྱེད་རིམ་གྱི་སྐབས་འབྲུ་གསུམ་འདུས་ པ་ལས་ལྷར་སྐྱེད་པ་དང་སྐྱེད་ཟིན་ནས་གནས་གསུམ་བྱིན་རླབས་དང་། མཐར་སྒྲ་བཅས་ ཤུབ་བུ་ཡིད་བཟླས་སོགས་ཀྱང་འབྲུ་གསུམ་གྱི་སྒོ་ནས་བྱེད་པ་དང་ཁ་ཟས་གཏོར་མ་བྱིན་ རླབས་དང་། ཞི་སོགས་ལས་རབ་འབྱམས་རྣམས་འབྲུ་གསུམ་གྱི་བྱེད་པ་དང་རླུང་དང་འབྲུ་ གསུམ་སྦྱར་བའི་བཟླས་པ་ལ་སྒྲིབ་སྦྱོང་དང་ཚེ་བསྲིང་བ་སོགས་བྱེད་པ་དང་བསྡོས་འདུས་པ་ ལས་ཚིགས་དང་ཚིགས་འདུས་པ་ལས་མིང་དང་མིང་འདུས་པ་ལས་ཡི་གེ་དང་ཡི་གེ་ཐམས་ ཅད་དབྱངས་གསལ་དུ་འདུས་པའོ། །ཞེས་སོགས་འབྲུ་གསུམ་གྱི་ཁྱད་ཆོས་དུ་མ་ཡོད་པས་ རྣམ་པ་ཐམས་ཅད་པ་ཡིན་ལགས། སྐབས་འདིར་རྣམ་བཅུ་དབང་ལྡན་གྱི་དག་པ་ཞིག་བཤད་ ན་བཟང་མོད། འོན་ཀྱང་འདི་བཤད་གཞི་ཆེ་བའི་ཐམས་ཅད་བརྗོད་ནུས་པ་དཀའ་ཞིང་། མདོ་ཙམ་བརྗོད་ན། ཧ་ཀྵ་མ་ལ་ཝ་ར་ཡ་ཞེས་པ་ཡི་གེ་བདུན་དང་ཚེག་དྲག་གི་ངོ་བོ་ཟླ་ཕྱེད་ཀྱི་ རྣམ་པ་ཅན་དང་ཐིག་ལེ་གླད་གོར་ན་དཱ་གློག་གི་རྣམ་པ་ཅན་བཅུ་པོ་དེ་རྣམས་རྣམ་བཅུ་དབང་ ལྡན་ཡིན་འདི་ལ་ཕྱིའི་དག་པ་ནི་ཡ་རླུང་ར་མེ་ཝ་ཆུ་ལ་ས་ཡ་རི་རབ་ཀྵ་གཟུགས་ཁམས་ཧ་ཟླ་ བ་ཟླ་ཕྱེད་ཉི་མ་ཐིག་ལེ་སྒྲ་གཅན་ན་དཱ་གཟུགས་མེད་ཁམས་ཡིན་ནང་ལ་སྦྱར་ན་རྩ་འཁོར་ བཞི་གསང་གནས་སྒལ་ཚིག་རྩ་གསུམ་སེམས་དེ་བཅུ་དང་། གཞན་དཀྱིལ་འཁོར་ལ་སྦྱར་ ན་འབྱུང་བཞི་ལྷུན་པོ་པད་མ་ཉི་མ་སྒྲ་གཅན་སོགས་དངོས་སུ་བཀོད་པར་འདུག་ཅིང་རྫོགས་ རིམ་གྱི་སྐབས་ཡན་ལག་དྲུག་སོ་སོ་ལ་སྦྱོར་བ་སོགས་ཤིན་ཏུ་མང་ནའང་གཙོ་བོར་ཡ་ར་ལ་ ཝ་ཞེས་རིམ་པ་སྤྱི་མགྲིན་སྙིང་ལྟེ་བཞི་ཡ་དབུ་མ་ཀ་གསང་བའི་འཁོར་ལོ་ཧ་དཀར་ཆ་ཟླ་ ཕྱེད་དམར་ཆ་འཁོར་ལོ་ལྔ་དཀར་དམར་གྱི་འདུ་འཕྲོ་བྱེད་པ་དེ་ལས་ཡེ་ཤེས་ཁྱད་པར་ཅན་ 2-1-407 སྐྱེ་བ་ནི་ན་དཱ་ཚོན་སྤྱིར་དུས་འཁོར་གྱི་རྒྱུད་དོན་ཐམས་ཅད་རྣམ་བཅུ་དབང་ལྡན་དུ་འདུ་ཞིང་ དེ་ལ་ཕྱི་འཇིག་རྟེན་ཁམས་ནང་ལུས་གཞན་རིམ་གཉིས་ལ་སྦྱར་བ་སྟེ་ཕྱི་ནང་གཞན་གསུམ་ གྱི་བཤད་པ་ལགས། ཞེས་པ་དུས་ཀྱི་འཁོར་ལོའི་བཟླས་དམིགས་ཉེར་མཁོ་འདི་གུ་(དགེ་ སློང་ཡེ་ཤེས་རྒྱ་མཚོ་)སུ་ལུ་པ་ཞིག་གི་སུག་ལོས། འདི་ཉམས་སུ་ལེན་གྱི་སྒོ་ནས་གཅེས་སྤྲས་སུ་ བྱས་མཁས་རློམ་ཅན་དགགས་སྒྲུབ་ཁ་ལ་ཁྱེར་བའི་རྩོད་ཆོས་སུ་འབེབས་པར་མ་བྱེད་ཅིག། །།དགེ་ལེགས་འཕེལ། 2-1-408 ༄༅། །བཀའ་བབས་དྲུག་ལྡན་གྱི་ཁྲིད་ཡིག་འཕགས་ཡུལ་ གྲུབ་པའི་ཞལ་ལུང་བཞུགས་སོ། ། ༄༅། །ༀ་སྭཱ་སྟི། དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་རྡོ་རྗེ་འཆང༌། །ངོ་མཚར་དགའ་ བཞིའི་རྣམ་རོལ་བགྲང་ཡས་རྣམས། །ལྷན་སྐྱེས་སྙིང་པོའི་ངོ་བོར་སྡོམ་མཁས་པ། །རྡོ་རྗེ་ སློབ་དཔོན་མཆོག་ལ་དང་པོར་འདུད། །ལྔ་བརྒྱའི་དུས་འདིར་ཟུང་འཇུག་རྡོ་རྗེའི་སྐུ། །ཟབ་ མོའི་ལམ་ལས་མངོན་དུ་གྱུར་བའི་མཐུས། །གསང་ཆེན་བསྟན་པའི་ལམ་སྲོལ་གསལ་མཛད་ པ། །གྲུབ་པའི་དཔའ་བོ་བདེ་ཆེན་རྡོ་རྗེ་རྒྱལ། །བཀའ་བབས་དྲུག་གི་ཆུ་བོ་མཐའ་དག་ཀུན། ཁྱོད་ཐུགས་བདེ་ཆེན་ཀློང་དུ་འཁྱིལ་བ་ལས། །དཔལ་ལྡན་སྐལ་བཟང་ཡོངས་ཀྱི་ཉེར་འཚོའི་ གཞིར། །སྔོན་མེད་དམ་ཆོས་གསར་པའི་དགའ་སྟོན་འགྱེད། །རྒྱུད་རྣམས་ཀུན་གྱི་ཟབ་མོའི་ དོན། །གྲུབ་བརྙེས་བྱེ་བས་བགྲོད་པའི་ལམ། །བླ་མའི་ཞལ་ལུང་ལས་བྱུང་བ། །ཡི་གེའི་ལམ་ དུ་སྤེལ་བར་བྱ། ། ༈ དེ་ལ་འདིར་གྲུབ་པའི་སློབ་དཔོན་ཆེན་པོ་ཞི་བ་སྦས་པས། བཀའ་བབས་དྲུག་ གི་མན་ངག་ཕྱོགས་གཅིག་ཏུ་བསྡུས་པའི་འཁྲིད་ཚུལ་འདི་ལ། དང་པོ་བསྐྱེད་པའི་རིམ་པ། གཉིས་པ་ཕྱག་རྒྱ་ཆེན་པོ། གསུམ་པ་གཏུམ་མོའི་རྣལ་འབྱོར། བཞི་པ་འོད་གསལ། ལྔ་པ་ ལས་རྒྱ། དྲུག་པ་མན་ངག་ཐོར་བུའོ། ། དང་པོ་བསྐྱེད་པའི་རིམ་པའི་ཁྲིད་ལ་སྔོན་འགྲོ་དང་དངོས་གཞི་གཉིས་ལས། དང་པོ་ སྔོན་འགྲོ་ནི། རང་གི་མདུན་གྱི་ནམ་མཁའི་གནས་སུ། རིན་པོ་ཆེའི་ཁྲིའི་སྟེང་དུ། རྩ་བའི་བླ་ 2-1-409 མ་མཚན་ལྡན་གྱི་རིག་མས་འཁྱུད་པ་ཞིག་དམིགས་ལ་མོས་གུས་དྲག་ཏུ་བྱ་ཞིང༌། དཔལ་ལྡན་ བླ་མ་རིན་པོ་ཆེས། བདག་གི་རྒྱུད་ལ་བསྐྱེད་པའི་རིམ་པའི་ཏིང་ངེ་འཛིན་ཡང་དག་པ་རྒྱུད་ལ་ སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ་ཞེས་གསོལ་བ་དྲག་ཏུ་བཏབ་བོ། ། གཉིས་པ་ལ། སྔོན་དུ་འགྲོ་བའི་བསྙེན་པ་དང༌། དངོས་གཞི་སེམས་འཛིན་གྱི་རིམ་པའོ། །དང་པོ་ལ། བསྙེན་པ་ཆུང་འབྲིང་ཆེ་གསུམ་ལས། དང་པོ་ནི། རང་གི་མེ་ཏོག་ཕོག་པའི་ལྷ་ ཡོད་ན་དང༌། དེའི་ངོས་བཟུང་མེད་ན་རང་ཡི་དམ་གང་བྱེད་པའི་གཙོ་བོ་དེ་སྐད་ཅིག་ཙམ་ གྱིས་བསྒོམ་ལ། གྲངས་ཀྱི་བསྙེན་པ་སྐྱེལ་བ་ནི། བསྙེན་པ་ཆུང་ངུ་དང༌། གཉིས་པ་ནི། རང་ ཉིད་གཙོ་བོར་གསལ་བའི་སྐུ་ལ། ལུས་དཀྱིལ་འགོད་པ་སྟེ། བདེ་མཆོག་ལྟ་བུ་ལུས་དཀྱིལ་ ཡོད་པ་རྣམས་ལ་སོ་སོའི་གཞུང་ལས་འབྱུང་བ་བཞིན་བསྒོམ་ཞིང༌། དེ་ལྟར་མ་ཡིན་ན་ལུས་ དཀྱིལ་སྤྱི་འགྲོ་ནི། སྤྱི་བོ་ལ་སོགས་པའི་གནས་དྲུག་ཏུ་རིགས་དྲུག་ཡུམ་དང་བཅས་པ། མིག་ ལ་ས་སྙིང༌། རྣ་བར་ཕྱག་རྡོར། སྣར་ནམ་མཁའི་སྙིང་པོ། ལྕེར་འཇིག་རྟེན་དབང་ཕྱུག ལུས་ སྒྲིབ་སེལ། ཡིད་འཇམ་དཔལ། ཚིག་ཀུན་བཟང༌། རྩ་རྒྱུས་བྱམས་པ་སྟེ་དེ་རྣམས་དང༌། གཟུགས་རྡོ་རྗེ་མ་ལ་སོགས་པ་དྲུག ཚིགས་ཆེན་བཅུ་ལ། ཁྲོ་བོ་ཡབ་ཡུམ་བཅུ་རྣམས་བཀོད་ ལ་གྲངས་ཀྱི་བསྙེན་པ་སྐྱེལ་བ་ནི། བསྙེན་པ་འབྲིང་པོ་དང༌། གསུམ་པ་ནི། དཀྱིལ་འཁོར་གྱི་ འཁོར་ལོ་ཡོངས་རྫོགས་བསྒོམ་ལ། གྲངས་བསྙེན་ཡོངས་རྫོགས་སྐྱེལ་བ་ནི། བསྙེན་པ་ཆེན་ པོའོ། །བསྙེན་པ་ཆུང་འབྲིང་ཆེ་གསུམ་པོ་དེ་དག་གི་དགོས་པ་ནི། ལམ་སྒོམ་པ་ལ་བར་ཆད་ མི་འབྱུང་བའི་རི་ཙམ་དང༌། རྒྱུད་བྱིན་གྱིས་རློབ་པ་ཡིན་གྱིས། གསལ་སྣང་སྒྲུབ་པར་བྱེད་པ་ ནི་མ་ཡིན་ནོ། །གཉིས་པ་སེམས་འཛིན་ལ། རྟོག་པའི་རྣལ་འབྱོར་དང་དྲན་པ་གཅིག་པའོ། །དང་པོ་ལ། ལྷར་སྣང་ལ་བསླབ་པ་དང༌། ང་རྒྱལ་ལ་སློབ་པ་དང༌། དེ་གཉིས་ལ་སྟོང་པས་ རྒྱས་འདེབས་པའོ། །དང་པོ་ལ་ཐུན་ཐུན་མཚམས་གཉིས་ལས། དང་པོ་ནི་ཐོག་མར་གཙོ་ 2-1-410 བོའི་སྐུ་ལ་སེམས་འཛིན་པ་སྟེ། རང་གི་མདུན་དུ་བྲིས་སྐུ་མཚར་བ་ཞིག་བཀྲམས་ལ། དེ་ལ་ ཡང་ཡང་བལྟ་ཞིང༌། རང་ཉིད་གཙོ་རྐྱང་དུ་སྒོམ། ཐུན་མཚམས་སུ་ཡང་འོག་འགྱུ་དང༌། བྱ་ བྱེད་གཞན་མི་བྱེད་པར། ལྷ་སྐུའི་སྣང་བ་འབའ་ཞིག་སྒོམ་མོ། །དེ་ལྟར་བུའི་སྒོ་ནས་གསལ་ སྣང་མ་ཐོབ་ཀྱི་བར་དུ་བསྒོམས་པས། དེ་ལ་གསལ་སྣང་ཐོབ་པ་ན། དཀྱིལ་འཁོར་གྱི་འཁོར་ ལོ་ཡོངས་རྫོགས་སྒོམས་ལ། གསལ་སྣང་ཐོབ་པར་བྱ། དེ་ལ་ཡང་གསལ་སྣང་ཐོབ་ན། ཕྱི་ རོལ་གྱི་དངོས་པོ་གང་ཡང་རུང་བ་ཞིག་ལྷ་སྐུར་བསྒོམ་སྟེ་གསལ་སྣང་ཐོབ་པར་བྱའོ། །དེ་ ནས་སྣོད་ཀྱི་འཇིག་རྟེན་ཐམས་ཅད་གཞལ་ཡས་ཁང༌། བཅུད་ཀྱི་སེམས་ཅན་ཐམས་ཅད་ལྷ་ སྐུར་སྒོམ་མོ། ། གཉིས་པ་ཐུན་མཚམས་སུ་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་གཙོ་བོ་གཉིས་པ་ ཞིག་བྱུང་སྟེ། ཤར་སྒོ་ལྟ་བུ་གང་ཡང་རུང་བ་ཞིག་ནས་འཐོན་ཏེ། སྤྱོད་ལམ་ལ་འཇུག་ཅིང༌། དེའི་སྐབས་སུ་ཡང་རང་ཉིད་གང་དུ་འདུག་པའི་གནས་གཞལ་མེད་ཁང་དང༌། གྲོགས་ལྷར་ མོས་པར་བྱའོ། ། གཉིས་པ་ང་རྒྱལ་ལ་བསླབ་པ་ལ། རང་ཉིད་མི་ཡིན་ནོ་སྙམ་པའི་ང་རྒྱལ་སྤངས་ཏེ། བདག་ཉིད་སྐྱོན་ཀུན་སྤངས། ཡོན་ཏན་ཀུན་རྫོགས་པའི་ལྷ། དཔེར་ན་འཁོར་ལོ་སྡོམ་པ་ལྟ་ བུ་ཡིན་སྙམ་པའི་ང་རྒྱལ་བྱེད་པ་སྟེ་དམིགས་པ་དང་པོའོ། །དེ་ནས་རང་ཉིད་ལྷ་སྐུར་གསལ་ བའི་སྤྱན་ནི་འཁོར་ལོ་བདེ་མཆོག་གི་སྤྱན་ཡིན། ཞལ་ནི་འཁོར་ལོ་བདེ་མཆོག་གི་ཞལ་དང༌། དེ་བཞིན་དུ་ལུས་སྐུ་དང༌། ངག་གསུང༌། སེམས་འཁོར་ལོ་བདེ་མཆོག་གི་ཐུགས་ཡིན་སྙམ་དུ་ སྒོམ་པར་བྱེད་པ་ནི་གཉིས་པའོ། །དེ་ནས་འཇིག་རྟེན་གྱི་ཁམས་ན་སྐུ་རྣམ་པ་ཐམས་ཅད་པས་ གང་ལ་གང་འདུལ་གྱིས་སེམས་ཅན་གྱི་དོན་མཛད་པ་དང༌། གསུང་སྒྲ་དབྱངས་རྣམ་པ་ཐམས་ ཅད་པའི་སེམས་ཅན་སོ་སོའི་བསམ་པ་དང་མཐུན་པར་ཆོས་སྟོན་པ་དང༌། ཐུགས་ཤེས་བྱ་ 2-1-411 ཐམས་ཅད་མཁྱེན་པ་ལ་སོགས་པ་མདོར་ན་སྐུ་གསུང་ཐུགས་ཀྱི་གསང་བ་ཐམས་ཅད་ཁྱབ་ བདག་འཁོར་ལོ་བདེ་མཆོག་གི་སྐུ་གསུང་ཐུགས་ཀྱི་སྣང་ཆ་ཡིན་སྙམ་པའི་ང་རྒྱལ་བྱའོ། ། གསུམ་པ་སྟོང་པས་རྒྱས་འདེབས་པ་ནི། བདག་ཉིད་དཔལ་འཁོར་ལོ་བདེ་མཆོག་ཏུ་ གསལ་བའི་ལྷ་སྐུ་འདི་གང་ནས་ཀྱང་མ་བྱུང༌། གང་དུ་ཡང་མི་འགྲོ། ད་ལྟ་འདི་ལྟར་ཡིན་བྱ་ རྒྱུ་ཡང་མེད་པས་རང་བཞིན་སྤྲོས་པ་ཐམས་ཅད་དང་བྲལ་བ་ཡིན་པར་འདུག །སྣང་ཆ་ནི་མི་ འགག་སྟེ། སྣང་ལ་རང་བཞིན་མེད་པ་སྒྱུ་མ་ལྟ་བུའོ་སྙམ་དུ་སྒོམ་མོ། །ལྷའི་ང་རྒྱལ་ཡང་སྟོང་ པ་ཉིད་དུ་སྒོམ་པ་ནི། ང་རྒྱལ་གྱི་འཛིན་སྟངས་སྣང་ཆ་མ་འགགས་པ་ལ། རང་བཞིན་སྤྲོས་པ་ ཐམས་ཅད་དང་བྲལ་བ་སྒྱུ་མ་ལྟ་བུར་སྒོམ་མོ། ། གཉིས་པ་དྲན་པ་གཅིག་པ་ལ། སྟེང་གི་སྣ་རྩེར་སྒོམ་པ་དང༌། སྙིང་གའི་སྣ་རྩེར་སྒོམ་པས་ འོག་གི་སྣ་རྩེར་སྒོམ་པའོ། །དང་པོ་ནི། །རྟོགས་པའི་རྣལ་འབྱོར་གྱི་སྐབས་སུ་ལྷ་སྐུ་རགས་པ་ ལ་གསལ་སྣང་ཐོབ་ན། རང་ཉིད་དཀྱིལ་འཁོར་གྱི་གཙོ་བོར་གསལ་བ་དང༌། འཁོར་གྱི་ལྷ་ རྣམས་ཀྱང་གསལ་བ་ཙམ་བྱ། རང་ཉིད་གཙོ་བོར་གསལ་བའི་སྣ་རྩེའི་ནང་དུ་ཐིག་ལེ་སྲན་ ཆུང་ཙམ་ཁ་དོག་ལྷའི་སྐུ་མདོག་དང་མཚུངས་པ་ཞིག་གསལ་བཏབ་ལ། དེ་ལ་སེམས་འཛིན། དེ་ལ་གསལ་སྣང་ཐོབ་པ་ན། འཁོར་གྱི་ལྷའི་གནས་རྣམས་སུ་སོ་སོའི་སྐུ་མདོག་དང་མཚུངས་ པའི་ཐིག་ལེ་རེ་རེ་སྒོམ་ལ། སྣ་རྩེའི་ཐིག་ལེ་དང་དེ་གཉིས་ཀ་ལ་སེམས་འཛིན་ནོ། །དེ་གཉིས་ ཀར་ལ་གསལ་སྣང་ཐོབ་ན། སྣ་རྩེའི་ཐིག་ལེའི་ནང་དུ་ཡང་ལྷ་གྲངས་དང་མཉམ་པའི་ཐིག་ ལེ་ལྷ་སོ་སོའི་ཁ་དོག་དང་མཐུན་པ་སྒོམས་ལ་གསལ་སྣང་ཐོབ་པར་བྱ། དེ་ནས་སྣ་རྩེའི་ཐིག་ ལེའི་ནང་དུ་གཞལ་མེད་ཁང་དང༌། དེའི་ནང་དུ་ཐིག་ལེའི་ལྷ་ཚོགས་སྔར་བཞིན་སྒོམ་ཞིང༌། དེ་ལ་གསལ་སྣང་ཐོབ་ན། གཞལ་ཡས་ཁང་གི་ནང་དུ་ལྷ་སྐུའི་རྣམ་པ་དཀྱིལ་འཁོར་གྱི་འཁོར་ ལོ་ཇི་ལྟ་བ་བཞིན་སྒོམས་ལ་གསལ་སྣང་ཐོབ་པར་བྱའོ། །ཅི་སྟེ་ཐིག་ལེའི་དོད་དུ་ས་བོན་སྒོམ་ 2-1-412 པ་ལ་སྤྲོ་ན། ཐོག་མར་སྣ་རྩེའི་ཐིག་ལེའི་ནང་དུ་ཧཱུཾ་ཡིག་སོགས་ལྷའི་ས་བོན་གང་ཡིན་པ་དེ་ སྒོམ་པ་དང༌། དཀྱིལ་འཁོར་གྱི་འཁོར་གྱི་ལྷའི་གནས་རྣམས་སུ་ཡང་རང་རང་གི་ས་བོན་ སྒོམས་ལ་གསལ་སྣང་ཐོབ་པར་བྱའོ། །སྣ་རྩེའི་ཐིག་ལེའི་ནང་དུ་ལྷ་གྲངས་དང་མཉམ་པའི་ ས་བོན་དང༌། ཡང་གཞལ་མེད་ཁང་གི་ནང་དུ་ས་བོན་གྱི་དཀྱིལ་འཁོར་དང༌། དེ་ལ་བརྟན་པ་ ཐོབ་ན་ལྷའི་སྐུ་སྒོམ་མོ། ཡང་ན་ས་བོན་གྱི་དོད་དུ་ཕྱག་མཚན་སྒོམ་ལ་སྔར་བཞིན་ནོ། ། གཉིས་པ་ནི། རང་ཉིད་ལྷར་གསལ་བའི་ཐུགས་ཀར་ཡེ་ཤེས་སེམས་དཔའ། དེའི་ཐུགས་ ཀར་ཏིང་ངེ་འཛིན་སེམས་དཔའ་ཞུ་བ་ལས་ཐིག་ལེ་སྲན་ཆུང་ཙམ་སྒོམས་ཏེ། དེའི་ནང་དུ་ སྔར་བཞིན་ཐིག་ལེའི་དཀྱིལ་འཁོར་རམ། ཡི་གེའི་དཀྱིལ་འཁོར་རམ། ཕྱག་མཚན་གྱི་དཀྱིལ་ འཁོར་གང་ཡང་རུང་བ་ཞིག་སྒོམ་ལ། མཐར་ཐིག་ལེའི་ནང་དུ་རྟེན་དང་བརྟེན་པར་བཅས་ པའི་དཀྱིལ་འཁོར་སྒོམས་པའི་བར་སྔར་བཞིན་བྱའོ། ། གསུམ་པ་ནི། རང་ཉིད་ཡི་དམ་དུ་གསལ་བའི་རྡོ་རྗེ་ནོར་བུའི་རྩེ་མོར་ཐིག་ལེ་སྲན་ཆུང་ ཙམ་སྒོམས་ལ་དེའི་ནང་དུ་ཐིག་ལེའི་དཀྱིལ་འཁོར་རམ། ཡི་གེའམ། ཕྱག་མཚན་གྱི་དཀྱིལ་ འཁོར་གང་ཡང་རུང་བ་སྒོམས་པའི་མཐར། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ གྱི་འཁོར་ལོ་སྔར་བཞིན་སྒོམས་པར་བྱའོ། །སྟེང་གི་སྣ་རྩེ་དང༌། འོག་གི་སྣ་རྩེ་དང༌། སྙིང་གི་ སྣ་རྩེ་གསུམ་པོ་གང་ཡང་རུང་བ་ཞིག་སྒོམ་པས་ཆོག་གི །གང་ཟག་གཅིག་གིས་གསུམ་གར་ སྒོམ་དགོས་པ་ནི་མ་ཡིན་ནོ། །ཚུལ་དེ་ལྟ་བུ་གོམས་པ་ལས་ཐིག་ལེ་ཕྲ་མོའི་ནང་དུ་རྟེན་དང་ བརྟེན་པར་བཅས་པའི་དཀྱིལ་འཁོར་གྱི་འཁོར་ལོ་ལ་གསལ་སྣང་ཐོབ་པ་ནི། དྲན་པ་གཅིག་ པ་མཐར་ཕྱིན་པ་ཡིན་ཞིང༌། དེ་ལྟ་བུའི་གང་ཟག་དེས་ནི་ཚི་འདིར་རྫོགས་པའི་རིམ་པ་གཏན་ མ་སྒོམས་ཀྱང་སྐྱེ་བ་ཕྱི་མ་ལ་རྫོགས་རིམ་སྒོམ་པའི་སྐལ་པ་ཅན་དུ་གྱུར་ཏེ། གདོན་མི་ཟ་བར་ མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་རོ། ། 2-1-413 ༈ གཉིས་པ་ཕྱག་རྒྱ་ཆེན་པོའི་འཁྲིད་ལ། སྔོན་འགྲོ་དངོས་གཞི་གཉིས་ལས། དང་ པོ་ནི། བསྐྱེད་རིམ་གྱི་སྐབས་སུ་བཤད་པ་ལྟ་བུའམ། ཡང་ན་རང་གི་མདུན་དུ་བླ་མ་སྒོམས། དེའི་ཐུགས་ཀར་ཟླ་གདན་ལ་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ཨ་དཀར་པོ་གནས་པར་བསམས་ ལ་མོས་གུས་དྲག་ཏུ་བྱའོ། ། གཉིས་པ་དངོས་གཞི་ལ། ཐོག་མར་སེམས་གནས་པ་བསྒྲུབས་ཏེ་ཕྱིའི་ཡུལ་དམིགས་ རྟེན་ལ་བརྟེན་པ་ནི། རང་གི་མདུན་དུ་དམིགས་རྟེན་ཤིང་ལྟ་བུ་ཁ་དོག་ནག་པོ་ཞིག་བཞག་ ལ། དེ་ལ་མིག་གིས་བལྟ་ཞིང་སེམས་ཀྱང་བསྒྲིམས་ལ་རྒྱང་ཙམ་ཞིག་བཞག་གོ །དེའི་སྐབས་ སུ་འོག་འགྱུ་དང་རྣམ་རྟོག་སོགས་བྱུང་ན་འཕྲོ་གཅོད་པ་སོགས་སྤྱི་དང་འདྲའོ། །ཡང་རྒྱང་ ཙམ་ཞིག་དམིགས་རྟེན་ལ་མི་གཏོད་པར་བསམ་མེད་དུ་བཞག །ཚུལ་དེ་ལྟ་བུ་སྤེལ་མར་སྒོམ་ མོ། །ཡང་ན་དམིགས་རྟེན་གཉིས་པ་ནི། རང་གི་མདུན་དུ་རྡོ་ལེབ་ཆུང་ངུ་ལྟ་བུ་ཞིག་ལ་བཙག་ དམར་གྱི་གཡུང་དྲུང་རིས་བྲིས་ལ། དེ་ལ་མིག་དང་སེམས་བསྒྲིམས་ཏེ་བཞག་པས། གཡུང་ དྲུང་རིས་གཡོ་མེད་ལ་ཁྲིག་གེ་བཞགས། ཡང་ཤེས་པ་ཁོངས་ལྷོད་ཅིང༌། མིག་ཀྱང་ཅུང་ཟད་ གློད་པས། གཡུང་དྲུང་རིས་ཁོར་ཁོར་འཁོར་བར་བསམ་མོ། །ཡང་ན་དམིགས་རྟེན་གསུམ་ པ་ནི། རང་གི་མདུན་དུ་ནས་འབྲུའམ། རྡེའུས་སྤ་ར་ལྟ་བུ་འཁོར་ལོ་ཞིག་བརྩིགས། དེ་དང་ འགྱངས་ཅུང་ཟད་ཡོད་པར་ཡང༌། སྔར་བཞིན་སྤ་ར་ལྟ་བུ་བརྩིགས་ལ། དེའི་བར་དུ་འཇག་ མ་ལྟ་བུ་ཞིག་གིས་ཟམ་ཆུང་བཙུགས་ལ། དེ་ནས་རང་གི་མདུན་ཕྱོགས་ན་ཡོད་པའི་སྤ་རའི་ ཁ་ལ་སེམས་དང༌། མིག་བསྟད་ཅིང་སྐོར་བ་ལན་བདུན་ཙམ་བྱ། དེ་ནས་ཟམ་པའི་སྟེང་ལ་ སེམས་དང་མིག་བསྟད་ལ་སྤ་ར་ཕྱི་མའི་ཁ་ལ་ཡང་སྐོར་བ་ལན་བདུན་ཙམ་བྱ། དེ་ནས་ཡང་ ཟམ་པ་བརྒྱུད་ལ་སྤ་ར་ནང་མའི་ཁ་ལ་སྐོར་བ་བྱས་ལ་སེམས་འཛིན་ནོ། ། ནང་གི་དམིགས་རྟེན་ལ་འཇོག་ཚུལ་ལྔ་ལས། དང་པོ་ཐིག་ལེ་ལ་སེམས་འཛིན་པ་ནི། 2-1-414 རང་གི་ལྟེ་བར་ཐིག་ལེ་ཁ་དོག་ནག་སྔོན་པོ་ཞིག་དམིགས་ལ་དེ་ལ་སེམས་བཟུང་ཞིང༌། དེ་ ཡང་དམིགས་མེད་ཀྱི་ངང་ལ་བཞག་གོ །སེམས་འཛིན་གཉིས་པ་ནི། ནམ་མཁའ་སྟོང་པའི་ དབུས་སུ་རང་ཉིད་གནས་པར་བསམས་ལ། དེ་ནས་རང་ལུས་ཀྱི་མཐའ་ནས་རིམ་གྱིས་ ཟགས་ཏེ། མཐར་ལུས་མི་དམིགས་པར་ཡལ་བར་བསམ་ལ་དམིགས་མེད་དུ་བཞག་གོ །སེམས་འཛིན་གསུམ་པ་ནི། རང་གི་གཡས་ནས་མི་མགོ་ནག་པོ་ཞིག་དང༌། གཡོན་ནས་མི་ མགོ་ནག་པོ་ཞིག་སྟེ། དེ་གཉིས་གཡས་གཡོན་ནས་རྒྱུགས་ཏེ་བྱུང་བ། རང་གི་མདུན་དུ་དེ་ གཉིས་འཐབ་པར་བསམ་ལ། དེ་འདྲ་ལན་མང་དུ་བྱས་ཏེ་སེམས་འཛིན་ཞིང་མཐར་དམིགས་ མེད་དུ་བཞག་གོ །སེམས་འཛིན་བཞི་པ་ནི། ཤར་ཕྱོགས་ཀྱི་ནམ་མཁའ་ལ་སེམས་གཏད། དེ་བཞིན་དུ་དེའི་ཡང་ཤར་དང༌། དེའི་ཡང་ཤར་སོགས་ཤར་ཕྱོགས་ཀྱི་ནམ་མཁའ་མཐའ་ མེད་ཀྱི་བར་དུ་སེམས་བསྟད་ཅིང༌། དེ་བཞིན་དུ་ཕྱོགས་བཅུ་གར་གྱི་ནམ་མཁའ་མཐའ་མེད་ ལ་སེམས་བཟུང་ལ་མཐར་དམིགས་མེད་ཀྱི་ངང་དུ་བཞག་གོ །སེམས་འཛིན་ལྔ་པ་ནི། རང་ སེམས་དེ་ཡུལ་གང་ཡང་རུང་བ་སྔར་རང་གི་འགྲོ་མྱོང་བ་ཞིག་གི་ལམ་ལ་རིམ་པས་ཕྱིན་ཞིང༌། ཡུལ་དེར་སླེབ་པ་ན། སླར་ཡང་རིམ་པས་ལམ་བརྒྱུད་དེ་རང་གང་དུ་གནས་པའི་གདན་གྱི་ སྟེང་དུ་སླེབ་པར་བསམས་ལ། དེ་འདྲ་ཡང་ཡང་བྱ་ཞིང་མཐར་དམིགས་མེད་ཀྱི་ངང་ལ་ལྷོད་ ཅིང་བཞག་གོ །དེ་ལྟར་དམིགས་པ་དང་བཅས་པ་དེ་དག་ལ་བརྟེན་ནས་སེམས་ཀྱི་གནས་ཆ་ ཅི་རིགས་པ་བྱུང་བའི་ཚེ། དེ་ནས་དམིགས་པ་མེད་པའི་ཚུལ་གྱིས་བཟོ་མེད་དུ་འཇོག་པ་ནི། སེམས་ཆེད་གཏད་སྒྲིམས་པ་ཡང་མ་ཡིན། ཆེད་གཏད་ལྷོད་པ་ཡང་མ་ཡིན་པར་བཟོ་མེད་དུ་ ཤིག་གེ་བཞག་གོ །དེ་ནས་ཕྱི་རོལ་གྱི་གཟུགས་སྒྲ་དྲི་རོ་རེག་བྱ་སོགས་ཡུལ་གང་དང་གང་ ལ་མཐོང་ཐོས་ལ་སོགས་པ་བྱུང་པའི་ཚེ། དཔེར་ན་མིག་གིས་གཟུགས་མཐོང་བ་ན། དེའི་ སྣང་ཆ་མི་དགག་ཅིང༌། དེ་ལ་རྟོག་དཔྱོད་ཀྱང་མི་བྱེད་པར། དེ་ཀའི་སྟེང་དུ་བཟོ་མེད་དུ་ལྷོད་ 2-1-415 དེ་བཞག་གོ །དེ་ནས་ཕྱི་རོལ་གྱི་ཡུལ་ཁོ་ན་ལ་མ་ལྟོས་པར༌། སེམས་ལ་བདེ་སྡུག་ཡུལ་སྣང་ སོགས་ཅི་ཤར་ཡང༌། སྣང་ཆ་དེ་ཅུང་ཟད་ཙམ་མ་ཞིག་པར་བྱས་ལ། དེ་ལ་བཟོ་མེད་དུ་ཤིག་ གེ་བཞག་གོ །དེ་ལྟར་རྟོག་པ་གང་ཤར་དེ་ལ་བཟོ་མེད་དུ་ཤིག་གེ་བཞག་པས་རང་ཡལ་ལ་ཞི་ བར་འགྱུར་རོ། ། གཉིས་པ་ངོ་སྤྲོད་པ་ལ། ངོ་སྤྲོད་སྐོར་བརྒྱད་ཡོད་པ་ལ། དང་པོ་སེམས་ཀྱི་རང་བཞིན་ འོད་གསལ་དུ་ངོ་སྤྲོད་པ་ནི། རང་གི་སེམས་ལ་རང་སེམས་ཀྱིས་བརྟགས་ཤིང་དཔྱད་པ་ན། ཁ་དོག་དང་དབྱིབས་དང༌། གནས་གང་ན་ཡང་མེད་པས་ངོས་བཟུང་དང་བྲལ་བ་ཡིན་ཡང༌། གསལ་རིག་ཙམ་རང་རིག་གི་མྱོང་བྱར་འདུག་པ་ནི་རང་བཞིན་གྱི་འོད་གསལ་བའོ་ཞེས་ངོ་ སྤྲོད་པ་ནི། ངོ་སྤྲོད་སྐོར་དང་པོའོ། ། གཉིས་པ་ནི། སེམས་ལ་རྣམ་པར་རྟོག་པ་སྣ་ཚོགས་པ་ཤར་བ་རྣམས་སྐད་ཅིག་སྔ་མ་སྔ་ མ་འགག་ཕྱི་མ་ཕྱི་མ་བསྐྱེད་པར་བྱེད་ཅིང༌། སྐྱེས་ཙམ་ཉིད་ནས་མེད་པས་ན་དྲི་མ་རྣམས་གློ་ བུར་བ་ཡིན་ནོ་ཞེས་ངོ་སྤྲོད་པ་ན། ངོ་སྤྲོད་སྐོར་གཉིས་པའོ། ། གསུམ་པ་ནི། ཕྱི་རོལ་གྱི་སྣང་བ་སྣ་ཚོགས་པ་འདི་རྣམས་དང༌། སེམས་ལ་ཤར་བའི་རྣམ་ པར་རྟོག་པ་སྣ་ཚོགས་འདི་རྣམས་མ་བརྟགས་མ་དཔྱད་པའི་ངོར་སྣང་བས་ན་མེད་ཅེས་ཀྱང་ མི་བྱ་ལ། དེ་དང་དེའི་ངོར་མ་གྲུབ་པས་ན་ཡོད་ཅེས་ཀྱང་མི་བྱ་བས་ཡོད་མེད་གཉིས་ཀར་ ལས་འདས་པའོ། །རང་སེམས་འདི་ཡང་ཕྱི་ནང་གང་དུ་ཡང་བཙལ་བས་མི་རྙེད་ཅིང༌། ངོས་ བཟུང་དང་བྲལ་བས་ན། ཡོད་ཅེས་ཀྱང་མི་བྱ་ལ། གསལ་རིག་ཙམ་ཞིག་ཏུ་རིག་ཅིང་མྱོང་ བྱར་འདུག་པས་ན། མེད་ཅེས་ཀྱང་མི་བྱ་བས། ཡོད་མེད་གཉིས་ཀར་ལས་འདས་པའོ། །ཆོས་ ཐམས་ཅད་གཅིག་མ་ཡིན་པའི་ཕྱིར། ཡིན་པ་ལས་འདས་པ་སྟེ། དཔེར་ན་མདུན་གྱི་བུམ་པ་ ཡང་དོན་ལ་མེད་ལ། ལྟོ་ལྡིར་བ་ཞབས་ཞུམ་པ་ཡང་དོན་ལ་མེད་པའི་ཕྱིར། དེ་གཉིས་གཅིག་ 2-1-416 མ་ཡིན་ལ། དེས་ན་ལྟོ་ལྡིར་བ་བུམ་པ་ཡིན་རྒྱུ་ཡང་མེད་དོ། །བུམ་པ་ཞེས་པ་དོན་ལ་མེད་ཅིང༌། ཀ་བ་ཞེས་པ་ཡང་མེད་པ་བློས་བཏགས་པ་ཙམ་ཡིན་པའི་ཕྱིར། དེ་གཉིས་ཐ་དད་ཀྱང་མ་ཡིན་ ལ། དེས་ན་བུམ་པ་ཀ་བ་མ་ཡིན་རྒྱུ་ཡང་མེད་པས། དེ་ལྟར་ཡོད་མེད་ཡིན་མིན་སོགས་སྤྲོས་ པ་ཐམས་ཅད་དང་བྲལ་བ་ཡིན་ནོ། །ཞེས་ངོ་སྤྲོད་པ་ནི། ངོ་སྤྲོད་སྐོར་གསུམ་པའོ། ། བཞི་པ་ནི། ཏིང་ངེ་འཛིན་སྒོམ་པའི་གནས་སྐབས་སུ་ལུས་སེམས་ལ་བདེ་བའི་རྣམ་པར་ བྱུང་ན། འདི་ནི་ཉམས་ཀྱི་བདེ་བ་ཡིན་གྱི། དོན་དམ་པའི་བདེ་བ་ནི་མ་ཡིན་ནོ་ཞེས་དེ་ལ་ཞེན་ པར་ཡང་མི་བྱེད། དགག་པར་ཡང་མི་བྱེད་དོ། །དེ་བཞིན་དུ་རེས་འགའ་སྟོང་སེང་ངེ་བ་ལ་ སོགས་པ་བྱུང་ན། འདི་ནི་གནས་ལུགས་ཀྱི་སྟོང་པ་མ་ཡིན་གྱི་སྟོང་པའི་ཉམས་ཡིན་ནོ་ཞེས་ ཞེན་པར་མི་བྱའོ། །དེ་བཞིན་དུ་སྐབས་འགར་ཤེས་པ་གསལ་སེང་ངེ་བ། ཁམས་དྭངས་སང་ ངེ་བ་ལ་སོགས་པ་བྱུང་ན། འདི་ནི་ཉམས་ཀྱི་གསལ་བ་ཡིན་གྱི། གནས་ལུགས་ཀྱི་གསལ་བ་ མ་ཡིན་ནོ་ཞེས་ཞེན་པར་མི་བྱེད་ཅིང༌། གང་བྱུང་བ་དེ་དགག་པར་ཡང་མི་བྱེད་པ་ནི་ཉམས་ཀྱི་ རྩི་ལ་མ་ཞེན་པར་ངོ་སྤྲོད་པ་སྟེ། ངོ་སྤྲོད་སྐོར་བཞི་པའོ། ། ལྔ་པ་ནི། སེམས་འདི་ངོས་བཟུང་གང་དུ་ཡང་མ་གྲུབ་ཅིང༌། སྤྲོས་པ་ཀུན་དང་བྲལ་བ་ ཞིག་འདུག་པ་དེ་ཆོས་སྐུ་དང་ངོས་བཟུང་མེད་བཞིན་དུ་སྣ་ཚོགས་སུ་འཆར་བ་ཞིག་འདུག་ པ་དེ་ནི་གཟུགས་ཀྱི་སྐུ་སྟེ། དེ་ལྟར་ན་སེམས་ཉིད་འདི་གདོད་མ་ནས་སྐུ་གཉིས་ཀྱི་ངོ་བོར་ གནས་པ་ཡིན་ཞེས་ངོ་སྤྲོད་པ་ནི་ངོ་སྤྲོད་སྐོར་ལྔ་པའོ། ། དྲུག་པ་ནི། སེམས་ཉིད་འདི་གཞི་ལམ་འབྲས་བུའི་གནས་སྐབས་ཐམས་ཅད་དུ་འགྱུར་ བ་མེད་པ་ཡིན་ཏེ། དཔེར་ན་སྐད་ཅིག་མ་སྔ་མའི་སེམས་དང༌། ཕྱི་མའི་སེམས་ཁྱད་པར་མེད་ པ་བཞིན་ནོ་ཞེས་སློབ་མ་ངོ་སྤྲོད་པའི་ནི་ངོ་སྦྲོད་སྐོར་དྲུག་པའོ། ། བདུན་པ་ནི། རྣམ་རྟོག་སྐྱེས་པའི་དུས་ཀྱི་སེམས་དང༌། མ་སྐྱེས་པའི་དུས་ཀྱི་སེམས་ 2-1-417 ལ་ཁྱད་པར་མེད་པ་དེ་བཞིན་དུ། གཟུགས་མཐོང་བའི་དུས་དང༌། མ་མཐོང་པའི་དུས་དང་ ལངས་པའི་དུས་དང༌། འདུག་པའི་དུས་ཏེ། མདོར་ན་ལུས་ཀྱི་སྤྱོད་ལམ། ངག་གི་སྨྲ་བརྗོད། སེམས་ཀྱི་བསམ་མནོ་སོགས་ཅི་བྱས་ཀྱང་སེམས་ཀྱི་རང་བཞིན་ངོས་བཟུང་དང་བྲལ་བ་ མཉམ་པ་ཉིད་ཡིན་ནོ་ཞེས་ངོ་སྤྲོད་པ་ནི་ངོ་སྤྲོད་སྐོར་བདུན་པའོ། ། བརྒྱད་པ་ནི། སེམས་གནས་པའི་ཚེ་ཡང་མ་བཅོས་པར་བཟོ་མེད་དུ་འཇོག་པ་དང༌། སེམས་འགྱུ་བའི་ཚེ་ཡང༌། འགྱུ་ན་ཆེད་གཏད་མི་དགག་པར་འགྱུ་བའི་རང་ངོ་ཤེས་པ་ཙམ་ བྱས་ལ། དེ་ལ་བཟོ་མེད་དུ་བཞག་གོ །དེ་ལྟར་ན་ཟས་ཟ་བ། གཏམ་སྨྲ་བ། འགྲོ་འཆག་ཉལ་ འདུག་ཅི་བྱེད་ཀྱང་མ་བཅོས་པར་བཟོ་མེད་དུ་བཞག་པས། དཔེར་ན་རིན་པོ་ཆེའི་གླིང་དུ་ཕྱིན་ པ་ན། རིན་པོ་ཆེ་འབའ་ཞིག་མ་གཏོགས། རྡོ་མི་རྙེད་པ་ལྟར། ལུས་ཀྱི་སྦྱོད་ལམ། ངག་གི་སྨྲ་ བརྗོད། སེམས་ཀྱི་བསམ་མནོ་སོགས་ཅི་བྱས་ཀུན་སྒོམ་འབའ་ཞིག་ཏུ་འགྱུར་རོ་ཞེས་ངོ་སྤྲོད་ པ་ནི། ངོ་སྤྲོད་སྐོར་བརྒྱད་པའོ། ། ལམ་གྱི་ཡན་ལག་གེགས་སེལ་དང་བོགས་འདོན་ལ། གེགས་བསལ་བ་དང༌། བོགས་ འདོན་པའོ། །དང་པོ་ལ། བྱིང་བ་བསལ་བ་དང༌། རྒོད་པ་བསལ་བ་དང༌། རྣམ་རྟོག་རྒྱུན་ ཆགས་ཀྱི་གེགས་བསལ་བའོ། ། དང་པོ་ནི། རང་གི་ལྟེ་བར་ཐིག་ལེ་ཁ་དོག་དཀར་པོ་འོད་འཚེར་བ་ཞིག་གསལ་བཏབ་ ལ། རིམ་པས་གྱེན་དུ་སོང་སྟེ། མཐར་སྤྱི་བོ་ནས་འཐོན། ནམ་མཁའི་དབྱིངས་ཇེ་མཐོ་ཇེ་མཐོ་ ལ་སོང་བར་བསམས་ལ་མིག་གྱེན་དུ་བསྟད་ཅིང་ཤེས་པ་ཧུར་ཕྱུང་ངོ༌། །དེ་ནས་མར་རིམ་ པས་བབས་ཏེ། མཐར་ལྟེ་བར་སླེབས་པར་བསམ། དེ་ལྟ་བུ་ཡང་ཡང་བྱས་པས་བྱིང་བའི་ གེགས་སེལ་བར་འགྱུར་རོ། ། གཉིས་པ་ནི། རང་གི་ལྟེ་བར་ཐིག་ལེ་འོད་ཟེར་ནག་པོ་འཕྲོ་བ་ཞིག་གསལ་བཏབ་ལ། 2-1-418 དེ་བཤང་སྒོ་ནས་རྒྱངས་ཏེ་འཐོན། ས་འོག་ཐག་རིང་པོར་ནག་མུན་མུན་སོང་བར་བསམ་ ལ། མིག་གི་ལྟ་སྟངས་ཡང་ཕབ་ཅིང༌། སེམས་ལྷོད་ཆགས་སུ་བྱེད། ཡང་ཐིག་ལེ་དེ་སླར་ཡང་ འོང་སྟེ་ལྟེ་བར་སླེབ་པར་བསམ་ལ། དེ་ལྟ་བུ་ཡང་ཡང་བྱས་པས་རྒོད་པའི་གེགས་སེལ་བར་ འགྱུར་རོ། ། གསུམ་པ་ནི། རང་གི་ལུས་ཀྱི་ནང་ནས་རླུང་འཚུབ་དཔག་ཏུ་མེད་པ་བུ་ག་དགུ་ནས་ འཐོན་ཏེ། ལུས་ཀྱི་ཕྱི་ཐམས་ཅད་འཚུབ་མ་ཐལ་བ་རླུང་གིས་ཁྱེར་བར་བསམ་ལ། མཐར་ ཐལ་རླུང་རྣམས་ཕྱོགས་སོ་སོར་གྱེས་པར་བསམ་མོ། །དེ་ལྟར་ལན་མང་དུ་བསྒོམས་པས། རྣམ་རྟོག་རྒྱུན་ཆགས་སུ་འཁྲུགས་པ་རྣམས་ཞི་བར་འགྱུར་རོ། ། གཉིས་པ་བོགས་འདོན་ལ། བདེ་གསལ་མི་རྟོག་པ་གསུམ་གྱི་བོགས་འདོན་པ་ལས། དང་པོ་མི་རྟོག་པའི་བོགས་འདོན་པ་ནི། གནས་དབེན་པ་ཞིག་ཏུ་ལུས་གནད་བཅས་ལ། རྣམ་ རྟོག་འདིའི་རྗེས་སུ་འདི་དྲན་པར་བྱའོ་སྙམ་དུ་བསམ་ལ། ལན་བཅུ་བཅུ་ཙམ་དྲན་པར་བྱས་ ལ། དེ་རྗེས་མི་རྟོག་པ་ལ་ལྷོད་ཀྱིས་བཞག་གོ །ཡང་སྐྱེ་བོ་མང་པོའི་དབུས་སུ་འདུག་ལ། རྣམ་ རྟོག་འདིའི་རྗེས་ལ་འདི་དྲན་པར་བྱའོ་སྙམ་དུ་བསམ་ལ། སྔར་བཞིན་ལན་བཅུ་བཅུ་ཙམ་དྲན་ པའི་མཐར་མི་རྟོག་པ་ལ་བཞག་གོ །དེ་ལྟར་མང་དུ་བྱས་པས་མི་རྟོག་པ་ལ་བོགས་ཐོན་པར་ འགྱུར་རོ། ། གཉིས་པ་གསལ་བ་ལ་བོགས་འདོན་པ་ནི། རི་རྩེའི་ཁང་སྟེང་ལྟ་བུ་མཐོ་ས་ཞིག་ཏུ་ཕྱིན་ ལ། ཡུལ་གྱི་སྣང་བ་སྣ་ཚོགས་པ་ལ་སེམས་གཏོད་པ་སྟེ། དཔེར་ན་རི་ལྟ་བུ་ཞིག་གི་རྩེ་མོ་ལ་ སེམས་ཅུང་ཟད་བསྟད། ཡང་རིའི་སྐེད་པ་ལ་སེམས་ཡུད་ཙམ་ཞིག་བསྟད། ཡང་རི་འདབས་ ཀྱི་ནེའུ་གསིང་ལྟ་བུ་ཞིག་ལ་སེམས་ཡུད་ཙམ་གཏོད་པ་སོགས། ཡུལ་སྣ་ཚོགས་པ་ལ་སེམས་ ཡུད་ཙམ་ཡུད་ཙམ་བསྟད་པས་སེམས་ལ་གསལ་ཆ་རྙེད་པར་འགྱུར་རོ། ། 2-1-419 གསུམ་པ་བདེ་བའི་བོགས་འདོན་པ་ནི། རང་གི་སྤྱི་བོར་ཧཱུཾ་དཀར་པོ་ཞིག་གསལ་བཏབ། གསང་གནས་སུ་ཧཱུཾ་དམར་པོ་ཞིག་གསལ་བཏབ་ལ་སྤྱི་བོའི་ཧཱུཾ་དེ་མར་བབས། གསང་གནས་ ཀྱི་ཧཱུཾ་དེ་ཡར་གྱེན་ལ་བྱུང་སྟེ། དེ་གཉིས་སྙིང་གའི་ཐད་ཙམ་དུ་འཁྲུག་ཆིལ་གྱིས་འཐབ་པར་ བསམས་ལ། ཧཱུཾ་དཀར་དམར་གཉིས་གཅིག་ལ་གཅིག་འདྲེས་པར་མོས་པས། ལུས་སེམས་ ཐམས་ཅད་བདེ་བས་ཁྱབ་པར་བསམས་ལ། དེ་ལྟ་བུ་ལན་མང་དུ་བྱས་པས་བདེ་བ་ལ་ བོགས་ཐོན་པར་འགྱུར་རོ། ། ༈ གསུམ་པ་གཏུམ་མོའི་མན་ངག་ལ། སྔོན་འགྲོ་དང་དངོས་གཞི་གཉིས་ལས། དང་ པོ་ལ། བླ་མའི་རྣལ་འབྱོར་དང༌། རྩ་ལམ་སྦྱང་བ་དང༌། རྩ་བྱིན་གྱིས་བརླབས་པ་དང་གསུམ་ ལས། དང་པོ་ནི། མདུན་གྱི་ནམ་མཁར་རྩ་བའི་བླ་མ་ཡི་དམ་གྱི་རྣམ་པའམ། རྡོ་རྗེ་འཆང་གི་ རྣམ་པ་ཅན་གང་རུང་དུ་སྒོམ་པའི་ལྟེ་བར་རྡོ་རྗེ་ཕག་མོ་གཡས་གྲི་གུག་དང༌། གཡོན་ཐོད་པ་ འཛིན་པ། མཆན་ཁུང་ན་ཁ་ཊཱཾ་ག་བསྣམས་པ། ཞབས་གཡས་བརྐྱང་པས་དུས་མཚན་མ་ དང༌། གཡོན་བསྐུམ་པས་འཇིག་བྱེད་མནན་པའི་སྐུ་ཅན་དུ་གསལ་བཏབ་ལ། མོས་གུས་དང་ གསོལ་འདེབས་དྲག་ཏུ་བྱས་པའི་མཐར། བླ་མ་འོད་དུ་ཞུ། རྡོ་རྗེ་ཕག་མོ་ཡང་སྨིན་མཚམས་ སམ། སྤྱི་བོ་ནས་ཞུགས་ཏེ། རང་གི་ལྟེ་བའི་གཏུམ་མོ་ལ་ཐིམ་པར་བསམ་མོ། ། གཉིས་པ་ལ། རླུང་གིས་རྩ་ལམ་སྦྱོང་བ་དང༌། རྩས་རྩ་ལམ་སྦྱོང་བ་དང༌། ཐིག་ལེའི་རྩ་ ལམ་སྦྱོང་བའོ། །དང་པོ་ནི། རླུང་འཇམ་རླུང་ཙམ་བཟུང་ལ། ཡིད་ཀྱིས་དམིགས་པ་ལ་རླུང་ བཟུང་བའི་ཚེ། ལུས་སྟོང་པར་གྱུར་པ་དེ་རླུང་གིས་ཁེངས་ཏེ། ལུས་ཇེ་སྦོམ་ལ་གྱུར་ཏེ། མཐར་ ཤིན་ཏུ་སྦོམ་པར་གྱུར་པར་བསམ། རླུང་ཕྱིར་འགྲོ་བའི་ཚེ། ལུས་སྟོང་སང་སྟེ་སོང་ནས་ལུས་ ཀྱང་ཕྲ་བར་གྱུར་པར་བསམ་མོ། ། 2-1-420 གཉིས་པ་ནི། རང་ལུས་ཀྱི་དབུས་སུ་རྩ་དབུ་མ་གསལ་བཏབ། ཡང་རླུང་བཟུང་བའི་ཚེ་ རྩ་དབུ་མ་ཇེ་སྦོམ་ལ་སོང་ཞིང༌། དེའི་མཐུས་ལུས་ཀྱང་རིམ་པས་སྦོམ་པར་གྱུར་པར་བསམ་ མོ། །ཡང་རླུང་ཕྱིར་འགྲོ་བའི་ཚེ། དབུ་མ་ཡང་ཕྲ་བར་གྱུར་ཞིང༌། ལུས་ཀྱང་ཕྲ་བར་གྱུར་བར་ བསམ་མོ། ། གསུམ་པ་ནི། རང་གི་རྩ་དབུ་མའི་ནང་གི་ལྟེ་བའམ། སྙིང་གའི་ཐད་ཙམ་དུ་གཏུམ་མོའི་ རང་བཞིན་ཨ་ཤད་དམ། ཨཾ་དམར་པོ་ཞིག་གསལ་བཏབ་ལ། རླུང་ནང་དུ་གནས་པའི་ཚེ་ཨཾ་ ངམ་ཨ་ཤད་ལས་འོད་ཟེར་དམར་པོ་དཔག་ཏུ་མེད་པ་འཕྲོས་པས། དེའི་ཐད་ཀྱི་དབུ་མ་དེ་ རྒྱས་ཏེ་ཇེ་ཆེ་ལ་སོང་པས་ལུས་ཀྱང་ཇེ་སྦོམ་དུ་གྱུར་བར་བསམ། ཡང་རླུང་ཕྱིར་འགྲོ་བའི་ཚེ་ འོད་ཟེར་རྣམས་གཏུམ་མོ་ལ་ཐིམ་ཞིང༌། དབུ་མ་དང་ལུས་གཉིས་ཀ་ཕྲ་བར་གྱུར་པར་བསམ་ མོ། ། གསུམ་པ་རྩ་བྱིན་གྱིས་བརླབས་པ་ནི། རང་གི་ལུས་ཀྱི་དབུས་སུ་རྩ་གསུམ་སྤྱི་དང་ མཐུན་པར་གསལ་བཏབ་ཅིང༌། རྩ་གསུམ་ཆར་གྱི་ཡས་སྣའི་བཅད་ཁ་མཉམ་པར་སྦྱི་བོ་ ལ་ཟུག་པར་བསམ། རང་གི་སྤྱི་བོར་རྩ་བའི་བླ་མ་ཡི་དམ་ཡབ་ཡུམ་ཞལ་སྦྱོར་གྱི་རྣམ་པ་ ལྟ་བུའམ། ཡང་ན་རྡོ་རྗེ་འཆང་ཡུམ་ཅན་གྱི་རྣམ་པར་གསལ་བཏབ། དེ་ལ་མོས་གུས་དང་ གསོལ་འདེབས་དྲག་ཏུ་བྱས་པས། ཡུམ་གྱི་སྦྱོར་མཚམས་ནས་བྱང་ཆུབ་ཀྱི་སེམས་དམར་ པོའི་རྒྱུན་བྱུང་སྟེ། རོ་མའི་ནང་ནས་ཞུགས་པས། རོ་མའི་ནང་ཐམས་ཅད་གང་བར་བསམས། ཡབ་ཀྱི་སྦྱོར་མཚམས་ནས་བྱང་ཆུབ་ཀྱི་སེམས་དཀར་པོའི་རྒྱུན་བྱུང་སྟེ། རྐྱང་མའི་ནང་ནས་ ཞུགས། དེའི་ནང་ཐམས་ཅད་གང་བར་བསམས། ཡང་གཉིས་ཀར་གྱི་སྦྱོར་མཚམས་ནས་ བྱང་ཆུབ་ཀྱི་སེམས་དཀར་དམར་འདྲེས་པའི་རྒྱུན་བྱུང་དབུ་མའི་ནང་ནས་ཞུགས་པས། དབུ་ མའི་ནང་ཐམས་ཅད་གང་བར་བསམ་མོ། །མཐར་བླ་མ་ཡང་འོད་དུ་ཞུ། རྩ་གསུམ་ལ་ཐིམ་ 2-1-421 པར་བསམ་མོ། ། གཉིས་པ་དངོས་གཞི་ལ། རླུང་ལ་བསླབ་པ་དང༌། གཏུམ་མོ་མེ་དམིགས་ལ་བསླབ་པ་ དང༌། ཐིག་ལེའི་རྣལ་འབྱོར་ལ་བསླབ་པ་དང༌། རྡོ་རྗེའི་བཟླས་པ་ལ་བསླབ་པའོ། །དང་པོ་ ལ་བཞི་ལས། རྡུལ་མཐའ་ཅན་ནི་རླུང་རོ་བསལ། རླུང་ནང་དུ་རྔུབས་ལ་རྔུབ་པ་རྫོགས་པ་ན། དལ་བུ་ཕྱིར་བུས་ལ། མིག་སྣ་རྩེ་ལ་བསྟད་ཅིང༌། ཕྱིར་འབུད་པ་རྫོགས་པ་ན། ལུས་སྟོང་སང་ སྟེ་སོང་བར་བསམ་མོ། ། གཉིས་པ་བགང་བ་ཅན་ནི། རླུང་ཕྱིར་སངས་ཀྱིས་བུས་ལ་ནང་དུ་རྔུབ་པ་ན་དལ་བུས་ རྔུབ་ལ། རྔུབ་པ་རྫོགས་པ་ན། རླུང་ལྟོ་བར་ནན་ཙམ་བྱའོ། ། གསུམ་བ་བུམ་པ་ཅན་ནི། རླུང་ནང་དུ་ཤར་གྱིས་རྔུབ་ལ། འོག་རླུང་འཐེན་ལ་རླུང་གཉིས་ ལྟོ་བར་ཁ་སྦྱོར་དུ་བཟུང་ཞིང༌། ཁ་ནང་གི་རླུང་མིད་ལ་ཐུབ་ཚད་བཟུང༌། མི་བདེ་བ་སྙམ་བྱེད་ ན་གཞིལ་བར་ཡང་བྱ་ཞིང༌། མཐར་སངས་ཀྱིས་བཏང་ངོ༌། ། བཞི་པ་རེངས་པ་ཅན་ནི་རླུང་ཕྱིར་བུས་ལ་ཕྱིར་ཐུབ་ཚད་དུ་བཟུང་ངོ། །གཉིས་པ་མེ་ དམིགས་ལ་བསླབ་པ་ལ། གཏུམ་མོ་བསྡུས་པ་དང༌། འབྲིང་པོ་དང༌། རྒྱས་པ་དང༌། གོ་བཟློག་ ལ་བསླབ་པ་དང་བཞི་ལས། དང་པོ་ལ། ལྟེ་བར་གཏུམ་མོ་བསྒོམ་པ་དང༌། ལྟེ་འོག་ཏུ་ཚངས་པའི་མེ་སྒོམས་པའོ། །དང་པོ་ནི། སྔོན་འགྲོ་རྣམས་སྔོན་དུ་སོང་ནས། རང་ཉིད་ཡི་དམ་དུ་མོས་པ་ཙམ་བྱས་པའི་ ལུས་ནང་སྟོང་སེང་ངེ་བའི་ལྟེ་བར་པདྨ་འདབ་མ་བརྒྱད་པའི་འདབ་མ་བརྒྱད་ལ། ཨ་ཀ་ཙ་ཊ་ ཏ་པ་ཡ་ཤའི་ཡི་གེ་བརྒྱད་འགོད་ཅིང༌། ཡང་ན་ཡི་གེ་མི་འགོད་པར་འདབ་མ་ཁ་རྐྱང་བསམ་ མོ། །པདྨའི་ལྟེ་བར་ཆོས་འབྱུང་མཐེ་བོང་ཙམ་རྩ་བ་ཐུར་དུ་ཟུག་པ། དེའི་ནང་དུ་ཨ་ཤད་ལ་ ཀླད་ཀོར་གྱིས་བརྒྱན་པའམ། ཡང་ན་ཨ་ཐུང་ལ་ཀླད་སྐོར་གྱིས་བརྒྱན་པ་ཁ་དོག་དམར་པོ་ 2-1-422 ཞིག་དམིགས་ལ་དེ་ལ་སེམས་རྩེ་གཅིག་ཏུ་གཏད་དོ། ། གཉིས་པ་ནི་ལུས་ཀྱི་དབུས་སུ་རྩ་དབུ་མ་སྦོམ་ཕྲ་མདའ་སྙུག་འབྲིང་པོ་ཙམ་ཡས་སྣ་སྤྱི་ བོ་ལ་ཟུག་པ། མས་སྣ་ལྟེ་འོག་ལ་ཟུག་པའི་ལྟེ་བ་ནས་སོར་གཉིས་ཙམ་གཞལ་པའི་ལྟེ་འོག་ གི་དབུ་མ་ནི། ཕྱི་དབྱིབས་ཕུར་པའི་དབལ་ལྟ་བུ་ཟུར་གསུམ་དུ་ཡོད་པ་ལ། ནང་ཁོང་སྟོང་དུ་ ཡོད་པའི་དབུས་སུ་ཀྵ་དམར་ནག་གམ་ཀྵུཾ་གང་རུང་ཞིག་སྒོམ་ལ། དེ་ལ་སེམས་རྩེ་གཅིག་ཏུ་ གཏད་དོ། །དེ་གཉིས་ཀ་ལ་རླུང་བུམ་ཅན་བཟུང་པའོ། ། གཉིས་པ་འབྲིང་པོ་ལ། རྩ་བ་དང་ཡན་ལག་གཉིས་ལས། དང་པོ་ནི། སྙིང་ག་དང་ལྟེ་ འོག་གི་བར་ལ་རྩ་དབུ་མ་སྦོམ་ཕྲ་མདའ་སྙུག་འབྲིང་པོ་ཙམ་དུ་ཡོད་པའི་སྙིང་གའི་འཁོར་ལོ་ རྩ་འདབ་བརྒྱད་པ་ཁ་དོག་སྔོན་པོ། ཁ་ཐུར་བསྟན་དུ་གནས་པའི་ལྟེ་བར་ཧཱུཾ་དང་ལྟེ་བའི་རྩ་ འདབ་དྲུག་ཅུ་རྩ་བཞི་པ་ཁ་དོག་དམར་སེར་ཁ་གྱེན་བསྟན་དུ་ཡོད་པའི་ལྟེ་བ་ལ་ཨཾ་དམར་ སེར་མེའི་རང་བཞིན་ཅན་གསལ་བཏབ་ལ། རླུང་ཁ་སྦྱོར་དུ་བཟུང་བས། ཨཾ་ལས་གཏུམ་མོའི་ མེ་འབར་སྙིང་གའི་ཧཱུཾ་ལ་རེག་པས། ཧཱུཾ་ལས་བྱང་ཆུབ་ཀྱི་སེམས་ཐིག་ཐིག་བབས་པར་བསམ་ ལ། འབར་འཛག་རྩེ་གཅིག་ཏུ་སྤྲད་དོ། ། གཉིས་པ་ནི། སྤྱི་བོའི་རྩ་འདབ་སོ་གཉིས་ཁ་དོག་དཀར་པོ་མགོ་ཐུར་བསྟན་གྱི་ལྟེ་བ་ལ་ ཧཾ་དང༌། མགྲིན་པའི་རྩ་འདབ་བཅུ་དྲུག་པ་ཁ་དོག་དམར་པོའི་ལྟེ་བ་ལ་ༀ་མེའི་རང་བཞིན་ ཅན་གསལ་བཏབ་ལ། རླུང་ཁ་སྦྱོར་དུ་བཟུང་བས། མགྲིན་པའི་ༀ་ལས་གཏུམ་མོའི་མེ་ འབར། སྤྱི་བོའི་ཧཾ་ལ་རེག་པས། ཧཾ་ལས་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་ན་ར་ར་བབས་པར་ བསམས་ལ། འབར་འཛག་ལ་སེམས་རྩེ་གཅིག་ཏུ་གཏད་དོ། ། གསུམ་པ་གཏུམ་མོ་རྒྱས་པ་ལ། ཐིག་ལེའི་འགྲོས་དང་སྦྱར་བ་དང༌། རླུང་གི་འགྲོས་ དང་སྦྱར་བ་གཉིས་ལས། དང་པོ་ནི། གཏུམ་མོ་རྒྱས་པ་དཔྱིད་ཐིག་ནས་འབྱུང་བ་ཇི་ལྟ་བ་ 2-1-423 བཞིན་ལས་རོ་རྐྱང་གི་འབར་འཛག་མི་བྱེད་པར་གཏུམ་མོ་དབུ་མའི་ནང་ནས་ཡར་སོང༌། སྨིན་མཚམས་གནད་ཀྱི་སྒོ་ཕྱེ་བ་ནས་ཐོན། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ་ཕོག་ པས་དེ་ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་ཞུ་བ། སྤྱི་བོ་ནས་མེ་དང་ལྷན་ཅིག་ཏུ་ཞུགས་ཧཾ་ལ་ ཕོག་པས། ཧཾ་ལས་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་བབས་ཏེ། ལྟེ་བའི་ཨཾ་ལ་སིབ་སིབ་ཐིམ་པར་ བསམས་ལ། འབར་འཛག་ལ་སེམས་རྩེ་གཅིག་ཏུ་གཏད་དོ། ། གཉིས་པ་ནི། རླུང་ཕྱིར་འགྲོ་བའི་ཚེ། ཨཾ་ལས་གཏུམ་མོ་འབར་ཞིང་ཧཾ་ལ་རེག་པར་ བསམ། ནང་དུ་འོང་བའི་ཚེ། ཧཾ་ལས་བྱང་སེམས་ཀྱི་རྒྱུན་བབས་ཏེ་ཨཾ་ལ་ཐིམ་པར་བསམ་མོ། ། བཞི་པ་གོ་ཟློག་ལ་བསླབ་པ་ལ་རྩ་བ་དང༌། ཡན་ལག་གཉིས་ལས། དང་པོ་ནི། སྙིང་ ཁའི་འཁོར་ལོ་སྦྱི་དང་འདྲ་བའི་ལྟེ་བར་ཐིག་ལེ་དམར་ནག་དང༌། ལྟེ་བའི་འཁོར་ལོ་སྤྱི་དང་ འདྲ་བའི་ལྟེ་བར་ཐིག་ལེ་དམར་ནག་ཅིག་གསལ་བཏབ། རླུང་བུམ་ཅན་དྲག་ཏུ་བཟུང་ལ། སྙིང་གའི་ཐིག་ལེ་དམར་ནག་ལས་འོད་ཟེར་དམར་ནག་ཤིན་ཏུ་ཚ་བ་གཅིག་ཐུར་དུ་འབར་ བས། ལྟེ་བའི་ཐིག་ལེ་ལ་རེག་པས། ལྟེ་བའི་ཐིག་ལེ་ལས་ཀྱང་འོད་ཟེར་དམར་ནག་རེག་བྱ་ ཤིན་ཏུ་བསིལ་བ་ཞིག་བྱུང་སྟེ། དེ་གཉིས་འཐབ་པ་ལས་སྙིང་གའི་ཐིག་ལེ་ལས་བྱུང་བའི་འོད་ ཟེར་ཇེ་ཐུང་ལ་སོང༌། ལྟེ་བའི་ཐིག་ལེ་ལས་བྱུང་བའི་འོད་ཟེར་ཇེ་རིང་ལ་སོང་སྟེ། མཐར་སྙིང་ གའི་ཐིག་ལེ་ལ་རེག་པས་དེ་ལས་འོད་ཟེར་མེ་ལྕེ་ལྟ་བུ་བྱུང་སྟེ། སྔར་གྱི་ལྟེ་བའི་མེ་ལྕེ་ཇེ་ཐུང་ དང༌། སྙིང་གའི་མེ་ལྕེ་ཇེ་རིང་ལ་གྱུར་ཏེ། ལྟེ་བའི་ཐིག་ལེ་ལ་རེག་པར་བསམ། དེ་འདྲ་ཡང་ ཡང་སྦེལ་མར་བྱའོ། ། གཉིས་པ་ནི། སྤྱི་བོའི་རྩ་འདབ་སྔར་བཞིན་དང༌། མགྲིན་པའི་རྩ་འདབ་སྔར་བཞིན་ ལས། ལྟེ་བ་གཉིས་སུ་ཐིག་ལེ་དམར་སྐྱ་རེ་རེ་སྒོམ། བུམ་ཅན་དྲག་ཏུ་བཟུང་བ་ལས། སྤྱི་བོའི་ 2-1-424 ཐིག་ལེ་དམར་སྐྱ་ལས་དམར་པོའི་ཆ་དེ་མེ་ལྕེར་གྱུར་ནས་ནར་ཏེ་ཐུར་དུ་སོང་བ་མགྲིན་པའི་ ཐིག་ལེ་དམར་སྐྱ་ལ་རེག་པས། དེ་ལས་དཀར་པོའི་ཆ་དེ་མེ་ལྕེར་གྱུར་ཏེ། དེ་གཉིས་འཐབ་ པ་ལས་སྦྱི་བོའི་དེ་ཇེ་ཐུང་དང༌། མགྲིན་པའི་དེ་ཇེ་རིང་ལ་གྱུར་ཏེ། སྤྱི་བོའི་ཐིག་ལེ་ལ་རེག་ པས། དེ་ལས་ཀྱང་མེ་ལྕེ་དམར་པོ་ཞིག་བྱུང་སྟེ། མགྲིན་པའི་ཐིག་ལེ་ལ་རེག་པས། དེ་ལས་ ཀྱང་མེ་ལྕེ་འབྱུང་བ་སོགས་ཡུན་རིང་དུ་བསྒོམ་མོ། །དེ་དག་གི་སྐབས་སུ་རླུང་གནད་ནི། སྙིང་ གའི་ཐིག་ལེ་དང་སྤྱི་བོའི་ཐིག་ལེ་ལས་མེ་ལྕེ་མར་འགྲོ་བའི་ཚེ། རླུང་ཁ་སྦྱོར་གྱི་ཤུགས་འོག་ཏུ་ གནོན་པ་དང༌། ལྟེ་བའི་ཐིག་ལེ་དང་མགྲིན་པའི་ཐིག་ལེ་ལས། མེ་ལྕེ་ཡར་ཡོང་བའི་ཚེ་རླུང་གི་ ཤུགས་སྟོད་དུ་འཐེན་པའོ། །ཡང་ཕྱིར་བུས་ལ་ཕྱིར་བཟུང་བའི་སྐབས་སུ་ཐིག་ལེ་ལས་འོད་ ཟེར་ཐུར་དུ་འགྲོ་བའི་ཚེ་སྟོང་གནོན་དང༌། ཐིག་ལེ་ལས་མེ་ལྕེ་ཡར་ཡོང་བའི་ཚེ་སྟོང་འཐེན་ བྱའོ། ། གསུམ་པ་ཐིག་ལེའི་རྣལ་འབྱོར་ལ་བསླབ་པ་ལ། ཐིག་ལེ་སྤྱིར་སྒོམ་པ་དང༌། ཁྱད་པར་ དུ་སྒོམ་པ་དང༌། ལམ་གྱི་ཡན་ལག་སྒོམ་པའོ། །དང་པོ་ནི། རང་ཉིད་ཡི་དམ་དུ་གསལ་བའི་ གཙུག་ཏོར་གྱི་འཁོར་ལོ་རྩ་འདབ་བཞི་པའི་ལྟེ་བར་ཐིག་ལེ་ཁ་དོག་ལྗང་ཁུ་འོད་ཟེར་ལྔ་འཕྲོ་ བ་ཞིག་དམིགས་ལ། དེ་ལ་སེམས་རྩེ་གཅིག་ཏུ་གཏད། གསལ་སྣང་ཐོན་པར་བྱ། དེ་ནས་སྤྱི་ བོའི་འཁོར་ལོ་རྩ་འདབ་བཅུ་དྲུག་པའི་ལྟེ་བར་ཐིག་ལེ་དཀར་པོའམ། ནག་པོ་འོད་ཟེར་འཕྲོ་ བ་ཞིག་སྒོམ་ལ་གསལ་སྣང་ཐོབ་པར་བྱ། དེ་ནས་མགྲིན་པའི་འཁོར་ལོ་རྩ་འདབ་སོ་གཉིས་ པའི་ལྟེ་བར་ཐིག་ལེ་ཁ་དོག་དམར་པོ་འོད་ཟེར་འཕྲོ་བ་ཞིག་སྒོམ་ལ་གསལ་སྣང་ཐོབ་པར་ བྱ། དེ་ནས་སྙིང་གའི་འཁོར་ལོ་རྩ་འདབ་བརྒྱད་པའི་ལྟེ་བར་ཐིག་ལེ་སྒོམ་པ་ནི། མགྲིན་པར་ དཀར་པོ་སྒོམ་ན་འདིར་ནག་པོ་དང༌། མགྲིན་པར་དམར་པོ་སྒོམ་ན། འདིར་དཀར་པོ་སྒོམ་ ལ་གསལ་སྣང་ཐོབ་པར་བྱའོ། །དེ་ནས་ལྟེ་བའི་འཁོར་ལོ་ནང་སྐོར་རྩ་འདབ་བཞི། ཕྱི་སྐོར་ 2-1-425 བརྒྱད། དེའི་ཡང་ཕྱི་སྐོར་བཅུ་གཉིས། དེའི་ཡང་ཕྱི་སྐོར་དྲུག་ཅུ་རྩ་བཞི་སྟེ། དེའི་ལྟེ་བར་ཐིག་ ལེ་སེར་པོ་འོད་ཟེར་ལྔ་འཕྲོ་བ་ཞིག་སྒོམ་ལ་གསལ་སྣང་ཐོབ་པར་བྱ། དེ་ནས་གསང་གནས་ ཀྱི་འཁོར་ལོ་རྩ་འདབ་བཅུ་དྲུག་པའི་ལྟེ་བར་ཐིག་ལེ་སྔོན་པོ་འོད་ཟེར་ལྔ་འཕྲོ་བ་ཞིག་སྒོམ་ ལ་གསལ་སྣང་ཐོབ་པར་བྱ། དེ་དྲུག་ཀར་ལ་ཅུང་ཟད་གོམས་པ་ན། དེ་ནས་སྤྱི་གཙུག་ནས་ གསང་གནས་ཀྱི་བར་གྱི་ཐིག་ལེ་རྣམས་ཡས་རིམ་གྱི་གསལ་འདེབས་པ་དང༌། གསང་གནས་ ནས་སྤྱི་གཙུག་གི་བར་གྱི་ཐིག་ལེ་རྣམས་མས་རིམ་གྱིས་སྒོམས་པར་བྱའོ། ། གཉིས་པ་ཁྱད་པར་དུ་སྒོམ་པ་ལ། གསང་གནས་སུ་རྫས་ཀྱི་ཐིག་ལེ་བསྒོམ་པ་དང༌། སྙིང་གར་མི་ཤིགས་པའི་ཐིག་ལེ་སྒོམ་པ་དང༌། སྣ་རྩེར་འོད་ཀྱི་ཐིག་ལེ་སྒོམ་པ་དང༌། རྩའི་ རྣལ་འབྱོར་སྒོམ་པའོ། ། དང་པོ་ནི། རང་ཉིད་ཡི་དམ་ཡབ་ཡུམ་དུ་གསལ་བའི་ལུས་ལ་རྩ་གསུམ། འཁོར་ལོ་བཞི་ ཡང་གསལ་བར་དམིགས་ལ། ཡབ་ཡུམ་རྗེས་སུ་ཆགས་པ་ལས། རྩ་སྟོང་ཕྲག་བདུན་ཅུ་རྩ་ གཉིས་ཀྱི་བྱང་ཆུབ་ཀྱི་སེམས་ཐམས་ཅད་ཞུ་བ། འཁོར་ལོ་བཞིའི་རྩ་འདབ་སོ་སོར་འདུས་ཏེ། དེ་རྣམས་ཐམས་ཅད་ཀྱང་རོ་རྐྱང་དབུ་མ་གསུམ་དུ་འདུས་པ་ལ་གསང་གནས་ཀྱི་འཁོར་ལོར་ མ་སླེབ་ཀྱི་བར་དུ་དབུ་མའི་ནང་ནས་བྱང་སེམས་ནག་པོ་དང༌། རྐྱང་མ་ནས་དཀར་པོ་དང༌། རོ་མ་ནས་དམར་པོ་འབབ་པར་བསམ་ལ། གསང་གནས་སུ་སླེབ་པ་ན་རྩ་གསུམ་གྱི་མས་སྣ་ ཡང་ཟད་དེ། བྱང་སེམས་རྣམས་གཅིག་ཏུ་འདྲེས་པ་ཁ་དོག་སྔོན་པོར་གྱུར་ཏེ། རྡོ་རྗེ་ནོར་བུའི་ རྩེའི་ཤེས་རབ་མའི་ཟེའུ་འབྲུ་དང་འཕྲད་མཚམས་དེར། ཐིག་ལེ་ཁ་དོག་སྔོན་པོ་གནས་པ་ལ་ སེམས་གཏད་དེ། རླུང་བུམ་ཅན་ལས་འོག་རླུང་གསང་གནས་སུ་འཕུལ་བའོ། ། གཉིས་པ་ནི་དབུ་མ་གསལ་བཏབ་པའི་སྙིང་གའི་ཐད་དབུ་མའི་ནང་དུ། སེན་མོ་ཟླུམ་ པོར་བཏང་པ་ཙམ་གྱི་ཚད་དང་ལྡན་པའི་ཉི་ཟླ་ཁ་སྦྱོར་གྱི་ནང་དུ། ཐིག་ལེ་སྔོན་པོ་འོད་འཚེར་ 2-1-426 བ་ཞིག་གསལ་བཏབ་ལ་དེ་ལ་སེམས་རྩེ་གཅིག་ཏུ་བསྟད་དེ། སྟེང་རླུང་མནན་ཞིང༌། འོག་ རླུང་རང་སར་ལྷོད་པའི་རླུང་སྦྱོར་བྱའོ། ། གསུམ་པ་ནི། སྙིང་གའི་ཐད་དབུ་མའི་ནང་དུ་ཉི་ཟླའི་ནང་ཐིག་ལེ་སྔོན་པོ་དང༌། སྣ་བུག་ གཉིས་ཀྱི་འདོམས་སོའི་ནང་དུ་ཟླ་དཀྱིལ་སྲན་མ་ཕྱེད་གས་ཙམ་བསམ་ལ། རླུང་ཕྱིར་འགྲོ་ བའི་ཚེ། སྙིང་གའི་ཐིག་ལེ་ལས་འོད་ཟེར་ཁ་དོག་ལྔ་ལྡན་ཞིག་ན་ར་ར་བྱུང་སྟེ། དབུ་མའི་ ནང་བརྒྱུད་སྤྱི་བོའི་བར་དུ་སོང༌། དེ་ནས་མདུན་ཕྱོགས་སུ་འཁྱོགས་ཏེ་སྣ་རྩེའི་ཟླ་བའི་སྟེང་ དུ་འཁྱིལ་ལི་ལི་ཐིག་ལེར་སོང་བར་བསམ་ལ། རླུང་ཕྱིར་བཟུང་ནང་དུ་འོང་བའི་ཚེ། སྣ་རྩེའི་ འོད་ཀྱི་སྐུད་པ་འགྲིལ་པའི་ཐིག་ལེ་དེ་ཞིག་སྟེ། སྤྱི་བོ་བརྒྱུད་དེ་དབུ་མའི་ནང་ནས་མར་བྱུང་ བས། སྙིང་གའི་ཐིག་ལེ་ལ་ཐིམ་པར་བསམ་སྟེ་རླུང་ནང་དུ་ཅུང་ཟད་བཟུང་ངོ༌། ། བཞི་པ་རྩའི་རྣལ་འབྱོར་ནི། རང་གི་ལུས་ཀྱི་དབུས་སུ་རྩ་དབུ་མ་བྱང་སེམས་ནག་པོས་ འཁྲིག་མེར་ཏེ་གང་བར་བསམ། གཡས་སུ་རོ་མ་རཀྟས་གང་བ། གཡོན་དུ་རྐྱང་མ་ཁམས་ དཀར་པོས་གང་བ་ཡང་བསམ་མོ། །དེ་ནས་ལུས་ཀྱི་ནང་ཐམས་ཅད་རྩའི་དྲ་བས་ཁྱབ་པ། རྩ་ ཐམས་ཅད་ཀྱང་སྒྲོ་རྐང་ལྟ་བུ་སྟོང་སེང་ངེ་ཡོད་པ་ལ། དེ་དག་གི་ནང་ཐམས་ཅད་བྱང་ཆུབ་ ཀྱི་སེམས་དཀར་ལ་དམར་བའི་མདངས་ཆགས་པའི་རྣམ་པས་འཁྲིག་མེར་གྱིས་གང་བར་ བསམ་མོ། །དེ་ནས་གཙུག་ཏོར་གྱི་འཁོར་ལོའི་རྩ་གསལ་བཏབ་ལ། དེའི་དབུས་སུ་ཐིག་ལེ་ ལྗང་ཁུ་ཞིག་དམིགས་ལ། དེའི་འོད་ཟེར་གྱིས་རྩ་ནང་ཐམས་ཅད་ཁྱབ་པས། དང་པོར་འོད་ ཀྱིས་སྣང་བར་བྱས་ཤིང༌། བར་དུ་རྩ་རྣམས་དྭངས་པར་བྱས་ཏེ་ཤེལ་སྒོང་ལྟ་བུར་གྱུར་པ་ དང༌། མཐར་རྩ་ཐམས་ཅད་ཤིན་ཏུ་དྭངས་པ་འཇའ་ཚོན་ལྟར་ཕྱི་གསལ་ནང་གསལ་དུ་གྱུར་ པར་བསམ་མོ། །དེའི་རིམ་པས་སྤྱི་བོ་དང༌། མགྲིན་པ་དང༌། སྙིང་ག་དང༌། ལྟེ་བ་དང་གསང་ གནས་ཀྱི་རྩ་འཁོར་རྣམས་ཀྱང་གསལ་བཏབ་ལ། ཐིག་ལེའི་ཁ་དོག་སོ་སོར་བསྒོམ་སྟེ། དེ་ 2-1-427 རྣམས་ཀྱི་འོད་ཀྱིས་རྩ་ནང་ཐམས་ཅད་ཁྱབ་པ་སོགས་གོང་བཞིན་སྒོམ་མོ། ། གསུམ་པ་ཡན་ལག་ལ། ལུས་ཀྱི་ནང་དུ་སྒོམ་པ་དང༌། ཕྱི་རུ་སྒོམ་པའོ། ། དང་པོ་ལ་གསུམ་ལས། དམིགས་པ་དང་པོ་ནི། རང་གི་སྨིན་མཚམས་ན་བུག་པ་ཞིག་ ཡོད་པར་བསམ། དེ་ཧཱུཾ་ཡིག་ནག་པོ་ཞིག་གིས་བཀག་ལ། དེའི་འོད་ནག་པོས་གདོང་པ་ཁྱབ་ པར་བསམ། སྨིན་མཚམས་ཀྱི་ཐད་ཀྱི་ནང་དུ་ཧཾ་མགོ་ཐུར་བསྟན་ཞིག་བསྒོམ། དེ་ལས་བདུད་ རྩིའི་རྒྱུན་བབས་པས་ཡ་རྐན་ཡན་གང༌། དེ་ལས་ཀྱང་མར་བབས་ཏེ། ལྕེ་ཆུང་ནས་ཡིག་གེ་ གསུམ་ཡོད་པ་ལ་བརྟེན་ནས་བབས་པ་ལས། མཐར་ལུས་ནང་གི་རྩ་ཐམས་ཅད་ཀྱི་སྦུགས་ བྱང་ཆུབ་ཀྱི་སེམས་ཀྱིས་གང་བར་བསམ་མོ། །འདི་ནི་ཏིང་ངེ་འཛིན་ལ་བརྟེན་པའི་བཅུད་ ལེན་ནོ། ། དམིགས་པ་གཉིས་པ་ནི། རང་གི་ལུས་ཀྱི་དབུས་ཀྱི་སྙིང་གའི་ཐད་དུ། སྲོག་རྩ་ལས་ འཕྱང་བའི་སྙིང་ཡོད་པར་བསམ། ལུས་ནང་གི་གཡས་ཕྱོགས་སུ་བདུད་རྩིའི་ལྷ་མོ་འོད་འཆང་ མ་སྐུ་མདོག་དཀར་མོ། གཡས་གྲི་གུག་དང་གཡོན་བུམ་པ་བདུད་རྩིའི་གང་བ་བསྣམས་པ་ ཞིག་གསལ་བཏབ། ཕྱག་གཡས་ཀྱི་གྲི་གུག་གིས་སྙིང་གི་དཀར་ནག་མཚམས་ནས་རྦད་ཀྱིས་ བཅད་པས། སྙིང་གི་རྩེ་མོ་སངས་རྒྱས་བྱང་སེམས་རྣམས་ལ་ཕུལ་བར་བསམ། ལུས་ཀྱི་ཤ་ ཁྲག་ཐམས་ཅད་སྙིང་བཅད་མཚམས་ནས་ཕྱུང་སྟེ་བཤང་སྒོ་ནས་ཕྱིར་འཐོན་པར་བསམ། སྙིང་གི་ནང་དུ་ལྷ་མོའི་ཕྱག་གཡོན་གྱི་བདུད་རྩི་བླུགས་པས། ལུས་ནང་གི་རྩ་སྦུགས་ཐམས་ ཅད་བདུད་རྩིས་གང་བར་བསམ་ཞིང༌། སྙིང་གའི་དཀར་ནག་མཚམས་ནས་སྔར་བཅད་པ་དེ། སླར་སླེབས་པར་བསམ་མོ། ། དམིགས་པ་གསུམ་པ་ནི། མིག་གཉིས་སུ་ཐིག་ལེ་དཀར་པོ། རྣ་བ་གཉིས་སུ་ཐིག་ལེ་ སྔོན་པོ། སྣ་བུག་གི་འདོམ་སོར་ཐིག་ལེ་སེར་པོ། ལྕེར་ཐིག་ལེ་དམར་པོ། སྐྲ་མཚམས་སུ་ཐིག་ 2-1-428 ལེ་ལྗང་ཁུ། ལྟེ་བར་ཐིག་ལེ་སྔོན་པོ་རྣམས་གསལ་བཏབ་བོ། ། གཉིས་པ་ལུས་ཀྱི་ཕྱིར་བསྒོམ་པ་ནི། རང་ཉིད་ཀྱི་ལུས་འདི་མི་དམིགས་པའི་ལུས་ཀྱི་ ཤུལ་ན་ཐིག་ལེ་དཀར་པོ་མཐེ་བོང་ཙམ་ཞིག་དམིགས་ལ། དེ་ལ་སེམས་བསྟད་དོ། །དེ་ ལ་གོམས་ན་དངུལ་ཆུ་བྲེ་གང་ཙམ་གྱི་བོང་ཚོད་ཀྱི་ཐིག་ལེ་འོད་འཚེར་བ་ཞིག་དམིགས་ལ་ སེམས་འཛིན། དེ་ལ་ཡང་སེམས་ཟིན་པ་ན། ཐིག་ལེ་དེ་ཉིད་ཆ་གཉིས་སུ་གྱུར་པ་ལས། དེ་ ཉིད་འཕེལ་ཏེ། དངུལ་ཆུ་བྲེ་གང་ཙམ་གྱི་ཚོད་ཀྱི་ཐིག་ལེ་གཉིས་གཡས་གཡོན་དུ་ཡོད་པར་ བསམ་ལ། དེ་ལ་སེམས་འཛིན། དེ་ལ་ཡང་གོམས་པ་ན། ཐིག་ལེ་གཉིས་པོ་དེ་ཡང་ཆ་གཉིས་ སུ་གྱུར་ཏེ། དངུལ་ཆུ་བྲེ་གང་ཙམ་གྱི་ཚོད་ཀྱི་ཐིག་ལེ་བཞི་ཡོད་པ་ལ་སེམས་འཛིན་ནོ། །དེ་ ལ་ཡང་གོམས་པ་ན་ཐིག་ལེ་ཆ་བརྒྱད་དུ་གྱུར་པ་ལ་སེམས་འཛིན། དེ་ལ་ཡང་གོམས་པ་ན་ ཐིག་ལེ་བཅུ་དྲུག་ཏུ་གྱུར་པ་ལ་ཐམས་ཅད་ཀྱང་ཕྱེད་དཀར་པོ་དང༌། ཕྱེད་དམར་པོར་ཡོད་པ་ ལ་སེམས་འཛིན། དེ་ལ་གོམས་པ་ན། ཐིག་ལེ་བཅུ་དྲུག་པོ་ཐམས་ཅད་གཅིག་ཏུ་འདུས་པའི་ ཐིག་ལེ་དཀར་ལ་དམར་བའི་མདངས་ཅན་ཤིན་ཏུ་ཆེ་བ་ཞིག་སྒོམས་ལ་སེམས་འཛིན། དེ་ ལ་ཡང་གོམས་པ་ན། ཐིག་ལེ་དེ་ཉིད་ཇེ་ཆེ་ལ་གྱུར་ནས་མཐར་སྣང་བ་ཐམས་ཅད་ཐིག་ལེས་ ཁྱབ་པར་བསམ་མོ། ། བཞི་པ་རྡོ་རྗེའི་བཟླས་པ་ལ། ཡི་གེ་གསུམ་གྱི་རྡོར་བཟླས་དང༌། གཉིས་ཀྱི་རྡོར་བཟླས་ སོ། །དང་པོ་ལ། སྲོག་གི་རྡོ་རྗེའི་བཟླས་པ་དང༌། ཐུར་སེལ་གྱི་རྡོ་རྗེའི་བཟླས་པ་དང༌། མགོན་ པོ་བཞིའི་རྡོར་བཟླས་དང༌། ལྷ་མོ་བཞིའི་རྡོར་བཟླས་དང༌། དབང་པོ་དྲུག་གི་རྡོར་བཟླས་སོ། །དང་པོ་ལ་དམིགས་སྐོར་དྲུག་ལས། དང་པོ་ནི། རླུང་རོ་བསལ་ལ། རླུང་ཕྱིར་འགྲོ་བའི་ཚེ་ཕྱིར་འགྲོ།ནང་དུ་འོང་བའི་ཚེ་ནང་ དུ་འོང༌། ནང་དུ་གནས་པའི་ཚེ་གནས་ཞེས་མ་འཁྲུལ་པར་བྱེད་པའོ། ། 2-1-429 གཉིས་པ་ནི། ཕྱིར་འགྲོ་བའི་ཚེ་འོད་ཟེར་དཀར་པོའི་རྣམ་པས་ལུས་ནང་ནས་འཐོན་ཏེ། སྣ་སྒོ་ནས་འགྲོ་བར་བསམ། ནང་དུ་འོང་བའི་ཚེ་འོད་ཟེར་དམར་པོའི་རྣམ་པས་སྣ་སྒོ་ནས་ ཞུགས་ཏེ་ལུས་ཐམས་ཅད་གང་པར་བསམ། གནས་པའི་ཚེ་འོད་ཟེར་ནག་པོའི་རྣམ་པས་ འཁྲིག་མེར་ཏེ་གནས་པར་བསམ་མོ། ། གསུམ་པ་ནི། རླུང་ཕྱིར་འགྲོ་བའི་ཚེ་འོད་ཟེར་དཀར་པོའི་རྣམ་པ་ༀ་ཡིག་གི་སྒྲ་དང་ བཅས་པས་འགྲོ་བར་བསམ། ནང་དུ་འོང་བའི་ཚེ་འོད་ཟེར་དམར་པོའི་རྣམ་པ་ཨཱཿཡིག་གི་སྒྲ་ དང་བཅས་ཏེ་ནང་དུ་འོང་བར་བསམ། གནས་པའི་ཚེ་འོད་ཟེར་ནག་པོའི་རྣམ་པ་ཧཱུཾ་ཡིག་གི་ སྒྲ་དང་བཅས་པས་གནས་པར་བསམ་མོ། ། བཞི་པ་ནི། རླུང་ཕྱིར་འགྲོ་བའི་ཚེ་འོད་ཟེར་དཀར་པོ་ༀ་ཡིག་གི་སྒྲ་གཟུགས་དང་བཅས་ པས་ཕྱིར་འགྲོ་བར་བསམ། ནང་དུ་འོང་བའི་ཚེ་འོད་ཟེར་དམར་པོ་ཨཱཿཡིག་གི་སྒྲ་གཟུགས་ དང་བཅས་པས་ནང་དུ་འོང་བར་བསམ། ནང་དུ་གནས་པའི་ཚེ་འོད་ཟེར་ནག་པོ་ཧཱུཾཿཡིག་གི་ སྒྲ་གཟུགས་དང་བཅས་པས་གནས་པར་བསམ་མོ། ། ལྔ་པ་ནི། ཕྱིར་འབུད་པའི་ཚེ་ༀ་ཡིག་གི་སྒྲ་གཟུགས་འོད་ཟེར་དཀར་པོའི་རྣམ་པས་ཕྱིར་ འགྲོ་བར་བསམ། ནང་དུ་རྔུབ་པའི་ཚེ་ཨཱཿཡིག་གི་སྒྲ་གཟུགས་འོད་ཟེར་དམར་པོའི་རྣམ་པར་ འོང་བར་བསམ། ནང་དུ་བུམ་ཅན་ཁ་སྦྱོར་དུ་གནས་པའི་ཚེ་འོད་ཟེར་ནག་པོ་ཧཱུཾ་ཡིག་གི་སྒྲ་ གཟུགས་དང་བཅས་པས་གནས་པར་བསམ་མོ། ། དྲུག་པ་ནི། རང་གི་ལྟེ་བའམ་སྙིང་ག་གང་རུང་དུ་འོག་ཏུ་ཉི་མ་དང༌། སྟེང་དུ་ཟླ་བ་སྟེ། དེ་གཉིས་ཀྱི་ཆེ་ཆུང་གི་ཚད་ནི་ཇི་ལྟར་རིགས་པ་ཡིན་ལ། ཉི་ཟླ་གཉིས་ཀྱི་དབུས་སུ་བུ་ག་རེ་ རེ་ཡོད་པར་བསམ། དེའི་དབུས་སུ་ཐིག་ལེ་འོད་ཟེར་ལྔ་འཕྲོ་བ་ཞིག་བསལ་ལ། རླུང་ཕྱིར་ འབུད་པའི་ཚེ་ཐིག་ལེ་ལས་རླུང་རྣམས་འོད་ཟེར་དཀར་པོ་ༀ་ཡིག་གི་སྒྲ་དང་བཅས་པ་ཟླ་ 2-1-430 བའི་བུ་ག་ནས་འཐོན། སྣ་སྒོ་ནས་ཕྱིར་འཐོན་པར་བསམ། རླུང་ནང་དུ་རྔུབ་པའི་ཚེ། ཨཱཿཡིག་ གི་སྒྲ་གཟུགས་འོད་ཟེར་དམར་པོའི་རྣམ་པས་འོངས་ཏེ། ཟླ་བའི་བུ་ག་ནས་ཞུགས། འོད་ཟེར་ རྣམས་ཉི་མའི་བུ་ག་ནས་འཐོན་ཏེ། ལུས་ཐམས་ཅད་ཁྱབ་པར་བསམ། རླུང་ནང་དུ་བཟུང་ པའི་ཚེ། ཉི་ཟླ་ཁ་སྦྱོར་གྱི་དབུས་ཀྱི་ཐིག་ལེའི་ནང་དུ་ཧཱུཾ་ཡིག་གི་སྒྲ་གཟུགས་ཀྱི་རྣམ་པས་ གནས་པར་བསམ་མོ། ། གཉིས་པ་ཐུར་སེལ་གྱི་རྡོར་བཟླས་ནི། སྟེང་རླུང་ཕྱིར་འགྲོ་བའི་ཚེ། ཐུར་སེལ་ནང་དུ་འོང་ བ་དང༌། སྟེང་རླུང་ནང་དུ་འོང་བའི་ཚེ། ཐུར་སེལ་ཕྱིར་འགྲོ་བ་ཡིན་པས་དེའི་རིམ་པ་བཟུང་ ནས། གསང་གནས་དང༌། འོག་སྒོ་གཉིས་ཀར་རམ། གང་རུང་ཞིག་ནས་གོང་གི་དམིགས་པ་ དྲུག་པོ་བྱ་བའོ། །དེ་ཡང་རྡོ་རྗེའི་བཟླས་པའི་གཙོ་བོ་དམིགས་པ་དྲུག་པོ་དེ་ལ་ཉམས་ཁྲིད་ཀྱི་ ཚུལ་གྱིས་ཞིབ་པར་བྱ་བ་ཡིན་ཅིང༌། དམིགས་པ་ཕྱི་མ་རྣམས་རླུང་གི་ཁ་དོག་ལ་སོགས་པ་མ་ མཐོང་བའི་ལས་དང་པོ་པས་ཚུལ་བཞིན་འབྱུང་བ་དཀའ་བ་ཡིན་ནོ། ། གསུམ་པ་མགོན་པོ་བཞིའི་རྡོ་རྗེའི་བཟླས་པ་ནི། ཐོག་མར་མགྲིན་པའི་ཐིག་ལེ་དམར་པོ་ ལས། མེ་རླུང་ཁ་དོག་དམར་པོའི་རྣམ་པས་སྣ་བུག་གཡས་ནས་འགྲོ་འོང་བྱེད་པ་དང༌། རླུང་ གི་རླུང་སྤྱི་བོའི་ཐིག་ལེ་ནག་པོ་ལས་ཁ་དོག་ནག་པོའི་རྣམ་པས་སྣ་བུག་གཡོན་ནས་འགྲོ་འོང་ བྱེད་པ་དང༌། ས་རླུང་ལྟེ་བའི་ཐིག་ལེ་སེར་པོ་ལས་འོད་ཟེར་སེར་པོའི་རྣམ་པ་སྣ་བུག་གཉིས་ ཀ་ནས་འགྲོ་འོང་བྱེད་པ་དང༌། ཆུ་རླུང་སྙིང་གའི་ཐིག་ལེ་དཀར་པོ་ལས་འོད་ཟེར་དཀར་པོའི་ རྣམ་པས་སྣ་བུག་གཉིས་ཀར་ནས་འགྲོ་འོང་བྱེད་པའོ། ། བཞི་པ་ལྷ་མོ་བཞིའི་རྡོར་བཟླས་ནི། སྣ་བུག་གཡས་ནས་རྒྱུ་བའི་མེ་ལྟ་བུ་ལ་ཡང༌། མེ་ རླུང་གི་མེ་རླུང་དམར་པོ་དང༌། མེ་རླུང་གི་རླུང་གི་རླུང་ནག་མདངས་ཡོད་པ་དང༌། མེ་རླུང་གི་ ས་རླུང་སེར་མདངས་ཡོད་པ་དང༌། མེ་རླུང་གི་ཆུ་རླུང་དཀར་མདངས་ཡོད་པ་སྟེ། དེ་དག་སྟེང་ 2-1-431 ལོགས་དང༌། ཐད་ཀ་དང༌། འོག་རྣམས་སུ་རྒྱུ་བའོ། །དེའི་རིགས་གཞན་རྣམས་ལ་ཡང་འདྲའོ། ། ལྔ་པ་དབང་པོ་དྲུག་གི་རྡོར་བཟླས་ནི། སྙིང་གར་ཐིག་ལེ་ཁ་དོག་སྣ་ཚོགས་པ་ཞིག་ གསལ་བཏབ་ལ། དེ་ལས་རླུང་རྣམས་བྱུང་བར་བསམ་ལ། མིག་ནས་དཀར་པོ། རྣ་བ་ནས་ སྔོན་པོ། སྣ་བུག་ནས་སེར་པོ། ཁ་ནས་དམར་པོ། སྐྲ་མཚམས་ནས་ལྗང་ཁུ། ལྟེ་བའམ་གསང་ གནས་ནས་སྔོན་པོའོ། །ཡི་གེ་གཉིས་པའི་རྡོར་བཟླས་ནི། རླུང་ཕྱིར་འགྲོ་བའི་ཚེ། ཧཱུཾ་ཡིག་གི་ སྒྲས་འགྲོ་བ་དང༌། ནང་དུ་འོང་བའི་ཚེ་ཧོ་ཡིག་གི་སྒྲས་འོང་བར་བསམ་མོ། ། ༈ བཞི་པ་འོད་གསལ་གྱི་ཁྲིད་ལ། སྔོན་འགྲོ་སྒྱུ་ལུས་དང༌། དངོས་གཞི་འོད་གསལ་ གཉིས་ལས། དང་པོ་ནི། སྒྱུ་ལུས་ཀྱི་སྔོན་འགྲོ་བླ་མའི་རྣལ་འབྱོར་ནི། རང་གི་མདུན་ནམ་སྤྱི་ བོར་རྩ་བའི་བླ་མ་བསྒོམ། དེའི་ལྟེ་བའི་དབུས་སུ་ཡི་དམ་གྱི་སྐུ་དྭངས་ཤིང་གསལ་བ་ཞིག་ སྒོམ་ལ། སྒྱུ་མ་ལྟ་བུའི་འདུན་པ་དང་བཅས་བཞིན་པས་གསོལ་བ་དྲག་ཏུ་བཏབ། མཐར་འོད་ དུ་ཞུ་ནས་རང་ཉིད་ལ་ཐིམ་པར་བསམ་མོ། ། སྒྱུ་ལུས་ཀྱི་དམིགས་སྐོར་དང་པོ་ནི། ལུས་གནད་ལེགས་པར་བཅས་ལ། དར་ཅིག་ སེམས་མ་བཅོས་པར་ངལ་བསོ། དེ་ཀའི་ངང་ནས་བདག་གཞན་གནས་ལུས་ལོངས་སྦྱོད་ ཐམས་ཅད་ལ་ཤེས་པ་ཞིག་གཏད་དེ། འདི་ཐམས་ཅད་བདེན་པར་གྲུབ་པ་གཅིག་ཀྱང་མེད། སྒྱུ་མ་ལྟ་བུ་ཡིན་སྙམ་པའི་འདུན་པ་དྲག་ཏུ་སྦྱངས། དེའི་ངོ་བོ་ལ་གཞིག་སྟེ་བལྟས་པས། ངོས་ བཟུང་དང་བྲལ་བ་དེའི་ངང་ཅུང་ཟད་ཅིག་བསྐྱངས་ཏེ་མཉམ་པར་བཞག །ཚུལ་དེ་ལྟ་བུ་ཡང་ ཡང་སྒོམ་པར་བྱེད་པའོ། ། དམིགས་སྐོར་གཉིས་པ་ནི། གནས་ཁང་མུན་པ་ཅན་དུ་ལུས་གནད་ལེགས་པར་བཅས་ ཤིང༌། མིག་ལྤགས་ཕྱེད་ཙམ་བཀབ་པའི་མིག་འབྲས་ཐད་ཀར་བལྟ། དེ་ནས་རང་ཉིད་ཡི་དམ་ 2-1-432 གྱི་སྐུར་ལམ་གྱིས་སྒོམ་ལ། འདི་ལྟར་གསལ་བ་འདི་བདེན་པར་གྲུབ་པ་མེད། མེད་བཞིན་དུ་ ལྷའི་སྐུར་སྣང་བ་ཡིན་སྙམ་དུ་བསམ་ཞིང༌། དེའི་ངོ་བོ་ལ་བལྟས་པས་ངོས་བཟུང་ཐམས་ཅད་ དང་བྲལ་བའི་ངང་ལ་མཉམ་པར་བཞག་ལ། དེ་ལྟ་བུ་ཡང་ཡང་སྒོམ་པར་བྱེད་པའོ། ། དེ་ལ་བོགས་འདོན་པའི་དམིགས་པ་གསུམ་པ་ནི། གནས་ཁང་སྣང་བ་དང་བཅས་པར་ ཡི་དམ་གྱི་སྐུ་འགྱིང་བག་ཅན་ཞིག་བྲིས། དེའི་གཟུགས་བརྙན་རང་གི་མདུན་དུ་མེ་ལོང་གི་ ནང་དུ་འཆར་བར་བྱས་ལ། དེ་ལ་ཤེས་པ་གཞན་དུ་མ་ཡེངས་བར་རྩེ་གཅིག་ཏུ་བསྟད་ལ་ ཅུང་ཟད་ཅིག་མིག་གིས་བལྟ། དེ་ནས་མིག་འབྲས་གྱེན་དུ་བསྒྲིལ་ལ། ལྷ་སྐུའི་སྣང་བརྙན་མེ་ ལོང་གི་ནང་དུ་ཤར་བ་དེ་འདྲ་བ་ཞིག་ཡིད་ཀྱིས་ཅི་གསལ་གསལ་སྒོམ་མོ། །དེ་ལྟར་བདེན་ མེད་གྱི་འདུན་པ་ཅུང་ཟད་དང་བཅས་ཏེ་སྤེལ་མར་སྒོམ་པར་བྱེད་པའོ། །ཡང་ན་ལྷ་སྐུའི་བྲིས་ ཐང་མཚར་བ་ལ་མེ་ལོང་ལ་སོགས་པའི་འོད་འཕོག་པར་བྱས་ཏེ། དེ་ལ་མིག་གིས་བལྟ་ཞིང་ སེམས་གཏད། དེ་ནས་ཡང་མིག་འབྲས་གྱེན་དུ་བསྒྲིལ་ཞིང༌། ལྷ་སྐུའི་སྣང་བརྙན་ཡིད་ཀྱིས་ སྒོམ་པར་བྱེད་པ་སྟེ། དེ་གཉིས་གང་རུང་ཞིག་གིས་ཆོག་གོ །དེ་ལྟར་ཞག་བཅོ་ལྔ་ཙམ་རང་ ཉིད་ལྷ་སྐུར་སྒོམ་ཞིང༌། བདེན་མེད་ཀྱི་འདུན་པ་དྲག་ཏུ་སྦྱོང་བ་དེ་ཉིད་འབད་པས་སྒོམ། ཡང་ ཞག་བདུན་ཙམ་བོགས་འདོན་གཉིས་པོ་གང་རུང་ཞིག་སྒོམ་ལ་བོགས་ཐོན་པར་བྱ། ཚུལ་དེ་ ལྟ་བུས་ལྷ་སྐུ་ལ་ཡང་གསལ་སྣང་ཁྱད་པར་ཅན་ཐོབ་ཅིང༌། འདུན་པ་ལ་མ་ལྟོས་པར་སྣང་བ་ སྒྱུ་མ་ལྟ་བུར་ཅུང་ཟད་ཤར་བ་ན། སྣང་སྟོང་གི་ལྷ་སྐུ་དེ་ཉིད་ལ་ཡུན་བསྲིངས་ཏེ་བསྒོམས་ནས་ རེ་ཤིག་བརྟན་པར་བྱ། ཅུང་ཟད་བརྟན་པ་ན། དམིགས་སྐོར་བཞི་པ་སྤྲོ་བའི་དམིགས་སྐོར་ འདི་སྒོམ། དེ་ཡང་རང་ཉིད་ལྷ་སྐུར་གསལ་བ་དེ། སྣང་བ་ཐམས་ཅད་ལ་ཁྱབ་པའི་ཚུལ་གྱིས། སྣང་བ་ཐམས་ཅད་ལྷ་སྐུར་ལམ་སྟེ་བསྒོམ་ཞིང་དེ་རྣམས་ལ་ཡང་སྒྱུ་མ་ལྟ་བུའོ་སྙམ་དུ་བདེན་ མེད་ཀྱི་འདུན་པ་དྲག་ཏུ་སྦྱང་ངོ༌། །དེ་རྣམས་ནི་མཉམ་བཞག་གི་སྒྱུ་ལུས་སྒོམ་པའི་ཚུལ་ལོ། ། 2-1-433 གཉིས་པ་རྗེས་ཐོབ་ཀྱི་སྒྱུ་ལུས་སྒོམ་ཚུལ་ལ། སྟོང་པ་ངོས་བཟུང་བ་དང༌། སྒྱུ་མ་ངོས་ བཟུང་བ་གཉིས་ལས། དང་པོ་ནི། རང་གི་མིག་གི་ཡུལ་དུ་རས་ཁྲ་ལྟ་བུ་མཐོང་བ་ལ་ཤེས་པ་ བསྟད་པ་ན། ཐོག་མར་ཁྲ་བོར་སྣང་ཙམ་ལ་རང་བཞིན་ངོས་བཟུང་དང་བྲལ་བར་ཤེས་པ་ནི་ སྟོང་པ་དང༌། དེ་ལ་ཞིབ་ཏུ་བལྟས་པ་ན། ཁ་དོག་དང་དབྱིབས་ཀྱི་ཁྱད་པར་ཕྲ་མོ་རྣམས་ཀྱང་ ཞིབ་པར་སྣང་ཙམ་ལ་རང་བཞིན་ངོས་བཟུང་ཐམས་ཅད་དང་བྲལ་བར་ཤེས་པ་ནི་ཤིན་ཏུ་ སྟོང་པ་དང༌། དེ་ལ་ཡུལ་དེས་ཚིམས་པ་ལྟ་བུར་གྱུར་ཏེ། སྣང་བ་དེ་རྣམས་རིམ་གྱིས་ནུབ་པ་ ལ་མངོན་དུ་ཕྱོགས་པར་སྣང་ཞིང༌། ངོས་བཟུང་དང་བྲལ་བར་ཤེས་པ་ནི་སྟོང་པ་ཆེན་པོའོ། ། དེ་ནས་རིམ་པས་སྒྲ་སོགས་སྣང་བ་ཐམས་ཅད་ལ་སྟོང་པ་གསུམ་པོ་ངོས་འཛིན་པ་ལ་ བསླབ། གཉིས་པ་སྒྱུ་མ་ངོས་འཛིན་པ་ལ། མ་དག་ལས་སྣང་དང༌། དག་པ་ལྷ་སྐུའི་སྣང་བ་སྒྱུ་ མ་ལྟ་བུ་ངོས་འཛིན་པ་གཉིས་ལས། དང་པོ་ནི། ད་ལྟའི་སྣང་བ་འདི་ཐམས་ཅད་སྟོང་པ་གསུམ་གྱི་རིམ་པས་ནུབ་པར་གྱུར་ པ་ན། ངོས་བཟུང་དང་བྲལ་བའི་ངང་ལ་མཉམ་པར་བཞག །དེ་གའི་འཕྲོ་ནས་བདག་གཞན་ སྣོད་བཅུད་ཐམས་ཅད་ལ་ཤེས་པ་གཏད་དོ། །མེད་བཞིན་དུ་སྣང་བ་སྒྱུ་མ་ལྟ་བུའོ་ཞེས་འདུན་ པ་སྦྱོང་བའོ། ། གཉིས་པ་ནི། མ་དག་པའི་སྣང་བ་འདི་རྣམས་བདེན་མེད་དུ་ཤེས་པའི་སྣང་ཆ་དེ་ཡང་ རིམ་པས་ནུབ་པ་ན། དེའི་ཤུལ་དུ་ལྷ་སྐུའི་སྣང་བ་ལམ་སྟེ་ཤར་བར་མོས་ལ། དེ་ལ་ཡང་ བདེན་པར་མ་གྲུབ་ཀྱང་གསལ་བར་སྣང་བ་སྒྱུ་མ་ལྟ་བུའོ་སྙམ་པའི་འདུན་པ་སྦྱང་ངོ༌། །དེ་ རྣམས་སད་དུས་སྒྱུ་མའི་དམིགས་པའོ། །རྨི་ལམ་སྒྱུ་མ་ལ་ཐོག་མར་རྨི་ལམ་འཛིན་པ་ནི། སྔ་ དྲོ་ནས་བཟུང་ཉི་ཕྱེད་ཀྱི་བར་དུ་དོ་ནུབ་ཅི་ནས་ཀྱང་རྨི་ལམ་ཟིན་པར་བྱ་སྙམ་པའི་འདུན་པ་ རྒྱུན་མི་ཆད་དུ་བཏང་། ཉིན་ཕྱེད་མན་ཆད་དུ་གཉིད་དུ་སོང་འདུག །སྣང་བ་འདི་རྨི་ལམ་གྱི་ 2-1-434 སྣང་བ་ཡིན་འདུག །ད་ནང་ཕན་ཆད་རྨི་ལམ་ལ་རྨི་ལམ་དུ་ངོ་མ་ཤེས་འདུག་སྙམ་པའི་འདུན་ པ་རྒྱུན་མི་འཆད་དུ་བཏང་ངོ༌། །དེ་ནས་ཉི་མ་གཉིས་པ་ལ་ཡང༌། ཉིན་ཕྱེད་ཡན་ལ་མདང་རྨི་ ལམ་ལ་རྨི་ལམ་དུ་ངོ་མ་ཤེས་འདུག །དོ་ནུབ་ཅིས་ཀྱང་རྨི་ལམ་ལ་རྨི་ལམ་དུ་ངོ་ཤེས་པར་བྱ་ སྙམ་པའི་འདུན་པ་བཏང་ཞིང༌། ཉི་ཕྱེད་ཡན་དུ་སྣང་བ་འདི་རྨི་ལམ་རང་ཡིན་འདུག་སྙམ་པའི་ འདུན་པ་བཏང༌། ཚུལ་དེས་ཞག་བདུན་ནམ། བཅོ་ལྔ་ལ་སོགས་པས་རྨི་ལམ་ཅི་རིགས་ཟིན་ པ་འབྱུང་ཞིང༌། འོན་ཀྱང་བརྟན་པོ་མི་འབྱུང་བས། དམིགས་པ་འཛིན་པ་འདི་སྒོམ། དེ་ཡང་ རང་གི་སྐེའི་སྦོམ་མཚམས་མགྲིན་པའི་དབུས་སུ་པདྨ་དམར་པོ་འདབ་བཞིའམ། རྩ་འདབ་ སྦུགས་ཅན་བཞི་པ་གང་རུང་ཞིག་སྒོམ། དེའི་ལྟེ་བར་དབུ་མའི་ནང་དུ་ༀ་དམར་པོ་མེ་འོད་ཀྱི་ རང་བཞིན་ཅན་ཞིག་དང༌། རྩ་འདབ་བཞི་ལ་རྀ་རཱྀ་ལྀ་ལཱྀ་བཞི་ཁ་ དོག་དམར་པོར་སྒོམ། དེ་ལ་དམིགས་པ་བསྟད་ཅིང་ཉིན་ཕྱེད་ཡན་ཆད་དུ་རྨི་ལམ་ཟིན་པར་ བྱ་སྙམ་པའི་འདུན་པ་དང༌། ཉིན་ཕྱེད་མན་དུ་སྣང་བ་འདི་རྨི་ལམ་གྱི་སྣང་བ་ཡིན་པ་འདུག །ང་གཉིད་དུ་སོང་འདུག་སྙམ་པའི་འདུན་པ་དང་བཅས་ཏེ་སྒོམ་པས་རྨི་ལམ་ཟིན་པར་འགྱུར་ ཞིང༌། དེས་མ་ཟིན་ན། རླུང་བུམ་པ་ཅན་བཟུང་ཞིང༌། འདུན་པ་དང་དམིགས་པ་གོང་བཞིན་ བྱེད་པ་དང༌། དེས་ཀྱང་མ་ཟིན་ན། སྨིན་མཚམས་སུ་ཐིག་ལེ་ཆེ་ཆུང་རྒྱ་སྲན་ཙམ་ཁ་དོག་ དཀར་པོ་ཞིག་ལ་དམིགས་པ་གཏད། འཇམ་རླུང་བུམ་པ་ཅན་བཟུང་ཞིང་འདུན་པ་གཏོང་ ལུགས་སྔར་བཞིན་ནོ། །དེ་ལྟར་རྨི་ལམ་འཛིན་པ་ལ་འདུན་པས་འཛིན་པ་དང༌། མགྲིན་པར་ ༀ་ཡིག་མ་ནིང་གི་ཡི་གེ་བཞི་སྒོམ་པའི་དམིགས་པ་དང༌། སྤོགས་ཆོག་གཉིས་ཏེ། བཞི་པོ་དེ་ རྣམས་ལ་བརྟེན་ནས་རྨི་ལམ་སྟར་ཆགས་སུ་ཟིན་པར་གྱུར་ན། རྨི་ལམ་སྦྱོང་བ་ལ་རྩ་བ་དང་ ཡན་ལག་གི་དམིགས་པ་འདི་རྣམས་སྒོམ་མོ། །དེ་ཡང་ཉི་ཕྱེད་ཡན་ལ་དོ་ནུབ་རྨི་ལམ་དུ་རང་ ཉིད་ལྷ་སྐུར་བསྒོམ་པར་བྱ་སྙམ་པ་དང༌། ཉི་ཕྱེད་མན་ལ། ང་གཉིད་དུ་སོང་འདུག་སྣང་བ་ 2-1-435 འདི་རྨི་ལམ་གྱི་སྣང་བ་ཡིན་པ་འདུག་སྙམ་དུ་བསམ་ལ། རང་ཉིད་ཡི་དམ་ཕྱག་གཉིས་པར་ ལམ་གྱིས་སྒོམ་པ་ནི་རྩ་བའི་དམིགས་པ་དང་པོ་དང༌། འདུན་པ་གཏོང་ལུགས་གོང་བཞིན་ ལས། རང་དང་སྣང་བ་ཐམས་ཅད་ལྷ་སྐུར་བསྒོམ་པ་ནི། །རྩ་བའི་དམིགས་པ་གཉིས་པ་དང༌། །འདུན་པ་གཏོང་ལུགས་འདྲ་བ་ལས། རང་དང་སྣང་བ་ཐམས་ཅད་ལྷ་སྐུར་གསལ་བ་དེ་ཅིག་ ཅར་ནམ་མཁའ་ལ་འཇའ་ཡལ་བ་ལྟར་འོད་གསལ་གྱི་ངང་དུ་ཐིམ་པའམ། ཡང་ན་སྣང་བ་ ཐམས་ཅད་རང་ཉིད་ལ་ཐིམ། རང་ཉིད་ཀྱང་འོད་གསལ་སྟོང་པ་ཉིད་ཀྱི་ངང་དུ་ཐིམ་པར་ བསམ་པ་ནི། རྩ་བའི་དམིགས་པ་གསུམ་པའོ། །དེ་ལྟར་ནང་སེལ་གྱི་དམིགས་པ་གསུམ་པོ་ དེ་གཅིག་ཏུ་སྡོམས་ཏེ་དམིགས་ཆེན་གཅིག་ཏུ་བྱས་པ་ལ། རྨི་ལམ་སྦྱོང་བའི་རྩ་བའི་དམིགས་ པ་གཅིག་ཅེས་བྱའོ། ། ཡན་ལག་གི་དམིགས་པ་གསུམ་སྟེ། སྤྲོ་བསྡུ་ལ་བསླབ་པ་དང༌། ཡ་ང་ལ་བསླབ་པ་དང༌། རྣམ་ཐར་ལ་བསླབ་པ་དང་གསུམ་ལས། དང་པོ་ནི། རང་གཞན་གྱི་དངོས་པོ་གཅིག་ལས་གཉིས་དང༌། གསུམ་ལ་སོགས་པ་ མཐའ་ཡས་པའི་བར་སྤྲོ་བ་དང༌། མང་པོ་གཅིག་ཏུ་བསྡུ་བ་དང༌། ཆུང་ངུ་ཆེན་པོར་བསྐྱེད་པ་ དང༌། ཆེན་པོ་ཆུང་ངུར་བསྡུ་བ་ལ་སོགས་པ་ཉིན་པར་ཡང་དམིགས་པས་སྒོམ་ཞིང༌། མཚན་ མོ་རྨི་ལམ་ཤར་བའི་ཚེ་དེ་ལྟར་བྱ་སྙམ་དུ་བསམ་མོ། ། གཉིས་པ་ནི། རང་རྣམ་རྟོག་འཇོམས་དཀའ་བ། རྒྱ་མཚོ་ཆེན་པོའི་དབུས་སམ། མི་གཙང་ བའི་ཁྲོད་དམ། གཡངས་ས་འཇིགས་སུ་རུང་བ་རྣམས་སུ་བག་ཚ་བ་མེད་པར་ཕྱིན་པར་མོས་ ཤིང༌། མཚན་མོ་རྨི་ལམ་གྱི་དེ་ལྟ་བུ་རྣམས་ལ་ཡང་ཐོག་རྫིས་སུ་བྱ་སྙམ་དུ་བསམ་མོ། ། གསུམ་པ་ནི། བླ་མ་ཡི་དམ་སངས་རྒྱས་བྱང་སེམས་སོགས་རང་གང་ལ་མོས་པ་ཞིག་ མདུན་དུ་བྱོན་པར་བསམ་ལ། དེ་ལ་བདག་དོ་ནུབ་རྨི་ལམ་དུ་བདེ་བ་ཅན་དུ་སླེབ་པར་མཛད་ 2-1-436 དུ་གསོལ། ཞེས་གསོལ་བ་བཏབ་པས། དེའི་ཐུགས་ཀ་ནས་འོད་ཟེར་གྱི་ཐག་པ་ཞིག་བྱུང༌། དེ་ལ་རང་འཇུས་ཏེ་ཡི་དམ་སོགས་ཀྱིས་འཁྲིད་པས་བདེ་བ་ཅན་སོགས་རང་ཡུལ་སྣང་གང་ བལྟ་འདོད་པ་དེར་སླེབས་པས། དེ་དང་དེ་མཐོང་བར་བསྒོམས་པས་རྨི་ལམ་དུ་དེ་བཞིན་ འབྱུང་བ་ཡིན་ནོ། །ཡང་རང་གི་མདུན་དུ་ཡི་དམ་སོགས་གང་རུང་གསལ་བ་ལ། དྲི་བ་འདི་ དང་འདི་ལྟ་བུ་ལུང་བསྟན་དུ་གསོལ་ཞེས་གསོལ་པ་བཏབ་པས། དེའི་ལན་ཇི་ལྟ་བར་བཞིན་ གསུང་བའི་དམིགས་པ་ཉིན་པར་སྒོམ་པས། མཚན་མོ་རྨི་ལམ་དུ་ཡང་དེ་བཞིན་འབྱུང་བར་ འགྱུར་རོ། ། བར་དོ་སྒྱུ་མ་ལ་བཟུང་བ་དང༌། སྦྱང་བ་གཉིས་ལས། དང་པོ་ནི། རང་ཉིད་ཐ་མལ་པར་ གནས་པའི་སྙིང་ག་ནས་འོད་ཟེར་འཕྲོས། སྣོད་བཅུད་ཐམས་ཅད་འོད་དུ་མེར་ཏེ་ཞུ། རིམ་ པས་འདུས་ཏེ་རང་ལུས་ལ་ཐིམ། ལུས་འོད་ཀྱི་གོང་བུར་གྱུར་པ་ཡང་མཐའ་ནས་རིམ་པས་ འདུས། སྙིང་གའམ་ལྟེ་བའི་ཐད་དུ་འོད་མཐེ་བོང་ཙམ་དུ་གྱུར། དེ་ཡང་ཇེ་ཕྲར་གྱུར་ཏེ། སྟོང་ པར་ཡལ་བར་བསམ་ལ་ཅུང་ཟད་མཉམ་པར་བཞག །དེ་ནས་རྣམ་རྟོག་གཞན་གྱིས་བར་མ་ ཆོད་པར་སྣང་བ་འདི་རྣམས་ལ་ཤེས་པ་བསྟད་དེ། ང་ཤི་འདུག་འདི་རྣམས་བར་དོའི་སྣང་བ་ ཡིན་པར་འདུག །བདེན་པར་གྲུབ་པ་ཅུང་ཟད་ཀྱང་མི་འདུག་སྙམ་དུ་བསམ་ལ། ཡང་སྙིང་ ག་ནས་འོད་ཟེར་སྤྲོ་བ་སོགས་བསྐྱར་གྱིན་བསྒོམ། ཐུན་མཚམས་སུ་བར་དོ་ཡིན་སྙམ་པའི་ འདུན་པ་འབྲལ་མེད་བྱས་པས། བར་དོ་ཟིན་པར་འགྱུར་རོ། ། གཉིས་པ་སྦྱང་བ་ནི། རང་ཉིད་ཐ་མལ་པའི་སྙིང་ག་ནས་འོད་ཟེར་འཕྲོས། སྣང་བ་ཐམས་ ཅད་འོད་དུ་མེར་ཏེ་ཞུ་རང་ལུས་ལ་ཐིམ། རང་ལུས་འོད་ཀྱི་གོང་པུ་ཡང་རིམ་པས་བསྡུས་ཏེ། སྙིང་གའམ། ལྟེ་བར་འོད་ཀྱི་གོང་བུ་མཐེ་བོང་ཙམ་དུ་གྱུར། དེ་ཡང་ཇེ་ཕྲར་གྱུར་ཏེ་སྟོང་པར་ ཡལ་བའི་ངང་ལ་ཅུང་ཟད་མཉམ་པར་བཞག །དེ་ཀའི་ངང་ལ་རྟོག་པ་གཞན་གྱིས་བར་མ་ 2-1-437 ཆོད་པར་སྣོད་བཅུད་ཐམས་ཅད་ལ་ཤེས་པ་བསྟད་དེ། ང་ཤི་འདུག་བར་དོའི་སྣང་བ་ཡིན་པ་ འདུག །སྣང་བ་འདི་རྣམས་དག་པའི་སྐུར་བསྒྱུར་བར་བྱ་སྙམ་དུ་བསམ་ལ། རང་ཉིད་དང་ སྣང་བ་ཐམས་ཅད་ཡི་དམ་ཡབ་ཡུམ་གྱི་སྐུ་དང༌། སྒྲ་ཐམས་ཅད་སྔགས་ཀྱི་སྒྲར་བསམ་ཞིང༌། འདི་རྣམས་བདེན་མེད་སྒྱུ་མ་ལྟ་བུའོ་སྙམ་དུ་སྒོམ་མོ། །ཡང་བསྐྱར་ནས་སྒོམ་པ་ན། རང་ཉིད་ ཡི་དམ་གྱི་སྐུར་གསལ་བའི་སྙིང་ག་ནས་འོད་ཟེར་སྤྲོ་བ་སོགས་སྔར་བཞིན་བྱའོ། །སྒྱུ་ལུས་ ལས་འཕྲོས་པ་འཕོ་བའི་མན་ངག་ལ། སྣང་སྟོང་སྒྱུ་མ་ལྟ་བུར་ཡོངས་སུ་ཤེས་པའི་རྣལ་འབྱོར་ པ་མཆོག་ལ་འཕོ་བ་མི་དགོས་ཀྱང༌། དེ་ལྟར་མ་རྟོགས་པ་རྣམས་ཀྱིས་གོང་དུ་འཕོ་དགོས་ པའི་ཕྱིར་འཕོ་བའི་མན་ངག་སྟོན་པ། དེ་ལ་སྐུའི་འཕོ་བ། གསུང་གི་འཕོ་བ། ཐུགས་ཀྱི་འཕོ་ བ། ཡེ་ཤེས་ཀྱི་འཕོ་བ་དང་བཞི་ལས། ཐམས་ཅད་ཀྱི་ཐོག་མར་སྒོ་དགག་པའི་དམིགས་པ་ ནི། སྤྱིར་རང་ཡི་དམ་གང་རུང་དུ་སྒོམ་པས་ཆོག་ཀྱང༌། བྱེ་བྲག་ཏུ་འཕོ་བའི་རིགས་རྣམས་ལ་ མཁའ་འགྲོ་མའི་རིགས་སྒོམ་ན་ལྷག་པར་བསྔགས་པ་དང༌། དེའི་ནང་ནས་ཀྱང་གདན་བཞི་ ནས་བཤད་པའི་འཕོ་བའི་ལྷ་མོ་ལྟ་བུ་སྒོམ་ན་མཆོག་ཡིན་ཡང་དེ་ལྟར་མ་ཐུབ་ན། རང་རྡོ་རྗེ་ ཕག་མོའམ་བདག་མེད་མ་ལྟ་བུ་གང་རུང་ཞིག་ཏུ་སྒོམ་ལ། རང་གི་མིག་གཉིས་ཀྱི་དབུས་སུ་ བུག་པ་ཕྲ་མོ་ཡོད་པར་བསམ་པའི་དཀྱིལ་དུ་ཧཱུཾ་སྔོན་པོ་མགོ་ནང་དུ་བསྟན་པ་རེ་རེས་བཀག་ པར་བསམ། དེའི་འོད་ཟེར་གྱིས་སྲུབས་རྣམས་ཀྱང་བཀག་པར་མོས་ལ་རླུང་བུམ་ཅན་ བཟུང༌། དེ་ལྟ་བུ་ཞག་བདུན་སོགས་ཇི་ལྟར་རིགས་པ་སྒོམ། དེ་བཞིན་དུ་རྣ་བ་གཉིས་ཀྱི་བུག་ པ་དམའ་མཚམས་སུ་ཡུཾ་སྔོན་པོ་རེ་རེ་དང༌། སྣ་བུག་གཉིས་སུ་ཡང་ཡུཾ་སྔོན་པོ་རེ་རེ་མགོ་ནང་ བསྟན། སྤྱི་གཙུག་གི་བུག་པར་ཀྵུཾ་སེར་པོ་མགོ་ཐུར་བསྟན། བཤང་ལམ་དུ་ཀྵུཾ་སེར་པོ་མགོ་ ནང་བསྟན། ཁའི་སྒོ་ལྕེའི་རྩ་བར་སུཾ་དཀར་པོ་ནང་བསྟན། ཆུ་ལམ་དུ་སུཾ་དཀར་པོ་མགོ་ནང་ བསྟན་སྒོམ་ལ་ཡི་གེ་སོ་སོའི་འོད་ཟེར་གྱིས་བུག་པའི་སྲུབས་ཐམས་ཅད་བཀག་པར་བསམ་ 2-1-438 ཞིང༌། རླུང་བུམ་ཅན་བཟུང་བ་རེ་རེ་བཞིན་ཞག་བདུན་ཙམ་རེ་བྱའོ། །ཡི་གེ་བརྩེགས་པས་སྒོ་ དགག་པ་ནི། མགྲིན་པའི་ནང་དུ་་་་་་དང༌། སྙིང་གར་་་་་དང༌། དཔུང་པ་གཉིས་སུ་་་་དང་། ལྟེ་བར་་་་རྣམས་ཁ་དོག་སྔོན་པོ་མགོ་ནང་བསྟན་སྒོམ་ལ། དེ་དག་ལ་ཡང་རླུང་བུམ་པ་ཅན་ བཟུང་ལ། ཞག་བདུན་ཙམ་རེ་སྒོམ་མོ། །དེ་ནས་ཐམས་ཅད་དུས་གཅིག་ཏུ་བསྒོམ་པར་བྱ་སྟེ། སྤྱི་གཙུག་གི་ཀྵུཾ་ནས་བཟུང་། བཤང་ལམ་གྱི་ཀྵུཾ་གྱི་བར་ཡས་རིམ་གྱིས་གསལ་བཏབ་ཅིང༌། ཡི་གེ་རྣམས་ལས་འཕྲོས་པའི་འོད་ཟེར་གྱིས་སྒོ་རྣམས་བཀག་པར་བསམ། དེ་བཞིན་དུ་མས་ ནས་རིམ་པ་བཞིན་གསལ་བཏབ་ཅིང༌། རླུང་བུམ་ཅན་བཟུང་ངོ༌། །ཚུལ་དེ་ལྟ་བུ་ཟླ་བ་དྲུག་ སོགས་སྒོམ་ན། སྒོ་ཁེགས་པའི་རྟགས་ལ་དུ་བ་སྨིག་རྒྱུ་སོགས་རྟགས་ལྔ་ཡང་འབྱུང་ལ། ཁྱད་ པར་དམིགས་པ་ལ་སེམས་གཏད་རེས་ཀྱི་ཕྱི་རོལ་ཡུལ་གྱི་སྣང་བ་རྣམས་ནུབ་ཅིང༌། ནང་གི་ ཤེས་པ་གསལ་ལེ་འདུག་པ་སྟེ། དཔེར་ན་གནས་ཁང་མུན་པ་ཅན་དུ་འདུག་པ་འདྲ་བ་ཞིག་ བྱུང་ན་སྒོ་ཁེགས་པའི་རྟགས་ཡིན། དེ་ནས་ཐུན་གྱི་མགོར་སྒོ་དགག་པའི་དམིགས་པ་འདི་ རྣམས་ལན་རེ་ཙམ་རེ་སྒོམ་ཐུབ་ན་ཡང་ལེགས་མ་སྒོམ་ཀྱང་ཆོག་གོ །དེ་ནས་ལུས་ཀྱི་དབུས་ སུ་དབུ་མ་སྒོམ་ན་ཅུང་ཟད་སྦོམ་པ་ཞིག་གསལ་བཏབ། མ་སྒོམ་ཀྱང་ཆོག་སྟེ། སྙིང་གའི་ཐད་ དུ་ཧཱུཾ་སྔོན་པོ་ཆེ་ན་སོར་བཞི་ཙམ་པ། ཆུང་ན་མཐེ་བོང་ཙམ་ཞུ་ལ་ཁད་པ་མགོ་ཐུར་བསྟན་ཞིག་ སྒོམ། ལྟེ་བར་ཨཾ་ཡིག་གམ་ཨ་ཤད་གང་རུང་མགོ་གྱེན་བསྟན་ཞིག་གསལ་བཏབ། རླུང་རོ་ བསལ། ནང་དུ་རྔུབ་སྟེ་སྟེང་རླུང་མནན་པས། སྙིང་གའི་ཧཱུཾ་དེ་ལས་འོད་ཟེར་ཐུར་དུ་འཕྲོས་ པར་བསམ། ཐུར་སེལ་སྟེང་དུ་འཐེན་པས་ལྟེ་བའི་ཨ་ཤད་ལས་གཏུམ་མོའི་མེ་འབར། མེ་ རླུང་གི་ཤུགས་ཀྱིས་སྙིང་གའི་ཧཱུཾ་མགོ་གྱེན་དུ་བསྟན་པར་གྱུར་ཅིང༌། ཧཱུཾ་གི་ཞབས་ཀྱུ་ལས་ ཐིག་ལེའི་རྒྱུན་བབས་པའི་འབར་འཛག་ལ་དམིགས་པ་བསྟད་ཅིང༌། རླུང་ཅི་ཐུབ་བཟུང༌། མི་ ཐུབ་པ་དང་ཕྱིར་བཏང༌། སླར་ནང་དུ་རྔུབ་ཅིང༌། སྟེང་རླུང་མནན་པའི་ཚེ། སྙིང་གའི་ཧཱུཾ་མགོ་ 2-1-439 མཇུག་ལྡོག །འོག་རླུང་འཐེན་ཞིང་ལྟེ་བའི་གཏུམ་མོ་འབར་བའི་མེ་རླུང་གི་ཤུགས་ཀྱིས་སྙིང་ གའི་ཧཱུཾ་མགོ་གྱེན་དུ་བསྟན་པར་བསམ་ལ། ཚུལ་དེ་ལྟ་བུ་ཡང་ཡང་སྒོམ་པའོ། ། དེ་རྣམས་ནི་འཕོ་བ་བཞི་ཀར་གྱི་སྔོན་འགྲོ་ཡིན་ལ། དངོས་གཞི་ལ་ཐོག་མར་སྐུའི་འཕོ་ བ་ནི། ལུས་ཀྱི་དབུས་སུ་རྩ་དབུ་མ་ཅུང་ཟད་སྦོམ་པ་ཡས་སྣ་ཚངས་བུག་ལ་ཟུག་པ། མས་སྣ་ གསང་གནས་སུ་ཟུག་པའི་སྙིང་ཀའི་ཐད་དབུ་མའི་འོག་ཏུ། ཡུཾ་སྔོན་པོ་གཉིས་མགོ་བོ་ཐུར་ དུ་གཞིབས་པ་ལ། ཞབས་ཀྱུ་གཉིས་རིམ་པས་གྱེས་པའི་སྟེང་དུ་ཡུཾ་སྔོན་པོ་གཉིས་མགོ་ཐུར་ བསྟན། ཞབས་ཀྱུ་གཉིས་མཉམ་པར་གཞིབས་པ་ལ། མགོ་བོ་གཉིས་གྱེས་པའི་རྣམ་པ་ཅན། ཡི་གེ་བཞི་པོ་དེ་རྣམས་ཀྱི་དབུས་སུ་ཧཱུཾ་སྔོན་པོ་མགོ་ཐུར་བསྟན། ཡི་གེ་ལྔ་པོ་དེ་རྣམས་ཀྱི་འོག་ ཏུ་ཧཾ་དམར་པོ་དང༌། སྟེང་དུ་ཀ་དཀར་པོ་ཡི་གེ་བདུན་པོ་དེ་རྣམས་དང༌། ལྟེ་བར་ཨ་ཤད་ཡང་ གསལ་བཏབ་ལ་རླུང་བུམ་པ་ཅན་བཟུང་བས། ལྟེ་བའི་ཨ་ཤད་ལས་གཏུམ་མོའི་མེ་འབར་ བས་མེ་རླུང་གི་ཤུགས་ཀྱིས། སྙིང་གའི་ཡེ་གེ་བདུན་པོ་མགོ་གྱེན་དུ་བསྟན་པར་བསམ་ཞིང༌། སྙིང་གར་འདར་ཁྲིལ་ཁྲིལ་འདུག་པར་བསམ་ལ། རླུང་ནང་དུ་བཟུང་ཧིག་ཅེས་པའི་སྒྲས་ རླུང་ཕྱིར་འབུད་པའི་ཚེ། ཡི་གེ་བདུན་པོ་གྱེན་དུ་ཁྱུར་ཁྱུར་སོང་བར་བསམ་ལ། ཚངས་བུག་ ནས་འདར་ཁྲིལ་ཁྲིལ་ཕྱིར་ཐོན་ལ་ཁད་པ་ལ་དམིགས་པ་གཏད་ལ་རླུང་ཕྱིར་ཅུང་ཟད་བཟུང༌། རླུང་ནང་དུ་རྔུབ་པའི་ཚེ་ཀ་ཧི་ཞེས་པ་ཡིད་ཀྱིས་དྲན་པར་བྱས་ཏེ་ཡི་གེ་བདུན་པོ་རྣམས་དབུ་ མའི་ནང་ནས་མར་ཁྱུར་ཁྱུར་སོང་བར་བསམ་ལ། སྙིང་གར་སླེབས་པ་ན། སྟེང་རླུང་མནན་ པའི་ཤུགས་ཀྱིས་ཡི་གེ་རྣམས་མགོ་མཇུག་ལྡོག་སྟེ་གནས་པ་ལ། ལྟེ་བའི་གཏུམ་མོ་འབར་ བའི་མེ་རླུང་གི་ཤུགས་ཀྱིས་ཡི་གེ་རྣམས་མགོ་གྱེན་དུ་བསྟན་པ་སོགས་སྔར་བཞིན་སྒོམ་པའོ། ། གཉིས་པ་གསུང་གི་འཕོ་བ་ནི། རང་གི་ལུས་ཀྱི་ལྟེ་བའི་དབུས་སུ་རྡོ་རྗེ་མཁའ་འགྲོ་མའི་ 2-1-440 ས་བོན་གང་ཡང་རུང་བ་ཨཾ་གི་སྒྲ་ལྟ་བུ་ཞིག་དམིགས་ལ། རླུང་ཕྱིར་འབུད་པའི་ཚེ། ཨཾ་ཡིག་ གི་སྒྲས་བུས་ལ། རང་སེམས་ཨཾ་ཡིག་གི་སྒྲས་ལྟེ་བར་གནས་པ་དེ་རིམ་པས་སྙིང་ག་དང༌། མགྲིན་པ་དང༌། སྤྱི་བོའི་ཚངས་བུག་ནས་ཐོན་ཏེ། སྟོང་པའི་དབྱིངས་སུ་འཕོ་བའམ། བླ་མ་ དང་ཡི་དམ་གང་མོས་ཀྱི་ཐུགས་ཀར་འཕོ་བའོ། ། གསུམ་པ་ཐུགས་ཀྱི་འཕོ་བ་ནི། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། སྣོད་བཅུད་ཐམས་ ཅད་འོད་དུ་ཞུ་ནས་རང་ལ་ཐིམ། རང་ལུས་ཀྱང་སྟོང་པར་ཐིམ་པར་བསམ། ལྟེ་བའི་ཐད་ཀྱི་ བར་སྣང་སྟོང་པ་དེར་རང་སེམས་རིག་ཅིང་གསལ་བ་ཙམ་དེ་ཉིད་རིམ་པས་ལྟེ་བའི་ཐད་ནས་ སྙིང་གའི་ཐད་དང༌། སྙིང་ག་ནས་མགྲིན་པའི་ཐད་དང༌། མགྲིན་པ་ནས་སྤྱི་བོའི་ཐད་ཙམ་ ནས་དབྱིངས་སུ་ཐིམ་པའམ། བླ་མ་ཡི་དམ་གང་མོས་ཀྱི་ཐུགས་ཀར་འཕོའོ། །འདི་ལ་ཅི་སྟེ་ དམིགས་པ་མི་གསལ་ན། རང་སེམས་འོད་ཀྱི་རྣམ་པར་བྱ་ཞིང༌། ལྟེ་བའི་ཐད་ཀྱི་ཆ་ངེས་པ་ ཡང་ལག་པ་མདུན་རྒྱབ་གཉིས་ཀ་ནས་ལྟེ་བའི་ཐད་དུ་རེག་པས་རེག་བྱ་ཡོད་པར་སེམས་ བསྟད་དོ། ། བཞི་པ་ཡེ་ཤེས་ཀྱི་འཕོ་བ་ནི། ལྟེ་བའི་ཐད་དུ་ཞུ་བདེའི་ཉམས་མྱོང་ཡོད་ན་དྲངས་ལ་ དམིགས་པ་བསྟད། དེ་ལྟར་མེད་ན་བདེ་བར་མོས་པ་ཙམ་བྱས་ལ། འཕོ་ཚུལ་ཐུགས་དང་ འདྲའོ། ། དེ་རྣམས་ཀྱིས་སྔོན་འགྲོ་སྒྱུ་ལུས་འཕྲོས་དོན་དང་བཅས་པ་སོང་ནས། གཉིས་པ་དངོས་ གཞི་འོད་གསལ་ལ། བླ་མའི་རྣལ་འབྱོར་ནི། རང་གི་སྤྱི་བོར་བླ་མ་སྒོམ། དེའི་ཐུགས་ཀར་ ཐིག་ལེ་དཀར་ལ་དམར་པའི་མདངས་ཅན་འོད་ཟེར་འཕྲོ་བ་ཞིག་དམིགས་ལ་ཐུགས་ཡེ་ཤེས་ ལྔའི་རང་བཞིན་ཡིན་སྙམ་དུ་མོས། དེ་ལས་འོད་ཟེར་འཕྲོས། སྣོད་ཐམས་ཅད་གཞལ་ཡས་ ཁང་དང༌། བཅུད་ཐམས་ཅད་ལྷར་གྱུར་པར་བསམ། དེ་རྣམས་འོད་དུ་ཞུ་ནས་བླ་མའི་སྐུ་ལ་ 2-1-441 ཐིམ་པར་མོས་ལ། གཉིད་ཀྱི་འོད་གསལ་ཟིན་པ་དང༌། སད་དུས་ཀྱི་འོད་གསལ་ཁྱད་པར་ ཅན་ཟིན་པར་གསོལ་བ་བཏབ། བླ་མ་འོད་དུ་ཞུ་ནས་རང་ལ་བསྟིམ། དེ་ནས་རང་ཡི་དམ་དུ་ གསལ་བའི་ལུས་ཀྱི་དབུས་སུ་རྩ་དབུ་མ་གསལ་ཐེབས་ན། སྙིང་གའི་ཐད་ཀྱི་དབུ་མའི་ནང་ དུ་པདྨའི་ལྟེ་བ་དང༌། དབུ་མའི་ཕྱི་རོལ་གྱི་ཕྱོགས་བཞི་ལ་པད་འདབ་བཞི་ཡོད་པར་སྒོམ། དབུ་མ་མི་གསལ་ན་སྙིང་གར་པདྨ་འདབ་མ་བཞི་པ་ཞིག་སྒོམ་པའི་ལྟེ་བ་སྦུགས་སྟོང་དུ་ཡོད་ པའི་ཨ་ཤད་དམ། ཧཱུཾ་སྔོན་པོ་ཞིག་སྒོམ། འདབ་མ་བཞི་ལ་ཤར་ནས་གཡས་སྐོར་གྱིས་མ་ ནིང་གི་ཡི་གེ་རྀ་རཱྀ་ལྀ་ལཱྀ་བཞི་གསལ་བཏབ་ལ། རླུང་བུམ་པ་ཅན་ བཟུང་ཞིང༌། དེ་རྣམས་ལ་སེམས་བསྟད། དེ་ནས་མདུན་གྱི་རྀ་ཡིག་ཐུང་ངུ་ལ་དམིགས་ པ་བསྟད་ཅིང༌། བུམ་པ་ཅན་གསུམ་ལ་སོགས་པ་འཛིན༌། དེ་བཞིན་དུ་གཞན་གསུམ་ལ་ཡང་ རེ་རེ་བཞིན་དམིགས་པ་བསྟད་ཅིང༌། བུམ་པ་ཅན་གསུམ་ལ་སོགས་པ་འཛིན། དབུས་ཀྱི་ཡི་ གེ་ལ་ཅུང་ཡུན་རིང་བ་ཙམ་སེམས་བསྟད་ཅིང་བུམ་ཅན་བཟུང༌། དེ་ནས་ཤར་གྱི་རྀ་ཡིག་ ཐུང་ངུ་དེ་གཡས་ཀྱི་རཱྀ་ཡིག་རིང་པོ་ལ་ཐིམ་པས། དེ་བརྗིད་དང་ལྡན་པར་གྱུར་ཅིང༌། ཤར་གྱི་པད་འདབ་སྟོང་སང་སྟེ་གྱུར་བར་བསམས་ལ། གཡས་ཀྱི་ཡི་གེ་ལ་སེམས་བསྟད་ ཅིང༌། རླུང་བུམ་པ་ཅན་འཛིན། དེ་བཞིན་དུ་རཱྀ་ཡིག་རིང་པོ་རྒྱབ་ཀྱི་ལྀ་ཡིག་ཐུང་ ངུ་ལ་ཐིམ་པ་དང༌། ལྀ་ཡིག་ཐུང་ངུ་གཡོན་གྱི་ལཱྀ་ཡིག་རིང་པོ་ལ་ཐིམ་པ་དང༌། དེ་ ཡང་དབུས་ཀྱི་ཡི་གེ་ལ་ཐིམ་པས་དེ་བརྗིད་དང་ལྡན་ཞིང་འོད་འབར་བར་བསམས་ལ། དེ་ལ་ དམིགས་པ་བསྟད་ཅིང༌། རླུང་བུམ་པ་ཅན་འཛིན་ནོ། ། དེ་ནི་འོད་གསལ་འཛིན་པའི་དམིགས་པ་འབྲིང་པོ་ཡིན་ལ། བསྡུས་པ་ནི། རང་གི་སྙིང་ གར་པདྨ་འདབ་མ་བཞི་པའི་ལྟེ་བར་ས་བོན་ལ་མོས་ན་ཧཱུཾ་སྔོན་པོ་གསལ་བཏབ་ལ་དེ་ལ་ དམིགས་པ་གཏོད་པ་དང༌། ཐིག་ལེ་ལ་མོས་ན་ཧཱུཾ་ཞུ་བ་ལས་ཐིག་ལེ་སྔོན་པོ་འོད་འཕྲོ་བ་ཞིག་ 2-1-442 སྒོམ་པ་དང༌། ལྷ་སྐུ་ལ་མོས་ན། པདྨའི་ལྟེ་བར་ཡི་དམ་ཞལ་གཅིག་ཕྱག་གཉིས་པ་ཞིག་སྒོམ་ ལ། དེ་ལ་སེམས་བསྟད་པས་འོད་གསལ་ཟིན་པར་འགྱུར་རོ། ། འོད་གསལ་འཛིན་པའི་དམིགས་པ་རྒྱས་པ་ནི། རང་ཡི་དམ་དུ་གསལ་བའི་སྙིང་ག་ཆོས་ ཀྱི་འཁོར་ལོ་རྩ་འདབ་བརྒྱད་པ་ཁ་ཐུར་བསྟན་དང༌། ལྟེ་བ་སྤྲུལ་འཁོར་རྩ་འདབ་དྲུག་ཅུ་རྩ་ བཞི་པ་ཁ་གྱེན་བསྟན། དེ་གཉིས་ཀ་འཕྲད་པ་ལྟེ་བའི་འཁོར་ལོའི་ལྟེ་བར་གཏུམ་མོའི་རང་ བཞིན་ཨ་ཤད་ཅིག་སྒོམ། སྙིང་གའི་འཁོར་ལོའི་ལྟེ་བར་ཧཱུཾ་ཡིག་རིང་པོ་དང༌། ཕྱོགས་ཀྱི་ འདབ་མ་བཞི་ལ་གཡོན་སྐོར་གྱིས། སུཾ་ཡུཾ་ཀྵུཾ་ཧཱུཾ་རྣམས་དང༌། མཚམས་རྣམས་ལ་བྱང་ཤར་ ནས་གཡས་སྐོར་གྱིས་་་་་་་ རྣམས་སྒོམ་ལ། ལྟེ་བའི་ཨ་ཤད་ཀྱི་མེ་འོད་ཀྱིས། སྙིང་གའི་འཁོར་ལོ་ཡི་གེ་དང་བཅས་ པ་རྣམས་ཚ་འུར་རེ་ཁྱབ་པར་བསམ་ལ། བུམ་ཅན་འཛིན་ཞིང་སྒོམ་མོ། །ཡང་རྡོ་རྗེ་ནོར་ བུར་པདྨ། འདབ་བཞིའི་ལྟེ་བ་ལ་ཨཾ་སྔོན་པོའམ། ཧཱུཾ་སྔོན་པོ་གང་རུང་ཞིག་སྒོམ་ལ། དེ་ལ་ དམིགས་པ་གཏོད་པ་དང༌། ཡང་ལས་ཀྱི་ཕྱག་རྒྱ་དང་མཉམ་པར་སྦྱོར་བའི་རྗེས་ཆགས་ཀྱི་ བདེ་བ་ལ་གོམས་པ་ཞིག་ཡིན་ན། ལས་རྒྱ་ལ་བརྟེན་པ་དང༌། དེ་ལྟ་མིན་ན་ཡེ་ཤེས་ཀྱི་ཕྱག་ རྒྱའི་རྗེས་ཆགས་སྒོམ་པ་ན། རང་གི་ལུས་ཀྱི་སྟོད་སྨད་ཐམས་ཅད་ནས་བྱང་ཆུབ་གྱི་སེམས་ཞུ་ བ་རྣམས་རིམ་པས་འདུས་ཏེ་སྙིང་གའམ། གསང་གནས་ཀྱི་ནོར་བུ་གང་རུང་ཞིག་ཏུ་ཐིག་ལེ་ དཀར་ལ་དམར་པའི་མདངས་ཆགས་པ་ཞིག་ཏུ་གྱུར་པར་མོས་ལ། དེ་ཉིད་ཉམས་བདེ་ཁྲིལ་ ལེ་འདུག་པ་ལ་སེམས་རྩེ་གཅིག་ཏུ་བསྟད་ཅིང༌། རླུང་བུམ་པ་ཅན་འཛིན་ནོ། ། དེ་ལྟར་འོད་གསལ་འཛིན་པའི་དམིགས་པ་དེ་རྣམས་ཉིན་པར་དྲག་ཏུ་སྒོམ་ཞིང༌། མཚན་ མོ་དམིགས་པ་ལ་སེམས་གཏོད་བཞིན་པའི་ངང་ནས་གཉིད་དུ་འགྲོ་བར་བྱས་པས་འོད་ གསལ་ཟིན་པར་འགྱུར་རོ། །དེ་ཡང་དམིགས་པའི་རྣམ་གྲངས་དེ་རྣམས་གང་ཟག་གཅིག་ 2-1-443 གིས་ཐམས་ཅད་སྒོམ་དགོས་པ་མ་ཡིན་གྱི། དམིགས་པ་གང་རུང་ཞིག་ལ་བརྟེན་ནས་འོད་ གསལ་ཟིན་པར་བྱས་པས་ཆོག་པ་ཡིན་ནོ། །དེས་ཀྱང་མ་ཟིན་ན། མུན་ཁང་ངམ་སྤྲིན་མེད་ ནམ་མཁའ་ལ་ལུས་གནད་རྣམ་སྣང་གི་ཆོས་བདུན་དང་ལྡན་པར་བྱས༌། མིག་འབྲས་གྱེན་ དུ་བསྒྲིལ་ལ་བར་སྣང་སྟོང་པ་དེར་བསྟད་ཅིང༌། སེམས་ཀྱང་གང་ཡང་ཡིད་ལ་མི་བྱེད་པར་ བསྒོམ་མོ། །ཡང་ན་གཡས་པའི་མིག་བསྒྲིལ་ཞིང༌། གཡོན་ཕྱོགས་ཀྱིས་ཕྲེད་སོགས་ཀྱི་ནམ་ མཁའ་ལ་བལྟ་བ་དང༌། གཡོན་པའི་མིག་བསྒྲིལ་ལ་གཡས་ཕྱོགས་ཀྱི་ཕྲེད་སོགས་ཀྱི་བར་ སྣང་ལ་བལྟས་ལ། མིག་ལྤགས་ཕྱེད་བཀབ་ཙམ་བྱས་ཤིང་སྒོམ་མོ། །དེ་ལྟར་ཞག་བདུན་ཙམ་ རེ་སྒོམ་ཞིང༌། ཡང་ཞག་བདུན་ཙམ་རེ་གོང་གི་དམིགས་པ་ཉིད་སྒོམ་པས་འོད་གསལ་ཟིན་ པར་འགྱུར་རོ། །དེ་ནི་ཉིན་མོའི་འོད་གསལ་ཟིན་པའི་མན་ངག་གོ །འོད་གསལ་གྱི་བོགས་ འདོན་ནི། རང་གི་སྙིང་གར་པདྨ་དཀར་པོ་འདབ་མ་བརྒྱད་པའམ། བཅུ་དྲུག་པ་འདབ་མ་ཕྱེད་ ཙམ་གྱེན་དུ་ལངས་པ། འདབ་མ་བརྒྱད་སྒོམ་ན། ཨ་ཨི་ཨུ་རྀ་ལྀ་ཨེ་ཨོ་ཨཾ་རྣམས་ འདབ་མ་རྣམས་ལ་སྒོམ། འདབ་མ་བཅུ་དྲུག་སྒོམ་ན་དབྱངས་བཅུ་དྲུག་གསལ་བཏབ། དེའི་ ནང་དུ་པདྨ་འདབ་མ་བརྒྱད་པ་ཁ་དོག་དམར་པོ་འདབ་མའི་ཕྱིད་ཙམ་གྱེན་ལངས་ཀྱི་རྣམ་པ་ ཅན། འདབ་མ་རྣམས་ལ་ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་བརྒྱད་བསྒོམ། དེའི་ནང་དུ་པདྨ་འདབ་བཞི་ སྔོན་པོ། འདབ་མ་ཕྱེད་ཙམ་གྱེན་ལངས་ཀྱི་རྣམ་པ་ཅན། འདབ་མ་རྣམས་ལ་ཐིག་ལེ་སྔོན་ པོ་བཞི་དང༌། ལྟེ་བར་ཨ་ཤད་ཅིག་གསལ་བཏབ། དེ་ནས་རླུང་བུམ་པ་ཅན་བཟུང་ལ། པདྨ་ གསུམ་ཡི་གེ་དང་བཅས་པ་ལས་འོད་ཟེར་དཀར་པོ་སྤྲོས། སྣོད་བཅུད་ཐམས་ཅད་འོད་ཟེར་ དཀར་པོའི་རྣམ་པར་གྱུར། དེ་རྣམས་ཚུར་འདུས། རང་གི་བ་སྤུའི་བུ་ག་ནས་ཞུགས། ཕྱིའི་པདྨ་ དཀར་པོ་ཡི་གེ་དང་བཅས་པ་ལ་ཐིམ་པས། དེ་རྣམས་འོད་དུ་ལྟེམ་ལྟེ མ་འདུག་པ་ལ་སེམས་ བསྟད་དོ། །དེ་ལྟར་ཡུན་རིང་དུ་སྒོམ་པ་ལས། ཉིན་པར་དང༌། གཉིད་དུ་འགྲོ་ཁ་དང༌། གཉིད་ 2-1-444 ཀྱི་འོད་གསལ་ཟིན་པའི་སྐབས་རྣམས་སུ་དཀར་ལམ་པའི་སྣང་བ་འབྱུང་ཞིང༌། དེ་ཡང་བརྟན་ པོར་གྱུར་པ་ན། རླུང་བུམ་པ་ཅན་བཟུང་ཞིང༌། པདྨ་དཀར་པོ་ཡི་གེ་དང་བཅས་པ་པད་འདབ་ དམར་སེར་ཡི་གེ་དང་བཅས་པ་ལ་ཐིམ་པར་བསམ་མོ། །ཡངས་པད་འདབ་སྔོ་དམར་ཡི་གེ་ དང་བཅས་པ་ལས་འོད་ཟེར་དམར་པོ་སྤྲོས། སྣོད་བཅུད་ཐམས་ཅད་འོད་ཟེར་དམར་པོའི་ རྣམ་པར་གྱུར། དེ་རྣམས་ཚུར་འདུས་རང་གི་བ་སྤུའི་བུ་ག་ནས་ཞུགས། པད་འདབ་དམར་ པོ་ཡི་གེ་དང་བཅས་པ་ལ་ཐིམ་པས། དེ་རྣམས་འོད་དུ་ལྟེ མ་ལྟེམ་འདུག་པ་ལ་སེམས་བསྟད་ ཅིང༌། རླུང་བུམ་པ་ཅན་བཟུང༌། དེ་ལྟར་ཡུན་རིང་དུ་སྒོམ་པ་ལས། ཉིན་པར་དང༌། གཉིད་ དུ་འགྲོ་ཁ་དང༌། གཉིད་ཀྱི་འོད་གསལ་ཟིན་པའི་སྐབས་རྣམས་སུ་དམར་ལམ་པའི་སྣང་བ་ འབྱུང་ཞིང༌། དེ་ཡང་བརྟན་པོར་གྱུར་པ་ན། པད་འདབ་དམར་པོ་ཡི་གེ་དང་བཅས་པ་པད་ འདབ་ནང་མ་ལ་ཐིམ་པར་བསམ་ཞིང༌། རླུང་བུམ་པ་ཅན་བཟུང་ངོ༌། །ཡང་པད་འདབ་སྔོན་ པོ་ལྟེ་བའི་ཨ་ཤད་དང་བཅས་པ་ལས་འོད་ཟེར་ཁ་དོག་སྔོན་པོའི་ཚོགས་དཔག་ཏུ་མེད་པ་ སྤྲོས། སྣོད་བཅུད་ཐམས་ཅད་འོད་ཟེར་སྔོན་པོའི་རྣམ་པར་གྱུར། དེ་རྣམས་ཚུར་འདུས་ནང་ སྐོར་གྱི་པད་འདབ་སྔོན་པོ་ཐིག་ལེ་དང་བཅས་པ་ལ་ཐིམ་པས། དེ་ཉིད་འོད་དུ་ལྡེ མ་ལྡེ མ་ འདུག་པ་ལ་སེམས་བསྟད་ཅིང༌། རླུང་བུམ་པ་ཅན་འཛིན་ནོ། །དེ་ལྟར་གོམས་པ་ལས་ཉིན་ པར་དང༌། གཉིད་དུ་འགྲོ་ཁ་དང༌། གཉིད་ཀྱི་འོད་གསལ་གྱི་སྐབས་རྣམས་སུ་ནག་ལམ་པའི་ ཉམས་འཆར་བར་འགྱུར་ཞིང༌། ཤར་བ་དེ་ཡང་བརྟན་པོར་གྱུར་པ་ན། པད་འདབ་སྔོན་པོ་ ཐིག་ལེ་དང་བཅས་པ་ལྟེ་བའི་ཨ་ཤད་ལ་ཐིམ་པར་བསམ་ཞིང༌། རླུང་བུམ་པ་ཅན་བཟུང་ ངོ༌། །དེ་ནས་དབུས་ཀྱི་ཨ་ཤད་ལས་འོད་ཟེར་ཁ་དོག་འདི་ལྟ་བུ་མ་ཡིན་པ་ཤིན་ཏུ་དྭངས་པ་ དཔག་ཏུ་མེད་པ་སྤྲོས། སྣོད་བཅུད་ཐམས་ཅད་སྨིག་རྒྱུ་ལྟར་མེར་མེར་ཤིག་ཤིག་ཏུ་འདུག་ པར་བསམ། དེ་རྣམས་ཚུར་འདུས་རང་གི་བ་སྤུའི་བུ་ག་ནས་ཞུགས། ཨ་ཤད་ལ་ཐིམ་པར་ 2-1-445 བསམ་ཞིང་རླུང་བུམ་པ་ཅན་བཟུང་ངོ༌། །དེ་ལྟར་སྒོམ་པ་ལས་ཉིན་པར་དང༌། གཉིད་དུ་འགྲོ་ ཁ་དང༌། གཉིད་ཀྱི་འོད་གསལ་ཟིན་པའི་སྐབས་རྣམས་སུ་ཤེས་པ་ཤིན་ཏུ་དྭངས་ཤིང་གསལ་ བའི་ཉམས་སྐྱེ་བར་འགྱུར་རོ། །དེ་རྣམས་ནི་རིམ་པ་བཞིན་སྣང་མཆེད་ཐོབ་པ་འོད་གསལ་ཀྱི་ ཡེ་ཤེས་རྣམས་སྒྲུབ་པར་བྱེད་པའོ། །ཡང་ན་རང་གི་ལུས་ཀྱི་དབུས་སུ་རྩ་དབུ་མ་དང༌། ལྟེ་བ་ དང་སྤྱི་བོའི་རྩ་འཁོར་རྒྱས་བསྡུས་ཇི་ལྟར་རིགས་པ་ཞིག་གསལ་བཏབ་ལ། ལྟེ་བའི་དབུས་སུ་ ཨ་ཤད། སྤྱི་བོར་ༀ་དཀར་པོ་མགོ་བོ་ཐུར་བསྟན་ཞིག་སྒོམ་ལ། ལྟེ་བའི་ཨ་ཤད་ལས་གཏུམ་ མོའི་མེ་འབར་དབུ་མའི་ནང་ནས་ཡར་སོང༌། སྦྱི་བོའི་ༀ་ལ་རེག་པས་ༀ་ལས་བྱང་ཆུབ་ཀྱི་ སེམས་ཁ་དོག་དཀར་བོ་བབ་སྟེ་ལྟེ་བའི་ཨ་ཤད་ལ་ཐིམ། བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་གྱི་འོད་ ཟེར་ཁ་དོག་དཀར་པོས་ལུས་ཀྱི་ནང་ཐམས་ཅད་སྐྱ་ལམ་སྟེ་གང་བར་བསམ་སྟེ་རླུང་བུམ་པ་ ཅན་བཟུང་ངོ༌། ། ཡང་ན་ༀ་ཡིག་ལས་འོད་ཟེར་དཀར་པོ་དབུ་མའི་ནང་ནས་མར་སོང༌། ཨ་ཤད་ལ་ཐིམ་ ཞིང་འོད་དཀར་པོས་ལུས་ཐམས་ཅད་ལ་ཁྱབ་པར་བསམ། དེ་ལྟར་སྒོམ་པས་ཉིན་པར་ལ་ སོགས་པའི་གནས་སྐབས་གསུམ་པོ་དེར་དཀར་ལམ་པའི་སྣང་བ་ཤར་ཞིང༌། དེ་ཡང་བརྟན་ པོ་གྱུར་པ་ན། མགྲིན་པའི་རྩ་འཁོར་རྒྱས་བསྡུས་ཇི་ལྟར་རིགས་པའི་དབུས་སུ། ཨ་ཡིག་ དམར་པོ་མགོ་གྱེན་བསྟན་ཞིག་གསལ་བཏབ་ལ། ལྟེ་བའི་ཨ་ཤད་ལས་གཏུམ་མོ་ཡེ་ཤེས་ ཀྱི་མེ་འབར་བ་མགྲིན་པའི་ཨ་ལ་རེག་པས། དེ་ལས་འོད་ཟེར་དམར་པོའམ་ཐིག་ལེ་དམར་ པོའི་རྒྱུན་བྱུང༌། དེའི་འོད་ཟེར་དམར་པོས་ལུས་ཐམས་ཅད་དམར་ལམ་སྟེ་ཁྱབ་པར་བསམ། མཐར་ལྟེ་བའི་ཨ་ཤད་ལ་ཐིམ་པར་བསམ་ཞིང༌། རླུང་བུམ་པ་ཅན་བཟུང་ངོ༌། །དེ་ལྟར་སྒོམ་ པས་གནས་སྐབས་གསུམ་པོ་དེར་དམར་ལམ་པའི་སྣང་བ་འཆར་བར་འགྱུར་ཞིང༌། དེ་ཡང་ བརྟན་པོར་གྱུར་པ་ན། སྙིང་གའི་འཁོར་ལོ་རྒྱས་བསྡུས་ཇི་ལྟར་རིགས་པ་སྒོམ་པའི་ལྟེ་བར་ 2-1-446 ཧཱུཾ་སྔོན་པོ་མགོ་ཐུར་བསྟན་ཞིག་སྒོམ་ལ། ལྟེ་བའི་ཨ་ཤད་ལས་གཏུམ་མོའི་མེ་འབར། སྙིང་ གའི་ཧཱུཾ་ལ་རེག །དེ་ལས་བདུད་རྩིའི་འོད་ཟེར་སྔོན་པོ་བབས། དེའི་འོད་ཟེར་སྔོན་པོས་ལུས་ ཀྱི་ནང་ཐམས་ཅད་ཁྱབ་པར་བསམ་ལ། རླུང་བུམ་པ་ཅན་བཟུང་ངོ༌། །དེ་ལྟར་བསྒོམས་པས་ གནས་སྐབས་གསུམ་པོ་དེར་ནག་ལམ་པའི་སྣང་བ་ཤར་ཞིང༌། དེ་ཡང་བརྟན་པོར་གྱུར་པ་ ན་སྤྱི་བོའི་ༀ་དང༌། མགྲིན་པའི་ཨཱཾ་སྙིང་གའི་ཧཱུཾ་ལ་ཐིམ། ལྟེ་བའི་ཨ་ཤད་ཀྱང་སྙིང་གའི་ཧཱུཾ་ལ་ ཐིམ། ཧཱུཾ་ཡིག་ཀྱང་མི་དམིགས་པར་ཡལ་བར་བསམ་ལ་རླུང་བུམ་པ་ཅན་བཟུང༌། དེ་ལྟར་ གོམས་པས་གནས་སྐབས་གསུམ་པོ་དེར་ཤེས་པ་དྭངས་ཤིང་གསལ་བའི་ཉམས་སྐྱེ་པར་ འགྱུར་རོ། །བོགས་འདོན་གཉིས་པོ་འདི་ཇི་ལྟར་མོས་པ་ཞིག་བསྒོམས་པས་ཆོག་པ་ཡིན་ནོ། །དེ་ལྟར་ཡུན་རིང་དུ་གོམས་པ་ལས་སྣང་མཆེད་ཐོབ་པ་འོད་གསལ་གྱི་ཡེ་ཤེས་རྗེས་མཐུན་པ་ རྒྱུད་ལ་སྐྱེ་བར་འགྱུར་ཞིང༌། དེ་ལ་བརྟེན་ནས་ཡུལ་སྣང་རེ་རེའི་སྟེང་དུ་ཡང་སྣང་མཆེད་ཐོབ་ པ་གསུམ་ངོས་ཟིན་པ་དང༌། མཚན་མོ་གཉིད་ལ་འགྲོ་ཁར་ཡང་སྣང་མཆེད་ཐོབ་པ་གསུམ་ ངོས་ཟིན་ཞིང༌། གཉིད་ཀྱི་འོད་གསལ་སྐྱོད་ཐུབ་པར་འབྱུང་ལ། འཆི་བའི་ཚེ་སྣང་མཆེད་ཐོབ་ གསུམ་ངོས་ཟིན་ནས་འཆི་བ་འོད་གསལ་ངོ་འཕྲོད་པ་འབྱུང་བ་ཡིན་ནོ། ། འོད་གསལ་གྱི་བོགས་འདོན་སྤོགས་ཆོག་ནི། རིལ་འཛིན་དང་རྗེས་གཞིག་གཉིས་སྒོམ་ པ་སྟེ། དང་པོ་རིལ་འཛིན་གྱི་དམིགས་པའི་གཞི་ནི་ལུས་གནད་ལེགས་པར་བཅས་ཏེ། ཤེས་ པ་ཅུང་ཟད་རང་བབས་སུ་བཞག །དེ་ནས་རང་གཞན་སྣང་བ་ཐམས་ཅད་ལ་ཅིག་ཅར་དུ་ ཤེས་པ་ཆེར་རེ་བསྟད་ཅིང་གཞིགས་ནས། བརྟགས་ཤིང་དཔྱད་པ་ན་བློ་ངོར་སྣང་བ་ཐམས་ ཅད་དབྱིངས་སུ་ནུབ་པའི་ངང་ལ་ཅུང་ཟད་ཙམ་མཉམ་པར་བཞག་གོ །ཡང་རང་གཞན་ སྣང་བ་ཐམས་ཅད་ཅིག་ཅར་ལྷ་སྐུར་སྒོམ། དེ་རྣམས་ཀྱི་ངོ་བོ་ལ་བལྟས་ཤིང་བཙལ་བ་ན། གང་ཡང་མི་རྙེད་པའི་དབྱིངས་སྟོང་པའི་ངང་དེར་ཅུང་ཟད་ཅིག་བཞག་གོ །རྗེས་གཞིག་གི་ 2-1-447 དམིགས་པའི་གཞི་ནི། རང་གི་མདུན་དུ་ཇི་ཙམ་སྣང་བའི་དངོས་པོ་རྣམས་ལ་ཤེས་པ་བསྟད་ ཅིང༌། ངོ་བོ་ལ་བལྟས་པ་ན་བློ་ངོར་སྣང་བ་དེ་གང་དུ་ཡང་མ་རྙེད་པའི་དབྱིངས་སྟོང་པའི་ངང་ ལ་ཅུང་ཟད་བཞག་གོ ། ཡང་དེ་རྣམས་ལྷ་སྐུར་སྒོམ་ཞིང༌། དེའི་ངོ་བོ་ལ་བལྟས་པས་གང་ཡང་མ་རྙེད་པའི་ དབྱིངས་ལ་འཇོག་པ་དང༌། རང་ལུས་ལ་བལྟས་ཤིང་གཞིགས་པ་ན། རང་གི་བློ་ངོར་ལུས་ སྣང་ཡོངས་སུ་ནུབ་པའི་སྟོང་པའི་ངང་ལ་མཉམ་པར་འཇོག་པ་དང༌། ཡང་རང་ཉིད་ལྷ་སྐུར་ སྒོམ་ཞིང༌། དེའི་ངོ་བོ་ལ་བལྟས་པས་ངོས་བཟུང་དང་བྲལ་བའི་ངང་ལ་བཞག་གོ །རིལ་ འཛིན་རྗེས་གཞིག་གི་དམིགས་པ་དངོས་ལ་རིལ་འཛིན་རྐྱང་པ་སྒོམ་པ་དང༌། རྗེས་གཞིག་ རྐྱང་པ་སྒོམ་པ་དང༌། དེ་གཉིས་སྦྲགས་ཏེ་སྒོམ་པ་དང༌། གཉིས་ཀའི་གཞི་མཐུན་པ་སྒོམ་པ་ དང་བཞི་ལས། དང་པོ་ནི། རང་ཡི་དམ་གང་བྱེད་དུ་གསལ་བ་ལ། སེམས་དཔའ་གསུམ་བརྩེགས་དངོས་ སུ་སྒོམ་པའམ། དེའི་མཚོན་དོན་ཐུགས་ཀར་ཐིག་ལེ་ཟླུམ་པོ། དེའི་དབུས་སུ་ཡི་དམ་གྱི་ས་ བོན་སྒོམ་ལ། དེ་ལས་འོད་ཟེར་འཕྲོས། ལུས་ཀྱི་ནང་ཐམས་ཅད་གང༌། རང་ལུས་འོད་ཀྱི་ གོང་བུར་གྱུར་པ་མི་དམིགས་པར་ཡལ་བར་བསམ་མོ། །འདི་ལ་རང་ལུས་སྟོང་པར་ཐིམ་པའི་ ཞོར་ལ་སྣང་བ་ཐམས་ཅད་ཀྱང་ནུབ་པར་བསམ་པས་ཆོག་གོ ། གཉིས་པ་ནི། སྙིང་གའི་ས་བོན་ཐིག་ལེ་དང་བཅས་པ་ལས་འོད་ཟེར་འཕྲོས་སྣོད་ཐམས་ ཅད་གཞལ་མེད་ཁང་དང༌། བཅུད་ཐམས་ཅད་ཡི་དམ་གྱི་སྐུར་གྱུར། དེ་རྣམས་འོད་དུ་ཞུ། དེ་ རྣམས་རིམ་པས་རྒྱ་ཇེ་ཆུང་དུ་འདུས་ཏེ། རང་ལུས་ལ་ཐིམ། རང་ལུས་འོད་ཀྱི་གོང་བུར་གྱུར་ པ་ཡང་མཐའ་ནས་རིམ་པས་འདུས་ཏེ། སྙིང་གའི་ཐིག་ལེ་ལ་ཐིམ། དེ་ཡང་ས་བོན་ལ་ཐིམ། དེ་ཡང་རིམ་པས་ནཱ་དའི་བར་དུ་བསྡུས་ལ། ནཱ་ད་ལ་ཅུང་ཟད་སེམས་བཟུང༌། མཐར་དེ་ཡང་ 2-1-448 མི་དམིགས་པར་བསམ་ལ་སྟོང་པའི་ངང་ལ་ཅུང་ཟད་མཉམ་པར་བཞག་གོ ། གསུམ་པ་ནི། གོང་རིལ་འཛིན་གྱི་སྐབས་སུ་བསྟན་པ་ལྟར། རང་ལུས་སྟོང་པར་བསྡུས། སྟོང་པའི་ངང་ལས་སླར་ཡང་ཡི་དམ་གྱི་སྐུ་ཐིག་ལེ་ས་བོན་དང་བཅས་པ་གྲུབ་པར་བསམ། ས་ བོན་དང་ཐིག་ལེ་ལས་འོད་ཟེར་འཕྲོས་སྣོད་བཅུད་ཐམས་ཅད་ལྷ་སྐུར་གྱུར། དེ་རྣམས་འོད་དུ་ ཞུ། རིམ་པས་ཚུར་འདུས་རང་ལ་ཐིམ། དེ་ཡང་འོད་དུ་ཞུ་སྟེ། སྙིང་གའི་ཐིག་ལེ་ལ་ཐིམ་པ་ ནས། ནཱ་ད་ཡང་མི་དམིགས་པའི་བར་སྒོམ་པའོ། ། བཞི་པ་ནི། རང་གཞན་ཐམས་ཅད་ལྷ་སྐུར་བསྒོམ་ཞིང་སྟོང་པར་བསྡུ་བ་ཡིན་ཡང༌། ལས་ དང་པོ་པས་མཐའ་དག་དམིགས་པའི་ཡུལ་དུ་འཆར་དཀའ་བས། རང་གིས་ཇི་ལྟར་གསལ་ བའི་འགྲོ་བ་བཅུ་ལ་སོགས་པ་དངོས་སུ་སྒོམ། དེ་རྣམས་ལ་འགྲོ་བ་གཞན་ཐམས་ཅད་ཐིམ་ པའི་མོས་པ་བྱ། རང་དང་དེ་རྣམས་ཡི་དམ་གྱི་སྐུར་གསལ་བའི་སོ་སོའི་སྙིང་གར་ཐིག་ལེ་དང་ ས་བོན་ཡང་སྒོམ། སོ་སོའི་ས་བོན་ཐིག་ལེར་བཅས་པ་ལས་འོད་ཟེར་འཕྲོས། སྣོད་ཐམས་ ཅད་གཞལ་ཡས་ཁང་དང༌། བཅུད་ཐམས་ཅད་ལྷ་སྐུར་སྒོམ། དེ་རྣམས་འོད་དུ་ཞུ། རིམ་པས་ ཚུར་འདུས་ཏེ། རང་རང་སོ་སོ་ཡི་དམ་དུ་གསལ་བའི་སྐུ་ལུས་ལ་ཐིམ། དེ་ཡང་འོད་དུ་ཞུ་ནས་ སོ་སོའི་སྙིང་གའི་ཐིག་ལེ་ལ་ཐིམ། དེ་སོ་སོའི་ས་བོན་ལ་ཐིམ་པ་ནས་ནཱ་ད་ཡང་མི་དམིགས་ པར་སྟོང་པར་གྱུར་པའི་བར་དུ་སྒོམ་མོ། ། ༈ ལྔ་པ་ལས་ཀྱི་ཕྱག་རྒྱའི་མན་ངག་ལ། སྔོན་འགྲོ་བླ་མའི་རྣལ་འབྱོར་ནི། རང་གི་སྤྱི་ བོའམ་མདུན་དུ་སེང་ཁྲི། པདྨ། ཉི་མ། ཟླ་བའི་སྟེང་དུ། རྩ་བའི་བླ་མའི་སྐུ་ལ་རྡོ་རྗེ་དབྱིངས་ ཀྱི་དབང་ཕྱུག་མའི་ངོ་བོ་མི་མོའི་རྣམ་པས་འཁྱུད་པ། བླ་མའི་དཔྲལ་བར་རྣམ་སྣང་ཡབ་ཡུམ་ མགྲིན་པར་འོད་དཔག་མེད་ཡབ་ཡུམ། སྙིང་གར་མི་བསྐྱོད་པ་ཡབ་ཡུམ། ལྟེ་བར་རིན་འབྱུང་ ཡབ་ཡུམ། གསང་གནས་སུ་དོན་གྲུབ་ཡབ་ཡུམ་རྣམས་སྒོམ་ལ་གསོལ་བ་བཏབ་པས། རྣམ་ 2-1-449 སྣང་ཡབ་ཡུམ་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་བྱང་ཆུབ་སེམས་ཀྱི་རྒྱུན་དཔག་ཏུ་ མེད་པ་བྱུང༌། སྤྱི་བོ་ནས་ཞུགས་ལུས་ཐམས་ཅད་གང༌། བུམ་དབང་ཐོབ་པར་བསམ། མགྲིན་ པའི་འོད་དཔག་མེད་ཡབ་ཡུམ་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་བྱང་ཆུབ་ཀྱི་ སེམས་ཀྱི་རྒྱུན་བྱུང༌། སྤྱི་བོ་ནས་ཞུགས་ལུས་ཐམས་ཅད་གང༌། གསང་དབང་ཐོབ་པར་བསམ། སྙིང་གའི་མི་བསྐྱོད་པ་ཡབ་ཡུམ་སྙོམ་པར་ཞུགས་པའི་སྦྱོར་མཚམས་ནས་བྱང་ཆུབ་ཀྱི་སེམས་ ཀྱི་རྒྱུན་བྱུང༌། སྤྱི་བོ་ནས་ཞུགས་ལུས་ཐམས་ཅད་གང༌། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པར་ བསམ། དེ་བཞིན་དུ་ལྟེ་བའི་རིན་འབྱུང་ཡབ་ཡུམ་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་ བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་བབས་པས། ལུས་ཐམས་ཅད་གང་བར་བསམ། གསང་གནས་ ཀྱི་དོན་གྲུབ་ཡབ་ཡུམ་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་ བབས། སྤྱི་བོ་ནས་ཞུགས་ལུས་ཐམས་ཅད་གང་བས། དབང་བཞི་པ་ཐོབ་པར་བསམ་མོ། ། སྔོན་འགྲོ་གཉིས་པ་རྩ་ཁྲུས་ནི། རང་ཐ་མལ་པའི་ལུས་ལ་རྩ་གསུམ་འཁོར་ལོ་བཞི་ རགས་པ་ཙམ་གསལ་བཏབ་པའི་སྤྱི་བོ་བདེ་བ་ཆེན་པོའི་འཁོར་ལོའི་དབུས་སུ་རྣམ་སྣང་ཧེ་རུ་ ཀ་དཀར་པོ། འཁོར་ལོ་དང་དྲིལ་བུ་འཛིན་པ། རུས་པའི་རྒྱན་གྱིས་སྤྲས་པ། ཞབས་གཡོན་ བསྐུམ་གཡས་བརྐྱང་པའི་སྟབས་ཀྱིས་བཞུགས་པ། སངས་རྒྱས་སྤྱན་མ་དང་མཉམ་པར་སྦྱོར་ བ་ཞིག་གསལ་བཏབ་ལ། མཆོད་པ་དཔག་ཏུ་མེད་པ་བློས་སྤྲུལ་ནས་ཕུལ་ཞིང༌། བདག་ལ་ བྱིན་གྱིས་རླབ་ཏུ་གསོལ། ཞེས་གསོལ་བ་བཏབ་པས། རྣམ་སྣང་ཡབ་ཡུམ་གྱི་སྦྱོར་མཚམས་ ནས། བྱང་ཆུབ་ཀྱི་སེམས་ཀྱི་ཆུ་རྒྱུན་དཔག་ཏུ་མེད་པ་བྱུང༌། སྤྱི་བོའི་འཁོར་ལོ་བཀྲུས་ཤིང་ དག་པར་བསམ། དེ་ནས་རིམ་པས་བརྒྱུད་དེ། རྩ་འཁོར་ལོ་བཞིའི་གནས་ཐམས་ཅད་ཁྱབ་ པས། སྡིག་སྒྲིབ་ཐམས་ཅད་བཀྲུས་ཤིང་དག་པར་བསམ་ལ། འཇམ་རླུང་བུམ་པ་ཅན་འཛིན་ པའམ་ཧེ་རུ་ཀའི་ཡི་གེ་བརྒྱ་པ་གང་རུང་བཟླའོ། །མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོའི་དབུས་ 2-1-450 སུ་འོད་དཔག་མེད་ཧེ་རུ་ཀ་ཡབ་ཡུམ་སྒོམ་ལ་མཆོད་པ་ཕུལ་ཞིང་གསོལ་བ་བཏབ་པས། འོད་ དཔག་མེད་ཡབ་ཡུམ་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་བྱང་ཆུབ་ཀྱི་སེམས་ཀྱི་ཆུ་ རྒྱུན་དཔག་ཏུ་མེད་པ་བྱུང༌། མགྲིན་པའི་འཁོར་ལོ་བཀྲུས། དེ་ནས་ཡས་མར་ཐམས་ཅད་དུ་ སོང་སྟེ། འཁོར་ལོ་བཞི་པོ་ཐམས་ཅད་བཀྲུས་ཤིང་དག་པར་བསམ་ལ། བུམ་པ་ཅན་ནམ་ ཡིག་བརྒྱ་གང་རུང་བཟླའོ། །ཡང་སྙིང་ག་ཆོས་འཁོར་གྱི་དབུས་སུ་མི་བསྐྱོད་པ་ཧེ་རུ་ཀ་ཡབ་ ཡུམ་སྒོམ་པའི་སྦྱོར་མཚམས་ནས་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་བྱུང༌། སྙིང་གའི་འཁོར་ལོ་ བཀྲུས་ཤིང་སྦྱངས། དེ་ནས་ཡས་མར་ཐམས་ཅད་དུ་སོང་སྟེ་འཁོར་ལོ་བཞིའི་གནས་ཐམས་ ཅད་བཀྲུས་ཤིང་དག་པར་བསམ་ལ། བུམ་པ་ཅན་ནམ་ཡིག་བརྒྱ་གང་རུང་བཟླའོ། །ཡང་ལྟེ་ བ་སྤྲུལ་འཁོར་གྱི་དབུས་སུ་རིན་ཆེན་འབྱུང་ལྡན་ཧེ་རུ་ཀ་ཡབ་ཡུམ་སྒོམ་ལ། སྦྱོར་མཚམས་ ནས་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་དཔག་ཏུ་མེད་པ་བྱུང༌། ལྟེ་བའི་འཁོར་ལོ་བཀྲུས། དེ་ནས་ ཡས་མར་ཐམས་ཅད་དུ་སོང་སྟེ། འཁོར་ལོ་བཞི་སོགས་ལུས་ཀྱི་རྩ་གནས་ཐམས་ཅད་བཀྲུས་ པས་དག་པར་བསམ་ལ་བུམ་པ་ཅན་ནམ་ཡིག་བརྒྱ་གང་རུང་བཟླའོ། །ཡང་གསང་གནས་ བདེ་སྐྱོང་གི་འཁོར་ལོའི་དབུས་སུ་དོན་ཡོད་གྲུབ་པ་ཧེ་རུ་ཀ་ཡམ་ཡུམ་སྒོམ་ལ། སྦྱོར་མཚམས་ ནས་བྱང་ཆུབ་ཀྱི་སེམས་ཀྱི་ཆུ་རྒྱུན་དཔག་ཏུ་མེད་པ་བྱུང༌། གསང་གནས་ཀྱི་འཁོར་ལོ་བཀྲུས། དེ་ནས་ཡས་མར་ཐམས་ཅད་དུ་སོང་སྟེ། འཁོར་ལོ་བཞི་སོགས་ལུས་ཀྱི་གནས་ཐམས་ཅད་ བཀྲུས་པས་དག་པར་བསམ་ལ། འཇམ་རླུང་བུམ་པ་ཅན་འཛིན་པའམ། ཧེ་རུ་ཀའི་ཡི་གེ་བརྒྱ་ པ་གང་རུང་བཟླའོ། །དེ་རྣམས་རེ་རེ་བཞིན་དམིགས་ཐུན་རེ་རེ་ཡིན་ནོ། ། སྔོན་འགྲོ་གསུམ་པ་མཎྜལ་འབུལ་བ་ནི། རང་གི་མདུན་དུ་བླ་མ་སྒོམ་ལ། མཎྜལ་འབུལ་ ཚུལ་ནི་སྤྱི་དང་འདྲ་བ་ལས། ལྷ་མོ། ཀླུ་མོ། མི་མོ། གནོན་སྤྱིན་མོ་སོགས་རིག་མ་གྲངས་མེད་ པས་ཕྱུར་བུར་བཀང་སྟེ་ཕུལ་བར་བསམ་མོ། ། 2-1-451 ༈ གཉིས་པ་དངོས་གཞི་ལ། གོང་གཏུམ་མོའི་སྐབས་སུ་བསྟན་པ་ལྟར་གྱི་བུམ་པ་ ཅན་ལ་སོགས་པའི་རླུང་སྦྱོར་རྣམས་གོམས་པར་བྱས་ནས། ཐོག་མར་མཆོག་གི་འདྲེན་པ་ ནི། ལུས་གནད་ལེགས་པར་བཅས་རླུང་རོ་བསལ་ལ། དེའི་རྗེས་སུ་རླུང་དལ་བུས་ཕྱིར་བུས། འབུད་པ་རྫོགས་མཚམས་སུ་འཕྲོ་བཅད་ཅིང༌། ཕྱིར་ཅུང་ཟད་བཟུང༌། ཡང་གཅིག་བུས་ལ་ འཕྲོ་བཅད་ཅིང༌། ཕྱིར་ཅུང་ཟད་བཟུང༌། ཡང་བུས་ལ། དེ་ནས་དལ་བུས་ནང་དུ་རྔུབ་ཅིང༌། རྔུབ་པ་རྫོགས་མཚམས་སུ་ཡང་འཕྲོ་བཅད་ཅིང་རྔུབ། དེ་རྫོགས་པ་དང༌། ཡང་འཕྲོ་བཅད་ ཅིང་རྔུབ་ལ། དེ་ནས་སྟེང་རླུང་རྒྱུ་ཞབས་ཕྱོགས་སུ་དྲག་ཏུ་མནན། འོག་རླུང་རྒྱབ་ཀྱི་ཕྱོགས་ སུ་ཡར་འཐེན་ལ་རྐེ ད་པ་ཉག་སྟེ་བྱ་ཞིང་ཐུབ་ཚད་དུ་བཟུང༌། མི་ཐུབ་པ་དང་ཕྱིར་འབུད་ཚུལ་ ནི། འབུད་ཐེངས་གཅིག་ལ་དུམ་བུ་གསུམ་དུ་བྱས་ཏེ། འབུད་ཚུལ་གོང་བཞིན་དང༌། ནང་དུ་ རྔུབ་པ་ཡང་རྔུབ་ཐེངས་གཅིག་ལ་ཚན་པ་གསུམ་དུ་བྱས་ཏེ་རྔུབ་ལ། ནང་དུ་འཛིན་པ་སོགས་ ཡང་ཡང་སྒོམ་པའོ། ། སེམས་ཀྱི་དམིགས་པ་ནི། ཕྱིར་འབུད་པའི་ཚེ་ལུས་ཀྱི་ནང་ནས་རླུང་རྣམས་དུ་བ་ལྟ་བུའི་ རྣམ་པས་བུན་བུན་དོན་པར་བསམ། རླུང་ནང་དུ་རྔུབ་པའི་ཚེ། རླུང་རྣམས་འོད་ཟེར་སྣ་ལྔའི་ རྣམ་པས་ཞུགས་ཤིང༌། ཉམས་བདེ་བ་དང་ལྡན་པར་བསམ། ནང་དུ་བཟུང་བའི་ཚེ་སེམས་མི་ རྟོག་པར་བཞག་གོ ། གཉིས་པ་རྩ་བའི་འདྲེན་པ་ནི། ལུས་གནད་ལེགས་པར་བཅས། རླུང་རོ་མང་དུ་བསལ། དེ་རྗེས་རླུང་ནང་དུ་ཤར་ཏེ་རྔུབ་ལ། སྟེང་རླུང་ལྟེ་བར་མནན། ཐུར་སེལ་དྲག་ཏུ་འཐེན་ལ་རླུང་ གཉིས་ཁ་སྦྱོར་དུ་བཟུང༌། སྟེང་རླུང་མནན་པའི་ཤུགས་མ་ཤོར་བར་ལྟག་པར་བགྱེད་བྱས་ལ་ སྟོད་དུ་དྲག་ཏུ་འཐེན། ཡང་འོག་རླུང་བཤང་སྒོར་དྲག་ཏུ་སྡོམ་པའི་ཤུགས་མ་ཤོར་བར་རླུང་ཁ་ སྦྱོར་དེ་ཉིད་རྒྱུ་ཞབས་ཕྱོགས་སྨད་ཀྱི་གནས་སུ་དྲག་ཏུ་མནན། དེ་འདྲ་ལན་གསུམ་ཙམ་བྱས་ 2-1-452 པའི་མཐར་རླུང་ཕྱིར་བཏང་ངོ༌། །ཐོག་མར་ཞག་བདུན་ཙམ་གྱི་རིང་རླུང་ཐེངས་རེ་རེ་ལ་རླུང་ ཁ་སྦྱོར་སྟོད་སྨད་དུ་འཐེན་གནོན་བྱེད་པ་ལན་གསུམ་ཙམ་བྱ། དེ་ནས་རིམ་པས་ཇེ་མང་ལ་ བཏང་ངོ༌། ། གསུམ་པ་ཡན་ལག་འདྲེན་པ་ནི། ལུས་གནད་ལེགས་པར་བཅས་ལ། རླུང་རོ་མང་དུ་ བསལ། དེ་རྗེས་རླུང་ཡོངས་སུ་རྫོགས་པར་བུས་ལ། ཕྱིར་ཐུབ་ཚད་དུ་བཟུང༌། ལྟོ་བ་ཚིགས་ པ་ལ་གཅེར་བར་བྱ་ཞིང་ཐུར་སེལ་དྲག་ཏུ་གྱེན་དུ་འཐེན་པ་དང༌། ཁོང་ནང་གི་ཤུགས་སྟོད་དུ་ ལན་གསུམ་ཙམ་འཐེན། རླུང་ཕྱིར་བཟུང་བཟུང་བར་བཤང་སྒོ་ལྷོད་ཀློད་ཅིང༌། ཁོང་ནང་གི་ རླུང་གི་ཤུགས་ཐུར་དུ་མནན། མི་བདེ་བ་སྐྱེས་པ་དང༌། རླུང་ནང་དུ་རྔུབ་ཚུལ་དེ་ལྟ་བུ་ཡང་ཡང་ སྒོམ་པའོ། །འདི་ལ་ཡང་ཁོང་ནང་གི་རླུང་གི་ཤུགས་གྱེན་དུ་འཐེན་པ་དང༌། ཐུར་དུ་གནོན་པ་ ཡང་ཐོག་མར་གསུམ་ཙམ་དང༌། དེ་ནས་རིམ་པས་ཇེ་མང་དུ་བཏང་ངོ༌། ། བཞི་པ་རབ་སྐོར་གྱི་རླུང་སྦྱོར་ནི། ལུས་གནད་ལྕེ་སྤྱང་གི་འདུག་སྟངས་བྱ་བ། རྐང་པ་ སེམས་སྐྱིལ་བྱས་པའི་ལོང་བུའི་སྟོད་ཙམ་ནས་ལག་པ་གཉིས་ཀྱིས་བཟུང་ལ། ལུས་སྒུར་ཏེ་ འདུག་པའམ། ཡང་ན་གླང་པོའི་འདུག་སྟངས་བྱ་བ་པུས་མོ་གཉིས་བཙུགས། ལག་པ་ཁུ་ཚུར་ བཅངས་པ་མདུན་དུ་ས་ལ་བཙུགས་ལ་སྟོད་སྒུར་རོ། །དེ་ལྟར་ལུས་གནད་གཉིས་པོ་གང་རུང་ དང་ལྡན་པས་རླུང་ཕྱིར་བུས་ལ། ཕྱི་རོལ་དུ་ཅི་ཐུབ་བཟུང༌། དེ་ཀའི་ངང་ནས་ཁོག་ནང་སྟོང་ པའི་ཤུགས་དེ་ཉིད་གཡས་སུ་སྐོར་བ་དང༌། གཡོན་དུ་སྐོར་བ་བྱ། དེ་ནས་ནང་དུ་རྔུབ་ལ། རླུང་ ཁ་སྦྱོར་དུ་བཟུང་བ་དེ་ཉིད་གཡས་དང༌། གཡོན་དུ་སྐོར་རོ། །འདི་ལ་ཕྱི་རོལ་དུ་བཟུང་ལ་སྐོར་ བ་ཡུན་རིང་བ་དང༌། ནང་དུ་འཛིན་ཞིང་སྐོར་བ་ཡུན་ཐུང་བ་ཙམ་བྱའོ། ། ལྔ་པ་འགྱུར་བ་དྲུག་ལྡན་ནི། ལུས་ཙོག་པུ་ལ་རྐང་པ་རེ་མིག་ལྟར་བསྣོལ། ལག་པ་ཁུ་ ཚུར་བཅངས་པ་སྣོལ་ལ་མཆན་ཁུང་གཉིས་ཀྱི་འོག་ཏུ་བཅུག །ཉྭ་བཞི་བསྒྲིམས། མིག་གྱེན་ 2-1-453 དུ་བལྟ། ལྕེ་རྐན་ལ་སྦྱར། མགྲིན་པ་དགུག་ཅིང༌། ཐུར་སེལ་འཐེན་པ་དང་མཉམ་དུ། ཧཱུཾ་ཡིག་ གི་སྒྲས་རླུང་ཕྱིར་བསལ། ལྟོ་བ་ཚིགས་པ་ལ་གཅེར། ཕྱི་རོལ་དུ་མི་བདེ་བ་མ་སྐྱེས་ཀྱི་བར་དུ་ བཟུང་ལ། དེ་ནས་ནང་དུ་རྔུབ། ཡང་ལྟག་པ་བགྱེད་ཅིང༌། རླུང་སྦྱོར་སྔར་བཞིན་ནོ། ། དམིགས་པ་ནི། ལྟེ་བར་ཧཱུཾ་ཡིག་གམ། ཨཾ་ཡིག་ལྟ་བུ་ས་བོན་ནམ་ཐིག་ལེ། ཕྱག་མཚན་ གང་རུང་ཞིག་སྒོམ་ལ། ཐུར་སེལ་འཐེན་ཞིང༌། ཧཱུཾ་ཡིག་གི་སྒྲས་རླུང་བུས་ཚེ། དེ་ཉིད་ཡར་སོང་ སྟེ། སྤྱི་བོ་ནས་འཐོན་པར་བསམ། དྲུག་པ་ཧཱུཾ་རང་གི་སྦྱོར་བ་ནི། རྐང་ལག་གཉིས་བརྐྱངས་ ཤིང༌། ཧཱུཾ་ཡིག་གི་གདངས་ཉི་ཤུ་རྩ་གཅིག་གིས་རླུང་ཕྱིར་བུས་ལ། སྟོང་འདྲེན་བྱ་ཞིང༌། ཕྱིར་ ཅུང་ཟད་བཟུང་ལ། ལྟོ་བ་ཚིགས་པ་ལ་གཅེར་ཏེ། ཐུར་སེལ་གྱེན་དུ་འཐེན་འཐེན་བྱའོ། །དེ་ ནས་རླུང་ནང་དུ་རྔུབ་པ་དང་ལག་པ་གཉིས་ཀྱིས་རྐང་མགོ་ནས་བཟུང་ལ་སྒང་འཐེན་བྱའོ། ། བདུན་པ་རང་འགགས་ནི། རླུང་རོ་བསལ་བ་སོགས་མི་བྱེད་པར། རླུང་རྒྱུ་བའི་འཕྲོ་རྦད་ ཀྱིས་བཅད་ལ། ཁོག་ནང་གི་ཤུགས་ཐུར་དུ་མནན་ཞིང༌། ཐུར་སེལ་ཀློད་ཅི་ཐུབ་བྱེད་པའོ། ། བརྒྱད་པ་ནི། རླུང་རོ་བསལ་ལ། སྟེང་རླུང་རྔུབ་ཅིང་མནན། ཐུར་སེལ་ཀློད་པར་བྱེད་ པའོ། ། དགུ་པ་ནི། རླུང་རོ་བསལ་ལ་ནང་དུ་རྔུབ། ཐུར་སེལ་སྟེང་དུ་འཐེན་ལ། སྟེང་རླུང་གི་ ཤུགས་གསང་གནས་སུ་གཏུན་བརྡུང་བ་ལྟ་བུའི་ཚུལ་གྱིས་ལན་གསུམ་བཞི་ཙམ། ལྔ་དྲུག་ ཙམ་ཐུར་དུ་སྡིགས་པར་བྱེད་ཅིང༌། ལུས་འདར་ཐོན་པར་བྱེད་པའོ། །རླུང་སྦྱོར་ཕྱི་མ་ཆུང་བ་ གསུམ་པོ་འདི་ལ་ལུས་གནད་རྟིང་པ་གཅིག་གིས་གསང་གནས་ཀྱི་རྩ་བ་ནས་ལྡེམ་པ་དང༌། རྟིང་པ་གཅིག་གིས་གསང་གནས་ཀྱི་སྟེང་ནས་གནོན་པར་བྱེད་པའོ། ། བཅུ་པ་ནི། རླུང་རོ་བསལ་ལ། དེ་ནས་སྣ་བུག་གི་རླུང་མ་བཟུང་པར། ཁོག་ནང་གི་ཤུགས་ གསང་གནས་སུ་དྲག་ཏུ་མནན། དེ་ནས་རང་བབས་སུ་བཞག་ལ། ཐུར་སེལ་གྱེན་དུ་དྲག་ཏུ་ 2-1-454 འཐེན། དེ་རྗེས་ལྟོ་བ་ལྡིར་བྱས་ལ། བཤང་སྒོ་འབྱེད་འཛུམ་ལན་གསུམ་བྱའོ། །རླུང་སྦྱོར་ དེ་རྣམས་ཡུན་རིང་དུ་གོམས་པར་བྱས་ལ། དེ་ནས་ཞག་ཤས་ཞིག་ཆུ་དྲོན་གྱིས་ལུས་ཐམས་ ཅད་བཀྲུས་ལ། ཉི་མ་ལ་གདུགས་ཤིང་ཕུར་མཉེ་བྱ། དེ་ནས་དྲི་ཆུས་བཀྲུས་ཤིང་ཕུར་མཉེ་ བྱ། དེ་ནས་དྷ་དྷུ་ར་ཏེ་ཐང་ཁྲོམ་གྱི་ཁུ་བས་བཀྲུས་ཤིང་ཕུར་མཉེ་བྱ། དེ་ནས་བའི་ལྕེ་བ་མེ་ལ་ བསྲེགས་པའི་ཐལ་བ་ཆུ་ལ་བཏབ་པའི་སྙིགས་མ་ས་རྡོ་དང་འདྲེས་པ་དེ་མིན་པའི་དྭངས་མ་ འཇམ་པོ་དེས། དབང་པོའི་སྒོ་རྣམས་མ་ཡིན་པའི་ལུས་ཐམས་ཅད་ལ་བྱུགས་ཤིང༌། ཉི་མ་ལ་ ཕུར་མཉེ་བྱས་ལ་མཐར་ཆུས་བཀྲུས། དེ་ནས་འབྲས་བུ་གསུམ་དང༌། ཚ་བ་གསུམ་གྱི་ཁུ་བས་ ལུས་ལ་བྱུགས་ཤིང་ཕུར་མཉེ་བྱེད་པའམ། ཡང་ན་གོང་གི་དེ་རྣམས་ལ་འབྲས་བུ་གསུམ་དང༌། ཚ་བ་གསུམ་ཅུང་ཟད་རེ་བསྲེའོ། །དེ་རྣམས་ཀྱིས་ལུས་ཀྱི་བ་སྤུ་དང༌། རྩ་རྣམས་འཇམ་ཞིང་ མཉེན་པར་འགྱུར་བས་གེགས་ཆུང་བར་བྱེད་པའོ། །དེ་ནས་ཡང་ཞག་འགའ་ལུས་སྟོང་སང་ ངེ་བ་འདུག་པར་བསམ་པ་དང༌། རྩ་འཁོར་ལོ་བཞི་སོགས་རྩ་ནང་རྣམས་སྟོང་སང་ངེ་འདུག་ པ་ལ་སེམས་བསྟད་པའི་སྟོང་ར་སྒོམ་མོ། ། དེ་ནས་དངོས་གཞི་སྲོག་ཐུར་བསྲེ་བ་ལ། འཇམ་རླུང་ལ་བརྟེན་པ་དང༌། རྩུབ་རླུང་ལ་ བརྟེན་པ་དང༌། རྡོ་རྗེ་གཙུག་ཏོར་གྱི་ཕྱག་རྒྱ་ལ་བརྟེན་ནས་བསྲེ་བ་དང་གསུམ་ལས། དང་པོ་ནི། ལུས་གནད་ལེགས་པར་བཅས་པའི། ལག་པ་མཉམ་བཞག་ལྟེ་བར་བཀན་ ལ་བཞག །རླུང་རོ་བསལ། དེ་ནས་རླུང་ནང་དུ་རྔུབ་ལ། སླར་ཡང་དལ་བུས་ལྷག་མ་མ་ལུས་ པར་ཕྱིར་བུས་ལ། ལྟོ་བ་ཚིགས་པ་ལ་གཅེར་བྱ། ཕྱི་རོལ་དུ་བཟུང་ལ། ཐུར་སེལ་གྱེན་དུ་ འཐེན་ལ་ཁོག་ནང་སྟོང་པའི་ཤུགས་སྟེང་དུ་དྲངས་ཤིང༌། རླུང་རོ་ཅུང་ཟད་འབུད་རྒྱུ་བྱུང་བ་ རྣམས་ཀྱང་སྣ་སྒོ་ནས་ཕྱིར་བྱུང་བར་བྱེད་པའོ། ། དེའི་སྐབས་སེམས་ཀྱི་དམིགས་པ་ནི། ཐུར་སེལ་གྱེན་དུ་འཐེན་པས། རྐང་མཐིལ་ནས་ 2-1-455 བཟུང་། རླུང་ཐམས་ཅད་ཁ་དོག་སྔོན་པོའི་རྣམ་པས་ཡར་བྱུང༌། གསང་གནས་སུ་གཅིག་ཏུ་ འདྲེས། ལུས་ཀྱི་དབུས་ན་ཡར་སྤོམ་ཕྲ་མདའ་ཙམ་པའི་རྣམ་པ་བྱུང༌། སྤྱི་གཙུག་ནས་རྒྱངས་ ཏེ་འཐོན། རྩ་བ་གདུགས་ཀྱི་རྐང་པ་ལྟ་བུ་མདའ་གང་ངམ། འདོམ་གང་ཙམ་གྱི་སྟེང་དུ་རླུང་ རྣམས་འཁྱིལ་བ་གདུགས་ལྟ་བུ་སྒོར་སྒོར་འཁོར་བ་ལ་སེམས་བསྟད་དོ། །དེ་ནི་ཐུར་སེལ་ སྲོག་ལ་བསྲེ་བའི་མན་ངག་ཡིན་ལ། དེ་ཉིད་ཁོ་ན་འབད་པས་སྒོམ་ན། ཐུར་སེལ་སྲོག་ལ་འདྲེ་ བའི་རྟགས་འཕྲལ་དུ་འབྱུང་སླ་བ་ཡིན་ཡང༌། འཕྲལ་གེགས་སྡང་ཞིང༌། ཕུགས་བོགས་ཆུང་ བས། སྲོག་ཐུར་སེལ་ལ་བསྲེ་བ་དང་གཉིས་སྤེལ་མར་སྒོམ་ན་ལེགས་པས་དེ་ཀའི་འཕྲོ་ནས་ རླུང་དལ་བུས་ནང་དུ་རྔུབ་ལ། སྟེང་རླུང་གསང་གནས་དང༌། བཤང་སྒོ་གཉིས་ཀར་དུ་མནན་ ཞིང་སྒོ་དེ་གཉིས་ཀྱང་ཆ་མཉམ་དུ་ལྷོད་ཀློད། དམིགས་པ་ནི། མགོ་བོ་དང་ལག་པ་སོགས་ལུས་ཀྱི་སྟོད་གྱི་རླུང་རྣམས་མར་བྱུང༌། མགྲིན་པར་གཅིག་ཏུ་འདུས། ལུས་ཀྱི་ནང་ནས་མར་སོང༌། བཤང་སྒོ་ནས་འཐོན། ས་འོག་ ཐག་རིང་པོར་སོང་བར་བསམ་ལ། དེར་ཡང་རླུང་རྣམས་འཁྱིལ་ཏེ་འཁོར་ལོ་ལྟར་འཁོར་བ་ ལ་སེམས་བསྟད་དོ། ། གཉིས་པ་ནི། རླུང་གནད་དང་དམིགས་པ་སྔར་དང་འདྲ་བ་ལས། རླུང་དྲག་ལ་མྱུར་བའི་ ཚུལ་གྱིས་ཕྱིར་བུས། ཐུར་སེལ་གྱེན་དུ་འཐེན་ཞིང༌། ཁོག་ནང་གི་ཤུགས་སྟོད་དུ་འདྲེན་པའི་ སྐབས་ཐོག་མར་རྒྱུ་ཞབས་གཡས་སུ་སྐོར་ཞིང་སྟོད་དུ་འདྲེན། ཡང་གཡོན་དུ་སྐོར་ལ་སྟོད་དུ་ འདྲེན། དེ་ནས་སྐེད་པ་གཡས་གཡོན་དུ་སྐོར་ཞིང་སྔར་བཞིན་འདྲེན་པ་དང༌། སྙིང་གའི་སྟོད་ ཀྱི་ཐད་གཡས་གཡོན་དུ་སྐོར་ལ་སྔར་བཞིན་སྟོད་དུ་འཐེན་པའོ། །ཡང་སྲོག་ཐུར་སེལ་ལ་ བསྲེ་བའི་སྟེང་རླུང་གསང་གནས་དང༌། བཤང་སྒོ་གཉིས་སུ་གནོན་པའི་སྐབས། སྙིང་གའི་ ཐད་གཡས་སུ་བསྐོར་ལ་ཐུར་དུ་གནོན་པ་དང༌། གཡོན་དུ་ཡང་སྐོར་ལ་ཐུར་དུ་གནོན་པ་དང༌། 2-1-456 དེ་བཞིན་དུ་སྐེད་པ་གཡས་གཡོན་དུ་སྐོར་ལ་ཐུར་དུ་གནོན་པ་དང༌། རྒྱུ་ཞབས་གཡས་གཡོན་ དུ་སྐོར་ལ་ཐུར་དུ་གནོན་པར་བྱེད། རླུང་ནང་དུ་རྔུབ་པའི་ཚེ་དྲག་ལ་མྱུར་བར་རྔུབ་བོ། ། གསུམ་པ་ནི། འཕོངས་སྟེགས་སྐུམ་ཁྲུ་གང་ཙམ་གྱི་སྟེང་དུ་འཕོངས་བཞག་ལ་སྟེགས་ ཀྱིས་འདུག །དེ་ནས་རླུང་བཟུང་ལ། ལག་པ་གཉིས་ཁུ་ཚུར་བཅང་པ་པུས་མོའི་སྟེང་ནས་ཡང་ དྲངས་ལ། རྒྱབ་ཏུ་ཤད་ཀྱིས་བརྐྱང་། རླུང་གསང་གནས་སུ་དྲག་ཏུ་མནན། ཡར་སྟེང་དུ་འདྲེན། དེ་འདྲ་ལན་གསུམ་རྫོགས་མཚམས་ལག་པ་གཉིས་མདུན་དུ་རྡོ་རྗེ་གཙུག་ཏོར་གྱི་ཕྱག་རྒྱ་ བཅས་ལ། དེ་མགོ་མཇུག་ལྡོག་པ་སྤྱི་བོའི་སྟེང་དུ་བཞག་ལ། ལངས་ཤིང་བགང་འདྲེན་གྱི་ རླུང་སྟོད་དུ་འདྲེན། དེ་ནས་ཕྱག་རྒྱ་དེ་བཀྲོལ་ལ། འཕོངས་ས་ལ་རྡེབ་པ་དང་མཉམ་དུ་རླུང་རྒྱུ་ ཞབས་སུ་མནན་ནོ། ། དེ་དག་གི་སྐབས་སུ་གེགས་སེལ་བ་ལ་ཧཱ་རིང་དང༌། ཧ་ཐུང་འདོན་པ་གཉིས་ལས། དང་ པོ་ནི། རྐང་པ་སེམས་སྐྱིལ་ལ་ལག་པ་གཉིས་པུས་མོའི་སྟེང་དུ་བཞག་ལ། རོ་སྟོད་སྒུར་ཞིང་ཧཱ་ ཞེས་འདོན། དེ་ནས་རོ་སྟོད་བགྱེད་ལ། དཔུང་ཕྲག་བརྡེག་པ་དང་མཉམ་དུ་ཧ་དྲག་ཏུ་འདོན་ པར་བྱེད་པའོ། ། གཉིས་པ་ནི། སྤྱི་དང་འདྲའོ། །གཞན་ཡང་གེགས་སེལ་ཞིང་བོགས་འདོན་པ་ལ། རབ་ སྐོར་ནི། འཇམ་རླུང་བཟུང་ལ། ལྟོ་བ་གཡས་སུ་ལན་གསུམ་བཞི་སྐོར་གཡོན་དུའང་ལན་ གསུམ་བཞི་ཙམ་སྐོར། དེ་ནས་རླུང་ཕྱིར་བུས་ལ་ཕྱི་རོལ་དུ་བཟུང་ཞིང༌། ཁོག་ནང་གི་ཤུགས་ དེ་ཉིད་གཡས་གཡོན་དུ་ལན་གསུམ་ཙམ་སྐོར་བ་ནི། ནང་སྐོར་བ་དང༌། ཕྱི་སྐོར་བ་ནི། མགོ་ གཡས་གཡོན་དུ་བསྐོར་བ་དང༌། ལག་པ་གཡས་ཁུ་ཚུར་བཅངས་པ་བརྐྱང་ཏེ་ཕྱི་ནང་དུ་ལན་ གསུམ་གསུམ་སྐོར་བ་དང༌། ལག་པ་གཡོན་ལ་ཡང་དེ་དང་འདྲའོ། །དེ་ནས་ལངས་ཏེ་ཐོག་ མར་རྐང་པ་གཡས་ཕྱི་ནང་དུ་ལན་གསུམ་གསུམ་སྐོར་བ་དང༌། དེ་ནས་གཡོན་པའང་ཕྱི་ནང་ 2-1-457 དུ་ལན་གསུམ་གསུམ་སྐོར་བ་དང༌། དེ་ནས་འབེབས་རྒྱག་པར་བྱེད་པའོ། །རྡེག་པ་ནི། རླུང་ བཟུང་ལ་སྟེང་གི་ཤུགས་དབུས་དང༌། མདུན་དང༌། གཡས་དང༌། གཡོན་དང༌། རྒྱབ་ཏུ་ བརྡེག་པར་བྱེད་པའོ། །དེ་ནས་རླུང་བུས་ལ་ཕྱིར་བཟུང་ཞིང༌། ཁོག་ནང་གི་ཤུགས་དབུས་ དང༌། མདུན་རྒྱབ་གཡས་གཡོན་རྣམས་སུ་བརྡེག་པར་བྱེད་པ་ནི་ནང་གི་བརྡེག་པ་དང༌། ཕྱི་ ལ་བརྡེག་པ་ནི། མགོ་བོ། མདུན་རྒྱབ། གཡས་གཡོན་རྣམས་སུ་ལན་གསུམ་གསུམ་བརྡེག་ པ་དང༌། ལག་པ་གཡས་པ་ཁུ་ཚུར་བཅངས་པ། དཔུང་པ་གཡས་པའི་སྟེང་དུ་ལན་གསུམ་ གསུམ་བརྡེག་པ་དང༌། གཡོན་པའང་དེ་དང་འདྲ། དེ་ནས་ལངས་ལ། རྐང་པ་གཡས་འཕོངས་ ལ་ལན་གསུམ་བརྡེག །གཡོན་པའང་དེ་དང་འདྲ། དེའི་རྗེས་སུ་འབེབས་རྒྱག་པར་བྱེད་པའོ། ། སྤྲུག་པ་ལ་ནང་དང༌། ཕྱི་སྤྲུག་པ་གཉིས་ལས། དང་པོ་ནི། རྐང་པ་སེམས་སྐྱིལ་བྱས་ལ། ལག་པ་གཉིས་པུས་མོ་ལ་བཀབ། རླུང་ནང་དུ་དྲག་ཏུ་བཟུང་ཞིང༌། ཤུགས་དང་ལྡན་པས་ ལན་གསུམ་ཙམ་སྤྲུགས། དེ་ནས་རླུང་ཕྱིར་བུས་ལ་ཧ་ཞེས་བརྗོད་ཅིང་དྲག་ཏུ་སྤྲུགས་སོ། །དེ་ ནས་མགོ་མདུན་རྒྱབ་ཏུ་བསྒྱུར་ཞིང་སྤྲུག །གཡས་གཡོན་དུ་གཅུ་ཞིང་སྤྲུག །ལྟག་པར་བགྱིད་ ཅིང་སྤྲུག །ལག་པ་གཡས་མགོ་ལ་བསྐོར་ཞིང་ཞགས་པ་འཕེན་པའི་ཚུལ་གྱིས་ལན་གསུམ་ སྤྲུག །གཡོན་པའང་དེ་དང་འདྲ། ལག་པ་གཉིས་ཀ་དུས་གཅིག་ཏུ་ལན་གསུམ་སྤྲུག །དེ་ནས་ ལངས་ལ་རྐང་པ་གཡས་ལན་གསུམ་སྤྲུག །གཡོན་པའང་དེ་དང་འདྲ། དེ་ནས་རླུང་བསྒྱུར་ བྱས་ལ། ལག་པ་གཉིས་རྒྱབ་ཏུ་ལག་ཕུར་བཙུགས་ལ་རྐང་བ་གཡས་ལན་གསུམ་བརྐྱང་ བསྐུམ་བྱ། གཡོན་པའང་དེ་དང་འདྲ། དེ་ནས་གན་རྐྱལ་དུ་རྐང་ལག་རྣམས་དུས་གཅིག་ཏུ་ སྤྲུགས་ཅིང་བརྐྱང་བསྐུམ་བྱའོ། །དེ་རྣམས་སྔོན་འགྲོའི་ཚུལ་དུ་བཏང་ནས། དངོས་གཞི་ལ་ ཐོར་མར་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བསླབ་པ་ལ། རང་ཉིད་ཡི་དམ་དུ་གསལ་བས། ཡེ་ཤེས་ཀྱི་ 2-1-458 ཕྱག་རྒྱ་ལ་སྙོམས་པར་ཞུགས་པའི་རྗེས་ཆགས་ཀྱི་བདེ་བ་སྒོམ་པས། བྱང་ཆུབ་ཀྱི་སེམས་ རྣམས་སྤྱི་བོ་ནས་མར་རིམ་པས་བབས་ཏེ། རྡོ་རྗེ་ནོར་བུར་སླེབ་པར་བསམ་ལ་དེར་བཟུང་ བ་ནི། འགྱུར་པ་དྲུག་ཅེས་བྱ་བ། ལྟོ་བ་ཚིགས་པ་ལ་གཅེར་བ་དང༌། ཡན་ལག་བཞི་ཉྭ་བཞི་ བསྒྲིམས་ཏེ་དྲག་ཏུ་བསྐུམས་པ་དང༌། ལྕེ་རྐན་ལ་སྦྱར། མིག་གྱེན་དུ་བསྒྲིལ། མགྲིན་པ་ དགུག་པ་སོགས་འགྱུར་བ་དྲུག་དང་ལྡན་པས་སྟེང་རླུང་ཕྱིར་བསལ་ཞིང༌། ཐུར་སེལ་དྲག་ཏུ་ ཀློད་ལ། སྤྱི་བོའི་ཐད་ཀྱི་ནམ་མཁར་སེམས་གཏད་དོ། །འདྲེན་ལ་ཧི་འདྲེན་དང༌། ཧཱུཾ་འདྲེན་ དང༌། ཧྲི ཾ ་འདྲེན་དང་གསུམ་ལས། དང་པོ་ནི། རླུང་ཧི་ཞེས་ཁ་ནས་སྒྲ་དང་བཅས་པས་ཕྱིར་ བུས་ལ་སྟོང་འདྲེན་བྱ། ཡང་ནང་དུ་རྔུབ་ལ་སྒང་འདྲེན་བྱའོ། ། གཉིས་པ་ནི། སྣ་སྒོ་ནས་ཧཱུཾ་གི་སྒྲས་ཕྱིར་བུས་ལ། སྟོང་འདྲེན་དང༌། སྒང་འདྲེན་སྔར་ བཞིན་བྱ། གསུམ་པ་ནི། ཧྲི ཾ ་གི་སྒྲས་རླུང་ཁ་ནས་ཕྱིར་བུས་ལ། སྟོང་འདྲེན་དང་སྒང་འདྲེན་ སྔར་བཞིན་བྱའོ། །དེ་ནས་སེདྒེ་རྣམ་རོལ་གྱི་ཕྱག་རྒྱས་འགྲེམས་སྤྱི་དང་མཐུན་པར་བྱ། གཞན་ཡང་གོང་གེགས་སེལ་གྱི་སྐབས་སུ་བསྟན་པའི་འཁྲུལ་འཁོར་དྲུག་པོ་རྣམས་ཀྱིས་ཀྱང་ འགྲེམས་ཤིང་ཁྱབ་པར་བྱེད་པའོ། ། རྩ་བ་བཅིངས་པ་ནི། རྐང་པ་གཡས་གཡོན་གང་རུང་ཞིག་གི་རྟིང་པས་གསང་གནས་ཀྱི་ རྩ་བ་མནན། རྐང་པ་ཅིག་ཤོས་ཀྱི་རྟིང་པས་བོལ་གོང་མནན་ལ། ལུས་ཅུང་ཟད་སྒུར་ལ་ལག་ པ་གཉིས་ཁུ་ཚུར་བཅངས་པ་མདུན་དུ་ས་ལ་བཙུགས་ལ། རླུང་བཟུང་ཞིང་སྟེང་རླུང་གི་ཤུགས་ གསང་གནས་སུ་མནན། འཕོངས་ཅུང་ཟད་བཏེགས་ལ་སླར་འབེབས་ཀྱི་ཚུལ་གྱིས་གསང་ གནས་ཀྱི་རྩ་བ་རྟིང་པ་ལ་ཐུག་པར་བྱ་བ། དེ་འདྲ་ལན་ཉི་ཤུ་རྩ་བདུན་བྱ་བ་ལས། དགུ་དགུའི་ མཚམས་སུ་གཡས་གཡོན་དུ་གཅུད་ཅིང་གནོན་པ་ཡང་བྱའོ། །གསང་རྩ་མནན་པའི་རྐང་ པའི་བོལ་གོང་གི་ཐད་དུ། ཅིག་ཤོས་ཀྱི་རྐང་པའི་རྟིང་པའི་ལན་ཉི་ཤུ་རྩ་གཅིག་ཙམ་བརྡེག 2-1-459 །གསང་བའི་རྩ་ལ་གནོན་པ་རྐང་པ་གཡས་གཡོན་གྱི་རྟིང་པ་རེ་མོས་ཀྱིས་བྱའོ། ཁྱབ་པར་ བྱེད་པ་ནི་རླུང་བཟུང་ལ་ལངས་ཤིང་ཤུགས་དང་ལྡན་པས་ལུས་སྒུར་ཏེ། ལག་པ་གཡས་པའི་ མཐེ་བོང་གཡོན་པས་བཟུང་ལ་མདུན་དུ་ས་ལ་བཙུགས། རྐང་པའི་བྲང་ཡང་ས་ལ་བཙུགས། རླུང་གི་ཤུགས་སྟོད་ཀྱི་ཕྱོགས་སུ་ཡོང་བར་བྱས་ལ། རྐང་པའི་བརླ་བྱིན་པ་ལ་སྦྱར་ཞིང་མནན་ པ་དང༌། སྟེང་དུ་བཏེག་ཅིང་འཐེན་པ་ལན་འགའ་བྱའོ། །ཐུན་རྟིང་མ་ལ་ལག་པ་གཡོན་པའི་ མཐེ་བོང་གཡས་པས་བཟུང་བ་སོགས་རེ་མོས་ཀྱིས་བྱའོ། །འཆིང་བར་བྱེད་པ་ནི། འཕོངས་ སྟེགས་ཅུང་ཟད་ཅིག་བཅུག་ལ་ཙོག་པུའི་རྣམ་པས། རྐང་པ་གཉིས་ཀྱི་མགོ་མདུན་དུ་ཡོང་ བར་བྱས། ལག་པ་ཐལ་མོ་སྦྱར་བའི་རྩེ་ཐུར་དུ་བསྟན་པ་ལྟེ་བའི་སྨད་ཙམ་དུ་ཐོག་མར་ཡོང་ བར་བྱས་ལ། རླུང་ཁ་སྦྱོར་དུ་བཟུང་བ་དང༌། ལྟོ་བ་ཚིགས་པ་ལ་གཅེར་བྱ་ཞིང༌། ཐལ་མོ་རྩེ་ ཐུར་བསྟན་དེ་ཉིད་ཡར་དྲངས་ཏེ། མགྲིན་པའི་ཐད་ཙམ་དུ་སླེབས་པ་ན། ཐལ་སྦྱར་རྩེ་གྱེན་ དུ་བསྟན་ལ། ཐད་ཀར་ཡར་འདྲེན་ཅི་ཐུབ་བྱེད། དེ་མཚམས་ནས་ལངས་ཏེ། ལག་པ་གཉིས་ རྐང་པ་ལ་ནང་ནས་འཁྱུད་ཅིང༌། རྐང་མགོ་གཉིས་ནས་ལག་པ་གཉིས་ཀྱིས་བཟུང་ལ། ལུས་ སྒུར་ཞིང་གཡས་གཡོན་དབུས་གསུམ་ནས་གཅུས་པའོ། ། དབྱིངས་སུ་སྐྱེལ་བ་ནི། ལག་པ་གཉིས་མཉམ་བཞག་གི་ཕྱག་རྒྱས་ལྟོ་བ་སྐྱོར་བྱས་ཏེ། རླུང་ཁ་སྦྱོར་བཟུང་ཞིང་གསུས་པ་མདུན་དུ་ཧ་ཅང་མ་འཕེལ་བར་བྱས་ལ། མིག་ཐད་ཀར་ལྟ་ ཞིང༌། ལུས་གཡས་གཅུ་གཡོན་གཅུ་བྱ། སེམས་མི་རྟོག་པར་བཞག་གོ །མེ་ཐབ་ནི་རྐང་པ་རེ་ མིག་ལྟར་བསྣོལ། ལག་པ་གཉིས་བསྣོལ་བས་རྐང་པ་གཡས་གཡོན་གྱི་མཐེ་བོང་ནས་བཟུང་ ལ་རླུང་བུམ་པ་ཅན་འཛིན་ཞིང་ཐོག་མར་ལྟོ་བའི་སྨད་གཡས་སུ་སྐོར་བ་དང༌། གཡོན་དུ་སྐོར་ བ་ལན་གསུམ་གསུམ་བྱ། དེ་ནས་རྐེ ད་པ་གཡས་སུ་གཅུ་བ་དང༌། གཡོན་དུ་གཅུ་བ་དང༌། ལུས་བགྱེད་ཅིང་སྐེད་པ་མདུན་དུ་འཕུལ་བ་དང༌། ལུས་སྒུར་ཞིང་རྒྱབ་ཏུ་འཕུལ་བ་དང༌། དེ་ 2-1-460 ཀའི་ངང་ནས་འཕར་ཞིང་བསྡིགས་པ་རྣམས་ལན་གསུམ་གསུམ་བྱའོ། ། ལུག་གི་འདུག་སྟངས་ནི། ལངས་ལ་རླུང་འཁྲབ་ཅིག་བྱས། དེ་ནས་ལུས་སྒུར་ཞིང་པུས་ མོ་གཉིས་བར་ཐག་མཐོ་ཕྱེད་དོ་ཙམ་ཡོད་པར་བྱས་ཏེ་ས་ལ་བཙུགས། ལག་པ་གཉིས་ཀྱང་ མདུན་དུ་མཐོ་གང་ཙམ་གྱི་བར་ཡོད་པར་བྱས་ལ་ས་ལ་བཙུགས། ལག་པ་གཡོན་མ་གུག་ པར་བྱས་ཤིང༌། གཡས་པའི་ལག་ངར་དང་གྲུ་མོ་ས་ལ་བཞག་ཅིང༌། མགོ་གཡས་ཕྱོགས་ ས་ལ་ཐུག་ཙམ་བྱ། དེ་ནས་ལག་པ་གཉིས་བསྲངས་ལ། ལུས་འདར་ཐོན་པ་སྤྲུག །གཡོན་ ཕྱོགས་སུའང་དེ་བཞིན་བྱ། དེ་ནས་ལག་པ་གཉིས་ཆར་གྱི་གྲུ་མོ་དང༌། ལག་ངར་ས་ལ་བཞག་ ཅིང༌། དཔྲལ་བ་ས་ལ་ཐུག་ཙམ་བྱ། དེ་ནས་ལག་པ་གཉིས་བསྲངས་ལ་ལུས་སྤྲུག་གོ ། བྱི་ལའི་འདུག་སྟངས་ནི། བུམ་པ་ཅན་བཟུང་ཞིང༌། རླུང་འཁྲབ་ཅིག་བྱས་ལ། དེ་ནས་ ལུས་སྒུར་ཞིང་ལག་པ་གཉིས་མདུན་དུ་ས་ལ་བཙུགས། རྐང་མགོ་གཉིས་ཀྱང་ས་ལ་བཙུགས། ཨུཾ་གི་སྒྲས་སྟོང་འདྲེན་བྱ་ཞིང༌། མགོ་དང་རོ་སྟོད་སྒུར་རྒྱབ་ཤེད་གྱེན་དུ་འཐེན་ཅི་ཐུབ་བྱ། དེ་ ནས་མགོ་དང་རོ་སྟོད་བགྱེད་ཅིང༌། ལུས་ཀྱི་སྨད་འབུར་གྱིས་ཡོང་བར་བྱའོ། ། ལྕེ་སྤྱང་གི་འདུག་སྟངས་ནི། འཕོངས་ས་ལ་མ་རེག་པར་རྐང་པའི་བྲང་ས་ལ་བཙུགས། ལག་པ་གཉིས་ཁུར་ཚུར་བཅངས་པ་མདུན་དུ་ས་ལ་བཞག །ཧཱུཾ་གི་སྒྲས་སྟོང་འདྲེན་བྱའོ། །དེ་ ནས་སེངྒེ་རྣམ་རོལ་བྱའོ། ། འཁོར་ལོ་བསྐོར་བ་ནི། བུམ་པ་ཅན་གྱི་ངང་ནས། རྣ་བ་དཔུང་མགོ་ལ་ཐུག་པའི་མགོ་ གཡས་སུ་ལན་གསུམ་བསྐོར་བ་དང༌། གཡོན་དུ་ལན་གསུམ་བསྐོར་བར་བྱའོ། །དེ་ནས་ལག་ པ་གཡས་ཁུ་ཚུར་བཅངས་པ་ཕྱི་ནང་དུ་ལན་གསུམ་གསུམ་བསྐོར། དེ་བཞིན་དུ་གཡོན་པའང་ བསྐོར། ལྟེ་བ་མན་ཆེར་མ་གཡོ་བར་བྱས་ལ། མགོ་དང་རོ་སྟོད་གཡས་གཡོན་དུ་ལན་གསུམ་ གསུམ་བསྐོར། ཕོ་བ་སོགས་རོ་སྨད་གཡས་གཡོན་དུ་ལན་གསུམ་གསུམ་བསྐོར། དེ་ནས་ 2-1-461 ལངས་ལ་རྐང་པ་གཡས་ཕྱི་ནང་དུ་ལན་གསུམ་གསུམ་བསྐོར་ལ་རྐང་མགོ་འཕོངས་ལ་བརྡེག །རྐང་པ་གཡོན་པའང་དེ་བཞིན་བྱའོ། ། ཞགས་པ་འཕེན་པ་ནི། བུམ་པ་ཅན་གྱི་ངང་ནས་མགོ་མདུན་རྒྱབ་ཏུ་འཕྱང་འཕྱང་འཕེན་ པ་དང༌། གཡས་གཡོན་དུའང་འཕེན་པ་སྟེ་ལན་གསུམ་གསུམ་མོ། །ལག་པ་གཡས་ཀྱི་སོར་ མོ་རྣམས་བརྐྱངས་ཏེ་འཕེན་པ་དང༌། ཁུ་ཚུར་བཅངས་ཏེ་དཔུང་མགོ་ལ་བརྡེག་པ་ལན་གསུམ་ གསུམ་བྱ་ཞིང༌། གཡོན་པའང་དེ་བཞིན་བྱ། དེ་ནས་སྐྱིལ་ཀྲུང་ས་ནས་བཏེག་པར་བྱས་ལ། གན་རྐྱལ་དུ་འགྱེལ་བ་དང༌། ཡང་ལངས་ལ་མདུན་དུ་ཁ་བུབ་བྱས་ཏེ་དཔྲལ་བ་ས་ལ་རེག་ པ་ཙམ་ཡོང་བར་བྱ་བ་སྟེ། མདུན་རྒྱབ་ཏུ་ལན་གསུམ་གཡས་གཡོན་གྱི་པུས་མོ་ས་ལས་མ་ བཏེག་པར་བྱས་ཏེ། མགོ་གཡས་གཡོན་གྱི་ས་ལ་རེག་པ་ཙམ་ཡོང་བའང་ལན་གསུམ་གསུམ་ བྱའོ། །དེ་ནས་ལངས་ལ་རྐང་པ་གཡས་མདུན་དུ་ལན་གསུམ་བརྐྱང་བསྐུམ་བྱེད་པ་དང༌། དེ་ བཞིན་དུ་གཡས་དང་རྒྱབ་རྣམས་སུ་ཡང་བྱ་ཞིང༌། གཡོན་པའང་དེ་བཞིན་བྱས་ལ། མཐར་ འབེབས་བྱའོ། ། སྐེ་རགས་འཆིང་བ་ནི། ལག་པ་གཉིས་ཁུ་ཚུར་གཤིབས་པ་སྐེད་པ་ལ་ཤུགས་དང་ལྡན་ པས་སྐེ་རགས་འཆིང་བའི་ཚུལ་བྱ་ཞིང༌། རླུང་བུམ་པ་ཅན་དྲག་ཏུ་བཟུང་ལ་རོ་སྟོད་ཅུང་ཟད་ གྱེན་དུ་བགྱེད་ཅིང་ལན་གསུམ་བྱའོ། ། བཅོ་བརྒྱད་ཕྲུགས་ནི། རླུང་བཟུང་ལ་བཅའ་གཞི་དང་བཅས་ལངས་ལ། དེ་ནས་ལག་ པ་གཉིས་སྟེང་དུ་འཕངས་པ་དང་མཉམ་དུ་ལན་གསུམ་འཕར་བ་དང༌། དེ་ནས་ཡང་ལན་ གསུམ་འོག་ཏུ་སྡིགས་པ་དང༌། དེ་ནས་ལག་པ་གཉིས་ཀྱིས་རྐང་པའི་སོར་མོ་ནས་བཟུང་ལ། ལུས་སྒུར་ཞིང༌། བགང་འདྲེན་དང་སྟོང་འདྲེན་བྱ་བ་ནི་སྟེང་དུ་འཐེན་པ་དང༌། དེ་ནས་ལག་པ་ གཉིས་ཀྱིས་རྐང་པའི་གཤོག་པ་ནས་བཟུང་ལ། བགང་འདྲེན་དང་སྟོང་འདྲེན་བྱ་བ་ནི། ཐད་ 2-1-462 ཀར་འཐེན་པ་དང༌། དེ་ནས་གན་རྐྱལ་དུ་བྱས་ལ། ལག་པ་གཉིས་ཀྱིས་རྐང་པའི་སོར་མོ་ ནས་བཟུང་ཞིང་བསྲུབ་པ་དང་བཅས་བགང་འདྲེན་སྟོང་འདྲེན་བྱ་བ་ནི་འོག་ཏུ་འཐེན་པ་དང༌། དེ་ནས་གན་རྐྱལ་དུ་བསྡད་པའི་ངང་ནས་རྐང་ལག་བཞི་དུས་གཅིག་ཏུ་སྤྲུག་ཅིང༌། བརྐྱང་ བསྐུམ་ལན་གསུམ་བྱས་པའི་མཐར་རྒྱབ་འཕར་གཅིག་བྱའོ། ། དེ་ལྟར་ལུས་སྦྱོང་དང༌། རླུང་སྦྱོར་དེ་རྣམས་ཡུན་རིང་དུ་གོམས་པར་བྱས་པ་ལས་ཐོག་ མར་ཡེ་ཤེས་ཀྱི་ཕྱག་རྒྱ་དང་ལག་པའི་ཕྱག་རྒྱ་ལ་བསླབ། དེ་ནས་མཚན་ཉིད་དང་ལྡན་པའི་ ཕྱག་རྒྱ་རབ་ལམ་སྒོམ་པ་ལས་ཡེ་ཤེས་ཅུང་ཟད་སྐྱེས་པ། དེ་ལྟ་མིན་ཡང་དམ་ཚིག་དང་ལྡན་ པ། གསང་སྔགས་ལ་མོས་པ་ཐོབ་པ་ཞིག་ངེས་པར་དགོས་པ་ཡིན་ནོ། ། དེ་ཉིད་ཀྱི་ཐོག་མར་གཟུགས་ལ་བལྟ་བའི་རྗེས་ཆགས་ཀྱི་བདེ་བ་སྒོམ་ལ། བཟུང་བ་ དང༌། བཟློག་པ་དང༌། བགྲམ་པ་དང༌། ཁྱབ་པར་བྱ། དེ་བཞིན་དུ་སྒྲ་དང༌། དྲི་དང༌། རོ་དང༌། ཕྱིའི་རེག་བྱ་ཙམ་ལ་བརྟེན་ནས་རྗེས་ཆགས་ཀྱི་བདེ་བ་སྒོམ་པའང་སྔར་བཞིན་བསླབས། དེ་ནས་རང་ཉིད་ལྷག་པའི་ལྷ་དང༌། ཕྱག་རྒྱ་འཁོར་ལོའི་དབང་ཕྱུག་མར་སྒོམ་ལ། མཁའ་ གསང་བྱིན་རླབས་དང༌། སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབས་པའང་དྲན་པར་ བྱས་ལ། ཐབས་ཤེས་མཉམ་པར་སྦྱར་བའི་ཐོག་མར་དགའ་བ་ཙམ་ལ་བཟུང་བཟློག་ཁྱབ་ བགྲམ་རྣམས་བྱ། དེ་ནས་མཆོག་དགའ་དང༌། ཁྱད་དགའ་དང༌། མཐར་ལྷན་སྐྱེས་ཀྱི་བར་དུ་ བྱའོ། །དེ་ཡང་རྩ་མདུད་ཅུང་ཟད་གྲོལ་བ་རྣམས་ལ་དགའ་བ་བཞི་འཆར་བ་གསལ་པོར་ཤེས་ ཀྱང༌། ལས་དང་པོ་པ་རྣམས་ལ་གསལ་པོར་ཤེས་པ་དཀའ་ཡང༌། སྤྱིར་ཆ་ཤས་ཙམ་འཆར་བ་ ནི་ངེས་པར་ཡིན་ནོ། ། ཐབས་ཤེས་མཉམ་པར་སྦྱོར་བ་དང་མ་བྲལ་བའི་དུས་དེར་བཟུང་པའི་ཐབས་ནི། འོག་ སྒོ་དྲག་ཏུ་ལྷོད། སྟེང་རླུང་ཕྱིར་བུས་ལ། ཕྱི་རོལ་དུ་བཟུང་བཞིན་པའི་ངང་ནས། ལྟོ་བ་ཚིགས་ 2-1-463 པ་ལ་གཅེར་བྱ། ཡང་རླུང་ཕྱི་རོལ་དུ་བཟུང་བཞིན་པའི་ངང་ནས། ལྟོ་བ་ཕྱིར་བསྐྱེད་པ་རྣམས་ བྱ་ཞིང༌། སྟེང་རླུང་ནང་དུ་རྔུབ་པ་དང༌། གསང་གནས་དང་བཤང་སྒོའི་བར་དུ་སྡིགས་ཤིང༌། གཏུན་བརྡུང་བ་ལྟར་བྱ་བ་ནི་བཟུང་པ་དང༌། བཟློག་པ་ནི། ཧཱུཾ་གིས་སྒྲས་སྟོང་འདྲེན་བྱ་བ་དང༌། རླུང་ཁ་སྦྱོར་དུ་བཟུང་བ་བགང་འདྲེན་ བྱ་བ་དང༌། མ་ནིང་གྲུག་ཞུད་རྣམས་བྱེད་དོ། ། བགྲམ་པ་ནི། ཉྭ་བཞི་རྣམས་ལྷོད་ཀློད་པའོ། །དེ་ནས་གོང་དུ་བསྟན་པ་ལྟར་གྱི་ལུས་སྦྱོང་ འཁྲུལ་འཁོར་ཐམས་ཅད་བྱ་ཞིང༌། དེ་ནས་འཇམ་རླུང་བུམ་པ་ཅན་བཟུང་ལ་སེམས་ཀྱི་རང་ ཞལ་བལྟ་ཞིང༌། མི་རྟོག་པར་འཇོག་པ་ནི། རླུང་དང་བསྲེ་ཞིང་ཡེ་ཤེས་ཆེན་པོར་སྐྱེལ་བའོ། ། ༈ དྲུག་པ་མན་ངག་ཐོར་བུ་ལ། ཐོག་མར་ཡི་དམ་སྒོམ་པའི་མན་ངག་ནི། རང་གང་ སྒོམ་པའི་ཡི་དམ་རིགས་གང་ཡིན་བརྟགས་ཏེ། རྡོ་རྗེའི་རིགས་ཡིན་ན་སྙིང་ག་དང༌། རིན་པོ་ ཆེའི་རིགས་ཡིན་ན་ལྟེ་བ་དང༌། ལས་ཀྱི་རིགས་ཡིན་ན་གསང་གནས་དང༌། པདྨའི་རིགས་ ཡིན་ན་མགྲིན་པ་དང༌། རྣམ་སྣང་གི་རིགས་ཡིན་ན་སྤྱི་བོའི་འཁོར་ལོ་བསྒོམ་མོ། །དེ་ཡང་རང་ ལུས་ཀྱི་རྩ་འཁོར་པདྨའི་གཞལ་ཡས་ཁང་གི་དབུས་སུ་ཡི་དམ་གྱི་ལྷ་བསྒོམས། དམིགས་པ་ གསལ་ན་དེའི་ཐུགས་ཀར་ས་བོན་སྔགས་འཕྲེང་དང་བཅས་པའང་བསྒོམས་ལ། དེ་རྣམས་ལ་ དམིགས་པ་བསྟད་ཅིང༌། སྣང་སྟོང་སྒྱུ་མ་ལྟ་བུ་ཤེས་པས་སྔགས་བཟླ་ཞིང༌། ཐུན་འཇོག་ཁར་ མཆོད་པ་དཔག་ཏུ་མེད་པ་བློས་སྤྲུལ་ཏེ་ཕུལ་ལ་གསོལ་བ་བཏབ། ཐུན་མཚམས་སུ་ཡང་ཁ་ ཟས་ཟ་བའི་ཚེ། ཡི་དམ་ལ་མཆོད་པ་ཕུལ་བར་མོས་སོ། ། ལྷ་སྒོམ་པའི་ཚུལ་འདི་ནི། རང་ལུས་ཀྱི་རྩ་འཁོར་རྣམས་སུ་སྒོམ་པས། རྫོགས་རིམ་དང་ ཤིན་ཏུ་མཐུན་པའི་རྣལ་འབྱོར་རོ། །བླ་མ་སྒོམ་པའི་མན་ངག་ལ། ཕྱི་སྒྲུབ་དང༌། ནང་སྒྲུབ་ གཉིས་ལས། དང་པོ་ལ་ཡང་ཕྱི་ནང་གསང་གསུམ་ལས། 2-1-464 དང་པོ་ནི། རང་གི་མདུན་དུ་བླ་མ་སྒོམ། དེའི་ཐུགས་ཀར་ཐུགས་གཉིས་སུ་མེད་པའི་ཡེ་ ཤེས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ། འཁོར་སངས་རྒྱས་བྱང་ཆུབ་སེམས་དཔའ་དཔག་ཏུ་ མེད་པས་བསྐོར་བར་བསམས་ལ། ཕྱག་འཚལ་བ་དང་མཆོད་པ་འབུལ་བ་དང༌། གསོལ་བ་ འདེབས་པ་རྣམས་བྱས་རྗེས། བླ་མའི་མཚན་ལ་དེ་ཉིད་གསུམ་སྤེལ་བྱས་པའི་བཟླས་པ་བྱ་ སྟེ། དཔེར་ན། ༀ་ཨཱཿརིན་ཆེན་རྡོ་རྗེ་ཧཱུཾ་ཧཱུཾ། ཞེས་པ་ལྟ་བུའོ། ། གཉིས་པ་ནི། བླ་མ་མདུན་དུ་སྒོམ་པའི་དེའི་ཐུགས་ཀར་ཐུགས་གཉིས་སུ་མེད་པའི་ཡེ་ ཤེས་རྡོ་རྗེ་འཆང་དར་དང་རིན་པོ་ཆེས་བརྒྱན་པ། འཁོར་ལོས་བསྒྱུར་བའི་རྣམ་པ་ཅན་ལ། འཁོར་སངས་རྒྱས་བྱང་ཆུབ་སེམས་དཔའ་འཁོར་ལོས་བསྒྱུར་པའི་རྣམ་པ་ཅན་དཔག་ཏུ་མེད་ པས་བསྐོར་བར་བསམས་ལ། ཕྱག་འཚལ་བ་ནས་བཟླས་པའི་བར་གོང་བཞིན་ནོ། ། གསུམ་པ་ནི། བླ་མའི་ཐུགས་ཀར་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་དཔལ་ཧེ་རུ་ ཀའི་རྣམ་པས་བཞུགས་པ་ལ། འཁོར་དཔའ་བོ་མཁའ་འགྲོ་དཔག་ཏུ་མེད་པས་བསྐོར་བར་ བསམས་ལ་ཕྱག་འཚལ་བ་སོགས་གོང་བཞིན་ནོ། ། གཉིས་པ་ནང་སྒྲུབ་ནི། མདུན་དུ་བླ་མ་སྒོམ་ལ། མོས་གུས་དུང་བ་བྱས་གསོལ་བ་ བཏབ་པས། བླ་མ་འོད་དུ་ཞུ་ནས་རང་ལ་ཐིམ་པས། རང་གི་སྤྱི་བོའི་འཁོར་ལོ་པདྨའི་གཞལ་ ཡས་ཁང་གི་དབུས་སུ་བླ་མ་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་གཡས་འཁོར་ལོ་དང༌། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། ཡུམ་སྤྱན་མ་དཀར་མོ་དང་མཉམ་པར་སྦྱོར་ བ། མགྲིན་པར་བླ་མ་འོད་དཔག་མེད་སྐུ་མདོག་དམར་པོ། གཡས་པདྨ་དང༌། གཡོན་དེས་ཡུ་ བ་བྱས་པའི་དྲིལ་བུ་འཛིན་པ། ཡུམ་གོས་དཀར་མོ་དང་མཉམ་པར་སྦྱོར་པ། སྙིང་གར་བླ་མ་ མི་བསྐྱོད་པ་སྐུ་མདོག་སྔོན་པོ་གཡས་རྡོ་རྗེ་དང༌། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་ པ། ཡུམ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མས་འཁྱུད་པ། ལྟེ་བར་བླ་མ་རིན་ཆེན་འབྱུང་ལྡན་སྐུ་ 2-1-465 མདོག་སེར་པོ་གཡས་རིན་པོ་ཆེ་དང༌། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། ཡུམ་ རིན་ཆེན་སྒྲོལ་མ་དང་མཉམ་པར་སྦྱོར་བ། གསང་གནས་སུ་བླ་མ་དོན་ཡོད་གྲུབ་པ་སྐུ་མདོག་ ལྗང་ཁུ། གཡས་རལ་གྲི་དང༌། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། ཡུམ་དམ་ཚིག་ སྒྲོལ་མ་དང་མཉམ་པར་སྦྱོར་བ་སྟེ། གནས་ལྔར་བླ་མ་རིགས་ལྔ་ཡབ་ཡུམ་སྒོམ་ལ། བླ་མའི་ མཚན་དང་རིགས་ལྔ་སོ་སོའི་ས་བོན་ལྔ་དེ་ཉིད་གསུམ་སྤེལ་པའི་བཟླས་པ་བྱ་བ་སྟེ། ༀ་ ཨཱཿརིན་ཆེན་རྡོ་རྗེ་བྷྲུཾ་ཧཱུཾ། ཞེས་པ་དང༌། དེ་བཞིན་དུ་ཛྲི་ཧཱུཾ ཾ་དང༌། ཧཱུཾ་ཧཱུཾ་དང༌། ཨཾ་ཧཱུཾ་དང་། ཁཾ་ཧཱུཾ་ ཞེས་པ་རྣམས་བཏགས་པ་བཟླས་པར་བྱའོ། ། བར་ཆད་བསལ་བའི་མན་ངག་ལ། གོ་རཀྵའི་ལུགས་དང༌། བི་རུ་པའི་ལུགས་གཉིས་ ལས། དང་པོ་ནི། ཐོག་མར་རང་གི་ལུས་ངག་ཡིག་གསུམ་ལ་ཤེས་པ་བསྟད་དེ། འདི་ལྟར་ དུ་སྣང་བ་ནི་མེད་བཞིན་དུ་འཁྲུལ་བ་སྒྱུ་མ་ལྟ་བུའོ་སྙམ་དུ་བསམ་ལ། དེ་ནས་རང་གི་ལུས་ ངག་ཡིད་གསུམ་གྱི་ངོ་བོ་ལ་ཆེར་གྱིས་བལྟས་ཤིང་བཙལ་བ་ན་རིག་ངོར་གང་ཡང་མ་རྙེད་ པའི་ངོས་བཟུང་ཐམས་ཅད་དང་བྲལ་བ་དེའི་ངང་ལ་ཅི་གནས་སུ་མཉམ་པར་བཞག་པ་ནི། དམིགས་སྐོར་དང་པོའོ། ། དེ་ལ་ཅུང་ཟད་གོམས་པ་ན། དེ་ནས་རང་དབང་བའི་གནས་ཁང་དང༌། ལོངས་སྤྱོད་དང༌། འཁོར་གཡོག་ལ་སོགས་པ་རྣམས་ལ་འདི་ཐམས་ཅད་མེད་བཞིན་དུ་སྣང་བ་སྒྱུ་མ་ལྟ་བུའོ་ སྙམ་དུ་སྒོམ་པ་དང༌། དེ་དག་གི་ངོ་བོ་ལ་ཆེར་གྱིས་བལྟས་ཏེ། ངོས་བཟུང་བྲལ་པའི་ངང་ལ་ མཉམ་པར་འཇོག་པ་ནི། དམིགས་སྐོར་གཉིས་པ་དང༌། དེ་ནས་དགྲ་སྡང་བ་ལ་སྔར་བཞིན་སྒོམ་པ་དམིགས་སྐོར་གསུམ་པ་དང༌། གཉེན་བྱམས་ པ་ལ་སྒོམ་པ་དམིགས་སྐོར་བཞི་པ་དང༌། དེ་ནས་རང་གི་མཐོང་ཐོས་སུ་གྱུར་པ་ཡུལ་ཉེ་བར་ གནས་པ་རྣམས་ལ་སྒོམ་པ་དམིགས་སྐོར་ལྔ་པ་དང༌། མཐར་སྣང་བ་ཐམས་ཅད་ལ་སྒོམ་པ་ 2-1-466 དམིགས་སྐོར་དྲུག་པའོ། །དེ་རྣམས་ལ་རིམ་གྱིས་བསླབས་ཏེ་གོམས་པར་གྱུར་པ་ན། ཐོག་ མར་ཚ་གྲང་ལ་སོགས་རྐྱེན་ཕྲན་བུ་ལ། ཧཱུཾ་གི་སྒྲས་རྣམ་པར་མི་རྟོག་པའི་དབྱིངས་སུ་སྐྱེལ་བ་ དང༌། དེ་ནས་ཆགས་སྡང་བདེ་སྡུག་འཇིགས་སྐྲག་སོགས་འཆར་སྒོ་ཐམས་ཅད། ཧཱུཾ་གི་སྒྲས་ དབྱིངས་སུ་གཅོད་པས། རང་གི་ཁྱིམ་དུ་སྒོམ་ཞིང༌། དེ་ནས་དུར་ཁྲོད་དང༌། ཚོགས་འདུས་ དང༌། འདྲེ་གདོན་གྱི་གནས་རྣམས་སུ་སྨྱོན་པར་བརྫུས་ཏེ་ཕྱིན་པ་ན། དེར་འདྲེ་གདོན་གྱི་ཆོ་ འཕྲུལ་དང༌། སྐྱེ་བོ་རྣམས་ཀྱིས་བསྟོད་སྨད་སོགས་རྐྱེན་བཟང་ངན་ཐམས་ཅད་ཧཱུཾ་གི་སྒྲས་ རྣམ་པར་མི་རྟོག་པའི་དབྱིངས་སུ་བསྐྱལ་ལོ། ། གཉིས་པ་བི་རུ་པའི་ལུགས་ལ་ཡང༌། ལས་དང་པོ་པའི་ཉམས་ལེན་དང༌། རང་གི་ཁྱིམ་ དུ་རྐྱེན་དང་བསྲེ་བ་དང༌། མཐར་དུར་ཁྲོད་ལ་སོགས་པར་རྒྱུ་བ་སྟེ། སྔར་བཞིན་གསུམ་ལས། དང་པོ་ལ། སྙིང་རྗེ་སྒོམ་པ་དང༌། སྟོང་ཉིད་སྒོམ་པ་གཉིས་ལས། དང་པོ་ནི། སེམས་ཅན་ཐམས་ཅད་དྲིན་ཅན་གྱི་ཕ་མ་ཡིན། འདི་དག་གིས་བསྐྱེད་པའི་ གནོད་པ་བདག་ལ་བྱུང་བའང༌། སྐྱེ་ཤི་འཕོས་ནས་ངོ་མ་ཤེས་པས་ལན་པ་ཡིན་སྙམ་དུ་ བསམ་ལ་སྙིང་རྗེ་དྲག་ཏུ་སྒོམ་པ་ནི། དམིགས་སྐོར་དང་པོའོ། །དེ་ནས་བདག་བདེ་བ་འདོད་ པ་བཞིན་དུ་སེམས་ཐམས་ཅད་ཀྱང་བདེ་བར་འདོད། བདག་སྡུག་བསྔལ་མི་འདོད་པ་བཞིན་ དུ་སེམས་ཅན་རྣམས་སྡུག་བསྔལ་མི་འདོད་པས། དེ་ལྟར་ན་ནམ་མཁའ་དང་མཉམ་པའི་ སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་ སྡུག་བསྔལ་གྱི་རྒྱུ་དང་བྲལ་པར་གྱུར་ཅིག་སྙམ་དུ་སྒོམ་པ་ནི། དམིགས་སྐོར་གཉིས་པ་དང༌། དེ་ནས་སེམས་ཅན་རྣམས་ཉོན་མོངས་པས་སེམས་དཀྲུགས་ཏེ་ལས་བསགས། དེས་འཁོར་ བར་འཁྱམས་ཏེ་སྡུག་བསྔལ་མྱོང་བ་སྙིང་རེ་རྗེ་སྙམ་དུ་སྒོམ་པ་ནི། དམིགས་སྐོར་གསུམ་པ་ དང༌། དེ་ནས་དོན་དམ་པར་སེམས་ཅན་ཡང་བདེན་པར་མ་གྲུབ། དེ་དག་གིས་མྱོང་བའི་སྡུག་ 2-1-467 བསྔལ་ཡང་བདེན་པར་མ་གྲུབ། རང་བཞིན་སྟོང་པ་ཉིད་ཡིན་ཡང་དེ་ལྟར་མ་རྟོགས་པར་ སྡུག་བསྔལ་མྱོང་བའི་སེམས་ཅན་འདི་རྣམས་སྙིང་རེ་རྗེ་སྙམ་དུ་བསྒོམ་པ་ནི། དམིགས་སྐོར་ བཞི་པའོ། ། གཉིས་པ་ནི། སྣང་བ་ཐམས་ཅད་རང་གི་སེམས་ཡིན། སེམས་ལས་ལོགས་སུ་གྲུབ་པ་ ཅུང་ཟད་ཀྱང་མེད་སྙམ་དུ་བསྒོམ་པ་ནི། དམིགས་སྐོར་དང་པོ་དང༌། དེ་ནས་སེམས་ཀྱི་ངོ་བོར་ ཡང་མ་གྲུབ་སྟེ། ངོས་བཟུང་ཐམས་ཅད་དང་བྲལ་བ་སྟོང་པ་ཉིད་ཀྱི་ངང་ལ་བཞག་གོ །དེ་ནས་ སྟོང་པའི་ངང་ལས། སྣང་བ་ཐམས་ཅད་ལྷ་སྐུར་ལམ་སྟེ་སྒོམ་པ་ནི། སྟོང་པའི་ངང་ལས་དག་ པའི་སྣང་བ་སྒོམ་པ་དང༌། ཡང་ན་སྟོང་པའི་ངང་ལས། མ་དག་པའི་སྣང་བ་ཤར་བའི་ཚེ། རང་ གི་ལུས་དུམ་བུ་བརྒྱ་སྟོང་དུ་མར་གཏུབས་ཏེ། སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ མཆོད་པས་མཉེས། རིགས་དྲུག་རྣམས་རང་རང་སོ་སོའི་བསམ་པ་དང་མཐུན་པའི་ལོངས་ སྦྱོད་བྱུང་སྟེ་ཚིམས་པར་བསམ། ཁྱད་པར་དུ་ཡང་ལོག་འདྲེན་བགེགས་ཀྱི་ཚོགས་རྣམས་ཤ་ ཁྲག་གི་གཏོར་མས་ཚིམས་པར་མོས། མཐར་དེ་རྣམས་ཀྱི་སེམས་དང་རང་གི་སེམས་སྟོང་ པ་ཉིད་དུ་བསྲེས་ལ་མཉམ་པར་བཞག་གོ །དེ་རྣམས་ཅུང་ཟད་གོམས་པར་གྱུར་པ་ན་རང་ ཁྱིམ་དུ་ཚ་གྲང་ལ་སོགས་པའི་རྐྱེན་ཆེད་གཏད་ཡོང་བར་བྱས་ཏེ། སྟོང་ཉིད་སྙིང་རྗེས་ལམ་དུ་ འཁྱེར། དེ་ནས་རང་ཁྱིམ་དུ་རྐྱེན་སྣ་ཚོགས་དང་བསྲེ་བ་ལ་གོམས་པ་ན། དུར་ཁྲོད་དང་ཚོང་ འདུས་དང་འདྲེ་གདོན་ཐམས་ཅད་ཀྱི་གནས་སུ་ཕྱིན་ལ། རྐྱེན་བཟང་ངན་ཐམས་ཅད་དང་ བསྲེ་བར་བྱའོ། ། སེམས་འཛིན་གྱི་མན་ངག་ལ། སྤྱིར་བཀའ་བབས་དྲུག་ལྡན་གྱི་མན་ངག་འདི་ལ། སེམས་ འཛིན་གྱི་རྣམ་གྲངས་ལྔ་བརྒྱ་ཙམ་ཡོད་ཀྱང༌། འདིར་དཀྱུས་སུ་གསུངས་པ་ལ་བཅུ་དྲུག་ཙམ་ ལས། ཐོག་མར་ཞག་འགའ་ལུས་གནད་ཇི་ལྟར་བདེ་བ་ཞིག་བཅས་ལ། བྱ་བྱེད་ཐམས་ཅད་ 2-1-468 སྤངས་ཏེ་གང་ཡང་མི་སྒོམས་པར་བསྡད། དེ་ནས་ཐོ་རངས་ལྟ་བུ་རིག་པ་དྭངས་པ་ཞིག་ལ། རང་ཉིད་ཀྱི་ལུས་རི་ཞིག་ཏུ་གྱུར་པར་བསམས་ལ། དེའི་རི་སུལ་དང༌། དེ་ལ་གནས་པའི་ ཤིང་དང༌། ཆུ་འབབ་ཚུལ་སོགས་ལ་རིམ་གྱིས་སེམས་བསྟད། ཡང་འཕྲོ་བཅད་ཅིང་སྒོམ་པ་ ནི་དམིགས་པ་དང་པོ་དང༌། ཡང་རང་གི་ལྟེ་བའི་ཐད་ཙམ་དུ་ནེའུ་གསིང་ཡིད་དུ་འོང་བ་ཞིག་ བསམས། དེའི་ཕྱོགས་ཞིག་ཏུ་ཤིང་སྡོང་ལོ་འདབ་དང་ལྡན་པ་ཞིག་ལྡེ མ་ལྕུག་གེ་འདུག་པ་ལ་ སེམས་བསྟད་ཅིང༌། ཡང་འཕྲོ་བཅད་ཀྱིན་སྒོམ་པ་ནི་དམིགས་པ་གཉིས་པ་དང༌། ཡང་རང་ གི་སྙིང་གའི་ཐད་དུ་ས་གཞིའི་དབུས་སུ་མཚོ་ཤིན་ཏུ་དྭངས་པ་མེ་རེ་བ་ལ་ཆུ་གཉེར་ཤིག་ཤིག་ འདུག་པ་ལ་སེམས་འཛིན་ཅིང༌། སླར་འཕྲོ་བཅད་ཀྱིན་སྒོམ་པ་ནི་དམིགས་པ་གསུམ་པ་དང༌། ཡང་རང་ཉིད་ཀྱི་སྤྱི་བོའི་སྟེང་ནས་ནམ་མཁའ་དེའི་ཡང་སྟེང་ན་རྒྱལ་ཆེན་རིགས་བཞི། དེའི་ སྟེང་ན་སུམ་ཅུ་རྩ་གསུམ། དེའི་སྟེང་ན་གཟུགས་ཁམས། དེའི་སྟེང་ན་གཟུགས་མེད་ཁམས་ དེའི་སྟེང་ན་འཇིག་རྟེན་གྱི་ཁམས་གཞན་ཞིག་གི་རླུང་གི་དཀྱིལ་འཁོར་ནས། གཟུགས་མེད་ ཁམས་ཀྱི་བར་དང༌། དེའི་སྟེང་ན་ཡང་འཇིག་རྟེན་གྱི་ཁམས་གཞན་ཞིག་གི་རླུང་གི་དཀྱིལ་ འཁོར་ནས་དེའི་གཟུགས་མེད་ཁམས་ཀྱི་བར་ལ་སེམས་གཏོད་པ་སོགས་མང་པོ་ཞིག་སོང་ བ་ན། དེ་བཞིན་གཤེགས་པ་ཚེ་དཔག་མེད་བཞུགས་པར་བསམ་ལ། དེ་ལ་ཤེས་པ་བསྟད་ ཅིང༌། སླར་འཕྲོ་བཅད་ཀྱིན་ཡང་ཡང་སྒོམ་པ་ནི་དམིགས་པ་བཞི་པ་དང༌། ཡང་རང་གི་འོག་ ཕྱོགས་ན་སའི་དཀྱིལ་འཁོར་དང༌། དམྱལ་བའི་གནས་རྣམས་རིམ་པ་བཞིན་དང༌། ཆུའི་ དཀྱིལ་འཁོར་དང༌། དེའི་འོག་ན་རླུང་གི་དཀྱིལ་འཁོར་དང༌། དེའི་འོག་ན་འཇིག་རྟེན་གྱི་ ཁམས་གཞན་ཞིག་གི་གཟུགས་མེད་ཁམས་ནས་རླུང་གི་དཀྱིལ་འཁོར་གྱི་བར་དང༌། དེའི་ ཡང་འོག་ན་འཇིག་རྟེན་གྱི་ཁམས་གཞན་ཞིག་གི་གཟུགས་མེད་ཁམས་ནས། རླུང་གི་དཀྱིལ་ འཁོར་གྱི་བར་ལ་ཤེས་པ་གཏོད་པ་སོགས་མང་པོ་ཞིག་སོང་བ་ན། དེ་བཞིན་གཤེགས་པ་ 2-1-469 ཐལ་བའི་དབང་པོ་བཞུགས་པར་བསམས་ལ་དེ་ལ་སེམས་ཅུང་ཟད་ཅིག་བསྟད་ལ། སླར་ འཕྲོ་བཅད་ཀྱིན་སྒོམ་པ་ནི་དམིགས་པ་ལྔ་པ་དང༌། ཡང་ཡིད་ཀྱི་ཕོ་ཉ་གཏོང་བ་བྱ་བ། རང་ ཉིད་འདི་ཉིད་ན་ཡོད་པར་བསམ་པའི་རང་གཉིས་པ་ཞིག་ཕར་འགྲོ་བར་བསམ། རྒྱང་ཙམ་ དུ་སླེབས་པ་ན། དེས་ཚུར་བལྟ་ཞིང༌། འདི་ནས་ཀྱང་ཕར་བལྟས་པར་བསམས་ལ། དེ་ཉིད་ རིམ་པས་རི་བརྒལ་ཏེ། ཐག་རིང་པོར་ཕྱིན་པ་ན། ཡང་འདི་ནས་ཕར་བལྟ་བ་དང༌། ཕར་ ནས་ཚུར་བལྟ་བར་བསམ་པ་ནི་དམིགས་པ་དྲུག་པ་དང༌། ཡང་རང་ཉིད་ཀྱི་འོག་ཕྱོགས་ལྟ་བུ་ ཞིག་ཏུ་མཚོ་ཆུང་ངུ་ཞིག་སྒོམ། དེ་རིམ་པས་ཇེ་ཆེ་དང༌། དཔངས་ཇེ་མཐོ་ལ་སོང་ནས། མཐར་ རང་གི་སྟེང་དང་ཕྱོགས་ཐམས་ཅད་ཆུས་བསྐོར་པའི་དབུས་ན་རང་ཉིད་འདུག་པར་བསམས་ པ་ནི་དམིགས་པ་བདུན་པ་དང༌། ཡང་རང་གི་མདུན་ལྟ་བུ་ཕྱོགས་གང་ཡང་རུང་བ་ཞིག་ཏུ་ དམིགས་རྟེན་གྱི་མར་མེ་ཞིག་བཞག །དེ་ལ་སྐབས་སྐབས་སུ་ཅུང་ཟད་བལྟ་ཞིང༌། གཞན་ ཡིད་ཀྱིས་མར་མེ་གཡོ་བ་མེད་པ་ཞིག་སྒོམ་སྟེ། །དེ་ལ་སེམས་འཛིན་པ་ནི་དམིགས་པ་བརྒྱད་ པ་དང༌། ཡང་རང་གི་གསང་གནས་སུ་མར་མེ་དགུ་རབ་ཏུ་གཡོ་བ་ལ་སེམས་འཛིན་པ་ནི་དགུ་ པ་དང༌། ཡང་རང་ཉིད་ཡུལ་གང་ལ་སེམས་འཕྲོ་བར་གྱུར་པའི་དངོས་པོ་ཞིག་ལ་ཡིད་བསྟད་ དེ་འཇོག །གཞན་ལ་སེམས་འཕྲོ་ན་དེ་ལ་འཕྲོ་བ་བཅད་དེ། སླར་དམིགས་རྟེན་སྔ་མ་དེ་ཀ་ལ་ སེམས་འཇོག་པ་ནི་བཅུ་པ་དང༌། ཡང་རང་གི་གང་ཡིད་དུ་འོང་བའི་དངོས་པོ་ཞིག་ལ་སེམས་ འཛིན། རྣམ་རྟོག་གཞན་འཕྲོ་ན། སླར་རང་གི་གང་ཡིད་དུ་འོང་བའི་དངོས་པོ་དེ་ཀ་ལ་སེམས་ འཇོག་པ་ནི་དམིགས་པ་བཅུ་གཅིག་པ་དང༌། ཡང་ལུས་གནད་རྐང་པ་མདུན་དུ་གཤིབས། རྒྱུ་ མོ་ཁུང་གཉིས་ནས་ལག་པ་གཡས་གཡོན་གཉིས་ཀྱིས་བཟུངས། དེའི་ཐད་ཀྱི་རྐང་མཐིལ་དུ་ འོད་ཟེར་འཕྲོ་བ་ལ་སེམས་འཛིན་པའམ། ཡང་ན་ཤིང་རིལ་མོ་སྦོམ་ཕྲ་འཚམས་པ་ཞིག་རྐང་ པའི་རྒྱུ་མོ་ཁུང་དུ་བཅུག །རྐང་སོར་གཡས་གཡོན་ལག་པས་བཟུངས་ལ། ཤིང་གིས་རེག་ 2-1-470 པའི་རེག་བྱ་ཡོད་པ་དེར་སེམས་གཏོད་པ་ནི། གདན་ཁྲི་ལ་སེམས་འཛིན་པ་སྟེ་དམིགས་པ་ བཅུ་གཉིས་པ་དང༌། ཡང་ཤོག་བུའམ། རས་ལྟ་བུ་ཞིག་ལ་གཞི་སྔོན་པོ་དེའི་དབུས་སུ་ལྗོན་ ཤིང་ངམ་རི་ལྟ་བུ་ཞིག་བྲིས། དེའི་རྩ་བར་མིའི་གཟུགས་བརྙན་ཞིག་བྲིས་ལ། དེ་མདུན་དུ་ དམིགས་རྟེན་དུ་བཞག་ལ་གཞི་སྔོན་པོ། ནེའུ་གསིང་དང་དེའི་དབུས་སུ་རིའམ་ལྗོན་ཤིང་གང་ རུང་ཞིག་ལ་རང་ཉིད་སྐོར་བ་བྱེད་པ་ནི་དམིགས་པ་བཅུ་གསུམ་པ་དང༌། ཡང་རང་གི་སྤྱི་བོར་ ཤིང་ལྟ་བུ་ཞིག་བཙུགས་ལ། དེའི་རེག་བྱ་ཡོད་པར་ནོར་བུ་འོད་འཕྲོ་བ་ཞིག་ལ་སེམས་འཛིན་ པ་ནི། གཙུག་གི་ནོར་བུ་ལ་སེམས་འཛིན་པ་སྟེ་དམིགས་པ་བཅུ་བཞི་པ་དང༌། སྤྱི་བོར་ཤིང་ བུ་འཇོག་པ་མི་བདེ་ན། ལག་པ་གཉིས་ཐལ་མོ་སྦྱར་བ་སྤྱི་བོར་བཞག་པ་ནི་དམིགས་པ་བཅོ་ ལྔ་པ་དང༌། ཡང་ལག་པ་གཉིས་ཁུ་ཚུར་བརླ་སྟེང་དུ་བཞག་རོ་སྟོད་དང་ལྟག་པ་བགྱེད་བྱས་ ལ། གདོང་གྱེན་དུ་ཕྱོགས་པས་མིག་བར་སྣང་ལ་བལྟ། ལུས་ཀྱི་དབུས་སུ་འོད་ཀྱི་གོང་བུ་ཁ་ དོག་ཇི་ལྟར་བདེ་བ་ཞིག་སྒོམ་ལ། དེ་ལུས་ཀྱི་དབུས་ནས་ཡར་སོང༌། སྤྱི་བོ་ནས་འཐོན། ནམ་ མཁའ་མཐོན་པོར་ཡལ་བར་སྒོམས་པ་ནི་དམིགས་པ་བཅུ་དྲུག་པའོ། ། གེགས་སེལ་གྱི་མན་ངག་ལ༌། རྩ་དང་རླུང་དང་ཐིག་ལེ་ལ་བརྟེན་པའི་གེགས་གང་ཡིན་ ངོས་ཟིན་པར་བྱས་ལ། གྲང་བའི་ནད་རྣམས་ལྟེ་བའི་འཁོར་ལོའི་བྱེད་པ་ལ་བརྟེན་ནས་འབྱུང་ བའི་དབང་དུ་མཛད་དེ། ཐོག་མར་བར་རླུང་བཟུང་བཞིན་པའི་ངང་ནས་རླུང་རོ་བསལ། སྟེང་ རླུང་རྔུབ་ཅིང་འོག་རླུང་འཐེན་ལ་རླུང་གཉིས་ཁ་སྦྱོར་དུ་བཟུང༌། ལྟོ་བ་གཡས་གཡོན་དུ་ལན་ གསུམ་གསུམ་བསྐོར་བ་དང༌། སྟེང་དུ་འཐེན་པ་དང༌། འོག་ཏུ་གནོན་པ་དང༌། ལྟོ་བ་ཚིགས་ པ་ལ་གཅེར་ཏེ་རྒྱབ་ངོས་སུ་འཐེན་པ་དང༌། ལྟོ་བ་ཕྱིར་བསྐྱེད་པ་རྣམས་བྱས་ལ། རླུང་ཕྱིར་ འབུད་པའི་ཚེ་གྲང་བའི་ནད་སོགས་མི་བདེ་བ་གང་ཡིན་པ་དེ། འོད་ཟེར་འཇའ་ཚོན་གྱི་རྣམ་ པས་སྣ་སྒོ་དང༌། འོག་སྒོ་གཉིས་ནས་ཀྱང་བུན་བུན་འཐོན་པར་བསམ་མོ། །རླུང་ཕྱི་རོལ་ 2-1-471 དུ་འཛིན་པའི་ངང་ནས། ཁོག་ནང་སྟོང་པའི་ཤུགས་གཡས་གཡོན་དུ་བསྐོར་བ་དང༌། སྟེང་ འོག་ཏུ་འཐེན་གནོན་བྱེད་པ་དང༌། རྒྱབ་མདུན་དུ་བཅོལ་བ་རྣམས་བྱེད་དོ། །ཁྲག་སོགས་ཚ་ པའི་ནད་རྣམས་ལུས་ཀྱི་སྟོད་དུ་འབྱུང་བའི། དེ་སེལ་བ་ལ་སྔར་བར་རླུང་བཟུང་བ་དེ་རྗེས་ རྔུབ་སྟེ་ཁ་སྦྱོར་དུ་བཟུང༌། དེ་ཉིད་ཕོ་སྟོད་དུ་དྲངས་ལ་ཕོ་སྟོད་དང་རོ་སྟོད་གཡས་གཡོན་དུ་ བསྐོར་པ་དང༌། སྟེང་འོག་ཏུ་འཐེན་གནོན་དང༌། རྒྱབ་མདུན་དུ་བཅོལ་བ་རྣམས་བྱས་ལ། རླུང་ཕྱིར་གཏོང་བའི་ཚེ་སྣ་བུག་དང་འོག་སྒོ་གཉིས་ནས་ནད་འཇའ་ཚོན་གྱི་རྣམ་པས་འཐོན་ པར་བསམས། རླུང་ཕྱིར་བཟུང་ལ་སྐོར་བ་སོགས་བྱེད་དོ། །རླུང་གི་ནད་ནི་མགོ་དང་ཚིགས་ རྣམས་ལ་བརྟེན་ནས་འབྱུང་བས། དེ་སེལ་བ་ཡང༌། བར་རླུང་བཟུང་ལ། དེ་རྗེས་རླུང་རྔུབ་ སྟེ་སྟེང་འོག་གི་རླུང་ཁ་སྦྱོར་དུ་བཟུང་ལ། དེ་ཉིད་སྟོད་ཀྱི་ཆར་འཐེན་བྱས་ཏེ། མགོ་གཡས་ གཡོན་དུ་བསྐོར་བ་དང༌། སྟེང་འོག་ཏུ་འཐེན་གནོན་དང་མདུན་རྒྱབ་ཏུ་བཅོལ་བ་རྣམས་བྱེད་ པ་དང༌། ལག་པ་སྐོར་ལ་བརྐྱང་བསྐུམ་བྱེད་ཅིང་སྤྲུག་པ་དང༌། རྐང་པ་ཡང་བརྐྱང་བསྐུམ་ བྱེད་ཅིང་སྤྲུག་པ། རླུང་གཏོང་བའི་ཚེ། ནད་རྣམས་དབང་པོའི་སྒོ་རྣམས་དང༌། མགྲིན་པ་ཡན་ གྱི་བ་སྤུའི་བུ་ག་རྣམས་དང༌། རྐང་ལག་གི་སེན་མོའི་ཧྲག་རྣམས་ནས་བུན་བུན་འཐོན་པར་ བསམས། རླུང་ཕྱི་རོལ་དུ་བཟུང་བཞིན་པས་མགོ་བོ་བསྐོར་བ་སོགས་བྱའོ། ། ༈ རླུང་རེངས་བཅུའི་གེགས་སེལ་ནི། བུམ་པ་ཅན་ལ་སོགས་པའི་རླུང་གི་སྦྱོར་བ་སྒོམ་ པས་གེགས་བྱུང་བའམ། དེ་ལྟ་མིན་ཡང་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པའི་རྫོགས་རིམ་ གང་རུང་སྒོམ་པས་རླུང་འདུ་བར་འགྱུར་ཞིང༌། དེ་ལ་བརྟེན་ནས་གེགས་བྱུང་ན་གེགས་སེལ་ གྱི་མན་ངག་འདི་རྣམས་སྒོམ་དགོས་པ་ཡིན་ནོ། །དེ་ཡང་སྲོག་རླུང་ལ་སྐྱོན་ཞུགས་ཏེ་རོ་སྟོད་ གཟེར་བ་དང༌། སྙིང་མི་དགའ་བ་དང༌། ཤེས་པ་འཕྱོ་བ་ལ་སོགས་པ་བྱུང་ན། རྡོ་རྗེ་ནོར་ བུའི་རྩེ་མོར་སེམས་དྲག་ཏུ་བསྟད་ལ། སྔར་བུམ་པ་ཅན་ལ་སོགས་པ་གོམས་པ་ཞིག་ཡིན་ན། 2-1-472 ཐུར་སེལ་འཐེན་འཐེན་བྱེད་པ་ཡིན་ཞིང༌། དེ་ལྟར་མིན་ན་སྟེང་རླུང་གསང་གནས་སུ་མནན་ ལ། རླུང་རྣམས་རྡོ་རྗེ་ནོར་བུར་ཡལ་བར་བསམ་པ་ཡང་ཡང་སྒོམ་པས་སེལ་ལོ། །རོ་སྟོད་ ལ་ཆུ་ཚན་སོགས་ཆུ་དྲོན་མོས་བྲན་པས་ཀྱང་ཕན་པར་འགྱུར་རོ། །མེ་མཉམ་ལ་སྐྱོན་ཞུགས་ ན་ཕོ་བ་སྦོ་འཁྲོག་དང་སྒྲགས་སྐྱུགས་སོགས་འབྱུང་བས། དེ་ལ་སེམས་མགྲིན་པར་བསྟད་ ལ། བར་རླུང་བཟུང་ཞིང༌། ལྟོ་བའི་སྨད་བར་རླུང་ཡོད་པར་བསྐོར་བ་དང༌། ཕོ་སྟོད་བསྐོར་ བར་བྱས་པས་སེལ་ལོ། །འདི་ལ་ལྟོ་བ་ལ་ཐོག་མར་ཆང་གིས་བྱུག་པ་བྱས་ལ། དེ་ནས་བྱེ་མ་ བསྲེགས་པ་ལྟ་བུ་གང་ཡང་རུང་བས་གྲང་དུག་བྱས་པས་ཀྱང་ཕན་པར་འགྱུར་རོ། །ཐུར་སེལ་ ལ་སྐྱོན་ཞུགས་ཏེ་ཆུ་ལམ་དང༌། བཤང་ལམ་དུ་ན་ཚ་སྐྱེ་བ་དང༌། བཤང་གཅི་སྡོམ་པ་དང༌། བཤང་གཅི་མི་ཐུབ་པ་སོགས་བྱུང་ན། སེམས་སྤྱི་བོར་བསྟད་ལ། བཤང་ལམ་དང༌། ཆུ་ལམ་ གྱི་བར་དང༌། ཚང་ར་ལ་སོགས་པར་ཁུ་ཚུར་བརྡེག་ཅིང་ཕུར་མཉེ་བྱས་པས་སེལ་ལོ། །གྱེན་ རྒྱུའི་རླུང་རེངས་ན། མགྲིན་པ་འགགས་པ་དང༌། ནང་དུ་ཤ་སྐྱེ་བ་དང༌། གྲེ་བ་ཚ་བ་ལ་སོགས་ པ་དང༌། སྣ་བུག་ཚ་བ་སོགས་འབྱུང་ཞིང༌། དེ་སེལ་བ་ལ་རླུང་དྲག་ཏུ་རྔུབ་ལ། རླུང་བཟུང་ཞིང་ མགོ་བསྐོར་བར་བྱ། དྲག་ཏུ་རླུང་བུས་ལ་ཡང་མགོ་བསྐོར་རོ། །འདི་ལ་མགྲིན་པའི་བུམ་ཅན་ ལྟ་བུ་དང་བསྒྲགས་ཏེ་མགོ་བསྐོར་བར་བྱས་ན། གེགས་སེལ་མཆོག་ཏུ་འགྲོའོ། །ཁྱབ་བྱེད་ ཀྱི་རླུང་རེངས་ན་ལུས་ཐམས་ཅད་ན་བའམ། སྦྲིད་པའམ། ལུས་ཁོལ་བུ་ཁོལ་བུར་ཚ་ཙག་པ་ ལ་སོགས་པ་འབྱུང་བས། དེ་སེལ་བ་ལ། ཡན་ལག་ཐམས་ཅད་སྤྲུག་ཅིང༌། ལུས་འདར་ཕྲུག་ ཕྲུག་བྱའོ། ། འདི་ལ་རྗེས་ཀྱི་ཁྱད་པར་སྣུམ་དང་གཡེར་མ་བསྲེས་པས་ལུས་ལ་བྱུག་པ་དང༌། འཁྲུལ་ འཁོར་གྱི་ཁྱད་པར་ཀ་པཱ་ལ་ཨ་ས་ན་བྱ་བ། སྤྱི་བོ་ས་ལ་བཙུགས༌། རྐང་པ་གཉིས་གནམ་དུ་ བསྟན་པའི་ལུས་སྦྱོང་བྱས་པས་ཀྱང་སེལ་བར་འགྱུར་རོ། །ཡན་ལག་གི་རླུང་ལྔ་རེངས་པ་ 2-1-473 སེལ་བ་ལ། མིག་ཏུ་རྒྱུ་བའི་རླུང་རེངས་ཏེ་མིག་ཚ་བ་དང་མི་གསལ་བར་འགྲོ་བ་ལ་སོགས་ པ་བྱུང་ན། ལྟོ་བ་ཕྱིར་སྐྱེད་པའི་བུམ་པ་ཅན་བཟུངས་ལ་ཤུགས་དང་ལྡན་པའི་མིག་དྲག་ཏུ་ གཡས་གཡོན་ཏུ་སྐོར་བ་དང༌། ཡས་མར་དུ་ལྟ་བ་རྣམས་བྱས་ལ། མཐར་རླུང་འབུད་ཅིང་ ལུས་དྲག་ཏུ་སྤྲུག་གོ ། འདི་ལ་རྫས་ཀྱི་ཁྱད་པར་ཚ་བ་ལ་བརྟེན་ཏེ་མིག་ན་ན་གུར་གུམ་སོགས་འདེབས་པ་དང༌། གྲང་བ་ལ་བརྟེན་ན་སྐྱེར་པའི་ཁན་ད་སོགས་བྱུག་ཅིང༌། སྔ་དྲོ་སོ་བརྡར་བ་བྱུགས་པས་ཀྱང་ ཕན་པར་འགྱུར་རོ། །རྣ་བར་རྒྱུ་བའི་རླུང་རེངས་ན། རྣ་བ་འུར་བ་དང་ན་ཟུག་སྐྱེ་བ་ལ་སོགས་ པ་འབྱུང་བས། དེ་སེལ་བ་ལ། རླུང་དྲག་ཏུ་རྔུབས་ལ་ལྟོ་བ་བསྐྱེད་པས་བུམ་པ་ཅན་བཟུང་ ལ། རྣ་བ་མི་བདེ་བའི་ཕྱོགས་དེ་བཀག་ཅིང༌། མཐར་དྲག་ཏུ་འབུད་པའི་ཚེ། རླུང་རྣམས་རྣ་ བ་མིན་པའི་ཕྱོགས་ནས་འཐོན་པར་བསམས་ལ། ལུས་ཐམས་ཅད་དྲག་ཏུ་སྤྲུག་གོ །འདི་ལ་ རྫས་ཀྱི་ཁྱད་པར་དྲི་ཆུ་དྲོན་མོས་རྣ་བ་བཀང་སྟེ། མཐར་ཕྱིར་འཕོའོ། །ཡང་དག་པར་རྒྱུ་བའི་ རླུང་རེངས་ན། སྣ་བུག་གི་ལམ་ཚ་བ་སོགས་མི་བདེ་བ་འབྱུང་བས། དེ་སེལ་བ་ལ་རླུང་དྲག་ཏུ་ རྔུབས་ལ་ལྟོ་བ་ཕྱིར་བསྐྱེད་པས་བུམ་ཅན་བཟུང་ལ་ལག་པ་གཡས་གཡོན་རེ་མོས་ཀྱིས་སྣའི་ རྩེ་ནས་བཟུང་སྟེ་མཉེ་བ་དང༌། བྱ་གཤོག་གཡས་གཡོན་ནས་དུས་གཅིག་ཏུ་ལག་པ་གཡས་ གཡོན་གྱིས་བཟུང་ལ་མཉེ་ཞིང༌། མཐར་དྲག་ཏུ་འབུད་ཅིང་ལུས་ཐམས་ཅད་སྤྲུག་གོ ། རབ་ཏུ་རྒྱུ་བའི་རླུང་རེངས་ན། ལྕེ་མི་བདེ་བ་དང༌། སྦྲིད་པ་དང༌། ཐོར་བ་སྐྱེ་བ་སོགས་ འབྱུང་བས། དེ་སེལ་བ་ལ། རླུང་དྲག་ཏུ་རྔུབས་ལ། ལྟོ་བ་ཕྱིར་བསྐྱེད་པའི་བུམ་པ་ཅན་བཟུང་ ལ། ལྕེ་བརྐྱངས་ཤིང་བསྒྲིལ་ལ་རྐན་ལ་སྦྱོར་བ་ཅི་ཐུབ་བྱ་བ་ལན་མང་དུ་བྱས་པའི་མཐར་ རླུང་དྲག་ཏུ་འབུད་ཅིང་ལུས་ཐམས་ཅད་སྤྲུག་གོ ། ངེས་པར་རྒྱུ་བའི་རླུང་རེངས་ན། ལུས་ཐམས་ཅད་ན་བ་དང༌། སྦྲིད་པའམ། ལུས་ཁོལ་ 2-1-474 བུར་ན་བ་སོགས་འབྱུང་བས། དེ་སེལ་བ་ལ། རླུང་དྲག་ཏུ་རྔུབ་ལ། ལྟོ་བ་ཕྱིར་བསྐྱེད་པས་ བུམ་པ་ཅན་བཟུང་ལ། ལག་པ་གཉིས་ཀྱི་སོར་མོ་གཅན་གཟན་གྱི་སྡེར་མོ་ལྟར་བསྐུམ་ལ། ཉྭ་བཞི་བསྒྲིམས་པས་སྤྲུག་པ་དང༌། རྐང་པའི་སོར་མོ་ཡང་བསྐུམ་ལ། ཉྭ་བཞི་བསྒྲིམས་པས་ སྤྲུག་པ་དང༌། ཁ་བསྒྲད་པས་ཉྭ་བཞི་བསྒྲིམས་ལ་མགོ་སྤྲུག་པ་དང༌། རོ་སྟོད་གཅུ་བ་དང༌། རྒྱ་ མཚོ་བསྐྱོད་པ་སོགས་བྱས་ལ་མཐར་རླུང་དྲག་ཏུ་འབུད་ཅིང་ལུས་ཐམས་ཅད་སྤྲུག་གོ ། ཚ་བའི་ནད་སེལ་བ་ལ། རང་གི་སྤྱི་བོར་ཧཾ་ཡིག་དཀར་པོ་མགོ་བོ་ཐུར་དུ་བསྟན་པ། འོད་ ཟེར་དཀར་པོ་ཤིན་ཏུ་བསིལ་བ་འཕྲོ་བ་ལས། བདུད་རྩི་རེག་བྱ་ཤིན་ཏུ་བསིལ་བ་བབས་ ཏེ། འོད་ཟེར་དང་བདུད་རྩིས་ལུས་ཀྱི་ནང་གྲང་བསིལ་བསིལ་གྱུར་པ་ལ་སེམས་བསྟད་པས་ སེལ་ལོ། ། གྲང་བའི་ནད་སེལ་བ་ལ། རང་གི་ལྟེ་བའམ་གསང་གནས་སུ་ཨ་ཡིག་དམར་པོ་ཤིན་ཏུ་ ཚ་བའི་རང་བཞིན་ཅན་ལས་འོད་ཟེར་དམར་པོ་རེག་བྱ་ཤིན་ཏུ་ཚ་བ་འཕྲོས་ཏེ། དེས་ལུས་ཀྱི་ ནང་ཐམས་ཅད་གང་བས་ཚ་འུར་ཏེ་གྱུར་པར་བསམས་པས་སེལ་ལོ། ། འདུས་པའི་ནད་རྣམས་ཀྱིས་ལུས་ལྕི་བར་གྱུར་ན། གསང་གནས་སུ་ཡཾ་ཡིག་ཤིན་དུ་གཡོ་ བའི་རང་བཞིན་ཅན་བསྒོམས་ལ། དེ་ལས་འོད་ཟེར་འཕྲོས་པས། ལུས་ཀྱི་པགས་པ་ཤ་ཁྲག་ རུས་པ་རྣམས་བརྗིད་མེད་པ་དུ་བ་འདྲ་བ་ཞིག་ཏུ་གྱུར་པ། ཡཾ་ལས་འཕྲོས་པའི་རླུང་གིས་ཡལ་ ཡལ་གྱེན་དུ་འདེགས་པར་བསམས་པས་སེལ་ལོ། ། གཞན་ཡང་རླུང་རེངས་པ་སྟེ། རྩ་གནས་སུ་འགག་པའི་གེགས་སེལ་སྤྱི་ཁྱབ་ནི། རང་གི་ ལུས་ཀྱི་གནས་ཐམས་ཅད་ནས་རླུང་རྣམས་འོད་ཟེར་གྱི་རྣམ་པ་རྟ་རྔ་ལྟ་བུ་རྐང་དང་བཅས་པ་ བྱུང་སྟེ། བཤང་སྒོ་ནས་འཐོན་པ་འོག་ཐག་རིང་པོར་སོང་སྟེ། མཐར་ཡལ་བར་བསམ། འདི་ ལ་འཁྲུལ་འཁོར་ཡང་ལངས་ཏེ་རྐང་པ་གཉིས་དྲག་ཏུ་བསྒྲད་པ་དང༌། བཤང་སྒོ་ཕྱིར་ཕུལ་ 2-1-475 ཞིང་ལྷོད་པས་ཀྱང་སེལ་ལོ། ། ཡང་རླུང་རྩ་གནས་རྣམས་སུ་འཁྱིལ་བའི་གེགས་ནི། རླུང་རེངས་པ་ལས་གེགས་དང་མི་ བདེ་བའི་རྣམ་པ་ཆ་ཕྲ་བར་འབྱུང་བ་སྟེ། དེ་སེལ་བ་ལ། རླུང་རྣམས་འོད་ཟེར་གྱི་རྣམ་པས་ ལུས་ཀྱི་ནང་ནས་ཡར་བྱུང་སྟེ། སྦྱི་བོ་ནས་འཐོན། བར་སྣང་ཐག་རིང་པོར་ཡལ་བར་བསམ་ ཞིང༌། ཧཱ་རིང་དང་ཧ་ཐུང་ཡང་འདོན་ནོ། ། གཞན་ཡང་ཟུག་གཟེར་ལུས་ཀྱི་དབུས་སམ་སྟེང་འོག་ཏུ་འབྱུང་བའམ། སྟོད་ཀྱི་ཆར་ རྒྱབ་མདུན་དུ་གཟེར་བ་ལྟ་བུ་བྱུང་ན། རྡོ་རྗེ་རྒྱ་གྲམ་གྱིས་སྟེང་འོག་ཏུ་གཟིར་བ་ལ་སྟེང་ནས་ མནན་པར་བསམ་ཞིང༌། མདུན་རྒྱབ་ཏུ་གཟེར་ན། རྡོ་རྗེ་རྒྱ་གྲམ་གྱིས་ནང་ནས་མདུན་ཕྱོགས་ སུ་མནན་པར་བསམ་མོ། །འཁོར་ལོ་བསྐོར་བ་ནི། རོ་སྟོད་དང་ལྟོ་བ་དང་རྒྱུ་ཞབས་རྣམས་ན་ ཞིང་མི་བདེ་བར་གྱུར་ན་ཐད་དེ་དང་དེར་འཁོར་ལོ་རྩེ་མོ་ཤིན་ཏུ་རྣོ་བ། ཁ་དོག་ཇི་ལྟར་རིགས་ པ་ཞིག་སྒོམ་ལ། དེ་དྲག་ཏུ་འཁོར་བས་ཇེ་ཆེར་གྱུར་ཏེ། རྩིབས་རྣམས་ཀྱིས་ཡོངས་སུ་བཅད་ པས་ལུས་ཀྱི་ཕྱི་ན་མར་ཐོན་པས། ལུས་ཉིད་སྨད་ཧར་གྱིས་བཅད་པར་བསམས། འདི་ལ་ རླུང་སྦྱོར་བུམ་ཅན་ཉིད་གང་ན་སར་སྡིགས་པར་བྱེད་པའོ། ། སྲད་བུ་ལ་བརྟེན་པ་ནི། རང་གང་ན་སར་སྲད་བུ་གྲུ་གུ་ལྟ་བུ་ཞིག་ཡོད་པ་དེ་ནར་གྱིས་ ཕར་སོང༌། ལུས་ཀྱི་ན་སར་བུ་ག་བྱུང་སྟེ་དེ་ནས་སོང་བ་སྣེ་གཅིག་ལུས་ནང་ན་ཐོག་མར་ཡོད་ པ་དེ། སླར་གྲུ་གུ་འགྲིལ་བ་ལྟར་ཕར་ཧྲིལ་ཏེ་འགྲིལ་བར་བསམ། དེ་ལྟ་བུ་ཡང་ཡང་སྒོམ་ ཞིང༌། རླུང་སྦྱོར་ནི་བུ་ག་ནས་སྲད་བུ་ཕར་འགྲོ་བའི་ཚེ། རླུང་ཁ་སྣ་གཉིས་ཀར་ནས་དྲག་ཏུ་ འབུད་དོ། ། བུ་ག་མང་པོའི་སྦྱོར་བ་ནི། ལུས་ཐམས་ཅད་ཚགས་སེ་ལྟར་ཁྲོལ་ཚགས་སུ་འདུག་པ་ལ། འབེབས་ཆུང་དང་བཅས་ཧ་བཏོན་པས་རླུང་རྣམས་དུ་བའི་རྣམ་པས་བུ་ག་ནས་བུན་བུན་ཐོན་ 2-1-476 པར་བསམ་མོ། །འཁོར་ལོ་མེད་པ་ནི། རང་གི་གསང་གནས་ཡན་ཆད་དང༌། མགྲིན་པ་མན་ ཆད་ཀྱི་ལུས་སྦུག་དོང་ལྟ་བུ་སྟོད་སྨད་ཟང་ཐལ་དུ་ཡོད་པ། དཔངས་མཐོ་བ་ཞིག་སྒོམ། ཤེས་ པ་བྱིང་བ་དང༌། ཐུར་སེལ་ལ་སྐྱོན་ཞུགས་པའི་ནད་དང༌། ཆུ་སེར་དང༌། གྲང་བ་སོགས་ཀྱིས་ སྐེད་པ་མན་ཆད་ན་ན། འོག་ནས་རླུང་གི་ཚོགས་དཔག་ཏུ་མེད་པ་རང་ལུས་སྦུག་དོང་ལྟ་བུའི་ ནང་ནས་ཡར་ཤོང་ཚད་དུ་སོང༌། སྟེང་གི་བུ་ག་ནས་ཐོན། བར་སྣང་ཐག་རིང་པོར་ཡལ་བར་ བསམ་ཞིང༌། རླུང་ཁ་སྣ་གཉིས་ཀ་ནས་དྲག་ཏུ་བུས་ལ་ལག་པ་དྲག་ཏུ་སྤྲུག་གོ ། ཡང་རྒོད་པ་ཤས་ཆེ་བ་དང༌། ལྟེ་བ་ཡན་ཆད་ན་ན། སྟེང་ཕྱོགས་ཀྱི་ནམ་མཁའ་ནས་རླུང་ གི་ཚོགས་དཔག་ཏུ་མེད་པ་བྱུང༌། རང་ལུས་སྦུག་དོང་ལྟ་བུའི་ནང་ན་མར་ཞུགས་ཏེ་སོང༌། ས་ འོག་ཐག་རིང་པོར་ཡལ་བར་བསམས། རླུང་ཁ་སྣ་གཉིས་ཀ་ནས་རྔུབས་ལ། བསྡད་ཡོད་ན་ འབེབས་ཆུང་བྱ་བའམ། ལངས་ན་རྐང་པ་གཉིས་རེ་མོས་ཀྱིས་དྲག་ཏུ་སྤྲུག་གོ ། ལུས་རབ་ཏུ་ཞུ་བའི་སྦྱོར་བ་ནི། རང་གི་མདུན་དུ་ཐོག་མར་མཚོ་ཆུང་མར་ཁུའམ་ཆུ་དྲོན་ ལྟ་བུས་གང་བ་ཞིག་བསམས་ལ། དེ་ཇེ་ཆེར་གྱུར་པའི་ནང་དུ་རང་གི་ལུས་ཀྱང་རིམ་པར་ནུབ་ སྟེ། སྤྱི་བོ་མན་ཆད་དེའི་ནང་དུ་ནུབ་ཅིང་བྱིང་བ་ན། རང་གི་ལུས་ཡོངས་སུ་ཞུ་སྟེ་དེ་དང་འདྲེས་ པར་བསམས། འདིས་ནི་སེམས་མི་གནས་པར་རྣམ་རྟོག་དྲག་ཏུ་འཕྲོ་བའི་གེགས་སེལ་ལོ། ། བོགས་འདོན་གྱི་དམིགས་པ་ནི། མཉམ་བཞག་ཏུ་རྟོག་མེད་རྣམ་པར་མི་རྟོག་པ་སྒོམ་ པར་བྱེད་པ་ཞིག་ཡིན་ན། འགྲོ་འཆག་ཉལ་འདུག་སོགས་ཐུན་མཚམས་རྣམས་སུ་ཡང་དྲན་ པའི་རྟེན་དངོས་པོ་ཇི་ལྟར་རིགས་པ་ཞིག་བཞག་ལ། དེ་ཡང་ཡང་མཐོང་བའི་རྐྱེན་གྱིས་ བསྐུལ་ཏེ། མི་རྟོག་པ་ཡང་ཡང་དྲན་པར་བྱས་ཏེ་བསྒོམས་པས་ཀྱང་མཉམ་བཞག་ལ་བོགས་ ཐོན་པར་འགྱུར་རོ། །ཡང་མཉམ་བཞག་ཏུ་གཏུམ་མོ་ལྟ་བུ་རྟོག་བཅས་ཀྱི་རྣལ་འབྱོར་སྒོམ་ པར་བྱེད་པ་ཞིག་ཡིན་ན། ཐུན་མཚམས་རྣམས་སུ་དཔེར་ན་ཟས་ཟ་བའི་ཚེ། ཟས་ཀྱི་དབུས་ 2-1-477 སུ་གཏུམ་མོ་ཨཾ་ཡིག་སྒོམ་པར་བྱེད་པ་དང༌། གཞན་ཡང་གཏམ་སྨྲ་བའི་ཚེ། དེའི་ཁ་ནང་དུ་ གཏུམ་མོ་ཨཾ་ཡིག་སྒོམ་པར་བྱེད་པ་སོགས་ལ་བསླབས་པས་ཀྱང་བོགས་ཐོན་པར་འགྱུར་རོ། ། གཞན་བླ་མ་ཡི་དམ་རང་གང་མོས་ཞིག་བར་སྣང་ཐག་རིང་པོར་བཞུགས་པར་བསམས་ ལ། རང་ཉིད་ལྗོན་ཤིང་ལྟ་བུ་ཞིག་ལ་འཛེགས་ཏེ་ཡར་ཕྱིན་ཞིང༌། བླ་མ་ཡི་དམ་བཞུགས་པ་ དང་ཐད་མཉམ་པར་སླེབས་པ་ན། འདི་དག་ཐམས་ཅད་རང་སེམས་ཀྱི་སྣང་བ་ཙམ་ཡིན། བདེན་པར་གྲུབ་པ་ཅུང་ཟད་ཀྱང་མེད་སྙམ་པའི་འདུན་པ་ཅུང་ཟད་བཏང་ལ། རང་དང་བླ་མ་ ཡི་དམ་དང་སྣང་བ་ཐམས་ཅད་སྟོང་པ་ཉིད་ཀྱི་ངང་དུ་ཐག་བཅད་དེ། ཡིད་ལ་མི་བྱེད་པའི་ ཚུལ་གྱིས་ཅུང་ཟད་མཉམ་པར་བཞག །ཡང་དེ་ལས་ལངས་ཏེ་བླ་མ་ཡི་དམ་དེ་ལས་ཀྱང་ མཐོ་བའི་ནམ་མཁའི་དབྱིངས་ན་བཞུགས་པར་བསམས་ལ། རང་ཉིད་ཉི་ཟླའི་འོད་ཟེར་རམ། ལྗོན་ཤིང་ལྟ་བུ་གང་རུང་ཞིག་ལ་འཛེགས་ཏེ་ཕྱིན་པ་ན། བླ་མ་ཡི་དམ་བཞུགས་པའི་ཐད་དང་ མཉམ་པར་སླེབས་པ་ན། སྔར་བཞིན་སྟོང་ཉིད་ཀྱི་ངང་དུ་མཉམ་པར་འཇོག་པ་སོགས་མཐའ་ མེད་ཀྱི་བར་དུ་བྱས་པས་ཀྱང་ཏིང་ངེ་འཛིན་ཐམས་ཅད་ལ་བོགས་ཐོན་ཞིང༌། ཡོན་ཏན་ཡར་ འཕེལ་དུ་འགྱུར་རོ།། །། འདིར་སྨྲས་པ། ཚངས་སོགས་དྲེགས་ལྡན་ལྷ་ཡིས་བཏུད་པའི་འོད་ཀྱིས་ཕྱོགས་ཀུན་ མཐའ་བསྐོར་ཞིང༌། །ཐུགས་རྗེའི་ཆ་ཤས་ཡོངས་སུ་གང་བར་གྲུབ་པའི་རྟགས་རིས་མ་ཉམས་ པ། །བགྲང་ཡས་ལུས་ཅན་རྒྱ་མཚོའི་གཉེན་གྱུར་ཕན་བདེའི་བདུད་རྩི་སྤྲོ་བ་མཁན། །དཔལ་ ལྡན་བདེ་ཆེན་རྡོ་རྗེའི་ཟླ་བ་འཕགས་ཡུལ་ཤར་རིའི་ཕྲག་པར་ཤར། །གང་དེས་དངོས་གྲུབ་ མཆོག་བརྙེས་བདེ་བ་རྒྱས། །རྨད་བྱུང་ཕན་བདེའི་ལམ་བཟང་ཇི་སྙེད་པ། །གཅིག་ཏུ་དྲིལ་བ་ རྡོ་རྗེའི་ཐེག་པ་ཡི། །རིམ་གཉིས་རྣལ་འབྱོར་མཆོག་གི་དགའ་སྟོན་བསྐྲུན། །གང་འདི་རིགས་ 2-1-478 ཀྱི་ཁྱབ་བདག་རྡོ་རྗེ་འཆང༌། །བཤེས་གཉེན་དམ་པར་སྣང་བ་ཀུན་དགའི་མཚན། །འདྲེན་པ་ མཆོག་དེས་གངས་རིའི་ཁྲོད་འདི་རུ། །སྔོན་མེད་ལེགས་བཤད་གསར་པའི་བདུད་རྩི་བཀྱེ། །བརྒྱད་ཁྲི་བཞི་སྟོང་ཆོས་རྣམས་ཀྱི། །སྙིང་པོ་ལས་ཀྱང་ཆེས་སྙིང་པོ། །འདི་བྲིས་དགེ་བ་གང་ ཐོབ་པས། །ཟུང་འཇུག་རྡོ་རྗེའི་སྐུ་ཐོབ་ཤོག ། ཅེས་པ་འདི་ཡང་རྒྱལ་བ་ཀུན་འདུས་ཀྱི་ངོ་བོ་རྗེ་བཙུན་རྡོ་རྗེ་འཆང་ཀུན་དགའ་སྙིང་པོའི་ གསུང་ལས་ཇི་ལྟར་བྱུང་བ་བཞིན། ཤཱཀྱའི་དགེ་སློང་ཡེ་ཤེས་རྒྱ་མཚོས་ཟིན་བྲིས་སུ་བགྱིས་ པའོ། །མངྒ་ལཾ། དགེའོ།། འདིའི་བརྒྱུད་པ་ནི། ཟུར་མིང་བ་ཚེ་དབང་ཀུན་ཁྱབ། མངོན་བྱང་རྡོ་རྗེ་ཐར། བླ་མ་དྲི་ མེད། ལྷ་རྩེ་རྒྱལ་མཚན། ངག་དབང་བསམ་གཏན། ཟུར་མིང་ཡན་ཆད་དེའི་གསན་ཡིག་ཏུ་ རྟོགས་དགོས་སོ། །བཀའ་བབ་དྲུག་ལྡན་ཁྲིད་ཡིག་ཡང་མཐོང་མ་མྱོང་ནས་མི་ཤེས་ན་ཡང༌། ཚིགས་ཆེན་བཅུ་ལ་ཁྲོ་བཅུ་གསང་འདུས་ལུས་དཀྱིལ་སྐབས་ལྟ་བུ་དང༌། རིགས་དྲུག་དུས་ འཁོར་གྱི་སྔོན་འགྲོའི་སྐབས་མཚུངས་རེ་ཡིན་ནམ་ཞུ། ཞེས་ངག་དབང་ཚོགས་གཉིས་རྒྱ་ མཚོའི་གསུང་ངོ༌།། །།ཞུས་དག་མདྒ་ལཾ། ། མ་ཡིག་ཏཱ་ར་ནཱ་ཐའི་གསུང་འབུམ་འཚམ་ཐང་བྲིས་མ་ཡིན།