9-1-1 ༄༅། །ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་ རྣམ་པར་བཤད་པ་ཐོགས་མེད་ཀྱིས་ མཛད་པ་བཞུགས་སོ། ། 9-1-2 ༄༅། །ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་ རྣམ་པར་བཤད་པ་ཐོགས་མེད་ཀྱིས་ མཛད་པ་བཞུགས་སོ། ། ༄༅། །རྒྱ་གར་སྐད་དུ། མ་ཧཱ་ཡཱ་ན་ཨ་ནུད་ཏ་ར་ཏན་ཏྲ་ཤཱསྟྲ(ཞེས་པ་འདི)། བོད་ སྐད་དུ(བསྒྱུར་ན)། ཐེག་པ་ཆེན་པོ་(སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རང་བཞིན་ འོད་གསལ་བའི་)རྒྱུད་(འདི་ཉིད་གོང་ན་མེད་མེད་པས་)བླ་མ(འདི་སྟོན་པར་བྱེད་ པ)འི་བསྟན་བཅོས། (ཕྱག་གི་ཡུལ་)སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ ལ་(སྒོ་གསུམ་གུས་པས་)ཕྱག་འཚལ་ལོ། །(བསྟན་བཅོས་འདིས་དོན་གང་སྟོན་ཞེ་ན་དོན་ བདུན་སྟོན་པ་འདི་ལྟ་སྟེ་)སངས་རྒྱས་(དཀོན་མཆོག་དང་)ཆོས་(དཀོན་མཆོག་ དང་)ཚོགས་(དགེ་འདུན་དཀོན་མཆོག་དང་)ཁམས་(དྲི་བཅས་དེ་བཞིན་ཉིད་)དང་ བྱང་ཆུབ་(དྲི་བྲལ་དེ་བཞིན་ཉིད་)དང་། །(བྱང་ཆུབ་དེའི་)ཡོན་ཏན་(སྟོབས་སོགས་ དང་)སངས་རྒྱས་(སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་)འཕྲིན་ལས་(ནི་དོན་བདུན་ གྱི་)ཐ་མ་སྟེ། །(དོན་བདུན་པོ་འདི་སྟོན་པའི་)བསྟན་བཅོས་ཀུན་གྱི་ལུས་ནི་མདོར་ བསྡུས་ན། །(དོན་)རྡོ་རྗེ་(ལྟ་བུ་བདུན་པོ་འདི་)ཡི་ནི་(རྟོགས་པའི་)གནས་(རྗོད་བྱེད་ ཚིག་གི་ཚན་པ་)བདུན་(པོ་)འདི་དག་གོ ། (བསྟན་བཅོས་ཀྱི་ཚིག་འདི་རྣམས་ནི་)རྟོགས་པ(ར་བྱ་བ)འི་དོན་རྡོ་རྗེ་ལྟ་བུའི་གནས་ ཏེ། (རྟོགས་པའི་)གཞི་ཡིན་པའི་ཕྱིར་རྡོ་རྗེའི་གནས་སོ། །(དོན་དང་ཡེ་གེ་གཉིས་ཡོད་ པ་)དེ་ལ་(དོན་བདུན་པོ་འདི་ལ་རྡོ་རྗེ་ཟེར་བའི་རྒྱུ་མཚན་)ཐོས་པ་དང་བསམ་པ་ལས་ བྱུང་བའི་ཤེས་པ(སྤྲོས་བཅས་ཀྱི)ས་(མཐའ་གཅིག་ཏུ་)ཕིགས་པར་དཀའ་བའི་ཕྱིར་ན། (མཐའ་ཅིག་ཏུ་)བརྗོད་དུ་མེད་པའི་རང་བཞིན་(འཕགས་པ་རྣམས་ཀྱི་)སོ་སོ་རང་གིས་ རིག་པར་བྱ་བའི་དོན་ནི་རྡོ་རྗེ་ལྟ་བུར་རིག་པར་བྱའོ། །(དོན་བདུན་པོ་)དེ་(རང་གི་ 9-1-3 རྒྱུད་ལ་)ཐོབ་པ་དང་རྗེས་སུ་མཐུན་པའི་ལམ་(ཕྱིན་ཅི་མ་ལོག་པར་)སྟོན་པར་བྱེད་ པས་ན། དོན་དེ་རྗོད་པའི་ཡི་གེ་གང་ཡིན་པ་དེ་དག་ནི་(དོན་དེ་རྟོགས་པའི་)གནས་ ཞེས་བརྗོད་དེ། (ཐོས་བསམ་གྱིས་དོན་རྟོགས་པ་)དེའི་རྟེན་དུ་གྱུར་པའི་ཕྱིར་རོ། །དེ་ ལྟར་(བསྟན་བཅོས་འདི་ལྟ་བུ་ལ་མ་བརྟེན་པར་ཐོས་བསམ་གྱིས་)ཕིགས་པར་དཀའ་ བའི་དོན་དང་། (བསྟན་བཅོས་འདི་ལ་བརྟེན་ནས་རྟོགས་པའི་)རྟེན་གྱི་དོན་གྱིས་ན་ དོན་དང་ཡི་གེ་དག་(རིམ་པ་ལྟར་དོན་)རྡོ་རྗེ་(ལྟ་བུ་)དང་(ཡི་གེ་རྟོགས་པའི་)གནས་ ཉིད་དུ་རྟོགས་པར་བྱའོ། །(དག་རྒྱུ་སེམས་ཅན་ཅིག་དྲི་མ་དང་བྲལ་བའི་ཚེ་དག་འབྲས་ དཀོན་མཆོག་གསུམ་འབྱུང་བའི་ཕྱིར་དཀོན་མཆོག་གསུམ་ནི་གང་ཟག་གཅིག་གི་སྐུ་ གསུང་ཐུགས་ཡིན་ཞིང་དེ་དག་སྐུ་གསུམ་ཡིན་པའི་དོན་འཆད་པར་འགྱུར་ལ་ཐེག་ཆེན་ གྱི་ས་དང་པོ་ནས་དབང་པོ་རེ་རེས་ཀྱང་ལུས་བརྒྱ་རེ་སྟོན་པ་དགེ་འདུན་དཀོན་མཆོག་ དོན་དུ་ཤེས་པར་བྱའོ། །ཚིག་དོན་གཉིས་ཡོད་པ་)དེ་ལ་(བརྗོད་བྱའི་)དོན་ནི་གང་ (རྗོད་བྱེད་ཀྱི་)ཡི་གེ་ནི་གང་ཞེ་ན། (ཐོས་བསམ་སྒོམ་གསུམ་གྱིས་)རྟོགས་པ(ར་བྱ་བ)འི་ དོན་རྣམ་པ་བདུན་པོ་ནི་དོན་ཅེས་བརྗོད་དེ། (དོན་བདུན་པོ་རིམ་པ་ལྟར་དག་འབྲས་ གསུམ་དག་རྒྱུ་ཅིག་དག་པར་བྱེད་པའི་སྐྱེན་གསུམ་གྱི་དོན།)འདི་ལྟ་སྟེ། སངས་རྒྱས་ཀྱི་ དོན་(ཐུགས་)དང་ཆོས་ཀྱི་དོན་(གསུང་)དང་། དགེ་འདུན་གྱི་དོན་(སྐུ་)དང་། (བདེ་ གཤེགས་སྙིང་པོ་དྲི་བཅས་དེ་བཞིན་ཉིད་ནི་)ཁམས་ཀྱི་དོན་དང་། (དེ་གློ་བུར་གྱི་དྲི་མ་ དང་བྲལ་བ་)བྱང་ཆུབ་ཀྱི་དོན་དང་། (བྱང་ཆུབ་དེའི་)ཡོན་ཏན་གྱི་དོན་དང་། (དེའི་ མཛད་པ་)འཕྲིན་ལས་ཀྱི་དོན་ཏེ། (བསྟན་མ་ཐག་པ་བདུན་པོ་)འདི་ནི་དོན་ཅེས་ བྱའོ། །(དེ་སྟོན་བྱེད་ཀྱི་བསྟན་བཅོས་ཀྱི་)ཡི་གེ་གང་དག་གིས་རྟོགས་པའི་དོན་རྣམ་པ་ བདུན་པོ་འདི་དག་(མདོར་བསྟན་གྱི་ངོ་བོ་ཙམ་)སྟོན་པར་བྱེད། (རྒྱས་བཤད་ཀྱིས་ ཐམས་ཅད་ཤེས་པ་གསུམ་ལ་)གསལ་བར་བྱེད་པ་ནི་ཡི་གེ་ཞེས་བྱའོ། ། རྡོ་རྗེའི་གནས་བསྟན་པ་དེ་ཡང་(ནི་ཤིན་ཏུ་)རྒྱས་པར་ནི་མདོ་ཇི་ལྟ་བ་བཞིན་དུ་ རྟོགས་པར་བྱ་སྟེ། (མདོ་ལས།)ཀུན་དགའ་བོ་(དོན་དམ་གྱི་)དེ་བཞིན་གཤེགས་པ་ 9-1-4 (ཐུགས་ཆོས་ཀྱི་སྐུ་)ནི་(ཀུན་རྫོབ་ཀྱི་བློ་ལ་མངོན་སུམ་དུ་)བསྟན་དུ་མེད་པ་སྟེ། དེ་ནི་ (ཀུན་རྫོབ་ཀྱི་)མིག་གིས་བལྟ་བར་མི་ནུས་སོ། །ཀུན་དགའ་བོ་(དོན་དམ་གྱི་)ཆོས་ (གསུང་ལོངས་སྤྱོད་རྫོགས་པའི་སྐུ་)ནི་(ཀུན་རྫོབ་ཀྱི་ཚིག་གིས་མཐའ་གཅིག་ཏུ་)བརྗོད་ (པའི་དོན་)དུ་(གྲུབ་པ་)མེད་པ་སྟེ་དེ་ནི་(ཀུན་རྫོབ་ཀྱི་)རྣ་བས་མཉན་པར་མི་ནུས་ སོ། །ཀུན་དགའ་བོ་(དོན་དམ་གྱི་)དགེ་འདུན་(སྐུ་སྤྲུལ་པའི་སྐུ་)ནི་འདུས་མ་བྱས་པ་སྟེ། དེ་ནི་(ཀུན་རྫོབ་ཀྱི་)ལུས་དང་སེམས་ཀྱིས་བསྙེན་བཀུར་བྱ་བར་མི་ནུས་སོ། །ཞེས་རྡོ་ རྗེའི་གནས་གསུམ་པོ་འདི་ནི་ལྷག་པའི་བསམ་པ་བརྟན་པའི་ལེའུ་ཡི་རྗེས་སུ་(ཐོས་ བསམ་བསྒོམ་པའི་ཤེས་རབ་ཀྱིས་)འབྲངས་ཏེ་རིག་པར་བྱའོ། །(ཡང་མདོ་གཞན་ ལས།)ཤཱ་རིའི་བུ་(དོན་དམ་པ་དེ་བཞིན་གཤེགས་པའི་སྙིང་པོའི་ངོ་བོ་སངས་རྒྱས་ཐོག་ མ་རང་ནས་དྲི་མའི་གསེབ་ན་ཡོད་པ་ནི་ཡིད་ཆེས་པར་དཀའ་བའི་ཕྱིར་ཇི་ལྟར་ཡོད་ པའི་)དོན་འདི་ནི་དེ་བཞིན་གཤེགས་པའི་ཡུལ་ཏེ། དེ་བཞིན་གཤེགས་པའི་སྤྱོད་ཡུལ་ ལོ། །ཤཱ་རིའི་བུ་དོན་འདི་ནི་རེ་ཤིག་(དེ་བཞིན་གཤེགས་བའི་བཀས་ཐེག་ཆེན་ལ་དད་པ་ མ་གཏོགས་པའི་)ཉན་ཐོས་དང་། རང་སངས་རྒྱས་(འཕགས་པ་)ཐམས་ཅད་ཀྱིས་ཀྱང་ རང་གི་ཤེས་རབ་ཀྱིས་(ཇི་ལྟ་བ་བཞིན་དུ་གཙང་བདག་བདེ་དང་རྟག་པའི་དོན་)ཡང་ དག་པར་ཤེས་པའམ། བལྟ་བའམ། བརྟག་པར་མི་ནུས་ན་བྱིས་པ་སོ་སོའི་སྐྱེ་བོ་དག་ གི(ཤེས་རབ་ཀྱི)ས་ལྟ་ཅི་སྨོས་ཏེ། (དེས་ན་ཤེས་རབ་ཀྱིས་མ་ཕིགས་པས་རང་གི་བློར་མ་ ཤོང་བས་སྙིང་པོ་ཡང་དག་གི་ཆོས་འདི་དག་སྤངས་ན་ཅིར་འགྱུར་ཤིན་ཏུ་རྟག་དགོས་ སོ། །དེ་ལ་)དེ་བཞིན་གཤེགས་(པས་བསྟན་)པ་ལ་(དེ་ཁོ་ན་ཉིད་དུ་ཡིད་ཆེས་ཤིང་)དད་ པས་(ཀྱང་ཉན་རང་དང་སོ་སྐྱེས་)རྟོགས་པ་ནི་མ་གཏོགས་སོ། །(ཡང་མདོ་གཞན་ ལས།)ཤཱ་རིའི་བུ་དོན་དམ་པ་ནི་(ཐེག་ཆེན་ལ་མོས་ཤིང་)དད་པས་རྟོགས་པར་བྱ་བ་ ཡིན་ནོ། །ཤཱ་རིའི་བུ་དོན་དམ་པ་ཞེས་བྱ་བ་འདི་ནི་(དྲི་བཅས་ཀྱི་གནས་སྐབས་ ན་)སེམས་ཅན་གྱི་ཁམས་(རང་བཞིན་གྱིས་རྣམ་པར་དག་པ་ཉིད་)ཀྱི་ཚིག་བླ་དྭགས་ སོ། །ཤཱ་རིའི་བུ་སེམས་ཅན་གྱི་ཁམས་ཞེས་བྱ་བ་འདི་ནི་(དེ་བཞིན་གཤེགས་པ་ཡང་ཡིན་ 9-1-5 སེམས་ཅན་ཐམས་ཅད་ཀྱི་སྙིང་པོ་ཡང་ཡིན་པ་)དེ་བཞིན་གཤེགས་པའི་སྙིང་པོའི་ཚིག་ བླ་དྭགས་སོ། །ཤཱ་རིའི་བུ་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བྱ་བ་འདི་ནི་(གློ་བུར་གྱི་ དྲི་མ་དང་བྲལ་བའི་གནས་སྐབས་ན་སངས་རྒྱས་ཐམས་ཅད་ཀྱི་)ཆོས་ཀྱི་སྐུའི་ཚིག་བླ་ དྭགས་སོ། །ཞེས་རྡོ་རྗེའི་གནས་བཞི་པ་འདི་ནི་འགྲིབ་པ་མེད་པ་དང་། འཕེལ་བ་མེད་པ་ ཉིད་བསྟན་པའི་(མདོའི་)རྗེས་སུ་འབྲངས་ཏེ་རྟོགས་པར་བྱའོ། ། (ཡང་དཔལ་ཕྲེང་གི་མདོ་ལས་དྲི་བྲལ་གྱི་བྱང་ཆུབ་བསྟན་པ་ནི།)བཅོམ་ལྡན་འདས་བླ་ ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཅེས་བགྱི་བ་འདི་ནི་(སངས་རྒྱས་ཐམས་ ཅད་ཀྱི་)མྱ་ངན་ལས་འདས་པའི་དབྱིངས་ཀྱི་ཚིག་བླ་དྭགས་སོ། །བཅོམ་ལྡན་འདས་མྱ་ ངན་ལས་འདས་པའི་དབྱིངས་ཤེས་བགྱི་བ་འདི་ནི། དེ་བཞིན་གཤེགས་པའི་ཆོས་ཀྱི་ སྐུའི་ཚིག་བླ་དྭགས་སོ། །ཞེས་རྡོ་རྗེའི་གནས་ལྔ་པ་འདི་ནི་འཕགས་པ་དཔལ་ཕྲེང་གི་ མདོའི་རྗེས་སུ་འབྲངས་ཏེ་རྟོགས་པར་བྱའོ། ། (ཡང་མདོ་གཞན་ལས་སྟོབས་སོགས་ཀྱི་ཡོན་ཏན་བསྟན་པ་ནི།)ཤཱ་རིའི་བུ་དེ་བཞིན་ གཤེགས་པས་བསྟན་པའི་ཆོས་ཀྱི་སྐུ་གང་ཡིན་པ་དེ་ནི། འདི་ལྟ་སྟེ། (ཆུ་བོ་)གང་གཱའི་ཀླུང་གི་བྱེ་མ་(ཆུའི་རྡུལ་ཕྲ་རབ་ཀྱི་གྲངས་)ལས་འདས་པའི་(དེ་ བཞིན་གཤེགས་པ་ཡང་ཡིན་ཡོན་ཏན་གྱི་ཆོས་ཀྱང་ཡིན་པས་)དེ་བཞིན་གཤེགས་པའི་ ཆོས་དག་དང་ནི་(ངོ་བོ་)རྣམ་པར་དབྱེར་མེད་པའི་ཆོས་དང་(དབྱེར་མེད་དུ་ཆུ་དང་ བརླན་བཞིན་དུ་)ལྡན་པ། མ་བྲལ་བའི་(ཡེ་ཤེས་ཀྱང་ཡིན་ཡོན་ཏན་ཡང་ཡིན་པས་)ཡེ་ ཤེས་ཀྱི་ཡོན་ཏན་ཅན་ནོ། །ཞེས་རྡོ་རྗེའི་གནས་དྲུག་པ་འདི་ནི་འགྲིབ་པ་མེད་ཅིང་ འཕེལ་བ་མེད་པ་ཉིད་བསྟན་པའི་(མདོའི་)རྗེས་སུ་འབྲངས་ནས་རྟོགས་པར་བྱའོ། ། (ཡང་མདོ་གཞན་ལས་འཕྲིན་ལས་བསྟན་པ་འདི།)འཇམ་དཔལ་དེ་བཞིན་གཤེགས་པ་ ནི་(ཆོས་རྣམས་ཀྱི་ངོ་བོ་ཙམ་དུ་)རྟོག་པར་མི་མཛད། (ཆོས་རྣམས་སོ་སོ་རང་གིས་ དཀར་པོ་དང་སྙན་པ་ལ་སོགས་པའི་)རྣམ་པར་རྟོག་པར་མི་མཛད་མོད་ཀྱི། དེ་ལྟ་ན་ ཡང་། (སངས་རྒྱས་)དེའི་(སྤྲོས་བྲལ་གྱི་བྱ་བ་དང་བྱེད་པ་)འདི་ལྟ་བུའི་རང་བཞིན་གྱི་ 9-1-6 མཛད་པ་འདི་ནི་མི་རྟོག་རྣམ་པར་མི་རྟོག་བཞིན་དུ་ལྷུན་གྱིས་གྲུབ་པར་འཇུག་གོ །ཞེས་ རྡོ་རྗེའི་གནས་བདུན་པ་འདི་ནི། དེ་བཞིན་གཤེགས་པའི་ཡོན་ཏན་དང་ཡེ་ཤེས་བསམ་ གྱིས་མི་ཁྱབ་པའི་ཡུལ་ལ་འཇུག་པ་བསྟན་པའི་(མདོའི་)རྗེས་སུ་འབྲངས་ནས་རྟོགས་ པར་བྱའོ། ། (གོང་དུ་བསྟན་པ་)དེ་ལྟར་(བསྟན་བཅོས་འདིའི་དོན་ཐམས་ཅད་)མདོར་བསྡུས་ནས་ རྡོ་རྗེའི་གནས་བདུན་པོ་འདི་ནི་(མདོར་)བསྟན་པའི་སྒོ་(ཚིག་དོན་)བསྡུས་པའི་དོན་ གྱིས་ན། (རྡོ་རྗེ་དང་གནས་བདུན་པོ་འདི་ནི་)བསྟན་བཅོས་འདི་མཐའ་དག་གི་ལུས་སུ་ རིག་པར་བྱའོ། ། (བདུན་པོ་)འདི་དག་རང་(རང་སོ་སོའི་)མཚན་ཉིད་(བསྟན་པ་དང་དེ་དག་ཉིད་)ཀྱི་ (གཅིག་གི་)རྗེས་(སུ་གཅིག་)འབྲེལ་བའང་། །གོ་རིམ་ཇི་བཞིན་(འཕགས་པ་)གཟུངས་ ཀྱི་(དབང་ཕྱུག་)རྒྱལ་པོའི་མདོར། །གླེང་གཞི་ལས་ནི་གནས་(དང་པོ་)གསུམ་རིག་ (པར་)བྱ་སྟེ། །(ལྷག་མ་)བཞི་ནི་བློ་ལྡན་(བྱང་ཆུབ་སེམས་དཔའི་ཆོས་ཀྱི་དབྱེ་བ་ དང་)རྒྱལ་(བའི་)ཆོས་(ཀྱི་)དབྱེ་བ་ལས། །རྡོ་རྗེའི་གནས་བདུན་པོ་འདི་དག་ལས། རང་ གི་མཚན་ཉིད་བསྟན་པ་དང་རྗེས་སུ་འབྲེལ་བ་ནི། གོ་རིམ་ཇི་ལྟ་བར་འཕགས་པ་ གཟུངས་ཀྱི་དབང་ཕྱུག་རྒྱལ་པོའི་མདོར། གླེང་གཞིའི་ལེའུ་ལས་གནས་གསུམ་རིག་པར་ བྱ་ལ། དེའི་འོག་ཏུ་ལྷག་མ་བཞི་ནི་བྱང་ཆུབ་སེམས་དཔའ་དང་དེ་བཞིན་གཤེགས་པའི་ ཆོས་ཀྱི་དབྱེ་བ་ལས་སོ། །(མདོ་)དེ་ལས་འདི་སྐད་དུ། བཅོམ་ལྡན་འདས་(ཞེས་བོད་ནས་ ས་བརྒྱད་པར་དོན་དམ་གྱི་)ཆོས་ཐམས་ཅད་མཉམ་པ་ཉིད་དུ་མངོན་པར་རྫོགས་པར་ སངས་རྒྱས་པ་(སངས་རྒྱས་དཀོན་མཆོག་དང་དེ་ནས་རིམ་གྱིས་ས་དགུ་པར་)ཆོས་ཀྱི་ འཁོར་ལོ་ལེགས་པར་བསྐོར་བ། (ཆོས་དཀོན་མཆོག་དང་དེ་ནས་ས་བཅུ་པར་)སློབ་ མའི་ཚོགས་ཤིན་ཏུ་དུལ་བ་མཐའ་ཡས་པ་མངའ་བ་(དགེ་འདུན་དཀོན་མཆོག་དཀོན་ མཆོག་གསུམ་རིམ་གྱིས་སྐྱེ་བ་འགྲུབ་པ་)ཞེས་གསུངས་པ་སྟེ། (དཀོན་མཆོག་གསུམ་སྟོན་ པའི་)རྩ་བའི་ཚིག་འདི་གསུམ་གྱིས་ནི་གོ་རིམ་ཇི་ལྟ་བ་བཞིན་དུ་དཀོན་མཆོག་གསུམ་ 9-1-7 རིམ་གྱིས་སྐྱེ་བ་འགྲུབ་པ་རྣམ་པར་བཞག་པར་རིག་པར་བྱ་ལ། ལྷག་མ(ཁམས་བྱང་ཆུབ་ ཡོན་ཏན་འཕྲིན་ལས་སྟོན་པ)འི་གནས་བཞི་ནི་དཀོན་མཆོག་གསུམ་འབྱུང་བ་དང་ རྗེས་སུ་མཐུན་པའི་རྒྱུ་འགྲུབ་པ་བསྟན་པར་རིག་པར་བྱའོ། །(གོང་དུ་དཀོན་མཆོག་ གསུམ་རིམ་གྱིས་འགྲུབ་པར་བསྟན་པ་)དེ་ལ་(རིམ་གྱིས་འགྲུབ་པ་རྒྱུ་)གང་གི་ཕྱིར་བྱང་ ཆུབ་སེམས་དཔའ་ས་བརྒྱད་པ་ལ་གནས་པ་ན། (གཤིས་ལ་གྲུབ་པའི་)ཆོས་ཐམས་ཅད་ ལ་དབང་ཐོབ་པར་གྱུར་པ་དེའི་ཕྱིར། བྱང་ཆུབ་ཀྱི་སྙིང་པོ་མཆོག་ཏུ་གཤེགས་པ་དེ་(སོ་ སོ་རང་རིག་ཡེ་ཤེས་ཀྱི་སྤྱོད་ཡུལ་གྱི་)ཆོས་ཐམས་ཅད་(ཆོས་ཀྱི་དབྱིངས་སུ་)མཉམ་པ་ ཉིད་དུ་མངོན་པར་རྫོགས་པར་སངས་རྒྱས་པ་ཞེས་བྱའོ། །(དེ་ནས་ས་དགུ་པར་ཆོས་ དཀོན་མཆོག་འགྲུབ་པའི་རྒྱུ་)གང་གི་ཕྱིར་བྱང་ཆུབ་སེམས་དཔའི་ས་དགུ་པ་ལ་གནས་ པ་ན། (བྱང་སེམས་དེ་)བླ་ན་མེད་པའི་ཆོས་སྨྲ་བ་ཉིད་དང་ལྡན་པས། སེམས་ཅན་ ཐམས་ཅད་ཀྱི་བསམ་པའི་ཚུལ་ལེགས་པར་ཤེས་པ་དང་། (བྱང་སེམས་དེ་)དབང་པོ་ མཆོག་གི་ཕ་རོལ་ཏུ་ཕྱིན་པ་དང་། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་བག་ ཆགས་ཀྱི་མཚམས་སྦྱོར་བ་འཇོམས་པ་ལ་མཁས་པར་གྱུར་པ་དེའི་ཕྱིར། (ས་བརྒྱད་ པར་)མངོན་པར་རྫོགས་པར་སངས་རྒྱས་པ་དེ་(ས་དགུ་པར་)ཆོས་ཀྱི་འཁོར་ལོ་ལེགས་ པར་བསྐོར་བ་ཞེས་བྱའོ། །(དེ་ནས་ས་བཅུ་པར་དགེ་འདུན་དཀོན་མཆོག་འགྲུབ་པ་ རྒྱུ་)གང་གི་ཕྱིར་ས་བཅུ་པ་ལ་དེ་བཞིན་གཤེགས་པའི་བླ་ན་མེད་པའི་ཆོས་ཀྱི་རྒྱལ་ཚབ་ ཏུ་(སངས་རྒྱས་ཀྱི་འོད་ཟེར་གྱིས་)དབང་བསྐུར་བ་ཐོབ་མ་ཐག་ཏུ་སངས་རྒྱས་ཀྱི་ མཛད་པ་ལྷུན་གྱིས་གྲུབ་ཅིང་རྒྱུན་མི་འཆད་པར་གྱུར་པ་དེའི་ཕྱིར། (ས་དགུ་པར་)ཆོས་ ཀྱི་འཁོར་ལོ་ལེགས་པར་བསྐོར་བ་དེ་(ས་བཅུ་པར་)སློབ་མའི་ཚོགས་ཤིན་ཏུ་དུལ་བ་ མཐའ་ཡས་པ་མངའ་བ་ཞེས་བྱའོ། །སློབ་མའི་ཚོགས་(ཉན་རང་དང་སངས་རྒྱས་ཀྱི་བྱང་ ཆུབ་ལ་)ཤིན་ཏུ་དུལ་བ་མཐའ་ཡས་པ་མངའ་བ་དེ་ཡང་དེ་མ་ཐག་ཏུ་དགེ་སློང་གི་ དགེ་འདུན་ཆེན་པོ་དང་(ཐེག་པ་ཆེན་པོའི་ཆོས་འདི་ལྟ་བུ་ལ་བློ་ཕྱོགས་གཅིག་ཏུ་ འདུན་པའི་)ཐབས་(ཀྱི་བློ་མི་མཐུན་པ་མེད་ཅིང་བྱ་བ་བྱེད་པ་ཐམས་ཅད་)ཅིག་སྟེ། 9-1-8 ཞེས་བྱ་བ་ནས་བྱང་ཆུབ་སེམས་དཔའི་ཚོགས་གཞལ་དུ་མེད་པ་དང་ཐབས་གཅིག་གོ་ ཞེས་བྱ་བའི་བར་གྱི་གཞུང་འདིས་བསྟན་ཏོ། །དེ་ལྟ་བུའི་ཡོན་ཏན་དང་ལྡན་པ་དག་ དང་ཞེས་བྱ་བ་ནི། གོ་རིམ་ཇི་ལྟ་བར་ཉན་ཐོས་ཀྱི་བྱང་ཆུབ་དང་། སངས་རྒྱས་ཀྱི་བྱང་ ཆུབ་ལ་ཤིན་ཏུ་དུལ་བའི་ཕྱིར་ན་དེ་ལྟ་བུའི་ཡོན་ཏན་དང་ལྡན་པ་དག་དང་ངོ་། ། དེ་ནས་ཉན་ཐོས་དང་བྱང་ཆུབ་སེམས་དཔའི་ཡོན་ཏན་གྱི་བསྔགས་པ་བསྟན་པའི་རྗེས་ ཐོགས་ལ་བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་ཏིང་ངེ་འཛིན་(དེར་འཚོགས་ པའི་)ཁྱུ(འི)་མཆོག་(ཏུ་གྱུར་པ་)ལ་བརྟེན་ནས། (ཡེ་ཤེས་ཀྱི་རང་སྣང་ལས་གྲུབ་ པའི་)རིན་པོ་ཆེ་བཀོད་པའི་དཀྱིལ་འཁོར་གྱི་ཁྱམས་རྒྱ་ཆེན་པོ་གྲུབ་པ་དང་། དེ་བཞིན་ གཤེགས་པའི་འཁོར་(དཔག་ཏུ་མེད་པ་)འདུས་པ་དང་། (ཀུན་ཏུ་བཟང་པོའི་)ལྷ་ རྫས་ཀྱི་མཆོད་པ་སྣ་ཚོགས་སྒྲུབ་པ་དང་། (སངས་རྒྱས་ལ་)བསྟོད་པའི་སྤྲིན་གྱི་ཆར་བབ་ པས་སངས་རྒྱས་དཀོན་མཆོག་གི་ཡོན་ཏན་རྣམ་པར་དབྱེ་བ་རྣམ་པར་བཞག་པར་རིག་ པར་བྱའོ། ། (སངས་རྒྱས་དཀོན་མཆོག་)དེའི་རྗེས་ལ་ཆོས་ཀྱི་གདན་གྱི་བཀོད་པ་རྒྱ་ཆེན་ པོ་(ཡེ་ཤེས་ལས་གྲུབ་པ་)དང་། (སངས་རྒྱས་ཀྱི་)འོད་དང་ཆོས་ཀྱི་རྣམ་གྲངས་ཀྱི་མིང་ དང་(ཆོས་ཀྱི་)ཡོན་ཏན་བསྒྲགས་པས་ཆོས་དཀོན་མཆོག་གི་ཡོན་ཏན་རྣམ་པར་དབྱེ་བ་ རྣམ་པར་བཞག་པར་རིག་པར་བྱའོ། །(ཆོས་དཀོན་མཆོག་)དེའི་རྗེས་ལ་ཕན་ཚུན་བྱང་ ཆུབ་སེམས་དཔའི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་མཐུ་(རྨད་དུ་བྱུང་བ་)བསྟན་པ་དང་། (བྱང་སེམས་དང་ཏིང་ངེ་འཛིན་)དེའི་ཡོན་ཏན་གྱི་བསྔགས་པ་སྣ་ཚོགས་བསྟན་པས་ དགེ་འདུན་དཀོན་མཆོག་གི་ཡོན་ཏན་གྱི་རྣམ་པར་དབྱེ་བ་བསྟན་པར་རིག་པར་ བྱའོ། །(དགེ་འདུན་དཀོན་མཆོག་)དེའི་རྗེས་ལ་ཡང་སངས་རྒྱས་ཀྱི་འོད་ཟེར་གྱིས་ དབང་བསྐུར་བས་བླ་ན་མེད་པའི་ཆོས་ཀྱི་རྒྱལ་པོའི་སྲས་(རྣམས་)ཀྱི་ཐུ་བོ་(ས་བཅུ་ པ་)ལ་མི་འཇིགས་པ་དང་། (སངས་རྒྱས་ཀྱི་མཐུས་)སྤོབས་པ་མཆོག་ཉེ་བར་ བསྒྲུབས་པ་ལ་བརྟེན་ནས། (ཡང་)དེ་བཞིན་གཤེགས་པའི་ཡང་དག་པའི་ཡོན་ཏན་དོན་ དམ་པའི་བསྟོད་པ་བསྟན་པ་(སངས་རྒྱས་དཀོན་མཆོག་)དང་། ཐེག་པ་ཆེན་པོའི་ཆོས་ 9-1-9 མཆོག་གི་གཏམ་གྱི་དངོས་པོ་ཉེ་བར་བཀོད་པ་(ཆོས་དཀོན་མཆོག་)དང་། (ཆོས་)དེ་ རྟོགས་པར་བྱེད་པ་འབྲས་བུའི་ཆོས་ཀྱི་དབང་ཕྱུག་དམ་པ་ཐོབ་པ་བསྟན་པས་(དགེ་ འདུན་དཀོན་མཆོག་སྟེ་)གོ་རིམ་ཇི་ལྟ་བར། དཀོན་མཆོག་གསུམ་པོ་དེ་རྣམས་ཉིད་ཀྱི་ བླ་ན་མེད་པའི་ཡོན་ཏན་གྱི་རྣམ་པར་དབྱེ་བ་རྣམ་པར་བཞག་པ་གླེང་གཞིའི་ལེའུ་ཡི་ མཐའ་ཉིད་དུ་བལྟ་བར་བྱའོ། ། (དཀོན་མཆོག་གསུམ་བསྟན་པ།)དེ་ནས་མདོའི་གླེང་གཞིའི་ལེའུ་ཡི་རྗེས་ཐོགས་སུ་ (སངས་རྒྱས་ཀྱི་ཁམས་)དེ་ཡོངས་སུ་དག་(པར་བྱེད་)པའི་ཡོན་ཏན་གྱི་(ཆོས་)ཡོངས་སུ་ སྦྱོང་བ་(བྱང་ཆུབ་སེམས་དཔའི་རྒྱན་བཞི་ལ་སོགས་པ་)རྣམ་པ་དྲུག་ཅུ་བསྟན་པས་ སངས་རྒྱས་ཀྱི་ཁམས་གསལ་བར་མཛད་དེ། ཡོངས་སུ་དག་པར་བྱ་(བ་གློ་བུར་གྱི་དྲི་ མས་མ་དག་)བའི་དོན་(རང་བཞིན་གྱི་)ཡོན་ཏན་དང་ལྡན་ན། (དྲི་བཅས་)དེ་ཡོངས་ སུ་དག་(པར་བྱེད་)པའི་(ཐབས་ཀྱིས་སྐྱོན་)ཡོངས་སུ་སྦྱོང་བ་འཐད་པའི་ཕྱིར་ རོ། །(སེམས་ཅན་ཐམས་ཅད་ལ་སངས་རྒྱས་རང་ཆས་སུ་བཞུགས་ཀྱང་དྲི་མས་མ་དག་ པར་སྣང་བའི་)དོན་གྱི་དབང་འདི་ཉེ་བར་བཟུང་ནས་བྱང་ཆུབ་སེམས་དཔའི་ས་བཅུ་ པོ་དག་ལ་ཡང་ས་ལེ་སྦྲམ་གྱི་(དྲི་མ་)ཡོངས་སུ་སྦྱོང་བའི་དཔེར་བརྗོད་པ་དང་། མདོ་དེ་ ཉིད་དུ་དེ་བཞིན་གཤེགས་པའི་འཕྲིན་ལས་བསྟན་པའི་རྗེས་ཐོགས་ཉིད་དུ་མ་དག་པའི་ ནོར་བུ་བཻཌཱུཪྻ་དཔེར་མཛད་དེ། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། ནོར་བུ་མཁན་མཁས་ པ་ནོར་བུ་སྦྱོང་བའི་ཚུལ་ལེགས་པར་ཤེས་པ་དེས་ནོར་བུ་རིན་པོ་ཆེའི་རིགས་ནས་ ཡོངས་སུ་མ་དག་པའི་ནོར་བུ་རིན་པོ་བླངས་ཏེ། ལན་ཚྭའི་ཆུ་རྣོན་པོས་སྦངས་ནས་སྐྲའི་ རེ་བའི་ཡོངས་སུ་སྦྱོང་བས་སྦྱོང་བར་བྱེད་དོ། །དེ་ཙམ་གྱིས་བརྩོན་པ་འདོར་བ་ཡང་མ་ ཡིན་ཏེ། དེའི་འོག་ཏུ་ཟས་ཀྱི་ཁུ་བ་རྣོན་པོ(ཆུར་ཁུ)ས་སྦངས་ནས་བལ་གྱི་ལ་བའི་ཡོངས་ སུ་སྦྱོང་བས་སྦྱོང་བར་བྱེད་དོ། །དེ་ཙམ་གྱིས་བརྩོན་པ་འདོར་བ་ཡང་མ་ཡིན་ཏེ། དེའི་ འོག་ཏུ་སྨན་ཆེན་པོའི་ཁུ་བས་སྦངས་ནས་རས་སྲབ་མོའི་ཡོངས་སུ་སྦྱོང་བས་སྦྱོང་བར་ བྱེད་དོ། །ཡོངས་སུ་བྱང་སྟེ་དྲི་མ་དང་བྲལ་བ་ན་བཻཌཱུཪྻའི་རིགས་ཆེན་པོ་ཞེས་ 9-1-10 བྱའོ། །རིགས་ཀྱི་བུ་(དཔེ་)དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་(སེམས་ཐམས་ཅད་ ལ་)ཡོངས་སུ་མ་དག་པའི་སེམས་ཅན་གྱི་ཁམས་མཁྱེན་ནས། (དྲི་མ་རགས་པ་དང་ཕྲ་བ་ དང་ཤིན་ཏུ་ཕྲ་བ་གསུམ་སྦྱོང་བའི་བཀའ་འཁོར་ལོ་གསུམ་ལ་དང་པོ་བདེན་བཞིའི་ ཆོས་ཀྱི་འཁོར་ལོར་འཁོར་བའི་ཆོས་ཐམས་ཅད་)མི་རྟག་པ་དང་། སྡུག་བསྔལ་བ་དང་། (གང་ཟག་གི་)བདག་མེད་པ་དང་། (ཉོན་མོངས་པས་)མི་གཙང་བ་(འཁོར་བ་ལ་)ཡིད་ འབྱུང་བའི་གཏམ་གྱིས་འཁོར་བ་ལ་དགའ་བའི་སེམས་ཅན་རྣམས་(འཁོར་བ་ལ་)སྐྱོ་བ་ བསྐྱེད་པར་མཛད་དེ། (སྐྱོ་བ་སྐྱེས་ནས་)འཕགས་པའི་ཆོས་འདུལ་བ་(སོ་ཐར་གྱི་ སྡོམ་པ་)ལ་འཛུད་པར་མཛད་དོ། །དེ་ཙམ་གྱིས་དེ་བཞིན་གཤེགས་པ་བརྩོན་པ་འདོར་ བ་ཡང་མ་ཡིན་ཏེ། དེའི་འོག་ཏུ་(གཉིས་པ་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོར་ གཤིས་ལ་དངོས་པོ་ཐམས་ཅད་)སྟོང་པ་ཉིད་དང་(གཟུགས་སུ་རུང་བ་ལ་སོགས་ པའི་)མཚན་མ་མེད་པ་དང་། (འཁོར་བ་པ་གང་ལ་ཡང་)སྨོན་པ་མེད་པའི་(ཆོས་ཀྱི་ འཁོར་ལོའི་)གཏམ་གྱིས་དེ་བཞིན་གཤེགས་པའི་ཚུལ་རྟོགས་(ཤིང་ས་བཅུ་ལ་རིམ་གྱིས་ འཇུག་)པར་མཛད་དོ། །དེ་ཙམ་གྱིས་དེ་བཞིན་གཤེགས་པ་བརྩོན་པ་འདོར་བ་ཡང་མ་ ཡིན་ཏེ། དེའི་འོག་ཏུ་(གསུམ་པ་དོན་དམ་པ་རྣམ་པར་ངེས་པའི་ཆོས་ཀྱི་འཁོར་ལོར་ སྲིད་ཞིར་)ཕྱིར་མི་ལྡོག་པའི་ཆོས་ཀྱི་འཁོར་ལོའི་གཏམ། འཁོར་གསུམ་ཡོངས་སུ་དག་ པའི་གཏམ་གྱིས། (ཁམས་དང་དབང་པོའི་)རང་བཞིན་སྣ་ཚོགས་ཀྱི་རྒྱུ་ཅན་གྱི་སེམས་ ཅན་དེ་དག་དེ་བཞིན་གཤེགས་པའི་ཡུལ་(ཐེག་ཆེན་འབའ་ཞིག་ཏུ་ངེས་པ་)ལ་འཛུད་ པར་མཛད་དོ། །(ཐེག་ཆེན་འབའ་ཞིག་ཏུ་ངེས་པ་ལ་)ཞུགས་པར་གྱུར་ཅིང་དེ་བཞིན་ གཤེགས་པའི་ཆོས་ཉིད་(རྫོགས་པར་)རྟོགས་ན་ནི། (དེའི་གོང་ན་གཞན་མེད་པས་)བླ་ ན་མེད་པའི་ཡོན་གནས་ཞེས་བརྗོད་དོ། །(རང་བཞིན་གྱིས་)ཡོངས་སུ་དག་པའི་རིགས་ དེ་བཞིན་གཤེགས་པའི་ཁམས་འདི་ཉིད་(ཡོད་པ་)ལ་དགོངས་ནས། ཇི་ལྟར་རྡོ་ཡི་ཕྱེ་མ་ ལ། །ས་ལེ་སྦྲམ་ནི་(ཡོད་ཀྱང་བསྒྲིབས་པས་)མི་མཐོང་བ། །(སྒྲིབ་པ་)ཡོངས་སུ་སྦྱངས་ པས་དེ་མཐོང་བཞིན། །འཇིག་རྟེན་ལ་(སངས་རྒྱས་གདོད་ནས་རང་ཆས་སུ་ཡོད་ཀྱང་ 9-1-11 བསྒྲིབས་པས་མི་མཐོང་བ་)ནི་(སྒྲིབ་པ་ཡོངས་སུ་སྦྱངས་པས་)དེ་བཞིན་གཤེགས(པ་ མཐོང་བའོ)། །ཞེས་གསུངས་སོ། །(ཁམས་ཀྱི་དྲི་མ་སྦྱོང་དགོས་པ་)དེ་ལ་སངས་རྒྱས་ཀྱི་ ཁམས་ཡོངས་སུ་དག་པའི་ཡོན་ཏན་(གྱི་ཆོས་)ཡོངས་སུ་སྦྱོང་བ་རྣམ་པ་དྲུག་ཅུ་པོ་དེ་ དག་གང་ཞེ་ན། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་རྒྱན་རྣམ་པ་བཞི་(ནི་ཚུལ་ཁྲིམས་ དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་དོན་ཤིན་ཏུ་རྣམ་པར་ངེས་པ་དང་། གཟུངས་ ཏེ་སྤྱོད་པ་སྤྱོད་པ་ན་བཞི་པོ་འདིས་མཛེས་པའི་ཕྱིར་)དང་། བྱང་ཆུབ་སེམས་དཔའི་ སྣང་བ་རྣམ་པ་(ནི་དྲན་པ་དང་། བློ་གྲོས་དང་། རྟོགས་པ་དང་། ཆོས་དང་། ཤེས་པ་ དང་། བདེན་པ་དང་། མངོན་པར་ཤེས་པ་དང་། སྒྲུབ་པའི་སྣང་བ་སྟེ་དེ་བརྒྱད་དང་ ལྡན་པས་ཆོས་ཀྱི་སྣང་བ་ཐོབ་ཅིང་གཏི་མུག་གི་མུན་པ་དང་བྲལ་བས་ཆོས་ཀྱི་སྒོ་ཤིན་ ཏུ་གསལ་བའི་ཕྱིར་)བརྒྱད་དང་། བྱང་ཆུབ་སེམས་དཔའི་སྙིང་རྗེ་རྣམ་པ་བཅུ་དྲུག་(ནི་ ལྟ་བ་སྣ་ཚོགས་དང་། ཕྱིན་ཅི་ལོག་བཞི་དང་། ང་ཡིར་འཛིན་པ་དང་། སྒྲིབ་པ་ལྔ་ དང་། སྐྱེ་མཆེད་དྲུག་གི་ཡུལ་ལ་ཆགས་པ་དང་། ང་རྒྱལ་བདུན་དང་། འཕགས་པའི་ ལམ་ལས་ཉམས་པ་དང་། རང་དབང་མེད་པ་དང་། ཁོང་ཁྲོ་བ་དང་། སྡིག་ གྲོགས་ཀྱིས་ཟིན་པ་དང་། སྲིད་པའི་ལས་དང་། འཕགས་པའི་ཤེས་རབ་མེད་པ་དང་། རྟེན་འབྲེལ་ཟབ་མོ་མ་རྟོགས་པ་དང་། ལྟ་བའི་བག་ཆགས་མ་སྤངས་པ་དང་། སྡུག་ བསྔལ་གྱི་ཁུར་དང་། མ་བྲལ་བ་དང་། གཡོ་དང་། ང་རྒྱལ་སྤྱོད་པ་དང་། མཐོ་རིས་དང་ ཐར་པ་ལས་ཉམས་པ་དག་ལ་དམིགས་ནས་དེ་དག་དང་བྲལ་བར་འདོད་པའི་རྣམ་པ་ ཅན་)དང་། བྱང་ཆུབ་སེམས་དཔའི་ལས་རྣམ་པ་སུམ་ཅུ་རྩ་གཉིས་(ནི་གཏི་མུག་གི་ གཉིད་སད་པར་བྱེད་པ་དང་། མོས་པ་དམན་པ་རྒྱ་ཆེན་པོ་ལ་སྦྱོར་བ་དང་། ཆོས་མིན་ འདོད་པ་ཆོས་ལ་སྦྱོར་བ་དང་། འཚོ་བ་མ་དག་པ་དག་པ་ལ་འགོད་པ་དང་། ལྟ་བ་ངན་ པ་ཡང་དག་པའི་ལྟ་བ་ལ་འགོད་པ་དང་། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཚུལ་ བཞིན་ཡིད་ལ་བྱེད་པ་ལ་འགོད་པ་དང་། ལོག་པའི་ཆོས་ལ་གནས་པ་ཡང་དག་པའི་ ཆོས་ལ་འགོད་པ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་གི་མི་མཐུན་ཕྱོགས་དང་ལྡན་པ་ཕར་ 9-1-12 ཕྱིན་དྲུག་ལ་སྦྱོར་བ་དང་། ཐབས་མི་མཁས་པ་ཐབས་ལ་སྦྱོར་བ་དང་། ཉོན་མོངས་པ་ ཅན་དེ་མེད་པ་ལ་སྦྱོར་བ་དང་། དམིགས་པ་ཅན་དེ་མེད་པ་ལ་སྦྱོར་བ་དང་། མ་དུལ་བ་ དུལ་བ་ལ་སྦྱོར་བ་དང་། བྱས་པ་མི་བཟོ་བ་བཟོ་བ་ལ་སྦྱོར་བ་དང་། ཆུ་བོ་བཞིར་ལྷུང་བ་ དེ་ལས་ཐར་བ་ལ་སྦྱོར་བ་དང་། བཀའ་བློ་མི་བདེ་བ་བདེ་བ་ལ་སྦྱོར་བ་དང་། ཞེན་པ་ མང་བ་དེ་མེད་པ་ལ་སྦྱོར་བ་དང་། འཕགས་པའི་ནོར་མེད་པ་ནོར་ལ་སྦྱོར་བ་དང་། ནད་པ་ནད་མེད་པ་ལ་སྦྱོར་བ་དང་། ཤེས་པའི་སྣང་བ་མེད་པ་སྣང་བ་ལ་སྦྱོར་བ་དང་། ཁམས་གསུམ་མི་ཤེས་པ་ཤེས་པ་ལ་སྦྱོར་བ་དང་། གཡོན་ཕྱོགས་ཀྱི་ལམ་ལ་ཞུགས་པ་ གཡས་ཕྱོགས་ཀྱི་ལམ་ལ་སྦྱོར་བ་དང་། ལུས་དང་སྲོག་ལ་ཆགས་པ་དེ་མ་ཆགས་པ་ལ་ སྦྱོར་བ་དང་། དཀོན་མཆོག་གི་རིགས་རྒྱུན་མི་གཅོད་པ་ལ་སྦྱོར་བ་དང་། ཆོས་ལས་ ཉམས་པ་ཆོས་འཛིན་པ་ལ་སྦྱོར་བ་དང་། རྗེས་སུ་དྲན་པ་དྲུག་ལས་ཉམས་པ་དྲན་པ་ དྲུག་ལ་སྦྱོར་བ་དང་། ཉོན་མོངས་པས་སྒྲིབ་པ་དེ་མེད་པ་ལ་སྦྱོར་བ་དང་། མི་དགེ་བའི་ ཆོས་དང་ལྡན་པ་དགེ་བའི་ཆོས་ལ་སྦྱོར་བའོ། །དེ་ལྟར་ཡོངས་སུ་སྦྱོང་བའི་བློ་ལྡན་གྱི་ ཆོས་དྲུག་ཅུས་རྒྱུ་ཁམས་ཀྱི་དྲི་མ་སྦྱངས་པ་འབྲས་བུ་དཀོན་མཆོག་གསུམ་སྒྲུབ་པ་ རྣམས་)སོ། ། དེ་བསྟན་པའི་རྗེས་ཐོགས་སུ་བྱང་ཆུབ་ཆེན་པོའི་སྙིང་རྗེ་རྣམ་པ་བཅུ་དྲུག་(ནི་རྩ་བ་ མེད་པ་དང་། གནས་མེད་པ་དང་། ཞི་བ་དང་། ཉེ་བར་ཞི་བ་དང་། རང་བཞིན་གྱིས་ འོད་གསལ་བ་དང་། བླང་དོར་མེད་པ་དང་། མཚན་མ་མེད་པ་དང་། དམིགས་པ་མེད་ པ་དང་། དུས་གསུམ་མཉམ་པ་ཉིད་དང་། ལུས་མེད་པ་དང་། འདུས་མ་བྱས་པ་དང་། དབྱེར་མེད་པ་དང་། ལུས་དང་སེམས་ཀྱི་ཡུལ་མ་ཡིན་པ་དང་། གཟུང་དུ་མེད་པ་དང་། གཞི་མེད་པ་དང་། སྟོང་པ་ཉིད་དང་། ནམ་མཁའ་དང་མཉམ་པ་དང་། ཇི་ལྟ་བ་བཞིན་ གྱི་གནས་དང་། རྣམ་པ་ལ་འཇུག་པ་དང་། རྣམ་པ་མེད་པ་ལ་འཇུག་པ་དང་། ཟག་པ་ མེད་པ་དང་། ཉེ་བར་ལེན་པ་མེད་པ་དང་། དག་པ་དང་དྲི་མ་མེད་པ་དང་། ཉོན་ མོངས་པ་མེད་པ་སྟེ། དེ་དག་ཏུ་མངོན་པར་བྱང་ཆུབ་ནས། དེ་མ་ཐོབ་པ་ལ་ཐུགས་རྗེ་ 9-1-13 ཆེན་པོ་བཅུ་དྲུག་འཇུག་པ་)བསྟན་པས་སངས་རྒྱས་ཀྱི་བྱང་ཆུབ་(སུམ་ཅུ་རྩ་གཉིས་པོ་ དེ་)གསལ་བར་མཛད་དོ། ། དེ་བསྟན་པའི་རྗེས་ཐོགས་སུ་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སངས་རྒྱས་ ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་བསྟན་པས། སངས་རྒྱས་ཀྱི་ཡོན་ཏན་(སུམ་ཅུ་རྩ་གཉིས་ པོ་དེ་)གསལ་བར་མཛད་དོ། །དེ་བསྟན་པའི་རྗེས་ལ་དེ་བཞིན་གཤེགས་པའི་(མཛད་ པ་)འཕྲིན་ལས་བླ་ན་མེད་པ་བསྟན་པས་སངས་རྒྱས་ཀྱི་འཕྲིན་ལས་རྣམ་པ་སུམ་བཅུ་རྩ་ གཉིས་གསལ་བར་མཛད་དོ། །དེ་ལྟར་རྡོ་རྗེའི་གནས་བདུན་པོ་འདི་དག་རང་གི་མཚན་ ཉིད་བསྟན་པའི་སྒོ་ནས་རྒྱས་པར་ནི་(གཟུངས་ཀྱི་དབང་ཕྱུག་རྒྱལ་པོའི་)མདོ་ཇི་ལྟ་བ་ བཞིན་དུ་རྟོགས་པར་བྱའོ། ། (གནས་བདུན་པོ་)འདི་དག་གི་འབྲེལ་བ་གང་ཞེ་ན། སངས་རྒྱས་ལས་ཆོས་ (འབྱུང་)ཆོས་ལས་འཕགས་པའི་ཚོགས(འབྱུང་)། །ཚོགས་ལས་སྙིང་པོ་ཡེ་ཤེས་ (ཀྱི་)ཁམས་ཐོབ་(པ་འབྱུང་དེའི་)མཐར། །ཡེ་ཤེས་དེ་ཐོབ་བྱང་ཆུབ་མཆོག་(དང་དེའི་ ཡོན་ཏན་)སྟོབས་སོགས(དང་)། །(ཡོན་ཏན་དེ་ཉིད་)སེམས་ཅན་ཀུན་(གྱི་)དོན་བྱེད་ (པ་འཕྲིན་ལས་ཀྱི་)ཆོས་རྣམས་དང་ལྡན(པར་བསྟན་པའི་ཚུལ་གྱིས)། །བསྟན་བཅོས་ཀྱི་ འབྲེལ་བ་བཤད་ཟིན་ཏོ།། །། ད་ནི་(ལུས་རྣམ་བཞག་མདོར་བསྟན་པའི་)ཚིགས་སུ་བཅད་པ་རྣམས་ཀྱི་དོན་(ཡན་ ལག་གི་རྒྱས་པར་)བརྗོད་པར་བྱ་སྟེ། སེམས་ཅན་གང་དག་དེ་བཞིན་གཤེགས་པས་ འདུལ་བ་དེ་དག་དེ་བཞིན་གཤེགས་པ་ལ་སྐྱབས་སུ་འགྲོའོ། །ཆོས་ཉིད་ཀྱི་རྒྱུ་མཐུན་པའི་ དང་བས་ཆོས་དང་དགེ་འདུན་ལ་ཡང་སྐྱབས་སུ་འགྲོའོ། །དེས་ན་(སངས་རྒྱས་དཀོན་ མཆོག་)དེ་དང་པོ་ཉིད་ཡིན་པས་ན། (འདིར་སངས་རྒྱས་དང་བདེ་གཤེགས་སྙིང་པོ་ འདུས་མ་བྱས་ཀྱི་དོན་ནི་རྒྱུ་རྐྱེན་གྱིས་མ་བྱས་པ་ཡིན་གྱི་ནམ་མཁའ་ལྟ་བུ་ནི་མ་ཡིན་ ནོ། །རྟག་པའི་དོན་ཡང་སྒྱུ་མ་བཞིན་དུ་ཡེ་ཤེས་ཀྱི་རོལ་བ་ཐམས་ཅད་རྟག་ཏུ་ཡོད་པ་ ཡིན་གྱི་འདུས་མ་བྱས་ཀྱི་ནམ་མཁའ་ལྟར་ཅི་ཡང་མི་རུང་བར་རྟག་པ་ནི་མ་ཡིན་ 9-1-14 ནོ། །དེས་ན་)སངས་རྒྱས་དཀོན་མཆོག་(རྟག་ཅིང་བརྟན་ལ་ཐེར་ཟུག་མི་འགྱུར་བའི་ ཡོན་ཏན་ཐམས་ཅད་འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པ་དག་)གི་དབང་དུ་བྱས་ཏེ་ ཚིགས་སུ་བཅད་པ། (འདུས་མ་བྱས་པ་)གང་ཞིང་ཐོག་མ་(སྐྱེ་བའི་དངོས་པོ་ དང་)དབུས་(གནས་པའི་དངོས་པོ་དང་)མཐའ་(འགག་པའི་དངོས་པོ་)མེད་(ལ་སྤྲོས་ པ་ཐམས་ཅད་)ཞི་(ཞིང་)སངས་རྒྱས་ཉིད་(སློབ་དཔོན་མེད་པར་)རང་(བྱུང་གི་ཡེ་ཤེས་ ཀྱིས་)རྣམ་(པར་རྟོགས་ཏེ་)སངས་རྒྱས། །(གཞན་གྱི་རྐྱེན་གྱིས་རྟོགས་མིན་པར་)སངས་ རྒྱས་ནས་ནི་མ་རྟོགས་(པ་རྣམས་ཀྱི་)རྟོགས་ཕྱིར་འཇིགས་མེད་རྟག་(པ་འཇིག་རྟེན་ ལས་འདས་)པའི་ལམ་སྟོན་པ(འི་ཕྱིར)། །མཁྱེན་(པའི་ཡེ་ཤེས་དང་ཐུགས་)བརྩེ(བ)འི་ རལ་གྲི་(མཆོག་དང་)རྡོ་རྗེ་མཆོག་(གཉིས་)བསྣམས་(ནས་མཁྱེན་བརྩེའི་རལ་གྲིས་ཕུང་ པོ་ལྔས་བསྡུས་པའི་)སྡུག་བསྔལ་མྱུ་གུ་(ལྟ་བུ་)གཅོད་མཛད་ཅིང་། །(འཇིག་ཚོགས་ལ་ ཞེན་པ་)སྣ་ཚོགས་(སྔོན་དུ་འགྲོ་བ་ཅན་གྱི་)ལྟ་ཐིབས་ཀྱིས་བསྐོར་ཐེ་ཚོམ་(སྟེ་ལྟ་བ་དང་ ཐེ་ཚོམ་ནགས་ཐིབས་པོས་བསྐོར་བའི་)རྩིག་པ་(དང་འདྲ་བ་མཐོང་བས་སྤང་བར་བྱ་ བ་ནི་མཁྱེན་བརྩེ་རྡོ་རྗེ་དང་འདྲ་བས་)འཇིག་མཛད་དེ་ལ་འདུད། །འདིས་ཅི་བསྟན་ཞེ་ ན། (ཐོག་མ་དང་དབུས་དང་མཐའི་དངོས་པོ་མེད་པས་)འདུས་མ་བྱས་ཤིང་(སྤྲོས་པ་ དང་རྣམ་རྟོག་ཐམས་ཅད་ཞི་བའི་ཕྱིར་)ལྷུན་གྱིས་གྲུབ(པ་དང་)། །(གཞན་ལས་མ་ཐོས་ པར་རང་ཉིད་སློབ་དཔོན་མེད་པར་རང་བྱུང་གི་ཡེ་ཤེས་ཀྱིས་སངས་རྒྱས་པའི་ ཕྱིར་)གཞན་གྱི་རྐྱེན་གྱིས་རྟོགས་མིན་པ(གསུམ་རང་དོན་ཕུན་སུམ་ཚོགས་པ་ དང་)། །མཁྱེན་(པ་)དང་བརྩེ་(བ་)དང་ནུས་པར་ལྡན(པ་དང་)། །(གསུམ་གཞན་དོན་ ཕུན་སུམ་ཚོགས་པ་སྟེ་དེས་ན་)དོན་གཉིས་ལྡན་པའི་སངས་རྒྱས་ཉིད། །འདིས་ནི་མདོར་ བསྡུས་ན་ཡོན་ཏན་བརྒྱད་དང་ལྡན་པའི་སངས་རྒྱས་ཉིད་བརྗོད་དོ། ། ཡོན་ཏན་བརྒྱད་གང་ཞེ་ན། འདུས་མ་བྱས་པ་ཉིད་དང་། ལྷུན་གྱིས་གྲུབ་པ་དང་། གཞན་གྱི་རྐྱེན་གྱིས་མངོན་པར་རྟོགས་པ་མ་ཡིན་པ་(གསུམ་)དང་། (གཞན་དོན་གསུམ་ ནི།)ཡེ་ཤེས་དང་། ཐུགས་རྗེ་དང་། ནུས་པ་(གསུམ་)དང་། རང་གི་དོན་ཕུན་སུམ་ཚོགས་ 9-1-15 པ་དང་། གཞན་གྱི་དོན་ཕུན་སུམ་ཚོགས་པའོ། ། (དེ་ཉིད་རྒྱས་པར་བཤད་པ།)ཐོག་མ་དབུས་མཐའ(འི་དངོས་པོ་)མེད་པ་ཡི། །རང་ བཞིན་ཡིན་ཕྱིར་འདུས་མ་བྱས། །(སྤྲོས་པ་དང་རྣམ་རྟོག་ཐམས་ཅད་)ཞི་བ་ཆོས་ཀྱི་སྐུ་ ཅན་ཕྱིར། །(རྒྱུ་རྐྱེན་ལ་རག་མ་ལས་པར་བྱ་བ་ཐམས་ཅད་རང་འབྱུང་བའི་ཡེ་ཤེས་ཡིན་ པའི་ཕྱིར་)ལྷུན་གྱིས་གྲུབ་ཅེས་བྱ་བར་བརྗོད། །སོ་སོ་རང་གིས་(རིག་པའི་རང་བྱུང་ཡེ་ ཤེས་ཀྱིས་)རྟོགས་(པར་)བྱ(བ་ཡིན་པ)འི་ཕྱིར། །(སློབ་དཔོན་)གཞན་གྱི་རྐྱེན་གྱིས་ རྟོགས་མིན་པ། །དེ་ལྟར་(རང་དོན་)རྣམ་གསུམ་རྟོགས་ཕྱིར་མཁྱེན(པའི་ཡེ་ཤེས་ དང་)། །(མ་རྟོགས་པ་གཞན་གྱིས་རྟོགས་པར་བྱ་བའི་དོན་དུ་)ལམ་སྟོན་ཕྱིར་ན་ཐུགས་ བརྩེ་བ། །ནུས་པ་(དང་)ཡེ་ཤེས་(དང་)ཐུགས་རྗེ་(གསུམ་པོ་)ཡིས། །སྡུག་བསྔལ་(གྱི་རྩ་ བ་ཕུང་པོ་ལྔ་དང་)ཉོན་མོངས་སྤོང་ཕྱིར་རོ། །(གོང་དུ་བསྟན་པ་དྲུག་པོ་དེ་ལ།)དང་པོ་ གསུམ་གྱིས་རང་དོན་ཏེ། །ཕྱི་མ་གསུམ་གྱིས་གཞན་དོན་ཡིན། །(རྒྱུ་རྐྱེན་གྱིས་)འདུས་མ་ བྱས་ནི་འདུས་བྱས་ལས་བཟློག་པར་རིག་པར་བྱའོ། །དེ་ལ་འདུས་བྱས་ནི་གང་ལ་(ཐོག་ མ་རྒྱུ་རྐྱེན་ལ་བརྟེན་ནས་)སྐྱེ་བ་ཡང་(བློས་)རབ་ཏུ་ཤེས་ཤིང་། (དབུས་སུ་)གནས་པ་ དང་། (མཐའ་)འཇིག་པ་ཡང་(བློས་)རབ་ཏུ་ཤེས་པ་ནི་འདུས་བྱས་ཤེས་བརྗོད་ལ། དེ་ མེད་པའི་ཕྱིར་སངས་རྒྱས་ཉིད་(རྒྱུ་རྐྱེན་ལ་བརྟེན་ནས་)ཐོག་མ་(སྐྱེ་བ་)དང་། དབུས་ (གནས་པ་)དང་། མཐའ་(འཇིག་པ་ཡང་)མེད་པ། འདུས་མ་བྱས་པ། ཆོས་ཀྱི་སྐུས་རབ་ ཏུ་ཕྱེ་བར་བལྟ་བར་བྱའོ། །(སྐྱེ་འགག་སོགས་ཀྱི་)སྤྲོས་པ་དང་(དེ་ལ་ཞེན་པའི་)རྣམ་ པར་རྟོག་པ་ཐམས་ཅད་ཉེ་བར་ཞི་བའི་ཕྱིར་(སྐུ་གསུང་ཐུགས་ཀྱི་བྱ་བ་ཐམས་ ཅད་)ལྷུན་གྱིས་གྲུབ་པའོ། །རང་བྱུང་གི་ཡེ་ཤེས་ཀྱིས་རྟོགས་པར་བྱ་(བ་ཡིན་)བའི་ཕྱིར། (སློབ་དཔོན་གྱི་སྒྲ་)གཞན་གྱི་རྐྱེན་གྱིས་རྟོགས་པར་བྱ་བ་མ་ཡིན་པའོ། །ཨོ་ད་ཡ(འི་ སྒྲ་)ནི་(སྐབས་གཞན་དུ་སྐྱེ་བ་ལ་འཇུག་ཀྱང་སྐབས་)འདིར་མངོན་པར་རྟོགས་པ་ལ་ འདོད་ཀྱི་སྐྱེ་བ་ལ་ནི་མ་ཡིན་ནོ། །དེ་ལྟར་(རང་བྱུང་ཡེ་ཤེས་ཀྱི་དོན་ནི་ནམ་མཁའ་ མཛོད་ཀྱི་ལོངས་སྤྱོད་ལས་སོགས་པ་གང་ཅི་དགོས་པ་ཐམས་ཅད་བཞེད་པ་ཙམ་གྱིས་ 9-1-16 རྒྱུ་རྐྱེན་ལ་མ་ལྟོས་པར་ནི་དགོས་སུ་འབྱུང་བ་ཡིན་ལ། དེ་ཉིད་ཚེ་ལ་དབང་བ་ལ་སོགས་ པ་དབང་བཅུ་ལ་རང་དབང་ཐོབ་པའི་ཕྱིར། རྒྱུ་རྐྱེན་ལ་རག་ལས་པའི་གཞན་དབང་དུ་ མ་སོང་བས་རྟག་ཏུ་གང་དགོས་པ་ཐམས་ཅད་མེད་པ་མི་སྲིད་པ་ནི་རྟག་པ་དང་བདག་ རང་དབང་ཅན་དང་། ལྷུན་གྱིས་གྲུབ་པའི་དོན་ཡིན་ནོ། །དེས་ན་དགོངས་པ་དེ་བཞིན་ དུ་མ་ཤེས་པས་སངས་རྒྱས་རྟག་པ་ལ་སོགས་པ་དང་འདུས་མ་བྱས་ཀྱི་ནམ་མཁའ་ བཞིན་དུ་གོ་ནས་བློར་མ་ཤོང་བས་སོ། །དེའི་ཕྱིར་རྒྱུ་རྐྱེན་ལ་མ་ལྟོས་པར་)དེ་བཞིན་ གཤེགས་པ་ཉིད་འདུས་མ་བྱས་པ་(དང་སྤྲོས་པ་དང་རྣམ་རྟོག་)འཇུག་པ་མེད་པའི་ མཚན་ཉིད་ལས་ཀྱང་ལྷུན་གྱིས་གྲུབ་པར་སངས་རྒྱས་ཀྱི་མཛད་པ་ཐམས་ཅད་ (ཡུན་)འཁོར་བ་ཇི་སྲིད་ཀྱི་མཐར་ཐུག་པར་(གང་ལ་ཡང་)ཐོགས་པ་མེད་ཅིང་རྒྱུན་མི་ འཆད་པར་རབ་ཏུ་འཇུག་གོ །དེ་ལྟར་(རྒྱུ་རྐྱེན་དང་འབད་རྩོལ་ལ་མ་ལྟོས་པའི་སྐུ་ གསུང་ཐུགས་ཀྱི་བྱ་བ་)ཤིན་ཏུ་རྨད་དུ་བྱུང་ཞིང་བསམ་དུ་མེད་པའི་ཡུལ་སངས་རྒྱས་ ཉིད་དེ་གཞན་ལས་མ་ཐོས་པར་རང་ཉིད་སློབ་དཔོན་མེད་པར་རང་བྱུང་གི་ཡེ་ཤེས་ ཀྱིས་(མཐའ་ཅིག་ཏུ་)བརྗོད་(པའི་དངོས་པོ་ཉིད་)དུ་(གྲུབ་པ་)མེད་པའི་རང་བཞིན་དུ་ མངོན་པར་རྫོགས་པར་སངས་རྒྱས་ཏེ། དེ་རྗེས་སུ་རྟོགས་པ་ལ། རྟོགས་པ་དང་མི་ལྡན་ པ་དམུས་ལོང་དུ་གྱུར་པ་གཞན་དག་གིས་ཀྱང་རྟོགས་པར་བྱ་བའི་ཕྱིར། དེ་རྗེས་སུ་ རྟོགས་པའི་ལམ་སྟོན་པར་མཛད་པའི་ཕྱིར། བླ་ན་མེད་པའི་ཡེ་ཤེས་དང་། ཐུགས་རྗེ་ དང་ལྡན་པ་ཉིད་དུ་རིག་པར་བྱའོ། །འཇིགས་པ་མེད་པའི་ལམ་ནི་འཇིག་རྟེན་ལས་ འདས་པའི་ཕྱིར་དང་འཇིག་རྟེན་ལས་འདས་པ་ཡང་(འཇིག་རྟེན་དུ་)ཕྱིར་མི་ལྡོག་པའི་ ཕྱིར་རོ། །རལ་གྲི་དང་རྡོ་རྗེའི་དཔེས་ནི་གོ་རིམ་ཇི་ལྟ་བར་དེ་བཞིན་གཤེགས་པའི་ཡེ་ ཤེས་དང་། ཐུགས་རྗེ་འདི་གཉིས་ཀྱིས་གཞན་གྱི་སྡུག་བསྔལ་དང་། ཉོན་མོངས་པའི་རྩ་ བ་འཇོམས་པར་ནུས་པར་བསྟན་ཏོ། །དེ་ལ་སྡུག་བསྔལ་གྱི་རྩ་བ་ནི་མདོར་ན་གང་ཅི་ ཡང་རུང་སྲིད་པ་རྣམས་སུ་མིང་(བཞིའི་ཕུང་པོ་)དང་གཟུགས་(ཀྱི་ཕུང་པོ་)མངོན་པར་ འགྲུབ་པའོ། །ཉོན་མོངས་པའི་རྩ་བ་ནི་གང་ཅི་ཡང་རུང་འཇིགས་ཚོགས་ལ་མངོན་པར་ 9-1-17 ཞེན་པ་སྔོན་དུ་འགྲོ་བ་ཅན་གྱི་(བདག་ཏུ་)ལྟ་བ་དང་(ཡིན་ལུགས་ཀྱི་དོན་ལ་)ཐེ་ཚོམ་ མོ། །དེ་ལ་མིང་དང་གཟུགས་ཀྱིས་བསྡུས་པའི་སྡུག་བསྔལ་ནི། མངོན་པར་འགྲུབ་པའི་ མཚན་ཉིད་ཀྱིས་ན་མྱུ་གུ་ལྟ་བུར་ཤེས་པར་བྱ་ལ། དེ་གཅོད་པར་བྱེད་པའི་ཕྱིར་དེ་ བཞིན་གཤེགས་པའི་ཡེ་ཤེས་དང་ཐུགས་རྗེ་གཉིས་ཀྱི་ནུས་པ་ནི་རལ་གྲིའི་དཔེས་ བསྟན་ཏོ། །ལྟ་བ་དང་ཐེ་ཚོམ་གྱིས་བསྡུས་པ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་ པ་ནི། འཇིག་རྟེན་པའི་ཤེས་པས་རྟོགས་པར་དཀའ་བ་དང་། ཕིགས་པར་དཀའ་བའི་ ཕྱིར་ནགས་ཐིབས་པོས་བསྐོར་བའི་རྩིག་པ་དང་འདྲ་ལ་དེ་འཇིག་པར་བྱེད་པའི་ཕྱིར། དེ་བཞིན་གཤེགས་པའི་ཡེ་ཤེས་དང་ཐུགས་རྗེ་དག་རྡོ་རྗེའི་དཔེ་དང་མཐུན་པར་རིག་ པར་བྱའོ། །དེ་ལྟར་ན་ཇི་སྐད་བསྟན་པའི་དེ་བཞིན་གཤེགས་པའི་ཡོན་ཏན་དྲུག་པོ་འདི་ རྣམས་གོ་རིམ་འདི་ཉིད་ཀྱིས། རྒྱས་པར་རྣམ་པར་དབྱེ་བ་བསྟན་པ་ནི། སངས་རྒྱས་ ཐམས་ཅད་ཀྱི་ཡུལ་ལ་འཇུག་པའི་ཡེ་ཤེས་སྣང་བ་རྒྱན་གྱི་མདོའི་རྗེས་སུ་འབྲངས་ནས་ རྟོགས་པར་བྱའོ། །དེ་ལས་ཇི་སྐད་དུ་འཇམ་དཔལ་(ཐོག་མ་)སྐྱེ་བ་མེད་ཅིང་(དབུས་ གནས་པ་མེད་ལ་མཐའ་)འགག་པ་མེད་པ་ཞེས་བྱ་བ་འདི་ནི་དེ་བཞིན་གཤེགས་པ་ དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཚིག་བླ་དྭགས་ཏེ། ཞེས་ གསུངས་པ་སྟེ། འདིས་ནི་རེ་ཤིག་དེ་བཞིན་གཤེགས་པ་ནི་འདུས་མ་བྱས་པའི་མཚན་ ཉིད་དོ། །ཞེས་བསྟན་ཏོ། །གང་ཡང་དེའི་རྗེས་ཐོགས་ཉིད་ལ། བཻཌཱུཪྻའི་ས་གཞི་དྲི་མ་མེད་ པའི་བརྒྱ་བྱིན་གྱི་གཟུགས་བརྙན་གྱི་དཔེ་ཐོག་མར་བྱ་སྟེ། ཇི་སྲིད་དཔེ་དགུས་དོན་འདི་ ཉིད་ཀྱི་དབང་དུ་བྱས་ནས་གསུངས་པ། འཇམ་དཔལ་དེ་བཞིན་དུ་དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་། (སྐུ་གསུང་ ཐུགས་ཀྱི་བྱ་བ་ཐམས་ཅད་སྤྲོས་པ་དང་རྣམ་རྟོག་ཐམས་ཅད་མེད་པར་ལྷུན་གྱིས་གྲུབ་ པས་)སྐུ་(འབད་རྩོལ་གྱིས་)གཡོ་བར་མི་མཛད། (ཐུགས་རྣམ་རྟོག་གིས་)སེམས་པར་མི་ མཛད། (ངག་བརྗོད་པ་ཅན་དུ་)སྤྲོ་བར་མི་མཛད། (དོན་གྱི་ངོ་བོར་)རྟོག་པར་མི་མཛད། (སྔོན་སོགས་ཀྱི་)རྣམ་པར་རྟོག་པར་མི་མཛད་ཅིང་། (སྐུ་གསུང་ཐུགས་མི་རྟོག་ཡེ་ཤེས་ 9-1-18 ཀྱི་ངོ་བོ་ཡིན་པའི་ཕྱིར་)རྟོག་པ་མེད་པ། རྣམ་པར་རྟོག་པ་མེད་པ། (རྣམ་ཤེས་ ཀྱིས་)སེམས་པ་མེད་པ། (གཟུང་འཛིན་གྱིས་)ཡིད་ལ་བྱེད་པ་མེད་པ། (ཉོན་མོངས་པའི་ ཚ་གདུང་དང་བྲལ་བའི་ཕྱིར་)བསིལ་བར་གྱུར་པ། (འདུས་བྱས་ཀྱི་)སྐྱེ་བ་མེད་པ། འགག་པ་མེད་པ། (གཟུང་འཛིན་གྱིས་བསྡུས་པའི་མིག་དང་རྣ་བ་དང་སྣ་དང་ལྕེ་དང་ ལུས་ཀྱི་རིམ་པ་ལྟར་)བལྟར་མེད་པ། མཉན་དུ་མེད་པ། བསམ་དུ་མེད་པ། མྱང་དུ་མེད་ པ། རེག་ཏུ་མེད་པ། (གཟུང་འཛིན་གྱི་ཡིད་འདིས་འཛིན་པའི་དངོས་པོའི་)མཚན་མ་ མེད་པ། (རྣམ་ཤེས་ཚོགས་བརྒྱད་ཀྱི་)རྣམ་པར་རིག་(པའི་འཛིན་)པ་མེད་པ། (བརྒྱད་པོ་དེས་)རྣམ་པར་རིག་པར་བྱ་(བའི་གཟུང་)བ་མ་ཡིན་པ་ཞེས་གསུངས་ཏེ། དེ་ ལ་སོགས་པས་ནི་(སྤྲོས་པ་དང་རྣམ་རྟོག་ཐམས་ཅད་)ཉེ་བར་ཞི་བའི་ཚིག་གི་རབ་ཏུ་ དབྱེ་བ་བསྟན་པའོ། །(ཉེ་བར་ཞི་བར་བསྟན་པ་)འདིས་ནི་(སངས་རྒྱས་)རང་གི་(སྐུ་ གསུང་ཐུགས་ཀྱི་)མཛད་པ་དག་ལ་རྣམ་པར་རྟོག་པ་དང་། སྤྲོས་པ་ཐམས་ཅད་ཞི་བའི་ ཕྱིར་ན། དེ་བཞིན་གཤེགས་པ་ལྷུན་གྱིས་གྲུབ་པ་ཉིད་དུ་བསྟན་ཏོ། །དེའི་འོག་ཏུ་(ཡེ་ ཤེས་སྣང་བ་རྒྱན་གྱི་མདོའི་)གཞུང་ལྷག་མ་ལས་དཔེ་(དགུ་)བསྟན་པས་ནི། ཆོས་ཐམས་ ཅད་ཀྱི་དེ་བཞིན་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པའི་སྒོ་ལ། གཞན་གྱི་རྐྱེན་གྱིས་ མངོན་པར་རྟོགས་པ་མ་ཡིན་པ་ཉིད་དུ་བསྟན་ཏོ། །གང་ཡང་དེ་བཞིན་གཤེགས་པའི་ བྱང་ཆུབ་(སྔར་བཤད་པའི་སྙིང་རྗེ་)རྣམ་པ་བཅུ་དྲུག་བསྟན་ནས་མཐར་འདི་སྐད་དུ། འཇམ་དཔལ་དེ་ལ་(དོན་དམ་གྱི་)ཆོས་ཐམས་ཅད་(དངོས་པོ་མེད་པའི་ངོ་བོ་)དེ་ལྟ་ བུའི་རང་བཞིན་དུ་མངོན་པར་རྫོགས་པར་བྱང་ཆུབ་ནས། སེམས་ཅན་རྣམས་ལ་ཡང་ མ་དག་པ་དྲི་མ་དང་མ་བྲལ་བ་སྐྱོན་དང་བཅས་པའི་ཆོས་ཀྱི་དབྱིངས་གཟིགས་ནས། སེམས་ཅན་རྣམས་ལ་རྣམ་པར་རྩེན་པ་ཞེས་བྱ་བའི་དེ་བཞིན་གཤེགས་པའི་ཐུགས་རྗེ་ ཆེན་པོ་རབ་ཏུ་འཇུག་གོ །ཞེས་གསུངས་ཏེ། འདིས་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ དང་ཐུགས་རྗེ་དང་ལྡན་པ་ཉིད་བརྗོད་དོ། །དེ་ལ་ཆོས་ཐམས་ཅད་དེ་ལྟ་བུའི་རང་ བཞིན་དུ་ཞེས་བྱ་བ་ནི་གོ་རིམ་ཇི་ལྟ་བ་བཞིན་དུ་བསྟན་པ་(འདུས་བྱས་ཀྱི་)དངོས་པོ་ 9-1-19 མེད་པའི་ངོ་བོ་ཉིད་དུའོ། །མངོན་པར་རྫོགས་པར་བྱང་ཆུབ་ནས་ཤེས་བྱ་བ་ནི། ཡང་ དག་པ་ཇི་ལྟ་བ་བཞིན་དུ་རྣམ་པར་མི་རྟོག་པའི་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་མཁྱེན་པས་ སོ། །སེམས་ཅན་རྣམས་ལ་ཞེས་བྱ་བ་ནི་(ཡང་དག་པ་ཉིད་དུ་)ངེས་པ(འི་ཕུང་པོ་)དང་ མ་ངེས་པ་དང་། ལོག་པ་ཉིད་དུ་ངེས་པའི་ཕུང་པོ་རྣམས་ལའོ། །ཆོས་ཀྱི་དབྱིངས་ཞེས་བྱ་ བ་ནི་(སངས་རྒྱས་)རང་གི་ཆོས་ཉིད་ཀྱི་རང་བཞིན་དང་(ངོ་བོ་དང་ཡོན་ཏན་ཐམས་ ཅད་)ཁྱད་པར་མེད་པ་(སེམས་ཅན་ཐམས་ཅད་ལ་བཞུགས་པ་)དེ་བཞིན་གཤེགས་པའི་ སྙིང་པོ(རང་བཞིན་གྱིས་གཙང་བདག་བདེ་དང་རྟག་པ་དམ་པ)འོ། །གཟིགས་ནས་ཤེས་ བྱ་ནི་(ཡོན་ཏན་)རྣམ་པ་ཐམས་ཅད་(རང་ཆས་སུ་ཚང་བར་)སངས་རྒྱས་ཀྱི་སྤྱན་སྒྲིབ་ པ་མེད་པས་གཟིགས་ནས་སོ། །བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་ནི་ཉོན་མོངས་པའི་སྒྲིབ་ པས་མ་དག་པའོ། །ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ནི་ཤེས་བྱའི་སྒྲིབ་པས་དྲི་ མ་དང་མ་བྲལ་བའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི་(ཉོན་སྒྲིབ་དང་ཤེས་སྒྲིབ་)དེ་ གཉི་ག་གང་ཡང་རུང་བའི་ལྷག་མས་སྐྱོན་དང་བཅས་པའོ། །རྣམ་པར་རྩེན་པ་(ཞེས་ བྱའི་ཐུགས་རྗེ་)ནི། གདུལ་བྱ་(འདུལ་བ)འི་ཐབས་ཀྱི་སྒོ་སྣ་ཚོགས་པ་གྲུབ་པ་ལ་ཞུགས་ པའི་ཕྱིར་རོ། །སེམས་ཅན་རྣམས་ལ་རབ་ཏུ་འཇུག་པ་ནི། (ཕྱོགས་ལྷུང་མེད་པར་)མཉམ་ པ་ཉིད་དུ་སེམས་ཅན་ཐམས་ཅད་ཀྱི་(དོན་གྱི་)རྒྱུ་མཚན་དུ་མངོན་པར་བྱང་ཆུབ་པས་ ན་(སེམས་ཅན་ཐམས་ཅད་ཀྱིས་)རང་གི་ཆོས་ཉིད་རྟོགས་པ་ཐོབ་པར་དགོངས་པའི་ ཕྱིར་རོ། །དེའི་འོག་ཏུ་བླ་ན་མེད་པའི་ཡེ་ཤེས་དང་ཐུགས་རྗེ་རབ་ཏུ་ཞུགས་པ་ལས་ མཚུངས་པ་མེད་པའི་ཆོས་ཀྱི་འཁོར་ལོ་རབ་ཏུ་འཇུག་པ་མངོན་པར་བསྒྲུབ་པའི་སྦྱོར་བ་ རྒྱུན་མི་འཆད་པ་གང་ཡིན་པ་འདི་ནི་(ཡེ་ཤེས་དང་ཐུགས་རྗེ་)དེ་གཉིས་ཀྱིས་གཞན་གྱི་ དོན་བྱེད་པའི་ནུས་པར་རིག་པར་བྱའོ། །དེ་ལ་དེ་བཞིན་གཤེགས་པའི་ཡོན་ཏན་དྲུག་པོ་ དེ་དག་ཉིད་ལས་གོ་རིམ་ཇི་ལྟ་བར་འདུས་མ་བྱས་པ་ལ་སོགས་པ་དང་པོ་གསུམ་དང་ ལྡན་པ་ནི་རང་གི་དོན་ཕུན་སུམ་ཚོགས་པ་ཡིན་ལ། ཡེ་ཤེས་ལ་སོགས་པ་ལྷག་མ་གསུམ་ དང་ལྡན་པ་ནི་གཞན་གྱི་དོན་ཕུན་སུམ་ཚོགས་པའོ། །(དེ་ཡང་ཡིན་ལ་)ཡང་(རང་དོན་ 9-1-20 གཞན་དོན་གཉིས་བཤད་)ན་(འདི་ཡང་ཡིན་ཏེ་)ཡེ་ཤེས་ཀྱིས་ནི་མཆོག་ཏུ་རྟག་པ་ དང་ཉེ་བར་ཞི་བའི་གནས་དང་རང་ཉིད་མངོན་པར་བྱང་ཆུབ་པ་ལ་གནས་པའི་ཡོན་ ཏན་གྱིས་ནི་རང་གི་དོན་ཕུན་སུམ་ཚོགས་པ་བསྟན་ལ། ཐུགས་རྗེ་དང་ནུས་པ་དག་གིས་ ནི་བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་ཆེན་པོ་རབ་ཏུ་འཇུག་པའི་ཡོན་ཏན་གྱིས་ནི། གཞན་གྱི་དོན་ཕུན་སུམ་ཚོགས་པ་བསྟན་པའོ། ། སངས་རྒྱས་དཀོན་མཆོག་དེ་ལས་ཆོས་དཀོན་མཆོག་འབྱུང་བའི་ཕྱིར། (སངས་རྒྱས་ དཀོན་མཆོག་)དེའི་རྗེས་ཐོགས་ལ་དེ(སྟོན་པ)འི་དབང་དུ་བྱས་ནས་ཚིགས་སུ་བཅད་པ། (ཆོས་དཀོན་མཆོག་)གང་ཞིག་(འགོག་ལམ་གཉིས་ཡོད་པ་དེ་ལ་དང་པོ་འགོག་ བདེན་)མེད་(པ་རི་བོང་གི་རྭ་ལྟ་བུ་)མིན་ཡོད་(པ་དངོས་པོ་)མིན་ཡོད་མེད་(དེ་གཉིས་ ཀ་གཞི་མཐུན་པ་ཡང་)མ་ཡིན་ཡོད་མེད་(དེ་གཉིས་)ལས་གཞན་དུའང་། །(མཐའ་ གཅིག་ཏུ་)བརྟག་པར་མི་ནུས་(པ་དང་འདི་ཙམ་གཅིག་ཏུ་ངེས་པའི་ཚུལ་དུའང་མ་ གྲུབ་པས་)ངེས་ཚིག་དང་བྲལ་(བ་དང་འཕགས་པ་རྣམས་ཀྱིས་)སོ་སོ་རང་གིས་རིག་ (པའོ་གཉིས་དང་ཚུལ་མིན་གྱི་སྤྲོས་པ་ཐམས་ཅད་)ཞི་བ(དང་གསུམ་ནི་འགོག་བདེན་ ནོ། །ལམ་བདེན་ནི།)དྲི་མེད་(དག་པ་དང་)ཡེ་ཤེས་(གསལ་བ་དང་)འོད་ཟེར་སྣང་ལྡན་ (དུག་གསུམ་གྱི་གཉེན་པོའི་ཕྱོགས་ཉིད་ཀྱིས་)དམིགས་པ་ཀུན་ལ་ཆགས་པ་ དང་། །(ཞེ་)སྡང་དང་རབ་རིབ་(གཏི་མུག་རྣམས་)རྣམ་པར་འཇོམས་མཛད་དམ་ཆོས་ ཉི་མ་དེ་ལ་འདུད། །འདིས་ནི་ཅི་བསྟན་ཞེ་ན། (འགོག་བདེན་ནི་རྟོག་གེས་)བསམ་ (དུ་)མེད་(ལས་ཉོན་)གཉིས་མེད་(ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་)རྟོག་ (པ་)མེད་པ(འོ)། །(ལམ་བདེན་ནི་)དག་གསལ་གཉེན་པོའི་ཕྱོགས་ཉིད་ཀྱིས། །(འགོག་ བདེན་)གང་ཞིག་(ལམ་བདེན་)གང་གིས་ཆགས་(སྡང་དང་)བྲལ་(བར་བྱས་ པ་)བ། །བདེན་གཉིས་མཚན་ཉིད་ཅན་དེ་ཆོས(་དཀོན་མཆོག་ཡིན་ནོ)། །འདིས་ནི་ མདོར་བསྡུ་ན་ཡོན་ཏན་བརྒྱད་ཀྱིས་བསྡུས་པའི་ཆོས་དཀོན་མཆོག་བརྗོད་དོ། །ཡོན་ ཏན་བརྒྱད་གང་ཞེ་ན། བསམ་དུ་མེད་པ་ཉིད་དང་། གཉིས་སུ་མེད་པ་ཉིད་དང་། རྣམ་ 9-1-21 པར་རྟོག་པ་མེད་པ་ཉིད་(དེ་འགོག་བདེན་གྱིས་གསུམ་)དང་། དག་པ་ཉིད་དང་། མངོན་པར་གསལ་བར་བྱེད་པ་དང་། གཉེན་པོའི་ཕྱོགས་ཉིད་(དེ་ལམ་བདེན་གྱི་ གསུམ་)དང་། འདོད་ཆགས་དང་བྲལ་བ་(འགོག་བདེན་)དང་། འདོད་ཆགས་དང་བྲལ་ བའི་རྒྱུ་(ལམ་གྱི་བདེན་པ)འོ། ། ཆགས་བྲལ་(ཆོས་དཀོན་མཆོག་)ཉིད་(གང་གིས་བསྡུས་ན་ཆོས་སྐུ་སྤངས་པའི་ཕྱོགས་ ནས་བསྟན་པ་)ནི་འགོག་པ(འི་བདེན་པ་)དང་། །ལམ་གྱི་བདེན་པ་དག་གིས་ བསྡུས། །གོ་རིམ་ཇི་བཞིན་(འགོག་ལམ་)དེ་དག་ཀྱང་། །(རེ་རེའང་)ཡོན་ཏན་གསུམ་ གསུམ་གྱིས་རིག་(པར་)བྱ(འོ)། །གོ་རིམ་ཇི་ལྟ་བ་བཞིན་དུ་ཡོན་ཏན་དྲུག་པོ་དེ་རྣམས་ ཉིད་ལས། བསམ་དུ་མེད་པ་དང་། གཉིས་སུ་མེད་པ་དང་། རྣམ་པར་རྟོག་པ་མེད་པ་སྟེ། ཡོན་ཏན་དང་པོ་གསུམ་གྱིས་ནི་འགོག་པའི་བདེན་པ་བསྟན་པའི་ཕྱིར་འདོད་ཆགས་ དང་བྲལ་བ་བསྡུས་པར་རིག་པར་བྱ་ལ། དག་པ་དང་། མངོན་པར་བསལ་བ་དང་། གཉེན་པོའི་ཕྱོགས་ཉིད་དེ། ཡོན་ཏན་ལྷག་མ་གསུམ་གྱིས་ནི་ལམ་གྱི་བདེན་པ་བསྟན་ པའི་ཕྱིར། འདོད་ཆགས་དང་བྲལ་བའི་རྒྱུ་བསྡུས་པ་ཡིན་ནོ། །འདོད་ཆགས་དང་བྲལ་བ་ གང་ཡིན་པ་འགོག་པའི་བདེན་པ་དང་། གང་གིས་འདོད་ཆགས་དང་བྲལ་བ་ལམ་གྱི་ བདེན་པ་དེ་གཉི་ག་(གཅིག་ཏུ་)མངོན་པར་བསྡུས་ཏེ། རྣམ་པར་བྱང་པའི་(འགོག་ལམ་ གྱི་)བདེན་པ་གཉིས་ཀྱི་མཚན་ཉིད་ཀྱི་འདོད་ཆགས་དང་བྲལ་བ་ནི་ཆོས་(དཀོན་ མཆོག་)ཡིན་ནོ་ཞེས་བསྟན་ཏོ། ། (དེ་ལ་འགོག་པའི་བདེན་པ་ནི་མཐའ་གཅིག་ཏུ་ཡོད་མེད་ལ་སོགས་སུ་)བརྟག་ (པ་)མིན་(པའི་)ཕྱིར་དང་(མཐའ་གཅིག་ཏུ་ངེས་ཚིག་གིས་)བརྗོད་མིན་ཕྱིར། །འཕགས་ པས་(སོ་སོ་རང་རིག་ཡེ་ཤེས་ཀྱིས་)མཁྱེན་(པའི་)ཕྱིར་བསམ་(དུ་)མེད་(པ་)ཉིད(་ དང་)། །(སྐྱོན་གཉིས་)ཞི་(བ་)ཉིད་(ནི་ལས་ཉོན་)གཉིས་མེད་(པ་དང་ཚུལ་བཞིན་མིན་ པའི་)རྟོག་མེད་དེ། །(ལམ་བདེན་གྱི་)དག་(པ་དང་)སོགས་(པ་གསལ་བ་གཉེན་པོའི་ ཕྱོགས་)གསུམ་ནི་ཉི་(མ་)བཞིན་ནོ། །མདོར་བསྡུ་ན། འགོག་པའི་བདེན་པ་ནི། རྒྱུ་གསུམ་ 9-1-22 གྱིས་(རྣམ་ཤེས་ཀྱིས་མཐའ་གཅིག་ཏུ་)བསམ་དུ་མེད་པ་ཉིད་དུ་རིག་པར་བྱའོ། །གསུམ་ པོ་གང་དག་གིས་ཞེ་ན། (རི་བོང་རྭ་བཞིན་དུ་གཏན་)མེད་པ(འི་མཐའ་)དང་། (དངོས་ པོ་ལྟར་)ཡོད་པ(འི་མཐའ་)དང་། ཡོད་མེད་(དེ་གཉི་ག་ཡིན་པའི་མཐའ་)དང་། གཉི་ ག་མ་ཡིན་པ(འི་མཐའ་)སྟེ། རྣམ་པ་བཞི་ཀ་ལྟར་ཡང་(མཐའ་ཅིག་ཏུ་)རྟོག་གེའི་ཡུལ་ དུ་(གྲུབ་པ་)མ་ཡིན་པའི་ཕྱིར་དང་། (རྗོད་བྱེད་ཀྱི་)སྒྲ་དང་སྐད་དང་བརྗོད་པ་དང་ ངག་གི་ཡུལ་དང་ངེས་ཚིག་དང་། བརྡ་དང་ཐ་སྙད་དང་མངོན་པར་བརྗོད་པ་དག་གིས་ བརྗོད་(པའི་དོན་མཐའ་ཅིག་)དུ་(གྲུབ་པ་)མེད་པའི་ཕྱིར་དང་། (དེ་ལྟར་ཡིན་ཡང་ གཏན་མེད་པ་མ་ཡིན་ཏེ་)འཕགས་པ་རྣམས་ཀྱིས་སོ་སོ་རང་གིས་རིག་པར་བྱ་བ་(དུས་ གསུམ་གྱི་རྒྱལ་བའི་ཡུམ་)ཡིན་པའི་ཕྱིར་རོ། །(གོང་དུ་བསྟན་པ་)དེ་ལ་འགོག་པའི་ བདེན་པ་ཇི་ལྟར་ན་གཉིས་སུ་མེད་པ་ཉིད་དང་། རྣམ་པར་རྟོག་པ་མེད་པ་ཉིད་དུ་རིག་ པར་བྱ་ཞེ་ན། བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་གསུངས་པ་བཞིན་ཏེ། ཤཱ་རིའི་བུ་ འགོག་པ་ཞེས་བྱ་བ་འདི་ནི་(སངས་རྒྱས་ཐམས་ཅད་ཀྱི་)ཆོས་ཀྱི་སྐུ་སྟེ། གཉིས་སུ་མེད་ པའི་ཆོས་ཅན་རྣམ་པར་མི་རྟོག་པའི་ཆོས་སོ། །ཞེས་སོ། །དེ་ལ་གཉིས་ནི་ལས་དང་ཉོན་ མོངས་པ་ལ་བརྗོད་ལ། རྣམ་པར་རྟོག་པ་ནི་ལས་དང་ཉོན་མོངས་པ་ཀུན་འབྱུང་བའི་རྒྱུ་ ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལ་བརྗོད་དོ། །(ལས་ཉོན་)དེ་རང་བཞིན་གྱིས་ འགག་(པའི་གཞི་ཆོས་ཀྱི་སྐུ་དོན་དམ་དུ་ཡོད་)པར་སོ་སོར་རིག་པའི་ཕྱིར་རྣམ་པར་ རྟོག་པ་དང་གཉིས་ཀུན་ཏུ་སྤྱོད་པ་མེད་པའི་ཚུལ་གྱིས་སྡུག་བསྔལ་(འདུས་བྱས་)གཏན་ འབྱུང་བ་མེད་པ་གང་ཡིན་པ་(གཤིས་ལུགས་ཀྱི་ཆོས་ཐམས་ཅད་ཀྱི་ཕུང་པོ་)འདི་ནི། སྡུག་བསྔལ་འགོག་པའི་བདེན་པ་ཞེས་བྱའོ། །(ལས་དང་ཉོན་མོངས་པའི་)ཆོས་(བདེན་ པར་ཡོད་པ་)འགའ་ཞིག་(ལམ་གྱིས་ཕྱིས་)ཞིག་(པར་བྱས་)པའི་ཕྱིར་(དེ་མེད་པ་ ཙམ་)ནི་སྡུག་བསྔལ་འགོག་པའི་བདེན་པར་མ་བསྟན་ཏེ། ཇི་སྐད་དུ་། འཇམ་དཔལ་སྐྱེ་ བ་མེད་ཅིང་འགག་པ་མེད་པ་ལ་(སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་འགོག་ བདེན་ཟབ་མོ་)ནི་སེམས་(ཀུན་གཞིའི་རྣམ་ཤེས་)དང་(ཉོན་)ཡིད་དང་རྣམ་པར་ཤེས་ 9-1-23 པ(འི་ཚོགས་དྲུག་)མི་འཇུག་གོ །(ཆོས་སྐུ་)གང་ལ་སེམས་དང་ཡིད་དང་རྣམ་པར་ཤེས་ པ་(སྟེ་རྣམ་ཤེས་ཚོགས་བརྒྱད་)མི་འཇུག་པ་དེ་ལ་ནི་ཀུན་ཏུ་རྟོག་པ་གང་ཞིག་ཚུལ་ བཞིན་མ་ཡིན་པ་ཡིད་ལ་བྱེད་པར་འགྱུར་བ། ཀུན་ཏུ་རྟོག་པ་འགའ་ཡང་མེད་དོ། །ཚུལ་ བཞིན་ཡིད་ལ་བྱེད་པ་ལ་རབ་ཏུ་སྦྱོར་བ་དེ་ནི། (བདེན་གཉིས་ཀྱི་གནས་ལུགས་)མ་རིག་ པ་(ཚོགས་བརྒྱད་)ཀུན་ནས་སློང་བར་མི་བྱེད་དོ། །མ་རིག་པ་ཀུན་ནས་ལྡང་བ་མེད་པ་ གང་ཡིན་པ་དེ་ནི། སྲིད་པའི་(རྟེན་འབྲེལ་)ཡན་ལག་བཅུ་གཉིས་ཀུན་ནས་ལྡང་པར་མི་ བྱེད་དོ། །(ཆོས་སྐུ་)དེ་ནི་མི་སྐྱེ་ཞེས་བྱ་བ་ལ་སོགས་པས་རྒྱས་པར་གསུངས་པར་ཡིན་ ནོ། །ཇི་སྐད་དུ་(དཔལ་ཕྲེང་གི་མདོ་ལས་)བཅོམ་ལྡན་འདས་(འདུས་བྱས་ཀྱི་)ཆོས་ འཇིག་པ་(མེད་པ་ཙམ་)ནི་སྡུག་བསྔལ་འགོག་(པའི་བདེན་)པ་མ་ལགས་སོ། །བཅོམ་ ལྡན་འདས་སྡུག་བསྔལ་འགོག་པ་ཞེས་བགྱི་བ་ནི་(དང་པོའི་སངས་རྒྱས་)ཐོག་མ་(ཐ་ མ་)མེད་པའི་དུས་ཅན། (རྒྱུ་རྐྱེན་གྱིས་འདུས་)མ་བྱས་པ་མ་སྐྱེས་པ་མ་བྱུང་བ་(རང་གི་ ངོ་བོ་)ཟད་པ་མེད་པ། (ཡོན་ཏན་ཐམས་ཅད་)ཟད་པ་དང་བྲལ་བ། (ནམ་ཡང་)རྟག་པ་ བརྟན་པ་ཞི་བ་(འདུས་བྱས་ཀྱི་མཚན་ཉིད་ལས་འདས་པས་)མི་འཇིག་པ། རང་བཞིན་ གྱིས་ཡོངས་སུ་དག་པ་ཉོན་མོངས་པའི་སྦུབས་ཐམས་ཅད་ལས་(རང་བཞིན་གྱིས་)གྲོལ་ བ། (སྟོབས་སོགས་ཀྱི་ཡོན་ཏན་ཐམས་ཅད་རང་དང་དུས་ནམ་ཡང་)རྣམ་པར་དབྱེར་ མེད་པ་(རྟོག་གེས་མཐའ་ཅིག་ཏུ་)བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་ཆོས་གང་ གཱའི་ཀླུང་གི་བྱེ་མ(འི་གྲངས་)ལས་འདས་པ(འི་ཡོན་ཏན་)དང་(མེ་དང་ཚ་བ་བཞིན་ དབྱེར་མེད་དུ་)ལྡན་པ་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུར་བསྟན་པ་སྟེ། བཅོམ་ལྡན་ འདས་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་འདི་ཉིད་(སེམས་ཅན་གྱི་གནས་སྐབས་ སུ་)ཉོན་མོངས་པའི་སྦུབས་ལས་མ་གྲོལ་བ་ནི་(རང་གི་ངོ་བོ་དེ་བཞིན་གཤེགས་པ་ཡིན་ ལ་དེ་ཉིད་སེམས་ཅན་གྱི་སྙིང་པོར་བཞུགས་པ་ལ་)དེ་བཞིན་གཤེགས་པའི་སྙིང་པོ་ཞེས་ བགྱིའོ་ཞེས་གསུངས་པ་བཞིན་ཏེ། (འགོག་བདེན་ཟབ་མོའི་ཆོས་)ཐམས་ཅད་རྒྱས་པར་ ནི་(དཔལ་ཕྲེང་གི་)མདོ་ཇི་ལྟ་བ་བཞིན་དུ་སྡུག་བསྔལ་འགོག་པའི་བདེན་པ་རྣམ་པར་ 9-1-24 བཞག་པ་རྟོགས་པར་བྱའོ། །སྡུག་བསྔལ་འགོག་པའི་མིང་ཅན་དེ་བཞིན་གཤེགས་པའི་ ཆོས་ཀྱི་སྐུ་འདི་ཐོབ་པའི་རྒྱུ་རྣམ་པར་མི་རྟོག་པའི་ཡེ་ཤེས་མཐོང་བ་དང་བསྒོམ་པའི་ ལམ་ནི་ཆོས་མཐུན་པ་རྣམ་པ་གསུམ་གྱིས་ཉི་མ་དང་འདྲ་བར་རིག་པར་བྱ་སྟེ། དཀྱིལ་ འཁོར་རྣམ་པར་དག་པར་ཆོས་མཐུན་པས་ནི་ཉེ་བའི་ཉོན་མོངས་པའི་དྲི་མ་ཐམས་ ཅད་དང་བྲལ་བའི་(སྤངས་པ་ཕུན་ཚོགས་དང་ལྡན་པའི་)ཕྱིར་རོ། །གཟུགས་གསལ་བར་ བྱེད་པ་དང་ཆོས་མཐུན་པས་ནི་ཤེས་བྱ་ཐམས་ཅད་ཀྱི་རྣམ་པ་ཐམས་ཅད་(ཇི་ལྟ་བ་ དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཀྱིས་)གསལ་བར་བྱེད་པའི་(རྟོགས་པ་ཕུན་ཚོགས་ དང་ལྡན་པའི་)ཕྱིར་རོ། །མུན་པའི་གཉེན་པོར་ཆོས་མཐུན་པས་ནི། དེ་ཁོ་ན་(ཉིད་ཆོས་ ཀྱི་སྐུ་དག་པ་དང་རྫོགས་པར་)མཐོང་བའི་གེགས་ཀྱི་རྣམ་པ་(ཉོན་སྒྲིབ་དང་ཤེས་ སྒྲིབ་)ཐམས་ཅད་ཀྱི་གཉེན་པོར་གྱུར་པའི་ཕྱིར་རོ། །(ཆོས་ཀྱི་སྐུ་གསལ་བ་དང་རྫོགས་ པར་མཐོང་བའི་)གེགས་ཀྱང་ཡང་དག་པ་མ་ཡིན་པའི་དངོས་པོའི་རྒྱུ་མཚན་གྱི་ཡུལ་ (ཚུལ་བཞིན་མ་ཡིན་པ་)ཡིད་ལ་བྱེད་པ་སྔོན་དུ་འགྲོ་བ་ཅན། (སྒྲིབ་གཉིས་)བག་ལ་ ཉལ་བ་དང་(སྒྲིབ་གཉིས་མངོན་གྱུར་དུ་)ཀུན་ནས་ལྡང་བ་དང་། ལྡན་པ་ལས། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་སྐྱེ་བའོ། །བག་ལ་ཉལ་ལས་ནི་ཡང་དག་པ་ མ་ཡིན་པ་དེའི་རང་བཞིན་མིན་པའི་དངོས་པོ་བྱིས་པ་རྣམས་ལ་འདོད་ཆགས་བསྐྱེད་ པས་ན་(སྙིང་དུ་)སྡུག་པའི་རྣམ་པར་རམ། ཞེ་སྡང་བསྐྱེད་པས་ན་ཁོང་ཁྲོའི་རྣམ་པར་ རམ། (ཆགས་སྡང་དེ་གཉིས་ལ་སྐྱོན་དུ་མ་མཐོང་བའི་)གཏི་མུག་བསྐྱེད་པས་མ་རིག་ པའི་རྣམ་པས་རྒྱུ་མཚན་དུ་འགྱུར་རོ། །འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་རྒྱུ་ མཚན་ཡང་དག་པ་མ་ཡིན་པ་དེ་ཡང་(མི་བདེན་པའི་དངོས་པོ་ལ་)དམིགས་པར་བྱེད་ པ་ན་(བརྫུན་པའི་)ཚུལ་བཞིན་མ་ཡིན་པ་(བདེན་པར་)ཡིད་ལ་བྱེད་པས་(ཆགས་སྡང་ གི་)སེམས་(དང་དུ་)ཡོངས་སུ་ལེན་ཏོ། །(ཆགས་སྡང་གི་)སེམས་ཚུལ་བཞིན་མ་ཡིན་པ་ ཡིད་ལ་བྱེད་པར་གནས་པ་དེ་དག་ལས་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ རྣམས་(ཆེས་ཆེར་རྒྱས་པ་ལས་)ལས་གང་ཡང་རུང་པའི་ཉོན་མོངས་པ་ཀུན་ཏུ་ 9-1-25 (ལོངས་)སྤྱོད་པར་འགྱུར་རོ། །དེ་དག་གི་གཞི་དེ་ལས་ལུས་དང་ངག་དང་ཡིད་ཀྱིས་ འདོད་ཆགས་ལས་སྐྱེས་པའི་ལས་ཀྱང་མངོན་པར་འདུ་བྱེད་ཞེ་སྡང་ལས་སྐྱེས་པ་དང་། གཏི་མུག་ལས་སྐྱེས་པའི་ལས་ཀྱང་མངོན་པར་འདུ་བྱེད་དོ། །ལས་ལས་ཀྱང་(དེ་དང་ རྗེས་སུ་མཐུན་པའི་)སྐྱེ་བ་རྗེས་སུ་འབྲེལ་བ་ཁོ་ནར་འགྱུར་རོ། །དེ་ལྟར་བྱིས་པ་བག་ལ་ ཉལ་དང་ལྡན་པ་(དངོས་པོ་བདེན་པའི་)མཚན་མར་འཛིན་པ་ཅན་དམིགས་པ་ལ་སྤྱོད་ པ་དེ་དག་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཀུན་འབྱུང་བ་ལས་ཉོན་མོངས་པ་ཀུན་ འབྱུང་ངོ་། །ཉོན་མོངས་པ་ཀུན་འབྱུང་བ་ལས་ནི་(ལུས་ངག་སེམས་ཀྱི་)ལས་ཀུན་འབྱུང་ བར་འགྱུར་རོ། །ལས་ཀུན་འབྱུང་བ་ལས་ནི་(རིགས་དྲུག་གི་)སྐྱེ་བ་ཀུན་འབྱུང་བར་ འགྱུར་རོ། །བྱིས་པ་རྣམས་ཀྱི་(ཆགས་སོགས་ཀྱི་)ཉོན་མོངས་པ་དང་(དེ་དང་མཐུན་པའི་ ལུས་ངག་སེམས་ཀྱི་)ལས་དང་(དེ་དང་མཐུན་པའི་རིགས་དྲུག་གི་)སྐྱེ་བའི་ཀུན་ནས་ ཉོན་མོངས་པའི་རྣམ་པ་འདི་ཐམས་ཅད་ཀྱང་(དེ་བཞིན་གཤེགས་པའི་སྙིང་ པོའི་)ཁམས་ཅིག་ཡང་དག་པ། (གཙང་བདག་བདེ་དང་རྟག་པ་ཉིད་)ཇི་ལྟ་བ་བཞིན་ དུ་(སོ་སོ་རང་རིག་ཡེ་ཤེས་ཀྱིས་)མ་ཤེས་པས་རབ་ཏུ་འཇུག་གོ །(ཁམས་)དེ་ཡང་ཇི་ ལྟར་(སོར་རྟོག་ཡེ་ཤེས་ཀྱིས་)ཡོངས་སུ་བཙལ་བ་ན་(ཆགས་སོགས་)དེའི་རྒྱུ་མཚན་ནམ་ དམིགས་པ(འི་དངོས་པོ་)འགའ་ཡང་མི་མཐོང་བ་དེ་ལྟར་(ཤེས་རབ་ཀྱིས་)བལྟ་བར་ བྱའོ། །(གང་ཟག་(དེ(ས་)གང་གི་ཚེ་(ཆགས་སོགས་ཀྱི་)རྒྱུ་མཚན་ནི་དམིགས་པ་མི་ མཐོང་བ་དེའི་ཚེ་(ཡེ་ཤེས་ཀྱིས་)ཡང་དག་པ་(ཁམས་དེ་ཁོ་ན་ཉིད་)མཐོང་བ་ཡིན་ ནོ། །དེ་ལྟར་(དོན་དམ་བདེན་པའི་)ཆོས་དེ་དག་དེ་བཞིན་གཤེགས་པས་(ཐམས་ཅད་ བདེ་གཤེགས་སྙིང་པོར་)མཉམ་པ་ཉིད་ཀྱིས་མཉམ་པར་མངོན་པར་རྫོགས་པར་སངས་ རྒྱས་སོ། །གང་ཞིག་དེ་ལྟར་(གཤིས་ལ་)མེད་པའི་རྒྱུ་མཚན་(ཀུན་རྫོབ་)གྱི་དམིགས་པ་ མ་མཐོང་བའི་ཕྱིར་དང་། (གཤིས་ལ་)ཡོད་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་གྱུར་པ་ དོན་དམ་པའི་བདེན་པ་ནི་(ཡང་དག་ཡེ་ཤེས་ཀྱིས་)མཐོང་བའི་ཕྱིར་(སྐྱོན་ཡོན་)དེ་ གཉི་ག་(སྐྱོན་སྔར་ཡོད་)བསལ་བར་བྱ་བ་དང་(ཡོན་ཏན་སྔར་མེད་བསྣན་པས་)བཞག་ 9-1-26 (དགོས་)པ་མེད་པར་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས་(དོན་དམ་གྱི་)ཆོས་ཐམས་ཅད་ མཉམ་པ་ཉིད་དུ་མངོན་པར་རྫོགས་པར་བྱང་ཆུབ་པ་དེ་ནི་(མི་རྟོག་ཡེ་ཤེས་)གང་ཞིག་ སྐྱེས་པས་གཅིག་ཤོས་(ཉོན་མོངས་པ་གདོད་མ་ནས་)གཏན་བྲལ་བ་དང་(ཡེ་ནས་)མེད་ པར་རྟོགས་པར་འགྱུར་བ་(མཐར་ཐུག་)དེ་ཁོ་ན་(འགོག་བདེན་ཟབ་མོ་)མཐོང་བའི་ གེགས་ཀྱི་རྣམ་པ་(སྒྲིབ་གཉིས་)འདི་མཐའ་དག་གི་གཉེན་པོ(་ལམ་བདེན་ཡིན་པ)ར་ རིག་པར་བྱའོ། །ཆོས་ཀྱི་སྐུ་(རང་གི་རྒྱུད་ལ་ངོ་བོ་དང་རྫོགས་པར་)ཐོབ་པའི་རྒྱུ་རྣམ་ པར་རྟོག་པ་མེད་པའི་ཡེ་ཤེས་མཐོང་བ་དང་བསྒོམ་པའི་ལམ་དེ་ཡང་རྒྱས་པར་ནི་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྗེས་སུ་འབྲངས་ཏེ་མདོ་ཇི་ལྟ་བ་བཞིན་རྟོགས་པར་བྱའོ། ། (ད་ནི་)ཐེག་པ་ཆེན་པོའི་ཆོས་དཀོན་མཆོག་དེ་ལས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་ དཔའི་ཚོགས་རིན་པོ་ཆེ་འབྱུང་བས་དེའི་རྗེས་ཐོགས་སུ་(དགེ་འདུན་)དེ(སྟོན་པ)འི་ དབང་དུ་བྱས་ནས་ཚིགས་སུ་བཅད་པ། (ས་དང་པོ་ཡན་ཆད་ཀྱི་འཕགས་པའི་དགེ་ འདུན་ལ་ཇི་ལྟ་བ་དང་ཇི་སྙེད་མཁྱེན་པ་གཉིས་ཡོད་པ་དེ་ལ་ཇི་ལྟ་བའི་ཡེ་ཤེས་ཀྱིས་ སེམས་ཅན་ཐམས་ཅད་ཀྱི་)སེམས་དེ་རང་བཞིན་(གྱིས་)འོད་གསལ་(བར་མཐོང་)བས་ ན་(གློ་བུར་གྱི་)ཉོན་མོངས་(ཀྱང་གདོད་ནས་)ངོ་བོ་མེད་(པར་)གཟིགས་པས། །(ཆོས་ དང་གང་ཟག་)གང་དག་(གི་)འགྲོ་(བ་)ཀུན་བདག་མེད་(པའི་)མཐའ་(གཟོད་མ་ ནས་)ཞི་(བ་)ཡང་དག་(པར་)རྟོགས་ནས་(ཇི་སྙེད་པའི་ཡེ་ཤེས་ཀྱི་སེམས་ཅན་)ཐམས་ ཅད་ལ། །རྫོགས་པའི་སངས་རྒྱས་རྗེས་ཞུགས་གཟིགས་པ་(ཆགས་ཐོགས་ཀྱི་)སྒྲིབ་པ་མེད་ པའི་བློ་མངའ་བ། །སེམས་ཅན་(དང་དེའི་སེམས་རང་བཞིན་གྱིས་)རྣམ་(པར་)དག་ (པ་)མཐའ་ཡས་(པའི་)ཡུལ་ཅན་(གྱི་)ཡེ་ཤེས་གཟིགས་(པ་)མངའ་(ཐེག་ཆེན་འཕགས་ པའི་དགེ་འདུན་)དེ་ལ་འདུད། །འདིས་ཅི་བསྟན་ཅེ་ན། ཇི་(ལྟ་བ་)བཞིན་(དང་)ཇི་སྙེད་ (མཁྱེན་པའི་)ནང་གི་ནི། །ཡེ་ཤེས་གཟིགས་པ་དག་པའི་ཕྱིར། །བློ་ལྡན་(བྱང་ཆུབ་སེམས་ དཔའི་དགེ་འདུན་)ཕྱིར་མི་ལྡོག་པའི་ཚོགས། །(ཉན་རང་ལ་ལྟོས་ནས་སྤངས་རྟོགས་)བླ་ (ན་)མེད་(པའི་)ཡོན་ཏན་དང་ལྡན་(པ་)ཉིད(་དོ)། །འདིས་ནི་མདོར་བསྡུ་ན་ཇི་ལྟ་བ་ 9-1-27 བཞིན་ཡོད་པ་དང་ནི་ཇི་སྙེད་ཡོད་པ་སྟེ། རྒྱུ་གཉིས་ཀྱིས་འཇིག་རྟེན་ལས་འདས་པའི་ (ཐེག་ཆེན་འཕགས་པའི་)ཡེ་ཤེས་གཟིགས་པ་(ཉན་རང་ལས་)རྣམ་པར་དག་པའི་ཕྱིར། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་ཚོགས་དཀོན་མཆོག་བླ་ན་མེད་པའི་ཡོན་ཏན་ དང་ལྡན་པ་ཉིད་བསྟན་ཏོ། ། (ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཀྱིས་)འགྲོ་བ་(བདག་གཉིས་གདོད་ནས་)ཞི་བའི་ཆོས་ ཉིད་དུ། །རྟོགས་ཕྱིར་ཇི་ལྟ་(བ་)ཉིད་(མཁྱེན་པ་)དེ་ཡང་(རིག་པར་ བྱའོ)། །(སེམས་)རང་བཞིན་གྱིས་ནི་ཡོངས་(སུ་)དག་(པའི་)ཕྱིར། །(ཉེ་བའི་)ཉོན་ མོངས་(ཀྱང་གསར་དུ་ཟད་པ་མ་ཡིན་གྱི་ཡེ་)གདོད་(མ་)ནས་ཟད་(པ་དེ་ཉིད་ཟད་པ་ ཁོ་ནར་མཁྱེན་པའི་)ཕྱིར་རོ། །(ཡེ་ཤེས་གཉིས་ཡོད་པ་)དེ་ལ་ཇི་ལྟ་བ་བཞིན་ཡོད་པ་ ཉིད་ནི་ཆོས་དང་གང་ཟག་ཅེས་བྱ་བའི་འགྲོ་བ་ཐམས་ཅད་ཀྱི་བདག་མེད་(པ་ཡང་ དག་)པའི་མཐའ་ཇི་ལྟ་བ་བཞིན་དུ་རྟོགས་པ་ལས་རིག་པར་བྱའོ། །གཏན་དུ་གཟོད་མ་ ནས་ཞི་བའི་ངོ་བོ་ཉིད་ཀྱིས་གང་ཟག་དང་(སྒྲིབ་པའི)། ཆོས་(སྔར་ཡོད་)འཇིག་པ་མེད་ པའི་ཚུལ་དུ་རྟོགས་པ་དེ་ཡང་། མདོར་བསྡུ་ན་རྒྱུ་གཉིས་ལས་སྐྱེ་སྟེ། སེམས་རང་བཞིན་ གྱིས་འོད་གསལ་བར་མཐོང་བའི་ཕྱིར་དང་། དེའི་ཉེ་བའི་ཉོན་མོངས་པ་གདོད་མ་ནས་ ཟད་ཅིང་འགགས་པར་མཐོང་བའི་ཕྱིར་རོ། །དེ་ལ་སེམས་རང་བཞིན་གྱིས་འོད་གསལ་ བ་(དོན་དམ་པའི་དགེ་བ་)གང་ཡིན་པ་དང་། དེའི་ཉེ་བའི་ཉོན་མོངས་པ་ཞེས་བྱ་བ་ གང་ཡིན་པ་འདི་གཉིས་(ཏིལ་དང་ཏིལ་མར་བཞིན་དུ་འདྲེས་ཤིང་ཉོན་མོངས་ཀྱིས་ སྒྲིབ་པ་)ནི་(འོད་གསལ་)དགེ་བ་དང་(ཉོན་མོངས་)མི་དགེ་བའི་སེམས་དག་ལས་(གང་ རུང་)གཅིག་(མངོན་སུམ་དུ་གང་ཡིན་ཤན་མི་ཕྱེད་པར་)རྒྱུ་བས་སེམས་གཉིས་པ་(སྔ་ རྟིང་རྒྱུན་གཅིག་ཏུ་)མཚམས་སྦྱོར་བ་མེད་པའི་ཚུལ་གྱིས། (ཉོན་མོངས་ལ་རང་བཞིན་ མེད་པས་)ཟག་པ་མེད་པའི་དབྱིངས་ལ་(སེམས་གཉིས་པོ་མི་འགྲོགས་ཀྱང་གཅིག་གིས་ ཉོན་མོངས་པར་བྱས་པ་ནི་)མཆོག་ཏུ་རྟོགས་པར་དཀའ་བ་ཡིན་ནོ། །(དགེ་བའི་ཆ་གང་ ཡིན་འོད་གསལ་དང་མི་དགེ་བའི་ཆ་གང་ཡིན་ཉོན་མོངས་ཡིན་ལ།)དེའི་ཕྱིར་ན་ 9-1-28 (དཔལ་ཕྲེང་གི་མདོར།)བཅོམ་ལྡན་འདས་དགེ་བའི་སེམས་ནི་སྐད་གཅིག་མ་སྟེ། ཉོན་ མོངས་པ་དག་གིས་ཉེ་བར་ཉོན་མོངས་པར་མི་འགྱུར་རོ། །མི་དགེ་བའི་སེམས་ནི་སྐད་ ཅིག་མ་སྟེ། (དགེ་བའི་)སེམས་དེ་ནི་ཉོན་མོངས་པ་(མི་དགེ་བ་)དག་གིས་ཉོན་མོངས་པ་ མ་ལགས་པ་ཉིད་དོ། །བཅོམ་ལྡན་འདས་ཉོན་མོངས་པས་ནི་(དགེ་བའི་)སེམས་ལ་མི་ རེག་ལ་(དགེ་བའི་)སེམས་ཉིད་ཉོན་མོངས་པ་ཡང་མ་ལགས་ན། བཅོམ་ལྡན་འདས་ (དགེ་བའི་སེམས་)འདི་ལ་ཇི་ལྟར་རེག་པ(འི་མི་དགེ་བ)འི་ཆོས་ཅན་མ་ལགས་པའི་ སེམས་མུན་པས་ཉོན་མོངས་པར་འགྱུར། བཅོམ་ལྡན་འདས་ཉེ་བའི་ཉོན་མོངས་པ་ (ཙམ་)ནི་མཆིས་ལ(་དེས)། ཉེ་བར་(གོས་པས་)ཉོན་མོངས་པར་འགྱུར་བའི་སེམས་ནི་ མ་མཆིས་སོ། །བཅོམ་ལྡན་འདས་(གཅིག་གིས་ཅིག་གི་ལ་མི་རེག་པ་)དེ་ལྟ་ལགས་མོད་ ཀྱི་རང་བཞིན་གྱིས་ཡོངས་སུ་དག་པའི་སེམས་(གློ་བུར་གྱི་དྲི་མས་)ཉེ་བར་ཉོན་མོངས་ པའི་དོན་ནི་(རྟོག་གེ་ཙམ་གྱིས་)རྟོགས་(ཤིང་ཕྱེད་)པར་དཀའ་འོ། །ཞེས་གསུངས་ཏེ། ཇི་ ལྟ་བ་བཞིན་དུ་ཡོད་པ་ནས་བརྩམས་ཏེ། རྟོགས་པར་དཀའ་བའི་བར་རྒྱས་པར་བསྟན་ པ་ནི་མདོ་ཇི་ལྟ་བ་བཞིན་དུ་རིག་པར་བྱའོ། ། ཤེས་བྱ་མཐར་ཐུག་རྟོགས་པ(ཇི་སྙེད་པ་མཁྱེན་པ)འི་(ཡེ་ཤེས་ཀྱི་)བློས། །ཐམས་ཅད་ མཁྱེན་པའི་ཆོས་ཉིད་ནི། །སེམས་ཅན་ཐམས་ཅད་ལ་ཡོད་པ། །མཐོང་ཕྱིར་ཇི་སྙེད་ཡོད་ པ་ཉིད། །དེ་ལ་ཇི་སྙེད་ཡོད་པ་ཉིད་ནི་ཤེས་བྱའི་དངོས་པོ་མཐའ་དག་མཐར་ཐུག་པར་ རྟོགས་པ་འཇིག་རྟེན་ལས་འདས་པའི་ཤེས་རབ་ཀྱིས་སེམས་ཅན་ཐམས་ཅད་ལ་ཐ་ན་ དུད་འགྲོའི་སྐྱེ་གནས་སུ་གྱུར་པ་རྣམས་ལ་ཡང་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པ་ ཉིད་མཐོང་བ་ལས་རིག་པར་བྱའོ། །བྱང་ཆུབ་སེམས་དཔའི་(ཇི་ལྟ་བ་དང་ཇི་སྙེད་ པ་)མཐོང་བ་དེ་ཡང་བྱང་ཆུབ་སེམས་དཔའི་ས་དང་པོ་ཉིད་ལ་སྐྱེས་ཏེ། (ས་དེར་)ཆོས་ ཀྱི་དབྱིངས་ཀུན་ཏུ་འགྲོ་བའི་དོན་དུ་རྟོགས་པའི་ཕྱིར་རོ། ། དེ་ལྟར་(ཇི་ལྟ་བ་དང་ཇི་སྙེད་པ་)རྟོགས་པ་གང་ཡིན་ཏེ། །སོ་སོར་རང་(གི་ཡེ་)ཤེས་ (ཀྱིས་)མཐོང་བ་ཉིད(དེ)། །དྲི་མེད་(ཆོས་ཀྱི་)དབྱིངས་ལ་(ཇི་ལྟ་བ་མཁྱེན་པའི་ཡེ་ 9-1-29 ཤེས་)ཆགས་(པ་)མེད་(པ་)དང་། །(ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་)ཐོགས་(པ་)མེད་ (པའི་)ཕྱིར་དེ་(གཉིས་ཉན་རང་གི་ཡེ་ཤེས་ལས་)དག་པ་ཡིན(ནོ)། །དེ་ལྟར་ཇི་ལྟ་བ་ བཞིན་དུ་ཡོད་པ་ཉིད་དང་། ཇི་སྙེད་ཡོད་པ་ཉིད་ཀྱི་རྣམ་པ་འདིས་འཇིག་རྟེན་ལས་ འདས་པའི་ལམ་རྟོགས་པ་གང་ཡིན་པ་དེ་ནི་འཕགས་པ་རྣམས་ཀྱིས་གཞན་དང་ཐུན་ མོང་མ་ཡིན་པ་སོ་སོ་རང་གིས་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱིས་གཟིགས་པར་ འདོད་དོ། །དེ་ཡང་མདོར་བསྡུ་ན་རྒྱུ་གཉིས་ཀྱིས་ནི་(བྱང་སེམས་ལས་)གཅིག་ཤོས་ (ཉན་རང་གི་)ཉི་ཚེ་བའི་ཡེ་ཤེས་ཀྱིས་མཐོང་བ་ལ་ལྟོས་ནས་ཤིན་ཏུ་རྣམ་པར་དག་ ཅེས་བརྗོད་དོ། ། གཉིས་པོ་གང་དག་གིས་ཞེ་ན། (ཇི་ལྟ་བ་མཐོང་བ་)ཆགས་པ་མེད་ པའི་ཕྱིར་དང་། (ཇི་སྙེད་པ་མཐོང་བ་)ཐོགས་པ་མེད་པའི་ཕྱིར་རོ། །དེ་ལ་ཅི་ལྟ་བ་ བཞིན་ཡོད་པ་ཉིད་ཀྱིས་སེམས་ཅན་གྱི་ཁམས་རང་བཞིན་གྱིས་རྣམ་པར་དག་པའི་ཡུལ་ ཅན་གྱི་ཕྱིར་ནི་ཆགས་པ་མེད་པ་ཡིན་ལ། ཇི་སྙེད་ཡོད་པ་ཉིད་ཀྱིས་ཤེས་བྱའི་དངོས་པོ་ མཐའ་མེད་པའི་ཡུལ་ཅན་གྱི་ཕྱིར་ནི་ཐོགས་པ་མེད་པ་ཡིན་ནོ། ། (བྱང་སེམས་འཕགས་པའི་)ཡེ་ཤེས་གཟིགས་པ་དག་པས་ན། །སངས་རྒྱས་(ཀྱི་)ཡེ་ཤེས་ བླ་(ན་)མེད་(པ་དང་ཉེ་བར་གནས་པའི་)ཕྱིར། །(ཐེག་ཆེན་)འཕགས་པ་ཕྱིར་མི་ལྡོག་པ་ ནི། །ལུས་ཅན་ཀུན་གྱི་སྐྱབས་ཡིན་ནོ། །དེ་ལྟར་ཕྱིར་མི་ལྡོག་པའི་ས་ལ་གནས་པའི་བྱང་ ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་གཟིགས་པ་དེ་ནི། བླ་ན་མེད་པའི་དེ་བཞིན་ གཤེགས་པའི་ཡེ་ཤེས་ཀྱི་གཟིགས་པ་རྣམ་པར་དག་པ་དང་། ཉེ་བར་གནས་པར་འགྱུར་ བའི་ཕྱིར་རམ། (ཡེ་ཤེས་ཀྱི་གཟིགས་པ་)གང་དང་ལྡན་པས་ཕྱིར་མི་ལྡོག་པའི་བྱང་ཆུབ་ སེམས་དཔའ་སེམས་ཅན་ཐམས་ཅད་ཀྱི་སྐྱབས་ཉིད་དུ་གྱུར་པ་(དང་བྱང་སེམས་ཀྱི་ ཡོན་ཏན་)དེ་ལས་གཞན་(སེམས་ཅན་དོན་བྱེད་ཀྱི་)ཚུལ་ཁྲིམས་ལ་སོགས་པ་བྱང་ཆུབ་ སེམས་དཔའི་ཡོན་ཏན་རྣམས་(ཉན་ཐོས་ལ་ལྟོས་ནས་)བླ་ན་མེད་པ་ཉིད་དུ་རིག་པར་ བྱའོ། །བྱང་ཆུབ་སེམས་དཔའི་དགེ་འདུན་གྱི་རྗེས་སུ་ཉན་ཐོས་ཀྱི་དགེ་འདུན་དཀོན་ མཆོག་ནི་(ཐེག་ཆེན་གྱི་སྐྱབས་སྟོན་པའི་སྐབས་འདིར་)མ་སྨོས་ཏེ། (ཉན་ཐོས་)དེ་(བྱང་ 9-1-30 སེམས་དང་ཉན་ཐོས་ཀྱི་ཡོན་ཏན་གྱི་ཁྱད་པར་ཤེས་པའི་ཐེག་ཆེན་ལས་)མཆོད་པར་ འོས་པ་མ་ཡིན་པའི་ཕྱིར་རོ། །མཁས་པ་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་ཀྱི་ཡོན་ ཏན་གྱི་ཁྱད་པར་ཤེས་པ་ནི་ནམ་ཡང་བྱང་ཆུབ་ཆེན་པོའི་བསོད་ནམས་དང་ཡེ་ཤེས་ཀྱི་ ཚོགས་རྒྱ་ཆེན་པོ་རྫོགས་པར་བྱེད་པ། ཤེས་པ་དང་སྙིང་རྗེའི་དཀྱིལ་འཁོར་ཅན་གཞལ་ དུ་མེད་པའི་སེམས་ཅན་གྱི་ཁམས་སྣང་བ་ཉེ་བར་གནས་པ། བླ་ན་མེད་པ་དེ་བཞིན་ གཤེགས་པ་ཟླ་བ་ཉ་བ་ཐོབ་པ་དང་རྗེས་སུ་མཐུན་པའི་ལམ་དུ་ཞུགས་པ། བྱང་ཆུབ་ སེམས་དཔའི་ཟླ་བ་ཚེས་པ་དོར་ནས། ཉི་ཚེ་བའི་ཡེ་ཤེས་ཀྱི་མཐར་ཐུག་པ་སྐར་མའི་ གཟུགས་ལྟར་རང་གི་རྒྱུད་སྣང་བ་ཉེ་བར་གནས་པའི་ཉན་ཐོས་ལ་ཡང་ཕྱག་བྱེད་པ་ནི་ མ་ཡིན་ཏེ། གཞན་ལ་ཕན་པར་བྱེད་པའི་བསམ་པ་(ཐེག་ཆེན་གྱི་བརྩེ་བ་ཙམ་)རྣམ་པར་ མ་དག་པའི་ཕྱིར་རོ། །(སྙིང་རྗེ་ཆེན་པོ་)ཡང་དག་པར་རྟེན་པའི་ཡོན་ཏན་ཉིད་ཀྱིས་ སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔས་ཀྱང་(ཐེག་ཆེན་གྱི་)རྗེས་སུ་བརྩེ་བ་ (ཙམ་)མེད་པ་གཞན་(གྱི་བདེ་སྐྱིད་)རྒྱས་པར་བྱེད་པ་དང་མི་ལྡན་པ། འཕགས་པའི་ ཉན་ཐོས་(རང་དོན་ལ་དམིགས་པའི་)ཟག་པ་མེད་པའི་ཚུལ་ཁྲིམས་ཀྱི་སྡོམ་པ་རྣམ་ པར་དག་པའི་མཐར་ཕྱིན་པར་གྱུར་པ་ཡང་(བརྩེ་བའི་ཡོན་ཏན་ཙམ་གྱིས་ཀྱང་)ཟིལ་ གྱིས་གནོན་ན། (སྙིང་རྗེ་)དེ་ལས་གཞན་པའི་ཡོན་ཏན་དབང་བཅུ་ལ་སོགས་པས་ལྟ་ཅི་ སྨོས། གང་གི་ཕྱིར། (མདོ་ལས།)གང་ཞིག་(ཉན་ཐོས་ཀྱི་)ཚུལ་ཁྲིམས་བདག་དོན་བྱེད་ པས་རྣམ་རྒྱས་ཤིང་། །ཚུལ་ཁྲིམས་འཆལ་བའི་སེམས་ཅན་རྣམས་ལ་(ཐེག་ཆེན་གྱི་)བརྩེ་ (ཆེན་དང་)བྲལ་བ། ། བདག་ཉིད་(ཀྱི་བདེ་བ་)རྒྱས་བྱེད་ཚུལ་ཁྲིམས་ནོར་གྱིས་རབ་དག་ པ། །(ཉན་ཐོས་)འཕགས་པ་དེ་ནི་(ཐེག་ཆེན་འཕགས་པ་ལ་ལྟོས་ནས་)ཚུལ་ཁྲིམས་རྣམ་ པར་དག་མི་བརྗོད། །(བྱང་སེམས་འཕགས་པ་)གང་ཞིག་གཞན་ལ་མཆོག་ཏུ་སྙིང་རྗེ་ བསྐྱེད་ནས་ནི། །(ཐེག་ཆེན་གྱི་)ཚུལ་ཁྲིམས་ཡང་དག་བླང་བ་བྱ་སྟེ་མེ་རླུང་དང་། །ཆུ་ དང་ས་བཞིན་གཞན་དག་ཉེ་བར་འཚོ་བྱེད་པ། །དེ་ནི་(གཞན་ལ་ཕན་པའི་)ཁྲིམས་ལྡན་ གཞན་(ཉན་ཐོས་ལ་ཞུགས་པ་)ནི་དེ་ཡི་གཟུགས་བརྙན་ཡིན། །ཞེས་བཤད་དོ། ། 9-1-31 དེ་ལ་(སྐྱབས་ཀྱི་)དོན་གང་གིས་(མོས་པ་)གང་གི་དབང་དུ་བྱས་ནས་བཅོམ་ལྡན་ འདས་ཀྱིས་སྐྱབས་(ཀྱི་གྲངས་)གསུམ་(དུ་)རྣམ་པར་བཞག་པ་མཛད་ཅེ་ན། སྟོན་པ་ (དང་)བསྟན་པ་(དང་)སློབ་(པའི་)དོན་(གསུམ་)གྱིས། །ཐེག་(པ་)གསུམ་པ(འི་གང་ ཟག་གསུམ་)དང་(དགེ་བ་སྒྲུབ་པའི་བྱ་བ་)བྱེད་གསུམ་(པ་)ལ། །མོས་པ་རྣམས་ཀྱི་ དབང་བྱས་ནས། །སྐྱབས་གསུམ་རྣམ་པར་བཞག་པ་ཡིན། །སྟོན་པའི་ཡོན་ཏན་བསྟན་ པའི་དོན་དུ་སངས་རྒྱས་ཀྱི་དངོས་པོ་ཉིད་དོན་དུ་གཉེར་བར་ཞུགས་པ། བྱང་ཆུབ་ སེམས་དཔའི་ཐེག་པ་པའི་གང་ཟག་དང་། སངས་རྒྱས་ལ་(བརྟེན་ནས་)མཆོག་ཏུ་(དགེ་ བའི་)བྱ་བ་བྱེད་པར་མོས་པ་རྣམས་ཀྱི་དབང་དུ་བྱས་ནས། སངས་རྒྱས་ནི་སྐྱབས་ཡིན་ ཏེ་རྐང་གཉིས་རྣམས་ཀྱི་མཆོག་ཡིན་པའི་ཕྱིར་རོ། །ཞེས་བསྟན་ཅིང་རྣམ་པར་བཞག་ གོ །སྟོན་པའི་བསྟན་པའི་ཡོན་ཏན་བསྟན་པའི་དོན་དུ་(སྲིད་པ་ཐ་མའི་ཚེ་སློབ་དཔོན་ གཞན་ལ་མ་བརྟེན་པར་)རང་ཉིད་རྟེན་འབྲེལ་གྱི་ཆོས་ཟབ་མོ་རྗེས་སུ་རྟོགས་པའི་ཕྱིར་ ཞུགས་པ་རང་སངས་རྒྱས་ཀྱི་ཐེག་པ་པའི་གང་ཟག་དང་། (དམ་པའི་)ཆོས་ལ་(བརྟེན་ ནས་)མཆོག་ཏུ་(དགེ་བའི་)བྱ་བ་བྱེད་པར་མོས་པ་རྣམས་ཀྱི་དབང་དུ་བྱས་ནས་ཆོས་ནི་ སྐྱབས་ཡིན་ཏེ་འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཡིན་པའི་ཕྱིར་རོ། །ཞེས་ བསྟན་ཅིང་རྣམ་པར་བཞག་གོ །སྟོན་པའི་བསྟན་པ་ལ་ལེགས་པར་ཞུགས་པའི་སློབ་མའི་ ཡོན་ཏན་བསྟན་པའི་དོན་དུ་(སྲིད་པ་ཐ་མའི་ཚེ་སློབ་དཔོན་)གཞན་ལས་ཐོས་པའི་ སྒྲས་རྗེས་སུ་རྟོགས་པའི་ཕྱིར་ཞུགས་པ་ཉན་ཐོས་ཀྱི་ཐེག་པ་པའི་གང་ཟག་དང་། (འཕགས་པའི་)དགེ་འདུན་ལ་(བརྟེན་ནས་)མཆོག་ཏུ་(དགེ་བའི་)བྱ་བ་བྱེད་པར་མོས་ པ་རྣམས་ཀྱི་དབང་དུ་བྱས་ནས་དགེ་འདུན་ནི་སྐྱབས་ཡིན་ཏེ། ཚོགས་རྣམས་ཀྱི་མཆོག་ ཡིན་པའི་ཕྱིར་རོ་ཞེས་བསྟན་ཅིང་རྣམ་པར་བཞག་གོ །དེ་ལྟར་འདིས་ནི་མདོར་བསྡུ་ན་ དོན་རྣམ་པ་གསུམ་གྱིས་གང་ཟག་རྣམ་པ་དྲུག་གི་དབང་དུ་བྱས་ནས་བཅོམ་ལྡན་ འདས་ཀྱིས་སྐྱབས་གསུམ་རབ་ཏུ་དབྱེ་བ་བསྟན་པ་རྣམ་པར་བཞག་པ་འདི་ནི་ཀུན་རྫོབ་ ཀྱི་རྟེན་ལ་གནས་པས་སེམས་ཅན་རྣམས་ཐེག་པ་ལ་རིམ་གྱིས་གཞུག་པའི་དོན་དུ་ཡིན་ 9-1-32 ནོ། ། (བསྟན་པའི་ཆོས་ནི་)སྤང་ཕྱིར་(འདུས་བྱས་ལམ་བདེན་ནི་)བསླུ་བའི་ཆོས་ཅན་(ཡིན་ པའི་)ཕྱིར། །(ཉན་ཐོས་ཀྱི་ཚུལ་གྱི་འགོག་བདེན་ནི་)མེད་ཕྱིར་(སློབ་ལམ་པའི་དགེ་ འདུན་རྣམས་ཀྱང་)འཇིགས་(པ་)དང་བཅས་པའི་ཕྱིར། །(ཉན་ཐོས་ཀྱི་ལུགས་ཀྱི་)ཆོས་ རྣམ་གཉིས་དང་འཕགས་པ(སློབ་པ)འི་ཚོགས། །གཏན་གྱི་སྐྱབས་མཆོག་མ་ཡིན་ནོ། ། ཆོས་ནི་རྣམ་པ་གཉིས་ཏེ། བསྟན་པའི་ཆོས་དང་རྟོགས་པའི་ཆོས་སོ། །དེ་ལ་བསྟན་པའི་ ཆོས་ནི། མདོ་ལ་སོགས་པ་བསྟན་པ་བརྗོད་པ་སྟེ། མིང་དང་ཚིག་དང་ཡི་གེའི་ཚོགས་ ཀྱིས་བསྡུས་པའོ། །དེ་ཡང་ལམ་མངོན་པར་རྟོགས་པ་མཐར་ཐུག་པའི་ཕྱིར་གཟིངས་ལྟ་ བུ་ཞེས་བཤད་དོ། །རྟོགས་པའི་ཆོས་ནི་རྒྱུ་དང་འབྲས་བུའི་དབྱེ་བས་རྣམ་པ་གཉིས་ཏེ། འདི་ལྟ་སྟེ། ལམ་གྱི་བདེན་པ་(རྒྱུ་)དང་། འགོག་པའི་བདེན་པ་(འབྲས་བུ་)སྟེ། (ལམ་)གང་གིས་(རྟོགས་པ་)དང་གང་རྟོགས་པ་ཞེས་བྱ་བས་སོ། །དེ་ལ་ལམ་ནི་འདུས་ བྱས་ཀྱི་མཚན་ཉིད་དུ་གཏོགས་ལ། འདུས་བྱས་ཀྱི་མཚན་ཉིད་དུ་གཏོགས་པ་གང་ཡིན་ པ་དེ་ནི་བརྫུན་པ་བསླུ་བའི་ཆོས་ཅན། གང་བ རྫུན་པ་དེ་ནི་མི་བདེན་པ། གང་མི་བདེན་ པ་དེ་ནི་མི་རྟག་པ། གང་མི་རྟག་པ་དེ་ནི་(གཏན་གྱི་)སྐྱབས་མ་ཡིན་ནོ། །ལམ་དེས་ རྟོགས་པའི་འགོག་པ་གང་ཡིན་པ་དེ་ཡང་ཉན་ཐོས་ཀྱི་ཚུལ་གྱིས་མར་མེ་རྒྱུན་ཆད་པ་ བཞིན་དུ་ཉོན་མོངས་པ་དང་། སྡུག་བསྔལ་མེད་པ་ཙམ་གྱིས་རབ་ཏུ་ཕྱེ་ལ། (རི་བོང་གི་ རྭ་བཞིན་དུ་གཏན་)མེད་པ་ནི་སྐྱབས་སམ་སྐྱབས་མ་ཡིན་པར་འགྱུར་བར་འོས་པ་མ་ ཡིན་ནོ། །(སྐབས་འདིའི་)དགེ་འདུན་ཞེས་བྱ་བ་འདི་ནི་ཐེག་པ་གསུམ་(ལ་སློབ་པ་)དང་ ལྡན་པའི་ཚོགས་ཀྱི་ཚིགས་བླ་དྭགས་སོ། །(སློབ་པ་)དེ་ཡང་རྟག་ཏུ་འཇིགས་པ་དང་ བཅས་པ་དེ་བཞིན་གཤེགས་པ་ལ་སྐྱབས་སུ་སོང་བ། (འཇིགས་པ་ལས་)ངེས་པར་འབྱུང་ བ་ཚོལ་བ། (ལམ་ལ་)སློབ་པ(འི་)བྱ་བ་དང་བཅས་པ་དང་། བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ལ་ཞུགས་པ་ཡིན་ནོ། །ཇི་ལྟར་འཇིགས་པ་དང་བཅས་ཞེ་ན། གང་ གི་ཕྱིར་(ཉན་རང་)དགྲ་བཅོམ་པ་ཡང་སྲིད་པ(ར་རང་དབང་མེད་པར་སྐྱེ་བ་)སྤངས་ 9-1-33 པ་རྣམས་ཀྱང་(ཉོན་མོངས་ཀྱི་)བག་ཆགས་མ་སྤངས་པའི་ཕྱིར། རྟག་ཏུ་རྒྱུན་མི་འཆད་ པར་འདུ་བྱེད་ཐམས་ཅད་ལ་མི་བཟད་པར་འཇིགས་པའི་འདུ་ཤེས་ཉེ་བར་གནས་པར་ འགྱུར་ཏེ། དཔེར་ན་རལ་གྲི་གདེངས་པའི་གཤེད་མའི་སྐྱེས་བུ་ལ་(འཇིགས་པར་)བྱ་བ་ བཞིན་ཏེ། དེས་ན་དེ་དག་ཀྱང་གཏན་དུ་བདེ་(བ་དམ་པའི་)བའི་ངེས་པར་འབྱུང་བ་ ཐོབ་པ་ལ་ཡིན་ནོ། །(གཏན་གྱི་)སྐྱབས་(ཡིན་པ་)ནི་སྐྱབས་(གཞན་)ཚོལ་བར་འོས་པ་མ་ ཡིན་ནོ། །(དཔེ་)ཇི་ལྟར་སེམས་ཅན་སྐྱབས་མེད་པ་འཇིགས་པ་དེ་དང་དེས་འཇིགས་པ་ དག །(འཇིགས་པ་)དེ་དང་དེ་ལས་ངེས་པར་འབྱུང་བ་ཚོལ་བ་དེ་བཞིན་དུ་དགྲ་ བཅོམ་པ་ལ་ཡང་(བག་ཆགས་ཀྱི་)འཇིགས་པ་དེ་ཡོད་དོ། །གང་གི་ཕྱིར་དེ་དག་འཇིགས་ པས་འཇིགས་ཏེ། དེ་བཞིན་གཤེགས་པ་ཉིད་ལ་སྐྱབས་སུ་འགྲོ་བ་ཡིན་ནོ། །གང་ཞིག་དེ་ ལྟར་འཇིགས་པ་དང་བཅས་པའི་ཕྱིར་སྐྱབས་སུ་འགྲོ་བ་དེ་ནི་གདོན་མི་ཟ་བར་འཇིགས་ པ་ལས་ངེས་པར་འབྱུང་བ་ཚོལ་བ། དེའི་ཕྱིར་(འཇིགས་པ་ལས་ངེས་པར་)འབྱུང་བ་ ཚོལ་བའི་ཕྱིར་ན་འཇིགས་པའི་གཞི་(བག་ཆགས་)སྤང་བའི་དབང་དུ་བྱས་ནས་སློབ་པ་ བྱ་བ་དང་བཅས་པར་འགྱུར་རོ། །སློབ་པའི་ཕྱིར་ནི་འཇིགས་པ་མེད་པ་ཁྱུ་མཆོག་གི་ གནས་(སངས་རྒྱས་)ཐོབ་པར་བྱ་བའི་ཕྱིར་ཞུགས་པར་གྱུར་པ་ཡིན་ཏེ། འདི་ལྟ་སྟེ། བླ་ ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །དེའི་ཕྱིར་(ཆོས་རྣམ་གཉིས་དང་ འཕགས་པ་སློབ་པའི་ཚོགས་)དེ་ཡང་དེའི་ཡན་ལག་གི་(གནས་སྐབས་ཀྱི་)སྐྱབས་ཡིན་ པའི་ཕྱིར་གཏན་གྱི་སྐྱབས་མ་ཡིན་ནོ། །དེ་ལྟར་སྐྱབས་གཉིས་པོ་འདི་ནི་མཐར་ཐུག་པའི་ དུས་ན་སྐྱབས་མ་ཡིན་པར་བརྗོད་དོ། ། དམ་པའི་དོན་དུ་འགྲོ་བ་ཡི། །(གཏན་གྱི་)སྐྱབས་ནི་སངས་རྒྱས་ཉག་ཅིག་ཡིན། །(མཐར་ ཐུག་གི་དཀོན་མཆོག་གསུམ་ནི་)ཐུབ་པ་(སངས་རྒྱས་དང་)ཆོས་ཀྱི་སྐུ་ཅན་(ཆོས་ཡིན་ པའི་)ཕྱིར། །ཚོགས་ཀྱང་(ཆོས་སྐུ་)དེ(་ཐོབ་པ)འི་མཐར་ཐུག་(དེའི་)ཕྱིར། །འདིས་ནི་ (འདུས་མ་བྱས་ཀྱི་དཀོན་མཆོག་གསུམ་)སྔར་བཤད་པའི་ཚུལ་གྱིས་སྐྱེ་བ་མེད་པ་དང་། འགག་པ་མེད་པས་རབ་ཏུ་ཕྱེ་བའི་ཐུབ་པ་རྣམ་པར་བྱང་བའི་བདེན་པ་(ལམ་དང་ 9-1-34 འགོག་པ་)གཉིས་ཀྱི་མཚན་ཉིད་(ཀྱི་ནང་ནས་གང་ཞིག་)འདོད་ཆགས་དང་བྲལ་བའི་ (འགོག་བདེན་)ཆོས་ཀྱི་སྐུ་ཅན་ཡིན་པའི་ཕྱིར་དང་། ཐེག་པ་གསུམ་པོའི་ཚོགས་ཀྱང་ ཆོས་ཀྱི་སྐུ་རྣམ་པར་དག་པ་མཐར་ཐུག་པ་ཐོབ་པས་མཐར་ཕྱིན་པར་འགྱུར་བའི་ཕྱིར་ ན། སྐྱོབ་པ་མེད་ཅིང་སྐྱབས་མེད་པའི་འཇིག་རྟེན་ན་ཕྱི་མའི་མཐའི་མུ་དང་མཉམ་པར་ (ནམ་ཡང་)མི་ཟད་པའི་སྐྱབས། (འདུས་མ་བྱས་པས་)རྟག་པའི་སྐྱབས། (རྒ་བ་མེད་ པས་)གཡུང་དྲུང་གི་སྐྱབས། (བསླུ་བ་མེད་པས་)དོན་དམ་པའི་སྐྱབས་ནི་ཅིག་ཉིད་དེ། འདི་ལྟ་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ སོ། །རྟག་པ་གཡུང་དྲུང་ཞི་བ་བརྟན་པའི་སྐྱབས་གཅིག་པུ་འདི་རྒྱས་པར་འཕགས་པ་ དཔལ་ཕྲེང་གི་མདོའི་རྗེས་སུ་འབྲངས་ནས་རྟོགས་པར་བྱའོ། ། (གསུམ་པོ་དེ་ལ་དཀོན་མཆོག་ཟེར་བའི་རྒྱུ་མཚན་ཅི་ཞེ་ན། རྒྱུ་རྣམ་པ་དྲུག་སྟེ།)འབྱུང་ བ་དཀོན་(པའི་)ཕྱིར་(དང་)དྲི་(མ་)མེད་(པའི་)ཕྱིར(དང་)། །མཐུ་(དང་)ལྡན་ (པའི་)ཕྱིར་དང་འཇིག་རྟེནགྱི། །རྒྱན་(དུ་)གྱུར་(པའི་)ཕྱིར་དང་མཆོག་ཉིད་ (ཀྱི་)ཕྱིར(དང་)། །(འཇིག་རྟེན་ཆོས་བརྒྱད་ཀྱིས་)འགྱུར་བ་མེད་(པའི་)ཕྱིར་(ན་)དཀོན་ མཆོག་ཉིད(དོ)། །མདོར་བསྡུ་ན་རིན་པོ་ཆེ་དང་ཆོས་མཐུན་པ་རྣམ་པ་དྲུག་གིས་ན། སངས་རྒྱས་དང་ཆོས་དང་དགེ་འདུན་ཞེས་བྱ་བའི་དཀོན་མཆོག་གསུམ་པོ་འདི་རིན་པོ་ ཆེ་དང་འདྲ་བར་བརྗོད་དེ། འདི་ལྟ་སྟེ། འབྱུང་བ་དཀོན་པར་ཆོས་མཐུན་པས་ནི་བསྐལ་ པ་ཡོངས་སུ་འགྱུར་བ་མང་པོར་ཡང་(དཀོན་མཆོག་དང་ཕྲད་པའི་)དགེ་བའི་རྩ་བ་མ་ བསྐྲུན་པ་རྣམས་དེ་དང་ཕྲད་པ་མི་འཐོབ་པའི་ཕྱིར་རོ། །དྲི་མ་མེད་པར་ཆོས་མཐུན་ པས་ནི་རྣམ་པ་ཐམས་ཅད་དུ་དྲི་མ་དང་བྲལ་བའི་ཕྱིར་རོ། །མཐུ་དང་ལྡན་པར་ཆོས་ མཐུན་པས་ནི་མངོན་པར་ཤེས་པ་དྲུག་ལ་སོགས་པ་ཡོན་ཏན་གྱི་མཐུ་བསམ་གྱིས་མི་ ཁྱབ་པ་དང་ལྡན་པའི་ཕྱིར་རོ། །འཇིག་རྟེན་གྱི་རྒྱན་དུ་གྱུར་པར་ཆོས་མཐུན་པས་ནི་ འགྲོ་བ་ཐམས་ཅད་ཀྱི་བསམ་པ་(དགའ་ཞིང་)དགེ་བའི་རྒྱུ་ཡིན་པའི་ཕྱིར་རོ། །རིན་པོ་ ཆེ་བཅོས་མ་ལས་མཆོག་ཉིད་དུ་ཆོས་མཐུན་པས་ནི། འཇིག་རྟེན་ལས་འདས་པའི་ཕྱིར་ 9-1-35 རོ། །བསྟོད་པ་དང་སྨད་པ་ལ་སོགས་པས་རྣམ་པར་མི་འགྱུར་བར་ཆོས་མཐུན་པས་ནི་ འདུས་མ་བྱས་པའི་རང་བཞིན་ཡིན་པའི་ཕྱིར་རོ། ། དཀོན་མཆོག་གསུམ་བསྟན་པའི་རྗེས་ཐོགས་ལ། (དཀོན་མཆོག་གསུམ་འབྱུང་བའི་རྒྱུ་ དང་རྐྱེན་ཁམས་དང་བྱང་ཆུབ་དང་ཡོན་ཏན་དང་འཕྲིན་ལས་ཏེ་གནས་ལྷག་མ་བཞི་ པོ་)གང་(དག་ཡིན་པ་དེ་དག་)ཡོད་ན་འཇིག་རྟེན་པ(འི་རྣམ་པར་དག་པ་བསམ་ གཏན་གཟུགས་མེད་)དང་འཇིག་རྟེན་ལས་འདས་པ(་ཐེག་པ་གསུམ་པོ)འི་རྣམ་པར་ དག་པ་སྐྱེ་བའི་གནས་དཀོན་མཆོག་གསུམ་(དང་དཀོན་མཆོག་གསུམ་པོ་དེ་)སྐྱེ་བར་ འགྱུར་བ་དེའི་དབང་དུ་བྱས་ནས། ཚིགས་སུ་བཅད་པ། དྲི་བཅས་དེ་བཞིན་ཉིད་(དག་ རྒྱུ་ཁམས་དང་)དང་དྲི་མ་མེད(་པ་བྱང་ཆུབ་དང་)། །དྲི་མེད་(ཀྱི་)སངས་རྒྱས་ (དེའི་)ཡོན་ཏན་(སྟོབས་སོགས་དང་)རྒྱལ་བའི་མཛད(་དེ)། །(གནས་ལྷག་མ་བཞི་ པོ་)གང་ལས་དཀོན་མཆོག་དགེ་བ་གསུམ་(བྲལ་འབྲས་སུ་)འབྱུང་བ། །(བཞི་པོ་དེ་ཡང་ རྒྱུ་མཚན་བཞིའི་སྒོ་ནས་)དོན་དམ་གཟིགས་པ་རྣམས་(ཐམས་ཅད་མཁྱེན་པ་རྣམས་)ཀྱི་ ཡུལ་ཉིད་དོ། ། འདིས་ཅི་ཞིག་གསལ་བར་བྱས་ཤེ་ན། དཀོན་མཆོག་གསུམ་པོ་འདི་ཡི་ (རྒྱུའམ་)རིགས། །(བཞི་པོ་འདི་བསམ་གྱིས་མི་ཁྱབ་པའི་ཕྱིར་)ཐམས་ཅད་གཟིགས་པ་ རྣམས་ཀྱི་ཡུལ། ། (རྒྱུ་རྐྱེན་བཞི་པོ་)དེ་ཡང་རྣམ་བཞི་གོ་རིམ་བཞིན། །རྒྱུ་(མཚན་)བཞི་ ཡིས་ནི་བསམ་མི་ཁྱབ། །དེ་ལ་དྲི་མ་དང་བཅས་པའི་དེ་བཞིན་ཉིད་ནི། (གློ་བུར་ གྱི་)ཉོན་མོངས་པའི་སྦུབས་ལས་མ་གྲོལ་བའི་ཁམས་(གཞི་དང་ལམ་གྱི་གནས་ སྐབས་)ལ་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བརྗོད་པ་གང་ཡིན་པའོ། །དྲི་མ་མེད་ པའི་དེ་བཞིན་ཉིད་ནི། (སྔར་གྱི་དྲི་བཅས་)དེ་ཉིད་(དྲི་མ་དང་བྲལ་བ་འབྲས་བུའི་དུས་ ན་)སངས་རྒྱས་ཀྱི་སར་(དྲི་བཅས་ཀྱི་)གནས་(དྲི་མེད་དུ་)ཡོངས་སུ་གྱུར་པའི་མཚན་ ཉིད་དེ་བཞིན་གཤེགས་པའི་ཆོས་(ཐམས་ཅད་འདུས་པ་ཉིད་)ཀྱི་སྐུ་ཞེས་བརྗོད་པ་གང་ ཡིན་པའོ། །དྲི་མ་མེད་པའི་སངས་རྒྱས་ཀྱི་ཡོན་ཏན་ནི་གནས་གྱུར་པའི་མཚན་ཉིད་དེ་ 9-1-36 བཞིན་གཤེགས་པའི་ཆོས་ཀྱི་སྐུ་དེ་ཉིད་ལ་(གདོད་ནས་དབྱེར་མེད་དུ་)ཡོད་པ་འཇིག་ རྟེན་ལས་འདས་པ་སྟོབས་བཅུ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་གང་དག་ཡིན་ པའོ། །རྒྱལ་བའི་མཛད་པ་ནི་སྟོབས་བཅུ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་དེ་ཉིད་ཀྱི་སོ་ སོ་རང་གི་བླ་ན་མེད་པའི་འཕྲིན་ལས་ཏེ། (ཁམས་སམ་རྒྱུ་རིགས་)གང་ཞིག་(ལས་དག་ རྒྱུ་ནམ་ཡང་)མེད་པར་མ་གྱུར་ཅིང་(དག་རྐྱེན་བྱང་ཆུབ་)ཆད་པ་མེད་ལ་(དག་རྐྱེན་ ཡོན་ཏན་)རྒྱུན་མ་ཆད་པས་བྱང་ཆུབ་སེམས་དཔའ་(སངས་རྒྱས་སུ་)ལུང་བསྟན་པའི་ གཏམ་(དག་རྐྱེན་འཕྲིན་ལས་)རྒྱུན་མི་འཆད་པའོ། །(ལྷག་མའི་)གནས་བཞི་པོ་འདི་ དག་གོ་རིམ་ཇི་ལྟ་བ་བཞིན་དུ་རྒྱུ་(མཚན་)བཞིས་བསམ་གྱིས་མི་ཁྱབ་པ་ཉིད་ཀྱི་ཕྱིར་ ཐམས་ཅད་མཁྱེན་པའི་ཡུལ་ཡིན་ནོ། །ཞེས་བརྗོད་དོ། ། (རྒྱུ་མཚན་)བཞི་པོ་གང་དག་གིས་ཞེ་ན། (ཁམས་རང་བཞིན་གྱིས་)དག་(པ་)དང་ (ཡང་)ཉོན་མོངས་(པ་)དང་ལྡན་ཕྱིར། །(རང་བཞིན་གྱིས་)ཀུན་ནས་ཉོན་མོངས་ (པ་)མེད་(པ་དང་ཕྱིས་ཡང་)དག་(པའི་)ཕྱིར(་དང་)། །(སངས་རྒྱས་ཀྱི་ཡོན་ཏན་ནི་སོ་ སྐྱེའི་ས་ལ་ཡང་)རྣམ་པར་དབྱེ་བ་མེད་(པར་ཡོད་པའི་)ཆོས་(ཉིད་ ཀྱི་)ཕྱིར(དང་)། །(མཛད་པ་ཐམས་ཅད་)ལྷུན་གྲུབ་(ཏུ་མཛད་ཀྱང་)རྣམ་པར་མི་རྟོག་ (པའི་)ཕྱིར(རོ)། ། དེ་ལ་(ཏིལ་དང་ཏིལ་མར་བཞིན་དུ་དྲི་མ་དང་འདྲེས་པའི་སངས་རྒྱས་)དྲི་མ་དང་ བཅས་པའི་དེ་བཞིན་ཉིད་ནི་གཅིག་ཆར་དུས་གཅིག་ཏུ་(རང་བཞིན་པའི་ཉོན་མོངས་ མེད་པས་)རྣམ་པར་དག་པ་ཡང་ཡིན་ལ་(གློ་བུར་གྱི་སྒྲིབ་པས་)ཀུན་ནས་ཉོན་མོངས་ པ་ཡང་ཡིན་པའི་ཕྱིར་གནས་(དྲི་མེད་དྲི་བཅས་)འདི་(རྟོག་གེས་)བསམ་གྱིས་མི་ཁྱབ་ སྟེ། ཟབ་མོའི་ཆོས་ཀྱི་ཚུལ་ལ་མོས་པ་རང་སངས་རྒྱས་རྣམས་ཀྱི་ཡང་སྤྱོད་ཡུལ་དུ་མ་ གྱུར་པའི་ཡུལ་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་(དཔལ་ཕྲེང་གི་མདོར་)ལྷ་མོ་ཆོས་འདི་ གཉིས་ནི་(རྟོག་གེས་)རྟོགས་པར་དཀའ་བ་སྟེ། སེམས་རང་བཞིན་གྱིས་(འོད་གསལ་ བ་)རྣམ་པར་དག་པ་(འདི་)རྟོགས་པར་དཀའ་བ་དང་། སེམས་དེ་ཉིད་ཀྱི་ཉེ་བར་ཉོན་ 9-1-37 མོངས་པ་རྟོགས་པར་དཀའ་བའོ། །ལྷ་མོ་ཆོས་འདི་གཉིས་ཉན་པར་བྱེད་(ཅིང་ཕན་བྱེད་ པའི་ཡེ་ཤེས་དང་ལྡན་)པ་ནི་ཁྱོད་དེ་ཡང་ན་ཆོས་ཆེན་པོ་དང་ལྡན་པའི་བྱང་ཆུབ་ སེམས་དཔའ་རྣམས་ཡིན་ནོ། །ལྷ་མོ་ལྷག་མ་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ ནི་ཆོས་འདི་གཉིས་དེ་བཞིན་གཤེགས་པ་ལ་དད་པས་(ཤན་ཕྱེད་ཅིང་)རྟོགས་པར་བྱ་ བ་ཉིད་དོ། །ཞེས་གསུངས་པ་ཡིན་ནོ། །དེ་ལ་དྲི་མ་མེད་པའི་དེ་བཞིན་ཉིད་ནི་སྔར་(རང་ བཞིན་གྱིས་ཡོད་པའི་)དྲི་མས་ཀུན་ནས་ཉོན་མོངས་པར་མ་གྱུར་པ་ཕྱིས་(ཀྱང་གློ་བུར་ གྱི་དྲི་མ་)རྣམ་པར་དག་པར་འགྱུར་(རྒྱུ་ཅིག་བྱུང་)བའི་ཕྱིར་གནས་འདི་བསམ་གྱིས་མི་ ཁྱབ་བོ། །གང་གི་ཕྱིར་སེམས་ནི་རང་བཞིན་གྱིས་འོད་གསལ་བ་སྟེ། དེ་ནི་(སྔར་གྱི་)དེ་ཁོ་ ན་(ཉིད་)བཞིན་(ཕྱིས་ཀྱང་)ཤེས་པའོ། །(ཡེ་ནས་སངས་རྒྱས་)དེས་ན་སྐད་(ཡང་རྒྱུན་ མཐའི་ཡེ་ཤེས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་)ཅིག་མ་གཅིག་དང་ལྡན་པའི་ཤེས་རབ་ ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་ (ཕྱིས་)སངས་རྒྱས་སོ་ཞེས་(བྱ་བ་གཅིག་ཀྱང་བྱུང་)བར་གསུངས་པ་(བསམ་གྱིས་མི་ ཁྱབ་པ་)ཡིན་ནོ། ། དེ་ལ་དྲི་མ་མེད་པའི་སངས་རྒྱས་ཀྱི་ཡོན་ཏན་ནི་(རྣམ་པ་)གཅིག་ཏུ་ཀུན་ནས་ཉོན་ མོངས་པ་སོ་སོའི་སྐྱེ་བོའི་ས་ལ་ཡང་(གདོད་ནས་)རྣམ་པར་དབྱེར་མེད་པའི་ཆོས་ཉིད་ སྔ་(མ་སོ་སྐྱེ་དང་)ཕྱི་(མ་སངས་རྒྱས་པའི་ཚུལ་ལ་)ཁྱད་པར་མེད་པར་ཡོད་པའི་ཕྱིར་ གནས་འདི་བསམ་གྱིས་མི་ཁྱབ་སྟེ། (རྒྱུ་མཚན་)གང་གི་ཕྱིར་གང་ལ་དེ་བཞིན་གཤེགས་ པའི་ཡེ་ཤེས་མཐའ་དག་(ཚང་བར་)རྗེས་སུ་མ་ཞུགས་པའི་སེམས་ཅན་དེ་ནི་སེམས་ ཅན་གྱི་རིས་(དྲུག་ན་)འགའ་(ཙམ་)ཡང་མེད་དོ། །(ཚང་བར་ཡོད་པ་)འོན་ཀྱང་(མི་ མཐོང་བ་ནི་)འདུ་ཤེས་ཀྱི་(བདག་གཉིས་སུ་)འཛིན་པས་དེ་བཞིན་གཤེགས་པའི་ཡེ་ ཤེས་(བསྒྲིབ་པའི་ཕྱིར་སེམས་ཅན་རྣམས་ཀྱིས་རང་ལ་ཡོད་པར་)མི་མངོན་ནོ། །འདུ་ ཤེས་ཀྱི་འཛིན་པ་དང་བྲལ་བ་ལས་ནི་(གདོད་ནས་རང་ལ་ཡོད་པའི་)ཐམས་ཅད་ མཁྱེན་པའི་ཡེ་ཤེས་རང་བྱུང་གི་ཡེ་ཤེས་(གང་ལ་ཡང་)ཐོགས་པ་མེད་པ་(མངོན་སུམ་ 9-1-38 དུ་)རབ་ཏུ་འབྱུང་ངོ་། །(སེམས་ཅན་ཐམས་ཅད་ལ་ཡེ་ཤེས་ཡེ་ནས་ཡོད་པའི་དཔེ་ཕལ་ པོ་ཆེ་ལས་)ཀྱེ་རྒྱལ་བའི་སྲས་འདི་ལྟ་སྟེ། (ཡེ་ཤེས་ལེའུ་མཆོག་མི་འགྱུར་ལས། སྟོང་ གཅིག་ཅེས་བྱ་བ་ནི། མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་དབུས་ནས་སྟེང་དང་འོག་ཏུ་ སྟོང་ཕྲག་རེ་རེ་སྟེ་འོག་དང་སྟེང་བཞིན་དུ་ཤར་དང་ནུབ་དང་བྱང་དང་ལྷོ་དང་བདེན་ བྲལ་དང་དབང་ལྡན་དང་རླུང་དང་མེར་རོ། །དེ་བཞིན་དུ་སྟོང་ཕྲག་གཉིས་དང་གསུམ་ མོ། །དེ་ནས་སྟོང་ཆེན་པོ་ཞེས་བྱ་བ་གྲངས་མེད་པ་ཆེན་པོའི་འཇིག་རྟེན་གྱི་ཁམས་ རྣམས་ཏེ་མཐའ་ཡས་སོ། །འདི་དག་ས་བཅུ་པའི་མདོ་དང་ཆོས་མངོན་པར་གསུངས་པ་ རྣམས་དང་མི་མཐུན་ཡང་མདོ་སྔགས་ཀྱི་ཁྱད་པར་ཡིན་པས་སྐྱོན་མེད་དོ། །)དཔེར་ན་ (གླིང་བཞི་པ་སྟོང་ལ་སྟོང་གཅིག་སྟེ་དེ་སྟོང་ལ་སྟོང་གཉིས་དེ་སྟོང་ལ་སྟོང་གསུམ་གྱི་ སྟོང་ཆེན་པོ་ཞེས་པའི་ཚུལ་གྱིས་)སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ ཚད་དང་མཉམ་པའི་དར་ཡུག་ཆེན་པོ་ཅིག་ཡོད་པར་གྱུར་ལ། དར་ཡུག་ཆེན་པོ་དེ་ ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་རྫོགས་པར་(དར་ སྤར་མ་བཞིན་དུ་དང་པོ་ནས་རི་མོ་དོད་པར་)བྲིས་པར་གྱུར་ཏེ། འདི་ལྟ་སྟེ། ཁོར་ཡུག་ ཆེན་པོའི་ཚད་དུ་ནི་ཁོར་ཡུག་ཆེན་པོ་(དང་པོ་ནས་)བྲིས། ས་ཆེན་པོའི་ཚད་དུ་ནི་ས་ ཆེན་པོ། སྟོང་གཉིས་པའི་འཇིག་རྟེན་གྱི་ཁམས་ཀྱི་ཚད་དུ་ནི་སྟོང་གཉིས་པའི་འཇིག་ རྟེན་གྱི་ཁམས། སྟོང་གི་འཇིག་རྟེན་གྱི་ཁམས་ཀྱི་ཚད་དུ་ནི་སྟོང་གི་འཇིག་རྟེན་གྱི་ཁམས། གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཀྱི་ཚད་དུ་ནི་གླིང་བཞི་པའི་འཇིག་རྟེན་གྱི་ཁམས། རྒྱ་མཚོ་ཆེན་པོའི་ཚད་དུ་ནི་རྒྱ་མཚོ་ཆེན་པོ། འཛམ་བུའི་གླིང་གི་ཚད་དུ་ནི་འཛམ་བུ་ གླིང་། ཤར་གྱི་ལུས་འཕགས་གླིང་གི་ཚད་དུ་ནི་ཤར་གྱི་ལུས་འཕགས་གླིང་། ནུབ་ཀྱི་བ་ ལང་སྤྱོད་ཀྱི་གླིང་གི་ཚད་དུ་ནི་ནུབ་ཀྱི་བ་ལང་སྤྱོད། བྱང་གི་སྒྲ་མི་སྙན་གྱི་གླིང་གི་ཚད་ དུ་ནི་བྱང་གི་སྒྲ་མི་སྙན། རི་རབ་ཀྱི་ཚད་དུ་ནི་རི་རབ། ས་ལ་སྤྱོད་པའི་ལྷའི་གཞལ་ཡས་ ཁང་གི་ཚད་དུ་ས་ལ་སྤྱོད་པའི་ལྷའི་གཞལ་ཡས་ཁང་། འདོད་པ་ན་སྤྱོད་པའི་ལྷའི་ གཞལ་ཡས་ཁང་གི་ཚད་དུ་ནི་འདོད་པ་ན་སྤྱོད་པའི་ལྷ་(དྲུག་པོ)འི་གཞལ་ཡས་ཁང་། 9-1-39 གཟུགས་ན་སྤྱོད་པའི་ལྷའི་གཞལ་ཡས་ཁང་གི་ཚད་དུ་ནི་གཟུགས་ན་སྤྱོད་པའི་ལྷའི་ གཞལ་ཡས་ཁང་བྲིས་སོ། །གཟུགས་མེད་པ་ན་སྤྱོད་པའི་ལྷ་རྣམས་ཀྱི་གཞལ་མེད་ཁང་གི་ ཚད་དུ་ནི་གཟུགས་མེད་པ་ན་སྤྱོད་པའི་ལྷ་རྣམས་ཀྱི་གཞལ་མེད་ཁང་བྲིས་སོ། །དར་ ཡུག་ཆེན་པོ་དེ་ཡང་ཆུ་ཞེང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ཚད་ ཙམ་དུ་གྱུར་ལ། དར་ཡུག་ཆེན་པོ་དེ་ཡང་རྡུལ་ཕྲ་རབ་ཀྱི་རྡུལ་གཅིག་ཏུ་བཅུག་པར་ གྱུར་ཏོ། །ཇི་ལྟར་རྡུལ་ཕྲ་རབ་ཀྱི་རྡུལ་གཅིག་ཏུ་དར་ཡུག་ཆེན་པོ་དེ་བཅུག་པ་དེ་བཞིན་ དུ་རྡུལ་ཕྲ་རབ་ཀྱི་རྡུལ་མ་ལུས་པ་རྣམས་སུ་དེའི་ཚད་ཉིད་ཀྱི་དར་ཡུག་ཆེན་པོ་ནང་དུ་ བཅུག་པར་གྱུར་ཏོ། །དེ་ནས་(དར་ཡུག་དེ་འབྱིན་པ་ལ་)མཁས་པ་འཛངས་པ། (ཤེས་ རབ་)གསལ་བ་ཡིད་(རྩེ་གཅིག་ཏུ་)གཞུངས་(ཤིང་འགྲུས་)པ་(དེས་འབྱིན་པའི་ཐབས་ ལ་འབད་པ་)དེར་(བློ་)ཉེ་བར་ཞུགས་པའི་(ཤེས་རབ་ཀྱི་)དཔྱོད་པ་དང་ལྡན་པའི་སྐྱེས་ བུ་འགའ་ཞིག་སྐྱེས་ཏེ། (སྐྱེས་བུ་)དེའི་མིག་(དར་ཡུག་ཡོད་པར་མཐོང་བའི་)ལྷའི་མིག་ ཏུ་གྱུར་ཅིང་(རྡུལ་ཕྲན་)ཀུན་ཏུ་(དར་ཡུག་ཡོད་པར་མཐོང་བའི་མིག་)ཡོངས་སུ་དག་ པ་འོད་གསལ་བར་གྱུར་པ་ཞིག་ལ། དེས་ལྷའི་མིག་གིས་རྣམ་པར་བལྟ་སྟེ། འདི་ལྟ་བུར་ གྱུར་པའི་དར་ཡུག་ཆེན་པོ་འདི་རྡུལ་ཕྲ་རབ་ཀྱི་རྡུལ་ཆུང་ངུ་འདི་ཉིད་ལ་གནས་ཏེ། སེམས་ཅན་འགའ་ལ་ཡང་ཉེ་བར་མཁོ་བར་མ་གྱུར་ཏོ། །དེ་འདི་སྙམ་དུ་སེམས་ཏེ། ཀྱེ་མ་ མ་ལ་གང་བདག་གིས་བརྩོན་པ་ཆེན་པོའི་སྟོབས་དང་མཐུས་རྡུལ་ཕྲ་རབ་ཀྱི་རྡུལ་འདི་ ཕྱེ་སྟེ། དར་ཡུག་ཆེན་པོ་འདི་འགྲོ་བ་ཐམས་ཅད་ཀྱི་ཉེ་བར་འཚོ་བར་བྱའོ་སྙམ་པས་དེ་ བརྩོན་པ་ཆེན་པོའི་སྟོབས་ཀྱི་མཐུ་བསྐྱེད་དེ། རྡོ་རྗེ་ཕྲ་མོས་རྡུལ་ཕྲ་རབ་ཀྱི་རྡུལ་དེ་ཕྱེ་ ནས་བསམ་པ་ཇི་ལྟ་བ་བཞིན་དུ་དར་ཡུག་ཆེན་པོ་དེ་འགྲོ་བ་མཐའ་དག་ལ་ཉེ་བར་ འཁོ་བར་བྱེད་ཅིང་གཅིག་ལ་ཇི་ལྟ་བ་དེ་བཞིན་དུ་རྡུལ་ཕྲ་རབ་ལུས་པ་མེད་པ་མཐའ་ དག་ལ་དེ་ཁོ་ན་བཞིན་བྱེད་དོ། །ཀྱེ་རྒྱལ་བའི་སྲས་(དཔེ་དར་ཡུག་དང་འདྲ་བར་)དེ་ བཞིན་དུ་དེ་བཞིན་གཤེགས་པའི་ཡེ་ཤེས། ཚད་མེད་པའི་ཡེ་ཤེས་སེམས་ཅན་ཐམས་ ཅད་ཉེ་བར་འཚོ་བའི་ཡེ་ཤེས་ཀྱང་(རྡུལ་ཕྲན་དང་འདྲ་བར་)སེམས་ཅན་ཐམས་ཅད་ 9-1-40 ཀྱི་སེམས་ཀྱི་རྒྱུད་ལ་མ་ཚང་བ་མེད་པར་(སེམས་ཅན་རང་རང་གི་རང་བཞིན་དུ་)རྗེས་ སུ་ཞུགས་ཏེ། སེམས་ཅན་གྱི་(སྒྲིབ་བྱེད་དྲི་མའི་)སེམས་ཀྱི་རྒྱུད་ཀྱི་དེ་དག་ཀྱང་(སྒྲིབ་ བྱ་)དེ་བཞིན་གཤེགས་པའི་ཡེ་ཤེས་དང་འདྲ་བར་ཚད་མེད་དོ། །(སེམས་ཅན་རང་རང་ གི་ངོ་བོ་ཡིན་པའི་སངས་རྒྱས་ཡེ་ནས་ཡོད་པ་)དེ་ལྟ་མོད་ཀྱི་འདུ་ཤེས་ཀྱི་འཛིན་པས་ བཅིངས་པའི་བྱིས་པ་རྣམས་ཀྱིས་(རང་རང་གི་བདག་ཉིད་དུ་གདོད་ནས་ཡོད་པ་)དེ་ བཞིན་གཤེགས་པའི་ཡེ་ཤེས་(ཀྱི་ངོ་བོ་ཙམ་ཡང་)མི་ཤེས་(ཡོན་ཏན་ཐམས་ཅད་ ཀྱང་)རབ་ཏུ་མི་ཤེས་ཤིང་། (རང་གི་རྒྱུད་ལ་)ཉམས་སུ་མི་མྱོང་མངོན་དུ་མི་བྱེད་ དོ། །དེས་ན་(དར་ཡུག་མཐོང་བའི་སྐྱེས་བུ་དང་འདྲ་བར་)དེ་བཞིན་གཤེགས་པ་ཆགས་ པ་མེད་པའི་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱིས་ཆོས་ཀྱི་དབྱིངས་སེམས་ཅན་གྱི་གནས་ ཐམས་ཅད་ལ་(གནས་པ་)རྣམ་པར་གཟིགས་ནས་(དེ་ཉིད་སྟོན་པའི་)སློབ་དཔོན་གྱི་ འདུ་ཤེས་སུ་འགྱུར་ཏེ། ཀྱེ་མ་(ཨ་ཙ་)མ་ལ་སེམས་ཅན་འདི་དག་ནི་(དྲི་མ་དང་ཡེ་ཤེས་ གཉིས་ལས་མི་སྲིད་ཅིང་གང་རུང་ཅིག་རང་གི་ངོ་བོ་ཡིན་དགོས་པ་ལ་དྲི་མ་ནི་སྤང་རྒྱུ་ ཡིན་ཞིང་ཡེ་ཤེས་ནི་དག་རྒྱུ་ཡིན་པས་དྲི་མ་བསལ་ནས་དག་པའི་ངོ་བོ་ཡིན་པ་ལས་ འོས་མེད་པའི་ཕྱིར་རང་རང་གི་ངོ་བོ་)དེ་བཞིན་གཤེགས་པའི་ཡེ་ཤེས་ཡང་དག་པ་ཇི་ ལྟ་བ་བཞིན་དུ་(མ་ཚང་བ་མེད་པར་རང་བཞིན་དུ་ཡོད་ཀྱང་དྲི་མས་བསྒྲིབས་པས་རང་ གིས་)མི་ཤེས་པ་དང་དེ་བཞིན་གཤེགས་པའི་ཡེ་ཤེས་(གདོད་མ་ནས་རང་ཆས་སུ་)རྗེས་ སུ་ཞུགས་པ་དག་སྟེ། གང་ཡང་ངས་སེམས་ཅན་(སངས་རྒྱས་ཀྱི་སྙིང་པོ་ཅན་)འདི་དག་ ལ་འཕགས་པའི་ལམ་(རྡོ་རྗེ་ཕྲ་མོ་དང་འདྲ་བར་)ཉེ་བར་བསྟན་པས། (གང་ཟག་དང་ ཆོས་ཀྱི་དངོས་པོར་ཞེན་པའི་)འདུ་ཤེས་ཀྱིས་བྱས་པའི་འཆིང་བ་མཐའ་དག་སེལ་བར་ བྱེད་པ་སྟེ། (དཔེ་)ཇི་ ལྟར་(སངས་རྒྱས་)རང་ཉིད་(སྔར་དྲི་མའི་སྦུབས་ན་གནས་པའི་ཚེ་དྲི་མ་སེལ་བའི་ལམ་ ལ་ཞུགས་ནས་ལམ་བདེན་)འཕགས་པའི་ཡེ་ཤེས་ཀྱི་སྟོབས་བསྐྱེད་པས་འདུ་ཤེས་ཀྱི་ མདུད་པ་ཆེན་པོ་བསལ་ནས་(རང་གི་ངོ་བོ་ཇི་ལྟ་བ་བཞིན་མངོན་དུ་གྱུར་པ་ནི་)དེ་ 9-1-41 བཞིན་གཤེགས་པའི་ཡེ་ཤེས་(རང་ཉིད་རང་གི་གནས་ལུགས་གཙང་བདག་བདེ་དང་ རྟག་པ་)སོ་སོར་མངོན་པར་ཤེས་ཤིང་(སངས་རྒྱས་དྲི་མ་བསལ་ཟིན་པའི་)དེ་བཞིན་ གཤེགས་པ་དང་མཉམ་པ་ཉིད་རྗེས་སུ་ཐོབ་པ་བཞིན་དུ། (སེམས་ཅན་)དེ་དག་ལ་ (རང་གི་ངོ་བོ་)དེ་བཞིན་གཤེགས་(ཟབ་མོ་སྣང་བའི་ཏིང་ངེ་འཛིན་བསྒོམ་)པའི་ལམ་ བསྟན་པས། འདུ་ཤེས་ཀྱིས་བྱས་པའི་འཆིང་བ་ཐམས་ཅད་ལས་བཟློག་པར་བྱེད་ དོ། །འདུ་ཤེས་ཀྱིས་བྱས་པའི་འཆིང་བ་ཐམས་ཅད་ལོག་པ་དག་ལ་ནི། (ཐོག་མ་མེད་པ་ ནས་རང་གི་ངོ་བོར་གནས་པ་འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པ་)དེ་བཞིན་གཤེགས་ པའི་ཡེ་ཤེས་ཚད་མེད་པ་(རང་དོན་མཐར་ཕྱིན་པ་)དེ་(གཞན་དོན་ནི་)འགྲོ་བ་མཐའ་ དག་གི་ཉེ་བར་འཚོ་བར་འགྱུར་རོ། །ཞེས་གསུངས་སོ། ། དེ་ལ་རྒྱལ་བའི་མཛད་པ་ནི་(དུས་)ཅིག་ཆར་(གདུལ་བྱའི་སེམས་ཅན་རབ་འབྲིང་ཐ་ མ་)ཐམས་ཅད་ལ་དུས་(གསུམ་པོ་)ཐམས་ཅད་དུ་ལྷུན་གྱིས་གྲུབ་ཅིང་རྣམ་པར་མི་རྟོག་ པར་(བག་ཆགས་ཀྱི་)བསམ་པ་ཇི་ལྟ་བ་དང་གདུལ་བྱ་(རབ་འབྲིང་ཐ་མ་)ཇི་ལྟ་བ་ བཞིན་དུ་སེམས་ཅན་རྣམས་ལ་(ཐབས་ཀྱི་རྣམ་པ་)མ་ཚང་བ་མེད་ཅིང་(རང་རང་གི་ སྐལ་བ་དང་)རྗེས་སུ་མཐུན་པར་འཇུག་པའི་ཕྱིར། གནས་འདི་བསམ་གྱིས་མི་ཁྱབ་སྟེ། གང་གི་ཕྱིར་སེམས་ཅན་(དག་རྒྱུ་)རྣམས་(དག་པ་ལ་)གཞུག་པའི་དོན་དུ་དེ་བཞིན་ གཤེགས་པའི་ཡེ་ཤེས་(དག་པར་བྱེད་པའི་རྐྱེན་ནི་)ཚད་མེད་པ་ཡིན་ཡང་མདོར་བསྡུས་ པ་ཙམ་གྱི་སྒོ་ནས་ཚད་དང་ལྡན་པར་བསྟན་མོད་ཀྱི་རིགས་ཀྱི་བུ་འོན་ཀྱང་དེ་བཞིན་ གཤེགས་པའི་ཡང་དག་པའི་དེ་བཞིན་གཤེགས་པའི་འཕྲིན་ལས་གང་ཡིན་པ་དེ་ནི། (རྟོག་གེས་)བསམ་གྱིས་མི་ཁྱབ་པ་ཚད་མེད་པ་འཇིག་རྟེན་ཐམས་ཅད་ཀྱིས་(མཐའ་ གཅིག་ཏུ་)ཤེས་པར་བྱ་བ་མ་ཡིན་པ་ཡི་གེས་(མཐའ་ཅིག་ཏུ་གྲུབ་པར་)བརྗོད་དུ་མེད་ པ། (སངས་རྒྱས་ལས་)གཞན་གྱིས་(ལས་དེ་ལྟ་བུ་)བསྒྲུབ་པར་དཀའ་བ། (དུས་གསུམ་ གྱི་)སངས་རྒྱས་ཀྱི་ཞིང་(ཁམས་དག་མ་དག་)ཐམས་ཅད་(གཟུགས་སྐུ་འཇའ་ཚོན་ བཞིན་དུ་སོ་སོར་)གནས་པ། (གློ་བུར་གྱི་དྲི་མ་དང་བྲལ་ཟིན་པའི་)སངས་རྒྱས་ཐམས་ 9-1-42 ཅད་དང་(འཕྲིན་ལས་)མཉམ་པ་ཉིད་དུ་རྗེས་སུ་ཐོབ་པ། (སྤྲོས་བཅས་ཀྱི་)འབད་རྩོལ་ དང་བྱ་བ་ཐམས་ཅད་ལས་འདས་པ་(རྒྱ་)ནམ་མཁའ་དང་མཉམ་པ་ཉིད་ཀྱིས་རྣམ་ པར་རྟོག་པ་མེད་པ། (ཐམས་ཅད་)ཆོས་ཀྱི་དབྱིངས་ཀྱི་བྱ་བ་(ཡིན་པ་)ཉིད་ཀྱིས་(ཆོས་ དབྱིངས་ལས་)ཐ་དད་དུ་དབྱེར་མེད་ཅེས་བྱ་བ་ནས་ནོར་བུ་བཻཌཱུཪྻ་རྣམ་པར་དག་པ་ དཔེར་མཛད་ནས་རྒྱས་པར་བསྟན་ཏེ། རིགས་ཀྱི་བུ་རྣམ་གྲངས་འདིས་འདི་ལྟར་རིག་ པར་བྱ་སྟེ། དེ་བཞིན་གཤེགས་པའི་འཕྲིན་ལས་ནི་བསམ་གྱིས་མི་ཁྱབ་པ་མཉམ་པ་ཉིད་ རྗེས་སུ་ཐོབ་པ། ཐམས་ཅད་དུ་(སྐྱོན་གྱིས་)ཁ་ན་མ་ཐོ་བ་མེད་པ། དུས་གསུམ་དང་རྗེས་ སུ་འབྲེལ་པ། དཀོན་མཆོག་གསུམ་གྱི་གདུང་མི་འཆད་པར་བྱེད་པའོ། །བསམ་གྱིས་མི་ ཁྱབ་པའི་དེ་བཞིན་གཤེགས་པའི་(སྐུ་གསུང་ཐུགས་ཀྱི་)འཕྲིན་ལས་གང་ལ་རབ་ཏུ་ ཞུགས་པའི་དེ་བཞིན་གཤེགས་པའི་སྐུ(འི་རྣམ་འགྱུར་)ནི་(འདུས་མ་བྱས་པས་)ནམ་ མཁའི་རང་བཞིན་ཡང་མི་འདོར་ལ། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཡང་ཀུན་ཏུ་ སྟོན་ཏོ། །གསུང་(བྲག་ཆ་ལྟར་རྟོག་པས་)བརྗོད་དུ་མེད་པའི་ཆོས་ཉིད་ཀྱང་མི་འདོར་ལ། སྒྲ་རྣམ་པར་རིག་པ་(རང་རང་གི་སྐད་རིགས་མི་འདྲ་བ་ཇི་སྙེད་ཡོད་པ་དེ་སྙེད་)ཇི་ལྟ་ བ་བཞིན་(རང་རང་སོ་སོའི་སྐད་)དུ་སེམས་ཅན་རྣམས་ལ་ཆོས་ཀྱང་སྟོན་ཏོ། །སེམས་ཀྱི་ (དངོས་པོར་འཛིན་པའི་)དམིགས་པ་ཐམས་ཅད་དང་ཡང་བྲལ་ལ། (རྣམ་རྟོག་མི་ མངའ་ཅི་ཡང་ས་ལེ་མཁྱེན་པའི་ཕྱིར་)སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་དང་ བསམ་པ་(དང་དབང་པོ་)ཡང་རབ་ཏུ་ཤེས་སོ་ཞེས་གསུངས་སོ། ། རྟོགས་བྱ་(ཁམས་དང་)རྟོགས་པ་(བྱང་ཆུབ་དང་བྱང་ཆུབ་)དེ་ཡི་ནི། །ཡན་ལག་(ཡོན་ དང་གཞན་དག་)རྟོགས་པར་བྱེད་(པ་འཕྲིན་ལས་རྣམས་ཡིན་པའི་)ཕྱིར་ཏེ། །(དེ་ དག་)གོ་རིམ་ཅི་བཞིན་གནས་གཅིག་(ཁམས་)ནི། །དག་རྒྱུ་(ལྷག་མ་)གསུམ་ནི་(དག་ པར་བྱེད་པའི་)རྐྱེན་ཡིན་ནོ། །(བརྗོད་བྱ་)དོན་གྱི་གནས་བཞི་པོ་འདི་དག་ལས་ཀྱང་ (བདེན་གཉིས་ཀྱི་)ཤེས་བྱ་ཐམས་ཅད་བསྡུས་པའི་ཕྱིར། (གནས་བཞིའི་)དང་པོ་ (ཁམས་)ནི་(སྒྲིབ་པ་དང་བྲལ་ནས་)རྟོགས་པར་བྱ(་བ་དག་པར་བྱ་རྒྱུ)འི་གནས་སུ་ 9-1-43 བལྟ་བར་བྱའོ། །དེ་(དྲི་མ་དང་བྲལ་ནས་)རྗེས་སུ་རྟོགས་པ་ནི་རྟོགས་པ་ཡིན་པའི་ཕྱིར། གཉིས་པ་བྱང་ཆུབ་ཀྱི་གནས་སོ། །བྱང་ཆུབ་ཀྱི་ཡན་ལག་ཏུ་གྱུར་པ་ནི། སངས་རྒྱས་ཀྱི་ ཡོན་ཏན་ཡིན་པའི་ཕྱིར། གསུམ་པ་བྱང་ཆུབ་ཀྱི་ཡན་ལག་གི་གནས་སོ། །བྱང་ཆུབ་ཀྱི་ ཡན་ལག་རྣམས་ཉིད་ཀྱིས་གཞན་དག་རྟོགས་པར་བྱེད་པའི་ཕྱིར་བཞི་པ་རྟོགས་པར་ བྱེད་པའི་གནས་སོ། །དེ་ལྟར་གནས་བཞི་པོ་འདིའི་དབང་དུ་བྱ་སྟེ(ཁམས་དག་པར་བྱ)། རྒྱུ་དང་(གསུམ་དག་པར་བྱེད་པའི་)རྐྱེན་གྱི་དངོས་པོས་(རྒྱུ་རྐྱེན་དེ་དག་གིས་དྲི་མ་ དང་བྲལ་བར་བྱས་པའི་བྲལ་འབྲས་)དཀོན་མཆོག་གསུམ་གྱི་རིགས་རྣམ་པར་བཞག་ པར་རིག་པར་བྱའོ། །(རྒྱུ་ལ་དག་རྒྱུ་དང་རྐྱེན་བྱེད་ཀྱི་རྒྱུ་གཉིས་ཡོད་པ་ལྟར་ས་བོན་ལ་ ཡང་དག་བྱའི་ས་བོན་དང་སྐྱེད་བྱེད་ཀྱི་ས་བོན་གཉིས་སོ། །དེས་ན་འདི་ནི་ཕྲལ་རྒྱུའམ་ དག་རྒྱུ་དང་བྲལ་བྱའི་ས་བོན་ནམ་དག་བྱའི་ས་བོན་ནོ། །དེ་ལ་བསྐྱེད་བྱ་སྐྱེད་བྱེད་ཀྱི་རྒྱུ་ འབྲས་འདུས་བྱས་སུ་ངེས་ལ། དག་བྱ་དག་བྱེད་ནི་མ་ངེས་སོ།།)དེ་ལ་གནས་བཞི་པོ་འདི་ དག་ལས། དང་པོ་(དྲི་མ་དང་སངས་རྒྱས་ཚོགས་པའི་དོན་དག་རྒྱུ་སེམས་ཅན་)ནི་ འཇིག་རྟེན་ལས་འདས་པའི་ཆོས་ཀྱི་(དག་པའི་བྱ་བའི་)ས་བོན་ཡིན་པའི་ཕྱིར་སོ་སོ་ རང་ཉིད་ཚུལ་བཞིན་ཡིད་ལ་བྱེད་པའི་གནས་ཀྱིས། དེ་རྣམ་པར་དག་པ་ལ་བརྟེན་ནས་ (དག་འབྲས་)དཀོན་མཆོག་གསུམ་གྱི་(དག་)རྒྱུར་རྟོགས་པར་བྱ་སྟེ། (འདིར་རྒྱུ་དང་ས་ བོན་ནི་རྣམ་གྲངས་སོ། །)དེ་ལྟར་གནས་གཅིག་ནི་(དཀོན་མཆོག་གསུམ་གྱི་དག་)རྒྱུ་ ཡིན་ནོ། །ཇི་ལྟར་གསུམ་(དཀོན་མཆོག་གསུམ་གྱི་དག་པའི་)རྐྱེན་ཡིན་ཞེ་ན། དེ་བཞིན་ གཤེགས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་ སངས་རྒྱས་ནས་སྟོབས་བཅུ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་རྣམས་ཀྱིས་དེ་བཞིན་ གཤེགས་པའི་འཕྲིན་ལས་(གཏི་མུག་གི་གཉིད་སད་པར་བྱེད་པ་ལ་སོགས་པ་)རྣམ་པ་ སུམ་བཅུ་རྩ་གཉིས་མཛད་པས། (དག་རྒྱུའི་སེམས་ཅན་དེ་ཉིད་དག་པར་བྱེད་པའི་རྐྱེན་ སློབ་དཔོན་)གཞན་གྱི་སྒྲ་(ཐོས་པ་)ལ་བརྟེན་པས་(ཁམས་)དེ་རྣམ་པར་དག་པ་(བྱང་ ཆུབ་ཡོན་ཏན་འཕྲིན་ལས་རྣམས་)ལ་བརྟེན་ནས། (དག་འབྲས་)དཀོན་མཆོག་གསུམ་ 9-1-44 (དྲི་བྲལ་དུ་)འབྱུང་བའི་རྐྱེན་དུ་རྟོགས་པར་བྱ་སྟེ། དེ་ལྟར་གསུམ་པོ་འདི་ནི་རྐྱེན་ཡིན་ ནོ། ། ༈ འདི་ཕན་ཆད་ནི་གཞུང་ལྷག་མས་གནས་བཞི་པོ་འདི་དག་ཉིད་ཀྱི་མཐར་གྱིས་རྣམ་ པར་དབྱེ་བ་རྒྱས་པར་སྟོན་པར་རིག་པར་བྱའོ། །(བསྟན་བཅོས་འདིའི་བརྗོད་བྱ་དོན་ གྱིས་གནས་བཞི་པོ་)དེ་ལ་(དང་པོ་ཁམས་)དྲི་མ་དང་བཅས་པའི་དེ་བཞིན་ཉིད་ཀྱི་ དབང་དུ་མཛད་ནས་(སེམས་ཅན་ཐམས་ཅད་གནས་སྐབས་གསུམ་ལས་མི་འདའ་བས་ མ་དག་པ་དང་མ་དག་དག་པ་དང་ཤིན་ཏུ་དག་པའི་གནས་སྐབས་ན་)སེམས་ཅན་ ཐམས་ཅད་ནི་(དུས་རྟག་ཏུ་)དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ་ཞེས་(མདོ་ ལས་)གསུངས་པ་གང་ཡིན་པ་དེ་(གནས་སྐབས་གསུམ་གྱི་)དོན་གང་ཡིན་ཞེ་ན། (ཤིན་ ཏུ་དགེ་བའི་གནས་སྐབས་སུ་)རྫོགས་(པའི་)སངས་(རྒྱས་ཀྱི་ཆོས་ཀྱི་)སྐུ་ནི་འཕྲོ་ (བའི་)ཕྱིར་དང་། །(མ་དག་པ་སེམས་ཅན་གྱི་གནས་སྐབས་སུ་སངས་རྒྱས་དང་སེམས་ ཅན་གྱི་)དེ་བཞིན་ཉིད་(ལ་ངོ་བོ་)དབྱེར་མེད་(པའི་)ཕྱིར་དང་། །(མ་དག་དག་པ་བྱང་ ཆུབ་སེམས་དཔའི་སྐབས་སུ་དེ་བཞིན་གཤེགས་ཏེ་)རིགས་ཡོད་(པའི་)ཕྱིར་ན་(བདེ་ གཤེགས་སྙིང་པོའི་གནས་སྐབས་གསུམ་གྱིས་བསྡུས་པའི་)ལུས་ཅན་ཀུན། །(སངས་རྒྱས་ དང་སེམས་ཅན་དང་བྱང་ཆུབ་སེམས་དཔའི་དུས་)རྟག་ཏུ་སངས་རྒྱས་སྙིང་པོ་ཅན(་ ནོ)། །(འདིར་ཚིགས་བཅད་གཅིག་པུ་འདི་ཉིད་དུ་གཏན་ཚིགས་གསུམ་གྱིས་དམ་བཅའ་ གཅིག་སྒྲུབ་པ་འདི་གནས་སྐབས་གསུམ་དུ་མ་ཕྱེ་ན་ལེའུ་དང་པོ་འདིའི་སྐབས་སུ་གོ་བ་ ལོག་པའི་བཤད་པ་མང་པོ་བྱུང་ཉེན་ཡོད་དེ་ལེའུ་དང་པོའི་འདི་མན་ཆད་ནི་ཚིགས་ བཅད་གཅིག་པུ་འདི་འབའ་ཞིག་གི་རྒྱས་བཤད་ཡིན་པའི་ཕྱིར་རོ།།)མདོར་བསྡུ་ན་ (ཆོས་སྐུ་དང་དེ་བཞིན་ཉིད་དང་རིགས་ཀྱི་)དོན་རྣམ་པ་གསུམ་གྱིས་སེམས་ཅན་ཐམས་ ཅད་ནི་(གཞི་ལམ་འབྲས་བུའི་སྐབས་ཀྱི་དུས་)རྟག་ཏུ་དེ་བཞིན་གཤེགས་པའི་སྙིང་པོ་ ཅན་ནོ། །ཞེས་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། (དེ་ཡང་)འདི་ལྟ་སྟེ། སེམས་ཅན་ ཐམས་ཅད་ལ་(སངས་རྒྱས་པའི་དུས་སུ་)དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་འཕྲོ་བའི་ 9-1-45 དོན་དང་། (ལམ་ལ་མ་ཞུགས་པའི་སེམས་ཅན་གྱི་དུས་སུ་)དེ་བཞིན་གཤེགས་པའི་དེ་ བཞིན་ཉིད་(དང་སེམས་ཅན་གྱི་དེ་བཞིན་ཉིད་ཡ་ང་བ་དང་ཡོན་ཏན་ལ་)རྣམ་པར་ དབྱེ་བ་མེད་པའི་དོན་དང་། (ལམ་ལ་ཞུགས་པ་བྱང་ཆུབ་སེམས་དཔའི་དུས་སུ་)དེ་ བཞིན་གཤེགས་པའི་རིགས་ཡོད་པའི་དོན་གྱིས་སོ། །(གནས་སྐབས་གསུམ་གྱིས་བསྡུས་ པའི་)དོན་གྱི་གནས་གསུམ་པོ་འདི་དག་ཀྱང་དེ་བཞིན་གཤེགས་པའི་སྙིང་པོའི་མདོའི་ རྗེས་སུ་འབྲངས་ཏེ་(དེ་མ་ཐག་ཏུ་)འོག་ནས་(རྒྱས་པར་)སྟོན་པར་འགྱུར་རོ། ། (དེ་མ་ཐག་ཏུ་འོག་ནས་རྒྱས་པར་འཆད་པར་འགྱུར་བ་རྣམས་ཀྱི་)སྡོམ་ནི། (བདེ་ གཤེགས་སྙིང་པོའི་)ངོ་བོ་(དང་)རྒྱུ་(དང་)འབྲས་(བུ་དང་)ལས་(དང་)ལྡན་(པ་ དང་)འཇུག་པ་དང་། །གནས་སྐབས་(ཀྱི་དོན་དང་)དེ་བཞིན་(དུ་)ཀུན་ཏུ་འགྲོ་(ཞིང་ ཁྱབ་)པའི་དོན(དང་)། །(སེམས་ཅན་དང་བྱང་ཆུབ་སེམས་དཔའ་དང་དེ་བཞིན་ གཤེགས་པའི་དུས་)རྟག་ཏུ་མི་འགྱུར་(བའི་དོན་དང་སྔ་ཕྱི་ཁྱད་མེད་པར་)ཡོན་ཏན་ དབྱེར་མེད་(པའི་དོན་རྣམ་པ་བཅུ་)ནི། །དོན་དམ་དབྱིངས་ཀྱི་དགོངས་(པའི་)དོན་ ཡིན་(པར་)ཤེས་(པར་)བྱ(འོ)། །(འོག་ནས་འཆད་འགྱུར་རྣམས་སྐབས་འདིར་)མདོར་ བསྡུས་ན། (བདེ་གཤེགས་སྙིང་པོའི་)དོན་རྣམ་པ་བཅུ་ལ་དགོངས་ནས་དེ་ཁོ་ནའི་(སོ་ སོ་རང་རིག་)ཡེ་ཤེས་དམ་པའི་(སྤྱོད་)ཡུལ་(དུ་གྱུར་པ་)དེ་བཞིན་གཤེགས་པའི་ཁམས་ (དོན་བཅུར་)རྣམ་པར་བཞག་པར་རིག་པར་བྱའོ། །དོན་རྣམ་པ་བཅུ་གང་ཞེ་ན། འདི་ ལྟ་སྟེ། (དོན་དམ་པ་ཆོས་ཀྱི་དབྱིངས་ཕྱག་རྒྱ་ཆེན་པོ་སེམས་ཀྱི་རང་བཞིན་འོད་གསལ་ བ་ཤེར་ཕྱིན་ཟབ་མོ་བདེ་གཤེགས་སྙིང་པོ་དེ་ཉིད་ཀྱི་)ངོ་བོའི་དོན་དང་། རྒྱུ(་ཡིན་པ)འི་ དོན་དང་། འབྲས་བུ(ཡིན་པ)འི་དོན་དང་། (བྱེད་)ལས་ཀྱི་དོན་དང་། (ཡོན་ཏན་ དང་)ལྡན་པའི་དོན་དང་། (གནས་སྐབས་གསུམ་གྱི་གང་ཟག་དེ་ལ་)འཇུག་པའི་དོན་ དང་། (སེམས་ཅན་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་)གནས་སྐབས་ཀྱི་ རབ་ཏུ་དབྱེ་བའི་དོན་དང་། (གནས་སྐབས་དེ་དག་ལ་)ཀུན་ཏུ་འགྲོ་བའི་དོན་དང་། (སྔ་ཕྱི་ཁྱད་མེད་པར་རྟག་ཏུ་)མི་འགྱུར་བའི་དོན་དང་། (དུས་ནམ་ཡང་ཡོན་ 9-1-46 ཏན་)དབྱེ་བ་མེད་(པར་ཡོད་)པའི་དོན་ནོ། ། དེ་ལ་(སྔར་བསྟན་པའི་)ངོ་བོའི་དོན་(གསུམ་གྱི་དཔེ་)དང་། རྒྱུའི་དོན་(བཞི་)ལས་ བརྩམས་ནས་ཚིགས་སུ་བཅད་པ། (ཆོས་སྐུའི་དཔེ་)རིན་ཆེན་(དེ་བཞིན་ཉིད་ཀྱི་ དཔེ་)ནམ་མཁའ་ཆུ་དག་(པ་དང་རིགས་ཀྱི་དཔེ་)བཞིན(ནོ )། །(དོན་གསུམ་ག་ ཡང་)རྟག་ཏུ་རང་བཞིན་(གྱི་)ཉོན་མོངས་(པ་དཔེ་གསུམ་བཞིན་ནོ་)མེད། །(རྒྱུའི་དོན་ བཞི་པོ་)ཆོས་(ལ་)མོས་(པ་དང་)ལྷག་པའི་ཤེས་རབ་དང་། །ཏིང་(ངེ་)འཛིན་ (དང་)སྙིང་རྗེ་(བཞིས་སྒྲིབ་པ་བཞི་)ལས་བྱུང་བ(འོ)། ། དེ་ལ་ཚིགས་སུ་བཅད་པ་ཕྱེད་སྔ་མས་ཅི་སྟོན་ཞེ་ན། (རིམ་པ་ལྟར་)མཐུ་(ཆེ་བ་)དང་ གཞན་དུ་མི་འགྱུར་(བ་)དང་། །(སྙིང་རྗེས་)བརླན་པའི་ངོ་བོ(་གསུམ་པོ་དེ)འི་རང་ བཞིན་(ཡིན་པའི་)ཕྱིར། །(ཆོས་སྐུ་དེ་བཞིན་ཉིད་དང་རིགས་)འདི་དག་ཡིད་བཞིན་ (གྱི་)ནོར་བུ་(དང་ནམ་)མཁའ(་དང་)། །ཆུ་ཡི་ཡོན་ཏན་(དང་)ཆོས་མཐུན་ཉིད(དུ་ བསྟན་ཏོ)། །(འདིར་དཔེ་ལས་མི་བསྟན་པ་དོན་)གསུམ་པོ་འདི་དག་ནི་འདིར་སྔར་ (རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །ཞེས་པ་དེར་)བསྟན་ཟིན་པ་(དེ་ཡིན་)སྟེ། (དོན་)གསུམ་པོ་འདི་དག་ལ་གོ་རིམ་ཇི་ལྟ་བ་བཞིན་ཁོ་ནར་(དཔེ་རེ་རེ་ལ་རང་)རང་ གི་མཚན་ཉིད་(འདྲ་ལུགས་སོ་སོར་སྦྱར་བ་རེ་)དང་། སྤྱིའི་མཚན་ཉིད་(དོན་རེ་རེ་ཡང་ དཔེ་གསུམ་ག་དང་འདྲ་བ་)ལས་བརྩམས་ནས། དེ་བཞིན་གཤེགས་པའི་ཁམས་ནི་ (སངས་རྒྱས་པའི་སྐབས་སུ་ཆོས་སྐུ་)ཡིད་བཞིན་གྱི་ནོར་བུ་(འདྲ་བ་)དང་། (སེམས་ ཅན་གྱི་སྐབས་སུ་དེ་བཞིན་ཉིད་)ནམ་མཁའ་(འདྲ་བ་)དེ། (བྱང་ཆུབ་སེམས་དཔའི་ སྐབས་སུ་དེ་བཞིན་གཤེགས་པའི་རིགས་)ཆུ་རྣམ་པར་དག་པ(་འདྲ་བ)འི་ཡོན་ཏན་ དང་། ཆོས་མཐུན་པ་ཉིད་དུ་རིག་པར་བྱའོ། །དེ་ལ་རེ་ཤིག་(འབྲས་བུ་མཐར་ཕྱིན་པའི་ སྐབས་སུ་)དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ལ་ནི། (རང་གཞན་གྱི་)བསམ་པའི་དོན་ (ཕུན་སུམ་ཚོགས་པ་ཐམས་ཅད་)འགྲུབ་པ་ལ་སོགས་པའི་མཐུ(་ཤིན་ཏུ་ཆེ་བ)འི་ངོ་བོ་ ཉིད་ཀྱི་རང་གི་མཚན་ཉིད་ལས་བརྩམས་ནས། (དགོས་འདོད་ཐམས་ཅད་འབྱུང་ 9-1-47 བ་)ཡིད་བཞིན་གྱི་ནོར་བུ་དང་ཆོས་མཐུན་པ་ཉིད་དུ་རིག་པར་བྱའོ། །(གཞི་སེམས་ཅན་ གྱི་སྐབས་སུ་)དེ་བཞིན་ཉིད་ལ་ནི་(ངོ་བོ་དང་ཡོན་ཏན་)གཞན་དུ་འགྱུར་བ་མ་ཡིན་པ་ ཉིད་ཀྱི་རང་གི་ངོ་བོའི་རང་གི་མཚན་ཉིད་ལས་བརྩམས་ནས་(འདུས་མ་བྱས་ པའི་)ནམ་མཁའ་དང་ཆོས་མཐུན་པ་ཉིད་དུ་རིག་པར་བྱའོ། །(ལམ་བྱང་ཆུབ་སེམས་ དཔའི་སྐབས་སུ་)དེ་བཞིན་གཤེགས་པའི་རིགས་(གཙང་བ་དམ་པར་མོས་པ་ལ་སོགས་ པ་)ལ་ནི་སེམས་ཅན་(ཐམས་ཅད་)ལ་སྙིང་བརྩེ་བས་བརླན་པའི་རང་གི་ངོ་བོ་ཉིད་ཀྱིས་ རང་གི་མཚན་ཉིད་ལས་བརྩམས་ནས། ཆུ་དང་ཆོས་མཐུན་པ་ཉིད་དུ་རིག་པར་ བྱའོ། །འདིར་(དོན་གསུམ་པོ་)ཐམས་ཅད་ཀྱང་(རང་གི་རང་བཞིན་དུ་གྱུར་པའི་ཉོན་ མོངས་པ་གདོད་ནས་ཡོད་མ་མྱོང་བས་)རྟག་ཏུ་རང་བཞིན་གྱིས་ཤིན་ཏུ་ཉེ་བར་ཉོན་ མོངས་པ་མེད་པ་རང་བཞིན་གྱིས་ཡོངས་སུ་དག་པའི་སྤྱིའི་མཚན་ཉིད་ལས་བརྩམས་ ནས། (དོན་གསུམ་པོ་)དེ་ཉིད་ཡིད་བཞིན་གྱི་ནོར་བུ་དང་། ནམ་མཁའ་དང་། ཆུ་རྣམ་ པར་དག་པའི་ཡོན་ཏན་དང་། ཆོས་མཐུན་པར་རིག་པར་བྱའོ། ། དེ་ལ་ཚིགས་སུ་བཅད་པ་(འདིའི་)ཕྱེད་འོག་མས་ཅི་བསྟན་ཞེ་ན། ཆོས་(པ་)ལ་ཁོང་ཁྲོ་ (བའི་སྒྲིབ་པ་)བདག་(ཏུ་)ལྟ་(བའི་སྒྲིབ་པ་)དང་། །འཁོར་བའི་སྡུག་བསྔལ་གྱིས་ འཇིགས་(པའི་སྒྲིབ་པ་)དང་། །སེམས་ཅན་(གྱི་)དོན་ལ་ལྟོས་(པ་)མེད་(པ་)ཉིད(ཀྱི་ སྒྲིབ་པ་སྟེ་རིམ་པ་ལྟར)། །འདོད་ཆེན་(པ་དང་)མུ་སྟེགས་(པ་དང་)ཉན་ཐོས་ དང་། །རང་བྱུང་(སྟེ་རང་སངས་རྒྱས་)རྣམས་ཀྱི་(སྙིང་པོ་སྒྲིབ་པར་བྱེད་པའི་)སྒྲིབ་ (པ་)རྣམ་(པ་)བཞི (པོ་འདི)། །དག་(པར་བྱེད་པའི་)རྒྱུ་(ཐེག་ཆེན་ལ་གཙང་བདག་ བདེ་དང་རྟག་པ་ཉིད་དུ་)ལྷག་པར་མོས་པ་ལ། །སོགས་(བྱང་ཆུབ་སེམས་དཔའི་རྒྱུད་ལ་ ཡོད་)པའི་ཆོས་(དག་རྒྱུའི་ཡོན་ཏན་)ནི་རྣམ་(པ་)བཞི་ཉིད(་དོ)། ། (སེམས་ཅན་ཐམས་ཅད་)མདོར་བསྡུ་ན། སེམས་ཅན་གྱི་ཚོགས་ན་སེམས་ཅན་རྣམ་པ་ འདི་གསུམ་ཡོད་དེ། སྲིད་པ་འདོད་པ(འི་ཚན་པ་)དང་། སྲིད་པ་དང་བྲལ་བ་འདོད་ པ(འི་ཚན་པ་)དང་། དེ་གཉི་ག་མངོན་པར་མི་འདོད་པ(འི་ཚན་པ )འོ། ། 9-1-48 (སེམས་ཅན་ཐམས་ཅད་ཚན་པ་གསུམ་དུ་འདུས་པ་)དེ་ལ་སྲིད་པ་འདོད་པ་(དེ་ལ་ ཡང་)ནི་རྣམ་པ་གཉིས་སུ་རིག་པར་བྱ་སྟེ། ཐར་བའི་ལམ་དང་ཞེས་འགྲས་པ་ཡོངས་སུ་ མྱ་ངན་ལས་མི་འདའ་བའི་རིགས་ཅན་གྱི་སེམས་ཅན་འཁོར་བ་ཉིད་འདོད་ཀྱི་མྱ་ངན་ ལས་འདས་པ་ནི་མ་ཡིན་(པའི་འདོད་ཆེན་)པ་གང་དག་ཡིན་(ཕྱོགས་)པ་དང་། དེར་ ངེས་པར་ལྟུང་བའི་(ནང་པའི་)ཆོས་འདི་པ་(ལ་བརྟེན་པའི་ཉན་ཐོས་)ཉིད་དེ། (ཉན་ ཐོས་)དེ་དག་ལས་ཁ་ཅིག་ཐེག་པ་ཆེན་(པོ་བདེ་གཤེགས་སྙིང་)པོའི་ཆོས་ལ་སྡང་བ་སྟེ། (ཐེག་ཆེན་ལ་སྡང་བའི་ཉན་ཐོས་ནི་སྟོན་པའི་སློབ་མའི་ཁྱུ་ནས་འབུད་པར་རིགས་ པ་)གང་གི་དབང་དུ་མཛད་ནས་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས། ང་ནི་(ཉན་ ཐོས་)དེ་དག་གི་སྟོན་པ་མ་ཡིན་ལ། དེ་དག་ཀྱང་ངའི་ཉན་ཐོས་མ་ཡིན་ནོ། །ཤཱ་རིའི་བུ་ དེ་དག་ནི་(ཐེག་ཆེན་མི་འདོད་ཙམ་གྱི་)མུན་པ་བས་ཀྱང་ཆེས་(ཐེག་ཆེན་ལ་སྡང་ བའི་)མུན་པ། (ཐེག་ཆེན་ལ་མི་འཇུག་པའི་)མུན་པ་ནས་(ཐེག་ཆེན་ལ་སྡང་བའི་)མུན་ པ་ཆེན་པོར་འགྲོ་བ། (ཐེག་ཆེན་གྱི་སྣང་བ་དང་བྲལ་བའི་)མུན་པ་ཆེན་པོ་དང་ལྡན་ པའོ། །ཞེས་ང་སྨྲའོ། །ཞེས་(རྒྱ་ཕུད་པའི་བཀའ་སྐྱོན་འཇིགས་པ་འདི་)གསུངས་པ(་ལ་ དགོངས་པ་ཞུ)འོ། །དེ་ལ་སྲིད་པ་དང་བྲལ་བ་འདོད་པ་(དེ་ལ་ཡང་)ནི་རྣམ་པ་གཉིས་ ཏེ། ཐབས་མ་ཡིན་པ་ལ་ཞུགས་(པའི་ཚན་)པ་དང་། ཐབས་ལ་ཞུགས་པ(འི་ཚན་ པ)འོ། །དེ་ལ་ཐབས་མ་ཡིན་པ་ལ་ཞུགས་པ་ཡང་རྣམ་པ་གསུམ་སྟེ། (དེ་ལ་དང་པོ་ནི་ ནང་པའི་ཆོས་)འདི་ལས་ཕྱི་རོལ་ཏུ་གྱུར་པ། (མུ་སྟེགས་ཀྱི་རིགས་)ཙ་ར་ཀ་པ་དང་། ཀུན་ཏུ་རྒྱུ་དང་། གཅེར་བུ་པ་ལ་སོགས་པ་རྣམ་པ་དུ་མའི་མུ་སྟེགས་པ་མང་པོ་དང་། (གཉིས་པ་མུ་སྟེགས་པ།)དེ་(རྣམས་)དང་(ལྟ་བ་)མཐུན་པར་(གྲུབ་མཐའ་ལ་)སྤྱོད་པའི་ ཆོས་(ལུགས་)འདི་པ་ཉིད་(དུ་ཁས་ལེན་ཅིང་ནང་པ་ལ་)དད་པ་(ཙམ་)ཡོད་ཀྱང་ཉེས་ པར་གཟུང་བ་(ལ་བདག་ཏུ་)འཛིན་པ་སྟེ། དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། དོན་ དམ་པ་(བདེ་གཤེགས་སྙིང་པོ་)ལ་མི་མོས་པ་གང་ཟག་(ལ་བདག་)ཏུ་ལྟ་བ་སྟེ། གང་ལ་ བཅོམ་ལྡན་འདས་ཀྱིས་སྟོང་པ་ཉིད་ལ་མོས་པ་མེད་པ་ནི་མུ་སྟེགས་པ་དག་དང་ཁྱད་ 9-1-49 པར་མེད་པ་ཡིན་ནོ། །ཞེས་གསུངས་པ་དང་། (གསུམ་པ་ནི་ཆད་སྟོང་ལ་ཡང་དག་ཏུ་ རློམ་ཞིང་)མངོན་པའི་ང་རྒྱལ་ཅན་(དོན་དམ་ཡང་)སྟོང་པ་ཉིད་དུ་ལྟ་བ་སྟེ། འདི་ལ་ སྟོང་པ་ཉིད་དུ་ལྟ་བ་གང་དག་(དོན་དམ་པར་གྲུབ་པ་བདེ་གཤེགས་སྙིང་པོ་)དེའི་རྣམ་ པར་ཐར་བའི་སྒོ་(གཤིས་ལ་ཡོད་པའི་ཡོན་ཏན་དཔག་ཏུ་མེད་པ་)ལ་ཡང་སྟོང་པ་ (གང་ཡང་མེད་པ་)ཉིད་དུ་ལྟ་བར་འགྱུར་བ་གང་གི་དབང་དུ་མཛད་ནས། (དཀོན་ བརྩེགས་ལས་)འོད་སྲུང་(རྟག་ལྟ་བ་)གང་ཟག་ཏུ་ལྟ་བ་རི་རབ་ཙམ་ནི་(ཆད་ལྟ་བ་ ལས་)བླའི། (ཡང་དག་གི་དོན་ཡང་གཤིས་ལ་མེད་སྙམ་དུ་འཛིན་པའི་ཆད་ལྟ་ བ་)མངོན་པའི་ང་རྒྱལ་ཅན་(དོན་དམ་པར་ཐར་པ་ཡང་ཐར་བས་སྟོང་)སྟོང་(ཞིང་ མེད་)པ་ཉིད་དུ་ལྟ་བ་ནི་དེ་ལྟ་(བུར་སླ་བ་)མ་ཡིན་ནོ། །ཞེས་གསུངས་པའོ། །དེ་ལ་(སྲིད་ པ་དང་བྲལ་བའི་)ཐབས་ལ་ཞུགས་པ་ལ་ཡང་རྣམ་པ་གཉིས་ཏེ། ཉན་ཐོས་ཀྱི་ཐེག་པ་ དང་མཐུན་པ་ཡང་དག་པར་(ཞི་བར་)ངེས་པ་ཉིད་དུ་ཞུགས་པ་དང་། རང་སངས་རྒྱས་ ཀྱི་ཐེག་པ་དང་མཐུན་པའོ། །(སྲིད་ཞི་)དེ་གཉི་ག་མངོན་པར་མི་འདོད་པ་ནི་ཐེག་པ་ ཆེན་པོ་ལ་ཡང་དག་པར་གནས་པ་མཆོག་ཏུ་དབང་པོ་རྣོན་པོའི་སེམས་ཅན་ཏེ། (ཐེག་ ཆེན་པ་)གང་དག་འདོད་ཆེན་པ་བཞིན་དུ་འཁོར་བ་ཡང་མི་འདོད་ཅིང་། མུ་སྟེགས་པ་ ལ་སོགས་པ་ལྟར་(སྲིད་པ་དང་བྲལ་བར་བྱེད་པའི་)ཐབས་མ་ཡིན་པ་ལ་ཞུགས་པ་ཡང་ མ་ཡིན་ལ། ཉན་ཐོས་དང་རང་སངས་རྒྱས་ལྟར་(ཞི་བ་འབའ་ཞིག་སྒྲུབ་པའི་)ཐབས་ དང་ལྡན་པར་གཏོགས་པ་ཡང་མ་ཡིན་ཏེ། འོན་ཀྱང་འཁོར་བ་(སྐྱོན་དུ་མི་རྟོག་ པ་)དང་། མྱ་ངན་ལས་འདས་པ་(ལ་ཡོན་ཏན་དུ་མི་རྟོག་པས་སྲིད་ཞི་)མཉམ་པ་ཉིད་ ཐོབ་པའི་ལམ་དུ་ཞུགས་པ་སྟེ། དེ་དག་ནི་(སྲིད་ཞི་ལ་)མི་གནས་པའི་མྱ་ངན་ལས་ འདས་པ་ལ་བསྟེན་པའི་བསམ་པ་ཅན། (སེམས་)ཉེ་བར་ཉོན་མོངས་པ་མེད་པའི་ འཁོར་བ(ར་བསམ་བཞིན་དུ་སྐྱེ་བ་)ལ་བསྟེན་པའི་སྦྱོར་བ་ཅན། སྙིང་རྗེ་དང་(ཉན་རང་ ལས་)ལྷག་པའི་བསམ་པ་བརྟན་པས་(གཞན་དོན་ལ་)རབ་ཏུ་གནས་པ་(ཐབས་ཤེས་ ཀྱི་)རྩ་བ་ཡོངས་སུ་དག་པར་གྱུར་པ་ཡིན་ནོ། །(སེམས་ཅན་ཐམས་ཅད་ཕུང་པོ་གསུམ་ 9-1-50 དུ་འདུས་པ་)དེ་ལ་སེམས་ཅན་གང་དག་སྲིད་པ་འདོད་པ་འདོད་ཆེན་པ་དང་། དེར་ ངེས་པར་ལྟུང་བའི་ཆོས་འདི་པ་ཉིད་དེ། དེ་གཉིས་ནི་(འདུ་ཤེས་དང་སེམས་དང་ལྟ་བ་ ཕྱིན་ཅི་)ལོག་པ་ཉིད་དུ་ངེས་པའི་སེམས་ཅན་གྱི་ཕུང་པོ་ཞེས་བྱའོ། །གང་དག་སྲིད་པ་ དང་བྲལ་བ་འདོད་ཀྱང་ཐབས་མ་ཡིན་པ་ལ་ཞུགས་པ་དེ་དག་ནི་མ་ངེས་པའི་སེམས་ ཅན་གྱི་ཕུང་པོ་ཞེས་བྱའོ། །གང་དག་སྲིད་པ་དང་བྲལ་བར་འདོད་པ། ཐབས་ལ་ཞུགས་ པ་དང་ལྡན་པར་གཏོགས་པ་(ཉན་རང་)དང་། (སྲིད་ཞི་)དེ་གཉི་ག་མངོན་པར་མི་ འདོད་པ་(འཁོར་འདས་)མཉམ་པ་ཉིད་དུ་ཐོབ་པའི་ལམ་དུ་ཞུགས་པ་དེ་དག་ནི་ཡང་ དག་པ་ཉིད་དུ་ངེས་པ་ལ་ཞུགས་པའི་སེམས་ཅན་གྱི་ཕུང་པོ་ཞེས་བྱའོ། ། (སེམས་ཅན་གྱི་ཕུང་པོ་གསུམ་ཡོད་པ་)དེ་ལ་ཐེག་པ་ཆེན་པོ་(རང་གི་སྙིང་པོ་གཙང་བ་ དམ་པ་ལ་སོགས་པ་ཤེས་པ་)ལ་ཡང་དག་པར་རབ་ཏུ་གནས་(པ་སངས་རྒྱས་ འདོད་)པའི་སེམས་ཅན་(རང་རྒྱུད་ལ་མོས་པ་ལ་སོགས་པ་གཉེན་པོའི་ཆོས་བཞི་ཡོད་ པས་སྤང་བྱའི་)སྒྲིབ་པ་(སྙིང་པོ་ལ་སྡང་བ་ལ་སོགས་པ་བཞི་)མེད་པར་གཏོགས་པ་ (རྣམས་)མ་གཏོགས་པ་(བདེ་གཤེགས་སྙིང་པོ་རང་བཞིན་གྱིས་གཙང་བདག་བདེ་དང་ རྟག་པར་ཤེས་ཤིང་མོས་པའི་བྱང་ཆུབ་སེམས་དཔའ་ལས་)གཞན་(དེ་ལྟར་མ་ཤེས་པ་ དེ་ལྟར་ཡིད་མ་ཆེས་པའི་)སེམས་ཅན་རྣམ་པ་བཞི་པོ་འདི་དག་འདི་ལྟ་སྟེ། འདོད་ཆེན་ པ་དང་། མུ་སྟེགས་པ་དང་། ཉན་ཐོས་པ་དང་། རང་སངས་རྒྱས་ཏེ། དེ་དག་ལ་(ནི་རང་ རང་གི་སངས་རྒྱས་ཀྱི་སྙིང་པོ་)དེ་བཞིན་གཤེགས་པའི་ཁམས་(ཇི་ལྟ་བ་བཞིན་དུ་ གཙང་བདག་བདེ་དང་རྟག་པར་)མི་རྟོགས་པ་དང་། མངོན་སུམ་དུ་བྱེད་པར་མི་ འགྱུར་བའི་སྒྲིབ་པ་(དེ་བཞིན་གཤེགས་པའི་སྙིང་པོ་ལ་སྡང་བ་ལ་སོགས་པ་)འདི་བཞི་ ཡང་དག་པར་གནས་སོ། །(སྒྲིབ་པ་)བཞི་གང་ཞེ་ན། འདི་ལྟ་སྟེ། (ཐེག་ཆེན་ལ་སྡང་བའི་ སྒྲིབ་པ་)གང་གི་གཉེན་པོར་བྱང་ཆུབ་སེམས་དཔའ་རྣམས་ཐེག་པ་ཆེན་(པོ་བདེ་ གཤེགས་སྙིང་)པོའི་ཆོས་ལ་(གཙང་བ་དམ་པར་)མོས་པ་བསྒོམ་པ། ཐེག་པ་ཆེན་པོའི་ (སྙིང་པོ་བྱང་ཆུབ་སྙིང་པོ་ཡེ་ཤེས་སྙིང་པོ་ཤེས་རབ་སྙིང་པོ་བདེ་གཤེགས་སྙིང་ 9-1-51 པོའི་)ཆོས་ལ་སྡང་བ་འདོད་ཆེན་པ་རྣམས་ཀྱི་སྒྲིབ་པ་དང་། (བདག་ཏུ་ལྟ་བའི་སྒྲིབ་ པ་)གང་གི་གཉེན་པོར་བྱང་ཆུབ་སེམས་དཔའ་རྣམས་(ཀུན་རྫོབ་ཀྱི་བདག་མེད་པ་ རྟོགས་པ་)ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་(དོན་དམ་གྱི་བདག་དམ་པ་)བསྒོམ་པ། ཆོས་ རྣམས་ལ་བདག་ཏུ་ལྟ་བ་གཞན་མུ་སྟེགས་བྱེད་རྣམས་ཀྱི་སྒྲིབ་པ་དང་། (འཁོར་བའི་ སྡུག་བསྔལ་གྱིས་འཇིགས་པའི་སྒྲིབ་པ་)གང་གི་གཉེན་པོར་བྱང་ཆུབ་སེམས་དཔའ་ རྣམས་ནམ་མཁའ་མཛོད་ལ་སོགས་པའི་ཏིང་ངེ་འཛིན་(སྙིང་པོ་བདེ་བ་དམ་པ་)བསྒོམ་ པ། འཁོར་བ་ལ་སྡུག་བསྔལ་བར་རབ་ཏུ་ཤེས་ཤིང་། སྡུག་བསྔལ་གྱིས་འཇིགས་པ་ཉན་ ཐོས་ཀྱི་ཐེག་པ་པ་རྣམས་ཀྱི་སྒྲིབ་པ་དང་། (སེམས་ཅན་གྱི་དོན་ལ་མི་ལྟོས་པའི་སྒྲིབ་ པ་)གང་གི་གཉེན་པོར་བྱང་ཆུབ་སེམས་དཔའ་རྣམས་(སྟོང་ཉིད་)སྙིང་རྗེ་ཆེན་པོ(འི་ སྙིང་པོ་རྟག་པ་དམ་པ་)བསྒོམ་པ། སེམས་ཅན་གྱི་དོན་ལ་རྒྱབ་ཀྱིས་ཕྱོགས་ཤིང་སེམས་ ཅན་གྱི་དོན་ལ་མི་ལྟོས་པ་ཉིད་རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་ཀྱི་སྒྲིབ་པ་སྟེ། (དེ་ ལྟར་བདེ་བར་གཤེགས་པའི་སྙིང་པོ་གཙང་བདག་བདེ་དང་རྟག་པ་དམ་པར་ཤེས་པའི་ བྱང་ཆུབ་སེམས་དཔའ་ནི་སྒྲིབ་པ་བཞི་པོ་)གང་གི་གཉེན་པོར་(གཙང་བ་དམ་ པར་)མོས་པ་ལ་སོགས་པའི་ཆོས་འདི་བཞི་བསྒོམས་ནས། བྱང་ཆུབ་སེམས་དཔའ་ རྣམས་བླ་ན་མེད་པའི་དོན་ཆོས་ཀྱི་སྐུ་(གཙང་བདག་བདེ་དང་རྟག་པ་)རྣམ་པར་དག་ པ་མཐར་ཕྱིན་པ་ཐོབ་པར་འགྱུར་བ(ལས་བཟློག་པའི)། སེམས་ཅན་རྣམ་པ་འདི་ བཞིའི་སྒྲིབ་པ་ནི་རྣམ་པ་བཞི་པོ་འདི་དག་ཡིན་ནོ། ། (སྒྲིབ་པ་བཞི་པོ་དེ་)རྣམ་པར་དག་པ(འི་འབྲས་བུ་)བཞི་འགྲུབ་པའི་རྒྱུ་(མོས་པ་ལ་ སོགས་པ་)བཞི་པོ་འདི་དག་དང་ལྡན་པ(འི་བྱང་ཆུབ་སེམས་དཔའ་)ནི་དེ་བཞིན་ གཤེགས་པའི་རིགས་སུ་ཆོས་ཀྱི་རྒྱལ་པོའི་སྲས་སུ་འགྱུར་རོ། །ཅི་ལྟ་ཞེ་ན། (བདེ་གཤེགས་ སྙིང་པོའི་)ཐེག་མཆོག་ལ་མོས་(པ་ནི་ཆོས་སྐུའི་)ས་བོན་(དང་བདག་མེད་རྟོགས་ པའི་)ཤེས་རབ་ནི། །སངས་རྒྱས་(ཀྱི་)ཆོས་(ཐམས་ཅད་)བསྐྱེད་(པའི་)མ་དང་བསམ་ གཏན་གྱི། །བདེ་བའི་མངལ་(དུ་)གནས་(པ་དང་)སྙིང་རྗེའི་མ་མ་ཅན། །གང་ཡིན་དེ་ 9-1-52 དག་ཐུབ་པའི་རྗེས་སྐྱེས་(སངས་རྒྱས་ཀྱི་)སྲས(སོ )། ། དེ་ལ་(མོས་སོགས་བཞི་པོ་དེའི་)འབྲས་བུའི་དོན་དང་(བདེ་གཤེགས་སྙིང་པོའི་ བྱེད་)ལས་ཀྱི་དོན་ལས་བརྩམས་ནས་ཚིགས་སུ་བཅད་པ། (མོས་པའི་འབྲས་བུ་)གཙང་ (བ་དང་ཤེས་རབ་ཀྱི་འབྲས་བུ་)བདག་(དང་བསམ་གཏན་གྱི་འབྲས་བུ་)བདེ་(བ་)དང་ (སྙིང་རྗེའི་འབྲས་བུ་)རྟག་(པ་)ཉིད་ཀྱི། །ཡོན་ཏན་ཕ་རོལ་ཕྱིན་པ་འབྲས(་དག་རྒྱུའི་ འཕྲིན་ལས)། །སྡུག་བསྔལ་(གྱི་)ཡིད་འབྱུང་(ནས་)ཞི་(བ་)ཐོབ་པར། །འདུན་དང་སྨོན་ (པ་སྐྱེད་)པའི་(འཕྲིན་)ལས་(བྱེད་པར་ནུས་པ་)ཅན་ནོ། ། (མོས་པ་ལ་སོགས་པ་བཞི་ནི་)དེ་ལ་ཚིགས་སུ་བཅད་པ་ཕྱེད་སྔ་མས་ཅི་བསྟན་ཞེ་ན། (མོས་པ་ལ་སོགས་པ་བཞི་པོ་)འདི་དག་(གི་)འབྲས་(བུ་)ནི་མདོར་བསྡུ་ན། །ཆོས་ཀྱི་སྐུ་ ལ་ཕྱིན་ཅི་ལོག །རྣམ་པ་བཞི་ལས་བཟློག་པ་ཡི། །གཉེན་པོས་རབ་ཏུ་ཕྱེ་བ་ཉིད། ། (བྱང་ཆུབ་སེམས་དཔའ་གཙང་བ་དམ་པ་ལ་སོགས་པར་ཇི་ལྟ་བ་བཞིན་དུ་ཤེས་ནས་ གཙང་བར་)མོས་པ་ལ་སོགས་པ་དེ་བཞིན་གཤེགས་པའི་ཁམས་རྣམ་པར་དག་པའི་ རྒྱུར་བཤད་པའི་ཆོས་བཞི་པོ་གང་ཡིན་པ་དེ་དག་གི་(སྒྲིབ་པ་བཞི་དང་བྲལ་ བའི་)འབྲས་བུ་ནི་མདོར་བསྡུ་ན། གོ་རིམ་ཇི་ལྟ་བ་བཞིན་དུ་ཕྱིན་ཅི་ལོག་རྣམ་པ་བཞི་ ལས་བཟློག་པའི་གཉེན་པོར་(གྱུར་པ་ནི་)དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ལ་(གཙང་ བདག་བདེ་དང་རྟག་པའི་)ཡོན་ཏན་གྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པ་བཞིར་བལྟའོ། །དེ་ལ་ (འཁོར་བའི་སེམས་ཅན་)གང་ཞིག་(ཀུན་རྫོབ་ཀྱི་)གཟུགས་ལ་སོགས་པའི་དངོས་པོ་མི་ རྟག་པ་ལ་རྟག་གོ་སྙམ་པར་འདུ་ཤེས་པ་དང་། སྡུག་བསྔལ་བ་ལ་བདེ་བའོ་སྙམ་པ་དང་། བདག་(གཉིས་)མེད་པ་ལ་བདག་གོ་སྙམ་པ་དང་། མི་གཙང་བ་ལ་གཙང་པའོ་སྙམ་པར་ འདུ་ཤེས་པ་འདི་ནི་(ཀུན་རྫོབ་ལ་)ཕྱིན་ཅི་ལོག་རྣམ་པ་བཞི་ཞེས་བརྗོད་ལ། འདི་ལས་ བཟློག་པ་ལ་ནི་ཕྱིན་ཅི་མ་ལོག་པ་རྣམ་པ་བཞི་ཉིད་དུ་རིག་པར་བྱའོ། །རྣམ་པ་བཞི་གང་ ཞེ་ན། (འཁོར་བའི་)གཟུགས་ལ་སོགས་པའི་དངོས་པོ་དེ་ཉིད་ལ་མི་རྟག་པའི་འདུ་ཤེས་ དང་། སྡུག་བསྔལ་བའི་འདུ་ཤེས་དང་། (གང་ཟག་དང་ཆོས་ཀྱི་)བདག་མེད་པའི་འདུ་ 9-1-53 ཤེས་དང་། (ཉོན་མོངས་པས་)མི་གཙང་པའི་འདུ་ཤེས་གང་ཡིན་པ་སྟེ། འདི་ནི་ཕྱིན་ཅི་ ལོག་རྣམ་པ་བཞི་ལས་བཟློག་པའོ། །(མི་རྟག་ལ་སོགས་སུ་འཛིན་པ་)དེ་ཡང་(དོན་དམ་ ཆོས་སྐུ་ལ་དེ་ལྟར་འཛིན་མི་རུང་སྟེ་)རྟག་པ་ལ་སོགས་པའི་མཚན་ཉིད་དེ་བཞིན་ གཤེགས་པའི་ཆོས་ཀྱི་སྐུ་(གཙང་བདག་བདེ་དང་རྟག་པ་དམ་པ )འི་དབང་དུ་བྱས་ཏེ། འདིར་(མི་རྟག་ལ་སོགས་སུ་འཛིན་ན་)ཕྱིན་ཅི་ལོག་ཏུ་འདོད་དོ། །(མི་རྟག་པ་ལ་སོགས་ པ་)གང་གི་གཉེན་པོར་(བྱང་ཆུབ་སེམས་དཔའ་ས་བཅུ་པ་ལས་ཀྱང་མ་ཐོབ་པ་)དེ་ བཞིན་གཤེགས་པའི་ཆོས་ཀྱི་སྐུའི་ཡོན་ཏན་གྱི་ཕ་རོལ་ཏུ་ཕྱིན་པ་(རྟག་པ་ལ་སོགས་ པ་)རྣམ་པ་བཞི་རྣམ་པར་གཞག་སྟེ། འདི་ལྟ་སྟེ། (ཆོས་སྐུ་ནི་)རྟག་པའི་ཕ་རོལ་ཏུ་ཕྱིན་ པ་(ཡོངས་སུ་བསྒྱུར་བའི་འཆི་འཕོ་བ་མེད་པ་)དང་། (ཆོས་སྐུ་ནི་)བདེ་བའི་ཕ་རོལ་ཏུ་ ཕྱིན་པ་(ཡིད་ཀྱི་ལུས་འགགས་པ་)དང་། (ཆོས་སྐུ་ནི་)བདག་གི་ཕ་རོལ་ཏུ་ཕྱིན་པ་(སྤྲོས་ པའི་འདུས་བྱས་མེད་པ་)དང་། (ཆོས་སྐུ་ནི་)གཙང་པའི་ཕ་རོལ་ཏུ་ཕྱིན་པ་(བག་ཆགས་ མེད་)པའོ། །གཞུང་འདི་ཡང་རྒྱ་ཆེར་ནི་(ལྷ་མོ་དཔལ་ཕྲེང་གི་)མདོ་ཇི་ལྟ་བ་བཞིན་ (དུ་)རྟོགས་པར་བྱ་སྟེ། (མདོ་དེ་ལས་)བཅོམ་ལྡན་འདས་སེམས་ཅན་རྣམས་ནི་(སྲོག་ གིས་)ཟིན་པའི་(གཟུགས་སོགས་སྡུག་བསྔལ་)ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་(ཀུན་ རྫོབ་)རྣམས་ལ། ཕྱིན་ཅི་ལོག་ཏུ་གྱུར་པ་སྟེ། (སེམས་ཅན་)དེ་དག་ནི་(ཉེར་ལེན་གྱི་ཕུང་ པོ་)མི་རྟག་པ་ལ་རྟག་པར་འདུ་ཤེས་པ། སྡུག་བསྔལ་བ་ལ་བདེ་བར་འདུ་ཤེས་པ། བདག་ མེད་པ་ལ་བདག་ཏུ་འདུ་ཤེས་པ། མི་གཙང་བ་ལ་གཙང་བར་འདུ་ཤེས་པ་ལགས་ སོ། །བཅོམ་ལྡན་འདས་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱང་། (ཀུན་རྫོབ་ ཀྱིས་)སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱིས་སྔར་(ཆོས་སྐུ་གཙང་བདག་བདེ་དང་རྟག་པར་)མ་ མཐོང་བའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ ལ་(ཡང་མི་རྟག་པ་ལ་སོགས་སུ་འདུ་ཤེས་པས་ཉན་རང་དེ་དག་ཆོས་སྐུ་ལ་)ཕྱིན་ཅི་ ལོག་ཏུ་གྱུར་པའོ། །(ཇི་ལྟ་བ་བཞིན་དུ་ལྟ་བ་ལ་ས་བཅུ་པའི་བྱང་སེམས་ཀྱང་འདི་ལྟར་ མཐོང་བ་དཀའ་བར་གསུངས་པ། དེས་ན་འདི་ལྟར་འདུ་ཤེས་པའི་སེམས་ཅན་ནི་ཤིན་ 9-1-54 ཏུ་ཡོན་ཏན་ཆེ་ཞིང་ངོ་མཚར་ཆེ་བ་དེའི་ཕྱིར་)བཅོམ་ལྡན་འདས་(ཆོས་སྐུ་གཙང་ བདག་བདེ་དང་རྟག་པར་ཤེས་ཤིང་ཡིད་ཆེས་པའི་སེམས་ཅན་ནི་ཨུ་དམ་ཝ་བའི་མེ་ ཏོག་ལྟར་ཤིན་ཏུ་དཀོན་པར་མདོ་སྡེ་དུ་མ་ལས་གསུངས་པ་དེ་བཞིན་དུ་འདིར་ཡང་ ཆོས་སྐུ་)རྟག་པར་འདུ་ཤེས་པ། (ཆོས་སྐུ་)བདེ་བར་འདུ་ཤེས་པ། (ཆོས་སྐུ་)བདག་ཏུ་ འདུ་ཤེས་པ། (ཆོས་སྐུ་)གཙང་བར་འདུ་ཤེས་པའི་སེམས་ཅན་དེ་དང་དེ་དག་ནི་བཅོམ་ ལྡན་འདས་ཀྱི་ཐུགས་ལས་སྐྱེས་པའི་སྲས་ལགས་སོ། །བཅོམ་ལྡན་འདས་སེམས་ཅན་དེ་ དག་ནི་(ཆོས་ཀྱི་སྐུ་ལ་)ཕྱིན་ཅི་ལོག་ཏུ་གྱུར་པ་མ་ལགས་ཏེ། བཅོམ་ལྡན་འདས་སེམས་ ཅན་དེ་དག་ནི་(ཆོས་སྐུའི་ཡིན་ལུགས་)ཡང་དག་པར་མཐོང་བ་ལགས་སོ། །(བྱང་ཆུབ་ སེམས་དཔའ་ས་བཅུ་པས་ཀྱང་རང་དོན་ལ་སོགས་པ་དེ་བཞིན་གཤེགས་པ་ལ་འགྲན་ པར་མི་ནུས་པ་)དེ་ཅིའི་སླད་དུ་ཞེ་ན། (བྱང་ཆུབ་སེམས་དཔའ་ས་བཅུ་པ་ལས་ཀྱང་དེ་ བཞིན་གཤེགས་པ་ཡོན་ཏན་བཞི་པོ་འདི་ཁོ་ནས་ཁྱད་པར་དུ་འཕགས་དགོས་པར་ཤེས་ པའི་ཕྱིར་)བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་(སྐུ་གསུང་ཐུགས་ཡིན་པའི་)ཆོས་ ཀྱི་སྐུ་(ཁོ་ན་)ཉིད་ནི་རྟག་པའི་ཕ་རོལ་ཏུ་ཕྱིན་པ། བདེ་བའི་ཕ་རོལ་ཏུ་ཕྱིན་པ། བདག་ གི་ཕ་རོལ་ཏུ་ཕྱིན་པ། གཙང་བའི་ཕ་རོལ་ཏུ་ཕྱིན་པའོ། །(མ་རིག་བག་ཆགས་ཀྱི་ས་མ་ སྤངས་པས་ས་བཅུ་པ་ཡང་དེ་དག་གི་ཕ་རོལ་ཏུ་མ་ཕྱིན་པའོ། །དེས་ན་)བཅོམ་ལྡན་ འདས་སེམས་ཅན་(ཡང་དག་ལྟ་བ་ཅན་)གང་དག་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ དེ་ལྟར་(ཤེས་རབ་གསུམ་གྱིས་)མཐོང་བ་དེ་དག་ནི་(ཆོས་སྐུ་)ཡང་དག་པར་(ཡིན་ ལུགས་བཞིན་)མཐོང་བའོ། །ཡང་དག་པར་མཐོང་བ་གང་ལགས་པ་དེ་དག་ནི་བཅོམ་ ལྡན་འདས་ཀྱི་ཐུགས་ཀྱི་སྲས་ལགས་སོ། །ཞེས་རྒྱས་པར་རོ། ། (དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་ས་བཅུ་པ་ཡང་འདུས་བྱས་ཀྱི་ཡིད་ཀྱི་ལུས་ལ་ སོགས་པའི་སྐྱོན་གྱིས་དེ་བཞིན་གཤེགས་པ་དང་ཁྱད་པར་ཤིན་ཏུ་ཆེའོ།།)དེ་བཞིན་ གཤེགས་པའི་ཆོས་ཀྱི་སྐུའི་ཡོན་ཏན་གྱི་ཕ་རོལ་ཏུ་ཕྱིན་པ་(རྟག་པ་ལ་སོགས་པ་མདོ་ ལས་བྱུང་བ་)འདི་བཞི་ནི་(ཆོས་སྐུ་དག་པར་བྱེད་པའི་)རྒྱུའི་རིམ་པའི་གོ་རིམ་ལས་ 9-1-55 བཟློག་སྟེ་རིག་པར་བྱའོ། །དེ་ལ་ཐེག་པ་ཆེན་པོའི་ཆོས་(བདེ་གཤེགས་སྙིང་པོ་)ལ་སྡང་ བ་འདོད་ཆེན་པ་རྣམས་ཀྱི་མི་གཙང་བའི་འཁོར་བ་ལ་(གཙང་པར་འདུ་ཤེས་ ཤིང་)མངོན་པར་དགའ་བ་ལས་བཟློག་ནས། (སྙིང་པོ་རང་བཞིན་གྱིས་གཙང་བར་མོས་ པ་ལ་སོགས་པ་བསྒོམ་པ་)བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོའི་ཆོས་ (བདེ་གཤེགས་སྙིང་པོ་)ལ་(རྣམ་པར་དག་ཅིང་གཙང་བར་)མོས་པ་བསྒོམས་པ་ལས་ནི་ འབྲས་བུ་(ཆོས་སྐུ་)གཙང་བའི་ཕ་རོལ་ཏུ་ཕྱིན་པ་ཐོབ་པར་བལྟའོ། །(སྡུག་བསྔལ་)ཉེ་ བར་ལེན་པའི་ཕུང་པོ་ལྔ་པོ་(བདག་མེད་པ་)དག་ལ་(གང་ཟག་གི་)བདག་ཏུ་བལྟ་བ་ གཞན་མུ་སྟེགས་པ་དག་གི་(བདག་ཏུ་)ཡོད་པ་མ་ཡིན་པ་བདག་ཏུ་འཛིན་པ་ལ་མངོན་ པར་དགའ་བ་ལས་བཟློག་ནས། (ཀུན་རྫོབ་ཀྱི་བདག་མེད་པའི་ཤུལ་དུ་དོན་དམ་གྱི་ བདག་ཡོད་པ་མི་འགལ་བའི་ཕྱིར་དོན་དམ་གྱི་བདག་ལ་ཀུན་རྫོབ་ཀྱི་བདག་མེད་པར་ རྟོགས་པའི་)ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་པ་ལས་ནི་འབྲས་བུ་(ཆོས་སྐུ་གང་ ཟག་དང་ཆོས་ཀྱི་)བདག་མེད་པ་(དོན་དམ་པའི་བདག་)དམ་པའི་ཕ་རོལ་ཏུ་ཕྱིན་པ་ ཐོབ་པར་བལྟའོ། །ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་ཐམས་ཅད་ནི་གཟུགས་ལ་སོགས་པ་ (བདག་)དེའི་རང་བཞིན་མ་ཡིན་པའི་དངོས་པོ་བདག་ཏུ་ཁས་ལེན་ལ། དེ་དག་གིས་ (མི་རྟག་དུ་མ་གཞན་དབང་ཅན་ལ་)ཇི་ལྟར་(བདག་ཏུ་)གཟུང་བའི་དངོས་པོ་དེ་ཡང་ (རྟག་པ་གཅིག་པུ་རང་དབང་ཅན་གྱི་)བདག་གི་མཚན་ཉིད་ཀྱིས་(སྟོང་པས་)བསླུ་བ་ དང་ལྡན་པའི་ཕྱིར་དུས་ཐམས་ཅད་དུ་བདག་མེད་དོ། །དེ་བཞིན་གཤེགས་པས་ནི་ཡང་ དག་པ་ཇི་ལྟ་བ་བཞིན་གྱི་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་(ཀུན་རྫོབ་ཀྱི་)བདག་མེད་པ་ (དོན་དམ་གྱི་བདག་)དམ་པའི་ཕ་རོལ་ཏུ་ཕྱིན་པ་བརྙེས་ལ། (ཡེ་ཤེས་)དེས་ཇི་ལྟར་ གཟིགས་པ་(ཀུན་རྫོབ་ཀྱི་)བདག་མེད་པ་(དོན་དམ་གྱི་བདག་)དེ་ཡང་(ཀུན་རྫོབ་ ཀྱི་)བདག་ཡོད་པ་མ་ཡིན་པའི་(དོན་དམ་གྱི་བདག་)མཚན་ཉིད་ཀྱིས་(བདག་གིས་)མི་ བསླུ་བ་དང་ལྡན་པའི་ཕྱིར་དུས་ཐམས་ཅད་དུ་(དོན་དམ་པའི་)བདག་ཏུ་(ཡོད་ པར་)འདོད་དོ། །(ཀུན་རྫོབ་ཀྱི་)བདག་མེད་པ་ཉིད་(དོན་དམ་གྱི་)བདག་ཏུ་བྱས་པ་སྟེ། 9-1-56 ཇི་སྐད་དུ་(རྟོག་པས་)མི་གནས་པའི་ཚུལ་གྱིས་(མི་རྟོག་ཡེ་ཤེས་ཀྱིས་)ལེགས་པར་ གནས་པ་ཞེས་གསུངས་པ་ལྟ་བུའོ། །འཁོར་བའི་སྡུག་བསྔལ་གྱིས་འཇིགས་པ་ཉན་ཐོས་ ཀྱི་ཐེག་པ་པ་རྣམས་ཀྱི་འཁོར་བའི་སྡུག་བསྔལ་ཉེ་བར་ཞི་བ་ཙམ་མངོན་པར་འདོད་པ་ (སྡུག་བསྔལ་ཕྲ་མོ་དེ་)ལས་(ཀྱང་)བཟློག་ནས་ནམ་མཁའ་མཛོད་ལ་སོགས་པ(བདེ་ བ)འི་ཏིང་ངེ་འཛིན་བསྒོམས་པ་ལས་ནི། འབྲས་བུ་(ཆོས་ཀྱི་སྐུ་)འཇིག་རྟེན་པ་དང་ འཇིག་རྟེན་ལས་འདས་(པ་ཉན་ཐོས་ཀྱི་བདེ་བ་ལས་ཀྱང་ཁྱད་པར་དུ་འཕགས་)པའི་ བདེ་བ་དམ་པའི་ཕ་རོལ་ཏུ་ཕྱིན་པ་ཐོབ་པར་བལྟ་བར་བྱའོ། །སེམས་ཅན་གྱི་དོན་ལ་མི་ ལྟོས་པ་རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་ཀྱི་འདུ་འཛི་མེད་པར་གནས་པ་ལ་མངོན་ པར་དགའ་བ་ལས་བཟློག་ནས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་(སེམས་ཅན་ཐམས་ ཅད་ཀྱི་དོན་དང་དུ་ལེན་པའི་)སྙིང་རྗེ་ཆེན་པོ་བསྒོམས་པ་ལས་ནི་རྟག་ཏུ་རྒྱུན་མི་ འཆད་པར་འཁོར་བ་ཇི་སྲིད་(གནས་)ཀྱི་བར་དུ་སེམས་ཅན་གྱི་དོན་(ལ་མི་ལྟོས་པའི་ སྒྲིབ་པ་)ཡོངས་སུ་སྦྱོང་བ་(སྒྲིབ་པ་དེ་)ཡོངས་སུ་དག་པའི་ཕྱིར་འབྲས་བུ་(ཆོས་ཀྱི་ སྐུ་)རྟག་པའི་ཕ་རོལ་ཏུ་ཕྱིན་པ་ཐོབ་པར་བལྟ་བར་བྱའོ། །(གོང་དུ་བཤད་པ་)དེ་ལྟར་ བྱང་ཆུབ་སེམས་དཔའ་རྣམས་ཀྱི་(ཐེག་ཆེན་ལ་)མོས་པ་དང་། (བདག་མེད་རྟོགས་ པའི་)ཤེས་རབ་དང་(བདེ་བའི་)ཏིང་ངེ་འཛིན་དང་། (སེམས་ཅན་ཐམས་ཅད་ལ་)སྙིང་ རྗེ་ཆེན་པོ་བསྒོམས་པ་རྣམས་ཀྱི་འབྲས་བུ་(བཞི་)ནི་གོ་རིམ་ཇི་ལྟ་བཞིན་དུ་དེ་བཞིན་ གཤེགས་པའི་ཆོས་ཀྱི་སྐུ་ལ་གཙང་བ་དང་། བདག་དང་བདེ་བ་དང་རྟག་པའི་ཡོན་ཏན་ གྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པ་བཞི་འགྲུབ་པའོ། ། དེ་བཞིན་གཤེགས་པ་ནི་(འབྲས་བུའི་ཡོན་ཏན་བཞི་པོ་)འདི་དག་གིས་(གཙང་བ་)ཆོས་ ཀྱི་དབྱིངས་ཀྱི་མཐར་ཐུག་པ། (བདག་དང་བདེ་བ་)ནམ་མཁའི་ཁམས་ཀྱི་མཐའ་ཀླས་ པ། (རྟག་ཏུ་)ཕྱི་མའི་མཐར་མུར་ཐུག་པ་ཞེས་བརྗོད་དོ། །(དེ་ཡང་རྒྱས་པར་བཤད་ པ་)འདི་ལྟར་ཐེག་པ་ཆེན་པོའི་ཆོས་དམ་པ་ལ་ལྷག་པར་མོས་པ་བསྒོམས་པས་ནི། དེ་ བཞིན་གཤེགས་པ་ཤིན་ཏུ་གཙང་བའི་ཆོས་ཀྱི་དབྱིངས་ཀྱི་མཐར་ཐུག་པ་བརྙེས་པའི་ 9-1-57 ཕྱིར་ཆོས་ཀྱི་དབྱིངས་ཀྱི་མཐར་ཐུག་པ་ཉིད་འགྲུབ་བོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ བསྒོམས་པས་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་ནམ་མཁའ་ལྟ་བུ་བདག་ (གཉིས་)མེད་པའི་མཐར་ཐུག་པ་(དེ་བཞིན་ཉིད་བདག་དག་པའི་བདག་)ཉིད་དུ་ རྟོགས་པའི་ཕྱིར་དང་། ནམ་མཁའ་མཛོད་ལ་སོགས་པ་(བདེ་བ)འི་ཏིང་ངེ་འཛིན་ བསྒོམས་པས་ཆོས་ཀྱི་དབང་ཕྱུག་དམ་པ་ཐམས་ཅད་དུ་ཁྱབ་པ་ཀུན་ཏུ་སྟོན་པའི་ཕྱིར་ ནམ་མཁའི་ཁམས་ཀྱི་མཐས་ཀླས་པའོ། །སྙིང་རྗེ་ཆེན་པོ་བསྒོམས་པས་སེམས་ཅན་ཐམས་ ཅད་ལ་དུས་མུ་མཐའ་མེད་པར་སྙིང་རྗེ་དང་ལྡན་པའི་ཕྱིར་ན་ཕྱི་མའི་མཐའི་མུར་ཐུག་ པ་ཡིན་ནོ། ། (ཉོན་མོངས་པ་གསུམ་གྱི་)ཟག་པ་མེད་པའི་(ཆོས་ཀྱི་དབྱིངས་)དབྱིངས་(ཐོགས་པ་མེད་ པ་)ལ་གནས་པའི་(ཉན་ཐོས་)དགྲ་བཅོམ་པ་དང་། རང་སངས་རྒྱས་རྣམས་དང་། དབང་(བཅུ་)ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་། དེ་བཞིན་གཤེགས་པའི་ ཆོས་ཀྱི་སྐུའི་ཡོན་ཏན་གྱི་ཕ་རོལ་ཏུ་ཕྱིན་པ་(རྟག་པ་ལ་སོགས་པ་)རྣམ་པ་འདི་བཞི་ ཐོབ་པའི་གེགས་སུ་གྱུར་པ་ནི་འདི་བཞི་(ཡོད་)སྟེ། (བཞི་པོ་)འདི་ལྟ་སྟེ། (ཡིད་ཀྱི་རང་ བཞིན་གྱི་ལུས་འགྲུབ་པའི་)རྐྱེན་གྱི་མཚན་ཉིད་དང་། (ཡིད་ཀྱི་རང་བཞིན་གྱི་ལུས་ འགྲུབ་པའི་)རྒྱུའི་མཚན་ཉིད་དང་། (ལུས་དེ་)འབྱུང་བའི་མཚན་ཉིད་དང་། (ལུས་ དེ་)འཇིག་པའི་མཚན་ཉིད་དོ། །དེ་ལ་རྐྱེན་གྱི་མཚན་ཉིད་ནི་མ་རིག་པའི་བག་ཆགས་ཀྱི་ (ཀུན་གཞིའི་)ས་སྟེ། འདུ་བྱེད་རྣམས་ཀྱི་(རྐྱེན་)མ་རིག་པ་བཞིན་ནོ། །རྒྱུའི་མཚན་ཉིད་ ནི་མ་རིག་པའི་བག་ཆགས་ཀྱི་སའི་རྐྱེན་ཅན་ཟག་པ་མེད་པའི་(དགེ་བའི་)ལས་ཉིད་དེ། (ལུས་ངག་སེམས་ཀྱི་)འདུ་བྱེད་བཞིན་ནོ། །(ལང་ཀར་གཤེགས་པ་ལས། བློ་གྲོས་ཆེན་པོ་ ཡིད་ཀྱི་ལུས་ཞེས་བྱ་བ་ནི། ཡིད་ལྟར་ཐོགས་པ་མེད་ཅིང་མགྱོགས་པར་འགྲོ་བའི་ཕྱིར་ ཡིད་ཀྱི་ལུས་ཞེས་བྱ་སྟེ། ཞེས་གསུངས་པ། སྐྱེ་བ་)འབྱུང་བའི་མཚན་ཉིད་ནི་མ་རིག་པའི་ བག་ཆགས་ཀྱི་སའི་རྐྱེན་དང་ལྡན་པའི་ཟག་པ་མེད་པའི་ལས་ཀྱི་རྒྱུ་ཅན་(འབྲས་ བུ་)ཡིད་ཀྱི་རང་བཞིན་གྱི་ལུས་(དང་ཞིང་ཐོགས་པ་མེད་པ་)རྣམ་པ་གསུམ་གྲུབ་པ་སྟེ། 9-1-58 ཉེ་བར་ལེན་པ་(མིང་གི་ཕུང་པོ་)བཞིའི་རྐྱེན་དང་ལྡན་པ་ཟག་པ་དང་བཅས་པའི་ལས་ ཀྱི་རྒྱུ་ཅན་གྱི་སྲིད་པ་གསུམ་(གྱི་ལུས་)མངོན་པར་འགྲུབ་པ་བཞིན་ནོ། །(ལུས་དེ་)འཇིག་ པའི་མཚན་ཉིད་ནི་ཡིད་ཀྱི་རང་བཞིན་གྱི་ལུས་(ཕྱི་མ་)རྣམ་པ་གསུམ་(སྔ་མ་དང་མི་ གཅིག་པར་བསྒྱུར་ནས་)མངོན་པར་འགྲུབ་པའི་རྐྱེན་ཅན་བསམ་གྱིས་མི་ཁྱབ་པར་ (ལུས་ངག་སེམས་གསུམ་)ཡོངས་སུ་བསྒྱུར་བའི་འཆི་འཕོ་བ་སྟེ། (སེམས་ཅན་རྣམས་ཀྱི་ སྒོ་གསུམ་བ སྒྱུར་ནས་)སྐྱེ་བའི་རྐྱེན་ཅན་གྱི་རྒ་ཤི་བཞིན་ནོ། ། དེ་ལ་དགྲ་བཅོམ་པ་དང་རང་སངས་རྒྱས་དང་། དབང་ཐོབ་པའི་བྱང་ཆུབ་སེམས་ དཔའ་རྣམས་ནི་ཉེ་བའི་ཉོན་མོངས་པ་ཐམས་ཅད་ཀྱི་རྟེན་དུ་གྱུར་པ། མ་རིག་པའི་བག་ ཆགས་(ཐམས་ཅད་)ཀྱི་(ཀུན་གཞིའི་)ས་མ་སྤངས་པས་ན། ཉོན་མོངས་པའི་དྲི་མ་དྲི་ང་ བའི་བག་ཆགས་ཐམས་ཅད་དང་ལྡན་པའི་ཕྱིར་གཙང་(པ་དམ་པ)འི་ཕ་རོལ་ཏུ་ཕྱིན་ པ་རབ་ཀྱི་མཐར་ཕྱིན་པ་མི་འཐོབ་བོ། །མ་རིག་པའི་བག་ཆགས་ཀྱི་ས་དེ་ཉིད་ལ་བརྟེན་ ནས། (འདུས་བྱས་ཀྱི་)མཚན་མའི་སྤྲོས་པ་(འདུས་བྱས་ཀྱི་)ཀུན་ཏུ་སྤྱོད་པ་ཕྲ་མོ་དང་ ལྡན་པའི་ཕྱིར་(དོན་དམ་གྱི་)བདག་གི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་མངོན་པར་འདུས་མ་ བྱས་པ་མི་འཐོབ་བོ། །མ་རིག་པའི་བག་ཆགས་ཀྱི་ས་དེ་དང་། མ་རིག་པའི་བག་ཆགས་ ཀྱི་སའི་རྐྱེན་ཅན་མཚན་མའི་སྤྲོས་པ་ཀུན་ཏུ་སྤྱོད་པ་ཕྲ་མོས་ཀུན་ནས་བསླང་བ་ཟག་པ་ མེད་པའི་ལས་ལ་བརྟེན་ནས། (འདུས་བྱས་ཀྱི་)ཡིད་ཀྱི་རང་བཞིན་གྱི་ཕུང་པོ་གསུམ་ འབྱུང་བའི་ཕྱིར་(ཕུང་པོ་)དེ་འགགས་པ་ཤིན་ཏུ་བདེ་བ(དམ་པ)འི་ཕ་རོལ་ཏུ་ཕྱིན་པ་ མི་འཐོབ་བོ། །ཇི་སྲིད་དུ་ཉོན་མོངས་པ་དང་། ལས་དང་སྐྱེ་བའི་ཀུན་ནས་ཉོན་མོངས་པ་ མ་ལུས་པ་འགགས་པ་ལས་གྱུར་པ་དེ་བཞིན་གཤེགས་པའི་ཁམས་མངོན་དུ་མ་བྱས་པ་ དེ་སྲིད་དུ་བསམ་གྱིས་མི་ཁྱབ་པར་ཡོངས་སུ་བསྒྱུར་བ་དང་ལྡན་པའི་འཆི་འཕོ་དང་མི་ འབྲལ་བའི་ཕྱིར་གཞན་དུ་འགྱུར་བ་མེད་པ་རྟག་པ(དམ་པ)འི་ཕ་རོལ་ཏུ་ཕྱིན་པ་མི་ འཐོབ་བོ། །དེ་ལ་མ་རིག་པའི་བག་ཆགས་ཀྱི་ས་ནི་ཉོན་མོངས་པའི་ཀུན་ནས་(སེམས་ ཅན་རྣམས་ཀྱི་འཇིག་རྟེན་ཆོས་བརྒྱད་ལ་དམིགས་པ་)ཉོན་མོངས་པ་བཞིན་ནོ། །ཟག་པ་ 9-1-59 མེད་པའི་ལས་མངོན་པར་འདུ་བྱེད་པ་ནི་(ཉོན་མོངས་དེས་སྐྱེད་པའི་)ལས་ཀྱི་ཀུན་ ནས་ཉོན་མོངས་པ་བཞིན་ནོ། །ཡིད་ཀྱི་རང་བཞིན་གྱི་ལུས་རྣམ་པ་གསུམ་མངོན་པར་ འགྲུབ་པ་དང་། བསམ་གྱིས་མི་ཁྱབ་པར་ཡོངས་སུ་བསྒྱུར་བ་དང་ལྡན་པའི་འཆི་འཕོ་བ་ ནི་(ཉོན་མོངས་དང་ལས་དེའི་འབྲས་བུ་)སྐྱེ་བའི་ཀུན་ནས་ཉོན་མོངས་པ་བཞིན་ ནོ། །(གོང་དུ་བསྟན་པའི་)གཞུང་འདི་ཡང་རྒྱས་པར་(དཔལ་ཕྲེང་གི་)མདོ་ཇི་ལྟ་བ་ བཞིན་རྟོགས་པར་བྱ་སྟེ། བཅོམ་ལྡན་འདས་དཔེར་ན། ལེན་པའི་རྐྱེན་གྱིས་ཟག་པ་དང་ བཅས་པའི་ལས་ཀྱི་རྒྱུ་ལས་བྱུང་བ་སྲིད་པ་གསུམ་(གྱི་ལུས་)འབྱུང་བ་དེ་བཞིན་དུ་ བཅོམ་ལྡན་འདས་མ་རིག་པའི་བག་ཆགས་ཀྱི་སའི་རྐྱེན་ཅན་ཟག་པ་མེད་པའི་ལས་ཀྱི་ རྒྱུ་ལས་བྱུང་བ་དགྲ་བཅོམ་པ་དང་། རང་སངས་རྒྱས་དང་། དབང་ཐོབ་པའི་བྱང་ཆུབ་ སེམས་དཔའ་རྣམས་ཀྱི་ཡིད་ཀྱི་རང་བཞིན་གྱི་ལུས་གསུམ་པོ་འདི་དག་འབྱུང་སྟེ། བཅོམ་ལྡན་འདས་མ་རིག་པའི་བག་ཆགས་ནི་ས་གསུམ་པོ་(དགྲ་བཅོམ་རང་རྒྱལ་བྱང་ སེམས་ཀྱི་)འདི་དག་ཏུ་ཡིད་ཀྱི་རང་བཞིན་གྱི་ལུས་གསུམ་པོ་འདི་དག་འབྱུང་བ་དང་། ཟག་པ་མེད་པའི་ལས་མངོན་པར་འགྲུབ་པའི་རྐྱེན་ལགས་སོ། །ཞེས་རྒྱས་པར་འབྱུང་ ངོ་། །གང་གི་ཕྱིར་དགྲ་བཅོམ་པ་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་ ཡིད་ཀྱི་རང་བཞིན་གྱི་ལུས་འདི་གསུམ་ལ། གཙང་བ་དང་བདག་དང་བདེ་བ་དང་རྟག་ (པ་དམ་)པའི་ཕ་རོལ་ཏུ་ཕྱིན་པ་མེད་པ་དེའི་ཕྱིར། དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ ཁོ་ན་(ཡོངས་སུ་བསྒྱུར་བའི་འཆི་འཕོ་བ་མེད་པས་)རྟག་པའི་ཕ་རོལ་ཏུ་ཕྱིན་པ། (ཡིད་ ཀྱི་ལུས་སྐྱེ་བ་མེད་པས་)བདེ་བའི་ཕ་རོལ་ཏུ་ཕྱིན་པ། (སྤྲོས་པའི་འདུས་མེད་ པས་)བདག་གི་ཕ་རོལ་ཏུ་ཕྱིན་པ། (བག་ཆགས་མེད་པས་)གཙང་བའི་ཕ་རོལ་ཏུ་ཕྱིན་ པའོ། །ཞེས་བྱའོ། ། (ཆོས་སྐུ་)དེ་ནི་རང་བཞིན་(གྱིས་)དག་ཕྱིར་དང་། །(གློ་བུར་གྱི་)བག་ཆགས་སྤང་ཕྱིར་ གཙང་བ་ཡིན། །(མུ་སྟེགས་པའི་)བདག་དང་(ཉན་ཐོས་པའི་)བདག་མེད་(དུ་འཛིན་ པའི་)སྤྲོས་པ་དག །ཉེ་བར་ཞི་བས་(དོན་)དམ་པའི་བདག །(འབྲས་བུ་)ཡིད་ཀྱི་ 9-1-60 རང་བཞིན་ཕུང་པོ་(ལོག་པ་)དང་། །དེ་རྒྱུ་ལོག་ཕྱིར་བདེ་བ་ཉིད། །(སྤངས་རྟོགས་ མཉམ་པ་ཉིད་ནི་དོན་དམ་པར་)འཁོར་བ་དང་ནི་མྱ་ངན་འདས། །མཉམ་པ་ཉིད་དུ་ རྟོགས་(ཕན་ཚུན་སྣོལ་ནས་)ཕྱིར་རྟག །མདོར་བསྡུ་ན་རྒྱུ་རྣམ་པ་གཉིས་ཀྱིས་ན་ དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་གཙང་བའི་ཕ་རོལ་ཏུ་ཕྱིན་པར་རིག་པར་བྱ་སྟེ། སྤྱིའི་ མཚན་ཉིད་རང་བཞིན་གྱིས་ཡོངས་སུ་དག་པ་དང་། ཁྱད་པར་གྱི་མཚན་ཉིད་(གློ་བུར་ གྱི་)དྲི་མ་མེད་པའི་ཡོངས་སུ་དག་པས་སོ། །རྒྱུ་རྣམ་པ་གཉིས་ཀྱིས་བདག་གི་ཕ་རོལ་ཏུ་ ཕྱིན་པར་རིག་པར་བྱ་སྟེ། མུ་སྟེགས་ཀྱི་མཐའ་དང་བྲལ་བས་བདག་གི་སྤྲོས་པ་དང་བྲལ་ བའི་ཕྱིར་དང་། ཉན་ཐོས་ཀྱི་མཐའ་སྤངས་པས་བདག་མེད་པའི་སྤྲོས་པ་དང་བྲལ་བའི་ ཕྱིར་རོ། །(རྒྱུ་སྤངས་པ་དང་དེའི་འབྲས་བུ་འགགས་པའི་)རྒྱུ་(མཚན་)རྣམ་པ་གཉིས་ ཀྱིས་བདེ་བའི་ཕ་རོལ་ཏུ་ཕྱིན་པར་རིག་པར་བྱ་སྟེ། སྡུག་བསྔལ་ཀུན་འབྱུང་བའི་རྣམ་པ་ (ཡིད་ཀྱི་ལུས་ཀྱི་རྒྱུ་)ཐམས་ཅད་སྤངས་པས་བག་ཆགས་ཀྱི་མཚམས་སྦྱོར་བ་སྤངས་པའི་ ཕྱིར་དང་། སྡུག་བསྔལ་འགོག་པའི་རྣམ་པ་ཐམས་ཅད་མངོན་དུ་བྱས་པས་(འབྲས་ བུ་)ཡིད་ཀྱི་རང་བཞིན་གྱི་ལུས་འགགས་པ་མངོན་དུ་བྱས་པའི་ཕྱིར་རོ། །རྒྱུ་རྣམ་པ་ གཉིས་ཀྱིས་རྟག་པའི་ཕ་རོལ་ཏུ་ཕྱིན་པར་རིག་པར་བྱ་སྟེ། (འཁོར་བ་མི་རྟག་ཀྱང་སྐུར་ འདེབས་མིན་པས་)འཁོར་བ་མི་རྟག་པ་(ལ་རྟག་པ་)མི་འབྲིད་པས་(རྟག་པ་ལ་སྐུར་བ་ བཏབ་པའི་ཚུལ་དུ་རྟག་)ཆད་པའི་མཐར་མ་ལྷུང་བའི་ཕྱིར་དང་། (མྱང་འདས་རྟག་པ་ ཡིན་ཀྱང་སྒྲོ་འདོགས་མིན་པས་)མྱ་ངན་ལས་འདས་པ་རྟག་པ་(ཡིན་པའི་ཕྱིར་ན་མི་ རྟག་ཀྱང་རྟག་གོ་ཞེས་སྒྲོ་འདོགས་)མི་སྣོན་པས་(རྟག་པར་སྒྲོ་བཏགས་པའི་ཚུལ་ དུ་)རྟག་པའི་མཐར་མ་ལྷུང་བའི་ཕྱིར་རོ། །ཇི་སྐད་དུ། བཅོམ་ལྡན་འདས་གལ་ཏེ་འདུ་ བྱེད་མི་རྟག་གོ་ཞེས་བགྱི་བར་བལྟ་ན་དེ་ནི་དེའི་ཆད་པར་ལྟ་བར་འགྱུར། དེ་ནི་དེའི་ ཡང་དག་པ་མ་ལགས་པའི་ལྟ་བར་འགྱུར་རོ། །བཅོམ་ལྡན་འདས་གལ་ཏེ་མྱ་ངན་ལས་ འདས་པ་རྟག་པ་ཞེས་བགྱི་བར་བལྟ་ན་དེ་ནི་དེའི་རྟག་པའི་ལྟ་བར་འགྱུར། དེ་ནི་དེའི་ ཡང་དག་པ་མ་ལགས་པའི་ལྟ་བར་འགྱུར་རོ། །ཞེས་གསུངས་པ་བཞིན་ནོ། །(འདིར་མདོ་ 9-1-61 ཉིད་ན། བཅོམ་ལྡན་འདས་གལ་ཏེ་འདུ་བྱེད་ཐམས་ཅད་མི་རྟག་པར་ལྟ་ན་དེ་ནི་དེའི་ ཆད་པར་ལྟ་བ་མ་ལགས་ཏེ། དེ་ནི་དེའི་ཡང་དག་པར་ལྟ་བ་ལགས་སོ། །བཅོམ་ལྡན་ འདས་གལ་ཏེ་མྱ་ངན་ལས་འདས་པ་རྟག་པར་ལྟ་ན་དེའི་རྟག་པར་ལྟ་བ་མ་ལགས་ཏེ། དེ་ནི་དེའི་ཡང་དག་པར་ལྟ་བ་ལགས་སོ། །ཞེས་གསུངས་ཀྱང་འགྲེལ་པ་འདིར་དེ་དང་ མི་མཐུན་པར་བྱུང་བ་ནི་འགའ་ཞིག་གིས་རང་གི་བློ་དང་མ་མཐུན་པས་ལུང་བཅོས་ པར་ཤེས་པར་བྱའོ།།) ཆོས་ཀྱི་དབྱིངས་ཀྱི་ཚུལ་གྱི་སྒོ་འདིས་ནི། དོན་དམ་པར་(གྲུབ་པའི་དོན་དམ་གྱི་)འཁོར་ བ་ཉིད་མྱ་ངན་ལས་འདས་པར་བརྗོད་པ་ཡིན་ཏེ། (དོན་དམ་གྱི་འཁོར་འདས་)གཉི་ག་ ལྟར་(བཟང་ངན་དུ་)རྣམ་པར་མི་རྟོག་པ་(རྟོག་པས་འཁོར་འདས་གང་ལ་ཡང་)མི་ གནས་པའི་མྱ་ངན་ལས་འདས་པ་(མི་རྟོག་ཡེ་ཤེས་ཀྱིས་)མངོན་དུ་བྱེད་པའི་ཕྱིར་ རོ། །དེ་ལྟ་མོད་ཀྱི་རྒྱུ་(ཤེས་རབ་དང་སྙིང་རྗེ་)གཉིས་ཀྱིས་ཁྱད་མེད་པར་སེམས་ཅན་ ཐམས་ཅད་ལ་ཉེ་བ་དང་རིང་བ་དང་བྲལ་བས་མི་གནས་པའི་གནས་ཐོབ་པ་ཙམ་ བསྟན་པ་ཡིན་ནོ། ། རྒྱུ་གཉིས་པོ་གང་དག་གིས་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་ ཁྱད་པར་མེད་པར་སེམས་ཅན་ཐམས་ཅད་ལ་(འཁོར་བར་སྲེད་པའི་སྒོ་ནས་)ཉེ་བ་མ་ ཡིན་ཏེ། ཤེས་རབ་ཀྱིས་སྲེད་པའི་བག་ལ་ཉལ་མཐའ་དག་སྤངས་པའི་ཕྱིར་རོ། །(སེམས་ ཅན་བློས་བཏང་བའི་སྒོ་ནས་)རིང་བ་ཡང་ཡོད་པ་མ་ཡིན་ཏེ། སྙིང་རྗེ་ཆེན་པོས་དེ་དག་ ཡོངས་སུ་མ་བཏང་བའི་ཕྱིར་རོ། །འདི་ནི་(འཁོར་འདས་ལ་རྟོག་པས་)མི་གནས་པའི་ རང་བཞིན་ཡང་དག་པར་རྫོགས་པའི་བྱང་ཆུབ་རྗེས་སུ་ཐོབ་པའི་ཐབས་ཏེ། ཤེས་རབ་ ཀྱིས་ནི་བྱང་ཆུབ་སེམས་དཔའ་(སྲིད་པ་ལ་)སྲེད་པའི་བག་ལ་ཉལ་མཐའ་དག་སྤངས་ པས་ན། (བྱང་ཆུབ་སེམས་དཔའ་)བདག་ལ་ཕན་པའི་ཕྱིར་(ཤེས་རབ་ཀྱིས་)མྱ་ངན་ ལས་འདས་པ་ལ་བརྟེན་པའི་བསམ་པ་ཅན་(ཡིན་པས་)ཡོངས་སུ་མྱ་ངན་ལས་མི་ འདའ་བའི་རིགས་ཅན་བཞིན་དུ་འཁོར་བ་ལ་(སྲེད་པས་)མི་གནས་ལ། སྙིང་རྗེ་ཆེན་ པོས་སྡུག་བསྔལ་བའི་སེམས་ཅན་ཡོངས་སུ་མ་བཏང་པས་ནི། གཞན་ལ་ཕན་པའི་ཕྱིར་ 9-1-62 (སྙིང་རྗེས་)འཁོར་བ་ལ་བརྟེན་པའི་སྦྱོར་བ་ཅན་ཡིན་པས། ཞི་བ་བགྲོད་པ་གཅིག་པའི་ རིགས་ཅན་(གྱི་ཉན་ཐོས་)བཞིན་དུ་མྱ་ངན་ལས་འདས་པ་ལ་(ཡོན་ཏན་དུ་རྟོག་ པས་)མི་གནས་སོ། །དེ་ལྟར་ན་(ཤེས་རབ་དང་སྙིང་རྗེའི་)ཆོས་འདི་གཉིས་ནི་བླ་ན་མེད་ པའི་བྱང་ཆུབ་ཀྱི་རྩ་བའི་གནས་སུ་བསྟན་པ་ནི། བདག་(ལ་)སྲེད་(པ་)མ་ལུས་(པ་)ཤེས་ རབ་ཀྱིས་(རྒྱུན་)བཅད་དེ། །སེམས་ཅན་(གྱི་དོན་ལ་)སྲེད་ཕྱིར་བརྩེ་ལྡན་(རང་གཅིག་ པུ་)ཞི་(བ་)འཐོབ་(པ་)ཡིན། །དེ་ལྟར་བློ་(དང་)བརྩེ་(བ་སྟེ་)བྱང་ཆུབ་(ཐོབ་ པའི་)ཐབས་(དེ་གཉིས་ལ་)བསྟེན་ནས། །(ཐེག་ཆེན་གྱི་)འཕགས་པ་འཁོར་བའམ་མྱ་ ངན་(ལས་)འདས་(པ་སྲིད་ཞི་ལ་གནས་པར་དེ་ལྟར་ཡོན་ཏན་དུ་མ་དང་ལྡན་ཞིང་ ཉོན་མོངས་པའི་སྒྲིབ་པ་བསྲེགས་པ་རྣམས་ཀྱིས་སེམས་ཅན་གྱི་དོན་བྱ་བའི་བདག་ཉིད་ ཉོན་མོངས་པའི་སྒྲིབ་པ་ཆ་ཤས་ཙམ་ནི་སྐྱེ་བ་འཛིན་པའི་དོན་དུའོ། །རྣམ་པ་གཞན་དུ་ ན་སེམས་ཅན་རྣམས་ལ་ལམ་སྟོན་པ་མེད་པར་འགྱུར་རོ། །ལམ་མེད་པར་ཐོག་མ་མེད་ པའི་འཁོར་བ་ལས་སེམས་ཅན་རྣམས་ངེས་པར་འབྱུང་བར་མི་འགྱུར་ཏེ་བྱང་ཆུབ་ སེམས་དཔའ་དང་འཕྲད་པ་མེད་པའི་ཕྱིར་རོ།།)མི་འགྱུར(་རོ)། ། (རྒྱུ་དང་རྐྱེན་གྱི་འཕྲིན་ལས་གཉིས་ཡོད་པ་)དེ་ལ་སྔར་(མདོར་བསྟན་)གྱི་དབང་དུ་ བྱས་པ(་དག་རྒྱུ་རང་གི་སྙིང་པོ)འི་(འཕྲིན་)ལས་ཀྱི་དོན་ལས་བརྩམས་པའི་ཚིགས་སུ་ བཅད་པ་ཕྱེད་ཕྱི་མས་ཅི་བསྟན་ཞེ་ན། (རྒྱུ་དང་རྐྱེན་གྱིས་ལས་གཉིས་ལ་)གལ་ཏེ་སངས་ རྒྱས་(ཀྱི་)ཁམས་(རྒྱུ་ཉིད་དུ་)མེད་(ཅེ་)ན། །(འབྲས་བུ་)སྡུག་ལའང་སྐྱོ་(བ་སྐྱེ་)བར་མི་ འགྱུར་ཞིང་། །མྱ་ངན་འདས་ལ་འདོད་པ་དང་། །དོན་གཉེར་སྨོན་པའང་(སྐྱེ་བ་)མེད་ པར་འགྱུར། །ཇི་སྐད་དུ། (དཔལ་ཕྲེང་གི་མདོར།)བཅོམ་ལྡན་འདས་གལ་ཏེ་དེ་བཞིན་ གཤེགས་པའི་སྙིང་པོ་(རྒྱུ་ཉིད་དུ་)མ་མཆིས་(སོ་ཞེ་)ན་ནི། (འབྲས་བུ་རྒྱུ་རྐྱེན་གཉིས་ལ་ བརྟེན་དགོས་པ་ལ་དག་རྒྱུ་ལ་བརྟེན་ནས་)སྡུག་བསྔལ་ལ་ཡང་སྐྱོ་བ་སྐྱེ་བར་མི་འགྱུར་ ལ། མྱ་ངན་ལས་འདས་པ་ལ་འདོད་པ་དང་། འདུན་པ་དང་། དོན་དུ་གཉེར་བ་དང་ སྨོན་པ་ཡང་(སྐྱེ་བ་)མེད་པར་འགྱུར་རོ། །ཞེས་གསུངས་པ་ཡིན་ནོ། །(རྒྱུ་མེད་ན་རྐྱེན་ 9-1-63 ཡོད་ཀྱང་འབྲས་བུ་མི་འབྱུང་བའི་ཕྱིར་རྒྱུ་སངས་རྒྱས་ཀྱི་ཁམས་གཞི་ལ་ཡོད་པ་དང་། རྐྱེན་འཛོམས་ནས་འཁོར་འདས་ལ་སྐྱོན་ཡོན་གྱི་བླང་དོར་འབྱུང་ཞེས་པའི་དོན་ནོ།།)དེ་ ལ་མདོར་བསྡུ་ན་སངས་རྒྱས་ཀྱི་ཁམས་(རང་བཞིན་)རྣམ་པར་དག་པའི་རིགས་(གློ་ བུར་གྱི་དྲི་མ་དག་པར་བྱ་རྒྱུ་)ནི། (སྔར་)ལོག་པ་ཉིད་དུ་ངེས་པའི་སེམས་ཅན་རྣམས་ (ཕྱིས་རིམ་གྱིས་དག་རྒྱུ་རྐྱེན་དང་ཕྲད་པའི་ཚེ་ཕྲིན་)ལ་ཡང་ལས་རྣམ་པ་གཉིས་ཉེ་བར་ གནས་པར་བྱེད་དེ། འཁོར་བ་ལ་སྡུག་བསྔལ་བའི་ཉེས་པ་མཐོང་བ་ལ་བརྟེན་ནས་(དག་ རྒྱུ་བདེ་གཤེགས་སྙིང་པོས་)སྐྱོ་བ་སྐྱེད་པར་བྱེད་པ་དང་། མྱ་ངན་ལས་འདས་པ་ལ་བདེ་ བའི་ཕན་ཡོན་མཐོང་བ་ལ་བརྟེན་ནས། (དག་རྒྱུ་བདེ་གཤེགས་སྙིང་པོས་)འདུན་པ་ དང་འདོད་པ་དང་དོན་དུ་གཉེར་བ་དང་། སྨོན་པ་སྐྱེད་པར་བྱེད་པའོ། །དེ་ལ་འདུན་པ་ ནི་མངོན་པར་འདོད་པའོ། །འདོད་པ་ནི་མངོན་པར་འདོད་པའི་དོན་ཐོབ་པ་ལ་ཕྱོགས་ པའོ། །དོན་དུ་གཉེར་བ་ནི་མངོན་པར་འདོད་པའི་དོན་ཐོབ་པའི་ཐབས་ཚོལ་ བའོ། །སྨོན་པ་ནི་གང་མངོན་པར་འདོད་པའི་དོན་ལ་སེམས་མངོན་པར་འདུ་བྱེད་(པ་ སྟེ་སེམས་བསྐྱེད་)པའོ། ། སྲིད་(པ་)དང་མྱ་ངན་(ལས་)འདས་(པ་)ལ་(རིམ་པ་ལྟར་)དེའི། །སྡུག་(པ་དང་)བདེ (བ)འི་སྐྱོན་(དང་)ཡོན་(ཏན་)མཐོང་བ་འདི། །(རྣམ་པར་དག་པའི་)རིགས་ (རྒྱུར་)ཡོད་(པ་དེ་རྐྱེན་དང་འཛོམས་པ་)ལས་ཡིན་(གྱི་)གང་(གི་)ཕྱིར་(ན་སྐྱོན་ཡོན་ མཐོང་བ་)དེ། །རིགས་(རྒྱུ་དང་རྐྱེན་འཛོམས་པ་)མེད་(པ་)དག་ལ་མེད་(པའི་)ཕྱིར་ རོ། །(རྒྱུ་དག་པའི་རིགས་དང་རྐྱེན་)དཀར་པོའི་ཆ་དང་ལྡན་པའི་གང་ཟག་གིས། འཁོར་ བ་ལ་སྡུག་བསྔལ་གྱི་ཉེས་པ་མཐོང་བ་དང་། མྱ་ངན་ལས་འདས་པ་ལ་བདེ་བའི་ཕན་ ཡོན་མཐོང་བ་གང་ཡིན་པ་འདི་ཡང་རིགས་(རྒྱུར་)ཡོད་པ་(རྐྱེན་དང་འཛོམས་ པ་)ལས་(སྐྱེ་བར་)འགྱུར་བ་ཡིན་གྱི། (གལ་ཏེ་ཁྱོད་འདོད་པ་ལྟར་དག་རྒྱུ་རིགས་མེད་ ན་དེ་རྐྱེན་དང་ཕྲད་པ་མི་སྲིད་པའི་ཕྱིར་)རྒྱུ་མེད་རྐྱེན་(དཀར་པོའི་)མེད་པར་ནི་ (འཁོར་འདས་ཀྱི་སྐྱོན་ཡོན་མཐོང་བ་)མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། (ཁོ་ན་རེ་)གལ་ཏེ་ 9-1-64 སྡིག་ཏོ་སེལ་བའི་ཚུལ་གྱིས། རྒྱུ་(རིགས་ཀྱང་གཞི་ལ་)མེད་རྐྱེན་(དང་འཛོམས་པ་ ཡང་)མེད་པར་(སྡུག་བདེའི་སྐྱོན་ཡོན་མཐོང་བ་)དེར་འགྱུར་(རོ་ཞེ་)ན་ནི་(རྒྱུ་རྐྱེན་ དང་མ་འཛོམས་པའི་)ལོག་སྲེད་ཅན་ཡོངས་སུ་མྱ་ངན་ལས་མི་འདའ་བའི་རིགས་ཅན་ རྣམས་ལ་ཡང་དེར་འགྱུར་(ཞེ་)ན། ཇི་སྲིད་དུ་གློ་བུར་གྱི་དྲི་མ་རྣམ་པར་དག་པའི་ རིགས་སྐྱེས་བུ་དམ་པ་ལ་བསྟེན་པ་ལ་སོགས་པ་(དང་མཐུན་པའི་ཡུལ་ན་གནས་པ་དང་ རང་གི་ལེགས་སྨོན་དང་སྔོན་ཡང་བསོད་ནམས་བྱས་པའི་དགེ་བའི་)འཁོར་ལོ་བཞི་ ཡང་དག་པར་འབྱོར་བའི་ཚུལ་གྱིས་(ཐེག་པ་)གསུམ་ལས་གང་ཡང་རུང་བའི་ཆོས་ལ་ མོས་པ་སྐྱེད་པར་བྱེད་པ་མ་ཡིན་པར་དེ་སྲིད་དུ་ནི་(སྡུག་བདེའི་སྐྱོན་ཡོན་མཐོང་ བར་)འགྱུར་བ་ཡང་མ་ཡིན་ནོ། ། དེའི་འོག་ཏུ་ནི་(རིམ་གྱིས་)ཐ་ན་ལོག་པ་ཉིད་དུ་ངེས་པའི་རྒྱུད་དུ་གྱུར་པའི་སེམས་ ཅན་རྣམས་ཀྱི་(དག་རྒྱུ་དྲི་བཅས་ཀྱི་)ལུས་ལ་ཡང་(དག་པའི་རྐྱེན་)དེ་བཞིན་གཤེགས་ པ་ཉི་མའི་དཀྱིལ་འཁོར་གྱི་ཡེ་ཤེས་ཀྱི་འོད་ཟེར་ཕོག་(ཅི་རྒྱུ་རྐྱེན་འཛོམས་)པས་དེ་དག་ ལ་ཕན་ཐོགས་པར་འགྱུར་ཞིང་། མ་འོངས་པའི་(དགེ་བའི་)རྒྱུ་ཡང་དག་པར་བསྐྱེད་ པས་ན་དགེ་བའི་ཆོས་རྣམས་ཀྱིས་(གོང་ནས་གོང་དུ་)རྣམ་པར་འཕེལ་བར་ཡང་འགྱུར་ རོ་ཞེས་གསུངས་སོ། །འདི་སྐད་དུ་ལོག་སྲེད་ཅན་(རེ་ཤིག་)གཏན་ཡོངས་སུ་མྱ་ངན་ལས་ མི་འདའ་བའི་ཆོས་ཅན་ཞེས་གསུངས་པ་གང་ཡིན་པ་དེ(འི་དགོངས་པ་)ནི་ཐེག་པ་ ཆེན་པོའི་ཆོས་(བདེ་གཤེགས་སྙིང་པོ་)ལ་སྡང་བ་ལོག་སྲེད་ཅན་ཉིད་ཀྱི་རྒྱུ་ཡིན་པའི་ ཕྱིར་ཐེག་པ་ཆེན་པོའི་ཆོས་ལ་སྡང་བ་བཟློག་པའི་དོན་དུ་དུས་གཞན་(ཇི་སྲིད་དུ་ཐེག་ ཆེན་གྱི་ཆོས་ལ་སྡང་བ་དེ་སྲིད་དུ་གཏན་ཡོངས་སུ་མྱ་ངན་ལས་མི་འདའ་བ་)ལ་ དགོངས་ནས་གསུངས་པ་ཡིན་ནོ། །(དེ་ལ་ཡང་)རང་བཞིན་གྱིས་རྣམ་པར་དག་པའི་ རིགས་(དག་རྒྱུ་གཞི་ལ་)ཡོད་པའི་ཕྱིར། (རྒྱུ་དེ་རྐྱེན་སྐྱེས་བུ་དམ་པ་ལ་བརྟེན་པ་སོགས་ དང་འཛོམས་ན་)འགའ་ཡང་གཏན་རྣམ་པར་དག་པར་མི་འགྱུར་བའོ་འོས་པ་མ་ཡིན་ ཏེ། (རྒྱུ་མཚན་)གང་གི་ཕྱིར་བཅོམ་ལྡན་འདས་ཀྱིས་ཁྱད་པར་མེད་པར་སེམས་ཅན་ 9-1-65 ཐམས་ཅད་ལ་(སྒྲིབ་པ་སྦྱོང་བའི་རྐྱེན་དང་ཕྲད་ན་)རྣམ་པར་དག་པར་རུང་བ(འི་ རིགས་)ཉིད་(དག་རྒྱུར་)ཡོད་པ་ལ་དགོངས་ནས། (དྲི་བཅས་ལ་)ཐོག་མེད་གྱུར་ཀྱང་ཐ་ མ་དང་(དྲི་བྲལ་)ལྡན་པ། །རང་བཞིན་གྱིས་དག་(པའི་རིགས་དུས་རྒྱུན་དུ་)རྟག་པའི་ ཆོས་ཅན་ནི། །ཐོག་(མ་)མེད་(པའི་དྲི་མའི་)སྦུབས་ཀྱིས་ཕྱི་བསྒྲིབས་(པས་)མི་མཐོང་ སྟེ། །(དཔེ་)ཇི་ལྟར་གསེར་གྱི་གཟུགས་ནི་བསྒྲིབས་པ་(མི་མཐོང་བ་)བཞིན། །ཞེས་ གསུངས་སོ། ། (བདེ་གཤེགས་སྙིང་པོ་)དེ་ལ་(རྒྱུ་གསུམ་འབྲས་བུ་གསུམ་གྱི་ཡོན་ཏན་དང་)ལྡན་པའི་ དོན་ལས་བརྩམས་ཏེ་ཚིགས་སུ་བཅད་པ། (རྒྱུའི་ཡོན་ཏན་གསུམ་གྱི་མདོར་བསྟན་)རྒྱ་ མཚོ་ཆེ་བཞིན་དཔག་མེད་པ། །ཡོན་ཏན་རིན་ཆེན་མི་ཟད་གནས། །(འབྲས་བུའི་ཡོན་ ཏན་གསུམ་གྱི་མདོར་བསྟན་)དབྱེར་མེད་ཡོན་ཏན་དང་ལྡན་པའི། །ངོ་བོ་ཉིད་ཕྱིར་ མར་མེ་བཞིན(་མདོར་བསྟན་གཉིས་ཡོད་པ)། ། དེ་ལ་ཚིགས་སུ་བཅད་པ་ཕྱེད་སྔ་མས་ཅི་བསྟན་ཞེ་ན། ཆོས་སྐུ་(དག་པའི་རྒྱུ་མོས་པ་ བསྒོམ་པ་དང་)རྒྱལ་བའི་ཡེ་ཤེས་(ཐོབ་པའི་རྒྱུ་ཤེས་རབ་དང་ཏིང་ངེ་འཛིན་བསྒོམས་ པ་)དང་། །(སངས་རྒྱས་ཀྱི་)ཐུགས་རྗེ(་འཇུག་པའི་རྒྱུ་སྙིང་རྗེ་བསྒོམ་པ་སྟེ་དེ་རྣམས་ ཀྱིས་རྒྱུའི་ཡོན་ཏན་དབྱེར་མེད་དུ་ལྡན་པ)འི་ཁམས་ནི་བསྡུས་པའི་ཕྱིར། །(རྒྱུ་གསུམ་པོ་ ཡང་རིམ་པ་ལྟར་མོས་པ་ཆུའི་)སྣོད་དང་(ཤེས་རབ་དང་ཏིང་ངེ་འཛིན་)རིན་ཆེན་དང་ (སྙིང་རྗེ་ནི་)ཆུ་(དང་འདྲ་བ་)ཡིས་(རྒྱུ་གསུམ་པོ་)འདི། །རྒྱ་མཚོ་དང་ནི་མཚུངས་པར་ བསྟན། །གོ་རིམ་ཇི་ལྟ་བར་(རྒྱུའི་)གནས་གསུམ་པོ་རྣམས་ཀྱི་(ཡོན་ཏན་)རྒྱ་མཚོ་ཆེན་པོ་ དང་ཆོས་མཐུན་པ་རྣམ་པ་གསུམ་གྱིས་ནི། དེ་བཞིན་གཤེགས་པའི་ཁམས་རྒྱུ་དང་ལྡན་ པའི་དབང་དུ་བྱས་ཏེ་ལྡན་པའི་དོན་དུ་རིག་པར་བྱའོ། །གནས་གསུམ་པོ་གང་ཡིན་ཞེ་ ན། འདི་ལྟ་སྟེ། ཆོས་ཀྱི་སྐུ་རྣམ་པར་དག་པའི་རྒྱུ་དང་། སངས་རྒྱས་ཀྱི་ཡེ་ཤེས་ཐོབ་པའི་ རྒྱུ་དང་། དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་འཇུག་པའི་རྒྱུའོ། །དེ་ལ་ཆོས་ཀྱི་སྐུ་ རྣམ་པར་དག་པའི་རྒྱུ་ནི། ཐེག་པ་ཆེན་པོ་ལ་མོས་པ་བསྒོམ་པར་བལྟའོ། །སངས་རྒྱས་ཀྱི་ 9-1-66 ཡེ་ཤེས་ཐོབ་པའི་རྒྱུ་ནི། ཤེས་རབ་དང་ཏིང་ངེ་འཛིན་གྱི་སྒོ་བསྒོམ་པའོ། །དེ་བཞིན་ གཤེགས་པའི་ཐུགས་རྗེ་ཆེན་པོ་འཇུག་པའི་རྒྱུ་ནི། བྱང་ཆུབ་སེམས་དཔའི་སྙིང་རྗེ་ བསྒོམ་པའོ། །དེ་ལ་ཐེག་པ་ཆེན་པོའི་ཆོས་ལ་མོས་པ་བསྒོམ་པ་ནི་(ཆུའི་)སྣོད་དང་ཆོས་ མཐུན་པ་སྟེ། དཔག་ཏུ་མེད་པ་ཟད་མི་ཤེས་པའི་ཤེས་རབ་དང་། ཏིང་ངེ་འཛིན་གྱི་རིན་ པོ་ཆེ་དང་ཐུགས་རྗེའི་ཆུ་རྣམས་(སྣོད་)དེར་འདུ་བའི་ཕྱིར་རོ། །ཤེས་རབ་དང་ཏིང་ངེ་ འཛིན་གྱི་སྒོ་བསྒོམ་པ་ནི། རིན་པོ་ཆེ་དང་ཆོས་མཐུན་པ་སྟེ། དེ་ནི་རྣམ་པར་རྟོག་པ་མེད་ པའི་ཕྱིར་དང་། (རང་གཞན་ལ་ཕན་པའི་)མཐུ་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་དང་ ལྡན་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའི་སྙིང་རྗེ་(ཆེན་པོ་)བསྒོམ་པ་ནི། (རྒྱ་ མཚོའི་)ཆུ་དང་ཆོས་མཐུན་པ་སྟེ། དེ་ནི་འགྲོ་བ་ཐམས་ཅད་ལ་(སྙིང་རྗེས་)མཆོག་ཏུ་ བརླན་པའི་རང་བཞིན་གྱི་རོ་གཅིག་དང་ལྡན་པའི་ཕྱིར་རོ། །(སྣོད་དང་རིན་ཆེན་དང་ ཆུའི་དཔེ་གསུམ་གྱིས་བསྟན་པའི་)ཆོས་གསུམ་པོ་འདི་དག་(མོས་པ་དང་ཤེས་རབ་ཏིང་ འཛིན་དང་སྙིང་རྗེའི་)རྒྱུ་གསུམ་པོ་འདིས་(བདེ་གཤེགས་སྙིང་པོ་)དེ་དང་འབྲེལ་པ་ དང་(ངོ་བོ་དབྱེར་མེད་དུ་)ལྡན་པ་ནི་ལྡན་པ་ཞེས་བརྗོད་དོ། ། དེ་ལ་(མདོར་བསྟན་གྱི་)ཚིགས་སུ་བཅད་པ་ཕྱེད་ཕྱི་མས་ཅི་བསྟན་ཞེ་ན། དྲི་མེད་གནས་ ལ་(ལྡན་པའི་འབྲས་བུའི་ཡོན་ཏན་གསུམ་ནི་)མངོན་ཤེས་དང་། །(ཟག་མེད་ཀྱི་)ཡེ་ ཤེས་(དང་ཟག་པའི་)དྲི་མེད་དེ་ཉིད་དང་། །(ངོ་བོ་)རྣམ་དབྱེ་མེད་(པར་ལྡན་ པའི་)ཕྱིར་(དཔེར་ན་)མར་མེ་ཡི། །སྣང་(བ་)དང་དྲོ་(བ་དང་)མདོག་(དང་)ཆོས་ མཚུངས་(པ་)ཅན(་ནོ)། །གོ་རིམ་ཇི་ལྟ་བར་(འབྲས་བུའི་)གནས་གསུམ་པོ་རྣམས་ཀྱི་ (ཡོན་ཏན་)མར་མེ་དང་ཆོས་མཐུན་པ་རྣམ་པ་གསུམ་གྱིས་ནི། དེ་བཞིན་གཤེགས་པའི་ ཁམས་འབྲས་བུ(འི་ཡོན་ཏན་)དང་ལྡན་པའི་དབང་དུ་བྱ་སྟེ་ལྡན་པའི་དོན་དུ་རིག་ པར་བྱའོ། །གནས་གསུམ་གང་ཞེ་ན། འདི་ལྟ་སྟེ། མངོན་པར་ཤེས་པ་དང་། ཟག་པ་ཟད་ པའི་ཡེ་ཤེས་(རྟོགས་པ་)དང་། ཟག་པ་ཟད་(པ་སྤངས་)པའོ། །དེ་ལ་མངོན་པར་ཤེས་པ་ ལྔ་ནི་(མར་མེའི་)སྣང་བ་དང་ཆོས་མཚུངས་པ་སྟེ། དེ་དག་ནི་(རང་གཞན་གྱི་)དོན་ 9-1-67 ཉམས་སུ་མྱོང་བའི་མི་མཐུན་པའི་ཕྱོགས་ཀྱི་མུན་པ་འཇོམས་པ་ཉིད་དུ་ཉེ་བར་གནས་ པའི་མཚན་ཉིད་ཀྱི་ཕྱིར་རོ། །ཟག་པ་མེད་པའི་ཡེ་ཤེས་ནི་(མར་མེའི་)དྲོ་བ་དང་ཆོས་ མཐུན་པ་སྟེ། དེ་ནི་ལས་དང་ཉོན་མོངས་པའི་བུད་ཤིང་མ་ལུས་པ་བསྲེག་པར་ཉེ་བར་ གནས་པའི་མཚན་ཉིད་ཀྱི་ཕྱིར་རོ། །གནས་ཡོངས་སུ་གྱུར་པ་ཟག་པ་ཟད་པ་ནི་(མར་ མེའི་)མདོག་དང་ཆོས་མཐུན་པ་སྟེ་དེ་ནི་ཤིན་ཏུ་(ཉོན་མོངས་ཀྱི་)དྲི་མ་མེད་པ་(དང་ ཤེས་སྒྲིབ་ཀྱིས་)རྣམ་པར་དག་པ་འོད་གསལ་བའི་མཚན་ཉིད་ཀྱི་ཕྱིར་རོ། །དེ་ལ་དྲི་མ་ མེད་པ་ནི་ཉོན་མོངས་པའི་སྒྲིབ་པ་སྤངས་པའི་ཕྱིར་རོ། །རྣམ་པར་དག་པ་ནི་ཤེས་བྱའི་ སྒྲིབ་པ་སྤངས་པའི་ཕྱིར་རོ། །འོད་གསལ་བ་ནི་(སྒྲིབ་པ་)དེ་གཉི་ག་གློ་བུར་བ་ཉིད་ཀྱིས་ (སེམས་ཀྱི་)རང་བཞིན་མ་ཡིན་པའི་ཕྱིར་རོ། །དེ་ལྟར་ཟག་པ་མེད་པའི་ཡེ་ཤེས་དང་ སྤངས་པས་བསྡུས་པ་མི་སློབ་པའི་རྒྱུད་ཀྱི་ཆོས་(མངོན་ཤེས་ལྔ་སྤངས་རྟོགས་གཉིས་ ཏེ་)བདུན་པོ་འདི་དག་ཟག་པ་མེད་པའི་དབྱིངས་ན་ཕན་ཚུན་(ངོ་བོ་)རྣམ་པར་དབྱེ་ བ་མེད་པ་(མངོན་ཤེས་)ཉིད་(སྤངས་རྟོགས་ཡིན་པའི་ཕྱིར་)སོ་སོ་མ་ཡིན་པ་ཆོས་ཀྱི་ དབྱིངས་དང་མཉམ་པ་ཉིད་དང་(དབྱེར་མེད་དུ་)ལྡན་པ་ནི་ལྡན་པ་ཞེས་ བྱའོ། །(འབྲས་བུ་)ལྡན་པའི་དོན་ལས་བརྩམས་པའི་(མར་མེའི་)དཔེ་འདི་ནི་རྒྱས་པར་ མདོ་ཇི་ལྟ་བ་བཞིན་རྟོགས་པར་བྱ་སྟེ། ཤཱ་རིའི་བུ་དཔེར་ན་མར་མེ་ནི་འདི་ལྟ་སྟེ། སྣང་ བ་དང་དྲོ་བ་དང་མདོག་དག་གིས་(མི་འབྲལ་བས་)སམ། ནོར་བུ་སྣང་བ་དང་མདོག་ དང་དབྱིབས་དག་གིས་(ངོ་བོ་)རྣམ་པར་དབྱེར་མེད་པའི་ཆོས་ཅན་(དེ་དག་)མ་བྲལ་ (བར་གནས་པ་)བའི་ཡོན་ཏན་ཅན་ནོ། །ཤཱ་རིའི་བུ་དེ་བཞིན་དུ་དེ་བཞིན་གཤེགས་པས་ བསྟན་པའི་ཆོས་ཀྱི་སྐུ་ནི། འདི་ལྟ་སྟེ། གང་གཱའི་ཀླུང་གི་(ཆུ་རྡུལ་གྱི་)བྱེ་མ་སྙེད་ལས་ (ཡོན་ཏན་གྱི་རྣམ་གྲངས་)འདས་པ་དེ་བཞིན་གཤེགས་པའི་(ངོ་བོར་གྱུར་པའི་ཡོན་ ཏན་གྱི་)ཆོས་རྣམས་ཀྱིས་རྣམ་པར་དབྱེར་མེད་པའི་ཆོས་ཅན་(སེམས་ཅན་དང་བྱང་ ཆུབ་སེམས་དཔའ་དང་སངས་རྒྱས་ཀྱི་གནས་སྐབས་ཐམས་ཅད་དུ་ནམ་ཡང་)མ་བྲལ་ བའི་ཡེ་ཤེས་ཀྱི་ཡོན་ཏན་ཅན་ནོ། །ཞེས་གསུངས་སོ། ། 9-1-68 དེ་ལ་(མ་དག་པ་སེམས་ཅན་དང་མ་དག་དག་པ་བྱང་ཆུབ་སེམས་དཔའ་དང་ཤིན་ཏུ་ རྣམ་དག་དེ་བཞིན་གཤེགས་པ་སྟེ་གནས་སྐབས་ཀྱི་གང་ཟག་གསུམ་)འཇུག་པའི་དོན་ ལས་བརྩམས་ཏེ་ཚིགས་སུ་བཅད་པ། སོ་སོའི་སྐྱེ་(བོ་)འཕགས་(པ་སློབ་པ་དང་)རྫོགས་ (པའི་)སངས་(རྒྱས་)ཀྱི། །དེ་བཞིན་ཉིད་(ཀྱི་གནས་སྐབས་གསུམ་དུ་)དབྱེ་(བ)འི་འཇུག་ (ཚུལ་བསྟན་)པ་ལས། །དེ་ཉིད་གཟིགས་པས་(གནས་སྐབས་གསུམ་གྱི་)སེམས་ཅན་ (ཐམས་ཅད་)ལ། །རྒྱལ་བའི་སྙིང་པོ་འདི་(རྟག་ཏུ་ཡོད་པར་)བསྟན་ཏོ། ། འདིས་ཅི་བསྟན་ཞེ་ན། (གང་ཟག་གསུམ་གྱི་དེ་བཞིན་ཉིད་ཀྱི་དབྱེ་བ་ཇི་ལྟར་འཇུག་ ན་)སོ་སོའི་སྐྱེ་བོ་(འདུ་ཤེས་དང་སེམས་དང་ལྟ་བ་)ཕྱིན་ཅི་ལོག །བདེན་པ་མཐོང་བ་ (འཕགས་པ་དེ་ལས་)བཟློག་པ་སྟེ(་ཕྱིན་ཅི་ལོག་དེ་སྤངས་པའི་ཕྱིར་རོ)། །དེ་བཞིན་ གཤེགས་པ་(ནི་ཡིན་ལུགས་)ཇི་ལྟ་(བ་)བཞིན(་ཏེ)། །(གཙང་བདག་བདེ་དང་རྟག་པ་ ལ་)ཕྱིན་ཅི་མ་ལོག་(ཅི་)སྤྲོས་(པ་)མེད་(པ་)ཉིད(་དོ)། །དེ་བཞིན་གཤེགས་པའི་ཁམས་ ལ། (མདོ་)ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པར་རྣམ་པར་མི་རྟོག་པའི་ཡེ་ཤེས་ ཀྱི་སྒོ་ལ་གདམས་པ་ལས་བརྩམས་ཏེ། བྱང་ཆུབ་སེམས་དཔའ་རྣམས་ལ་ཆོས་ཐམས་ ཅད་ཀྱི་དེ་བཞིན་ཉིད་(རང་བཞིན་)རྣམ་པར་དག་པ(གནས་སྐབས་སོ་སོར་མ་ཕྱེ་བ)འི་ སྤྱིའི་མཚན་ཉིད་བསྟན་པ་གང་ཡིན་པ་དེ་(གནས་སྐབས་གསུམ་དུ་)གང་ཟག་རྣམ་པ་ གསུམ་པོ་དེ་ཁོ་ན་(གཙང་བདག་བདེ་དང་རྟག་པར་)མ་མཐོང་བ་སོ་སོའི་སྐྱེ་བོ་དང་། དེ་ཁོ་ན་(གཙང་བདག་བདེ་དང་རྟག་པར་སྤྲིན་མཐོངས་མཁའ་ལ་ཉི་བཞིན་)མཐོང་བ་ འཕགས་པ་དང་། དེ་ཁོ་ན་(གཙང་བདག་བདེ་དང་རྟག་པར་མ་རིག་བག་ཆགས་ཀྱི་ས་ སྤངས་པས་)མཐོང་བ་རྣམ་པར་དག་པའི་མཐར་ཕྱིན་པ་དེ་བཞིན་གཤེགས་པ་རྣམས་ ཀྱི་(བློ་)འཇུག་པ་(མི་འདྲ་བ་)རྣམ་པ་གསུམ་ཐ་དད་པར་རིག་པར་བྱ་སྟེ། (དེ་དག་རིམ་ པ་བཞིན་དུ་)འདི་ལྟ་སྟེ། ཕྱིན་ཅི་ལོག་པ་དང་། ཕྱིན་ཅི་མ་ལོག་པ་དང་། ཡང་དག་ པར་ཕྱིན་ཅི་མ་ལོག་པ་སྤྲོས་པ་མེད་པ་སྟེ། གོ་རིམ་བཞིན་ནོ། །དེ་ལ་ཕྱིན་ཅི་ལོག་ནི་བྱིས་ པ་རྣམས་ཀྱི་(བློ་འཇུག་པ་)སྟེ། (བདེ་གཤེགས་སྙིང་པོ་མེད་ལ་སོགས་པར་)འདུ་ཤེས་ 9-1-69 དང་སེམས་དང་ལྟ་བ་ཕྱིན་ཅི་ལོག་པའི་ཕྱིར་རོ། །བཟློག་པས་ཕྱིན་ཅི་མ་ལོག་པ་ནི་ འཕགས་པ་རྣམས་ཀྱི་(བློ་འཇུག་པ་)སྟེ། དེ་སྤངས་པའི་ཕྱིར་རོ། །ཡང་དག་པར་ཕྱིན་ཅི་ མ་ལོག་པ་(མ་རིག་བག་ཆགས་ཀྱི་ས་སྤངས་པས་)སྤྲོས་པ་མེད་པ་ནི་ཡང་དག་པར་ རྫོགས་པའི་སངས་རྒྱས་རྣམས་ཀྱི་(བློ་འཇུག་པ་)སྟེ། བག་ཆགས་དང་བཅས་པའི་ཉོན་ མོངས་པ་དང་ཤེས་བྱའི་སྒྲིབ་པ་བཅོམ་པའི་ཕྱིར་རོ། །འདི་ཕན་ཆད་(དེ་བཞིན་ཉིད་ཀྱི་ དབྱེ་བ་)འཇུག་པའི་དོན་འདི་ལས་བརྩམས་ཏེ། (འཇུག་པ་)དེ་ལས་གཞན་པའི་ དོན་(གནས་སྐབས་ཀྱི་དོན་དང་ཀུན་ཏུ་འགྲོ་བའི་དོན་དང་རྟག་ཏུ་མི་འགྱུར་བའི་དོན་ དང་ཡོན་ཏན་དབྱེར་མེད་པའི་དོན་)རྣམ་པ་བཞིའི་དབྱེ་བ་སྟོན་པར་རིག་པར་བྱའོ། ། དེ་ལ་གང་ཟག་(གོང་དུ་བསྟན་པ་)འདི་གསུམ་གྱི་གནས་སྐབས་ཀྱི་(དེ་བཞིན་ཉིད་ ཀྱི་)རབ་ཏུ་དབྱེ་བ་ལས་བརྩམས་ཏེ་ཚིགས་སུ་བཅད་པ། (དྲི་མའི་ཕྱོགས་ནས་)མ་དག་ (པ་དང་)མ་དག་དག་པ་དང་། །ཤིན་ཏུ་རྣམ་དག་(རྣམས་)གོ་རིམ་བཞིན(དུ་དྲི་མ་མ་ དག་པ་དང་དག་པའི་ཆ་ནས)། །སེམས་ཅན་(དང་)བྱང་ཆུབ་སེམས་དཔའ་དང་། །དེ་ བཞིན་གཤེགས་པ་ཞེས་བརྗོད་དོ། །འདིས་ཅི་བསྟན་ཞེ་ན། ངོ་བོ་ཉིད་ལ་སོགས་(པ་རྒྱུ་ འབྲས་ལས་ལྡན་འཇུག་)པའི་དོན། །(སྔར་བསྟན་པ་)འདི་དྲུག་གིས་ནི་བསྡུས་པ་ ཡི། །ཁམས་ནི་(མ་དག་པ་དང་མ་དག་དག་པ་དང་ཤིན་ཏུ་དག་པའི་)གནས་སྐབས་ གསུམ་དག་ཏུ། །(སེམས་ཅན་དང་བྱང་ཆུབ་སེམས་དཔའ་དང་དེ་བཞིན་གཤེགས་པ་ ཞེས་པའི་)མིང་གསུམ་གྱིས་ནི་བསྟན་པ་ཉིད། །དེ་ལྟར་གང་ཅི་ཡང་རུང་སྟེ། བཅོམ་ལྡན་ འདས་ཀྱིས་(མདོ་རྒྱུད་ཀྱི་)ཆོས་ཀྱི་རྣམ་གྲངས་ཀྱི་སྒོ་དུ་མར་རྒྱས་པར་བསྟན་པའི་ཟག་ པ་མེད་པའི་ཁམས་(སྔར་)བསྟན་པ(འི)། ངོ་བོ་དང་རྒྱུ་དང་འབྲས་བུ་དང་། ལས་དང་ ལྡན་པ་དང་འཇུག་པའི་དོན་དྲུག་པོ་འདིས་བསྡུས་པ་དེ་ཐམས་ཅད་ནི་མདོར་བསྡུས་ ཏེ། གནས་སྐབས་གསུམ་དུ་གོ་རིམ་བཞིན་(དུ་)མིང་གསུམ་(གྱིས་)བསྟན་པས་(དྲུག་པོ་ དེ་བསྡུས་ནས་)བསྟན་པར་རིག་པར་བྱ་སྟེ། འདི་ལྟ་སྟེ། (རང་བཞིན་རྣམ་དག་གི་ཁམས་ དེ་བཞིན་གཤེགས་པའི་སྙིང་པོ་དེ་གློ་བུར་གྱི་དྲི་མས་)མ་དག་པའི་གནས་སྐབས་སུ་ནི་ 9-1-70 སེམས་ཅན་གྱི་ཁམས་ཤེས་བྱ་བ(འི་མིང་གིས་བསྟན་པ་)དང་། (དྲི་མ་ལ་ལ་)མ་དག་པ་ དང་(དྲི་མ་ལ་ལ་)དག་པའི་གནས་སྐབས་སུ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱ་བ(འི་ མིང་གིས་བསྟན་པ་)དང་། (དྲི་མ་བག་ཆགས་དང་བཅས་པ་)ཤིན་ཏུ་རྣམ་པར་དག་ པའི་གནས་སྐབས་སུ་ནི་དེ་བཞིན་གཤེགས་པ་ཞེས་བྱ་བ(འི་མིང་གིས་བསྟན་པ)འོ། །ཇི་ སྐད་དུ་བཅོམ་ལྡན་འདས་ཀྱིས། ཤཱ་རིའི་བུ་ཆོས་ཀྱི་སྐུ་དེ་ཉིད་ཉོན་མོངས་པའི་སྦུབས་བྱེ་ བ་མཐའ་ཡས་པས་གཏུམས་པ། (ཐོག་མ་མེད་པ་ནས་དྲི་མའི་ཆ་ནས་ཐ་སྙད་དུ་)འཁོར་ བའི་རྒྱུན་གྱིས་ཁྱེར་བ། ཐོག་མ་དང་ཐ་མ་མེད་པའི་འཁོར་བར་(རིས་དྲུག་གི་འགྲོ་ བར་)འཆི་བ་དང་། སྐྱེ་བ་དག་ཏུ་(ཡང་དང་ཡང་དུ་)འཁོར་བ་ནི་(དྲི་མའི་ཕྱོགས་ ནས་)སེམས་ཅན་གྱི་ཁམས་ཞེས་(བྱ་བའི་མིང་གིས་)བརྗོད་དོ། །ཤཱ་རིའི་བུ་ཆོས་ཀྱི་སྐུ་དེ་ ཉིད་འཁོར་བའི་རྒྱུན་གྱི་སྡུག་བསྔལ་ལ་སྐྱོ་བར་གྱུར་པ། འདོད་པའི་ཡུལ་ཐམས་ཅད་ལ་ ཆགས་པ་དང་བྲལ་བ། ཕ་རོལ་ཏུ་ཕྱིན་པ་བཅུའི་ཁོངས་སུ་གཏོགས་པ། ཆོས་ཀྱི་ཕུང་པོ་ བརྒྱད་ཁྲི་བཞི་སྟོང་གི་བྱང་ཆུབ་ཀྱི་དོན་དུ་(བྱང་ཆུབ་སེམས་དཔའི་)སྤྱད་པ་(ལ་ལུས་ ངག་སེམས་ཀྱིས་)སྤྱོད་པ་ནི། བྱང་ཆུབ་སེམས་དཔའ་ཞེས་(བྱ་བའི་མིང་གིས་)བརྗོད་ དོ། །ཤཱ་རིའི་བུ་ཆོས་ཀྱི་སྐུ་དེ་ཉིད་ཉོན་མོངས་པའི་སྦུབས་ཐམས་ཅད་ལས་ཡོངས་སུ་ གྲོལ་བ། སྡུག་བསྔལ་ཐམས་ཅད་ལས་འདས་པ། ཉེ་བའི་ཉོན་མོངས་པའི་དྲི་མ་མཐའ་ དག་དང་བྲལ་བ། (ཉོན་སྒྲིབ་ཀྱིས་)དག་པ་(ཤེས་སྒྲིབ་ཀྱིས་)རྣམ་པར་དག་པ་(བག་ ཆགས་ཀྱིས་ཀྱང་)མཆོག་ཏུ་ཡོངས་སུ་དག་པའི་ཆོས་ཉིད་ལ་གནས་པ། སེམས་ཅན་ ཐམས་ཅད་ཀྱིས་བལྟ་བར་བྱ་བའི་(ཆོས་སྐུའི་)ས་ལ་བཞུགས་པ། ཤེས་བྱའི་ས་ཐམས་ ཅད་ལ་(ཤེས་མི་ཤེས་)གཉིས་སུ་མེད་པའི་སྐྱེས་བུའི་མཐུ་ཐོབ་པ། (ཇི་ལྟ་བ་དང་ཇི་སྙེད་ པའི་ཆོས་ཐམས་ཅད་ལ་)སྒྲིབ་པ་མེད་པའི་ཆོས་ཅན། (འཇིག་རྟེན་དང་འཇིག་རྟེན་ ལས་འདས་)ཆོས་ཐམས་ཅད་ཀྱི་དབང་ཕྱུག་གི་སྟོབས་ཐོགས་པ་མེད་པ་ཐོབ་པ་ནི་དེ་ བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་(བྱ་བའི་ མིང་གིས་)བརྗོད་དོ། །ཞེས་གསུངས་པ་བཞིན་ནོ། ། 9-1-71 དེ་བཞིན་གཤེགས་པའི་ཁམས་གནས་སྐབས་གསུམ་པོ་དེ་དག་ཉིད་(རེ་རེ་ཡང་གནས་ སྐབས་)ཐམས་ཅད་དུ་(ཁྱབ་པར་ཀུན་ཏུ་)འགྲོ་བའི་དོན་ལས་བརྩམས་ཏེ་ཚིགས་སུ་ བཅད་པ། (དཔེ་)ཇི་ལྟར་རྟོག་མེད་བདག་ཉིད་ཅན། །ནམ་མཁའ་(ས་དང་ཟངས་དང་ གསེར་གྱི་སྣོད་)ཀུན་ཏུ་(ཁྱབ་པར་)རྗེས་སོང་ལྟར། །(ཐམས་ཅད་ཀྱི་)སེམས་ཀྱི་རང་ བཞིན་དྲི་མེད་དབྱིངས། །(གཅིག་པུ་དེ་ཉིད་ནམ་མཁའ་)དེ་བཞིན་(དུ་གནས་ སྐབས་)ཀུན་ཏུ་(ཁྱབ་པར་)འགྲོ་བ་ཉིད། ། (ཚིགས་བཅད་)འདིས་ཅི་བསྟན་ཞེ་ན། (སེམས་ཀྱི་རང་བཞིན་)དེ་(གང་ཟག་ཐམས་ ཅད་ཀྱི་)སྤྱིའི་མཚན་ཉིད་(ཡིན་པའི་ཕྱིར་)ཉེས་པ་དང་། །ཡོན་ཏན་(དང་ཡོན་ ཏན་)མཐར་ཐུག་(པ་ལ་)ཁྱབ་པ་སྟེ། །(དཔེར་ན་)གཟུགས་ཀྱི་རྣམ་པ་དམན་པ་(སའི་ སྣོད་)དང་། །བར་མ་(ཟངས་ཀྱི་སྣོད་དང་)མཆོག་(གསེར་གྱི་སྣོད་)ལ་ནམ་མཁའ་ བཞིན། །སོ་སོའི་སྐྱེ་བོ་དང་། འཕགས་པ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ རྣམས་ཀྱི་སེམས་ཀྱི་རང་བཞིན་རྣམ་པར་མི་རྟོག་པ་གང་ཡིན་པ་དེ་ནི་(གང་ཟག་ ཐམས་ཅད་ཀྱི་)སྤྱིའི་མཚན་ཉིད་ཡིན་པའི་ཕྱིར་ཉེས་པ་དང་ཡོན་ཏན་དང་། ཡོན་ཏན་ རྣམ་པར་དག་པའི་མཐར་ཐུག་པའི་གནས་སྐབས་གསུམ་གར་ཡང་(སོ་སྐྱེ་ལ་)རྗེས་སུ་ ཞུགས་པ། (འཕགས་པ་ལ་)རྗེས་སུ་སོང་བ་(སངས་རྒྱས་ལ་ཆོས་སྐུར་)མཚུངས་པ། (གསུམ་ག་ལ་ཡང་)དུས་ཐམས་ཅད་དུ་(ངོ་བོ་དང་ཡོན་ཏན་)ཁྱད་པར་མེད་པར་(ཁྱབ་ པར་)གྱུར་པ་སྟེ། གོ་རིམ་ཇི་ལྟ་བ་བཞིན་ས་དང་། ཟངས་དང་། གསེར་གྱི་སྣོད་ན་ནམ་ མཁའ་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་(ཆོས་སྐུའི་)གནས་སྐབས་(གསུམ་)བསྟན་པའི་དེ་མ་ ཐག་ཏུ། (ཤེས་བྱེད་ཀྱི་ལུང་ནི་)ཤཱ་རིའི་བུ་(དོན་གཅིག་ཉིད་གནས་སྐབས་གསུམ་དུ་མི་ གསུམ་གྱིས་)དེའི་ཕྱིར་ན་སེམས་ཅན་གྱི་ཁམས་(ཀྱི་རང་བཞིན་རྣམ་དག་)གཞན་ལ་ ཆོས་ཀྱི་སྐུ་(རང་བཞིན་གྱིས་དག་པ་)ཡང་(དེ་ལས་དོན་)གཞན་པ་ནི་མ་ཡིན་ཏེ། སེམས་ཅན་གྱི་ཁམས་(རང་བཞིན་དག་པ་)ཉིད་ཆོས་ཀྱི་སྐུ་(རང་བཞིན་དག་པ་)ཆོས་ ཀྱི་སྐུ་(རང་བཞིན་དག་པ་)ཉིད་སེམས་ཅན་གྱི་ཁམས་(རང་བཞིན་དག་པ་)ཏེ། (རང་ 9-1-72 བཞིན་དག་པ་)འདི་ནི་དོན་གྱི(སྒོ་ན)ས། གཉིས་སུ་མེད་དེ། (མིང་གི་)ཡི་གེ་ཙམ་ཐ་ དད་པ་ཡིན་ནོ། ། ཞེས་གསུངས་པ་ཡིན་ནོ། ། དེ་བཞིན་གཤེགས་པའི་ཁམས་(རང་བཞིན་རྣམ་དག་གི་)གནས་སྐབས་གསུམ་པོ་འདི་ (ངོ་བོ་གཅིག་པའི་སྒོ་ནས་གཅིག་ཉིད་མ་དག་གི་གནས་སྐབས་)ཐམས་ཅད་དུ་(རང་ བཞིན་རྣམ་དག་ཁྱད་མེད་དུ་ཁྱབ་པར་)སོང་བ་ཡིན་ཡང་དེའི་(གློ་བུར་གྱི་)ཀུན་ནས་ ཉོན་མོངས་པ་དང་རྣམ་པར་བྱང་བ་དག་གིས་(ངོ་བོའི་ཡོན་ཏན་རང་བཞིན་པ་)མི་ འགྱུར་བའི་དོན་ལས་བརྩམས་ཏེ་(མདོར་བསྟན་གྱི་ཚིགས་སུ་བཅད་པ་གཅིག་པུ་འདི་ མ་གཏོགས་པའི་)ཚིགས་སུ་བཅད་པ་བཅུ་བཞིའོ། །(ཚིགས་བཅད་གཅིག་པུ་)འདི་ནི་ (བཅུ་བཞི་པོ་)དེ་དག་གི །(བསྟན་རྒྱུ་རྣམས་མདོར་)བསྡུས་པའི་དོན་དུ་རིག་པར་བྱ་(བ་ འདི་ལྟ་)སྟེ། (མ་དག་པ་དང་མ་དག་དག་པའི་གནས་སྐབས་ན་)ཉེས་པ་གློ་བུར་ (བ་)དང་ལྡན་(པའི་ཕྱིར་ཤིན་ཏུ་རྣམ་པར་དག་པའི་གནས་སྐབས་ན་རྟག་བརྟན་ལ་ སོགས་པའི་)དང་། །ཡོན་ཏན་(དང་པོ་ནས་)རང་བཞིན་ཉིད་(དུ་)ལྡན་(པ་མངོན་དུ་ གྱུར་པའི་)ཕྱིར། །(རང་བཞིན་གྱི་ཡོན་ཏན་)ཇི་ལྟར་སྔར་བཞིན་ཕྱིས་(ཀྱང་)དེ་བཞིན(་ དུ)། །འགྱུར་བ་མེད་པའི་ཆོས་ཉིད་(དུ་ཡོད་)དོ། ། (ཇི་ལྟར་ནམ་མཁའ་ཀུན་སོང་བ། །ཞེས་པ་ནས། གློ་བུར་དྲི་མས་དེ་ཉོན་མོངས་མི་ འགྱུར། །ཞེས་པའི་བར་)ཚིགས་སུ་བཅད་པ་བཅུ་གཉིས་དང་། (སྐྱེ་འཆི་ན་དང་རྒ་བ་ ལས་གྲོལ་བ། །ཞེས་མདོར་བསྟན་པའི་ཚིགས་བཅད་)གཅིག་གིས་ནི་གོ་རིམ་བཞིན་དུ་མ་ དག་པའི་གནས་སྐབས་(གཞི་དུས་)དང་། མ་དག་པ་དང་དག་པའི་གནས་སྐབས་(ལམ་ དུས་)ན་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་དག་གློ་བུར་བ་དང་ལྡན་པའི་ཕྱིར་ དང་། (གཞན་འགྱུར་མིན་བདག་མི་ཟད་ཆོས་ལྡན་ཕྱིར། །ཞེས་མདོར་བསྟན་ པའི་)ཚིགས་སུ་བཅད་པ་བཅུ་བཞི་(པ་རྒྱས་བཤད་དང་བཅས་)པས་ནི་ཤིན་ཏུ་(ཡེ་ ནས་ལྷུན་གྲུབ་ཏུ་ཡོད་པའི་ཡོན་ཏན་རྣམས་རང་དང་)རྣམ་པར་དག་པའི་གནས་ སྐབས་ན་རྣམ་པར་དབྱེ་བ་མེད་ཅིང་བྲལ་མི་ཤེས་པ་བསམ་གྱིས་མི་ཁྱབ་པ་གང་གཱའི་ 9-1-73 ཀླུང་གི་(ཆུ་རྡུལ་གྱི་)བྱེ་མ་ལས་(ཡོན་ཏན་གྱི་རིགས་)འདས་པའི་སངས་རྒྱས་ཀྱི་(ཡོན་ ཏན་གྱི་)ཆོས་དང་རང་བཞིན་ཉིད་ཀྱིས་ལྡན་པའི་ཕྱིར་དེ་བཞིན་གཤེགས་པའི་(སྙིང་ པོའི་ཡོན་ཏན་གྱི་)ཁམས་(དུས་ནམ་ཡང་)ནམ་མཁའ་བཞིན་སྔ་མ་དང་(དྲི་བཅས་ཀྱི་ དུས་)དང་ཕྱི་མ(་རྣམ་པ)ར་(དག་པའི་དུས་ན་ཡང་)གཏན་འགྱུར་བ་མེད་པར་བསྟན་ ཏོ། ། (གནས་སྐབས་གསུམ་ཡོད་པ་)དེ་ལ་མ་དག་པའི་གནས་སྐབས་ན་(ངོ་བོ་ཡོན་ཏན་གྱི་ ཕུང་པོ་)འགྱུར་བ་མེད་པའི་མཚན་ཉིད་ལས་བརྩམས་པའི་ཚིགས་སུ་བཅད་པ་བཅུ་ གཉིས་གང་དག་ཅེ་ན། ཇི་ལྟར་ནམ་མཁའ་(དུས་གསུམ་)ཀུན་(ཏུ་ཁྱབ་པར་)སོང་བ(་ ཡིན་ཡང་)། །ཕྲ་(ཞིང་རེག་ཏུ་མེད་པའི་)ཕྱིར་(སྤྲིན་དང་རྡུལ་སོགས་ཀྱིས་)ཉེ་བར་གོས་ (ཤིང་ངོ་བོ་བསླད་དུ་)པ་མེད། །(དཔེ་)དེ་བཞིན་སེམས་ཅན་ཐམས་ཅད་ལ། །(ཁྱབ་པར་ སོང་ཡང་)གནས་འདི་(སྐྱོན་གྱིས་)ཉེ་བར་གོས་པ་མེད། །(དཔེ་)ཇི་ལྟར་(སྣོད་ ཀྱི་)འཇིག་རྟེན་(འཆགས་པ་གནས་པ་འཇིག་པའི་དུས་)ཐམས་ཅད་དུ། །ནམ་མཁའ་ལ་ ནི་སྐྱེ་ཞིང་འཇིག །དེ་བཞིན་འདུས་མ་བྱས་(ཀྱི་ཆོས་)དབྱིངས་ལ། །(བཅུད་སེམས་ཅན་ གྱི་)དབང་པོ་རྣམས་ནི་སྐྱེ་ཞིང་འཇིག །(ཡང་)ཇི་ལྟར་ནམ་མཁའ་(དམྱལ་བ་ཐ་མལ་ གྱི་)མེ་རྣམས་ཀྱིས། །སྔོན་ཆད་ནམ་ཡང་ཚིག་པ་མེད། །དེ་བཞིན་(སེམས་ཀྱི་རང་བཞིན་ འོད་གསལ་)འདི་ནི་འཆི་བ་དང་། །ན་དང་རྒ་བའི་མེས་མི་འཚིག །(ཡང་སྣོད་ཀྱི་འཇིག་ རྟེན་འཆགས་པའི་ཚེ་)ས་ནི་ཆུ་ལ་(གནས་)ཆུ་རླུང་ལ(་གནས)། །རླུང་ནི་མཁའ་ལ་རབ་ ཏུ་གནས(་ཀྱང་)། །(ནམ་)མཁའ་ནི་རླུང་དང་ཆུ་དག་དང་། །ས་ཡི་ཁམས་ལ་གནས་མ་ ཡིན། །(དཔེ་)དེ་བཞིན་ཕུང་པོ་(དང་)ཁམས་(དང་)དབང་(པོ་)རྣམས། །ལས་དང་ཉོན་ མོངས་དག་ལ་གནས། །ལས་དང་ཉོན་མོངས་(ཡང་དག་པ་ནི་)ཚུལ་བཞིན་(ཏེ་ དེ་)མིན། །(ས་ཕྱིན་ཅི་ལོག་)ཡིད་ལ་བྱེད་(པ་)ལ་རྟག་ཏུ་གནས། །ཚུལ་བཞིན་མ་ཡིན་ ཡིད་བྱེད་ནི། །སེམས་ཀྱི་དག་པ་(ཆོས་ཉིད་)ལ་རབ་(ཏུ་)གནས(་ཀྱང་)། །སེམས་ཀྱི་རང་ བཞིན་(གྱི་)ཆོས་རྣམས་ནི། །(ཕུང་པོ་སོགས་འདུས་བྱས་)ཐམས་ཅད་ཡང་གནས་པ་ 9-1-74 མེད(་དོ)། །(དེ་གཉིས་རྒྱས་པར་བཤད་པ་)ས་དང་འདྲ་བར་ཕུང་པོ་དང་། །སྐྱེད་མཆེད་ ཁམས་རྣམས་ཤེས་པར་བྱ། །ཆུ་ཁམས་དང་འདྲར་ལུས་ཅན་གྱི། །(ལུས་ངག་སེམས་ ཀྱི་)ལས་དང་(ཆགས་སོགས་ཀྱི་)ཉོན་མོངས་ཤེས་བྱ་སྟེ། །ཚུལ་བཞིན་མ་ཡིན་ཡིད་བྱེད་ ནི། །རླུང་གི་ཁམས་དང་འདྲ་བར་བལྟ། །(སེམས་ཀྱི་)རང་བཞིན་ནམ་མཁའི་ཁམས་ བཞིན་དུ། །(རང་བཞིན་)དེ་(དངོས་པོའི་)གཞི་ཅན་མིན་(ཏེ་དངོས་པོར་)གནས་པ་ མེད(་པའི་ཕྱིར་རོ)། །ཚུལ་བཞིན་མ་ཡིན་ཡིད་བྱེད་ནི། །སེམས་ཀྱི་རང་བཞིན་ལ་གནས་ ཏེ། །ཚུལ་བཞིན་མ་ཡིན་ཡིད་བྱེད་(རླུང་དང་འདྲ་བ་ཉིད་)ཀྱིས། །(ལས་ཉོན་སྐྱེད་ ཅིང་)ལས་དང་ཉོན་མོངས་རབ་ཏུ་ཕྱེ། །ལས་དང་ཉོན་མོངས་ཆུ་(དང་འདྲ་བ་དེ་)ལས་ ནི། །ཕུང་པོ་སྐྱེ་མཆེད་ཁམས་(ས་དང་འདྲ་བ་)རྣམས་བྱུང་། །(ནམ་མཁའ་ལ་རླུང་ཆུ་ ས་)དེ་(རྣམས་)འཇིག་པ་དང་ཆགས་པ་ལྟར། །(སེམས་ཀྱི་རང་བཞིན་ལ་ཚུལ་མིན་ཡིད་ བྱེད་སོགས་)སྐྱེ་དང་འཇིག་པར་འགྱུར་བ་ཡིན(་ཀྱང་)། །སེམས་ཀྱི་རང་བཞིན་(ནི་ དཔེར་ན་)ནམ་མཁའ་ཡི། །ཁམས་ལྟར་(འདུས་མ་བྱས་ཡིན་པའི་ཕྱིར་)རྒྱུ་མེད་རྐྱེན་ མེད་དེ། །(རྒྱུ་རྐྱེན་)ཚོགས་པ་མེད་ཅིང་སྐྱེ་བ་དང་། །འཇིག་དང་གནས་པ་ཡོད་མ་ ཡིན། །སེམས་ཀྱི་རང་བཞིན་(གདོད་ནས་)འོད་གསལ་གང་ཡིན་པ། །(རང་བཞིན་གྱི་ སེམས་)དེ་ནི་ནམ་མཁའ་བཞིན་དུ་(ཡོན་ཏན་ལས་)འགྱུར་(བ་)མེད་དེ། །ཡང་དག་ (པ་)མིན་རྟོག་(པ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་)ལས་བྱུང་(བའི་)འདོད་ ཆགས་སོགས(་ཀྱི)། །གློ་བུར་དྲི་མས་(སེམས་)དེ(འི་ངོ་བོ་)ཉོན་མོངས་(ཤིང་བསླད་ པར་)མི་འགྱུར(་རོ)། ། (དཔེ་)ཇི་ལྟར་ནམ་མཁའི་དཔེ་འདིས་མ་དག་པའི་གནས་སྐབས་ན་(རང་བཞིན་གྱི་ ཡོན་ཏན་)དེ་བཞིན་གཤེགས་པའི་སྙིང་པོ་(སྐྱོན་དུ་)རྣམ་པར་འགྱུར་བ་མེད་པའི་ཆོས་ ཉིད་དུ་བསྟན་པ་དེ(འི་རྒྱུ་མཚན་)བརྗོད་པ་ནི། ལས་དང་ཉོན་མོངས་(དང་འདྲ་ བའི་)ཆུ་ཚོགས་ཀྱིས། །(སེམས་ཅན་གྱི་རང་བཞིན་)འདི་ནི་(དང་པོར་)མངོན་པར་གྲུབ་ (ཅིང་སྐྱེ་བ་)མིན་ཏེ། །འཆི་དང་ན་དང་རྒ་བའི་མེ། །མི་བཟད་པས་ཀྱང་(མཐར་)ཚིག་ 9-1-75 (ཅིང་འཇིག་པར་ཡང་)མི་འགྱུར(་བའི་ཕྱིར་རོ)། །ཇི་ལྟར་ཚུལ་བཞིན་མ་ཡིན་པ་ཡིད་ ལ་བྱེད་པའི་(དཔེ་)རླུང་གི་དཀྱིལ་འཁོར་ལས་བྱུང་བ་ལས་དང་ཉོན་མོངས་པའི་ (དཔེ་)ཆུ་ལ་བརྟེན་ནས། ཕུང་པོ་དང་ཁམས་དང་སྐྱེད་མཆེད་ཀྱི་འཇིག་རྟེན་(པ་དང་ འདྲ་བ་)སྐྱེས་པས་(འདུས་བྱས་ཀྱི་)སེམས་ཀྱི་རང་བཞིན་མ་ཡིན་པ(་འོད་གསལ་བ)འི་ (དཔེ་)ནམ་མཁའ་ཆགས་པར་འགྱུར་བ་མ་ཡིན་པ་དེ་བཞིན་དུ། ཚུལ་བཞིན་མ་ཡིན་པ་ ཡིད་ལ་བྱེད་པ་དང་། ལས་དང་ཉོན་མོངས་པའི་(དཔེ་)རླུང་དང་ཆུའི་ཕུང་པོ་ལ་གནས་ པ་(སའི་དཔེས་བསྟན་པའི་)ཕུང་པོ་དང་། ཁམས་དང་། སྐྱེད་མཆེད་ཀྱི་འཇིག་རྟེན་ འཇིག་པར་བྱེད་པ་འཆི་བ་དང་ན་བ་དང་རྒ་བའི་ཚོགས་སྐྱེས་པས་ཀྱང་(བདེ་གཤེགས་ སྙིང་པོ་)དེ་ནི་མི་འཇིག་པར་རིག་པར་བྱའོ། ། དེ་ལྟར་མ་དག་པའི་གནས་སྐབས་ན་སྣོད་ ཀྱི་འཇིག་རྟེན་བཞིན་དུ་ཉོན་མོངས་པ་དང་། ལས་དང་སྐྱེ་བའི་ཀུན་ནས་ཉོན་མོངས་པ་ མཐའ་དག་སྐྱེ་བ་དང་འཇིག་ཀྱང་(རྒྱུ་རྐྱེན་གྱིས་)འདུས་མ་བྱས་པ་དེ་བཞིན་གཤེགས་ པའི་སྙིང་པོ་ནི་ནམ་མཁའ་བཞིན་དུ་(དང་པོ་)སྐྱེ་བ་མེད་(ལ་བར་དུ་གནས་པ་ མེད་)ཅིང་(མཐར་)འགག་པ་མེད་པ་(ཡོན་ཏན་གྱི་རང་བཞིན་ལས་)ཤིན་ཏུ་མི་འགྱུར་ བའི་ཆོས་ཉིད་དུ་བསྟན་པ་ཡིན་ནོ། །རང་བཞིན་གྱིས་རྣམ་པར་དག་པའི་སྒོའི་ཆོས་སྣང་ བའི་སྒོ་ལས་བརྩམས་པ་ནམ་མཁའི་དཔེ་འདི་རྒྱས་པར་ནི་མདོ་ཇི་ལྟ་བ་བཞིན་རྟོགས་ པར་བྱ་སྟེ། (ཞུ་བ་པོ་མ་གཏོགས་པ་ནམ་མཁའ་མཛོད་ཀྱི་མདོ་ནའང་འདི་ཉིད་ཡོད་དོ། །)དྲང་སྲོང་ཆེན་པོ་(གློ་བུར་བའི་)ཉོན་མོངས་པ་(ཀུན་གཞི་རྣམ་ཤེས་)ནི་(མ་རིག་ པའི་)མུན་པ། (རང་བཞིན་)རྣམ་པར་དག་པ་(ཀུན་གཞི་ཡེ་ཤེས་)ནི་སྣང་བའོ། །ཉོན་ མོངས་པ་ནི་(ལྷག་མཐོང་ལས་)སྟོབས་ཆུང་བ། ལྷག་མཐོང་ནི་སྟོབས་དང་ལྡན་པའོ། ། ཉོན་མོངས་པ་ནི་གློ་བུར་བ། རང་བཞིན་གྱིས་རྣམ་པར་དག་པ་ནི་(ཆོས་ཐམས་ཅད་ ཀྱི་)རྩ་བ(གནས་བརྟན་ཡིན་པ)འོ། །ཉོན་མོངས་པ་ནི་(ཚུལ་བཞིན་མ་ཡིན་པའི་རྟོག་ པས་)ཀུན་ཏུ་(སྒྲོ་)བརྟགས་པ། རང་བཞིན་ནི་ཀུན་ཏུ་(སྒྲོ་)མ་བརྟགས་པའོ། །དྲང་སྲོང་ ཆེན་པོ་འདི་ལྟ་སྟེ། (སྣོད་ཀྱི་འཇིག་རྟེན་འཆགས་པའི་ཚེ་)ས་ཆེན་པོ་འདི་ནི་ཆུ་ལ་རབ་ 9-1-76 ཏུ་གནས་པ། ཆུ་ནི་རླུང་ལ་རབ་ཏུ་གནས་པ། རླུང་ནི་མཁའ་ལ་རབ་ཏུ་གནས་པ་ཡིན་ལ། ནམ་མཁའ་ནི་(དེ་རྣམས་ལ་)གནས་པ་མེད་པའོ། །དེ་བཞིན་དུ་(ས་ཆུ་རླུང་ནམ་ མཁའི་)ཁམས་བཞི་པོ་འདི་རྣམས་ལས། སའི་ཁམས་དང་། ཆུའི་ཁམས་དང་། རླུང་གི་ ཁམས་སས་ནི་ནམ་མཁའི་ཁམས་ཉིད་སྟོབས་དང་ལྡན་པ་བརྟན་པ་མི་གཡོ་བ་འགྲིབ་ པ་མེད་པ་སྐྱེ་བ་མེད་པ་འགག་པ་མེད་པ་སྟེ། རང་གི་ངང་གིས་གནས་པའོ། །དེ་ལ་(ས་ ཆུ་རླུང་གི་)ཁམས་གསུམ་པོ་གང་ཡིན་པ་དེ་དག་ནི་(དང་པོ་)སྐྱེ་བ་དང་ (མཐར་)འཇིག་པ་དང་ལྡན་པ་(ངོ་བོ་ཉིད་ཀྱིས་)མི་གནས་པ་(རྒྱུན་ཡང་)ཡུན་རིང་དུ་ མི་གནས་པ་སྟེ། འདི་དག་ལ་ནི་རྣམ་པར་འགྱུར་བ་ཡོད་ཀྱི་ནམ་མཁའི་ཁམས་ལ་ནི་ རྣམ་པར་འགྱུར་བ་འགའ་ཡང་མེད་དོ། །དེ་བཞིན་དུ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ དག་ནི་ལས་དང་ཉོན་མོངས་པ་ལ་རབ་ཏུ་གནས་པའོ། །ལས་དང་ཉོན་མོངས་པ་ནི་ ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལ་རབ་ཏུ་གནས་པ། ཚུལ་བཞིན་མ་ཡིན་པ་ཡིད་ ལ་བྱེད་པ་ནི་རང་བཞིན་གྱིས་ཡོངས་སུ་དག་པ(འི་སེམས་)ལ་རབ་ཏུ་གནས་པ་སྟེ། དེས་ ན་སེམས་ཀྱི་རང་བཞིན་(འདུས་མ་བྱས་ཤིང་)འོད་གསལ་བ་སྟེ། གློ་བུར་གྱི་ཉེ་བའི་ཉོན་ མོངས་པས་ཉོན་མ་མོངས་པའོ། །ཞེས་བརྗོད་དོ། །དེ་ལ་ཚུལ་བཞིན་མ་ཡིན་པ་ཡིད་ལ་ བྱེད་པ་གང་ཡིན་པ་དང་། ལས་དང་ཉོན་མོངས་པ་གང་ཡིན་པ་དང་། ཕུང་པོ་དང་ ཁམས་དང་སྐྱེ་མཆེད་གང་ཡིན་པའི་ཆོས་འདི་མཐའ་དག་ནི་རྒྱུ་རྐྱེན་གྱིས་བསྡུས་པས་ སྐྱེ་བ། རྒྱུ་རྐྱེན་དང་བྲལ་ན་འགག་པར་འགྱུར་གྱི། རང་བཞིན་(འོད་གསལ་གྱི་ཡོན་ ཏན་)གང་ཡིན་པ་དེ་ནི་རྒྱུ་མེད་པ་རྐྱེན་མེད་པ་(རྒྱུ་རྐྱེན་)ཚོགས་པ་མེད་པ་(ཚོགས་ ནས་)སྐྱེ་བ་མེད་པ་(རྒྱུ་རྐྱེན་དང་བྲལ་བས་)འགག་པ་མེད་པའོ། །དེ་ལ་ནམ་མཁའི་ ཁམས་ཇི་ལྟ་བ་དེ་ལྟར་ནི་(ཡོན་ཏན་གྱི་)རང་བཞིན་(གྱི་སེམས་ཡིན་)ནོ། །རླུང་གི་ ཁམས་ཇི་ལྟ་བ་དེ་ལྟར་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའོ། །ཆུའི་ཁམས་ཇི་ལྟ་ བ་དེ་ལྟར་ནི་ལས་དང་ཉོན་མོངས་པའོ། །སའི་ཁམས་ཇི་ལྟ་བ་དེ་ལྟར་ནི་ཕུང་པོ་དང་སྐྱེ་ མཆེད་དང་ཁམས་རྣམས་སོ། །དེས་ན་(འདུས་བྱས་ཀྱི་)ཆོས་ཐམས་ཅད་ནི་(བརྟན་ 9-1-77 པའི་)རྩ་བ་ཡོངས་སུ་ཆད་པ་སྟེ། (སྙིང་རྗེའི་)སྙིང་པོ་མེད་པའི་རྩ་བ་ཅན། མི་གནས་ པའི་རྩ་བ་ཅན། (རང་རང་ངོ་བོས་)དག་པའི་རྩ་བ་ཅན། (རྟག་པའི་)རྩ་བ་མེད་པའི་རྩ་ བ་ཅན་(ཀུན་གཞི་རྣམ་ཤེས་ཡིན་)ནོ། །ཞེས་བརྗོད་དོ། །ཞེའོ། །མ་དག་པའི་གནས་སྐབས་ ན་འགྱུར་བ་མེད་པའི་མཚན་ཉིད་ལས་བརྩམས་ཏེ། རང་བཞིན་ནམ་མཁའ་དང་ཆོས་ མཚུངས་པ་དང་། དེ་ལ་(ཆུ་ལ་རྙོག་མ་བཞིན་དུ་)བརྟེན་པ་ཚུལ་བཞིན་མ་ཡིན་པ་ཡིད་ ལ་བྱེད་པ་དང་། ལས་དང་ཉོན་མོངས་པ་རྣམས་རྒྱུའི་མཚན་ཉིད་ལས་བརྩམས་ནས། རླུང་གི་ཁམས་དང་ཆོས་མཚུངས་པ་དང་། ཆུའི་ཁམས་དང་ཆོས་མཚུངས་པ་དང་། དེ་ ལས་བྱུང་བའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམ་པར་སྨིན་པའི་མཚན་ཉིད་ལས་ བརྩམས་ཏེ། སའི་ཁམས་དང་ཆོས་མཚུངས་པ་ནི་བཤད་ཟིན་ཏོ། ། (རྣམ་སྨིན་གྱི་ཕུང་པོ་)དེ་འཇིག་པའི་རྒྱུ་འཆི་བ་དང་ན་བ་དང་རྒ་བའི་མེ་འགོ་ནད་ཀྱི་ མཚན་ཉིད་ལས་བརྩམས་ཏེ། མེའི་ཁམས་དང་ཆོས་མཚུངས་པ་ནི་མ་བཤད་པས་ན་དེ་ བརྗོད་པ། དུས་མཐའ(འི་མེ་དང་)དམྱལ་བ་ཐ་མལ་པའི། །མེ་གསུམ་(དང་འདྲ་ བའི་)འཆི་དང་ན་བ་དང་། །རྒ་བའི་མེ་གསུམ་རིམ་བཞིན་དུ། །དེ་དང་འདྲ་བར་ཤེས་ པར་བྱ། །འཆི་བ་དང་། ན་བ་དང་། རྒ་བ་རྣམས་ནི་གོ་རིམ་བཞིན་དུ་རྒྱུ་(མཚན་)གསུམ་ གྱིས་མེ་(གསུམ་)དང་འདྲ་བར་རིག་པར་བྱ་སྟེ། (འཆི་བའི་མེས་)སྐྱེ་མཆེད་དྲུག་བདག་ གི་བ་(དབང་པོ་རྣམས་)མེད་པར་བྱེད་པ་དང་། (ན་བའི་མེས་)སྡུག་བསྔལ་སྣ་ཚོགས་ མྱོང་བར་བྱེད་པ་དང་། (རྒ་བའི་མེས་)འདུ་བྱེད་ཡོངས་སུ་སྨིན་པར་བྱེད་པའི་ཕྱིར་ རོ། །དེ་བཞིན་གཤེགས་པའི་ཁམས་མ་དག་པའི་གནས་སྐབས་ན་ཡང་། འཆི་བ་དང་ན་ བ་དང་རྒ་བའི་མེ་གསུམ་པོ་འདི་དག་གིས་(འཇིག་པ་དང་ན་བ་དང་སྨིན་པར་)མི་ འགྱུར་བ་ཉིད་ལས་བརྩམས་ཏེ། འདི་སྐད་ཅེས་བཅོམ་ལྡན་འདས་འཆི་བ་ཞེས་བགྱི་བ་ དང་སྐྱེ་བ་ཞེས་བགྱི་བ་(གློ་བུར་དྲི་མའི་སྒོས་ཆོས་རྨི་ལམ་ལྟ་བུ་)འདི་ནི་(འཁྲུལ་སྣང་ ཡིན་པས་)འཇིག་རྟེན་གྱི་ཐ་སྙད་(ཀུན་རྫོབ་པ་ཉིད་)དོ། །བཅོམ་ལྡན་འདས་(འདུས་ བྱས་ཀྱི་སྐྱོན་)འཆི་བ་ཞེས་བགྱི་བ་འདི་ནི་དབང་པོ་(ཐམས་ཅད་)འགགས་པའོ། །བཅོམ་ 9-1-78 ལྡན་འདས་སྐྱེ་བ་ཞེས་བགྱི་བ་འདི་ནི་དབང་པོ་གསར་པ་རྣམས་ཐོབ་པའོ། །བཅོམ་ལྡན་ འདས་དེ་བཞིན་གཤེགས་པའི་སྙིང་པོ་འདི་ནི་(འདུས་བྱས་བཞིན་དུ་)སྐྱེ་བའམ། རྒ་ བའམ། འཆི་བའམ། འཆི་འཕོ་བ་དང་སྐྱེ་བ་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་ནི་འདུས་བྱས་ཀྱི་མཚན་ཉིད་ཀྱི་ཡུལ་ལས་ འདས་པ་སྟེ། (སྐྱེ་བ་མེད་པས་)རྟག་པ་(འཆི་བ་མེད་པས་)བརྟན་པ་(ན་བ་མེད་པས་ གནོད་པ་)ཞི་བ་(རྒ་བ་མེད་པས་)གཡུང་དྲུང་ངོ་། །ཞེས་གསུངས་སོ། ། དེ་ལ་མ་དག་པ་དང་དག་པའི་གནས་སྐབས་ན་འགྱུར་བ་མེད་པ་ལས་བརྩམས་ཏེ་ (མདོར་བསྟན་པའི་)ཚིགས་སུ་བཅད་པ། སྐྱེ་འཆི་ན་དང་རྒ་བ་ལས་གྲོལ་བ། །(དེ་བཞིན་ གཤེགས་པའི་སྙིང་པོ་)འདི་ཡི་རང་བཞིན་(རྟག་བརྟན་ཞི་བ་གཡུང་དྲུང་)ཇི་བཞིན་ ཉིད་(མངོན་སུམ་དུ་)རྟོགས་ཏེ། །(ལས་ཉོན་གྱི་དབང་གིས་)སྐྱེ་(འཆི་)སོགས་ (ཀྱི་)ཕོངས་དང་བྲལ་ཡང་(བརྩེ་བ་)དེ་ཡི་རྒྱུས། །བློ་ལྡན་འགྲོ་ལ་སྙིང་རྗེ་བསྐྱེད་ཕྱིར་ (བསམ་བཞིན་དུ་སྐྱེ་བ་སོགས་)བསྟེན། །འདིས་ཅི་བསྟན་ཞེ་ན(་རྒྱས་པར་བཤད་པ)། (བྱང་སེམས་)འཕགས་པས་འཆི་དང་ན་བ་དང་། །རྒ་བའི་སྡུག་བསྔལ་རྩ་ནས་ སྤངས། །ལས་དང་ཉོན་མོངས་དབང་གིས་(རང་དབང་མེད་པར་)སྐྱེ། །(བྱང་སེམས་)དེ་ ལ་(དབང་མེད་དུ་སྐྱེ་བའི་)དེ་མེད་(པའི་)ཕྱིར་(སྡུག་བསྔལ་)དེ་(དག་)མེད(་དོ)། །མ་ དག་པའི་གནས་སྐབས་ཀྱི་འཆི་བ་དང་། ན་བ་དང་རྒ་བའི་མེ་འདིའི་བུད་ཤིང་ལྟ་བུའི་ ཉེ་བར་ལེན་པ་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང་། ལས་དང་ཉོན་མོངས་པ་ སྔོན་དུ་འགྲོ་བ་ཅན་གྱི་སྐྱེ་བ་ཡིན་ཏེ། མ་དག་པ་དང་དག་པའི་གནས་སྐབས་ན་ཡིད་ཀྱི་ རང་བཞིན་གྱི་ལུས་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་(ཁམས་)གང་ཞིག་(སྐྱེ་ འཆི་སོགས་)ཤིན་ཏུ་སྣང་བ་མེད་པར་གྱུར་པས། (དེ་ལས་)གཅིག་ཤོས་ཀྱི་(སྡུག་བསྔལ་ གྱི་མི་སྐྱེ་རྒ་ན་འཆི་)གཏན་(ནས་)འབར་བ་མེད་པར་གཏོགས་པའོ། །(སྐྱེ་འཆི་མེད་པའི་ ཆོས་ཉིད་རྟག་བརྟན་ཞི་བ་གཡུང་དྲུང་)ཇི་བཞིན་ཡང་དག་མཐོང་བའི་ཕྱིར། །སྐྱེ་ སོགས་རྣམས་ལས་འདས་གྱུར་ཀྱང་། །(འགྲོ་ལ་)སྙིང་རྗེའི་བདག་ཉིད་(བྱང་ཆུབ་སེམས་ 9-1-79 དཔའ་ནི་)སྐྱེ་བ་དང་། །འཆི་དང་རྒ་དང་ན་བར་(ཡང་)སྟོན། །བྱང་ཆུབ་སེམས་དཔའ་ རྣམས་ནི་དགེ་བའི་རྩ་བ་(སྣ་ཚོགས་སྒྲུབ་པ་ལ་ཁམས་གསུམ་དུ་)ཀུན་ཏུ་སྦྱོར་བ་ཅན་ཏེ། བསམ་བཞིན་དུ་སྐྱེ་བ་ལ་དབང་བ་ཉིད་ལ་བརྟེན་ནས། སྙིང་རྗེས་ཁམས་གསུམ་དུ་ཡང་ དག་པར་སྦྱོར་རོ། །སྐྱེ་བ་ཡང་ཉེ་བར་སྟོན་ལ། རྒ་བ་དང་། ན་བ་དང་། འཆི་བ་ཡང་ཉེ་ བར་སྟོན་ཏོ། །དེ་དག་ལ་(རང་དབང་མེད་པར་)སྐྱེ་བ་ལ་སོགས་པའི་ཆོས་འདི་དག་ ཀྱང་མེད་དེ། ཁམས་དེ་ཉིད་སྐྱེ་བ་མེད་པ་དང་འབྱུང་བ་མེད་པ་(རྟག་བརྟན་ཞི་བ་ གཡུང་དྲུང་) ཡང་དག་པ་ཇི་ལྟ་བ་བཞིན་མཐོང་བའི་ཕྱིར་རོ། ། བྱང་ཆུབ་སེམས་དཔའི་གནས་སྐབས་འདི་རྒྱས་པར་ནི་(བློ་གྲོས་རྒྱ་མཚོས་ཞུས་ པའི་)མདོ་ཇི་ལྟ་བ་བཞིན་ཤེས་པར་བྱ་སྟེ། དེ་སྐད་དུ། (བྱང་སེམས་)དེ་དག་གི་འཁོར་ བའི་རྒྱུན་དགེ་བའི་རྩ་བ་དང་མཚུངས་པར་ལྡན་པའི་ཉོན་མོངས་པ་གང་ཞེ་ན། (བརྒྱད་ཡོད་པ་)འདི་ལྟ་སྟེ། བསོད་ནམས་ཀྱི་ཚོགས་ཡོངས་སུ་ཚོལ་བས་མི་ངོམས་པ་ དང་། བསམ་བཞིན་དུ་སྲིད་པར་སྐྱེ་བ་ཡོངས་སུ་འཛིན་པ་དང་། སངས་རྒྱས་དང་ཕྲད་ པ་དོན་དུ་གཉེར་བ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་མི་སྐྱོ་བ་དང་། དམ་པའི་ཆོས་འཛིན་པ་ལ་བརྩོན་པ་དང་། སེམས་ཅན་གྱི་བྱ་བ་ཅི་ཡོད་པ་ལ་འགྲུས་པ་ དང་། ཆོས་ལ་ཆགས་པའི་བསམ་པ་དང་མ་བྲལ་བ་དང་། ཕ་རོལ་ཏུ་ཕྱིན་པའི་ཀུན་ཏུ་ སྦྱོར་བ་རྣམས་མི་འདོར་བ་སྟེ། བློ་གྲོས་རྒྱ་མཚོ་(སྐྱེ་བའི་རྒྱུ་)གང་དག་གིས་བྱང་ཆུབ་ སེམས་དཔའ་(སྲིད་པར་)ཀུན་ཏུ་སྦྱོར་བར་བྱེད་ཀྱང་། (རང་ལ་)ཉོན་མོངས་པའི་སྐྱོན་ གྱིས་མི་གོས་པ། དགེ་བའི་རྩ་བ་དང་མཚུངས་པར་ལྡན་པའི་ཉོན་མོངས་པ་ནི་འདི་དག་ གོ ། ཡང་གསོལ་པ། བཅོམ་ལྡན་འདས་གང་གི་ཚེ་དགེ་བའི་རྩ་བ་ལགས་ན། དེ་རྒྱུ་ཅིའི་སླད་ དུ། ཉོན་མོངས་པ་ཞེས་བགྱི། བཀའ་སྩལ་པ། བློ་གྲོས་རྒྱ་མཚོ་འདི་ལྟར་(དགེ་བ་)དེ་ལྟ་ བུའི་རང་བཞིན་གྱི་ཉོན་མོངས་པ་འདི་དག་གིས་བྱང་ཆུབ་སེམས་དཔའ་ཁམས་གསུམ་ པར་ཀུན་ཏུ་སྦྱོར་ལ་ཁམས་གསུམ་པ་ཡང་ཉོན་མོངས་པ་ལས་བྱུང་བ་ཡིན་ནོ། །དེ་ལ་ 9-1-80 བྱང་ཆུབ་སེམས་དཔའ་ནི་(སྲིད་པར་སྐྱེ་བའི་)ཐབས་ལ་མཁས་པ་དང་དགེ་བའི་རྩ་ བའི་སྟོབས་བསྐྱེད་པས་བསམ་བཞིན་དུ་ཁམས་གསུམ་དུ་ཀུན་ཏུ་སྦྱོར་ཏེ། དེས་ན་དགེ་ བའི་རྩ་བ་དང་མཚུངས་པར་ལྡན་པའི་ཉོན་མོངས་པ་ཞེས་བྱ་(མིང་དེ་སྐད་)བྱའོ། །ཇི་ སྲིད་ཁམས་གསུམ་པར་ཀུན་ཏུ་སྦྱོར་བས་(ཉོན་མོངས་པ་ཞེས་མིང་བཏགས་པ་)ཡིན་གྱི་ (རང་གི་)སེམས་ཉེ་བར་ཉོན་མོངས་པས་ནི་མ་ཡིན་ནོ། །བློ་གྲོས་རྒྱ་མཚོ་དཔེར་ན་(བྱང་ ཆུབ་སེམས་དཔའི་དཔེ་)ཚོང་དཔོན་ནམ་ཁྱིམ་བདག་ཅིག་ལ་(སེམས་ཅན་གྱི་དཔེ་)བུ་ གཅིག་པ་འདོད་པ་སྡུག་པ་ཕངས་པ་ཡིད་དུ་འོང་བ་མཐོང་ན་མི་མཐུན་པ་མེད་པ་ཞིག་ ཡོད་ལ། ཁྱེའུ་དེ་ཡང་བྱིས་པར་གྱུར་པས་གར་བྱེད་པ་ན་(འཁོར་བའི་དཔེ་)མི་གཙང་ བའི་དོང་དུ་ལྷུང་པར་གྱུར་ཏོ། །དེ་ནས་(ཉན་རང་གི་དཔེ་)ཁྱེའུ་དེའི་མ་དང་གཉེན་ གྱིས་ཁྱེའུ་དེ་མི་གཙང་བའི་དོང་དུ་ལྷུང་བ་དེ་མཐོང་ལ་མཐོང་ནས་ཀྱང་ཆོ་ངེ་ཆེན་ པོས་འདེབས་ཤིང་མྱ་ངན་བྱེད་ལ་སྨྲེ་སྔགས་འདོན་ཞིང་། (འཁོར་བར་སྐྱེ་བ་འཛིན་མི་ ནུས་པའི་དཔེ་)མི་གཙང་བའི་དོང་དེར་ཞུགས་ཏེ། ཁྱེའུ་དེ་འདོན་པར་ནི་མི་བྱེད་ དོ། །དེ་ནས་(བསམ་བཞིན་དུ་སྐྱེ་བ་འཛིན་ནུས་པའི་དཔེ་)ཁྱེའུ་དེའི་ཕ་ཕྱོགས་དེར་སོང་ སྟེ། དེས་བུ་གཅིག་པོ་དེ་མི་གཙང་བའི་དོང་དུ་ལྷུང་བ་མཐོང་ངོ་། །མཐོང་ནས་ཀྱང་ རིངས་པ་རིངས་པར་བཏབས་པའི་ཚུལ་གྱིས་བུ་གཅིག་པོ་འདོན་པར་འདོད་པའི་སྲེད་ པས་བྱ་སྟེ། སྐྱུག་བྲོ་བ་མེད་པར་མི་གཙང་བའི་གནས་དེར་བབས་ཏེ། བུ་གཅིག་པོ་དེ་ ཕྱུང་བར་གྱུར་ཏོ། །བློ་གྲོས་རྒྱ་མཚོ་དེ་ལྟར་ན་འདི་ནི་ཇི་སྲིད་དོན་དེ་ཤེས་པར་བྱ་བའི་ ཕྱིར་དཔེར་བྱས་པའོ། །དོན་གང་ཡིན་པར་ལྟ་ཞེ་ན། བློ་གྲོས་རྒྱ་མཚོ་མི་གཙང་བའི་དོང་ ཞེས་བྱ་བ(འི་དཔེས་བསྟན་པའི་དོན་)འདི་ནི་ཁམས་གསུམ་པའི་ཚིག་བླ་དྭགས་སོ། །བུ་ གཅིག་པ་ཞེས་བྱ་བ(འི་དཔེས་བསྟན་པའི་དོན་)འདི་ནི་སེམས་ཅན་རྣམས་ཀྱི་ཚིག་བླ་ དྭགས་ཏེ། བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ཐམས་ཅད་ལ་བུ་གཅིག་པའི་འདུ་ ཤེས་ཀྱིས་ཉེ་བར་གནས་པར་འགྱུར་རོ། །མ་དང་གཉེན་བཤེས་ཞེས་བྱ་བ(འི་དཔེས་ བསྟན་པའི་དོན་)འདི་ནི་གང་དག་འཁོར་བར་ལྟུང་བའི་སེམས་ཅན་མཐོང་ནས་མྱ་ 9-1-81 ངན་བྱེད་ཅིང་སྨྲེ་སྔགས་འདོན་གྱི། འདོན་པར་ནུས་པ་མེད་པ་ཉན་ཐོས་དང་རང་ སངས་རྒྱས་ཀྱི་ཐེག་པ་པའི་གང་ཟག་རྣམས་ཀྱི་ཚིག་བླ་དྭགས་སོ། །ཚོང་དཔོན་ནམ་ཁྱིམ་ བདག་ཅེས་བྱ་བ(འི་དཔེས་བསྟན་པའི་དོན་)འདི་ནི་གང་ཞིག་(ལུས་ལ་མ་ཆགས་ པས་)གཙང་བ། (ངག་བདེན་པས་)དྲི་མ་མེད་པ་(གཡོ་སྒྱུ་སྤངས་པས་)དྲི་མ་དང་བྲལ་ བའི་སེམས་དང་ལྡན་པ་འདུས་མ་བྱས་ཀྱི་ཆོས་མངོན་སུམ་དུ་རྟོགས་པ། སེམས་ཅན་ ཡོངས་སུ་སྨིན་པར་བྱ་བའི་ཕྱིར་བསམ་བཞིན་དུ་ཁམས་གསུམ་པར་མཚམས་སྦྱོར་བར་ བྱེད་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚིག་བླ་དྭགས་སོ། ། བློ་གྲོས་རྒྱ་མཚོ་(ལས་དང་ཉོན་མོངས་པའི་དབང་གིས་རང་དབང་མེད་པར་ ཉིང་)མཚམས་སྦྱོར་བ་ཐམས་ཅད་ལས་ཤིན་ཏུ་གྲོལ་ཡང་སྲིད་པར་སྐྱེ་བ་ལེན་པ་གང་ ཡིན་པ་འདི་ནི་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་སྟེ། (སེམས་ཅན་ལ་ཕན་ པའི་)ཐབས་མཁས་པ་དང་ཤེས་རབ་ཀྱིས་ཡོངས་སུ་ཟིན་པས་ཀུན་ནས་ཉོན་མོངས་པ་ དག་གིས་ཀྱང་(རང་ལ་)མི་གནོད་ལ། ཉོན་མོངས་པའི་འཆིང་བ་ཐམས་ཅད་ལས་གྲོལ་ བར་བྱ་བའི་ཕྱིར་སེམས་ཅན་རྣམས་ལ་ཆོས་ཀྱང་སྟོན་པའོ། །ཞེས་གསུངས་པ་བཞིན་ ནོ། །དེས་ན་མདོའི་དུམ་བུ་འདིས་ནི་གཞན་ལ་ཕན་པར་བྱ་བའི་དོན་དུ་(ཚེ་ལ་)དབང་ (བ་)དང་ལྡན་པའི་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་དང་སྙིང་རྗེ་གཉིས་ཀྱིས་ སྟོབས་ཀྱིས་བསམ་བཞིན་དུ་སྐྱེ་བ་ལ་སྦྱོར་བའི་ཕྱིར་དང་། ཐབས་དང་ཤེས་རབ་གཉིས་ ཀྱི་སྟོབས་ཀྱིས་(སྲིད་པ་)དེར་(རང་ཉིད་)ཀུན་ནས་ཉོན་མོངས་པ་མེད་པའི་ཕྱིར་མ་ དག་པ་དང་དག་པའི་གནས་སྐབས་བསྟན་ཏོ། ། དེ་ལ་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་ཁམས་མ་སྐྱེས་དང་མ་བྱུང་བ་ (རྟག་བརྟན་ཞི་བ་གཡུང་དྲུང་)ཡང་དག་པ་ཇི་ལྟ་བ་བཞིན་མཐོང་བ་ཐོབ་ནས་བྱང་ ཆུབ་སེམས་དཔའི་ཆོས་ཉིད་འདི་རྗེས་སུ་ཐོབ་པ་དེ་ལྟར་རྒྱས་པར་ནི་མདོ་ཇི་ལྟ་བ་ བཞིན་རྟོགས་པར་བྱ་སྟེ། ཇི་སྐད་དུ། བློ་གྲོས་རྒྱ་མཚོ་(འདུས་བྱས་ཀྱི་)ཆོས་རྣམས་ཀྱི་ (བདེ་བའི་)སྙིང་པོ་མེད་པ་ཉིད་དང་། (བདག་གི་རང་དབང་དུ་)བྱེད་པ་པོ་མེད་པ་ 9-1-82 ཉིད་དང་། (རང་དབང་ཐོབ་པའི་)བདག་པོ་མེད་པ་ཉིད་དང་། སེམས་ཅན་(དུ་བདེན་ པ་)མེད་པ་ཉིད་དང་། སྲོག་(སྐྱེ་འཆི་དང་བྲལ་བ་)མེད་པ་ཉིད་དང་། གང་ཟག་(མི་ འགྱུར་བའི་ངོ་བོ་)མེད་པ་ཉིད་དང་། བདག་(རྟག་པའི་ངོ་བོ་)མེད་པ་ཉིད་ལ་ལྟོས། འདི་ལྟར་(བདེ་གཤེགས་སྙིང་པོ་)གང་ལ་(གཙང་བདག་བདེ་དང་རྟག་པ་སྐྱེ་འཆི་མེད་ པ་ལ་སོགས་པ་)ཇི་ལྟར་འདོད་པ་དེ་ལྟར་འགྲུབ་པར་འགྱུར་ལ། གྲུབ་པ་ན་ཡང་(རྟོག་ པས་)སེམས་པར་མི་བྱེད་རབ་ཏུ་རྟོགས་པར་མི་བྱེད་དོ། །བློ་གྲོས་རྒྱ་མཚོ་(རང་བཞིན་ གྱིས་)རྣམ་པར་དག་པའི་ཆོས་འདི་ལ་མོས་པའི་བྱང་ཆུབ་སེམས་དཔའ་ནི་ཆོས་གང་ལ་ ཡང་(ཁོང་)ཁྲོ་བ་(དང་ཆགས་པ་)སྐྱེད་པར་མི་བྱེད་དོ། །འདི་ལ་འགའ་ཡང་ཕན་ འདོགས་(ཤིང་ཆགས་)པའམ། གནོད་(ཅིང་ཞེ་སྡང་)པ་མེད་དོ་ཞེས་དེ་ལྟར་དེའི་ཡེ་ ཤེས་ཀྱི་མཐོང་བ་རྣམ་པར་དག་པར་འགྱུར་རོ། །དེ་ལྟར་(དོན་དམ་གྱི་)ཆོས་རྣམས་ཀྱི་ ཆོས་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་། དེ་ལྟར་སྙིང་རྗེ་ཆེན་ པོའི་གོ་ཆ་མི་འདོར་བ་ཡིན་ནོ། །བློ་གྲོས་རྒྱ་མཚོ་དཔེར་ན་ནོར་བུ་རིན་པོ་ཆེ་བཻཌཱུརྱ་རིན་ ཐང་མེད་པ་(རགས་པའི་དྲི་མ་)ཤིན་ཏུ་སྦྱངས་པ། (ཕྲ་བའི་དྲི་མ་)ཤིན་ཏུ་ཡོངས་སུ་ དག་པ་(ཤིན་ཏུ་ཕྲ་བའི་དྲི་མ་)ཤིན་ཏུ་དྲི་མ་མེད་པ་འདམ་དུ་བཅུག་སྟེ། ལོ་སྟོང་ཕྲག་ གནས་པར་གྱུར་ལ། དེ་ལོ་སྟོང་ཕྲག་འདས་ནས་འདམ་དེ་ནས་ཕྱུང་སྟེ། (དྲི་མ་)སྦྱངས་ ཤིང་བྱི་དོར་བྱ(་དགོ)ས་ཏེ། (རགས་པ་)ལེགས་པར་བཀྲུས་(ཕྲ་བ་)ལེགས་པར་སྦྱངས་ (ཤིན་ཏུ་ཕྲ་བ་)ལེགས་པར་བྱི་དོར་བྱས་པ་ན་དག་ཅིང་དྲི་མ་མེད་པ་ནོར་བུ་རིན་པོ་ ཆེའི་ངོ་བོ་དེ་ཉིད་མི་འདོར་རོ། །བློ་གྲོས་རྒྱ་མཚོ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ སེམས་ཅན་རྣམས་ཀྱི་སེམས་རང་བཞིན་གྱིས་འོད་གསལ་བར་རབ་ཏུ་ཤེས་ཏེ། འོན་ ཀྱང་དེ་གློ་བུར་གྱི་ཉེ་བའི་ཉོན་མོངས་པས་ཉོན་མོངས་པར་མཐོང་ངོ་། །དེ་ལ་བྱང་ཆུབ་ སེམས་དཔའ་འདི་སྙམ་དུ་སེམས་ཏེ། ཉོན་མོངས་པ་འདི་དག་ནི་སེམས་ཅན་རྣམས་ཀྱི་ (སྙིང་པོའི་)སེམས་ཀྱི་(རིན་པོ་ཆེ་)རང་བཞིན་འོད་གསལ་བར་ཞུགས་པ་མ་ཡིན་ ནོ། །ཉོན་མོངས་པ་འདི་དག་ནི་གློ་བུར་བ་སྟེ། ཡང་དག་པ་མ་ཡིན་པ་ཀུན་ཏུ་རྟོག་པས་ 9-1-83 བསྐྱེད་པའོ། །བདག་གིས་སེམས་ཅན་འདི་དག་གི་ཉེ་བའི་ཉོན་མོངས་པ་ཞི་བར་བྱ་བའི་ ཕྱིར་ཆོས་བསྟན་པར་ནུས་སོ་སྙམ་སྟེ་དེ་ལྟར་དེ་ལ་ཞུམ་པའི་སེམས་མི་སྐྱེའོ། །དེ་ནི་(སྒྲིབ་ པ་སེལ་བའི་སླད་དུ་)ལན་མང་དུ་སེམས་ཅན་རྣམས་ཀྱི་ཐད་དུ་རབ་ཏུ་འགྲོ་བའི་ སེམས་སྐྱེའོ། །དེ་འདི་སྙམ་དུ་ཡང་སེམས་ཏེ། ཉོན་མོངས་པ་འདི་དག་ལ་(ཡེ་ཤེས་ཀྱིས་ མི་ཆོམས་པའི་)སྟོབས་སམ་མཐུ་འགའ་ཡང་ཡོད་པ་མ་ཡིན་ཏེ། ཉོན་མོངས་པ་འདི་ དག་ནི་(ཡེ་ཤེས་ལས་)སྟོབས་ཆུང་བ་(ཡེ་ཤེས་ཀྱི་)སྟོབས་(ཙམ་)མེད་པའོ། །འདི་དག་ ལ་ནི་ཡང་དག་(པར་བདེན་)པའི་གནས་འགའ་ཡང་མེད་དོ། །ཉོན་མོངས་པ་འདི་དག་ ནི་ཡང་དག་པ་མ་ཡིན་པར་ཀུན་ཏུ་བཏགས་པ་སྟེ་དེ་དག་ནི་ཡང་དག་པ་ཇི་ལྟ་བ་ བཞིན་ཚུལ་བཞིན་དུ་ཡིད་ལ་བྱེད་པས་(སོ་སོར་)བརྟགས་པ་ན་ཁྲོ་བར་མི་འགྱུར་ རོ། །(ཉོན་མོངས་པ་)དེ་ནི་ཁོ་བོས་(རང་དང་)ཅི་ནས་ཀྱང་ཡང་འབྲེལ་བར་མི་འགྱུར་ བ་དེ་ལྟར་སོ་སོར་བརྟག་པར་བྱའོ། །ཉོན་མོངས་པ་རྣམས་དང་ནི་མ་འབྲེལ་བ་ལེགས་ ཀྱི་འབྲེལ་བ་ནི་(རང་)མ་ཡིན་ནོ། །གལ་ཏེ་བདག་ཉོན་མོངས་པ་རྣམས་དང་འབྲེལ་ན་ དེ་ཇི་ལྟར་ཉོན་མོངས་པའི་འཆིང་བས་བཅིངས་པའི་སེམས་ཅན་རྣམས་ལ་ཉོན་མོངས་ པའི་འཆིང་བ་སྤང་པར་བྱ་བའི་ཕྱིར་ཆོས་བསྟན། འོན་ཀྱང་(ཤེས་རབ་ཀྱིས་)ཁོ་བོ་ (རང་)ཉོན་མོངས་པ་རྣམས་དང་ཡང་མ་འབྲེལ་ལ་(སྙིང་རྗེས་)ཉོན་མོངས་པའི་འཆིང་ བ་སྤང་བའི་ཕྱིར་སེམས་ཅན་རྣམས་ལ་ཆོས་བསྟན་པར་བྱའོ། ། འཁོར་བར་འབྲེལ་བར་བྱེད་(པ་སྔར་བསྟན་)པའི་དགེ་བའི་རྩ་བ་དང་མཚུངས་པར་ ལྡན་པའི་ཉོན་མོངས་པ་གང་ཡིན་པ་དེ་དག་དང་ནི་བདག་གིས་སེམས་ཅན་ཡོངས་སུ་ སྨིན་པར་བྱ་བའི་ཕྱིར་འབྲེལ་བར་བྱའོ་སྙམ་མོ། །ཞེས་གསུངས་པ་ཡིན་ནོ། །འཁོར་བ་ འདི་ན་ཟག་པ་མེད་པའི་དབྱིངས་ན་ཁམས་གསུམ་པའི་གཟུགས་བརྙན་ཡིད་ཀྱི་རང་ བཞིན་གྱི་ལུས་གསུམ་ཡིན་པར་འདོད་དོ། །དེ་ནི་ཟག་པ་མེད་པའི་དགེ་བའི་རྩ་བས་ མངོན་པར་འདུས་བྱས་པའི་ཕྱིར་འཁོར་བ་ཡིན་ལ། ཟག་པ་དང་བཅས་པའི་ལས་དང་ ཉོན་མོངས་པས་མངོན་པར་འདུས་བྱས་པ་མ་ཡིན་པའི་ཕྱིར་མྱ་ངན་ལས་འདས་པ་ 9-1-84 ཡང་དེ་ཉིད་དེ་གང་གི་དབང་དུ་བྱས་ནས། བཅོམ་ལྡན་འདས་དེའི་སླད་དུ་(ཟག་མེད་ ཀྱི་དགེ་བས་)འདུས་བྱས་པ་དང་(ཟག་བཅས་ཀྱིས་)འདུས་མ་བྱས་པའི་འཁོར་བ་ཡང་ མཆིས་ལ། (ཟག་མེད་ཀྱི་དགེ་བས་)འདུས་བྱས་པ(འི་མྱང་འདས་)དང་(རྒྱུ་རྐྱེན་གང་ གིས་ཀྱང་)འདུས་མ་བྱས་པའི་མྱ་ངན་ལས་འདས་པ་ཡང་མཆིས་སོ་ཞེས་གསུངས་པ་ ཡིན་ནོ། ། དེ་ལ་(ཟག་མེད་ཀྱིས་)འདུས་བྱས་དང་(ཟག་བཅས་ཀྱིས་)འདུས་མ་བྱས་(པ་ གཉིས་)འདྲེས་པའི་སེམས་དང་སེམས་ལས་བྱུང་བའི་ཀུན་ཏུ་སྤྱོད་པ་དང་ལྡན་པའི་ ཕྱིར་འདི་དག་པ་དང་(ཟག་བཅས་ཀྱིས་མ་བྱས་པ་ལ་ལྟོས་ཏེ་)མ་དག་པའི་གནས་ སྐབས་ཞེས་བྱའོ། །དེ་ཡང་ཐོགས་པ་མེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་ དང་། སྙིང་རྗེ་ཆེན་པོ་བསྒོམས་པས། (རིམ་པ་ལྟར་)ཟག་པ་ཟད་པའི་མངོན་པར་ཤེས་པ་ ལ་མངོན་དུ་ཕྱོགས་པ་དང་། སེམས་ཅན་གྱི་ཁམས་ཐམས་ཅད་ཡོངས་སུ་བསྐྱབ་པའི་ དོན་དུ་དེ་མངོན་དུ་མི་བྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའི་ས་(དྲུག་པ་)མངོན་དུ་ གྱུར་པ་ལ་(དག་པ་དང་མ་དག་པའི་གནས་སྐབས་འདྲེས་པ་འདི་)གཙོ་བོར་རྣམ་པར་ བཞག་པ་ཡིན་ནོ། །ཟག་པ་ཟད་པའི་ཤེས་པ་(ལ་མཐའ་གཅིག་ཏུ་མི་གནས་པ་)ལས་ བརྩམས་ཏེ། (སྔར་)མིའི་དཔེ་བརྗོད་པ་ཇི་སྐད་དུ་གསུངས་པ་བཞིན་ཏེ། རིགས་ཀྱི་བུ་དེ་ བཞིན་དུ་བྱང་ཆུབ་སེམས་དཔའ་ཆེན་པོ་འབད་པ་ཆེན་པོ་དང་བརྩོན་པ་ཆེན་པོ་དང་ ལྷག་པའི་བསམ་པ་བརྟན་པར་བསྒྲུབས་པས་མངོན་པར་ཤེས་པ་ལྔ་སྐྱེད་པར་བྱེད་ དོ། །བསམ་གཏན་དང་མངོན་པར་ཤེས་པ་ལ་སེམས་ཡོངས་སུ་སྦྱང་བ་བྱས་པ་དེ་ལ་ (ཤེས་རབ་ཀྱིས་)ཟག་པ་ཟད་པ་ལ་མངོན་པར་ཕྱོགས་པར་འགྱུར་རོ། །སེམས་ཅན་ ཐམས་ཅད་ཡོངས་སུ་བསྐྱབ་པའི་དོན་དུ་སྙིང་རྗེ་ཆེན་པོའི་སེམས་བསྐྱེད་པས་ཟག་པ་ ཟད་པའི་ཤེས་པ་(ལ་མཐའ་གཅིག་ཏུ་གནས་པའི་དྲི་མ་)ཡོངས་སུ་སྦྱང་བར་བྱ་སྟེ། སླར་ ཡང་སེམས་ཅན་གྱི་དོན་དུ་ཕྱིན་ཕྱོགས་སུ་ལོག་སྟེ། སོ་སོ་སྐྱེ་བོའི་ས་ལ་ཡང་མཐོང་བར་ འགྱུར་རོ་བྱ་བ་འབྱུང་བ་བཞིན་ནོ། །དེ་ནི་བྱང་ཆུབ་སེམས་དཔའི་ས་བཞི་པ་ལ་བདག་ 9-1-85 གི་དོན་དུ་བརྩོན་འགྲུས་ཡང་དག་པར་བརྩོམ་ཞིང་། གཞན་གྱི་དོན་དུ་བསམ་པ་བརྟན་ པོའི་སྒོ་ནས་སྤྱོད་དེ། ས་ལྔ་པ་ལ་བརྟེན་པའི་མངོན་པར་ཤེས་པ་ལྔས་བདག་དང་གཞན་ གྱི་དོན་དུ་ཡང་དག་པར་སྦྱོར་བའི་སེམས་དང་ལྡན་ཞིང་ས་དྲུག་པ་ལ་(འཁོར་འདས་ གང་ལ་ཡང་)ཆགས་པ་མེད་པའི་ཤེས་རབ་སྐྱེས་པའི་ཕྱིར་ཟག་པ་ཟད་པ་ལ་མངོན་དུ་ ཕྱོགས་པར་འགྱུར་རོ། །དེ་ལྟར་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་ས་(དྲུག་ པ་)མངོན་དུ་གྱུར་པ་འདི་ལ་(ཤེས་རབ་ཀྱིས་)ཟག་པ་ཟད་པ་མངོན་དུ་བྱེད་པ་ལ་ དབང་ཐོབ་པ་ནི་རྣམ་པར་དག་པའི་གནས་སྐབས་བསྟན་པའོ། །དེ་ལྟ་བུའི་བདག་ཉིད་ དུ་ཡང་དག་པར་ཞུགས་པ་དེ་གཞན་དག་ཀྱང་ཡང་དག་པར་རྟོགས་པ་འདི་ཉིད་ལ་ བཞག་པར་བྱའོ། །ཞེས་སྙིང་རྗེ་ཆེན་པོས་ལོག་པར་ཞུགས་པའི་སེམས་ཅན་ཡོངས་སུ་ བསྐྱབ་པར་འདོད་པ་(ཉན་རང་བཞིན་དུ་)ཞི་བའི་བདེ་བའི་རོ་མི་མྱང་བར་སེམས་ (ཅན་བསྐྱབ་པ་)དེའི་ཐབས་ལ་བྱང་བར་བྱས་པ་འཁོར་བ་ལ་མངོན་དུ་ཕྱོགས་པའི་ སེམས་ཅན་(ཐ་མལ་པ་)ལ་ལྟོས་ཏེ། མྱང་ངན་ལས་འདས་པ་ལ་མངོན་དུ་ཕྱོགས་པ། (དག་པའི་གནས་སྐབས་དང་ཡང་)བྱང་ཆུབ་ཀྱི་ཡན་ལག་(ཚོགས་གཉིས་)ཡོངས་སུ་ རྫོགས་པར་བྱ་བའི་ཕྱིར་བསམ་གཏན་དག་གི་གནས་ནས་སླར་འདོད་པའི་ཁམས་སུ་ བསམ་བཞིན་དུ་སྐྱེ་བ་ཡོངས་སུ་འཛིན་པས་ཇི་སྲིད་མྱུར་དུ་སེམས་ཅན་གྱི་དོན་བྱ་བར་ འདོད་པ་དུད་འགྲོའི་སྐྱེ་གནས་སུ་གཏོགས་པ་རྣམ་པ་དུ་མར་སྐྱེ་བའི་བྱེ་བྲག་གིས་སོ་ སོའི་སྐྱེ་བོའི་ལུས་ཀུན་ཏུ་སྟོན་པ་ལ་དབང་འབྱོར་པ་ནི་མ་དག་པའི་གནས་སྐབས་ བསྟན་པ་ཡིན་ནོ། ། (སྔར་མདོར་བསྟན་པའི་)ཚིགས་སུ་བཅད་པའི་དོན་གཞན་(ཡང་རྒྱས་པར་བསྟན་ པ་)ནི། (ས་དང་པོ་ལ་གནས་པའི་)རྒྱལ་སྲས་(ཀྱི་)འགྱུར་(བ་)མེད་(པའི་)ཆོས་ཉིད་ འདི། །(མངོན་སུམ་དུ་རྟག་བརྟན་ལ་སོགས་པར་)རྟོགས་ནས་མ་རིག་(པས་)ལྡོང་(པའི་ སེམས་ཅན་)རྣམས་ཀྱིས། །སྐྱེ་བ་(འཆི་བ་)ལ་སོགས་(པ་)དག་ཏུ་ནི། །མཐོང་བ་གང་ ཡིན་དེ་རྨད་(དུ་བྱུང་བ་ཉིད་)དོ། །(ས་དང་པོར་)འཕགས་པའི་སྤྱོད་ཡུལ་ཐོབ་པ་གང་ 9-1-86 (ཡིན་པ་དེ)། །བྱིས་པའི་སྤྱོད་ཡུལ་དུ་(སྐྱེ་བ་སྣ་ཚོགས་)སྟོན་ཏེ། །དེ་ཉིད་ཕྱིར་ན་འགྲོ་བ་ ཡི། །གཉེན་གྱི་ཐབས་(ལ་མཁས་པ་)དང་སྙིང་རྗེ་མཆོག(ལ་གནས་པའོ)། །(ས་གཉིས་པ་ གསུམ་པ་བཞི་པ་ལྔ་པ་དྲུག་པ་བདུན་པ་)དེ་ནི་འཇིག་རྟེན་(གྱི་སྐྱོན་)ཐམས་ཅད་ ལས། །འདས་ཀྱང་འཇིག་རྟེན་(གྱི་རྣམ་འགྱུར་)ལས་མ་གཡོས། །འཇིག་རྟེན་(ལ་ཕན་ པའི་)དོན་དུ་འཇིག་རྟེན་ན། །འཇིག་རྟེན་(གྱི་)དྲི་མས་མ་གོས་སྤྱོད། །(དཔེ་)ཇི་ལྟར་ པད་མ་ཆུ་ནང་དུ། །སྐྱེས་པ་ཆུ་ཡིས་གོས་པ་མེད། །དེ་བཞིན་(བྱང་སེམས་)འདི་(དག་)ནི་ འཇིག་རྟེན་དུ། །སྐྱེས་ཀྱང་འཇིག་རྟེན་(གྱི་སྐྱོན་གྱི་)ཆོས་(ཀྱིས་)མི་གོས(་སོ)། །(ས་བརྒྱད་ པ་དང་དགུ་པ་ལ་བྱང་ཆུབ་ཆེན་པོ་ཐོབ་པའི་)བྱ་བ་སྒྲུབ་ལ་རྟག་ཏུ་བློ། །མེ་བཞིན་དུ་ནི་ འབར་བ་དང་། །(རྣམ་གཡེང་ཐམས་ཅད་)ཞི་བའི་བསམ་གཏན་སྙོམས་འཇུག་ལ། །རྟག་ ཏུ་སྙོམས་པར་ཞུགས་པ་ཡིན(་ནོ)། །(ས་བཅུ་པ་དེ་ནི་འབད་མེད་ལ་གོམས་པའི་)སྔོན་ གྱི་འཕེན་བའི་དབང་དང་ནི། །རྣམ་རྟོག་ཐམས་ཅད་བྲལ་བའི་ཕྱིར། །དེ་ནི་ལུས་ཅན་ སྨིན་པ་ཡི། །དོན་དུ་འབད་པ་བྱེད་མ་ཡིན། །(འདུལ་བའི་ཐབས་སྣ་ཚོགས་)བསྟན་ (པ་)དང་གཟུགས་སྐུ་(གཉིས་པོ་)དག་དང་ནི། །(གཞན་གྱི་དོན་)སྤྱོད་(པ་)དང་(རང་ གི་)སྤྱོད་ལམ་(སྣ་ཚོགས་)ཀྱིས་ཀྱང་རུང་། །(སེམས་ཅན་)གང་ཞིག་(ཚུལ་)ཇི་ལྟར་ (ཐབས་)གང་གིས་འདུལ(་པ་ནི་ས་བཅུ་པ)། །དེས་(འདུལ་ལུགས་)དེ་དེ་ལྟ་ཉིད་དུ་ ཤེས། །དེ་ལྟར་ནམ་མཁའི་མཐའ་ཀླས་ཀྱི། །འགྲོ་བར་རྟག་ཏུ་(མཛད་པ་ཐམས་ ཅད་)ལྷུན་(གྱིས་)གྲུབ་པར། །(ཐབས་གང་ལ་ཡང་)ཐོགས་(པ་)མེད་(པའི་)བློ་ (དང་)ལྡན་(པའི་ས་བཅུ་པ་)དེ་ཡིས་ནི། །སེམས་ཅན་(གྱི་)དོན་(ལ་)ནི་ཡང་དག་ (པར་)འཇུག །(ས་བཅུ་པ་ལ་གནས་པའི་)བྱང་ཆུབ་སེམས་དཔའི་ཚུལ་འདི་ནི། །རྗེས་ ཐོབ་(གཞན་དོན་ལ་)དེ་བཞིན་གཤེགས་རྣམས་དང་། །སེམས་ཅན་ཡང་དག་སྒྲོལ་བ་ (གཞན་དོན་གྱི་ཡོན་ཏན་)ལ། །འཇིག་རྟེན་ན་ནི་མཉམ་པ་ཉིད(་དུ་གྱུར་པ)། །དེ་ལྟ་ མོད་ཀྱི་(རང་དོན་གྱི་ཡོན་ཏན་ནི་བྱང་ཆུབ་སེམས་དཔའ་ལ་འོག་ནས་སྟོན་པའི་བག་ ཆགས་ཕྲ་མོའི་ནད་དང་ཟག་མེད་)ས་(གཞི་དང་)རྡུལ་དང་། །རྒྱ་མཚོ་(དང་)བ་ལང་ 9-1-87 རྨིག་རྗེས་ཀྱི། །(ཆུའི་)ཁྱད་པར་གང་ཡིན་སངས་རྒྱས་དང་། །(ས་བཅུ་པའི་)བྱང་ཆུབ་ སེམས་དཔའི་(རང་དོན་གྱི་ཡོན་ཏན་གྱི་)ཁྱད་(པར་)དེ་ཉིད(་ཡིན་ནོ)། ། ཚིགས་སུ་བཅད་པ་བཅུ་པོ་འདི་རྣམས་ལས་གོ་རིམ་བཞིན་དུ། ཚིགས་སུ་བཅད་པ་ དགུས་ནི་བྱང་ཆུབ་སེམས་དཔའི་ས་རབ་ཏུ་དགའ་(བ་ཐོབ་)བའི་འོག་ཏུ་(སྟེ་རྗེས་ལ་སྐྱེ་ བ་སྣ་ཚོགས་པ་འཛིན་པའི་ཆ་ནས་)མཆོག་ཏུ་ཀུན་ནས་ཉོན་མོངས་པ་ཉིད་(ཅེས་ བཏགས་པ་)དང་། ཚིགས་སུ་བཅད་པ་བཅུ་(ས་དང་བཅས་)པས་ནི་བྱང་ཆུབ་སེམས་ དཔའི་ས་ཆོས་ཀྱི་སྤྲིན་གྱི་སྟེང་(སྟེ་སྔོན་)དུ་(འཇིག་རྟེན་ཆོས་བརྒྱད་ཀྱིས་མ་གོས་པའི་ ཆ་ནས་)རྣམ་པར་དག་པ་ཉིད་ལ་ལྟོས་ཏེ། མདོར་བསྡུ་ན། ས་བཅུ་ལ་བྱང་ཆུབ་སེམས་ དཔའ་རྣམ་པ་བཞི་པོ་རྣམས་དག་པ་དང་མ་དག་པ་ཉིད་དུ་བསྟན་ཏོ། །བྱང་ཆུབ་ སེམས་དཔའ་བཞི་ནི། (ས་དང་པོ་པ་)སེམས་དང་པོ་བསྐྱེད་པ་དང་། (ས་གཉིས་པ་ནས་ བདུན་པའི་བར་)སྤྱོད་པ་ལ་ཞུགས་པ་དང་། (བརྒྱད་པ་དང་དགུ་པ་)ཕྱིར་མི་ལྡོག་པ་ དང་། (ས་བཅུ་པ་)སྐྱེ་བ་གཅིག་གིས་ཐོགས་པའོ། །དེ་ལ་ཚིགས་སུ་བཅད་པ་དང་པོ་དང་ གཉིས་པས་ནི། ས་དང་པོ་རབ་ཏུ་དགའ་བ་ལ་ཐོག་མ་མེད་པའི་དུས་ནས་སྔོན་མ་ མཐོང་བའི་འཇིག་རྟེན་ལས་འདས་པའི་ཆོས་ཉིད་མཐོང་བའི་ཕྱིར། སེམས་དང་པོ་ བསྐྱེད་པའི་བྱང་ཆུབ་སེམས་དཔའི་ཡོན་ཏན་ཡོངས་སུ་དག་པའི་མཚན་ཉིད་བསྟན་ ཏོ། །ཚིགས་སུ་བཅད་པ་གསུམ་པ་དང་བཞི་པས་ནི་དྲི་མ་མེད་པའི་ས་ནས་བཟུང་སྟེ། མི་ གཡོ་བའི་བར་གྱི་ས་ལ་ཉེ་བར་མ་གོས་པའི་སྤྱད་པ་སྤྱོད་པའི་ཕྱིར། སྤྱོད་པ་ལ་ཞུགས་ པའི་བྱང་ཆུབ་སེམས་དཔའི་ཡོན་ཏན་རྣམ་པར་དག་པའི་མཚན་ཉིད་བསྟན་ ཏོ། །ཚིགས་སུ་བཅད་པ་ལྔ་པས་ནི། ས་མི་གཡོ་བ་ལ་རྒྱུན་མི་འཆད་པར་བྱང་ཆུབ་ཆེན་ པོ་ཐོབ་པའི་སྦྱོར་བའི་ཏིང་ངེ་འཛིན་ལ་ལེགས་པར་གནས་པའི་ཕྱིར། ཕྱིར་མི་ལྡོག་པའི་ བྱང་ཆུབ་སེམས་དཔའི་ཡོན་ཏན་རྣམ་པར་དག་པའི་མཚན་ཉིད་བསྟན་ཏོ། །ཚིགས་སུ་ བཅད་པ་དྲུག་པ་དང་། བདུན་པ་དང་བརྒྱད་པས་ནི། བྱང་ཆུབ་སེམས་དཔའི་ས་ཆོས་ ཀྱི་སྤྲིན་ལ་རང་དང་གཞན་གྱི་དོན་སྒྲུབ་པའི་ཐབས་མཐའ་དག་མཐར་ཕྱིན་པ་སངས་ 9-1-88 རྒྱས་ཀྱི་ས་ལ་(ཡིད་ཀྱི་རང་བཞིན་གྱི་ལུས་སུ་)སྐྱེ་བ་(འཛིན་པ་)ཐ་མ་གཅིག་གིས་ ཐོགས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མཆོག་(གཙང་བདག་བདེ་ དང་རྟག་པ་དམ་པ་)ཐོབ་པ(ར་བྱ་བ)འི་ཕྱིར། སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་ སེམས་དཔའི་ཡོན་ཏན་ཡོངས་སུ་དག་པའི་མཚན་ཉིད་བསྟན་ཏོ། །ཚིགས་སུ་བཅད་པ་ དགུ་པ་དང་བཅུ་པས་ནི་གཞན་གྱི་དོན་(མཉམ་པ་)དང་རང་གི་དོན་(ལ་ཟག་མེད་ཀྱི་ འདུ་བྱེད་ཀྱིས་བསྐྱེད་པ་འདུས་བྱས་ཀྱི་ཡིད་ལུས་དང་དེ་ལ་བག་ཆགས་ཀྱི་ནད་དང་དེ་ སྨིན་པའི་རྒ་བ་དང་དེ་འཇིག་པའི་འཆི་བ་རྣམས་ཡོད་མེད་)ལས་བརྩམས་ཏེ་(ས་ བཅུའི་)མཐར་ཕྱིན་པའི་བྱང་ཆུབ་སེམས་དཔའ་(ལ་ད་དུང་མ་རིག་བག་ཆགས་ཀྱི་ས་ དང་དེས་སྐྱེད་པའི་ཡིད་ཀྱི་ལུས་ཡོད་པ་)དང་(དེ་དག་འགགས་པ་)དེ་བཞིན་གཤེགས་ པའི་ཡོན་ཏན་(གཉིས་གཞན་དོན་)ཁྱད་པར་མེད་པ་དང་(རང་དོན་གཙང་བདག་ བདེ་དང་རྟག་པ་ཐོབ་མ་ཐོབ་ཀྱི་)ཁྱད་པར་དང་བཅས་པ་བསྟན་ཏོ། ། དེ་ལ་ཤིན་ཏུ་རྣམ་པར་དག་པའི་གནས་སྐབས་ན་(ཡོན་ཏན་)རྣམ་པར་འགྱུར་བ་མེད་ པ་ལས་བརྩམས་ཏེ་(མདོར་བསྟན་པའི་)ཚིགས་སུ་བཅད་པ། གཞན་འགྱུར་མིན་ (པའི་)བདག་(ཉིད་རྟག་པ་སྟེ་)མི་ཟད་(མི་ཟད་པའི་ཡོན་ཏན་གྱི་)ཆོས་(དང་)ལྡན་ (པར་རྟག་པའི་)ཕྱིར། །འགྲོ་(བའི་བསྟན་པའི་)སྐྱབས་ཕྱི་མའི་མཐའ་མེད་(པར་)མུར་ ཐུག་(པར་གནས་པའི་)ཕྱིར། །དེ་ནི་རྟག་ཏུ་(ཞི་བ་ནི་)གཉིས་མེད་མི་རྟོག་ཕྱིར། །འཇིག་ མེད་ཆོས་ཀྱང་(ཟག་མེད་ཀྱི་ལས་ཀྱིས་)མ་བྱས་(པ་གཡུང་དྲུང་གི་)རང་བཞིན་ ཕྱིར། །འདིས་ཅི་བསྟན་ཞེ་ན། (དེ་ཉིད་རྒྱས་པར་བཤད་པ་)སྐྱེ་བ་མེད་ཅིང་འཆི་བ་ མེད། །གནོད་མེད་རྒ་བ་(འབྲས་བུ་སྨིན་པ་)མེད་པ་སྟེ། །(རིམ་པ་ལྟར་)དེ་ནི་རྟག་དང་ བརྟན་ཕྱིར་དང་། །ཞི་བའི་ཕྱིར་དང་གཡུང་དྲུང་ཕྱིར། །(དེའི་རྒྱུ་མཚན་རྒྱས་བཤད་)དེ་ ནི་ཡིད་ཀྱི་རང་བཞིན་གྱི། །ལུས་ཀྱིས་སྐྱེ་(བ་)མེད་(དེ་)རྟག་པའི་ཕྱིར། །བསམ་གྱིས་མི་ ཁྱབ་བསྒྱུར་བ་ཡི། །འཆི་འཕོས་བརྟན་ཕྱིར་དེ་མི་འཆི། །བག་ཆགས་ཕྲ་མོའི་ནད་རྣམས་ ཀྱིས། །གནོད་མེད་ཞི་བ་ཉིད་ཀྱི་ཕྱིར། །ཟག་མེད་(ཀྱི་ལས་ཀྱིས་)མངོན་པར་འདུ་བྱེད་ 9-1-89 ཀྱིས། །གཡུང་དྲུང་ཕྱིར་ན་(འབྲས་བུ་སྨིན་པའི་)རྒ་བ་མེད། །(རང་བཞིན་གྱིས་)ཤིན་ཏུ་ དྲི་མ་མེད་ཅིང་(གློ་བུར་གྱི་དྲི་མ་)རྣམ་པར་དག་པ་(ངོ་བོ་)འོད་གསལ་བ་རང་གི་རང་ བཞིན་སངས་རྒྱས་ཀྱི་ས་ལ་རྣམ་པར་གནས་པ་དེ་བཞིན་གཤེགས་པའི་ཁམས་དེ་ནི་ སྔོན་གྱི་མཐའ་ཉེ་བར་བཟུང་ནས་ཡིད་ཀྱི་རང་བཞིན་གྱི་ལུས་ཀྱིས་སྐྱེ་བ་མ་ཡིན་ཏེ་རྟག་ པའི་ཕྱིར་རོ། ། ཕྱི་མའི་མཐའ་ཉེ་བར་བཟུང་ནས་བསམ་གྱིས་མི་ཁྱབ་པར་ཡོངས་སུ་ བསྒྱུར་བའི་འཆི་འཕོ་བས་འཆི་བ་མ་ཡིན་ཏེ་བརྟན་པའི་ཕྱིར་རོ། །སྔོན་དང་ཕྱི་མའི་ མཐའ་(གཉིས་ཀྱི་བར་)ཉེ་བར་བཟུང་ནས་མ་རིག་པའི་བག་ཆགས་ཀྱི་ཡོངས་སུ་འཛིན་ པས་གནོད་པ་ ཡང་མ་ཡིན་ཏེ་(བག་ཆགས་དེ་)ཞི་བའི་ཕྱིར་རོ། །དེ་ལྟར་དོན་མེད་པ(སྐྱེ་འཆི་ན་བ)ས་མ་ ཕོག་པ་གང་ཡིན་པ་དེ་ནི་གཡུང་དྲུང་ཉིད་ཀྱི་(རྒྱུའི་)ཕྱིར་ཟག་པ་མེད་པའི་ལས་ཀྱི་ འབྲས་བུ་ཡོངས་སུ་སྨིན་པས་རྒ་བ་ཡང་མ་ཡིན་ནོ། །དེ་ལ་(སྐྱེ་བ་མེད་ཅིང་འཆི་བ་མེད་ ཅེས་པའི་)ཚིག་གཅིག་དེ་བཞིན་གཅིག །གཅིག་དང་གཅིག་གིས་གོ་རིམ་བཞིན། །(ཟག་ པ་མེད་པའི་ལས་ཀྱིས་ཀྱང་)འདུས་མ་བྱས་པའི་དབྱིངས་ཉིད་ལ། །རྟག་(པ་དང་)ལ་ སོགས་(པ་བརྟན་པ་ཞི་བ་གཡུང་དྲུང་ཞེས་)པའི་དོན་ཤེས་(པར་)བྱ། །དེ་ལ་(དེ་ནི་ཡིད་ ཀྱི་རང་བཞིན་གྱི་ཞེས་པའི་ཚིགས་བཅད་གཉིས་ཀྱི་)ཚིག་གཉིས་དེ་བཞིན་ གཉིས། །གཉིས་དང་གཉིས་ཀྱིས་གོ་རིམ་བཞིན། །(ཟག་པ་མེད་པའི་ལས་ཀྱིས་ ཀྱང་)འདུས་མ་བྱས་ཀྱི་དབྱིངས་ལ་ནི། །རྟག་པ་ལ་སོགས་(ཀྱི་རྒྱུ་མཚན་རྒྱས་པར་བཤད་ པའི་)དོན་ཤེས་བྱ། །དེ་ལ་འདུས་མ་བྱས་ཀྱི་དབྱིངས་ལ་རྟག་པ་དང་བརྟན་པ་དང་ཞི་ བ་དང་གཡུང་དྲུང་གི་ཚིག་འདི་རྣམས་ལ་གོ་རིམ་ཇི་ལྟ་བ་བཞིན་(དང་པོའི་ཚིགས་ བཅད་གཅིག་གིས་)ཚིག་རེ་རེའི་དོན་(ངོ་བོ་ཙམ་)བསྟན་པ་དང་(ཚིགས་བཅད་གཉིས་ པས་)བཤད་པའི་ཚིག་གཉིས་གཉིས་ཀྱི་རྣམ་པར་དབྱེ་བ་ནི་(དེ་མ་ཐག་ཏུ་འོག་འདིར་ དྲངས་པའི་)མདོ་(འདི་)ཇི་ལྟ་བ་བཞིན་ཤེས་པར་བྱའོ། ། (སྔར་མདོར་བསྟན་གྱི་ཚིགས་བཅད་ཀྱི་དོན་)མི་ཟད་ཡོན་ཏན་དང་ལྡན་ཕྱིར། །གཞན་ 9-1-90 འགྱུར་མིན་བདག་རྟག་པའི་དོན། །མཐའ་ཡི་མུ་དང་མཚུངས་པའི་ཕྱིར། །སྐྱབས་ཀྱི་ བདག་ཉིད་བརྟན་པའི་དོན། །རྣམ་པར་མི་རྟོག་རང་བཞིན་ཕྱིར། །གཉིས་མེད་ཆོས་ཉིད་ ཞི་བའི་དོན། །(ཟག་མེད་ཀྱི་ལས་ཀྱིས་)མ་བཅོས་ཡོན་ཏན་ཉིད་ཕྱིར་ན། །འཇིག་མེད་ དོན་ནི་གཡུང་དྲུང་ཉིད། །ཅི་སྐད་དུ་ཤཱ་རིའི་བུ་(ཟད་ན་མི་རྟག་པར་འགྱུར་བ་ལས་ ཡོན་ཏན་)མི་ཟད་པའི་ཆོས་ཉིད་ཀྱིས་ན་གཞན་དུ་མི་འགྱུར་བའི་ཆོས་ཀྱི་སྐུ་འདི་ནི་ རྟག་པའོ། །ཤཱ་རིའི་བུ་ཕྱི་མའི་མཐའི་མུ་དང་མཚུངས་པ(ར་གནས་པ་)ཉིད་ཀྱིས་བརྟན་ པའི་སྐྱབས་སུ་གྱུར་པའི་ཆོས་ཀྱི་སྐུ་འདི་ནི་བརྟན་པའོ། །ཤཱ་རིའི་བུ་(བག་ཆགས་ཕྲ་མོའི་ དབང་གིས་)རྣམ་པར་མི་རྟོག་པ་ཉིད་ཀྱིས་གཉིས་སུ་མེད་པའི་ཆོས་ཀྱི་སྐུ་འདི་ནི་ཞི་ བའོ། །ཤཱ་རིའི་བུ་མ་(ཟག་མེད་ཀྱི་ལས་ཀྱིས་)བཅོས་པའི་ཆོས་ཉིད་ཀྱིས་འཇིག་པ་མེད་ པའི་ཆོས་ཀྱི་སྐུ་འདི་ནི་གཡུང་དྲུང་ངོ་། །ཞེས་གསུངས་པ་བཞིན་ནོ། ། (སངས་རྒྱས་ཀྱི་ས་ལ་)ཤིན་ཏུ་རྣམ་པར་དག་པའི་མཐར་ཕྱིན་པའི་དེ་བཞིན་གཤེགས་ པའི་སྙིང་པོའི་རྣམ་པར་དག་པའི་གནས་སྐབས་འདི་ཉིད་ལ་(མིང་བཞིས་བསྟན་པའི་ ངོ་བོ་)དབྱེ་བ་མེད་པའི་དོན་ལས་བརྩམས་ཏེ་ཚིགས་སུ་བཅད་པ། གང་(གི་)ཕྱིར་དེ་ནི་ ཆོས་སྐུ་(ཞེས་པ་དང་)དེ་ནི་དེ་བཞིན་གཤེགས། །དེ་ནི་འཕགས་པའི་བདེན་པ་དོན་དམ་ (ཞེས་པ་དང་)མྱ་ངན་འདས། །(ཞེས་པ་མིང་བཞི་བྱུང་ཡང་དོན་གཅིག་པ་)དེ་ཕྱིར་ཉི་ དང་ཟེར་བཞིན་ཡོན་ཏན་དབྱེར་མེད་པས། །(ས་བཅུ་པ་མན་ཆད་ཆོས་དབྱིངས་དང་ ཞིང་ཐོགས་པ་མེད་པ་ལ་གནས་ཀྱང་བག་ཆགས་མ་སྤངས་པའི་ཕྱིར་)སངས་རྒྱས་ཉིད་ ལས་མ་གཏོགས་(པ་དགྲ་བཅོམ་པ་དང་རང་སངས་རྒྱས་ཀྱི་མཐར་ཐུག་གི་)མྱ་ངན་ (ལས་)འདས་པ་(ཐོབ་པ་)མེད(་དོ)། ། དེ་ལ་ཚིགས་སུ་བཅད་པ་ཕྱེད་སྔ་མས་ཅི་བསྟན་ཞེ་ན། མདོར་ན་ཟག་མེད་དབྱིངས་ལ་ ནི། །དོན་གྱི་རབ་ཏུ་དབྱེ་བ་བཞིས། །ཆོས་ཀྱི་སྐུ་ལ་སོགས་པའི་མིང་། །རྣམ་གྲངས་བཞིར་ ནི་རིག་པར་བྱ། །མདོར་བསྡུ་ན་ཟག་པ་མེད་པའི་དབྱིངས་དེ་བཞིན་གཤེགས་པའི་སྙིང་ པོ་ལ་དོན་བཞིའི་དབང་དུ་བྱས་ནས་མིང་གི་རྣམ་གྲངས་བཞིར་རིག་པར་བྱའོ། ། 9-1-91 དོན་བཞི་གང་ཞེ་ན། སངས་རྒྱས་ཆོས་དབྱེར་མེད་པ་(ཆོས་སྐུ་)དང་། །དེ་(བཞིན་ གཤེགས་པ་དེའི་)རིགས་དེ་བཞིན་ཐོབ་པ་དང་། །(དོན་དམ་འཕགས་པའི་བདེན་ པ་)བརྫུན་མེད་བསླུ་མེད་ཆོས་ཉིད་དང་། །(མྱ་ངན་ལས་འདས་པ་)གདོད་ནས་རང་ བཞིན་(མྱ་ངན་)ཞི་ཉིད་(ཀྱི་སྟེང་དུ་ཇི་ལྟ་བ་བཞིན་ཕེབས་པ་ཉིད་)དོ། །སངས་རྒྱས་ཀྱི་ ཆོས་རྣམ་པར་དབྱེར་མེད་པ(་ཆོས་སྐུ)འི་དོན་ནི་གང་གི་དབང་དུ་མཛད་ནས། བཅོམ་ ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་ནི་རྣམ་པར་དབྱེར་མེད་པ་བྲལ་མི་ཤེས་པ་ བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་ཆོས་གང་གཱའི་ཀླུང་གི་བྱེ་མ་ལས་འདས་པས་མི་ སྟོང་པའོ། །ཞེས་གསུངས་སོ། །(དེ་བཞིན་གཤེགས་པ་)དེའི་རིགས་རང་བཞིན་གྱིས་ བསམ་གྱིས་མི་ཁྱབ་པའི་རྣམ་པ་(རྫོགས་པར་)ཐོབ་པའི་དོན་ནི་གང་གི་དབང་དུ་ མཛད་ནས། (བྱང་ཆུབ་སེམས་དཔའི་སྐྱེ་བ་གཅིག་ནས་གཅིག་ཏུ་)རྒྱུད་ནས་འོངས་པའི་ ཐོག་མ་མེད་པའི་ཆོས་ཉིད་ཐོབ་པ་དེ་ནི་སྐྱེ་མཆེད་དྲུག་གི་ཁྱད་པར་(བརྩེ་བ་དང་ཤེས་ རབ་ཀྱི་བདག་ཉིད་)དེ་འདྲ་བ་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །བརྫུན་པ་མེད་པ་དང་ བསླུ་བ་མེད་པའི་དོན་ནི་གང་གི་དབང་དུ་མཛད་ནས། དེ་ལ་དོན་དམ་པའི་བདེན་པ་ ནི་མི་བསླུ་བའི་ཆོས་ཅན་གྱི་མྱ་ངན་ལས་འདས་པ་གང་ཡིན་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། (དོན་དམ་གྱི་)རིགས་དེ་ནི་གཏན་དུ་བའི་ཆོས་ཉིད་ཀྱིས་ན་རྟག་པའོ། །ཞེས་གསུངས་པ་ ཡིན་ནོ། །གཏན་དུ་(མྱ་ངན་ཐམས་ཅད་)ཉེ་བར་ཞི་བའི་དོན་ནི་གང་གི་དབང་དུ་ མཛད་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ ནི་གདོད་མ་ལས་ཡོངས་སུ་མྱ་ངན་(ཐམས་ཅད་)ལས་འདས་པ་ཉིད་དེ། (ཡིད་ཀྱི་ལུས་ སུ་ཡང་)སྐྱེ་བ་མེད་པ་འགག་པ་མེད་པའོ་ཞེས་གསུངས་སོ། །དོན་བཞི་པོ་འདི་དག་ལ་ ནི་གོ་རིམ་ཇི་ལྟ་བ་བཞིན་དུ་མིང་གི་རྣམ་གྲངས་འདི་བཞིར་འགྱུར་ཏེ། འདི་ལྟ་སྟེ། ཆོས་ ཀྱི་སྐུ་དང་། དེ་བཞིན་གཤེགས་པ་དང་། དོན་དམ་པའི་བདེན་པ་དང་། མྱ་ངན་ལས་ འདས་པ་ཞེས་བྱ་བ་སྟེ་གང་གི་ཕྱིར་འདི་སྐད་ཅེས། ཤཱ་རིའི་བུ་དེ་བཞིན་གཤེགས་པའི་ སྙིང་པོ་ཞེས་བྱ་བ་འདི་ནི་ཆོས་ཀྱི་སྐུའི་ཚིག་བླ་དྭགས་སོ། །ཞེས་བྱ་བ་དང་། བཅོམ་ལྡན་ 9-1-92 འདས་དེ་བཞིན་གཤེགས་པ་གཞན་ལ་ཆོས་ཀྱི་སྐུ་ཡང་གཞན་མ་ལགས་ཀྱི་བཅོམ་ལྡན་ འདས་ཆོས་ཀྱི་སྐུ་ཉིད་དེ་བཞིན་གཤེགས་པ་ལགས་སོ་ཞེས་བྱ་བ་དང་། བཅོམ་ལྡན་ འདས་(དོན་དམ་འཕགས་པའི་བདེན་པ་)སྡུག་བསྔལ་འགོག་པ་ཞེས་བགྱི་བ་ནི་ཡོན་ ཏན་འདི་ལྟ་བུ་དང་ལྡན་པའི་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུར་བསྟན་ཏོ་ཞེས་བྱ་བ་ དང་། བཅོམ་ལྡན་འདས་མྱ་ངན་ལས་འདས་པའི་དབྱིངས་ཞེས་བགྱི་བ་འདི་ནི་དེ་ བཞིན་གཤེགས་པའི་ཆོས་ཀྱི་སྐུའི་ཚིག་བླ་དྭགས་ལགས་སོ། །ཞེས་གསུངས་པ་ཡིན་ནོ། ། དེ་ལ་(སྔར་གྱི་)ཚིགས་སུ་བཅད་པ་ཕྱེད་ཕྱི་མས་ཅི་བསྟན་ཞེ་ན། རྣམ་ཀུན་མངོན་པར་ བྱང་ཆུབ་(སངས་རྒྱས་)དང་། །དྲི་མ་བག་ཆགས་བཅས་སྤངས་པ(་མྱང་འདས་ ཏེ)། །སངས་རྒྱས་(དང་)མྱ་ངན་འདས་པ་(གཉིས་)ནི། །དམ་པའི་དོན་དུ་(གཅིག་ པས་)གཉིས་(སུ་) མེད་(པ་)ཉིད(་དོ)། །གང་གི་ཕྱིར་(བག་ཆགས་དང་བཅས་ པའི་)ཟག་པ་མེད་པའི་(ཆོས་ཀྱི་)དབྱིངས་ཀྱི་རྣམ་གྲངས་བཞི་པོ་འདི་དག་དེ་བཞིན་ གཤེགས་པའི་ཁམས་ཀྱི་དོན་གཅིག་ལ་(ངོ་བོ་གཅིག་ཏུ་)ཡང་དག་པར་འདུ་བ་དེའི་ ཕྱིར། འདི་དག་དོན་གཅིག་པས་གཉིས་སུ་མེད་པའི་ཆོས་ཀྱི་ཚུལ་གྱི་སྒོ་ནས་ཆོས་ཐམས་ ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་བྱང་ཆུབ་པའི་ཕྱིར་སངས་རྒྱས་ཉིད་ ཅེས་བརྗོད་པ་གང་ཡིན་པ་དང་། ལྷན་ཅིག་མངོན་པར་རྫོགས་པར་བྱང་ཆུབ་པས་བག་ ཆགས་དང་བཅས་པའི་དྲི་མ་སྤངས་པའི་ཕྱིར་མྱ་ལས་འདས་པ་ཞེས་བརྗོད་པ་གང་ ཡིན་པ་འདི་གཉི་ག་ཡང་(བག་ཆགས་ཀྱིས་)ཟག་པ་(ཡང་)མེད་པའི་(ཆོས་)དབྱིངས་ལ་ (ངོ་བོ་)དབྱེར་མེད་ཅིང་གཅད་དུ་མེད་དེ་གཉིས་སུ་མེད་དོ་ཞེས་བལྟ་བར་བྱའོ། ། རྣམ་པ་ཐམས་ཅད་གྲངས་མེད་པ་དང་། །བསམ་མེད་དྲི་མེད་ཡོན་ཏན་དང་། །དབྱེར་ མེད་མཚན་ཉིད་ཐར་པ་སྟེ། །ཐར་པ་གང་དེ་དེ་བཞིན་གཤེགས། །ཞེས་བྱ་བ་འདི་ནི་ཇི་ སྐད་དུ་(ཉན་ཐོས་)དགྲ་བཅོམ་པ་དང་། རང་སངས་རྒྱས་ཀྱི་(སྐྱེ་འཆི་ཙམ་གྱི་)མྱ་ངན་ ལས་འདས་(པ་ནི་མཐར་ཐུག་མ་ཡིན་)པའི་དབང་དུ་མཛད་ནས། (ཀྱེ་)བཅོམ་ལྡན་ འདས་(ཉན་རང་གི་)མྱ་ངན་ལས་འདས་པ་ཞེས་བགྱི་བ་འདི་ནི་(མ་རིག་བག་ཆགས་ 9-1-93 ཀྱི་སའི་མྱ་ངན་ལས་མ་འདས་པས་)དེ་བཞིན་གཤེགས་པ་རྣམས་ཀྱི་(བརྩོན་འགྲུས་ཞན་ པ་རྣམས་མཐར་ཐུག་གི་མྱང་འདས་ལ་དྲང་བའི་)ཐབས་(མཁས་པ་)ལགས་སོ་ཞེས་ གསུངས་པ་སྟེ། (ཐབས་མཁས་པ་)འདིས་ནི་(དཔེར་ན་)ལམ་རིང་པོས་དུབ་པ་རྣམས་ ལ་འབྲོག་དགོན་པའི་དབུས་སུ་གྲོང་ཁྱེར་སྤྲུལ་པ་བཞིན་དུ་འདི་ནི་ཆོས་ཀྱི་དབང་ཕྱུག་ དམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་(འཁོར་བར་)ཕྱིར་མི་ལྡོག་པའི་ ཐབས་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་ བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་(བག་ཆགས་ཀྱི་)མྱ་ངན་ལས་ འདས་པ་(ཡང་དག་)ཐོབ་པའི་ཕྱིར། (ཆོས་ཀྱི་རྣམ་པ་)ཐམས་ཅད་(ཀྱི་མཆོག་དང་ལྡན་ པ་དང་)གཞལ་དུ་མེད་པ(་དང་)། བསམ་གྱིས་མི་ཁྱབ་པ་(དང་)རྣམ་པར་དག་པའི་ མཐར་ཕྱིན་པའི་ཡོན་ཏན་དང་(བཞི་སྟེ་བཞི་པོ་དེ་)ལྡན་པའོ་ཞེས་བྱ་བ་འདིས་ནི་(ས་ བརྒྱད་པ་དགུ་པ་བཅུ་པ་སངས་རྒྱས་ཀྱི་སར་)ཡོན་ཏན་རྣམ་པ་(བཞི་པོ་དེ་)གྲུབ་པ་ དང་དབྱེར་མེད་པའི་མཚན་ཉིད་མྱ་ངན་ལས་འདས་པ་ཐོབ་པས་(མྱང་འདས་)དེའི་ བདག་ཉིད་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་བའི་ཕྱིར། སངས་རྒྱས་དང་ མྱ་ངན་ལས་འདས་པ་དག་(ངོ་བོ་)རྣམ་པར་དབྱེ་བ་མེད་པའི་ཡོན་ཏན་དང་ལྡན་པའི་ ཕྱིར་ན་(ས་བཅུ་པ་མན་ཆད་ལ་འདི་ལྟ་བུའི་)སངས་རྒྱས་ཉིད་མེད་པར་(ཉན་ རང་)འགའ་ཡང་(མཐར་ཐུག་གི་)མྱ་ངན་ལས་འདས་པ་(གཙང་བ་དམ་པ་)ཐོབ་པ་ མེད་དོ། །ཞེས་བསྟན་པ་ཡིན་ནོ། ། དེ་ལ་ཟག་པ་མེད་པའི་དབྱིངས་ལ་(ཆོས་ཐམས་ཅད་ཀྱི་)རྣམ་པ་ཐམས་ཅད་ཀྱི་མཆོག་ དང་ལྡན་པའི་སྟོང་པ་ཉིད་(ཕར་ཕྱིན་དྲུག་གིས་)མངོན་པར་བསྒྲུབས་པས་དེ་བཞིན་ གཤེགས་པ་རྣམས་ཀྱི་ཡོན་ཏན་(རྣམ་པ་)ཐམས་ཅད་པ་ཉིད་ནི་(རྒྱལ་པོའི་གཟུགས་ ཅན་གྱི་)རི་མོ་མཁན་གྱི་དཔེས་རིག་པར་བྱ་སྟེ། (དཔེ་)ཇི་ལྟར་(གཟུགས་ཅན་གྱི་)རི་མོ་ འདྲི་(བར་)བྱེད་པ། །(དྲུག་ཡོད་པ་ལས་རེ་རེས་ཡན་ལག་རེ་རེ་ཤེས་ཤིང་ཅིག་གིས་ ཐམས་ཅད་རྫོགས་པར་མི་ཤེས་པས་རེ་རེ་ཡན་ལག་མགོ་ལྟ་བུ་)གཞན་དང་གཞན་ལ་ 9-1-94 མཁས་པ་དག །(ཏུ་གྱུར་པས་བྲི་མཁན་)གང་ཞིག་ཡན་ལག་གང་ཤེས་པ། །དེས་ (ཡན་ལག་)གཞན་ངེས་ཟིན་(པ་ནི་)མེད་པར་གྱུར(་ལ)། །དེ་ནས་(རྒྱལ་པོས་རས་)འདི་ ལ་(རི་མོ་མཁན་ཡན་ལག་གང་དང་གང་ལ་མཁས་པ་)ཁྱེད་ཀུན་གྱིས། །(ཐམས་ཅད་ ལོག་ནས་)ང་ཡི་གཟུགས་ནི་གྱིས་ཤིག་ཅེས། །མངའ་བདག་རྒྱལ་པོས་དེ་དག་ལ། །(རྒྱལ་ པོའི་)བཀའ་ཡིས་(བྲིས་གཞིའི་)རས་ནི་བྱིན་པ་དང་། །དེ་ནས་དེ་ནི་ཐོས་གྱུར་ཏེ། །རི་ མོའི་ལས་ལ་རབ་སྦྱོར་རོ། །དེ་ལ་མངོན་པར་སྦྱོར་རྣམས་ལས། །(ཡན་ལག་ཤེས་པའི་རི་ མོ་མཁན་)གཅིག་ཅིག་ཡུལ་གཞན་སོང་གྱུར་ན། །དེ་ནི་ཡུལ་གཞན་སོང་བས་ན། །དེ་མ་ ཚང་ཕྱིར་རི་མོ་དེ། །ཡན་ལག་ཐམས་ཅད་ཡོངས་རྫོགས་པ། །མི་འགྱུར་བཞིན་ཞེས་ དཔེར་བྱས་སོ། །དེ་རྣམས་འདྲི་བྱེད་(ཀྱི་དཔེས་བསྟན་པའི་དོན་)གང་དག་ཡིན(་ཞེ་ ན)། །སྦྱིན་དང་ཚུལ་ཁྲིམས་བཟོད་ལ་སོགས(་ཕ་རོལ་ཏུ་ཕྱིན་པ་དྲུག་གོ)། །རྣམ་པ་ཀུན་ གྱི་མཆོག་ལྡན་པ། །སྟོང་པ་ཉིད་ནི་(རྒྱལ་པོའི་)གཟུགས་སུ་བརྗོད(་པའི་དཔེས་བསྟན་ ཏོ། །དེས་ན་ཉན་རང་གི་མྱང་འདས་ནི་ཆོས་སྐུའི་ཡོན་ཏན་གྱི་རྣམ་པ་ཐམས་ཅད་ རྫོགས་པར་མ་ཚང་སྟེ་སྒྲུབ་བྱེད་ཀྱི་རྒྱུ་ཕ་རོལ་ཏུ་ཕྱིན་པ་མ་ཚང་བའི་ཕྱིར་རོ། །ཇི་སྐད་ དུ། ཐབས་མེད་ཤེས་རབ་བྲལ་བ་ཉན་ཐོས་ཉིད་དུ་ལྟུང་། །ཞེས་བྱས་སོ)། །དེ་ལ་སྦྱིན་པ་ ལ་སོགས་པ་འདི་དག་ཉིད་ལས། (ཕར་ཕྱིན་)རེ་རེ་ཡང་སངས་རྒྱས་ཀྱི་(རྟོགས་ པའི་)ཡུལ་མཐའ་ཡས་པར་རྣམ་པའི་རབ་ཏུ་དབྱེ་བ་ཐ་དད་པའི་ཕྱིར་(ཕར་ཕྱིན་རེ་རེ་ ཡང་)ཚད་མེད་པར་རིག་པར་བྱའོ། །(ཕར་ཕྱིན་རེ་རེ་ཡང་)གྲངས་དང་མཐུ་དག་གིས་ ནི་(རྟོགས་པའི་ཡོན་ཏན་)བསམ་གྱིས་མི་ཁྱབ་པ་ཉིད་དོ། །(སྤང་བྱ་)སེར་སྣ་ལ་སོགས་ པ་(ཕ་རོལ་ཏུ་ཕྱིན་པའི་)མི་མཐུན་པའི་ཕྱོགས་ཀྱི་བག་ཆགས་བསལ་བའི་ཕྱིར་ནི་ (སྤངས་པའི་ཡོན་ཏན་)རྣམ་པར་དག་པ་མཆོག་ཉིད་དོ། །དེ་ལ་(ལམ་ལ་ཞུགས་ནས་ ཡོན་ཏན་གྱི་)རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱི་ཏིང་ངེ་ འཛིན་གྱི་སྒོ་བསྒོམས་པས་མི་སྐྱེ་(མི་འགག་)བའི་(ཡོན་ཏན་གྱི་)ཆོས་(ལྷུན་གྱིས་གྲུབ་ པ་)ཉིད་འཐོབ་པའི་ཕྱིར། བྱང་ཆུབ་སེམས་དཔའི་ས་(བརྒྱད་པ་)མི་གཡོ་བ་ལ་རྣམ་པར་ 9-1-95 མི་རྟོག་པ་སྐྱོན་མེད་པ་རྒྱུན་མི་འཆད་པ་རང་གི་ངང་གིས་འཇུག་པའི་ལམ་ཤེས་པ་ལ་ བརྟེན་པས་ན། ཟག་པ་མེད་པའི་དབྱིངས་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་ཡོན་ཏན་ (རྣམ་པ་)ཐམས་ཅད་པ་ཉིད་ཡང་དག་པར་འགྲུབ་བོ། །བྱང་ཆུབ་སེམས་དཔའི་ས་(དགུ་ པ་)ལེགས་པའི་བློ་གྲོས་ལ་ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་རྒྱ་མཚོ་གྲངས་མེད་པ་ དག་གིས་ཚད་མེད་པའི་སངས་རྒྱས་ཀྱི་ཆོས་ཡོངས་སུ་འཛིན་པའི་ཤེས་པ་ལ་བརྟེན་ པས་ན་ཡོན་ཏན་(གྱི་རྣམ་པ་)ཚད་མེད་པ་ཉིད་ཡང་དག་དག་པར་འགྲུབ་བོ། །བྱང་ ཆུབ་སེམས་དཔའི་ས་(བཅུ་པ་)ཆོས་ཀྱི་སྤྲིན་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་(སྐུ་ གསུང་ཐུགས་ཀྱི་)གསང་བའི་གནས་ལྐོག་ཏུ་མ་གྱུར་པའི་ཤེས་པ་ལ། བརྟེན་པས་ན་ ཡོན་ཏན་(གྱི་རྣམ་པ་མི་འདྲ་བ་)བསམ་གྱིས་མི་ཁྱབ་པ་ཉིད་མངོན་པར་འགྲུབ་ བོ། །དེའི་རྗེས་ཐོགས་སུ་སངས་རྒྱས་ཀྱི་ས་(གཙང་བདག་བདེ་དང་རྟག་པའི་ཕ་རོལ་ཏུ་ ཕྱིན་པ་)ཐོབ་པའི་ཕྱིར། (མ་རིག་)བག་ཆགས་(ཀྱི་ས་)དང་བཅས་པའི་ཉོན་མོངས་པ་ དང་ཤེས་བྱའི་སྒྲིབ་པ་མཐའ་དག་ལས་གྲོལ་བའི་ཤེས་པ་ལ་བརྟེན་པས་ན་རྣམ་པར་ དག་པ་(གཙང་བ་དམ་པ་)མཆོག་གི་ཡོན་ཏན་ཉིད་ཡང་པར་འགྲུབ་བོ། །གང་གི་ཕྱིར་ (བརྒྱད་པ་དགུ་པ་བཅུ་པ་སངས་རྒྱས་ཀྱི་)སའི་ཡེ་ཤེས་ཀྱི་རྟེན་བཞི་པོ་འདི་དག་ལ་ (ཉན་ཐོས་)དགྲ་བཅོམ་པ་དང་རང་སངས་རྒྱས་(གནས་པ་)མཐོང་བ་མེད་པ་དེའི་ཕྱིར་ (ཉན་རང་)དེ་དག་ནི་(ས་བཞི་པོ་དེའི་)ཡོན་ཏན་རྣམ་པ་བཞི་གྲུབ་པ་དང་དབྱེར་མེད་ པའི་མཚན་ཉིད་(མ་རིག་གི་བག་ཆགས་ཀྱི་སའི་)མྱ་ངན་ལས་འདས་པའི་དབྱིངས་ལས་ རིང་དུ་གྱུར་པ་ཡིན་ནོ་ཞེས་བྱའོ། ། (ཇི་ལྟ་བ་མཁྱེན་པའི་)ཤེས་རབ་(དང་ཇི་སྙེད་པ་མཁྱེན་པའི་)ཡེ་ཤེས་(དང་)རྣམ་གྲོལ་ (སྤངས་པ་)རྣམས། །(རིམ་པ་ལྟར་)གསལ་དང་འཕྲོ་དང་དག་ཕྱིར་དང་། །(ངོ་བོ་)ཐ་ དད་མེད་ཕྱིར་འོད་དང་ཟེར། །ཉི་མའི་དཀྱིལ་འཁོར་རྣམས་དང་མཚུངས། །(ཇི་ལྟ་བ་ མཁྱེན་པའི་)ཤེས་རབ་གང་དང་(ཇི་སྙེད་པ་མཁྱེན་པའི་)ཡེ་ཤེས་གང་དང་རྣམ་པར་ གྲོལ་བ་(སྤངས་པ་)གང་གིས། (ས་བཞི་པོ་དེར་)ཡོན་ཏན་རྣམ་པ་བཞི་འགྲུབ་པ་དང་ 9-1-96 དབྱེ་བ་མེད་པའི་མཚན་ཉིད་ཀྱི་མྱ་ངན་ལས་འདས་པའི་དབྱིངས་དེ་མཚོན་པར་བྱེད་ པ་དེ་དག་ནི་གོ་རིམ་ཇི་ལྟ་བ་བཞིན་དུ་དེ་དག་ནི་(རྟོགས་པའི་ཡེ་ཤེས་གཉིས་སྤངས་པ་ སྟེ་)གསུམ་དང་(གསུམ་ག་ཐ་དད་མེད་པའི་)རྣམ་པ་གཅིག་གིས་ཉི་མ་དང་ཆོས་མཐུན་ པ་རྣམ་པ་བཞི་བསྟན་ཏེ། དེ་ལ་སངས་རྒྱས་ཀྱི་རྒྱུད་ལ་མངའ་བ་(ཡིད་ཀྱི་ལུས་ལ་སོགས་ པའི་)འཇིག་རྟེན་ལས་འདས་པ་(སྤངས་པའི་ངོ་བོ་)རྣམ་པར་མི་རྟོག་པའི་ཤེས་རབ་ནི་ ཤེས་བྱའི་དེ་ཁོ་ན་ཉིད་དམ་པའི་མུན་པ་སེལ་བར་ཉེ་བར་གནས་པའི་ཕྱིར། འོད་གསལ་ བ་དང་ཆོས་མཚུངས་སོ། །དེའི་རྗེས་ལ་(རྟོགས་པའི་ཡོན་ཏན་)ཐོབ་པ་ཤེས་བྱ་ཐམས་ ཅད་ཀྱི་(རྣམ་པ་ཅན་མེ་ལོང་ལྟ་བུའི་)ཡེ་ཤེས་ནི། ཤེས་བྱའི་དངོས་པོ་མ་ལུས་པ་རྣམ་པ་ ཐམས་ཅད་ལ་འཇུག་པས་ན། འོད་ཟེར་གྱི་དྲ་བ་འཕྲོ་བ་དང་ཆོས་མཚུངས་སོ(་འདིར་ ཆོས་ཅན་མཁྱེན་པའི་ཆ་ལ་རྗེས་ཐོབ་ཅེས་བྱའོ)། །དེ་གཉི་གའི་རྟེན་སེམས་ཀྱི་རང་ བཞིན་(བག་ཆགས་ལས་ཀྱང་)རྣམ་པར་གྲོལ་བ་ནི། ཤིན་ཏུ་དྲི་མ་མེད་ཅིང་འོད་གསལ་ བ་ཉིད་ཀྱིས། ཉི་མའི་དཀྱིལ་འཁོར་རྣམ་པར་དག་པ་དང་ཆོས་མཚུངས་སོ། །གསུམ་ག་ ཡང་ཆོས་ཀྱི་དབྱིངས་དང་དབྱེ་བ་མེད་པའི་རང་བཞིན་ཉིད་ཀྱིས་གསུམ་པོ་དེ་རྣམ་ པར་དབྱེ་བ་མེད་པ་དང་ཆོས་མཚུངས་སོ། ། (སངས་རྒྱས་ཀྱི་སྤངས་རྟོགས་ཐམས་ཅད་མྱ་ངན་ལས་འདས་པ་དང་ཐ་དད་མེད་ པ་)དེས་ན་སངས་རྒྱས་མ་ཐོབ་པར། །(བག་ཆགས་དང་བཅས་པའི་)མྱ་ངན་(ཐམས་ ཅད་ལས་)འདས་པ(འི་གཙང་བ་དམ་པ་)མི་འཐོབ་སྟེ། །(དཔེར་ན་)འོད་དང་འོད་ ཟེར་སྤངས་ནས་ནི། །ཉི་མ་ལྟ་བར་མི་ནུས་བཞིན། །གང་གི་ཕྱིར་ཐོག་མ་མེད་པ་ནས་ (རང་གི་ངོ་བོ་)ཉེ་བར་གནས་པའི་རང་བཞིན་(དོན་དམ་པའི་)དགེ་བའི་ཆོས་དང་ ལྡན་པའི་ཁམས་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་ཡོན་ཏན་རྣམ་པར་དབྱེ་བ་མེད་ པའི་ཆོས་ཉིད་ཡིན་པ་དེའི་ཕྱིར་(ཇི་ལྟ་བ་མཁྱེན་པ་)ཆགས་པ་མེད་པ་(ཇི་སྙེད་པ་ མཁྱེན་པ་)ཐོགས་པ་མེད་པའི་ཡེ་ཤེས་ཀྱི་གཟིགས་པ་མངའ་བའི་དེ་བཞིན་གཤེགས་པ་ མ་ཐོབ་པར། སྒྲིབ་པ་ཐམས་ཅད་ལས་རྣམ་པར་གྲོལ་བའི་མཚན་ཉིད་མྱ་ངན་ལས་ 9-1-97 འདས་པའི་དབྱིངས་རྟོགས་པ་མངོན་དུ་བྱེད་པ་མི་འཐད་དེ། (དཔེར་ན་)འོད་དང་ འོད་ཟེར་མ་མཐོང་བར་ཉི་མའི་དཀྱིལ་འཁོར་མི་མཐོང་བ་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་ (ཀྱེ་)བཅོམ་ལྡན་འདས་(སྤངས་རྟོགས་)དམན་པ་དང་གྱ་ནོམ་(པ་བཟང་ངན་གྱི་ཁྱད་ པར་ཡོད་)པའི་ཆོས་(འཇིག་རྟེན་པ་རྣམས་)ལ་ནི་(མཐར་ཐུག་གི་)མྱ་ངན་ལས་འདས་ (པ་འདུས་མ་བྱས་)པའི་ཆོས་མ་མཆིས་ལགས་སོ། །བཅོམ་ལྡན་འདས་མྱ་ངན་(ཐམས་ ཅད་)ལས་འདས་པ་རྟོགས་པ་ནི་(སངས་རྒྱས་ཀྱི་སྤངས་རྟོགས་)མཚུངས་པའི་ཆོས་ རྣམས་ཀྱི་(མྱང་འདས་རོ་མཉམ་པ་)ལགས་སོ། །བཅོམ་ལྡན་འདས་མྱ་ངན་ལས་འདས་ པ་རྟོགས་པ་ནི་(སངས་རྒྱས་རྣམས་ཀྱི་)ཡེ་ཤེས་(རྟོགས་པ་)མཚུངས་པ་དང་། (སངས་ རྒྱས་རྣམས་ཀྱི་)རྣམ་པར་གྲོལ་བ་(སྤངས་པ་)མཚུངས་པ་དང་། (སངས་རྒྱས་རྣམས་ ཀྱི་)རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་(སྤྲིན་མཐོངས་མཁའ་ལ་ཉི་བཞིན་མིན་ པར་)མཚུངས་པ་རྣམས་ཀྱི་(ཁྱད་ཆོས་)ལགས་སོ། །བཅོམ་ལྡན་འདས་དེའི་སླད་དུ་མྱ་ ངན་ལས་འདས་པའི་དབྱིངས་ནི། (རིགས་པར་རྟོགས་པ་)རོ་གཅིག་པ་(གྲོལ་བར་ སྤངས་པ་)རོ་མཚུངས་པ་ཞེས་བརྗོད་དོ། །འདི་ལྟ་སྟེ། རིག་པ་དང་རྣམ་པར་གྲོལ་བའི་ རོས་སོ། །ཞེས་གསུངས་སོ། ། (ངོ་བོ་རྒྱུ་འབྲས་ལས་ལྡན་ལ་སོགས་པ་རྒྱས་པར་བཤད་པ་)དེ་ལྟར་རྒྱལ་བའི་སྙིང་པོ་ ནི། །(དོན་དམ་དབྱིངས་ཀྱི་དགོངས་དོན་གྱི་)རྣམ་བཞག་རྣམ་པ་བཅུ་ཞེས་བརྗོད(་ ནས)། །(སླར་ཡང་གློ་བུར་གྱི་)ཉོན་མོངས་སྦུབས་ན་གནས་པ་དེ། །(དྲི་མ་དང་སྙིང་ པོའི་)དཔེ་(དགུ་དགུ་)དག་གིས་ནི་(དྲི་མ་དང་སྙིང་པོའི་དོན་དགུ་དགུ་དེ་མ་ཐག་འོག་ ནས་འབྱུང་བ་)ཤེས་པར་བྱ(འོ)། །དེ་ལྟར་ཕྱི་མའི་མཐའི་མུ་དང་མཚུངས་པ། (གནས་ གསུམ་གར་)རྟག་པའི་ཆོས་ཉིད་(དུ་)རིག་པར་བྱ་བ་ཉིད་ཀྱི་དབང་དུ་བྱས་ནས། (ངོ་བོ་ རྒྱུ་འབྲས་ལ་སོགས་པ་)དོན་རྣམ་པ་བཅུས་དེ་བཞིན་གཤེགས་པའི་སྙིང་པོ་འདི་རྣམ་ པར་བཞག་པ་བཤད་པ་ཡིན་ནོ། །ཐོག་མ་མེད་པའི་དུས་ནས་ཉེ་བར་གནས་པ་(བདག་ ཉིད་གཅིག་ཏུ་)མ་འབྲེལ་བའི་རང་བཞིན་གྱི་ཉོན་མོངས་པའི་སྦུབས་ཉིད་དང་། ཐོག་ 9-1-98 མ་མེད་པ་ནས་ཉེ་བར་གནས་(ངོ་བོ་གཅིག་ཏུ་)པ་འབྲེལ་བའི་རང་བཞིན་དག་པའི་ ཆོས་ཉིད་ཀྱི་དབང་དུ་བྱས་ནས། (དྲི་མ་དང་སྙིང་པོའི་)དཔེ་(དགུ་)དགུས་དེ་བཞིན་ གཤེགས་པའི་སྙིང་པོ་(གློ་བུར་གྱི་)ཉོན་མོངས་པའི་སྦུབས་བྱེ་བ་མཐའ་ཡས་པས་ གཏུམས་པ་ནི་(དེ་བཞིན་གཤེགས་པའི་སྙིང་པོའི་)མདོ་ཇི་ལྟ་བ་བཞིན་དུ་(འདིར་ བསྟན་པར་)རྟོགས་པར་བྱའོ། ། དཔེ་དགུ་(དགུ་)གང་ཞེ་ན། (དྲི་མ་དང་སྙིང་པོ་གཉིས་ཀའི་དཔེ་མདོར་བསྟན་པ་ནི་དྲི་ མ་དང་འདྲེས་པའི་དཔེར་བཀོད་པ་འདི་ལྟ་སྟེ།)སངས་རྒྱས་པད་ངན་སྦྲང་རྩི་སྦྲང་མ་ དང་། །སྦུན་ལ་སྙིང་པོ་མི་གཙང་ནང་ན་གསེར། །ས་ལ་གཏེར་དང་མྱུག་སོགས་འབྲས་ ཤུན་དང་། །གོས་རུལ་ནང་ན་རྒྱལ་བའི་སྐུ་དང་ནི། །བུད་མེད་ངན་མའི་ལྟོ་ན་མི་བདག་ དང་། །ས་ནང་རིན་ཆེན་གཟུགས་ཡོད་(ཀྱང་སྒྲིབ་པ་དང་བྲལ་བ་དེ་སྲིད་བྱ་བ་མི་བྱེད་ པའི་དཔེ་འདི་རྣམས་)ཇི་ལྟ་བར། །གློ་བུར་ཉོན་མོངས་དྲི་མས་བསྒྲིབས་པ་ཡི། །སེམས་ ཅན་(སློབ་པ་མན་ཆད་)རྣམས་ལ་དེ་བཞིན་ཁམས་འདི་གནས། ། (སྒྲིབ་པ་སེལ་བའི་རྐྱེན་དང་འཛོམ་སྟེ་སྙིང་པོ་མི་ཤེས་པའི་དྲི་མ་ཅུང་ཟད་ནས་བྲལ་ བས་སྔར་བཞིན་དུ་སྡུག་བདེའི་སྐྱོན་ཡོན་མཐོང་བ་ལ་སོགས་པའི་ལས་བྱེད་པའི་སངས་ རྒྱས་དཔེ་དགུ་ཚན་གཉིས་བཀོད་པའི་དོན་ནི། སོ་སོར་ཕྱེ་ནས་བཤད་པ་ལ།)དྲི་མ་(ཀྱང་ སའི་དཔེ་དགུ་ནི་)པད་མ་སྲོག་ཆགས་སྦུན་པ་མི་གཙང་ས་འབྲས་གོས་རུལ་དང་། །སྡུག་ བསྔལ་འབར་བས་མངོན་པར་གདུངས་པའི་བུད་མེད་ས་ཡི་ཁམས་དང་མཚུངས། ། (སྙིང་པོའི་དཔེ་དགུ་ནི་དྲི་མ་དང་བྲལ་བའི་དཔེར་སྦྱར་བ་འདི་ལྟ་སྟེ།)སངས་རྒྱས་སྦྲང་ རྩི་སྙིང་པོ་གསེར་དང་གཏེར་དང་ནྱ་གྲོ་རིན་ཆེན་སྐུ། །གླིང་བདག་མཆོག་དང་རིན་ ཆེན་གཟུགས་(སྒྲིབ་བྱེད་དང་བྲལ་བ་དག་)དང་(གློ་བུར་གྱི་)དྲི་མེད་ཁམས་མཆོག་ མཚུངས་པ་ཉིད། །(དེ་དག་དཔེ་དོན་སྦྱར་ནས་རྒྱས་པར་བཤད་པ་ནི་འདོད་ཆགས་ ཀྱི་)ཉོན་མོངས་པ་ནི་པད་མ་ངན་པའི་སྦུབས་དང་འདྲ་ལ། དེ་བཞིན་གཤེགས་པའི་ ཁམས་ནི་སངས་རྒྱས་ལྟ་བུ་སྟེ། (དཔེ་)ཇི་ལྟར་མདོག་ངན་པད་མའི་ཁོང་(ན་)གནས་ 9-1-99 པ། །མཚན་སྟོང་གིས་འབར་དེ་བཞིན་གཤེགས་པ་ནི། །དྲི་མེད་ལྷ་ཡི་མིག་ལྡན་མིས་ མཐོང་ནས། །ཆུ་སྐྱེས་འདབ་མའི་སྦུབས་ནས་(དེ་)འབྱིན་(པར་)བྱེད་པ། །དེ་བཞིན་བདེ་ གཤེགས་(ལས་ཀྱི་སྒྲིབ་པ་ཤིན་ཏུ་ཆེ་བ་)མནར་མེད་(དུ་)གནས་(པའི་སེམས་ ཅན་)རྣམས་ལའང་། །སངས་རྒྱས་སྤྱན་གྱིས་རང་(གི་ངོ་བོར་གྱུར་པའི་)ཆོས་ཉིད་ (འདུག་པ་)གཟིགས་ཏེ། །སྒྲིབ་མེད་ཕྱི་མཐའི་མུར་གནས་ཐུགས་རྗེ་ཡི། །བདག་ (ཉིད་)ཅག་(གྱི་སེམས་ཅན་)སྒྲིབ་པ་ལས་ནི་གྲོལ་བར་བྱེད། །(ཡང་དེ་ཉིད་བཤད་པ་)ཇི་ ལྟར་མི་སྡུག་པད་མ་ཟུམ་ལ་བདེ་བར་གཤེགས་པ་ནི། །(པད་མ་)དེ་ཡི་ཁོང་(ན་)གནས་ (པ་)ལྷ(འི་)མིག་(གིས་)མཐོང་ནས་(པད་མའི་)འདབ་མ་གཅོད་བྱེད་ལྟར། །ཆགས་སྡང་ (ལ་)སོགས་(ཀྱིས་)དྲི་(མའི་)སྦུབས་(ཀྱིས་)བསྒྲིབས་(པ་)རྫོགས་(པའི་)སངས་(རྒྱས་ ཀྱི་)སྙིང་པོ(་ཡོད་པ)འི་འགྲོ་གཟིགས་ཏེ། །ཐུགས་རྗེས་ཐུབ་པས་དེ་བཞིན་སྒྲིབ་པ་དེ་ནི་ འཇོམས་པར་མཛད། ། (ཡང་ཞེ་སྡང་གི་)ཉོན་མོངས་པ་ནི་སྲོག་ཆགས་སྦྲང་མ་དང་འདྲ་ལ། དེ་བཞིན་གཤེགས་ པའི་སྙིང་པོ་ནི་སྦྲང་རྩི་ལྟ་བུ་སྟེ། ཇི་ལྟར་སྲོག་ཆགས་(སྦྲང་མའི་)ཚོགས་(ཀྱིས་)བསྐོར་ (བའི་)སྦྲང་རྩི་ནི། །སྐྱེས་བུ་མཁས་པ་(སྦྲང་རྩི་) དེ་དོན་(དུ་)གཉེར་བ་ཡིས། །མཐོང་ ནས་ཐབས་ཀྱིས་(སྦྲང་རྩི་)དེ་དང་སྲོག་ཆགས་(སྦྲང་མའི་)ཚོགས། །ཀུན་ནས་བྲལ་བར་ རབ་ཏུ་བྱེད་པ་བཞིན། །དྲང་སྲོང་ཆེན་པོས་ཀུན་མཁྱེན་སྤྱན་གྱིས་ནི། །རིག་ཁམས་སྦྲང་ རྩི་དང་འདྲ་འདི་གཟིགས་ནས། །དེ་ཡི་སྒྲིབ་པ་སྦྲང་མ་དང་འདྲ་བ། ། གཏན་ནས་རབ་ ཏུ་སྤོང་བར་མཛད་པ་ཡིན། །(ཡང་དེ་ཉིད་བཤད་པ།) ཇི་ལྟར་སྦྲང་རྩི་སྲོག་ཆགས་(སྦྲང་ བུ་)བྱེ་བ་ཁྲག་ཁྲིག་སྟོང་(གིས་)བསྒྲིབས་(པ་དེ་)སྦྲང་རྩི་དོན་གཉེར་མིས། །སྦྲང་མ་དེ་ དག་བསལ་ཏེ་ཇི་ལྟར་འདོད་པ་བཞིན་དུ་སྦྲང་རྩིའི་བྱ་བྱེད་པ། ། དེ་བཞིན་ལུས་ཅན་ལ་ ཡོད་ཟག་པ་མེད་པའི་ཤེས་པ་སྦྲང་མའི་རྩི་དང་འདྲ། །ཉོན་མོངས་སྦྲང་མ་དང་འདྲ་དེ་ འཇོམས་པ་ལ་མཁས་པའི་རྒྱལ་བ་སྐྱེས་བུ་བཞིན། ། (ཡང་གཏི་མུག་གི་)ཉོན་མོངས་པ་ནི་ཕྱིའི་སྦུན་པ་དང་འདྲ་ལ། དེ་བཞིན་གཤེགས་པའི་ 9-1-100 ཁམས་ནི་ནང་གི་(འབྲས་བུའི་)སྙིང་པོ་བཞིན་ཏེ། ཇི་ལྟར་སྦུན་ལྡན་འབྲུ་ཡི་སྙིང་པོ་ ནི། །མི་རྣམས་ཀྱི་ནི་ལོངས་སྤྱོད་(རུང་བར་)མི་འགྱུར་བས། །ཟས་(བཏུང་)སོགས་དོན་ དུ་གཉེར་བ་གང་ཡིན་པ། །དེ་དག་གིས་ནི་སྦུན་ནས་(འབྲུ་)དེ་འབྱིན་(པ་)ལྟར། ། དེ་ བཞིན་སེམས་ཅན་ལ་(དག་རྒྱུ་)ཡོད་(པ་)ཉོན་མོངས་ཀྱི། །དྲི་མ་དང་འདྲེས་(པའི་)རྒྱལ་ བའང་ཇི་སྲིད་དུ། །(དག་པར་བྱེད་པའི་རྐྱེན་དང་ཕྲད་ནས་)ཉོན་མོངས་དྲི་མ་འདྲེས་ ལས་མ་གྲོལ་བ། །དེ་སྲིད་(རྒྱུ་རྐྱེན་དག་གི་) རྒྱལ་(བའི་)མཛད་(པ་)སྲིད་གསུམ་དུ་མི་ བྱེད། ། (ཡང་དེ་ཉིད་བཤད་པ་)ཇི་ལྟར་ས་ལུ་བྲ་འོ་ནས་འབྲུའི་སྙིང་པོ་སྦུན་ལས་མ་བྱུང་ གྲ་མ་ཅན། །ལེགས་པར་(སྦུན་དང་བྲལ་)མ་བསྒྲུབས་(ན་) མི་རྣམས་ཀྱི་ནི་(ལོངས་)སྤྱད་ བྱ་བཟའ་བ་ཞིམ་པོར་མི་འགྱུར་ལྟར། །དེ་བཞིན་སེམས་ཅན་ལ་ཡོད་ཆོས་ཀྱི་དབང་ཕྱུག་ ཉོན་མོངས་སྦུན་ལས་མ་གྲོལ་བ། །ཉོན་མོངས་(བཀྲེས་སྐོམ་གྱི་)བྲུ་བས་ཉེན་པའི་འགྲོ་ལ་ ཆོས་ཀྱི་དགའ་བའི་རོ་སྟེར་འགྱུར་བ་མིན། །(དུག་གསུམ་ཀུན་ནས་ལྡང་བའི་)ཉོན་ མོངས་པ་ནི་མི་གཙང་བ་ལྗན་ལྗིན་གྱི་གསེབ་གནས་དང་འདྲ་ལ། དེ་བཞིན་གཤེགས་ པའི་ཁམས་ནི་གསེར་(སྦྲམ་)བཞིན་ཏེ། ཇི་ལྟར་རབ་ཏུ་རྒྱུ་ཚེ་མི་ཡི་གསེར(སྦྲམ)། །ལྗན་ ལྗིན་རུལ་བའི་གནས་སུ་ལྷུང་གྱུར་ལ། །(གསེར་གྱི་རང་བཞིན་)མི་འཇིག་(པའི་)ཆོས་ ཅན་དེ་ནི་དེར་དེ་བཞིན། །ལོ་བརྒྱ་མང་པོ་དག་ཏུ་གནས་པ་དེ། །ལྷ་མིག་རྣམ་དག་དང་ ལྡན་ལྷ་ཡིས་དེར། །མཐོང་ནས་མི་ལ་འདི་ན་ཡོད་པའི་གསེར། །རིན་ཆེན་མཆོག་འདི་ (དྲི་མ་)སྦྱངས་ཏེ་རིན་ཆེན་གྱིས། །བསྒྲུབ་པར་བྱ་བ་གྱིས་ཤེས་སྨྲ་བ་ལྟར། །དེ་བཞིན་ཐུབ་ པས་མི་གཙང་དང་འདྲ་བའི། །ཉོན་མོངས་འདམ་(དུ་)བྱིང་(བའི་)སེམས་ཅན་(གྱི་རང་ བཞིན་གྱི་)ཡོན་ཏན་ནི། །གཟིགས་ནས་ཉོན་མོངས་འདམ་དེ་དག་བྱའི་ཕྱིར། །སྐྱེ་དགུ་ རྣམས་ལ་དམ་ཆོས་ཆུ་ཆར་འབེབས། །(ཡང་དེ་ཉིད་བཤད་པ་)ཇི་ལྟར་ལྗན་ལྗིན་རུལ་ བའི་ནང་དུ་ལྷུང་བའི་གསེར་ནི་ལྷ་ཡིས་མཐོང་གྱུར་ནས། །ཀུན་ཏུ་དག་པར་བྱ་ཕྱིར་ མཆོག་ཏུ་(རང་བཞིན་)མཛེས་པ་(དེ་)མི་ལ་ནན་གྱིས་སྟོན་པ་ལྟར། །དེ་བཞིན་རྒྱལ་བས་ (ཡང་)ཉོན་མོངས་མི་གཙང་ཆེན་པོར་ལྷུང་གྱུར་རྫོགས་སངས་(ཀྱི་ངོ་བོ་)རིན་པོ་ 9-1-101 ཆེ། །སེམས་ཅན་རྣམས་ལ་(འདུག་པ་)གཟིགས་ནས་དེ་དག་བྱ་ཕྱིར་ལུས་ཅན་རྣམས་ལ་ ཆོས་སྟོན་ཏོ། ། (མ་རིག་བག་ཆགས་ཀྱི་སས་བསྡུས་པའི་)ཉོན་མོངས་པ་ནི་སའི་མཐིལ་དང་འདྲ་ལ། དེ་ བཞིན་གཤེགས་པའི་ཁམས་ནི་རིན་པོ་ཆེའི་གཏེར་བཞིན་ཏེ། ཇི་ལྟར་མི་དབུལ་ཁྱིམ་ ནང་ས་འོག་ན། །མི་ཟད་པ་ཡི་གཏེར་ནི་ཡོད་གྱུར་ཏེ། །མི་དེས་དེ་མ་ཤེས་ཤིང་གཏེར་དེ་ ཡང་། །དེ་ལ་ང་འདིར་ཡོད་ཅེས་མི་སྨྲ་ལྟར། །དེ་བཞིན་(དྲི་མའི་)ཡིད་ཀྱི་ནང་ཆུད་ (སེམས་ཀྱི་)རིན་ཆེན་གཏེར། །(ངོ་བོའི་)དྲི་མེད་བཞག་དང་(ངོ་བོའི་སྐྱོན་གསར་ དུ་)བསལ་(དུ་)མེད་(པའི་)ཆོས་ཉིད་ཀྱང་། །(མངོན་སུམ་དུ་)མ་རྟོགས་པས་ན་དབུལ་ བའི་སྡུག་བསྔལ་ནི། །རྣམ་མང་རྒྱུན་དུ་སྐྱེ་དགུ་འདིས་མྱོང་ངོ་། །(ཡང་དེ་ཉིད་བཤད་ པ་)ཇི་ལྟར་དབུལ་པོའི་ཁྱིམ་ནང་དུ་ནི་རིན་ཆེན་གཏེར་ཆུད་གྱུར་པ་མི་ལ་ནི། །རིན་ ཆེན་གཏེར་བདག་(འདི་ན་)ཡོད་ཅེས་རྗོད་པར་མི་བྱེད་(པ་)དེ་ནི་མི་ཡིས་ཤེས་མིན་ ལྟར། །དེ་བཞིན་ཆོས་གཏེར་(རང་ལ་ཡོད་ཀྱང་སྒྲིབ་པའི་)ཡིད་ཀྱི་ཁྱིམ་གནས་སེམས་ ཅན་དག་ནི་དབུལ་པོ་ལྟ་བུ་སྟེ། །(སེམས་ཅན་)དེ་དག་རྣམས་ཀྱིས་དེ་ཐོབ་བྱ་ཕྱིར་ འཇིག་རྟེན་དུ་ནི་དྲང་སྲོང་(སངས་རྒྱས་)ཡང་དག་བལྟམས། ། (མཐོང་སྤང་གི་)ཉོན་མོངས་པ་ནི་(ས་བོན་གྱི་)ཤུན་པའི་སྦུབས་དང་འདྲ་ལ། དེ་བཞིན་ གཤེགས་པའི་ཁམས་ནི་ས་བོན་གྱི་མྱུ་གུ་(འབྱུང་དུ་རུང་བ་)ལྟ་བུ་སྟེ། ཇི་ལྟར་ཨ་མྲ་ལ་ སོགས་ཤིང་འབྲས་ལ། །ཡོད་པའི་ས་བོན་མྱུ་གུ་(འབྱུང་རུང་)འཇིག་མེད་ཆོས། །ས་རྨོས་ ཆུ་སོགས་ལྡན་ལས་ལྗོན་ཤིང་གི །རྒྱལ་པོའི་དངོས་པོར་རིམ་གྱིས་འགྲུབ་པ་ལྟར། །སེམས་ ཅན་རྣམས་ཀྱི་མ་རིག་སོགས་འབྲས་ཀྱི། །ལྤགས་སྦུབས་ནང་ཆུད་ཆོས་ཁམས་དགེ་བ་ ཡང་། །དེ་བཞིན་(དུ་ཕར་ཕྱིན་གྱི་)དགེ་བ་དེ་(དང་)དེ་ལ་བརྟེན་ནས། །རིམ་གྱིས་ཐུབ་ པའི་རྒྱལ་པོའི་དངོས་པོར་འགྱུར། །(ཡང་དེ་ཉིད་བཤད་པ་ཕར་ཕྱིན་དྲུག་གི་དཔེ་དྲུག་ ནི།)ཆུ་དང་ཉི་མའི་འོད་དང་རླུང་དང་ས་དང་དུས་(དང་ནམ་)མཁའི་རྐྱེན་རྣམས་ ཀྱིས། །ཏ་ལ་དང་ནི་ཨ་མྲའི་འབྲས་(བུའི་ས་བོན་གྱི་ཤུན་པའི་)སྦུབས་(ཀྱི་)གསེབ་ནས་ 9-1-102 ཤིང་སྐྱེས་ཇི་ལྟར་བར། །སེམས་ཅན་ཉོན་མོངས་འབྲས་(བུའི་)ལྤགས་(པའི་སྦུབས་ ཀྱི་)ནང་ཆུད་རྫོགས་སངས་(ཀྱི་)ས་བོན་(རྐྱེན་དང་ཕྲད་ན་)མྱུ་གུ་(འབྱུང་དུ་རུང་ བ་)ཡང་། །དེ་བཞིན་(ཕར་ཕྱིན་དྲུག་གི་)དགེ་རྐྱེན་དེ་དང་དེ་ཡིས་(རྒྱལ་པོའི་གཟུགས་ རི་མོ་མཁན་གྱིས་བྲིས་པ་འདྲ་བ་ཡོན་ཏན་གྱི་རྣམ་པ་ཀུན་གྱི་མཆོག་དང་ལྡན་ པའི་)ཆོས་མཐོན་(ཞིང་)འཕེལ་བར་འགྱུར་བ་ཡིན། ། (སྒོམ་སྤང་གི་)ཉོན་མོངས་པ་ནི་གོས་རུལ་དང་འདྲ་ལ། དེ་བཞིན་གཤེགས་པའི་ཁམས་ ནི་(དེས་བཏུམས་པའི་)རིན་པོ་ཆེའི་སྐུ་ལྟ་བུ་སྟེ། ཇི་ལྟར་རིན་ཆེན་ལས་བྱས་རྒྱལ་བའི་ གཟུགས། །གོས་རུལ་དྲི་ངན་གྱིས་ནི་གཏུམས་གྱུར་པ། །ལམ་(ཁ་ན་)གནས་(པ་)ལྷ་ཡིས་ མཐོང་ནས་(གོས་ཧྲུལ་དེ་ལས་)གྲོལ་བྱའི་ཕྱིར། །ལམ་(ཁ་ན་)གནས་(པའི་)དོན་དེ་ (མི་)དེ་ལ་སྨྲ་བ་ལྟར། །དེ་བཞིན་ཐོགས་མེད་རྣམ་པ་སྣ་ཚོགས་ཀྱི། །ཉོན་མོངས་ཀྱིས་ བཏུམས་བདེ(ར་)གཤེགས་དངོས་པོ་ཉིད། །དུད་འགྲོ་ལ་ཡང་(སྒོམ་ལམ་པ་དང་ཁྱད་ མེད་པར་ཡོད་པ་)གཟིགས་ནས་དེ་བཞིན་ཏེ། །ཐར་བར་བྱ་བའི་དོན་དུ་ཐབས་སྟོན་ མཛད། །(ཡང་དེ་ཉིད་བཤད་པ་)ཇི་ལྟར་རིན་ཆེན་རང་བཞིན་དེ་བཞིན་གཤེགས་སྐུ་དྲི་ ངན་གོས་བཏུམས་པ། །ལམ་གནས་ལྷ་ཡི་མིག་གིས་མཐོང་ནས་ཐར་ཕྱིར་མི་ལ་སྟོན་པ་ ལྟར། །དེ་བཞིན་ཉོན་མོངས་གོས་རུལ་གྱིས་བཏུམས་འཁོར་བའི་ལམ་ན་གནས་པའི་ ཁམས། །དུད་འགྲོ་ལ་ཡང་(ཁྱད་མེད་པར་ཡོད་པ་)གཟིགས་ནས་ཐར་བར་བྱ་ཕྱིར་རྒྱལ་ བས་ཆོས་སྟོན་ཏོ། ། (མ་དག་པ་ས་བདུན་ལ་གནས་པའི་རྒྱུད་ལ་ཡོད་པའི་)ཉོན་མོངས་པ་ནི་(འཁོར་ལོས་ བསྒྱུར་བའི་རྒྱལ་པོ་རུང་བའི་)སེམས་ཅན་(ལྟོ་བར་)ཞུགས་པའི་མི་མོ་དང་འདྲ་ལ། དེ་ བཞིན་གཤེགས་པའི་ཁམས་ནི་མེར་མེར་པོའི་འབྱུང་བ་ཆེན་པོ་ལ་གནས་པའི་འཁོར་ ལོས་བསྒྱུར་བ་(རུང་བ་)ལྟ་བུ་སྟེ། ཇི་ལྟར་མི་མོ་གཟུགས་ངན་(སྔར་)མགོན་མེད་ འགའ། །(ལྟོ་ན་དེ་ཡོད་ཚེའང་)མགོན་མེད་འདུག་གནས་སུ་ནི་འདུག་གྱུར་ལ། །མངལ་ གྱིས་(འཁོར་ལོས་བསྒྱུར་བའི་)རྒྱལ་པོའི་དཔལ་ནི་(སྐྱོང་ངེས་པ་)འཛིན་བྱེད་པ(ཡིན་ 9-1-103 ཡང་)། །རང་ལྟོ་ན་ཡོད་(པ་དེས་)མི་(ཐམས་ཅད་ཀྱི་)བདག་(དང་མགོན་བྱེད་ པ་)མི་ཤེས་ལྟར། །སྲིད་པར་སྐྱེ་བ་མགོན་མེད་ཁྱིམ་བཞིན་ཏེ། །(གློ་བུར་གྱི་དྲི་མ་)མ་དག་ སེམས་ཅན་མངལ་ལྡན་བུད་མེད་བཞིན། ། (དཔེ་དོན་གཉིས་པོ་)དེ་ལ་གང་ཞིག་ཡོད་ པས་མགོན་(དུ་རུང་བ་དང་)བཅས་པ། །དྲི་མེད་ཁམས་ནི་དེ་ཡི་མངལ་གནས་བཞིན། ། (ཡང་དེ་ཉིད་བཤད་པ་)ཇི་ལྟར་བུད་མེད་ལུས་ལ་དྲི་བཅས་གོས་གྱོན་མི་སྡུག་གཟུགས་ ལྡན་པ། །ས་(ཐམས་ཅད་ཀྱི་)བདག་(པོར་རུང་བ་)མངལ་ན་གནས་ཀྱང་མགོན་(དུ་ རུང་བ་གཏན་ནས་)མེད་(སྙམ་པའི་)ཁང་པར་(མགོན་དང་བྲལ་བའི་)སྡུག་བསྔལ་ མཆོག་མྱོང་ལྟར། །དེ་བཞིན་(སེམས་ཅན་ཐམས་ཅད་ལ་)བདག་རང་ནང་གནས་མགོན་ ཡོད་གྱུར་ཀྱང་(ནང་ན་)མགོན་(དུ་རུང་བ་གཏན་ནས་)མེད་(སྙམ་པའི་)བློ་ལྡན་ པ། །འགྲོ་བ་(བདག་འཛིན་གྱི་)ཉོན་མོངས་དབང་གིས་(ཉོན་)ཡིད་མ་ཞི་བ་སྡུག་བསྔལ་ གཞི་ལ་གནས། ། (དག་པའི་ས་ལ་གནས་པའི་རྒྱུད་ལ་ཡོད་པའི་)ཉོན་མོངས་པ་ནི་(ལུགས་མ་མཁན་གྱིས་ གསེར་གཟུགས་ལ་བྱུགས་པའི་)སའི་འདམ་གོས་པ་དང་འདྲ་ལ། དེ་བཞིན་གཤེགས་ པའི་ཁམས་ནི་གསེར་གྱི་གཟུགས་བཞིན་ཏེ། ཇི་ལྟར་ནང་གི་གསེར་ཞུན་གཟུགས་(ཡོན་ ཏན་)རྒྱས་པ། །(སྐྱོན་)ཞི་བ་ཕྱི་རོལ་ས་ཡི་རང་བཞིན་ཅན། །མཐོང་ནས་དེ་ཤེས་པ་དག་ ནང་གི་གསེར། །(དྲི་མ་)སྦྱང་ཕྱིར་ཕྱི་རོལ་(གྱི་)སྒྲིབ་པ་སེལ་བྱེད་ལྟར། །རང་བཞིན་འོད་ གསལ་(བསྒྲིབས་པའི་)དྲི་མ་རྣམས་ཀྱང་ནི། །གློ་བུར་བར་ནི་རྣམ་པར་གཟུགས་གྱུར་ ནས། །རིན་ཆེན་(གྱི་)འབྱུང་གནས་ལྟ་བུའི་འགྲོ་བ་རྣམས། །སྒྲིབ་པ་དག་ལས་སྦྱོང་ མཛད་བྱང་ཆུབ་མཆོག(བསྐྱེད་དོ།)།(ཡང་དེ་ཉིད་བཤད་པ་)ཇི་ལྟར་དྲི་མེད་གསེར་ འབར་ལས་བྱས་ས་ཡི་ནང་དུ་ཆུད་གྱུར་གཟུགས། །(སྐྱོན་ཐམས་ཅད་)ཞི་ བ(གསེར་)དེའི་རང་བཞིན་མཁས་པས་(ས་འདབ་མིན་པར་)རིག་ནས་ས་དག་སེལ་ བར་བྱེད་པ་ལྟར། །དེ་བཞིན་ཀུན་མཁྱེན་དག་པའི་གསེར་འདྲ་(རང་བཞིན་གྱི་སྐྱོན་ གདོད་ནས་)ཞི་བའི་ཡིད་ནི་མཁྱེན་གྱུར་ནས། །ཆོས་འཆད་ཚུལ་གྱིས་བརྡེག་སྤྱད་སྒྲུབ་ 9-1-104 པས་སྒྲིབ་པ་དག་ནི་སེལ་བར་མཛད། ། དཔེ་རྣམས་ཀྱི་(མཇུག་)བསྡུས་(ནས་བསྟན་)པའི་དོན་ནི། (དྲི་མའི་དཔེ་དགུ་པོ་)པད་ མ་སྲོག་ཆགས་བུང་བ་དང་། །སྦུན་པ་དང་ནི་མི་གཙང་ས། །འབྲས་ཤུན་གོས་རུལ་བུད་ མེད་ཀྱི། །མངལ་དང་ས་ཡི་སྦུབས་ན་ཡང་། །(སྙིང་པོའི་དཔེ་དགུ་པོ་)སངས་རྒྱས་སྦྲང་རྩི་ སྙིང་པོ་བཞིན། །གསེར་བཞིན་གཏེར་བཞིན་ལྗོན་ཤིང་བཞིན། །རིན་ཆེན་སྐུ་དང་འཁོར་ ལོ་ཡིས། །བསྒྱུར་བ་བཞིན་དང་གསེར་གཟུགས་བཞིན། །སེམས་ཅན་ཁམས་ཀྱི་ཉོན་ མོངས་སྦུབས(དང་སྙིང་པོ་གཉིས་རང་བཞིན)། །མ་འབྲེལ་(ཡང་གཉིས་ཀ་ལ་)ཐོག་མ་ མེད་པ་(དེས་)ན། །སེམས་ཀྱི་རང་བཞིན་དྲི་མེད་ནི། །(དྲི་མ་གློ་བུར་བའི་ཆོས་དང་)ཐོག་ མ་མེད་པ་ཡིན་པར་(གཉིས་ཀ་ཁྱད་མེད་པར་)བརྗོད(དོ)། །མདོར་བསྡུ་ན། དེ་བཞིན་ གཤེགས་པའི་སྙིང་པོའི་མདོ་(དྲི་མ་དང་སྙིང་པོ་དགུ་དགུའི་)དཔེར་བརྗོད་པ་བསྟན་པ་ འདིས་ནི་སེམས་ཅན་གྱི་ཁམས་མ་ལུས་པའི་ཐོག་མ་མེད་པའི་སེམས་ཀུན་ནས་ཉོན་ མོངས་པའི་ཆོས་གློ་བུར་བ་ཉིད་དང་། ཐོག་མ་མེད་པའི་སེམས་རྣམ་པར་བྱང་བའི་ཆོས་ ལྷན་ཅིག་སྐྱེས་པ་(ལ་ཐོག་མ་གཅིག་སྔ་བ་དང་ཅིག་འཕྱི་བ་ཞེས་བྱ་བ་དེ་འདྲའི་)རྣམ་ པར་དབྱེ་བ་མེད་པ་ཉིད་དུ་བསྟན་ཏོ། །(གོང་དུ་བརྗོད་པ་)དེས་ན་(ཐོག་མ་མེད་པ་ ནས་)སེམས་ཀུན་ནས་ཉོན་མོངས་པའི་ཕྱིར། (ཐོག་མ་མེད་པ་ནས་)སེམས་ཅན་རྣམས་ ཀུན་ནས་ཉོན་མོངས་ལ་(ཕྱིས་)སེམས་རྣམ་པར་བྱང་བའི་ཕྱིར་ནི་(སེམས་ཅན་)རྣམ་ པར་དག་པ་ཡིན་ནོ། ། ཞེས་གསུངས་སོ། ། དེ་ལ་(དྲི་མ་གང་དང་)གང་གི་དབང་དུ་བྱས་ནས་པད་མའི་སྦུབས་ལ་སོགས་པའི་དཔེ་ དགུས་བསྟན་པ་སེམས་ཀྱི་ཀུན་ནས་ཉོན་མོངས་པ་གང་ཞེ་ན། (འདོད་) ཆགས་(བག་ ལ་ཉལ་)དང་(ཞེ་)སྡང་(བག་ལ་ཉལ་)དང་རྨོངས་(པ་གཏི་མུག་བག་ལ་ཉལ་)དང་ (དུག་གསུམ་པོ་)དེའི། །ཀུན་(ནས་)ལྡང་(བ་)དྲག་(པོ་)དང་(མ་རིག་)བག་ཆགས་(ཀྱི་ སས་བསྡུས་པ་)དང་། །མཐོང་(ལམ་གྱི་སྤང་བྱ་དང་)སྒོམ་ལམ་(གྱི་)སྤང་(བྱ་དང་)མ་ དག་(པའི་ས་ལ་བརྟེན་པ་)དང་། །དག་པའི་ས་ལ་བརྟེན་པ་ཡི། །དྲི་མ་རྣམ་དགུ་པད་མ་ 9-1-105 ཡི། །སྦུབས་སོགས་དཔེས་ནི་རབ་བསྟན་ཏེ། །ཉེ་བའི་ཉོན་མོངས་སྦུབས་ཀྱི་ནི། །དབྱེ་བས་ བྱེ་བ་མཐའ་ལས་འདས། །མདོར་བསྡུ་ན་ཉོན་མོངས་པ་དགུ་པོ་འདི་དག་དེ་བཞིན་ གཤེགས་པའི་ཁམས་རང་བཞིན་གྱིས་རྣམ་པར་དག་པ་ལ་ཡང་། སངས་རྒྱས་ཀྱི་ གཟུགས་ལ་སོགས་པ་ལ་པད་མའི་སྦུབས་ལ་སོགས་པ་ལྟར་གློ་བུར་བ་ཉིད་དུ་ཡོད་ དོ། །དགུ་གང་ཞེ་ན། འདི་ལྟ་སྟེ། འདོད་ཆགས་བག་ལ་ཉལ་གྱི་མཚན་ཉིད་ཀྱི་ཉོན་ མོངས་པ་དང་། ཞེ་སྡང་བག་ལ་ཉལ་གྱི་མཚན་ཉིད་ཀྱི་ཉོན་མོངས་པ་དང་། གཏི་མུག་ བག་ལ་ཉལ་གྱི་མཚན་ཉིད་ཀྱི་ཉོན་མོངས་པ་དང་། འདོད་ཆགས་དང་ཞེ་སྡང་དང་ གཏི་མུག་དྲག་པོ་ཀུན་ནས་ལྡང་བའི་མཚན་ཉིད་དང་། མ་རིག་པའི་བག་ཆགས་ཀྱི་སས་ བསྡུས་པ་དང་། མཐོང་བས་སྤང་བར་བྱ་བ་དང་། བསྒོམས་པས་སྤང་བར་བྱ་བ་དང་། མ་དག་པའི་ས་ལ་བརྟེན་པ་དང་། དག་པའི་ས་ལ་བརྟེན་པའོ། །དེ་ལ་འཇིག་རྟེན་པའི་ (འདོད་པའི་)འདོད་ཆགས་(ཀུན་ནས་ལྡང་བ་)དང་བྲལ་བའི་རྒྱུད་ལ་ཡོད་པའི་ཉོན་ མོངས་པ། མི་གཡོ་བའི་འདུ་བྱེད་(བསམ་གཏན་གྱི་ལས་)སོག་པའི་རྒྱུ། གཟུགས་ དང་གཟུགས་མེད་པའི་ཁམས་སྒྲུབ་པར་བྱེད་པ། འཇིག་རྟེན་ལས་འདས་(པ་ས་དང་ པོ་)པའི་ཡེ་ཤེས་ཀྱིས་གཞོམ་པར་བྱ་བ་གང་ཡིན་པ་དེ་དག་ནི་འདོད་ཆགས་དང་། ཞེ་ སྡང་དང་གཏི་མུག་བག་ལ་ཉལ་གྱི་མཚན་ཉིད་ཅེས་བྱའོ། །འདོད་ཆགས་ལ་སོགས་པ་ (དུག་གསུམ་)ལ་(ལུས་ངག་སེམས་)སྤྱོད་(བཞིན་)པའི་སེམས་ཅན་གྱི་རྒྱུད་ལ་ཡོད་པ། བསོད་ནམས་དང་བསོད་ནམས་མ་ཡིན་པའི་འདུ་བྱེད་(དགེ་མི་དགེའི་ལས་)སོག་པའི་ རྒྱུ། འདོད་པའི་ཁམས་འབའ་ཞིག་སྒྲུབ་པར་བྱེད་པ། མི་སྡུག་པ་(དང་)ལ་སོགས་པ་ (བྱམས་པ་དང་རྟེན་འབྲེལ་)བསྒོམ་པའི་ཤེས་པས་གཞོམ་པར་བྱ་བ་གང་ཡིན་པ་དེ་ དག་ནི། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དྲག་པོ་ཀུན་ནས་ལྡང་བའི་མཚན་ ཉིད་ཅེས་བྱའོ། །(ཉན་ཐོས་)དགྲ་བཅོམ་པའི་རྒྱུད་ལ་ཡོད་པ། ཟག་པ་མེད་པའི་ལས་ ལ་འཇུག་པའི་རྒྱུ། དྲི་མ་མེད་པའི་ཡིད་ཀྱི་ལུས་སྒྲུབ་པར་བྱེད་པ། དེ་བཞིན་གཤེགས་ པའི་བྱང་ཆུབ་ཀྱི་ཡེ་ཤེས་ཀྱིས་གཞོམ་པར་བྱ་བ་གང་ཡིན་པ་དེ་དག་ནི་མ་རིག་པའི་ 9-1-106 བག་ཆགས་ཀྱི་སས་བསྡུས་པ་ཞེས་བྱའོ། །(ཐེག་པ་སོ་སོས་བསྡུས་པའི་)སློབ་པ་ནི་རྣམ་པ་ གཉིས་ཏེ། སོ་སོའི་སྐྱེ་བོ་དང་འཕགས་པའོ། །དེ་ལ་སོ་སོའི་སྐྱེ་བོ་སློབ་པའི་རྒྱུད་ལ་ཡོད་ པ། དང་པོ་འཇིག་རྟེན་ལས་འདས་པའི་ཆོས་མཐོང་བའི་ཤེས་པས་གཞོམ་པར་བྱ་བ་ གང་ཡིན་པ་དེ་དག་ནི་མཐོང་བས་སྤང་བར་བྱ་བ་ཞེས་བྱའོ། །འཕགས་པའི་གང་ཟག་ སློབ་པའི་རྒྱུད་ལ་ཡོད་པ། ཇི་ལྟར་མཐོང་བའི་འཇིག་རྟེན་ལས་འདས་པའི་ཆོས་བསྒོམ་ པའི་ཤེས་པས་གཞོམ་པར་བྱ་བ་གང་ཡིན་པ་དེ་དག་ནི་བསྒོམས་པས་སྤང་བར་བྱ་བ་ ཞེས་པའོ། །མཐར་ཐུག་པར་མ་གྱུར་པའི་བྱང་ཆུབ་སེམས་དཔའི་རྒྱུད་ལ་ཡོད་པ། ཡེ་ ཤེས་ཀྱི་ས་རྣམ་པ་བདུན་གྱི་མི་མཐུན་པའི་ཕྱོགས་ས་བརྒྱད་པ་ལ་སོགས་པ་ས་གསུམ་ བསྒོམ་པའི་ཤེས་པས་གཞོམ་པར་བྱ་བ་གང་ཡིན་པ་དེ་དག་ནི་མ་དག་པའི་ས་ལ་བརྟེན་ པ་ཞེས་བྱའོ། །མཐར་ཐུག་པའི་བྱང་ཆུབ་སེམས་དཔའི་རྒྱུད་ལ་ཡོད་པ། ས་བརྒྱད་པ་ལ་ སོགས་པ་ས་གསུམ་བསྒོམ་པའི་ཤེས་པའི་མི་མཐུན་པའི་ཕྱོགས། རྡོ་རྗེ་ལྟ་བུའི་ཏིང་ངེ་ འཛིན་གྱི་ཡེ་ཤེས་ཀྱིས་གཞོམ་པར་བྱ་བ་གང་ཡིན་པ་དེ་དག་ནི་དག་པའི་ས་ལ་བརྟེན་ པ་ཞེས་བྱའོ། ། (ཚིགས་སུ་བཅད་པ་ཅིག་པུ་འདི་ཚིགས་བཅད་སྔ་མའི་རྐང་པ་གཉིས་ཀྱི་འགྲེལ་པ་མ་ རྫོགས་པའི་བར་འདིར་བྱུང་ཞིང་དགོས་པ་ལྷག་པོ་མི་འདུག་པས་བརྟག་པར་ བྱའོ།།)ཆགས་སོགས་ཉོན་མོངས་དགུ་པོ་འདི། །མདོར་བསྡུས་ནས་ནི་གོ་རིམ་ བཞིན། །པད་མའི་སྦུབས་ལ་སོགས་པ་ཡི། །དཔེ་དགུ་དག་གིས་ཡང་དག་བསྟན། །གང་ གིས་ན་དེ་བཞིན་གཤེགས་པའི་སྙིང་པོ་ཉོན་མོངས་པའི་སྦུབས་བྱེ་བ་མཐའ་ཡས་པས་ གཡོགས་པ་ཞེས་བརྗོད་པ། རྒྱས་པར་ནི་(ཉོན་མོངས་པ་)འདི་དག་ཉིད་བརྒྱད་ཁྲི་བཞི་ སྟོང་གི་རྣམ་པའི་རབ་ཏུ་དབྱེ་བས་དེ་བཞིན་གཤེགས་པའི་ཡེ་ཤེས་(མཐའ་ཡས་པ་ དེ་)བཞིན་དུ་མཐའ་ཡས་པར་འགྱུར་རོ། ། དྲི་འདི་དག་གིས་(༡)བྱིས་རྣམས་དང་། །(༢)དགྲ་བཅོམ་(༣)སློབ་དང་(༤)བློ་ལྡན་ རྣམས། །(གོ་)རིམ་བཞིན་(དུ་)བཞི་(༡)དང་གཅིག་(༢)དང་ནི། །(༣)གཉིས་དང་ 9-1-107 (༤)གཉིས་ཀྱིས་མ་དག་ཉིད། །བཅོམ་ལྡན་འདས་ཀྱིས་སེམས་ཅན་ཐམས་ཅད་ནི་དེ་ བཞིན་གཤེགས་པའི་སྙིང་པོ་ཅན་ནོ། །ཞེས་བཀའ་སྩལ་པ་གང་ཡིན་པ་དེ་ལ། སེམས་ ཅན་ཐམས་ཅད་ནི་མདོར་བསྡུ་ན་རྣམ་པ་བཞིར་བརྗོད་དེ། འདི་ལྟ་སྟེ། སོ་སོའི་སྐྱེ་བོ་ དང་། (ཉན་ཐོས་)དགྲ་བཅོམ་པ་དང་། (ཐེག་པ་སོ་སོའི་)སློབ་པ་དང་། བྱང་ཆུབ་སེམས་ དཔའོ། །དེ་ལ་འདི་དག་ནི་ཟག་པ་མེད་པའི་དབྱིངས་སུ་གོ་རིམ་ཇི་ལྟ་བ་བཞིན་ཉོན་ མོངས་པ་དང་བཞི་དང་། གཅིག་དང་། གཉིས་དང་། གཉིས་ཀྱིས་མ་དག་པར་བསྟན་ ཏོ། ། ཡང་ཇི་ལྟར་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་དགུ་པོ་འདི་དག་པད་མའི་ སྦུབས་ལ་སོགས་པ་(དྲི་མའི་དཔེ་དགུ་)དང་(ཇི་ལྟར་ཆོས་ཐད་ཐད་དུ་)འདྲ་བར་རིག་ པར་བྱ་ལ། དེ་བཞིན་གཤེགས་པའི་ཁམས་སངས་རྒྱས་ཀྱི་གཟུགས་ལ་སོགས་པ་(སྙིང་ པོའི་དཔེ་དགུ་)དང་(སོ་སོར་)ཆོས་མཐུན་པར་ཡང་ཇི་ལྟར་རིག་པར་བྱ་ཞེ་ན། (དཔེ་ དོན་ཆོས་མཐུན་སྦྱར་བ་ནི།)ཇི་ལྟར་པད་མ་འདམ་སྐྱེས་དེ། །(དང་པོ་)མདུན་དུ་གྱུར་ན་ ཡིད་དགའ་དང་། །ཕྱི་ནས་(རྙིངས་པ་དང་)དགའ་བ་མེད་འགྱུར་བ། །འདོད་ཆགས་ དགའ་བ་དེ་བཞིན་ནོ། །ཇི་ལྟར་སྲོག་ཆགས་སྦྲང་མ་ནི། །(ཞེ་སྡང་)ཤིན་ཏུ་འཁྲུགས་ཏེ་ མདུང་བརྡེག་ལྟར། །དེ་བཞིན་ཞེ་སྡང་སྐྱེ་བ་ན། །(རང་གཞན་གྱི་) སྙིང་ལ་སྡུག་བསྔལ་ སྐྱེད་པར་བྱེད། །ཇི་ལྟར་འབྲས་སོགས་སྙིང་པོ་ནི། །ཕྱི་རོལ་སྦུན་པས་བསྒྲིབས་པ་ལྟར། །དེ་ བཞིན་སྙིང་པོའི་དོན་མཐོང་བ། །མ་རིག་སྒོང་ངའི་སྦུབས་ཀྱིས་བསྒྲིབས། །ཇི་ལྟར་མི་ གཙང་(བ་གཙང་སྦྲ་ཅན་གྱི་བློ་དང་)མི་མཐུན་པ། །དེ་བཞིན་(དཀའ་ཐུབ་ཅན་གྱི་བློ་ དང་མི་མཐུན་ཡང་)ཆགས་དང་བཅས་རྣམས་ཀྱི། །འདོད་པ་བསྟེན་པའི་རྒྱུ་ཡིན་ ཕྱིར། །ཀུན་ནས་ལྡང་བ་མི་གཙང་འདྲ། །ཇི་ལྟར་ནོར་ནི་བསྒྲིབས་པས་ན། །མི་ཤེས་ གཏེར་མི་ཐོབ་པ་ལྟར། །དེ་བཞིན་(ཉན་ཐོས་དགྲ་བཅོམ་པའི་)སྐྱེ་(བོ་)ལ་རང་བྱུང་ ཉིད། །མ་རིག་བག་ཆགས་ས་ཡིས་བསྒྲིབས། །ཇི་ལྟར་མྱུག་སོགས་རིམ་སྐྱེ་བས། །ས་བོན་ (གྱི་)ཤུན་པ་གཅོད་པ་ལྟར། །དེ་བཞིན་(ས་དང་པོར་)དེ་ཉིད་མཐོང་བ་ཡིས། །མཐོང་ 9-1-108 སྤང་རྣམས་ནི་ལྡོག་པར་འགྱུར། །འཕགས་པའི་ལམ་དང་འབྲེལ་བ་ལས། །(དང་ པོར་)འཇིག་ཚོགས་སྙིང་པོ་བཅོམ་རྣམས་ཀྱི། །བསྒོམ་སྤང་ཡེ་ཤེས་སྤང་བྱ་རྣམས། །གོས་ རུལ་དག་དང་མཚུངས་པར་བསྟན། །ས་བདུན་ལ་བརྟེན་དྲི་མ་ནི། །མངའ་སྦུབས་དྲི་མ་ དག་དང་མཚུངས། །མངལ་སྦུབས་བྲལ་འདྲ་མི་རྟོག་པའི། །ཡེ་ཤེས་རྣམ་པར་སྨིན་པ་ བཞིན། །ས་གསུམ་རྗེས་འབྲེལ་དྲི་མ་རྣམས། །ས་འདམ་གོས་བཞིན་ཤེས་བྱ་སྟེ། །བདག་ ཉིད་ཆེན་པོའི་རྡོ་རྗེ་ལྟའི། །ཏིང་འཛིན་གྱི་ནི་གཞོམ་བྱ་ཡིན། །དེ་ལྟར་ཆགས་སོགས་དྲི་ མ་དགུ། །པད་མ་ལ་སོགས་དག་དང་མཚུངས། །(མ་དག་པའི་གནས་སྐབས་ན་དེ་བཞིན་ ཉིད་དང་མ་དག་དག་པའི་གནས་སྐབས་ན་རིགས་དང་ཤིན་ཏུ་རྣམ་དག་གི་གནས་ སྐབས་ན་ཆོས་ཀྱི་སྐུའི་)རང་བཞིན་གསུམ་གྱིས་བསྡུས་ཕྱིར་ཁམས། །སངས་རྒྱས་སོགས་ དང་ཆོས་མཚུངས་སོ། །སེམས་ཀྱི་རྣམ་པར་བྱང་བའི་ཁམས་དེ་བཞིན་གཤེགས་པའི་སྙིང་ པོའི་རང་བཞིན་རྣམ་པ་གསུམ་གྱི་དབང་དུ་བྱས་ཏེ། སངས་རྒྱས་ཀྱི་གཟུགས་ལ་སོགས་ པ་རྣམ་པ་དགུ་དང་ཆོས་མཐུན་པར་རྟོགས་པར་བྱའོ། ། རང་བཞིན་རྣམ་པ་གསུམ་གང་ཞེ་ན། (བདེ་གཤེགས་སྙིང་པོ་)འདི་ཡི་རང་བཞིན་ཆོས་ སྐུ་དང་། །དེ་བཞིན་ཉིད་དང་རིགས་ཀྱང་སྟེ། །(གསུམ་པོ་)དེ་ནི་དཔེ་གསུམ་(དང་ དཔེ་)གཅིག་དང་ནི། །(དཔེ་)ལྔ་རྣམས་ཀྱིས་ནི་ཤེས་པར་བྱ། །སངས་རྒྱས་ཀྱི་གཟུགས་ དང་། སྦྲང་རྩི་དང་འབྲས་བུའི་སྙིང་པོའི་དཔེ་གསུམ་གྱིས་ནི་ཁམས་དེ་ཆོས་ཀྱི་སྐུའི་རང་ བཞིན་དུ་ཤེས་པར་བྱའོ། ། གསེར་གྱི་དཔེ་གཅིག་གིས་ནི་(ཁམས་)དེ་བཞིན་ཉིད་ཀྱི་རང་བཞིན་དུ་(ཤེས་པར་ བྱ)འོ། །གཏེར་དང་ཤིང་དང་རིན་པོ་ཆེའི་སྐུ་དང་འཁོར་ལོས་བསྒྱུར་བ་དང་གསེར་གྱི་ གཟུགས་ཀྱི་དཔེ་ལྔས་ནི་(ཁམས་དེ་)སངས་རྒྱས་ཀྱི་སྐུ་གསུམ་བསྐྱེད་པའི་རིགས་ཀྱི་རང་ བཞིན་དུ་(ཤེས་པར་བྱ)འོ། །དེ་ལ་ཆོས་ཀྱི་སྐུ་གང་ཞེ་ན། (དེ་བཞིན་གཤེགས་པའི་)ཆོས་ སྐུ་(གསུང་)རྣམ་(པ་)གཉིས་(སུ་)ཤེས་(པར་)བྱ་སྟེ། །ཆོས་དབྱིངས་(ཡེ་ཤེས་)ཤིན་ཏུ་དྲི་ མེད་དང་། །(ཆོས་དབྱིངས་)དེ་ཡི་རྒྱུ་མཐུན་(གསུང་ནི་)ཟབ་པ་དང་། །སྣ་ཚོགས་ཚུལ་ནི་ 9-1-109 སྟོན་པའོ། །སངས་རྒྱས་ཀྱི་ཆོས་ཀྱི་སྐུ་ནི་རྣམ་པ་གཉིས་སུ་རྟོགས་པར་བྱའོ། །ཤིན་ཏུ་རྣམ་ པར་དག་(པ་དོན་དམ་)པའི་ཆོས་ཀྱི་དབྱིངས་(ཀྱི་ཡེ་ཤེས་)ནི་རྣམ་པར་མི་རྟོག་(པ་ རང་གིས་རང་རིག་)པའི་སྤྱོད་ཡུལ་གྱི་ཡུལ་ལོ། །(འདིར་ཡུལ་དང་ཡུལ་ཅན་གཅིག་པའི་ ཕྱིར་རྣམ་པར་མི་རྟོག་པ་དང་ཆོས་དབྱིངས་གཉིས་སོ་སོར་མི་བསམ་མོ། །)དེ་ཡང་དེ་ བཞིན་གཤེགས་པ་རྣམས་ཀྱི་(ཆོས་དབྱིངས་ཡེ་ཤེས་ཉིད་)སོ་སོ་རང་གིས་རིག་པར་བྱ་ བའི་ཆོས་ཀྱི་དབང་དུ་བྱས་ཏེ་(ཡུལ་ཡུལ་ཅན་གཅིག་ཏུ་) རྟོགས་པར་བྱའོ། །(ཆོས་ དབྱིངས་)དེ་(གཞན་གྱིས་)ཐོབ་(པར་བྱེད་)པའི་རྒྱུ་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་ དབྱིངས་(ཐུགས་སུ་ཆུད་པ་ཉིད་)ཀྱི་རྒྱུ་མཐུན་(རྒྱུ་དང་འདྲ་)པ་(སངས་རྒྱས་ཀྱི་ གསུང་)ནི། གདུལ་བྱ་ཇི་ལྟ་བར་སེམས་ཅན་གཞན་ལ་(ཆོས་ཀྱི་) རྣམ་པར་རིག་པ་ འབྱུང་བ་(ཐམས་ཅད་ཆོས་ཀྱི་ཕུང་པོ)འོ། །དེ་ཡང་བསྟན་པའི་ཆོས་ཀྱི་དབང་དུ་བྱས་ཏེ་ རིག་པར་བྱའོ། །བསྟན་པ་ཡང་རྣམ་པར་གཉིས་ཏེ། ཕྲ་བ་དང་རྒྱ་ཆེན་པོའི་ཆོས་རྣམ་ པར་འཇོག་པའི་ཚུལ་གྱི་དབྱེ་བ་ལ(གཉི)ས་ཏེ། (གཉིས་པོ་འདི་ཡང་སངས་རྒྱས་རང་ ཉིད་ཀྱི་གསུང་ཆོས་སྐུ་ཡིན་པ་)འདི་ལྟ་སྟེ། དོན་དམ་པའི་བདེན་པའི་དབང་དུ་བྱས་ ནས། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཟབ་མོའི་ཆོས་ཀྱི་ཚུལ་སྟོན་པ(འི་ཆོས་སྐུ་)དང་། ཀུན་རྫོབ་ཀྱི་བདེན་པའི་དབང་དུ་བྱས་ཏེ། མདོ་དང་དབྱངས་ཀྱིས་བསྙད་པ་དང་། ལུང་ དུ་བསྟན་པ་དང་། ཚིགས་སུ་བཅད་པ་དང་། ཆེད་དུ་བརྗོད་པ་དང་། གླེང་གཞི་ (དང་)ལ་སོགས་པ་(དེ་ལྟ་བུ་བྱུང་བ་དང་སྐྱེས་པའི་རབས་དང་ཤིན་ཏུ་རྒྱས་པ་དང་ རྨད་དུ་བྱུང་བ་དང་གཏན་ལ་དབབ་པ་དང་རྟོགས་པ་བརྗོད་པའི་)རྣམ་པ་དུ་མ་སྣ་ ཚོགས་པའི་ཆོས་རྣམ་པར་འཇོག་པའི་ཚུལ་བསྟན་པ(འི་ཆོས་སྐུ)འོ། །འཇིག་རྟེན་ (ལས་)འདས་ཕྱིར་འཇིག་རྟེན་ན། །(ཆོས་སྐུ་ཆོས་དབྱིངས་ཤིན་ཏུ་དྲི་མེད་)འདི་ལ་དཔེ་ ནི་མི་དམིགས་པས། །དེ་བཞིན་གཤེགས་པ་ཉིད་དང་(ཆོས་དབྱིངས་ཀྱི་) ཁམས། །འདྲ་ བ་ཉིད་དུ་བསྟན་པ་ཡིན། །(བྱང་ཆུབ་སེམས་དཔའི་སྡེ་སྣོད་)ཕྲ་མོ་ཟབ་མོ་(དོན་དམ་ པ)འི་ཚུལ་བསྟན་(པའི་ཆོས་སྐུ་)ནི། །སྦྲང་རྩི་རོ་གཅིག་པ་བཞིན་ཏེ། །(ཀུན་རྫོབ་ཀྱི་ 9-1-110 བདེན་པའི་)རྣམ་པ་སྣ་ཚོགས་(ཀྱི་)ཚུལ་བསྟན་(པའི་ཆོས་སྐུ་)ནི། །སྣ་ཚོགས་སྦུབས་སྙིང་ བཞིན་ཤེས་བྱ། །དེ་ལྟར་སངས་རྒྱས་ཀྱི་གཟུགས་དང་སྦྲང་རྩི་དང་སྙིང་པོའི་དཔེ་གསུམ་ གྱིས་ནི་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་(དེ་ཉིད་ཀྱང་)ལུས་པ་མེད་པའི་སེམས་ཅན་ གྱི་ཁམས་ལ་ཁྱབ་(པར་སོང་)པའི་དོན་གྱི་དབང་དུ་བྱས་ནས་སེམས་ཅན་འདི་དག་དེ་ བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་ནོ་ཞེས་བསྟན་ཏོ། །གང་ཞིག་དེ་བཞིན་གཤེགས་ པའི་ཆོས་ཀྱི་སྐུ་(ཡོད་པ་)ལས་ཕྱི་རོལ་ཏུ་གྱུར་པའི་སེམས་ཅན་དེ་ནི་འགའ་ཡང་སེམས་ ཅན་གྱི་ཁམས་ན་མེད་དེ། ནམ་མཁའི་ཁམས་(ཡོད་པ་)ལས་(ཕྱི་རོལ་ཏུ་གྱུར་ པའི་)གཟུགས་(མི་སྲིད་པ་)བཞིན་ནོ། །དེ་སྐད་དུ། (མདོ་སྡེ་རྒྱན་ལས།)ཇི་ལྟར་ནམ་ མཁའ་(དུས་)རྟག་ཏུ་(དུས་གསུམ་)ཀུན་(ཏུ་ཁྱབ་པར་)སོང་(བར་)འདོད། །དེ་བཞིན་ (ཆོས་སྐུ་)འདི་ནི་རྟག་ཏུ་ཀུན་སོང་འདོད། །ཇི་ལྟར་ནམ་མཁའ་གཟུགས་རྣམས་ཀུན་ཏུ་ སོང་། །དེ་བཞིན་(ཆོས་སྐུ་)འདི་ཡང་སེམས་ཅན་(མ་དག་པ་མ་དག་པ་ཤིན་ཏུ་དག་ པའི་)ཚོགས་ཀུན་(ཏུ་ཁྱབ་པར་)སོང་། །ཞེས་གསུངས་སོ། ། (དུས་ནམ་ཡང་རང་གི་)རང་བཞིན་འགྱུར་བ་མེད་པ་དང་། །(རང་བཞིན་)དགེ་ (བ་)དང་(རང་བཞིན་གདོད་ནས་)རྣམ་པར་དག་པའི་ཕྱིར། །(སེམས་ཅན་གྱི་གནས་ སྐབས་ཀྱི་)དེ་བཞིན་ཉིད་འདི་གསེར་གྱི་ནི། །གཟུགས་དང་མཚུངས་པར་བརྗོད་པ་ ཡིན། །(མ་དག་པའི་གནས་སྐབས་ན་)སེམས་(ཀྱི་རང་བཞིན་)གང་ཡིན་པ་དེ་ནི་ཉོན་ མོངས་པ་དང་སྡུག་བསྔལ་མཐའ་ཡས་པ་དང་རྗེས་སུ་འབྲེལ་ཀྱང་། (ངོ་བོ་)རང་བཞིན་ གྱིས་འོད་གསལ་བ་ཉིད་ཀྱིས་(རང་བཞིན་)རྣམ་པར་འགྱུར་བ་ལ་མི་བསྟེན་པ་དེའི་ ཕྱིར་གསེར་བཟང་པོ་བཞིན་དུ་གཞན་དུ་མི་འགྱུར་བའི་དོན་གྱིས་དེ་བཞིན་ཉིད་ཅེས་ བརྗོད་དོ། །(དེ་བཞིན་ཉིད་ཀྱི་སེམས་)དེ་ཡང་ལོག་པ་ཉིད་དུ་ངེས་པའི་རྒྱུད་ཅན་གྱི་ སེམས་ཅན་རྣམས་ལ་ཡང་(སེམས་ཀྱི་)རང་བཞིན་(སངས་རྒྱས་དང་)ཁྱད་པར་མེད་དུ་ ཟིན་ཀྱང་། གློ་བུར་གྱི་ཉོན་མོངས་པ་མཐའ་དག་རྣམ་པར་དག་པ་ལས་གྱུར་པ་དེ་ བཞིན་གཤེགས་པ་ཞེས་བྱ་བའི་གྲངས་སུ་འགྲོ་སྟེ། དེས་ན་འདི་གསེར་གྱི་དཔེ་གཅིག་ 9-1-111 གིས་དེ་བཞིན་ཉིད་ལ་(སངས་རྒྱས་དང་སེམས་ཅན་)དབྱེར་མེད་པའི་དོན་གྱི་དབང་དུ་ བྱས་ནས། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་སེམས་ཅན་དེ་དག་གི་སྙིང་པོ་ཡིན་ནོ་ ཞེས་བསྟན་པ་ཡིན་ནོ། །སེམས་ཀྱི་རང་བཞིན་རྣམ་པར་དག་པ་(སངས་རྒྱས་དང་སེམས་ ཅན་)གཉིས་སུ་མེད་པའི་ཆོས་ཉིད་ཉེ་བར་བཟུང་ནས་བཅོམ་ལྡན་འདས་ཀྱིས་ཇི་སྐད་ དུ་བཀའ་བསྩལ་པ་ནི། འཇམ་དཔལ་དེ་ལ་དེ་བཞིན་གཤེགས་པ་ནི་(སངས་རྒྱས་རང་ གི་)བདག་གི་ཉེ་བར་ལེན་པའི་གཞི་རྩ་(སེམས་ཅན་ཐམས་ཅད་ལ་)ཡོངས་སུ་མཁྱེན་པ་ ཡོངས་སུ་བསྲུང་བར་མཛད་དེ། (སངས་རྒྱས་ཀྱི་)བདག་(རང་བཞིན་)རྣམ་པར་དག་ པས་སེམས་ཅན་ཐམས་ཅད་(རང་བཞིན་)རྣམ་པར་དག་པར་རྟོགས་སོ། །བདག་(རང་ བཞིན་)རྣམ་པར་དག་པ་གང་ཡིན་པ་དང་། སེམས་ཅན་ཐམས་ཅད་(རང་བཞིན་)རྣམ་ པར་དག་པ་གང་ཡིན་པ་དེ་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །ཞེས་སོ། །དེ་ སྐད་དུ། (མདོ་སྡེ་རྒྱན་དུ། སེམས་ཅན་)ཐམས་ཅད་ལ་ནི་(དེ་བཞིན་ཉིད་འདི་)ཁྱད་ མེད་ཀྱང་། །དེ་བཞིན་ཉིད་(གློ་བུར་གྱི་དྲི་མ་)དག(པ་)ལས་གྱུར་པ། །དེ་བཞིན་གཤེགས་ ཉིད་(དེ་བཞིན་གཤེགས་པ་)དེ་ཡི་ཕྱིར། །འགྲོ་ཀུན་དེ་ཡི་སྙིང་པོ་ཅན། །ཞེས་གསུངས་ སོ། ། གཏེར་དང་འབྲས་བུའི་ཤིང་བཞིན་དུ། །(བྱང་ཆུབ་སེམས་དཔའི་གནས་སྐབས་ན་དེ་ བཞིན་གཤེགས་པའི་)རིགས་དེ་རྣམ་(པ་)གཉིས་(སུ་)ཤེས་(པར་)བྱ་སྟེ། །ཐོག་མེད་རང་ བཞིན་གནས་པ་དང་། །ཡང་དག་བླངས་པ་(གཉིས་ནི་ཐེག་པ་གསུམ་གྱི་རིགས་ཐ་དད་ པ་ཡོད་པའི་ནང་ནས་)མཆོག་(ཐེག་ཆེན་གྱི་རིགས་)ཉིད་དོ། །(བྱང་ཆུབ་སེམས་དཔའི་ རང་བཞིན་དང་རྒྱས་པའི་)རིགས་འདི་གཉིས་ལས་སངས་རྒྱས་ཀྱི། །སྐུ་གསུམ་ཐོབ་པར་ འདོད་པ་ཡིན། །(རིགས་)དང་པོས་སྐུ་ནི་དང་པོ་(སྐུ་ཐོབ་)སྟེ། །གཉིས་པ་(རྒྱས་པ་)ཡིས་ ནི་ཕྱི་མ་(གཟུགས་སྐུ་)གཉིས(པོ་དེ་ལ)། །ངོ་བོ་ཉིད་སྐུ་མཛེས་པ་ནི། །(གོས་རུལ་གྱིས་ བཏུམས་པའི་)རིན་ཆེན་སྐུ་འདྲར་ཤེས་བྱ་སྟེ། ། རང་བཞིན་གྱིས་ནི་བྱས་མིན་ དང་། །ཡོན་ཏན་རིན་ཆེན་གཏེར་ཡིན་ཕྱིར། །(འདིར་རང་བཞིན་གྱི་རིགས་ནི་སེམས་ 9-1-112 ཅན་ལ་སྙིང་རྗེ་ཆེན་པོས་བརླན་པའི་ངོ་བོ་བྱང་ཆུབ་སེམས་དཔའ་ཡིན་པའི་ཕྱིར། སེམས་ཅན་ཐམས་ཅད་ལ་ཡོད་པ་མ་ཡིན་ནོ། །སེམས་ཅན་ཐམས་ཅད་དེ་བཞིན་ གཤེགས་པའི་སྙིང་པོ་ཅན་དུ་གསུངས་ཀྱི་དེ་བཞིན་གཤེགས་པའི་རིགས་སུ་སྐྱེས་པར་མ་ གསུངས་སོ།།)ཆོས་ཆེན་རྒྱལ་སྲིད་ཆེ་ལྡན་ཕྱིར། །རྫོགས་ལོངས་(མི་མོའི་ལྟོ་ནས་བྱུང་ བའི་)འཁོར་ལོས་སྒྱུར་བཞིན་ནོ། །(ཆོས་སྐུའི་)གཟུགས་བརྙན་གྱི་ནི་རང་བཞིན་ ཕྱིར། །སྤྲུལ་པ(འི་སྐུ་ས་འདམ་གྱིས་གཡོགས་པའི་)གསེར་གྱི་གཟུགས་ལྟ་བུ། །དེའི་ཕྱིར་དེ་ ལྟར་གཏེར་དང་ལྗོན་ཤིང་དང་རིན་པོ་ཆེའི་སྐུ་དང་། འཁོར་ལོས་བསྒྱུར་བ་དང་། གསེར་གྱི་གཟུགས་ཏེ། དཔེ་ལྷག་མ་ལྔ་པོ་འདི་དག་གིས་ནི་(བྱང་ཆུབ་སེམས་དཔའ་ རྣམས་ལ་)སངས་རྒྱས་ཀྱི་སྐུ་རྣམ་པ་གསུམ་བསྐྱེད་པའི་རིགས་(གཉིས་)ཡོད་པའི་དབང་ དུ་བྱས་ཏེ། དེ་བཞིན་གཤེགས་པའི་ཁམས་(གཅིག་ཉིད་སེམས་ཅན་ལ་དེ་བཞིན་ཉིད་ དང་བྱང་ཆུབ་སེམས་དཔའ་ལ་རིགས་དང་སངས་རྒྱས་ལ་ཆོས་སྐུའི་ངོ་བོར་བཞུགས་ པའི་ཕྱིར་མ་དག་པ་དང་མ་དག་དག་པ་དང་ཤིན་ཏུ་དག་པའི་གནས་སྐབས་ཀུན་ ཏུ་)སེམས་ཅན་འདི་དག་ཐམས་ཅད་ཀྱི་སྙིང་པོར་བསྟན་པ་ཡིན་ནོ། །དེ་བཞིན་ གཤེགས་པ་ཉིད་ནི་སངས་རྒྱས་ཀྱི་སྐུ་རྣམ་པ་གསུམ་གྱིས་རབ་ཏུ་ཕྱེ་བ་ཡིན་ཏེ། དེས་ན་ (སྐབས་འདིར་)དེ་བཞིན་གཤེགས་པའི་ཁམས་ནི་དེ་ཐོབ་པའི་རྒྱུ་ཡིན་པས་ཁམས་ཀྱི་ དོན་ནི་(བྱང་ཆུབ་སེམས་དཔའི་སྐབས་)འདིར་རྒྱུའི་དོན་ནོ། །གང་གི་ཕྱིར་དེ་ལ་ཡང་ (མ་དག་པའི་གནས་སྐབས་ཀྱི་)སེམས་ཅན་དང་སེམས་ཅན་ལ་(རིམ་པ་ལྟར་)དེ་བཞིན་ གཤེགས་པའི་ཁམས་གྲུབ་པ་(དང་དེ་དག་གི་)སྙིང་པོར་གྱུར་པ་ཡོད་མོད་ཀྱི། སེམས་ ཅན་དེ་དག་གིས་(མངོན་སུམ་དུ་)ཤེས་པ་མ་ཡིན་ནོ(བྱང་ཆུབ་སེམས་དཔས་ནི་ཤེས་ སོ། །)ཞེས་གསུངས་སོ། །(འདིར་རྒྱས་པའི་རིགས་ཀྱང་བྱང་ཆུབ་སེམས་དཔའི་རང་ བཞིན་གྱི་རིགས་དེ་ཉིད་དྲི་མ་རིམ་གྱིས་ཟད་པས་སངས་རྒྱས་ཤིང་འཕེལ་བ་ཡིན་ཏེ། མགོན་པོ་ཀླུ་སྒྲུབ་ཀྱིས། ཇི་ལྟར་ཚེས་པའི་ཟླ་བ་ནི། །རིམ་གྱིས་རིམ་གྱིས་འཕེལ་བར་ མཐོང་། །དེ་བཞིན་ས་ལ་ཞུགས་རྣམས་ཀྱང་། །རིམ་གྱིས་རིམ་གྱིས་འཕེལ་བར་ 9-1-113 མཐོང་། །ཇི་ལྟར་ཡར་ངོའི་བཅོ་ལྔ་ལ། །ཟླ་བ་རྫོགས་ཤིང་གསལ་བ་ལྟར། །དེ་བཞིན་ས་ཡི་ མཐར་ཐུག་ན། །ཆོས་ཀྱི་སྐུ་ཡང་རྫོགས་ཤིང་གསལ། །ཞེས་དང་། དཀའ་སྤྱོད་སྣ་ཚོགས་ སྦྱིན་པ་དང་། །ཚུལ་ཁྲིམས་སེམས་ཅན་དོན་སྡུད་དང་། །སེམས་ཅན་ཕན་བྱེད་བཟོད་པ་ སྟེ། །གསུམ་པོ་འདིས་ནི་ཁམས་རྒྱས་འགྱུར། །ཆོས་རྣམས་ཀུན་ལ་བརྩོན་འགྲུས་ དང་། །བསམ་གཏན་ལ་སེམས་འཇུག་པ་དང་། །རྟག་ཏུ་ཤེས་རབ་བསྟེན་པ་སྟེ། །འདི་ ཡང་བྱང་ཆུབ་རྒྱས་བྱེད་ཡིན། །ཐབས་དང་བཅས་པའི་ཤེས་རབ་དང་། །སྨོན་ལམ་རྣམ་ པར་སྦྱངས་པ་དང་། །སྟོབས་ལ་གནས་དང་ཡེ་ཤེས་ཏེ། །ཁམས་རྒྱས་བྱེད་པའི་ཆོས་བཞི་ པོ། །ཞེས་རྒྱས་པའི་རིགས་ཀྱི་དཔེ་དོན་སྔར་གོང་དུ་བཤད་པའི་ཚེ་ཡང་ཕར་ཕྱིན་དྲུག་ གི་རྐྱེན་གྱིས་ཆོས་འཐོན་འཕེལ་ཞིང་རྒྱས་པར་གསུངས་པ་དང་དོན་གཅིག་གོ།)དེ་སྐད་ དུ། ཐོག་མ་མེད་དུས་ཅན་གྱི་ཁམས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །དེ་ཡོད་པས་ ན་འགྲོ་ཀུན་དང་། །མྱ་ངན་འདས་པའང་ཐོབ་པ་ཡིན། །ཞེས་གསུངས་སོ། །དེ་ལ་ཇི་ལྟར་ ན་ཐོག་མ་མེད་པའི་དུས་ཅན་ཡིན་ཞེ་ན། དེ་བཞིན་གཤེགས་པའི་སྙིང་པོ་ཉིད་ཀྱི་དབང་ དུ་མཛད་ནས། སྔོན་གྱི་མཐའ་མི་དམིགས་སོ་ཞེས་བསྟན་ཅིང་རབ་ཏུ་བཞག་པ་གང་ ཡིན་པའོ། །ཁམས་ཞེས་བྱ་བ་ནི་ཇི་སྐད་དུ། བཅོམ་ལྡན་འདས་དེ་བཞིན་དེ་བཞིན་ གཤེགས་པའི་སྙིང་པོ་གང་ལགས་པ་འདི་ནི་(འཇིག་རྟེན་ལས་འདས་པའི་ཆོས་ཀྱང་ ཡིན་སྙིང་པོ་ཡང་ཡིན་པས་)འཇིག་རྟེན་ལས་འདས་པའི་ཆོས་ཀྱི་སྙིང་པོ་རང་བཞིན་ གྱིས་ཡོངས་སུ་དག་པའི་ཆོས་ཀྱི་སྙིང་པོའོ་ཞེས་གསུངས་པའོ། །ཆོས་རྣམས་ཀུན་གྱི་ གནས་ཡིན་ཏེ་ཞེས་བྱ་བ་ནི། ཇི་སྐད་དུ་བཅོམ་ལྡན་འདས་དེའི་སླད་དུ་དེ་བཞིན་ གཤེགས་པའི་སྙིང་པོ་ནི་(རང་དང་ཅིག་ཏུ་)འབྲེལ་བ་(སོ་སོར་)རྣམ་པར་དབྱེ་བ་མེད་ པ་བྲལ་མི་ཤེས་པ། (དོན་དམ་པ་)འདུས་མ་བྱས་པའི་ཆོས་རྣམས་ཀྱི་གནས་དང་། (ཀུན་)གཞི་(ཡེ་ཤེས་)དང་རྟེན་ལགས་ལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་ སྙིང་པོ་ནི་མ་(རང་དང་ཅིག་ཏུ་མ་)འབྲེལ་བ་(སོ་སོར་)རྣམ་པར་དབྱེ་བ་དང་བཅས་ པའི་ཆོས་བྲལ་ཤེས་པ། (ཀུན་རྫོབ་)འདུས་བྱས་ཀྱི་ཆོས་རྣམས་ཀྱི་ཡང་གཞི་དང་གནས་ 9-1-114 དང་རྟེན་ལགས་སོ། །ཞེས་གསུངས་པའོ། །(དེ་བཞིན་གཤེགས་པའི་སྙིང་པོ་ནི་མ་དག་ པའི་གནས་སྐབས་ན་དེ་བཞིན་ཉིད་ཀྱི་ངོ་བོ་འཁོར་བའི་ཆོས་ཐམས་ཅད་ཀྱི་རྟེན་དང་། བྱང་ཆུབ་སེམས་དཔའི་སྐབས་ན་རིགས་ཀྱི་ངོ་བོ་སྒྲུབ་པ་ཐམས་ཅད་ཀྱི་རྟེན་དང་སངས་ རྒྱས་ཀྱི་ཚེ་ན་ཆོས་སྐུའི་ངོ་བོ་རྣམ་བྱང་གི་ཆོས་ཐམས་ཅད་ཀྱི་རྟེན་ཡིན་ནོ། །)དེ་ཡོད་ པས་ན་འགྲོ་ཀུན་དང་ཞེས་བྱ་བ་ནི། ཇི་སྐད་དུ། བཅོམ་ལྡན་འདས་དེ་བཞིན་གཤེགས་ པའི་སྙིང་པོ་མཆིས་ན་(དྲི་མས་བཏུམས་པ་)དེ་ལ་འཁོར་བ་ཞེས་(བློ་འཁྲུལ་བའི་ ངོར་)ཚིག་གིས་(ཐ་སྙད་)བཏགས་པ་ལགས་སོ། །ཞེས་གསུངས་པའོ། །མྱ་ངན་ལས་ འདས་པའང་ཐོབ་པར་འགྱུར་ཞེས་བྱ་བ་ནི། འདི་སྐད་དུ། བཅོམ་ལྡན་འདས་གལ་ཏེ་ (རྒྱུ་)དེ་བཞིན་གཤེགས་པའི་སྙིང་པོ་མ་མཆིས་ན། (དགེ་བའི་རྐྱེན་དང་འཕྲད་པའི་གང་ ཟག་)སྡུག་བསྔལ་ལ་ཡང་ཡིད་འབྱུང་བར་མི་འགྱུར་ཞིང་། མྱ་ངན་ལས་འདས་པ་ ལའང་འདོད་པ་དང་དོན་དུ་གཉེར་བ་དང་སྨོན་པར་ཡང་མི་འགྱུར་རོ། །ཞེས་རྒྱས་པར་ གསུངས་པའོ། །(སངས་རྒྱས་ཀྱི་)ཆོས་ཀྱི་སྐུ་ལྟར་རྒྱ་ཆེ་བ་(ངོ་བོ་)དེ་བཞིན་གཤེགས་པ་ དང་དབྱེར་མེད་པའི་མཚན་ཉིད་(བྱང་ཆུབ་སེམས་དཔའ་སངས་རྒྱས་སུ་)ངེས་པའི་ རིགས་ཀྱི་རང་བཞིན་(སེམས་ཅན་ཐམས་ཅད་ཀྱི་) དེ་བཞིན་གཤེགས་པའི་སྙིང་པོ་དེ་ ཡང་། (དུས་)ཐམས་ཅད་ཀྱི་ཚེ་(སེམས་ཅན་)ཐམས་ཅད་ལ་ཁྱད་པར་མེད་པའི་ཚུལ་དུ་ ཡོད་དོ་ཞེས་བྱ་བ་ནི། ཆོས་ཉིད་ཚད་མར་བྱས་ནས་བལྟ་བར་བྱ་སྟེ། (སེམས་ཅན་ཐམས་ ཅད་དུས་རྟག་ཏུ་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་པ་ནི་རང་བཞིན་ཡིན་གྱི་གློ་ བུར་དུ་སྔར་མེད་གསར་དུ་བྱུང་བ་དང་གཞན་གྱིས་དེ་ལྟར་བྱས་པ་མ་ཡིན་ཞེས་པའི་ དོན་ཏེ།)ཇི་སྐད་དུ། རིགས་ཀྱི་བུ་འདི་ནི་ཆོས་རྣམས་ཀྱི་ཆོས་ཉིད་དེ། དེ་བཞིན་གཤེགས་ པ་རྣམས་བྱུང་(ནས་སྙིང་པོ་བསྟན་)ཡང་རུང་། མ་བྱུང་ཡང་རུང་སྟེ། (བདེ་གཤེགས་ སྙིང་པོའི་གནས་སྐབས་གསུམ་གྱིས་བསྡུས་པའི་)སེམས་ཅན་འདི་དག་ནི་(དྲི་མ་ཡོད་ མེད་ཀྱི་དུས་)རྟག་ཏུ་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ། །ཞེས་གསུངས་པ་བཞིན་ ནོ། །ཆོས་ཉིད་གང་ཡིན་པ་དེ་ཉིད་ནི་འདིར་གང་གིས་(ཆོས་)དེ་(ཉིད་)དེ་ལྟ་བུ་ཁོ་ནར་ 9-1-115 འགྱུར་གྱི། དེ་གཞན་དུ་མི་འགྱུར་རོ། །ཞེས་བྱ་བའི་(ཆོས་ཉིད་ཀྱི་) རིགས་པ་(རིགས་པ་ དེ་)དང་སྦྱོར་བ་དང་(དེ་ལྟར་སྦྱོར་བའི་)ཐབས་(ལ་མཁས་པ་ཚད་མ་)ཡིན་ཏེ། (རྣམ་ པ་)ཐམས་ཅད་དུ་(རང་རང་གི་)སེམས་(ཡིན་ལུགས་དེ་ལྟར་)ངེས་པར་རྟོག་པ་དང་། སེམས་ཡང་དག་པར་(རང་གིས་)ཤེས་པ་ལ་ནི་ཆོས་ཉིད་ཉིད་(ལ་)བརྟེན་(ནས་ཤེས་ པ་)དང་། ཆོས་ཉིད་ཉིད་(ལ་དེ་)རིགས་པ་ཡིན་ནོ། །(སེམས་)དེ་ནི་(རྟོག་གེས་མཐའ་ གཅིག་ཏུ་)བསམ་པར་མི་བྱ་རྣམ་པར་བརྟག་པར་མི་བྱའི། ལྷག་པར་(སྙིང་པོའི་སེམས་ དེ་ལ་)མོས་པར་བྱ་བ་འབའ་ཞིག་ཏུ་ཟད་དོ། ། རང་བྱུང་(སངས་རྒྱས་)རྣམས་ཀྱི་དོན་དམ་(ཆོས་ཀྱི་སྐུ་)དེ། །(གཙང་བདག་བདེ་དང་ རྟག་པར་)དད་པ(འི་མིག་)ཉིད་ཀྱིས་རྟོགས་(པར་)བྱ་(བ་)ཡིན(ཏེ་དད་པའི་མིག་མེད་ ན་མི་མཐོང་བ་དཔེར་ན)། །ཉི་མའི་དཀྱིལ་འཁོར་འོད་འབར་བ། །མིག་མེད་པས་ནི་ མཐོང་བ་མེད(པ་བཞིན་ནོ)། །མདོར་བསྡུ་ན་(སྙིང་པོ་ལ་མ་དད་པའི་)གང་ཟག་(ལོག་ ལྟ་ཅན་)བཞི་པོ་འདི་ནི་དེ་བཞིན་གཤེགས་པའི་སྙིང་པོ་(གཙང་བདག་བདེ་དང་རྟག་ པར་)མཐོང་བ་ལ་(དད་པའི་)མིག་དང་མི་ལྡན་པར་རྣམ་པར་བཞག་པ་ཡིན་ཏེ། (ཆོས་ སྐུ་གཙང་བདག་བདེ་དང་རྟག་པར་མི་མོས་ཤིང་དེ་ལྟ་བུའི་མི་མཐུན་ཕྱོགས་ལ་ཞུགས་ པའི་གང་ཟག་)བཞི་གང་ཞེ་ན། འདི་ལྟ་སྟེ། སོ་སོའི་སྐྱེ་བོ་དང་། ཉན་ཐོས་དང་། རང་ སངས་རྒྱས་དང་། ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་སྟེ། ཇི་སྐད་ དུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་(གཙང་བདག་བདེ་དང་རྟག་ པར་གནས་པའི་ཚུལ་)འདི་ནི་འཇིག་ཚོགས་ལ་ལྟ་བར་ལྷུང་བ་(སོ་སྐྱེ་)རྣམས་དང་། (ཆོས་སྐུའི་)ཕྱིན་ཅི་ལོག་ལ་མངོན་པར་དགའ་བ་(ཉན་རང་)རྣམས་དང་། (དོན་ དམ་)སྟོང་པ་ཉིད་(ཀྱི་ཡིན་ལུགས་)ལས་སེམས་(ཆད་སྟོང་ལ་) རྣམ་པར་གཡེངས་པ་ རྣམས་ཀྱི་(དེ་ལྟར་ཤེས་པའི་ཚུལ་དུ་)སྤྱོད་ཡུལ་མ་ལགས་སོ་ཞེས་གསུངས་པ་ཡིན་ ནོ། །དེ་ལ་འཇིག་ཚོགས་ལ་ལྟ་བར་ལྷུང་བ་ནི་བྱིས་པ་སོ་སོའི་སྐྱེ་བོ་ལ་བརྗོད་དེ། འདི་ ལྟར་དེ་དག་ནི་གཏན་དུ་ཕུང་པོ་ལ་སོགས་(པ་ཀུན་རྫོབ་)པའི་ཆོས་ཟག་པ་དང་བཅས་ 9-1-116 པ་རྣམས་ལ་བདག་དང་བདག་གི་ཉིད་དུ་ཁས་བླངས་ནས། ངར་འཛིན་པ་དང་། ང་ ཡིར་འཛིན་པ་ལ་མངོན་པར་ཞེན་པས། (ཕུང་པོ་)འཇིག་(པའི་)ཚོགས་འགགས་པ་ཟག་ པ་མེད་པའི་དབྱིངས་ལ་(བདག་དང་བདག་གི་བ་མེད་པའི་ཚུལ་དུ་)ལྷག་པར་མོས་ པར་མི་ནུས་པ་དག་སྟེ། དེ་དག་གིས་ཐམས་ཅད་མཁྱེན་པའི་ཡུལ་དེ་བཞིན་གཤེགས་ པའི་སྙིང་པོ་(དད་པས་)རྟོགས་པར་ལྟ་ག་ལ་འགྱུར་ཏེ། (དེ་དག་གིས་མ་མོས་པར་ རྟོགས་པ་)འདི་ནི་གནས་མེད་དོ། །དེ་ལ་(ཆོས་སྐུའི་)ཕྱིན་ཅི་ལོག་ལ་མངོན་པར་དགའ་ བ་ནི། ཉན་ཐོས་དང་རང་སངས་རྒྱས་དག་ལ་བརྗོད་དེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ (ཉན་རང་)དེ་དག་ཀྱང་དེ་བཞིན་གཤེགས་པའི་སྙིང་པོ་རྟག་པ་ཉིད་དུ་བསྒོམ་པར་བྱ་ བ་ལས། སླར་(དེ་བཞིན་གཤེགས་པའི་སྙིང་པོ་)དེ་རྟག་པའི་འདུ་ཤེས་སུ་བསྒོམ་པ་ལས་ བཟློག་ནས། (ཤེས་བྱ་ཐམས་ཅད་ཕྱོགས་གཅིག་ཏུ་)མི་རྟག་པའི་འདུ་ཤེས་སུ་བསྒོམ་པ་ ལ་མངོན་པར་དགའ་བ་ཉིད་དང་། དེ་བཞིན་གཤེགས་པའི་སྙིང་པོ་བདེ་བར་བསྒོམ་ པར་བྱ་བ་ལས། སླར་(དེ་བཞིན་གཤེགས་པའི་སྙིང་པོ་)དེ་བདེ་བའི་འདུ་ཤེས་བསྒོམ་པ་ ལས་བཟློག་ནས། (ཤེས་བྱ་ཐམས་ཅད་ཕྱོགས་གཅིག་ཏུ་)སྡུག་བསྔལ་བའི་འདུ་ཤེས་སུ་ བསྒོམ་པ་ལ་མངོན་པར་དགའ་བ་ཉིད་དང་། དེ་བཞིན་གཤེགས་པའི་སྙིང་པོ་བདག་ཏུ་ བསྒོམ་པར་བྱ་བ་ལས། སླར་(དེ་བཞིན་གཤེགས་པའི་སྙིང་པོ་)དེ་ལ་བདག་གི་འདུ་ཤེས་ བསྒོམ་པ་ལས་བཟློག་ནས། (ཤེས་བྱ་ཐམས་ཅད་ཕྱོགས་གཅིག་ཏུ་)བདག་མེད་པའི་འདུ་ ཤེས་བསྒོམ་པ་ལ་མངོན་པར་དགའ་བ་ཉིད་དང་། དེ་བཞིན་གཤེགས་པའི་སྙིང་པོ་ གཙང་བར་བསྒོམ་པར་བྱ་བ་ལས། སླར་(དེ་བཞིན་གཤེགས་པའི་སྙིང་པོ་)གཙང་བའི་ འདུ་ཤེས་བསྒོམ་པ་ལས་བཟློག་ནས། (ཤེས་བྱ་ཐམས་ཅད་ཕྱོགས་གཅིག་ཏུ་)མི་གཙང་ བའི་འདུ་ཤེས་བསྒོམ་པ་ལ་མངོན་པར་དགའ་བ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་རྣམ་གྲངས་ འདིས་ནི་ཆོས་ཀྱི་སྐུ་ཐོབ་པ་དང་འགལ་བའི་ལམ་ལ་མངོན་པར་དགའ་བའི་ཕྱིར་ མཆོག་ཏུ་(དོན་དམ་པར་)རྟག་པ་དང་། (དོན་དམ་པར་)བདེ་བ་དང་། (དོན་དམ་ པར་)བདག་དང་(དོན་དམ་པར་སྙིང་དུ་)སྡུག་པའི་མཚན་ཉིད་ཀྱི་ཁམས་དེ་ནི་ཉན་ 9-1-117 ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ཡང་(རྟག་པ་དང་བདེ་བ་དང་སྡུག་པར་ཤེས་ པའི་ཆ་ནས་)སྤྱོད་ཡུལ་མ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །ཇི་ལྟར་(ཆོས་སྐུ་) དེ་ཕྱིན་ཅི་ ལོག་ལ་མངོན་པར་དགའ་བ། (ཐམས་ཅད་)མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པ་དང་། མི་སྡུག་པའི་འདུ་ཤེས་ཅན་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པ་དེ་ལྟར། རྒྱས་པར་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོར་བཅོམ་ལྡན་འདས་ཀྱིས་རྫིང་ གི་ཆུའི་ནོར་བུའི་དཔེས་རབ་ཏུ་བསྒྲུབས་ཏེ། འདི་ལྟ་སྟེ། དགེ་སློང་དག་དཔེར་ན་སོ་ གའི་དུས་ལ་བབ་པ་ན་སྐྱེ་བོ་དག་ཁྲུས་རས་བཅིངས་ཏེ། (ཆུར་འཇུག་པའི་)རང་གི་རྒྱན་ དང་(ཆུ་ལ་)ཉེ་བར་སྤྱོད་པ་དག་གིས་ཆུ་ལ་རྩེའོ། །དེ་ནས་(རྫིང་བུ་)དེར་(གང་ ཟག་)གཅིག་གིས་(ནོར་བུའི་)རིགས་(བཟང་པོ་)དང་ལྡན་པའི་ནོར་བུ་བཻཌཱུཪྻ་ཆུའི་ནང་ དུ་བཞག་པ་དང་། དེ་ནས་བཻཌཱུཪྻ་དེའི་དོན་དུ་(ནོར་བུ་ཚོལ་བའི་ཐབས་ལ་མི་མཁས་ པ་)དེ་དག་ཐམས་ཅད་(ཆུ་ལ་བརྩེ་བའི་)རྒྱན་བཞག་ནས་ཞུགས་པར་གྱུར་ཏོ། །དེ་ནས་ (ཆུ་ནང་)དེ་ན་ཡོད་པའི་གསེག་མའམ་གྱོ་མོ་དེ་དག་(ནོར་བུ་མ་ཡིན་པ་)ལ་ནོར་བུའོ་ སྙམ་ནས་བཟུང་སྟེ། (དང་པོ་འཁོར་བ་ལ་འཁྲུལ་བའི་དཔེ་)བདག་གིས་ནོར་བུ་རྙེད་དོ་ སྙམ་དུ་(ཆུ་ནང་ནས་)ཕྱུང་ངོ་། །(དེ་ནས་ཉན་རང་འཁྲུལ་བའི་དཔེ་)ཕྱུང་ནས་ཀྱང་ རྫིང་བུའི་འགྲམ་དུ་བལྟས་པ་ན་(རྫིང་བུ་འདི་ན་ཡོད་པ་)འདི་ནི་(ཐམས་ཅད་)ནོར་བུ་ མ་ཡིན་ནོ། །སྙམ་པའི་འདུ་ཤེས་རབ་ཏུ་འཇུག་གོ །(འཁོར་འདས་རྣམ་པ་འདྲ་བའི་ དཔེ་)རྫིང་གི་ཆུ་དེ་ཡང་ནོར་བུའི་མཐུས་(ནོར་བུ་མ་ཡིན་པ་རྣམས་ཀྱང་)ནོར་བུའི་ འོད་དང་འདྲ་བར་སྣང་ངོ་། །(ཐབས་མི་མཁས་པ་)དེ་དག་(དང་པོ་ནོར་བུ་)དེ་ལྟར་ སྣང་བའི་ཆུ་དེ་མཐོང་ནས་ཨེ་མའོ། །(འདི་ཐམས་ཅད་)ནོར་བུའོ་སྙམ་པའི་ཡོན་ཏན་ གྱི་འདུ་ཤེས་རབ་ཏུ་ཞུགས་སོ། །(བྱང་ཆུབ་སེམས་དཔའི་དཔེ་)དེ་ནས་(ཆུ་)དེ་ལ་(ནོར་ བུ་ཚོལ་བའི་)ཐབས་མཁས་ཤིང་ཡིད་གཞུངས་པ་གཅིག་གིས་ནོར་བུ་(ཡིན་ངེས་པ་)དེ་ ཡང་དག་པར་རྙེད་པར་གྱུར་ཏོ། །དགེ་སློང་དག་དེ་བཞིན་(ཆུ་ནང་གི་གསེག་མ་དང་གྱོ་ མོ་ནོར་བུ་མ་ཡིན་པར་མཐོང་ནས་)དུ་ནོར་བུ་(ཡིན་ངེས་པ་ཡང་ནོར་བུ་མ་ཡིན་ནོ་ 9-1-118 སྙམ་པ་)ལྟར་(བདེན་གཉིས་ཀྱི་)ཆོས་ཀྱི་དེ་ཁོ་ན་མི་ཤེས་པ་ཁྱེད་ཀྱིས་(བདེན་པ་གཉིས་ ཀས་བསྡུས་པའི་ཆོས་)ཐམས་ཅད་མི་རྟག་པ་དང་། (བདེན་པ་གཉིས་ཀས་བསྡུས་པའི་ ཆོས་)ཐམས་ཅད་སྡུག་བསྔལ་བ་དང་། (བདེན་པ་གཉིས་ཀས་བསྡུས་པའི་ཆོས་)ཐམས་ ཅད་བདག་མེད་པ་དང་། (བདེན་པ་གཉིས་ཀས་བསྡུས་པའི་ཆོས་)ཐམས་ཅད་མི་སྡུག་ པའོ་ཞེས་འཛིན་པ་(ཉན་རང་)ཐམས་ཅད་ཀྱིས་བསྒོམས་ཤིང་། བསྒོམས་ལ་མང་དུ་ (དྲན་འཛིན་)བྱས་ཤིང་། མང་དུ་(དྲན་འཛིན་)བྱས་པས་(དྲན་པ་)ཉེ་བར་བཞག་པ་དེ་ ཐམས་ཅད་ནི་(དོན་དམ་ཆོས་ཀྱི་སྐུ་ལ་ལྟོས་ནས་)དོན་མེད་དོ། །དགེ་སློང་དག་དེའི་ ཕྱིར་རྫིང་གི་གསེག་མ་དང་གྱོ་མོ་(ནོར་བུ་མ་ཡིན་པར་)རྣམ་པར་གནས་པ་(མཐོང་ ནས་ནོར་བུ་ཡང་ནོར་བུ་མ་ཡིན་པར་འཛིན་པ་)ལྟར་མི་འགྱུར་བར་ཁྱེད་ཅག་(ཆོས་སྐུ་ རྟོགས་པའི་)ཐབས་ལ་མཁས་པར་གྱིས་ཤིག །ཁྱེད་ཀྱིས་(ཀུན་རྫོབ་)གང་(ཡིན་ ཐམས་ཅད་)དང་(དོན་དམ་)གང་(ཡིན་)ཐམས་ཅད་(ཕྱོགས་གཅིག་ཏུ་)མི་རྟག་པ་ དང་། ཐམས་ཅད་སྡུག་བསྔལ་བ་དང་། ཐམས་ཅད་བདག་མེད་པ་དང་། ཐམས་ཅད་མི་ གཙང་བའོ། །ཞེས་འཛིན་པ་ཐམས་ཅད་ཀྱིས་(ཀུན་རྫོབ་ཀྱི་ཆོས་ཐམས་ཅད་དེ་ ལྟར་)བསྒོམ་ཞིང་(དོན་དམ་གྱི་ཆོས་ཀྱང་དེ་ལྟར་)བསྒོམས་ལ་མང་དུ་(དྲན་འཛིན་ཀུན་ རྫོབ་ལ་)བྱས་ཤིང་(དོན་དམ་ལ་དྲན་འཛིན་)མང་དུ་བྱས་པ་(ཀུན་རྫོབ་)དེ་དང་(དོན་ དམ་)དེ་ཉིད་(གཉིས་ཡོད་པ་དེ་)ལ་(དོན་དམ་ཆོས་སྐུ་ནི་)རྟག་པ་དང་། བདེ་བ་དང་། སྡུག་པ་དང་། བདག་ཉིད་དུ་(ནམ་ཡང་)ཡོད་པ་ཡིན་ནོ། །ཞེས་རྒྱས་པར་ཆོས་(ཐམས་ ཅད་)ཀྱི་དེ་ཁོ་ན་ཉིད་དོན་དམ་པ་རྣམ་པར་བཞག་པ་ལས་བརྩམས་ཏེ་(ཀུན་རྫོབ་ ལས་)ཕྱིན་ཅི་ལོག་ཏུ་གྱུར་པ་བསྟན་པ་ནི་མདོ་ཇི་ལྟ་བ་བཞིན་དུ་རྟོགས་པར་བྱའོ། །དེ་ ལ་(དོན་དམ་)སྟོང་པ་ཉིད་ལ་སེམས་(ཆད་སྟོང་ལ་)རྣམ་པར་གཡེངས་པ་ནི། ཐེག་པ་ ལ་གསར་དུ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་(དོན་དམ་པ་)སྟོང་པ་ ཉིད་ཀྱི་དོན་གྱི་ཚུལ་དེ་བཞིན་གཤེགས་པའི་སྙིང་པོ་(སྐྱོན་ཐམས་ཅད་ཀྱིས་སྟོང་ཡང་ རང་གི་ངོ་བོ་ཡོན་ཏན་ཐམས་ཅད་ཀྱིས་མི་སྟོང་བར་དུས་ནམ་ཡང་མེད་མི་སྲིད་པའི་ 9-1-119 ཚུལ་ཤེས་པ་)ལས་ཉམས་པ་དག་ལ་བརྗོད་དོ། །ཡང་དག་པར་ཡོད་པའི་ཆོས་ཉིད་དུས་ ཕྱིས་རྒྱུན་ཆད་ཅིང་ཞིག་(པ་ཆོས་གང་ཡང་མེད་)པའི་ཡོངས་སུ་མྱ་ངན་ལས་འདས་ པའོ། །ཞེས་(དང་པོ་བདེན་པར་ཡོད་པའི་)དངོས་པོ་(ཕྱིས་)གཞིག་པའི་ཕྱིར་(ཆད་ པའི་)སྟོང་པ་ཉིད་ཀྱི་རྣམ་པར་ཐར་བའི་སྒོ་འདོད་པའམ། ཡང་(ཆད་སྟོང་བ་)གང་ དག་(ཆོས་)གང་ཞིག་རྟོགས་པར་བྱ་བ་དང་། བསྒོམ་པར་བྱ་བ་སྟོང་པ་ཉིད་ཅེས་བྱ་བ་ (ཆོས་ཅན་གྱི་)གཟུགས་ལ་སོགས་པ་ལས་(ངོ་བོ་)ཐ་དད་པའི་དངོས་པོ་(ཕྱིས་སྤྲོས་བྲལ་ ཞིག་)ཡོད་པ་ཡིན་ནོ་ཞེས་སྟོང་པ་ཉིད་(གཟུགས་སོགས་ལས་དོན་གཞན་)དུ་དམིགས་ པས་སྟོང་པ་ཉིད་(གཞན་)ལ་བརྟེན་པའོ། ། (ཀུན་རྫོབ་རང་སྟོང་དང་དོན་དམ་གཞན་སྟོང་གཉིས་ཡོད་པ་)དེ་ལ་(དོན་དམ་ པ་)སྟོང་པ་ཉིད་ཀྱི་ཚུལ་(ཡང་དག་) དུ་བརྗོད་པ་དེ་བཞིན་གཤེགས་པའི་སྙིང་པོ་གང་ ཞེ་ན། འདི་ལ་(གདོད་ནས་གྲུབ་པའི་སྐྱོན་) བསལ་བྱ་ཅི་ཡང་མེད། །(རྣམ་བྱང་གི་ཡོན་ ཏན་གསར་དུ་བསྣན་ནས་)བཞག་པར་བྱ་བའང་ཅུང་ཟད་མེད། །(དྲི་མ་)ཡང་དག་ (པར་མེད་པ་)ཉིད་ལ་(མེད་པར་)ཡང་དག་ལྟ། །(ཡང་དག་པར་ཡོད་པ་ཉིད་ལ་ཡོད་ པར་)ཡང་དག་(པར་)མཐོང་ནས་རྣམ་པར་གྲོལ(བས་སོ)། ། རྣམ་དབྱེར་བཅས་པའི་ མཚན་ཉིད་ཅན། །(ཉེས་པ་)གློ་བུར་(བ་)དག་གིས་(རང་བཞིན་གྱི་)ཁམས་སྟོང་གི །རྣམ་ དབྱེ་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་(ནམ་ཡང་)སྟོང་མ་ཡིན། །འདིས་ཅི་ བསྟན་ཞེ་ན། གང་གི་ཕྱིར་རང་བཞིན་གྱིས་ཡོངས་སུ་དག་པ་དེ་བཞིན་གཤེགས་པའི་ ཁམས་འདི་ལ་(རང་བཞིན་ཡིན་པའི་དྲི་མ་)བསལ་བར་བྱ་བ་ཀུན་ནས་ཉོན་མོངས་ པའི་རྒྱུ་མཚན་ནི་འགའ་ཡང་མེད་དེ། (གློ་བུར་བའི་དྲི་མ་ཡང་ཡིན་འདིའི་རང་བཞིན་ ཡང་ཡིན་པ་གདོད་ནས་མི་སྲིད་པས་)གློ་བུར་བའི་དྲི་མ་དང་(གདོད་ནས་)བྲལ་བ་ནི་ འདིའི་རང་བཞིན་ཡིན་པའི་ཕྱིར་རོ། །འདི་ལ་རྣམ་པར་བྱང་བའི་རྒྱུ་མཚན་ཅན་(སྔར་ མེད་གསར་དུ་)བཞག་པར་བྱ་བའང་ཅུང་ཟད་ཡོད་པ་མ་ཡིན་ཏེ། (རང་བཞིན་གྱི་ཡོན་ ཏན་ཐམས་ཅད་རང་དང་)རྣམ་པར་དབྱེ་བ་མེད་པའི་ཆོས་དག་པའི་ཆོས་ཉིད་(ཀྱི་ 9-1-120 ཡོན་ཏན་སྟོབས་སོགས་)ནི་རང་བཞིན་ཡིན་པའི་ཕྱིར་རོ། །དེས་ན་དེ་བཞིན་གཤེགས་ པའི་སྙིང་པོ་ནི་(རང་དང་)རྣམ་པར་དབྱེ་བ་ཡོད་པ་བྲལ་ཤེས་པ་ཉོན་མོངས་པའི་ སྦུབས་ཐམས་ཅད་ཀྱིས་ནི་(རང་བཞིན་)སྟོང་པ་ཡིན་ལ། (ཆུ་དང་རླན་བཞིན་དུ་རང་ དང་)རྣམ་པར་དབྱེ་བ་མེད་པ་བྲལ་མི་ཤེས་པ་བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་ (ཡོན་ཏན་གྱི་)ཆོས་གང་གཱའི་ཀླུང་གི་བྱེ་མ་ལས་འདས་པས་ནི་(གདོད་ནས་)མི་སྟོང་ངོ་ ཞེས་གསུངས་སོ། །དེ་ལྟར་ན་(སྐྱོན་)གང་ཞིག་(སྙིང་པོ་)གང་ན་མེད་པ(འི་སྙིང་པོ་)དེ་ ནི་(སྐྱོན་)དེས་སྟོང་ངོ་། །ཞེས་(ཇི་ལྟ་བའི་ཡེ་ཤེས་ཀྱིས་ཉོན་མོངས་པ་མེད་པ་ལ་མེད་ པར་)ཡང་དག་པར་རྗེས་སུ་མཐོང་ལ། (ཡོན་ཏན་)གང་ཞིག་དེ་ལྟར་(དབྱེར་མེད་ དུ་)ལྡན་པ་(སྐྱོན་བསལ་བའི་)ལྷག་མར་གྱུར་པ་(ཡོན་ཏན་)དེ་ནི་(སྙིང་པོ་)དེ་ལ་རྟག་ པར་ཡོད་དོ་ཞེས་(ཇི་སྙེད་པའི་ཡེ་ཤེས་ཀྱིས་ཡོད་པ་ལ་ཡོད་པར་)ཡང་དག་པ་ཇི་ལྟ་བ་ བཞིན་ཤེས་(པས་གྲོལ་བ་ལགས་)སོ། །(འདི་ལ་བསལ་བྱ་ཅི་ཡང་མེད་ཅེས་པའི་)ཚིགས་ སུ་བཅད་པ་འདི་གཉིས་ཀྱིས་ནི། (གཤིས་ལ་ཀུན་རྫོབ་ཡོད་པར་)སྒྲོ་འདོགས་པ་དང་ (གཤིས་ལ་དོན་དམ་དང་དེའི་ཡོན་ཏན་མེད་པར་)སྐུར་བ་འདེབས་པའི་མཐའ་དང་ བྲལ་བའི་ཕྱིར། (གཤིས་ལ་སྟོང་མི་སྟོང་གི་ཆོས་)ཕྱིན་ཅི་མ་ལོག་པ་(གཤིས་ལ་དོན་དམ་ རང་གིས་མི་སྟོང་ཡང་རང་ལས་གཞན་ཀུན་རྫོབ་ཀྱིས་)སྟོང་པ་ཉིད་ཀྱི་མཚན་ཉིད་ བསྟན་པའོ། །དེ་ལ་(དོན་དམ་ཡང་མེད་པར་འདོད་པ་)གང་དག་སྟོང་པ་ཉིད་ཀྱི་དོན་ དུ་(སྔར་བསྟན་པའི་)ཚུལ་འདི་ལས་སེམས་ཕྱིན་ཅི་ལོག་(ཆད་སྟོང་)ཏུ་རྣམ་པར་གཡེང་ ཞིང་རྣམ་པར་འཕྲོ་ལ་(སྔར་བསྟན་པའི་ཚུལ་འདིར་)མཉམ་པར་མི་འཇོག་ཅིང་། (གཞན་སྟོང་ཟབ་མོ་ལ་)རྩེ་གཅིག་ཏུ་མི་འགྱུར་བ་དེས་ན་དེ་དག་སྟོང་པ་ཉིད་(ཡང་ དག་)ལས་སེམས་(ཆད་སྟོང་དུ་)རྣམ་པར་གཡེངས་པ་ཞེས་བརྗོད་དོ། །(ཡེ་ཤེས་མེད་ན་ ཡོན་ཏན་འཕེལ་མེད་བྱང་ཆུབ་མེད། །རྒྱ་མཚོ་འདྲ་བའི་སངས་རྒྱས་ཆོས་ཀྱང་མེད་པར་ འགྱུར། །ཞེས་གསུངས་པའི་དོན་)དོན་དམ་པ་སྟོང་པ་ཉིད་ཀྱི་ཡེ་ཤེས་མེད་པར་ནི་རྣམ་ པར་རྟོག་པ་མེད་པའི་དབྱིངས་རྟོགས་ཤིང་མངོན་དུ་བྱ་བར་མི་ནུས་སོ། །འདི་ལ་ 9-1-121 དགོངས་ནས་གསུངས་པ་ནི་དེ་བཞིན་གཤེགས་པའི་སྙིང་པོའི་ཡེ་ཤེས་ཉིད་ནི་དེ་བཞིན་ གཤེགས་པ་རྣམས་ཀྱི་(སྐྱོན་ཐམས་ཅད་ཀྱིས་)སྟོང་པ་ཉིད་ཀྱི་ཡེ་ཤེས་ཡིན་ལ་དེ་བཞིན་ གཤེགས་པའི་སྙིང་པོ་ཡང་། (ཆོས་སྐུའི་ཕྱིན་ཅི་ལོག་བསྒོམ་པ་ལ་དགའ་བའི་)ཉན་ཐོས་ དང་རང་སངས་རྒྱས་ཐམས་ཅད་ཀྱིས་(གཙང་བདག་བདེ་དང་རྟག་པར་)སྔར་མ་ མཐོང་(ཞིང་རྒྱུན་དུ་དེ་ལྟར་)མ་རྟོགས་པའོ། །ཞེས་རྒྱས་པར་གསུངས་སོ། །དེ་བཞིན་ གཤེགས་པའི་སྙིང་པོ་དེ་ཇི་ལྟར་ཆོས་ཀྱི་(དབྱིངས་ཀྱི་)སྐུའི་སྙིང་པོ་ཡིན་པ་དེ་ལྟར་ནི་ (ཆོས་དབྱིངས་ལ་རྒྱབ་ཀྱིས་ཕྱོགས་པ་)འཇིག་ཚོགས་ལ་ལྟ་བར་ལྟུང་བ་(སོ་སྐྱེ་)རྣམས་ ཀྱི་སྤྱོད་ཡུལ་མ་ཡིན་པར་བརྗོད་དེ། ཆོས་ཀྱི་དབྱིངས་(ཀྱི་སྐུ་)ནི་(འཇིག་ཚོགས་ལ་)ལྟ་ བའི་གཉེན་པོ་ཡིན་པའི་ཕྱིར་རོ། །ཇི་ལྟར་ཆོས་ཀྱི་སྐུ་(མི་རྟག་ལ་སོགས་ཀྱི་)འཇིག་རྟེན་ ལས་འདས་པའི་སྙིང་པོ་ཡིན་པ་དེ་ལྟར་ནི། (ཆོས་ཀྱི་སྐུ་ལས་)ཕྱིན་ཅི་ལོག་ལ་མངོན་ པར་དགའ་བ་(ཉན་རང་)རྣམས་ཀྱི་སྤྱོད་ཡུལ་མ་ཡིན་ནོ་ཞེས་བརྗོད་དེ། འཇིག་རྟེན་ ལས་འདས་པའི་ཆོས་ཀྱི་སྐུ་ནི་མི་རྟག་པ་ལ་སོགས་པ་འཇིག་རྟེན་པའི་ཆོས་ཀྱི་གཉེན་ པོར་བསྟན་པའི་ཕྱིར་རོ། །ཇི་ལྟར་ཡོངས་སུ་དག་པའི་(ཡོན་ཏན་ཐམས་ཅད་འདུས་ པའི་)ཆོས་ཀྱི་སྙིང་པོ་ཡིན་པ་དེ་ལྟར་ནི་(ཡང་དག་པའི་)སྟོང་པ་ཉིད་ལས་སེམས་(ཆད་ སྟོང་ལས་)རྣམ་པར་གཡེངས་པ་(དོན་དམ་ཆད་ལྟ་བ་) རྣམས་ཀྱི་སྤྱོད་ཡུལ་མ་ཡིན་ནོ་ ཞེས་བརྗོད་དེ། (བདེ་གཤེགས་སྙིང་པོ་)དེ་རྣམ་པར་དག་(པ་སྟོབས་དང་མི་འཇིག་པ་ ལ་སོགས་)པའི་ཡོན་ཏན་གྱི་ཆོས་(རང་དང་)རྣམ་པར་དབྱེ་བ་མེད་པ། འཇིག་རྟེན་ ལས་འདས་པའི་ཆོས་ཀྱི་(ཕུང་པོའི་)སྐུས་རབ་ཏུ་ཕྱེ་(ཞིང་ནམ་མཁའ་གང་)བ་རྣམས་ ནི། གློ་བུར་གྱི་དྲི་མས་(ཡེ་ནས་)སྟོང་པ(འདི)འི་རང་བཞིན་ཡིན་པའི་ཕྱིར་རོ། ། དེ་ལ་(ཆོས་ཐམས་ཅད་བདེ་གཤེགས་སྙིང་པོར་)ཚུལ་གཅིག་པའི་ཆོས་ཀྱི་དབྱིངས་དང་ ཐ་མི་དད་པའི་ཡེ་ཤེས་ཀྱི་སྒོ་(སྒོ་མངོན་སུམ་དུ་བྱང་སེམས་འཕགས་པས་)རྟོགས་ནས། (ཟག་མེད་ཀྱི་ལས་ཀྱིས་བསྐྱེད་པའི་ཡིད་ལུས་སོགས་ཀྱིས་)འཇིག་རྟེན་(ཐམས་ ཅད་)ལས་འདས་པ(གཙང་བདག་བདེ་དང་རྟག་པ)འི་ཆོས་ཀྱི་སྐུ་རང་བཞིན་གྱིས་ 9-1-122 ཡོངས་སུ་དག་པ་ལ་(མི་རྟོག་ཡེ་ཤེས་ཀྱིས་རྒྱུན་དུ་)ལྟ་བ་གང་ཡིན་པ་འདི་ནི། འདིར་ (ཡང་དག་པ་ཇི་ལྟ་བ་བཞིན་དུ་རྫོགས་པར་ལྟ་བ་དཀའ་བའི་རྒྱུ་མཚན་)གང་གིས་(ད་ དུང་མ་རིག་བག་ཆགས་ཀྱི་ས་མ་འགགས་ཤིང་དེའི་སྒྲིབ་པས་སྒྲིབ་པ་)ས་བཅུ་ལ་གནས་ པའི་བྱང་ཆུབ་སེམས་དཔས་དེ་བཞིན་གཤེགས་པའི་སྙིང་པོ་(ལ་མཐའ་མེད་པས་སངས་ རྒྱས་ལ་ལྟོས་ནས་གཙང་བ་དམ་པ་ལ་སོགས་པར་)ཅུང་ཟད་མཐོང་ངོ་ཞེས་གསུངས་པ་ (ནི་)ཡང་དག་པ་ཇི་ལྟ་བ་བཞིན་གྱི་ཡེ་ཤེས་(ཅུང་ཟད་)མཐོང་བར་འདོད་དོ། །དེ་སྐད་ དུ་ནི། སྤྲིན་མཐོང་མཁའ་ལ་ཉི་(མ་ཅུང་ཟད་མཐོང་ཡང་དུས་ཐམས་ཅད་དུ་རྫོགས་ པར་མི་མཐོང་བ་)བཞིན་(གཙང་བ་ལ་སོགས་པར་ཅུང་ཟད་མཐོང་ཡང་སངས་རྒྱས་ཀྱི་ ས་)འདིར་(ས་བཅུ་པ་)ཁྱོད་ཕྱོགས་གཅིག་(མ་རིག་བག་ཆགས་ཀྱི་སས་བསྒྲིབས་ པའི་)བློ་གྲོས་ཅན། །(སྒྲིབ་པའི་འཁྲིས་ནད་ཕལ་ཆེར་བྱིང་བ་)བློ་མིག་དག་པའི་འཕགས་ (པ་ས་བཅུ་པ་)རྣམས་ཀྱིས་ཀྱང་(དུས་དང་རྣམ་པ་ཐམས་ཅད་དུ་)ཐམས་ཅད་(ཐམས་ ཅད་རྫོགས་པར་གཙང་བ་དམ་པར་)མཐོང་མ་ལགས། །(མ་རིག་བག་ཆགས་ཀྱི་ས་ འགགས་པ་)བཅོམ་ལྡན་འདས་ཁྱོད་ཆོས་སྐུ་(གཙང་བའི་མཐར་ཕྱིན་པ་)གང་དག་བློ་ གྲོས་(དུས་གསུམ་)མཐའ་ཡས་པ(དང་ཕྱོགས་བཅུའི)། །ཤེས་བྱ་མཐའ་མེད་མཁའ་ དབྱིངས་(སྒྲིབ་པའི་བག་ཆགས་སྤངས་པའི་མཁྱེན་པས་)ཁྱབ་པ་དེ་དག་གིས་(དུས་ གསུམ་ཅིག་ཆར་དུ་གཙང་བདག་བདེ་དང་རྟག་པ་)ཀུན་(རྫོགས་པ་)མཐོང་། །ཞེས་ གསུངས་སོ། ། (འདིར་འགའ་ཞིག་གིས་)སྨྲས་པ་གལ་ཏེ་དེ་ལྟར་ཆགས་པ་མེད་པ(ས་བྱང་ཆུབ་སེམས་ དཔའ་དེ)འི་མཐར་ཕྱིན་པའི་ས་(བཅུ་པ་)ལ་གནས་པའི་འཕགས་པའི་མཆོག་རྣམས་ཀྱི་ ཡང་(དུས་དང་རྣམ་པ་ཐམས་ཅད་དུ་གཙང་བདག་བདེ་དང་རྟག་པའི་ཡོན་ ཏན་)ཐམས་ཅད་(རྫོགས་པར་)ཡུལ་མ་ཡིན་ན། ཁམས་འདི་(སོ་སོ་སྐྱེ་བོས་ཐམས་ཅད་ རྫོགས་པར་)བལྟ་བར་དཀའ་བ་དེས་ན་བྱིས་པ་སོ་སོའི་སྐྱེ་བོ་ལས་བརྩམས་ཏེ་བསྟན་པ་ འདིས་(དགོས་པ་)ཅི་ཞིག་བྱ་ཞེ་ན། བསྟན་པའི་དགོས་པ་(བརྗོད་བྱར་)བསྡུས་པའི་ 9-1-123 ཚིགས་སུ་བཅད་པ་གཉིས་ཏེ། གཅིག་གིས་ནི་(དགོས་པ་)དྲིས་ལ་གཉིས་པས་ནི(དགོས་ པ་ཡོད་པའི་)ལན་བསྟན་པའོ། ། (འདི་བསྟན་པ་ལ་དགོས་པ་ཅི་ཡོད་དྲིས་པ་ནི།)སྤྲིན་དང་རྨི་ལམ་སྒྱུ་བཞིན་(བཀའ་ འཁོར་ལོ་དང་པོ་)དེ་དང་(བར་པ་)དེར། །ཤེས་བྱ་ཐམས་ཅད་རྣམ་(པ་)ཀུན་(ཏུ་བདེན་ པས་)སྟོང་པ་(ཡིན་)ཞེས། །གསུངས་ནས་ཡང་(བཀའ་ཐ་མ་དོན་དམ་རྣམ་པར་ངེས་ པ་)འདིར་རྒྱལ་(བ་)རྣམས་སེམས་ཅན་ལ། །སངས་རྒྱས་(ཀྱི་)སྙིང་པོ་(དོན་དམ་དུ་ བདེན་པ་)ཡོད་ཅེས་(དགོས་པ་)ཅི(འི་ཕྱིར་)སྟེ་གསུངས། །(ལན་ནི་འདི་ཡོད་པར་མ་ ཐོས་ན་རང་ཉིད་)སེམས་ཞུམ་(པ་དང་)སེམས་ཅན་དམན་ལ་བརྙས་པ་དང་། །ཡང་ དག་མིན་(པ་ཡང་དག་ཏུ་)འཛིན་(པ་དང་)ཡང་དག་(གི་)ཆོས་(འདི་)ལ་སྐུར(པ་ འདེབས་པ་དང་)། །བདག་(ལ་)ཆགས་(པ་)ལྷག་པའི་སྐྱོན་(དང་)ལྔ་(འདི་མ་ཐོས་ པ་)གང་དག་ལ། །ཡོད་པ་དེ་དག་(གི་སྐྱོན་ལྔ་པོ་)དེ་སྤང་(དགོས་པའི་)དོན་དུ་ གསུངས། ། (དྲིས་ལན་གྱི་)ཚིགས་སུ་བཅད་པ་གཉིས་པོ་འདིའི་དོན་ནི་མདོར་བསྡུས་ཏེ། ཚིགས་སུ་ བཅད་པ་བཅུས་(བསྟན་པར་)རིག་པར་བྱ་སྟེ། ཡང་དག་(གི་)མཐའ་(བདེ་གཤེགས་ སྙིང་པོ་)ནི་འདུས་བྱས་ཀྱི། །རྣམ་པ་(ཀུན་རྫོབ་)ཐམས་ཅད་(ཀྱིས་གདོད་ནས་)དབེན་ པ་སྟེ། །(རྒྱུ་མཚན་)ཉོན་མོངས་ལས་དང་རྣམ་སྨིན་(གྱི་)དོན(ཀུན་རྫོབ་ཐམས་ ཅད)། །སྤྲིན་ལ་སོགས་པ་བཞིན་དུ་(སྔར་)བརྗོད(པ་ནི་འདིར་སྙིང་པོ་ཡོད་པར་བསྟན་ པ་དང་མི་འགལ་བ་འདི་ལྟ་སྟེ)། །ཉོན་མོངས་སྤྲིན་འདྲ་(ལུས་ངག་སེམས་ཀྱི་)བྱ་བ་ ཡི། །ལས་ནི་རྨི་ལམ་ལོངས་སྤྱོད་བཞིན། །ཉོན་མོངས་ལས་ཀྱི་རྣམ་པར་སྨིན(པའི)། །ཕུང་ པོ་སྒྱུ་མ་སྤྲུལ་པ་བཞིན(ཞེས)། །སྔར་ནི་(བཀའ་དང་པོ་གཉིས་སུ་ཀུན་རྫོབ་ཀྱི་ཆོས་ རྣམས་)དེ་ལྟར་རྣམ་(པར་)བཞག་ནས། །སླར་ཡང་བླ་མའི་རྒྱུད་(བཀའ་གསུམ་ པ་)འདིར་ནི། །(འདི་ཐོས་ན་)ཉེས་པ་ལྔ་དག་སྤང་བའི་(དགོས་པ་ཡོད་ པའི་)ཕྱིར། །(སངས་རྒྱས་)ཁམས་(དོན་དམ་བདེན་པ་)ཡོད་(པ་)ཉིད་(ཡིན་ནོ་)ཅེས་ 9-1-124 བསྟན་པ་ཡིན(ནོ་དེ་ཡང་)། །འདི་ལྟར་(བསྟན་པ་) དེ་ནི་མ་ཐོས་པས། །བདག་ (རང་)ལ་བརྙས་པའི་ཉེས་པ་ཡིས། །(སངས་རྒྱས་གཤིས་ལ་མེད་ན་གསར་དུ་མི་འགྲུབ་ སྙམ་ནས་)སེམས་ནི་ཞུམ་པ་འགའ་ཞིག་ལ། །(གཤིས་ལ་ཡོད་པའི་)བྱང་ཆུབ་(ཐོབ་ འདོད་ཀྱི་)སེམས་ནི་སྐྱེ་(བར་)མི་འགྱུར(བ་དང་)། །གང་ལ་བྱང་ཆུབ་(ཀྱི་)སེམས་སྐྱེས་ པས། །བདག་ནི་(སེམས་ཅན་ཐམས་ཅད་ཀྱི་)མཆོག་ཅེས་རློམ་པ་ན། །བྱང་ཆུབ་(ཐོབ་ འདོད་ཀྱི་)སེམས་མ་སྐྱེད་པ་ལ། །(སྙིང་པོ་ཡོད་པར་མ་ཤེས་ནས་)དམན་པའི་འདུ་ཤེས་ རབ་ཏུ་འཇུག(པ་དང་།)།དེ་ལྟར་སེམས་དཔའ་དེ་ལ་ནི། །(བདེན་གཉིས་རིག་པའི་)ཡང་ དག་ཤེས་པ་མི་སྐྱེ་བ། །དེས་ན་ཡང་དག་མིན་(པ་ཀུན་རྫོབ་ཡང་དག་ཏུ་)འཛིན་ཅིང་ (སྒྲོ་འདོགས་པ་དང་)། །ཡང་དག་(གི་)དོན་(འདི་)ནི་རིག་(པར་)མི་འགྱུར(ཞིང་སྐུར་ བ་འདེབས་སོ)། །(དེས་ན་ཉོན་མོངས་ལས་དང་རྣམ་སྨིན་ནི་)བཅོས་མ་གློ་བུར་བ་ཉིད་ ཕྱིར། །སེམས་ཅན་(གྱི་)སྐྱོན་དེ་ཡང་དག་(ཏུ་བདེན་པ་)མིན། །ཡང་དག་(པར་)ཉེས་ (པ་)དེ་(རྣམས་)བདག་(ཏུ་བདེན་པར་གྲུབ་པ་)མེད་པ(འོ)། །ཡོན་ཏན་(གྱི་)རིན་ཆེན་ དག་པ(འི་བདག་ཏུ་གྲུབ་པ་)ཡིན(ནོ)། (དེའི་ཕྱིར་)ཡང་དག་(པ་)མིན་པའི་ཉེས་(པ་ ཡང་དབང་དུ་)འཛིན་ཅིང་། །(སྒྲོ་འདོགས་པ་དང་)ཡང་དག་(པར་གྲུབ་པའི་)ཡོན་ ཏན་(ལ་)སྐུར་(བ་)འདེབས་པས། །བློ་ལྡན་བདག་དང་སེམས་ཅན་ནི། །(སྙིང་པོའི་ཡོན་ ཏན་)མཚུངས་(པར་)མཐོང་(ནས་སེམས་ཅན་ལ་)བྱམས་པ་ཐོབ་(པར་)མི་འགྱུར(བ་ དེས་ན)། །(སླར་ཡང་བཀའ་གསུམ་པ་)འདི་ལས་(སྙིང་པོ་)དེ་ནི་(ཡོད་པར་)ཐོས་པ་ ལས། །(བདག་ཉིད་བྱང་ཆུབ་སྒྲུབ་པར་)སྤྲོ་(བ་)དང་(སེམས་ཅན་ཐམས་ཅད་ལ་)སྟོན་ པ་བཞིན་(དུ་)གུས་(པ་)དང་། །(གཤིས་ལ་ཀུན་རྫོབ་མེད་པར་ཤེས་པའི་)ཤེས་རབ་ (དང་དོན་དམ་ཡོད་པར་ཤེས་པའི་)ཡེ་ཤེས་(དང་སེམས་ཅན་ཐམས་ཅད་ལ་མཚུངས་ པར་)བྱམས་ཆེན་སྐྱེ(བ་སྟེ)། །ཆོས་ལྔ་(པོ་དེ་)སྐྱེས་(པའི་)ཕྱིར་(ལྔ་པོ་སྐྱེས་པ་)དེ་ལས་ ནི། །(རང་ལ་ཞུམ་པའི་)ཁ་ན་མ་ཐོ་མེད་(པ་དང་སེམས་ཅན་ལ་མི་བརྙས་ ཤིང་)མཚུངས་(པར་)ལྟ(བ་དང་)། །(ཉེས་པ་ཡང་དག་ཏུ་འཛིན་པའི་)སྐྱོན་མེད་ 9-1-125 (པ་དང་)ཡོན་ཏན་(ཡང་དག་པར་)ལྡན་པ(ར་རྟོགས་པ་)དང་། །བདག་དང་སེམས་ ཅན་(ཐམས་ཅད་སྙིང་པོ་ཅན་དུ་)མཚུངས་(པར་)བྱས་ཏེ། །(འདི་ཐོས་པ་ཐམས་ཅད་ ཀྱིས་)སངས་རྒྱས་ཉིད་ནི་མྱུར་དུ་ཐོབ(པའི་དགོས་པ་ཡོད་དོ)། །ཐེག་པ་ཆེན་པོ་རྒྱུད་བླ་ མའི་བསྟན་ཆོས་དཀོན་མཆོག་གི་རིགས་རྣམ་པར་དབྱེ་(ཞིང་བསྟན་)བ་ལས། (སེམས་ ཅད་ཐམས་ཅད་ལ་)དེ་བཞིན་གཤེགས་པའི་སྙིང་པོ་(ཡོད་པར་སྟོན་པ)འི་སྐབས་ཏེ། (དེ་བཞིན་གཤེགས་པའི་སྙིང་པོའི་སྐབས་འདི་སྟོན་པ་ལ་རྩ་བའི་ཚིགས་བཅད་གཉིས་ ཏེ། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །ཞེས་པ་མདོར་བསྟན་པ་དང་། ངོ་བོ་རྒྱུ་འབྲས་ ལས་ལྡན་འཇུག་པ་སྡོམ་གྱི་ཚིགས་བཅད་དེ་གཉིས་སོ། །དེ་ལ་)ཚིགས་སུ་བཅད་པ་དང་ པོ(རྫོགས་སངས་སྐུ་ནི་འཕྲོ་ཕྱིར་ཞེས་པ)འི་དོན་གྱི་(མདོར་བསྟན་པའི་འཆད་འགྱུར་ རྣམས་སྡོམ་གྱི་ཚིགས་བཅད་ཀྱིས་དོན་བཅུར་)བསྡུས་པའི་(རྒྱས་པར་)བཤད་(པ་དང་ བཅས་)པ་རྫོགས་སོ། །དྲི་མ་དང་བཅས་པའི་དེ་བཞིན་ཉིད་(དག་པར་བྱ་བའི་ རྒྱུ་)བཤད་ཟིན་ཏོ།། །། ༈ ད་ནི་(དྲི་བཅས་དེ་བཞིན་ཉིད་བཤད་ནས་དྲི་མེད་དེ་བཞིན་ཉིད་འཆད་པ་སྐབས་སུ་ བབ་པ་དག་བྱེད་ཀྱི་རྐྱེན་)དྲི་མ་མེད་པའི་དེ་བཞིན་ཉིད་བརྗོད་པར་བྱའོ། །དེ་ལ་དྲི་མ་ མེད་པའི་དེ་བཞིན་ཉིད་གང་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་(རང་ བཞིན་གྱི་)ཟག་པ་མེད་པའི་དབྱིངས་ལ་(གློ་བུར་གྱི་)དྲི་མའི་རྣམ་པ་ཐམས་ཅད་དང་ བྲལ་བའི་ཕྱིར་(དྲི་བཅས་ཀྱི་)གནས་ཡོངས་སུ་(དྲི་མེད་དུ་)གྱུར་པ་(རང་བཞིན་དང་གློ་ བུར་གཉིས་ཀ་དག་པ་)རྣམ་པར་བཞག་པ་(ས་བཅུ་པ་མན་ཆད་ཀྱིས་ཇི་ལྟ་བ་བཞིན་ ཡུལ་དུ་བྱེད་པར་དཀའ་བའི་སྐུ་གཙང་བདག་བདེ་དང་རྟག་པའི་ཕ་རོལ་ཏུ་ཕྱིན་པ་ ཐོབ་པ་)གང་ཡིན་པའོ། །དེ་ཡང་(གཙང་བ་ལ་སོགས་པའི་ཡོན་ཏན་མཐའ་ཡས་ ཀྱང་)མདོར་བསྡུ་ན་དོན་རྣམ་པ་བརྒྱད་ཀྱི་དབང་དུ་བྱ་སྟེ་(མདོར་བསྟན་པར་)རིག་ པར་བྱའོ། །དོན་(གནས་གྱུར་གྱི་ངོ་བོ་སོགས་)བརྒྱད་གང་ཞེ་ན། (གནས་གྱུར་གྱི་ངོ་ བོ་)དག་(པ་དང་རྒྱུ་)ཐོབ་(པ་དང་འབྲས་བུ་)བྲལ་བ་(དང་)རང་གཞན་དོན(ལས་ 9-1-126 དང་)། །དེའི་རྟེན་(ལྡན་པ་དང་)ཟབ་(པ་)དང་རྒྱ་ཆེ་(བ་)དང་། །བདག་ཉིད་ཆེན་པོ་ (གསུམ་འཇུག་པ་དང་)དེ་ཡང་ནི། །ཇི་སྲིད་དུས་(རྟག་པའི་དོན་)དང་ཇི་ལྟ་(བ་བཞིན་ དུ་བསམ་གྱིས་མི་ཁྱབ་པའི་དོན་)ཉིད(དོ)། །ཚིགས་སུ་བཅད་པ་འདིས་ནི་གོ་རིམ་ཇི་ལྟ་ བ་བཞིན་དུ་(གནས་གྱུར་གྱི་)དོན་བརྒྱད་པོ་འདི་དག་བསྟན་ཏེ། འདི་ལྟ་སྟེ། (གནས་ གྱུར་གྱི་)ངོ་བོའི་དོན་དང་། (གནས་གྱུར་གྱི་)རྒྱུའི་དོན་དང་། (གནས་གྱུར་གྱི་)འབྲས་ བུའི་དོན་དང་། (གནས་གྱུར་གྱི་)ལས་ཀྱི་དོན་དང་། (གནས་གྱུར་གྱི་)ལྡན་པའི་དོན་ དང་། (གནས་གྱུར་གྱི་)འཇུག་པའི་དོན་དང་། (གནས་གྱུར་)རྟག་པའི་དོན་དང་། (གནས་གྱུར་)བསམ་གྱིས་མི་ཁྱབ་པའི་དོན་ནོ། །དེ་ལ་(སངས་རྒྱས་ཀྱི་)ཁམས་གང་ཞིག་ (གློ་བུར་གྱི་)ཉོན་མོངས་པའི་སྦུབས་ལས་མ་གྲོལ་བ། དེ་བཞིན་གཤེགས་པའི་སྙིང་པོ་ ཞེས་(སྔར་)བརྗོད་པ་དེ་(གློ་བུར་གྱི་དྲི་མ་)རྣམ་པར་དག་(ཅིང་གཙང་བ་དམ་པ་ ཐོབ་)པ་ནི་གནས་ཡོངས་སུ་གྱུར་པའི་ངོ་བོ་ཉིད་དུ་རིག་པར་བྱ་སྟེ། གང་གི་ཕྱིར་ (དཔལ་ཕྲེང་གི་མདོ་ལས་)བཅོམ་ལྡན་འདས་(གང་ཟག་)གང་ཞིག་ཉོན་མོངས་པའི་ སྦུབས་བྱེ་བ་སྙེད་མཐའ་དག་གིས་གཡོགས་པ་དེ་བཞིན་གཤེགས་པའི་སྙིང་པོ་(དྲི་ བཅས་ཀྱི་གནས་རང་བཞིན་ཡོན་ཏན་ཅན་ཡོད་པ་)ལ་དོགས་པ་མ་མཆིས་པ་དེ་ནི་(གློ་ བུར་གྱི་)ཉོན་མོངས་པ་བྱེ་བ་མཐའ་དག་གི་སྦུབས་ལས་གྲོལ་བ་(གནས་ཡོངས་སུ་གྱུར་ པ་)དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་(ཡོད་པ་)ལ་ཡང་དོགས་པ་མ་མཆིས་པ་ལགས་ སོ། །ཞེས་གསུངས་པ་ཡིན་ནོ། །(གནས་གྱུར་གྱི་རྒྱུ་)ཡེ་ཤེས་ནི་རྣམ་པ་གཉིས་ཏེ། འཇིག་ རྟེན་ལས་འདས་པ་རྣམ་པར་རྟོག་པ་མེད་པ་(ཇི་ལྟ་བ་མཁྱེན་པ་)དང་། དེའི་རྗེས་ལས་ ཐོབ་པ་འཇིག་རྟེན་(པ་ཇི་སྙེད་པ་མཁྱེན་)པའོ། །འཇིག་རྟེན་པ་དང་འཇིག་རྟེན་ལས་ འདས་པའི་ཡེ་ཤེས་གནས་ཡོངས་སུ་གྱུར་པའི་རྒྱུ་ནི་ཐོབ་པའི་སྒྲས་བསྟན་ཏེ། འདིས་ ཐོབ་པས་ན་ཐོབ་པའོ། །དེའི་འབྲས་བུ་ནི་རྣམ་པ་གཉིས་ཏེ། ཉོན་མོངས་པའི་སྒྲིབ་པ་ དང་བྲལ་བ་དང་། ཤེས་བྱའི་སྒྲིབ་པ་དང་བྲལ་བའི་བྲལ་བ་རྣམ་པ་གཉིས་སོ། །གོ་རིམ་ བཞིན་དུ་རང་དང་གཞན་གྱི་དོན་སྒྲུབ་པ་ནི་ལས་སོ། །དེའི་རྟེན་དང་ལྡན་པ་ནི་ལྡན་ 9-1-127 པའོ། །ཟབ་པ་དང་རྒྱ་ཆེ་བ་དང་། བདག་ཉིད་ཆེན་པོས་རབ་ཏུ་ཕྱེ་བས་སངས་རྒྱས་ཀྱི་ སྐུ་གསུམ་པོ་དག་གིས་འགྲོ་བ་ཇི་སྲིད་པར་བསམ་གྱིས་མི་ཁྱབ་བརྗོད་ཀྱིས་མི་ལང་བའི་ རྣམ་པས་འཇུག་པ་ནི་འཇུག་པའོ། ། སྡོམ་ནི། (གནས་གྱུར་གྱི་)ངོ་བོ་རྒྱུ་དང་(གནས་གྱུར་གྱི་)འབྲས་བུ་དང་། །(གནས་གྱུར་ གྱི་)ལས་དང་(གནས་གྱུར་གྱི་)ལྡན་པ་(གནས་གྱུར་གྱི་)འཇུག་པ་དང་། །(གནས་ གྱུར་)དེ་རྟག་(པ་དང་)བསམ་མི་ཁྱབ་ཉིད་ཀྱིས། །སངས་རྒྱས་ས་ནི་(དོན་བརྒྱད་པོ་ དེར་)རྣམ་པར་གནས(སོ)། ། དེ་ལ་སངས་རྒྱས་ཉིད་དང་། དེ་ཐོབ་པའི་ཐབས་སུ་གྱུར་པ་ལ་(གནས་གྱུར་གྱི་)ངོ་བོའི་ དོན་དང་། རྒྱུའི་དོན་ལས་བརྩམས་ཏེ་ཚིགས་སུ་བཅད་པ། རང་བཞིན་འོད་གསལ་ཞེས་ བརྗོད་གང་ཡིན་(རྟོགས་པ་)ཉི་(མ་)དང་(སྤངས་པ་)མཁའ་བཞིན་གློ་བུར་གྱི། །ཉོན་ མོངས་ཤེས་བྱའི་སྤྲིན་ཚོགས་སྟུག་པོའི་སྒྲིབ་པ་ཡིས་ནི་བསྒྲིབས་(པ་དྲི་བཅས་ཀྱི་གནས་ ཡོངས་སུ་)གྱུར་པ(འི་ངོ་བོ)། །དྲི་མེད་སངས་རྒྱས་(ཀྱི་)ཡོན་ཏན་ཀུན་ལྡན་རྟག་བརྟན་ གཡུང་དྲུང་སངས་རྒྱས་ཉིད། །དེ་ནི་(རྒྱུ་)ཆོས་ལ་མི་རྟོག་(པ་དང་)རྣམ་འབྱེད་ཡེ་ཤེས་ (གཉིས་པོ་)དག་ལ་བརྟེན་ནས་འཐོབ། ། ཚིགས་སུ་བཅད་པ་འདིའི་དོན་ནི་མདོར་བསྡུ་ན་ཚིགས་སུ་བཅད་པ་བཞིས་རིག་པར་བྱ་ སྟེ། སངས་རྒྱས་ཉིད་ནི་(རང་དང་)དབྱེར་མེད་པ། །(ཡོན་ཏན་)དག་པའི་ཆོས་ཀྱིས་རབ་ ཕྱེ་བ། །ཉི་(མ་)མཁའ་བཞིན་ཏེ་(རིམ་པ་ལྟར་)ཡེ་ཤེས་དང་། །སྤངས་པ་གཉིས་ཀྱི་མཚན་ ཉིད་དོ། །འོད་གསལ་(ནི་འདུས་)བྱས་(པ་)མིན་(པ་རང་དང་ངོ་བོ་)དབྱེར་མེད་ པར། །འཇུག་(པ་)ཅན་(ཡོན་ཏན་གྱི་རྣམ་པ་)གང་གཱའི་ཀླུང་གི་ནི། །རྡུལ་ལས་འདས་ པའི་སངས་རྒྱས་ཀྱི། །ཆོས་རྣམས་ཀུན་དང་(དབྱེར་མེད་དུ་)ལྡན་པ་ཉིད(དོ)། །རང་ བཞིན་གྱིས་ནི་(ནམ་མཁའ་བཞིན་དུ་)མ་གྲུབ་དང་། །(སེམས་ལ་)ཁྱབ་དང་གློ་བུར་བ་ ཉིད་ཀྱིས། །ཉོན་མོངས་ཤེས་བྱའི་སྒྲིབ་པ་(སྟོན་པ་)དེར། །སྤྲིན་དང་འདྲ་བར་བརྗོད་པ་ ཡིན། །སྒྲིབ་པ་གཉིས་དང་བྲལ་བ་ཡི། །རྒྱུ་ནི་(ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་)ཡེ་ 9-1-128 ཤེས་གཉིས་ཡིན་ཏེ། །མི་རྟོག་པ་དང་དེ་ཡི་ནི། །རྗེས་ཐོབ་དེ་ནི་ཡེ་ཤེས་འདོད། །རྣམ་ པར་དག་པ་ནི་གནས་ཡོངས་སུ་གྱུར་པའི་ངོ་བོ་ཡིན་ནོ། །ཞེས་(སྔར་)བཤད་པ་གང་ ཡིན་པ་དེ་ལ་རྣམ་པར་དག་པ་ནི་མདོར་བསྡུ་ན་རྣམ་པ་གཉིས་ཏེ། རང་བཞིན་གྱིས་ རྣམ་པར་དག་པ་དང་། (གློ་བུར་གྱི་)དྲི་མ་མེད་པའི་རྣམ་པར་དག་པའོ། །དེ་ལ་རང་ བཞིན་གྱིས་རྣམ་པར་དག་པ་ནི་གང་ཞིག་རྣམ་པར་གྲོལ་བ་ཡང་(གཉེན་པོས་)བྲལ་བ་ མ་ཡིན་པ་སྟེ། སེམས་ཀྱི་རང་བཞིན་འོད་གསལ་བ་གློ་བུར་གྱི་དྲི་མ་དང་མ་བྲལ་བའི་ ཕྱིར་རོ། །དྲི་མ་མེད་པའི་རྣམ་པར་དག་པ་ནི། (གློ་བུར་གྱི་)རྡུལ་(དང་གཡའ་)ལ་སོགས་ པ་ལས་(གྲོལ་བའི་)ཆུ་(དང་གསེར་)ལ་སོགས་པ་བཞིན་དུ་རྣམ་པར་གྲོལ་བ་དང་ (གཉེན་པོས་)བྲལ་བ་སྟེ། སེམས་ཀྱི་རང་བཞིན་འོད་གསལ་བ་གློ་བུར་གྱི་དྲི་མ་དང་མ་ བྲལ་བའི་ཕྱིར་རོ། ། དྲི་མ་མེད་པའི་རྣམ་པར་དག་པ་ནི། རྡུལ་ལ་སོགས་པ་ལས་ཆུ་ལ་སོགས་པ་བཞིན་དུ་ རྣམ་པར་གྲོལ་བ་དང་བྲལ་བ་སྟེ། སེམས་ཀྱི་རང་བཞིན་འོད་གསལ་བ་གློ་བུར་གྱི་དྲི་མ་ མཐའ་དག་དང་བྲལ་བའི་ཕྱིར་རོ། །དེ་ལ་དྲི་མ་མེད་པའི་རྣམ་པར་དག་པའི་འབྲས་ བུའི་དོན་ལས་བརྩམས་ཏེ། (དུག་གསུམ་དག་པ་མི་རྟོག་ཡེ་ཤེས་ཀྱི་འབྲས་བུ་དང་ སངས་རྒྱས་དང་སྦྲང་རྩི་སྙིང་པོ་ལ་སོགས་པ་རྣམས་རྗེས་ཐོབ་ཡེ་ཤེས་ཀྱི་འབྲས་བུ་ཡིན་ པར་)ཚིགས་སུ་བཅད་པ། (དེ་ལ་འདོད་ཆགས་ཀྱི་རྡུལ་གྱི་)དྲི་མེད་ཆུ་ལྡན་རིམ་རྒྱས་ པད་མས་ཁེབས་པའི་མཚོ་བཞིན་དང་། །(ཞེ་སྡང་གི་)སྒྲ་གཅན་ཁ་ནས་ཐར་བའི་ཟླ་བ་ ཉ་བ་ལྟ་བུ་དང་། །(གཏི་མུག་གི་)སྤྲིན་ཚོགས་ཉོན་མོངས་དག་ལས་གྲོལ་བའི་ཉི་མ་ལྟ་ བུར་ནི། །(དུག་གསུམ་གྱི་)དྲི་མེད་ཡོན་ཏན་ལྡན་ཕྱིར་འོད་ཟེར་སྣང་ལྡན་དེ་(མི་རྟོག་ཡེ་ ཤེས་ཀྱི་འབྲས་བུ་)ཉིད་དོ། །(རྗེས་ཐོབ་ཡེ་ཤེས་ཀྱི་འབྲས་བུ་ནི།)ཐུབ་པའི་ཁྱུ་མཆོག་ (དང་)སྦྲང་རྩི་(དང་)སྙིང་པོ་དང་། །རིན་ཆེན་གསེར་དང་གཏེར་དང་ལྗོན་ཤིང་ བཞིན། །དྲི་མེད་རིན་ཆེན་བདེ་གཤེགས་སྐུ་དང་ནི། །ས་བདག་(དང་)གསེར་གྱི་གཟུགས་ (དང་)འདྲ་(བའི་)རྒྱལ་བ་ཡིན། ། 9-1-129 (མདོར་བསྟན་པའི་)ཚིགས་སུ་བཅད་པ་གཉིས་པོ་འདིའི་དོན་ནི། (རྒྱས་པར་ཕྱེ་ན་ མཐའ་ཡས་ཀྱང་།)མདོར་བསྡུ་ན། ཚིགས་སུ་བཅད་པ་བརྒྱད་ཀྱིས་(བསྟན་པར་)རིག་ པར་བྱ་སྟེ། ཆུ་མཚོ་(ཟླ་བ་ཉ་བ་ལ་)སོགས་བཞིན་འདོད་ཆགས་སོགས། །(དུག་གསུམ་ གྱི་)གློ་བུར་ཉོན་མོངས་དག་པ་ནི། །མདོར་ན་མི་རྟོག་ཡེ་ཤེས་ཀྱི། །འབྲས་བུ་ཡིན་པར་ རབ་ཏུ་བརྗོད། །(སངས་རྒྱས་སྦྲང་རྩི་སྙིང་པོ་ལ་སོགས་དང་འདྲ་བ་)རྣམ་པ་ཀུན་གྱི་ མཆོག་(དང་)ལྡན་པ(འི)། །སངས་རྒྱས་སྐུ་ནི་ངེས་ཐོབ་པ། །དེ་ནི་རྗེས་ལས་ཐོབ་པ་ ཡི། །ཡེ་ཤེས་འབྲས་བུ་ཡིན་པར་བསྟན། །(རྒྱས་པར་བཤད་པ་མི་རྟོག་ཡེ་ཤེས་ཀྱི་འབྲས་ བུ་)འདོད་ཆགས་རྡུལ་ནི་སྤངས་ཕྱིར་དང་། །གདུལ་བྱ་ཡི་ནི་པད་མ་ལ། །བསམ་གཏན་ ཆུ་ནི་འབབ་ཕྱིར་(འདོད་ཆགས་དག་པ་)དེ། །ཆུ་དག་(པས་གང་པའི་)རྫིང་དང་ མཚུངས་པ་ཡིན། །ཞེ་སྡང་སྒྲ་གཅན་ལས་གྲོལ་བས། །སྙིང་རྗེ་བྱམས་ཆེན་འོད་ཟེར་ གྱིས། །འགྲོ་བ་ཁྱབ་པའི་ཕྱིར་ན་(ཞེ་སྡང་དག་པ་)དེ། །(སྒྲ་གཅན་གྱི་)དྲི་མེད་ཟླ་བ་ཉ་བ་ བཞིན། །གཏི་མུག་སྤྲིན་ལས་རྣམ་གྲོལ་བས། །འགྲོ་བར་ཡེ་ཤེས་འོད་ཟེར་གྱིས། །མུན་པ་ སེལ་ཕྱིར་སངས་རྒྱས་ཉིད། །(གཏི་མུག་དག་པ་)དེ་ནི་(སྤྲིན་གྱི་)དྲི་མེད་ཉི་མ་ བཞིན(ནོ)། ། (རྗེས་ཐོབ་ཡེ་ཤེས་ཀྱི་འབྲས་བུ་)མི་མཉམ་(པ་སངས་རྒྱས་དང་)མཉམ་པའི་ཆོས་ཕྱིར་ དང་། །(དོན་)དམ་(པའི་)ཆོས་(ཀྱི་)རོ་ནི་སྦྱིན་མཛད་དང་། །(གཏི་མུག་གི་)ཤུན་པ་ དང་ནི་བྲལ་ཕྱིར་(སངས་རྒྱས་)ཏེ། །བདེ་གཤེགས་(དང་)སྦྲང་རྩི་(དང་)སྙིང་པོ་ བཞིན། །དག་ཕྱིར་ཡོན་ཏན་རྫས་ཀྱིས་ནི། །དབུལ་བ་སེལ་བར་བྱེད་ཕྱིར་དང་། །རྣམ་ གྲོལ་(དང་དོན་གཉིས་ཀྱི་)འབྲས་བུ་སྦྱིན་བྱེད་ཕྱིར། །(སངས་རྒྱས་དེ་)གསེར་དང་ གཏེར་དང་ལྗོན་པ་བཞིན། །རིན་ཆེན་ཆོས་ཀྱི་སྐུ་ཕྱིར་དང་། །རྐང་གཉིས་བདག་པོ་ མཆོག་ཕྱིར་དང་། །རིན་ཆེན་གཟུགས་ཀྱི་རྣམ་པའི་ཕྱིར། །(སངས་རྒྱས་)དེ་ནི་རིན་ཆེན་ (གྱི་སྐུ་དང་འཁོར་ལོ་བསྒྱུར་བའི་)རྒྱལ་(པོ་དང་)གསེར་(གྱི་ གཟུགས་)བཞིན(ནོ)། །གནས་ཡོངས་སུ་གྱུར་པ་འཇིག་རྟེན་ལས་འདས་པ་རྣམ་པར་མི་ 9-1-130 རྟོག་པ་(ཆོས་ཉིད་རྟོགས་པ་ཇི་ལྟ་བ་བཞིན་མཁྱེན་པ་)དང་། དེའི་རྗེས་ལས་ཐོབ་པ་ (ཆོས་ཅན་རྟོགས་པ་ཇི་སྙེད་པ་མཁྱེན་པ་)སྟེ། ཡེ་ཤེས་རྣམ་པར་དག་པ་གང་ཡིན་པ་དེ་ ནི། (སྒྲིབ་པ་དང་)བྲལ་བའི་འབྲས་བུའི་མིང་ཅན་གནས་ཡོངས་སུ་གྱུར་པའི་རྒྱུ་ཡིན་ལ། དེའི་(གནས་གྱུར་བྱེད་)ལས་ནི་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་ཡིན་པར་ བརྗོད་དོ། །དེ་ལ་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་གང་ཞེ་ན། གང་ཞིག་བག་ ཆགས་དང་བཅས་པའི་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་ལས་ཐར་བའི་ཕྱིར། སྒྲིབ་ པ་མེད་པའི་ཆོས་ཀྱི་སྐུ་ཐོབ་པ་འདི་ནི་རང་གི་དོན་ཕུན་སུམ་ཚོགས་པར་བརྗོད་ལ། (གཞན་དོན་)གང་ཞིག་(ཡིན་ན་རང་དོན་)དེའི་སྟེང་དུ་འཇིག་རྟེན་ཇི་སྲིད་པར་ལྷུན་ གྱིས་གྲུབ་པས་(གཟུགས་)སྐུ་གཉིས་ཀྱིས་ཀུན་ཏུ་སྟོན་པ་དང་། (ཆོས་པ་)བསྟན་པ་ལ་ དབང་འབྱོར་བ་གཉིས་ཀྱིས་(གཞན་དོན་ལ་)འཇུག་པ་འདི་ནི། གཞན་གྱི་དོན་ཕུན་ སུམ་ཚོགས་པར་བརྗོད་དོ། ། རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་དེ་ལ། (བྱེད་)ལས་ཀྱི་དོན་ལས་བརྩམས་ཏེ་ ཚིགས་སུ་བཅད་པ་གསུམ་སྟེ། ཟག་པ་མེད་(པ་དང་)ཁྱབ་(པ་དང་འདུས་མ་བྱས་ པས་)འཇིག་མེད་ཆོས་ཅན་ཏེ། །བརྟན་(པ་དང་)ཞི་(བ་དང་)རྟག་པ་(དང་)འཕོ་ (བ་)མེད་(པ་དང་དཀར་པོའི་ཆོས་ཀྱི་)གནས་ཡིན་ནོ། །དེ་བཞིན་གཤེགས་པ་(འདུས་ མ་བྱས་ཡིན་ཡང་) མཁའ་བཞིན་(དུ་དོན་)དམ་པ་ཡི། །དབང་པོ་དྲུག་(གི་)དོན་ཉམས་ སུ་མྱོང་བའི་རྒྱུ(ཡིན་ཏེ)། ། (རྒྱུ་རྐྱེན་ལས་) འབྱུང་(བ་)མེད་(པ་དོན་དམ་གྱི་)གཟུགས་ དོན་(མིག་སའི་སྙིང་པོས་)ལྟ་(བ་)དང་(དོན་དམ་གྱི་)གཏམ་བཟང་ནི། །གཙང་མ་(རྣ་ བ་ཕྱག་ན་རྡོ་རྗེས་)ཉན་(པ་)དང་བདེ་གཤེགས་ཚུལ་ཁྲིམས་ཀྱི། །(དོན་དམ་གྱི་)དྲི་ གཙང་(མ་སྣ་ནམ་མཁའི་སྙིང་པོས་)སྣོམ་(པ་)དང་འཕགས་ཆེན་(དོན་)དམ་ (པའི་)ཆོས་(ཀྱི་)རོ། །(ལྕེ་འཇིག་རྟེན་དབང་ཕྱུག་གིས་)མྱོང་(བ་)དང་ཏིང་འཛིན་རེག་ བདེ་(ལུས་སྒྲིབ་པ་རྣམ་སེལ་གྱིས་)ཉམས་(སུ་)མྱོང་(བ་)དང་། །(དེ་བཞིན་གཤེགས་པ་ འདུས་མ་བྱས་ཡིན་ཡང་)རང་གི་ངོ་བོ་ཉིད་ཀྱིས་ཟབ་པའི་ཚུལ། །རྟོགས་པའི་རྒྱུར་ 9-1-131 འགྱུར་(བ་འདི་ཡིས་ཀུན་ཏུ་བཟང་པོས་)ཞིབ་མོར་བསམས་པ་ན། །དོན་དམ་(གྱི་)བདེ་ (བ་ཐམས་ཅད་རང་བཞིན་གྱིས་མྱོང་བའི་རྒྱུ་)མཛད་(ཀྱང་)དེ་བཞིན་གཤེགས་པ་ ནི། །(འདུས་མ་བྱས་པས་)ནམ་མཁའ་བཞིན་དུ་(ཀུན་རྫོབ་འདུས་བྱས་ཀྱི་)རྒྱུ་མཚན་ རྣམས་དང་བྲལ(བར་ཤེས་སོ)། ། (མདོར་བསྟན་གྱི་)ཚིགས་སུ་བཅད་པ་གསུམ་པོ་འདིའི་དོན་ནི་(རྒྱས་པར་བཤད་ན་ དཔག་ཏུ་མེད་ཀྱང་)མདོར་བསྡུ་ན། ཚིགས་སུ་བཅད་པ་བརྒྱད་ཀྱིས་(བསྟན་པར་)རིག་ པར་བྱ་སྟེ། མདོར་(བསྟན་)ན་(ཇི་ལྟ་ཇི་སྙེད་ཀྱི་)ཡེ་ཤེས་གཉིས་པོ་ཡི། །(བྱེད་)ལས་སུ་ འདི་ནི་(རིམ་པ་ལྟར་)ཤེས་(པར་)བྱ་སྟེ། །(སྒྲིབ་པ་ལས་)གྲོལ་བའི་སྐུ་ནི་རྫོགས་པ་ དང་། །(རྟོགས་པའི་)ཆོས་ཀྱི་སྐུ་ནི་སྦྱོང་(སྟེ་བྱང་བར་བྱེད་)བའོ། ། (རྒྱས་པར་བཤད་ན་)རྣལ་གྲོལ་ཆོས་ཀྱི་སྐུ་དག་ནི། །(ཡོན་ཏན་ཟུང་)རྣམ་(པ་)གཉིས་ (ཡོད་པ་ལ་རིམ་པར་ལྟར་)རྣམ་(པ་)གཅིག་(ཏུ་)ཤེས་(པར་)བྱ་(བ་འདི་ལྟ་)སྟེ། །(གྲོལ་ བའི་སྐུ་ནི་)ཟག་པ་མེད་ཕྱིར་(ཆོས་ཀྱི་སྐུ་ནི་)ཁྱབ་པའི་ཕྱིར། །(གྲོལ་བའི་སྐུ་ནི་)འདུས་ མ་བྱས་ཕྱིར་(ཆོས་ཀྱི་སྐུ་ནི་)གནས་ཉིད་ཕྱིར། །(ཤིན་ཏུ་རྒྱས་པར་བཤད་ན་)ཉོན་མོངས་ རྣམས་ནི་བག་ཆགས་དང་། །བཅས་པ་འགགས་ཕྱིར་(གྲོལ་བའི་སྐུ་ནི་)ཟག་མེད་ དེ། །(ཆོས་ཀྱི་སྐུ་ནི་)ཆགས་མེད་ཐོགས་པ་མེད་པའི་ཕྱིར། །(རྟོགས་པའི་)ཡེ་ཤེས་(ཀྱི་སྐུ་ ཤེས་བྱ་ཐམས་ཅད་ལ་)ཁྱབ་པ་ཉིད་དུ་འདོད། །(གྲོལ་བའི་སྐུ་ནི་)གཏན་དུ་འཇིག་པ་ མེད་པ་ཡི། །རང་བཞིན་ཡིན་ཕྱིར་འདུས་མ་བྱས། །འཇིག་མེད་ཉིད་ནི་(གང་ཡིན་ ན་)བརྟན་པ་སྟེ། །བརྟན་སོགས་རྣམས་ཀྱིས་(འཇིགས་མེད་)དེ་(རྒྱས་པར་)བཤད་ དོ། །འཇིག་པ་(ཡང་)རྣམ་(པ་)བཞིར་ཤེས་(པར་)བྱ་སྟེ། །བརྟན་སོགས་དག་ལས་བཟློག་ ཕྱིར་རོ། །མྱགས་(ཤིང་རྒ་བ་)དང་(ཁམས་ཀྱི་)རྣམ་(པར་)འགྱུར་(བ་ན་བ་དང་)ཆད་ (ཅིང་སྐྱེ་)པ་དང་། །བསམ་མི་ཁྱབ་བསྒྱུར་(འཆི་) འཕོ་བ་སྟེ། །(བཞི་པོ་)དེ་མེད་ཕྱིར་ན་ (རིམ་པར་ལྟར་) བརྟན་(པ་དང་)ཞི་(བ་)དང་། །རྟག་(པ་)དང་(འཆི་)འཕོ་མེད་ (པར་)ཤེས་པར་བྱ(ལོ)། ། (ཆོས་ཀྱི་སྐུ་ནི་)དྲི་མེད་(ཡེ་)ཤེས་ཏེ་དཀར་པོ་ཡི། །ཆོས་ཀྱི་ 9-1-132 རྟེན་ཡིན་ཕྱིར་ན་གནས(སོ)། །(དཔེ་)ཇི་ལྟར་རྒྱུ་(རྐྱེན་)མིན་(པའི་) ནམ་མཁའ་ ནི། །གཟུགས་མཐོང་བ་དང་སྒྲ་དང་དྲི། །རོ་དང་རེག་དང་ཆོས་རྣམས་ཀྱི། །ཐོས་(པ་དང་ སྣོམ་པ་)ལ་སོགས་པའི་(གོ་སྐབས་འབྱེད་པའི་)རྒྱུ་ཡིན་(པ་)ལྟར། །དེ་བཞིན་(དུ་གྲོལ་བ་ དང་ཆོས་ཀྱི་)སྐུ་གཉིས་(ནི་)སྒྲིབ་(པ་)མེད་པའི། །སྦྱོར་བས་(མངོན་སུམ་དུ་)བསྟན་(པ་ དོན་དམ་)པའི་དབང་(པོ་དང་)དོན་ལ། །ཟག་པ་མེད་པའི་(བདེ་བ་ཆེན་པོའི་)ཡོན་ ཏན་(མཐའ་)དག(མྱོང་ཞིང་།)།སྐྱེ་བ་ཡི་ནི་རྒྱུ་ཡིན་ནོ། །ཇི་སྐད་དུ། སངས་རྒྱས་ནམ་ མཁའི་མཚན་ཉིད་དོ། །ཞེས་(མདོ་ལས་)བཤད་པ་དེ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ (འདུས་བྱས་དང་) མ་འདྲེས་པ་དོན་དམ་པའི་མཚན་ཉིད་ལ་དགོངས་ནས་གསུངས་པ་ ཡིན་ཏེ། (རྒྱུ་མཚན་)གང་གི་ཕྱིར་གལ་ཏེ་(འདུས་བྱས་ཀྱི་)སྐྱེས་བུ་ཆེན་པོའི་མཚན་སུམ་ བཅུ་རྩ་གཉིས་ཀྱིས་དེ་བཞིན་གཤེགས་པར་བལྟ་བར་གྱུར་ན་ནི། དེས་ན་འཁོར་ལོས་ སྒྱུར་བའི་རྒྱལ་པོ་ཡང་དེ་བཞིན་གཤེགས་པར་འགྱུར་རོ་ཞེས་གསུངས་སོ། ། དེ་ལ་དོན་དམ་པའི་མཚན་ཉིད་ཀྱི་(ཡོན་ཏན་)ལྡན་པའི་མདོ་ལས་བརྩམས་ཏེ་(མདོར་ བསྟན་པའི་)ཚིགས་སུ་བཅད་པ། (རྟོག་གེས་)བསམ་(དུ་)མེད་(པ་དང་སྐྱེ་བ་མེད་ ཕྱིར་)རྟག་(པ་དང་རྒ་བ་མེད་)བརྟན་(པ་དང་གཉིས་སུ་མེད་ཕྱིར་)ཞི་བ་(དང་ཆོས་ ཉིད་གནས་ཕྱིར་)གཡུང་དྲུང་ཉིད། །(འགོག་བདེན་ཡིན་ཕྱིར་)རབ་ཏུ་ཞི་(བ་དང་ ཐམས་ཅད་རྟོགས་ཕྱིར་)ཁྱབ་(པ་དང་གནས་པ་མེད་ཕྱིར་)རྟོག་བྲལ་ནམ་མཁའ་ བཞིན། །(ཉོན་མོངས་སྤངས་ཕྱིར་)ཆགས་མེད་(དང་ཤེས་སྒྲིབ་དག་ཕྱིར་)ཀུན་ཏུ་ཐོགས་ མེད་(དང་ལས་སུ་རུང་བའི་ཕྱིར་)རྩུབ་རེག་སྤངས(པ་དང་)། །(ཀུན་རྫོབ་ཀྱི་གཟུགས་ མེད་ཕྱིར་)བལྟ་(རུ་མེད་པ་དང་མཚན་མ་མེད་ཕྱིར་)བཟུང་(དུ་)མེད་(པ་དང་རང་ བཞིན་དག་ཕྱིར་)དགེ་(བ་དང་)སངས་རྒྱས་(དྲི་མ་སྤངས་ཕྱིར་)དྲི་མ་མེད(དོ)། ། ཚིགས་སུ་བཅད་པ་འདིའི་དོན་ནི། མདོར་བསྡུ་ན་ཚིགས་སུ་བཅད་པ་བརྒྱད་ཀྱིས་ (བསྟན་པར་)རིག་པར་བྱ་སྟེ། རྣམ་གྲོལ་(གྱི་སྐུ་དང་)ཆོས་ཀྱི་སྐུ་(གཉིས་བསྟན་པ་)དག་ གིས། །རང་དང་གཞན་གྱི་དོན་(གཉིས་)བསྟན་ཏེ། །རང་(དང་)གཞན་(གྱི་)དོན་ 9-1-133 (གྱི་)རྟེན་(སྐུ་གཉིས་པོ་)དེ་ལ་ནི། །བསམ་(གྱིས་)མི་ཁྱབ་(པ་དང་རྟག་པ་ལ་)སོགས་ (ཀྱི་)ཡོན་ཏན་(དང་)ལྡན(པ་རྒྱས་པར་བཤད་ན་གཙང་བ་དམ་པ་ལ་སོགས་ པར)། །ཐམས་ཅད་མཁྱེན་པའི་ཡེ་ཤེས་(ཀྱི་)ཡུལ(ཀྱང་)། །(འབྲས་བུའི་)སངས་རྒྱས་ (ནི་རྟོག་གེའི་ཐོས་བསམ་སྒོམ་པའི་)ཤེས་(པ་)གསུམ་(གྱི་སྤྱོད་)ཡུལ་མིན་(པ་ ཅིའི་)ཕྱིར(ན་གཙང་བདག་བདེ་དང་རྟག་པ་ཇི་ལྟ་བ་བཞིན་ཡུལ་དུ་བྱེད་པ་དཀའ་ བའི་ཕྱིར)། །ཡེ་ཤེས་ལུས་ཅན་རྣམས་ཀྱིས་ནི། །(རྟོག་གེས་ཡིན་ལུགས་བཞིན་དུ་)བསམ་ མི་ཁྱབ་པར་རྟོགས་པར་བྱ། །(དེ་ཉིད་བཤད་པ་)ཕྲ་ཕྱིར་ཐོས་པའི་(དོན་སྤྱི་ཙམ་གྱི་ཡུལ་ ཡིན་ཡང་མངོན་སུམ་གྱི་)ཡུལ་མིན་ཏེ། །(གཙང་བདག་ལ་སོགས་པའི་སྐུ་ནི་)དོན་དམ་ ཡིན་ཕྱིར་(ཀུན་རྫོབ་ཀྱི་)བསམ་པའི་(ཡུལ་)མིན། །(འཇིག་རྟེན་ལས་འདས་པའི་)ཆོས་ ཉིད་(ཀྱི་སྐུ་ནི་)ཟབ་(པའི་)ཕྱིར་འཇིག་རྟེན་པའི། །བསྒོམ་པ་ལ་སོགས་(པའི་མངོན་སུམ་ གྱི་)ཡུལ་མ་ཡིན། །(རྒྱུ་མཚན་)གང་ཕྱིར་(དག་པ་གཉིས་ལྡན་གྱི་ཆོས་སྐུ་ནི་)གཟུགས་ལ་ དམུས་ལོང་(བལྟ་བ་)བཞིན། །(གཙང་བདག་བདེ་དང་རྟག་པར་)བྱིས་པས་དེ་མངོན་ (སུམ་དུ་སྔར་)མཐོང་མ་མྱོང(ངོ་)། །(བུ་ཆུང་)བཙས་(མ་ཐག་)པའི་ཁྱིམ་(ན་)གནས་ (པའི་)བུ་ཆུང་གིས། །(སྤྲིན་མཐོངས་མཁའ་ལ་)ཉི་མའི་གཟུགས་(ཅུང་ཟད་མཐོང་ བ་)བཞིན་(དུ་ས་ལ་གནས་པའི་)འཕགས་པས་ཀྱང་(ཅུང་ཟད་ལས་མ་མཐོང་ ངོ་)། །(བསམ་གྱིས་མི་ཁྱབ་པ་བཤད་ནས་རྟག་སོགས་ཀྱི་ཡོན་ཏན་བཤད་པ་)སྐྱེ་དང་ བྲལ་ཕྱིར་རྟག་པ་སྟེ། །འགག་པ་མེད་ཕྱིར་བརྟན་པ་ཡིན། །གཉིས་མེད་ཕྱིར་དེ་ཞི་བ་ སྟེ། །གཡུང་དྲུང་ཆོས་ཉིད་གནས་ཕྱིར་རོ། །རབ་ཞི་འགོག་པའི་བདེན་པའི་ཕྱིར། །(ཤེས་ བྱ་)ཐམས་ཅད་རྟོགས་ཕྱིར་ཁྱབ་པ་ཉིད། །(རྟོག་པས་)གནས་པ་མེད་ཕྱིར་རྟོག་མེད་ དེ། །ཉོན་མོངས་སྤངས་ཕྱིར་ཆགས་པ་མེད། །ཤེས་བྱའི་སྒྲིབ་ཀུན་དག་པའི་ཕྱིར། །ཐམས་ ཅད་དུ་ནི་ཐོགས་པ་མེད། །གཉིས་མེད་ལས་སུ་རུང་བའི་ཕྱིར། ། རྩུབ་པའི་རེག་དང་བྲལ་ བ་ཡིན། །དེ་(ཀུན་རྫོབ་ཀྱི་)གཟུགས་མེད་ཕྱིར་(ཀུན་རྫོབ་ཀྱི་མིག་གིས་)བལྟར་མེད་ དེ། །(ཀུན་རྫོབ་ཀྱི་)མཚན་མ་མེད་ཕྱིར་(ཀུན་རྫོབ་ཀྱི་དབང་པོས་)གཟུང་(བའི་ཡུལ་)དུ་ 9-1-134 མེད། །དགེ་བ་རང་བཞིན་དག་པའི་ཕྱིར། །དྲི་མེད་དྲི་མ་སྤངས་ཕྱིར་རོ། ། དེ་བཞིན་གཤེགས་པ་ཉིད་འདི་ནམ་མཁའ་ལྟ་བུར་འདུས་མ་བྱས་པའི་ཡོན་ཏན་དང་ རྣམ་པར་དབྱེར་མེད་པར་འཇུག་པ་ཡང་། སྲིད་པ་ཇི་སྲིད་ཀྱི་བར་དུ་བསམ་གྱིས་མི་ ཁྱབ་པ་ཐབས་ཆེན་པོ་དང་སྙིང་རྗེ་དང་ཡེ་ཤེས་ཀྱིས་ཡོངས་སུ་གཟུང་བའི་ཁྱད་པར་ གྱིས་འགྲོ་བ་ལ་ཕན་པ་དང་། བདེ་བ་སྒྲུབ་པའི་རྒྱུར་ངོ་བོ་ཉིད་(ཀྱི་སྐུ་) དང་། རྫོགས་ པར་ལོངས་སྤྱོད་པ(འི་སྐུ་)དང་སྤྲུལ་པ(འི་སྐུ་)སྟེ། དྲི་མ་མེད་པ(འི་སྐུ་)གསུམ་གྱིས་བར་ ཆད་མེད་ཅིང་རྒྱུན་མི་འཆད་པར་ལྷུན་གྱིས་གྲུབ་པས་(གཞན་དོན་ལ་)འཇུག་པར་བལྟ་ བར་བྱ་སྟེ། (འདུས་བྱས་དང་)མ་འདྲེས་པའི་ཆོས་དང་ལྡན་པའི་ཕྱིར་རོ། ། དེ་ལ་(སྐུ་གསུམ་)འཇུག་པའི་དོན་ལས་བརྩམས་ནས་སངས་རྒྱས་ཀྱི་སྐུ་རྣམ་པར་དབྱེ་ བའི་(མདོར་བསྟན་པའི་)ཚིགས་སུ་བཅད་པ་འདི་བཞི་སྟེ། (ངོ་བོ་ཉིད་སྐུའི་མཚན་ཉིད་ ལྔ་ནི་འདུས་བྱས་ཀྱི་)ཐོག་མ་དབུས་མཐའ་མེད་(དང་ཡོན་ཏན་)ཅིང་རྣམ་དབྱེར་ མེད(དང་)། །(མཐའ་)གཉིས་མེད་(དང་སྒྲིབ་པ་)གསུམ་བྲལ་(བག་ཆགས་ཀྱི་)དྲི་མེད་ རྣམ་རྟོག་མེད། །(ས་བཞི་དང་ལྡན་པའི་)ཆོས་དབྱིངས་རང་བཞིན་གང་ཡིན་དེ་(གང་ གིས་)རྟོགས་པ(ཡིན་ན)། །མཉམ་པར་བཞག་པའི་རྣལ་འབྱོར་པ་ཡིས་མཐོང་(བ་དང་ ལྔའོ)། །(ངོ་བོ་ཉིད་སྐུའི་ཡོན་ཏན་ལྔ་ནི་)གཞལ་མེད་(དང་གྲངས་)གང་གཱའི་བྱེ་མ་ལས་ འདས་པ(དང་)། །བསམ་མེད་(དང་)མཉམ་མེད་(ཀྱི་)ཡོན་ཏན་རྣམས་དང་ལྡན(པ་ དང་)། །དེ་བཞིན་གཤེགས་པའི་དྲི་མེད་དབྱིངས་དེ་ནི། །བག་ཆགས་བཅས་པའི་ཉེས་པ་ རྣམས་སྤངས་པ(འི་ཡོན་ཏན་དང་ལྔ)འོ། །(ལོངས་སྐུའི་ཆོས་)སྣ་ཚོགས་(རྣམ་པ་ལྔ་ ནི་)དམ་ཆོས་(གསུང་བ་རྒྱུན་མི་འཆད་)འོད་ཟེར་མངའ་བའི་སྐུས། །(སྟོན་པ་རྒྱུན་མི་ འཆད་)འགྲོ་བའི་རྣམ་གྲོལ་དོན་སྒྲུབ་ལ་བརྩོན་པ། །མཛད་པ་(རྒྱུན་མི་འཆད་པ་གསུམ་ དང་ཐམས་ཅད་)ཡིད་བཞིན་ནོར་བུའི་རྒྱལ་(པོ་)བཞིན(འདུ་མི་བྱེད་པ་དང་ བཞི་)ཏེ། །སྣ་ཚོགས་(ཀྱི་)དངོས་དང་(པོ་ལྟ་བུར་སྣང་ཡང་)དེ་ཡི་རང་བཞིན་མིན(པ་ དང་ལྔའོ)། །(སྤྲུལ་པའི་སྐུ་ནི་)འཇིག་རྟེན་ཞི་བའི་ལམ་ལ་འཇུག་པ་དང་། །རབ་ཏུ་སྨིན་ 9-1-135 དང་ལུང་སྟོན་(ཆོས་སྐུའི་)རྒྱུ(ལས་བྱུང་བ)འི་གཟུགས། །(སྤྲུལ་སྐུ་དང་ལོངས་སྐུ་)གང་ ཡིན་དེ་ཡང་འདིར་ནི་རྟག་གནས་ཏེ། །ནམ་མཁའི་ཁམས་སུ་གཟུགས་ཀྱི་ཁམས་བཞིན་ ནོ། ། ཚིགས་སུ་བཅད་པ་བཞི་པོ་འདིའི་དོན་(རྒྱས་པར་བཤད་པ་)ནི། ཚིགས་སུ་བཅད་པ་ཉི་ ཤུས་(བསྟན་པར་)རིག་པར་བྱ་སྟེ། (དེ་ལ་ཡང་བསྟན་བཤད་གཉིས་ལས་དང་པོ་ ནི།)རང་བྱུང་རྣམས་ཀྱི་ཐམས་ཅད་མཁྱེན(པ་ལ)། །སངས་རྒྱས་ཉིད་ཅེས་གང་བརྗོད་ པ། །མཆོག་ཏུ་མྱ་ངན་འདས་(པ་)བསམ་(གྱིས་མི་ཁྱབ་པ་)མེད(པ)། །(ཐེག་ཆེན་)དགྲ་ བཅོམ་སོ་སོ(རང་རིག་པ)འི་བདག་(ཉིད་དུ་)གྱུར་པ། །དེ་(ལ་)དབྱེ་(ན་)ཟབ་(པ་) དང་ རྒྱ་ཆེ་(བ་)དང་། །བདག་ཉིད་ཆེན་པོའི་ཡོན་ཏན་གྱི། །ཆོས་ཀྱིས་རབ་ཕྱེ་རང་བཞིན་ ལ། །སོགས་པའི་སྐུ་གསུམ་དག་གིས་འཇུག །(རྒྱས་པར་བཤད་པ་)དེ་ལ་སངས་རྒྱས་ རྣམས་ཀྱི་ནི། །ངོ་བོ་ཉིད་སྐུ་མཚན་ཉིད་ལྔ། །མདོར་ན་ཡོན་ཏན་ལྔ་དང་ནི། །ལྡན་པ་ ཉིད་དུ་རིག་པར་བྱ(བ་ལ)། །(དང་པོ་ལྔ་ནི་)འདུས་མ་བྱས་(པ་དང་)ཤིང་རྣམ་དབྱེར་ མེད(པ་དང་)། །མཐའ་གཉིས་དག་ནི་རྣམ་པར་སྤངས(པ་དང་)། །ཉོན་མོངས་ཤེས་བྱ་ སྙོམས་འཇུག་གི །སྒྲིབ་གསུམ་ལས་ནི་ངེས་གྲོལ་ཏེ། །དྲི་མེད་རྣམ་པར་རྟོག་མེད་ དང་། །རྣལ་འབྱོར་རྣམས་ཀྱི་ཡུལ་ཡིན་ཕྱིར། །ཆོས་དབྱིངས་ངོ་བོ་ཉིད་ཀྱིས་ནི། །དག་ པའི་ཕྱིར་ན་འོད་གསལ་བ(དང་ལྔའོ)། །(ཕྱི་མ་ལྔ་ནི)གཞལ་མེད་(དང་)གྲངས་མེད་ (དང་)བསམ་(དུ་)མེད་པ(དང་)། །མཉམ་མེད་(དང་)དག་པའི་མཐར་ཐུག་པའི། །ཡོན་ ཏན་(ལྔ་པོ་)རྣམས་དང་ཡང་དག་པར། །ངོ་བོ་ཉིད་ཀྱི་སྐུ་ལྡན་ཏེ། །(ལྔ་པོ་དེའི་དོན་ཡང་ རིམ་པ་ལྟར་)རྒྱ་ཆེའི་ཕྱིར་དང་བགྲང་མེད་ཕྱིར། །རྟོག་གེའི་ཡུལ་ནི་མིན་ཕྱིར་ དང་། །འབའ་ཞིག་(པའི་ཕྱིར་དང་)བག་ཆགས་སྤངས་པའི་ཕྱིར། །གཞལ་མེད་ལ་སོགས་ གོ་རིམ་བཞིན(ནོ)། །(ལོངས་སྐུ་)སྣ་ཚོགས་(རྣམ་ལྔ་ནི་)ཆོས་ལ་རྫོགས་(པར་)ལོངས་ སྤྱོད(པ་རྒྱུན་མི་འཆད་པ་དང་)། །རང་བཞིན་ཆོས་(ལོངས་སྐུ་)ནི་སྣང་(བ་རྒྱུན་མི་ འཆད་)ཕྱིར་དང་། །ཐུགས་རྗེ་དག་པའི་རྒྱུ་མཐུན་པ། །འགྲོ་དོན་རྒྱུན་མི་འཆད་ཕྱིར་ 9-1-136 དང་། །རྣམ་པར་རྟོག་མེད་ལྷུན་གྲུབ་པར། །འདོད་པ་ཇི་བཞིན་ཡོངས་(སུ་)བསྐོང་ (བའི་)ཕྱིར(དང་)། །(སྣ་ཚོགས་སྣང་ཡང་དེའི་རང་བཞིན་མིན་པ་)ཡིད་བཞིན་ནོར་ བུའི་རྫུ་འཕྲུལ་གྱིས། །རྫོགས་པར་ལོངས་སྤྱོད་རྣམ་པར་གནས(པ་དང་ལྔའོ)། །(དེ་ ཡང་)བརྗོད་(པ་དང་སྐུ་)སྟོན་(པ་དང་)མཛད་(པ་)རྒྱུན་མི་འཆད་(པ་)དང་། །མངོན་ པར་འདུ་བྱེད་མེད་པ་དང་། །དེ་ཡི་ངོ་བོར་མིན་སྟོན་(པ་དང་ལྔ་)ལ། །འདིར་ནི་སྣ་ ཚོགས་རྣམ་ལྔར་བརྗོད། །(སྣ་ཚོགས་སུ་སྣང་ཡང་དེའི་དངོས་པོར་མེད་པ་དཔེ་)ཇི་ལྟར་ ཚོན་ནི་སྣ་ཚོགས་ཀྱིས། །(སྣང་བ་བསྒྱུར་བའི་)ནོར་བུ་དངོས་དེ་མིན་སྣང་ལྟར། །དེ་ བཞིན་འགྲོ་རྐྱེན་(བག་ཆགས་)སྣ་ཚོགས་པས། །ཁྱབ་བདག་(ཆོས་སྐུ་)དེ་དངོས་མིན་ པར་སྣང་(ངོ་)། །(སྤྲུལ་སྐུ་ནི་)ཐུགས་རྗེ་ཆེན་པོས་འཇིག་རྟེན་མཁྱེན། །འཇིག་རྟེན་ཀུན་ ལ་(ཉིན་མཚན་དང་ལན་དྲུག་ཏུ་སོ་སོར་)གཟིགས་ནས་ནི། །ཆོས་ཀྱི་སྐུ་(ཉིད་ཀྱི་རྣམ་ འགྱུར་ཡིན་པས་ངོ་བོ་དེ་)ལས་མ་གཡོས་པར། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་ བ(འི་རབས་སྣ་ཚོགས་གང་ལ་གང་འདུལ་གྱི་ཚུལ་དུ་)མངོན་པར་སྐྱེ་བ་དང་། །(སྤྲུལ་པ་ དེ་རྣམས་ཀྱི་གཙོ་བོ་མཆོག་གི་སྤྲུལ་པའི་མཛད་པ་བཅུ་གཉིས་ནི།)དགའ་ལྡན་ནས་ནི་ འཕོ་བ་དང་(གཅིག)། །ལྷུམས་སུ་འཇུག་(པ་)དང་(གཉིས་)བལྟམ་པ་དང་ (གསུམ)། །(ཡི་གེ་ལ་སོགས་)བཟོ་ཡི་གནས་ལ་མཁས་པ་དང་(བཞི)། །བཙུན་མོའི་འཁོར་ (གྱིས་བསྐོར་ནས་རྒྱལ་པོའི་ཁབ་ཏུ་)དགྱེས་(པར་)རོལ་བ་དང་(ལྔ)། །ངེས་ (པར་)འབྱུང་(བ་དང་དྲུག་ལོ་དྲུག་ཏུ་)དཀའ་བ་སྤྱོད་པ་དང་(བདུན)། །བྱང་ཆུབ་ (ཀྱི་)སྙིང་པོར་(བྱང་ཆུབ་ཤིང་དྲུང་དུ་)གཤེགས་པ་དང་(བརྒྱད)། །བདུད་(ཀྱི་)སྡེ་ འཇོམས་(པ་)དང་(དགུ་)རྫོགས་པར་ནི། །བྱང་ཆུབ་(པ་དང་བཅུ་)ཆོས་ཀྱི་འཁོར་ལོ་ (བསྐོར་བ་)དང་(བཅུ་གཅིག)། །མྱ་ངན་(ལས་)འདས་པར་གཤེགས་(པའི་)མཛད་(པ་ དང་བཅུ་གཉིས་པོ་)རྣམས། །ཡོངས་སུ་མ་དག་(པའི་སངས་རྒྱས་ཀྱི་)ཞིང་རྣམས་ སུ། །(དུས་)སྲིད་པ་ཇི་སྲིད་གནས་(ཀྱི་)པར་(དུ་)སྟོན། །(སྲིད་གསུམ་ཐམས་ཅད་)མི་ རྟག་སྡུག་བསྔལ་བདག་མེད་པ། །(སྐྱོན་ཐམས་ཅད་)ཞི་བ(མྱ་ངན་ལས་འདས་པ)འི་སྒྲ་ 9-1-137 ཡིས་(གདུལ་བྱ་འདུལ་བའི་)ཐབས་མཁྱེན་པ། །(དེས་སྲིད་པ་ལ་ཞེན་པའི་)སེམས་ཅན་ སྲིད་གསུམ་(ལ་)སྐྱོ་(བ་)བསྐྱེད་ནས། །(ཞི་བ་)མྱ་ངན་འདས་ལ་རབ་འཇུག་མཛད། །ཞི་ བའི་ལམ་ལ་རབ་(ཏུ་)ཞུགས་པ། །(ཉན་རང་དགྲ་བཅོམ་)མྱ་ངན་འདས་(པ་)ཐོབ་ (ཟིན་པའི་)འདུ་ཤེས་ཅན(རྣམས་ལ)། །དམ་ཆོས་པད་མ་དཀར་ལ་སོགས། །(ཐེག་ཆེན་ གྱི་)ཆོས་ཀྱི་དེ་(ཁོ་ན་)ཉིད་བསྟན་པ་ཡིས། །(ཉན་རང་)དེ་དག་སྔར་(གྱི་མྱང་འདས་ནི་ ཐོབ་སྙམ་པའི་)འཛིན་(པ་)ལས་བཟློག་སྟེ། །(ཐེག་པ་ཆེན་པོའི་)ཐབས་དང་ཤེས་རབ་ (ཟུང་འཇུག་གི་ལམ་)ཡོངས་(སུ་)བཟུང་བས། །ཐེག་པ་མཆོག་ལ་སྨིན་(པར་)མཛད་ དེ། །བྱང་ཆུབ་མཆོག་(ཐོབ་པ་ཉིད་)དུ་ལུང་སྟོན་ཏོ། །(ཆོས་སྐུ་)ཟབ་(པ་)དང་(ལོངས་ སྐུ་)མཐུ་ནི་སྣ་ཚོགས་དང་། །(སྤྲུལ་སྐུ་)བྱིས་པའི་དོན་མཐུན་(པར་བྱས་ནས་)རབ་ (ཏུ་)འདྲེན་(པའི་)ཕྱིར། །(སྐུ་གསུམ་པོ་)དེ་དག་གྲངས་བཞིན་ཟབ་པ་དང་། །རྒྱ་ཆེ་(བ་ དང་) བདག་ཉིད་ཆེ(ཕ)ར་ཤེས་(པར་)བྱ(འོ)། །(སྐབས་)འདིར་ནི་དང་པོ་(ཟབ་ པ་)ཆོས་སྐུ་སྟེ། །ཕྱི་མ་(ཆེ་བ་དང་བདག་ཉིད་ཆེ་བ་)དག་ནི་གཟུགས་ཀྱི་སྐུ། །ནམ་མཁའ་ ལ་ནི་གཟུགས་གནས་བཞིན། །དང་པོ་(ཆོས་སྐུ་)ལ་ནི་ཐ་མ་(གཟུགས་སྐུ་ གཉིས་)གནས། །སྐུ་གསུམ་པོ་འདི་ཉིད་ཀྱི་འགྲོ་བ་ལ་(གནས་སྐབས་སུ་)ཕན་པ་དང་ (མཐར་ཐུག་)བདེ་བ་སྒྲུབ་པ་འཇུག་པ་རྟག་པའི་(ཕ་རོལ་ཏུ་ཕྱིན་པའི་)དོན་ལས་ བརྩམས་ནས་(མདོར་བསྟན་པའི་)ཚིགས་སུ་བཅད་པ། (གཟུགས་ཀྱི་སྐུ་ཡིས་རྟག་པའི་ རྒྱུ་བདུན་དང་། ཆོས་ཀྱི་སྐུ་ཡི་རྟག་པའི་རྒྱུ་གསུམ་ཡོད་པ་ལ་རིམ་པ་ལྟར་དམ་ཆོས་ འཛིན་པའི་)རྒྱུ་མཐའ་ཡས་(པ་)དང་(གཅིག་)སེམས་ཅན་(ཐམས་ཅད་ལ་ཕན་པ་དང་ གཉིས་དམ་བཅའ་)ཟད་(པ་)མེད་(པ་)དང་(གསུམ)། །བརྩེ་(བ་)དང་(བཞི་རྫུ་)འཕྲུལ་ དང་(ལྔ་)མཁྱེན་(པ་)དང་(དྲུག་)ཕུན་(སུམ་)ཚོགས་ལྡན(དང་བདུན་ནི་གཟུགས་ཀྱི་སྐུ་ ཡིས་སངས་རྒྱས་རྟག་པའི་རྒྱུའོ)། །ཆོས་ཀྱི་དབང་ཕྱུག་(དང་)འཆི་བའི་བདུད་བཅོམ་ དང་(འདུས་བྱས་ཀྱི)། །ངོ་བོ་མེད་(པ་དང་རྒྱུ་གསུམ་གྱི་)ཕྱིར་འཇིག་རྟེན་མགོན་པོ་ (ཆོས་ཀྱི་སྐུ་ཡིས་)རྟག(པའོ།)། ། 9-1-138 འདིའི་བསྡུས་པའི་དོན་ནི་ཚིགས་སུ་བཅད་པ་དྲུག་གིས་རིག་པར་(བསྟན་པར་)བྱ་སྟེ། (གཟུགས་ཀྱི་སྐུ་ཡིས་རྟག་པའི་རྒྱུ་བདུན་ནི་)ལུས་དང་སྲོག་དང་ལོངས་སྤྱོད་ རྣམས། །བཏང་ནས་དམ་ཆོས་འཛིན་ཕྱིར་དང་(གཅིག)། །སེམས་ཅན་ཀུན་ལ་ཕན་པའི་ ཕྱིར(དང་གཉིས)། །དང་པོར་(སེམས་ཅན་ཐམས་ཅད་སྐྱོབ་པར་)དམ་བཅས་(པ་ དེ་)མཐར་འབྱིན་(པའི་)ཕྱིར(དང་གསུམ)། །སངས་རྒྱས་ཉིད་ནི་གཙང་བ་དང་། །དག་ པའི་ཐུགས་རྗེ་(སེམས་ཅན་ཐམས་ཅད་ལ་)རབ་(ཏུ་)འཇུག་(པའི་)ཕྱིར(དང་བཞི)། །རྫུ་ འཕྲུལ་རྐང་པ་སྟོན་པ་ནི། །དེ་ཡིས་གནས་པར་(གཞན་དོན་)སྤྱོད་པའི་ཕྱིར(དང་ ལྔ)། །(མཉམ་ཉིད་དུ་)མཁྱེན་པས་འཁོར་དང་མྱ་ངན་འདས། །(སྐྱོན་ཡོན་)གཉིས་སུ་ འཛིན་ལས་གྲོལ་བའི་ཕྱིར(དང་དྲུག)། །རྟག་ཏུ་བསམ་ཡས་ཏིང་འཛིན་གྱི། །བདེ་བ་ (དམ་པ་)ཕུན་སུམ་ཚོགས་ལྡན་ཕྱིར(དང་བདུན་ནི་སངས་རྒྱས་གཟུགས་ཀྱི་སྐུ་ཡིས་རྟག་ པའི་རྒྱུའོ)། །འཇིག་རྟེན་ན་ནི་(གཞན་དོན་)སྤྱོད་པ་ན། །འཇིག་རྟེན་ཆོས་(བརྒྱད་)ཀྱིས་ གོས་མེད་ཕྱིར(དང་)། །འཆི་མེད་ཞི་བའི་གནས་ཐོབ་ལ། །འཆི་བདུད་(ལས་རླུང་གི་ དབུགས་)རྒྱུ་བ་མེད་པའི་ཕྱིར(དང་)། །འདུས་མ་བྱས་པའི་རང་བཞིན་གྱི། །ཐུབ་པ་ (འདུས་བྱས་ཀྱི་ཆོས་མི་རྟག་པ་)གདོད་ནས་རབ་(ཏུ་)ཞི(བ)འི་ཕྱིར(དང་གསུམ་ནི་ ཆོས་ཀྱི་སྐུ་ཡིས་སངས་རྒྱས་རྟག་པའི་རྒྱུའོ)། །(སྐུ་གཉིས་ཀྱིས་སངས་རྒྱས་)རྟག་པ་(དེས་ ན་འཁོར་བ་སྲིད་ཀྱི་བར་དུ་)སྐྱབས་མེད་རྣམས་ཀྱི་ནི། །སྐྱབས་(དང་དཔུང་གཉེན་)ལ་ སོགས་པར་འཐད་ཕྱིར་རོ། །དང་པོ་ཡི་ནི་རྒྱུ་བདུན་གྱིས། །གཟུགས་ཀྱི་སྐུ་ཡིས་(སངས་ རྒྱས་)རྟག་(པ་)ཉིད་དེ། །(རྒྱུ་)ཕྱི་མ་གསུམ་གྱིས་སྟོན་པ་ཡི། །ཆོས་ཀྱི་སྐུ་ཡིས་རྟག་པ་ ཉིད(དོ)། ། དེ་བཞིན་གཤེགས་པ་རྣམས་ཀྱི་གནས་ཡོངས་སུ་གྱུར་པས། རབ་ཏུ་ཕྱེ་བ་ཐོབ་པའི་ཚུལ་ དེ་ཡང་(རྟོག་གེས་)བསམ་གྱིས་མི་ཁྱབ་པའི་ཚུལ་གྱིས་(ཡེ་ཤེས་ཀྱིས་)རྟོགས་པར་བྱ་བ་ ཡིན་པས། (གནས་གྱུར་གཙང་བདག་བདེ་དང་རྟག་པའི་ཕ་རོལ་ཏུ་ཕྱིན་པ་)བསམ་ གྱིས་མི་ཁྱབ་པའི་དོན་ལས་བརྩམས་ཏེ་(མདོར་བསྟན་པའི་)ཚིགས་སུ་བཅད་པ། (ཆོས་ 9-1-139 སྐུ་བསམ་གྱིས་མི་ཁྱབ་པའི་རྒྱུ་ལྔ་ནི།)ངག་ཡུལ་མིན་ཕྱིར་དོན་དམ་གྱིས་བསྡུས་ ཕྱིར། །རྟོགས་གནས་མིན་ཕྱིར་(འཇིག་རྟེན་གྱི་)དཔེ་ལས་འདས་པའི་ཕྱིར། །བླ་ན་མེད་ ཕྱིར་(དང་ལྔའོ་གཟུགས་སྐུ་བསམ་གྱིས་མི་ཁྱབ་པའི་རྒྱུ་གཅིག་ནི་)སྲིད་ཞིས་མ་བསྡུས་ (པའི་)ཕྱིར(རོ)། །(དེས་ན་)རྒྱལ་(བའི་)ཡུལ་(སྐུ་གསུམ་ནི་ས་ལ་གནས་པའི་)འཕགས་ རྣམས་ཀྱིས་ཀྱང་(མཐའ་གཅིག་ཏུ་གཙང་བ་དམ་པ་ལ་སོགས་པར་སངས་རྒྱས་རང་ ཉིད་བཞིན་དུ་)བསམ་མི་ཁྱབ། །འདིའི་བསྡུས་པའི་དོན་ནི། ཚིགས་སུ་བཅད་པ་བཞིས་ (བསྟན་པར་)རིག་པར་བྱ་སྟེ། (སྔ་མ་སྔ་མ་དམ་བཅའ་དང་ཕྱི་མ་ཕྱི་མ་རྒྱུ་མཚན་དུ་ བསྟན་པ་འདི་ལྟ་སྟེ།)བསམ་(དུ་)མེད་(པ་ནི་)བརྗོད་དུ་མེད་ཕྱིར་ཏེ། །བརྗོད་(དུ་)མེད་ (པ་ནི་)དོན་དམ་(ནི་) ཡིན་ཕྱིར་རོ། །དོན་དམ་(ནི་)བརྟག་བྱ་མིན་ཕྱིར་ཏེ། །བརྟག་ (བྱ་)མིན་(ཏེ་) རྗེས་དཔག་བྱ་མིན་ཕྱིར། །(རྗེས་སུ་)དཔག་(བྱ་)མིན་(ཏེ་)བླ་ན་མེད་ པའི་ཕྱིར། །བླ་ན་མེད་པ་(ཡིན་ཏེ་སྲིད་ཞིས་)མ་བསྡུས་ཕྱིར། །མ་བསྡུས་(པ་ཡིན་ཏེ་སྲིད་ ཞི་ལ་རྟོག་པས་)གནས་པ་མེད་(པའི་)ཕྱིར་(གནས་པ་མེད་)ཏེ། །(ཞི་བ་ལ་)ཡོན་ཏན་ (དང་སྲིད་པ་ལ་)སྐྱོན་(དུ་)རྟོག་(པ་)མེད་(པའི་)ཕྱིར་རོ། །(དེས་ན་)རྒྱུ་ལྔ་དག་གིས་ (རྟོགས་པར་དཀའ་བས་)ཕྲ་བའི་ཕྱིར། །ཆོས་སྐུ་(གཙང་བདག་བདེ་དང་རྟག་ པར་)བསམ་མི་ཁྱབ་པ་སྟེ། །དྲུག་པས་(འདུས་བྱས་ཀྱི་རྣམ་པར་སྣང་ཡང་)དེ་ཡི་དངོས་ མིན་ཕྱིར། །གཟུགས་སྐུ་(འདུས་མ་བྱས་ཡིན་པར་)བསམ་གྱིས་མི་ཁྱབ་པའོ། །(དེའི་ ཕྱིར་)བླ་མེད་ཡེ་ཤེས་ཐུགས་རྗེ་ཆེ་སོགས་ཡོན་ཏན་གྱིས། །(གཙང་བ་དམ་པ་ལ་སོགས་ པའི་)ཡོན་ཏན་(ཐམས་ཅད་ཀྱི་)ཕ་རོལ་(མཐར་ཐུག་པར་)ཕྱིན་པའི་རྒྱལ་བ་(རྟོག་གེས་ སྒྲོ་སྐུར་མེད་པར་)བསམ་མི་ཁྱབ། །དེས་ན་རང་བྱུང་(སངས་རྒྱས་)རྣམས་ཀྱི་ཐ་མའི་ ཚུལ་(གནས་གྱུར་གྱི་སྐུ་གསུམ་པོ་)འདི་ནི། །(ས་ལ་གནས་པའི་)དྲང་སྲོང་ཆེན་པོ་(མ་ རིག་བག་ཆགས་ཀྱི་ས་མ་སྤངས་པ་)དབང་(བཅུ་)ཐོབ་(པ་)རྣམས་ཀྱིས་ཀྱང་(རྫོགས་ པར་མངོན་སུམ་དུ་གཙང་བདག་བདེ་དང་རྟག་པར་སངས་རྒྱས་རང་ཉིད་ཀྱིས་རིག་པ་ བཞིན་དུ་)རིག་(པ་)མིན(ནོ)། །ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་དཀོན་མཆོག་ 9-1-140 གི་རིགས་རྣམ་པར་དབྱེ་བ་(བསྟན་པ་)ལས། (དག་བྱེད་ཀྱི་རྐྱེན་དང་པོ་)བྱང་ཆུབ་ཀྱི་ སྐབས་ཞེས་བྱ་སྟེ། ལེའུ་གཉིས་པའོ། །དྲི་མ་མེད་པའི་དེ་བཞིན་ཉིད་བཤད་ཟིན་ ཏོ།། །། ༈ ད་ནི་གང་དག་(དྲི་བཅས་དེ་བཞིན་ཉིད་གནས་ཡོངས་སུ་གྱུར་པའི་དྲི་མེད་དེ་བཞིན་ ཉིད་བྱང་ཆུབ་)དེ་ལ་བརྟེན་པ་ནོར་བུའི་འོད་དང་མདོག་དང་དབྱིབས་བཞིན་དུ་(རང་ དང་ངོ་བོ་ཆུ་དང་རླན་བཞིན་དུ་)དབྱེར་མེད་པའི་རང་བཞིན་གྱིས་ཤིན་ཏུ་དྲི་མ་མེད་ པའི་ཡོན་ཏན་(སྟོབས་ལ་སོགས་པ་དག་བྱེད་ཀྱི་རྐྱེན་གཉིས་པ་)དེ་དག་བཤད་པར་བྱ་ སྟེ། དེས་ན་(བྱང་ཆུབ་བཤད་པ་)དེའི་རྗེས་ཐོགས་སུ་(འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་ པའི་)སངས་རྒྱས་ཀྱི་(དོན་གཉིས་ཕུན་སུམ་ཚོགས་པའི་)ཡོན་ཏན་(གྱི་)རྣམ་པར་དབྱེ་ བ་(སྟོན་པ་)ལས་བརྩམས་ཏེ་(མདོར་བསྟན་པའི་)ཚིགས་སུ་བཅད་པ། རང་དོན་གཞན་ དོན་དོན་དམ་སྐུ་དང་ནི། །(དོན་དམ་)དེ་(ཉིད་སྣང་བ་)ལ་བརྟེན་(ནས་དངོས་པོར་ འཛིན་)པའི་(གཞན་སྣང་ལ་ལྟོས་)ཀུན་རྫོབ་སྐུ་ཉིད་དེ(རིམ་པ་ལྟར)། །བྲལ་(བའི་ འབྲས་བུ་)དང་རྣམ་པར་སྨིན་པའི་འབྲས་བུ་ནི། །(སྐུ་གཉིས་ཀྱི་)ཡོན་ཏན་(གྱི་)དབྱེ་བ་ དྲུག་ཅུ་(རྩ་)བཞི་(འོག་ནས་འབྱུང་བ་)འདི་དག(སྟེ།)།འདིས་ཅི་བསྟན་ཞེ་ན། (སངས་ རྒྱས་)བདག་ཉིད་ཀྱི་(དོན་)ནི་(ཕུན་སུམ་ཚོགས་པར་)འབྱོར་བའི་གནས། །(རང་སྣང་ ལ་སྐུ་གསུམ་པོ་)དམ་པའི་དོན་གྱི་སྐུ་ཡིན་ཏེ། །(གཞན་སྣང་ལ་)དྲང་སྲོང་(སངས་ རྒྱས་)རྣམས་ཀྱི་(ཀུན་རྫོབ་པའི་གཟུགས་སུ་སྣང་བ་)བརྡ་ཡི་སྐུ། །ཕ་རོལ་(གྱི་དོན་)ཕུན་ སུམ་ཚོགས་པའི་གནས(གཟུགས་ཀྱི་སྐུའོ)། །དང་པོ(དོན་དམ་པ)འི་སྐུ་(རང་དོན་)ནི་ (ཡོན་ཏན་)སྟོབས་ལ་སོགས། །(སྒྲིབ་པ་དང་)བྲལ་བའི་ཡོན་ཏན་རྣམས་དང་ ལྡན། །གཉིས་པ་(གཞན་དོན་ཀུན་རྫོབ་ཀྱི་སྐུ་ནི་)སྐྱེས་བུ་ཆེན་པོའི་མཚན། །(དགེ་ བ་)རྣམ་(པར་)སྨིན་(ཞིང་ལྷུན་གྱིས་གྲུབ་པའི་)ཡོན་ཏན་དག་དང་ལྡན། ། འདི་ཕན་བཅད་ཀྱི་གཞུང་ནི་སྟོབས་ལ་སོགས་པ་(དེ་དག་)གང་ཡིན་པ་དང་(ཡོན་ཏན་ དེ་དག་དཔེ་)ཇི་ལྟར་རྟོགས་པར་བྱ་བ་དེ་ལྟར་(དོན་རྟོགས་བྱ་ཡིན་པ་)དེའི་དབང་དུ་ 9-1-141 བྱས་པའོ། །སྡོམ་ནི། སྟོབས་ཉིད་(ནི་)མ་རིག་(པའི་)སྒྲིབ་(པ་གསུམ་འཇོམས་པ་)ལ་རྡོ་ རྗེ་བཞིན། །མི་འཇིགས་(པ་བཞི་)ཉིད་ནི་འཁོར་(གྱི་ནང་)དུ་སེང་གེ་བཞིན། །དེ་བཞིན་ གཤེགས་པའི་མ་འདྲེས་(བཅོ་བརྒྱད་ནི་)མཁའ་བཞིན་ཏེ། །ཐུབ་པའི་སྟོན་པ་(གཟུགས་ སྐུ་)རྣམ་གཉིས་(ནི་དངོས་པོར་སྣང་ཡང་དེའི་དངོས་པོར་མེད་པ་དཔེར་ན་)ཆུ་ཟླ་ བཞིན། །སྟོབས་རྣམས་དང་ལྡན་པ་ཞེས་བྱ་བ་(རྒྱས་པར་བཤད་པ་)ནི། གནས་དང་ གནས་མིན་(མཁྱེན་པའི་སྟོབས་)ལས་རྣམས་ཀྱི། །རྣམ་སྨིན་(མཁྱེན་པའི་སྟོབས་)དང་ནི་ དབང་པོ་(མཁྱེན་པའི་སྟོབས་)དང་། །ཁམས་རྣམས་(མཁྱེན་པའི་སྟོབས་)དང་ནི་མོས་ པ་(མཁྱེན་པའི སྟོབས་)དང་། །ཀུན་འགྲོའི་ལམ་(མཁྱེན་པའི་སྟོབས་)དང་(དྲུག་གིས་ ཤེས་སྒྲིབ་གོ་ཆ་དང་འདྲ་བ་འབིགས་པ་དང་)བསམ་གཏན་སོགས(ཀྱི)། །ཉོན་མོངས་དྲི་ མ་མེད་པ་(མཁྱེན་པའི་སྟོབས་)དང་། ། (སྔོན་གྱི་)གནས་ནི་རྗེས་སུ་དྲན་པ་(མཁྱེན་པའི་ སྟོབས་)དང་། །ལྷ་ཡི་མིག་(མཁྱེན་པའི་སྟོབས་)དང་(གསུམ་གྱིས་སྙོམས་འཇུག་གི་སྒྲིབ་ པ་རྩིག་པ་བརྟན་པོ་དང་འདྲ་བ་འཇིག་པ་དང་)ཞི་བ་(ཟག་ཟད་)དག། མཁྱེན་པའི་ (གཅིག་གིས་སྒྲིབ་པའི་བག་ཆགས་ཤིང་དང་འདྲ་བ་གཅོད་པའི་ཕྱིར་)སྟོབས་ནི་རྣམ་པ་ བཅུ། །རྡོ་རྗེ་བཞིན་ཞེས་བྱ་བ་(དཔེ་དོན་སྦྱར་བ་)ནི། གནས་དང་གནས་མིན་ (དང་)རྣམ་སྨིན་(དང་)ཁམས་དང་འགྲོ་བའི་(ལམ་དང་)མོས་པ་སྣ་ཚོགས་དང་། །ཉོན་ མོངས་རྣམ་བྱང་(དང་)དབང་པོའི་ཚོགས་དང་སྔོན་གནས་རྗེས་སུ་དྲན་པ་དང་། །ལྷ་ཡི་ མིག་དང་ཟག་པ་ཟད་ཚུལ་(བཅུས་)མི་ཤེས་(པའི་སྒྲིབ་པ་གསུམ་ནི་ཤེས་སྒྲིབ་)གོ་ཆ་ (དང་འདྲ་ལ་སྙོམས་འཇུག་གི་སྒྲིབ་པ་)རྩིག་བརྟན་དང་(འདྲ་ཞིང་)། །(བག་ ཆགས་)ཤིང་(དང་འདྲ་བ་)རྣམས་(རིམ་པ་ལྟར་སྟོབས་དྲུག་དང་གསུམ་དང་གཅིག་ གིས་)འབིགས་དང་འཇིག་དང་གཅོད་ཕྱིར་སྟོབས་བཅུ་གང་ཡིན་པ་རྡོ་རྗེ་བཞིན། ། མི་འཇིགས་པ་བཞི་བརྙེས་པ་ཞེས་བྱ་བ་(རྒྱས་པར་བཤད་པ་)ནི། ཆོས་ཀུན་རྫོགས་པར་ བྱང་ཆུབ་(ཡེ་ཤེས་སྟོན་པ་)དང་། །གེགས་(སྤང་བྱ་)ནི་འགོག་པར་བྱེད་པ་(སྟོན་ པ་)དང་། །ལམ་སྟོན་པ་དང་འགོག་(པ་སྤངས་པ་)སྟོན་(པ་)ལ། །(འཁོར་གྱི་ནང་དུ་)མི་ 9-1-142 འཇིགས་པ་ནི་རྣམ་པ་བཞི། །(དེ་ཉིད་བཤད་པ་)བདག་གཞན་ཤེས་བྱའི་དངོས་པོ་(ཡེ་ ཤེས་ཀྱིས་)རྣམ་(པ་)ཀུན་(ཏུ་རང་གིས་)ཤེས་དང་(གཞན་གྱིས་)ཤེས་(པར་)མཛད་ (པའི་)ཕྱིར། །སྤང་དངོས་(ཐམས་ཅད་རང་གིས་)སྤོང་དང་(གཞན་གྱིས་)སྤོང་ (བར་)མཛད་(པའི་)ཕྱིར་དང་(ལམ་རང་གིས་)བརྟེན་བྱ་(དང་གཞན་གྱིས་)བསྟེན་ པའི་(པར་མཛད་)ཕྱིར། །ཐོབ་བྱ་བླ་མེད་ཤིན་ཏུ་(ཟག་པའི་)དྲི་མེད་(རང་གིས་)ཐོབ་ དང་(གཞན་གྱིས་)ཐོབ་(པར་)མཛད་(པའི་)ཕྱིར། །རང་(དོན་ཡེ་ཤེས་སྤངས་པ་གཉིས་ དང་)གཞན་དོན་(སྤང་བྱ་ལམ་གཉིས་ཏེ་བཞི་པོ་དེ་)བདེན་(པ་)གསུང་(བའི་)ཕྱིར་(དུ་ ནི་)དྲང་སྲོང་(དོན་)གང་དུའང་(བློ་གྲོས་རྟག་ཏུ་)ཐོགས་པ་མེད། །སེང་གེ་བཞིན་ཞེས་ བྱ་བ་(དཔེ་དོན་)ནི། རི་དྭགས་དབང་པོ་ཇི་ལྟར་ནགས་མཐར་རྟག་འཇིགས་མེད། །རི་ དྭགས་རྣམས་ལ་སྐྲག་པ་མེད་པར་རྒྱུ་བ་ལྟར། །དེ་བཞིན་(འཁོར་གྱི་)ཚོགས་ནང་ཐུབ་ པའི་དབང་པོ་སེང་གེ་ཡང་། །(མི་འཇིགས་པས་)ལེགས་(པར་)གནས་(པ་དང་རང་ དང་མཉམ་པ་མེད་པས་)ལྟོས་(པ་)མེད་(པ་དང་ཆོས་ཐམས་ཅད་ལ་ཐུགས་བརྩེ་གཅིག་ པས་)བརྟན་པ(དང་མ་རིག་བག་ཆགས་ཀྱི་ས་ལས་བརྒལ་བས་)འི་རྩལ་དང་ལྡན་པར་ གནས(སོ)། ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་ལྡན་པ་ཞེས་བྱ་བ་(རྒྱས་པར་བཤད་ པ་)ནི། འཁྲུལ་དང་ཅ་ཅོ་མི་མངའ་སྟེ། །སྟོན་ལ་དྲན་པ་ཉམས་མི་མངའ། །མཉམ་པར་མ་ བཞག་ཐུགས་མི་མངའ། །(འཁོར་འདས་ལ་སྐྱོན་ཡོན་དུ་འཛིན་པའི་)འདུ་ཤེས་སྣ་ ཚོགས་ཀྱང་མི་མངའ། །(སོ་སོར་)མ་བརྟགས་བཏང་སྙོམས་མི་མངའ་(བ་སྤྱོད་པས་ བསྡུས་པ་དྲུག་)སྟེ། །འདུན་པ་(དང་)བརྩོན་འགྲུས་(དང་)དྲན་པ་དང་། །ཏིང་འཛིན་ (དང་)ཤེས་རབ་(དང་)རྣམ་གྲོལ་གྱི། །ཡེ་ཤེས་གཟིགས་པ་ཉམས་མི་མངའ(བ་རྟོགས་ པས་བསྡུས་པ་དྲུག་དང་)། །ལས་(གསུམ་པོ་)རྣམས་ཡེ་ཤེས་སྔོན་འགྲོ་དང་། །དུས་ (གསུམ་)ལ་ཡེ་ཤེས་སྒྲིབ་པ་མེད། །དེ་ལྟར་བཅོ་བརྒྱད་འདི་དང་གཞན(བྱང་ཆུབ་ཆེན་ པོ་དང་ཆོས་འཁོར་བསྐོར་བ་སོགས)། །སྟོན་པའི་མ་འདྲེས་ཡོན་ཏན་ཡིན། །(དེ་ཉིད་ 9-1-143 བཤད་པ།)འཁྲུལ་དང་ཅ་ཅོ་(དང་)བསྙེལ་དང་ཐུགས་(མཉམ་བཞག་ལས་)གཡོ་(བ་ དང་)ཐ་དད་ཀྱི་ནི་འདུ་ཤེས་དང་། །ངང་གིས་(སྐུ་གསུང་ཐུགས་)བཏང་སྙོམས་དྲང་ སྲོང་ལ་མེད་(པ་དང་)འདུན་པ་དང་ནི་བརྩོན་འགྲུས་དང་། །དྲན་དང་(ཏིང་ངེ་ འཛིན་)རྣམ་དག་དྲི་མེད་(དང་)ཤེས་རབ་རྟག་ཏུ་རྣམ་པར་གྲོལ་བ་དང་། །ཤེས་བྱའི་ དོན་ཀུན་གཟིགས་པ་གྲོལ་བའི་ཡེ་ཤེས་ལས་ནི་ཉམས་མི་མངའ། །(ལས་གསུམ་མ་འདྲེས་ པའི་རྒྱུ་)གང་གིས་(ཀྱི་)ལས་གསུམ་ཐམས་ཅད་ཡེ་ཤེས་སྔོན་འགྲོ་རྗེས་སུ་འཇུག་པ་ དང་། །(འདས་མ་འོངས་ད་ལྟར་གྱི་)དུས་གསུམ་རྟག་ཏུ་ཐོགས་མེད་ངེས་པར་མཁྱེན་པ་ རྒྱ་ཆེན་འཇུག་པ་སྟེ། །(བྱང་ཆུབ་ཆེན་པོ་)གང་རྟོགས་འགྲོ་བར་འཇིགས་མེད་དམ་ཆོས་ འཁོར་ལོ་ཆེན་པོ་རབ་བསྐོར་བ། །ཐུགས་རྗེ་ཆེན་པོ་དང་ལྡན་རྒྱལ་བ་ཉིད་དེ་སངས་ རྒྱས་རྣམས་ཀྱིས་བརྙེས། །ནམ་མཁའ་བཞིན་ཞེས་བྱ་བ་(དཔེ་དོན་སྦྱར་བ་)ནི། ས་སོགས་ ལ་ཡོད་(སྲ་བ་རླན་པ་ཚ་བ་གཡོ་བའི་)ཆོས་ཉིད་གང་ཡིན་དེ་ནི་ནམ་མཁའ་མིན། །ནམ་ མཁའི་མཚན་ཉིད་སྒྲིབ་མེད་(དང་འདུས་མ་བྱས་པ་)ལ་སོགས་མཚན་ཉིད་གང་དེ་ གཟུགས་ལ་མེད(ཀྱང་)། །ས་ཆུ་མེ་རླུང་ནམ་མཁའ་(ཐམས་ཅད་)མཚུངས་པ་འཇིག་ རྟེན་ན་ནི་ཐུན་མོང་(དུ་ཡོད་པ་)སྟེ། །(སངས་རྒྱས་ཀྱི་ཆོས་གཞན་དང་)མ་འདྲེས་ (པ་)ཉིད་ནི་རྡུལ་ཕྲན་ཙམ་ཡང་འཇིག་རྟེན་དག་ན་(སུ་དང་ཡང་)ཐུན་མོང་ མིན(ནོ)། །སྐྱེས་བུ་ཆེན་པོ(ར་མཚོན་པ)འི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པའི་ གཟུགས་མངའ་བ་ཞེས་བྱ་བ་(རྒྱས་པར་བཤད་པ་)ནི། (ཕྱག་ཞབས་)ལེགས་ (པར་)གནས་(པའི་མཐིལ་)འཁོར་ལོས་མཚན་པ་དང་། །(རྟིང་པ་)ཡངས་ཤིང་ཞབས་ (ཀྱི་ནང་གི་)ལོང་(བུ་)མི་མངོན་(པ་)དང་། །སོར་མོ་རིང་དང་ཕྱག་ཞབས་(ཀྱི་སོར་མོ་ རྣམས་)ནི། །དྲ་བ་ཡིས་ནི་འབྲེལ་བ་དང་། །ལྤགས་(པ་)འཇམ་(པ་དང་) གཞོན་ཤ་ཅན་ ལེགས་(པ་)ཉིད(དང་)། །སྐུ་ནི་(བོལ་གོང་གཉིས་ལག་པ་གཉིས་ཕྲག་པ་གཉིས་ལྷག་པ་ སྟེ་)བདུན་དག་མཐོ་བ་དང་། །བྱིན་པ་ཨེ་ན་ཡ(ཤ་བ)འི་འདྲ་(དང་)གསང་ (གནས)། །གླང་པོ་བཞིན་དུ་སྦུབས་སུ་ནུབ། །རོ་སྟོད་སེང་གེའི་དང་འདྲ་དང་། །ཐལ་ 9-1-144 གོང་(སྟེ་ཐོང་ཁ་)བར་མེད་རྒྱས་པ་དང་། །དཔུང་མགོ་ལེགས་ཟླུམ་ཕྱག་འཇམ་ ལ། །(སོར་མོ་)ཟླུམ་ཞིང་མཐོ་དམན་མེད་པ་དང་། །ཕྱག་རིང་(བ་དང་)ཡོངས་སུ་དག་ པའི་སྐུ། །འོད་ཀྱི་དཀྱིལ་འཁོར་དང་ལྡན་དང་། །མགྲིན་པ་(ཨོལ་མདུད་མི་མངོན་པ་)དྲི་ མེད་དུང་འདྲ་དང་། །འགྲམ་པ་རི་དྭགས་རྒྱལ་པོའི་འདྲ། །ཚེམས་ནི་བཞི་བཅུ་ཚང་བ་ དང་། །རབ་(ཏུ་)དཀར་(བ་དང་)ཚེམས་ཐགས་བཟང་བ་དང་། །རྣམ་(པར་)དག་ (པའི་)ཚེམས་མཉམ་ཉིད་དང་ནི། །མཆེ་བ་རབ་མཆོག་དཀར་བ་ཉིད(དང་)། །ལྗགས་ རིང་མཐའ་མེད་(པ་དང་)བསམ་མེད་པ། །རོ་བྲོ་བ་ཡི་མཆོག་ཉིད་དང་། །རང་བྱུང་ཀ་ ལ་པིང་ཀ་ཡི། །སྒྲ་དང་ཚངས་པའི་དབྱངས་ཉིད་དང་། །སྤྱན་བཟང་ཨུཏྤལ་(འདྲ་བ་ དང་)ཁྱུ་མཆོག་རྫི་འདྲ་དང་། །ཞལ་(མཆུ་སྒྲོས་)མཛེས་(པ་དང་)དྲི་མེད་མཛོད་སྤུ་ (སུམ་ཅུ་རྩ་གཉིས་གཡས་སུ་འཁྱིལ་ཞིང་)དཀར་(བ་དང་)ལྡན་པ(དང་)། །གཙུག་ཏོར་ དབུར་ལྡན་(པ་དང་)དག་ཅིང་(ལྤགས་པ་)སྲབ་པ་དང་། །པགས་པ་གསེར་གྱི་མདོག་ འདྲ་སེམས་ཅན་(གྱི་)མཆོག །བ་སྤུ་ལེགས་ཕྲ་འཇམ་ཞིང་རེ་རེ་ནས། །སྐུ་ཡི་གྱེན་དུ་ གཡས་ཕྱོགས་འཁྱིལ་བ་དང་། །དབུ་སྐྲ་དྲི་མེད་རིན་ཆེན་མཐོན་མཐིང་ བཞིན། །(ཤིང་)ནྱ་གྲོ་རྫོགས་པའི་ལྗོན་ཤིང་དཀྱིལ་འཁོར་འདྲ། །ཀུན་ཏུ་བཟང་པོ་དཔེ་ མེད་དྲང་སྲོང་ཆེ། །སྲེད་མེད་བུ་ཡི་སྟོབས་མངའ་མཁྲེགས་པའི་སྐུ། །བསམ་(གྱིས་)མི་ ཁྱབ་(པའི་གཟི་བརྗིད་)འབར་(བའི་མཚན་)སུམ་ཅུ་རྩ་གཉིས་པོ། །འདི་དག་སྟོན་པས་ མི(འི་)དབང་(པོར་མཚོན་པའི་)མཚན་(ཉིད་)དུགསུངས(སོ)། །ཆུ་ཟླ་བཞིན་ཞེས་བྱ་བ་ (རྒྱས་པར་བཤད་པ་)ནི། ཇི་ལྟར་སྤྲིན་མེད་ནམ་མཁའི་ཟླ་བའི་གཟུགས(གཅིག་ཉིད་ ཀྱང་)། །སྟོན་ཀའི་ཆུ་སྔོན་མཚོར་(དུ་མར་)ནི་(དུ་མར་)མཐོང་བ་(ཟླ་བར་སྣང་ཡང་ཟླ་ བའི་དངོས་པོ་མིན་པ་)ལྟར། །དེ་བཞིན་རྒྱལ་སྲས་ཚོགས་ཀྱིས་ཁྱབ་བདག་(སངས་རྒྱས་ ཀྱི་ཆོས་སྐུ་གཅིག་གི་)གཟུགས། རྫོགས་སངས་(རྒྱས་ཀྱི་གཟུགས་སྐུའི་)དཀྱིལ་འཁོར་ནང་ དུ་(དུ་མར་)མཐོང་(ཡང་དེ་དང་དེའི་དངོས་པོ་ཡིན་)བར་(མི་)འགྱུར(ཏེ་འདུས་མ་ བྱས་ཤིང་ལྷུན་གྱིས་གྲུབ་པ་གཙང་བདག་བདེ་དང་རྟག་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་ 9-1-145 པའི་ཕྱིར་རོ)། །དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་ གཉིས་པོ་དེ་དག །རྣམ་པ་གཅིག་ཏུ་མངོན་པར་བསྡུས་ཏེ་དྲུག་ཅུ་རྩ་བཞིར་འགྱུར་ རོ། །ཡོན་ཏན་དྲུག་ཅུ་རྩ་བཞི་པོ། །འདི་དག་སོ་སོར་རྒྱུར་བཅས་ཏེ། །གོ་རིམ་ཇི་བཞིན་ (བུ་མོ་)རིན་ཆེན་གྱི། །མདོ་ཡི་རྗེས་(སུ་)འབྲངས་(ནས་)ཤེས་པར་བྱ(འོ)། །ཇི་སྐད་ བཤད་པ་ཉིད་ཀྱི་དེ་བཞིན་གཤེགས་པའི་ཡོན་ཏན་དྲུག་ཅུ་རྩ་བཞི་པོ་འདི་དག་གི་རྣམ་ པར་དབྱེ་བ་གོ་རིམ་འདི་ཉིད་ཀྱིས་བསྟན་པ་ནི་བུ་མོ་རིན་པོ་ཆེའི་མདོའི་རྗེས་སུ་ འབྲངས་ཏེ་རིག་པར་བྱའོ། ། གནས་འདི་དག་ལ་གོ་རིམ་བཞིན་དུ་རྡོ་རྗེ་དང་། སེང་གེ་དང་། ནམ་མཁའ་དང་། ཆུ་ ཟླའི་དཔེས་བརྗོད་པ་གང་ཡིན་པ་དེའི་བསྡུས་པའི་དོན་ནི། ཚིགས་སུ་བཅད་པ་བཅུ་ གཉིས་ཀྱིས་རིག་པར་བྱ་སྟེ། མི་ཕྱེད་པ་དང་མི་ཞན་དང་། །མཚུངས་མེད་པ་དང་(རྣམ་ རྟོག་)གཡོ་(བའི་དངོས་པོ་)མེད་(པའི་)ཕྱིར། །(རིམ་པ་ལྟར་)རྡོ་རྗེ་(དང་)སེང་གེ་(དང་ ནམ་)མཁའ་དག་པ(དང་)། །(གཟུགས་སྐུ་ནི་ཇི་ལྟར་སྣང་བ་དེའི་དངོས་པོར་མེད་ པ་)ཆུ་ཡི་ཟླ་བའི་དཔེས་བསྟན་ཏོ། །སྟོབས་སོགས་རྣམས་ལས་སྟོབས་དྲུག་དང་། །གསུམ་ དང་གཅིག་གིས་རིམ་པ་བཞིན། །ཤེས་བྱ་སྙོམས་པར་འཇུག་པ་དང་། །(སྒྲིབ་པའི་)བག་ ཆགས་བཅས་པ་ཀུན་བསལ་བས། །གོ་ཆ་(དང་)རྩིག་པ་(དང་)ཤིང་བཞིན་དུ། །ཕུག་ དང་གཞིག་དང་གཅད་ཕྱིར་རོ། །རླིང་དང་སྙིང་བརྟན་མི་ཕྱེད་པས། །དྲང་སྲོང་སྟོབས་ ནི་རྡོ་རྗེ་འདྲ། །གང་ཕྱིར་རླིང་པ་སྙིང་པོའི་ཕྱིར། །གང་ཕྱིར་སྙིང་པོ་བརྟན་པའི་ ཕྱིར། །གང་ཕྱིར་བརྟན་པ་མི་ཕྱེད་ཕྱིར། །མི་ཕྱེད་ཕྱིར་ན་རྡོ་རྗེ་བཞིན། །འཇིགས་མེད་ ཕྱིར་དང་ལྟོས་མེད་ཕྱིར། །བརྟན་ཕྱིར་བརྩལ་ནི་ཕུན་ཚོགས་པས། །ཐུབ་པ་སེང་གེ་སེང་ གེ་བཞིན། །འཁོར་གྱི་ཚོགས་སུ་འཇིགས་མི་མངའ། །ཀུན་མངོན་མཁྱེན་པ་གང་ལས་ ཀྱང་། །འཇིགས་མེད་པར་ནི་རྣམ་པར་གནས། །དག་པའི་སེམས་ཅན་དང་ཡང་ བདག །མི་མཉམ་གཟིགས་ཕྱིར་ལྟོས་པ་མེད། །ཐུགས་ནི་ཆོས་རྣམས་ཐམས་ཅད་ 9-1-146 ལ། །རྩེ་གཅིག་ཕྱིར་ན་བརྟན་པ་ཉིད། །མཆོག་ཏུ་མ་རིག་བག་ཆགས་ཀྱི། །ས་ལས་བརྒལ་ ཕྱིར་རྩལ་ལྡན་ནོ། །འཇིག་རྟེན་(པ་དང་)ཉན་ཐོས་(དང་)མཐའ་གཅིག་ཏུ། །སྤྱོད་(པ་ རང་སངས་རྒྱས་)དང་བློ་ལྡན་(བྱང་ཆུབ་སེམས་དཔའ་དང་)རང་བྱུང་(སངས་ རྒྱས་)རྣམས། །གོང་ནས་གོང་དུ་བློ་དག་ནི། །ཕྲ་ཕྱིར་དཔེ་ནི་རྣམ་པ་ལྔ། །འཇིག་རྟེན་ (ཕལ་པ་)ཀུན་གྱི་ཉེར་འཚོའི་ཕྱིར། །(འཇིག་རྟེན་པའི་བློ་)ས་(དང་ཉན་རང་བྱང་ སེམས་རྣམས་)ཆུ་མེ་རླུང་རྣམས་དང་མཚུངས། །འཇིག་རྟེན་(པ་གཅིག་)འཇིག་རྟེན་ འདས་པ་(གསུམ་པོ་)ཡི། །མཚན་ཉིད་ལས་འདས་(པ་སངས་རྒྱས་ནི་)ནམ་མཁའ་ བཞིན། །(ཆོས་སྐུ་དང་གཟུགས་སྐུ་དེ་)དེ་དག་(གི་ཡོན་ཏན་དྲུག་ཅུ་རྩ་བཞི་ལ་བྲལ་ བའི་)ཡོན་ཏན་སུམ་ཅུ་ནི། །གཉིས་འདི་ཆོས་སྐུས་རབ་ཕྱེ་སྟེ། །ནོར་བུ་རིན་ཆེན་འོད་ མདོག་དང་། །དབྱིབས་བཞིན་(ཆོས་སྐུ་དང་)དབྱེ་བ་མེད་ཕྱིར་རོ། །མཐོང་ན་ཚིམ་བྱེད་ (རྣམ་སྨིན་གྱི་)ཡོན་ཏན་གང་(ཡིན་པ)། །(མཚན་)སུམ་ཅུ་རྩ་གཉིས་ཞེས་བྱ་བ། །སྤྲུལ་པ་ (དང་)ཆོས་ལ་རྫོགས་པར་ནི། །ལོངས་སྤྱོད་གཟུགས་སྐུ་གཉིས་ལ་བརྟེན། །(གདུལ་ བྱ་)དག་(པ་)ལས་རིང་དང་(འདུས་བྱས་སུ་མཐོང་བ་)ཉེ་རྣམས་ལ། །འཇིག་རྟེན་(དུ་ སྤྲུལ་སྐུ་དང་)རྒྱལ་བ(ཚོགས་པ)འི་དཀྱིལ་འཁོར་དུ(ལོངས་སྐུ་ནི་རིམ་པ་ལྟར་དཔེར་ན་ གཟུགས་ཅན་དངོས་པོར་འཛིན་པ་སོགས)། །ཆུ(འི་ཟླ་གཟུགས་དེའི་དངོས་པོར་མེད་པ་ ལ་དེའི་དངོས་པོར་འཛིན་པ་)དང་ནམ་མཁའ་ཟླ་གཟུགས་(དངོས་ཇི་ལྟ་བར་མཐོང་ བ་)བཞིན། །(གཟུགས་སྐུ་)དེ་མཐོང་བ(འི་གདུལ་བྱ་)ནི་(རིང་བ་དང་ཉེ་བ་)རྣམ་པ་ གཉིས(སོ)། །ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་དཀོན་མཆོག་གི་རིགས་རྣམ་ པར་དབྱེ་བ་(བསྟན་པ་)ལས། ཡོན་ཏན་གྱི་སྐབས་ཏེ། ལེའུ་གསུམ་པའོ། །(དྲི་མེད་ཀྱང་ ཡིན་སངས་རྒྱས་ཀྱང་ཡིན་ཡོན་ཏན་དེ་རྣམས་ཀྱང་ཡིན་པས་)དྲི་མ་མེད་པའི་སངས་ རྒྱས་ཀྱི་ཡོན་ཏན་(དག་བྱེད་ཀྱི་རྐྱེན་གཉིས་པ་)བཤད་ཟིན་ཏོ།། །། ༈ (གནས་གཅིག་ནི་དག་རྒྱུ་གསུམ་ནི་རྐྱེན་ཡིན་ནོ་ཞེས་པའི་དོན་)ད་ནི་(སངས་ རྒྱས་)དེའི་(སྐུ་གསུང་ཐུགས་ཀྱི་)ལས་(དག་བྱེད་ཀྱི་རྐྱེན་གསུམ་པ་)རྒྱལ་བའི་མཛད་པ་ 9-1-147 (དག་བྱའི་རྒྱུ་ལ་དག་བྱེད་ཀྱི་རྐྱེན་གསུམ་འཇུག་ཚུལ་)བརྗོད་པར་བྱའོ། །(རྐྱེན་གྱི་ མཛད་པ་)དེ་ཡང་མདོར་བསྡུ་ན་(རྣམ་རྟོག་མེད་པས་)ལྷུན་གྱིས་གྲུབ་པ་དང་། (འཁོར་ བ་སྲིད་དུ་ནམ་ཡང་)རྒྱུན་མི་འཆད་པ་རྣམ་པ་གཉིས་ཀྱིས་(རྒྱུ་སེམས་ཅན་ལ་)འཇུག་ སྟེ། (རྒྱུ་དང་རྐྱེན་གྱི་མཛད་པ་གཉིས་འཁོར་བ་ཇི་སྲིད་དུ་འཇུག་པ་)དེས་ན་(བྱང་ཆུབ་ ཀྱི་ཡོན་ཏན་)དེའི་རྗེས་ལ་སངས་རྒྱས་ཀྱི་མཛད་པ་ལྷུན་གྱིས་གྲུབ་ཅིང་རྒྱུན་མི་འཆད་ པ་ཉིད་ལས་བརྩམས་ཏེ་(མདོར་བསྟན་གྱི་)ཚིགས་སུ་བཅད་པ། (དག་པར་བྱ་བའི་རྒྱུ་ ནི།)གདུལ་བྱའི་ཁམས་(སྣ་ཚོགས་)དང་(དག་པར་བྱེད་པའི་རྐྱེན་)འདུལ་བའི་ཐབས་ (སྣ་ཚོགས་)དང་ནི། །གདུལ་བྱའི་ཁམས་ཀྱི་འདུལ་བའི་བྱ་བ་(སྣ་ཚོགས་)དང་། །(ཡོད་ པ་)དེ་ཡི་ཡུལ་དང་(འདུལ་བའི་དུས་ལ་བབ་པའི་)དུས་སུ་གཤེགས་པ་ལ། །ཁྱབ་བདག་ རྟག་ཏུ་(རྣམ་རྟོག་མེད་པས་)ལྷུན་གྱིས་གྲུབ་པར་འཇུག །ཡོན་ཏན་རིན་ཆེན་མཆོག་ (གི་)ཚོགས་དང་ལྡན་(པ་ས་བཅུའི་)ཡེ་ཤེས་(ནི་)ཆུ(འི་རྒྱ་)མཚོ་(དང་འདྲ་ལ་)བསོད་ ནམས་(དང་)ཡེ་ཤེས་(ཀྱི་ཚོགས་གཉིས་)ཉི་(མ་དང་འདྲ་བ་དེའི་)འོད་ཅན། །ཐེག་པ་ མ་ལུས་ངེས་པར་བསྒྲུབས་ཏེ་མཐའ་དང་དབུས་མེད་རྒྱ་ཆེ་(བ་བྱང་ཆུབ་ནི་)ནམ་ མཁའ་ལྟར་ཁྱབ་པ(དང་)། །སངས་རྒྱས་ཉིད་ནི་ཡོན་ཏན་དྲི་མ་མེད་(པའི་ཆོས་ཉིད་ཀྱི་ ཕྱིར་དེ་ཡོད་པས་)གཏེར་(དང་འདྲ་བའི་)སེམས་ཅན་ཀུན་ལ་ཁྱད་མེད་རྣམ་གཟིགས་ ནས། །ཉོན་མོངས་ཤེས་བྱའི་(སྒྲིབ་པ་)སྤྲིན་གྱི་དྲ་བ་(དང་འདྲ་མེད་)སངས་རྒྱས་རྣམས་ ཀྱི་ཐུགས་རྗེའི་(རྐྱེན་)རླུང་(དང་འདྲ་བ་དག་)གིས་རྣམ་པར་གཏོར། ། (ཚིགས་བཅད་)འདི་གཉིས་ཀྱི་བསྡུས་པའི་དོན་ནི་གོ་རིམ་བཞིན་དུ་ཚིགས་སུ་བཅད་པ་ གཉིས་དང་བརྒྱད་ཀྱི་(བསྟན་པར་)རིག་པར་བྱ་སྟེ། (གདུལ་བྱ་)གང་(ཞིག་)གི་(ཐབས་ མང་)གང་(དག་)གིས་འདུལ་བ་ཡི། །བྱ་(བ་)གང་(ཡུལ་)གང་དུ་(དུས་)གང་གི་ ཚེ(གཤེགས་པ་དེ་དང་)། །དེ་ཡི་རྣམ་རྟོག་སྐྱེ་(བ་)མེད་(པའི་)ཕྱིར། །ཐུབ་པ་རྟག་ཏུ་ ལྷུན་གྱིས་གྲུབ། །(དེ་ཉིད་བཤད་པ་)གདུལ་བྱའི་ཁམས་ནི་གང་ཞིག་གི །གདུལ་བའི་ ཐབས་མང་གང་དག་གིས། །གདུལ་བྱའི་བྱ་གང་གང་དུ་ནི། །གང་ཚེ་ཡུལ་དང་དུས་དེ་ 9-1-148 དག(གོ)། །(དག་རྒྱུ་སྒྲིབ་པ་ལས་)ངེས་འབྱིན་(ས་བཅུ་དང་)དེ་ཡི་སྟོན་པ་(ཚོགས་ གཉིས་)དང་། །དེ་འབྲས་(བྱང་ཆུབ་དང་)དེ་ཡི་(སེམས་ཅན་)ཡོངས་འཛིན་ དང་། །དེ(འི་)སྒྲིབ་(པ་དང་)དེ་གཅོད་(པའི་དག་)རྐྱེན་(བྱང་ཆུབ་)ལ་ནི། །རྣམ་པར་ རྟོག་པ་མེད་ཕྱིར་རོ། །(དེ་ཉིད་བཤད་པ་དག་རྒྱུ་ལམ་ལ་ཞུགས་ནས།)ངེས་པར་འབྱིན་ པ་ས་བཅུ་སྟེ། །ཚོགས་གཉིས་དག་ནི་དེ་ཡི་རྒྱུ། །དེ་འབྲས་བྱང་ཆུབ་མཆོག་ཡིན་ཏེ། །བྱང་ ཆུབ་སེམས་ཅན་(གཞན་རྣམས་)ཡོངས་སུ་འཛིན། །དེ(འི་)སྒྲིབ་མཐའ་ཡས་ཉོན་མོངས་ དང་། །ཉེ་བའི་ཉོན་མོངས་བག་ཆགས་སོ། །དུས་ཀུན་དུ་ནི་དེ་འཇོམས་(ཤིང་དག་པར་ བྱེད་)པའི། །རྐྱེན་ནི་(བྱང་ཆུབ་ཀྱི་)ཐུགས་རྗེ་ཆེན་པོ་ཡིན། །གནས་དྲུག་པོ་ནི་འདི་དག་ རྣམས། །(ཚུལ་འདིས་སྲིད་པ་ཇི་སྲིད་དུ་འཇུག་པའི་ཕྱིར།)གོ་རིམ་ཇི་བཞིན་(ས་བཅུ་)རྒྱ་ མཚོ་དང་། །(ཚོགས་གཉིས་)ཉི་མ་དང་ནི་(བྱང་ཆུབ་)ནམ་མཁའ་(དང་སེམས་ ཅན་)གཏེར(དང་སྒྲིབ་པ)། །སྤྲིན་དང་(ཐུགས་རྗེ་)རླུང་བཞིན་ཤེས་པར་བྱ། །ཤེས་ (ཀྱི་)ཆུ་(དང་)ཡོན་ཏན་(གྱི་)རིན་ཆེན་དང་། །ལྡན་ཕྱིར་ས་(བཅུ་པོ་)རྣམས་རྒྱ་མཚོ་ བཞིན། །སེམས་ཅན་ཐམས་ཅད་ཉེར་འཚོའི་ཕྱིར། །ཚོགས་གཉིས་དག་ནི་ཉི་མ་ བཞིན། །རྒྱ་ཆེ་མཐའ་དང་དབུས་མེད་ཕྱིར། །བྱང་ཆུབ་ནམ་མཁའི་ཁམས་བཞིན་ ནོ། །ཡང་དག་རྫོགས་སངས་ཆོས་ཉིད་ཕྱིར། །སེམས་ཅན་ཁམས་ནི་གཏེར་དང་འདྲ། །གློ་ བུར་(དུ་སེམས་ལ་)ཁྱབ་དང་(སེམས་ཀྱི་རང་བཞིན་དུ་)མ་གྲུབ་ཕྱིར། །(སེམས་ཅན་)དེ་ ཡི་ཉོན་མོངས་སྤྲིན་ཚོགས་བཞིན། །དེ་འཐོར་བར་ནི་ཉེར་གནས་ཕྱིར། །ཐུགས་རྗེ་མི་ བཟད་རླུང་དང་འདྲ། །(གདུལ་བྱ་)གཞན་གྱི་དབང་གིས་(ཐེག་པ་གསུམ་གྱི་)ངེས་ འབྱུང་དང་། །(སྣ་ཚོགས་འཁོར་བ་སྲིད་དུ་ཡང་ཡང་སྟོན་པ་)བདག་དང་སེམས་ཅན་ མཚུངས་གཟིགས་དང་། །(འཁོར་བ་ཇི་སྲིད་ཡོད་ཀྱི་བར་དུ་)མཛད་པ་ཡོངས་སུ་མ་ རྫོགས་ཕྱིར། །འཁོར་བ་(ཇི་)སྲིད་དུ་མཛད་(པ་རྒྱུན་)མི་འཆད(དོ)། ། སྐྱེ་བ་དང་འགག་པ་མེད་པས་རབ་ཏུ་ཕྱེ་བ་ཞེས་བརྗོད་པའི་སངས་རྒྱས་ཉིད་གང་ཡིན་ པ་དེ་འདིར་ཇི་ལྟར་ན་འདུས་མ་བྱས་པ་(ལ་)འཇིག་པ(འི་དངོས་པོ་)མེད་པའི་མཚན་ 9-1-149 ཉིད་ཀྱིས་སངས་རྒྱས་(ལ་དེ་མི་འགལ་བ་)ཉིད་ལས་ལྷུན་གྱིས་གྲུབ་པར་འཇིག་རྟེན་ཇི་ སྲིད་དུ་རྣམ་པར་རྟོག་པ་མེད་པར་སངས་རྒྱས་ཀྱི་མཛད་པ་རྒྱུན་མི་འཆད་པར་འཇུག་ ཅེས་(ཟེར་ན་གཞན་ལ་དེ་དག་འགལ་ཡང་སངས་རྒྱས་ལ་མི་འགལ་བ་)སངས་རྒྱས་ཀྱི་ (ཡོན་ཏན་གཞན་ལས་ལྷག་པ་)ཆེ་བའི་བདག་ཉིད་ཀྱི་ཆོས་ཉིད་ལས་བརྩམས་ཏེ། (དེའི་ དངོས་པོ་དང་རྣམ་རྟོག་མེད་པར་བྱ་བ་བྱེད་པ་མི་སྲིད་སྙམ་པའི་)ཐེ་ཚོམ་དང་སོམ་ཉི་ སྐྱེས་པ་རྣམས་(འདུས་མ་བྱས་པའི་)སངས་རྒྱས་ཀྱི་(སྤྱོད་)ཡུལ་(རྣམ་རྟོག་གིས་)བསམ་ གྱིས་མི་ཁྱབ་པ་ལ་མོས་པ་བསྐྱེད་པའི་ཕྱིར། དཔེ(དགུ)འི་བདག་ཉིད་ཆེན་པོ་ལས་ (མདོར་བསྟན་པའི་)ཚིགས་སུ་བཅད་པ། (སྐུ་གསུང་ཐུགས་སྤྲུལ་པ་ཡེ་ཤེས་ཐུགས་ གསུང་སྐུའི་གསང་བ་གསུམ་ཡོན་ཏན་གྱི་གཞི་བྱེད་ཀྱང་རྣམ་རྟོག་མེད་པའི་དཔེ་དགུ་ ནི།)བརྒྱ་བྱིན་(དང་)རྔ་(དང་)སྤྲིན་(དང་)ཚངས་པ་དང་། །ཉི་མ་(དང་ཐུགས་ཀྱི་ གསང་བ་)ནོར་བུ་རིན་ཆེན་བཞིན། །དེ་བཞིན་གཤེགས་པ(འི་གསུང་གི་གསང་བ་)སྒྲ་ བརྙན་བཞིན། །(སྐུའི་གསང་བ་)ནམ་མཁའ་དང་ནི་(དཀར་པོ་ཐམས་ཅད་ཀྱི་གཞི་བྱེད་ པ་)ས་བཞིན་ནོ། ། མདོ(ར་བསྟན་པ)འི་གནས་ལྟ་བུའི་ཚིགས་སུ་བཅད་པ་འདིའི་རྣམ་པར་དབྱེ་བ་རྒྱས་ པར་བསྟན་པ་ནི་གོ་རིམ་ཇི་ལྟ་བ་བཞིན་དུ་གཞུང་ལྷག་མས་རིག་པར་བྱའོ། །(རྣམ་རྟོག་ མེད་ཀྱང་སྐུ་སྟོན་པ་)བརྒྱ་བྱིན་དུ་སྣང་བ་བཞིན་ནོ། །ཞེས་བྱ་བ་(རྒྱས་པར་བཤད་པ་)ནི། ཇི་ལྟར་བཻཌཱུར་དག་པ་ཡི། །རང་བཞིན་ས་སྟེང་འདི་གྱུར་ཏེ། །(ས་འདི་)དག་ཕྱིར་ལྷ་ཡི་ དབང་པོ(འི་གཟུགས་བརྙན་)དེར། །(ཤར་བ་ནི་)ལྷ་ཡི་བུ་མོའི་ཚོགས་དང་བཅས། །རྣམ་ པར་རྒྱལ་བའི་ཁང་བཟང་དང་། །ལྷ་གནས་(ཁང་བཟང་)དེ་ལས་གཞན་དག་ དང་། །(ལྷ་དེ་དང་)དེ་ཡི་གཞལ་ཡས་སྣ་ཚོགས་དང་། །ལྷ་རྫས་རྣམ་མང་(སྣ་ཚོགས་) དེ་ མཐོང་ངོ་། །(མཐོང་བ་)དེ་ནས་སྐྱེས་པ་བུད་མེད་ཚོགས། །(བཻཌཱུཪྻའི་)ས་(འདི་)ཡི་སྟེང་ ན་གནས་པ་རྣམས། །(ལྷའི་དབང་པོའི་ཚོགས་ཀྱི་)སྣང་བ་དེ་ནི་མཐོང་གྱུར་ཏེ། ། (ཇི་ ལྟར་སྣང་བ་དེའི་དངོས་པོར་གཟུང་ནས་)ངེད་ཀྱང་(ཡུན་)རིང་པོར་མི་ཐོགས་པར། །ལྷ་ 9-1-150 དབང་(བཟང་པོ་དངོས་ཡིན་སྙམ་ནས་)འདི་འདྲར་གྱུར་ཅིག་ཅེས། །དེ་འདྲའི་སྨོན་ ལམ་འདེབས་བྱེད་ཅིང་། །(ལྷ་ཚོགས་)དེ་(འདྲ་)ཐོབ་(པར་བྱ་བའི་)དོན་དུ་དགེ་བ(འི་ དམ་བཅའ་)ནི། །ཡང་དག་བླངས་ཏེ་(ལུས་ངག་སེམས་གསུམ་དགེ་བ་བཅུ་ལ་)གནས་ པར་གྱུར། །དེ་དག་(སྣང་བ་དེ་ལ་བརྟེན་ནས་)དགེ་བའི་ལས་(བསགས་པ་)དེས་ ན། །འདི་(ལྷའི་གཟུགས་ཅན་)སྣང་ཙམ་ཞེས་དེ་ལྟ་བུར། །(སྣང་བ་དེའི་དངོས་པོ་མེད་ པར་)ཤེས་པ་མེད་ཀྱང་ས་(འདིའི་)སྟེང་ནས། །(མཐོ་རིས་སུ་ནི་)འཕོས་ཏེ་ལྷར་ནི་སྐྱེ་ བར་འགྱུར། །(གཟུགས་བརྙན་གྱི་)སྣང་བ་དེ་ནི་ཤིན་ཏུ་ཡང་། །(འདི་དག་དགེ་བ་ལ་ དགོད་སྙམ་པའི་)རྟོག་པ་མེད་ཅིང་(འབད་རྩོལ་གྱིས་ལུས་ངག་སེམས་)གཡོ་བ་ མེད(པ)། །དེ་ལྟ་མོད་ཀྱི་(སྣང་བརྙན་དེ་)ས་སྟེང་(འདི་)ན། །དོན་ཆེན་གྱིས་ནི་ཉེ་བར་ གནས། །དེ་བཞིན་(དུ་དཀོན་མཆོག་ལ་)དད་(པ་བརྩོན་འགྲུས་དྲན་པ་ཏིང་ངེ་འཛིན་ ཤེས་རབ་ལ་)སོགས་(དད་པ་སོགས་ཀྱི་)དྲི་མེད་ཅན(གྱིས)། །དད་སོགས་ཡོན་ཏན་ བསྒོམས་པ་ཡིས། །རང་(གི་དད་སོགས་ཀྱི་)སེམས་ལ་སྣང་(བ་)རྫོགས་(པའི་)སངས་ རྒྱས། །(སྣང་བ་དེ་དང་དེའི་དངོས་པོར་མེད་པ་འདུས་མ་བྱས་ཡིན་ཀྱང་།)སེམས་ཅན་ ཕྱིར་ནི་(ཉིན་མཚན་དུ་ལན་དྲུག་ཏུ་ནི་སོ་སོར་)གཟིགས་པ་ཅན། །(སྐུ་)མཚན་དང་དཔེ་ བྱད་དང་ལྡན་པ། །(སྐུའི་སྤྱོད་ལམ་)འཆག་པ་དང་ནི་བཞེངས་པ་དང་། །བཞུགས་པ་ དང་ནི་གཟིམས་པ་དང་། །སྤྱོད་ལམ་སྣ་ཚོགས་མཛད་པ་ཅན། །(གསུང་གི་སྤྱོད་ལམ་སྐྱོན་ ཐམས་ཅད་)ཞི་བ(ར་བྱེད་པ)འི་ཆོས་ནི་གསུང་བ་དང་། །(རེས་འགའ་)མི་གསུང་(བར་ ཐུགས་ཀྱི་སྤྱོད་ལམ་)མཉམ་པར་བཞག་གྱུར་པ། །(དེས་ན་སྐུ་རྫུ་འཕྲུལ་དང་གསུང་རྗེས་ སུ་བསྟན་པ་དང་ཐུགས་ཀུན་བརྗོད་པའི་)ཆོ་འཕྲུལ་རྣམ་པ་སྣ་ཚོགས་དག །མཛད་པ་ གཟི་(བརྗིད་དང་)མདངས་ཆེན་པོ་ཅན། །(དད་སོགས་བསྒོམས་པའི་)སེམས་ཅན་ རྣམས་ཀྱིས་(དེ་དང་དེའི་དངོས་པོར་)མཐོང་(ཞིང་གཟུང་)བར་གྱུར། །(སངས་རྒྱས་)དེ་ མཐོང་ནས་ཀྱང་(དེ་ཐོབ་པར་)འདོད་(པ་དང་)ལྡན་པ(རྣམས)། །སངས་རྒྱས་ཉིད་ (ཐོབ་པར་བྱ་བའི་)ཕྱིར་(བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་)རབ་(ཏུ་)སྦྱོར་ཏེ། །དེ་ 9-1-151 (ཐོབ་པའི་)རྒྱུ་(ལམ་)ཡང་དག་(ཉམས་སུ་)བླངས་(ཤིང་ཚོགས་གཉིས་རྫོགས་)ནས་ ནི། །(སྔར་ཐོབ་པར་)འདོད་པའི་གོ་འཕང་(སངས་རྒྱས་དེ་)ཐོབ་པར་བྱེད། །(རང་གི་ དོན་དམ་གྱི་སེམས་སངས་རྒྱས་སུ་)སྣང་བ་(ཕྱི་རོལ་ན་འདུག་པ་ལྟ་བུར་ཤར་བ་)དེ་ནི་ ཤིན་ཏུ་ཡང་། །(འདི་དག་དགེ་བ་ལ་དགོད་སྙམ་པའི་)རྟོག་མེད་(འབད་རྩོལ་གྱི་ལུས་ ངག་སེམས་)གཡོ་བ་མེད་པ་ཉིད(ཡིན་པ)། །དེ་ལྟ་ན་ཡང་(དད་སོགས་ཀྱི་)འཇིག་རྟེན་ ན། །དོན་ཆེན་པོས་ནི་ཉེ་བར་གནས། །(སངས་རྒྱས་)འདི་ནི་རང་སེམས་(ཉིད་དད་ སོགས་ལ་སངས་རྒྱས་སུ་)སྣང་བ་(ཡིན་)ཞེས(བྱ་བར་འཕགས་པས་ཤེས་ཀྱང་)། །སོ་སོའི་ སྐྱེས་བོས་མི་ཤེས་མོད། །དེ་ལྟ་ན་ཡང་(ཕྱི་རོལ་གྱི་སངས་རྒྱས་ཀྱི་)གཟུགས་(ལྟ་ བུར་)མཐོང་(བ་)སྟེ། །(སོ་སྐྱེ་)དེ་དག་ལ་ནི་དོན་ཡོད་འགྱུར། །རིམ་གྱིས་(རང་སེམས་ ཆོས་སྐུ་)དེ་(ཕྱི་རོལ་གྱི་སངས་རྒྱས་ལྟ་བུར་)མཐོང་(བ་)ལ་བརྟེན་ནས། །(རང་སེམས་ ཆོས་སྐུའི་)ཐེག་པ་(ཆེན་པོ་)འདི་ལ་གནས་པ(འི་སོ་སྐྱེ་)རྣམས(ཀྱིས་ཀྱང་)། །(རང་ གི་)ནང་གི་(དོན་)དམ་པའི་ཆོས་སྐུ་(ཡིན་པར་)ནི། །(མཐོང་སྤང་ལས་གྲོལ་ནས་ འཕགས་པའི་)ཡེ་ཤེས་མིག་གིས་མཐོང་བར་འགྱུར། །(དེ་ཉིད་བཤད་པ།)ཇི་ལྟར་ས་ (གཞི་འདི་)ཀུན་ཉམ་ངའི་གནས་གཞན་(གཡང་ས་ངམ་གྲོག་སོགས་)དང་བྲལ་(བ་)དྲི་ མེད་བཻཌཱུཪྻ། །(གཟུགས་བརྙན་ཐམས་ཅད་)གསལ་(ཞིང་)མཛེས་(པ་)ནོར་བུ་(བཻཌཱུརྱ)འི་ ཡོན་ཏན་དྲི་བྲལ་དཔལ་ལྡན་(པ་)སྟེང་ནི་(ལག་མཐིལ་ལྟར་)མཉམ་(པར་)གྱུར་ ཏེ། །(བཻཌཱུརྱ་)དག་ཕྱིར་དེར་ནི་ལྷ་བདག་གནས་ཚོགས་ལྷ་དབང་ལྷ་ཡི་གཟུགས་(བརྙན་ སྔར་)ཤར་ཏེ། །(ཕྱིས་)རིམ་གྱིས་ས་ཡི་ཡོན་ཏན་(བཻཌཱུརྱ་དང་)བྲལ་ཕྱིར་(ལྷ་དབང་ཡོད་ ཀྱང་གཟུགས་བརྙན་)དེ་ནི་སླར་ཡང་མི་སྣང་འགྱུར། །(ལྷ་ཚོགས་)དེ་དངོས་ཐོབ་ཕྱིར་ བསྙེན་གནས་བརྟུལ་ཞུགས་ངེས་པར་སྦྱིན་སོགས་ལ་ཕྱོགས་ལ། །བུད་མེད་སྐྱེས་ཚོགས་ (སྐྱེ་བ་ལ་)སྨོན་པའི་སེམས་ཀྱིས་(དཀོན་མཆོག་ལ་མཆོད་པའི་)མེ་ཏོག་ལ་སོགས་འཐོར་ བ་ལྟར། །(སྐྱོན་)དག་པའི་བཻཌཱུརྱ་འདྲའི་(དད་སོགས་ཀྱི་)སེམས་ལ་སྣང་(བ་དེའི་དངོས་ པོར་མེད་ཀྱང་དེའི་དངོས་པོ་ཡིན་སྙམ་ནས་དེ་འདྲ་)བའི་ཐུབ་དབང་ཐོབ་བྱའི་ 9-1-152 ཕྱིར། །(སངས་རྒྱས་ལ་)རབ་དགའི་སེམས་ལྡན་རྒྱལ་བའི་སྲས་རྣམས་དེ་བཞིན་(སངས་ རྒྱས་ཐོབ་འདོད་ཀྱི་)སེམས་རབ་སྐྱེད་པར་བྱེད། །(དེ་ཉིད་བསྡུས་ནས་བསྟན་པ་)ཇི་ལྟར་ བཻཌཱུརྱ་ས་གཞི་གཙང་མ་ལ། །ལྷ་དབང་ལུས་ཀྱི་གཟུགས་བརྙན་སྣང་བ་ལྟར། །དེ་བཞིན་ འགྲོ་སེམས་(དད་སོགས་ཀྱི་)ས་གཞི་(མ་དད་པ་སོགས་ཀྱི་དྲི་མ་མེད་པས་)གཙང་མ་ ལ། །(ཇི་ལྟར་སྣང་བའི་དངོས་པོར་མེད་པ་)ཐུབ་པའི་དབང་པོའི་སྐུ་ཡི་གཟུགས་བརྙན་ འཆར(རོ)། །འགྲོ་བར་(སངས་རྒྱས་ཀྱི་)གཟུགས་བརྙན་འཆར་(བ་འཇུག་པ་དང་)ནུབ་ (པ་འཇུག་པ་ནི་རིམ་པ་ལྟར་མ་དད་པ་སོགས་ཀྱི་)རྙོག་(པ་)མེད་(པ་)དང་། །(མ་དད་ པ་སོགས་ཀྱི་)རྙོག་པའི་རང་སེམས་རབ་འཇུག་དབང་གིས་འཇུག(པ་དེའི་ཕྱིར།)།ཇི་ ལྟར་འཇིག་རྟེན་དག་ན་(གང་ཟག་ཕལ་བ་སྐྱེ་འཆི་བྱེད་པའི་)གཟུགས་(སྐྱེ་འཆིར་)སྣང་ (བ་)ལྟར། །དེ་བཞིན་(དུ་སངས་རྒྱས་ཀྱང་དང་པོར་སྐྱེས་ནས་དངོས་པོར་)ཡོད་ (པ་)དང་(ཕྱིས་ཤི་ནས་)ཞིག་ཅེས་(སངས་རྒྱས་)དེ་(མེད་པར་)མི་བལྟ(སྟེ་སངས་རྒྱས་ ལ་སྐྱེ་འཆི་མེད་པའི་ཕྱིར་རོ)། ། ལྷའི་རྔ་བཞིན་ཞེས་བྱ་བ་(རྒྱས་པར་བཤད་པ་)ནི། ཇི་ལྟར་ལྷ(འི་)ནང་(ན་)ལྷ་རྣམས་ ཀྱི། །སྔོན་གྱི་(ཆོས་ལ་དད་པ་སོགས་)དཀར་པོ(དགེ་བ་བསགས་པ)འི་མཐུ་ཡིས་ ནི། །(རྟོག་པའི་)འབད་(པ་)དང་(རྟོག་པའི་)གནས་དང་(རྟོག་པའི་)ཡིད་(དང་རྟོག་ པའི་)གཟུགས་དང་། །རྣམ་པར་རྟོག་པ་མེད་བཞིན་དུ། །(འཁོར་བ་)མི་རྟག་(པ་ དང་)སྡུག་བསྔལ་(བ་དང་འཁོར་བ་)བདག་མེད་(པ་)དང་། །(མྱ་ངན་ལས་འདས་པའི་ སྐྱོན་དེ་དག་)ཞི་(བའོ་ཞེས་)བའི་སྒྲ་ཡིས་བག་མེད་པའི། །ལྷ་རྣམས་ཐམས་ཅད་ཡང་ ནས་ཡང་། །(ཕྱོགས་བཅུར་ཆོས་ཀྱི་རྔ་བོ་ཆེ་ཞེས་པའི་དོན་)ཆོས་ཀྱི་རྔས་ནི་བསྐུལ་བྱེད་ ལྟར(དབྱིབས་རྔར་ཡོད་ཅིང་ཆོས་དེ་དག་སྟོན་པས་ཆོས་ཀྱི་རྔ་སྟེ་གསེར་འོད་དམ་པར་ གསེར་གྱི་རྔས་ཆོས་སུ་མ་བསྟན་པ་ལྟར་རོ)། །དེ་བཞིན་ཁྱབ་བདག་(རྣམ་རྟོག་གིས་ བསླང་བའི་)འབད་(པ་དང་)སོགས་(ས་གནས་དང་ཡིད་དང་གཟུགས་)དང་། །བྲལ་ ཡང་འགྲོ་བ་མ་ལུས་པ། །སངས་རྒྱས་གསུང་གིས་ཁྱབ་མཛད་དེ། །(སངས་རྒྱས་ཀྱི་གསུང་ 9-1-153 ཐོས་སུ་རུང་བའི་)སྐལ་ལྡན་རྣམས་ལ་ཆོས་སྟོན་ཏོ། །(དེ་ཉིད་བཤད་པ་)ཇི་ལྟར་ལྷ་ནང་ ལྷ་རྣམས་ཀྱི། །(ཆོས་ཀྱི་)རྔ་སྒྲ་རང་གི་(དད་སོགས་ཀྱི་)ལས་ལས་འབྱུང་། །དེ་བཞིན་ འཇིག་རྟེན་ཐུབ་པའི་ཆོས། །གསུང་བ་རང་གི་(དད་སོགས་དགེ་བའི་)ལས་ལས་ འབྱུང་། །(ཕལ་ཆེར་དུ། རྔ་རབ་དེ་ནི་གཟུགས་མེད་མི་མཐོང་ཡང་། །དོན་ཆེན་རྔ་ཡི་སྒྲ་ ནི་སྒྲོག་བྱེད་ན། །ཞེས་པ་ལྟར། རྟོག་པས་བསླང་བའི་)འབད་(པ་དང་)གནས་ (དང་)ལུས་དང་སེམས་(དང་)བྲལ་བའི། །(རྔ་)སྒྲ་དེ་ཇི་ལྟར་(བག་མེད་)ཞི་(བ་)སྒྲུབ་ (པ་)ལྟར། །དེ་བཞིན་(རྟོག་པས་བསྐྱེད་པའི་འབད་པ་གནས་པ་ལུས་སེམས་)དེ་བཞི་ དང་བྲལ་བའི། །ཆོས་(ཀྱི་གསུང་)འདི་ཞི་བ་སྒྲུབ་པར་བྱེད། ། (ཡང་དེ་ཉིད་བཤད་པ།)ཇི་ལྟར་(ཕལ་ཆེར་ལས། ལྷ་དང་ལྷ་མིན་འཐབ་པའི་ཚེ་རྔས་ལྷ་ རྣམས་ལ་མ་འཇིགས་ཞེས་བསྐུལ་བས་ལྷ་རྣམས་འཇིགས་པ་མེད་པར་ཤིན་ཏུ་སྟོབས་ དང་ལྡན་ལ། ལྷ་མིན་དབང་པོ་འཇིགས་ནས་བྲོས། །ཞེས་པའི་དོན་)ལྷ་ཡི་གྲོང་ན་རྔ་ སྒྲ(ས་དགེ་བ་ལ་བསྐུལ་བ)འི་རྒྱུས་(འབྲས་བུ་གཉིས་)བྱུང་(འཕྲད་དུ་གནོད་པ་ཕྲན་ ཚེགས་ཀྱིས་)མི་འཇིགས་(པ་)སྦྱིན་པ་(དང་)ནི། །(གནོད་པ་ཆེ་བ་ཞེ་སྡང་གི་)ཉོན་ མོངས་གཡུལ་དུ་འཇུག་ཚེ་ལྷ་མིན་དཔུང་རྒྱལ་(བ་ལྷ་རྣམས་ཀྱི་)རྩེད་མོ་(ཙམ་ གྱིས་)སེལ་བ་བཞིན། །དེ་བཞིན་འཇིག་རྟེན་དག་ན་(སངས་རྒྱས་ཀྱི་གསུང་གིས་)བསམ་ གཏན་གཟུགས་མེད་ལ་སོགས་(ལ་བསྐུལ་བའི་)རྒྱུས་(འབྲས་བུ་གཉིས་)བྱུང་བ། །(ཡང་ གནས་སྐབས་སུ་)སེམས་ཅན་ཉོན་མོངས་སྡུག་བསྔལ་རབ་(ཏུ་)འཇོམས་(ཤིང་མཐར་ ཐུག་)ཞི་བ་བླ་(ན་)མེད་(པ་ཐོབ་པའི་)ལམ་ཚུལ་(རྒྱུའི་དུས་སུ་)བརྗོད(པས་སོ)། །ཅིའི་ ཕྱིར་འདིར་(གསུང་གི་དཔེ་)ཆོས་ཀྱི་རྔ་ཉིད་ཀྱི་དབང་དུ་བྱས་ཀྱི། ལྷའི་སིལ་སྙན་གྱི་རྣམ་ པ་དེ་ལས་གཞན་པ་དག་ཀྱང་(དཔེ་)མ་ཡིན་ཏེ(པ་ཅིས)། དེ་དག་ཀྱང་ལྷ་རྣམས་ཀྱིས་ སྔོན་(དགེ་བ་)བྱས་པའི་ལས་ཀྱི་དབང་གིས་(སིལ་སྙན་དེ་དག་ཐོས་པའི་)མདོ་ཁོ་ནར་ ལྷའི་རྣ་བར་ཡིད་འཕྲོག་པའི་སྒྲའི་རྗེས་སུ་(འབྲས་བུ་བདེ་བ་)འབྱུང་པར་འགྱུར་རོ། །དེ་ བཞིན་གཤེགས་པའི་དབྱངས་དང་(སིལ་སྙན་)དེ་དག་ཆོས་མི་མཐུན་པའི་ཡོན་ཏན་ 9-1-154 རྣམ་པ་བཞིའོ། །(བཞི་པོ་)དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། (དུས་ངེས་པ་ཅན་དུ་རྒྱུན་ དུ་མི་འབྱུང་བས་)ཉི་ཚེ་བ་ཉིད་དང་། (འཕྲལ་བདེ་བ་ཅུང་ཟད་འབྱུང་ཡང་དེ་བག་ མེད་དུ་གྱུར་ནས་ལྷ་མིན་ལ་སོགས་ཀྱིས་གནོད་པས་ཚེ་འདིར་)ཕན་པ་མ་ཡིན་པ་ཉིད་ དང་། (དེ་ལ་ཆགས་པའི་རྣམ་སྨིན་གྱིས་ཚེ་ཕྱི་མ་)བདེ་བ་མ་ཡིན་པ་ཉིད་དང་། (འཁོར་ བ་ལ་རྟག་སོགས་སུ་ཞེན་པའི་སྐྱོན་ལས་)ངེས་པར་འབྱིན་པར་བྱེད་པ་མ་ཡིན་པ་ཉིད་ དོ། །ཆོས་ཀྱི་རྔ་ནི་བག་མེད་(འདོད་ཡོན་ལ་ཆགས་པ་)པའི་ལྷའི་ཚོགས་མཐའ་དག་(སྐྱོ་ ཤས་)བསྐུལ་བ་ཉིད་དང་། (ཉིན་རེ་བཞིན་)དེའི་དུས་ལས་མི་འདའ་བས་ན་ཉི་ཚེ་བ་མ་ ཡིན་པ་ཉིད་དུ་བསྟན་ཏོ། །(དགེ་བ་ལ་བསྐུལ་བས་)ལྷ་མ་ཡིན་ལ་སོགས་པའི་ཕ་རོལ་ ཚོགས་ཀྱི་ཉེ་བར་འཚེ་བའི་འཇིགས་པ་ལས་ཡོངས་སུ་སྐྱོབ་པ་ཉིད་དང་། བག་ཡོད་(པ་ དགེ་བ་སྒྲུབ་)པའི་གནས་ལ་རབ་ཏུ་སྦྱོར་བས་ན་(ཚེ་འདི་ལ་)ཕན་པ་ཉིད་དོ། །དམ་པ་ མ་ཡིན་པའི་འདོད་(ཡོན་ལ་ཞེན་)པའི་དགའ་བདེ་(ལས་སེམས་)རྣམ་པར་འབྱེད་པ་ ཉིད་དང་། ཆོས་ཀྱི་ཀུན་དགའི་དགའ་བདེ་ཉེ་བར་བསྒྲུབས་པས་ན་(ཕྱི་མ་)བདེ་བ་ཉིད་ དོ། །མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པའི་སྒྲ་སྒྲོགས་པ་ ཉིད་དང་། ཉེ་བར་འཚེ་བའི་འཕོངས་པ་ཐམས་ཅད་ཉེ་བར་ཞི་བར་བྱེད་པས་ན། ངེས་ པར་འབྱིན་པར་བྱེད་པ་ཉིད་དུ་བསྟན་ཏོ། །མདོར་བསྡུས་ན་(ཉི་ཚེ་མ་ཡིན་པ་དང་ཕན་ པ་དང་བདེ་བ་དང་ངེས་པར་འབྱིན་པ་དང་)རྣམ་པ་བཞི་པོ་འདི་དག་གིས། ཆོས་ཀྱི་རྔ་ དང་ཆོས་མཐུན་པས་ན་སངས་རྒྱས་ཀྱི་དབྱངས་ཀྱི་དཀྱིལ་འཁོར་(སིལ་སྙན་གཞན་ ལས་)ཁྱད་པར་དུ་འཕགས་སོ། ། དེས་ན་སངས་རྒྱས་ཀྱི་དབྱངས་ཀྱི་དཀྱིལ་འཁོར་(སིལ་སྙན་རྣམས་ལས་འཕགས་ པ་)ལས་བརྩམས་ནས་ཚིགས་སུ་བཅད་པ། གང་ཕྱིར་སྐྱེ་ཀུན་པ་ཉིད་(ཁྱབ་པས་རྔ་ལས་ ཀྱང་འཕགས་པ་)དང་། །ཕན་བདེ་ཆོ་འཕྲུལ་གསུམ་ལྡན་པ། །དེ་ཕྱིར་ཐུབ་དབྱངས་ལྷ་ རྫས་ཀྱི། །སིལ་སྙན་རྣམས་ལས་ཁྱད་པར་འཕགས། །(ཐམས་ཅད་ལ་ཁྱབ་པ་དང་ཕན་པ་ དང་བདེ་བ་དང་ཆོ་འཕྲུལ་གསུམ་དང་ལྡན་པ་དང་)རྣམ་པ་བཞི་པོ་འདི་དག་གིས་ 9-1-155 ངེས་པར་བསྟན་པ་ནི་མདོར་བསྡུ་ན་ཚིགས་སུ་བཅད་པ་བཞིས་གྲངས་ཇི་ལྟ་བ་བཞིན་ དུ་རིག་པར་བྱ་སྟེ། ལྷར་ནི་རྔ་ཡི་སྒྲ་ཆེན་པོ། །སར་གནས་(མི་)རྣམས་ཀྱི་(ཡང་)རྣར་མི་ འགྲོ། །སངས་རྒྱས་རྔ་སྒྲ་འཁོར་བ་ཡི། །ས་འོག་(ས་བླ་ས་སྟེང་)འཇིག་རྟེན་དག་ཏུ་ འགྲོ། །ལྷར་ནི་ལྷ་ཡི་སིལ་སྙན་བྱེ་བ་མང་། །འདོད་མེ་མངོན་པར་འཕེལ་བའི་དོན་དུ་ སྒྲོགས(པས་ཕན་པ་མ་ཡིན་པ་དང་)། །ཐུགས་རྗེའི་བདག་ཉིད་རྣམས་ཀྱི་དབྱངས་ གཅིག་ཀྱང་། །སྡུག་བསྔལ་མེ་རབ་ཞི་བའི་དོན་དུ་འཇུག(པས་ཕན་པའོ།)། ལྷར་ནི་ མཛེས་ཤིང་ཡིད་འོང་སིལ་སྙན་སྒྲ། །སེམས་ཀྱི་རྒོད་པ་འཕེལ་བར་བྱེད་པའི་རྒྱུ(ཡིན་པས་ བདེ་བ་མ་ཡིན་པ་དང་)། །ཐུགས་རྗེའི་བདག་ཉིད་དེ་བཞིན་གཤེགས་པའི་ གསུང་། །ཏིང་འཛིན་སེམས་གཏོད་བསམ་པ་བསྐུལ་(བ་ཡིན་པས་བདེ་བར་)བྱེད་ ཅིང་། །མདོར་ན་མ་ལུས་འཇིག་རྟེན་ཁམས་སུ་ཡང་། །ལྷ་དང་ས་(ལ་གནས་པ་)ཡི་བདེ་ བའི་རྒྱུ་གང་ཡིན། །དེ་ནི་མ་ལུས་འཇིག་རྟེན་(ཐམས་ཅད་)ཁྱབ་(པར་)སྣང་བ། །(ཆོ་ འཕྲུལ་གསུམ་ལྡན་གྱི་)དབྱངས་ཉིད་ལ་ནི་རབ་ཏུ་བརྟེན་པར་བརྗོད། །ལུས་ཀྱི་ཆོ་འཕྲུལ་ གྱིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མ་ལུས་པ་ཁྱབ་པས་ནི། (སྐུ་)རྫུ་འཕྲུལ་གྱི་ཆོ་ འཕྲུལ་ཞེས་བསྟན་ཏེ། སེམས་ཀྱི་རྣམ་གྲངས་མཁྱེན་པས་དེར་གཏོགས་པའི་སེམས་ཅན་ ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་ཟབ་མོ་སྣང་བ་འདི་ནི་(ཐུགས་)ཀུན་བརྗོད་པའི་ཆོ་ འཕྲུལ་ལོ། །ངག་གི་དབྱངས་བརྗོད་པས་ངེས་པར་འབྱིན་པའི་ལམ་ལས་བརྩམས་ཏེ་དེ་ འདོམས་པ་དང་རྗེས་སུ་བསྟན་པ་ནི་(གསུང་)རྗེས་སུ་བསྟན་པའི་ཆོ་འཕྲུལ་ལོ། ། དེ་ལྟར་ཐོགས་པ་མེད་པར་(ཐམས་ཅད་དུ་ཁྱབ་པར་)འགྲོ་བའི་སངས་རྒྱས་ཀྱི་དབྱངས་ ཀྱི་དཀྱིལ་འཁོར་ནམ་མཁའི་ཁམས་ལྟར་ཡོངས་སུ་ཆད་པ་མེད་པར་འཇུག་ཀྱང་། (ཡུལ་ དུས་)ཐམས་ཅད་དུ་(གང་ཟག་གི་)རྣམ་པ་ཐམས་ཅད་ཀྱིས་(མངོན་སུམ་དུ་)དམིགས་ པར་མ་རྟོགས་པ་གང་ཡིན་པ་དེར། སངས་རྒྱས་ཀྱི་དབྱངས་ཀྱི་དཀྱིལ་འཁོར་གྱི་ཉེས་པ་ ནི་མ་ཡིན་ནོ། །ཞེས་བསྟན་པའི་དོན་དུ། དེ་མ་རྟོགས་པ་རྣམས་ཀྱི་བདག་ཉིད་ཀྱི་(སྐལ་ བ་མེད་པའི་)ཉེས་པ་ལས་བརྩམས་ཏེ་ཚིགས་སུ་བཅད་པ། ཇི་ལྟར་རྣ་བ(འི་དབང་ 9-1-156 པོ་)དང་བྲལ་བས། །ཕྲ་མོའི་སྒྲ་ནི་(མངོན་སུམ་དུ་)མི་མྱོང་བཞིན། །(ཕྲ་མོའི་སྒྲ་)ཐམས་ ཅད་ལྷ་ཡི་རྣ་བ(ལ་ལ)ར་(འགྲོ་)ཡང་། །(ལྷ་ཡི་རྣ་བ་ཐམས་ཅད་ཀྱི་)རྣ་ལམ་དུ་ནི་མི་ འགྲོ་བཞིན། །དེ་བཞིན་ཆོས་ཕྲ་མཆོག་ཏུ་ནི། །ཞིབ་མོའི་ཡེ་ཤེས་སྤྱོད་ཡུལ་ཡང་(ཞིབ་ མོའི་ཡེ་ཤེས་དང་བྲལ་བ་རྣམས་ཀྱིས་མི་མྱོང་ལ)། །ཉོན་མོངས་ཡིད་མེད་(ཉན་རང་ དང་བྱང་ཆུབ་སེམས་དཔའ་རྣམས་ལས་བྱང་ཆུབ་སེམས་དཔའ་)འགའ་ཞིག་གི །རྣ་ བའི་ལམ་དུ་འགྱུར་བ་ཡིན(ནོ)། །སྤྲིན་བཞིན་ཞེས་བྱ་བ་(རྒྱས་པར་བཤད་པ་)ནི། ཇི་ ལྟར་དབྱར་གྱི་དུས་ན་སྤྲིན། །ལོ་ཐོག་ཕུན་སུམ་ཚོགས་པའི་རྒྱུ། །ཆུ་ཡི་ཕུང་པོ་(རྣམ་རྟོག་ གི་)འབད་མེད་པར། །ས་ལ་(ཆར་བབ་པའི་དུས་)རྒྱུན་དུ་འབེབས་པ་ལྟར། །དེ་བཞིན་ (སངས་རྒྱས་ཀྱི་ཐུགས་ཀྱི་)ཐུགས་རྗེའི་སྤྲིན་ལས་ནི། །རྒྱལ་བའི་(དོན་)དམ་(པའི་)ཆོས་ ཆུ་ཡི་ཆར། །འགྲོ་བའི་དགེ་བའི་ལོ་ཐོག་རྒྱུ། །རྣམ་པར་རྟོག་པ་(དང་འབད་པ་)མེད་པར་ འབེབས། །(དེ་ཉིད་བཤད་པ།)ཇི་ལྟར་འཇིག་རྟེན་(པ་རྣམས་བསམ་པ་)དགེ་བའི་ལམ་ (དུ་)འཇུག་ན། །(ཆར་བ་གཡོ་ཞིང་སྤེལ་བའི་)རླུང་སྐྱེས་(ནས་)ཆུ་ཆར་སྤྲིན་གྱིས་ འབེབས་པ་ལྟར། །དེ་བཞིན་(ཐུགས་)བརྩེ་(བའི་)རླུང་(གིས་)འགྲོ་(བའི་)དགེ་ (བ་)མངོན་(པར་)སྤེལ་(བའི་)ཕྱིར། །སངས་རྒྱས་སྤྲིན་ལས་དམ་ཆོས་ཆར་བ་ འབེབས། །སྲིད་(ཞི་)ལ་མཁྱེན་དང་བརྩེ་ཆེན་(གཉིས་ཀྱིས་རིམ་པ་ལྟར་)འགྱུར་བ་(སྲིད་ པ་)དང་། །མི་འགྱུར་(ཞི་བ་གཉིས་ཀྱིས་)མ་གོས་(ཞིང་མི་གནས་པའི་)ནམ་མཁའི་ དཀྱིལ་(ན་)གནས་པ། །ཏིང་འཛིན་(དང་)གཟུངས་(ཀྱི་)ཆུ་དྲི་(མ་) མེད་(པའི་)སྙིང་པོ་ ཅན། །ཐུབ་དབང་སྤྲིན་ནི་(འགྲོ་བའི་)དགེ་བའི་ལོ་ཐོག་རྒྱུ། ། སྣོད་(མི་འདྲ་བ་)སྣ་ཚོགས་པ་ཉིད་ལས་(རྫས་གཅིག་ཀྱང་སྣ་ཚོགས་སུ་འགྱུར་བ་)ནི། ཇི་ ལྟར་བསིལ་དང་ཞིམ་དང་འཇམ་པ་དང་། །ཡང་བའི་ཆུ་(རོ་དང་ཡོན་ཏན་ཁྱད་མེད་པ་ ཅིག་)ནི་སྤྲིན་ལས་དེ་འཐོན་པ། །ས་ལ་བ་ཚྭ་(དང་)ལ་སོགས་(པ་ས་བོན་སྣ་ཚོགས་ པའི་)གནས་(དང་)འབྲེལ་བ(ལ)ས། །ཤིན་ཏུ་མང་པོའི་རོ(ཁ་བ་མངར་བ་སྐྱུར་བ་ལ་ སོགས་པའི་ཕུང་པོ)ར་ནི་འགྱུར་བ་བཞིན། །དེ་བཞིན་(སངས་རྒྱས་)འཕགས་པའི་ 9-1-157 (དབྱངས་ཀྱི་)ཡན་ལག་(འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས་བྱང་ཆུབ་ཀྱི་སེམས་ མི་ཟད་པ་ལ་སོགས་པ་བརྒྱད་བཅུ་ལྟར་མི་ཟད་པ་)བརྒྱད་བཅུའི་ཆར། །རབ་ཡངས་ བརྩེ་སྤྲིན་སྙིང་པོ་ལས་འཐོན་པ། །(ཉན་རང་དང་བྱང་ཆུབ་སེམས་དཔའི་)འགྲོ་བའི་ (བག་ཆགས་ཀྱི་)རྒྱུད་ཀྱི་གནས་ཀྱི་དབྱེ་བ་(མི་འདྲ་བ་)ལས། །(ཐེག་པ་མཐོ་ དམན་)རྣམ་པ་མང་པོའི་རོ་དང་ལྡན་པར་འགྱུར། ། (ཆགས་སྡང་གི་ངོ་བསྲུང་ལ་)ལྟོས་པ་མེད་པར་འཇུག་པ་ལས་ནི། ཐེག་པ་མཆོག་ལ་དང་ བ(འི་ཕུང་པོ་)དང་། །བར་མ(འི་ཕུང་པོ་)དང་ནི་སྡང་བ་ཡི(ཕུང་པོ་སྟེ)། །ཕུང་པོ་གསུམ་ ནི་(དཔེར་ན་ཆར་བབ་པ་ན་)མི་དག་དང་། །(ཙ་ཏ་ཀ་)རྨ་བྱ་དང་(གཟུངས་མོ་ཟེར་)ནི་ ཡི་དྭགས་འདྲ། །(དེ་ཉིད་བཤད་པ།)དཔྱིད་མཐར་(སོ་ཀ་)སྤྲིན་མེད་པ་ན་(ཆར་མི་ འབབ་པ་ན་)མི་(སྡུག་པ་)དང་མཁའ་མི་རྒྱུ་བའི་བྱ་(བཏང་སྙོམས་)དག་དང་། །དབྱར་ ཚེ་ས་ལ་ཆར་བབ་པ་ན་ཡི་དྭགས་དག་ནི་སྡུག་པ་ལྟར། །(སངས་རྒྱས་ཀྱི་)སྙིང་རྗེའི་ འཕྲིན་ཚོགས་དག་གིས་(དམ་པའི་)ཆོས་ཆུ་བྱུང་དང་མ་བྱུང་བ་ལས་ཀྱང་། །(རིམ་པ་ ལྟར་)ཆོས་འདོད་པ་(དགའ་བ་)དང་ཆོས་ལ་སྡང་བ(རྣམ་སྡུག་པ)འི་འཇིག་རྟེན་ན་ནི་ དཔེ་དེ་ཉིད། །(ཆར་གྱིས་མི་ལ་)ཐིགས་པ་རགས་(པ་)འབེབས་(པ་དང་ཡི་དྭགས་ལ་)རྡོ་ ཚན་དང་ནི་(འགའ་ཞིག་ཏུ་)རྡོ་རྗེའི་མེ་(ཐོག་)ནི་འབེབས་པས་ན། །སྲོག་ཆགས་ཕྲ་(མོ་ ལ་གནོད་པ་)དང་རི་སུལ་(དང་བྲག་འོག་ཏུ་)སོང་བ་དག་ལ་(མི་གནོད་ཀྱང་)ཇི་ལྟར་ སྤྲིན་(ནི་དེ་དག་ལ་)ལྟོས་(པ་)མེད། །(དེ་བཞིན་ཆོས་)ཕྲ་དང་རྒྱ་ཆེ་(བའི་)ཐིགས་ ཐབས་ཚུལ་གྱིས་མཁྱེན་པ་དང་ནི་བརྩེ་བའི་སྤྲིན། །(སྐལ་ལྡན་ལ་ལའི་)ཉོན་མོངས་དག་ འགྱུར་(ལ་ལའི་)བདག་ལྟའི་བག་(ལ་)ཉལ་(བ་)དག་(པ་) ལ་(མི་ཕན་ཡང་དེ་འདྲ་ ལ་)རྣམ་ཀུན་ལྟོས་པ་མེད། །(ཆོས་ཀྱིས་)སྡུག་བསྔལ་གྱི་མེ་རབ་ཏུ་འཇིལ་བ་ལས་(ཚིགས་ སུ་བཅད་པ་)ནི། འཁོར་བ་སྐྱེ་འཆི་ཐོག་མཐའ་མེད་དེར་(སྐྱེས་པའི་)འགྲོ་བའི་ལམ་ནི་ (ངན་སོང་གསུམ་ལྷ་དང་མི་སྟེ་)རྣམ་པ་ལྔ(ཡོད་པ་ལ)། །མི་གཙང་བ་ལ་དྲི་ཞིམ་མེད་ བཞིན་འགྲོ་ལྔ་དག་ན་(གཏན་གྱི་)བདེ་བ་(ཐོབ་པ་)མེད། །དེ་(རྣམས་ཀྱི་)སྡུག་ 9-1-158 (བསྔལ་)རྟག་ཏུ་(རྨ་གསར་པ་ལ་)མེ་(རེག་པ་དང་) མཚོན་ཁ་བ་(རེག་པ་དང་)རྒྱ་ཚྭ་ (རེག་པ་དང་)ལ་སོགས་(པ་གོས་རྩུབ་མོ་)རེག་(པས་)སྐྱེས་(པ་དམྱལ་བ་ཡི་དྭགས་དུད་ འགྲོ་མི་ལྷ་རྣམས་ཀྱི་སྡུག་བསྔལ་གྱི་དཔེ་རིམ་པ་)བཞིན། །ཐུགས་རྗེའི་སྤྲིན་ལས་དམ་ ཆོས་ཆར་ཆེན་(སྡུག་བསྔལ་)དེ་རབ་(ཏུ་)ཞི་བྱེད་རབ་ཏུ་འབེབས། །ལྷ་ལ་(ཡང་)འཆི་ འཕོ(འི་སྡུག་བསྔལ་དང་)མི་ལ་(རྫས་)ཡོངས་(སུ་)ཚོལ་(བའི་)སྡུག་བསྔལ་ཞེས་བྱར་ རྟོགས་པའི་ཕྱིར། །ཤེས་རབ་ལྡན་པ་(བྱང་ཆུབ་སེམས་དཔའ་རྣམས་ནི་)ལྷ་(དང་)མིའི་ དབང་ཕྱུག་མཆོག་(ལྷའི་དབང་པོ་དང་འཁོར་ལོས་སྒྱུར་བའི་རྒྱལ་པོ་)ལའང་མངོན་ པར་འདོད་(པ་)མེད་དེ། །(རང་གི་)ཤེས་རབ་དང་ནི་(རྒྱལ་བས་བསྟན་པའི་ཆོས་ལ་ རྟོན་པའི་)དེ་བཞིན་གཤེགས་པའི་གསུང་རབ་(ལ་)དད་པའི་རྗེས་(སུ་)འབྲངས་ (པ་)ལས། །(འཁོར་བ་)འདི་ནི་སྡུག་བསྔལ་(ལས་ཉོན་ནི་སྡུག་བསྔལ་)འདི(འི་)རྒྱུ་(སྡུག་ བསྔལ་རྒྱུར་བཅས་འགགས་པ་)འདི་ནི་འགོག་(པ་)ཅེས་(ལམ་གྱི་)ཤེས་པས་མཐོང་ཕྱིར་ རོ། །(དཔེར་ན་)ནད་ནི་ཤེས་བྱ་(དང་)ནད་ཀྱི་རྒྱུ་ནི་སྤང་བྱ་ལ། །(ནད་ལས་གྲོལ་ བའི་)བདེར་གནས་ཐོབ་བྱ་(དང་ནད་དེའི་གཉེན་པོ་)སྨན་ནི་བསྟེན་པར་བྱ་བ་ ལྟར། །སྡུག་བསྔལ་(དང་དེའི་)རྒྱུ་དང་(རྒྱུ་)དེ་འགོག་པ་དང་དེ་བཞིན་(དུ་རྒྱུ་དེའི་ གཉེན་པོ་)ལམ(རྣམས་རིམ་པ་ལྟར)། །ཤེས་བྱ་(དང་)སྤང་བྱ་(དང་)རེག་པར་བྱ་ཞིང་ བསྟེན་པར་བྱ(བ་ཡིན་ནོ)། ། ཚངས་པ་ཆེན་པོ་བཞིན་ཞེས་བྱ་བ་(རྒྱས་པར་བཤད་པ་)ནི། ཇི་ལྟར་ཚངས་པ་ཚངས་པ་ ཡི། །གནས་(གཞལ་ཡས་ཁང་)ནས་འཕོ་བ་མེད་(པར་གཞལ་ཡས་ཁང་དང་བཅས་པ་ གང་འདོད་དུ་འགྲོ་ཞིང་སྣང་བ་)བཞིན་དུ། །(འདོད་)ལྷ་ཡི་གནས་ནི་ཐམས་ཅད་ དུ། །(ཚངས་པ་གཞལ་ཡས་ཁང་དང་བཅས་པའི་)སྣང་བ་འབད་མེད་སྟོན་པ་ལྟར། །དེ་ བཞིན་(དུ་ཆུ་རླན་ལས་མི་བསྐྱོད་པ་ལྟར་)ཐུབ་པ་ཆོས་སྐུ་ལས། །བསྐྱོད་པ་མེད་པར་ (གདུལ་བྱའི་)ཁམས་ཀུན་ཏུ། །སྐལ་ལྡན་རྣམས་ལ་འབད་མེད་པར། །(ཆོས་སྐུའི་)སྤྲུལ་པ་ (རྣམ་འགྱུར་)དག་ནི་སྟོན་པར་མཛད། །(དེ་ཉིད་བཤད་པ་དཔེ་)ཇི་ལྟར་ཚངས་(པ་ 9-1-159 དུས་)རྟག་(ཏུ་)གཞལ་ཡས་ཁང་ལས་མི་གཡོ་(ཞིང་གཞལ་ཡང་ཁང་དང་བཅས་ པ་)འདོད་ཁམས་ཞུགས་པ་དེར། །(འདོད་པའི་)ལྷ་རྣམས་ཀྱིས་མཐོང་(བ་དང་ཚངས་ པའི་ཕུན་ཚོགས་)དེ་(ཡང་)མཐོང་(ནས་)དེ་ཡང་(འདོད་ལྷའི་ཕུན་ཚོགས་ཟིལ་གྱིས་ མནན་པས་)ཡུལ་ལ་(འདོད་ལྷའི་)དགའ་བ་སྤོང་བྱེད་ལྟར། །དེ་བཞིན་བདེ་གཤེགས་ ཆོས་ཀྱི་སྐུ་ལས་མི་བསྐྱོད་(ཀྱང་)འཇིག་རྟེན་ཀུན་ཏུ་(ཆོས་སྐུའི་རྣམ་འགྱུར་སྤྲུལ་ པ་)དེ། །སྐལ་ལྡན་གྱིས་མཐོང་(སྤྲུལ་པ་)དེ་མཐོང་དེ་ཡང་རྟག་ཏུ་དྲི་མ་ཀུན་སེལ་ བྱེད། །སྔོན་གྱི་(ཚངས་པ་)རང་ཉིད་(ཀྱི་)སྨོན་ལམ་དང་། །(འདོད་)ལྷ་རྣམས་ཀྱི་ནི་ (ཚངས་པ་མཐོང་རུང་གི་)དགེ་བ(བསགས་པ)འི་མཐུས། །ཇི་ལྟར་ཚངས་པ་(རྣམ་རྟོག་ དང་)འབད་(པ་)མེད་(པར་)སྣང་། །རང་བྱུང་(ཆོས་སྐུའི་)སྤྲུལ་སྐུ་(ཡང་)དེ་བཞིན་ནོ། ། (སྐལ་མེད་ལ་)མི་སྣང་བ་ལས་ནི། (དགའ་ལྡན་ནས་)འཕོ་དང་(ཡུམ་གྱི་)ལྷུམས་ (སུ་)འཇུག་(པ་དང་སྐུ་)བལྟམས་དང་ཡབ་ཀྱི་ཁབ་གཤེགས་དང་། །(བཙུན་མོའི་ འཁོར་)དགྱེས་རོལ་པ་དང་(ངེས་པར་འབྱུང་བ་དང་)དབེན་པར་(དཀའ་བ་)སྤྱོད་དང་ (བྱང་ཆུབ་སྙིང་པོར་གཤེགས་པ་)བདུད་བཅོམ་དང་། །བྱང་ཆུབ་ཆེ་བརྙེས་(དང་)ཞི་ བའི་གྲོང་ཁྱེར་ལམ་སྟོན་(ཆོས་འཁོར་)དག །བསྟན་ནས་(མྱ་ངན་ལས་འདས་པའི་ཚུལ་ གྱིས་)ཐུབ་པ་(འདི་ནས་མཆན་ཁ་ཤས་མི་གསལ།)སྐལ་(བ་)མེད་(པའི་)མིག་གི་ལམ་ (དུ་)མི་འགྱུར(རོ)། ། ཉི་མ་བཞིན་ཞེས་བྱ་བ་(རྒྱས་པར་བཤད་པ་)ནི། ཇི་ལྟར་ཉི་མས་གདུངས་པས་དུས་ གཅིག་ཚེ་ཉིད་ལ། །(གདུལ་བྱའི་དཔེ་)པད་སོགས་རྒྱས་དང་(གདུལ་བྱ་མ་ཡིན་པའི་)ཀུ་ མུ་ཏ་ནི་རབ་ཟུམ་པ། །ཆུ་སྐྱེས་(མེ་ཏོག་དེ་དག་ཉི་མས་)བྱེ་དང་ཟུམ་པའི་ཡོན་ཏན་སྐྱོན་ དག་ལ། །ཉི་མ་ལྟོས་མེད་འདིར་ནི་(སངས་རྒྱས་)འཕགས་པའི་ཉི་དེ་བཞིན། །སེམས་ ཅན་གྱི་ཁམས་ནི་རྣམ་པ་གཉིས་ཏེ། གདུལ་བྱ་དང་གདུལ་བྱ་མ་ཡིན་པའོ། །དེ་ལ་གདུལ་ བྱ་ནི་དེའི་དབང་དུ་བྱས་ཏེ། པད་མ་ལྟ་བུ་དང་། ཆུ་དང་སའི་སྣོད་ལྟ་བུའོ། ། ཇི་ལྟར་ཉི་མ་(འདི་ལ་འོད་སྤྲོ་འདི་ལ་མི་སྤྲོ་སྙམ་པའི་)རྟོག་མེད་པར། །རང་འོད་ཅིག་ 9-1-160 ཅར་སྤྲོ་བ་ཡིས། །པད་མ་རྒྱས་པར་བྱེད་པ་དང་། །(ལོ་ཐོག་)གཞན་དག་སྨིན་པར་བྱེད་ པ་ལྟར། །དེ་བཞིན་དེ་བཞིན་གཤེགས་པ་ཡི། །ཉི་མ་དམ་ཆོས་འོད་ཟེར་དག །གདུལ་བྱའི་ སྐྱེ་བོའི་པད་མ་ལ། །རྣམ་པར་རྟོག་པ་མེད་པར་འཇུག །ཆོས་དང་གཟུགས་ཀྱི་སྐུ་དག་ གིས། །བྱང་ཆུབ་སྙིང་པོའི་མཁར་ཤར་བ། །ཀུན་མཁྱེན་ཉི་མ་འགྲོ་བར་ནི། །ཡེ་ཤེས་འོད་ ཟེར་སྤྲོ་བར་མཛད། །(ཆོས་ཀྱི་སྐུ་ཉིད་དུ་མར་སྣང་བ་ཡང་)གང་ཕྱིར་གདུལ་བྱ་དག་པ་ ཡི། །ཆུ་ཡི་སྣོད་ནི་ཐམས་ཅད་ལ། །བདེ་གཤེགས་ཉི་མའི་གཟུགས་བརྙན་ནི། །དཔག་ཏུ་ མེད་པ་ཅིག་ཅར་འཆར། ། དེ་ལྟར་སངས་རྒྱས་རྣམས་རྣམ་པར་རྟོག་པ་མེད་པ་ཉིད་ཡིན་ཡང་སེམས་ཅན་གྱི་ ཚོགས་(སྐལ་བ་རབ་འབྲིང་ཐ་མ་)རྣམ་པ་གསུམ་ལ་(ཆོས་)སྟོན་པ་དང་(གདམ་ ངག་)འདོམས་པ་འཇུག་པའི་ཚུལ་གྱི་དབང་དུ་བྱ་སྟེ་རི་(མཐོ་བ་འབྲིང་བ་དམའ་བ་ གསུམ་)དང་འདྲ་བ་ཉིད་ནི། རྟག་ཏུ་(སེམས་ཅན་གྱི་ཚོགས་)ཐམས་ཅད་ལ་ཁྱབ་ པ། །ཆོས་དབྱིངས་(ཀྱི་སྐུ་)ནམ་མཁ(འ་དང་འདྲ་བ)འི་དཀྱིལ་དུ་ནི། །སངས་རྒྱས་(ཀྱི་ཡེ་ ཤེས་)ཉི་མ་(དང་འདྲ་བ་)གདུལ་བྱ་ཡི། །རི་ལ་ཇི་ལྟར་འོས་(ཤིང་རང་རང་གི་སྐལ་བ་ དང་འཚམ་)པར་འབབ། ། (དེ་ཉིད་བཤད་པ།)ཇི་ལྟར་རྒྱ་ཆེན་འོད་ཟེར་སྟོང་ལྡན་ཉི་ཤར་འདིར། །འཇིག་རྟེན་ཀུན་ ཏུ་སྣང་བར་བྱས་ནས་རིམ་གྱིས་ནི། །མཆོག་དང་བར་མ་དམན་པའི་རི་ལ་འབབ་དེ་ བཞིན། །རྒྱལ་བའི་ཉི་མ་སེམས་ཅན་ཚོགས་ལ་རིམ་གྱིས་འབབ། ། (ཉི་མ་ལས་སངས་རྒྱས་ཀྱི་)འོད་ཀྱི་དཀྱིལ་འཁོར་ཁྱད་པར་དུ་(འཕགས་པར་)གྱུར་པ་ (སྟོན་པ་)ནི། ཞིང་ཀུན་(ལ་ཁྱབ་ཅིང་)ནམ་མཁའི་མཐར་(ཐུག་པར་འོད་)སྤྲོ་(བ་)ཉི་མ་ ལ་མེད་ལ། །(འགྲོ་བ་)མི་ཤེས་མུན་(པས་)བཀབ་(པ་རྣམས་ལ་བདེན་གཉིས་ཀྱི་)ཤེས་ བྱའི་དོན་སྟོན་པ་ཡང་མིན། །ཐུགས་རྗེའི་བདག་ཉིད་(ནམ་མཁའི་མཐར་ཐུག་པར་)སྣ་ ཚོགས་མདོག་བཀྱེ་འོད་ཚོགས་ཀྱིས། །གསལ་བ་དག་ནི་འགྲོ་ལ་ཤེས་བྱའི་དོན་སྟོན་ མཛད(དོ)། །(དེ་ཡང་འདི་ལྟར་)སངས་རྒྱས་གྲོང་དུ་གཤེགས་ཚེ་མིག་དང་མི་ལྡན་པ་ཡི་ 9-1-161 སྐྱེ་བོ་(ལོང་བ་)རྣམས། །(མིག་ཐོབ་ནས་གཟུགས་)མཐོང་ཞིང་དོན་མེད་(སྡིག་ པའི་)ཚོགས་བྲལ་(དགེ་བའི་)དོན་(སངས་རྒྱས་)དེ་མཐོང་བ་ལས་ནི་(ཕུན་ ཚོགས་)མྱོང་བ་དང་། །གཏི་མུག་གིས་ལྡོང་སྲིད་པའི་མཚོར་ལྷུང་(བདག་ཏུ་)ལྟ་བའི་ མུན་པས་བསྒྲིབས་པ་རྣམས། །སངས་རྒྱས་ཉི་མའི་འོད་ཀྱིས་(ཤེས་རབ་ཀྱི་)བློ་སྣང་(ཞིང་ སྔར་)མ་མཐོང་བ་ཡི་གནས་(ཆོས་སྐུ་)མཐོང་(བར་)འགྱུར(རོ)། ། (ཐུགས་ཀྱི་གསང་བ་)ཡིད་བཞིན་གྱི་ནོར་བུ་བཞིན་ཞེས་བྱ་བ་(རྒྱས་པར་བཤད་པ་)ནི། ཇི་ལྟར་ཡིད་བཞིན་ནོར་བུ་ནི། །རྟོག་པ་མེད་ཀྱང་(དུས་)ཅིག་ཅར་དུ། །(ནོར་བུ་ལ་ ལོངས་)སྤྱོད་(པའི་)ཡུལ་(ན་)གནས་པ་རྣམས་ཀྱི་ནི། །(གང་འདོད་ཀྱི་)བསམ་(པ་)ཀུན་ སོ་སོར་རྫོགས་(པར་)བྱེད་(པ་)ལྟར། །དེ་བཞིན་སངས་རྒྱས་ཡིད་བཞིན་ལ། །བརྟེན་ནས་ (སེམས་ཅན་)བསམ་པ་ཐ་དད་རྣམས། །སྣ་ཚོགས་ཆོས་འདི་ཐོས་གྱུར་ཡང་། །(སངས་ རྒྱས་)དེ་ནི་(སེམས་ཅན་)དེ་ལ་རྣམ་མི་རྟོག ། (དེ་ཉིད་བཤད་པ།)ཇི་ལྟར་ནོར་བུ་རིན་ཆེན་རྟོག་མེད་འདོད་པའི་ནོར། །(རྣམ་རྟོག་ གི་)འབད་པ་མེད་པར་གཞན་པ་དག་ལ་རབ་སྟེར་ལྟར། །དེ་བཞིན་ཐུབ་པ་(ཡང་རྣམ་ རྟོག་གི་) འབད་མེད་ཇི་ལྟར་འོས་པར་ནི། །གཞན་གྱི་དོན་དུ་སྲིད་པ་ཇི་སྲིད་རྟག་ཏུ་ བཞུགས། ། དེ་བཞིན་གཤེགས་པ་འབྱུང་བ་རྙེད་པར་དཀའ་བ་ཞེས་བྱ་བ་ནི། ཇི་ལྟར་རྒྱ་མཚོ་ས་ (ན་)འོག་(ཡོད་པའི་ནང་ན་)གནས་(པའི་ནོར་བུ་)དེ་ལྟ་(བུ་སྙིང་ལ་)འདོད་པས། ། (བཙལ་ཡང་)ཇི་ལྟར་(ཡིད་བཞིན་གྱི་)ནོར་བུ་བཟང་པོ་(དེ་འདྲ་)འགྲོ་འདིར་རབ་རྙེད་ དཀའ། །དེ་བཞིན་འགྲོ་བ་ཤིན་ཏུ་(སངས་རྒྱས་མཐོང་བའི་)སྐལ་ངན་ཉོན་མོངས་(སྣ་ ཚོགས་ཀྱིས་)ཟིན(པའི)། །ཡིད་འདིར་བདེ་གཤེགས་མཐོང་བ་རྙེད་དཀའ་ཤེས་པར་ བྱ(འོ)། ། (གསུང་གི་གསང་བ་)སྒྲ་བརྙན་གྱི་སྒྲ་བཞིན་ཞེས་བྱ་བ་(རྒྱས་པར་བཤད་པ་)ནི། ཇི་ལྟར་ སྒྲ་བརྙན་གྱི་ནི་སྒྲ། །གཞན་གྱི་རྣམ་རིག་ལས་(དོན་གོ་བར་བྱེད་པ་)བྱུང་བ། །(སྒྲ་དེ་ 9-1-162 ལ་)རྣམ་རྟོག་མེད་ཅིང་(འབད་རྩོལ་གྱི་རང་)བཟོ་མེད་པ། །(ལུས་ཀྱི་)ཕྱི་དང་ནང་ན་མི་ གནས་ལྟར། །དེ་བཞིན་དེ་བཞིན་གཤེགས་པའི་གསུང་། །(འདུས་བྱས་ཀྱི་དངོས་པོ་མེད་ ཀྱང་སེམས་ཅན་)གཞན་གྱི་རྣམ་རིག་ལས་(དོན་གོ་བར་བྱེད་པ་)བྱུང་བ། །(གསུང་ དེ་)རྣམ་པར་རྟོག་(པ་)མེད་(པ་དང་རང་)གཟོ་མེད་ཅིང་། །(གདུལ་བྱའི་ལུས་ཀྱི་)ཕྱི་ དང་ནང་ན་(ཡོད་པའི་དངོས་པོར་)གནས་(པ་)མ་ཡིན(ནོ)། ། (སྐུའི་གསང་བ་)ནམ་མཁའ་བཞིན་ཞེས་བྱ་བ་(རྒྱས་པར་བཤད་པ་)ནི། (དཔེ་ནི་དངོས་ པོ་)ཅུང་ཟད་མེད་ཅིང་(དབང་ཤེས་ལ་)སྣང་བ་མེད། །(དངོས་པོར་)དམིགས་པ་མེད་ ཅིང་(དངོས་པོའི་)རྟེན་མེད་པ། །(གཟུགས་སུ་མེད་པས་)མིག་གི་ལམ་ལས་རབ་འདས་ པ། །གཟུགས་མེད་(ཅིང་དངོས་པོར་)བསྟན་དུ་མེད་པ་ཡི། །མཁའ་ལ་ཇི་ལྟར་མཐོ་དང་ དམའ(བའི་དངོས་པོ་ལྟ་བུར)། །མཐོང་ཡང་དེ་ནི་(འདུས་མ་བྱས་ཀྱི་ནམ་མཁའ་)དེ་ལྟ་ མིན། །དེ་བཞིན་(དུ་གདུལ་བྱ་)ཐམས་ཅད་(ཀྱིས་)སངས་རྒྱས་(ཆོས་ཀྱི་ སྐུ་)ལ། །(གཟུགས་སྐུ་སྣ་ཚོགས་ཀྱི་དངོས་པོར་)མཐོང་ཡང་དེ་ནི་དེ་ལྟ་མིན(ནོ)། ། (དངོས་པོར་མ་གྲུབ་ཀྱང་སྐུ་གསུང་ཐུགས་དགེ་བ་ཐམས་ཅད་འཕེལ་ཞིང་གནས་པའི་ རྟེན་)ས་བཞིན་ཞེས་བྱ་བ་(རྒྱས་པར་བཤད་པ་)ནི། ཇི་ལྟར་ས་ལས་སྐྱེས་པ་ཀུན། །རྟོག་ མེད་ས་ལ་བརྟེན་ནས་ནི། །བརྟེན་ནས་སྐྱེ་ཞིང་འཕེལ་བ་དང་། །རྒྱས་དང་བརྟན་དང་ ཡངས་(པར་)འགྱུར་(བ་)ལྟར། །དེ་བཞིན་རྫོགས་པའི་སངས་རྒྱས་ས། །རྣམ་རྟོག་མེད་པ་ ལ་བརྟེན་ནས། །འགྲོ་བའི་(འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་)དགེ་བའི་རྩ་ བ་ནི། །མ་ལུས་པར་ནི་འཕེལ་(བ་དང་བརྟན་པ་དང་ཡངས་)བར་འགྱུར(རོ)། ། དཔེ་རྣམས་ཀྱི་(མཇུག་)བསྡུས་པའི་དོན་ནི། (འཇིག་རྟེན་འདི་ན་རྣམ་རྟོག་གི་)འབད་ རྩོལ་མེད་པར་(སུས་ཀྱང་)བྱ་བ་འགའ(ཡང་)། །བྱེད་པ་མཐོང་(བ་)མེད་(དོ་སྙམ་ནས་ ལོག་པར་འཛིན་པ་)དེ་བས་ན། །གདུལ་བྱའི་(རྣམ་རྟོག་མེད་པར་བྱ་བ་བྱེད་པ་མི་སྲིད་ སྙམ་པའི་)ཐེ་ཚོམ་(དེ་དག་)བཅད་པའི་ཕྱིར། །(རྣམ་རྟོག་དང་འབད་རྩོལ་མེད་ཀྱང་ དགེ་བ་སྒྲུབ་པ་དང་མི་དགེ་བ་སེལ་བའི་བྱ་བ་སྣ་ཚོགས་ལྷུན་གྲུབ་ཏུ་བྱེད་པའི་)དཔེ་ 9-1-163 (བརྒྱ་བྱིན་གྱི་གཟུགས་བརྙན་ལ་སོགས་པ་)རྣམས་དགུ་ནི་བསྟན་པ་ཡིན། །(མདོ་ སྡེ་)གང་དུ་དཔེ་དགུ་པོ་འདི་དག །རྒྱས་པར་རབ་ཏུ་བསྟན་གྱུར་པ། །མདོ་སྡེ་ཡི་ནི་ མིང་(ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ཞེས་པ་དེ་)ཉིད་ཀྱིས། །(དཔེ་)དེ་ཡི་དགོས་པ་བསྟན་ པ་དག(གང་ཡིན་ན།)།ཐོས་པ་ལས་བྱུང་(བའི་)ཤེས་པ་ཀུན(གྱི)། །སྣང་བ་རྒྱ་ཆེན་འདིས་ བརྒྱན་པའི། །བློ་ལྡན་མྱུར་དུ་སངས་རྒྱས་ཀྱི། །སྤྱོད་ཡུལ་(ཟབ་མོ་)ཀུན་ལ་འཇུག་པར་ འགྱུར། །(དཔེ་)དེ་(རྣམས་ཀྱི་ངོ་བོའི་)དོན་བཻཌཱུར་བརྒྱ་བྱིན་གྱིས། །གཟུགས་བརྙན་ལ་ སོགས་དཔེ་དག་ནི། །རྣམ་པ་དགུ་བརྗོད་དེ་ལ་ནི། ། (དཔེ་)དེ་ཡི་བསྡུས་དོན་ངེས་པར་ གཟུང་། །(སྐུ་)སྟོན་དང་གསུང་དང་(ཐུགས་)ཁྱབ་པ་དང་། །སྤྲུལ་དང་ཡེ་ཤེས་སྤྲོ་བ་ དང་། །ཐུགས་གསུང་སྐུ་ཡི་གསང་བ་དང་། །ཐུགས་རྗེའི་བདག་ཉིད་ཐོབ་པ་ཉིད། །(འདི་ ནས་མཆན་ཁ་ཤས་མི་གསལ།)ལོངས་སྤྱོད་(ཀྱི་)རྒྱུན་(དུས་)ཀུན་(ཏུ་གནས་ཤིང་སྐྱོན་ ཐམས་ཅད་)རབ་(ཏུ་)ཞི་བ(ཡིན་ཏེ)། །རྣམ་པར་རྟོག་པ་མེད་པའི་ཐུགས། །(ཡིན་པའི་ ཕྱིར་ནི་དཔེ་)དྲི་མེད་བཻཌཱུར་བརྒྱ་བྱིན་གྱི། །གཟུགས་བརྙན་ཤར་བ་ལ་སོགས་བཞིན། །(དེ་ ལ་དམ་བཅའ་དང་གཏན་ཚིགས་དང་དཔེ་གསུམ་ནི་རིམ་པ་ལྟར་)ལོངས་སྤྱོད་ཞི་བ་ དམ་བཅས་ཏེ། །རྟོག་མེད་ཐུགས་ནི་གཏན་ཚིགས་སོ། །(དམ་བཅའི་)རང་བཞིན་ (གྱི་)དོན་ནི་(གཏན་ཚིགས་ཀྱིས་)གྲུབ་དོན་དུ། །དཔེ་(བཀོད་པ་)ནི་བརྒྱ་བྱིན་གཟུགས་ སོགས་བཞིན། །འདིར་ནི་སྐབས་(སུ་བབ་པའི་) དོན་འདི་ཡིན་ཏེ། །(སྐུ་)སྟོན་པ་ལ་ སོགས་རྣམ་དགུ་ནི། །(སྐུ་)སྟོན་པ་སྐྱེ་འཆི་དང་བྲལ་བ། །(རྣམ་རྟོག་གི་)འབད་པ་མེད་ པར་རབ་འཇུག་པའོ། ། དོན་འདི་(སྟོན་པ་)ཉིད་ཀྱི་དབང་དུ་བྱས་ཏེ། དཔེ་བསྡུས་པ་ལ་ཚིགས་སུ་བཅད་པ་བཞི་ སྟེ། གང་ཞིག་བརྒྱ་བྱིན་(དང་)རྔ་དང་སྤྲིན་བཞིན་དང་། །ཚངས་(པ་དང་)ཉི་(མ་ དང་)རིན་ཆེན་ཡིད་བཞིན་ནོར་རྒྱལ་བཞིན། །སྒྲ་བརྙན་(དང་)ནམ་མཁའ་(དང་)ས་ (གཞི་)བཞིན་(དུ་)སྲིད་པའི་བར། །(རྣམ་རྟོག་གི་)འབད་མེད་(ལྷུན་གྲུབ་ཏུ་)གཞན་ དོན་བྱེད་དེ་(གང་གིས་རིག་ན་སྤྲོས་མེད་ཀྱི་)རྣལ་འབྱོར་(གྱིས་)རིག(གོ) །(སྐུ་རྟོག་པ་ 9-1-164 མེད་ཀྱང་)རིན་ཆེན་(བཻཌཱུར་ལ་)ལྷ་དབང་(གི་གཟུགས་)སྣང་(བ་)བཞིན་(དུ་)སྟོན་པ་ སྟེ། །(གསུང་རྟོག་པ་མེད་ཀྱང་ཆོས་)ལེགས་པར་འདོམས་མཛད་ལྷ་ཡི་རྔ་དང་ འདྲ། །(ཐུགས་རྟོག་པ་མེད་ཀྱང་)ཁྱབ་བདག་མཁྱེན་དང་བརྩེ་ཆེན་སྤྲིན་ཚོགས་(དང་ འདྲ་བ་)ནི། །མཐའ་ཡས་འགྲོ་བ་སྲིད་རྩེའི་བར་དུ་ཁྱབ། །(རྟོག་པ་མེད་ཀྱང་ཆོས་སྐུའི་ རྣམ་འགྱུར་)ཚངས་བཞིན་ཟག་མེད་གནས་ལས་མ་བསྐྱོད་པར། །སྤྲུལ་པ་རྣམ་པ་དུ་མ་ རབ་ཏུ་སྟོན། །(རྟོག་པ་མེད་ཀྱང་)ཉི་(མ་)བཞིན་(དུ་)ཡེ་ཤེས་སྣང་བ་འཕྲོ་བ་ གང་། །(རྟོག་པ་མེད་ཀྱང་)རྣམ་དག་རིན་ཆེན་ཡིད་བཞིན་ནོར་འདྲའི་ཐུགས། །(རྟོག་པ་ མེད་ཀྱང་)རྒྱལ་བ་རྣམས་ཀྱི་གསུང་དེ་བྲག་ཆ་བཞིན་དུ་(འདུས་བྱས་ཀྱི་)ཡི་གེ་མེད། །སྐུ་ ནི་(དང་ཞིང་ཐོགས་པ་མེད་པའི་ཕྱིར་)ནམ་མཁའ་ལྟ་བུར་(ཀུན་ལ་)ཁྱབ་དང་གཟུགས་ (ཀྱི་དངོས་)མེད་རྟག་པ་(འདུས་མ་བྱས་པ་)ཉིད(ཡིན་ཀྱང་)། །(རྟོག་པ་མེད་ཀྱང་)ས་ བཞིན་འགྲོ་བའི་དཀར་པོ་(དགེ་བ)འི་ཆོས་ཀྱི་སྨན་རྣམས་མ་ལུས་པའི། །རྣམ་པ་ཀུན་ཏུ་ གཞིར་གྱུར་པ་ནི་སངས་རྒྱས་ས་ཡིན་ནོ། ། ཡང་(འགའ་ཞིག་ན་རེ་)ཇི་ལྟར་ན་དཔེ་བརྗོད་པ་(དགུ་པོ་)འདིས་(འདུས་མ་བྱས་ཤིང་ ལྷུན་གྱིས་གྲུབ་པའི་)སངས་རྒྱས་བཅོམ་ལྡན་འདས་རྣམས་རྟག་ཏུ་(འདུས་མ་བྱས་ པས་)སྐྱེ་བ་མེད་ཅིང་(སྣ་ཚོགས་སོགས་སུ་སྣང་བས་)འགག་པ་མེད་པ་ཡིན་ཡང་ (སེམས་ཅན་གྱིས་)སྐྱེ་བ་དང་འགག་པར་མཐོང་བ་དང་། འདི་དག་གིས་སངས་རྒྱས་ཀྱི་ འཕྲིན་ལས་འགྲོ་བ་ཐམས་ཅད་དུ་(རྣམ་རྟོག་མེད་པར་)ལྷུན་གྱིས་གྲུབ་པ་རྒྱུན་མི་ འཆད་པར་(ཇི་ལྟར་)བསྟན་པ་ཡིན་ཞེ་ན། (དད་སོགས་ཀྱི་)དགེ་བ་བཻཌཱུཪྻ་འདྲ་ ཡི། །སེམས་ལ་སངས་རྒྱས་མཐོང་བའི་རྒྱུ(ནི་སངས་རྒྱས)། །དེ་དག་ལ་ནི་མི་བཟློགས་ པའི། །དད་པའི་དབང་པོ་རྟས་པ་ཉིད། །(དད་སོགས་ཀྱི་)དགེ་བ་(ལ་ལ་ལ་)སྐྱེ་དང་(ལ་ ལ་ལ་)འཇིག་པས་ན། །(རིམ་པ་ལྟར་)སངས་རྒྱས་གཟུགས་ནི་སྐྱེ་དང་འཇིག(པར་སྣང་ ཡང་རང་གི་ངོ་བོ་གཟུགས་བརྙན་མེད་ཀྱང་།)།བརྒྱ་བྱིན་(ཡོད་པ་)བཞིན་དུ་ (ཤཱཀྱ་)ཐུབ་པ་ནི། །ཆོས་ཀྱི་སྐུ་ཡིས་སྐྱེ་འཇིག་(གི་དངོས་པོ་)མེད། །དེ་བཞིན་དུ་ནི་(རྟོག་ 9-1-165 པ་དང་དེས་བསྐྱེད་པའི་)འབད་(པ་)མེད་པར། །(སྐུ་གསུམ་ནི་སྐུ་གསུང་ཐུགས་ཡིན་ པའི་ཕྱིར་)སྐྱེ་མེད་འགག་མེད་ཆོས་སྐུ་(ཐུགས་)ལས། །སྲིད་པ་ཇི་སྲིད་གནས་བར་ དུ། །(སྐུ་)སྟོན་པ་(དང་གསུང་རྗེས་སུ་བསྟན་པ་)ལ་སོགས་མཛད་པ་འཇུག །དཔེ་ འདི་རྣམས་ཀྱིས་བསྡུས་པ་ཡི། །དོན་ནི་འདི་ཡིན་(དཔེ་དོན་ཆོས་མཐུན་པའི་ཆ་དང་མི་ མཐུན་པའི་ཆའི་)རིམ་པ་ཡང་། །(རྣམ་རྟོག་མེད་པའི་སྒོ་ནས་)སྔ་མ་(མཐུན་པའི་ཆ་ དང་)ཕྱི་མས་ཆོས་མི་མཐུན(པའི་ཆ་ནི་དབྱངས་དང་མི་ལྡན་པ)། །སྤངས་(པ་ལ་ སོགས་)པའི་སྒོ་ནས་བརྗོད་པ་ཡིན། །(ལྷུམས་སུ་ཞུགས་པར་ལ་སོགས་པར་སྣང་ཡང་དེ་ དང་དེའི་དངོས་པོར་མེད་པའི་ཕྱིར་)སངས་རྒྱས་གཟུགས་བརྙན་ལྟ་བུ་སྟེ། །དབྱངས་ དང་མི་ལྡན་དེ་འདྲ་མིན། །ལྷ་ཡི་རྔ་བཞིན་(ཡུལ་དུས་)ཐམས་ཅད་དུ། །དོན་བྱེད་མིན་ པ་དེ་འདྲའང་མིན། །སྤྲིན་ཆེན་དང་མཚུངས་དོན་མེད་(པ་ཉོན་མོངས་)པའི། །ས་བོན་ སྤོང་མིན་དེ་འདྲའང་མིན། །ཚངས་ཆེན་བཞིན་དུ་(དུས་)གཏན་དུ་ནི། །སྨིན་པར་བྱེད་ མིན་དེ་འདྲ་མིན། །ཉི་མའི་གཟུགས་བཞིན་(དུས་)གཏན་དུ་(ཉིན་མཚན་ཀུན་ ཏུ་)ནི། །(མ་རིག་པའི་)མུན་པ་འཇོམས་མིན་དེ་འདྲ་མིན། །ཡིད་བཞིན་ནོར་འདྲ་འབྱུང་ བ་ནི། །(སངས་རྒྱས་ལ་ལྟོས་ནས་)རྙེད་པར་མི་དཀའ་དེ་འདྲ་མིན། །སྒྲ་བརྙན་བཞིན་ཏེ་ རྐྱེན་ལས་ནི། །བྱུང་བ་དེ་དང་འདྲ་བའང་མིན། །ནམ་མཁའ་དང་འདྲ་དགེ་བ་(འཕེལ་ བ་བརྟན་པ་ཡངས་པ་)ཡི། །གཞི་(བྱེད་པ་)མེད་(པ་)དེ་དང་འདྲ་བའང་ མིན(ནོ)། །(དེའི་ཕྱིར་)འཇིག་རྟེན་འཇིག་རྟེན་ལས་འདས་པ། །འགྲོ་བའི་ཕུན་ཚོགས་མ་ ལུས་པ། །དེ་(རྣམས་)གནས་(པ་དང་རྒྱས་པ་དང་ཡངས་པར་འགྱུར་)པ་ཡི་རྟེན་ཡིན་ ཕྱིར། །ས་ཡི་དཀྱིལ་འཁོར་དག་དང་འདྲ། །(དག་རྒྱུ་དྲི་བཅས་ཀྱི་)སངས་རྒྱས་(དང་དག་ པའི་རྐྱེན་)བྱང་ཆུབ་(དང་ཡོན་ཏན་དང་འཕྲིན་ལས་ཏེ་དེ་དག་)ལ་བརྟེན་ ནས། །འཇིག་རྟེན་འདས་པའི་ལམ་འབྱུང་(བའི་)ཕྱིར(དང་)། །(འཇིག་རྟེན་པའི་)དགེ་ བའི་ལས་ལམ་(བཅུ་དང་)བསམ་གཏན་(བཞི་)དང་། །ཚད་མེད་པ་(བཞི་)དང་ གཟུགས་མེད་(པ་བཞི་)འབྱུང་(བའི་ཕྱིར)། །ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ 9-1-166 དཀོན་མཆོག་གི་རིགས་རྣམ་པར་དབྱེ་བ་(བསྟན་པ་)ལས། (དོན་གྱི་སྐབས་)དེ་བཞིན་ གཤེགས་པའི་འཕྲིན་ལས་མཛད་པའི་སྐབས་ཏེ། ལེའུ་བཞི་པའོ། །(མདོར་བསྟན་ གྱི་)ཚིགས་སུ་བཅད་པའི་དོན་གྱིས་བསྡུས་པའི་(དོན་རྒྱས་པར་)བཤད་པ་རྫོགས་ སོ།། །། ༈ འདི་ཕན་ཆད་ནི་(སྔར་)ཇི་སྐད་བཤད་པའི་(རྡོ་རྗེའི་)གནས་(ཁམས་དང་བྱང་ཆུབ་ དང་ཡོན་ཏན་དང་འཕྲིན་ལས་རྒྱུ་རྐྱེན་)བཞི་པོ་འདི་དག་ཉིད་ལ་(གཞན་ལས་)ལྷག་ པར་(ཇི་སྐད་བསྟན་པ་ལྟར་ཡོད་པར་)མོས་པ་རྣམས་ཀྱི་ལྷག་པར་མོས་པའི་ཕན་ཡོན་ གྱི་(མདོར་བསྟན་པའི་)ཚིགས་སུ་བཅད་པ་དྲུག་གོ །(གནས་བཞི་པོ་ནི་)སངས་རྒྱས་ ཁམས་དང་(དེ་དག་པ་)སངས་རྒྱས་བྱང་ཆུབ་དང་། །(དེའི་ཡོན་ཏན་)སངས་རྒྱས་ཆོས་ དང་སངས་རྒྱས་འཕྲིན་ལས་ཏེ། །དག་(པ་ས་ཆེན་པོ་ལ་གནས་)པའི་སེམས་ཅན་གྱིས་ ཀྱང་(སངས་རྒྱས་བཞིན་དུ་)བསམ་བྱ་མིན། །འདི་ནི་འདྲེན་པ་(སངས་རྒྱས་)རྣམས་ཀྱི་ (ཇི་ལྟ་བ་བཞིན་དུ་)སྤྱོད་ཡུལ་ཡིན། །བློ་ལྡན་(བྱང་ཆུབ་སེམས་དཔའ་)རྒྱལ་བའི་ཡུལ་ (བཞི་པོ་)འདི་ལ་(ལྷག་པར་)མོས་པས། །(བདེ་གཤེགས་སྙིང་པོ་ལ་མོས་པ་ཁོ་ནའི་ཕན་ ཡོན་)སངས་རྒྱས་ཡོན་ཏན་སྣོད་ཀྱི་ཚོགས་འགྱུར་ཏེ། །བསམ་(གྱིས་ཁྱབ་པ་)མེད་ (པའི་)ཡོན་ཏན་རྫོགས་ལ་མངོན་(པར་)དགའ་བ(དེ)ས། །(འཇིག་རྟེན་པ་དང་ཉན་ རང་གི་)སེམས་ཅན་ཀུན་གྱི་བསོད་ནམས་ཟིལ་གྱིས་གནོན། །(ཐེག་ཆེན་གྱི་ཤེས་རབ་ འདིས་མ་ཟིན་པའི་གང་ཟག་)གང་ཞིག་(བསམ་པ་)བྱང་ཆུབ་དོན་དུ་གཉེར་བས་(སྦྱིན་ བྱའི་དངོས་པོ་)གསེར་ཞིང་ནོར་བུས་སྤྲས་པ་གང་། །(དག་གྲངས་)སངས་རྒྱས་(ཀྱི་)ཞིང་ (གི་)རྡུལ་(ཕྲན་དང་)མཉམ་པ་(དེ་ཡང་)ཉིན་རེ་(སྦྱིན་པའི་ཡུལ་)ཆོས་རྒྱལ་(སངས་ རྒྱས་)རྣམས་ལ་(དུས་)རྟག་(ཏུ་)འབུལ་ལ། །གཞན་གང་(སྙིང་པོ་སྟོན་པའི་མདོ་བསྟན་ བཅོས་)འདི་ལས་(གནས་བཞི་པོ་སྟོན་པའི་)ཚིག་ཙམ་ཐོས་ཤིང་ཐོས་ནས་ཀྱང་ནི་(བདེ་ གཤེགས་སྙིང་པོ་ལ་ཡིད་ཆེས་ཤིང་)མོས་ན་འདི། །(ཤེས་རབ་འདིས་མ་ཟིན་པའི་)སྦྱིན་ པ་ལས་བྱུང་དགེ་བ་དེ་ལས་(དོན་དམ་པའི་)བསོད་ནམས་ཆེས་མང་(བ་ཕྱིས་མྱུར་ 9-1-167 དུ་)ཐོབ་པར་འགྱུར། །(ཐེག་ཆེན་གྱི་ཤེས་རབ་འདིས་མ་ཟིན་པའི་གང་ཟག་)བློ་ལྡན་ གང་ཞིག་(བསམ་པ་)བླ་མེད་བྱང་ཆུབ་འདོད་པས་(དུས་)བསྐལ་པ་དུ་མར་ཡང་། །ལུས་ ངག་ཡིད་ཀྱིས་(གོམས་པ་ངང་དུ་གྱུར་པས་)འབད་པ་མེད་པར་ཚུལ་ཁྲིམས་དྲི་མེད་ སྲུང་བྱེད་ལ། །གཞན་གང་འདི་ལས་ཚིག་ཙམ་ཐོས་ཤིང་ཐོས་ནས་ཀྱང་ནི་མོས་ན་ འདི། །ཚུལ་ཁྲིམས་ལས་བྱུང་དགེ་བ་དེ་ལས་བསོད་ནམས་ཆེས་མང་(མྱུར་དུ་)ཐོབ་པར་ འགྱུར། །(ཐེག་ཆེན་གྱི་ཤེས་རབ་འདིས་མ་ཟིན་པའི་གང་ཟག་)གང་ཞིག་འདི་ན་སྲིད་པ་ གསུམ་གྱི་ཉོན་མོངས་མེ་འཇིལ་བསམ་གཏན་ནི། །ལྷ(འི་གནས་བསམ་གཏན་བཞི་)དང་ ཚངས་(པའི་)གནས་(པ་ཚད་མེད་བཞིའི་)མཐར་(ཐུག་པར་)སོན་(པ་བསམ་ པ་)རྫོགས་པའི་བྱང་ཆུབ་འཕོ་མེད་(ཐོབ་པའི་)ཐབས་(ལ་དམིགས་ནས་)བསྒོམ་ ལ། །གཞན་གང་འདི་ལས་ཚིག་ཙམ་ཐོས་ཤིང་ཐོས་ནས་ཀྱང་ནི་མོས་ན་འདི། ། བསམ་ གཏན་(བསྒོམས་པ་)ལས་བྱུང་དགེ་བ་དེ་ལས་བསོད་ནམས་ཆེས་མང་(བ་ད་ གཟོད་)ཐོབ་པར་འགྱུར། །(རྒྱུ་མཚན་)གང་(གི་)ཕྱིར་(ན་ཤེས་རབ་ཀྱིས་མ་ཟིན་ པའི་)སྦྱིན་པས་(འཁོར་བར་)ལོངས་སྤྱོད་དག་ནི་སྒྲུབ་བྱེད་ཅིང་། །(ཤེས་རབ་འདིས་མ་ ཟིན་པའི་)ཁྲིམས་ཀྱིས་མཐོ་རིས་(ཐོབ་པ་དང་ཤེས་རབ་འདིས་མ་ཟིན་པའི་)བསྒོམས་ པས་ཉོན་མོངས་(ཙམ་)སྤོང་(བར་)བྱེད་(ཅིང་ཉན་རང་ཙམ་ཐོབ་པར་བྱེད་)ལ། །ཤེས་ རབ་(སྙིང་པོ་འདིས་)ཉོན་མོངས་(དང་)ཤེས་བྱ(འི་སྒྲིབ་པ་)ཀུན་སྤོང་(སངས་རྒྱས་ཐོབ་ པ་)དེ་ཡི་ཕྱིར། །(ཤེས་རབ་)འདི་མཆོག་ཉིད་དེ་(ཤེས་རབ་)དེ་ཡི་རྒྱུ་ནི་(བདེ་གཤེགས་ སྙིང་པོ་སྟོན་པའི་མདོ་བསྟན་བཅོས་)འདི་ཐོས་(པ་)ཡིན(ནོ)།། ཚིགས་སུ་བཅད་པ་འདི་རྣམས་ཉིད་ཀྱི་བསྡུས་པའི་དོན་ནི་ཚིགས་སུ་བཅད་པ་དགུས་ (བསྟན་པར་)རིག་པར་བྱ་སྟེ། (དྲི་བཅས་ཀྱི་)གནས་དང་དེ་ནི་(ཡོངས་སུ་)གྱུར་པ་ (བྱང་ཆུབ་)དང་། །(བྱང་ཆུབ་)དེ་ཡི་ཡོན་ཏན་(དང་གཞན་གྱི་)དོན་སྒྲུབ་(པ་འཕྲིན་ ལས་)སྟེ། །(གཙང་བདག་བདེ་དང་རྟག་པར་)རྒྱལ་བ་ཡི་ནི་མཁྱེན་པའི་ཡུལ། །རྣམ་ (པ་)བཞི་(སྔར་)ཇི་སྐད་བརྗོད་(པ་)འདི་ལ། །བློ་ལྡན་(གྱིས་བཞི་པོ་དེ་)ཡོད་(པ་)དང་ 9-1-168 (ཡོད་པ་དེ་ཐོབ་པར་)ནུས་(པ་)ཉིད་དང་། །(ཐོབ་ནས་རང་ཉིད་)ཡོན་ཏན་(དེ་རྣམས་ དང་)ལྡན་པར་མོས་(པ་དེ་འདྲའི་བློ་ཡོད་)པས་ན། །མྱུར་དུ་དེ་བཞིན་གཤེགས་པ་ ཡི། །གོ་འཕང་འཐོབ་པའི་སྐལ་ལྡན་འགྱུར། །(རྟོག་གེས་)བསམ་མི་ཁྱབ་པའི་ཡུལ་(བཞི་ པོ་)འདི་ནི། །(ངེས་པར་དོན་དམ་དུ་)ཡོད་(པ་)དང་(བྱང་སེམས་)བདག་འདྲས་ཐོབ་ (པར་ཡང་)ནུས་(པ་)དང་། །ཐོབ་པ་(དེ་ནས་)འདི་འདྲའི་ཡོན་ཏན་དང་། །ལྡན་(པར་ ངེས་)ཞེས་དད་པས་(ལྷག་པར་)མོས་པའི་ཕྱིར། །འདུན་(པ་དང་)བརྩོན་(འགྲུས་ དང་)དྲན་(པ་)དང་བསམ་གཏན་དང་། །ཤེས་རབ་ལ་སོགས་(ས་ལམ་དང་སའི་)ཡོན་ ཏན་(གྱི་)སྣོད(དུ་གྱུར་པས)། །བྱང་ཆུབ་(དེ་ཐོབ་འདོད་ཀྱི་)སེམས་ནི་དེ་དག་ལ། །རྟག་ ཏུ་ཉེ་བར་གནས་(ཤིང་འཕེལ་)པར་འགྱུར། །(བྱང་ཆུབ་ཀྱི་སེམས་)དེ་ནི་རྟག་ཏུ་ཉེར་ གནས་པས། །རྒྱལ་བའི་སྲས་པོ་(འཁོར་བ་དང་ཉན་རང་དུ་)ཕྱིར་མི་ལྡོག(གོ)།(ཕར་ཕྱིན་ ལྔས་)བསོད་ནམས་(ཀྱི་)ཕ་རོལ་(ཏུ་)ཕྱིན་(པ་)རྫོགས་(པ་)དང་། །(ཤེས་རབ་ཀྱི་ཕར་ ཕྱིན་གྱིས་གཙང་བ་དམ་པ་ལ་སོགས་པར་)ཡོངས་སུ་དག་པ་ཉིད་དུ་འགྱུར(རོ)། །བསོད་ ནམས་(ཀྱི་)ཕ་རོལ་(ཏུ་)ཕྱིན་པ་ལྔ(པོ)། །དེ་ལ་(ཤེས་རབ་ཀྱིས་)རྣམ་(པ་)གསུམ་ (དུ་)རྟོག་(པ་)མེད་པས། །(རིམ་པ་ལྟར་བསོད་ནམས་)དེ་རྫོགས་(པ་བསོད་ནམས་ དང་)ཡོངས་སུ་དག་པ(འི་ཡེ་ཤེས་)ནི། །(ཕར་ཕྱིན་དྲུག་པོ་)དེ་ཡི་མི་མཐུན་ (པའི་)ཕྱོགས་(སེར་སྣ་ལ་སོགས་)སྤང་(པའི་)ཕྱིར(རོ)། །སྦྱིན་(པ་ལས་)བྱུང་ (བའི་)བསོད་ནམས་(ཀྱིས་ཀྱང་)སྦྱིན་(པ་བསྡུས་)པས་ཏེ། །ཚུལ་ཁྲིམས་ལས་བྱུང་(བའི་ བསོད་ནམས་ཀྱིས་ཀྱང་)ཚུལ་ཁྲིམས་(བསྡུས་པ་)ཡིན། །བཟོད་དང་བསམ་གཏན་ (གཉིས་ནི་སྔ་མ་)གཉིས་དག་དང་། །སྒོམ་བྱུང་(ཡང་ཡིན་ལ་)བརྩོན་འགྲུས་(ནི་གསུམ་ པོ་)ཀུན་ཏུ་འགྲོ། །(ཤེས་རབ་ཀྱི་མི་མཐུན་ཕྱོགས་)འཁོར་གསུམ་རྣམ་པར་རྟོག་པ་གང་ (ཡིན་པ)། །དེ་ནི་(ཆོས་སྐུ་གཙང་བ་དམ་པ་ལ་སོགས་སུ་)ཤེས་བྱའི་སྒྲིབ་པར་ འདོད། །(ཕར་ཕྱིན་ལྔའི་མི་མཐུན་ཕྱོགས་)སེར་སྣ་ལ་སོགས་རྣམ་རྟོག་གང་(ཡིན་ པ)། །དེ་ནི་ཉོན་མོངས་(སྐྱེ་འཆིའི་སྡུག་བསྔལ་མེད་པ་ལ་)སྒྲིབ་པར་འདོད། །(སྒྲིབ་པ་དེ་ 9-1-169 གཉིས་ཀྱི་གཉེན་པོ་)ཤེས་རབ་ལས་གཞན་(སྒྲིབ་པ་གཉིས་པོ་)འདི་དག་ནི། །(གཅིག་ ཆར་དུ་)སྤོང་(བར་བྱེད་ནུས་པའི་)རྒྱུ་གཞན་མེད་(པ་)དེ་ཡི་ཕྱིར། །(ཕར་ཕྱིན་ལྔ་ ལས་)ཤེས་རབ་མཆོག་ཡིན་(ཤེས་རབ་)དེ་(འབྱུང་བའི་)གཞི་ནི། །(འདི་)ཐོས་པ་(ཡིན་ པ་)དེ་ཕྱིར་(བསོད་ནམས་སྔ་མ་གསུམ་ལས་འདི་)ཐོས་(ནས་མོས་)པ་(བསོད་ ནམས་)མཆོག(གོ) །དེ་ལྟར་(གང་ལ་བརྟེན་ནས་བཤད་ན་)ཡིད་ཆེས་ལུང་དང་རིགས་ པ་ལ། །བརྟེན་ནས་(བཤད་རྒྱུ་མཚན་གང་གི་ཕྱིར་བཤད་ན་)བདག་ཉིད་འབའ་ཞིག་ དག་ཕྱིར་དང་། །གང་དག་(འདི་ལ་)མོས་(པའི་)དགེ་(བ་)ཕུན་སུམ་ཚོགས་(པ་ དང་)ལྡན་(པའི་)བློ(ཅན)། །དེ་དག་(བསྟན་བཅོས་འདིས་)རྗེས་སུ་བཟུང་(བར་བྱ་ བའི་)ཕྱིར་(གནས་བདུན་པོ་)འདི་བཤད་དོ། །ཇི་ལྟ(བུ)ར་(བཤད་ན་)སྒྲོན་(མ་ དང་)གློག་(དང་)ནོར་བུ་(དང་)ཉི་(མ་དང་)ཟླ་(བའི་འོད་)ལ། །བརྟེན་ནས་མིག་དང་ ལྡན་པ་(གཟུགས་) བལྟ་བ་བཞིན། །དེ་བཞིན་(དུ་གང་བཤད་ན་རང་གཞན་གྱི་)དོན་ ཆེན་(པོ་)ཆོས་(དང་དོན་དང་ངེས་པའི་ཚིག་)སྤོབས་(པ་སོ་སོར་ཡང་དག་པར་རིག་ པའི་)འོད་མཛད་པ། །ཐུབ་ལ་བརྟེན་ནས་(རྒྱུད་བླ་མ་)འདི་ནི་རབ་ཏུ་བཤད། །(སངས་ རྒྱས་ཀྱི་གསུང་)གང་ཞིག་དོན་(གཉིས་དང་)ལྡན་(པའི་)ཆོས་དང་ཉེར་འབྲེལ་ ཞིང་། །ཁམས་གསུམ་(གྱི་)ཀུན་ནས་ཉོན་མོངས་(ཐམས་ཅད་)སྤོང་བྱེད་གསུང་། །ཞི་ བ(ཐར་བ)འི་ཕན་ཡོན་སྟོན་པར་མཛད་པ་གང་(ཡིན་པ)། །དེ་ནི་དྲང་སྲོང་(སངས་ རྒྱས་རྣམས་ཀྱི་)གསུང་ཡིན་(ལ་དེ་ལས་)བཟློག་པ་གཞན། །(སངས་རྒྱས་ཀྱི་གསུང་དེའི་ རྒྱུ་དེའི་རྒྱུ་མཐུན་པ་)གང་ཞིག་རྒྱལ་བ་(སངས་རྒྱས་ཀྱིས་)སྟོན་པ་འབའ་ཞིག་ གི །དབང་(དུ་)བྱས་(ཤིང་དེ་དང་མི་མཐུན་པ་དོན་ཕྱིན་ཅི་ལོག་ཏུ་སྨྲ་བའི་)རྣམ་ གཡེང་མེད་(པ་)ཡིད་ཅན་གྱིས་བཤད(པའི་བསྟན་བཅོས)། །ཐར་པ་ཐོབ་པའི་ལམ་དང་ རྗེས་མཐུན་པ། །དེ་(རྣམས་དང་བསྟན་བཅོས་འདི་)ཡང་(དེ་ལྟ་བུ་ཡིན་པས་)དྲང་སྲོང་ (སངས་རྒྱས་ཀྱི་)བཀའ་བཞིན་(དད་པའི་)སྤྱི་བོས་(དང་དུ་)བླངས(དགོས་སོ)། ། (དེ་ལྟར་བྱས་པས་བདག་ཉིད་དག་པའི་རྒྱུ།)གང་ཕྱིར་རྒྱལ་ལས་ཆེས་མཁས་འགའ་(རེ་ 9-1-170 ཙམ་)ཡང་འཇིག་རྟེན་འདི་ན་ཡོད་མིན་ཏེ། །(བདེན་གཉིས་ཀྱི་ཆོས་)མ་ལུས་(པའི་)དེ་ ཉིད་མཆོག་ནི་(ཡིན་ལུགས་ཀྱི་)ཚུལ་བཞིན་ཀུན་མཁྱེན་གྱིས་(མངོན་སུམ་དུ་)མཁྱེན་ (ཞིང་)གཞན་(གྱིས་མཁྱེན་པ་)མིན་པ། །དེ་ཕྱིར་དྲང་སྲོང་(སངས་རྒྱས་)རང་ཉིད་ཀྱིས་ (རྣམ་)བཞག་(ཇི་ལྟར་མཛད་པའི་)མདོ་སྡེ་གང་ཡིན་དེ་(དྲང་དོན་དང་ངེས་དོན་གྱི་ རིམ་པ་)མི་དཀྲུག །(དཀྲུགས་ན་ཅིར་འགྱུར་ན་)ཐུབ་ཚུལ་བཤིག་ཕྱིར་(གང་ཟག་)དེ་ ཡང་(དོན་)དམ་(པའི་)ཆོས་(དར་བ་)ལ་ནི་(སྒྲུབ་པའི་)གནོད་པ་བྱེད་པ(པོ)ར་ འགྱུར(རོ)། །(ལོག་ལྟ་ལ་ཞེན་པའི་)ཉོན་མོངས་(པས་)རྨོངས་(པའི་)བདག་ (ཉིད་)རྣམས་ཀྱིས་(འཇིག་རྟེན་ལས་)འཕགས་(བདེར་གཤེགས་སྙིང་པོ་)ལ་(དོན་དམ་ པར་ཡང་དག་གི་གནོན་ཡང་མེད་ཅེས་)བསྐུར་བ་དང་། །(སྙིང་པོ་)དེས་གསུངས་ (པའི་)ཆོས་(འདི་ལྟ་བུ་)ལ་བརྙས་(ཤིང་མདོ་སྡེ་དཀྲུག་པ་)གང་(ཡིན་པ་)དེ་ཀུན་(དོན་ དམ་དུ་བདེར་གཤེགས་སྙིང་པོ་ཆད་པར་)ཞེན་(པའི་ཆད་)ལྟས་བྱས(པ)། །དེས་ན་ (ཆད་པར་)ཞེན་(པ་)ལྟ(བ་ངན་པ)འི་དྲི་(མ་)ཆེན་(པོ་)དེ་ལ་(རང་གི་)བློ་མི་སྦྱར(བ་ ཤིན་ཏུ་གལ་ཆེ་སྟེ)། །(དཔེར་ན་)གོས་གཙང་(མ་)ཚོན་གྱིས་(ཁ་དོག་)རྣམ་ (པར་)བསྒྱུར་(དུ་རུང་གི་)སྣུམ་གྱིས་གོས་པ་(བསྒྱུར་དུ་རུང་བ་)མིན(པ་ལྟར་རོ)། ། (སྙིང་པོ་འདི་མེད་པར་ལྟས་ན་ཆོས་སྤོང་ཡིན་པས་གསོར་མི་རུང་བའི་དོན་ཆོས་སྤོང་གི་ རྒྱུ་བཅུ་ནི་འདིར་གསུངས་པ་འདི་ལྟ་སྟེ།)བློ་དམན་ཕྱིར་དང་དཀར་མོས་བྲལ་ཕྱིར་ (བདེ་གཤེགས་སྙིང་པོ་དྲང་དོན་ཡིན་སྙམ་དུ་)ལོག་པའི་ང་རྒྱལ་ལ་བརྟེན་ཕྱིར། །དམ་ ཆོས་ཕོངས་པས་བསྒྲིབས་པའི་བདག་ཕྱིར་(དགོངས་འགྲེལ་གྱི་མདོར་བཀའ་འཁོར་ལོ་ དང་པོ་གཉིས་དྲང་དོན་དང་གསུམ་པ་ངེས་དོན་དུ་དྲང་སྲོང་རང་ཉིད་ཀྱིས་བཞག་པ་ དེ་དཀྲུགས་ནས་དེང་སང་བར་པ་)དྲང་དོན་དེ་ཉིད་ངེས་(དོན་དུ་)འཛིན་(ཞིང་གསུམ་ པ་ངེས་དོན་དེ་ཉིད་དྲང་དོན་དུ་འཛིན་པའི་)ཕྱིར། །རྙེད་ལ་བརྐམ་ཕྱིར་ལྟ་བ(ངན་ པ)འི་དབང་(དུ་སོང་)ཕྱིར་ཆོས་སུན་འབྱིན་པ་བསྟེན་པའི་ཕྱིར། །ཆོས་འཛིན་བསྲིངས་ ཕྱིར་མོས་པ་དམན་ཕྱིར་(རྒྱུ་བཅུ་པོ་འདི་ལས་རེ་རེའམ་ཕལ་ཆེར་འཛོམས་ནས་)དགྲ་ 9-1-171 བཅོམ་རྣམས་ཀྱི་(སྙིང་པོའི་)ཆོས་(འདི་)སྤོང་(བར་)བྱེད(པ་ཡོད་དེ་ཉེས་དམིགས་ཤིན་ ཏུ་ཆེའོ། །འདིར་དམ་པའི་ཆོས་སྤོང་བའི་རྒྱུ་བཅུ་གསུངས་པ་ནི། དོན་དམ་བདེ་ གཤེགས་སྙིང་པོ་ལ་སྐུར་བ་འདེབས་པའི་རྒྱུ་ཤ་སྟག་ཡིན་པས་མཁས་པ་རྣམས་ཀྱིས་བདེ་ གཤེགས་སྙིང་པོ་ལ་དམིགས་པའི་རྒྱུ་བཅུ་པོ་དེ་རྣམས་རང་རང་གི་རྒྱུད་ལ་ཡོད་མེད་ ལེགས་པར་དཔྱད་པ་ཤིན་ཏུ་གལ་ཆེ་སྟེ་ཉེས་དམིགས་འཇིགས་སུ་རུང་བའི་ཕྱིར་ རོ། །དེས་ན་བདེ་གཤེགས་སྙིང་པོ་རྟོགས་པའི་བློ་དམན་པ་དང་དེ་ལ་མོས་པ་དང་བྲལ་ བ་དང་དེ་མེད་སྙམ་དུ་ལེགས་པའི་ང་རྒྱལ་དང་དེས་ཕོངས་པའི་སྒྲིབ་པས་བསྒྲིབས་པ་ དང་དེ་དྲང་དོན་དུ་འཛིན་པ་དང་དེ་སྤོང་བའི་རྙེད་པ་ལ་བརྐམ་པ་དང་དེ་ཆད་པར་ ལྟ་བ་ལ་དགའ་བའི་དབང་དུ་སོང་བ་དང་དེ་སུན་འབྱིན་པའི་ཆོས་དང་གང་ཟག་ བསྟེན་པ་དང་དེ་འཛིན་པའི་གང་ཟག་རྒྱང་བསྲིངས་པ་དང་། དེ་དང་དེའི་ཕྱོགས་ཀྱི་ ཆོས་དང་གང་ཟག་ལ་མོས་པ་དམན་པའི་ཕྱིར་ཆོས་འདི་སྤོང་བའི་ལས་སོག་པར་སྣང་ ངོ་)། ། ཇི་ལྟར་ཟབ་མོའི་ཆོས་(འདི་ལ་ཡིད་ཆེས་པ་ལས་)ཉམས་(པ་ཉེས་པ་ཆེ་བ་)དེ་བཞིན་ (ཚེ་ཕྱི་མིའི་ཉེས་དམིགས་ཆེ་ཆུང་ལ་)མཁས་པ་རྣམས་ཀྱིས་(ཚེ་འདིའི་གནོད་པ་)མེ་ དང་ནི། །མི་བཟད་སྦྲུལ་གདུག་(དང་)གཤེད་མ་དང་ནི་ཐོག་ལའང་ཤིན་ཏུ་འཇིགས་མི་ བྱ། །མེ་(དང་)སྦྲུལ་(དང་)དགྲ་དང་རྡོ་རྗེའི་མེས་ནི་སྲོག་དང་བྲལ་བ་ཙམ་བྱེད་ དེ། །(འདིར་སྲོག་དང་བྲལ་བ་ཙམ་)དེ་ལས་(ཕྱི་མ་)མནར་མེད་རྣམས་ཀྱི་(དམྱལ་ བའི་)འགྲོ་བ་ཤིན་ཏུ་འཇིགས་པར་འགྲོ་(བར་)མི་འགྱུར(རོ)། །(མཚམས་མེད་བྱེད་པའི་ གང་ཟག་)གང་ཞིག་ཡང་ཡང་སྡིག་གྲོགས་བསྟེན་པས་སངས་རྒྱས་(དཀྲོངས་སྙམ་ པའི་)ངན་སེམས་ལྡན་གྱུར་དང་། །ཕ་(དང་)མ་(དང་)དགྲ་བཅོམ་(པ་)གསོད་པ་(དགེ་ བའི་)བྱ་བ་མིན་(པ་ཚབས་ཆེན་)བྱེད་(པ་དང་དགེ་འདུན་)མཆོག་(གི་)ཚོགས་(དབྱེན་ གྱིས་)འབྱེད་པའི་མི། །དེ་(ལྟ་བུའི་སྡིག་ཅན་)ཡང་(བདེ་གཤེགས་སྙིང་པའི་)ཆོས་ཉིད་ (ལ་དད་ཅིང་ཡིད་ཆེས་ནས་ཤེས་རབ་གསུམ་གྱིས་)ངེས་པར་བསམས་པས་མྱུར་དུ་ 9-1-172 (སྡིག་པའི་ལས་ཚབས་ཆེན་)དེ་ལས་ཐར་འགྱུར་གྱི། །(ཆོས་སྤོང་བའི་གང་ཟག་)གང་ ཞིག་ཡིད་ནི་(སྙིང་པོའི་) ཆོས་(འདི་)ལ་སྡང་བ་(སྐྱབས་ཐམས་ཅད་དང་བྲལ་ནས་ སྐྱབས་མེད་གྱུར་པ་)དེ་ལ་ཐར་པ་ག་ལ་ཡོད། ། དཀོན་མཆོག་(གསུམ་དང་)རྣམ་པར་བྱང་ཁམས་(དང་དེ་)དྲི་མེད་བྱང་ཆུབ་ (དང་)ཡོན་ཏན་(སྟོབས་སོགས་)འཕྲིན་ལས་ཏེ། །(ཡང་དག་པར་)དོན་(ལ་)གནས་ (པ་)རྣམ་(པ་)བདུན་(པོའི་)ཚུལ་(ཡིན་ལུགས་)བཞིན་བཤད་ལས་(བྱམས་མགོན་) བདག་གིས་དགེ་བ་གང་ཐོབ་པ། །(དགེ་བ་)དེས་ནི་འགྲོ་(བ་)འདི་(རྣམས་ཐམས་ ཅད་)མཐའ་ཡས་འོད་མངའ་དྲང་སྲོང་ཚེ་དཔག་མེད་(མངོན་སུམ་དུ་)མཐོང་ ཞིང་། །མཐོང་ནས་ཀྱང་ནི་(འཕགས་པའི་)ཆོས་མིག་དྲི་མེད་སྐྱེས་ཏེ་བྱང་ཆུབ་མཆོག་ (རྫོགས་པར་)ཐོབ་(པར་)ཤོག ། (དེ་ལྟར་ཡིད་ཆེས་ལུང་དང་རིགས་པ་ལ་ཞེན་པ་ནས་འདིའི་བར་གྱི་)ཚིགས་སུ་བཅད་ པ་བཅུ་པོ་འདི་དག་གིས་(བརྗོད་བྱར་)བསྡུས་པའི་དོན་ཡང་(ས་བཅད་ཀྱི་)ཚིགས་སུ་ བཅད་པ་(འོག་མ་འདི་)གསུམ་གྱིས་རིག་པར་བྱ་སྟེ། (དེ་ལྟར་ཡིད་ཆེས་ལུང་དང་ཞེས་ སོགས་)གང་ལས་(བདག་ཉིད་འབའ་ཞིག་དག་གི་ཕྱིར་དང་ཞེས་སོགས་)རྒྱུ་མཚན་ གང་ཕྱིར་ན། །(ཇི་ལྟར་སྒྲོན་གློག་ཅེས་སོགས་)ཇི་ལྟ་བུར་ནི་གང་བཤད་དང་། །(གང་ ཞིག་དོན་ལྡན་ཆོས་དང་ཞེས་སོགས་)རྒྱུ་མཐུན་པ་ནི་དེ་ཡིན་ཏེ། །(དེ་རྣམས་)ཚིགས་སུ་ བཅད་པ་བཞིས་བསྟན་ཏོ། །(གང་ཕྱིར་རྒྱལ་ལས་ཆེས་མཁས་ཞེས་སོགས་ཚིགས་སུ་ བཅད་པ་)གཉིས་ཀྱིས་བདག་ཉིད་དག་པ་ཡི། །ཐབས་དང་(བློ་དམན་ཕྱིར་དང་ཞེས་ སོགས་ཚིགས་བཅད་)གཅིག་གིས་(སྙིང་པོའི་ཆོས་འདི་ལ་དད་པ་ལས་)ཉམས་པའི་ རྒྱུ(བཅུ་བསྟན་ཏོ)། །དེ་ནས་(ཇི་ལྟར་ཟབ་མོའི་ཆོས་ཉམས་ཞེས་སོགས་)ཚིགས་སུ་ བཅད་པ་ནི། །གཉིས་ཀྱིས་(ཆོས་འདི་སྤངས་པའི་)འབྲས་བུ་བསྟན་པ་ཡིན། །(གནས་ སྐབས་སུ་སྣང་བ་མཐའ་ཡས་ཀྱི་)འཁོར་གྱི་དཀྱིལ་འཁོར་(ཆོས་མིག་དྲི་མེད་སྐྱེས་ པའི་)བཟོད་པ་དང་། །(མཐར་ཐུག་)བྱང་ཆུབ་ཐོབ་པ་(སྟེ་དགེ་བའི་)ཆོས་(བསྔོ་ 9-1-173 བར་)བརྗོད་པ། །(འདི་)མདོར་(བསྡུ་)ན་(གནས་སྐབས་དང་མཐར་ཐུག་གི་)འབྲས་བུ་ རྣམ་པ་གཉིས། །(ཚིགས་སུ་བཅད་པ་བཅུའི་)ཐ་མ་(དཀོན་མཆོག་རྣམ་པར་བྱང་ཁམས་ དྲི་མེད་བྱང་ཆུབ་ཅེས་པ་)ཡིས་ནི་བསྟན་པ་ཡིན། །ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་ བཅོས་དཀོན་མཆོག་གསུམ་གྱི་རིགས་རྣམ་པར་དབྱེ་བ་(བསྟན་པ་)ལས། (དེ་བཞིན་ གཤེགས་པའི་སྙིང་པོ་དམ་པའི་ཆོས་ལ་ལྷག་པར་མོས་པའི་གནས་སྐབས་དང་མཐར་ ཐུག་གི་)ཕན་ཡོན་གྱི་ལེའུ་ཞེས་བྱ་སྟེ། ལེའུ་ལྔ་པའོ། །ཚིགས་སུ་བཅད་པ(དྲུག་པོ)འི་དོན་ གྱིས་(མདོར་)བསྡུས་པའི་(རྒྱས་པར་)བཤད་པ་(དང་བཅས་པ་)རྫོགས་སོ།། །། (འགྲེལ་པ་མཛད་པ་པོའི་བསྔོ་བ།)ཐེག་མཆོག་དམ་ཆོས་རིན་ཆེན་བཤད་འདི་ལས། ། བསམ་ཡས་བསོད་ནས་བདག་གིས་གང་ཐོབ་པ། །(བསོད་ནམས་)དེས་ན་འགྲོ་ཀུན་ ཐེག་མཆོག་དམ་པའི་ཆོས། །རིན་ཆེན་དྲི་མ་མེད་(པ་འདི་ཉམས་སུ་ལེན་)པའི་སྣོད་ (དུ་)གྱུར་ཅིག །(ཕན་ཡོན་གྱི་ལེའུ་འདིར་མོས་པའི་ཕན་ཡོན་ཤིན་ཏུ་ཆེ་བ་དང་མ་ དད་ཅིང་མ་མོས་ལ་ཡིད་མ་ཆེས་ན་དེ་སྤངས་པའི་ཉེས་དམིགས་ཤིན་ཏུ་ཆེ་བར་ གསུངས་པ་ནི་སྤྱིར་དམ་པའི་ཆོས་བླངས་པ་དང་དོར་བའི་ཁེ་ཉེན་ཡང་སྟོན་མོད་ཀྱི་ སྐབས་སུ་བབ་པའི་ཁེ་ཉེན་གཙོ་བོར་སྟོན་པ་མཁས་པ་ཐམས་ཅད་ཀྱི་ལུགས་ཡིན་པས་ རྣམ་བཞག་རྣམ་པ་བཅུ་དང་རང་བཞིན་རྣམ་པ་གསུམ་གྱི་ངོ་བོ་དེ་བཞིན་གཤེགས་ པའི་སྙིང་པོ་འབའ་ཞིག་འདིར་བསྟན་ལ་སྙིང་པོ་དེ་ཉིད་དམ་པའི་ཆོས་མིན་ལ་དམ་ པའི་ཆོས་ཀྱང་སྙིང་པོ་འདི་ཉིད་ཡིན་ཞིང་གཅིག་ཡིན་ལ་གཅིག་མ་ཡིན་པ་མི་སྲིད་དེ་ བྱས་པ་དང་མི་རྟག་པ་བཞིན་ནོ། །དེས་ན་སྙིང་པོ་འདི་སྤོང་བ་ཆོས་སྤོང་གི་ལས་ཡིན་ལ་ ལས་ཤིན་ཏུ་ཚ་བ་རྣམ་སྨིན་རྩུབ་པ་འདི་བྱམས་མགོན་གྱིས་མ་བཟོད་ནས་འདམ་ག་ བྱེད་པའི་དཔེ་ཚན་པ་གཉིས་གསུངས་ཏེ། ཡང་ན་སྙིང་པོའི་ཆོས་འདི་སྤོངས་ཡང་ན་མེ་ དང་སྦྲུལ་གདུག་སོགས་ཀྱིས་གསོད་ཟེར་ན་རྟིང་མ་འདམ་པ་དང་། ཡང་ན་སྙིང་པོ་འདི་ སྤོང་ཡང་ན་མཚམས་མེད་ཀྱིས་ཟེར་ན་ཡང་ཕྱི་མ་འདམ་པ་དྲག་པའི་རྒྱུ་མཚན་དང་ བཅས་པ་འདི་ཐམས་ཅད་ཀྱིས་གོ་བ་གལ་ཤིན་ཏུ་ཆེའོ། །)འཕགས་པ་མགོན་པོ་བྱམས་ 9-1-174 པས་མཛད་པ། ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་ཆོས་ཀྱི་རྣམ་པར་བཤད་པ། (ཤིན་ཏུ་ མཁས་པའི་)སློབ་དཔོན་(དབུ་མ་པ་ཆེན་པོ་དེ་བཞིན་གཤེགས་པས་མདོ་སྡེའི་དགོངས་ པ་ཕྱིན་ཅི་མ་ལོག་པར་འབྱེད་པར་ལུང་བསྟན་ཐོབ་པའི་འཕགས་མཆོག་)ཐོགས་མེད་ ཀྱིས་བཤད་པ་རྫོགས་སོ།། །། དཔལ་གྲོང་ཁྱེར་དཔེ་མེད་ཀྱི་མཁས་པ་ཆེན་པོ་བྲམ་ཟེ་རིན་ཆེན་རྡོ་རྗེའི་དབོན་པོ་པཎྜི་ ཏ་སརྫ་ན་དང་། ལོ་ཙྪ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་གྲོང་ ཁྱེར་དཔེ་མེད་དུ་བསྒྱུར་བའོ།། །།མངྒལཾ། བྷཝཏུ། ཞུས་དག་གོ །དགེའོ། ། (ཐེག་པ་ཀུན་གྱི་སྙིང་པོ་ངེས་པའི་དོན། །རྒྱལ་བས་གསུངས་བཞིན་རྒྱལ་ཚབ་མ་ཕམ་ པས། །ལེགས་པར་བསྟན་པའི་དམ་ཆོས་རྒྱུད་བླ་མ། །མ་ནོར་སྟོན་བྱེད་འཕགས་མཆོག་ ཐོགས་མེད་ཀྱིས། །མཛད་པའི་འགྲེལ་མཆོག་མཆན་བུས་རབ་ཕྱེ་ཞེས། །གུ་རུ་མར་མེ་ རོང་པ་ལ་སོགས་པའི། །སློབ་མས་བསྐུལ་ནས་ཤེས་རབ་རྒྱལ་མཚན་གྱིས། །མཆན་བུས་ ཅུང་ཟད་གསལ་བར་ཕྱེ་བ་ལགས། །ནོངས་པ་གང་མཆིས་མཁས་རྣམས་བཟོད་པར་ མཛོད། །དགེ་བས་འགྲོ་ཀུན་སྙིང་པོའི་དོན་ཐོབ་ཤོག །མངྒལཾ། བྷཝཏུ།)དགེ་སློང་འོད་ དཔག་མེད་ཀྱི་ཐུགས་དགོངས་རྫོགས་པར་མཛོད། (མ་དཔེ་འབྲས་གནས་བཅུའི་དཔེ་རྙིང་། ཕྱི་ཚ ༡༢༥ ལགས།) 9-1-175 ༄༅། །དཔལ་ལྡན་དུས་འཁོར་རྒྱུད་འགྲེལ་གྱི། ། བསྡུས་དོན་ཡོངས་འདུ་ལྟ་བུ་བཞུགས། ། 9-1-176 ༄༅། །དཔལ་ལྡན་དུས་འཁོར་རྒྱུད་འགྲེལ་གྱི། ། བསྡུས་དོན་ཡོངས་འདུ་ལྟ་བུ་བཞུགས། ། (བརྡ་འབྲུ་གཅོད་མཚམས་ཤད་ཀྱང་དག་པར་བྱ། །ཁྱད་པར་ དུ་ཡང་སྦྲུམ་མ་རྣམས་ལ་ནི། ། མ་ལ་མཚལ་སྦྱིན་བུ་ལ་སྣག་ཚ་སྦྱིན། །མ་ལ་ཤད་དང་བུ་ལ་ ཚེག་ཤད་བྱོས། །ཞེས་གདམས་སོ།།) དཔལ་དུས་ཀྱི་འཁོར་ལོ་དེ་བཞིན་གཤེགས་པའི་སྙིང་པོ་ལ་ཕྱག་འཚལ་ལོ། །རྟེན་ཅིང་ འབྲེལ་བར་འབྱུང་མིན་ཕུང་པོའི་ཚོགས། །རྟག་བརྟན་ཞི་བ་གཡུང་དྲུང་སྲིད་པ་ གསུམ། །གཟུགས་མེད་གཟུགས་བཟང་ཟབ་ཅིང་རྒྱ་ཆེའི་གཟུགས། །དུས་གསུམ་དུས་མེད་ དུས་ཀྱི་འཁོར་ལོ་མཆོད། ། འདིར་དཔལ་ལྡན་དྲི་མ་མེད་པའི་འོད་ཀྱིས་རྒྱུད་ཀྱི་རྒྱལ་པོ་འཆད་པ་ལ་གསུམ། བཤད་ པ་ལ་འཇུག་པ། ཞུགས་པའི་བཤད་པ་དངོས། བཤད་པའི་དགེ་བ་བསྔོ་བ(རྫོགས་པའི་ སངས་རྒྱས་)འོ། ། དང་པོ་ལ་གཉིས། བཤད་བྱའི་དོན་ལ་བཏུད་དེ་བཤད་པར་དམ་བཅའ་བ། བཤད་པའི་ དོན་གྱི་འབྲེལ་བཀོད་ནས་རྒྱུད་ལ་འཇུག་པའོ། །དང་པོ་ལ་གཉིས། བཤད་བྱའི་དོན་ལ་ འདུད་པ་དང་། དོན་དེ་བཤད་པར་དམ་བཅའ་བའོ། །དང་པོ་ལ་ལྔ། བཤད་བྱ་དུས་ འཁོར་དང་པོའི་སངས་རྒྱས་ལ། དེ་ཉིད་ལ་རྣམ་གྲངས་གཞན་གྱི་སྒོ་ནས། དེ་ཉིད་ཇི་ ལྟར་གསུངས་པའི་ཚུལ་ལ(ཀུན་མཁྱེན་)། དེ་ཉིད་ཀྱི་རྡོ་རྗེའི་རྣལ་འབྱོར་ལ(དག་དང་)། དེ་ཉིད་ཀྱི་རྣམ་འགྱུར་གཞན་ལ་འདུད་པའོ། །དང་པོ་ལ་གཉིས། དུས་ཀྱི་འཁོར་ལོ(སྟོང་ ཉིད་)། དང་པོའི་སངས་རྒྱས(རྣམ་པར་བཅས་)། བསྟན་པ་སྟེ་གཉིས་ཀྱིས། མདོར་བསྟན་ 9-1-177 པའི་ཚུལ་གྱིས་འདུད་པ། དུས་ཀྱི་འཁོར་ལོ(སངས་རྒྱས་)། དང་པོའི་སངས་རྒྱས་བཤད་ པ་(ཀུན་མཁྱེན་)སྟེ་གཉིས་ཀྱིས། རྒྱས་པར་བཤད་པའི་ཚུལ་གྱིས་འདུད་པའོ། །གཉིས་པ་ ལ་གཉིས། དོན་དམ་བྱང་ཆུབ་ཀྱི་སེམས་ལ(ཡེ་ཤེས་)། ཨེ་ཝཾ་ཡི་གེའི་དོན་ལ(སྤྲུལ་པ་)། འདུད་པ་སྟེ་གཉིས་ཀྱིས། ཐབས་དང་ཤེས་རབ་ཟུང་འཇུག་ལ། དེ་དག་སོ་སོའི་ཚུལ་ལ། འདུད་པའོ། །འདི་ལ་གཉིས། ཕྱག་རྒྱ་ཆེན་མོ་ལ(ཕྲ་རབ་)། སྣ་ཚོགས་ཡུམ་ལ(སངས་ རྒྱས་)། འདུད་པ་སྟེ་གཉིས་ཀྱིས། ཤེས་རབ་ཀྱི་ཚུལ་ལ། ཐབས་ཀྱི་ཚུལ་ལ(ཨཱ་ལི་)། འདུད་ པའོ། །ལྔ་པ་ལ་གཉིས། ཉི་ཟླ་དག་པའི(ཞབས་གཅིག་)། སྣོད་བཅུད་དག་པའི(རླུང་མེ་)། རྣམ་འགྱུར་ལ་འདུད་པའོ། །བཤད་པར་དམ་བཅའ་བ་ལ་གཉིས། རྡོ་རྗེའི་རྣལ་འབྱོར་ བཤད་པར་བཞེད་ཅིང་ཁེངས་སྐྱུང་བ(དེ་ལྟར་)། སྤོབས་པ་དེ་ཡང་རྒྱལ་བའི་དབང་ པོའི་མཐུར་བསྟན་པ(གང་དུ་རང་)། རྒྱུད་དང་འགྲེལ་པའི་རབས་སྨོས་ནས་འདིར་གང་ འབྲི་བ(གང་ཕྱིར་)། བྲིས་པ་དེ་གང་གིས་ཇི་ལྟར་མཉན་པར་བྱ་བ་སྟེ་བཞིས(རྒྱལ་བས་)། བཤད་པར་དམ་བཅའ་བ་དངོས་དང་། འཆད་དགོས་པའི་རྒྱུ་མཚན་ནོ། །འདི་ལ་གཉིས། རྒྱུ་མཚན་གྱི་ཚུལ་གྱིས་དམ་པའི་ལམ་གཏན་ལ་དབབ་པ། གཏན་ལ་ཕེབས་པའི་ལམ་ མྱུར་བ་ཉིད་དུ་འབྲི་བའོ། །དང་པོ་ལ་བསྟན་བཤད། གཉིས་ལས། དང་པོ་ལ་གསུམ། མངོན་ཤེས་མེད་པའི་འགྲེལ་པ་བདུད་ཕྱོགས་སུ་བསྟན་པ(མངོན་ཤེས་)། དེའི་དཔེ་དོན་ དང་རྒྱུ་མཚན་རྒྱས་པར་བཤད་པ་(མཁས་པའི་)སྟེ་གཉིས་ཀྱིས། བློ་ངན་གྱིས་བཤད་ པའི་ཉེས་པ་ངོས་བཟུང་བ། རྒྱུ་དོན་འགྲེལ་པར་དབང་མི་དབང་ངོས་བཟུང་བ(གང་ ཞིག་སྟོན་པ་)། མི་དབང་པས་བྱས་པའི་ཉེས་པ་གཞོམ་པ་(མ་འོངས་)སྟེ་གཉིས་ཀྱིས། ཉེས་པ་དེ་རྣམས་འཇོམས་པའི་རྒྱས་འགྲེལ་རྩོམ་པ། བརྩམས་པ་དེ་དེ་རྣམས་ཀྱི་གཉེན་ པོར་འོས་ཚུལ་(ཆགས་བྲལ་)ལོ། །རྒྱས་བཤད་ལ་གཉིས། ལམ་དང་ལམ་མིན་གྱི་ཁྱད་པར་ གཏན་ལ་དབབ་པ། གཏན་ལ་ཕེབས་པའི་ལམ་ཉམས་སུ་བླང་བར་བསྟན་པའོ། །དང་པོ་ ལ་བདུན། སྟོང་གཞི་དོན་དམ་གྱི་ཕུང་པོ་ཁམས་སོགས་ཕྱག་རྒྱ་མཆོག་ཏུ་བསྟན་པ(གང་ ཞིག་ཕུང་པོ་)། དེ་སྤངས་པའི་ཕྱག་རྒྱ་དམན་པ་བསྟེན་ན་འཁོར་བའི་རྒྱུར་བསྟན་པ་(དེ་ 9-1-178 བོར་སངས་རྒྱས་)སྟེ་གཉིས་ཀྱིས། ཕྱག་རྒྱ་མཆོག་དང་དམན་པའི་ཁྱད་པར། ཀུན་འགྲོའི་ གསུང་དང་ལྷ་སྐད་གྱི་ཁྱད་པར(ཀུན་མཁྱེན་)། དོན་ལ་སོགས་པར་རྟོན་མི་རྟོན་གྱི་ཁྱད་ པར(ཡུལ་གྱི་)། ཤེས་རབ་ཡེ་ཤེས་མཆོག་དང་དམན་པའི་ཁྱད་པར། འཕོ་བའི་བག་ ཆགས་སྤོང་མི་སྤོང་གི་ཁྱད་པར། བདེ་གཤེགས་སྙིང་པོ་མཐོང་མི་མཐོང་ཁྱད་པར(ཇི་ ལྟར་མེ་)། དེ་ཉིད་བཅུ་དྲུག་འཐོབ་པའི་འཐོབ་གྱི་ཁྱད་པར། གཏན་ལ་དབབ་ པའོ། །བཞི་པ་ལ་གཉིས། མཆོག་དམན་གྱི་ཤེས་རབ་ཡེ་ཤེས་ཕྱེ་སྟེ་བསྟན་པ་དངོས། དེ་ དག་ལ་དགའ་བའི་གང་ཟག་རིགས་གཉིས་སུ་བསྟན་པ(གང་གིས་འགྱུར་ མེད་)འོ། །དང་པོ་ལ་གཉིས། བཞི་པའི་ཤེས་རབ་ཡེ་ཤེས་མི་འགྱུར་བའི་བདེ་བར་ གསུངས་པ(མཆོག་ཏུ་)། དེ་ཡང་རྒྱུད་གཞན་རྣམས་སུ་རྡོ་རྗེའི་ཚིག་ཏུ་སྦས་ནས་ གསུངས་པ་(གང་ཞིག་དེ་ནི་)སྟེ་གཉིས་ཀྱིས། བཞི་པའི་ཤེས་རབ་ཡེ་ཤེས་མཆོག་ཏུ། གསུམ་པའི་ཤེས་རབ་ཡེ་ཤེས་དམན་པར་བསྟན་པ(ཤེས་རབ་འགྲོགས།)འོ། །ལྔ་པ་ལ་ གཉིས། འཕོ་བའི་གྲངས་མང་ཉུང་ལ་ཁྱད་པར་མེད་པར་དཔེས་བསྟན་པ(ཇི་ལྟར་ལོ་)། གཉིད་དུས་དང་སད་དུས་སུ་འཕོ་བ་ལ་ཁྱད་པར་མེད་པར་དཔེས་བསྟན་པ་(ཇི་ལྟར་ གཉིད་)སྟེ་གཉིས་ཀྱིས། རྡོ་རྗེའི་རྣལ་འབྱོར་དང་བྲལ་ན་དཀའ་ཐུབ་དང་ལྡན་ཡང་འཕོ་ བར། རྡོ་རྗེའི་རྣལ་འབྱོར་དང་ལྡན་ན་ཕྱག་རྒྱ་དང་འགྲོགས་ཀྱང་མི་འཕོ་བར་བསྟན་ པའོ། །འདི་ལ་གཉིས། མདོར་བསྟན་པ་(ཇི་ལྟར་རྡོ་རྗེ་རྟག་)དང་། རླུང་འཆིང་བའི་ ཐབས་དང་བྲལ་ན་འཕོ་བར་དཔེས་བསྟན་པ(ཇི་ལྟར་དངུལ་ཆུ་)། རླུང་འཆིང་བའི་ ཐབས་ཀྱིས་ཟིན་ན་མི་འཕོ་བར་དཔེས་བསྟན་པ་(ཇི་ལྟར་གཡོ་བ་)སྟེ་གཉིས་ཀྱིས་རྒྱས་ པར་བཤད་པའོ། །བདུན་པ་ལ་གཉིས། སོ་སོར་བཤད་པ། བསྡུས་ནས་བསྟན་པ(གཟུགས་ ལ་སོགས་པར་)འོ། །དང་པོ་ལ་གཉིས། རྣམ་རྟོག་གི་ལམ་གྱིས་དེ་ཁོ་ན་ཉིད་མི་འཐོབ་ པར་བསྟན་པ་(སྣ་ཚོགས་རྣམ་རྟོག་)དང་། བསྟན(བསྐྱེད་པའི་)། བཤད(དུ་བ་ལ་ སོགས་)། གཉིས་ཀྱིས། མི་རྟོག་པའི་ལམ་གྱིས་དེ་ཁོ་ན་ཉིད་འཐོབ་པར་བསྟན་ པའོ། །གཏན་ལ་ཕེབས་པའི་ལམ་ཉམས་སུ་བླང་བ་ལ་གཉིས། ལམ་གྱི་སྣོད་བརྟག་ཅིང་ 9-1-179 གེགས་བསལ་བ། ལམ་གྱི་དོན་ཉམས་སུ་བླང་བ་དངོས་སོ། །དང་པོ་ལ་གསུམ། སྣོད་དག་ པ་ལ་བྱིན་པའི་ལམ་བཟང་མཐར་ཕྱིན་པར་འགྱུར་བ(གང་ཞིག་སེམས་ཅན་)། གཞན་ ལ་བྱིན་པའི་ལམ་ལ་བར་དུ་གཅོད་པ་མང་བ། དེས་ན་བར་ཆད་དེ་རྣམས་སྤང་བར་ གདམས་པ(དེ་ཕྱིར་བླ་མ་)འོ། །བར་པ་ལ་གསུམ། ལམ་བཟང་འཕྲོག་པར་བྱེད་པ། ཇི་ ལྟར་འདོར་བའི་ཚུལ་(རང་ཉིད་)དང་། མི་འདོར་བར་གདམས་པ་སྟེ་གཉིས་ཀྱིས(གང་ དག་རིན་ཆེན་)། ལམ་བཟང་འདོར་བར་བྱེད་པ། ལམ་བཟང་ལ་གེགས་བྱེད་པ(རྫོགས་ སངས་རྒྱས་)འོ། །དང་པོ་ལ་གཉིས། མདོར་བསྟན་པ་(ལམ་བཟང་)དང་། སྒྲིབ་པ་ལྔའི་ ཆོམ་རྐུན(ཐེ་ཚོམ་)། མི་དགེ་བཅུའི་ཆོམ་རྐུན(སྲོག་གཅོད་)། བརྟུལ་ཤུགས་ཉམས་པའི་ ཆོམ་རྐུན(ཡོད་པའི་)། འདོད་ཡོན་དུ་མའི་ཆོམ་རྐུན་གྱིས་ལམ་བཟང་འཕྲོག་པ་(ཤིན་ཏུ་) སྟེ་བཞིས་རྒྱས་པར་བཤད་པའོ། །ལམ་གྱི་དོན་ཉམས་སུ་བླང་པ་དངོས་ལ་བཞི། ལམ་གྱི་ ངོ་བོ(དཔའ་བོའི་)། དེ་ཡི་བྱེད་པ(འཁོར་བ་)། དུས་ཀྱི་འཁོར་ལོའི་རྣམ་གྲངས་(གཉིས་ མེད་)དང་། དུས་ཀྱི་འཁོར་ལོའི་མཚན་དོན་(སྙིང་རྗེ་དང་)ཏེ་གཉིས་ཀྱིས། དེའི་འབྲས་ བུ། དེའི་ཕན་ཡོན་ནོ། །འདི་ལ་གཉིས། མི་འདོད་པ་སེལ་བ། འདོད་པ་ཐོབ་པ(དུ་ བ་)འོ། །དང་པོ་ལ་བཞི། བསྟན་པ(འདིའི་དཔལ་)། བཤད་པ(དགྲ་དང་)། རབ་ཏུ་ བཤད་པ། བསྡུ་བ(དམར་སེར་)འོ། །གསུམ་པ་ལ་བཅུ་དྲུག །དགྲའི(གླང་ཆེན་)། སེངྒེའི(ཀུན་ནས་)། གླང་པོ་ཆེའི(མདོག་སྔོ་)། མེའི(ཀུན་ནས་)། སྦྲུལ་གདུག་གི(ཁྲོས་ ཤིང་)། ཆོམ་རྐུན་གྱི(སྡང་བའི་)། ཞགས་པས་འཆིང་བའི(ལག་པ་)། རྒྱ་མཚོ་འཁྲུགས་ པའི(ཆུ་གཏེར་)། ཤ་ཟ་མ་རུངས་པའི(ཕེགས་)། ནད་དྲག་པོའི(ཉིན་བཞིན་)། དབང་ པོའི་འཚེ་བའི(འབར་བཅས་)། ཤིན་ཏུ་དབུལ་བའི(དབྱར་ནི་)། བུད་མེད་དང་བྲལ་ བའི(མཆན་ཁུང་)། རྒྱལ་པོའི་ཆད་པའི(འཁུས་ཕྱིར་)། རྡོ་རྗེ་ལྟུང་བའི(གང་དག་)། དོན་ ཉམས་པའི(གང་དག་ཉིན་)། འཇིགས་པ་སེལ་བའོ། །གཏན་ལ་ཕེབས་པའི་ལམ་མྱུར་བ་ ཉིད་དུ་འབྲི་བ་ལ་བཞི། གང་གིས་གང་བསྐུལ་ནས། གང་ཞིག་འཆད་པ(ལྷ་ཀླུ་)། ཡིག་གེ་ བཞིའི་དོན(ཀཱ་ཡིག་)། མིང་གཉིས་ཀྱི་དོན་ངོས་བཟུང་བ་(དུས་ནི་)སྟེ་གཉིས་ཀྱིས། 9-1-180 བཤད་པར་བྱ་བའི་དོན་ངོས་བཟུང་བ། དེ་འཆད་པའི་རྒྱུ་མཚན་དང་དགོས་པ(བདེ་ བར་)། དེས་ན་མྱུར་བ་ཉིད་དུ་འབྲི་བ(རྡོ་རྗེ་)འོ། །མདོར་བསྡུས་དང་ པོའོ།། །།(འདིར་མདོར་བསྡུས་ཀྱི་མཚན་གྲངས་ཀླག་ཅིང་ཕྱི་མ་རྣམས་ལ་ཡང་ ངོ་།།) ༈ བཤད་པའི་དོན་གྱི་འབྲེལ་བཀོད་ནས་རྒྱུད་ལ་འཇུག་པ་ལ་གཉིས། གང་ཞིག་གཟིགས་ ནས་རྩ་རྒྱུད་གསུངས་པའི། གང་གི་དོན་དུ་བསྡུས་རྒྱུད་གསུངས་པའི་འབྲེལ་བཀོད་ནས་ འཇུག་པའོ། །དང་པོ་ལ་གཉིས། བཤད་པར་དམ་བཅའ་བ(འདིར་དང་པོར་)། བཤད་ པའི་དོན་དངོས་སོ། །འདི་ལ་བསྟན་བཤད་གཉིས་ལས། དང་པོ་ལ་གཉིས། གང་གཟིགས་ ནས་རྩ་བའི་རྒྱུད་གསུངས་ཚུལ(འདི་ལ་དང་པོར་)། དེར་རིགས་ལྡན་རྣམས་ལུང་བསྟན་ ཚུལ(དེ་ལས་)། མདོར་བསྟན་པའོ། །བཤད་པ་ལ་གསུམ། བརྗོད་བྱ་ལ་སོགས་པའི་དོན། དེ་གཟིགས་ནས་རྩ་རྒྱུད་གསུངས་ཚུལ། དེར་རིགས་ལྡན་རྣམས་ལུང་བསྟན་ཚུལ(མཆོག་ གི་)། རྒྱས་པར་བཤད་པའོ། །དང་པོ་ལ་ལྔ། བརྗོད་པར་བྱ་བ། རྗོད་པར་བྱེད་པ། དེ་ གཉིས་ཀྱི་འབྲེལ་པ(བརྗོད་བྱ་རྗོད་བྱེད་)། དགོས་པ(དེ་ནས་དཀྱིལ་འཁོར་)། དགོས་ པའི་དགོས་པ(ཤེས་རབ་ཆེན་པོ་)། རྒྱས་པར་བཤད་པའོ། །དང་པོ་གཉིས་ལ་གསུམ། ལེའུ་ལྔར་གསུང་བའི་རྒྱུ་མཚན་(འདིར་རྡུལ་)དང་། རྒྱུ་མཚན་ཅན་ལེའུ་ལྔའི་ངེས་པ་ (དེ་བས་ན་)སྟེ་གཉིས་ཀྱིས། ལེའུ་ལྔའི་གནས་ཚུལ་གྱིས་བསྡུས་ཏེ་བསྟན། ལེའུ་སོ་སོའི་ གནས་ཚུལ་གྱིས་ཕྱེ་སྟེ་བཤད(དང་པོར་རེ་ཤིག་)། བརྗོད་བྱ་རྗོད་བྱེད་ངོས་བཟུང་བས་ འཇུག་བསྡུ་བ(དེས་ན་རིམ་པ་)འོ། །དེ་གཟིགས་ནས་རྩ་རྒྱུད་གསུངས་ཚུལ་ལ་དྲུག །གང་ ལ་གང་ཞིག་སྟེར་བ་གསུངས་པ། དཀྱིལ་འཁོར་གང་དུ་བཞུགས་པ་(བདེ་བ་ཆེན་ པོའི་)དང་། གདན་གང་ལ་བཞུགས་པ་(རྡོ་རྗེ་སེངྒེའི་ཁྲི་)སྟེ་གཉིས་ཀྱིས། གང་དུ་གང་ལ་ བཞུགས་པས་གསུངས་པ། འཁོར་གང་གིས་བསྐོར་བས་གསུངས་པ(སངས་རྒྱས་དང་)། (ཁམས་གསུམ་པས་)སྟོན་པ་པོ་(ཁམས་གསུམ་གྱི་)གང་ཞིག་གིས་གསུངས་པ(མཆོག་གི་ རིས་མེད་བཅོམ་ལྡན་)། ཞུ་བ་པོ་གང་(ཟླ་བ་བཟང་པོ་)གིས་ཞུས་ནས་གསུངས་པ། རྒྱུད་ 9-1-181 ཀྱི་རྒྱལ་པོ་གང་ཞིག་གསུངས་པ། རྒྱས་པར་བཤད་པའོ། །དང་པོ་ལ་གསུམ། གང་ལ་གང་ སྟེར་བ་དངོས(བརྗོད་བྱ་ལ་སོགས་)། དེ་ལས་འཕྲོས་པའི་བརྒལ་ལན། དེས་གྲུབ་པའི་ དོན་བསྡུ་བ(དེ་ལྟར་གསུངས་པའི་)འོ། །བར་བ་ལ་གཉིས། བརྒལ་(ཅི་སྟེ་སྔགས་)ལན་ (བཅོམ་ལྡན་འདས་ཀྱི་)གཉིས་ཀྱིས། སྡིག་ཅན་གྲོལ་བར་གསུངས་པ་དང་འགལ་བ་སྤང་ བ། རྒོལ་བ་དགོད་པ(འོ་ན་སྔགས་ཀྱི་)། དེའི་ལན་གདབ་པ(དེ་ནི་བདེན་ཏེ་)། དེ་ལུང་ དང་སྦྱར་བ་(རྩ་བའི་རྒྱུད་)སྟེ། གསུམ་གྱིས། དམ་རྫས་བསྟེན་པར་གསུངས་པ་དང་ འགལ་བ་སྤང་བའོ། །དྲུག་པ་ལ་གཉིས།(མཆོག་གིས་)རྒྱུད་ཀྱི་(དུས་ཀྱི་)ངོ་བོ་བཤད་པ་ (སྟོང་ཕྲག་)དང་། གང་ཞིག་མེད་པའི(རིས་མེད་)། གང་གིས་འཁྱུད་པའི(རྡོ་རྗེ་འཛིན་)། གང་རྣམས་མངོན་དུ་གྱུར་པའི(རྒྱུད་ཀྱི་རྒྱལ་པོ་)། གང་དག་ཁ་འབྱེད་པའི(སངས་རྒྱས་ རིན་ཆེན་)། གང་དང་གང་ལ་རྟེན་པའི(འཇིག་རྟེན་དང་)། གང་གིས་ཡོངས་སུ་དག་ པའི(མངོན་པར་རྫོགས་)། གང་དང་གང་ཡོངས་སུ་གསལ་བར་བྱེད་པའི(སྐུ་བཞི་དང་)། གང་གི་རྣམ་པས་བསྟན་པའི(དེ་ལྟར་བརྗོད་པའི་)། ཁྱད་པར་ཏེ་བརྒྱད་ཀྱིས། དེའི་ཁྱད་ པར་བཤད་པའོ། །མདོར་བསྡུས་གཉིས་པ(བསྡུས་པའི་)འོ།། །། ༈ གང་གི་དོན་དུ་བསྡུས་རྒྱུད་གསུངས་པའི་འབྲེལ་བཀོད་ནས་འཇུག་པ་ལ་གཉིས། སྔོན་དུ་སྟོན་འཁོར་གྱི་འབྲེལ་བསྒྲུབ་པ་དང་། ཕྱི་ནས་བསྡུས་རྒྱུད་ཀྱི་འབྲེལ་བསྒྲུབ་པ་ དངོས་སོ། །དང་པོ་ལ་གཉིས། བཤད་པར་དམ་བཅའ་བ(ད་ནི་འདིར་)། བཤད་པའི་ དོན་དངོས་སོ། །འདི་ལ་གསུམ། བློ་དམན་གྱི་ལོག་རྟོག་དགོད་པ(གལ་ཏེ་ན་)། ལོག་རྟོག་ དེ་བསལ་བ། དེས་གྲུབ་པའི་དོན་(ཕྱག་ན་རྡོ་རྗེ་)ནོ། །བར་པ་ལ་གསུམ། མདོར་བསྟན་ པ(དེའི་ཕྱིར་)། རྒྱལ་བས་བདུད་བཅོམ་པའི(ཡང་འགའ་ཞིག་)། འཕགས་པ་འཁོར་བར་ འཇུག་པའི(འདིར་སེམས་ཅན་)། དོན་གཏན་ལ་དབབ་པ་སྟེ། གཉིས་ཀྱིས། རྒྱས་པར་ བཤད་པ། དོན་བསྡུ་པ(དེས་ན་སེམས་ཅན་)འོ། །ཕྱི་ནས་བསྡུས་རྒྱུད་ཀྱི་འབྲེལ་བསྒྲུབ་པ་ དངོས་ལ་གཉིས། སྟོན་པ་པོ་འཁོར་ལོས་སྒྱུར་བ་རྣམས་ལུང་བསྟན་ཚུལ(མ་འོངས་ པའི་)། དེ་དག་གིས་རྒྱུད་བསྡུས་པ་དང་བསྟན་པའི་རིམ་པའོ། །འདི་ལ་གཉིས། སྔོན་དུ་ 9-1-182 རྩ་བའི་རྒྱུད་བསྡུས་ཤིང་བསྟན་པའི་རིམ་པ(དེ་བཞིན་གཤེགས་པ་)། དེ་ལས་བསྡུས་ པའི་རྒྱུད་བསྡུས་ནས་གསུངས་པའི་ཚུལ་ལོ། །འདི་ལ་གསུམ། འཇམ་དཔལ་གྱིས་བྲམ་ཟེ་ རྣམས་ཇི་ལྟར་བཏུལ་བ(དེ་ནས་ལོ་བརྒྱ་)། ཐུལ་ནས་དེ་དག་གིས་རྒྱུད་བསྡུས་པར་ཞུས་ པ(དེ་སྐད་སྨྲས་ནས་)། ཞུས་ནས་དོན་ལ་རྟོན་པས་རྒྱུད་བསྡུས་ཤིང་བཀྲལ་བ(དེ་ནས་ཉི་ མའི་)འོ། །མདོར་བསྡུས་གསུམ་པ(བསྡུས་པའི་)འོ།། །། ༈ ཞུགས་པའི་བཤད་པ་དངོས་ལ་གཉིས། གསུང་བར་ཞལ་གྱིས་བཞེས་པ(ད་ནི་འཇམ་ དཔལ་)། གསུངས་པའི་རྒྱུད་བཤད་པ་དངོས་སོ། །འདི་ལ་གསུམ། གླེང་གཞི་ཕུན་ཚོགས་ བཤད་པ། རྒྱུད་དོན་ཕུན་ཚོགས་བཤད་པ། རྒྱུད་བསྡུ་བ་རྫོགས་པའི་བྱ་བའོ། །དང་པོ་ལ་ གསུམ། མཚམས་སྦྱར་དང་བཅས་ཏེ་མདོར་བསྟན་པ(དེ་ནས་བཅོམ་ལྡན་)། བརྒལ་ལན་ དང་བཅས་ཏེ་རྒྱས་པར་བཤད་པ། བསྟོད་པ་དང་བཅས་ཏེ་འཇུག་བསྡུ་བ(མཆོག་གི་ དང་པོའི་)འོ། །བར་པ་ལ་གཉིས། བཞུགས་པའི་གནས་ལ་སོགས་པ། ཆོས་བསྟན་པ་ལ་ སོགས་པ། རྒྱས་པར་བཤད་པའོ། །དང་པོ་ལ་བཞི། གནས་དང་སྟོན་པ་བརྒལ་ལན་གྱིས་ རྒྱས་པར་བཤད་པ། རང་གི་ངོ་བོ་ངོས་བཟུང་ཞིང་ལུང་དང་སྦྱར་བ(སངས་རྒྱས་དེ་)། དོན་བསྡུས་ཏེ་སྟོན་པ་གཞན་ལས་ཁྱད་པར་དུ་འཕགས་པར་བསྟན་པ། དེས་ན་སྟོན་པ་ པོ་དང་ཞུ་བ་པོ་འབྲེལ་པར་གྲུབ་པ(དེའི་ཕྱིར་མཆོག)འོ། །དང་པོ་ལ་གཉིས། བཞུགས་ གནས། སྟོན་པ། བརྒལ་ལན་གྱིས་གཏན་ལ་དབབ་པའོ། །དང་པོ་ལ་གཉིས། ཚིག་ལ་རྟོན་ པའི་རྒོལ་བ(རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་)། དོན་ལ་རྟོན་པའི་ལན་ནོ། །འདི་ལ་བཞི། བསྟན་པ(དེའི་ཕྱིར་བརྗོད་པ་)། བཤད་པ(འདིར་དང་པོར་)། རབ་ཏུ་བཤད་པ(འདིར་ དཔལ་འདུས་པ་)། བསྡུ་བ་(བཅོམ་ལྡན་འདས་)སྟེ་བཞིས། འགའ་ཞིག་ཏུ་གནས་ཨེ་ཝཾ་ གིས་མ་བསྟན་ཡང་སྐྱོན་མེད་པ། ལ་ལར་ཨེ་ཝཾ་གིས་བསྟན་པའི་དོན་གཏན་ལ་དབབ་པ། དེ་དག་དོན་གཅིག་ཏུ་རྟོགས་པ་བླ་མའི་གདམ་ངག་ལ་ལྟོས་པ། གཞན་དུ་ན་ཉེས་ དམིགས་ཀྱི་སྒོ་ནས་གདམས་ཤིང་འཇུག་བསྡུ་བ(དེས་ན་མིང་)འོ། །གཉིས་པ་ལ་བཞི། ཨེ་ ཝཾ་གི་དོན་བསྟན་པ། ཨེ་ཝཾ་གི་སྒྲ་བསྒྲུབ་པ(དེའི་ཕྱིར་ཡིག་གེ་)། དེ་དག་གི་ལུང་དགོད་ 9-1-183 པ(འདིར་རྩ་བའི་)། དེ་དག་གིས་བསྟན་པའི་(རྒྱུ་འདིས་) དགོས་པའོ། །དང་པོ་ལ་བཞི། ཨེ་ཡིག་སྟོང་ཉིད་ཀྱི་དོན་གཏན་ལ་དབབ་པ(སྔགས་ཀྱི་)། ཝཾ་ཡིག་དོན་དམ་སྙིང་རྗེའི་ དོན་གཏན་ལ་དབབ་པ(དེ་བཞིན་དུ་ཝཾ་)། དེ་དག་དབྱེར་མེད་ཟུང་འཇུག་གི་དོན་ གཏན་པ་དབབ་པ(དེ་བཞིན་དུ་ཨེ་)། དེ་དག་གང་དུ་གང་གི་ཕྱིར་གསུངས་པ(འདིར་ འདུས་པ་)འོ། །དེ་དག་དོན་གཅིག་ཏུ་རྟོགས་པ་བླ་མའི་མན་ངག་ལ་ལྟོས་པ་ལ་གཉིས། དོན་དངོས་(དངོས་པོ་གང་)དང་། དེའི་རྒྱུ་མཚན་ནོ། །འདི་ལ་གསུམ། མན་ངག་མེད་ན་ མཐའ་དྲུག་མི་རྟོགས་པ(འདིར་རྩ་བའི་རྒྱུད་)། མན་ངག་མེད་ན་ཡིད་ཆེས་མི་འབྱུང་ བ(སྔགས་ཀྱི་ཐེག་)། དེས་ན་བཞི་པའི་ནམ་ངག་གཅེས་པར་བསྟན་པའོ། །འདི་ལ་གཉིས། སྤྱིར་རིགས་ཀྱི་དབྱེ་བ་རྒྱས་པར་བཤད་པ(འདིར་རིགས)། དེ་ལས་བཞི་པའམ་དྲུག་པའི་ མན་ངག་མཆོག་ཏུ་བསྟན་པ(འདིར་འདུས་པ་)འོ། །སྟོན་པ་བརྒལ་ལན་གྱིས་གཏན་ལ་ དབབ་པ་ལ་གཉིས། ཟློས་པའི་སྐྱོན་སྤངས་ནས་སྐུ་དང་པོ་གསུམ་གཏན་ལ་དབབ་པ། འགལ་བའི་སྐྱོན་སྤངས་ནས་སྤྲུལ་པའི་སྐུ་གཏན་ལ་དབབ་པ(འདིར་འགའ་ ཞིག་)འོ། །དང་པོ་ལ་གསུམ། དག་པའི་སྐུ(འདིར་འགའ་)། ཆོས་ཀྱི་སྐུ(ཐམས་ཅད་ མཁྱེན་)། ལོངས་སྤྱོད་རྫོགས་པའི་སྐུ(གང་ཡེ་ཤེས་སྐུ་)། བརྒལ་ལན་གྱིས་གཏན་ལ་ དབབ་པའོ། །དོན་བསྡུས་ཏེ་སྟོན་པ་གཞན་ལས་ཁྱད་པར་དུ་འཕགས་པར་བསྟན་པ་ལ་ བཞི། དོན་དངོས(དེའི་ཕྱིར་ཐམས་ཅད་)། གུས་པར་བྱ་བའི་གནས་མ་ཡིན་པ་ལ་གུས་པ་ རྣམ་པར་སྨད་པ(དེས་ན་ཁྱབ་)། གུས་པར་བྱ་བའི་གནས་ཀྱི་ཡོན་ཏན་རྗེས་སུ་བསྔགས་ པ(ཁམས་གསུམ་པོ་)། གུས་པར་བྱ་བའི་གནས་དང་གནས་མ་ཡིན་པས་བསྡུས་(ཅི་སྟེ་ ཁྱབ་འཇུག་)ཏེ་ངོས་བཟུང་བའོ། །མདོར་བསྡུས་བཞི་པ(བསྡུས་)འོ།། །། ༈ ཆོས་བསྟན་པ་ལ་སོགས་པ་རྒྱས་པར་འཆད་པ་ལ་གསུམ། ཆོས་བསྟན་པ། དགོས་ པ(ད་ནི་དགོས་པ་)། དགོས་པའི་དགོས་པ(དེ་ནས་གོང་)། རྒྱས་པར་བཤད་པའོ། །དང་ པོ་ལ་གཉིས། བརྗོད་པར་བྱ་བ་རྡོ་རྗེའི་རྣལ་འབྱོར། རྗོད་པར་བྱེད་པ་ཨཱ་ལི་ཀཱ་ལི(དེ་ ལྟར་ཡེ་ཤེས་)འོ། །དང་པོ་ལ་གཉིས། སྤྱིར་སྔགས་ཀྱི་ཐེག་པར་གང་ལ་བརྟེན་ནས་གང་ 9-1-184 གསུངས་པ(ད་ནི་རྡོ་རྗེ་)། དེའི་ནང་ནས་ངེས་དོན་རྡོ་རྗེའི་རྣལ་འབྱོར་གཏན་ལ་དབབ་ པའོ། །འདི་ལ་གསུམ། རྡོ་རྗེའི་རྣལ་འབྱོར་ངོས་བཟུང་བ(སེམས་འདི་གཉིས)། དེའི་རང་ བཞིན་ངེས་པར་བྱ་བ། དེའི་རབ་ཏུ་དབྱེ་བ་བསྟན་པའོ། །བར་པ་ལ་བདུན། དེ་དཔེ་ལས་ འདས་པར། ཡོད་མེད་ལས་འདས་པར(དོན་དམ་པའི་)། རྒྱུད་ཀུན་ཏུ་གསུངས་པར(དེ་ བཞིན་དུ་)། སྲིད་ཞི་ལ(རྡོ་རྗེའི་རྣལ་)། གང་ལ་ཡང་(དཔེར་ན་མེ་)། མི་གནས་པ་སྟེ་ གཉིས་ཀྱིས། རབ་ཏུ་མི་གནས་པར་བསྒྲུབ་པ། དབུགས་མ་རྫོགས་ན་སྐད་ཅིག་ལས་མ་ འདས་པ(འདིར་སྐད་ཅིག་)། རྫོགས་ཕན་ཆད་སྐད་ཅིག་ལས་འདས་པ(དེ་ནས་རྫོགས་)། དཔྱད་ན་སྐད་ཅིག་གིས་དངོས་པོ་མ་གྲུབ་པ(འདིར་སྐད་ཅིག་གང་)། དེས་ན་དོན་དམ་ གྱི་ཡེ་ཤེས་སྐད་ཅིག་དང་བྲལ་བར་གྲུབ་པ་(འདིར་སྐད་ཅིག་ཐམས་ཅད་)སྟེ་བཞིས། སྐད་ཅིག་ལས་འདས་པར། རང་བཞིན་མེད་པར(ཇི་སྲིད་དུ་འཇིག་རྟེན་)། ཕྱོགས་མེད་ པར་(དེའི་ཕྱིར་རང་བཞིན་)སྒྲུབ་པའོ། །དང་པོ་ལ་གསུམ། མདོར་བསྟན་པ(འདིར་རྣལ་ འབྱོར་)། ཡོད་པ་དང་མེད་པ་(དཔེར་ན་འཇིག་)འཇིག་རྟེན་ན་སྲིད་ཀྱང་འདི་ཡི་ དཔེར་མི་རུང་བ། ཡོད་མེད་གཉི་ག་ཡིན་པ་འདི་ཡི་དཔེར་རུང་། ཡང་འཇིག་རྟེན་དུ་མི་ སྲིད་པ་སྟེ་གཉིས་ཀྱིས(དེ་བཞིན་དུ་འཇིག་)། རྒྱས་པར་བཤད་པ། དོན་བསྡུ་བ(དེའི་ ཕྱིར་)འོ། །དེའི་རབ་ཏུ་དབྱེ་བ་ལ་གསུམ། དགའ་བ་བཞིར་དབྱེ་བ(དེ་ཉིད་སེམས་ཅན་)། དགའ་བའི་དབྱེ་བ་(དེ་ནས་སྐུའི་)དང་། སྐུའི་དབྱེ་བ་(དེ་ཉིད་ཁོ་ན་)སྟེ་གཉིས་ཀྱིས། དེ་ ཉིད་བཅུ་དྲུག་ཏུ། རྣལ་འབྱོར་བཞི་ལ་སོགས་པར་དབྱེ་བ(དེ་ཉིད་ལྷན་ཅིག་)། མཁྱེན་པ་ བཞི་ལ་སོགས་པར་དབྱེ་བ(སྟོང་པ་ཉིད་ཀྱི་)། མངོན་བྱང་བཞི་ལ་སོགས་པར་དབྱེ་བ། སྐུ་བཞིར་ཕྱེ་བའི་མཚན་ཉིད་བསྟན་པ་(འདིར་སེམས་ཀྱི་)སྟེ་བཞིས། སྐུ་བཞི་ལ་སོགས་ པར་དབྱེ་བའོ། །མདོར་བསྡུས་ལྔ་པ(བསྡུས་པའི་)འོ།། །། ༈ རྒྱུད་དོན་ཕུན་ཚོགས་བཤད་པ་ལ་གཉིས། ཞུས་ལན་གྱིས་མདོར་བསྟན་པ། དེའི་ དོན་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས། ཞུས་པ་ཟབ་ཡངས་ཞུས་པས་སྟོན་པ་ མཉེས་པ(ད་ནི་སྡུད་པར་)། དེའི་རྒྱུ་མཚན་བསྟན་ཅིང་བཤད་པ(གང་ལས་ཅིའི་ཕྱིར་)། 9-1-185 དེས་ན་གསུང་བར་ཞལ་གྱིས་བཞེས་པ་(སྦྱོར་བ་འདི་)སྟེ་གསུམ་གྱིས། ལན། བཤད་ པའོ། །དང་པོ་ལ་གཉིས། མཚམས་སྦྱར་ཞི་གཞུང་གི་ཚིག་དགོད་པ(ད་ནི་ཉི་མ་)། དེའི་ དོན་བཤད་པར་ཞལ་གྱིས་བཞེས་པ(འདིར་གསོལ་པ་)། སྔོན་དུ་བརྡ་ལ་བསླབ་པར་ གནས་པ་(འདིར་སྟོང་པ་)སྟེ་གསུམ་གྱིས། བཤད་པའི་སྔོན་དུ་འགྲོ་བ། བཤད་པའི་དོན་ དངོས་སོ། །འདི་ལ་གཉིས། ཞུས་པའི་དོན་བཤད་པ་དང་། སྔགས་ཀྱི་ངེས་དོན་གཞན་དུ་ སྦས་པ(དེ་ཅིའི་ཕྱིར་)། དུས་ཀྱི་འཁོར་ལོར་གསལ་བར་བསྟན་པ(རྩ་བའི་རྒྱུད་མཆོག་ གི་)། དེས་ན་དེ་ལ་འཇུག་པར་གདམས་པ་(དེའི་ཕྱིར་གང་)སྟེ་གསུམ་གྱིས། ཞུ་བའི་རྒྱུ་ མཚན་བསྟན་པའོ། །དང་པོ་ལ་གསུམ། རྡོ་རྗེ་སེམས་དཔའི་དོན། ལྷའི་འཁོར་ལོ་ཤེས་ པའི་དོན་དུ་རིགས་ཀྱི་རིགས་ཅན(ད་ནི་རིགས་)། མུ་སྟེགས་པ་གཞུག་པའི་དོན་དུ་རང་ བཞིན་དང་སྐྱེས་བུ(ད་ནི་མུ་སྟེགས་)། ནང་དང་ཕྱི་རོལ་ཤེས་པའི་དོན་དུ་སྣ་ཚོགས་ཚད་ ལ་སོགས་པ(དེ་བཞིན་ལུས་)། བཤད་པ་སྟེ་གསུམ་གྱིས། སྣ་ཚོགས་པ་འབྱུང་བ། དཀྱིལ་ འཁོར་དང་དབང་བཤད་པ(དཀྱིལ་འཁོར་དང་)འོ། །དང་པོ་ལ་གསུམ། སྟོང་པ་ཆེན་པོ་ འགྱུར་མེད་ལྔ(འདིར་སྟོང་པ་ཡེ་ཤེས་)། དེའི་རྗོད་བྱེད་དབྱངས་ཀྱི་དོན་བཤད་པ་ (འདིར་དབྱངས་)སྟེ་གཉིས་ཀྱིས། རྡོ་རྗེ་ཝཾ་ཡིག་གི་དོན། ཐིག་ལེ་སྟོང་པ་འགྱུར་མེད་ དྲུག(ཐིག་ལེ་)། དེའི་རྗོད་བྱེད་གསལ་བྱེད་རྣམས(འདིར་ཕུང་པོ་)། བཤད་པ་སྟེ་གཉིས་ ཀྱིས། སེམས་པ་ཨེ་ཡིག་གི་དོན། དེ་དག་ཐུན་མོང་གི་དོན་བཤད་པའོ། །འདི་ལ་བཞི། ཐུང་ངུ་དང་རིང་པོའི་ཚུལ་གྱིས་ལུས་དང་བསམ་པའི་རང་བཞིན(དབྱངས་དང་གསལ་ བྱེད་)། སུམ་ཅུ་རྩ་དྲུག་གི་ཚུལ་གྱིས་ཁམས་དང་ཕུང་པོའི་རྣམ་འགྱུར(རོ་དྲུག་ཏུ་)། རྡོ་ རྗེ་དང་པདྨའི་ཚུལ་གྱིས་ཐབས་དང་ཤེས་རབ་ཀྱི་མཚན་ཉིད(འདིར་སྟོང་པ་)། རང་ བཞིན་དང་གློ་བུར་གྱི་ཚུལ་གྱིས་རིགས་ཀྱི་རབ་ཏུ་དབྱེ་བ་ཤེས་པར་བྱ་བ(སྐུ་དང་ གསུང་)པའོ། །མདོར་བསྡུས་དྲུག་པ(བསྡུས་པའི་)འོ།། །། ༈ དེའི་དོན་རྒྱས་པར་བཤད་པ་ལ་གསུམ། ཕྱི་སྣོད་ཀྱི་འཇིག་རྟེན། ནང་བཅུད་ཀྱི་ སེམས་ཅན། གཞན་བདེ་གཤེགས་སྙིང་པོ། གཙོ་བོར་བཤད་པའོ། །དང་པོ་ལ་གཉིས། 9-1-186 བསྟན(ད་ནི་བཅོམ་ལྡན་)། བཤད(འདིར་འཇིག་རྟེན་)། གཉིས་ཀྱིས། ཕྱིར་ཁས་ལེན་ པའི་རྒྱུ་མཚན་བསྟན་པ། ཁས་བླངས་ནས་ཕྱི་འཇིག་རྟེན་བཤད་པ་དངོས་སོ། །འདི་ལ་ གཉིས། ཕྱིའི་འཇིག་རྟེན་གཙོ་བོར་བཤད་པ། བཤད་པ་མཐར་ཕྱིན་པས་འཇུག་བསྡུ་ བ(འཇིག་རྟེན་ཁམས་)འོ། །དང་པོ་ལ་གཉིས། འཇིག་རྟེན་ཁམས་ཀྱི་ངོ་བོ། དེའི་ཁྱད་ པར་བཤད་པའོ། །དང་པོ་ལ་གཉིས། ཇི་ལྟར་འཆགས་པའི་ཚུལ་གྱིས་བསྟན་པ། ཇི་ལྟར་ གནས་པའི་ཚད་ཀྱིས་བཤད་པའོ། །དང་པོ་ལ་གཉིས། བརྗོད་པར་བྱ་བའི་དོན། ཀུན་གྱི་ སྐྱེ་གནས་རང་རང་གི་ཡི་གེ(ད་ནི་བརྟན་པ་དང་)། ཡི་གེ་སྐྱེ་བ་དང་བསྒོམ་པའི(ད་ནི་ དབྱངས་)། གནས་བསྟན་པ་སྟེ་གཉིས་ཀྱིས། རྗོད་པར་བྱེད་པའི་སྔགས་བཤད་ པའོ། །དང་པོ་ལ་གཉིས། ཕྱི་ནང་ཀུན་རྫོབ་ཀྱི་འཇིག་རྟེན་འཆགས་ཚུལ་དངོས (དེས་ན་ ཆགས་)། གཞན་དོན་དམ་གྱི་འཇིག་རྟེན་ངེས་དོན་དུ་བསྟན་པའོ། །འདི་ལ་གསུམ། ཕྱི་ ནང་གཞན་གྱི་རྣམ་བཅུ་བསྟན་པ(ད་ནི་འཇམ་དཔལ་)། གཞན་གྱི་རྣམ་བཅུ་ངེས་དོན་ དུ་བསྟན་པ་(རྣམ་པ་བཅུ་པོ་)སྟེ་གཉིས་ཀྱིས། རྣམ་བཅུ་དབང་ལྡན་བཤད་པ། ཕྱོགས་ དྲུག་གི་ཟུང་ཚན་རྣམས་སོ་སོར་བཤད་པ(ད་ནི་སྒྲ་གཅན་)། དབུས་ཀྱི་ཡན་ལག་ལས་ སྟོང་ཆེན་ལྔ་འགྲུབ་ཚུལ(དབུས་ཀྱི་རྡོ་རྗེ་)། སྟོང་ཆེན་ལྔས་ཐམས་ཅད་ལ་ཁྱབ་པར་ བསྟན་པ(ཀུན་ཏུ་ཡེ་ཤེས་)། དེ་ངེས་དོན་དུ་བསྒྲུབ་པའི་ཤེས་བྱེད་དགོད་པ་(དེའི་ མདོར་)སྟེ་བཞིས། ཆ་མེད་ཀུན་འགྲོ་བཤད་པ། རྡོ་རྗེའི་ཟླ་ཉི་བཤད་པའོ། །འདི་ལ་བཞི། ཟླ་བའི་ཆ་ཤས་ཀྱི་འཕེལ་འགྲིབ(ཨ་སོགས་)། ཉི་མའི་ཉིན་མཚན་གྱི་འཕེལ་འགྲིབ། གཞན་གྱི་ཟླ་ཉི་ངེས་དོན་དུ(འདིའི་མདོར་)། ཉིན་མཚན་གྱི་ཆུ་ཚོད་ཡིག་གེས་བསྟ ན་ པ(ད་ནི་ཉིན་ཞག་)འོ། །གཉིས་པ་ལ་གཉིས། གང་ཞིག་སྤྱོད་པའི་ཡི་གེ(ཉིན་བྱེད་ཀྱང་)། ཇི་ལྟར་སྤྱོད་པའི་ངེས་པའོ། །འདི་ལ་བཞི། བསྟན་པ(ཉིན་ཞག་སྟོང་)། བཤད་པ(འདིར་ ཀར་ཀ་ཊ་)། རབ་ཏུ་བཤད་པ(འདིར་མཚན་མོ་)། དོན་བསྡུ་བ(དེ་ལྟར་ན་ ལྷོར་)འོ། །མདོར་བསྡུས་བདུན་པ(དཔལ་མཆོག་གི་)འོ།། །། ༈ ཇི་ལྟར་གནས་པའི་ཚད་ཀྱིས་བཤད་པ་ལ་གཉིས། ཚད་གསུངས་པའི་དགོངས་པ(ད་ 9-1-187 ནི་བཅོམ་ལྡན་)། གསུངས་པའི་ཚད་དངོས་བཤད་པའོ། །འདི་ལ་གཉིས། འཇིག་རྟེན་ སྤྱིའི་ཚད། བྱེ་བྲག་ནང་ཚན་གྱི་ཚད་དོ། །དང་པོ་ལ་ཡང་གཉིས། སྣོད་ཀྱི་འཇིག་རྟེན་གྱི་ ཚད། སྲིད་པ་སུམ་ཅུ་རྩ་གཅིག་ཏུ་(ད་ནི་གཟུགས་) དབྱེ་བ། དེ་རྣམས་སྲིད་པ་གསུམ་དུ་ བསྡུ་བ(སྲིད་པ་སུམ་བཅུ་)། ཞོར་ལ་བསྐལ་པ་རྣམས་ཀྱི་ཚད་བསྟན་པ་(བསྐལ་པ་ཐུང་ ངུ་)སྟེ་གསུམ་གྱིས། བཅུད་ཀྱི་འཇིག་རྟེན་གྱི་ཚད་དོ། །དང་པོ་གཞལ་བྱའི། འཇལ་བྱེད་ ཀྱི་ཚད་དེ་(ད་ནི་ཕྲ་རབ་)གཉིས་ལས། དང་པོ་ལ་ཡང་གཉིས། སྟེང་འོག་གི(འདིར་རླུང་ གི་)། ཐད་ཀའི(ད་ནི་འདིར་ཞེང་)། མཐའ་སྐོར་གྱི་ཚད་དེ་གསུམ་གྱིས(ད་ནི་འདིར་ ཁོར་)། ཚད་དངོས་བསྟན་པ་དང་། དེ་ལུས་ལ་སྦྱར་བ(མིའི་དབང་པོ་)འོ། །བྱེ་བྲག་ནང་ ཚན་གྱི་ཚད་ལ་གཉིས། སྣོད་ཀྱི། ནང་ཚན་གྱི། བཅུད་ཀྱི་ནང་ཚན་གྱི་ཚད་དོ། །དང་པོ་ལ་ གཉིས། ས་འོག་ས་སྟེང་ན་གནས་པ་སྤྱིར་བསྟན་པ(ད་ནི་ཀླུའི་)། གླིང་བཞི་དང་ལྷུན་པོ་ ཁྱད་པར་དུ་བཤད་པ་(ད་ནི་འཛམ་བུ་)སྟེ་གཉིས་ཀྱིས། ནང་ཚན་ཇི་ལྟར་གནས་པ། དེ་ ལྟར་གནས་པ་རྣམས་(ད་ནི་ལྷུན་པོ་)ཀྱི་ཚད་དོ། །བཅུད་ཀྱི་ནང་ཚན་ལ་གསུམ། དུས་ འཁོར་ལ་སོགས་པའི་གནས(ད་ནི་ཚངས་པའི་)། ཕྱོགས་སྐྱོང་བ་རྣམས་ཀྱི་གནས་ཏེ་ གཉིས་ཀྱིས(ད་ནི་ཕྱོགས་སྐྱོང་)། ནང་ཚན་ཇི་ལྟར་གནས་པ། དུམ་བུ་ཀུན་ལ་འཁོར་ ཚུལ(ད་ནི་ས་)། དེ་ལས་དུས་བཞི་འབྱུང་ཚུལ(རྫོགས་ལྡན་)། དུས་བཞིའི་ལོ་གྲངས་ བསྟན་པ་(དུས་བཞི་པོ་རྣམས་)སྟེ་གསུམ་གྱིས། འཁོར་ལོས་སྒྱུར་བ་འཁོར་ཚུལ། རང་ རང་གི་དབུགས་ལ་ཉིན་ཞག་བཞག་པ(ད་ནི་མིའི་)། ནུས་པའི་ཉིན་ཞག་ལ་བསྟན་པ་ རྫོགས་ཚུལ(ཚད་འདི་དག་)། ཉིན་ཞག་ལ་དུས་ཀྱི་དབྱེ་བ་བསྟན་པ(ད་ནི་ཕྲ་མོ་)། ཚེ་ལོ་ བརྒྱ་པའི་དགོངས་པ་བསྟན་པ་(མཆོག་གི་ཚེ་)སྟེ་བཞིས། དུས་ཀྱི་དབྱེ་བ་བསྟན་ པའོ། །མདོར་བསྡུས་བརྒྱད་པ(དཔལ་མཆོག་གི)འོ།། །། ༈ ཁྱད་པར་ལ་གསུམ། སྐར་རྩིས་ལ་སོགས་པའི། དབྱངས་འཆར་བ་ལ་སོགས་པའི། འཁོར་ལོ་ཅན་འབྱུང་བ་ལ་སོགས་པའི། ཁྱད་པར་རོ། །དང་པོ་ལ་གསུམ། ཁྱབ་བྱ་ཀུན་ རྫོབ་ཀྱི་སྐར་རྩིས་བཤད་པ་དངོས། ཁྱབ་བྱེད་དུས་འཁོར་བརྗོད་བྱ་རྗོད་བྱེད་དབྱེར་མེད་ 9-1-188 དུ་བཞུགས་ཚུལ(ད་ནི་དུས་ཀྱི་འཁོར་ལོ་)། དེའི་ལྷའི་རྣམ་པས་རྩིས་ཀྱི་ངེས་པ་ལ་ཁྱབ་ པར་བཞུགས་ཚུལ་ཏེ་གཉིས་ཀྱིས(འབྱུང་བ་ཉི་མའི་)། དེ་ལ་ཁྱབ་བྱེད་དོན་དམ་གྱི་ལྷ་ བཞུགས་ཚུལ། དེ་དག་བཤད་པ་མཐར་ཕྱིན་པས་འཇུག་བསྡུ་བ(དཔལ་ལྡན་ དུས་)འོ། །དང་པོ་ལ་གཉིས། ཉུང་ངུའི་བྱེད་རྩིས་འབྱུང་བར་ལུང་བསྟན་པ(ད་ནི་ལོ་)། དེས་གྲུབ་མཐའ་ངན་པ་རྣམ་པར་འཇོམས་ཚུལ(གྲུབ་པའི་)། གཞོམ་བྱ་དེའི་བྱུང་རབ་ བསྟན་པ་(འདིར་གྲུབ་པའི་)སྟེ་གསུམ་གྱིས། ཉུང་ངུའི་བྱེད་རྩིས་འཇུག་པའི་དུས་དང་། ཉུང་ངུའི་བྱེད་རྩིས་བཤད་པ་དངོས་སོ། །འདི་ལ་ལྔ། གང་དུ་སྤྱོད་པའི་ལོ་ཟླ་བསྟན་པ(ད་ ནི་རེ་ཤིག་)། ཇི་ཙམ་སྤྱོད་པའི་ལོངས་སྤྱོད་བསྟན་པ། ཇི་ལྟར་འཁོར་བའི་མགོ་ལ་བསྟན་ པ། དེ་ཙམ་སྤྱོད་པའི་རྒྱུ་མཚན་བསྟན་པ། དེ་ལྟར་སྤྱད་ནས་སྟོང་པར་འཇུག་ཚུལ་ ལོ། །གཉིས་པ་ལ་བཞི། གཟའ་རྣམས་ཀྱི་ལོངས་སྤྱོད། འགྲོས་བཞིར་རྒྱུ་ཚུལ(ད་ནི་རྒྱུ་ བའི་)། འཇུག་རིངས་བསྟན་པ་(སུམ་ཅུ་)སྟེ་གཉིས་ཀྱི། གཟའ་རྣམས་ཀྱི་རྒྱུ་ཚུལ། གཟའ་ རྣམས་ཀྱི་འཆར་ནུབ(ད་ནི་གཟའ་རྣམས་)། ཕན་ཚུན་འཐབ་ཅིང་འགྲོགས་པའི(དེ་ བཞིན་དུ་སླར་ཡང་)། ཕན་ཚུན་མཐུན་པར་འགྲོགས་པའི(རང་རང་གི་སྐར་མ་)། ཟླ་ བའི་མཐོ་བ་འཆར་བའི(དེ་བཞིན་དུ་ཟླ་བའི་)། ཉི་ཟླ་ལ་སྒྲ་གཅན་འཇུག་ཚུལ་(ད་ནི་སྒྲ་ གཅན་)ཏེ་བཞིས། གཟའ་རྣམས་ཀྱི་འགྲོགས་ཚུལ་ལོ། །དང་པོ་ལ་གསུམ། ཡན་ལག་ལྔའི། སྒྲ་གཅན་གྱི(ད་ནི་སྒྲ་)། གཟའ་ལྔའི་ལོངས་སྤྱོད་དོ། །དང་པོ་ལ་བཞི། ཟླ་བ་སོ་སོའི་ངེས་ པ། ཚེས་ཞག་སོ་སོའི་ངེས་པ། འཕོ་བ་སོ་སོའི་ངེས་པ། ཉིན་ཞག་སོ་སོའི་འཕེལ་འགྲིབ་ བོ(ད་ནི་ཉིན་མཚན་)། །དང་པོ་ལ་གཉིས། གཟའ་ཡི(ད་ནི་ཟླ་བའི་)། རྐང་པའི(ད་ནི་ གཟའི་)། ཉི་མའི་(ད་ནི་ཉི་མའི་) ངེས་པ་སྟེ་གསུམ་གྱིས། ངེས་པ་བཙལ་བ་དང་། ངེས་ པ་སྦྱིན་པ(སླར་ཡང་མ་དག་)འོ། །ཚེས་ཞག་སོ་སོའི་ངེས་པ་ལ་གཉིས། གཞུང་གི་དོན། སྤྱིའི་དོན་ནོ། །དང་པོ་ལ་ལྔ། གཟའ་ཚེས་དག་པ(ད་ནི་ཟླ་བའི་)། གྲུབ་མཐའ་དག་པ(ད་ ནི་ཉིན་ཞག་)། བྱེད་པའི་སྣོན་འབྲིད་དེ་གཉིས་ཀྱིས(འདིར་བྱེད་པ་ལ་)། ཉི་སྐར་དག་པ། ཟླ་སྐར་དག་པ(ད་ནི་ཟླ་བའི་)། སྦྱོར་བ་དག་པ(ཉི་ཟླ་བསྲེས་པ་)། བྱེད་པ་ད ག་པ(བྱེད་ 9-1-189 པ་དག་)འོ། །སྤྱིའི་དོན་ལ་གསུམ། ཡན་ལག་སོ་སོ(འདིར་ཡན་ལག་ལྔ་)། སྐར་ཁྱིམ་སོ་ སོ(ཐ་སྐར་དང་)། ཞིང་བདག་སོ་སོ(མིག་དམར་)། ངོས་བཟུང་པ་སྟེ་གསུམ་གྱིས། མ་ བརྟགས་པའི་དོན་ངོས་བཟུང་བ། བརྟགས་པའི་མིང་ཡིག་སུན་དབྱུང་བ(ད་ནི་མུ་ སྟེགས་)། བདེ་སྡུག་གི་རྒྱུ་གང་ཡིན་བསྟན་པ(དོན་དམ་པར་)འོ། །འཕོ་བ་སོ་སོའི་ངེས་ པ་ལ་གཉིས། ལོ་འཕོ་བའི་ངེས་པ་བཙལ་བ(ད་ནི་བྱེད་པ་ལ་)། ཁྱིམ་འཕོ་བའི་ངེས་པ་ སྦྱིན་པའོ། །འདི་ལ་གསུམ། ཁྱིམ་སོ་སོའི་ངེས་པ་སྦྱིན་པ་དངོས(ད་ནི་ལོའི་)། དེ་གྲུབ་ མཐར་མི་སྤྱོད་པས་མ་དག་པ(གྲུབ་པའི་མཐའ་གང་ཞིག་རིག་བྱེད་)། དེས་ན་དག་པར་ བྱ་བའི་ཆོ་གའོ། །འདི་ལ་གཉིས། གྲིབ་མའི་ངེས་པ(འདིར་འཆད་པ་དང་)། རྩ་བའི་རྒྱུད་ དུ་གསུངས་ཚུལ(རྩ་བའི་རྒྱུད)། བསྡུས་པའི་རྒྱུད་དུ་སྦས་ཚུལ་(བསྡུས་པའི་) ཏེ་གཉིས་ ཀྱིས། གྲུབ་མཐའི་ངེས་པའོ། །གཟའ་ལྔའི་ལོངས་སྤྱོད་ལ་གཉིས། སྤྱིའི་ཉིན་ཞག(ད་ནི་ བཀྲ་ཤིས)། སོ་སོའི་ལོངས་སྤྱོད། བཙལ་བའོ། །འདི་ལ་ལྔ། དལ་བ་བར་པའི་ལོངས་ སྤྱོད(ད་ནི་བཀྲ་)། ཁྱིམ་གྱི་ལས་ཀྱིས་དག་པ(ད་ནི་མིག་)། སྐར་མའི་ལས་ཀྱིས་དག་པ་ (ད་ནི་མྱུར་བ་)སྟེ་གསུམ་གྱིས། བཀྲ་ཤིས། གཟའ་ལག(ད་ནི་གཟའ་)། ཕུར་བུ(ད་ནི་ ཕུར་)། པ་སངས(ད་ནི་པ་སངས་)། སྤེན་པ(ད་ནི་སྤེན་པ་)།དག་པའོ། །ཇི་ལྟར་འཁོར་ བའི་འགོ་ལ་ལ་གསུམ། ནམ་མཁའ་ལ་ཁྱིམ་གྱི་འགོ་ལ་འཁོར་ཚུལ། དེ་འཁོར་བས་སའི་ འགོ་ལ་འཁོར་ཚུལ། ཉི་མ་འགྲོ་བའི་མགྱོགས་ཚད(ད་ནི་ལྷུན་པོའི་)། ཉིན་མཚན་འཕེལ་ འགྲིབ་ཀྱི་དུས་ཚད(ཉིན་དང་མཚན་མོའི་)། དུས་སྦྱོར་འཆར་བའི་ཡུད་ཚད་(ད་ནི་ཀཻ་ ལ་ཤ་)དེ་གསུམ་གྱིས། དེ་འཁོར་བའི་ཚད་ལ་སོགས་པ་བསྟན་པའོ། །དང་པོ་ལ་བཞི། ཁྱིམ་གྱི་འགོ་ལ་དགོད་པ། མགོ་ལའི་ཐད་ཀའི་རྒྱ(ད་ནི་འཇིག་རྟེན་)། དེ་ལ་བགྲོད་པའི་ ཚུལ(དེ་ལ་བགྲོད་པ་)། ཉིན་མཚན་འཕེལ་འགྲིབ་ཀྱི་(ཉི་མ་རི་བོང་)ཆའོ། །དང་པོ་ལ། བསྟན(ད་ནི་རྒྱུ་སྐར་གྱི་)། བཤད། གཉིས་ལས། འདི་ལ་གཉིས། རང་གནས་ཡོངས་སུ་མི་ གཏོང་ན་ཧ་ཅང་ཐལ་བ(ལས་ཀྱི་ས་འདིར་)། གནས་ཀྱི་གོ་རིམ་ངེས་པར་འདོད་པ་ དགག་པ་(བྱིས་པ་རྣམས་)སྟེ་གཉིས་ཀྱིས། མི་འཐད་པའི་ལུགས་དགག་པ། འཐད་པའི་ 9-1-190 དོན་བསྟན་པ(འདིར་ཁྱིམ་གྱི་འཁོར་ལོ་)འོ། །དེ་འཁོར་བས་སའི་འགོ་ལ་འཁོར་ཚུལ་ལ་ གསུམ། ཉིན་མཚན་མཉམ་པ་སྟོན་དཔྱིད་ཀྱི་དུས་འཁོར་ཚུལ(ད་ནི་སྟེང་དུ་)། ལྷོ་བྱང་ བགྲོད་པ་དབྱར་རྒུན་གྱི་དུས་འཁོར་ཚུལ(ད་ནི་ཉི་མའི་)ཏེ་གཉིས་ཀྱིས། ཉི་ཁྱིམ་འཁོར་ བའི་དབང་གིས་དུས་ཚིགས་རྣམས། སྟེང་འོག་ཏུ་འགྲོ་བའི་ཚད་འཁོར་ཚུལ(ད་ནི་ སའི་)། ལྷོ་བྱང་དུ་འགྲོ་བའི་ཚད་འཁོར་ཚུལ་(ད་ནི་དུམ་བུ་)ཏེ་གཉིས་ཀྱིས། ཉི་ཁྱིམ་ འཁོར་བའི་ཚད་དུམ་བུ་རྣམས་ལ། ཉི་ཁྱིམ་འཁོར་བའི་དབང་གིས་ཕྱོགས་དུས་རྣམས་ འཁོར་ཚུལ་ལོ། །འདི་ལ་གསུམ། བསྟན(ད་ནི་དུམ་བུ་)། བཤད་(ཉི་མ་ཁྱིམ་གཅིག་)། གཉིས་ཀྱིས། ལོའི་དུས་རྣམས། ཕྱོགས་ཀྱི་ཆ་རྣམས(ད་ནི་དུམ་བུ་བཅུ་གཉིས་ལ་)། ཞག་ གི་དུས་རྣམས་འཁོར་ཚུལ་(དུས་ནི་གསུམ་སྟེ་)ལོ། །དེ་ཙམ་སྤྱོད་པའི་རྒྱུ་མཚན་ལ་བཞི། རྒྱུ་མཚན་དངོས། རྒྱུ་བའི་སྟོབས(ད་ནི་གཟའ་རྣམས་)། ཉི་ཟླའི་རྐང་པ(ད་ནི་ཉི་མ་)། སྒྲ་ གཅན་འཇུག་ཚུལ་(ད་ནི་ཟླ་བའི་)ལོ། ། དང་པོ་ལ་གཉིས། ལོ་བརྒྱའི་དབུ་མ་དུས་ཀྱི་ འཁོར་ལོར་བསྟན་པ(ད་ནི་ལུས་ལ་)། དེས་དམན་པའི་ལོ་བརྒྱ་གཟའ་བརྒྱད་ཀྱིས་སྤྱོད་ ཚུལ་(ད་ནི་གཟའ་བརྒྱད་)ཏེ་གཉིས་ཀྱིས། དབུ་མའི་ཡན་ལག་གང་ཡིན་པ། དེ་ལས་ གང་དང་གང་འབྱུང་བའོ། །འདི་ལ་གཉིས། གཟའ་རྣམས་ཀྱི་རྐང་བ་འབྱུང་ཚུལ། གཟའ་ རྣམས་ཀྱི་དཀྱིལ་འཁོར་འབྱུང་ཚུལ་ལོ། །དང་པོ་ལ་གསུམ། རྒྱུ་སྐར་གྱི་རྐང་བ(ད་ནི་དབུ་ མ་)། ཁྱིམ་གྱི་རྐང་བ(ད་ནི་དལ་བའི་)། ཁྱིམ་གསུམ་གྱི་ལོངས་སྤྱོད་དེ་གསུམ་གྱིས(ད་ནི་ ཟླ་བ་)། གཟའ་ལྔའི། ཟླ་བ་ལ་ཇི་ཙམ་སྤྱོད་པའི་ལོངས་སྤྱོད(ད་ནི་སྒྲ་གཅན་)། མ་སྤྱད་པ་ ཟླ་བའི་ཆ་ཉམས་པར་བསྟན་པ་(གང་ཞིག་)སྟེ། གཉིས་ཀྱིས། སྒྲ་གཅན་གྱི། རྐང་བའི་ ལོངས་སྤྱོད་བཙལ་བ(སྒྲ་གཅན་)། རྐང་བ་ཇི་ལྟར་སྤྱོད་པ་(མཇུག་རིང་)སྟེ་གཉིས་ཀྱིས། མཇུག་རིང་གི་རྐང་བ་འབྱུང་ཚུལ་ལོ། །གཟའ་རྣམས་ཀྱི་དཀྱིལ་འཁོར་འབྱུང་ཚུལ་ལ་ གཉིས། གཟའ་ལྔའི་དཀྱིལ་འཁོར་དང་སྐྱེས་སྐར་གྱི་རྒྱུ་མཚན། མཇུག་རིང་ཕྱོགས་ལ་ འཆར་བའི་རྐང་པའི་རྒྱུ་མཚན་(ཉི་མ་རི་བོང་)ནོ། །དང་པོ་ལ་གཉིས། དཀྱིལ་འཁོར་གྱི་ དོན་དངོས་(ད་ནི་དུས་ཀྱི་)དང་། དེ་ལས་འཕྲོས་པའི་སྣོན་འབྲིད་དེ་གཉིས་ཀྱིས(ས་ 9-1-191 སྐྱེས་ལ་ནི་རི་)། དཀྱིལ་འཁོར་གྱི་རྒྱུ་མཚན། སྐྱེས་སྐར་དྲུག་ཅུ་རྩ་གཉིས་བསྟན་པ(ས་ སྐྱེས་ལ་ནི་བྱེད་)། དེའི་རྒྱུ་མཚན་ཕྱོགས་ཙམ་བསྟན་པ་(ད་ནི་གཟའ་རྣམས་(ཟླ་བ་དྲུག་ གིས་)སྟེ་གཉིས་ཀྱིས་སྐྱེས་སྐར་གྱི་རྒྱུ་མཚན་ནོ། །དེ་ལྟར་སྤྱད་ནས་སྟོང་པར་འཇུག་ཚུལ་ ལ་གསུམ། དུས་བཞི་བསྡོམས་པའི་ཚད(ད་ནི་གཟའ་)། དུས་བཞི་སོ་སོའི་ཚད་(འདིར་ དུས་སོ་སོ་)དེ་གཉིས་ཀྱིས། དུས་བཞིའི་ལོ་རྣམས་ངོས་བཟུང་བ། སྟོང་པར་འཇུག་ཅིང་ འབྱུང་བའི་ཚུལ(ལོ་ནི་འདི་དག་)། སླར་ཡང་ངེས་པ་འབྱུང་བའི་ཚུལ་(ད་ནི་ ཚེས་)ལོ། །མདོར་བསྡུས་དགུ་པ(དཔལ་)འོ།། །། ༈ དབྱངས་འཆར་བ་ལ་སོགས་པའི་ཁྱད་པར་ལ་གཉིས། དབྱངས་འཆར་བ་ལ་ སོགས་པའི་ངེས་པ་བསྟན་པ། དེ་དག་ཇི་ལྟར་བསྒྲུབ་པའི་ངེས་པ་སྦྱིན་པ(ད་ནི་འཇམ་ དཔལ་)འོ། །དང་པོ་ལ་གསུམ། དབྱངས་འཆར་བའི། སའི་སྟོབས་ཀྱི། འཁྲུལ་འཁོར་གྱི་ ངེས་པའོ། །དང་པོ་ལ་གསུམ། དབྱངས་དག་པ་ངོས་བཟུང་བ(ད་ནི་དབྱངས་)། དབྱངས་ འཆར་བའི་ངེས་པ་དངོས། ཞར་ལ་ངེས་པ་གཞན་བསྟན་པའོ། །བར་པ་ལ་གཉིས། སྤྱིར་ དུས་ལ་འཆར་བའི། ཁྱད་པར་འདྲི་དུས་སུ་འཆར་བའི་ངེས་པའོ། །དང་པོ་ལ་གཉིས། རགས་པའི། དུས་སྦྱོར་བཅུ་གཉིས་ཀྱི་འབྲས་བུ(ཉི་ཤུ་རྩ་བདུན་)། ཡུད་ཙམ་སུམ་བཅུ་ལ་ འཆར་ཚུལ(དེ་ལ་ཡུད་ཙམ་)། གཟའ་བཅུའི་དཀྱིལ་འཁོར་ལ་འཆར་ཚུལ(སྟོང་པ་རླུང་ མེ་)། དཀྱིལ་འཁོར་དྲུག་བཅུ་ལ་འཆར་ཚུལ(དེ་བཞིན་དུ་དུས་སྦྱོར་)། དེ་ལྟར་ཤར་བའི་ འབྲས་བུ་(འདིར་གཡུལ་དུ་)སྟེ་ལྔས། ཕྲ་བའི་དུས་ལ་འཆར་བའི་ངེས་པའོ། །དང་པོ་ལ་ གཉིས། དབྱངས་རྣམས་ཚེས་ལ་འཆར་བ(དབྱངས་ལྔ་པོ་)། ཕྱོགས་ལ་སོགས་པ་ལ་ འཆར་བ(དེ་ལྟར་རྒྱུ་སྐར་)། དེ་དག་གི་གནས་སྐབས་བསྟན་པ་(དང་པོ་ལ་)སྟེ་གསུམ་ གྱིས། དབྱངས་རྣམས་ཚེས་སོགས་ལ། དབྱངས་དང་གསལ་བྱེད་ཕྱོགས་གཉིས་ལ(ཨ་ སོགས་)། འཆར་ཚུལ་ལོ། །འདྲི་དུས་སུ་འཆར་བའི་ངེས་པ་ལ་གཉིས། འདྲི་དུས་སུ་སྣ་ལ་ འཆར་བའི་ངེས་པ(ད་ནི་དྲིས་ན་)། དྲིས་པའི་དབྱངས་ལ་འཆར་བའི་ངེས་པ(ད་ནི་དྲིས་ པའི་)། ཁྱད་པར་ལས་དུས་སྦྱོར་དང་དབུགས་ཀྱི་སྟོབས་ངེས་པ(ད་ནི་ལོ་)། བཟང་ངན་ 9-1-192 གྱི་འབྲས་བུ་སྟོན་པའི་ངེས་པ་(ད་ནི་དབུགས་)སྟེ་བཞིས། ནང་ཕྲ་མོའི་རྣལ་འབྱོར་གྱི། ཕྱི་འཇིག་རྟེན་གྱི་ཐ་སྙད་ཀྱི་ངེས་པ(ད་ནི་དུས་སྦྱོར་)འོ། །ཞར་ལ་ངེས་པ་གཞན་བསྟན་ པ་ལ་བཞི། སྐར་མའི་སྟོབས(ད་ནི་འཇིག་རྟེན་)། གདེངས་ཅན་གྱི་འཁོར་ལོ(ད་ནི་ གདེང་ཅན་)། ཚེའི་གནས་སྐབས(ཚེའི་གནས་)། རྟེན་འབྲེལ་གྱི་རྩིས་སོ། །འདི་ལ་གཉིས། ཡན་ལག་བཅུ་གཉིས་ཟླ་བ་ལ་འཆར་ཚུལ་གྱིས་མདོར་བསྟན་པ་(ད་ནི་བསྟེན་ ཅིང་)དང་། ནག་ཕྱོགས་བཅུ་གཉིས་ལ་སྡུད་སྐྱེད་སྤེལ་མར་འཆར་ཚུལ(རྒྱལ་དང་མཆུ་)། ཕྱོགས་གཉི་ག་ལ་ཤར་བའི་རྟེན་འབྲེལ་གྱི་འབྲས་བུ(འདིར་མ་རིག་)། དཀར་ཕྱོགས་ བཅུ་གཉིས་ལ་སྡུད་སྐྱེད་སྤེལ་མར་འཆར་ཚུལ་(དེ་བཞིན་དུ་རྒྱལ་)ཏེ་གསུམ་གྱིས། ཚེས་ གྲངས་སོ་སོ་ལ་འཆར་ཚུལ་གྱིས་རྒྱས་པར་བཤད་པའོ། །སའི་སྟོབས་ཀྱི་ངེས་པ་ལ་གསུམ། སྤྱིར་བསྟན་པ(ད་ནི་སའི་)། སོ་སོར་བཤད་པ། དེ་དག་ལས་གང་བཟུང་བ(འདིར་རྣལ་ འབྱོར་མ་)འོ། །བར་པ་ལ་བཞི། རྣལ་འབྱོར་མའི(ད་ནི་ཚངས་མ་)། བིཥྚིའི(ད་ནི་བིཥྚིའི)། དྲག་པོའི(ད་ནི་དྲག་པོའི)། ཐུན་ཕྱེད་པའི་སྒྲ་གཅན་གྱི(ད་ནི་ཐུན་ཕྱེད་)། མཚན་མའི་ འཐབ་མོ་པའི(ད་ནི་མཚན་མའི་)། རྩ་བའི་སྒྲ་གཅན་གྱི་སྟོབས་(ད་ནི་རྩ་བའི་)ཏེ་ གསུམ་གྱིས། སྒྲ་གཅན་གྱི་སྟོབས་སོ། །འཁྲུལ་འཁོར་གྱི་ངེས་པ་ལ་གསུམ། གདུག་པ་ཅན་ འཇོམས་པའི། རལ་གྲིའི་འཁྲུལ་འཁོར་(ད་ནི་རྒྱལ་པོའི་)དང་། ཤིང་རྟའི་མཚན་ཉིད་དེ་ (ད་ནི་རྒྱལ་རིགས་) གཉིས་ཀྱིས། རང་གི་ཕྱོགས་བསྲུང་བའི།འཁོར་ལོའི་ཁང་ བརྩེགས(ད་ནི་ལྷ་རྣམས་)།འཁོར་ལོའི་ཁྱོགས(ད་ནི་དཔྱིད་ཀྱི་)། ཆུའི་འཁྲུལ་འཁོར་ཏེ་ གསུམ་གྱིས(ད་ནི་ལྡུམ་ར་)། གནས་སྐབས་སུ་འཁོ་བའི་འཁྲུལ་འཁོར་རོ། །དང་པོ་ལ། བསྟན(ད་ནི་གདུག་པའི)། བཤད། གཉིས་ལས། འདི་ལ་གསུམ། ཐང་གི་རྫོང་འཇོམས་པ་ རྡོ་རྗེའི(འདིར་ཐང་གི་)། ཆུའི་རྫོང་ལེན་པ་ཆུའི(ད་ནི་ཆུའི་)། རིའི་རྗོང་བཤིག་པ་རླུང་ གི་འཁྲུལ་འཁོར་(ད་ནི་རིའི་)སྟེ་གསུམ་གྱིས། རྫོང་འཇོམས་པ་དྲག་པོའི། གྲི་གུག་གི་ འཁྲུལ་འཁོར(གྲི་གུག་གི་)། རྡོ་རྗེ་གུར་གྱི་འཁྲུལ་འཁོར་(དེ་བཞིན་དུ་རྡོ་རྗེ་)ཏེ་གཉིས་ ཀྱིས། ཡུལ་འཇོམས་པ་ཞི་ཐབས་ཀྱི། དཔུང་འཇོམས་པ་ལྕགས་མདའི་འཁྲུལ་འཁོར་(ད་ 9-1-193 ནི་གཡུལ་)རོ། །མདོར་བསྡུས་བཅུ་པ(མཆོག་གི་)འོ།། །། ༈ འཁོར་ལོ་ཅན་འབྱུང་བ་ལ་སོགས་པའི་ཁྱད་པར་ལ་བཞི། ས་ལ་འཁོར་ལོས་སྒྱུར་ བ་འཁོར་བའི། ཀླ་ཀློ་དང་རིགས་ལྡན་འབྱུང་བའི། རིགས་ལྡན་གྱིས་ཀླ་ཀློ་འཇོམས་པའི། ཀླ་ཀློ་ཆོམས་ནས་ཇི་ལྟར་འགྱུར་ཚུལ་ལོ། །དང་པོ་ལ་གསུམ། དུམ་བུ་བཅུ་གཉིས་ལ་ (འཆང་དང་)འཁོར་ལོས་སྒྱུར་བ་འཁོར་ཚུལ་སྤྱིར་བསྟན་པ། དུམ་བུ་གཅིག་ལ་(དུམ་བུ་ གཅིག་)འཁོར་ལོས་སྒྱུར་བའི་གནས་ཁྱད་པར་དུ་བཤད་པ། འཁོར་ལོ་ཅན་དང་ཕྱེད་ ཅན་དང་དུམ་བུ་ཅན་རྣམས་འཁོར་བའི་ཚུལ་ལོ། །འདི་ལ་བཞི། མི་དབང་གཅིག་དང་ གཉིས་དང་གསུམ་(གཅིག་གཉིས་)ལ་སོགས་པར་འཁོར་བའི་ཚུལ། དེ་རྣམས་འཁོར་ལོ་ ཅན་དང་ཕྱེད་ཅན་དུམ་བུ་ཅན་དུ་བསྟན་པ(འཁོར་ལོ་ཅན་དང་)། འཁོར་ལོ་ཅནདང་ ཕྱེད་ཅན་གྱི་གྲངས་དང་(འོད་ཟེར་)སྐྱེ་གནས། དུམ་བུ་ཅན་རྣམས་(ཉ་དང་)ཀྱི་མིང་ དང་གྲངས་དང་སྐྱེ་གནས་བསྟན་པ་སྟེ་གཉིས་ཀྱིས། དེ་རྣམས་ཀྱི་གྲངས་དང་མིང་དང་ སྐྱེ་བའི་གནས་རྣམས་བསྟན་པ། རིགས་ལྡན་དྲག་པོ་འབྱུང་བའི་ཚུལ་གྱི་ཁྱད་པར་དུ་ བཤད་པ(སུམ་བཅུ་རྩ་)འོ། །ཀླ་ཀློ་དང་རིགས་ལྡན་འབྱུང་བའི་ཚུལ་ལ་གཉིས། གཞོམ་བྱ་ ཀླ་ཀློ(ཨཱར་གྲ་)། འཇོམས་བྱེད་རིགས་ལྡན་འབྱུང་ཚུལ་ལོ། ། འདི་ལ་གསུམ། ས་ལ་ཡེ་ ཤེས་ཀྱི་སྐུ་འཇུག་པའི(ཐིག་ལེ་)། ཟླ་བ་བཟང་པོ་ལ་(དཔལ་ལྡན་རྒྱལ་)ངེས་པ་སྦྱིན་པའི། གྲགས་པ་(དཔལ་ལྡན་ཤཱཀྱ་)དང་དྲག་པོ་(གདན་ནི་)ལུང་བསྟན་པ(དེའི་དབུས་སུ་འི་ ཚུལ་ལོ། །རིགས་ལྡན་གྱིས་ཀླ་ཀློ་འཇོམས་པའི་ཚུལ་ལ་གསུམ། འཁྲུག་པ་འབྱུང་ བའི(རིགས་ལྡན་རིགས)། འཁྲུགས་ནས་འཇོམས་པའི། ཆོམས་ནས་གཤེགས་པའི་ཚུལ་ (དཔུང་ནི་ཐམས་ཅད་)ལོ། །བར་པ་ལ། བསྟན(གཡུལ་དུ་)། བཤད་གཉིས་ལས། འདི་ལ་ གཉིས། དཔུང་གི་གྲངས(རྡོའི་རྟ་ནི་)། དེའི་བྱ་བ(མཆོག་ཏུ་)འོ། །ཀླ་ཀློ་ཆོམས་ནས་ཇི་ ལྟར་འགྱུར་བ་ལ་བཞི། སེམས་ཅན་རྣམས་(དེའི་དུས་སུ་)ཀྱིས་དངོས་གྲུབ་ཀྱི་ལམ་ཐོབ་ པའི། ཚངས་པ་ལ་སོགས་པ་སྟོན་པ་པོར་འགྱུར་བའི། མི་རྣམས་ཀྱི་ཚེ་མཆོག་ཏུ་འཕེལ་ བར་འགྱུར་བའི། དོན་བསྡུ་ཞིང་དུམ་བུ་ཐམས་ཅད་ལ་འཁོར་བའི་ཚུལ་ལོ། །གཉིས་པ་ 9-1-194 ལ་གསུམ། འཁོར་ལོ་ཕྱེད་ཅན་བཞག་ནས་གཤེགས་པའི(ལྷ་དང་མིའི་)། དུམ་བུ་ཅན་ རྣམས་འབྱུང་བར་འགྱུར་བའི(སླར་ཡང་དེ་ཉིད་)། ཕལ་པ་གཞན་རྣམས་འབྱུང་བར་ འགྱུར་བའི(དེ་རྣམས་དབུས་སུ་)། ཚུལ་ཏེ་གསུམ་གྱིས། ཀླ་ཀློ་ཆོམས་པའི་རྗེས་སུ་ཇི་ལྟར་ འབྱུང་བ། ཀླ་ཀློ་གཞོམ་པའི་དོན་དུ་ཇི་ལྟར་འཁོར་བ(ཀླ་ཀློ་རྣམས་ནི་)། ཕྱེད་ཅན་དུམ་ བུ་ཅན་རྣམས་གསལ་བར་བཤད་པ(སྐབས་གསུམ་པ་)འོ། །ལེའུ་དང་པོ་(དཔལ་འཇིག་ རྟེན་)སྟེ་འབྲུའི་ཤུན་པའི་ཕྱིའི་ཆ་དང་མཚུངས་པར་དངོས་སུ་ན་བདེ་གཤེགས་སྙིང་པོ་ ལ་གཡོགས་པ་གློ་བུར་དྲི་མའི་ཕྱིའི་ཆ་གཙོ་བོར་སྟོན་པའོ། །འབྲུའི་སྙིང་པོ་དང་མཚུངས་ པར་བདེ་གཤེགས་སྙིང་པོ་རྣམ་པ་ཐམས་ཅད་པ་དོན་གྱིས་བསྟན་པ་ཡང་ཕྱི་སྣོད་ཀྱི་ འཇིག་རྟེན་དང་རྣམ་པ་མཚུངས་པར་རིག་པར་བྱ་སྟེ་བླ་མ་དམ་པའི་རིགས་ལྡན་གྱི་ མན་ངག་ལས་སོ།། །། ནང་བཅུད་ཀྱི་སེམས་ཅན་གཙོ་བོར་བཤད་པ་ལ་གཉིས། བཤད་པ་ལ་(གང་ཞིག་ ཤཱཀྱ་) འཇུག་པ། ཞུགས་པའི་བཤད་པ་དངོས་སོ། །འདི་ལ་གསུམ། མཚམས་སྦྱར་ཞིང་ ཞུས་ལན་བསྟན་པ(འདིར་དཔལ་)། ལན་གྱི་དོན་རྒྱས་པར་བཤད་པ། གདམས་ཅིང་ བསྟོད་པས་འཇུག་བསྡུ་བའོ། ། བར་པ་ལ་གཉིས། ནང་ལུས་ཀྱི་མཚན་ཉིད། རང་གཞན་གྱི་ལྟ་བ་གཏན་ལ་དབབ་ པའོ། །དང་པོ་ལ་གཉིས། ལུས་ལ་ཕྱི་རོལ་གྱི་སྣ་ཚོགས་ཡི་གེས་བསྟན་པ(བསྟན་པའི་ ཚིག་)། ལུས་བསྐྱེད་པ་ལ་རྒྱུ་དང་འབྲས་བུའི་ཚོགས་བསྟན་པ་(ད་ནི་མིའི་)སྟེ་གཉིས་ ཀྱིས། ནང་ལུས་ཀྱི་དོན་མདོར་བསྟན་པ་དང་། བསྟན་པ་དེ་རྒྱས་པར་བཤད་པའོ། །འདི་ ལ་ལྔ། ལུས་ཇི་ལྟར་འཆགས་པ། ལུས་ཇི་ལྟར་གནས་པ། ལུས་ཇི་ལྟར་མདོར་བ། ལུས་སྐྱེ་ འཆིར་འགྱུར་བ། ལུས་བསྲུང་ཞིང་གསོ་བའོ། །དང་པོ་ལ་གཉིས། མངལ་སྐྱེས་ཀྱི་ལུས་ཇི་ ལྟར་འགྲུབ་པ། དེ་འཕགས་པའི་བདེན་པས་བཤད་པའོ། །དང་པོ་ལ་གསུམ། མངལ་གྱི་ ཁམས་ཀྱིས(མངལ་འཛིན་པ་)། རང་གི་ཁམས་ཀྱིས(ས་བོན་གྱི་)། ས་བོན་འཛིན་ཚུལ་ཏེ་ གཉིས་ཀྱིས། མངལ་དུ་ས་བོན་འཛིན་ཚུལ། གནས་སྐབས་བཅུར་དབྱེ་བ(གསང་བ་)། 9-1-195 གནས་སྐབས་སོ་སོའི་འཇུག་པ་(ཉ་ཞེས་པ་)སྟེ་གཉིས་ཀྱིས། གནས་སྐབས་བཅུར་འགྱུར་ ཚུལ། ལུས་གྱི་ཆ་ཤས་འགྲུབ་ཚུལ་(ཁུ་བ་)ལོ། །དེ་འཕགས་པའི་བདེན་པས་བཤད་པ་ལ་ གསུམ། འཁོར་བ་སྡུག་བསྔལ་གྱི་བདེན་པ(འཕགས་པའི་)། དེ་སྤོང་བྱེད་ལམ་གྱི་བདེན་ པ(ལམ་གྱི་)། ཀུན་འབྱུང་དང་འགོག་པའི་བདེན་པའོ། །འདི་ལ་གཉིས། ཀུན་འབྱུང་ འགོག་པ་སྤྱིར་བསྟན་པ(མངལ་དུ་)། ཀུན་འབྱུང་བྱེ་བྲག་ཏུ་བཤད་པའོ། །འདི་ལ་བཞི། ཕྱི་ནང་ཐུན་མོང་གི་སྐུ་བཞི (འདིར་མའི་)། ཕྱི་ནང་སོ་སོའི་སྐུ་བཞི་(མངལ་དང་)སྟེ། གཉིས་ཀྱིས་ཀུན་རྫོབ་ཀྱི་སྐུ་བཞི། ཀུན་རྫོབ་ཀྱི་རྡོ་རྗེ་བཞི(མངལ་དུ་)། ཕན་ཚུན་འབྲེལ་ པར། ཕུང་པོ(འཇིག་རྟེན་)། དབང་པོ(རྣ་བ་)། ཉོན་མོངས(ཁམས་དྲུག་)། ལས་དབང་ (ཁམས་ཀྱི་)། ཕྲ་མོ་ཐུར་སེལ། འཁོར་ལོ(གཙུག་ཏོར་)། སོར་མོ(ད་ནི་ས་)། གཉིས་ ཀྱིས(སོ་རྣམས་)། སྐྲ་སྤུ་(དེ་བཞིན་དུ་སྤུ་)རྣམས། ཁམས་སོ་སོ་ལ་འབྱུང་བ་སྟེ་དགུས། ཁམས་ལས་འགྱུར་བ་འབྱུང་བའོ། །གསུམ་པ་ལ་གསུམ། འབྱུང་བའི་རྟེན་དང་བརྟེན་ པ(རྟེན་དང་)། ཚོགས་པའི་རྟེན་དང་བརྟེན་པ་(ཚོགས་པའི་)སྟེ་གཉིས་ཀྱིས་རྟེན་དང་ བསྟེན་པའི། བསྐྱེད་བྱ་དང་སྐྱེད་བྱེད་ཀྱི།(གྲི་ཞེས་)གཟུང་བ་དང་འཛིན་པ(ད་ནི་ གཟུང་)འི་འབྲེལ་པའོ། །མདོར་བསྡུས་དང་པོ(བསྡུས་པའི་)འོ།། །། ༈ ལུས་ཇི་ལྟར་གནས་པ་ལ་གཉིས། ཀུན་འབྱུང་གི་བདེན་པ་ལ་སོགས་པར། ཀླ་ཀློའི་ འཁྲུག་པ་ལ་སོགས་པར་གནས་ཚུལ་ལོ། །དང་པོ་ལ་དྲུག །འཁོར་ལོ་དྲུག་སྐུ་བཞིའི་རྟེན་ དུ(ད་ནི་གསང་བ་)། འཁོར་ལོ་དྲུག་པོ་རིགས་དྲུག་ཏུ(ལྟེ་བ་ཞེས་)། སྟེང་འོག་གི་རྩ་ རིགས་དྲུག་ཏུ(དེ་དག་ཅེས་པ་)། ལུས་དང་བསམ་པས་ཁ་དོག་ངེས་པར(ལུས་ཞེས་)། ཐབས་དང་ཤེས་རབ་ཕན་ཚུན་འཁྱུད་པར་གནས་ཚུལ་(རུས་པ་)ཏེ་ལྔས། རྩ་དང་ ཁམས་ལས་རིགས་ངེས་པར་གནས་ཚུལ། རྩ་དང་ཁམས་འཕེལ་བའི་ངེས་པར་གནས་ ཚུལ(ད་ནི་རྩ་)། རང་བཞིན་དང་སྐྱེས་བུའི་ངེས་པར་གནས་ཚུལ(ད་ནི་དཔལ་)། ས་ཆུ་ ལ་སོགས་པ(ད་ནི་ས་)། རྒྱུ་སྐར་ལ་སོགས་པ(ད་ནི་རྒྱུ་སྐར་)། སྐྱེ་གནས་ལ་སོགས་པ(ད་ ནི་སྤུ་)། མཐོ་རིས་ལ་སོགས་པ(ད་ནི་ཚངས་པ་)། ལྷོའི་མེ་ལ་སོགས་པ(ད་ནི་སྙིང་)། 9-1-196 གཟའི་ཆུ་ཚོད་ལ་སོགས་པ(ད་ནི་གཟའ་)། ལུས་ལ་གནས་ཚུལ་ཏེ་དྲུག་གིས། ཕྱི་རོལ་གྱི་ ཆོས་རྣམས་ལུས་ལ་གནས་ཚུལ། ཕྱི་དང་མཐུན་པར་ལུས་ལ་རླུང་རྒྱུ་ཚུལ། ཞིང་ལ་སོགས་ པ་རྣམས་ལུས་ལ་གནས་ཚུལ་(ད་ནི་ཞིང་)ལོ། །ལྔ་པ་ལ་གཉིས། ཕྱི་དང་མཐུན་པར་ འཁོར་ལོ་ལ། ཕྱི་དང་མཐུན་པར་སྣ་བུག་ལ་རྒྱུ་ཚུལ་(ད་ནི་རྩ་བ་)ལོ། །དང་པོ་ལ་གཉིས། འཁོར་ལོ་བཞི་ལ། འཁོར་ལོ་དྲུག་ལ་རྒྱུ་ཚུལ་(སླར་ཡང་ལྟེ་བའི་)ལོ། །དང་པོ་ལ་གསུམ། ཕྱི་དང་མཐུན་པར་འཕོ་བ་བཅུ་གཉིས་འཁོར་ཚུལ(ད་ནི་ལྟེ་བའི་)། ཕྱི་དང་མཐུན་པར་ དཀྱི ལ་འཁོར་དྲུག་བཅུ་འབབ་ཚུལ(ད་ནི་རེ་རེ་)། ཕྱི་དང་མཐུན་པར་གཡོན་དང་ གཡས་ལ་འབབ་ཚུལ་(ད་ནི་སྟོང་པ་)ཏེ་གསུམ་གྱིས། ལྟེ་བའི་འཁོར་ལོ་ལ། རྩ་རྣམས་ལ་ རླུང་རྒྱུ་ཚུལ(ད་ནི་དེ་ཞེས་)། རླུང་བཅུ་པོ་རྣམས་ཀྱི་བྱ་བ(ད་ནི་སྲོག་)། རྩ་བཅུ་པོ་རྣམས་ ཀྱི་མིང་(ད་ནི་དམར་)། རྩ་བརྒྱད་ཀྱི་ལྷག་པའི་ལྷ་(ད་ནི་དབང་པོ་)སྟེ་བཞིས། སྙིང་ཁའི་ འཁོར་ལོ་ལ། མགྲིན་པ་དང་དཔྲལ་བ་ལ་རྒྱུ་ཚུལ་(ད་ནི་མགྲིན་)ལོ། །མདོར་བསྡུས་ གཉིས་པ(བསྡུས་པའི་)འོ།། །། ༈ ཀླ་ཀློའི་འཁྲུག་པ་ལ་སོགས་པར་གནས་ཚུལ་ལ་གཉིས། རིགས་ལྡན་དང་ཀླ་ཀློའི་ འཁྲུག་པ(ད་ནི་འཁོར་ལོ་)། རྒྱུད་སྡེ་དང་ལྷ་ལ་སོགས་པ། ལུས་ལ་གནས་ཚུལ་ལོ། །འདི་ ལ་གསུམ། རྣལ་འབྱོར་དང་རྣལ་འབྱོར་མའི་རྒྱུད་ལུས་ལ་བཞུགས་ཚུལ། ཁྱད་པར་དུས་ ཀྱི་འཁོར་ལོའི་ལྷ་ལུས་ལ་བཞུགས་ཚུལ། དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་ངེས་པ་བསྟན་ པའོ། །དང་པོ་ལ་གསུམ། རྣལ་འབྱོར་མའི་རྒྱུད(ད་ནི་དུས་)། དཀྱིལ་འཁོར་དགུའི་ལྷ་ གྲངས(ད་ནི་རྒྱུ་)། ལྷ་དེ་རྣམས་ཀྱི་ད ག་པ་(འདིར་མངལ་ནས་)སྟེ་གཉིས་ཀྱིས། རྣལ་ འབྱོར་གྱི་རྒྱུད། ཕྱི་ནང་གི་ཕྱག་རྒྱ་ལུས་ལ་བཞུགས་ཚུལ་(ད་ནི་ཕྱི་)ལོ། །ཁྱད་པར་དུས་ཀྱི་ འཁོར་ལོའི་ལྷ་ལུས་ལ་བཞུགས་ཚུལ་ལ་གསུམ། པད་མའི་ལྟེ་བའི་ལྷ(ད་ནི་ནུས་)། པད་ མའི་འདབ་མའི་ལྷ(ད་ནི་ཙར་ཙི་)། ལུས་ལ་བཞུགས་པ་སྟེ་གཉིས་ཀྱིས། བསྡུས་རྒྱུད་ཀྱི་ ལྷ་ལུས་ལ་བཞུགས་པར། རྩ་རྒྱུད་ཀྱི་ལྷ་ལུས་ལ་བཞུགས་པར(རྣལ་འབྱོར་མའི་)། དེ་ལྟར་ ཤེས་ན་མྱུར་དུ་གྲོལ་བར་བསྟན་པ(གང་གིས་)འོ། །དུས་འཁོར་གྱི་རྒྱུད་ཀྱི་ངེས་པ་ལ་ 9-1-197 གསུམ། རྩ་རྒྱུད་ལས་བསྡུས་རྒྱུད་འབྱུང་ཚུལ(ད་ནི་སུམ་བཅུ་)། རྩའི་གྲངས་(ད་ནི་ འཁོར་ལོ་)དང་སྐྱེན་ཡོན་བསྟན་པ(འདི་རྣམས་ལས་)། རྩ་བའི་རྒྱུད་ལས་བསྡུས་རྒྱུད་ ཕྱུང་ཚུལ་(སླར་ཡང་རྩ་) ཏེ་གཉིས་ཀྱིས། དེ་ལུས་ཀྱི་རྩ་ལ་བཞུགས་ཚུལ། ལུས་ལ་རིགས་ ཀྱི་རྩ་བསྲུང་ཚུལ་(ད་ནི་དྲུག་)ལོ། །མདོར་བསྡུས་གསུམ་པ(བསྡུས་པའི་)འོ།། །། ༈ ལུས་ཇི་ལྟར་འདོར་བ་ལ་དྲུག །དུས་མིན་དུ་འཆི་བས་མདོར་ཚུལ་བསྟན་པ། དུས་ སུ་འཆི་བས་མདོར་ཚུལ་བསྟན་པ། ཟླ་ཉིའི་བུ་ལོན(ད་ནི་ཕྱོགས)། ལོ་བརྒྱའི་རྩོམ་ཚུལ(ད་ ནི་དབུགས)། བུ་ལོན་གྱིས་འཆི་བ་(ད་ནི་འཇིག་རྟེན་)སྟེ་གསུམ་གྱིས། དེ་ལྟར་འཆི་བའི་ རྒྱུ་མཚན་བསྟན་པ། འཆི་བའི་ཁམས་ཀྱི་རྣམ་འགྱུར་བསྟན་པ(ད་ནི་ཆད་པ་)། འཆི་བའི་ མཚན་ཉིད་གཞན་ཡང་བསྟན་པ(ཉིད་ཞག་)། དེས་ན་བསོད་ནམས་བྱ་བར་གདམས་ པ(དེ་ཤེས་ནས་)འོ། །དང་པོ་ལ་གཉིས། དོན་ལ་གནས་པ་བཤད་པ། གཞན་གྱིས་ བརྟགས་པ་དགག་པ(ད་ནི་ཉི་མའི་)འོ། །དང་པོ་ལ་གཉིས། འཆི་ལྟས་ཀྱིས་འཆི་བའི་ དོན་དངོས་(ད་ནི་སྲོག་)དང་། དེ་འཁོར་ལོས་གསལ་པར་སྟོན་པ་(འདིར་ཁྱིམ་)སྟེ་ གཉིས་ཀྱིས། ཟླ་བའི་འཆི་ལྟས་ཀྱིས་འདོར་ཚུལ། བཤད་པ་གཅིག་གི་ངེས་པ(ད་ནི་ལྔ་)། བཤད་པ་གཉིས་པའི་ངེས་པ(ད་ནི་རང་)། ཉིན་ཞག་རྣམས་ཀྱི་རྩ་འདོར་ཚུལ(ད་ནི་ སྔོན་)། འདོར་བའི་འཁོར་ལོ་དགོད་པ་(འདིར་དགོད་)སྟེ་བཞིས། ཉི་མའི་འཆི་ལྟས་ཀྱི་ འདོར་ཚུལ་ལོ། །དུས་སུ་འཆི་བས་འདོར་ཚུལ་ལ་གསུམ། དུས་སུ་འཆི་བའི་དོན་དངོས། རྩ་རྣམས་ཇི་ལྟར་འཆད་པའི་ཚུལ། འཁོར་ལོ་བཞིར་ཟླ་ཉི་རྒྱུ་བའི་ཚུལ་ལོ། །དང་པོ་ལ་ གསུམ། བསྟན(ད་ནི་དུས་)། བཤད་(འདིར་གཡོན་)གཉིས་ཀྱིས། འཆི་ཞག་རྣམས་ཀྱིས་ གང་གང་འདོར་བ། འདོར་བྱེད་དེ་རྣམས་ཇི་ལྟར་འགྲུབ་པ(ད་ནི་དབུགས)། རྒྱུ་བའི་ གྲངས་ཀྱི་རྒྱུ་མཚན་བསྟ ན་པ(འདིར་འཆི་བ་)འོ། །རྩ་འཆད་ཚུལ་ལ་ལྔ། འཁོར་ལོ་ རྣམས་ཀྱི་རྩ་འདོར་ཚུལ། འདོར་བྱེད་ཞག་རྣམས་ཀྱི་ཡི་གེ །ཞག་དྲུག་ན་འཆི་བའི་རླུང་ བཅུ(ད་ནི་ལྟེ་བ་)། སྤྱིའི་རགས་པའི(ད་ནི་སུམ་ཅུ་)། ཕྲ་བ་དབུགས་ཀྱི་ངེས་པ་(ད་ནི་ སྲོག་) སྟེ་གཉིས་ཀྱིས། ལོ་བརྒྱ་ལ་རྩ་ཀུན་འདོར་བ། དུས་ཀྱི་རྩའི་རང་བཞིན་བསྟན་ 9-1-198 པ(ད་ནི་ཟོས་)འོ། །དང་པོ་ལ་གཉིས། དོན་དངོས་བསྟན་པ་(ད་ནི་ཕྱོགས་)དང་། ཡི་གེ་ མདོར་བསྟན་པ་(ད་ནི་རྩ་)སྟེ་གཉིས་ཀྱིས། ལྟེ་བའི། མགྲིན་པའི་འཁོར་ལོ་ལ་སོགས་པའི་ རྩ་འཆད་པ(མགྲིན་པ་)འོ། །འདོར་བྱེད་ཞག་རྣམས་ཀྱི་ཡི་གེ་ལ་གཉིས། ལོ་གསུམ་གྱི་ གསལ་བྱེད་རྣམས་སོ་སོར་བཤད་པ། ཕྱོགས་གསུམ་གྱི་དབྱངས་ལ་སོགས་པས་གང་ འདོར་བ(དེ་ནས་ལོ་ནི་)འོ། །དང་པོ་ལ། བསྟན(ད་ནི་སྡེ་པ་)། བཤད་གཉིས་ལས། འདི་ ལ་གསུམ། དང་པོ་སྙིང་སྟོབས་ཀྱི་ལོ་ལ་རང་བཞིན་གྱི་དབྱངས་ཀྱིས་ཕྱེ་བའི(འདི་ལྟར་ཆུ་ སྲིན་)། གཉིས་པ་རྡུལ་གྱི་ལོ་ལ་ཡོན་ཏན་དང་འཕེལ་བས་ཕྱེ་བའི(དེ་ནས་ལོ་གཉིས་)། གསུམ་པ་མུན་པའི་ལོ་ལ་ཡ་ཎར་བསྒྱུར་བས་ཕྱེ་བའི(དེ་ནས་ལོ་གསུམ་)། གསལ་བྱེད་ རྣམས་བཤད་པའོ། །འཁོར་ལོ་བཞིར་ཟླ་ཉི་རྒྱུ་བའི་ཚུལ་ལ་གཉིས། ཟླ་རྐང་གི་ཆ་བརྒྱ་ཉི་ ཤུ(ད་ནི་སྙིང་ཁའི་)། ཟླ་ཉིའི་དབྱངས་དང་གསལ་བྱེད་རྣམས་ཀྱི། རྒྱུ་བའི་ཚུལ་བཤད་ པའོ། །འདི་ལ་གཉིས། ཟླ་བའི་དབྱངས་ཡིག་རྣམས་བསྐྱེད་པ་(ད་ནི་བརྒྱད་)དང་སྡུད་ པས་རྒྱུ་བ(དེ་ནས་སའི་)། ཉི་མའི་གསལ་བྱེད་རྣམས་སྡུད་པ་(ད་ནི་ཐིག་ལེ་)དང་། བསྐྱེད་པས་རྒྱུ་བ(ད་ནི་དཔྲལ་བ་)འོ། །མདོར་བསྡུས་བཞི་པ(བསྡུས་པའི)འོ།། །། ༈ ལུས་སྐྱེ་འཆིར་འགྱུར་བ་ལ་གཉིས། ལུས་སྐྱེ་འཆིའི་རྒྱུ་ངོས་བཟུང་བ། རྒྱུ་དེ་ལས་སྐྱེ་ འཆིར་འགྱུར་ཚུལ་ལོ། །དང་པོ་ལ་གསུམ། བྱེད་པ་པོ་མེད་ཀྱང་ཀུན་རྫོབ་ཀྱི་བྱེད་པ་པོ་ བསྟན་པ(ད་ནི་སྐྱེ་བ་)། བྱེད་པ་པོ་ལ་སོགས་པ་(ད་ནི་སྒྲ་སོགས་)དང་། དེ་ཟད་པའི་ ངེས་པ(དེའི་ཕྱིར་མཁའ་ཁྱབ་)། བྱེད་པ་པོ་ཟད་ཀྱང་ཚོགས་པ་ལས་སྐྱེ་བའི་ངེས་པ(ད་ ནི་དྲི་)། བྱེད་པ་པོ་ཟད་ཀྱང་འཆིང་བ་(ད་ནི་བདག་)དང་གྲོལ་བའི་ངེས་པ་སྟེ་བཞིས། རྒྱུ་འཕོ་བའི་སྐད་ཅིག་ཏུ་བསྟན་པ། འཁོར་པའི་སེམས་ཀྱི་གནས་སྐབས་བསྟན་པ(ད་ནི་ ས་)། རང་བཞིན་དང་རྣམ་འགྱུར་ཡི་གེས་བསྟན་པ(ད་ནི་ཨ་)། བདེ་གཤེགས་སྙིང་པོ་ གཞ ན་དུ་བསྟན་པ་(ས་ལ་སོགས་པ་)སྟེ་གསུམ་གྱིས། རང་བཞིན་གནས་སྐབས་ཀྱི་ངེས་ པ་བསྟན་པ། ལས་འབྲས་ལ་ལོངས་སྤྱོད་པའི་ཚུལ་བསྟན་པའོ། །འདི་ལ་གཉིས། རང་གི་ ལས་ཀྱི་འབྲས་བུ་ལ་ལོངས་སྤྱོད་པ(ད་ནི་འཁོར་བར་)། བྱེད་པ་པོ་མེད་ཀྱང་ལས་འབྲས་ 9-1-199 ཡོད་པ(ད་ནི་དེའི་ཕྱིར་)། སེམས་ཀྱི་ནུས་པ་བཞི་བསྟན་པ(ད་ནི་འདོར་)། སེམས་ལས་ གཞན་པའི་བྱེད་པོ་མེད་པ(ད་ནི་བདག་)། སྙིང་པོའི་སེམས་ལ་བཅིངས་གྲོལ་མེད་པ་ (མྱ་ངན་ལས་)སྟེ་ལྔས། སྨྲ་བར་བྱ་བའི་དོན་བསྟན་པ་དང་། སྨྲ་བ་པོ་ལ་ཕྱག་འཚལ་ བ(ད་ནི་དེ་ལྟར་)འོ། །རྒྱུ་དེ་ལས་སྐྱེ་འཆིར་འགྱུར་ཚུལ་ལ་གཉིས། སྐྱེ་བའི། འཆི་བའི་ཚུལ་ ལོ། །དང་པོ་ལ་གཉིས། བསམ་པས་སྐྱེ་བའི་ངེས་པ(ད་ནི་གཞི་)། སྐྱེ་སར་འགྲོ་བའི་དབྱེ་ བ་སྟེ་གཉིས་ཀྱིས། སྐྱེ་ཚུལ་གྱི་དོན་དངོས་དང་། སྤང་གཉེན་གྱི་ཁྱད་པར་རོ། །འདི་ལ་ གཉིས། སྤང་བྱ་མ་རིག་པའི་རང་བཞིན་འཁོར་བ(ད་ནི་ཕུང་པོ་)། གཉེན་པོ་རིག་པ་མྱ་ ངན་ལས་འདས་པའོ། །འདི་ལ་གསུམ། གཉེན་པོ་རིག་པ་ངོས་བཟུང་བ(ད་ནི་ཡན་ ལག་)། རིག་པའི་རྣལ་འབྱོར་གོམས་པའི་སྟོབས(ད་ནི་རྣལ་འབྱོར་)། གོམས་བྱེད་རྣལ་ འབྱོར་པའི་ཁྱད་པར་རོ། །འདི་ལ་ལྔ། ཡེ་ཤེས་སྐྱེ་སོགས་ཀྱི་ཁྱད་པར(ད་ནི་ཡེ་ཤེས)། སངས་རྒྱས་པ་དང་ལྷ་མིན་གྱི(ད་ནི་ཉི་མ་)། དེ་དག་འདྲེས་པ་འབྱུང་པོའི་བྱ་བ་(འབྱུང་ པོ་རྣམས་)སྟེ་གཉིས་ཀྱིས། བྱ་བ་བསྒྲུབ་པའི་ཁྱད་པར། འགྲོ་བའི་ལམ་གྱི་ཁྱད་པར(ད་ནི་ འོད་ཟེར་)། བག་ཆགས་འཛིན་པའི་ཁྱད་པར(ད་ནི་གང་ཞིག་)། བག་ཆགས་སྤངས་པའི་ ངེས་པ(དེའི་ཕྱིར་བག་ཆགས་)འོ། །འཆི་བའི་ཚུལ་ལ་གཉིས། འཆི་བ་རྒྱུ་བས་དུས་ཟ་ ཚུལ། དེས་རྩ་དང་ཁམས་འདོར་ཚུལ་(དུས་ཀྱི་འཆི་བ་)ལོ། །དང་པོ་ལ་གསུམ། དང་པོ་ མངལ་རྫོགས་པའི་ཡི་གེ(ད་ནི་ཉ་)། དེ་ནས་ཁམས་ཐམས་ཅད་སྨིན་པ(དེ་ནས་ཟླ་བ་)། དེ་ནས་འཆི་བའི་དུས་རྒྱུ་བ་(དེ་ནས་དབུ་མའི་)སྟེ་གསུམ་གྱིས། མདོར་བསྟན། རྐང་པ་ དང་ལོ་ཟླའི་སྒོ་ནས(དེ་བཞིན་དུ་བཀྲ་ཤིས་)། ཕྱོགས་དང་ཉིན་མཚན་གྱི་སྒོ་ནས(གཡོན་ དང་)། ཁྱིམ་གྱི་འཁོར་ལོའི་སྒོ་ནས(དེ་བཞིན་དུ་ཕྱེད་)། བསྟན་པ་སྟེ་གསུམ་གྱིས། རྒྱས་ པར་བཤད། དོན་བསྡུ་བ(དེ་ལྟར)འོ། །མདོར་བསྡུས་ལྔ་པ(བསྡུས་པའི)འོ།། །། ༈ ལུས་བསྲུང་ཞིང་གསོ་བ་ལ་གསུམ། རྣལ་འབྱོར་པའི་ལུས་བསྲུང་བ། དཀོན་མཆོག་ མཆོད་པའི་རྫས་སྦྱར་བ། བྱིས་པ་གསོ་བའི་ཐབས་བསྟན་པའོ། །དང་པོ་ལ་བཞི། དངོས་ གྲུབ་ཀྱི་རྟེན་ལུས་བསྲུང་བ། དུས་མ་ཡིན་པའི་འཆི་བ་བསླུ་བ། ལུས་ལ་ནད་ཞི་བའི་ 9-1-200 ཐབས་བསྟན་པ། འཚོ་བའི་ཐབས་བཅུད་དང་རྫས་སྒྲུབ་པའོ། །དང་པོ་ལ་གཉིས། འཇིག་ རྟེན་པའི་དངོས་གྲུབ་ཀྱི་དོན་དུ་ལུས་བསྲུང་བ(ད་ནི་འཇིག་རྟེན་)། འཇིག་རྟེན་ལས་ འདས་པའི་དངོས་གྲུབ་ཀྱི་ལམ་བསྟན་པ(ད་ནི་སྟོང་པ་)འོ། །དུས་མ་ཡིན་པའི་འཆི་བ་ བསླུ་བ་ལ་གསུམ། རླུང་འགག་སྟེ(ད་ནི་ཉི་མ་)། རླུང་ནད་ལ་སོགས་པ(ད་ནི་ཐུར་)། དམུ་ཆུ་ལ་སོགས་པ(ད་ནི་བསྐུམ་)། ཞི་བ་སྟེ་གཉིས་ཀྱིས། ནད་བསལ་ཏེ། རྩ་བཅིངས་ཏེ་ འཆི་བ་བསླུ་བ(ད་ནི་མཆན་)འོ། ། ལུས་ལ་ནད་ཞི་བའི་ཐབས་བསྟན་པ་ལ་གསུམ། སྣ་ ཚོགས་པའི་ནད། ཆོ་ག་དང་ཏིང་ངེ་འཛིན་གྱིས་ཞི་བ(ད་ནི་ལག་)། སྨན་(ད་ནི་ སྡིག་)དང་སྔགས་ཀྱིས་ཞི་བ་(འདིར་སྲན་) སྟེ་གཉིས་ཀྱིས། འབྲུམ་བུའི་ནད། ཉི་མའི་ གདུང་བ་ཞི་བའི་ཐབས་(ད་ནི་མཉམ་)སོ། །དང་པོ་ལ་གསུམ། ནད་སྤྱི་ཉེ་བར་ཞི་ བའི(ད་ནི་རྒྱབ་)། རྣལ་འབྱོར་པའི་ནད་ཞི་བའི། ནད་གསུམ་ཞི་བའི(ད་ནི་རླུང་)། ཁ་ ནད་ལ་སོགས་པ་ཞི་བའི(ད་ནི་ཁ་)། སྨན་ཏེ་གཉིས་ཀྱིས། སྨན་གྱིས་ནད་ཞི་བའི་ཐབས་ སོ། །བར་པ་ལ་བཞི། རྣལ་འབྱོར་གྱིས་མཛེ་ནད་ཞི་བའི་ངེས་པ(ད་ནི་ལོ་)། སྲོག་རྩོལ་གྱི་ རྣལ་འབྱོར་གྱི(ད་ནི་སྲོག་)། དམ་ཚིག་དང་སྤྱོད་པའི(ད་ནི་ཕྱག་)། ངེས་པ་སྟེ་གཉིས་ ཀྱིས། རྣལ་འབྱོར་པའི་བྱ་བའི་ངེས་པ། ཀུན་སྤངས་ཀྱི་རྣལ་འབྱོར་པའི་སྨན(ད་ནི་ཀུན་)། བདུད་རྩི་ལ་སོགས་པའི་སྦྱོར་བའོ། །འདི་ལ་གསུམ། བདུད་རྩི་ལྔའི(ད་ནི་བཤང་)། མེ་ ཏོག་རྔུབ་པའི(ད་ནི་བསམ)། སྒྲོན་མ་ལྔའི་སྦྱོར་བ(ད་ནི་སྒྲོན་)འོ། །མཚོ་བའི་ཐབས་ བཅུད་དང་རྫས་སྒྲུབ་པ་ལ་གཉིས། ལུས་ཀྱི་དོན་དུ་བཅུད་ལེན་སྒྲུབ་པ(ད་ནི་གསེར་)། གསེར་ཕྱེད་ཅན་གྱི(ད་ནི་སྔར་)། དངུལ་གྱི་མེ་ཏོག་(ད་ནི་རྣོན་)གི་ངེས་པ་སྟེ་གཉིས་ ཀྱིས། ལོངས་སྤྱོད་ཀྱི་དོན་དུ་རྫས་བསྒྲུབ་པའོ། །དཀོན་མཆོག་མཆོད་པའི་རྫས་སྦྱར་བ་ལ་ གསུམ། དྲི་ཡི་ལེ་ཚེ་སྦྱར་བ། དྲི་ཡི་རྒྱལ་པོའི་ཆོ་ག(ད་ནི་ལྟེ་བའི་)། དྲི་ཡི་ཏིལ་མར་སྦྱར་ བ(ད་ནི་དྲིའི་ཏིལ་)འོ། །དང་པོ་ལ་གསུམ། རྫས་བསྡུ་བའི་ངེས་པ། དྲི་བདུག་པས་སྨིན་ པའི(ད་ནི་དྲི་)། དྲི་བསྒོ་བ་དང་འབུགས་པའི(དེ་ནས་སྨིན་)། དྲི་སློང་བའི་ཆང་གི(དེ་ནི་ དྲི་)། བདུག་པའི་འཁྲུལ་འཁོར་དང་སྨིན་པ་ལྔའི་ངེས་པ་(དྲིའི་བསྟན་བཅོས་)སྟེ་བཞིས། 9-1-201 རྫས་སྨིན་པའི་ཆོ་ག །རྫས་གསང་བ་བསྟན་པ(ད་ནི་དྲི་)འོ། །དང་པོ་ལ་གསུམ། རེ་མིག་ ལ་རྫས་དགོས་པ(ད་ནི་སངས་རྒྱས་)། རྫས་ཀྱི་ཆ་བསྟན་པ་(ད་ནི་ལེ་ཚེ་)སྟེ་གཉིས་ཀྱིས། དྲི་ཡི་རྫས་བཀོད་པས་ཐུན་མོང་དུ་བསྟན་པ། སྤོས་དང་རེང་བུའི(ད་ནི་སྤོས་)། ཁྲུས་(ད་ ནི་ཁྲུས་)ལ་སོགས་པའི(ད་ནི་དྲིལ་ཕྱིས་)། ཕྱེ་མ་ལ་སོགས་པའི་རྫས་(དེ་བཞིན་ཕྱེ་མ་)ཏེ་ གསུམ་གྱིས། ཁྱད་པར་གྱི་རྫས་བཀོད་པས་སོ་སོར་བཤད་པ། དེ་དག་སྤྱིའི་འཇུག་བསྡུ་ བ(དེ་ལྟར་བརྗོད་)འོ། །བྱིས་པ་གསོ་བའི་ཐབས་བསྟན་པ་ལ་གསུམ། མངལ་དགྲོལ་བའི་ འཁྲུལ་འཁོར(ད་ནི་སྦྲུམ་མ་རྣམས་)། མ་མོས་གཟུང་བ་གསོ་ཐབས་། དེའི་ཆོ་ག་བསྟན་ པའོ། །བར་བ་ལ་གསུམ། མ་མོ་དྲུག་ཅུ་རྩ་བཞིར་དབྱེ་བ(ད་ནི་མངལ་)། དེ་རྣམས་སོ་ སོའི་བྱེད་ལས་བསྟན་པ(མངལ་དུ་)། མ་རུངས་པ་ལྔ་ཁྱད་པར་དུ་བཤད་པ་(ད་ནི་མ་ རུངས་)སྟེ་གསུམ་གྱིས། འཛིན་བྱེད་ཀྱི་མ་མོ་ངོས་བཟུང་བ། བཟུང་བའི་མ་མོ་རྣམས་ལ་ མཆོད་པ། གསོ་བར་རུང་བའི(ད་ནི་མ་)། གསོར་མི་རུང་བའི་མཚན་ཉིད་(ད་ནི་ དྲུག་)དེ་གཉིས་ཀྱིས། མ་མོས་བཟུང་བའི་མཚན་ཉིད་བསྟན་པའོ། །བར་བ་ལ་གཉིས། མངལ་མ(ད་ནི་མངལ་)། ཉིན་ཞག་མ(ད་ནི་འོ་མ་)། ཟླ་བ་མ (ད་ནི་བཙོན་མ་)། ལོ་ ཅན་མ(ད་ནི་བཟའ་བ)། མཆོད་པ་ལ་སོགས་པའི་ཆོ་ག་སྟེ་བཞིས། སོ་སོར་བཤད་པ་ དང་། བསྡུས་ཏེ་བསྟན་པ(དེ་ལྟར་མངལ་)འོ། །དེའི་ཆོ་ག་བསྟན་པ་ལ་གཉིས། མཆོད་ པས་བདེ་བར་འགྱུར་བ(ད་ནི་དཀྱིལ་)། མཆོད་པའི་ཆོ་ག་དངོས་སོ། །འདི་ལ་གཉིས། དཀྱིལ་འཁོར་དང་ཐབས་ཀྱི་མཚན་ཉིད། ཁྲུས་དང་བྱབ་པ་ལ་སོགས་པའི(ད་ནི་ གདན་)། དབང་དང་སྦྱིན་སྲེག་ལ་སོགས་པའི་ཆོ་ག་བསྟན་པ་(དེ་ནས་དྲི་)སྟེ་གཉིས་ ཀྱིས། དེ་དག་ཏུ་བྱ་བའི་ཆོ་གའོ། །དང་པོ་ལ་གཉིས། དཀྱིལ་འཁོར་གྱི(ད་ནི་མ་རུངས་)། ཐབ་ཁུང་གི(ད་ནི་ཞི)། མཚན་ཉིད་དེ་གཉིས་ཀྱིས། སོ་སོའི་མཚན་ཉིད་བསྟན་པ། ཐུན་ མོང་དུ་མཚན་མ་དགོད་པ(རྡོ་རྗེ་དབུས་)འོ། །མདོར་བསྡུས་དྲུག་པ(བསྡུས་ པའི་)འོ།། །། ༈ རང་གཞན་གྱི་ལྟ་བ་གཏན་ལ་དབབ་པ་ལ་གཉིས། བཤད་པ་ལ་འཇུག་པ(དུས་ 9-1-202 ཀྱི་)། ཞུགས་པའི་བཤད་པ་དངོས་སོ། །འདི་ལ་གཉིས། མཚུངས་པའི་ཆོས་རྣམས་བསྟན་ པ(ད་ནི་མཆོག་)། མི་མཚུངས་པའི་ལྟ་བ་དཔྱད་པའོ། །འདི་ལ་གཉིས། སོ་སོའི་ལྟ་བ་ བསྟན་པ། དེ་རྣམས་རིགས་པས་དཔྱད་པའོ། །དང་པོ་ལ་གསུམ། སངས་རྒྱས་ཀྱི་བསྟན་ པ(སྟོང་པ་ཉིད་)། ཚངས་པའི(ད་ནི་ཚངས་)། ཁྱབ་འཇུག་པའི(འདིར་དེའི་)། དབང་ ཕྱུག་པའི་བསྟན་པ་(ད་ནི་དབང་)སྟེ་གསུམ་གྱིས། ལྷ་གསུམ་གྱི་བསྟན་པ། ཕུར་བུའི(ད་ ནི་འཇིག་)། ར་ཧྨ་ཎའི(ད་ནི་ཀླ་ཀློ་)། རྒྱལ་བ་བའི་བསྟན་པ་(ད་ནི་ཟད་)སྟེ་གསུམ་གྱིས། གཞན་རྣམས་ཀྱི་བསྟན་པའོ། །དེ་རྣམས་རིགས་པས་དཔྱད་པ་ལ་གསུམ། ལྷ་གསུམ་གྱི་ བསྟན་པ། སངས་རྒྱས་ཀྱི་བསྟན་པ། གཞན་རྣམས་ཀྱི་བསྟན་པ། རིགས་པས་དཔྱད་ པའོ། །དང་པོ་ལ་གཉིས། རིག་བྱེད་རང་བྱུང་རྟག་པར(ད་ནི་མུ་སྟེགས)། རིགས་བཞིའི་ སྐྱེ་གནས་ཚངས་པར(ད་ནི་བྲམ་ཟེ་)། སྲོག་གི་མཆོད་སྦྱིན་ཆོས་སུ(དེ་བཞིན་དུ་ཨ་)། འདོད་པ་སུན་དབྱུང་བ་སྟེ་གསུམ་གྱིས། ཚངས་པའི། ཁྱབ་འཇུག་དང་དབང་ཕྱུག་པའི། བསྟན་པ་རིགས་པས་དཔྱད་པའོ། །འདི་ལ་གཉིས། བྱེད་པ་པོ་དང་། བདག་སུན་དབྱུང་ བའོ(ད་ནི་བདག་)། །དང་པོ་ལ་གཉིས། ལས་ལས་གཞན་པའི་བྱེད་པོ་མེད་པ(ད་ནི་ དབང་)། བྱེད་པོས་བྱེད་པ་གཞན་ལ་ལྟོས་པ་(ད་ནི་རང་)སྟེ་གཉིས་ཀྱིས། སྣ་ཚོགས་སུ་ འབྱུང་བར་བྱེད་པོ་མེད་པའི་རིགས་པ་བསྟན་པ། བྱེད་པོ་མེད་ཀྱང་སྣ་ཚོགས་དུ་འབྱུང་ བ་རྟེན་འབྲེལ་དུ་བསྟན་པའོ། །འདི་ལ་གཉིས། རྟེན་འབྲེལ་གྱི་དོན་དངོས་(ད་ནི་ རྟེན་)དང་། བརྟགས་པའི་ལན་དགག་པའོ། །འདི་ལ་དྲུག །རྣམ་པར་དཔྱད་ན་རྒྱུ་འབྲས་ ཉིད་མ་གྲུབ་པ(འདིར་སྨྲས་)། ཀུན་རྫོབ་ཏུ་རྒྱུ་འབྲས་ལྟོས་ནས་འཇོག་པ(སྨྲས་པ་ འདིར་)། མི་ལྟོས་པར་འདོད་པ་ལ་རིགས་པ་མེད་པ(སྨྲས་རྒྱུ་)། ཟོལ་གྱི་གཏན་ཚིགས་ལ་ ནུས་པ་མེད་པ(འདིར་དཔེར་ན་)། རྣམ་པར་དཔྱད་ན་གཏན་ཚིགས་ཀྱང་མ་གྲུབ་ པ(གཞན་ཡང་)། དེ་དག་གི་དོན་བསྡུས་ཏེ་བསྟན་པ(དེའི་ཕྱིར་རྒྱུ་)འོ། །སངས་རྒྱས་ཀྱི་ བསྟན་པ་རིགས་པས་དཔྱད་པ་ལ་གཉིས། སངས་རྒྱས་ཀྱི་བསྟན་པ་སྤྱིར་བསྟན་པ(ད་ནི་ སངས་རྒྱས་)། སོ་སོའི་ལྟ་བ་རིགས་པས་དཔྱད་པའོ། །འདི་ལ་གཉིས། ཕྱོགས་འཛིན་པ་ལ་ 9-1-203 རིགས་པས་གནོད་པ། ཕྱོགས་མེད་པ་ལ་གནོད་བྱེད་མེད་པའོ། །དང་པོ་ལ་གཉིས། སྤྱིར་ བསྟན་པ་(ད་ནི་བྱེ་བྲག་)དང་། སོ་སོར་བཤད་པའོ། །འདི་ལ་གསུམ། བྱེ་བྲག་ཏུ་སྨྲ་ བའི(འདིར་བྱེ་བྲག་)། མདོ་སྡེ་པའི(ཤེས་པ་རྣམས་)། སེམས་ཙམ་པའི་འདོད་པ་སུན་ དབྱུང་བའོ། །འདི་ལ་གཉིས། རྣམ་པར་ཤེས་པ་སུན་དབྱུང་བ(ད་ནི་རྣམ་)། སྐད་ཅིག་གི་ སྐྱེ་འགག་སུན་དབྱུང་བ(ད་ནི་སྐད་ཅིག་)འོ། །ཕྱོགས་མེད་པ་ལ་གནོད་བྱེད་མེད་པར་ སྟོན་པ་ལ་གཉིས། འཁོར་ལོ་བར་པ་དང་མཐུན་པ་སྣང་མེད་དབུ་མ(དེའི་ཕྱིར་དབུ་མ་)། རྒྱུ་འོད་གསལ་སྟོང་ཉིད་ཀྱི་དབུ་མ་(ཡོད་མིན་)དང་། འབྲས་བུ་བདེ་ཆེན་སྙིང་རྗེའི་ དབུ་མ་(གང་ཞིག་ཕྱོགས་)སྟེ་གཉིས་ཀྱིས། འཁོར་ལོ་ཐ་མ་དང་མཐུན་པ་སྣང་བཅས་ དབུ་མའོ། །གཞན་རྣམས་ཀྱི་བསྟན་པ་རིགས་པས་དཔྱད་པ་ལ་གསུམ། སྟག་གཟིག་ལ་ སོགས་པའི(ད་ནི་སྔ་)། རྒྱང་འཕན་པའི(ད་ནི་ཚུ་)། ཟད་བྱེད་པའི་འདོད་པ་སུན་དབྱུང་ བའོ། །འདི་ལ་གསུམ། དོན་དངོས་(ད་ནི་ཟད་)དང་། ལན་དགག་པ་(འདིར་དགག་)སྟེ་ གཉིས་ཀྱིས། སྲོག་རྟག་པ་ལུས་ཀྱི་ཚད་དུ། འཇིག་རྟེན་གསུམ་དང་ཐར་པ་གཟུགས་ཅན་ རྟག་པར(དེ་བཞིན་དུ་འཁོར)། ནགས་ལ་སོགས་པ་ལ་སྲོག་ཡོད་པར(འདིར་སྔར་)། འདོད་པ་དགག་པའོ། །གདམས་ཤིང་བསྟོད་པས་འཇུག་བསྡུ་བ་ལ་གསུམ། ཆོས་སེམས་ ཅན་གྱི་བསམ་པ་དང་མཐུན་པར་གསུངས་ཚུལ(ཞེས་པ་)། ཆོས་དང་ཆོས་མིན་གྱི་ཁྱད་ པར་ཕྱེ་ནས་གདམས་པ་(ཆོས་ནི་)སྟེ་གཉིས་ཀྱིས། རྒྱུད་ཀྱི་དོན་བསྡུས་ཏེ་གདམས་པ། རྒྱུད་སྟོན་པ་པོ་སྐྱབས་གནས་སུ་གདམས་པ(ལྷ་མིའི་)། ཉི་མའི་ཤིང་རྟས་ཕྱག་བྱས་པ(ད་ ནི་ཉི་མ་)འོ། །མདོར་བསྡུས་བདུན་པ(བསྡུས་པའི་དཔལ་ལྡན་)འོ།། །། ༈ (ནང་གི་)ལེའུ་གཉིས་པ་སྟེ་འབྲས་བུའི་ཤུན་པའི་ནང་གི་ཆ་དང་མཚུངས་པར་ དངོས་སུ་ན་བདེ་གཤེགས་སྙིང་པོ་ལ་གཡོགས་པ་གློ་བུར་དྲི་མའི་ནང་གི་ཆ་གཙོ་བོར་ སྟོན་པའོ། །འབྲས་བུའི་སྙིང་པོ་དང་མཚུངས་པར་བདེ་གཤེགས་སྙིང་པོ་རྣམ་པ་ཐམས་ ཅད་པ་ཤུགས་ཀྱིས་བསྟན་པ་ཡང་ནང་བཅུད་ཀྱི་སེམས་ཅན་དང་རྣམ་པ་མཚུངས་པར་ རིག་པར་བྱ་སྟེ། དེ་ལྟར་ལེའུ་གཉིས་ཀྱིས་དྲི་བཅས་དེ་བཞིན་ཉིད་སྟོན་པའི་ཕྱིར་གཞིའི་ 9-1-204 རྒྱུད་དོ།། །། ༈ གཞན་བདེ་གཤེགས་སྙིང་པོ་གཙོ་བོར་བཤད་པ་ལ་གཉིས། གཞན་མངོན་དུ་བྱེད་ པའི་ཐབས་དང་། མངོན་དུ་བྱེད་པའི་གཞན་དངོས་བཤད་པའོ། །དང་པོ་ལ་གཉིས། དབང་བསྐུར་དང་། སྒྲུབ་ཐབས་སོ། །དང་པོ་ལ་གཉིས། བཤད་པ་ལ་འཇུག་པ(གང་གིས་ བརྡ་ལ་སོགས་)། ཞུགས་པའི་བཤད་པ་དངོས་སོ། །འདི་ལ་གཉིས། མཚམས་སྦྱར་ཞིང་ ཞུས་ལན་བསྟན་པ(འདིར་དཔལ་ལྡན་)། ལན་གྱིས་དོན་རྒྱས་པར་བཤད་པའོ། །འདི་ལ་ གསུམ། དང་པོར་སློབ་དཔོན་དང་སློབ་མ་ཡོངས་སུ་བརྟག་པ། བརྟགས་པའི་སློབ་དཔོན་ གྱིས་སློབ་མ་ལ་དབང་སྦྱིན་པ། དེས་ཐོབ་པའི་ཕན་ཡོན་དང་དམ་ཚིག་བསྟན་པ(དེ་ལྟར་ དུས་ཀྱི་)འོ། །དང་པོ་ལ་གཉིས། བླ་མ་བརྟག་པ་དང་། སློབ་མ་བརྟག་པ (ད་ནི་ ཟབ་)འོ། །དང་པོ་ལ་ལྔ། ཡོངས་སུ་བརྟགས་པའི་འཐད་པ་བསྟན(ད་ནི་བླ་མ་)། ཡོན་ ཏན་དང་ལྡན་པ་བསྟེན་པ(དེའི་ཕྱིར་གསུངས་པ་)། སྐྱོན་དང་ལྡན་པ་སྤང་བ་(ད་ནི་ གདུག་)སྟེ་གཉིས་ཀྱིས། ཡོངས་སུ་བརྟག་པའི་རང་བཞིན་བསྟན། བརྟག་ཏུ་མི་རུང་པའི་ རྩོད་པ་སྤང་། ངུར་སྨྲིག་འཛིན་པ་བསྐུར་བར་བྱ་བ(འདིར་ངུར་སྨྲིག་)། གོས་དཀར་ཅན་ ལ་དགའ་བ་སྨད་པ་(དེ་བཞིན་དུ་སློབ་དཔོན་)སྟེ་གཉིས་ཀྱིས། བརྟགས་པའི་སློབ་ དཔོན་གྱི་རིམ་པ་བསྟན། སྤྱིའི་དོན་བསྡུས་ཏེ་བསྟན་པ(དེའི་ཕྱིར་རྣམ་པ་)འོ། ། གསུམ་ པ་ལ་གཉིས། རྩོད་པ་དགོད་པ(སྔགས་ཀྱི་)། དེ་སྤང་བའོ། །འདི་ལ་གཉིས། སྐྱོན་ཡོན་ བརྟགས་པར་བྱ་བའི་ཤེས་བྱེད་བཤད་པ(དེའི་ཕྱིར་བརྗོད་)། ངེས་དོན་གྱི་བཤད་ པ(འོན་ཀྱང་)། དྲང་དོན་གྱི་བཤད་པ་(དེ་བཞིན་དུ་ཉེ་བར་) སྟེ་གཉིས་ཀྱིས། དེ་ལ་ གནོད་བྱེད་དུ་དྲངས་པའི་དགོས་པ་བཤད་པའོ། །བརྟག་པའི་སློབ་དཔོན་གྱི་དབང་སྦྱིན་ པ་ལ་བཞི། དབང་ལ་སོགས་པའི་དུས(ད་ནི་རྡོ་རྗེ་)། རྒྱུད་མཆོད་པའི་དུས་ཏེ་གཉིས་ ཀྱིས(ད་ནི་དུས་)། ནམ་སྦྱིན་པའི་དུས་ཀྱི་ཁྱད་པར། གང་སྦྱིན་པའི་དབང་གི་ཆོ་ ག །དཀྱིལ་འཁོར་(ད་ནི་དབང་)དང་རྡུལ་ཚོན་གཤེགས་སུ་གསོལ་བ(དེ་ནས་མཐའ་)། གཞོན་ནུ་མ་(དེ་ནས་དཀྱིལ་)དང་དཔའ་བོའི་སྟོན་མོས་མཆོད་པ་(སློབ་དཔོན་སློབ་)སྟེ་ 9-1-205 གཉིས་ཀྱིས། དབང་རྫོགས་པའི་དུས་ཀྱི་བྱ་བ། དབང་ཐོབ་པའི་ལམ་གྱི་ཕན་ཡོན་(ད་ནི་ དགྲ་)ནོ། །གཉིས་པ་ལ་གསུམ། ནོར་ལྡན་གྱི། སྙིང་རྗེའི(ད་ནི་སེམས་ཅན་)། ཀུན་སྤངས་ ཀྱི་དབང་(ད་ནི་རྫས་)ངོ་། །དང་པོ་ལ་གསུམ། དབང་གི་བྱ་བ་མདོར་བསྟན་པ(ད་ནི་ དབང་)། དེའི་ཆོ་ག་རྒྱས་པར་བཤད་པ། དབང་ཡོན་དབུལ་བའི་ངེས་པ(ད་ནི་སློབ་ མ་)འོ། །བར་པ་ལ་གསུམ། ལས་རབ་འབྱམས་སྒྲུབ་པའི་ངེས་པ། དབང་བསྐུར་བ་སྦྱིན་ པའི་ཆོ་ག །ཕྱག་རྒྱ་དང་ལྟ་སྟངས་ཀྱི་བརྡའོ། །དང་པོ་ལ་གཉིས། གང་ཞིག་སྒྲུབ་པ་ལས་ ཀྱི། གང་གིས་བསྒྲུབ་པ་སློབ་དཔོན་གྱི་ངེས་པ(སློབ་དཔོན་གྱིས་)འོ། །དང་པོ་ལ་གཉིས། ལས་བརྒྱད་ཀྱི། བཅུ་གཉིས་ཀྱི་ངེས་པ(འདིར་གང་གིས་)འོ། །དང་པོ་ལ་བཅུ་ གཅིག །སའི་ངེས་པ། ཕྱོགས་ཀྱི་ངེས་པ(ད་ནི་དབང་)། དབྱིབས(ད་ནི་ཞི་བ་)། མཚན་ མ(ད་ནི་ཐབ་)། ཚད་(འདི་རྣམས་)དེ་གསུམ་གྱིས། ཐབས་ཀྱི་ངེས་པ། ཕུར་བུའི་ངེས་ པ(ད་ནི་ས་ལ་)། རྒྱུ་(ད་ནི་བུམ་པ་)དང་། ཚད་(ད་ནི་ཞི་)དེ་གཉིས་ཀྱིས། བུམ་པའི་ངེས་ པ། འདོད་པའི་དུས་(ད་ནི་སྔ་དྲོ་)དང་། སྤང་བའི་དུས་ཏེ་གཉིས་ཀྱིས(ད་ནི་ཞི་བ་)། དུས་ཀྱི་ངེས་པ། ཡོ་བྱད་ཀྱི་ངེས་པ། འདུག་སྟངས་ཀྱི་ངེས་པ(ད་ནི་ཞི་)། བགྲང་ཕྲེང་གི་ ངེས་པ(ད་ནི་ཤེལ་)། དྲིའི(ད་ནི་དྲི་)། སྤོས་ཀྱི(ད་ནི་བསིལ་)། བཟའ་བའི(དེ་བཞིན་དུ་ ཞལ་)། བྱུག་པའི(དེ་བཞིན་དུ་ཞི་)། མར་མེའི(དེ་བཞིན་དུ་མར་)། འབྲས་བུའི(དེ་བཞིན་ དུ་ཞི་)། གོས་སོགས་ཀྱི་ངེས་པ་(དེ་བཞིན་དུ་གོས་)སྟེ་བདུན་གྱིས། མཆོད་རྫས་ཀྱི་ངེས་ པ། བྲི་བའི་ཆོ་ག(ད་ནི་ཞི་) །བཞག་པའི་ཆོ་ག(ད་ནི་འཁྲུལ་འཁོར་)། ཕྱི་རོལ་གྱི་ངེས་པ་ (ད་ནི་བྲིས་)སྟེ། སྦུ་གུའི་ངེས་པ་(དེ་བཞིན་རིག་) སྟེ་བཞིས། འཁྲུལ་འཁོར་གྱི་ངེས་ པའོ། །དང་པོ་ལ་གཉིས། རིགས་བཞིའི་སའི་ངེས་པ་སྤྱིར་བསྟན་པ(ད་ནི་སའི་)། ངེས་པ་ བསྟན་པ་(ད་ནི་ཞི་བ་)དང་། ངེས་པ་སྒྲུབ་པ་(འདིར་གལ་ཏེ་)སྟེ་གཉིས་ཀྱིས། སོ་སོའི་ ལས་ལ་ངེས་པ་ཕྱེ་སྟེ་བཤད་པའོ། །ཡོ་བྱད་ལ་གསུམ། ཡམ་ཤིང་སོ་སོའི(ད་ནི་འོ་མ་)། བསྲེག་རྫས་སོ་སོའི(ད་ནི་སྦྱིན་)། གདན་གྱི་ཕྱོགས་ཀྱི་ངེས་པ་(ད་ནི་སློབ་དཔོན་)སྟེ་ གསུམ་གྱིས། སྦྱིན་བསྲེག་གི །ཐུན་མོང་གི །རྡུལ་ཚོན་གྱི་རྣམ་དག(ད་ནི་རྡུལ་)། ཐིག་སྐུད་ 9-1-206 གྱི་ངེས་པ་(ད་ནི་ཐིག་)སྟེ་གཉིས་ཀྱིས། དཀྱིལ་འཁོར་གྱི་ཡོ་བྱད་དོ། །བར་བ་ལ་གསུམ། ཚོན་གྱི(ད་ནི་རྡུལ་)། མཆོད་ཡོན་གྱི་སྣོད་(ད་ནི་མཆོད་)དང་། སྦྱིན་བསྲེག་གི་སྣོད་(དེ་ བཞིན་དུ་བསྲེག་) དེ་གཉིས་ཀྱིས། སྣོད་ཀྱི། ལྷའི་ངེས་པ(ད་ནི་ཞི་)འོ །མདོར་བསྡུས་དང་ པོ(བསྡུས་པའི་)འོ།། །། ༈ དབང་བསྐུར་བ་སྦྱིན་པའི་ཆོ་ག་ལ་གསུམ། དབང་གི་སྔོན་དུ་འགྲོ་བའི་ཆོ་ག ། སློབ་མར་དབང་བསྐུར་བའི་ཆོ་ག །དབང་ཐོབ་པའི་སྤྱོད་པ་བསྟན་པ(ད་ནི་སངས་ རྒྱས་)འོ། །དང་པོ་ལ་གཉིས། བཤད་པ་ལ་འཇུག་པ(རྡོ་རྗེ་)། ཞུགས་པའི་བཤད་པ་ དངོས་སོ། །འདི་ལ་གཉིས། གཞུང་གི་དོན་གྱིས་བསྟན་པ། སྤྱིའི་དོན་གྱིས་བཤད་ པའོ། །དང་པོ་ལ་གསུམ། རང་གི་ལུས་ལ་རྡོ་རྗེ་དགོད་པ(འདིར་དང་པོར་)། དེ་ཡིས་ བདུད་ཀྱི་ཚོགས་རྣམས་བསྲེག་པ(དེ་ནས་རྡོ་རྗེ་)། དེའི་སྔོན་དུ་བྱ་བའི་ཆོ་ག་(འདིར་ འཆད་)སྟེ་གསུམ་གྱིས། བདུད་བསྲེག་པ། བསྲུང་བའི་འཁོར་ལོ། ལྷག་པར་གནས་པའོ། ། བར་པ་ལ་གསུམ། སྲུང་འཁོར་བསྐྱེད་པ། སྲུང་འཁོར་མཆོད་པ(ད་ནི་ཁྲོ་བོ་)། བསྲུང་ འཁོར་བསྡུ་བ(དེ་བཞིན་དུ་)འོ། །དང་པོ་ལ་གཉིས། རྟེན་གྱི(དེ་ལ་དང་པོ་)། བརྟེན་པའི་ འཁོར་ལོ་བསྐྱེད་པའོ། །འདི་ལ་གཉིས། གཙོ་བོ་བསྐྱེད་པ(ཉི་མ་དེ་)། བསྲུང་མ་དྲུག་བཅུ་ སྤྲོ་བ(དེ་ནས་དེ་)། གང་གིས་གང་བསྲུང་བསྟན་པ་(སྐུ་དང་གསུང་)སྟེ་གཉིས་ཀྱིས། འཁོར་རྣམས་སྤྲོ་བའོ། །ལྷག་པར་གནས་པ་ལ་གསུམ། ས་སྦྱང་བ་ལ་སོགས་པའི་ཆོ་ ག །སློབ་མ་ལ་སོགས་པའི་ལྷག་གནས(ད་ནི་སློབ་མ་)། ལྷག་གནས་དངོས(ད་ནི་གང་)། མཚན་ངན་སྤང་བ(དེ་ནི་མཚན་)། ཡོངས་འཇོམས་སྤང་བ(ད་ནི་ཡོངས་)། ལྷའི་ དམིགས་པ་(ད་ནི་འདོད་)སྟེ་བཞིས། ཐིག་སྐུད་ལ་སོགས་པའི་ལྷག་གནས་སོ། །དང་པོ་ ལ་བཞི། སའི་ལྷ་མོ་ལ(ད་ནི་འཆད་)། རྒྱལ་བ་སྲས་བཅས་ལ་གསོལ་བ་གདབ་པ་(དེ་ ནས་སངས་རྒྱས་)སྟེ་གཉིས་ཀྱིས། གསོལ་བ་གདབ་པའི། ཕུར་བུས་གདབ་པའི(དེ་དག་ ཀུན་)། ཟུག་རྔུ་སྦྱང་བའི(ད་ནི་ས་)། ཆོ་གའི་དུས་ཀྱི་ངེས་པ(ད་ནི་ས་སྦྱང་)འོ། །སྤྱིའི་ དོན་གྱིས་བཤད་པ་ལ་གཉིས། སྔོན་དུ་རང་ཉིད་ལྷར་བསྐྱེད་པ། དེ་ནས་ལྷག་པར་གནས་ 9-1-207 པ་བྱ་བའོ། །དང་པོ་ལ་གཉིས། ལྷས་བྱིན་གྱིས་བརླབ་པ། བརླབས་པའི་ང་རྒྱལ་བྱ་བ(དེ་ ནས་རྒྱུད་)འོ། །དང་པོ་ལྔ། ཁ་དག་པ(ད་ནི་སྔོན་)། རིགས་དྲུག་དགོད་པ(དེ་ནས་ དཔྲལ་)། རྡོ་རྗེ་བཞི་དག་པ(ད་ནི་ལག་)། ཡན་ལག་དྲུག་དགོད་པ་(དེ་ལྟར་རིགས་)སྟེ་ བཞིས། དང་པོར་བྱ་བ། བསྲུང་པའི་འཁོར་ལོ(དེ་ནས་སྔགས་)། བསོད་ནམས་བྱ་བ(དེ་ ནས་རང་)། སྟོང་པར་དམིགས་པ(དེ་ནས་སྟོང་)། དཀྱིལ་འཁོར་བསྒོམ་པ(དཀྱིལ་ འཁོར་)འོ། །དེ་ནས་ལྷག་གནས་བྱ་བ་ལ་བརྒྱད། གཏོར་མ་སྦྱིན་པའི(དེ་ལྟར་ལྷའི་)། སའི་ལྷ་མོའི(དེ་ནས་རང་)། བདུད་དཔུང་གཞོམ་པའི(དེ་ནས་སྔར་)། ཕུར་བུས་གདབ་ པའི(དེ་ནས་བགེགས་)། ས་གཞི་བཅག་པའི(དེ་ནས་གཡོན་)། རྡོ་རྗེའི་ས་གཞིའི་ཆོ་ག་ (དེ་ནས་བཛྲ་)སྟེ་དྲུག་གིས། ས་གཞི། བུམ་པ(དེ་ནས་རྡོ་རྗེ་བུམ་པ་)། ཐིག་སྐུད(དེ་ནས་ རྡོ་རྗེའི་ཐིག་)། རྡུལ་ཚོན(དེ་ནས་རྡོ་རྗེའི་རྡུལ་)། རྡོ་རྗེ(དེ་ནས་རྡོ་རྗེ་ལྷག་)། དྲིལ་བུ་(དེ་ ནས་རྡོ་རྗེ་)སློབ་མ(དེ་ནས་སློབ་)། མལ་སྟན། ལྷག་པར་གནས་པའོ། །འདི་ལ་གསུམ། དེ་ ལ་མཚན་མ་བརྟག་པ(དེ་ནས་སློབ་མ་གཤེགས་)། མཚན་མའི་དབྱེ་བ་བསྟན་པ(དེ་ལ་)། མཚན་མ་ངན་ན་བསལ་བའོ། །འདི་ལ་གཉིས། མཚན་མ་ངན་ན་འབད་དེ་བསལ་བ། སེལ་ནས་སླར་ཡང་ཇི་ལྟར་བྱ་བ(དེ་ནས་མལ་)འོ། ། དང་པོ་ལ་བདུན། གཏོར་མ་སྦྱིན་ པ(དེ་མཐོང་)། སྲུང་འཁོར་བསྒོམ་པ(དེ་ནས་བདུད་)། དབང་བསྐུར་བླང་བ(དེ་ནས་ དབང་)། ཕྱག་རྒྱ་དགོད་པ(ད་ནི་ཕྱག་)། ཕྱག་མཚན་དགོད་པ(དེ་ནས་གཡས་)། ཀླུ་རྒྱལ་ དགོད་པ(དེ་ནས་ཀླུ་)། བཟླས་པ་བྱ་བ(དེ་ནས་བཅོམ་ལྡན་)འོ། ། མདོར་བསྡུས་ གཉིས་པ(བསྡུས་པའི་)འོ།། །། ༈ སློབ་མ་དབང་བསྐུར་བའི་ཆོ་ག་ལ་གསུམ། སྔོན་དུ་དཀྱིལ་འཁོར་བྲི་བ། དཀྱིལ་ འཁོར་དེར་དབང་སྐུར་བ། ཚོགས་ཀྱི་འཁོར་ལོ་མཆོད་པའོ། །དང་པོ་ལ་གཉིས། བཤད་ པ་ལ་འཇུག་པ(དུས་ཀྱི་)། ཞུགས་པའི་བཤད་པ་དངོས་སོ། །འདི་ལ་གསུམ། ཐུན་མོང་དུ་ བྲི་བའི། ཁྱད་པར་དུ་བྲི་བའི། ལས་ཀྱི་རྡོ་རྗེ་ལ་སོགས་པའི་ངེས་པ(ད་ནི་སྒོ་)འོ། །དང་པོ་ ལ་གསུམ། ཐིག་གདབ་པ། ཚོན་དགྱེ་བ། རྣམ་དག་བསྟན་པའོ། །དང་པོ་ལ་གཉིས། ཚངས་ 9-1-208 ཟུར་གྱི་ཐིག་གདབ་པ(འདིར་སྔར་གྱི་)། སྤྲོས་བཅས་ཀྱི་ཐིག་བསྟན་པ(དེ་ནས་ཐིག་གི་)། སྤྲོས་མེད་ཀྱི་ཐིག་སྒྲུབ་པ་(རང་གི་ངོ་བོས་ནི་)སྟེ་གསུམ་གྱིས། མདོར་བསྟན་པ། རྒྱས་ པར་བཤད་པའོ། །འདི་ལ་གསུམ། དཀྱིལ་འཁོར་དངོས(ཚངས་པའི་)། དེའི་རྟ་བབས་(ད་ ནི་རྩ་བའི་)ཏེ་གཉིས་ཀྱིས། ཐུགས་ཀྱི། གསུང་གི(ད་ནི་གསུང་)། སྐུའི་དཀྱིལ་འཁོར་གྱི་ ཐིག་གདབ་པ(ད་ནི་དེ་ནས་)འོ། །ཚོན་དགྱེ་བ་ལ་གསུམ། ཚོན་རྒྱུའི་ངེས་པ། ཁ་དོག་གི་ ངེས་པ། ཡུལ་ལྔའི(ད་ནི་ནག་)། ཡོན་ཏན་གསུམ་གྱི(དབྱེ་བ་གཞན་ནི་)། དབང་དུ་བྱས་ པའི་དཔངས་ཚད་དེ་གཉིས་ཀྱིས། དཔངས་ཚད་ཀྱི་ངེས་པའོ། །དང་པོ་ལ་གཉིས། འབྱོར་ བ་དང་འཚམ་པའི་ཚོན་རྒྱུ་བསྟན་པ་དངོས(ད་ནི་རྡོ་རྗེ་)། སྟོང་ཉིད་སྙིང་རྗེའི་དཀྱིར་ འཁོར་ལ་ཕྱོགས་མདོག་གི་ཁྱབ་པའི་ཚུལ(ཇི་ལྟར་འབྱོར་བ་)། འབྱུང་བ་རིམ་རྩེག་གི་ དཀྱིལ་འཁོར་ལ་ཁོར་དུ་མཚུངས་ཚུལ་(ཕྱི་རོལ་ཏུ་ཡང་)ཏེ་གཉིས་ཀྱིས། ཞོར་ལ་དེ་ རྣམས་དགྱེ་བའི་ངེས་པ་བསྟན་པའོ། །ཁ་དོག་གི་ངེས་པ་ལ་གཉིས། ཀུན་གྱི་གཞིར་གྱུར་ པ་ཕྱོགས་མདོག་ཚོན་གྱི་སས་ཁྱབ་པའི་ཚུལ(ད་ནི་ཤར་དུ་)། གཞི་དེ་ལ་སྣམ་བུ་དང་ མཆོད་རྫས་ལ་སོགས་པ་གནས་ཚུལ་ལོ། །འདི་ལ་གསུམ། སྤྱིར་བསྟན་པ(ད་ནི་དཀར་)། ཐུགས་ཀྱི(དེ་བཞིན་དུ་སྙིང་)། གསུང་དང་(ད་ནི་གསུང་)། སྐུའི(ད་ནི་གི་)། ཕྱི་རོལ་གྱི་ (ད་ནི་ཉི་)དཀྱིལ་འཁོར་གྱི་ཁ་དོག་(དེ་བཞིན་)སྟེ་གསུམ་གྱིས། སོ་སོར་བཤད་པ། རེ་ ཁཱ(ད་ནི་རཱ་བ་)། མཚན་མ(ད་ནི་མཚན་)། མཚན་ཉིད་དང་བྲལ་བ་སྤང་བ་སྟེ་གཉིས་ ཀྱིས། ཉེས་པ་སྤང་བའོ། །རྣམ་དག་བསྟན་པ་ལ་གཉིས། རྒྱ་ཡི(དེ་ནི་དབུས་)། དཔངས་ཀྱི་ དག་པ་(ད་ནི་གཙུག་)སྟེ་གཉིས་ཀྱིས། བསྡུས་རྒྱུད་དུ་གསུངས་པའི། རྩ་རྒྱུད་དུ་གསུངས་ པའི་(དེ་བཞིན་དུ་རྩ་བའི་) དག་པའོ། །ཁྱད་པར་དུ་བྲི་བའི་ངེས་པ་ལ་གཉིས། ཐིག་ གདབ་པ(གཉིས་པ་)། ས་བོན་དགོད་པའོ། །འདི་ལ་གསུམ། གང་དགོད་པར་བྱ་བའི་ས་ བོན(ད་ནི་ཨོཾ་)། རྡོ་རྗེ་བཞིའི་སྔགས་འབྱུང་ཚུལ(ད་ནི་སྟེང་)། དགོས་པའི་རབ་ཏུ་དབྱེ་ བ་(ད་ནི་སྔགས་)སྟེ་གསུམ་གྱིས། མདོར་བསྟན། རྒྱས་བཤད། དོན་བསྡུའོ(ཞེས་པ་དེ་ ལྟར)། །བར་པ་ལ་གསུམ། ཐུགས་ཀྱི། གཙོ་མོའི་(ད་ནི་ཐུང་)། འཁོར་རྣམས་ཀྱི(ད་ནི་ཧི་)། 9-1-209 ས་བོན་དགོད་པ་སྟེ་གཉིས་ཀྱིས། གསུང་གི་འཁོར་ལོ་བཅུ་གཉིས་ཀྱི(ད་ནི་ཤར་དུ་)། སྒོ་ སྐྱོང་ཁྲོ་བོའི(ད་ནི་ཡཱ་)། ཀླུ་ལ་(ད་ནི་ཀླུ་)སོགས་པ(ད་ནི་སྡེ་)འི་ས་བོན་དགོད་པ་(ད་ནི་ ཆོས་)སྟེ་གསུམ་གྱིས། སྐུའི་དཀྱིལ་འཁོར་གྱི་ས་བོན་ནོ། །དང་པོ་ལ་གཉིས། དངོས་ཀྱི་ དཀྱིལ་འཁོར་གྱི་ལྷའི། མཆོད་པའི་ལྷ་མོའི་(ད་ནི་སྡེ་)འདོད་མ་དང་ཕྱིར་འདོད་མའི་ (ད་ནི་ཕྱི་)ས་བོན་དགོད་པ་སྟེ་གཉིས་ཀྱིས། ཞར་ལ་སྟེགས་བུའི་ལྷ་མོའི་ས་བོན་དགོད་ པའོ། །དང་པོ་ལ་གཉིས། སྙིང་པོའི་(རྒྱལ་བའི་)པདྨའི། འཕར་མ་གཉིས་པའི(ད་ནི་ འཕར་)། འཕར་མ་གསུམ་པའི(ད་ནི་འཕར་)། སྒོ་སྐྱོང་ཁྲོ་བོའི(ད་ནི་སྒོ)། ས་བོན་དགོད་ པ་སྟེ་བཞིས། ལྷའི་ས་བོན། ཉི་ཟླའི་གདན་གྱི་ངེས་པ(ད་ནི་ཟླ་)། ཡང་ན་མཚན་མ་དགོད་ པ(ཡང་ན་ཤར་)། པདྨའི་གདན་གྱི་ས་བོན་(ད་ནི་ཐིག་)ཏེ་གསུམ་གྱིས། གདན་གྱི་ས་ བོན་ནོ། ། མདོར་བསྡུས་གསུམ་པ(བསྡུས་པའི་)འོ།། །། ༈ དཀྱིལ་འཁོར་དེར་དབང་བསྐུར་བ་ལ་གཉིས། དེ་ཉིད་ཤེས་ནས་དབང་བདུན། རབ་ གནས་བྱས་ནས་དབང་བཞི་བསྐུར་བའོ། །དང་པོ་ལ་བཞི། དེ་ཉིད་ཤེས་པ། དབང་བདུན་ བསྐུར་བ། དབང་གི་འབྲས་བུ(ད་ནི་དབང་)། དབང་གི་དམ་ཚིག་གོ །དང་པོ་ལ་གཉིས། བཤད་པ་ལ་འཇུག་པ(ཕུང་པོ་)། ཞུགས་པའི་བཤད་པ་དངོས་སོ། །འདི་ལ་བཞི། སྦྱིན་ སྲེག་གི །དཀྱིལ་འཁོར་བྲིས་ནས་བུམ་པ་དགོད་པ(ད་ནི་རང་)། བྲིས་པའི་དཀྱིལ་འཁོར་ རབ་གནས་བྱ་བ(དེ་ནས་སློབ་དཔོན་)། དེ་ལ་ཇི་ལྟར་མཆོད་པའི་ངེས་པ་(དེ་ནས་རབ་ ཏུ་)སྟེ་གསུམ་གྱིས། ཏིང་ངེ་འཛིན་གྱི། གསང་སྔགས་ཀྱི་མཆོད་པའི(ད་ནི་རིན་ཆེན་)། དེ་ ཉིད་དོ། །དང་པོ་ལ་གསུམ། ཐབ་ཀྱི་མཚན་ཉིད། ངེས་པ་བསྟན་པ། ཐབ་དེར་བྱ་བའི་ཆོ་ ག་བཤད་པ། ཆོ་ག་གཞན་གྱི་ཉེར་འཁོ་སྒྲུབ་པའོ(དབང་གི་དོན་དུ་)། །དང་པོ་ལ་གསུམ། ལས་ཐམས་ཅད་པའི་ཐབ་གཉིས། ཐབ་བརྒྱད་ཀྱི་མཚན་ཉིད(ད་ནི་སྔར་)། ཐབ་བརྒྱད་ ཀྱིས་རང་བཞིན་(ད་ནི་ཐབ་)ཏེ་གཉིས་ཀྱིས། ལས་སོ་སོའི་ཐབ་བརྒྱད། སྤྱིའི་འཇུག་བསྡུ་ བ(སྔར་གསུངས་པའི་)འོ ། །དང་པོ་ལ་གཉིས། ཞི་རྒྱས་ཀྱི་ཐབ་སྤྱིར་བསྟན་པ། ལས་ཀུན་ པའི་ཞི་རྒྱས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གཉིས། ཐབ་ཁུང་དངོས་ཀྱི་ཚད་དང་ 9-1-210 དབྱིབས(འདིར་ཚིགས་སུ་)། ཡེ་ཤེས་འཁོར་ལོའི་ཚད་(དེ་ལ་རེ་ཤིག་)དང་དབྱིབས་ཏེ་ གཉིས་ཀྱིས། གཙོ་བོར་དབུས་སུ་བྱ་བའི་ཞི་རྒྱས་བསྟན་པ། ཞར་ལ་ཕྱོགས་མཚམས་སུ་ (ཡང་ན་ལས་ཀྱི་) བྱ་བའི་ཞི་རྒྱས་སྨོས་པའོ། །ལས་ཀུན་པའི་ཞི་རྒྱས་བྱེ་བྲག་ཏུ་བཤད་པ་ ལ་ལྔ། མཚན་མའི་ངེས་པ(དེའི་ནང་དུ་)། ཚད་ཀྱི་ངེས་པ། ཕྱི་རོལ་གྱི་ངེས་པ(ཕྱི་རོལ་ འོག་ཏུ་)། གདན་གྱི་ངེས་པ(སློབ་དཔོན་དག་)། ཐབ་ཀྱི་དག་པ(འབྲུ་ལ་སོགས་)འོ། ། གཉིས་པ་ལ་གཉིས། རྒྱ་དང་དཔངས་ཀྱི་ཚད། མཆུ་ལ་སོགས་པའི་(དེའི་ཕྱེད་ཀྱིས་) ཚད་ དོ། །དང་པོ་ལ་གཉིས། རྒྱས་པའི་ཡེ་ཤེས་འཁོར་ལོ་ཁྲུ་དོ་པར་བསྟན་པ(དེ་ལྟར་ཐབ་ ཁུང་གི་གཞི་)། དེ་ནས་རྩིག་པའི་བར་ཡང་ཁྲུ་དོ་པར་བསྟན་པ(དེ་བཞིན་དུ་ཐབ་ཀྱི་)། དེ་དག་བསྡོམས་པའི་རྒྱ་ལ་ཁྲུ་བཞི་པར་བསྟན་པ(དེ་ལྟར་ཆ་གཉིས་)། དེ་ཡང་ར་བའི་ མཚམས་ལ་བརྩི་བར་བསྟན་པ་(དེ་ལྟར་ཐབ་གྲུ་བཞི་) སྟེ་བཞིས། གྲུ་བཞིའི་ཚད། ཟླུམ་ པོའི་ཚད་(དེའི་ཕྱེད་ནི་)དོ། །ཐབ་དེར་བྱ་བའི་ཆོ་ག་ལ་བདུན། བསྲུང་བ་ལ་སོགས་པའི་ ཆོ་ག(ད་ནི་ཐབ་)། ལས་ཐམས་ཅད་པའི(ལས་ཐམས་ཅད་)། ལས་སོ་སོ་བའི(ཞི་བ་ལ་)། མེ་ལྷ་སྟེ་གཉིས་ཀྱིས། མེ་ལྷ་རྣམས་ཀྱི་ངེས་པ། མེ་དང་བུད་ཤིང་གི་ངེས་པ(འདིར་དང་ པོར་)། སྤྱན་དྲང་ཞིང་མཆོད་པའི་ངེས་པ(དེ་ནས་སྔགས་ཀྱི་)། མེ་དང་གཟའ་ལ་སོགས་ པའི་དག་པ(འདིར་མེ་ལྷའི་)། ཡམ་ཤིང་དབུལ་བ(ད་ནི་མཆོག་)། བསྲེག་རྫས་དབུལ་ བ(དེ་ནས་འབྲུ་)། བསྲེག་བླུགས་དབུལ་བ(དེ་ནས་སྙིང་པོའི་)། བཀྲ་ཤིས་བརྗོད་པ་(དེ་ ནས་ཟན་དང་) སྟེ་བཞིས། མེ་མཉེས་པར་བྱ་བའི་ཆོ་ག །མེ་མཆོད་དེ་གཤེགས་སུ་གསོལ་ བ(དེ་ལྟར་རིམ་)འོ། །གསང་སྔགས་ཀྱི་དེ་ཉིད་ལ་གསུམ། སྤྱིར་སྒྲུབ་པའི་(ད་ནི་ལྷ་)། སོ་ སོར་སྒྲུབ་པའི(ད་ནི་རྒྱས་)། སྔགས་ཏེ་གཉིས་ཀྱིས། ལས་སྒྲུབ་པའི་སྔགས། རྡུལ་ཚོན་ གྱི(ད་ནི་དཀྱིལ་)། ཕྱག་རྒྱའི་ས་བོན་(ད་ནི་ཕྱག་)ཏེ་གཉིས་ཀྱིས། ས་བོན་གྱི་སྔགས། ཡན་ ལག་དྲུག་གི(དེ་བཞིན་དུ་ཨཱ་)ལྷ་སོ་སོའི་སྔགས་(དེ་བཞིན་དུ་ཕྲེཾ་)ཏེ་གཉིས་ཀྱིས། ལྷ་ རྣམས་ཀྱི་སྔགས་སོ། །དབང་བདུན་བསྐུར་བ་ལ་གསུམ། སྦྱོར་བའི། དངོས་གཞིའི། རྗེས་ཀྱི་ ཆོ་གའོ། །དང་པོ་ལ་གསུམ། འཇུག་ཡོན་དབུལ་བ(དེ་ནས་སློབ་མ་)། གསོལ་བ་གདབ་ 9-1-211 པ(དེ་ནས་ཡོན་ཏན་)། སྨོན་ལམ་གདབ་པ(དེ་ནས་སྨོན་)། སོ་ཤིང་འདོར་བ(དེ་ལྟར་ སྨོན་)། བདུད་རྩི་སྦྱིན་པ་(དེ་ནས་ཁར་)སྟེ་ལྔས། དམ་ཚིག་སྦྱིན་པ། ཡེ་ཤེས་དབེན་བ། བསྲུང་བ་བྱ་སྟེ་བརྟུལ་ཤུགས་སྦྱིན་པ(ད་ནི་ཕེབས་པ་)། སྦྱིན་པར་བྱ་བའི་བརྟུལ་ཞུགས་ བསྟན་པ(དེ་ལ་བརྟུལ་ཞུགས་)། མིག་རས་བཅིངས་ནས་བསྐོར་བ་བྱ་བ(ད་ནི་དཔལ་)། དབང་བསྐུར་སྦྱིན་པའི་བཞུགས་སྟངས་ངེས་པ(དེ་ནས་ཤར་)། བསང་གཏོར་བྱས་ནས་ མེ་ཏོག་སྦྱིན་པ(དེ་ནས་དགེ་)། མེ་ཏོག་དོར་ཞིང་མིག་རས་དགྲོལ་བ(དེ་ནས་ལག་)། གང་ལ་ཕོག་པའི་ལྷ་ངོ་བསྟན་པ་(མིག་དབྱེ་བ་)སྟེ་བདུན་གྱིས། འཁོར་ལོར་གཞུག་ པའོ། །བར་པ་ལ་གསུམ། དབབ་པའི་ཆོ་ག(རྒྱལ་བ་མཆོག་) །ཁྲོ་བོའི་རྒྱལ་པོ(དེ་ལ་ མཚན་ཉིད་)། རྡོ་རྗེ་བཞི་རྣམས(ད་ནི་སྐུ་)། ཁམས་གཞན་རྣམས(ད་ནི་ས་)། དབང་པོ་ གཞན་རྣམས(དེ་བཞིན་ཐམས་ཅད་)། ཕེབས་པའི་མཚན་མ་སྟེ་བཞིས། ཕེབས་པའི་ མཚན་ཉིད། ཕེབས་པའི་རྒྱུ་མཚན་(ད་ནི་དབབ་)ནོ། །དངོས་གཞིའི་ཆོ་ག་ལ་གཉིས། དབང་གི་བུམ་པ་ཆས་སུ་གཞུག་པ(དེ་ནི་ཀླུ་)། སློབ་མ་གཞུག་ཀྱང་དབང་བདུན་བསྐུར་ བ(དེ་ནས་རིགས་)། དབང་ལ་བརྟེན་ནས་རྒན་གཞོན་བཞག་པ་(རྡོ་རྗེ་སློབ་དཔོན་)སྟེ་ གསུམ་གྱིས། རྒྱུད་འདིར་དག་པའི་དབང་བདུན་བསྐུར་བ། གཞན་གྱི་དབང་ལ་དག་པ་ མེད་པ(འདིར་རྒྱུད་གཞན་)འོ། །རྗེས་ཀྱི་ཆོ་ག་ལ་གཉིས། དྲང་དོན་དུ(ད་ནི་ངེས་པར་)། ངེས་དོན་དུ་བཤད་པ་(ད་ནི་ངེས་པའི་དོན་) སྟེ་གཉིས་ཀྱིས། རྣམ་པར་དག་པའི་ཆོས། བསྐུར་བའི་དབང་གི་རྣམ་དག་བཤད་པ(ད་ནི་ཆུ་)འོ། །དབང་གི་དམ་ཚིག་ལ་གསུམ། དམ་ཚིག་ཉམས་པའི་ཉེས་དམིགས(ཅི་སྟེ་གཡོ་)། སླར་ཡང་གསོ་བའི་ཆོ་ག(ད་ནི་རྩ་)། རྩ་བའི(ད་ནི་དཔལ་)། སྦོམ་པོའི་ལྟུང་བ་(ལྟུང་བ་སྦོམ་)སྟེ་གཉིས་ཀྱིས། སྤང་བྱ་ལྟུང་ པའི་རང་བཞིན་ནོ། །མདོར་བསྡུས་བཞི་པ(བསྡུས་པའི་)འོ།། །། ༈ རབ་གནས་བྱས་ནས་དབང་བཞི་བསྐུར་བ་ལ་གཉིས། རབ་ཏུ་གནས་པའི། དབང་ བསྐུར་ཞུ་བའི་ཆོ་གའོ། །དང་པོ་ལ་གཉིས། བཤད་པ་ལ་འཇུག་པ(རབ་གནས་)། ཞུགས་ པའི་བཤད་པ་དངོས་སོ། །འདི་ལ་གཉིས། དབང་གི་ཆོ་ག(འདིར་དཔལ་)། དབང་གི་ 9-1-212 རྣམ་དག (དེ་ནས་དང་པོར་)། དབང་གི་ཡན་ལག(དེ་ནས་སྐུ་དང་)། དབང་གི་དམ་ ཚིག་(འདིར་སྟོན་)སྟེ་བཞིས། རྡོ་རྗེ་སློབ་དཔོན་བདག་པོར་རབ་ཏུ་གནས་པ། སྐུ་ གཟུགས་གླེགས་བམ་ལ་སོགས་པ་རབ་ཏུ་གནས་པའོ། །འདི་ལ་གཉིས། སློབ་དཔོན་གྱི་ རྟེན་རབ་ཏུ་གནས་པ་བྱ་བ། སློབ་མས་ཡོན་ཕུལ་ཏེ་སྨོན་ལམ་གདབ་པ(ཅོད་ པན་)འོ། །དང་པོ་ལ་གཉིས། སྐུ་གཟུགས་ལ་སོགས་པའི། ཁྲོན་པ་ལ་སོགས་པའི་རབ་ གནས་(ཁྲོན་པ་)སོ། །དང་པོ་ལ་གསུམ། ལྷག་པར་འདིར་སྐུ་གནས་པའི(སྟེང་དུ་)། རབ་ ཏུ་གནས་པའི། རྗེས་སུ་བྱ་བའི་ཆོ་ག(དེ་ལྟར་)འོ། །བར་པ་ལ་གསུམ། རྟེན་གདན་ལ་ དགོད་པའི(དཔལ་ལྡན་)། རྟེན་ལྷར་སྒྲུབ་པའི། ཁྲུས་དང་མངའ་དབུལ་བའི་ཆོ་ག(འདི་ དང་)འོ། །བར་པ་ལ་གཉིས། གསར་དུ་བཞེངས་པའི་རབ་གནས། སླར་གསོ་བའི་ཆོ་ ག(ཉེ་བར་བསྡུ་) འོ། །དང་པོ་ལ་གསུམ། རྟེན་སྦྱངས་ཏེ་ལྷར་བསྒོམ་པ(རྒྱལ་བ་)། ཡེ་ཤེས་ བཅུག་སྟེ་ཕྱག་འཚལ་བ་(དེ་ལྟར་)སྟེ་གཉིས་ཀྱིས། རྟེན་རང་རང་གི་རིགས་ཀྱི་ལྷར་ བསྐྱེད་པ། ལྷ་སོ་སོའི་ས་བོན་དང་མཚན་མ་དགོད་པ(ཨ་སོགས་)། དེ་ལ་རབ་གནས་སུ་ འགྱུར་ཚུལ་བསྡུས་ནས་བསྟན་པ(རང་ལུས་ཡེ་ཤེས་)འོ། །དབང་བསྐུར་བའི་ཆོ་ག་ལ་ གཉིས། ཕྱག་རྒྱ་ལ་བསྟེན་ནས་དབང་བསྐུར་སྦྱིན་པ། ཕྱག་རྒྱ་དྲུག་གི(ད་ནི་སེམས་)། ཕྱག་རྒྱ་གསུམ་གྱི(ད་ནི་ཆུ་སྐྱེས་)། ཕྱག་རྒྱ་ཆེན་མོའི་དག་པ་(དེའི་སྟེང་དུ་ཆགས་)སྟེ་ གསུམ་གྱིས། དབང་རྟེན་ཕྱག་རྒྱ་རྣམས་ཀྱི་རྣམ་དག་བཤད་པའོ། །དང་པོ་གསུམ། དབང་ བསྐུར་གཉིས་ཀྱི་ཆོ་ག །དབང་རྟེན་ཕྱག་རྒྱའི་སྐྱོན་ཡོན(སྐྲག་དང་)། དབང་གི་རབ་བྱེད་ བཤད་པའོ། །དང་པོ་ལ་གཉིས། དབང་གཉིས་སོ་སོར་བསྐུར་བ། གཉིས་ཀའི་སྡོམ་པ་སྦྱིན་ པ(ཀུན་རྫོབ་ཏུ་ཁྱད་པར་དགའ་)འོ། །དང་པོ་ལ་གཉིས། དབང་རྟེན་ཕྱག་རྒྱའི་མཚན་ ཉིད་བསྟན་པ(ད་ནི་ཇི་སྲིད་)། དེ་ལ་བརྟེན་ནས་དབང་བསྐུར་སྦྱིན་པ་(འདིར་དབང་ གོང་)སྟེ་གཉིས་ཀྱིས། རྡོ་རྗེ་སློབ་མ་ལམ་ལ་གཞུག་པའི་དབང་། རྡོ་རྗེ་སློབ་དཔོན་བདག་ པོ་ཆེན་པོའི་དབང་ངོ་། །འདི་ལ་གསུམ། རིག་མ་དབུལ་བའི(དེ་ནས་འགྲེལ་བཤད་)། གསོལ་བ་གདབ་པའི(དེས་ནས་སློབ་མས་)། ངེས་པ་སྟེ་གཉིས་ཀྱིས། སྔོན་འགྲོའི། ཚོགས་ 9-1-213 ཀྱི་འཁོར་ལོར་རྡོ་རྗེ་མཆོད་པའི(གསོལ་བ་གདབ་པར་)། ཕྱག་རྒྱ་གང་ལས་དབང་གང་ བསྐུར་བའི(དེ་ལྟར་སྔར་དབང་)། ཕྱག་རྒྱས་བཀྲུ་ཞིང་རྗེས་སུ་གནང་པའི(ཀླུ་སྟེ་བུམ་ པ་)། གོང་མ་ལས་ཀྱང་གོང་མའི་དབང་གི་ངེས་པ་(དེ་ནས་ཕྱག་རྒྱ་)སྟེ་བཞིས། དངོས་ གཞི། རྗེས་ཀྱི་ཆོ་ག(དེ་ནས་ཚོགས་ཀྱི་)འོ། །དབང་གི་རབ་བྱེད་བཤད་པ་ལ་གཉིས། མཎྜལ་ཕུལ་ནས་གསོལ་བ་གདབ་པ(སླར་ཡང་མཎྜལ་)། དགའ་བ་བཞིའི་མཚན་ཉིད་ ཀྱིས་བསྟན་པ(དེ་ནས་བླ་མའི་)། དེ་ཉིད་བཅུ་དྲུག་གི་སྦྱོར་བས་བཤད་པ་(ད་ནི་འདོད་ པ་)སྟེ་གཉིས་ཀྱིས། དེ་ནས་བླ་མས་དབང་དོན་བཤད་པའོ། །ཚོགས་ཀྱི་འཁོར་ལོ་མཆོད་ པ་ལ་བཞི། མཚམས་སྦྱར་བ(དེ་ལྟར་སློབ་མ་)། གཞོན་ནུ་མཆོད་པ(དེ་ནས་ཉིན་མོ་)། དགེ་འདུན་མཆོད་པ(དེ་ནས་ཆུ་ཚོད་) ། ཚོགས་འཁོར་མཆོད་པའོ། །འདི་ལ་གཉིས། ཚོགས་ཀྱི་འཁོར་ལོ་དགོད་པའི(དེ་ནས་སྐྱེ་བོ་)། དེ་རྣམས་ཇི་ལྟར་མཆོད་པའི་ངེས་ པའོ། །འདི་ལ་གཉིས། རྡོ་རྗེ་མཆོད་པའི། དམ་ཚིག་གི་མཆོད་པའི་ངེས་པའོ། །དང་པོ་ལ་ གསུམ། བསྟན། བཤད་པ། རབ་ཏུ་བཤད་པའོ། །དང་པོ་ལ་གཉིས། ཤེས་རབ་ཀྱི་དབྱེ་བ་ རྣལ་འབྱོར་པས(དེ་ནས་ལེའུ་) ཐབས་ཀྱི་དབྱེ་བ་རྣལ་འབྱོར་མས་བསྟེན་པ་(དེ་བཞིན་ དུ་དཔལ་)སྟེ་གཉིས་ཀྱིས། ཕན་ཚུན་སེམས་རྣམ་པར་དག་པ། རྡོ་རྗེ་མཆོད་པའི་ཕན་ ཡོན་(ཚོགས་ཀྱི་)ནོ། །རྒྱས་བཤད་ལ་གཉིས། རྣལ་འབྱོར་མའི་རིགས་ཀྱི་དབྱེ་བ(ད་ནི་ སྒྲོལ་)། རྣལ་འབྱོར་པའི་རིགས་ཀྱི་དབྱེ་བ(དེ་བཞིན་དུ་བཞི་)། དེ་དག་གང་ན་བཞུགས་ པའི་མཛད་པ་(དེ་བཞིན་དུ་ས་འོག་)སྟེ་གསུམ་གྱིས། རིག་སུམ་བཅུ་རྩ་དྲུག་ཏུ་དབྱེ་བ། ཕྱག་རྒྱ་མཆོད་པའི་ཚུལ(ད་ནི་བུ་མོ་)། ཕྱག་རྒྱ་བཞིའི་མིང་(ད་ནི་དང་པོར་)སྟེ་གཉིས་ ཀྱིས། རྡོ་རྗེ་མཆོད་པའི་ངེས་པ་བཤད་པའོ། །རབ་ཏུ་བཤད་པ་ལ་གཉིས། རིགས་ལྔའི་ རང་བཞིན། རིགས་དྲུག་ལ་སོགས་པའི་རང་བཞིན་(ད་ནི་བཟང་)ནོ། །དང་པོ་ལ་གསུམ། དྲིའི་སྒོ་ནས་སྤྱིར་བསྟན་པ(ད་ནི་ཕོ་ཉ་)། རྣལ་འབྱོར་མའི(དེའི་ཡན་ལག་)། རྣལ་འབྱོར་ མའི(ད་ནི་རྣལ་འབྱོར་)། མཚན་ཉིད་དེ་གཉིས་ཀྱིས། མཚན་ཉིད་ཀྱི་སྒོ་ནས་སོ་སོར་ བཤད་པ། མཆོད་པའི་ཚུལ་བསྡུས་ཏེ་བསྟན་པ(དེའི་ཕྱིར་ཕོ་ཉ་)འོ། །དམ་ཚིག་གི་མཆོད་ 9-1-214 པའི་ངེས་པ་ལ་གསུམ། མཆོད་པའི་དམ་ཚིག་གི་རྫས། མཆོད་བྱའི་རིགས་ཀྱི་མཚན་མ། དེ་དག་གི་རྣམ་དག་བསྟན་པའོ། །དང་པོ་ལ་གསུམ། ཆང་དང་ཕྱག་རྒྱ་བསྟེན་པ(ད་ནི་ ཆང་)། ཤ་དང་བདུད་རྩི་བསྟེན་པ(གང་གིས་རྣལ་འབྱོར་)། དེ་དག་བསྡུས་ནས་ གདམས་པ་(དེ་ལྟར་བདུད་རྩི་)སྟེ་གསུམ་གྱིས། དམ་ཚིག་བཞི་བསྟེན་པ། སུམ་བཅུ་རྩ་ དྲུག་བསྟེན་པ། ཕྱི་ནང་གི་རྫས་བཅུས་མཆོད་པ(དེ་བཞིན་དུ་ནང་)འོ། །བར་པ་ལ་བཞི། ས་ཆུ་ལ་སྤྱོད་པའི་དམ་ཚིག (ད་ནི་ཁྱི་)། ནམ་མཁའ་ལ་སྤྱོད་པའི་དམ་ཚིག (ད་ནི་ ཁེངས་)། དེ་དག་བསྟེན་པར་གདམས་པ་(དེ་ལྟར་སུམ་བཅུ་)སྟེ་གསུམ་གྱིས། ཕྱིའི་དམ་ ཚིག་སུམ་བཅུ་རྩ་དྲུག །ལུས་ཀྱི་དམ་ཚིག་སུམ་བཅུ་རྩ་དྲུག(ད་ནི་སོ་)། གསལ་བྱེད་དང་ དབྱངས་ཀྱི(སུམ་བཅུ་རྩ་དྲུག་)། ཕ་རྒྱུད་དང་མ་རྒྱུད་ཀྱི(དེ་བཞིན་དུ་དབྱངས་)། རིགས་ ངེས་པ་སྟེ་གཉིས་ཀྱིས། སུམ་བཅུ་རྩ་དྲུག་རིགས་ཀྱི་ངེས་པ། དེ་རྣམས་གང་ལ་མཆོད་ པའི་ངེས་པ(དེ་ལྟར་རིགས་)འོ། །མཆོད་བྱའི་རིགས་ཀྱི་མཚན་མ་ལ་གསུམ། མཚན་མ་ཇི་ ལྟར་བལྟ་བའི་ཐབས(ད་ནི་སྒྲོལ་)། རིགས་སུམ་བཅུ་རྩ་དྲུག་གི་མཚན་མ་ཐུན་མོང་དུ་ བསྟན་པ(དེ་ལ་གང་གི་)། ཡུམ་གྱི་ཡོན་ཏན་གྱི་མཚན་མ་ཁྱད་པར་དུ་བཤད་པ་(སླར་ ཡང་)སྟེ་གཉིས་ཀྱིས། བལྟ་བར་བྱ་བའི་མཚན་མ་དངོས། དེ་ལས་གང་ཞིག་གྲུབ་པའི་ དོན་(དེ་ནས་དམ་) ནོ། །དེ་དག་གི་རྣམ་དག་བསྟན་པ་ལ་གཉིས། དམ་ཚིག་གི་རྫས་ཀྱི། རྣལ་འབྱོར་མའི་རིགས་ཀྱི་རྣམ་དག་(ད་ནི་དྲན་)གོ །དང་པོ་ལ་གཉིས། སུམ་བཅུ་རྩ་ དྲུག་གི་ལྷར་དག་པ(ད་ནི་བཤང་བ་)། དྲུག་བཅུ་རྩ་བཞིའི་ལྷར་དག་པ(དེ་བཞིན་དུ་ རྣལ་)། དེ་དག་བསྡུས་པ་རིགས་བརྒྱར་བསྟན་པ་(དེ་བཞིན་དུ་རིགས་) སྟེ་གསུམ་གྱིས། དམ་ཚིག་གི་རྫས་དཀྱིལ་འཁོར་གྱི་ལྷར་དག་པ། དམ་ཚིག་གི་རྫས་གནས་ལ་སོགས་པར་ དག་པའོ། །འདི་ལ་གཉིས། ནང་དུ(ད་ནི་གནས་)། ཕྱི་རོལ་ཏུ(དེ་བཞིན་དུ་ཕྱི་)། གནས་ ལ་སོགས་པར་དག་པ་སྟེ་གཉིས་ཀྱིས། དམ་ཚིག་གི་དག་པ་དངོས། གནས་སོགས་ཕྱི་རོལ་ ཏུ(ད་ནི་གནས་ཞེས་)། གནས་སོགས་ནང་དུ་བཞག་པ་(ད་ནི་གནས་ཞེས་)སྟེ་གཉིས་ ཀྱིས། གནས་ལ་སོགས་པའི་རྣམ་བཞག་གོ །མདོར་བསྡུས་ལྔ་པ(བསྡུས་པའི་)འོ།། །། 9-1-215 ༈ ཕྱག་རྒྱ་དང་ལྟ་སྟངས་ཀྱི་བརྡ་བཤད་པ་ལ་གསུམ། བཤད་པ་ལ་འཇུག་པ(ལག་ པའི་)། བཤད་པའི་རང་བཞིན། བཤད་པའི་འབྲས་བུ(ཚོགས་ཀྱི་)འོ། །བར་པ་ལ་གསུམ། ཕྱག་རྒྱའི་བརྡ། ཕེབས་པར་སྨྲ་བའི(ད་ནི་ཕོ་ཉ་)། འཇིགས་པ་སྟོན་པའི(ད་ནི་འཇིགས་)། ལྟ་སྟངས་ཏེ་གཉིས་ཀྱིས། ལྟ་སྟངས་ཀྱི་བརྡ། ཡི་གེའི་བརྡ(དེ་བཞིན་དུ་བརྡ་)འོ། །དང་པོ་ ལ་བཞི། དང་པོར་ཕྱག་རྒྱའི་གཞི་ངོས་བཟུང་བ(འདིར་ཕྱག་)། དེ་ལ་བརྟེན་ནས་ཕྱག་རྒྱ་ བཅིང་བ། ཕྱག་རྒྱ་གཞན་ཡང་མཐའ་ཡས་བསྟན་པ(ད་ནི་སྒེག་)། གདམས་པའི་ཚུལ་ གྱིས་འཇུག་བསྡུ་བ(ཞེས་པ་དེའི་ཚུལ་)འོ། །གཉིས་པ་ལ་གཉིས། ཕྱག་རྒྱ་དང་། ཕྱག་རྒྱའི་ ལན་(དེའི་ཕན་ཚུན་)ནོ། །དང་པོ་ལ་གསུམ། སངས་རྒྱས་རྣམས་ཀྱི་ཕྱག་རྒྱ། འབྱུང་པོའི་ རིགས་ཀྱི(ད་ནི་མཐེ་བོ་)། དུད་འགྲོའི་རིགས་ཀྱི(ད་ནི་ལག་)། ཞོར་ལ་འབར་བའི་ཕྱག་ རྒྱ་(དེ་བཞིན་དུ་འཕར་)སྟེ་གསུམ་གྱིས། སོ་སོའི་རིགས་ཀྱི་ཕྱག་རྒྱ། ཕེབས་པར་སྨྲ་ བའི(ད་ནི་མཛུབ་)། རབ་ཏུ་སྨོད་པའི(ད་ནི་མཆུ་)། དམ་ཚིག་འདུས་པའི(དེ་བཞིན་དུ་ ཟས་)། ཤིན་ཏུ་ཁྲོས་པའི(ད་ནི་སྐྲ་)། ཕྱག་རྒྱ་སྟེ་བཞིས། ཕན་ཚུན་ཕྲད་པའི་ཕྱག་ རྒྱའོ། །དང་པོ་ལ་གཉིས། དེ་བཞིན་གཤེགས་པ་དྲུག་གི(ད་ནི་རྒྱལ་)། ཁྱད་པར་དུས་ཀྱི་ འཁོར་ལོའི་ཕྱག་རྒྱའོ། །འདི་ལ་གསུམ། མཆོག་གི(ད་ནི་མཆོག་)། ཁྲོ་བོའི(ད་ནི་ཁྲོ་)། མཚན་མའི། ཕྱག་རྒྱའོ། །འདི་ལ་གསུམ། རྡོ་རྗེ་རྩེ་ལྔའི་ཕྱག་རྒྱ(ད་ནི་མཐེ་བོ་)། གཡས་ཀྱི་ མཚན་མའི(དེ་བཞིན་དུ་ལག་)། གཉི་གའི་མཚན་མའི(དེ་བཞིན་དུ་སྟེང་)། གཡོན་གྱི་ མཚན་མའི་(ད་ནི་ལག་)ཕྱག་རྒྱ་སྟེ་གསུམ་གྱིས། ཕྱག་མཚན་སོ་སོའི་ཕྱག་རྒྱ། ཕྱག་རྒྱ་ དྲུག་གི་ཕྱག་རྒྱ(དེ་བཞིན་དུ་ལག་)འོ། །མདོར་བསྡུས་དྲུག་པ་(བསྡུས་པའི་)པ་སྟེ་(དཔལ་ དབང་གི་)ལེའུ་གསུམ་པའོ།། །། ༈ སྒྲུབ་ཐབས་བཤད་པ་ལ་གཉིས། བཤད་པ་ལ་འཇུག་པ(བཅོམ་ལྡན་འདས་)། ཞུགས་པའི་བཤད་པ་དངོས་སོ། །འདི་ལ་གསུམ། མཚམས་སྦྱར་ཞིང་ཞུས་ལན་བསྟན་ པ(འདིར་དཔལ་)། ལན་གྱིས་དོན་རྒྱས་པར་བཤད་པ། བསྒོམ་པའི་ཚུལ་བསྡུས་ཏེ་བསྟན་ པའོ། །བར་པ་ལ་གསུམ། དངོས་གྲུབ་སྒྲུབ་པ། ལས་ཚོགས་སྒྲུབ་པ། དགེ་ཚོགས་སྒྲུབ་ 9-1-216 པའོ། །དང་པོ་ལ་གསུམ། གང་ཞིག་སྒྲུབ་པའི་དོན(ད་ནི་དུས་)། གང་དུ་སྒྲུབ་པའི་ གནས(ད་ནི་འདི་)། གང་གིས་སྒྲུབ་པའི་ཐབས་སོ། །འདི་ལ་གཉིས། རྒྱས་པར་བསྟན་པ། བསྡུས་ནས་བསྟན་པའོ། །དང་པོ་ལ་གཉིས། རྣལ་འབྱོར་པའི་སྒོམ་པ། དམ་ཚིག་དྲུག་ གི(ད་ནི་རྣལ་འབྱོར་)། རྗེས་དྲན་བཅུའི(བསམ་དང་)། དམ་ཚིག་བཞིའི(ཉིན་དང་ མཚན་)། ཕར་ཕྱིན་བཅུའི་སྤྱོད་པ་(ནོར་ནི་གཏོང་)སྟེ་བཞིས། རྣལ་འབྱོར་པའི་སྤྱོད་ པའོ། །དང་པོ་ལ་གསུམ། སྔོན་འགྲོའི་དངོས་གཞིའི། རྗེས་ཀྱི་ཆོས་(ད་ནི་ལྷ་གཤེགས་ སུ་)སོ། །དང་པོ་ལ་བཞི། ཁ་དག་པ་ལ་སོགས་པ(ད་ནི་ཁ་དག་)། མཆོད་པ་རྣམ་པ་ བདུན(དེ་ལྟར་ཁ་ལ་སོགས་པ་)། ལམ་བསྟེན་པའི་ཚུལ(དེ་ནས་རྩ་བ་)། སྟོང་པ་ཉིད་ལ་ དམིགས་པའོ། །འདི་ལ་གསུམ། བསྟན་པ(དེ་ནས་རྣམ་པར་)། སྟོང་པ་ཉིད་ཀྱི་མཚན་ ཉིད(ད་ནི་སྟོང་པ་)། དེ་བསྒོམ་པའི་ཏིང་ངེ་འཛིན་ཏེ་གཉིས་ཀྱིས(ད་ནི་འཇིག་རྟེན་)། བཤད་པ། བསྡུ་པ(དེ་ནས་སྔགས་) འོ། །མདོར་བསྡུས་དང་པོ(བསྡུས་པའི་)འོ།། །། ༈ དངོས་གཞི་ལ་བཞི། ལུས་རྫོགས་པ་དཀྱིལ་འཁོར་རྒྱལ་མཆོག །ངག་རྫོགས་པ་ལས་ རྒྱལ་མཆོག །ཐིག་ལེ་རྫོགས་པ་ཐིག་ལེའི་རྣལ་འབྱོར། བདེ་བ་རྫོགས་པ་ཕྲ་མོའི་རྣལ་ འབྱོར་རོ། །དང་པོ་ལ་གསུམ། དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ། དེར་སྙིང་རྗེའི་ དབང་བསྐུར་བ(དེ་ལྟར་ཡེ་ཤེས་)། ལས་རྒྱལ་མཆོག་ལ་མཚམས་སྦྱར་བ(ད་ནི་ཟླ་བ་ བཅུ་)འོ། །དང་པོ་ལ་གསུམ། འཁོར་ལོ་བསྒོམ་པ་དངོས། ཀུན་རྫོབ་ཀྱི་ཆོས་རྣམས་རྣམ་ པར་དཔྱད་པ(ད་ནི་རྟག་པ་དང་)། ཀུན་རྫོབ་ཀྱི་བསྒོམ་པ་འཁྲུལ་བར་བསྟན་པ(དེ་ལྟར་ རྣམ་པར་དཔྱད་)། དོན་དམ་གྱི་ཡེ་ཤེས་སྙིང་པོར་བསྟན་པ་(དེའི་ཕྱིར་རྒྱལ་པོ་)སྟེ་ གསུམ་གྱིས། དེའི་རང་བཞིན་དཔྱད་པ། རྟེན་དང་བརྟེན་པའི་རྡོ་རྗེ་དགུར་དབྱེ་བ(ད་ ནི་དཔལ་ལྡན་)། ཉི་ཟླ་པདྨའི་ས་བོན་བསྡུས་ཏེ་བསྟན་པ་(འདིར་པདྨ་)སྟེ་གཉིས་ཀྱིས། དེའི་ཁྱད་པར་བསྟན་པའོ། །དང་པོ་ལ་གཉིས། དཀྱིལ་འཁོར་བསྐྱེད་པ(ད་ནི་སྔོན་གྱི་)། རྣམ་དག་བསྒོམ་པ(འདི་ལ་ལུས་)སྟེ་གཉིས་ཀྱིས། རྟེན་གྱི་རྟེན་པའི། འཁོར་ལོ་བསྒོམ་ པའོ། །འདི་ལ་གཉིས། མངོན་བྱང་ལྔ་ལས་སྐྱེ་བའི་ཚུལ(ད་ནི་ཟླ་བ་)། སྐྱེས་པའི་ལྷ་རྣམས་ 9-1-217 སོ་སོར་བསྟན་པ་(ད་ནི་ལྷའི་སྐུ་)སྟེ་གཉིས་ཀྱིས། བདེ་ཆེན་འཁོར་ལོའི་ལྷ་རྣམས་བསྐྱེད་ པ། འཁོར་ལོ་གཞན་གྱི་ལྷ་རྣམས་སྤྲོ་བའོ། །འདི་ལ་གཉིས། འཁོར་ལོ་རྣམས་ཀྱི་ལྷ་རྣམས་ སྤྲོ་བ། སྟེགས་བུ་རྣམས་ཀྱི་ལྷ་མོ་སྤྲོ་བ(དེ་བཞིན་དུ་དེ་ནས་)འོ། །དང་པོ་ལ་གཉིས། ལྷ་ རྣམས་སོ་སོའི་གནས་སུ་སྤྲོ་བ། སྤྲོས་པའི་ལྷའི་གདན་རྣམས་བསྟན་པ(ད་ནི་ཡི་ དྭགས་)འོ། །དང་པོ་ལ་གསུམ། ཕྱུགས་ཀྱི། གསུང་གི་(དེ་ནས་ཟླ་བ་)། ཚེས་ཀྱི་ལྷ་ རྣམས(སྲེད་པའི་ཡན་ལག)། སྒོའི་ལྷ་རྣམས(ད་ནི་ལག་པ་དང་)། སྟེགས་བུའི་ཀླུ་ རྣམས(དེ་ནས་ཟླ་བ་དགུ་པ་)། དུར་ཁྲོད་ཀྱི་(དེ་ནས་ལག་པ་)ལྷ་མིན་སྤྲོ་བ་སྟེ་བཞིས། སྐུའི་དཀྱིལ་འཁོར་གྱི་ལྷ་རྣམས་སྤྲོ་བའོ། །དང་པོ་ལ་གཉིས། སོ་སོའི་གནས་སུ་ལྷ་རྣམས་ སྤྲོ་བ(ད་ནི་མིང་དང་གཟུགས་)། གདན་ལ་སོགས་པའི(འདིར་ཤར་དང་བྱང་)། ཕྱག་ མཚན་སོ་སོའི(ད་ནི་ནག་པོ་)། ལྷ་དང་(དུ་བ་ལ་སོགས་ལྷ་མོ་) དཀྱིལ་འཁོར་གྱི་ངེས་པ་ སྟེ་གསུམ་གྱིས། སྤྲོས་པའི་ལྷའི་ངེས་པ་བསྟན་པའོ། །མདོར་བསྡུས་གཉིས་པ(བསྡུས་ པའི་)འོ།། །། ༈ ལས་རྒྱལ་མཆོག་བཤད་པ་ལ་གཉིས། བཤད་པ་ལ་འཇུག་པ(འདིར་ནི་སྲོག་གི་)། ཞུགས་པའི་བཤད་པ་དངོས་སོ། །འདི་ལ་གཉིས། དཀྱིལ་འཁོར་གྱི་ལྷ་སྒྲུབ་པ། བསྒྲུབ་ པའི་ལྷའི་རྣམ་དག་གོ །དང་པོ་ལ་གསུམ། ལྷའི་གཟུགས་རྫོགས་པ། སྐུ་གསུང་ཐུགས་བྱིན་ གྱིས་བརླབ་པ(ད་ནི་སྐུ་གསུང་)། ང་རྒྱལ་གྱི་གནས་རྣམས་བསྟན་པ(ད་ནི་སྟོང་ པ་)འོ། །དང་པོ་ལ་གསུམ། གཞན་གྱི་གཟུགས་སུ་བརྟགས་ནས་བསྒོམ་པ། དེའི་རིགས་ དང་རིགས་ཅན་བསྟན་པ། དེའི་རྣམ་དག་ཤེས་པར་བྱ་བའོ། །དང་པོ་ལ་གསུམ། ལྷའི་ འཁོར་ལོ་བསྒོམ་པ། དེའི་རྒྱས་འདེབས་བསྟན་པ(ད་ནི་ཅོད་པན་)། དེའི་ས་བོན་བསྟན་ པའོ། །དང་པོ་ལ་གཉིས། ལྷའི་འཁོར་ལོ་སྒྲུབ་པ། ལྷ་སོ་སོའི་སྟང་སྟབས་དང་འདུག་ སྟངས(གཡོན་བརྐྱང་)། སྟང་སྟབས་དང་འདུག་སྟངས་སོ་སོའི་མཚན་(གཡས་བསྐུམ་ པ་)ཉིད་དེ་གཉིས་ཀྱིས། ལྷའི་བཞུགས་ཚུལ་བསྟན་པའོ། །དང་པོ་ལ་གཉིས། གཏུམས་ མོས་ཞུ་བ་ཀླུས་བསྐུལ་བ(ཧོཿཡིག་ཅེས་པ་)། རྡོ་རྗེ་ཅན་བཞེངས་ནས་འཁོར་རྣམས་སྤྲོ་ 9-1-218 བ(ད་ནི་རྡོ་རྗེ་ཅན་)། རིམ་གཉིས་ཀྱི་དོན་བསྡུས་ནས་བསྟན་པ་(དེ་ལྟར་རྣམ་པ་ ལྔ་)གསུམ་གྱིས། དམ་ཚིག་གི་འཁོར་ལོ་བསྐྱེད་པ། ཡེ་ཤེས་ཀྱི་འཁོར་ལོ་གཞུག་ པའོ། །འདི་ལ་གཉིས། དགུག་པའི་དོན་དུ་ཁྲོ་བོ་བསྐུལ་བ(ད་ནི་འོད་ཟེར་སྔོན་པོ་)། ཁྲོ་ བོ་རྣམས་ཀྱི་བྱ་བ་བསྟན་པའོ། །འདི་ལ་གཉིས། དགུག་པ་ལ་སོགས་པའི་བྱ་བ་སྤྱིར་ བསྟན་པ(དེ་ནས་ལྟེ་བའི་)། སོ་སོའི་རོ་མཉམ་ཁྱད་པར་དུ་བཤད་པའོ། །འདི་ཀྱིས། ཐུགས་ཀྱི། གསུང་གི(འདིར་གསུང་གི་)། སྐུའི(ཕྱི་རོལ་གྱི་ནི་)། ལྷ་རྣམས་ཀྱི་རོ་མཉམ་ བཤད་པའོ། །དེའི་ས་བོན་བསྟན་པ་ལ་གཉིས། མཚན་མ་སུམ་བཅུ་རྩ་གཉིས་ཀྱི་ས་ བོན(ད་ནི་འཁོར་ལོ་)། ལྷ་དང་ལྷ་མོའི་མཚན་མའི་ས་བོན་(འདིར་ནི་ལྷག་མ་)ཏེ་ གཉིས་ཀྱིས། མཚན་མའི་ས་བོན། ཐུགས་ཀྱི(ད་ནི་ནཱ་ད་)། གསུང་གི་(ད་ནི་གསུང་གི་)། སྐུའི་(ད་ནི་སྐུ་)ལྷ་རྣམས་ཀྱི་ས་བོན་ཏེ་གསུམ་གྱིས། ལྷའི་ས་བོན་བསྟན་པའོ། །དེའི་ རིགས་དང་རིགས་ཅན་བསྟན་པ་ལ་དགུ། སེམས་དཔའ་དྲུག(ད་ནི་བསྐྱེད་བྱ་)། སེམས་ མ་དྲུག(དཔལ་ལྡན་རྡོ་རྗེ་)། ཁྲོ་བོ་བཅུ་གཅིག(ཁྲོ་བོའི་དབང་པོ་)། དོན་དངོས་དང་ (ཡུམ་དང་ཁྲོ་བོའི་)། ཁྲོ་བོའི་མིང་གཞན་བསྟན་པ་(འདིར་ནི་རེངས་)སྟེ་གཉིས་ཀྱིས། ཁྲོ་ བོ་བཅུ་གཅིག །རྣལ་འབྱོར་མ་བརྒྱད(རླུང་མེ་ཆུ་ས་)། ལྷ་མཆོག་བཅུ་གཉིས(ཚངས་པ་ དང་ནི་)། ལྷ་མོ་བཅུ་གཉིས(རིག་མ་དྲུག་)། ཀླུ་དང་གཏུམ་མོ(ཀླུ་བརྒྱད་)། སྒེག་མོ་ལ་ སོགས་(དེ་བཞིན་དུ་སྒེག་)། གང་ལས་བྱུང་བསྟན་པའོ། །དེའི་རྣམ་དག་ཤེས་པར་བྱ་བ་ ལ་གསུམ། ཕྱི་ནང་ཐུན་མོང་གི་སྐུ་བཞི(ད་ནི་སྐུ་བཞི་)། ཕྱི་ནང་སོ་སོ འི་སྐུ་བཞི་སྟེ་ གཉིས་ཀྱིས(དེ་བཞིན་སླར་ཡང་)། ལྷའི་འཁོར་ལོ་སྐུ་བཞིར་དག་པ། སྐུ་བཞི་རྡོ་རྗེ་བཞི་ དང་སྦྱར་བ(ད་ནི་སྐུ་བཞི་)། དེ་དག་ཤེས་རབ་ཐབས་སུ་བསྟན་པ(སླར་ཡང་སྐུ་ བཞི་)འོ། །བསྒྲུབ་པའི་ལྷའི་རྣམ་དག་ལ་གསུམ། ལྷ་རྣམས་ཀྱི་དག་པ། བདེན་པ་གཉིས་ ཀྱི་སྐུ་བཞི་འབྱུང་བ(ད་ནི་དག་པ་ལས)། བྱུང་བ་སྐུ་བཞིའི་བྱ་བ་བསྟན་པ་(ད་ནི་སྐུ་ བཞིའི་)སྟེ་གཉིས་ཀྱིས་སྐུ་བཞིའི་དག་པ། བཞུགས་ཚུལ་གྱི་དག་པ(ད་ནི་ གཡོན་)འོ། །དང་པོ་ལ་གཉིས། དཀྱིལ་འཁོར་པ་རྣམས་འཁོར་ལོར་དག་པ(ད་ནི་ལྷའི་)། 9-1-219 གཙོ་བོ་ཡབ་ཡུམ་དུས་སུ་དག་པ་(ད་ནི་གཙོ་བོ་)སྟེ་གཉིས་ཀྱིས། དུས་དང་འཁོར་ལོས་ ལྷ་དག་པ། ཕྱི་ནང་འགགས་པས་གཞན་དག་པའོ། །འདི་ལ་གཉིས། འཁོར་གྱི(ད་ནི་དུ་ བ་ལ་སོགས་)། གཙོ་བོའི་དག་པ(དེ་ཉིད་ཉི་ཤུ་རྩ་བཞི་)འོ། །མདོར་བསྡུས་གསུམ་ པ(བསྡུས་པའི་)འོ།། །། ༈ ཐིག་ལེའི་རྣལ་འབྱོར་དང་། ཕྲ་མོའི་རྣལ་འབྱོར་བཤད་པ་ལ་གཉིས། བཤད་པ་ལ་ འཇུག་པ(འཕོ་མེད་བདེ་)། ཞུགས་པའི་བཤད་པ་དངོས་སོ། །འདི་ལ་གཉིས། ཐིག་ཕྲའི་ རྣལ་འབྱོར་ངོས་བཟུང་བ། དེ་དག་གང་གིས་སྒྲུབ་པའི་ཐབས་སོ། །དང་པོ་ལ་གཉིས། སྤྱི་ དོན་བསྡུས་ཏེ་བསྟན་པ(འདིར་བསྐྱེད་པའི་)། གཞུང་དོན་ཕྱེ་སྟེ་བཤད་པའོ། །འདི་ལ་ གཉིས། རྩ་རྒྱུད་དུ་གསུངས་པ། ཐིག་ལེའི་རྣལ་འབྱོར(གཏུམ་མོ་)། ཕྲ་མོའི་རྣལ་འབྱོར་ཏེ་ གཉིས་ཀྱིས(དེ་ལྟར་ཤེས་རབ་)། བསྡུས་རྒྱུད་དུ་གསུངས་པ(རྒྱུ་མཐུན་ལ་ སོགས་)འོ། །དང་པོ་ལ་གསུམ། ཐུན་མོང་གི་སྔོན་འགྲོ(དེས་ན་རྩ་བའི་)། ཐིག་ལེའི་རྣལ་ འབྱོར(ལྟེ་བར་གཏུམ་མོ་)། ཕྲ་མོའི་རྣལ་འབྱོར་ཏེ་གཉིས་ཀྱིས(བཅུ་དྲུག་ཕྱེད་)། སོ་སོའི་ མཚན་ཉིད། དེ་དག་གི་སྒྲུབ་ཐབས་(རྒྱུ་མཐུན་ལ་སོགས་)སོ། །དེ་དག་གང་གིས་སྒྲུབ་ པའི་ཐབས་ལ་གསུམ། སྲོག་གི་བཟླས་པས་མཚམས་སྦྱར(ད་ནི་ཟླ་བ་)། དྲང་དོན་ངེས་ དོན་གྱི(ད་ནི་བསྙེན་པ་)། དམན་པ་དང་མཆོག་གི་(ད་ནི་དམན་པ་དང་) ཡན་ལག་ བཞི་སྟེ་གཉིས་ཀྱིས། ཡན་ལག་བཞི་ཡིས་མདོར་བསྟན་པ། ཡན་ལག་དྲུག་གིས་རྒྱས་པར་ བཤད་པའོ། །འདི་ལ་ལྔ། ཡན་ལག་དྲུག་གི་དབྱེ་བ(ད་ནི་སྦྱོར་བ་)། ཡན་ལག་དྲུག་གི་ མཚན་ཉིད(ད་ནི་སོ་སོར་)། ཡན་ལག་དྲུག་གི་འབྲས་བུ(ད་ནི་སོ་སོར་)། བཙན་ཐབས་ ཀྱི་རྣལ་འབྱོར(ད་ནི་བཙན་)། བསྙེན་སྒྲུབ་ཀྱི་རྣལ་འབྱོར(ད་ནི་སྟོང་པ་ཉིད་)། སྲོག་རྩོལ་ གྱི་རྣལ་འབྱོར་ཏེ་(ད་ནི་སྲོག་རྩོལ་)གསུམ་གྱིས། ཡན་ལག་དྲུག་གི་རྣལ་འབྱོར། ཡན་ ལག་དྲུག་གི་གསང་ཆེན་བསྟན་པ(དབུས་སུ་སྲོག་)འོ། །བསྡུས་ནས་བསྟན་པ་ལ་གཉིས། འཇིག་རྟེན་པའི། འཇིག་རྟེན་ལས་འདས་པའི་དངོས་གྲུབ་བསྒྲུབ་པ(ད་ནི་སྣ་ ཚོགས་)འོ། །དང་པོ་ལ་གཉིས། མདོར་བསྟན་པ(གཅིག་པའི་སྐུ་)། ལས་སྣ་ཚོགས་ཀྱི་ 9-1-220 ལྷ(ད་ནི་ཞི་བ་)། གདུལ་དཀའ་(ད་ནི་གདུལ་དཀའི་)འདུལ་བའི་ལྷ་སྒྲུབ་པ་(ད་ནི་ དེའི་)སྟེ་གཉིས་ཀྱིས་རྒྱས་པར་བཤད་པའོ། །མདོར་བསྡུས་བཞི་པ(བསྡུས་ པའི་)འོ།། །། ༈ ལས་ཚོགས་སྒྲུབ་པ་ལ་གཉིས། བཤད་པ་ལ་འཇུག་པ(རྗེ་བོ་སྣ་ཚོགས་)། ཞུགས་ པའི་བཤད་པ་དངོས་སོ། །འདི་ལ་གཉིས། ལས་སྣ་ཚོགས་ཀྱི་སྒྲུབ་ཐབས། ལས་སྣ་ཚོགས་ ཀྱི་འཁྲུལ་འཁོར་བཤད་པའོ། །དང་པོ་ལ་གསུམ། འབྱུང་པོ་ལ་སོགས་པ(འདིར་ཁྲོ་བོའི་)། ཀླུའི་རྒྱལ་པོ་སྒྲུབ་པ་(ད་ནི་སྤྲིན་)སྟེ་གཉིས་ཀྱིས། རྡོ་རྗེ་ཤུགས་བསྒོམས་པས། ལྷ་གཞན་ རྣམས་བསྒོམས་པས། ནམ་མཁའ་ལྡིང་བསྒོམས་པས་བསྒྲུབ་པའོ། །བར་པ་ལ་བཞི། ལྷ་ གཞན་བསྒྲུབས་ནས་ལས་ཚོགས་བསྒྲུབ་པ། ཇི་ལྟར་སྒྲུབ་པའི་ཆོ་ག(ད་ནི་རལ་གྲི་)། གྲུབ་ ནས་ཇི་ལྟར་བྱ་བ་(འདིའི་རྗེས་ལ་རོ་བསྲེག་)གྲུབ་པའི་ཕན་ཡོན་བསྟན་པ་(འབྱུང་པོའི་ དབང་)སྟེ་གསུམ་ཀྱིས། ལྷ་མིན། སྔགས་རྣམས། རྫས་རྣམས་བསྒྲུབས་ནས་ལས་ཚོགས་ བསྒྲུབ་པའོ། །དང་པོ་ལ་གསུམ། གང་གིས་གང་བསྒྲུབ་བསྟན་པ། ཇི་ལྟར་སྒྲུབ་ཚུལ་བཤད་ པ། དང་པོའི་ངེས་པས་བསྡུ་(ད་ནི་ལས་གྲུབ་)བའོ། །དང་པོ་ལ་གཉིས། སྤྱིར་བསྟན་པ(ད་ ནི་ལས་ཀྱི་)། བསམ་གཏན་གྱི(ད་ནི་ཞི་བ་)། ཚོགས་ཀྱི་(ད་ནི་ཚོགས་ཀྱི་)རིགས་གང་ གིས་གང་འགྲུབ་བཤད་པ་སྟེ་གཉིས་ཀྱིས་སོ་སོར་བཤད་པའོ། །ཇི་ལྟར་སྒྲུབ་ཚུལ་བཤད་ པ་ལ་གཉིས། སྔོན་དུ་སྲོག་དང་གཟུགས་བརྙན་སྒྲུབ་པ(ད་ནི་ལས་ཐམས་ཅད་)། སྲོག་ གཟུགས་གྲུབ་ནས་ལས་ཚོགས་བསྒྲུབ་པའོ། །འདི་ལ་གསུམ། ཞི་བ་ལ་སོགས་པའི་ལས་ ཚོགས་བསྒྲུབ་པ། ས་ལ་སོགས་པའི་ཟད་པར་སྤྲོ་བ(ད་ནི་ས་)། གླང་པོ་ལ་སོགས་པའི་ གནོད་པ་བསལ་བ(ད་ནི་དུད་)འོ། །དང་པོ་ལ་གཉིས། ཡུམ་དང་བཅས་པས་བསྒྲུབ་པ། དཔའ་བོ་གཅིག་པས་བསྒྲུབ་པ(ད་ནི་ཞི་བ་ལ་བསམ་)འོ། །དང་པོ་ལ་གཉིས། ལྷའི་སྒྲུབ་ ཐབས(ད་ནི་ཞི་བ་)། དེའི་ས་བོན་ཏེ་གཉིས་ཀྱིས(ད་ནི་མཚན་)། ལས་ཀྱི་ཆེད་དུ་ལྷ་ རྣམས་བསྒྲུབ་པ། བསྒྲུབས་པའི་ལྷ་རྣམས་ལས་ལ་སྦྱར་བའོ། །འདི་ལ་ལྔ། ཞི་རྒྱས་ཀྱི(ད་ནི་ ལྷ་)། དབང་དགུག་གི(དེ་བཞིན་དུ་ཟླ་བ་)། བསྐྲད་སོགས་ཀྱི(དེ་བཞིན་དུ་དབྱེ་)། རེངས་ 9-1-221 སོགས་ཀྱི་(ཉི་ཟླའི་དབུས་སུ་)བསད་པའི་ལས་ལ་(སླར་ཡང་བསད་)སྦྱར་བའོ། །སྔགས་ རྣམས་བསྒྲུབས་ནས་ལས་ཚོགས་བསྒྲུབ་པ་ལ་གཉིས། སྔགས་ཀྱི་མཚན་ཉིད(ད་ནི་ སྔགས་)། བཟླས་པའི་ངེས་པ་(ད་ནི་ཐུན་)སྟེ་གཉིས་ཀྱིས། སྔགས་ཀྱི་སྒྲུབ་པ་མདོར་ བསྟན་པ། དེའི་ངེས་པ་རྒྱས་པར་བཤད་པའོ། །འདི་ལ་གཉིས། ཡི་གེའི(དེ་བཞིན་དུ་ བསྒྲུབ་བྱའི་)། བསྙེན་པའི་ངེས་པའོ། །འདི་ལ་གཉིས། ཇི་ལྟར་བྱ་བའི་ངེས་པ་བསྟན་པ། ངེས་པ་དེའི་དཔེར་བརྗོད་བཤད་པ(འདིར་སྔགས་ལ་)འོ། །དང་པོ་ལ་གསུམ། སྔགས་ འགྲུབ་པ་ལ་ངེས་པ་ཅན་དགོས་པ། ངེས་པ་མེད་ན་མི་འགྲུབ་པར་བསྟན་པ(རིགས་ གཞན་)། དེས་ན་ངེས་པ་གཟུང་བར་གདམས་པ(རང་སེམས་)འོ། །དང་པོ་ལ་གསུམ། བསྟན་པ(སླར་ཡང་དེ་ཉིད་)། སྔོན་དུ་གང་གིས་མནན་པའི(རྣམ་པར་བཅད་བཅས་)། མཐར་གང་ཞིག་སྦྱར་བའི་ངེས་པ་(ཕཊ་ཡིག་)སྟེ་གཉིས་ཀྱིས། བཤད་པ། བསྡུ་བ(དང་ པོར་རྣམ་སྣང་)འོ། རྫས་རྣམས་བསྒྲུབས་ནས་ལས་ཚོགས་བསྒྲུབ་པ་ལ་གཉིས། (ད་ནི་རི་ ལུ་)བསྒྲུབ་པའི་ཁྱད་པར་སོ་སོར་བསྟན་པ(ད་ནི་མིག་)། ཕྱིའི་ཆོ་ག་མཐུན་པར་བསྟན་ པ་(དེ་ལ་འདི་ནི་)སྟེ་གཉིས་ཀྱིས། རིལ་བུ་དང་མིག་སྨན་སྒྲུབ་པ། རལ་གྲི་ལ་སོགས་པ་ བསྒྲུབ་པ(རལ་གྲིས་)འོ། །ནམ་མཁའ་ལྡིང་བསྒོམས་པས་སྒྲུབ་པ་ལ་གཉིས། དུག་གི་ཟིན་ པ་གསོ་བ། ཇི་ལྟར་བསྒྲུབ་པ(མཁའ་ལྡིང་ཞེས་)། གྲུབ་པའི་ཕན་ཡོན་ཏེ་གཉིས་ ཀྱིས(མཁའ་ལྡིང་གྲུབ་ན་)། ནམ་མཁའ་ལྡིང་སྒྲུབ་པ་དངོས་སོ། ། དང་པོ་ལ་གསུམ། ཕོ་ཉ་ ལ(འཚོ་བར་)། ནད་པ་ལ་བརྟག་པ་(མིག་དང་ཁ་)སྟེ་གཉིས་ཀྱིས། གསོ་བར་རུང་མི་ རུང་མཚན་མས་བརྟག་པ། གསོ་བར་རུང་བ་གསོ་བའི་ཆོ་ག །གསོ་བར་བྱ་བ་དུག་གི་ ངེས་པའོ། །བར་པ་ལ་གཉིས། བདག་གཞན་བསྲུང་པའི(དང་པོར་བསྲུང་)། དུག་ནད་ གསོ་བའི་ཆོ་གའོ། །འདི་ལ་བཞི། འདམ་བུ་བསྣུན་པས(རྒྱལ་བ་ཞེས་སུ་གྲགས་)། ཡི་གེ་ བསྒོམས་པས(སའི་ས་བོན་)། ཐིག་ལེ་བསྒོམས་པས(དཔྲལ་བར་ཐིག་ལེ་)། སྨན་གྱི་སྦྱོར་ བས(ཚ་བ་གསུམ་)། གསོ་བར་བྱ་བ་དུག་གི་ངེས་པ་ལ་གསུམ། ཞག་རེ་ལ་གཟའ་བདུན་ གྱི་མཐར(ཉི་མ་ལ་སོགས་)། ཐུན་མཚམས་སོ་སོའི་མཚམས་སུ་རྒྱུ་བ་(ཉི་མ་གུང་དང་ 9-1-222 (དེ་བཞིན་དུ་ཡང་)སྟེ་གཉིས་ཀྱིས། འཆི་གཟུགས་རྒྱུ་བའི། དུག་གི་རིགས་ཀྱི(ཉི་མ་ལ་ནི་ (ཉིན་དང་)། ཀླུའི་རིགས་ཀྱི་ངེས་པའོ(མཐའ་ཡས་)། །ལས་སྣ་ཚོགས་ཀྱི་འཁྲུལ་འཁོར་ལ་ གསུམ། ཐུན་མོང་གི་ངེས་པ(ད་ནི་ཞི་བ་)། སོ་སོའི་ངེས་པ(དེ་ལྟར་འཁོར་ལོ་)། སྤྱི་དོན་ བསྡུ་བ་(ཞི་བ་དང་ནི་)སྟེ་གསུམ་གྱིས། འཁོར་ལོ་དྲུག་གི །གཤིན་རྗེ་གཤེད་ཀྱི(ད་ནི་ གཤིན་རྗེ་)། འཇམ་པའི་དབྱངས་ཀྱི་(ད་ནི་འཇམ་)འཁྲུལ་འཁོར་རོ། །དགེ་ཚོགས་སྒྲུབ་ པ་ལ་གསུམ། ཡེ་ཤེས་ཀྱི། བསོད་ནམས་ཀྱི། གཉིས་ཀའི་ཚོགས་སྒྲུབ་པའོ། །དང་པོ་ལ་བཞི། མངོན་པར་ཤེས་པ་སྒྲུབ་པ(དེ་ནས་སྒྲ་ནི་)། ཟས(སྐྱིལ་ཀྲུང་)། ཚེ(ཁ་ཡང་)། རྫས(ཉི་མ་ ལས་)། སྒྲུབ་པ་སྟེ་གསུམ་གྱིས། སྐབས་སུ་ཉེར་འཁོ་བསྒྲུབ་པ། སྔོན་དུ་ནཱ་ད་སྦྱང་བ(ནུས་ མ་)། གོམས་ནས་བཙན་ཐབས་འཕོ་བ་(དེའི་དུས་སུ་)སྟེ་གཉིས་ཀྱིས། གོང་དུ་འཕོ་བ་ སྒྲུབ་པ། འཕོ་ཡུལ་འོད་གསལ་བསྒྲུབ་པའོ། །འདི་ལ་གསུམ། ཕྱག་རྒྱ་ཆེན་པོའི་རང་ བཞིན(ཕྱག་རྒྱ་)། དེ་ཇི་ལྟར་བསྒོམ་པ(སྙིང་གི་)། དེ་གང་དུ་གསུངས་པའོ། །འདི་ལ་ གཉིས། སྔགས་ཀྱི་ཐེག་པར་བསྟན་ཚུལ(སྲིད་གསུམ་)། རིག་བྱེད་ཀྱི་མཐར་ཡང་བསྟན་ ཚུལ་ལོ། །འདི་ལ་གསུམ། མཆོད་སྦྱིན་གྱི་དོན(བ་གླང་)། ཚངས་སོགས་ཀྱི་དོན་(ཚངས་ པ་)ཏེ་གཉིས་ཀྱིས། གསང་བའི་དེ་ཁོ་ནའི་ཡེ་ཤེས་ཀྱི་དོན། དེ་དུས་ཀྱིས་དོན་ཕྱིན་ཅི་ ལོག་ཏུ་གྱུར་ཚུལ(དུས་ཀྱི་)། དེས་ན་དེ་ལ་འཇུག་པ་སྨད་པ(མི་རྣམས་)འོ། །བསོད་ ནམས་ཀྱི་ཚོགས་སྒྲུབ་པ་ལ་གཉིས། དགེ་བའི་ལས་རྣམས་སྒྲུབ་པ། བསམ་པ་ཕྱོགས་སུ་ འཛིན་པས་དཀའ་བ་སྤྱོད་པ(མཆོག་གི་བདེ་བ་)། བསྒྲུབ་བྱ་ཕྱི་རུ་ཚོལ་བས་དཀའ་བ་ སྤྱོད་པ(སངས་རྒྱས་ཞིང་)། དེ་དག་བདུད་ལས་ཡིན་པས་སྤང་བར་གདམས་པ་(བདུད་ རྣམས་)སྟེ་གསུམ་གྱིས། བདུད་ཀྱི་ལས་རྣམས་སྤང་བའོ། །དང་པོ་ལ་གཉིས། སྤྱིར་བསོད་ ནམས་བྱ་བ། ཁྱད་པར་དཀོན་མཆོག་མཆོད་པའོ། །དང་པོ་ལ་གསུམ། གདུག་པའི་བྲམ་ ཟེས་སྦས་ཚུལ(སྦྱོར་བ་)། དེ་ཉིད་རིགས་པས་དགག་པ་(གལ་ཏེ་རིགས་)སྟེ་གཉིས་ཀྱིས། བསོད་ནམས་སྤོང་བ་དགག་པ། བསོད་ནམས་བྱ་བར་གདམས་པ། སྤོང་བའི་རྒྱུ་མཚན་ དགག་པ(གང་ལ་)འོ། །བར་པ་ལ་གསུམ། སྤྱིར་བདོག་པ་སྦྱིན་པ(བ་གླང་)། སྦྱིན་བྱ་ཕྱག་ 9-1-223 རྒྱའི་དབྱེ་བ(སྨད་འཚོང་)། བྱིན་ནས་སངས་རྒྱས་འཐོབ་པ(སྔོན་ཚེ་སངས་རྒྱས་)། འཐོབ་པའི་རིགས་པ་བསྟན་པ་(ཟངས་མ་)སྟེ་གསུམ་གྱིས། ཁྱད་པར་གསང་བའི་སྦྱིན་པ། དེ་དག་ཇི་ལྟར་སྦྱིན་པ(བྱམས་པའི་)འོ། །ཁྱད་པར་དཀོན་མཆོག་མཆོད་པ་ལ་བཞི། དཀོན་མཆོག་གི་བཞུགས་གནས(གནས་དང་)། ཐུན་མོང་གི་དཀོན་མཆོག(སངས་རྒྱས་ ཆོས་)། ཁྱད་པར་གྱི་དཀོན་མཆོག་(སློབ་དཔོན་)ཏེ་གཉིས་ཀྱིས། དཀོན་མཆོག་གི་ངོ་བོ། མཆོད་པའི་ཕན་ཡོན(བསོད་ནམས་)། སྨད་པའི་ཉེས་དམིགས་(སློབ་དཔོན་ དང་)སོ། །གཉིས་ཀའི་ཚོགས་སྒྲུབ་པ་ལ་གཉིས། དབང་བསྐུར་བླངས་ནས་ཕྲག་དོག་ བསྟེན་པའི་ཉེས་པ(གང་ཞིག་རྒྱུད་)། ཕྲག་དོག་སྤངས་ནས་གསང་བ་བྱིན་པའི་ཕན་ ཡོན་(རྒྱལ་བ་བསྐྱེད་)ཏེ་གཉིས་ཀྱིས། དབང་བླངས་པའི་བྱ་བ། སྔགས་བསྒྲུབ་པའི་བྱ་ བའོ། །འདི་ལ་གཉིས། མཉམ་བཞག་གི །མཆོད་པའི་རྣལ་འབྱོར(ཨོཾ་ཨཱཿ)། གཏོར་མའི་ རྣལ་འབྱོར(ཡུལ་དང་)། ཁ་ཟས་ཀྱི་རྣལ་འབྱོར(ཕོ་ཉ་མོ་)། རྡོ་རྗེ་དགོད་པ་(མགོ་ དང་)སྟེ་བཞིས། ཐུན་མཚམས་ཀྱི་རྣལ་འབྱོར་རོ། །དང་པོ་ལ་གཉིས། སྔགས་མ་གྲུབ་པ་ སྔགས་པའི་སྐྱོན་དུ་བསྟན་པ(ས་དང་དཔལ་འབྱོར་)། དེས་ན་སྔགས་པས་ཇི་ལྟར་བསྒྲུབ་ པའོ། །འདི་ལ་བཞི། རིམ་པ་གསུམ་གྱིས(སྔགས་དང་)། ལས་ཀྱི་ཕྱག་རྒྱས(མེ་ནི་)། ངེས་པ་ ཅན་གྱིས་འགྲུབ་པ(སྐྱེད་མོས་)། ངེས་པ་མེད་ན་བསླུ་བ་སྟེ་གཉིས་ཀྱིས(ཁྱིམ་དང་)། གནས་སོགས་ངེས་པས། སྤྲོས་མེད་སྒོམ་པས་འགྲུབ་པ(བསམ་གཏན་)། འགྲུབ་པའི་རྒྱུ་ མཚན་བསྟན་པ་(རང་གི་སེམས་)སྟེ་གཉིས་ཀྱིས། རྫོགས་པའི་རིམ་པས་བསྟན་ པའོ། །བསྒོམ་པའི་ཚུལ་བསྡུས་ཏེ་བསྟན་པ་ལ་གཉིས། བསྒོམ་བྱ་ལྷའི་དམིགས་པ(ད་ནི་ འཇིག་རྟེན་)། དེ་དག་ཇི་ལྟར་བསྒོམ་པ(ད་ནི་རྣམ་པར་)། དེའི་རྟེན་གསུམ་བཞེངས་པ་ (འདིར་བྲིས་སྐུ་)སྟེ་གསུམ་གྱིས། རིམ་པ་གཉིས་ཀྱི་ངེས་པ། རྒྱུད་གཞན་རྣམས་སུ་ངེས་ དོན་སྦས་པ(ད་ནི་རྡོ་རྗེའི་)། རྒྱུད་འདིར་ཕྱེ་བའི་ངེས་དོན་བསྒོམ་པ་(དེ་ཕྱིར་རྡོ་རྗེ་)སྟེ་ གཉིས་ཀྱིས། རྡོ་རྗེའི་ཚིག་གི་ངེས་པ་བསྒོམ་པའོ། །མདོར་བསྡུས་ལྔ་པ་(བསྡུས་པའི་)སྟེ་ ལེའུ་བཞི་པ(སྒྲུབ་ཐབས་)འོ།། །། 9-1-224 ༈ དེ་ལྟར་དབང་སྒྲུབ་གཉིས་ཀྱིས་འབྲས་བུའི་ཤུན་པ་བསལ་ནས་སྙིང་པོ་ལེན་པ་ལྟར་ བདེ་གཤེགས་སྙིང་པོ་ལ་གཡོགས་པའི་གློ་བུར་དྲི་མ་སེལ་བར་བྱེད་པས་ན་ལམ་གྱི་རྒྱུད་ དོ། །མངོན་དུ་བྱས་པའི་གཞན་དངོས་བཤད་པ་ལ་གཉིས། བཤད་པ་ལ་འཇུག་པ(ཤཱཀྱ་)། ཞུགས་པའི་བཤད་པ་དངོས་སོ། །འདི་ལ་གསུམ། མཚམས་སྦྱར་ཞིང་ཞུས་ལན་བསྟན་ པ(འདིར་དཔལ་)། ལན་གྱིས་དོན་རྒྱས་པར་བཤད་པ། བསྟོད་པའི་ཚུལ་གྱིས་འཇུག་ བསྡུ་བའོ། །བར་པ་ལ་གཉིས། གཞན་བདེ་གཤེགས་སྙིང་པོ་ཡེ་ཤེས་ཀྱི་སྐུར་བསྟན་པ་ དངོས། ཞོར་ལ་འདུལ་བའི་ཐབས་སྣ་ཚོགས་བསྟན་པའོ། །དང་པོ་ལ་གཉིས། དག་པ་ དང་སྤྲོ་བ་ལ་སོགས་པས། འབྲས་བུ་དང་ལམ་གྱི་སྒོ་ནས་གཏན་ལ་དབབ་པའོ། །དང་པོ་ ལ་གསུམ། ཐོབ་པར་བྱ་བའི་ཡེ་ཤེས་བསྟན་པ། ཐོབ་པར་བྱེད་པའི་གང་ཟག་བསྐྲུན་པ། དེ་དང་དེའི་དམ་ཚིག་བསྲུང་བའོ། །དང་པོ་ལ་གསུམ། གཞན་བདེ་གཤེགས་སྙིང་པོ་དག་ པའི། གཞན་བདེ་གཤེགས་སྙིང་པོ་སྤྲོ་བའི། གཞན་བདེ་གཤེགས་སྙིང་པོ་འཐོབ་པའི་ ངེས་པའོ། །དང་པོ་ལ་གསུམ། ལྷའི་དག་པ། རིགས་ཀྱི་དབྱེ་བ། རྒྱུད་ཀྱི་ངེས་པའོ། །དང་པོ་ ལ་གཉིས། དཀྱིལ་འཁོར་སྐུ་རྡོ་རྗེ(ད་ནི་ཁམས་)། ལྷ་རྣམས་གསུང་རྡོ་རྗེ(ད་ནི་ལྷའི་)། གཙོ་བོ་ཐུགས་རྡོ་རྗེ(སྟོང་པ་དྲུག་གི་)། གཙོ་མོ་ཡེ་ཤེས་རྡོ་རྗེ་(དེ་བཞིན་དུ་ཡེ་ཤེས་)སྟེ་ བཞིས། རྣམ་དག་སོ་སོར་བཤད་པ། སྤྱིའི་དོན་བསྡུ་བ(དེ་ལྟར་ཡུལ་ལ་)འོ། །རིགས་ཀྱི་ དབྱེ་བ་ལ་གཉིས། གསལ་བྱེད་ལ་སོགས་པའི། གཙུག་ཏོར་ལ་སོགས་པའི(ད་ནི་གཙུག་ ཏོར་)། རིགས་ཀྱི་དབྱེ་བ་བཤད་པའོ། །དང་པོ་ལ་གཉིས། རིགས་དྲུག་སྤྱིར་བསྟན་པ(ད་ ནི་སྔགས་)། སྡེ་པ་སོ་སོའི་རིགས་ལྔར་དབྱེ་བ(སླར་ཡང་སྡེ་པ་རེ་རེ་)། དབྱངས་དང་ གསལ་བྱེད་ཀྱི་རིགས་ལྔར་དབྱེ་བ་(སླར་ཡང་ང་ལ་སོགས་པ་)སྟེ་གཉིས་ཀྱི། ནང་ཚན་ ལྔར་དབྱེ་བའོ། །རྒྱུད་ཀྱི་ངེས་པ་ལ་གཉིས། སྤྱིར་བསྟན་པ(ད་ནི་ཀ་ལ་སོགས་པའི་)། སོ་ སོར་བཤད་པ(དང་པོར་གསལ་བྱེད་ཀ་)། སྤྱི་དོན་བསྡུ་བ་(དེ་ལྟར་སོ་སོར་ཀ་)སྟེ་གསུམ་ གྱིས། ཡི་གེ་སོ་སོའི་རྒྱུད། ཚོགས་ཀྱི་རིགས་དང་རྒྱས་གདབ་ཀྱི་དག་པ(ད་ནི་སྔགས་ཀྱི་ ལྷ་)། ཞལ་དང་ཕྱག་དང་ཕྱག་རྒྱའི་དག་པ(ད་ནི་ཞལ་གྱི་)། ལུས་དང་མཚུངས་པར་སྐྱེ་ 9-1-225 བའི་དག་པ་(ད་ནི་སྔགས་ཀྱི་)སྟེ། རྒྱུད་སོ་སོའི་དག་པའོ། །གཞན་བདེ་གཤེགས་སྙིང་པོ་ སྤྲོ་བའི་ངེས་པ་ལ་གཉིས། གཞན་ཡེ་ཤེས་ཀྱི་འཁོར་ལོ་སྤྲོ་བ་དངོས། ཞོར་ལ་སྣ་ཚོགས་པ་ སྤྲོ་བའི་ཚུལ་ལོ། །དང་པོ་ལ་གཉིས། རྒྱུད་ཀྱི་ལྷ་སྤྲོ་བ། ལྷའི་རྒྱུད་སྤྲོ་བའོ། །དང་པོ་ལ་ གཉིས། པདྨའི(ད་ནི་འཁོར་ལོར་)། རལ་གྲིའི(ད་ནི་དོན་ཡོད་)། རིན་ཆེན་གྱི(ད་ནི་རིན་ ཆེན་)། འཁོར་ལོའི(ད་ནི་རྣམ་པར་)། རྡོ་རྗེའི(ད་ནི་མི་བསྐྱོད་)། གྲི་གུག་གི(ད་ནི་རྡོ་ རྗེ་)། རིགས་ཀྱི་ལྷ་སྤྲོ་བ་སྟེ་དྲུག་གིས། རིགས་དྲུག་གི་འཁོར་ལོའི་ལྷ་རྣམས་སྤྲོ་བ། སྤྲོས་ པའི་ལྷའི་རྒྱས་འདེབས་བསྟན་པ(འདིར་རྣམ་པར་ཤེས་པའི་)འོ། །ལྷའི་རྒྱུད་སྤྲོ་བ་ལ་ གསུམ། ཇི་ལྷར་སྤྲོ་བ། ཇི་ལྷར་དག་པ། ཐབས་ཤེས་ལུས་ལ་བསམ་པ་འཇུག་ཚུལ(ད་ནི་ ལུས་དང་)། དེ་དག་རང་གཞན་གཉིས་སུ་འགྱུར་ཚུལ(དེ་ལྟར་ཤེས་རབ་)། རིགས་ གཞན་འཁྱུད་པས་བྱ་བ་འགྲུབ་ཚུལ(གཞན་གྱི་རིགས་ལ་)། དེ་ལ་བརྟགས་པའི་རྩོད་པ་ སྤང་བ་(ཅི་སྟེ་མེ་ལོང་)སྟེ་བཞིས། ཇི་ལྟར་འཁྱུད་པའོ། །དང་པོ་ལ་གཉིས། རྒྱུད་རྣམས་སྤྲོ་ བ་ཐུན་མོང་དུ་བསྟན་པ། སྡོམ་པ་ཆེན་པོ་ཁྱད་པར་དུ་བཤད་པའོ། །དང་པོ་ལྔ། འཁོར་ ལོ་རྣམས་ཀྱི་ལྷ(ད་ནི་ཤེས་རབ་)། ལྷ་ཚོགས་རྣམས་ཀྱི་གནས་བསྟན་པ་(དཔལ་ལྡན་ ལྷུན་པོའི་)སྟེ་གཉིས་ཀྱིས། འཁོར་ལོ་གསུམ་གྱི་སྡོམ་པ། ཉི་ཤུ་རྩ་ལྔའི་འདུས་པ(སྙིང་པོར་ འཁོར་ལོ་)། འདུས་པ་དྲུག་གི་དབྱེ་བ་(འདི་ལ་སོགས་པ་ལ་) སྟེ་གཉིས་ཀྱིས། གསང་པ་ འདུས་པ་རིགས་དྲུག །དཀྱིལ་འཁོར་གསུམ་གྱི་ལྷ་བསྟན་པ(སྙིང་པོར་འཁོར་ལོར་ཆུ་)། དཀྱིལ་འཁོར་གསུམ་གྱི་ཐིག་བསྟན་པ་(འདིར་རྩ་བའི་རྒྱུད་ལས་ཐིག་)སྟེ་གཉིས་ཀྱིས། སྒྱུ་འཕྲུལ་དྲ་བ་རིགས་གསུམ། རྣལ་འབྱོར་རྗེས་སུ་རིག་པ(རྣལ་འབྱོར་)། འཁོར་ལོ་སྡོམ་ པ་ཆེན་པོ་སྤྲོ་བ(འདིར་ནི་ཉིས་འགྱུར་)འོ། །སྡོམ་པ་ཆེན་པོ་ཁྱད་པར་དུ་བཤད་པ་ལ་ གཉིས། དཀྱིལ་འཁོར་གྱི་འཁོར་ལོ་བཤད་པ། དེ་ཉིད་དབུ་མའི་དབུགས་དང་སྦྱར་བ(ད་ ནི་ཨ་བ་)འོ། །དང་པོ་ལ་གསུམ། ཐིག་དང་ཁ་དོག་གི(ད་ནི་སྡོམ་པ་)། ལྷ་དང་ས་བོན་ གྱི(སྙིང་པོ་པདྨའི་)། མིང་དང་(ད་ནི་འཁོར་ལོ་) འཁྱུད་པའི(མཁའ་འགྲོ་མ་དང་)། ཇི་ ལྟར་དགོད་པའི་(འདིར་སྡི ག་པ་དང་) ངེས་པ་སྟེ་བཞིས། དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི། 9-1-226 སྔགས་བཟླས་པའི་ངེས་པའོ། །བར་པ་ལ་གཉིས། ལྷའི་གཟུགས། ལྷའི་གནས་སོ། །དང་པོ་ ལ་གསུམ། ལྷ་སོ་སོའི་མཚན་ཉིད། ལྷ་སོ་སོའི་ངེས་པ(སེར་དང་དཀར་པོ་)། ལྷ་སོ་སོའི་ རྣམ་དག་(སྦྱིན་པ་ལ་སོགས་པ་)གོ །དང་པོ་ལ་གཉིས། མཁའ་འགྲོ་མའི(མཁའ་འགྲོ་མ་ རྣམས་)། མཁའ་འགྲོ་རྣམས་ཀྱི་(མཁའ་འགྲོའི་ཞལ་གཉིས་) མཚན་ཉིད་དེ་གཉིས་ཀྱིས། འཁོར་ལོ་རྣམས་ཀྱི་ལྷའི་མཚན་ཉིད། གཙོ་བོ་ཡབ་ཡུམ་གྱི(གཙོ་བོའི་དབུ་ལ་)། འདབ་ མའི་ལྷ་རྣམས་ཀྱི་མཚན་ཉིད་དེ་གཉིས་ཀྱིས(ཕྱོགས་ཀྱི་འདབ་)། སྙིང་པོའི་པདྨའི་ལྷའི་ མཚན་ཉིད་དོ། །ལྷའི་གནས་ལ་གཉིས། འཁོར་གྱི། གཙོ་བོའི་གནས་(ད་ནི་གཙོ་བོའི་) སོ། །དང་པོ་ལ་གསུམ། གནས་ལ་སོགས་པའི་རྣམ་དག །རྣལ་འབྱོར་མའི་ཀུན་ སྤྱོད(འདིར་འཁོར་ལོ་དྲུག་)། འཁོར་ལོའི་རྟེན་གྱི་རྩ་རྣམས་བཤད་པ(ད་ནི་ཆུ་ སྲིན་)འོ། །དང་པོ་ལ་གཉིས། རྣམ་དག་ཐུན་མོང་དུ་བསྟན་པ(ད་ནི་ལྷ་མོ་)། གནས་ སོགས་སོ་སོར་བཤད་པའོ། །འདི་ལ་གསུམ། དོན་དམ་གྱི་གནས་སོགས་བཤད་པ(དེ་ལྟར་ རིམ་པ་བཞིན་)། རྟེན་དང་བརྟེན་པ་ཐུན་མོང་དུ་བསྟན་པ(འཇིག་རྟེན་གྱི་ཀུན་རྫོབ་)། རྟེན་གྱི་ས་བོན་ཁྱད་པར་དུ་བཤད་པ(དེ་ནས་དེ་རྣམས་ས་བོན་)། དེ་དག་ངེས་དོན་མ་ ཡིན་པར་བསྒྲུབ་པ(རྣམ་པར་དཔྱད་ན་)། གཞན་དུ་དཀྲུགས་པའི་དགོས་པ་བསྟན་པ་ (དེའི་ཕྱིར་འཁོར་ལོ་) སྟེ་བཞིས། ཀུན་རྫོབ་ཀྱི་གནས་སོགས་བཤད་པ། སྤྱིའི་འཇུག་བསྡུ་ བ(ནང་དུ་མ་རིག་པ་)འོ། །སྔགས་བཟླས་པའི་ངེས་པ་ལ་གཉིས། བསྟན(ད་ནི་འཇིག་ རྟེན་)། བཤད་(འདིར་ཀུན་རྫོབ་)གཉིས་ཀྱིས། དྲང་དོན་གྱི་བཟླས་པ་དང་། ངེས་དོན་གྱི་ བཟླས་པ(འདིར་བགྲང་ཕྲེང་མེད་ཅིང་)འོ། །ཇི་ལྟར་དག་པ་ལ་གསུམ། གདན་གྱི། ཞལ་ གྱི། རྒྱུད་ཀྱི་དག་པ(ད་ནི་བྱ་བའི་)འོ། །དང་པོ་ལ་གཉིས། འཁོར་གྱི། གཙོ་བོའི་གདན་ (རྒྱུད་དེ་རྣམས་)ནོ། །དང་པོ་ལ་གཉིས། འདུས་པའི་ལྷའི(ད་ནི་ཕྱི་དང་ནང་)། འཁོར་ལོ་ སྡོམ་པའི(ད་ནི་ཟླ་བ་)། སྡོམ་པ་ཆེན་པོའི(སླར་ཡང་སྔ་མ་དང་)། སྒྱུ་འཕྲུལ་དྲ་བའི་(སྒྱུ་ འཕྲུལ་)གདན་ཏེ་བཞིས། སོ་སོར་བཤད་པ། ཉེ་བར་བསྡུ་བ(དེ་ལྟར་འདུས་)འོ། །ཞལ་གྱི་ དག་པ་ལ་གཉིས། ཁམས་ཀྱི། དུས་ཀྱི་དག་པ(ད་ནི་དུས་)འོ། །དང་པོ་ལ་གཉིས། ལྷ་དང་ 9-1-227 རྒྱས་འདེབས་ཀྱི(ད་ནི་རླུང་)། ཐབས་དང་ཤེས་རབ་ཀྱི་(དེ་ནས་གཅིག་གི་)ཞལ་ཏེ་ གཉིས་ཀྱིས། ཡུལ་གྱི། ཡོན་ཏན་གྱི་དག་པ(གཞན་ཡང་ཡོན་ཏན་)འོ། །ཞོར་ལ་སྣ་ཚོགས་ པ་སྤྲོ་བའི་ཚུལ་ལ་གཉིས། ཞལ་བཞི་ལས། འཁོར་ལོ་ལས་སྤྲོས་ཚུལ་(མདུན་གྱི་ ཞལ་)ལོ། །དང་པོ་ལ་གསུམ། སངས་རྒྱས་པའི་རྒྱུད་སྡེ་དང་གྲུབ་མཐའ(ཤེས་རབ་རྒྱུད་)། མུ་སྟེགས་པའི་(ནུབ་ཀྱི་ཞལ་)རྒྱུད་སྡེ་དང་གྲུབ་མཐའ་སྤྲོས་ཚུལ་ཏེ་གཉིས་ཀྱིས། རྒྱུད་སྡེ་ དང་གྲུབ་མཐའ་སྤྲོས་ཚུལ། དུས་བཞི་ལ་སོགས་སྤྲོས་ཚུལ(རྫོགས་ལྡན་)། སྡེ་པ་དང་འགྲོ་ བ་སྤྲོས་ཚུལ་(རྒྱལ་བའི་བདག་)ལོ། །གཞན་བདེ་གཤེགས་སྙིང་པོ་འཐོབ་པའི་ངེས་པ་ལ་ གཉིས། གང་ཞིག་ཐོབ་པ་འབྲས་བུའི། གང་གིས་འཐོབ་པ་ལམ་གྱི་ངེས་པའོ། །དང་པོ་ལ་ གསུམ། སངས་རྒྱས་ཀྱི་འཕྲིན་ལས་འཇུག་ཚུལ་དུ་མར་བསྟན་པ(དཔལ་ལྡན་ཟླ་བ་)། དེས་སེམས་ཅན་གྱི་སེམས་དག་པ་རྒྱལ་བར་བསྟན་པ་(སྲིད་གསུམ་གནས་ན་)སྟེ་གཉིས་ ཀྱིས། འཕྲིན་ལས་རྟོག་མེད་ལྷུན་གྱིས་གྲུབ་པ། རང་བཞིན་འགྱུར་མེད་བདེ་བ་ཆེན་པོ། རྣམ་པ་འགག་མེད་ཅིར་ཡང་སྣང་བའོ། །བར་པ་ལ་གཉིས། བདེ་བས་སྟོབས་བཅུ་འགྲུབ་ ཚུལ(གང་གིས་མྱུ་གུ་)། དེ་ལས་སྐུ་བཞི་འབྱུང་ཚུལ་(དེ་ནས་བདེ་)ཏེ་གཉིས་ཀྱིས། བདེ་ བ་ཆེན་པོའི་སྐུ། རྟེན་གྱི་རབ་ཏུ་དབྱེ་བ(ས་དང་ཆུ་)། དེ་ལས་འཁོར་འདས་འགྲུབ་ཚུལ་ (སླར་ཡངས་)ཏེ་གཉིས་ཀྱིས། བདེ་བ་ཆེན་པོའི་རྟེན་ནོ། །རྣམ་པ་འགག་མེད་ཅིང་ཡང་ འཆར་བ་ལ་གཉིས། གཞན་སྣང་གི་ཁྱད་པར(དེ་དག་རྣམས་)། གཅིག་ཡིན་ཡང་མངོན་ རྫོགས་བྱང་ཆུབ་བཞིས་ཚུལ(དེ་གཅིག་པུ་ལ་)། གཅིག་ཡང་རྣམ་པ་ཐམས་ཅད་པའི་ ཚུལ་(མཐའ་)ཏེ་གཉིས་ཀྱིས་རང་སྣང་གི་ཁྱད་པར་རོ། །གང་གིས་འཐོབ་པ་ལམ་གྱི་ངེས་ པ་ལ་ལྔ། ལུས་ཀྱི་དྲི་མ་དག་པས། སེམས་ཀྱི་རང་བཞིན་(སེམས་ཅན་རྣམས་ནི་)དང་ སེམས་ཅན་རྣམས་མཉེས་པར་བྱ་བ། སེམས་ཅན་དང་འགྲོགས་པ་(སེམས་ཅན་དག་ དང་)ལས་ཡོན་ཏན་དང་སྐྱོན་དུ་འགྱུར་ཚུལ་ཏེ་གཉིས་ཀྱིས། སེམས་ཀྱི་དྲི་མ་དག་པས། བདུད་ཀྱི་བྱ་བ་སྤངས་པས། ཕྱག་རྒྱ་བཞིའི་མཚན་ཉིད་བསྟན་པ(རྒྱལ་བའི་)། དེ་རྣམས་ གང་དུ་གང་གིས་བསྒོམ་པ་(འགྱུར་བ་མེད་) སྟེ་གཉིས་ཀྱིས། ཕྱག་རྒྱའི་སྦྱོར་བ་བསྒོམས་ 9-1-228 པས། ལུས་ལ་སྲོག་བརྟན་པའི་མཚན་ཉིད(ད་ནི་སྟོང་པ་)། སྲོག་བརྟན་པས་མཆོག་ འགྲུབ་པ་(མི་འཕོ་བའི་རྒྱུ་)སྟེ་གཉིས་ཀྱིས། བདེ་བའི་སྐད་ཅིག་བསྒོམས་པས་འཐོབ་ པའོ། །དང་པོ་ལ་གཉིས། ལུས་ལ་རྣམ་པ་བཅུ་དག་པ(ད་ནི་ལུས་ལ་)། ཁམས་རྣམས་དག་ པའི་ས་བཅུ(ད་ནི་ས་བཅུ་)། ས་རྣམས་བརྗོད་པའི་ཡི་གེ(གང་ཞིག་པ་)། དེ་དག་བཙལ་ བའི་ཕན་ཡོན་(འདི་དག་དུས་ཀུན་)ཏེ་གསུམ་གྱིས། རྣམ་པ་བཅུ་ས་བཅུར་དག་ པའོ། །བདུད་ཀྱི་བྱ་བ་སྤངས་པས་འཐོབ་པ་ལ། བསྟན་པ(སྲིད་པ་གསུམ་གྱི་)། བཤད་པ། བསྡུ་བ་(སེམས་ཅན་རྣམས་ཀྱི་) གསུམ་ལས། བར་པ་ལ་གཉིས། ཚད་གསུངས་པ་ངེས་ པའི་དོན་དུ་མི་བཟུང་བ། ཆད་སྟོང་གིས་སངས་རྒྱས་མི་འགྲུབ་པ(གང་གིས་རྒྱལ་བའི་)། མི་འགྲུབ་པའི་རིགས་པ་བསྟན་པ་(ནིམ་པའི་ཤིང་)སྟེ། གཉིས་ཀྱིས། ངེས་དོན་སྤངས་ པའི་སྟོང་ཉིད་ཀྱིས་མི་གྲོལ་བའོ། །ཐོབ་པར་བྱེད་པའི་གང་ཟག་བསྐྲུན་པ་ལ་གསུམ། གང་ལ་བསྐྲུན་པའི་ཕྱག་རྒྱ(ད་ནི་བྱང་ཆུབ་)། ཇི་ལྟར་བསྐྲུན་པའི་ཆོ་ག་(རིན་ཆེན་ དབང་པོ་)སྟེ་གཉིས་ཀྱིས། ཕྱག་རྒྱ་ལ་རིགས་ཀྱི་སྲས་བསྐྲུན་ཚུལ། རིགས་སོ་སོས་བྱིན་ གྱིས་བརླབས་པ(ཆོ་ག་འདིས་)། བརླབས་པའི་སྙིང་སྟོབས་ཀྱི་ཁྱད་པར་(ཡུམ་གྱི་ལོ་ཉི་ཤུ་ དག་གི་)ཏེ་གཉིས་ཀྱིས། བསྐྲུན་པ་དེ་གང་གི་རིགས་སུ་འགྱུར་ཚུལ། དབང་གོང་མ་སྦྱིན་ པའི་ངེས་པ(དེ་ནས་སྐྱེ་གནས་)། ཕྱག་རྒྱ་དང་ཕན་ཡོན་གྱི་ངེས་པ་(དེ་ལྟར་ལོ་ཉི་ཤུ་ མ་)སྟེ་གཉིས་ཀྱི། དེ་དག་གི་ངེས་པ་བསྡུས་ནས་བསྟན་པའོ། །དེ་དང་དེའི་དམ་ཚིག་ བསྲུང་བ་ལ་གསུམ། བདུད་རྩི་ལྔ་བཏུང་བའི(ད་ནི་བདུད་རྩི་)། སྲས་བསྐྲུན་པའི་སྐབས་ ཀྱི(ད་ནི་ཕྱི་རོལ་ཏུ་)། དྲག་པོའི་ལས་སྒྲུབ་པའི་ཚུལ(འདིར་སྔགས་ཀྱི་)། ཚུལ་གཞན་གྱིས་ སྒྲུབ་པའི་སྐྱོན(འདིར་རྣལ་འབྱོར་མའི་)། སྐྱོན་ལ་འཇུག་པ་སྙིང་རྗེ་བ་(འདིར་འཁོར་བ་ ལ་)སྟེ་གསུམ་གྱིས། དྲག་པོའི་ལས་སྒྲུབ་པའི་དམ་ཚིག་གོ །མདོར་བསྡུས་དང་པོ(བསྡུས་ པའི་)འོ།། །། ༈ འབྲས་བུ་དང་ལམ་གྱི་སྒོ་ནས་གཏན་ལ་དབབ་པ་ལ་གཉིས། འབྲས་བུ་དང་ལམ་གྱི་ རང་བཞིན་ཐུན་མོང་དུ་བསྟན་པ། མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་ཁྱད་པར་དུ་བཤད་ 9-1-229 པའོ། །དང་པོ་ལ་གཉིས། བཤད་པ་ལ་འཇུག་པ(ཡོད་མིན་)། ཞུགས་པའི་བཤད་པ་ དངོས་སོ། །འདི་ལ་གཉིས། རང་བཞིན་སོ་སོར་བཤད་པ། སྐུ་བཞི་དེ་ཉིད་བཅུ་དྲུག་ཏུ་ དབྱེ་བ(ད་ནི་སྐུ་བཞི་)། གནས་སྐབས་བཞི་འགགས་པས་སྐུ་བཞི་འཐོབ་ཚུལ(ད་ནི་སད་ པ་)། དེས་ན་ཐིག་ལེ་བཞི་བསྲུང་བར་གདམས་པ་(དེ་ལྟར་འཁོར་བ་ལ་) སྟེ་གསུམ་གྱིས། ཕྱིའི་འཇུག་བསྡུ་བའོ། །དང་པོ་ལ་གཉིས། གཞན་བདེ་གཤེགས་སྙིང་པོ་དྲི་བྲལ་གྱི་ཡེ་ ཤེས། ཡེ་ཤེས་དེ་དྲི་མ་དང་བྲལ་བར་བྱེད་པའི་ཐབས་བསྟན་པའོ། །དང་པོ་ལ་བདུན། གཞན་བདེ་གཤེགས་སྙིང་པོའི་མཚན་ཉིད། སྐུའི་འཕྲིན་ལས་ཀྱི་ཁྱད་པར(སྐྱེ་བ་སྔ་ མར་)། གསུང་གི་འཕྲིན་ལས་ཀྱི་ཁྱད་པར(དུད་འགྲོ་)། དེ་དག་བསམ་གྱིས་མི་ཁྱབ་པ་ (སངས་རྒྱས་རྣམས་)སྟེ་གསུམ་གྱིས། གཞན་བདེ་གཤེགས་སྙིང་པོའི་འཕྲིན་ལས། གཞན་ བདེ་གཤེགས་སྙིང་པོའི་ངོ་བོ(རྒྱལ་བའི་སྐུ་)། གཞན་བདེ་གཤེགས་སྙིང་པོའི་རྣམ་ དག(སྦྱིན་པ་ལ་སོགས་)། གཞན་བདེ་གཤེགས་སྙིང་པོའི་མཚན་མ(འཁོར་ལོ་སྲིད་ གསུམ་)། ཕུང་པོ་ཁམས་སོགས(གང་དུ་ངེས་པར་)། ཡུལ་དང་དབང་པོ་གཞན་གྱི་དབྱེ་ བ་(མཐོང་དང་མ་མཐོང་)སྟེ་གཉིས་ཀྱིས། གཞན་བདེ་གཤེགས་སྙིང་པོའི་དབྱེ་བ། གཞན་བདེ་གཤེགས་སྙིང་པོའི་བྱ་བའོ། །དང་པོ་ལ་གཉིས། གཞན་ཡེ་ཤེས་ཀྱི་སྐུའི་མཚན་ ཉིད་དངོས་དང་། དམན་པ་དང་མཆོག་གི་བཞུགས་ཚུལ(ད་ནི་སེམས་ཅན་གྱི་)། ཕྱི་ ནང་གཞན་ལ་སོགས་པའི་བཞུགས་ཚུལ(སེམས་ཅན་རྣམས་ནི་)། གླེང་གཞིའི་ངེས་པའི་ དོན་བཤད་པ་(རྒྱུད་རྣམ་དག་)སྟེ་གསུམ་གྱིས། བསམ་པའི་དབང་གིས་བཞུགས་ཚུལ་དུ་ མར་བསྟན་པའོ། །དང་པོ་ལ་གཉིས། གཞན་བདེ་གཤེགས་སྙིང་པོ་སྐུ་བཞིའི(ཤེས་རབ་མ་ ཡིན་)། གཞན་བདེ་གཤེགས་སྙིང་པོ་རིགས་དྲུག་གི་མཚན་ཉིད་དོ། །འདི་ལ་གཉིས། ཕུང་ པོའི་ཚོགས་པ་གཞན(སྔར་གསུངས་པའི་)། ཁམས་དང་ཉོན་མོངས་གཞན(ད་ནི་ ཁམས་)། ཡུལ་དང་དབང་པོ་གཞན(དུས་ཀྱི་འཁོར་ལོ་)། ངག་ལ་སོགས་པ་གཞན་ (གཞན་གསུང་དང་)ཏེ་བཞིས། གཞན་གྱི་དབྱེ་བ་སོ་སོར་བཤད་པ། གཞན་གྱི་མཚན་ ཉིད་བསྡུས་ནས་བསྟན་པ(དེ་བཞིན་དུ་ཀུན་ནས་)འོ། །བདུན་པ་ལ་བཞི། ཡེ་ཤེས་དགུག་ 9-1-230 པ་ལ་སོགས་པའི་བྱ་བ(དེ་ནས་ཡེ་ཤེས་)། ཀླུ་ཡིས་བསྐུལ་བ་ལ་སོགས་པའི་བྱ་བ་(སླར་ ཡང་གནས་དེ་ནས་)སྟེ་གཉིས་ཀྱིས། ཁྲོ་བོ་བཞི་ལ་སོགས་པའི་བྱ་བ། ཁྲོ་བོ་དྲུག་ལ་ སོགས་པའི་བྱ་བ(དེ་ནས་དབྱུག་པ་)། རྣལ་འབྱོར་མ་ལ་སོགས་པའི་བྱ་བ(ཡི་དྭགས་ རྣམས་)། འཇུག་བསྡུ་ཞིང་དབང་ལ་མཚམས་སྦྱར་བ(དེ་བཞིན་དུ་སྒྲིབ་པ་)འོ། །ཡེ་ཤེས་ དེ་དྲི་མ་དང་བྲལ་བར་བྱེད་པའི་ཐབས་བསྟན་པ་ལ་གཉིས། དབང་གི་དོན་གཏན་ལ་ དབབ་པ། དབང་གི་དོན་ཉམས་སུ་བླང་བའོ། །དང་པོ་ལ་གཉིས། འཇིག་རྟེན་དང་ འཇིག་རྟེན་ལས་འདས་པའི་དབང་གཏན་ལ་དབབ་པ(ད་ནི་གང་ཞིག་)། དབང་བཞི་ པ་ཕྱག་རྒྱ་ཆེན་མོའི་མཚན་ཉིད་བསྟན་པ(དེ་ཉིད་གསུངས་པ་སེམས་ཀྱི་)། དེ་ཉིད་བཞི་ པའི་ཤེས་རབ་ཡེ་ཤེས་སུ་བསྟན་པ་(ཤེས་རབ་ཡེ་ཤེས་)སྟེ་གཉིས་ཀྱིས། འཇིག་རྟེན་ལས་ འདས་པའི་དབང་ཁྱད་པར་དུ་བསྒོམ་པར་བསྟན་པའོ། །དབང་གི་དོན་ཉམས་སུ་བླང་ བ་ལ་གསུམ། མཚན་མོའི(ད་ནི་ནམ་མཁར་)། ཉིན་མོའི་རྣལ་འབྱོར་(དེ་ནས་སྤྲིན་ མེད་)ཏེ་གཉིས་ཀྱིས། སྟོང་གཟུགས་ཀྱི་རྣལ་འབྱོར། བུམ་པ་ཅན་གྱི་རྣལ་འབྱོར(དེ་ནས་ གཟུགས་)། བདེ་བའི་སྐད་ཅིག་འཕེལ་ཚུལ་(དེ་ནས་སྐད་ཅིག་)ཏེ་གཉིས་ཀྱིས། སྲོག་ རྩོལ་གྱི་རྣལ་འབྱོར། མཐོང་བ་སྟོང་གཟུགས་ཀྱི་མཚན་ཉིད(ད་ནི་ས་ཞེས་)། བགྲོད་པ་ རྩའི་གནས་ལུགས(ད་ནི་ནཱ་ད་)། བསྡུས་པ་ཞལ་བཞིའི་རྣལ་འབྱོར(ད་ནི་དབུ་མ་)། ལམ་ ལ་ཞུགས་པའི་ངེས་པ་(ད་ནི་ས་)སྟེ་བཞིས། དེ་དག་གི་ཁྱད་པར་རོ། །མདོར་བསྡུས་ གཉིས་པ(བསྡུས་པའི་)འོ།། །། ༈ མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་ཁྱད་པར་དུ་བཤད་པ་ལ་གཉིས། བཤད་པ་ལ་འཇུག་ པ(དཔལ་རྡོ་རྗེ་)། ཞུགས་པའི་བཤད་པ་དངོས་སོ། །འདི་ལ་གཉིས། གཞན་བདེ་གཤེགས་ སྙིང་པོ་ཡེ་ཤེས་ཀྱི་སྐུ་གཏན་ལ་དབབ་པ། གཏན་ལ་ཕེབས་ནས་ཇི་ལྟར་བསྒོམ་པའི་ཚུལ་ བསྡུས་ཏེ་བསྟན་པ(འདི་སྒོམ་པ་ནི་རྩ་བའི་)འོ། །དང་པོ་ལ་གསུམ། འགྱུར་མེད་ཀྱི་ཡེ་ ཤེས་གསལ་བར་བསྟན་པ(གང་ཕྱིར་ལ་)། དེ་བརྟགས་པའི་ཆོས་རྣམས་མི་འདོད་པ་ (དེའི་ཕྱིར་འགྱུར་བ་མེད་པ་)སྟེ་གཉིས་ཀྱིས། ཡིན་ལུགས་ངོས་བཟུང་བའི་སྒོ་ནས་ 9-1-231 མདོར་བསྟན་པ། ལོག་པའི་མཐའ་བསལ་བའི་སྒོ་ནས་རྒྱས་པར་བཤད་པ། ལེགས་པར་ གྲུབ་པའི་སྒོ་ནས་དོན་བསྡུས་ཏེ་བསྟན་པ(ཉན་ཐོས་དང་)འོ། །བར་པ་ལ་ལྔ། བརྟགས་ པའི་ཆོས་ཀྱིས་མཆོག་གྲུབ་པར། མི་བསམ་པ་ཙམ་གྱིས་མཆོག་འགྲུབ་པར། ལས་ཀྱི་ཕྱག་ རྒྱས་མཆོག་འགྲུབ་པར། བླ་མའི་བཀའ་ཙམ་གྱིས་མཆོག་འགྲུབ་པར། འཕོ་བ་མ་སྤངས་ པར་མཆོག་འགྲུབ་པར་འདོད་པ་དགག་པའོ། །དང་པོ་ལ་བཞི། དཀྱིལ་འཁོར་གྱི་འཁོར་ ལོ་བསྒོམས་པས་མཆོག་ཐོབ་པར། བཤང་བ་ལ་སོགས་པ་ཟོས་པས་མཆོག་ཐོབ་པར། དཀྱིལ་འཁོར་མངོན་དུ་བྱས་པས་མཆོག་ཐོབ་པར། བདུད་རྩི་ཟ་བར་གོམས་པས་མཆོག་ ཐོབ་པར་འདོད་པ་དགག་པའོ། །དང་པོ་ལ་གཉིས། རྩོད་པ་དགོད་པ(འོ་ན་)། ལན་ གདབ་པའོ། །འདི་ལ་གསུམ། བསྐྱེད་རིམ་གྱི་དངོས་གྲུབ་སངས་རྒྱས་སུ། སེམས་ཅན་གྱི་ ལུས་སངས་རྒྱས་སུ། སངས་རྒྱས་ཀྱི་སྐུ་གཟུགས་ཅན་དུ་འདོད་པ་དགག་པའོ། །དང་པོ་ ལ་གསུམ། ཉི་ཚེ་བ་ཡིན་པས་སངས་རྒྱས་སུ་མི་འཐད་པ། རྩོད(ཅི་སྟེ་འདིར་དཀྱིལ་ འཁོར་གྱི་)། ལན་(དེའི་ཕྱིར་བརྗོད་)གཉིས་ཀྱིས། དཀྱིལ་འཁོར་གཅིག་གྲུབ་པས་ཐམས་ ཅད་གྲུབ་པར་མི་འཐད་པ། སྒྲིབ་པ་དང་བཅས་པས་སངས་རྒྱས་སུ་མི་འཐད་པ(གལ་ཏེ་ དཀྱིལ་འཁོར་)། སངས་རྒྱས་ཀྱི་ཆོས་རྣམས་སྒྲིབ་པ་མེད་པས་ཕྱེ་བ(དེའི་ཕྱིར་སྒྲིབ་པ་ མེད་པའི་)། ཡོན་ཏན་མེད་པར་སངས་རྒྱས་སུ་རློམ་པ་སྨད་པ་(དཀྱིལ་འཁོར་གྱི་འཁོར་ ལོ་གཅིག་ལ་)སྟེ་གསུམ་གྱིས། བརྟགས་པའི་སྒོམ་པས་སངས་རྒྱས་ཐོབ་པར་མི་འཐད་ པའོ། །དང་པོ་ལ་བཞི། བསྒོམ་པར་གསུངས་པའི་དོན་ཉི་ཚེ་བར་བསྟན་པ(དེའི་ཕྱིར་ བརྗོད་པར་)། ཉི་ཚེ་བའི་མཐུ་ཡང་བསམ་གྱིས་མི་ཁྱབ་པ་(འོན་ཀྱང་ཉི་ཚེ་)སྟེ་གཉིས་ ཀྱིས། ཉི་ཚེ་བའི་དོན་མདོར་བསྟན་པ། དེའི་དོན་རྒྱས་པར་བཤད་པ(འདིར་དཀར་ པོའི་)། རྒོལ་ལན་གྱིས་རབ་ཏུ་བཤད་པ(འོ་ན་སྔགས་གཅིག་ཀྱང་བསྒྲུབས་)། དེས་ན་ སངས་རྒྱས་སུ་མི་འཐད་པ(དེ་ལྟར་སྔགས་དང་སྨན་)འོ། །སེམས་ཅན་གྱི་ལུས་སངས་ རྒྱས་སུ་འདོད་པ་དགག་པ་ལ་གསུམ། རྩོད(འོ་ན་དེ་བཞིན་གཤེགས་)། ལན་(དེའི་ཕྱིར་ བརྗོད་པར་)གཉིས་ཀྱིས། ལུས་འདི་དང་པོ་ནས་སངས་རྒྱས་ཀྱི་སྐུར་འདོད་པ་ 9-1-232 དགག །རྩོད(བསྒོམ་པ་གོམས་པའི་)། ལན་(དེའི་ཕྱིར་བརྗོད་) གཉིས་ཀྱིས། གོམས་པས་ སངས་རྒྱས་ཀྱི་སྐུར་འགྱུར་བར་འདོད་པ་དགག །རྩོད(འོ་ན་གལ་ཏེ་གཟུགས་ཀྱི་གོམས་ པ་)། ལན་(དེའི་ཕྱིར་བརྗོད་)གཉིས་ཀྱིས། རྣམ་དག་གསུངས་ཀྱང་དེ་དགོངས་པ་ཅན་ དུ་བསྟན་པའོ། །སངས་རྒྱས་ཀྱི་སྐུ་གཟུགས་ཅན་དུ་འདོད་པ་དགག་པ་ལ་གཉིས། རྩོད་ པ་དགོད་པ(གལ་ཏེ་དེ་བཞིན་གཤེགས་པ་)། དེ་སུན་དབྱུང་བའོ། །འདི་ལ་གཉིས། སངས་རྒྱས་སྒྲུབ་པ་འབྲས་མེད་དུ(དེའི་ཕྱིར་བརྗོད་)། སངས་རྒྱས་ཀྱི་སྒྲུབ་བྱེད་དོན་ མེད་དུ(སྐྱེ་བ་དང་འཇིག་པའི་)། སངས་རྒྱས་ཀྱི་འཕྲིན་ལས་ནུས་མེད་དུ(གཞན་ཡང་ཅི་ གལ་ཏེ་)། འགྱུར་བ་སྟེ་གསུམ་གྱིས། སངས་རྒྱས་གཟུགས་ཅན་ཡིན་པ་ལ་གནོད་བྱེད་ བརྗོད་པ། སངས་རྒྱས་གཟུགས་ཅན་མ་ཡིན་པའི་སྒྲུབ་བྱེད་བསྟན་པ(དེའི་ཕྱིར་ཡོངས་ སུ་བརྟག་པ་དང་)འོ། །བཤང་བ་ལ་སོགས་པ་ཟོས་པས་མཆོག་ཐོབ་པར་འདོད་པ་ དགག་པ་ལ་གསུམ།ལོག་པའི་ཆོས་སུན་དབྱུང་བ་དངོས(དེ་ལྟར་བརྗོད་པའི་རིམ་པས་)། བཀག་པ་ལ་རྩོད་པ་སྤང་བ། སྤྱིའི་དོན་བསྡུས་ནས་བསྟན་པ(བཅོམ་ལྡན་འདས་ཀྱི་ གསུང་)འོ། །བར་པ་ལ་གསུམ། ཉེས་སྤོང་གི་ལན་དགོད་པ(དེ་བཞིན་གཤེགས་པས་)། བཟའ་བར་གསུངས་པ་རྣལ་འབྱོར་པ་ལ་དགོངས་པར་བསྟན་པ(དེའི་ཕྱིར་བརྗོད་)། དེའི་བྱ་བ་ལས་དང་པོ་པའི་ཡུལ་མ་ཡིན་པ(གཞན་ལྷ་དང་སྔགས་)། དེས་ན་དེ་འདྲ་ ལས་དང་པོ་ལ་མི་སྦྱིན་པ་(དེའི་ཕྱིར་བསམ་གཏན་)སྟེ་གསུམ་གྱིས། དེའི་ལན་གདབ་པ། དེ་ལ་རྩོད་པ་སྤང་བའོ། །འདི་ལ་གཉིས། རྩོད་པ་དགོད་པ(འདིར་གལ་ཏེ་)། ལན་གདབ་ པའོ། །འདི་ལ་གཉིས། མི་མཚུངས་པའི་ལན་དངོས(དེའི་ཕྱིར་བརྗོད་)། སྔགས་མ་གྲུབ་ བར་དུ་ཇི་ལྟར་བྱ་བ(དེའི་ཕྱིར་ལས་དང་པོ་)། སྔགས་གྲུབ་ནས་ཇི་ལྟར་འགྱུར་བ་(དེ་ ནས་རང་གི་འདོད་པ་)སྟེ་གཉིས་ཀྱིས། དེས་ན་ཇི་ལྟར་བྱ་བའོ། །དཀྱིལ་འཁོར་མངོན་དུ་ བྱས་པས་མཆོག་ཐོབ་པར་འདོད་པ་དགག་པ་ལ། རྩོད(འོ་ན་དཀྱིལ་འཁོར་གྱི་འཁོར་ ལོ་)། ལན་གཉིས་ལས། འདི་ལ་གསུམ། ཉི་ཚེ་བ་གྲུབ་པས་(དེའི་ཕྱིར་བརྗོད་)ཕྱག་རྒྱ་ ཆེན་མོར་མི་འགྱུར་བ། ཕྱག་རྒྱ་ཆེན་མོའི་མཚན་ཉིད་དེ་ལས་གཞན་དུ་བསྟན་པ(བཅོམ་ 9-1-233 ལྡན་འདས་ཀྱིས་མཚན་ཡང་དག་)། དེས་ན་གོང་མའི་སྤྱོད་པ་(དེའི་ཕྱིར་ལས་དང་པོ་ པས་)འོག་མས་མི་བྱ་བའོ། །བདུད་རྩི་ཟ་བར་གོམས་པས་མཆོག་ཐོབ་པར་འདོད་པ་ དགག་པ་ལ་གཉིས། འགལ་བ་སུན་དབྱུང་བ་དངོས(ཅི་སྟེ་སྡིག་པའི་བློ་ཅན་)། མི་འགལ་ བའི་དོན་བསྟན་པའོ། །འདི་ལ་གཉིས། སེམས་དག་པས་རྣལ་འབྱོར་པའི་བྱ་བ་ནུས་ པ(འདིར་རྣམ་པར་དག་པའི་སེམས་ཀྱིས་)། སེམས་དག་ན་བྱང་ཆུབ་སེམས་དཔར་ འགྱུར་བ(བཅོམ་ལྡན་འདས་ཀྱིས་)འོ། །མི་བསམ་པ་ཙམ་གྱིས་མཆོག་འགྲུབ་པར་འདོད་ པ་དགག་པ་ལ་གཉིས། གང་དག་གིས་(འདིར་སྔགས་ཀྱི་ཐེག་པ་)གང་ལ་བསྟན་པ(བྱིས་ པའི་)། གང་ལ་བརྟེན་ནས་(བཅོམ་ལྡན་འདས་དེ་བཞིན་)གང་བསྟན་པ་(དེ་ལྟར་ཤེས་ རབ་)སྟེ་གཉིས་ཀྱིས། འདོད་པ་བརྗོད་པ། དེ་སུན་དབྱུང་བའོ། །འདི་ལ་གཉིས། སུན་ དབྱུང་བ་དངོས(དེའི་ཕྱིར་བརྗོད་)། རྩོད(ཅི་སྟེ་བྱིས་པ་)། ལན་(འདི་ལ་བརྗོད་) གཉིས་ ཀྱིས། རྩོད་པ་སྤང་བའོ། །ལས་ཀྱི་ཕྱག་རྒྱས་མཆོག་འགྲུབ་པར་འདོད་པ་དགག་པ་ལ་ བཞི། གསུམ་པ་ཤེས་རབ་ཡེ་ཤེས་བཞི་པའི་ཡེ་ཤེས་སུ། དབང་པོ་གཉིས་ཀྱི་སྦྱོར་བས་ཚེ་ འདི་ལ་གྲོལ་བར། སེམས་ཙམ་གྱིས་ཤེས་རབ་ཡེ་ཤེས་རང་མི་རིག་པར། ལུས་མེད་པ་ལ་ བདེ་བ་དང་འཕོ་བ་མེད་པར། འདོད་པ་དགག་པའོ། །དང་པོ་ལ། རྩོད(གལ་ཏེ་དེ་ བཞིན་གཤེགས་)། ལན་གཉིས་ལས། ལན་ལ་གསུམ། གསུམ་པ་དང་བཞི་པ་ཐ་དད་དུ་ བསྒྲུབ་པས་མདོར་བསྟན་པ(དེའི་ཕྱིར་བརྗོད་)། དེ་རྩོད་པ་སྤངས་པའི(གལ་ཏེ་བཞི་པ་ ཤེས་རབ་ཡེ་ཤེས་)། སྒོ་ནས་རྒྱས་པར་གཏན་ལ་དབབ་པ། བཞི་པ་མ་རྟོགས་ན་དབང་ ཐམས་ཅད་དོན་མེད་པས་འཇུག་བསྡུ་བ(ད་ནི་བླ་མ་དམ་པ་)འོ། །དབང་པོ་གཉིས་ཀྱི་ སྦྱོར་བས་ཚེ་འདི་ལ་གྲོལ་བར་འདོད་པ་དགག་པ་ལ། རྩོད(གལ་ཏེ་ཀུན་ཏུ་)། ལན་ གཉིས་ལས། ལན་ལ་གསུམ། སྙོམས་འཇུག་བསྟེན་པ་རུང་མི་རུང་གི་གང་ཟག་ཕྱེ་སྟེ་ བསྟན་པ(དེའི་ཕྱིར་བརྗོད་)། བསྟེན་པར་རུང་མི་རུང་གི་ཐབས་ཀྱི་ཁྱད་པར་དཔེ་ཡིས་ བསྟན་པ(ཕྱག་རྒྱའི་སྦྱོར་བ་གང་གིས་)། བསྟེན་པར་རུང་བས་བསྟེན་པའི་དགོས་པ་གྲུབ་ ནས་གང་ཞིག་བསྒོམ་པ(དེའི་ཕྱིར་བྱང་ཆུབ་ཀྱི་)འོ། །སེམས་ཙམ་གྱིས་ཤེས་རབ་ཡེ་ཤེས་ 9-1-234 རང་མི་རིག་པར་འདོད་པ་དགག་པ་ལ། རྩོད(ཕུང་པོ་དང་ཁམས་)། ལན་གཉིས་ལས། ལན་ལ་གསུམ། བག་ཆགས་ཀྱི་དབང་གིས་བདེ་སྡུག་རང་རིག་པ་དཔེ་ཡིས་བསྟན་ པ(དེའི་ཕྱིར་བརྗོད་)། དཔེ་ལ་རྩོད་པ་སྤང་བའི་སྒོ་ནས་རྒྱས་པར་གཏན་ལ་དབབ་པ(ཅི་ སྟེ་མུ་སྟེགས་པ་)། དེས་ན་བག་ཆགས་ཀྱིས་འཁོར་འདས་སུ་འགྱུར་བ་བསྡུས་ཏེ་བསྟན་ པ(དེ་ལྟར་རྣམ་པ་དུ་མས་)འོ། །ལུས་མེད་པ་ལ་བདེ་བ་དང་འཕོ་བ་མེད་པར་འདོད་པ་ དགག་པ་ལ། རྩོད(ཅི་སྟེ་རྨི་ལམ་གྱི་) ། ལན་གཉིས་ལས། ལན་ལ་གསུམ། ལུས་མེད་ཀྱང་ (དེའི་ཕྱིར་བརྗོད་) བག་ཆགས་ཀྱི་དབང་གིས་འཕོ་བའི་སྐད་ཅིག་ཏུ་འགྱུར་བ། ལུས་ལ་ ཁམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་མཚན་ཉིད་སྤྱིར་བསྟན་པ(བཅོམ་ལྡན་འདས་ཀྱིས་)། ཡོན་ཏན་གྱི་ཁྱད་པར་གྱིས་འཕོ་བའི་ཁྱད་པར་སོ་སོར་བཤད་པ(དེས་ན་དུད་འགྲོ་ དང་)། འཕོ་བའི་དབང་གིས་སྲིད་པ་རྣམས་སུ་འཁོར་ཚུལ་བསྡུས་ནས་བསྟན་པ་(སྲིད་ པ་གསུམ་པོ་འདི་)སྟེ་གསུམ་གྱིས། འཕོ་བའི་བག་ཆགས་ཀྱི་དབང་གིས་སེམས་ཅན་གྱི་ རིས་དུ་མར་འགྱུར་བ། སེམས་ཅན་གྱི་བསམ་པའི་དབང་གིས་སངས་རྒྱས་ཀྱི་ཆོས་དུ་ མར་འགྱུར་བའོ། །འདི་ལ་གསུམ། མདོར་བསྟན་པ(རྒྱུ་དེས་ན་སེམས་ཅན་གྱི་)། ཕྱི་རོལ་ པ་ལས་བྱེ་བྲག་ཏུ་སྨྲ་བར་གྱུར་ཚུལ(འདིར་སེམས་ཅན་རྣམས་)། བྱེ་བྲག་ཏུ་སྨྲ་བ་ལས་ མདོ་སྡེ་པར་གྱུར་ཚུལ(དེ་ནས་བྱང་ཆུབ་)། མདོ་སྡེ་པ་ལས་སེམས་ཙམ་པར་གྱུར་ ཚུལ(སླར་ཡང་བྱང་ཆུབ་)། སེམས་ཙམ་པ་ལས་དབུ་མ་པར་གྱུར་ཚུལ་(སླར་ཡང་བྱང་ ཆུབ་)ཏེ་བཞིས། རྒྱས་པར་བཤད་པ། དོན་བསྡུ་བ(རྒྱུ་འདིས་སངས་རྒྱས་)འོ། །བླ་མའི་ བཀའ་ཙམ་གྱིས་མཆོག་འགྲུབ་པར་འདོད་པ་དགག་པ་ལ་གཉིས། རྩོད(ཅི་སྟེ་རྨི་ལམ་)། ལན་(དེའི་ཕྱིར་བརྗོད་)གཉིས་ཀྱིས། བདེ་གཤེགས་སྙིང་པོ་སྣང་བ་ལ་རྩོད་པ་སྤང་བ། བཀའ་ཙམ་གྱིས་གྲོལ་བར་འདོད་པ་སུན་དབྱུང་བ་དངོས་སོ། །འདི་ལ་གསུམ། འདོད་པ་ བརྗོད་པ(ཅི་སྟེ་གཞོན་ནུ་)། བླ་མའི་བྱིན་རླབས་ཀྱིས་མི་མཐོང་བ(དེའི་ཕྱིར་བརྗོད་)། མཐོང་བའི་རྒྱུ་གཞན་ཡོད་པར་བསྟན་པ(འོན་ཀྱང་གཞོན་ནུ་)། དེ་དག་དོན་ལ་སྦྱར་ ནས་བསྟན་པ་(དེ་བཞིན་དུ་རྣམ་)སྟེ་གསུམ་གྱིས། དེ་སུན་དབྱུང་བ། དེ་ལ་རྩོད་པ་སྤང་ 9-1-235 བའོ། །འདི་ལ། རྩོད(ཅི་སྟེ་མཆོག་)། ལན་གཉིས་ལས། ལན་ལ་བཞི། རྩིས་ཀྱི་ཡན་ལག་ བྱིན་རླབས་མ་ཡིན་པ(དེའི་ཕྱིར་བརྗོད་)། ཕྲ་མོའི་བྱིན་རླབས་ཀྱིས་གཞན་ཡིད་ཆེས་ པར་བྱེད་ཚུལ(གཞན་དག་གིས་རྣ་བའི་)། དེས་རྨོངས་པའི་བླ་མར་འགྱུར་ཞིང་མཁས་ པ་སྨོད་ཚུལ(གང་དག་གིས་གདུག་པའི་)། རྨོངས་པ་ཡིད་ཆེས་པར་བྱེད་པའི་ལུང་ འགོད་ཚུལ(དེའི་ཕྱིར་མཆོག་གི་)། ཡིད་ཆེས་པ་བཀས་གྲོལ་བར་རློམ་ཡང་མཆོག་མིན་ པ(དེ་ལྟར་རྣམ་པ་དུ་མ་)། མཆོག་གི་ཕེབས་པ་དེ་ལས་གཞན་དུ་བསྟན་པ(བཅོམ་ལྡན་ འདས་ཀྱིས་)། དེ་མཆོག་ཡིན་པར་འདོད་པ་ལ་གནོད་བྱེད་བརྗོད་པ་(རེ་ཤིག་སངས་ རྒྱས་ཉིད་)སྟེ་དྲུག་གིས། བླ་མའི་བཀའ་ཙམ་གྱིས་མཆོག་མི་འགྲུབ་པ། ཚོགས་གཉིས་ བསྒྲུབས་ན་མཆོག་འགྲུབ་པ(དེ་ལྟར་རྣམ་པ་དུ་མ་)། བླ་མའི་བཀས་མཆོག་མི་འགྲུབ་ པ(རྣམ་པ་གཞན་དུ་ན་)། ཕྲ་མོའི་ལྷས་མཆོག་མི་འགྲུབ་པ་(དེ་རྣམས་ཀྱི་སྟོབས་ཀྱིས་)སྟེ་ གསུམ་གྱིས། མཆོག་འགྲུབ་པ་དང་མི་འགྲུབ་པ་ཕྱེ་སྟེ་བསྟན་པ། དེ་དག་རྩ་བའི་རྒྱུད་ ཀྱིས་བསྡུས་ནས་བསྟན་པ(བཅོམ་ལྡན་འདས་ཀྱིས་རྩ་བའི་)འོ། །འཕོ་བ་མ་སྤངས་པར་ མཆོག་འགྲུབ་པར་འདོད་པ་དགག་པ་ལ་གསུམ། འཕོ་བ་མ་སྤངས་པར་མངོན་ཤེས་ལྔ་ ཐོབ་པ། འཕོ་བ་མ་སྤངས་པར་ཡན་ལག་བཅུ་གཉིས་འགག་པ། འཕོ་བ་མ་སྤངས་པར་ བདུད་བཞི་བཅོམ་པ། མི་འཐད་པའོ། །དང་པོ་ལ། རྩོད(གལ་ཏེ་མི་འཕོ་)། ལན་གཉིས་ ལས། ལན་ལ་གཉིས། འཕོ་བ་སྤངས་པའི་བྱང་ཆུབ་སེམས་དཔའ་ལ་མངོན་ཤེས་ལྔ་ཡོད་ པར་བསྟན་པ། འཕོ་བ་མ་སྤངས་པའི་དྲང་སྲོང་རྣམས་ལ་མངོན་ཤེས་ལྔ་མེད་པར་ བསྟན་པའོ། །དང་པོ་ལ་གཉིས། གཞན་གྱི་དོན་ལ་འཁོར་བར་འཇུག་པའི་ཚུལ(དེའི་ཕྱིར་ བརྗོད་)། སྔོན་དུ་བྱང་ཆུབ་ཀྱི་སེམས་བཅིངས་པའི་ཚུལ་ཏེ་(འདིར་བྱང་ཆུབ་)གཉིས་ ཀྱིས། བྱང་ཆུབ་ཀྱི་སེམས་བཅིངས་པས་གཞན་དོན་མཛད་པའི་ཚུལ་ཏེ། བྱང་ཆུབ་ཀྱི་ སེམས་བཅིངས་པས་ས་རྣམས་འཐོབ་པའི་ཚུལ་ལོ། །འདི་ལ་བཞི། ས་ཡི་ཁྱད་པར་སོ་ སོར་བསྟན་པ(འདིར་ས་ནི་རྣམ་པ་གཉིས་)། སའི་ཡོན་ཏན་སོ་སོར་བསྟན་པ(འདིར་ས་ དང་པོ་)། དེ་དག་གང་གིས་ཇི་ལྟར་འཐོབ་པ(ཤེས་རབ་ཀྱི་ཆགས་)། ཐོབ་པའི་འབྲས་བུ་ 9-1-236 དཔེ་ཡིས་བསྟན་པ(ཇི་ལྟར་དངུལ་ཆུ་)འོ། །འཕོ་བ་མ་སྤངས་པའི་དྲང་སྲོང་རྣམས་ལ་ མངོན་ཤེས་ལྔ་མེད་པར་བསྟན་པ་ལ་གཉིས། མི་བདེན་པའི་ཆོས་རྣམས་རིགས་པས་ དགག་པ། དགག་ཏུ་མི་རུང་བར་རྩོད་པ་ལ་རིགས་པ་མེད་པ(ཅི་སྟེ་དྲང་སྲོང་ བདག་)འོ། །དང་པོ་ལ་གཉིས། སྐར་རྩིས་ཀྱི་རིགས་པ་མི་བདེན་པ(བིཥྚི་ལ་སོགས་)། རྒྱ་ མཚོ་བསྲུབས་པའི་ལོ་རྒྱུས་མི་བདེན་པ(དེ་བཞིན་དུ་སྡིག་པའི་)། རིག་བྱེད་བཟང་བའི་ རྒྱུ་མཚན་མ་ངེས་པ(ཅི་སྟེ་ཚངས་པའི་)། ཉ་ལ་སོགས་པའི་ལོ་རྒྱུས་མི་བདེན་པ(དེ་ བཞིན་དུ་ཉ་)། རིགས་ལྡན་གྱི་དོན་དེ་ལས་གཞན་དུ་བསྟན་པ་(འདིར་དང་པོའི་སངས་ རྒྱས་)སྟེ་བཞིས། ལོ་རྒྱུས་ཀྱི་ཆོས་རྣམས་མི་བདེན་པའོ། །འཕོ་བ་མ་སྤངས་པར་ཡན་ལག་ བཅུ་གཉིས་འགག་པ་མི་འཐད་པ་ལ། རྩོད(གལ་ཏེ་སེམས་ཅན་)། ལན་གཉིས་ལས། ལན་ ལ་གཉིས། འཕོ་བའི་བག་ཆགས་ལས་ཡན་ལག་དང་དུས་སྦྱོར་བཅུ་གཉིས་སུ་འགྱུར་ བ(དེའི་ཕྱིར་བརྗོད་)། དེས་ན་འཕོ་བའི་བག་ཆགས་ཀྱི་དབང་གིས་འཁོར་བའི་འཁོར་ ལོར་འཁྱམ་པ་(བཅོམ་ལྡན་འདས་ཀྱིས་རྒྱུད་)སྟེ་གཉིས་ཀྱིས། འཕོ་བའི་བག་ཆགས་མ་ རིག་པའི་རྩ་བར་བསྟན་པ། དེ་སྤངས་པའི་རིག་པ་ཡེ་ཤེས་ཀྱི་སྐུར་བསྟན་པ(འདིར་གང་ གི་ཚེ་)འོ། །འཕོ་བ་མ་སྤངས་པར་བདུད་བཞི་བཅོམ་པ་མི་འཐད་པ་ལ། རྩོད(གལ་ཏེ་ འགྱུར་)། ལན་གཉིས་ལས། ལན་ལ་གཉིས། ཕྱི་རོལ་གྱི་བདུད་བཅོམ་པ་ལ་རིགས་པས་ གནོད་པ(དེའི་ཕྱིར་བརྗོད་)། ནང་གི་བདུད་འཕོ་བའི་བག་ཆགས་སྤངས་པས་བཅོམ་ པའོ། །འདི་ལ་གཉིས། བདུད་བཞི་ངོ་བོ་ངོས་བཟུང་བས་སྤྱིར་བསྟན་པ(དེའི་ཕྱིར་སེམས་ ཅན་)། ལྷའི་བུའི་བདུད་ཁྱད་པར་དུ་བརྟགས་ནས་དགག་པ(འདིར་ལྷའི་བུ་རྣམས་)སྟེ་ གཉིས་ཀྱིས། གཞོམ་བྱའི་བདུད་རྣམས་ངོས་བཟུང་བ། དེའི་རྩ་བ་གང་གིས་བཅོམ་ པ(ལུས་དང་ངག་དང་སེམས་)འོ། །མདོར་བསྡུས་གསུམ་པ(བསྡུས་པའི་)འོ།། །། ༈ ཞོར་ལ་འདུལ་བའི་ཐབས་སྣ་ཚོགས་བསྟན་པ་ལ་གཉིས། བཤད་པ་ལ་འཇུག་པ(སྟོང་ པ་ཆེན་པོ་)། ཞུགས་པའི་བཤད་པ་དངོས་སོ། །འདི་ལ་གཉིས། ཡན་ལག་སོ་སོར་བཤད་ པ། ཆོས་ཡང་དག་པར་བསྡུ་བ(ད་ནི་སངས་རྒྱས་ཀྱི་)། རྩིས་ཀྱི་མིང་བསྡུ་བ(འདིའི་རྗེས་ 9-1-237 ལ་)། རྒྱུད་ཀྱི་ཡོན་ཏན་བསྟན་པ་(ད་ནི་རྒྱུད་ཀྱི་)སྟེ་གསུམ་གྱིས། སྤྱིའི་དོན་བསྡུ་ བའོ། །དང་པོ་ལ་གསུམ། ནང་དང་གཞན་གྱི་ཡན་ལག །ཕྱི་དང་གཞན་གྱི་ཡན་ ལག །གདུལ་བྱ་འདུལ་བའི་ཡན་ལག་བསྟན་པའོ། །དང་པོ་ལ་གསུམ། དབུ་མའི་དབུགས་ ཀྱི་ས་བོན(ལྀ་སོགས་)། ཉིན་མཚན་གྱི་དབུགས་ཀྱི་ས་བོན(ད་ནི་ཉིན་མོ་)། མ་བརྗོད་ པའི་དབུགས་ཕྱེད་བཤད་པ་(ད་ནི་ཕྱེད་དང་)སྟེ་གསུམ་གྱིས། དབུགས་ཀྱི་ས་བོན་ བསྟན་པ། དབུགས་རྣམས་ལུས་ལ་བསྒྲུབ་པ། གྲུབ་པ་འབྲས་བུའི་རང་བཞིན་ནོ། །བར་པ་ ལ་གསུམ། ལུས་ལ་ཇི་ལྟར་བསྒྲུབ་པ། བསྒྲུབ་བྱ་དབུགས་ཀྱི་ཁྱད་པར། རྩ་ཡི་ཀུན་སྤྱོད་ བཙལ་བའོ། །དང་པོ་ལ་གསུམ། དབུགས་རྣམས་མཁའ་འགྲོ་མར་བསྟན་པའི་ཡན་ ལག །ཉི་ཟླ་སྒྲ་གཅན་གྱིས་འཛིན་པའི་ཡན་ལག (ད་ནི་ཟླ་བའི་)། ལས་རབ་འབྱམས་ཀྱི་ ཚོགས་སྒྲུབ་པའི་ཡན་ལག་གོ །དང་པོ་ལ་གཉིས། ཟླ་ཉིའི་བུ་ལོན། དུས་ཀྱི་ལོངས་སྤྱོད་ མཁའ་འགྲོ་མར་བསྟན་པ(ད་ནི་གཟའ་)། དེ་རྣམས་བཀག་ནས་ལུས་ལ་བསྒྲུབ་པ་(ཇི་ སྲིད་གཟའ་)སྟེ་གཉིས་ཀྱིས། གཟའ་དགུའི་ལོངས་སྤྱོད་མཁའ་འགྲོ་མར་བསྟན་ པའོ། །དང་པོ་ལ་གསུམ། བསྟན་པ(ད་ནི་སྐྱེས་)། བཤད་པ(འདིར་ཕྱི་རོལ་ཏུ་)། རབ་ཏུ་ བཤད་པ(འདིར་ལྟེ་བའི་)། བསྡུ་བ་(དེ་བཞིན་དུ་རྩ་བའི་)སྟེ་བཞིས། འཁོར་ལོ་སྡོམ་པའི། དགྱེས་རྡོར་ལ་སོགས་པའི(ད་ནི་གསང་བའི་)། གཙོ་བོ་ཕྱག་རྒྱའི་མཁའ་འགྲོ་མར་ བསྟན་པ(ད་ནི་བཅོམ་ལྡན་)འོ། །ལས་རབ་འབྱམས་ཀྱི་ཚོགས་སྒྲུབ་པའི་ཡན་ལག་ལ་ གཉིས། ཞིང་དང་ཞིང་ཅན་ལས་ལ་སྦྱར་བ(ད་ནི་བཀྲ་ཤིས་)། ཐུན་དང་ཞལ་ཕྱག་ལས་ ལ་སྦྱར་བ་(ད་ནི་བཅོམ་ལྡན་) སྟེ་གཉིས་ཀྱིས། སོ་སོར་ངེས་པས་ལས་འགྲུབ་པ། བྱེད་པོ་ སྤྱོད་པ་གཞན་མེད་པ(ས་ཆུ་མེ་རླུང་)འོ། །བསྒྲུབ་བྱ་དབུགས་ཀྱི་ཁྱད་པར་ལ་གསུམ། རླུང་གི་རྒྱུ་བ་འཕེལ་བ(ད་ནི་བྱིས་པ་)། རྩའི་སྡེ་ཚན་འཕེལ་བ་(གཉིས་པ་རྩ་བའི་དབྱེ་ བ་)སྟེ་གཉིས་ཀྱིས། འབྱུང་ཞིང་འཕེལ་བའི། བསྲུང་ཞིང་བསྒྲུབ་པའི། རྡོ་རྗེའི་དབུགས་ལ་ གཟའི་རྒྱུ་བ་ཐིམ་པ(ད་ནི་རྡོ་རྗེའི་དབུགས་)། གཟའ་རྣམས་སོ་སོའི་ལོངས་སྤྱོད་སྟོང་ པར་འཇུག་པ་(སྟོང་པ་ལ་ནི་སྤེན་པ་)སྟེ་གཉིས་ཀྱིས། ཐིམ་ཞིང་འཇུག་པའི་ཁྱད་པར་ 9-1-238 རོ། །བར་པ་ལ་གཉིས། འཁོར་ལོ་བཞི་བཅུ་རྩ་ལྔས་གཙོ་བོ་བསྲུང་བ(ད་ནི་ཀ་སྡེའི་)། མཁའ་འགྲོ་མ་དང་མཁའ་འགྲོའི་དབྱེ་བ(གཙོ་བོ་ཡི་ནི་)། དེ་དག་སོ་སོའི་དབྱེ་གཞི་ བསྟན་པ(གཟུགས་དང་སྒྲ་དང་)། དེ་རྣམས་བྱིས་པའི་དབུགས་ལ་སྦྱར་བ(དང་པོའི་ དབུགས་)། དབུགས་རྣམས་བཅད་ནས་བདེ་བ་སྒྲུབ་པ་(དབུགས་ནི་བཅད་)སྟེ་བཞིས། དབུགས་ཀྱི་རྒྱུ་བ་བཅད་ནས་གཙོ་བོ་སྒྲུབ་པའོ། །རྩའི་ཀུན་སྤྱོད་བཙལ་བ་ལ་གཉིས། བསྟན(དེ་ནས་ཟླ་བ་)། བཤད་(གཙུག་ཏོར་)གཉིས་ཀྱིས། རྩའི་ཀུན་སྤྱོད་འཕེལ་བའི་ ཚུལ། ལོངས་སྤྱོད་པ་པོ་ངོས་བཟུང་བ(གཙུག་ཏོར་སྙིང་)། དེ་གང་གིས་ཇི་ལྟར་བཙལ་བ་ (དང་པོར་གང་ཞིག་)སྟེ་གཉིས་ཀྱིས། དེ་ལ་ལོངས་སྤྱོད་པ་བཙལ་བའོ། །གྲུབ་པ་འབྲས་ བུའི་རིང་བཞིན་ལ་གཉིས། རྒྱུ་གང་ལས་ཐོབ་པ(གཙོ་བོའི་)། བྱ་བ་གང་མཛད་པ་(ལྷའི་ སྤྱན་གྱི་) སྟེ་གཉིས་ཀྱིས། མངོན་ཤེས་དྲུག་གི །གཉིས་མེད་མཆོག་གི་འབྲས་བུའོ། །འདི་ ལ་གསུམ། སྲོག་དང་ཐུར་སེལ་ལམ་གྱི་དབྱེ་བ(རྩ་ནི་གང་ཞིག་)། དེ་དག་འགགས་ན་ གཉིས་མེད་འཐོབ་པ་སྟེ་གཉིས་ཀྱིས། སྒྲུབ་བྱེད་ལམ་གྱི་རང་བཞིན། ཉི་ཟླ་འགགས་པས་ ཉིན་མཚན་འགག་ཚུལ(ཟླ་བ་ཉི་མའི་)། སྲོག་ཐུར་འགགས་པས་གཉིས་མེད་འགྲུབ་ པ(ཟླ་བ་ཉི་མའི་རྒྱུ་བ་)། འགྲུབ་པའི་དུས་དང་མཚན་ལྟས་བསྟན་པ་(ཁྲོ་བོ་སངས་ རྒྱས་)སྟེ་གསུམ་གྱིས། ལམ་དེས་ཇི་ལྟར་འགྲུབ་པ། གྲུབ་པ་འབྲས་བུའི་ངོ་བོ(ལུས་ནི་དང་ ཞིང་)འོ། །ཕྱི་དང་གཞན་གྱི་ཡན་ལག་ལ་གསུམ། འཇིག་རྟེན་གྱི་ཁམས་ཉེ་བར་སྡུད་ ཚུལ(ད་ནི་འཇིག་རྟེན་)། དུས་དེར་ལས་ལས་གྲོལ་བ་བཞུགས་ཚུལ་(ད་ནི་ལས་ཀྱི་)ཏེ་ གཉིས་ཀྱིས། འཇིག་རྟེན་གྱི་ཁམས་ཇི་ལྟར་སྡུད་པ། འཇིག་རྟེན་གྱི་ཁམས་ཇི་ལྟར་སྣང་ བ(ད་ནི་འཇིག་རྟེན་གྱི་)། འཇིག་རྟེན་གྱི་ཁམས་ཇི་ལྟར་གནས་པའོ། །འདི་ལ་གསུམ། དཀྱིལ་འཁོར་ལ་སོགས་པར། ཁམས་སྣ་ཚོགས་ཀྱི་རང་བཞིན(ད་ནི་འཇིག་རྟེན་)། ཁམས་སྣ་ཚོགས་ཀྱི་ཡོན་ཏན་(ད་ནི་ནོར་བུ་)ཏེ་གཉིས་ཀྱིས། སྣ་ཚོགས་པའི་ཁམས་སུ། བརྟན་གཡོའི་ཁྱད་པར་དུ། གནས་ཚུལ་ལོ། ། དང་པོ་ལ་བཞི། དཀྱིལ་འཁོར་གྱི། རྡོ་རྗེ་ དྲིལ་བུའི(ད་ནི་རྡོ་རྗེ་)། མཆོད་རྟེན་གྱི(ད་ནི་མཆོད་རྟེན་)། གཟུགས་སྐུའི་མཚན་ 9-1-239 ཉིད(གཟུགས་ཀྱི་རང་བཞིན་)དོ། །དང་པོ་ལ་གསུམ། འཇིག་རྟེན་གྱི་ཁམས་ལ་དཀྱིལ་ འཁོར(ད་ནི་འཇིག་རྟེན་གྱི་ཁམས་)། གཙོ་བོའི་སྐུ་ལ་དཀྱིལ་འཁོར། ཕྱི་རོལ་གྱི་ས་ལ་ དངོས་གྲུབ་བཞག་པ(ལྷུན་པོའི་ཕྱི་རོལ་)འོ། །བར་པ་ལ་གཉིས། བཅོམ་ལྡན་འདས་ཀྱི། བཅོམ་ལྡན་འདས་མའི་སྐུ་ལ་བཞག་པ(ད་ནི་བཅོམ་ལྡན་འདས་མའི་)འོ། །དང་པོ་ལ་ གཉིས། སྐུའི་ཚད་བསྟན་པ(ད་ནི་བཅོམ་ལྡན་)། ཕྱི་ནང་ཐུན་མོང་དུ་བཞག་པ(ད་ནི་སྐུ་ ལ་)། ལུས་ལ་ཁྱད་པར་དུ་བཞག་པ(ཕྱེད་བཅས་ཞེས་)། དཀྱིལ་འཁོར་སོ་སོའི་མཚན་ ཉིད་(སྟེང་དང་འོག་ཏུ་)དེ་གསུམ་གྱིས། དེ་ལ་དཀྱིལ་འཁོར་བཞག་པའོ། །བརྟན་གཡོའི་ ཁྱད་པར་དུ་གནས་ཚུལ་ལ་གཉིས། བརྟན་གཡོའི་ཁྱད་པར་སྤྱིར་བསྟན་པ(བཅོམ་ལྡན་ ཡེ་ཤེས་)། ཁྱིམ་རྣམས་ཀྱི་རང་བཞིན་བཤད་པ(ད་ནི་ཆུ་སྲིན་)། གཟའ་རྣམས་ཀྱི་སྐྱེས་ ཁྱིམ་བཤད་པ་(ད་ནི་གཟའ་རྣམས་)སྟེ་གཉིས་ཀྱིས། གཟའ་སྐར་གྱི་ཡན་ལག་སོ་སོར་ བཤད་པའོ། །གདུལ་བྱ་འདུལ་བའི་ཡན་ལག་བསྟན་པ་ལ་བཞི། ཐར་པ་སྒྲུབ་པའི་ཆོས་ བསྟན་པ། འཚོ་བ་སྒྲུབ་པའི་ཐབས་བསྟན་པ། ཐུན་མོང་གི་དངོས་གྲུབ་བསྒྲུབ་པ(དང་ པོར་རྒྱལ་བའི་)། མཆོག་གི་དངོས་གྲུབ་སྒྲུབ་པ(དུ་བ་ལ་སོགས་)། དེ་དག་སྒྲུབ་པའི་ འཐད་པ་(སེམས་ཅན་རྣམས་ལ་)སྟེ་གསུམ་གྱིས། དངོས་གྲུབ་སྒྲུབ་པའི་ལམ་བསྟན་པ། རིགས་ཀྱི་མདོའི་དབྱེ་བ(ད་ནི་རིགས་)། གདན་ལ་སོགས་པའི་དབྱེ་བ(ད་ནི་གདན་ལ་ སོགས་པ་)། རྒྱུ་བའི་དབྱེ་བ་མདོ་དང་སྦྱར་བ་(རིགས་འདི་ལ་)སྟེ་གསུམ་གྱིས། མུ་སྟེགས་ འདུལ་བའི་རིགས་དབྱེ་བའོ། །དང་པོ་ལ་གསུམ། གང་ཞིག་འདུལ་བ་སེམས་ཀྱི་སྣང་ བ(ད་ནི་སེམས་ཅན་རྣམས་)། གང་གིས་འདུལ་བ་སངས་རྒྱས་ཀྱི་འབྱུང་ཚུལ(ད་ནི་ སངས་རྒྱས་)། ཇི་ལྟར་འདུལ་བ་བསྟན་པའི་རང་བཞིན་ནོ། །འདི་ལ་གསུམ། མུ་སྟེགས་ཀྱི་ ཆོས་སྤངས་ནས་རིགས་གཅིག་ལ་ཞུགས་པ(གང་དག་ཆོས་ལ་)། སྡིག་པའི་རྩ་བ་ཁྲོ་བ་ གཞོམ་པ(གལ་ཏེ་ལུས་ལ་)། ཆགས་པའི་གཉེན་པོར་འདོད་པ་སྦྱིན་པ(ཆགས་ལས་ སྡང་)། རྒྱལ་བའི་མཛད་པ་རྨད་དུ་བྱུང་བ་(ཆགས་པ་གང་)སྟེ་གསུམ་གྱིས། རིགས་ གཅིག་ལ་ཞུགས་ནས་སངས་རྒྱས་ཀྱི་ཆོས་བསྒྲུབ་པ། རིགས་རྣམས་ལ་བཟང་ངན་མེད་ 9-1-240 པའི་རྒྱུ་མཚན་བསྟན་པ(ས་དང་ཆུ་དང་)འོ། །འཚོ་བ་སྒྲུབ་པའི་ཐབས་བསྟན་པ་ལ་ གསུམ། གསེར་འགྱུར་གྱི་བྱ་བ། བཅུད་ལེན་གྱི་སྦྱོར་བ། གཏེར་བརྟག་པའི་ཆོ་ག(ད་ནི་ རྫས་)འོ། །དང་པོ་ལ་གསུམ། རོའི་རང་བཞིན(ད་ནི་རོ་ཆེན་པོ་)། རོའི་དབྱེ་བ(དེ་ལ་རོ་ ནི་རྣམ་པ་གཉིས་)། རོའི་གནས་སྐབས་(ད་ནི་རོའི་)ཏེ་གསུམ་གྱིས། རོའི་མཚན་ཉིད། སྨན་གྱི་རང་བཞིན། བྱ་བའི་རིམ་པའོ། །བར་པ་ལ་གཉིས། རོའི་དབང་པོ་བསྒྲུབ་པ(ད་ནི་ སྨིན་)། དེའི་རྒྱུ་མཚན་བསྟན་པ་(དེ་དག་རྣམས་ཀྱི་)སྟེ་གཉིས་ཀྱིས། སྨན་གྱི་ཡོན་ཏན། མཆོག་གི་སྨན་གྱི་མཚན་ཉིད(ད་ནི་མཆོག་གི་)། སྨན་གྱིས་སྦྱང་བའི་རིམ་པ(སྨན་ རྣམས་)། བཞུ་སོགས་བྱ་བའི་རིམ་པ་(ལྕགས་རྣམས་)སྟེ་གསུམ་གྱིས། སྨན་གྱི་ནུས་ པའོ། །བྱ་བའི་རིམ་པ་ལ་བཞི། རོ་བསྲུང་བ(ད་ནི་རོ་བསྲུང་)། མ་བསྲེས་པ(ད་ནི་རོ་ གཞུ་)། བསྲེས་པ(ད་ནི་ལྕགས་)བཞུ་བ་སྟེ་གཉིས་ཀྱིས། རོ་བཞུ་པ། དགོད་པའི(ད་ནི་ དགོད་པ་དང་)། གོང་བུའི(དེ་ནས་དང་པོའི་སངས་རྒྱས)། ལྕགས་ཀྱི་བཅིང་བ་(ད་ནི་ ཞིང་གི་)སྟེ་གསུམ་གྱིས། རོ་བཅིང་བ། གསེར་ཕྱེད་ཅན་དུ་བསྒྱུར་བ(དེ་ནས་གང་གིས་)། ཕྱེད་ཅན་གྱི་འདབ་མ་བྱ་བ་(དེ་ནས་སྦྱོར་བ་གཞན་) སྟེ་གཉིས་ཀྱིས། རོ་བསྒྱུར་ བའོ། །བཅུད་ལེན་གྱི་སྦྱོར་བ་ལ་གཉིས། ལུས་སྒྲུབ་པའི་བཅུད་ལེན་བསྟན་པ། དེས་ལུས་ འགྲུབ་པའི་དུས་བསྟན་པ(ད་ནི་སྟོང་ཕྲག་)འོ། །དང་པོ་ལ་གཉིས། རོ་རྐྱང་པར་བཟའ་ བའི་བཅུད་ལེན། བཅུད་ལེན་གཞན་བསྟན་པ(ད་ནི་བཅུད་ལེན་)། གྲུབ་པའི་སྨན་ བསྟན་པ་(ད་ནི་རོ་)སྟེ་གཉིས་ཀྱིས། རོ་བསྲེས་ཏེ་བཟའ་བའི་བཅུད་ལེན་ནོ། །དང་པོ་ལ་ གསུམ། སྔོན་དུ་ལུས་སྦྱང་བ(ད་ནི་ལུས་)། དེ་ནས་རོ་བཟའ་བ(དེ་ནས་རོ་)། མ་ཞུ་བའི་ སྨན(ད་ནི་རོ་)། བཅུད་ལེན་གྱི་སྨན་(ད་ནི་བཅུད་)ཏེ་གཉིས་ཀྱིས། རོའི་སྨན་བསྟན་ པའོ། །བསྟོད་པའི་ཚུལ་གྱིས་འཇུག་བསྡུ་བ་ལ་གཉིས། རྣམ་ཤེས་གཞན་ཆོས་ཀྱི་དབྱིངས་ ཀྱི་ཡེ་ཤེས་ལ(ད་ནི་བཅོམ་ལྡན་འདས་)། འདུ་བྱེད་གཞན་བྱ་བ་གྲུབ་པའི་ཡེ་ཤེས་ལ(དེ་ ནས་སྟོང་པ་གཉིས་པ་)། ཚོར་བ་གཞན་མཉམ་པ་ཉིད་ཀྱི་ཡེ་ཤེས་ལ(དེ་ནས་སྟོང་པ་ གསུམ་པ་)། འདུ་བྱེད་གཞན་སོ་སོར་གཟིགས་པའི་ཡེ་ཤེས་ལ(དེ་ནས་སྟོང་པ་བཞི་པ་)། 9-1-241 གཟུགས་ཕུང་གཞན་མེ་ལོང་ལྟ་བུའི་ཡེ་ཤེས་ལ་བསྟོད་པ་(དེ་ནས་སྟོང་པ་ལྔ་པ་)སྟེ་ལྔས། ཕུང་པོ་གཞན་སྟོང་པ་ཆེན་པོ་འགྱུར་མེད་ལྔ་ལ། ཁམས་གཞན་ཐིག་ལེ་སྟོང་པ་འགྱུར་ མེད་དྲུག་ལ་བསྟོད་པ(དེ་ནས་ཐིག་ལེ་)འོ། །རྒྱུད་བསྡུ་བ་རྫོགས་པའི་བྱ་བ་ལ་གསུམ། རྒྱུད་ཀྱི་སྟོན་པ འི་རང་བཞིན(གང་ཞིག་)། བསྟན་བྱ་སློབ་མའི་སྐྱོན་ཡོན་(སྡིག་ཅན་ གང་)ཏེ་གཉིས་ཀྱིས། རྒྱུད་ཀྱི་གང་ཟག་ངོས་བཟུང་བ། རྒྱུད་བསྡུས་ནས་གནང་བ་བྱིན་ པ། རྒྱུད་བསྡུས་པའི་དགེ་བ་བསྔོ་བ(ད་ནི་དཔལ་ལྡན་)འོ། །བར་པ་ལ་གཉིས། བསྡུས་ རྒྱུད་བསྡུ་བ་མཐར་ཕྱིན་པར་བསྟན་པ(དཔལ་ལྡན་དཔལ་ནི་)། བསྡུས་པའི་ཚུལ་དང་ སྟོན་ཅིག་པར་བསྐུལ་བ(སངས་རྒྱས་ཀྱིས་ནི་)། དེ་དག་གི་དགོས་པ་འགྲུབ་པར་སྨོན་པ་ (ཇི་ལྟར་ཉི་མ་)སྟེ་གསུམ་གྱིས། བསྡུས་རྒྱུད་བསྡུས་ཚུལ། གནང་བ་བྱིན་ཚུལ་ལོ། །འདི་ལ་ གཉིས། ཉི་མའི་ཤིང་རྟ་ལ་གནང་བ་བྱིན་པ། གནང་བ་བྱིན་པ་(སེམས་ཅན་ཀུན་ དོན་)དང་། སྨོན་ལམ་གདབ་པ་(གང་དག་སྟེང་ན་)གཉིས་ཀྱིས། པདྨ་དཀར་པོ་ལ་ གནང་བ་བྱིན་པའོ། །དང་པོ་ལ་གསུམ། རྒྱུད་ཀྱི་ཡོན་ཏན་བརྗོད་དེ་གདམས་པ(ཉི་མ་ ཁྱོད་(དུས་ཀྱི་འཁོར་ལོ་)། ཕྱག་འཚལ་ཏེ་གསོལ་བ་བཏབ་པ(ཨུཏྤལ་)། འགལ་བའི་རྒྱན་ གྱི་སྒོ་ནས་བསྟོད་པ(ཁྱོད་ནི་རྒན་པ་)། རིགས་ལྡན་ལ་སྐྱབས་སུ་འགྲོ་བ་(ཚངས་པའི་)སྟེ་ གསུམ་གྱིས། དེ་ལ་འཁོར་གྱིས་ཇི་ལྟར་བསྒྲུབས་པ། གྲུབ་ནས་གཞན་ཡང་དེ་འདྲར་སྨོན་ པ(ས་གའི་ཟླ་)འོ། །མདོར་བསྡུས་བཞི་པ་(བསྡུས་པའི་)སྟེ། ལེའུ་ལྔ་པའོ།། །། ༈ ལེའུ་འདིར་ཡེ་ཤེས་ཀྱི་ཚོགས་སྟོན་པ་རྣམས་ནི་ལམ་གྱི་རྒྱུད་དུ་གཏོགས་ཤིང་ཡེ་ ཤེས་ཀྱི་སྐུ་སྟོན་པ་རྣམས་ནི་དྲི་བྲལ་དེ་བཞིན་ཉིད་སྟོན་པའི་ཕྱིར་འབྲས་བུའི་རྒྱུད་དེ་ བྲལ་བའི་འབྲས་བུའོ།། །། ༈ འདིར་ནི་གཞུང་ཚན་ཤིན་ཏུ་ཆེ་བའི་སླད། །སླ་བའི་གནས་སུ་ཕྲ་མོར་མ་ཕྱེ་ གང་། །དེ་ཀུན་འཆད་པ་པོ་ཡིས་ཞོར་ལ་ཕྱེ། །ཞེས་པ་འདི་ནི་འདི་ལ་གདམས་ པའོ། །ཡལ་ག་རབ་རྒྱས་འདོད་པའི་འབྲས་སྟེར་བ། །རྒྱུད་འགྲེལ་བསྡུས་དོན་ཡོངས་ འདུའི་ཤིང་ལྟ་བུ། །བྱང་ཆུབ་སེམས་དཔའ་ཆོས་གྲགས་དཔལ་ལ་སོགས། །བློ་ལྡན་མང་ 9-1-242 པོས་ཡང་ཡང་བསྐུལ་ཕྱིར་བཀོད། །འདིར་འབད་དགེ་བ་སྟོན་ཟླའི་འོད་ལྟ་བུ། །མཁའ་ ལྟར་ཡངས་པ་གང་ཞིག་སྐྱེས་པ་དེས། །ཕྱི་ནང་ཀུན་རྫོབ་དྲི་མའི་སྦུབས་བཅོམ་ ནས། །དོན་དམ་སྙིང་པོ་གཞན་གྱི་དབྱིངས་ཐོབ་ཤོག །ཇི་སྲིད་དེ་མ་ཐོབ་པ་དེ་སྲིད་ དུའང་། །སྔགས་ཀྱི་ཕོ་བྲང་དཔལ་ལྡན་ཀ་ལཱ་པར། །རིགས་ལྡན་སྲས་སུ་རྟག་པར་ལེགས་ སྐྱེས་ནས། །བདེ་གཤེགས་སྙིང་པོ་མངོན་སུམ་བསྒོམ་པར་ཤོག །འདི་འདྲ་བསྒྲུབས་ནས་ འདི་འདྲར་སྨོན་པའི་ཚིག །ཀུན་རྨོངས་གྱུར་ཀྱང་ཤེས་རབ་མིང་ཅན་གྱིས། །བླ་མ་སངས་ རྒྱས་རིགས་ལྡན་བཀའ་དྲིན་ལས། །དུས་འཁོར་བདེ་གཤེགས་སྙིང་པོར་རྟོགས་ཚེ་ སྨྲས། །ལྷག་པའི་བསམ་པས་ཆོས་འདིར་དད་མཐུ་དང་། །བླ་མེད་བླ་མའི་ཐུགས་རྗེ་ཆེ་ མཐུ་ཡིས། །ཡི་གེ་པས་ཀྱང་རྒྱུད་དོན་ལེགས་རྟོགས་ནས། །བདེ་གཤེགས་སྙིང་པོ་འགྲོ་ལ་ སྟོན་པར་ཤོག། །།མཾ་ག་ལཾ། བྷ་ཝན་ཏུ། (མ་དཔེ་ནི་འབྲས་གནས་བཅུའི་དཔེ་རྙིང་། ཕྱི་ཀ ༡༥༥ དང་། ཕྱི་ཀ ༦༥ གཉིས་ ལགས།) 9-1-243 ༄༅། །དུས་འཁོར་གྱི་ལྷ་འདབས་འགའ་ བཞུགས་སོ། ། 9-1-244 ༄༅། །དུས་འཁོར་གྱི་ལྷ་འདབས་འགའ་ བཞུགས་སོ། ། ༄༅། །ན་མཿཀཱ་ལ་ཙཀྲཱ་ཡ། (ཁམས་ལེ་ར་པར་)ཟླ་བའི་ཆ་ཤས་འཕེལ་འགྲིབ་ནི། །དཀར་ ཕྱོགས་བཅོ་ལྔ་ལྔ་ཚན་གསུམ(སྟེ)། །མུན་པ་བསལ་བ་ཆུང་(དང་)འབྲིང་(དང་)ཆེ་(བས་ སོ)། །(དེ་རྣམས་ཀྱང་སྙིང་སྟོབས་སོགས་)ཡོན་ཏན་གསུམ་གྱི་བདག་ཉིད་ཅན(ཏེ)། །རེ་ རེའང་དགའ་(བ་དང་) བཟང་(པོ་དང་)རྒྱལ་(བ་དང་)སྟོང་(པ་ དང་)རྫོགས(པའོ)། །(དེ་རྣམས་ཀྱང་)བུ་མོ་(དང་)གཞོན་ནུ་(མ་དང་) ལང་ཚོ་ མ(དང་)། །རྒན་མོ་(དང་)ཡོངས་སུ་སྨིན་པ་སྟེ། །(རིམ་པ་བཞིན་)ནམ་མཁའ་ (དང་)རླུང་(དང་)མེ་(དང་)ཆུ་(དང་)སའི་ཁམས(སོ)། །(ཡི་གེ་ནི་)དབྱངས་ཐུང་ (༡༥)བསྐྱེད་རིམ་ཐིག་ལེ་ཅན(ནོ)། །དེ་ལ་དཀར་པོའི་ཚེས་གཅིག་སོགས། །རིམ་གྱིས་ ཤར་བ་ལ་བརྟེན་ནས། །ནག་པོའི་ཚེས་གཅིག་ལ་སོགས་པ། །རིམ་གྱིས་ནུབ་པ་ཉིད་ འགྱུར་ཏེ། །དེ་ཡང་རང་ས་ནས་བགྲངས་པའི། །ཡོངས་སུ་སྨིན་པ་གསུམ་གྱི་ མཐར། །(བཅུ་དྲུག་པ་)དཀར་པོའི་ཚེས་གཅིག་ལ་སོགས་པ། །རང་རང་(གི་)ཐད་ཀའི་ ཚེས་(སོ་སོ་)ལ(ནུབ་པ)འོ། །(དེ་བཞིན་)ནག་ཕྱོགས་བཅོ་ལྔའང་ལྔ་ཚན་གསུམ (སྟེ)། །མུན་པ་འཇུག་པའང་ཆུང་(ངུ་དང་)འབྲིང་(དང་)ཆེ(བའོ)། །(དེ་རྣམས་ ཀྱང་)ཡོན་ཏན་གསུམ་གྱི་བདག་ཉིད་ཅན(ཏེ)། །རེ་རེའང་དགའ་(བ་དང་)བཟང་(པོ་ དང་)རྒྱལ་(བ་དང་)སྟོང་(པ་དང་)རྫོགས (པའོ)། །(དེ་རྣམས་ཀྱང་རིམ་པ་བཞིན་)བྱིས་ པ་གཞོན་ནུ་ལང་ཚོ་དང༌། །རྒན་པོ་ཡོངས་སུ་སྨིན་པ་སྟེ། །ས་ཆུ་མེ་རླུང་ནམ་མཁའི་ ཁམས(སོ)། །(ཡི་གེ་ནི་)དབྱངས་རིང་(པོ་༡༥)བསྡུད་རིམ་རྣམ་བཅད་ཅན(ནོ)། །དེ་ལ་ ནག་པོའི་ཚེས་གཅིག་སོགས། །རིམ་གྱིས་ཤར་བ་ལ་བརྟེན་ནས། །དཀར་པོའི་ཚེས་གཅིག་ ལ་སོགས་པ། །རིམ་གྱིས་ནུབ་པ་ཉིད་འགྱུར་ཏེ། །དེ་ཡང་རང་ས་ནས་བགྲངས་ 9-1-245 པའི། །ཡོངས་སུ་སྨིན་པ་གསུམ་གྱི་མཐར། །(བཅུ་དྲུག་པ་)ནག་པོའི་ཚེས་གཅིག་ལ་ སོགས་པ། །རང་རང་(གི་)ཐད་ཀའི་ཚེས་(སོ་སོ་ལ་)ལ(ནུབ་པ)འོ། །(དཀར་ཕྱོགས་ ལ་)བུ་མོ་(ནག་ཕྱོགས་ལ་)བྱིས་པ་ལ་སོགས་པ། །ཐབས་ཤེས་(གོ་)བཟློག་ནས་གསུངས་ པ་ཡི། །ལུང་གི་ཚིག་གམ་ལུས་(དང་) བསམ་(པའི་)མམ(དབྱེ་བའམ)། །རྒྱ་དཔེའམ་ འགྱུར་གྱི་ཁྱད་པར་ཉིད(དུ་རིག་པར་བྱའོ)། །ཟླ་བའི་དཀྱིལ་འཁོར་ཆ་བཅོ་ལྔར། །ཕྱེ་ བའི་སྟེང་ནས་དཀར་ནག་གི །ཤིང་བུ་གཉིས་ཀྱང་ཆ་བཅོ་ལྔར། །ཕྱེ་ནས་ཚེས་གྲངས་ བཏབ་པ་ཡི། །ཚེས་གཅིག་གིས་ནི་བཅོ་ལྔ་དག །རིམ་གྱིས་དེད་པས་དཀར་ནག་ གི །འཕེལ་འགྲིབ་གསལ་བར་རྟོགས་པར་འགྱུར། །ཞེས་པའང་དོལ་པོ་པ་ཡིས་ བྲིས།། །།ཤུ་བྷ་མསྟུ་སཏྭཱ་ནཱཾ། དགེའོ།། ༈ ན་མཿཤྲཱི་ཀཱ་ལ་ཙཀྲཱ་ཡ། ཁམས་ལེའི་ང་གཉིས་(པའི་རྐང་པ་བཞི་པར་)ལ་སོགས་ པར། །རྒྱུ་སྐར་ཁྱིམ་དང་འཇིག་རྟེན་སྤྱིའི། །འགོ་ལའི་རྣམ་གཞག་གསུངས་པ་ རྣམས། །བདེ་བླག་རྟོགས་ཕྱིར་འདི་ལྟར་བཤད། །འགོ་ལའི་རྒྱ་ལ་ཁྱིམ་གནས་ཤིང༌། །ཁྱིམ་ གྱི་ནང་ན་སྐར་མ་གནས། །རྒྱུ་སྐར་སྟེང་ནས་གཟའ་བརྒྱད་པོ། །ལྷོ་བྱང་བགྲོད་པའི་ཚུལ་ གྱིས་སྤྱོད། །སྒྲ་གཅན་དུས་མེ་དུས་རྟག་ཏུ། །ཉིན་མཚན་མཉམ་པའི་ལམ་ནས་རྒྱུ། ། འཇིག་རྟེན་སྤྱི་ཡི་འགོ་ལའི་རྒྱ། །མེ་ནས་གསིལ་བའི་རི་ཡི་བར། །དཔག་ཚད་བདུན་ཁྲི་ལྔ་ སྟོང་སྟེ། །ཕྱོགས་རྣམས་ཀུན་ཏུ་མཉམ་པ་ཉིད། །དེ་ལ་ཤར་གྱི་ཕྱེད་ནས་ནི། །ནུབ་ཀྱི་ཕྱེད་ ཀྱི་བར་ལ་ཁྱིམ། །ལུག་ལ་སོགས་པ་དྲུག་གནས་ཏེ། །བྱང་ངམ་གཡོན་གྱི་ཁྱིམ་དྲུག་ ཡིན། །[ནུབ་ཀྱི་ཕྱེད་ནས་ཤར་ཕྱེད་བར། །སྲང་ལ་སོགས་པ་དྲུག་གནས་ཏེ། །ལྷོ་འམ་ གཡས་ཀྱི་ཁྱིམ་དྲུག་ཡིན།།] བྱང་གི་དྲུག་ལ་ཐ་སྐར་ནས། །ནག་པ་ཕྱེད་ཀྱི་བར་དུ་ནི། །རྒྱུ་ སྐར་ཕྱེད་བཅས་བཅུ་གསུམ་གནས། །ལྷོ་ཡི་དྲུག་ལའང་ནག་པ་ཡི། །ཕྱེད་ནས་ནམ་གྲུའི་ མཐར་ཐུག་པར། །རྒྱུ་སྐར་ཕྱེད་བཅས་བཅུ་གསུམ་གནས། །ཁྱིམ་རེར་སྐར་མ་གཉིས་ གཉིས་དང༌། །བཞི་ཆ་རེ་རེའི་ཆུ་ཚོད་གྲངས། །མདའ་ཡོན་ཟླ་བ་རེ་རེའོ། །གཙོ་བོར་ཉི་ མའི་རྒྱུ་ཚུལ་གྱིས། །དཀར་སེང་བུ་མོ་སྲང་སྡིག་གཞུ། །ལྷོ་བགྲོད་ཀྱི་ནི་ཁྱིམ་དྲུག་སྟེ། །ཆུ་ 9-1-246 སྲིན་བུམ་ཉ་ལུག་གླང་འཁྲིག །བྱང་བགྲོད་ཀྱི་ནི་ཁྱིམ་དྲུག་ཡིན། །ལྷོ་བགྲོད་རྫོགས་ནས་ དགུན་ཉི་ལྡོག །བྱང་བགྲོད་རྫོགས་ནས་དབྱར་ཉི་ལྡོག །ཉིན་མཚན་མཉམ་པའི་དུས་སུ་ ནི། །ཐ་སྐར་མགོ་ནས་ནག་པའི་ཕྱེད། །ལུག་གི་ཁྱིམ་ནས་སྲང་གི་བར། །ཚངས་ཐིག་ལྟ་ བུའི་རི་མོ་ལས། །ལྷོ་བྱང་(གཉིས་ཀ་)གཞུ་ཡི་རྣམ་པར་འགྱུར། །དེ་ལྟར་ལུག་ནས་བུ་མོའི་ བར། །བྱང་ཕྱེད་ཕྱོགས་ཀྱི་མེ་རི་ལ། །རེག་པའི་ཚུལ་གྱིས་འཁོར་བ་ན། །ལྷོ་ཕྱེད་ཕྱོགས་ལ་ འདའ་མི་སྲིད། །དེ་བཞིན་སྲང་ནས་ཉ་ཡི་བར། །ལྷོ་ཕྱེད་ཕྱོགས་ཀྱི་མེ་རི་ལ། །(ཉི་མ་)རེག་ པའི་ཚུལ་གྱིས་འཁོར་བ་ན། །བྱང་ཕྱེད་ཕྱོགས་ལའང་འདའ་མི་སྲིད། །དེས་ན་ལྷོ་བྱང་ ཟླུམ་པོ་ཕྱེད། །གཞུ་ཡི་རྣམ་པར་གསུངས་པ་སྟེ། །དེ་དག་ལ་བརྟེན་རྒྱུ་སྐར་ཀྱང༌། །གཞུ་ཡི་ རྣམ་པ་ལྟ་བུར་གནས། ། ཁྱད་པར་གླིང་འདིར་གངས་རི་ནས། །མེ་ཡི་བར་གྱི་ཆ་དྲུག་(ཏུ་ཕྱེ་བལ་)ལ། །ཆ་རེར་ ཁྱིམ་རེར་ཟླ་བ་རེར། །(ཉི་མ་)གནས་པའི་ཚུལ་གྱིས་ལྷོ་བྱང་བགྲོད། །གཡས་གཡོན་ཆ་ལ་ ཁྱིམ་དྲུག་དྲུག(བཞག་པའོ།)།དབུས་ནས་ཉིན་མཚན་མཉམ་པའི་ལམ(མོ)། །དེ་ཡང་ཉ་ ནས་ལུག་གི་བར། །སྟོན་དུས་ཉིན་མཚན་མཉམ་པ་སྟེ། །བུ་མོ་ནས་ནི་སྲང་གི་ བར། །དཔྱིད་དུས་ཉིན་མཚན་མཉམ་པ་ཉིད། །དེ་དང་སྔར་གྱི་ཟླུམ་པོ་ཕྱེད། །གཞུ་ཡི་ རྣམ་པར་གསུངས་པ་དག ། དོན་གྱི་ངོ་བོ་གཅིག་ཡིན་ཏེ། །ལུག་སོགས་གཡོན་གྱི་ཁྱིམ་ དྲུག་ལ། །གནས་ཚེ་ལྷོ(འི་མེ་)ལ་མི་རེག་ཅིང༌། །སྲང་སོགས་གཡས་ཀྱི་ཁྱིམ་དྲུག་ ལ། །གནས་ཚེ་བྱང་ལ་མི་རེག་ཕྱིར(རོ)། །གླིང་འདིར་གཡས་གཡོན་ཆ་དྲུག་ཏུ། །ཕྱེ་བའང་ ཕྱི་རོལ་ཁྱིམ་རྣམས་ལ། །(ཉི་མ་)གནས་ཚེ་འདི་ནས་རྒྱུུ་འོ་ཞེས། །ལམ་གྱི་དབྱེ་བ་ཤེས་ ཕྱིར་ཡིན(གླིང་རེ་ཁྱིམ་བཅུ་གཉིས་ཡོད་པ་ཡིན་ནོ)། །གླིང་གཞན་རྣམས་ལའང་རིགས་ པ་མཚུངས། །ཕྱོགས་བཞི་ལ་ནི་ཁྱིམ་གཉིས་གཉིས། །མཚམས་བཞི་ལ་ནི་ཁྱིམ་རེ་རེ། །མེ་ ལ་རེག་པའི་ཁྱིམ་བཅུ་གཉིས། །མཉམ་པ་ཉིད་དུ་གནས་པས་ན། །པད་འདབ་བཟང་པོ་ བཞིན་དུ་གསུངས། །ཁྱིམ་དང་སྐར་མའི་འགོ་ལ་ཡི། །ཁོར་ཡུག་རི་རབ་གངས་རི་ ལ། །བསྐོར་ནས་བྱང་ཕྱོགས་གངས་རི་དང༌། །ལྷོ་ཕྱོགས་མེ་ལ་རེག་པས་འཁོར། །གཟའ་ 9-1-247 དང་སྐར་མ་ཐམས་ཅད་ཀྱང༌། །ཁྱིམ་གྱི་འགོ་ལ་ལ་བརྟེན་ནས། །གཡས་སྐོར་ཉིད་དུ་རི་ རབ་ལ། །ཉིན་ཞག་རེ་ལ་ལན་རེ་འཁོར། །སྐར་མའི་འགྲོས་ནི་གཅིག་པོ་ཉིད། །གཟའ་ བརྒྱད་ཀྱི་ནི་རང་གི་འགྲོས། །ཁྱིམ་ལ་རིམ་གྱིས་འཕོ་བ་ཡིས། །མགྱོགས་བུལ་སྣ་ཚོགས་ དག་གིས་ནི། །གཡོན་བསྐོར་དུ་ནི་སྤྱོད་པ་ཉིད། །སྒྲ་གཅན་དུས་མེའི་རང་འགྲོས་ ཀྱང༌། །ཁྱིམ་ལ་རིམ་གྱིས་འཕོ་བ་སྟེ། །སྤྱོད་ཚུལ་གཡས་སྐོར་ཉིད་དུ་མཚུངས། །ཁྱིམ་དང་ སྐར་མའི་འགོ་ལ་ནི། །རང་རང་གནས་ནས་རྟག་ཏུ་འཁོར། །ཉི་མ་ལ་སོགས་གཟའ་ རྣམས་ནི། །དེ་དག་སྟེང་ནས་རིམ་གྱིས་སྤྱོད། །ཉི་མ་ཁྱིམ་ལ་སྤྱོད་ཚུལ་གྱིས། །ས་ཡི་དུམ་བུ་ བཅུ་གཉིས་སུ། །བྱང་དུ་བགྲོད་པ་བཅུ་གཉིས་དང༌། །ལྷོ་རུ་བགྲོད་པ་བཅུ་གཉིས་ གསུངས། །གླིང་འདིར་ཐུབ་པས་ཆོས་བསྟན་པས། །འདི་ནས་བརྩམས་ཏེ་གསལ་བར་ གསུངས། །དེ་ཡི་རིགས་པས་གླིང་གཞན་གྱི། །བགྲོད་པ་རྣམས་ཀྱང་དཔྱད་པས་ ཤེས། །ཞིབ་པར་རི་མོར་བཀོད་ལས་གཟིགས། །རྨོངས་པ་ཤེས་རབ་མིང་གིས་བྲིས། །དགེ་ བས་ཀུན་མཁྱེན་མྱུར་ཐོབ་ཤོག། །།ཤུ་བྷཾ་སིདྡྷིར་བྷ་བ་ཏུ། ༈ ཆུ་གྲོན་ཁྲུམས་ཐ་སྨིན་དྲུག་མགོ །རྒྱལ་མཆུ་དབོ་ནག་ས་ག་སྣྲོན། །ཀར་སེང་བུ་མོ་སྲང་ སྡིག་གཞུ། །ཆུ་སྲིན་བུམ་ཉ་ལུག་གླང་འཁྲིག །ལྷོ་བགྲོད་ཀྱི་ནི་ཁྱིམ་དྲུག་དང༌། །བྱང་ བགྲོད་ཀྱི་ནི་ཁྱིམ་དྲུག་ཡིན།། །།དགེའོ།། ༈ ན་མོ་ལོ་ཀེ་ཤྭ་རཱ་ཡ། ཁམས་ལེའི་ང་དྲུག་ང་བདུན་པར། །ཉི་མ་ཁྱིམ་ལ་འཁོར་བ་ ཡི། །དབང་གིས་དུམ་བུ་བཅུ་གཉིས་སུ། །བྱང་བགྲོད་ལྷོ་བགྲོད་བཅུ་གཉིས་གསུངས། །དེ་ ཡང་གླིང་འདིར་ཆུ་སྲིན་གྱི། །ཁྱིམ་དུ་ཉི་མ་ཆུད་པ་ན། །བྱང་དུ་བགྲོད་པ་དང་པོ་སྟེ། །དེ་ བཞིན་དུ་ནི་གཡས་སྐོར་གྱིས། །གླིང་རེར་བུམ་པ་ནས་བརྩམས་ཏེ།། གཞུ་ཡི་བར་གྱི་ཁྱིམ་ རེ་ལ། །ཉི་མ་ཆུད་པར་གྱུར་པ་ན། །བྱང་དུ་བགྲོད་པའི་ཚུལ་གྱིས་འཁོར། །གླིང་འདིར་ཉི་ མ་ཀར་ཀ་ཊར། །ཆུད་པ་ལྷོ་བགྲོད་དང་པོས་ཏེ། །དེ་ལྟར་གཡས་སྐོར་རིམ་པ་ ཡིས། །འཁྲིག་པའི་བར་གྱི་ཁྱིམ་རེ་ལ། །ཉི་མ་ཞུགས་པར་གྱུར་པ་ན། །ལྷོ་རུ་བགྲོད་པའི་ ཚུལ་གྱིས་འཁོར། །བྱང་བགྲོད་རྣམས་ནི་མེ་རི་དང༌། །བྲལ་ནས་འཁོར་བའི་ཚུལ་གྱིས་ 9-1-248 ཏེ། །ལྷོ་བགྲོད་རྣམས་ཀྱང་གངས་རི་དང༌། །བྲལ་ནས་འཁོར་བའི་ཚུལ་གྱིས་སོ། །སྔར་ནི་ ཁྱིམ་དང་རྒྱུ་སྐར་རྣམས། །གཡོན་སྐོར་གྱི་ནི་རིམ་པས་གསུངས། །ཁྱིམ་དང་སྐར་མ་ གནད་གཅིག་པས། །སྔོན་སུམ་དུ་ཡང་དེ་ལྟར་སྣང༌། །འདིར་ནི་བྱང་བགྲོད་ལྷོ་བགྲོད་ རྣམས། །གཡས་སྐོར་གྱི་ནི་རིམ་པས་གསུངས། །དེ་ལྟར་གཡོན་སྐོར་གཡས་སྐོར་ གཉིས། །འགལ་བ་ལྟ་བུར་སྣང་ན་ཡང༌། །ཉི་མ་རང་གི་བགྲོད་པ་ཡིས། །རྒྱུ་སྐར་སྟེང་ནས་ སྤྱོད་པ་དང༌། །ཁྱིམ་ལ་རིམ་གྱིས་འཕོ་བ་དག ། གཅིག་པས་གཡོན་སྐོར་ཉིད་དུ་ འཁོར། །ཁྱིམ་གྱི་འགོ་ལ་ལ་བརྟེན་ནས། །སྣང་འགྲོས་གཡས་སྐོར་འཁོར་བ་དང༌། །བྱང་ བགྲོད་ལྷོ་བགྲོད་བཅུ་གཉིས་པོ། །གཅིག་པས་གཡས་སྐོར་དུ་ཡང་གསུངས། །དེ་ལྟར་ཁྱིམ་ གྱི་འགོ་ལ་ལ། །རྟེན་པའི་སྣང་འགྲོས་གཡས་སྐོར་དང༌། ཁྱིམ་དུ་འཕོ་བའི་རང་འགྲོས་ དག །གཡོན་སྐོར་ཉིད་ལ་འགལ་བ་མེད། །མེ་ལ་རེག་པར་ཁྱིམ་གྱི་མིང༌། །སྣང་འགྲོས་ གཡས་སྐོར་བཀོད་པ་དང༌། །དེ་དག་རྩ་བར་རང་འགྲོས་ཀྱང༌། །གཡོན་སྐོར་རིམ་པས་ བཀོད་ལ་ལྟོས། །ཤེས་རབ་རྒྱལ་མཚན་དཔལ་གྱིས་བྲིས། །དགེ་བས་ཀུན་མཁྱེན་མྱུར་ཐོབ་ ཤོག། །།ཤུ་བྷ་མསྟུ་སཏྭཱ་ནཱཾ། དགེའོ།། ༈ ན་མོ་ཛྙཱ་ན་བཛྲཱ་ཡ། ཉི་མའི་བུ་ལོན་ཡེ་ཤེས་ཆ། །རགས་པ་སུམ་བཅུས་ཐོབ་པ་ ནི། །འཕོ་ཆུང་རེ་ལ་དབུགས་བཅུ་གཉིས། །འཕོ་ཆེན་རེ་ལ་དབུགས་དྲུག་ཅུ། །ཞག་ལ་ཆུ་ སྲང་བརྒྱ་ཉི་ཤུ། །ཟླ་རེར་ཆུ་ཚོད་དྲུག་ཅུ་རེ། །ལོ་རེ་ལ་ནི་ཞག་བཅུ་གཉིས། །ལོ་བརྒྱ་ལ་ནི་ ལོ་གསུམ་དང༌། །ཟླ་བ་ཕྱེད་པ་བརྒྱད་དུ་འགྱུར། །བར་མ་སུམ་ཅུ་རྩ་གཉིས་ཀྱིས། །ཐོབ་པ་ འཕོ་ཆུང་རེ་ལ་དབུགས། །བཅུ་གཅིག་དང་ནི་བཞི་ཆ་རེ། །འཕོ་ཆེན་རེ་རེ་ལ་ནི་ དབུགས། །ལྔ་བཅུ་རྩ་དྲུག་བཞི་ཆ་རེ། །ཞག་ལ་ཆུ་སྲང་བརྒྱ་དང་ནི། །བཅུ་གཉིས་དང་ནི་ དབུགས་གསུམ་རེ། །ཟླ་བ་རེ་ལ་ཆུ་ཚོད་ནི། །ལྔ་བཅུ་རྩ་དྲུག་བཞི་ཆ་རེ། །ལོ་རེ་ལ་ནི་ཞག་ བཅུ་གཅིག །ཆུ་ཚོད་བཅོ་ལྔ་རེ་རེ་སྟེ། །ལོ་བརྒྱ་ལ་ནི་ལོ་གསུམ་དང༌། །ཕྱོགས་གསུམ་དག་ ཏུ་འགྱུར་བ་ཡིན། །ཞིབ་མོ་ཕྱེད་བཅས་སོ་གཉིས་ཆ། །འཕོ་ཆུང་རེ་ལ་དབུགས་བཅུ་ གཅིག །དབུགས་ཀྱི་བཅུ་གསུམ་ཆ་རེའོ། །འཕོ་ཆེན་རེ་ལ་དབུགས་ང་ལྔ། །དབུགས་ཀྱི་ 9-1-249 བཅུ་གསུམ་ཆ་ལྔ་རེ། །ཞག་ལ་ཆུ་སྲང་བརྒྱ་དང་བཅུ། །དབུགས་བཞི་དང་ནི་དེ་ཉིད་ ཀྱི། །བཅུ་གསུམ་ཆ་ཤས་བརྒྱད་རེའོ། །ཟླ་རེར་ཆུ་ཚོད་ང་ལྔ་དང༌། །ཆུ་སྲང་ཉེར་གསུམ་ དབུགས་གཅིག་གི །བཅུ་གསུམ་ཆ་ཤས་དྲུག་རེའོ། །ལོ་རེ་ལ་ནི་ཞག་བཅུ་གཅིག །ཆུ་ཚོད་ བཞི་དང་ཆུ་སྲང་ནི། །སོ་དྲུག་དབུགས་ལྔ་དབུགས་གཅིག་གི །བཅུ་གསུམ་ཆ་ཤས་བདུན་ རེའོ། །ལོ་བརྒྱ་ན་ནི་ལོ་གསུམ་དང༌། །ཞག་ནི་ཉེར་བདུན་ཆུ་ཚོད་ནི། །ཞེ་གཅིག་ཆུ་སྲང་ སོ་གཉིས་དང༌། །དབུགས་གཅིག་དབུགས་ཀྱི་བཅུ་གསུམ་ཆ། །བཅུ་གཅིག་རེར་ནི་འགྱུར་ བ་ཡིན། །ཟླ་བའི་བུ་ལོན་ཡེ་ཤེས་ཆ། །ཉི་མ་ཡི་ནི་ཕྱེད་ཡིན་ཏེ། །ཐམས་ཅད་སོ་སོར་ གཉིས་གཉིས་ཀྱིས། །བགོས་པའི་ཐོབ་ནོར་གང་ཡིན་པའོ། །འདི་ཡི་རྣམ་བཞག་རྒྱུད་ འགྲེལ་ཆེར། །ཡང་ཡང་གསུངས་པ་རྟོགས་བྱའི་ཕྱིར། །ཉི་ཟླ་དབུ་མར་འཇུག་གྱུར་ ཅིག། །།ཤུ་བྷཾ་སརྦ་ཛ་ག་ཏཱཾ། དགེའོ།། ༈ ན་མོ་ལོ་ཀེ་ཤྭ་རཱ་ཡ། ནང་ལེའི་ང་གཅིག་ལ་སོགས་པར། །ལྷ་ཡི་རྣམ་དབྱེ་གསུངས་ ཚུལ་ནི། །རིགས་ལྔ་ཡུམ་ལྔ་ནུས་མ་བཅུ། །སེམས་དཔའ་སེམས་མ་བཅུ་གཉིས་དང༌། །ཁྲོ་ བཅུ་རྣལ་འབྱོར་གཙོ་མོ་བརྒྱད། །ལྷ་ཆེན་བཅུ་གཉིས་ཀླུ་ཆེན་བརྒྱད། །རབ་གཏུམ་བརྒྱད་ རྣམས་ཐབས་ཤེས་ཀྱིས། །ཕྱེ་བས་བརྒྱ་དང་ལྔ་བཅུ་དྲུག །པད་མའི་ལྟེ་བར་བཞུགས་པའི་ ལྷ། །དེ་ལ་ཟུང་མ་བཅུ་གཉིས་དང༌། །དྲུག་བཅུ་རྩ་བཞིའི་རྣལ་འབྱོར་མ། །ཚེས་ཀྱི་ལྷ་མོ་ སུམ་བརྒྱ་དང༌། །ཞེ་བརྒྱད་ཐབས་དང་ཤེས་རབ་ཀྱིས། །ཕྱེ་བའི་བརྒྱད་བརྒྱ་ཞེ་བརྒྱད་ ནི། །བསྣན་པས་སྟོང་ཕྲག་གཅིག་དང་བཞི། །དུས་ཀྱི་འཁོར་ལོའི་ལྷ་གྲངས་སོ། །དེ་ལ་ འཁོར་ལོ་སྡོམ་ཆེན་ལྷ། །དོན་གཉིས་ཕྱག་རྒྱ་དྲུག་དང་བཅས། །བསྣན་ཞིང་གཙོ་བོ་ཡབ་ ཡུམ་གཉིས། །ཁྱབ་བྱེད་དུ་ནི་བསྡུས་པ་ལས། །སྟོང་དང་བརྒྱད་ཅུ་འབྱུང་བ་ནི། །ལོ་ གསུམ་ཉི་མའི་ཆོས་བསྟན་ཏེ། །རྣལ་འབྱོར་མ་རྒྱུད་ཤེས་རབ་ལྷ། །སྒྱུ་འཕྲུལ་དྲྭ་བ་གསུམ་ ལ་ལྷ། །ཞེ་གསུམ་ཞེ་ལྔ་ཞེ་དགུ་དང༌། །འདུས་པའི་རིགས་དྲུག་ལ་ཡང་ལྷ། །དགུ་དང་ བཅུ་གསུམ་བཅུ་དགུ་དང༌། །ཉེར་ལྔ་སོ་གཉིས་སོ་བཞི་རྣམས། །ཐབས་དང་ཤེས་རབ་ ཀྱིས་ཕྱེ་བའི། །ལྔ་བརྒྱ་སུམ་ཅུ་སོ་བརྒྱད་ལ། །གཙོ་བོ་ཡབ་ཡུམ་གཉིས་བསྣན་པས། །ལྔ་ 9-1-250 བརྒྱ་བཞི་བཅུ་འབྱུང་བ་ནི། །ཟླ་ཕྱེད་གསུམ་གྱི་ཞག་ཞེ་ལྔ། །དུས་སྦྱོར་བཅུ་གཉིས་ཀྱིས་ བསྒྱུར་གྲངས། །ཕྱོགས་གསུམ་ཟླ་བའི་ཆོས་ཅན་ཏེ། །རྣལ་འབྱོར་ཐབས་ཀྱི་རྒྱུད་ཀྱི་ ལྷའོ། །དེ་དག་སྡོམ་པས་རྒྱུ་སྐར་གྱི། །ཆུ་ཚོད་གྲངས་དང་མཚུངས་པ་ཡི། །སྟོང་དང་དྲུག་ བརྒྱ་ཉི་ཤུ་ནི། །དཔལ་ལྡན་རྒྱུ་སྐར་དཀྱིལ་འཁོར་རོ། །ལོ་གསུམ་ཉིན་ཞག་སྟོང་བརྒྱད་ ཅུ། །བདུན་གྱིས་བགོས་ཐོབ་བརྒྱ་ང་བཞིར། །ལྷག་མ་གཉིས་བསྣན་བརྒྱ་ང་དྲུག །པད་ མའི་ལྟེ་བའི་ལྷ་གྲངས་སོ། །བཅོ་ལྔས་ཐོབ་པའི་དོན་གཉིས་ནི། །འཁོར་ལོ་སྡོམ་ཆེན་ལྷ་ཡི་ གྲངས། །སུམ་བཅུས་ཐོབ་པ་སོ་དྲུག་ནི། །རྣལ་འབྱོར་སུམ་བཅུ་རྩ་དྲུག་རྒྱུད། །བརྒྱ་དང་ བརྒྱད་བཅུས་ཐོབ་པ་དྲུག །སྤྱི་ཡི་ཕྱག་རྒྱ་དྲུག་ཡིན་ནོ། །ཕྱོགས་གསུམ་ཉིན་ཞག་ཞེ་ལྔ་ ལ། །བདུན་གྱིས་ཐོབ་པ་དྲུག་དང་ནི། །ལྷག་མ་གསུམ་ནི་རིམ་པ་བཞིན། །ཕྱི་དང་ནང་གི་ ཕྱག་རྒྱ་ཡིན། །ཞེས་པའང་དོལ་པོ་པ་ཡིས་བྲིས། །སྐལ་ལྡན་གཞན་ལའང་ཕན་གྱུར་ ཅིག། །།སརྦ་སིདྡྷིར་བྷ་བན་ཏུ། ༈ ན་མོ་བཛྲ་སཏྭཱ་ཡ། དཔལ་ལྡན་དུས་འཁོར་ལ་བཏུད་ནས། །ནང་ལེའི་རེ་གཅིག་ལ་ སོགས་པར། །འཆི་ལྟས་དང་ནི་རྩ་གཅོད་ཚུལ། །གསུངས་པ་རྟོགས་ཕྱིར་འདི་ལྟར་ དཔྱད། །ཉི་ཟླ་དབུ་མ་གསུམ་ག་ལའང༌། །མངལ་བཟུང་བ་ཡི་ཟླ་བ་གང༌། །དེ་ནི་ཆུ་སྲིན་ དུས་སྦྱོར་ཡིན། །དེ་ནས་བདུན་པ་ཀར་ཀ་ཊའི། །ཟླ་བར་སྲོག་ནི་རབ་ཏུ་སྐྱེ། །ཉིན་ཞག་ (གཅིག་ལའང་)དུས་སྦྱོར་བཅུ་གཉིས་(ཡོད་པ་ཉིད་)ཀྱི། །(ཉིན་ཞག་གི་དུས་སྦྱོར་)གང་ ལ་བྱིས་པ་སྐྱེས་པ(འི་དུས་སྦྱོར་)དེར། །དང་པོར་(མངལ་དུ་ཉིན་ཞག་གི་དུས་སྦྱོར་)སྲོག་ ཀྱང་སྐྱེས་པར་ངེས། །འཆི་ལྟས་ཞག་ཀྱང་དུས་སྦྱོར་དེའི། །མིང་ཅན་རྩ་དེ་ཉིད་ནས་ བཅོམ། །དེ་ཕྱིར་མཉམ་པའི་དུས་སྦྱོར་ལ། །སྐྱེས་ན་ཉི་མའི་འཆི་ལྟས་ཏེ། །མི་མཉམ་པ་ཡི་ དུས་སྦྱོར་ལ། །སྐྱེས་ན་ཟླ་བའི་འཆི་ལྟས་འབྱུང༌། །ཉི་ཟླ་ཡོན་ཏན་གསུམ་དང་ ལྔའི། །བདག་ཉིད་ཡིན་ཡང་(ཁྱད་པར་)འཆི་ལྟས་ཀྱི། །དུས་སུ་དེ་དག་བཟློགས་ཏེ་ གཟུང༌། །གཡོན་པ་(ཐུར་སེལ་)ཟླ་བའི་འཆི་ལྟས་ནི། །ལོ་གསུམ་(གྱི་)ཟླ་བ་སོ་དྲུག་གི། བར་ལ་ཟླ་བ་གསུམ་གསུམ་ན། །འཆི་ལྟས་ཞག་ཀྱང་གསུམ་གསུམ་གྱིས། །(དང་པོ་ལ་ 9-1-251 སོགས་པ་)རྩ་འདབ་རེ་རེ་འདོར་བ་ཡི། །ཚུལ་གྱིས་རྩ་འདབ་བཅུ་གཉིས་གཅོད། །འོན་ ཀྱང་ཕྱི་མའི་ཟླ་བ་གསུམ། །འདབ་མ་དང་པོ་གཅོད་ཚེ་སོང༌། །དེ་ཡི་ཉིན་ཞག་ཕྱི་མ་ ཡང༌། །དབུ་མར་རྒྱུ་བས་(དབུ་མ་)དེ་ཉིད་གཅོད། །(༦༡)གཡས་པ་(སྲོག་)ཉི་མའི་འཆི་ ལྟས་ཀྱང༌། །(ལོ་གསུམ་གྱི་) ཟླ་བ་སུམ་བཅུ་རྩ་དྲུག་གི །བར་ལ་རྩ་འདབ་བཅུ་གཉིས་ པོ། །དང་པོ་ལྔ་ནི་འཆི་ལྟས་ཞག(༥ ༡༠ ༡༥ ༢༠ ༢༥ སྟེ)། །ལྔ་ལྔ་འཕེལ་བ་དང་བཅས་ (ཏེ་འཕོ་ཞག་དང་སྡོམ་)པའི། །མདའ་མེ་འཇིག་རྟེན་(༣༣༥)མདའ་ཆུ་མེ(༣༤༥)།། མཁའ་རི་ཟླ་བ་(༡༧༠)མིག་སྦྲུལ་དང༌། །རི་མདའི་(༥༧)ཞག་གིས་རིམ་གྱིས་འདོར།། དྲུག་པ་གཅིག་འཕེལ་ཀླུ་མིག་གིས། །འདོར་ཞིང་བདུན་པ་གཅིག་འཕེལ་ཏེ། །(འཕོ་ཞག་ མ་འདྲེས་པར་)འཆི་ལྟས་ཞག་(ཁོ་ན་)ཉིད་སྐར་མས་(༢༧)འདོར། །བརྒྱད་པ་ལ་སོགས་ (༡༢པའི་བར་གྱི་)འཆི་ཞག་ཉིད། །(གཡས་ཉིད་ནས་ལོ་གསུམ་རྒྱུ་བས་རྩ་འདབ་རིམ་པ་ བཞིན་) ཚེས་(༡༥) ཕྱོགས་(༡༠)མདའ་(༥)དང་ཡོན་ཏན་(༣)དང༌། །མིག་གིས་འདོར་ ཏེ་ཕྱི་མ་གཅིག།དབུ་མར་རྒྱུ་བས་དེ་ཉིད་གཅོད། །དེ་དག་དུས་མིན་འཆི་བར་ བརྗོད། །དབུ་མ་དུས་སུ་འཆི་བ་ནི། །སྐྱེས་བུ་ཚེ་ལོ་བརྒྱ་པ་ལ། །ཕྱེད་བཅས་ཟླ་བས་དམན་ པ་ཡི། །ལོ་གཅིག་བར་ལ་འཆི་བ་ནི། །མི་རྒྱུ་དེ་ནས་ལོ་དྲུག་བར། །དབུགས་སུ་འཕེལ་ཞིང་ (དེ་ནས་ལོ་)དྲུག་ཅུའི་བར(བགྲོད་པ་གཅིག་ལ་རྒྱུ་བ་དང༌། གཅིག་ལ་མི་རྒྱུ་བའི་ཚུལ་ གྱིས)། །(སྔ་མ་ལྟར་) ཆུ་སྲང་དུ་(དྲུག་ཅུར་)འཕེལ་དེ་ནས་ལོ། །སུམ་ཅུའི་བར་ལ་(ཟླ་བ་ གསུམ་ན་རྒྱུ་བ་རེ་དང་གསུམ་ན་མི་རྒྱུ་བ་རེ་སྤེལ་མ་)དབྱུག་གུར་(དྲུག་ ཅུར་)འཕེལ། །རི་བུག་ལོ་ནས་(འཆི་ལྟས་)ཞག་(དུ་)ལོངས་ཏེ། །ལོ་གསུམ་ཕྱོགས་གསུམ་ (དང་)མངལ་བཟུང་བའི། །ཟླ་བ་གཅིག་དང་འཚོ་ཞག་གཅིག།སྡོམ་པ་དུས་མདའ་དྲག་ པོའི་(༡༡༥༦)ཞག །རིམ་གྱིས་རྫོགས་པ་ལ་བརྟེན་ནས། །དཀྱིལ་འཁོར་དྲུག་ཅུ་ཡོན་ཏན་ གསུམ། །ཕུང་པོ་ལ་སོགས་ལྔ་ཚན་དྲུག། དྲུག་པ་ཡེ་ཤེས་ཆ་རྣམས་འདོར། །དེ་ཡང་(རྒྱས་ པར་བཤད་པ་)མཁའ་མེ་བུ་(༩༣༠)གའི་ཞག ། གཡོན་དང་གཡས་ཀྱི་དུས་སྦྱོར་ལ། །རྒྱུ་ བ་རེ་དང་འཕོ་བ་རེ། །སྤེལ་བ་རིམ་གྱིས་བསགས་པ་ཡིས། །(ལྟེ་བའི་རྩ་འདབ་བཅུ་ 9-1-252 གཉིས་ལ་ལྔ་ལྔ་སྟེ་)དཀྱིལ་འཁོར་དྲུག་ཅུའི་ནུས་པ་འདོར། །དེ་ཡང་(རྒྱུ་གཅིག་ འཕོ་)གཅིག་(རྒྱུ་གསུམ་འཕོ་) གསུམ་ལྔ་ཡི་ཞག །རྒྱུ་བ་རེ་དང་འཕོ་བ་རེ། །སྤེལ་བས་ གཡོན་ན་གནས་པ་ཡི། །ནམ་མཁའི་དཀྱིལ་འཁོར་དྲུག་པོ་འདོར། །(རྒྱུ་གཉིས་འཕོ་ བ་)གཉིས་དང་(རྒྱུ་བཞི་འཕོ་བ་)བཞི་དང་དྲུག་གི་ཞག །རྒྱུ་བ་རེ་དང་འཕོ་བ་རེ། །སྤེལ་ བས་གཡས་ན་གནས་པ་ཡི། །ས་ཡི་དཀྱིལ་འཁོར་དྲུག་པོ་འདོར། །དེ་བཞིན་བདུན་དགུ་ བཅུ་གཅིག་གིས། །གཡོན་གྱི་རླུང་གི་དཀྱིལ་འཁོར་འདོར། །བརྒྱད་དང་བཅུ་དང་བཅུ་ གཉིས་ཀྱིས། །གཡས་ཀྱི་ཆུ་ཡི་དཀྱིལ་འཁོར་འདོར། །བཅུ་གསུམ་བཅོ་ལྔ་བཅུ་བདུན་ གྱིས། །གཡོན་གྱི་མེ་ཡི་དཀྱིལ་འཁོར་འདོར། །བཅུ་བཞི་བཅུ་དྲུག་བཅོ་བརྒྱད་ ཀྱིས། །གཡས་ཀྱི་མེ་ཡི་དཀྱིལ་འཁོར་འདོར། །བཅུ་དགུ་ཉེར་གཅིག་ཉེར་གསུམ་ གྱིས། །གཡོན་གྱི་ཆུ་ཡི་དཀྱིལ་འཁོར་འདོར། །ཉི་ཤུ་ཉེར་གཉིས་ཉེར་བཞི་ཡིས། །གཡས་ཀྱི་ རླུང་གི་དཀྱིལ་འཁོར་འདོར། །ཉེར་ལྔ་ཉེར་བདུན་ཉེར་དགུ་ཡིས། །གཡོན་གྱི་ས་ཡི་ དཀྱིལ་འཁོར་འདོར། །ཉེར་དྲུག་ཉེར་བརྒྱད་སུམ་ཅུ་ཡིས། །གཡས་ཀྱི་ནམ་མཁའི་དཀྱིལ་ འཁོར་འདོར། །མིག་བུག་ཟླ་བའི་ཉིན་ཞག་ཀྱང༌། །སོ་གཅིག་ནས་ནི་སོ་གསུམ་བར། །རྒྱུ་ བ་དང་ནི་འཕོ་བ་ཡིས། །ཡོན་ཏན་གསུམ་གྱི་ནུས་པ་འདོར། །དེ་ཡང་གཡོན་པ་མི་ མཉམ་རྩར། །སོ་གཅིག་རྒྱུ་དང་འཕོ་བ་ཡིས། །འཁྲིས་པ་དང་ནི་རྡུལ་དག་དང༌། །བད་ ཀན་དང་ནི་སྙིང་སྟོབས་དང༌། །ལུས་ཀྱི་ཁམས་ཀྱི་རྩ་རྣམས་གཅོད། །གཡས་པ་མཉམ་ པའི་འདབ་མ་ལ། །སོ་གཉིས་འཕོ་དང་རྒྱུ་བ་ཡིས། །འཁྲིས་པ་དང་ནི་རྡུལ་དག་ དང༌། །ངག་གི་ཁམས་ཀྱི་རྩ་རྣམས་གཅོད། །གཡོན་གྱི་འདབ་མར་སོ་གསུམ་དག།རྒྱུ་བ་ དང་ནི་འཕོ་བ་ཡིས། །རླུང་དང་མུན་པ་དག་དང་ནི། །སེམས་ཀྱི་ཁམས་ཀྱི་རྩ་རྣམས་ གཅོད། །སོ་གསུམ་གཡས་ནས་རྒྱུ་བ་ཡིས། །ལྔ་ཚན་དྲུག་གི་ནུས་པ་འདོར། །དེ་ཡང་ལོ་ གསུམ་ཕྱོགས་གསུམ་གྱི། །ལྷག་མར་གྱུར་པ་ཞག་གསུམ་དང༌། །མངལ་བཟུང་བ་ཡི་ཟླ་ གཅིག་པོ། །འཕོ་བ་མེད་པར་གཡས་ཉིད་ནས། །རྒྱུ་བ་འགའ་ཞིག་བསགས་པ་ཡིས། །ཕུང་ པོ་ལྔ་དང་ཁམས་ལྔ་དང༌། །དབང་པོ་ལྔ་དང་ཡུལ་ལྔ་དང༌། །ལས་དབང་ལྔ་དང་བྱ་བ་ 9-1-253 ལྔ། །ལྔ་ཚན་དྲུག་གི་རྩ་རྣམས་གཅོད། །ལྷག་མ་འཚོ་བའི་ཉིན་ཞག་གཅིག །དབུ་མ་ཉིད་ ནས་རྒྱུ་བ་ཡིས། །ཡེ་ཤེས་ཕུང་པོ་ཡེ་ཤེས་ཁམས། །ཡིད་ཀྱི་དབང་པོ་དང་ནི་སྒྲ། །མཆོག་ དབང་ཁུ་བ་འཕོ་བ་སྟེ། །དྲུག་པ་ཡེ་ཤེས་ཆར་གྱུར་པའི། །ནུས་པ་འདོར་ཞིང་རྩ་རྣམས་ གཅོད། །རྩ་རྣམས་གཅོད་པའི་དོན་ཡང་འདིར། །ནམ་མཁའ་ལ་སོགས་སྲོག་རླུང་ རྣམས། །རང་གནས་གང་དེར་མི་རྒྱུ་བས། །རྩ་རྣམས་རིམ་གྱིས་སྐམ་པའོ། །(༦༦)རྩ་ རྣམས་ཇི་ལྟར་གཅོད་ཚུལ་ནི། །དབུ་མས་དུས་སུ་འཆི་བ་ན། །ཕྱེད་བཅས་ཟླ་བས་དམན་ པ་ཡི། །རི་བུག་ལོ་རྣམས་རྫོགས་པ་དང༌། །ལོ་གསུམ་གྱིས་ནི་ལྟེ་བ་དང༌། །ལས་དང་བྱ་ བའི་འཁོར་ལོ་གཅོད། །ཕྱོགས་གསུམ་གྱིས་ནི་དཔྲལ་བ་དང༌། །མགྲིན་པ་སྙིང་ཁའི་རྩ་ རྣམས་གཅོད། །མངལ་གཟུང་བ་ཡི་ཟླ་བ་ཡིས། །གསང་གནས་འཁོར་ལོའི་རྩ་རྣམས་ གཅོད། །འོན་ཀྱང་དྲུག་ཆ་མ་གཏོགས་པའོ། །དེ་ཡང་ཉིན་ཞག་བཅོ་བརྒྱད་ལ། །ཕྱོགས་སུ་ བྱས་པ་རེ་རེ་ཡིས། །ལྟེ་བའི་རྩ་འདབ་དྲུག་བཅུ་པོ། །རིམ་པ་བཞིན་དུ་རེ་རེ་འདོར། །ལས་ དང་བྱ་བའི་འཁོར་ལོ་ཡི། །རྩ་འདབ་སུམ་བརྒྱ་དྲུག་ཅུ་པོ། །ཉིན་ཞག་སྟོང་དང་བརྒྱད་ བཅུ་ཡི། །གསུམ་གསུམ་གྱིས་ནི་རེ་རེ་འདོར། །ཕྱོགས་གསུམ་ཉིན་ཞག་ཞེ་ལྔ་ལ། །ཆུ་ཚོད་ ང་དྲུག་བཞི་ཆ་རེ། །ཞག་རེར་བྱས་པས་ཞེ་བརྒྱད་འབྱུང༌། །དེ་བཞིན་མངལ་བཟུང་ཟླ་བ་ ཡང༌། །ཉིན་ཞག་སུམ་ཅུ་སོ་གཉིས་ཏེ། །དེ་དག་སྡོམ་པ་བརྒྱད་ཅུ་ཡིས། །མགྲིན་པའི་རྩ་ འདབ་ཉེར་བརྒྱད་དང༌། །དཔྲལ་བའི་བཅུ་བཞི་གསང་གནས་ཀྱི། །རྩ་འདབ་སུམ་ཅུ་ རིམ་གྱིས་གཅོད། །སླར་ཡང་མགྲིན་པའི་རྩ་བཞི་དང༌། །དཔྲལ་བ་གསང་བའི་གཉིས་ གཉིས་ཏེ། །སྟོང་པའི་རྩ་བརྒྱད་གཅོད་པ་དང༌། །ལྷན་ཅིག་སྙིང་ཁའི་བརྒྱད་ཀྱང་ གཅོད། །ལྷག་མ་འཚོ་བའི་ཞག་གཅིག་གི། །ཀུན་གྱི་ལྟེ་བ་གཅོད་པར་བྱེད། །སྔར་གྱི་དྲུག་ ཆ་ལུས་པ་ནི། །འཆི་ཁར་ཉིན་ཞག་དྲུག་གི་བར། །ལྟེ་བའི་བར་སྐོར་དང་བཅས་ པའི། །དོན་གཉིས་དྲུག་ཆ་བཅུ་གཉིས་དང༌། །མགྲིན་པའི་དྲུག་ཆ་དྲུག་ཙམ་ དང༌། །དཔྲལ་བའི་དྲུག་ཆ་གསུམ་ཙམ་དང༌། །སྙིང་ཁའི་ཕྱེད་དང་གཉིས་ཙམ་ དང༌། །ལས་དང་བྱ་བའི་འཁོར་ལོ་ཡི། །དྲུག་ཆ་དྲུག་ཅུ་པོ་རྣམས་གཅོད། །འཆི་ཁའི་བར་ 9-1-254 དུ་ཞག་དང་རྩའི། །ལྷག་མ་གང་ལུས་དེ་དག་ལའང༌། །དབུགས་ཀྱི་འཁོར་ལོ་མ་ཉམས་ པར། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ། །སླར་ཡང་ཉི་ཟླའི་བུ་ལོན་གྱིས། །རྩ་འདབ་ཕྲ་མོ་ གཅོད་ཚུལ་ནི། །ཟླ་བ་སུམ་ཅུ་རྩ་གཉིས་ན། །སྟོང་པའི་ཟླ་ལྷག་གཅིག་འབྱུང་བ། །ཆུ་ཚོད་ ང་དྲུག་བཞི་ཆ་ལ། །ཞག་རེར་བྱས་པའི་སོ་གཉིས་ཀྱིས། །རྩ་འདབ་དྲུག་ཅུ་རྩ་བཞི་ གཅོད། །དེ་ཡི་རིགས་པས་ཞག་རེ་ལ། །རྩ་འདབ་གཉིས་གཉིས་གཅོད་པར་ངེས། །དེ་ཡང་ ཉིན་ཞག་སོ་སོའི་དབུགས། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ལ། །ཉི་ཟླའི་བུ་ལོན་ཡེ་ཤེས་ ཆ། །དྲུག་བརྒྱ་བདུན་ཅུ་རྩ་ལྔ་འཐོབ། །འཕོ་ཆེན་རེ་རེའི་ཐོབ་སྐལ་ལ། །ལྔ་བཅུ་རྩ་དྲུག་ བཞི་ཆ་འབྱུང༌། །དེ་དག་ཆུ་སྲང་དུ་དྲིལ་ནས། །ཆུ་སྲང་ང་དྲུག་བཞི་ཆ་ལ། །ཆུ་ཚོད་རེ་ རེར་བྱས་པ་ཡི། །ཆུ་ཚོད་གཉིས་གཉིས་སྟོང་པའི་རྩར། །འབབ་པས་ཉིན་ཞག་རེ་རེ་ ལ། །རྩ་འདབ་གཉིས་གཉིས་གཅོད་པར་བྱེད། །ཆུ་སྲང་དྲུག་ཅུ་ཆུ་ཚོད་རེར། །བྱེད་ན་ཞེ་ ལྔའི་དབུགས་ཀྱིས་འཆད། །ལོའི་ཞག་སུམ་བརྒྱ་དྲུག་ཅུ་ཡིས། །རྩ་འདབ་བདུན་བརྒྱ་ཉི་ ཤུ་གཅོད། །ལོ་བརྒྱའི་ཉིན་ཞག་སྟོང་ཕྲག་ནི། །སུམ་ཅུ་དྲུག་གི་རྩ་འདབ་ཀྱང༌། །སྟོང་ཕྲག་ བདུན་ཅུ་རྩ་གཉིས་གཅོད། །(༨༡)དཀའ་བའི་གནས་རྣམས་རྟོགས་བྱེད་འདི། །ཤེས་རབ་ རྒྱལ་མཚན་དཔལ་གྱིས་བྲིས། །དགེ་བས་འཆི་ལྟས་ཀུན་སྤངས་ནས། །འཆི་མེད་བདེ་ཆེན་ ཐོབ་གྱུར་ཅིག། །།ཤུབྷཾ། ༈ ན་མོ་བཛྲ་ཙནྡྲ་ཡ། ནང་ལེའི་བདུན་ཅུ་དོན་གསུམ་པར། །སྙིང་མགྲིན་དཔྲལ་བ་ལྟེ་བ་ ཡི། །རྩ་འདབ་བརྒྱ་དང་ཉི་ཤུ་ལ། །ཟླ་རྐང་ཇི་ལྟར་རྒྱུ་ཚུལ་ནི། །[རྐང་པ་བདུན་ལ་གོ་རིམ་ བཞིན།།]བྱིས་པ་གཞོན་ནུ་ལང་ཚོ་དང༌། །ཤིན་ཏུ་ལང་ཚོ་རྒན་པོ་དང༌། །ཤིན་ཏུ་རྒན་པོ་ སྨིན་པར་བརྗོད། །ཚེས་བདུན་བར་ལ་བརྒྱ་ཉི་ཤུ། །སྤྱོད་ཚེ་གང་ཟིན་རྐང་པའི་ གནས། །དང་པོར་བྱ་སྟེ་གཉིས་པ་སོགས། །ལུགས་ལས་བཟློག་པས་རིག་པར་བྱ། །ཚེས་ གཅིག་ལ་ནི་བྱིས་པའི་ལྔ། །གཉིས་པར་གཞོན་ནུའི་བཅུ་དང་ནི། །གསུམ་པར་ལང་ཚོའི་ བཅོ་ལྔ་དང༌། །བཞི་པར་ཤིན་ཏུ་ལང་ཚོ་ནས། །བྱིས་པའི་བར་གྱི་བཅུ་དགུ་དང༌། །ལྔ་ པར་རྒན་པོའི་ཉེར་གཉིས་དང༌། །དྲུག་པར་ཤིན་ཏུ་རྒན་པོ་ནས། །བྱིས་པའི་བར་གྱི་ཉེར་ 9-1-255 བཞི་དང༌། །བདུན་པར་སྨིན་པའི་ཉེར་ལྔ་རྣམས། །སྡོམ་པས་བརྒྱ་དང་ཉི་ཤུར་ འགྱུར། །བརྒྱད་པར་ཀུན་གྱི་ལྟེ་བར་ཐིམ། །སླར་ཡང་ཚེས་ཞག་བདུན་གྱི་བར། །ཕྱི་རྐང་ བདུན་པོ་རྒྱུ་བ་ཡང༌། །སྔ་མའི་ཚུལ་གྱིས་ཤེས་བྱ་སྟེ། །དེ་ཡང་འཁོར་ལོ་བཞི་ལའོ། །དེ་ བཞིན་རིམ་མིན་ཕྱོགས་ལ་ཡང༌། །སྔ་རྐང་བརྒྱ་དང་ཉི་ཤུ་དང༌། །ཕྱི་རྐང་བརྒྱ་དང་ཉི་ཤུ་ པོ། །རྩ་འདབ་བརྒྱ་དང་ཉི་ཤུ་ལ། །ཟླ་ཕྱེད་བར་དུ་ལན་གཉིས་རྒྱུ། །མདོར་ན་ཟླ་བ་རེ་རེ་ ལ། །སྔ་རྐང་ཕྱི་རྐང་རིམ་པ་དང༌། །རིམ་པ་མིན་པས་ཕྱེ་བ་ཡི། །བརྒྱ་དང་ཉི་ཤུ་ཚར་བཞི་ པོ། །འཁོར་ལོ་བཞི་ལ་རྒྱུ་བར་གསུངས། །འདི་ཡང་དོལ་པོ་པ་ཡིས་བཀོད།། །།ཤུ་བྷཾ་ སརྦ་སཏྭཱ་ནཾ། ༈ ན་མཿཤྲཱི་ཀཱ་ལ་ཙཀྲཱ་ཡ། ནང་ལེའི་དྲུག་ཅུ་རྩ་དྲུག་པར། །འཆི་བའི་ཉིན་ཞག་རྒྱུ་བའི་ གྲངས། །སུམ་ཅུ་རྩ་བཞིར་འཇོག་པ་ན། །ལོ་གསུམ་ཕྱོགས་གསུམ་ཉིན་ཞག་རྣམས། །ཕྱེད་ བཅས་སོ་ཡིས་འགོད་པ་ལ། །ཕྱེད་པོ་བསྲེ་ཕྱིར་སོ་གཉིས་པོའང༌། །ཕྱེད་དུ་བསིལ་བས་རེ་ ལྔ་སྟེ། །བགོ་བྱ་ཕྱེད་དུ་བསིལ་བ་ལས། །ཉིན་ཞག་སུམ་ཅུ་རྩ་བཞི་ཐོབ། །ལྷག་མ་དབྱུག་ གུར་བསིལ་བ་ལས། །སོ་དྲུག་སྲང་དུ་བསིལ་བ་ལས། །ང་ལྔ་དབུགས་སུ་བསིལ་བ་ ལས། །གཉིས་ལྷག་ཙམ་གཅིག་ཐོབ་པ་ན། །དབུགས་སྲང་ཞག་དང་གྲངས་སྙམ་ཕྱིར། །ཆུ་ ཚོད་གཉིས་ཕབ་ཆུ་སྲང་དང༌། །བསྲེས་པས་བརྒྱ་དང་དོན་ལྔ་ལ། །སོ་བཞིས་བགོས་པས་ ལྔ་ཐོབ་སྟེ། །ཞག་རེ་ཆུ་ཚོད་རེ་རེ་དང༌། །ཆུ་སྲང་ལྔ་ལྔ་ལྷག་ཙམ་སྡེབ། །ཅེས་པའང་ སྐབས་ཀྱི་མན་ངག་ཡིན།། །། མངྒ་ལཾ། བྷ་ཝཏུ། ཤུབྷཾ། ༈ ན་མོ་རཏྣ་གུ་ར་བེ། ནང་ལེའི་དོན་བཞི་དོན་ལྔ་པར། །སྙིང་མགྲིན་དཔྲལ་བ་ལྟེ་བ་ ཡི། །རྩ་འདབ་བརྒྱ་དང་ཉི་ཤུ་ལ། །ཟླ་བ་ཉི་མའི་བདག་ཉིད་ཀྱི། །དབྱངས་དང་གསལ་ བྱེད་རྒྱུ་ཚུལ་ནི། །ཟླ་བ་རེ་རེའི་དཀར་ཕྱོགས་ལ། །དབྱངས་ཐུང་བསྐྱེད་པའི་རིམ་པ་ ནི། །ཐིག་ལེ་མེད་ཡོད་ཀྱིས་ཕྱེ་བ། །སུམ་ཅུ་ཚེས་རེའི་སྔ་ཕྱི་ཡི། །ཆ་རེ་ལ་ནི་ཡི་གེ་ རེར། །སྤྱོད་ཅིང་དེ་ཡང་སྙིང་ཁ་དང༌། །མགྲིན་པ་དཔྲལ་བའི་རྩ་འདབ་རྣམས། །གཉིས་ གཉིས་ལ་ནི་ཡི་གེ་རེ། །རྒྱུ་སྡེ་བཞི་ནི་མགྲིན་པ་དང༌། །དཔྲལ་བའི་གེ་སར་ལྟེ་བ་ 9-1-256 ལའོ། །ནག་ཕྱོགས་ལ་ནི་རིང་པོའི་དབྱངས། །བསྡུད་རིམ་རྣམ་བཅད་ཡོད་མེད་ཀྱིས། །ཕྱེ་ བ་སུམ་ཅུ་ཚེས་རེ་ཡི། །སྔ་ཕྱིའི་ཆ་ལ་ཡི་གེ་རེ། །སྤྱོད་ཅིང་དེ་ཡང་ལྟེ་བ་ཡི། །རྩ་འདབ་ གཉིས་གཉིས་དག་ལ་ཡང༌། །ཡི་གེ་རེ་རེ་རྒྱུ་བ་སྟེ། །གཉིས་ནི་གེ་སར་ལྟེ་བ་ལའོ། །དེ་ བཞིན་དཀར་པོའི་ཕྱོགས་ལ་ཡང༌། །གསལ་བྱེད་རྩེག་མ་སུམ་ཅུ་ནི། །རིང་པོ་སྡུད་པའི་ རིམ་པ་ལ། །རྣམ་བཅད་ཡོད་མེད་ཀྱིས་ཕྱེ་བའི། །ཡི་གེ་དྲུག་ཅུ་ཚེས་རེ་ཡི། །ཐུན་མཚམས་ རེ་ལ་རེ་རེ་སྤྱོད། །དེ་ཡང་ལྟེ་བའི་དྲུག་ཅུ་ལ། །ཡི་གེ་རེ་རེ་རྒྱུ་བས་སོ། །ནག་ཕྱོགས་ལ་ ཡང་རྐྱང་པ་ཡི།། གསལ་བྱེད་སུམ་ཅུ་ཐུང་ངུ་ནི། །བསྐྱེད་རིམ་ཐིག་ལེ་མེད་ཡོད་ཀྱིས། །ཕྱེ་ བ་དྲུག་ཅུ་ཚེས་རེ་ཡི། །ཐུན་མཚམས་རེ་ལ་ཡི་གེ་རེ། །སྤྱོད་ཅིང་དེ་ཡང་དཔྲལ་བ་ དང༌། །མགྲིན་པ་སྙིང་ཁའི་རྩ་འདབ་ལ། །ཡི་གེ་རེ་རེ་རྒྱུ་བ་སྟེ། །བཞི་ནི་སྙིང་ཁའི་ལྟེ་བ་ དང༌། །གེ་སར་སྤྱི་ཡི་རྩེ་མོ་ལའོ། །ཡར་ངོར་འཁོར་ལོ་གོང་མ་ལ། །ཟླ་བ་བསྐྱེད་རིམ་རྒྱུ་ བའི་ཚེ། །ལྟེ་བར་ཉི་མ་སྡུད་རིམ་རྒྱུ། །མར་ངོར་ལྟེ་བའི་འཁོར་ལོ་ལ། །ཟླ་བ་སྡུད་རིམ་རྒྱུ་ བའི་ཚེ། །གོང་མར་ཉི་མ་བསྐྱེད་རིམ་རྒྱུ། །བསྐྱེད་རིམ་གཡོན་ནས་གཡས་སྐོར་ཏེ། །སྡུད་ རིམ་གཡས་ནས་གཡོན་སྐོར་ཉིད། །ཞིབ་པར་རྩ་འཁོར་ཡི་གེ་ཅན། །བཀོད་པ་བལྟས་ པས་གསལ་བར་རྟོགས། །ཞེས་པ་འདི་ཡང་དོལ་པོས་བྲིས། །དགེ་བས་གཞན་ལ་ཕན་ གྱུར་ཅིག །སྭསྟི་སིདྡྷིར་བྷ་ཝ་ཏུ། ༈ ན་མཿཤྲཱི་ཀཱ་ལ་ཙཀྲཱ་ཡ། ནང་ལེའི་ཚིགས་བཅད་བརྒྱ་དང་གསུམ་པར་ཡང༌། མངལ་ བཟུང་ནས་ནི་རྩ་རྣམས་རྫོགས་ཀྱི་བར། །ཡི་གེ་རིམ་གྱིས་འཕེལ་ཚུལ་གསུངས་པ་ ནི། །མངལ་གྱི་ཟླ་ཕྱེད་དང་པོར་གསལ་བྱེད་རྣམས། །བསྐྱེད་རིམ་ཨ་ཡིག་ཐུང་ངུ་ཞུགས་ པ་དང༌། །ཟླ་ཕྱེད་ཕྱི་མར་གསལ་བྱེད་སྡུད་རིམ་ལ། །ཨཱ་ཡིག་རིང་པོ་སྲོག་ཏུ་ཞུགས་པ་ སྟེ། །ཞག་རེ་ལ་ནི་ཡི་གེ་གཉིས་གཉིས་སོ། །དེ་ལྟར་རྩ་མེད་ཟླ་བ་གཅིག་རྫོགས་ནས། །ཟླ་ བ་དང་པོ་ལྔ་ཡི་དཀར་ཕྱོགས་ནས། །ཁུ་བའི་ནམ་མཁའ་རླུང་མེ་ཆུ་སའི་ཁམས། །རྡུལ་ལ་ འཇུག་པ་ཐུང་ངུ་བསྐྱེད་རིམ་སྟེ། །ནག་ཕྱོགས་ལྔ་པོ་རྣམས་ལ་རིམ་པ་བཞིན། །རྡུལ་གྱི་ས་ ཆུ་མེ་རླུང་ནམ་མཁའི་ཁམས། །ཁུ་བ་ལ་འཇུག་རིང་པོ་སྡུད་རིམ་ཡིན། །དྲུག་པ་ལ་སོགས་ 9-1-257 ལྔ་ལའང་དེ་བཞིན་ཉིད། །བཅུ་གཅིག་པ་ལ་བསྐྱེད་རིམ་ཐིག་ལེ་སྟེ། །བཅུ་གཉིས་པ་ལ་ སྡུད་རིམ་རྣམ་བཅད་ཅན། །དེ་ལྟར་བཅུ་གཉིས་ཟླ་བས་ཕུང་པོ་དང༌། །ཁམས་དང་ དབང་པོ་ལས་དབང་ཡུལ་བཅས་འགྲུབ། །དེ་ཡི་ཞག་རེར་རྩ་ནི་ཉིས་བརྒྱ་རེ། །འཕེལ་ བས་བདུན་ཁྲི་ཉིས་སྟོང་རྫོགས་འགྱུར་ཞིང༌། །དང་པོའི་ཟླ་བ་དང་བཅས་བཅུ་གསུམ་ ལ། །ཡི་གེ་སྟོང་དང་ཉི་ཤུ་འཕེལ་བའོ། །དེ་ཡང་འདི་ལྟར། མངལ་གྱི་ཟླ་ཕྱེད་དང་པོ་ལ། ཀ་ཡིག་ལ་སོགས་པའི་གསལ་བྱེད་སུམ་ཅུ་པོ་རྣམས་དབྱངས་ཐུང་ངུས་བྱིན་གྱིས་ བརླབས་ཏེ། ང་གྷ་ག་ཁ་ཀ །ཉ་ཛྷ་ཛ་ཚ་ཙ། ཎ་ཌྷ་ཌ་ཋ་ཊ། མ་བྷ་བ་ཕ་པ། ན་དྷ་ད་ཐ་ཏ། ྈྐ་ཤ་ཥ་ྉྤ་ས། ཞེས་པ་ཨ་ཡིག་ཐུང་ངུ་སྲོག་ཏུ་ཞུགས་པ་སྤྲོ་བའི་རིམ་པ་རྣམས་ཞག་རེ་ རེ་ལ་ཡི་གེ་གཉིས་གཉིས་སོ། །ཟླ་ཕྱེད་ཕྱི་མ་ལ། དབྱངས་ཡིག་རིང་པོས་བྱིན་གྱིས་ བརླབས་པ་སྟེ། སཱ་ྉྤཱ་ཥཱ་ཤཱ་ྈྐཱ། ཏཱ་ཐཱ་དཱ་དྷཱ་ནཱ། པཱ་ཕཱ་བཱ་བྷཱ་མཱ། ཊཱ་ཋཱ་ཌཱ་ཌྷཱ་ཎཱ། ཙཱ་ཚཱ་ཛཱ་ཛྷཱ་ ཉཱ། ཀཱ་ཁཱ་གཱ་གྷཱ་ངཱ༌། ཞེས་པ་ཨཱ་ཡིག་རིང་པོ་སྲོག་ཏུ་ཞུགས་པ་བསྡུ་བའི་རིམ་རྣམས་ཞག་ རེ་རེ་ལ་ཡི་གེ་གཉིས་གཉིས་སོ། །དེ་ལྟར་རྩ་མེད་པ་ཉའི་རྣམ་པའི་ཟླ་བ་གཅིག་རྫོགས་ ནས། དེའི་རྗེས་སུ་ཕུང་པོ་ལྔ་དང་ཁམས་ལྔ་བསྐྱེད་པའི་ཟླ་བ་ལྔ་ལ་ནི་དཀར་ཕྱོགས་ལ། ཨ་ཨྀ་རྀ་ཨུ་ལྀ། ནག་ཕྱོགས་ལ། ལཱྀ་ཨཱུ་རཱྀ་ཨཱྀ་ཨཱ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་གསལ་ བྱེད་རྣམས་སྤྲོ་བ་དང༌། སྡུད་པའི་དབྱེ་བས་ཞག་རེ་རེ་ལ་ཡི་གེ་གཉིས་གཉིས་ཏེ། ཟླ་བ་ དང་པོའི་དཀར་ཕྱོགས་ལ། ཁུ་བའི་ནམ་མཁའི་ཁམས་རྡུལ་ལ་རབ་ཏུ་འཇུག་པ་ནི། ང་ ཡིག་ནས་ས་ཡིག་གི་བར་སྔ་མ་ལྟར་ཨ་ཡིག་ཐུང་ངུས་བྱིན་གྱིས་བརླབས་པ་སུམ་ཅུ་པོ་ རྣམས་སྤྲོ་བའི་རིམ་པས་སོ། །དེ་ཉིད་ཀྱི་ནག་ཕྱོགས་ལ། རྡུལ་གྱི་སའི་ཁམས་ཁུ་བ་ལ་རབ་ ཏུ་འཇུག་པ་ནི། སླཱྀ་ནས་ངླཱྀ་བར་ལཱྀ་ཡིག་རིང་པོས་བྱིན་གྱྀས་བརླབས་པ་སུམ་ཅུ་པོ་ རྣམས་བསྡུ་བའི་རིམ་པས་སོ། །དེ་བཞིན་འབྱུང་བ་དང་མི་འབྱུང་བ་དག་ལ་རྡུལ་གྱི་ས་ དང༌། ནམ་མཁའི་ཁམས་དག་ཁུ་བའི་ཁམས་ལ་རབ་ཏུ་འཇུག་གོ །ཞེས་པ་འདི་ནི་རྭ་ འགྱུར་ལ་སོགས་པ་ན་མེད་པ་ཉིད་ལེགས་པར་མངོན་ནོ། །དེ་ནས་ཟླ་བ་གཉིས་པའི་ དཀར་ཕྱོགས་ལ། ཁུ་བའི་རླུང་གི་ཁམས་རྡུལ་ལ་རབ་ཏུ་འཇུག་པ་ནི། ངི་ཡིག་ནས་སི་ 9-1-258 ཡིག་གི་བར་ཨི་ཡིག་ཐུང་ངུས་བྱིན་གྱིས་བརླབས་པའི་གསལ་བྱེད་སུམ་བཅུ་སྤྲོ་བའི་ རིམ་པས་སོ། །དེ་ཉིད་ཀྱི་ནག་ཕྱོགས་ལ། རྡུལ་གྱི་ཆུའི་ཁམས་ཁུ་བ་ལ་རབ་ཏུ་འཇུག་པ་ ནི། སཱུ་ཡིག་ནས་ངཱུ་ཡིག་བར་ཨཱུ་ཡིག་རིང་པོས་བྱིན་གྱིས་བརླབས་པའི་གསལ་བྱེད་སུམ་ ཅུ་བསྡུ་བའི་རིམ་པས་སོ། །དེ་ནས་ཟླ་བ་གསུམ་པའི་དཀར་ཕྱོགས་ལ། ཁུ་བའི་མེའི་ ཁམས་རྡུལ་ལ་རབ་ཏུ་འཇུག་པ་ནི། ངྼྀ་ནས་སྼྀ་བར་རི་ཡིག་ཐུང་ངུས་བྱིན་གྱིས་བརླབས་ པའི་གསལ་བྱེད་སུམ་ཅུ་སྤྲོ་བའི་རིམ་པས་སོ།། དེ་ཉིད་ཀྱི་ནག་ཕྱོགས་ལ། རྡུལ་གྱི་མེའི་ ཁམས་ཁུ་བ་ལ་རབ་ཏུ་འཇུག་པ་ནི། སྼྀ་ནས་ངྼྀ་ཡིག་གི་བར་རཱི་ཡིག་རིང་པོས་བྱིན་གྱིས་ བརླབས་པའི་གསལ་བྱེད་སུམ་ཅུ་བསྡུ་བའི་རིམ་པས་སོ། །དེ་ནས་ཟླ་བ་བཞི་པའི་དཀར་ ཕྱོགས་ལ། ཁུ་བའི་ཆུའི་ཁམས་རྡུལ་ལ་རབ་ཏུ་འཇུག་པ་ནི། ངུ་ཡིག་ནས་སུ་ཡིག་གི་བར་ ཨུ་ཡིག་ཐུང་ངུས་བྱིན་གྱིས་བརླབས་པའི་གསལ་བྱེད་སུམ་བཅུ་སྤྲོ་བའི་རིམ་པས་སོ། །དེ་ ཉིད་ཀྱི་ནག་ཕྱོགས་ལ། རྡུལ་གྱི་རླུང་གི་ཁམས་ཁུ་བ་ལ་རབ་ཏུ་འཇུག་པ་ནི། སཱི་ཡིག་ནས་ ངཱི་ཡིག་གི་བར་ཨཱི་ཡིག་རིང་པོས་བྱིན་གྱིས་བརླབས་པའི་གསལ་བྱེད་སུམ་ཅུ་བསྡུ་བའི་ རིམ་པས་སོ། །དེ་ནས་ཟླ་བ་ལྔ་པའི་དཀར་ཕྱོགས་ལ། ཁུ་བའི་སའི་ཁམས་རྡུལ་རབ་ཏུ་ འཇུག་པ་ནི། ངླྀ་ནས་སླྀའི་བར་ལི་ཡིག་ཐུང་ངུས་བྱིན་གྱིས་བརླབས་པའི་གསལ་བྱེད་ སུམ་ཅུ་སྤྲོ་བའི་རིམ་པས་སོ། །དེ་ཉིད་ཀྱི་ནག་ཕྱོགས་ལ། རྡུལ་གྱི་ནམ་མཁའི་ཁམས་ཁུ་བ་ ལ་རབ་ཏུ་འཇུག་པ་ནི། སཱ་ཡིག་ནས་ངཱ་ཡིག་གི་བར་ཨཱ་ཡིག་རིང་པོས་བྱིན་གྱིས་ བརླབས་པའི་གསལ་བྱེད་སུམ་ཅུ་བསྡུ་བའི་རིམ་པས་སོ། །དེ་ནས་དབང་པོ་དང་ལས་ཀྱི་ དབང་པོ་ཡུལ་དང་བཅས་པས་བྱིན་གྱིས་བརླབས་པའི་ཆེད་དུ། ཟླ་བ་དྲུག་པ་ལ་སོགས་ པ་ལྔ་ནི། དཀར་ཕྱོགས་ནག་ཕྱོགས་གཉིས་ཀྱང་ཕྱེད་སྔ་ཕྱི་རེ་རེར་བྱས་ཏེ། ཆ་བཞི་ བཞིར་བྱས་པ་ལས། དཀར་ཕྱོགས་ཀྱི་ཕྱེད་སྔ་མ་ལྔ་ལ། ཨ་ཨེ་ཨར་ཨོ་ཨལ། ཕྱེད་ཕྱི་མ་ལྔ་ ལ། ཧ་ཡ་ར་ཝ་ལ། ནག་ཕྱོགས་ཀྱི་ཕྱེད་སྔ་མ་ལྔ་ལ། ཨཱལ་ཨཽ་ཨཱར་ཨཻ་ཨཱ། ཕྱེད་ཕྱི་མ་ལྔ་ལ། ལཱ་ཝཱ་རཱ་ཡཱ་ཧཱ་རྣམས་ཀྱི་བྱིན་གྱིས་བརླབས་པའི་གསལ་བྱེད་བཞི་བཞི་ཞག་རེ་རེ་ལ་ འཇུག་གོ །དེ་ལྟར་ཡི་གེ་ཉི་ཤུ་པོ། གསལ་བྱེད་སུམ་ཅུ་ལ་ཞུགས་པས། སུམ་ཅུ་ཚན་པ་ཉི་ 9-1-259 ཤུར་འགྱུར། །ཚེས་རེར་ཡི་གེ་བཞི་བཞིའོ། །ཨ་ཧཱས་དྲུག་གི་དཀར་ཕྱོགས་ཏེ། །ཨཱལ་ལཱས་ དེ་ཡི་ནག་ཕྱོགས་ཡིན། །ཨེ་ཡས་བདུན་པའི་དཀར་ཕྱོགས་ཏེ། །ཨཽ་ཝཱས་དེ་ཡི་ནག་ཕྱོགས་ ཡིན། །ཨར་རས་བརྒྱད་པའི་དཀར་ཕྱོགས་ཏེ། །ཨཱར་རཱས་དེ་ཡི་ནག་ཕྱོགས་ཡིན། །ཨོ་ ཝས་དགུ་པའི་དཀར་ཕྱོགས་ཏེ། །ཨེ་ཡཱས་དེ་ཡི་ནག་ཕྱོགས་ཡིན། །ཨལ་ལས་བཅུ་པའི་ དཀར་ཕྱོགས་ཏེ། །ཨཱ་ཧཱས་དེ་ཡི་ནག་ཕྱོགས་ཡིན། །དཀར་ཕྱོགས་བསྐྱེད་རིམ་ཐུང་ངུ་ སྟེ། །ནག་ཕྱོགས་བསྡུད་རིམ་རིང་པོ་ཡིན། །དཀར་ཕྱོགས་ནག་ཕྱོགས་གཉི་ག་ཡི། །ཚེས་ བརྒྱད་རྣམས་ཀྱི་ཕྱེད་མཚམས་སུ། །དབྱངས་ཡིག་རེ་རེས་བྱིན་བརླབས་པའི། །གསལ་ བྱེད་སུམ་ཅུ་རྫོགས་པར་འགྱུར། །དེ་ཡང་ཟླ་བ་དྲུག་པའི་དཀར་ཕྱོགས་ལ། ཁུ་བའི་ནམ་ མཁའི་ཁམས་རྡུལ་ལ་རབ་ཏུ་འཇུག་པ་ནི། ཕྱེད་སྔ་མའི་ཚེས་བདུན་གྱི་གཅིག་གི་ཐུན་ མཚམས་བཞི་ལ། ང་གྷ་ག་ཁ། གཉིས་ལ། ཀ་ཉ་ཛྷ་ཛ། གསུམ་ལ། ཚ་ཙ་ཎ་ཌྷ། བཞི་ལ། ཌ་ ཋ་ཊ་མ། ལྔ་ལ། བྷ་བ་ཕ་པ། དྲུག་ལ། ན་དྷ་ད་ཐ། བདུན་ལ། ཏ་ྈྐ་ཤ་ཥ། ཞེས་པ་ལྟར་ང་ ཡིག་ནས་ཥ་ཡིག་གི་བར་ཡི་གེ་བཞི་བཞི་དང་བརྒྱད་ཀྱི་ཕྱེད་སྔ་མ་ལ་ྉྤ་ས་སྟེ་ཡོན་ཏན་ གྱི་ཨ་ཡིག་གིས་བྱིན་གྱིས་བརླབས་པའི་གསལ་བྱེད་སུམ་ཅུ་དང༌། ཕྱེད་ཕྱི་མ་ལ། དྷ་གྷ་ དང༌། དགུ་ནས་བཅོ་ལྔའི་བར་བདུན་གྱི་དགུ་ལ། གྷ་ཁྷ་ཀྷ་ཉྷ། བཅུ་ལ། ཛྷྷ་ཛྷ་ཚྷ་ཙྷྱ། བཅུ་ གཅིག་ལ། ཎྷ་ཌྷྷ་ཊྷ་ཋྷ། བཅུ་གཉིས་ལ། ཌྷ་མྷ་བྷྷ་བྷ། བཅུ་གསུམ་ལ། ཕྷ་པྷ་ནྷ་ཏྷ། བཅུ་བཞི་ ལ། དྷ་ཐྷ་ཏྷ་ྈྐྷ། བཅོ་ལྔ་ལ། ཤྷ་ཥྷ་ྉྤྷ་སྷ། ཞེས་པ་གྷ་ནས་སྷའི་བར་ཡི་གེ་བཞི་བཞི་སྟེ། ཧ་ ཡིག་གིས་བྱིན་གྱིས་བརླབས་པའི་གསལ་བྱེད་སུམ་ཅུ་སྤྲོ་བའི་རིམ་པས་སོ། །དེའི་ནག་ ཕྱོགས་ལ། རྡུལ་གྱི་སའི་ཁམས་ཁུ་བ་ལ་རབ་ཏུ་འཇུག་པ་ནི། ཕྱེད་སྔ་མའི་ཚེས་བདུན་གྱི་ གཅིག་ལ། སཱ་ལ། ྉྤཱལ། ཥཱལ། ཤཱ་ལ། གཉིས་ལ། ྈྐཱལ། ཏཱལ། ཐཱལ། དཱལ། གསུམ་ལ། དྷཱལ། ནཱལ། སཱལ། ཕཱལ། བཞི་ལ། བཱལ། བྷཱལ། མཱལ། ཊཱལ། ལྔ་ལ། ཋཱལ། ཌཱལ། ཌྷཱལ། ཎཱ་ལ། དྲུག་ལ། ཙཱལ། ཚཱལ། ཛཱལ། ཛྷཱལ། བདུན་ལ། ཉཱལ་ཀཱལ་ཁཱལ་གཱལ། བརྒྱད་ཀྱི་ཕྱེད་སྔ་མ་ལ། གྷཱལ་ངཱལ་ ཏེ་འཕེལ་བའི་ཨཱལ་ཡིག་གིས་བྱིན་གྱིས་བརླབས་པའི་གསལ་བྱེད་སུམ་ཅུ་དང༌། ཕྱེད་ཕྱི་ མ་ལ། སླཱ་ྉྤཱ་དང༌། དགུ་ནས་བཅོ་ལྔའི་བར་བདུན་གྱི་དགུ་ལ། ཥླཱ་ཤླཱ་ྈྐླཱ་ཏླཱ། བཅུ་ལ། ཐླཱ་དླཱ་ 9-1-260 དྷླཱ་ནླཱ། བཅུ་གཅིག་ལ། པླཱ་ཕླཱ་བླཱ་བྷླཱ། བཅུ་གཉིས་ལ། མླཱ་ཊླཱ་ཋླཱ་ཌླཱ། བཅུ་གསུམ་ལ། ཌྷླཱ་ཎླཱ་ཙླཱ་ ཚླཱ། བཅུ་བཞི་ལ། ཛླཱ་ཛྷླཱ་ཉླཱ་ཀླཱ། བཅོ་ལྔ་ལ། ཁླཱ་གླཱ་གྷླཱ་ངླཱ། ཞེས་པ་ཥླཱ་ནས་ངླཱ་བར་ཡི་གེ་བཞི་ བཞི་སྟེ། ལཱ་ཡིག་རིང་པོས་བྱིན་གྱིས་བརླབས་པའི་གསལ་བྱེད་སུམ་ཅུ་བསྡུ་བའི་རིམ་ པས་སོ། །དེ་ནས་ཟླ་བ་བདུན་པའི་དཀར་ཕྱོགས་ལ། ཁུ་བའི་རླུང་གི་ཁམས་རྡུལ་ལ་རབ་ ཏུ་འཇུག་པ་ནི། ཕྱེད་སྔ་མའི་ཚེས་བདུན་ལ། ངེ་གྷེ་གེ་ཁེ། ཀེ་ཉེ་ཛྷེ་ཛེ། ཚེ་ཙེ་ཎེ་ཌྷེ། ཌེ་ཋེ་ ཊེ་མེ། བྷེ་བེ་ཕེ་པེ། ནེ་དྷེ་དེ་ཐེ། ཏེ་ྈྐེ་ཤེ་ཥེ། ཞེས་པའི་བར་ཡི་གེ་བཞི་བཞི་དང་བརྒྱད་ཀྱི་ ཕྱེད་སྔ་མ་ལ། ྉྤེ་སེ་སྟེ་ཡོན་ཏན་གྱི་ཨེ་ཡིག་གིས་བྱིན་གྱིས་བརླབས་པའི་གསལ་བྱེད་ སུམ་ཅུ་དང༌། ཕྱེད་ཕྱི་མ་ལ། ངྻ་གྷྻ་དང་དགུ་ནས་བཅོ་ལྔའི་བར་བདུན་ལ། གྻ་ཁྻ་ཀྻ་ཉྻ། ཛྷྻ་ཛྻ་ཚྻ་ཙྻ། ཎྻ་ཌྷྻ་ཌྻ་ཋྻ། ཊྻ་མྻ་བྷྻ་བྻ། ཕྻ་པྻ་ནྻ་དྷྻ། དྻ་ཐྻ་ཏྻ་ྈྐྻ། ཤྻ་ཥྻ་ྉྤྻ་སྻ། ཞེས་པའི་བར་ ཡི་གེ་བཞི་བཞི་སྟེ། ཡ་ཡིག་གིས་བྱིན་གྱིས་བརླབས་པའི་གསལ་བྱེད་སུམ་ཅུ་སྤྲོ་བའི་རིམ་ པས་སོ། །དེའི་ནག་ཕྱོགས་ལ། རྡུལ་གྱི་ཆུ་ཡི་ཁམས་ཁུ་བ་ལ་རབ་ཏུ་འཇུག་པ་ནི། ཕྱེད་སྔ་མའི་ཚེས་བདུན་ལ། སཽ་ྉྤཽ་ཥཽ་ཤཽ། ྈྐཽ་ཏཽ་ཐཽ་དཽ། དྷཽ་ནཽ་པཽ་ཕཽ། བཽ་བྷཽ་མཽ་ཊཽ། ཋཽ་ཌཽ་ཌྷཽ་ཎཽ། ཙཽ་ཚཽ་ཛཽ་ཛྷཽ། ཉཽ་ཀཽ་ཁཽ་གཽ། ཞེས་པའི་བར་ཡི་གེ་བཞི་དང་བཞི་དང༌། བརྒྱད་ཀྱི་ཕྱེད་སྔ་མ་ ལ། གྷཽ་ངཽ་སྟེ་འཕེལ་བའི་ཨཽ་ཡིག་གིས་བྱིན་གྱིས་བརླབས་པའི་གསལ་བྱེད་སུམ་ཅུ་དང༌། ཕྱེད་ཕྱི་མ་ལ། སྺ་ྉྤྺ་དང་དགུ་ནས་བཅོ་ལྔའི་བར་བདུན་ལ། ཥྺ་ཤྺ་ྈྐྺ་ཏྺ། ཐྺ་དྺ་དྷྺ་ནྺ། པྺ་ ཕྺ་བྺ་བྷྺ། མྺ་ཊྺ་ཋྺ་ཌྺ། ཌྷྺ་ཎྺ་ཙྺ་ཚྺ། ཛྺ་ཛྷྺ་ཉྺ་ཀྺ། ཁྺ་གྺ་གྷྺ་ངྺ། ཞེས་པའི་བར་ཡི་གེ་བཞི་བཞི་ སྟེ། ཝཱ་ཡིག་རིང་པོས་བྱིན་གྱིས་བརླབས་པའི་གསལ་བྱེད་སུམ་ཅུ་བསྡུ་བའི་རིམ་པས་ སོ། །དེ་ནས་ཟླ་བ་བརྒྱད་པའི་དཀར་ཕྱོགས་ལ། ཁུ་བའི་མེའི་ཁམས་རྡུལ་ལ་རབ་ཏུ་ འཇུག་པ་ནི། ཕྱེད་སྔ་མའི་ཚེས་བདུན་ལ། ངར་གྷར་གར་ཁར། ཀར་ཉར་ཛྷར་ཛར། ཚར་ ཙར་ཎར་ཌྷར། ཌར་ཋར་ཊར་མར། བྷར་བར་ཕར་པར། ནར་དྷར་དར་ཐར། ཏར་ྈྐར་ ཤར་ཥར། ཞེས་པའི་བར་ཡིག་གེ་བཞི་བཞི་དང༌། བརྒྱད་ཀྱི་ཕྱེད་སྔ་མ་ལ། ྉྤར་སར་ཡོན་ ཏན་གྱིས་ཨར་ཡིག་གིས་བྱིན་གྱིས་བརླབས་པའི་གསལ་བྱེད་སུམ་ཅུ་དང༌། ཕྱེད་ཕྱི་མ་ལ། ངྼ་གྷྼདང༌། དགུ་ནས་བཅོ་ལྔའི་བར་བདུན་ལ། གྼ་ཁྼ་ཀྼ་ཉྼ། ཛྷྼ་ཛྼ་ཚྼ་ཙྼ། ཎྼ་ཌྷྼ་ཌྼ་ཋྼ། ཊྼ་ 9-1-261 མྼ་བྷྼ་བྼ། ཕྼ་པྼ་ནྼ་དྷྼ། དྼ་ཐྼ་ཏྼ་ྈྐྼ། ཤྼ་ཥྼ་ྉྤྼ་སྼ། ཞེས་པའི་བར་ཡི་གེ་བཞི་བཞི་སྟེ། ར་ཡིག་ གིས་བྱིན་གྱིས་བརླབས་པའི་གསལ་བྱེད་སུམ་ཅུ་སྤྲོ་བའི་རིམ་པས་སོ། །དེའི་ནག་ཕྱོགས་ ལ། རྡུལ་གྱི་མེའི་ཁམས་ཁུ་བ་ལ་རབ་ཏུ་འཇུག་པ་ནི། ཕྱེད་སྔ་མའི་ཚེས་བདུན་ལ། སཱར་ ྉྤྼཱ་ཥཱར་ཤཱར། ྈྐྼཱ་ཏཱར་ཐཱར་དཱར། དྷཱར་ནཱར་པཱར་ཕཱར། བཱར་བྷཱར་མཱར་ཊཱར། ཋཱར་ཌཱར་ཌྷཱར་ ཎཱར། ཙཱར་ཚཱར་ཛཱར་ཛྙཱར། ཉཱར་ཀཱར་ཁཱར་གཱར། ཞེས་པའི་བར་ཡི་གེ་བཞི་བཞི་དང༌། བརྒྱད་ཀྱི་ཕྱེད་སྔ་མ་ལ། གྷཱར་ངཱར་ཏེ་འཕེལ་བའི་ཨཱར་ཡིག་གིས་བྱིན་གྱིས་བརླབས་པའི་ གསལ་བྱེད་སུམ་ཅུ་དང༌། ཕྱེད་ཕྱི་མ་ལ། སྼཱ་ྉྤྼཱ་དང་དགུ་ནས་བཅོ་ལྔའི་བར་བདུན་ལ། ཥྼཱ་ཤྼཱ་ྈྐྼཱ་ཏྼཱ། ཐྼཱ་དྼཱ་དྷྼཱ་ནྼཱ། པྼཱ་ཕྼཱ་བྼཱ་བྷྼཱ། མྼཱ་ཊྼཱ་ཋྼཱ་ཌྼཱ། ཌྷྼཱ་ཎྼཱ་ཙྼཱ་ཚྼཱ། ཛྼཱ་ཛྷྼཱ་ཉྼཱ་ཀྼཱ། ཁྼཱ་གྼཱ་གྺྼཱ་ངྼཱ། ཞེས་པའི་བར་ཡིག་གེ་བཞི་བཞི་སྟེ། རཱ་ཡིག་རིང་པོས་བྱིན་གྱིས་བརླབས་པའི་གསལ་ བྱེད་སུམ་ཅུ་བསྡུ་བའི་རིམ་པས་སོ། །དེ་ནས་ཟླ་བ་དགུ་པའི་དཀར་ཕྱོགས་ལ། ཁུ་བའི་ ཆུའི་ཁམས་རྡུལ་ལ་རབ་ཏུ་འཇུག་པ་ནི། ཕྱེད་སྔ་མའི་ཚེས་བདུན་ལ། ངོ་གྷོ་གོ་ཁོ། ཀོ་ཉོ་ ཛྷོ་ཛོ། ཚོ་ཙོ་ཎོ་ཌྷོ། ཌོ་ཋོ་ཊོ་མོ། བྷོ་བོ་ཕོ་པོ། ནོ་དྷོ་དོ་ཐོ། ཏོ་ྈྐོ་ཤོ་ཥོ། ཞེས་པའི་བར་ཡི་གེ་ བཞི་བཞི་དང༌། བརྒྱད་ཀྱི་ཕྱེད་སྔ་མ་ལ། ྉྤོ་སོ་སྟེ་ཡོན་ཏན་གྱི་ཨོ་ཡིག་བྱིན་གྱིས་ བརླབས་པའི་གསལ་བྱེད་སུམ་ཅུ་དང༌། ཕྱེད་ཕྱི་མ་ལ། ངྺ་གྷྺ་དང་དགུ་ནས་བཅོ་ལྔའི་ བར་བདུན་ལ། གྺ་ཁྺ་ཀྺ་ཉྺ། ཛྷྺ་ཛྺ་ཚྺ་ཙྺ། ཎྺ་ཌྷྺ་ཌྺ་ཋྺ། ཊྺ་མྺ་བྷྺ་བྺ། ཕྺ་པྺ་ནྺ་དྷྺ། དྺ་ཐྺ་ཏྺ་ྈྐྺ། ཤྺ་ཥྺ་ྉྤྺ་སྺ། ཞེས་པའི་བར་ཡི་གེ་བཞི་བཞི་སྟེ། ཝ་ཡིག་གིས་བྱིན་གྱིས་བརླབས་པའི་ གསལ་བྱེད་སུམ་ཅུ་སྤྲོ་བའི་རིམ་པས་སོ། །དེ་དག་གི་ནག་ཕྱོགས་ལ། རྡུལ་གྱི་རླུང་གི་ ཁམས་ཁུ་བ་ལ་རབ་ཏུ་འཇུག་པ་ནི། ཕྱེད་སྔ་མའི་ཚེས་བདུན་ལ། སཻ་ྉྤཻ་ཥཻ་ཤཻ། ྈྐཻ་ཏཻ་ཐཻ་དཻ། དྷཻ་ནཻ་པཻ་ཕཻ། བཻ་བྷཻ་མཻ་ཊཻ། ཋཻ་ཌཻ་ཌྷཻ་ཎཻ། ཙཻ་ཚཻ་ཛཻ་ཛྷཻ། ཉཻ་ཀཻ་ཁཻ་གཻ། ཞེས་པའི་བར་ཡི་གེ་བཞི་ བཞི་དང༌། བརྒྱད་ཀྱི་ཕྱེད་སྔ་མ་ལ། གྷཻ་ངཻ་འཕེལ་བའི་ཨཻ་ཡིག་གིས་བྱིན་གྱིས་བརླབས་ པའི་གསལ་བྱེད་སུམ་ཅུ་དང༌། ཕྱེད་ཕྱི་མ་ལ། སྻཱ་ྉྤྻཱ་དང༌། དགུ་ནས་བཅོ་ལྔའི་བར་ བདུན་ལ། ཥྻཱ་ཤྻཱ་ྈྐྻཱ་ཏྻཱ། ཐྻཱ་དྻཱ་དྷྻཱ་ནྻཱ། པྻཱ་ཕྻཱ་བྻཱ་བྷྻཱ། མྻཱ་ཊྻཱ་ཋྻཱ་ཌྻཱ། ཌྷྻཱ་ཎྻཱ་ཙྻཱ་ཚྻཱ། ཛྻཱ་ཛྷྻཱ་ཉྻཱ་ཀྻཱ། ཁྻཱ་ གྻཱ་གྷྻཱ་ངྻཱ། ཞེས་པའི་བར་ཡི་གེ་བཞི་བཞི་སྟེ། ཡཱ་ཡིག་རིང་པོས་བྱིན་གྱིས་བརླབས་པའི་ 9-1-262 གསལ་བྱེད་སུམ་ཅུ་བསྡུ་བའི་རིམ་པས་སོ། །དེ་ནས་ཟླ་བ་བཅུ་པའི་དཀར་ཕྱོགས་ལ། ཁུ་ བའི་ས་ཡི་ཁམས་རྡུལ་ལ་རབ་ཏུ་འཇུག་པ་ནི། ཕྱེད་སྔ་མའི་ཚེས་བདུན་ལ། ངལ་གྷལ་ གལ་ཁལ། ཀལ་ཉལ་ཛྷལ་ཛལ། ཚལ་ཙལ་ཎལ་ཌྷལ། ཌལ་ཋལ་ཊལ་མལ། བྷལ་བལ་ཕལ་ པལ། ནལ་དྷལ་དལ་ཐལ། ཏལ་ྈྐལ་ཤལ་ཥལ། ཞེས་པའི་བར་ཡི་གེ་བཞི་བཞི་སྟེ། བརྒྱད་ ཀྱི་ཕྱེད་སྔ་མ་ལ། ྉྤལ་སལ་སྟེ་ཡོན་ཏན་གྱི་ཨལ་ཡིག་བྱིན་གྱིས་བརླབས་པའི་གསལ་བྱེད་ སུམ་ཅུ་དང༌། ཕྱེད་ཕྱི་མ་ལ། ངླ་གྷླ་གྷླ་དང་དགུ་ནས་བཅོ་ལྔའི་བར་བདུན་ལ། གླ་ཁླ་ཀླ་ ཉླ། ཛྷླ་ཛླ་ཚླ་ཙླ། ཛྷླ་ཛླ་ཚླ་ཙླ། ཎླ་ཌྷླ་ཌླ་ཋླ། ཊླ་མླ་བྷླ་བླ། ཕླ་པླ་ནླ་དྷླ། དླ་ཐླ་ཏླ་ྈྐླ། ཤླ་ཥླ་ྉྤླ་སླ། ཞེས་པའི་བར་ཡི་གེ་བཞི་བཞི་སྟེ། ལ་ཡིག་གིས་བྱིན་གྱིས་བརླབས་པའི་གསལ་བྱེད་སུམ་ ཅུ་སྤྲོ་བའི་རིམ་པས་སོ། །དེའི་ནག་ཕྱོགས་ལ། རྡུལ་གྱི་ནམ་མཁའི་ཁམས་ཁུ་བ་ལ་རབ་ཏུ་ འཇུག་པ་ནི། ཕྱེད་སྔ་མའི་ཚེས་བདུན་ལ། སཱའ་ྉྤཱ་ཥཱ་ཤཱ།ྈྐཱ་ཏཱ་ཐཱ་དཱ། དྷཱ་ནཱ་པཱ་ཕཱ། བཱ་བྷཱ་མཱ་ ཊཱ། ཋཱ་ཌཱ་ཌྷཱ་ཎཱ། ཙཱ་ཚཱ་ཛཱ་ཛྷཱ། ཉཱ་ཀཱ་ཁཱ་གཱ། ཞེས་པའི་བར་ཡི་གེ་བཞི་བཞི་དང༌། བརྒྱད་ཀྱི་ ཕྱེད་སྔ་མ་ལ། གྷཱ་ངཱ་སྟེ་འཕེལ་བའི་ཨཱ་ཡིག་རིང་པོས་བྱིན་གྱིས་བརླབས་པའི་གསལ་བྱེད་ སུམ་ཅུ་དང༌། ཕྱེད་ཕྱི་མ་ལ། སྷཱ་ྉྤྷཱ་དང་དགུ་ནས་བཅོ་ལྔའི་བར་བདུན་ལ། ཥྷཱ་ཤྷཱ་ྈྐྷཱ་ཏྷཱ། ཐྷཱ་དྷཱ་དྷྷཱ་ནྷཱ། པྷཱ་ཕྷཱ་བྷཱ་བྷྷཱ། མྷཱ་ཊྷཱ་ཋྷཱ་ཌྷཱ། ཌྷཱ་ཎྷཱ་ཙྷྱཱ་ཚྷཱ། ཛྷཱ་ཛྷྷཱ་ཉྷཱ་ཀྷཱ། ཁྷཱ་གྷཱ་གྷྷཱ་ངྷཱ། ཞེས་པའི་བར་ ཧཱ་ཡིག་རིང་པོས་བྱིན་གྱིས་བརླབས་པའི་གསལ་བྱེད་སུམ་ཅུ་བསྡུ་བའི་རིམ་པས་སོ། །དེ་ ནས་ཟླ་བ་བཅུ་གཅིག་པའི་ཚེས་སུམ་ཅུ་ལ། ྉྤཾ་ནས་སཾ་གི་བར་ཐིག་ལེས་བྱིན་གྱིས་ བརླབས་པའི་གསལ་བྱེད་སུམ་ཅུ་སྤྲོ་བའི་རིམ་པ་དང༌། ཟླ་བ་བཅུ་གཉིས་པའི་ཚེས་བཅུ་ གསུམ་ལ། སཿནས་ངཿའི་བར་རྣམ་པར་གཅད་པས་བྱིན་གྱིས་བརླབས་པའི་གསལ་བྱེད་ སུམ་ཅུ་བསྡུ་བའི་རིམ་པས་འཇུག་སྟེ། དེ་ལྟར་མངལ་བཟུང་བའི་ཟླ་བ་གཅིག་གི་རྗེས་ལ། ཟླ་བ་བཅུ་གཉིས་ཀྱིས་ཕུང་པོ་དང༌། ཁམས་དང༌། སྐྱེད་བྱེད་ལ་སོགས་པ་འགྲུབ་ཅིང༌། དེ་དག་ཞག་རེ་རེ་ལ། རྩ་ཉིས་བརྒྱ་ཉིས་བརྒྱ་འཕེལ་བས། བདུན་ཁྲི་ཉིས་སྟོང་རྫོགས་ལ། མངལ་གྱི་ཟླ་བ་གཅིག་དང་ལྷན་ཅིག །ཟླ་བ་བཅུ་གསུམ་ལ་ཡི་གེ་སྟོང་དང་ཉི་ཤུ་པོ་འདི་ རྣམས་འཕེལ་ལོ། །ཞེས་པའང་དཀའ་བའི་གནས་གཏན་ལ་འབེབས་པའི་མན་ངག་ 9-1-263 གོ །འདི་ཡང་འགྲེལ་པའི་ལེགས་བཤད་ལ། །བརྟེན་ནས་དོལ་པོ་པ་ཡིས་བྲིས། །དགེ་བས་ འགྲོ་ཀུན་དགའ་བའི་གནས། །ཀུན་ལ་མཁས་པ་ཉིད་གྱུར་ཅིག། །།མཾ་ག་ལཾ་བྷ་ཝ་ཏུ། ཤུབྷཾ། ༈ ན་མོ་ཛྙཱ་ན་བཛྲཱ་ཡ། ལྀ་སོགས་དབྱངས་བརྒྱད་སྐབས་སུ་ནི། །ཕྱེད་དང་བརྒྱད་ཀྱིས་ ཕྱེད་དང་བརྒྱད། །བསྒྱུར་ཕྱིར་ཕྱེད་པོ་བསྲེ་བའི་སླད། །བདུན་པོ་གཉི་ག་ཉིས་འགྱུར་ ལ། །ཕྱེད་པོ་བསྲེས་པས་བཅོ་ལྔ་སྟེ། །བཅོ་ལྔས་བཅོ་ལྔ་བསྒྱུར་བ་ན། །ཉིས་བརྒྱ་ཉི་ཤུ་རྩ་ ལྔ་འབྱུང༌། །གཉི་ག་གཉིས་ཀྱིས་བསྒྱུར་བའི་ཕྱིར། །དེ་ནི་བཞི་ཆའི་ཕུང་པོ་ཡིན། །དེ་ཕྱིར་ བཞི་ཡིས་བགོས་པ་ལས། །ལྔ་བཅུ་རྩ་དྲུག་བཞི་ཆ་འབྱུང༌། །ཡང་ན་ཕྱེད་དང་བརྒྱད་ཀྱི་ དོན། །བཅོ་ལྔས་རངས་པོ་བདུན་པོ་དང༌། །ཕྱེད་པ་གཅིག་པོ་སོ་སོར་བསྒྱུར། །གོང་མ་ བརྒྱ་དང་ལྔ་པོ་ནི། །ཕྱེད་ཀྱི་ཕུང་པོ་ཡིན་པའི་ཕྱིར། །གཉིས་ཀྱི་བགོས་པས་ང་གཉིས་ འབྱུང༌། །ལྷག་མ་ཕྱེད་གཅིག་ལུས་པ་ནི། །བཞི་ཆ་གཉིས་ཀྱིས་ངོ་བོ་སྟེ། །འོག་མ་ཕྱེད་ཀྱིས་ ཕྱེད་བསྒྱུར་བ། །བཞི་ཆའི་ཕུང་པོར་བསྲེས་པ་ལས། །བཅུ་བདུན་ལ་ནི་བཞིས་ཐོབ་ བཞི། །སྟེང་དུ་བསྲེས་པའི་ང་དྲུག་སྟེ། །ལྷག་མ་གཅིག་ནི་བཞི་ཆའོ། །ཡི་གེ་ལི་སོགས་ བདུན་ཚན་བདུན། །བཞི་བཅུ་རྩ་དགུའི་བདག་ཉིད་དེ། །འོག་ནི་ཧ་ཡིག་གིས་དམན་ པའི། །ཡི་གེ་ཕྱེད་པ་བདུན་པོ་ལ། །གོང་གི་ཕྱེད་པ་བདུན་པོ་དག །བསྣན་པས་ལྔ་བཅུ་རྩ་ དྲུག་སྟེ། །ཧ་ཡིག་ཕྱེད་ནི་བཞི་ཆ་སྟེ། །ལ་སོགས་སྲོག་མེད་བདུན་པོ་ནི། །ལཱཾ་སོགས་རྣམས་ ཀྱི་དབྱངས་ཡིག་ཨཱཾ། །བླངས་ཏེ་གསལ་བྱེད་བཞག་པ་ན། །འདི་ལྟར་འགྱུར་ཞེས་མཚོན་ པའོ། །སྒྲ་མདོ་ལས་ཀྱང་ལྀ་སོགས་ཀྱིས། །འདྲ་ཡིག་མིན་པའི་དབྱངས་མཐོང་ན། །ལ་ཝ་ ར་ཡར་འགྱུར་བ་དང༌། །ཨ་ཡིག་ལྀ་ལ་ཨལ་དང་ནི། །ཨུ་ལ་ཨོ་དང་རྀ་ལ་ཨར། །ཨི་ལ་ཨེ་ རུ་འགྱུར་བ་དང༌། །མ་ཡིག་རྗེས་སུ་ང་རོ་དང༌། །ར་ཡིག་རྣམ་པར་གཅད་བྱ་ ཞེས། །བཤད་པ་དང་ཡང་ཆ་མཐུན་པའོ། །འདི་ཡང་དཀའ་བར་གྲགས་པས་ན། །དེ་ཉིད་ བདེ་བླག་རྟོགས་བྱའི་ཕྱིར། །ཤེས་རབ་རྒྱལ་མཚན་དཔལ་གྱིས་བྲིས། །དགེ་བས་བདེ་ཆེན་ ཐོབ་གྱུར་ཅིག། །།ཤུབྷཾ། 9-1-264 ༈ སྭསྟི། ཉི་མ་དང༌། དུ་བ་དཀྱིལ་འཁོར་དང་ལོངས་མཚུངས་ནའང༌། དུ་བ་མྱུར་བ་དང་ མཁྱོག་པོར་རྒྱུ་བའོ། །དེ་ཡང་ལོ་གསུམ་གྱི་བར་ལ་ཞག་རེ་ལ་ཆུ་སྲང་གཉིས་གཉིས་དང༌། དབུགས་གསུམ་གསུམ་བསགས་པས་ཆུ་ཚོད་ཞེ་ལྔ་འབྱུང༌། ཕྱོགས་གསུམ་གྱི་ཞག་རེ་ལ་ ཆུ་ཚོད་གཉིས་གཉིས་སྤྱོད་པས་ཆུ་ཚོད་དགུ་བཅུ་འབྱུང༌། དེ་གཉིས་བསྲེས་པས་མདའ་ ཡོན་ཟླ་བ་སྟེ་བརྒྱ་སོ་ལྔ་འབྱུང༌། དུ་བ་དེ་ཉི་མ་ལས་ཆུ་ཚོད་བརྒྱ་དང་ལྔས་འཕགས་ནས། བརྒྱ་སོ་ལྔ་འཕགས་ནས། བརྒྱ་སོ་ལྔ་འཕགས་ཀྱི་བར་དུ་འགྲོ། སླར་ཡང་བརྒྱ་སོ་ལྔའི་ བར་དུ་འོང༌། དེས་ན་ཟླ་གཅིག་གི་བར་ལ་དུ་བ་མཐོང་ངོ༌། །དེ་ནས་ཟླ་བ་གཅིག་དང་ལོ་ དྲུག་གི་བར་ལ་ཉི་མར་འཇུག་ཅིང་མི་མཐོང༌། སླར་ཡང་ལོ་གསུམ་དང་ཟླ་བ་གཅིག་ སོང་བ་ན། འགྲོ་བ་དང་ལྡོག་པའི་བར་ཟླ་གཅིག་མཐོང༌། དེ་ནས་ཟླ་བ་གཅིག་དང་ལོ་ གསུམ་གྱི་བར་ལ་ཉི་མར་འཇུག་ཅིང་མི་མཐོང་ངོ༌། །སླར་ཡང་ལོ་གསུམ་དང་ཟླ་བ་ གཅིག་ན་འཆར་རོ། །དེའི་ཕྱིར་སྲོད་ལ་ལན་གཅིག་ནུབ་ཏུ་མཐོང་བ་དེ་ནུབ་ནས་ལོ་ དྲུག་དང་ཟླ་བ་གཉིས་ན་ཐོ་རངས་ཤར་དུ་མཐོང་ངོ༌། །ཡང་ནུབ་སྟེ་ལོ་དྲུག་དང་ཟླ་བ་ གསུམ་ན་སྲོད་ལ་ནུབ་ཏུ་ཟླ་གཅིག་མཐོང་ངོ༌། །སྲོད་ལ་ཤར་ནས་སྲོད་ལ་འཆར་གྱི་བར་ ལ་ལོ་བཅུ་གཉིས་དང་ཟླ་བ་བཅུ་གཉིས་འགྲོ་མོད། འོན་ཀྱང་དུ་བ་མཐོང་བའི་བར་ཟླ་ བ་གཅིག་པོ་བཅད་པས་ལོ་བཅུ་གཉིས་དང་ཟླ་བ་ལྔ་འགྲོའོ། །ཐོ་རངས་ཤར་ནས་ཐོ་ རངས་འཆར་གྱི་བར་དུའང་དེ་དང་འདྲའོ། །དེ་བས་ན། དུ་བ་ལན་གཅིག་ཤར་བ་ མཐོང་ནས། དུ་བ་འཆར་ཚུལ་མཐའ་ཡས་པ་རྣམས་ཀྱང་ཤེས་པར་འགྱུར་ རོ།། །།མཾཾ་ག་ལཾ་བྷ་ཝ་ཏུ། ཛྙཱ་ན་སིདྡྷིར་བྷ་ཝ་ཏུ། ཤུབྷཾ། བཀྲ་ཤིས། གཅིག་ཞུས་དག་ ལགས། (མ་དཔེ་ནི་འབྲས་གནས་བཅུའི་དཔེ་རྙིང་ཕྱི་ཀ ༡༤༥ རྟགས་ཅན་སྣ་གཉིས་ཡོད། ཆོས་ ཚན་དག་འཛམ་ཐང་པར་ན་མེད་པའི་གསར་རྙེད་རེད་འདུག་ལགས།) 9-1-265 ༄༅། །ཀུན་གཞིའི་རབ་ཏུ་དབྱེ་བ་ཁྱད་ འཕགས་བཞུགས། 9-1-266 ༄༅། །ཀུན་གཞིའི་རབ་ཏུ་དབྱེ་བ་ཁྱད་ འཕགས་བཞུགས། ༄༅། །ཨོཾ་བདེ་ལེགས་སུ་གྱུར་ཅིག །རང་བྱུང་ཡེ་ཤེས་ལྔ་དང་བཅུ་ལ་ཕྱག་འཚལ་ཞིང་ སྐྱབས་སུ་སོང་ནས། ཀུན་གཞིའི་རབ་ཏུ་དབྱེ་བ་མདོར་བསྡུས་ཏེ་བརྗོད་ན། གསུང་རབ་ མང་པོར་ཀུན་གཞི་ཞེས་གསུངས་པ་ལ་རྣམ་པ་གཉིས་ཏེ། ཡེ་ཤེས་ཡིན་པའི་ཀུན་གཞི་ དང་རྣམ་ཤེས་ཡིན་པའི་ཀུན་གཞིའོ། །ཡང་རྣམ་པ་གཉིས་ཏེ། དོན་དམ་ཡིན་པའི་ཀུན་ གཞི་དང་ཀུན་རྫོབ་ཡིན་པའི་ཀུན་གཞིའོ། །ཡང་རྣམ་པ་གཉིས་ཏེ། འདུས་མ་བྱས་ཡིན་ པའི་ཀུན་གཞི་དང་འདུས་བྱས་ཡིན་པའི་ཀུན་གཞིའོ། །ཡང་རྣམ་པ་གཉིས་ཏེ། རྟག་པ་ ཡིན་པའི་ཀུན་གཞི་དང་མི་རྟག་པ་ཡིན་པའི་ཀུན་གཞིའོ། །ཡང་རྣམ་པ་གཉིས་ཏེ། རང་ བཞིན་གཉུག་མ་ཡིན་པའི་ཀུན་གཞི་དང་བཅོས་མ་གློ་བུར་བ་ཡིན་པའི་ཀུན་ གཞིའོ། །ཡང་རྣམ་པ་གཉིས་ཏེ། དོན་དམ་པའི་དགེ་བ་ཡིན་པའི་ཀུན་གཞི་དང་མ་ བསྒྲིབས་ལུང་མ་བསྟན་ཡིན་པའི་ཀུན་གཞིའོ། །ཡང་རྣམ་པ་གཉིས་ཏེ། རྣམ་པར་བྱང་བ་ མྱང་འདས་ཡིན་པའི་ཀུན་གཞི་དང་ཀུན་ནས་ཉོན་མོངས་འཁོར་བ་ཡིན་པའི་ཀུན་ གཞིའོ། །ཡང་རྣམ་པ་གཉིས་ཏེ། ཡོངས་གྲུབ་ཡིན་པའི་ཀུན་གཞི་དང་ཀུན་བཏགས་ཡིན་ པའི་ཀུན་གཞིའོ། །ཡང་རྣམ་པ་གཉིས་ཏེ། ཟག་མེད་ཡིན་པའི་ཀུན་གཞི་དང་ཟག་བཅས་ ཡིན་པའི་ཀུན་གཞིའོ། །ཡང་རྣམ་པ་གཉིས་ཏེ། དོན་དམ་གྱི་ས་རྣམས་རང་བཞིན་གྱིས་ ཚང་བའི་ཀུན་གཞི་དང་དེ་རྣམས་མ་ཚང་བའི་ཀུན་གཞིའོ། །ཡང་རྣམ་པ་གཉིས་ཏེ། སྦྱང་གཞི་ཡིན་པའི་ཀུན་གཞི་དང་སྦྱང་བྱ་དྲི་མ་ཅན་ཡིན་པའི་ཀུན་གཞིའོ། །ཡང་རྣམ་ པ་གཉིས་ཏེ། སྐད་ཅིག་དང་རྟེན་འབྲེལ་དང་རྣམ་ཤེས་ལས་འདས་པའི་ཀུན་གཞི་དང་ དེ་རྣམས་ལས་མ་འདས་པའི་ཀུན་གཞིའོ། །ཡང་རྣམ་པ་གཉིས་ཏེ། གཤིས་ལུགས་ལ་ཡོད་ 9-1-267 པའི་ཀུན་གཞི་དང་གཤིས་ལུགས་ལ་མེད་པའི་ཀུན་གཞིའོ། །ཡང་རྣམ་པ་གཉིས་ཏེ། གཞན་སྟོང་ཟབ་མོ་ཡིན་པའི་ཀུན་གཞི་དང་རང་སྟོང་མི་ཟབ་པ་ཡིན་པའི་ཀུན་ གཞིའོ། །ཡང་རྣམ་པ་གཉིས་ཏེ། ཐོབ་བྱ་ཡིན་པའི་ཀུན་གཞི་དང་སྤང་བྱ་ཡིན་པའི་ཀུན་ གཞིའོ། །ཡང་རྣམ་པ་གཉིས་ཏེ། བླང་བྱ་ཡིན་པའི་ཀུན་གཞི་དང་དོར་བྱ་ཡིན་པའི་ཀུན་ གཞིའོ། ། དེ་བཞིན་དུ། གཤིས་ཀྱི་གནས་ལུགས་ཟབ་མོ་ཡིན་མིན་གྱི་ཀུན་གཞི་གཉིས་དང༌། ཤེར་ ཕྱིན་ཟབ་མོ་ཡིན་མིན་གྱི་ཀུན་གཞི་གཉིས་དང༌། ཕྱག་རྒྱ་ཆེན་པོ་ཡིན་མིན་གྱི་ཀུན་གཞི་ གཉིས་དང༌། དབུ་མ་ཆེན་པོ་ཡིན་མིན་གྱི་ཀུན་གཞི་གཉིས་དང༌། བྱང་ཆུབ་ཆེན་པོ་ཡིན་ མིན་གྱི་ཀུན་གཞི་གཉིས་དང༌། མྱང་འདས་ཆེན་པོ་ཡིན་མིན་གྱི་ཀུན་གཞི་གཉིས་དང༌། ཐེག་ཆེན་མཐར་ཐུག་ཡིན་མིན་གྱི་ཀུན་གཞི་གཉིས་དང༌། རང་བཞིན་འོད་གསལ་ཡིན་ མིན་གྱི་ཀུན་གཞི་གཉིས་དང༌། རང་བཞིན་ལྷན་སྐྱེས་ཀྱི་བདེ་ཆེན་ཡིན་མིན་གྱི་ཀུན་ གཞི་གཉིས་དང༌། ཡོན་ཏན་མང་པོ་ཅན་གྱི་བདེ་གཤེགས་སྙིང་པོ་ཡིན་མིན་གྱི་ཀུན་ གཞི་གཉིས་དང༌། དབྱེ་བསྡུ་མང་པོ་ཅན་གྱི་རང་བཞིན་གྱི་རིགས་ཡིན་མིན་གྱི་ཀུན་གཞི་ གཉིས་དང༌། རང་བཞིན་འགྱུར་མེད་ཀྱི་ཡེ་ཤེས་ཡིན་མིན་གྱི་ཀུན་གཞི་གཉིས་དང༌། ངོ་ བོ་ཉིད་སྐུ་ཡིན་མིན་གྱི་ཀུན་གཞི་གཉིས་དང༌། དོན་དམ་ཆོས་སྐུ་ཡིན་མིན་གྱི་ཀུན་གཞི་ གཉིས་དང༌། ཤེས་བཅུ་རྣམ་དག་ཡིན་མིན་གྱི་ཀུན་གཞི་གཉིས་དང༌། སངས་རྒྱས་སྐུ་ ལྔའི་བདག་ཡིན་མིན་གྱི་ཀུན་གཞི་གཉིས་དང༌། ཁྱབ་བདག་ཡེ་ཤེས་ལྔའི་བདག་ཡིན་ མིན་གྱི་ཀུན་གཞི་གཉིས་དང༌། ཆ་མེད་ཀུན་འགྲོ་ཡིན་མིན་གྱི་ཀུན་གཞི་གཉིས་དང༌། ལུས་མེད་རྡོ་རྗེ་ཡིན་མིན་གྱི་ཀུན་གཞི་གཉིས་དང༌། རྡོ་རྗེའི་ཟླ་ཉི་ཡིན་མིན་གྱི་ཀུན་གཞི་ གཉིས་དང༌། རྡོ་རྗེའི་ཁུ་རྡུལ་ཡིན་མིན་གྱི་ཀུན་གཞི་གཉིས་དང༌། རྡོ་རྗེའི་ཕྱོགས་གཉིས་ ཡིན་མིན་གྱི་ཀུན་གཞི་གཉིས་དང༌། རྡོ་རྗེའི་བགྲོད་པ་གཉིས་ཡིན་མིན་གྱི་ཀུན་གཞི་ གཉིས་དང༌། རྡོ་རྗེའི་ཨཱ་ལི་ཀཱ་ལི་ཡིན་མིན་གྱི་ཀུན་གཞི་གཉིས་དང༌། རྡོ་རྗེའི་དབྱངས་ དང་གསལ་བྱེད་ཡིན་མིན་གྱི་ཀུན་གཞི་གཉིས་དང༌། རྡོ་རྗེའི་སྐུ་གསུང་ཐུགས་ཡེ་ཤེས་ 9-1-268 ཡིན་མིན་གྱི་ཀུན་གཞི་གཉིས་དང༌། རྡོ་རྗེའི་དགའ་བ་བཞི་ཡིན་མིན་གྱི་ཀུན་གཞི་ གཉིས་དང༌། རྡོ་རྗེའི་སྐུ་བཞི་ཡིན་མིན་གྱི་ཀུན་གཞི་གཉིས་དང༌། རྡོ་རྗེའི་གདན་བཞི་ ཡིན་མིན་གྱི་ཀུན་གཞི་གཉིས་དང༌། རྡོ་རྗེའི་དེ་ཁོ་ན་ཉིད་བཞི་ཡིན་མིན་གྱི་ཀུན་གཞི་ གཉིས་དང༌། རྡོ་རྗེའི་སྐད་ཅིག་མ་བཞི་ཡིན་མིན་གྱི་ཀུན་གཞི་གཉིས་དང༌། རྡོ་རྗེའི་ཧེ་ རུ་ཀ་བཞི་ཡིན་མིན་གྱི་ཀུན་གཞི་གཉིས་དང༌། རྡོ་རྗེའི་ཨེ་ཝཾ་མ་ཡ་བཞི་ཡིན་མིན་གྱི་ ཀུན་གཞི་གཉིས་དང༌། རྡོ་རྗེའི་སེམས་དཔའ་བཞི་ཡིན་མིན་གྱི་ཀུན་གཞི་གཉིས་དང༌། རྡོ་རྗེའི་གསང་སྔགས་བཞི་ཡིན་མིན་གྱི་ཀུན་གཞི་གཉིས་དང༌། རྡོ་རྗེ་པད་མ་ཡིན་མིན་ གྱི་ཀུན་གཞི་གཉིས་དང༌། རྡོ་རྗེ་བྷ་ག་ཡིན་མིན་གྱི་ཀུན་གཞི་གཉིས་དང༌། རྡོ་རྗེ་སེམས་ དཔའ་ཡིན་མིན་གྱི་ཀུན་གཞི་གཉིས་དང༌། རྡོ་རྗེ་འཇིགས་བྱེད་ཡིན་མིན་གྱི་ཀུན་གཞི་ གཉིས་དང༌། རྡོ་རྗེ་བདུད་རྩི་ཡིན་མིན་གྱི་ཀུན་གཞི་གཉིས་དང༌། རྡོ་རྗེ་རྩེ་མོ་ཡིན་མིན་ གྱི་ཀུན་གཞི་གཉིས་དང༌། རྡོ་རྗེ་ཧཱུཾ་མཛད་ཡིན་མིན་གྱི་ཀུན་གཞི་གཉིས་དང༌། རྡོ་རྗེ་ རྣམ་འཇོམས་ཡིན་མིན་གྱི་ཀུན་གཞི་གཉིས་དང༌། རྡོ་རྗེ་སྒྲོལ་མ་ཡིན་མིན་གྱི་ཀུན་གཞི་ གཉིས་དང༌། རྡོ་རྗེ་བདག་མེད་མ་ཡིན་མིན་གྱི་ཀུན་གཞི་གཉིས་དང༌། རྡོ་རྗེའི་དབྱིངས་ ཡིན་མིན་གྱི་ཀུན་གཞི་གཉིས་དང༌། སྔགས་ཀྱི་དབྱིངས་ཡིན་མིན་གྱི་ཀུན་གཞི་གཉིས་ དང༌། ཆོས་ཀྱི་དབྱིངས་ཡིན་མིན་གྱི་ཀུན་གཞི་གཉིས་དང༌། ཆོས་དབྱིངས་གསུང་གི་ དབང་ཕྱུག་ཡིན་མིན་གྱི་ཀུན་གཞི་གཉིས་དང༌། འཇམ་པའི་རྡོ་རྗེ་ཡིན་མིན་གྱི་ཀུན་ གཞི་གཉིས་དང༌། འཁོར་ལོ་སྒྱུར་དྲུག་ཡིན་མིན་གྱི་ཀུན་གཞི་གཉིས་དང༌། མཁའ་འགྲོ་ ལྔ་ཡིན་མིན་གྱི་ཀུན་གཞི་གཉིས་དང༌། མཁའ་འགྲོ་རྒྱ་མཚོ་ཡིན་མིན་གྱི་ཀུན་གཞི་ གཉིས་དང༌། གཤིན་རྗེའི་གཤེད་པོ་ཡིན་མིན་གྱི་ཀུན་གཞི་གཉིས་དང༌། དཔལ་མཆོག་ དང་པོ་ཡིན་མིན་གྱི་ཀུན་གཞི་གཉིས་དང༌། དེ་ཉིད་འདུས་པ་ཡིན་མིན་གྱི་ཀུན་གཞི་ གཉིས་དང༌། ཁམས་གསུམ་རྣམ་རྒྱལ་ཡིན་མིན་གྱི་ཀུན་གཞི་གཉིས་དང༌། དོན་ཐམས་ ཅད་གྲུབ་པ་ཡིན་མིན་གྱི་ཀུན་གཞི་གཉིས་དང༌། འགྲོ་བ་འདུལ་བ་ཡིན་མིན་གྱི་ཀུན་ གཞི་གཉིས་དང༌། ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་ཡིན་མིན་གྱི་ཀུན་གཞི་གཉིས་ 9-1-269 དང༌། དོན་ཡོད་ཞགས་པ་རྣམ་པར་རྒྱལ་ཡིན་མིན་གྱི་ཀུན་གཞི་གཉིས་དང༌། སྒྱུ་འཕྲུལ་ དྲ་བ་ཡིན་མིན་གྱི་ཀུན་གཞི་གཉིས་དང༌། རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་ ཡིན་མིན་གྱི་ཀུན་གཞི་གཉིས་དང༌། ཀྱེའི་རྡོ་རྗེ་ཡིན་མིན་གྱི་ཀུན་གཞི་གཉིས་དང༌། འཁོར་ལོ་བདེ་མཆོག་ཡིན་མིན་གྱི་ཀུན་གཞི་གཉིས་དང༌། གསང་བ་འདུས་པ་ཡིན་མིན་ གྱི་ཀུན་གཞི་གཉིས་དང༌། དུས་ཀྱི་འཁོར་ལོ་ཡིན་མིན་གྱི་ཀུན་གཞི་གཉིས་དང༌། དང་ པོའི་སངས་རྒྱས་ཡིན་མིན་གྱི་ཀུན་གཞི་གཉིས་དང༌། གཞིའི་སངས་རྒྱས་ཡིན་མིན་གྱི་ ཀུན་གཞི་གཉིས་དང༌། སངས་རྒྱས་ཀུན་པས་སྔར་སངས་རྒྱས་ཡིན་མིན་གྱི་ཀུན་གཞི་ གཉིས་དང༌། གདོད་ནས་གྲོལ་བའི་དེ་བཞིན་གཤེགས་ཡིན་མིན་གྱི་ཀུན་གཞི་གཉིས་ དང༌། ཡེ་ཤེས་སྐུ་སྟེ་རང་བྱུང་བ་ཡིན་མིན་གྱི་ཀུན་གཞི་གཉིས་དང༌། འཇམ་དཔལ་ཡེ་ ཤེས་སེམས་དཔའ་ཡིན་མིན་གྱི་ཀུན་གཞི་གཉིས་དང༌། ཡེ་ཤེས་ལུས་ཅན་དེ་བཞིན་ གཤེགས་ཡིན་མིན་གྱི་ཀུན་གཞི་གཉིས་དང༌། ཐོག་མ་བར་དང་མཐའ་དགེ་བ་ཡིན་མིན་ གྱི་ཀུན་གཞི་གཉིས་དང༌། ཕྱག་རྒྱ་ཆེན་པོའི་རིགས་མཆོག་ཡིན་མིན་གྱི་ཀུན་གཞི་གཉིས་ དང༌། གསང་སྔགས་རྒྱལ་པོ་དྲུག་ལྡན་ཡིན་མིན་གྱི་ཀུན་གཞི་གཉིས་དང༌། སྲོག་ཆེན་པོ་ ཡིན་མིན་གྱི་ཀུན་གཞི་གཉིས་དང༌། ཉོན་མོངས་ཆེན་པོའམ་རྡོ་རྗེའི་ཉོན་མོངས་ཡིན་ མིན་གྱི་ཀུན་གཞི་གཉིས་དང༌། དཀྱིལ་འཁོར་ཆེན་པོ་ཡངས་པ་ཡིན་མིན་གྱི་ཀུན་གཞི་ གཉིས་དང༌། ཐེག་པ་ཆེན་པོའི་ཚུལ་གྱི་མཆོག་ཡིན་མིན་གྱི་ཀུན་གཞི་གཉིས་དང༌། སངས་རྒྱས་རྣམ་པར་སྣང་མཛད་ཆེ་ཡིན་མིན་གྱི་ཀུན་གཞི་གཉིས་དང༌། ཐུབ་པ་ཆེན་པོ་ ཐུབ་ཆེན་ལྡན་ཡིན་མིན་གྱི་ཀུན་གཞི་གཉིས་དང༌། གསང་སྔགས་ཚུལ་ཆེན་བདག་ཉིད་ ཅན་ཡིན་མིན་གྱི་ཀུན་གཞི་གཉིས་དང༌། ཕ་རོལ་ཕྱིན་བཅུ་ཐོབ་པ་ཡིན་མིན་གྱི་ཀུན་ གཞི་གཉིས་དང༌། མགོན་པོ་ས་བཅུའི་དབང་ཕྱུག་ཡིན་མིན་གྱི་ཀུན་གཞི་གཉིས་དང༌། ཤེས་བཅུ་རྣམ་དག་བདག་ཉིད་ཅན་ཡིན་མིན་གྱི་ཀུན་གཞི་གཉིས་དང༌། ཐུབ་དབང་ སྟོབས་བཅུ་ཁྱབ་པའི་བདག་ཡིན་མིན་གྱི་ཀུན་གཞི་གཉིས་དང༌། རྣམ་བཅུ་དབང་ལྡན་ ཆེ་བ་པོ་ཡིན་མིན་གྱི་ཀུན་གཞི་གཉིས་དང༌། དེ་བཞིན་ཉིད་བདག་དག་པའི་བདག་ 9-1-270 ཡིན་མིན་གྱི་ཀུན་གཞི་གཉིས་དང༌། ཡང་དག་མཐའ་ལ་རྣམ་པར་གནས་ཡིན་མིན་གྱི་ ཀུན་གཞི་གཉིས་དང༌། དེ་བཞིན་གཤེགས་པ་ཡིད་ལྟར་མགྱོགས་ཡིན་མིན་གྱི་ཀུན་གཞི་ གཉིས་དང༌། རྒྱལ་བ་དགྲ་རྒྱལ་རྣམ་པར་རྒྱལ་ཡིན་མིན་གྱི་ཀུན་གཞི་གཉིས་དང༌། བྱ་བ་ བྱས་པ་སྐམ་སར་གནས་ཡིན་མིན་གྱི་ཀུན་གཞི་གཉིས་དང༌། དམ་ཆོས་ཆོས་རྒྱལ་གསལ་ བར་ལྡན་ཡིན་མིན་གྱི་ཀུན་གཞི་གཉིས་དང༌། ཆོས་ཀྱི་དབང་ཕྱུག་ཆོས་ཀྱྀ་རྒྱལ་ཡིན་ མིན་གྱི་ཀུན་གཞི་གཉིས་དང༌། ཀུན་ཏུ་རྟོག་པ་ཐམས་ཅད་སྤངས་ཡིན་མིན་གྱི་ཀུན་ གཞི་གཉིས་དང༌། རྣམ་པར་མི་རྟོག་དབྱིངས་མི་ཟད་ཡིན་མིན་གྱི་ཀུན་གཞི་གཉིས་དང༌། ཆོས་དབྱིངས་དམ་པ་ཟད་མི་ཤེས་ཡིན་མིན་གྱི་ཀུན་གཞི་གཉིས་དང༌། ཚོགས་གཉིས་ ཚོགས་ནི་བསགས་པ་པོ་ཡིན་མིན་གྱི་ཀུན་གཞི་གཉིས་དང༌། མཆོག་གི་དང་པོ་སྐུ་གསུམ་ འཆང་ཡིན་མིན་གྱི་ཀུན་གཞི་གཉིས་དང༌། སྤྱན་ལྔ་ཆགས་པ་མེད་པ་འཆང་ཡིན་མིན་ གྱི་ཀུན་གཞི་གཉིས་དང༌། གཅིག་པུ་སྲ་མཁྲེགས་རྡོ་རྗེའི་བདག་ཡིན་མིན་གྱི་ཀུན་གཞི་ གཉིས་དང༌། ནམ་མཁའ་ལས་བྱུང་རང་བྱུང་བ་ཡིན་མིན་གྱི་ཀུན་གཞི་གཉིས་དང༌། གསང་སྔགས་རྒྱལ་པོ་དོན་ཆེན་བྱེད་ཡིན་མིན་གྱི་ཀུན་གཞི་གཉིས་དང༌། སངས་རྒྱས་ ཀུན་བདག་དངོས་པོ་མཆོག་ཡིན་མིན་གྱི་ཀུན་གཞི་གཉིས་དང༌། ཁྲོ་བོའི་རྒྱལ་པོ་གདོང་ དྲུག་འཇིགས་ཡིན་མིན་གྱི་ཀུན་གཞི་གཉིས་དང༌། རྡོ་རྗེ་ཤུགས་ཅན་འཇིགས་བྱེད་པ་ ཡིན་མིན་གྱི་ཀུན་གཞི་གཉིས་དང༌། རྡོ་རྗེ་འབེབས་པ་འབེབས་པ་ཆེ་ཡིན་མིན་གྱི་ཀུན་ གཞི་གཉིས་དང༌། རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ་ཡིན་མིན་གྱི་ཀུན་གཞི་གཉིས་ དང༌། ཡི་གེ་དྲུག་པ་རྡོ་རྗེའི་སྒྲ་ཡིན་མིན་གྱི་ཀུན་གཞི་གཉིས་དང༌། འཇམ་དབྱངས་ཆེན་ པོ་སྒྲ་ཆེ་བ་ཡིན་མིན་གྱི་ཀུན་གཞི་གཉིས་དང༌། ཡང་དག་བདག་མེད་དེ་བཞིན་ཉིད་ ཡིན་མིན་གྱི་ཀུན་གཞི་གཉིས་དང༌། ཡང་དག་མཐའ་སྟེ་ཡི་གེ་མེད་ཡིན་མིན་གྱི་ཀུན་ གཞི་གཉིས་དང༌། ཆོས་ཀྱི་དུང་སྟེ་སྒྲ་ཆེན་ལྡན་ཡིན་མིན་གྱི་ཀུན་གཞི་གཉིས་དང༌། ཆོས་ཀྱི་གཎྜི་སྒྲ་བོ་ཆེ་ཡིན་མིན་གྱི་ཀུན་གཞི་གཉིས་དང༌། མི་གནས་མྱ་ངན་འདས་པ་པོ་ ཡིན་མིན་གྱི་ཀུན་གཞི་གཉིས་དང༌། ཕྱོགས་བཅུའི་ཆོས་ཀྱི་རྔ་བོ་ཆེ་ཡིན་མིན་གྱི་ཀུན་ 9-1-271 གཞི་གཉིས་དང༌། གཟུགས་མེད་གཟུགས་བཟང་དམ་པ་ཡིན་མིན་གྱི་ཀུན་གཞི་གཉིས་ དང༌། སུམ་ཅུ་རྩ་གཉིས་མཚན་འཆང་བ་ཡིན་མིན་གྱི་ཀུན་གཞི་གཉིས་དང༌། སྐྱབས་ དང་སྐྱོབ་པ་བླ་ན་མེད་ཡིན་མིན་གྱི་ཀུན་གཞི་གཉིས་དང༌། ཐམས་ཅད་མཁྱེན་པའི་ཡེ་ ཤེས་མཚོ་ཡིན་མིན་གྱི་ཀུན་གཞི་གཉིས་དང༌། མ་རིག་སྒོ་ངའི་སྦུབས་འབྱེད་པ་ཡིན་མིན་ གྱི་ཀུན་གཞི་གཉིས་དང༌། སྲིད་པའི་དྲ་བ་འཇོམས་པ་པོ་ཡིན་མིན་གྱི་ཀུན་གཞི་གཉིས་ དང༌། ཉོན་མོངས་མ་ལུས་ཞི་བྱེད་པ་ཡིན་མིན་གྱི་ཀུན་གཞི་གཉིས་དང༌། འཁོར་བའི་རྒྱ་ མཚོའི་ཕ་རོལ་ཕྱིན་ཡིན་མིན་གྱི་ཀུན་གཞི་གཉིས་དང༌། སྒྲིབ་པ་ཀུན་ལས་ངེས་པར་གྲོལ་ ཡིན་མིན་གྱི་ཀུན་གཞི་གཉིས་དང༌། སྐྱབས་ཀྱི་དམ་པ་སྐྱབས་སུ་འོས་ཡིན་མིན་གྱི་ཀུན་ གཞི་གཉིས་དང༌། རྡུལ་མེད་རྡུལ་བྲལ་དྲི་མ་མེད་ཡིན་མིན་གྱི་ཀུན་གཞི་གཉིས་དང༌། ཉེས་པ་སྤངས་པ་སྐྱོན་མེད་པ་ཡིན་མིན་གྱི་ཀུན་གཞི་གཉིས་དང༌། ཀུན་ཤེས་ཀུན་རིག་ དམ་པ་པོ་ཡིན་མིན་གྱི་ཀུན་གཞི་གཉིས་དང༌། རྣམ་པར་ཤེས་པའི་ཆོས་ཉིད་འདས་ཡིན་ མིན་གྱི་ཀུན་གཞི་གཉིས་དང༌། གཉིས་མེད་ཡེ་ཤེས་ཚུལ་འཆང་བ་ཡིན་མིན་གྱི་ཀུན་ གཞི་གཉིས་དང༌། རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ་ཡིན་མིན་གྱི་ཀུན་གཞི་གཉིས་དང༌། དུས་གསུམ་སངས་རྒྱས་སྐུ་འཆང་བ་ཡིན་མིན་གྱི་ཀུན་གཞི་གཉིས་དང༌། སངས་རྒྱས་ ཐོག་མ་ཐ་མ་མེད་ཡིན་མིན་གྱི་ཀུན་གཞི་གཉིས་དང༌། དང་པོའི་སངས་རྒྱས་རྒྱུད་མེད་ པ་ཡིན་མིན་གྱི་ཀུན་གཞི་གཉིས་དང༌། ཡེ་ཤེས་མིག་གཅིག་དྲི་མ་མེད་ཡིན་མིན་གྱི་ཀུན་ གཞི་གཉིས་དང༌། ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས་ཡིན་མིན་གྱི་ཀུན་གཞི་གཉིས་ དང༌། དཔལ་ལྡན་རྒྱུ་སྐར་དཀྱིལ་འཁོར་འཆང་ཡིན་མིན་གྱི་ཀུན་གཞི་གཉིས་དང༌། དཔལ་ལྡན་པད་མ་གར་གྱི་བདག་ཡིན་མིན་གྱི་ཀུན་གཞི་གཉིས་དང༌། སངས་རྒྱས་ཀུན་ གྱི་སྐུ་འཆང་བ་ཡིན་མིན་གྱི་ཀུན་གཞི་གཉིས་དང༌། སངས་རྒྱས་ཀུན་གྱི་རྣལ་འབྱོར་ཆེ་ ཡིན་མིན་གྱི་ཀུན་གཞི་གཉིས་དང༌། སངས་རྒྱས་ཀུན་གྱི་བསྟན་པ་གཅིག་ཡིན་མིན་གྱི་ ཀུན་གཞི་གཉིས་དང༌། རྡོ་རྗེ་འཆང་བ་ཀུན་གྱི་རྗེ་ཡིན་མིན་གྱི་ཀུན་གཞི་གཉིས་དང༌། སངས་རྒྱས་ཀུན་གྱི་ཐུགས་ཆེ་བ་ཡིན་མིན་གྱི་ཀུན་གཞི་གཉིས་དང༌། སངས་རྒྱས་ཀུན་གྱི་ 9-1-272 སྐུ་ཆེ་བ་ཡིན་མིན་གྱི་ཀུན་གཞི་གཉིས་དང༌། རྡོ་རྗེ་ཉི་མ་སྣང་བ་ཆེ་ཡིན་མིན་གྱི་ཀུན་ གཞི་གཉིས་དང༌། རྡོ་རྗེ་ཟླ་བ་དྲི་མེད་འོད་ཡིན་མིན་གྱི་ཀུན་གཞི་གཉིས་དང༌། ཀུན་ མཁྱེན་ཡེ་ཤེས་མཛོད་འཛིན་པ་ཡིན་མིན་གྱི་ཀུན་གཞི་གཉིས་དང༌། ཐེག་པ་ཆེན་པོའི་ སྡུག་བསྔལ་གཅོད་ཡིན་མིན་གྱི་ཀུན་གཞི་གཉིས་དང༌། རྒྱུད་ཀུན་གྱི་ནི་བདག་པོ་མཆོག་ ཡིན་མིན་གྱི་ཀུན་གཞི་གཉིས་དང༌། ཡེ་ཤེས་སྐུ་རྣམས་མ་ལུས་འཆང་ཡིན་མིན་གྱི་ཀུན་ གཞི་གཉིས་དང༌། ཀུན་ཏུ་བཟང་པོ་བློ་གྲོས་བཟང་ཡིན་མིན་གྱི་ཀུན་གཞི་གཉིས་དང༌། སངས་རྒྱས་ཀུན་གྱི་སྙིང་པོ་ཆེ་ཡིན་མིན་གྱི་ཀུན་གཞི་གཉིས་དང༌། ཡེ་ཤེས་མེ་ལྕེ་འོད་ རབ་གསལ་ཡིན་མིན་གྱི་ཀུན་གཞི་གཉིས་དང༌། དེ་བཞིན་གཤེགས་པའི་ཡོན་ཏན་མཚོ་ ཡིན་མིན་གྱི་ཀུན་གཞི་གཉིས་དང༌། ཡན་ལག་བཅུ་གཉིས་སྲིད་རྩ་བཏོན་ཡིན་མིན་གྱི་ ཀུན་གཞི་གཉིས་དང༌། དག་པ་རྣམ་པ་བཅུ་གཉིས་འཆང་ཡིན་མིན་གྱི་ཀུན་གཞི་གཉིས་ དང༌། བདེན་དོན་རྣམ་པ་བཅུ་གཉིས་ལྡན་ཡིན་མིན་གྱི་ཀུན་གཞི་གཉིས་དང༌། དེ་ཉིད་ རྣམ་པ་བཅུ་དྲུག་རིག་ཡིན་མིན་གྱི་ཀུན་གཞི་གཉིས་དང༌། རྣམ་པ་ཉི་ཤུས་བྱང་ཆུབ་པ་ ཡིན་མིན་གྱི་ཀུན་གཞི་གཉིས་དང༌། སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས་ཡིན་མིན་ གྱི་ཀུན་གཞི་གཉིས་དང༌། སངས་རྒྱས་བྱང་ཆུབ་བླ་ན་མེད་ཡིན་མིན་གྱི་ཀུན་གཞི་གཉིས་ དང༌། ཤེས་རབ་ཕ་རོལ་ཕྱིན་པའི་མཐའ་ཡིན་མིན་གྱི་ཀུན་གཞི་གཉིས་དང༌། རྫོགས་ པའི་སངས་རྒྱས་འཇིག་རྟེན་འདྲེན་ཡིན་མིན་གྱི་ཀུན་གཞི་གཉིས་དང༌། ཡང་དག་ མཐར་གྱུར་ཡིན་མིན་གྱི་ཀུན་གཞི་གཉིས་དང༌། སངས་རྒྱས་བྱང་ཆུབ་ཡིན་མིན་གྱི་ཀུན་ གཞི་གཉིས་ཏེ། དེ་དག་ལ་སོགས་པ་དོན་དམ་པའི་མཚན་བརྗོད་ཀྱིས་བསྟན་པའི་དོན་ ཐམས་ཅད་ཡིན་མིན་གྱི་ཀུན་གཞི་གཉིས་གཉིས་སུ་དབྱེར་ཡོད་ལ། འདིར་ནི་རྣམ་པ་ གསལ་གསལ་འགའ་ཞིག་སྨོས་པར་ཟད་ཀྱི། རྡོ་རྗེའི་ཚིག་རླིང་པོས་གསུངས་པ་མང་པོ་ ནི་ཞིབ་ཏུ་མ་བཤད་ན་ཕལ་གྱིས་མི་རྟོགས་ཤིང༌། ཞིབ་ཏུ་འཆད་པའི་རྔོ་ཐོག་མོད་ཀྱི་ ཉུང་ངུ་ལ་མོས་པ་རྣམས་སྐྲག་པར་འགྱུར་བས་འདིར་རེ་ཞིག་མ་བྲིས་སོ། ། གཤིས་ལུགས་ཟབ་མོ་མཐར་ཐུག་སྟོན་པའི་གསུང་རབ་གཞན་མང་པོར་ཡང་ཚུལ་འདི་ 9-1-273 ལྟ་བུ་དང་དོན་གཅིག་པ་དང༌། གནད་གཅིག་པ་ཤིན་ཏུ་མང་བར་སྣང་བས་བླ་མ་དམ་ པ་མཁས་པ་ལས་ཀྱང་མཁས་པའི་མན་ངག་ཟབ་མོའི་སྒྲོན་མེ་ལ་བརྟེན་ནས། སེམས་ ཅན་ཐམས་ཅད་ཀྱིས་ཚུལ་བཞིན་དུ་རྟོགས་པར་གྱུར་ཅིག །ཇི་སྲིད་དུ་དབུགས་མ་ འགགས་པ་དེ་སྲིད་དུ་ཀུན་གཞི་རྣམ་ཤེས་འགག་མི་སྲིད་ལ། དེ་མ་འགགས་བར་དུ་ཀུན་ གཞི་ཡེ་ཤེས་རྫཽགས་པར་ཐོབ་མི་སྲིད་ཅིང༌། དེ་མ་ཐོབ་ན་སངས་རྒྱས་ཀྱི་སྐུ་གཅིག་ནས་ བཅྭ་བརྒྱད་ཀྱི་བར་དང༌། ཡེ་ཤེས་བཞི་ནས་བཅུ་བཞིའི་བར་དང༌། བྲལ་བ་དང་རྣམ་ པར་སྨིན་པའི་ཡོན་ཏན་དྲུག་བཅུ་རྩ་བཞིས་བསྡུས་པའི་སངས་རྒྱས་ཀྱི་ཡོན་ཏན་གང་ གཱའི་ཀླུང་གི་རྡུལ་སྙེད་ལས་འདས་པའམ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བརྒྱ་བཞི་ བཅུ་ལ་སོགས་པ་དཔག་ཏུ་མེད་ཅིང་ཚད་མེད་ལ་གཞལ་དུ་མེད་པའི་ཡོན་ཏན་ནམ་ མཁའ་དང་མཉམ་པ་ཐོབ་ནས་སེམས་ཅན་གྱི་དོན་བྱེད་པ་མི་སྲིད་པས། དེ་རྣམས་ཐོབ་ པའི་དོན་དུ་རླུང་དང་རྣམ་ཤེས་ངང་གིས་འགག་པའི་ཐབས་མཆོག་ཁྱད་པར་ཅན་ཐུན་ མོང་མ་ཡིན་པ་སེམས་ཅན་ཐམས་ཅད་ཀྱིས་ཚུལ་བཞིན་དུ་སྒོམ་པར་གྱུར་ཅིག །ཀུན་ གཞི་རྣམ་ཤེས་འཁོར་དང་བཅས་པ་མྱུར་དུ་འགགས་ཤིང་ཀུན་གཞི་ཡེ་ཤེས་འཁོར་དང་ བཅས་པ་མྱུར་དུ་ཐོབ་ནས་མཁའ་ཁྱབ་ཕ་མ་ཐམས་ཅད་ཡེ་ཤེས་ཀྱི་ལམ་ལ་འགོད་པར་ གྱུར་ཅིག །ཀུན་གཞི་ཡེ་ཤེས་ནི་དབྱེ་བསྡུ་མང་པོ་ཅན་གྱི་རང་བཞིན་གྱི་རིགས་དང་ གཅིག་ཉིད་ཡིན་པའི་ཕྱིར། རང་བཞིན་གྱི་རིགས་ལ་དབྱེ་བསྡུ་ཇི་སྙེད་གསུངས་པ་ ཐམས་ཅད་ཀུན་གཞི་ཡེ་ཤེས་ཀྱི་དབྱེ་བསྡུ་ཡང་ཡིན་ཏེ། ཐབས་དང་ཤེས་རབ་ཀྱི་ཀུན་ གཞི་ཡེ་ཤེས་གཉིས་དང༌། རྡོ་རྗེའི་སྐུ་གསུང་ཐུགས་ཀྱི་ཀུན་གཞི་ཡེ་ཤེས་གསུམ་དང༌། རྡོ་ རྗེ་བཞིའི་ཀུན་གཞི་ཡེ་ཤེས་བཞི་དང༌། རྒྱལ་བ་རིགས་ལྔའམ་སྟོང་ཆེན་འགྱུར་མེད་ལྔའི་ ཀུན་གཞི་ཡེ་ཤེས་ལྔ་དང༌། རྒྱལ་བ་རིགས་དྲུག་གམ་ཐིག་ལེ་སྟོང་པ་འགྱུར་མེད་དྲུག་གི་ ཀུན་གཞི་ཡེ་ཤེས་དྲུག་དང༌། རྡོ་རྗེ་བཞི་ལ་ཐབས་དང་ཤེས་རབ་ཀྱིས་ཕྱེ་བ་ཞལ་བརྒྱད་ རྣམ་པར་ཐར་པ་བརྒྱད་ཀྱི་ཀུན་གཞི་ཡེ་ཤེས་བརྒྱད་དང༌། བུ་ག་དགུ་དག་པའི་རྡོ་རྗེ་ འཇིགས་བྱེད་ཞལ་དགུ་པའི་ཀུན་གཞི་ཡེ་ཤེས་དགུ་དང༌། ཀྱེའི་རྡོ་རྗེ་ལྷ་དགུའི་ཀུན་ 9-1-274 གཞི་ཡེ་ཤེས་དགུའམ་གསང་འདུས་ལྷ་དགུ་ལ་སོགས་ཀྱི་ཀུན་གཞི་ཡེ་ཤེས་དགུ་དང༌། འདུས་མ་བྱས་ཀྱི་ཕུང་པོ་ལྔ་དང་ཁམས་ལྔ་འདུས་པ་ཤེས་བཅུ་རྣམ་དག་བདག་ཉིད་ཀྱི་ ཀུན་གཞི་ཡེ་ཤེས་བཅུ་དང༌། སྟོང་པ་ཆེན་པོ་འགྱུར་མེད་ལྔ་དང་ཐིག་ལེ་སྟོང་པ་འགྱུར་ མེད་དྲུག་འདུས་པ་ཞལ་བཅུ་གཅིག་གི་ཀུན་གཞི་ཡེ་ཤེས་བཅུ་གཅིག་དང༌། དེ་ཉིད་ ཐབས་དང་ཤེས་རབ་ཀྱི་དབྱེ་བས་ཕྱེ་བ་ཞལ་ཉི་ཤུ་རྩ་གཉིས་ཀྱི་ཀུན་གཞི་ཡེ་ཤེས་ཉི་ཤུ་ རྩ་གཉིས་དང༌། འདུས་མ་བྱས་ཀྱི་ཕུང་པོ་དྲུག་ལ་སོགས་པ་ཕུང་པོ་དང་ཁམས་ཀྱི་རྣམ་ འགྱུར་སུམ་ཅུ་རྩ་དྲུག་གི་ཀུན་གཞི་ཡེ་ཤེས་སུམ་ཅུ་རྩ་དྲུག་དང༌། འདུས་མ་བྱས་ཀྱི་རོ་ དྲུག་དང་ཁམས་ཀྱི་རྣམ་འགྱུར་སུམ་ཅུ་རྩ་དྲུག་གི་ཀུན་གཞི་ཡེ་ཤེས་སུམ་ཅུ་རྩ་དྲུག་ དང༌། འདུས་མ་བྱས་ཀྱི་ཕུང་པོ་དྲུག་འདུས་མ་བྱས་ཀྱི་དབང་པོ་དྲུག་གིས་ཕྱེ་བའི་ འདུས་མ་བྱས་ཀྱི་ཕུང་པོ་སུམ་ཅུ་རྩ་དྲུག་གི་ཀུན་གཞི་ཡེ་ཤེས་སུམ་ཅུ་རྩ་དྲུག་དང༌། ཀ་ རྡོ་རྗེའི་རྒྱུད་ལ་སོགས་པ་རྒྱུད་སུམ་ཅུ་རྩ་དྲུག་གི་ཀུན་གཞི་ཡེ་ཤེས་སུམ་ཅུ་རྩ་དྲུག་དང༌། དེ་ལྟར་སུམ་ཅུ་རྩ་དྲུག་གང་ཡང་རུང་བ་དང་རྣལ་འབྱོར་མ་དྲུག་ཅུ་རྩ་བཞི་ལ་སོགས་ པ་རིགས་དྲུག་ཅུ་རྩ་བཞི་འདུས་པ་རིགས་བརྒྱའི་ཀུན་གཞི་ཡེ་ཤེས་བརྒྱ་ཐམ་པ་དང༌། འདུས་མ་བྱས་ཀྱི་ལོ་གཅིག་གི་ཞག་སུམ་བརྒྱ་དྲུག་ཅུའི་ཀུན་གཞི་ཡེ་ཤེས་སུམ་བརྒྱ་དྲུག་ ཅུ་དང༌། དེ་ཉིད་རིགས་གསུམ་གྱི་དབྱེ་བས་ཕྱེ་བ་སྟོང་བརྒྱད་བཅུའི་ཀུན་གཞིའི་ཡེ་ཤེས་ སྟོང་བརྒྱད་བཅུ་དང༌། འདུས་མ་བྱས་ཀྱི་རྒྱུ་སྐར་ཉེར་བདུན་གྱི་ཆུ་ཚོད་སྟོང་དྲུག་བརྒྱ་ ཉི་ཤུའི་ཀུན་གཞི་ཡེ་ཤེས་སྟོང་དྲུག་བརྒྱ་ཉི་ཤུ་ལ་སོགས་པ་ནས། དེ་རྣམས་ལ་ཡང་ འབུམ་ཕྲག་རིགས་ཆེན་རྣམས། །བྱེ་བའི་རིགས་ལ་གྲངས་ནི་མེད་པར་འགྱུར། །དེ་ལ་ རིགས་ལ་གྲངས་མེད་རིགས་རྣམས་ཉིད། །མཆོག་ཏུ་དགའ་བའི་རིགས་ལས་བྱུང་བ་ རྣམས། །ཞེས་རྡོ་རྗེ་འཆང་ཆེན་པོས་བཀའ་སྩལ་པ་དེ་ཉིད་ཀུན་གཞི་ཡེ་ཤེས་ཀྱིའང་དབྱེ་ བསྡུར་འགྱུར་ཏེ། དེ་དང་དེ་ནི་ཡི་གེ་ཙམ་ཐ་དད་པར་ཟད་ཀྱི་དོན་ནི་གཅིག་ཉིད་ཡིན་ པའི་ཕྱིར་རོ། ། དེ་བཞིན་དུ། དབུ་མ་ཆེན་པོའི་དབྱེ་བསྡུ་ཡང༌། ཐབས་དང་ཤེས་རབ་ཀྱི་དབུ་མ་ཆེན་པོ་ 9-1-275 གཉིས་དང༌། རྡོ་རྗེ་གསུམ་གྱི་དབུ་མ་ཆེན་པོ་གསུམ་དང༌། ཞེས་པ་ལ་སོགས་པ་ནས། མཆོག་ཏུ་དགའ་བའི་རིགས་ལས་བྱུང་བ་རྣམས། །ཞེས་པའི་མཐར་ཐུག་པ་སྔར་བཞིན་ དུ་སོ་སོར་སྦྱར་ཏེ་འདོན་པ་བསྒྱུར་རོ། ། དེ་བཞིན་དུ། འགྱུར་མེད་ཡོངས་གྲུབ་ཀྱི་དབྱེ་བསྡུ་ཡང་འདི་དང་གཅིག་སྟེ། ཐབས་དང་ ཤེས་རབ་ཀྱི་འགྱུར་མེད་ཡོངས་གྲུབ་གཉིས་དང༌། རྡོ་རྗེ་གསུམ་གྱི་འགྱུར་མེད་ཡོངས་ གྲུབ་གསུམ་དང༌། ཞེས་པ་ལ་སོགས་པ་ནས། མཆོག་ཏུ་དགའ་བའི་རིགས་ལས་བྱུང་བ་ རྣམས། །ཞེས་པའི་མཐར་ཐུག་པ་སྔར་བཞིན་དུ་སོ་སོར་སྦྱར་ཏེ་འདོན་པ་བསྒྱུར་རོ། ། དེ་བཞིན་དུ། ཤེར་ཕྱིན་ཟབ་མོའི་དབྱེ་བསྡུ་ཡང་འདི་དང་གཅིག་སྟེ། ཐབས་དང་ཤེས་ རབ་ཀྱི་ཤེར་ཕྱིན་ཟབ་མོ་གཉིས་དང༌། རྡོ་རྗེ་གསུམ་གྱི་ཤེར་ཕྱིན་ཟབ་མོ་གསུམ་དང༌། ཞེས་པ་ལ་སོགས་པ་ནས། མཆོག་ཏུ་དགའ་བའི་རིགས་ལས་བྱུང་བ་རྣམས། །ཞེས་པའི་ མཐར་ཐུག་པ་སྔར་བཞིན་དུ་སོ་སོར་སྦྱར་ཏེ་འདོན་པ་བསྒྱུར་རོ། ། དེ་བཞིན་དུ། ཕྱག་རྒྱ་ཆེན་པོའི་དབྱེ་བསྡུ་ཡང་འདི་དང་གཅིག་སྟེ། ཐབས་དང་ཤེས་རབ་ ཀྱི་ཕྱག་རྒྱ་ཆེན་པོ་གཉིས་དང༌། རྡོ་རྗེ་གསུམ་གྱི་ཕྱག་རྒྱ་ཆེན་པོ་གསུམ་དང༌། ཞེས་པ་ ནས། མཆོག་ཏུ་དགའ་བའི་རིགས་ལས་བྱུང་བ་རྣམས། །ཞེས་པའི་མཐར་ཐུག་པ་སྔར་ བཞིན་དུ་སོ་སོར་སྦྱར་ཏེ་འདོན་པ་བསྒྱུར་རོ། ། དེ་བཞིན་དུ། ཤིན་ཏུ་རྣལ་འབྱོར་གྱི་དབྱེ་བསྡུ་ཡང་འདི་དང་གཅིག་སྟེ། ཐབས་དང་ཤེས་ རབ་ཀྱི་ཤིན་ཏུ་རྣལ་འབྱོར་གཉིས་དང༌། རྡོ་རྗེ་གསུམ་གྱི་ཤིན་ཏུ་རྣལ་འབྱོར་གསུམ་ དང༌། རྡོ་རྗེ་བཞིའི་ཤིན་ཏུ་རྣལ་འབྱོར་བཞི་དང༌། ཞེས་པ་ལ་སོགས་པ་ནས། མཆོག་ཏུ་ དགའ་བའི་རིགས་ལས་བྱུང་བ་རྣམས། །ཞེས་པའི་མཐར་ཐུག་པ་སྔར་བཞིན་དུ་སོ་སོར་ སྦྱར་ཏེ་འདོན་པ་བསྒྱུར་རོ། ། དེ་ཅིའི་ཕྱིར་ཞེ་ན། དབྱེ་བསྡུ་མང་པོ་ཅན་གྱི་རང་བཞིན་གྱི་རིགས་དང༌། དབྱེ་བསྡུ་མང་ པོ་ཅན་གྱི་ཀུན་གཞི་ཡེ་ཤེས་དང༌། དབྱེ་བསྡུ་མང་པོ་ཅན་གྱི་དབུ་མ་ཆེན་པོ་དང༌། དབྱེ་ བསྡུ་མང་པོ་ཅན་གྱི་འགྱུར་མེད་ཡོངས་གྲུབ་དང༌། དབྱེ་བསྡུ་མང་པོ་ཅན་གྱི་ཤེར་ཕྱིར་ 9-1-276 ཟབ་མོ་དང༌། དབྱེ་བསྡུ་མང་པོ་ཅན་གྱི་ཕྱག་རྒྱ་ཆེན་པོ་དང༌། དབྱེ་བསྡུ་མང་པོ་ཅན་གྱི་ ཤིན་ཏུ་རྣལ་འབྱོར་རྣམས་ནི་དུ་མ་རོ་གཅིག་ཡིན་པའི་ཕྱིར་ཏེ། མིང་དུ་མའི་དོན་རོ་ གཅིག་པ་དང༌། རྣམ་པ་དུ་མའི་ངོ་བོ་རོ་གཅིག་པ་ཡིན་པའི་ཕྱིར་རོ། ། དེ་བཞིན་དུ། ཡོན་ཏན་མང་པོ་ཅན་གྱི་སངས་རྒྱས་མཉམ་སྦྱོར་དང༌། ཡོན་ཏན་མང་པོ་ ཅན་གྱི་ལྷན་ཅིག་སྐྱེས་སྦྱོར་དང༌། ཡོན་ཏན་མང་པོ་ཅན་གྱི་མྱང་འདས་ཆེན་པོ་དང༌། ཡོན་ཏན་མང་པོ་ཅན་གྱི་རང་བཞིན་འོད་གསལ་དང༌། ཡོན་ཏན་མང་པོ་ཅན་གྱི་ འགོག་བདེན་ཟབ་མོ་དང༌། ཡོན་ཏན་མང་པོ་ཅན་གྱི་ཡོངས་གྲུབ་བཅུ་གཉིས་དང༌། ཡོན་ཏན་མང་པོ་ཅན་གྱི་དུས་འཁོར་བདེ་དགྱེས་གསང་འདུས་ལ་སོགས་པ་འདུས་མ་ བྱས་ཀྱི་ལྷ་དང་སྔགས་དང་རྒྱུད་དང་དཀྱིལ་འཁོར་དང་ཕྱག་རྒྱ་ཐམས་ཅད་ཀྱང་དུ་མ་ རོ་གཅིག་ཡིན་པའི་ཕྱིར། དབྱེ་བསྡུ་མང་པོ་ཅན་དུ་བཞུགས་པས་སྔར་བསྟན་པ་བཞིན་ སོ་སོར་སྦྱར་ཞིང་འདོན་པ་བསྒྱུར་རོ། ། རང་བཞིན་གྱིས་དགེ་བ་དང༌། ཁ་ན་མ་ཐོ་བ་མེད་པ་དང༌། ཟག་པ་མེད་པ་དང༌། ཉོན་ མོངས་པ་མེད་པ་དང༌། རྣམ་པར་བྱང་བ་དང༌། འཇིག་རྟེན་ལས་འདས་པ་དང༌། འདུས་ མ་བྱས་པ་ཡིན་པའི་གཟུགས་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་ དང༌། རྣམ་པར་དག་པ་དང༌། ཡོངས་སུ་དག་པ་དང༌། ཤིན་ཏུ་རྣམ་པར་དག་པ་དང༌། རང་བཞིན་གྱིས་འོད་གསལ་བའི་གཟུགས་ནས་རྣམ་མཁྱེན་གྱི་བར་དང༌། འཕོ་བ་མེད་ ཅིང་ཉིང་འཚམས་སྦྱོར་བ་མེད་པའི་གཟུགས་སོགས་དང༌། ཁམས་གསུམ་དང་དུས་ གསུམ་ལས་འདས་པའི་གཟུགས་སོགས་དང༌། འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་ མེད་པའི་གཟུགས་སོགས་དང༌། ཆོས་ཉིད་ཀྱི་གཟུགས་ནས་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་ བར་ཡང་དུ་མ་རོ་གཅིག་དབྱེ་བསྡུ་མང་པོ་ཅན་ཡིན་པའི་ཕྱིར་སྔར་བསྟན་པ་བཞིན་སོ་ སོར་སྦྱར་ཞིང་འདོན་པ་བསྒྱུར་རོ། ། ཀྱེའི་རྡོ་རྗེར། སེམས་ནི་ཆེན་པོ་གཅིག་ཉིད་ལ། །ལྔ་ཡི་གཟུགས་ཀྱིས་རྣམ་པར་ མཚོན། །རིགས་ནི་ལྔ་པོ་དེ་ཉིད་ལས། །སྟོང་ཕྲག་དུ་མ་སྐྱེས་པ་ཉིད། །དེ་ཕྱིར་འདི་དག་ 9-1-277 རང་བཞིན་གཅིག །བདེ་ཆེན་མཆོག་ཏུ་ཕན་པ་ཉིད། །ཅེས་ཀྱང་བཀའ་སྩལ་ཏོ། །དྲི་མེད་ འོད་དུ་ཡང༌། རིགས་གཅིག་གི་རྒྱུད་དུ་གྲུབ་པ་གང་ཡིན་པ་དེ་ཉིད་རིགས་གསུམ་དང་ རིགས་ལྔ་དང་སྟོང་དང་འབུམ་དང་བྱེ་བའི་དབྱེ་བས་ཐ་དད་པ་ནི་འདུས་པ་ལ་སོགས་ པ་དང་ཀྱེའི་རྡོ་རྗེ་ལ་སོགས་པའི་རྒྱུད་རྣམས་ལ་གྲངས་མེད་དེ་སེམས་ཅན་མཐའ་ཡས་ པའི་བསམ་པའི་དབང་གིས་སོ། །ཞེས་པ་ནི་རྒྱུད་ཀྱི་ངེས་པའོ། །ཞེས་གསུངས་སོ། ། དེ་ལྟར་ངེས་དོན་ཟབ་མོ་མཐར་ཐུག་པའི་ཆོས་ལ་ཡང་བློ་གྲོས་ཀྱི་སྣང་བ་རབ་ཏུ་རྒྱས་ པར་བྱ་སྟེ། བསྟན་པའི་སྙིང་པོ་ལ་བྱ་བ་ཆེན་པོ་བྱས་ནས་སངས་རྒྱས་དང་བྱང་ཆུབ་ སེམས་དཔའ་ཐམས་ཅད་རབ་ཏུ་དགྱེས་པར་གྱུར་ཅིག །ལས་རླུང་མ་འགགས་བཞིན་དུ་ ཉོན་མོངས་རྣམ་རྟོག་ངོ་ཤེས་པ་ཙམ་གྱིས་སངས་རྒྱས་ཐོབ་པར་འདོན་པ་དང༌། རང་ངོ་ མ་ཤེས་པ་ལས་གཞན་པའི་སྒྲིབ་པ་མེད་པས་རང་ངོ་ཤེས་ཙམ་ན་སྒྲིབ་པ་སྤང་རྒྱུ་མེད་ པར་འདོད་པ་དང་སྤང་བྱ་དང་གཉེན་པོ་གཅིག་ཏུ་འདོད་པ་དང་རང་སྟོང་གང་ཡིན་ ཆོས་སྐུ་དང་ཆོས་ཉིད་ལ་སོགས་པར་འདོད་པ་དང་སྟོང་ཉིད་ཐམས་ཅད་རང་སྟོང་ཁོ་ ནར་བྱས་ནས། སངས་རྒྱས་དང་ཡེ་ཤེས་ལ་སོགས་པ་གཤིས་ལ་གང་ཡང་མ་གྲུབ་པར་ འདོད་པ་དང་ཀུན་གཞི་ཐམས་ཅད་ལེན་པའི་རྣམ་ཤེས་ཁོ་ནར་བྱས་ནས་ཀུན་གཞི་ཡེ་ ཤེས་བདེ་ཆེན་མཁའ་ཁྱབ་ལ་སྐུར་བ་འདེབས་པ་དང༌། དངོས་པོ་ཐམས་ཅད་འདུས་ བྱས་ཁོ་ནར་བྱས་ནས་འདུས་མ་བྱས་ཀྱི་དངོས་པོ་རྣམས་ལ་སྐུར་བ་འདེབས་པ་དང༌། བེམ་རིག་ཐམས་ཅད་འདུས་བྱས་ཁོ་ནར་བྱས་ནས་འདུས་མ་བྱས་ཀྱི་བེམ་པོ་དང་རིག་ པ་མི་སྲིད་པར་འདོད་པ་དང༌། རང་རིག་རང་གསལ་ཐམས་ཅད་འདུས་བྱས་ཁོ་ནར་ བྱས་ནས་འདུས་མ་བྱས་ཀྱི་རང་རིག་རང་གསལ་མི་སྲིད་པར་འདོད་པ་དང༌། རྣམ་རིག་ ཐམས་ཅད་སེམས་ཙམ་ཁོ་ནར་བྱས་ནས་དབུ་མའི་རྣམ་རིག་མི་སྲིད་པར་འདོད་པ་ དང༌། སེམས་ཙམ་ཐམས་ཅད་ཀུན་རྫོབ་ཁོ་ནར་བྱས་ནས་དོན་དམ་གྱི་སེམས་ཙམ་མི་ སྲིད་པར་འདོད་པ་དང༌། སེམས་ཙམ་ཐམས་ཅད་འདུས་བྱས་ཁོ་ནར་བྱས་ནས་འདུས་ མ་བྱས་ཀྱི་སེམས་ཙམ་མི་སྲིད་པར་འདོད་པ་དང༌། སེམས་ཀྱི་སྣང་བ་ཐམས་ཅད་ཀུན་ 9-1-278 རྫོབ་ཁོ་ནར་བྱས་ནས་དོན་དམ་གྱི་སེམས་ཀྱི་སྣང་བ་མི་སྲིད་པར་འདོད་པ་དང༌། མྱོང་ བ་གཉིས་མེད་ཐམས་ཅད་འདུས་བྱས་ཁོ་ནར་བྱས་ནས་འདུས་མ་བྱས་ཀྱི་མྱོང་བ་ གཉིས་མེད་མི་སྲིད་པར་འདོད་པ་དང༌། སྟོང་ཉིད་ཐམས་ཅད་རང་སྟོང་ཁོ་ནར་བྱས་ ནས་གཞན་སྟོང་ཟབ་མོའི་སྟོང་ཉིད་མི་སྲིད་པར་འདོད་པ་དང༌། སྙིང་རྗེ་ཐམས་ཅད་ འདུས་བྱས་ཁོ་ནར་བྱས་ནས་འདུས་མ་བྱས་ཀྱི་སྙིང་རྗེ་མི་སྲིད་པར་འདོད་པ་དང༌། རྒྱུད་ཐམས་ཅད་འདུས་བྱས་ཁོ་ནར་བྱས་ནས་འདུས་མ་བྱས་ཀྱི་རྒྱུད་མི་སྲིད་པར་ འདོད་པ་དང༌། ལྷ་དང་སྔགས་ཐམས་ཅད་འདུས་བྱས་ཁོ་ནར་བྱས་ནས་འདུས་མ་བྱས་ ཀྱི་ལྷ་དང་སྔགས་མི་སྲིད་པར་འདོད་པ་དང༌། དཀྱིལ་འཁོར་དང་ཕྱག་རྒྱ་ཐམས་ཅད་ འདུས་བྱས་ཁོ་ནར་བྱས་ནས་འདུས་མ་བྱས་ཀྱི་དཀྱིལ་འཁོར་དང་ཕྱག་རྒྱ་མི་སྲིད་པར་ འདོད་པ་དང༌། བླ་མ་དང་སངས་རྒྱས་དང་ཆོས་དང་དགེ་འདུན་དང་མཁའ་འགྲོ་ ཐམས་ཅད་འདུས་བྱས་ཁོ་ནར་བྱས་ནས་འདུས་མ་བྱས་ཀྱི་བླ་མ་དང་སངས་རྒྱས་དང་ ཆོས་དང་དགེ་འདུན་དང་མཁའ་འགྲོ་མི་སྲིད་པར་འདོད་པ་དང༌། གཟུགས་ལ་སོགས་ པའི་ཕུང་པོ་ཐམས་ཅད་འདུས་བྱས་ཁོ་ནར་བྱས་ནས་འདུས་མ་བྱས་ཀྱི་ཕུང་པོ་མི་སྲིད་ པར་འདོད་པ་དང༌། དབང་པོ་དང་ཡུལ་དང་རྣམ་ཤེས་དང་རེག་པ་དང་ཚོར་བ་ཐམས་ ཅད་འདུས་བྱས་ཁོ་ནར་བྱས་ནས་འདུས་མ་བྱས་ཀྱི་དབང་པོ་དང་ཡུལ་དང་རྣམ་ཤེས་ དང་རེག་པ་དང་ཚོར་བ་མི་སྲིད་པར་འདོད་པ་དང༌། ས་ཆུ་མེ་རླུང་ཐམས་ཅད་འདུས་ བྱས་ཁོ་ནར་བྱས་ནས་འདུས་མ་བྱས་ཀྱི་ས་ཆུ་མེ་རླུང་མི་སྲིད་པར་འདོད་པ་དང༌། རྟེན་ འབྲེལ་བཅུ་གཉིས་ཐམས་ཅད་འདུས་བྱས་ཁོ་ནར་བྱས་ནས་འདུས་མ་བྱས་ཀྱི་རྟེན་ འབྲེལ་བཅུ་གཉིས་མི་སྲིད་པར་འདོད་པ་དང༌། ཕར་ཕྱིན་བཅུ་པོ་ཐམས་ཅད་འདུས་ བྱས་ཁོ་ནར་བྱས་ནས་འདུས་མ་བྱས་ཀྱི་ཕར་ཕྱིན་བཅུ་པོ་མི་སྲིད་པར་འདོད་པ་དང༌། དྲན་པ་ཉེར་གཞག་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་འདུས་བྱས་ཁོ་ནར་ བྱས་ནས་འདུས་མ་བྱས་ཀྱི་དྲན་པ་ཉེར་གཞག་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་གང་ ཡང་མི་སྲིད་པར་འདོད་པ་དང༌། འབྲས་བུ་ཐམས་ཅད་སྐྱེད་འབྲས་ཁོ་ནར་བྱས་ནས་ 9-1-279 བྲལ་འབྲས་ལ་སྐུར་བ་འདེབས་པ་དང༌། རྒྱུ་ཐམས་ཅད་སྐྱེད་བྱེད་ཁོ་ནར་བྱས་ནས་བྲལ་ བྱེད་ལ་སྐུར་བ་འདེབས་པ་དང༌། ཡོད་པར་རྟོགས་ཚད་ཡོད་ལྟའི་སྐྱོན་ཅན་དུ་བྱེད་པ་ དང༌། རྟག་པར་རྟོགས་ཚད་རྟག་ལྟའི་སྐྱོན་ཅན་དུ་བྱེད་པ་དང༌། རང་སྟོང་གིས་དོན་ དམ་གྱི་གོ་ཆོད་པར་བྱས་ནས་ཀུན་རྫོབ་ཀྱི་སྟོང་ཆ་དོན་དམ་དུ་འདོད་པ་དང༌། སྣང་ སྟོང་དེ་གཉིས་ངོ་བོ་གཅིག་པ་ལ་བདེན་གཉིས་ངོ་བོ་གཅིག་ཏུ་བྱེད་པ་དང༌། འཁོར་ བའི་སྟོང་ཆ་མྱང་འདས་སུ་བྱས་ནས་དེའི་སྣང་ཆ་སྟོང་ཆ་དབྱེར་མེད་པ་ལ་འཁོར་ འདས་དབྱེར་མེད་ཀྱི་དོན་དུ་འདོད་པ་དང༌། ངོ་ཤེས་ན་སངས་རྒྱས། ངོ་མ་ཤེས་ན་ འཁོར་བ། ངོ་ཤེས་ན་ཡེ་ཤེས། ངོ་མ་ཤེས་ན་རིག་པ། ཞེས་སོགས་ངོ་མ་ཤེས་ཀྱིས་ཡིན་ མིན་དང་བཟང་ངན་དུ་འགྱུར་བར་འདོད་པ་ལ་སོགས་པ་ལྟ་ངན་ལྟ་ལོག་ཐམས་ཅད་ སྤངས་ནས། ཡང་དག་པའི་ལྟ་བ་ཕུན་སུམ་ཚོགས་པ་དང་མཇལ་ཏེ་ས་ལམ་ཐམས་ཅད་ མྱུར་དུ་བགྲོད་པར་གྱུར་ཅིག །ཀུན་གཞིའི་རབ་ཏུ་དབྱེ་བ་རྫོགས་ལྡན་གྱི་ཆོས་སུ་ གསུངས་པ་རྣམས་ལས་འདིར་ཉུང་ཤས་བསྡུས་པའོ། །འདིས་ཀྱང་བསྟན་པ་དང་སེམས་ ཅན་ཐམས་ཅད་ལ་ཕན་པར་གྱུར་ཅིག ། བདག་ནི་སྐྱེ་བ་ཐམས་ཅད་དུ། །བསྟན་པ་གསལ་བར་བྱེད་གྱུར་ཅིག །བསྟན་པ་གསལ་ བར་མ་ནུས་ནའང༌། །བསྟན་པའི་ཁུར་ཆེན་འཁུར་བར་ཤོག །ཁུར་ཆེན་བཀུར་བར་མ་ ནུས་ནའང༌། །བསྟན་པའི་སེམས་ཁྲལ་བྱེད་པ་དང༌། །བསྟན་པ་ཉམས་ཀྱིས་དོགས་ ཡི། །བྱ་ར་ཙམ་ཡང་བྱེད་པར་ཤོག། །།མཾ་ག་ལཾ་བྷ་ཝ་ཏུ།། (མ་དཔེ་ནི་འབྲས་གནས་བཅུའི་དཔེ་རྙིང་ཕྱི་ལ། ༤༢༡ ཤིང་པར་དང༌། ཕྱི་ལ། ༡༥༤ དབུ་ཅན་བྲིས་མ་གཉིས་ཡོད། ཆོས་ཚན་འདི་འཛམ་ཐང་པར་ཤིང་ན་མེད་པའི་གསར་ རྙེད་རེད་འདུག་ལགས།) 9-1-280 ༄༅། །སྟོང་ཉིད་ཀྱི་རབ་ཏུ་དབྱེ་བ་བཞུགས། 9-1-281 ༄༅། །སྟོང་ཉིད་ཀྱི་རབ་ཏུ་དབྱེ་བ་བཞུགས། ༄༅། །ཨོཾ་བདེ་ལེགས་སུ་གྱུར་ཅིག །དོན་དམ་བདེན་པ་ཡིན་པའི་སྟོང་ཉིད་ཟབ་མོ་ ཐམས་ཅད་ལ་ཕྱག་འཚལ་ཞིང་སྐྱབས་སུ་སོང་ནས། སྟོང་ཉིད་ཀྱི་རབ་ཏུ་དབྱེ་བའི་རྗེས་ འབྲང་འགའ་ཞིག་བརྗོད་པར་བྱ་སྟེ། སྟོང་ཉིད་ཡིན་ལ་དོན་དམ་མིན་པ་ཡོད། །དོན་དམ་ཡིན་ལ་སྟོང་ཉིད་མིན་པ་ མིན། །གཉིས་ཡིན་ཡོད་དེ་གཉི་ག་མིན་པ་མེད། །དེ་ཕྱིར་འདི་ལ་མུ་གཉིས་ཡོད་པ་ ཡིན། །འདིར་གཉི་ག་མིན་པའི་དོན་ནི་གཉིས་པོ་གང་ཡང་མ་ཡིན་པ་ལ་གོ་བར་ བྱའོ། །ཕྱི་མ་རྣམས་སུ་ཡང་ངོ༌། །སྟོང་ཉིད་ཡིན་ལ་ཆོས་དབྱིངས་མིན་པ་ཡོད། །ཆོས་ དབྱིངས་ཡིན་ལ་སྟོང་ཉིད་མིན་པ་མེད། །གཉིས་མིན་ཡོད་དེ་གཉི་ག་མིན་པ་མེད། །དེ་ ཕྱིར་འདི་ལའང་མུ་གཉིས་ཡོད་པ་ཡིན། །སྟོང་ཉིད་ཡིན་ལ་ཆོས་ཉིད་མིན་པ་ཡོད། །ཆོས་ ཉིད་ཡིན་ལ་སྟོང་ཉིད་མིན་པ་མེད། །གཉིས་ཡིན་ཡོད་དེ་གཉི་ག་མིན་པ་མེད། །དེ་ཕྱིར་ འདི་ལའང་མུ་གཉིས་ཡོད་པ་ཡིན། ། དེ་བཞིནདུ། ཡོངས་གྲུབ་ལྷག་མ་ཐམས་ཅད་ཀྱང་སྟོང་ཉིད་དང་མུ་གཉིས་གཉིས་སུ་ གནས་པར་རྟོགས་དགོས་སོ། །སྟོང་ཉིད་ཡིན་ལ་ཆོས་སྐུ་མིན་པ་ཡོད། །ཆོས་སྐུ་ཡིན་ལ་ སྟོང་ཉིད་མིན་པ་མེད། །གཉིས་ཡིན་ཡོད་དེ་གཉི་ག་མིན་པ་མེད། །དེ་ཕྱིར་འདི་ལའང་ མུ་གཉིས་ཡོད་པ་ཡིན། །སྟོང་ཉིད་ཡིན་ལ་འགོག་བདེན་མིན་པ་ཡོད། །འགོག་བདེན་ ཡིན་ལ་སྟོང་ཉིད་མིན་པ་མེད། །གཉིས་ཡིན་ཡོད་དེ་གཉི་ག་མིན་པ་མེད། །དེ་ཕྱིར་འདི་ ལའང་མུ་གཉིས་ཡོད་པ་ཡིན། །སྟོང་ཉིད་ཡིན་ལ་དབུ་མ་མིན་པ་ཡོད། །དབུ་མ་ཡིན་ལ་ སྟོང་ཉིད་མིན་པ་མེད། །གཉིས་ཡིན་ཡོད་དེ་གཉི་ག་མིན་པ་མེད། །དེ་ཕྱིར་འདི་ལའང་ མུ་གཉིས་ཡོད་པ་ཡིན། །སྟོང་ཉིད་ཡིན་ལ་ཡེ་ཤེས་མིན་པ་ཡོད། །ཡེ་ཤེས་ཡིན་ལ་སྟོང་ 9-1-282 ཉིད་མིན་པ་མེད། །གཉིས་ཡིན་ཡོད་དེ་གཉི་ག་མིན་པ་མེད། །དེ་ཕྱིར་འདི་ལའང་མུ་ གཉིས་ཡོད་པ་ཡིན། །སྟོང་ཉིད་ཡིན་ལ་རྣམ་ཤེས་མིན་པ་ཡོད། །རྣམ་ཤེས་ཡིན་ལ་སྟོང་ ཉིད་མིན་པ་མེད། །གཉིས་ཡིན་ཡོད་དེ་གཉི་ག་མིན་པ་མེད། །དེ་ཕྱིར་འདི་ལའང་མུ་ གཉིས་ཡོད་པ་ཡིན། །སྟོང་ཉིད་ཡིན་ལ་འདུས་བྱས་མིན་པ་ཡོད། །འདུས་བྱས་ཡིན་ལ་ སྟོང་ཉིད་མིན་པ་མེད། །གཉིས་ཡིན་ཡོད་དེ་གཉི་ག་མིན་པ་མེད། །དེ་ཕྱིར་འདི་ལའང་ མུ་གཉིས་ཡོད་པ་ཡིན། །སྟོང་ཉིད་ཡིན་ལ་སངས་རྒྱས་མིན་པ་ཡོད། །སངས་རྒྱས་ཡིན་ལ་ སྟོང་ཉིད་མིན་པ་མེད། །གཉིས་ཡིན་ཡོད་དེ་གཉི་ག་མིན་པ་མེད། །དེ་ཕྱིར་འདི་ལའང་ མུ་གཉིས་ཡོད་པ་ཡིན། །སྟོང་ཉིད་ཡིན་ལ་རྒྱལ་སྲས་མིན་པ་ཡོད། །རྒྱལ་སྲས་ཡིན་ལ་ སྟོང་ཉིད་མིན་པ་མེད། །གཉིས་ཡིན་ཡོད་དེ་གཉི་ག་མིན་པ་མིན། །དེ་ཕྱིར་འདི་ལའང་ མུ་གཉིས་ཡོད་པ་ཡིན། །སྟོང་ཉིད་ཡིན་ལ་ཉན་རང་མིན་པ་ཡོད། །ཉན་རང་ཡིན་ལ་ སྟོང་ཉིད་མིན་པ་མེད། །གཉིས་ཡིན་ཡོད་དེ་གཉི་ག་མིན་པ་མེད། །དེ་ཕྱིར་འདི་ལའང་ མུ་གཉིས་ཡོད་པ་ཡིན། །སྟོང་ཉིད་ཡིན་ལ་སེམས་ཅན་མིན་པ་ཡོད། །སེམས་ཅན་ཡིན་ལ་ སྟོང་ཉིད་མིན་པ་མེད། །གཉིས་ཡིན་ཡོད་དེ་གཉི་ག་མིན་པ་མེད། །དེ་ཕྱིར་འདི་ལའང་ མུ་གཉིས་ཡོད་པ་ཡིན། ། དེ་བཞིན་དུ། གཟུགས་ཅན་གཟུགས་མེད་དང༌། ཐོགས་བཅས་ཐོགས་མེད་དང༌། བསྟན་ ཡོད་བསྟན་མེད་དང༌། ཟག་བཅས་ཟག་མེད་དང༌། འཇིག་རྟེན་ལས་འདས་མ་འདས་ དང༌། ལུང་དུ་བསྟན་མ་བསྟན་དང༌། སློབ་མི་སློབ་དང༌། ངན་འགྲོ་བདེ་འགྲོ་ལ་སོགས་ པ་ཤིན་ཏུ་མང་པོ་དང༌། སྟོང་པ་ལ་མུ་གཉིས་གཉིས་སུ་གནས་པ་རྣམས་ལེགས་པར་ ཁོང་དུ་ཆུད་པར་བྱའོ། །དེ་ལྟར་བྱས་ན་ཆོས་རྣམས་ཀྱི་ཆོས་ཉིད་དང༌། ཆོས་ཀྱི་དབྱིངས་ དང༌། ཆོས་ཀྱི་གནས་ཉིད་དང༌། ཆོས་སྐྱོན་མེད་པ་ཉིད་དང༌། དེ་བཞིན་ཉིད་དང༌། མ་ ནོར་བ་དེ་བཞིན་ཉིད་དང༌། གཞན་མ་ཡིན་པ་དེ་བཞིན་ཉིད་དང༌། ཡང་དག་པའི་ མཐའ་དང༌། བསམ་གྱིས་མི་ཁྱབ་པའི་དབྱིངས་ལ་སོགས་པ་འགྱུར་མེད་ཡོངས་གྲུབ་ ཐམས་ཅད་རང་སྟོང་ཉིད་དུ་འདོད་པའི་གདོན་ལས་གྲོལ་བར་འགྱུར་ཞིང༌། དོན་དམ་ 9-1-283 ཆོས་སྐུ་དང༌། ངོ་བོ་ཉིད་སྐུ་དང༌། རང་བཞིན་གྱི་རིགས་དང༌། མཐར་ཐུག་གི་དབུ་མ། ཤེར་ཕྱིན། ཕྱག་རྒྱ་ཆེན་པོ། མྱང་འདས་ཆེན་པོ། རང་བཞིན་འོད་གསལ། རང་བཞིན་ གཉུག་མ། རང་བཞིན་ལྷན་སྐྱེས་ཀྱི་བདེ་ཆེན། རང་བཞིན་ལྷུན་གྲུབ་ཀྱི་སྟོང་ཆེན། དོན་ དམ་གཞན་སྟོང་གི་བདེ་དགྱེས་གསང་འདུས་དུས་འཁོར་ལ་སོགས་པ་འདུས་མ་བྱས་ སྐད་ཅིག་ལས་འདས་པའི་ལྷ་དང་སྔགས་དང་རྒྱུད་དང་དཀྱིལ་འཁོར་དང་ཕྱག་རྒྱ་ལ་ སོགས་པ་གཤིས་ལུགས་ཟབ་མོ་མཐར་ཐུག་ཐམས་ཅད་རང་སྟོང་དུ་འདོད་པའི་གཅོང་ ནད་ལས་གྲོལ་བར་གྱུར་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཆེན་པོ་ཐམས་ ཅད་རབ་ཏུ་དགྱེས་པར་འགྱུར་རོ། །འདིར་དོན་དམ་ཆོས་ཉིད་ལ་སོགས་པ་དང་སྟོང་པ་ ཉིད་ལ་མུ་གཉིས་གཉིས་སུ་གནས་པར་ལེགས་པར་བཤད་པ་འདི་དོན་ལ་གནས་ཤིང༌། རྫོགས་ལྡན་གྱི་ཆོས་ལས་གསུངས་པའི་དགོངས་པ་ཡང་དག་པ་ཡིན་ནའང༌། འགའ་ ཞིག་དེ་མི་འདོད་པར་སྟོང་ཉིད་ཐམས་ཅད་དེ་བཞིན་ཉིད་ལ་སོགས་པ་དང་རྣམ་ གྲངས་ཡིན་པས་ཁྱབ་ཆེ་ཆུང་མེད་དེ། དབུས་མཐའ་རྣམ་འབྱེད་དུ། སྟོང་པ་ཉིད་ནི་ མདོར་བསྡུ་ན། །དེ་བཞིན་ཉིད་དང་ཡང་དག་མཐའ། །མཚན་མ་མེད་དང་དོན་དམ་ དང༌། །ཆོས་ཀྱི་དབྱིངས་ནི་རྣམ་གྲངས་སོ། །ཞེས་གསུངས་པའི་ཕྱིར་དང༌། སྟོང་ཉིད་གོ་ ཆོད་རང་སྟོང་ཁོ་ན་ཡིན་གྱི་གཞན་སྟོང་གིས་སྟོང་ཉིད་ཀྱི་གོ་མི་ཆོད་པའི་ཕྱིར་ཞེས་ འདོད་ན། དེའི་ཕྱིར་བརྗོད་པར་བྱ་སྟེ། ཆོས་ཀྱི་དཔང་པོ་མཐར་ཐུག་པ་སངས་རྒྱས་ བཅོམ་ལྡན་འདས་ཀྱིས་གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །གཟུགས་ལས་ སྟོང་པ་ཉིད་གཞན་མ་ཡིན་ནོ། །སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། ། དེ་བཞིན་དུ། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་རྣམས་ སྟོང་པའོ། །ཞེས་བཀའ་སྩལ་པའི་ཕྱིར། རང་སྟོང་དང་དེ་བཞིན་ཉིད་ལ་སོགས་པ་རྣམ་ གྲངས་ཡིན་ན་གཟུགས་དེ་བཞིན་ཉིད་དོ། །དེ་བཞིན་ཉིད་གཟུགས་སོ། །དེ་ལས་དེ་ གཞན་མ་ཡིན་ཞིང་དེ་ལས་ཀྱང་དེ་གཞན་མ་ཡིན་ནོ། །ཞེས་པར་འདོད་དགོས་ལ། དེ་ འདོད་ན་མི་རྟག་པ་འགྱུར་བའི་ཆོས་ཀྱང་རང་སྟོང་ཡིན་པས་དེ་བཞིན་ཉིད་དོ། །དེ་ 9-1-284 བཞིན་ཉིད་མི་རྟག་འགྱུར་བའི་ཆོས་སོ། །དེ་ལས་དེ་གཞན་མ་ཡིན་ཞིང༌། དེ་ལས་ཀྱང་ དེ་གཞན་མ་ཡིན་ནོ། །ཞེས་ཀྱང་འདོད་དགོས་མོད། དེ་འདོད་ན་གཞན་དུ་མི་འགྱུར་ བའི་དོན་གྱིས་དེ་བཞིན་ཉིད་དུ་ལེགས་པར་གསུངས་པ་དང་མི་འགལ་ལམ་ཞིབ་ཏུ་ དགོངས་པར་ཞུ། དེ་བཞིན་དུ། ཕྱིན་ཅི་ལོག་གི་ཆོས་ཐམས་ཅད་ཀྱང་རང་སྟོང་ཡིན་པས་ཡང་དག་པའི་ མཐའོ། །ཡང་དག་པའི་མཐའ་ཕྱིན་ཅི་ལོག་གི་ཆོས་སོ། །དེ་ལས་དེ་གཞན་མ་ཡིན། ཞེས་ སོགས་ཀྱང་འདོད་དགོས་ལ། ཕྱིན་ཅི་ལོག་མ་ཡིན་པའི་དོན་གྱིས་ཡང་དག་པའི་མཐར་ གསུངས་པ་དང་མི་འགལ་ལམ། ཡང་མཚན་མ་ཐམས་ཅད་ཀྱང་རང་སྟོང་ཡིན་ལ་ མཚན་མ་མེད་པའོ། །མཚན་མ་མེད་པ་ཐམས་ཅད་མའོ། །དེ་ལས་གཞན་མ་ཡིན། ཞེས་ སོགས་ཀྱང་འདོད་དགོས་ལ། དེ་འདོད་ན། མཚན་མ་མེད་པའི་དོན་མཚན་མ་འགགས་ ཤིང་མཚན་མ་ཉེ་བར་ཞི་བ་ལ་གསུངས་པ་དང་མི་འགལ་ལམ། ཡང་འཕགས་ཆེན་ རྣམས་ཀྱི་རང་རིག་ཡེ་ཤེས་ཀྱི་སྤྱོད་ཡུལ་མ་ཡིན་པ་སྡིག་པ་དང་སྡུག་བསྔལ་མི་བཟད་པ་ རྣམས་ཀྱང་རང་སྟོང་ཡིན་པའི་ཕྱིར་དོན་དམ་པའོ། །དོན་དམ་པ་སྡིག་པ་དང་སྡུག་ བསྔལ་མི་བཟད་པའོ། །དེ་ལས་དེ་གཞན་མ་ཡིན། ཞེས་སོགས་སུ་འདོད་དགོས་པ་ལ། དོན་དམ་གྱི་དོན་ནི་འཕགས་པའི་ཡེ་ཤེས་དམ་པའི་རང་རིག་གི་སྤྱོད་ཡུལ་ལ་གསུངས་ པ་དང་མི་འགལ་ལམ། ཡང་འཕགས་པའི་ཆོས་ཀྱི་རྒྱུ་མ་ཡིན་པ་མཚམས་མེད་ལྔ་ལ་ སོགས་པ་ལས་ངན་མ་རུངས་པ་རྣམས་ཀྱང་སྟོང་ཉིད་ཡིན་པས་ཆོས་ཀྱི་དབྱིངས་ཡིན་ པར་འདོད་དགོས་ལ། ཆོས་ཀྱི་དབྱིངས་ཀྱི་དོན་འཕགས་པའི་ཆོས་རྣམས་ཀྱི་རྒྱུ་ཡིན་པ་ ལ་གསུངས་པ་དང་མི་འགལ་ལམ། དེས་ན་ཞིབ་ཏུ་དགོངས་པར་ཞུ། གཞན་ཡང༌། རང་སྟོང་གང་རང་སྟོང་གང་ཡིན་ཐམས་ཅད་དོན་དམ་ཡིན་ན་འགྱུར་ མེད་ཡོངས་གྲུབ་ཐམས་ཅད་དང་ཆོས་ཉིད་ཀྱི་རྡོ་རྗེ་ཐམས་ཅད་ཀྱང་ཡིན་པར་འདོད་ དགོས་པས་ཡབ་ཡུམ་དང་བྱ་སྒྲོ་ལ་སོགས་པ་བསྲེག་ཏུ་རུང་ཞིང་གཞོམ་དུ་རུང་ལ་ བཅད་དུ་རུང་བའི་དངོས་པོ་ཕལ་པ་ཐམས་ཅད་ཀྱང་རང་རང་ངོ་བོས་སྟོང་པའི་ཕྱིར་ 9-1-285 འགྱུར་མེད་ཡོངས་གྲུབ་ཐམས་ཅད་དང༌། ཆོས་ཉིད་ཀྱི་རྡོ་རྗེ་ཐམས་ཅད་ཡིན་པར་ཧ་ ཅང་ཐལ་བ་ལ་སོགས་པ་ཉེས་སྐྱོན་དཔག་ཏུ་མེད་པ་མགོ་བོར་ཐོག་ལྷུང་བ་བཞིན་ འབྱུང་བའི་ཕྱིར། རང་སྟོང་ཐམས་ཅད་དེ་བཞིན་ཉིད་ལ་སོགས་པ་ཡིན་པར་འདོད་ པའི་སྡིག་ལྟ་རླབས་པོ་ཆེ་དེ་སེམས་ཅན་ཐམས་ཅད་ཀྱིས་སྤོང་བར་གྱུར་ཅིག །རྒྱལ་བའི་ ཡུམ་ལ་སོགས་པ་དང༌། དཔལ་སྒྱུ་འཕྲུལ་དྲ་བའི་རྒྱུད་ལ་སོགས་པ་ཐེག་ཆེན་གྱི་གསུང་ རབ་ཟབ་མོ་མང་ཞིང་ཆེས་མང་བ་རྣམས་སུ་དེ་བཞིན་ཉིད་ལ་སོགས་པ་སྟོང་ཉིད་ཀྱི་ རྣམ་གྲངས་ཆེས་ཤིན་ཏུ་མང་བར་གསུངས་པ་ཐམས་ཅད་གཞན་སྟོང་ཟབ་མོའི་རྣམ་ གྲངས་སུ་ལེགས་པར་རྟོགས་པར་གྱུར་ཅིག །སྟོང་པ་ཉིད་ཡིན་ལ་དོན་དམ་མིན་པ་དང༌། སྟོང་ཉིད་ཡིན་ལ་དེ་བཞིན་ཉིད་མིན་པ་ལ་སོགས་པ་ནས་འགྱུར་མེད་ཡོངས་གྲུབ་ ཐམས་ཅད་དང༌། ཆོས་ཉིད་ཀྱི་རྡོ་རྗེ་ཐམས་ཅད་ཀྱི་བར་དུ་མ་ཡིན་པའི་རང་སྟོང་མང་ པོ་ཡོད་པ་ཡང་ཚུལ་བཞིན་རྟོགས་པར་གྱུར་ཏེ། དངོས་པོར་མངོན་པར་ཞེན་པ་ཐམས་ ཅད་དང་བྲལ་བར་གྱུར་ཅིག །དོན་དམ་གཞན་སྟོང་ཟབ་མོའི་བྱིན་བརླབས་ཆེན་པོ་ མཁའ་ཁྱབ་ཀྱི་མཐུས་དེ་ཁོ་ན་བཞིན་དུ་གྲུབ་པར་གྱུར་ཅིག ། འདི་ཡང་རྒྱལ་ཁམས་ཕྱོགས་མེད་རིས་མེད་པ་རྟོན་པ་བཞི་ལྡན་གྱིས་རྫོགས་ལྡན་གྱི་ ལུགས་སུ་བཀོད་པའོ།། །།འདིས་ཀྱང་བསྟན་པ་དང་སེམས་ཅན་ཐམས་ཅད་ལ་ཕན་ པར་གྱུར་ཅིག །མཾ་ག་ལཾ་བྷ་ཝ་ཏུ། (མ་དཔེ་ནི་འབྲས་གནས་བཅུའི་དཔེ་རྙིང་ཕྱི་ལ། ༡༥༤ དབུ་ཅན་བྲིས་མ་ཡིན། ཆོས་ ཚན་འདི་འཛམ་ཐང་པར་ཤིང་ན་མེད་པའི་གསར་རྙེད་རེད་འདུག་ལགས།) 9-1-286 ༄༅། །དོན་དམ་དབྱིངས་རིག་དབྱེར་མེད་ལ་ བསྟོད་པ་བཞུགས། 9-1-287 ༄༅། །དོན་དམ་དབྱིངས་རིག་དབྱེར་མེད་ལ་ བསྟོད་པ་བཞུགས། ༄༅། །ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ རྣམ་ཤེས་ཕུང་པོས་གདོད་ནས་སྟོང་པའི་གཞི། །ཆོས་ཉིད་རྣམ་ ཤེས་ཕུང་པོ་རྣམ་ཤེས་གཞན། །རྣམ་དག་རྣམ་ཤེས་རྒྱལ་བ་མི་བསྐྱོད་པ། །ཆོས་དབྱིངས་ ཡེ་ཤེས་མཁའ་ལྟར་ཁྱབ་ལ་འདུད། །འདུ་བྱེད་ཕུང་པོས་གདོད་ནས་སྟོང་པའི་ གཞི། །ཆོས་ཉིད་འདུ་བྱེད་ཕུང་པོ་འདུ་བྱེད་གཞན། །རྣམ་དག་འདུ་བྱེད་ཕུང་པོ་དོན་ ཡོད་གྲུབ། །བྱ་གྲུབ་ཡེ་ཤེས་མཁའ་དབྱིངས་ཁྱབ་ལ་འདུད། །ཚོར་བའི་ཕུང་པོས་གདོད་ ནས་སྟོང་པའི་གཞི། །ཆོས་ཉིད་ཚོར་བའི་ཕུང་པོ་ཚོར་བ་གཞན། །རྣམ་དག་ཚོར་བའི་ ཕུང་པོ་རིན་ཆེན་དབང༌། །མཉམ་ཉིད་ཡེ་ཤེས་མཁའ་དབྱིངས་ཁྱབ་ལ་འདུད། །འདུ་ ཤེས་ཕུང་པོས་གདོད་ནས་སྟོང་པའི་གཞི། །ཆོས་ཉིད་འདུ་ཤེས་ཕུང་པོ་འདུ་ཤེས་ གཞན། །རྣམ་དག་འདུ་ཤེས་ཕུང་པོ་འོད་དཔག་མེད། །ཀུན་གཟིགས་ཡེ་ཤེས་མཁའ་ དབྱིངས་ཁྱབ་ལ་འདུད། །གཟུགས་ཀྱི་ཕུང་པོས་གདོད་ནས་སྟོང་པའི་གཞི། །ཆོས་ཉིད་ གཟུགས་ཀྱི་ཕུང་པོ་གཟུགས་གཞན་མཆོག ། རྣམ་དག་གཟུགས་ཀྱི་ཕུང་པོ་རྣམ་སྣང་ མཛད། །མེ་ལོང་ཡེ་ཤེས་མཁའ་ཁྱབ་དབྱིངས་ལ་འདུད། །ཡེ་ཤེས་ཕུང་པོས་གདོད་ནས་ སྟོང་པའི་གཞི། །ཆོས་ཉིད་ཡེ་ཤེས་ཕུང་པོ་ཡེ་ཤེས་གཞན། །རྣམ་དག་ཡེ་ཤེས་ཕུང་པོ་རྡོ་ རྗེ་སེམས། །ཆོས་དབྱིངས་ཡེ་ཤེས་མཁའ་ལྟར་ཁྱབ་ལ་འདུད། །ཨ་ཨི་རྀ་ཨུ་ལྀ་ཨཾ། ནམ་མཁའི་ཁམས་ཀྱིས་གདོད་ནས་སྟོང་པའི་གཞི། །ཆོས་ཉིད་ནམ་མཁའི་ཁམས་མཆོག་ ནམ་མཁའ་གཞན། །རྣམ་དག་ནམ་མཁའི་རྡོ་རྗེ་དབྱིངས་ཕྱུག་མ། །ཆོས་དབྱིངས་ཡེ་ཤེས་ མཁའ་ལྟར་ཁྱབ་ལ་འདུད། །རླུང་གི་ཁམས་ཀྱིས་གདོད་ནས་སྟོང་པའི་གཞི། །ཆོས་ཉིད་ རླུང་གི་ཁམས་མཆོག་རླུང་ཁམས་གཞན། །གདོད་ནས་དག་པའི་རླུང་ཁམས་སྒྲོལ་མ་ ཡུམ། །བྱ་གྲུབ་ཡེ་ཤེས་མཁའ་ཁྱབ་དབྱིངས་ལ་འདུད། །མེ་ཡི་ཁམས་ཀྱིས་གདོད་ནས་ 9-1-288 སྟོང་པའི་གཞི། །ཆོས་ཉིད་མེ་ཡི་ཁམས་མཆོག་མེ་ཁམས་གཞན། །གདོད་ནས་དག་པའི་ མེ་ཁམས་གོས་དཀར་མོ། །མཉམ་ཉིད་ཡེ་ཤེས་མཁའ་ཁྱབ་དབྱིངས་ལ་འདུད། །ཆུ་ཡི་ ཁམས་ཀྱིས་གདོད་ནས་སྟོང་པའི་གཞི། །ཆོས་ཉིད་ཆུ་ཡི་ཁམས་མཆོག་ཆུ་ཁམས་ གཞན། །གདོད་ནས་དག་པའི་ཆུ་ཁམས་མཱ་མ་ཀཱི། །ཀུན་གཟིགས་ཡེ་ཤེས་མཁའ་ཁྱབ་ དབྱིངས་ལ་འདུད། །ས་ཡི་ཁམས་ཀྱིས་གདོད་ནས་སྟོང་པའི་གཞི། །ཆོས་ཉིད་ས་ཡི་ ཁམས་མཆོག་ས་ཁམས་གཞན། །གདོད་ནས་དག་པའི་ས་ཁམས་སངས་རྒྱས་སྤྱན། །མེ་ ལོང་ཡེ་ཤེས་མཁའ་ཁྱབ་དབྱིངས་ལ་འདུད། །ཀུན་རྫོབ་ཡེ་ཤེས་ཁམས་ཀྱིས་སྟོང་པའི་ གཞི། །ཆོས་ཉིད་ཡེ་ཤེས་ཁམས་མཆོག་ཡེ་ཤེས་གཞན། །རྣམ་དག་ཡེ་ཤེས་ཤེས་རབ་ཕ་ རོལ་ཕྱིན། །ཆོས་དབྱིངས་ཡེ་ཤེས་མཁའ་ལྟར་ཁྱབ་ལ་འདུད། །ཨཱ་ཨཱི་རྀ་ཨཱུ་ལྀ་ཨཱཿ ཀུན་རྫོབ་རྣ་བའི་དབང་པོས་སྟོང་པའི་གཞི། །ཆོས་ཉིད་རྣ་བའི་དབང་པོ་རྣ་བ་ གཞན། །རྣ་དབང་རྣ་བ་ཕྱག་ན་རྡོ་རྗེ་མཆོག །ཆོས་དབྱིངས་ཡེ་ཤེས་མཁའ་ལྟར་ཁྱབ་ལ་ འདུད། །ཀུན་རྫོབ་སྣ་ཡི་དབང་པོས་སྟོང་པའི་གཞི། །ཆོས་ཉིད་སྣ་ཡི་དབང་པོ་སྣ་དབང་ གཞན། །རྣམ་དག་སྣ་དབང་ནམ་མཁའི་སྙིང་པོ་མཆོག །བྱ་གྲུབ་ཡེ་ཤེས་མཁའ་དབྱིངས་ ཁྱབ་ལ་འདུད། །ཀུན་རྫོབ་མིག་གི་དབང་པོས་སྟོང་པའི་གཞི། །ཆོས་ཉིད་མིག་གི་དབང་ པོས་མིག་མཆོག་གཞན། །རྣམ་དག་མིག་དབང་ས་ཡི་སྙིང་པོ་མཆོག །མཉམ་ཉིད་ཡེ་ཤེས་ མཁའ་དབྱིངས་ཁྱབ་ལ་འདུད། །ཀུན་རྫོབ་ལྕེ་ཡི་དབང་པོས་སྟོང་པའི་གཞི། །ཆོས་ཉིད་ ལྕེ་ཡི་དབང་པོ་ལྕེ་དབང་གཞན། །རྣམ་དག་ལྕེ་དབང་འཇིག་རྟེན་དབང་ཕྱུག་ མཆོག །ཀུན་གཟིགས་ཡེ་ཤེས་མཁའ་ཁྱབ་དབྱིངས་ལ་འདུད། །ཀུན་རྫོབ་ལུས་ཀྱི་དབང་ པོས་སྟོང་པའི་གཞི། །ཆོས་ཉིད་ལུས་ཀྱི་དབང་པོ་ལུས་མཆོག་གཞན། །རྣམ་དག་ལུས་ དབང་སྒྲིབ་ཀུན་རྣམ་སེལ་མཆོག །མེ་ལོང་ཡེ་ཤེས་མཁའ་ཁྱབ་དབྱིངས་ལ་འདུད། །ཀུན་ རྫོབ་ཡིད་ཀྱི་དབང་པོས་སྟོང་པའི་གཞི། །ཆོས་ཉིད་ཡིད་ཀྱི་དབང་པོ་ཡིད་མཆོག་ གཞན། །རྣམ་དག་ཡིད་དབང་ཀུན་ཏུ་བཟང་པོ་མཆོག །ཆོས་དབྱིངས་ཡེ་ཤེས་མཁའ་ ལྟར་ཁྱབ་ལ་འདུད། །ཨ་ཨེ་ཨར་ཨོ་ཨལ་ཨཾ། 9-1-289 ཀུན་རྫོབ་ཆོས་ཀྱི་ཁམས་ཀྱིས་སྟོང་པའི་གཞི། །ཆོས་ཉིད་ཆོས་ཀྱི་ཁམས་མཆོག་ཆོས་ ཁམས་གཞན། །རྣམ་དག་ཆོས་ཁམས་ཆོས་ཁམས་རྡོ་རྗེ་མ། །ཆོས་དབྱིངས་ཡེ་ཤེས་མཁའ་ ལྟར་ཁྱབ་ལ་འདུད། །ཀུན་རྫོབ་རེག་བྱས་རྟག་ཏུ་སྟོང་པའི་གཞི། །ཆོས་དབྱིངས་རེག་ བྱའི་ཁམས་མཆོག་རེག་བྱ་གཞན། །རྣམ་དག་རེག་བྱ་རེག་བྱ་རྡོ་རྗེ་མ། །བྱ་གྲུབ་ཡེ་ཤེས་ མཁའ་ཁྱབ་དབྱིངས་ལ་འདུད། །ཀུན་རྫོབ་རོ་ཡི་ཁམས་ཀྱིས་སྟོང་པའི་གཞི། །ཆོས་ཉིད་ རོ་ཡི་ཁམས་མཆོག་རོ་ཁམས་གཞན། །རྣམ་དག་རོ་ཁམས་རོ་ཡི་རྡོ་རྗེ་མ། །མཉམ་ཉིད་ ཡེ་ཤེས་མཁའ་ཁྱབ་དབྱིངས་ལ་འདུད། །ཀུན་རྫོབ་གཟུགས་ཀྱི་ཁམས་ཀྱིས་སྟོང་པའི་ གཞི། །ཆོས་ཉིད་གཟུགས་ཀྱི་སྐྱེ་མཆེད་གཟུགས་མཆོག་གཞན། །རྣམ་དག་གཟུགས་མཆོག་ གཟུགས་ཀྱི་རྡོ་རྗེ་མ། །མེ་ལོང་ཡེ་ཤེས་མཁའ་ཁྱབ་དབྱིངས་ལ་འདུད། །ཀུན་རྫོབ་སྒྲ་ཡི་ ཁམས་ཀྱིས་སྟོང་པའི་གཞི། །ཆོས་ཉིད་སྒྲ་ཡི་སྐྱེ་མཆེད་སྒྲ་ཁམས་གཞན། །རྣམ་དག་སྒྲ་ ཁམས་སྒྲ་ཡི་རྡོ་རྗེ་མ། །ཆོས་དབྱིངས་ཡེ་ཤེས་མཁའ་ལྟར་ཁྱབ་ལ་འདུད། །ཨཱ་ཨཻ་ཨར་ཨཽ་ ཨཱལ་ཨཿ གློ་བུར་གསང་བའི་དབང་པོས་སྟོང་པའི་གཞི། །ཆོས་ཉིད་གསང་བའི་དབང་པོ་གསང་ གནས་གཞན། །རྣམ་དག་གསང་གནས་གཙུག་ཏོར་འཁོར་ལོ་བསྒྱུར། །ཆོས་དབྱིངས་ཡེ་ ཤེས་མཁའ་ལྟར་ཁྱབ་ལ་འདུད། །གློ་བུར་ངག་གི་དབང་པོས་སྟོང་པའི་གཞི། །ཆོས་ཉིད་ ངག་གི་དབང་པོ་ངག་དབང་གཞན། །རྣམ་དག་ངག་གི་དབང་པོ་བགེགས་མཐར་ མཛད། །བྱ་གྲུབ་ཡེ་ཤེས་མཁའ་དབྱིངས་ཁྱབ་ལ་འདུད། །གློ་བུར་ལག་པའི་དབང་པོས་ སྟོང་པའི་གཞི། །ཆོས་ཉིད་ལག་པའི་དབང་པོ་ལག་པ་གཞན། །རྣམ་དག་ལག་པ་ཤེས་ རབ་མཐར་བྱེད་མཆོག །མཉམ་ཉིད་ཡེ་ཤེས་མཁའ་ཁྱབ་དབྱིངས་ལ་འདུད། །གློ་བུར་ རྐང་པའི་དབང་པོས་སྟོང་པའི་གཞི། །ཆོས་ཉིད་རྐང་པའི་དབང་པོ་རྐང་པ་ གཞན། །རྣམ་དག་རྐང་པ་པད་མ་མཐར་མཛད་མཆོག །ཀུན་གཟུགས་ཡེ་ཤེས་མཁའ་ ཁྱབ་དབྱིངས་ལ་འདུད། །གློ་བུར་བཤང་ལམ་དབང་པོས་སྟོང་པའི་གཞི། །ཆོས་ཉིད་ བཤང་ལམ་དབང་པོ་བཤང་ལམ་གཞན། །རྣམ་དག་བཤང་ལམ་གཤིན་རྗེ་མཐར་མཛད་ 9-1-290 མཆོག །མེ་ལོང་ཡེ་ཤེས་མཁའ་ཁྱབ་དབྱིངས་ལ་འདུད། །གློ་བུར་དབང་པོ་མཆོག་གིས་ སྟོང་པའི་གཞི། །ཆོས་ཉིད་མཆོག་གི་དབང་པོ་མཆོག་དབང་གཞན། །རྣམ་དག་མཆོག་གི་ དབང་པོ་གནོད་མཛེས་རྒྱལ། །ཆོས་དབྱིངས་ཡེ་ཤེས་མཁའ་ལྟར་ཁྱབ་ལ་འདུད། །ཧ་ཡ་ ར་ཝ་ལ་ཧཾ། གློ་བུར་ས་བོན་འབབ་པས་སྟོང་པའི་གཞི། །ཆོས་ཉིད་ས་བོན་འབབ་པ་མཆོག་གམ་ གཞན། །རྣམ་དག་ས་བོན་འབབ་མ་ཏྲག་སྤྱན་མ། །ཆོས་དབྱིངས་ཡེ་ཤེས་མཁའ་ལྟར་ ཁྱབ་ལ་འདུད། །གློ་བུར་བཤང་བ་འབབ་པས་སྟོང་པའི་གཞི། །ཆོས་ཉིད་བཤང་བ་འབབ་ པའི་བཤང་འབབ་གཞན། །རྣམ་དག་བཤང་འབབ་ཤིན་ཏུ་བརྩོན་འགྲུས་མ། །བྱ་གྲུབ་ཡེ་ ཤེས་མཁའ་ཁྱབ་དབྱིངས་ལ་འདུད། །གློ་བུར་འགྲོ་བའི་བྱ་བས་སྟོང་པའི་གཞི། །ཆོས་ ཉིད་འགྲོ་བའི་བྱ་བ་འགྲོ་བ་གཞན། །རྣམ་དག་འགྲོ་བའི་བྱ་བ་རྨུགས་བྱེད་མ། །མཉམ་ ཉིད་ཡེ་ཤེས་མཁའ་ཁྱབ་དབྱིངས་ལ་འདུད། །གློ་བུར་ལེན་པའི་བྱ་བས་སྟོང་པའི་ གཞི། །ཆོས་ཉིད་ལེན་པའི་བྱ་བ་ལེན་པ་གཞན། །རྣམ་དག་ལེན་པའི་བྱ་བ་ཁེངས་བྱེད་ མ། །ཀུན་གཟིགས་ཡེ་ཤེས་མཁའ་ཁྱབ་དབྱིངས་ལ་འདུད། །གློ་བུར་བརྗོད་པའི་བྱ་བས་ སྟོང་པའི་གཞི། །ཆོས་ཉིད་བརྗོད་པའི་བྱ་བ་བརྗོད་པ་གཞན། །རྣམ་དག་བརྗོད་པའི་བྱ་ བ་རེངས་བྱེད་མ། །མེ་ལོང་ཡེ་ཤེས་མཁའ་ཁྱབ་དབྱིངས་ལ་འདུད། །གློ་བུར་གཅི་བ་ འབབ་པས་སྟོང་པའི་གཞི། །ཆོས་ཉིད་གཅི་བ་འབབ་མ་གཅི་བ་གཞན། །རྣམ་དག་གཅི་ བབ་ཤིན་ཏུ་སྔོན་མོ་མཆོག ། ཆོས་དབྱིངས་ཡེ་ཤེས་མཁའ་ལྟར་ཁྱབ་ལ་འདུད། །ཧཱ་ཡཱ་རཱ་ ཝཱ་ལཱ་ཧཿ འབྲུ་ཡི་ཤུན་པ་དང་མཚུངས་གློ་བུར་གྱིས། །དྲི་མ་དྲུག་ཚན་དྲུག་གིས་སྟོང་པའི་ གཞི། །ཆོས་ཉིད་འབྲུ་ཡི་སྙིང་པོ་དང་མཚུངས་ལྷ། །དྲུག་ཚན་དྲུག་ལ་རྟག་ཏུ་ཕྱག་འཚལ་ འདུད། །ཀུན་རྫོབ་དྲུག་ཚན་དྲུག་གིས་སྟོང་པའི་གཞི། །དོན་དམ་རང་རིག་རང་བྱུང་ཡེ་ ཤེས་ལྷ། །དྲུག་ཚན་དྲུག་གི་གཙོ་བོ་ཐུགས་རྡོ་རྗེ། །བསམ་དུ་མེད་པའི་དབྱིངས་ལ་ཕྱག་ འཚལ་ལོ། །ཆོས་དབྱིངས་མཁའ་ལྟར་གདོད་ནས་དབྱེར་མེད་ཅིང༌། །རོ་མཉམ་གཅིག་ཏུ་ 9-1-291 འདྲེས་པའི་ཡེ་ཤེས་ལྷ། །སུམ་ཅུ་བདུན་ནི་དོན་དམ་འགོག་བདེན་གྱི། །བྱང་ཆུབ་ཕྱོགས་ ཆོས་སུམ་ཅུ་རྩ་བདུན་ལགས། །དེ་ལྟར་སུམ་ཅུ་རྩ་དྲུག་དབྱིངས་ཀྱི་ལྷ། །གསལ་བྱེད་རེ་རེ་ ལ་ཡང་བཞུགས་པ་ན། །རྡོ་རྗེའི་ཀ་རྡོ་རྗེའི་ཁ་ལ་སོགས། །རྡོ་རྗེའི་ཀྵ་ཡིག་བར་དུ་སུམ་ཅུ་ དྲུག །དེ་དག་སོ་སོར་སུམ་ཅུ་རྩ་དྲུག་ལྷའི། །བདག་ཉིད་དཀྱིལ་འཁོར་སུམ་ཅུ་དྲུག་ ལགས་ཏེ། །དེ་རྣམས་ལ་ཡང་ཁྱབ་བྱེད་ཐུགས་རྡོ་རྗེ། །བསམ་དུ་མེད་པའི་དབྱིངས་ རྣམས་ལ་ཕྱག་འཚལ། །དེ་སླད་དེ་རྣམས་སོ་སོར་སུམ་ཅུ་བདུན། །དེ་ཡང་ཆོས་ཉིད་དོན་ དམ་འགོག་བདེན་ལགས། །གདོད་ནས་ངོ་བོ་ཉིད་ཀྱིས་ཚང་བ་ཡི། །བྱང་ཆུབ་ཕྱོགས་ ཆོས་སུམ་ཅུ་རྩ་བདུན་ལགས། །དེ་ལྟར་ཆོས་ཉིད་འདུས་མ་བྱས་ཀྱི་དབྱིངས། །གཙང་ བདག་བདེ་དང་རྟག་པའི་ཡོན་ཏན་གྱི། །ཕ་རོལ་སོན་པ་དོན་དམ་ཆོས་སྐུ་ནི། །གླེང་ བཞིའི་ཡི་གེ་སུམ་ཅུ་བདུན་ཡང་ལགས། །དེ་བཞིན་དེ་རྣམས་ཆོས་ཉིད་རྣལ་འབྱོར་ མ། །སུམ་ཅུ་བདུན་དང་འདོད་མ་སུམ་ཅུ་བདུན། །དེ་བཞིན་ཕྱིར་འདོད་མ་ཡང་སུམ་ཅུ་ བདུན། །ཕོ་ཉ་སུམ་ཅུ་བདུན་སོགས་ལ་ཕྱག་འཚལ། །ཁྱོད་ནི་མཁའ་ལྟར་ཀུན་ལ་ཁྱབ་ པར་བཞུགས། །དེ་སླད་ཁྱོད་ནི་ཁམས་གསུམ་སེམས་ཅན་ལའང༌། །སྤྲིན་མེད་མཁའ་ བཞིན་བཞུགས་པ་དེ་བཞིན་ཉིད། །དྲི་བཅས་ཕྱིར་ན་སྦྱང་གཞིར་བཞུགས་པ་ལགས། །དེ་ བཞིན་ཉིད་དུས་དུས་གསུམ་སངས་རྒྱས་ལའང༌། །སྤྲིན་མེད་མཁའ་བཞིན་བཞུགས་ལ་ དྲི་མེད་ཀྱི། །དེ་བཞིན་ཉིད་ལགས་དེ་ཕྱིར་སྦྱངས་འབྲས་བུ། །བཞུགས་པ་ཁྱེད་ལ་སྐྱབས་ སུ་ལྷག་པར་མཆི། །དེ་ལྟར་ཁྱོད་ནི་གཅིག་ཏུ་དག་པ་དང༌། །གཅིག་ཏུ་མ་དག་པ་ཡང་མ་ ལགས་ཏེ། །སྤྲིན་ཡོད་སྤྲིན་མེད་ནམ་མཁའ་ཇི་བཞིན་དུ། །སྦྱང་གཞི་སྦྱངས་འབྲས་ངོ་བོ་ གཅིག་ཕྱིར་རོ། །དེ་ལྟར་གང་གིས་ཡང་དག་རྟོགས་པ་དེས། །རྒྱལ་བ་ཀུན་གྱིས་ཇི་ལྟར་ དགོངས་པ་བཞིན། །སྦྱང་གཞི་སྦྱོང་བྱའི་དྲི་མ་སྦྱོང་བྱེད་ལམ། །སྦྱངས་འབྲས་བྲལ་བའི་ འབྲས་ཀྱང་རྟོགས་པ་ལགས། །གང་གིས་དེ་ལྟར་ཚུལ་བཞིན་ལེགས་རྟོགས་ན། །ཆོས་དང་ ཆོས་ཉིད་ཀུན་རྫོབ་དོན་དམ་དང༌། །བཅོས་མ་གློ་བུར་རང་བཞིན་གཉུག་མ་ དང༌། །མཐའ་དང་དབུས་མ་རྣམ་ཤེས་ཡེ་ཤེས་དང༌། །ཡེ་ཤེས་ལ་ཡང་རང་བྱུང་གཞན་ 9-1-292 བྱུང་དང༌། །འགོག་བདེན་ལམ་བདེན་རང་བཞིན་བདེ་བ་དང༌། །འགྱུར་མེད་ཕྱིན་ཅི་མ་ ལོག་ཡོངས་གྲུབ་སོགས། །དགོངས་པ་ཆེན་པོའི་དོན་རྣམས་རྟོགས་པ་ལགས།། །།མཾ་ག་ ལཾ་བྷ་ཝ་ཏུ། (མ་དཔེ་ནི་འབྲས་གནས་བཅུའི་དཔེ་རྙིང་ཕྱི་ལ། ༡༥༤ དབུ་ཅན་བྲིས་མ་ཡིན།) 9-1-293 ༄༅། །དཔལ་ཕྱག་རྒྱ་ཆེན་པོ་ལ་བསྟོད་ཅིང་ཕྱག་ འཚལ་བ་ རིན་ཆེན་འབྱུང་གནས་ཞེས་བྱ་བ་ བཞུགས། 9-1-294 ༄༅། །དཔལ་ཕྱག་རྒྱ་ཆེན་པོ་ལ་བསྟོད་ཅིང་ཕྱག་འཚལ་བ་ རིན་ཆེན་འབྱུང་གནས་ཞེས་བྱ་བ་ བཞུགས། ༄༅། །ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿན་མཿ དཔལ་ཕྱག་རྒྱ་ཆེན་པོ་ལ་བསྟོད་ཅིང་ཕྱག་འཚལ་བ་ རིན་ཆེན་འབྱུང་གནས་ཞེས་བྱ་བ། རྗེ་བཙུན་བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་ འཚལ་ལོ། ། གང་ཞིག་ཆོས་རྣམས་ཀུན་གྱིས་སྟོང་ཡང་ཆོས་རྣམས་ཀུན་གྱི་རང་བཞིན་འཆང༌། །གང་ ཞིག་སྨྲ་བསམ་བརྗོད་དུ་མེད་ཀྱང་བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །གང་ཞིག་ཚིག་ཀུན་ གསལ་བར་མཛད་ཀྱང་མིང་ཚིག་ཡི་གེ་ཀུན་གྱིས་སྟོང༌། །གང་ཞིག་རྣམ་ཀུན་མཆོག་ དང་ལྡན་ཡང་རྣམ་མེད་ཕྱག་རྒྱ་ཆེ་ལ་འདུད། །ནམ་མཁའི་དབྱིངས་བཞིན་གང་ལ་ཐོག་ མ་ཐ་མ་དང་ནི་དབུས་ཀྱང་མེད། །རྒྱུ་དང་རྐྱེན་དང་སྐྱེ་བ་མེད་ཅིང་འགག་པ་མེད་ལ་ གནས་པའང་མེད། །གཟུང་དུ་མེད་ཅིང་རེག་ཏུ་མེད་ལ་འཕོ་དང་འགྱུར་མེད་མཚན་མ་ མེད། །སྤྲོས་པ་མེད་ཅིང་ཉེ་བར་ཞི་བ་ཕྱག་རྒྱ་ཆེ་ལ་གུས་ཕྱག་འཚལ། །ཁྱོད་ནི་རྟག་ཏུ་མྱ་ ངན་ལས་འདས་ཆོས་ཉིད་ཟབ་མོ་ཆོས་ཀྱི་དབྱིངས། །དེ་བཞིན་ཉིད་དང་དོན་དམ་ བདེན་པ་ཡང་དག་མཐའ་དང་དེ་ཁོ་ན། །རང་བཞིན་གཉུག་མ་འགྱུར་མེད་ཡོངས་གྲུབ་ ཆོས་ཀྱི་སྐུ་ལགས་དེ་ཡི་སླད། །ནམ་མཁའ་ལྟ་བུའི་ཕྱག་རྒྱ་ཆེ་ལ་རྟག་ཏུ་གུས་པས་ཕྱག་ འཚལ་ལོ། །ཁྱོད་ནི་ཨ་ཡིག་ཨེ་ཝཾ་མཆོག་དང་རྡོ་རྗེ་པད་མ་རྡོ་རྗེ་སེང་གེའི་ཁྲི། །མཁའ་ ཁམས་ཆོས་འབྱུང་ཐིག་ལེ་གྲུ་གསུམ་བདེ་བ་ཅན་དང་བདེ་བའི་གཞི། །ཀུན་གྱི་བདག་ ཉིད་བདེ་གཤེགས་སྙིང་པོ་སངས་རྒྱས་ཀུན་གྱི་སྙིང་པོ་ཆེ། །ནམ་མཁའ་ལྟ་བུར་ཀུན་ལ་ ཁྱབ་པ་ཕྱག་རྒྱ་ཆེ་ལ་གུས་ཕྱག་འཚལ། །ཁྱོད་ནི་བདག་དང་སེམས་ཅན་སྲོག་དང་གསོ་ བ་དང་ནི་སྐྱེས་བུས་སྟོང༌། །གང་ཟག་ཤེད་བདག་དང་ནི་བྱེད་པ་པོས་ཀྱང་རྟག་ཏུ་ 9-1-295 སྟོང༌། །ཚོར་བ་པོ་དང་ཤེས་པ་པོ་དང་དེ་བཞིན་མཐོང་བ་པོས་ཀྱང་སྟོང༌། །དེ་སླད་ བདག་མེད་བདག་གི་མེད་པའི་སྟོང་ཉིད་ཕྱག་རྒྱ་ཆེ་ལ་འདུད། །ཁྱོད་ནི་ཕུང་པོ་ཀུན་ དང་བྲལ་ཡང་སྟོང་པའི་ཕུང་པོ་ལྔ་ཡི་ཚུལ། །ཁྱོད་ནི་བཅོ་བརྒྱད་ཁམས་ཀྱིས་སྟོང་ཡང་ ཁམས་མཆོག་ཀུན་གྱི་རྣམ་པར་བཞུགས། །ཁྱོད་ལ་སྐྱེ་མཆེད་བཅུ་གཉིས་མེད་ཀྱང་སྐྱེ་ མཆེད་བཅུ་གཉིས་མཆོག་གི་ཚུལ། །ཤེས་པར་དཀའ་ཞིང་རྟོགས་པར་དཀའ་བ་ཕྱག་རྒྱ་ ཆེ་ལ་བདག་ཕྱག་འཚལ། །ཁྱོད་ནི་ས་ཆུ་མེ་རླུང་མ་ལགས་ནམ་མཁའ་རྣམ་ཤེས་མ་ ལགས་ཀྱང༌། །རྨི་ལམ་སྒྱུ་མ་སྨིག་རྒྱུ་དང་མཚུངས་དྲི་ཟའི་གྲོང་ཁྱེར་དང་མཚུངས་ པའི། །ས་ཆུ་མེ་དང་རླུང་གི་མཆོག་ལགས་ནམ་མཁའ་རྣམ་ཤེས་མཆོག་ཀྱང་ ལགས། །རྟོག་གེ་ཀུན་གྱི་ཡུལ་ལས་རབ་འདས་ཕྱག་རྒྱ་ཆེ་ལ་བདག་ཕྱག་འཚལ། །མ་རིག་ འདུ་བྱེད་རྣམ་པར་ཤེས་པ་རང་རང་ངོ་བོས་རྟག་ཏུ་སྟོང༌། །མིང་གཟུགས་སྐྱེ་མཆེད་ རེག་ཚོར་སྲེད་ལེན་སྲིད་པ་སྐྱེ་བ་རྒ་ཤི་ཡང༌། །ནམ་མཁའི་མེ་ཏོག་རི་བོང་རྭ་དང་མོ་ བཤམ་བུ་ཡི་རྣམ་འགྱུར་ལྟར། །མིང་ཙམ་བརྡ་ཙམ་ཐ་སྙད་ཙམ་ལགས་དེ་སླད་ཁྱོད་ནི་ སྟོང་ཉིད་ལགས། །སྦྱིན་དང་ཚུལ་ཁྲིམས་བཟོད་དང་བརྩོན་འགྲུས་དེ་བཞིན་བསམ་ གཏན་ཤེས་རབ་ཀྱང༌། །རྣམ་པ་ཀུན་ཏུ་སྟོང་པ་ཉིད་ལགས་དེ་སླད་ཁྱོད་ནི་སྦྱིན་པ་ དང༌། །ཚུལ་ཁྲིམས་བཟོད་པ་བརྩོན་འགྲུས་བསམ་གཏན་ཤེས་རབ་ཕ་རོལ་ཕྱིན་མཆོག་ ལགས། །མཆོད་འོས་བསྟོད་འོས་རྗེད་པར་འོས་པ་ཕྱག་རྒྱ་ཆེ་ལ་མགོས་ཕྱག་ འཚལ། །ཁྱོད་ནི་ཡུལ་དུས་གནས་སྐབས་ཀུན་ཏུ་སྟོང་པ་ཉིད་ལགས་རྣམ་ཀུན་ གྱི། །མཆོག་དང་ལྡན་པའི་སྟོང་ཉིད་དབྱེ་བ་ཇི་སྙེད་གསུངས་པའང་ཁྱོད་ཉིད་དེ། །དེ་ སླད་ཁྱོད་ནི་ནམ་མཁའ་ལྟ་བུར་དབྱེར་མེད་ལགས་ཀྱང་དབྱེ་བ་ཅན། །ཕྱག་རྒྱ་ཆེན་པོ་ ནམ་མཁའ་ཆེ་ལ་རྟག་ཏུ་གུས་པས་ཕྱག་འཚལ་ལོ། །དྲན་པ་ཉེར་གཞག་ཡང་དག་སྤོང་ བ་རྫུ་འཕྲུལ་རྐང་པ་དབང་པོ་སྟོབས། །བྱང་ཆུབ་ཡན་ལག་རྣམ་པ་བདུན་དང་དེ་བཞིན་ འཕགས་ལམ་ཡན་ལག་བརྒྱད། །ཀུན་ནས་ཀུན་ཏུ་སྟོང་པ་ཉིད་ལགས་དེ་ཡི་སླད་དུ་དགེ་ མ་ཁྱོད། །ཅི་ཡང་མེད་ཀྱང་བྱང་ཆུབ་ཕྱོགས་ཀྱི་ཆོས་མཆོག་དང་ཡང་ལྡན་པ་ 9-1-296 ལགས། །ཁྱོད་ནི་སྡུག་བསྔལ་ཀུན་ལས་འདས་ཀྱང་སྡུག་བསྔལ་བདེན་པ་མཆོག་གི་ ཚུལ། །ཁྱོད་ལ་ལས་དང་ཉོན་མོངས་མེད་ཀྱང་སྟོང་པའི་ལས་དང་ཉོན་མོངས་ ཚུལ། །ཁྱོད་ལ་ལམ་མེད་ཡེ་ཤེས་མེད་ཀྱང་ལམ་དང་ཡེ་ཤེས་མཆོག་གི་ཚུལ། །འགག་པ་ མེད་ཀྱང་འགོག་བདེན་དམ་པ་ཕྱག་རྒྱ་ཆེ་ལ་སྤྱི་བོས་འདུད། །བསམ་གཏན་ཚད་མེད་ གཟུགས་མེད་བཞི་དང་རྣམ་པར་ཐར་བརྒྱད་སྙོམས་འཇུག་དགུ། །རྣམ་ཐར་སྒོ་གསུམ་ མངོན་ཤེས་ཏིང་འཛིན་གཟུངས་ཀྱི་སྒོ་དང་བདེ་གཤེགས་སྟོབས། །མི་འཇིགས་སོ་སོ་ ཡང་དག་རིག་བཞི་བྱམས་རྩེ་སངས་རྒྱས་ཆོས་ཀྱང་སྟོང༌། །ཁྱོད་ནི་སྟོང་ཉིད་ཡོན་ཏན་ མེད་ཀྱང་ཡོན་ཏན་དེ་རྣམས་རང་བཞིན་ལགས། །རྒྱུན་དུ་ཞུགས་དང་ལན་གཅིག་ཕྱིར་ འོང་ཕྱིར་མི་འོང་དང་དགྲ་བཅོམ་དང༌། །རང་རྒྱལ་མཁྱེན་གསུམ་བླ་མེད་བྱང་ཆུབ་ ཡོངས་གྲུབ་དགུ་དང་ཟག་མེད་ལྔ། །ཡོངས་སུ་མི་ཉམས་ཆོས་ཉིད་དང་ནི་རྟག་ཏུ་བཏང་ སྙོམས་གནས་པའང་སྟོང༌། །དེ་རྣམས་རང་བཞིན་ལྷུན་གྲུབ་སྟོང་ཉིད་ཕྱག་རྒྱ་ཆེ་ལ་ བདག་དང་ལགས། །ཨེ་མ་ཁྱོད་ནི་རང་བཞིན་དེ་ལྟར་གང་གིས་ཡང་དག་མཐོང་བ་ དེས། །གནས་ལུགས་ཟབ་མོའི་སངས་རྒྱས་མཐོང་ཞིང་ཆོས་དང་དགེ་འདུན་དང༌། །ལྷ་ དང་སྔགས་དང་རྒྱུད་དང་དཀྱིལ་འཁོར་ཕྱག་རྒྱ་རྣམས་ཀྱང་མཐོང་བ་ལགས། །དེ་སླད་ ཆོས་རྣམས་ཀུན་གྱི་སྙིང་པོ་ཕྱག་རྒྱ་ཆེ་ལ་སྐྱབས་སུ་མཆི། །ཐ་སྙད་གཙུག་ལག་ཕྲན་ ཚེགས་རིག་པ་དྲན་དོན་ཆོས་ལ་རབ་མཁས་ཀྱང༌། །དཔལ་མོ་དགེ་མ་ཞི་མ་ཁྱོད་ཀྱི་རང་ བཞིན་གསལ་བར་སྟོན་པ་ཡི། །བླ་མའི་མན་ངག་མཆོག་དང་བྲལ་ན་ཁྱོད་ལ་ཀུན་ཏུ་ རྨོངས་པའི་སླད། །དེ་དག་དོན་མེད་གྱི་ནར་འཁྱམ་ཞེས་ཁྱེད་ཀྱི་བཀའ་ལས་བདག་གིས་ ཁུམས། །ཀུན་རྟོག་ཕྲེང་བ་རྣམ་པ་མང་པོ་ཡང་དང་ཡང་དུ་གོམས་པ་དང༌། །ལྷག་ མཐོང་དང་བྲལ་ཞི་གནས་ཙམ་ལ་མཆོག་ཏུ་ལྟ་བའི་ཏིང་འཛིན་དང༌། །འཕོ་བའི་ཆགས་ པས་ཀུན་ཏུ་འཁྱུད་པའི་ཕྱག་རྒྱ་དམན་པའི་སྦྱོར་བ་ཡང༌། །ཁྱོད་ཀྱི་ལམ་ལ་རིང་དུ་ འགྱུར་ཞེས་ཁྱོད་ཉིད་ཀྱི་ནི་བཀའ་ལས་ཁུམས། །དེ་ཕྱིར་ད་ནི་ཁྱོད་ཀྱི་ལམ་དང་མི་ མཐུན་གང་དང་འགལ་བ་གང༌། །ཀུན་ནས་ཀུན་ཏུ་རྣམ་པར་སྤངས་ནས་རྣམ་དག་ལམ་ 9-1-297 མཆོག་ལེགས་པའི་ལམ། །ཉིན་དང་མཚན་དུ་གོམས་པར་བྱེད་ཅིང་དེ་ལས་ལངས་ནས་ གཞན་དོན་དུ། །རྨི་ལམ་སྒྱུ་མ་སྒྲ་བརྙན་ལྟ་བུས་བསྟོད་དབྱངས་འདི་འདྲ་སྒྲོགས་པར་ ཤོག ། ཅེས་པ་འདི་ཉིད་སྟོང་ཉིད་ཕྱག་རྒྱ་ཆེན་མོ་ལ་ཤེས་ནས་དད་པ་ཐོབ་པའི་རྒྱལ་ཁམས་ པས་ཇོ་ནང་དཔལ་གྱི་གནས་ཆེན་དུ་བྲིས་པའོ།། །།ཨོཾ་ཨཱཿཧཱུཾཿཧཾ་ཀྵཿ (མ་དཔེ་ནི་འབྲས་གནས་བཅུའི་དཔེ་རྙིང་ཕྱི་ལ། ༡༥༤ དབུ་ཅན་བྲིས་མ་ཡིན།) 9-1-298 ༄༅། །མདོ་རྒྱུད་ཟབ་མོ་ཀུན་གྱི་སྤྱི་འགྲེལ་ ཞེས་བྱ་བ་བཞུགས། 9-1-299 ༄༅། །མདོ་རྒྱུད་ཟབ་མོ་ཀུན་གྱི་སྤྱི་འགྲེལ་ ཞེས་བྱ་བ་བཞུགས། ༄༅། །ཨོཾ་བདེ་ལེགས་སུ་གྱུར་ཅིག །མདོ་རྒྱུད་ཟབ་མོ་ཀུན་གྱི་སྤྱི་འགྲེལ་ཞེས་བྱ་བ། དཔལ་ ལྡན་བླ་མ་དམ་པ་དང་དཔལ་ཡོངས་གྲུབ་ཐམས་ཅད་ལ་ཕྱག་འཚལ་ལོ། །མཆོད་དོ་ སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། ཀུན་རྫོབ་ཆོས་རྣམས་ཀུན་གྱིས་སྟོང་པའི་གཞི། །དོན་དམ་ཆོས་ཉིད་ཟབ་མོ་མ་རྙེད་ ཅིང༌། །ཀུན་བཏགས་ཆོས་རྣམས་ཀུན་གྱིས་སྟོང་པའི་གཞི། །དོན་དམ་ཡོངས་གྲུབ་ཟབ་ མོ་མ་རྙེད་ན། །དོན་དམ་དབུ་མ་ཆེན་པོ་མི་རྙེད་དོ། །དོན་དམ་དབུ་མ་ཆེན་པོ་མ་རྙེད་ ན། །དོན་དམ་ཤེར་ཕྱིན་ཟབ་མོ་མི་རྙེད་དོ། །དོན་དམ་ཤེར་ཕྱིན་ཟབ་མོ་མ་རྙེད་ན། །དོན་ དམ་ཕྱག་རྒྱ་ཆེན་པོ་མི་རྙེད་དོ། །དོན་དམ་ཕྱག་རྒྱ་ཆེན་པོ་མ་རྙེད་ན། །དོན་དམ་མྱང་ འདས་ཆེན་པོ་མི་རྙེད་དོ། །དོན་དམ་མྱང་འདས་ཆེན་པོ་མ་རྙེད་ན། །དོན་དམ་རང་ བཞིན་འོད་གསལ་མི་རྙེད་དོ། །དོན་དམ་རང་བཞིན་འོད་གསལ་མ་རྙེད་ན། །དོན་དམ་ རང་བཞིན་ལྷན་སྐྱེས་མི་རྙེད་དོ། །དོན་དམ་རང་བཞིན་ལྷན་སྐྱེས་མ་རྙེད་ན། །དོན་དམ་ རང་བྱུང་ཡེ་ཤེས་མི་རྙེད་དོ། །དོན་དམ་རང་བྱུང་ཡེ་ཤེས་མ་རྙེད་ན། །དོན་དམ་གཉིས་ མེད་ཡེ་ཤེས་མི་རྙེད་དོ། །དོན་དམ་གཉིས་མེད་ཡེ་ཤེས་མ་རྙེད་ན། །དོན་དམ་གཙང་ བདག་བདེ་ཆེན་མི་རྙེད་དོ། །དོན་དམ་གཙང་བདག་བདེ་ཆེན་མ་རྙེད་ན། །དོན་དམ་ ཐེར་ཟུག་གཡུང་དྲུང་མི་རྙེད་དོ། །དོན་དམ་ཐེར་ཟུག་གཡུང་དྲུང་མ་རྙེད་ན། །དོན་དམ་ དཀོན་མཆོག་རྟག་པ་མི་རྙེད་དོ། །དོན་དམ་དཀོན་མཆོག་རྟག་པ་མ་རྙེད་ན། །དོན་དམ་ སངས་རྒྱས་རྟག་པ་མི་རྙེད་དོ། །དོན་དམ་སངས་རྒྱས་རྟག་པ་མ་རྙེད་ན། །དོན་དམ་དམ་ ཆོས་རྟག་པ་མི་རྙེད་དོ། །དོན་དམ་དམ་ཆོས་རྟག་པ་མ་རྙེད་ན། །དོན་དམ་དགེ་འདུན་ རྟག་པ་མི་རྙེད་དོ། །དོན་དམ་དགེ་འདུན་རྟག་པ་མ་རྙེད་ན། །དོན་དམ་དཀྱིལ་འཁོར་ 9-1-300 ཟབ་མོ་མི་རྙེད་དོ། །དོན་དམ་དཀྱིལ་འཁོར་ཟབ་མོ་མ་རྙེད་ན། །དོན་དམ་ལྷ་ཚོགས་ ཐམས་ཅད་མི་རྙེད་དོ། །དོན་དམ་ལྷ་ཚོགས་ཐམས་ཅད་མ་རྙེད་ན། །དོན་དམ་གསང་ སྔགས་ཟབ་མོ་མི་རྙེད་དོ། །དོན་དམ་གསང་སྔགས་ཟབ་མོ་མ་རྙེད་ན། །དོན་དམ་གཞི་ འབྲས་རྒྱུད་རྣམས་མི་རྙེད་དོ། །དོན་དམ་གཞི་འབྲས་རྒྱུད་རྣམས་མ་རྙེད་ན། །དོན་དམ་ དུས་ཀྱི་འཁོར་ལོ་མི་རྙེད་དོ། །དོན་དམ་དུས་ཀྱི་འཁོར་ལོ་མ་རྙེད་ན། །དོན་དམ་གསང་ འདུས་ཟབ་མོ་མི་རྙེད་དོ། །དོན་དམ་གསང་འདུས་ཟབ་མོ་མ་རྙེད་ན། །དོན་དམ་དགྱེས་ རྡོར་ཟབ་མོ་མི་རྙེད་དོ། །དོན་དམ་དགྱེས་རྡོར་ཟབ་མོ་མ་རྙེད་ན། །དོན་དམ་བདེ་མཆོག་ འཁོར་ལོ་མི་རྙེད་དོ། །དོན་དམ་བདེ་མཆོག་ཟབ་མོ་མ་རྙེད་ན། །དོན་དམ་རྡོ་རྗེའི་ གདན་བཞི་མི་རྙེད་དོ། །དོན་དམ་རྡོ་རྗེའི་གདན་བཞི་མ་རྙེད་ན། །དོན་དམ་མཧཱ་མ་ཡ་ མི་རྙེད་དོ། །དོན་དམ་མཧཱ་མ་ཡ་མ་རྙེད་ན། །དོན་དམ་སངས་རྒྱས་ཐོད་པ་མི་རྙེད་ དོ། །དོན་དམ་སངས་རྒྱས་ཐོད་པ་མ་རྙེད་ན། །དོན་དམ་རྡོ་རྗེ་མཁའ་འགྲོ་མི་རྙེད་ དོ། །དོན་དམ་རྡོ་རྗེ་མཁའ་འགྲོ་མ་རྙེད་ན། །དོན་དམ་མཁའ་འགྲོ་རྒྱ་མཚོ་མི་རྙེད་ དོ། །དོན་དམ་མཁའ་འགྲོ་རྒྱ་མཚོ་མ་རྙེད་ན། །དོན་དམ་བླ་མེད་རྒྱུད་ཀུན་མི་རྙེད་ དོ། །རྣལ་འབྱོར་བླ་མེད་རྒྱུད་ཀུན་མ་རྙེད་ན། །དོན་དམ་དེ་ཉིད་འདུས་པ་མི་རྙེད་ དོ། །དོན་དམ་དེ་ཉིད་འདུས་པ་མ་རྙེད་ན། །དོན་དམ་རྡོ་རྗེ་རྩེ་མོ་མི་རྙེད་དོ། །དོན་དམ་ རྡོ་རྗེ་རྩེ་མོ་མ་རྙེད་ན། །དོན་དམ་དཔལ་མཆོག་དང་པོ་མི་རྙེད་དོ། །དོན་དམ་དཔལ་ མཆོག་དང་པོ་མ་རྙེད་ན། །དོན་དམ་རྣམ་སྣང་མངོན་བྱང་མི་རྙེད་དོ། །དོན་དམ་རྣམ་ སྣང་མངོན་བྱང་མ་རྙེད་ན། །དོན་དམ་གསང་བ་སྤྱི་རྒྱུད་མི་རྙེད་དོ། །དོན་དམ་གསང་བ་ སྤྱི་རྒྱུད་མ་རྙེད་ན། །དོན་དམ་རྒྱུད་སྡེ་གཞན་ཡང་མི་རྙེད་དོ། །དོན་དམ་རྒྱུད་སྡེ་ཟབ་མོ་ མ་རྙེད་ན། །དོན་དམ་ངེས་དོན་ཟབ་མོ་མི་རྙེད་དོ། །དོན་དམ་ངེས་དོན་ཟབ་མོ་མ་རྙེད་ ན། །དོན་དམ་ངེས་དོན་མདོ་ཡང་མི་རྙེད་དེ། །ཡུམ་དང་དཀོན་བརྩེགས་ཕལ་ཆེན་ དང༌། །མྱང་འདས་ཆེན་པོ་ལ་སོགས་པ། །མདོ་མཆོག་ཀུན་གྱི་ངེས་པའི་དོན། །རྙེད་པ་མི་ སྲིད་དེ་ཡི་ཕྱིར། །སྟོང་གཞི་དོན་དམ་གཞན་སྟོང་མཆོག ། དབྱིངས་རིག་དབྱེར་མེད་དེ་ 9-1-301 བཞིན་ཉིད། །རྟག་བརྟན་ཐེར་ཟུག་ཆོས་ཀྱི་སྐུ། །ངོ་བོ་ཉིད་སྐུ་རང་བཞིན་རིགས། །དུ་མ་ རོ་གཅིག་བསམ་མི་ཁྱབ། །འཁོར་འདས་སྲིད་ཞི་དབྱེར་མེད་དང༌། །བདེན་གཉིས་བདེན་ བཞི་དབྱེར་མེད་དང༌། །གཞི་འབྲས་རྒྱུ་འབྲས་དབྱེར་མེད་དང༌། །ཐབས་དང་ཤེས་རབ་ དབྱེར་མེད་དང༌། །སྟོང་ཉིད་སྙིང་རྗེ་དབྱེར་མེད་དང༌། །རྟེན་དང་བརྟེན་པ་དབྱེར་མེད་ དང༌། །གཙོ་བོ་གཙོ་མོ་དབྱེར་མེད་དང༌། །བདེ་ཆེན་སྟོང་ཆེན་དབྱེར་མེད་དང༌། །ཨཱ་ལི་ ཀཱ་ལི་དབྱེར་མེད་དང། །ཐིག་ལེ་གྲུ་གསུམ་དབྱེར་མེད་དང༌། །རྡོ་རྗེ་པད་མ་དབྱེར་མེད་ དང༌། །རྡོ་རྗེ་བྷ་ག་དབྱེར་མེད་དང༌། །རྡོ་རྗེ་སེམས་དཔའ་དབྱེར་མེད་དང༌། །ཕ་རྒྱུད་མ་ རྒྱུད་དབྱེར་མེད་དང༌། །དུས་འཁོར་གསང་འདུས་དབྱེར་མེད་དང༌། །གསང་འདུས་བདེ་ དགྱེས་དབྱེར་མེད་སོགས། །ལྷ་དང་དཀྱིལ་འཁོར་དབྱེར་མེད་ཀུན། །རྣམ་དག་ལེའུར་ གསུངས་པ་བཞིན། །གཉིས་མེད་གཉིས་སུ་བྱར་མེད་ཅིང༌། །སོ་སོ་མ་ཡིན་ཐ་མི་དད། །པྲ་ ཕབ་བརྒྱད་དང་མཚུངས་པའི་དབྱིངས། །ཆོས་རྣམས་ཀུན་གྱིས་སྟོང་པའི་གཞི། །ཀུན་ བཏགས་ཀུན་དང་བྲལ་བའི་གཞི། །ཀུན་རྫོབ་ཀུན་གྱིས་དབེན་པའི་གཞི། །རྣམ་ཤེས་ ཐམས་ཅད་མེད་པའི་གཞི། །སྤྲོས་པ་ཀུན་དང་བྲལ་བའི་གཞི། །མཐའ་རྣམས་ཀུན་དང་ བྲལ་བའི་གཞི། །མཚན་མ་ཐམས་ཅད་མེད་པའི་གཞི། །སྨོན་པ་ཐམས་ཅད་མེད་པའི་ གཞི། །རྟོག་པ་ཐམས་ཅད་མེད་པའི་གཞི། །སྐྱེ་འགག་གནས་དང་བྲལ་བའི་གཞི། །ཀུན་ གཞི་ཡེ་ཤེས་དེ་བཞིན་ཉིད། །གཉིས་མེད་ཡེ་ཤེས་དེ་བཞིན་གཤེགས། །འགྲོ་བ་ཀུན་གྱིས་ ལེགས་རྟོགས་ནས། །མདོ་རྒྱུད་ཟབ་མོ་ཐམས་ཅད་ཀྱི། །ངེས་དོན་ཟབ་མོ་རྟོགས་གྱུར་ ཅིག ། མདོ་རྒྱུད་ཟབ་མོ་ཀུན་གྱི་སྤྱི་འགྲེལ་འདི་ཡང་རྫོགས་ལྡན་གྱི་ལུགས་སུ་བཀོད་པ་སྟེ། གསུམ་ལྡན་མར་བཅད་ཀྱི་ལུགས་ལས་ཆེས་ཁྱད་པར་དུ་འཕགས་པའོ།། །།མཾ་ག་ལཾ་བྷ་ཝ་ ཏུ།། (མ་དཔེ་ནི་འབྲས་གནས་བཅུའི་དཔེ་རྙིང་ཕྱི་ལ། ༡༥༤ དབུ་ཅན་བྲིས་མ་ཡིན།) 9-1-302 ༄༅། །སློབ་དཔོན་མཚུར་བུ་བློ་གྲོས་སེང་གེའི་ དྲིས་ལན་བཞུགས། 9-1-303 ༄༅། །སློབ་དཔོན་མཚུར་བུ་བློ་གྲོས་སེང་གེའི་ དྲིས་ལན་བཞུགས། ༄༅། །ཨོཾ་བདེ་ལེགས་སུ་གྱུར་ཅིག །ཡོད་པ་ལ་སྐུར་བ་མི་འདེབས་ཤིང༌། མེད་པ་ལ་སྒྲོ་མི་ འདོགས་པར་ཇི་ལྟར་གནས་པ་བཞིན་དུ་སྟོན་པར་མཛད་པ་གང་ཡིན་ཐམས་ཅད་ལ་ ཕྱག་འཚལ་ཞིང་སྐྱབས་སུ་སོང་ནས། ཡང་དག་པ་ཡོངས་ཀྱི་དགེ་བའི་བཤེས་གཉེན་ མཁས་པ་ཆེན་པོ་སློབ་དཔོན་བློ་གྲོས་སེང་གེའི་སྙན་དུ་ཞུ་བ། སངས་རྒྱས་ཀྱི་བསྟན་པ་ དང་སེམས་ཅན་མང་པོའི་དོན་ལ་དགོངས་ནས་དམ་པའི་ཆོས་ཀྱི་དྲི་བ་མང་དུ་བསྐུར་ གདའ་བ་འདི་རྣམས་ལས། རེ་ཞིག་བཀའ་འཁོར་ལོ་བར་པ་ངེས་དོན་དང་ཐ་མ་དྲང་དོན་དུ་གཞན་དག་འདོད་པ་ ལ། ཁྱེད་ཀྱིས་དེ་གཉི་ག་ངེས་དོན་ཡིན་བྱས་པ་འདི་གང་ལགས་ཞེས་གསུང་བ་འདི་ལ། ཆོས་ཀྱི་དཔང་པོ་མཐར་ཐུག་པ་ནི་ཐམས་ཅད་མཁྱེན་པ་སངས་རྒྱས་བཅོམ་ལྡན་འདས་ ཡིན་པས། དགོངས་པ་ངེས་པར་འགྲེལ་པའི་མདོར། འཁོར་ལོ་གསུམ་ལ་བླ་ན་ཡོད་མེད། སྐབས་ཡོད་མེད། དྲང་དོན་ཡིན་མིན། རྩོད་པའི་ཚིག་གི་གནས་སུ་གྱུར་མ་གྱུར་ལེགས་ པར་ཕྱེ་སྟེ་བཀའ་སྩལ་པ་དེ་ཉིད་ས་སྡེའི་རྣམ་པར་གཏན་ལ་དབབ་པ་བསྡུ་བར་ འཕགས་པ་ཐོགས་མེད་ཀྱིས་འཕྲོས་དང་བཅས་པ་རྒྱས་པར་བཀོད་ལ། བདག་གིས་ཀྱང་ངེས་དོན་རྒྱ་མཚོར་དྲངས་ནས་དགོངས་པ་ཟབ་མོ་ཇི་ལྟ་བ་བཞིན་དུ་ རྣམ་པར་ཕྱེ་སྟེ་གསལ་བར་བསྟན་ཅིང༌། པཎྜི་ཏ་ཆོས་ཀྱི་བཤེས་གཉེན་ལ་སོགས་པ་ གསུམ་ལྡན་མར་བཅད་ཀྱི་མཁས་པ་རྣམས་ཀྱིས་ཕྱིན་ཅི་ལོག་ཏུ་བཤད་ཅིང་བཀྲལ་བ་ རྣམས་སུན་དབྱུང་བ་དང་བཅས་པ་རྒྱས་པར་བསྟན་ལ། བར་པ་དྲང་དོན་དུ་གསུངས་ པའི་དགོངས་པ་ཡང་ལེགས་པར་གཏན་ལ་ཕབ་པས་དེར་ཞིབ་ཏུ་གཟིགས་འཚལ། འཁོར་ལོ་གསུམ་པ་སེམས་ཙམ་ཡིན་པས་དྲང་དོན་ཡིན་ཞེས་འདོད་པ་རྣམས་ནི་འཁྲུལ་ 9-1-304 བ་ལས་ཀྱང་ཆེས་འཁྲུལ་བ་ཡིན་ཏེ། དེ་ནི་དབུ་མ་ཆེན་པོ་ཡིན་པའི་ཕྱིར་དང༌། སེམས་ ཙམ་ཡིན་པར་གསུངས་པ་མེད་པའི་ཕྱིར་དང༌། ངེས་དོན་ཡིན་པར་གསུངས་པའི་ཕྱིར་ རོ། །བར་པ་ལ་དྲང་དོན་དུ་གསུངས་པ་ཡོད་ཀྱང༌། དེ་བཞིན་ཉིད་ནི་དེ་བཞིན་ཉིད་ཀྱིས་ སྟོང་ཞེས་པ་ལ་སོགས་པ་རང་སྟོང་མ་ཡིན་པ་རང་སྟོང་དུ་སྟོན་པ་རྣམས་དྲང་དོན་ དགོངས་པ་ཅན་ཡིན་པ་ལ་དགོངས་པའི་ཕྱིར་རོ། །དེས་ན་འཁོར་ལོ་ཕྱི་མ་གཉིས་དབུ་ མ་ཡིན་པར་མཐར་ཐུག་འདྲ་ཡང་སྟོན་ཚུལ་གྱི་ཁྱད་པར་གྱིས་དྲང་དོན་དང་ངེས་དོན་ དུ་གསུངས་པའི་དགོངས་པ་ལ་མཁས་པར་བྱ་དགོས་སོ། ། ཡང༌། ཁྱེད་ཀྱིས་ཡོངས་གྲུབ་ཀྱི་ཤེར་ཕྱིན་ཆོས་ཀྱི་དབྱིངས་རང་གིས་སྟོང་པ་མ་ཡིན་ཞེས་ བྱས་པ་ལ། གཞན་དག་རྩོད་པ་རྣམས་ཀྱང་སྟོང་ཉིད་གསུངས་པ་རྣམས་ལ། རང་སྟོང་ གཞན་སྟོང་དུ་འབྱེད་མ་ཤེས་པར་ཐམས་ཅད་རང་སྟོང་ཁོ་ནར་བྱས་པའི་དུག་གིས་ མྱོས་པའི་རླབ་བཅོལ་ཡིན་ཏེ། དེའི་རྒྱུ་མཚན། ཆོས་དང་ཆོས་ཉིད་ལས། ཆོས་ཐམས་ཅད་ རང་སྟོང་དང༌། ཆོས་ཉིད་ཐམས་ཅད་གཞན་སྟོང་དུ་གནས་པའི་ཕྱིར་དང༌། བདེན་པ་ གཉིས་ལས། ཀུན་རྫོབ་ཐམས་ཅད་རང་སྟོང་དང༌། དོན་དམ་གང་ཡིན་ཐམས་ཅད་ གཞན་སྟོང་དུ་གནས་པའི་ཕྱིར་དང༌། ཀུན་བཏགས་ཡོངས་གྲུབ་གཉིས་ལས། ཀུན་ བཏགས་ཐམས་ཅད་རང་སྟོང་དང༌། ཡོངས་གྲུབ་ཐམས་ཅད་གཞན་སྟོང་དུ་གནས་པའི་ ཕྱིར་དང༌། རང་བཞིན་གསུམ་ལས་ཀུན་བཏགས་གཞན་དབང་ཐམས་ཅད་རང་སྟོང་ དང༌། ཆོས་ཉིད་ཡོངས་གྲུབ་ཐམས་ཅད་གཞན་སྟོང་དུ་གནས་པའི་ཕྱིར་དང༌། བདེན་པ་ བཞི་ལས། འགོག་བདེན་ཟབ་མོ་གཞན་སྟོང་དང༌། བདེན་པ་གཞན་གསུམ་རང་སྟོང་དུ་ གནས་པའི་ཕྱིར་དང༌། ཆོས་ལྔ་ལས། དེ་བཞིན་ཉིད་གཞན་སྟོང་དང༌། ཆོས་གཞན་བཞི་ པོ་རང་སྟོང་དུ་གནས་པའི་ཕྱིར་དང༌། ཕྱི་ནང་གཞན་གསུམ་ལས། ཕྱི་ནང་སྣོད་བཅུད་ རང་སྟོང་དང༌། གཞན་མཆོག་ཕ་རོལ་དམ་པ་དང་པོའི་སངས་རྒྱས་བདེ་གཤེགས་སྙིང་ པོ་གཞན་སྟོང་ཟབ་མོར་གནས་པའི་ཕྱིར་རོ། །དེས་ན་སྟོང་པར་གསུངས་པས་རང་སྟོང་ ཁོ་ནར་འགྱུར་བ་མ་ཡིན་ཏེ། སྟོང་ཉིད་ལ་ཕྱེ་ན་རང་སྟོང་ཟབ་མིན་དང༌། གཞན་སྟོང་ 9-1-305 ཟབ་མོ་གཉིས་སུ་གནས་པའི་ཕྱིར་རོ། །དེ་ཡང་གང་གི་སྟོང་པ་དང༌། སྟོང་པའི་གཞི་གང་ ཡིན་པ་སྟེ། མེད་ཙམ་དང་མེད་པའི་གཞི་གང་ཡིན་པའོ། །དེ་གཉིས་ནི་བུམ་པ་མེད་ཙམ་ དང་བུམ་པ་དག་པའི་ས་ཕྱོགས་ལྟར་མེད་དགག་དང་མ་ཡིན་དགག་གོ །དེ་དག་གི་ ཁྱད་པར་མ་ཕྱེད་པ་རྣམས་ཀྱིས་ཐམས་ཅད་རང་སྟོང་དུ་བྱས་པ་ལ་བརྟེན་ནས། དོན་ དམ་ཡང་རང་སྟོང་དང་དོན་དམ་ཆོས་སྐུ་དང་ངོ་བོ་ཉིད་སྐུ་ཡང་རང་སྟོང་དུ་འདོད་ པ་ལ་སོགས་པ་ལྟ་ངན་མང་པོ་དར་ཞིང་རྒྱས་པ་འདི་བྱུང་བ་ཡིན་པར་གདའ། ཡང༌། མཚན་ཉིད་གསུམ་དང་ཚོགས་བརྒྱད་གཏན་ལ་ཕབ་པས་སེམས་ཙམ་པར་འགྱུར་ ན། སངས་རྒྱས་བཅོམ་ལྡན་འདས་ཀྱང་སེམས་ཙམ་པ་ཡིན་པར་འགྱུར་ལ། མཁས་པ་ ཆེན་པོ་དབུ་མ་པ་སློབ་དཔོན་དབྱིག་གཉེན་གྱིས་ཡུམ་རྒྱས་འབྲིང་བསྡུས་གསུམ་སེམས་ ཙམ་དུ་བཀྲལ་བ་གཅིག་ཀྱང་མེད་ཀྱི། དབུ་མ་ཆེན་པོར་བཀྲལ་བ་ཡིན་པར་ཡུམ་གསུམ་ གྱི་གཞུང་འགྲེལ་ཆེན་པོ་གནོད་འཇོམས་ན་རབ་ཏུ་གསལ་བར་བཞུགས་ཀྱང༌། མ་ རྟོགས་པ་རྣམས་ཀྱིས་སློབ་དཔོན་དབྱིག་གཉེན་སེམས་ཙམ་པ་དང༌། དེས་ཡུམ་སེམས་ ཙམ་དུ་བཀྲལ་བར་བསྒྲགས་པའི་རྗེས་སུ་མི་མཁས་མཁས་རློམ་གཞན་དག་ཀྱང་ཞུགས་ ནས། ཕྱོགས་གཅིག་ཏུ་སྨྲ་བ་རྣམས་ཀྱིས་ནི། རྫོགས་ལྡན་གྱི་ཆོས་སྐྱོན་མེད་དང༌། གསུམ་ ལྡན་མར་བཅད་ཀྱི་ཆོས་སྐྱོན་ཅན་གྱི་ཁྱད་པར་མ་ཕྱེད་པ་ཉིད་དུ་ཟད་དོ། །རང་བཞིན་ གསུམ་བསྟན་པ་སེམས་ཙམ་པར་འགྱུར་ན། ཤེར་ཕྱིན་ལྔ་བརྒྱ་པ་དང༌། ཁྲི་བརྒྱད་སྟོང་ པའི་ལེའུ་བརྒྱད་ཅུ་རྩ་གསུམ་པ་དང༌། ཉི་ཁྲི་ལྔ་སྟོང་པའི་ལེའུ་བདུན་ཅུ་རྩ་གཉིས་པར་ ཡང་རང་བཞིན་གསུམ་ཞིབ་ལ་རྒྱས་པར་བསྟན་པའི་ཕྱིར། དེ་རྣམས་སེམས་ཙམ་གྱི་ གཞུང་ཡིན་པར་ཧ་ཅང་ཐལ་བར་འགྱུར་བ་ལས་དེ་ལྟ་མ་ཡིན་ཏེ། ཤེར་ཕྱིན་དབུ་མའི་ རང་འགྲེལ་ཡིན་པའི་ཕྱིར་རོ། །དེས་ན་ཁྱེད་ཀྱི་ཐལ་འགྱུར་དེ་དོན་ལ་གནས་ཤིང༌། སྔགས་བླ་མེད་རྣམས་ལ་ཡང་དེ་བཞིན་ནོ། ། ཡང༌། སེམས་ཙམ་གྱི་ཡང་བདེན་གཉིས་རྣམ་དབྱེ་ཤེས་དགོས་ཏེ། བདེན་གཉིས་རྣམ་ དབྱེ་ཤེས་པ་དག །ཐུབ་པའི་བཀའ་ལས་མི་རྨོངས་ཏེ། །ཞེས་སོགས་གསུངས་པ་ལྟར་ 9-1-306 རོ། །དེས་ཀུན་རྫོབ་ཀྱི་སེམས་ཙམ་ནི་འདུས་བྱས་ཀྱི་སེམས་ཙམ་སྟེ། ཡོངས་སུ་གྲགས་པ་ འདི་དང་མཐུན་ནོ། །དོན་དམ་གྱི་སེམས་ཙམ་ནི་ཆོས་ཉིད་འདུས་མ་བྱས་ཀྱི་སེམས་ཙམ་ སྟེ་ལང་ཀར་གཤེགས་པ་ལ་སོགས་པ་དང༌། དཔལ་དུས་ཀྱི་འཁོར་ལོ་ལ་སོགས་པ་མདོ་ རྒྱུད་ཟབ་མོ་རྣམས་སུ་ལེགས་པར་བཀའ་སྩལ་པའོ། །དེ་དག་ལས་འགའ་ཞིག་ནི་ངེས་ དོན་རྒྱ་མཚོར་ཡང་བཀོད་དོ། ། ཡང༌། མི་མཁས་པ་དག་སྟོང་ཉིད་ཉི་ཤུ་པོ་ཐམས་ཅད་རང་སྟོང་ཁོ་ན་ཡིན་ཞེས་འདོད་ པ་ནི་འཁྲུལ་བ་ལས་ཀྱང་ཆེས་འཁྲུལ་བ་སྟེ། སྟོང་ཉིད་གསུངས་པ་ཐམས་ཅད་ལ་གང་ གིས་སྟོང་པ་དང༌། སྟོང་པའི་གཞི་གང་ཡིན་ལེགས་པར་རྟོགས་དགོས་པའི་ཕྱིར་རོ། །དེ་ ཡང་རྒྱལ་བ་བྱམས་པའི་ཞལ་སྔ་ནས། གཉིས་དངོས་མེད་དང་དངོས་མེད་པའི། །དངོས་ པོ་སྟོང་པའི་མཚན་ཉིད་དོ། །ཞེས་དང༌། གང་ཟག་དང་ནི་ཆོས་རྣམས་ཀྱི། །དངོས་པོ་ མེད་འདིར་སྟོང་པ་ཉིད། །དེ་དངོས་མེད་པའི་དངོས་ཡོད་པ། །དེ་ནི་དེ་ལས་སྟོང་ཉིད་ གཞན། །ཞེས་སོགས་དང༌། ངེས་དོན་རྒྱ་མཚོར་ཡང༌། རང་སྟོང་གཞན་སྟོང་གི་ཁྱད་པར་ རྒྱ་ཆེར་གཏན་ལ་ཕབ་པ་ལས་རབ་ཏུ་གསལ་བའི་ཕྱིར་རོ། ། ཡང༌། སྣང་སྟོང་ངོ་བོ་གཅིག་མི་གཅིག་ལ་ཡང༌། བདེན་གཉིས་རྣམ་དབྱེ་ཤེས་དགོས་ཏེ། དོན་དམ་ཡིན་པའི་སྣང་སྟོང་ཟུང་འཇུག་ནི་དོན་དམ་དུ་ངོ་བོ་གཅིག་ཅིང༌། ཀུན་རྫོབ་ ཡིན་པའི་སྣང་སྟོང་ཟུང་འཇུག་ནི་ཀུན་རྫོབ་ཏུ་ངོ་བོ་གཅིག་སྟེ། དེ་ལྟར་རྟོགས་པ་ལ་ ཡང་བདེན་པ་གཉིས་ལ་བདེན་ལུགས་གཉིས་དང༌། སྟོང་ལུགས་གཉིས་དང༌། སྣང་ ལུགས་གཉིས་ལ་སོགས་པའི་ཁྱད་པར་རྒྱ་ཆེར་རྟོགས་དགོས་ཤིང༌། ངེས་དོན་རྒྱ་མཚོར་ རྒྱ་ཆེར་གཏན་ལ་ཕབ་བོ། ། འདིར་མདོར་བསྡུས་པ་ཙམ་བརྗོད་ན། གང་མི་བདེན་པ་ལ་བདེན་པའི་དབྱེ་བ་མི་རུང་ ཞིང༌། བདེན་པ་ལ་ཕྱེ་ན། ཀུན་རྫོབ་ཏུ་བདེན་པ་དང་དོན་དམ་དུ་བདེན་པ་ལས་མི་ གདའ་སྟེ། ཀུན་རྫོབ་ཏུ་མི་སླུ་བ་དང་དོན་དམ་དུ་མི་སླུ་བ་ལས་མི་འདའ་བའི་ཕྱིར་ རོ། །སྟོང་པ་ལ་ཡང་ཕྱེ་ན། རང་རང་ངོ་བོས་སྟོང་པ་དང༌། རང་གིས་མི་སྟོང་ཡང་རང་ 9-1-307 ལས་གཞན་པའི་ཆོས་ཐམས་ཅད་ཀྱིས་སྟོང་པའོ། །སྣང་བ་ལ་ཕྱེ་ན། རྣམ་ཤེས་ལ་སྣང་ བའི་རྨི་ལམ་སྒྱུ་མ་ལ་སོགས་པ་ལྟ་བུ་དང༌། ཡེ་ཤེས་ལ་སྣང་བ་ཕྲ་བརྒྱད་ཕབ་པ་ལ་ སོགས་པ་ལྟ་བུའོ། །གལ་ཏེ་སྐུར་བ་འདེབས་ན་ཡང་ལུགས་གཉིས་ཏེ། ཀུན་རྫོབ་ལ་སྐུར་ བ་འདེབས་པ་དང༌། དོན་དམ་ལ་སྐུར་བ་འདེབས་པའོ། །དང་པོ་ནི་ལས་རྒྱུ་འབྲས་ལ་ སོགས་པ་ཀུན་རྫོབ་ཏུ་ཡང་མེད་པར་འདོད་པའོ། །གཉིས་པ་དོན་དམ་ཡང་དོན་དམ་ གྱིས་སྟོང༌། ཆོས་དབྱིངས་ཀྱང་ཆོས་དབྱིངས་ཀྱིས་སྟོང༌། ཆོས་སྐུ་ཡང་ཆོས་སྐུས་སྟོང་ཞེས་ སོགས་མང་པོ་གསུམ་ལྡན་མར་བཅད་ཀྱི་ཆོས་དང་གང་ཟག་ལ་རབ་ཏུ་གྲགས་པ་འདི་ རྣམས་སོ། ། ཡང༌། དབུ་མ་སྣང་བཅས་སྣང་མེད་ལ། སྣང་བཅས་ཀྱི་དོན། ཀུན་རྫོབ་སྣང་བཅས་ཡིན་ ནམ། དོན་དམ་སྣང་བཅས་ཡིན་རྣམ་པར་དཔྱད་དགོས་ཤིང༌། སྣང་མེད་ལ་ཡང་ཀུན་ རྫོབ་སྣང་མེད་ཡིན་ནམ་དོན་དམ་སྣང་མེད་ཡིན་ཞེས་རྣམ་པར་དཔྱད་དགོས་སོ། །དེ་ལ་ ཀུན་རྫོབ་སྣང་མེད་དང་དོན་དམ་སྣང་བཅས་ནི་ངེས་དོན་ཡིན་ཞིང༌། དེ་ལས་བཟློག་པ་ ནི་ངེས་དོན་མ་ཡིན་ཏེ། འཕགས་པ་མ་ཕམ་པའི་ཞལ་སྔ་ནས། དེ་སྣང་ཆོས་ཉིད་མི་སྣང་ ཞིང༌། །དེ་མི་སྣང་བས་ཆོས་ཉིད་སྣང༌། །ཞེས་ལེགས་པར་གསུངས་སོ། །དེའི་ཕྱིར་སྣང་བ་ ལ་ཀུན་རྫོབ་ཡིན་པས་མ་ཁྱབ་ཅིང༌། སྟོང་པ་ལ་དོན་དམ་ཡིན་པས་མ་ཁྱབ་སྟེ། ཆོས་ དབྱིངས་ཀྱི་སྣང་བ་པྲ་ཕབ་པ་ལྟ་བུ་དོན་དམ་ཡིན་པའི་ཕྱིར་དང༌། ཀུན་རྫོབ་རང་སྟོང་ གང་ཡིན་ཐམས་ཅད་དོན་དམ་ཡིན་མི་སྲིད་ཅིང་དོན་དམ་གང་ཡིན་ཐམས་ཅད་རང་ སྟོང་ཡིན་མི་སྲིད་པའི་ཕྱིར་རོ། ། ཡང༌། སངས་རྒྱས་ཀྱི་ཡེ་ཤེས་ལ་ལམ་བདེན་ཡིན་པ་གཞན་བྱུང་ཡེ་ཤེས་བཞི་དང༌། འགོག་བདེན་ཡིན་པ་རང་བྱུང་ཡེ་ཤེས་ལྔའམ་བཅུ་ཡོད་དེ་ཕྱིན་ཅི་མ་ལོག་པའི་ཡོངས་ གྲུབ་ཡིན་པའི་ཡེ་ཤེས་བཞི་དང༌། འགྱུར་བ་མེད་པའི་ཡོངས་གྲུབ་ཡིན་པའི་ཡེ་ཤེས་ ལྔའམ་བཅུ་ཡོད་པའི་ཕྱིར་རོ། །དེ་ལ་གཞན་བྱུང་ཡེ་ཤེས་བཞི་ནི་འདུས་བྱས་སྐད་ཅིག་ མ་ཀུན་རྫོབ་ཀྱི་བདེན་པར་གཏོགས་པ་སྟེ་ཆོས་ལྔ་ལས་ཡང་དག་པའི་ཡེ་ཤེས་མེད་ 9-1-308 དོ། །རང་བྱུང་ཡེ་ཤེས་ལྔའམ་བཅུ་ནི་འདུས་མ་བྱས་སྐད་ཅིག་ལས་འདས་པ་དོན་དམ་ པའི་བདེན་པ་སྟེ། ཆོས་ལྔ་ལས་དེ་བཞིན་ཉིད་དོ། །དེ་ལ་འདུས་མ་བྱས་ཡིན་ན་ཡེ་ཤེས་ ཡིན་པར་འགལ་ཞེས་ཟེར་བ་རྣམས་ཀྱིས་ནི་རྫོགས་ལྡན་གྱི་ཆོས་མཆོག་ཟབ་མོའི་རྒྱལ་ ཁམས་ཆེན་པོ་རྣམས་སུ་འཇུག་མ་མྱོང་ཞིང་དེ་ལ་བློ་ཁ་མ་ཕྱོགས་པ་ཉིད་དུ་བསྟན་ ཏོ། །བཅོམ་ལྡན་འདས་སྤྱན་རས་གཟིགས་དབང་ཕྱུག་གི་ཞལ་སྔ་ནས། སྐད་ཅིག་གཅིག་ དང་དུ་མ་དང་བྲལ་བའི་ཡེ་ཤེས་ནི་རྒྱལ་བ་རྣམས་ཀྱིས་དེ་ཁོ་ན་ཉིད་ཅེས་གསུངས་ སོ། །ཞེས་རབ་ཏུ་གསལ་བར་མཛད་པ་དང༌། དེ་ཉིད་ལ་དགའ་བ་པ་དང་སྐུའི་དབྱེ་བས་ དེ་ཉིད་རྣམ་པ་བཅུ་དྲུག་རིག་ཅེས་གསུངས་པ་ཡང་མ་མཐོང་ཞིང་མ་ཐོས་པ་ཉིད་དུ་ ཟད་དོ། །དེས་ན་སངས་རྒྱས་ཀྱི་ཡེ་ཤེས་ལ་འདུས་བྱས་དང་འདུས་མ་བྱས་གཉི་ག་ཡོད་ ཅེས་པ་དོན་ལ་གནས་སོ། །སྐུ་གསུང་ཐུགས་བདེ་ཆེན་ཞིང་ཁམས་སྟོབས་བཅུ་ལ་སོགས་ པ་ཡོན་ཏན་རྣམས་ལ་ཡང་དེ་བཞིན་ནོ། །ཡང་སྙིང་པོ་དོན་གྱི་ཤེར་ཕྱིན་ཡིན་པའི་ གཟུགས་སོགས་དང་ཁམས་གསུམ་དང་དབྱར་ལ་སོགས་པ་ཡོད་བྱས་པ་ནི་དོན་དང་ མཐུན་ཏེ་རྣམ་པ་ཀུན་ལྡན་རྣམ་པ་མེད་ཅེས་སོགས་དང༌། གདོད་ནས་རང་བཞིན་གྱིས་ དག་པ་དང༌། རྣམ་པར་དག་པ་དང༌། ཡོངས་སུ་དག་པ་དང༌། ཤིན་ཏུ་རྣམ་པར་དག་པ་ དང༌། རང་བཞིན་གྱིས་འོད་གསལ་བའི་གཟུགས་ལ་སོགས་པ་རྒྱ་ཆེར་བཀའ་སྩལ་པའི་ ཕྱིར་རོ། ། ཡང༌། ཁ་ཅིག་མ་དག་པའི་སེམས་རྟོགས་པའི་དུས་ན་དག་པར་འགྲོ་སྟེ། ལྕགས་གསེར་ དུ་འགྱུར་བ་བཞིན་ནོ། །ཞེས་འདོད་པ་ནི་ལྟ་ངན་གྱི་ཆང་གིས་རབ་ཏུ་མྱོས་པའི་རླབ་ བཅོལ་དུ་ཟད་དེ། ད་ལྟར་གྱི་སྣང་གྲགས་འདི་ག་རྟོགས་ན་སངས་རྒྱས། མ་རྟོགས་ན་ འཁོར་བ། རྣམ་ཤེས་འདི་ཀ་རྟོགས་ན་ཡེ་ཤེས། མ་རྟོགས་ན་མ་རིག་པ་ཞེས་སོགས་ རྫོགས་ལྡན་གྱི་ཆོས་དང་འགལ་བའི་འདོད་ལུགས་མང་ཞིང་ཆེས་མང་བ་འདི་རྣམ་པ་ ཐམས་ཅད་ཀྱང་དེ་བཞིན་ནོ། །གསེར་འགྱུར་གྱི་རྩི་བཟང་པོ་ལྕགས་ལ་བསྒོས་ནས་མེ་ དྲག་པོས་སྦར་ན་གསེར་དུ་འགྱུར་བ་ཡོད་ཀྱི། ལྕགས་རྟོགས་པས་གསེར་དུ་མི་འགྱུར་བ་ 9-1-309 ནི་དིང་སང་གི་མི་རྣམས་ལ་ཡང་དྲིས་པས་གསལ་ཏེ། དེས་ན་དཔེ་དོན་ཡང་མི་འགྲིག་ གོ ། ཡང༌། རྒྱུ་འབྲས་དུས་མཉམ་མི་མཉམ་ལ། ཆོས་མངོན་པ་མཛོད་དུ། ལྷན་ཅིག་འབྱུང་ གང་ཕན་ཚུན་འབྲས། །འབྱུང་བཞིན་སེམས་ཀྱི་རྗེས་འཇུག་དང༌། །སེམས་དང་མཚན་ ཉིད་མཚན་གཞི་བཞིན། །ཞེས་སོགས་ཀྱི་དུས་མཉམ་པའི་རྒྱུ་འབྲས་གསུངས་པ་ཡོད་ མོད་ཀྱི། ཚད་མ་པ་རྣམས་ནི་དེ་འདྲ་མི་འདོད་པར་སྣང་ངོ༌། ། ཡང༌། གསང་སྔགས་ཟབ་མོ་མཐར་ཐུག་གི་དཀྱིལ་འཁོར་དང༌། ལྷ་ཚོགས་རྣམས་ནི་དོན་ དམ་འདུས་མ་བྱས་ཀྱི་རྟེན་དང་བརྟེན་པ་ཡིན་པའི་ཕྱིར། སྔ་ཕྱིའི་རིམ་པ་མེད་ཀྱང་དེ་ མ་རྟོགས་པ་རྣམས་འཁྲུལ་བའི་གཞི་ནི་ངེས་དོན་གྱི་ལྷ་དང་བསྐྱེད་རིམ་གཅིག་ཡིན་ སྙམ་པ་དང། ངེས་དོན་གྱི་དཀྱིལ་འཁོར་དང་དེའི་རྣམ་པ་བརྟགས་ནས་སྒོམ་པ་གཅིག་ ཡིན་སྙམ་པའི་འདུ་ཤེས་ཕྱིན་ཅི་ལོག་དང་ལྟ་བ་ཕྱིན་ཅི་ལོག་ལས་གྱུར་པ་རྣམས་ཡིན་ ནོ། །དཔལ་དུས་ཀྱི་འཁོར་ལོར། ལྷ་ཡི་དམིགས་པ་གང་ཡིན་མངོན་སུམ་དང་ནི་རྗེས་སུ་ དཔག་པ་རྣམ་པ་གཉིས་སུ་འགྱུར་བ་སྟེ། །ཞེས་སོགས་ཀྱི་དོན་ལ་འདྲིས་པར་མ་བྱས་པ་ རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པས་དེ་རྣམས་ལ་རབ་ཏུ་གསལ་བར་ནི་བསྟན་པ་ དཀའོ། །རྟེན་དང་བརྟེན་པའི་རྣམ་གྲངས་ནི་མང་དུ་ཡོད་དེ། གཉི་ག་འདུས་བྱས་ཡིན་ པ་དང༌། གཉི་ག་འདུས་མ་བྱས་ཡིན་པ་དང༌། གཉི་ག་དོན་དམ་ཡིན་པ་དང༌། གཉི་ག་ ཀུན་རྫོབ་ཡིན་པ་དང༌། རྟེན་དོན་དམ་ཡིན་ལ་བརྟེན་པ་ཀུན་རྫོབ་ཡིན་པ་དང༌། རྟེན་ འདུས་མ་བྱས་རྟག་པ་ཡིན་ལ་བརྟེན་པ་འདུས་བྱས་མི་རྟག་པ་ཡིན་པ་དང༌། བདག་ གཅིག་གམ་དེ་བྱུང་དུ་འབྲེལ་བ་དང་གང་དུ་ཡང་མ་འབྲེལ་བ་ལ་སོགས་པའི་རྣམ་དབྱེ་ ནི་མང་དུ་ཡོད་མོད་ཀྱི། ཡེ་ཤེས་ཀྱི་ལྷ་དང་བསྐྱེད་རིམ་གཅིག་ཏུ་འདོད་པ་ནི་ཤེས་རབ་ འཆལ་པའི་རྣམ་འགྱུར་དུ་རིག་པར་བྱའོ། ། ཡང༌། འདོད་ཆགས་རྡོ་རྗེ་ལ་སོགས་པ་ནི་མཆོད་པ་ཆེན་པོ་འདོད་ཆགས་ཆེ་ཞེས་པ་ལ་ སོགས་པ་དང༌། འདི་དག་རྡོ་རྗེའི་མཐའ་ཅན་མཆོག་ཅེས་པ་ལ་སོགས་པ་དོན་དམ་པའི་ 9-1-310 འདོད་ཆགས་བསྟན་པ་སྟེ། འདོད་ཆགས་རྣམ་པར་དག་པ་ལ་སོགས་པའི་དོན་ཏོ། །དེ་ རྣམས་དེ་ལྟར་མ་རྟོགས་པར་སྤང་བྱ་ལ་མིང་དུ་བཏགས་ཞེས་ཟེར་བ་ནི་བདེན་གཉིས་ རྣམ་དབྱེ་མ་ཤེས་པའི་རྣམ་འགྱུར་རོ། ། ཡང༌། སྦྱང་གཞི་དང་སྦྱང་རྒྱུ་ལ་སོགས་པའི་ཁྱད་པར་འདྲི་བ་ལ། གནས་ལུགས་ཟབ་ མོའི་སྦྱང་གཞི་ནི་གཞན་སྟོང་ཟབ་མོ་ཆོས་ཀྱི་དབྱིངས་ཏེ། སྦྱངས་འབྲས་ཀྱང་དེ་དང་ངོ་ བོ་གཅིག་གོ །སྦྱང་བྱ་དང་སྦྱོང་བྱེད་ནི་སྤང་བྱ་དང་གཉེན་པོ་སྟེ། སྡུག་བསྔལ་ཀུན་ འབྱུང་དང་ལམ་གྱི་བདེན་པར་གཏོགས་སོ། །དེས་ན་གདོད་ནས་རང་བཞིན་གྱིས་རྣམ་ པར་དག་པའི་འགོག་བདེན་ཟབ་མོ་གཅིག་ཉིད་དྲི་བཅས་གཞི་དང་དྲི་བྲལ་འབྲས་བུར་ གསུངས་པའི་ཕྱིར། གཞི་འབྲས་ངོ་བོ་གཅིག་པ་ཡང་ཡིན་ལ། གློ་བུར་དྲི་མ་ཡོད་མེད་ཀྱི་ ཆ་ནས་མི་གཅིག་པ་ཡང་ཡིན་པ་མི་འགལ་ལོ། །འདིར་འདུས་མ་བྱས་ནམ་མཁའ་དང་ དེ་ལ་ཡོད་པའི་སྤྲིན་དང་དེ་འཐོར་བའི་རླུང་དང་སྤྲིན་སངས་པའི་ནམ་མཁའ་དཔེར་ བྱ་ཞིང༌། ནོར་བུ་སྦྱོང་བ་ལ་སོགས་པ་དཔེ་གཞན་ཡང་ཤིན་ཏུ་མང་སྟེ། སྙིང་པོའི་མདོ་ལྔ་ མདོ་བཅུ་ལ་སོགས་པ་དང༌། རྒྱུད་བླ་མ་ལ་སོགས་ན་རབ་ཏུ་རྒྱས་ཤིང་གསལ་ལོ། ། ཡང༌། སངས་རྒྱས་ཀྱི་བསྟན་པ་ཐེག་པ་ཆེ་ཆུང་གི་ལུགས་ལ་ཅི་ཙམ་ན་ཕྱིན་ཞེས་པ་འདི་ གང་ལ་དགོངས་པ་ཡིན། ལམ་མཐར་ཕྱིན་པ་ལ་དགོངས་པ་ཡིན་ན་རང་རང་གིས་མི་ སློབ་པའི་ལམ་ཐོབ་པ་ན་མཐར་ཕྱིན་ནོ། །ལམ་དུ་ཞུགས་པ་ལ་དགོངས་པ་ཡིན་ན་རང་ རང་གིས་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཞུགས་པ་ཡིན་ནོ། །དོན་དམ་སེམས་བསྐྱེད་ལ་ ཆོ་ག་དགོས་སམ་ཞེས་པ་འདི་ལ། དོན་དམ་བྱང་ཆུབ་ཀྱི་སེམས་ནི་མ་སྐྱེས་པའི་དབྱིངས་ འདུས་མ་བྱས་པ་ཡིན་པས་རྒྱུ་གང་གིས་མ་སྐྱེད་ཅིང་སྐྱེད་དུ་མི་རུང་ལ། དེ་མངོན་སུམ་ དུ་བྱེད་པའི་ཡེ་ཤེས་ནི་ས་དང་པོ་ནས་སྐྱེ་བ་ཡིན་ཞིང་དེའང་བསྒོམས་པའི་སྟོབས་ཀྱིས་ སྐྱེ་བར་གསུངས་ཀྱི། ཆོ་ག་ཙམ་གྱིས་སྐྱེ་བ་ནི་ཅུང་ཟད་དཀའ་ནའང༌། ཆོ་ག་ཟབ་མོའི་ བྱིན་རླབས་ཀྱིས་སྐྱེ་བའི་གྲོགས་སུ་འགྱུར་བ་ནི་སྲིད་དོ། ། ཡང་ཕག་མོའི་བརྡ་དབང་དང༌། གསར་རྙིང་གི་ཁྱད་པར་དང༌། རྒྱུ་དང་འབྲས་བུ་ལམ་ 9-1-311 དུ་བྱེད་པའི་ཁྱད་པར་དང༌། ཤ་ལྔ་བདུད་རྩི་ལྔ་ངོས་འཛིན་ལུགས་ལ་སོགས་པ་མང་པོ་ ཞིག་སྤྲོ་བར་རྔོ་ཐོགས་མོད་ཀྱི་ཇི་ལྟ་བཞིན་དྲང་པོ་བཤད་ན་འགའ་ཞིག་གི་ཐུགས་ འཁྲུག་པར་འགྱུར་ཞིང༌། དེ་རྣམས་དང་མཐུན་པར་བཤད་ན་སངས་རྒྱས་ཀྱི་བསྟན་པ་ ལ་གནོད་པར་འགྱུར་བའི་ཕྱིར་དང༌། ངེས་དོན་ཟབ་མོ་བསྒོམས་པའི་ཉམས་མྱོང་ཅན་ ལ། དམ་ཚིག་བཞི་དང་དྲུག་དང་བརྒྱད་དང་བཅུ་དང་བཅུ་དྲུག་ལ་སོགས་པའི་སྤྱོད་པ་ རྒྱ་ཆེར་བསྟན་དགོས་ཏེ་དེ་འདིར་བསྟན་དཀའ་བའི་ཕྱིར་རེ་ཞིག་བཏང་སྙོམས་སུ་ བཞག་གོ ། ཡང༌། སློབ་ལམ་པ་ལ་སྣང་བའི་སྐུ་ཡིན་ན་རང་སེམས་ཁོ་ན་ཨེ་ཡིན་ཞེས་པ་འདི་ལ། རང་སེམས་ཁོ་ན་ཡིན་པའི་ཁྱབ་པ་མེད་དོ། ། ཡང༌། རྒྱས་པའི་རིགས་གསར་སྐྱེས་ལགས་སམ་ཞེས་པ་འདི་ལ། འདུས་བྱས་ཐམས་ཅད་ སྔར་མེད་གསར་དུ་སྐྱེས་པ་ཡིན་ཞིང་རྒྱས་པའི་རིགས་ཀྱང་འདུས་བྱས་ཡིན་ནོ། ། ཡང༌། ཀུན་བཏགས་ཤེས་བྱ་ཨེ་ཡིན་ཞེས་པ་འདི་ལ། ཡོངས་སུ་བརྟགས་པའི་གཟུགས་ ནས་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་ཞེས་པ་དང༌། དངོས་པོ་མེད་པའི་གཟུགས་ སོགས་ཞེས་པ་ལ་སོགས་པ་ཤེས་ཕྱིར་དབུ་མའི་རང་འགྲེལ་རྣམས་སུ་རྒྱ་ཆེར་གསུངས་ ཤིང༌། བྱམས་ཆོས་དང༌། ས་སྡེ་ལ་སོགས་པར་ཤེས་པར་བྱ་བ་ཡིན་པར་ཡང་ཡང་ གསུངས་པའི་ཕྱིར། དེ་ཤེས་བྱ་མ་ཡིན་པར་འདོད་པ་རྣམས་ཀྱིས་ནི་ཤེས་པའི་མིག་ བཙུམས་པ་ཉིད་དུ་ཟད་དོ། ། ཡང༌། རྣམ་རྟོག་གང་ཡིན་གཞན་དབང་ཡིན། །གཞན་དབང་གང་ཡིན་སྤང་བྱ་ ཡིན། །དག་པ་ཡིན་ན་སྤང་བྱ་མིན། །དེ་ཕྱིར་དག་པའི་གཞན་དབང་མེད། །འོན་ཀྱང་ གསུམ་ལྡན་མར་ཆད་ཀྱི་སློབ་དཔོན་ལས་དག་པ་གཞན་དབང་གི་རྣམ་གཞག་མཛད་པ་ ནི་སློབ་དཔོན་དབུ་མ་པ་ཆེན་པོ་འཕགས་པ་ཐོགས་མེད་ཞབས་ཀྱི་ཞལ་སྔ་ནས། རྣམ་ པར་བྱང་བའི་ཆ་དང་མཐུན་པའི་གཞན་གྱི་དབང་ཞེས་གསུངས་པའི་དགོངས་པ་ཇི་ལྟ་ བ་བཞིན་མ་ཤེས་པ་ལ་བརྟེན་ནས་འཁྲུལ་བ་ཡིན་ནོ། ། 9-1-312 ཡང༌། བསྔོ་བ་དང་སྨོན་ལམ་རྣམ་དག་ཕལ་ཆེར་དོན་གཅིག་ཅིང་གནད་ཀྱང་གཅིག་ལ། སྐབས་ཁ་གཅིག་ཏུ་ཅུང་ཟད་མི་གཅིག་པ་ལྟ་བུར་སྣང་བ་བྱུང་ཡང་དོན་ལ་འཛོལ་བ་ ཙམ་མེད་པས་ལམ་གྱི་གེགས་སུ་འགྱུར་བ་ཙམ་མེད་དོ། །གེགས་སུ་འགྱུར་ངོས་ཤེས་པ་ ནི་ལྟ་བ་ཉམས་པ་དང་སྤྱོད་པ་ཉམས་པ་སྟེ་དེ་གཉིས་ལས་ཀྱང་ལྟ་བ་ཉམས་པ་ཆེས་ ཆེར་ཉེས་དམིགས་ཆེ་བར་གསུངས་ཏེ། ཇི་སྐད་དུ། དགེ་སློང་དག་ཚུལ་ཁྲིམས་ཉམས་པ་ ནི་སླའི། ལྟ་བ་ཉམས་པ་ནི་དེ་ལྟ་མ་ཡིན་ནོ། །ཞེས་སོགས་དང༌། ཚུལ་ཁྲིམས་ལས་ནི་ ཉམས་བླ་ཡི། །ལྟ་ལས་ནམ་ཡང་ཉམས་མི་བྱ། །ཚུལ་ཁྲིམས་ཀྱིས་ནི་བདེ་འགྲོར་འགྲོ། །ལྟ་ བ་གོ་འཕང་མཆོག་ཏུ་འགྲོ། །ཞེས་སོགས་དང༌། ཡོད་པ་པོ་ནི་བདེ་འགྲོར་འགྲོ། །མེད་པ་ པོ་ནི་ངན་འགྲོར་འགྲོ། །གཉིས་ལ་མི་གནས་ཐར་པར་འགྲོ། །ཞེས་སོགས་དང༌། དངོས་ པོར་རྟོག་པ་ཕྱུགས་དང་འདྲ་བར་བཤད། །དངོས་མེད་རྟོག་པ་དེ་བས་ཀྱང་ནི་ བླུན། །ཞེས་སོགས་ལྟ་བ་ཉམས་པའི་ཉེས་དམིགས་རྒྱ་ཆེར་གསུངས་ལ། རང་སྟོང་གཞན་ སྟོང་དུ་འབྱེད་མི་ཤེས་པར་ཐམས་ཅད་རང་སྟོང་ཉིད་དུ་འདོད་པ་དང༌། གང་གིས་སྟོང་ པ་དང་སྟོང་པའི་གཞི་གང་ཡིན་འབྱེད་མ་ཤེས་པར་ཅང་མེད་སྟོང་པ་ཁོ་ནར་འདོད་པ་ དང༌། དབེན་པར་གསུངས་པ་ལ་གང་གིས་དབེན་པ་དང་དབེན་པའི་གཞི་གང་ཡིན་མ་ ཤེས་པ་དང༌། དག་པར་གསུངས་པ་ལ་གང་གིས་དག་པ་དང༌། དག་པའི་གཞི་གང་ཡིན་ མ་ཤེས་པ་དང༌། ཟད་པར་གསུངས་པ་ལ་གང་ཟད་པ་དང་ཟད་པའི་གཞི་གང་ཡིན་མ་ ཤེས་པ་དང༌། འགོག་པའམ་འགགས་པར་གསུངས་པ་ལ་གང་འགགས་པ་དང་འགགས་ པའི་གཞི་གང་ཡིན་མ་ཤེས་པ་དང༌། མེད་པར་གསུངས་པ་ལ་གང་མེད་པ་དང་མེད་ པའི་གཞི་གང་ཡིན་མ་ཤེས་པ་ལ་སོགས་པ་ལ་བརྟེན་ནས་ལྟ་བ་ནོར་བ་མང་དུ་བྱུང་བ་ རྣམས་དང༌། གཞན་ཡང་དངོས་པོ་དང་དངོས་མེད་ལ་ཕུང་པོ་གསུམ་པ་མི་འདོད་པ་ དང༌། བེམ་པོ་དང་རིག་པ་ལ་ཕུང་པོ་གསུམ་པ་འདོད་པ་ལ་སོགས་པ་དང༌། རྣམ་ཤེས་ ཡེ་ཤེས་མ་ཕྱེད་པ་དང༌། ཡེ་ཤེས་ལ་ཡང་རང་བྱུང་དང་གཞན་བྱུང་དུ་མ་ཕྱེད་པ་དང༌། ཀུན་གཞི་ལ་རྣམ་ཤེས་དང་ཡེ་ཤེས་སུ་མ་ཕྱེད་པ་དང༌། རྒྱུ་ལ་སྐྱེད་བྱེད་དང་བྲལ་བྱེད་ 9-1-313 ཀྱི་ཁྱད་པར་མ་ཕྱེད་པ་དང༌། འབྲས་བུ་ལ་བསྐྱེད་འབྲས་དང་བྲལ་འབྲས་ཀྱི་ཁྱད་པར་ མ་ཕྱེད་པ་དང༌། གནས་གྱུར་པ་ལ་གྱུར་ཚུལ་གྱི་ཁྱད་པར་མ་ཕྱེད་པ་དང༌། ལམ་ལ་ མཉམ་བཞག་དང་རྗེས་ཐོབ་ཏུ་མ་ཕྱེད་པ་དང༌། ལ་ཟློ་བའི་སྐབས་དང་ཤན་འབྱེད་པའི་ སྐབས་མ་ཕྱེད་པ་ལ་སོགས་པ་འཁྲུལ་བ་མང་པོ་ལ་བརྟེན་ནས་ལྟ་བ་ནོར་བ་ཤིན་ཏུ་ མང་ཞིང་ཆེས་མང་བ་འདི་རྣམས་ཀྱིས་ལྟ་བའི་སྙིགས་མ་བརྡོ་བ་གསལ་བཏབ་ཅིང༌། སྟོང་པ་ཉིད་ལ་ལྟ་ཉེས་ན། །ཤེས་རབ་ཆུང་ལྡན་ཕུང་བར་འགྱུར། །ཞེས་སོགས་དང༌། དཔེར་ན་སྨན་པས་ནད་ནི་བསལ་བའི་ཕྱིར། །མི་ཞིག་ལ་ནི་བཀྲུ་སྨན་བཏང་བ་ ལས། །ནད་རྣམས་བསྐྱོད་དེ་འཁྲུས་པར་མ་གྱུར་ན། །དེ་ཡི་གཞི་ལས་ནད་ནི་སོས་མི་ འགྱུར། །དེ་བཞིན་ལྟ་བའི་ཐིབས་པོར་གནས་པ་ལས། །འབྱུང་བའི་མཆོག་ནི་སྟོང་པ་ ཉིད་ཡིན་ན། །གང་ཞིག་སྟོང་པ་ཁོ་ནར་ལྟ་བྱེད་པ། །དེ་ནི་གསོར་མི་རུང་ཞེས་རྒྱལ་བས་ གསུངས། །ཞེས་སོགས་དང༌། འོད་སྲུང་གང་ཟག་ཏུ་ལྟ་བ་རི་རབ་ཙམ་ལ་གནས་པ་ནི་ བླའི། མངོན་པའི་ང་རྒྱལ་ཅན་སྟོང་པ་ཉིད་དུ་ལྟ་བ་ནི་དེ་ལྟ་མ་ཡིན་ནོ། །ཞེས་སོགས་རྒྱ་ ཆེར་གསུངས་པ་རྣམས་ཀྱང་དྲན་པར་བྱས་ནས། སངས་རྒྱས་ཀྱི་བསྟན་པ་ལ་བྱི་དོར་ དང་བྱ་བ་ཆེན་པོ་བྱ་ཞིང༌། རང་གཞན་ཐམས་ཅད་ལྟ་སྒོམ་སྤྱོད་པ་ཤིན་ཏུ་ཡོངས་སུ་ དག་པ་ལ་ཉམས་ལེན་བྱ་བའི་ཆེད་དུ་བཀའ་འགྱུར་བསྟན་འགྱུར་ཡོངས་སུ་རྫོགས་པར་ ལྟ་བ་གྲུབ་ན་ནི་ལེགས། དེ་ཙམ་མ་གྲུབ་ན་ཡང༌། སྙིང་པོའི་མདོ་ལྔ་མདོ་བཅུ། ངེས་དོན་ མདོ་ལྔ་མདོ་བཅུ། བཀའ་དང་མཉམ་པའི་འགྲེལ་པ་བཅུ་དང༌། དེ་རྣམས་ཀྱི་དོན་བསྡུས་ པ་ངེས་དོན་རྒྱ་མཚོ། ངེས་དོན་གསལ་བྱེད། ལྟ་བ་ངན་སེལ། ཆོས་དབྱིངས་དུ་མ་རོ་ གཅིག་ཅེས་བྱ་བ་བདེ་གཤེགས་སྙིང་པོ་ཡོན་ཏན་ཅན་གྱི་མེ་ལོང༌། སངས་རྒྱས་ཀྱི་ཡོན་ ཏན་ལ་ཤེས་ནས་དད་པ་ཐོབ་པར་བྱེད་པའི་ཐབས་མཆོག །དགེ་བའི་སྒོ་ཆེན་མང་དུ་ འབྱེད་པའི་ཐབས་མཆོག །བསྟན་རྩིས་ཆེན་པོ་བཀའ་བསྡུ་བཞི་པ། བསྟན་པ་སྤྱི་འགྲེལ། ངེས་དོན་མཐར་ཐུག་གི་གསོལ་འདེབས། རྡོ་རྗེ་ཚིག་གི་མདུད་གྲོལ་ཆེན་པོ་ལ་སོགས་པ་ དང༌། སྨོན་ལམ་ཁྱད་འཕགས་ལ་སོགས་པ་གཞུང་ཟབ་མོ་ཁྱད་འཕགས་རྣམས་ལེགས་ 9-1-314 པར་གཟིགས་འཚལ། དེ་ལྟར་ཆོས་དང་ཆོས་མ་ཡིན་པ་རབ་ཏུ་རྣམ་པར་འབྱེད་པ་ལ་ ཐུགས་ཞུགས་པ་རྗེས་སུ་ཡི་རང༌། ད་དུང་ཡང་ཇེ་རྒྱས་ཇེ་རྒྱས་ལ་གཏོང་བར་ཞུ། དེ་ ལན་ཀུན་གཞིའི་རབ་ཏུ་དབྱེ་བ་དང༌། སྟོང་ཉིད་ཀྱི་རབ་ཏུ་དབྱེ་བ་ཞེས་བྱ་བ་སྐྱེས་སུ་ འབུལ། སྦྲུལ་ལོ་ཟླ་བ་བཅུ་གཅིག་པའི་ཚེས་བཅུ་ལ་ཇོ་ནང་དཔལ་གྱི་རི་ཁྲོད་དུ་བྲིས།། དགེ་ལེགས་སུ་གྱུར་ཅིག ། (མ་དཔེ་ནི་འབྲས་གནས་བཅུའི་དཔེ་རྙིང་ཕྱི་ལ། ༡༥༤ དབུ་ཅན་བྲིས་མ་ཡིན།) 9-1-315 ༄༅། །གསོལ་འདེབས་ཀྱི་རྒྱལ་པོ་བཞུགས། 9-1-316 ༄༅། །གསོལ་འདེབས་ཀྱི་རྒྱལ་པོ་བཞུགས། ༄༅། །ན་མོ་གུ་རུ་བུདྡྷ་བོ་དྷི་སཏྭེ་བྷྱོ་ན་མོ་ན་མཿ སེམས་ཅན་ཐམས་ཅད་ལ་ཁྱད་པར་ མེད་པར་གནས་པའི་བདེ་གཤེགས་སྙིང་པོ་རང་བྱུང་གི་ཡེ་ཤེས། དུས་ཀྱི་འཁོར་ལོ་དང་ པོའི་སངས་རྒྱས་མངོན་སུམ་དུ་སྟོན་པར་མཛད་པ་རྣམས་ཀྱི་ཞབས་ལ་གུས་པས་ཕྱག་ འཚལ་ཞིང་སྐྱབས་སུ་མཆིའོ། །བརྩེ་བ་ཆེན་པོས་དུས་ཐམས་ཅད་དུ་རྗེས་སུ་བཟུང་དུ་ གསོལ། ཇི་ལྟར་མར་མེ་བུམ་ནང་གནས་པ་ལྟར། །འོད་གསལ་ཆོས་སྐུ་རྟོག་པའི་ནང་གནས་ པ། །གང་གི་ཐབས་མཆོག་རྡོ་རྗེའི་རྣལ་འབྱོར་གྱི། །མངོན་སུམ་སྟོན་མཛད་བླ་མའི་ ཞབས་ལ་འདུད། །ཇི་ལྟར་ཉི་ཟླ་སྤྲིན་གྱིས་སྒྲིབ་པ་ལྟར། །རང་བཞིན་འོད་གསལ་རྟོག་ པས་རབ་སྒྲིབ་པ། །གང་གི་ཐབས་མཆོག་རྡོ་རྗེའི་རྣལ་འབྱོར་གྱི། །མངོན་སུམ་སྟོན་ མཛད་བླ་མའི་ཞབས་ལ་འདུད། །ཇི་ལྟར་དབུལ་པོའི་ཁྱིམ་ན་གཏེར་ཆེན་བཞིན། །དང་ པོའི་སངས་རྒྱས་འགྲོ་ལ་རྟག་གནས་པ། །གང་གི་ཐབས་མཆོག་རྡོ་རྗེའི་རྣལ་འབྱོར་ གྱི། །མངོན་སུམ་སྟོན་མཛད་བླ་མའི་ཞབས་ལ་འདུད། །མི་གཙང་འདམ་གྱིས་གཡོགས་ པའི་ནོར་བུ་ལྟར། །བདེ་གཤེགས་སྙིང་པོ་འགྲོ་ལ་རྟག་གནས་པ། །གང་གི་ཐབས་མཆོག་ རྡོ་རྗེའི་རྣལ་འབྱོར་གྱི། །མངོན་སུམ་སྟོན་མཛད་བླ་མའི་ཞབས་ལ་འདུད། །གོས་ཧྲུལ་ ནང་ན་རྒྱལ་བའི་སྐུ་གཟུགས་བཞིན། །རང་བྱུང་ཡེ་ཤེས་རྟོག་པའི་ནང་གནས་པ། །གང་ གི་ཐབས་མཆོག་རྡོ་རྗེའི་རྣལ་འབྱོར་གྱི། །མངོན་སུམ་སྟོན་མཛད་བླ་མའི་ཞབས་ལ་ འདུད། །འཁོར་ལོ་སྒྱུར་རྒྱལ་མངལ་ན་གནས་པ་ལྟར། །ཕྱག་ཆེན་བྱང་ཆུབ་དྲི་མའི་ སྦུབས་ན་གནས། །གང་གི་ཐབས་མཆོག་རྡོ་རྗེའི་རྣལ་འབྱོར་གྱི། །མངོན་སུམ་སྟོན་མཛད་ བླ་མའི་ཞབས་ལ་འདུད། །ས་འོག་སྦུབས་ན་ཆུ་གཙང་གནས་པ་ལྟར། །དུས་ཀྱི་འཁོར་ལོ་ འགྲོ་ལ་རྟག་གནས་པ། །གང་གི་ཐབས་མཆོག་རྡོ་རྗེའི་རྣལ་འབྱོར་གྱི། །མངོན་སུམ་སྟོན་ 9-1-317 མཛད་བླ་མའི་ཞབས་ལ་འདུད། །ལྗན་ལྗིན་ཁྲོད་ན་ས་ལེ་སྦྲམ་བཞིན་དུ། །ཉོན་མོངས་ ཁྲོད་ན་གནས་པའི་རྫོགས་སངས་རྒྱས། །གང་གི་ཐབས་མཆོག་རྡོ་རྗེའི་རྣལ་འབྱོར་ གྱི། །མངོན་སུམ་སྟོན་མཛད་བླ་མའི་ཞབས་ལ་འདུད། །ཇི་ལྟར་ཏིལ་ལ་ཏིལ་མར་གནས་ པ་བཞིན། །དགྱེས་པ་རྡོ་རྗེ་འགྲོ་ལ་རྟག་གནས་པ། །གང་གི་ཐབས་མཆོག་རྡོ་རྗེའི་རྣལ་ འབྱོར་གྱི། །མངོན་སུམ་སྟོན་མཛད་བླ་མའི་ཞབས་ལ་འདུད། །མར་གྱི་སྙིང་པོ་ཞོ་ལ་ གནས་པ་ལྟར། །ལྷན་སྐྱེས་བདེ་ཆེན་འགྲོ་ལ་རྟག་གནས་པ། །གང་གི་ཐབས་མཆོག་རྡོ་ རྗེའི་རྣལ་འབྱོར་གྱི། །མངོན་སུམ་སྟོན་མཛད་བླ་མའི་ཞབས་ལ་འདུད། །པད་མོའི་སྦུབས་ ན་རྒྱལ་བའི་སྐུ་བཞིན་དུ། །གསང་བ་འདུས་པ་འགྲོ་ལ་རྟག་གནས་པ། །གང་གི་ཐབས་ མཆོག་རྡོ་རྗེའི་རྣལ་འབྱོར་གྱི། །མངོན་སུམ་སྟོན་མཛད་བླ་མའི་ཞབས་ལ་འདུད། །ཇི་ ལྟར་མེ་ནི་ཤིང་ལ་གནས་པ་ལྟར། །ཨེ་ཝཾ་རོ་སྙམ་འགྲོ་ལ་རྟག་གནས་པ། །གང་གི་ཐབས་ མཆོག་རྡོ་རྗེའི་རྣལ་འབྱོར་གྱི། །མངོན་སུམ་སྟོན་མཛད་བླ་མའི་ཞབས་ལ་འདུད། །སྦུན་ སྐོགས་ནང་ན་འབྲུ་ཡི་སྙིང་པོ་ལྟར། །འཁོར་ལོ་སྡོམ་པ་འགྲོ་ལ་རྟག་གནས་པ། །གང་གི་ ཐབས་མཆོག་རྡོ་རྗེའི་རྣལ་འབྱོར་གྱི། །མངོན་སུམ་སྟོན་མཛད་བླ་མའི་ཞབས་ལ་ འདུད། །ལྕགས་རྡོའི་རི་ལ་ལྕགས་ཀྱི་ཁམས་བཞིན་དུ། །ཕྱག་རྒྱ་ཆེན་པོ་འགྲོ་ལ་རྟག་ གནས་པ། །གང་གི་ཐབས་མཆོག་རྡོ་རྗེའི་རྣལ་འབྱོར་གྱི། །མངོན་སུམ་སྟོན་མཛད་བླ་ མའི་ཞབས་ལ་འདུད། །སྦྲང་མ་མང་པོའི་ཁོང་ན་སྦྲང་རྩི་བཞིན། །སྒྱུ་འཕྲུལ་དྲྭ་བ་འགྲོ་ལ་ རྟག་གནས་པ། །གང་གི་ཐབས་མཆོག་རྡོ་རྗེའི་རྣལ་འབྱོར་གྱི། །མངོན་སུམ་སྟོན་མཛད་ བླ་མའི་ཞབས་ལ་འདུད། །ཇི་ལྟར་དངུལ་རྡོའི་ཁམས་ལ་དངུལ་བཞིན་དུ། །རྡོ་རྗེ་སེམས་ དཔའ་འགྲོ་ལ་རྟག་གནས་པ། །གང་གི་ཐབས་མཆོག་རྡོ་རྗེའི་རྣལ་འབྱོར་གྱི། །མངོན་ སུམ་སྟོན་མཛད་བླ་མའི་ཞབས་ལ་འདུད། །ཞེས་པ་བླ་མ་དམ་པ་རྣམས་ཀྱི་བྲན་དུ་གྱུར་ པ། ཤེས་རབ་རྒྱལ་མཚན་དཔལ་བཟང་པོས་བཀོད་པའོ།། །།ཡང་སྨྲས་པ། གསོལ་འདེབས་རྒྱལ་པོའང་འདི་ཡིན་ཏེ། ། ཏིང་འཛིན་རྒྱལ་པོ་ཐོབ་རྣམས་ལ། ། 9-1-318 འོད་གསལ་རྒྱལ་པོ་ངོ་སྤྲོད་པས། ། ངོ་སྤྲོད་རྒྱལ་པོའང་འདི་ཡིན་ནོ། ། འོད་གསལ་ཆོས་སྐུར་རྫོགས་སངས་རྒྱས། ། རང་བྱུང་ཡེ་ཤེས་ལྷན་སྐྱེས་བདེ། ། དང་པོའི་སངས་རྒྱས་དུས་འཁོར་ལོ། ། དགྱེས་རྡོར་བདེ་མཆོག་གསང་འདུས་དང༌། ། སྒྱུ་འཕྲུལ་དྲྭ་བ་ཆོས་ཀྱི་དབྱིངས། ། རྡོ་རྗེ་སེམས་དཔའ་ཨེ་ཝཾ་སོགས། ། དོན་ལ་ཐ་དད་ཅུང་ཟད་མེད། ། ཐམས་ཅད་བདེ་ལེགས་སྙིང་པོའི་དོན། ། ཞེས་ཀྱང་གདམས་སོ། །དོན་ཚན་བཅུ་དྲུག་ཡོད་དོ། །མངྒལཾ། །གཅིག་ཞུས། གཉིས་ཞུས་ གྲུབ། (མ་དཔེ་ནི་འབྲས་གནས་བཅུའི་དཔེ་རྙིང་ཕྱི་ཀ ༢༠༤ ཡིན།) 9-1-319 ༄༅། །སྤང་བླང་གི་ཆོས་ངོས་བཟུང་བ་ སོགས་བཞུགས། 9-1-320 ༄༅། །སྤང་བླང་གི་ཆོས་ངོས་བཟུང་བ་ སོགས་བཞུགས། ༄༅། །ཨོཾ་བདེ་ལེགས་སུ་གྱུར་ཅིག །བདག་གི་རྗེས་འཇུག་ཐམས་ཅད་ལ། །གཏན་དུ་ ལེགས་པའི་སྙིང་གཏམ་སྨྲ། །གང་ཟག་ལ་ནི་དག་སྣང་སྦྱང༌། །གྲུབ་མཐའ་ལ་ནི་རྟོག་ དཔྱོད་བྱ། །གང་ཕྱིར་ཕལ་གྱིས་ཕ་རོལ་པོའི། །རྒྱུད་ཚོད་རྟོགས་པར་དཀའ་ཕྱིར་ དང༌། །གྲུབ་མཐའ་ནོར་ན་རང་གཞན་ཀུན། །གཏན་གྱི་དོན་ལས་ཉམས་ཕྱིར་རོ། །གྲུབ་ མཐའ་ཡང་དག་ཡིན་མིན་ཡང༌། །རྫོགས་ལྡན་ཆོས་དང་མཐུན་མི་མཐུན། །ལེགས་པར་ བརྟགས་ནས་མཐུན་ན་ལེན། །མི་མཐུན་པའམ་འགལ་གྱུར་ན། །འདོར་བ་མཁས་པའི་ ལུགས་ཡིན་གྱི། །ཞེན་པས་འཇུག་ན་བླུན་པོའི་ལུགས། །དེ་ལྟར་བདག་སོགས་སེམས་ཅན་ རྣམས། །བླུན་པོའི་ལུགས་ངན་རབ་སྤངས་ནས། །མཁས་པའི་ལུགས་བཟང་ལེགས་སྤྱད་ དེ། །ཀུན་གྱིས་སངས་རྒྱས་མྱུར་ཐོབ་ཤོག །འདི་ནི་གདམས་ངག་ཟབ་མོ་སྟེ། །ཀུན་གྱིས་ འདི་དོན་རྟོགས་གྱུར་ཅིག །དེ་ལྟར་ཁྱད་པར་འཕགས་པ་ཡི། །ཚིགས་སུ་བཅད་པ་རྣམ་ ལྔ་ལ། །བརྟེན་ནས་སྟོང་ཆེན་འགྱུར་མེད་ལྔ། །མཐོང་ཞིང་རྟོགས་ནས་མྱུར་ཐོབ་ ཤོག །ཅེས་པ་རྟོན་པ་བཞི་ལྡན་གྱིས་བཀོད་པའོ།། །།མངྒལཾ།། ༈ ཐེག་པ་ཆེན་པོ་མདོ་སྡེ་རིན་པོ་ཆེའི་རྒྱལ་པོ་ཟ་མ་ཏོག་བཀོད་པ་ལ་ཕྱག་འཚལ་ ལོ། །གང་འཇིག་རྟེན་ན་མདོ་སྡེའི་རྒྱལ་པོ་འདི་ལྟ་བུ་མངོན་དུ་བྱེད་པ་དེ་དག་ནི་བདེ་ བ་དང་ལྡན་པ་ཡིན་ནོ། །ཐོས་ནས་ཀྱང་མཚམས་མེད་པ་ལྔ་དག་ཟད་པར་བྱེད་དོ། །འཆི་ བའི་ཚེ་ཡང་དེ་བཞིན་གཤེགས་པ་བཅུ་གཉིས་གཤེགས་ནས་དབུགས་འབྱིན་པར་ མཛད་དེ་རིགས་ཀྱི་བུ་མ་འཇིགས་ཤིག །ཁྱོད་ཀྱིས་ཐེག་པ་ཆེན་པོའི་མདོ་སྡེ་རིན་པོ་ཆེའི་ རྒྱལ་པོ་ཟ་མ་ཏོག་བཀོད་པ་ཐོས་སོ། །བདེ་བ་ཅན་དུ་འགྲོ་བའི་ཕྱིར་ལམ་སྣ་ཚོགས་ཀྱང་ སྟ་གོན་བྱས་སོ། །གདུགས་སྣ་ཚོགས་དང་ཅོད་པན་དང་རྣ་ཆ་དང་སེ་མོ་དོ་རྣམས་ཀྱང་ 9-1-321 སྟ་གོན་བྱས་སོ། །ལྟས་དེ་ལྟ་བུ་འབྱུང་ཞིང་འཆི་བའི་དུས་ཀྱི་ཚེ་བར་ཆད་མེད་པར་བདེ་ བ་ཅན་དུ་འགྲོ་བར་འགྱུར་རོ། །ཞེས་དང༌། གང་ཐེག་པ་ཆེན་པོའི་མདོ་སྡེ་རིན་པོ་ཆེའི་ རྒྱལ་པོ་ཟ་མ་ཏོག་བཀོད་པ་ཐོས་པའི་སེམས་ཅན་དེ་དག་ནི་བདེ་བ་དང་ལྡན་པ་ཡིན་ ཏེ། རིགས་ཀྱི་བུ། དེ་དག་ནི་སོ་སོའི་སྐྱེ་བོ་མ་ཡིན་པར་རིག་པར་བྱའོ། །བྱང་ཆུབ་སེམས་ དཔའ་ཕྱིར་མི་ལྡོག་པ་དང་འདྲ་བར་བལྟའོ། །དེ་དག་འཆི་བའི་དུས་ཀྱི་ཚེ་དེ་བཞིན་ གཤེགས་པ་བཅུ་གཉིས་གཤེགས་ཏེ། རིགས་ཀྱི་བུ་མ་འཇིགས་ཤིག །ཁྱོད་ཀྱིས་ཐེག་པ་ ཆེན་པོའི་མདོ་རིན་པོ་ཆེའི་རྒྱལ་པོ་ཟ་མ་ཏོག་བཀོད་པ་ཐོས་སོ། །ཁྱོད་སླར་འཁོར་བར་ མི་འཁོར་བར་འགྱུར་རོ། །སླར་སྐྱེ་བ་དང་རྒ་བ་དང་འཆི་བ་མི་མཐོང་བར་འགྱུར་ རོ། །ཞེས་དང༌། དཔེར་ན། རིགས་ཀྱི་བུ། ངས་རྡུལ་ཕྲ་རབ་ཀྱི་ཚད་ནི་བཟུང་ནུས་ཀྱི། རིགས་ཀྱི་བུ། ཡི་གེ་དྲུག་པའི་རིག་པ་ཆེན་མོ་ལན་གཅིག་བཟློས་པའི་བསོད་ནམས་ཀྱི་ ཕུང་པོ་ནི་བགྲང་མི་ནུས་སོ། །རིགས་ཀྱི་བུ། རྒྱ་མཚོའི་བྱེ་མ་ནི་རེ་རེ་ནས་བགྲང་ནུས་ཀྱི། རིགས་ཀྱི་བུ། ཡི་གེ་དྲུག་པའི་རིག་པ་ཆེན་མོ་ལན་གཅིག་བཟློས་པའི་བསོད་ནམས་ཀྱི་ ཕུང་པོ་ནི་བགྲང་མི་ནུས་སོ། །དེ་བཞིན་དུ། མི་གཞན་རྣམས་ཀྱིས་གྲངས་ཀྱིས་མི་ཆོད་ པའི་དཔེ་མང་པོ་གསུངས་ནས་དེ་རྣམས་པས་ཀྱང༌། ཡི་གེ་དྲུག་པའི་རིག་པ་ཆེན་མོ་ ལན་གཅིག་བཟློས་པའི་བསོད་ནམས་ཀྱི་ཕུང་པོ་ཆེས་མང་བ་ཚད་དཔག་ཏུ་མེད་པ་ གསུངས་པས་ཡང་ཡང་དུ་བཟློ་བ་ལ་བརྩོན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ ཀྱིས་བཟློ་ནུས་པར་གྱུར་ཅིག། །། (མ་དཔེ་ནི་འབྲས་གནས་བཅུའི་དཔེ་རྙིང་ཕྱི་ལ། ༤༢༡ སྤར་མ་ཡིན།) 9-1-322 ༄༅། །སྐུ་འབུམ་ཆེན་པོ་གྲུབ་དུས་བཏབ་པའི་ སྨོན་ལམ་བཞུགས། 9-1-323 ༄༅། །སྐུ་འབུམ་ཆེན་པོ་གྲུབ་དུས་བཏབ་པའི་ སྨོན་ལམ་བཞུགས། ༄༅། །དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བྱིན་རླབས་དང༌། སངས་རྒྱས་དང་བྱང་ཆུབ་ སེམས་དཔའ་ཐམས་ཅད་ཀྱི་ཚོགས་གཉིས་ཀྱི་མཐུ་དང༌། ཆོས་ཀྱི་དབྱིངས་གཞན་གྱི་ རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་གཟི་བརྗིད་དང༌། བདག་ཅག་རྣམས་ཀྱི་ བསམ་པ་རྣམ་པར་དག་པས། མཆོད་རྟེན་ཆེན་པོ་བཞེངས་པ་ལ་སོགས་པའི་དགེ་བའི་ རྩ་བ་ཅི་བགྱིས་པ་རྣམས་ཀྱི་མཐུས། ཆོས་རྗེ་ཡབ་སྲས་ལ་སོགས་པ་བླ་མ་དམ་པ་རྣམས་ དང༌། དགེ་བའི་བཤེས་གཉེན་ཐམས་ཅད་ཀྱི་དགོངས་སྤྱོད་ཁྱད་པར་ཅན་རྣམས་ཡོངས་ སུ་རྫོགས་ཤིང་ལྷུན་གྱིས་གྲུབ་པར་གྱུར་ཅིག །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ སྤྱོད་པ་རླབས་པོ་ཆེ་རྣམས་འཕེལ་ཞིང་རྒྱས་པར་གྱུར་ཅིག །སངས་རྒྱས་ཀྱི་བསྟན་པ་ རིན་པོ་ཆེ་ཡུན་རིང་དུ་གནས་པར་གྱུར་ཅིག །རྒྱལ་ཁམས་ཐམས་ཅད་དུ་ཆོས་སྤྱོད་པ་ མང་དུ་འཕེལ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་ཀྱིས་མི་དགེ་བ་མཐའ་དག་སྤོང་ ཞིང་དགེ་བ་མཐའ་དག་སྒྲུབ་པར་གྱུར་ཅིག །ཆོས་སྒྲུབ་པ་ཐམས་ཅད་ཀྱི་མཐུན་རྐྱེན་ མཐའ་དག་ལྷུན་གྲུབ་ཏུ་ཚང་བར་གྱུར་ཅིག །འགལ་རྐྱེན་བར་ཆད་གང་ཡང་མེད་ཅིང་ མི་འབྱུང་བར་གྱུར་ཅིག ། བདག་དང་སེམས་ཅན་ཐམས་ཅད་སྐྱེ་བ་ནས་སྐྱེ་བ། ཚེ་ རབས་ནས་ཚེ་རབས། ཐམས་ཅད་ནས་ཐམས་ཅད། རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་ དུ། སངས་རྒྱས་འབྱུང་བ་མཉེས་པར་བྱེད་པར་གྱུར་ཅིག །དམ་པའི་ཆོས་ཐོས་ཤིང་ ཉམས་སུ་ལེན་པ་དང་མི་འབྲལ་བར་གྱུར་ཅིག ། འཕགས་པའི་དགེ་འདུན་རྒྱ་མཚོ་ལྟ་བུ་ མཆོད་ཅིང་བསྙེན་བཀུར་བ་དང་མི་འབྲལ་བར་གྱུར་ཅིག །བསླབ་པ་རིན་པོ་ཆེ་གསུམ་ ལ་སློབ་པར་གྱུར་ཅིག །ཕ་རོལ་ཏུ་ཕྱིན་པ་བཅུ་ལ་སྤྱོད་པར་གྱུར་ཅིག །རྣམ་པར་ཐར་ པའི་སྒོ་བཞི་ལ་འཇུག་པར་གྱུར་ཅིག །ཚངས་པའི་གནས་བཞི་ལ་གནས་པར་གྱུར་ 9-1-324 ཅིག །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་ཡང་དག་པར་ལྡན་པར་གྱུར་ ཅིག །བསྡུ་བའི་དངོས་པོ་བཞིས་སེམས་ཅན་མཐའ་དག་གི་དོན་བྱེད་པར་གྱུར་ ཅིག །རྗེས་སུ་དྲན་པ་དྲུག་དང་མི་འབྲལ་བར་གྱུར་ཅིག །ཏིང་ངེ་འཛིན་གྱི་སྒོ་དུ་མ་རྩོལ་ མེད་དུ་རྒྱུད་ལ་སྐྱེ་བར་གྱུར་ཅིག །བཟུང་དང་སྤོབས་པ་བསམ་གྱིས་མི་ཁྱབ་པ་དང་ལྡན་ པར་གྱུར་ཅིག །དབང་བཅུ་དང༌། སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ ཡང་དག་པར་རིག་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང༌། བསྲུང་བ་མེད་པ་གསུམ་དང༌། དྲན་པ་ཉེ་བར་བཞག་པ་གསུམ་དང༌། ཐུགས་རྗེ་ཆེན་པོ་ ལ་སོགས་པ་སངས་རྒྱས་ཀྱི་ཡོན་ཏན་གང་ཇི་སྙེད་པ་མྱུར་དུ་ཐོབ་ནས་སེམས་ཅན་ མཐའ་དག་གི་དོན་བྱེད་པར་གྱུར་ཅིག །གནས་སྐབས་ཐམས་ཅད་དུ་གྲོགས་ངན་པ་ སྤངས་ནས་བཤེས་གཉེན་དམ་པ་དང་མི་འབྲལ་བར་གྱུར་ཅིག །བསླབ་གསུམ་རྣམ་དག་ ལ་གནས་ནས་ཉིན་དང་མཚན་དུ་ཆོས་ལ་སྤྱོད་པར་གྱུར་ཅིག །མ་དག་པའི་འཚོ་བ་དང་ ལོག་པའི་འཚོ་བ་སྤངས་ཏེ་འཚོ་བ་ཡོངས་སུ་དག་པར་གྱུར་ཅིག །ཚུལ་ཁྲིམས་དང་ལྟ་བ་ དང་ཆོ་ག་ཐམས་ཅད་ཡོངས་སུ་དག་ཅིང་དྲི་མ་མེད་པ་དང་ལྡན་པར་གྱུར་ཅིག །ཁྱད་ པར་དུ་མཆོད་རྟེན་འདི་ལ་རྒྱུ་སྦྱར་བ་དང༌། ལུས་བཀོལ་བ་དང༌། མཐུན་འགྱུར་བརྗོད་ པ་དང༌། མཐོང་བ་དང༌། ཐོས་པ་དང༌། རེག་པ་དང༌། ཕྱག་དང༌། བསྐོར་བ་དང༌། འདུད་པ་དང༌། ཐལ་མོ་སྦྱར་བ་དང༌། སྤོས་དང༌། མེ་ཏོག་ལ་སོགས་པ་ཅི་འབྱོར་པས་ མཆོད་པ་དང༌། དྲིལ་བུ་དང༌། རྔ་ཡབ་དང༌། མེ་ལོང་དང༌། ཟླ་ཚེས་ལ་སོགས་པ་ཅི་ འབྱོར་བའི་རྒྱན་ཕུལ་བ་དང༌། ཞིག་གསོས་དང༌། ཚོན་རྩི་གསོལ་བ་དང༌། བ་རྒྱ་བསལ་ བ་དང༌། རྡུལ་ཕྱིས་པ་ལ་སོགས་པ་བྱ་བ་ཆེ་ཆུང་ཅི་བགྱིས་པ་ཐམས་ཅད་ཀྱིས། རྫོགས་ པའི་བྱང་ཆུབ་ཆེན་པོ་མྱུར་དུ་ཐོབ་པར་གྱུར་ཅིག །གཞན་ཡང་རྗེས་སུ་ཡི་རང་བ་དང༌། མི་དགའ་བ་དང༌། མི་སྤྲོ་བ་དང༌། ཁྲོ་བ་དང༌། འཐབ་པ་དང༌། གཤེ་བ་དང༌། སྐུར་བ་ དང༌། འདི་ཙམ་ཆེས་སོ་སྙམ་པ་དང༌། མི་དགོས་སོ་སྙམ་པ་དང༌། གནོད་པར་སེམས་པ་ དང༌། སྡང་བར་སེམས་པ་ཐམས་ཅད་ཀྱིས་ཀྱང་བྱང་ཆུབ་ཆེན་པོ་མྱུར་དུ་ཐོབ་པར་གྱུར་ 9-1-325 ཅིག །མཆོད་རྟེན་འདིའི་གྲིབ་མས་ཕོག་པ་དང༌། འདི་ལ་རེག་པའི་རླུང་གིས་ཕོག་པ་ དང༌། འདིའི་གྲིབ་མས་རེག་པའི་ཆུ་གང་གི་ལུས་ལ་ཕོག་པ་དེ་དག་ཐམས་ཅད་ཀྱིས་ ཀྱང་བྱང་ཆུབ་ཆེན་པོ་མྱུར་དུ་ཐོབ་པར་གྱུར་ཅིག །དེ་མ་ཐོབ་ཀྱི་བར་དུ་ཡང༌། ཚེ་རབས་ ཐམས་ཅད་དུ་མི་ཁོམ་པ་རྣམས་སུ་ནམ་ཡང་སྐྱེ་བར་མ་གྱུར་ཅིག ། ཆོས་མེད་པའི་ཡུལ་ དང་རིགས་སུ་སྐྱེ་བར་ནམ་ཡང་མ་གྱུར་ཅིག །ཟ་མ་དང༌། མ་ནིང་དང༌། ཡན་ལག་མ་ ཚང་པ་དང༌། དབང་པོ་མ་ཚང་པ་དང༌། བྲན་དང་མོའི་ལུས་སུ་སྐྱེ་བར་ནམ་ཡང་མ་ གྱུར་ཅིག །འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་དང༌། ང་རྒྱལ་དང༌། སེར་སྣ་ དང༌། ལེ་ལོ་ལ་སོགས་པ་ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་པ་ཐམས་ཅད་སྲབ་ པར་གྱུར་ཅིག །ཤིན་ཏུ་ཤས་ཆུང་བར་གྱུར་ཅིག །སྐུ་འབུམ་ཆེན་པོ་གྲུབ་དུས་སུ་རྟོན་པ་ བཞི་ལྡན་གྱིས་སྨོན་ལམ་བཏབ་པའོ།། །། མངྒལཾ།། (མ་དཔེ་ནི་འབྲས་གནས་བཅུའི་དཔེ་རྙིང་ཕྱི་ལ། ༣༩༩ ཡིན།) 9-1-326 ༄༅། །ལོ་གསར་པ་བཀྲ་ཤིས་པར་བྱེད་པའི་ཐབས་ གསུམ་པ་བཞུགས། 9-1-327 ༄༅། །ལོ་གསར་པ་བཀྲ་ཤིས་པར་བྱེད་པའི་ཐབས་ གསུམ་པ་བཞུགས། ༄༅། །ཨོཾ་བྷུར་བྷུ་ཝཿསྭཱཧཱ། ན་མོ་དེ་བེ་བྷྱཿ སྭ་སྟི་པྲ་ཛཱ་བྷྱཿ སྭཱཧཱ་རཱ་ཛ་བྷྱཿ སྭ་དྷཱ་སི་ཏྲི་བྷྱཿ ཨ་ལཾ་བྷུ་ཏེ་བྷྱཿ ཝ་ཥ་ཌ་ཨིན་ཏྲ་ཡ། གང་ཞིག་གློ་བུར་བཅོས་མའི་ཆོས་ཀུན་གྱིས། །སྟོང་པའི་གཞིར་གྱུར་གཉུག་མ་རང་ བཞིན་ལ། །ལྷ་སྔགས་རྒྱུད་དང་དཀྱིལ་འཁོར་ཐམས་ཅད་ཀྱི། །མཁྱེན་བརྩེ་ནུས་མཐུས་ ཁྱེད་ལ་བཀྲ་ཤིས་ཤོག །གང་ཞིག་ཀུན་རྫོབ་ཕུང་པོ་རྣམ་དྲུག་གིས། །སྟོང་པའི་གཞིར་ གྱུར་དོན་དམ་ཕུང་པོ་དྲུག །རྒྱལ་བ་རིགས་དྲུག་ཆ་མེད་ཀུན་འགྲོ་ཡི། །བཀྲ་ཤིས་མཆོག་ གིས་ཁྱེད་ལ་བཀྲ་ཤིས་ཤོག །གང་ཞིག་ཀུན་རྫོབ་ཁམས་རྣམས་ཐམས་ཅད་ཀྱིས། །སྟོང་ པའི་གཞིར་གྱུར་དོན་དམ་ཆོས་ཉིད་ཁམས། །དེ་བཞིན་གཤེགས་མ་དྲུག་གི་ཐུགས་རྗེ་ ཡི། །བཀྲ་ཤིས་མཆོག་གིས་ཁྱེད་ལ་བཀྲ་ཤིས་ཤོག །གང་ཞིག་ཀུན་རྫོབ་དབང་པོ་ཐམས་ ཅད་ཀྱིས། །སྟོང་པའི་གཞིར་གྱུར་དོན་དམ་དབང་པོ་དྲུག །བྱང་ཆུབ་སེམས་དཔའ་དྲུག་ གི་མཁྱེན་བརྩེ་ཡི། །བཀྲ་ཤིས་མཆོག་གིས་ཁྱེད་ལ་བཀྲ་ཤིས་ཤོག །གང་ཞིག་ཀུན་རྫོབ་ གཟུགས་སོགས་ཡུལ་རྣམས་ཀྱིས། །སྟོང་པའི་གཞིར་གྱུར་དོན་དམ་གཟུགས་སོགས་ དྲུག །བྱང་ཆུབ་སེམས་མ་དྲུག་གི་བྱིན་རླབས་ཀྱི། །བཀྲ་ཤིས་མཆོག་གིས་ཁྱེད་ལ་བཀྲ་ ཤིས་ཤོག །གང་ཞིག་ཀུན་རྫོབ་ལས་དབང་ཐམས་ཅད་ཀྱིས། །སྟོང་པའི་གཞིར་གྱུར་དོན་ དམ་ལས་དབང་དྲུག །ཁྲོ་རྒྱལ་ཆེན་པོ་དྲུག་གི་མཐུ་སྟོབས་ཀྱི། །བཀྲ་ཤིས་མཆོག་གིས་ ཁྱེད་ལ་བཀྲ་ཤིས་ཤོག །གང་ཞིག་ཀུན་རྫོབ་ལས་དབང་བྱ་བ་ཡིས། །སྟོང་པའི་གཞིར་ གྱུར་དོན་དམ་ལས་དབང་དྲུག །ཁྲོ་མོ་རྒྱལ་མོ་དྲུག་གི་འཕྲིན་ལས་ཀྱི། །བཀྲ་ཤིས་མཆོག་ གིས་ཁྱེད་ལ་བཀྲ་ཤིས་ཤོག །དེ་ལྟར་ཁྱབ་བྱ་དོན་དམ་ཡེ་ཤེས་ལྷ། །སུམ་ཅུ་དྲུག་ལ་ཁྱབ་ པར་མཛད་པ་པོ། །སེམས་མེད་སེམས་ཀྱི་རྡོ་རྗེ་འཆང༌། །རྡོ་རྗེ་དབྱིངས་ཀྱིས་ཁྱེད་ལ་བཀྲ་ 9-1-328 ཤིས་ཤོག །མཐར་ཐུག་དོན་དེ་ཐོབ་པར་བྱེད་པའི་ཐབས། །རླུང་སེམས་འགྱུ་བའི་འཁྲི་ ཤིང་གཅོད་པའི་མཚོན། །བདེ་གསལ་མི་རྟོག་ཡེ་ཤེས་རྡོ་རྗེ་ཡི། །རྣལ་འབྱོར་མཆོག་དེས་ ཁྱེད་ལ་བཀྲ་ཤིས་ཤོག ། འགྲོ་བ་ཀུན་ལ་བུ་ཅིག་ལྟར་དགོངས་པ། །བྱམས་དང་སྙིང་རྗེ་ དགའ་དང་བཏང་སྙོམས་ཀྱིས། །བདག་གཞན་མཉམ་རྗེའི་སྤྱོད་མཆོག་རྒྱས་འགྱུར་ བ། །བྱང་ཆུབ་སེམས་དེས་ཁྱེད་ལ་བཀྲ་ཤིས་ཤོག །དེ་ལྟར་དོན་དམ་འོད་གསལ་ཆོས་ཀྱི་ སྐུ། །རང་བྱུང་ཡེ་ཤེས་དང་པོའི་སངས་རྒྱས་མཆོག །མཁའ་ལྟར་ཀུན་ཁྱབ་གཞི་ལ་ བཞུགས་པའི་མཐུས། །ཤིས་བརྗོད་འདི་དག་དོན་བཞིན་གྲུབ་གྱུར་ཅིག །སྒྲིབ་པའི་ས་ བོན་རྩ་བ་འཇོམས་བྱེད་པ། །རྡོ་རྗེའི་རྣལ་འབྱོར་ཡེ་ཤེས་ཚོགས་མཆོག་དང༌། །གཞན་ ཕན་སྤྱོད་པ་བསོད་ནམས་ཚོགས་ཀྱི་མཐུས། །ཤིས་བརྗོད་འདི་རྣམས་ཡང་དག་གྲུབ་ གྱུར་ཅིག །ཆུ་ཁམས་གསེར་དང་ནམ་མཁའ་དག་པ་ལྟར། །དག་པ་གཉིས་ལྡན་བྲལ་ འབྲས་ཆོས་སྐུ་དང༌། །བསྐྱེད་འབྲས་གཟུགས་སྐུའི་ལྗོན་ཤིང་མཆོག་གི་མཐུས། །ཤིས་ བརྗོད་འདི་རྣམས་མྱུར་དུ་གྲུབ་གྱུར་ཅིག ། ཅེས་པ་འདི་ནི་ལོ་གསར་པ་བཀྲ་ཤིས་པར་བྱེད་པའི་ཐབས་སོ།། །།མཾ་ག་ལཾ་བྷ་ཝ་ཏུ།། (མ་དཔེ་ནི་འབྲས་གནས་བཅུའི་དཔེ་རྙིང་ཕྱི་ལ། ༡༥༤ དབུ་ཅན་བྲིས་མ་ཡིན།)